21-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། ༼ཞ༽ 21-1-2 21-1-3 21-1-4 དཀར་ཆག རྒྱུད་སྡེ་སྤྱིའི་རྣམ་བཞག་གི་ཟིན་བྲིས་བསྟན་པའི་ནོར་རྫས། ༦༠ (སློབ་མ་འགའ་ཞིག་གིས་ཟིན་བྲིས།) དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་སྒྲུབ་པའི་ཐབས་བསྐྱེད་རིམ་མཐའ་དག་གསལ་བར་བྱེད་པ། ༦༣ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རང་བྱིན་རླབས་པའི་མན་ངག ༡༠ རྗེ་བཙུན་སེང་གེ་སྒྲའི་བསྟོད་པ། ༡-༡ རྗེ་བཙུན་སེང་གེ་སྒྲའི་བསྒོམ་བཟླས། ༡-༡ རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །སྒྲུབ་ཐབས་གྲུབ་པའི་ཞལ་ལུང་མཆོག །འཕགས་ཡུལ་མཁས་པའི་གསུང་ དྲི་མེད། །ཡི་གེའི་ལམ་དུ་མཚོན་པའོ། །༥ ཀྱཻ་རྡོ་རྗེའི་ལུས་དཀྱིལ་ལམ་དུས་ཀྱི་དབང་ཆོག ༡༠ དཔལ་ཀྱཻ་རྡོ་རྗེའི་བསྐྱེད་རིམ་གྱི་རྣམ་བཤད་རིག་འཛིན་གཞོན་ནུའི་རོལ་རྩེད་ཅེས་བྱ་བ་རྒྱུད་དོན་མཐའ་དག་གསལ་ བ། ༤༧ ཀྱཻ་རྡོ་རྗེའི་བསྐྱེད་རིམ་གྱི་བཤད་པ། ༧༡ (དཔལ་ལྡན་ཤཱཀྱ་བསྟན་འཛིན་གྱིས་ཟིན་བྲིས།) འཕགས་མ་སྒྲོལ་མའི་མཚན་ངེས་པའི་ཊཱིཀྐ་འགྲེལ་པ་རྣམས་ཀྱི་ལུགས་སུ་སྦྱར་བ། ༡༠ རྗེ་བཙུན་རྡོ་རྗེ་གྲགས་པའི་ཞལ་གཟིགས་པའི་ལུགས་སུ་གྲགས་པ་མ་མོ་སྲོག་གཟེར་གྱི་སྒྲུབ་ཐབས་ཀླག་ཆོག ༨ (ཡ་ མཱན་ཏ་ཀའི་ལས་བྱེད་སྙན་རྒྱུད་ཤིན་ཏུ་གསང་བ།) ཀླུ་བསང་བསྡུས་པ། ༡-༢ རྗེ་བཙུན་འཕགས་མ་སྒྲོལ་མར་ཟླར་བོས་པ། ༢-༣ འབྱུང་བཞིའི་གཏོར་ཆོག ༧ བརྒྱ་བཞིའི་ཆོ་ག་ཇོ་ནང་ལུགས། ༡༠ 21-1-5 དཔལ་མགོན་པོ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་བྱུང་ཚུལ། ༡༠ (མ་ཏི་པཎ་ཆེན་གྱིས།) རྡོ་རྗེ་འཇིགས་བྱེད་བསྡུས་པའི་སྒྲུབ་ཐབས་དང་སློབ་མ་རྗེས་འཛིན། ༦ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་བྱེད་ལུགས་ཀྱི་ལག་ལེན་དངོས་གྲུབ་ཀུན་སྩོལ། ༡-༥ འཇིགས་བྱེད་ཀྱི་བསྙེན་པ་བྱེད་ཚུལ། ལར་བྱིན་རླབས་ཀྱི་རྩ་བ་ཞེས་པ། ༥-༦ དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱུད་ཀྱི་རྒྱལ་པོ། ༢༠ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དྲུག་ཅུ་རྩ་བཞིའི་གཏོར་མའི་ཆོ་ག་ཁམས་གསུམ་ཟིལ་གནོན་གྱི་དམིགས་རིམ་གྱིས་ མན་ངག་གི་ཡི་གེ་སྙིང་དང་འདྲ་བ་གཞན་ལ་གསང་བའི་མན་ངག ཤིང་པར་ལ་ཆད། དཔལ་རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་དབང་དང་རྒྱུད་བཤད་མན་ངག་དང་བཅས་པའི་བླ་མ་བརྒྱུད་ པ་ལ་གསོལ་བ་འདེབས་པའི་ཚིགས་བཅད། ༡-༣ དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་གྱི་བཀྲ་ཤིས་བརྗོད་པའི་ཚིགས་སུ་བཅད་པ། ༣-༤ དམ་ཅན་ཆོས་ཀྱི་རྒྱལ་པོ་ལས་ཀྱི་གཤིན་རྗེའི་མན་ངག་གསང་བ་ལས་ཀྱང་ཆེས་གསང་བ། ༤༨ (ཆོས་རྒྱལ་མན་ངག་ཆེན་མོ།) བསྲུང་འཁོར་རྡོ་རྗེ་བྲག་རྫོང་མའི་བརྒྱུད་འདེབས། ༢ (དགེ་སློང་ཡེ་ཤེས་རྒྱ་མཚོས་བྲིས་ཁ་སྐོང་གཞན།) བསྲུང་འཁོར་རྡོ་རྗེ་བྲག་རྫོང་མ་རྒྱས་པའི་ཁྲིད་ཡིག་འདུས་གསལ་ཚང་བ། ༡༦ མགོན་པོ་དྲཀྴད་ཀྱི་ཆོས་འབྱུང་དང་གཏོར་རྒྱག་ཐམས་ཅད་ཀྱི་མན་ངག་གཞན་ལ་མེད་པའི་ཁྱད་ཆོས་ཞལ་རྒྱུན་ གསེར་གྱི་ཐིག་པ། ༦ (དགེ་སློང་སྙིང་པོ་མཐའ་ཡས་ཀྱིས།) དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་བསྙེན་ཐབས། ༤ (དགེ་སློང་ཀུན་དགའ་ཡེ་ཤེས་རྒྱ་ མཚོས།) ནགས་སྨན་གཏོར་ཆོག་བདུད་རྩི་ཐིག་པ་དང་ལྷ་བཙན་གྱི་གཏོར་བསྔོ། ༡ དཔལ་ནག་པོ་ཆེན་པོའི་སྦྱིན་སྲེག་མདོར་བསྡུས། ༣ སྒྲོལ་མ་རྣལ་འབྱོར་མ་ལ་བརྟེན་པའི་གནོད་སྦྱིན་མོའི་སྒྲུབ་ཐབས། ༡ ཕྱག་དྲུག་པའི་བསང་མཆོད་བསྟན་པ་འཕེལ་བྱེད། ༢ ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་གྱི་བྱུང་ཚུལ་མདོ་ཙམ་བརྗོད་པ། ༡༣ (ཆོས་འབྱུང༌།) 21-1-6 རྭ་ལུགས་མགོན་ནག་གི་ལས་ཚོགས་ཆེས་ཟབ་པ་ལག་ལེན་མ། ༡༠ (ཡ་མཱན་ཏ་ཀའི་ལས་བྱེད་སྙན་རྒྱུད་ཤིན་ཏུ་གསང་བ།) མགོན་དཀར་ཡིད་བཞིན་ནོར་བུའི་མཆོད་བསྐང་དངོས་གྲུབ་ཀུན་སྩོལ། ༤ དཔལ་མགོན་དྲཀྴད་ཀྱི་ཆོས་སྐོར་ལོ་རྒྱུས་(ཀུན་དགའ་འཕྲིན་ལས་དབང་མོས་)ཟིན་བྲིས་སུ་བཀོད་པ། ༩ (ཆོས་འབྱུང༌།) མྱུར་མཛད་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་ཚིགས་བཅད་མ། ༣ བླ་མ་མགོན་པོ་དབྱེར་མེད་ཉིད་ལ་བསྟོད་པ། ཡེ་ཤེས་བསྐལ་ཞེས་པ། ༢ ལྷག་མ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་བསྡུས་པ། ༣ དམར་ནག་འཇིགས་གསུམ་ལས་བཞིའི་གཏོར་མ་བསྡུས་པ་ཉིན་གཅིག་རྫོགས་པ། ༣ (མཇུག་མ་རྙེད།) དཔལ་ལེགས་ལྡན་ནག་པོ་དྲཀྴད་ལྕམ་དྲལ་གྱི་གཏོར་ཆོག ༤(དྲཀ་འབྲང༌།) བཤེས་པའི་འཕྲིན་ཡིག་གི་འགྲེལ་པ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་ཟིན་བྲིས་བགྱིས་པ། ༨༦ བཛྲ་བྷཻ་ར་ཝའི་ལས་མཁན་ལེགས་ལྡན་ལྷའི་མགོན་པོའི་སྒྲུབ་ཐབས་ལས་སྦྱོར་དང་བཅས་པའི་ལག་ལེན། ༧ (སྙན་ རྒྱུད་ཤིན་ཏུ་གསང་བ།) 21-1-7 ༄༅། །རྒྱུད་སྡེ་སྤྱིའི་རྣམ་བཞག་གི་ཟིན་བྲིས་བསྟན་པའི་ ནོར་རྫས་ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་གུ་རུ་བུདྡྷཱ་བོ་དྷི་སཏྭ་བྷྱོ་ན་མོ་ན་མཿ གངས་རིའི་ཁྲོད་འདིར་ངེས་དོན་བསྟན་ པའི་བདག །འགྲན་མེད་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར། །འཇིག་རྟེན་མགོན་པོའི་རྣམ་ འཕྲུལ་ཇོ་ནང་པ། །ཀུན་མཁྱེན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །རིགས་ཀུན་བདག་པོ་ མ་ལུས་འཁོར་ལོའི་མགོན། །གསང་གསུམ་ཟུང་འཇུག་བདེ་ཆེན་རྡོ་རྗེའི་དངོས། །སྐྱབས་ གནས་ཐམས་ཅད་གཅིག་ཏུ་འདུས་པའི་རྗེ། །ཀུན་དགའ་སྙིང་པོའི་ཞབས་ལ་ཕྱག་འཚལ་ ལོ། །ཞེས་མཆོད་པར་བརྗོད་ནས། འདིར་བཤད་པར་བྱ་བ་ལ་བཞི་སྟེ། འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་དགེ་བ་མཐའ་དག་སངས་རྒྱས་ཀྱི་འཕྲིན་ལས་སུ་སྒྲུབ་པ་དང༌། རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་རྣམས་ཀྱི་འཇུག་ངོགས་སུ་བསྟན་པ་དང༌། དེ་གདུལ་བྱ་ མཆོག་དམན་གྱི་དབང་གིས་ཐེག་པ་ཐ་དད་དུ་འགྱུར་ཚུལ་དང༌། དེ་ལས་སྐབས་སུ་བབས་ པའི་དོན་བཤད་པའོ། ། དང་པོ་ནི། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་ འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་རྒྱ་ལམ་ན། །འཇིག་ རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌། །ཞེས་སྤྱོད་འཇུག་ལས་གསུངས་པ་ལྟར། གྲུབ་མཐས་བློ་ཁ་མ་བསྒྱུར་བའི་སེམས་ཅན་རྣམས་ཆོས་དགེ་བ་ལ་འཇུག་པ་ཐམས་ཅད་ དང༌། ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ཀྱིས་དཀའ་ཐུབ་དང་གཙང་སྦྲ་ལ་སོགས་པ་ དགེ་བའི་ཆོས་ལ་འཇུག་པ་གང་ཡོད་པ་དེ་དག་ཐམས་ཅད་ཀྱང༌། སངས་རྒྱས་རྣམས་ཀྱིས་ 21-1-8 གང་ལ་གང་འདུལ་གྱི་ཐུགས་རྗེའི་འཇུག་པ་ཡིན་པར་ཤེས་པར་བྱའོ། ། ༈ གཉིས་པ་ནི། རྒྱལ་བའི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ལ། ཐར་པ་བསྒྲུབ་ པའི་ལམ་ཚང་ལ་མ་ནོར་བ་མེད་པས། སངས་རྒྱས་ཀྱི་དམ་པའི་ཆོས་ཁོ་ན་བླང་བར་བྱ་བ་ ཡིན་ལ། དེ་ཡང་ཕྱོགས་ཞེན་ཙམ་ནི་མ་ཡིན་ཏེ། ཕྱི་ནང་གི་གཞུང་ལུགས་མཐའ་དག་ལ་ བརྟག་པས། རྒྱལ་བའི་བསྟན་པ་ཁོ་ན་སྡིག་པ་མཐའ་དག་སྤངས་པ་དང༌། དགེ་བ་མཐའ་ དག་གིས་ལེགས་པར་བརྒྱན་པས། ངན་སོང་གི་སྒོ་ཁེགས་ཤིང༌། མཐོ་རིས་ཀྱི་གོ་འཕང་བདེ་ བླག་ཏུ་སྒྲུབ་པ་དང༌། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ལ་སོགས་པའི་སྒོས་ ཐར་པ་བསྒྲུབ་པ་དང༌། བསམ་པ་བྱང་ཆུབ་ཀྱི་སེམས་དང༌། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་ སོགས་པའི་སྒོ་ནས་ཐམས་ཅད་མཁྱེན་པ་སྒྲུབ་པའི་ལམ་སྟོན་པ་དང༌། གཞུང་ལུགས་གཞན་ དེ་དག་ལས་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་ལྟ་ཅི་ཞིག་སྨོས། དཀར་ནག་ རྒྱུ་འབྲས་ཀྱི་བླང་དོར་ལ་བརྟེན་ནས། མཐོ་རིས་སྒྲུབ་པའི་ལམ་སྟོན་པ་ཙམ་ཡང་ཤིན་ཏུ་ དཀོན་པའི་ཕྱིར་རོ། ། དེ་སྐད་དུ་ཡང༌། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ ཡང༌། །གང་ཞིག་རིག་པར་ལྡན་པའི་ཚིག །དེ་ཉིད་འབའ་ཞིག་ཁོ་བོས་ལེན། །ཞེས་སློབ་ དཔོན་བདེ་བྱེད་བདག་པོས་ལྷ་ལས་ཕུལ་བྱུང་གི་བསྟོད་པར་བཤད་པ་བཞིན་ནོ། །གསུམ་ པ་ནི། དེ་སྐད་དུ་ཡང༌། གཏམ་བྱ་རིན་ཆེན་ཕྲེང་བ་ལས། བརྡའ་སྤྲོད་པ་དག་ཇི་ལྟ་བུར། །ཡི་ གེའི་ཕྱི་མ་གློག་འཇུག་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་ བསྟན་ཏོ། །ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་ཕྱིར་ཆོས་བསྟན་ཏོ། །ཁ་ཅིག་བསོད་ ནམས་བསྒྲུབ་བྱའི་ཕྱིར། །ཁ་ཅིག་ལ་ནི་གཉིས་བརྟེན་པ། །ཁ་ཅིག་ལ་ནི་གཉིས་མི་བརྟེན། ། ཟབ་མོ་འཁུ་འཁྲིག་ཅན་འཇིག་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ 21-1-9 ཅིག་ལའོ། །ཞེས་པ་ལྟར། རེ་ཞིག་བྱང་ཆུབ་སྒྲུབ་པའི་སྐལ་བ་མེད་པ་རྣམས་ལ། ལས་འབྲས་ ཀྱི་བླང་དོར་ཙམ་བསྟན་ནས་མཐོ་རིས་ལ་འཇོག་པ་དང༌། ཐར་པ་ཙམ་སྒྲུབ་པའི་སྐལ་བ་ཡོད་ ཀྱང་བློ་ཆུང་རྣམས་ལ་ཐེག་དམན་གྱི་སྡེ་སྣོད་བསྟན་ནས། ཉན་རང་གི་ས་ལ་འགོད་པ་དང༌། བློ་གྲོས་ཆེན་པོ་རྣམས་ལ་ཐེག་པ་ཆེན་པོ་བསྟན་ཅིང༌། དེ་ལ་ཡང་གདུལ་བྱ་གཙོ་བོ་དང་ཕལ་ པའི་དབྱེ་བས། གནས་སྐབས་དང་མཐར་ཐུག་གི་ངེས་དོན་སྟོན་པའི་མདོ་སོ་སོར་གསུངས་པ་ དང༌། བློ་གྲོས་ཆེས་ཆེ་བ་དབང་པོ་རྣོན་པོ་རབ་ཀྱི་ཕུལ་དུ་གྱུར་པ་རྣམས་ལ་སྔགས་ཀྱི་ཐེག་པ་ བསྟན་ཏེ། དེ་ལ་རྒྱུད་སྡེ་བཞིར་ཡོད་པ། དེ་དག་ཀྱང་སོ་སོའི་མོས་པའི་དབང་གིས་ཡིན་ཏེ། རྡོ་ རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྷག་ལ། །སེམས་ཅན་ མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྷག་ལའོ། །ཞེས་གསུངས་པ་ལྟར་རོ། ། བཞི་པ་ལ། ཐེག་པ་མཆོག་དམན་གྱི་ལམ་གྱི་ཁྱད་པར་དང༌། ཐེག་མཆོག་གསང་སྔགས་ ཀྱི་ཐུན་མོང་མ་ཡིན་པའི་ལམ་གྱི་རྣམ་བཞག་དང༌། དེ་ལས་མཐར་ཐུག་གི་འབྲས་བུ་ཇི་ལྟར་ འགྲུབ་ཚུལ་ཏེ་གསུམ་ལས། དང་པོ་ལ་ཐེག་དམན་གྱི་ལམ་དང་འབྲས་བུའི་རྣམ་བཞག་དང༌། ཕ་རོལ་ཏུ་ཕྱིན་པའི་ལམ་དང་འབྲས་བུའི་རྣམ་བཞག་དང༌། དེ་དག་ལས་གསང་སྔགས་ཁྱད་ པར་འཕགས་པའི་ཚུལ་དང་གསུམ་ལས། །དང་པོ་ནི། བསམ་པ་ཁམས་གསུམ་གྱི་སྡུག་ བསྔལ་ཐམས་ཅད་ལས་དང་ཉོན་མོངས་པ་ལས་བྱུང་བར་ཤེས་ནས། དེ་ལས་ཐར་འདོད་ཀྱི་ སེམས་བདེན་ཞེན་དང་བཅས་པས། ལམ་གྱི་འཇུག་སྒོ་ཐུན་མོང་གི་སྐྱབས་འགྲོ་དང༌། ཉེས་ སྤྱོད་སྡོམ་པ་ལ་བརྟེན་ནས་ལྟ་བ་གང་ཟག་གི་བདག་མེད་དང༌། སྤྱོད་པ་གཞན་གནོད་གཞི་ བཅས་ལས་བཟློག་པ་དང༌། སྒོམ་པ་ཞི་གནས་དང༌། ལྷག་མཐོང་ཉམས་སུ་བླངས་པས། འབྲས་བུ་ཁམས་གསུམ་གྱི་ཉོན་མོངས་པ་ལས་གྲོལ་བའི་ཕུང་པོ་ལྷག་མེད་ཀྱི་མྱང་འདས་ སྒྲུབ་པར་བྱེད་དོ། །དེ་ཡང་ཉན་ཐོས་རྣམས་ལ་ནི་ཡོན་ཏན་གྱི་ཁྱད་པར་མང་པོ་ཐོབ་པ་དང༌། 21-1-10 སེམས་ཅན་གྱི་དོན་ཅི་རིགས་པར་སྤྱོད་པ་ཡོད་མོད་ཀྱི། །འོན་ཀྱང་ཉན་ཐོས་དགྲ་བཅོམ་པ་ ལ་ཡོན་ཏན་གྱི་ཁྱད་པར་དེ་དག་ངེས་པ་དགོས་པ་ནི་མ་ཡིན་ཏེ། ཤེས་རབ་རྐྱང་གྲོལ་གྱི་དགྲ་ བཅོམ་པ་ལ། མངོན་ཤེས་ལྔ་ལ་སོགས་པ་མེད་པ་དང༌། དགྲ་བཅོམ་པ་འགའ་ཞིག་ལུང་གི་ ཆོས་ཚིགས་སུ་བཅད་པ་གཅིག་ཙམ་ལས་མི་མཁྱེན་པ་ཡང་ཡོད་པར་བཤད་པའི་ཕྱིར་རོ། ། ཉན་རང་དགྲ་བཅོམ་པ་གཉིས་ཅར་ཡང༌། ཁམས་གསུམ་གྱི་ཉོན་མོངས་པ་ས་བོན་དང་ བཅས་པ་སྤངས་པ་ནི་ཡིན་མོད་ཀྱང༌། དེ་དག་གི་བག་ལ་ཉལ་དང་གནས་ངན་ལེན་སྤངས་ པ་མ་ཡིན་ཞིང༌། ཤེས་བྱའི་སྒྲིབ་པ་ཡང་མ་སྤངས་པས་ན། སྤངས་པ་མཐའ་དག་མ་རྫོགས་པ་ དང༌། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཀྱི་གནས་ཚུལ་མ་ལུས་པ་མངོན་སུམ་དུ་མ་རྟོགས་པས། རྟོགས་པའི་ཡོན་ཏན་མཐའ་དག་མ་རྫོགས་པ་དང༌། སེམས་ཅན་རྣམས་ལ་ཚད་མེད་པའི་ སྙིང་རྗེ་ཙམ་འཇུག་པ་ཡོད་ཀྱང༌། དེ་དག་བདག་ཉིད་ཀྱིས་འཁོར་བ་ལས་སྒྲོལ་བར་བརྩོན་ པའི་ལྷག་པའི་བསམ་པ་མེད་པ་དང༌། སེམས་ཅན་ཉེ་ཚེ་བ་ཙམ་མ་གཏོགས། ཕྱོགས་དུས་ ཚད་མེད་པའི་སེམས་ཅན་འཁོར་བ་ལས་སྒྲོལ་བར་ནུས་པ་མ་ཡིན་ནོ། ། གཞན་ཡང་ཉན་ཐོས་ཀྱི་ཐེག་པའི་སྡེ་སྣོད་གསུམ་གྱིས་ཀྱང༌། བླ་ན་མེད་པའི་བྱང་ཆུབ་ ཀྱི་ལམ་ཡོངས་སུ་རྫོགས་པར་མ་བསྟན་ཏེ། དེ་ལྟར་ཡང༌། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌། །སྤྱོད་པ་ཡོངས་བསྔོ་མ་བཤད་ དེ། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་དང༌། མདོ་སྡེ་རྒྱན་ལས་ཀྱང༌། བསམ་པ་ དང་ནི་བསྟན་པ་དང༌། །སྦྱོར་བ་དང་ནི་སྟོན་པ་དང༌། །དུས་འགལ་ཕྱིར་ན་དམན་པ་གང༌། ། དེ་ནི་དམན་པ་ཁོ་ན་ཡིན། །ཞེས་གསུངས་སོ། །རང་རྒྱལ་རྣམས་ལ་ཡང༌། གཟུང་བ་ཆོས་ ཀྱི་བདག་མེད་ལ་གསལ་སྣང་སྐྱེས་པ་ལ་སོགས་པའི་ལམ་གྱི་མངོན་རྟོགས་ཀྱི་ཁྱད་པར་ཅུང་ ཟད་ཙམ་མ་གཏོགས། ལྷག་མ་གཞན་རྣམས་ཉན་ཐོས་དང་འདྲ་ལ། རང་རྒྱལ་གྱི་ལམ་སྟོན་ 21-1-11 པའི་སྡེ་སྣོད་ལ་སོགས་པ་ཞིག་ཡོད་པ་དང༌། མེད་པ་སྣ་ཚོགས་སུ་གསུངས་པ་ལ། མེད་པ་ནི་ རང་རེའི་སྟོན་པ་འདི་ཉིད་ཀྱི་བསྟན་པའི་དབང་དུ་བྱས་ལ། ཡོད་པ་ནི་བསྟན་པ་སྤྱིའི་དབང་དུ་ བྱས་སོ། ། གཉིས་པ། ཕ་རོལ་དུ་ཕྱིན་པའི་ལམ་དང་འབྲས་བུ་བཤད་པ་ལ། དེ་ལ་ཕ་རོལ་ཏུ་ཕྱིན་ པའི་ཐེག་པ་དངོས་ནི་ཐེག་པ་ཆེན་པོ་འདི་ཉིད་དེ། སློབ་དཔོན་དཔའ་བོས་བསྟོད་པ་བརྒྱ་ལྔ་ བཅུ་པ་ལས། བསེ་རུ་ལྟ་བུ་རྣམས་ལ་ནི། །ཕ་རོལ་ཕྱིན་པའི་མིང་ཡང་མེད། །བཅོམ་ལྡན་ཉག་ གཅིག་ཕ་རོལ་ཕྱིན། །དྲུག་གི་སྤྱི་ལ་བཞུགས་པ་ལ། །ཞེས་གསུངས་པས་སོ། །འོན་ཀྱང་ཐེག་ པ་དམན་པ་རྣམས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཕྱོགས་མཐུན་ནམ། ཡན་ལག་ཉེ་ཚེ་བ་ ཙམ་ཡིན་པར་ནི་ཤེས་སོ། ། འདི་ལ་གསུམ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྡེ་སྣོད་བཤད་པ་དང༌། དེ་ཐེག་དམན་ ལས་ཁྱད་པར་དུ་འཕགས་པའི་ཚུལ་དང༌། ཕ་རོལ་ཏུ་ཕྱིན་པའི་ལམ་དང་འབྲས་བུ་དངོས་ བཤད་པའོ། །དང་པོ་ནི། སྤྱིར་རྒྱལ་བའི་བཀའ་ལ་གསུང་རབ་ཡན་ལག་བཅུ་གཉིས་སུ་ཡོད་ དེ་དེ་ལ་ཡན་ལག་བཅུ་གཉིས་ནི། བརྒྱད་སྟོང་པའི་འགྲེལ་པ་སྙིང་པོའི་མཆོག་ལས། མདོ་སྡེ་ དབྱངས་བསྙན་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང༌། །རྟོག་བརྗོད་དེ་ ལྟ་བུ་བྱུང་དང༌། སྐྱེས་རབས་ཤིན་ཏུ་རྒྱས་པ་དང༌། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །ཞེས་ གསུངས་པ་ལས། ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་མདོ་སྡེ་ཡིན་ལ། ལྷག་མ་རྣམས་ལའང་ཐེག་པ་ཆེན་པོ་ཅི་རིགས་པ་ནི་ཡིན་མོད་ཀྱི། །ཕལ་ཆེར་ཐུན་མོང་ཡིན་ ལ། མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ནི། ཉུང་ཞིང་ཉེ་ཚེ་བ་ཙམ་ཡིན་ ལ་ཤིན་ཏུ་རྒྱས་པའི་སྡེ་ལ་ནི། མཐའ་མེད་པར་བཤད་དོ། །གཉིས་པ་ཐེག་དམན་ལས་ཁྱད་ པར་འཕགས་པའི་ཚུལ་ནི། མདོ་སྡེ་རྒྱན་ལས་ཇི་སྐད་དུ། དམིགས་པ་ཆེ་བ་ཉིད་དང་ནི། །དེ་ 21-1-12 བཞིན་སྒྲིབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་ པར་གྱུར་པ་དང༌། །ཡང་དག་འགྲུབ་པ་ཆེན་པོ་དང༌། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། ། ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་ཐེག་པ་ཆེན་ པོ་བདུན་དང་ལྡན་པའི། །ལམ་དང་འབྲས་བུའི་སྒོ་ནས་ཁྱད་པར་དུ་འཕགས་པ་དང༌། ཤིན་ ཏུ་རྒྱས་པའི་སྡེ་སྣོད་ཀྱང་ཐེག་དམན་གྱི་སྡེ་སྣོད་ལས་ཁྱད་པར་འཕགས་པའི་ཚུལ་ནི། ཐེག་ བསྡུས་ལས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང༌། །དེ་ཡི་རྒྱུ་དང་དེ་རབ་དབྱེ་ བ་དང༌། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང༌། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་ པར་འཕགས། །བསྟན་འདི་འདི་ལྟར་གཞན་ལ་མ་མཐོང་ལ། །འདི་དག་བྱང་ཆུབ་མཆོག་གི་ རྒྱུའི་མཐོང་བས། །གནས་བཅུ་བསྟན་པས་ཁྱད་ཞུགས་གང་ཡིན་དེས། ཐེག་པ་ཆེན་པོ་སངས་ རྒྱས་བཀའ་འདོད་དོ། །ཞེས་གསུངས་ཤིང༌། གཞན་ཡང་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་དང༌། དབུ་མ་རིན་ཆེན་ཕྲེང་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། སའི་དངོས་ གཞི་ལ་སོགས་པ་ནས་ཀྱང༌། ཐེག་པ་མཆོག་དམན་གྱི་ཁྱད་པར་དང༌། ཐེག་པ་ཆེན་པོ་བཀའ་ སྒྲུབ་པའི་ཚུལ་མང་དུ་གསུངས་སོ། ། གསུམ་པ་ཕ་རོལ་ཏུ་ཕྱིན་པའི་ལམ་དང་འབྲས་བུ་དངོས་བཤད་པ་ནི། དེ་ཡང་མདོ་སྡེ་ རྒྱན་ལས། རིགས་དང་ཆོས་ལ་མོས་པ་དང༌། །དེ་བཞིན་སེམས་ནི་བསྐྱེད་པ་དང༌། །སྦྱིན་ ལ་སོགས་པ་བསྒྲུབ་པ་དང༌། །སྐྱོན་མེད་པ་ལ་འཇུག་ཉིད་དང༌། །སེམས་ཅན་རྣམས་ཡོངས་ སྨིན་བྱེད་དང༌། །ཞིང་ནི་རྣམ་པར་སྦྱོང་བ་དང༌། །མི་གནས་མྱ་ངན་འདས་པ་དང༌། །བྱང་ཆུབ་ མཆོག་དང་སྟོན་པའོ། །ཞེས་གསུངས་ཏེ། དེ་ལ་དང་པོ་རིགས་ནི། སེམས་རང་བཞིན་གྱི་ འོད་གསལ་བ་ནི་རང་བཞིན་དུ་གནས་པའི་རིགས་དང༌། བརྒྱད་སྟོང་དོན་བསྡུས་ལས། འདི་ ལྟར་རྣམ་ཤེས་རང་བཞིན་རིགས། །བདེ་དང་ཤེས་རབ་བདག་ཉིད་ཡིན། །ཅེས་གསུངས་སོ། ། 21-1-13 སེམས་དེ་ཉིད་དགེ་བའི་ཆོས་ལ་གོམས་པ་ལས། བྱང་ཆུབ་ལ་ཉེ་བར་གྱུར་པའི་ཡོན་ཏན་ རྒྱས་པར་འགྱུར་བ་ནི་རྒྱས་འགྱུར་གྱི་རིགས་སོགས་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། དཀའ་སྤྱོད་སྣ་ཚོགས་སྦྱིན་པ་དང་སོགས། རྒྱུད་བླ་མར་ཇི་ལྟར་མྱུག་སོགས་རིམ་སྐྱེ་བས་ སོགས། མདོ་ལུགས་ལྔ་བཅུ་པ་སོགས། དེ་ཕྱིར་རང་བཞིན་གནས་རིགས་དེ་གདོད་མ་ནས་ སངས་རྒྱས་ཡིན་ཀྱང༌། དེ་སད་བྱེད་ཀྱི་རྐྱེན་གྱིས་མ་སད་ན་ལམ་དུ་མི་འཇུག་པ་ལས། དེ་ལ་ སྐབས་འདིར་རིགས་སད་པ་ནི་ལམ་གྱི་འཇུག་སྒོ་ཐོག་མ་ཡིན་ནོ། །རིགས་ཀྱི་རྣམ་བཞག་ ནི། མདོ་སྡེ་རྒྱན་ལས། ཡོད་དང་མཆོག་དང་མཚན་ཉིད་དང༌། །རྟགས་དང་རིགས་རབ་དབྱེ་ བ་དང༌། །ཉེས་དམིགས་དང་ནི་ཕན་ཡོན་དང༌། །དཔེ་རྣམས་གཉིས་དེར་རྣམ་པ་བཞི། །ཞེས་ གསུངས་ཏེ། དེ་ཡང་རིགས་ཐ་དད་པ་དུ་མ་ཡོད་པ་དང༌། རིགས་མཆོག་དམན་གྱི་དབྱེ་བ་ དང༌། སོ་སོའི་མཚན་ཉིད་དང་རིགས་སད་པའི་རྟགས་དང༌། རིགས་ཀྱི་རབ་ཏུ་དབྱེ་བ་དང༌། རིགས་སད་པ་ལ་བར་དུ་གཅོད་པའི་ཉེས་དམིགས་དང༌། རིགས་སད་པའི་ཕན་ཡོན་དང༌། ཐེག་པ་ཆེན་པོའི་རིགས་ཀྱི་དཔེ་རྣམ་པ་གཉིས་དང༌། རིག་བཞིའི་དབྱེ་བ་ལ་སོགས་པ་རྒྱས་ པར་བཤད་དོ། །རིགས་སད་ན་མོས་པའི་བློ་སྐྱེ་བས། དེའི་འོག་ཏུ་མོས་པ་བསྟན་ཏེ། དེ་ལ་ མོས་པ་ནི། དཀར་པོའི་ཆོས་ཐམས་ཅད་ཀྱི་རྩ་བར་གསུངས་ཏེ། སྤྱོད་འཇུག་ལས། དགེ་བའི་ཆོས་རྣམས་ཐམས་ཅད་ཀྱི་རྩ་བའང་མོས་པར་ཐུབ་པས་ གསུངས། །ཞེས་གསུངས་པ་འདི་ལ། མོས་པའི་དབྱེ་བ། བར་ཆད། ཕན་ཡོན། མོས་པའི་ འབྲས་བུའོ། །དང་པོ་ལ། ངོ་བོའི་སྒོ་ནས། སའི་སྒོ་ནས། བདག་པོའི་སྒོ་ནས། ཆུང་འབྲིང་གི་ སྒོ་ནས། ཡུལ་གྱི། ལམ་གྱི་དབྱེ་བ་སྟེ་དྲུག་ལས། དང་པོ་ནི། སྐྱེ་དང་མ་སྐྱེས་ཞེས་སོ། །གཉིས་ པ་ནི། འཛིན་དང་བཟུང་དང་ཞེས་སོ། །གསུམ་པ་ནི། གྲོགས་བླང་བདག་ཉིད་དང་ནི་ནོར་ པ་དང༌། །མ་ནོར་གཞན་དང་མངོན་སུམ་མ་ཡིན་གཞན། །སྒྲ་བྱུང་འཚོལ་བ་དང་ནི་ལྟ་བའོ། ། 21-1-14 ཞེས་སོ། །བཞི་པ་ནི། འཕྲོག་དང་འདྲེས་དང་མི་མཐུན་ཕྱོགས་མ་འདྲེས། །ཞེས་སོ། །ལྔ་པ་ ནི། དམན་དང་རྒྱ་ཆེ་ཞེས་སོ། །དྲུག་པ་ནི། བསྒྲིབས་དང་མ་བསྒྲིབས་དང༌། བརྩོན་དང་མི་ བརྩོན་བསགས་དང་མ་བསགས་དང༌། །བརྟན་བཞུགས་རིང་དུ་སོང་བའི་མོས་པའོ། །ཞེས་ སོ། །གཉིས་པ་མོས་པའི་བར་ཆད་ནི། ཡིད་ལ་མི་བྱེད་པ་མང་བ་དང༌། །ཞེས་སོ། །གསུམ་ པ་ཕན་ཡོན་ནི། བསོད་ནམས་ཆེ་དང་འགྱོད་པ་མེད། །ཅེས་སོགས་སོ། །བཞི་པ་འབྲས་བུ་ ནི། དེ་ལྟར་འཕགས་པ་ཆེན་པོའི་ཆོས་ནི་ཡངས་གྱུར་ལ། །བློ་དང་ལྡན་པས་རྟག་ཏུ་མོས་པ་ ཆེ་བསྐྱེད་ན། །བསོད་ནམས་རྒྱ་ཆེན་རྒྱུན་མི་འཆད་དང་དེ་འཕེལ་དང༌། །ཡོན་ཏན་དཔག་ཏུ་ མེད་པའི་བདག་ཉིད་ཆེན་པོར་འགྱུར། །ཞེས་མོས་པའི་ལེའུར་རྒྱས་པར་བཤད་པ་ལས་ཤེས་ པར་བྱའོ། །མོས་པ་ལ་གནས་པས་སེམས་བསྐྱེད་པར་བྱེད་པས། དེའི་འོག་ཏུ་སེམས་བསྐྱེད་ བསྟན་ཏེ། དེའི་རྣམ་བཞག་ནི། བྱང་ས་དང༌། མདོ་སྡེ་རྒྱན་དང༌། བསླབ་བཏུས་སོགས་ལས་ རྒྱས་པར་བཤད་པས། མདོ་སྡེ་རྒྱན་ལས་འབྱུང་བ་ལྟར་མདོ་ཙམ་བརྗོད་ན། མཚན་ཉིད། དབྱེ་བ། བསྡུས་ཏེ་སེམས་བསྐྱེད་པར་གདམས་པ་སྟེ་གསུམ་ལས། དང་པོ་ནི། སྤྲོ་བ་ཆེ་དང་ རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་དཔའ་སྟེ། །དོན་ གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་སོ། ། གཉིས་པ་ལ་ས་མཚམས་ཀྱི་དབྱེ་བ། རང་བཞིན་གྱི་དབྱེ་བ། ཆེ་བའི་དཔེས་དབྱེ་བའོ། ། དང་པོ་ནི་སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་ པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་སོ། །གཉིས་པ་ལ་ཀུན་ རྫོབ་སེམས་བསྐྱེད་དང༌། དོན་དམ་སེམས་བསྐྱེད་གཉིས་སོ། །དང་པོ་ནི། གྲོགས་སྟོབས་རྒྱུ་ སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་ བ། །གཞན་གྱི་བརྟན་པའི་སེམས་བསྐྱེད་བཤད། །ཅེས་སོ། །གཉིས་པ་ནི། རྫོགས་པའི་ 21-1-15 སངས་རྒྱས་རབ་བརྙེས་བྱ། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ ཡེ་ཤེས་ནི། །སྐྱེས་ཕྱིར་དེ་བཞིན་དམ་པར་འདོད། །ཅེས་སོ། ། གསུམ་པ་ཆེ་བའི་དཔེས་དབྱེ་བ་ནི། །བསྐྱེད་པ་ས་དང་མཚུངས་པ་སྟེ། །གཞན་ནི་བཟང་ པོའི་གསེར་དང་འདྲ། །ཟླ་བ་ཡར་གྱི་ཚེས་པ་བཞིན། །གཞན་ནི་མེ་དང་འདྲ་ཤེས་བྱ། །གཞན་ ནི་གཏེར་ཆེན་བཞིན་ཤེས་བྱ། །གཞན་ནི་རིན་ཆེན་འབྱུང་གནས་བཞིན། །རྒྱ་མཚོ་འདྲ་བར་ ཤེས་བྱ་གཞན། །རྡོ་རྗེ་དང་འདྲ་རི་རབ་འདྲ། །སྨན་གྱི་རྒྱལ་པོ་འདྲ་བ་སྟེ། །གཞན་ནི་འཛའ་ ཆེན་འདྲར་ཤེས་བྱ། །ཡིད་བཞིན་ནོར་བུ་འདྲ་བ་དང༌། །གཞན་ནི་ཉི་མ་འདྲར་ཤེས་བྱ། ། གཞན་ནི་དྲི་ཟའི་དབྱངས་སྙན་བཞིན། །གཞན་ནི་རྒྱལ་པོ་ལྟར་ཤེས་བྱ། །དེ་བཞིན་གཞན་ནི་ མཛོད་ལྟ་བུ། །ལམ་པོ་ཆེ་དང་འདྲར་ཤེས་བྱ། །ཐེག་པ་འདྲ་བར་ཤེས་བྱ་སྟེ། །སེམས་བསྐྱེད་ བཀོད་མ་འདྲ་བ་ཡིན། །ཀུན་གཞིའི་སྒྲ་དང་འདྲ་བ་སྟེ། །ཀླུང་ཆེན་རྒྱུན་དང་འདྲ་བའོ། །རྒྱལ་ སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་སྟེ། །ཞེས་སོ། ། གསུམ་པ་བསྡུས་ཏེ་སེམས་བསྐྱེད་པར་གདམས་པ་ནི། དེ་ཕྱིར་དེར་ཡོན་ཏན་དབང་ ཕྱུག །སེམས་ནི་དགའ་བས་ཡང་དག་བསྐྱེད། །ཅེས་འབྱུང་བ་ལྟར་རོ། །བསམ་པ་བྱང་ཆུབ་ ཀྱི་སེམས་བརྟན་པས། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་ཕྱིར། དེའི་འོག་ཏུ་ཕ་རོལ་ཏུ་ ཕྱིན་པ་དྲུག་བསྟན་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་བཞག་ནི། ཐེག་པ་ཆེན་པོ་མདོ་སྡེ་ ཐམས་ཅད་ནས། ཟད་པ་མེད་པར་གསུངས་ལ། མདོ་དོན་སྙིང་པོར་དྲིལ་བ་ནི། མདོ་སྡེ་རྒྱན་ ལས། གྲངས་དང་དེ་ཡི་མཚན་ཉིད་གོ་རིམ་དང༌། །ངེས་པའི་ཚིག་དང་གོམས་པའི་ཡོན་ཏན་ དང༌། །དེ་དག་རབ་དབྱེ་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཤེས་ བྱ། །ཞེས་རྣམ་བཞག་རྣམ་པ་བཞིར་གསུངས་ལ། དེའི་དོན་མདོ་ཙམ་ཞིག་བརྗོད་ན། ཕ་རོལ་ ཏུ་ཕྱིན་པ་དྲུག་གི་སྒྲ་དོན་དང༌། གོ་རིམ་དང༌། ཡན་ལག་དང༌། དབྱེ་བ་དང༌། དངོས་བཏགས་ 21-1-16 ཀྱི་ཁྱད་པར་སྟེ་རྣམ་པ་ལྔ་ལས། དང་པོ་མདོ་སྡེ་རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང༌། ། བསིལ་བ་ཐོབ་དང་ཁྲོ་བཟོད་དང༌། །མཆོག་སྦྱོར་བ་དང་ཡིད་འཛིན་དང༌། །དོན་དམ་ཤེས་ པའི་ཕྱིར་བཤད་དོ། །ཞེས་གསུངས། གཉིས་པ་ནི། ཡང་དེ་ཉིད་ལས། སྔ་མ་ལ་བརྟེན་ཕྱི་མ་ སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་ པར་བསྟན་པ་ཡིན་ཞེས་གསུངས། ། གསུམ་པ་ནི་དེ་ཉིད་ལས། །སྦྱིན་པ་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་ གསུམ། །ནས་ཤེས་རབ་མི་མཐུན་ཕྱོགས་ཉམས་དང༌། ནས་བྱེད་རྣམ་གསུམ་ཞེས་གསུངས་ ཏེ། དེ་ཡང་སྦྱིན་པ་ལ་མཚོན་ན། སྦྱིན་པའི་མི་མཐུན་ཕྱོགས་སེར་སྣ་ཉམས་པ་དང༌། སྦྱིན་པ་ སྦྱིན་བྱ། ལེན་པ་པོ་གསུམ་མི་དམིགས་པའི་ཤེས་རབ་ཀྱི་ཟིན་པ་དང༌། སྦྱིན་པ་དེ་ཉིད་ཀྱིས་ སེམས་ཅན་ཐམས་ཅད་ཀྱི་འདོད་པ་ཡོངས་སུ་རྫོགས་པར་བྱེད་པ་དང༌། དེ་ལ་བརྟེན་ནས་ སེམས་ཅན་རྣམས་བྱང་ཆུབ་ཏུ་སྨིན་པར་བྱེད་པ་སྟེ། ཁྱད་ཆོས་བཞི་དང་ལྡན་པའོ། །ལྷག་མ་ རྣམས་ལའང་དེ་བཞིན་དུ་སྦྱར་བས་ཤེས་སོ། །བཞི་པ་ནི་སྦྱིན་པ་ལ། ཟང་ཟིང་གི་ཆོས་ཀྱི་མི་ འཇིགས་པ་སྟེ་གསུམ། ཚུལ་ཁྲིམས་ལ་ཉེས་སྤྱོད་སྡོམ་པའི་དགེ་བ་ཆོས་སྡུད། སེམས་ཅན་ དོན་བྱེད་གསུམ། བཟོད་པ་ལ་སྡུག་བསྔལ་དང་ལེན་གྱི། གནོད་པ་ལ་ཇི་མི་སྙམ་པ། ཆོས་ལ་ ངེས་པར་སེམས་པའི་གསུམ། བརྩོན་འགྲུས་ལ། གོ་ཆའི། སྦྱོར་བའི། སེམས་ཅན་དོན་བྱེད་ པའི་གསུམ། བསམ་གཏན་ལ། མཐོང་ཆོས་ལ་བདེ་བར་གནས་པའི། ཡོན་ཏན་མངོན་པར་ སྒྲུབ་པའི། སེམས་ཅན་དོན་བྱེད་ཀྱི་གསུམ། ཤེས་རབ་ལ། ཀུན་རྫོབ་ཤེས་པའི། དོན་དམ་ ཤེས་པའི། སེམས་ཅན་གྱི་དོན་ཤེས་པའི་ཤེས་རབ་སྟེ་གསུམ་མོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ དེ་དག་ལས། དང་པོ་གསུམ་བསོད་ནམས་གྱི་ཚོགས་དང༌། ཕྱི་མ་གསུམ་ཡེ་ཤེས་ཀྱི་ཚོགས་སུ་ 21-1-17 ཟླ་བ་གྲགས་པས་བཤད་དེ། ཇི་སྐད་དུ། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེར། །བདེ་ བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ སྟེ། །སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུད། །ཅེས་གསུངས་ཞིང༌། རྒྱལ་ཚབ་བྱམས་ པས་ནི། དང་པོ་གཉིས་བསོད་ནམས་ཀྱི་ཚོགས་དང༌། ཕྱི་མ་ཡེ་ཤེས་ཀྱི་ཚོགས་དང༌། བར་ པ་གསུམ་ཚོགས་གཉིས་ཀས་བསྡུས་པར་གསུངས་ཏེ། །དེ་སྐད་དུ་ཡང་མདོ་རྒྱན་ལས། སྦྱིན་ དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཏེ། །གསུམ་པོ་གཞན་ནི་ གཉིས་ཀའི་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་དང༌། །གཞན་ཡང་རིན་ཆེན་ཕྲེང་བ་ ལས། ཚུལ་ཁྲིམས་སྦྱིན་པ་གཞན་གྱི་དོན། །བརྩོན་འགྲུས་བཟོད་པ་བདག་ཉིད་ཀྱི། །བསམ་ གཏན་ཤེས་རབ་ཐར་པའི་རྒྱུ། །སྙིང་བརྩེ་བས་ནི་དོན་ཀུན་འགྲུབ། །ཅེས་ཀྱང་གསུངས་ སོ། །གཞན་ཡང་བྱང་ཆུབ་སེམས་དཔས་གཞན་གྱི་དོན་སྤྱོད་པ་ལ་བསྡུ་བའི་དངོས་པོ་བཞི་ དགོས་ཏེ། འདིའི་རྒྱས་བཤད་ཕར་ཕྱིན་ལེའུ་ན་ཡོད། དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་ དག་ལས་རྫས་ཐ་དད་དུ་མེད་དེ། དེ་ཡང་ཟང་ཟིང་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པ་དང༌། ཕྱིན་ དྲུག་གི་དོན་ལ་གཞན་གཞུག་པ་དང༌། རང་ཉིད་ཀྱང་འཇུག་པ་སྟེ། རིམ་པ་བཞིན་དུ་བྱིན་པ་ དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་རྣམས་ཡིན་ཏེ། སྦྱིན་མཚུངས་ དེ་སྟོན་ལེན་འཇུག་དང༌། །བདག་ཉིད་རྗེས་སུ་འཇུག་བྱེད་པ། །སྙན་པར་སྨྲ་དང་དོན་སྤྱོད་ དང༌། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་སོགས། ལྔ་པ་དངོས་བཏགས་ཀྱི་ཁྱད་པར་ ལ། འགའ་ཞིག་ནི་ཕ་རོལ་ཏུ་ཕྱིན་པ་དངོས་ནི་སངས་རྒྱས་ཁོ་ན་ལ་ཡོད་པ་དང༌། ལམ་ཞུགས་ ཀྱི་སྦྱིན་སོགས་ནི། དེའི་སྒྲུབ་པ་ཡིན་པས་བཏགས་པ་བ་དང༌། དབུ་མ་ལ་འཇུག་པར་ནི། རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཕྱིར་དངོས་ཀྱང༌། །གསུམ་དམིགས་ཡོད་ན་དེ་ནི་འཇིག་རྟེན་ པའི། །དམིགས་པ་མེད་ན་དེ་ཉིད་སངས་རྒྱས་ཀྱིས། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ 21-1-18 ཅེས་བསྟན། །ཅེས་སོ་སོའི་སྐྱེ་བོའི་ལམ་ནའང་ཕར་ཕྱིན་དྲུག་དངོས་ཡོད་པར་བཤད་ཡོད་ཀྱི། འདིར་རེ་ཞིག །མདོ་དང་བསྟན་བཅོས་ཤས་ཆེ་བའི་དབང་དུ་བྱས་ན། འཕགས་རྒྱུད་ཀྱི་དེ་ རྣམས་དངོས་དང༌། ཚོགས་སྦྱོར་གྱི་དེ་རྣམས་བཏགས་པ་བ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ ལྟ་མོད་ཀྱི། ཡན་ལག་བཞི་པོ་དང་མི་ལྡན་པའི་སྦྱིན་སོགས་ནི་ཕ་རོལ་ཏུ་ཕྱིན་པ་དངོས་དང་ བཏགས་པ་གང་དུ་ཡང་མི་རུང་ངོ༌། །དེ་ལྟར་ན། སྦྱོར་བའི་ལམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ གི་སྒྲུབ་པ་ལ་གནས་པས། མཐོང་བའི་ལམ་སྐྱེ་བར་འགྱུར་བས། དེ་འོག་ཏུ་སྐྱོན་མེད་པ་ལ་ འཇུག་པ་སྟེ། མཐོང་ལམ་གྱི་རྣམ་བཞག་འབྱུང་ངོ༌། །དེ་ནས་ས་བདུན་པའི་བར་ནི། སེམས་ ཅན་རྣམས་ཡོངས་སུ་སྨིན་པའི་ས་དང༌། ས་བརྒྱད་པ་དང༌། དགུ་པ་གཉིས་ནི་ཞིང་རྣམ་པར་ སྦྱོང་བའི་ས་དང༌། ས་བཅུ་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ས་དང༌། བཅུ་གཅིག་ པ་ཀུན་ཏུ་འོད་ཀྱི་སའམ། སངས་རྒྱས་ཀྱི་ས་ནི་བྱང་ཆུབ་མཆོག་སྟེ་བདག་ཉིད་ཀྱིས་རང་དོན་ ཆོས་ཀྱི་སྐུ་མངོན་དུ་བྱེད་པ་དང༌། མི་གནས་པའི་མྱ་ངན་ལས་འདས་པ་སྟོན་ཏེ། གཟུགས་ཀྱི་ སྐུ་རྣམ་པ་གཉིས་ཀྱིས། གཞན་གྱི་དོན་རྒྱུན་ཆད་མེད་པར་སྤྱོད་པའོ། ། གསུམ་པ་དེ་དག་ལས་གསང་སྔགས་ཁྱད་པར་དུ་འཕགས་པའི་ཚུལ་ལ། སྤྱིར་མདོ་ སྔགས་ཀྱི་ཁྱད་པར་དང༌། བྱེ་བྲག་ཏུ་མདོ་ལས་སྔགས་ལྷག་པའི་ཚུལ་གཉིས་ལས། དང་པོ་ ལ། སྤྱིར་མདོ་སྡེ་དང༌། རྒྱུད་སྡེ་ཞེས་པ་དང༌། མདོ་རྒྱུད་ཅེས་པ་འགལ་བ་ནི་མ་ཡིན་ཏེ། གསང་ སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱང་མདོ་སྡེ་ཡིན་པ་དང༌། ཆ་ཤས་ཙམ་སྟོན་པའི་དབང་དུ་བྱས་ ནས། སྡེ་སྣོད་གསུམ་ཆར་དུ་གཏོགས་པ་དང༌། རིག་པ་འཛིན་པའི་སྡེ་སྣོད་ཅེས་ཀྱང་བྱ་བ་ ཡིན་ཏེ། དེ་ཡང་སློབ་དཔོན་ཤནྟི་པས་ཟབ་མོའི་དོན་བསྡུས་ཏེ་སྟོན་པས་མདོ་སྡེའོ། །ཞེས་པ་ དང༌། དཔུང་བཟང་ལས། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཞེས་པ་དང༌། མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་དང༌། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་ 21-1-19 སོགས་རྒྱུད་མང་པོ་ལ་མདོ་སྡེའི་མཚན་ཡོད་པའང་མང་དུ་འབྱུང་ངོ༌། །སློབ་དཔོན་ཨ་བྷ་ཡཱ་ཀ་ ར་ནི་གསང་སྔགས་བསླབ་པ་གསུམ་ཀ་སྟོན་པས་སྡེ་སྣོད་གསུམ་ཀའོ། །ཞེས་པ་དང༌། སློབ་ དཔོན་ཨཪྻ་དེ་བ་ནི་རྒྱུད་སྡེ་རྣམས་རིག་པ་འཛིན་པའི་སྡེ་སྣོད་ཅེས་པ་སྡེ་སྣོད་བཞི་པ་ཡིན་ནོ་ ཞེས་དང༌། དཔུང་བཟང་ལས། ལྷ་དང་ལྷ་མིན་རྣམས་ལ་ཕན་གདགས་ཕྱིར། །གསང་སྔགས་ རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་ སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་གསུངས་སོ། །དེས་ན་མདོ་དང་བསྟན་བཅོས་ཙམ་གྱི་ དབང་དུ་བྱས་ན་མུ་བཞི་བརྩིར་ཡོད་པ་ཡིན་ཏེ། མདོ་ཡིན་ལ་རྒྱུད་མ་ཡིན་པ་ནི། གཅིག་ལ་ འཕྲོས་པ་ལ་སོགས་པ་ཕལ་ཆེ་བ་དེ་དག་དང༌། རྒྱུད་ཡིན་ལ་མདོ་མ་ཡིན་པ་ནི། མཁའ་ལྡིང་ གི་སྦྱོར་བ་ལ་སོགས་པ་དང༌། མདོ་ཡང་མ་ཡིན་ལ་རྒྱུད་ཀྱང་མ་ཡིན་པ་ནི་རྟོག་གེ་ལ་སོགས་ པའོ། །འོན་ཀྱང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་སྔགས་ཀྱི་ཐེག་པའི་ཁྱད་པར་ ནི། ཚོགས་ལམ་གྱི་གཙོ་བོར་བྱེད་པ་དང་མི་བྱེད་པའི་ཁྱད་པར་རོ། །སྡོམ་གསུམ་རབ་དབྱེར་ ཡང་མདོ་དང་རྒྱུད་ཀྱི་ཁྱད་པར་ནི། ཆོ་གའི་བྱ་བ་ཡོད་མེད་ཡིན། །ཞེས་པའི་དགོངས་པའང་ དོན་དེ་བཞིན་བཤད་ན་སྐྱོན་མེད་པར་འགྱུར་རོ། །གཞན་ཡང་འབྲས་བུའི་རྣམ་པ་ལམ་དུ་ བྱེད་པ་ཡོད་མེད་ཀྱི་ཁྱད་པར་གྱིས། རྒྱུ་དང་འབྲས་བུའི་ཐེག་པར་བཞག་པ་དང༌། སྔགས་དང་ སྦྱོར་བ་གཙོ་བོར་སྟོན་མི་སྟོན་གྱི་སྒོ་ནས། མདོ་དང་སྔགས་ཀྱི་ཁྱད་པར་འཇོག་པའམ་རུང་སྟེ། དེ་དག་ནི་སྒྲ་དོན་གཙོ་བོར་གྱུར་པས་སོ། ། གཉིས་པ་མདོ་ལས་སྔགས་ཁྱད་པར་དུ་འཕགས་ཚུལ་ལ། སྤྱིར་མདོ་ལས་སྔགས་ ཁྱད་པར་དུ་འཕགས་ཚུལ་དང༌། བྱེ་བྲག་ཏུ་རྒྱུད་སྡེ་རྣམས་ཀྱང་གོང་མ་གོང་མ་ཁྱད་པར་དུ་ འཕགས་ཚུལ་ལོ། །དང་པོ་ནི། སློབ་དཔོན་ཏྲི་པི་ཏ་ཀ་མ་ལའི་ཚུལ་གསུམ་སྒྲོན་མེ་ལས། དོན་ གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་ 21-1-20 བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །རྒྱ་བོད་ཀྱི་སློབ་དཔོན་ཐ་དད་ པའི་འདོད་པ་སྣ་ཚོགས་པ་ཞིག་ཡིན་མོད་ཀྱི། །དེ་དག་ཀྱང་ཕལ་ཆེ་བ་གཙོ་བོའི་དོན་ལ་རུང་ བ་ཁོ་ན་ཡིན་ཀྱང༌། རང་ལུགས་ནི། རྣམ་པ་གསུམ་གྱི་ཁྱད་པར་དུ་འཕགས་པ་ཡིན་ཏེ་ལམ་ མྱུར་བ་དང༌། ལམ་བདེ་བ་དང༌། ཐབས་ལ་མཁས་པའི་ཁྱད་པར་དང་གསུམ་མོ། །དང་པོ་ ལམ་མྱུར་བས་ཁྱད་པར་དུ་འཕགས་ཚུལ་ལ། ལམ་མྱུར་བའི་ངོ་བོ་ངོས་གཟུང་བ་དང༌། ལམ་ མྱུར་བའི་རྒྱུ་མཚན་བཤད་པའོ། །དང་པོ་ནི། སྐྱེ་བ་འདིའམ། སྐྱེ་བ་བཅུ་དྲུག་གམ། བསྐལ་ བ་གསུམ་མམ། བསྐལ་བ་བརྒྱད་ཀྱིས་བྱང་ཆུབ་ཐོབ་པའོ། །གཉིས་པ་ནི་ཆོ་གའི་ཁྱད་པར་ གྱི་ལྷ་རྣམས་དངོས་སུ་མཆོད་པ་ལེན་པར་ཡོངས་སུ་སྤྱད་པ་ལས་བྱུང་བའི་བསོད་ནམས་ཡོད་ པ་དང༌། སྔགས་ཀྱི་མཐུས་ཆུ་ཐིག་པ་གཅིག་ལ་ཡང་གངྒཱའི་བྱེ་སྙེད་ཀྱི་བསོད་ནམས་འབྱུང་བ་ དང༌། ལས་དང་པོ་པས་མ་དག་པའི་སྣང་བ་འགོག་པའི་ཞིང་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་ བྱེད་པ་དང༌། སྔགས་སམ་ཏིང་ངེ་འཛིན་གྱི་ཁྱད་པར་རེ་རེས་ཀྱང་སེམས་ཅན་རྣམས་སྨིན་པའི་ རྒྱུ་ཁྱད་པར་ཅན་འདི་དག །ཐེག་པ་ལ་ཞུགས་པ་ཙམ་ལ་ཡང་ཡོད་པ་དང༌། ཏིང་ངེ་འཛིན་གྱི་ སྤྱོད་ཡུལ་གྱི་གཟུགས་བདེན་པ་གཉིས་ཀའི་ཚུལ་གྱིས་འབྲས་བུའི་རྣམ་པ་ལ་དམིགས་པའི་ ཤེས་རབ་རྣམས། དང་པོ་དང་ཐ་མའི་བར་དུ་ཡོད་པས་ན་ཁྱད་པར་དུ་འཕགས་པའོ། ། གཉིས་པ་ལམ་བདེ་བས་ཁྱད་པར་དུ་འཕགས་ཚུལ་ལ། ལམ་བདེ་བའི་ངོ་བོ་དང༌། བདེ་ བས་ལམ་བགྲོད་པའི་རྒྱུ་མཚན་བཤད་པའོ། །དང་པོ་ནི། ལུས་དང་སེམས་ལ་ཚོར་བ་རྩུབ་ པོ་མེད་པས་ན་བདེ་བ་ཉིད་དོ། །གཉིས་པ་ནི། འདི་ལ་སྐལ་བ་དྲུག་དང་ལྡན་པའི་ལུས་ཀྱང་ གྲུབ་པ་དང༌། རྫུ་འཕྲུལ་དང་ཏིང་ངེ་འཛིན་མང་པོ་ཐོབ་པ་དང༌། སྔགས་ཀྱི་མཐུས་སངས་ རྒྱས་རྣམས་མངོན་སུམ་དུ་བཞུགས་པ་དང༌། སྔགས་དང་རྒྱུད་ཀྱི་སྦྱོར་བས་འགྲོ་བའི་བསམ་ པ་ཐམས་ཅད་བསྒྲུབས་པས་ནའོ། ། 21-1-21 གསུམ་པ། ཐབས་ལ་མཁས་པས་ཁྱད་པར་དུ་འཕགས་པ་ལ། བསླབ་པ་གསུམ་གྱི་སྒོ་ ནས་དང༌། སྤྱོད་ཡུལ་དུ་འཇུག་པའི་སྒོ་ནས་ཁྱད་པར་དུ་འཕགས་པ་སྟེ་གཉིས་ལས། དང་པོ་ ནི། རིག་པ་འཛིན་པ་རྣམས་དང་ཚུལ་ཁྲིམས་མཉམ་པས། ལྷ་དགྱེས་པ་དང༌། སྤྱོད་ཡུལ་ཁྱད་ པར་ཅན་དང་འབྲེལ་བའི་ཏིང་ངེ་འཛིན་དང༌། ཤེས་རབ་དང་གསུམ་མོ། །གཉིས་པ་ནི། སྤྱོད་ ཡུལ་ཐམས་ཅད་དུ་ལྷ་དང་སྔགས་ཀྱི་ཐབས་ཁྱད་པར་ཅན་ཡོད་པས་ན། ཐབས་ལ་མཁས་ པས་ཁྱད་པར་དུ་འཕགས་པའོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་བཤད་པའི་བསླབ་ པ་གསུམ་དང༌། སྤྱོད་ཡུལ་ལ་འཇུག་པའི་ཐབས་མཁས་ཀྱི་ཁྱད་པར་དེ་དག་ནི་འདིར་ཡོད་ མོད་ཀྱི། ཕ་རོལ་ཏུ་ཕྱིན་པ་ལ་མེད་པའི་ཁྱད་པར་དེ་དག་དང་ལྡན་པས་ན། ཐབས་ལ་མཁས་ པའི་ཁྱད་པར་དུ་གྱུར་པ་སྟེ། གོ་རིམ་བཞིན་དུ། སྒྲོལ་མ་འབྱུང་བའི་རྒྱུད་ལས། བསྐལ་བ་ གྲངས་མེད་སུམ་ཅུ་གཉིས། །འབད་ཀྱང་ད་དུང་བྱང་ཆུབ་མེད། །བདེ་བས་ཚེ་འདིར་འགྲུབ་ འགྱུར་བ། །དེ་ཕྱིར་འདོད་ཆགས་ཆེན་པོ་བསྟན། །ཞེས་དང༌། བདེ་བས་བདེ་བ་ཐོབ་གྱུར་ཏེ། ། སངས་རྒྱས་བདེ་བ་བདེ་ཆེན་ནོ། །འབྲས་བུ་དང་མཚུངས་རྒྱུ་སྒྲུབ་པ། །མ་ཚང་སྟོང་པས་མྱ་ ངན་འདས། །ཞེས་དང༌། ཇི་སྐད་དུ། །སེམས་ཅན་དོན་ཀུན་ལེགས་བསྒྲུབ་ཕྱིར། །བློ་ཆེན་ལ་ ནི་ཐབས་ཐམས་ཅད། །དབྱེ་བ་རྣམ་བཞིར་ཚུལ་གྱིས་མཆོག །འགྲོ་བའི་སྟོན་པས་གསུངས་ པ་ཡིན། །ཞེས་སོ། །གཉིས་པ་རྒྱུད་སྡེ་རྣམས་ཀྱང་གོང་མ་གོང་མ་ཁྱད་པར་དུ་འཕགས་པའི་ ཚུལ་ནི། དེ་ཡང་བྱ་བའི་རྒྱུད་ལ་གོང་དུ་བཤད་པའི་ཁྱད་པར་འཕགས་ཆོས་དེ་དག་ནི་ཚང་ བ་ཡིན་ཀྱང་བདག་བསྐྱེད་ཀྱི་ལྷའི་བསྙེམས་པ་མེད་པ་དང༌། བྲིས་སྐུ་ལ་སོགས་པའི་རྟེན་ འགའ་ཞིག་ལྷར་སྒོམ་པ་དང༌། དཀྱིལ་འཁོར་དུ་ལྷ་སྤྱན་འདྲེན་པ་སོགས་ལྷའི་སྙེམས་པ་ཉེ་ ཚེ་བ་ཙམ་ཞིག་ཡོད་པ་དང༌། བྱ་བའི་རྒྱུད་ཆེན་པོའམ་གཉིས་ཀའི་རྒྱུད་དམ། སྤྱོད་པའི་རྒྱུད་ དུ་བདག་ཉིད་ལྷར་བསྐྱེད་པ་ཡོད་པ་དང༌། དཀྱིལ་འཁོར་གྱི་ལྷ་བསྐྱེད་ཆོག་གི་བསྐྱེད་པ་ཡོད་ 21-1-22 པས། ལྷའི་སྙེམས་པ་ཅུང་ཟད་རྒྱས་པའི་ཚུལ་གྱིས་འཇུག་པ་ཡིན་ལ། རྒྱུད་སྡེ་དེ་གཉིས་ཆར་ དུ། ལྷ་དང་སྔགས་ཀྱི་དམ་ཚིག་དང་སྡོམ་པ་ཙམ་ཡོད་ཀྱང༌། རིགས་ལྔའི་དམ་ཚིག་དང༌། ཁྱད་པར་ཅན་གྱི་ལྷའི་སྡོམ་པ་སོགས་མེད་ལ། རྣལ་འབྱོར་གྱི་རྒྱུད་ཡན་ཆད་དུ་ནི་དེ་དག་ཀྱང་ ཡོད་པ་དང༌། ཁྱད་པར་རྣལ་འབྱོར་རྒྱུད་དུ་ཐུན་མཚམས་སུ་སྣང་བ་ཐམས་ཅད་ལྷར་སྒོམ་པ་ སོགས་མེད་ཀྱང༌། དང་པོར་མ་དག་པའི་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་ནས། དེ་ ནས་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་རྒྱས་པར་བསྒོམས་པ་སྟེ། ལྷའི་སྙེམས་པ་ཁྱབ་ པའི་ཚུལ་གྱིས་འཇུག་པའོ། ། གཞན་ཡང་འདི་ལ་མངོན་བྱང་ལྔས་ལྷར་བསྐྱེད་པ་ཡོད་པས། འབྲས་བུ་ལམ་བྱེད་ མཆོག་ཀྱང་ཚང་བ་ཡིན་ནོ། །རྣལ་འབྱོར་བླ་ན་མེད་པའི་ཐེག་པ་འདི་ལ་ནང་ཚན་དུ་ལམ་གྱི་ འགྲོས་མི་འདྲ་བ་ཅུང་ཟད་ཡོད་ཀྱང༌། གཙོ་བོའི་དོན་ལ་མཚུངས་པ་ཁོ་ན་ཡིན་པས། འདི་ལ་ རྒྱུད་སྡེ་འོག་མ་རྣམས་ལ་ཡང་མེད་པའི་བསྐུར་བྱ་དབང་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་ པ་དང༌། རིགས་ལྔའི་དམ་ཚིག་ཀྱང་རྣལ་འབྱོར་རྒྱུད་ལས་ཆེས་ལྷག་པ་དང༌། བསྲུང་བྱའི་ དམ་ཚིག་ཀྱང་ཤིན་ཏུ་རྒྱས་པར་ཡོད་པ་དང༌། བདེ་བའི་སྡོམ་པ་ཡོངས་སུ་རྫོགས་པར་ཐོབ་ པ་དང༌། འབྲས་བུ་ལམ་བྱེད་ཀྱང་འོག་མ་ལས་ལྷག་པ་དང༌། བསྐྱེད་རིམ་གྱི་སྐབས་སུ་ འཁོར་བའི་རྣམ་པ་དང་མཐུན་པའི་ལམ་བསྒོམས་པས། དེ་སྦྱོང་བའི་གནད་ཟབ་མོ་ཡོད་པ་ དང༌། སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའི་ཐབས་མཁས་ཁྱད་པར་ཅན་ དང༌། ཡན་ལག་དྲུག་དང༌། རིམ་པ་ལྔ་དང༌། ཕྱག་རྒྱ་བཞི་ལ་སོགས་པ། རྩ་ཐིག་རླུང་གསུམ་ ལ་གནད་དུ་བསྣུན་པའི་དམིགས་བཅས་ཀྱི་རྫོགས་རིམ་དང༌། ཞུ་བདེ་ལྷན་སྐྱེས་དང༌། རང་ བཞིན་ལྷན་སྐྱེས་ཀྱི་བདེ་བ་སྒོམ་པ་དམིགས་མེད་རྫོགས་རིམ་དང༌། བདེ་བ་ཆེན་པོས་བརྒྱན་ པའི་ལྟ་བ་རྣམ་པར་དག་པ་དང༌། ལམ་གྱི་གྲོགས་སྤྱོད་པ་དང་ཉེ་རྒྱུ་སོགས་མདོར་ན་ཐུན་མོང་ 21-1-23 མ་ཡིན་པའི་ཁྱད་པར་དཔག་ཏུ་མེད་པ་ལྷག་པ་ཡིན་ལ། དེ་དག་ཀྱང་མདོར་བསྡུ་ན། བདེ་ བའི་སྡོམ་པ་ཚུལ་ཁྲིམས་དང༌། བག་ཆགས་སྦྱོང་བ་དང༌། གོང་མའི་རྣམ་པའི་ཏིང་ངེ་འཛིན་ དང༌། བདེ་བ་ཁྱབ་པ་དང༌། སྤྱོད་ཡུལ་དེ་ཉིད་ལ་དམིགས་པའི་ཤེས་རབ་དང༌། སྙིང་རྗེ་ཆེན་ པོ་དང༌། མཉམ་པ་ཉིད་དང་རང་བཞིན་མེད་པ་དང༌། བདེ་བ་དང༌། ལྷའི་རྣམ་པས་ཁྱབ་པ་ དང༌། དེས་དེ་དག་ཉིད་མཆོག་ལ་སྦྱོར་བས་སྤྱོད་ཡུལ་ལ་འཇུག་པ་དང༌། ཚུལ་ཁྲིམས་ནི་ཐུན་ མོང་དང་ཐུན་མོང་མ་ཡིན་པ་དང༌། རྒྱ་ཆེ་བ་དང༌། ཟབ་པའི་ཁྱད་པར་དང༌། ཏིང་ངེ་འཛིན་དང་ ཤེས་རབ་ཀྱི་ཐུན་མོང་དང་མ་ཡིན་པ་དང༌། རྒྱ་ཆེ་བ་དང༌། ཟབ་པའི་ཁྱད་པར་དུ་འཕགས་པ་ དང༌། གཞན་ཡང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྒྱུས་ཚོགས་གཉིས་མྱུར་དུ་རྫོགས་པར་བྱེད་ པ་ཡིན་ཏེ། དེ་ལ་བདེ་བ་ནི་སྙིང་རྗེའི་རང་བཞིན། དེ་ཉིད་རང་བཞིན་མེད་ཅིང༌། དམིགས་ པ་མེད་པར་མངོན་སུམ་མམ། མངོན་སུམ་གྱི་ཚུལ་གྱིས་ལས་དང་པོ་པས་བསྐྱེད་པས། བདེ་ བས་སྟོང་པ་ཕུལ་དུ་འགྱུར་བ་མངོན་སུམ་གྱིས་རྣམ་པ་དང༌། དེས་ཀྱང་བསོད་ནམས་ཕུལ་དུ་ ཕྱིན་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ཐེག་མཆོག་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ ལམ་གྱི་རྣམ་པར་གཞག་པ་ལ་གཉིས། སྔགས་རྒྱུད་ཀྱི་རབ་དབྱེ་བཤད་པ་དང༌། ལམ་གྱི་རིམ་ པ་དངོས་བཤད་པའོ། །དང་པོ་ལ་སྔགས་རྒྱུད་ཀྱི་ངོ་བོ་བཤད་པ་དང༌། དེའི་རྣམ་གྲངས་དང༌། འཇིག་རྟེན་པའི་རྒྱུད་བཤད་པ་དང༌། སྔགས་ཀྱི་ཐེག་པའི་རང་བཞིན་བཤད་པ་དང༌། དེའི་ དབྱེ་བ་བཤད་པ་དང༌། འཇིག་རྟེན་པའི་ཐེག་པ་ལ་དངོས་བཏགས་ཀྱི་དབྱེ་བ་བཤད་པའོ། ། དང་པོ་ལ་སྔགས་ནི་གསང་སྔགས་རྣམས་དང་བདེ་བ་ཆེན་པོའི་ཡེ་ཤེས་སོ། །རྒྱུད་ནི་དེའི་ སྦྱོར་བ་སྟེ་ལས་དང༌། དངོས་གྲུབ་ཀྱི་ཚོགས་རྣམས་ཏེ། ཇི་སྐད་དུ། ཡིད་ནི་མན་ཞེས་བྱ་བར་ བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །ཞེས་སྔགས་ཀྱི་དོན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ མཚན་རྟོག་ལས་སྐྱོབ་པའོ། །ཡང་ན་གསང་སྔགས་ཞེས་བྱ་བ་ནི་མནྟྲ་སྟེ། དེ་ལས་མ་ནུ་ན་ 21-1-24 ཡིད་ཡིན་ལ། སྒོ་ལྔའི་རྣམ་ཤེས་རྗེས་སུ་འབྲང་བའི་ཡིད་དང་བཅས་པའོ། །ཏྲ་]ཡ་ནི་སྐྱོབ་པ་ སྟེ། བསྐྱེད་རྫོགས་གཉིས་ཀྱི་ཐབས་མཁས་ཀྱིས། སྒོ་ལྔའི་རྣམ་ཤེས་རྗེས་འབྲང་དང་བཅས་ པའི་རྣམ་རྟོག་གི་ཡིད་ལ་སྐྱོབ་པས་ན་གསང་སྔགས་སོ། །བསྐྱེད་རྫོགས་གཉིས་པོ་དེ་བཞོན་ པར་བྱེད་པས་ན་གསང་སྔགས་ཀྱི་ཐེག་པའོ། །དེ་སྐད་དུ་ཡང༌། མ་ནི་དེ་བཞིན་ཡིད་ཡིན་ཏེ། ། གང་གང་རྒྱུ་དང་རྐྱེན་ལས་བྱུང༌། །ཡུལ་དང་དབང་པོ་ཡིན་ནོ་གསུངས། །ཏྲ་ནི་དེ་བཞིན་སྐྱོབ་ པར་མཛོད། །ཅེས་དང༌། མ་ནི་སྟོང་པ་མཚན་མ་བྲལ། །རྡོ་རྗེ་འཛིན་པའི་དབུགས་དབྱུང་བ། ། ཤེས་རབ་ཆེན་པོ་བདག་གིས་བཤད། །ཏྲ་ནི་དེ་བཞིན་སྐྱོབ་པར་བརྗོད། །དེ་བཞིན་གཤེགས་ པའི་དབུགས་དབྱུང་བ། །སྙིང་རྗེ་ཆེན་པོ་བདག་གིས་བཤད། །སྟོང་པ་དང་ནི་སྙིང་རྗེ་གཉིས། ། གཉིས་སུ་མེད་པ་གཉིས་ཀྱི་ཚུལ། །གསང་སྔགས་ཞེས་ནི་དེ་ལ་བརྗོད། །ཞེས་སོ། ། ཡང་ན་སྔགས་རྣམས་རྒྱུད་ཀྱི་ནང་དུ་འདུ་བ་ཡིན་ཏེ། དེ་ལ་རྒྱུད་ཅེས་བྱ་བ་ནི་སྔགས་ རྣམས་དང་དེའི་ཆོ་གའོ། །དེ་སྟོན་པར་བྱེད་པའི་བཀའི་ཚོགས་ལ་རྡོ་རྗེ་ཐེག་པའི་སྡེ་སྣོད་དང༌། རྒྱུད་ཅེས་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རིག་པ་འཛིན་པའི་སྡེ་སྣོད་དང༌། སྔགས་ ཀྱི་སྡེ་སྣོད་དང༌། ཆོས་འདི་པ་རྣམས་ཀྱི་རྒྱུད་དང༌། རྡོ་རྗེ་ཐེག་པའི་སྡེ་སྣོད་ཞེས་པ་རྣམས་རྣམ་ གྲངས་དང༌། གཞན་ཡང་རྡོ་རྗེ་ཐེག་པ་དང༌། སྔགས་ཀྱི་ཐེག་པ་དང༌། རིག་པ་འཛིན་པའི་ ཐེག་པ་དང༌། འབྲས་བུའི་ཐེག་པ་ཞེས་པ་རྣམས་རྣམ་གྲངས་ཡིན་ནོ། །གསུམ་པ་ནི། དབང་ ཕྱུག་གིས་བྱས་པ་དང༌། དྲང་སྲོང་གིས་བྱས་པ་དང༌། ལྷ་དང་འབྱུང་པོ་དང༌། གསང་བ་པ་དག་ དང༌། སྔགས་མཁན་དག་གིས་བྱས་པ་དག་ཡིན་ཏེ། དེ་དག་ནི་རྡོ་རྗེའི་ཐེག་པ་དང༌། སྔགས་ ཀྱི་སྡེ་སྣོད་ནི་མ་ཡིན་ཏེ། གཞན་དུ་སྔགས་དང༌། རྒྱུད་ཅེས་བྱ་བ་ཡིན་ནོ། །བཞི་པ་ནི། རིག་ སྔགས་ཀྱི་སྦྱོར་བ་གཙོ་བོར་སྟོན་པའི་ལམ་དང༌། དེའི་འབྲས་བུ་ནི་སྔགས་ཀྱི་ཐེག་པ་ཡིན་ ནོ། །ལྔ་པ་ལ་གཉིས། འཇིག་རྟེན་པའི་ཐེག་པ་དང༌། འཇིག་རྟེན་ལས་འདས་པའི་ཐེག་པའོ། ། 21-1-25 དང་པོ་ནི། འཇིག་རྟེན་པའི་ཐེག་པ་གང་ཞེ་ན། འདོད་པའི་རིག་པ་འཛིན་པ་དང༌། གཟུགས་ ཀྱི་རིག་པ་འཛིན་པ་དང༌། དེ་དག་གི་ལམ་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བ་གཞན་ལ་ སྔགས་ཀྱི་སྦྱོར་བས་བགྲོད་པར་བྱེད་པའི་ལམ་རྣམས་སོ། །གཉིས་པ་ནི། ཐེག་པ་གསུམ་པོ་ དག་གོ །འཇིག་རྟེན་པའི་ཐེག་པ་ནི་མིང་ཙམ་སྟེ། གོ་འཕང་མི་གཡོ་བ་མ་ཡིན་པའི་ཕྱིར་དང༌། དེ་ལ་ངེས་པར་འཇུག་པ་མ་ཡིན་པའི་ཕྱིར་དང༌། ཡུལ་དུས་ཉི་ཚེ་བའི་ཕྱིར་རོ། །འཇིག་རྟེན་ ལས་འདས་པའི་ཐེག་པ་ནི་དངོས་ཏེ། རྡོ་རྗེའི་ཐེག་པའོ། །དེའི་ཡང་ཉན་ཐོས་དང་རང་སངས་ རྒྱས་ཀྱི་ཐེག་པ་ནི་གཙོ་བོ་མ་ཡིན་ནོ། །དྲུག་པ་འཇིག་རྟེན་པའི་ཐེག་པ་ལ་དངོས་བཏགས་ ཀྱི་དབྱེ་བ་བཤད་པ་ལ། འཇིག་རྟེན་པའི་ཐེག་པ་ཡང་རྣམ་པ་གསུམ་སྟེ། འཇིག་རྟེན་པ་ཉིད་ ཀྱི་ཐེག་པ་དང༌། ངེས་པ་ལ་འཇུག་པའི་འཇིག་རྟེན་པ་དང༌། སེམས་ཀྱི་རྟེན་འཇིག་རྟེན་པའོ། ། དང་པོ་ནི། སོ་སོ་སྐྱེ་བོས་བྱས་པའོ། །གཉིས་པ་ནི་རིག་པ་འཛིན་པའི་སྡེ་སྣོད་ལས་འབྱུང་བ་ འཇིག་རྟེན་པའི་ཐེག་པའོ། །གསུམ་པ་ནི། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་མོ། །དེ་ལ་ཕྱི་ མ་གཉིས་ནི་འཇིག་རྟེན་ལས་འདས་པའི་སྡེར་གཏོགས་ཏེ། དེ་སྟོན་པར་བྱེད་པ་རྣམས་ཀྱང་ དེའི་སྡེ་སྣོད་དུ་གཏོགས་སོ། །འཕགས་པའི་སེམས་ཀྱི་རང་དགར་བྱས་པ་ཡང༌། དེའི་སྡེར་ གཏོགས་མོད་ཀྱི། འོན་ཀྱང་སྡེ་སྣོད་ནི་མ་ཡིན་ནོ། །གཞན་ཡང་སྔགས་ཀྱི་ཚུལ་གསུམ་སྟེ། མཆོག་དང་དམན་པ་ཡན་ལག་གོ །དེ་གསུམ་གྱི་ངོ་བོ་ནི་བདེ་བ་ཆེན་པོ་དང༌། ལྷའི་བསྙེན་ པ་དང༌། སྔགས་དང་སྦྱོར་བ་ཙམ་དང་བཅས་པའོ། །དང་པོ་གཉིས་ནི་དངོས་དང༌། སྔགས་ པའི་ཐེག་པ་དང༌། རིག་པ་འཛིན་པའི་ཚུལ་དང༌། སྡོམ་པ་དང་འབྲེལ་བ་ཡིན་ནོ། །ཕྱི་མ་ནི་དེ་ རྣམས་མ་ཡིན་ཏེ། གཞན་དུ་སྔགས་ཞེས་པ་ཙམ་མོ། །ཡང་སྔགས་ཀྱི་ཚུལ་བདུན་ཏེ། གཏན་ དུ་སའི་ལམ་དང༌། ཆ་ཤས་ཅན་དང༌། ཁྱད་པར་དུ་གྱུར་པ་དང༌། དང་པོར་བདེན་པ་དང༌། ཕལ་ཆེར་བདེ་ཆེན་གྱི་ཚུལ་དང༌། འགའ་ཞིག་བདེ་ཆེན་དང༌། ཅུང་ཟད་བདེ་ཆེན་གྱི་ཚུལ་ལ་ 21-1-26 སོགས་པ་མང་དུ་ཡོད་ཀྱང་རེ་ཞིག་འདིར་མི་བརྗོད་དོ། ། གཉིས་པ་ལམ་གྱི་རིམ་པ་དངོས་བཤད་པ་ལ། ལམ་སྟོན་བྱེད་ཀྱི་གཞུང་གི་ཚོགས་ངེས་ པར་བྱ་བའི་ཕྱིར་དུ་རྗོད་བྱེད་ཚིག་གི་རྒྱུད་མདོར་བསྟན་པ་དང༌། ཉམས་སུ་བླངས་པའི་སྒྲུབ་ པ་བརྗོད་བྱ་དོན་གྱིས་རྒྱུད་རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ་རྗོད་བྱེད་ཚིག་གི་རྒྱུད་ ངོས་བཟུང་བ་དང༌། དེའི་དབྱེ་བ་ཅུང་ཟད་བཤད་པ་དང༌། གསང་སྔགས་ཀྱི་ཐེག་པ་ཇི་ལྟར་ བྱུང་བའི་ཚུལ་གསུམ་ལས། དང་པོ་ནི། གོང་དུ་བཤད་པ་ལྟར་རིག་པ་འཛིན་པའི་སྡེ་སྣོད་ རྣམས་སོ། །གཉིས་པ་ནི། འོག་ཏུ་འཆད་པ་ལྟར་གཙོ་བོ་རྒྱུད་སྡེ་བཞི་པོ་རྣམས་ཡིན་མོད་ཀྱི། རྒྱུད་སྡེ་ཐམས་ཅད་བསྡུ་ན། རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་གཉིས་སུ་འདུ་བ་ཡིན་ལ། ཡང་ ན་རྩ་བའི་རྒྱུད་དང༌། ཕྱི་མའི་དང༌། བཤད་པའི་དང༌། ཆ་མཐུན་གྱི་དང༌། འཕྲོས་པའི་རྒྱུད་དེ་ ལྔའོ། །ཡང་མདོ་དང༌། རྟོག་པ་དང༌། ཆོ་ག་ཞིབ་མོ་དང༌། གཟུངས་ཏེ་བཞི་དང༌། དེ་དག་གི་ ཟླས་ཕྱེ་བའི་རྩ་བའི་རྒྱུད་དེ་ལྔར་དབྱེ་བ་ལ་སོགས་པ་ཡོད་དོ། ། གསུམ་པ། སྔགས་ཀྱི་ཐེག་པ་ཇི་ལྟར་བྱུང་བའི་ཚུལ་ནི། འདི་ལ་ཆེས་སྔ་རབས་པ་རྣམས། དཔལ་སྡོམ་པའི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་དེ། །འཛམ་གླིང་ཤར་ ལྷོའི་ཕྱོགས་མཚམས་ནས། །དཔལ་ཞེས་བྱ་བའི་རི་བོ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ ཀྱིས། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ལག་ན་རྡོ་རྗེ་སྣང་བར་བྱེད། །མི་ལ་སྐལ་ལྡན་དམ་པ་ རྣམས། །བྱང་ཆུབ་མཆོག་ཏུ་འགྲུབ་འགྱུར་བས། །དེ་ལ་རྟག་ཏུ་གུས་པར་བྱོས། །ཞེས་སྟོན་པ་ མྱ་ངན་ལས་འདས་ནས། ལོ་ཉི་ཤུ་རྩ་བདུན་ན། རྒྱལ་པོ་ཛ་ཧིའི་ཁང་སྟེང་དུ་སྔགས་ཀྱི་མདོ་སྡེ་ རྣམས་བབ་པར་འདོད་པ་དང༌། ཡང་སྟོན་པ་མྱ་ངན་ལས་འདས་ནས། ལོ་བརྒྱ་དང་ཉི་ཤུ་ན། རྒྱལ་པོ་ས་ཧིའི་ཁང་སྟེང་དུ། སྔགས་ཀྱི་སྡེ་སྣོད་བབ་པར་འདོད་པ་དང༌། ཡང་ཁ་ཅིག་རྒྱལ་པོ་ 21-1-27 རབ་གསལ་ཟླ་བའི་ཁྱིམ་དུ་བྱུང་བར་འདོད་པ་དང༌། དུས་ཀྱི་འཁོར་ལོ་ནི། སྟོན་པས་དཔལ་ ལྡན་འབྲས་སྤུང་གི་མཆོད་རྟེན་དུ་སྔགས་ཀྱི་ཐེག་པ་གསུངས་ཤིང༌། དེ་ཡང་ལྷ་ལ་སོགས་པའི་ འགྲོ་བ་གཞན་རྣམས་ཀྱི་སྤྱད་བྱར་གྱུར་ཅིང༌། རེ་ཞིག་འཛམ་བུ་གླིང་པའི་མི་རྣམས་ལ་མི་སྣང་ བ་དང༌། འོན་ཀྱང་ཤམྦྷ་ལ་ལ་སོགས་པའི་ཡུལ་ཁྱད་པར་ཅན་འགའ་ཞིག་ཏུ་དར་བ་ཡིན་ནོ། ། གཞན་ཡང་རྒྱུད་སྡེ་སོ་སོ་ནས་གྲུབ་པའི་སློབ་དཔོན་སོ་སོས་སྤྱན་དྲངས་པའི་ལོ་རྒྱུས་ ཀྱང་ཡོད་པ་ཐམས་ཅད་ཀྱང་མི་འཐད་པ་མེད་དོ། །འོན་ཀྱང་རང་ལུགས་ཀྱི་རྣམ་པར་བཞག་ པ་ལ་གཉིས་ཏེ། སྤྱིར་གསང་སྔགས་ཀྱི་ཐེག་པ་ཇི་ལྟར་བྱུང་ཚུལ་དང༌། བྱེ་བྲག་ཏུ་འོ་སྐོལ་གྱི་ སྟོན་པས་གསུངས་ཚུལ་ལོ། །དང་པོ་ནི། རྡོ་རྗེ་འཆང་གིས་དབུགས་དབྱུང་བ་དང༌། རིགས་ ལྔའི་དབུགས་དབྱུང་བའི་དཀྱིལ་འཁོར་སྤྲུལ་ཞིང་བཤད་པ་མཛད་པ་རྣམས་ཏེ། སྒྲོལ་མ་ འབྱུང་བའི་རྒྱུད་ལས། དབུགས་དབྱུང་རྣམ་པ་གཉིས་བསྟན་ཏོ། ། འདི་ལ་དང་པོར་རྡོ་རྗེ་སེམས། །ཕྱི་ནས་དེ་བཞིན་གཤེགས་པའོ། །འདས་པའི་དུས་ན་ སྔོན་བྱུང་བ། །རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ། །སངས་རྒྱས་བདག་ཉིད་རྣམ་བསྡུས་ནས། ། རིག་མ་བཙུན་མོ་རྣམ་པར་རོལ། །ཆོས་འབྱུང་ནམ་མཁའི་ཁམས་གནས་པ། །ཡེ་ཤེས་རྒྱ་ མཚོའི་རྣམ་རོལ་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །མ་ལུས་ལུས་པ་མེད་པར་ བསྐྱེད། །བདག་ཉིད་བདེ་བ་ཆེ་རང་བཞིན། །སེམས་ཅན་ཁམས་ལ་རྗེས་ཞུགས་པས། །ཐམས་ ཅད་བདེ་ཆེན་བྱང་ཆུབ་ཐོབ། །བདེ་བས་མངོན་པར་ཞེན་རྣམས་ལ། །སངས་རྒྱས་རྣམས་ ཀྱིས་སྟོང་ཉིད་བསྟན། །དེ་དེས་གྲངས་མེད་མངོན་བྱང་ཆུབ། །ཕྱིས་ནས་སྟོང་པར་མངོན་ཞེན་ རྣམས། །ཐམས་ཅད་དམྱལ་བར་ལྷུང་གྱུར་པས། །རྒྱལ་བ་རྟག་པ་རྣམ་སྤྲུལ་ཏེ། །དབུ་མ་ལ་ ནི་རྣམ་པར་གཞག །རང་དང་གཞན་དོན་ཆེར་བསྒྲུབས་པས། །དཔག་ཡས་མཆོག་ཏུ་དགྲོལ་ བར་བྱས། །ཀུན་རྫོབ་རྗེས་ཞུགས་ངར་འཛིན་ཅན། །རྣམ་རྟོག་དུ་མས་རྣམ་དཀྲུགས་ནས། ། 21-1-28 དེ་དག་གཞན་གྱི་བསམ་པ་ཀུན། །རྫོགས་བྱེད་བྱ་བ་མཆོག་ལ་བསྐུལ། །རིན་ཆེན་ཉི་མ་རྣམ་ སྤྲུལ་པས། །དེ་དག་བླ་མེད་བྱང་ཆུབ་ལ། །མཆོག་ཏུ་དགའ་བས་གཞོལ་བར་འགྱུར། །གཞན་ ལས་རྗེས་སུ་ཆགས་ལྡན་པ། །དེའི་ཚེ་འདོད་ཆགས་ཀྱིས་བཅིངས་པ། །པདྨ་གར་དབང་རྣམ་ སྤྲུལ་ཏེ། །འདོད་ཆགས་བདེ་བའི་ལམ་གྱིས་ནི། །བརྗོད་མེད་འགྲོ་བ་མངོན་བྱང་ཆུབ། །ཕྱི་ ནས་བདེ་བ་ཆགས་ལྡན་རྣམས། །ལེ་ལོས་མང་པོར་ཉམས་གྱུར་ནས། །བློ་ངན་འཇིག་རྟེན་ རྣམ་པར་འཁྲུགས། །རྟ་མཆོག་རྒྱལ་པོར་རང་སྤྲུལ་ཏེ། །སེམས་ཅན་བརྩོན་འགྲུས་གནས་ལ་ བཞག །བྱི་བོ་རྐུན་པོ་དགྲ་ལ་སོགས། །རང་རང་ཚུལ་གྱིས་མངོན་སྤྲུལ་པས། །ཐམས་ཅད་རྡོ་ རྗེའི་གནས་ལ་བཞག །བརྩོན་ལྡན་སྤྱོད་པ་སྣ་ཚོགས་པས། །ཤིན་ཏུ་ཁྲོ་གཏུམ་གདུག་པ་ཅན། ། རབ་འཕྲོས་ཧེ་རུ་ཀར་སྤྲུལ་པ། །དྲག་ཤུལ་གསོད་ལ་དགྱེས་པར་གྱུར། །སྲིན་པོ་གནོད་སྦྱིན་ འབྱུང་པོ་གདོན། །མ་མོ་བཅོམ་བྱས་རིག་སྔགས་དང༌། །རྫས་དང་མཚོན་ཆ་འཁྲུལ་འཁོར་ དང༌། །སྨན་གྱིས་ཀྱང་ནི་ཐམས་ཅད་བཅོམ། །ཞེ་སྡང་གདུག་རྣོན་ཞི་བའི་ཕྱིར། །སླར་ཡང་ བདེ་ཆེན་མགོན་པོ་ལ། །མ་འོངས་དུས་ནས་རབ་འཇུག་སྟེ། །དབུགས་དབྱུང་དཀྱིལ་འཁོར་ དམ་པའོ། །འདིར་ནི་དོན་དམ་ཀུན་རྫོབ་སྟེ། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་ཞེས། །གཞན་ ནི་རྒྱུ་དང་འབྲས་བུ་སྟེ། །དབུགས་དབྱུང་གཉིས་སུ་བསྟན་པའོ། །འདིར་ཡང་དོན་དམ་རྣམ་ པ་གཉིས། །བདེ་བ་ཆེ་དང་དེ་ཉིད་དོ། །ཀུན་རྫོབ་གཉིས་ཀྱང་འཇིག་རྟེན་དང༌། །དཀྱིལ་ འཁོར་ཞེས་ནི་རེ་ཞིག་བཞག །ཞེས་གསུངས་ཞིང༌། གཞན་ཡང༌། དཔལ་སངས་རྒྱས་ཐམས་ ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་རྒྱུད་དང༌། རྡོ་རྗེ་མཁའ་འགྲོ་ལ་ སོགས་པ་ནས་གསུངས་པ་བཞིན་ཤེས་པར་བྱའོ། ། འདི་ལ་དཔྱད་པར་བྱ་བ་ལ། །མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་ གསུངས། །ཞེས་སོགས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གསང་སྔགས་གསུངས་པར་ 21-1-29 བཤད་པ་དང༌། གསང་བ་འདུས་པ་སོགས་ལས། གསང་སྔགས་འོ་སྐོལ་གྱི་སྟོན་པས་ཁྱད་ ཆོས་སུ་བཤད་པ་མི་འདྲ་བ་མང་པོ་ཡོད་པ། དེ་རྣམས་ཇི་ལྟར་དྲང་ཞེ་ན། རྒྱལ་སྲས་འཕགས་ པ་རྣམས་དང༌། ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་འཁོར་གྱི་དཀྱིལ་འཁོར་དུ་ནི། དུས་གསུམ་ གྱི་སྤྲུལ་པའི་སྐུ་ཐམས་ཅད་ཀྱིས་གསང་སྔགས་གསུངས་པ་ཡིན་ལ། མིའི་འཇིག་རྟེན་དུ་ནི། སྨོན་ལམ་གྱི་ཁྱད་པར་མཆོག་དང་ལྡན་པའི་འོ་སྐོལ་གྱི་སྟོན་པ་སོགས་འགའ་ཞིག་ཙམ་མ་ གཏོགས། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ་གསང་སྔགས་འབྱུང་བ་མ་ཡིན་ནོ། །དེ་ལ་ ཁ་ཅིག་སྤྲུལ་པའི་སྐུས་གསང་སྔགས་གསུངས་པ་དང༌། ཤཱཀྱ་སེངྒེས་གསང་སྔགས་གསུངས་ ཞེས་པའི་ཚིག་ལ་འཁྲུལ་ཏེ། དཀྱིལ་འཁོར་སྤྲུལ་ཞིང་བཤད་པ་མཛད་པ་ཞེས་པའི་རྣམ་དབྱེ་ མ་ཆགས་པར། སྤྲུལ་པའི་སྐུ་ཆགས་བྲལ་གྱི་རྣམ་པ་ཅན་གྱིས་གསང་སྔགས་གསུངས་པར་ འདོད་པ་སོགས་ནི། མུན་སྤྲུལ་དུ་ཤེས་པར་བྱའོ། །གཉིས་པ་ལ། མིའི་འཇིག་རྟེན་དུ་ནི། སྡེ་ སྣོད་ཀྱི་སྔ་རོལ་ཏུ་ཡང་གསང་སྔགས་ཀྱི་ཐེག་པ་གསུངས་པ་ཡིན་ཏེ། བདུད་བཏུལ་བའི་ཚེ། གཤིན་རྗེ་གཤེད་ཀྱི་རྒྱུད་འབུམ་པ་གསུངས་པར་བཤད་པ་བཞིན་ནོ། །དེ་ཡང་འོ་སྐོལ་གྱི་ སྟོན་པའི་སྐུ་ཚེའི་ཐོག་མཐའ་བར་མའི་གནས་སྐབས་སྣ་ཚོགས་སུ་གསང་སྔགས་གསུངས་པ་ ཡིན་པ་ལས། བྱ་བའི་རྒྱུད་རྣམས་ནི། གླེང་གཞི་ནས་འབྱུང་བ་ལྟར། ལྷ་དང་མིའི་གནས་སོ་ སོར་གསུངས་པ་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་རྒྱུད་ཀྱང༌། འོག་མིན་དང༌། གཞན་ འཕྲུལ་དབང་བྱེད་དང༌། རི་རབ་ཀྱི་རྩེ་མོ་ལ་སོགས་པར་གསུངས་པ་གླེང་གཞི་ལས་ཤེས་ ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཕལ་ཆེར་ནི་ལྷ་དང་མིའི་འཇིག་རྟེན་དུ་གསུངས་པ་ཉུང་ སྟེ། སངས་རྒྱས་ཉིད་ཀྱི་བྱིན་གྱིས་བརླབས་པའི་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་བཙུན་ མོའི་བྷ་ག་ཆོས་ཀྱི་འབྱུང་གནས་སམ། ཆོས་ཀྱི་དབྱིངས་སུ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་ ཆོས་ཀྱི་འབྱུང་གནས་དེ་ཡང༌། སངས་རྒྱས་རང་སྣང་གིས་བསྡུས་པའི་ཞིང་འོག་མིན་སྟུག་པོ་ 21-1-30 བཀོད་པ་ལས་གཞན་དུ་བསམ་པར་མི་བྱའོ། །བླ་མེད་ཀྱི་རྒྱུད་འགའ་ཞིག་ནི། ཨུ་རྒྱན་རྡོ་རྗེའི་ གནས་དང༌། སུམ་ཅུ་རྩ་གསུམ་གྱི་གནས་དང༌། དཔལ་ལྡན་འབྲས་སྤུངས་སུ་གསུངས་པའང་ ཡོད་དོ། །དེ་ལྟར་སྟོན་པས་གསང་སྔགས་ཀྱིས་ཐེག་པ་མཐའ་དག་གསུངས་ནས། མཐར་ གསང་བའི་བདག་པོ་ཕྱག་ན་རྡོ་རྗེའམ། རྒྱལ་པོ་ཨིནྡྲ་བྷུ་ཏི་ཆེན་པོ་ལ་གཏད་པར་གྲགས་སོ། ། དེས་ན་སྔགས་ཀྱི་ཐེག་པའི་རྒྱུད་བསྡུ་བ་པོ་ནི། གསང་བའི་བདག་པོ་ཉིད་ཡིན་ཞིང་། ལྷ་ ཀླུ་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱིས་གནས་ན་རྒྱུད་རྒྱས་པ་རྣམས་ཀྱང་བཞུགས་ལ། དཔལ་ དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རྣལ་འབྱོར་ཕྱི་ནང་གི་རྒྱུད་མང་པོ་ཞིག་ནི་ལྷའི་གནས་ ནས་མིའི་ཡུལ་དུ་བྱོན་པར་གྲགས་ཤིང༌། བླ་མེད་ཀྱི་རྒྱུད་ཕལ་ཆེར་ནི་ཨོ་རྒྱན་རྡོ་རྗེའི་གནས་ ཧེ་རུ་ཀ་རང་བྱུང་གི་གཙུག་ལག་ཁང་ནས་གྲུབ་པའི་སློབ་དཔོན་སོ་སོས་སྤྱན་དྲངས་པ་དང༌། དུས་ཀྱི་འཁོར་ལོ་ལ་སོགས་པའི་རྒྱུད་སྡེ་འགའ་ཞིག་ནི་ཤམྦྷ་ལ་ནས་སྤྱན་དྲངས་པ་ཡང་ཡོད་ དོ། །འོ་ན་གསང་སྔགས་ཀྱི་ཐེག་པ་འདི་དུས་ནམ་གྱི་ཚེ་ན་དར་བར་གྱུར་སྙམ་ན། འདི་ལ་ བཀའ་བསྡུ་བ་གསུམ་པ་མཛད་པ་ཡན་ཆོད་དུ་ནི། ཐེག་པ་ཆེན་པོའི་མདོ་རྒྱུད་ཉི་ཚེ་བ་ཙམ་ ལས་གསལ་བར་དར་བ་མེད་ལ། དེའི་འོག་ཏུ་རིང་པོར་མ་ལོན་པར། ལྷ་དང་ཀླུ་དང༌། གནོད་ སྦྱིན་དང༌། དྲི་ཟ་དང༌། སྲིན་པོ་རྣམས་ཀྱིས་གནས་ན། ཐེག་པ་ཆེན་པོའི་མདོ་རྒྱུད་དཔག་ཏུ་ མེད་པ་བཞུགས་པ་རྣམས་ཡི་གེར་འདྲི་བ་སོགས་རྩོལ་བ་ལ་མ་ལྟོས་པར། སྤྲུལ་པའི་ཚུལ་ གྱིས་འཇིག་རྟེན་དུ་ཅིག་ཅར་དུ་བྱུང་བ་ཡིན་ནོ། །བྱ་སྤྱོད་ཀྱི་རྒྱུད་རྣམས་ནི་ཐེག་པ་ཆེན་པོ་དར་ བ་དང་དུས་མཚུངས་ཤིང༌། གོང་དུ་བཤད་པའི་ལྷ་ཡུལ་ནས་འབྱུང་བའི་རྣལ་འབྱོར་ཕྱི་ནང་ གི་རྒྱུད་རྣམས་ཀྱང་དུས་དེ་ཉིད་ཀྱི་དར་བ་ཡིན་ནོ། །ཤེར་ཕྱིན་འབུམ་པ་ལ་སོགས་པའི་མདོ་ སྡེ་འགའ་ཞིག་དང༌། གསང་སྔགས་ཀྱི་རྒྱུད་སྡེ་འགའ་ཞིག་ནི་ཕྱི་ནས་རིམ་གྱིས་དར་བ་དང༌། 21-1-31 ཐམས་ཅད་ཀྱི་ཐ་མར་འབྱུང་བ་ནི། དུས་ཀྱི་འཁོར་ལོ་ཡིན་པར་གྲགས་སོ། ། གཉིས་པ་ཉམས་སུ་བླངས་པའི་སྒྲུབ་པའི་བརྗོད་བྱ་དོན་གྱི་རྒྱུད་རྒྱས་པར་བཤད་པ་ལ། རྒྱུད་སྡེ་བཞིར་འཇོག་པའི་རྒྱུ་མཚན་བཤད་པ་དང༌། དེ་དག་གི་ལམ་རིམ་བཤད་པ་གཉིས་ ལས། དང་པོ་ལ། །འདི་ལ་སྔ་རབས་པའི་བླ་མ་དག གྲུབ་མཐའ་བཞི་དང༌། ཕྱི་རོལ་པའི་རྒྱུད་ བཞི་དང༌། རྫོགས་ལྡན་ལ་སོགས་པའི་དུས་བཞི་དང༌། མི་རིགས་བཞི་ལ་སོགས་པ་དེ་རྣམས་ འདུལ་བའི་དོན་དུ་དེ་དག་དང་མཐུན་པར་རྒྱུད་སྡེ་བཞིར་གསུངས་པ། ཕལ་ཆེར་མི་འཐད་པ་ མེད་མོད་ཀྱང༌། དེ་དང་དེ་ཁོ་ནས་དབྱེ་བར་ནུས་པ་ཡང་མ་ཡིན་ལ། དེ་དག་གདུལ་བྱའི་གཙོ་ བོར་བྱེད་ན་ནི་མི་རུང་ཞིང་། ཁྱད་པར་སྤྱོད་པའི་རྒྱུད་རྣམས་ཞེ་སྡང་གི་རྒྱུད་སྟོན་པ་འདུལ་བར་ སྦྱོར་བ་ནི་མི་འགྲིག་གོ ། དེས་ན་རང་ལུགས་རྣམ་པར་གཞག་པ་ནི། མི་རིགས་བཞི་དང༌། གྲུབ་མཐའ་བཞི་ལ་ སོགས་པ་དེ་དག་མོས་པའི་དགོས་པ་ནི་ཡོད་མོད་ཀྱིས། རྒྱུད་སྡེ་བཞི་ཁའི་གདུལ་བྱའི་གཙོ་ བོ་ནི། ཐེག་ཆེན་གྱི་ལམ་དུ་ཞུགས་པ་ཁོ་ན་ཡིན་ནོ། །དེ་ལ་འདོད་ཁམས་ན་འདོད་ཆགས་མི་ འདྲ་བ་རིགས་བཞི་ཡོད་དེ། མཛོད་ལས་གཉིས་གཉིས་འཁྱུད་དང་ལག་བཅང་དང༌། །རྒོད་ དང་བལྟས་པས་འཁྲིག་པ་ཡིན། །ཞེས་སོ། །དེ་དག་དང་མཚུངས་པར་ལམ་བྱེད་བཞིའི་སྒོ་ ནས་དབྱེ་བ་དང༌། ལྷའི་རྣལ་འབྱོར་བཞིའི་ཁྱད་པར་གྱི་དབྱེ་བའོ། །དང་པོ་ལ། བྱ་བའི་རྒྱུད་ ནི་ལྟ་བའི་བདེ་བ་ལམ་དུ་བྱེད་པ་ཡིན་ཏེ། དེ་ཡང་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་ལས། བཅོམ་ལྡན་འདས་ཞལ་ཁྲོ་གཉེར་ཅན་ལ་གཏོད་པར་བྱ་ཞིང༌། ཞེས་དང༌། གཡས་ཕྱོགས་ན་ ལྷ་མོ་སྒྲོལ་མ་འཛེམ་བག་དང་བཅས་ཤིང་ལུས་བཏུད་པས་མཆོག་སྦྱིན་པའི་ཕྱག་རྒྱ་ལ་མིག་ གཏོད་པར་བྱའོ། །གཡོན་དུ་པདྨ་རིགས་མཛེས་མ་འཛེམ་བག་དང་བཅས་པ་གསང་སྔགས་ ཀྱི་ཚུལ་དང་རྗེས་སུ་མཐུན་ཞིང༌། དོན་ཡོད་ཞགས་པ་ལ་མིག་གཏོད་པར་བྱའོ། །ཞེས་དང༌། 21-1-32 རྡོ་རྗེ་གཙུག་ཏོར་ལས། དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ནི། །དཀར་པོའི་རས་ལ་རྟག་ གནས་ཤིང༌། །ཕོའང་མོ་ལ་ལྟ་བ་དང༌། །མོའང་ཕོ་ལ་ལྟ་བ་བྲི། །ཞེས་སོགས་བྱ་རྒྱུད་ཀྱི་ཆོ་ག་ ཞིབ་མོ་ཐམས་ཅད་ནས་གསུངས་པ་ཡིན་ནོ། །སྤྱོད་པའི་རྒྱུད་ནི་རྒོད་པའི་བདེ་བ་ལམ་དུ་བྱེད་ པར་རྣམ་སྣང་མངོན་བྱང་ལས། རྣམ་པར་སྣང་མཛད་རྒྱལ་པོ་ཆེ། །ཡིད་ཙམ་འཛུམ་པ་བཞིན་ དུ་བྲི། །ཞེས་དང༌། དེ་ཡི་གཡས་སུ་ལྷ་མོ་ནི། །སངས་རྒྱས་སྤྱན་ཞེས་བྱ་བ་སྟེ། །ལྷ་མོ་ཅུང་ཟད་ འཛུམ་པའི་ཞལ། །འོད་ཀྱི་དཀྱིལ་འཁོར་འདོམ་གང་བ། །མཚུངས་མེད་སྐུ་ནི་རབ་ཏུ་དྭངས། ། དེ་ནི་ཤཱཀྱ་ཐུབ་པའི་ཡུམ། །ཞེས་དང༌། སྤྱན་རས་གཟིགས་དབང་དཔའ་བོ་ནི། །པདྨ་དཀར་ པོའི་གདན་ལ་འདུག །དུང་དང་ཀུནྡ་ཟླ་བ་འདྲ། །དབུ་ལ་འོད་དཔག་མེད་བཞུགས་པ། །དེ་ ནི་བག་ཙམ་འཛུམ་པར་བྲི། །དེ་ཡི་གཡས་སུ་ལྷ་མོ་ནི། །སྒྲོལ་མ་གྲགས་པ་ཆེན་མོ་དེ། །དགེ་ ཞིང་འཇིགས་པ་སེལ་བ་སྟེ། །ཞེས་སོགས་གསལ་བར་གསུངས་ལ། རྣལ་འབྱོར་རྒྱུད་ལག་ བཅང་གི་བདེ་བ་ལམ་དུ་བྱེད་པར་གཞན་རྣམས་ན་རྒྱས་པར་མ་གསུངས་ཀྱང༌། རྡོ་རྗེ་རྩེ་མོར་ གསལ་བར་གསུངས་ཏེ། དེ་ཉིད་ལས། ལྷ་མོ་རྡོ་རྗེ་ཅ་ཅོ་སྒྲོག །པུས་ཁྱུད་རང་གི་ལྷ་མོ་དེ། ། དེ་ཡི་གློ་ན་མགོ་བསྒྱུར་ཞིང༌། །འཛུམ་བཅས་ཀུན་ཏུ་ལྟ་བ་སྟེ། །བཅོམ་ལྡན་འདས་ཀྱི་ཕྱག་ ལ་འཇུས། །ཞེས་པ་དང༌། དཔལ་མཆོག་དང་པོ་ལས། དེ་ཡི་ལོགས་ལ་རྡོ་རྗེ་ཆེ། །མདའ་ནི་ གསོར་བ་ལ་བརྩོན་པ། །མཉེན་པའི་ཕྱག་གིས་ཡོངས་འཁྱུད་པའི། །ཚུལ་ཁྲིམས་རྒྱལ་མཚན་ བསྒྲེང་དང་བཅས། །ཞེས་གསུངས་ཤིང༌། རྣལ་འབྱོར་བླ་མེད་ནི། གཉིས་སྦྱོར་གྱི་བདེ་བ་ ལམ་དུ་བྱེད་པར་རང་གི་རྒྱུད་སྡེ་རྣམས་ནས་ཡང་ཡང་གསུངས་ཏེ། དེ་ཡང༌། དཔལ་གསང་བ་ འདུས་པ་ལས། དེ་བཞིན་གཤེགས་པའི་བཙུན་མོ་མཆོག །སྤྱན་ལ་སོགས་པ་བསྒོམ་པར་བྱ། ། དབང་པོ་གཉིས་ནི་མཉམ་སྦྱོར་བས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང༌། སམ་བུ་ཊ་ལས། བདག་མེད་ལྷན་ཅིག་མཉམ་སྦྱོར་ཞིང༌། །དགའ་བའི་གཉིས་གཉིས་སྙོམས་ 21-1-33 འཇུག་པས། །རྦ་རླབས་མེད་པའི་རང་བཞིན་ཅན། །ཞེས་སོ། ། གཉིས་པ་ལ། བྱ་བའི་རྒྱུད། མདུན་དུ་ལྷ་སྤྱན་དྲངས་ནས་བཟླས་བརྗོད་བྱེད་པ་ཙམ་ ལས། བདག་ཉིད་ལྷར་བསྐྱེད་པ་མེད་པ་རྗེས་དཔོན་ལྟ་བུའི་ཚུལ་གྱིས་དངོས་གྲུབ་ལེན་པ་ དང༌། སྤྱོད་རྒྱུད་དུ་བདག་མདུན་གྲོགས་པོ་ལྟ་བུའི་ཚུལ་གྱིས་དངོས་གྲུབ་ལེན་པ་དང༌། རྣལ་ འབྱོར་རྒྱུད་དུ། ཕྱི་རོལ་གྱི་ལྷ་དམིགས་པའི་རྟེན་ཙམ་དུ་བཞག་ལ། གཙོ་བོར་ནང་གི་ལྷའི་ རྣལ་འབྱོར་ལ་སྤྱོད་པ་དང༌། དེ་གསུམ་ཆར་གྱི་ལྷའི་རྣལ་འབྱོར་ལ་བསྐྱེད་རིམ་གྱི་ཐ་སྙད་དོན་ མཐུན་དུ་མི་འཇུག་པ་དང༌། སྦྱང་གཞིའི་རྣམ་པ་ལམ་དུ་བྱེད་པའི་ཚུལ་གྱིས་སྒོམ་པ་ཡང་མེད་ དོ། །རྣལ་འབྱོར་བླ་ན་མེད་པར་ན་དེ་དག་ཀྱང་ཡོད་པ་དང༌། སྣང་བ་ཐམས་ཅད་ལྷར་སྒོམ་པ་ དང༌། བདག་བསྐྱེད་ཀྱི་ལྷ་གནས་གཞན་དུ་གཤེགས་གསོལ་མི་མངའ་བ་སོགས་ཁྱད་པར་དུ་ མས་འཕགས་པ་ཡིན་ནོ། །དེས་ན་ཕྱིའི་བྱ་བ་གཙོ་བོར་སྟོན་པས་ན་བྱ་བའི་རྒྱུད་དང༌། ཕྱི་ནང་ གི་བྱ་བ་གཉིས་ཆ་མཉམ་དུ་སྤྱོད་པས་ན། གཉིས་ཀའི་རྒྱུད་དམ། སྤྱོད་པའི་རྒྱུད་དང༌། ཕྱིའི་ བྱ་བ་སྙིང་པོ་མེད་པར་ཤེས་པས། ནང་གི་རྣལ་འབྱོར་ལ་གཙོ་བོར་སྤྱོད་པས། རྣལ་འབྱོར་གྱི་ རྒྱུད་དང༌། ཕྱི་ནང་མཉམ་པ་ཉིད་དུ་ཤེས་ཏེ། ནང་གི་རྣལ་འབྱོར་ཁོ་ན་ལ་སྤྱོད་པ་རྣལ་འབྱོར་ བླ་ན་མེད་པའི་རྒྱུད་དེ། དགྱེས་རྡོར་དོན་བསྡུས་ཀྱི་འགྲེལ་པ་ལས། དེ་ཁོ་ན་ཉིད་སྒོམ་པའི་ ནུས་པ་ཆུང་བ་མཚན་མ་ཅན་གྱི་སྤྱོད་པ་ལ་མངོན་པར་དགའ་བ་རྣམས་ཕྱིའི་སྤྱོད་པ་དེ་དག་ ཤས་ཆེར་སྟོན་པ་བྱ་བའི་རྒྱུད་རྡོ་རྗེ་གཙུག་ཏོར་གྱི་ཞེས་པ་དང༌། ཡང་དེ་ཉིད་ལས། གང་ཞིག་ བྱ་བའི་ཁྱད་པར་ལ་ཡང་མོས་ཤིང༌། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་རྒྱ་ཆེན་པོ་ལ་ཡང་སྦྱོར་ བའི་ནང་གི་བདག་ཉིད་ཅན་གྱི་ཚུལ་ཡང་མི་འདོར་བར་སྤྲོ་བ་དེ་དག་ནི་བྱ་བ་དང་རྣལ་འབྱོར་ གྱི་ཆ་གཉིས་ལ་མཐུན་པ་གཉིས་ཀའི་རྒྱུད། ཕྱག་ན་རྡོ་རྗེ་ལ་དབང་བསྐུར་བ་ཞེས་བྱ་བ་དང༌། ཞེས་དང༌། དེ་ཉིད་སྣང་བ་ལས། རྒྱུད་འདི་ནི་སྒོམ་པ་གཙོ་བོར་གྱུར་པ་ཡིན་པས་ཞེས་པ་དང༌། 21-1-34 འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པའི་འགྲེལ་པ་ལས། དེ་ལ་རྣལ་འབྱོར་ཞེས་བྱ་བ་ནི་སེམས་ མཉམ་པར་བཞག་པའོ། །དེའི་མཐུས་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་དགོས་པ་ བསྒྲུབ་པའི་ཕྱིར། སྔགས་དང༌། ཕྱག་རྒྱ་དང༌། དཀྱིལ་འཁོར་དང༌། དབང་སྦྱིན་པ་ལ་སོགས་ པ་སྣ་ཚོགས་སྦྲེལ་ཞིང༌། བརྒྱུད་པས་རྣལ་འབྱོར་གྱི་རྒྱུད་ཅེས་བྱའོ། །ཞེས་དང༌། རྣམ་སྣང་ མངོན་བྱང་གི་ཚིག་འགྲེལ་ལས། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་ནང་གི་ སྦྱོར་བ་གཙོ་བོར་གྱུར་པ་ཡིན་མོད་ཀྱི། ཕྱིའི་སྤྱོད་པ་རྣམས་ཀྱང་མེད་པ་མ་ཡིན་ནོ། །ཞེས་ དང༌། གསང་འདུས་རྒྱུད་ཕྱི་མ་ལས། ཨེ་མ་ཧོ་ཤིན་ཏུ་རྙེད་དཀའ་བ། །བྱང་ཆུབ་སྒྲུབ་པའི་ ཐབས་འདི་ཡིན། །རྒྱུད་ཀྱི་མཆོག་གི་མཆོག་གྱུར་པ། །གསང་བ་འདུས་པ་ཞེས་པའི་རྒྱུད། ། ཅེས་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི། །ཡེ་ ཤེས་ཞེས་པ་དྲི་མེད་པ། །བྱང་ཆུབ་སེམས་ནི་རིན་པོ་ཆེ། བླ་ན་མེད་པ་བཤད་དུ་གསོལ། ཞེས་ དང༌། གུར་ལས་ཀྱང༌། ཨེ་མ་མཁའ་འགྲོ་མ་ཡི་རྒྱུད། །རྒྱུད་རྣམས་ཀུན་གྱི་བླ་མ་སྟེ། །རྟོགས་ སླའང་རྟོགས་པར་དཀའ་བ་དང༌། །རིག་ན་མི་རིག་པ་ཉིད་དོ། །ཞེས་པའི་འགྲེལ་པར། རྒྱུད་ རྣམས་ཀུན་གྱི་བླ་མ་སྟེ། །ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་བླ་ན་མེད་པ་སྟེ། བྱ་བ་དང་སྤྱོད་པ་ ལ་སོགས་པའི་བླ་མར་གྱུར་པའི་ཕྱིར་རོ། །ཞེས་སོ། ། གཉིས་པ། དེ་དག་གི་ལམ་རིམ་བཤད་པ་ལ། བྱ་རྒྱུད་ཀྱི་ལམ་རིམ་དང༌། སྤྱོད་རྒྱུད་ཀྱི་ དང༌། རྣལ་འབྱོར་གྱི་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ལམ་རིམ་བཤད་པའོ། །དང་ པོ་ལ། འཇུག་པའི་སྤྱོད་པ། སྦྱོར་བའི་སྤྱོད་པ། གྲུབ་པའི་སྤྱོད་པ། གྲུབ་པ་ཆེན་པོའི་སྤྱོད་པ་སྟེ་ བཞི་ལས། དང་པོ་ལ། དབང་དང་དམ་ཚིག་གཉིས་ལས། དེ་ལ་དབང་ནི་ཆུའི་དབང་བསྐུར་ དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་པ་ལྟར། དམ་ཚིག་སྦྱིན་པའི་དབང༌། ཆུ་ དང༌། ཅོད་པན་དང༌། བགེགས་ཞི་བའི་དབང་བཀྲུ་བ་བྱབ་སྲུང་གསུམ་དང༌། ནུས་པ་བསྐྱེད་ 21-1-35 པའི་དབང་སྔགས་ཀྱི་བཟླས་ལུང་སྦྱིན་པ་དང༌། ལོངས་སྤྱོད་ལ་སོགས་ཕུན་ཚོགས་འཕེལ་ བའི་དབང་ཤིས་པ་བརྗོད་པ་སྟེ། དབང་གི་ཆོ་ག་རྣམ་པ་བཞི་སྟེ། དེ་ལྟར་ཡང༌། གསང་བ་ སྤྱི་རྒྱུད་ལས། ལྷ་ཡི་རིགས་རྣམས་མཐོང་བ་ལ། །དབང་བསྐུར་བ་ནི་རྣམ་པ་བཞི། །བླ་མ་ མཉམ་པར་བཞག་པ་ཡིས། །དེ་དག་ཤེས་ནས་ཅི་རིགས་བྱ། །སློབ་དཔོན་གོ་འཕང་ཐོབ་པའི་ ཕྱིར། །དང་པོ་ཡོངས་སུ་བསྒྲགས་པ་ཡིན། །རིག་སྔགས་རྣམས་ནི་བསྒྲུབ་པའི་ཕྱིར། གཉིས་ པ་ལེགས་པར་བཤད་པ་ཡིན། །རིག་གསུམ་དབང་བསྐུར་ཆོ་ག་ཡང༌། །མདོར་བསྡུས་ནས་ ནི་བསྒྲགས་པ་ཡིན། །བཞི་པ་འབྱོར་པ་ཐོབ་པའི་ཕྱིར། །ཆོ་ག་རྒྱས་པར་བཤད་དོ། །ཞེས་ གསུངས་སོ། ། གཉིས་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། དང་པོ་ལ། དེའི་བསླབ་བྱ་ནི། དཀོན་མཆོག་ལ་དད་པ་དང༌། གསང་སྔགས་ལ་དད་པ་དང༌། ཐེག་པ་ཆེན་པོ་ལ་དགའ་བ་ དང༌། དམ་ཚིག་དང་ལྡན་པ་ལ་གུས་པས་བསྐུར་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་ འདས་པའི་ལྷ་ལ་མི་སྡང་བ་དང༌། རང་གི་ལྷ་ལ་དུས་ཚིགས་སུ་མཆོད་པ་དང༌། སྟོན་པ་གཞན་ གྱི་གཞུང་མི་མཆོད་པ་དང༌། གློ་བུར་དུ་འོངས་པ་ལ་མགྲོན་མཆོད་བྱེད་པ་དང༌། བྱམས་པ་ མི་བཏང་བ་དང༌། སེམས་ཅན་གྱི་དོན་བྱེད་པ་ལ་བརྩོན་པ་དང༌། བཟླས་བརྗོད་ལ་བརྩོན་པ་ དང༌། དམ་ཚིག་གཞན་ཡང་ཅི་ནུས་སུ་བསྲུང་བ་དང༌། སྔགས་དང་ཕྱག་རྒྱ་སྣོད་མིན་ལ་མི་ སྟོན་པ་དང༌། རང་གི་སྔགས་རྒྱུད་བསྲུང་བའོ། །འདི་དག་རྒྱས་པ་ནི་གསང་བ་སྤྱི་རྒྱུད་ཉིད་ ལས་ཤེས་པར་བྱའོ། ། གཉིས་པ་ནི། དཔུང་བཟང་ལ་གསུངས་པའི་བསླབ་བྱ་རྣམས་དང༌། ལེགས་གྲུབ་ཀྱི་ འདུལ་པའི་ལེའུར་གསུངས་པའི་བསླབ་བྱ་རྣམས་ཡིན་ལ། དེ་དག་ནི་བྱ་རྒྱུད་སྤྱི་ལ་འགྲོ་བ་ ཡིན་ལ་སོ་སོའི་རྒྱུད་སྡེ་ནས་གསུངས་པའི་བསླབ་བྱ་རྣམས་ལ། བྱ་རྒྱུད་སྤྱི་ལ་འགྲོ་བ་དང༌། 21-1-36 དགོས་ཀྱི་བསླབ་བྱ་སྣ་ཚོགས་པ་ཡོད་པས། བྱེ་བྲག་ཕྱེད་པར་བྱའོ། ། གཉིས་པ་སྦྱོར་བའི་སྤྱོད་པ་ནི། རིགས་དྲུག་སོ་སོའི་བསྙེན་པའི་ཆོ་ག་ཡན་ལག་དང་ བཅས་པ་རྣམས་ཡིན་ཏེ། དེ་ཡང་ཁྱད་ཆོས་བཅུ་དང་ལྡན་པའི་བསྙེན་པ་དེ་ཁོ་ན་ཉིད་བཞི་ དང་ལྡན་པར་བསྒོམ་པའོ། ཁྱད་ཆོས་བཅུ་ནི། དཔུང་བཟང་ལས། དངོས་གྲུབ་ཕྱིར་ནི་རྣམ་པ་ བཅུར་གསུངས་ཏེ། །སྔགས་པ་དང་ནི་རང་སྔགས་གཡོག་དང་རྫས། །བརྩོན་འགྲུས་ཕྱོགས་ དང་ས་བཞི་དུས་དག་དང༌། །ཡན་ལག་རྫོགས་པའི་ལྷ་དང་སེམས་སྟོབས་སོ། །གཞན་དག་ ཁ་ཅིག་རིག་འཛིན་གྲོགས་ཞེས་ཟེར། །གཞན་དག་ཕྱོགས་དང་བརྩོན་འགྲུས་དུས་རྣམས་ ཉིད། །གཞན་ནི་རྫས་དང་ས་བཞི་ལྷ་དང་སྔགས། ཁ་ཅིག་སེམས་སྟོབས་ཡིན་ཞེས་རྣམ་པར་ སྨྲ། །བསྒྲུབ་ཕྱིར་དེ་ལྟར་བཅུ་དང་བརྒྱད་དག་ལྔ། །དེ་བཞིན་བཞི་དང་གསུམ་དང་གཅིག་ ཉིད་ཅེས། །སྔགས་རིགས་རང་རང་བློ་ཡི་རྣམ་པར་འཆད། །སངས་རྒྱས་རྒྱུད་ལ་ཆོ་ག་གཉིས་ ཀྱིས་འགྲུབ། །སྒྲུབ་པོ་གང་ཞིག་རང་གི་ཡོན་ཏན་རྫོགས། །བརྩོན་འགྲུས་མཆོག་དང་ཡང་ དག་ལྡན་པ་དང༌། །གཞན་གྱིས་རྙེད་པ་དག་ལ་ཕྲག་དོག་མེད། །འདོད་ལ་མ་ཆགས་ལུས་ ཀྱིས་ཉོན་མོངས་བཟོད། །གུག་བསྐྱེད་ཀླད་ཀོར་ཚང་བ་ཟུར་ཕྱིན་ལ། །གསང་སྔགས་དག་ ཅིང་ཤིན་ཏུ་ཆོ་གར་བཅས། །སངས་རྒྱས་བྱང་ཆུབ་སེམས་དཔའ་བསྟེན་པ་ཡི། །གནས་སུ་ བཟླས་ནས་ཡིད་འོང་དངོས་གྲུབ་ཐོབ། །ཅེས་གསུངས་ཏེ། སྒྲུབ་པ་པོ་མཚན་ཉིད་དང་ལྡན་ པ་དང༌། སྔགས་དག་ཅིང་ཆོ་ག་མ་ཉམས་པ་གཉིས་གཙོ་བོར་བཟུང་ལ། གཞན་རྣམས་ཕལ་ པའི་ཚུལ་དུ་བསྟན་ནོ། །དེ་ཁོ་ན་ཉིད་བཞི་ནི། བདག་ཉིད་དང༌། ལྷའི་དང༌། བཟླས་བརྗོད་ ཀྱི་དང༌། བསམ་གཏན་གྱི་དེ་ཁོ་ན་ཉིད་བཞིའོ། །དང་པོ་བདག་གི་དེ་ཁོ་ན་ཉིད་ནི། ཇི་སྐད་ དུ། དང་པོ་ཁྲུས་བྱས་རྣལ་འབྱོར་པས། །རྡོ་རྗེ་གདན་ལ་གནས་ནས་ནི། །མཆོད་དང་གསོལ་ བ་ལྷ་དྲུག་སྒོམ། །སྟོང་དང་ཡི་གེ་སྒྲ་གཟུགས་དང༌། །ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ། །ཞེས་ 21-1-37 གསུངས་པ་ལྟར་ཏེ། སྔོན་འགྲོ་ཕྱི་ནང་གི་ཁྲུས་གཉིས་དང༌། བདག་དང༌། གནས་དང་རྣལ་ འབྱོར་བསྲུང་བ་དང༌། དངོས་གཞི་ཡེ་ཤེས་པ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་དང༌། མཆོད་ཅིང་གསོལ་བ་གདབ་པ་དང༌། ལྷ་དྲུག་གི་རྣལ་འབྱོར་ལ་སེམས་འཛིན་པ་རྣམས་སོ། ། གཉིས་པ་ལྷའི་དེ་ཁོ་ན་ཉིད་ནི། དེའང་ལྷ་དྲུག་སྟེ། ཡེ་ཤེས་ཀྱི་ལྷ་དམིགས་པའི་རྟེན་དུ་ བྱས་ཏེ། དེ་ལ་སྟོང་པ་ཉིད་ཀྱི་རྒྱས་འདེབས་པ་ནི་སྟོང་པའི་ལྷ་དང༌། ལྷའི་ཐུགས་ཀར་སྔགས་ ཀྱི་ཡིག་འབྲུ་ལ་སོགས་པ་བཀོད་པ་ཡི་གེའི་ལྷ་དང༌། བཟླས་བརྗོད་ཀྱི་སྒྲ་གྲག་སྟོང་དུ་ཤེས་ པ་ནི། སྒྲའི་ལྷ་དང༌། ཞལ་ཕྱག་གི་རྣམ་པ་ཅན་གྱི་སྐུ་ནི་གཟུགས་ཀྱི་ལྷ་དང༌། རྡོ་རྗེ་གཙུག་ ཏོར་ལ་སོགས་པའི་ཕྱག་རྒྱ་བྱིན་གྱིས་བརླབས་པ་ནི། ཕྱག་རྒྱའི་ལྷ་དང༌། རྡུལ་ཚོན་ལ་སོགས་ པ་ལྷ་མཚོན་བྱེད་དུ་བཞག་པའི་རྟེན་ནི། མཚན་མའི་ལྷ་སྟེ། དེ་ལྟར་ན་དྲུག་གོ །གསུམ་པ་ བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ནི། སོ་སོའི་རྒྱུད་སྡེ་ནས་གསུངས་པ་བཞིན་དུ་བགྲང་ཕྲེང་གི་ ཁྱད་པར་ནི། ལེགས་གྲུབ་ལས། རྒྱལ་བའི་རིགས་ལ་བོ་ཏེ་ཙེ། །སྔགས་ཀྱི་ནོར་བུ་རབ་ཏུ་ བསྒྲགས། །པདྨའི་རིགས་ལ་པདྨའི་སྙིང༌། །རྡོ་རྗེའི་རིགས་ལ་རུ་རག་ཤ །ཞེས་དང༌། གཞན་ ཡང་དམིགས་པའི་ཁྱད་པར་དང༌། བཟླས་པའི་མན་ངག་དང་ལྡན་པས་སྔགས་ཀྱི་བཟླས་ བརྗོད་བྱེད་པའོ། །བཞི་པ་བསམ་གཏན་གྱི་དེ་ཁོ་ན་ཉིད་ནི། ཇི་སྐད་དུ། སྔགས་ཀྱི་རྣམ་ པར་ཤེས་པ་སྒོམ། །བསྡམས་ན་ཏིང་ངེ་འཛིན་ལ་གནས། །སྲོག་དང་རྩོལ་བ་རབ་ཏུ་བསྡམ། ། ཞེས་པ་ལྟར། སྲོག་རྩོལ་བསྡམ་པའི་སྦྱོར་བས་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་ བསྒྲུབ྄ ས་པ་སྟེ། མཚན་མ་མེད་པའི་རྣལ་འབྱོར། དེ་ཁོ་ན་ཉིད་བཞིའི་ནང་ནས་ཀྱང་འདི་ཁོ་ ན་གཙོ་བོ་ཡིན་ཏེ། ཇི་སྐད་དུ། ཡེ་ཤེས་གྲགས་པས། མཚན་མར་བཅས་པ་མཚན་བཅས་ ཀྱི། །དངོས་གྲུབ་དམ་པ་རྒྱལ་བ་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མར་ བཅས་པ་འགྲུབ་ཏུ་རུང༌། །ཞེས་སོ། །དེ་ལྟར་སྔགས་དང༌། བདག་དང་བཟླས་བརྗོད་ཀྱི་དེ་ 21-1-38 ཉིད་གསུམ་ཤེས་ནས་བསྒྲུབས་ན་སངས་རྒྱས་ཐོབ་སྟེ། དེ་ཉིད་ལས། སྒྲ་དང་སེམས་དང་དེ་ ཉིད་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། ཡན་ལག་མ་ཉམས་གསང་སྔགས་ བཟླས། །ངལ་ན་བདག་ལ་ངལ་གསོ་ཞིག །མི་འགྱུར་བ་ནི་ཡི་གེར་ལྡན། །གཞི་ལས་གཞི་ འགྱུར་དེ་བཞིན་ཏེ། །གསང་སྔགས་ཕྱིར་ནི་གང་བརྟག་པ། །ཡིད་ཀྱིས་དག་པ་བསམ་པར་ བྱ། །སླར་བསྡུས་པ་ཡིས་བཀུག་ནས་ནི། །སྲོག་དང་རྩོལ་བ་བསྡམས་པའི་ཡིད། །གསང་ སྔགས་རིག་པ་སྔགས་ལ་སྦྱར། ཡིད་ཀྱིས་བཟླས་བརྗོད་བརྩམ་པར་བྱ། འདི་ཉིད་ཀྱིས་ནི་ ཆོ་ག་ཡི། །ཡང་ན་ཤུབ་བུར་བྱ་ཡང་རུང༌། །སྔགས་རིག་དངོས་གྲུབ་འདོད་པ་ཡིས། །བཟླས་ བརྗོད་གཞན་དུ་མི་བྱའོ། །རིག་སྔགས་དེ་ཉིད་མ་ལུས་དང༌། །བདག་གི་དེ་ཉིད་ཆོ་ག་དང༌། ། བཟླས་བརྗོད་དེ་ཉིད་མཆོག་ཤེས་དང༌། །མིས་ནི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང༌། དེ་གསུམ་འབྲས་བུ་དང་བཅས་པ་ཡང༌། དེ་ཉིད་ལས། གསང་སྔགས་མེར་གནས་དངོས་གྲུབ་ སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བར་ལྡན། །སྒྲ་མཐར་ཐར་པ་སྟེར་པ་ཉིད། །དེ་དག་དེ་ཉིད་ གསུམ་པོ་ཡིན། །ཞེས་སོ། །བསམ་གཏན་ཕྱི་མ་ལ་གསང་བའི་བཟླས་བརྗོད་དང༌། བསམ་ གཏན་ནི་འགའ་ཞིག་གི་སྦྱོང་རྒྱུད་ཀྱི་ཉམས་ལེན་དུའང་ཡོད། གསུམ་པ་གྲུབ་པའི་སྤྱོད་པ་ནི། ཞི་བ་ལ་སོགས་པའི་ལས་རྣམས་དང༌། ལུས་དང༌། ལོངས་སྤྱོད་དང༌། རྫས་ཀྱི་རིག་པ་འཛིན་ པ་ཏེ། ཐུན་མོང་སྒྲུབ་པའི་ཐབས་རྣམས་སོ། །བཞི་པ་གྲུབ་པ་ཆེན་པོའི་སྤྱོད་པ་ནི། ཐུན་མོང་ གི་གྲུབ་པ་ལ་གནས་ནས་བྱང་ཆུབ་ལ་སྦྱོར་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པའི་ སྒྲུབ་པ་ལ་རྩོལ་བའོ། །རྒྱུད་འདིར་ནི་ཐུན་མོང་གི་དངོས་གྲུབ་གྲུབ་ནས། མཆོག་གི་དངོས་ གྲུབ་རབ་འབྲིང་ཐ་མ་གསུམ་གྱི་དབྱེ་བས་བྱང་ཆུབ་རྣམ་པ་གསུམ་ཡིན་ལ། འདིའི་ལམ་ལ་ བརྟེན་ནས། འཕགས་པའི་གནས་ཐོབ་པའི་ཉན་རང་དེ་དག་ནི། ལྟ་བ་དང་གྲུབ་མཐའ་ནི་ ཐེག་ཆེན་ཡིན་ལ། རང་རྒྱུད་ལ་སྐྱེས་པའི་ལམ་ནི་ཐེག་དམན་ཡིན་པར་ཤེས་སོ། །རྒྱུད་འདིར་ 21-1-39 ནི་སྐུ་གསུམ་གྱི་རྣམ་བཞག་ཀྱང་རྒྱས་པར་གསུངས་ཏེ། ཐེག་ཆེན་སྤྱི་དང་མི་འདྲ་བའི་ཁྱད་ པར་ཡང་གསུངས། བྱ་བའི་རྒྱུད་ཁ་ཅིག་ལས་ནི། ལམ་ལྔ་ས་བཅུའི་རྣམ་བཞག་ཐེག་ཆེན་སྤྱི་ དང་འདྲ་བར་བཤད་པ་ཡོད་ལ། འཇམ་དཔལ་རྩ་རྒྱུད་ཀྱི་དངོས་བསྟན་ལས་ནི། བསྐལ་བ་ གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། དགའ་ལྡན་དུ་དམ་པ་ཏོག་དཀར་པོ་གྱུར་པ་དང༌། དེ་ནས་ཤཱཀྱའི་རིགས་སུ་སྐྱེ་བ་བཞེས་པ་དང༌། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང༌། ལོ་དྲུག་དཀའ་བ་སྤྱད་པ་དང༌། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་སྟེ། དེ་ཡན་ཆད་ནི་སོ་སོ་སྐྱེ་ བོ་དང༌། དེ་ནས་བདུད་བཅོམ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྤང་བྱ་ཐམས་ཅད་ཅིག་ཅར་ སྤངས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ཞེས་ཐེག་དམན་གྱི་སྡེ་སྣོད་དང་མཐུན་པར་ གསུངས། དེ་ནས་ཞི་བའི་ལམ་ལ་འགོད་པའི་འཁོར་ལོ་དང་པོ་དང༌། སངས་རྒྱས་ཐམས་ཅད་ ཀྱི་གསུང་འཁོར་ལོ་བར་པ་དང༌། སྟོན་པ་ཉིད་ཀྱི་ཉམས་མྱོང་མངོན་དུ་མཛད་པ་འཁོར་ལོ་ཐ་ མ་རྣམས་རིམ་ཅན་དུ་གསུངས་ཤིང༌། དེ་ནས་མཉན་ཡོད་དུ་མུ་སྟེགས་བརྟུལ་བ་དང༌། གྲོང་ ཁྱེར་མེ་ཐབ་ཏུ་ལྷ་ལས་བབ་པ་དང༌། སུམ་སུ་རྩ་གསུམ་དུ་གཤེགས་ནས་ལྷ་ལ་སོགས་པའི་ འགྲོ་བ་དཔག་ཏུ་མེད་པ་བདེན་པ་ལ་བཀོད་པ་དང༌། དེ་ནས་གནས་གཙང་མའི་སྟེང་གི་ནམ་ མཁར་བཞུགས་ཏེ། སྔགས་ཀྱི་ཐེག་པ་གསུངས་པར་བཤད་དོ། ། ལམ་དང་འབྲས་བུ་དེ་ལྟ་བུ་སྟོན་པའི་རྒྱུད་ལ་རིགས་དྲུག་ཏུ་ཡོད་དེ། དེ་བཞིན་གཤེགས་ པའི་རིགས། རྡོ་རྗེའི་རིགས། པདྨའི་རིགས་ཏེ་འཇིག་རྟེན་ལས་འདས་པའི་རིགས་གསུམ་ དང༌། ནོར་བུའི་རིགས། ལྔ་རྩེན་གྱི་རིགས། འཇིག་རྟེན་ཕལ་པའི་རིགས་ཏེ་འཇིག་རྟེན་ པའི་རིགས་གསུམ། དེ་ལྟར་ན་དྲུག་གོ །དེ་དག་ལ་རྒྱས་པར་ཕྱེ་ན་འཇིག་རྟེན་ལས་འདས་ པ་གསུམ་པོ་དེ་དག་རེ་རེ་ལ་ཡང་རིགས་ཀྱི་གཙོ་བོ་དང༌། རིགས་ཀྱི་བདག་པོ་དང༌། རིགས་ ཀྱི་ཡུམ་དང༌། གཙུག་ཏོར་དང༌། རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང༌། རིགས་ཀྱི་ཕོ་ཉ་ཕོ་མོ་དང༌། དེ་ 21-1-40 བཞིན་གཤེགས་པའི་རིགས་སུ་བསྡུས་པའི་བྱང་སེམས་དང༌། གནས་གཙང་གི་ལྷ་ལ་སོགས་ པའི་རྒྱུད་སྡེ་བརྒྱད་དམ་བདུན་དུ་ཕྱེ་བ་དང༌། ལྷག་མ་རྣམས་ལ་འདི་ཅི་རིགས་པར་ཕྱེ་བ་ཡོད་ དོ། ། དེ་ཐམས་ཅད་བསྡུ་ན། རིགས་བཞིར་འདུ་བ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ རིགས་གསུམ་དང་འཇིག་རྟེན་འཁྱམ་པའོ། །དེ་ལྟར་རིགས་དྲུག་ཀྱང་གསུམ་དུ་འདུས་ ཏེ། དཔུང་བཟང་གི་བསྡུས་དོན་འགྲེལ་པའི་བརྗེད་བྱང་ལས། ནོར་ཅན་ནི་པདྨའི་རིགས་ ཀྱིས་བསྡུས་སོ། །རྒྱས་པ་ནི་རྡོ་རྗེའི་རིགས་ཀྱིས་བསྡུས་སོ། །འཇིག་རྟེན་པའི་རིགས་ཀྱང་ དེ་དག་གི་འགབ་ཏུ་འདུས་པར་རིག་པར་བྱའོ། །དེ་དག་གིས་མ་བསྡུས་པ་རྣམས་ནི་དེ་ བཞིན་གཤེགས་པའི་བྱིན་གྱིས་བརླབས་ལས་བྱུང་བ་མ་ཡིན་ཡང་བྱང་ཆུབ་སེམས་དཔའ་ས་ གནས་པ་ལྟར་བདེ་བར་གཤེགས་པ་ཉིད་ཀྱི་རིགས་སུ་སྐྱེས་པ་ཡང་མ་ཡིན་པས། དེ་བཞིན་ གཤེགས་པའི་རིགས་ལ་བརྟེན་པ་ཞེས་གདགས་ཏེ། ཞེས་བཤད་ལ། མཚན་ཉིད་དང་སྔགས་ ལ་བལྟས་ན་ནོར་བུའི་རིགས་དང༌། རྒྱས་པའི་རིགས་གཉིས་ཀ་རྡོ་རྗེའི་རིགས་སུ་འདུ་བ་ འདྲའོ། །དཔུང་བཟང་ལས། ཁ་ཅིག་ངའི་རིགས་སུ་གཏོགས་པ་སྟེ། ཁ་ཅིག་ཀྱང་ནི་པདྨའི་ རིགས་སུ་གཏོགས། ཁ་ཅིག་ནོར་གྱིས་རིགས་སུ་གཏོགས་པ་ཡིན། །གཞན་ཡང་ཁ་ཅིག་ གནས་མེད་རྣམ་པར་འཁྱམས། །ནོར་སྤྱོད་ཅེས་པ་ནོར་གྱི་རིགས་སུ་གསུངས། །ང་ཡིས་རྡོ་ རྗེའི་རིགས་ལ་རབ་ཏུ་བསྟེན། །སྤྱན་རས་གཟིགས་དབང་པདྨའི་རིགས་ཡིན་ཏེ། །རིགས་ བཞི་པ་ནི་འདིར་ནི་ལྔ་རྩེན་ཡིན། །ཅེས་གསུངས་ལ། འཇིག་རྟེན་པས་ཕུལ་བའི་གསང་ སྔགས་ཁ་ཅིག་རིགས་བཞི་ལ་བརྟེན་པའི་གནས་མེད་པས་རྣམ་པར་འཁྱམས་པ་སྟེ། རིགས་ ལ་སོགས་པ་ཡིན་པར་བསྟན་ནོ། །འོ་ན་དེ་བཞིན་གཤེགས་པའི་རིགས་ཀྱིས་མ་བསྡུས་ སམ་ཞེ་ན། དེའི་རིགས་སུ་གཏོགས་པ་ནི་གཙུག་ཏོར་ལ་སོགས་པའི་ཡེ་ཤེས་ལས་བྱུང་བ་ 21-1-41 ཡིན་ལ། འདི་དག་རྣམ་སྨིན་གྱིས་བསྐྱེད་པ་ཡིན་པའི་ཕྱིར་རིགས་དངོས་ཀྱི་མ་བསྡུས་ཀྱང༌། དད་པས་སངས་རྒྱས་ལ་རིག་སྔགས་ཀྱི་ཆོ་ག་ཕུལ་བ་ཡིན་པས། དེ་བཞིན་གཤེགས་པ་ལ་ བརྟེན་པ་ཞེས་བྱ་བ་དངོས་སུ་རིགས་ལྔ་ཆར་གྱིས་མ་བསྡུས་པས་ཡོངས་སུ་འཁྱམས་པ་ཡིན་ ཏེ། ཡོངས་སུ་འཁྱམས་པའི་རིགས་ཞེས་ཚིག་དོན་འགྲེལ་པའི་བརྗེད་བྱང་ལས་བཤད་དོ། ། དཔུང་བཟང་ལས་ཀྱང༌། གཞན་ཡང་འདི་ན་ཁ་ཅིག་གནས་མེད་ཅིང༌། །བདེ་བར་གཤེགས་ ལ་བརྟེན་ཅིང་ཡོངས་འཁྱམས་པ། །མདོ་སྡེ་འདིར་ནི་དེ་དག་ཐམས་ཅད་ཀྱང༌། །འབྱོར་བ་ འདོད་པའི་མིས་ནི་རྣམ་པར་སྦྱར། །ཞེས་འཕགས་པའི་རིགས་ལྔ་འཇིག་རྟེན་པའི་རིགས་དང་ དྲུག་ཀ་ལ་དཔུང་བཟང་ནས་འབྱུང་བའི་ཆོ་ག་བཞིན་སྦྱར་བར་བཤད་དོ། །རྒྱུད་སྡེ་སྒོ་དྲུག་ གམ། གསུམ་པོ་ཡང༌། བསྡུ་ན་གསང་སྔགས་དང༌། རིག་སྔགས་གཉིས་སུ་འདུ་ལ། གསང་ སྔགས་ནི་ཐབས་ལྷ་ཕོ་གཙོ་ཆེ་བའི་རྒྱུད། རིག་སྔགས་ནི་ཤེས་རབ་ལྷ་མོ་གཙོ་ཆེ་བའི་རྒྱུད་ ཡིན་ལ། གཟུངས་ནི་དེ་གཉིས་ཀའི་དོན་སྟོན་པ་དང༌། ཤེས་རབ་ཀྱིས་རྟོགས་ནས་མི་བརྗེད་ པར་འཛིན་པ་ཡིན་པས་གཉིས་ཀར་དུ་འདུས་པའམ། ཡང་ན་སྔགས་གཅིག་ལྷ་ཕོ་མོ་གཉིས་ ཀའི་སྔགས་སུ་འགྱུར་བ་ནི་གཟུངས་སྔགས་ཡིན་ནོ། ། གཉིས་པ། སྤྱོད་རྒྱུད་ཀྱི་ལམ་རིམ་ལ། བསྐུར་བྱ་དབང་དང༌། བསྲུང་བྱ་དམ་ཚིག་དང༌། བསྒོམ་བྱ་མངོན་རྟོགས་དང༌། བགྲོད་བྱ་ས་ལམ་གྱི་རྣམ་བཞག་དང་བཞི་ལས། དང་པོ་ནི། ཇི་ སྐད་དུ། རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་པ་ལྟར། ཆུ་ དང༌། ཅོད་པན་དང༌། རྡོ་རྗེ་དང༌། བདག་པོ་དང༌། མིང་སྟེ་དབང་གི་དངོས་གཞི་རྣམ་པ་ལྔ་ དང༌། མིག་ཐུར་མེ་ལོང་ཆོས་བཤད་སོགས་དབང་གི་ཆོ་ག་ཡན་ལག་དང་བཅས་པ་རྣམས་སོ། ། གཉིས་པ་དམ་ཚིག་ལ། བཟུང་བའི་ཚུལ། ཐོབ་པའི་དུས་མཚམས། བསྲུང་བྱ་དམ་ཚིག་ 21-1-42 རང་གི་ངོ་བོ་བཤད་པའོ། །དང་པོ་ནི། སྟ་གོན་གྱི་ཚེ་དུས་གསུམ་སྒྲིབ་པ་མེད་པའི་དམ་ཚིག་ གི་ལུས་དབུལ་བ་སྟེ། ཀུན་རྫོབ་ཏུ་སེམས་བསྐྱེད་པ་དང༌། འཇུག་པའི་ཚེ། ཟླ་བ་རྡོ་རྗེའི་ཆོ་ གས་དོན་དམ་དུ་སེམས་བསྐྱེད་པ་དང༌། མཇུག་གི་ཚེ། ཁས་བླངས་པའི་ཚུལ་གྱིས་བཟུང་ བའོ། །གཉིས་པ་ནི། སེམས་བསྐྱེད་གཉིས་དང་དབང་གི་དངོས་གཞིའི་ཚེའོ། ། གསུམ་པ་ནི། ཉེས་སྤྱོད་སྡོམ་པའི་ཕྱོགས་སུ་གཏོགས་པ་མི་དགེ་བ་བཅུ་སྤོང་བ་དང༌། སེམས་ཅན་དོན་བྱེད་ཀྱི་ཕྱོགས་སུ་གཏོགས་པ་དམ་པའི་ཆོས་སྤོང་བ། བྱང་ཆུབ་ཀྱི་སེམས་ སྤོང་བ་སེར་སྣ་བྱེད་པ། སེམས་ཅན་བློས་སྤོང་བ་དང་བཞི་སྟེ། གཞན་ཡང་སྤྱོད་རྒྱུད་རིགས་ གསུམ་སོ་སོ་ནས་གསུངས་པ་སྣ་ཚོགས་པ་དག་ཡོད་དོ། །གསུམ་པ་བསྒོམ་བྱ་མངོན་རྟོགས་ ཀྱི་རིམ་པ་ལ། ཆ་སྤྱིར་སྤྱོད་རྒྱུད་ཀྱི་ལམ་ཐམས་ཅད་འཇུག་པ། སྦྱོར་བ་གྲུབ་པའི་སྤྱོད་པ་ གསུམ་དུ་འདུ་ཚུལ་བཤད་པའི་དང་པོ་དང་གཉིས་པ་གང་རུང་ལ་ཆད་ལྷག་ཅུང་ཟད་ཡོད་ དམ་དཔྱོད། ཆ་སྤྱིར་སྤྱོད་རྒྱུད་ཀྱི་ལམ་ཐམས་ཅད་འཇུག་པ། སྦྱོར་བ་གྲུབ་པའི་སྤྱོད་པ་ གསུམ་དུ་འདུ་བ་ལས། འཇུག་པ་ལ་ཕྱི་འཇུག་དང༌། ནང་འཇུག་གཉིས་ལས། དང་པོ་ནི། གོང་དུ་བཤད་པའི་དབང་ཐོབ་ནས་དམ་ཚིག་ལ་གནས་པར་བྱེད་པའོ། །གཉིས་པ་ནི། མཚན་ བཅས་དང༌། མཚན་མེད་ཀྱི་རྣལ་འབྱོར་གྱི་རྣམ་བཞག་ལེགས་པར་ཐོབ་ནས་མཁས་པར་ བྱེད་པ་སྟེ། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་དེ་ལ་ལྷའི་གཟུགས་ཀྱང་རྣམ་པ་ གསུམ་སྟེ། ཡི་གེ་དང༌། ཕྱག་རྒྱ་དང༌། གཟུགས་སོ། །དེ་ལ་ཡི་གེ་ལ་ཡང་རྣམ་པ་གཉིས་ཏེ། སྒྲ་དང་བྱང་ཆུབ་ཀྱི་སེམས་སོ། །ཕྱག་རྒྱའི་གཟུགས་ལའང་རྣམ་པ་གཉིས་ཏེ། གཟུགས་དང་ བཅས་པ་དང༌། གཟུགས་དང་བཅས་པ་མ་ཡིན་པའོ། །གསང་བའི་བདག་པོ་ལྷའི་གཟུགས་ ཀྱང་རྣམ་པ་གཉིས་ཡོངས་སུ་དག་པ་དང༌། ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པ་ ནི། རྟོག་པའི་ངོ་བོ་སྟེ། མཚན་མ་ཐམས་ཅད་དང་བྲལ་བའོ། །ཡོངས་སུ་མ་དག་པ་ནི་མཚན་ 21-1-43 མ་དང་བཅས་པའི་གཟུགས་ཏེ་ཁ་དོག་དང་དབྱིབས་སོ། །དེ་ལ་ལྷའི་གཟུགས་རྣམ་པ་གཉིས་ ཀྱི་དགོས་པ་རྣམ་པ་གཉིས་འགྲུབ་པར་འགྱུར་ཏེ། མཚན་མ་དང་བཅས་པ་ནི་མཚན་མ་དང་ བཅས་པའོ། །མཚན་མ་མེད་པས་ནི་མཚན་མ་མེད་པ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང་ བར་འགྱུར་རོ། །ཞེས་གསུངས་སོ། ། གཉིས་པ་སྦྱོར་བའི་དཔྱོད་པ་ལ། མཚན་བཅས་དང་མཚན་མེད་གཉིས་ལས། དང་པོ་ ནི་ལྷ་ཡི་གེའི་གཟུགས་མཚན་མ་གསུམ་གྱི་རྣལ་འབྱོར་ལ་གནས་ནས་བཟླས་བརྗོད་བྱེད་ པ་སྟེ། ཇི་སྐད་བཤད་པའི་བསྙེན་པ་ཡན་ལག་དང་བཅས་པ་རྣམས་སོ། །གཉིས་པ་མཚན་ མེད་ཀྱི་རྣལ་འབྱོར་ནི། སྟོང་པ་ཉིད་ཀྱི་དོན་ངེས་པར་བྱས་ནས། རིགས་པས་དཔྱད་པའི་དོན་ བསྒོམ་པ་ནི། འཇུག་པའི་སེམས་དང༌། རྣམ་པར་མི་རྟོག་པའི་དབྱིངས་བསྒོམ་པ་ནི་གནས་ པའི་སེམས་དང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྒོམ་པ་ནི་ ལྡང་བའི་སེམས་ཏེ། ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་ནོ། །གསུམ་པ་གྲུབ་པའི་སྤྱོད་པ་ ལ། ཐུན་མོང་དང༌། མཆོག་གཉིས་ལས། དང་པོ་ནི། རྫས་ལ་སོགས་པའི་རིག་པ་འཛིན་པ་ དང༌། འདོད་གཟུགས་ཀྱི་རིག་པ་འཛིན་པ་དང༌། ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་རྫུ་འཕྲུལ་ དང་མངོན་ཤེས་སྒྲུབ་པ་ལ་སོགས་པའོ། །དེ་དག་ཀྱང་སྐྱེ་བ་འདི་ཉིད་ལ་འགྲུབ་པ་དང༌། བར་ མ་དོར་འགྲུབ་པ་དང༌། སྐྱེ་བ་བརྒྱུད་ནས་འགྲུབ་པ་དང་གསུམ་དུ་ཡོད་དོ། ། གཉིས་པ་མཆོག་ནི་སྐུ་བཞི་དང་ཡེ་ཤེས་ལྔ་སྒྲུབ་པར་བྱེད་པའི་ཐབས་ཕ་རོལ་ཏུ་ཕྱིན་པ་ བཅུ་དང༌། བསྡུ་བའི་དངོས་པོ་བཞི་ལ་ནན་ཏན་དུ་བྱེད་པའོ། །བཞི་པ་བགྲོད་བྱ་ལམ་གྱི་རྣམ་ པར་གཞག་པ་ལ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ལམ་གཉིས་ལས། དང་ པོ་ནི། ས་བོན་ལྟ་བུའི་སེམས་དང༌། མྱུ་གུ་ལྟ་བུའི་སེམས་ལ་སོགས་པ་རྩ་བའི་སེམས་བརྒྱད་ དང༌། འདོད་ཆགས་དང་བཅས་པའི་སེམས་དང༌། འདོད་ཆགས་དང་བྲལ་བའི་སེམས་ལ་ 21-1-44 སོགས་པ་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་ཏེ། མངོན་མཐོའི་ལམ་དང༌། གཉིས་པ་འཇིག་ རྟེན་ལས་འདས་པའི་ལམ་ནི། གང་ཟག་གི་བདག་མེད་པའི་དོན་སྒོམ་པ་ངེས་ལེགས་ལ་ འཇུག་པའི་ལམ་སྟེ། ལམ་དེ་དག་གིས་ཉན་ཐོས་དང་ཐུན་མོང་གི་མཐོང་ལམ་མངོན་དུ་བྱེད་ ཅིང༌། འདི་ཚུན་ཆད་དུ་བསྐལ་བ་ཆེན་པོ་གཅིག་ཐོགས་པར་བཤད་དོ། །དེ་ནས་ཉན་ཐོས་ ཀྱི་ཞུགས་འབྲས་བརྒྱད་དང༌། ཐུན་མོང་གི་རྟོགས་པ་རྒྱུད་ལ་རིམ་གྱིས་བསྐྱེད་ཅིང༌། འདི་ལ་ ཡང་བསྐལ་བ་ཆེན་པོ་ཕྱེད་ཐོགས་ཤིང༌། དེ་ནས་ཐེག་ཆེན་ཐུན་མོང་མ་ཡིན་པའི་མོས་པས་ སྤྱོད་པ་ལ་འཇུག་ཅིང༌། འདིའི་མོས་སྤྱོད་ནི་ཚོགས་ལམ་ལ་བྱེད་ཅིང༌། འདི་ལ་ཡང་བསྐལ་ བ་ཆེན་པོ་ཕྱེད་ཐོགས་སོ། །དེ་ནས་མོས་སྤྱོད་ས་བཅུ་སྦྱོར་བའི་ལམ་ལ་འཇུག་སྟེ། ཇི་སྐད་ དུ། མོས་པའི་སྤྱོད་པ་ཡིས་ནི་ས། །སེམས་གསུམ་རྣམ་པར་བསྒོམས་བྱས་ནས། །ཕ་རོལ་ ཕྱིན་པ་དྲུག་རྣམས་དང༌། །བསྡུ་བའི་དངོས་པོ་བཞི་རྣམས་ཀྱི། །མོས་པའི་ས་ནི་མཚུངས་པ་ མེད། །ཞེས་པ་ལྟར་སྦྱོར་ལམ་ས་བཅུ་སྟེ། རིམ་པ་བཞིན་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒྲུབ་ པ་དང༌། བསྡུ་བའི་དངོས་པོ་བཞི་ལ་རིམ་གྱིས་སློབ་པའི་སའོ། །དེ་ལྟར་མོས་སྤྱོད་ཀྱི་ས་བཅུ་ ལ་བསྐལ་ཆེན་ཕྱེད་དང༌། དེ་ནས་ཐེག་ཆེན་ཐུན་མོང་མ་ཡིན་པའི་མཐོང་ལམ་མངོན་དུ་བྱས་ ནས། འཕགས་པའི་ས་བཅུ་བསྐལ་ཆེན་ཕྱེད་ཀྱིས་བགྲོད་དེ། མཐར་ཨ་ཁཾ་ཝི་ར་ཧཱུཾ་ཞེས་པ་ ཡི་གེ་ལྔའི་གཟུངས་ཀྱི་སྒོ་ལ་བརྟེན་ཏེ། རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་དོ། །འབྲས་བུའི་ རྣམ་བཞག་ནི་ཐེག་ཆེན་སྤྱི་དང་འདྲ་བར་ཤེས་པར་བྱའོ། ། དེ་ལྟར་སྟོན་པའི་རྒྱུད་ལ་རིགས་གསུམ་དུ་གནས་ཏེ། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ། གསུང་མི་ཟད་པ་རྒྱན་གྱིས་འཁོར་ལོ། ཐུགས་མི་ཟད་པ་རྒྱན་གྱིས་འཁོར་ལོའི་རིགས་རྣམས་ སྟོན་པའི་རྒྱུད་གསུམ་མོ། །དང་པོ་ནི། རྩ་བའི་རྒྱུད་རྣམ་སྣང་མངོན་བྱང་དང༌། མི་གཡོ་བ་ བརྟུལ་ཕོད་ལ་སོགས་དང༌། གཉིས་པ། གསུང་གི་རྒྱུད་ནི་བོད་དུ་མ་འགྱུར་བར་གྲགས་ལ། 21-1-45 གསུམ་པ་ནི། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་སོགས་པ་རྣམས་སོ། །གསུམ་པ་རྣལ་ འབྱོར་གྱི་རྒྱུད་ཀྱི་ལམ་རིམ་ལ། འཇུག་སྒོ་དབང་གི་དང༌། བསྲུང་བྱ་དམ་ཚིག་དང༌། བསྒོམ་ བྱ་མངོན་རྟོགས་ཀྱི་དང༌། བགྲོད་བྱ་ལམ་གྱིས་རྣམ་བཞག་དང་བཞི་ལས། དང་པོ་ནི། ཇི་ སྐད་དུ་ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་གི་ བྱེ་བྲག་དབང༌། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་གསུངས་པ་ལྟར་ཡིན་ཏེ། དེ་ལ་ གང་དུ་དབང་བསྐུར་བྱའི་དཀྱིལ་འཁོར་ནི། དུག་ལྔ་ཆ་མཉམ་དུ་སྤྱོད་པ་རྣམས་འདུལ་བའི་ དོན་དུ། དེ་བཞིན་གཤེགས་རིགས་ཏེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང༌། ཞེ་སྡང་ཅན་ འདུལ་བའི་དོན་དུ། ཁྲོ་བོའི་དཀྱིལ་འཁོར་དང༌། གཏི་མུག་ཅན་འདུལ་བའི་དོན་དུ། འགྲོ་བ་ འདུལ་བའི་དཀྱིལ་འཁོར་དང༌། སེར་སྣ་དང་ཕྲག་དོག་ཅན་འདུལ་བའི་དོན་དུ། རིན་ཆེན་ འབྱུང་ལྡན་གྱི་དཀྱིལ་འཁོར་རྣམས་ཏེ། ཇི་སྐད་དུ། སྒེག་པའི་རྡོ་རྗེ་སེམས་དཔའ་ཉིད། །ཅེས་ པ་དང༌། རྩེ་མོར་རྡོ་རྗེ་ཅན་ཀུན་ཁྲོ་གཉེར་ཅན། །རིན་ཆེན་ཚོགས་ནི་རབ་བཞེད་ལ། །པདྨ་ ཆེན་པོ་དུལ་ཞི་ཞིང༌། །དྲག་པོ་ཞི་བ་ལས་འཛིན་པ། །ཞེས་དང༌། ཁ་དོག་ལྗང་གུ་ལས་འཛིན་ པ། །ཞེས་སོ། །འདིའི་དོན་ཡོད་གྲུབ་པ་ནི་རིན་ཆེན་འབྱུང་ལྡན་གྱི་ནང་དུ་འདུ་བའོ། །དེ་དག་ རེ་རེ་ལ་ཡང་སྐུ་ཕྱག་རྒྱ་ཆེན་པོའི་རྩ་བའི་དཀྱིལ་འཁོར་དང༌། གསུང་ཆོས་ཀྱི་ཕྱག་རྒྱ་ཆོས་ ཀྱི་དཀྱིལ་འཁོར་དང༌། ཐུགས་དམ་ཚིག་གི་ཕྱག་རྒྱ་གཟུངས་ཀྱི་དཀྱིལ་འཁོར་དང༌། འཕྲིན་ ལས་ལས་ཀྱི་ཕྱག་རྒྱ་ལས་ཀྱི་དཀྱིལ་འཁོར་རྣམས་དང༌། དེ་རེ་རེ་ལ་ཡང༌། རྒྱས་པ་ལ་དགའ་ བ་རྣམས་ཀྱི་དོན་དུ། དཀྱིལ་འཁོར་རྒྱས་པ་དང༌། འབྲིང་པོ་ལ་དགའ་བ་རྣམས་ཀྱི་དོན་ དུ། ཕྱག་རྒྱ་བཞི་པོའི་དཀྱིལ་འཁོར་དང༌། བསྡུས་པ་ལ་དགའ་བ་རྣམས་ཀྱི་དོན་དུ། ཕྱག་རྒྱ་ གཉིས་པའི་དཀྱིལ་འཁོར་རྣམས་གསུངས་སོ། །དཀྱིལ་འཁོར་དེ་དག་ཏུ་དབང་བསྐུར་བའི་ ཆོ་ག་ནི། ཡེ་ཤེས་ཐིག་ལེའི་འགྲེལ་པར། དེ་ནི་དྲུག་གི་བྱེ་བྲག་དབང༌། །ཞེས་པ་ཆུ་ལ་སོགས་ 21-1-46 པ་ལྔའི་སྟེང་དུ་སློབ་དཔོན་གྱི་དབང་དང་དྲུག་ལ་འདོད་པ་ནི་མི་འཐད་དེ། སློབ་དཔོན་གྱི་ དབང་རང་ལ་དྲུག་ཚང་དགོས་ཏེ། ཡེ་ཤེས་ཐིག་ལེ་ཉིད་ལས། བདུན་གཉིས་བྱེ་བྲག་ཏུ་ནི་ ཡོད། །ཅེས་ཆུ་ནས་དབང་བཞིའི་བར་ལ་དབང་བཅུ་བཞིར་བཤད་ཅིང༌། ཕྱག་ཆེན་ཐིག་ལེ་ ལས་ཀྱང༌། སློབ་དཔོན་དབང་ལ་བཅུ་གཅིག་དབྱེ། །ཞེས་དང༌། རྡོ་རྗེ་ཕྲེང་བ་ལས་ཀྱང༌། དང་ པོའི་དབང་ནི་གཙོ་བོ་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་ སྟེ། །བཞིའི་བདག་ཉིད་དོན་དམ་པའོ། །གཙོ་བོའི་དབྱེ་བ་བཅུ་གཅིག་སྟེ། །བཅུ་གཉིས་པ་ནི་ གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་ རེ་རེ་ས་རེའོ། །ཞེས་བཤད་པས་ཆུ་དང༌། ཅོད་པན་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། མིང་སྟེ་ ཐུན་མོང་གི་དབང་ལྔ་དང༌། དམ་ཚིག་གསུམ་སྦྱིན་པ་ཕྱིར་མི་ལྡོག་པའི་དབང་དང༌། དེ་ཁོ་ན་ ཉིད་གསུམ་བརྗོད་པ་གསང་བའི་དབང༌། རྗེས་གནང་ལུང་བསྟན་དབུགས་དབྱུང་གཟེངས་ བསྟོད་བཞི་སྟེ། ཐུན་མོང་མ་ཡིན་པའི་དབང་དྲུག་གོ །ཡང་ན་ཡེ་ཤེས་ཐིག་ལེ་ལས། ཆུ་དང་ དབུ་རྒྱན་རྡོ་རྗེ་དང༌། །དྲིལ་བུ་མིང་དང་བརྟུལ་ཞུགས་དང༌། །ལུང་བསྟན་པ་དང་སྐྱབས་སྦྱིན་ དང༌། །སྔགས་དང་ཕྱག་རྒྱ་ཡེ་ཤེས་སོ། །རྣལ་འབྱོར་རྒྱུད་ལ་མོས་པ་ལ། །དབང་བརྒྱད་ཕྱེ་ ལ་སྦྱིན་པར་བྱ། །རྣལ་འབྱོར་བླ་མ་ལ་མོས་ལ། །བཅུ་གཅིག་བདག་ཉིད་སྦྱིན་པར་བྱ། །ཞེས་ པའི་དོན་འགྲེལ་པར། སྔགས་ཕྱག་རྒྱ་ཡེ་ཤེས་རྣམས་ཞར་བྱུང་དུ་བྱས་ནས་བརྒྱད་དུ་བྱས་ ནས། དེའི་སྟེང་དུ་དམ་ཚིག་གསུམ་བསྣན་ནས་བཅུ་གཅིག་ཏུ་བྱེད་དོ། །སངས་རྒྱས་ཐོད་ པར། གསང་བ་ཕྱི་ཡི་ལྔ་དང་ནི། །བདུན་པ་བཅུ་བཞིར་བཤད་པ་དང༌། །གཉིས་ཀ་གཅིག་ཏུ་ འདུས་པ་ཡི། །ཞེས་པའི་འགྲེལ་པར། ཕྱིའི་ལྔ་ནི་རིག་པའི་དབང་ལྔ་དང༌། བདུན་ནི་སྔགས། རྡོ་རྗེའི་བརྟུལ་ཞུགས་དང༌། སྤྱོད་པའི་བརྟུལ་ཞུགས་དང་ལུང་བསྟན་པ། ཕྱིར་མི་ལྡོག་པའི་ དབང་དང༌། རིག་མའི་བརྟུལ་ཞུགས་དང་བདུན་ནོ། །གཉིས་ཀ་དང་ནི་གསུམ་དང་བཞི་པ་ 21-1-47 སྟེ། ཐམས་ཅད་གཅིག་ཏུ་བསྡུས་ནས་བཅུ་བཞིར་བཤད་དོ། ། གཉིས་པ་བསྲུང་བྱ་དམ་ཚིག་གི་རྣམ་བཞག་ལ། སྤྱིར་བཏང་གི་དམ་ཚིག རིགས་ལྔའི་ དམ་ཚིག་བཅུ་བཞི་དང་བྱང་ཆུབ་སེམས་དཔའི་ཕས་ཕམ་པ་བཅུ་བཞི་དེ། རིགས་ལྔ་སོ་སོའི་ དབང་དུ་བྱས་ཏེ། དེ་བཞིན་གཤེགས་རིགས་ཀྱི་དམ་ཚིག སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ ཆེན་པོས་རྗེས་སུ་ཆགས་པར་བྱ་བ་དང༌། ཁྲོ་བོའི་རིགས་ལ་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་ མངོན་སྤྱོད་ཀྱི་ལས་སྒྲུབ་པ་དང༌། པདྨའི་རིགས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་ འབྱོར་ལས་མ་གཡོས་བཞིན་དུ། སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱི་ཆོས་སྟོན་པ་ དང༌། རིན་པོ་ཆེ་དང་ལས་ཀྱི་རིགས་ལ། སྦྱིན་པ་རྣམ་བཞིས་སེམས་ཅན་རྣམས་ཚིམ་པར་ བྱེད་པ་སོགས། རྒྱས་པར་རྡོ་རྗེ་རྩེ་མོ་ལས་གསུངས་པ་ཡིན་ནོ། ། གསུམ་པ། བསྒོམ་བྱ་མངོན་རྟོགས་ལ། བསྙེན་པ་དང༌། སྒྲུབ་པ་གཉིས་ལས། དང་པོ་ ནི། ཏིང་ངེ་འཛིན་གསུམ་མམ་རྣལ་འབྱོར་བཞི་སྟེ། དེ་ཡང་སྔོན་བྱུང་དང་མཐུན་པར་དང་པོར་ འོག་མིན་དུ་འཚང་རྒྱ་ཚུལ་དང་མཐུན་པར་དང་པོར་སྦྱོར་བ། བར་དུ་རི་རབ་ཀྱི་རྩེར་དཀྱིལ་ འཁོར་སྤྲུལ་བཤད་མཛད་པ་དང་མཐུན་པར་དཀྱིལ་འཁོར་རྒྱལ་མཆོག །མཐར་རིགས་སོ་ སོའི་འཁོར་ལོ་བསྒྱུར་བར་བྱས་སྟེ་འཕྲིན་ལས་མངོན་པར་འདུ་མཛད་པ་དང་མཐུན་པར་ ལས་རྒྱལ་མཆོག་སྟེ། ཏིང་ངེ་འཛིན་གསུམ་དང༌། རང་ཉིད་རིགས་ཀྱི་ལྷ་དམ་ཚིག་པར་བསྐྱེད་ པར་རྣལ་འབྱོར། དེ་ལ་ཡེ་ཤེས་པ་གཞུག་པ་རྗེས་སུ་རྣལ་འབྱོར། བརྟན་གཡོ་ཐམས་ཅད་ རང་རིགས་ཀྱི་ལྷའི་རྣལ་འབྱོར་དུ་བྱེད་པ་ཤིན་ཏུ་རྣལ་འབྱོར། དེ་གསུམ་སྔོན་དུ་འགྲོ་བའི་ སྣང་སྟོང་ལ་རྩེ་གཅིག་པ་རྣལ་འབྱོར་ཆེན་པོ་སྟེ་རྣལ་འབྱོར་བཞིར་གསུངས་ཏེ། དཔལ་མཆོག་ འགྲེལ་པར། དེ་ལ་དེ་ཁོ་ན་ཉིད་རྣམ་པ་ལྔ་བསྒོམས་པས་བདག་ཉིད་རང་གི་ལྷའི་ངོ་བོ་ཉིད་ དུ་བསྐྱེད་པ་བསྒོམ་པ་ནི་རྣལ་འབྱོར་ཞེས་བྱའོ། །ཡེ་ཤེས་སེམས་དཔའ་བཅུག་ནས་དེ་དང་ 21-1-48 ལྷན་ཅིག་ཏུ་གྱུར་པར་ལྷག་པར་མོས་པ་ནི་རྗེས་སུ་རྣལ་འབྱོར་ཞེས་བྱའོ། །རྒྱུ་བ་དང་མི་རྒྱུ་ བ་ཐམས་ཅད་ངོ་བོ་ཉིད་ཀྱི་རང་བཞིན་དུ་བདག་ཉིད་སྒོམ་པ་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་ བྱའོ། །རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཐམས་ཅད་ཀྱི་རྣལ་འབྱོར་རྣམ་པར་བསྒོམས་ པས་སེམས་རྩེ་གཅིག་ཏུ་གྱུར་པ་གང་ཡིན་པ་ནི་ཤིན་ཏུ་རྣལ་འབྱོར་ཞེས་བྱའོ། །ཞེས་སོ། །དེ་ དག་ལ་མཚན་མ་རྙེད་རྙེད་སྒོམ་པ་བསྙེན་པའོ། ། གཉིས་པ་བསྒྲུབ་པ་ནི། འཇིག་རྟེན་འདས་པའི་དངོས་གྲུབ་ཏིང་ངེ་འཛིན་ལ་བརྟེན་ནས་ གཙོ་བོར་སྒྲུབ་པ་དང༌། བཟླས་པ་ལ་བརྟེན་ནས་འཇིག་རྟེན་འདས་མ་འདས་ཀྱི་དངོས་གྲུབ་ གཉིས་ཀའི་ཐུན་མོང་བའི་སྒྲུབ་པའོ། །དེའི་དང་པོ་ནི། ལྷའི་སྣང་བ་དང༌། དེ་ཉིད་སྒྱུ་མ་ལྟ་ བུ་ལ་གསལ་སྣང་དང་ངེས་ཤེས་བརྟན་པོ་རྙེད་ནས། འཁོར་གསུམ་ཡོངས་དག་གི་མཆོད་ པས་ལྷ་རྣམས་མཉེས། དེ་ནས་ཕྱག་རྒྱ་སྒྲུབ། གྲུབ་ནས་ཕྱག་རྒྱའི་ལས་རབ་འབྱམས་ལ་སྦྱར། དེ་ནས་མཚན་མ་ཁྱད་པར་ཅན་ཐོབ་ནས་མངོན་ཤེས་ལྔ་སྒྲུབ། དེ་གྲུབ་ནས་དཔལ་མཆོག་ ནས་བཤད་པའི་རིག་པའི་སྤྱོད་པའི་བླ་ན་མེད་པའི་སྤྲོས་བཅས་ཀྱི་སྤྱོད་པ་དང་ཕྱོགས་འདྲ་ ཞིག་སྤྱད་པས། མཆོག་འགྲུབ་ལ། ལན་གཅིག་གིས་མ་གྲུབ་ན་ལན་བདུན་བསྐྱར། དེས་ ཀྱང་མ་གྲུབ་ན་དྲག་ཤུལ་སྦྱོར་བས་འགྲུབ་པ་ཡིན་ནོ། །གཉིས་པ་བཟླས་པ་ལ་བརྟེན་པ་ ལ། དབུགས་འགྲོ་འོང་ལ་བརྟེན་པ་ཀུན་རྫོབ་དམིགས་བཅས་ཀྱི་རྡོར་བཟླས་དང་སྲོག་རྩོལ་ བཀག་སྟེ་བདག་དང་ལྷ་སྔགས་སྐྱེ་མེད་ལ་སྒོམ་པ་དོན་དམ་དམིགས་མེད་ཀྱི་རྡོར་བཟླས་ཏེ། དབང་རྣོན་ལ་རྡོར་བཟླས་གཉིས་དང༌། དེ་བཞིན་གཤེགས་རིགས་ལ་སྒྲ་མེད། རྡོ་རྗེའི་རིགས་ ལ་འབྲུག་གི་སྒྲ་ལྟ་བུ། པདྨའི་རིགས་ལ་ཕྲ་ཞིང་གསལ་བ། རིན་པོ་ཆེའི་རིགས་ལ་ཤིན་ཏུ་ གསལ་བར་བཟླ་བ་དབང་བརྟུལ་ལ་ཚིག་གི་བཟླས་པ་སྟེ། རྡོར་བཟླས་འཇིག་རྟེན་འདས་ པའི་དངོས་གྲུབ་དང༌། ཚིག་བཟླས་འཇིག་རྟེན་པའི་དངོས་གྲུབ་ཀྱི་རྒྱུའོ། །བཞི་པ་ནི། བགྲོད་ 21-1-49 བྱ་ས་ལམ་གྱི་རྣམ་བཞག་ལ། ཐོབ་བྱེད་ཉེར་ལེན་གྱི་རྒྱུ། ཐོག་མཐའ་མེད་པའི་སེམས་པ། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ། ལྷ་དང་སྔགས་དང་དཀྱིལ་འཁོར་དང་ཕྱག་རྒྱ་ཐམས་ ཅད་ཀྱི་འཆར་བའི་གཞི་སེམས་ཀྱི་དེ་ཁོ་ན་ཉིད་དེ། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བ་ སྟེ། །འཁོར་བ་བརྒྱུད་དུ་འདོད་པ་ཡིན། །ཅེས་རྒྱུ་རྒྱུད་དོ། ། ཐོབ་བྱ་འབྲས་བུ་ནི། སྒྲིབ་པ་ཀུན་བྲལ་གྱི་རྣམ་སྣང་སྐུ་བཞིའི་བདག་ཉིད་ཅན་ནོ། །རྒྱུ་ དེས་འབྲས་བུ་མངོན་དུ་བྱེད་པའི་ཐབས་རྒྱུད་ནི། ཐབས་ཕྱག་རྒྱ་བཞི་དང་འབྲེལ་བའི་ལྷའི་ རྣལ་འབྱོར་དང༌། ཤེས་རབ་སེམས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ། སོ་སོར་རང་གི་ རིག་པའི་ཡེ་ཤེས་སོ། །དེ་ལ་ལྷའི་རྣལ་འབྱོར་ནི། ཀུན་གཞི་རྣམ་ཤེས་ཀྱི་གཉེན་པོར་སྐུ་ཕྱག་ རྒྱ་ཆེན་པོའི་རྣལ་འབྱོར་བསྒོམས་པས། མེ་ལོང་ཡེ་ཤེས་མངོན་དུ་བྱེད། ཉོན་ཡིད་ཀྱི་གཉེན་ པོར་ཐུགས་དམ་རྒྱ་བསྒོམས་པས་མཉམ་ཉིད་ཡེ་ཤེས་མངོན་དུ་བྱེད། ཡེ་ཤེས་ཀྱི་གཉེན་ པོར་གསུངས་ཆོས་རྒྱ་བསྒོམས་པས་སོར་རྟོག་ཡེ་ཤེས་མངོན་དུ་བྱེད། དབང་ཤེས་ཀྱི་གཉེན་ པོར་འཕྲིན་ལས་རྒྱ་བསྒོམས་པས། བྱ་གྲུབ་ཡེ་ཤེས་མངོན་དུ་བྱེད། ཆོས་དབྱིངས་ཡེ་ཤེས་ དེ་ཐམས་ཅད་ཀྱི་རང་བཞིན་དུ་གནས་སོ། །གཞི་ལམ་འབྲས་བུའི་ཆིངས་དེ་ལྟར་ངེས་ནས། ལམ་སྐྱེ་ཚུལ་བཤད་ན་རྩེ་མོར། བསྐལ་བ་བརྒྱ་ཕྲག་དག་ཏུ་ནི། །ཅི་སྟེ་མངོན་པར་བརྩོན་ བྱས་ཀྱང༌། །གང་ཟག་བཞིས་ནི་འཇིག་རྟེན་དུ། །བསྒྲུབས་ཀྱང་འགྲུབ་པར་ཉིད་མི་འགྱུར། ། བྱང་ཆུབ་སེམས་ནི་མ་སྐྱེས་དང༌། །ཐེ་ཚོམ་ལྡན་པ་ཉིད་དང་ནི། །བཀའ་བཞིན་དུ་ནི་མི་བྱེད་ པ། །དད་པ་མེད་ཉིད་གྲུབ་མི་འགྱུར། །ཞེས་གསུངས་པས། སེམས་བསྐྱེད་ལྡན་པ། རྒྱུད་ ལ་ཡིད་ཆེས་པ། དམ་ཚིག་བཀའ་བཞིན་སྒྲུབ་པ། ལམ་དང་ལམ་སྟོན་ལ་དད་པ་ཕུན་སུམ་ ཚོགས་པ་སྟེ། ཆོས་བཞི་ལྡན་གྱི་སྒྲུབ་པ་པོ། བསྙེན་པ་ལ་བརྟེན་ནས། ལྷའི་གསལ་སྣང་རབ་ ཏུ་ཕྱིན་པ་ན་བཟླས་པ་རྩལ་ཐོན་པར་གྱུར་པའི་ཚེ་ཚོགས་ལམ་ཆེན་པོའོ། །དེ་ལ་སྟོང་པའི་ 21-1-50 གསལ་སྣང་ཐོབ་པའི་ཚེ་སྦྱོར་ལམ་དྲོད་ཀྱི་རྟོགས་པ་སྐྱེས། དེ་ལས་མངོན་ཤེས་ལྔ་ཐོབ་པ་ རྩེ་མོའོ། །དེ་ཕན་ཆད་ས་བཅུ་པ་ཐོབ་ཀྱི་བར། ལམ་གྱི་ངོ་བོའི་ཁྱད་པར་མ་གཏོགས་བགྲོད་ ལུགས་མདོ་དང་མཐུན། འོན་ཀྱང་མྱུར་དུ་ཐོབ་པར་འདོད་པས་བརྩོན་འགྲུས་རྩོམ་ཤིང་བར་ ཆད་མེད་ན། དབང་རྣོན་དང༌། དབང་བརྟུལ་གྱི་བྱེ་བྲག་གིས། ཚེ་ལོ་བརྒྱ་པའི་མི་ནས་མིར་ སྐྱེ་བ་བདུན་ནམ་བཅུ་དྲུག་གི་ཡུན་ཚད་ལ་སངས་རྒྱས་ཐོབ་ཅིང༌། དེ་ཡང་ས་བཅུ་པ་ཐོབ་ ནས་བསམ་གཏན་བཞིའི་རབ་མཐའ་སྒྲུབ་པར་བཤད་ལ། རབ་མཐའི་སྙོམས་འཇུག་འཇིག་ རྟེན་པ་མངོན་པ་ནས་བཤད་པ་དང་ནི་མི་གཅིག་སྟེ། འདི་ནི་སྒྱུ་མ་ལྟ་བུ་དང༌། རྡོ་རྗེ་ལྟ་བུ་ དང༌། དཔའ་བར་འགྲོ་བ་གསུམ་ཚོགས་པའི་ཏིང་ངེ་འཛིན་ལ་རྣམ་པའི་ཁྱད་པར་འགའ་ཞིག་ ཕྱོགས་མཚུངས་པ་ལ་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་དུ་མིང་བཏགས་ཏེ། དེ་ལ་ ལྟོས་པའི་བར་མཐའ་ཡིན་ལ། དེ་ཡང་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོག་མེད་པ་ དང༌། དང་པོ་ཙམ་ཁྱད་གཉིས་གཉིས་པ་སོགས་གསུམ། གཟུགས་མེད་བཞི་རྣམས་ལ་མཐར་ ཆགས་སུ་ལུགས་འབྱུང་ལུགས་ལྡོག །རེ་རེ་བོར་བའི་ཐོད་རྒལ་དུ་ལུགས་འབྱུང་ལུགས་ལྡོག་ ཏུ་བྱས་ནས། ཡང་མི་ལྕོགས་མེད་པ་ནས་གསུམ་པའི་བར་དུ་སོང་བཞི་པ་ལ་ཆེ་འབྲིང་ཆུང་ གསུམ་སོགས་དགུར་ཕྱེ་བའི་ཆེན་པོའི་ཆེན་པོའི་རབ་མཐའ་ཏེ། དེ་གྲུབ་པ་ན། བྱང་ཆུབ་ སེམས་དཔའ་དེ་ལ་ནི་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་སྟེ། དེའི་འོག་མིན་དུ་བཞུགས། མི་ གཡོ་བའི་ཏིང་ངེ་འཛིན་ལས་སངས་རྒྱས་རྣམས་ཀྱིས་བསླངས། མངོན་བྱང་ལྔའི་གདམས་ ངག་ཕོག་པས། ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་ཏེ། འཇིག་རྟེན་ཐམས་ཅད་དུ་འཁོར་བ་ཇི་ སྲིད་པར་སྤྲུལ་པའི་སྐུའི་འཕྲིན་ལས་འཇུག་པ་ཡིན་ལ། མདོ་ལམ་ནས་སྔགས་ལ་འཇུག་ཚུལ་ སོགས་ཀྱང་སྤྱི་དང་འདྲ་བའི་རྣམ་བཞག་ཡོད་དོ། ། ལམ་རིམ་དེ་ལྟ་བུ་སྟོན་པའི་རྒྱུད་ལྔ་ནི་རྣལ་འབྱོར་རྒྱུད་དེ། དེ་ལ་ཕ་རྒྱུད་དང་མ་རྒྱུད་ 21-1-51 གཉིས་ཏེ། དང་པོ་ལ་རྩ་བའི་རྒྱུད་དེ་ཉིད་བསྡུས་པ། བཤད་རྒྱུད་རྡོ་རྗེ་རྩེ་མོ་ཐམས་ཅད་ གསང་བ། ཁམས་གསུམ་རྣམ་རྒྱལ་ཏེ་གསུམ། གྲགས་ཚོད་ལྟར་ན་ཆ་མཐུན་གྱི་རྒྱུད་ངན་ སོང་སྦྱོང་རྒྱུད་དོ། །གཉིས་པ་ལ་རྩ་བའི་རྒྱུད། ཤེར་ཕྱིན་ཚུལ་ལ་བརྒྱ་ལྔ་བཅུ་པའམ། དཔལ་ མཆོག་དང་པོ་ཡིན་ལ། གྲགས་པ་དང་བསྟུན་ན་ཆ་མཐུན་རྡོ་རྗེ་སྙིང་རྒྱན། གསང་བ་རྒྱན་ བཀོད། གསང་བ་ནོར་ཐིག་ལ་སོགས་པ་ཡིན་ལ། དཔལ་མཆོག་ལ་བཤད་རྒྱུད་ཡོད་དུ་རུང་ མོད་ཀྱང་བོད་དུ་མ་འགྱུར་ཞིང༌། འཕགས་ཡུལ་ན་ཡང་མ་གྲགས་སོ། །ཡང་དཔལ་མཆོག་ དང་པོ། དེ་ཉིད་བསྡུས་པའི་ཆ་མཐུན་གྱི་རྒྱུད་ཡིན་གསུང་བ་ཡོད་ནའང༌། ཕན་འདོགས་ ཤིང་ཕྱོགས་མཐུན་ལ་དགོངས་ན་རུང་ལ། དེའི་ཚེ་ནི། དེ་ཉིད་བསྡུས་པ་ཡང་དཔལ་མཆོག་ གི་ཆ་མཐུན་དུ་འགྱུར་ལ། གཞན་དུ་ན། རང་གིས་ཀྱང་ཕ་རྒྱུད་མ་རྒྱུད་གྱི་དབྱེ་བ་མཛད་པ་ དང་འགལ་ལོ། ཁ་ཅིག་འདིར་བཤད་ཕ་རྒྱུད་རྣམས་དང༌། དཔལ་མཆོག་རྣལ་འབྱོར་ཙམ་ གྱི་རྒྱུད། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་རྗེས་སུ་རྣལ་འབྱོར། སྙིང་རྒྱན་གསང་རྒྱན་གཉིས་ཤིན་ཏུ་ རྣལ་འབྱོར། ནོར་ཐིག་རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ཡིན་གསུང་ནའང༌། སྒྱུ་དྲྭ་ཚིགས་རིགས་ ཐམས་ཅད་ཀྱང་གསང་འདུས་དང་མཐུན་པ་སོགས་རྣལ་འབྱོར་རྒྱུད་མ་ཡིན་པའི་རྒྱུ་མཚན་ མང་པོ་ཡོད་ལ། ཡོ་གར་འགྲེལ་མཁན་མང་དུ་བྱུང་ཀྱང་རྒྱུ་མཚན་དུ་མི་རུང་ཞིང༌། ལྷག་མ་ རྒྱུད་དེ་དག་ལ་ཚིག་ཟིན་ལ་ཟབ་ཁྱད་རེ་སྣང་ལ། རྣལ་འབྱོར་བཞིར་འབྱེད་པ་ཡིད་ཆེས་བྱུང་ ན་ལེགས་པོར་ཡང་འགྱུར་མོད། འོན་ཀྱང་ཕྱི་མ་གསུམ་པོ་འདི་བཤད་རྒྱུད་རྡོ་རྗེ་སྙིང་རྒྱན་ ནས། བླ་མེད་རྣམས་དང་ལྷན་ཅིག་བགྲངས་པ་དང་རྒྱུད་ཀྱི་རང་བཞིན་ལ་དཔག་ན་བླ་མེད་ ཡིན་ལ། བརྡ་ཆད་མང་པོ་རྣལ་འབྱོར་རྒྱུད་ལྟར་བཤད་ནའང་ཡོ་ག་ནས་བླ་མེད་ལ་འཇུག་ པའི་ལམ་གྱི་མཚམས་སྦྱོར་དུ་བཤད་པ་ཡིན་པར་སེམས་སོ། ། ཆ་འདིར་བཤད་མ་ཐག་པའི་དཔལ་མཆོག་དང་པོ་སོགས་བཞི་ག་རྣལ་འབྱོར་ཆེན་པོའི་ 21-1-52 རྒྱུད་དུ་རང་ལུགས་ལ་བཞེད་དམ་དཔྱོད། བཞེད་ན་དེ་དག་གཙོ་བོར་རྣལ་འབྱོར་བླ་མེད་དོ། ། ཆ། བཞི་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ལམ་རིམ་ལ། ལམ་རིམ་དངོས་བཤད་པ། དེ་ སྟོན་བྱེད་རྒྱུད་སྡེ་བཤད་པ། རྒྱུད་སྡེ་འཆད་ཚུལ་གྱི་མན་ངག་བསྟན་པའོ། །དང་པོ་ནི། རྒྱུད་ གསུམ་གྱིས་གཏན་ལ་དབབ་དགོས་ཏེ། སྤྱོད་པ་བསྡུས་པའི་འགྲེལ་པ། སློབ་དཔོན་ཤཱཀྱ་ བཤེས་གཉེན་གྱིས་མཛད་པར། རྒྱལ་བ་སྟོབས་ཅན་སྙིང་པོ་ཡིས། །སྔོན་འགྲོ་འགྲེལ་པ་ཀུན་ བརྗོད་དེ། །དོན་ནི་རྣམ་པ་གསུམ་དུ་འདུས། །རྒྱུད་དང་ཐབས་དང་འབྲས་བུའོ། །རྒྱུ་ནི་ཐེག་ ཆེན་རིགས་ཅན་ཏེ། །དགེ་བའི་ཆོས་ཀྱིས་རྣམ་པར་བརྒྱན། །ཐབས་ནི་རྣམ་པ་གཉིས་ཡིན་ ཏེ། །དབང་བཀུར་དེ་ཉིད་སྤྱོད་དང་བཅས། །འབྲས་བུ་སྐུ་གསུང་ཐུན་མོང་གྲུབ། །ཅེས་རྒྱུད་ ཀྱི་དོན་ཐམས་ཅད་རྒྱུ་ཐབས་འབྲས་བུ་གསུམ་དུ་འདུས་པ་དེ་ཉིད་རྣམ་པར་བཤད་པར་བྱ་སྟེ། རྒྱུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དང༌། འབྲས་བུ་རྒྱུད་དོ། །དེ་སྐད་དུ་ཡང༌། རྒྱུད་ནི་རྒྱུན་ཞེས་ བྱ་བ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོག་པ་ ཡི་རབ་ཕྱེ་བ། །ཞེས་པ་འདི་ནི་རེ་ཞིག་ལུང་ངོ༌། ། དང་པོ་ལ་སྡོམ་ནི། ངོ་བོ་གཙོ་བོ་མཚན་ཉིད་དང༌། །རྣམ་གྲངས་ལྡན་པ་གནས་སྐབས་ དང༌། །མི་འགྱུར་བས་ཀྱང་རྒྱུ་རྒྱུད་བསྡུས། །རྒྱུའི་རྒྱུད་གང་ཞེ་ན། ཐོག་མ་མེད་པའི་དུས་ནས་ བརྒྱུད་དེ་འོང་བ། སེམས་རང་བཞིན་གྱི་འོད་གསལ་བ་གང་ཡིན་པ་དང༌། སེམས་དང་སེམས་ ལས་བྱུང་བ་རྣམས་དང༌། སྣོད་དང་བཅུད་ཀྱི་རང་བཞིན་དང༌། རྩ་དང༌། ཁམས་དང༌། ཆོས་ ཀྱི་དབྱིངས་གང་ཡིན་པ་དེ་རྣམས་སོ། །དེ་རྣམས་ཀྱི་གཙོ་བོ་ནི། སེམས་ཀྱི་རང་བཞིན་འོད་ གསལ་བའོ། །དེ་ཉིད་གང་ཞེ་ན། ཞིང་དང༌། སྐུ་དང༌། ཡེ་ཤེས་ལ་སོགས་པ་འབྲས་བུའི་ཆོས་ དང་མཐུན་པའི་ཁྱད་པར་ཅན། རང་བཞིན་བདེ་བ་ཆེན་པོ་རྒྱུན་ཆད་པ་མེད་པ། ཆོས་ཉིད་ ཀྱིས་ཐོབ་པ་སྟེ། ཁྱད་པར་བཞི་དང་ལྡན་པའོ། །རྒྱུའི་རྒྱུད་དང༌། སྦྱང་གཞི་དང༌། ཀུན་གཞི་ 21-1-53 དང༌། དང་པོའི་སངས་རྒྱས་ནི་རྣམ་གྲངས་སོ། །རྒྱུ་ནི་དུ། གཞི་ནི་དུ། ཀུན་གཞི་ནི་དུ། དང་ པོའི་སངས་རྒྱས་ནི་དུ་ཞེ་ན། རྒྱུ་ནི་བཅུ་བཞི་སྟེ། ཉོན་མོངས་པའི་རྒྱུ་དང༌། ལས་ཀྱི་རྒྱུ་དང༌། སྡུག་བསྔལ་གྱི་སྟེ། ཀུན་ནས་ཉོན་མོངས་པ་དང༌། སྣོད་དང༌། བཅུད་དང༌། ལམ་གྱི་རྒྱུ་དང༌། སྟོང་པ་དང༌། བདེ་བ་དང་ཟུང་དུ་འཇུག་པའི་རྒྱུ་དང༌། རགས་པ་དང༌། ཕྲ་བ་དང༌། ཤིན་ཏུ་ ཕྲ་བའི་རྒྱུ་དང༌། གཟུགས་ཀྱི་སྐུ་གཉིས་དང༌། ཆོས་ཀྱི་སྐུའི་རྒྱུ་རྣམས་སོ། །གཞི་ནི་བཅོ་ལྔ་སྟེ། སྣོད་དག་པའི་གཞི་དང༌། བཅུད་དག་པའི་གཞི་དང༌། ཉེར་སྤྱོད་དག་པའི་གཞི་དང༌། རྣམ་པར་ འགྱུར་བ་དག་པའི་གཞི་དང༌། རང་བཞིན་དག་པའི་གཞི་དང༌། འཁོར་བའི་གཞི་དང༌། མྱ་ ངན་ལས་འདས་པའི་གཞི་དང༌། རང་བཞིན་གྱི་གཞི་དང༌། རྣམ་གྲངས་ཀྱི་གཞི་དང༌། མཐར་ གཏུགས་པའི་གཞི་དང༌། ཀུན་རྫོབ་ཀྱི་གཞི་དང༌། དོན་དམ་པའི་གཞི་དང༌། རགས་པའི་གཞི་ དང༌། ཕྲ་བའི་གཞི་དང༌། ཤིན་ཏུ་ཕྲ་བའི་གཞི་རྣམས་སོ། ། དང་པོ་ལྔ་ནི་ལས་དང་བྱ་བའི་སྒོ་ནས་སྟེ། སྦྱང་བྱའི་རབ་ཏུ་དབྱེ་བའོ། །དེ་ནས་གསུམ་ནི་ བཅིངས་གྲོལ་གྱིས་རབ་ཏུ་དབྱེ་བའོ། །དེ་ནས་གཉིས་གཉིས་ནི་དངོས་དང་བཏགས་པ་དང༌། རྫས་དང་བཏགས་པས་རབ་ཏུ་ཕྱེ་བའོ། །ཐ་མར་གསུམ་ནི་རྟོགས་ཚུལ་གྱིས་རབ་ཏུ་ཕྱེ་བའོ། ། དེ་ལ་རགས་པའི་གཞི་གང་ཞེ་ན། དགུ་པོ་འདི་དག་སྟེ། གང་ཟག་ཏུ་བཏགས་པས་ཡོད་པ་ དག་ལ་བརྗོད་དེ། ཙན་དན་དང༌། ཨུཏྤལ་དང༌། པདྨ་དང༌། པདྨ་དམར་པོ་དང༌། རིན་པོ་ཆེ་ ལྟ་བུ་དང༌། ཉོན་མོངས་པས་རྣམ་པར་ཕྱེ་བ་དང༌། ལས་ཀྱིས་རྣམ་པར་ཕྱེ་བ་དང༌། ལུས་ཀྱིས་ རྣམ་པར་ཕྱེ་བ་དང༌། རིགས་ཀྱིས་རྣམ་པར་ཕྱེ་བའོ། །དང་པོ་ལྔ་ནི་མཚན་ཉིད་ཀྱིས་རབ་ཏུ་ ཕྱེ་བའོ། །ཕྱི་མ་བཞི་ནི་རྣམ་གྲངས་ཀྱིས་རབ་ཏུ་ཕྱེ་བའོ། །འདིར་ཀུན་གཞི་ཞེས་བྱ་བ་ནི། སྡེ་ སྣོད་ཀྱི་ཚུལ་ལས་འབྱུང་བ་ཁོ་ན་བཞིན་ནོ། །དང་པོའི་སངས་རྒྱས་ནི་གཉིས་ཏེ། རང་བཞིན་ གྱི་དང་པོ་དང༌། གློ་བུར་གྱི་དང་པོ་སངས་རྒྱས་སོ། །འདི་ལ་ཇི་ལྟར་ན་སྐྱོན་དང༌། ཡོན་ཏན་ 21-1-54 དང༌། རྒྱུ་དང་འབྲས་བུ་དག་དང་འབྲེལ་བར་ལྡན་ཞེ་ན། སད་པའི་གནས་སྐབས་དང༌། རྨི་ ལམ་གྱི་གནས་སྐབས་དང༌། གཉིད་འཐུག་གི་གནས་སྐབས་དང༌། བཞི་པའི་གནས་སྐབས་ ཀྱི་སྒྲིབ་པ་ཞེས་བྱ་བ་གནས་ཏེ། དགའ་བ་བཞིའམ་སྣང་བ་བཞི་དང་ལྷན་ཅིག་གནས་པ་ཡིན་ ནོ། །རླུང་བཞི་དང༌། ཐིག་ལེ་བཞི་དང༌། འཁོར་ལོ་བཞི་ལས་དྲི་བཅས་དང༌། ཅུང་ཟད་དྲི་བྲལ་ དང༌། ཆེས་དྲི་བྲལ་ལམ། འཛག་བཅས་ཀྱི་དབང་དང༌། འཛག་མེད་ཀྱི་དབང་དང༌། ཤིན་ཏུ་ འཛག་པ་དང་བྲལ་བའི་དབང་ལས། རིགས་བཞི་དང༌། རྒྱུད་བཞི་དང༌། འགྲོ་བ་བཞི་དང༌། ཡོན་ཏན་བཞི་དང༌། ཐུན་ཚོད་བཞི་དང༌། བག་ཆགས་བཞིས་རྣམ་པར་རྟོག་པ་བཞི་འབྱུང་ སྟེ། ཐམས་ཅད་ཡོད་པར་རྟོགས་པ་དང༌། རྡུལ་ཕྲན་ཏུ་རྟོགས་པ་དང༌། སེམས་ཙམ་དུ་རྟོག་པ་ དང༌། དེ་ཡང་མི་དམིགས་པ་སྟེ། གྲུབ་མཐའ་བཞི་དང༌། སྡེ་པ་བཞི་དང༌། སྐད་ཅིག་མ་བཞི་ དང༌། དགའ་བ་བཞི་དང༌། བདེན་པ་བཞི་ལ་སྒྲོ་འདོགས་པའམ་དེ་དག་ལ་ཇི་བཞིན་དུ་རྟོགས་ པ་སྟེ། དེ་བཞིན་དུ་ཨེ་ཝཾ་མ་ཡ་དང༌། གནས་བཞི་དང༌། རིགས་བཞིའི་ཕྱག་རྒྱས་དྲི་མ་སྦྱོང་ བའི་ཁྱད་པར་དང༌། སྐུ་བཞི་དང༌། རྡོ་རྗེ་བཞི་ལ་སོགས་པ་ཇི་ལྟར་རྒྱུད་ལས་རྒྱས་པར་འབྱུང་ བ་དེ་ལྟར་ཤེས་པར་བྱའོ། །འདིར་གནས་སྐབས་གང་ཞེ་ན། ཐར་པའི་ཆ་མཐུན་མ་བསྐྱེད་པ་ དང༌། སྐྱེད་པ་དང༌། སོ་སོ་སྐྱེ་བོའི་ལམ་དང༌། སློབ་པའི་ལམ་དང༌། མི་སློབ་པའི་ལམ་རྣམས་ སུ། དང་པོའི་སངས་རྒྱས་དང༌། རྒྱུའི་རྒྱུད་དང༌། ལམ་དུ་ཞུགས་པ་དང༌། འཕགས་པ་དང༌། འབྲས་བུའི་རྡོ་རྗེ་འཛིན་པ་ཞེས་མིང་གིས་བཏགས་སོ། །དེ་རྣམས་སུ་འགྱུར་བ་མེད་པ་ཇི་ལྟ་ བུ་ཞེ་ན། སྔ་མ་ལས་ཕྱི་མའི་ཚེ་ངོ་བོར་མི་འགྱུར་བ་སྟེ། སྐྱེ་བ་དང༌། རྒ་བ་དང་ན་བ་དང་འཆི་ བ་དང༌། འགྲོ་བ་རྣམས་དང༌། རྟེན་འབྲེལ་རྣམས་དང༌། རིག་པ་དང་། བདེན་པ་མཐོང་བ་ དང༌། རྣམ་པར་མི་རྟོག་པ་ལ་ཞུགས་པ་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཀྱང་མི་འཇིག་ ཅིང་མི་འགྱུར་བའོ། ། 21-1-55 གཉིས་པ་ཐབས་ཀྱི་རྒྱུ་གང་ཞེ་ན། སྡོམ་ནི། དབང་བསྐུར་དམ་ཚིག་སྡོམ་པ་དང༌། །ཏིང་ འཛིན་རྒྱུད་ཀྱིས་སྦྱོར་བའོ། །ལྔ་པོ་འདི་དག་ནི་ཐབས་ཀྱི་རྒྱུད་དེ། དབང་བསྐུར་བ་དང༌། དམ་ ཚིག་རྣམས་དང༌། སྡོམ་པ་དང༌། ཏིང་ངེ་འཛིན་དང༌། ལས་དང༌། དངོས་གྲུབ་ཀྱི་སྦྱོར་བའོ། ། དབང་བསྐུར་བ་གང་ཞེ་ན། བུམ་པ་དང་གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པ་ དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། སློབ་མའི་དབང་དང་ཕྱིར་མི་ ལྡོག་པའི་དབང་དང༌། ཐ་མལ་གྱི་དབང་དང༌། མཆོག་གི་དབང་དང༌། འཇུག་པའི་ཆོ་ག་དང༌། དངོས་གཞི་དང༌། རྗེས་སུ་གནང་བ་དང༌། ལུང་བསྟན་པ་དང་། གཟེངས་བསྟོད་དང༌། ཡོན་ འབུལ་བ་དང་བཅས་པ་རྣམས་སོ། །དམ་ཚིག་གང་ཞེ་ན། ངོ་བོའི་སྒོ་ནས། བསྲུང་བའི་དམ་ ཚིག་དང༌། སྒྲུབ་པའི་དམ་ཚིག་གོ །བསྲུང་བའི་དམ་ཚིག་གང་ཞེ་ན། རྩ་བའི་ལྟུང་བ་དང་། ཡན་ལག་གི་ལྟུང་བ་ལ་སོགས་པ་བསྲུང་བ་ཉིད་དོ། །རྩ་བའི་ལྟུང་བ་གང་ཞེ་ན། བཅུ་བཞི་པོ་ རྣམས་ཏེ། སློབ་དཔོན་སྨད་པར་མི་བྱ་ཞིང༌། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ ལ་སྨད་པར་མི་བྱ་ཞིང༌། །སེམས་ཅན་རྣམས་ལ་བྱམས་མི་སྤངས། །བྱང་ཆུབ་སེམས་ནི་དོར་ མི་བྱ། །རང་གཞན་ཆོས་ལ་སྨད་མི་བྱ། །མ་སྨིན་པ་ལ་གསང་མི་བསྒྲགས། །ཕུང་པོ་རྣམས་ ལ་སྨད་མི་བྱ། །དག་པའི་ཆོས་ལ་སོམ་ཉི་སྤོང༌། །གདུག་པ་ཅན་ལ་བྱམས་པ་སྤངས། །མིང་ སོགས་བྲལ་བ་དེར་མི་རྟོག །དད་ལྡན་སེམས་ནི་སུན་མི་དབྱུང༌། །དམ་ཚིག་སྤོང་དང་བུད་ མེད་སྨོད། །རྩ་བའི་ལྟུང་བ་ཞེས་བརྗོད་དོ། །འདི་དག་མི་ཤེས་མི་རུང་བས། །སྔོན་གྱི་མཁན་ པོའི་ལུང་ལས་ཤེས། །ཞེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། ། ཡན་ལག་གི་ལྟུང་བ་གང་ཞེ་ན། བརྒྱད་དམ། དགུ་པོ་རྣམས་སོ། །སྒྲུབ་པའི་དམ་ཚིག་ གང་ཞེ་ན། ཏིང་ངེ་འཛིན་དང༌། སྤྱོད་ལམ་དང༌། བཟའ་བའི་དམ་ཚིག་དང༌། མི་འབྲལ་བའི་ ཡོ་བྱད་ཀྱི་དམ་ཚིག་གོ །རིགས་ལྔ་པོ་རྣམས་ཀྱི་དམ་ཚིག་གང་ཡིན་པ་དེ་རྣམས་ནི་ཏིང་ངེ་ 21-1-56 འཛིན་གྱི་དམ་ཚིག་གོ །གཞན་ཡང་དམ་ཚིག་ནི་གསུམ་སྟེ། ལས་དང་པོ་པ་དང༌། བརྟན་པ་ ཐོབ་པ་དང༌། བརྟན་པ་ཆེར་ཐོབ་པའི་དམ་ཚིག་རྣམས་སོ། །ཡང་དམ་ཚིག་ནི་གསུམ་སྟེ། སྐུ་ དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གོ །ཡང་གསུམ་སྟེ། བུམ་དབང་གི་དམ་ཚིག་དང༌། གསང་དབང་གི་དམ་ཚིག་དང༌། ཤེས་རབ་ཡེ་ཤེས་ཀྱི་དམ་ཚིག་གོ །གཞན་ཡང་བསྙེན་པའི་ དམ་ཚིག་དང༌། འཇིག་རྟེན་པ་སོ་སོའི་སྒྲུབ་པའི་དམ་ཚིག་དང༌། ལས་སོ་སོའི་དང༌། འཇིག་ རྟེན་ལས་འདས་པའི་སྒྲུབ་པའི་དང༌། སྒྲུབ་པ་ཆེན་པོའི་དམ་ཚིག་གོ །དེ་ལ་དམ་ཚིག་དམ་ ཚིག་ཅེས་བྱ་བ་ནི་བརྟུལ་ཞུགས་སོ། །སྡོམ་པ་ནི་ཐོབ་པར་བྱེད་པའི་ཆོ་ག་དང༌། ཐོབ་པའི་ དུས་དང༌། ངོ་བོ་དང༌། དབྱེ་བ་དང༌། གཏོང་བའི་དུས་དང༌། གསོ་བའི་ཆོ་ག་སྟེ། དྲུག་པོ་དེ་ དག་གོ །སྡོམ་ནི། ཆོ་ག་དུས་དང་ངོ་བོ་དབྱེ། །གཏོང་དུས་གསོ་བའི་ཐབས་རྣམས་སོ། །དེ་ ལ་སངས་རྒྱས་ཀྱིས་མ་བཤད་པའི་ཆོ་ག་ལས་ནི་སྡོམ་པ་མེད་དེ་བརྟུལ་ཞུགས་ཙམ་མོ། །དེའི་ ཕྱིར་ཆོ་ག་ནི་རིག་པ་འཛིན་པའི་སྡེ་སྣོད་ལས་བཤད་པའི་དབང་བསྐུར་བའོ། །དུས་ནི་དབང་ སོ་སོའི་དངོས་གཞི་རྫོགས་པ་ནའོ། །ངོ་བོ་ནི་བྱིན་གྱིས་བརླབས་པའི་སེམས་ཀྱི་རྒྱུན་གྱི་ཁྱད་ པར་ཉེས་པ་རྣམས་བཟློག་པར་བྱེད་པ་ཡོན་ཏན་གྱི་རྟེན་མཐུ་བརྟས་པའོ། །དབྱེ་བ་ནི། ཐུན་ མོང་དང༌། ཐུན་མོང་མ་ཡིན་པའི་སྡོམ་པའོ། །ཐུན་མོང་གི་སྡོམ་པ་གང་ཞེ་ན་བྱ་བ་དང་རྣལ་ འབྱོར་ཕྱིའི་སྡོམ་པའོ། །ཐུན་མོང་མ་ཡིན་པ་གང་ཞེ་ན། བདེ་བས་བྱིན་གྱིས་བརླབས་པ་སྟེ། སློབ་མ་དང༌། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་སྡོམ་པ་རྣམས་སོ། །དེ་ དག་ཐམས་ཅད་ཀྱང་འཇིག་རྟེན་པ་དང༌། འཇིག་རྟེན་འདས་པ་གཉིས་གཉིས་སུ་རྟོགས་པར་ བྱའོ། །འཇིག་རྟེན་པ་རྣམས་ཀྱང་ཕལ་ཆེར་འདོད་པས་བསྡུས་སོ། །གཟུགས་དང་གཟུགས་ མེད་པས་བསྡུས་པ་དག་ཀྱང་ཡོད་དོ། །གཏོང་བའི་དུས་ནི་རྩ་བའི་ལྟུང་བ་དག་བྱུང་བ་དང༌། སྔགས་ཀྱི་ཐེག་པ་སྤོང་བ་དེའི་ཚེའོ། །ཆ་ཤས་ཆ་ཤས་ནི་རང་རང་གི་རྩ་བའི་དམ་ཚིག་ལས་ 21-1-57 འདས་པ་ནའོ། །གསོ་བའི་ཆོ་ག་ནི། སྡིག་པ་ཡོངས་སུ་སྦྱངས་ནས་སླར་ཡང་བླང་བ་ཡིན་ནོ། ། ཏིང་ངེ་འཛིན་གང་ཞེ་ན། འདིར་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དེ་གཉིས་ སྒོམ་དགོས་པའི་རྒྱུ་མཚན་དང༌། སྒྲ་དོན་དང༌། གྲངས་དང༌། གོ་རིམ་ངེས་པ་ནི་སྔོན་གྱི་མཁན་ པོ་དག་གིས་བཤད་པ་དང་གཞན་དུ་སྨྲ་བར་འདོད་དོ། །འདིར་རེ་རེ་ཡང༌། ངོ་བོ་དང་ཡན་ ལག་དང༌། དབྱེ་བ་དང༌། གནས་སྐབས་དང༌། དངོས་དང་བཏགས་པའི་ཁྱད་པར་རོ། །བསྐྱེད་ པའི་ངོ་བོ་གང་ཞེ་ན། རྣམ་པར་རྟོག་པས་གསར་དུ་སྒོམ་པ་ལས་བྱུང་བའི་ལྷ་སྐུའི་རྣམ་པ་ཅན་ སྲིད་པ་གསུམ་དང་ཆོས་མཐུན་དུ་སྒོམ་པའི་ཞུ་བདེ་ཏིང་ངེ་འཛིན་ནོ། །ཡན་ལག་གང་ཞེ་ན། ། ཐུན་མཚམས་སམ་མཆོད་པའི་བསྟོད་པ་ལ་སོགས་པ་དང༌། རྣལ་འབྱོར་བརྒྱད་ལ་སོགས་ པའོ། །ཅིའི་ཕྱིར་ཡན་ལག་ཅེས་བྱ་ཞེ་ན། རང་གི་རང་གི་ངོ་བོའི་སྲིད་པ་དང་འབྲས་བུའི་རྣམ་ པ་ལམ་དུ་མི་བྱེད་པའི་ཕྱིར་རོ། །དབྱེ་བ་གང་ཞེ་ན། དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་ མཆོག་དང༌། ལས་རྒྱལ་མཆོག་དང༌། བསྙེན་པ་དང༌། ཉེར་སྒྲུབ་དང༌། སྒྲུབ་པ་དང༌། སྒྲུབ་ ཆེན་དང༌། རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ ཆེན་པོ་རྣམས་སོ། །གནས་སྐབས་གང་ཞེ་ན། ལས་དང་པོ་པ་དང༌། ཡེ་ཤེས་ཕེབས་པ་དང༌། ཡེ་ཤེས་ལ་དབང་བ་དང་ཡེ་ཤེས་ལ་ཆེས་དབང་བ་རྣམས་སོ། །དང་པོ་ནི་ཡན་ལག་བདུན་ དང་ལྡན་པ་ཡིན་ལ། གཞན་རྣམས་ནི་བཏགས་པ་བའོ། །བསྐྱེད་རིམ་གྱི་དཔྱད་པའི་གནས་ དྲུག་གང་ཞེ་ན། སྨྲས་པ། སྦྱང་གཞི་གང་ཡིན་མཐར་ཐུག་འབྲས་བུ་གང༌། །རྫོགས་རིམ་གང་ གི་སྨིན་བྱེད་དགོས་པ་གང༌། །ངོ་བོ་གང་ཡིན་མཐར་ཕྱིན་ཚད་གང་ཡིན། །དཔྱད་པའི་གནས་ དྲུག་ཡན་ལག་ཀུན་ལ་སྦྱར། །རྫོགས་པའི་རིམ་པ་གང་ཞེ་ན། སྡོམ་ནི་ངོ་བོ་དབྱེ་བ་སོ་སོ་ཡི། ། རང་བཞིན་དང་ནི་དཔྱད་པའི་གནད། །ངོ་བོ་གང་ཞེ་ན། སེམས་དང་ཡིད་དང་རླུང་དབུ་མར་ ཐིམ་པས། མངོན་དུ་གྱུར་པའི་བདེ་སྟོང་ངོ༌། །དབྱེ་བ་གང་ཞེ་ན། དངོས་དང་བཏགས་པ་དང༌། 21-1-58 མཚན་མ་ཅན་དང༌། མཚན་མ་མེད་པ་དང༌། ཁྱབ་བྱེད་དང༌། ཁྱབ་བྱ་རྫོགས་པའི་རིམ་པའོ། ། དེ་ལ་ཐོག་མ་གཉིས་ནི་རང་བཞིན་གྱིས་དབྱེ་བའོ། །ཐ་མ་གཉིས་ནི་ཐ་སྙད་ཀྱིས་ཕྱེ་བའོ། ། བར་བ་གཉིས་ནི་རྣམ་པས་རབ་ཏུ་ཕྱེ་བའོ། །དེ་རྣམས་ཉིད་ཀྱི་རང་བཞིན་གང་ཞེ་ན། དེ་ཡང་ ཞུ་བའི་བདེ་བ་ལྷན་སྐྱེས་ཆེན་པོ་དང༌། སྒྱུ་མའི་སྐུ་དང༌། རང་བཞིན་ལྷན་སྐྱེས་དང༌། ཟུང་ འཇུག་གི་སྐུ་དང༌། རླུང་དབུ་མར་ཐིམ་པའི་མཐར་ཐོབ་པ་ཀུན་ནས་ཉོན་མོངས་པ་དང༌། རྣམ་ པར་བྱང་བའི་སྣང་བ་གསུམ་དང༌། དགའ་བ་གསུམ་དང༌། དེ་རྣམས་དངོས་སུ་འཐོབ་པའི་ ལམ་གང་ཡིན་པ་དེ་རྣམས་རྫོགས་པའི་རིམ་པ་དངོས་ཞེས་བྱའོ། ། བཏགས་པ་གང་ཞེ་ན། རྩའི་རྣལ་འབྱོར་དང༌། རླུང་དང་ཕྲ་མོ་དང༌། ཐིག་ལེ་དང༌། ཕྱག་རྒྱའི་རིམ་པ་རླུང་དབུ་མར་འཇུག་པ་དང༌། གནས་པ་དང༌། ཐིམ་པར་བྱེད་པའི་ལས་ ཅན་རྣམས་སོ། །མཚན་མའི་རྫོགས་པའི་རིམ་པ་གང་ཞེ་ན། ངོ་བོ་ཉིད་ཀྱི་མཚན་མ་དང༌། བཏགས་པའི་མཚན་མ་ཅན་ནོ། །ངོ་བོ་ཉིད་ཀྱི་མཚན་མ་གང་ཞེ་ན། སྣང་བ་གསུམ་སེམས་ དང༌། སེམས་ལས་བྱུང་བའི་མཚན་ཉིད་ཅན་འོད་གསལ་བར་གནས་ཡོངས་སུ་མ་གྱུར་པ་སྟེ་ སོ་སོའི་སྐྱེ་བོ་ཐམས་ཅད་དང་གཞན་ལ་ཡང་ཡོད་དོ། །བཏགས་པའི་མཚན་མ་གང་ཞེ་ན། སྒྲ་ དོན་ཅན་གྱི་རྟོག་པ་དང་མཚུངས་པར་ལྡན་པ་གང་ཡིན་པ་སྟེ། དོན་གྱི་འོད་གསལ་མ་ཐོབ་ པའི་བར་དག་ཏུ་ཅི་རིགས་པར་ཡོད་དོ། །མཚན་མ་མེད་པ་གང་ཞེ་ན། ངོ་བོ་ཉིད་ཀྱི་མཚན་ མ་མེད་པ་དང༌། བཏགས་པའི་མཚན་མ་མེད་པའོ། །དང་པོ་ནི། འཕགས་པ་ཁོ་ན་ལ་ཡོད་དོ། ། ཕྱི་མ་ནི་སོ་སོའི་སྐྱེ་བོ་ལ་ཡང་ཡོད་དོ། ཁྱབ་བྱེད་རྫོགས་པའི་རིམ་པ་གང་ཞེ་ན། སོ་སོར་སྡུད་ པ་དང༌། བསམ་གཏན་དང༌། སྲོག་རྩོལ་དང༌། འཛིན་པ་དང༌། རྗེས་སུ་དྲན་པ་དང༌། ཏིང་ངེ་ འཛིན་དང༌། དགའ་བ་བཞི་དང༌། སྣང་བ་དང༌། སྣང་བ་མཆེད་པ་དང༌། སྣང་བ་ཉེ་བར་ཐོབ་ པ་དང༌། འོད་གསལ་བ་དང༌། སྣང་ཕྱོགས་དང༌། སྟོང་ཕྱོགས་དང༌། བདེ་བའི་ཕྱོགས་དང༌། 21-1-59 ཕྱོགས་དང་བྲལ་བ་རྣམས་སོ། །དེ་ལ་དང་པོ་དྲུག་ནི་ཡན་ལག་གིས་རབ་ཏུ་ཕྱེ་བ་དང༌། དེ་ ནས་བརྒྱད་ནི་ངོ་བོ་ཉིད་དང༌། དེ་ནས་གསུམ་ནི་རྣམ་པ་དང༌། ཐ་མ་ནི་རང་བཞིན་གྱིས་རབ་ ཏུ་ཕྱེ་བའམ། ཡང་ན་བཞི་ཀའང་རྣམ་པས་རབ་ཏུ་ཕྱེ་བའོ། །ཅིའི་ཕྱིར་ཁྱབ་བྱེད་ཅེས་བྱ་ཞེ་ན། གང་རྫོགས་པའི་རིམ་པ་དེ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། ཁྱབ་བྱ་གང་ཞེ་ན། ལུས་རྣམ་ པར་དབེན་པ་དང༌། ངག་དབེན་པ་དང༌། སེམས་དབེན་པ་དང༌། བདག་བྱིན་རླབས་པ་དང༌། འོད་གསལ་བ་དང༌། ཟུང་འཇུག་དང༌། རྫོགས་པའི་རིམ་པའི་སྤྱོད་པའི་ཏིང་ངེ་འཛིན་དང༌། བདག་བྱིན་རླབས་པ་དང༌། སྣ་ཚོགས་རྡོ་རྗེ་དང༌། ནོར་བུ་འགེངས་པ་དང༌། ཛྭ་ལནྡྷ་ར་དང༌། བསམ་མི་ཁྱབ་དང༌། རང་བྱིན་རླབས་པ་དང༌། དཀྱིལ་འཁོར་འཁོར་ལོ་དང༌། རྒྱུད་ཀྱི་རིམ་པ་ དང༌། སྔགས་དང༌། ཡེ་ཤེས་དང༌། གསང་བའི་རིམ་པ་དང༌། སོ་སོར་སྡུད་པ་ལ་སོགས་ཡང་ འགའ་ཞིག་ཏུ་ཡོད་དོ། ། གཞན་ཡང་སྔགས་དང༌། དབྱིབས་དང༌། ཆོས་དང༌། རྩ་དང༌། རླུང་དང༌། ཐིག་ལེ་དང༌། མེ་དང༌། ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་དང༌། དམ་ཚིག་དང༌། ཕྱག་རྒྱ་ཆེན་པོ་དང༌། སྙིང་ གའི་ཐིག་ལེ་དང༌། ནོར་བུ་དང༌། སྤྲུལ་པ་དང༌། མི་ཤིགས་པའི་རྣལ་འབྱོར་དང༌། དེ་དག་ལ་ སོགས་པ་དཔག་ཏུ་མེད་པ་དག་གོ ། དཔྱད་པའི་གནད་རྣམས་གང་ཞེ་ན། སྨྲས་པ། ངོ་བོ་གང་ ཡིན་གང་ལ་གནད་དུ་བསྣུན། །ཇི་ལྟར་གནས་བསྣུན་དེ་ཡི་ཉམས་རྟགས་གང༌། །ཡོན་ཏན་ གང་བསྐྱེད་དེ་ཡི་རྒྱུ་མཚན་གང༌། །དངོས་བརྒྱུད་སྤངས་བྱ་གང་སྤོང་མཐར་ཕྱིན་ཚད། །ས་ དང་ལམ་གྱི་མཚམས་གང་གེགས་སེལ་དང༌། །བོགས་འདོན་ཅི་ཞིག་གཙོ་འཁོར་ཁྱད་གང་ ཡིན། །དཔྱད་པའི་གནས་བཅུ་གཅིག་གི་སྒོ་ནས་དཔྱད། །རྫོགས་པའི་རིམ་པ་ཀུན་གྱི་གནད་ ཤེས་འགྱུར། །གང་ལ་གནད་དུ་བསྣུན་པ་ལུས་ཀྱི་རྣམ་པར་བཞག་པ་གང་ཞེ་ན། ལུས་ཆགས་ པ་དང༌། གནས་པ་དང༌། འཇིག་པའི་ཚུལ་ལོ། །བརྗོད་པ། བ་སྤུའི་བུ་གའི་གྲངས་ཉིད་ཀྱི། ། 21-1-60 རྩ་ནི་བྱེ་བ་ཕྱེད་དང་བཞི། །དེ་ལས་སྟོང་ཕྲག་བདུན་བཅུ་གཉིས། །དེ་ལས་བརྒྱ་བཅུ་གཉིས་ ལྷག་བརྒྱ། །དེ་བཞིན་བརྒྱ་དང་ཉི་ཤུ་དང༌། །སུམ་ཅུ་གཉིས་དང་རྩ་གསུམ་མོ། །བསྐྱེད་དང་ སྡུད་པ་ཐམས་ཅད་ཀྱི། །གནས་ནི་སྙིང་ག་ཡིན་པའི་ཕྱིར། །གྲུབ་པ་རྣམས་དང་མཁས་རྣམས་ ཀྱིས། །སྙིང་ག་ཁོ་ན་བསྔགས་པ་ཡིན། ཁམས་ཀྱང་སོ་གཉིས་བཅུ་དྲུག་དང༌། ཁུ་ཁྲག་འཁོར་ ལོ་གནས་ཚུལ་དང༌། །དཀར་དམར་འཕེལ་གྲིབ་འཕོ་བའི་འགྲོས། །རླུང་ཡང་ཉི་ཁྲི་ཆིག་སྟོང་ དང༌། །དྲུག་བརྒྱ་བརྒྱད་ལྷག་བརྒྱ྄་དག་ལ། །བཅུ་ནི་རྣམ་པར་ཤེས་པར་བྱ། །རེ་རེ་ཡང་ནི་ གནས་དང་གྲངས། །རྒྱུ་ཚུལ་ཁ་དོག་མགོན་པོ་དང༌། །ལྷ་མོ་རྣམས་ཀྱི་དབྱེ་བ་དང༌། །འཇུག་ གནས་འབྱུང་དང་འཕོ་ཚུལ་ལོ། །ཕུང་ཁམས་དབང་ཡུལ་ཡེ་ཤེས་ལྔ། །ཉེར་ལྔ་ཕྲ་དང་རགས་ པའི་ཚུལ། །སེམས་དེའི་བཞོན་པར་གྱུར་པ་ནི། །རླུང་ཡང་ཕྲ་རགས་རྣམ་གསུམ་མོ། །ཇི་ལྟར་ གནད་དུ་བསྣུན་ཞེ་ན། །ཡུལ་གྱི་གནད་དང༌། དུས་དང༌། ལུས་དང༌། རླུང་དང༌། དམིགས་པའི་ གནད་དོ། །དམིགས་པའི་གནད་ཀྱང༌། གང་ལ་སེམས་འཇོག་པ་དང༌། རླུང་སྡུད་ཚུལ་དང༌། དམིགས་པ་དང་རྣམ་པའི་ཁྱད་པར་ཏེ། བཞི་པོ་དེ་དག་གིས་ཡོན་ཏན་མངོན་དུ་བྱེད་ཅིང༌། དྲི་ མ་རྣམས་སྦྱོང་བར་བྱེད་དེ། ས་དང་ལམ་གྱི་མཚམས་གང་ཞེ་ན། ལམ་ནི་ལྔ་སྟེ། ཚོགས་དང༌། སྦྱོར་བ་དང༌། མཐོང་ལམ་དང༌། སྒོམ་ལམ་དང༌། མི་སློབ་པའི་ལམ་མོ། །ཡེ་ཤེས་ཕེབས་ པ་ནི་ཚོགས་ཀྱིས་ལམ་ཆུང་ངུ་སྟེ་དྲན་པ་ཉེ་བར་བཞག་པའོ། །ཡེ་ཤེས་ལ་ཆེས་དབང་བ་ནི་ ཡང་དག་སྤོང་བ་སྟེ་ཚོགས་ཀྱི་ལམ་འབྲིང་པོའོ། །དེ་ཉིད་སྤྱོད་པས་མཐར་ཕྱིན་ཅིང་ལྟ་སྟངས་ རྣམས་ཐོགས་པ་མེད་པ་དང༌། སངས་རྒྱས་རྣམས་མངོན་དུ་གྱུར་པ་དང༌། སྐྱེ་བ་གཅིག་གིས་ ཐོགས་པ་འདི་ནི་རྫུ་འཕྲུལ་གྱི་རྐང་པ་ཅན་ཚོགས་ལམ་ཆེན་པའོ། ། རྫོགས་རིམ་དངོས་ཀྱི་སེམས་དབེན་པ་ཐོབ་པ་ཞུ་བའི་བདེ་བ་མཐར་ཐུག་པ་དབང་པོ་ ལྔའི་རང་བཞིན་དྲོད་དང་རྩེ་མོ་ཞེས་བྱ་ལ། ཡེ་ཤེས་ཀྱི་སྐུ་ནམ་མཁའ་མཛོད་ཐོབ་པ་སྟོབས་ 21-1-61 ལྔ་དང་ལྡན་པ་བཟོད་པ་དང་ཆོས་མཆོག་གོ །འདིར་རྩ་དང་རླུང་དང༌། ཐིག་ལེ་ཐིམ་པའི་ཡེ་ ཤེས་ཡོན་ཏན་གྱི་གཞིར་གྱུར་པ་གོང་མའི་ལམ་དང་མཐུན་པ་བཅུ་གཉིས་སོ། །དེའི་ཚེ་ཡེ་ ཤེས་ཀྱི་སྐུ་ལ་སངས་རྒྱས་ཞེས་བཏགས་སོ། །དེ་ལས་གཞན་པའི་མོས་སྤྱོད་ཀྱི་ས་བཅུ་ཡང་ ཡོད་དོ། །འཕགས་པའི་ས་བཅུ་དང༌། མོས་སྤྱོད་ཀྱི་ས་དང༌། སངས་རྒྱས་ཀྱི་ས་སྟེ་བཅུ་གཉིས་ ནི། ལམ་འདིའི་ས་འོ་ཅོག་པ་བཅུ་གཉིས་སུ་སྡུད་པ་རྒྱུད་ལས་འབྱུང་ཞིང་མཁན་པོ་རྣམས་ ཀྱིས་ཀྱང་བཤད་དོ། ། དོན་དམ་པའི་སོ་སོར་རང་གི་རིག་པ་ཐམས་ཅད་སྟོང་པ་འོད་གསལ་བ་ནི་དང་པོར་བྱང་ ཆུབ་ཡན་ལག་མཐོང་བའི་ལམ་མོ། །འདི་ལ་དགའ་བའི་རང་བཞིན་བདེན་པ་བཅུ་དྲུག་དག་ གོ །སློབ་པའི་ཟུང་འཇུག་རྣམ་པ་དགུ་ནི་ས་ལྷག་མ་དགུའོ། །ས་བཅུ་ཙམ་དང༌། རྒྱུན་མཐའི་ ཡེ་ཤེས་དག་ལས། རྣམ་གྲོལ་ལམ་དང༌། ཁྱད་པར་ལམ་ནི་ས་བཅུ་གཉིས་སམ་བཅུ་གསུམ་ སྟེ། ཡན་ལག་བདུན་དང་ལྡན་པའི་ཡེ་ཤེས་གོང་མའི་གཞིར་གྱུར་པའོ། །འདི་དག་ནི་སྒོམ་ པའི་ལམ་འཕགས་ལམ་ཡན་ལག་བརྒྱད་དོ། །མི་སློབ་པའི་ཟུང་འཇུག་ནི་མཐར་ཕྱིན་པའོ། ། མན་ངག་ལས་ནི་ཐོག་མར་རྫོགས་པའི་རིམ་པ་དང༌། གཞན་ཡང་སྣ་ཚོགས་པར་འཆད་དོ། ། དེ་དག་ལ་ནི་རིམ་པ་མི་འདྲ་བ་དག་འབྱུང་སྟེ། གལ་ཏེ་སྦྱོར་བའི་ལམ་དུ་ཞུགས་ན་བྱེ་བྲག་ མེད་པ་ཁོ་ནའོ། །མོས་པས་སྤྱོད་པ་དང༌། ལྷག་པའི་བསམ་པ་དག་པ་ལ་སྤྱོད་པ། མཚན་མ་ ལ་སྤྱོད་པ་དྲུག་དང༌། མཚན་མ་མེད་པ་ལ་སྤྱོད་པ་བདུན་དང༌། མངོན་པར་འདུ་བྱེད་པ་མེད་ པར་སྤྱོད་པ་གསུམ་ལ་སོགས་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་པ་དང༌། ཡོན་ཏན་བརྒྱ་ ཕྲག་བཅུ་ལ་སོགས་པ་ནི་ཐམས་ཅད་དུ་མདོ་སྡེ་བཞིན་ཏེ། འོན་ཀྱང་འདིར་ནི་ཚེ་གཞན་དུ་མ་ གྱུར་པ་ཁོ་ན་ཡིན་གྱི་སྐྱེ་བ་གཅིག་གིས་ཐོགས་པའང་མ་ཡིན་ན། བསྐལ་བ་མང་པོ་ནི་ལྟ་སྨོས་ ཀྱང་ཅི་དགོས། དེའི་ཕྱིར་དུས་མྱུར་བ་ཁོ་ནས་རྡོ་རྗེ་སེམས་དཔས་ཡང་དང་ཡང་དུ་མ་བསྟན་ 21-1-62 ནོ། །གཞན་དག་ནི་རང་རང་གི་མན་ངག་ཉིད་དུ་རྣམ་པར་བཞག་གི་འདིར་མི་བརྗོད་དོ། ། འདིར་སྨྲས་པ། གྲངས་ངེས་མཚན་ཉིད་གོ་རིམ་ངེས་པ་དང༌། །ངེས་ཚིག་ཡོན་ཏན་སྦྱང་ བྱ་འབྲས་བུ་དང༌། །རྟེན་དང་ཤེས་བྱ་སྤང་བྱ་ཉམས་ལེན་ཚད། །དབྱེ་བསྡུ་འདི་རྣམས་རིམ་པ་ ཀུན་ལ་སྦྱར། །ཕུང་ཁམས་ཁམས་གསུམ་འདུས་བྱས་རྫས་ཡོད་དང༌། །ཀུན་རྫོབ་ཡོད་དང་ ལུས་སེམས་རྟེན་གྱི་ཁྱད། །བློ་རིག་རྟེན་འབྲེལ་ཟག་མེད་རབ་དབྱེ་བཅུ། །རིམ་པ་གཉིས་ཀྱི་ ཁྱད་པར་གཞན་ཡང་ནི། །བཏགས་པ་དང་ནི་མངོན་སུམ་འགྱུར་པའི་ལྷ། །རགས་དང་ཕྲ་བའི་ སྔགས་དང་རིག་འཛིན་གཉིས། །ལས་དང་དངོས་གྲུབ་སྒྲུབ་པའི་ཁྱད་པར་དང༌། །སྔགས་དང་ ཡེ་ཤེས་སྐུ་ཞེས་རྣམ་པར་ཕྱེ། །ཐ་མལ་བག་ཆགས་དངོས་སུ་གནོན་དང་འཇོམས། །རྟོག་པའི་ སྲིད་དང་སྣང་བའི་སྲིད་འཇོམས་དང༌། །ལས་དང་ཡེ་ཤེས་སྒྲིབ་སེལ་རྣམ་ཤེས་དང༌། །ཡེ་ ཤེས་ཀྱིས་རབ་ཕྱེད་དང་དངོས་གྲུབ་གཉིས། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་ པའོ། །རྒྱུད་ཀྱི་སྦྱོར་བ་གང་ཞེ་ན། ལས་ཀྱི་རྒྱུད་དང༌། དངོས་གྲུབ་ཀྱི་རྒྱུད་དོ། །དེ་ལ་ལས་ ཀྱི་རྒྱུད་གང་ཞེ་ན། ཁྱད་པར་བཅུའམ་བརྒྱད་དེ། ཕྱོགས་དུས་ལྷ་དང་ཆ་བྱད་བསམ་པ་དང༌། ། གནས་དང་ཡུལ་དང་ཟས་དང་ཆོ་ག་སྔགས། །དེ་ཡང་བཞི་སྟེ། བསམ་གཏན་གྱི་ལས་དང༌། སྦྱིན་སྲེག་གི་ལས་དང༌། འཁྲུལ་འཁོར་གྱི་ལས་དང༌། སྦྱོར་བའི་ལས་ཕལ་པའོ། །དེ་ཁོ་ན་ ལྟར་དངོས་གྲུབ་ཀྱི་རྒྱུད་དེ། འོན་ཀྱང་དམ་ཚིག་གི་ཁྱད་པར་དང༌། ཐུན་མོང་མ་ཡིན་པའི་ རྫས་ནི་ལྷག་པའོ། །ལས་ནི་ལས་ཆེན་བཅུ་གཉིས་ལ་སོགས་པའོ། །དངོས་གྲུབ་ཀྱི་རྒྱུད་ནི་ གཉིས་སྟེ། ཐུན་མོང་དང་མཆོག་གི་དངོས་གྲུབ་སོ། །ཐུན་མོང་གི་དངོས་གྲུབ་གང་ཞེ་ན། རྫས་ ཀྱིས་རིག་པ་འཛིན་པ་དང༌། ལུས་དང༌། ལོངས་སྤྱོད་དང༌། འདོད་པ་དང༌། གཟུགས་ཀྱི་རིག་ པ་འཛིན་པ་དང༌། གཟུགས་མེད་པར་འགྲོ་བའོ། །ངང་པ་དང༌། མཁའ་ལྡིང་དང༌། ཁྱུ་མཆོག་ སོགས་བཞོན་པ་དང༌། རིན་པོ་ཆེ་སྣ་བདུན་དང༌། རྡོ་རྗེ་དང༌། འཁོར་ལོ་པདྨ་ལ་སོགས་པ་ 21-1-63 དང༌། འཇིག་རྟེན་པ་རྣམས་ཀྱི་མཚོན་ཆ་དང༌། ཡི་གེ་དང༌། མིང་གི་སྔགས་ཀྱི་རིག་པ་འཛིན་ པ་ལ་སོགས་པ་དང་། ལྷ་དང་ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་ལ་སོགས་པ་བསྒྲུབས་པས་ གཞན་ལ་བརྟེན་པའི་དངོས་གྲུབ་མཐའ་ཡས་པ་ཡོད་དོ། ། འདི་ལས། ཆེ་ལོང་ཙམ་བསྡུས་པ་ནི། ཆུང་ངུ་ནི་བརྒྱད་དེ། རིལ་བུ་མིག་སྨན་དངོས་གྲུབ་ དང༌། །ས་འོག་རལ་གྲིའི་དངོས་གྲུབ་དང༌། །མཁའ་ལ་འཕུར་དང་མི་སྣང་དང༌། །ཤི་བ་མེད་ དང་ནད་འཇོམས་སོ། །འབྲིང་ནི་འདོད་པའི་རིག་པ་འཛིན་པ་ཕལ་པའོ། །ཆེན་པོ་ནི། ཚེ་དང་ ལོངས་སྤྱོད་ལ་སོགས་པ་བསྐལ་བ་དྲུག་པ་དཔག་ཏུ་མེད་པ་འདོད་པ་དང༌། གཟུགས་ཀྱི་རིག་ པ་འཛིན་པའོ། །དངོས་གྲུབ་གཉིས་ཀར་ཡང་སྤྱོད་པས་སྒྲུབ་པ་ཡིན་ཏེ། ཐུན་མོང་དང་མཆོག་ གི་བསྙེན་པ་ལ་ཞི་གནས་དང་ལྷག་མཐོང་གྲུབ་པ་ནའོ། ། དེ་ལ་སྤྱོད་པ་གང་ཞེ་ན། གང་ཟག་དང༌། འབྲས་བུ་དང༌། དུས་དང༌། ངོ་བོ་དང༌། ངེས་ ཚིག་དང༌། དབྱེ་བ་དང༌། ཆོ་གའོ། །དེ་ལ་དབྱེ་བ་གང་ཞེ་ན། སྤྲོས་བཅས་དང༌། སྤྲོས་མེད་ དང༌། ཤིན་ཏུ་སྤྲོས་མེད་དང༌། ཡང་ན་གཉིས་སྤངས་དང༌། ཀུན་བཟང་དང༌། ཕྱོགས་ལས་ རྣམ་རྒྱལ་དང༌། ཡང་ན་འདོད་འཇུག་དང༌། རྟེན་སློབ་དང༌། རིག་པ་བརྟུལ་ཞུགས་དང་ཡང་ ན་རེ་འཇོག་དང༌། མཉམ་པར་སྤྱོད་པ་དང༌། མཉམ་བཞག་དང༌། རྗེས་ཐོབ་དང༌། ཆགས་ བྲལ་དང༌། ཆགས་ཅན་དང༌། འདོད་ཆགས་ཆེན་པོའོ། །དེ་ཡང་སྒོམ་བསམ་དང༌། དུས་དང༌། བྱ་བ་དང༌། ངོ་བོའི་སྒོ་ནས་སྤྱོད་པ་གསུམ་དུ་བཞག་གོ ། སྨྲས་པ། གནས་དང་ཕྱག་རྒྱའི་གྲངས་དབྱེ་བ། །མཚན་ཉིད་ཆ་ལུགས་ཁྱད་པར་རོ། །ཆོ་ ག་དང༌། ངོ་བོ་དང༌། སྤྱོད་ཚུལ་དང༌། དབང་པོ་སྦྱངས་མ་སྦྱངས་དང༌། གནས་སྐབས་དང༌། རང་བཞིན་གྱི་སྒོ་ནས་དེ་རྣམས་སུ་དབྱེ་བའོ། །འདི་དག་ནི་བརྗོད་པར་བྱ་བ་མང་ངོ༌། །མཆོག་ གི་དངོས་གྲུབ་གང་ཞེ་ན། འབྲས་བུའི་རྒྱུད་དོ། །སྡོམ་ནི། ཁྱད་པར་ངོ་བོ་དཔེ་རྣམས་དང༌། །དེ་ 21-1-64 ཡི་རིག་འཛིན་གྱི་ཁྱད་དང༌། །རིག་འཛིན་ཟུང་འཇུག་ཡོན་ཏན་དང༌། །སྐུ་དང་ཡེ་ཤེས་ཉེ་རྒྱུའི་ ཚུལ། །གསུམ་པ་ནི། འབྲས་བུའི་རྒྱུད་གང་ཞེ་ན། དངོས་དང་བཏགས་པའོ། །དངོས་ནི་རྡོ་ རྗེའི་འཆང་ཆེན་པོའོ། །བཏགས་པ་ནི་སྒྱུ་མའི་སྐུ་དང༌། ཟུང་འཇུག་གི་སེམས་ཅན་ནོ། །འདི་ གཉིས་དྲི་མ་ཅན་དང༌། དྲི་མ་མེད་པའི་ཡེ་ཤེས་ཀྱི་སྐུ་སྟེ། རིག་པ་འཛིན་པ་དང༌། འཇའ་ལུས་ ཞེས་བརྗོད་ཀྱི་ཁམས་གསུམ་པ་མ་ཡིན་ནོ། །རྡོ་རྗེ་སྐུའི་དཔེ་བཅུ་གཉིས་གང་ཞེ་ན། སྒྱུ་མ་ཆུ་ ཟླ་མིག་ཡོར་སྨིག་རྒྱུ་དང༌། །རྨི་ལམ་བྲག་ཆ་མིག་འཕྲུལ་དྲི་ཟའི་གྲོང༌། །འཇའ་ཚོན་གློག་དང་ ཆུ་བུར་མེ་ལོང་གཟུགས། །རིག་པ་འཛིན་པ་གང་ཞེ་ན། འདི་ནི་ཁྱད་པར་དུ་བདུན་དང་ལྡན་ པ་སྟེ། ཏིང་ངེ་འཛིན་ལ་གནས་པ་དང༌། མངོན་ཤེས་ལྔ་དང་ལྡན་པ་དང༌། ཞིང་སྣ་ཚོགས་སུ་ འགྲོ་བའི་དོན་སྤྱོད་པ་དང༌། འདོད་ཅིང་འཆུམས་པ་མེད་པ་དང༌། འདོད་པ་མཐའ་ཡས་པ་ལ་ བདེ་བ་ཆེན་པོར་སྤྱོད་པ་དང༌། ཚེ་ཚད་ལས་བརྒལ་བ་དང༌། ཡིད་ཀྱི་ལུས་སོ། །འདིར་རིག་ པ་འཛིན་པ་དང༌། ཡེ་ཤེས་ཀྱི་སྐུ་ལ་ཁྱད་པར་ཅི། ཕུང་པོ་ཟ་མ་ཏོག་མ་ཉམས་པ་ནི་ཡེ་ཤེས་ ཀྱི་སྐུ་ཙམ་མོ། །ལས་སམ་ཏིང་ངེ་འཛིན་གྱིས་ཉམས་པ་དེའི་ཚེ་རིག་པ་འཛིན་པའི་ཡེ་ཤེས་ཀྱི་ སྐུ་ཞེས་བྱའོ། །རིག་པ་འཛིན་པ་ཐམས་ཅད་ཀྱང༌། ཡོན་ཏན་བརྒྱད་ཚན་གཉིས་ཏེ། བཅུ་དྲུག་ དང་ལྡན་པའོ། ། ཟུང་འཇུག་གི་ཡོན་ཏན་གང་ཞེ་ན། རོ་མྱང་བརྒྱད་དང༌། དབང་ཕྱུག་བརྒྱད་དང༌། ཁ་ སྦྱོར་བདུན་དང༌། ཡོན་ཏན་བརྒྱད་ཅེས་བྱ་བ་སྟེ། རྟག་པ་དང་མི་གདུང་དང༌། །བསིལ་བ་ དང་ནི་གཅིག་པ་དང༌། །བདེ་བ་དང་ནི་དྲི་མེད་དང༌། །དགའ་བ་དང་ནི་ཡིད་དང་བ། སྐུ་ཡི་ དབང་ཕྱུག་དང་ནི་གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང༌། ། རྫུ་འཕྲུལ་ཀུན་འགྲོ་གནས་ཀྱི་དབང་ཕྱུག་དང༌། །ཅི་འདོད་བྱེད་དང་ཡོན་ཏན་བརྒྱད་པའོ། ། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་ 21-1-65 འཆད་དང་འགོག་པ་མེད། །གཟུགས་ཕྲ་རེག་པ་ཡང་བ་དང༌། ཁྱབ་དང་ཡང་དག་ཐོབ་པ་ ཉིད། །རབ་ཏུ་གསལ་བ་ཉིད་བརྟན་པ། །དབང་ཕྱུག་ཉིད་དང་འདོད་དགུར་བསྒྱུར། །གཞན་ ཡང་བྱང་ཆུབ་ཀྱི་ཕྱོགས་དང༌། ཚད་མེད་དང༌། དབང་བཅུ་དང༌། སྟོབས་བཅུ་དང༌། ཤེས་ པ་བཅུ་དང༌། མ་འདྲེས་པ་བཅོ་བརྒྱད་དང༌། མི་འཇིགས་པ་དང༌། ཉོན་མོངས་མེད་པ་དང༌། སྔོན་གནས་མཁྱེན་པ་དང༌། ཐུགས་རྗེ་ཆེན་པོ་དང༌། ཟད་པར་དང༌། ཟིལ་གནོན་དང༌། རྣམ་ ཐར་ལ་སོགས་པའང་བཤད་པར་བྱ་མོད་ཀྱི། དེ་དག་ནི་སྡེ་སྣོད་གསུམ་གྱི་ཚུལ་ལས་འབྱུང་བ་ ལྟར་རོ། །སྡེ་སྣོད་འདིར་ཡང་མཚན་ཡང་དག་པར་བརྗོད་པ་ལ་སོགས་པར་ཡང་བཤད་དོ། ། སྐུ་གང་ཞེ་ན། ཆོས་དང༌། ལོངས་སྤྱོད་དང༌། སྤྲུལ་པ་དང༌། བདེ་བ་ཆེན་པོ་དང༌། སྐུ་བཅུ་དྲུག་ ལ་སོགས་པ་དང༌། རྡོ་རྗེ་རྣམ་པ་བཞི་ཡོངས་སུ་མངོན་དུ་གྱུར་པ་ཡིན་ནོ། །ཆོས་ཀྱི་སྐུ་གང་ཞེ་ ན། དེ་བཞིན་ཉིད་ཀྱི་རང་བཞིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་གང་ཞེ་ན། ཁ་སྦྱོར་ཡན་ ལག་བདུན་མཐར་ཐུག་པ་གཅིག་གྱུར་པ། ཆོས་ཐམས་ཅད་ལ་རྫོགས་པར་སྤྱོད་པའོ། །དེ་ ཡང་བརྡ་དང་དོན་ནོ། །བརྡ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་སུམ་དུ་གྱུར་ པའོ། །དོན་ནི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཁོ་ན་སྟེ། སེམས་ཅན་ལ་སྣང་བ་མེད་དོ། །སྤྲུལ་ པའི་སྐུ་གང་ཞེ་ན། བརྡ་དང་དོན་ནོ། །བརྡ་ནི་སོ་སོ་སྐྱེ་བོ་འགའ་ཞིག་ལ་སྣང་བའོ། །དོན་ནི་ བཅོམ་ལྡན་འདས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་ཐུགས་རྗེ་ཆེན་པོའོ། ། ལྷན་ཅིག་སྐྱེས་པའི་སྐུ་གང་ཞེ་ན། སེམས་ཀྱི་རང་བཞིན་བདེ་བ་ཆེན་པོ་དང༌། རོ་མྱང་ བརྒྱད་དང་ལྡན་པ། དོན་དམ་པར་སྤྲོས་པ་དང་བྲལ་བ་གང་ཡིན་པ་སྟེ། འདི་ཡང་ཆོས་ཀྱི་ སྐུ་ཞེས་བྱ་བའོ། །དབང་ཕྱུག་བརྒྱད་ནི་སྐུ་བཞི་གས་བསྡུས་པར་རིག་པར་བྱའོ། །སྐུ་བཅུ་ དྲུག་གང་ཞེ་ན། བཞི་པོ་དེ་དག །ཐུགས་དང༌། གསུང་དང༌། སྐུ་དང༌། ཡེ་ཤེས་ཀྱིས་ཕྱེ་བས་ བཅུ་དྲུག་སྟེ། རླུང་དང༌། རྡུལ་དང༌། ཁུ་བ་དང༌། རྣམ་པར་ཤེས་པ་དག་པས་འདུས་མ་བྱས་ 21-1-66 ཀྱི་རང་བཞིན་དང༌། སྡུག་བསྔལ་དང་ཀུན་འབྱུང་གི་གདུང་བ་མེད་པ་དང༌། རྡོ་རྗེ་སྙིང་རྗེས་ སེམས་ཅན་སྒྲོལ་བ་དང༌། བདེ་བ་ཆེན་པོ་ཟུང་འཇུག་གི་རང་བཞིན་ནོ། །དེ་ཡང༌། ཡང་ན་ གཉིས་སུ་མེད་པ་དང༌། གཡོ་བ་མེད་པ་དང༌། རིས་མེད་པ་དང༌། འདོད་པ་དང༌། མཆོག་ཏུ་མི་ འགྱུར་བ་དང༌། འདོད་ཆགས་ཆེན་པོ་དང༌། དངོས་པོ་དང་དངོས་མེད་ཟད་པ་དང༌། ཡེ་ཤེས་ དང༌། སེམས་པ་དང༌། ཀུན་ཏུ་བཟང་པོ་དང༌། ཉོན་མོངས་པ་མེད་པ་དང༌། ཉོན་མོངས་ཆེན་ པོ་དང༌། ལྷན་ཅིག་སྐྱེས་པ་དང༌། བྱང་ཆུབ་ཀྱི་སེམས་འཛིན་པ་དང༌། དུས་ཀྱི་འཁོར་ལོ་རྡོ་རྗེ་ དང༌། ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་རོ། །ཡང་ན་མཉམ་པ་ཉིད་དང༌། ཡིད་ཀྱི་གཟུགས་ གཉིས་སྣང་སྤངས་པ་དང༌། ལྷུན་གྱིས་གྲུབ་པའི་འཕྲིན་ལས་དང༌། བག་ཆགས་སྤངས་པ་ཞེས་ པ་ནི་སྐུ་བཞིའི་དོན་ནོ། །འདིར་ཚིགས་སུ་བཅད་པ་ཡང་བཤད་པ། སྤྲུལ་པ་ཡིས་ནི་སྐུ་གསུང་ ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ ཤེས་གཅིག་སྦྱོར་སྡོམ་པ་དང༌། །དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་ སྡོམ་པ་དང༌། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་ནི། །སད་ རྨི་གཉིད་སྟུག་བཞི་པ་ཡི། །དབང་པོ་གཉིས་སྐྱེས་བདེ་མིན་ཞིང༌། །ཞེས་འབྱུང་བའོ། །ཡེ་ ཤེས་གང་ཞེ་ན། ལྔའམ་བདུན་ནོ། །ལྔ་ནི་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་ རྟོག་པ་དང༌། བྱ་བ་སྒྲུབ་པ་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །བདུན་གང་ཞེ་ན། ཟབ་ པའི་ཡེ་ཤེས་དང༌། རྒྱ་ཆེ་བ་དང༌། ཁྱབ་པ་དང༌། རྟག་པ་དང༌། བདེ་བ་དང༌། སྐུ་དང༌། ཟུང་ འཇུག་རྣམས་སོ། །དེ་དག་སོ་སོའི་མཚན་ཉིད་ཀྱང༌། ཇི་སྐད་དུ། དེ་ཉིད་བདུན་འགྲེལ་ལས། རང་བཞིན་མེད་དང་རང་རིག་པ། །འཕེལ་བ་བྲི་བ་མེད་པ་དང༌། །རྣམ་པར་མི་རྟོག་སྣང་བ་ པོ། །བསོད་ནམས་ཡེ་ཤེས་ཡུལ་དང་ནི། །དམིགས་པ་འཇུག་པ་ལས་རྣམས་ནི། །རྒྱ་ཆེ་རབ་ ཏུ་བཤད་པ་ཡིན། །ཡུལ་དང་དུས་དང་རྒྱུད་གསུམ་དང༌། །སྟོང་དང་མཉམ་པ་ཉིད་ཀྱིས་ཁྱབ། ། 21-1-67 རྒྱུན་མི་འཆད་ཅིང་འགོག་པ་མེད། །ཕྲ་རབ་མེད་ཅིང་འགྱུར་བ་མེད། །བསམ་ཡས་ཡེ་ཤེས་ རྟག་པ་ཉིད། ཁ་སྦྱོར་རང་བཞིན་བདེ་བ་དང༌། །སྙིང་རྗེ་ཆེན་པོ་གསུམ་རང་བཞིན། །ཡིད་ ནི་རླུང་བཅས་ཐིམ་པ་དང༌། །ཞུ་བ་དང་ནི་མི་འཛག་བདེ། །སྟོང་པ་ལས་སྐྱེས་སྡུག་བསྔལ་ འགོག །གར་ཡང་ཕྱིན་དང་མི་གཡོ་བ། །ཡིད་དང་རླུང་གི་ལུས་ཅན་དང༌། །སྐད་ཅིག་གཅིག་ གིས་ཀུན་སྟོན་དང༌། །མཚན་དང་དཔེ་བྱད་སྤྲིན་སྤྲོ་བ། །དེ་ནི་རྡོ་རྗེའི་སྐུ་རུ་གསུངས། །གཉིས་ མིན་མི་རྟོག་རང་བཞིན་ཞུགས། །སྣང་མེད་ཀུན་ནས་ཀུན་ཏུ་སྣང༌། །ནམ་ཡང་གཡོ་བ་མེད་ པའི་ཕྱིར། །རྡོ་རྗེ་སེམས་དཔའི་ཟུང་འཇུག་གོ །ཞེས་གསུངས་པ་ལྟར་རོ། །ཉེ་རྒྱུ་གང་ཞེ་ན། མཆོག་གི་དངོས་གྲུབ་ལ་དང་པོར་དངོས་སུ་རེག་པ་དང༌། མཐར་ཐུག་པར་དངོས་སུ་རེག་ པ་དང༌། གཉིས་ཀར་བརྒྱུད་མར་རེག་པའོ། །དང་པོ་ནི་སངས་རྒྱས་རྣམས་ཀྱི་ཡང་དག་པར་ དབང་བསྐུར་བ་ལས་འབྱུང་བའི་སྤྱོད་པའི་ཡེ་ཤེས་སོ། །གཉིས་པ་ནི་ལོངས་སྤྱོད་རྫོགས་པས་ དབང་བསྐུར་བའོ། །གསུམ་པ་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཐམས་ཅད་དེ། དེ་ཡང་ ཚོགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱས་ཏེ། ཆུ་དང་ཅོད་པན་ལ་སོགས་པ་གསང་ བའི་དབང་གི་བར་དུ་སྦྱིན་ནས། ཉི་མ་དམར་ཐག་ཆོད་པ་ན། ཤེས་རབ་ཡེ་ཤེས་སྦྱིན་ཏེ་རིག་ མ་དང་ལྷན་ཅིག་ཐོ་རངས་མངོན་པར་བྱང་ཆུབ་པ་ཐོབ་པར་འགྱུར་རོ། །དེ་ལྟར་ཡང༌། རྡོ་རྗེ་ ཉི་མ་ནུབ་ནས་ནི། །སྒྲུབ་པ་ཀུན་ཏུ་བརྩམ་པར་བྱ། །སྐྱ་རེངས་འཆར་བའི་དུས་སུ་ནི། །སྒོམ་ པ་མཆོག་ནི་འགྲུབ་པར་འགྱུར། །ཞེས་པ་འདི་ནི་རེ་ཞིག་ལུང་ངོ༌། །འདི་ལ་དང་པོ་དང་ཐ་མ་ ལ་ནི། ཕྱག་རྒྱ་གསུམ་ག་ཡང་ཡོད་དོ། །བར་པ་ལ་ནི་ལས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་ཁོ་ ན་ཡོད་དོ། །ཐ་མ་ཁོ་ན་བདེ་ཆེན་གྱི་ལམ་ལ་ནི། དེ་དག་ཕྱག་རྒྱ་ཆེན་པོ་ཁོ་ནའོ། ། གཉིས་པ་དེ་སྟོན་བྱེད་ཀྱི་རྒྱུད་བཤད་པ་ལ། ཕ་རྒྱུད་མ་རྒྱུད་འདོད་ཚུལ་ལ་དཔྱད་པ། རྒྱུད་སྡེ་རིགས་གང་དུ་གཏོགས་ངོས་བཟུང་བ་འཕྲོས་དང་བཅས་པ། བཞི་པའི་ཡེ་ཤེས་ལ་ 21-1-68 དཔྱད་པ་སྟེ་གསུམ་མོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་གང་ཞེ་ན། ཞུ་བ་དང༌། རང་བཞིན་ གྱི་བདེ་སྟོང་གཉིས་སུ་མེད་པ་སྟོན་པ་གང་ཡིན་པ་སྟེ། དེའི་ཕྱིར་འདི་ཁོ་ནས་སྐྱེ་བ་འདི་ལ་ སངས་རྒྱས་སྦྱིན་པར་བྱའོ། །དབྱེ་བ་གང་ཞེ་ན། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དོ། །བུ་ ནི་བུ་མོ་དང༌། བུ་ཕོའི་དབྱེ་གཞི་སྟེ། འོན་ཀྱང་བུ་ནི་ཕོ་ཁོ་ན་ལ་བརྗོད་པ་ལྟར་རྣལ་འབྱོར་གྱི་ རྒྱུད་དོ། །གང་དུ་རྣལ་འབྱོར་མ་རྣམས་ཀྱི་དཀྱིལ་འཁོར་དང༌། སྔགས་དང་སྦྱོར་བ་རྒྱས་པ་དེ་ ནི་རྣལ་འབྱོར་མའི་རྒྱུད་དོ། །སངས་རྒྱས་རྣམས་ཀྱི་དཀྱིལ་འཁོར་དང༌། སྔགས་དང༌། སྦྱོར་བ་ ཁོ་ན་རྒྱས་པ་དེ་ནི་རྣལ་འབྱོར་གྱི་རྒྱུད་དོ། །རྫོགས་པའི་རིམ་པ་དངོས་ནི་ཐམས་ཅད་ཀྱང་དབྱེ་ བ་མེད་དོ། །དོན་འདི་མ་རྟོགས་པར། ཕྱོགས་འདིར་མཁས་པ་དང་མི་མཁས་པ་དག་ཁ་ཅིག་ ནི་ཆ་ཆུང་ངུས་དབྱེ་བར་འདོད། ཁ་ཅིག་ནི་རྣམ་གྲངས་དུ་མར་བྱེད། གཞན་དག་དོན་བཟང་ པོར་རློམ་པ་དག་གི་དབྱེ་བར་འདོད་དེ། དེ་ཡང་འདི་ལྟར་དགུག་གཞུག་ལ་སོགས་པ་ཕོ་མོས་ བྱེད་པའི་དོན་ཟེར་བ། དེ་མཚོན་བྱེད་དུ་བྱས་པ་ཡིན་གྱི་དེ་ཁོ་ན་མ་ངེས་ཏེ། དཀྱིལ་འཁོར་ དགུག་གཞུག་མོས་བྱེད་ཀྱང༌། འཕྲིན་ལས་ཕལ་ཆེར་ཕོས་བྱེད་ན་ཕ་རྒྱུད་དུ་འཇོག་དགོས་པ་ ལྟ་བུའོ། །དེས་ན་དགུག་གཞུག་བཅིངས་མཉེས་འཕྲིན་ལས་བྱེད་པའི་དཔེ་ཙམ་མོ། །གཞན་ ཡང་ཐབས་མི་གཡོ་ཤེས་རབ་རྒྱུ་བ་དེ་ཡིན་ན་རྣལ་འབྱོར་མའི་རྒྱུད་ཀྱིས་ཁྱབ་པར་གསུངས་ ཀྱང༌། རྣལ་འབྱོར་མའི་རྒྱུད་ལས་དེས་ཁྱབ་པར་ཡང་མ་གསུངས། རྒྱུ་བའི་དོན། ཡེ་ཤེས་པ་ དགུག་གཞུག་ཁོ་ན་ལ་འཆད་ན། ད་ལྟའི་གདན་བཞིའི་རྩ་བའི་དཀྱིལ་འཁོར་ཡེ་ཤེས་དབང་ ཕྱུག་མ་ཡིན་པས། གདན་བཞི་ཕ་རྒྱུད་མ་རྒྱུད་གཉིས་ཀ་མ་ཡིན་པར་ཐལ་བར་འགྱུར་ཏེ། ཤེས་རབ་རྒྱུ་བས་ཕ་རྒྱུད་མ་ཡིན་པ་དང༌། ཐབས་མི་གཡོ་བ་མ་ཚང་བས་མ་རྒྱུད་ཀྱང་མ་ཡིན་ པར་འགྱུར་བས་སོ། །དགུག་གཞུག་ལ་འདོད་པ་འདི་དུས་འཁོར་བ་སྔ་རབས་པ་འགའ་རེ་ དང༌། ཕྱོགས་མཆན་དང༌། བུ་མཆན་གཉིས་ཀ་ན་ཡོད། འཁྲུལ་གཞི་སེམས་འགྲེལ་གཞན་ 21-1-69 གྱིའང་བྱས་སོ། །གཞན་ཡང་མར་དོའི་རྗེས་འབྲང་སོགས་དཀྱིལ་འཁོར་གྱི་དབུས་གཙོ་བོའི་ གནས་ན་ཕོ་མོ་མང་ཉུང་ལ་འཆད་པ་དང༌། གཞན་དག་ཕོ་མོ་གཙོ་ཆེ་ཆུང་ལ་འཆད་པ་དང༌། ལྷ་གྲངས་ཕོ་མོའི་མང་ཉུང་དང༌། གཞན་དངོས་གསུང་བ་པོ་ཡབ་ཡུམ་གྱི་ཁྱད་དང༌། ཁ་ཅིག་ ཞུ་བ་པོ་ཕོ་མོའི་ཁྱད་དང༌། འགའ་ཞིག་གླེང་གཞི་འདི་སྐད་སོགས་དང་གསང་བ་སོགས་ཀྱི་ ཁྱད་དུ་འདོད་པ་དང༌། གཞན་ཡང་ཆ་ཕྲ་བ་གཡས་བརྐྱང་གཡོན་བརྐྱང་དང༌། ཞི་ཁྲོའི་ཉམས་ སོ་སོ་བ་དང༌། འདྲེས་པ་དང༌། རྒྱན་དང༌། ཕྱག་མཚན་ན་བཟའ་ལ་སོགས་པ་དང༌། དུར་ཁྲོད་ ཡོད་མེད་སོགས་འདོད་པ་དང༌། དུས་འཁོར་ལས་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་ དག་པའི་འགྲེལ་ཚིག་འགའ་ལས་འཁྲུལ་གཞི་བྱུང་ནས། ལྷ་བཞུགས་བཞེངས་ཤས་ཆེ་ཆུང་ དང༌། ཡབ་ཡུམ་ཞལ་ཕྱག་གྲངས་མཉམ་མི་མཉམ་དང༌། གཞལ་ཡས་ཁང་འབྱུང་བཞི་ལས་ བསྐྱེད་པ་དང༌། འབྱུང་བཞིའི་སྟེང་དུ་བསྐྱེད་པའི་ཁྱད་པར་དུ་འདོད་པ་སོགས་བྱུང་སྟེ་ཐམས་ ཅད་མ་ངེས་པ་ཤ་སྟག་ཡིན་ནོ། ཁ་ཅིག་རྫོགས་རིམ་ཕྱག་རྒྱའི་ལམ་གཙོ་བོར་འདོན་པ་མ་ རྒྱུད། རང་ལུས་ཀྱི་གཙོ་བོར་འདོན་པ་ཕ་རྒྱུད་ཡིན་ཟེར་ཏེ། གསང་འདུས་ནས་ཆགས་ལམ་ ཞལ་གསལ་ལ་གྲོལ་ལམ་པའི་རྫོགས་རིམ་བསྡུས་ཤིང་གབ་པར་ཡོད་པ་དང༌། མ་རྒྱུད་ཕལ་ ཆེར་གཉིས་ཀ་གསལ་བར་ཆེར་མ་ངེས། གཞན་རླུང་གཙོ་བོར་སྟོན་པ་ཕ་རྒྱུད་རྩའམ་ཐིག་ལེ་ གཙོ་བོར་སྟོན་པ་མ་རྒྱུད་ཟེར་ཡང༌། རྡོ་རྗེ་འཇིགས་བྱེད་གཉིས་ཀ་མ་ཡིན་པར་ཐལ་བ་དང༌། གསུང་འདུས་རྡོར་ཕྲེང་གཉིས་ཀར་ཐལ་བ་སོགས་འབྱུང་ཞིང༌། སྡོམ་བྱུང་སམ་བུ་ཊི་སོགས་ ཀྱང་གཉིས་ཡིན་དུ་འགྱུར་རོ། །ས་སྐྱ་པ་རྣམས་བསྐྱེད་རིམ་གཙོ་བོར་འདོན་པ་ཕ། མི་ཟབ་ པའི་རྫོགས་རིམ་གཙོ་བོར་འདོན་པ་མ་རྒྱུད་ཕལ་པ། ཟབ་མོའི་རྫོགས་རིམ་གཙོ་བོར་འདོན་ པ་གཉིས་མེད་ཅེས་གསུངས། གཞན་འགའ་ཡང་དེ་མཚུངས་ལ་གཉིས་མེད་མི་འདོད་པར་ རིམ་གཉིས་ཕ་མ་སོ་སོ་སྦྱར་རོ། །འདི་ནི་ལེགས་པར་བརྟགས་ན། གང་ན་བསྐྱེད་རིམ་གྱི་རྣམ་ 21-1-70 བཞག་རྒྱས་པར་སྟོན་པ་ཕལ་ཆེར་ན་རྫོགས་རིམ་རྒྱས་པར་སྟོན་པ་རང་མང་ལ། རྫོགས་རིམ་ བསྡུས་ཙམ་ལས་མི་སྟོན་པ་རྣམས་ན་བསྐྱེད་རིམ་ཡང་མི་རྒྱས་པ་ཁོ་ན་མཐོང་བས་སྤྱིར་ཡང་ མི་འཐད། ཕ་མ་གཉིས་ཀྱི་ཁྱད་དུ་འདོད་པ་ལ། བརྟག་གཉིས་སམ་བུ་ཊ་སྡོམ་བྱུང་གདན་ བཞི་གསང་འདུས་རྡོར་ཕྲེང་སོགས་གཉིས་ཀར་ཐལ་བ་དང༌། གསང་འདུས་དགོངས་པ་ལུང་ སྟོན་དང༌། ལྷ་མོ་བཞི་ཞུས་ཀྱི་རྒྱུད་མ་རྒྱུད་དུ་ཐལ་བ་དང༌། རྡོ་རྗེ་གུར་དང་སངས་རྒྱས་ཐོད་པ་ སོགས་ཕ་རྒྱུད་དུ་ཐལ་བར་འགྱུར་བ་དང༌། ཀུ་རུ་ཀུལླེའི་རྟོག་པ་དང༌། རྡོ་རྗེ་འཇིགས་བྱེད་ལ་ སོགས་འགའ་ཞིག་གཉིས་ཀ་མ་ཡིན་པར་ཐལ་བར་འགྱུར་རོ། །ས་ལུགས་དེ་ལྟར་ན་ཡང༌། ཐལ་བ་དེ་དག་ཕལ་ཆེར་འཇུག་ཅིང༌། འདིའི་ལུགས་ལ་མཉམ་སྦྱོར་སོགས་མ་རྒྱུད་ཕལ་པ་ དང༌། ཕྲ་ཐིག་གི་རྣལ་འབྱོར་རྫོགས་རིམ་མི་ཟབ་པ་དང༌། ཙཱཎྜ་ལི་དང་ཕོ་ཉ་ལ་རྫོགས་རིམ་ ཟབ་མོ་དང༌། གཉིས་མེད་ཀྱི་ངོས་འཛིན་ཀྱཻ་རྡོར་ལ་མཛད། བདེ་མཆོག་གི་རྒྱུད་དེ་དག་གང་ ཡིན་དེ་སྐབས་མི་སྨྲ་ལ། འདི་སྐབས་མ་རྒྱུད་ཁྱད་པར་ཅན་ལ་གཉིས་མེད་དུ་བཏགས་པར་ དོན་གྱི་ཁས་ལེན་ཅིང༌། བདེ་མཆོག་གི་ཆོས་སྐོར་དུ་མ་རྒྱུད་སྤྱི་དང་གསང་མཐའ་ཟེར་ནས། མ་རྒྱུད་ཁྱད་པར་ཅན་མ་རྒྱུད་དངོས་སུ་ཡང་འཆད་དོ། །ཕྲ་ཐིག་གསང་འདུས་དགྲ་ནག་རྡོ་རྗེ་ གུར་རྣམས་ལས་རྒྱས་པར་འཆད་པས། མ་རྒྱུད་ཕལ་པར་ཐལ་བ་དང༌། ཟབ་མོའི་རྫོགས་ རིམ་གཙོ་བོར་སྟོན་པས་བདེ་མཆོག་ཀྱང་གཉིས་མེད་དུ་ཐལ་བ་དང༌། ཁྱེད་ཀྱི་བཞེད་པའི་ ཟབ་མོའི་རྫོགས་རིམ་གྱི་ཕོ་ཉའི་ལམ་ནི་ཕལ་བར་གསལ་ཞིང་གསང་འདུས་ཀྱང་གཉིས་ མེད་དུ་ཐལ་ལོ། །མ་རྒྱུད་ཁྱད་པར་ཅན་ལ་གཉིས་མེད་ཟེར་བ་དང༌། མ་རྒྱུད་ཁོ་ནར་འཆད་ པའང་འགལ་ལོ། །ཡང་འདི་སྐད་ཅེས། ཀྱཻ་རྡོར་གཉིས་མེད་ཡིན་པས་གཉིས་མེད་ལ་ཤེས་ རབ་ཀྱི་ཆ་དགོས་པས། མཁའ་འགྲོ་མ་དྲྭ་བ་སྡོམ་པ་སོགས་དང༌། མཁའ་འགྲོ་མ་ཡི་རྡོ་རྗེ་ གུར། །ཞེས་སོགས་གསུངས་པ་ཡིན་སྐད། དེ་ལྟར་ན་གཉིས་མེད་ཡིན་པས་ཕ་རྒྱུད་དུ་ཡང་ 21-1-71 ཅིའི་ཕྱིར་མི་འཆད། ཡང་མ་རྒྱུད་ཁྱད་པར་ཅན་ཕུང་གསུམ་པ་གཉིས་མེད་ཡིན་ན། ཕ་རྒྱུད་ ཁྱད་པར་ཅན་ཡང་དེར་ཐལ་བར་འགྱུར། ཡང་མ་རྒྱུད་ཁྱད་པར་ཅན་བདེ་མཆོག་ཡིན། ཀྱཻ་ རྡོར་གཉིས་མེད་ཡིན། གཉིས་ཀས་ཀྱང་ཟབ་མོའི་རྫོགས་རིམ་སྟོན་ན། མ་རྒྱུད་ཁྱད་པར་ཅན་ དང༌། གཉིས་མེད་ཀྱི་ཁྱད་པར་ད་གདོད་སྟོན་དགོས་སོ། ཁ་ཅིག་ཐབས་རྒྱ་ཆེ་བ་ཕ་རྒྱུད། ཤེས་རབ་ཟབ་པ་མ་རྒྱུད་ཟེར་བ་ཡང༌། བདེ་དགྱེས་ལས་སྟོང་ཉིད་གསང་འདུས་ཞལ་གསལ་ ཞིང༌། དཀྱིལ་འཁོར་ཆོ་གའི་ལས་རིམ་སོགས། གསང་འདུས་ལས། དགྱེས་རྡོར་ཞལ་གསལ་ བ་སོགས་འགལ་བ་མང་ངོ༌། །གསལ་སྟོང་སྟོན་པ་དང༌། བདེ་སྟོང་སྟོན་པ་ཁྱད་པར་དུ་འདོད་ པའང་ཡོད་དེ། འདི་གཉིས་བླ་མེད་ཐམས་ཅད་ནས་རྩལ་དུ་སྟོན་པ་མཉམ་མོ། །གདུལ་བྱ་ སྐྱེས་པ་འདུལ་བ་ལ་ཕ་རྒྱུད། བུད་མེད་འདུལ་བ་མ་རྒྱུད་ཟེར་རྡོ་རྗེ་གུར་གྱི་ལུང་འདྲེན་ནོ། ། ལུང་དོན་ནི་སྐྱེས་པ་འདུལ་བ་གཙོ་བོའི་དོན་ལ་ལྷ་ཡབ་གཙོ་བོར་གྱུར་པའི་ཆོ་ག་དང༌། བུད་ མེད་གཙོ་བོར་འདུལ་བ་ལ་ཡུམ་གཙོ་ཆེ་བའི་དཀྱིལ་འཁོར་དང་ཆོ་ག་གསུངས་ཞེས་པའི་དོན་ ཡིན་གྱི་གསང་འདུས་ལས་ཀྱང་བུད་མེད་འཚང་རྒྱ་ཚུལ་གསལ་བར་གསུངས་ལ། བདེ་ མཆོག་གདན་བཞི་སོགས་ལས་ཀྱང་སྐྱེད་པ་སྒོམ་པའི་དབང་དུ་བྱས་པ་གཙོ་ཆེ་བས་དེ་མི་ འཐད་དོ། །ཡང་ཁ་ཅིག་གུར་གྱི་ཚིག་ལས་འཁྲུལ་ནས་དང་པོ་ནང་པ་ཁོ་ན་ལ་ཞུགས་པ་དང༌། ཐོག་མ་མུ་སྟེགས་ལ་ཞུགས་པ་རྗེས་སུ་འཛིན་པའི་དོན་དུ་རིམ་པས་ཕ་མ་གསུང་ཟེར་བ་རྒྱུ་ མཚན་ཡེ་མེད་ཅིང༌། ནང་པ་ཐབས་དང༌། ཕྱི་པ་ཤེས་རབ་དང་རིགས་མཐུན་ཡེ་མེད་པས་ འབྲེལ་མེད་ཁོ་ནའོ། །སྦྱོར་སྒྲོལ་སོགས་མུ་སྟེགས་དང་ཕྱོགས་མཚུངས་སོ་སྙམ་པ་འདུག་ ནའང་སྦྱོར་བའི་ཕྱོགས་ནས་ཕ་རྒྱུད་ཁ་ཟིན་ཆེའོ། །དེས་ན་ཆེས་མ་ངེས། རྔོག་པ་རྣམས། བརྗོད་བྱ་ཐབས་དང་ཤེས་རབ། གདུལ་བྱ་སྐྱེས་པ་བུད་མེད་ཀྱི་ཁྱད་པར་དུ་འདོད་པའང་དེ་ རྣམས་ཀྱིས་བགག་ཟིན་པ་དེའོ། །དེ་དག་ནི་བོད་སྔ་རབས་པའི་འདོད་པ་ལ་རྣམ་པར་ 21-1-72 བརྟགས་པའོ། །ཕྱིས་བྱུང་ལ་བུ་སྟོན་རིན་པོ་ཆེས་དེ་དག་ཕལ་ཆེར་དྲངས། ཕ་མ་གཉིས་ལ་ གཞན་ཟེར་ཐམས་ཅད་འཐད་ལྡན་དུ་མཛད། གཉིས་མེད་ཕུང་གསུམ་པའི་འཇོག་ལུགས་རེ་ རེ་ཐུགས་བཟོ་མཛད་ནས་མཐར་དེ་དག་རེ་རེས་འཇོག་མི་ཐུབ། ཐམས་ཅད་ཚང་བའང་ དཀོན་པས། ཤས་ཆེར་ཚང་བ་ལ་བྱའོ་གསུངས་ནས། ཐེ་ཚོམ་མེད་གཡོལ་ལེ་བཞུགས་སོ། ། བོ་དོང་པས་ཀྱང་དེ་དག་ཐམས་ཅད་བསྐྱེད་ནས་རེ་རེ་ཞིང་སྔ་རབས་པའི་ལུགས་ལ་དགག་ པ་ཅུང་ཟད་རེ་མཛད་ནས། རང་ལུགས་དེ་དག་དང་འདྲ་མིན་རེ་མཛད། གཉིས་མེད་ཕུང་ གསུམ་པའི་འཇོག་བྱེད་རེ་རེ་ཐུགས་བཟོ་མ་རེ་མཛད་ནས། རེ་རེས་ཀྱང་འཇོག་ཐུབ་ཐམས་ ཅད་ཀྱང་ཚང་ཞིང་གསུངས་ཏེ་ཞིབ་ཏུ་ཡི་གེས་འཇིགས་སོ། །ཀྱཻ་རྡོར་གཉིས་མེད་ཡིན་ཏེ། རྒྱུད་གཞན་ལས་རྐྱང་མ་ཐབས་རོ་མ་ཤེས་རབ་དུ་གསུངས། འདིར་དེ་གོ་ཟློག་ནས་ཐབས་ ཤེས་ཕན་ཚུན་རྒྱས་བཏབ་བྱས་པ་དང་ཤེས་རབ་ཟླ་བ་འབབ་བཤད་པ་སོགས་ཕྲན་ཚེགས་ མང་རབ་གསུངས་གུར་ལས། ཀྱཻ་རྡོ་རྗེ་རྣལ་འབྱོར་རྒྱུད། །དང་པོ་རྒྱལ་བ་རྣམས་ཀྱི་བཤད། ། ཕྱི་མ་རྣལ་འབྱོར་མ་རྒྱུད་ནི། །དེ་ཉིད་བུད་མེད་བཟུང་ཕྱིར་རོ། །ཞེས་བརྟག་པ་དང་པོ་ཐབས་ རྒྱུད། གཉིས་པ་ཤེས་རབ་རྒྱུད་དུ་བཤད་པས་གཉིས་མེད་ཡིན་གསུངས་ཡང་བཤད་རྒྱུད་ སམ་བུ་ཊ་ཀྱཻ་རྡོར་རང་གཙོ་ཆེ་གཉིས་མེད་ཡིན། ལམ་འབྲས་ཀྱང་སམ་བུའི་ཊིའི་མན་ངག་ རང་གཙོ་ཆེ། གུར་དང་ཐིག་ལེ་སྐོར་བཞི་བརྟག་གཉིས་ཀྱི་བཤད་རྒྱུད་ཡིན་ཡང་མ་རྒྱུད་ཡིན་ གསུང༌། ཕ་རྒྱུད་མ་རྒྱུད་གཉིས་མེད་གསུམ་ཕྱི་མ་ཕྱི་མ་མཆོག་ཏུ་བཞེད་དོ། །དེ་ཡང་ཡེ་མི་ འཐད་དེ། རྒྱུད་གཞན་ལས་རྐྱང་མ་ཐབས་ཁོ་ནར་དང་རོ་མ་ཤེས་རབ་ཁོ་ནར་བཤད་པའི་ ངེས་པ་མི་སྣང་བ་དང༌། གསང་འདུས་རིམ་ལྔ་དང༌། སྤྱོད་བསྡུས་སུ་འབྱུང་བ་ལྟར་འདུས་པའི་ རྒྱུད་མང་པོ་ལས་གསལ་བ། སྣང་བ་ཟླ་བའི་ཆོས་ཤེས་རབ་དང༌། མཆོད་པ་ཉི་མའི་ཆོས་ ཐབས་སུ་བསྟན་པས་དེ་དག་ཀྱང་གཉིས་མེད་ཕུང་གསུམ་དུ་ཐལ་བ་དང༌། བརྟག་པ་དང་པོ་ 21-1-73 ཆོས་ཅན། གཉིས་མེད་ཕུང་གསུམ་པ་མ་ཡིན་པ་ཐལ། ཕ་རྒྱུད་ཡིན་པའི་ཕྱིར། ཕྱི་མ་ཆོས་ ཅན། དེར་མ་ཡིན་པར་ཐལ། མ་རྒྱུད་ཡིན་པའི་ཕྱིར། བརྟག་གཉིས་གཉིས་མེད་ཕུང་གསུམ་ མ་ཡིན་པར་ཐལ། བརྟག་པ་གཉིས་པ་དེ་ནི་ཕ་མ་ཕྱོགས་རེ་ཡིན་པའི་ཕྱིར། བརྟག་གཉིས་ལ་ བརྟག་པ་གཉིས་པོ་མ་ཡིན་པའི་ཚིགས་བཅད་ཀྱང་མེད་པའི་ཕྱིར། སྡོམ་པས་ཐབས་ཤེས་ གཉིས་ཀ་ཡོད་པའི་ཕྱིར་དེའོ་སྙམ་ན། གསང་འདུས་ཀྱི་རྒྱུད་དང་བདེ་མཆོག་གི་རྒྱུད་ཆོས་ ཅན། གཉིས་མེད་ཀྱི་རྒྱུད་ཕུང་གསུམ་པ་ཡིན་པར་ཐལ། སྡོམ་པས་ཕ་རྒྱུད་མ་རྒྱུད་གཉིས་ཀ་ ཡོད་པའི་ཕྱིར། རེ་རེ་བ་ཕ་མ་ཕྱོགས་རེ་མ་ཡིན་ན་ནི། ལུང་དེའི་དང་པོ་ཕ་རྒྱུད་གཉིས་པ་མ་ རྒྱུད་དུ་བཤད་པས་ཞེས་པ་ལས་འབྲེལ་མ་བྱུང་སྟེ། དེ་དག་གཉིས་མེད་ཀྱི་ཕ་རྒྱུད་མ་རྒྱུད་ སོགས་སུ་འཆད་དགོས་པས། ཡང་ན་གཉིས་མེད་ཡིན་སྟེ་གཉིས་མེད་ཀྱི་ཕ་མ་ཡིན་པའི་ཕྱིར་ ཞེས་གྲུབ་ཟིན་སྒྲུབ་པའམ། སྒྲུབ་བྱེད་བསྒྲུབ་པ་དང་མཚུངས་སོ། །ཡང་ན་ཕ་མ་ཐམས་ཅད་ གཉིས་མེད་དུ་འདོད་དགོས་པ་ལས་འོས་མི་འབྱུང་ངོ༌། །ལུང་དེ་འབྲོག་འགྱུར་དུ་སྣང་ལ། དེ་ ལ་འབྲུ་དེ་ལྟར་བོད་སྔ་མ་འགས་བྱས་པ་ཚད་ལྡན་བྱས་ན་དེ་ལྟར་ཁས་ལེན་དགོས་སྲིད་ ནའང༌། དེའི་དོན་རྡོ་རྗེ་གུར་གསུང་བ་པོ་ཀྱཻ་རྡོར་གྱིས་དང་པོ་རྣལ་འབྱོར་རྒྱུད་མང་དུ་ གསུངས། ཕྱིའི་བུ་མེད་དེ་མཁའ་འགྲོ་མ་རྣམས་འཁོར་དུ་བསྡུ་བའི་ཕྱིར་རྣལ་འབྱོར་མའི་རྒྱུད་ གསུངས་ཞེས་པའི་དོན་ཡིན་པས། སྤྱིར་སངས་རྒྱས་ཀྱིས་བླ་མེད་གསུང་ཚུལ་ལ་ཕ་རྒྱུད་ལས་ མ་རྒྱུད་ཕྱི་མར་སྟོན་པ་ཡིན་གྱི། བརྟག་པ་སུམ་ཅུ་རྩ་གཉིས་པའི་ཕྱི་མ་གཉིས་ཀྱི་སྐབས་ཀྱང་ མ་ཡིན། ད་ལྟའི་བརྟག་གཉིས་ལ་ཟེར་བའང་མ་ཡིན་ཏེ། དེ་གཉིས་ལ་བརྟག་པའི་འགྲོས་ ཀྱང་མེད་ལ། འབྲོག་འགྱུར་ཡི་གེ་ཉམས་པའི་འགྱུར་ནོར་པས་རྡོ་རྗེས་ཞེས་པ་སྒྲ་ཆད་དང་ པོར་ཞེས་པའི་དོན་ར་སྒྲ་ཆད། རྣམས་ལ་ཞེས་པ་རྣམས་ཀྱིས་ཞེས་འབྱུང་ཀྱང༌། འགོས་འགྱུར་ དང་དེ་ལས་མར་པས་བཅོས་པ་གཉིས་ཀ་ལ་དགྱེས་པའི་རྡོ་རྗེས་རྣལ་འབྱོར་རྒྱུད། །དང་པོར་ 21-1-74 རྒྱལ་བ་རྣམས་ལ་བཤད། །ཕྱིས་ནས་རྣལ་འབྱོར་མ་རྒྱུད་ནི། །དེ་ཉིད་མོ་གཟུགས་བསྡུ་ཕྱིར་ རོ། །འགྱུར་འདི་ལེགས་ཏེ། འབྲོག་འགྱུར་ལྟར་ན། དང་པོ་ཉན་པ་པོ་མ་གསུངས་པས། རྗེས་ མ་ལ་དེ་ཉིད་ཟེར་བ་གང་ལ་སྙེག་མ་བྱུང༌། ཀྱཻ་རྡོར་ཟེར་བ་རྒྱུད་བརྟག་གཉིས་ལ་ཟེར་ན་ བརྟག་གཉིས་ཕ་རྒྱུད་དུ་ཐལ་བར་འགྱུར་ཞིང༌། དང་པོ་ཀྱཻ་རྡོར་ཟེར་བའི་ཕ་རྒྱུད་གཅིག་རྒྱལ་ བ་མང་པོས་གསུང༌། རྣལ་འབྱོར་མའི་རྒྱུད་ཕྱི་མ་དེ་ནི་བུད་མེད་བཟུང་ཕྱིར་ཡིན་ཟེར་བ་ལས་ མ་བྱུང་ངོ༌། ། དེས་ན་གུར་ལས་མི་བསྐྱོད་པ་དང༌། རྡོ་རྗེ་འཆང་བསྲེས་པ་ལ་དགྱེས་རྡོར་ཅེས་མཚན་ བརྟགས་པ་ཡང་ཡང་བྱུང་བ་ཡིན་མོད། དགྱེས་རྡོར་ཟེར་ཚད་བརྟག་གཉིས་ཡིན་ན། ཨ་ཀ་ རུ་ནག་དགྱེས་རྡོར་ལ་ཟེར་བ་ཡང་བརྟག་གཉིས་ལ་ཨ་ཀ་རུ་འབུལ་བ་ལགས་སམ། དེས་ན་ དགྱེས་རྡོར་གྱིས་ཞེས་པ་རྡོ་རྗེ་འཆང་གི་ཞེས་པ་ཡིན། དང་པོར་རྒྱལ་བ་རིགས་ལྔ་ཕོ་གཟུགས་ འཛིན་པ་ལ་གསུངས། ཕྱི་མ་ཟེར་བ་མ་འབྲེལ་ལ། ཕྱིས་ནས་མ་རྒྱུད་ནི། རྒྱལ་བ་དེ་རྣམས་ ཉིད་མོ་གཟུགས་འཛིན་པའི་འཁོར་བསྡུ་ཕྱིར་ཡིན། །ཅེས་པ་ཡིན་ནོ། །ཡང་མར་དོའི་འགྱུར་ ལས་དགེས་རྡོར་ལ་སོགས་རྒྱལ་རྣམས་ཀྱིས། །སྦྱོར་བའི་རྒྱུད་ནི་བཞད་པ་ལས། །དེ་རྣམས་ བུད་མེད་གཟུགས་འཛིན་པ། །རྣལ་འབྱོར་མ་རྒྱུད་མཆོག་ལའོ། །ཞེས་བསྒྱུར་བ་ལྟར་བཤད་ ཀྱང་ལེགས་པར་འོང་ངོ༌། །ཡང་བརྟག་གཉིས་ཆོས་ཅན་ཁྱོད་མ་རྒྱུད་ཡིན་པར་ཐལ། ཁྱོད་ རྡོ་རྗེ་གུར་སོགས་ཀྱིས་མ་རྒྱུད་དུ་བཀྲལ་བའི་ཕྱིར། མ་ཁྱབ་ན། བཤད་རྒྱུད་ཀྱིས་རྩ་རྒྱུད་ཀྱི་ དོན་ལོག་པར་བཀྲལ་བར་ཐལ། རྩ་རྒྱུད་ཀྱི་དོན་ཆོག་གཉིས་མེད་དུ་གནས་པ་དེ་བཤད་རྒྱུད་ ཀྱིས། དམན་པ་ལ་མ་རྒྱུད་ཏུ་བཀྲལ་པའི་ཕྱིར་རོ། ། དགེ་ལུགས་ལ་ནི། བླ་མེད་ངེས་པས་མ་ཁྱབ་ཀྱང༌། དེའི་འཇོག་བྱེད་གཞན་ཚོ་ནོར། སྣང་ གསུང་འོད་གསལ། སྒྱུ་ལུས་ཀྱི་སྐུ་དང་བཅས་རྩལ་དུ་འདོན་པ་ཕ་རྒྱུད་ཐིག་ལེ་དབབ་ཟློག་ 21-1-75 གི་དགའ་བཞི་རྩལ་དུ་འདོན་པ་མ་རྒྱུད་ཟེར། མཁའ་འགྲོ་རྒྱ་མཚོ་ལས། རྣལ་འབྱོར་རྣམས་ ལ་རྒྱུད་དུ་ནི། །འོད་གསལ་སྒྱུ་མ་ཞེས་བྱ་བ། །སྒྱུ་མའི་འཇིག་རྟེན་ལ་བཤད་དོ། །ཞེས་པས་ཕ་ རྒྱུད་ཀྱི་ཁྱད་པར་བསྟན། མ་རྒྱུད་ཀྱི་ཁྱད་པར་མངོན་སུམ་གྱིས་གྲུབ་གསུང་བར་གདའ། ལུང་ དེའི་དོན་འོད་གསལ་དང་སྒྱུ་མ་སྒོམ་པ་ལས་ཤེས་པ་རྣམས་ཏེ། དེ་དེའི་ཆོ་ག་སྟེ་ཐབས་ཤེས་ པའི་རྣལ་འབྱོར་པས་རྒྱུད་ལ་འཇུག་ཅེས་པའི་དོན་ཙམ་ཞིག་ཡིན་པས་དེའི་ཁུངས་སུ་མི་རུང་ ལ། གསང་འདུས་རྩ་རྒྱུད་ཆོས་ཅན་ཕ་མ་གཉིས་ཀ་མ་ཡིན་པར་ཐལ། ཚིག་ཟིན་ལ་དེ་གཉིས་ ཀ་ལ་གསལ་བ་དང་རྒྱས་པར་མ་བསྟན་པའི་ཕྱིར་བཤད་རྒྱུད་རྡོར་ཕྲེང་ཆོས་ཅན་ཕ་མ་གཉིས་ ཀ་ཡིན་པར་ཐལ། དེ་གཉིས་ཀ་རྩལ་དུ་བཏོན་ནས་འཆད་པའི་ཕྱིར། དེས་ན་དགོངས་པ་ ལུང་སྟོན་སོགས་དང་སྦྱར་ནས་སྒྲོན་གསལ་གྱིས་འཆད་ལུགས་ལ་སྒྱུ་ལུས་འོད་གསལ་སྣང་ གསུམ་སྟོན་པའི་ཚིག་རྣམས་དེ་དང་དེར་འཆད་པའི་ཚེ་ཤིན་ཏུ་གབ་ཚུལ་དུ་སྣང་ལ། འགྲེལ་ པ་གཞན་གྱིས་འཆད་ཚུལ་གཞན་དུ་བཤད་པ་ན། དེ་དག་གི་ཚིག་དོན་ལ་གསལ་བར་ཞུགས་ པ་ཤ་སྟག་སྣང་བ་དང༌། ཞབས་ལུགས་ལྟ་བུ་ལ་རྗེས་མཐུན་ཡོད་དུ་ཆུག་ཀྱང་གསང་འདུས་ ཀྱི་ལུགས་གཞན་རྩ་རྒྱུད་ཀྱི་དགོངས་པ་རྫོགས་པར་འགྲེལ་པའང་སྣང་བཞི་དང་སྒྱུ་ལུས་ཀྱི་ ཐ་སྙད་ཡེ་མེད་དོན་ཡང་འཕགས་སྐོར་ལུགས་བཞིན་མེད་པ་ཤིན་ཏུ་མང་བ་དང༌། ཕུག་རང་ ཞིག་གི་དོན་གཅིག་པ་ཙམ་ལ་བསམ་ན་ཕ་རྒྱུད་མ་རྒྱུད་ཐམས་ཅད་གཅིག་ཅིང༌། ཁྱེད་རང་ ཡང་སྒྱུ་ལུས་དང་སྣང་བཞི་ཀྱཻ་རྡོར་བདེ་མཆོག་ལུགས་ལ་ཡང་འདོད་པས་དབྱེ་བ་མི་འབྱུང་ ཞིང་འཇིགས་བྱེད་སོགས་མང་པོ་ཞིག་ལ་གཉིས་ཀ་མི་གསལ་བས། གཉིས་མིན་དུ་འགྱུར་བ་ དང༌། ཁྱད་ཆོས་དེ་གཉིས་ཕ་རྒྱུད་ལ་འཕགས་སྐོར་གྱི་གཞུང་ཁོ་ན་དང༌། མ་རྒྱུད་བརྟག་གཉིས་ ལྟ་བུ་གཅིག་གི་ཚིག་ཟིན་ལ་འགྲིག་རུང་ཙམ་ལས་གཞན་ལ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་ ཚང་བ་ལ་ལགས་སོ། །ཤེས་རབ་རིན་ཆེན་པ་ནི་ལས་དབང་དང་སྒྱུ་ལུས་གཙོ་བོར་སྟོན་པ་ཕ་ 21-1-76 རྒྱུད། ཤེར་དབང་དང་འོད་གསལ་གཙོ་བོར་སྟོན་པ་མ་རྒྱུད་བཞི་པ་དང་ཟུང་འཇུག་གཙོར་ སྟོན་གཉིས་མེད། གཉིས་མེད་དངོས་དུས་འཁོར་རོ། །ཀྱཻ་རྡོར་ཡང་མི་འགལ་ཏེ། བཞི་པ་ ཤིན་ཏུ་གསལ་བས་སོ་ཟེར། ཡིད་བཟང་རྩེ་བ་ཡང༌། བཞི་པ་རྒྱུད་གཞན་ལས་སྦས་པར་རྒྱུད་ འགྲེལ། བི་མ་ལ་པྲ་བྷ་ར་གསུངས་པ་ལ་བདེ་གསང་ཐེ། ཀྱཻ་རྡོར་མི་ཐེ་ཡེ་ཤེས་འདི་ནི་སོགས་ བཞི་པ་གསལ་བས་སོ། །གསང་འདུས་རྒྱུད་ཕྱི་མ་ཤེར་དབང་གསལ་བ་དང༌། རྩ་རྒྱུད་ལས་ ཀྱང་གསལ་བ་དང༌། རྡོ་རྗེ་ཕྲེང་བར་དབང་མཐའ་དག་གསལ་བ་དང༌། སམ་བུ་ཊི་སོགས་ ལས་གསང་དབང་ཤིན་ཏུ་གསལ་བ་དང༌། དུས་འཁོར་ལུགས་ཀྱི་བཞི་པ་དེ་ཀྱཻ་རྡོར་ལས་ ཀྱང་བདེ་གསང་ན་མེད་པའི་གསལ་པོ་རང་མི་སྣང་བ་དང༌། ཡེ་ཤེས་འདི་ནི་སོགས་དགོངས་ པ་གཞན་དུ་འདྲེན་སླ་ཞིང་འདྲེན་པ་མང་བ་དང༌། དབང་བཞིའི་ཡེ་ཤེས་སྟོན་བྱེད་སྡོམ་འབྱུང་ དང་མངོན་བརྗོད་བླ་མ་སོགས་དང་སངས་རྒྱས་ཐོད་པ་སོགས་མང་པོར་གསལ་པོ་གསུངས་ པས་དབང་ལ་སྦྱོར་བ་མི་འཐད་ལ། སྒྱུ་ལུས་ཕ་རྒྱུད་ཀྱི་འཇོག་བྱེད་གོང་དུ་བཀག་ཟིན། འོད་ གསལ་གཙོ་བོར་སྟོན་པ་མ་རྒྱུད་དུ་འཇོག་པའང་མི་འཐད་དེ་རང་བཞིན་འོད་གསལ་ཙམ་ལ་ བསམ་ན་མདོ་སྡེ་ཀུན་ཡང་དེར་ཐལ། ཕ་རྒྱུད་ཀྱང་ཐལ་རླུང་སེམས་སྙིང་གར་ཐིམ་པའི་དེ་ནི་ མ་རྒྱུད་མང་པོ་ལས་ཀྱང་གསལ་པོ་མ་བཤད། ཕ་རྒྱུད་རྡོར་ཕྲེང་ལ་སོགས་པས་གསལ་པོར་ བསྟན་པས་སོ། །འོ་ན་ཞུ་བདེ་རྩལ་དུ་སྟོན་པས་དེ་འོད་གསལ་ཡིན་ནོ་སྙམ་ན། དེ་ལ་ཡང་ འོད་གསལ་དུ་འཇོག་དགོས་པའི་སྐབས་ཡོད་ནའང༌། འོད་གསལ་ཆོས་སྐུ་ལམ་དང༌། དེ་ བདེ་ཆེན་སྤྱི་བོ་སྐུའི་ལམ་དང༌། གནད་དུ་བསྣུན་པ་སོགས་མི་འདྲའོ། །ཞུ་བདེ་ཕ་རྒྱུད་ཀྱི་ལམ་ གྱི་སྐབས་སུ་རྒྱས་པས་དེ་ཡང་མི་རུང་ངོ༌། །དེས་ན་རང་ལུགས་ནི་རྣལ་འབྱོར་བླ་མེད་ཐམས་ ཅད་གཉིས་སུ་མེད་པའི་རྒྱུད་ཡིན་ཅིང༌། དེ་ལ་ཕ་མ་གཉིས་སུ་ཕྱེ་བ་ནི་དུས་འཁོར་འགྲེལ་ ཆེན་ན་ཆེས་གསལ་བ་ཡིན། རྒྱ་གར་ན་ནའང་དེ་ཁོ་ན་ལྟར་གྲགས། བོད་རྣམས་གསུམ་དུ་ 21-1-77 འབྱེད་པ་ནི། རང་གང་ལ་གཙོ་བོར་བྱེད་པ་དེ་གཉིས་མེད་དུ་འབད་དེ་སྒྲུབ་པའི་དགེ་བ་ལས། རྒྱུད་མཆོག་གཞན་རྣམས་ཐབས་ཤེས་ཡ་བྲལ་དུ་ཕབ་པའི་སྡིག་པ་ཆེ་བ་གཅིག་ལགས། དེས་ ན་ཕ་རྒྱུད་ལ་རིགས་ལྔ་ཡོད་ཅིང་ཡོད་པར་སྔ་རབས་པ་མང་པོའང་བཞེད། བུ་སྟོན་གྱི་བཞེད་ པ་ལ་ངོར་ཕྱོགས་པས་ཁྲེལ་རྒོད་བྱས་ཏེ། རིན་པོ་ཆེ་དང་ལས་རིག་བོད་དུ་མ་འགྱུར་བས་མ་ མཐོང་གསུངས་པ་དེ་བདེན་ཏེ་མེད་པས་སོ་ཟེར་ཏེ། བཤད་རྒྱུད་རྡོ་རྗེ་སྙིང་རྒྱན་ལས། དམ་ ཚིག་མངོན་བརྒྱད་སྟོང་ཕྲག་གསུམ། །ཞེས་དང༌། རིན་ཆེན་སྡོང་པོ་དགུ་བརྒྱ་བདུན། །དུས་ཀྱི་ ཐིག་ལེ་བརྒྱ་བརྒྱད་བཅུ། །ཞེས་འབྱུང་བ་ལ་ལྟ་ལུང་ཉན་ལུང་མ་བྱུང་བའི་འཆལ་གཏམ་ཡིན་ ལ། དུག་གསུམ་ཅན་འདུལ་བའི་དབྱེ་བ་གསུམ་དུ་ཕ་རྒྱུད་པ་རྣམས་བྱེད་པ་ནི་ཆོས་ལེགས་ ཀྱང་མཚན་གཞིར་གསང་འདུས་རྣམ་སྣང་སྒྱུ་དྲྭ་གཤིན་རྗེ་གཤེད་གསུམ་ལ་བྱེད་པ་མི་འཐད་ དེ། སྒྱུ་དྲྭ་ཆགས་ཅན་གྱི་རྒྱུད་དུ་བཤད་ནས་ཞེ་སྡང་གཏི་མུག་ལོགས་སུ་རྒྱུད་སྡེར་བཤད་པའི་ ཕྱིར་ཏེ། སྣང་མཛད་སྒྱུ་འཕྲུལ་སྟོང་དང་བརྒྱ། །ཞེས་གསུངས། དེ་རྣམས་བཤད་ཟིན་པ་ན། འདི་རྣམས་དགོས་པའི་བྱེ་བྲག་གིས། །ང་ཡིས་ཡང་དག་བསྟན་པར་བྱ། །འདི་ནི་གཉིས་མེད་ འཁྱུད་པ་ཡིས། །རྒྱུད་ཀྱི་དབྱེ་བ་བསྟན་པ་ཡིན། །དེ་བཞིན་དུ་ནི་ལག་བཅངས་དང༌། །དགོད་ དང་བལྟས་པའང་ཤེས་པར་བྱ། །དེ་བཞིན་ཞེ་སྡང་གཏི་མུག་གི །རྒྱུད་རྣམས་ཀུན་ཀྱང་ཤེས་ པར་བྱ། །མཁའ་འགྲོ་མ་ཡི་རྒྱུད་ཀུན་ཡང༌། །འདི་ཡི་རིམ་པས་ཤེས་པར་བྱ། །ཕྱི་ནང་དབྱེ་བ་ ཤེས་པར་བྱ། །ཞེས་གསུངས། འདིས་ནི་རི་དྭགས་རྒྱལ་པོ་སེང་གེ།ཁ་ཅིག་གསང་སྔགས་ཕྱི་ ནང་བྱ་བ་རྙིང་མ་པ་ལ་གྲགས་ཁུངས་མེད་གསུང་བ་ཡང༌། ལན་རེ་ཟུང་རེ་ཙམ་གྱིས་གཞུང་ ལུགས་ཀུན་ཤེས་སོ། །ཞེས་ཐུགས་ཁེངས་པས་རྒྱལ་ནས་རྒྱུད་གྲགས་ཆེན་པོ་ཚོ་ལ་ཡང་ གཟིགས་ལོང་མ་བྱུང་སྣང་བས། རྗེས་འབྲངས་ཕྱིས་འབྱུང་ཝ་སྐྱེས་ལོང་བ་ཚོ་ལ་ནི་རེ་མེད། གཉིས་པ། རྒྱུད་སྡེ་རིགས་གང་དུ་གཏོགས་ངོས་བཟུང་བ་འཕྲོས་དང་བཅས་པ་ནི། རྒྱུད་ 21-1-78 སྡེའི་དོན་སྤྱིར་དུག་གསུམ་འདུལ་བའི་རྒྱུད་ཡོད། འདོད་ཆགས་རྗེས་སུ་འཛིན་པ་ཁོ་ན་ལ་ ཡང་འདོད་ཆགས་བཞིའི་དབྱེ་བས་རྒྱུད་སྡེ་བཞི་ཡོད། བླ་མེད་གསང་འདུས་དང་འབྲེལ་བ་ ཆགས་ཅན་འདུལ་བ་ཕ་རྒྱུད་ཤེས་ཆེ་བ་ཙམ་དངོས་སུ་བགྲངས། རྒྱུད་སྡེ་འོག་མའི་ཆགས་ ཅན་འདུལ་བའི་རྒྱུད་ཀྱང་འདིས་མཚོན། དེ་བཞིན་དུ་ཞེ་སྡང་གཏི་མུག་གི་རིགས་ལའང་རྒྱུད་ སྡེ་བཞི་ཆར་ཡོད། ཡབ་གཙོ་བོར་སྟོན་པ་ཚོ་ལ་དེ་ལྟར་ཡིན་པར་མ་ཟད། མ་རྒྱུད་ལ་ཡང་དུག་ གསུམ་འདུལ་བའི་དབྱེ་བ་ཡོད། དེས་ན་དུག་གསུམ་འདུལ་བ་དང༌། ཕ་མའི་དབྱེ་བ་འདི་ གསང་སྔགས་ཕྱི་ནང་གཉིས་ཀ་ལ་ཡོད་གསུངས་པར་སྣང་བ་ལ། ངོར་ཕྱོགས་པ་རྣམས་ལ་ རྒྱུད་ལ་དུག་གསུམ་གྱི་རིགས་གསུམ་དང་མ་རྒྱུད་ལ་ལྔའམ། དྲུག་ཁོ་ན་འཐད་ཀྱི་གཞན་མིན་ ཟེར་བ་དང༌། དྲུག་ཀྱང་མི་འཐད་ལྔ་འཐད་ཟེར་བ་སོགས་ནི་རྒྱུད་གཞུང་གི་དགོངས་དོན་ཤོད་ མཁན་ནི་མ་བྱུང༌། རང་གིས་ནི་ཕལ་ཆེར་མ་མཐོང༌། ཅུང་ཟད་མཐོང་ཀྱང་མ་གོ །བློ་གྲོས་ཀྱི་ མཐུ་ནི་མེད། བླ་མའི་གསུང་རྒྱུན་རྣམ་དག་གི་ལྡེ་མིག་མེད་ཀྱང་གསུང་རབ་ཀྱི་བལྟས་པས་ཀ་ ཆོག་པ་ཞིག་ཡོད་པར་འདུག་བསམ་ནས་འགའ་ཞིག་བལྟས་པས། དེ་རྣམས་རང་གི་མགོ་མ་ གོ་བ་དེ་རང་གིས་མ་ཤེས་ནས་དཔེ་སྒྲོག་འདྲ་བྱས་པས་ཐུགས་ཡུས། མཁས་པ་ཚོ་དང་ང་འདྲ་ སྙམ་ནས་བློ་ཆུང་ཚོ་མགོ་བསྡུམས་ནས་བསམ་མོད་རིགས་དྲས་བྱས་པའི་ཆོས་སྐད་དུ་གདའོ། ། དེས་ན་ཕ་བརྒྱུད་ལ་རིགས་ཀྱི་དབྱེ་ན་རིགས་ལྔ་དང༌། གདུལ་བྱ་འདུལ་ཚུལ་གྱིས་ཕྱེ་ ན་རིགས་གསུམ་སྟེ། ལྔ་ཆར་ལ་ཕྱི་མ་གསུམ་ཆར་ཡོད་ཅིང༌། དོན་ལ་ནི་རྒྱུད་སྡེ་གོ་འཕང་ མཉམ་པོ་ལ་ལམ་རིམ་མི་འདྲ་བ་མེད་དོ། །རྒྱུད་ནང་ཕན་ཚུན་ཁ་སྐོང་དགོས་པས་སོ། །འོན་ ཀྱང་དངོས་བསྟན་ལ་དཀྱིལ་འཁོར་ལྷ་ལ་ཁ་སྦྱོར་ཡོད་མེད་སོགས་ལྷའི་རྣམ་པ་དང༌། དྲག་ པོའི་ལས་གཙོ་བོར་སྟོན་མི་སྟོན་དང༌། སྟོང་ཉིད་དང་རྟེན་འབྲེལ་ཞིབ་མོར་སྟོན་མི་སྟོན། ཕྱག་ 21-1-79 རྒྱའི་ལམ་དངོས་སུ་གསལ་མི་གསལ་སོགས་ཀྱིས་འབྱེད་དེ། དེ་ཡང་རིགས་ལྔའི་དབང་དུ་ བྱས་ན། གསང་འདུས་དང་གཤེད་སྐོར་རྡོ་རྗེའི་རིགས་དང༌། སྒྱུ་དྲྭ་རྣམ་སྣང་གི་རིགས་ཡིན་ ལ། རིགས་གསུམ་ལྟར་ན་གསང་འདུས་བཤད་རྒྱུད་དང་བཅས་པ་དང༌། རྣམ་སྣང་སྒྱུ་དྲྭ་ དང༌། འཇམ་དཔལ་དཔའ་བོ་འབུམ་ཕྲག་གཅིག །ཅེས་གསུངས་པ་ལྟར། དགྲ་ནག་གཤེད་ དམར་ལེའུ་བཅུ་དྲུག་པ་གདོང་དྲུག་པ་རྣམས་ཆགས་ཅན་དང༌། འཇིགས་བྱེད་ཞེ་སྡང་ཅན་ འདུལ་བ་ཡིན་ཏེ། ལྷ་ཁ་སྦྱོར་དང་ཡབ་རྐྱང་ཕྱག་རྒྱའི་ལམ་བཤད་མ་བཤད། དྲག་ལས་གཙོ་ བོར་མི་སྟོན་དང་སྟོན་པས་སོ། །གཤེད་དམར་ཉེར་གཉིས་པ་དང༌། མི་གཡོ་བ་བླ་མེད་ནི་མ་ རྒྱུད་ཡིན་པར་མངོན་ལ། བདེ་ཆེན་རལ་གཅིག་དང་ཕྱག་རྡོར་གྱི་རྒྱུད་དུ་གྲགས་པ་འགའ་ རེའང་འདུག་སྟེ་རེ་ཞིག་བཏང་སྙོམས་སུ་བཞག་གོ །མ་རྒྱུད་ལ་རིགས་དྲུག་གི་རྡོར་སེམས་ཀྱི་ རིགས་ནི་མཉམ་སྦྱོར་དང༌། ཟླ་གསང་ཐིག་ལེ། རྟག་པའི་རིགས་ནི་གདན་བཞི། རྡོ་རྗེ་ཉི་མའི་ རིགས་རྡོ་རྗེ་བདུད་རྩི། ལས་ཀྱི་རིགས་འཇིག་རྟེན་གསུམ་རྒྱལ་རྟ་མཆོག་དང༌། པདྨའི་རིགས་ པདྨ་དྲྭ་བའམ་འབར་བ། སོགས་ཏེ་འདི་གཉིས་བོད་ན་མེད། སྒྲོལ་མ་འབྱུང་བ་དང༌། ཕྱག་ འཚལ་ཉེར་གཅིག་སོགས་རྟ་མཆོག་གི་རིགས་ཡིན་ལ། རིགས་འཇིགས་ལྔ་བཅུ་པ་པདྨ་གར་ དབང་གི་རིགས་སུ་གྲགས། བརྟག་གཉིས་ཨ་ར་ལ་རིགས་གཉིས། ཐིག་ལེ་སྐོར་བཞི་སངས་ རྒྱས་ཐོད་པ་མ་ཧཱ་མ་ཡ་རྣམས་ཧེ་རུ་ཀ་ཁོ་ནའི་རྒྱུད་ཡིན། གཤེད་དམར་ལེའུ་ཉེར་གཉིས་པ་ དང༌། མི་གཡོ་བླ་མེད་ཀྱང་ཧེ་རུ་ཀར་གཏོགས། བདེ་མཆོག་གཙོ་བོར་ཧེ་རུ་ཀ་ཡིན་ལ། རྡོ་ རྗེ་སེམས་དཔའི་རིགས་དང་ལྷག་པར་འབྲེལ། སམ་བྷུ་ཊི་ཡང་དེ་དང་འདྲ། དུས་འཁོར་རྡོར་ སེམས་དང་ཧེ་རུ་ཀའི་རིགས་ཅི་རིགས་སུ་འདོད་པ་ཡོད་པ། མི་འགལ་བ་ལྟ་བུ་སྣང་ནའང་རེ་ ཞིག་འབྲས་བུ་རྡོ་རྗེ་འཛིན་པ་མི་བསྐྱོད་པ་ཡིན་པར་ཐམས་ཅད་ཞལ་འཆམས་པ་དང༌། རེས་ འགའ་ཧེ་རུ་ཀར་རྒྱུད་ལས་གསུངས་པ་ལྟར་ན་ཧེ་རུ་ཀ་གཙོ་ཆེ་བར་བསྡུ་རྡོ་རྗེ་གུར་དང་མངོན་ 21-1-80 བརྗོད་ལ་སོགས་རིགས་ལྔའམ་དྲུག་གི་དཀྱིལ་འཁོར་ཆ་མཉམ་པ་འདྲ་ཡོད་ཀྱང༌། གང་གི་ དབང་དུ་བྱས་ཏེ་ཧེ་རུ་ཀ་ཡིན་པས་དེ་ཁོ་ནར་བསྡུ། མཉམ་སྦྱོར་དང་ཟླ་གསང་ཡང་དེ་འདྲ་ བས་རིགས་དྲུག་ཆ་མཉམ་དུ་མི་བྱ་རྡོ་རྗེ་སེམས་དཔའོ། །ཡང་ཟླ་གསང་མ་རྒྱུད་འདྲ་བ་ཙམ་ སྣང་ནའང་ཕ་རྒྱུད་དུ་གྲགས་པ་ལྟར་ན་བརྟག་དགོས་ལ། གལ་ཏེ་ཕ་རྒྱུད་ཡིན་ན། ཕ་རྒྱུད་ལ་ ཡང་རྡོ་རྗེ་སེམས་དཔའི་རིགས་ལོགས་སུ་བྱས་ཏེ། རིགས་དྲུག་ཏུ་བྱེད་དགོས་སོ། །དེ་ལྟར་ཕ་ རྒྱུད་ལ། རིན་ཆེན་སྡོང་པོ་རིན་ཆེན་རིགས། དམ་ཚིག་མངོན་རྒྱན་དང༌། རྡོ་རྗེ་ལྔ་འདུས་ལས་ ཀྱི་རིགས། དུས་ཀྱི་ཐིག་ལེའི་པདྨའི་རིགས་ཡིན་པར་མཚན་ཙམ་ལས་ཀྱང་ཤེས་སོ། །རྒྱུད་སྡེ་ དེ་དག་བོད་དུ་མ་འགྱུར་ཡང༌། རྡོ་རྗེ་སྙིང་རྒྱན་དུ་མིང་སྨོས་པ་དེ་དག་སྔོན་འཕགས་ཡུལ་དུ་ དར་ངེས་པ་དང༌། ཕྱིས་ཀྱང་ཅི་རིགས་པ་ཡོད་དོ། །གཏི་མུག་ཅན་འདུལ་བའི་རྒྱུད་ནི་འཇམ་ དཔལ་སྒྱུ་དྲྭ་མཚན་བརྗོད་ཡིན་ནམ་སྙམ་པ་བདག་ནི་རྣམ་པར་རྟོག་པའོ། །ཞེས་གསུངས། ཕ་རྒྱུད་མ་རྒྱུད་ཅེས་བྱ་བ་བྱ་རྒྱུད་དང་སྤྱོད་རྒྱུད་ལ་དོན་ཙམ་གནས་པ་སྲིད་ན་ཡང་གསལ་ཁ་ མ་བཤད། རྣལ་འབྱོར་ཕྱི་ནང་གཉིས་ལ་ཡོད། རྣལ་འབྱོར་རྒྱུད་ལ། ཤེར་ཕྱིན་བརྒྱ་ལྔ་བཅུ་ པའི་འགྲེལ་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་དཔལ་དམ་པ་ཕྲེང་བ་ཞེས་བྱ་བ་འདི་ཡིན་ནོ། །ཡུམ་སྨོས་པ་ལས་ནི་དེ་བཞིན་གཤེགས་ པའི་ཡབ་ཀྱང་སྨོས་དགོས་ཏེ། གང་ཞེ་ན་ཡབ་ནི་ཏྲནྟྲ་ཏ་ཏཱ་སཾ་གྲ་ཧ་ཞེས་བྱ་བ་སྔགས་ཀྱི་མདོ་ སྡེ་ཟབ་མོ་ཡིན་པར་བཤད་དེ་ཞེས་གསུང༌། གསང་བ་རྒྱན་བཀོད་ཡོ་ག་ཡིན་པ་ལྟར་ན། དེ་ ལས་རྒྱུད་ཀྱི་མཚན་ཉིད་འཆད་དུས། ཤེས་རབ་ཡུམ་དུ་ལེགས་བཤད་དེ། །ཐབས་ནི་ཡབ་ ཏུ་ལེགས་བཤད་པའོ། །ཞེས་གསུངས། ཐབས་ཤེས་སུ་འཇོག་ཚུལ་མཚན་ཉིད་མཚུངས་ པས། བླ་མེད་ཀྱི་ཡང་འདི་གོ་དགོས་སོ། །བླ་མེད་ཀྱི་དབྱེ་བའི་སྐབས་འདིར། ངེས་པའི་ལམ་ ལ་ལྟོས་ན་ཐམས་ཅད་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་ཡིན་པས་ཁྱབ། གནས་སྐབས་ཀྱི་ 21-1-81 ཁྱད་ཆོས་ཀྱིས་ཕྱེ་བའི་དབང་དུ་བྱས་ན། ཐབས་ཤེས་གང་རུང་གི་རྒྱུད་ཡིན་པས་ཁྱབ། དེ་ལ་ རང་ལུགས་དཀྱུས་ན་གསལ་བ་ལྟར་མཚན་ཉིད་གསང་བ་རྒྱན་བཀོད་ཀྱི་ལུང་གིས་གྲུབ། ཕ་ རྒྱུད་མ་རྒྱུད་སོ་སོར་ངེས་པའི་མཚན་གཞིའི་སྟེང་དུ་ཁྱད་ཆོས་དེ་དག་ཚང་བ་མངོན་སུམ་གྱིས་ གྲུབ་བོ། །རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐམས་ཅད་ལམ་གྱི་ཆ་རྐྱེན་མ་ཚང་བ་མེད་པར་སྟོན་པ་ ཡིན་པ་གང་ཞིག་སྔགས་དང་རྒྱུད་ཀྱི་སྦྱོར་བ་སོགས། ཡབ་ཁོ་ནའི་དབང་དུ་བྱས་པ་གཙོ་བོར་ སྟོན་པ་ཕ་རྒྱུད་ཀྱི་མཚན་ཉིད། ཡུམ་གཙོ་ཆེ་བའམ་ཡབ་ཡུམ་ཆ་མཉམ་དུ་སྟོན་པ་གང་རུང་ ཡིན་པ་མ་རྒྱུད་ཀྱི་མཚན་ཉིད། ཡང་ན་ཡུམ་གྱི་དབང་དུ་བྱས་པ་རྩལ་དུ་འདོན་པ་ཞེས་བྱས་ ཀྱང་ཆོག་གོ །དེ་ལ་ཀྱཻ་རྡོར་བདེ་མཆོག་མི་གཡོ་བ་བླ་མེད་སོགས་ཐམས་ཅད་ཡབ་ཡུམ་ཆ་ མཉམ། མཉམ་སྦྱོར། མ་ཡ། བདུད་རྩི། ཨར་རལླྀ། སངས་རྒྱས་ཐོད་པ་རྣམས་ནས། ཡུམ་ གཙོ་བོར་གྱུར་པའི་དཀྱིལ་འཁོར་ད་ལྟའི་རྒྱུད་ཆུང་འདི་དག་ཏུ་མི་གསལ་ཡང༌། སྔགས་དང་ ལས་ཚོགས་མཁའ་འགྲོ་མའི་གཙོ་ཆེ་བར་རྒྱུད་ལས་གསལ། གདན་བཞི་དང་སྒྲོལ་མ་འབྱུང་ བ་སོགས། ཡུམ་ཁོ་ན་རྩལ་དུ་འདོན། མཚན་ཉིད་ཀྱི་ཟུར་དང་པོས་བྱ་རྒྱུད་སོགས་དང༌། རྒྱུད་ ཀྱི་ཆ་ཤས་དམ་དུམ་བསྒྱུར་བ་རྣམས་དཔྱོད་དོ། །དུས་འཁོར་ཡང་སྡོམ་ཆེན་གྱི་ཡུམ་གྱི་སྐབས་ དང༌། རིགས་བརྒྱ་སོགས་རྣལ་འབྱོར་མའི་དཀྱིལ་འཁོར་ཅི་རིགས་པ་སྟོན་ཅིང༌། སྔགས་དང་ ལས་ཚོགས་རྣལ་འབྱོར་མའི་དབང་དུ་བྱས་པ་རྩལ་དུ་འདོན་ཏེ། ཡང་ན། མཐའ་དག་ཡོན་ ཏན་གཏེར་བ་ནི་བསྟན་པའི་སླད་དུ་རྣལ་འབྱོར་མ་རྣམས་དག་ལ་མཆོད་པར་བྱ། །མཆོད་པ་ མེད་ན་ལོ་གཅིག་ཏུ་ནི་རྒྱུད་ཀྱི་རྒྱལ་པོ་དག་ནི་བླ་མས་བསྟན་པར་མི་བྱའོ། །ཞེས་གསུངས་ལ་ འགྲེལ་པར་བགེགས་ཞི་བའི་དོན་དུ་རྣལ་འབྱོར་མ་ལ་ངེས་པར་མཆོད་པ་བྱ་དགོས་པ་དང༌། བསོད་ནམས་ཀྱི་དོན་དུ་འབྱུང་པོ་ལའང་གཏོར་མ་སྦྱིན་པར་བཤད་དེ། འདིས་རྒྱུད་འདིའི་ བདག་མོ་རྣལ་འབྱོར་མ་ཡིན་པར་བསྟན་པས་མ་རྒྱུད་དོ། །དེ་ལྟར་མ་ཡིན་ན་ལྷ་ཡབ་ཁྲོ་བོ་ 21-1-82 སོགས་ཀྱིས་བགེགས་ཞི་མི་ཐུབ་པ་ལགས་སམ། ཁྲོ་བོ་དང༌། ཀླུ་དང༌། ཕྱོགས་སྐྱོང་སོགས་ སྙད་འདོག་ཆུང༌། མཁའ་འགྲོ་མ་ཀོ་ལོང་དམ་པས་ཡིན་ལགས། ད་ནི་དུས་འཁོར་རྣལ་འབྱོར་མའི་རྒྱུད་མ་ཡིན་ཟེར་བ་རྣམས་ལ་ཐོག་མགོ་བོར་བབས་ པ་འདྲ་བ་གཅིག་ཡོད་དེ། ནང་ལེའི་ཚིག་ཚིགས་བཅད་ལྔ་བཅུ་ང་གཅིག་པ། དུས་ཀྱི་ལོ་ནི་ མི་གྲངས་ལོ། །ཞེས་པ་ནས། ཤློ་ཀ་ང་བདུན་པའི་ཚིག་གཉིས་པ་ཕྱི་རོལ་གྱི་ཕྱག་རྒྱ་དྲུག་ཅེས་ པའི་བར་གྱིས་འགྲེལ་པ་མཐོང་བ་ཙམ་གྱིས་སོ། །དེ་ཡང་ནང་ལེའི་མདོར་བསྡུས་གསུམ་ པའི་སྟོད་ཀྱི་ཆ་ལ་གཏོགས་ཏེ། ད་ནི་ཉིན་ཞག་གི་ཚོགས་སྟོང་བརྒྱད་ཅུ་པོ་དེ་ལས་ཞེས་པ་ ནས། རིགས་གསུམ་ཅུ་རྩ་དྲུག་ནི་རྣལ་འབྱོར་མའི་རྒྱུད་ཀྱི་ངེས་པའོ། །ཞེས་དཔལ་ལྡན་རྒྱུ་ སྐར་གྱི་དཀྱིལ་འཁོར་ནང་གི་དུས་འཁོར་སྐུ་གསུང་ཐུགས་ཡོངས་རྫོགས་དང༌། སྡོམ་ཆེན་ དང་སྡོམ་ཆུང་གི་དག་པ་བཤད་ནས་རྣལ་འབྱོར་མའི་རྒྱུད་ཀྱི་ངེས་པའོ། །ད་ནི་སྒྱུ་འཕྲུལ་དྲྭ་ བ་ཞེས་པ་ནས་བརྗོད་པར་བྱའོ་ཞེས་པ་རྣལ་འབྱོར་རྒྱུད་ཀྱི་ངེས་པའོ་ཞེས་གསུང༌། འདིའི་ འཕྲོ་མཐུད་ནས་སླར་ཡང་མི་གསལ་དང་བཅས་རྒྱས་པར་གསུངས་གདའ། ཕ་མ་གཉིས་སུ་ གཏོགས་པ་མ་ཡིན་ན། སྡོམ་ཆུང་ལ་རྣལ་འབྱོར་མའི་རྒྱུད་ཀྱི་ངེས་པའོ། །སྡོམ་ཆེན་ལ་རྣལ་ འབྱོར་མ་དང་གཉིས་མེད་བསྲེས་པའི་ངེས་པའོ། །དུས་འཁོར་ཡོངས་རྫོགས་ལ་གཉིས་མེད་ རྒྱུད་ཀྱིས་ངེས་པའོ། །ཞེས་གསུངས་ཙང༌། ཀྱཻ་རྡོར་གཉིས་མེད་ཡིན་ན་མ་རྒྱུད་མ་ཡིན་ཟེར་ བ་ལ། བརྟག་གཉིས་དང་གུར་དང་ཕྱོགས་མཐུན་དུ་འདོད་པ་ཐིག་ལེ་སྐོར་བཞི་ཨ་རིལླྀ་ གཉིས་རྣམས་ནས་རྣལ་འབྱོར་མའི་རྒྱུད་ཅེས་ཡང་ཡང་གསུངས་པས་རང་གི་ལུང་དང་འགལ་ ལོ། །མ་རྒྱུད་ཀྱི་མཚན་གཞི་ཡིན་ཡང་ཡིན་ལ་མཁས་པ་དང་གྲུབ་པ་གྲགས་ཀྱང་གྲགས་པའི་ དབང་དུ་མཛད་ནས་འགྲེལ་ཆེན་དྲི་མེད་འོད་ཀྱིས་ལེའུ་ལྔ་པའི་མདོར་བསྡུས་དང་པོར། རང་ གི་ངོ་བོས་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྦྱོར་བའི་རྒྱུད་ཉིད་དེ། དེ་སྐད་དུ་ཡང༌། ཀྱཻ་ 21-1-83 རྡོར་ལས་གསུངས་པ་ཧེ་ཡིག་སྙིང་རྗེ་ནས། བཤད་ཀྱིས་ཉོན་ཞེས་གསུངས་པའི་ཕྱིར། ཀྱཻའི་ རྡོ་རྗེ་ནི་ཤེས་རབ་ཀྱི་རྒྱུད་དུ་མི་འགྱུར་ཏེ། ཤེས་རབ་ཀྱི་རྒྱུད་ཉོན་ཅེས་གསུངས་པ་མེད་པའི་ ཕྱིར། དེ་བཞིན་དུ་འདུས་པ་ལ་སོགས་པ་ནས། འདི་ནི་ཐབས་ཀྱི་རྒྱུད་དུ་མི་འགྱུར་རོ། །དེ་ བཞིན་དུ་དང་པོའི་སངས་རྒྱས་ལ་སོགས་གསུང་ཞིང༌། དེ་ཁའི་གོང་དུ་ཀུན་རྫོབ་ཀྱི་ས་གང་ དུ་རྣལ་འབྱོར་མ་རྣམས་ཡང་དག་པར་རྒྱུ་ཞིང༌། གཙོ་བོ་མི་གཡོ་བ་དེ་ནི་རྣལ་འབྱོར་མའི་རྒྱུད་ དོ། །གང་དུ་ཐབས་ཡང་དག་པར་བརྒྱུ་ཞིང༌། ཤེས་རབ་མི་གཡོ་བ་དེ་ནི་ཐབས་ཀྱི་རྒྱུད་དོ་ ཞེས་གསུངས་པ་གཉིས་མ་ཡིན་པའི་གཉིས་མེད་ཡོད་ན་དེ་འདི་ལྟ་བུའོ་གསུངས་ཙང༌། ཀྱཻ་ རྡོར་དེ་འདྲའི་མཚན་གཞི་ཡིན་ཅིང་མ་རྒྱུད་མ་ཡིན་ན་རང་གི་ངོ་བོས་ཀྱཻ་རྡོར་མ་རྒྱུད་དུ་མི་ འགྱུར་གསུངས་ག་ལ་དགོས་ཏེ། མ་རྒྱུད་མ་ཡིན་པར་གཉིས་མེད་དུ་གྲགས་པ་ལ་གྲུབ་ཟིན་ སྒྲུབ་པར་ཐལ་བས་སོ། །དེས་ན་ཚིག་འདིས་བླ་མེད་ལ་ཕ་མ་གཉིས་ཀྱི་ཁྱབ་པ་དང༌། གསང་ འདུས་གཉིས་མེད་ཕ་རྒྱུད་ཡིན་པ་བཞིན། ཀྱཻ་རྡོར་གཉིས་མེད་དང་མ་རྒྱུད་ཀྱི་མཚན་གཞི་ཡང་ ཡིན་པ་དང༌། གསང་འདུས་ཕ་རྒྱུད་ཁོ་ནར་གྲགས་པ་བཞིན། ཀྱཻ་རྡོར་མ་རྒྱུད་ཁོ་ནར་གྲགས་ པ་རྣམས་ཤུགས་བསྟན་ལ་གསལ་པོར་བྱུང༌། ཀྱཻ་རྡོར་མ་རྒྱུད་དང་ཕ་རྒྱུད་གང་རུང་མ་ཡིན་ པ་ཕུང་གསུམ་གཉིས་མེད་དུ་འདོད་པ་འདི་ཤམྦྷ་ལ་དང་རྒྱ་གར་ལ་སོགས་སུ་ཡེ་མ་གྲགས་ པའི་བོད་པའི་ངན་རྟོག་ཏུ་གསལ་བར་བྱས་སོ། །གཞན་ཡང་བླ་མེད་ལ་གསུམ་ད྄ུ་འབྱེད་པའི་ ཁུངས་རྒྱ་གར་ནས་བསྒྱུར་བ་གང་ན་ཡང་མེད། བོད་ཀྱི་ལོ་ཙྪ་བ། འགོས། གྱི་ཇོ། མར་པ། ནག་ཚོ། དཔྱལ་ཆག །མར་དོ། ལོ་ཆུང༌། རྭ་སྐྱོ་ཞིང་གཉོས་སོགས་ཀྱི་རྗེས་འཇུག་ཚུན་ཆད་ ཀྱི་ཡི་གེ་གང་ནའང་མེད་ལ། འབྲོག་མི་འབྲོ་བ། དངོས་སློབ་དང་བཅས་པའང་མི་བཞེད། ས་ སྐྱ་རྙིང་པ་དང༌། ངོར་པ་ཕལ་ཆེར་ཀྱཻ་རྡོར་གཉིས་མེད་དུས་འཁོར་མ་རྒྱུད་ཟེར། རྗེ་བཙུན་གོང་ མས་ཀྱཻ་རྡོར་གཉིས་མེད་གསུང་བ་ལས་གཞན་མི་གསལ། རོང་པ་དང༌། ཤོང་དཔང༌། བུ་སྟོན་ 21-1-84 རྣམས་ཀྱཻ་རྡོར་མ་རྒྱུད། དུས་འཁོར་གཉིས་མེད་ཅེས་རྒྱུ་མཚན་དུ་མ་གསུང༌། ཇོ་ནང་པ་ཡབ་ སྲས་གསུམ་དཔྱད་པ་མ་མཛད་པར་དེའི་རྗེས་སུ་འབྲང༌། ཀུན་མཁྱེན་རིན་པོ་ཆེས་གསལ་ཁ་ མ་གསུངས། ཕྱོགས་པས་མ་རྒྱུད་དུ་བཞེད་ཟེར་ནའང་དེ་འདྲའི་ཡི་གེ་མ་མཐོང༌། ཁྲིད་ཡིག་ན་ གཞན་གྱི་རྗེས་སུ་འབྲང་གདའ། རྫོང་པ་ཚོ་དང༌། ངོར་པ་ཅི་རིགས་ཀྱང་བོ་དོང་པའི་རྗེས་སུ་ འབྲངས་ནས་ཟབ་པ་གཉིས་མེད་ཀྱཻ་རྡོར། རྒྱ་ཆེ་གཉིས་མེད་དུས་འཁོར་ཟེར། ཆོས་རྗེ་ཤེས་ རབ་རིན་ཆེན་དང༌། བླ་མ་དམ་པ་རྗེས་འབྲང་དང་བཅས་པ་དེ་དང་མཐུན་པ་ལས་ཟབ་དང་ རྒྱ་ཆེ་བའི་ཐ་སྙད་མི་བྱེད་དོ། །རང་ལུགས་སྟོང་པ་དང་སྙིང་རྗེ། བསྐྱེད་རྫོགས་བདེ་སྟོང༌། སྐུ་ དང་ཡེ་ཤེས་སོགས་དང༌། དངོས་པོའི་གནས་ལུགས་ཤེས་རབ་དང༌། རྟོགས་བྱེད་ཀྱི་ཐབས་ སོགས་ཀྱི་སྒོ་ནས། བླ་མེད་ཐམས་ཅད་ཐབས་ཤེས་ཆ་མཉམ་པས། རང་གི་ངོ་བོས་ཤེས་སམ། དོན་དམ་པར་ཞེས་པ། ཐབས་དང་ཤེས་རབ་དངོས་སམ། དོན་གྱི་ཐབས་དང་ཤེས་རབ་ཀྱི་ཆ་ ནས་གཉིས་མེད་ཅེས་ཀྱང་བྱ། ཐབས་ཤེས་སྦྱོར་བའི་རྒྱུད་ཅེས་ཀྱང་བྱ། ཤེས་རབ་དང་ཐབས་ ཀྱི་བདག་ཉིད་ཅེས་ཀྱང་བྱའོ། །ཐབས་ཀྱི་རྒྱུད་དང་ཤེས་རབ་ཀྱི་རྒྱུད་ཅེས་མི་བྱ། ཐབས་ཤེས་ དངོས་མ་ཡིན་ཀྱང་བཏགས་པའི་ཐབས་ཤེས་སོ། །དོན་གྱི་ཐབས་ཤེས་མ་ཡིན་ཀྱང༌། བརྡའི་ སྒོ་ནས་མཚོན་པའི་ཐབས་ཤེས་གཉིས་ཀྱི་དབང་དུ་བྱས་ན་རྒྱུད་གཉིས་སུ་འགྱུར། དེ་ཡང་ གདུལ་བྱ་གཞན་སྣང་ལ་སྣང་བ་ཡིད་ཀྱིས་སྒོམ་པའི་ལྷ་ཡབ་དེ་ཐབས་སྙིང་རྗེ་དངོས་མ་ཡིན་ ཀྱང༌། དེའི་བརྡ་ཡིན་པས་དེར་བཏགས་པ་ཡིན་ནོ། །དེའདྲའི་ལྷ་ཡུམ་དེ་སྟོང་ཉིད་རྟོགས་ པའི་ཤེས་རབ་དངོས་མ་ཡིན་ཀྱང་དེའི་བརྡ་ཡིན་པས་དེར་བཏགས་པ་ཡིན་པས་སོ། །མདོར་ ན་ཐབས་མི་གཡོ་བ་ནི་ལྷ་ཡབ་ཀྱི་དཀྱིལ་འཁོར་དང་སྔགས་སོགས་གཙོ་བོའམ་གྲོགས་སུ་ དགོས་ཀྱང་དེས་བྱ་བ་གཙོ་བོར་མི་བྱེད། འཕྲིན་ལས་གཙོ་བོར་རྣལ་འབྱོར་མའི་སྔགས་རྒྱུད་ ཀྱི་བྱེད་པའི་དོན་ཡིན། དེས་གཅིག་ཤོས་ཀྱང་རིགས་འགྲེའོ། །དེ་ལ་བོད་སྔ་ཕྱི་མང་པོས་ 21-1-85 རང་གང་ལ་གཙོ་བོར་བྱེད་པ་གཉིས་མེད་དུ་བསྒྲུབས། གཞན་རྣམས་ཕྱོགས་རེ་བར་གནས་ ན་རང་གི་དེ་གཞན་ལས་མཆོག་ཏུ་འགྲུབ་བོ་སྙམ་ནས་བླ་མེད་ལ་གསུམ་དུ་འབྱེད་པར་སྣང་ བ། སྔོན་སྔགས་རྙིང་མ་པའི་རྫོགས་ཆེན་པ་བསྟན་པ་སྔ་དར་གྱི་དུས་ན་ངེད་ཀྱི་རྫོགས་ཆེན་ འདི་མདོ་སྔགས་མ་ཡིན་དེ་བས་ལྷག་བྱས་པ། བན་དེ་ཡེ་ཤེས་སྡེས་ལྷག་མཐོང་བསྐྱེད་ཐབས་ ཆེན་མོར་བཀག །དེ་ནས་སྔ་དར་ཕྱི་དར་གྱི་མཚམས་ལས་མདོ་སྔགས་གང་དང་བསྟུན་ཡང་ མ་ཤེས། མདོ་སྔགས་གཉིས་ཀ་མ་ཡིན་བྱས་ན་ཆོས་མ་ཡིན་པར་སོང་དགོས་ནས། རྫོགས་ ཆེན་ཨ་ཏི་ཡོ་ག་ལ་ལོགས་སུ་རྒྱུད་མང་པོ་བསྒྲིགས་ཏེ། མཧཱ་དང་ཨ་ནུ་ལས་ཁྱད་པར་དུ་གྱུར་ པ། ཨ་ཏིའོ་ཟེར། མཧཱ་ཕ་རྒྱུད། ཨ་ནུ་མ་རྒྱུད། ཨ་ཏི་གཉིས་མེད་ཟེར། གསར་མ་བ་བླ་མེད་ པ་རྣམས། བདེ་དགྱེས་གསང་འདུས། དུས་འཁོར་གཤེད་སྐོར་ལ་གཙོ་བོར་བྱེད་པ་ཁོ་ན་དར། གཞན་ཚོ་ལ་ཞར་བྱུང་བྱེད་པས། གཞན་རྣམས་གཉིས་མེད་ཕུང་གསུམ་པ་ཡིན་ཟེར་མཁན་ མ་བྱུང༌། བདེ་གསང་མཁན་པོས་བདེ་གསང་གཉིས་མེད་ཕུང་གསུམ་ཡིན་ཟེར་མཁན་མ་བྱུང་ བར་མངོན། ཀྱཻ་རྡོར་འབྲོག་མི་ལུགས་པ་དང་དུས་འཁོར་བ་མང་པོ་དང༌། རྒྱ་སྟོན་སོགས་ གཤེད་སྐོར་བ་འགའ་རེས་དེ་ལྟར་འཆད་མོད། མདོར་ན་ཕུང་གསུམ་པ་མི་སྲིད་པས་དེ་འདྲ་ བསྒྲུབ་པ་ངལ་བ་འབའ་ཞིག་ཏུ་ཟད་དེ། མ་རྒྱུད་ཡིན་པས་མི་ཟབ་པ་དང་ངན་པར་འགྲོ་བ་མ་ ཡིན། གཉིས་མེད་ཡིན་བྱས་པས་དེ་ལས་ཟབ་པར་འགྲོ་བའང་མ་ཡིན་ཏེ་ཕ་རྒྱུད་ཀྱང་གཉིས་ མེད་ཡིན་པ་དང༌། གཉིས་མེད་ཕུང་གསུམ་པ་རི་བོང་རྭ་དང་མཚུངས་པས་སོ། ། དེས་ན་རང་གི་བདག་གིར་བྱས་པའི་རྒྱུད་ལ་བསྟོད་པ་བྱས་པ་ཙམ་ཡིན་ཀྱང༌། དོན་ལ་ མ་ཞུགས་པས་ཕན་ཡོན་མེད་ཅིང་རྫུན་གྱིས་གཞན་མགོ་བསྐོར་བའི་ཉེས་པ་དང༌། རྒྱུད་སྡེ་ གཞན་སྨོད་པའི་ཉེས་པ་མ་བསོགས་ཅིག །དེས་ན་གཞི་བདེན་གཉིས་སམ། ཤེས་བྱ་གཏན་ ལ་འབེབས་ཚུལ་དང་གཅིག །འབྲས་བུ་སངས་རྒྱས་པའི་བཞུགས་ཚུལ་གཏན་ལ་འབེབས་ 21-1-86 པ་དང་གཉིས། ཐབས་ལ་ལམ། མོས་པ། ངེས་འབྱུང་གསུམ། ལས་འབྲས་ཀྱི་བླང་དོར་བཞི། བདག་མེད་རྟོགས་པའི་ཤེས་རབ། སྐྱོན་དང་བྲལ་བའི་ཞི་གནས། བརྩེ་བ་སྙིང་རྗེ་ཆེན་པོ་ སྨོན་འཇུག་གི་སེམས་བསྐྱེད། སྤྱོད་པ་ཕར་ཕྱིན་སོགས་དང༌། ལམ་ཐུན་མོང་མ་ཡིན་པ། སྨིན་ བྱེད་དབང༌། བསྲུང་བྱ་དམ་ཚིག་དངོས་བསྒོམ་བྱ་རྫོགས་རིམ་ཡོངས་རྫོགས་བསྐྱེད་རིམ་གྱི་ ངོ་བོ་དང་རིམ་པ་རྣམས་ཀྱིས་སྒོ་ནས་ཕ་མའི་དབྱེ་བ་མེད། ཐམས་ཅད་གཉིས་མེད་ཡིན་པའི་ རྒྱུ་མཚན་དེ་ཡིན། བསྐྱེད་རིམ་གྱི་རྣམ་པའི་ཁྱད་པར་དང༌། བསྐྱེད་རིམ་གྱི་ཡན་ལག་སྔགས་ དང་འཕྲིན་ལས་ཀྱི་ཁྱད་པར་ལས་ཕ་མ་གཉིས་སུ་འབྱེད་པས་དེ་ལས་ཕུང་གསུམ་པ་མེད་དོ། ། དེའི་རིགས་འགྲོས་ལས་སྤྲོས་བཅས་སྤྲོས་མེད་ཀྱི་སྤྱོད་པའི་སྐབས་དང་ཁྱད་པར་ཅུང་ ཟད་འབྱུང་ངོ༌། །དངོས་བསྟན་ཚིག་ཟིན་གྱི་དབང་དུ་བྱས་ན། ཕ་རྒྱུད་ལས་མ་རྒྱུད་ཅུང་ཟད་ ཟབ། རྒྱུད་སོ་སོ་ལའང་ཟབ་མི་ཟབ་ཡོད། རྒྱུད་ནི་རྒྱུད་གཞན་གྱིས་ཤེས་པའི་ངེས་པ་དང༌། མཐར་ཐུག་གི་དགོངས་དོན་ལ་མཐོ་དམན་མེད། སློབ་དཔོན་སོ་སོར་བྱས་པའི་དགོངས་ འགྲེལ་ལ་ཟབ་མི་ཟབ་དང་བཟང་ངན་ཁྱད་ཤིན་ཏུ་ཆེ། དེས་ན་དོན་དམ་པར་བླ་མེད་ཐམས་ ཅད་གཉིས་མེད་ཀྱི་རྒྱུད་ཡིན། ཀུན་རྫོབ་ཏུ་དབྱེ་གསུངས་པ་ཡང༌། བླུན་ངོར་བཟང་བཟང་ འདྲ་ཡང་མ་བརྟགས་ཉམས་དགའ་ཙམ་སྟེ། གསང་འདུས་ཀུན་རྫོབ་ཏུ་ཕ་རྒྱུད་དོན་དམ་པར་ གཉིས་མེད། བདེ་མཆོག་ཀུན་རྫོབ་ཏུ་མ་རྒྱུད་དོན་དམ་པར་གཉིས་མེད། དུས་འཁོར་སོགས་ ཀུན་རྫོབ་དོན་དམ་གཉིས་ཀར་གཉིས་མེད་ཅེས་གསུང་དགོས་པར་གདའ་བ་ལ། དེ་ལྟར་དུ་ འཇོག་པའི་རྒྱུ་མཚན་ཤིན་ཏུ་མ་གྲུབ་པའི་ཕྱིར་རོ། ། གསུམ་པ་ནི་བཞི་པའི་ཡེ་ཤེས་ལ་དཔྱད་པར་བྱ་སྟེ། རྒྱུད་གང་ལས་མཐར་ཐུག་གི་ལམ་ གྱི་གཙོ་བོ་བརྗོད་བྱའི་སྙིང་པོ་བཞི་པར་བྱེད་པ་ལ་བསམ་ན་བླ་མེད་ཐམས་ཅད་དེ་ཡིན་ལ། 21-1-87 དེ་མིན་བཞི་པ་དང་དངོས་ཀྱི་མཚན་ཉིད་སྟོན་བྱེད་གསལ་པོ་ཤོ་ལོ་ཀ་རེ་རེ་གཉིས་གཉིས་ ཡོད་པས། རྒྱུད་དེ་བཞི་པ་ཙམ་དུ་འདོན་པས་ཀྱང་མ་ཁྱབ་ཅིང༌། དབང་ཆོག་གི་སྐབས་དང་ དབང་བཀུར་བ་བཞི་པ་ཟེར་བའི་མིང་འདོགས་གསལ་པོ་མེད་ན་བཞི་པ་རྒྱས་པར་མི་སྟོན་ པས་ཀྱང་མ་ཁྱབ་བོ། །དེས་ན་འདུས་པའི་བྱང་ཆུབ་སེམས་ཀྱི་ལེའུས་ལས་ཀྱང་བཞི་པ་རྒྱས་ པར་བསྟན་པ་ཡིན་ལ། བདེ་མཆོག་ཡང་དབང་པོ་གང་དང་སོགས་དང༌། སྔགས་བཟླས་པ་ དང་སོགས། ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་སོགས་དང༌། འཕེལ་འགྲིབ་སྤངས་པས་གནས་པ་ ཡིན། །སོགས་ཀྱིས་ཀྱང་བཞི་པ་གསལ་བར་བསྟན་ཅིང༌། དེ་བཞིན་དུ་གཤིན་རྗེ་གཤེད་ དམར་ནག་སོགས་ལས་ཀྱང་སྟེ་བཤད་རྒྱུད་རྣམས་ལས་སྨོས་ཅི་དགོས། འོན་ཀྱང་དུས་ཀྱི་ འཁོར་ལོ་ལ་ལྟོས་ན་དེ་དག་ཤིན་ཏུ་བསྡུས་ཤིང་ཤིན་ཏུ་མི་འགལ་ཚུལ་ལ་དགོངས་སོ། །དེས་ ན་འདིར་དབང་བཞི་པའི་ཡེ་ཤེས་གོ་ཆོད་པ་དེ་དུས་འཁོར་དང་སེམས་འགྲེལ་སྐོར་གསུམ་ གྱིས་འཆད་པ་ཡིན། རྒྱུད་ཐམས་ཅད་ཀྱི་དགོངས་པའང་དེ་ཡིན། དགོངས་འགྲེལ་མཁན་པོ་ གྲུབ་ཆེན་གཞན་རྣམས་ཀྱིས་དགོངས་པའི་གནད་དང་མི་འགལ་ལོ། ། བཞི་པ་ཆོ་གས་བསྐུར་བ། བརྡ་ཐབས་ཡིན་པས་གང་ལྟར་བྱས་ཀྱང་འདྲ་བ་ཞིག་ཡོད། དངོས་ལ་འཁྲུལ་བ་འཕགས་ཡུལ་དུ་མང་དུ་བྱུང༌། བོད་དུ་ཡང་མང༌། ལམ་འབྲས་ཀྱི་རྡོ་རྗེའི་ རྦ་རླབས་ཀྱང་དབང་པོ་གཉིས་སྐྱེས་བཞི་པར་འདོད་པའི་ལུགས་ཡིན། མངོན་རྟོགས་ལྗོན་ ཤིང་ན་དབང་པོ་གཉིས་སྐྱེས་བཞི་བར་འདོད་པ་ལ་དགག་པ་ཡང་མང་པོ་མཛད་ཀྱང༌། རང་ ལུགས་སྟོང་ཉིད་དུ་ངོ་འཕྲོད་པའི་དབང་པོ་གཉིས་སྐྱེས་ལ་ཀ་ངོས་འཛིན་ཅིང༌། དེའི་ཡས་ བབ་ཀྱང་བཞི་པ་ཡིན་པར་ནི་འདོད་ལ་མས་བརྟན་གཙོ་བོར་མཛད་དོ། །བོ་དོང་པ་ཡང་ ལམ་འབྲས་ཀྱི་མཐར་ཐུག་ཏུ་མཛད། བོད་ཕྱི་མ་ནི། དབང་པོ་གཉིས་སྐྱེས་ཀྱི་བདེ་སྟོང་བཞི་ པར་བྱེད་པ་རྒྱུད་སྤྱིའི་དགོངས་པ་ཡིན་ལ། སྟོང་གཟུགས་ཕྱག་ཆེན་གྱིས་དྲངས་པའི་ཞུ་བདེ་ 21-1-88 བཞི་པར་བྱེད་པ་དུས་འཁོར་གྱི་ལུགས་ཡིན། གཉིས་པོ་ལུགས་ཐ་དད་ཡིན་པས་མི་འགལ་ ཟེར་ཡང༌། སྔ་མ་མི་འཐད་ལ། ལུགས་ཐ་དད་ཡིན་པ་ཡང་མི་འཐད་ཅིང༌། འཐད་ན་བཞི་སྒོ་ གཉིས་སུ་ཐལ་བ་བཟློག་ཏུ་མེད་ལ། ཕྱི་མ་ཡང་སྟོང་གཟུགས་ཡིད་ངོར་ཤར་བའི་འཁྲུལ་སྣང་ དུ་འདོད་པ་དང༌། མི་འགྱུར་བདེ་བའི་རྟེན་ཐིག་ལེ་བེམ་ཆོས་སོགས་ཆོས་སྐད་བསིལ་ན་ནོར་ པ་ཤིན་ཏུ་ཆེ། རྗེས་དཔག་གི་རྩིས་ཟིན་པ་དགོས་ཚུལ་སོགས་གྲུབ་མཐའི་སྐྱོན་དང༌། སྟོང་ གཟུགས་དང་བདེ་ཆེན་ངོ་བོ་ངོས་མ་ཟིན་ཅིང་སྦྱོར་ཚུལ་རྣམས་ལ་སྤྱི་མ་ཤར་བ་དུ་མ་ཡོད་དོ། ། སྒོམ་ཆེན་པ་གཞན་མང་དག་དང༌། བཀའ་བརྒྱུད་པ་རྣམས་སྟོང་པ་ཕྱལ་ཡུལ་ལ་བཞི་པར་ ངོས་འཛིན་པས་ཕལ་ཆེར་གྱིས་བཞི་པའི་དོན་མ་རྟོགས་ལ། བཞི་པའི་དོན་ལ། ཇོ་ནང་པ་ དང༌། བུ་སྟོན་སོགས་དང༌། དེ་ཡན་ཆད་ཀྱི་དུས་འཁོར་བ་རྣམས་ལ་གནད་མ་ནོར་བ་དེ་ཡོད་ དེ་ཞིབ་ཏུ་ཞལ་ལས་ཤེས་སོ། ། གསུམ་པ་རྒྱུད་སྡེ་འཆད་ཚུལ་གྱི་མན་ངག་བསྟན་པ་ལ་ལྔ། བསྡུས་པའི་དོན་འཆད་ཚུལ་ དང༌། རྡོ་རྗེའི་ཚིག་བཤད་ཐབས། རྒྱུད་བཤད་པའི་དགོས་པ། འཆད་དུས་ཀྱི་བྱ་བའི་རིམ་ པ། ལེགས་པར་བཤད་པའི་ཕན་ཡོན་ནོ། །དང་པོ་ནི། རྒྱུད་ཀྱི་གནས་ལྔ་གང་ཞེ་ན་སྡོམ་ནི། ལས་རིམ་དངོས་གྲུབ་དམ་ཚིག་སྡོམ། །ཏིང་འཛིན་རྒྱུད་ཀྱི་སྦྱོར་བའོ། །ལས་ཀྱི་རིམ་པ་ནི་ དཔག་ཏུ་མེད་དེ། ཆེ་ལོང་ཆེ་ལོང་བསྡུས་པ་ནི། དེ་ཉིད་བཅུ་ཕྱི་ཡི་དང༌། གསང་བའི་དེ་ཉིད་ བཅུའོ། །ཡང་བཅུ་གཅིག་སྟེ། སྡོམ་ནི། ས་ཆོག་སྒྲུབ་དང་མཆོད་པ་དང༌། །སྦྱིན་སྲེག་དབང་ བསྐུར་རབ་གནས་དང༌། །ཡོ་བྱད་དཀྱིལ་འཁོར་མཚན་ཉིད་དང༌། །ཚོགས་འཁོར་བསྙེན་པ་ ལས་ཚོགས་སོ། །ཡོ་བྱད་ནི། རྡོ་རྗེ་དང༌། དྲིལ་བུ་དང༌། ཕྱག་མཚན་དང༌། རྒྱན་དང་དེ་དག་ ལ་སོགས་པའོ། །དཀྱིལ་འཁོར་གྱི་མཚན་ཉིད་བྲི་བ་དང༌། སླད་པ་དང་ལུས་དང༌། བསམ་ གཏན་ནོ། །སྔགས་ཀྱི་སྟོབས་ལས་བསོད་ནམས་འཕེལ་ཚུལ་དང༌། བདེ་བས་སྟོང་པ་རྟོགས་ 21-1-89 པའི་ཚུལ་མཆོག་དང༌། བདེ་དང་མྱུར་དང་ཐབས་མཁས་ཁྱད་པར་དང༌། །བསླབ་གསུམ་ཉོན་ མོངས་ལམ་སྤྱོད་འབྲས་བུ་ཚུལ། །དམིགས་པས་དམ་ཚིག་རྒྱུད་གཞན་བསྐུལ་བ་ཡིས། །ལམ་ འདི་ཁྱད་པར་འཕགས་པར་ཀུན་གྱིས་བཤད། །བཅུ་གཅིག་པོ་འདི་གཞན་ལ་ཡོད་མ་ཡིན། ། འདི་གཉིས་བྱང་ཆུབ་མཆོག་ལ་ཁྱད་པར་མེད། །ཞེས་པ་འདི་བསྡུ་བའི་ཚིགས་སུ་བཅད་ པའོ། ། གཉིས་པ་ནི། རྣལ་འབྱོར་བླ་ན་མེད་པ་ལ་ནི་རྒྱུད་བདུན་དང༌། དེའི་གཏམ་གྱི་སྦྱོར་བ་ལ་ ནི་སྔོན་བྱུང་དང་རྗེས་འཇུག་དང༌། རྒྱུད་འགའ་ཞིག་ལ་ནི། ཕྱི་ནང་གསང་བ་དེ་བཞིན་ནང༌། ། དེ་བཞིན་ཉིད་དོན་རྣམ་པ་བཞི། །ཞེས་དང༌། ཕྱི་དང་ནང་དང༌། གཞན་དང༌། རྟོན་པ་བཞིར་ བཤད་པ་དག་གོ །ཤིན་ཏུ་སྦས་པའི་རྒྱུད་ལ་ནི་ཚུལ་བཞིའོ། །མཐའ་དྲུག་ནི་ཐམས་ཅད་ལ་ སྟེ། ངེས་པ་དང་དྲང་དོན་ལ་ལྷག་མ་བཞི་བཞིས་ཕྱེ་བས་བརྒྱད་དོ། །དེ་བཞིན་དུ་གཞན་ལ་ ཡང་སྟེ་ཉི་ཤུ་རྩ་བཞི་ཡོད་དོ། །ཚུལ་བཞིར་འཆད་པ་མེད་པ་ལ་ནི་ཚོགས་དང་སློབ་མའི་དབྱེ་ བ་མེད་དོ། །ཡི་གེ་གསང་ཆེན་དུ་བཤད་པ་ནི་ཡི་གེའི་དོན་མ་ཡིན་ཞེས་ཁོ་བོས་སྨྲའོ། །ཚིག་ གཅིག་ལ་དོན་གཅིག་གམ་གཉིས་སུ་སྟོན་པ་ནི་མཐའ་དྲུག་དང་། དོན་རྣམ་གྲངས་དུ་མ་ནི་ ཚུལ་བཞིས་འཆད་དོ། །དེ་ཡང་མཐའ་གཅིག་ཏུ་ནི་མ་ཡིན་ཏེ། སྤྱིའི་དོན་དུ་གསུམ་མམ་བཞི་ ལ་སོགས་པར་བཤད་པ་ཡང་ཡོད་དེ། དེ་དག་རྒྱུད་གསུམ་གྱི་སྒོ་ནས་བཤད་པ་ལ་སོགས་པ་ མན་ངག་ཡོད་པར་ཡང་འདོད་དོ། །གསུམ་པ་ནི། གལ་ཏེ་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་ པར་འདོད་པས་རྒྱུད་མཉན་པར་བྱའོ། །བཞི་པ་ནི། དེ་ལ་སློབ་དཔོན་དང་སློབ་མའི་མཚན་ ཉིད་ཤེས་པས་བརྟགས་ནས་བླངས་ལ་དབང་བསྐུར་བ་ནོད་པར་བྱའོ། །དམ་ཚིག་དང་སྡོམ་ པ་ལ་གནས་པས། རིམ་པ་གཉིས་ལ་ཞིབ་མོར་མཁས་པར་བྱས་ལ་རྒྱུད་ཉན་ནོ། །བསྲུང་ བའི་འཁོར་ལོ་ཡང་སྒོམ་པ་དང༌། གཏོར་མ་ཡང་སྦྱིན་པ་དང༌། ཐམས་ཅད་དཀྱིལ་འཁོར་དུ་ 21-1-90 བལྟས་ལ་སློབ་དཔོན་རྡོ་རྗེ་སེམས་དཔའ་ལ་ཡོན་དང༌། མཎྜལ་བྱས་ལ། སྔོན་བྱུང་ཇི་ལྟ་བར་ སྒོམ་པ་ནི། སློབ་དཔོན་དང་སློབ་མ་གཉིས་ཀས་སོ། །ལུས་དང༌། ངག་དང༌། སེམས་ཀྱི་སྐྱོན་ བཅུ་གཅིག་སྤངས་ཏེ། དེ་དག་གང་ཞེ་ན། ཉལ་བ་ལ་སོགས་པ་ལུས་ཀྱི་གནས་ངན་ལེན་དང༌། རྩེད་མོ་དང༌། ཀྱལ་ཀ་དང༌། ཞེ་སྡང་བའི་བརྒལ་ལན་དང༌། ཅ་ཅོ་དང༌། ཧ་ཅང་རྟོག་གེ་ལ་ དགའ་བས་གཏན་ཚིགས་དང༌། ཐལ་འགྱུར་གྱི་རྣམ་བཞག་ཐལ་བ་དང༌། མན་ངག་མེད་པ་ དང༌། རྫུན་གྱི་མན་ངག་དང༌། མ་སྨིན་པའི་སྐྱེ་བོས་ཐོས་པ་དང༌། འགྲན་པ་དང༌། རྙེད་པའི་ སེམས་སོ། །གཞན་ཡང་སྨྲ་བའི་རྒྱན་དང་ལྡན་པས་བརྗོད་པར་བྱའོ། །ལྔ་པ་ནི་རྣལ་འབྱོར་ལ་ མི་གཡོ་བས་འཆད་པ་དང༌། མཉན་པ་ལ་ནི་རྡོ་རྗེ་འཛིན་པ་རྣམས་ལྷག་པར་ཡང་གཟིགས་སོ། ། འདིའི་དགེ་བ་ཡང༌། སྐྱེ་བ་འདི་ཁོ་ན་ལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་འགྲོ་བ་ལ་ཕན་པའི་ རྒྱུར་བསྔོའོ། ། རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པའི་སྙིང་པོ་ཙམ་འདི་ནི། སྡེ་སྣོད་གསུམ་དང་རྒྱུད་སྡེ་ མཐའ་དག་གི་དྲང་ངེས་མ་ནོར་བར་འཆད་པ་དང་རྩོད་པ་དང༌། རྩོམ་པ་དང༌། དེ་དག་གི་ དོན་བསམ་པ་དང་སྒོམ་པའི་དོན་ལ་ཚད་མའི་སྐྱེས་བུར་གྱུར་པ་རིགས་བརྒྱའི་བདག་པོ་རྡོ་ རྗེ་འཆང་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྗེ་བཙུན་ཏཱ་ར་ནཱ་ཐ་ཀུན་དགའ་སྙིང་པོ་ བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་གསུང་ལས་སློབ་མ་འགའ་ཞིག་གིས་ཟིན་བྲིས་སུ་ བྱས་པའོ། །དར་རྒྱས་འཕེལ། གཅིག་ཞུས་དག་གོ །བཀྲ་ཤིས་དགྲ་དང་འཇིགས་པ་ཀུན་ལས་ བརྒལ། །རྣམ་པར་གཟིགས་ནི་གཟི་བརྗིད་ཆེ། །རྫུ་འཕྲུལ་ངོ་བོ་གཙུག་ཏོར་རོ། །ཐམས་ཅད་ སྐྱོབ་པའི་ཤེས་རབ་དང༌། །ལོག་དང་སེལ་བའི་སྟོབས་ཉིད་དང༌། །གསེར་སྡུག་ལ་ནི་བསླབ་ པ་དང༌། །འོད་བསྲུང་གི་ནི་ཡོན་ཏན་དང༌། །ཤཱཀྱ་ཐུབ་པའི་བརྩོན་འགྲུས་ཀྱི། །བདག་ནི་རྟག་ ཏུ་བདེ་བར་ཤོག། །།བཀྲ་ཤིས། 21-1-91 ༄༅། །དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་སྒྲུབ་པའི་ཐབས་བསྐྱེད་ རིམ་མཐའ་དག་གསལ་བར་བྱེད་པ་བཞུགས་སོ། ། ༄༅། །ༀ་ན་མོ་གུ་རུ་གུཧྱ་ས་མ་ཛཿ ཙཀྲ་སཾ་བྷ་ར། མཧཱ་མ་ཡ། བཛྲ་བྷཻ་ར་བ། མཧཱ་ཀཱ་ལ་མཎྜལ་ལེ་བྷྱཿ སློབ་དཔོན་ སྟོན་པ་རྡོ་རྗེ་སེམས་དཔའ་ཉིད། །འདུལ་དཀའ་འདུལ་ཕྱིར་ཁྲོ་བོའི་སྐུར་བསྟན་པ། །རྣམ་ལྔའི་དཀྱིལ་འཁོར་མཆོག་ལ་མགོས་ བཏུད་ནས། །བླ་མེད་སྒྲུབ་ཐབས་གང་ཡིན་གསལ་བར་བྲི། །ལམ་འདིར་མཁས་གྲུབ་དམ་པ་མཆོག་བརྙེས་པའི། །སྐྱེས་བུ་དུ་ མས་ཡང་ཡང་བཤད་གྱུར་མོད། །མཚར་སྡུག་ལང་ཚོས་སྒེག་པའི་གཟུགས་བཟང་མར། །རིན་ཆེན་རྒྱན་གྱིས་བརྒྱན་ན་ལྷག་པར་ མཛེས། ། དེ་ལ་དགྱེས་པ་རྡོ་རྗེ་དྲག་པོ་གདན་ཅན་གྱི་བསྐྱེད་པའི་རིམ་པ་ལ་གཞི་བྱས་ནས་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ ཉམས་སུ་ལེན་པའི་ཚུལ་ནི་འདི་ཡིན་ཏེ། སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་སྤྱི་དང་མཐུན་པར་བྱས་ལ། ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་སྣ་ལྔ་འཕྲོས་འགྲོ་བའི་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་གི་སྙིང་གར་ཐིམ་ ནས་ཞུ་བའི་ཐིག་ལེ་ལས། བདག་ཉིད་དགྱེས་པ་རྡོ་རྗེ་ཕྱག་གཉིས་པ་ཤེས་རབ་མ་དང་བཅས་ པ་ཚངས་པ་དང་དབང་ཕྱུག་གི་གདན་ལ་གནས་པའི་སྙིང་གར་ཉི་མ་ལ་ཧཱུྃ་དེ་ལས་ཁྲོ་བོ་བཅུ་ སྤྲོས་ཕྱོགས་བཅུར་འཁོད་པ་ནི། ཤར་དུ་གཤིན་རྗེ་གཤེད་ནག་པོ་ཐོ་བ་འཛིན་པ། ལྷོར་ཤེས་ རབ་མཐར་བྱེད་དཀར་པོ་བེ་ཅོན་འཛིན་པ། ནུབ་ཏུ་པདྨའི་མཐར་བྱེད་དམར་པོ་པདྨ་འཛིན་ པ། བྱང་དུ་བགེགས་མཐར་བྱེད་ནག་པོ་རྡོ་རྗེ་གདེངས་པ་འཛིན་པ། ཤར་ལྷོར་གཏུམ་པོ་ ནག་པོ་རལ་གྲི་འཛིན་པ། ལྷོ་ནུབ་ཏུ་འདོད་རྒྱལ་སྔོ་དམར་ལྕགས་ཀྱུ་འཛིན་པ། ནུབ་བྱང་དུ་ བེ་ཅོན་སྔོན་པོ་དབྱུག་པ་འཛིན་པ། བྱང་ཤར་དུ་སྟོབས་པོ་ཆེ་ནག་པོ་ཏྲི་ཤུ་ལ་འཛིན་པ། སྟེང་ 21-1-92 དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སེར་པོ་འཁོར་ལོ་འཛིན་པ། འོག་ཏུ་གནོད་མཛེས་ནག་ པོ་གཏུན་ཤིང་འཛིན་པ། མི་གཡོ་འདོད་རྒྱལ་གནོད་མཛེས་རྣམས་རོལ་པའི་ཁྲོ་བོ། གཞན་ རྣམས་ཤིན་ཏུ་ཁྲོས་པ། ཐམས་ཅད་ཀྱང་སྟག་ལྤགས་ཀྱི་ཤམ་ཐབས་དང༌། རིན་པོ་ཆེའི་རྒྱན་ དང་ལྡན་པ། ཁྲོ་བོའི་མཚན་ཉིད་ཐམས་ཅད་རྫོགས་པ་མེ་དཔུང་དང་བཅས་པའོ། ། ཁྲོ་བོ་བཅུ་ལས་ཁྲོ་བོ་བཅུ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་ཕྱོགས་བཅུར་སྤྲོས། ཕྱོགས་ བཅུའི་བགེགས་རྣམས་ཀྱི་ཡན་ལག་ལྔ་ཞགས་པས་བཅིངས། ལྕགས་ཀྱུས་སྙིང་གར་བཏབ་ སྟེ་བཀུག་པར་གྱུར། ༀ་ཡ་མཱནྟ་ཀྲྀཏ་ཧཱུཾ། ༀ་པྲཛྙཱནྟ་ཀྲྀཏ་ཧཱུཾ། ༀ་པདྨནྟ་ཀྲྀཏ་ཧཱུཾ། ༀ་བིགྷྣན་ཀྲྀཏ་ ཧཱུཾ། ༀ་ཨཱརྱཱ་ཙ་ལ་ཧཱུཾ། ༀ་ཊཀྐི་རཱ་ཛ་ཧཱུཾ། ༀ་ནི་ལ་དཎྜ་ཧཱུཾ། ༀ་མཧཱ་བ་ལ་ཧཱུཾ། ༀ་ཙཀྲ་ཝཱརྟི་ཧཱུཾ། ༀ་ སུམྦྷ་རཱ་ཛ་ཧཱུཾ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ་སྭཱཧཱ། ཡང་ཧཱུཾ་ལས་ཕུར་བུ་དང་ཐོ་བ་བཅུ་སྤྲོས། ཡང་སྤྲུལ་ཁྲོ་བོ་རྣམས་ ཀྱི་ལག་པ་གཡས་གཡོན་དུ་གཏད། བགེགས་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ་ཅིང་ཐོ་བས་ བརྡུངས་ནས། ལུས་གཡོ་འགུལ་མེད། ངག་རླུང་རྒྱུ་བ་མེད། སེམས་འོད་གསལ་དུ་ཐིམ་ཞིང་ ལྷག་མ་རྣམས་རྡོ་རྗེའི་མེ་འོད་དང་སྔགས་ཀྱི་སྒྲས་ཁོར་ཡུག་ཆེན་པོའི་ཕྱི་རོལ་ཏུ་བསྐྲད་པར་ གྱུར། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱ་ན་ཕཊ། ཀཱི་ལཱ་ཡ་ཀཱི་ལཱ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་རོ་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ཡ་ཧཱུཾ་ཕཊ། ༀ་ བཛྲ་མུཏྒ་ར་བཛྲ་ཀཱི་ལ་ཨཱ་ཀོ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ། རང་ཉིད་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་ འཛིན་པས་མཱ་མ་ཀཱི་ལ་འཁྱུད་པ། རླུང་ཁ་སྦྱོར་བྱ། རྩ་གསུམ་གསལ་བཏབ་ནས། ཨ་ཝ་དྷཱུ་ཏི་རབ་ཏུ་རྒྱས་ པའི་ནང་གི་སྙིང་གར་ཧཱུཾ་མཐིང་ནག །ༀ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། སྙིང་གའི་ཧཱུཾ་ལས་ རཾ་ཆད་དེ་འོག་ཏུ་ཉི་མར་གྱུར། ཡང་ཧཱུཾ་གཅིག་ཆད་དེ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེར་གྱུར་པ་ ནི། ཤར་གྱི་རཱ་གསུམ་དཀར་པོ། ལྷོའི་རྭ་གསུམ་སེར་པོ། ནུབ་ཀྱི་རྭ་གསུམ་དམར་མོ། བྱང་ 21-1-93 གི་རྭ་གསུམ་ལྗང་ཁུ། ལྟེ་བ་མཐིང་ནག་ལ་ཧཱུཾ་གིས་མཚན་པ། སྣ་ཚོགས་རྡོ་རྗེ་དེ་ཉིད་རྒྱ་ཆེ་ ཞིང་རྔམས་འཐུག་པར་གྱུར་པས་རྡོ་རྗེའི་ས་གཞི། ཁོར་ཡུག་ཏུ་འཕྲོས་པ་དཔངས་མཐོ་ནས་ རྭ་བ། རྩེ་མོ་རྣམས་སྟེང་དུ་འདུས་པས་གུར་དང་བླ་བྲེ། ༀ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཕྱོགས་བཞིར་དམིགས་ནས་ཧཱུཾ་བཞི་པ་ལན་གཅིག་བརྗོད། སྙིང་གའི་ཧཱུཾ་གི་འོད་ཟེར་གྱི་སྣེ་ལ་ རྡོ་རྗེ་གཅིག་པ་ནས་རྩེ་དགུ་པའི་བར་གྱི་རྡོ་རྗེ་རྣམས་འཕྲོས་ཏེ་གོ་མཚམས་མེད་པ་གཏམས། ཡང་རཀྵའི་སྔགས་བརྗོད་པས། འོག་གི་ཉི་མ་ལས་ཡེ་ཤེས་ལྔའི་རང་བཞིན་གྱི་མེ་འབར་བས་ཕྱི་ངོས་ ཀྱི་རྡོ་རྗེ་རྣམས་ཁྲོ་ཆུ་ལྟར་ཞུ་ནས། མེ་ལོང་གི་ངོས་བཞིན་དུ་གྱུར་པས་བསྐལ་བའི་རླུང་གིས་ ཀྱང་མི་ཐར་ཞིང་བར་དུ་གཅོད་པ་གང་གིས་ཀྱང་མི་ཚུགས་པའི་བསྲུང་འཁོར་ཡེ་ཤེས་ཀྱི་མེ་ འབར་བས་དཔག་ཚད་བྱེ་བ་ཙམ་དུ་ཁྱབ་པར་གྱུར། བཛྲ་རྭཀྵའི་སྔགས་ལན་གསུམ་བརྗོད། གནས་ བསྲུངས་པའོ། ། བསྲུང་བའི་འཁོར་ལོའི་ནང་དུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་ འགྲོ་སྤྲིན་ཕུང་འཁྲིགས་པ་བཞིན་བཞུགས་པར་གྱུར། བླ་མ་ཡི་དམ་མཁའ་འགྲོའི་ཚོགས། ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་ཆོས་སྐྱོང་བཅས་པ་ལ། །རྟག་ཏུ་གུས་པས་ སྐྱབས་སུ་མཆི། །ལན་གསུམ་རྣལ་འབྱོར་བསྲུང་བའོ། །ལུས་བསྲུང་བ་ནི། བླ་མ་ཡི་དམ་འཁོར་བཅས་ ཀྱིས། རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་གྱི་དོན་དུ་རྒྱུད་སྡེ་ལྔའི་ལྷ་ཚོགས་སྒྲུབ་པ་ནི་ཤིན་ ཏུ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་བར་ཆད་ང་ཡི་བསྲུང་ཞིང་བྱིན་གྱིས་བརླབས་པར་བྱའོ། ། ཞེས་གསུངས་ནས་བུམ་པའི་ཆུས་དབང་བསྐུར་བས་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ ཅད་བཀྲུས་པར་གྱུར། དངོས་སུ་ཁྲུས་སྤྲོ་ན་བྱ། ངག་བསྲུང་བ་ནི། མདུན་གྱི་ནམ་མཁའ་ལ་བཅོམ་ལྡན་ འདས་དགྱེས་མཛད་རྡོ་རྗེ་ལ་སོགས་པ་བྱོན་ནས་རང་དང་དབྱེར་མེད་དུ་གྱུར། ཡང་སྔགས་རྣམས་ བཟླ་ཞིང་ཁ་བཀྲུས་ལ་བདུད་རྩི་མྱང༌། ཡིད་བསྲུང་བ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ 21-1-94 ཅད་བདག་གི་ཕ་མ་ཡིན། ཕ་མ་འདི་རྣམས་སྡུག་བསྔལ་བ་སྙིང་རེ་རྗེ། ད་ནི་བདག་གིས་བདེ་ བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ། རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་གོ་འཕང་ལ་བཞག་པར་བྱ། དེའི་ཕྱིར་དུ་ བདག་གིས་རྒྱུད་སྡེ་ལྔའི་དཀྱིལ་འཁོར་བསྒྲུབ་པར་བགྱིའོ། །བདག་བསྲུང་བའོ། ། དེ་ཡན་ཆད་ནི་དཀྱིལ་འཁོར་རེ་རེ་ཉམས་སུ་ལེན་པ་དག་གིས། དགྱེས་པ་རྡོ་རྗེ་དང་རྒྱུད་སྡེ་ལྔ་ཞེས་བྱ་བའི་གནས་སུ་རང་ རང་གི་མཚན་བཅུག་པས་འགྲུབ་ཅིང་གཞན་རྣམས་ལ་ཕྱག་གཉིས་པ་རང་གི་མངོན་རྟོགས་ནས་འབྱུང་བ་ལྟར་བསྒོམས་ཞིང༌། གསང་འདུས་ལ་ཡང་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཡུམ་ཅན་བསྒོམ་པ་ཡིན་ནོ། །དེ་ནས་རང་སྐད་ཅིག་གིས་དགྱེས་ མཛད་རྡོ་རྗེ་ཕྱག་གཉིས་པ་ཤེས་རབ་མ་དང་བཅས་པས་གསལ་བའི་སྙིང་གར་རཾ་ལས་ཉི་ མའི་སྟེང་དུ་ཧཱུཾ། དེ་ལས་འོད་ཟེར་སྣ་ལྔ་འཕྲོས་པས། རང་གི་ལུས་ཀྱི་ནང་ཐམས་ཅད་སྦྱངས། ཡེ་ཤེས་ལྔའི་རང་བཞིན་དུ་གྱུར། ཡང་འཕྲོས་པས་ཤ་ཁྲག་ལ་སོགས་པ་བར་གྱི་དངོས་པོ་ རྣམས་ཀྱང་སྦྱངས་ཏེ་ཡེ་ཤེས་ལྔའི་ངོ་བོར་གྱུར། ཡང་འཕྲོས་པ་བ་སྤུའི་བུ་ག་ནས་ཕྱིར་སོང་ སྟེ་རང་བཞིན་གྱི་གནས་ནས་དཀྱིལ་འཁོར་ལྔའི་ལྷ་ཚོགས་བླ་མས་དབུ་བརྒྱན་པ་སངས་རྒྱས་ བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། བླ་མ་རྣམས་ དང་ཡི་དམ་ལྷ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ སོགས། །བདག་གི་གནས་འདིར་གཤེགས་སུ་གསོལ། །ༀ་བྷ་ག་ཝན་མཧཱ་ཀཱ་རུ་ཎི་ཧེ་བཛྲ་ གུ་ཧེ་ས་མཱ་ཛཿ ཙཀྲ་སམྦྷར་མཧཱ། མཱཧ་མ་ཡཱ་བཛྲ་བྷཻ་ར་བ་མཎྜལ་ལ་ས་པ་རི་བཱ་ར་བཛྲ་ས་མཱ་ ཛཿ རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ་སོགས་ཤློ་ཀ་གཅིག ། བཅོམ་ལྡན་དགྱེས་མཛད་དཀྱིལ་འཁོར་དང༌། །གསང་འདུས་མཧཱ་མ་ཡ་དང༌། །བདེ་མཆོག་ འཁོར་ལོ་འཇིགས་མཛད་དེ། །ཡི་དམ་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་ འདུན་དང༌། །དཔའ་བོ་དཔའ་མོ་མཁའ་འགྲོ་དང༌། །ཆོས་སྐྱོང་ཚོགས་དང་བཅས་པ་ལ། ། 21-1-95 བདག་སོགས་གུས་པས་ཕྱག་འཚལ་ལོ། །ༀ་ནི་རི་ཏི་ཧཱུཾ་ཁཾ། ནེ་ཝི་ཏེ་ཧཱུཾ་ཁཾ། སརྦ་སཾ་ཤྭ་དྷ་ནི་ ཨཱ་ཧཱུཾ༌། ཛཿཧ྄ཱུཾ་བཾ་ཧོཿ ཁཾ་རཾ་མཧཱ་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱཧཱ། ཡང་ན། ཨརྒྷཾ་ནས། པཏྱཾ་སྟེ་ཆུ་གཉིས་ཕུལ་ཀྱང་ རུང༌། ༀ་བཛྲ་པུཥྤེ་ཨཱཿཧཱུཾ་ནས། ཤཔྟའི་བར་གྱིས་འབུལ། ནམ་མཁར་རྗེ་བཙུན་བལྟས་ནས་ནི། །རྡོ་རྗེ་ སྐྱེ་བ་སྙིང་རྗེ་ཅན། །རྒྱན་རྣམས་ཐམས་ཅད་འཛིན་པ་ཡི། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། ། དཀར་མོ་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ ནི་ཆུ་ལག་མ། །གྷསྨ་རི་ནི་སྨན་འཛིན་ཅིང༌། །པུཀྐ་སཱི་ནི་རྡོ་རྗེའི་ལག །དེ་བཞིན་རི་ཁྲོད་མི་ རོ་འཛིན། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང༌། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །འདོད་ ཆགས་ཆེན་པོ་རྗེས་ཆགས་པས། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །མཆོད་བྱ་ཡུལ། མཆོད་ བྱེད་བདག །མཆོད་པའི་རྫས་ཐམས་ཅད་རང་བཞིན་མེད་པར་རང་གིས་སེམས་ཉིད་དོ། ། དེ་ནས་རྒྱུན་བཤགས་ནི། ཐོག་མེད་དུས་ཀྱི་སྡིག་པ་དང༌། །སེམས་ཅན་རྣམས་ཀྱི་སྡིག་པའི་ ཚོགས། །མི་དགེ་ལས་རྣམས་ཅི་བགྱིས་པ། །དེ་ཀུན་ཁྱེད་ལ་བཤགས་པར་བགྱི། །སོ་སོར་ ཐར་པའི་མི་མཐུན་དང༌། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དེ་དང་འགལ་བའི་ཉེས་ པ་ཀུན། །དེ་དག་ཁྱེད་ལ་སོ་སོར་བཤགས། །གསང་སྔགས་ཐེག་པར་དབང་བསྐུར་ནས། ། དམ་ཚིག་ཉམས་ཆགས་བྱུང་བ་ཀུན། །དེ་དག་ཁྱེད་ཀྱི་སྤྱན་སྔར་བཤགས། །མི་དགེ་སླན་ ཆད་སྡོམ་པར་བགྱི། །སོ་སོའི་སྐྱེ་བོའི་དགེ་བ་དང༌། །ཉན་ཐོས་དགྲ་བཅོམ་དགེ་བ་དང༌། ། རང་སངས་རྒྱས་ཀྱི་དགེ་བ་ལ། །བདག་ནི་རྗེས་སུ་ཡི་རང་ངོ༌། །དང་པོ་བྱང་ཆུབ་སེམས་ བསྐྱེད་ནས། །འགྲོ་དོན་འཕྲིན་ལས་རབ་རྒྱས་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། ། དགེ་བ་ཀུན་ལ་ཡི་རང་ངོ༌། །བླ་མ་ཡི་དམ་ལྷ་རྣམས་ཀྱི། །གསང་སྔགས་ལམ་མཆོག་མཐའ་ རུ་ཕྱིན། །འབྲས་བུ་སྐུ་བཞི་འགྲུབ་པ་ཡི། །དགེ་བ་ཀུན་ལ་ཡི་རང་ངོ༌། །བདག་གཞན་སེམས་ ཅན་ཐམས་ཅད་ཀྱི། །དུས་གསུམ་བསགས་པའི་དགེ་བ་རྣམས། །སེམས་ཅན་སངས་རྒྱས་ 21-1-96 ཐོབ་དོན་དུ། །བྱང་ཆུབ་ཆེན་པོར་རབ་ཏུ་བསྔོ། །བླ་མ་ཡི་དམ་སངས་རྒྱས་ལ། །བདག་གིས་ ལུས་ངག་ཡིད་གསུམ་ནི། །ལྟོས་མེད་སེམས་ཅན་དོན་དུ་འབུལ། ཁྱེད་ཀྱི་སྐུ་གསུམ་འགྲུབ་ པར་ཤོག །བླ་མ་ཡི་དམ་སངས་རྒྱས་དང༌། །འདུ་འབྲལ་མེད་པར་འགྲུབ་གྱུར་ནས། ཁྱེད་ཀྱི་ བྱིན་རླབས་མཐུ་ཡིས་ནི། །གང་ལྟར་སོང་ཡང་ཐུགས་རྗེས་ཟུངས། །བླ་མ་རྒྱུད་སྡེའི་ལྷ་རྣམས་ ཀྱིས། །སེམས་ཅན་རྒྱུད་ལ་གང་འཚམས་པའི། །གང་འདུལ་དེ་ལ་དེར་སྟོན་པའི། །ཆོས་ ཀྱི་འཁོར་ལོ་བསྐོར་དུ་གསོལ། །བླ་མ་ཡི་དམ་སངས་རྒྱས་ཀྱིས། །ནམ་མཁའ་མཉམ་པའི་ སེམས་ཅན་རྣམས། །སངས་རྒྱས་ས་ལ་མ་འཁོད་བར། །དེ་སྲིད་དུ་ནི་བཞུགས་སུ་གསོལ། ། བླ་མ་དམ་པ་རྣམས་དང་ནི། །ཡི་དམ་མཁའ་འགྲོར་བཅས་པ་དང༌། །སངས་རྒྱས་ཆོས་དང་ དགེ་འདུན་ལ། །བདག་ནི་སྐྱབས་སུ་ཉེ་བར་མཆི། །བླ་མ་རྒྱུད་སྡེའི་ལྷ་རྣམས་ཀྱིས། །དང་ པོ་བྱང་ཆུབ་ཐུགས་བསྐྱེད་ལྟར། །བདག་ཀྱང་སེམས་ཅན་བསྒྲལ་བའི་བློས། ཁྱེད་ཀྱི་རྗེས་ སུ་སེམས་བསྐྱེད་དོ། །ཡང་ན་མཚོ་སྐྱེས་ལྟར་ཡན་ལག་ལྔའམ། གུར་ནས་འབྱུང་བའི་ཡན་ལག་བདུན་པ་བྱའོ། །དེ་ ནས། སྲས་བཅས་སངས་རྒྱས་ཐམས་ཅད་ལ་སོགས་པའི་རིགས་ལྔའི་སྡོམ་པ་བཟུང་བར་བྱའོ། །སེམས་ཅན་ ཐམས་ཅད་བདེ་བ་དང༌། སོགས་ཚད་མེད་བཞི་བསྒོམ། ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭཱ་བྷ་ཝ་ཤུདྡྷོ྅ཧཾ། ༀ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རཾ་ལས་ཉི་མ་ལ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེ་ལས་རྡོ་རྗེའི་ས་གཞིར་རྭ་བ་ དྲྭ་བ་གུར་བླ་བྲེ་མེ་རི་དང་བཅས་པའི་དབུས་སུ། ཨེ་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ ནང་དམར་བ་གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་ཤིང༌། རྩ་བ་ཕྲ་བ་ཐུར་དུ་ཟུག་པའི་ནང་དུ། ཡཾ་ ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གཾ་ཡཾ་དང་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་ མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རཾ་དང་འབར་བས་མཚན་པ། དེའི་སྟེང་དུ་བཾ་ལས་ ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། བཾ་དང་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་ 21-1-97 དཀྱིལ་འཁོར་སེར་པོ་གྲུ་བཞི་ལཾ་དང་རྡོ་རྗེས་མཚན་པ། དེའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་སེར་ པོ་རྩིབས་བཅུ་དྲུག་པ་ལྟེ་བ་ལ་བྷྲཱུཾ་གྱིས་མཚན་པ། དེ་རྣམས་གཅིག་ཏུ་འདྲེས་པ་ལས་པད་ཉི་ སྣ་ཚོགས་རྡོ་རྗེ་དང་བཅས་པའི་སྟེང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ གྲུ་བཞི་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དུ་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་ལས་དྲྭ་བ་དང་དྲྭ་བ་ཕྱེད་པ་ལ་སོགས་པ་དུ་ མ་དཔྱངས་པ། དེའི་སྟེང་དུ་བྱ་འདབས་ལས་ཐུར་དུ་འཕྱང་བའི་ཤར་བུའི་ཕྲེང་བ་དང༌། སྟེང་ དུ་མདའ་ཡབ་མཆོད་རྟེན་གྱི་དབྱིབས་ཅན་གྱིས་བསྐོར་བའི་བར་བར་ན་གདུགས་དང་རྒྱལ་ མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ནང་ཀ་བ་བརྒྱད་དང་ལྡན་པ། སྟེང་རྡོ་རྗེའི་ གདུང་བཞི་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་རྩེ་ མོ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ། རྩིག་པའི་ཕྱི་རོལ་འགྲམ་སྟེགས་མཆོད་པའི་སྣམ་ བུ་དམར་པོ་ལ་བུད་མེད་སྒྱུ་མའི་མཛེས་སྡུག་གིས་སྒེག་པའི་གཟུངས་མ་རྣམས་ཀྱིས་མཆོད་ རྫས་དུ་མ་ཐོགས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མཆོད་པ། ཟུར་བཞིར་ཟླ་ཕྱེད་ ནོར་བུ་དང༌། སྒོ་ཁྱུད་ཀྱི་མཚམས་སུ་ཟླ་ཕྱེད་རྡོ་རྗེས་བརྒྱན་པ། སྒོ་བཞིའི་མདུན་དུ་རྒྱན་དང་ བཅས་པའི་ཀ་བས་བཏེགས་པའི་རྟ་བབས་མཆོད་རྟེན་གྱིས་རྣམ་པ་ཅན་ངང་པ་དང་རྨ་བྱ་ དང་ཉ་སྤུས་བརྒྱན་པ་དང༌། ཆུ་སྲིན་དང་གདུགས་དང་རྒྱལ་མཚན་དང༌། སྤྲེའུ་བཟུང་བའི་བ་ དན་ལ་སོགས་པས་བརྒྱན་པ། རྟ་བབས་ཀྱིས་རྩེ་མོར་པདྨ་ལ་གནས་པའི་ཆོས་འཁོར། སྟེང་ དུ་གདུགས་དཀར་པོ། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། གཞན་ཡང་རྒྱན་སྣ་ ཚོགས་ཀྱིས་སྤྲས་པའི་གཞལ་ཡས་ཁང་གླང་རྒྱབ་ཀྱི་ནང་དེ་བཞིན་གཤེགས་པ་ལྔས་མཛེས་ པ། སྒོ་བཞིའི་ཕྱི་རོལ་ཏུ་རིན་པོ་ཆེའི་ཐེམ་སྐས་དང༌། དེའི་ཕྱི་རོལ་ཏུ་བབས་བཞོན་གྱི་རྟ་ བབས་དང་བཅས་པའོ། ། 21-1-98 དེའི་ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད་ནི། ཤར་དུ་གཏུམ་དྲག་གི་དུར་ཁྲོད། ལྷོར་ འཇིགས་བྱེད་ཐོད་པ་ཅན། ནུབ་ཏུ་འུར་འུར་འབར་བ། བྱང་དུ་ཚང་ཚིང་འཁྲིགས་པ། ཤར་ ལྷོར་དབང་ཕྱུག་ནགས་ཚལ། ལྷོ་ནུབ་ཏུ་མུན་པ་མི་ཟད་པ། ནུབ་བྱང་དུ་ཅ་ཅོ་སྒྲོག་པ། བྱང་ ཤར་དུ་ཧ་ཧ་རྒོད་པའོ། །ཤིང་ཆེན་པོ་བརྒྱད་ནི། ཧ་ར་ཙུ་ཏ་ཨ་ཤོ་ཀ །ཨ་ཤྭད་ཐ་དང་ཀ་རཉྫ། ཛ་ལ་ཏི་དང་པར་ཏི་པ། བྷེ་ཏ་དང་ནི་བྷ་ཊའོ། །རྩ་བར་ཕྱོགས་སྐྱོང་བརྒྱད་གནས་པ། །ཤར་དུ་ བརྒྱ་བྱིན་ལྷོར་གཤིན་རྗེ། །ཆུ་ལྷ་ནུབ་དང་གནོད་སྦྱིན་བྱང༌། །བྱང་ཤར་འབྱུང་པོ་ཤར་ལྷོ་མེ། ། ལྷོ་ནུབ་སྲིན་པོ་ནུབ་བྱང་རླུང༌། ། ༈ བརྒྱ་བྱིན་དཀར་པོ་གླང་པོའི་བདག །རྡོ་རྗེ་དྲིལ་བུ་གཡས་དང་གཡོན། །གཤིན་རྗེ་ མཐིང་ནག་མ་ཧེ་བཞོན། །དབྱུག་པ་ཐོད་པ་དེ་བཞིན་ནོ། །ཆུ་ལྷ་དཀར་པོས་ཆུ་སྲིན་མནན། ། སྦྲུལ་ཞག་གཡས་དང་གཡོན་པདྨ། །གནོད་སྦྱིན་སེར་པོ་རྟ་ལ་བཞོན། །དཔལ་འབྲས་ནེའུ་ ལེ་གཡས་དང་གཡོན། །འབྱུང་པོའི་བདག་པོ་དཀར་པོ་ནི། ཁྱུ་མཆོག་དཀར་པོ་མདུང་ཐུང་ འཛིན། །མེ་ལྷ་དམར་པོ་ར་ལ་བཞོན། །སྤྱི་བླུགས་དབྱུག་གུ་རྩེ་གསུམ་བསྣམས། སྲིན་པོ་ཁམ་ ནག་མེ་རི་ཁྲིད། །གྲི་དང་ཐོད་པ་གཡས་དང་གཡོན། །རླུང་ལྷ་དུད་ཁ་ཤ་བ་བཞོན། །གཡས་ ནས་བ་དན་ཞགས་པ་གཡོན། །ཐམས་ཅད་རིན་ཆེན་བརྒྱད་ལྡན་ཏེ། །སྲིན་པོ་རུས་པས་ བརྒྱན་པའོ། །ཆུང་མ་བུ་འཁོར་ཕྱོགས་མདོག་བཅས། །མདོག་རྣམས་ཞི་བྱེད་ཕྱོགས་ལོགས་ སྐྱོང༌། །སྟེང་གི་ནམ་མཁར་ལྷ་ཆེན་བརྒྱད། །ཤར་དུ་བརྒྱ་བྱིན་སྔོན་དང་འདྲ། །ལྷོ་རུ་ཚངས་པ་ གསེར་གྱི་མདོག །སྤྱི་བླུགས་དབྱུག་གུ་རྩེ་གསུམ་འཛིན། །ནུབ་ཏུ་ཁྱབ་འཇུག་དམར་པོ་སྟེ། ། འཁོར་ལོ་གཡས་དང་གཡོན་ན་དུང༌། །བྱང་དུ་ལྷ་ཆེན་ཐལ་བའི་མདོག །རྩེ་གསུམ་ཐོད་པ་ གཡས་དང་གཡོན། །དབང་ལྡན་གཞོན་ནུ་དྲུག་གི་བུ། །དཀར་པོ་མདའ་དང་གཞུ་འཛིན་པ༌། ། ཤར་ལྷོ་ཚོགས་བདག་དཀར་པོ་ནི། །གཡས་གཡོན་ལ་ཕུག་ལ་དུ་འཛིན། །བདེན་བྲལ་བྷྲི་གི་ 21-1-99 རི་ཏི་སྨུག །མདུང་དང་བ་དན་གཡས་དང་གཡོན། །རླུང་དུ་ལེགས་ལྡན་ནག་པོ་ནི། །རལ་གྲི་ གཡས་དང་ཕུབ་ནི་གཡོན། །ཐམས་ཅད་ལྷ་རྒྱན་དག་དང་ལྡན། །ལྷ་དང་གཟའ་སྐར་འཁོར་ གྱིས་བསྐོར། །བསྡུ་ན་བརྒྱ་བྱིན་དཀར་པོ་མན་ཆད་ནས་འདིའི་བར་བོར་ཀྱང་རུང་ངོ༌། །ཆུ་ལ་ཀླུ་ཆེན་བརྒྱད་ གནས་པ། །འཇོག་པོ་དུང་སྐྱོང་རིགས་ལྡན་དང༌། །མཐའ་ཡས་པད་ཆེན་དགའ་བོ་དང༌། ། ནོར་རྒྱས་བུ་དང་པདྨ་རྣམས། །ཕྱོགས་སྐྱོང་མདོག་ཅན་སྦྲུལ་ཞགས་དང༌། །པདྨ་འཛིན་ཅིང་ གདེངས་ཀ་ལྡན། །ཤིང་གི་ཡལ་ག་ལ་གནས་པའི་ཞིང་སྐྱོང་རྣམས་ཕྱོགས་སྐྱོང་སོ་སོའི་མདོག་ དང་མཚུངས་ཤིང་སོ་སོའི་བཞོན་པའི་གདོང་པ་ཅན་གྲི་གུག་དང་ཐོད་པ་གཏོར་མས་གང་བ་ འཛིན་པའོ། ། སྤྲིན་ཆེན་པོ་བརྒྱད་ནི། སྒྲོག་བྱེད་སེར་པོ་ལྡོག་བྱེད་སྔོན་པོ། འཇིགས་བྱེད་དཀར་པོ། འཁོར་བྱེད་སེར་པོ། འཐུག་པོ་དཀར་པོ། འགེངས་བྱེད་དམར་པོ། ཆར་འབེབས་ནག་པོ། གཏུམ་པོ་ལྗང་གུའོ། །གཞན་ཡང་རི་བརྒྱད་མཆོད་རྟེན་བརྒྱད། ཆུ་བརྒྱད། དྲག་ཏུ་འབར་བའི་ མེ་བརྒྱད་དང་བཅས་པ། བྱ་དང་གཅན་གཟན་སྣ་ཚོགས་འཐབ་པ་དང་འཁྲུགས་པ་དང་ང་རོ་ འདོན་པ། གྲུབ་ཆེན་རྫུ་འཕྲུལ་དང་ལྡན་པའི་སློབ་དཔོན་རྣམས་དང༌། འཇིགས་པ་དང་འཛེམ་ པ་མེད་པའི་དཔའ་བོ་དང་རྣལ་འབྱོར་མ་ཅང་ཏེའུ་དང་ཁ་ཊྭཱཾ་ཐོགས་ཏེ་ཧ་ཧ་ཞེས་གར་བསྒྱུར་ བ། རོལ་མོ་སྣ་ཚོགས་པའི་སྒྲ་དང༌། འདོད་ཆགས་ཀྱི་རྣམ་པར་རོལ་བ། མཚན་དང་ལྡན་པའི་ བུ་མོ་རྣམས་གཅེར་བུ་སྐྲ་གྲོལ་བ། རྣམ་པར་གྲོལ་བ། རྣམ་པར་བརྒྱན་པ། གར་གྱི་རོལ་བ་ སྣ་ཚོགས་པས་ཐོད་རྔའི་སྒྲ་དང༌། གླུ་དབྱངས་བྲོ་ཆ་དང་བཅས་པས་ལྷང་ལྷང་སོགས་སྒྲོག་པ་ དང༌། ལ་ལར་འབྱུང་པོ། སྒྲོན་མེ་འབར་བའི་འཇུག་ངོགས་ནས། ལྕེ་སྤྱང་ཁུས་འདེབས་པ་ དང༌། ཕག་དང་སེང་གེ་དང༌། སྟག་དང་ཁྱི་དང༌། ཝ་སྣ་ཚོགས་པས་གང་ཞིང༌། ཁྭ་དང༌། འུག་ པ་དང༌། བྱ་རོག་དང༌། འོལ་བ་དང་མཆུ་རིང་ལ་སོགས་པས་ལང་ལོང་དུ་རྒྱུག་པ། སེང་གེའི་ 21-1-100 གདོང་ཅན་དང༌། སྟག་གི་གདོང་ཅན་དང༌། སྦྲུལ་བ་གླང་གི་མགོ་ཅན་དང༌། མགོ་གཉིས་པ་ ལ་སོགས་པ་སྐྱི་གཡའ་བ། རོ་ཕྱེད་ཚིག་པ་དང༌། དུམ་བུ་དང༌། འཐོར་བ་དང༌། འགགས་ཏེ་ ཤིང་ལ་དཔྱངས་པ་དང༌། ལྷུ་དུམ་དང་མགོ་བོ་དང༌། ཀེང་རུས་ཀྱིས་ཁྱབ་པས་ཡིད་འབྱུང་བར་ བྱེད་པ། རོ་ལངས་དང་མགོ་མེད་རྣམས་གར་བྱེད་པ། གནོད་སྦྱིན་དང་སྲིན་པོ་དང་ཤ་ཟ་དང་ འབྱུང་པོ་དང༌། མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་གཡོ་བ་དང༌། འགྲེང་བ་དང༌། སྡོད་ པ་དང༌། ཉལ་བ་དང༌། ཟ་བ་དང༌། རྒྱུག་པ་ལ་སོགས་པ་སྣ་ཚོགས་པས་ངོ་མཚར་བསྐྱེད་པ། གྲུབ་པའི་རྫས་དང་མཆོད་རྫས་ཐམས་ཅད་ཀྱི་གང་བའི་དངོས་གྲུབ་འབྱུང་བའི་དུར་ཁྲོད། དེ་ རྣམས་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་ དམར། བྱང་ལྗང༌། དབུས་སྔོ་བའི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ཕྱོགས་བཞི་ དམར་བ། མེ་དང་རླུང་སེར་བ། བདེན་བྲལ་ལྗང་བ། དབང་ལྡན་སྔོ་བ། མཐའ་མ་རྡོ་རྗེ་ནག་ པོའི་མུ་ཁྱུད་ཀྱིས་བསྐོར་བ། ལྟེ་བར་ཉི་མའི་གདན་ལ་བདུད་བཞིའི་ངོ་བོ། ཚངས་པ་སེར་པོ། དབང་པོ་དཀར་པོ། ཉེ་དབང་ལྗང་ཁུ། དྲག་པོ་ནག་པོ་རྣམས་གན་རྐྱལ་དུ་བཀྲམ་པ། འདབ་ མ་བརྒྱད་ལ། ཤར་དུ་ཚངས་པ། ལྷོ་རུ་བརྒྱ་བྱིན། ནུབ་ཏུ་ཉེ་དབང༌། བྱང་དུ་དྲག་པོ། བྱང་ ཤར་དུ་གཤིན་རྗེ་སྔོན་པོ། ཤར་ལྷོར་གནོད་སྦྱིན་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་སྨུག་ནག ནུབ་ བྱང་དུ་ལྷ་མིན་ཐགས་བཟང་རིས་ལྗང་ཁུ་རྣམས་གན་རྐྱལ་དུ་གནས་པའི། སྙིང་གར་ཟླ་བའི་ དཀྱིལ་འཁོར་རེ་རེ། སྒོ་བཞིར་ཉི་མའི་དཀྱིལ་འཁོར་ལ་ཡི་དྭགས་ཀྱི་གདན་རེ་རེའོ། ། འདི་མན་ངག་སྟེ། གཞུང་ནས་གཙོ་བོ་ལ་འདུད་བཞིའི་སྟེང་དུ་ཉི་མའི་གདན་གསུངས་པ་ལྟར་བྱས་ཀྱང་རུང་ངོ༌། །དབུས་ སུ་རང་སེམས་ཧཱུཾ་དང་ཨཾ་ནག་པོ། དེའི་འོག་ཏུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་ཨ་ ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨོ། ཨཾ་ཨཿ ཕྲག་གཉིས་ཞུ་བ་ལས་བྱུང་བའི་ ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་ 21-1-101 ངོ་བོ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ ཝ། ཤ་ཥ་ས་ཧ་ཀྵ། ཌ་དྷ་ད་དྷ་ལ་ཡ། ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀྱི་བར་དུ་ཡི་གེ་གཉིས་ཞུགས་ཏེ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་ མཚན་པ་དང་ཨཾ་ལས་གྲི་གུག་ཨཾ་གིས་མཚན་པར་གྱུར་པ་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ ཤེས་དེ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཐམས་ཅད་གཅིག་ཏུ་འདྲེས་ པ་བྱ་བ་ནན་ཏན་གྱི་ཡེ་ཤེས། དེ་ལས་སྐུ་ཡོངས་སུ་རྫོགས་ཆོས་ཀྱི་དབྱིངས་ཀྱིས་ཡེ་ཤེས་ཀྱི་ ངོ་བོ། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་མཐིང་ནག །ཞལ་བརྒྱད་ པ། སྤྱན་ཉི་ཤུ་རྩ་བཞི་ཕྱེ་བ། ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཞལ་ནས་ཧཱུཾ་སྤྲོ་བ། ལྷ་དང་ ལྷ་མིན་ཐམས་ཅད་བསྡིགས་པར་མཛད་པ། འཇིགས་པའང་འཇིགས་པ། དྲག་པོ་ཆེན་པོ་རྩ་ བའི་ཞལ་ནག་པོ། གཡས་དཀར་བ་གཡོན་དམར་བ་སྟེང་ཞལ་དུ་བའི་མདོག་ཅན། ལྷག་མ་ ཞལ་བཞི་ནག་པ། དབུ་སྐྲ་སེར་པོ་འབར་ཞིང་འཁྱིལ་བ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་ པ། ཐོད་སྐམ་ལྔ་ལྔའི་དབུ་བརྒྱན་ཅན་སྨིན་མ་ཡོན་པོ་དང་བཅས་ཤིང༌། ཁྲོ་གཉེར་ལྡན་པ། མཆེ་བ་གཙིགས་པ། བནྡྷུ་ལྟར་དམར་པའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བཅུ་དྲུག་ གི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་ཅིང༌། གཡས་ཀྱི་གཉིས་ པ་ན་རལ་གྲི། གསུམ་པ་ན་མདའ། བཞི་པ་ན་འཁོར་ལོ། ལྔ་པ་ན་བཤོར། དྲུག་པ་ན་དབྱུག་ པ། བདུན་པ་ན་རྩེ་གསུམ། བརྒྱད་པ་ན་ལྕགས་ཀྱུ། གཡོན་གྱི་གཉིས་པ་ན་པདྨ། གསུམ་ པ་ན་གཞུ། བཞི་པ་ན་ཁ་ཊྭཱཾ་ག །ལྔ་པ་ན་ཐོད་པ། དྲུག་པ་ན་རིན་པོ་ཆེ། བདུན་པ་ན་སྡིགས་ མཛུབ། བརྒྱད་པ་ན་ཞགས་པ་བསྣམས་པ། སྐུ་ལ་རུས་པའི་ཕྱག་རྒྱ་དྲུག་དང་ལྡན་པ། ཁྲག་ འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་ཞབས་མདུན་མ་གཉིས་གཡས་བརྐྱང་གི་ སྟབས་དང༌། རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་ཚངས་པ་དང༌། དབང་པོ་དང༌། 21-1-102 དྲག་པོ་དང༌། ཉེ་དབང་རྣམས་མཉམ་པར་མནན་པ། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་དང་ དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུ་རོ་དང་ལྡན་པ་ཉིད། །དེ་ ལ་འཁྱུད་པའི་བདག་མེད་མ་ནག་པོ་དྲག་མོ་ཆེན་པོ་ལྷ་མོའི་ཆ་བྱད་རྫོགས་པ། ཕྱག་བཞིའི་ དང་པོ་གཉིས་གྲི་གུག་དང་ཐོད་པ་འཛིན་པ། འོག་མ་གཉིས་ཀྱིས་མདའ་དང་གཞུ་བསྣམས་ པ། གཅེར་བུ་ཕྱག་རྒྱ་ལྔ་དང་མགོ་བོ་སྐམ་པོ་ལྔའི་ཕྲེང་བ་ཅན། གཡོན་བརྐྱང་གི་སྟབས་ ཀྱིས་རྗེས་སུ་ཆགས་པ། ལྷག་མ་བཅོམ་ལྡན་འདས་དང་མཚུངས་པ། གཉིས་ཀའང་མེ་དཔུང་ འབར་བའི་དབུས་ན་བཞུགས་ཤིང་ནམ་མཁའི་མཐའ་ཀླས་པར་འོད་ཀྱིས་ཁྱབ་པར་མཛད་ པའོ། ། ཡང་ན་ཞབས་མདུན་མ་གར་སྟབས། རྒྱབ་མ་གཡས་བརྐྱང་པའོ། །ཡབ་ཀྱི་གསང་གནས་མི་དམིགས་པའི་ ངང་ལས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། ༀ་བཛྲ་མཧཱ་དྭེ་ཥ་ཙ་ཏུར་ ཨཱ་ནནྟ་དཱ་ཡ་ཀ་ཁ་ཁ་མུ་ཁ་ཨེ་ཀ་ར་སོ་ན་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀཱཪྻཾ་ཀུ་རུ་ཥྭ་མེ། ཡུམ་གྱི་མཁའ་ཨ་ལས་ པདྨ་དམར་པོ་འདབ་མ་བརྒྱད་པ་ལྟེ་བ་ཨཾ་གིས་མཚན་པ། ༀ་པདྨ་སུ་ཁ་དྷ་ར་མཧཱ་རཱ་ག་སུ་ཁ་ ད་ད་ཙ་ཏུར་ཨ་ནནྟ་བྷཱ་ག་བི་ཤྭ་ཧཱུཾ་ཧཱུཾ་ཧཱུཾ་ཀཱཪྻཾ་ཀུ་རུ་ཥྭ་མེ། ཡབ་ཡུམ་སྙོམས་པར་ཞུགས་པའི་ དགའ་བའི་སྒྲས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་སྤྱན་དྲངས་ཡབ་ཀྱི་ཞལ་ནས་ ཞུགས་ནས་ཐུགས་ཀར་རྗེས་སུ་ཆགས་པའི་མེས་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་ པས་ཐིག་ལེ་ཆ་བཅུ་གཉིས་སུ་གྱུར། མཁའ་ནང་ནས་ཕྱིར་སྤྲོས་ཏེ། སོ་སོའི་གདན་ལ་འཁོད་ པ་ཉི་ཟླ་ཁ་སྦྱོར་བཅུ་གཉིས་སུ་གྱུར། དེ་རྣམས་ཀྱི་བར་དུ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཊཾ་ཛཿཧཱུཾ་བཾ་ཧོཿ རྣམས་སུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་གྲི་གུག་དང་ཅང་ཏེའུ་རལ་གྲི་དང་ཐོད་པ་ རིན་པོ་ཆེ་དང་རྡོ་རྗེ་རླུང་རས་དང་ཐོད་པ་ལྕགས་ཀྱུ་དང༌། ཞགས་པ་ལྕགས་སྒྲོག་དང་དྲིལ་བུ་ རྣམས་ས་བོན་དེ་རྣམས་ཀྱིས་མཚན་པ། ཟླ་ཉི་སོ་སོ་དང་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་ 21-1-103 པ་ལས། ཤར་དུ་གོ་རཱི་ནག་མོ་གཡས་གཉིས་གྲི་གུག་དང་མདའ། གཡོན་གཉིས་ཐོད་པ་དང་ གཞུ་འཛིན་པ། ལྷོར་ཙཽ་རཱི་དམར་མོ་གཡས་གཉིས་ཌཱ་མ་རུ་དང་འཁོར་ལོ། གཡོན་གཉིས་ ཐོད་པ་དང་ལྕགས་ཀྱུ་འཛིན་པ། ནུབ་ཏུ་བཻ་ཏ་ལི་སེར་མོ་གཡས་གཉིས་རལ་གྲི་དང་ཆང་ བུམ། གཡོན་གཉིས་དུང་ཆོས་དང་ཐོད་པ་འཛིན་པ། བྱང་དུ་གྷསྨ་རི་ལྗང་གུ་གཡས་གཉིས་ ཐོད་ཞགས་དང་སྐྱབས་སྦྱིན། གཡོན་གཉིས་དགྲ་སྟྭ་དང་མེ་ཐབ་འཛིན་པ། བྱང་ཤར་དུ་ པུཀྐ་སཱི་སྔོན་པོ་གཡས་གཉིས་རྡོ་རྗེ་དང་མཆོག་སྦྱིན། །གཡོན་གཉིས་དཔག་བསམ་ཤིང་གི་ ལྕུག་མ་དང་ཐོད་པ་འཛིན་པ། ཤར་ལྷོར་ཤཱ་བཱ་རི་དཀར་མོ་གཡས་གཉིས་རྡོ་རྗེ་དང་ཁ་ཊྭཱཾ་ག ། གཡོན་གཉིས་ཐོད་པ་དང་ཞགས་པ་འཛིན་པ། ལྷོ་ནུབ་ཏུ་ཙནྡྲ་ལཱི་སྔོན་པོ་གཡས་གཉིས་རླུང་ རས་དང་ཐོད་པ། གཡོན་གཉིས་བ་དན་དང་པདྨ་འཛིན་པ། ནུབ་བྱང་དུ་ཌོཾ་བི་ནི་སྣ་ཚོགས་ མདོག་གཡས་གཉིས་ཐོད་པ་དང་བཤོར། གཡོན་གཉིས་མདུང་རྩེ་གསུམ་དང་སའི་དཀྱིལ་ འཁོར་འཛིན་པ། ཤར་སྒོར་རྟ་གདོང་མ་ནག་མོ་ཞལ་བཞི་ནག་སེར་དམར་བའི་སྟེང་ན་རྟ་ གདོང་ལྗང་ཁུ་རྩ་ཕྱག་གཉིས་ཀྱིས་གླིང་བུ། ཐ་མ་གཉིས་ཀྱིས་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པ། ལྷོར་སྒོར་ཕག་གདོང་མ་སེར་མོ་ཞལ་བཞི་སེར་སྔོ་དཀར་བའི་སྟེང་ན་ཕག་གདོང་དམར་མོ་ རྩ་ཕྱག་གཉིས་ཀྱིས་པི་ཝང་ཐ་མ་གཉིས་ཀྱིས་རིན་པོ་ཆེ་དང་ཞགས་པ་འཛིན་པ་ནུབ་སྒོར་ཁྱི་ གདོང་མ་དམར་མོ་ཞལ་བཞི་དམར་སྔོ་དཀར་བའི་སྟེང་ན་ཁྱི་གདོང་སེར་མོ་རྩ་ཕྱག་གཉིས་ ཀྱིས་རྔ་བོ་ཆེ། ཐ་མ་གཉིས་ཀྱིས་པདྨ་དང་ལྕགས་སྒྲོག་འཛིན་པ། བྱང་སྒོར་སེང་གདོང་མ་ ལྗང་གུ་ཞལ་བཞི་ལྗང་ནག་དམར་བའི་སྟེང་ན་སེང་གདོང་དཀར་མོ་རྩ་ཕྱག་གཉིས་ཀྱིས་རྫ་ རྔ། ཐ་མ་གཉིས་ཀྱི་རལ་གྲི་དང་དྲིལ་བུ་འཛིན་པ། ལྷ་མོ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་ དང་ལྡན་ཞིང༌། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཐོད་སྐམ་ལྔ་ལྔས་དབུ་བརྒྱན་ཅིང༌། སྐམ་པོ་ལྔ་བཅུའི་ཕྲེང་བ་དང༌། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། གཡོན་བརྐྱང་བའི་སྟབས་ 21-1-104 ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། སྒོ་མ་རྣམས་ནི་སྟག་གི་པགས་པའི་ ཤམ་ཐབས་ཅན། རྩ་ཞལ་ཡང་སྟེང་ཞལ་དང་མཚུངས་པའོ། །དེ་ནས། གཙོ་བོའི་དཔྲལ་བར་ ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། གཙུག་ཏོར་དང་ལྟེ་བར་ཧོཿ དམར་པོ་རེས་མཚན་པར་ གྱུར། ཡབ་ཡུམ་སྙོམས་པར་ཞུགས་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ་ནས་བདུད་བཞིའི་ སྟེང་དུ། བདེ་བ་ཆེན་པོའི་ངོ་བོ་རྡོ་རྗེ་སེམས་དཔའི་རང་བཞིན་ཐིག་ལེ་གཉིས་སུ་གྱུར། དེ་ནས་ ཚད་མེད་པ་བཞིའི་ངོ་བོར་གྱུར་པའི་ལྷ་མོ་བཞིའི་སྙན་པའི་དབྱངས་ཀྱིས་འགྲོ་བའི་དོན་ལ་བསྐུལ་བ་ནི། པུཀྐ་སིས། རྗེ་བཙུན་ སྙིང་རྗེའི་ཡིད་བཞིན་བཞེངས་ཤིག །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད། །ཤ་བ་རཱིས། ཁྱོད་མེད་ན་ནི་བདག་ འགུམ་པས། །དགྱེས་མཛད་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ ལ། །རི་ཁྲོད་མ་འབྲས་འགྲུབ་པར་མཛོད། །ཙནྜཱ་ལིས། དགའ་བརྩེ་འཇིག་རྟེན་དོན་གཉེར་ བ། །སྟོང་པ་ཉིད་ལ་བཞུགས་སམ་ཅི། ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་བ་མོ་ བདག་ཞུ་བ་བགྱིད། །ཌོཾ་བི་ནིས། བདག་གིས་ཉིད་ཀྱི་ཐུགས་འཆལ་གྱི། །མིག་འཕྲུལ་མངའ་བ་ ཁྱོད་བཞེངས་ཤིག །གཡུང་མོ་བདག་ཉིད་དྲན་ཉམས་པས། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག ། ཅེས་བསྐུལ་བས། ཐིག་ལེ་གཉིས་པོ་གཅིག་ཏུ་འདྲེས་ཏེ་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧཱུཾ་དང་ཨཾ་ ལས་རྡོ་རྗེ་དང་གྲི་གུག་ཧཱུཾ་དང་ཨཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་འབྲས་བུ་རྡོ་རྗེ་ འཛིན་པ་དགྱེས་མཛད་རྡོ་རྗེ་སྐུ་མདོག་མཐིང་ནག་སོགས་རྒྱུ་རྡོ་རྗེ་འཛིན་པ་ཡུམ་བཅས་ལྟར་གསལ་བཏབ། མཚོན་ཆ་ཅན་གྱི་དཀྱིལ་འཁོར་ཁོ་ན་བསྒོམ་པར་འདོད་ན་འོག་ནས་འབྱུང་བའི་ཡེ་ཤེས་པ་སྤྱན་འདྲེན་ཡན་ཆད་བྱའོ། །རྒྱུད་སྡེ་ ལྔ་བསྒོམ་པར་འདོད་ན། དེ་ལྟར་བདག་ཉིད་དགྱེས་མཛད་དུ་གྱུར་པའི་སྐུ་ལ་རྩ་གསུམ་འཁོར་ལོ་ བཞི་ཡོངས་སུ་རྫོགས་པ། སྙིང་ག་ཆོས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་སྟེང་དུ་གཞལ་ ཡས་ཁང་པདྨ་འདབ་བརྒྱད་དང་བཅས་པའི་ལྟེ་བ་ལ་ཉི་མའི་སྟེང་དུ་བདུད་བཞིའི་གདན། 21-1-105 འདབ་མ་རྣམས་ལ་ཤར་དུ་ཚངས་པ་སེར་པོ། ལྷོར་དབང་པོ་དཀར་པོ། ནུབ་ཏུ་ཉེ་དབང་ལྗང་ ཁུ། བྱང་དུ་དྲག་པོ་ནག་པོ། བྱང་ཤར་དུ་གཤིན་རྗེ་སྔོན་པོ། ཤར་ལྷོར་ནོར་བདག་སེར་པོ། ལྷོ་ ནུབ་ཏུ་སྲིན་པོ་དམར་པོ། ནུབ་བྱང་དུ་ཐགས་བཟང་རིས་ལྗང་ཁུ། དབུས་ཀྱི་གདན་གྱི་སྟེང་དུ་ བདག་ཉིད་བཅོམ་ལྡན་འདས་དགྱེས་མཛད་རྡོ་རྗེ་སྐུ་མདོག་ནག་པོ། དྲག་པོ་ཆེན་པོ་རྩ་བའི་ ཞལ་ནག་པོ་གཡས་དཀར་གཡོན་དམར་སྟེང་ཞལ་དུ་བའི་མདོག་ཅན། ལྷག་མ་བཞི་ནག་པོ། དབུ་སྐྲ་སེར་པོ་འབར་ཞིང་འཁྱིལ་བ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཐོད་སྐམ་ལྔ་ལྔའི་ དབུ་རྒྱན་ཅན་སྨིན་མ་ཡོན་པོ་དང་བཅས་ཤིང༌། ཁྲོ་གཉེར་ལྡན་པ། མཆེ་བ་གཙིགས་པ། བནྡྷུ་ ལྟར་དམར་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་ བའི་གཡས་པ་བརྒྱད་ན། གླང་པོ་ཆེ་རྟ། བོང་བུ་གླང༌། རྔ་མོ། ཁྱི། མི། མ་ཧེ་རྣམས་སོ། ། གཡོན་པ་བརྒྱད་ན། སའི་ལྷ་མོ། ཆུ་ལྷ། མེ་ལྷ། རླུང་ལྷ། ཟླ་བ། ཉི་མ། གཤིན་རྗེ། གནོད་ སྦྱིན་རྣམས་སོ། །སྐུ་ལ་རུས་པའི་ཕྱག་རྒྱ་དྲུག་དང་ལྡན་པ། ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ ཤལ་ཅན། གཅེར་བུ་ཞབས་མདུན་མ་གཉིས་གཡས་བརྐྱང་གི་སྟབས་དང༌། རྒྱབ་མ་གཉིས་ སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱི་ཚངས་པ་དང༌། དབང་པོ་དང༌། དྲག་པོ་དང༌། ཉེ་དབང་རྣམས་ མཉམ་པར་མནན་པ། གར་དགུའི་ཉམས་ཀྱིས་རོལ་པ། དེ་ལ་འཁྱུད་པའི་བདག་མེད་མ་ནག་ མོ། དྲག་མོ་ཆེན་པོ་ལྷ་མོའི་ཆ་བྱད་རྫོགས་པ། ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔ་དང༌། མགོ་བོ་སྐམ་པོའི་ཕྲེང་བ་ཅན། གཡོན་བརྐྱང་གི་སྟབས་ཀྱིས་རྗེས་ སུ་ཆགས་པ། ལྷག་མ་བཅོམ་ལྡན་འདས་དང་མཚུངས་ཤིང༌། གཉིས་ཀའང་མེ་དཔུང་འབར་ བའི་དབུས་ན་བཞུགས་པའོ། ། ཤར་དུ་གཽ་རཱི་ནག་མོ་གཡས་གྲི་གུག་དང་གཡོན་ཉ་རོ་ཧི་ཏ་འཛིན་པ། ལྷོར་ཆོམ་རྐུན་མ་ དམར་མོ་གཡས་ཌཱ་མ་རུ་གཡོན་ཕག་པ་འཛིན་པ། ནུབ་ཏུ་རོ་ལངས་མ་སེར་མོ་གཡས་རུས་ 21-1-106 སྦལ་གཡོན་ཐོད་པ་འཛིན་པ། བྱང་དུ་ཟ་ནུས་མ་ལྗང་གུ་གཡས་སྦྲུལ་གཡོན་ཐོད་པ་འཛིན་ པ། བྱང་ཤར་དུ་སྦོས་མོ་སྔོན་མོ་གཡས་སེང་གེ་གཡོན་དགྲ་སྟ་འཛིན་པ། ཤར་ལྷོར་རི་ཁྲོད་ མ་དཀར་མོ་གཡས་དགེ་སློང་གཡོན་གསིལ་བྱེད་འཛིན་པ། ལྷོ་ནུབ་ཏུ་གདོལ་བ་མོ་སྔོན་པོ་ གཡས་འཁོར་ལོ་གཡོན་ཐོད་པ་འཛིན་པ། ནུབ་བྱང་དུ་གཡུང་མོ་བྱ་ཀོ་ལིའི་མགྲིན་པ་ལྟར་ཁ་ དོག་སྣ་ཚོགས་པ་གཡས་རྡོ་རྗེ་གཡོན་སྡིགས་མཛུབ་མཛད་པ། ཐམས་ཅད་ཀྱང་དབུ་སྐྲ་སེར་ པོ་གྱེན་དུ་བརྫེས་པ། སྤྱན་དམར་པོ་གསུམ་གསུམ་དང་ལྡན་པ། གཅེར་བུ་ཕྱག་རྒྱ་ལྔ་ལྡན། གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་ པའོ། ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་དཀར་པོ་འདབ་མ་སོ་གཉིས་པའི་སྟེང་དུ་གཞལ་ཡས་ ཁང་དབུས་ལིང་ཚེ་དགུ་པ་སྣམ་བུ་རིམ་པ་གཉིས་དང་བཅས་པ། དབུས་དང་ཁྲོ་བཅུའི་གནས་ སུ་ཉི་གདན། ཤར་ཕྱོགས་པ་རྣམས་ལ་ཟླ་བ། མཱ་མ་ཀི་ལ་རྡོ་རྗེ། གཞན་ལྷོ་ཕྱོགས་པ་རྣམས་ ལ་རིན་པོ་ཆེ། ནུབ་ཕྱོགས་པ་རྣམས་ལ་པདྨ་དམར་པོ། བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་ རྡོ་རྗེའི་གདན། དེ་རྣམས་ཀྱི་སྟེང་དུ་དགྱེས་མཛད་ཀྱི་སྐུའི་སྣང་བ་ལས་གྲུབ་པའི་ལྷ་སུམ་ཅུ་ རྩ་གཉིས་ནི། དབུས་སུ་མི་བསྐྱོད་པ་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་ གཡས་པ་རྣམས་ཀྱིས་རྡོ་རྗེ་འཁོར་ལོ་པདྨ། གཡོན་པ་རྣམས་ཀྱིས་དྲིལ་བུ་རིན་ཆེན་རལ་གྲི་ འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་དང་ པོ་གཉིས་འཁྱུད་རྒྱས་ཡུམ་རེག་བྱ་རྡོ་རྗེ་མ་རང་དང་འདྲ་བ། པདྨའི་སྐྱིལ་ཀྲུང་གིས་བཞུགས་ པ། དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་དང་པོ་གཉིས་འཁྱུད་རྒྱས་ཡུམ་རེག་བྱ་རྡོ་རྗེ་མ་ རང་དང་འདྲ་བ། པདྨའི་སྐྱིལ་ཀྲུང་གིས་བཞུགས་པ་དང་མཉམ་པར་སྦྱོར་བ། རེ་མིག་རྣམས་ སུ་ཤར་དུ་རྣམ་སྣང་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་ 21-1-107 རྣམས་ཀྱིས་འཁོར་ལོ་རྡོ་རྗེ་པད་དཀར། གཡོན་པ་རྣམས་ཀྱིས་དྲིལ་བུ་ནོར་བུ་རལ་གྲི་འཛིན་ པ། ལྷོར་རིན་འབྱུང་སེར་པོ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ ཀྱི་ནོར་བུ་རྡོ་རྗེ་འཁོར་ལོ། གཡོན་པ་རྣམས་ཀྱིས་དྲིལ་བུ་པད་སེར་རལ་གྲི་འཛིན་པ། ནུབ་ ཏུ་འོད་དཔག་མེད་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡོན་གྱི་དང་ པོ་དྲིལ་བུ་དཀུར་བསྟེན་པས་པདྨ་དམར་པོའི་སྡོང་བུ་འཛིན་པ་གཡས་ཀྱི་དང་པོས་ཁ་འབྱེད་ པ། ལྷག་མ་གཡས་གཉིས་ཀྱི་རྡོ་རྗེ་དང་འཁོར་ལོ་གཡོན་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི་ འཛིན་པ། བྱང་དུ་དོན་གྲུབ་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་ རྣམས་ཀྱིས་རལ་གྲི་སྣ་ཚོགས་རྡོ་རྗེ་འཁོར་ལོ། གཡོན་པ་རྣམས་ཀྱིས་དྲིལ་བུ་པད་ལྗང་ནོར་ བུ་འཛིན་པ། ཤར་ལྷོར་སྤྱན་མ་དཀར་མོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་ གཡས་པ་རྣམས་ཀྱིས་འཁོར་ལོ་རྡོ་རྗེ་ཨུཏྤལ་དཀར་པོ། གཡོན་པ་རྣམས་ཀྱིས་དྲིལ་བུ་རིན་ ཆེན་རལ་གྲི་འཛིན་པ། ལྷོ་ནུབ་ཏུ་མཱ་མ་ཀི་སྔོན་མོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་ དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་འཁོར་ལོ་ཨཏྤལ་སྔོ་དམར་གཡོན་པ་རྣམས་ཀྱིས་དྲིལ་ བུ་རིན་ཆེན་རལ་གྲི་འཛིན་པ། ནུབ་བྱང་དུ་གོས་དཀར་མོ་དམར་མོ་དམར་ནག་དཀར་བའི་ ཞལ་གསུམ་ཕྱག་དྲུག་གི་གཡོན་གྱི་དང་པོས་དྲིལ་བུ་དཀུར་བསྟེན་པས་ཨུཏྤལ་དམར་པོའི་ སྡོང་བུ་འཛིན་པ་གཡས་ཀྱི་དང་པོས་ཁ་འབྱེད་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་རྗེ་དང་ འཁོར་ལོ། གཡོན་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི་འཛིན་པ། བྱང་ཤར་དུ་སྒྲོལ་མ་ལྗང་ཁུ་ ལྗང་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་སྣ་ཚོགས་རྡོ་རྗེ་འཁོར་ ལོ་ཨུཏྤལ་སྔོན་པོ་རྡོ་རྗེས་མཚན་པ། གཡོན་པ་རྣམས་ཀྱིས་དྲིལ་བུ་རིན་ཆེན་རལ་གྲི་འཛིན་ པ། རིམ་པ་གཉིས་པའི་ཤར་ལྷོར་གཟུགས་རྡོ་རྗེ་མ་དཀར་མོ་སངས་རྒྱས་སྤྱན་མ་དང་འདྲ་ བ་ལས། ཕྱག་དང་པོ་གཉིས་ཀྱིས་མེ་ལོང་དམར་པོ་འཛིན་པ། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ་སྔོན་མོ་ 21-1-108 མཱ་མ་ཀཱི་དང་འདྲ་བ་ལས། ཕྱག་དང་པོ་གཉིས་ཀྱིས་པི་ཝང་སྔོན་པོ་འཛིན་པ། ནུབ་བྱང་དུ་དྲི་ རྡོ་རྗེ་མ་དམར་མོ་འོད་དཔག་མེད་དང་འདྲ་བ་ལས། ཕྱག་དང་པོ་གཉིས་ཀྱིས་དྲིའི་དུང་ཆོས་ འཛིན་པ། བྱང་ཤར་དུ་རྡོ་རྗེ་མ་ལྗང་གུ་སྒྲོལ་མ་དང་འདྲ་བ་ལས། ཕྱག་དང་པོ་གཉིས་ཀྱིས་ རོ་དྲུག་གིས་གང་བའི་སྣོད་འཛིན་པ། རིམ་པ་གསུམ་པའི་ལྷ་སྣམ་ལ། ཤར་སྒོའི་གཡས་སུ་ བྱམས་པ་རྣམ་སྣང་དང་འདྲ་བ་ལས། གཡས་ཀྱི་དང་པོས་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་ བཅས་པ་འཁོར་ལོས་མཚན་པ་འཛིན་པ། ཤར་སྒོའི་གཡོན་དུ་སའི་སྙིང་པོ་རྣམ་སྣང་དང་འདྲ་ བ། ལྷོ་སྒོའི་གཡས་སུ་ཕྱག་ན་རྡོ་རྗེ་དང༌། གཡོན་དུ་ནམ་མཁའི་སྙིང་པོ་གཉིས་ཀའང་རིན་ ཆེན་འབྱུང་ལྡན་ལྟ་བུ། ནུབ་སྒོའི་གཡས་སུ་འཇིག་རྟེན་དབང་ཕྱུག་དང༌། གཡོན་དུ་འཇམ་ དཔལ་འོད་དཔག་མེད་དང་འདྲ་བ། བྱང་སྒོའི་གཡས་སུ་སྒྲིབ་པ་རྣམ་སེལ་དང༌། གཡོན་དུ་ ཀུན་ཏུ་བཟང་པོ་དོན་གྲུབ་ལྟ་བུ། ལྷ་ཡབ་རྣམས་ཐམས་ཅད་རལ་བའི་ཐོར་ཚུགས་དང་མཚན་ དང་དཔེ་བྱད་རྫོགས་པ། ཡུམ་རྣམས་དབུ་སྐྲ་ཕྱེད་བཅིངས་སུ་བྱས་པ། སྒེག་ཅིང་འཛུམ་བག་ དང་ལྡན་པ། ཟུར་གྱིས་ལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། འདོད་པའི་ཡོན་ཏན་ ལྔའི་དགའ་བས་རོལ་བ། དེ་བཞིན་གཤེགས་པ་རྣམས་རྡོ་རྗེའི་སྐྱིལ་ཀྲུང་དང༌། གཞན་རྣམས་ སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཐམས་ཅད་དར་གྱི་ན་བཟའ་དང་རིན་པོ་ཆེས་ བརྒྱན་པའོ། ། ཤར་སྒོར་གཤིན་རྗེ་མཐར་བྱེད་ནག་པོ་ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་ གིས་གཡས་པ་རྣམས་ཀྱིས་ཐོ་བ་འཁོར་ལོ་རྡོ་རྗེ། གཡོན་ཐུགས་ཀར་ཞགས་པ་དང་བཅས་ པའི་སྡིགས་མཛུབ་དྲིལ་བུ་དགྲ་སྟ་འཛིན་པ། ལྷོ་སྒོར་ཤེས་རབ་འཐར་བྱེད་དཀར་པོ་དཀར་ ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་དབྱུག་པ་རལ་གྲི། གཡོན་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ་དྲིལ་བུ་དགྲ་སྟ་འཛིན་པ། ནུབ་ 21-1-109 སྒོར་རྟ་མགྲིན་དམར་པོ་དམར་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་རྣམས་ ཀྱིས་པདྨ་རལ་གྲི་གཏུན་ཤིང༌། གཡོན་སྙེམས་པ་དང་བཅས་པའི་དྲིལ་བུ་དགྲ་སྟ་ཞགས་པ་ འཛིན་པ། བྱང་སྒོར་བགེགས་མཐར་བྱེད་ལྗང་གུ་ལྗང་ནག་དཀར་བའི་ཞལ་གསུམ། ཕྱག་ དྲུག་གི་གཡས་པ་རྣམས་ཀྱི་སྣ་ཚོགས་རྡོ་རྗེ་འཁོར་ལོ་གཏུན་ཤིང༌། གཡོན་ཐུགས་ཀར་ཞགས་ པ་དང་བཅས་པའི་སྡིགས་མཛུབ་དྲིལ་བུ་དགྲ་སྟ་འཛིན་པ། ཤར་ལྷོའི་གྲྭར་མི་གཡོ་བ་ནག་ པོ་མི་བསྐྱོད་པའི་དབུ་རྒྱན་ཅན་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་ རྣམས་ཀྱིས་རལ་གྲི་རྡོ་རྗེ་འཁོར་ལོ། །གཡོན་སྡིགས་མཛུབ་དགྲ་སྟ་ཞགས་པ། ལྷོ་ནུབ་ཀྱི་ གྲྭར་འདོད་རྒྱལ་སྔོན་པོ་རིན་འབྱུང་གི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་ དྲུག་གི་དང་པོ་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཅན། ལྷག་མ་གཡས་རྡོ་རྗེ་དང་རལ་གྲི། གཡོན་ ཞགས་པ་དང་ལྕགས་ཀྱུ། ནུབ་བྱང་གི་གྲྭར་དབྱུག་སྔོན་ཅན་སྔོན་པོ་འོད་དཔག་མེད་ཀྱི་དབུ་ རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེའི་ མཚན་པའི་དབྱུག་པ་སྔོན་པོ་རལ་གྲི་འཁོར་ལོ། གཡོན་ཐུགས་ཀར་ཞགས་པ་དང་བཅས་ པའི་སྡིགས་མཛུབ་པདྨ་དགྲ་སྟ། བྱང་ཤར་གྱི་གྲྭར་སྟོབས་པོ་ཆེ་སྔོན་པོ་དོན་གྲུབ་ཀྱི་དབུ་རྒྱན་ ཅན། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེས་མཚན་ པའི་དབྱུག་པ་ནག་པོ་རལ་གྲི་འཁོར་ལོ། གཡོན་ཐུགས་དཀར་སྡིགས་མཛུབ་དང་བཅས་ པའི་ཞགས་པ་རྩེ་གསུམ་དགྲ་སྟྭ། སྟེང་གི་ཡ་ཕུགས་ཀྱི་ནང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་ བ་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་ པོ་གཉིས་གཙུག་ཏོར་གྱི་ཕྱག་རྒྱ། ལྷག་མ་གཡས་རྡོ་རྗེ་དང་པདྨ། གཡོན་སྡིགས་མཛུབ་དང་ རལ་གྲི། འོག་ཏུ་ས་གཞིའི་ནང་དུ་གནོད་མཛེས་ནག་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། ནག་ དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་འཁོར་ལོ་རིན་ཆེན། 21-1-110 གཡོན་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ་པདྨ་རལ་གྲི། ཁྲོ་བོ་ཐམས་ ཅད་ཀྱང་སྟོབས་ཆེན་ཕ་རོལ་གནོན་པ། སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་ པ། སྟག་གི་པགས་པའི་ཤམ་ཐབས་ཅན་ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། གཡོན་བརྐྱང་གི་ སྟབས་ཀྱིས་པད་ཉི་ལ་བཞུགས་པ། དུས་མཐའི་མེ་ལྟ་བུའི་མེ་སྟག་འབར་བ་དང་བཅས་པས་ གདུག་པ་ཅན་ཚར་གཅོད་པའོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དམར་པོ་འདབ་མ་བཅུ་ དྲུག་པའི་སྟེང་དུ་པདྨ་དམར་པོ་འདབ་མ་བཞི་པ་ལ། དགྱེས་མཛད་རྡོ་རྗེའི་གསུང་གི་སྣང་བ་ ལས་བྱུང་བའི་སྒྱུ་འཕྲུལ་ཆེན་མོ་ལྷར་ལྔར་གྱུར་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་དཔལ་ཧེ་ རུ་ཀ་སྔོན་པོ་སྔོ་སེར་དམར་ལྗང་པའི་ཞལ། ཕྱག་དང་པོ་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་ པས། རང་དང་འདྲ་བའི་ཡུམ་སངས་རྒྱས་མཁའ་འགྲོ་མ་དམར་མོ་དམར་སེར་དཀར་ལྗང་ བའི་ཞལ་ཅན་ལ་འཁྱུད་པ། འོག་མ་གཉིས་ཀྱིས་མདའ་གཞུ། ཁྲོ་ཆགས་སྒེག་ལ་འཇིགས་ པའང་འཇིགས་པར་མཛད་ལ། སྤྱན་གསུམ་གསུམ་དམར་ཞིང་གཡོ་བ། སྐྲ་སེར་གྱེན་བརྫེས་ ཐོད་སྐམ་ལྔ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ། ཕྱག་རྒྱ་ལྔ་དང་གར་དགུས་རོལ་ བ། ཐལ་ཆེན་གྱིས་བྱུགས་ཤིང་མི་ལྤགས་ཀྱིས་སྟོད་གཡོགས་ཅན་གཡོན་བརྐྱང་བའི་གར་ སྟབས་ཀྱིས་ཉི་མའི་སྟེང་དུ་མི་རོའི་སྙིང་གར་མནན་པ་མེ་དཔུང་གི་དབུས་ན་བཞུགས་པའོ། ། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ། སྔོ་སེར་དཀར་ལྗང་བའི་ཞལ། ཕྱག་བཞིས་རྡོ་རྗེ་ དྲིལ་བུ་ཁ་ཊྭཱཾ་ག་ཐོད་པ་བསྣམས་པ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་སེར་སྔོ་དཀར་ ལྗང་བའི་ཞལ། ཕྱག་བཞིས་རིན་ཆེན་ཅེ་སྤྱང་བ་དན་མདུང་རྩེ་གསུམ་པ་བསྣམས་པ། ནུབ་ ཏུ་པདྨ་མཁའ་འགྲོ་མ་དཀར་དམར་དཀར་སེར་ལྗང་སྔོ་བའི་ཞལ། ཕྱག་བཞིས་པདྨ་ཐོད་པ་ གཞུ་དང་མདའ་བསྣམས་པ། བྱང་དུ་སྣ་ཚོགས་མཁའ་འགྲོ་མ་ལྗང་གུ། ལྗང་སེར་དཀར་སྔོ་ བའི་ཞལ། ཕྱག་བཞིས་རལ་གྲི་ཞགས་པ་ཀ་པཱ་ལ་ཌཱ་མ་རུ་བསྣམས་པ། ལྷ་མོ་ལྔ་ནི་ཐལ་བ་ 21-1-111 དང་བྲལ་བ་ཐོད་སྐམ་གྱི་ཕྲེང་བ་ཅན་ནོ། །ཡང་ན། འདི་ལ་གཞལ་ཡས་ཁང་གི་ལྟེ་བར་པདྨ་ དམར་པོ་བསྒོམ་ཀྱང་རུང༌། ལྟེ་བ་སྤྲུལ་པའི་འཁོར་ལོ་སེར་པོ་རྩ་འདབ་དྲུག་ཅུ་རྩ་བཞིའི་སྟེང་ དུ་རིན་པོ་ཆེའི་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་ རྫོགས་པ། ནང་གི་ལྷ་སྣམ་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། དབུས་སྔོ་བའི་ སྟེང་དུ་འཁོར་ལོ་དཀར་པོ་འཁོར་ལོའི་མུ་ཁྱུད་ཅན། དེའི་ལྟེ་བར་གསུང་གི་འཁོར་ལོ་དམར་ པོ་པདྨའི་མུ་ཁྱུད་ཅན། དེའི་ལྟེ་བར་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྡོ་རྗེའི་མུ་ཁྱུད་ཅན། གསུམ་ གའང་རྩིབས་བརྒྱད་དང་ལྡན་པ། དབུས་སུ་བདེ་ཆེན་འཁོར་ལོ་པདྨ་འདབ་བརྒྱད་མུ་ཁྱུད་ ལ་གྲི་གུག་གི་ཕྲེང་བ་ཅན། སྒོ་མཚམས་བརྒྱད་དུ་རོའི་གདན་སྣ་ཚོགས་པདྨའི་ལྟེ་བར་ཉི་ མ་ལ་འཇིགས་བྱེད་དང་དུས་མཚན་མའི་གདན། དེ་རྣམས་ཀྱི་སྟེང་དུ་དགྱེས་མཛད་རྡོ་རྗེའི་ ཡོན་ཏན་གྱི་སྣང་བ་ལས་གྲུབ་པའི་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ནི། དབུས་ཀྱི་ གདན་གྱི་སྟེང་དུ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ནག་ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་བའི་ཞལ་མཐིང་ག་གཡོན་ལྗང༌། རྒྱབ་དམར། གཡས་སེར་བ། ཞལ་རེ་རེ་ལ་དམར་ཞིང་ གཡོ་བའི་སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་ རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་ལྤགས་ རློན་སྟོད་གཡོགས་སུ་གྱོན་པ། ལྷག་མ་གཡས་རྣམས་ཀྱིས་ཌཱ་མ་རུ་དགྲ་སྟ་རྩེ་གསུམ་གྲི་གུག ། གཡོན་པ་རྣམས་ཀྱིས་ཁ་ཊྭཱཾ་ག་ཐོད་པ་ཞགས་པ་ཚངས་པའི་མགོ་བོ་བསྣམས་པ། ཞབས་ གཡས་བརྐྱངས་པས་དུས་མཚན་མ་དམར་མོ་དང༌། གཡོན་བསྐུམས་པས་འཇིགས་བྱེད་ནག་ པོ་མནན་པ། རལ་པའི་ཐོར་ཚུགས་ལ་སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། ཐོད་སྐམ་ལྔ་ ལྔས་དབུ་བརྒྱན་ཅིང༌། མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྟག་ལྤགས་ཀྱི་ཤམ་ཐབས་ གྲོལ་ཤིང་ཕྱག་རྒྱ་དྲུག་གིས་བརྒྱན་པ། གར་གྱིས་ཉམས་དགུ་དང་ལྡན་པ། ཡུམ་རྡོ་རྗེ་ཕག་ 21-1-112 མོ་དམར་མོ་ཕྱག་གཡས་རྡོ་རྗེ་གྲི་གུག་དང་བཅས་པའི་སྡིགས་མཛུབ་གཡོན་ཁྲག་ཆེན་གྱིས་ གང་བའི་ཐོད་པ་ཡབ་ལ་སྟོབ་པའི་ཚུལ་གྱིས་འཁྱུད་པ། སྤྱན་གསུམ་དྲག་མོ་བསྐལ་པའི་མེ་ ལྟར་གཟི་བརྗིད་འབར་བ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔ་དང་མགོ་ཕྲེང་གིས་བརྒྱན་པ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྱུད་པ། ཁྲག་ལ་དགྱེས་ཤིང་ཟླ་མཚན་དང་བཅས་པ་མེ་དཔུང་ འབར་བའི་དབུས་ན་བཞུགས་པ། འདབ་མ་རྣམས་ལ་ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་ དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་པོ། ལྷོར་གཟུགས་ཅན་མ་སེར་མོ། དམ་ཚིག་ གི་འཁོར་ལོའི་ཤར་སྒོར་ཁྭ་གདོང་མ་སྔོན་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་ གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་ སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་ གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་ཕྱག་བཞིའི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ། འོག་ པ་གཉིས་ཀྱིས་ཌཱ་མ་རུ་དང་ཁ་ཊྭཱཾ་ག་བསྣམས་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ་ སྟེ། སྒོ་མཚམས་མ་བརྒྱད་ནི་རོའི་གདན་དང་བཅས་པ། བདེ་ཆེན་འཁོར་ལོའི་མཚམས་ཀྱི་ འདབ་མ་ལ་བུམ་པ་བདུད་རྩི་ལྔས་གང་བའི་སྟེང་དུ་ཐོད་པ་བདུད་རྩི་ལྔས་གང་བའོ། །ཐུགས་ ཀྱི་འཁོར་ལོའི་ཤར་ཕྱོགས་པུ་ལླི་ར་མ་ལ་ཡར་ཁཎྜ་ཀ་པཱ་ལ་དང་རབ་ཏུ་གཏུམ་མོ། བྱང་ ཕྱོགས་ཛ་ལནྡྷ་རར་མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མ། ནུབ་ཕྱོགས་ཨོ་ཊི་ཡ་ནཱར་ཀཾ་ ཀ་ལ་འོད་ལྡན་མ། ལྷོ་ཕྱོགས་ཨུརྦུ་ཏྭར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། ཤར་ ལྷོར་གོ་ད་བཱ་རིར་སུ་ར་བཻ་རི་དང་བརྟན་པའི་བློ་ཅན་མ། ལྷོ་ནུབ་ཏུ་རསྨི་ཤྭ་རར་འོད་དཔག་ མེད་དང་མིའུ་ཐུང་མ། ནུབ་བྱང་དེ་བཱི་ཀོ་ཊར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། བྱང་ ཤར་མ་ལ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་ 21-1-113 བོ་ཁ་དོག་ནག་པོའོ། ། གསུང་གི་འཁོར་ལོའི་ཤར་ཕྱོགས་ཀཱ་མ་རཱུ་པར་ཨཾ་ཀུ་རི་དང་ཨེ་ར་བ་ཏི། བྱང་ཕྱོགས་ཨོ་ ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ནུབ་ཕྱོགས་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་ དང་རླུང་གི་ཤུགས་ཅན་མ། ལྷོ་ཕྱོགས་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ། ཤར་ལྷོར་ ཀ་ལིང་ཀར་རབ་ཏུ་བཟང་པོ་དང༌། ཤྱེ་མ་དེ་བཱི། ལྷོ་ནུབ་ལམ་པ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ ཏུ་བཟང་མོ། ནུབ་བྱང་ཀཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། བྱང་ཤར་ཧི་མ་ལར་མིག་མི་ བཟང་དང་ཁཱ་གཱ་ན་སྟེ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་དམར་པོའོ། ། སྐུའི་འཁོར་ལོའི་ཤར་ཕྱོགས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བྱང་ཕྱོགས་གྲ་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧི། ནུབ་ཕྱོགས་སོ་རཥྚར་རྟ་མགྲིན་དང་ ཤོཎྜི་ནི། ལྷོ་ཕྱོགས་སུ་ཝརྞ་དཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། ཤར་ལྷོར་ ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། ལྷོ་ནུབ་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་ སྟོབས་ཆེན་མ། ནུབ་བྱང་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོའི་བསྒྱུར་མ། བྱང་ཤར་ ཀུ་ལ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་སྐུའི་གསང་བ་བསམ་གྱི་མི་ཁྱབ་ པའི་ངོ་བོ་ཁ་དོག་དཀར་པོའོ། །དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་ཞལ་གཅིག་ཕྱག་དང་པོ་ གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་རང་གི་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་ཌཱ་ མ་རུ་དང་ཁ་ཊྭཱཾ་ག་འཛིན་པ། རྒྱན་དང་ཆ་ལུགས་བཅོམ་ལྡན་འདས་དང་མཚུངས་པ། རྣལ་ འབྱོར་མ་ཉི་ཤུ་རྩ་བཞི་ནི་རྡོ་རྗེ་ཕག་མོའི་རིགས་ལས་བྱུང་སྟེ་ཕག་མོ་དང་རྣམ་པ་མཚུངས་ཏེ། འོན་ཀྱང་ཕྱག་གཡས་པ་ན་གྲི་གུག་དང་གཡོན་ཐོད་པ་བསྣམས་པའོ། ། གསང་གནས་བདེ་སྐྱོང་གི་འཁོར་ལོ་ལྗང་ཁུ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་སྟེང་དུ་ 21-1-114 གཞལ་ཡས་ཁང་དབུས་ཀྱི་ལྟེ་བ་ལ་སྣ་ཚོགས་རྡོ་རྗེ། སྟེང་ཐོག་རེ་མིག་དགུར་ཕུབ་པ། དབུས་ ཀྱི་གདན་གྱི་སྟེང་དུ་དགྱེས་མཛད་རྡོ་རྗེའི་འཕྲིན་ལས་ཀྱི་སྣང་བ་ལས་གྲུབ་པའི་བཅོམ་ལྡན་ འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སུམ་ཅུ་སོ་བཞི། ཞབས་བཅུ་དྲུག་པ། རྩ་ཞལ་ནག་པོ་མ་ཧེའི་གདོང་ཅན་ཤིན་ཏུ་ཁྲོས་པ། ཕེཾ་ཀ་རའི་སྒྲ་ཆེན་ པོ་འབྲུག་ལྟར་སྒྲོག་པ། དེའི་སྟེང་ན་སྲིན་པོའི་ཞལ་དམར་པོ་བཞད་ཅིང་མཆེ་བ་གཙིགས་པ་ ཞལ་གྱི་གྲྭ་ནས་ཁྲག་འཛག་པ། དེའི་སྟེང་ན་འཇམ་དཔལ་གྱི་ཞལ་སེར་པོ་འཛུམ་ཞིང་ཅུང་ ཟད་ཁྲོས་པ། གཞོན་ནུའི་རྒྱན་ཅན། རྭའི་གཡས་ཕྱོགས་ཀྱི་ཞལ་དང་པོ་སྔོན་པོ། གཉིས་པ་ དམར་པོ། གསུམ་པ་སེར་པོ་སྟེ་མངའ་བདག་གི་ཞལ་གསུམ་ཤིན་ཏུ་ཁྲོས་པ། རྭའི་གཡོན་ ཕྱོགས་ཀྱི་ཞལ་དང་པོ་དཀར་པོ་གཉིས་པ་དུད་ཁ། གསུམ་པ་ནག་པོ་སྟེ་ཞལ་གསུམ་ཀའང་ མཆེ་བ་གཙིགས་པའོ། །ཁྲོ་ཞལ་རྣམས་སྨིན་མ་དང་སྨ་ར་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ པ། གཡས་པའི་ཕྱག་བཅུ་དྲུག་གིས་རིམ་པ་བཞིན་དུ། དང་པོ་ན་གྲི་གུག །གཉིས་པ་ན་འཕང་ མདུང༌། གསུམ་པ་ན་གཏུན་ཤིང༌། དེས་འགྲེས། ཆུ་གྲི། རྡོ་རྗེ་རྩེ་གཅིག་པ། དགྲ་སྟ། མདུང༌། མདའ། ལྕགས་ཀྱུ། དབྱུག་པ། ཁ་ཊྭཱཾ་ག འཁོར་ལོ། རྡོ་རྗེ་རྩེ་ལྔ་པ། རྡོ་རྗེ་ཐོ་བ། རལ་གྲི། རྔེའུ་ཆུང༌། བསྣམས་པ། གཡོན་གྱི་ཕྱག་བཅུ་དྲུག་གིས་རིམ་པ་བཞིན་དུ། དང་པོ་ན་ཐོད་ ཁྲག །གཉིས་པ་ན་ཚངས་པའི་མགོ་བོ། གསུམ་པ་ན་ཕུབ། དེས་འགྲེས། རྐང་པ། རྡོ་རྗེའི་ ཞགས་པ། །གཞུ་རྒྱུ་མ། རྡོ་རྗེ་དྲིལ་བུ། ལག་པ༌། རོ་རས། སྐྱེས་བུ་གསལ་ཤིང་ལ་བཙུགས་ པ། མེ་ཐབ། ཐོད་ཚལ། སྡིགས་མཛུབ། འཕན་རྩེ་གསུམ་པ། རླུང་རས་བསྣམས་པ། ཕྱག་ ཐ་མ་གཉིས་ཀྱིས་གླང་པོའི་ཆེའི་ལྤགས་པ་རློན་པ་ཁྲག་དང་བཅས་པ་བརྒྱངས་ནས་ན་བཟའ་ འཛིན་པ། ཕྱག་དང་པོ་གཉིས་ཕྱག་མཚན་ཐུགས་ཀར་སྟེང་འོག་ཏུ་འཛིན་ཅིང༌། འཇིག་རྟེན་ དང་འཇིག་རྟེན་ལས་འདས་པའི་ལྷ་ལ་སྡིགས་མཛུབ་མཛད་པའོ། ། 21-1-115 ཞབས་བཅུ་དྲུག་གི་གཡས་བརྒྱད་བསྐུམས་པ་རིམ་པ་བཞིན་དུ་མི་དང་མ་ཧེ་དང་གླང་ དང་བོང་བུ་དང་རྔ་མོང་དང༌། ཁྱི་དང་ལུག་དང་ཝ་རྣམས་མནན་པ། གཡོན་བརྒྱད་བརྐྱངས་ པས་རིམ་པ་བཞིན་དུ་བྱ་རྒོད་དང་འུག་པ་དང་ཁྲ་དང་བྱ་རོག་དང་ནེ་ཙོ་དང་ཁྱུང་དང་རི་སྐེག་ དང་བཞད་རྣམས་མནན་པ། དེ་རྣམས་ཀྱིས་འོག་ཏུ་ཚངས་པ་སེར་པོ། དབང་པོ་དཀར་པོ། ཉེ་ དབང་སྔོན་པོ། དྲག་པོ་ནག་པོ་རྣམས་བསྒྱེལ་ཞིང་ཁ་བུབ་ཏུ་མནན་པ། དབུ་རེ་རེ་ལ་ཐོད་པ་ སྐམ་པོ་ལྔ་ལྔས་དབུ་བརྒྱན་ཅིང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་དང༌། རུས་པའི་ རྒྱན་དྲུག་དང༌། སྦྲུལ་གྱིས་བརྒྱན་པ། ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས་ རྣམས་ཀྱིས་མཚན་པ། སྒེག་པ་དཔའ་བ་མི་སྡུག་པ། རྒོད་དང་དྲག་ཤུལ་འཇིགས་སུ་རུང༌། ། སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་རོ་དང་ལྡན་པ་ཉིད། །དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་ སྐུ་མདོག་དམར་མོ་ཕྱག་གཡས་རྡོ་རྗེ་དང་བཅས་པས་སྡིགས་མཛུབ་བསྒྲེང་བ། གཡོན་ཁྲག་ ཆེན་གྱིས་གང་བའི་ཐོད་པ་ཡབ་ལ་སྟོབ་པའི་ཚུལ་གྱིས་འཁྱུད་པ། སྤྱན་གསུམ་དྲག་མོ་བསྐལ་ བའི་མེ་ལྟར་གཟི་བརྗིད་འབར་བ། གཅེར་བུ་སྐྲ་སེར་འཁྱིལ་བ། ཕྱག་རྒྱ་ལྔ་དང་རློན་བྲལ་གྱི་ མགོ་འཕྲེང་གིས་ཅོད་པན་དང་དོ་ཤལ་དུ་བརྒྱན་པ། གཡས་བརྐྱང་བའི་སྟབས་ཀྱིས་ཡབ་ལ་ འཁྲིལ་བ། ཁྲོ་མོའི་ཆ་ལུགས་རྫོགས་པ་འོད་ཀྱིས་ནམ་མཁའི་མཐར་ཁྱབ་པའི་ཡེ་ཤེས་ཀྱི་མེ་ འབར་བའི་དབུས་ན་ཡབ་ཡུམ་སྙོམས་པར་ཞུགས་པའི་ཚུལ་གྱིས་གནས་པའོ། ། ཤར་དུ་གཏི་མུག་གཤིན་རྗེ་གཤེད་དཀར་པོ་དཀར་ནག་དམར་པའི་ཞལ་གསུམ་ཕྱག་ དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ། ལྷོར་སེར་སྣ་གཤིན་རྗེ་གཤེད་སེར་པོ་སེར་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་ པོ་གཉིས་ཀྱི་གྲི་གུག་དང་ཐོད་པ་འཛིན་པས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་ 21-1-116 གཉིས་རིན་པོ་ཆེ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་པདྨ་འཛིན་པ། ནུབ་ཏུ་འདོད་ ཆགས་གཤིན་རྗེ་གཤེད་དམར་པོ་དམར་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་ གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་ གཉིས་པདྨ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་འཁོར་ལོ་འཛིན་པ། བྱང་དུ་ཕྲག་དོག་ གཤིན་རྗེ་གཤེད་ལྗང་གུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ གྲི་གུག་དང་ཐོད་པ་འཛིན་པས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རལ་ གྲི་དང་འཁོར་ལོ། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ། ཤར་ལྷོར་ཙར་ཙི་ཀཱ་དཀར་ མོ་གཏི་མུག་གཤིན་རྗེ་གཤེད་ལྟ་བུ། ལྷོ་ནུབ་ཏུ་ཕག་མོ་སེར་མོ་དབུའི་སྟེང་དུ་ཕག་ཞལ་གྱེན་ དུ་ལྟ་བ་དང་བཅས་པ་སེར་སྣ་གཤིན་རྗེ་གཤེད་ལྟ་བུ། ནུབ་བྱང་དུ་དབྱངས་ཅན་མ་དམར་མོ་ འདོད་ཆགས་གཤིན་རྗེ་གཤེད་ལྟ་བུ། བྱང་ཤར་དུ་གོ་རི་ལྗང་ཁུ་ཕྲག་དོག་གཤིན་རྗེ་གཤེད་ ལྟ་བུ། དེ་ལྟར་ལྷ་མོ་བཞི་པོ་རང་སྣང་གི་ཐབས་ལ་འཁྱུད་པའོ། ། ཤར་སྒོར་ཐོ་བ་པ་གཤིན་རྗེ་གཤེད་ནག་པོ་ནག་དཀར་དམར་བའི་ཞལ་གསུམ། ཕྱག་ དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཐོ་བ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་པདྨ་འཛིན་པ། ལྷོ་ སྒོར་དབྱུག་པ་གཤིན་རྗེ་གཤེད་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་ གི་དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་པ་འཛིན་པས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། ལྷག་ མ་གཡས་གཉིས་དབྱུག་པ་དང་རལ་གྲི། གཡོན་གཉིས་པདྨ་དང་འཁོར་ལོ་འཛིན་པ། ནུབ་ སྒོར་པདྨ་གཤིན་རྗེ་གཤེད་དམར་མོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་ གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་ གཉིས་པདྨ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་རིན་པོ་ཆེ་འཛིན་པ། བྱང་སྒོར་རལ་ 21-1-117 གྲི་གཤིན་རྗེ་གཤེད་ལྗང་གུ་ལྗང་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ གྲི་གུག་དང་ཐོད་པ་འཛིན་པས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རལ་ གྲི་དང་འཁོར་ལོ་གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ། ཐམས་ཅད་ཀྱང་ཞལ་རེ་རེ་ལ་ སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་གཙིགས་པ་སྨིན་མ་དང་སྨ་ར་དང་དབུ་སྐྲ་དམར་ སེར་གྱེན་དུ་བརྫེས་པ། སྦྲུལ་གྱི་རྒྱན་དང་སྟག་གི་པགས་པའི་ཤམ་ཐབས་ཅན། ཡབ་རྣམས་ ཐམས་ཅད་ཐོད་སྐམ་ལྔས་དབུ་བརྒྱན་ཅིང༌། རློན་པ་ལྔ་བཅུའི་ཕྲེང་བ་དང་རུས་པའི་ཕྱག་རྒྱ་ དྲུག་གིས་བརྒྱན་པ། ཡུམ་རྣམས་ཐོད་སྐམ་ལྔས་བུ་བརྒྱན་ཅིང༌། སྐམ་པོ་ལྔ་བཅུའི་ཕྲེང་བ་དང་ རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གཡོན་བརྐྱང་གི་སྟབས་ ཀྱིས་བཞུགས་པ། ཕྱིའི་གྲྭ་བཞིར་ཀ་པཱ་ལ་བདུད་རྩིས་གང་བ་བཞི་དང་བཅས་པའོ། ། རང་དགྱེས་མཛད་རྡོ་རྗེ་མཚོན་ཆ་ཅན་གྱི་ཐུགས་ཀར་པད་ཉི་ལ་ཧཱུཾ། ལྷ་མོ་བཅུ་གསུམ་གྱི་ ཐུགས་ཀར་པད་ཟླ་ལ། ཨཾ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཛཿཧཱུཾ་བཾ་ཧོཿརྣམས་འཁོད་པར་གྱུར། སྙིང་ གའི་ས་བོན་གྱི་འོད་ཟེར་གྱིས་དགྱེས་མཛད་མཚོན་ཆ་ཅན་ལྷ་བཅུ་གསུམ་རྒྱུད་སྡེ་ལྔའི་དཀྱིལ་ འཁོར་གྱི་ལྷ་ཚོགས་དང་བཅས་པ་ༀ་བཛྲ་ས་མ་ཛཿ ཤར་ཕྱོགས་ཀྱི་དུར་ཁྲོད་ཆེན་པོའི་ཐད་ ཀྱི་སྟེང་གི་ནམ་མཁར་བཞུགས། ཚོགས་ཞིང་གི་སྐབས་ལྟར་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་ཡང་དག་ པར་མཆོད། སྤྲོས་ན་འོག་ནས་འབྱུང་བ་ལྟར་ནང་མཆོད་བྱིན་གྱིས་བརླབས་ལ་འབུལ། བསྡུ་ན་དགྱེས་མཛད་སྙིང་པོ་ལན་གཉིས་ དང༌། གཙོ་བོ་གཞན་བཞིའི་སྙིང་པོ་ལན་རེ་བརྗོད་ལ། མཐར་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། ༀ་སརྦ་ཏ་ཐཱ་ ག་ཏ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་གསང་བའི་མཆོད་པ་འབུལ། དེ་ཐམས་ཅད་ཀྱང་སྒྱུ་མ་ ལྟར་རང་བཞིན་མེད་པར་ཤེས་པར་བྱས་ནས་ཅུང་ཟད་མཉམ་པར་བཞག །ༀ་བཛྲ་གཽ་རཱི་ཨ་ཀཪྵ་ཡ་ཛཿ ༀ་བཛྲ་ ཙཽ་རཱི་པྲ་བེ་ཤ་ཡ་ཧཱུཾ། ༀ་བཛྲ་བེ་ཏཱ་ལི་བནྡྷ་བཾ། ༀ་བཛྲ་གྷསྨི་རཱི་ཝ་ཤཾ་ཀུ་རུ་ཧོཿ ཛཿཧཱུཾ་བཾ་ཧོཿ ལན་ལྔ། ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་རོ་གཅིག་ཏུ་གྱུར། ཕྱིའི་དགྱེས་ 21-1-118 མཛད་རྡོ་རྗེའི་ལྷ་རྣམས་ཀྱི་མིག་ཏུ་མཾ་དཀར་པོ། རྣ་བར་དཾ་སྔོན་པོ། སྣ་ལ་པཾ་སེར་པོ། ལྕེ་ལ་ རཾ་དམར་པོ། དཔྲལ་བར་ཨིཾ་ལྗང་གུ། ལྟེ་བར་ནཾ་ནག་པོ། མིག་ཏུ་གཏི་མུག་རྡོ་རྗེ་མ་དཀར་ མོ། རྣ་བར་ཞེ་སྡང་རྡོ་རྗེ་མ་སྔོན་མོ། སྣ་ལ་སེར་སྣ་རྡོ་རྗེ་མ་སེར་མོ། ཁ་ལ་འདོད་ཆགས་རྡོ་རྗེ་ མ་དམར་མོ། དཔྲལ་བར་ཕྲག་དོག་རྡོ་རྗེ་མ་ལྗང་ཁུ། ལྟེ་བར་བདག་མེད་རྣལ་འབྱོར་མ་ནག་ མོ། དེ་རྣམས་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་མ་ དྲུག་གི་གོ་འཕང་ལ་བཀོད། སླར་འདུས་ཏེ་སྐྱེ་མཆེད་ཀྱི་ལྷ་རྣམས་ལ་ཐིམ་པ་ལས་འདས་པའི་ དཀྱིལ་འཁོར་དང༌། འཇིགས་མཛད་ཀྱི་ལྷ་རྣམས་ཀྱི་མིག་ཏུ་ཀྵིཾ་དཀར་པོ་སའི་སྙིང་པོ། རྣ་ བར་ཛཾ་ནག་པོ་ཕྱག་ན་རྡོ་རྗེ། སྣ་ལ་ཁཾ་སེར་པོ་ནམ་མཁའི་སྙིང་པོ། ལྕེ་ལ་གཾ་དམར་པོ་འཇིག་ རྟེན་དབང་ཕྱུག །དཔྲལ་བར་སྐཾ་ལྗང་གུ་སྒྲིབ་པ་རྣམ་སེལ། ལྟེ་བར་སཾ་སྔོན་པོ་ཀུན་ཏུ་བཟང་ པོའི་ངོ་བོ། སྒྲུབ་ཆེན་མོའི་ལྷ་ཚོགས་རྣམས་ལ་དཔྲལ་བར་རྩི་སེར་པོ། མིག་ཏུ་ༀ་དཀར་པོ། རྣ་བར་ཨཱཿ དམར་པོ། ཁ་ལ་ཁེ་དཀར་པོ། མགྲིན་པར་ཨཱ་དམར་པོ། སྙིང་གར་ར་དམར་ པོ། བདེ་མཆོག་གི་ལྷ་ཡབ་རྣམས་ཀྱི་སྙིང་ཁར་ༀ་ༀ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་ བོར་ༀ་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་ༀ་སྭཱ་ཧཱ་ཧཱུཾ་དམར་པོ་པདྨ་གར་གྱི་ དབང་ཕྱུག །ཕྲག་པ་གཉིས་སུ་ༀ་བཽ་ཥ་ཊ་ཧེ་ནག་པོ་དཔལ་ཧེ་རུ་ཀ །མིག་གཉིས་སུ་ༀ་ཧཱུཾ་ཧཱུཾ་ ཧོ་དམར་སེར་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ༀ་ཕཊ་ཧིཾ་ལྗང་ཁུ་རྟ་མཆོག་གི་ངོ་བོ། ཡུམ་ རྣམས་ལ་ལྟེ་བར་ༀ་བཾ་དམར་པོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ༀ་ ཧྲཱིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ༀ་ཧྲིཾ་ཧྲིཾ་སེར་མོ་བསྐྱེད་བྱེད་མ། སྤྱི་གཙུག་ཏུ་ༀ་ཧཱུཾ་ ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཚིགས་ཆེན་བརྒྱད་ལ་ༀ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ། དེ་ལྟར་གོ་ཆ་སོ་ སོར་དགོད་པ་ནི་བླ་མ་རྣམས་ཀྱི་ཕྱག་བཞེས་ཡིན་ལ། གྲུབ་ཆེན་ཁྱུང་པོ་ཉིད་ཀྱི་དགོངས་པ་ནི། དགྱེས་མཛད་ལྷ་དགུའི་ མིག་ཏུ་མཾ་དཀར་ནས། ལྟེ་བར་ནཾ་ནག་པོའི་བར་གོང་བཞིན་ནོ། །ཕྱི་དཀྱིལ་མ་གཏོགས་ཀྱི་ལུས་དཀྱིལ་ལྔ་ཅར་ 21-1-119 སྐད་ཅིག་བསྐྱེད་པ་ཡིན་པའི་ཕྱིར། སྐྱེ་མཆེད་བྱིན་གྱིས་རླབས་པ་དང་གནས་གསུམ་བྱིན་གྱིས་རླབས་པ་མི་བཞེད་དོ། །དེ་ཕྱིར་ས་ བོན་ལས་ལུས་དཀྱིལ་དཀྱིལ་འཁོར་ལྔའི་ལྷ་ཚོགས་བསྐྱེད་པ་ཡང་མི་མཛེས་སོ། །ལྷ་ཐམས་ཅད་ཀྱི་དཔྲལ་བར་ༀ་ དཀར་པོ་དེ་ལས་འོད་ཟེར་འཕྲོས། སེམས་ཅན་རྣམས་ཀྱི་ལུས་ཀྱི་སྡིག་སྒྲིབ་སྦྱངས། སངས་ རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་བསྐུལ་ཞིང་བསྡུས་ཏེ། ༀ་ལ་ཐིམ་པ་ལས་སྐུ་རྡོ་རྗེ་མ་ དཀར་མོ། མགྲིན་པར་ཨཱཿདམར་པོ་དེ་ལས་འོད་ཟེར་འཕྲོས། སེམས་ཅན་རྣམས་ཀྱི་ངག་ གི་སྡིག་སྒྲིབ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་བསྐུལ་ཞིང་བསྡུས་ ཏེ། ཨཱཿལ་ཐིམ་པ་ལས་གསུང་རྡོ་རྗེ་མ་དམར་མོ། ཐུགས་དཀར་ཧཱུཾ་སྔོན་པོ་དེ་ལས་འོད་ཟེར་ འཕྲོས། སེམས་ཅན་རྣམས་ཀྱི་ཡིད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ ཀྱི་བྱིན་རླབས་བསྐུལ་ཞིང་བསྡུས་ཏེ། ཧཱུཾ་ལ་ཐིམ་པ་ལས་ཐུགས་རྡོ་རྗེ་མ་སྔོན་མོ། གཏི་མུག་ རྡོ་རྗེ་མ་ལ་སོགས་པ་ལྷ་མོ་དྲུག་དང༌། སྐུ་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་དྲུག་ནི་ཞལ་གཅིག་ཕྱག་ གཉིས་སྤྱན་གསུམ་མ། གྲི་གུག་དང་ཐོད་པ་ཁ་ཊྭཱཾ་ག་བསྣམས་པ། རུས་པ་དང་མི་མགོའི་ འཕྲེང་བས་བརྒྱན་པའོ། ། རང་གི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ སྦྱངས། དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ། དབང་གི་ལྷ་རྒྱལ་བ་ཡབ་ཡུམ། བྱང་ ཆུབ་སེམས་དཔའ་ཡབ་ཡུམ། ཁྲོ་བོ་རིག་མ་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ གོང་བཞིན་མཆོད་པ་ གསུམ་གྱིས་མཆོད། ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེ་ཕྱག་འཚལ་བསྟོད། །སེར་ སྣ་རྡོ་རྗེ་བདག་ལ་སྩོལ། །འདོད་ཆགས་རྡོ་རྗེ་བདག་ལ་སྐྱོབས། །ཕྲག་དོག་རྡོ་རྗེ་ང་རྒྱལ་ཏེ། ། སྒྱུ་འཕྲུལ་རྡོ་རྗེ་མགོན་པོ་ཁྱོད། །ལས་རྣམས་ཐམས་ཅད་གྲུབ་བྱེད་པ། །ཐམས་ཅད་རྡོ་རྗེ་ བདག་མགུར་གྱུར། །བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་ པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། ཁྱེད་ཀྱིས་བདག་ལ་དབང་བསྐུར་ 21-1-120 སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ་ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ ཀྱི་ཐུགས་ཀ་ནས་བྱུང་བའི་སྤྱན་མ་དང༌། མཱ་མ་ཀི་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་ ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་བུམ་པས་དབང་བསྐུར། ཁྲོ་བོ་རྣམས་ཀྱིས་བསྲུང་བའི་ ལས་མཛད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྡོ་རྗེའི་གླུ་བླང༌། རྡོ་རྗེ་མ་རྣམས་ཀྱིས་མཆོད་ དེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་ གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་ མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་དབང་བསྐུར། ཆུའི་ལྷག་ མ་སྤྱི་བོར་འཁྱིལ་བ་ལས་གཙོ་བོ་ཡབ་ཡུམ་དང༌། གཽ་རཱི་དང༌། པུཀྐ་སཱི་ལ་མི་བསྐྱོད་པ། ཙཽ་རི་ དང༌། ཤ་ཝ་རཱི་དང་སྒོ་མ་བཞི་རྣམས་ལ་རྣམ་པར་སྣང་མཛད། བཻ་ཏཱ་ལི་དང་ཙནྡྲ་ལཱི་ལ་རིན་ ཆེན་འབྱུང་ལྡན། གྷསྨ་རཱི་དང་ཌོཾ་བི་ནི་ལ་འོད་དཔག་མེད་རྣམས་ཀྱིས་དབུ་བརྒྱན། སྒོ་མ་བཞི་ལ་ དོན་གྲུབ་ཀྱིས་དབུ་རྒྱན་པ་ཡང་བླ་མ་གོང་མ་རྣམས་ཀྱིས་བཞེད་པ་ལྟར་ཡང་རུང་ངོ༌། །དེ་ལྟར་ཕྱག་ལེན་ལ་ལུས་ཀྱི་ལྷ་རྣམས་ལ་ ཡང་རིག་བདག་བཞེད་པ་ལྟར་ན་འདུས་པའི་ལྷ་ཚོགས་ཐམས་ཅད་ལ་རྣམ་སྣང༌། སྒྱུ་འཕྲུལ་ཆེན་པོའི་ལྷ་ཚོགས་ཐམས་ཅད་ལ་ འོད་དཔག་མེད། དགྱེས་མཛད་ཀྱི་ལྷ་ཚོགས་ཐམས་ཅད་ལ་མི་བསྐྱོད་པ། འཁོར་ལོ་སྡོམ་པའི་ལྷ་ཚོགས་ཐམས་ཅད་ལ་རིན་པོ་ ཆེ་རྒྱལ་པོ། འཇིགས་བྱེད་ཀྱི་ལྷ་ཚོགས་ཐམས་ཅད་ལ་དོན་གྲུབ་ཀྱིས་དབུ་བརྒྱན། ཅེས་བཞེད་པ་ནི། སྐུ་གསང་བ་འདུས་པ་ཞེས་ གསུངས་པ་སོགས་ལ་བརྟེན་པ་ཡང་སྣང་མོད་ཀྱི་གྲུབ་ཆེན་ཁྱུང་པོས་མི་བཞེད་ཅིང་དོན་ལ་ཡང་མི་དགོས་མོད། འཇག་བསམ་ ཀུན་གྱི་ཕྱག་ལེན་ལ་མགྲིན་གཅིག་ཏུ་མཛད་པའི་ཕྱིར་བཀོད་པའོ། ། དེ་ནས་བདུད་རྩི་བྱིན་གྱིས་བརླབས་པ་ནི། ༀ་ཨཱཿབིགྷྣཱན་ཏ་ཀྲྀ་ཏ་ཧཱུཾ་གིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ཡཾ་དང་བ་དན་གྱིས་མཚན་པའི་སྟེང་ དུ། རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ལས་མི་ མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་སྟོང་གསུམ་གྱི་ཁྱོན་ཙམ་གྱི་ནང་ 21-1-121 དུ། པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཧཱུཾ་ལས་སྣབས་དང་མཆིལ་མ། །ཤར་དུ་བྷྲུཾ་ལས་དྲི་ཆེན། ལྷོར་ཨཾ་ལས་རཀྟ། ནུབ་ཏུ་ཛྲཱ་ལས་བྱང་ཆུབ་ཀྱི་སེམས། བྱང་དུ་ཁཾ་ལས་དྲི་ཆུ། དབུས་སུ་ན་ ལས་མའི་ཤ །བྱང་ཤར་དུ་གཾ་ལས་བ་ལང་གི་ཤ ཤར་ལྷོར་ནཱཾ་ལས་གླང་པོ་ཆེའི་ཤ། ལྷོ་ནུབ་ ཏུ་ཧཾ་ལས་རྟའི་ཤ །ནུབ་བྱང་དུ་ཥཾ་ལས་ཅེ་སྤྱང་གི་ཤ་རྣམས་ཀྱིས་གང་བ། སྟེང་དུ་ༀ་ཨཱཿཧཱུཾ་ ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སྣ་བུག་ནས་ཐོན། རླུང་གི་བ་དན་ལ་ཕོག །ཡཾ་ལས་རླུང་ གཡོས། རཾ་ལས་མེ་སྦར། ཐོད་པའི་རྫས་རྣམས་བསྐོལ། ཞུ་ཞིང་གྱེན་དུ་ལུད་པའི་མི་གཙང་ བ་རྣམས་ཕྱིར་ཕྱུང༌། སྟེང་གི་ཨཱཿཟླ་བའི་དཀྱིལ་འཁོར་ཧཱུཾ་རྡོ་རྗེ་གྱུར་པ་ༀ་དང་བཅས་ཏེ་ཐོད་ པར་ལྷུང་བས་རྫས་རྣམས་ལན་བདུན་དུ་དཀྲུགས་ཤིང་སྦྱངས། ཡང་རྡོ་རྗེ་འགྲེང་བུར་གནས་ པའི་ལྟེ་བར་ཨཱཿལས་བྱུང་བའི་ཟླ་བ་ལས་ཧཱུཾ་དང་རྩེ་མོར་ལ་ༀ་གྱིས་མཚན་པ། དེ་ལས་འོད་ འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་དཔག་ཏུ་མེད་པ་སྤྱན་ དྲངས། དམ་ཚིག་གི་བདུད་རྩི་དང་འདྲེས། ༀ་ཨཱཿཧཱུཾ་ལན་གསུམ་དང༌། ཧ་ཧོ་ཧྲཱིཿ ཁ་དོག་དྲི་རོ་ ནུས་པ་ཕུན་སུམ་ཚོགས་པར་གྱུར། འབྲིང་དུ་བྱེད་ན་ལག་པ་ཐལ་མོ་ཁ་སྦྱར་བའི་ནང་དུ། ༀ་ ཨཱཿཧཱུཾ་ཞེས་བསམ། ༀ་ཞེས་བརྗོད་ལག་པ་གཡོན་པ་བསྟེན་པས་ༀ་ལས་འོད་འཕྲོས་བདུད་རྩི་ སྣོད་བཅུད་དང་བཅས་པ་ལ་ཕོག་སྟོང་པར་བསམ། གཡས་པ་བསྟན་པས་ཨཱཿཞེས་པས་ཨཱཿའི་ འོད་ཟེར་གྱིས་རིན་པོ་ཆེའི་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་ཙམ་དུ་བསམ་པའི་ ནང་དུ་ཤ་ལྔ་བདུད་རྩི་ལྔས་ཕྱུར་གྱིས་གང་བར་བསམ། ལག་པ་གཉིས་ཀ་བསྟན་པས་ཧཱུཾ་ གིས་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་ སྤྱན་དྲངས་དམ་ཚིག་གི་བདུད་རྩི་དང་འདྲེས་པའི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་ བསམ་ལ། ༀ་ཨཱཿཧཱུཾ་ལན་གསུམ་བརྗོད་པས་བྱིན་གྱིས་རླབས། ཤིན་ཏུ་བསྡུ་བར་བྱེད་ན། ཐོད་པ་བཅུད་དང་བཅས་ པ་ལ་དམིགས་ནས། ༀ་ཨཱཿཧཱུཾ་ལན་གསུམ་བརྗོད་པ་ལ་ཕྱི་ནང་གསང་བའི་མཆོད་པ་དཔག་ཏུ་མེད་པར་གྱུར་བར་བསམ་ 21-1-122 མོ། །ལྷ་ཐམས་ཅད་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་བདུད་རྩི་དྲངས་ཤིང་གསོལ་ བས་ཚིམ་ཞིང་མཉེས་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་ ཡང་སྔར་བཞིན། ཨརྒྷཾ་ལ་སོགས་པས་མཆོད། ༀ་སརྦ་ཏ་ཐཱ་ག་ཏ་པུ་ཛ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། ལྷ་ མོའི་འཁོར་གྱིས་བཅོམ་ལྡན་བསྐོར། །རྒྱུ་དང་མི་རྒྱུ་ཁྱོད་ཀྱི་ཐུགས། །སེམས་ཅན་ཀུན་གྱི་ དོན་མཛད་རྣམས། །བཅོམ་ལྡན་མཆོག་ཏུ་དགྱེས་རྡོ་རྗེ། །ཞལ་མཛེས་ཐུགས་ཀྱི་དགོངས་པ་ འགྲུབ། །ཐུགས་དགྱེས་མཛོད་ཅིག་དགྱེས་རྡོ་རྗེ། །ༀ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་ར་བཛྲ་སྭ་བྷ་ཝ་ ཨཏྨ་ཀོ྅ཧཾ། ཧཱུཾ་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་ མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་ལོ། །ཐམས་ཅད་དངོས་པོ་རང་ བཞིན་མཆོག །གདོད་ནས་ཐམས་ཅད་རང་བཞིན་གནས། ཐབས་དང་ཤེས་རབ་གཉིས་མེད་ པའི། །ཀྱཻ་རྡོ་རྗེར་བདག་ཕྱག་འཚལ། །མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་ མེ་ཏོག་འཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པ། །ཧེ་རུ་ཀ་དཔལ་བདག་ཕྱག་ འཚལ། །བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། །བསྐལ་བའི་མེ་དཔུང་ལྟ་བུར་ རབ་ཏུ་འབར། །རལ་པའི་ཅོད་པན་དབུའི་རྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་དྲག་ཤུལ་ འཇིགས་པའི་ཞལ། །སྐུ་ལ་གཟི་བརྗིད་ཕྱག་སྟོང་ལྡན་པ་པོ། །དགྲ་སྟ་ཞགས་པ་ཁ་ཊྭཱཾ་མདུང་ བསྣམས་ཤིང༌། །རབ་འཇིགས་སྟག་གི་པགས་པ་སྐུ་ལ་གསོལ། །སྐུ་ཆེན་དུ་ཁ་བགེགས་ མཐར་མཛད་ལ་འདུད། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །བཀའ་ཡི་འཁོར་ལོ་རབ་ཏུ་ བསྐོར། །བདུད་དང་མུ་སྟེགས་ལྷ་མིན་བཅོམ། །གཤིན་རྗེ་འཇོམས་ལ་ཕྱག་འཚལ་ལོ། །དེ་ ནས་རྫོགས་པའི་རིམ་པ་ནི། གསང་བ་འདུས་པའི་ལྷ་ཚོགས་ཐམས་ཅད་སྙོམས་པར་ཞུགས་ཏེ་གཅིག་ཏུ་འདུས་པ་བྱང་ཆུབ་ཀྱི་ སེམས་ཀྱི་ཐིག་ལེ་དཀར་པོ་དྭངས་ཤིང་འོད་ཟེར་འཕྲོ་བ་ལྟར་མི་བཟོད་པ་ཞིག་ཏུ་གྱུར་ནས་བདེ་ཆེན་འཁོར་ལོའི་ལྟེ་བ་ལ་གནས་ པར་བསམ། དེའི་འོད་ཟེར་གྱིས་སྤྱི་བོའི་འཁོར་ལོ་དང་ལུས་ཀྱི་ནང་དང་སྣང་བ་ཐམས་བ་ཅད་ཁྱབ་པས་ཐམས་ཅད་ཀྱང་འོད་ 21-1-123 དཀར་པོའི་རང་བཞིན་དུ་གྱུར། སླར་འདུས་ཏེ་ཐིག་ལེ་ལ་ཐིམ། དེ་ལྟར་སེམས་དང་ཐིག་ལེ་དབྱེར་མེད་པ་དེ་ལ་མ་བཅོས་པའི་ ཚུལ་གྱི་མཉམ་པར་བཞག །དེ་བཞིན་དུ་མགྲིན་པའི་ལྷ་ཚོགས་རྣམས་ཞུ་བས་ཐིག་ལེ་དམར་པོ་དང༌། སྙིང་ཁའི་ལྷ་རྣམས་ཞུ་བས་ ཐིག་ལེ་སྔོན་པོ། ལྟེ་བའི་ལྷ་རྣམས་ཞུ་བས་ཐིག་ལེ་སེར་པོ་དང༌། གསང་གནས་ཀྱི་ལྷ་ཚོགས་རྣམས་ཞུ་བས་ཐིག་ལེ་ལྗང་ཁུར་གྱུར། ལྷག་མའི་དམིགས་པ་སྤྱི་བོའི་ཐིག་ལེ་བཞིན་བསྐྱང༌། མཐར་ལྔ་ཆར་ལས་འོད་ཟེར་འཕྲོས། འགྲོ་བ་ཐམས་ཅད་ཀྱི་སྡིག་སྒྲིབ་ སྦྱངས་ཞིང་ཡོངས་སུ་དག་པར་བྱས། ཐམས་ཅད་ཀྱང་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གྱུར། དེ་རྣམས་ཀྱང་འོད་ཟེར་གྱིས་ རྣམ་པར་ཞུ། རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་ཐིམ། དཀྱིལ་འཁོར་ལྷ་དང་བཅས་པ་ཡང་འོད་ཟེར་རྣམ་པ་ལྔར་ཞུ་སྟེ་བདག་ ཉིད་ལ་ཐིམ། བདག་ཉིད་ཐིག་ལེ་བཞི་དང་བཅས་པ་ཡང་སྙིང་ཁའི་ཐིག་ལེ་ལ་ཐིམ། དེ་ཉིད་ཀྱང་འཇའ་ཚོན་ཡལ་བ་ལྟར་བསམ་ ལ་ཅུང་ཟད་མཉམ་པར་བཞག །སླར་ཡང་དེ་ཉིད་ཀྱི་ངང་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྒྱུད་སྡེ་ལྔའི་ལུས་དཀྱིལ་དང་ བཅས་པ་སྐད་ཅིག་ཙམ་གྱིས་གྲུབ་པར་གྱུར། དེ་ལྟར་བསྒོམས་པས་ལོ་ཟླ་ཙམ་གྱིས་ལམ་ལྔའི་རིམ་པ་ལྔ་ཕྱག་རྒྱ་བཞིའི་རྟགས་ རྣམས་རྫོགས་པར་འགྱུར་ཞེས་གྲུབ་ཆེན་ཁྱུང་པོས་གསུངས་སོ། །བཟླས་པའི་དམིགས་པ་གསལ་བཏབ་ལ་སྔགས་འདི་རྣམས་ བཟླ་བར་བྱ་སྟེ། ༀ་ཨཥྚཱ་ན་ནཱ་ཡ། པིཾ་གོརྡྷ་ཀེ་ཤ་ཝརྟྨ་ནེ། ཙ་ཏུརྦིཾ་ཤ་ཏི་ནེ་ཏྲཱ་ཡ། ཥོ་ཊ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལ་ཨ་ནེ་ཀནྡྷཱ་རི་ཎེ། ཨརཧྨ་ཏ་ཀྲུ་ར་ཙིཏྟ་ཡ། ཨརྡྷེནྡུ་དཾ་ཥྚི་ཎེ། ༀ་མཱ་ར་ཡ། མཱ་ར་ཡ། ཀ་རཱ་ཡ་ཀ་རཱ་ཡ། གརྫཱ་ཡ་གརྫཱ་ཡ། ཏརྫཱ་ཡ་ཏརྫཱ་ཡ། ཤོ་ཥཱ་ཡ་ཤོ་ཥཱ་ཡ། སབྟ་སཱ་ག་རཱ་ན་བན་དྷ་བན་དྷ། ནཱ་ག་ཨཥྚ་ཀཱན། གྲྀཧྞ་གྲྀཧྞ། ཤ་ཏྲུཾ། ཧ་ཧཱ། ཧི་ཧཱི། ཧུ་ཧཱུ། ཧེ་ཧཻ། ཧོ་ཧཽ། ཧ་ཧཾ། ཕཊ་སྭཱཧཱ། རྩ་བའི་སྔགས་སོ། ། ༀ་དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་བཛྲ་ཀརྟ་རི་ཧེ་བཛྲ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ ཨཾ་སྭཱཧཱ། ༀ་མཾ་སྭཱཧཱ། ༀ་ཨཾ་སྭཱཧཱ། ༀ་ཨཾ་སྭཱཧཱ། ༀ་ཨཱུཾ་སྭཱཧཱ། ༀ་དཾ་སྭཱཧཱ། ༀ་པཾ་སྭཱཧཱ། ༀ་ལཾ་ སྭཱཧཱ། ༀ་བཛྲ་ཧྱ་གྲི་བ་ཧཱུཾ་ཕཊ་སྭཱཧཱ། ༀ་བཛྲ་སུ་ཀ་ར་གྲྀ་བ་ཧཱུཾ་ཕཊ་སྭཱཧཱ། ༀ་བཛྲ་ཀུ་ཀུ་ར་གྲྀ་བ་ ཧཱུཾ་ཕཊ་སྭཱཧཱ། ༀ་བཛྲ་སིང་ཧ་གྲི་བ་ཧཱུཾ་ཕཊ་སྭཱཧཱ། དེ་ནི་མཚོན་ཆ་ཅན་གྱིའོ། །ༀ་ཨཱཿབཛྲ་དྷྲིཀ་ཧཱུཾ་ ཧཱུཾ་ཕཊ་སྭཱཧཱ། ༀ་ཨཱཿསྤཪྴ་བཛྲ་ཧཱུཾ། ༀ་ཨཱཿཛི་ན་ཛིཀ་ཧཱུཾ། ༀ་ཨཱཿརཏྣ་དྷྲིཀ་ཧཱུཾ། ༀ་ཨཱཿཨཱ་རོ་ལཱིཀ་ 21-1-124 ཧཱུཾ། ༀ་ཨཱཿཔྲཛྙཱ་དྷྲིཀ་ཧཱུཾ། ༀ་ཨཱཿམོ་ཧཱ་ར་ཏི་ཧཱུཾ། ༀ་ཨཱཿདྭེ་ཥ་ར་ཏི་ཧཱུཾ། ༀ་ཨཱཿརཱ་ག་ར་ཏི་ཧཱུཾ། ༀ་ ཨཱཿབཛྲ་རཱ་ཏི་ཧཱུཾ། ༀ་ཨཱཿརུ་པ་བཛྲ་ཧཱུཾ། ༀ་ཨཱཿཤབྟ་བཛྲ་ཧཱུཾ། ༀ་ཨཱཿགནྡྷ་བཛྲ་ཧཱུཾ། ༀ་ཨཱཿར་ས་ བཛྲ་ཧཱུཾ། ༀ་ཨཱཿམེཾ་ཧཱུཾ། ༀ་ཨཱཿཐླྀཾ་ཧཱུཾ། ༀ་ཨཱཿཧཱུཾ་ཧཱུཾ། ༀ་ཨཱཿཨཾ་ཧཱུཾ། ༀ་ཨཱཿཧྲཱི་ཧཱུཾ། ༀ་ཨཱཿༀ་ཧཱུཾ། ༀ་ ཨཱཿམཾ་ཧཱུཾ། ༀ་ཨཱཿསཾ་ཧཱུཾ། ༀ་ཨཱཿཡ་མཱནྟ་ཀྲྀཏ་ཧཱུཾ། ༀ་ཨཱཿཔྲཛྙཱནྟ་ཀྲྀཏ་ཧཱུཾ། ༀ་ཨཱཿཔདྨནྟ་ཀྲྀཏ་ཧཱུཾ། ༀ་ཨཱཿབིགྷྣན་ཏ་ཀྲྀ་ཏ་ཧཱུཾ། ༀ་ཨཱཿཨཱརྱ་ཨ་ཙ་ལ་ཧཱུཾ། ༀ་ཨཱཿཊཱཀྐི་རཱ་ག་ཛཱ་ཧཱུཾ། ༀ་ཨཱཿནཱི་ལ་དཎྜ་ཧཱུཾ། ༀ་ཨཱཿམཧཱ་བཱ་ལ་ཧཱུཾ། ༀ་ཨཱཿཙཀྲ་ཝརྟི་ཧཱུཾ། ༀ་ཨཱཿསུཾ་བྷ་རཱ་ཛཱཿཧཱུཾ། དེ་ནི་གསང་བ་འདུས་པའི་འོ། ། ༀ་ཨཱཿཧྲཱིཿཧཱུཾ་ཕཊ་སྭཱཧཱ། ༀ་བུདྡྷ་ཌཱ་ཀི་ནཱི་ཨཱཿཧྲི་ཧཱུཾ། ༀ་བཛྲ་ཌཱ་ཀི་ནཱི་ཨཱཿཧྲཱིཿཧཱུཾ། ༀ་རཏྣ་ཌཱ་ ཀི་ནཱི་ཨཱཿཧྲཱིཿཧཱུཾ། ༀ་པདྨ་ཌཱ་ཀི་ནཱི་ཨཱཿ ཧྲི་ཧཱུཾ། ༀ་བི་ཤྭ་ཌཱ་ཀི་ནཱི་ཨཱཿཧྲི་ཧཱུཾ། དེ་ནི་མཧཱ་མ་ཡའི་འོ། །ༀ་དེ་ ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་བཛྲ་ཀརྟ་རི་ཧེ་བཛྲ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཨཱཿཨཾ་ཧཱུཾ་སྭཱཧཱ། ༀ་ཨཱཿགཾ་ཧཱུཾ་སྭཱཧཱ། ༀ་ཨཱཿཙཾ་ཧཱུཾ་སྭཱཧཱ། ༀ་ཨཱཿབཾ་ཧཱུཾ་སྭཱཧཱ། ༀ་ཨཱཿགྷཾ་ཧཱུཾ་སྭཱཧཱ། ༀ་ཨཱཿཔཾ་ཧཱུཾ་སྭཱཧཱ། ༀ་ ཨཱཿཤཾ་ཧཱུཾ་སྭཱཧཱ། ༀ་ཨཱཿལཾ་ཧཱུཾ་སྭཱཧཱ། ༀ་ཨཱཿཊཾ་ཧཱུཾ་སྭཱཧཱ། དེ་ནི། མཚོ་སྐྱེས་ལྷ་དགུའི་ཡིན་ནོ། ། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛྭ་ལ་སཾ་བྷ་རཾ་སྭཱཧཱ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ ཕཊ། ༀ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲ་ཝརྞ་ནཱི་ཡཻ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། མཱཾ་ལཱཾ་པཱཾ་ ཏཾ་པུ་ཛ་ཨོ་ཨ་གོ་ར་དེ་མ། ཀ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི། པྲེ་གྲི་སཽ་སུ་ན་སི་མ་ཀུ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ ཧཱུཾ། ཞེས་བདེ་མཆོག་གི་སྔགས་ཕྲེང་བསྡུས་པའོ། །རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། ། ༀ་ཨཱ་དྷི་སྭཱཧཱ། ༀ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ༀ་ཧྲཱིཿཥྚིཿབི་ཀྲི་ཏཱ་ན་ནཱ་ཧཱུཾ་ཕཊ། ༀ་བཛྲ་བཻ་རོ་ཙ་ནཱི་ ཡེ་ཧཱུཾ་ཧཱུཾ་ཕཊ། ༀ་ཨཱ་ཛི་ན་ཛིཀ་ཧཱུཾ། ༀ་ཨཱཿརཏྣ་དྷྲིཀ་ཧཱུཾ། ༀ་ཨཱཿཨཱ་རོ་ལིཀ་ཧཱུཾ། ༀ་ཨཱཿཔྲཛྙཱ་དྷྲིཀ་ ཧཱུཾ། ༀ་ཨཱཿམོ་ཧ་རཱ་ཏི་ཧཱུཾ། ༀ་ཨཱཿདྭེ་ཥ་ར་ཏི་ཧཱུཾ། ༀ་ཨཱཿརཱ་ག་རཱ་ཏི་ཧཱུཾ། ༀ་ཨཱཿབཛྲ་ར་ཏི་ཧཱུཾ། ༀ་ ཨཱཿམུད་ག་ར་དྷྲྀཀ་ཧཱུཾ། ༀ་ཨཱཿ་དནྡྲ་དྷྲིཀ་ཧཱུཾ། ༀ་ཨཱཿཔདྨ་དྷྲྀཀ་ཧཱུཾ། ༀ་ཨཱཿཁརྒ་དྷྲྀཀ་ཧཱུཾ། ༀ་ཨཱཿཎ་ ཧཱུཾ། ༀ་ཨཱཿཡོ་ཧཱུཾ། ༀ་ཨཱཿནི་ཧཱུཾ། ༀ་ཨཱཿར་ཧཱུཾ། ཞེས་པ་ནི་རྡོ་རྗེ་འཇིགས་བྱེད་ལྷ་ཚོགས་ཀྱི་ཡིན་ནོ། །རྒྱས་པར་ན་ 21-1-125 མཚོན་ཆ་ཅན་ལ་ཕྲེང་བའི་སྔགས་འདི་དག་བཟླ་བར་བྱའོ། ། ༀ་ཧྲིཿསྭཱཧཱ། ༀ་བཛྲ་གུ་ཧྱེ་སིདྡྷི་པ་ར་མ་ཡོ་གེ་ཤྭ་རི་ཀ་པཱ་ལ་མཱ་ལ་དྷ་རི་ཎི་རུ་དྷི་ར་པྲ་ཡེ་ཤྨ་ ཤཱ་ན་བཱ་སི་ནཱི་ཧཱུཾ་ཕཊ་སྭཱཧཱ། ༀ་བཛྲ་ཙནྡྲི་ཤྭ་རི། ཁ་ཊྭཱཾདྒི། མཧཱ་བཛྲི་ཎི་ཀ་པཱ་ལ་མཱ་ལ། མུ་ཀུ་ཊོ་ ཨཱའ་ཀཊདྷ། སརྦ་དུཥྚ་ད་བ་མཱ་ཀཊྚ། རུ་ལུ་རུ་ལུ་བྷྱོ་ཧཱུཾ་ཕཊ། ༀ་བཛྲ་པ་ར་ཛི་ཏེ་པ་ར་མ་གུ་ཧྱེ་ ཀ་པཱ་ལ་མཱ་ལཱ་ནི་བྷུ་ཏེ་སརྦ་དུཥྚ་མོ་ཧ་ནི་པྲི་ཡེ་ཨེ་ཧྱ་ཧི་བྷ་ག་ཝ་ཏི་བཛྲ་གུ་ཧྱེ་ཤྭ་རཱི། བ་ཧུ་བི་དྷ་ བེ་ཤ་དྷ་རི་ཎི། སརྦ་དུཥྚ་ནི་བཱ་ར་ཎི་ཧཱུཾ་ཕཊ། ༀ་བཛྲ་བེརྟཱ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་དུཥྚ་བི་ཀྲ་ ཏ་བེ་ཥ་དྷ་རི་ཎི། བི་ཀྲི་ཏ་ལངྒ་ར་བྷུ་ཥེ་ཏེ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ། མཱ་བི་ལམྦ། མཱ་བི་ ལམྦ། ས་མ་ཡ་མ་ནུ་སྨ་ར་པྲ་བེ་ཤ་ཡ་མནྚ་ལ་མ་དྷྱེ། ཨུརྠཱ་པ་ཡ་སརྦ་ཧཱུཾ་ཧཱུཾ་ཕཊ། ༀ་ཨེ་ཧྱེ་བྷ་ག་ བ་ཏི་བཛྲ་གུ་ཧྱེ་ཤྭ་རི་བ་ཧུ་བི་དྷ་བེ་ཤ་དྷ་རི་ཎི། སརྦ་ཏ་ཐཱ་ག་ཏ་དུཥྚེ་ས་མཱ་ཡ་མ་ནུ་སྨ་ར་ཧ་ན་ཧ་ ན། རངྒ་རངྒ། རངྒ་པཱ་ཡ་རངྒ་པཱ་ཡ། སཱུ་ར་ཡ་སཱུ་ར་ཡ། ཨཱ་བེ་ཤ་ཨཱ་བེ་ཤ །སརྦ་བྷུ་ཏ་ནརྟ་ནརྟ། ནརྟཱ་པ་ཡ་ནརྟཱ་པ་ཡ། ཧཿཧ་ཧ་ཧ་ཧ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་ཤཱུ་ལ་ཨ་གྲི་བྷིནྡྷ་བྷིནྡྷ་སརྦ་དུཥྚ་ཧྲི་ད་ ཡཾ། ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། ནིརྨ་ཐ་ནིརྨ་ཐ། མཱ་ར་ཡ་མཱ་རཱ་ཡ། མ་ བི་ལམྦ་མཱ་བི་ལམྦ། ས་མ་ཡ་མ་ནུ་སྨ་ར་ཧཱུཾ་ཕཊ། ༀ་བཛྲ་མ་ཧེ་ཤྭ་རི། ཧཾ་ཧཾ་ཧཾ་ཧཾ་ཧཿ རུ་ལུ་རུ་ ལུ་བྷྱོ་ཧཱུཾ་ཕཊ། བྷཀྵ་ལ་སརྦ་དུཥྚན་ནིརྨ་ཐ་ཧྲི་ད་ཡཾ་ཧཱུཾ་ཕཊ་སྭཱ་ཧཱ། ༀ་སུམྦྷ་ནི་དིཔྟ་ས་མ་ཡ་བཛྲ་ ཧཱུཾ་ཕཊ། ༀ་བཛྲ་བ་ཌ་བཱ་མུ་ཁི་ཡོ་གེ་ཤྭ་རི་ཧཱིཿཧི་ཧི་ཧི་ཧི་ཧཱུཾ་ཛཿ ༀ་བཛྲ་བཱ་རཱ་ཧཱི་མུ་ཁཱི་ཏྲི་བཾ་བ་ཧཱུཾ། ༀ་ཙནྡྲ་སཱུརྱ་ཧུ་ཏཱ་ཤ་ནི་སིཾ་ཧ་ཤ་ནི་ནིརྣཱ་དེ་སིཾ་ཧ་བགཏྲེ་ནི་ཊཱཾ་ཊཱཾ་བཾ། ༀ་བཛྲ་དྷ་རུ་ཛཱི་བ་ནི་མཧཱ་ ཡཀྵི་ཎཱི་ཤྭ་ནི་རུ་པི་ནཱི་མཧཱ་པྲཱ་ལ་ཡ་ནིརྣཱ་དཱེ་ཀཱ་མ་རུ་པི་ཎཱི་ཏྲཱཾ་ཏྲ་ཌ་ཊ་ཧོཿ དགྱེས་མཛད་ལྷ་དགུའི་གཙོ་ བོ་ལ་ཡང་ཨཥྚ་མང་དུ་བཟླ་ཞིང་ཁྱད་པར་འཁོར་ལོ་སྡོམ་པའི་ཕྲེང་བའི་སྔགས་ཡོངས་སུ་རྫོགས་པའང་ཅི་རིགས་པར་བཟླས་ཏེ་ ཟུར་དུ་རྟོགས་པར་བྱའོ། ། ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་རླབས་ལ། རྒྱུད་སྡེ་ལྔའི་ 21-1-126 དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་སྐད་ཅིག་ ཙམ་གྱིས་གྲུབ་པར་གྱུར། བཟླས་པའི་སྐབས་སུ་བསྟན་པ་ལྟར་སྔགས་རེ་རེའི་མཐར། ཨ་ཀཱ་རོ་སྦྱར་བའི་གཙོ་བོ་ རྣམས་ལ་ལན་བདུན་བདུན། འཁོར་རྣམས་ལ་རེ་རེ་ཕུལ་ལ། གོང་དུ་ཡེ་ཤེས་པ་ལ་མཆོད་པ་འབུལ་བ་ལྟར། ཕྱི་ནང་གསང་ བས་མཆོད། རང་རང་གི་བསྟོད་པས་ཀྱང་བདག་བསྐྱེད་ལྟར་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་སོགས་ཀྱིས་ འདོད་དོན་གསོལ་བ་བཏབ། མྱུར་མཛད་ཡེ་ཤེས་མགོན་པོ་ལ་བར་འདིར་གཏོར་མ་འབུལ། དེ་ནས་སྤྱི་གཏོར་ནི། སླར་ཡང་ གཞལ་ཡས་ཁང་གི་ཕྱི་རོལ་ནམ་མཁའ་ལ་ཆོས་འབྱུང་སུམ་བརྩེགས་དབུས་མའི་ནང་དུ་ པཾ་ལས་པདྨ་འདབ་མ་བརྒྱད་པ་སྔོན་པོ། སྟེང་མའི་ནང་དུ་པཾ་ལས་པདྨ་འདབ་མ་བརྒྱད་པ་ དཀར་པོ། འོག་མའི་ནང་དུ་པཾ་ལས་པདྨ་འདབ་མ་བརྒྱད་པ་དམར་པོ། དབུས་མའི་པདྨའི་ ལྟེ་བ་ལ་བཅོམ་ལྡན་འདས་ཐུགས་རྡོ་རྗེ། དེའི་འདབ་མ་བརྒྱད་ལ་ཤར་དུ་ཨིཾ་ལས་དབང་པོ་ དཀར་པོ་གླང་པོ་ཆེ་ལ་བཞུགས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ལྷོར་ཡཾ་ལས་གཤིན་རྗེ་མཐིང་ ནག་མ་ཧེ་ལ་བཞུགས་པ་དབྱུག་པ་དང་ཐོ་བ། ནུབ་ཏུ་ཝཱཾ་ལས་ཆུ་ལྷ་དམར་སྐྱ་ཆུ་སྲིན་ལ་ཞོན་ པ་སྦྲུལ་ཞགས་དང་པདྨ། བྱང་དུ་ཡཾ་ལས་གནོད་སྦྱིན་སེར་པོ་རྟ་ལ་བཞོན་པ་ཤིང་ཐོག་དང་ ནེའུ་ལེ། བྱང་ཤར་དུ་བྷཾ་ལས་འབྱུང་པོ་དཀར་པོ་སྤྱན་གསུམ་པ་གླང་ལ་བཞོན་པ་རྩེ་གསུམ་ དང་ཞགས་པ། ཤར་ལྷོར་རཾ་ལས་མེ་ལྷ་དམར་པོ་ར་སྐྱེས་ལ་བཞུགས་པ་བགྲང་ཕྲེང་དང་སྤྱི་ བླུགས། ལྷོ་ནུབ་ཏུ་ནཾ་ལས་སྲིན་པོ་ནག་པོ་རོ་ལངས་ལ་བཞོན་པ་རལ་གྲི་དང་ཐོད་པ། ནུབ་ བྱང་དུ་བཱཾ་ལས་རླུང་ལྷ་ལྗང་གུ་རི་དྭགས་ལ་བཞོན་པ་བ་དན་དང་ཞགས་པ་འཛིན་པ། འཁོར་ གནོད་སྦྱིན་དུ་མའི་ཚོགས་ཀྱིས་བསྐོར་བ། སྟེང་གི་པདྨའི་དབུས་སུ་བཅོམ་ལྡན་འདས་སྐུ་ རྡོ་རྗེ། འདབ་མ་བརྒྱད་ལ་ཤར་དུ་ཤཾ་ལས་བརྒྱ་བྱིན་དཀར་པོ་རྡོ་རྗེ་དང་དྲིལ་བུ། ལྷོར་ༀ་ ལས་ཚངས་པ་སེར་པོ་ངང་པ་ལ་བཞུགས་པ་སྤྱི་བླུགས་དང་རྩེ་གསུམ། ནུབ་ཏུ་བིཾ་ལས་ཁྱབ་ འཇུག་དམར་སེར་འཁོར་ལོ་དང་དུང༌། བྱང་དུ་ཏྲུཾ་ལས་དབང་ཕྱུག་མཐིང་ག་རྩེ་གསུམ་དང་ 21-1-127 ཐོད་པ། བྱང་ཤར་དུ་ཀཾ་ལས་གཞོན་ནུ་སྨིན་དྲུག་དཀར་པོ་མདའ་གཞུ། ཤར་ལྷོར་གཾ་ལས་ ཚོགས་བདག་དཀར་པོ་ལ་ཕུག་དང་ལ་དུའི་སྣོད་འཛིན་པ། ལྷོ་ནུབ་ཏུ་བྷྲིཾ་ལས་བྷྲིཾ་གི་རི་ཏི་ དམར་པོ་མདུང་དང་མདའ། ནུབ་བྱང་དུ་ཀཾ་ལས་ལེགས་ལྡན་ནག་པོ་རལ་གྲི་དང་ཕུབ་འཛིན་ པ། ཐམས་ཅད་ཀྱང་པད་ཟླའི་གདན་ལ་བཞུགས་པ། འཁོར་འདོད་ཁམས་ཀྱི་ལྷས་བསྐོར་བ། འོག་གི་འདབ་མ་བརྒྱད་ཀྱི་དབུས་སུ་བཅོམ་ལྡན་འདས་གསུང་རྡོ་རྗེ། འདབ་མ་བརྒྱད་ལ་ ཤར་དུ་ཕཾ་ལས་དགའ་པོ་སེར་པོ། ལྷོར་ཕིཾཿལས་དུང་སྐྱོང་དཀར་པོ། ནུབ་ཏུ་ཕུཾ་ལས་མཐའ་ ཡས་སྔོན་པོ། བྱང་དུ་ཕེཾ་ལས་རིགས་ལྡན་ལྗང་ཁུ། བྱང་ཤར་དུ་ཕོཾ་ལས་པདྨ་ཆེན་པོ་དཀར་ པོ། ཤར་ལྷོར་ཕཱུཾ་ལས་འཇོག་པོ་དམར་པོ། ལྷོ་ནུབ་ཏུ་ཕཱིཾ་ལས་ནོར་རྒྱས་ཀྱི་བུ་ཁྲ་བོ། ནུབ་ བྱང་དུ་ཕཻཾ་ལས་པདྨ་དཀར་པོ་ཐམས་ཅད་ཀྱང་པད་ཟླའི་གདན་ལ་བཞུགས་པ། སྦྲུལ་མགོ་ བདུན་དང་ལྡན་ཞིང་སྟོད་ལྷའི་དབུ་ཅན་སྨད་སྦྲུལ་མཇུག་འཁྱིལ་བ། ཕྱག་གཡས་སྦྲུལ་དང་ གཡོན་པདྨ་འཛིན་པ། འཁོར་ངན་སོང་གསུམ་གྱིས་བསྐོར་བ། འབྱུང་པོ་བརྒྱད་གསུམ་ཉི་ཤུ་ བཞི་པོ་ཐམས་ཅད་རིན་པོ་ཆེས་བརྒྱན་པ། བུ་དང་ཆུང་མ་ལ་སོགས་པ་འཁོར་དཔག་ཏུ་མེད་ པ་དང་བཅས་པའོ། །ཞེས་བསྐྱེད་ལ་སོ་སོའི་ཕྱག་རྒྱ་དང་བཅས། གཽ་རཱི་ཨ་ཀཪྵ་ཡ་ཛཿ ཞེས་བརྗོད་པས་ གཽ་རཱིའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཁ་དོག་ལྔ་འཕྲོས་ནམ་མཁའི་མཐའ་ཁྱབ་ པའི་ཕྱོགས་སྐྱོང་ལྷ་ཀླུ་འཁོར་དང་བཅས་པ་མདུན་དུ་བཀུགས། ཙཽ་རི་པྲ་བེ་ཤ་ཡ་ཧཱུཾ་གི་དམ་ ཚིག་པ་ལ་ཞུགས། བཻ་ཏཱ་ལི་བནྡྷ་བཾ་གྱིས་གཉིས་མེད་དུ་བསྟིམས། གྷསྨ་རཱི་ཝ་ཤཾ་ཀུ་རུ་ཧོཿ སྙོམས་པར་ཞུགས་པ་ལྟར་བདེ་བའི་རོ་མྱང་བས་ཞུ་སྟེ། དབུས་ཀྱི་ཕྱོགས་སྐྱོང་འཁོར་དང་ བཅས་པ་རྣམས་ཧཱུཾ་སྔོན་པོའི་ཐིག་ལེར་གྱུར། སྟེང་གི་ལྷ་ཆེན་འཁོར་དང་བཅས་པ་རྣམས་ༀ་ དཀར་པོའི་ཐིག་ལེར་གྱུར། འོག་གི་ཀླུ་ཆེན་འཁོར་དང་བཅས་པ་རྣམས་ཨཱཿདམར་པོའི་ཐིག་ ལེར་གྱུར་པ་ལས། བར་མའི་ཧཱུཾ་རྣམས་ལས་མི་བསྐྱོད་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་སྐུ་མདོག་ 21-1-128 མཐིང་ག་ཡུམ་དང་བཅས་པར་གྱུར། སྟེང་མའི་ༀ་བརྒྱད་ལས་རྣམ་སྣང་སྐུ་མདོག་དཀར་པོ་རྡོ་ རྗེ་དྲིལ་བུ་འཛིན་པ་ཡུམ་དང་བཅས་པར་གྱུར། འོག་གི་ཨཱཿབརྒྱད་ལས་སྣང་མཐའ་སྐུ་མདོག་ དམར་པོ་རྡོ་རྗེ་དྲིལ་བུ་འཛིན་པ་ཡུམ་དང་བཅས་པར་གྱུར། ཐམས་ཅད་དུར་ཁྲོད་ཀྱི་རྒྱན་ཅན་ ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པའོ། །གཽ་རཱ་ཛཿཞེས་པས་རང་བཞིན་གྱི་ གནས་ནས་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་ཡེ་ཤེས་པ་བཀུག་ཙཽ་རི་ཧཱུཾ་གིས་སོ་སོར་གཞུག །བཻ་ ཏཱ་ལི་བཾ་གྱིས་གཉིས་མེད་དུ་བསྟིམས། གྷསྨ་རཱི་ཧོཿ་ཡིས་དགྱེས་པར་བྱས། གོང་བཞིན་་སྐྱེ་མཆེད་ དང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནས་དབང་གི་ལྷ་སྤྱན་དྲངས། མཆོད་དབང་བསྐུར་བར་གསོལ་བ་བཏབ་པས་དབང་བསྐུར། སྡིག་སྒྲིབ་སྦྱངས། ཆུའི་ལྷག་མ་གྱེན་དུ་འཁྱིལ་བས། བར་མ་རྣམས་ལ་མི་བསྐྱོད་པ། སྟེང་མ་རྣམས་ལ་རྣམ་ སྣང༌། འོག་མ་རྣམས་ལ་སྣང་མཐའ་ཆགས་བྲལ་གྱི་ཆ་ལུགས་ཅན་རྣམས་ཀྱིས་དབུ་བརྒྱན་ པར་བསམ་མོ། ། བསྡུས་པར་བྱེད་ན། རང་གི་སྙིང་ཀ་ནས་འོད་ཟེར་འཕྲོས། ཕྱོགས་སྐྱོང་བཅུ་ལ་སྲིད་པ་ གསུམ་གྱི་འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མ་ཛཿ རང་གི་སྙིང་ག་ནས་ འོད་ཟེར་འཕྲོས། གཏོར་མགྲོན་རྣམས་ལ་ཕོག་པས་སྐད་ཅིག་གིས་འོད་གསལ་དུ་བཅུག་ པའི་སྐུ་གསུང་ཐུགས་རྡོ་རྗེའི་སུ་འགྱུར། ཅེས་སོ། །ༀ་ཨིན་ད། ཛ་མ་ཛ་ལ། ཛཀྑ་བྷུ་ཏ། བ་ཧི་ ན་བཱ་ཨུ། རཀྑ་ཙནྡ། སུཛྫ། མཱ་ཏ་བསྤ་ཏཱ་ལ་པ་ཏཱ་ལ། ཨརྠ་པལྤ་སྭཱ་ཧཱ། ཨེ་དཾ་བ་ལིཾ་བྷུ་ཛ་ཛི་ གྷ། ཕུལླ་དྷུ་པ་མཾ་ས། སིཾ་གྷ། ཨཾ་བ། སསྤ། ཀཛྫ། མཱ་ད་ཁནྚི་ཁུ་ཎི་ཕེ་ཊ་ག་ཏ། ༀ་ཨཱ་ཀ་རོ་ སོགས་ལན་གསུམ་གྱིས་འབུལ། ཨརྒྷཾ་ལ་སོགས་པས་མཆོད། ༀ་ཨཱཿཧཱུཾ་གིས་ནང་མཆོད་ཕུལ། མི་བསྐྱོད་པ་ནི་ཡེ་ ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་ རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་ ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ༴ །རིན་ཆེན་རྒྱལ་ 21-1-129 པོ་རབ་ཏུ་ཟབ། །མི་རྟོག་ནམ་མཁའ་དྲི་མ་མེད། །དངོས་འཛིན་དག་པས་གོས་པ་མེད། །རིན་ ཆེན་མཁའ་འགྲོ༴ །རྡོ་རྗེ་མི་འཆི་འདོད་ཆགས་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ༴ །རྡོ་རྗེ་དག་པ་གདོད་མི་ཟ། །བསམ་པ་ ཐམས་ཅད་རྫོགས་མཛད་པ། །སངས་རྒྱས་ངོ་བོ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོ༴། བླ་མ་ཡི་དམ་མཁའ་འགྲོ་དང༌། །སངས་རྒྱས་བྱང་སེམས་ཆོས་སྐྱོང་ལ། །བདུད་རྩི་འབར་ བའི་གཏོར་མ་དང༌། །ཕྱི་ནང་གསང་བའི་མཆོད་པ་འབུལ། །རྣལ་འབྱོར་བདག་ཅག་འཁོར་ བཅས་དང༌། །མཐའ་ཡས་སེམས་ཅན་མ་ལུས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ། ཡོན་ཏན་འཕྲིན་ལས་རྒྱས་པར་ཤོག ། ཀཽལླ་ཨེ་རི་ཊ་ཋི་ཨ་བོལླ་མུམྨུ་ཎི་རི་ཀཀྐོ་ལ་སོགས་རྡོ་ རྗེའི་གླུ་ཡང་བླངས། ༀ་ཕུན་སུམ་ཚོགས་པ་མངའ་བ་སོགས་ཤོ་ལོ་གསུམ་གྱིས་བཀྲ་ཤིས་བརྗོད། སྐྱེ་ཤིང་སྐྱེ་ བར་རིགས་མཆོག་ཏུ། །སྐྱེ་ཤིང་ཁེངས་མེད་དམ་ཚིག་ལྡན། །དགྱེས་མཛད་རྡོ་རྗེ་སྟོན་པ་དང༌། ། བརྩེ་ལྡན་བླ་མར་གུས་འགྱུར་ཤོག །སྐྱེ་ཤིང་སྐྱེ་བ་ཐམས་ཅད་དུ། །ལག་པས་རྡོ་རྗེ་དྲིལ་བུ་ འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་ལེན་པར་ཤོག །སེམས་ཅན་ ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། གང་གི་ལམ་ནས་འགྲོ་ བ་ཡི། །ལམ་དེ་མྱུར་དུ་འགྲུབ་གྱུར་ཅིག །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་སྒྲོལ་ བ་རྣམས་བདག་གིས་སྒྲོལ། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་ པར་ཤོག །ཅེས་སྨོན་ལམ་བཏབ་ཡི་གེ་བརྒྱ་པས་ཉམ་ཆགས་བསྐང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཡང་མགོན་པོས་བཟོད་ པར་མཛོད། །ལྷག་པ་དང་ནི་ཆད་པ་སོགས་དང༌། བག་མེད་སྤྱོད་པ་མ་དག་པས། །རྒྱུད་ལས་ གསུངས་པའི་ཆོ་ག་ནི། །མ་ལྕོགས་འཁྲུལ་པ་ཅི་མཆིས་པ། །དེ་ཡང་མགོན་པོས་བཟོད་པར་ མཛོད། །ཅེས་བཟོད་པར་གསོལ། ༀ་ཁྱོད་ཀྱིས་སེམས་ཅན་སོགས། མཛད་དུ་གསོལ། ཅེས་བསྙན་མནན། 21-1-130 འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་རྣམས་བདག་ཉིད་ལ་ཐིམ། ༀ་མུཿ གཙྪ་གཙྪ་སྭཱ་ བྷ་ཝ་ནཾ། ཞེས་འཇིག་རྟེན་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། བདག་ཉིད་ཀྱི་ལུས་ཀྱི་དཀྱིལ་འཁོར་ དང་བསྒོམ་པའི་དཀྱིལ་འཁོར་ཡང་སྐད་ཅིག་གིས་མི་སྣང་བར་འགྱུར་ཏེ། འོད་གསལ་གྱི་ངོ་ བོའོ། །དེའི་ངང་ལས་ཐ་མལ་གྱི་ཤེས་པ་ཡུན་རིང་དུ་བསྐྱང༌། སྟོང་པའི་ངང་ལས་བདག་ཉིད་དགྱེས་མཛད་ རྡོ་རྗེ་ཕྱག་གཉིས་པར་གྱུར། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྣང་བ་ཐམས་ ཅད་ཀྱང་ལྷའི་འཁོར་ལོར་གྱུར། སླར་ཡང་སྨོན་ལམ་བཏབ་ཏེ་ཐུན་མཚམས་ལ་འཇུག་གོ ། ཁ་ཟས་བཟའ་བའི་ཚེ་གཏོར་མ་ལྟར་བྱིན་གྱིས་བརླབས་ཏེ། ཕུད་བླ་མ་ཡི་དམ་མྱུར་མཛད་ཡེ་ཤེས་མགོན་པོ་རྣམས་ལ་ གཏོར་མའི་ཚུལ་དུ་ཕུལ། རང་ཉིད་ཐུན་མཚམས་ཀྱི་ལྷ་ལ་སྙིང་ཁར་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཡོངས་རྫོགས་དང༌། ལྟེ་བར་མྱུར་ མཛད་མགོན་པོ་དང༌། ཕྱོགས་སྐྱོང་པ་རྣམས་དང་མཁའ་འགྲོ་སྡེ་ལྔ་ལ་སོགས་པ་རྣམས། སྟེང་འོག་གི་ལྷ་དེ་དག་ཐམས་ཅད་ཀྱང་ ལྟོ་བ་ཐབ་ཁུང་དུ་གྱུར་ནས་འབར་བའི་མེ་དཔུང་གི་དབུས་ན་གནས་པར་བསམ། དེ་རྣམས་མཆོད་པའི་ཚུལ་དུ་བཟའ་བར་བྱའོ། ། གཞན་ཡང་ཁྲུས་ཀྱི་རྣལ་འབྱོར་དང་། རྗེས་ཆགས་ཀྱི་རྣལ་འབྱོར་དང༌། ཉལ་བའི་རྣལ་འབྱོར་དང༌། ལྡང་བའི་རྣལ་འབྱོར་ཏེ་དུས་ ཐམས་ཅད་དུ་ཡིད་གཞན་དུ་མ་གྱུར་བར་དེ་ལྟར་བསྒོམ་པར་བྱའོ། །དེ་ལྟར་དགྱེས་མཛད་གསལ་བར་བཀོད། །འགའ་ཞིག་ལམ་ འདིར་མི་མོས་ཤིང༌། ཁ་ཅིག་མོས་ཀྱང་གཞན་དང་འདྲེས། །མ་འདྲེས་རྒྱས་བསྡུས་སྐྱོན་བྲལ་བ། །འགོད་པ་གང་དེའང་རྨད་དུ་ བྱུང༌། ། ༈ ཡང་དགྱེས་པ་རྡོ་རྗེ་མཚོ་སྐྱེས་ལ་སོགས་པར་དཀྱིལ་འཁོར་གཞན་ལྔ་པོའི་སྒྲུབ་ཐབས་ལ་བརྟེན་ནས་རྒྱུད་སྡེ་ལྔའི་ དཀྱིལ་འཁོར་བསྒོམ་པ་འདོད་ནའང༌། ལུགས་འདི་ཉིད་ཀྱི་དེ་དང་དེའི་སྒྲུབ་པ་འོག་ནས་འབྱུང་བ་བཞིན་དུ་ཉམས་སུ་བླངས་ ལ། གསང་འདུས་ལ་ལྷ་རྣམས་མངལ་འབྱིན་གྲུབ་མཚམས་དང༌། གཞན་རྣམས་ལ་ཡེ་ཤེས་པ་བསྲེ་བའི་སྔོན་དུ་ལུས་དཀྱིལ་གོང་ བཞིན་འགོད་པར་བྱའོ། །གལ་ཏེ་དགྱེས་མཛད་མཚོན་ཆ་ཅན་འབའ་ཞིག་བསྒོམ་པར་འདོད་ན་ལུས་དཀྱིལ་རྣམས་བོར་བས་ འགྲུབ་ཅིང༌། ཡང་ཕྱི་དཀྱིལ་དྲུག་པོ་གང་ཡང་རུང་བ་ཡང་སྐད་ཅིག་གིས་བསྐྱེད་པ་ལ་ལུས་དཀྱིལ་འགོད་པ་དང༌། ལྷན་སྐྱེས་ལ་ གཙོ་བོ་ཕྱག་མང་ལྔ་འགོད་པ་དང༌། ལྷན་སྐྱེས་ལ་ལྷན་སྐྱེས་ལྔ་འགོད་པ་སྟེ། རྒྱས་བསྡུས་དྲུག་གི་དབྱེ་བས་རྒྱུད་སྡེ་ལྔའི་སྒྲུབ་ 21-1-131 ཐབས་ཉེར་མཁོ་སུམ་ཅུ་དྲུག་ཏུ་འགྱུར་ཞིང༌། ཕྱི་དཀྱིལ་རྒྱས་པ་ལ་ལུས་དཀྱིལ་བསྡུས་པ་བཀོད་པ་སོགས་ཀྱིས་ཕྱེ་ན་མཐའ་ཡས་ པར་འགྱུར་ལ། དཀྱིལ་འཁོར་སོ་སོའི་ཉམས་ལེན་ལ་མངོན་རྟོག་རྒྱས་པ་དང་ས་བོན་ཙམ་ལས་བསྐྱེད་པ་དང༌། སྐད་ཅིག་གིས་ བསྐྱེད་པ་དང་གཙོ་བོ་རྐྱང་བ་བསྒོམས་པ་དང༌། ལྷན་སྐྱེས་བསྒོམ་པས་དབྱེ་བས་སུམ་ཅུ་ཐམ་པར་འགྱུར་ཞིང༌། མེ་ཏོག་ཕོག་པའི་ ལྷ་གང་དང་གང་ཡིན་པ་དེ། ༢སྒྲུབ་པར་བྱ་དགོས་པས་དཀྱིལ་འཁོར་དྲུག་པ་ལྷ་བརྒྱ་དང་སུམ་ཅུ་རྩ་བརྒྱད་ཡོད་ལ། དེ་དག་སྒྲུབ་ ཚུལ་ན་སྟོང་པའི་ངང་ལས་རང་གི་ས་བོན་ལས་བསྐྱེད་ལ་དབུ་རྒྱན་རང་ཆས་སུ་བསམ། གནས་གསུམ་བྱིན་གྱིས་བརླབས་ལ། ཡེ་ ཤེས་པ་དང་བསྲེས་ནས་སྔགས་བཟླས་པས་འགྲུབ་པ་ཡིན་ནོ། ། ༈ ལྭ་བ་པས་མཛད་གཞུང་བཞིན་ཏེ། ལུས་དཀྱིལ་འགོད་པ་མན་ངག་ཡིན། །གླེགས་བམ་ཀློག་པའི་ཕྱུགས་དེ་དག །གུས་ དང་བྲལ་བ་སྐལ་བའི་སྐྱོན། །རྒྱུད་སྡེ་ལྔའི་ལུས་དཀྱིལ་གཅིག་ཏུ་སྒོམ་པའི་མངོན་རྟོགས་སྟོན་ཟིན་པའི་སྐབས་ཏེ་དང་པོའོ། ། ༈ འདི་མན་ཆད་དུ་བཤད་པར་བྱ་བའི་དཀྱིལ་འཁོར་ལྔ་སོ་སོའི་སྒྲུབ་ཐབས་དང༌། མཚོན་ཆ་ཅན་གྱི་དཀྱིལ་འཁོར་འགའ་ ཞིག་སྒོམ་པར་བྱེད་པ་ལའང་གོང་དུ་བཤད་པའི་བདག་བསྲུང་བ་ཡན་ཆད་བྱེད་པར་བླ་མ་རྣམས་བཞེད་པར་འདུག་པས། དེ་ལྟར་ བྱས་ཀྱང་སྐྱོན་དུ་འགྱུར་བ་དཀའ་མོད། གོང་མ་རྣམས་ཀྱི་བཞེད་པ་ནི། དཀྱིལ་འཁོར་བདུན་པོ་འདི་དག་གི་བསྙེན་པ་སོགས་བྱེད་ པའི་ཚེ། དེ་ཡན་ཆད་གེགས་བསྲུང་བའི་དོན་དུ་ཡུན་རིང་བསྒོམ་པར་བཞེད་པར་མངོན་པས། དཀྱིལ་འཁོར་རྐྱང་པ་ཕྱི་མ་འདི་ རྣམས་ལ་འདི་ཡན་ཆད་མ་བསྒོམས་ན་མངོན་རྟོགས་ཀྱི་ཡན་ལག་ཆད་པར་མི་འགྲོ་བར་མངོན་ལ། ཁྱད་པར་འདུས་པའམ་བདེ་ མཆོག་ལ་ཕུར་གདབ་པ་ལན་གཉིས་སོགས་མི་དགོས་པར་མངོན་ནོ། ། ༈ ད་ནི་སོ་སོའི་མངོན་རྟོགས་བཤད་པར་བྱ་སྟེ། བདག་ཉིད་གང་ལ་མོས་པ་དེ་གྲུབ་པའི་དོན་དུའམ། དེ་ལ་རབ་ཏུ་རྒྱས་པ་ དགྱེས་མཛད་རྡོ་རྗེ་ལྷ་དགུའི་བསྐྱེད་རིམ་འབའ་ཞིག་བསྒོམ་ན། རང་དགྱེས་མཛད་ཧེ་རུ་ཀར་གསལ་བའི་སྙིང་ གར་རཾ་ལས་ཉི་མ་ལ་གནས་པའི་ཧཱུཾ། རང་གི་མདུན་དུ་བླ་མ་དང་དབྱེར་མེད་པའི་ཧེ་རུ་ཀ་ བཞུགས་པ་ལ། སྙིང་ག་ནས་སྤྲུལ་པའི་ལྷ་མོ་བརྒྱད་ཀྱིས་མཆོད་པར་གྱུར། དཀར་མོ་རི་ དྭགས་ཞེས་པ་ལ་སོགས་པ་བརྗོད། བདག་གིས་སྡིག་པ་སོགས། གྲོལ་བར་ཤོག །ཞེས་ཡན་ལག་ལྔ་པའམ། ཡང་ན་གང་ཞིག་འཁོར་བ་ཐོག་མ་མེད་ནས་ངན་པའི་རྣམ་པར་རྟོག་པ་ལས་སྐྱེས་པའི་བདག་ 21-1-132 གིས་སྡིག་པ་བྱས་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཤགས་ཤིང་སླར་ ཡང་མི་བགྱིད་དོ། །གང་གི་སེམས་ཅན་ཐམས་ཅད་ཀྱི་དགེ་བ་ཀུན་ལ་རྗེས་སུ་ཡི་རང་ངོ༌། །བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །སངས་རྒྱས་ ཆོས་དང་ཚོགས་མཆོག་ལ། བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་རབ་ སྒྲུབ་ཕྱིར། །བདག་གིས་བྱང་ཆུབ་མཆོག་སེམས་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་ གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱོད། །ཚོགས་ཀྱི་ཞིང་རང་ལ་ཐིམ། ཚད་མེད་བཞི་བསྒོམ། ༀ་ ཤཱུ་ནྱ་ཏ༴ སྟོང་པའི་ངང་ལས་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ རྭ་བཅུ་གཉིས་པ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། དབུས་སྔོ་བ་དེ་ལས་འོད་ ཟེར་ཕྱོགས་བཅུར་འཕྲོས་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་རྡོ་རྗེའི་ས་གཞི། ར་བ་གུར་ཡེ་ཤེས་ ཀྱི་མེ་དཔུང་འབར་བའི་བསྲུང་བའི་འཁོར་ལོ་དང་བཅས་པར་གྱུར། ༀ་བཛྲ་རཀྵ༴ སོགས། དེ་ ལས་མེ་ལྕེ་ཁྲོ་བོ་དང་བཅས་པ་མཆེད་དེ་ཕྱོགས་བཅུའི་བགེགས་རྣམས་བསྲེགས་ཤིང་ཚར་ གཅོད་པར་གྱུར། དེའི་ནང་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་པོ་ཡངས་ཤིང་ རྒྱ་ཆེ་བ། དེའི་ནང་དུ་ལཾ་ལས་དཀྱིལ་འཁོར་གྲུ་བཞི་ལྗང་གུ། དེའི་འོག་ཏུ་བཾ་ལས་ཆུའི་དཀྱིལ་ འཁོར་ཟླུམ་པོ་དཀར་པོ། དེའི་འོག་ཏུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། དེའི་ འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ། བདག་ཉིད་འོད་གསལ་ལས་ལངས་ ནས་བར་དོ་ལོངས་སྤྱོད་རྫོགས་པའི་ང་རྒྱལ་དུ་གནས་པར་བྱས་ལ། འབྱུང་བ་བཞིའི་དཀྱིལ་ འཁོར་ཡང་རང་གི་སེམས་ཀྱི་ངོ་བོའོ། །འབྱུང་བ་བཞི་གཅིག་ཏུ་འདྲེས་པ་ལས། གཞལ་ཡས་ ཁང་གྲུ་བཞི་སྒོ་བཞི་པ། རྟ་བབ་བཞིས་བརྒྱན་པ། རྩིག་པ་རིམ་པ་ལྔ་དང༌། ཁ་ཁྱེར་དང༌། ཕ་ གུ་དང༌། མདའ་ཡབ་དང༌། པུ་ཤཱུ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དོ་ ཤལ་དང༌། དོ་ཤལ་ཕྱེད་པ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱི་རོལ་དུ་དུར་ཁྲོད་ 21-1-133 ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་སྟེ། ཤིང་དང༌། ཆུ་དང༌། མེ་དང༌། རི་དང༌། མཆོད་ རྟེན་དང༌། ཕྱོགས་སྐྱོང་དང༌། ཞིང་སྐྱོང་དང༌། ལྷ་དང༌། ཀླུ་དང༌། དངོས་གྲུབ་འགྲུབ་པའི་རྣལ་ འབྱོར་པ་རྣམས་བརྒྱད་དང་བཅས་ཤིང༌། རོ་དང་རོ་ལངས་དང༌། དཔའ་བོ་དང༌། རྣལ་འབྱོར་ མ་དང༌། མཁའ་འགྲོ་མ་དང༌། འབྱུང་པོའི་ཚོགས་རྣམས་དང༌། མཆོད་རྫས་ཐམས་ཅད་དང༌། རུས་པའི་ཚོགས་ཀྱིས་གང་བའོ། །གཞལ་ཡས་ཁང་གི་ནང་ཀ་བ་བརྒྱད་དང་ལྡན་པ། དབུས་ ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེས་བརྒྱན་པ། གཞལ་ཡས་ཁང་གི་ལྷ་སྣམ། ཤར་ དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་པའི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བ་ལ་ཉི་མའི་ སྟེང་དུ་བདུད་བཞིའི་གདན་ཤར་སྒོར་ཚངས་པ་སེར་པོ། ལྷོར་དབང་པོ་ཁམ་སེར། ནུབ་ཏུ་ཉེ་ དབང་ལྗང་ཁུ། བྱང་དུ་དྲག་པོ་ཐལ་དཀར་གན་རྐྱལ་དུ་བཀྲམ་པ། འདབ་མ་བརྒྱད་ལ་ཤར་དུ་ ཚངས་པ། ལྷོ་རུ་བརྒྱ་བྱིན། ནུབ་ཏུ་ཉེ་དབང༌། བྱང་དུ་དྲག་པོ། བྱང་ཤར་གྱི་གྲྭར་གཤིན་རྗེ་ ནག་པོ། ཤར་ལྷོར་གནོད་སྦྱིན་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་སྨུགས་ནག །ནུབ་བྱང་དུ་ཐགས་ བཟང་རིས་ལྗང་ཁུ། དབུས་ཀྱི་གདན་གྱི་སྟེང་དུ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ དཀར་པོ་རྣམས་ཡོངས་སུ་གྱུར་བ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཀ་ ཁ་གྷ་ང༌། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ ཀྵ་དམར་པོ་རྣམས་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར། དེ་གཉིས་ཀྱི་བར་དུ་ཧཱུཾ་ ལས་ཐོད་པ་སྣ་ཚོགས་རྡོ་རྗེས་མཚན་པ། ཨཾ་ལས་རྡོ་རྗེས་མཚན་པའི་གྲི་གུག །དེ་རྣམས་ གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ །འོག་ནས་འབྱུང་བ་ལྟར་རྒྱས་པའམ། བསྡུས་ན། སྐུ་མདོག་ནག་པོ་ཞལ་བརྒྱད་པ། སྤྱན་ཉི་ཤུ་རྩ་བཞི་ཕྱེ་བ། ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཞལ་ནས་ཧཱུཾ་སྤྲོ་བ། ལྷ་དང་ལྷ་མིན་ཐམས་ཅད་སྡིགས་པར་མཛད་པ། འཇིགས་པའང་ འཇིགས་པར་མཛད་པ། ཡུམ་གྱི་མཁའ་ཧྲཱིཿ ལས་པདྨ་དམར་པོ་འདབ་བརྒྱད་ཟེ་འབྲུ་ལ་ཨས་ 21-1-134 མཚན་པ། ༀ་པདྨ་སུ་ཁ༴ སོགས། ཥ་མེ། ཞེས་ཡབ་ཀྱི་ཞལ་ནས་གསུངས་པར་གྱུར། ཡབ་ཀྱི་ གསང་གནས་ཧཱུཾ་ལས་རྡོ་རྗེ་ནག་པོ། བྷྲཱུཾ་སེར་པོ་ལས་བྱུང་བའི་ནོར་བུའི་བུ་གར་ཕཊ་ཀྱིས་ བཀག་པ། ༀ་བཛྲ་མཧཱ་སོགས། ཥ་མེ། ཞེས་ཡུམ་གྱིས་གསུང་བར་འགྱུར། མཆོག་ཏུ་དགའ་ བའི་བདེ་བ་ཆེན་པོས་དགྱེས་པ། བསྲུབས་པ་དང་སྲུབ་པའི་སྦྱོར་བས་ཞུ་བའི་བྱང་ཆུབ་ཀྱི་ སེམས་ལ་སངས་རྒྱས་རྣམས་ཐིམ། ཡུམ་གྱི་མཁའ་ནང་དུ་བྱང་ཆུབ་ཀྱི་སེམས་སུ་གྱུར། གཾ་ཙཾ་ བཾ་གཾ །པཾ་ཤཾ་ལཾ་ཊཾ། ས་བོན་བརྒྱད་དུ་གྱུར། ཕྱོགས་མཚམས་ཀྱི་གདན་རྣམས་ཀྱི་སྟེང་དུ་ཡང་ ཉི་ཟླ་ཁ་སྦྱོར་རེ་རེ་གནས་པ། མཁའ་ནང་གི་ས་བོན་བརྒྱད་སྤྲོས་ཏེ། དེ་རྣམས་ཀྱི་བར་དུ་ཕྱིན་ པས་ས་བོན་རྣམས་ཡོངས་སུ་གྱུར་པ་ལས། གྲི་གུ། གཅང་ཏེའུ། རུས་སྦལ། སྦྲུལ། སེངྒེ། དགེ་ སློང༌། འཁོར་ལོ། རྡོ་རྗེ་རྣམས་ཡོངས་སུ་གྱུར་པ་ལས། སོ་སོར་ཉི་ཟླ་ཕྱག་མཚན་རོ་གཅིག་ཏུ་ འདྲེས་པ་ལས། ཤར་དུ་གཽ་རི་སོགས་ནས། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཡབ་ ཡུམ་སྙོམས་པར་བཞུགས་པའི་བདེ་བ་ཆེན་པོ་དང་ལྡན་པ་ལ་བར་དོའི་རྣམ་ཤེས་རྗེས་སུ་ ཆགས་པས། བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར། དེ་ནས་པུཀྐ་སི་ལ་སོགས་པའི་ལྷ་མོ་བཞིས་གདུང་བའི་ དབྱངས་ཀྱི་བཞེངས་པར་བསྐུལ་བ་ནི། རྗེ་བཙུན་སྙིང་རྗེ་ནས། མ་མཛད་ཅིག །ཅེས་བསྐུལ་བས་བཅོམ་ ལྡན་འདས་རབ་ཏུ་སད་དེ་ཐིག་ལེ་གོང་བཞིན་དུ་ཨཱ་ལི་ལས་ཟླ་བ་བསྐྱེད། དེའི་སྟེང་དུ་སྔར་ བཞིན་ཀཱ་ལི་ལས་ཉི་མ་བསྐྱེད་དེ་གཉིས་ཀྱི་བར་དུ་ཧཱུཾ་དང་ཨཾ་ལས་ཐོད་པ་དང་གྲི་གུག་ཧཱུཾ་དང་ ཨཾ་གིས་མཚན་པ། དེ་རྣམས་གཅིག་ཏུ་འདྲེས་པ་ལས་བདག་ཉིད་བཅོམ་ལྡན་འདས་དཔལ་ དགྱེས་མཛད་རྡོ་རྗེ་སྐུ་མདོག ཞེས་པ་ནས། འཇིགས་པར་མཛད་པའི་བར་སྔར་བཞིན། དྲག་པོ་ཆེན་ པོ་རྩ་བའི་ཞལ་ནག་པོ་ནས། གཉིས་ཀའང་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། ། དེའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། ཁམས་ གསུམ་ཐམས་ཅད་ཁྱབ། སྣོད་གཞལ་ཡས་ཁང་བཅུད་ཧེ་རུ་ཀར་གྱུར། མཁའ་ལ་སྤྱོད་པ་ 21-1-135 རྣམས་ༀ་ལ་ཐིམ། ས་འོག་ནས་སྤྱོད་པ་ཨཱཿལ་ཐིམ། ས་སྟེང་ནས་སྤྱོད་པ་རྣམས་སྙིང་ཁར་ ཐིམ། ཡང་ཧཱུཾ་ལས་འོད་ཟེར་འཕྲོས་ཡེ་ཤེས་སེམས་དཔའ་ལྷ་དགུ་ༀ་བཛྲ་ས་མ་ཛཿ ཨརྒྷཾཿལ་ སོགས་པས་མཆོད། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་སེམས་དཔའི་ངོ་བོ་གྱུར། ཡང་འོད་ཟེར་འཕྲོས་པས་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་ལ་སོགས་པའི་ལྷ་ཚོགས་མདུན་གྱི་ནམ་མཁར་ སྤྱན་དྲངས། ༀ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། ༀ་བཛྲ་བྷ་ཝ་ ཨ་བྷི་ཥིཉྩ་ཧཱུཾ། ཞེས་རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་དང་བཅས་པས་དབང་བསྐུར། རྔའི་སྒྲ་ བྱུང༌། གུར་གུམ་དང་མེ་ཏོག་གི་ཆར་ཕབ། ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཐབས་དང་ ཤེས་རབ་དང༌། རྒོད་པ་དང༌། བལྟ་བ་དང༌། འཁྱུད་པ་དང༌། གཉིས་གཉིས་ལས། བུམ་པ་ དང༌། གསང་བ་དང༌། ཤེས་རབ་དང༌། བདེ་བ་ཆེན་པོའི་དབང་རྣམས་ཐོབ། གཙོ་བོ་ཡབ་ ཡུམ་དང༌། གཽ་རི་སོགས་ནས། འོད་དཔག་མེད་ཀྱིས་དབུ་བརྒྱན། ཁམས་གསུམ་པོ་ཐམས་ཅད་ དཀྱིལ་འཁོར་དུ་གྱུར་པ་བདག་ཉིད་ལ་ཐིམ་ཤིང༌། ལྷ་མོ་བརྒྱད་ཡང་ཞལ་བརྒྱད་ལ་ཐིམ། རྩ་ འཁོར་ལོ་བཞི་པོ་རྣམས་ལ་སྤྱི་བོར་ཧཾ་མགྲིན་པར་ༀ། སྙིང་གར་ཧཱུཾ། ལྟེ་བར་ཨཾ། གཏུམ་མོ་ ཡོངས་སུ་འབར་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་རྒྱུད་ལ་འགྲོ་འོང་བྱས། ཧཾ་ཡིག་ལ་ཐིམ། དེ་ལས་ཐིག་ལེ་ཡོངས་སུ་འཛག་པ་ཨཾ་ལ་ཐིམ། འཁོར་ལོའི་གཟུགས་ཀྱི་མི་བསྐྱོད་པ། །ཧཱུཾ། རྣ་ཆའི་བདག་ཉིད་འོད་དཔག་མེད། །ཛྲིཾ། མགུལ་གྱི་ཕྲེང་བ་རིན་ཆེན་བདག །ཨཾ། ལག་པ་ རྣམ་པར་སྣང་མཛད་བརྗོད། ཁཾ། ཡན་ལག་ཀུན་ལ་རྡོར་འཛིན་འགོད། །ཧཱུཾ། ས་བོན་དེ་རྣམས་ ལས་བྱུང་བའི། རུས་པའི་རྒྱན་ལྔ་ཐལ་ཆེན་རྣམས། རྒྱལ་བ་རིགས་དྲུག་གི་བདག་ཉིད་དུ་ གྱུར། རྒྱས་པར་སྤོ་ན། རིགས་ལྔ་དང་རྡོར་སེམས་ཧེ་རུ་ཀ་ཕྱག་གཉིས་པར་བསྐྱེད་ལ། དེ་ཞུ་བའི་ཕྱག་རྒྱར་བསམ་ཞིང༌། ༀ་ དྷ་ར་དྷ་ར་སོགས་ཀྱིས་བྱིན་གྱིས་བརླབས་པར་བྱའོ། །མིག་ཏུ་ༀ་ལས་གཏི་མུག་རྡོ་རྗེ་མ་སོགས། བདག་མེད་ རྣལ་འབྱོར་མ་ནག་མོ། ཐམས་ཅད་ཀྱང་གྲི་ཐོད་འཛིན་པ་གཡོན་བརྐྱང་བའི་གར་སྟབས་ཅན་ནོ། །དེ་ཙམ་སྒོམ་པར་མི་ནུས་ན། 21-1-136 ས་བོན་འབའ་ཞིག་བསྒོམ་པས་ཀྱང་ཆོག་གོ །དེ་ལ་ལྷ་ཕྱི་མ་གཉིས་ལྟེ་བ་དང་གསང་བར་འགོད་པར་བཞེད་དོ། །དེ་ནས་བཟླས་ པའི་དམིགས་པ་གསལ་བཏབ་ནས། ༀ་ཨཥྚ་སོགས་ནས། ཧཾ་ཧ་ཕཊ་སྭཱཧཱ། ༀ་བཛྲ་ཀརྟ་རི་ཧེ་བཛྲ་ཡ་ཧཱུཾ་ཧཱུཾ་ ཕཊ་སྭཱཧཱ། ༀ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱཧཱ། ཞེས་པ་རྣམས་བཟླས་བྱའི་སྔགས་སོ། །དེ་ནས་མར་མེའི་རྩེ་མོ་ལྟ་བུའི་ དམིགས་པ་བསྒོམས་པས་འོད་གསལ་དུ་བསྡུ་བར་བྱ་སྟེ། རང་གི་སྙིང་གར་ཉི་ཟླ་ཁ་སྦྱོར་གྱི་ནང་དུ་ཧཱུཾ། བདག་མེད་མའི་སྙིང་གར་ ཟླ་བ་ལ་ཨཾ། ཁམས་གསུམ་ཐམས་ཅད་འོད་དུ་ཞུ་ནས་ཐབས་ཀྱི་ཆ་རྣམས་རང་དང༌། ཤེས་རབ་ཀྱི་ཆ་རྣམས་ཡུམ་ལ་ཐིམ། ཡུམ་ ཟླ་བ་ཨཾ་དང་བཅས་པ་བདག་ཉིད་ལ་ཐིམ། བདག་ཉིད་ཉི་ཟླ་ལ་ཐིམ། ཧཱུཾ་གིས་འོད་ཟེར་གྱི་ཚོགས་ཨཱ་ལི་ཀཱ་ལི་དང་བཅས་པས་ ཁམས་གསུམ་གྱི་དངོས་པོ་ཐམས་ཅད་འོད་ཟེར་གྱི་རང་བཞིན་དུ་བྱས། ཐམས་ཅད་ཀྱང་ཧཱུཾ་ལ་ཐིམ། ཟླ་བ་དང་ཉི་མ་ཡང་ཧཱུཾ་ལ་ ཞུགས། དེ་ཉིད་ཀྱང་ནཱ་དའི་བར་དུ་བསྡུས་ཏེ། ནཱ་ད་ཡང་མི་དམིགས་པར་གྱུར། འདིར་ནི་ཐོག་མ་མཐའ་དབུས་ མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ ཏུ་བདེ་ཆེན་ཉིད། །ཅེས་མཉམ་པར་བཞག་ལ། ཁམས་གསུམ་པོ་མཐའ་དག་སྒྱུ་མའོ། །རྨི་ལམ་ལྟ་བུར་ཤེས་པར་བྱས་ནས་ བར་ཆད་བསྲུང་བའི་དོན་དུ་སྔར་བཞིན་གོ་ཆ་བཅུ་གཉིས་ལ་བཀོད་ནས་ཐུན་མཚམས་ལ་འཇུག་པ་ཡིན་ནོ། །ཧེ་རུ་ཀ་གཞན་ གསུམ་ལ་གཙོ་བོའི་ཞལ་ཕྱག་བསྒྱུར་བ་དང༌། སྔགས་ཀྱི་ཁྱད་པར་མ་གཏོགས་འདི་ཁོ་ན་བཞིན་ཡིན་ལ། འཁོར་གྱི་སྔགས་སྒྲུབ་ ཐབས་སུ་མ་བཤད་ཀྱང་བཟླ་བར་འདོད་ན། ༀ་ཨ་ཨཱཿསོགས། ཨཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་བཟླ་བར་བྱའོ། །ཞེས་པའང་ འགྲུབ་པའི་སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེའི་སྒྲུབ་ཐབས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་བྱས་པ་སྟེ། གྲུབ་ཆེན་ཁྱུང་པོ་རྣལ་ འབྱོར་པའི་བཞེད་པའི་ལུགས་ལྟར་བཀོད་པ། དཔལ་དགྱེས་མཛད་རྡོ་རྗེའི་སྒྲུབ་ཐབས་ཚིག་ཟོར་ཡང་བ་ལ་དགའ་བ་རྣམས་ལ་ ཕན་པའོ། ། འདིར་སྨྲས་པ། བྱིན་རླབས་ཆེ་ན་ཉུང་བའང་མཆོག །བྱིན་རླབས་ཆུང་ན་མང་བས་ཅི། །གཞུང་དོན་འཁྱོག་པོའི་བཤད་པ་ ཡིས། །ཧ་ཅང་ཐལ་བར་མ་བྱེད་ཅིག །དགྱེས་མཛད་ལྷ་དགུའི་སྒྲུབ་ཐབས་ཀྱི་སྐབས་ཏེ་གཉིས་པའོ། ། ༈ འཁོར་ལོ་སྡོམ་པ་ཁོ་ནའི་བསྐྱེད་རིམ་རྒྱས་པ་བསྒོམ་པར་འདོད་པས། སེམས་ཅན་ཐམས་ཅད་བདེ་བ་ དང་སོགས་གྱུར་ཅིག །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི་རྡོ་ 21-1-137 རྗེ་ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་ནི་པདྨ་གར་གྱི་དབང་ཕྱུག་གོ །འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ་ རྒྱལ་པོའོ། །རྣམ་ཤེས་ཀྱི་ཕུང་པོ་ནི་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་བདག་ཉིད་གྱུར་པ་ནི་དཔལ་རྡོ་རྗེ་ཧེ་རུ་ཀའོ། །མིག་གཉིས་ལ་ནི་གཏི་མུག་རྡོ་རྗེའོ། །རྣ་བ་ གཉིས་ལ་ནི་ཞེ་སྡང་རྡོ་རྗེའོ། །སྣ་ལ་སེར་སྣ་རྡོ་རྗེའོ། ཁ་ལ་ནི་འདོད་ཆགས་རྡོ་རྗེའོ། །ལུས་ལ་ ནི་ཕྲག་དོག་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ལ་ནི་ལྟུང་ བར་བྱེད་པ་མའོ། །ཆུའི་ཁམས་ལ་ནི་གསོད་བྱེད་མའོ། །མེའི་ཁམས་ལ་ནི་འགུགས་བྱེད་ མའོ། །རླུང་གི་ཁམས་ལ་ནི་པདྨ་གར་གྱི་དབང་ཕྱུག་མའོ། །ནམ་མཁའི་ཁམས་ལ་ནི་པདྨ་དྲྭ་ བ་ཅན་མ་སྟེ། ཚམ་རྔམ་དང་བཅས་པའི་ཞལ་བཞི་པའི་སྔགས་བརྗོད་དོ། །སྔགས་ཀྱི་འོད་ཟེར་ལས་བྱུང་བའི་ རྡོ་རྗེའི་ས་གཞི། རྭ་བ་གུར་བླ་བྲེ་མདའི་དྲྭ་བ་ཡེ་ཤེས་ཀྱི་མེ་འབར་བའི་བསྲུང་བའི་འཁོར་ ལོར་གྱུར། སྔགས་ཀྱི་འོད་ཟེར་ལས་བྱུང་བའི་སྒོ་མཚམས་མ་བརྒྱད། གཡོན་ཕུར་བུ་དང་ གཡས་ཐོ་བ་ཐོགས་པ་སྤྲོས། ཡང་སྤྲུལ་རྣམས་ཀྱི་ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ། རྭ་བའི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་ཧཱུཾ་ལས་བྱུང་བའི་གྲུབ་ཁུང་རྣམས་སུ་བཅུག །ཕུར་ བུས་སྤྱི་བོར་བཏབ། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚན་ཧཱུཾ་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལཱ་ཡ་སརྦ་ པ་པཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀི་ལ་བཛྲ་དྷ་རོ་ཨཛྙཱ་པ་ཡ་ཏི། སརྦཱ་བིགྷྣན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་ཐོ་བས་བརྡུང་བས་བགེགས་རྣམས་ཚར་བཅད། ༀ་བཛྲ་མུཏྒ་ར་བཛྲ་ཀཱི་ལ་ཨ་ཀོ་ ཊ་ཡ་ཨ་ཀོ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ། རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་སྔོ་སྐྱ་འོད་ཟེར་སྣ་ ལྔ་འཕྲོ་བ། དེའི་འོད་ཀྱིས་བླ་མ་དང་དབྱེར་མེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་ གསལ་བར་བྱས། གང་གི་དྲིན་གྱིས་བདེ་ཆེན་ཉིད། སོགས་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ སོགས། ཨརྒྷཾ་སོགས་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཤོ་ལོ་ཀ་གཅིག་ བརྗོད། སྭ་བྷཱ་ཝ་སོགས། ཤཱུ་ནྱ་ཏ་སོགས། སྟོང་པའི་ངང་ལས་རང་སེམས་ནཱ་དའི་རྣམ་པས་ནམ་ 21-1-138 མཁར་བཞག །འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེའི་དཀྱིལ་འཁོར། བཾ་ལས་ ཆུའི་དཀྱིལ་འཁོར་ལཾ་ལས་སའི་དཀྱིལ་འཁོར་སུཾ་ལས་རིའི་རྒྱལ་པོ་རི་རབ་རྣམས་སྟེང་ནས་ སྟེང་དུ་བརྩིགས་པ། དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་པཾ་ལས་སྣ་ཚོགས་ པདྨ། དེ་ཉིད་ཀྱི་ལྟེ་བ་ལ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ རྣམས་ ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྙ་ཉ། ཊ་ ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་རྣམས་ཡོངས་སུ་གྱུར་པ་ ལས་ཉི་མའི་དཀྱིལ་འཁོར། དེ་གཉིས་ཀྱི་བར་དུ་ནམ་མཁའི་ནཱ་ད་ཡོངས་སུ་གྱུར་པ་ཞུགས། ནཱ་ད་ལས་ཐིག་ལེ། དེ་ལས་ཟླ་ཚེས། དེ་ལས་ཧ། དེ་ལས་ཞབས་ཀྱུ་ཏེ་ཧཱུཾ་ཡིག་དཀར་པོའོ། །དེ་ ལས་འོད་ཟེར་འཕྲོས་འདུས་ཐམས་ཅད་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། དཀྱིལ་ འཁོར་ཐམས་ཅད་དུས་གཅིག་ཏུ་གྲུབ་པ་ནི། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་སུ་བསྲུང་ བའི་འཁོར་ལོ། །དེའི་ནང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ ཐམས་ཅད་ཡོངས་སུ་རྫོགས་པ། ནང་གི་ལྷ་སྣམ་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་ སེར། དབུས་སྔོ་བའི་སྟེང་དུ། སྐུའི་འཁོར་ལོ་དཀར་པོ་འཁོར་ལོའི་མུ་ཁྱུད་ཅན། དེའི་ལྟེ་བར་ གསུང་གི་འཁོར་ལོ་དམར་པོ་པདྨའི་མུ་འཁྱུད་ཅན། དེའི་ལྟེ་བར་ཐུགས་ཀྱི་འཁོར་ལོ་སྔོན་པོ་ རྡོ་རྗེའི་མུ་ཁྱུད་ཅན། གསུམ་གའང་རྩིབས་བརྒྱད་དང་ལྡན་པ། དབུས་སུ་བདེ་ཆེན་འཁོར་ལོ་ པདྨ་འདབ་བརྒྱད། མུ་ཁྱུད་ལ་གྲི་གུག་གི་འཕྲེང་བ་ཅན། སྒོ་མཚམས་བརྒྱད་དུ་རོའི་གདན། སྣ་ཚོགས་པདྨའི་ལྟེ་བར་ཉི་མ་འཇིགས་བྱེད་དང་དུས་མཚན་མའི་གདན་གྱི་སྟེང་དུ། བདག་ ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ནག་ཞལ་བཞི་ཕྱག་བཅུ་གཉིས་པ་སོགས། འོན་ ཀྱང་ཕྱག་གཡས་པ་ནི་གྲི་གུག་བསྣམས་པའོ། །ཞེས་པའི་བར་གོང་བཞིན་ནོ། །དེ་ལྟར་དཀྱིལ་འཁོར་ གྱི་འཁོར་ལོ་ཡོངས་སུ་རྫོགས་པར་གྱུར། ཡབ་ཀྱི་གསང་གནས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཨཾ་ 21-1-139 ལས་བྱུང་བའི་ནོར་བུ་བྱཱཾ་གྱི་མཚན་པ། ཡུམ་གྱི་མཁའ་ཨ་ལས་པདྨ་དམར་པོ་ༀ་ལས་ཟེའུ་ འབྲུ་ཏྲཱཾ་གྱི་མཚན་པ། ལྟེ་བར་སརྦ་བུདྡྷའི་སྔགས། སྙིང་གར་བཻ་རོ་ཙ་ནའི་སྔགས། མགྲིན་པར་ ཡི་གེ་བདུན་པ། དཔྲལ་བར་ཡི་གེ་ཉེར་གཉིས་པ། ཡུམ་གྱི་དཔྲལ་བར་བཻ་རཱོ་ཙ་ནཱ། མགྲིན་ པར་སརྦ་བུདྡྷ། སྙིང་གར་ཡི་གེ་བདུན་པ། ཡབ་ཡུམ་སྙོམ་པར་ཞུགས། ཡི་གེ་རྣམས་ཀྱང་ ཕན་ཚུན་རྗེས་སུ་ཆགས་པས་སྦྱོར་བ་ལ། གནས་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་ བཛྲ་སུ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ལུས་དྲན་པ་ཉེ་བར་བཞག་པ་ནི་མཁའ་འགྲོ་མའོ། །ཚོར་བ་དྲན་ པ་ཉེ་བར་བཞག་པ་ནི་ལ་མའོ། །ཆོས་དྲན་པ་ཉེ་བར་བཞག་པ་ནི་དུམ་སྐྱེས་མའོ། །སེམས་ དྲན་པ་ཉེ་བར་བཞག་པ་ནི་གཟུགས་ཅན་མའོ། །འདུན་པའི་རྫུ་འཕྲུལ་ཀྱི་རྐང་པ་ནི་རབ་ཏུ་ གཏུམ་མའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏི་མུག་པའི་མིག་ཅན་མའོ། །སྤྱོད་ པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། ། དད་པའི་དབང་པོ་ནི་དཔའ་བོའི་བློ་གྲོས་མའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་མིའུ་ཐུང་མའོ། ། དྲན་པའི་དབང་པོ་ནི་ལངྒའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། ། ཤེས་རབ་ཀྱི་དབང་པོ་ནི་ས་སྲུང་མའོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་ འགྲུས་ཀྱི་སྟོབས་ནི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་སུ་ར་བྷཀྵིའོ། །ཏིང་ངེ་འཛིན་གྱི་ སྟོབས་ནི་སྔོ་བསངས་ལྷ་མོའོ། །ཤེས་རབ་ཀྱི་སྟོབས་ནི་རབ་ཏུ་བཟང་པོའོ། །ཏིང་ངེ་འཛིན་ ཡང་དག་པར་བྱང་ཆུབ་ཀྱི་ཡན་ལག་ནི་རྟའི་སྣ་བ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ ཡན་ལག་ནི་བྱ་གདོང་མའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རོ་ཧཱིའོ། །ཆོས་རབ་ཏུ་རྣམ་ པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤཽ་ནྚི་ནཱིའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རབ་ 21-1-140 ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ ལོའི་བསྒྱུར་མའོ། །ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ། །དཔའ་བོ་ཉི་ཤུ་རྩ་བཞི་ ཡང་དེ་རྣམས་ཉིད་ཀྱི་རྣམ་པར་དག་པ་ཅན་ནོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཁ་གདོང་ མའོ། །ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ། །ཡང་དག་པའི་དྲན་པ་ནི་ཕག་གདོང་མའོ། ། ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོའོ། །དགེ་བའི་ཆོས་མ་སྐྱེས་ པ་བསྐྱེད་པ་ནི་གཤིན་རྗེ་བརྟན་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་བསྲུང་བ་ནི་གཤིན་རྗེ་ ཕོ་ཉ་མོའོ། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་ནི་གཤིན་རྗེ་མཆེ་བ་མའོ། །མི་དགེ་བའི་ ཆོས་སྐྱེས་པ་སྤོང་བ་ནི་གཤིན་རྗེ་འཇོམས་མའོ། །སྤྱི་བོ་པུལླིར་མ་ལ་ཡར་ཁནྚ་ཀ་པ་ལ་དང་ རབ་ཏུ་གཏུམ་མོ། །སྤྱི་གཙུག་ཛ་ལནྡྷ་རར་མ་ཧ་ཀཾ་ཀ་ལ། སོགས་གོང་བཞིན་ལ། པུས་མོ་གཉིས་ ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་པོ་སྟེ་ཉེ་བའི་དུར་ཁྲོད་དོ། །ༀ་སརྦ་བཱི་ ར་ཡོ་གི་ནི་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་བཛྲ་ཤུདྡྷོཿསརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ། སྙིང་ གར་ༀ་ༀ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ན་མ་ཧི་སོགས། རྟ་མཆོག་གི་ངོ་བོ། ཡུམ་ གྱི་ལྟེ་བར་ༀ་བཾ་དམར་པོ་རྡོ་རྗེ་ཕག་མོ་སོགས། ཙཎྜ་ཀའི་ངོ་བོ། ཕེཾ། ཞེས་ཡེ་ཤེས་འཁོར་ལོའི་ དབང་གི་ལྷ་དང་ལྷན་ཅིག་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང༌། ཡེ་ཤེས་པ་དབྱེར་མེད་ དུ་གྱུར། ༀ་ཡོ་ག་ཤུདྡྷ༴ སོགས། དབང་གི་ལྷ་མཁའ་འགྲོ་མ་རྣམས་ཀྱིས་ཀ་པཱ་ལ་བདུད་རྩིས་ གང་བ་བསྣམས་ཏེ་དབང་བསྐུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ ཀུན་ཁྲུས་གསོལ་ལྟར་སོགས། ཤྲཱི་ཧཱུཾ། ཞེས་གསུངས་ཞིང་དབང་བསྐུར་བས་ཆུའི་ལྷག་མ་ཡར་ ལུད་པ་ལས་གཙོ་བོ་དང་ཐུགས་འཁོར་བ་རྣམས་ལ་མི་བསྐྱོད་པ། གསུང་འཁོར་བ་རྣམས་ལ་ འོད་དཔག་མེད། ཡུམ་དང་སྐུ་འཁོར་བ་རྣམས་ལ་རྣམ་སྣང༌། སྙིང་པོའི་རྣལ་འབྱོར་མ་རྣམས་ ལ་རིན་འབྱུང༌། སྒོ་མཚམས་མ་བརྒྱད་ལ་དོན་གྲུབ་ཀྱིས་དབུ་རྒྱན་པར་གྱུར། ཨརྒྷཾ་ལ་སོགས་ 21-1-141 པས་མཆོད། བདུད་རྩི་བྱིན་གྱིས་བརླབས་ཏེ། སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་མྱང༌། ལྷ་ཐམས་ཅད་ཐབས་ཤེས་སྙོམས་ པར་འཇུག་པའི་བདེ་བས་མཉེས་པར་བསམ། རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་ལ། བཟླས་པའི་དམིགས་པ་གསལ་བཏབ་ སྟེ། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀ་སོགས། ཡབ་ཀྱི་སྙིང་པོའོ། །ༀ་ཧྲིཿཧ་ཧ་སོགས་ཉེ་བའི་སྙིང་པོའོ། །ༀ་སརྦ་བུདྡྷ་ཌཱ་ ཀི་ནཱི་སོགས། ཡུམ་གྱི་ཉེ་སྙིང་ངོ༌། །ༀ་བཛྲ་བེ་རོ་ཙ་ན་སོགས་སྙིང་པོའོ། །འཕྲེང་བའི་སྔགས་རྣམས་ནི་ལོགས་སུ་ཤེས་ པར་བྱའོ། །ༀ་ༀ་ཧ། ༀ་ན་མ་ཧི་སོགས། ཕཊ་ཕཊ། ཅེས་པ་ནི་གོ་ཆའི་སྔགས་སོ། །སྐབས་འདིར་རྫོགས་པའི་རིམ་པ་ རྣལ་འབྱོར་ཆེན་མོ་ཡང་བསྒོམ་པར་བྱའོ། ། ཐུན་མཚམས་ལ་འཇུག་པར་འདོད་ན། དཀྱིལ་འཁོར་ཐམས་ཅད་སྐད་ཅིག་ཙམ་གྱིས་བདག་ཉིད་ ལ་ཐིམ། སྔར་བཞིན་གོ་ཆ་གཉིས་བཀོད། སོ་དང་སེན་མོ་ལ་ནི་ཐོད་པའི་དུམ་བུའོ། །སྐྲ་དང་བ་སྤུ་ལ་ནི་ ཀེང་རུས་ཆེན་པོ་མའོ་སོགས་ནས། སྣབས་ལ་ནི་རྡོ་རྗེ་སེམས་དཔའོ། །དཔའ་བོ་རྩ་བའི་སྔགས་ སོགས་དང༌། ཚངས་པའི་སྐུད་པ་ལ་སོགས་བཏགས། །དཔའ་བོ་ཉི་ཤུ་རྩ་བཞི་ཡི། །ལུས་ཀྱི་ ཁམས་ནི་བཏགས་པ་པོ། །དཔའ་བོའི་གོ་ཆ་དྲུག་གི་ནི། །ཕྱག་རྒྱ་ཡིས་ནི་ལུས་མཛེས་པའོ། ། རྡོ་རྗེ་ཕག་མོའི་སྔགས་གང་ཡིན། །མགྲིན་པ་མགུར་ཆས་མཛེས་པ་ཉིད། །ལྷ་ཡི་སྙིང་པོ་ སྔགས་ཀྱི་ནི། །འཕྲེང་བ་བརྒྱ་ཡི་ཕྱེད་ཀྱིས་མཛེས། །ཡི་གེ་བདུན་པའི་གསང་སྔགས་ཀྱིས། ། གདུབ་སྐོར་གྱིས་ནི་རྣ་བར་མཛེས། །སངས་རྒྱས་ཀུན་གྱི་མཁའ་འགྲོ་ཡིས། །ལྤགས་པའི་ གོས་མཆོག་འཛིན་པའོ། །རྣལ་འབྱོར་མ་དྲུག་གསང་སྔགས་ཀྱིས། །སྐ་རགས་བྱས་པ་རྣམ་ པར་བརྒྱན། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི། །སྔགས་ནི་འཐུང་བའི་ཐོད་པ་ཡིན། །རྣམ་ སྣང་མཛད་ཀྱི་སྔགས་གང་ཡིན། །ཐོད་པོའི་དབུ་ལ་བརྒྱན་པ་པོ། །ཚམ་རྔམ་དང་བཅས་སུམྦྷ་ ནི་ལན་གཉིས་ཀྱིས་ཕྱོགས་སྲུངས། གཟུགས་སུ་སྣང་བ་ཐམས་ཅད་ལྷའི་སྐུ། སྒྲར་གྲགས་པ་ ཐམས་ཅད་གསུང་གི་རང་བཞིན། དྲན་རིག་རྣམ་རྟོག་ཐམས་ཅད་ཐུགས་ཀྱི་རང་བཞིན་དུ་ རྣམ་པར་དག །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་དཔའ་བོ་ 21-1-142 སྟེ། །རྣལ་འབྱོར་མ་ནི་མཚན་མོར་བརྗོད། །མྱ་ངན་ལས་འབྱུང་དཔའ་བོ་ནི། །དྲུག་པ་སེམས་ ཀྱི་སྤྲུལ་པ་སྟེ། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པའོ། །ཤེས་རབ་ གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་ གང་དུའང་མི་གནས་པའོ། །ཞེས་བརྗོད་ནས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་སྟེ། གཏོར་མ་ལ་སོགས་པ་ལས་ཀྱི་བྱ་ བ་རྣམས་ཅི་བདེ་བྱའོ། །ཞེས་པའང་སློབ་དཔོན་ཆེན་པོ་ལཱུ་ཡི་པའི་གཞུང་ཇི་ལྟ་བའི་རྗེས་སུ་འབྲང་ཞིང་གྲུབ་པའི་སློབ་དཔོན་ཆེན་ པོ་ཁྱུང་པོ་རྣལ་འབྱོར་གྱི་བརྒྱུད་པའི་ཕྱག་སྲོལ་གྱི་ཉམས་བཞེས་ལྟར་བཀོད་པའོ། ། འདིར་སྨྲས་པ། དེང་སང་སྒྲུབ་ཐབས་མང་པོ་དག །དཔེ་ནི་སྣ་ཚོགས་ཀུན་བཏུས་ནས། །མན་ངག་བྱིན་རླབས་རྒྱུན་བྲལ་ ཡང༌། །ཡིག་ཚོགས་ཆེ་བ་ངོམ་པར་བྱེད། །བདེ་མཆོག་ལཱུ་ཡི་པའི་སྒྲུབ་ཐབས་ཀྱི་སྐབས་ཏེ་གསུམ་པའོ། ། ༈ འདུས་པའི་རྒྱུད་ལ་བརྟེན་ནས་བསྐྱེད་རིམ་སྒོམ་པར་འདོད་ན། རང་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་མི་ བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པར་གྱུར། སྙིང་གར་ཉི་མ་ལ་ཧཱུཾ་སྔོན་པོ་དེ་ལས་ཧཱུཾ་བཅུ་དེ་ སྤྲོས་ཏེ། ཕྱོགས་བཅུར་ཉི་མའི་གདན་ལ་འཁོད་པ་ཡོངས་སུ་གྱུར་པ་ནི། ཤར་དུ་གཤིན་རྗེ་ མཐར་བྱེད་ནག་པོ། ལྷོར་ཤེས་རབ་མཐར་བྱེད་དཀར་པོ། ནུབ་ཏུ་རྟ་མགྲིན་དམར་པོ། བྱང་ དུ་བདུད་རྩི་འཁྱིལ་པ། ཤར་ལྷོར་མི་གཡོ་བ། ལྷོ་ནུབ་ཏུ་འདོད་རྒྱལ། ནུབ་བྱང་དུ་དབྱུག་སྔོན་ ཅན། བྱང་ཤར་དུ་སྟོབས་པོ་ཆེ། སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ། འོག་ཏུ་གནོད་ མཛེས་ཏེ། དེ་རྣམས་ནག་པོ་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ། ༀ་སུམྦྷ་ནི་སོགས། ཧཱུཾ། ཞེས་བཀའ་བསྒོ་བས་གནོད་མཛེས་དཔག་ཏུ་མེད་པ་བྱུང་ནས་ཕྱོགས་བཅུའི་བགེགས་རྣམས་ ཐམས་ཅད་ཡན་ལག་ཞགས་པས་བསྡམས། ལྕགས་ཀྱུས་སྙིང་གར་བཏབ། ན་མཿས་མནྟ་ཀཱ་ ཡ་ཝཀྩིཏྟ་བཛྲ་ཎཾ་ༀ་ཌཀྐི་ཧཱུཾ་ཛཿཞེས་བཀུག་སྟེ། བྲུབ་ཁུང་གྲུ་གསུམ་རྣམས་སུ་བཅུག །བདུད་ རྩི་འཁྱིལ་བ་ལས་རང་འདྲ་བའི་བདུད་རྩི་འཁྱིལ་བ་བཅུ། ལྟེ་བ་མན་ཆད་ཕུར་པའི་རྣམ་པ་ ཅན་བྱུང་སྟེ། ཕྱོགས་བཅུའི་བགེགས་རྣམས་ཀྱི་སྤྱི་བོར་བཙུག །གནོད་མཛེས་རྣམས་ཕྱག་ཏུ་ 21-1-143 ཐོ་བ་ཐོགས་པར་གྱུར་ཏེ། ཕུར་བུས་སྤྱི་བོ་ནས་བརྡུངས་པས། བགེགས་རྣམས་བསྒྲལ་ཏེ་རྣམ་ པར་ཤེས་པ་དབྱིངས་སུ་སྤར་བར་གྱུར། ༀ་གྷ་གྷ་གྷཱ་ཏ་སོགས། ཧཱུཾ་ཕཊ། སྤྲུལ་པ་རྣམས་གནོད་ མཛེས་ལ་ཐིམ། ཁྲོ་བོ་དང་ཕུར་བུ་ལས་མེ་ལྕེ་ཕྱོགས་ཀུན་ཏུ་སྤྲོས་ནས། བགེགས་རྣམས་ཀྱི་ ལྷག་མ་ཐམས་ཅད་ཚིག་ཅིང་གདུག་པ་ཅན་རྣམས་མེ་རིའི་རང་བཞིན་དུ་གྱུར། དེའི་ནང་དུ་ འོག་ཐམས་ཅད་རྡོ་རྗེའི་ས་གཞི། འཁོར་ཡུག་ཐམས་ཅད་རྡོ་རྗེའི་རྭ་བ། སྟེང་ཐམས་ཅད་རྡོ་ རྗེའི་གུར་དུ་གྱུར་ཏེ་བགེགས་དང་བྲལ་བར་གྱུར། དངོས་པོ་མེད་ལ་སྒོམ་པ་མེད་སོགས། མེད་ པའོ། །སྟོང་པ་ལ་ཅུང་ཟད་མཉམ་པར་བཞག །སྟོང་པའི་ངང་ལས་ཆོས་འབྱུང་གི་དབུས་སུ་ཧཱུཾ་ཡཾ་ཧཱུཾ་ ལས་རླུང་གིས་དཀྱིལ་འཁོར་སྔོན་པོ་ཟླ་གམ། དེའི་སྟེང་དུ་ཧཱུཾ་རཾ་ཧཱུཾ་ལས་མེའི་དཀྱིལ་འཁོར་ དམར་པོ་གྲུ་གསུམ། དེའི་སྟེང་དུ་ཧཱུཾ་བཾ་ཧཱུཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་ སྟེང་དུ་ཧཱུཾ་ལཾ་ཧཱུཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། ཐམས་ཅད་ཀྱང་རྡོ་རྗེ་གཉིས་གཉིས་ གྱིས་མཚན་པ། དེའི་སྟེང་དུ་བསྲུང་བའི་འཁོར་ལོའི་ནང་དུ་རྡོ་རྗེའི་ལྟེ་བར་བྷྲུཾ་ཡོངས་སུ་གྱུར་ པ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། ནང་གི་ལྷ་སྣམ་ཤར་ དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་ཨེནྡྲ་ནཱི་ལའི་སྟེགས་བུའི་སྟེང་དུ། རྡོ་རྗེའི་ ར་བ་ཟླུམ་པོ་འོད་ཟེར་སྣ་ལྔ་འབར་བ། ནང་ལིང་ཚེ་དགུར་གྱུར་པ་དབུས་ཕྱུར་བུར་གྱུར་པའི་ རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ། དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན། ཁྲོ་བོ་བཅུ་ལ་ཉི་མ། ཤར་ཕྱོགས་པ་རྣམས་ལ་ཟླ་བ། མཱ་མ་ཀཱི་ལ་རྡོ་རྗེ། གཞན་ལྷོ་ཕྱོགས་པ་ རྣམས་ལ་རིན་པོ་ཆེ། ནུབ་ཕྱོགས་པ་རྣམས་ལ་པདྨ་དམར་པོ་བྱང་ཕྱོགས་པ་རྣམས་ལ་རྡོ་རྗེ་རྒྱ་ གྲམ་གྱི་གདན། དབུས་སུ་རྡོ་རྗེ་འཆང་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་ གཡས་པ་རྣམས་ཀྱིས་རྡོ་རྗེ་འཁོར་ལོ་པདྨ། གཡོན་པ་རྣམས་ཀྱིས་དྲིལ་བུ༴ འཛིན་པ། རྡོ་རྗེའི་ སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་དང་པོ་གཉིས་འཁྱུད་ 21-1-144 རྒྱས་ཡུམ་རེག་བྱ་རྡོ་རྗེ་མ། རང་དང་འདྲ་བ། པདྨའི་སྐྱིལ་ཀྲུང་གིས་བཞུགས་པ་དང་མཉམ་ པར་སྦྱོར་བ། ལིང་ཚེ་རྣམས་ལ་ཤར་དུ་རྣམ་སྣང༌། ལྷོར་རིན་འབྱུང༌། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་ཡོད་གྲུབ་པ། ཤར་ལྷོར་སྤྱན་མ། ལྷོ་ནུབ་ཏུ་མཱ་མ་ཀཱི། ནུབ་བྱང་དུ་གོས་དཀར་ མོ། བྱང་ཤར་དུ་སྒྲོལ་མ། རིམ་པ་གཉིས་པའི་ཤར་ལྷོར་གཟུགས་རྡོ་རྗེ་མ། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་ མ། ནུབ་བྱང་དུ་དྲི་རྡོ་རྗེ་མ། བྱང་ཤར་དུ་རོ་རྡོ་རྗེ་མ། རིམ་པ་གསུམ་པའི་སྣམ་བུ་ལ། ཤར་ སྒོའི་གཡས་གཡོན་དུ་བྱམས་པ་དང་ས་སྙིང༌། ལྷོ་སྒོའི་གཡས་གཡོན་དུ་ཕྱག་ན་རྡོ་རྗེ་དང་ནམ་ མཁའི་སྙིང་པོ། ནུབ་སྒོ་གཡས་གཡོན་དུ་འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ། བྱང་སྒོ་ གཡས་གཡོན་དུ་སྒྲིབ་པ་རྣམ་སེལ་དང་ཀུན་ཏུ་བཟང་པོ། ཤར་སྒོར་གཤིན་རྗེ་གཤེད། ལྷོ་ སྒོར་གཞན་གྱིས་མི་ཐུབ་པ། ནུབ་སྒོར་རྟ་མགྲིན། བྱང་སྒོར་བགེགས་མཐར་བྱེད། ཤར་ལྷོར་ མི་གཡོ་བ། ལྷོ་ནུབ་ཏུ་འདོད་རྒྱལ། ནུབ་བྱང་དུ་དབྱུག་སྔོན་ཅན་བྱང་ཤར་དུ་འཆོལ་བ། སྟེང་ གི་ཡ་ཕུག་གི་ནང་དུ་གཙུག་ཏོར། འོག་ཏུ་ས་གཞིའི་ནང་དུ་གནོད་མཛེས། ལྷ་ཐམས་ཅད་ཀྱི་ ཐུགས་ཀ་ནས་འོད་འཕྲོས། སེམས་ཅན་ཐམས་ཅད་བཀུགས་ཏེ་དཀྱིལ་འཁོར་གྱི་སྒོ་བཞི་ ནས་བཅུག །བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་ བ་དང་ཡིད་བདེ་བ་ཐོབ་ནས་རང་གི་ཞིང་དུ་གཤེགས་པར་གྱུར། གཙོ་བོའི་ཐུགས་ཀ་ནས་ འོད་ཀྱིས་རྣམ་སྣང༌། སྤྱན་མ། ས་སྙིང༌། གཟུགས་རྡོ་རྗེ་མ། བྱམས་པ། གཤིན་རྗེ་གཤེད། མི་ གཡོ་བ་རྣམས་བདག་ལ་ཐིམ་ཞིང་འོད་གསལ་གྱི་ངང་དུ་ཡལ། རིན་འབྱུང༌། མཱ་མ་ཀཱི། ཕྱག་ རྡོར། སྒྲ་རྡོ་རྗེ་མ་གཞན་གྱིས་མི་ཐུབ་པ། འདོད་རྒྱལ་རྣམས་འོད་གསལ་དུ་ཐིམ། འོད་དཔག་ མེད་གོས་དཀར་མོ། ནམ་སྙིང༌། དྲི་རྡོ་རྗེ་མ། རྟ་མགྲིན་དབྱུག་སྔོན་ཅན་རྣམས་འོད་གསལ་དུ་ ཐིམ། དོན་གྲུབ། སྒྲོལ་མ། འཇིག་རྟེན་དབང་ཕྱུག །རོ་རྡོ་རྗེ་མ། སྒྲིབ་སེལ། ཀུན་བཟང༌། བགེགས་མཐར་བྱེད། སྟོབས་པོ་ཆེ་རྣམས་འོད་གསལ་དུ་ཐིམ། གཙུག་ཏོར་གནོད་མཛེས། 21-1-145 རེག་རྡོ་རྗེ་མ་རྣམས་འཇམ་དཔལ་ལ་ཐིམ། དེ་དག་གཙོ་བོ་ལ་ཐིམ། གཙོ་བོ་ཡང་ཐམས་ཅད་ སྟོང་པ་འོད་གསལ་ལ་ཐིམ། དེ་ཡན་ཆད་སྔོན་འགྲོ་ཡིན་ནོ། ། ༀ་ཤཱུ་ནྱ་ཏས་དེ་བཞིན་ཉིད་ལ་ཡུན་རིང་དུ་དམིགས། སྔར་གྱི། གཞལ་ཡས་ཁང་གི་དབུས་ཀྱི་ནམ་ མཁར། ཉི་མ་དང་ཟླ་བ་དང་པདྨ་དམར་པོ་འདབ་བརྒྱད་ༀ་ཨཱཿཧཱུཾ་སྟེང་ནས་སྟེང་དུ་བརྩེགས་ པ། འབྲུ་གསུམ་པདྨ་ཉི་མ་རྣམས་རིམ་པས་ཟླ་བ་ལ་ཐིམ། ཟླ་བའི་དཀྱིལ་འཁོར་ཡོངས་སུ་ རྫོགས་པར་གྱུར། དེ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ཟླ་བ་ལ་ཐིམ་པས་བྱང་ ཆུབ་སེམས་ཀྱི་ངོ་བོར་གྱུར། ༀ་དྷརྨཱ་དྷར་དུ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཟླ་བའི་དབུས་སུ། ༀ་ ཨཱཿཧཱུཾ། དེ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་སྤྱན་དྲངས། ཐིམ་པ་ལས་རྡོ་རྗེ་དཀར་ པོ་རྩེ་ལྔ་པར་གྱུར། ༀ་བཛྲ་ཨཱཏྨ་ཀོ྅ཧཾ། ཟླ་བ་དང་རྡོ་རྗེ་འདྲེས་པ་ལས། དང་པོའི་མགོན་པོ་ དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། མི་བསྐྱོད་པ་དཔག་ཏུ་མེད་པ་སྤྲུལ། སེམས་ཅན་ཐམས་ ཅད་དེ་བཞིན་གཤེགས་པའི་ཟག་པ་མེད་པའི་བདེ་བ་ལ་བཀོད། མི་བསྐྱོད་པ་ལ་ཐིམ། དེ་ ཉིད་དབུས་ཀྱི་གདན་ལ་འདུག་པ་ལ། བདག་ཉིད་ཀྱང་ཐིམ་པས་རང་རྡོ་རྗེ་སེམས་དཔའ་ ཞལ་གསུམ་ཕྱག་དྲུག་པ་དཔའ་བོ་གཅིག་པར་གྱུར། ལུས་གཞལ་ཡས་ཁང་གི་ངོ་བོ་ལ། སྤྱི་ བོར་གཟུགས་ཕུང་ༀ་ལས་རྣམ་སྣང༌། མགྲིན་པར་འདུ་ཤེས་ཨཱཿལས་སྣང་མཐའ། སྙིང་གར་ རྣམ་ཤེས་ཧཱུཾ་ལས་མི་བསྐྱོད་པ། ལྟེ་བར་ཚོར་ཕུང་སྭཱ་ལས་རིན་འབྱུང༌། བརླའི་རྩ་བར་འདུ་ བྱེད་ཧཱ་ལས་དོན་གྲུབ། མིག་ཐླྀཾ་ལས་ས་སྙིང༌། ༀ་ཡིག་བཞི་ལས་རྣ་བ་ཕྱག་རྡོར། སྣ་ནམ་ སྙིང༌། ལྕེ་འཇིག་རྟེན་དབང་ཕྱུག །རྡོ་རྗེའི་སྒོར། ལུས་སྒྲིབ་སེལ། ཚིགས་པ་ལས་ཀུན་བཟང༌། སྙིང་གར་ཡིད་ཧཱུཾ་ལས་འཇམ་དཔལ། ཧཱུཾ་བཅུ་ལས་ལག་པ་གཡས་པ་གཤིན་རྗེ་གཤེད། ལག་ པ་གཡོན་པ་ཤེས་རབ་མཐར་བྱེད། ཁ་ལ་རྟ་མགྲིན། རྡོ་རྗེ་ལ་བགེགས་མཐར་བྱེད། དཔུང་ པ་གཡས་ལ་མི་གཡོ་བ། གཡོན་ལ་ཌཀྐི། པུས་མོ་གཡས། སེར་པོ་བེ་ཅོན་སྔོན་པོ། །གཡོན་ 21-1-146 ལ་སྟོབས་པོ་ཆེ། སྤྱི་བོར་གཙུག་ཏོར་འཁོར་ལོས་བསྒྱུར་བ། རྐང་མཐིལ་གཉིས་སུ་གནོད་ མཛེས་རྣམས་འཁོད་པར་གྱུར་པ། རང་གི་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ་ལས་འོད་ཟེར་སྣ་ལྔ་ ལྷ་མོ་སྤྱན་མ་དང་བཅས་ནམ་མཁའ་གང་བ་སྤྲོས། སངས་རྒྱས་རྣམས་རྣམ་སྣང་དུ་གྱུར་པ་ སྙོམས་འཇུག་གི་བདེ་བས་མཉེས་པར་བྱས། སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པ། །དེང་བདག་བྱིན་གྱིས་ བརླབས་ནས་སུ། །རྡོ་རྗེའི་སྐུ་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ རྣམས། །རྡོ་རྗེ་མི་ཕྱེད༴ དེང་བདག་བྱིན་གྱི་རླབས༴ །རྡོ་རྗེའི་སྐུ་ནི་མཛད་དུ་གསོལ། །ལྷ་ ཐམས་ཅད་རྗེས་ཆགས་ཀྱིས་སྙོམས་པར་ཞུགས། འོད་ཟེར་དཀར་པོ་གྱུར་སྤྱི་བོ་ནས་ཐིམ་ པས་སྐུའི་དབང་ཕྱུག་ཐོབ་པར་གྱུར། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡི་རབ་ཏུ་ རྒྱས། །སངས་རྒྱས་སྐུ་ཡི་རང་བཞིན་གྱི། །བདག་ཀྱང་དེ་དང་འདྲ་བར་ཤོག །ༀ་སརྦ་ཏ་ཐཱ་ག་ ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་གི་ལྕེའི་སྟེང་དུ་པདྨ་ལ་ཨཱཿ དམར་པོ་ལས་འོད་ཟེར་ སྣ་ལྔ་གོས་དཀར་མོ་དང་བཅས་ནམ་མཁའ་གང་བ་སྤྲོས། སངས་རྒྱས་རྣམས་འོད་དཔག་ མེད་དུ་གྱུར་པར་སྙོམས་འཇུག་གི ། སོགས་གོང་བཞིན། དཔལ་ལྡན་སངས་རྒྱས་གསུང་འཆང་བ། ། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད༴ གསུང་གི་རྡོ་རྗེ་མཛད༴ །ཕྱོགས་བཅུར་ བཞུགས་ལ་སོགས།གསོལ། ལྷ་ཐམས་ཅད་རྗེས་ཆགས་ཀྱི་སྙོམས་པར་ཞུགས། འོད་ཟེར་དམར་ པོ་གྱུར་ཏེ་མགྲིན་པ་ནས་ཐིམ་པས་གསུང་གི །དབང་ཕྱུག་ཐོབ་པར་གྱུར། རྡོ་རྗེ་ཆོས་ཀྱི་ གསུང་གང་ཡིན། །གསུང་དེ་ངེས་ཚིག་ཕུན་སུམ་ཚོགས། །སངས་རྒྱས་གསུང་གི་རང་བཞིན་ གྱི་བདག་གི་ཚིག་ཀྱང་དེ་འདྲར་ཤོག །ༀ་སརྦ་ཏ་ཐཱ། ཝཀ༴ རང་གི་སྙིང་གར་ཉི་མ་ལ་ཧཱུཾ་སྔོན་ པོ་ལས་འོད་ཟེར་སྣ་ལྔ་མཱ་མ་ཀཱི་དང་བཅས་ནམ་མཁའ་གང་བ་སྤྲོས། སངས་རྒྱས་རྣམས་མི་ བསྐྱོད་པར་གྱུར་པ་སྙོམས་འཇུག་སོགས། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་ 21-1-147 གསུམ༴ །དེང་བདག །ཐུགས་ཀྱི་རྡོ་རྗེ་༴ ཕྱོགས་བཅུ་སོགས། འོད་ཟེར་ནག་པོར་གྱུར་ཏེ་སྙིང་ག་ ནས་ཐིམ་པས་ཐུགས་ཀྱི་དབང་ཕྱུག༴ །གསང་བའི་བདག་པོ་བློ་ལྡན་པ། །ཀུན་ཏུ་བཟང་པོའི་ ཐུགས་གང་ཡིན། །རྡོ་རྗེ་འཛིན་པ་ལྟ་བུ་ནི། །བདག་གི་སེམས་ཀྱང་དེ་འདྲ་གྱུར། །ༀ་སརྦ་ཏ་ ཐཱ༴ ཙིཏྟ༴ བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་གྱུར། ༀ་ སརྦ་ཏ་ཐཱ༴ ཀཱ་ཡ་ཝཱཀ་ཙིཏྟ༴ རང་དམ་ཚིག་སེམས་དཔའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ རྡོ་རྗེ་འཆང་ཡུམ་དང་བཅས་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ནག་པོ་འོད་ ཟེར་འབར་བ། སྤྱི་བོར་རིགས་བདག །རྡོ་རྗེ་སེམས་དཔའ་དཀར་པོ་ཡབ་ཡུམ་སྙོམས་པར་ ཞུགས་པས་བྱང་ཆུབ་ཀྱི་སེམས་ཀྱིས་བདག་ཉིད་ཚིམ་པར་བྱེད་པར་འགྱུར། རང་གི་བར་དུ་ སྨེ་ཤ་ཅན་གྱི་རིགས་ལས་བྱུང་བའི་བུ་མོ་སྔོ་བསངས་མིག་ཡངས་མ་གཟུགས་དང་ལང་ཚོས་ བརྒྱན་པ། དེ་རེག་བྱ་རྡོ་རྗེ་མ་གཙོ་བོ་དང་འདྲ་བར་གྱུར། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་སྭཱ། བྱིན་པ་གཉིས་ལ་ཧཱ། རིམ་པ་བཞིན་དུ་དཀར་དམར་སྔོ་སེར་ལྗང་ བ་རྣམས་ཡོངས་སུ་གྱུར་པ་ལས། ལྟེ་བར་ས་ཁམས་ལཾ་ལས་སྤྱན་མ། སྙིང་ཁར་ཆུ་ཁམས་མཾ་ ལས་མཱ་མ་ཀཱི། མགྲིན་པར་མེ་ཁམས་པཾ་ལས་གོས་དཀར་མོ། སྤྱི་བོར་རླུང་ཁམས་ཏཾ་ལས་ སྒྲོལ་མ་མིག་ཏུ་གཟུགས་ཛཿ ལས་གཟུགས་རྡོ་རྗེ་མ། རྣ་བར་སྒྲ་ཧཱུཾ་ལས་སྒྲ་རྡོ་རྗེ་མ། སྣར་དྲི་ བཾ་ལས་དྲི་རྡོ་རྗེ་མ། ལྕེར་རོ་ཧོཿ ལས་རོ་རྡོ་རྗེ་མ། པདྨའི་སྣ་རྩེར་རེག་བྱ་ཁཾ་ལས་རེག་བྱ་རྡོ་རྗེ་ མ། ཧཱུཾ་བཅུ་ལས་ལག་པ་གཡས་པ་རོ་ལངས་རྡོ་རྗེ་མ། གཡོན་ལ་གཞན་གྱིས་མི་ཐུབ་པ། ཁ་ ལ་ཁྲོ་གཉེར་མ། བྷ་གར་རལ་པ་གཅིག་མ། དཔུང་པ་གཡས་ལ་དེ་བཞིན་གཤེགས་པའི་ཡུམ་ སྣ་ཚོགས་རྡོ་རྗེ་མ། གཡོན་སྣ་ཚོགས་རིན་ཆེན་མ། པུས་མོ་གཡས་ལ་སྣ་ཚོགས་པདྨ། གཡོན་ པ་སྣ་ཚོགས་ལས་མ། རྐང་མཐིལ་གཉིས་སུ་ས་འཛིན་ལྷ་མོ། རྡོ་རྗེ་རོ་ལངས་མ་ལ་སོགས་པ་ བཅུ་པོ་དེ་དག་ནི་ཁྲོ་བོ་བཅུ་དང་འདྲའོ། ། 21-1-148 ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་རྩེ་མོ་ༀ་གིས་མཚན་པ། ཡུམ་གྱི་མཁའ་ཨཱཿ ལས་པདྨ་འདབ་བརྒྱད་ཟེའུ་འབྲུ་ལ་ཨས་མཚན་པ། མཁའ་གསང་གི་ནང་འོད་ཟེར་སྣ་ལྔས་ ཁྱབ་པར་གྱུར། བདག་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དུ་འཕོས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ ར་ག༴ སོགས། ཞེས་འཁྱུད་དེ་རང་ཉིད་རྡོ་རྗེ་འཆང་དུ་གྱུར། ཧཱུཾ་ཧཱུཾ་ཧཱུཾ། སྙོམས་པར་ཞུགས་མཆོག་ ཏུ་དགའ་བ་ཐོབ། ཕཊ་རང་ཉིད་དོན་འགྲུབ་ཏུ་གྱུར། བྱང་ཆུབ་ཀྱི་སེམས་ཕྱུང་བ་ལས་བྱུང་ བའི་ལྷ་ཚོགས་ནམ་མཁའ་གང་བ་སྤྲོས་ཏེ། འགྲོ་དོན་མཛད་པའི་ཕྱོགས་བཅུའི་དེ་བཞིན་ གཤེགས་པ་རྣམས་མཆོད་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་པུ་ཛཿབཛྲ་སོགས་ལུས་དཀྱིལ་ཀྱི་ འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་སྤྱན་དྲངས། ཡབ་ཡུམ་གཉིས་ཀྱི་སྤྱི་ བོ་ནས་ཞུགས། ལུས་དཀྱིལ་གྱི་ལྷ་ཚོགས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་དང་འདྲེས། མཁའ་ ནང་དུ་འདུས་པའི་ཐིག་ལེ་ཆ་སུམ་ཅུ་རྩ་གཉིས་སུ་གྱུར། དབུས་ཀྱི་ཐིག་ལེ་མི་བསྐྱོད་པ་སྔོན་ པོ། མི་བསྐྱོད་པའི་དབུ་རྒྱན་ཅན་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་ རྣམས་ཀྱིས་རྡོ་རྗེ་འཁོར་ལོ་པདྨ། གཡོན་པ་རྣམས་ཀྱིས་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ། བཛྲ་དྷྲྀཀ་ཐུགས་ཀར་ དྲངས་ཏེ་ཕྱིར་ཕྱུང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་སངས་རྒྱས་ཀྱི་རྫུ་འཕྲུལ་དང་མཛད་ པ་ཐམས་ཅད་མཛད། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་སྦྱངས། མི་བསྐྱོད་པའི་གོ་འཕང་ལ་ བཀོད། ཡེ་ཤེས་པ་རྣམས་འདྲེས། གཅིག་ཏུ་འདུས་པར་རང་གི་སྙིང་གར་ཐིམ་པས། བདག་ ཉིད་ཞེ་སྡང་རྡོ་རྗེ་མཐིང་ནག་རྩ་ཞལ་ཁྲོས་པ། གཡས་ཞི་བ་གཡོན་ཆགས་པའི་ཉམས་ཅན་དུ་ གྱུར། ཤར་གྱི་ཐིག་ལེ་རྣམ་སྣང་དཀར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། དཀར་ནག་དམར་ བའི་ཞལ་གསུམ་སོགས་གོང་བཞིན། རལ་གྲི་འཛིན། ཛི་ན་ཛིཀ་ཐུགས་ཀར་དྲངས་ཏེ་ཕྱིར་ཕྱུང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས༴ གཏི་མུག་སྦྱངས། རྣམ་སྣང་གི་གོ་འཕང་ལ་བཀོད། སྤྲུལ་ 21-1-149 བ་རྣམས་དང་འདྲེས། གཅིག་ཏུ་འདུས་པ་ཤར་གྱི་ལེ་ཚེར་འཁོད། དེ་བཞིན་དུ་འདོན་པ་བསྒྱུར་ཏེ། ལྷོའི་ཐིག་ལེ་རིན་འབྱུང་སེར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན་སེར་ནག་དཀར་བའི༴ རཏྣ་དྷྲིཀ་ ཐུགས་ཀར༴ སེར་སྣ་སྦྱངས། རིན་འབྱུང་གི༴ ལྷོའི་ལེ་ཚེར་འཁོད། ནུབ་ཀྱི་ཐིག་ལེ་འོད་ དཔག་མེད་དམར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། ནག་དཀར་དམར་བའི༴ ཨ་རོ་ལིཀ་ ཐུགས་ཀར༴ འདོད་ཆགས༴ འོད་དཔག་མེད་ཀྱི༴ ནུབ་ཀྱི་ལ༴ བྱང་གི་ཐིག་ལེ་དོན་གྲུབ་ལྗང་ གུ་མི་བསྐྱོད་པའི༴ ལྗང་ནག་དཀར་བའི༴ པྲཛྙཱ་དྷྲིཀ་ཐུགས་ཀར༴ ཕྲག་དོག༴ དོན་གྲུབ་ཀྱི་གོ་ འཕང་༴ བྱང་གི་ལེ་ཚེར་འཁོད། འདི་མན་ཆད་སྤྱིའི་མཛད་པའི་ཚིག་རྣམས་བོར་ལ། ཤར་ལྷོའི་ཐིག་ལེ་སྤྱན་ མ་དཀར་མོ་རྣམ་སྣང་གི་དབུ་རྒྱན་ཅན། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་ གཡས་པ་རྣམས་ཀྱིས་འཁོར་ལོ་རྡོ་རྗེ་ཨུཏྤལ་དཀར་པོ། གཡོན་པ་རྣམས་ཀྱིས་དྲིལ་བུ་རིན་ ཆེན་རལ་གྲི་འཛིན་པ། མོ་ཧ་ར་ཏི་ཐུགས་ཀར་དྲངས་ཏེ་ཕྱིར་ཕྱུང༌། གདོན་དང་ནད་དང་ གདུང་བ་ཐམས་ཅད་ཞི་བར་བྱས། སྤྱན་མའི་གོ་འཕང་ལ་བཀོད། སྤྲུལ་པ་རྣམས་དང་འདྲེས། གཅིག་ཏུ་འདུས་པ་ཤར་ལྷོའི་གྲྭར་འཁོད། ལྷོ་ནུབ་ཀྱི་ཐིག་ལེ་མཱ་མ་ཀཱི་སྔོན་མོ་མི་བསྐྱོད་པའི༴ སྔོ་དཀར་དམར༴ དཱི་ཥ་རཱ་ཏི་ཐུགས་ཀར༴ བགེགས་བསྲུང་བ་དང་རྒྱས་པར་མཛད། མཱ་མ་ ཀཱིའོ༴ ལྷོ་ནུབ་ཀྱི་གྲྭར༴ བྱང་ཤར་གྱི་ཐིག་ལེ་གོས་དཀར་མོ་དམར་མོ། འོད་དཔག་ཏུ་མེད་ཀྱི་ དབུ༴ དམར་ནག་དཀར་བའི༴ རཱ་ག་ར་ཏི་ཐུགས་ཀར༴ ནད་ཀྱི་ཉེན་པ་རྣམས་བསྲུང་བར་ བྱས། གོས་དཀར་མོའི༴ ནུབ་བྱང་གི་གྲྭར༴ བྱང་ཤར་གྱི་ཐིག་ལེ་སྒྲོལ་མ་ལྗང་གུ་དོན་གྲུབ་ཀྱི༴ ལྗང་ནག་དཀར་བའི༴ བཛྲ་རཱ་ཏི་ཐུགས་ཀར༴ དེ་ཐམས་ཅད་དབང་དུ་བསྡུས༴ སྒྲོལ་མའི༴ བྱང་ཤར་གྱི་གྲར༴ དེའི་ཕྱི་རོལ་ཤར་ལྷོའི་ཐིག་ལེ་གཟུགས་རྡོ་རྗེ་མ་དཀར་མོ་རྣམ་སྣང་གི་ དབུ་བརྒྱན་ཅན། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་མེ་ལོང་ དམར་པོ་འཛིན་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་རྗེ་དང་ཨུཏྤ་དཀར་པོ། གཡོན་གཉིས་ 21-1-150 ཀྱིས་རིན་པོ་ཆེ་དང་རལ་གྲི་འཛིན་པ། ཐུགས་ཀར༴ གཟུགས་ཀྱི་སྐྱེ་མཆེད་སྦྱངས། གཟུགས་ བདེ་བས་མཆོད། གཟུགས་རྡོ་རྗེ་མའི་གོ་འཕང་༴ རིམ་པ་གཉིས་པའི་ཤར་ལྷོའི་གྲྭར༴ ལྷོ་ ནུབ་ཀྱི་ཐིག་ལེ་སྒྲ་རྡོ་རྗེ་མ་སྔོན་མོ་མི་སྐྱོད་པའི༴ སྔོ་དཀར་དམར་བའི༴ སྒྲའི་སྐྱེ་མཆེད༴ སྒྲ་ བདེ་བས༴ སྒྲ་རྡོ་རྗེ་མའི༴ བདེན་བྲལ་གྱི་གྲྭར༴ ནུབ་བྱང་གི་ཐིག་ལེ་དྲི་རྡོ་རྗེ་མ་དམར་མོ་འོད་ དཔག་མེད་ཀྱི༴ དམར་ནག་དཀར་བའི༴ དྲིའི་སྐྱེ་མཆེད༴ དྲི་བདེ་བས༴ དྲི་རྡོ་རྗེ་མའི༴ ནུབ་ བྱང་གི་གྲྭར༴ བྱང་ཤར་གྱི་ཐིག་ལེ་རོ་རྡོ་རྗེ་མ་ལྗང་གུ་དོན་གྲུབ་ཀྱི༴ ལྗང་ནག་དཀར་བའི༴ རོའི་སྐྱེ་མཆེད༴ རོ་བདེ་བའི༴ རོ་རྡོ་རྗེ་མའི༴ བྱང་ཤར་གྱི་གྲྭར༴ དབུས་ཀྱི་ཐིག་ལེ་ཆ་གཅིག་ རེག་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི༴ སྔོ་དཀར་དམར་བའི་ནས་རལ་གྲི་འཛིན་པ་ཞེས་པའི་བར་ གཙོ་བོ་བཞིན། རེག་བྱའི་སྐྱེ་མཆེད། རེག་བྱའི་བདེ་བའི༴ རེག་བྱ་རྡོ་རྗེ་མའི༴ ཡུམ་ལ་ཐིམ། སྔ་ མའི་ཕྱི་རོལ་རིམ་པ་གསུམ་པའི་ལྷ་སྣམ་གྱི་ཤར་སྒོའི་གཡས་སུ་ཤར་གྱི་ཐིག་ལེ་ཆ་གཅིག ། མེཾ་ལས་བྱམས་པ་རྣམ་སྣང་དང་འདྲ་བ་ལས། རྣམ་སྣང་གི་དབུ་རྒྱན་ཅན། གཡས་ཀྱི་དང་པོ་ ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་འཁོར་ལོས་མཚན་པ་འཛིན་པ། རྩ་རྒྱུས་དང་ཉོན་ ཡིད་སྦྱངས། རྡོ་རྗེའི་རྩ་དང་ཟག་མེད་ཀྱི་མངོན་ཤེས་ལ་བཀོད། ཤར་སྒོའི་གཡོན་གྱི་ལྷ་སྣམ་ ལ་ཤར་གྱི་ཐིག་ལེ་ཆ་གཅིག་ཐླྀཾ་ལས་སའི་སྙིང་པོ་རྣམ་སྣང་དང་འདྲ་བ་རྣམ་སྣང་གི་དབུ༴ མིག་དང་མིག་ཤེས་སྦྱངས། རྡོ་རྗེའི་མིག་དང་མིག་གི་མངོན་ཤེས་ལ་བཀོད། ལྷོ་སྒོའི་གཡས་ སུ་ལྷོའི་ཐིག་ལེ་ཆ་གཅིག་ༀ་ལས་ཕྱག་རྡོར་རིན་འབྱུང་ལྟ་བུ་རིན་འབྱུང་གི༴ རྣ་བ་དང་རྣ་བའི་ ཤེས་པ་སྦྱངས། རྡོ་རྗེའི་རྣ་བ་དང་རྣ་བའི་མངོན་ཤེས༴ །ལྷོ་སྒོའི་གཡོན་དུ་ཐིག་ལེ་ཆ་གཅིག་ ༀ་ལས་ནམ་མཁའི་སྙིང་པོ་རིན་འབྱུང་ལྟ་བུ་རིན་འབྱུང་གི་དབུ་བརྒྱན། སྣའི་རྣམ་ཤེས་ སྦྱངས། རྡོ་རྗེའི་སྣ་དང་སྣའི་མངོན་ཤེས༴ ནུབ་སྒོའི་གཡས་སུ་ནུབ་ཀྱི་ཐིག་ལེ་ཆ་གཅིག་ༀ་ ལས་འཇིག་རྟེན་དབང་ཕྱུག་འོད་དཔག་མེད་དང་མཚུངས་པ་འོད་དཔག་མེད་ཀྱི༴ ལྕེ་དང་ 21-1-151 ལྕེའི་རྣམ་ཤེས་སྦྱངས། རྡོ་རྗེ་ལྕེ་དང་ལྕེའི་མངོན་ཤེས༴ ནུབ་སྒོའི་གཡོན་དུ་ཐིག་ལེའི་ཆ་ གཅིག་ཧཱུཾ་ལས་འཇམ་དཔལ་འོད་དཔག་མེད་དང་འདྲ་བ་འོད་དཔག་མེད་ཀྱི༴ ཡིད་ཀྱི་སྐྱེ་ མཆེད་དང་ཡིད་ཤེས་སྦྱངས། རྡོ་རྗེའི་ཡིད་དང་གཞན་སེམས་ཤེས་པའི་མངོན་ཤེས་ལ་བཀོད། བྱང་སྒོའི་གཡས་སུ་བྱང་གི་ཐིག་ལེ་ཆ་གཅིག་ༀ་ལས་སྒྲིབ་པ་རྣམ་སེལ་དོན་ཡོད་གྲུབ་པ་ལྟ་ བུ་དོན་གྲུབ་ཀྱི༴ ལུས་དབང་རྣམ་ཤེས་དང་བཅས་པ། རྡོ་རྗེའི་ལུས་དང་རྫུ་འཕྲུལ་གྱི་མངོན་ ཤེས༴ བྱང་སྒོའི་གཡོན་དུ་ཐིག་ལེ་ཆ་གཅིག་སཾ་ལས་ཀུན་ཏུ་བཟང་པོ་དོན་གྲུབ་ལྟ་བུ་དོན་ འགྲུབ་ཀྱི༴ ཚིགས་རྣམས་དང་ཀུན་གཞི་སྦྱངས། རྡོ་རྗེའི་ཚིགས་དང་སྔོན་གྱི་གནས་རྗེས་སུ་ དྲན་པ་ལ་བཀོད། ལྷ་ཡབ་ཐམས་ཅད་རལ་པའི་ཐོར་ཚུགས་སོགས། རིན་པོ་ཆེས་བརྒྱན་ པའོ། །མཁའ་ནང་གི་ཤར་གྱི་ཐིག་ལེ་གཤིན་རྗེ་མཐར་བྱེད་ནག་པོ་རྣམ་སྣང་གི༴ ནག་དཀར་ དམར་བའི་ཞལ་གསུམ༴ དགྲ་སྟ་འཛིན་པ༴ ཡ་མནྟ་ཀྲྀཏྟ་ཐུགས་ཀར༴ དབང་པོ་ལ་སོགས་པ་ བགེགས་རྣམས་ཚར་བཅད༴ ཤར་སྒོར༴ ལྷོའི་ཐིག་ལེ་ཤེས་རབ་མཐར་བྱེད་དཀར་པོ་རིན་ འབྱུང་གི༴ དཀར་ནག་དམར་བའི་ཞལ༴ པྲཛྙཱནྟ་ཀྲྀཏྟ། གཤིན་རྗེ་དང་མེའི་གདོན་རྣམས། ལྷོ་ སྒོར༴ ནུབ་ཀྱི་ཐིག་ལེ་རྟ་མགྲིན་དམར་པོ་འོད་དཔག་མེད་ཀྱི༴ དམར་ནག་དཀར་བའི༴ པདྨནྟ་ཀྲྀཏྟ༴ ཀླུའི་གདོན་རྣམས༴ ནུབ་སྒོར༴ བྱང་གི་ཐིག་ལེ་བགེགས་མཐར་བྱེད་ལྗང་ཁུ་ དོན་གྲུབ་ཀྱི༴ ལྗང་ནག་དཀར་བའི༴ བཱིགྷྣནྟ་ཀྲིཏ༴ གནོད་སྦྱིན་གྱི་གདོན་རྣམས༴ བྱང་སྒོར༴ ཤར་ལྷོའི་ཐིག་ལེ་མི་གཡོ་བ་ནག་པོ་རྣམ་སྣང་གི༴ ནག་དཀར་དམར་བའི༴ ཨ་ཙ་ལ༴ རིམ་ གཏོང་བའི་མེ་ལྷའི་གདོན༴ ཤར་ལྷོའི་གྲྭར༴ ལྷོ་ནུབ་ཀྱི་ཐིག་ལེ་འདོད་རྒྱལ་སྔོན་པོ་རིན་ འབྱུང་གི༴ སྔོ་དཀར་དམར་བའི༴ ཏཀྐི་རཱ་ཛ༴ སྲིན་པོའི་གདོན༴ བདེན་བྲལ་གྱི་གྲར༴ ནུབ་ བྱང་གི་ཐིག་ལེ་དབྱུག་སྔོན་ཅན་སྔོན་པོ་འོད་དཔག་མེད་ཀྱི༴ སྔོ་དཀར་དམར་བའི༴ ནཱི་ལ་ དནྚ༴ རླུང་ལྷའི་གདོན་རྣམས༴ ནུབ་བྱང་གི་གྲྭར༴ བྱང་ཤར་གྱི་ཐིག་ལེ་སྟོབས་པོ་ཆེ་སྔོན་པོ་ 21-1-152 དོན་གྲུབ་ཀྱི་དབུ་བརྒྱན༴ ནག་དཀར་དམར་བའི༴ མཧཱ་བ་ལ༴ མཁའ་འགྲོ་མ་དང་དབང་ ལྡན་གྱི་གདོན༴ བྱང་ཤར་གྱི་གྲྭར༴ སྟེང་གི་ཐིག་ལེ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སྔོན་པོ་ མི་བསྐྱོད་པའི༴ སྔོ་དཀར་དམར་བའི༴ ཨུཥྞི་ཥ་ཙཀྲ་ཝརྟི༴ ཚངས་པ་དང་གཟའ་སྐར་གྱི་ གདོན༴ སྟེང་གི་གྲྭར༴ འོག་གི་ཐིག་ལེ་གནོད་མཛེས་ནག་པོ་མི་བསྐྱོད་པའི༴ ནག་དཀར་ དམར་བའི་༴ བྷུདྡྷ་རཱ་ཛ༴ ཀུ་ལ་ཀུ་ཊ་ལ་སོགས་པའི་དུག་བརྟན་པ་དང་གཡོ་བ་ཐམས་ཅད༴ འོག་གི་ཕྱོགས་སུ་འཁོད་པར་གྱུར། ཁྲོ་བོ་ཐམས་ཅད་ཀྱང་སྟོབས་ཆེན་ཕ་རོལ་གནོན་པ་ སོགས། ཚར་གཅོད་པའོ་ཞེས་པའི་བར་གོང་བཞིན། ཡང་ཁྲོ་བོ་དྲུག་ལ་ཧཱུཾ་ཁོ་ན་འབྱིན་སྔགས་སུ་མཛད་པ་ཡང་ཡོད་དོ། ། རང་གི་སྙིང་གའི་འོད་ཟེར་གྱིས་དབང་གི་ལྷ་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་ མཁར་བཞུགས་པ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ་སོགས། དེང་བདག་སྩོལ། ཅེས་གསོལ་ བ་བཏབ་པས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི་སོགས། སྦྱིན་པར་བྱ། ༀ་བཛྲ་བྷ་ཝ་ཨ་བྷི་ ཥིཉྩ་ཧཱུཾ། ཞེས་དབང་བསྐུར་བར་གྱུར། དེ་ནས་བར་འདི་ཕྲ་ཐིག་གི་རྣལ་འབྱོར་བསྒོམ། རྡོ་རྗེའི་བཟླས་པ་བྱ། བཟླས་ པའི་མན་ངག་གསལ་བཏབ། ༀ་ཨཱཿབཛྲ་དྷྲིཀ་ཧཱུཾ་ཧཱུཾ་ཕཊ། ཅེས་ངག་བཟླས་ཅི་ནུས་སུ་བཟླས་ཤིང༌། སྤྲོ་ན་འཁོར་གྱི་ སྔགས་ཀྱང་བཟླས་པར་བྱའོ། །དེ་ནས་བདག་ཉིད་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་པས་ཡུམ་ ཡབ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ ཡང་དེ་བཞིན་ཉིད་ཀྱི་འོད་གསལ་བ་ལ་ཞུགས་ཏེ་ཐམས་ཅད་སྟོང་པའི་ངོ་བོར་གྱུར། དེ་ནས་ བདེ་བ་ཆེན་པོ་ལས་སད་པའི་ཕྱིར། ཚད་མེད་བཞིའི་ངོ་བོ་ལྷ་མོ་བཞིས་བསྐུལ་བ་ནི། མཱ་མ་ཀཱིས། སེམས་ཅན་ཁམས་ནི་ གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པའི་བདག་ ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན། ། སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །སྤྱན་མས། རྡོ་ རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་ 21-1-153 དམ་རྗེས་སུ་ཕན་སྟོན་པ། །མགོན་པོ་གལ་ཏེ་བདག་ནི༴ འདོད་ཆགས་དམ་ཚིག་ཆགས་པས་ བདག་ལ་དགྱེས་པར་མཛད་དུ་གསོལ། །གོས་དཀར་མོས། ཁྱོད་ནི་རྡོ་རྗེའི་གསུངས་ཏེ་ཀུན་ལ་ ཕན། །ཐུགས་བརྩེ་བ༴ །འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། ། མགོན་པོ་གལ་ཏེ་བདག་ནི༴ །རབ་དགའི་སྤྱོད་པ་ཀུན་ཏུ་བཟང་པོས་བདག་ལ་དགྱེས་པར་ མཛོད། །སྒྲོལ་མས། ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་ སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ་གལ་ཏེ༴ ཡོན་ཏན་རིན་ ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །ཅེས་བསྐུལ་བས་ཡབ་ཡུམ་སྔོན་ བཞིན་དུ་བཞེངས་པར་གྱུར། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་ རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བ་གསུམ་ཁྱོད་ཕྱག་འཚལ་ལོ། །རྣམ་པར་ སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག ། སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། ། རང་བཞིན་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ༴ །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ༴ དོན་ཡོད་ རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་ བྱུང༌། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །ཨརྒྷཾ་སོགས་ཀྱིས་མཆོད། ནང་མཆོད་བྱིན་གྱིས་བརླབས་ལ། འབྲུ་གསུམ་གྱིས་མྱང༌། སྙོམས་འཇུག་གི་བདེ་བ་ཆེན་པོས་མཉེས་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག༴ སོགས། རང་གི་སྙིང་གའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ཉིད་ལ་ཐིམ། གཞལ་ཡས་ཁང་ཡང་རང་ལུས་ལ་ཐིམ། ཡབ་ཡུམ་སྙོམས་པར་ཞུགས། སྦྱོར་མཚམས་ནས་ བྱང་ཆུབ་སེམས་ཀྱིས་འོད་ཟེར་སྤྲོས་ཏེ། སེམས་ཅན་རྣམས་ལ་དབང་བསྐུར་བས་སྒྲིབ་ གཉིས་སྦྱངས་ཏེ་ཧཱུཾ་ཡིག་ཏུ་གྱུར་ནས་ནམ་མཁའ་གང༌། ཐམས་ཅད་ཀྱང་རྡོ་རྗེ་འཆང་དུ་གྱུར་ 21-1-154 པ་བདག་ཉིད་ཀྱི་ཐུགས་ཀར་ཐིམ། སྤྱི་བོར་མཐོ་གང་ཙམ་གྱི་ནམ་མཁའ་ལ་ཝ་ཡིག་ལས་ བྱུང་བའི་ཟླ་བའི་དཀྱིལ་འཁོར། འོག་ཏུ་ༀ་མགོ་བོ་ཐུར་དུ་བསྟན་པས་མཚན་པ། དེ་ལས་ཡེ་ ཤེས་ལྔའི་བདུད་རྩི་བྱུང་སྟེ་སྤྱི་བོ་ནས་ཐིམ་པས་བདག་གི་ལུས་རྒྱས་པར་བསམ། རྗེས་ཀྱི་བྱ་བ་ནི་ གཞན་དང་འདྲའོ། །འདུས་པའི་སྒྲུབ་ཐབས་མདོར་བསྡུས་ཁོ་ནའི་རྗེས་སུ་འབྲང་བ་གྲུབ་ཆེན་ཚུལ་ཁྲིམས་མགོན་གྱི་ཅི་བཞེད་པ་ ལྟར་བཀོད་པའོ། །འདིར་སྨྲས་པ། བཞེད་པ་མི་འདྲ་བསྒྲིགས་པ་ལ། །ཕྱི་མའི་དུས་ཀྱི་མཁས་རྣམས་ངལ། །སློབ་དཔོན་གོང་མའི་ བྱིན་རླབས་ཀྱི། །རྒྱུན་ལ་གནོད་པ་མ་བྱས་སམ། །ལུང་རྒྱུན་ཙམ་ཡང་མི་བཞུགས་པའི། །གླེགས་བམ་དག་གི་དོན་བསྒོམས་ཀྱང༌། ། གླེགས་བམ་མཐོང་བས་ཁེངས་ཞེས་པའི། །ཚིག་དེ་ཐོག་ཏུ་བབས་མིན་ནམ། །འདུས་པའི་སྒྲུབ་ཐབས་ཀྱི་སྐབས་ཏེ་བཞི་པའོ། ། ༈ སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་ཧེ་རུ་ཀ་བསྒོམ་པར་འདོད་པས། སྔོན་འགྲོ་སྤྱི་དང་འདྲ། སྙིང་གར་ ཉི་མ་ལ་ཧཱུཾ། དེའི་འོད་ཀྱིས་ཧེ་རུ་ཀའི་དཀྱིལ་འཁོར་བཛྲ་ས་མཱ་ཛ། ཨརྒྷཾ་སོགས་ཡན་ལག་ལྔའམ་ཡན་ ལག་བདུན་པའི་རྒྱུན་བཤགས། ༀ་ཤུ་ནྱ་ཏ་སོགས། སྟོང་པའི་ངང་ལས་ཆོས་འབྱུང་གི་ནང་དུ། པཾ་ལས་ པདྨ་དམར་པོ་འདབ་བཞི། དེའི་ལྟེ་བ་དང་ཕྱོགས་བཞིར་ཉི་མ་ལ་རང་སེམས་ཐིག་ལེ་དཀར་ པོ་རེ་རེ་དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྔོན་ པོ་སྔོ་སེར་དཀར་ལྗང་བའི་ཞལ། ཕྱག་བཞིའི་གཡས་དང་པོ་རྡོ་རྗེ། གཡོན་དང་དང་པོ་གྲི་གུག་ གཉིས་པ་ན་ཁ་ཊྭཱཾ་ག །གཡས་གཉིས་པ་ན་ཐོད་པ་བསྣམས་པ། ལྷོར་རིན་ཆེན་མཁའ་འགྲོ་མ་ སེར་མོ་སེར་སྔོ་དཀར་ལྗང་བའི་ཞལ། གཡས་དང་པོ་རིན་པོ་ཆེའི་རྒྱལ་མཚན། གཡོན་དང་པོ་ ཐོད་པ། གཉིས་པ་ཅེ་སྤྱང་གི་མགྲིན་པར་བཅིར་བ། གཡས་གཉིས་པ་ཁ་ཊྭཱཾ་ག་བསྣམས་པ། ནུབ་ཏུ་པདྨ་མཁའ་འགྲོ་མ་དཀར་ལ་དམར་བའི་མདངས་ཆགས་པ། དཀར་སེར་སྔོ་ལྗང་བའི་ ཞལ། གཡས་དང་པོ་པདྨ། གཡོན་དང་པོ་ཐོད་པ། གཉིས་པ་གཞུ། གཡས་གཉིས་པ་མདའ་ བསྣམས་པའོ། །བྱང་དུ་སྣ་ཚོགས་རྡོ་རྗེ་མཁའ་འགྲོ་མ་ལྗང་ཁུ། ལྗང་སེར་དཀར་སྔོ་བའི་ཞལ། གཡས་དང་པོ་རལ་གྲི་གཡོན་དང་པོ་ཞགས་པ། གཉིས་པས་ཀ་པཱ་ལ། གཡས་གཉིས་པ་ན་ 21-1-155 ཌཱ་མ་རུ་བསྣམས་པའོ། །དེ་ལྟར་ལྷ་མོ་བཞིས། ཨེ་མ་གཉེན་མཆོག་རྡོ་རྗེའི་འོད་ཀྱིས་པདྨ་ རབ་ཕྱེ་ཞིག །ཨ་ལ་ལ་ལ་ལ་ཧོ། །བདེ་བ་ཆེན་པོས་རབ་ཏུ་དགྱེས་པའི་གར་མཛོད་ཅིག །ཇི་ ལྟར་ཉི་མའི་འོད་ཀྱི་པདྨ་རབ་ཁ་འབྱེད་པ་བཞིན། །ཨ་ལ་ལ་ལ་ལ་ཧོ། བདེ་བ་ཆེན་པོ་རབ་ ཏུ་དགྱེས་པའི་གར་མཛོད་ཅིག །ཅེས་བསྐུལ་བས་ཐིག་ལེ་ཧཱུཾ། དེ་ལས་རིགས་ལྔའི་སྤྲུལ་པ་ དཔག་ཏུ་མེད་པ་སྤྲོས་ཡེ་ཤེས་ལྔ་ལ་བཀོད། ཚུར་འདུས་པ་ལས་དཔལ་ཧེ་རུ་ཀ་སྔོན་པོ་སྔོ་ སེར་དམར་ལྗང་བའི་ཞལ་ཕྱག་འོག་མ་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་བསྣམས་པས་རང་དང་ འདྲ་བའི་ཡུམ་སངས་རྒྱས་མཁའ་འགྲོ་མ་ཕྱོགས་ཀྱི་གོས་ཅན་ལ་འཁྱུད་པ། དང་པོ་གཉིས་ ཀྱིས་མདའ་གཞུ་འཛིན་པ། ཁྲོ་ཆགས་མཛེས་ཤིང་སྒེག་པའི་རབ་ཏུ་ཁྲོས་ཤིང་འཇིགས་པའང་ འཇིགས་པར་མཛད་པ། སྤྱན་གསུམ་གསུམ་དམར་ཞིང་གཡོ་བ། སྐྲ་སེར་གྱེན་བརྫེས། ཐོད་ སྐམ་ལྔའི་དབུ་བརྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ། ཕྱག་རྒྱ་ལྔ་དང༌། གར་དགུས་རོལ་པ། ཐལ་ཆེན་གྱིས་བྱུགས་ཤིང་མི་ལྤགས་ཀྱི་སྟོང་གཡོགས་ཅན། གཡས་བརྐྱང་བའི་གར་སྟབས་ ཀྱིས་ཉི་མའི་སྟེང་དུ། མི་རོའི་སྙིང་གར་མནན་པ་མེ་དཔུང་གི་དབུས་ན་བཞུགས་པའོ། །ལྷ་ མོ་ལྔ་ནི་ཐལ་བ་དང་བྲལ་བ་ཐོད་སྐམ་གྱི་འཕྲེང་བ་ཅན་ནོ། །རང་གི་དཔྲལ་བར་ༀ་དཀར་པོ། མིག་ཏུ་ཨ་དཀར་པོ། རྣ་བར་ཨཿ དམར་པོ། སྣ་ལ་ཁེ་དཀར་པོ། མགྲིན་པར་ཨཱཿ དམར་པོ། སྙིང་གར་ར་དམར་པོ། གནས་གསུམ་དུ་ༀ་ཨཱཿཧཱུཾ། སྙིང་གར་ཉི་མ་ལ་རྡོ་རྗེ་སྔོན་པོའི་ལྟེ་བ་ལ་ ཧཱུཾ། དེའི་འོད་ཀྱིས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོ། ༀ་དྷརྨ་དྷརྟུ་བཛྲ་སྭཱ་བྷཱ་ཝ་ ཨཱཏྨ་ཀོ྅ཧཾ། དབང་གི་ལྷ་སྤྱན་དྲངས་དེ་རྣམས་ཀྱིས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ༴ ཞེས་དབང་ བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས། གཙོ་བོ་དང་རྡོ་རྗེ་མཁའ་འགྲོ་ མ་ལ་མི་བསྐྱོད་པ། སངས་རྒྱས་མཁའ་འགྲོ་མ་ལ་རྣམ་སྣང༌། རིན་ཆེན་མཁའ་འགྲོ་མ་ལ་ རིན་འབྱུང་པདྨ་མ་ལ་སྣང་མཐའ། སྣ་ཚོགས་མ་ལ་དོན་གྲུབ་ཀྱིས་དབུ་བརྒྱན། ཐུགས་ཀའི་ 21-1-156 ས་བོན་ལས་མཆོད་པའི་ལྷ་མོ་སྤྲོས། ཨརྒྷཾ་སོགས་ཀྱིས་མཆོད། མཆེ་བ་གཙིགས་ཤིང་འཇིགས་པ་ ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་ལ་ བདག་ཕྱག་འཚལ། །ཞེས་བསྟོད། སངས་རྒྱས་མཁའ་འགྲོ་མའི་མགོ་བོར་ༀ་དཀར་པོ། སྙིང་ ཀར་ཧཱུཾ་སྔོན་པོ། ལྟེ་བར་སྭཱ་སེར་པོ། གསང་གནས་སུ་ཨ་དམར་པོ། བརླ་གཉིས་སུ་ཧཱ་ལྗང་ ཁུ། མཁའ་གསང་སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ། ༀ་ལས་ནོར་བུ། ཧྲཱིཿལས་པདྨ༴ ཨ་ལས་ ཟེའུ་འབྲུའོ། །ལྷ་མོ་བཞིས། ཨེ་མ་གཉེན་མཆོག་སོགས་ཀྱིས་བསྐུལ་བས། འདོད་པའི་སྒྱུ་རྩལ་དང་ བཅས་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་ཕཊ་ཀྱིས་སྒྲས། སངས་རྒྱས་ཐམས་ཅད་ བཀུག་ཏེ་དྷཱུ་ཏཱིའི་ལམ་ནས་པདྨར་ལྷུང་བའི་བདེ་བ་བྱང་ཆུབ་ཀྱི་སེམས་མྱང་བར་བསམ། ༀ་ ཨཱཿཧྲཱིཿཧཱུཾ་ཧཱུཾ། ཞེས་བཟླས་པར་བྱ། བསྡུ་བ་ནི་སྤྱི་དང་མཐུན་ནོ། །ཞེས་པའང་གྲུབ་ཆེན་ཀུ་ཀུ་རི་པའི་གཞུང་ཆེ་བ་ཇི་ལྟ་བ་ བཞིན་གྱི་ཉམས་ལེན་གྲུབ་ཆེན་ཚུལ་ཁྲིམས་མགོན་གྱི་མན་ངག་ཇི་ལྟ་བ་བཞིན་ནོ། ། འདིར་སྨྲས་པ། ལུགས་འདི་སྤྱོད་པ་ཉུང་བའི་ཕྱིར། །བསྲེ་སླད་བྱས་པའང་ཤིན་ཏུ་ཉུང༌། །འོན་ཀྱང་ཉོག་པོའི་ཚིག་སྤངས་ ནས། །ཉུང་ངུ་རྣམ་གསལ་ངོ་མཚར་ཆེ། །སྒྱུ་འཕྲུལ་ཆེན་མོའི་མངོན་རྟོགས་ཀྱི་སྐབས་ཏེ་ལྔའོ། ། ༈ དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་བསྒོམ་པར་འདོད་པས། རང་གི་སྙིང་གར་ཧཱུཾ་སྔོན་པོ་ལས་འོད་ ཟེར་འཕྲོས། ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད་དང་བཅས་པ་གྱུར། འོད་ཟེར་དེའི་བདག་དང་ སེམས་ཅན་ཐམས་ཅད་སྦྱངས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་བཛྲ་ས་མཱ་ཛཿ ཞེས་སྤྱན་ དྲངས། ཡན་ལག་བདུན་པའམ་ལྔ་པ་གང་རུང་བྱ། སེམས་ཅན་ཐམས་ཅད་བདེ་བ་དང༌། སོགས་ཚད་མེད་བཞི་བྱ། ༀ་སྭ་བྷཱ་ཝ་སོགས། ༀ་ཤཱུ་ནྱ་ཏ་སོགས། སྟོང་པའི་ངང་ལས་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་ སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། རྡོ་རྗེའི་ས་གཞི་ར་གུར་ མེ་རི་དང་བཅས་པའི་བསྲུང་འཁོར་དུ་གྱུར། བསྲུང་བའི་འཁོར་ལོའི་ནང་དུ་ཤིན་ཏུ་འཇིགས་ པའི་དུར་ཁྲོད་ཆེན་པོ་བརྒྱད། དབུས་སུ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ 21-1-157 པ་རང་སྣང་གི་ཡུམ་དང་བཅས་པ་ཞུ་བ་ལས་ཆོས་འབྱུང་དུ་གྱུར། དེའི་ནང་དུ་སྣ་ཚོགས་པདྨ་ ལ་གནས་པའི་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་པད་ཉིའི་སྟེང་དུ། བྷྲུཾ་ལས་འཁོར་ལོའི་ལྟེ་བར་ཟླ་ བ་བཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་ པ་རང་སྣང་ཡུམ་དང་བཅས་པ་ཞུ་བ་ལས། གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་ སུ་རྫོགས་པ། ནང་གི་ལྷ་སྣམ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སུ་སྔོ་བའི་སྟེང་ དུ་རྡོ་རྗེ་རྭ་བ་ཟླུམ་པོས་བསྐོར་བ་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲིས་པས་རེ་མིག་ དགུ་པ༌། འོག་གཞི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ། ལྟེ་བ་ལ་རླུང་གི་དཀྱིལ་འཁོར་གྱི་སྟེང་ དུ་ཉི་མའི་གདན། ཤར་གྱི་རྭ་དབུས་མ་དང་ཤར་ལྷོའི་གྲྭར་ཟླ་བ། གཞན་ལྷའི་གནས་བཅུར་ ཉི་མའི་གདན་དང་བཅས་པ་གསལ་བར་གྱུར། རང་ཉིད་ཟླ་བ་ལ་དྷི་ལས་འཇམ་དཔལ་ གཞོན་ནུ་དཀར་པོ་རྡོ་རྗེ་དྲིལ་བུའམ། དམར་སེར་པོད་རལ་གྲི་འཛིན་པ། གང་རུང་བསྐྱེད། ཐུགས་ ཀར་ཉི་མ་ལ་ཧཱུཾ་དེའི་འོད་ཟེར་གྱིས་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ཏེ་ བདག་ཉིད་ཟླ་བ་དང་བཅས་པ་དེ་ཐམས་ཅད་ཉི་མ་ལ་ཐིམ། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་དགུ་ པའི་འོད་ཟེར་གྱིས་འཕྲོ་འདུ་ལས། དབུས་ཀྱི་གདན་གྱི་སྟེང་དུ་བདག་ཉིད་འཇིགས་མཛད་ ནག་པོ་ནག་དཀར་དམར་བའི་ཞལ་གསུམ། རྩ་བའི་ཞལ་མ་ཧེའི་གདོང་པ་ཅན། ཕྱག་དང་པོ་ གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་འཛིན་པ་ལ་ འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་ཁྲོ་བོའི་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ཀྱིས་འཁོར་ ལོ་དང་པདྨ་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་པས་མ་ཧེའུ་སྟེང་དུ་ལས་ ཀྱི་གཤིན་རྗེ་ཡབ་ཡུམ་དང་བཅས་མནན་པ༌། ཁྲོ་བོའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་ པ་མེ་དཔུང་འབར་བའི་དབུས་ན་ཞུགས་པར་གྱུར། ༀ་དྷརྨ་དྷ་ཏུ་སོགས་སྤྲོ་ན་འོག་ནས་འབྱུང་བ་བཞིན་ དུ་སྒོ་གསུམ་བྱིན་གྱིས་བརླབས་པ་དང་ཡན་ལག་དྲུག་པ་བཀོད། དབང་བསྐུར་རྣམས་ཀྱང་བྱའོ། །ཡུམ་གྱི་དཔྲལ་བར་ 21-1-158 ༀ་དཀར་པོ། སྙིང་གར་ཧཱུཾ་ནག་པོ། ལྟེ་བར་སྭཱ་སེར་པོ། གསང་བར་ཨཱཿ དམར་པོ། བརླ་ལ་ ཧ་ལྗང་གུ་འོད་ཟེར་སྣ་ལྔས་ཁྱབ་པ། ཧཱུཾ་ལས་ཡབ་ཀྱི་རྡོ་རྗེ་ༀ་ལས་བྱུང་བའི་ནོར་བུས་མཚན་ པ། ཧྲཱིཿལས་ཡུམ་གྱི་པདྨ་ཨ་ལས་བྱུང་བའི་ཟེའུ་འབྲུས་མཚན་པ། གཉིས་ཀའི་བུ་ག་ཧོ་དམར་ པོས་བཀག་པ། ༀ་ཨ་ནུ་རཱ་ག་ཡ་མི། རྗེས་སུ་ཆགས་པར་བྱས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ ག་སོགས། ཞེས་སྙོམས་པར་ཞུགས་པར་བསམ་སྟེ་དང་པོར་སྦྱོར་བའོ། །ཐུགས་ཀའི་འོད་ཟེར་ གྱིས་སྤྱན་དྲངས་པའི་སངས་རྒྱས་ཐམས་ཅད་ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ལྷ་ མོའི་པདྨར་བྱུང་བའི་ཐིག་ལེ་ཆ་གཉིས་སུ་གྱུར། ཆ་གཅིག་གཞལ་ཡས་ཁང་གདན་དང་བཅས་ པ་དང༌། ཆ་གཅིག་ཆ་བཅུ་བདུན་དུ་གྱུར་པ། ཡཀྵེ་ཡ་མེ་ད། ཛ་ས་དོ་རུ། ཡཙྪ་ཎི་ར། ཎ་ཡོ་ ནི་ར་རྣམས་སུ་གྱུར། དབུས་ཀྱི་ཡ་ལས་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞལ་དགུ་ཕྱག་སུམ་ཅུ་རྩ་ དྲུག་པར་རང་གི་ཐུགས་ཀར་དྲངས། ཡི་གེ་བཅུ་པ་དང༌། བཛྲ་དྷྲིཀ་ཐུགས་ཀ་ནས་ཕྱིར་ཕྱུང༌། ཞེ་སྡང་ཐམས་ཅད་སྦྱངས། ཞེ་སྡང་གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་བཀོད། སླར་འདུས་ནས་ བདག་ཉིད་ལ་ཐིམ་པས། བདག་ཉིད་སྤྲུལ་པའི་སྐུ་རྡོ་རྗེ་འཇིགས་བྱེད་དུ་གྱུར་པ་ནི། དུས་ མཐའི་སྤྲིན་ལྟར་སྐུ་མདོག་ནག ། ཞལ་དགུ་སུམ་ཅུ་རྩ་བཞིའི་ཕྱག །བཅུ་དྲུག་ཞབས་ཀྱི་ གཡས་རྣམས་བསྐུམ། །གཡོན་བརྐྱང་རྣམ་པར་འགྱིང་བའི་བཞུགས་སོགས་ནས། གར་དགུའི་ རོ་དང་ལྡན་པ་ཉིད། །ཡེ་ཤེས་མེ་དཔུང་དབུས་ན་བཞུགས། །ཞེས་པའི་བར་མངོན་རྟོགས་ཚིགས་བཅད་ མ་ལྟར་ལས། བཅོམ་ལྡན་དེ་ལ་འཁྱུད་པའི་ཡུམ། །དམར་མོ་གྲི་གུག་ཐོད་ཁྲག་འཛིན། །ཕྱག་རྒྱ་ ལྔས་བརྒྱན་མགོ་ཕྲེང་ཅན། །ལང་ཚོ་དར་བབས་སྐྲ་སེར་འཁྱིལ། །གཡས་བརྐྱང་ཞབས་ཀྱིས་ ཡབ་ལ་འཁྱུད། །དེ་ལྟར་རྡོ་རྗེ་ཕག་མོ་ནི། །འཇམ་དཔལ་ཁྲོས་དང་མཚུངས་པའོ། །ཤར་གྱི་ ཀྵེ་ལས་གཏི་མུག་གཤིན་རྗེ་གཤེད་ནག་པོ་ནག་དཀར་དམར་བའི་སོགས། པདྨ་འཛིན་པ། རང་ གི་ཐུགས་ཀར་དྲངས། ༀ་ཛི་ན་ཛིཀ་ཐུགས་ཀ་ནས་ཕྱིར་ཕྱུང༌། གཏི་མུག་ཅན་སྦྱངས། གཏི་ 21-1-159 མུག་གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཤར་གྱི་རེ་མིག་ལ་འཁོད། ལྷོའི་ མ་ལས་ཕྲ་མ་གཤིན་རྗེ་གཤེད་སེར་པོ་སེར་ནག་དཀར་བའི༴ རང་གི་ཐུགས་ཀར་དྲངས། ༀ་ རཏྣ་དྷིཀ་ཐུགས་ཀ་ནས་ཕྱིར་ཕྱུང༌། ཕྲ་མ་ཅན་སྦྱངས། ཕྲ་མ་གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་ བཀོད། ཚུར་འདུས་ལྷོའི་རེ་མིག་ལ་འཁོད། ནུབ་ཏུ་མེ་ལས་འདོད་ཆགས་གཤིན་རྗེ་གཤེད་ དམར་པོ་དམར་ནག་དཀར་བའི་སོགས་རང་གི་ཐུགས་ཀར་དྲངས། ༀ་ཨ་རོ་ལིཀ་ཐུགས་ཀ་ ནས་ཕྱིར་ཕྱུང༌། འདོད་ཆགས་ཅན་སྦྱངས། འདོད་ཆགས་གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་ བཀོད། ཚུར་འདུས་ནུབ་ཀྱི་རེ་མིག་ལ་འཁོད། བྱང་གི་ད་ལས་ཕྲག་དོག་གཤིན་རྗེ་གཤེད་ ལྗང་ཁུ་ལྗང་ནག་དཀར་བའི་སོགས། རང་གི་ཐུགས་ཀར་དྲངས། པྲཛྙཱ་དྷྲིཀ་ཐུགས་ཀ་ནས་ཕྱིར་ ཕྱུང་། ཕྲག་དོག་ཅན་སྦྱངས། ཕྲག་དོག་གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ བྱང་གི་རེ་མིག་ལ་བཀོད། ཤར་ལྷོའི་ཛ་ལས་ལྷ་མོ་ཙརྩི་ཀ་གཏི་མུག་གཤིན་རྗེ་གཤེད་ལྟ་བུ་ ཐུགས་ཀར་དྲངས། ༀ་མོ་ཧི་རཱ་ཏི། བཛྲ་ཙ་རྩི་ཀའམ། ཐུགས་ཀ་ནས་ཕྱིར་ཕྱུང༌། སའི་ཁམས་ ཀྱི་དྲི་མ་སྦྱངས། ཚུར་འདུས་མེ་མཚམས་ཀྱི་གྲྭར་འཁོད། ལྷོ་ནུབ་ཀྱི་ས་ལས་ཕག་མོ་སེར་མོ་ དབུའི་སྟེང་དུ་ཕག་ཞལ་གྱེན་དུ་བལྟ་བ་དང་བཅས་པ་ཕྲ་མ་གཤིན་རྗེ་གཤེད་ལྟ་བུ། ཐུགས་ ཀར་དྲངས། ༀ་དྭེ་ཥ་རྭ་ཏི་ཐུགས་ཀ་ནས་ཕྱིར་ཕྱུང༌། ཆུའི་ཁམས་ཀྱི་དྲི་མ་སྦྱངས། ཚུར་འདུས་ བདེན་བྲལ་གྱི་གྲྭར་འཁོད། ནུབ་བྱང་གི་དོ་ལས་དབྱངས་ཅན་མ་དམར་མོ་འདོད་ཆགས་ གཤིན་རྗེ་གཤེད་ལྟ་བུ་ཐུགས་ཀར་དྲངས། ༀ་ར་ག་རཱ་ཏི་ཐུགས་ཀར༴ མེའི་ཁམས་ཀྱི་དྲི་མ་ སྦྱངས། ཚུར་འདུས་རླུང་མཚམས་ཀྱི་གྲྭར་འཁོད། བྱང་ཤར་གྱི་རུ་ལས་གཱཽ་རཱི་ལྗང་སྔོན་ཕྲག་ དོག་གཤིན་རྗེ་གཤེད་ལྟ་བུ། ཐུགས་ཀར་དྲངས། ༀ་བཛྲ་རཱ་ཏི་ཐུགས་ཀར༴ རླུང་ཁམས༴ ཚུར་འདུས་དབང་ལྡན་གྱི༴ ཕྱི་རོལ་གྱི་ཤར་སྒོ་ཡ་ལས་ཐོ་བ་གཤིན་རྗེ་གཤེད་ནག་པོ་ནག་ དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་སོགས། འཁོར་ལོ་དང་པདྨ་འཛིན་པ། ཐུགས་ཀར་ 21-1-160 དྲངས། ༀ་མུཏྒ་དྷྲྀཀ་ཐུགས་ཀ་ནས་ཕྱིར་ཕྱུང༌། ཚངས་པ་དང་དབང་པོ་དང་མེ་ལྷའི་གདོན་གྱི་ དྲི་མ་སྦྱངས། ཚུར་འདུས་ཤར་སྒོར་གྱི་གྲྭར་འགོད། ལྷོའི་ཙ་ལས་དབྱུག་པ་གཤིན་རྗེ་གཤེད་ དཀར་པོ་དཀར་ནག་དམར༴ ༀ་རཏྣ་དྷྲྀཀ༴ གཤིན་རྗེ་སྲིན་པོའི་གདོན༴ ལྷོར་སྒོར༴ ནུབ་ཀྱི་ ཎི་ལས་པདྨ་གཤིན་རྗེ་གཤེད་དམར་པོ་དམར་ནག་དཀར་བའི༴ ༀ་པདྨ་དྷྲྀཀ༴ ལྷ་མ་ཡིན་དང་ ཆུ་དང་རླུང་ལྷའི་གདོན༴ ནུབ་སྒོར༴ བྱང་གི་ར་ལས་རལ་གྲི་གཤིན་རྗེ་གཤེད་ལྗང་གུ་ལྗང་ ནག་དཀར་བའི༴ ༀ་ཁཏྒ་དྷྲྀཀ༴ གནོད་སྦྱིན་དང་འབྱུང་པོའི༴ བྱང་སྒོར༴ འཁོར་རྣམས་རྒྱན་ ཆ་ལུགས་བཅོམ་ལྡན་འདས་དང་མཚུངས་ཤིང༌། འོན་ཀྱང་ལྷ་མོ་བཞི་ནི། བུད་མེད་སྒྱུ་མའི་ང་ རྒྱལ་གྱིས་འགྱིང་བའི་རང་སྣང་གི་ཐབས་ལ་འཁྱུད་པའོ། །[རིག་བདག་]རིམ་པ་གཉིས་པའི་ གྲྭ་བཞིར། ཎ་ཡོ་ནི་ར་རྣམས་ཡོངས་སུ་གྱུར་པ་ལས། ཐོད་པ་བཞིར་གྱུར་ཏེ་ཕྱིའི་གཞལ་ཡས་ ཁང་གི་རིམ་པ་གཉིས་པའི་གྲྭ་བཞིར་འཁོད། གཞལ་ཡས་ཁང་རང་གི་ཐུགས་ཀར་དྲངས། ཕྱིར་བྱུང་སྣོད་ཀྱི་འཇིག་རྟེན་གྱི་དྲི་མ་སྦྱངས། ཚུར་འདུས་ཕྱིའི་གཞལ་ཡས་ཁང་ལ་ཐིམ། རང་གི་སྙིང་གར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའ་ལྷ་བཅུ་གསུམ་པ། དཀྱིལ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ༀ་ཨུཏྒ་ར་དྷྲྀཀ་ཧཱུཾ་ཕཊ། རཏྣ་དྷྲྀཀ་ཧཱུྃ་ཕཊ། པདྨ་དྷྲ ཀ་ཧཱུཾ་ཕཊ། ཁཏྒ་དྷྲྀཀ་ཧཱུཾ་ཕཊ། ཅེས་བགེགས་བསྐྲད། ཡི་གེ་བཅུ་པས་བསྲུང་བ་བྱས་ལ། ༀ་མུཏྒ་ར་ཛ། དཎྜ་ཧཱུཾ། པདྨ་བཾ། ཁཏྒ་ཧོཿ དམ་ཚིག་པ་དང་རོ་གཅིག་ཏུ་གྱུར། ལྷ་ཐམས་ཅད་ཀྱི། མིག་ཏུ་ཀྵིཾ་དཀར་ ས་སྙིང་དངོས། །རྣ་བར་ཕྱག་རྡོར་ཛྲིཾ་ནག་པོ། །སྣ་ལ་ཁཾ་སེར་ནམ་མཁའི་སྙིང༌། །ལྕེ་ལ་གཾ་ དམར་འཇིག་རྟེན་དབང༌། །དཔྲལ་བ་སྒྲིབ་སེལ་སྐཾ་ལྗང་ཁུ། །ལྟེ་བར་ཀུན་བཟང་སཾ་སྔོན་པོ། ། དཔྲལ་བར་སྐུའི་རྡོ་རྗེ་ༀ། །མགྲིན་པར་གསུང་གི་རྡོ་རྗེ་ཨཱཿ ཐུགས་ཀར་ཐུགས་ཀྱི་རྡོ་རྗེ་ཧཱུཾ། ། སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། རང་གི་ གནས་གསུམ་དུ་ཐིམ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷ་ཝ་ཨུཏྨ་ཀོ྅ཧཾ། ཐུགས་ཀར་ 21-1-161 རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ཕྱག་གཉིས་པ་བསྒོམ། དེའི་ཐུགས་ཀར་ཏིང་འཛིན་ སེམས་དཔའ་ཉི་མ་ལ་ཧཱུཾ་སྔོན་པོ། འདི་རྣམས་གོང་དུ་བྱས་ན་འདིར་མི་དགོས་སོ། །རང་གི་ཐུགས་ཀའི་ཧཱུཾ་ ལས་འོད་ཟེར་འཕྲོས། གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་བཛྲ་ས་མཱ་ཛཿ ༀ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ ཧཱུཾ། ཞེས་དབང་བསྐུར་བས་གཙོ་བོ་ལ་མི་བསྐྱོད་པ་དང༌། འཁོར་རྣམས་ལ་གཙོ་བོས་དབུ་ བརྒྱན། ཨརྒྷཾ་ལ་སོགས་པས་མཆོད། ཧོ་གཤིན་རྗེ་གཤེད་ནག་པོ། །བླ་མ་སྲིན་པོའི་གཟུགས་རང་ བཞིན། ཁྱོད་མཐོང་ཁོ་བོ་རྣམ་པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། ཁྱོད་ཀྱི་གར་ གྱིས་ས་སྟེང་དང༌། །ས་བླ་དང་ནི་ས་འོག་སྤྱོད། །ཨཉྩ་ན་ནག་བཅས་འདྲ་བའི། །གར་མཛད་ ཁྱོད་ནི་རོ་ལངས་ལགས། །སྐུ་ལུས་སྦོམ་ཐུང་ནག་པ་སྟེ། །རྣམ་པ་སྣ་ཚོགས་གཟུགས་སྤྲུལ་པ། ། རྡོ་རྗེ་དབྱངས་ཅན་མ་ཡིས་བཏུད། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཧྲིཿཥྚིའི་གསང་སྔགས་ དག་གིས་ཁྱོད། །ས་གསུམ་པོ་ཡི་འཁྲུལ་བ་སེལ། །སྙིང་རྗེ་ཁྲོས་པ་རྗེ་བཙུན་ཁྱོད། །གར་ མཛད་འགྲོ་བ་ཡོངས་ལ་གཟིགས། །ༀ་སརྦ་ཏ་ཐཱ་ག་ཏ་པུ་ཛ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་ བདུད་རྩ་མྱང་ལ། བཟླས་པའི་དམིགས་པ་གསལ་བཏབ་སྟེ། ༀ་ཡ་མ་ར་ཛ་ས་དོ་མེ་ཡ་ཡ་མེ་དུ་རུ། ན་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡེཙྪ་ནི་ར་མ་ཡ་ཧཱུཾ་ཕཊ། རྩ་སྔགས་སོ། །ༀ་ཧྲཱིཿཥྚི་བི་ཀྲྀ་ཏཱ་ན་ན་ཧཱུཾ་ ཕཊ། །སྙིང་པོའོ། །ༀ་ཡ་མནྟ་ཀ་ཧཱུཾ་ཕཊཿ ཡེ་གེ་དྲུག་པ་ཉེ་སྙིང་ངོ༌། །ༀ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་ བྷཉྫ་ཧཱུཾ་ཕཊ། ལས་སྔགས་སོ། །དེ་ལྟར་བཟླས་པ་བྱས་ལ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བདག་ལ་ ཐིམ། བདག་ཉིད་ཀྱང་ཡེ་ཤེས་སེམས་པ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། དེ་ཡང་འོད་ གསལ་དུ་ཉེ་བར་ཞུགས། རྗེས་ཀྱི་བྱ་བ་ཐམས་ཅད་སྤྱི་དང་མཐུན་ནོ། །ཞེས་པ་སློབ་དཔོན་ཀ་མ་ལ་རཀྵི་ཏའི་གཞུང་ ལས་ཕལ་ཆེ་བར་བསྟན་པ། །གྲུབ་ཆེན་ཁྱུང་པོ་ཛྭ་ཀིའི་མན་ངག་ཇི་ལྟ་བའི་ལུགས་སོ། ། འདིར་སྨྲས་པ། འགའ་ཞིག་རྒྱ་གཞུང་ཁུངས་ཚོལ་ཞིང༌། །དཀྱིལ་འཁོར་མཆོག་འདི་བསྒོམ་པ་འགོག །མ་མཐོང་བ་ལ་མེད་ ཅེས་པའི། །ཚིག་འདིའང་དུབ་པ་ཡིན་ཅེས་གསུང༌། །རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྐབས་ཏེ་དྲུག་པའོ། ། 21-1-162 ༈ ད་ནི་ཅུང་ཟད་ཅིག་དཔྱད་པར་བྱ་སྟེ། ཕྱི་མའི་དུས་འདིར་སྔགས་ལ་མཁས་པར་རློམ་པ་མང་པོ་ཞིག་ལོག་པར་རྟོག་ལ་ འདི་དང་འདི་ལྟ་བུ་སེམས་པར་བྱེད་དེ། དཀྱིལ་འཁོར་ལྔ་པོ་འདི་དག་ཕྱོགས་གཅིག་ཏུ་འགོད་པའང་མི་རུང་ན་ལུས་དཀྱིལ་ལ་ འགོད་པ་ག་ལ་ཞིག་སྙམ་པ་དང༌། འདི་ལུས་ལ་བཀོད་པའི་ལྷ་ཡིན་གྱི་ལུས་དཀྱིལ་མ་ཡིན་ནོ་སྙམ་པ་དང༌། ལུས་ལ་བཀོད་པའི་ དཀྱིལ་འཁོར་ལྔ་ཆར་ལ། སོ་སོར་ཡན་ལག་བཞི་རྫོགས་མ་བྱས་ན། དཀྱིལ་འཁོར་དེ་དང་བསྒོམ་པའི་གོ་མི་ཆོད་སྙམ་པ་དང༌། དཀྱིལ་འཁོར་གྱི་ཆོ་ག་གཅིག་གིས་ལྔར་དབང་བསྐུར་མི་རུང་སྙམ་པ་དང༌། ལྷ་སྐད་ཅིག་གིས་བསྒོམ་པ་ཐམས་ཅད་རྫོགས་རིམ་ ཁོ་ནའི་སྐབས་ཡིན་ནམ་སྙམ་པ་དང༌། སྐྱེ་ཤི་བར་དོ་གསུམ་སོ་སོར་སྦྱོང་བྱེད་ཀྱི་དམིགས་པ་མ་ཚང་ན་སྒོམ་དུ་མི་རུང་བར་འདོད་ པ་དང༌། ཀྱེ་རྡོ་རྗེ་མཚོན་ཆ་ཅན་བཅུ་བདུན་ནམ་མི་འཐད་སྙམ་པ་དང༌། འཇིགས་བྱེད་བཅུ་གསུམ་གྱི་དཀྱིལ་འཁོར་མི་འཐད་ པའམ། འཐད་དུ་ཆུག་ཀྱང་ལྷ་དང་ཆོ་ག་མ་འཁྲུལ་བར་མེད་པར་འདོད་པ་རྣམས་སོ། ། དེ་དག་གིས་ལན་ནི་མཐའ་ཡས་པར་ཡོད་མོད། རྒྱས་པར་མི་སྤྲོ་སྟེ་སྙིགས་མའི་དུས་ཀྱི་གང་ཟག་རྣམས། རང་ལུགས་ཀྱི་ བླ་མ་ཤེས་རབ་ཀྱི་རྣམ་དཔྱོད་འཁྱོགས་པ་དང་ལྡན་ཞིང༌། ནུས་མཐུ་དང་ཐུགས་རྗེ་མངོན་དུ་གྱུར་པ་ནི་ཏིལ་འབྲུ་ཙམ་དང་བྲལ་བ་ འགའ་ཞིག་གཙོ་བོར་བྱས་ཏེ། རིགས་པ་དང་མི་རིགས་པའི་བརྟགས་དཔྱད་གཏོང་ལོང་མེད་པར་གྲུབ་མཐའ་སྐྱོ་མ་སྔ་བཙན་ལ་ ཞེན་པས་ཀུན་ནས་བསླངས་ཏེ་ཞེ་སྡང་མེ་བཞིན་འབར་ནས་སྦྱོར་བ་ངན་པ་ཀུན་ཏུ་རྩོམ་པ་ཙམ་མ་གཏོགས། ལོག་རྟོག་བཟློག་ པར་མི་བྱེད་པར་སྣང་བས་སོ། །མུ་སྟེགས་པ་རྣམས་ཀྱང་རིགས་པ་ལ་ཡིད་རྟོན་པར་བྱེད་ན། ད་ལྟ་བོད་ཀྱི་མཁས་རློམ་འདི་དག་ ནི་ཕྱུགས་དང་མཚུངས་པ་ཉིད་དོ། །འོན་ཀྱང་ལུགས་འདི་ལ་མོས་པ་རྣམས་ལ་ངེས་པར་བྱེད་པའི་ཕྱིར་དུ། སྙིང་པོ་ཙམ་ཞིག་ བརྗོད་ན། དཀྱིལ་འཁོར་ལྔ་ཕྱོགས་གཅིག་ཏུ་འགོད་མི་རུང་སྟེ། དེ་ལྟར་སྟོན་པའི་ལུང་གི་ཁུངས་མེད་ཅིང༌། རྒྱུད་སྡེ་ཐ་དད་ནས་ བཤད་པའི་དཀྱིལ་འཁོར་ཕྱོགས་གཅིག་ཏུ་འགོད་པ་ཡང་རང་བཟོ་ཡིན་ནོ་སྙམ་དུ་བསམ་པའོ། ། འདིར་སྨྲས་པ། ཁྱེད་ཀྱི་ལུགས་ལ་ལུང་དེ་ཅི། སངས་རྒྱས་ཀྱིས་གསུངས་པ་ཉིད་ཡིན་ནམ། ཁྱེད་ཀྱིས་མཐོང་བ་ལ་བྱེད། ཕྱི་ མ་ལྟར་ན་ཁྱེད་རྣམས་བྱིས་པ་ཆུང་ངུའི་སྐབས་དཀྱིལ་འཁོར་གྱི་རྣམ་བཞག་ཕྲ་མོ་རྣམས་དང༌། མདོ་རྒྱུད་ཀྱི་བརྡ་ཆད་ཕལ་མོ་ཆེ་ རྣམས་ཀྱང་ལུང་ཁུངས་མེད་ལ། ཁྱེད་རྣམས་ཀྱིས་ཕྱིས་མཐོང་བ་ན་དེ་ཡོད་པར་འགྱུར་བ་སོགས་ཧ་ཅང་ཡང་ཐལ་བར་འགྱུར་རོ། ། 21-1-163 དང་པོ་ལྟར་ན་ནི། སྡོམ་པ་རྒྱ་མཚོའི་རྒྱུད་ལས་བཤད་པར་བཞེད་དེ། བཞེད་པ་དེ་ལ་འགོག་བྱེད་ཅི་ཡོད། སྡོམ་པ་རྒྱ་ མཚོའི་རྒྱུད་ཅེས་པ་གཏན་མེད་པའམ། གལ་ཏེ་ཡོད་ཀྱང་དེ་ནས་འདི་མ་བསྟན་པའི་ལུང་དང་རིགས་པ་རྣམ་དག་ཅི་ཡོད། རྒྱུད་སྡེ་ མང་པོའི་ལྷའི་མངོན་རྟོགས་སྣ་ཚོགས་རྒྱུད་གཅིག་ཏུ་བསྡུས་ཏེ་འཆད་པ་མི་འཐད་དོ་སྙམ་ན། བདེ་མཆོག་ཨ་བྷི་ཏ་རྣ་ལས་སངས་ རྒྱས་ཐོད་པའི་སྒྲུབ་ཐབས་སོགས་བཤད་པ་དང༌། དུས་འཁོར་ནས་བདེ་མཆོག་གསང་འདུས་སྒྱུ་འཕྲུལ་དྲ་བ་རྣམས་ཀྱི་དཀྱིལ་ འཁོར་བཤད་པ་དང༌། ཐོག་མར་རྒྱུད་སྡེ་གཉིས་ཁོག་ཅིག །ཡང་དེ་དག་རྒྱུད་སྡེ་གཞན་ནས་བཤད་པའི་ལྷ་མ་ཡིན་གྱིས་ཞལ་ཕྱག་ སོགས་ཅུང་ཟད་མི་འདྲ་བའི་ཕྱིར། རྒྱུད་སྡེ་དེ་ཉིད་ཀྱི་ལྷ་ཡིན་ནོ་སྙམ་ན། ཞལ་ཕྱག་མི་འདྲ་བའི་རྒྱུ་མཚན་དེ་ཅི། མདོར་བྱས་དང་ ལཱུ་ཡི་པ་སོགས་མི་འདྲ་བས་སོ་སྙམ་ན། ཡེ་ཤེས་ཞབས་ལུགས་ཀྱི་གསང་བ་འདུས་པའི་དཀྱིལ་འཁོར་དང༌། ནག་པོ་སྤྱོད་པས་ མཛད་པའི་བདེ་མཆོག་གི་དཀྱིལ་འཁོར་སྒྲུབ་ཐབས་སོགས་ཀྱང་སོ་སོའི་རྒྱུད་ཀྱི་དཀྱིལ་འཁོར་མ་ཡིན་པར་འགྱུར་རོ། །རིགས་པ་ འདི་མངོན་རྟོགས་དང་ཆོ་གའི་རིམ་པ་དང་ཡང་མཚུངས་སོ། ། ཡང་ཅིག་ཏུ་ན་ཁོ་བོ་ཅག་གི་དཀྱིལ་འཁོར་འདི་ཡང་སྡོམ་པ་རྒྱ་མཚོའི་དེ་ཁོ་ནའི་དཀྱིལ་འཁོར་ཡིན་ཞེས་བརྗོད་ན་ཅི་ཞིག་ སྨྲས། ཡང་ཁྱེད་ཀྱི་ལུགས་ལ། ཨ་བྷི་དྷ་ན་ནས་བཤད་པའི་སངས་རྒྱས་ཐོད་པ་དེ་ཡང་རྣམ་པར་མ་དག་སྟེ། ཐོད་པའི་རྒྱུད་ད་ ལྟའི་འདི་ནས་ནི་དེ་མ་བཤད། མ་རྒྱུད་རྒྱས་པར་ནི་ད་ལྟ་མ་མཐོང་བས་ལུང་གི་ཁུངས་མེད་དོ་ཞེས་བསྐུར་བ་འདེབས་དགོས་པར་ འགྱུར་རོ། །ཡང་ཁ་ཅིག་དུས་འཁོར་ནས་བཤད་པའི་བདེ་གསང་ལ་སོགས་པ་རྒྱུད་སྡེ་རྒྱས་པ་ནས་བཤད་པ་ཡིན་ནོ། །ཞེས་སྨྲ་ བར་བྱེད་དོ། ། དེ་ལྟར་ན་དུས་འཁོར་དང་གསང་འདུས་གཉིས་རྒྱུད་སྡེ་ཐ་དད་ཡིན་པའི་ཕྱིར། རྒྱུད་སྡེ་ཐ་དད་མང་པོའི་དཀྱིལ་འཁོར་རྒྱུད་ སྡེ་གཅིག་ནས་གསུངས་པ་ཡང་ཡོད་པར་འགྲུབ་བོ། །ཡང་རང་བཟོ་ཞེས་བྱ་བ་ཅི་ལ་ཟེར། བླ་མ་དམ་པའི་མན་ངག་གཅིག་ནས་ གཅིག་ཏུ་བརྒྱུད་པ་མེད་པའོ་སྙམ་ན། ཁོ་བོ་ཅག་ལ་ནི་དེ་ཡོད་པར་འདོད་ཅིང༌། རྒྱ་གར་གྱི་གྲུབ་ཆེན་དངོས་ལ་ཐུག་པའི་ཁྱུང་པོ་ རྣལ་འབྱོར་པས་འདིའི་སྒྲུབ་ཐབས་ཆེ་ཆུང་གཉིས་མཛད་ཅིང༌། བླ་མ་རྣམས་ཀྱི་ལོ་རྒྱུས་ཀྱི་ཡི་གེ་ཀུན་ལ་ཡང་འདིའི་དབང་བསྐུར་ བ་སོགས་ཀྱི་གཏམ་རྒྱུད་དུ་མར་བྱུང་ཞིང༌། ཆིག་བརྒྱུད་ཀྱི་བཀའ་བརྒྱ་གྲོལ་ནས་ནི་ལག་ལེན་རྒྱུན་མ་ཆད་པ་འདིའོ། ། ཡང་བཤད་པའི༌། ཁུངས་གསལ་ཁ་མེད་པ་ལ་རང་བཟོ་ཅིས་ཟེར་ན་ནི། བིརྺ་བའི་སྒྲུབ་ཐབས་ལ་སོགས་པ་གདམ་ངག་ 21-1-164 ཟབ་མོ་མཐའ་ཡས་པ་ཞིག་དང༌། བོད་ཕྱི་རབས་པ་ལ་ནི། བླ་མ་དབུ་མ་པའི་འཇམ་དབྱངས་ཆོས་སྐོར་ལ་སོགས་པ་སྟོན་བྱེད་ ཀྱི་རྒྱུ་དང་རྒྱ་གཞུང་གང་ན་ཡོད། དེ་ལྟ་བས་ན་རང་བཟོ་ནི་ཁྱེད་ཅག་རྣམས་ལ་ཐོག་ཏུ་བབ་སྟེ་བརྒྱུད་པའི་བླ་མ་རྣམས་ལ། ཁ་ ཅིག་རང་ལུགས་མ་ཡིན་ཅེས་པ་དང༌། ཁ་ཅིག་ལ་ལྷག་ཆད་ནོར་བའི་སྐྱོན་ཡོད་ཅེས་སྐྱོན་བཏང་སྟེ། རང་གི་དབང་ཞུས་པའི་བླ་ མ་དེ་ལག་ལེན་དེ་ལྟ་བུ་བྱེད་པ་ལྟ་ཞོག་ཐོས་པ་ཙམ་ཡང་མེད་པར། རང་ཉིད་ཀྱི་རྒྱུད་འགྲེལ་པ་དང་རྒྱ་གཞུང་ཐ་ན་ལུང་རྒྱུན་ཙམ་ ཡང་མེད་པ་རྣམས་ཀྱི་དོན་ཕྱོགས་གཅིག་ཏུ་དྲིལ་ནས། རང་ཡང་བསྒོམ་ཞིང་གཞན་ལ་ཡང་སྟོན་པར་བྱེད་དོ། །དེའི་བྱིན་རླབས་ དང་ལག་ལེན་གྱི་རྒྱུན་ཡོད་འཕྲོ་ལ་ཆད་ནས། ཞི་གནས་སྐྱོན་ཅན་ཙམ་ཡང་རྒྱུད་ལ་མི་སྐྱེ་ཤིང༌། བྱིན་རླབས་ཀྱི་མཚན་མ་སྣ་ གཅིག་ཀྱང་མེད་པར་ཉིན་བསམ་མཚན་བསམ་ཁོ་ན་འདས་ཤིང་ཚིག་གིས་བཤད་པས། མིའི་མངོན་དུ་ལུས་ཀྱི་སྤྱོད་པའི་མཛེས་ འཁྲིགས་དང༌། ཞིང་མ་ཡིན་པ་རྒྱལ་པོ་ལ་སོགས་པ་རྣམས་ལ་ངོ་དགའི་ཁྱོགས་ལ་སོགས་པའི་བྱ་བས་རང་ཕྱོགས་ཙམ་དར་བ་ལ་ བསྟན་པ་སྐྱོང་བར་སེམས་པ་འདི་མཚར་རོ། ། ཡང་རྒྱ་གཞུང་སོགས་ཀྱི་ཁུངས་གཙོ་བོར་བྱེད་ན་ནི། ཕྱི་རབས་ཀྱི་མཁས་རློམ་རྣམས་ཀྱིས་བྱས་པའི་སྒྲུབ་དཀྱིལ་རྣམས་ནི། རྒྱ་བོད་ཀྱི་ཡི་གེ་ཐམས་ཅད་བསྲེས་ཏེ་འདོར་ལེན་འབའ་ཞིག་བྱེད་ཀྱི། རྒྱ་གར་གྱི་པཎ་གྲུབ་ཚད་ལྡན་དང༌། བོད་ཀྱི་མཁས་པ་དང་ སྒྲུབ་པ་པོ་ཚད་དང་ལྡན་པ་སུའི་ལུགས་དང་མི་མཐུན་པར་བྱེད་དོ། །དགྱེས་མཛད་ཀྱི་སྐུ་ལ་བདེ་གསང་སོགས་འགོད་པ་ཡང་མི་ རིགས་པ་མ་ཡིན་ཏེ། སངས་རྒྱས་ཐོད་པའི་སྐུ་ལ་བདེ་མཆོག་གི་ལྷ་ཚོགས་བཀོད་པའི་ལུས་དཀྱིལ་ཨ་བྷི་ད་ན་རུས་གསུངས་པ་ ཡིན་ནོ། ། ཡང་སློབ་དཔོན་རྡོ་རྗེ་གདན་པ་པུ་ནྱཱ་ཤྲིས་མཛད་པའི་དཀྱིལ་ཆོག་དཀྱིལ་འཁོར་ལྔ་ཆར་གཅིག་བསྐུར་བའི་དཀྱིལ་འཁོར་ གྱི་ཆོ་ག་ཡོད་པའི་ཕྱིར། རྒྱ་གཞུང་གི་ཁུངས་མེད་པའང་ག་ལ་ཡིན། དེ་ཉིད་སློབ་དཔོན་དེས་མཛད་པ་མ་ཡིན་ནོ་སྙམ་ནའང་། དེའི་ རྒྱུ་མཚན་ཅི། བསྟན་བཅོས་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་གླེགས་བམ་དུ་བྱས་པ་རྣམས་ལ་མི་བཞུགས་པས་སོ་སྙམ་ན། དེ་འདྲ་ བའི་མ་ངེས་པ། ཆེན་པོ་དེ་དཔྱོད་ལྡན་སུ་ཞིག་སྨྲ། སྔོན་འགྱུར་ངེས་པ་བསྟན་འགྱུར་བསྡུ་བ་པོ་རྣམས་ཀྱིས་མ་རྙེད་པ་ཡང་ཡོད་ལ། སླད་ཀྱི་འགྱུར་བ་ཡང་ཡོད་པའི་ཕྱིར་རོ། །རྩོད་པ་དང་བཅས་པ་རྣམས་ནི་གང་རྒྱུ་མཚན་དུ་ཡང་མི་རུང་སྟེ། ཐེག་པ་ཆེན་པོ་ཉིད་ ཀྱང་རང་སྡེའི་རྩོད་པ་ཅན་ཡིན་པའི་ཕྱིར་རོ། ། 21-1-165 གཉིས་པའི་ལན་ནི། །ཡང་ལུས་དཀྱིལ་གྱི་ལྷ་དང༌། ལུས་ལ་བཀོད་པའི་ལྷ་ཙམ་ལ་ཁྱད་པར་ཡོད་པ་ནི་ཁོ་བོ་ཅག་ཀྱང་ འདོད་དེ་དཀྱིལ་འཁོར་དུ་བྱས་པ་དང༌། མ་བྱས་པའི་ལྷའི་ཁྱད་པར་ཉིད་དོ། །འོན་ཀྱང་གསང་འདུས་འཕགས་སྐོར་དང་བདེ་ མཆོག །ལི་ནག་དྲིལ་གསུམ་ལྟ་བུའི་ལུས་དཀྱིལ་གྱི་མཚན་ཉིད་ལུས་ཐམས་ཅད་ངེས་པར་ཚང་དགོས་པ་ནི་མ་ཡིན་ཏེ། ལུས་ དཀྱིལ་ལ་རྩ་ཁམས་ལྷར་བསྐྱེད་པ་དང༌། ཕུང་ཁམས་བསྐྱེད་པ་གཉིས་ཡོད་ལ། དེ་ལས་གཞན་མེད་པར་གང་ནས་ཀྱང་མ་བཤད་ ཅིང་གཞན་དུ་ན། འདུས་པ་འཕགས་སྐོར་གྱི་ལུས་དཀྱིལ་དེ་ཡང༌། བདེ་མཆོག་ནས་བཤད་པའི་ལུས་དཀྱིལ་གྱི་མཚན་ཉིད་མི་ སྣང་བའི་ཕྱིར། ལུས་དཀྱིལ་རྣམ་པར་དག་པ་མ་ཡིན་ནོ་ཞེས་སྨྲ་དགོས་པར་འགྱུར་རོ། ། གཞན་ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྒོམ་པའི་ཚེ། སྙིང་གའི་དཀྱིལ་འཁོར་ལ་བདག་འཇུག་བྱེད་པ་ཡོད་ཅིང༌། དེ་ལ་བླ་མེད་འགའ་ཞིག་དང་མཚུངས་པའི་ལུས་དཀྱིལ་ཀྱི་སྒྲུབ་གཞིར་བྱེད་པ་ནི་མེད་ལ། སྙིང་གའི་དཀྱིལ་འཁོར་ཡིན་པའི་ ཕྱིར་དང༌། སྙིང་ག་དེ་ལུས་མ་ཡིན་ཅི་ཞིག་ཡིན། གཞན་ལུས་དཀྱིལ་གྱི་ལྷ་ལ་སྒྲུབ་གཞི་ལུས་ཡིན་པས་ཁྱབ་པར་སྨྲ་བ་ཤིན་ཏུ་ མ་བརྟགས་པ་ཡིན་ཏེ། རང་ཉིད་ཀྱི་ལུས་དཀྱིལ་མཆོག་ཏུ་འབད་པས་སྒྲུབ་པའི་འདུས་པ་འཕགས་སྐོར་གྱི་ལུས་དཀྱིལ་དེ་ལ། སྒྲུབ་གཞི་ཚོར་བའི་ཕུང་པོ་ལས་བྱས་པའི་རིན་ཆེན་འབྱུང་ལྡན་དང༌། སྒྲུབ་གཞི་རྣམ་ཤེས་ཀྱི་ཕུང་པོ་ལ་བྱས་པའི་མི་བསྐྱོད་པ་ལ་ སོགས་པ་དེ་དག །སྒྲུབ་གཞི་ལུས་ལ་ཡིན་པའི་ཕྱིར། ལུས་དཀྱིལ་གྱི་ལྷ་མ་ཡིན་པར་འདོད་དགོས་ཏེ། ཕུང་པོ་བཞི་པོ་དེ་དག་ལུས་ སུ་ཁས་བླངས་པའི་སྐབས་ནམ་ཡང་མེད་པའི་ཕྱིར་རོ། ། དེ་བས་ན་ལུགས་འདི་སྐྱོངས་པའི་ཕྱི་རབས་པ་འགའ་ཞིག་འཁོར་ལོ་ལྔའི་ལྷ་རྩ་ཁམས་དེ་ཡོངས་སུ་གྱུར་པ་ལས། དཀྱིལ་ འཁོར་ལྔར་བསྒོམ་པ་ཞིག་མ་བྱུང་ན། དེར་དེ་དག་འགོད་པ་ཙམ་གྱིས་ལུས་དཀྱིལ་དུ་མི་འགྱུར་ཞེས་སྨྲས་པའང༌། སྙིང་པོ་མེད་ དོ། །དེ་བས་ན་ལུས་ལ་བཀོད་པའི་དཀྱིལ་འཁོར་གང་ཡིན་པ་དེ་དག་ཐམས་ཅད་ལུས་ཀྱི་དཀྱིལ་འཁོར་དུ་མིང་དོན་མཐུན་དུ་ འཇུག་པ་ལ་ཅི་ཞིག་རྒོལ། གཞན་དུ་ན་འབྱུང་བ་བཞིའི་དཀྱིལ་འཁོར་དང་ཞལ་གྱི་དཀྱིལ་འཁོར་ལ་ཡང་ཁྱེད་ཅག་རྩོད་པར་བྱེད་ དམ། དེ་བས་ན་ཕྱིས་བྱུང་བ་བྱིས་པའི་རྩོད་པ་འདི་དག་ནི་སྨིག་རྒྱུ་དང་མཚུངས་པར་མངོན་ནོ། །ལོག་རྟོག་གསུམ་པ་ཡང་ཕྱིས་ བྱུང་བའི་ལུགས་འདི་འཛིན་པ་ཕལ་ཆེ་བ་ཞིག་དང༌། གཞན་ལུགས་པ་ཁ་ཅིག་ཀྱང་སྟེ། ས་བོན་ལས་བསྐྱེད་ཅིང་སོ་སོའི་ལུགས་ ཀྱི་གོ་ཆ་འགོད་པ་དང༌། སོ་སོར་ཡེ་ཤེས་པ་བསྟིམས་པ་དང་རང་རང་གི་རིགས་བདག་གིས་རྒྱས་བཏབ་པ་རྣམས་བྱས་ན། དཀྱིལ་ 21-1-166 འཁོར་སོ་སོའི་མངོན་རྟོགས་བསྡུས་པ་རེ་བསྒོམ་པར་འགྱུར་ལ། གཞན་དུ་དཀྱིལ་འཁོར་ལྔ་པོ་བསྒོམ་པའི་གོ་མི་ཆོད་སྙམ་པ་ཡིན་ མོད་ཀྱི། ལུས་དཀྱིལ་ཐམས་ཅད་ལ་ཡན་ལག་བཞི་རྫོགས་དགོས་པས་མ་ཁྱབ་སྟེ། ལཱུ་ནག་དྲིལ་གསུམ་གྱི་ལུས་དཀྱིལ་ནི་ས་བོན་ ལས་མི་བསྐྱེད་པ་ཡང་ཤིན་ཏུ་མང་ལ། འདུས་པའི་ལུས་དཀྱིལ་ཡང་ས་བོན་ལས་ནི་བསྐྱེད་མོད་ཀྱི། ཡན་ལག་ལྷག་མ་རྣམས་ནི་ གཏན་བསྒོམ་པར་མི་བྱེད་པ་བཞིན་ནོ། ། གཞན་ཡང་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་ཀྱི་རྣལ་འབྱོར་རྫོགས་པའི་རིམ་པ་དང་འཕྲེང་བར། དཀྱིལ་འཁོར་ བཞི་བཅུ་རྩ་གཅིག་གཉིས་ལ་སྐད་ཅིག་གིས་བསྐྱེད་དེ་ཡན་ལག་ལྷག་མ་རྣམས་ཀྱང་མི་བྱེད་པའི་སྒྲུབ་ཐབས་ཀྱང་མཛད་ན། ལུས་ ཀྱི་དཀྱིལ་འཁོར་ལ་དེ་དག་དགོས་པ་ལྟ་སྨོས་ཀྱང་ཅི་དགོས། འོན་ཏེ་དེ་བསྐྱེད་རིམ་གྱི་སྐབས་མ་ཡིན་གྱི། རྫོགས་རིམ་གྱི་བསྐྱེད་ ཚུལ་ཡིན་ནོ་ཞེས་སྨྲ་བ་དང༌། ཁ་ཅིག་ལྟར་བསྐྱེད་རིམ་ལ་བསྟན་པ་ཐོབ་པ་རྣལ་འབྱོར་བཞི་པའི་སྐབས་ལ་བསྒོམ་པར་བྱ་བ་ཡིན་ གྱི། ལས་དང་པོ་ལ་དེས་བསྐྱེད་པའི་རིམ་པས་གོ་མི་ཆོད་སྙམ་ན། དེ་ཉིད་ཀྱི་སྔོན་དུ་བསྲུང་བའི་འཁོར་ལོ་དང༌། ཚོགས་ཞིང་ མཆོད་ཅིང་རྒྱུན་བཤགས་བྱེད་པ་སོགས་བཤད་པས་རྫོགས་རིམ་གྱི་ལྷ་བསྒོམ་པའི་ཡན་ལག་ཏུ། དེ་དག་དགོས་པར་འདོད་པ་ ལས་ངོ་མཚར་ཆེ་བ་ཅི་ཞིག་ཡོད། བཞི་པའི་ལན་ནི། རེ་ཞིག་ཁྱེད་ཅག་ཉིད་ལ་འདྲི་སྟེ། གསང་བ་འདུས་པའི་དཀྱིལ་འཁོར་གྱི་ ཆོ་ག་ཡན་ལག་དང་བཅས་པ་གང་ལ། འདུས་པ་རྩ་བཤད་ནས་བཤད་པ་འབའ་ཞིག་བྱ་དགོས་སམ། རྒྱུད་སྡེ་གཞན་ནས་བཤད་ པས་རུང༌། དང་པོ་ལྟར་ན་ནི། དེ་ལྟར་ཁྱེད་རྣམས་ཀྱི་ལག་ལེན་བྱེད་པ་རྣམས་སྨོས་ཀྱང་ཅི་དགོས། ཚད་དང་ལྡན་པར་གྱུར་བའི་ དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་དང་། བཞི་བརྒྱ་ལྔ་བཅུ་པ་ལ་སོགས་པ་དེ་དག་ཀྱང་ཁྱེད་ཀྱི་ལུགས་ལ་ཤིན་ཏུ་འཁྲུལ་བར་ཐལ་ བར་གྱུར་ཏེ། དེ་དག་གི་ཆོ་ག་མང་པོ་རྒྱུད་སྡེ་གཞན་ནས་དྲངས་པར་མི་སྣང་བའི་ཕྱིར་རོ། །གཞན་ཡང་རྒྱ་བོད་ན་ཆོ་ག་རྣམ་པར་ དག་པ་སྣ་གཅིག་ཀྱང་མེད་པར་ཁས་བླངས་པར་སོང་བས་རང་ཉིད་ལ་ཅོ་འབྲི་བར་བྱས་སོ། ། གཉིས་པ་ལྟར་ན་རྒྱུད་སྡེ་སྣ་ཚོགས་ནས་བསྡུས་པའི་དབང་བསྐུར་བའི་ཆོ་ག་གཅིག་གིས་འདུས་པའི་དཀྱིལ་འཁོར་དུ་ དབང་བསྐུར་དུ་རུང་ཞིང༌། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་དུ་མི་རུང་བའི་རྒྱུ་མཚན་ཡང་དག་པ་གཅིག་ཀྱང་མི་ སྣང་ངོ༌། །འཇིགས་མེད་འབྱུང་གནས་ཀྱིས་ཞལ་སྔ་ནས། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་འཕྲེང་བ་ཞེས་བྱ་བ་ཡང༌། རྒྱུད་སྡེ་མཐའ་ དག་ནས་བཤད་པའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ལ་ཆོ་ག་གཅིག་ཁོ་ན་སྦྱར་བ་ཡིན་པས་རེ་ཞིག་དེ་ཉིད་ཁོག་ལ། ཕྱིས་འདི་ 21-1-167 དགག་པར་གྱིས་ཤིག །དེ་ལྟ་མོད་ཀྱི་མན་ངག་དང་ཁུངས་མེད་པར་ཕན་ཚུན་གཅིག་གིས་རང་བཟོའི་རྒྱས་འགེབ་པ་ཁོ་བོ་ཅག་ ནི་རྨི་ལམ་ན་ཡང་མི་བྱེད་མོད། བླ་མེད་ཀྱི་ཆོ་ག་ཡང་དག་ལ་ཀྱཻ་རྡོ་རྗེའམ། གསང་བ་འདུས་པའི་འདྲེས་བྱེད་ཅིང༌། བདེ་མཆོག་ དང་འདུས་པའི་རྫོགས་རིམ་མང་པོ་ལ་ཡང༌། ལམ་སྐོར་གྱི་བརྡ་ཆད་འདྲེས་པར་ཡང་སྣང༌། ལ་ལ་དག་ནི་རྫོགས་རིམ་ཐམས་ཅད་ གནད་བཞི་དང་བསྲེ་བ་དགུ་ལ་སོགས་པ་སྦྱོར་བ་དང༌། རྡོ་རྗེ་འཇིགས་བྱེད་ལ་སོགས་པ་ཞལ་ཕྱག་དག་པའི་ངེས་དོན་དུ་བྱས་ན་ རང་གི་རྩ་བའི་བླ་མ་ཡན་ཆོད་ཀྱི་རྣ་བར་མ་ཐོས་པའི་ཁྲིད་སྣ་ཚོགས་པ་ཟབ་ཟབ་ལྟར་བཅོས་ནས་མ་རྒྱུད་ཀྱི་འཕོ་བ་བསྣན་ཏེ་རྒྱ་ ཆེར་འཆད་པའི་ཕྱིར་ཁྱེད་རྣམས་ཉིད་ཀྱིས་གཟབ་དགོས་སོ། ། ལོག་རྟོག་ལྔ་པ་ནི། འཕགས་པའི་ཡུལ་དང་གངས་རིའི་ཁྲོད་འདིར། ལྷ་དཔའ་བོ་གཅིག་པ་ལ་སོགས་པ་སྐད་ཅིག་གིས་ བསྐྱེད་པ་ཇི་སྙེད་ཅིག་བྱུང་ཞིང༌། བརྒྱུད་པའི་སྲོལ་འདི་ལ་ཡང་སྐད་ཅིག་གིས་བསྐྱེད་པ་ལ་ཉམས་ལེན་གྱི་གཙོ་བོར་མཛད་དེ། དེ་ ལ་བོད་ཁ་ཅིག་གིས་བླ་མའི་མན་ངག་མེད་པར་རང་གི་བློ་བཟོ་མ་སྐད་ཅིག་གིས་བསྒོམ་པའི་མངོན་རྟོགས་དང༌། དེའི་དབང་ཆོག་ སོགས་གསར་དུ་བརྩམས་པ་དག་བྱུང་བ་ལ། རང་བཟོའི་ཀྲོང་བསྐྱེད་བསྒོམ་དུ་མི་རུང་ཞེས་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་འགོག་པར་ མཛད་པ་ཡིན་མོད་ཀྱི། ཀྲོང་བསྐྱེད་ཐམས་ཅད་བཀག་པ་ག་ལ་ཡིན། དེ་བས་ཕྱི་མའི་དུས་འདིར་སྐད་ཅིག་གིས་བསྐྱེད་པ་རྫོགས་ རིམ་གྱི་ལྷ་འབའ་ཞིག་ཏུ་འདོད་པ་དང༌། བསྐྱེད་རིམ་གྱི་རྣལ་འབྱོར་བཞི་པའི་སྐབས་ཁོ་ནའི་བསྒོམ་བྱ་ཡིན་པར་འདོད་པ་ནི་གཙོ་ བོའི་དོན་ལ་མཚུངས་ཏེ། བསྐྱེད་རིམ་རྣལ་འབྱོར་བཞི་པ་ཡང་རྫོགས་རིམ་གྱི་རྟོགས་པ་བཟང་པོ་མ་སྐྱེས་པ་ལ་འབྱུང་བའི་ཕྱིར་ རོ། །དེ་ལ་འདི་ལྟར་བཏགས་ཏེ། རྫོགས་རིམ་གྱི་སྐབས་མ་ཡིན་པར་ལྷ་སྐད་ཅིག་གིས་བསྐྱེད་པ་གཏན་ནས་མི་རུང་བའམ། སྤྱིར་ རུང་དུ་ཆུག་ཀྱང་དེ་འབའ་ཞིག་ལ་སེམས་འཛིན་དུ་མི་རུང་བའོ། །དེ་ཡང་རུང་དུ་ཆུག་མོད་ཀྱི་ས་བོན་ལ་སོགས་པ་ལས་བསྐྱེད་ པ་གཞན་ཞིག་མེད་པར། ཀྲོང་བསྐྱེད་ཀྱི་ལྷ་འབའ་ཞིག་བསྒོམ་པ་མི་རུང་བ་ཡིན། དང་པོ་ལྟར་ན་གསང་འདུས་འཕགས་སྐོར་གྱི་ ལྷག་མོས་དང༌། ཐུན་མཚམས་ཀྱི་ལྷ་བསྐྱེད་པ་ཡང་མི་རུང་བར་འགྱུར་ཞིང༌། གཉིས་པ་ལྟར་ན་ཡང་དེ་ལྟར་མི་རུང་བའི་རྒྱུ་མཚན་ ཅུང་ཟད་ཀྱང་མེད་པ་ཁོ་ནར་མ་ཟད་བསྐྱེད་རིམ་ལ་སེམས་འཛིན་པའི་ཚེ་གཞན་དུ་ཅུང་ཟད་སེམས་ཡེངས་པ་ན་སླར་ཡང་མངོན་ རྟོས་མགོ་ནས་མ་བཅད་པར་སེམས་འཛིན་དུ་མི་རུང་བར་འགྱུར་རོ། །དེས་ན་སེམས་གཞན་དུ་ཡེངས་པ་ན་སླར་སེམས་འཛིན་ པའི་ཚེ་སྐད་ཅིག་གིས་བསྐྱེད་པ་ལས་འོས་ཅི་ཡོད། གསུམ་པ་ལྟར་ན་མི་རུང་ཞེས་བྱ་བ་ནི་ཅི་ཞིག །འགའ་ཞིག་ཐུན་མཚམས་ 21-1-168 ཀྱི་ལྷ་ཙམ་བསྒོམ་སྟེ། ཐུན་བཞིའི་རྣལ་འབྱོར་ལ་སོགས་པ་མི་བྱེད། དེ་དག་ལ་མི་རུང་བ་མེད་ན། ཐུན་བཞིའི་ལྷ་སྐད་ཅིག་གིས་ བསྐྱེད་པ་ལ་སེམས་གནས་པ་བརྟན་པོར་བྱེད་པ་དང༌། དེའི་སྔགས་བཟླ་བ་ལ་སྐྱོན་དུ་བལྟ་བ་ནི། སྐྱེས་བུ་ཞིག་ཚོང་དུས་ཀྱི་ལམ་ དུ་ཉེ་བར་ཞུགས་པ་ལ་ཡང་ན་ཁྱོད་མ་འགྲོ། ཅི་སྟེ་འགྲོ་ན་འཁོར་ཡུག་གི་ཕ་རོལ་ཏུ་འགྲོ་དགོས་སོ་ཞེས་སྨྲ་བ་དང་མི་མཚུངས་ སམ། རང་གི་བློ་དང་འཚམ་པ། དེ་ཙམ་བསྒོམ་པ་ལ་སྐྱོན་དུ་མ་འཛིན་ཞིག ། ལོག་རྟོག་དྲུག་པ་ནི། བོད་ཀྱི་ཕྱི་རབས་པ་འགའ་ཞིག་ལ་སྣང་སྟེ། སྐྱེ་ཤི་བར་དོ་གསུམ་སྦྱོང་བྱེད་སོ་སོར་ཚང་ཞིང༌། སྐུ་ གསུམ་ལམ་བྱེད་སོ་སོར་ཡོད་པ་ཞིག་བསྒོམ་ན། རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་ཞིང་བག་ཆགས་དེ་དང་དེ་སྦྱོངས་པའི་ནུས་ པ་ཡོད་ཅིང༌། མངོན་རྟོགས་བསྡུས་པ་རེ་ལ་ཟབ་མོར་བསྒོམ་པ་རྣམ་པ་རྣམས་ནི་སྙིང་པོ་མེད་པ་ལ་བརྩོན་པར་བྱེད་པས་དུས་དོན་ མེད་དུ་འདའོ། །ཞེས་སྨྲ་བར་བྱེད་དོ། །ཚིག་འདི་ནི་ཤིན་ཏུ་མི་རུང་བ་ཡིན་ཏེ། ཆོས་དང་གང་ཟག་དམ་པ་མཐའ་ཡས་པ་ཞིག་ལ་ ངན་སྨྲས་སུ་སོང་བའི་ཕྱིར་རོ། །ཡང་ཌོཾ་བྷི་ཧེ་རུ་ཀ་སོགས་གྲུབ་པའི་སྐྱེས་བུ་ཇི་སྙེད་པ་ཞིག་གིས་མཛད་པ་བདེ་དགྱེས་གསང་ འདུས་དུས་འཁོར་གཤིན་རྗེ་གཤེད་ལ་སོགས་པའི་སྒྲུབ་ཐབས་མཐའ་ཡས་པ་ཞིག་མཛད་པ་མ་ཡིན་ནམ། ཡང་སྒྲུབ་ཐབས་ བསྡུས་པ་འདི་དག་གིས་སྐྱེ་ཤི་བར་དོའི་ས་བོན་དངོས་སུ་འཇོམས་མི་ནུས་པས་སྒོམ་དུ་མི་རུང་བ་ཡིན་ན་ནི། ཤིན་ཏུ་མ་ངེས་ཏེ་དེ་ ལྟ་ན་བསྐྱེད་རིམ་མཐའ་དག་དང༌། སོ་སོའི་སྐྱེ་བོའི་ལམ་གྱི་རྫོགས་རིམ་ཐམས་ཅད་ཀྱིས་ས་བོན་དེ་རྣམས་དངོས་སུ་འཇོམས་མི་ ནུས་པའི་ཕྱིར་བསྒོམ་དུ་མི་རུང་བར་འགྱུར་ལ་རྒྱུད་ནས་དེ་རྣམས་འཇོམས་པའི་རྒྱུ་མཚན་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ སྨོན་ལམ་བཏབ་པ་ཙམ་ཡང་འགྱུར་ན། སྒྲུབ་ཐབས་བསྡུས་པ་རྣམས་ཁོ་ནས་ཉེས་པ་ཅི་ཞིག་བྱས། གཞན་ཡང་དུས་གསུམ་གྱི་ སྣང་བ་ལྷར་བསྒོམ་པ་ཁོ་ནས་ཐ་མལ་གྱི་སྣང་ཞེན་ཡིན་ནོ་ཅོག་ཐམས་ཅད་མགོ་ནོན་པར་འགྱུར་ན། སྐྱེ་ཤི་བར་དོ་གསུམ་ཁོ་ནས་ སྣང་ཞེན་ལོག་ཞིག་ཏུ་ཅི་ལ་སྡོད། དོན་གྱི་གཙོ་བོ་ཡང་ཐ་མལ་གྱི་སྣང་ཞེན་བཟློག་པ་ཡིན་པའི་ཕྱིར་བསྐྱེད་རིམ་གྱི་གཙོ་བོའི་དོན་ སྒྲུབ་ཐབས་བསྡུས་པ་རྣམས་ལ་ཡང་ཚང་བ་ཡིན་ནོ། །སྐུ་གསུམ་ལམ་དུ་བྱེད་མི་ནུས་པ་ཞེས་པ་ལ་ཡང་རིགས་པ་འདི་ཉིད་སྦྱར་ བར་བྱའོ། །ཅི་སྟེ་སྐུ་གསུམ་ལམ་བྱེད་དང༌། སྲིད་པ་གསུམ་སྦྱོང་བྱེད་ཙམ་ཡོད་དུ་ཆུག་ཀྱང༌། བསྡུས་པ་དེ་དག་མི་ཟབ་ཅིང་རྒྱས་ པ་དེ་དག་ཟབ་སྙམ་ན། འདི་ལ་ནི་གང་ཟག་གི་ཁྱད་པར་ཤེས་དགོས་ཏེ། དཀྱིལ་འཁོར་རྒྱས་པ་གསལ་ཐེབས་ཤིང་མངོན་རྟོགས་ རྒྱས་པ་དེ་ཡང་མྱུར་དུ་བསྒོམ་ཐུབ་པའི་གང་ཟག་ལ་ནི་རྒྱས་པ་དེ་དག་ཤིན་ཏུ་ཟབ་པ་ཡིན་པ་ཁོ་བོ་ཅག་ཀྱང་འདོད་མོད། དེ་ལྟ་ 21-1-169 བུའི་གང་ཟག་ནི་ཤིན་ཏུ་ཉུང་སྟེ། དཀྱིལ་འཁོར་དེའི་ངོར་གསལ་ཐེབས་དགོས་ཀྱི། མངོན་རྟོགས་འདོན་ཤེས་པ་དང་གོ་བ་ཡོད་པ་ ཙམ་གྱིས་མི་ཆོག་པའི་ཕྱིར་རོ། །དེས་ན་ཞལ་གཅིག་ཕྱག་གཉིས་པའམ། གཙོ་རྐྱང་ཙམ་འོལ་སྤྱི་གསལ་ཐེབས་ལ། དཀྱིལ་འཁོར་ ཆེན་པོ་བསྒོམ་པའི་ཚེ་འོལ་སྤྱི་ཙམ་ཡང་གསལ་ཐེབས་དཀའ་བ་ཤ་སྟག་འདུག་སྟེ། མངོན་རྟོགས་ཆེན་པོ་འདོན་ཅིང་བསྒོམ་པ་ ལྟར་བཅོས་ནས་ཉིན་ཞག་བརྒྱ་སྟོང་འདས་ཀྱང་མངོན་རྟོགས་རྒྱས་པ་ལན་ཅིག་ཙམ་ཡང༌། ཚང་བར་གསལ་ཐེབས་དཀའ་ཞིང༌། ངག་གི་ནུས་པ་རྙེད་པ་དང་སེམས་གནས་ཐོབ་པ་ཅིག་ཀྱང་མི་ཡོང་བའི་ཚོད་དུ་སྣང་བས། གང་ཟག་དེ་ལ་མི་ཟབ་བོ། །དེས་ན་དེ་ ལ་ནི་ཉུང་ངུ་ཙམ་བསྒོམ་ན་གསལ་ཡང་ཐེབས་ལ། བསྒོམ་བཟླས་མང་དུ་བྱས་པས་མཐུ་ནུས་པ་ཡང་རྙེད། སེམས་ཟིན་སླ་བས་ མི་རིང་བར་གསལ་སྣང་མཆེད་ནས། དཀྱིལ་འཁོར་རྒྱས་པ་བསྒོམ་པའི་སྐལ་པ་ཅན་དུ་ཡང་འགྱུར་བས་ན། གང་ཟག་འདི་ལ་ནི་ མངོན་རྟོགས་ཀྱང་བསྡུས་པ་རྣམས་ཟབ་པ་ཡིན་ནོ། ། འོ་ན། བསྡུས་པ་དེ་རྣམས་དབང་པོ་རྟུལ་བོའི་ཉམས་ལེན་དུ་སྣང་བས། མི་ཟབ་པར་གྲུབ་པའི་ཕྱིར་ཁོ་བོ་ཅག་རྒྱས་པ་ བསྒོམ་མོ་སྙམ་ན། ལྷ་ཞལ་གཅིག་ཕྱག་གཉིས་པོ་ཡང་གསལ་མི་ཐེབས་བཞིན་དུ་དབང་པོ་རྣོན་པོའི་ང་རྒྱལ་མི་འཚལ་ཞིང༌། ཁྱེད་ ཅག་དཀྱིལ་འཁོར་རྒྱས་པ་བསྒོམ་པ་ལ་ནི་ཁོ་བོ་ཅག་དགག་པ་བརྗོད་པ་དང་ངན་པར་ག་ལ་སེམས་ཏེ། དེ་ཙམ་གྱིས་ཀྱང་བག་ ཆགས་ཁྱད་པར་ཅན་འཇོག་པར་སྣང་བས་སོ། །འོན་ཀྱང་ད་ལྟ་གསང་སྔགས་ཀྱི་སྒོར་ཞུགས་པར་སེམས་པ་རྣམས་ནི། རེ་རེ་ཙམ་ མ་གཏོགས་དབང་པོ་རྟུལ་པོར་སྣང་བའི་ཕྱིར་དབང་པོ་མཆོག་དམན་གྱི་ཁྲིད་ལུགས་ཤེས་དགོས་སོ། ། ལོག་རྟོག་བདུན་པ་ནི་ཁ་ཅིག་ན་རེ། སློབ་དཔོན་ཀ་མ་ལ་པས་སམྦུ་ཊའི་སྙིང་པོ་ཧེ་རུ་ཀ་བཅུ་བདུན་པའི་དཀྱིལ་འཁོར་ མཚན་མ་བཞི་བོར་ནས། དེའི་ཕྱག་མཚན་སྒོ་མ་བཞི་གཏད་ནས་བཅུ་གསུམ་པའི་དཀྱིལ་འཁོར་དུ་འདོད་དེ། རྒྱུད་ལས། པི་ཝཾ་ དང་ནི་གླིང་བུ་དང༌། །ཀུ་མུད་དག་དང་རྫ་རྔ་སྟེ། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ། ཞེས་བཤད་པ་དང༌། འགལ་ལམ་སྙམ་ན། འདི་ཁྱུང་པོ་རྣལ་འབྱོར་གྱི་ཀྱཻ་རྡོར་མཚོན་ཆ་ཅན་ཟེར་ཏེ། རྒྱུད་འགྲེལ་རྣམས་ནས་ དེའི་ཐ་སྙད་མ་བཤད་དོ། །ཞེས་འདྲི་སྟེ། དེ་ལ་སྨྲས་པ། ཁྱེད་ནི་གྲགས་པ་དང་ལྡན་པ་ཞེས་ཀྱང་སྣང་སྟེ། སྨྲ་བ་འདི་ལྟ་བུ་ལ་ཅིའི་ ཕྱིར་འབྱུང་བར་མི་འགྱུར། དགོས་པ་མེད་བཞིན་དུ་རིགས་པ་མ་ཡིན་པའི་ཚིག་གི་ཆོས་དང་གང་ཟག་མཆོག་ལ་སྡང་བའི་སྡིག་པ་ རྔམ་པོ་ཆེ་བསགས་པའི་ཕྱིར་རོ། །སྤྱིར་གྲུབ་ཐོབ་ཀྱི་འཁོར་ལོས་བསྒྱུར་བ་ལྭ་བའི་ན་བཟའ་ཅན་ལྟ་བུ་ལ་སྐྱོན་འཛིན་པ་འདི་ལྟ་ 21-1-170 བུའི་སྙིང་ཁམས་ནི་ནམ་མཁར་མི་ཤོང་བ་ཙམ་སྟེ། དེ་ལྟ་བུར་ན་གྲུབ་ཆེན་མཚོ་སྐྱེས་ཀྱིས་བསྟོད་པ་དང་སྒྲུབ་ཐབས་ལས། ཤ་ར་ བྷ་དང་བྱི་ལའི་དོད་དུ་ཁྱི་དང་མ་ཧེ་བཤད་པ་ཡང་རྒྱུད་དང་མི་མཐུན་ཅེས་ཁོག་ཅིག ཉི་ཟེར་ལ་ཆིབས་པ་སོགས་ཀྱི་ཆོ་འཕྲུལ་ལ་ མངའ་བརྙེས་ཤིང༌། ཤིང་གི་ལྷ་མོས་བསོད་སྙོམས་འབུལ་སོགས་ཀྱི་རྟགས་ལས་དངོས་གྲུབ་བརྙེས་ངེས་པ། རང་གི་བརྒྱུད་པའི་ བླ་མ་བཀའ་དྲིན་ཅན། རྒྱ་གར་གྱི་མཁས་པ་ཆེན་པོ་དཔའ་བོ་རྡོ་རྗེ་ནི་ཞབས་ཀྱིས་བཞུགས་སྟངས་སྐབས་རྒྱུད་དང་མི་མཐུན་ཞེས་ ཁྱེད་ཉིད་ཀྱིས་བཀག་ཟིན་ཏོ། །ཁྱུང་པོའི་དགྱེས་མཛད་ཅེས་གསུངས་པའི་མིང་ཙམ་གྱིས་ཡང་ཁུངས་མི་ཆོད་ཅིང༌། མཚོན་ཆ་ཅན་ གྱི་ཐ་སྙད་ཁུངས་མེད་ཟེར་བཞིན་དུ་རང་ཡང་དེ་ལྟར་བརྡ་ཆད་བྱེད་པ་ནི་ཤིན་ཏུ་བླུན་ནོ། །ཀྱཻ་རྡོར་གྱི་རྒྱུད་ད་ལྟའི་འབྲོག་མིའི་ འགྱུར་གསུམ་པོ་འདི་མ་གཏོགས་གཞན་ཤེས་བྱ་ལ་མི་རིགས་ཅིང༌། ཞལ་གཟིགས་དང་མན་ངག་སོགས་ཀྱི་སྒྲུབ་ཐབས་གཏན་ བྱེད་དུ་མི་རུང་ན་ནི་ཁྱེད་ཀྱི་དེ་བདེན་བདེན་འདྲའོ། །དེ་ལྟ་ན་ནི་བིརྺ་པའི་གཤེད་དམར་སྒྲུབ་ཐབས་ཀྱང་རྒྱུད་འདི་དང་མི་མཐུན་ ཅེས་དགག་དགོས་པར་འགྱུར། རྒྱུད་འགྲེལ་ནས་མ་བཤད་པ་ཁོ་ནས་རྣམ་དག་མ་ཡིན་པར་འགྱུར་ན་བཀག་ཆོག་དང༌། མགོན་ པོ་དང་ལྷ་མོ་ལ་སོགས་པའི་རང་ཉིད་ཉམས་སུ་ལེན་པ་དུ་མ་ཞིག་ལ་ཅོ་འདྲི་བར་གྱུར་ལ། ཕག་མོ་ཞལ་གཉིས་མ་དང་ཕག་དཀར། ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་སོགས་ཀྱང་མི་འཐད་པར་འགྱུར་ཏེ། བདེ་མཆོག་གི་རྒྱུད་འགྲེལ་རྣམས་ནས་མ་བཤད་པའི་ ཕྱིར། བརྡ་ཆད་ཀྱང་རྒྱུད་འགྲེལ་ནས་བཤད་པ་དགོས་ན། ལམ་འབྲས་གདམས་ངག་ཏུ་ཉམས་ལྔ་གསུམ་བཅོ་ལྔ་དང་གྲུབ་བརྒྱད་ མཉེན་ལྕུག་བཞི་ལ་སོགས་པ་ཐམས་ཅད་མི་འཐད་པར་ཐལ་བར་འགྱུར་ཏེ་རྒྱུད་འགྲེལ་རྣམས་ན་དེ་འདྲའི་ཐ་སྙད་མ་བཤད་པས་ སོ། །དེ་དག་གྲུབ་ཆེན་རྒྱ་གཞུང་ཁུངས་ཡོད་པས་སོ་སྙམ་ན། དགྱེས་མཛད་བཅུ་གསུམ་ཡང་རྒྱ་གཞུང་གི་ཁུངས་ཡོད་པ་དང༌། ཕྱོགས་འདིར་སྐྱེ་བོ་ཕལ་མོ་ཆེའི་སྔོན་དུ་རྫུ་འཕྲུལ་དཔག་མེད་སྟོན་པ་སོགས་གྲུབ་རྟགས་མངོན་གྱུར་ཅན། རྒྱ་གར་གྱིས་པཎྜི་ཏ་ ལྔ་བཅུའི་རྗེས་སུ་བཟུང་བའི་མཁས་གྲུབ་འདི་ཉིད་ཀྱིས་གང་གསུངས་པ་དེ་ཉིད་ལས་ཟབ་པར་བཟང་བའི་ཁུངས་ཅི་ཞིག་འཚལ། ཁོ་བོ་ཅག་ནི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་རྗེས་སུ་བཟུང་ཞིང་ལུང་བསྟན་པ་བར་དོར་མཆོག་བརྙེས་པ་ངེས་པ། མདོ་སྔགས་ གཞུང་ལུགས་རིག་གནས་ཐམས་ཅད་ལ་ཆེར་མཁས་པ། རྒྱུད་ཆེན་པོ་སུམ་བརྒྱ་ཐུགས་ནས་གསུངས་པའི་རྒྱ་གར་གྱི་པཎྜི་ཏ་ཆེན་ པོ་ཨ་བྷ་ཡས་གསུངས་པ་ཀྱཻ་རྡོ་རྗེ་བདུད་བཞི་བཀྲམ་གདན་པ་ལ་སོགས་འདི་ཐམས་ཅད་སྐྱོན་དུ་ག་ལ་འཛིན། ལོག་རྟོག་བརྒྱད་པ་བསལ་བ་ནི། འདི་ན་མི་མཁས་ཀྱང་མཁས་སུ་རེ་བ། འགའ་ཞིག་འཇིགས་བྱེད་ལྷ་བཅུ་གསུམ་གྱི་ 21-1-171 དཀྱིལ་འཁོར་མི་འཐད་དེ། རྒྱ་གཞུང་གི་ཁུངས་མེད་པའི་ཕྱིར་དང༌། ལྷ་རྣམས་མངའ་འབྱིན་བྱེད་པ་ཡང་འཇིགས་བྱེད་ལ་ཡུམ་ མེད་པར་བཤད་པ་དང་འགལ་བ་ཡིན་ཞེས་མང་དུ་སྨྲ་ཞིང་ཡི་གེ་འབྲི་བར་བྱེད་དོ། །ཚུལ་འདི་ལ་དཔྱོད་ལྡན་རྣམས་ཀྱིས་མང་དུ་ བརྒལ་ལན་བྱས་པ་ཡང་ཡོད་ཅིང༌། རྒྱས་པར་གཞན་དུ་འདྲི་བར་འགྱུར་བས་འདིར་མི་བརྗོད་དོ། །འོན་ཀྱང་སློབ་དཔོན་ཆེན་པོ་ ཀ་མ་ལ་རཀྵིས་ཏས་མཛད་པའི་སྒྲུབ་ཐབས་ཀྱང་ཡོད་ལ། སྤྱིར་ཁུངས་ཡོད་མེད་ཀྱི་དཔྱད་པ་ནི་གོང་དང་མཚུངས་སོ། །འཇིགས་ བྱེད་ལ་ཡུམ་བྱར་མི་རུང་བའི་ལུང་ཚིག་གསལ་ཁ་མེད་ལ། ཡུམ་ཡོད་པ་བྱར་མི་རུང་སྟེ་སྒྲུབ་ཐབས་ཕལ་ཆེར་ན་མེད་པའི་ཕྱིར་རོ་ སྙམ་ན། དེ་ལྟ་ན་བདེ་མཆོག་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཀྱང་མི་རུང་སྟེ། སྒྲུབ་ཐབས་ཕལ་ཆེར་ན་ཡུམ་ཡོད་པར་བཤད་ པའི་ཕྱིར་ཅེས་དང་མི་མཚུང་ངམ། དེས་ན་རྒོལ་བ་དེ་ལ་ནི་སྙིང་པོ་མ་མཆིས་སོ། །འཇིགས་བྱེད་བཅུ་གསུམ་མ་མཆོག་ཏུ་འདོད་ པ་རྣམས་ཀྱང་དང་པོར་ཞལ་གསུམ་པ་བསྐྱེད། དཀྱིལ་འཁོར་རྒྱལ་མཆོག་གི་ཚེ་ཞལ་དགུ་པར་བསྒྱུར་བ་ནི་མི་འཐད་པར་འདོད་ པ་ཡང་གོང་དུ་བཤད་པའི་ཡུམ་འགོག་བྱེད་ཀྱི་རིགས་པ་དང་མཚུངས་སོ། །གཙོ་བོའི་ཡུམ་རྡོ་རྗེ་རྣལ་འབྱོར་མས་བྱེད་པ་མི་འཐད་ སྙམ་པ་ཡང་དེ་དང་འདྲ་ལ་ཁྱད་པར་ཕག་མོ་སེར་མོ་བྱེད་པ་ནི་མི་རུང་ཞེས་པ་ནི། གཤིན་རྗེ་གཤེད་ནག་པོ་དང་འདི་མཚུངས་ དགོས་པ་ལས། གཤེད་ནག་གི་དཀྱིལ་འཁོར་ལ་ནི་ཕག་མོ་སྔོན་མོར་ཡོད་པའི་ཕྱིར་སྙམ་པའོ། །གཤིན་རྗེ་དགྲ་ནག་གི་དཀྱིལ་ འཁོར་ཡིན་ན་དེ་ནི་འཐད་དུ་ཆུག་ཀྱང༌། དགྲ་ནག་དང་ཕྱོགས་མཐུན་ཙམ་བཀོད་པ་མ་གཏོགས་རྒྱུད་ཐ་དད་པ་ཡིན་པའི་ཕྱིར་མ་ ངེས་ལ། ཕྱོགས་ཙམ་ནི་གཤེད་དམར་དང་ཡང་མཐུན་ཅིང༌། དེ་ནི་ཕག་མོ་སེར་མོ་ཡང་བཤད་དོ། །སྤྱིར་ཕག་མོ་མཱ་མ་ཀིའི་ངོ་བོ་ ཡིན་ལ། དེ་ནི་མི་བསྐྱོད་པ་དང་རིན་འབྱུང་གཉིས་ཀའི་རིགས་བསྟན་པ་ཡིན་པར་རྒྱུད་སྡེ་ཕལ་མོ་ཆེ་ལ་གྲགས་པ་ཡིན་པས། ཁ་ དོག་ཀྱང་གཉིས་ཀ་ལྟར་རུང་བར་མངོན་ཅིང༌། ཁྱད་པར་ཀ་མ་ལ་རཀྵི་ཏིའི་སྒྲུབ་ཐབས་ནས་འབྱུང་བ་ཡིན་ནོ། །དེ་ལྟ་བས་ན་ བསྐྱེད་རིམ་གྱི་ལམ་བཟང་པོ་ལུགས་སྲོལ་མཆོག་འདི་ལ་ཡིད་གཉིས་དང་ལོག་རྟོག་གི་དབང་དུ་མ་གྱུར་པར་གུས་པ་ཆེན་པོས་ ནན་དུ་བྱོས་ཤིག ། འདིར་སྨྲས་པ། ཡིད་བཞིན་རིན་ཆེན་འདམ་རྫབ་ཀྱིས་གོས་བླུན་པོ་རྣམས་ཀྱིས་སྤངས་གྱུར་པ། །ནོར་བུ་མཁན་མཆོག་བློ་ ལྡན་མཁས་པས་ཉེར་བླངས་རང་གཞན་དོན་སྟོན་བྱེད། །བླུན་པོས་བླངས་ན་ཆུད་འཛར་གྱུར་བས་རེ་ཞིག་བོར་བ་ཉིད་ནི་མཆོག ། ཉ་པའི་ཚོགས་ཀྱིས་རིན་ཆེན་རྙེད་པའང་ཕྱེ་མར་བརྡུང་སྟེ་བོར་ལ་ལྟོས། །བླུན་པོ་མཁས་པར་འཆོས་གང་དེ་རྣམས་ཀྱིས། །ཚད་ 21-1-172 མར་བྱས་གང་བསྲེ་བསླད་མང་པོས་ཁྱབ། །དེ་དག་རྣམས་ཀྱིས་བོར་གང་ལམ་མཆོག་འདི། །ཉེས་སྐྱོན་དྲི་མ་བྲལ་གང་ངོ་མཚར་ རྨད། །རིགས་པས་སྒྲུབ་པའི་སྐབས་ཏེ་བཅུ་བདུན་པའོ། ། འབྲས་བུ་ལམ་བྱེད་བདེ་བ་ཆེན་པོའི་རྒྱུད། །མཐར་ཐུག་སྟོན་བྱེད་རྒྱུད་རྒྱལ་རྣམ་པ་ལྔའི། །སྒྲུབ་ཐབས་ཀུན་ནི་མཆོག་གྱུར་ ཟླ་བྲལ་བ། །སྨྲ་བ་གང་དེ་ཟླ་མེད་དཔའ་བོ་ཡིན། །སངས་རྒྱས་ཀུན༵་གྱི་དཀྱིལ་འཁོར་ཆེ། སྤྱོད་འཆང་དག༵འ་བའི་བདེ་སྒྲུབ་པས། ། སྙིང༵་པོ༵་མཆོག་འདི་སེམས་ཅན་ཀུན། །རྡོ་རྗེ་འཛིན་ཆེན་རྒྱལ་གྱུར་ཅིག ། རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བསྐྱེད་རིམ་མཐའ་དག་གསལ་བར་བྱེད་པ་ཞེས་བྱ་བ་མཁས་པ་དང་གྲུབ་པའི་ དབང་ཕྱུག་ཁྱུང་པོ་རྣལ་འབྱོར་པའི་ཆོས་ཀྱི་རིགས་རུས་སུ་སྐྱེས་པ་ཏཱ་ར་ནཱ་ཐས་སྔ་ཕྱི་བསྐུལ་བ་པོ་མང་པོ་དང༌། ཉེ་བར་དད་ལྡན་ གྲགས་པ་བཟང་པོས་ཡི་གེ་པ་དང་བསྐུལ་བ་པོ་བྱས་ནས། རྒྱས་བསྡུས་བསྲེ་སླད་སོགས་ཀྱི་སྐྱོན་དང་བྲལ་བར་ཉེ་བར་སྦྱར་བ་ སྟེ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་སྟག་ལུང་ཐང་གི་དབེན་གནས་རྣམ་རྒྱལ་རབ་བརྟན་ཞེས་བྱ་བའི་གནས་སུའོ།། །། འདིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང༌། ཁྱད་པར་གྲུབ་ཆེན་ཤངས་པའི་བཀའ་སྲོལ་གྱི་སྒྲུབ་རྒྱུད་འདི་ཉིད་ཕྱོགས་ཐམས་ ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བཀྲ་ཤིས། 21-1-173 ༄༅། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ རང་བྱིན་རླབས་པའི་མན་ངག་བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། བྷ་ག་ཝཱན་བཛྲ་སཏྭ་ས་དྷ་ནི་སྭཱ་ཏིཥྛ་ནོ་པ་དེ་ཤ་ཀྲ་ནཱ་མཿ བོད་ སྐད་དུ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རང་བྱིན་རླབས་པའི་མན་ངག་ རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྙེམས་མའི་ཐུགས་ དགྱེས་པ། །དེ་ཉིད་ཆུ་འཁོར་ཤུགས་དྲག་འགྲོ་བ་ལ། །འཇུག་འགྱུར་འདི་ལ་སྙིང་ནས་རྨད་ བྱུང་བ། །བླ་མའི་ཞལ་སྔའི་རིམ་པ་མདོ་ཙམ་བྲི། །ཡིད་དུ་འོང་བའི་ས་ཕྱོགས་སུ། །བདེ་བའི་ སྟན་ལ་འདུག་ནས་ནི། །རང་བཞིན་ལྡན་པའི་ལས་ཀྱིས་ནི། །མཁས་པ་ཡིས་ནི་བསྒོམ་པར་ བྱ། ། སྙིང་ཁར་ཟླ་བ་དང་ཉི་མ། མཆོག་གི་ཡི་གེ་ལས་དང་པོའི་རྡོ་རྗེ་བསམ་ལ། ཧྲཱིཿལས་ལྐོག་ མར་པདྨར་ཟླ་བ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ༀ་དང་བཅས་པ། ལྕེའི་བདག་ཉིད་དུ་བསམ་མོ། ། ཨ་སུཾ་ཀྵུཾ་ཡུཾ་ཧཱུཾ་ཨཱཿ སྃ་སྨྼྻུཾ་ཧྨྼྻུ་ཡྨྼྻུ་ཀྵྨྼྻུ་དེ་ལས་ཟླ་བ་དང་ཉི་མ་གཡོན་དང་གཡས་ཀྱི་ལག་པ་ལ་ ལྷ་མོ་དགུ་དང་རྣམ་པར་སྣང་མཛད་རྡོ་རྗེ་སེམས་དཔའམ། ཡང་ན་རྡོ་རྗེ་དང་པདྨ་སྟེ་འདི་ལ་ ཟླ་བའི་ལྷ་མོ་རྣམས་ཀྱི་སྐྱེས་བུར་འགྱུར་ཏེ། འདིས་ནི་དང་པོར་ང་རྒྱལ་བྱའོ། །དེ་ནས་རྡོ་རྗེ་ སེམས་དཔའ་རང་ཉིད་བསྐྱེད་ནས་ས་བོན་འགོད་པ་དང༌། སྐུ་དང་གསུང་དང་ཐུགས་བྱིན་ གྱིས་བརླབ་པར་བྱའོ། །ༀ་ཧཱུཾ་ཕཊ་བདག་བསྲུང་བ་སྟེ། སླར་ཡང་གནས་བསྲུང་བ་ནི། ༀ་ཧཱུཾ་ ཕཊ་སྭཱཧཱ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ལས། དུད་པ་དྲི་གསུམ་བསྒྲེང་བར་ནི། སེམས་མ་རྡོ་ རྗེ་མ་ཡིན་ཏེ། ཕྱོགས་བཅུ་བཅིངས་པར་བྱེད་པའི་མཆོག་ཕུར་བའི་ས་གཞི་དང༌། རྡོ་རྗེའི་རྭ་ 21-1-174 བ་གུར་རབ་ཏུ་འབར་བ་དག་བསམ་མོ། །ༀ་ཧཱུཾ་ཨཾ་སྭཱཧཱ། རིགས་ལྔ་པོ་དག་དབུ་རྒྱན་དུ་བྱས་ ལ། སྙིང་ཁ་དང༌། ལྟག་པ་དང༌། སྤྱི་བོ་དང༌། རྣ་ལྟག་ལ་དར་དཔྱངས་ཏེ། ༀ་ཊུཾ། ༀ་ཧཱུཾ་སྭཱཧཱ། ༀ་བཛྲ་ཏུ་ཥྱ་ཧོ། དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ་མཆོད་པ་དང༌། ཕྱག་འཚལ་བ་ དང༌། སྐྱབས་སུ་འགྲོ་བ་ལ་སོགས་པ་ཆོ་ག་ཐམས་ཅད་བྱའོ། །སྙིང་གའི་ཐུགས་ཀྱི་ཡི་གེའམ། ཀྵུཾ་ཡིག་འབར་བའི་འཕྲེང་བ་དང་མཉམ་པས་ལུས་བཀང་སྟེ། གཟུགས་ལ་སོགས་པ་ཐམས་ ཅད་སྟོང་པར་བསམ་ནས། སྙིང་ཁར་ས་བོན་ལྷག་མ་སྐྲ་ཙམ་མི་སྣང་སྟེ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་ དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། དེ་ནས་སྨོན་ལམ་གྱི་དབང་གིས་ཁུ་ཚུར་དཀུར་བརྟེན་པས་སྙེམས་པ་ ཅན། རྡོ་རྗེ་མ་ལ་སོགས་པས་ཡང་དག་པར་བསྐུལ་ཏེ། ཛཿབཞི་རྡོ་རྗེ་སེམས་དཔའ་བདག་ལ་ ངེས་པར་འཇུག་པར་འགྲུབ་པར་མཛོད། ཧ་བཞི་ཧཱུཾ་གི་ཡི་གེ་སྒྲོག་པའི་དམ་ཚིག་ལས་བྱུང་བ་ བདག་གི་མགོན། བ་བཞི་རྡོ་རྗེ་གསང་བར་གསང་བ་ལས་ནི་བྱུང་བའི་སྐུ་འཛིན་པ། ཨ་བཞི་ ཨ་ཧོ་ཤིན་ཏུ་མཉེས་པའི་རྡོ་རྗེ་ཨཱ་ལི་གཅིག་ཏུ་ཐིམ་པའི་ཧཱུཾ། ཀོ་ཀཱི་ལའི་སྒྲ་ལྟར་སྙན་པའི་ཧཱུཾ་གི་ གླུ་དང་བཅས་པ་དེ་རྣམས་སླར་ཡང་ནམ་མཁར་སྒྲ་ཙམ་ལ་ཐིམ་པར་བྱའོ། ། དེ་ནས་ཆོས་ཀྱི་འབྱུང་གནས་སུ་རླུང་སྟེ། རླུང་གི་ནམ་མཁའ་ལྟར་དག་པ། སེམས་ཉིད་ རླུང་བཞིན་ནམ་མཁར་བརྗོད། ཨཱ་ལི་ཀཱ་ལིའི་སྦྱོར་བས་ཟླ་བ་དང༌། ཉི་མ་དམར་པོ་དང༌། སྟེང་དུ་ཨཱ་ལིའི་ས་བོན་ཁམས་གསུམ་དུ་འོད་ཟེར་སྤྲོ་བ་དང༌། བསྡུ་བ་དང༌། དེ་ནི་དང་པོའི་ རྡོ་རྗེའི་རྡོ་རྗེ་ཉིད་དུ་བྱའོ། ༀ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། བདེ་བར་གཤེགས་པ་རྣམས་ འབྱིན་ཅིང་སྡུད་པའི་སྦྱོར་བ་ལས་ཚད་སྐྱོབ་དཀར་པོ་དང་བཅས་པའི་ས་བོན་དང་མཚན་མ་ ལས་ནི་རྡོ་རྗེ་སེམས་དཔའ་སེང་གེའི་གདན་ལ་སྟེ། རླུང་དང་མེ་དང་རྒྱ་མཚོ་ས་དང་མཚོ་དང་ གླིང་དང་རི་རབ་ཀྱི་རྩེ་མོར་གཞལ་མེད་ཁང་པ། གསེར་གྱི་ཁང་བརྩེགས་ཁ་དོག་ལྔ་པ། རིན་ ཆེན་བདུན་གྱི་རང་བཞིན་དུ་བལྟས་ལ་དེར་བསམ་པར་བྱ་སྟེ། དུང་དང་ཀུན་ད་ཟླ་བའི་མདོག ། 21-1-175 འདོད་ཆགས་ཀྱིས་ནི་ཅུང་ཟད་དམར། །དབུ་རྒྱན་སངས་རྒྱས་ལྔ་ཡི་དངོས། །སེམས་དཔའི་ སྐྱིལ་མོ་ཀྲུང་གིས་བཞུགས། །སྒེག་དང་དགའ་བའི་ཉམས་དང་ལྡན། །རྒྱན་རྣམས་ཀུན་གྱིས་ རྣམ་པར་སྤྲས། །རྡོ་རྗེ་སྙེམས་མ་དང་སྦྱོར་བ། །རྡོ་རྗེ་ཅུང་ཟད་གཡས་བརྐྱང་རོལ། །དྲིལ་བུ་ལྟ་ ཟུར་ལ་རབ་འཁྱུད། །པདྨ་རྡོ་རྗེ་སྦྱོར་བྱས་ནས། །ཕྱག་རྒྱ་བཅིངས་པ་མཆོག་ཏུ་བརྩོན། ཁ་ཊྭཱཾ་ ཀ་པཱ་ལ་འཛིན་པའམ། །ཡང་ན་ཐབས་དང་འདྲ་བ་སྟེ། །ཕྱག་གཉིས་རྡོ་རྗེའི་མགུལ་པར་སྦྱོར། ། ཐབས་ཀྱི་རྡོ་རྗེ་སྙིང་ཁར་གསོར། །གཡོན་པས་དྲིལ་བུ་སྙེམས་པ་སྟེ། །དྲིལ་བུ་ལྟ་ཟུར་རྒྱབ་ ཏུ་གསོལ། །ནམ་མཁའི་དབྱིངས་ཀུན་གང་བར་ནི། །སངས་རྒྱས་སྤྲིན་ནི་དཔག་ཡས་སྤྲོས། ། ཧཱུཾ་དང་རྡོ་རྗེ་སྙིང་ཁར་བཞག །ༀ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། ལྷ་མོ་བརྒྱད་དང༌། སྐུ་ དང་གསུང་དང་ཐུགས་རྡོ་རྗེ་འགོད་པ་ནི། སྔགས་དང་ཕྱག་རྒྱས་བྱའོ། །ཡེ་ཤེས་འཁོར་ལོ་ བཀུག་སྟེ་མཆོད་ནས་དགུག་པ་ལ་སོགས་པ་དང༌། ༀ་ཏིཥྛི་སན་ཧཱུཾ་སྭཱཧཱ། ཕྱག་རྒྱ་བཞི་པོ་དག་ བྱས་ལ། རྒྱལ་བ་རྣམས་ཀྱི་ༀ། ཨཱཿཡུཾ། ཕེཾ། ཕཊ་ཧཱུཾ་སྭཱཧཱ། ཞེས་ཡལ་ག་དང་བཅས་པའི་ཆུས་ དབང་བསྐུར་ལ། ༀ་ཨཱཿཧཱུཾ་སྭཱཧཱ། ཞེས་སྤྱི་བོར་རྡོ་རྗེ་རྩེ་གསུམ་པ་གཏུགས་ལ། རིགས་ལྔ་དང་ རྡོ་རྗེས་སླར་ཡང་དབང་བསྐུར་ཏེ། སྔོན་དུ་བརྗོད་པའི་ཅོད་པན་དང་གོ་ཆས་དབང་བསྐུར་རོ། ། སྒེག་མོ་མ་ལ་སོགས་པ་དང༌། མཆོད་པ་དང༌། གཏོར་མ་དང༌། བསྟོད་པ་དང༌། བཟའ་བའི་ དམ་ཚིག་བྱས་ལ། དམ་ཚིག་གསུམ་བཟུང་བར་བྱས་ནས་དེ་ཡང་འོད་གསལ་དུ་བཅུག་སྟེ༌། དྲི་ཟའི་ཧཱུཾ་དང་སྐུ་ཡོངས་སུ་རྫོགས་པའི་ཟུང་འཇུག་ཏུ་སྒོམ་པ་དང༌། ཡང་ན་གལ་ཏེ་རྡོ་རྗེ་དང་ པདྨ་ཧཱུཾ་དང་ཨཱཿལས་དང་པོའི་རྡོ་རྗེ་དང་པདྨ་ༀ་ཧཱུཾ་ཕཊ་དང་བཅས་པ། དབྱིག་པ་རྡོ་རྗེ་འཇམ་ པའི་མགོན། །འོག་དཔག་ཤེས་རབ་ཀྱི་ནི་གཞི། །རྡོ་རྗེ་དྲིལ་བུ་རབ་སྦྱོར་བས། །མཆོག་གི་གོ་ འཕང་བསྒྲུབ་པར་བྱ། །དེ་ནས་ཐིག་ལེའི་རྣལ་འབྱོར་བསྒོམ། །རྡོ་རྗེ་གསང་བའི་མཚན་ནས་ ནི། །གཉིས་ཀ་འཁྱུད་ནས་བཟླས་པ་བྱ། །དབུས་སུ་ཨཱ་ལིའི་ས་བོན་ནི། །རྟག་པ་མཆོག་ཏུ་ཕྲ་ 21-1-176 བ་ཉིད། །ཕྱག་འཚལ་སྲེག་པ་མཐར་བཞག་ནས། །བདེ་བའི་སེམས་ཀྱིས་བསྒྲུབ་པར་བྱ། །དེ་ ནས་བཟླས་པར་བྱ་སྟེ། ༀ་ཧཱུཾ་སྭཱཧཱ། ༀ་ཨཱཿསྭཱཧཱ། ༀ་བཛྲ་སཏྭ་ཧཱུཾ། སྙིང་ཁར་ཟླ་བ་ལ་བསམ་ ནས་བཟླས་པ་བྱ་སྟེ། ཕྱི་ནས་འོད་གསལ་དུ་བཅུག་ནས་ལྡང་སྟེ། ཡི་གེ་བརྒྱ་པ་དང་དག་པ་ གསུམ་དྲན་ནས་སྨོན་ལམ་གདབ་པར་བྱའོ། ། འདིར་རྣལ་འབྱོར་ནམ་མཁའི་ཕྱག་རྒྱ་གང་ཡིན་པ་ནི། རྡོ་རྗེ་སེམས་དཔར་འགྱུར་ལ། ཡེ་ ཤེས་དབང་ཕྱུག་མར་ནི་སེམས་མ་རྡོ་རྗེའོ། །གཞན་བསམ་པར་མི་བྱ་སྟེ། །ལྷ་དང་སྔགས་ནི་ རྟག་ཏུ་བསམ། །གཏོར་མ་དང་ནི་ལ་སོགས་ལ། །ངན་པ་བསམ་པར་བྱ་བ་མིན། །དེ་ལྟར་ ལས་དང་པོའི་རིམ་པ་སྟེ། དེ་ནས་གཞན་ཡང་སྨྲས་པ། འདི་ལ་ནི་ཡིད་ཀྱིས་རྟག་ཏུ་བསམ་པ་ ལས། སྔགས་དང་ཕྱག་རྒྱ་དང་བྲལ་བར་མི་བྱའོ། །སྔར་བརྗོད་པ་དེ་ཉིད་ལས། འདིར་རྡོར་ སེམས་རང་ཉིད་བལྟས་ལ། ཧཱུཾ་གིས་སྟོང་པར་འཇུག་པ་ནི་སྙིང་ཁ་རུའོ། །འདིར་ནི་རང་བཞིན་ གྱིས་དག་པ། བདེ་བ་དང༌། བསིལ་བ་དང༌། མི་གདུང་བ་དང༌། སྟོང་པ་ཆེན་པོ། ཐམས་ཅད་ སྟོང་པ། གཟུང་འཛིན་དང་བྲལ་བ། ཤེས་པ་ལས་འདས་པ་མེད་པ་མ་ཡིན་པ། བེམ་པོ་ལྟ་བུ། ཡོངས་སུ་སྤངས་པ། གཅིག་དང་དུ་མ་བྲལ་བ། ཆོས་ཐམས་ཅད་རང་བཞིན་དང་བྲལ་བ། དེ་ ཉིད་བསྒོམ་པར་བྱའོ། །དེ་ལས་རླུང་བཞི་པོ་འབྱུང་བའི་བདག་པོའི་རང་བཞིན་རྣམས་ནམ་ མཁའ་ལས་བྱུང་བ། ལྟ་བུར་ཤིན་ཏུ་ཕྲ་བ་ལྡང་སྟེ་ཛཿཞེས་དང་པོར་བསྐུལ་ཏེ། ནཱ་ད་ནག་པོ་ དང༌། ཉི་མ་དང་ཟླ་བ་ལྟ་བུའི་སེམས་བདེ་བའི་རང་བཞིན། ཁོ་ན་ལས་རྡོ་རྗེའི་དག་པ་དེ་ཉིད་ རྣལ་འབྱོར་གྱི་དག་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་རང་སྣང་གི་རིག་པ་ཆེན་མོ་དང་གཉིས་ཀ་ བསྒོམས་ནས་ཡེ་ཤེས་ཀྱི་སྐུའི་ང་རྒྱལ་དུ་བྱའོ། །འདི་ནི་མཚན་དང་དཔེ་བྱད་དང་ལྡན་པར་ ཡུད་ཙམ་གྱིས་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་སྐད་ཅིག་གིས་བསྐྱེད་དེ། ཟླ་བ་ དང་རྡོ་རྗེ་ལ་སོགས་པ་ནི་འདིར་འགོག་སྟེ། དེ་ཅི་དགོས་པ་མེད་དམ་ཞེ་ན། དེ་ནི་དབང་པོ་ 21-1-177 དམན་པ་དག་གིས་ཡིན་ཏེ། མཆོད་རྟེན་ལས་ནི་མི་བྱ་ཞིང༌། །གླེགས་བམ་ཀློག་པར་མི་བྱའོ། ། ལག་པས་ཕྱག་རྒྱ་མི་བཅིངས་ཤིང༌། །སྔགས་ཀྱི་ཡི་གེ་བཟླ་མི་བྱ། །ཞེས་གསུངས་སོ། །སྲིད་ པ་བར་མའི་ཇི་ལྟ་བ་དེ་བཞིན་དུ་ཁམས་ཕྲ་བ། བཅད་དུ་མེད་པ། ཆུ་གཙང་གི་ནང་དུ་ཟླ་བའི་ གཟུགས་བརྙན་ལྟར་སྣང་གིས། ཡིད་ཀྱི་རྟོག་པ་གོམས་པ་ལས་ནི་མི་འགྱུར་རོ། །དེ་ཡང་ཡི་ གེ་ཧཱུཾ་གིས་ནཱ་དས། རགས་པའི་ཁམས་ལ་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་འཇུག་པ་ལྟ་ བུ་སྟེ། དེ་ནི་སྐྱེ་བ་ལྟར་སྣང་ཡང་སྐྱེ་བ་ནི་མ་ཡིན་ལ། ཇི་ལྟར་མིག་འཕྲུལ་མཁན་གྱིས་མེད་ པའང་སྤྲུལ་པ་སྟེ་དེ་ལྟར་ཡང་མ་ཡིན་ཏེ། རགས་པའི་ཁམས་ལ་ནི་འཇུག་པར་བྱེད་དོ། །འོན་ ཀྱང་དེ་ནི་འགྲོ་བ་ལ་སྣང་བ་ཉིད་ཡིན་གྱིས། དེ་བཞིན་གཤེགས་པ་ལ་ནི་རྣམ་པར་རྟོག་པ་ ཡང་མི་མངའ་ལ་སྣང་བ་ཡང་མེད་དོ། ། འགའ་ཞིག་གཟུགས་སྒྱུར་བར་བྱེད་པ་དེ་ལྟར་མ་ཡིན་ཏེ། འདི་ནི་སྐྱེ་བ་བསམ་གྱིས་མི་ ཁྱབ་པ་ཞེས་བྱའོ། །ཡེ་ཤེས་ཀྱི་སྣང་བའི་རྣམ་པར་འཕྲུལ་པའོ། །དེ་ལྟར་རྣལ་འབྱོར་བ་དག་ གིས་ཡང༌། བདེ་བ་དམ་པ་སྤྲོས་པ་དང་བྲལ་བ་ཡང་ཡིན་ལ། དེ་ཉིད་དཀྱིལ་འཁོར་ལ་སོགས་ བཀོད་པ་མཐའ་ཡས་པ་དང༌། འདོད་པ་དག་ཏུ་སྣང་བ་དང༌། དེ་ཡང་ཤེས་པ་དང་ཤེས་བྱ་བ་ ནམ་དུ་ཡང་ཐ་མི་དད་པའི་ཏིང་ངེ་འཛིན་འདི་ནི་རགས་པའི་ཁམས་ལ་གནས་པ་དང་འཇུག་ མོད་ཀྱིས། དེ་ལྟར་སྣང་བ་ནི་མེད་ལ། འོན་ཀྱང་དེ་དག་གི་རང་བཞིན་དང༌། ཇི་ཙམ་དུ་ཆོས་ སུ་གྱུར་པ་དེ་ཙམ་དུ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་དུས་གཅིག་ལ་ཤེས་པ་སྟེ། འདི་ཡང་ བསམ་གྱིས་མི་ཁྱབ་པ་ཁོ་ན་ཞེས་བྱའོ། །རིམ་པ་འདིས་སོ་སོའི་སྐྱེ་བོ་དང༌། སྲིད་པ་བར་མ་ དང༌། རྨི་ལམ་གྱི་ལུས་དང༌། ཐོག་མ་མེད་པ་ནས་བརྒྱུད་དེ་འོང་བ། ཀུན་གཞིའི་རྣམ་པར་ ཤེས་པ་རླུང་དང་བཅས་པ་རྣམས་ཡང་དང་ཡང་དུ་ཁམས་རགས་པ་ལ་འཇུག་སྟེ། དེ་ནི་བྱིས་ པ་དག་གིས་མི་ཤེས་པས་འཁོར་བ་ཞེས་བྱ་ལ། གང་རིམ་པ་དེ་ཉིད་ཤེས་པ་ནི་རྣལ་འབྱོར་ 21-1-178 ཆེན་པོ་མྱ་ངན་ལས་འདས་པའོ། ། དེ་ལྟར་སློབ་དཔོན་གྱི་ཞལ་སྔའི་ཡང་རིམ་པ་འདི་ཡིན་ཏེ། ཐམས་ཅད་དུ་རྡོ་རྗེ་སེམས་ དཔའ་རང་སྣང་གི་རིག་མར་བཅས་དེ་ནི་ཟླ་བ་དང་རྡོ་རྗེ་འོད་ཟེར་འཕྲོ་བ། སྤྲོ་བ་དང་བསྡུ་ བས་མངལ་དུ་འཇུག་པའི་བྱ་བ་དེ་ནི། ཕྱིས་ནས་ལྷག་པར་བལྟས་པས་སྤྲུལ་པའི་སྐུར་བསྒྱུར་ ཏེ། ཁ་དོག་གསེར་བཙོ་མ་ལྟར་འབར་བ། སེར་པོ་དང༌། དཀར་པོ་དང༌། དམར་པོའི་ཞལ་ འདོད་ཆགས་དང་ཁྲོ་བོ་འདྲེས་པ། མདའ་དང་རྡོ་རྗེ་རྒྱུ་མ་དང༌། གཞུ་དང༌། མིའི་ཐོད་པ་དང༌། རྡོ་རྗེ་དྲིལ་བུ་བསྣམས་པ། སྐྱིལ་ཀྲུང་རོལ་པས་སོ་སོའི་ཁྲི་ལ་བཞུགས་པ། ཡེ་ཤེས་དབང་ཕྱུག་ མ་ཞལ་གཅིག་ཕྱག་གཉིས་མ་ཁ་ཊྭཱཾ་ག་དང་བདུད་རྩིས་གང་བའི་མགོ་ཐོད་ཅན་དར་གྱི་སྨད་ གཡོགས་གྲོལ་བ། རུས་པའི་རྒྱན་དང་ལྡན་པ། འདོད་ཆགས་ཆེན་པོའི་རང་བཞིན་སྙོམས་ པར་འཇུག་པའོ། །ཡང་ན་སྤྲུལ་པའི་སྐུ་ནི་རྣམ་པར་སྣང་མཛད། དམན་པའི་རིམ་པ་ལས་བྱུང་ བའི་དྲག་པོ་ཨིནྡྲ་ནཱི་ལ་ལྟ་བུ། བཤད་མ་ཐག་པའི་མཚན་ཉིད་དུ་ཤེས་པར་བྱ་སྟེ། དེ་ཡིས་སྐད་ ཅིག་གིས་འཁོར་གྱིས་དཀྱིལ་འཁོར་སྤྲོའོ། །དེའི་དུས་ན་རྡོ་རྗེ་སེམས་དཔར་འཇུག་གོ །ༀ་ཧཱུཾ་ ཧ་སྭཱཧཱ། ཞེས་བཟླས་པ་བྱའོ། ། རྡོ་རྗེ་སེམས་དཔའ་སྒྲུབ་པའི་ཐབས། གཞན་ཡང་འདི་ཡིན་ཏེ། མངོན་པར་བྱང་ཆུབ་ནི་ རང་བཞིན་ཡིན་ལ། རྣམ་པར་ཤེས་པ་རླུང་དང་བཅས་པ་ནི་རྡོ་རྗེ་ཡིན་ནོ། །ནག་པོའི་ཞལ་ སྔ་ནས་གསུངས། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ༀ་བཛྲ་ཤུདྡྷོ་སརྦ་དྷརྨ་བཛྲ་ ཤུདྡྷོ྅་ཧཾ། དེའི་ངང་ལས་སྐད་ཅིག་གིས། དབྱར་གྱི་ནམ་མཁའ་ལ་དབང་པོའི་གཞུ་ལྟར་རྡོ་ རྗེ་སེམས་དཔའ་གསེར་ལྟར་དཀར་བ་འདོད་ཆགས་ཆེན་པོའི་དམར་བ་དང་ཅུང་ཟད་འདྲེས་ པས། ཡིད་ཙམ་གཙིགས་པས་ཞལ་མ་མཆུའི་སྒྲོས་གནོན་ཅིང་འཇིགས་པ་ཕྱག་གཉིས་ཀྱི་ དང་པོས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། དྲིལ་བུ་སྙེམས་པ་དང་བཅས་པས་དཀུར་བསྟེན་པ། 21-1-179 རལ་པའི་ཐོར་ཚུགས་མཐོན་ཀའི་རྩེ་མོ་རྡོ་རྗེ་ཅན། རིན་པོ་ཆེའི་རྒྱན་དང༌། མཛེས་པའི་ན་ བཟའ་གསོལ་བ་མཚན་དང་དཔེ་བྱད་རྫོགས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་སེང་གེའི་གདན་ལ། རིག་མ་ཆེན་མོ་འདྲེས་མའི་ཁ་དོག་སྔར་བརྗོད་པ་ལྟ་བུ་དང༌། སྙོམས་པར་འཇུག་པའི་ཁ་དོག་ རོལ་བ་ཆེན་པོ་འོད་ཟེར་དཔག་ཚད་སྟོང་དུ་ཁྱབ་པ་རྣལ་འབྱོར་ནམ་མཁའ་བདེ་བ་ཆེན་པོའི་ མགོན་པོ་བརྫུས་ཏེ་སྐྱེ་བའི་སེམས་ཅན་སྐྱེ་བའི་ཚུལ་གྱིས་སྒོ་ནས་བདེ་བ་ཆེན་པོ་བསྒོམས་ ཤིང་བྱིན་གྱིས་བརླབ་བོ། །མཆོག་གི་རྣལ་འབྱོར་འདི་ལ་བྱིན་གྱིས་བརླབས་པའི་ཡི་གེ་དགོད་ པ་དང༌། ཡེ་ཤེས་པ་སྤྱན་འདྲེན་པ་དང༌། རྒྱས་གདབ་པ་ནི་མེད་དེ། རང་བཞིན་གྱིས་གྲུབ་པའི་ ཕྱིར་རོ། །སྙིང་གར་པདྨ་ལ་ཧཱུཾ་དང་ལྷ་མོའི་ཡི་གེ་བལྟས་ཏེ་དངོས་པོ་རྣམས་འོད་ཟེར་ཆེན་པོས་ བསྲེགས་ཏེ། མགོ་བོ་དང་རྐང་པའི་མཐིལ་ལུས་ཐམས་ཅད་སྙིང་ཁར་བསྡུས་པས་ཁམས་ རགས་པ་དག་ཐིམ་པ་ཡིན་ནོ། །ཡི་གེ་རྣམས་ཐིམ་པས་ནི་ཕྲ་བ་ཡང་འཇོམས་ཏེ། ཐམས་ཅད་ སྟོང་པར་བསྐལ་བའི་བར་དུ་སྒོམ་མོ། །དེ་ནས་ལངས་པ་ན་སྔ་མ་ལྟར་བལྟས་ནས་བསྔགས་ བཟླའོ། །ལྟེ་བར་ཨཱའོ། །སྙིང་ཁར་ནི་ཧཱུཾ་གཅིག་པུའམ་གལ་ཏེ་ཕྱག་དག་ཕྱག་རྒྱས་འཁྱུད་པ་ ལ་མོས་ན་ཡང༌། དེ་ནི་དེ་ལྟར་བསྐྱེད་ནས་སོ། །སྟོང་པ་ཉིད་ལ་ཡང་དག་པར་རང་བཞིན་མེད་ པ་དང༌། སྣང་བ་ཡང་མེད་པའི་ཚུལ་གྱིས་སློབ་མ་རྣམས་དང༌། བླ་ན་མེད་པ་དང༌། མངོན་ པར་བྱང་ཆུབ་པ་རྣམས་ནི་སྟོང་པ་ཉིད་ལ་འཇུག་སྟེ། རྡོ་རྗེ་སེམས་དཔའ་ནི་མཐོང་བའི་ལམ་ ལས་སྐྱེས་པ། རིག་མ་དང་བཅས་པའི་ཁམས་ཕྲ་བ་དང༌། དེ་ཡང་འོད་གསལ་དུ་བསྒོམས་ པས། ས་བཅུ་པའི་སྒྲིབ་པ་ཕྲ་མོའང་བཀྲུས་ནས་ས་བཅུ་གཅིག་པ་ཕུང་པོ་རྣམས་ཟག་མེད་དུ་ གནས་འགྱུར་བའི་ཆོས་ཀྱི་སྐུར་སངས་རྒྱས་ནས། ཡན་ལག་བསྒོམ་པ་ནི་གཟུགས་ཀྱི་སྐུར་ བསྐྱེད་པའོ། །རོལ་པ་མོ་དང་ཏིལླི་པ། །ལྭ་བའི་ཞབས་དང་དཔལ་མོ་དང༌། །གཱ་ཡི་ཞབས་ ཀྱང་བཞེད་པ་སྟེ། །རཱ་ཧུ་ལ་དང་འཕགས་པའི་ཞབས། །སིང་ག་ལ་པའི་ཞལ་སྔ་དང༌། །དེ་ 21-1-180 བཞིན་བུང་བའི་པདྨས་བཤད། །བརྟུལ་ཞུགས་ཞལ་སྔ་ནས་ཀྱིས་ནི། །རིམ་པ་བཞིན་ཡང་ བཤད་པར་བྱ། །གཉིས་མེད་སྦྱོར་བ་འདི་ཉིད་ནི། །རྡོ་རྗེ་དྲིལ་བུས་ཕྱག་རྒྱས་དག །སོ་སོར་ བཟུང་བའི་དེ་ཁོ་ན། །བདག་ཉིད་དེ་ཉིད་རྡོ་རྗེ་སྟེ། །དྲིལ་བུ་ཆོས་ཀྱི་གཟུང་མའོ། ཁ་སྦྱོར་སྦྱོར་ བ་ཕྱག་རྒྱ་སྟེ། །དེ་ལ་ཐབས་ནི་ཐིམ་པར་འགྱུར། །དེ་ཡང་དེ་བཞིན་འདི་ཡིན་ཏེ། །བདེན་ གཉིས་སྦྱོར་བའི་སྒྲ་དེ་ཉིད། །སྐྱེས་པ་དངོས་པོ་སྙིང་རྗེ་ནི། །རྡོ་རྗེ་བུད་མེད་དྲིལ་བུ་སྟེ། །སྟོང་ པ་དང་ནི་ཆོས་ཉིད་དོ། །ཕྱག་རྒྱ་མཉམ་པར་སྦྱོར་བ་ཡིས། །བདག་ཉིད་མང་པོ་མཛེས་བྱས་ པས། །སྒྱུ་མ་རྡོ་རྗེར་བཤད་པ་སྟེ། །ཀུན་རྫོབ་དོན་དམ་ཐིམ་པའོ། །བདག་ཉིད་ལས་གཞན་ རྡོ་རྗེ་མེད། །ཆོས་རྣམས་སྟོང་པའི་རང་བཞིན་ནི། །ལྷ་མོ་ཞེས་སུ་རྣམ་པར་བཤད། །བདེ་དང་ དག་པའི་སེམས་དང་ནི། །ལུས་ནི་བུད་མེད་སྦྱོར་བཅས་དང༌། །བདེན་གཉིས་ཁ་སྦྱར་སྦྱོར་ བའི་དོན། །ཡང་ན་རང་གི་རིག་མ་བརྟགས། །དེ་ནི་ཐིམ་པ་ཞེས་སུ་གསུང༌། །འབའ་ཞིག་ གཟུང་བར་མི་བྱ་སྟེ། །ཕྱག་རྒྱ་ཟུང་དུ་འཇུག་པ་ཡིན། །ཆོས་རྣམས་དག་པ་སྤྲོ་མེད་པ། །རྡོ་རྗེ་ ཡུལ་དང་ཡུལ་ཅན་སྟོང༌། །ལྷ་དང་ཡེ་ཤེས་སྙིང་པོ་བརྗོད། །བཅོས་མའི་ཟུང་འཇུག་རྡོ་རྗེས་ སྤྲོས། །རྡོ་རྗེས་ཡེ་ཤེས་དགུག་པར་བྱ། །རྡོ་རྗེ་མར་མེའི་ཡེ་ཤེས་དང༌། །སྣང་བ་རྒྱས་པར་ གྱུར་པ་དང༌། །གཉིས་མེད་ལམ་གྱི་རྡོ་རྗེ་ལྔ། །གསང་བ་ཀུན་ད་ཡེ་ཤེས་དང༌། །ལྟེ་བ་བྷ་ག་ སྟོང་པ་དང༌། །ཡེ་ཤེས་དམ་ཚིག་གསུམ་དུ་རིག །འབྱུང་བ་ཕུང་པོ་ཡེ་ཤེས་སུ། །རྣམ་དག་ ཤེས་རབ་དང་ནི་ཐབས། །རྩེ་དགུ་པ་ཡི་དེ་ཁོ་ནའོ། །ནམ་མཁའ་དབྱིངས་ཀྱི་མཐས་གཏུགས་ པར། །སྟོང་ཉིད་ཡེ་ཤེས་དབྱུག་གུའི་སྒྲ། །ཁམས་གསུམ་ཕྱི་རོལ་ཕྱིན་མའི་གཟུགས། །ཕྱག་ རྒྱའི་བྷ་ག་མི་སྣང་བ། །དྲིལ་བུ་སྟོང་པའི་ལྕེ་དང་ལྡན། །ལྟེ་བ་གདོང་སོགས་མཉམ་པར་སྦྱོར། ཁ་སྦྱོར་གསུམ་དུ་རྡོ་རྗེའི་སྐུ། །དྲིལ་བུ་སྟོང་པ་ལྷན་སྐྱེས་ནི། །རྡོ་རྗེ་དང་པོར་གསུངས་པ་ཡིན། ། ཕྱག་རྒྱ་གཅིག་པ་ཉིད་དུ་རིག །ཨཱ་ལི་ལྟེ་བ་ཉིད་ཡིན་ཏེ། །ཟུར་བརྒྱད་པ་ནི་ནོར་བུ་ཡིན། ། 21-1-181 དེ་དབུས་ཀུན་ད་རྡོ་རྗེའོ། །དྲིལ་བུ་ཤེས་རབ་མའི་བྷ་ག །དབྱུག་གུ་ཟེའུ་འབྲུ་རྩ་བརྒྱད་ནི། ། དབུས་སུ་མཁའ་འགྲོ་གདོང་གི་སྤྲས། །ཀླུ་ཡི་སྒོ་རྣམས་དབྱེ་བ་ནི། །མཐེ་བོང་མཐའ་ལྟག་ གིས་བླང་ཏེ། །ཕྱོགས་བརྒྱད་སྐྲོད་ཅིང་དཀྲོལ་བར་བྱ། །རོ་འཛིན་རོ་འཛིན་བཅིངས་སྙོམས་ འཇུག །ཀཱ་ལི་ཨཱ་ལི་སྦྱོར་ཕྱག་རྒྱ། །ཡེ་ཤེས་འཁོར་བ་གཅོད་པར་བྱེད། །མི་ཕྱེད་དབྱེར་མེད་ རྡོ་རྗེ་གསུམ། །རྡོ་རྗེ་དྲིལ་བུ་སྒྲ་རྣམ་དག །ཡེ་ཤེས་སྐུ་དང་སྟོང་པའི་སྒྲ། །རིམ་པ་དང་པོ་ལྷག་ མོས་ཅན། །རྫོགས་པ་ཡི་ཡང་སེམས་ཙམ་སྟེ། །དང་པོའི་ལས་ནི་ཐབས་དཔའ་བོ། །རྣམ་པ་ དང་བཅས་སྟོང་ཡེ་ཤེས། །ལྷ་མོ་ཕྱག་རྒྱ་སྙོམས་འཇུག་ཡིན། །ཐབས་དང་ཤེས་རབ་མཉམ་ པའམ། །རང་གི་ཕྲ་མོ་བཅུག་ནས་ཀྱང༌། །བུད་མེད་དག་ལ་འདོད་སྤྱོད་པ། །རྡོ་རྗེ་སེམས་ དཔའ་མཆོད་བྱེད་ཡིན། །འབྱུང་བ་དབང་པོ་ཡུལ་འཆིང་བ། །རྡོ་རྗེ་ཐལ་མོའི་དོན་དུ་བརྗོད། ། སྦྱིན་པ་དེ་བཞིན་ཚུལ་ཁྲིམས་དང་། །བཟོད་པ་གསུམ་ནི་བསྲུང་བ་སྟེ། །བདུད་བཞི་ཉོན་ མོངས་དགྲ་འཇོམས་ཡིན། །སེམས་ཀྱི་དཀྱིལ་འཁོར་ཚུལ་ཁྲིམས་བྱུག །བཟོད་པའི་མེ་ཏོག་ མཉམ་ཉིད་སྤོས། །འོད་གསལ་མར་མེ་འདི་ལ་ཡོད། །རྣམ་པར་དག་པའི་རིམ་པར་ཕྱེ་བའོ། ། ད་ནི་བསྒྲུབ་པའི་ཐབས་བརྗོད་པར་བྱ་སྟེ། བདེ་བའི་སྟན་ལ་འདུག་ནས་སུ། །དང་པོར་ རེ་ཞིག་རྣལ་འབྱོར་པས། །རྡོ་རྗེ་ཐལ་མོ་དམ་བཅིངས་ལ། །སེམས་ཅན་ཀུན་ལ་རྗེས་བརྩེ་ བས། དེ་ནས་སྙིང་ཁའི་ཧཱུྃ་གིས་བོས་པའི་དཀྱིལ་འཁོར་ལ་ཕྱག་འཚལ་བ་དང༌། མཆོད་པ་ དང༌། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ། བསྔོ་བ་དག་བྱས་ལ། ཧཱུཾ་གིས་འབར་བའི་ རྗེས་སུ་བཞུགས་པ་བསྒོམ་མོ། །ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བཱ་ཤུདྡྷོ྅ཧཾ། གཟུང་བ་དང་ འཛིན་པ་ལས་གྲོལ་ཞིང༌། དངོས་པོ་ཐམས་ཅད་མཉམ་པར་བལྟ། མིག་གི་རྣམ་ཤེས་དང༌། མིག་དང་གཟུགས་ལ་སོགས་པ་བརྟེན་པ་དང་འབྲེལ་བ། རང་བཞིན་དང་བྲལ་བ། གཅིག་ དང་དུ་མ་དང་བྲལ་བ། གང་ལས་སྐྱེ་བ་མེད་པ། རང་བཞིན་མཁས་པས་བསྒོམ་པར་བྱ། རྡོ་རྗེ་ 21-1-182 རྭ་བ་དང་དྲྭ་བ་དང༌། གུར་དང་ཕུར་བའི་ས་གཞི། སྐད་ཅིག་གིས་རྣམ་པར་དག་པ་དང་བཅས་ པའི་དེ་ཁོ་ན་ཉིད་བསམ་པར་བྱའོ། །དེའི་དབུས་སུ་རླུང་དང་མེ་དང་ཆུ་དང་དབང་ཆེན་གྱི་སྟེང་ དུ། རི་རབ་ལ་ཕོ་བྲང་ཁང་བརྩེགས་ཡངས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར། སེང་གེའི་གདན་ལ། ཧཱུཾ་ལས་དང་པོའི་རྡོ་རྗེ་ལྷ་ཉི་ཤུ་རྩ་བརྒྱད་པ་སྐད་ཅིག་གིས་བལྟས་ནས། དེའི་ལྟེ་བ་ལ་རྡོ་རྗེ་སེམས་དཔའ་རིག་མར་བཅས་པའི་སྙིང་ཁར་ཧཱུཾ་ཟླ་བ་ལ་གནས་པ་འོད་ ཟེར་འབར་བ་སྣ་ཚོགས་པ། ༀ་བཛྲ་ཤུདྡྷོ་སརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། དེ་ལས་བདག་ཉིད་རྡོ་རྗེ་ སེམས་དཔའ་ཕྱག་གཉིས་པ་སྔོན་དུ་བཤད་པའི་རྣམ་པ་སྟེ། འོན་ཀྱང་ཐབས་གཅིག་ཏུ་བསྒོམ་ པར་བྱའོ། །ཞབས་ནི་སེམས་དཔའི་སྐྱིལ་ཀྲུང་སངས་རྒྱས་ཀྱི་སྤྲིན་སྤྲོ་བ། དེ་བཞིན་གཤེགས་ པ་ལྔས་དབུ་ལ་སྤྲས་པ། ༀ་ཡོ་ག་ཤུདྡྷཿསརྦ་དྷརྨ་ཡོ་ག་ཤུདྡྷོ྅་ཧཾ། དེའི་སྤྱི་བོ་དང་མིག་དང་སྣ་ དང་ལྕེ་ཆུང་དང་མགྲིན་པ་དང་། དཔུང་པ་དང་སྙིང་ག་དང་ལྟེ་བ་རྣམས་སུ་ཀྵུཾ་ཀྵུཾ་ཧཱུཾ་ཧཱུཾ་ཡུཾ་ཡུཾ་སུཾ་ སྨྼྻུ་ཧྨྼྻུ་ཡྨྼྻུ་ཀྵྨྼྻུ་དེ་ནས་མི་ཤིགས་པའི་ཧཱུཾ་གིས་ཡི་གེ་སྙིང་ཁའི་ཆུ་ཤིང་གི་མེ་ཏོག་ལྟ་བུ་ལ་ བསྒོམས་ནས། ༀ་ཨཱཿཧཱུཾ་གིས་སྔགས་སམ། ཐོག་མ་མེད་པའི་སྔགས་ཀྱི་དེ་ཉིད་ཤེས་པས་ བཟླ་བར་བྱའོ། ། སྟོང་པའི་ངང་ལས་ཟླ་བ་ལ་ཆོ་ག་དེ་ཉིད་ཀྱི་རྡོ་རྗེ་སེམ་དཔའ་ལ། སྟོང་པ་རྣམ་པ་དང་ བཅས་པའི་དེ་ཉིད་མི་མོའི་ཕྱག་རྒྱ་དག་ལ་ཡོངས་སུ་བཅུག་ནས། དམན་པར་མོས་པ་དང་ སྣང་བ་འདི་ཡོངས་སུ་བརྟུལ་ནས་སོ། །འོན་ཀྱང་ཁྱད་པར་ནི། ལྷ་ཉི་ཤུ་གསུམ་པའི་བདག་ ཉིད། དྲིལ་བུ་ཨཱཿལས་བྱུང་བ་ཡང་བུད་མེད་ཀྱི་རྟགས་དང་ཆ་ལུགས་སུ་བྱའོ། །ཨཱ་ལི་ཀཱ་ལི་ ལས་བྱུང་བའི་ས་བོན་ༀ་ཨཾ་ཨཱཿསྭཱཧཱ། ཞེས་རླུང་དང་དབྱེ་བ་དང་བྱེ་བྲག་མེད་པ་ཉིད་དུ་ཡོང་ ཡེ་བཟླས་པ་བྱའོ། །གལ་ཏེ་རྡོ་རྗེ་དང་དྲིལ་བུ་ས་བོན་དང་བཅས་པ་ཁོ་ནས་ཀྱང་འདི་སྐྱེད་ པའང་རུང་མོད་ཀྱི། དེ་ལ་ཡང་ལྷ་ཐམས་ཅད་ཀྱི་ལྷག་པར་མོས་པ་བརྟན་པ་བྱའོ། །འདི་ནི་ 21-1-183 ཁྲུ་གང་ཙམ་གྱིས་བར་ཆོད་པར་གནས་པས་འདོད་ཆགས་ཀྱི་སེམས་ཀྱི་སྟོབས་ཀྱི་ནི། བཙོ་ མ་གསེར་གྱི་འོད་དང་མཉམ། །སེམས་ཅན་བསྒྲལ་ཕྱིར་ཀུན་ཏུ་འཁྱུད། །ནུ་མ་རྩེ་ཞིང་ཞལ་ གཉིས་འཇིག །རྡོ་རྗེའམ་སོར་མོའི་རྩེ་མོར་ནི། །བདུད་རྩི་ཡི་གེ་ཧཱུཾ་བསམ་མོ། །ལྷ་མོའི་བྷ་གའི་ གཡོན་ཕྱོགས་སུ། །བརྟན་པའི་རྩེ་མོར་ཨ་བཟུང་ངོ༌། །ལྕེ་ཡི་བྱ་བ་དེ་བཞིན་དུ། །བཅོ་བརྒྱད་ གནས་ཀྱི་བདུད་རྩི་ནི། །འདི་ཡི་རབ་སྦྱོར་སིད་ཀྱི་སྒྲ། །བདུད་རྩི་ཆུ་ནི་འཛག་པར་འགྱུར། ཁ་ སྦྱོར་འདོད་པ་ལྔ་ལ་སྤྱད། །གཟུགས་མཆོག་སྒྲ་སྙན་དང་པོ་ལྔ། །ནང་གི་འབྱུང་བ་ལྔ་བདག་ ཉིད། །འདི་ལས་ས་ནི་རྣམས་འབྱུང་སྟེ། །སངས་རྒྱས་མུ་སྟེགས་ཀྱི་མི་ཤེས། །འདོད་པའི་ཀ་ར་ ན་བཅིངས་ནས། །རླུང་ནི་འཕྲད་པས་གསུམ་ཐིམ་པ། །ཚངས་པའི་བདུད་རྩི་འཛག་པར་བྱེད། ། སྟེང་འོག་རང་དང་གཞན་ལ་ཡང༌། །རྩ་དང་རླུང་དང་ཟླ་ཉི་སྦྱོར། །དགའ་བ་མཆོག་དགའ་དེ་ བཞིན་དུ། །དགའ་བྲལ་ལྷན་སྐྱེས་ཞེས་བྱ་བ། །དེ་ལ་མཆོག་གི་དགའ་བ་ལྡན། །སྐྱེས་དང་ མཉམ་པའི་དགའ་བྲལ་གྱི་དབུས་སུ་ལྷན་ཅིག་སྐྱེས་པ་མར་མེ་ལྟ་བུ་མཚོན་པར་བྱེད་དོ། །དེ་ ལྟར་སྟེང་འོག་གི་རིམ་པ་གཉིས་ཀྱི་དགའ་བ་བཞི་དང༌། ཡང་ན་བསམ་གཏན་གྱི་རང་དང་ འདོད་མ་འོད་གསལ་དུ་བཅུག་སྟེ་མངོན་པར་བྱང་ཆུབ་པ་བསྒྲུབ་པར་བྱའོ། ། དེ་ལས་ལྡང་བ་ན་བསམ་གཏན་གྱི་སྔ་མ་ལྟར་ལྡང་སྟེ། དེ་ལྟར་ན་བདེ་བ་ཆེན་པོའི་རྡོ་རྗེ་ སྒྲུབ་པ་སྟེ། ཡང་ན་ཤིན་ཏུ་སྤྲོས་པ་མེད་པ་ནང་གི་བདག་ཉིད་བསྒོམ་པར་བྱའོ། །བར་དུ་གོ་ཆ་ དགོད་པ་དང༌། དམིགས་པ་མེད་པའི་སྨོན་ལམ་དག་བྱའོ། །འདིར་རྩ་བའི་མདོར། ལས་ཀྱི་ ཚོགས་ཀྱི་བུད་མེད་དང༌། པདྨ་ཅན་ལ་སོགས་པ་དངོས་གྲུབ་ཀྱི་དོན་ཅན་བཤད་པའི་མདོར་ འབྱུང་བ་རྣམས་དང༌། ཕྱོགས་བཞིར་སེམས་ཅན་སྒྲོལ་བའི་བསྟན་བཅོས་དང༌། གོ་བཟློག་ གི་སྦྱོར་བ་དང༌། མཆོད་པའི་རྐང་སྟབས་བཅོ་བརྒྱད་དང༌། ཚུལ་གྱི་བྱེ་བྲག་ཐམས་ཅད་ཤེས་ པར་བྱ་སྟེ། གསང་བའི་རྡོ་རྗེ་དང་བྲལ་ནས། །དྲིལ་བུས་ཇི་ལྟར་འགྲུབ་པར་གྱུར། །རྡོ་རྗེའང་ 21-1-184 དྲིལ་བུ་དང་བྲལ་ན། །རྡོ་རྗེས་འགྲུབ་པའང་རིང་བར་འགྱུར། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག ། དམིགས་ན་ཕ་རོལ་སྒྲོལ་བར་འགྱུར། །དེས་ནི་རྡོ་རྗེ་དྲིལ་བུ་དག །མཉམ་པ་དེ་ཉིད་བསལ་ བར་བྱེད། །འདོད་ལ་དགའ་བ་མ་ཡིན་ཞིང༌། །ལོངས་སྤྱོད་ཕྱིར་ནི་བསྟན་མི་བྱ། །སེམས་ཅན་ དོན་བྱའི་ཕྱིར་དུ་ནི། །རབ་ཏུ་འབད་པས་དེ་ཉིད་དམིགས། །མི་བཟད་འཁོར་བའི་འཇིགས་ པ་ནི། །ཆགས་པས་སྲིད་པར་ལྟུང་བར་འགྱུར། །ཆགས་པས་སྲིད་པར་ལྷུང་བ་དང༌། །ཞེན་ པས་འཁོར་བར་འཇུག་པར་བྱེད། །རྨོངས་པའི་བདག་ཉིད་རིང་དུ་སྤངས། །འདོད་ཆགས་ སྤངས་པའི་ལུས་ཀྱིས་ནི། །རྒྱུན་དུ་བརྟུལ་ཞུགས་ཡང་བཟུང་ངོ༌། །དབེན་པར་ཤིན་ཏུ་མཉམ་ བཞག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པའོ། །དང་པོར་སེམས་བརྟན་མི་བརྟན་ ཞེས་བྱ་བ་ལས་བརྟན་ན་སྤྱོད་པ་བྱའོ། །མཚན་མོ་ནི་བཞི་མདོ་ལ་སོགས་པར་སྤྱད་ནས་ཉིན་ པར་ཤིན་ཏུ་གསང་ངོ༌། །དེ་ཡང་བརྟན་པར་ཤེས་ཤིང་ནུས་ན་བླ་མ་ལ་ཕྱག་བྱས་ཏེ། འཇིགས་ པ་མེད་པ་དཔའ་བོ་སེང་གེ་བཞིན་དུ་རྒྱུ་སྟེ། དེ་ཁོ་ན་ཉིད་ཀྱིས་སེམས་དག་པར་བྱས་ལ་འདོད་ པ་ལྔ་ལ་སྤྱོད་ཅིང་སྒྲིབ་པ་ལྔའི་གོ་སྐབས་སྐད་ཅིག་ཀྱང་སྤངས་ཏེ། གཟུང་བ་དང་། འཛིན་པ་ དང༌། བཟང་བ་དང་། ངན་པའི་རྣམ་རྟོག་མཐའ་དག་སྤངས་པ་དང༌། ཡོངས་སུ་གཟུང་བ་ནི་ ནམ་ཡང་མི་འདོད་པར་མཚན་མོ་ཤིན་ཏུ་འཇིགས་པའི་དུར་ཁྲོད་དུ་རྒྱུའོ། །དབྱུག་པ་དང་ལྷུང་ བཟེད་གོས་དམར་པོ་དག་གིས་བས་མཐའི་འབྲོག་དགོན་པ་དག་གྲོང་དག་ཏུ་ཡང་བསོད་ སྙོམས་བྱའོ། །འདི་ལྟར་སྨྱོན་པའི་སྤྱོད་པ་བྱ་སྟེ། རིག་མ་དང་ལྷན་ཅིག་སྤྱོད་པའམ། ཡང་ན་ ནང་གི་བདག་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་མོ་སྒྲུབ་བོ། །ཉོན་མོངས་སྡིག་པའི་སྤྱོད་པས་ནི། གྲུབ་ པ་ནམ་ཡང་ཡོད་མ་ཡིན། །རྙིང་བའི་གོས་སོགས་བསྒྲུབ་པར་བྱ། །མི་ལྤགས་རས་ནི་རྙིང་པ་ བགོས། །དབྱུག་པ་ཐོད་པ་ལག་ན་ཐོགས། །སྲོག་ཆགས་ཡན་ལག་ལས་བྱུང་གྱོན། །སྣོད་ ཆེན་པོ་སྟེ་འོད་གསལ་བ། །གཟུང་བ་འཛིན་པ་དབང་པོར་བཟུང༌། །ཇི་ལྟར་བཤད་པའི་བརྡ་ 21-1-185 རྣམས་དང༌། །ཚོགས་ཀྱི་འདུ་བ་ཁྱད་པར་དུའོ། །ཡུལ་ནི་ཉི་ཤུ་རྩ་བཞི་པོ། །དུར་ཁྲོད་ཆེན་ པོར་ཞིང་སྐྱོང་བ། །རྡོ་རྗེ་མ་མོ་དག་དང་སྤྱོད། །དེ་ལྟར་བྱས་ན་མགོན་པོ་མཉེས། །ལྷ་མོ་ཀླུ་ མོ་མི་མོ་དང༌། །མཁའ་འགྲོ་མ་དང་གནོད་སྦྱིན་མོ། །རྡོ་རྗེ་མ་དང་རྒྱལ་དབང་མོ། །དྲག་མོ་ རོ་ལངས་མ་ཉིད་དང༌། །ཀམྦོ་ཛ་དང་སྟག་མོ་དང༌། །པུཀྐཱ་སི་ལ་སོགས་པ་དག །རང་རང་ཆོ་ གའི་ལས་ཀྱིས་ནི། །བསྒྲུབས་ནས་འདོད་པ་ཆེན་པོ་བྱ། །བདག་པོ་ཡེ་ཤེས་རྒྱ་མཚོ་ནི། །ཟླ་བ་ དྲུག་གིས་འགྲུབ་པར་འགྱུར། །དཔལ་ལྡན་རྡོ་རྗེ་སེམས་སྒྲུབ་ཐབས། །ཀླུ་དབང་གིས་ནི་བདེ་ བ་བྱེད། །ཆུ་ཤིང་ཡེ་ཤེས་ཅན་དུ་བརྗོད། །སྨིག་པ་རླུང་རྣམས་འཕྲོག་བྱེད་མའོ། །དཔལ་ལྡན་ རྡོ་རྗེ་སེམས་དཔའ་མཐོང་ཞིང་སྦས་པ་རྗེ་བཙུན་ནག་པོའི་ཞལ་སྔའི་རིམ་པས། རང་བྱིན་ གྱིས་བརླབས་པའི་མན་ངག་གི་རིམ་པ་གཉིས་གསལ་བར་མཛད་པ་རེ་ཞིག་རྫོགས་སོ།། །། གདན་བཞི་རིན་ཆེན་འབྱུང་གནས་ལས། །བློ་ལྡན་རིན་ཆེན་རྙེད་པ་ནི། །བརྟུལ་ཞུགས་ ཞལ་སྔའི་རིམ་པ་སྟེ། །ཀུ་སཱ་ལ་ཡིས་བཤད་པ་ཡིན། །འདི་ནི་ཡི་གེ་མེད་པ་སྟེ། །ནགས་ཚལ་ དག་ཏུ་སྨྲ་བར་བྱ། །ཤིན་ཏུ་གསང་ཞིང་གསང་བར་གསང༌། །གཅིག་པུར་སྐལ་ལྡན་ཉིད་ལ་ འོས། །བདག་བྱིན་རློབས་པའི་རིམ་པ་ཡིས། །མན་ངག་བཤད་ལས་གང་ཐོབ་པའི། །ངག་ གི་འོད་ཟེར་དགེ་བ་ཡིས། །འགྲོ་བའི་རབ་རིབ་མུན་སེལ་ཤོག །རང་བྱིན་གྱིས་བརླབས་པའི་ མན་ངག་ཅེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། སློབ་དཔོན་བརྟུལ་ ཞུགས་སྤྱོད་པ་ནག་པོའི་ཞབས་ཀྱི་རིམ་པ་སློབ་དཔོན་ཀུ་སཱ་ལས་མཛད་པའོ། །སློབ་དཔོན་ ཆེན་པོ་སངས་རྒྱས་སྦས་པའི་ཞལ་སྔ་ནས་དང༌། རྨོངས་པ་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་ གཡར་ཁྲལ་དུ་བསྒྱུར་བའོ། །བཀྲ་ཤིས་དགེ་ལེགས་འཕེལ། ། 21-1-186 ༄༅། །རྗེ་བཙུན་སེང་གེ་སྒྲའི་བསྒོམ་ཟླས་བཞུགས། ༀ་སྭཱ་སྟི། རྗེ་བཙུན་སེང་གེ་སྒྲ་མདུན་དུ་བསྒོམ་ལ། མཆོད་པ་དང་བསྟོད་པ་བྱས་ཏེ། རང་ལྷར་གསལ་བ་ཡང་ ཐུགས་ཀར་ཐིམ། གཟུངས་གཙོ་བོར་གྱུར་པའི་སྔགས་བཟླས་ཤིང༌། དམིགས་པ། ཏྲི་ཤུལ་རྒྱ་མཚོར་སྡིགས་ པས་རྒྱ་མཚོ་བདུན་རྣམ་པ་བརྒྱར་གཡོས། ཀླུའི་གནས་དང༌། བདུད་ཀྱི་གནས་ཐམས་ཅད་ དུ། ཆ་ལང་གི་སྒྲ་ལྟ་བུའི་དེང་འུར་སྔགས་ཀྱི་སྒྲ་ཀླད་པ་འགས་པ་ལྟ་བུར་དྭངངས་ནས་གནོད་ སེམས་དོར་ཏེ། ཀླུ་ཤེཥ་ཀླུ་བརྒྱད་དང་བཅས་པ་སྦྲུལ་ཆེན་པོའི་རང་གཟུགས་ཀྱིས་གུས་པས་ བཏུད་ནས། །ཤེཥ་ཏྲི་ཤུལ་ལས་བཀྲིས། གཞན་རྣམས་ཕྱོགས་མཚམས་སུ་འཁོད་པའི་མཆོད་ པ་བྱེད་པ་ལ་ཆོས་སྟོན་པ་དང༌། སྙིང་གའི་སྔགས་ཀྱི་འོད་ཀྱིས་སྡུག་བསྔལ་ཀུན་ཞི་བར་ བསམ་ལ། སྙིང་རྗེ་དང་བདག་གཞན་བརྗེ་བ་ཡུན་རིང་དུ་བསྒོམ། ཉལ་བའི་ཚེ་ཀླུ་དགུ་རང་གནས་སུ་སོང༌། སྟོང་ཉིད་ཡུན་ རིང་དུ་བསྒོམས་ནས་སོ། །སྙིང་པོ་འབུམ་ཕྲག་མ་མཐའང་སོང་བ་ཞིག་ལ་འདི་ཡིད་ཆེས་ཟབ་པ་སྟེ། གླེང་གཞིའི་ཉམས་ལེན་ཞལ་ རྒྱུན་ཞལ་ནས་བརྒྱུད་པའི་མན་ངག་ཞིག་གོ། །།དགེ་སློང་ཏཱ་ར་ནཱ་ཐས་བྲིས། དགེའོ། ། ༄༅། །རྗེ་བཙུན་སེང་གེ་སྒྲའི་བསྟོད་པ་བཞུགས། ཡེ་ཤེས་ལྔ་ཡི་རང་བཞིན་སྐུ། །ཆོས་སྐུ་རོ་གཅིག་ནམ་མཁའ་མཉམ། །ལེགས་ལྡན་ དྲང་སྲོང་གཟུགས་འཛིན་པ། །སྨོན་ལམ་རྒྱ་མཚོ་འགྲོ་བ་ཡིས། །གདུང་སེལ་ཁྱོད་ནི་ན་གེནྡྲ། ། ཕྱུགས་བདག་ཆེན་པོའི་བླ་མ་ཀྱཻ། །འགྲོ་ལ་རྟག་ཏུ་ཕན་དགོངས་པའི། །འབྱུང་པོའི་མགོན་ པོ་ཁྱེད་ལ་འདུད། །སྣང་བའི་ལུས་ཅན་རྗེ་བཙུན་ཁྱོད། །འགྲོ་བའི་མགོན་པོ་ཆོས་སྐུ་ལགས། ། 21-1-187 འཇིག་རྟེན་དབང་ཕྱུག་དངོས་གྲུབ་མཚོ། །གནོད་ལས་སྐྱོབ་མཛད་ཁྱོད་ཕྱག་འཚལ། །མདུང་ རྩེ་གསུམ་པ་ཁྱོད་ཀྱི་སྐུ། །འཇིག་རྟེན་གསུམ་ན་འདི་ཉིད་འཇིགས། །ཀླུ་ཆེན་བསྲུབས་པའི་ བཅུད་ལྡན་པའི། །ཐོད་པ་འཛིན་ཁྱོད་དྲག་པོའོ། །འཇིགས་བྱེད་རི་དྭགས་པགས་པ་ཅན། ། ནྲ་གཱའི་ཚངས་སྐུད་སྤྱན་གསུམ་ལྡན། །འཇམ་པའི་དབྱངས་ཀྱི་བཤེས་གཉེན་ཁྱོད། །ཞི་བ་ སངས་རྒྱས་ལྔ་བདག་ཉིད། །བདག་ནི་ཁྱོད་ལ་གསོལ་འདེབས་ན། །ནོར་རྒྱས་སློབ་མ་ས་ འཛིན་དང༌། །མཁའ་འགྲོ་མ་དང་སྦྱིན་བྱེད་སྐྱེས། །གནོད་སྦྱིན་རོ་ལངས་རིག་སྔགས་དང༌། ། འབྱུང་པོ་གཤིན་རྗེ་ཀུན་ལས་སྐྱོབ། །སྨན་ལྗོངས་ཉམས་ངའི་འབྲོག་དགོན་དུ། །བག་མེད་ ཉལ་སོགས་དུས་ཀུན་ཏུ། །རྗེ་བཙུན་ཁྱོད་ཀྱིས་བསྲུངས་པ་དང༌། ནམ་ཡང་དགེ་ལེགས་ དངོས་གྲུབ་སྩོལ། །འདི་རྗེ་བཙུན་མཁའ་སྤྱོད་སེང་གེ་སྒྲ་ལ་བསྟོད་པ་ཀུན་དགའ་སྙིང་པོས་སྣར་ཐང་དུ་བྲིས། །ཞུ་དག 21-1-188 ༄༅། །རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །སྒྲུབ་ཐབས་ གྲུབ་པའི་ཞལ་ལུང་མཆོག །འཕགས་ཡུལ་ མཁས་པའི་གསུང་དྲི་མེད། །ཡི་གེའི་ ལམ་དུ་མཚོན་པའོ། ། ༄༅། །ༀ་སྭཱ་སྟི། བླ་མེད་བླ་མའི་བླ་མ་ལ། །གུས་པར་གུས་པས་གུས་ཕྱག་འཚལ། ། དཔལ་ལྡན་དཔལ་སྟེར་དཔལ་སྒྲུབ་ཐབས། །ལེགས་པར་ལེགས་འདྲི་ལེགས་པར་ཉོན། ། སྒྲུབ་པའི་སློབ་དཔོན་རྟ་མཆོག་ཞབས། །དེ་ཡི་བསྟན་པའི་མན་ངག་མཆོག །རྡོ་རྗེ་སློབ་ དཔོན་བསྒྲུབ་པ་ནི། །ད་ནི་རབ་ཏུ་བཤད་པར་བྱ། །དེ་ལ་གཞུང་དགོད་པར་བྱ་སྟེ། ༀ་ན་མོ་ བུདྡྷ་ཡ། དངོས་གྲུབ་སློབ་དཔོན་རྗེས་འབྲང་བར། །རྡོ་རྗེ་འཛིན་པ་ཉིད་གསུངས་ཏེ། །དང་ པོ་དཀྱིལ་འཁོར་བྱས་ནས་ནི། ཁ་དོག་སྣ་ཚོགས་མེ་ཏོག་དགོད། །དེར་ནི་བླ་མ་རྡོ་རྗེ་སེམས། ། སྤྱན་དྲངས་ནས་ནི་ཕྱག་བྱས་ནས། །རང་མིང་སྔགས་བཟླས་གསོལ་གསུམ་གདབ། །རང་ ཉིད་བླ་མ་བརྟན་གནས་ལ། །སྐྱབས་སུ་འགྲོ་བ་རྟག་ཏུ་དྲན། །དེ་ནས་གསང་སྔགས་བཟླས་ ནས་ནི། །དེ་ལ་ཨུཏྨ་དྷུམྨ་རྟག །རྣམ་པར་རྟོག་པ་གཅོད་པར་བྱ། །ཁྲུས་བྱས་པདྨའི་ལྟེ་བ་ རྣམས། །སྦྱངས་ནས་མཐའ་དག་སྡིག་པ་བཤགས། །དཀྱིལ་འཁོར་རིམ་གྲོ་ཡོན་འབུལ་དང༌། ། བླ་མས་གསུང་ཀུན་འབད་དེ་བྱ། །གསང་སྔགས་ཏིང་འཛིན་ལྷའི་སྦྱོར་བས། །ལས་རྣམས་ ཐམས་ཅད་རབ་ཏུ་སྒྲུབ། །དགེ་དང་སྡིག་དང་དངོས་པོ་ཀུན། །དེ་དེའི་མཐུ་ལས་རབ་རྙེད་དེ། ། གུས་པས་ཟླ་བ་དྲུག་ན་ནི། །དངོས་གྲུབ་ཐམས་ཅད་རབ་གྲུབ་པའོ། །བླ་མ་དགྱེས་དང་མ་ 21-1-189 དགྱེས་རབ་འདོད་པའི། །དངོས་གྲུབ་དང་ནི་དམྱལ་བར་རྟོགས་བྱས་ལ། །བློ་བཟང་བདག་ ཉིད་དོན་ཀུན་ལེགས་པར་བྱ། །སློབ་དཔོན་དཔའ་བོ་རྡོ་རྗེའི་ཞལ་ལྔའི་རིམ་པ་བླ་མ་སྒྲུབ་ ཐབས་རྫོགས་སོ།། །། ཙི་ཏི་བྷུནྟི་རི་ཞལ་ལས་ཆོས་ཀྱི་ཞབས་ཀྱིའོ། །དེ་ལ་རིམ་པ་འདི་ཡིན་ཏེ། ཐོག་མ་མཎྜལ་གྱི་ཆོ་ག་རྒྱས་ བསྡུས་གང་ཡང་རུང་བ་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་མདུན་གྱི་མཎྜལ་གྱི་སྟེང་དུ། སྐད་ཅིག་གི་ བླ་མ་དུར་ཁྲོད་ལ་དགྱེས་པའི་བདེ་མཆོག ། འཁོར་ལོ་ཧེ་རུ་ཀ་ཕྱག་གཉིས་རྡོ་རྗེ་དང་ཐོད་པ་ འཛིན་པས། ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པ་གཡས་བརྐྱངས་ཀྱི་སྟབས་ཀྱིས་པད་ཉིར་དྲག་པོ་ དང་ཨུ་མ་མནན་པ། གྲུ་མོར་ཟུང་འཇུག་གི་རང་བཞིན་ཁ་ཊྭཱཾ་ག་དཀར་པོ་འཆང་བ། རྒྱན་དང་ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལ་འཁྱུད་པའི་ཕག་མོ་ནི། དམར་མོ་རྡོ་རྗེ་དང་ ཐོད་པ་འཛིན་པ་བྱིན་པ་གཉིས་ཀྱིས་འཁྱུད་པ། གཉིས་ཀའང་མེ་དཔུང་འབར་བའི་དབུས་ ན་རོལ་པ་དེ་ཉིད་ས་གསུམ་གྱི་རྡོ་རྗེ་ཕོ་ཉ་མོ་རྣམས་དང༌། དཔའ་བོ་ཐམས་ཅད་མཉམ་པར་ འདུས་པར་མོས་ལ། གང་གི་དྲིན་གྱི་བདེ་ཆེན་ཉིད། །སོགས་ཀྱི་བར། ༀ་བླ་མ་དམ་པའི་ཞབས་ཀྱི་པདྨོ་ཡང་དག་པའི་ཡེ་ཤེས་གསལ་བར་བྱེད་པ་དེ་ཕྱག་ འཚལ་ལོ། །ཧཱུྃ། ཨདྡྷྱ་སིདྡྷྱ་མི། ལན་མང་དུ། ཕྱག་བྱ། གུ་རུ་ཤ་ར་གཙྪ་མི། ལན་མང་དུ་བརྗོད། མཆོད་ པ་རྒྱས་བསྡུས་ཇི་ལྟར་རིགས་པའི་མཆོད་ནས། ༀ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཀྱི་བླ་མའི་མཚན། ཨ་ཧཱུཾ་སྭཱཧཱ། མང་དུ་བཟླ་ ཞིང༌། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་ལ་རྩེ་གཅིག་ཏུ་མཉམ་ པར་བཞག །དཔལ་ལྡན་བླ་མ་དམ་པས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ལན་གསུམ་ བཏབ་པས། བླ་མ་རང་གི་སྤྱི་བོ་ནས་ཐིམ། རང་དང་དབྱེར་མེད་དུ་གྱུར། རང་ཕྱི་ཧེ་རུ་ཀའི་སྙིང་ ག་ཆོས་འཁོར་གྱི་ལྟེ་བར་བླ་མ་ཧེ་རུ་ཀ་དེའི་ཐུགས་ཀར་ཉི་མ་ལ་ཧཱུཾ། སྔགས་འཕྲེང་གསལ་བཏབ་ལ། སྔར་བཞིན་སྐྱབས་འགྲོ་དང་བཟླས་པ་བྱ། དེ་ནས་བླ་མའི་ཐུགས་ཀའི་འོད་ཀྱིས་ས་གསུམ་གྱི་མཁའ་འགྲོ་ 21-1-190 མ་རྣམས་རང་ལ་བསྟིམ། ཁམས་དཔའ་བོ་རྩ་དཔའ་མོའི་རྡུལ་ཕྲ་རབ་ཏུ་གྱུར། བླ་མ་འོད་དུ་ ཞུ། སྐུ་གསུང་ཐུགས་ཀྱི་གསང་བ་དང་རང་གི་སྒོ་གསུམ་རོ་མཉམ་དུ་གྱུར། དེ་ནས་སྤྲོས་པ་གང་ཡང་ མི་བྱ་བར་ལྷོད་དེ་བཞག །དྲན་པའི་ཐག་པས་རྟོག་པའི་གླང་པོ་བག་མེད་དུ་མི་བཏང༌། སྒོ་ལྔའི་རྣམ་ཤེས་རྟོག་མེད་འོད་གསལ་ བའི་ཆར་སྒོ་སྦྱོར་བ་རྣམས་ནི་དངོས་གཞིའི་རྣལ་འབྱོར་རོ། །དེ་ནས་བསྔོ་བ་བྱས་ལ་ཅི་རིགས་པར་སྤྱོད། སྤྱིར་སྒྲུབ་ཐབས་འདིར་ རང་གང་ལ་མོས་པའི་ཡི་དམ་ལ་སྦྱར་བས་རུང་མོད་ཀྱི། ཁོ་བོ་ལ་བླ་མས་གནང་བ་ནི་འཁོར་ལོ་སྡོམ་པའི་ངེས་གསང་མཆོག་དང་ སྦྱར་བ་འདི་དག་གོ ། འདིའི་གདམས་ངག་གི་ཡན་ལག་ནི། ཨུ་ཏ་མ་ཞེས་པ་རླབས་དང༌། རྔུར་མ་ཞེས་པ་ངུ་བ་སྟེ། དང་པོ་ནི། བླ་མ་སྒྲུབ་པའི་ གནས་སྐབས་སུ། རྣམ་པར་གཡེངས་བས་བསམ་གཏན་མི་འཕེལ་བ་དང༌། རྒོད་པ་ཤས་ཆེ་ན་འདི་བསྒོམས་སྟེ། རང་ཡི་དམ་ དུ་གསལ་བའི་དྷུ་ཏིའི་འཁོར་ལོ་ལྔར་ཁྱབ་པ། སྤྱི་བོའི་བླ་མ་འོད་དུ་ཞུ། དབུ་མའི་ལམ་བརྒྱུད་ རྩའི་འཁོར་ལོ་ཐམས་ཅད་དག་པར་བྱས། སྤྱི་མགྲིན་སྙིང་ལྟེ་རྣམས་སུ་དབང་བཞི་ཐོབ་པར་ མོས། ལྟེ་འོག་ཏུ་ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ་བདུད་རྩིའི་རྒྱུན་བབས་པས་གང་བའི་ ནང་དུ་ཧཱུཾ་ཡིག་སྐར་མའི་གཟུགས་ཅན་བླ་མར་མོས་ལ་གསོལ་བ་ཅི་རིགས་སུ་བཏབ། དེ་འོད་ དུ་ཞུ་ནས་ཡལ་བའི་ངང་དུ་རྣམ་པར་རྟོག་པ་མེད་པས་རྩེ་གཅིག་ཏུ་བསྒྲིམས་ཏེ་བཞག་པ་ན་ དུ་བ་ལ་སོགས་པའི་མཚན་མ་མཐོང་གསུངས། གཉིས་པ་ཤེས་པ་མི་གསལ་བ་དང༌། འགལ་རྐྱེན་མང་བ་ལ། ལྟེ་བའི་འཁོར་ལོའི་དབུས་སུ་བླ་མ་དེ་ལ་ གསོལ་བ་དྲག་ཏུ་བཏབ་པས་འོད་དུ་ཞུ་སྟེང་དུ་བྱོན་སྟེ་སྙིང་སྤྱི་མགྲིན་སྤྱི་རྣམས་སུ་དབང་བཞི་ ཐོབ། སྨིན་མཚམས་ནས་འཐོན། མདུན་གྱི་ནམ་མཁར་སྐུ་སྔ་མ་བཞིན་དུ་གྱུར་པ་ལ་གསོལ་ བཏབ་ཅིང་མཉམ་པར་བཞག་ལ། ཡང་དང་ཡང་དུ་མོས་གུས་དྲག་པོ་བྱའོ། ། ཁྲུས་བྱ་བ་ནི་བླ་མ་མདུན་དུ་བསྒོམ་ལ། ཉེས་ལྟུང་མཐའ་དག་བཤགས། སྤྱི་བོའི་བླ་ མ་འོད་དུ་ཞུ་སྟེ་ཐིམ་པས། སྡིག་སྒྲིབ་ཐམས་ཅད་བུ་ག་ཀུན་ནས་ཐོན་པས་སངས་ཀྱིས་དག་ 21-1-191 པར་བསམ། ཡང་ལྟེ་བ་བླ་མ་ཧེ་རུ་ཀ་སེར་པོ་རྒྱ་སྲན་གྱི་ཚད་ཙམ། དེ་ལ་མོས་གུས་དྲག་པོས་ གསོལ་བ་བཏབ་པས། ཧེ་རུ་ཀ་ཡབ་ཡུམ་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་ཆུ་རྒྱུན་གྱིས་སྤྲུལ་ པའི་འཁོར་ལོའི་རྩའི་གནས་ཐམས་ཅད་བཀྲུས། བདུད་རྩི་ཐམས་ཅད་གཅིག་ཏུ་འདུས་པ་ འཁོར་ལོའི་ལྟེ་བར་ཟིལ་བ་ཆགས་པ་ལྟར་འོད་འཕྲོ་བ་ལ་རྩེ་གཅིག་ཏུ་དམིགས། དེ་བཞིན་ དུ་སྙིང་ཁར་སྔོན་པོ་མགྲིན་པར་དམར་པོ། དཔྲལ་བར་དཀར་པོ། སྤྱི་བོར་སྣ་ཚོགས། གསང་ བར་ལྗང་ཁུའི་ཁ་དོག་ཅན་གྱི་བླ་མ་སྒོམ་པ་སོགས་སྔར་བཞིན་བསྒོམས་པས་ཕུང་པོ་ལྔ། ཁམས་ལྔ། དབང་པོ་ལྔ། ཡུལ་ལྔ་རྣམས་ཀྱི་དྲི་མ་སྦྱོང་ཞིང༌། གནས་སྐབས་སུ་འབྱུང་བ་ལྔའི་ ནད་གདོན་སེལ་བ་དང༌། རླུང་དབུ་མར་འཇུག་པའི་གནད་དམ་པའོ། ། འདིའི་བྱིན་རླབས་ཀྱི་ཆོ་ག་ནི། གནས་བཟང་པོར་བླ་མ་ཉིད་ཀྱི་ཁྲུས་བྱས་སྡིག་པ་ བཤགས། རྩ་ཁྲུས་སྔོན་དུ་འགྲོ་བས་སྔོན་དུ་བརྗེད་པའི་བླ་མའི་སྒྲུབ་ཐབས་རྫོགས་པར་བྱ་ ཞིང༌། གཙོ་བོ་དང་མཁའ་འགྲོ་མ་རྣམས་ལ་གཏོར་མའང་ངེས་པར་དབུལ་ལོ། །དེ་ནས་སློབ་ མས་མཎྜལ་དབུལ། སློབ་དཔོན་དགོངས་སུ་གསོལ། བདག་ལ་དངོས་གྲུབ་ཐམས་ཅད་ཀྱི་ འབྱུང་གནས་བླ་མའི་དབང་བསྐུར་བ་སྩལ་དུ་གསོལ། གསུམ། མཎྜལ་གྱི་དབུས་སུ་སྒྲུབ་ཐབས་ལྟར་བླ་མ་ བསྐྱེད། ཕྱག་འཚལ་སྐྱབས་འགྲོ་བཟླས་པ་རྣམས་བྱ། དེ་ནས་ༀ་སརྦ་ཏ་ཐ་ག་ཏ་ཀ་ཡ་ཝཀ་ཙིཏྟ་སྭ་བྷཱ་བཱ་ཙཱརྡྷ་ ཡ་ཙ་རཱ་ཎ་ན་མ་སྟེ་ན་མོ། ཨདྡྷྱ་སིདྡྷྱ་མཾ། གསུམ། བུམ་པའི་ཆུའི་དབང་བསྐུར་བར་མོས། ༀ་བཛྲ་ ཨབྷི་ཥིཉྩ་ཧཱུཾ་༡ སྦྱོར་མཚམས་ནས་འོད་དཀར་དམར་བྱུང་མགྲིན་པར་ཕོག །ༀ་ཨཱཿཧཱུཾ། ༢ རང་ ལྷ་སྐུ་ཁ་སྦྱོར་ལ་མཉམ་པར་བཞག ། ༣ དེ་ཡང་ཡལ་ནས་སྟོང་ཉིད་དུ་བསྒོམ། ༤ བླ་མའི་ དཔྲལ་མགྲིན་སྙིང་ཁ་ནས་ཧེ་རུ་ཀ་དཀར་དམར་མཐིང་གསུམ་གནས་གསུམ་དུ་རིམ་བཞིན་ བསྟིམ་པས་དབང་གསུམ། གསུམ་ག་བསྟིམས་ནས་ལུས་གང་སྟོང་པ་ཉིད་དུ་བཞག་པའི་ བཞི་པའོ། །དེ་ནས་ཡང་སྐྱབས་འགྲོ་ཕྱག་འཚལ་སྔར་བླ་མ་སྤྱི་བོར་བྱོན་འོད་དུ་ཞུ། འཁོར་ལོ་ 21-1-192 བཞི་དབང་བཞི་ཐོབ། བདེ་གསལ་མི་རྟོག་པ་ལ་མཉམ་པར་བཞག །དབང་བཞི་ཚན་གསུམ་ མོ། །སློབ་མའི་སྤྱི་བོར་མེ་ཏོག་བཞག་ལ། ༀ་བཛྲ་སིདྡྷི་བྷ་བནྟུ། བརྗོད། དེ་ནས་སློབ་མས་མཎྜལ་ དབུལ། བླ་མའི་དཀྱིལ་འཁོར་རྗེས་བསྡུས་པ་སྤྱི་དང་མཐུན་ལ། འགྲུབ་ན་མཎྜལ་རྒྱས་པ་རྒྱ་གར་བའི་ཕྱག་ལེན་བཞིན་བྱ། དབང་ བསྐུར་ཐོབ་མ་ཐག་རིམ་གཉིས་བསྒོམ་ཟེར་ན་སློབ་མ་མཆོག་དམན་བླ་མ་རབ་ཏུ་གུས་སམ་མི་གུས་བརྟག །གུས་ན་ཐོག་མར་ བྱིན་རླབས་བྱས། བླ་མ་བསྒྲུབས་ན་ཕྱིས་ཏིང་ངེ་འཛིན་ཤུགས་ལ་མྱུར་དུ་སྐྱེས་ལ། དེ་མིན་གསང་བ་དམ་པོར་བྱའོ། ། ལེགས་ཚོགས་གཞན་ཡང་བརྗོད་པ་དང་རྩ་འཁོར་གྱི་ལྟེ་བ་སོ་སོར་སྦྱོར་ཏེ་ཞི་བ་ལ་བླ་མ་བུདྡྷ་ཧེ་རུ་ཀ་དཀར་པོ་དང༌། ༀ༴ སོགས་སྔགས་ཀྱི་མཐར། པཱ་པཾ་རོ་ག་ཤཱནྟིཾ་ཀུ་རུ་སྭཱཧཱ། ཚེ་རྒྱས་པ་ལ་སེར་པོ་བདུད་རྩིའི་བུམ་པ་ འཛིན་པ་དང་ཨཱ་ཡུ་པུཥྚི་ཀུ་རུ་ༀ། ནོར་རྒྱས་པ་ལ་བརྗིད་བག་ཅན། རིན་ཆེན་སྙེ་མ་བསྙེམས་ པ་དང༌། དྷ་ན་པུཥྚིཾ་སོགས་དང༌། དབང་དགུག་ལ་དམར་པོ་སྒེག་ཉམས་ཅན་ལྕགས་ཀྱུ་ཞགས་པ་ འཛིན་པ་བ་ཤཾ་ཀུ་རུ་ཧོ། ༡ བ་ཥཌ ༢ ཨ་རཀྵ་ཡ་ཧྲི་ཛ་དང༌། དྲག་པོ་ལ་ནག་པོ་ཁྲོ་བོ་རྡོ་རྗེ་ ཅན་བསད་བསྐྲད་དབྱེ་རྨོངས། རེངས་མནན། སོགས་ལའང༌། རྣམ་པ་དང་སྔགས་རྣམས་ཇི་ལྟར་ མཐུན་མཐུན་དུ་སྦྱར་ཏེ་དེ་ལྟར་སོ་སོའི་འབྱུང་བའི་གནས་ལ་གནས་པ་ལ། སྔགས་བཟླས་པ་ དང༌། གསོལ་བ་དྲག་ཏུ་གདབ་ཅིང་ལས་ལ་སྦྱར་བས་ཐོགས་པ་མེད་གསུངས། གཞན་ཡང་ བྱ་བ་ཐམས་ཅད་ལ་འདི་ལྟར་རྟེན་འབྲེལ་འགྲིགས་དགོས་ཏེ། ཞིབ་མོར་བླ་མའི་ཞལ་སྔ་ནས་ རྟོགས་པར་བྱའོ། ། ཐམས་ཅད་དྲི་མོའི་དུས་སུ་ཡིས་བྱ་ནུས། འདིར་འཕགས་ཡུལ་གྱི་སློབ་དཔོན་རྣམས་ ཀྱིས་ཕྱག་ལེན་མཛད་ཚུལ་ནི། སློབ་མ་མཆོག་གི་བླ་མ་སྒྲུབ་ཐབས་འདི་དུས་ཟླ་བ་དྲུག་གི་ བར་དུ་བྱེད་ཅིང༌། དེའི་བར་དུ་ཉིན་རེ་བཞིན་ཐུན་གསུམ་དུ་མཎྜལ་འབུལ་ཕྱག་འཚལ་ལན་ སྟོང་སྟོང༌། བཟླས་པ་དྲུག་སྟོང་རེ་དང༌། ཟས་དང་ཡོ་བྱད་གསར་དུ་བྱུང་བ་ཐམས་ཅད་ཀྱི་ཕྱེད་ བླ་མའམ། དེ་མི་བཞུགས་ན་དམ་ཚིག་གཅིག་པའི་རྣལ་འབྱོར་པ་རྣམས་ལ་འབུལ་བ་སྟེ། འདི་ 21-1-193 ནི་མ་མཐའ་བཀག་པའི་ཕྱག་ལེན་དུ་མཛད་དོ། །གྲུབ་པའི་སློབ་དཔོན་རྟ་མཆོག་དང༌། །པཾ་ཝཾ་ ཞབས་དང་འཇོ་སྒེག་ཞབས། །གྷུ་ན་ཏི་པ་དྷརྨ་པ། །བྱཱ་ང་ལ་དང་ཆར་སྤྲིན་ཞབས། །དགའ་བ་ སྦས་པ་དེ་བཞིན་དུ། །གྲུབ་ཆེན་ཤནྟི་གུཔྟ་དང༌། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །སྦས་པའི་ མགོན་པོའི་ཞལ་ལས་འོངས། །ཚུལ་འདི་རྣལ་འབྱོར་སྤྱོད་པའི་ཚུལ་འཆང་བ། །ཀུན་དགའ་ སྙིང་པོས་སེམས་ཅན་ཀུན་ལ་སྦྱིན། །མ་གྱུར་འགྲོ་ཀུན་སྒྲོལ་ལ་མ་བཞིན་དུ། །བརྩོན་པས་ བྱང་ཆུབ་མཆོག་ལ་བརྩོན་པར་ཤོག ། ཅེས་བླ་མ་སྒྲུབ་ཐབས་རྒྱ་གར་བའི་པཎ་གྲུབ་ཀྱི་ཞལ་ལུང་དྲི་མ་མེད་པ་སྙིང་པོར་ཕྱུང་བ་འདི་ནི། ཏཱ་ར་ནཱ་ཐས་བླ་མའི་ གསུང་བཞིན་བཅོས་བསླད་མེད་པར་སྦྱར་བའི་ཡི་གེ་པ་ནི་ཀུན་དགའ་ལེགས་རྒྱལ་ལོ། །རང་ལོ་ཉེར་གཅིག་གི་རྩེར་སོན་པའམ་ ཚེ་ལི་ཁེ་ཏམ། མངྒ་ལཾ། བརྟཱི་ཀུ་རུ། དགེའོ། །བཀྲ་ཤིས། 21-1-194 ༄༅། །ཀྱཻ་རྡོ་རྗེའི་ལུས་དཀྱིལ་ལམ་དུས་ཀྱི་དབང་ཆོག་ ཏཱ་ར་ནཱ་ཐས་མཛད་པ་བཞུགས་སོ། ། ༄༅། །ན་མོ་གུ་རུ། འདིར་ལམ་འབྲས་བུར་གྲགས་པའི་མན་ངག་གི་རྩ་བ། ལམ་དུས་ཀྱི་དབང་དང་བཅས་ པ་ཉམས་སུ་བླང་བའི་རིམ་པ་ལ། ལས་དང་པོ་པས་ཕྱི་དཀྱིལ་དང་སྦྲགས་ཏེ་སྒོམ་དགོས་པ་ལས། ཕྱི་བསྐྱེད་པའི་རིམ་པ་རྒྱས་ འབྲིང་བསྡུས་པ་གང་ཡང་རུང་བའི་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་པ་ལ་མཆོད་ཅིང་བསྟོད་ནས། ༀ་བཛྲ་གཽ་རི་ ཨཀཪྵ་ཡ་ཛ། ༀ་བཛྲ་ཙཽ་རི་པྲ་བེ་ཤ་ཡ་ཧཱུཾ། ༀ་བཛྲ་བཻ་ཏ་ལི་བནྡྷ་བཾ། ༀ་བཛྲ་གྷསྨ་རི་ཝ་ཤཾ་ཀུ་ རུ་ཧོ། གཉིས་སུ་མེད་པར་ཐིམ་པའི་རྐྱེན་གྱིས། སྐད་ཅིག་གིས་རང་གི་ལུས་རྟེན་དང་བརྟེན་ པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར་པ་ནི། སྤྱི་བོར་སྣ་ཚོགས་རྡོ་རྗེ། རྐང་ མཐིལ་རྡོ་རྗེའི་ས་གཞི། རྩིབ་མ་རྡོ་རྗེའི་རྭ་བ། ལྤགས་པ་རྡོ་རྗེའི་གུར་དང་བླ་བྲེ། བ་སྤུ་མདའི་ དྲྭ་བ། སེན་མོ་མེ་རི་འབར་བ་སྟེ་བསྲུང་བའི་འཁོར་ལོ་དང༌། རྐང་མཐིལ་རླུང༌། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ཁ་ས། སྒལ་ཚིགས་རི་རབ། མགོ་བོ་རི་རབ་ཀྱི་སྟོད་ཀྱི་ཆ། ལུས་མི་མཉམ་པ་ མེད་པ། གྲུ་བཞི་ནི་གཞལ་ཡས་ཁང་གྲུ་བཞི། སྙིང་ཁ་ནས་འབྱུང་བ་བཞིའི་རླུང་རྒྱུ་བ་ནི་སྒོ་ བཞི། མིག་པཉྩ་རེ་གའི་རྩིག་པ། སྣ་རིན་པོ་ཆེའི་ཕ་གུ །སོ་དྲྭ་བ་དང་དྲྭ་བ་ཕྱེད་པ། ལྕེ་དང་ མཆུ་འདོད་ཡོན་གྱི་སྣམ་བུ། རྣ་བ་རྟ་བབས་རྐང་རྣམས་ཀ་བ་བརྒྱད་དེ་རྟེན་གྱི་དཀྱིལ་འཁོར་ དང་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པའི་ལྟེ་བར་ཨཾ་ལས་ང་རྒྱལ་དང་སེར་ སྣ་དང༌། ཚོར་བའི་ཕུང་པོ་རྣམ་པར་དག་པ། བཅོམ་ལྡན་འདས་ཡོན་ཏན་རིན་ཆེན་འབྱུང་ ལྡན་སྐུ་མདོག་སེར་པོ། ཞལ་གཅིག་ཕྱག་གཉིས་པ་གཡས་རིན་པོ་ཆེ་དང༌། གཡོན་དེས་ཡུ་བ་ བྱས་པའི་དྲིལ་བུ་འཛིན་པ། ཡུམ་ས་རྣམ་པར་དག་པ་སངས་རྒྱས་སྤྱན་མ་སེར་མོ་དང་མཉམ་ 21-1-195 པར་སྦྱོར་བ། ཡུམ་དང་འདྲ་བའི་ལྷ་མོ་དྲུག་ཅུ་རྩ་བཞིས་བསྐོར་བ། མཉམ་པ་ཉིད་ཀྱི་ཡེ་ཤེས། གསང་གནས་བདེ་བ་ཆེན་པོའི་འཁོར་ལོ་རྩ་འདབ་སོ་གཉིས་པའི་ལྟེ་བའི་ཧ་ལས་ཕྲག་དོག་ དང་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ། བཅོམ་ལྡན་འདས་འཕྲིན་ལས་དོན་ཡོད་གྲུབ་པ་ སྐུ་མདོག་ལྗང་ཁུ། ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་དང༌། གཡོན་དེས་ཡུ་བ་བྱས་ པའི་དྲིལ་བུ་འཛིན་པ། ཡུམ་རླུང་རྣམ་པར་དག་པ་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བ། ཡུམ་དང་འདྲ་བའི་ལྷ་མོ་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བར་བྱ་བ་གྲུབ་པའི་ཡེ་ཤེས། སྙིང་ག་ ཆོས་ཀྱི་འཁོར་ལོ། རྩ་འདབ་བརྒྱད་ཀྱི་ལྟེ་བའི་ཧཱུཾ་ལས་ཞེ་སྡང་དང་རྣམ་པར་ཤེས་པའི་ཕུང་པོ་ རྣམ་པར་དག་པ། བཅོམ་ལྡན་འདས་ཐུགས་རྡོ་རྗེ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་ཆུ་རྣམ་ པར་དག་པ་མཱ་མ་ཀཱི་སྔོན་མོ་དང་མཉམ་པར་སྦྱོར་བ། ཡུམ་དང་འདྲ་བའི་ལྷ་མོ་བརྒྱད་ཀྱིས་ བསྐོར་བ། མེ་ལོང་ལྟ་བུའི་ཡེ་ཤེས། མགྲིན་པ་ལོངས་སྤྱོད་འཁོར་ལོ་རྩ་འདབ་བཅུ་དྲུག་པའི་ ལྟེ་བའི་ༀ་ལས་འདོད་ཆགས་དང་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ། བཅོམ་ལྡན་འདས་ གསུང་རྡོ་རྗེ་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨ་ དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་མེ་རྣམ་པར་དག་པ་གོས་དཀར་མོ་ དམར་མོ་དང་མཉམ་པར་སྦྱོར་བ། ཡུམ་དང་འདྲ་བའི་ལྷ་མོ་བཅུ་དྲུག་གིས་བསྐོར་བ་སོ་སོར་ རྟོག་པའི་ཡེ་ཤེས། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ། རྩ་འདབ་སུམ་ཅུ་སོ་གཉིས་པའི་ལྟེ་བའི་ ཧཾ་ལས། གཏི་མུག་དང་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ། བཅོམ་ལྡན་འདས་སྐུ་རྡོ་རྗེ་རྣམ་ པར་སྣང་མཛད་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་འཁོར་ལོ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་ནམ་མཁའི་ཁམས་རྣམ་པར་དག་པ་རྡོ་རྗེ་ དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་དང་མཉམ་པར་སྦྱོར་བ། ཡུམ་དང་འདྲ་བའི་ལྷ་མོ་སུམ་ཅུ་ 21-1-196 རྩ་གཉིས་ཀྱིས་བསྐོར་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། གཙོ་བོ་ལྔ་པོ་ཐམས་ཅད་མཚན་བཟང་ པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། གཡས་བརྐྱང་གི་གར་ སྟབས་ཅན། སྤྱན་གསུམ་པ། ཡབ་ལྔ་པོ་གྲི་གུག་དང་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་ལྔ་གཡོན་བརྐྱང་གི་གར་སྟབས་ཀྱི་ཡབ་ལ་འཁྱུད་པ། ཐམས་ཅད་ཀྱང་རུས་པའི་རྒྱན་ གྱིས་བརྒྱན་པ་འཁོར་རྣམས་གཡས་པའི་ཕྱག་མཚན་འཕྱར་ཐབས་དང༌། གཡོན་པས་ཐོད་པ་ ཐུགས་ཀར་གཏོད་པའོ། ། གཞན་ཡང་མིག་ཏུ་ས་སྙིང་དཀར་པོ་འཁོར་ལོ་འཛིན་པ། རྣ་བར་ཕྱག་རྡོར་སྔོན་པོ་རྡོ་རྗེ་ འཛིན་པ། སྣར་མཁའ་སྙིང་སེར་པོ་ནོར་བུ་འཛིན་པ། ལྕེར་སྤྱན་རས་གཟིགས་དམར་པོ་པདྨ་ འཛིན་པ། དཔྲལ་བར་སྒྲིབ་སེལ་ལྗང་ཁུ་རལ་གྲི་འཛིན་པ། སྙིང་ཁར་ཀུན་བཟང་དཀར་པོ་ རྡོ་རྗེ་འཛིན་པ། གཞན་ཡང་མིག་ཏུ་གཟུགས་གཽ་རི། རྣ་བར་སྒྲ་ཙཽ་རི། སྣར་དྲི་བཻ་ཏ་ལི། ལྕེར་ རོ་གྷསྨ་རི། དཔྲལ་བར་རེག་ས་སྤྱོད་མ། སྙིང་གར་ཆོས་ཁམས་མཁའ་སྤྱོད་མ། དེ་རྣམས་སྐུ་ མདོག་ནག་པོ་འདབ་མའི་ལྷ་དང་མཚུངས་པའོ། །ལག་པ་གཡས་པར་གཤིན་རྗེ་མཐར་བྱེད་ སྔོན་པོ་ཐོད་པ་འཛིན་པ། ལག་པ་གཡོན་པར་ཤེས་རབ་མཐར་བྱེད་དཀར་པོ་བེ་ཅོན་འཛིན་ པ། ལྕེར་པདྨ་མཐར་བྱེད་དམར་མོ་པདྨ་འཛིན་པ། གསང་གནས་སུ་བགེགས་མཐར་བྱེད་སྔོ་ བསངས་རྡོ་རྗེ་འཛིན་པ། དཔུང་པ་གཡས་པར་མི་གཡོ་བ་སྔོ་སྐྱ་རལ་གྲི་འཛིན་པ། དཔུང་པ་ གཡོན་པར་འདོད་པའི་རྒྱལ་པོ་སྔོན་པོ་ལྕགས་ཀྱུ་འཛིན་པ། པུས་མོ་གཡས་པར་དབྱུག་སྔོན་ ཅན་སྔོན་པོ་དབྱུག་པ་འཛིན་པ། པུས་མོ་གཡོན་པར་སྟོབས་པོ་ཆེ་དུད་ནག་རྩེ་གསུམ་འཛིན་ པ། སྤྱི་གཙུག་ཏུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སེར་པོ་འཁོར་ལོ་འཛིན་པ། རྐང་མཐིལ་ གཉིས་སུ་གནོད་མཛེས་རྒྱལ་པོ་སྔོན་པོ་གཏུན་ཤིང་འཛིན་པ། དེ་ཐམས་ཅད་གཡོན་བརྐྱང་ གིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ལྷ་དེ་དག་ཐམས་ཅད་སྐུའི་དབྱིབས་ 21-1-197 རྣམ་པར་བདེ་བ། རང་བཞིན་གསལ་སྟོང༌། ངོ་བོ་ཟུང་འཇུག །གཞན་ཡང་ལུས་རྩ་སྤྲུལ་པའི་ སྐུ། རྩ་ཡི་གེ་ལོངས་སྤྱོད་རྫོགས་པའི་སྐུ། ཁམས་བདུད་རྩི་ཆོས་ཀྱི་སྐུ། སྙིང་པོ་ཡེ་ཤེས་རླུང༌། ངོ་བོ་ཉིད་ཀྱིས་སྐུར་གྱུར། རང་གི་སྙིང་ཁའི་ས་བོན་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་ དེ་བཞིན་གཤེགས་པ་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ལྷ་མོ་དྲུག ཁྲོ་ བོ་བཅུ་དང་བཅས་པ། ༀ་བྷ་ག་ཝན་མཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་པཉྩ་ཀུ་ལ་ས་པ་རི་ཝ་ར་བཛྲ་ས་ མཱ་ཛཿ དཀར་མོའི་རི་དྭགས། ནས། གཡུང་མོ་སྐུ་ལ་འཁྱུད་པ་ཉིད། །ཞེ་སྡང་རྡོ་རྗེ་ཕྱག་འཚལ་ བསྟོད་སོགས། ༀ་བཛྲ་བྷཱུ་མི་ཨཱཿཧཱུཾ། དབང་ཆེན་གསེར་གྱི་ས་གཞི། ༀ་བཛྲ་རེ་ཁེ་ཨཱཿཧཱུཾ། ཕྱི་ལྕགས་ རི་འཁོར་ཡུག་གིས་བསྐོར་བའི་དབུས་སུ། ཧཱུཾ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་ པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ་ཟླ་བ། དབུས་སུ་ལྷ་དང་ མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་གང་ཡང་མ་ཚང་བ་མེད་པ། འདི་ཉིད་དཔལ་ལྡན་བླ་ མ་དམ་པ་རྣམས་ལ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་ འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། བྱང་ཆུབ་རྡོ་རྗེ། སོགས། ལན་གསུམ། ༀ་སྭ་བྷཱ་ཝ༴ བདག་དང་དབང་རྫས་རྣམ་རྒྱལ་བུམ་པའི་ཆུར་མི་དམིགས་ཏེ་ སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་ དུ། ཧཱུཾ་ལས་རྡོ་རྗེ་སྔོན་པོ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་ཚུར་འདུས་གཅིག་ ཏུ་གྱུར་པ་ལས་གཉིས་ཀ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་ རྡོ་རྗེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་མཱ་མ་ཀཱི་སྔོན་པོ་གྲི་གུག་དང་ཐོད་ པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་ གཏི་མུག་རྡོ་རྗེ་མ། རྣ་བར་ཞེ་སྡང་རྡོ་རྗེ་མ། སྣ་ལ་སེར་སྣ་རྡོ་རྗེ་མ། ཁ་ལ་འདོད་ཆགས་རྡོ་རྗེ་ 21-1-198 མ། ལུས་ལ་ཕྲག་དོག༴ ཡིད་ལ་བདག་མེད༴ སྤྱི་བོར་སྐུ༴ མགྲིན་པར་གསུང་༴ ཐུགས་ཀར་ ཐུགས་རྡོ་རྗེ་མ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་ པ་ཐམས་ཅད་མི་བསྐྱོད་པ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་ པར་ཐིམ། ༀ་བཛྲ་བྷ་ཝ་བྷི་ཥིཉྩ་ཧཱུཾ། དབང་རྫས་ལ་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། དབང་རྫས་ཀྱི་མི་བསྐྱོད་པ་ཡབ་ཡུམ་ སྙོམས་པར་ཞུགས་ཏེ། ཞུ་བ་ལས་བྱུང་བའི་དབང་རྫས་རྣམ་རྒྱལ་བུམ་པའི་ཆུར་གྱུར། ཞེས་ བརྗོད། དེ་ནས་བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །སོགས་དང༌། ༀ་ཨ་བྷི་ཥིཉྩ་ཏུ་མཾ་ སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ཞེས་ སོགས་བརྗོད་ཅིང༌། ༀ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་གསུངས་ཤིང༌། དེ་བཞིན་གཤེགས་པ་ རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། རིག་མ་རྣམས་ཀྱི་རྡོ་རྗེ་གླུ་ལེན། བྱང་ ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་རྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་ རྣམས་ཀྱིས་ནི་མཆོད། དབང་གི་ཆུ་རྒྱུན་གྱིས་སྨིན་མཚམས་ཡན་ཆད་གང་བས་བུམ་པའི་ དབང་ཐོབ། མགྲིན་པ་ཡན་ཆད་གང་བས་གསང་བའི་དབང་ཐོབ། སྙིང་ཁ་ཡན་ཆད་གང་ བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་བས་མཆོག་ཏུ་བདེ་བ་ཆེན་པོ་ བཞི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་ བསྐྱོད་པའི་དབུ་བརྒྱན་ཉེར་སྤྱོད་ལྔས་མཆོད། དེ་ལྟར་ན་ཆུའི་དབང་ཐོབ། ཞེ་སྡང་དག །རྣམ་ པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་གོ་ འཕང་མངོན་དུ་གྱུར་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཅོད་པན་ནས། བརྟུལ་ཞུགས་ཀྱི་བར་ལ་རྒྱས་ པར་ནི་ཆུ་དབང་དང་འདྲ་ལ། ཅུང་ཟད་བསྡུ་ན། ༀ་སྭ་བྷཱ་ཝ༴ བདག་དང་དབང་རྫས་དབུ་རྒྱན་སྟོང་པའི་ངང་ལས་པཾ་ལས་ 21-1-199 པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཨཾ་ལས་རིན་པོ་ཆེ་སེར་པོ་ཨཾ་གིས་ མཚན་པ། དེ་ལས་འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། གཉིས་ཀ་རིན་ཆེན་འབྱུང་ལྡན་ སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རིན་པོ་ཆེ་དང༌། གཡོན་དེས་ཡུ་བ་ བྱས་པའི༴ ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གཡས་གྲི་གུག་དང་༴ གཉིས་ཀའང་རུས་པའི་རྒྱན་ གྱིས་བརྒྱན་པ། དཔྲལ་བར་ༀ། མགྲིན་པར་ཨཱ། ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ ཟེར་འཕྲོས་པས་ཕྱོགས་བཅུའི༴ རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ དབང་རྫས་ལ་དབང་བསྐུར། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། དབང་རྫས་ཀྱི་རིན་ ཆེན་འབྱུང་ལྡན་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་རིན་པོ་ཆེའི་ དབུ་རྒྱན་དུ་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་ བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ནས། རིན་ཆེན་དབང་བསྐུར་ཆེན་པོར་སྦྱིན། །ༀ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། ༀ་བཛྲ་བྷ་ཝ་ ཨ་བྷི་ཥིཉྩ་ཧཱུཾ། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་ཐམས་ཅད་གང༌། དྲི་མ་ཐམས་ ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱི་དབུ་བརྒྱན། ༀ་བཛྲ་པུཥྤེ་ ཨཱཿཧཱུཾ། སོགས། དེ་ལྟར་ན་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག ཚོར་པའི་ཕུང་པོ༴ མཉམ་པ་ཉིད་ཀྱི་ཡེ་ཤེས༴ ༀ་སྭ་བྷཱ་ཝ༴ སོགས། བདག་དང་དབང་རྫས་རྡོ་རྗེ་སྟོང་པའི་ངང་ ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ། ཛྲ་ལས་པདྨ་དམར་པོ་ཛྲ་གིས་མཚན་པ། དེ་ ལས་འོད་འཕྲོས། གཉིས་ཀ་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨ་དང༌། གཡོན་དེས་ཡུ་བ། ཡུམ་གོས་དཀར་མོ་དམར་མོ་གྲི་གུག༴ ཐུགས་ཀའི་ཧཱུྃ་ ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི༴ འོད་དཔག་མེད་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་ མཱ་ཛཿ འོད་དཔག་མེད་ཀྱིས་དབུ་བརྒྱན་དབང་རྫས་ཀྱི་འོད་དཔག་མེད་ཡབ་ཡུམ་སྙོམས་པར་ 21-1-200 ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ བདག་ལ༴ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང༌། །ༀ་མཧཱ་བཛྲ་ཧཱུཾ། ༀ་བཛྲ་བྷཱ་ཝ༴ འོད་ དཔག་མེད་ཀྱི༴ ༀ་བཛྲ་པུཥྤེ། ནས། ཤབྟ་ཨཱཿཧཱུཾ། དེ་ལྟར་ན་རྡོ་རྗེའི་དབང་ཐོབ་འདོད་ཆགས་ དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་ མེད་ཀྱི་གོ༴ ༀ་སྭ་བྷཱ་ཝ༴ བདག་དང་དབང་རྫས་དྲིལ་བུ་སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཁཾ་ལས་རལ་གྲི་སྔོ་བསངས་སམ་ལྗང་ཁུ་ཁཾ་གིས་ མཚན་པ། དེ་ལས་འོད་འཕྲོས། གཉིས་ཀ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་ཞལ་གཅིག་ ཕྱག་གཉིས་པ། གཡས་རལ་གྲི་དང་གཡོན་དེས་ཡུ་བ་བྱས་པའི༴ ཡུམ་དམ་ཚིག་སྒྲོལ་མ་ལྗང་ གུ་གཡས་གྲི་གུག༴ ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི༴ དོན་ཡོད་གྲུབ་ པ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿ དོན་ཡོད་གྲུབ་པས་དབུ་བརྒྱན། དབང་རྫས་ཀྱི་དོན་ ཡོད་གྲུབ་པ་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་དྲིལ་བུར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས༴ ༀ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མཾ། ཏིཥྛ་བཛྲ་ས་ མཱ་ཡེ་སྟཾ། ༀ་བཛྲ་བྷ་ཝ༴ དོན་ཡོད་གྲུབ་པས་དབུ་བརྒྱན། ༀ་བཛྲ་པུཥྤེ༴ སོགས། དེ་ལྟར་ན་དྲིལ་ བུའི་དབང་ཐོབ། ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་ མངོན་དུ་བྱས། དོན་ཡོད་གྲུབ་པའི༴ ༀ་སྭ་བྷཱ་ཝ༴ རང་ཉིད་མི་དམིགས་ཏེ་སྟོང་པའི་ངང་ལས་ པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ་ལས་འཁོར་ལོ་དཀར་པོ་བྷྲུཾ་ གྱིས་མཚན་པ། དེ་ལས་འོད་འཕྲོས༴ བདག་ཉིད་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ ཞལ་གཅིག་ཕྱག་གཉིས་པ། གཡས་འཁོར་ལོ་དང་གཡོན་དེས་ཡུ་བ༴ ཡུམ་སངས་རྒྱས་སྤྱན་ མ་དཀར་མོ་གཡས་གྲི་གུག༴ ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི༴ རྣམ་ 21-1-201 པར་སྣང་མཛད་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས༴ ༀ་བཛྲ་སཏྭ་སྟྭཾ། ཨ་བྷི་ཥིཉྩ་བཛྲ་ན་མ་ཨ་ བྷི་ཥེ་ཀ་ཏ། ཀྱཻ་དཔལ་ཆེན་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ༀ་བཛྲ་བྷ་ ཝཱ༴ ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱི་དབུ་བརྒྱན། ༀ་བཛྲ་པུཥྤེ། སོགས་ ནས། དེ་ལྟར་ན་མིང་གི་དབང༴ གཏི་མུག༴ གཟུགས་ཀྱི་ཕུང་པོ༴ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༴ རྣམ་པར་སྣང་མཛད་ཀྱི་གོ་འཕང་མངོན་དུ་གྱུར་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དངོས་ ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་རྙོག་མེད་ དག །སངས་རྒྱས་ཡེ་ཤེས་ལྟ་བར་གྱིས། །ༀ་སྭ་བྷཱ་ཝ༴ པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་ དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་ འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་ པོ་གཡས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་སྐུ་ མདོག་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་ པའི་རྒྱན་གྱིས་བརྒྱན་པའི། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ ཧཱུཾ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་ དཔའ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ༀ་བཛྲ་ བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ནས་ཆུའི་ལྷག་མ་ཡར་ལུད་པ་ ལས། མི་བསྐྱོད་པས་དབུ་བརྒྱན། འདི་སྟེ་སངས་རྒྱས་ཐམས་ཅད་དེ། །སོགས་དང༌། བརྟུལ་ ཞུགས་བརྟན། ༀ་སརྦ་ཏ་ཐཱ་ག་ཏ༴ ཧི་ཧཱུཾ། ཞེས་བརྗོད། དེ་ནས། མཎྜལ་གླིང་བཞི་རི་རབ་ཉི་ཟླ་ ཟུང་གཅིག །ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས༴ དཔལ་ལྡན་བླ་མ་དམ་པ་ལ་བུམ་པའི་ དབང་བསྐུར་བ་ཞུ་བའི་ཡོན་དུ་འབུལ་བ༴ བརླབ་ཏུ་གསོལ། ཅེས་བརྗོད། དེ་ནས། མི་ལྡོག་འཁོར་ 21-1-202 ལོའི་དབང་བསྐུར་བ། །མགོན་པོས་བདག་ལ་སྩལ་ནས་ཀྱང༌། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། ། སློབ་དཔོན་འཕྲིན་ལས་ཡོངས་སུ་གསུངས། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་ པའང་བླ་ན་མེད་པ་སྩོལ། །ལན་གསུམ། འདི་དེ་སངས་རྒྱས་ཐམས་ཅད་དེ། །ནས། བརྟུལ་ཞུགས་ བརྟན། །ༀ་སརྦ་ཏ་ཐཱ་ག༴ ཧི་ཧཱུཾ། ཞེས་བརྗོད། ཐོག་མཐའ་མེད་པའི༴ དང་པོའི་སྐྱེས་བུ་ལའོ། ། ༀ་བཛྲ་མཧཱ་ཧཱུཾ། ཞེས་བརྗོད། འདི་ནི་རྣལ་འབྱོར་མ་ཀུན་གྱི་སོགས། རྒྱལ་བས་བཞེད། ཨ་སྲིད་ པ་ངོ་བོ༴ སོགས། དམ་པ་བྱེད་པར་གྱུར། ༀ་བཛྲ་གནྡྷེ་ཨ། བདག་ཉིད་རྡོ་རྗེ་འཆང་ཆེན་པོ་སྐུ་ མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་ དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་སྔོན་མོ་གྲི་གུག་དང༌། ཐོད་པ་འཛིན་པ་དང་ མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་གཏི་མུག་རྡོ་རྗེ་མ༴ ནས། ཐུགས་ཀར་ཐུགས་རྡོ་རྗེ་མ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་ དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཆང་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུྃ་ བཾ་ཧོཿ གཉིས་སུ་མེད་པར་ཐིམ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །སོགས། སློབ་མའི་ཚོགས་རྣམས་ བསྡུ་བར་གྱིས། །ཤེས་རབ་བཅུ་དྲུག་ལོན་པ་ལ། །སོགས་ནས། ཡིད་ཀྱི་ལུས་ནི་བསྟན་ཕྱིར་རོ། ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ༴ ནས། རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན། ༀ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ཆུའི་ལྷག་མ་ཡར་ལུད་ པ་ལས། རྡོ་རྗེ་འཆང་ཆེན་པོས་དབུ་བརྒྱན། ༀ་སུ་པྲ༴ ༀ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ཤབྷ་ཨཱཿཧཱུྃ། དེ་ལྟར་ན་བླ་མའི་སྐུའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག་ལམ་བསྐྱེད་ རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུའི་གོ་འཕང་མངོན་དུ་འགྱུར་བའི་སྐལ་བ་ ཅན་དུ་བྱས་པ་ཡིན་ནོ། །ཞེས་བརྗོད་དེ་བུམ་པའི་དབང་ངོ༌། ། དེ་ནས་གསང་བའི་དབང་གི་དོན་དུ། མཎྜལ་ཕུལ། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། ། 21-1-203 ནས། ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགེས། །དེ་ནས། བཅོམ་ལྡན་ཞི་བ། ནས། བྱིང་བ་སྐྱབས་ མེད་བདག་ལ་སྐྱོབས། །ༀ་ཨཱཿཧཱུཾ། གདོང་བཅིངས། དེ་ནས་བླ་མ་ཧེ་རུ་ཀ་ཡབ་ཡུམ་ཐབས་ཤེས་ སྙོམས་པར་ཞུགས་པའི་སྒྲས། དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ནས་ཞལ་དུ་ཞུགས། རྗེས་ཆགས་ཀྱི་མེས་འོད་དུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པའི་བྱང་ཆུབ་ སེམས་ཀྱི་ཐིག་ལེ་མུ་ཏིག་གི་རྡོག་མ་ལྟ་བུ་བདག་གི་ལྕེ་ཐོག་ཏུ་བཞག །ཇི་ལྟར་འདས་པའི་ སངས་རྒྱས་ཀྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་ལྟར། །སོགས། དབང་བསྐུར་རོ། །ༀ་ཨཱཿ ཧཱུྃ། ཐིག་ལེ་མགྲིན་པར་ཐིམ་པས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པར་བསམ་མོ། །ༀ་ཨཱཿཧཱུྃ། གདོང་བསལ། དེ་ལྟར་ན་རྫས་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ བསྐུར་བ་ཐོབ། ངག་གི་དྲི་མ་དག །ལམ་ཙཎྜ་ལི་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྤྱོད་ རྫོགས་པའི་སྐུའི༴ ཞེས་བརྗོད། གསང་དབང་ངོ༌། ། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ། མཎྜལ་གླིང་བཞི་རི་རབ་ནས། ཤེས་རབ་ཡེ་ཤེས་ཀྱི་ དབང་བསྐུར་སོགས། གོང་ལྟར། བསྟོད་པ་གསོལ་བཏབ་གསང་དབང་ལྟར་བྱས་ལ། ༀ་ཨཱཿཧཱུྃ། གིས་གདོང་བཅིངས། བླ་མས། དགའ་སྟེར། སོགས། རྟག་ཏུ་གྱིས། ཞེས་རིག་མ་སྦྱིན། རིག་མས་བཤང་གཅི་དག་ནི།སོགས། སྤྲོ་ གྱུར་ཏམ། དྲིས་པའི་ལན་དུ། བཤང་གཅི་དག་ནི། སོགས། སྤྲོ་གྱུར་ཏོ། །རིག་མས། ཨེ་མ་ང་ཡི་པདྨ༴ སོགས་མཆོག་གི་དངོས་གྲུབ་མེད། བྷནྫ་མོ་ཀྵ་ཧོ། །ཞེས་པང་དུ་བྱོན། ཡུམ་གྱི་མཁའ་མི་དམིགས་ ནས། ཨཱཿས་མཚན་པ། ཡབ་ཀྱི་གསང་གནས་མི་དམིགས་ནས། ཧཱུྃ་གིས་མཚན་པ། བདག་ ཉིད་ཧེ་རུ་ཀ་ཡབ་ཡུམ་རྗེས་སུ་ཆགས་པས་སྙོམས་པར་ཞུགས་ནས་ལུགས་འབྱུང་དང་ལུགས་ བཟློག་གི་དགའ་བཞི་མངོན་དུ་བྱས་པར་གྱུར། ༀ་ཨཱཿཧཱུཾ། གདོང་གཡོགས་བསལ་ཏེ། དེ་ལྟར་ན་བྷ་ གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཕོ་ ཉའི་ལམ་སྒོམ་པ་ལ་དབང༌། འབྲས་བུ་ཆོས་ཀྱི་སྐུ། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། ། 21-1-204 དེ་ནས་དབང་བཞི་པའི་དོན་དུ། །མཎྜལ་བསྡུས་པ་ཕུལ། མགོན་པོ་ཐུགས་རྗེ་ཆེ་ལྡན་པས། །དབང་ བསྐུར་གསུམ་པོ་བདག་ལ་གནང༌། །རྣམ་པ་ཀུན་གྱི་མཆོག་གྱུར་པའི། །བཞི་པ་ཡང་ནི་བྱིན་ གྱིས་རློབས། ལན་གསུམ་གྱིས་གསོལ་བ་བཏབ། ༀ་ཨཱཿཧཱུཾ། ཞེས་གདོང་གཡོགས་བཅིངས། ཡེ་ཤེས་འདི་ནི་ ཆེས་ཕྲ༴ སོགས། ཁྱོད་རང་ཡང་ནི་དེ་ཡིས་ཕ། །ཞེས་མཉམ་པར་བཞག་གོ །ༀ་ཨཱཿཧཱུྃ། གདོང་གཡོགས་ བསལ་ལོ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་རྡོ་རྗེའི་རྦ་རླབས་སྒོམ་པ་ལ་ དབང༌། འབྲས་བུ་ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་འགྱུར་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ ནོ། །དབང་བཞི་པའོ། །གཙོ་བོས་ཇི་ལྟར༴ སོགས་ལན་གསུམ། མཎྜལ་བསྡུས་པ་ཕུལ་བ་ལས། བཀའ་ དྲིན་གཏང་རག་གི །ཞེས་འདོན་པ་སྤོས། དེང་ནས་བརྩམ་སྟེ༴ སོགས་ལན་གསུམ། དེ་ལྟར་ན་དབང་གི་ ཆུ་རྒྱུན་གྱིས་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ཡབ་ཡུམ་གཉིས། གཽ་རི་དང་པུཀྐ་སི་ལ་མི་བསྐྱོད་པ། ཙཽ་རི་དང་ཤ་བ་རི་ལ་རྣམ་པར་ སྣང་མཛད། བཻ་ཏ་ལི་དང་ཙཎྜ་ལི་ལ་རིན་ཆེན་འབྱུང་ལྡན། གྷསྨ་རི་དང་ཌོམྦྷི་ནི་ལ་འོད་དཔག་ མེད། ལུས་དཀྱིལ་གྱི་ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་པའམ། སོ་སོའི་ རིགས་བདག་གིས་རྒྱས་བཏབ། དབང་འབྲིང་དུ་ལེན་ན། དབང་ལྷ་སྤྱན་དྲངས་མཆོད་ཅིང་གསོལ་བ་བཏབ་པ་ཡན་ ཆད་རྒྱས་པ་བཞིན་བྱས་ལ། རྡོ་རྗེ་ཆེ་དང༌། སོགས། སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་ པས་བླ་མའི་སྐུའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི༴ སོགས། སྤྲུལ་པའི་སྐུའི་ བག་ཆགས་རྒྱུད་ལ་བཞག །ཇི་ལྟར་འདས་པའི། སོགས། རྒྱུན་གྱིས་དབང་བསྐུར་རོ། །ཞེས་ ཀུན་རྫོབ་བྱང་ཆུབ་སེམས་ཀྱི༴ ཞེས་སོགས་གོང་ལྟར་རོ། །དགའ་སྟེར༴ སོགས། རྟག་ཏུ་གྱིས། ཞེས་ ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ། སོགས། གོང་ལྟར་རོ། །ཡེ་ཤེས་འདི་ནི༴ སོགས། དེ་ཡི་ཕ་ཞེས་ སོགས། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། ཞེས་གོང་ལྟར་རོ། །དབང་བསྡུས་པ་ལེན་པར་འདོད་ 21-1-205 ན། དབང་ལྷ་སྤྱན་དྲངས། མཆོད་པ་དང་གསོལ་བཏབ་སྔ་མ་དང་འདྲ་བར་བྱས་ལ། བཅོམ་ལྡན་དེ་བཞིན་གཤེགས་ པ༴ ནས་ཥིཉྩ་ཏུ་མཾ་གྱི་བར་དང༌། སངས་རྒྱས་རྣམས་ཀྱི༴ ནས། ཥིཉྩ་ཧཱུཾ་གི་བར་སྒྲུབ་ཐབས་བཞིན་ལས། ཞེས་ གསུངས་ཞིང༌། སངས་རྒྱས་རྣམས་ཀྱི་ནས། དབང་གི་ཆུ་རྒྱུན་གྱིས་སྨིན་མཚམས་ཡན་ཆད་ གང༌། བུམ་པའི་དབང་ཐོབ། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་ མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་པ་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ ལ་ནི་དོན་ཡོད་གནས། །ཡན་ལག་ཀུན་ལ་རྡོར་འཛིན་འགོད། །མགྲིན་པ་ཡན་ཆད་གང༌། གསང་བའི་དབང་ཐོབ། ལྟེ་བ་སྤྲུལ་པའི་འཁོར་ལོ་ལས་ཀྱི་ཕྱག་རྒྱ། སྙིང་ཁ་ཆོས་ཀྱི་འཁོར་ ལོ་ཆོས་ཀྱི་ཕྱག་རྒྱ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཕྱག་རྒྱ་ཆེན་པོ། སྤྱི་བོ་བདེ་ཆེན་གྱི་ འཁོར་ལོ་དམ་ཚིག་གི་ཕྱག་རྒྱའོ། ། སྙིང་ག་ཡན་ཆད་གང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། མིག་ཏུ་གཏི་མུག་རྡོ་རྗེ་མ༴ སོགས། བདག་མེད་རྣལ་འབྱོར་མ། །ལྟེ་བ་ནས་བརྒྱུད་ལུས་ཐམས་ཅད་གང༌། བཞི་པའི་དབང་ ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ཆུའི་ལྷག་མ་ཡར་ལུད་ པ་ལས་གཙོ་བོ་ཡབ་ཡུམ་དང་གཽ་རི་ཞེས་སོགས་གོང་བཞིན་བསམས་ཏེ། འདིར་དེ་ཙམ་ཞིག་གོ །ཞེས་པ་ལུས་ དཀྱིལ་དང་ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་བར་ལེན་པའི་རིམ་པ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བསྒྲིགས་པ་སྟེ། དཔལ་རྟག་བརྟན་དུའོ།། །།ཞུས་སོ། ། 21-1-206 ༄༅། །དཔལ་ཀྱཻ་རྡོ་རྗེའི་བསྐྱེད་རིམ་གྱི་རྣམ་བཤད་རིག་འཛིན་ གཞོན་ནུའི་རོལ་རྩེད་ཅེས་བྱ་བ་རྒྱུད་དོན་མཐའ་དག་ གསལ་བ་བཞུགས། ༄༅། །ཛ་ཡནྟུ། རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་ངུར་སྨྲིག་གི །ཚོན་རྒྱས་རབ་ དཀར་སྦགས་པའི་བཟློས་གར་མཁན། །སྙིང་པོའི་དོན་མཆོག་རྩོལ་བའི་དཔའ་བོ་སྟེ། ཁྱབ་ བདག་རིགས་བརྒྱའི་མགོན་པོར་ཕྱག་བགྱིའོ། །ཤེས་བྱའི་མཐའ་གྲུ་འཇམ་པའི་མཁྱེན་པ་ལ། ། བློ་གྲོས་གཏེར་བའི་ལྷ་ཞེས་འོད་སྟོང་ཅན། །རྨོངས་པའི་སྨག་རུམ་འཇོམས་ལ་ཟླ་བྲལ་བ། ། ཡོངས་འཛིན་རྟ་བདུན་རྒྱལ་པོ་ཁྱོད་མིན་སུ། །གང་ཡང་འདི་ནི་རྣམ་དཔྱོད་ཡངས་པའི་གཞུ། ། གྱེན་དུ་བླངས་ལས་ལེགས་བཤད་ཉག་ཕྲན་སོགས། །དཔུང་པའི་ཡལ་གར་བཟུང་ནས་སྔོན་ རབས་ཀྱི། །གཞུང་ལུགས་རྣམ་པར་འབིགས་འདི་ལན་བརྒྱར྄་འཕང༌། །གསང་ཆེན་རྒྱུད་སྡེའི་ ཟབ་དོན་དུནྡྷུ་བྷི། །བསྐུལ་མཁས་དབྱུག་གུའི་འབྱེད་པ་མང་བསྟེན་ཀྱང༌། །འཁྲུལ་མེད་ལམ་ འདིས་ལུགས་ངན་འབྲུག་སྒྲའི་བྲུག །འགོག་ནུས་འདི་ལ་གྲོགས་དག་ཡི་རང་བྱོས། ། ཞེས་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་སྔོན་དུ་བཏང་ནས། འདིར་རྒྱུད་ ཀྱི་རྒྱལ་པོ་ཀྱཻ་རྡོ་རྗེ་ལས་བརྩམས་ཏེ། རིམ་པ་གཉིས་ཀྱི་རྣམ་བཞག་ཅུང་ཟད་འཆད་པ་ལ། རྒྱུད་ཀྱི་མངོན་པར་རྟོགས་པ་མདོ་ཙམ་བསྟན་པ་དང༌། རིམ་གཉིས་བྱེ་བྲག་ཏུ་བཤད་པའོ། ། དང་པོ་ལ་རྗོད་བྱེད་ཚིག་གི་རྒྱུད་རྣམ་པར་གཞག་པ་དང༌། བརྗོད་བྱ་དོན་གྱི་རྒྱུད་ངེས་པར་ བྱ་བའོ། །དང་པོ་ལ། རྒྱུད་འདི་ཉིད་རྒྱུད་སྡེ་གང་དུ་གཏོགས་པ་དང༌། གསུང་པ་པོ་སྟོན་པའི་ 21-1-207 ཆེ་བ། རྒྱུད་ཉིད་ངོས་བཟུང་བའོ། །དང་པོ་ནི། འོ་སྐོལ་གྱི་སྟོན་པས་ལེགས་པར་གསུངས་ པའི་ཆོས་ཐམས་ཅད་ཀྱི་སྙིང་པོ། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱང་རྒྱུད་སྡེ་ བཞིར་འདུས་པ་ཡིན་ཏེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་ འབྱོར་དེ་ལྷག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྷག་ ལའོ། །ཞེས་གསུངས་པ་ལྟར་ལས། འདི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །དེ་ལ་ཡང་ ཐབས་ཀྱི་རྒྱུད། ཤེས་རབ་ཀྱི་རྒྱུད་གཉིས་སམ། ཕ་རྒྱུད། མ་རྒྱུད། གཉིས་མེད་ཀྱི་རྒྱུད་གསུམ་ དུ་གྲགས་པ་ལ། འདི་མ་རྒྱུད་ཁྱད་པར་ཅན་ནི། གཉིས་མེད་ཀྱི་རྒྱུད་ཡིན་ཅེས་འཆད་ལ། དེ་ ལས་ཀྱང་སྙིང་པོར་གྱུར་པ་ཀྱཻ་རྡོ་རྗེའི་རྒྱུད་དོ། ། གཉིས་པ་ལ་སྤྱིར་གསང་སྔགས་ཀྱི་རྒྱུད་ཐམས་ཅད་ཁ་སྦྱོར་བ་ལ་སོགས་པའི་ཡན་ལག་ བདུན་ལྡན་གྱི་རྡོ་རྗེ་འཆང་ཆེན་པོས་གསུངས་པ་ཡིན་ཅིང༌། དེ་ལས་ཀྱང་རྒྱུད་འདི་ཉིད་ནི་ དག་བྱ་དག་བྱེད་ཀྱི་ཆོས་དུ་མས་ཁྱད་པར་དུ་འཕགས་པའི་སྙིང་པོ་ཀྱཻ་རྡོ་རྗེ་ཞལ་བརྒྱད་ཕྱག་ བཅུ་དྲུག་པའི་རྣམ་པ་ཅན་གྱིས་གསུངས་པར་བླ་མ་གོང་མ་རྣམས་བཞེད་དོ། །དེ་ཡང་དག་ པའི་འཁོར་གྱི་ནང་དུ་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཧེ་རུ་ཀའི། རྣམ་པར་གསུངས་ པ་ཡིན་ཀྱང༌། བར་བར་དུ་ནུབ་པར་གྱུར་པ་ལས། འོ་སྐོལ་གྱི་སྟོན་པས་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པའི་ ཚེ་འོག་མིན་དུ་ལོངས་སྐུའི་རྟེན་དང༌། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་དུ་སྤྲུལ་པ་ཧེ་རུ་ཀའི་ སྐུར་བཞེངས་ནས་བདུད་ཀྱི་སྡེ་བཅོམ་སྟེ། དཔའ་བོ་དང་རྣལ་འབྱོར་མ་དང༌། ལྷ་དང༌། ཀླུ་ལ་ སོགས་པ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་རྒྱུད་འདི་ཉིད་གསུངས་པ་ཡིན་ནོ། ། གསུམ་པ་རྒྱུད་ཉིད་ངོས་བཟུང་བ་ལ། རྒྱུད་རྒྱས་པ་དང༌། བསྡུས་པའི་རྒྱུད་དོ། །དང་ པོ་ནི། རྡོ་རྗེ་གུར་ལས། འབུམ་ཕྲག་ལྔ་བདག་ཀྱཻ་རྡོ་རྗེ། །ལས་ནི་དཀྱིལ་འཁོར་ལྔ་གསུངས་ 21-1-208 པ། །ཞེས་གསུངས་པ་ལྟར། རྡོ་རྗེའི་རིགས་ཀྱི་དུམ་བུ་དང༌། སྔགས་ཀྱི་དུམ་བུ་དང༌། དབང་ བསྐུར་བའི་དུམ་བུ་དང༌། ལྷའི་དུམ་བུ་དང༌། དེ་ཁོ་ན་ཉིད་ཀྱི་དུམ་བུ་སྟེ། རེ་རེ་ལ་ཤླཽ་ཀ་འབུམ་ ཕྲག་རེ་རེ་སྟེ་འབུམ་ཕྲག་ལྔའི་བདག་ཉིད་དོ། །གཉིས་པ་བསྡུས་པའི་རྒྱུད་ལ། རྩ་བའི་རྒྱུད། བཤད་པའི་རྒྱུད། ཆ་མཐུན་གྱི་རྒྱུད་གསུམ་ལས། དང་པོ་ནི། རྒྱུད་ཀྱི་རྒྱལ་པོ་དཔལ་བརྟག་པ་ གཉིས་པ་ཡིན་ལ། གཉིས་པ་ནི་ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་རྗེ་གུར་དང༌། ཐུན་མོང་ པ་ཡང་དག་སྦྱོར་བ་སམྦུ་ཊིའི་རྒྱུད་དོ། ། གསུམ་པ་ཆ་མཐུན་གྱི་རྒྱུད་ལ། ཕྱག་རྒྱ་ཆེན་པོ་ཐིག་ལེ་དང༌། ཡེ་ཤེས་ཐིག་ལེ་དང༌། ཡེ་ ཤེས་སྙིང་པོ་དང༌། རྣལ་འབྱོར་མ་ཐམས་ཅད་གསང་བ་སྒྲོན་མེའི་རྒྱུད་དེ་ཐིག་ལེ་བསྐོར་བཞི་ དང༌། རྡོ་རྗེ་ཨ་རལླི་དང༌། རི་ཥི་ཨ་རལླི་དང༌། རྙོག་པ་མེད་པའི་རྒྱུད་རྣམས་སོ། །དེ་ཡང་རྩ་ རྒྱུད་བརྟག་པ་གཉིས་པ་འདི། རྩ་རྒྱུད་རྒྱས་པ་བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་ཕྱུང་བ་ཡིན་ ཞིང༌། དེ་ལ་འདོད་ཚུལ་མི་འདྲ་བ་དུ་མ་བྱུང་ན་ཡང༌། བརྟག་པ་ཕྱི་མ་གཉིས་ཕྱུང་བར་བླ་མ་ གོང་མ་རྣམས་ཀྱིས་བཞེད་དོ། །འདི་ལ་འགྲེལ་བྱེད་ཚད་དང་ལྡན་པ་མང་དུ་བྱུང་མོད། རྒྱ་ གར་འཕགས་པའི་ཡུལ་དུ་ཤིང་རྟའི་སྲོལ་བྱེད་ཐ་དད་དུ་གྲགས་པ་མེད་ལ། བོད་ཡུལ་འདིར་ ལུགས་སྲོལ་མང་དུ་བྱུང་བ་ལས། དཔལ་ལྡན་ས་སྐྱ་བ་ཡབ་སྲས་ལ་བཀའ་བབ་པ་ནི། སློབ་ དཔོན་མཐུ་སྟོབས་ཀྱི་དབང་ཕྱུག་བིརྺ་པའི་མན་ངག་གི་ལུགས་དང༌། གྲུབ་ཆེན་ཌོམྦི་ཧེ་རུ་ཀ་ རྗེས་འབྲང་དང་བཅས་པའི་ལུགས་དང༌། སློབ་དཔོན་མཚོ་སྐྱེས་ཀྱི་ལུགས་དང༌། ནག་པོ་དམ་ ཚིག་རྡོ་རྗེའི་ལུགས་ཏེ། བཀའ་བབས་བཞིར་གྲགས་པ་ལ་དང༌། གཞན་ཡང་ནཱ་རོ་པ་དང༌། མཻ་ཏྲི་པའི་ལུགས་རེ་དྲུག་གོ །དེ་ལ་དང་པོ་ནི། སྙན་བརྒྱུད་གཙོ་ཆེ་བ་ཡིན་ཞིང༌། སྐབས་ འདིར་གཏན་ལ་དབབ་བྱའི་གཙོ་བོ་ཡིན་པས། ཌོམ་བུའི་ལུགས་སོགས་ཕྱི་མ་གསུམ་ལ་ནི། ཇི་སྐད་དུ། སྙིང་པོའི་དོན་གྱི་ཀྱཻ་རྡོར་ནི། །བིརྺའི་རྗེས་འབྲང་ཌོམ་པའི་སྐོར། །ཡན་ལག་མེད་ 21-1-209 རྗེས་པདྨའི་སྐོར། །དམ་ཚིག་རྡོ་རྗེ་ནག་པོ་སྐོར། །གཙོ་ཆེའི་ཆོས་སྣ་སུམ་ཅུ་དགུ །ཞེས་རྒྱ་ གཞུང་སུམ་ཅུ་སོ་དགུ་ཡོད་ཅིང༌། ནཱ་རོ་པའི་ལུགས་ནི་ཕམ་མཐིང་བ་ནས་བརྒྱུད། མལ་ལོ་ཙཱ་ བ་ལ་བླ་མ་ས་སྐྱ་པས་གསན་པར་སྣང་ཞིང༌། མཻ་ཏྲི་པའི་ལུགས་ལ་སྒྲུབ་ཐབས་དང༌། ཡིད་ལ་ མི་བྱེད་པའི་ཆོས་སྐོར་ཉི་ཤུ་རྩ་དྲུག་བཞུགས་སོ། ། གཉིས་པ་བརྗོད་བྱ་དོན་གྱི་རྒྱུད་ངེས་པར་བྱ་བ་ནི། ཇི་སྐད་དུ། གསང་བ་འདུས་པའི་ རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་གྱུར། །གཞི་དང་ དེ་ཡི་རང་བཞིན་དང༌། །མི་ཕྲོགས་པ་ཡིས་རབ་ཕྱེ་བ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ ནི་ཐབས་ཤེས་བྱ་བ་ཡིན། །དེ་ནི་མི་ཕྲོགས་འབྲས་བུའོ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་ པའོ། །ཞེས་གསུངས་པ་ལྟར། བརྗོད་བྱ་དོན་གྱི་རྒྱུད་ལ་དབྱེ་ན། རྒྱུ་རྒྱུད་སྔོན་དུ་འགྲོ་བ་རྟེན་ གྱི་གང་ཟག ཉམས་སུ་བླང་བྱ་ཐབས་ཀྱི་རྒྱུད། ཉམས་སུ་བླངས་པས་ཐོབ་པ་འབྲས་བུའི་རྒྱུད། དང་པོ་ལ། རྒྱུ་རྒྱུད་ཀྱི་ངོ་བོ་གང་ཟག་གི་རང་བཞིན། རྒྱུད་དེ་ཇི་ལྟར་སྦྱང་བའི་ཚུལ་ལོ། །དང་ པོ་ནི། སེམས་རང་བཞིན་གྱི་འོད་གསལ་བ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་དེ་ཡིན་ལ། དེའི་ སྣང་ཆ་འཁོར་བའི་ཆོས་ཐམས་ཅད་ཀྱང་རྒྱུ་རྒྱུད་དུ་བསྡུས་པ་ཡིན་ཏེ། རྡོ་རྗེ་རྩེ་མོའི་རྒྱུད་ལས། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །འཁོར་བ་རྒྱུན་དུ་འདོད་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ གང་ཟག་གི་རང་བཞིན་ནི། སློབ་དཔོན་གརྦྷ་རི་པས། རྒྱུ་རིགས་སྤང་བྱ་སྐྱེན་ལ་ལྟོས། །གང་ ཟག་རྣམ་པ་བཞི་ཡིན་ནོ། །ཞེས་པ་ལྟར་གང་ཟག་ལ་དབྱེ་ན། རྒྱུ་ལ་ལྟོས་པ། རིགས་ལ་ལྟོས་ པ། སྤང་བྱ་ལ་ལྟོས་པ། རྐྱེན་ལ་ལྟོས་པ་སྟེ་བཞིའོ། ། གསུམ་པ་དེ་ཇི་ལྟར་སྦྱངས་པའི་ཚུལ་ལ། སྤྱོད་པའི་རིམ་པས་སྦྱང་བ། ལྟ་བའི་རིམ་ པས་སྦྱང་བ། དབང་གིས་སྨིན་པར་བྱེད་པ་སྟེ། ཇི་སྐད་དུ། སྐལ་དམན་སེམས་ཅན་འདུལ་ དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ 21-1-210 པ། །དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་ སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་སྟེ། དེ་ཡི་རྗེས་སུ་ དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱཻ་རྡོ་རྗེ་བསྟན། །ཞེས་གསུངས་ སོ། །དེ་ཡང་སྐལ་དམན་རིམ་འཇུག་གི་དབང་དུ་བྱས་པ་ཡིན་ལ། སྐལ་ལྡན་ཅིག་ཅར་པ་ ལ་ནི། དབང་བསྐུར་བ་ཁོ་ནས་རྒྱུད་སྦྱངས་པ་འགྲུབ་པ་ཡིན་ནོ། །སྤྱིར་དབང་ལ་རྒྱུ་དུས་ཀྱི་ དབང་དང༌། ལམ་དུས་ཀྱི་དབང་དང༌། འབྲས་དུས་ཀྱི་དབང་གསུམ་དུ་ཡོད་ཅིང༌། དེ་གསུམ་ ངོ་བོའི་སྒོ་ནས་ཐབས་རྒྱུད་ཡིན་ཀྱང༌། མ་སྨིན་པ་སྨིན་པར་བྱེད་པའི་དབང་ངམ། རྒྱུ་དུས་ཀྱི་ དབང་ནི། རང་གང་ལ་བསྐུར་བའི་སེམས་རྒྱུད་དེ་རྒྱུ་རྒྱུད་ཁྱད་པར་རབ་ཏུ་བྱེད་པའི་ཕྱིར། རྒྱུ་ རྒྱུད་ཀྱི་མངོན་པར་རྟོགས་པ་ཡིན་ནོ། །དེ་ལ་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་དང༌། ཇི་ལྟར་དབང་བསྐུར་བའི་ཚུལ་གཉིས་ལས། དང་པོ་ནི། སམྤུ་ཊི་ལས། དཀྱིལ་འཁོར་ལུས་ སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་ག་ཞེས་སུ་བརྗོད། །དཀྱིལ་འཁོར་བྱང་ཆུབ་སེམས་ ཡིན ཏེ། །དཀྱིལ་འཁོར་གསུམ་དུ་གསུངས་པའོ། །ཞེས་གསུངས་པ་ལྟར་བུམ་དབང་ལ་ལུས་ ཀྱི་དཀྱིལ་འཁོར་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། དབྱིབས་སུ་བཀོད་པའི་དཀྱིལ་ འཁོར་གཞན་དང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་བཞིན་ཡོད་པ་ལས་འདིར་གཙོ་བོར་ གྱུར་པ་ལུས་ཀྱི་དཀྱིལ་འཁོར་སྨོས་ཤིང༌། བྷ་གའི་དཀྱིལ་འཁོར་དུ་གསང་དབང་དང༌། བྱང་ ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་གཉིས་ལས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་ པ་བསྐུར་བ་ཡིན་ནོ། ། གཉིས་པ་ཇི་ལྟར་དབང་བསྐུར་བའི་ཚུལ་ལ། སྔོན་དུ་འགྲོ་བ་བསྙེན་པའི་རིམ་པ་ནི་སློབ་ དཔོན་གྱི་བསྒྲུབ་པར་བྱ་བ་ཡིན་ཞིང༌། དཀྱིལ་འཁོར་གྱི་ཆོ་ག་དངོས་ལ་སློབ་མ་རྗེས་བཟུང་ 21-1-211 ས་ཆོག་སྦྱང་བཟུང་ངོ༌། །སྟ་གོན་རྣམ་བཞི་བྲིས་ཞིང་རྒྱན་བཀྲམ་པ། སྒྲུབ་ཅིང་མཆོད་པ། བདག་ཉིད་འཇུག་ཅིང་དབང་བླང་བ། སློབ་མ་གཞུག་ཅིང་དབང་བསྐུར་བ་སྟེ། མངོན་པར་ རྟོགས་པ་ཡན་ལག་བདུན་དང་ལྡན་པ་ཡིན་ལ། རྗེས་ཆོག་ནི་སླར་བསྡུ་བའི་ཆོ་གའོ། ། གཉིས་པ་ཐབས་རྒྱུད་ཀྱི་མངོན་པར་རྟོག་པ་ནི། ལམ་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་ འགྱུར་བའི་ཕྱིར་རྟོགས་པའི་ལྟ་བ་དང༌། རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་དང༌། ལྷན་ སྐྱེས་ཀྱི་ཡེ་ཤེས་བསྐྱེད་པ་རྫོགས་རིམ་དང༌། རིམ་པ་གཉིས་བརྟན་ནས་བོགས་འབྱིན་པ་སྤྱོད་ པ་དང༌། འབྲས་བུ་ལ་མཚམས་སྦྱོར་བ་ཉེ་རྒྱུ་ཨཱ་ལི་ཀཱ་ལི་བྱང་ཆུབ་ཀྱི་སེམས་ཏེ་མཆོག་སྒྲུབ་ པའི་མངོན་པར་རྟོགས་པ་ལྔའོ། །ཡི་དམ་ལྷའི་ཐུགས་རྒྱུད་བསྐུལ་པའི་ཕྱིར་བཟླས་པ། བར་ ཆད་ཞི་བའི་ཕྱིར་གཏོར་མ། སྐུ་གཟུགས་བྱིན་གྱིས་བརླབས་པའི་ཕྱིར་རབ་གནས། ལས་ ཐམས་ཅད་གྲུབ་པར་བྱ་བའི་སྦྱིན་སྲེག །དམན་པ་ལ་མོས་པའི་གང་ཟག་རྗེས་སུ་བཟུང་བའི་ ཕྱིར་ལས་རབ་འབྱམས་ཏེ་ཐུན་མོང་གི་མངོན་པར་རྟོགས་པ་ལྔ་དང༌། གཉིས་ཀ་ལ་དགོས་ པའི་གྲོགས་དམ་ཚིག་དང་སྡོམ་པ་སྟེ། མངོན་པར་རྟོགས་པ་བཅུ་གཅིག་གོ །དེ་ཡི་ལྟ་བ་དེ་ ལ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའི་ལྟ་བ་གཉིས་ལས། དང་པོ་ཐུན་མོང་གི་ལྟ་བ་ནི། ཕ་རོལ་དུ་ཕྱིན་པའི་ལྟ་བ་ཡིན་ལ། དེའི་ཐོས་བསམ་གྱིས་ལྟ་བ་ནི་ལྟ་བ་དུག་ཅན་ཡིན་པར་ བཞེད་དོ། ། གཉིས་པ་ཐུན་མོང་མ་ཡིན་པ་སྔགས་ཀྱི་ལྟ་བ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བ་སྟོང་ ཉིད་དམ། ཡུལ་ཅན་དབང་གི་ཡེ་ཤེས་ཀྱིས་མྱོང་བྱར་བྱས་པ་ལ་ངོས་འཛིན་པ་ཡིན་ནོ། །རིམ་ པ་གཉིས་ཀྱིས་རྣམ་དག་འོག་ཏུ་འཆད་ལ། སྤྱོད་པ་དེ་ལ། ཨ་ཝ་དྷུ་ཏིའི་ཀུན་འདར་གྱི་སྤྱོད་པ་ དང་། ཀུན་ཏུ་བཟང་པོའི་སྤྱོད་པ་དང༌། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སྟེ་གསུམ་མོ། །ཉེ་རྒྱུ་ ནི་སྤྱོད་པ་དང་འབྲེལ་བ་ཡིན་མོད། ཐུན་མོང་མ་ཡིན་པའི་ཁྱད་པར་ནི། རྫོགས་པའི་སངས་ 21-1-212 རྒྱས་སྤྲུལ་པའི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུས་དབང་བསྐུར་བ། འབྲས་དུས་ཀྱི་དབང་ གི་ཡེ་ཤེས་དང་འབྲེལ་བ་ཡིན་ནོ། །བཟླས་པ་ལ་སོགས་པ་ཐུན་མོང་གི་མངོན་པར་རྟོགས་པ་ དྲུག་ནི་གཞན་དུ་འཆད་ལ། དམ་ཚིག་སྡོམ་པ་ལ་དབྱེ་ན་བསྲུང་བའི་དམ་ཚིག་དང༌། བཟའ་ བའི་དམ་ཚིག་གཉིས་སུ་དབྱེ་བའམ། ཡང་ན་ལས་དང་པོ་པའི་དམ་ཚིག །བརྟན་པ་ཅུང་ཟད་ ཐོབ་པའི་དམ་ཚིག །བརྟན་པ་ཆེར་ཐོབ་པའི་དམ་ཚིག་སྟེ་གསུམ་མོ། །མན་ངག་ལས་དམ་ ཚིག་ཉི་ཤུའི་རྣམ་པར་དག་པ་བཤད་མོད། འདིར་སྐབས་སུ་བབ་པ་ནི་འདི་ཙམ་མོ། །དེ་ལ་ སྤྱོད་པ་དང་ཉེ་རྒྱུ་ནི། རྫོགས་རིམ་གྱི་ཡན་ལག་ཡིན་ལ། ཐུན་མོང་གི་མངོན་པར་རྟོགས་པ་ ལྔ་ནི། བསྐྱེད་རིམ་གྱི་ཡན་ལག །རྟོགས་པའི་ལྟ་བ་དང༌། དམ་ཚིག་ནི་གཉིས་ཀ་ལ་དགོས་པ་ ཡིན་ནོ། །དེས་ན་ཐབས་རྒྱུད་ཀྱི་མངོན་པར་རྟོགས་པ་བཅུ་གཅིག་ལ། རྩ་བ་གཉིས་དང་ཡན་ ལག་དགུའོ། ། གསུམ་པ་ཉམས་སུ་བླངས་པས་ཐོབ་པ་འབྲས་བུའི་རྒྱུད་ལ། གནས་སྐབས་ཀྱི་འབྲས་ བུ་ས་བཅུ་གཉིས་དང༌། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་སའོ། །དང་པོ་ལ། ངོ་བོ་ནི་ བདེ་སྟོང་གི་ཡེ་ཤེས་ཡིན་ལ། དེའི་རྒྱུ་ནི། ཕྱི་རོལ་དུ་ཡུལ་ཆེན་རྣམས་བསྒྲོད་པ་དང༌། ནང་དུ་ རྩ་རླུང་ཐིག་ལེའི་འགྲོས་དབུ་མར་ཐིམ་པ་ཡིན་ནོ། །འདིའི་ཉམས་སུ་བླང་བྱ་མཉམ་བཞག་ ཏུ་བདེ་བ་ཆེན་པོའི་ཡེ་ཤེས་སྒོམ་པ་དང༌། རྗེས་ཐོབ་ཏུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་ པའོ། །ས་རྣམས་ཀྱི་ཡོན་ཏན་ལ་ཐུན་མོང་གི་ཡོན་ཏན་ནི། མདོ་དང་མཚུངས་ཤིང༌། ཐུན་མོང་ མ་ཡིན་པའི་ཡོན་ཏན་རྒྱས་པར་རྒྱུད་དུ་ཤེས་པར་བྱའོ། །གཉིས་པ་ནི་སྐུ་བཞི་དང་ཡེ་ཤེས་ ལྔས་བསྡུས་པ་ཡིན་ཅིང༌། གཞན་ཡང་སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ བསམ་གྱིས་མི་ཁྱབ་པ་དང༌། ཡོན་ཏན་འཕྲིན་ལས་ཀྱི་འཇུག་པ་བསམ་གྱིས་མི་ཁྱབ་པ་ལ་ སོགས་རྒྱུད་དུ་ཤེས་པར་བྱའོ། ། 21-1-213 གཉིས་པ་རིམ་གཉིས་བྱེ་བྲག་ཏུ་བཤད་པ་ལ། རིམ་གཉིས་སྤྱིའི་རྣམ་དག་བསྟན་པ་དང༌། བསྐྱེད་རིམ་རྒྱས་པར་བཤད་པའོ། །དང་པོ་ལ་ངོ་བོ། དབྱེ་བ། སྒྲ་དོན། གྲངས་ངེས། གོ་རིམ། གྲོལ་བའི་འཐད་པ་སྟེ། རིམ་གཉིས་སྤྱིའི་མངོན་པར་རྟོགས་པ་དྲུག་གོ །དང་པོ་ལ། ངོ་བོ་ ནི། ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་ཐབས་ཁྱད་པར་ཅན་ཏེ་བདེ་སྟོང་གི་ཡེ་ཤེས་ལྷ་ སྐུའི་རྣམ་པ་དང་འབྲེལ་བའོ། །གཉིས་པ་དབྱེ་བ་ལ་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་ རིམ་པ་གཉིས། དང་པོ་ལ་དབྱེ་ན་ཏིང་ངེ་འཛིན་གསུམ། བསྙེན་སྒྲུབ་ཡན་ལག་བཞི། མངོན་ རྟོགས་ཡན་ལག་དྲུག་གོ ། གཉིས་པ་རྫོགས་པའི་རིམ་པ་ལ་དབྱེ་ན། རང་བྱིན་རླབས་པ། དཀྱིལ་འཁོར་རོ། །གསུམ་ པ་སྒྲ་དོན་ནི། འཕགས་སྐོར་པ། འགའ་ཞིག་གི་ལུགས་ལ། བསྐྱེད་པའི་དོན་ནི་སྐྱེ་བ་དང༌། རྫོགས་པའི་དོན་འཆི་བ་དང༌། རིམ་པ་ནི་དེ་གཉིས་སྦྱོང་བྱེད་ལ་འདོད་པ་དང༌། དུས་འཁོར་ བ་ཁ་ཅིག་གིས་བསྐྱེད་པའི་དོན་ཐུན་མོང་གི་དངོས་གྲུབ་དང༌། རྫོགས་པའི་དོན་མཆོག་གི་ དངོས་གྲུབ་དང༌། རིམ་པ་ནི་དེ་གཉིས་མངོན་དུ་བྱེད་པའི་ལམ་ལ་འདོད་ཀྱང༌། སློབ་དཔོན་ རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཡབ་སྲས་ཀྱི་དགོངས་དོན་རང་ལུགས་ནི་བསྐྱེད་པའི་ དོན་ཡིད་རྣམ་རྟོག་གི་རྩོལ་བས་བསྐྱེད་པའི་ལྷ་སྐུ་དང༌། རྫོགས་པ་ནི་ལུས་ངག་ཡིད་གསུམ་ རྫོགས་པ་སྟེ། དེའི་དོན་ཡང༌། ལུས་རྩ། ངག་རླུང་དང་ཡི་གེ།སེམས་ཐིག་ལེ་རྣམས་ལུས་ལ་ ཇི་ལྟར་གནས་པ་བཞིན་དུ་རྫོགས་པར་བསྒོམས་པ་ཡིན་པས་ན། གཞན་དུ་ཡོངས་སུ་གྲུབ་ པའི་རིམ་པ་ཞེས་གསུངས་པ་དང་མཐུན་པ་ཡིན་ནོ། །བཞི་པ་ནི། སྤང་བྱ་གཉིས་སུ་ངེས་པའི་ ཕྱིར་དང༌། ཐོབ་བྱ་གཉིས་སུ་ངེས་པའི་ཕྱིར་དང་། ངོ་བོ་རྟེན་བརྟེན་པའི་ཕྱིར། བསྐྱེད་རྫོགས་ གཉིས་སུ་གྲངས་ངེས་སོ། །དང་པོ་ནི། རྡོ་རྗེ་གུར་ལས། ཐ་མལ་གནས་སྐབས་གཞོམ་པའི་ ཕྱིར། །སྒོམ་པ་ཡང་དག་རབ་ཏུ་བསྒྲགས། །རང་བཞིན་གནས་སྐབས་བསྒོམས་པ་ནས། ། 21-1-214 བསྒོམས་པ་མ་ཡིན་མི་བསྒོམས་མིན། །ཞེས་གསུངས་པ་ལྟར། ཐ་མལ་གྱི་རྣམ་རྟོག་གཞོམ་ པའི་ཕྱིར་བསྐྱེད་པའི་རིམ་པ་དང༌། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་གཞོམ་པའི་ཕྱིར་རྫོགས་ པའི་རིམ་པ་སྒོམ་པའོ། ། ཐ་མལ་གྱི་རྣམ་རྟོག་དེ་ལ་དབྱེ་ན་རྒྱུ་ལས་དང་ཉོན་མོངས་དང༌། འབྲས་བུ་བདག་དང་ བདག་གིར་འཛིན་པ་གཉིས་ལས། དང་པོ་ནི། ཚོགས་བསགས་རྣམ་པ་གཉིས་ཀྱིས་སྦྱོང་བར་ བྱེད་ཅིང༌། གཉིས་པ་ལ་སྣོད་དང་བཅུད་སྦྱོང་ཚུལ་གཉིས་ལས། སྣོད་ཀྱི་འཇིག་རྟེན་ནི་ལྷའི་ གཞལ་ཡས་ཁང་དང༌། ལྷའི་དཔའ་བོ་གཅིག་པའི་མངོན་རྟོགས་ལ་ནི། ལྷའི་གདན་གྱི་ཀྱང་ སྦྱོང་བར་བྱེད་ཅིང༌། བཅུད་སྦྱོང་ཚུལ་ལ་བསྐྱེད་ཆོག་གི་སྐྱེ་གནས་བཞི་སྦྱོང་བ་དང༌། ལྷའི་ རྣམ་པས་དུག་གསུམ་སྦྱོང་བའོ། །དང་པོ་སྐྱེད་ཆོག་གི་སྐྱེ་གནས་བཞིའི་སྦྱོང་ཚུལ་ནི། མངོན་ བྱང་ལྔ་བསྐྱེད་ཀྱི་དྲོད་གཤེར་སྐྱེས་སྦྱོང་བ་དང༌། མཁའ་ནང་ནས་ལྷ་ཚོགས་སྤྲོ་བས་མངལ་ སྐྱེས་སྦྱོང་བ་དང༌། འོད་ཀྱི་གོང་བུ་ལས་བཞེངས་པ་དང༌། རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ཀྱིས་ སྒོང་སྐྱེས་སྦྱོང་བ་དང༌། སྐད་ཅིག་གིས་བསྐྱེད་པའི་རྣལ་འབྱོར་གྱིས་རྫུས་སྐྱེས་སྦྱོང་བའོ། ། གཉིས་པ་ནི་སྤྱིར་ལྷ་རྣམས་ཞི་བ་དང༌། ཁྲོ་བོ་དང༌། ཁྲོ་ཆགས་འདྲེས་པ་གསུམ་དུ་འདུས་ ཤིང༌། ཆགས་པའི་རྣམ་པས་འདོད་ཆགས་སྦྱོང་བ་དང༌། ཤིན་ཏུ་ཁྲོ་བོའི་རྣམ་པས་ཞེ་སྡང་སྦྱོང་ བ་དང༌། ཤིན་ཏུ་ཞི་བའི་རྣམ་པས་གཏི་མུག་སྦྱོང་བ་དང༌། ཁྲོར་ཆགས་འདྲེས་པས་ནི། དུག་ གསུམ་ཁ་སྦྱོང་བ་ཡིན་ཏེ། དེ་ཡང་བཙུན་མོའི་འཁོར་གྱི་ནང་དུ་འདུག་པས་འདོད་ཆགས་སྦྱོང་ བ་དང༌། ཁྲོ་བོ་ཆེན་པོར་འདུག་པས་ཞེ་སྡང་སྦྱོང་བ་དང༌། མཚན་དཔེ་དང་ལྡན་པས་གཏི་མུག་ སྦྱོང་བ་ཡིན་ཏེ། དེས་ན་ཞི་ཁྲོ་ཕྱོགས་རེ་བ་ནི་མི་ཟབ་པ་ཡིན་ལ། ཁྲོ་ཆགས་འདྲེས་པ་ནི་ཤིན་ ཏུ་ཟབ་པ་ཡིན་ནོ། ། གཉིས་པ་ནི་གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་གཞོམ་པའི་ཕྱིར་དུ་རྫོགས་པའི་རིམ་པ་སྒོམ་ 21-1-215 པ་ཡིན་ཏེ། དེ་སྐད་དུ་རྩ་རྒྱུད་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱི། །བརྟུལ་ཞུགས་ ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད་དོ། ། ཞེས་སོ། །བསྐྱེད་རིམ་གྱི་གནས་སྐབས་སུ། སྟོང་པ་ཉིད་ཀྱི་ལྟ་བ་དང་བསྲེས་པས། གྱ་ནོམ་ ལྷར་ཞེན་གྱི་རྣམ་རྟོག་ཅུང་ཟད་མགོ་གནོན་པར་བྱེད་མོད་ཀྱི། གྱ་ནོམ་ལྷར་ཞེན་ལ་སོགས་ པ་རྣམ་རྟོག་ཕྲ་མོ་རྣམས་དཔྱིས་འབྱིན་པ་ལ་རྫོགས་པའི་རིམ་པ་བསྒོམ་དགོས་པ་ཡིན་ནོ། ། གཉིས་པ་ཐོབ་བྱ་གཉིས་སུ་ངེས་པའི་ཕྱིར། བསྐྱེད་རྫོགས་གཉིས་སུ་ངེས་པ་ནི། སྤྱིར་བསྐྱེད་ རྫོགས་གཉིས་ཅར་སྐུ་བཞི་ཡེ་ཤེས་ལྔ་དང་བཅས་སྒྲུབ་པར་བྱེད་པའི་ཐབས་ཡིན་མོད་ཀྱི། གཙོ་བོར་གཟུགས་ཀྱི་སྐུ་འགྲུབ་པའི་དོན་དུ་བསྐྱེད་པའི་རིམ་པ་བསྒོམ་དགོས་པ་ཡིན་ཏེ། རྡོ་ རྗེ་གུར་ལས། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར། ། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཞེས་གསུངས་ཞིང༌། གཙོ་བོར་ཆོས་ཀྱི་སྐུ་འགྲུབ་པའི་དོན་དུ་རྫོགས་པའི་རིམ་པ་བསྒོམ་དགོས་པ་ཡིན་ཏེ། སམྦུ་ ཊི་ལས། རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུ་ཞེས་རབ་ཏུ་གྲགས། །ཞེས་གསུངས་སོ། ། གསུམ་པ་ངོ་བོ་རྟེན་དང་བརྟེན་པའི་ཕྱིར། བསྐྱེད་རྫོགས་གཉིས་སུ་གྲང་ངེས་པ་ནི་རྩ་རྒྱུད་ ལས་ཇི་སྐད་དུ། ཨེ་མ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། ། ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། ཁྱབ་དང་ཁྱབ་བྱེད་ཚུལ་ གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་ཉིད་ཀྱང་མི་དམིགས་ འགྱུར། །ཞེས་གསུངས་པས། མེ་ཏོག་དང་མེ་ཏོག་གི་དྲི་ལྟར། བསྐྱེད་རིམ་གྱི་སྒྲུབ་པའི་ལྷ་སྐུ་ ལུས་ཀྱི་ཆོས་དང༌། རྫོགས་པའི་རིམ་པའི་ཡེ་ཤེས་བདེ་བ་ཆེན་པོ་སེམས་ཀྱི་ཆོས་གཉིས་རྟེན་ དང་བརྟེན་པར་གནས་པ་ཡིན་ནོ། ། 21-1-216 ལྔ་པ་གོ་རིམ་ལས། འཕགས་སྐོར་བ་ཁ་ཅིག་བསྐྱེད་རིམ་བརྟན་པར་བྱས་ནས། རྫོགས་ པའི་རིམ་པ་བསྒོམ་དགོས་པར་འདོད་པ་དང༌། སེམས་འགྲེལ་ཁག་གི་བསྐྱེད་རིམ་བརྟན་རུང་ མ་བརྟན་རུང་ལོ་བཅུ་གཉིས་བསྒོམས་ནས་སླར་ཡང་རྫོགས་པའི་རིམ་པ་བསྒོམ་པར་འདོད་ པ་དང་གཞན་ཡང་སློབ་དཔོན་ཁ་ཅིག་བསྐྱེད་རིམ་ལ་རྫོགས་རིམ་གྱི་རྒྱས་བཏབ་ནས་བསྒོམ་ པར་འདོད་པ་སོགས་མང་དུ་ཡོད་ཀྱང་བརྒྱུད་པ་འདིའི་ལུགས་ནི། སྟན་ཐོག་ཅིག་ཏུ་ཐུན་སྟོད་ ལ་བསྐྱེད་རིམ་དང་ཐུན་སྨད་ལ་རྫོགས་རིམ་བསྒོམ་པར་བཞེད་པ་ཡིན་ནོ། ། དྲུག་པ་གྲོལ་བའི་འཐད་པ་ལ། རིགས་སམ་རྒྱུ་ཡིན་པའི་ཕྱིར་དང༌། ཐབས་ཁྱད་པར་ཅན་ གྱིས་ཟིན་པའི་ཕྱིར་དང༌། དག་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་གྲོལ་བར་འཐད་པའོ། ། དང་པོ་ནི། ཐམས་ཅད་གསང་བའི་རྒྱུད་ལས། རྒྱུ་ལ་འབྲས་བུ་རྒྱས་བཏབ་ཅིང༌། །འབྲས་ བུ་ལ་ཡང་རྒྱུ་རྒྱས་གདབ་ཞེས་དང༌། རྩ་རྒྱུད་ལས་ཀྱང༌། ཞལ་ཕྱག་རྣམ་པའི་གཟུགས་ཅན་ ཉིད། །མཆོག་ཏུ་བདེ་བ་གཟི་བརྗིད་པ། །དེ་བཞིན་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་གསུངས་ པ་ལྟར། སེམས་ཀྱི་སྣང་ཆ་བཞིན་ལག་ལ་སོགས་སྣང་བ་ནི་རྒྱུ་ཡིན་ལ། བསྐྱེད་རིམ་གྱི་ལྷ་སྐུ་ བསྒོམས་པའི་རྐྱེན་གྱིས་དེའི་རྒྱས་འགྱུར་གྱི་རིགས་ཐོབ་པར་འགྱུར་བའི་ཕྱིར། གཟུགས་ཀྱི་ སྐུ་འགྲུབ་པའི་དོན་དུ་སྒོམ་པ་འཐད་ལ། སེམས་ཀྱི་ཆོས་ཉིད་བདེ་སྟོང་གཉིས་སུ་མེད་པའི་ཡེ་ ཤེས་སུ་གནས་པ་ནི་རྒྱུ་ཡིན་ཅིང༌། རྫོགས་པའི་རིམ་པ་བདེ་སྟོང་བསྒོམས་པའི་རྐྱེན་གྱིས་དེའི་ རྒྱས་འགྱུར་གྱི་རིགས་ཐོབ་པར་འགྱུར་བའི་ཕྱིར། ཆོས་ཀྱི་སྐུ་འགྲུབ་པར་འཐད་པ་ཡིན་ནོ། ། གཉིས་པ་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར། གྲོལ་བའི་འཐད་པ་ནི། རིམ་པ་ གཉིས་པོ་ཐམས་ཅད་གཉེན་པོར་ཆེ་བ་བཞིའི་བདག་ཉིད་ཅན་ཡིན་ཅིང༌། དེ་ཡང་རིགས་ འདྲ་གཉེན་པོར་ཆེ་བ་དང༌། ལྟོག་པ་གཉེན་པོར་ཆེ་བ་དང༌། སྒོམ་པ་གཉེན་པོར་ཆེ་བ་དང༌། བརྟན་པ་གཉེན་པོ་ཆེ་བ་སྟེ། བཞིར་བླ་མ་གོང་མ་རྣམས་བཞེད་ཅིང༌། དང་པོ་ནི། དུག་གིས་ 21-1-217 ཁྱད་པར་གྱིས་དུག་ནད་ཞི་བ་དང༌། གཉིས་པ་ནི། མོན་སྲན་ཏྲེའུའི་བཟའ་བས་རླུང་ནད་ཞི་ བ་དང༌། གསུམ་པ་ནི། ཆུ་ཐིགས་རྣ་བར་ཞུགས་པ་ཆུ་གཞན་གྱིས་དགུག་པ་དང༌། བཞི་པ་ནི། མེས་ཚིག་པ་ལ་མེ་ཉིད་ཀྱིས་གདུང་བ་ལས་སེལ་བ་ལྟ་བུ་སྟེ། རྣམ་རྟོག་ཁྱད་པར་གྱིས་རྣམ་ རྟོག་འཇོམས་པ་བསྐྱེད་པའི་རིམ་པ་དང༌། ཉོན་མོངས་པའི་རྣམ་པ་ཅན་གྱིས་ཉོན་མོངས་པ་ འཇོམས་པ་རྫོགས་པའི་རིམ་པ་བསྒོམ་པ་སྟེ། ཟློག་སྒོམ་གྱི་གྲོལ་བར་འཐད་པ་ཡིན་ནོ། །དེ་ ཡང་རྩ་རྒྱུད་ལས། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་བར་འགྱུར། །དུག་ གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འབིགས་པར་བྱེད། །ཇི་ལྟར་རླུང་གི་ཟིན་པ་དེ། ། མོན་སྲན་ཏྲིའུའི་བཟའ་བ་སྦྱིན། །ཞེས་པ་ནས། སངས་རྒྱས་མུ་སྟེགས་ཀྱི་མི་ཤེས། །ཞེས་པའི་ བར་གསུངས་སོ། །གསུམ་པ་དག་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར། གྲོལ་བའི་འཐད་ པ་ནི། ཇི་སྐད་དུ། རྩ་རྒྱུད་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་ དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་དང༌། རང་ རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་པ་ལྟར། དེ་བཞིན་ ཉིད་ཀྱི་དག་པ་དང༌། ལྷ་སོ་སོའི་དག་པ་དང༌། རང་རིག་པའི་དག་པ་སྟེ་གསུམ་ལས། སྤྱིར་ རིམ་པ་གཉིས་ཀར་ལ་དག་པ་གསུམ་ཆར་ཚང་ཡོད། གཙོ་བོར་ཆོས་ཐམས་ཅད་གདོད་མ་ ནས་སྤྲོས་པ་དང་བྲལ་བ་ནི། དེ་བཞིན་ཉིད་ཀྱི་དག་པར་གནས་ལ་དེའི་ཕྱིར། རྟོགས་པའི་ལྟ་ བས་དེ་ཉིད་སྟོང་ཉིད་དུ་བསྒོམས་པས་གྲོལ་བར་འཐད་པ་དང༌། ཕུང་ཁམས་སྐྱེ་མཆེད་གདོད་ མ་ནས་ལྷ་སོ་སོའི་དག་པར་གནས་ལ། དེའི་ཕྱིར་བསྐྱེད་རིམ་གྱིས་དེ་དག་ལྷ་སྐུར་བསྒོམས་ པས་གྲོལ་བར་འཐད་པ་དང༌། སེམས་ཉིད་རང་རིག་པའི་བདེ་བ་ཆེན་པོ། རང་རིག་པའི་དག་ པར་གནས་ལ། དེའི་ཕྱིར་རྫོགས་པའི་རིམ་པ་བདེ་སྟོང་གོམས་པས་གྲོལ་བར་འཐད་པ་ཡིན་ ནོ། ། 21-1-218 གཉིས་པ་བསྐྱེད་རིམ་རྒྱས་པར་བཤད་པ་ལ། གང་དུ་བསྒོམ་པའི་གནས། གང་གིས་ སྒོམ་པའི་གང་ཟག །གང་གི་ཚེ་སྒོམ་པའི་དུས། ཇི་ལྟར་སྒོམ་པའི་བསམ་པ། བསྒོམ་བྱ་དངོས་ ཞིབ་མོར་བཤད་པ་དང་ལྔ་ལས། དང་པོ་ནི། ཇི་སྐད་དུ་རྩ་རྒྱུད་ལས། གནས་ནི་བཟང་པོ་ངེས་ པར་བརྟགས། །རང་གི་ཁྱིམ་དུ་མཚན་དུས་སུ། །ཞེས་པ་ལྟར། ལས་དང་པོ་པས། རང་གི་ ཁྱིམ་དུ་སྒོམ་པ་དང༌། བརྟན་པ་ཅུང་ཟད་ཐོབ་པས་ནི། ཤིང་གཅིག་དང་ནི་དུར་ཁྲོད་དང༌། །མ་ མོའི་ཁྱིམ་ནང་མཚན་མོ་དང༌། །ཡང་ན་དབེན་པའི་བས་མཐའ་རུ། །ཞེས་གསུངས་པ་ལྟར་གྱི་ གནས་དང༌། བརྟན་པ་ཆེར་ཐོབ་པས་ནི་ཡུལ་ཆེན་སུམ་ཅུ་སོ་བདུན་རྣམས་སུ་སྒོམ་པ་ཡིན་ནོ། ། གཉིས་པ་ནི་རྒྱུད་ཀྱི་རྒྱལ་པོ་འདིར། དབང་བཀུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ཐོབ་ ལ་མ་ཉམས་པ། ལས་དང་པོ་པའི་ས་ལ་གནས་པ་ཡིན་ནོ། །གསུམ་པ་གང་གི་ཚེ་སྒོམ་པའི་ དུས་ནི། གོང་དུ་སྨོས་པ། མཚན་དུས་སུ་ཞེས་གསུངས་པ་ལྟར། ལས་དང་པོ་པས། བསྐྱེད་ རིམ་གྱི་ལྷ་སྐུ་ལ་སེམས་འཛིན་པའི་དུས། གཙོ་བོར་མཚན་མོ་ཡིན་ལ་ལྷག་མ་བཟླས་སྒོམ་ལ་ སོགས་པ་བྱ་བའི་དུས་ལ་ངེས་པ་མེད་དོ། །བརྟན་པ་ཅུང་ཟད་ཐོབ་ནས་གནས་སྐབས་ཐམས་ ཅད་དུ་སྒོམ་པར་བྱ་བ་ཡིན་ཏེ། ཇི་སྐད་དུ། རྩ་རྒྱུད་ལས། བདག་མེད་རྣལ་འབྱོར་ལྡན་པ་ཡི། ། ཡང་ན་ཧེ་རུ་ཀ་དཔལ་བརྩོན། །ཞེས་དང༌། གཞན་པའི་སེམས་ཀྱི་སྐད་ཅིག་ཀྱང༌། །གདུག་ པའི་སེམས་ནི་མ་རིག་པས། །དངོས་གྲུབ་འདོད་པས་དངོས་གྲུབ་ཕྱིར། །མཁས་པས་འབད་ པས་མི་གནས་སོ། །ཞེས་གསུངས་པ་ལྟར་ཡིན་ནོ། །བཞི་པ་ནི། རྩ་རྒྱུད་ལས། བདག་ཉིད་ གྲུབ་པའི་སེམས་ཀྱི་ནི། །རྣལ་འབྱོར་མ་སྒོམ་ཤེས་རབ་ཅན། །ཞེས་གསུངས་པ་ལྟར། ལམ་ དང་ལམ་སྟོན་པ་པོའི་གང་ཟག་ལ། ཐེ་ཚོམ་སྤངས་ནས་ངེས་པར་འགྲུབ་པའི་ཡིད་ཆོས་དང་ བཅས་ཏེ་སྒོམ་དགོས་པ་ཡིན་ནོ། ། ལྔ་པ་ལ་བསྒོམ་བྱ་དཀྱིལ་འཁོར་གྱི་རྣམ་བཞག་དང༌། སྒོམ་ཚུལ་མངོན་རྟོགས་ཀྱི་རྣམ་ 21-1-219 བཞག་དང༌། སྒོམ་འབྲས་ས་ལམ་གྱི་རྣམ་པར་གཞག་[དག་པ་]པ་གསུམ་ལས། དང་པོ་ནི། གོང་དུ་བཤད་པའི་རྩ་བཤད་ཆ་མཐུན་གྱི་རྒྱུད་དང་བཅས་པ་རྣམས་ལས་དཀྱིལ་འཁོར་གྱི་ རྣམ་བཞག་མང་དུ་གསུངས་མོད། འདིར་གུར་བརྟག་སམ་གསུམ་ལས་བཤད་པའི་དཀྱིལ་ འཁོར་གྱི་རྣམ་བཞག་ནི། དངོས་བསྟན་ཚིག་གི་ཟིན་པ་བླ་མའི་མན་ངག་གི་བཀྲལ་བ་གཉིས་ ལས་དང་པོ་དངོས་ནི། བརྟག་གཉིས་ལས། སྐུ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དང༌། གསུང་ཀྱཻ་རྡོ་རྗེ་ དང༌། ཐུགས་ཀྱཻ་རྡོ་རྗེ་སྟེ། ཐུན་མོང་གི་ཧེ་རུ་ཀའི་དཀྱིལ་འཁོར་གསུམ། སྙིང་པོ་ཀྱཻ་རྡོ་རྗེ་དང༌། བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་ཏེ། མཆོག་གི་དཀྱིལ་འཁོར་གཉིས་རེ་ལྔའོ། ། བཤད་པའི་རྒྱུད་རྡོ་རྗེ་གུར་ལས་ནི། མི་བསྐྱོད་པ་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། རྣམ་ པར་སྣང་མཛད་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། རིན་ཆེན་འབྱུང་ལྡན་ཀྱཻ་རྡོ་རྗེ་ལྷ་དགུའི་ དཀྱིལ་འཁོར། འོད་དཔག་མེད་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། དོན་ཡོད་གྲུབ་པ་ཀྱཻ་རྡོ་ རྗེ་ལྷ་དགུའི་དཀྱིལ་འཁོར་ཏེ་རིགས་རྐྱང་གི་དཀྱིལ་འཁོར་ལྔ་དང༌། རིགས་བསྡུས་ལ་ནི། བརྒྱད་བརྒྱད་དབུས་སུ་གནས་པའམ། །ཡང་ན་ཉི་ཤུ་རྩ་ལྔའི་བར། །ཞེས་གསུངས་པ་ལྟར། ལྷ་དགུ་མ་ལྔ་གཅིག་ཏུ་བསྡུས་པའི་དཀྱིལ་འཁོར་དང༌། ལྷ་ལྔ་མ་ལྔ་གཅིག་ཏུ་བསྡུས་པའི་ དཀྱིལ་འཁོར་སྟེ། རིགས་བསྡུས་དཀྱིལ་འཁོར་གཉིས་སོ། །དེ་དག་ལ་ཇི་སྐད་དུ། སངས་ རྒྱས་མགོན་པོ་གང་ཉིད་ཀྱི། །དཀྱིལ་འཁོར་གཙོ་བོར་གང་གྱུར་པ། །དེ་ཉིད་ཀྱིས་ནི་དཀྱིལ་ འཁོར་རོ། །ཞེས་གསུངས་པ་ལྟར་ལས། ལྷ་གཙོ་བོ་ལྔ་གོ་འཕོས་པའི་དབྱེ་བས་རིགས་བསྡུས་ རྒྱས་པ་ལྔ་བསྡུས་པ་ལྔ་སྟེ། སྙིང་པོ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་བཅོ་ལྔ། བདག་མེད་ལྷ་མོ་བཅུ་ གསུམ་མ་དང༌། བཅོ་ལྔ་མ་སྟེ། དངོས་བསྟན་ཚིག་གིས་ཟིན་པའི་དཀྱིལ་འཁོར་བཅུ་བདུན་ དང༌། ཧེ་རུ་ཀ་གཞན་གསུམ་གྱི་སྒྲུབ་ཐབས་གཉིས་དངོས་སུ་བཤད་པ་ལ་རྒྱ་བོད་ཀྱི་བླ་མ་ རྣམས་ཀྱིས་བཞེད་པས། འཁོར་གྱི་ལྷ་ཚོགས་སྦྱར་བས། དངོས་བསྟན་དཀྱིལ་འཁོར་ཉི་ཤུར་ 21-1-220 གསུངས་སོ། །སམྦུ་ཊི་ལས། སྐུ་ཧེ་རུ་ཀའི་དཀྱིལ་འཁོར་དང༌། གསུང་གི་ཧེ་རུ་ཀ ཐུགས་ཀྱི་ ཧེ་རུ་ཀ །སྙིང་པོའི་ཧེ་རུ་ཀ་རྣམས་ལ། ལྷ་བཅུ་བདུན་མའི་དཀྱིལ་འཁོར་རེ་རེ་གསུང་ཞིང༌། རྡོ་ རྗེ་བདག་མེད་མ་དང༌། ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དང༌། རྟོག་ གདན་ཅན་ལྷ་བཅུ་བདུན་མའི་དཀྱིལ་འཁོར་དང༌། རྒྱུད་འདིའི་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་ དབྱིངས་ཞེས་བྱ་བ། རྡོ་རྗེ་སེམས་དཔའ་ལྷ་སོ་བདུན་གྱི་དཀྱིལ་འཁོར་རེ་དངོས་བསྟན་ཚིག་ གིས་ཟིན་པ་བརྒྱད་དོ། ། འདིའི་བདག་མེད་མ་ནི། སློབ་དཔོན་ཨ་བྷ་ཡ་ཀ་རས་ལྷ་ཉི་ཤུ་རྩ་གསུམ་དུ་གསུངས་ ཀྱང༌། རང་ལུགས་ཀྱི་བླ་མ་གོང་མ་ནི། ལྷ་བཅོ་ལྔ་མར་བཞེད་དོ། །གཉིས་པ་ལ་རྒྱ་བོད་ ཀྱི་མཁས་པ་སོ་སོའི་འདོད་ཚུལ་ལ་མང་དུ་ཡོད་ཀྱང༌། འདིར་མ་སྨོས་ལ། སློབ་དཔོན་རྣལ་ འབྱོར་གྱི་དབང་ཕྱུག་བིརྺ་པའི་མན་ངག་གི་ལུགས་ལ་རྩ་རྒྱུད་ཀྱི་དངོས་བསྟན་དཀྱིལ་འཁོར་ ལྔའི་སྟེང་དུ། རྒྱུ་རྡོ་རྗེ་འཛིན་པ་གཙོ་བོར་བྱས་པའི་དཀྱིལ་འཁོར་བསྣན་པ་ལ་དྲུག་གོ ། བཤད་རྒྱུད་རྡོ་རྗེ་གུར་ལས་བྱུང་བ་ལ་ནི། སྙིང་པོ་ཀྱཻ་རྡོ་རྗེ་རིགས་བསྡུས་ཀྱི་དཀྱིལ་ འཁོར་ལ་རིགས་ལྔའི་དབྱེ་བས། རིགས་བསྡུས་རྒྱས་པ་ལྔ་དང༌། བསྡུས་པ་ལྔ་འབྱུང་བཞིན་ དུ། ཧེ་རུ་ཀ་གཞན་གསུམ་ལ་རིགས་ལྔའི་དབྱེ་བས། རིགས་བསྡུས་རྒྱས་པ་ལྔ་དང༌། བསྡུས་ པ་ལྔ་སྟེ་བཅུ་བཅུ་འབྱུང་བས་རིགས་བསྡུས་ཀྱི་དཀྱིལ་འཁོར་བཞི་བཅུ་དང༌། དངོས་བསྟན་ སྙིང་པོ་ཀྱཻ་རྡོ་རྗེ་རིགས་རྐྱང་ལྷ་དགུའི་དཀྱིལ་འཁོར་ལ་རིགས་ལྔའི་དབྱེ་བས། རིགས་རྐྱང་ ལྷ་དགུའི་དཀྱིལ་འཁོར་ལྔ་ཡོད་པ་བཞིན་དུ། ཧེ་རུ་ཀ་གཞན་གསུམ་ལ་ཡང་རིགས་ལྔའི་དབྱེ་ བས་རིགས་ཀྱང་ལྷ་དགུའི་དཀྱིལ་འཁོར་ལྔ་ལྔ་འབྱུང་བས་ཉི་ཤུའོ། །དེ་ལྟར་ཡབ་ཧེ་རུ་ཀའི་ དཀྱིལ་འཁོར་དྲུག་ཅུའི་སྟེང་དུ་བདག་མེད་མའི་དཀྱིལ་འཁོར་གཉིས་ཏེ། དྲུག་ཅུ་རྩ་གཉིས་ ལྗོན་ཤིང་ལས་བཤད་པ་ལྟར་རམ། ཡང་གུར་རྒྱན་ལྟར་ན། སྔར་གྱི་དཀྱིལ་འཁོར་དེ་རྣམས་ 21-1-221 ཀྱི་སྟེང་དུ། རིགས་རྐྱང་ལྷ་ལྔ་ལ་ཉི་ཤུ་བསྣན་པས་བརྒྱད་ཅུ་རྩ་གཉིས་དང༌། དེ་ཡང་བརྒྱད་ བརྒྱད་དབུས་སུ་གནས་པའམ། ཞེས་པའི་སྐབས་ཀྱི་དཀྱིལ་འཁོར་ལ། རིགས་རྐྱང་དང་ རིགས་བསྡུས་གཉིས་འབྱུང་བ་བཞིན་དུ། ཡང་ན་ཉི་ཤུ་རྩ་ལྔའི་དབང་ཞེས་པའི་སྐབས་ཀྱི་ དཀྱིལ་འཁོར་ལ་ཡང་རིགས་རྐྱང་དང་རིགས་བསྡུས་ཀྱི་དབྱེ་བ་དོན་གྱིས་ཐོབ་པས། ཡབ་ཧེ་ རུ་ཀ་བཞི་ལ་རིགས་ལྔའི་དབྱེ་བས་ཉི་ཤུ་ལ་ལྷ་ལྔའི་དཀྱིལ་འཁོར་རེ་རེ་སྟེ་དཀྱིལ་འཁོར་ཉི་ ཤུའོ། །རིགས་རྐྱང་གི་དཀྱིལ་འཁོར་ལ། རྒྱས་པ་ཉི་ཤུ། བསྡུས་པ་ཉི་ཤུ། རིགས་བསྡུས་ཀྱི་ དཀྱིལ་འཁོར་ལ་རྒྱས་པ་ཉི་ཤུ། བསྡུས་པ་ཉི་ཤུ་སྟེ། ཡབ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་བརྒྱད་ཅུ་ ལ། སྐུ་གསུང་ཐུགས་སྙིང་པོའི་ཧེ་རུ་ཀ་བཞི་ལ་དཀྱིལ་འཁོར་ཉི་ཤུ་ཉི་ཤུ་འབྱུང་ཞིང༌། རིགས་ ལྔ་ལ། དཀྱིལ་འཁོར་བཅུ་དྲུག་བཅུ་དྲུག་ཡོད་དོ། །འདིར་ཉེ་བར་མཁོ་བ་མི་བསྐྱོད་པ་རྡོ་རྗེ་ ཅན་གྱི་ཀྱཻ་རྡོ་རྗེ་རྣམས་མིང་གི་རྣམ་གྲངས་དང༌། དེ་བཞིན་གཤེགས་པ། སངས་རྒྱས་རྟག་པ་ ཕན་པ་རྣམས་མིང་གི་རྣམ་གྲངས་དང༌། རིན་ཆེན་འབྱུང་ལྡན། རྡོ་རྗེ་ཉི་མ་གསེར་གྱི་རིགས། ཧེ་རུ་ཀའི་རིགས་ནམ་མཁའ་མཛོད། ཅེས་པ་རྣམ་གྲངས་དང༌། འོད་དཔག་མེད། པདྨ་གར་ དབང་འཇིག་རྟེན་དབང་ཕྱུག་རྡོ་རྗེ་ཆོས་རྣམས་རྣམ་གྲངས་དང༌། དོན་ཡོད་གྲུབ་པ་དང༌། རྟའི་རྒྱལ་པོ། རྡོ་རྗེ་རྟ་མཆོག །འདུན་པའི་རྒྱལ་པོ་ལྕགས་ཀྱི་རྒྱལ་པོ་རྣམ་གྲངས་སོ། །སམྦུ་ ཊི་ལས། དཀྱིལ་འཁོར་དང་པོ་བདུན་གྱི་སྟེང་དུ། རྡོ་རྗེ་དབྱིངས་ལ་རིགས་ལྔའི་ལྷ་གཙོ་བོར་ གོ་འཕོས་པའི་དབྱེ་བས་མཆོག་སྒྲུབ་པའི་དཀྱིལ་འཁོར་ལྔ་སྟེ་བཅུ་གཉིས་སོ། །དེ་དག་ལ་ཧེ་ རུ་ཀ་བཞི་དང༌། བདག་མེད་མ་ནི་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དང༌། ཡེ་ཤེས་དབང་ཕྱུག་མ་ནི་རྡོ་ རྗེ་གདན་བཞིའི་དཀྱིལ་འཁོར་དང༌། དྲག་པོ་གདན་ཅན་དང༌། རྡོ་རྗེ་དབྱིངས་ནི་སངས་རྒྱས་ མཉམ་སྦྱོར་དང་མཐུན་པར་བླ་མ་གོང་མ་རྣམས་བཞེད་དོ། ། སློབ་དཔོན་ཨ་བྷ་ཡ་ཀ་རས་ནི། དྲག་པོ་གདན་ཅན་སྟོན་པའི་ཚིག་གིས་དུར་ཁྲོད་ལ་ 21-1-222 དགྱེས་པའི་ཧེ་རུ་ཀ་དང༌། དྲག་པོ་གདན་ཅན་གཉིས་སྟོན་པར་བཞེད་ཅིང༌། དེ་གཉིས་དང་རྡོ་ རྗེ་དབྱིངས་ནི། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་བཞེད་དོ། །དེ་ལྟར་ཡོངས་སུ་དྲིལ་བས་ ཀྱཻ་རྡོ་རྗེའི་རྒྱུད་གསུམ་ལས་དངོས་བསྟན། མཆོག་སྒྲུབ་པའི་དཀྱིལ་འཁོར་སུམ་ཅུ་རྩ་གསུམ་ དང༌། བླ་མའི་མན་ངག་གིས་བཀྲལ་བས་བརྒྱ་ཐམ་པར་འགྱུར་རོ། ། ལས་རྒྱས་པ་ནི། བརྟག་གཉིས་ལས་ཀུ་རུ་ཀུལླེ་དང༌། ལྷ་མོ་བདུན་གྱི་ལྷ་སྔགས་ཙམ་ གསུངས་ཤིང༌། རྡོ་རྗེ་གུར་ལས་ནི། རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་དང༌། ལས་ ཚོགས་རྒྱས་པ་གསུངས། ལྷག་མ་ལས་རྒྱས་པའི་ལྷ་ཉི་ཤུ་རྩ་བདུན་དང༌། ལས་ཚོགས་ཅི་ རིགས་པ་མདོར་བསྡུས་པ་གསུངས་སོ། །སུམྦྷ་ཊི་ལས་ནི། ལས་རྒྱས་པའི་ལྷ་ཉི་ཤུ་རྩ་བརྒྱད་ དང༌། ལས་ཚོགས་ཤིན་ཏུ་རྒྱས་པར་གསུངས་སོ། །གཉིས་པ་སྒོམ་ཚུལ་མངོན་རྟོགས་ཀྱི་རིམ་ པ་ལ། མངོན་རྟོགས་རྒྱས་པ་ཡན་ལག་དྲུག་པ་ཉིད་རྒྱས་པར་བཤད་པ་དང༌། མངོན་རྟོགས་ ཀྱི་ཆིངས་རྣམ་པར་དབྱེ་བའོ། །དང་པོ་ལ། མཉམ་པར་གཞག་པའི་རྣལ་འབྱོར་དང༌། རྗེས་ སྤྱོད་ལམ་གྱི་རྣལ་འབྱོར་རོ། །དང་པོ་ལ། འདིར་བསྟན་བྱའི་གཙོ་བོ་བསྐྱེད་རིམ་རྒྱས་པར་ བཤད་པ་དང་། ཞར་ལས་བྱུང་བ་རྫོགས་པའི་རིམ་པའོ། །དང་པོ་ལ། སྔོན་འགྲོའི་ཆོ་ག་དང༌། དངོས་གཞིའི་ཆོ་ག་གཉིས། དང་པོ་ལ་ཐུན་མོང་གི་སྔོན་འགྲོ་དང༌། ཐུན་མོང་མ་ཡིན་པའི་ སྔོན་འགྲོ་གཉིས། དང་པོ་ནི་གཞུང་ལ་དངོས་སུ་མ་གསུངས་ཀྱང་བླ་མའི་མན་ངག་ཡིན་ལ། སྤྱིར་སྐྱབས་སུ་སོང་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་གཉིས་མ་ཟད། ཐུན་རེའི་མགོར་ ཡང་དེ་ཉིད་གསལ་གདབ་དགོས་པས་སྐྱབས་འགྲོ་སེམས་བསྐྱེད་དང༌། དངོས་གཞིའི་རྟོགས་ པ་སྐྱེས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་རགས་པ་དག་པའི་ཕྱིར་དུ། ཡི་གེ་བརྒྱ་པའི་སྒོམ་ བཟླས་ཀྱང་བྱེད་དགོས་པས་དེ་གསུམ་མོ། །ཧེ་རུ་ཀའི་ཡི་གེ་བརྒྱ་པའི་སྒོམ་བཟླས་བཤགས་ ཚིག་དང་བཅས་པའི་འདི་བདེ་མཆོག་གིས་བཤད་རྒྱུད་ལ་ཨ་བྷི་དྷ་ན་ལས་འབྱུང་བ་ཡིན་ 21-1-223 ཅིང༌། འདི་བླ་མེད་ཀྱི་དཀྱིལ་འཁོར་ཕལ་ཆེར་ལ་འཇུག་པ་ཡིན་ནོ། ། འདི་སྐབས་ཀྱི་རྡོ་རྗེ་སེམས་དཔའ་ནི། ཡན་ལག་བཞི་བསྐྱེད་ཀྱི་ཆོ་གས་བསྐྱེད་པ་མཐའ་ གཅིག་ཏུ་དགོས་པ་མ་ཡིན་ཏེ། འདི་མངོན་རྟོགས་རྒྱས་པ་གཞན་ལ་ལྟོས་པ་ལྷའི་བསྐྱེད་ཆོག་ ཉི་ཚེ་བ་ཙམ་ཡིན་པའི་ཕྱིར། དཔེར་ན་མིག་ཏུ་གཏི་མུག་རྡོ་རྗེ་མ་བསྐྱེད་པ་བཞིན་ནམ། སློབ་ དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་བཞེད་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་ པའི་ལྷ་གང་སྒྲུབ་ཀྱང༌། །མངོན་རྟོགས་ཡན་ལག་བཞི་བསྐྱེད་དགོས་གསུངས་པ་ནི། མངོན་ རྟོགས་རང་དབང་ཅན་གྱི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་ འགྲོ་ལ། ཚོགས་བསགས་པ་དང༌། བསྲུང་བའི་འཁོར་ལོ་སྒོམ་པའོ། །དང་པོ་ལ། བསོད་ ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དང་པོ་ལ། ཡུལ་མཆོག་ལ་བསོད་ ནམས་ཀྱི་ཚོགས་བསགས་པ་དང༌། ཡུལ་དམན་པ་བསགས་པ་གཉིས་ལས། དང་པོ་ལ་རྟེན་ བྱིན་གྱིས་བརླབས་པ། ཚོགས་ཞིང་སྤྱན་དྲངས། ཚོགས་བསགས་པ་དངོས་དང་གསུམ་ལས། དང་པོ་ནི། ཐ་མལ་གྱི་ང་རྒྱལ་གྱིས་མཆོད་པ་ལ་སོགས་པ་བྱས་པ་ལ་ཡང་བསོད་ནམས་ཀྱི་ ཚོགས་ཆེ་བར་འབྱུང་མོད། དེ་ལྟ་བུས་བསྐུལ་བས་མཆོད་པ་ལས་ཀྱང༌། དག་པའི་སྣང་བར་ བསྒྱུར་ནས་ཉིན་ཞག་གཅིག་གི་བར་དུ་མཆོད་པ་བསོད་ནམས་ཆེ་བས། ལུས་ལྷ་སྐུ་དང༌། སེམས་གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་ཀྱི་ངོ་བོ་ཡེ་ཤེས་ལྔ་མཚོན་པའི་ཧཱུཾ་གིས་རྣམ་པར་ སྒོམ་པ་ཡིན་ནོ། ། གཉིས་པ་གང་ནས་སྤྱན་འདྲེན་པའི་རང་བཞིན་གྱི་གནས་ནི། འགའ་ཞིག་ལྟར་འོག་ མིན་སྟུག་པོ་བཀོད་པར་འཆད་པའང་མི་འགལ་མོད། འདིར་ཆོས་དབྱིངས་ཉིད་ཡིན་པས་ འགྲོ་འོང་གི་རྣམ་པ་མི་དགོས་ཤིང༌། མདུན་གྱི་ནམ་མཁར་གསལ་བཏབ་པ་ཁོ་ནས་ཆོག་ ལ། དེ་ཡང་བླ་མ་དང་ཡི་དམ་ངོ་བོ་དབྱེར་མེད་པ་ལ་ཐམས་ཅད་མཐུན་མོད། འདིར་རྣམ་པ་ 21-1-224 ཐ་དད་པ་ནི། བླ་མ་ཉིད་ཡི་དམ་གྱི་རིགས་བདག་གི་ཚུལ་དུ་གསལ་གདབ་དགོས་པ་ཡིན་ནོ། ། གསུམ་པ་ལ་ཕྱག་འཚལ་བ། མཆོད་པ་འབུལ་བ། རྒྱུན་བཤགས་སྡོམ་བཟུང་སྟེ་བཞི་ལས། འདིར་མཆོད་པ་ནི་སྙིང་གའི་ཧཱུཾ་ལས་སྤྲོས་པའི་ལྷ་མོ་བརྒྱད་ཀྱིས་འབུལ་བ་ཡིན་ལ། ལྷ་མོ་ དང་པོ་ལྔས་ནང་གི་མཆོད་པ་དང༌། བརྒྱད་པ་གཡུང་མོས་ནི་གསང་བའི་མཆོད་པ་འབུལ་བ་ ཡིན་ནོ། །གཉིས་པ་ཡུལ་དམན་པ་ལ་བསོད་ནམས་ཀྱི་ཚོགས་བསགས་པ་ནི། ཚད་མེད་པ་ བཞི་སྒོམ་པ་ཡིན་ཞིང༌། དང་པོ་གསུམ་ནི་ཐེག་པ་སྤྱི་དང་མཐུན་ལ། བཞི་པ་ནི་སེམས་ཅན་ ཐམས་ཅད་བཏང་སྙོམས་ཚད་མེད་པ་ལ་འགོད་པར་འདོད་པའོ། །དེ་ལྟར་བསོད་ནམས་ཀྱི་ ཚོགས་བསགས་པ། བཞི་འཁོར་བའི་གནས་སྐབས་སུ་སྐྱེ་བ་ཕྱི་མར་སྐྱེ་འགྱུར་གྱི་འཕེན་བྱེད་ ཀྱི་ལས་གསོག་པ་དང་མཚུངས་པ་ཡིན་ལ། སྦྱངས་འབྲས་དང་སྦྱར་ན་བསྐལ་བ་གྲངས་མེད་ གསུམ་དུ་ཚོགས་བསགས་པ་དང་མཚུངས་པ་ཡིན་ལ། དེ་གཉིས་དང་མཚུངས་པར་སྦྱར་བའི་ དགོས་པ་ནི། ལམ་དེ་ལྟར་བསྒོམས་པས། འཁོར་བའི་ཆོས་རྣམས་སྦྱོང་བ་དང༌། འབྲས་ བུ་མངོན་དུ་འགྱུར་བའི་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས་པ་ཡིན་ནོ། །དེ་ལྟར་སྒོམ་པའི་ གནས་སྐབས་ཀྱི་དགོས་པ་ནི་ལྷ་རྣམས་མཆོད་པས་མཉེས་ཤིང་རྒྱུད་བྱིན་རློབས་པ་དང༌། དེས་བར་དུ་གཅོད་པ་མི་འབྱུང་བ་དང༌། ཚོགས་ཆུང་ངུས་ཚོགས་རྒྱ་ཆེན་པོ་གསོག་པ་དང༌། དངོས་གཞིའི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བའི་རྒྱུར་འགྱུར་བའོ། ། གཉིས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། རྒྱུད་དང་སྒྲུབ་ཐབས་སོ་སོ་ནས་བཤད་པ་ ལྟར། རྣམ་ཐར་བཞི་དང༌། གསུམ་དང༌། དག་པ་གསུམ་དང༌། སྣང་བ་སེམས་དང༌། སེམས་ སྟོང་ཉིད་དུ་གཏན་ལ་འབེབས་པ་སྟེ་རིམ་གཉིས་ཀྱིས་སྦྱོར་ཚུལ་སོགས་མང་དུ་གསུངས་མོད་ ཀྱང༌། འདིར་ཤུ་ནྱ་ཏའི་སོགས་སྔགས་དོན་བསམ་པ་གཅིག་པུས་ཆོག་ལ། སློབ་དཔོན་འགའ་ ཞིག་ལྟར་རིག་པའི་དཔྱད་པ་སྔོན་དུ་གཏོང་བ་དང་མི་འགལ་མོད། འདིར་སྟོང་པ་ཉིད་ལ་མི་ 21-1-225 རྟོག་པར་འཇོག་པ་སྟེ། སྟོང་ཉིད་ཡེ་ཤེས་རྡོ་རྗེའི་བདག་ཉིད་ངའོ། །ཞེས་པ་ལྟར། སྟོང་ཉིད་ རིག་པའི་མྱོང་བྱར་བྱས་པ་སྟེ། དེའི་རྗེས་ཐོབ་ཀྱི་ཚུལ་དུ་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྡོ་རྗེའི་ བདག་ཉིད་ངའོ། །ཞེས་ང་རྒྱལ་ཡང་བྱའོ། །དེ་ལྟར་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། གཞི་ འཁོར་བའི་ཆོས་ལ་འཆི་བའི་རྣམ་པ་དང་མཐུན་པས་སྦྱོང་ཞིང༌། འབྲས་བུའི་ཆོས་ལ། ཡང་ དག་པའི་མཐའ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་རྣམ་པ་དང་མཐུན་པས་ལམ་དུ་བྱེད་པ་ཡིན་ནོ། ། འདིར་ཡེ་ཤེས་ཚོགས་གསོག་འཆི་བ་སྦྱོང་བྱེད་དུ་མི་འཐད་པར་འདོད་པ་ནི། མི་གཡོ་བ་བླ་ མེད་ཀྱི་རྒྱུད་མ་མཐོང་བར་ཟད་ལ། ཁ་ཅིག་བསྲུང་འཁོར་ཡན་ཆད་སྔོན་འགྲོའི་ཆོས་ལ་སྦྱང་ གཞི་སྦྱོང་བྱེད་སྦྱོར་བ་འགོག་པ་ནི། རང་གིས་ཀྱང་གསང་འདུས་ཡེ་ཤེས་ཞབས་ལུགས་ལ་ཡེ་ ཤེས་ཚོགས་བསོགས་འཆི་བ་སྦྱོང་བྱེད་དུ་བཤད་པ་དང་ནང་འགལ་བ་ཡིན་ནོ། ། གཉིས་པ་བསྲུང་བའི་འཁོར་ལོར་སྒོམ་པ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ ཀྱི་དང་པོ་ལ། འདིའི་རིགས་འདྲ་བླ་མེད་ཀྱི་དཀྱིལ་འཁོར་ཕལ་ཆེར་ལ། ཐུན་མོང་དུ་འཇུག་ པའི་དོན་ཡིན་ནོ། །ཐུན་མོང་མ་ཡིན་པ་ནི། བསྲུང་འཁོར་འདིའི་རིགས་འདྲ་དཀྱིལ་འཁོར་ མཐའ་དག་འཇུག་པ་མ་ཡིན་གྱི། དཀྱིལ་འཁོར་ཁྱད་པར་ཅན་འགའ་ཞིག་ལ་ཡོད་ཅེས་པའི་ དོན་ཡིན་ནོ། །འདིའི་ཀྱཻ་རྗེའི་ཐུན་མོང་མ་ཡིན་པ་ལ་འཆད་པ་མི་འཐད་དེ། ཀྱཻ་རྡོ་རྗེའི་དཀྱིལ་ འཁོར་ཡིན་ཡང་ཁྲོ་བཅུའི་བསྲུང་འཁོར་མེད་པ་མང་ཞིང༌། རྒྱུད་སྡེ་གཞན་གྱིས་དཀྱིལ་འཁོར་ ལ་ཡང་ཁྲོ་བཅུའི་བསྲུང་འཁོར་བསྒོམ་དགོས་པ་མང་དུ་ཡོད་པའི་ཕྱིར། ཐུན་མོང་གི་བསྲུང་ འཁོར་ལ་རྩ་རྒྱུད་ཀྱི་དངོས་བསྟན་ལས་ཉི་མ། སྣ་ཚོགས་རྡོ་རྗེ། རྡོ་རྗེའི་རྭ་གུར་རེ་བཞིར་ བཤད་པ་དང༌། བླ་མའི་མན་ངག་ལས། པདྨ་རྡོ་རྗེའི་ས་གཞི་དྲྭ་བ། བླ་རེ། མེ་རི་དང་བཅས་པ་ སྤྱི་དང་མཐུན་པར་སྦྱར་བ་ཡིན་ནོ། །ཐུན་མོང་མ་ཡིན་པའི་བསྲུང་འཁོར་ནི། རྒྱ་གར་གྱི་གཞུང་ འགྲེལ་རྣམས་ལས་སྣ་ཚོགས་པར་གསུངས་ན་ཡང༌། བླ་མའི་མན་ངག་གིས་རྡོ་རྗེ་གུར་ལས་ 21-1-226 གཙུག་ཏོར་འཁོར་བསྒྱུར་བའི། ལས་ཚོགས་ཕྱིར་བཟློག་གི་སྐབས་ཀྱི་འཁོར་ལོ་ལ། བདག་ མེད་མའི་དཀྱིལ་འཁོར་གྱི་སྐབས་དང་བསྲུང་བའི་སྐབས་ཀྱི་ཁྲོ་བོ་གཞན་བཅུ་པ་བཀོད་པ་ ཡིན་ཅིང༌། དེ་ལའང་བསྲུང་བ་ཙམ་དང་ཕྱིར་བཟློག་གཉིས་ལས་བསྲུང་བ་ཙམ་གྱིས་ཕྱིར་ བཟློག་མི་གྲུབ་ཅིང༌། ཕྱིར་བཟློག་གིས་ནི་གཉིས་ཅར་གྲུབ་པ་ཡིན་ནོ། །ད་ལྟའི་ལག་ལེན་ ནི། ཕྱིར་བཟློག་གི་ཆོ་གའོ། ཁྲོ་བོ་བཅུའི་གནས་དང༌། ཡན་ལག་བཞི་བསྐྱེད་དགོས་པས་ ཕྱིར་བཟློག་གི་གནས་ལྔའི་གཞི་ལེགས་པ་ཡོད་པ་རྒྱས་པར་ཤེས་པར་བྱའོ། །དེ་ལྟར་བསྲུང་ བའི་འཁོར་ལོ་སྒོམ་པས། གཞི་འཁོར་བའི་ཆོས་ལ་གང་དུ་སྐྱེ་བ་ལེན་པར་འགྱུར་བའི་བར་དུ་ གཅོད་པ་སེལ་བ་མཚོན་ཞིང༌། འབྲས་བུའི་ཆོས་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་ མཛད་པ་སྟོན་པའི་སྔོན་རོལ་ཏུ། བདུད་ཀྱི་སྡེ་བཅོམ་པའི་མཚོན་པ་ཡིན་ནོ། ། གཉིས་པ་དངོས་གཞིའི་བྱ་བ་ལ། ལྷའི་རྣལ་འབྱོར་གྱི་རིམ་པ་དང༌། ལྷའི་རྣམ་པ་ལ་ དམིགས་པའོ། །དང་པོ་ནི། སློབ་དཔོན་མི་ཐུབ་ཟླ་བས། ཇི་སྐད་དུ། ཕོ་བྲང་སངས་རྒྱས་ རྣམ་སྣང་མཛད། དབང་ནི་མི་བསྐྱོད་དེ་བཞིན་གཤེགས། །བདུད་རྩི་མྱང་བ་འོད་དཔག་མེད། ། བསྟོད་པ་རིན་ཆེན་འབྱུང་ལྡན་དཔལ། །མཆོད་པ་དོན་ཡོད་རང་བཞིན་མཆོད། །རྗེས་ཆགས་ རྡོ་རྗེ་སེམས་དཔའི་དངོས། །ཞེས་པ་ལྟར་ཕོ་བྲང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ ལག །རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག དབང་བསྐུར་བ་མི་བསྐྱོད་པའི་ཡན་ ལག བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག ། བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་ཏེ་དྲུག་ལས། དང་པོ་གཞལ་ཡས་ཁང་བསྐྱེད་པ་ རྣམ་པར་སྣང་མཛད་ཀྱི་ཡན་ལག་ནི། ཇི་སྐད་དུ། རྡོ་རྗེ་གུར་ལས། སངས་རྒྱས་གནས་གཞི་ སྒྲུབ་ནས་ནི། །ཞེས་པ་ལྟར་གྱི་གཞལ་ཡས་ཁང་བསྐྱེད་པ་ཡིན་ཏེ། དེ་ལ་གཞིའི་ཡན་ལག་ ཆོས་འབྱུང༌། རྒྱུའི་ཡན་ལག་འབྱུང་བཞིའི་འཁོར་ལོ་དང་བཅས་པ༌། རྐྱེན་གྱི་ཡན་ལག་བར་ 21-1-227 དོ་སྦྱོང་བྱེད་འཇོག་ཅིང་བར་དོའི་རྣམ་པར་ཤེས་པ་བསྲེ་བ། ངོ་བོའི་ཡན་ལག་གཞལ་ཡས་ ཁང་དངོས་བསྐྱེད་པའོ། །འདིར་ཆོས་འབྱུང་ནི། སྣོད་ཀྱི་འཇིག་རྟེན་ཆགས་པ་དང་བསྟུན་ ན་ནམ་མཁའ་མཚོན་པ་དང༌། འབྲས་བུ་འགྲུབ་པ་དང་བསྟུན་ན་ཆོས་ཀྱི་དབྱིངས་དྲི་མ་མེད་ པར་གྱུར་པ་མཚོན་པ་ཡིན་ནོ། །འབྱུང་བ་བཞི་ལ་གཞལ་ཡས་ཁང་འགྲུབ་པ་བཞིན་དུ། ལྷ་མོ་ བཞིའི་ངོ་བོར་གྱུར། འབྱུང་བ་བཞི་ལས་སྣོད་ཆགས་པ་དང༌། ལྷ་མོ་བཞིའི་ངོ་བོར་གྱུར་པའི་ ཞིང་ཁམས་མཚོན་པ་ཡིན་ནོ། ། འདིར་འབྱུང་བ་བཞི་པོ། རྩ་རྒྱུད་ལས། གཙོ་བོར་ལུགས་ལྡོག་དང༌། རྡོ་རྗེ་གུར་ལས། གཙོ་བོར་ལུགས་འབྱུང་དུ་སྒོམ་པ་བདུན་གང་ལྟར་ཡང་མི་འགལ་བ་ཡིན་ལ། གཞལ་ཡས་ ཁང་གི་རྒྱུར་འཁོར་ལོ་བསྒོམ་པ་ནི། དེ་ཉིད་རྣམ་པར་སྣང་མཛད་ཀྱི་ས་བོན་ཡིན་ཅིང༌། གཞལ་ཡས་ཁང་རྣམ་པར་སྣང་མཛད་ཀྱི་ངོ་བོར་བྱེད་པས་ཡིན་ནོ། །ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ ཚད་དང་ལྡན་པ་འགའ་ཞིག་ལས། བར་དོ་མཚོན་བྱེད་འཇོག་པ་མེད་ཅིང༌། འགའ་ཞིག་ལ་ ཡོད་ཀྱང༌། ནང་སྒོམ་པ་ལ་སོགས་པ་ཡོད་ལ། འདིར་གྲུབ་ཆེན་ཌོམ་བི་ཧེ་རུ་ཀའི་དགོངས་ དོན། སློབ་དཔོན་མི་ཐུབ་ཟླ་བས་སྒྲུབ་ཐབས་ཡན་ལག་དྲུག་པ་ལས། ཡི་གེ་ལྔ་བཀོད་པ་ གསང་འདུས་ཡེ་ཤེས་ཞབས་ལུགས་མཐུན་པར་མཛད་པ་ཡིན་ནོ། །དེའི་ཡི་གེ་འབྲུ་གསུམ་ གྱིས་བར་དོའི་ལུས་ངག་ཡིད་གསུམ་མཚོན་པ་དང༌། ཧོ་གཉིས་ཀྱི་སྐྱེ་བ་ལེན་པའི་རྒྱུ་སྲེད་ པ་ལེན་པ་མཚོན་ནོ། །སྦྱང་འབྲས་ལ་སྦྱར་ན། ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས་ དང༌། དབྱིངས་དང་ཡེ་ཤེས་མཚོན། སེམས་ཀྱི་སྣང་ཆ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ བསྲེས་པས་གཞལ་ཡས་ཁང་ལྷ་སྐུའི་ངོ་བོར་འགྱུར་ཞིང༌། དེ་ཉིད་རང་གི་སེམས་ཀྱི་སྣང་བར་ ཤེས་པའི་དགོས་པ་ཡོད་དོ། །སེམས་ཅན་ཀྱི་ལས་ཀྱི་མཐུ་ལས་སྣོད་ཀྱི་འཇིག་རྟེན་ཆགས་པ་ དང་ཞིང་སྦྱངས་པས་དག་པའི་ཞིང་ཁམས་གྲུབ་པ་བཞིན་དུ། ཡི་གེ་འབྲུ་ལྔའི་རྣམ་པ་ཅན་གྱི་ 21-1-228 ལོངས་སྤྱོད་རྫོགས་སྐུའི་མཐུ་ལས། གཞལ་ཡས་ཁང་འགྲུབ་པ་ཡིན་ཏེ། སེམས་ཆ་གཅིག་ བསྲེས་པའི་དག་སྦྱོར་གྱི་ཕྱོགས་གཅིག་ནི་འདི་ཡང་ཡིན་ནོ། །དེ་ལྟར་ན་སྦྱང་གཞི་སྦྱོང་བྱེད་ སྦྱོར་ཚུལ་དཀྱུས་ལྟར་ན་ཕྲུགས་གཅིག་ནི་དེ་ཙམ་ཡིན་ལ་གཞན་ཡང་གཞལ་ཡས་ཁང་གི་ ལུས་སྦྱོང་བ་དང༌། ལྷ་སྐུས་སེམས་སྦྱོང་བ་ལྟར་ན། མངལ་དུ་འཇུག་པའི་སྔོན་འགྲོའི་རིམ་པ་ དང་བསྟུན་ནས། འབྱུང་བཞི་ལུགས་འབྱུང་དང༌། མངལ་དུ་གནས་པའི་ཚེ། འབྱུང་བ་བཞིས་ ཕན་བཏགས་པ་ལྟར། ལུགས་ལྡོག་ཏུ་སྒོམ་པ་ཡིན། དེ་ལྟར་འབྱུང་བཞི་ལས་ལུས་འགྲུབ་པ་ དང་མཚུངས་པ། དེ་ལས་གཞལ་ཡས་ཁང་འགྲུབ་པའོ། ། སེམས་སྣང་ཆ་ཅིག་བསྲེ་བ་ཡང༌། བར་དོའི་རྣམ་ཤེས་འཇུག་པ་ཉིད་ཡིན་པས་སྦྱང་གཞི་ སྦྱོང་ཚུལ་མི་འདྲ་བ་གཉིས་འབྱུང་བ་ཡིན་ནོ། །དེ་ལྟར་སྦྱོང་ཚུལ་ཕྱི་མ་གཉིས་ནི་སློབ་དཔོན་ བིརྺ་པ་དང༌། ཌོམ་བྷི་པའི་མན་ངག་ལ་མེད་ཀྱང༌། ཕམ་ཐིང་པ་ཡབ་སྲས་ཀྱི་མན་ངག་ལྟར་ བླ་མ་རྣམས་སྐབས་འདིར་གསུངས་པ་བཞིན་བཤད་པ་ཡིན་ནོ། །ལྷའི་གདན་བསྐྱེད་པ་ཡང་ གཞལ་ཡས་ཁང་སྒོམ་པའི་ཡན་ལག་ཡིན་ཅིང༌། སྔགས་ཀྱི་ང་རྒྱལ་ནི་རྟེན་གྱི་དཀྱིལ་འཁོར་ རང་རིག་པའི་ཡེ་ཤེས་ཀྱི་ངོ་བོར་ཤེས་པའི་ཆེད་དང༌། ཡན་ལག་དྲུག་གི་ས་མཚམས་ཤེས་ པའི་ཆེད་ཀྱང་ཡིན་ནོ། །གཉིས་པ་རྗེས་ཆགས་རྡོ་རྗེ་སེམས་དཔའི་ཡན་ལག་ནི། རྡོ་རྗེ་གུར་ ལས། ཀུན་ཏུ་བཟང་པོ་བདེན་པའི་དངོས། །རྣམ་པ་ལྔ་པོ་བསྒོམ་བྱ་སྟེ། །རང་རང་ལྷག་ལྷའི་ སྒྲུབ་ཐབས་བྱ། །ཞེས་པ་ལྟར་དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་གཞུག་པ་གཉིས་ལས། དང་པོ་ལ། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ། རྒྱུ་རྡོ་རྗེ་འཛིན་པ་མཛད་པ། ཞུ་བ་གླུ་ཡིས་བསྐུལ་བ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ། འོད་ཟེར་སྤྲོ་བསྡུས་ཞིང་སྦྱོང་བ། ཡི་གེ་འགོད་ཅིང་བྱིན་ རླབས་ཏེ་དྲུག་ལས། དང་པོ་ནི། མངོན་བྱང་ལྔ་འབྲས་བུ་དང་བཅས་པ་ཡིན་ཅིང༌། དེ་ཡང་ མངོན་བྱང་དང་པོ་བཞི་དང༌། རྒྱུ་རྡོ་རྗེ་འཛིན་པ་བཞེངས་བཞིན་པ་ནི་མངོན་བྱང་ལྔ་པ་མིན་ 21-1-229 ལ། རྒྱུ་རྡོ་རྗེ་འཛིན་པ་བཞེངས་ཟིན་པ་ནི་འབྲས་བུའོ། །དེ་ལ་མངོན་བྱང་ལྔའི་མངོན་པར་ རྟོགས་པ་ཅུང་ཟད་བཤད་པ་ལ། རྒྱུད་གཞུང་ལས་ཇི་ལྟར་བཤད་པའི་ཚུལ་དང༌། མངོན་བྱང་ གི་དག་བྱ་བཤད་པ་དང༌། དེའི་འཕྲོས་དོན་ཅུང་ཟད་བཤད་པའོ། །དང་པོ་ནི། རྣལ་འབྱོར་ རྒྱུད་དང༌། བླ་མེད་ཀྱི་རྒྱུད་ཐམས་ཅད་ལ། ཐུན་མོང་དུ་སྦྱར་བར་བྱ་བ་ནི་དེ་ཉིད་བསྡུས་པ་ ལས་གསུངས་ཏེ། དེ་ཡང་སེམས་སོ་སོར་རྟོག་པ་ལས་མངོན་པར་བྱང་ཆུབ་པ། བྱང་ཆུབ་ཀྱི་ སེམས་ལས་མངོན་པར་བྱང་ཆུབ་པ། བརྟན་པའི་རྡོ་རྗེ་ལས་མངོན་པར་བྱང་ཆུབ་པ། རྡོ་རྗེའི་ བདག་ཉིད་ལས་མངོན་པར་བྱང་ཆུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ ཇི་ལྟ་བ་དེ་ལྟ་བུ་ལས། མངོན་པར་བྱང་ཆུབ་པ་སྟེ་ལྔའོ། །གསང་འདུས་འཕགས་སྐོར་པའི་ ལུགས་ལ་ནི། དེ་བཞིན་ཉིད་ལས་མངོན་པར་བྱང་ཆུབ་པ། ཟླ་བ་ལས་མངོན་པར་བྱང་ཆུབ་ པ། ཡི་གེ་ལས་མངོན་པར་བྱང་ཆུབ་པ། མཚན་མ་ལས་མངོན་པར་བྱང་ཆུབ་པ། སྐུ་ཡོངས་ སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པ་དང་ལྔར་གསུངས་ལ། ལྷག་མ་བླ་མེད་ཀྱི་རྒྱུད་སྡེ་ ཕལ་ཆེར་ལས། ཉི་ཟླ་ཁ་སྦྱོར་དང་ཟླ་བ་ཁ་སྦྱོར་སོགས་ཁྱད་པར་ཕྲན་ཚེགས་མ་གཏོགས་ དོན་གྱི་སྤྱི་མཐུན་པར་གསུངས་པ་ཡིན་ནོ། ། གཉིས་པ་ལ་སྦྱོང་བྱེད་བསྐྱེད་རིམ་གྱི་མངོན་བྱང་ལྔ་བཤད་པ། སྦྱང་བྱ་འཁོར་བའི་སྐྱེ་བ་ བཤད་པ། སྦྱང་འབྲས་འབྲས་བུའི་མངོན་བྱང་བཤད་པའོ། །དང་པོ་ལ། བསྡུས་པ་ཨཱ་ལི་ཀཱ་ ལི་ལ་མ་ལྟོས་པའི་མངོན་བྱང་དང༌། རྒྱས་པ་ཨཱ་ལི་ཀཱི་ལི་ལ་ལྟོས་པའི་མངོན་བྱང་གཉིས་ཀྱི། དང་པོ་ནི། ཇི་སྐད་དུ། རྩ་རྒྱུད་ལས། དེ་ཡི་སྟེང་དུ་ཟླ་བ་ཡིན། །ཟླ་བའི་སྟེང་དུ་ས་བོན་ཡིན། ། ཕྱི་ནས་བདུད་ལས་རྒྱལ་བས་མནན། །གཉིས་འདུས་པ་ལས་བདེ་ཆེན་པོ། །ཞེས་གསུངས་ པས་བསྟན་ཅིང༌། འདི་མི་མཉམ་སྦྱོར་ཁོ་ནར་ངེས་སོ། །གཉིས་པ་རྒྱས་པ་ཨཱ་ལི་ཀཱ་ལི་ལ་ ལྟོས་པའི་མངོན་བྱང་ལ་མི་མཉམ་སྦྱོར་དང་མཉམ་སྦྱོར་གཉིས་སོ། །དང་པོ་ནི། རྩ་རྒྱུད་ལས། 21-1-230 ཨཱ་ལི་ཟླ་བའི་གཟུགས་ཀྱི་གནས། ཀཱ་ལིའི་གཟུགས་ཀྱིས་སྣང་བྱེད་དོ། །ཟླ་བ་ཉི་མ་འདུས་པ་ ལས། །དཀར་པོ་ལ་སོགས་རབ་ཏུ་གྲགས། །ཞེས་གསུངས། རྒྱུད་གསུམ་པོའི་གོང་འོག་ཕལ་ ཆེར་ལས་འདི་ཉིད་གཙོ་བོར་བསྟན་པ་ཡིན་ནོ། །གཉིས་པ་མཉམ་སྦྱོར་གྱི་མངོན་བྱང་ནི། ཀྱཻ་ རྡོ་རྗེའི་སྐབས་འདིར་བརྒྱུད་པ་འདི་བརྒྱུད་པ་འདི་ཁོ་ནས་བཞེད་པའོ། །དེ་ཡང་ཇི་སྐད་དུ། རྩ་རྒྱུད། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཡི་གེ་ལས་བྱུང་ གོང་བུ་ལས། །ཧཱུཾ་ཕཊ་རྣམ་པའང་འདོད་མི་བྱ། །ཞེས་པས་ཟུར་ཙམ་བསྟན་པ་ཡིན་ཅིང༌། རྒྱས་པར་སམྦུ་ཊིའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྐབས་ནས་འབྱུང་བས་ཁ་སྐོང་བ་ཡིན་ ནོ། །དེ་ཡང་མངོན་བྱང་དང་པོ་གཉིས་ཀྱི་སྐབས་སུ་ཟླ་བ་གྲུ་གསུམ་དཀར་པོ་ཁ་སྦྱོར་དང༌། མངོན་བྱང་གསུམ་པ་ནི། ཕྱག་མཚན་རྡོ་རྗེ་དཀར་པོ་ཁོ་ནར་ངེས་ཤིང༌། ས་བོན་གྱི་མཚན་ པ་མེད་པ་དང༌། མངོན་བྱང་བཞི་པ་ལ་འོད་ཟེར་སྤྲོ་བསྡུས་ཞིང་སྦྱོང་བ་ཡོད་པ་ནི་འདིའི་ཁྱད་ པར་ཡིན་ནོ། །ཀྱཻ་རྡོར་བ་གཞན་རྣམས་ནི། གཞུང་ཚིག་ངེས་ཀྱང་ཉི་ཟླ་ཁ་སྦྱོར་ཉིད་བསྟན་པ་ དང༌། སུམྦུ་ཊིར་ཟླ་བ་ཁ་སྦྱོར་དུ་བཤད་པ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཁོ་ན་དབང་དུ་ བྱས་པ་དང༌། དེའི་ཟླ་བ་ཡང་ཟླུམ་པོར་འདོད་དོ། །དེ་ལྟར་བསྐྱེད་ཆོག་གི་རྣམ་པར་དག་པ་ དེ་དག་ལ་བསྐྱེད་བྱ་ལྷའི་སྒོ་ནས་གཙོ་བོ་ཁོ་ན་མངོན་བྱང་ལས་བསྐྱེད་པ་དང༌། གཙོ་འཁོར་ ཐམས་ཅད་མངོན་བྱང་ལས་བསྐྱེད་པ་གཉིས་སོ། ། གཉིས་པ་སྦྱང་བྱ་འཁོར་བའི་སྐྱེ་བ་བཤད་པ་ནི། བརྒྱུད་པ་འདིའི་སྔ་རབས་པ་རྣམས་ཀྱི་ གསུང་ཁོ་ན་ལྟར་ན། མངོན་བྱང་གི་ཟླ་བས་བརྫུས་སྐྱེས་ཀྱི་སེམས་ཀྱི་གསལ་ཆ་དང༌། དྲོད་ གཤེར་སྐྱེས་ཀྱི་གཤེར་བ་དང༌། མངལ་སྐྱེས་ཀྱི་ཕའི་ཁམས་རྣམས་སྦྱོང་བར་བྱེད་དོ། །ཉི་མས་ ནི་བརྫུས་སྐྱེས་ཀྱི་གནས་ལ་སྲེད་པ་དང༌། དྲོད་གཤེར་སྐྱེས་ཀྱི་དྲོད་དང་མངལ་སྐྱེས་ཀྱི་མའི་ ཁམས་རྣམས་སྦྱོང་བར་བྱེད་ཅིང༌། ཉི་ཟླ་གཉིས་ཆར་གྱིས་ཀྱང་སྒོང་སྐྱེས་ཀྱི་སྒོ་ངའི་ཁྱིམ་དང་ 21-1-231 བཅུད་སྦྱོང་བར་བྱེད་དོ། །ཞེས་པ་དེ་ཙམ་ཞིག་གསུངས་ལ། མངོན་བྱང་ཕྱི་མ་གསུམ་འོག་ཏུ་ འཆད་པ་དང་འདྲའོ། ། རང་ལུགས་ཀྱི་བླ་མ་ཕྱི་མ་རྣམས་ཀྱིས་བཞེད་པ་ལྟར་ན། དེ་ཉིད་སྐྱེ་གནས་གཞན་གསུམ་ ལ་གཙོ་བོར་མི་སྦྱོར་ཞིང༌། མངལ་སྐྱེས་ཁོ་ན་ལ་གཙོ་བོར་སྦྱོར་བར་མང་དེ་ཡང་སློབ་དཔོན་ གཞན་གྱི་མན་ངག་གིས་ཁ་སྐང་ནས་ཞིབ་མོར་འཆད་པ་ཡིན་ནོ། །དེ་ལ་ཟླ་བས་ནི་མངལ་ སྐྱེས་ཀྱི་ལུས་འགྲུབ་པའི་རྒྱུ། ཕ་ལས་ཐོབ་པའི་བྱང་སེམས་དཀར་པོ་མཚོན་པ་ཡིན་ཅིང༌། དེ་ ཉིད་ཟླ་བ་ཡར་ངོ་དང་མར་ངོ་ལ་འཆར་བ་ཐིག་ལེ་འཕོ་བ་བཅུ་དྲུག་སྟེ། དབྱངས་ཡིག་སུམ་ ཅུ་རྩ་གཉིས་ཀྱི་ངོ་བོར་གནས་པ་ཡིན་ལ། དེ་དང་མཐུན་པའི་ཨཱ་ལི་ཕྲག་གཉིས་སྒོམ་པ་ཡིན་ ནོ། །ཉི་མས་ནི་མའི་རཀྟ་མཚོན་པ་ཡིན་ཅིང༌། དེའི་ཚོགས་པ་ལ་ནི་ས་ཆུ་མེ་རླུང་ནམ་མཁའ་ དེ་ཁམས་ལྔ་ཡོད་པ། དེ་རེ་རེ་ལ་གང་ན་གཅིག་ཡོད་པ་དེར་ཐམས་ཅད་ཀྱང་ངོ་ཞེས་པའི་རིམ་ པས་འབྱུང་བ་བཞི་བཞིར་ཕྱེ་བས་ཉི་ཤུ་འབྱུང་ལ། དེ་རེ་རེ་ལ་བརྟེན་ཐིག་ལེ་ལུས་ཀྱི་ཆོས་ དང༌། རྟེན་པ་བདེ་བ་ཆེན་པོ་སེམས་ཀྱི་ཆོས་གཉིས་གཉིས་ཏེ་བཞི་བཅུ་འབྱུང་ཞིང༌། དེ་རེ་ རེ་ལའང་སྣང་བའི་ཆ་དང༌། སྟོང་པའི་ཆ་གཉིས་གཉིས་ཏེ་བརྒྱད་ཅུ་མཚོན་པའི་ཕྱིར་དུ་ཀཱ་ལི་ བརྒྱད་ཅུ་བསྒོམ་པར་བྱ་བའོ། ། མངོན་བྱང་གསུམ་པའི་སྐབས་ཀྱི་ས་བོན་ནི། སྐྱེ་སྲིད་ཀྱི་ཤེས་པ་རླུང་དང་བཅས་པ་ མཚོན་ཅིང༌། གནས་སྐབས་དེས་ནི་དཀར་དམར་སེམས་གསུམ་འདྲེས་པའི་གནས་སྐབས་ མཚོན་པ་ཡིན་ལ། ཕྱག་མཚན་མངལ་དུ་ལུས་འཕེལ་བའི་ཡན་ལག་དང༌། ཉིང་ལག་དང་ དབང་པོ་རྣམས་དོད་པ་མཚོན་ནོ། །མངོན་བྱང་བཞི་པའི་ཐམས་ཅད་རོ་གཅིག་ཏུ་འདྲེས་པ་ནི། མངལ་དུ་གྲུབ་པའི་ཕུང་ཁམས་སྐྱེ་མཆེད་རྣམས་ཡོངས་སུ་སྨིན་ཅིང་གོང་ནས་གོང་དུ་འཕེལ་ བ་མཚོན་ནོ། །ལྔ་པ་སྐུ་ཡོངས་སུ་རྫོགས་པ་ནི། མངལ་ནས་བཙས་པ་ན། བཞིན་ལག་ཡོངས་ 21-1-232 སུ་རྫོགས་པ་མངོན་གྱུར་གཞན་ལ་སྣང་དུ་རུང་བ་མཚོན་པ་ཡིན་ནོ། །གསུམ་པ་ལ། འབྲས་ བུའི་མངོན་བྱང་དངོས་བཤད་པ་དང༌། དེ་ཉིད་བསྐྱེད་རིམ་ལ་སྦྱོར་བའི་ཚུལ་ལོ། །དང་པོ་ ལ་མངོན་པར་བྱང་ཆུབ་པའི་འཆར་ཚུལ་དང༌། དེ་ཉིད་ཀྱི་ངོ་བོ་བཤད་པའོ། །དང་པོ་ནི། ཇི་ སྐད་དུ། རྡོ་རྗེ་གུར་ལས། རྡོ་རྗེ་ཉི་མ་ནུབ་ནས་ནི། །སྒྲུབ་པ་ཀུན་ཏུ་བརྩམ་པར་བྱ། །སྐྱ་རེངས་ འཆར་བའི་དུས་སུ་ནི། །སྒོམ་པ་མཆོག་ནི་འགྲུབ་པར་གྱུར། །ཅེས་གསུངས་པ་ལྟར་ཏེ། དེ་ ཡང་མཚན་མོ་ཟླ་བའི་འོད་དང་འགྲོགས་པ་ན་དགའ་བ་སྐད་ཅིག་མ་དང་པོ་དང༌། ཉིན་མོ་ ཉི་མའི་འོད་དང་འགྲོགས་པ་ནི། མཆོག་དགའ་སྐད་ཅིག་མ་གཉིས་པ་དང༌། ཉི་མ་ནུབ་པ་ ན་མཚམས་ཀྱི་མུན་པས་ཁྱབ་པ་ཁྱད་དགའ་སྐད་ཅིག་མ་གསུམ་པ་དང༌།ཐོ་རངས་སྐྱ་རེངས་ འཆར་བའི་དུས་སུ་ལྷན་ཅིག་སྐྱེས་དགའ་སྐད་ཅིག་མ་བཞི་པ་རྣམས་མངོན་དུ་བྱས་ནས། སྐད་ཅིག་མ་ལྔ་པ་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ལ། དེ་ལྟ་བུའི་ཕྱིའི་མངོན་བྱང་ ནི། ཕ་རྒྱུད་ལས་གསུངས་པ་དང་ཐུན་མོང་བ་ཡིན་ནོ། །ནང་བྱང་ཆུབ་སེམས་ཀྱི་བགྲོད་པ་ལ་ ལྟོས་པའི་མངོན་བྱང་ནི། སངས་རྒྱ་ཁ་མའི་བྱང་ཆུབ་སེམས་དཔའ་རྣམས་ལ། ལོངས་སྤྱོད་ རྫོགས་པའི་སྐུ་དཀྱིལ་འཁོར་དང་བཅས་པ་རྣམས་ཀྱིས་དབང་བསྐུར་བ་དེའི་ཚེ། རྒྱུན་མཐའི་ སྔ་ལོགས་སུ་བུམ་དབང་གསང་དབང་སྔོན་དུ་འགྲོ་བས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ བ་ནི། རང་སྣང་གི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ཐབས་ཀྱི་དཀར་ཆ་བྱང་ཆུབ་ཀྱི་སེམས་སྤྱི་བོ་ ནས། གསང་བའི་བར་དུ་འོངས་ཤིང་བསྟན་པར་བྱས་པས་ཡས་བརྟན་གྱི་དགའ་བ་བཞིའི་ བདག་ཉིད་ཅན་གྱི་ཡེ་ཤེས་སྐྱེ་བ་མངོན་བྱང་དང་པོ་ཡིན་ལ། དེ་ལྟ་བུའི་དཀར་ཆ་དང་ལྷན་ ཅིག་རང་སྣང་གི་རིག་མའི་དམར་ཆ་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་གསང་གནས་ནས་སྤྱི་བོའི་ གཙུག་ཏུ་བརྟན་པར་བྱས་པས། མས་བརྟན་གྱི་དགའ་བ་བཞིའི་བདག་ཉིད་ཅན་གྱི་ཡེ་ཤེས་ སྐྱེ་བ་ཏེ་མངོན་བྱང་གཉིས་པ་ཡིན་ནོ། །དེ་ནས་སློབ་མའི་ཡེ་ཤེས་ཀྱི་སྣང་བར་གྱུར་པར་རླུང་ 21-1-233 དང་བཅས་པའི་ཚོགས་པ་ཕྲ་མོ་རྣམས་སྙིང་གར་ཐིམ་ཞིང༌། དེའི་རྐྱེན་གྱིས་ཐིག་ལེ་དཀར་ དམར་གྱི་ཚོགས་པ་འབབས་པ་ནི་མངོན་བྱང་གསུམ་པ་ཡིན་ནོ། །རྐྱེན་དེའི་སྐད་ཅིག་མ་ གཉིས་པ་ལས་དགའ་བ་བཞི་པར་གྱུར་པའི་རྒྱུན་མཐའི་ཡེ་ཤེས་དངོས་སྐྱེ་སྟེ། ཡེ་ཤེས་དེ་ནི་ བདེ་ཆེན་གྱི་སྒྲིབ་པའམ། ཤེས་བྱའི་སྒྲིབ་པ་ཕྲ་མོ་དང༌། ཀུན་གཞི་སྤོང་བར་བྱེད་པའི་དངོས་ གཉེན་ཏེ། མངོན་བྱང་བཞི་པ་ཡིན་ནོ། ། གཉིས་པ་ནི། དེ་ལྟར་མངོན་བྱང་དང་པོ་གཉིས་ནི་ཡས་བརྟན་དང་མས་བརྟན་གྱིས་ བསྡུས་པ་དགའ་བ་བཞི་བཞིའི་བདག་ཉིད་ཅན་ཡིན་ཅིང༌། མངོན་བྱང་གསུམ་པ་ནི། ཞུ་བདེ་ ལྷན་སྐྱེས་བླ་ན་མེད་པ་ཡིན་ནོ། །མངོན་བྱང་བཞི་པ་ནི་རང་བཞིན་ལྷན་སྐྱེས་སུ་གྱུར་པའི་ ལམ་གྱི་ཡེ་ཤེས་མཐར་ཐུག་ཡིན་པས། དེ་ཉིད་ལྷན་ཅིག་སྐྱེས་དགའ་འབའ་ཞིག་གིས་བསྡུས་ པ་ཡིན་ལ། མངོན་བྱང་དང་པོ་བཞི་གོ་རིམ་བཞིན་དུ་དགའ་བ་བཞི་དང་སྦྱར་བ་ཡང་ཡོད་པ་ ནི། དེ་རྣམས་ལུས་དང་ངག་དང་ཡིད་དང༌། ཡེ་ཤེས་ཀྱི་བདེ་བ་ཡིན་པས། རྣམ་པ་མཚུངས་ པའི་དབང་དུ་བྱས་པ་ཡིན་ནོ། །མངོན་བྱང་བཞི་པ་དེའི་སྐད་ཅིག་གཉིས་པར་སངས་རྒྱས་ཀྱི་ ཡེ་ཤེས་སྐྱེ་བ་ཡིན་ལ། དེ་ཡང་མི་སློབ་རྣམ་གྲོལ་ལམ་ནི་མངོན་བྱང་ལྔ་པའི་བདག་ཉིད་ཡིན་ ཅིང༌། སྐད་ཅིག་གཉིས་པ་ཕན་ཆད་མངོན་བྱང་ལྔ་ཆར་གྱི་བདག་ཉིད་དུ་གནས་སོ། །ཞེས་བླ་ མ་རྣམས་གསུངས་སོ། །དེས་ན་མངོན་བྱང་དང་པོ་བཞི་ནི། ཡེ་ཤེས་ལྔ་གར་རྗེས་མཐུན་གྱི་ ངོར་གནས་ལ་མངོན་བྱང་ལྔ་པ་ནི་ཡེ་ཤེས་ལྔའི་བདག་ཉིད་དངོས་སུ་གནས་པ་ཡིན་ནོ། །དེ་ ཡང་ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་དང་ཇི་སྙེད་པའི་གནས་ལུགས་མཁྱེན་པ་དང༌། ཆོས་ཐམས་ ཅད་མཉམ་པ་ཉིད་དུ་རྟོགས་ཤིང་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་འཇུག་པ་དང༌། ཆོས་ ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་མ་འདྲེས་པར་མཁྱེན་པ་དང༌། སེམས་ཅན་གྱི་ཁམས་ ཐ་དད་པ་སྨིན་ཅིང་གྲོལ་བར་མཛད་པའི་རྒྱུ་ནུས་མཐུའི་ངོ་བོར་གནས་པ་ཐུགས་རྗེ་ཆེན་པོའི་ 21-1-234 ཡེ་ཤེས་དང༌། ཆོས་དབྱིངས་ཤིན་ཏུ་དྲི་མ་མེད་པར་གནས་པ་ལ་གློ་བུར་གྱི་དྲི་མ་བྱང་བའི་ཡེ་ ཤེས་ཏེ། གོ་རིམ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་ སོར་རྟོག་པའི་ཡེ་ཤེས་དང༌། བྱ་བ་ནན་ཏན་གྱི་ཡེ་ཤེས་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ རྣམས་ཀྱི་ངོ་བོ་ཡིན་ནོ། ། ཡང་སྦྱོར་ཚུལ་གཞན་གྱི་མངོན་བྱང་དང་པོའི་སྐབས་སུ། མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་ ནས་མངོན་བྱང་ལྔ་པའི་ཚེ། ཆོས་དབྱིངས་ཡེ་ཤེས་ཐོབ་པའི་བར་དུ་གསུངས་པ། དང་པོ་བཞི་ ལ་རྗེས་མཐུན་པ་དང་། ལྔ་པ་ལ་དངོས་ཡིན་ནོ། །དེ་ལྟར་མངོན་བྱང་དང་པོ་བཞི་སྔ་མ་སྔ་མའི་ ཡེ་ཤེས་ལྷག་པར་རྒྱས་པ། ཕྱི་མ་ཕྱི་མ་ལ་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་ཡོད་ཅིང༌། ཡེ་ཤེས་ རྗེས་མཐུན་པའི་དབང་དུ་བྱས་ན། མངོན་བྱང་དང་པོའི་སྐབས་སུ་མེ་ལོང་ཡེ་ཤེས་གཙོ་བོར་ གྱུར་པ་དང༌། གཉིས་པའི་སྐབས་སུ་མཉམ་པ་ཉིད་ཀྱི་ཡེ་ཤེས་གཙོ་བོར་གྱུར་པ་དང༌། གསུམ་ པའི་སྐབས་སུ་སོ་སོར་རྟོག་པའི་ཡེ་ཤེས་གཙོ་བོར་གྱུར་པ་དང་། བཞི་པའི་སྐབས་སུ་བྱ་བ་ གྲུབ་པའི་ཡེ་ཤེས་གཙོ་བོར་གྱུར་པ་ཡིན་ནོ། །དེ་དག་ཏུ་ཆོས་ཀྱི་དབྱིངས་དག་པ་གཉིས་ལྡན་ མཐར་ཐུག་མ་ཐོབ་པའི་ཕྱིར། ཆོས་དབྱིངས་ཡེ་ཤེས་གཙོ་བོར་མི་འཇོག་ལ། མངོན་བྱང་ལྔ་ པའི་སྐབས་སུ་ནི་དེ་གསར་དུ་ཐོབ་པའི་དེའི་ཕྱིར་གཙོ་བོར་འཇོག་པ་ཡིན་ནོ། ། གཉིས་པ་དེ་ཉིད་བསྐྱེད་རིམ་ལ་སྦྱར་བའི་ཚུལ་ནི། བསྐྱེད་རིམ་གྱི་མངོན་བྱང་དང་པོ་ཟླ་ བ་བསྒོམ་པ་ནི། འབྲས་དུས་ཀྱི་མངོན་བྱང་དང་པོ་དང་མཚུངས་པ་ཡིན་ཏེ། ཟླ་བས་ནི་བྱང་ ཆུབ་ཀྱི་སེམས་དཀར་པོ་མཚོན་ལ། མངོན་བྱང་དང་པོ་ནི། བྱང་ཆུབ་ཀྱི་སེམས་དཀར་ཆ་དང་ འགྲོགས་པའི་ཡེ་ཤེས་ཡིན་པས་སོ། །བསྐྱེད་རིམ་གྱི་མངོན་བྱང་གཉིས་པ་ཉི་མ་བསྒོམས་ པ་ནི། འབྲས་དུས་ཀྱི་གཉིས་པ་དང་མཚུངས་པ་ཡིན་ཏེ། ཉི་མའི་ཁམས་དམར་ཆ་མཚོན་ལ། མངོན་བྱང་གཉིས་པ་ནི། རྟེན་བྱང་ཆུབ་ཀྱི་སེམས་དམར་ཆ་དང་འགྲོགས་པའི་ཡེ་ཤེས་ཡིན་ 21-1-235 པས་སོ། །བསྐྱེད་རིམ་གྱི་མངོན་བྱང་གསུམ་པ་ས་བོན་དང་ཕྱག་མཚན་བསྒོམ་པ་ནི། འབྲས་ དུས་ཀྱི་མངོན་བྱང་གསུམ་པ་དང་མཚུངས་པ་ཡིན་ཏེ། ས་བོན་དང་ཕྱག་མཚན་གྱིས་ནི། ཡིད་ རླུང་གི་ཚོགས་པ་དང་བཅས་པ་མཚོན་པ་ཡིན་ཅིང༌། འབྲས་དུས་ཀྱི་མངོན་བྱང་གསུམ་པ་ནི། ཡིད་རླུང་ཐིམ་པའི་ཡེ་ཤེས་ཡིན་པས་སོ། ། མངོན་བྱང་བཞི་པ་ཡང་རྣམ་པ་མཚུངས་པ་ཡིན་ཏེ། སྐབས་འདིར་ཐམས་ཅད་གཅིག་ཏུ་ འདྲེས་པ་དང༌། འབྲས་དུས་ཀྱི་མངོན་བྱང་བཞི་པ་ཡང༌། མངོན་བྱང་དང་པོ་གསུམ་ཆར་གྱི་ ནུས་པ་གཅིག་ཏུ་བསྡོམས་པའི་ཡེ་ཤེས་ཡིན་པས་སོ། །མངོན་བྱང་ལྔ་པ་ཡང་རྣམ་པ་མཚུངས་ པ་ཡིན་ཏེ། སྐབས་འདིར་བསྐྱེད་ཆོག་གི་ཆོ་ག་ལ་བརྟེན་ནས་ལྷ་སྐུ་ཡོངས་སུ་རྫོགས་པ་ཡིན་ ཞིང༌། འབྲས་དུས་ཀྱི་མངོན་བྱང་ལྔ་པ་དང་། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཐམས་ཅད་ རྫོགས་པ་ཡིན་པས་སོ། །མངོན་བྱང་དང་པོ། མེ་ལོང་ལྟ་བུའི་ཡེ་ཤེས་དང་རྣམ་པ་མཚུངས་པ་ ཡིན་ཏེ། ཟླ་བའི་འོད་ཟེར་གྱིས་གཟུགས་ཅན་རགས་པ་ཙམ་སྣང་བར་བྱེད་པ་ལྟར། མེ་ལོང་ ལྟ་བུའི་ཡེ་ཤེས་ཀྱིས་ཇི་ལྟ་བ་དང༌། ཇི་སྙེད་པའི་ཆོས་རྣམས་ཀྱིས་གནས་ལུགས་གཟིགས་པ་ ཙམ་ཡིན་ལ་སོ་སོར་རྟོག་པར་མི་འཛད་པས་སོ། ། མངོན་བྱང་གཉིས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མཚུངས་ཏེ། ཉི་མའི་དཀྱིལ་འཁོར་ གྱི་འོད་ཟེར་ལྷག་པར་རྒྱས་པ་བཞིན་དུ། དེ་ཡང་ཆོས་རྣམས་ཀྱི་ཇི་ལྟ་བ་གནས་ལུགས་ལ་ མཁྱེན་པ་ལྷག་པར་རྒྱས་པས་སོ། །མངོན་བྱང་གསུམ་པ་སོར་རྟོག་ཡེ་ཤེས་དང་མཚུངས་ཏེ། སྐབས་འདིར་ལྷ་སོ་སོའི་ས་བོན་དང་ཕྱག་མཚན་སོ་སོར་ངེས་ཤིང༌། སོར་རྟོག་ཡེ་ཤེས་ཀྱིས་ ཆོས་རྣམས་ཀྱི། རང་སྤྱིའི་མཚན་ཉིད་མ་འདྲེས་པ་བྱེད་པས་སོ། །མངོན་བྱང་བཞི་པ་བྱ་གྲུབ་ ཡེ་ཤེས་དང་མཚུངས་པ་ཡིན་ཏེ། སྐབས་འདིར་ཐམས་ཅད་གཅིག་ཏུ་གྱུར་པ་དང༌། སྒྲུབ་བྱ་ ཡེ་ཤེས་ཡེ་ཤེས་དེ་ཡེ་ཤེས་གཞན་གསུམ་གྱི་ནུས་མཐུ་གཅིག་ཏུ་བསྡོམས་པའི་ངོ་བོར་གནས་ 21-1-236 པས་སོ། །མངོན་བྱང་ལྔ་པ་ཆོས་དབྱིངས་ཡེ་ཤེས་དང་མཚུངས་པ་ཡིན་ཏེ། སྐབས་འདིར་ཉི་ ཟླ་ས་བོན་ཕྱག་མཚན་བཞིའི་ངོ་བོ་ལྷའི་སྐུར་རྫོགས་པ་ཡིན་ཅིང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ ཤེས་ཀྱང༌། ཡེ་ཤེས་བཞི་ཆར་གྱི་བརྟེན་བྱེད་པས་སོ། །མངོན་བྱང་དང་པོ་གཉིས་ཀྱི་སྐབས་ སུ། ཨཱ་ལི་ཀཱ་ལི་འབྱུང་བའི་རྒྱུ་མཚན་འབྲས་བུའི་ཆོས་དང་སྦྱར་བ་ནི། ཨཱ་ལི་མཚན་བཟང་ པོ་སུམ་ཅུ་རྩ་གཉིས་ཀྱི་རྒྱུ་བསོད་ནམས་ཀྱི་ཚོགས་དང༌། ཀཱ་ལི་དཔེ་བྱད་བརྒྱད་ཅུའི་བསོད་ ནམས་ཀྱི་ཚོགས་ཡིན་ཞིང་དེའི་འབྲས་བུ་སྐུ་ཡོངས་སུ་རྫོགས་པའི་མཚན་དཔེའི་སྤྲས་པའོ། ། མངོན་བྱང་དང་པོ་གཉིས་ཀྱི་སྐབས་སུ་ཨཱ་ལི་ཀཱ་ལི་འབྱུང་བའི་རྒྱུ་མཚན་ཡོད་དེ། ཨཱ་ལི་ཟླ་ བའི་ས་བོན་དང༌། ཀཱ་ལི་ཉི་མའི་ས་བོན་ཡིན་པའི་ཕྱིར་རོ། ། གསུམ་པ་དེའི་འཕྲོས་དོན་ཅུང་ཟད་བཤད་པ་ལ། མཉམ་སྦྱོར་ལ་ཡང༌། ཟླ་བ་གཉིས་པ་ ནི་རྒྱུ་ཀཱ་ལི་ལས་སྐྱེས་པ་དང༌། ཟླ་བ་གཉིས་མཚོན་པའི་འོད་ཟེར་ཉི་མ་དང་ཕྱོགས་མཚུངས་ པས། སྦྱང་གཞི་སྦྱོང་བྱེད་ཚུལ་མཚུངས་པ་ཡིན་ནོ། །འོན་ཀྱང་དག་ལྡན་ལས། མཉམ་སྦྱོར་ གསང་དབང་དང་མི་མཉམ་སྦྱོར་ཤེས་རབ་ཡེ་ཤེས་ཀྱི་དབང་དང་མཚུངས་ཚུལ་གསལ་བར་ བསྟན་ནས། དབྱིངས་དང་ཡེ་ཤེས་རྒྱས་གདབ་ཕྱིར། །རང་བཞིན་གྱིས་དག་རྒྱུ་འབྲས་ཕྱིར། ། ཐིག་ལེ་རིམ་ཕྱིར་ལུས་སེམས་ཕྱིར། །དབང་ཕྱིར་དགོས་པ་བསམ་བྱས་ཕྱིར། །ཞེས་མཉམ་ སྦྱོར་གྱི་མཚོན་དོན་སྡོམ་གྱི་ཚུལ་གྱིས་གསུངས་པ་ཡིན་ཏེ། དེའི་དོན་བར་སྐབས་ཀྱི་བླ་མ་ རྣམས་འདི་ལྟར་འཆད་དེ། དབྱིངས་དག་པ་གཉིས་ལྡན་ཟླ་བ་ཁ་སྦྱོར་གྱིས་མཚོན་ཞིང༌། ཡེ་ ཤེས་རྣམ་པ་སྣ་ཚོགས་འཆར་བ། ཟླ་བ་དཀར་པོ་དང༌། ཉི་མ་དམར་པོ་སྟེ་ཉི་མ་ཟླ་བ་ཁ་སྦྱོར་ གྱིས་མཚོན་རང་བཞིན་དག་པའི་རྒྱུ་རྫོགས་རིམ་རང་བྱིན་རླབས་པ་ལ། ཤེས་པ་གསལ་སྟོང་ ཟླ་བ་ལྟ་བུ་དང༌། སྤྱི་བོའི་ཧཾ་ཡིག་ཞུ་བ་བྱང་ཆུབ་ཀྱི་སེམས་ཟླ་བ་ལྟ་བུ་སྟེ་ཁ་སྦྱོར་དང༌། རང་ བཞིན་དག་པ་འབྲས་བུའི་རྫོགས་རིམ། དཀྱིལ་འཁོར་གྱི་འཁོར་ལོ་ལ་རང་གི་བྱང་ཆུབ་ཀྱི་ 21-1-237 སེམས་དཀར་ཆ་དང་། ཤེས་རབ་མའི་དམར་ཆ་མཚོན་པའི་ཕྱིར་ཉི་ཟླ་ཁ་སྦྱོར་གྱི་མཚོན་ནོ། ། ཕའི་ས་བོན་འབའ་ཞིག་ལས་ལུས་འགྲུབ་པ་དང་མཚུངས་པར་ཟླ་བ་ཁ་སྦྱོར་དང༌། ཕ་མའི་ ཐིག་ལེ་དཀར་དམར་གཉིས་ལས་ལུས་འགྲུབ་པ་དང་མཚུངས་པར་ཉི་ཟླ་ཁ་སྦྱོར་སྒོམ་པ་ དང༌། སེམས་རང་བཞིན་རྣམ་པར་དག་པ་དང༌། རྣམ་པར་དག་པའི་ལམ་གྱིས་དག་པར་བྱེད་ པ་ཟླ་བ་ཁ་སྦྱོར་དང༌། མངལ་སྐྱེས་ཀྱི་ལུས་འགྲུབ་པ་དང་མཚུངས་པར་ཉི་ཟླ་ཁ་སྦྱོར་སྒོམ་ པ་ཡིན་ནོ། །དབང་ཕྱིར་ཞེས་པ་ནི་གོང་དུ་སྨོས་པ་ལྟར་ཏེ། དེ་ཡང་གསང་དབང་གི་སྐབས་ སུ་གང་ལ་བསྐུར་བའི་ཡུལ་སློབ་མའི་རྟེན་བྱང་ཆུབ་ཀྱི་སེམས་དཀར་པོ་དང༌། བསྐུར་བྱེད་ ཀྱི་རྫས་སློབ་དཔོན་གྱི་བྱང་ཆུབ་ཀྱི་སེམས་དཀར་པོ་ཡིན་པའི་ཕྱིར། ཟླ་བ་ཁ་སྦྱོར་དང་དེའི་ ཚེ་རྣམ་རྟོག་གི་གྲྭ་ཟུར་དྭངས་པའི་ཕྱིར་དེ་ཉིད་གྲུ་གསུམ་དང་བྱང་ཆུབ་ཀྱི་སེམས་མི་གསལ་ བའི་མཚོན་དོན་དུ། །གསུམ་པའི་ཚེ་ཕྱག་མཚན་ས་བོན་གྱི་མཚན་མ་མེད་པ་དང༌། བྱང་ཆུབ་ ཀྱི་སེམས་འཕྲོ་བའི་མཚོན་དོན་དུ་འོད་ཟེར་སྤྲོ་བསྡུས་བྱེད་པ་ཡིན་ནོ། །ཤེས་རབ་དབང་གི་ སྐབས་སུ་སློབ་མའི་བྱང་ཆུབ་ཀྱི་སེམས་དཀར་པོ་དང༌། རིག་མའི་བྱང་ཆུབ་ཀྱི་སེམས་དམར་ པོ་གཉིས་ཀྱི་མཚོན་དོན་དུ་ཉི་ཟླ་ཁ་སྦྱོར་དང༌། དེའི་ཚེ་རྣམ་རྟོག་གི་གྲྭ་ཟུར་ཉམས་པས་གཉིས་ ཀའང་ཟླུམ་པོར་སྒོམ་པ་དང༌། བྱང་ཆུབ་ཀྱི་སེམས་དགག་པའི་མཚོན་དོན་དུ་ཕྱག་མཚན་གྱི་ ལྟེ་བ་ལ་ཧཱུཾ་གིས་མཚན་པ་དང༌། མས་བརྟན་གྱི་རིམ་པས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་ པས། འོད་ཟེར་གྱི་སྤྲོ་བསྡུ་མི་བྱེད་པ་ཉིད་དོ། ། དགོས་པ་བསམ་ཡས་ཕྱིར་ཞེས་པ་ནི་དེ་དག་ལ་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་སོགས་ གཞན་ཡང་ཡོད་ཞེས་པའི་དོན་དེ་གོང་དུ་བཤད་པ་ལྟར་ཡིན་ནོ། །ཡང་ཐིག་ལེ་རིམ་ཕྱིར་ ལུས་སེམས་ཕྱིར། །ཞེས་པ་རྒྱུ་རྒྱུད་ལ་སྦྱར་བ་དང༌། དབང་ཕྱིར་ཞེས་པ་སྨིན་བྱེད་ཀྱི་དབང་ དང༌། རང་བཞིན་གྱིས་དག་རྒྱུ་འབྲས་ཕྱིར། །ཞེས་པ་གྲོལ་བྱེད་ཀྱི་རྫོགས་པའི་རིམ་པ་དང༌། 21-1-238 དབྱིངས་དང་ཡེ་ཤེས་རྒྱས་གདབ་ཕྱིར། །ཞེས་པ་འབྲས་རྒྱུད་ལ་སྦྱར་བ་ཡིན་ནོ། །བསྐྱེད་རིམ་ གཞན་ལ་སྦྱོར་མི་དགོས་ཏེ། དམིགས་པ་ལྔ་པོ་འདི་ཉིད་བསྐྱེད་རིམ་དངོས་ཡིན་པའི་ཕྱིར། ད་ དུང་དེ་དག་ལ་མཐའ་ཅུང་ཟད་བཅད་དགོས་པ་འགའ་ཡོད་ནའང༌། རེ་ཞིག་བཞག་གོ ། གཉིས་པ་རྒྱུ་རྡོ་རྗེ་འཛིན་པའི་མཛད་པ་ལ། རྟེན་མཁའ་གསང་བྱིན་གྱིས་བརླབས་པ་ དང༌། རྒྱུ་སངས་རྒྱས་བྱང་སེམས་ཀྱི་ཚོགས་དགུག་པ་དང༌། ངོ་བོ་འཁོར་གྱི་ལྷ་མོ་སྤྲོ་བ་སྟེ་ གསུམ་ལས། དང་པོ་གཉིས་གོ་སླ་ཞིང་སྒྲུབ་ཐབས་ཀྱི་དཀྱུས་ལྟར་ཡིན་ལ། གསུམ་པ་ལ། སྤྱིར་འཁོར་གྱི་ལྷ་མོ་སྤྲོ་ཚུལ་ཡན་ལག་བཞི་པའི་ཕྱོགས་ལ་འཁོར་ཐམས་ཅད་ཀྱང་མངོན་ བྱང་ལྔ་བསྐྱེད་ཡིན་ཞིང༌། མཁའ་ནང་ནས་ཐིག་ལེ་སྤྲོ་བའི་ཚུལ་དང༌། ས་བོན་སྤྲོ་ཚུལ་གཉིས་ ཡོད་པས། དེ་གཉིས་ཀྱི་ཕྱི་རོལ་ཏུ་ལྷ་མོ་རྣམས་སྐྱེད་ཆོག་གི་ཆོ་ག་ལ་བརྟེན་ནས་བསྐྱེད་པ་ ཡིན་ནོ། །ཡན་ལག་དྲུག་པའི་ཕྱོགས་ལ་མཁའ་ནང་ནས་ཡི་གེ་སྤྲོ་བའི་ཚུལ་དང༌། ཡི་གེ་ རྣམས་ལྷ་མོར་གྱུར་ནས་ཕྱི་རོལ་ཏུ་སྤྲོ་བའི་ཚུལ་གཉིས་ལས། འདིར་མངོན་རྟོགས་ཀྱི་དཀྱུས་ ནི་ཕྱི་མ་ལྟར་ཡིན་ལ། གང་ལྟར་ཡང་དེ་རྣམས་ཅིག་ཅར་དུ་སྤྲོ་ཞིང་རིམ་གྱིས་གསལ་འདེབས་ པ་ཡིན་ནོ། ། དེ་དག་ལས་མཁའ་གསང་བྱིན་གྱིས་བརླབས་པ་ནི། ཕ་མ་འདོད་པའི་ཀུན་སྦྱོར་ལ་ ཞུགས་པ་དང༌། དེ་བཞིན་གཤེགས་པ་རྣམས་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་མཉམ་ པར་བཞག་པ་མཚོན་པ་ཡིན་ནོ། །སངས་རྒྱས་བྱང་སེམས་ཀྱི་ཚོགས་དགུག་པ་ནི། སྐྱེ་བ་པོ་ ཉིད་མཚམས་སྦྱོར་བ་དང༌། དེ་བཞིན་གཤེགས་པ་རྣམས་སྤྲུལ་པའི་སྐུ་སྤྲུལ་པའི་རྒྱུ་བདེ་བ་ ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། མཚོན་པ་ཡིན་ནོ། །འཁོར་གྱི་ལྷ་མོ་སྤྲོ་བ་ ནི། ལུས་ཅན་རྣམས་སྐྱེ་བ་བླང་ནས་རང་གི་བྱ་བ་ལ་གནས་པ་དང༌། དེ་བཞིན་གཤེགས་པའི་ སྤྲུལ་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པ་མོས་པ་ཡིན་ནོ། །གསུམ་པ་ཞུ་བ་གླུས་ 21-1-239 བསྐུལ་བ་ལ། བར་དོའི་རྣམ་པར་ཤེས་པ་གཞུག་པ། རྒྱུ་རྡོ་རྗེ་འཛིན་ལ་ཡབ་ཡུམ་ཞུ་བ། ལྷ་མོ་ བཞིའི་གླུས་བསྐུལ་བ་དང་གསུམ་ལས། དང་པོ་གོ་སླ་ཞིང༌། གཉིས་པ་ནི། ཡབ་ཡུམ་གཉིས་ རྗེས་ཆགས་ཀྱི་སེམས་ཀྱི་ཞུ་བ་སྟེ། དེ་ཡང་མངོན་བྱང་ལྔ་བསྐྱེད་ནས་ཡེ་ཤེས་པ་བསྟིམ་པའི་ བར་རྗེས་ཆགས་ཀྱི་ཡན་ལག་ཡིན་ཀྱང༌། རྗེས་ཆགས་ཀྱི་གཙོ་བོར་རྒྱུ་རྡོ་རྗེ་འཛིན་པ་ཞུ་བ་ ཉིད་ཡིན་པས། སྔགས་ཀྱི་ང་རྒྱལ་བཟུང་བ་སྐབས་འདིར་བརྗོད་དགོས་པ་ཡིན་ནོ། ། གསུམ་པ་ལྷ་མོ་བཞིས་བསྐུལ་བ་ནི། ཚད་མེད་བཞི་དང༌། སྤྱན་མ་ལ་སོགས་པ་ལྷ་མོ་ བཞིའི་ངོ་བོར་གྱུར་པའི་པུཀྐ་སཱི་སོགས་མཚམས་ཀྱི་ལྷ་མོས་ཞེས་ཚིགས་སུ་བཅད་པ་རེ་རེས་ བསྐུལ་བ་ཡིན་ཏེ། དེ་ཡང་རིམ་པ་བཞིན་དུ། ཐུགས་རྗེ་ཆེན་པོའི་སྒོ་ནས་དང༌། གནད་ལ་ བོར་བའི་སྒོ་ནས་དང༌། རབ་ཏུ་བསྐུལ་བའི་སྒོ་ནས་དང༌། ཐུགས་ཤེས་པའི་སྒོ་ནས་བསྐུལ་བ་ ཡིན་ནོ། །དེ་དག་ལས་བར་དོའི་རྣམ་ཤེས་གཞུག་པ་ནི། བར་སྲིད་ཀྱི་སེམས་ཅན་སྐྱེ་གནས་ ལ་དམིགས་ནས་འཇུག་པ་དང་། དེ་བཞིན་གཤེགས་པས་འགྲོ་བའི་དོན་གྱི་དུས་མཁྱེན་པ་ མཚོན་པ་དང༌། ཡབ་ཡུམ་ཞུ་བ་ནི་མངལ་དུ་སྲོག་ཆགས་པ་དང༌། འགྲོ་དོན་གྱི་རྒྱུ་ཐུགས་ རྗེ་ཆེན་པོའི་ཏིང་ངེ་འཛིན་བདེ་བ་ཆེན་པོའི་ཡེ་ཤེས་སུ་གནས་པ་དང་མཚུངས་པ་ཡིན་ཞིང༌། གླུས་བསྐུལ་བ་ནི། མངལ་དུ་ཆགས་པ་ནས་རྒྱུ་ཁུ་ཁྲག་འདྲེས་པ་ལ་ཡོད་པའི་འབྱུང་བ་བཞི་ དང་གྲོགས་མའི་མངལ་གྱིས་འབྱུང་བ་བཞི་སས་སྲ་བར་བྱེད། ཆུས་སྡུད་པར་བྱེད། མེས་ སྨིན་པར་བྱེད། རླུང་གིས་རྒྱས་པར་བྱེད་པ་དང༌། ཚད་མེད་བཞིས་ཐུགས་རྗེ་ཆེན་པོའི་ཏིང་ངེ་ འཛིན་བསྐུལ་བ་མཚོན་པ་ཡིན་ནོ། །བཞི་པ་འབྲས་བུས་རྡོ་རྗེ་འཛིན་པ་བཞེངས་པ་ནི། ཡན་ ལག་བཞི་པ་སོགས་མངོན་རྟོགས་རྒྱས་པའི་ཕྱོགས་ལ་མངོན་བྱང་ལྔ་བསྐྱེད་ཡོད་པ་ལྟར་ན། སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ་སྔ་མའི་རིམ་པས་འདྲེའོ། །མངོན་རྟོགས་ཕལ་ཆེ་བ་ལས་འོད་ ཀྱི་གོང་བུ་ལས་ས་བོན་དང་། དེ་ལས་འབྲས་བུས་རྡོ་རྗེ་འཛིན་པ་བསྐྱེད་པར་བཤད་པ་ཡིན་ 21-1-240 ཏེ། ཇི་སྐད་དུ་རྩ་རྒྱུད་ལས། ཧཱུཾ་དང་ཨཾ་གི་རྡོ་རྗེ་ཆེ། ཁུ་བའི་གཟུགས་ལས་བཞེངས་ནས་ནི། ། ཞེས་གསུངས་པ་ལྟར་འཆད་དགོས་པའི་ཕྱིར་རོ། །དེ་ཡང་འོད་ཀྱི་གོང་བུ་ལས་ས་བོན་འོད་ ཟེར་འབར་བ་གྲུབ་པས་ནི། མངལ་གྱི་གནས་སྐབས་བཅུ་ཆར་མཚོན་ལ། ས་བོན་དེ་ལས་ འབྲས་བུས་རྡོ་རྗེ་འཛིན་པ་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྐྱེད་པ་ནི་མའི་མངལ་ནས་བཙས་པ་ མཚོན་ཅིང༌། དེ་རྣམས་ཉིད་ཀྱིས་སྤྲུལ་པའི་སྐུ་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་སྐུ་བལྟམས་ པའང་མཚོན་པ་ཡིན་ནོ། ། ལྔ་པ་ནི་འོད་ཟེར་སྤྲོ་བསྡུས་ཞིང་སྦྱོང་བ་ནི། ལྷའི་ཐུགས་ཀར་ས་བོན་གདན་དང་བཅས་ པ་ཙམ་བསྒོམས་པས་ཀྱང་སེམས་དཔའ་སུམ་བརྩེགས་དོན་གྱི་སྒོམ་པ་ཡིན་ཏེ། དེ་ཡང་ ས་བོན་གྱི་ཡི་གེ་གདན་དང་བཅས་པ་ནི་ཡེ་ཤེས་སེམས་དཔའ་དང༌། ཟླ་ཕྱེད་ཐིག་ལེ་ནཱ་ད་ རྣམས་ནི་ཏིང་ངེ་འཛིན་སེམས་དཔའ་མཚོན་པ་ཡིན་ནོ། །འདི་ལ་སློབ་དཔོན་མི་ཐུབ་ཟླ་བས་ སྒྲུབ་ཐབས་ཡན་ལག་དྲུག་པར་སེམས་དཔའ་སུམ་བརྩེགས་དངོས་སུ་བསྐྱེད་པ་བཤད་དེ། འདིས་ནི་མངལ་ནས་བཙས་པའི་སེམས་ཅན་གྱི་སེམས་གྱི་ནུས་པ་གོང་ནས་གོང་དུ་འཕེལ་བ་ དང༌། སྤྲུལ་པའི་སྐུ་བལྟམས་ནས་ཡེ་ཤེས་ལྷག་པར་སྤྲོ་བ་མཚོན། འོད་ཟེར་སྤྲོ་བསྡུས་ཞིང་ སྦྱང་བ་ནི། སྣོད་བཅུད་འཛིན་པའི་འདུ་ཤེས་རགས་པ་ལྷག་པར་རྒྱས་པ་དང༌། རྫོགས་སྨིན་ སྦྱང་གསུམ་གྱི་ལྷག་མ་ལ་ཅི་རིགས་པར་སྤྱོད་པ་མཚོན་པ་ཡིན་ནོ། ། དྲུག་པ་སྐྱེ་མཆེད་བྱིན་གྱིས་བརླབས་པ་ནི། ལུས་ངག་ཡིད་གསུམ་གྱི་ནུས་པ་འཕེལ་བ་ དང༌། སྐུ་གསུང་ཐུགས་ཀྱི་མཛད་པས་གདུལ་བྱ་ཡོངས་སུ་སྨིན་པར་མཛད་པ་མཚོན་པ་ཡིན་ ནོ། །གཉིས་པ་ཡེ་ཤེས་པ་གཞུག་པ་ནི་ལོ་བཅུ་དྲུག་གམ་བཅུ་གཉིས་ལོན་པ་ན་འདོད་པའི་ ཡུལ་རྣམས་ལ་བྱེ་བྲག་ཕྱེད་པས། ལུས་སེམས་ཀྱི་མཐུ་ཡོངས་སུ་རྫོགས་པ་དང༌། ཁྱིམ་ནས་ ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ཆགས་བྲལ་བརྙེས་པའི་ཚུལ་བསྟན་པ་མཚོན་པ་ཡིན་ནོ། །དེ་ 21-1-241 དག་ནི་རྗེས་ཆགས་ཀྱི་ཡན་ལག་ཡིན་ཏེ། མངོན་བྱང་གི་ཚེ་ཉི་ཟླ་ཁ་སྦྱོར་གྱི་རྗེས་ཆགས་དང་ རྒྱུ་རྡོ་རྗེ་འཛིན་པ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་ཞལ་སྦྱོར་གྱི་རྣམ་པ་ཅན་གྱི་རྗེས་ཆགས་ དང༌། དམ་ཚིག་སེམས་དཔའ་ལ། ཡེ་ཤེས་པ་བསྟིམས་པས་ཀྱང་བདེ་བ་ཆེན་པོ་སྐྱེ་བ་དང༌། འཁོར་གྱི་ལྷ་མོ་སྤྲོ་བ། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་བ་གཉིས་ནི་རྗེས་ཆགས་དངོས་ཡིན་ པས་སོ། ། དེ་ལྟར་རྗེས་ཆགས་དེ་རྣམས་རྡོ་རྗེ་སེམས་དཔའི་ཡན་ལག་ཡིན་ཏེ། རྡོ་རྗེ་སེམས་དཔའ་ ནི་བདེ་བ་ཆེན་པོའི་ངོ་བོ་དང༌། རིགས་ཐམས་ཅད་ཀྱི་ཁྱབ་བདག་ཡིན་ལ། ཡན་ལག་འདི་ ཡང༌། བདེ་བ་ཆེན་པོའི་ལམ་དངོས་དང༌། ཡན་ལག་དྲུག་གི་གཙོ་བོ་ཡིན་པའི་ཕྱིར་དེ་དང་ཆ་ མཐུན་ནོ། །གསུམ་པ་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་ལ་དེ་ཉིད་ཀྱི་དག་སྦྱོར་དང༌། དབང་གཞིའི་ས་མཚམས་དབྱེ་བ་དང༌། རྒྱས་གདབ་ཀྱི་དབྱེ་བ་བཤད་པ་སྟེ་གསུམ་ལས། དང་པོ་ནི། སྔར་བཤད་པའི་སྟེང་དུ་དབང་བསྐུར་བས་ལྷའི་རྣལ་འབྱོར་རྫོགས་པར་ཚང་བ་ ཡིན་ལ། དེ་ཉིད་རང་རང་གི་རིགས་དང་རྗེས་སུ་འབྲེལ་བས། ལས་ཀྱི་མཐའ་ལ་གནས་ པ་དང༌། བྱང་ཆུབ་སྙིང་པོར་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའི་རྐྱེན་གྱིས་མངོན་ པར་རྫོགས་པར་སངས་རྒྱས་པའི་མཛད་པ་སྟོན་པ་ཡིན་ནོ། །གཉིས་པ་ནི་སྨིན་མཚམས་ཀྱི་ འཁོར་ལོ་དང༌། མགྲིན་པ་དང༌། སྙིང་ཁ་རྣམས་རིམ་པ་བཞིན་ལུས་ངག་ཡིད་གསུམ་གྱི་སྣང་ བ་འབྱུང་བའི་རྩ་ཡི་གེའི་གནས་ཡིན་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་གནས་འཇོག་པ་དང་། ལུས་ཀྱི་དྲི་མ་དག་བྱེད་བུམ་དབང༌། ངག་གི་དྲི་མ་དག་བྱེད་གསང་དབང༌། ཡིད་ཀྱི་དྲི་མ་དག་ བྱེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་པའི་ཕྱིར། སྨིན་མཚམས་ཡན་ཆད་གང་བ་བུམ་པ་བུམ་ དབང༌། མགྲིན་པ་ཡན་ཆད་གང་བ་གསང་དབང༌། སྙིང་ཁ་ཡན་ཆད་གང་བ་ཤེས་རབ་ཡེ་ ཤེས་ཀྱི་དབང་གི་མཚོན་དོན་དུ་འཇོག་པ་ཡིན་ནོ། །དབང་བཞི་པ་དྲི་མ་མཐའ་དག་སྦྱོང་བྱེད་ 21-1-242 ཡིན་པའི་ཕྱིར་བདུད་རྩིའི་རྒྱུན་གྱིས་ལུས་གང་བ་དང་སྦྱོར་བ་ཡིན་ནོ། །བུམ་དབང་གི་དག་ པའི་སྐབས་སུ། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ་ལ་སོགས་པ་བསམ་པ་ནི་བུམ་དབང་གི་ལམ་ བསྐྱེད་པའི་རིམ་པ་ཡིན་ལ། དེ་མཐར་ཕྱིན་ཚད། རུས་པའི་ཕྱག་རྒྱ་ལྔ་ལ་གསལ་སྣང་ཐོབ་ པ་ཡིན་ནོ། །གསང་དབང་གི་དག་པའི་ཚེ་ལྟེ་བ་སྤྲུལ་པའི་འཁོར་ལོ་ལས་ཀྱི་ཕྱག་རྒྱ་སོགས་ བསམ་པ་ནི། གསང་དབང་གི་ལམ་རང་བྱིན་གྱིས་བརླབས་པ་ཡིན་ལ། དེ་ཉིད་འཁོར་ལོ་ བཞི་ལ་གནད་དུ་བསྣུན་པ་ཡིན་པས་སོ། །ཤེར་དབང་གི་དག་པའི་ཚེ། མིག་ཏུ་གཏི་མུག་རྡོ་རྗེ་ མ་ལ་སོགས་པ་བསམ་པ་ནི། ཤེར་དབང་གི་ལམ་དཀྱིལ་འཁོར་འཁོར་ལོ་ལ། དེ་ཉིད་མཐར་ ཕྱིན་པའི་ཚད། རྩ་རྣམས་བྱང་ཆུབ་སེམས་ཀྱི་གང་སྟེ། འཇུག་ཤེས་དྲུག་བདེ་སྟོང་གི་ཡེ་ཤེས་ འཆར་བས་སོ། །དབང་བཞི་པའི་མཐར་རིགས་བདག་འབྱུང་བ་ནི། དབང་དེ་བསྐུར་བས་ དབང་གི་བྱ་བ་ཐམས་ཅད་རྫོགས་པར་མཚོན་པ་ཡིན་ནོ། །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ ལས་རིགས་བདག་འབྱུང་བ་ནི། དབང་བཞི་པའི་ལམ་རྡོ་རྗེ་རྦ་རླབས་ཀྱི་སྐབས་སུ་བྱང་ཆུབ་ སེམས་ཀྱི་བསྒྲོད་པ་དང༌། རྩ་རྣམས་གཙུག་ཏོར་དུ་ཐིམ་པ་མཚོན་པ་ཡིན་ནོ། ། གསུམ་པ་རྒྱས་གདབ་ཀྱི་དབྱེ་བ་བཤད་པ་ལ། སྤྱིར་གཟུགས་ཅན་དུ་སྣང་བ་ཐམས་ཅད་ རྣམ་རིག་ཙམ་ཡིན་པ་ནི། ལུས་ལ་སེམས་ཀྱི་རྒྱས་གདབ་དང༌། སེམས་ཉིད་ཁམས་གསུམ་ གྱི་དངོས་པོར་སྣང་བ་ནི། སེམས་ལ་ལུས་ཀྱི་རྒྱས་གདབ་པ་དང༌། དངོས་པོ་ཐམས་ཅད་རྒྱུ་ འབྲས་ཕན་ཚུན་འབྲེལ་བ་ཅན་ཡིན་པ་ནི་རྒྱུ་ལ་འབྲས་བུ་རྒྱས་གདབ་ཅིང༌། འབྲས་བུ་ལ་ རྒྱུས་གདབ་པ་མཚོན་པ་དང༌། ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པ་ནི། ངོ་བོ་ཉིད་ ཀྱི་རྒྱས་གདབ་པ་མཚོན་པ་ཡིན་ནོ། །དེ་རྣམས་དང་མཐུན་པར་ལྷ་རྣམས་ཀྱང་རིགས་བདག་ གི་རྒྱས་གདབ་པ་ཡིན་ཏེ། གཙོ་བོ་ཡབ་ཡུམ་མི་བསྐྱོད་པའི་རིགས་ལ། མི་བསྐྱོད་པས་དབུ་ བརྒྱན་པ་ནི། ངོ་བོ་ཉིད་ཀྱི་རྒྱས་གདབ་པ་དང༌། གཽ་རི་རྣམ་སྣང་གི་ངོ་བོ་དང༌། པུཀྐཱ་སི་སངས་ 21-1-243 རྒྱས་སྤྱན་མའི་ངོ་བོ་ལ་མི་བསྐྱོད་པའི་དབུ་བརྒྱན་པ་ནི། ལུས་ལ་སེམས་ཀྱི་རྒྱས་གདབ་པ་ དང༌། ཙཽ་རི་རིན་འབྱུང་དང༌། ཤཱ་ཝཱ་རཱི་མཱ་མ་ཀཱི་ལ་རྣམ་པར་སྣང་མཛད་ཀྱི་དབུ་བརྒྱན་པ་ ནི། སེམས་ལ་ལུས་ཀྱི་རྒྱས་གདབ་པ་ཡིན་ནོ། །བཻ་ཏ་ལི་འོད་དཔག་མེད་ཀྱི་ངོ་བོ། ཙནྚ་ལི་ གོས་དཀར་མོའི་ངོ་བོ་ལ། རིན་ཆེན་འབྱུང་ལྡན་གྱི་དབུ་བརྒྱན་པ་ནི། རྒྱུ་ལ་འབྲས་བུས་རྒྱས་ གདབ་པ་དང༌། གྷསྨ་རི་དོན་ཡོད་གྲུབ་པའི་ངོ་བོ་དང༌། ཌོམ་བི་ནི་དམ་ཚིག་སྒྲོལ་མའི་ངོ་བོ་ལ་ འོད་དཔག་མེད་ཀྱིས་དབུ་བརྒྱན་པ་ནི། འབྲས་བུ་ལ་རྒྱུས་གདབ་པ་མཚོན་ནོ། །དེ་ལྟར་རྒྱས་ གདབ་བྱ་དང་འདེབས་བྱེད་གཉིས་རིགས་གཅིག་པ་ནི་ངོ་བོ་ཉིད་ཀྱི་རྒྱ་དང༌། རྣམ་པར་སྣང་ མཛད་གཟུགས་ཕུང་རྣམ་པར་དག་པ་སྐུ་རྡོ་རྗེ་དང༌། མི་བསྐྱོད་པ་རྣམ་པར་ཤེས་པ་རྣམ་པར་ དག་པ་ཐུགས་རྡོ་རྗེ་དང༌། འོད་དཔག་མེད་འདོད་ཆགས་རྣམ་པར་དག་པ་དང༌། རིན་འབྱུང་ ང་རྒྱལ་དང་སེར་སྣ་རྣམ་པར་དག་པ་དང༌། དོན་ཡོད་གྲུབ་པ་ཕྲག་དོག་རྣམ་པར་དག་པ་ཡིན་ ཞིང༌། དེ་ལྟར་ཉོན་མོངས་པ་བཞི་ལས་འདོད་ཆགས་ནི་རྒྱུ་ཡིན་ལ། གཞན་ནི་འབྲས་བུའོ། ། དེའི་རྒྱུ་མཚན་ནི། རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་དང༌། ཚོར་བ་དང༌། ཉེར་སྤྱོད་རྣམས་ ལ་ཆགས་པ་ནི་འདོད་ཆགས་ཡིན་ལ། དེ་ལ་བརྟེན་ནས་རང་རྒྱུད་ཀྱིས་ཕུང་པོ་ལ་དམིགས་ ནས་མཐོ་བར་སེམས་པ་ནི་ང་རྒྱལ་དང༌། ཡོ་བྱད་ལོངས་སྤྱོད་རྣམས་ལ་བརྐམ་ཞིང་ཆགས་ པ་ནི་སེར་སྣ་དང༌། བདག་ཉིད་ལ་ཆགས་པའི་རྐྱེན་གྱིས་གཞན་གྱི་ཕུན་སུམ་ཚོགས་ལ་སྡང་ བའི་ཕྲག་དོག་ཀྱང་འབྱུང་ངོ༌། །དེ་ལྟར་དབང་བསྐུར་བ་ནི་མི་བསྐྱོད་པའི་ཡན་ལག་ཡིན་ཏེ། དབང་བསྐུར་བ་ནི་བུམ་ཆུའི་བྱ་བ་དང་འབྲེལ་བ་ཡིན་ལ། ཆུ་ཁམས་རྣམ་པར་དག་པ་མཱ་མ་ ཀཱི་དང༌། མཱ་མ་ཀི་མི་བསྐྱོད་པའི་ཡུམ་ཡིན་པས་སོ། །ལྷ་ལ་དབང་བསྐུར་བའི་བྱ་བ་ཡོངས་ སུ་རྫོགས་པ་ན། དེ་ཉིད་ཀྱི་ང་རྒྱལ་བཟུང་བར་བྱ་བ་ཡིན་ཏེ། དབང་བསྐུར་བའི་ཡན་ལག་གི་ ས་མཚམས་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ། །འདི་ནི་འོག་ནས་འབྱུང་བའི་ཡན་ལག་ཕྱི་མ་ 21-1-244 གསུམ་ལའང་རིགས་འདྲེའོ། ། བཞི་པ་ནི། དམ་ཚིག་རྫས་དངོས་སུ་ཡོད་ན་མཆོག་ཡིན་ལ། མེད་ཀྱང་བསམ་པས་རུང་ སྟེ། གསང་འདུས་ལས། ཤ་རྣམས་ཐམས་ཅད་མེད་ན་ཡང༌། །ཐམས་ཅད་བསམ་པས་རྣམ་ པར་དག །རྡོ་རྗེ་སྦྱོར་བ་འདི་ཡིས་ནི། །སངས་རྒྱས་ཐམས་ཅད་བྱིན་གྱིས་བརླབས། །ཞེས་ གསུངས་སོ། །བདུད་རྩི་མྱང་བ་ནང་གི་མཆོད་པ་ཡིན་ནའང༌། མཆོད་པའི་ཡན་ལག་ལས་ ཟུར་དུ་ཕྱུང་བ་ནི། རྒྱལ་བ་རིགས་དྲུག་གི་དག་པའི་མངོན་རྟོགས་ཡན་ལག་དྲུག་འཇོག་ དགོས་པའི་རྒྱུ་མཚན་གྱིས་སོ། །དེ་ལྟར་ན་བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་ ཡིན་ཏེ། བདུད་རྩི་ནི་མགྲིན་པར་མྱང་བ་ཡིན་ལ། མགྲིན་པ་ནི་ངག་གི་གནས་པའི་ཕྱིར་དང༌། ངག་གི་རྣམ་པར་དག་པ་འོད་དཔག་མེད་ཡིན་པས་སོ། ། ལྔ་པ་ནི། གོང་དུ་སྨོས་པ་ལྟར་རིག་མ་བརྒྱད་ཀྱི་མཆོད་པ་འདི་ལ། ཕྱི་ནང་གསང་གསུམ་ གྱི་མཆོད་པ་ཚང་བ་ཡིན་ཞིང༌། མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་ཡིན་ཏེ། ལྷ་རྣམས་ འཕྲིན་ལས་ལ་བསྐུལ་བ་ནི་མཆོད་པ་ལ་རགས་ལས་ཤིང༌། དོན་ཡོད་གྲུབ་པ་ཡང༌། སངས་ རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་ངོ་བོ་ཡིན་པས་སོ། །དྲུག་པ་ནི། ཁྱོད་ནི་རྣལ་འབྱོར་མ་ ཚོགས་ཡོངས་སུ་བསྐོར། །ཞེས་སོགས་ཀྱིས་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་སྒོ་ནས་ བསྟོད་པ་ཡིན་ལ། བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་ཏེ། རིན་ཆེན་འབྱུང་ལྡན་ སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཀྱི་ངོ་བོ་ཡིན་ཞིང༌། བསྟོད་པ་ཡང་ཡོན་ཏན་བརྗོད་པའི་ ཚིག་ཡིན་པས་སོ། །དེ་ལྟར་བདུད་རྩི་མྱང་བ་དང་མཆོད་པ་དང་བསྟོད་པ་སྟེ་ཡན་ལག་གསུམ་ བསྒོམས་པས། གཞི་འཁོར་བའི་ཆོས་ལ་སེམས་ཅན་རྣམས་གནས་དང་ལོངས་སྤྱོད་དང༌། ཉེ་བར་སྤྱོད་པ་རྣམས་ལ་རང་དབང་དུ་གྱུར་ཞིང༌། ལོངས་སྤྱོད་པ་མཚོན་པས་སྤྱོད་པ་དང༌། འབྲས་བུའི་ཆོས་ལ་མངོན་སངས་རྒྱས་ནས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པ་ 21-1-245 དང་བསྟོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ལམ་དུ་བྱེད་པ་ཡིན་ནོ། །དེ་ལྟར་ ན་བསྐྱེད་རིམ་གྱི་དམིགས་པའི་གཙོ་བོ་ཐམས་ཅད་ལ་སྦྱང་བྱ་འཁོར་བའི་རྣམ་པ་དང་མཐུན་ པས་དེ་སྦྱོང་བ་དང༌། སྦྱངས་འབྲས་མྱ་ངན་འདས་པའི་རྣམ་པ་དང་མཐུན་པས། འབྲས་བུ་ ལམ་དུ་བྱེད་པ་གཉིས་ཚང་དགོས་ཤིང༌། དེ་དག་ལ་བླ་མ་གོང་མ་རྣམས་ཀྱིས། མར་བལྟས་ འཁོར་བའི་འདྲ་འབག་དང་མཐུན་པ་དང་། ཡར་བལྟས་རྣམ་བྱང་གི་འདྲ་འབག་དང་མཐུན་པ། ཞེས་གསུངས། གཉིས་པ་ལྷའི་རྣམ་པ་ལ་དམིགས་པ་ནི། ལྷའི་རྣམ་པ་ལ་བསླབ་པ་དང༌། ང་ རྒྱལ་ལ་བསླབ་པ་གཉིས་སུ་འདུས་ཤིང༌། ལྷའི་རྣམ་པ་ལ་བསླབ་པ་ལ། དཀྱིལ་འཁོར་ཐམས་ ཅད་ཅིག་ཅར་དུ་གསལ་འདེབས་པ་དང༌། རིམ་གྱི་གསལ་འདེབས་པའི་ཚུལ་གཉིས་ལས། རིམ་གྱིས་གསལ་འདེབས་པའི་ཚུལ་ལ་ལུགས་མི་འདྲ་བ་མང་ན་ཡང༌། བརྒྱུད་པ་འདི་དང་ རྗེས་སུ་འབྲེལ་བ་ནི། མཚོ་སྐྱེས་ལུགས་ཀྱི་ལམ་སྐོར་ནས་འབྱུང་བ་ལྟར། དམིགས་ཐུན་སུམ་ ཅུ་སོ་གཉིས་དང༌། དག་པ་གསུམ་གྱི་ཁྲིད་ནས་འབྱུང་ལྟར། དམིགས་ཐུན་བདུན་དང༌། བིརྺ་ པའི་ལུགས་ཀྱི་གདམས་པ་ལ་དམིགས་ཐུན་བཅུ་བདུན་འབྱུང་བ་སྟེ། ལུགས་གསུམ་དུ་ཡོད། གཉིས་པ་ང་རྒྱལ་ལ་བསླབ་པ་ནི། བདག་ཉིད་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་དངོས་ཡིན་སྙམ་ པ། སྤྱིར་བསླབ་པ་དང་། བྱེ་བྲག་ཏུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་ཆ་ ཤས་རེ་རེ་ལ་བསླབ་པར་བྱ་བ་ཡིན་ཅིང༌། དེ་ཡང་བདག་ཉིད་ཀྱིས་བསྒོམས་པའི་ཞལ་བརྒྱད་ ནི། ཀྱཻ་རྡོ་རྗེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྣམ་ཐར་བརྒྱད་ཀྱི་ཡེ་ཤེས་ཡིན་པ་ སོགས་ཐམས་ཅད་ལ་སོ་སོ་ནས་བསླབ་པར་བྱ་བ་ཡིན་ཏེ། དེ་ལ་ཐ་མལ་གྱི་སྣང་བའི་གཉེན་ པོར་ལྷའི་རྣམ་པ་ལ་བསླབ་པ་དང༌། ཐ་མལ་དུ་འཛིན་པའི་གཉེན་པོར་ལྷའི་ང་རྒྱལ་ལ་བསླབ་ པ་ཡིན་ནོ། །ལམ་འདི་གཉིས་བསྒོམས་པས་གསལ་སྣང་ཐོབ་པའི་ཚེ། སྡུག་བསྔལ་བདེན་པ་ མངོན་གྱུར་པ་འགག་ཅིང་འཁོར་བ་སྤོང་བ་ཡིན་ཏེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ 21-1-246 ཀྱིས། ཐ་མལ་རྣམ་རྟོག་རྒྱུན་འདི་མ་གཏོགས་པ། །སྲིད་པའི་སྡུག་བསྔལ་གཞན་ཅིའང་ཡོད་ མ་ཡིན། །དེ་དང་རྣམ་པར་འགལ་བར་གྱུར་པའི་ཡིད། །དེས་ནི་མངོན་སུམ་དུ་ནི་རྟོགས་པར་ འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་རང་བཞིན་ཅན། །གང་ཡིན་དེས་ནི་ཀུན་རྟོག་འཆར་མི་བྱེད། ། ཅེས་གསུངས་སོ། ། གཞན་ཡང་ལྷའི་རྣམ་པ་དང༌། མོས་པ་སྒོམ་པས་གྲོལ་བར་འགྱུར་བ་ནི། ལམ་བྱེད་བཞི་ ཚང་བའི་རྒྱུ་མཚན་གྱིས་ཡིན་ནོ། །ལམ་བྱེད་བཞི་ནི། འབྲས་བུ་ལམ་དུ་བྱེད་པ། རྣམ་པ་ལམ་ དུ་བྱེད་པ། མོས་པ་ལམ་དུ་བྱེད་པ། བྱིན་རླབས་ལམ་དུ་བྱེད་པ་སྟེ་བཞིའོ། །དེའི་དང་པོ་ནི། བསྐྱེད་རིམ་གྱི་དམིགས་པ་ལ། འབྲས་བུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མཛད་པ་འཕྲིན་ ལས་དང་བཅས་པར་མོས་ཞིང་ཞེན་པས། དེ་ཉིད་ཐོབ་པར་འགྱུར་བ་ཡིན་ཏེ། ནོར་བུའི་འོད་ ལ་ནོར་བུར་ཞེན་པས་མཐར་ནོར་བུ་ཐོབ་ནུས་པ་བཞིན་ནོ། །གཉིས་པ་ནི། སངས་རྒྱས་ཀྱི་ སྐུ་གསུང་ཐུགས་ཀྱི་རྣམ་པ་ཡིད་ལ་བྱས་པས་ཐོབ་པར་འགྱུར་བ་ཡིན་ཏེ། དཔེར་ན་བསམ་ གཏན་པ་འགའ་ཞིག་གིས་མེའི་རྣམ་པ་ཡིད་ལ་བྱས་པས། ཟད་པར་མེའི་ཏིང་ངེ་འཛིན་ཐོབ་ ནས་བདུད་ཀྱི་གནས་སུ་མེ་སྤྲུལ་ནུས་པ་བཞིན་ནོ། །གསུམ་པ་ནི་དེ་ལྟར་སྒོམ་པའི་དཀྱིལ་ འཁོར་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་དངོས་སུ་མོས་པ་མཐར་ཕྱིན་པ་ན། དེ་ཉིད་ཐོབ་པར་འགྱུར་བ་ཡིན་ཏེ། ཤཱ་རིའི་བུས་དམྱལ་བའི་མེ་ཆུར་མོས་པས་དངོས་སུ་ཆུར་ འགྱུར་བ་ཡིན་ནོ། །བཞི་པ་ནི། ལྷག་པའི་ལྷས་བྱིན་བརླབས་པས་ཀྱང་གྲོལ་བར་འཐད་དེ། ཡི་དམ་ལྷའི་བྱིན་རླབས་ཙམ་གྱི་ཏིང་ངེ་འཛིན་བཟང་པོ་སྐྱེས་ཤིང་ས་དང་ལམ་གྱི་མངོན་པར་ རྟོགས་པ་རྒྱུད་ལ་སྐྱེ་བས་མཐར་སངས་རྒྱས་ཉིད་དུ་འགྱུར་ཏེ། ལྕི་བའི་གོང་བུ་གསེར་དུ་བྱིན་ གྱིས་བརླབས་པས་གསེར་དུ་གྱུར་པ་བཞིན་ནོ། །དེ་ལྟར་ལམ་བྱེད་བཞི་པོ་འདི་དག་བསྐྱེད་ རིམ་ཐམས་ཅད་ཀྱི། དམིགས་པའི་གཙོ་བོ་ཀུན་ལ་ཚང་བ་དང༌། བསྐྱེད་རིམ་གྱི་རྣལ་འབྱོར་ 21-1-247 ལ་འཇུག་པ་ནས་བརྩམས་ཏེ། ལྷ་སྐུ་ལ་སེམས་འཛིན་པའི་བར་ཐམས་ཅད་དུ་ལྷའི་རྣམ་པ་ ལ་བསླབ་པ་དང༌། ང་རྒྱལ་ལ་བསླབ་པ་གཉིས་ཚང་དགོས་ཤིང༌། གཉིས་ཀའང་རྒྱ་ཆེ་བ་དང་ གསལ་བའི་ངོ་བོ་ཡིན་ལ། དེ་དག་སྟོང་ཉིད་རྟོགས་པའི་ལྟ་བས་ཟིན་པའི་ཚེ་ཟབ་པའི་རྣལ་ འབྱོར་ཡང་ཡིན་པས་ཟབ་པ་དང་རྒྱ་ཆེ་བའམ། ཟབ་གསལ་གཉིས་སུ་མེད་པ་ལ་བསླབ་པ་ ཡིན་ནོ། ། གཉིས་པ་རྫོགས་རིམ་ནི་གང་ལ་གནད་དུ་བསྣུན་པའི་གཞི། བརྟེན་དཀྱིལ་བཞིའི། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས་ཏེ། གསུམ་དུ་གྲགས་པ་དང༌། དབང་གོང་མ་གསུམ་དང་འབྲེལ་བའི་རྫོགས་རིམ་གྱི་རྣམ་བཞག་ཞིབ་མོར་གཏན་ལ་དབབ་ དགོས་མོད། རྒྱས་པར་གཞན་དུ་ཤེས་པར་བྱའོ། །སྐབས་འདིར་དཀྱིལ་འཁོར་གྱི་འཁོར་ལོ་ བསྡུ་བའི་རིམ་པ་འོད་གསལ་དུ་འཇུག་པའམ། ཡང་ན་བཟླས་པའི་མཐར་བསྡུ་བས་ཀྱང་རུང་ སྟེ། དག་པ་དྲན་པ་དང་བཟླས་བརྗོད་ནི་རྗེས་སྦྱོང་ཡིན་པའི་ཕྱིར། དཀྱིལ་འཁོར་གྱི་འཁོར་ ལོ་ཡོངས་སུ་རྫོགས་པ་གསལ་གདབ་དགོས་པའི་ངེས་པ་མེད་ལ་དཀྱིལ་འཁོར་གྱི་འཁོར་ལོ་ ཡོངས་སུ་རྫོགས་པ་གསལ་བཞིན་པའི་ངང་ནས་དེ་ཉིད་བསྒོམས་ན་ཤིན་ཏུ་ལེགས་པའང་ ཡིན་པས་སོ། ། གཉིས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ། དག་པ་དྲན་པ། བཟླས་པའི་རྣལ་ འབྱོར། གཏོར་མའི་རྣལ་འབྱོར། ཁ་ཟས་ཀྱི་རྣལ་འབྱོར། སྤྱོད་ལམ་གྱི་རྣལ་འབྱོར། ཉལ་ བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། ཁྲུས་ཀྱི་རྣལ་འབྱོར་ཏེ་བརྒྱད་དོ། །སྙིང་རྗེའི་སྤྱན་ནི་ དམར་པོ་སྟེ་ཞེས་བྱ་བ་ལ་སོགས་པ་ངག་ཏུ་བརྗོད་ཅིང༌། དོན་ཞིབ་མོར་བསམ་པ་ཡིན་ཅིང༌། ཡན་ལག་ཀུན་ལ་རྡོར་འཛིན་མགོན། །ཞེས་པ་མཚོ་སྐྱེས་ཀྱི་སྒྲུབ་ཐབས་ནས་འབྱུང་བ་ཡིན་ ལ། གཞན་རྣམས་ནི་རྩ་རྒྱུད་ལས་འབྱུང་བ་བསྡུས་པའོ། །དེ་ལ་ཆོས་ཐམས་ཅད་དེ་བཞིན་ 21-1-248 ཉིད་ཀྱི་ངོ་བོར་རོ་གཅིག་པའི་བདག་ཉིད་ཀྱི་སྐུ་ལ་བྱམས་པའི་རང་བཞིན་སྐུ་མདོག་ནག་པོ། སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སྤྱན་དམར་བ། སྙིང་རྗེ་ཆེན་པོ་དང་དབྱེར་མེད་པས་རྣམ་ཐར་ སྒོ་གསུམ་མཚོན་པའི་རང་བཞིན་གྱི་ཞལ་རེ་རེ་ལ་སྤྱན་གསུམ་དང༌། རྣམ་ཐར་དག་པའི་ཞལ་ བརྒྱད་དེ། དེ་ཡང་རྩ་ཞལ་ནག་པོ་ནི་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཡས་ ཞལ་དཀར་པོ་གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། གཡོན་ཞལ་དམར་པོ་ཁྱད་པར་ སྡུག་པའི་རྣམ་ཐར་སྟེང་ཞལ་དུད་ཁ་འགོག་པའི་རྣམ་ཐར་ཞལ་ལྷག་མ་བཞི་ནི་གཟུགས་མེད་ ཀྱི་རྣམ་ཐར་བཞིའོ། །སྟོང་ཉིད་བཅུ་དྲུག་རྫོགས་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ཕྱག་བཅུ་དྲུག་ སྟེ། སྟོང་ཉིད་བཅུ་དྲུག་ནི། ནང་དང༌། ཕྱི་དང༌། ཕྱི་ནང་དང༌། ཆེན་པོ་དང༌། སྟོང་ཉིད་དང༌། དོན་དམ་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། མཐའ་ལས་འདས་པ་དང༌། ཐོག་ མ་དང་ཐ་མ་མེད་པ་དང༌། དོར་བ་མེད་པ་དང༌། རང་བཞིན་དང༌། རང་གི་མཚན་ཉིད་དང༌། ཆོས་ཐམས་ཅད་དང༌། དངོས་པོ་མེད་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ཉིད་རྣམས་ སོ། །དེ་ལ་དང་པོ་དྲུག་ནི་མཐོང་བྱ་དང་མཐོང་ཚུལ་གྱི་སྒོ་ནས་བཞག་པ་ཡིན་ལ། སྟོང་ཉིད་ཕྱི་ མ་གཉིས་ནི། རང་གི་ངོ་བོ་སྟོང་མི་སྟོང་གི་ཚུལ་གྱི་སྒོ་ནས་བཞག་པ་ཡིན་ཞིང༌། དེ་ལྟར་བརྒྱད་ ནི་གཡས་ཀྱི་ཕྱག་བརྒྱད་དོ། །སྟོང་ཉིད་བར་པ་བརྒྱད་ནི་གཡོན་གྱི་ཕྱག་བརྒྱད་དོ། ། སྟོང་ཉིད་བཅུ་དྲུག་གི་ངོས་འཛིན་སཾམྦུ་ཊིའི་རྒྱུད་ཕྱི་མ་ནས་འབྱུང་བ་དང༌། དབུས་མཐའ་ རྩ་འགྲེལ་ནས་འབྱུང་བ་ནི་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་སྣང་ངོ༌། །ཐོད་པ་བཅུ་ དྲུག་ནི། ཕྱག་བཅུ་དྲུག་དང་སྦྱོར་རྒྱུའི་བདེ་བ་ཆེན་པོ་བཅུ་དྲུག་ཏེ། དགའ་བ་བཅུ་དྲུག་གི་ རྣམ་པ་ཅན་ཡིན་ནོ། །གཡས་པའི་ཕྱག་ན་གནས་པའི་སྲོག་ཆགས་བརྒྱད་ནི། རྡོ་རྗེ་གུར་ ལས། བློ་དང་དབུགས་དང་དེ་བཞིན་སྨྱོ། ཁོང་སྐམ་འཛེ་དང་ཤྲི་ཛི་ཀ །མཆིན་པ་མཚེར་པའི་ ནད་རྣམས་ལ། །གློང་ལ་སོགས་རིམ་བཞིན་ཤེས་བྱ། །ཞེས་གསུངས་པ་ལྟར། སེམས་ཅན་ 21-1-249 གྱི་ནད་བརྒྱད་མཚོན་པ་ཡིན་ལ། དེ་དག་ཁ་ནང་དུ་ལྟ་བ་ནི་སྐུ་ལ་བསྡུ་བའི་ཚུལ་གྱིས་སེམས་ ཅན་རྣམས་ཀྱི་དེ་དག་སེལ་བར་མཚོན་པར་ཡིན་ནོ། །གཡོན་གྱི་ཐོད་པའི་ནང་གི་ལྷ་བརྒྱད་ ནི། དབང་ཕྱུག་བརྒྱད་མཚོན་པ་དང༌། དེ་དག་སེམས་ཅན་ལ་སྩལ་བ་ནི་གདོང་ཕྱིར་ཕྱོགས་ པས་མཚོན་པ་ཡིན་ནོ། །ཡོན་ཏན་བརྒྱད་ནི། ཁ་ཅིག་སྐུའི་དབང་ཕྱུག་ལ་སོགས་པ་མཆོག་གི་ དངོས་གྲུབ་བརྒྱད་ལ་སྦྱར་བ་ནི། གཡས་གཡོན་གྱི་གངས་དོད་མི་སྐོམ་ཤིང༌། ཁ་ཅིག་ཕྲ་ཡང་ ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ལ་སྦྱོར་བ་ནི། སྦྱོར་ཚུལ་མི་བདེ་བས། དེས་ན་བླ་མ་ གོང་མ་ཕལ་ཆེར་གྱི་བཞེད་པ་ལྟར་ཁམས་བརྒྱད་རྣམ་པར་དག་པའི། དབང་ཕྱུག་བརྒྱད་ཀྱི་ ཡོན་ཏན་མཚོན་པ་ཡིན་ནོ། །དེ་ལྟར་ན་ཁམས་བརྒྱད་པོ་དེ་རྣམས་ཀྱི། སྙིགས་མའི་ཆ་རྣམས་ ཟད་ཅིང༌། དྭངས་མ་རྣམས་སྟོབས་སུ་གྱུར་པ་སྟེ། དེ་ལས་སྟོབས་སུ་གྱུར་པས་ནི། སྲེད་མེད་ ཀྱི་བུ་ལྟ་བུར་སྟོབས་ཆེ་བ་དང༌། ཆུ་སྟོབས་སུ་གྱུར་པས་ན་ནད་དང་ཚོར་བ་སྡུག་བསྔལ་ཞི་བ་ དང༌། མེ་སྟོབས་སུ་གྱུར་པས་གཅིག་དང་དུ་མར་སྣང་བ་སོགས་ཆོ་འཕྲུལ་སྟོན་པ་དང༌། རླུང་ སྟོབས་སུ་གྱུར་པས་ནི། ཡིད་ཀྱི་ཤུགས་ཀྱིས་འགྲོ་བ་དང༌། ནམ་མཁའ་སྟོབས་སུ་གྱུར་པས་ ནི། སྣོད་བཅུད་ཀྱི་ཁྱད་པར་རྣམས་སྐྱེ་འཇིག་ནུས་པ་དང༌། ཟླ་བ་སྟེ་བྱང་སེམས་སྟོབས་སུ་ གྱུར་པས། གདོས་བཅས་ཀྱི་ལུས་རགས་པ་མི་སྣང་ཞིང་གྲིབ་མ་མེད་པ་དང༌། ཉི་མ་སྟེ་རྡུལ་ གྱི་ཁམས་སྟོབས་སུ་གྱུར་པས་ནི། གཟི་བརྗིད་ཆེ་ཤིང་འོད་འབར་ལ། སྐྱེ་བ་མང་པོ་དབང་དུ་ འདུ་བ་དང༌། རྣམ་ཤེས་ཀྱི་ཁམས་སྟོབས་སུ་གྱུར་པས་འདོད་སེམས་རྩེ་གཅིག་པའི་བདག་ ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པའོ། །ཞབས་བཞི་ནི་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་མཐུན་པ་དང་། དོན་སྤྱོད་པ་སྟེ་བསྡུ་བའི་དངོས་པོ་བཞི་རྣམ་པར་དག་པ། དེ་དག་གིས་ ཕུང་པོའི་བདུད་དང༌། ལྷའི་བུའི་བདུད་དང༌། འཆི་བདག་གི་བདུད་དང༌། ཉོན་མོངས་པའི་ བདུད་དོ། ། 21-1-250 གདུལ་བྱ་གཞན་རྒྱུད་ལ་གནས་པའི་དེ་དག་མཐའ་དག་འཇོམས་པ་ནི་རིམ་པ་བཞིན་ དུ། ཚངས་པ། དབང་པོ། ཉེ་དབང༌། དྲག་པོ་རྣམས་སོ། །མདུན་གྱི་ཞབས་གཡོན་བསྐུམས་ པ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་འཁོར་བའི་མཐའ་ལ་མི་གནས་པ་དང༌། གཡས་ བརྐྱངས་པ་ནི་ཐུགས་རྗེ་ཆེན་པོས་མྱ་ངན་འདས་པའི་མཐའ་ལ་མི་གནས་པ་དང༌། རྒྱབ་མ་ གཉིས་དཀྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་གནས་པ་ནི། ཐབས་ཤེས་ཟུང་དུ་འཇུག་པས། རྟག་ཆད་ཀྱི་མཐའ་དང་བྲལ་བ་དབུ་མ་ལ་གནས་པ་དང༌། མི་གནས་པའི་མྱ་ངན་ལས་འདས་ པ་ཡིན་ནོ། །ཞབས་བཞི་ཆར་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་སུ་མཛད་པ་ལྟར་གཡོན་གཉིས་ བསྐུམས་པས། འཁོར་བ་ལ་མི་གནས་པ་དང༌། གཡས་གཉིས་བརྐྱངས་པས། མྱང་འདས་ ཀྱི་མཐའ་གཉིས་ལ་མི་གནས་པ་དང༌། དེ་གཉིས་བསྡོམས་པས་ཐབས་ཤེས་ཟུང་འཇུག་ཏུ་ མཚོན་པ་ཡིན་ནོ། ། ཕྱི་རོལ་ཏུ་ལྷ་དང་ལྷ་མ་ཡིན་ལ་སོགས་པ་གདུག་པ་ཅན་རྣམས་འདུལ་བ་དང༌། ནང་ དུ་རྣམ་པར་རྟོག་པ་འཇོམས་པའི་ཕྱིར་དུ་ཁྲོ་བོའི་སྐུར་སྟོན་པའོ། །རྒྱན་གྱི་དག་པ་ནི། གུག་ བསྐྱེད་ཀྱིས་ནི་སངས་རྒྱས་ལྔ་ཞེས་མདོར་བསྟན་པ་དང༌། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། ། ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་པར་ཡིན་ཅིང༌། ཕྱག་རྒྱ་ལྔ་ནི་དེ་བཞིན་གཤེགས་པ་ ལྔའི་བདག་ཉིད་དུ་གནས་པ་དང༌། ཡེ་ཤེས་ལྔའི་དག་པར་གནས་པས་ན། ཡེ་ཤེས་ལྔ་ཡོངས་ སུ་རྫོགས་པ་མཚོན་པ་དང༌། ཐལ་ཆེན་གྱིས་སྐུ་ལུས་ཐམས་ཅད་བརྒྱན་པ་ནི་རྡོ་རྗེ་འཆང་ དང༌། བདེ་བ་ཆེན་པོའི་ཡེ་ཤེས་ལ་གནས་པ་མཚོན་པ་ཡིན་ནོ། ། རྣལ་འབྱོར་མའི་འཁོར་རྣམས་ཀྱི་དག་པ་ནི། རྩ་རྒྱུད་དངོས་བསྟན་ལས། བདག་མེད་ མ་ལྷ་མོ་བཅོ་ལྔའི་དག་པར་གསུངས་པ་ཐམས་ཅད་སྐབས་འདིར་རྣལ་འབྱོར་མ་ལྷ་དགུར་ བསྡུས་པ་ཡིན་ཏེ། དེ་ཡང་ས་སྤྱོད་མ་དང༌། མཁའ་སྤྱོད་མ་ནི་རྡོ་རྗེ་བདག་མེད་མ་དང༌། རྡོ་ 21-1-251 རྗེ་མ་དང༌། དཀར་མོ་དང༌། ཆུ་མ་དང༌། རྡོ་རྗེ་མཁའ་འགྲོ་མ་ནི་རིམ་པ་བཞིན་དུ་གཽ་རི་ལ་ སོགས་པ་ཕྱོགས་ཀྱི་ལྷ་མོ་བཞི་དང་སྦྱོར་བ་ཡིན་ནོ། །དེས་ན། རྣམ་པར་ཤེས་པའི་ཕུང་པོ་ དང༌། རེག་བྱ་དང༌། ཆོས་ཁམས་དང་། ནམ་མཁའི་ཁམས་རྣམ་པར་དག་པ་ནི་བདག་མེད་ མ་དང༌། གཟུགས་ཀྱི་སྐྱེ་མཆེད་དང༌། གཟུགས་ཕུང་རྣམ་པར་དག་པ། གཽ་རི་དང༌། སྒྲ་དང༌། ཚོར་ཕུང་རྣམ་པར་དག་པ་ཙཽ་རི་དང༌། འདུ་ཤེས་རྣམ་པར་དག་པ་བཻ་ཏཱ་ལཱི་དང༌། རོ་དང་འདུ་ བྱེད་རྣམ་པར་དག་པ་གྷསྨ་རི་དང༌། ས་ཁམས་རྣམ་པར་དག་པ་པུཀྐཱ་སི་དང༌། ཆུ་ཁམས་རྣམ་ པར་དག་པ་ཤྭ་ཝ་རཱི་དང༌། མེ་ཁམས་རྣམ་པར་དག་པ་ཙནྡྲ་ལི་དང༌། རླུང་ཁམས་རྣམས་པར་ དག་པ་ཌོམ་བི་ནི་རྣམས་སོ། །དེ་སྐད་དུ་ཡང་བརྟག་གཉིས་ལས། གཟུགས་ཕུང་རྡོ་རྗེ་མ་ཡིན་ ཏེ། །ཚོར་བ་ལ་ནི་དཀར་མོ་བཤད། །འདུ་ཤེས་ཆུའི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་ འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་གནས་སོ། །ཞེས་ དང༌། གཟུགས་ལ་རྟག་ཏུ་དཀར་མོ་བཤད། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། །དྲི་ཡི་ཆ་ལ་རོ་ ལངས་མ། །རོ་ལ་གྷསྨ་རི་རབ་གྲགས། །རེག་ལས་སྤྱོད་མ་ཞེས་བརྗོད་དོ། །ཆོས་ཀྱི་དབྱིངས་ ལ་མཁའ་སྤྱོད་མ་ཞེས་དང༌། ས་ནི་པུཀྐཱ་སི་ཞེས་བཤད། །ཆུ་ཁམས་རྔོན་པ་མ་ཞེས་བརྗོད། ། མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོ་རབ་ཏུ་གྲགས། །ཞེས་གསུངས་སོ། །དུག་ ལྔ་རྣམ་པར་དག་པ་ཡེ་ཤེས་ལྔའི་བདག་ཉིད་ནི། ཕྱོགས་ཀྱི་ལྷ་མོ་རྣམས་དང༌། བདག་མེད་ མ་ལ་སྦྱར་བའང་རུང་མོད། ཧེ་རུ་ཀའི་དཀྱིལ་འཁོར་འདིར་གཙོ་བོ་ཉིད་ལ་སྦྱོར་བ་ཡིན་ཅིང༌། ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་ཚེ་འཕར་མ་ནང་མའི་ལྷ་རྣམས་ལ་སྦྱོར་བ་ཡིན་ནོ། །དེ་ལྟར་ ན་བདག་མེད་མ་སྐུ་མདོག་ནག་མོ་ནི། ཆོས་ཉིད་འགྱུར་བ་མེད་པ་མཚོན་ཅིང༌། གཡས་ཀྱི་ གྲི་གུག་ནི། ང་རྒྱལ་ལ་སོགས་པའི་རྩ་ཉོན་དྲུག་གཅོད་པ་དང༌། གཡོན་གྱི་ཐོད་པ་ནི་དངོས་ པོ་དང༌། དངོས་པོ་མེད་པའི་རྣམ་པར་རྟོག་པ་མཐའ་དག་འཇོམས་པ་དང༌། ནང་གི་ཁྲག་ནི་ 21-1-252 བདུད་བཞིའི་ཁྲག་སྟེ། དེ་བཏུལ་བ་དང༌། དེ་བཞིན་ཉིད་ཀྱིས་ཞལ་གཅིག །ཐབས་ཤེས་ཀྱི་ བདག་ཉིད་ཀྱི་ཕྱག་གཉིས་མའོ། །གཽ་རི་སྐུ་མདོག་ནག་མོ་ནི། དྲག་པོའི་འཕྲིན་ལས་ཀྱི་འགྲོ་ བའི་དོན་བྱེད་པ་དང༌། ཕྱག་གཡོན་གྱི་ཉ་ནི་འདོད་ཆགས། གཡས་ཀྱི་གྲི་གུག་ནི། དེ་གཅོད་ པ་མཚོན་ཙཱཽ་རི་སྐུ་མདོག་དམར་མོ་ནི་དབང་གི་ལས་ཀྱི་སེམས་ཅན་གྱི་དོན་མཛད་པ། ཕྱག་ གཡོན་གྱི་ཕག་པ་ནི་གཏི་མུག །གཡས་ཀྱི་ཅང་ཏེའུ་ནི་ཆོས་ཀྱི་སྒྲ་སྒྲོག་པས་སེལ་བ་མཚོན། བཻ་ཏཱ་ལི་སྐུ་མདོག་སེར་མོ་ནི། རྒྱས་པའི་ལས་ཀྱི་སེམས་ཅན་གྱི་དོན་བྱེད་པར་མཚོན་ཅིང༌། ཕྱག་གཡས་ཀྱི་རུས་སྦལ་ནི་ཕྲག་དོག །གཡོན་གྱི་ཐོད་པའི་བདུད་རྩི་མཐོར་བས་དེ་སེལ་བར་ མཚོན། གྷསྨ་རི་སྐུ་མདོག་ལྗང་ཁུ་ནི། འཕྲིན་ལས་སྣ་ཚོགས་ཀྱི་འགྲོ་དོན་བྱེད་པར་མཚོན། ཕྱག་གཡས་ཀྱི་དུག་སྦྲུལ་ནི་ཞེ་སྡང་མཚོན་ཅིང༌། གཡོན་གྱི་ཐོད་པའི་བདུད་རྩི་འཐོར་བས་ དེ་སེལ་བ་མཚོན། པུཀྐཱ་སིའི་སྐུ་མདོག་སྔོན་མོ་ནི། མི་རྟོག་པའི་ལམ་གྱིས་འགྲོ་དོན་མཛད་ པ་མཚོན་ཅིང༌། གཡས་སིངྒེ་ནི་ང་རྒྱལ། གཡོན་གྱི་དགྲ་སྟྭ་ནི་དེ་གཅོད་པ་མཚོན། ཤཱ་བ་རི་ སྐུ་མདོག་དཀར་པོ་ནི། ཞི་བའི་འཕྲིན་ལས་ཀྱི་འགྲོ་དོན་བྱེད་པ་མཚོན་ཅིང༌། གཡས་དགེ་ སློང་གི་ལྟ་བ་ངན་པ་ལྔ། གཡོན་གྱི་བསིལ་བྱེད་ནི་དེའི་ཚ་གདུང་སེལ་བར་བྱེད་པ། ཙནྡྲ་ལི་ སྐུ་མདོག་སྔོ་སངས་ནི། སྟོང་ཉིད་སྟོན་པའི་སྒོ་ནས་འགྲོ་དོན་མཛད་པ་མཚོན་ཅིང༌། གཡས་ འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ། གཡོན་གྱི་ཐོད་པ་ནི་བདག་ཏུ་ལྟ་བའི་ཐ་བ་བཟློག་ པ། ཌོམ་བི་ནི་སྐུ་མདོག་སྣ་ཚོགས་པ་ནི། ཐེག་པ་སྣ་ཚོགས་ཀྱི་སྒོ་ནས་འགྲོ་དོན་མཛད་པ། གཡས་རྡོ་རྗེ་ནི་མི་རྟོག་པའི་ཡེ་ཤེས། གཡོན་གྱི་སྡིགས་མཛུབ་ནི་མཚན་མར་འཛིན་པ་ཐམས་ ཅད་བསྡིགས་པར་མཛད་པ་མཚོན་པའོ། ། དེ་ལྟར་ན་གཙོ་འཁོར་ཐམས་ཅད་དབུ་སྐྲ་གྱེན་དུ་བརྫེས་པ་ནི་ཡེ་ཤེས་གོང་ནས་གོང་ དུ་འཕེལ་བ་དང༌། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ་ནི། རིགས་ལྔའི་རང་བཞིན་གྱི་རྒྱས་ 21-1-253 གདབ་པ་དང༌། མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་ནི། སེམས་བྱུང་ལྔ་བཅུ་རྣམ་པར་དག་པར་ དང༌། ཡེ་ཤེས་ཀྱི་མེ་དཔུང་འབར་བ་ནི་ཇི་ལྟ་བ་དང༌། ཇི་སྙེད་པའི་ཆོས་ལ་ཡེ་ཤེས་ལྷག་པར་ རྒྱས་པའོ། ། སྐབས་འདིའི་གདོལ་བ་མོ་ནི། རྩ་རྒྱུད་ལས། གཏུམ་མོ་ནི་ནམ་མཁའ་སྔོ་བསངས་མ། ཞེས་གསུངས་པ་དཀྱུས་ལྟར་ཡིན་ཅིང༌། རྒྱུད་རྒྱས་པའི་རྗེས་སུ་འབྲངས་ནས་སྒྲུབ་ཐབས་ མཚོ་སྐྱེས་ལས། སྐུ་མདོག་སྔོ་དམར་དུ་བཤད་ཅིང༌། དེའི་རྗེས་སུ་འབྲང་བའི་སྒྲུབ་ཐབས་ཀྱང་ མང་དུ་ཡོད་པས་དེའི་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ཆོས་སྟོན་པ་མཚོན་ནོ། །གདོལ་བ་ མའི་གཡོན་གྱི་ཐོད་པ་ནི། ཐེ་ཚོམ་གྱི་ཐ་བ་བཟློག་པ་དང༌། གཡུང་མོའི་གཡས་ཀྱི་རྡོ་རྗེ་ནི། ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་མཚོན་པར་བླ་མ་གོང་མའི་གསུང་རྒྱུན་འགའ་ཞིག་ ལས་འབྱུང་བ་ཤིན་ཏུ་ལེགས་པར་ཡང་མངོན་ནོ། ། གཡུང་མོ་ཁ་དོག་སྣ་ཚོགས་པར་བཤད་པ་ལ། འགའ་ཞིག་ལྗང་ཁུ་འདོད་པ་དང༌། ཁ་ ཅིག་གིས་ནི་ཕུག་རོན་གྱི་མགྲིན་པ་ལྟར་མདངས་སྣ་ཚོགས་པར་འཆར་བར་འདོད་པ་དང༌། གཞན་འགའ་ཞིག་ཐིག་ལེ་ལ་ཁ་དོག་སྣ་ལྔ་པས་ལུས་ཐམས་ཅད་ཁྱབ་པར་འདོད་པ་དང༌། འགའ་ཞིག་གི་ནི་ཚོན་སྣ་ལྔས་གཅིག་ཏུ་འདྲེས་པའི་ཁ་དོག་དང་མཚུངས་པར་འདོད་པ་དང༌། ལ་ལ་དག་རྐང་མཐིལ་རླུང་སོགས་ཀྱི་རིམ་པ་དང་བསྟུན་པའི་ཁ་དོག་དང་མཐུན་པར་འདོད་ པ་དང༌། གཞན་དག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་འབྱུང་བའི་རྡོ་རྗེ་ལས་ཀྱི་ཁ་དོག་ མཐུན་པར་འདོད་པ་དང༌། འགའ་ཞིག་ཏུ་ནི་སུམ་མདོ་དང་ཞལ་རས་དཀར་བ་སྐུ་སྟོད་ནག་ པོ་སྐེད་པ་དམར་བ་བར་ལྷུ་གཉིས་དང་བརླ་གཉིས་སེར་བ། ཕྱག་ངར་གཉིས་དང་ཞབས་ གཉིས་ལྗང་གུ་ཡིན་པར་འདོད་པ་སྟེ། ལུགས་བདུན་གང་ཡང་བླ་མའི་མན་ངག་འབྲེལ་ན་ འགལ་བ་མེད་དོ། །དེ་ལྟར་ལྷ་མོ་བརྒྱད་ཀྱི་ཞབས་ཀྱི་འོག་གི་ལྷ་རྣམས་ལ། ཚངས་པ་ཞི་བའི་ 21-1-254 ལས། དབང་པོ་རྒྱས་པའི་ལས། ཉེ་དབང་དབང་གི་ལས། དྲག་པོ་དྲག་པོའི་ལས་ཏེ། སངས་ རྒྱས་ཀྱི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པའི། སྔགས་རྒྱུད་ལ་ལས་བཞིས་རང་དོན་ཁོ་ན་གཉེར་ ཞིང༌། སྡིག་པའི་སེམས་དང་མ་བྲལ་བ་མཚོན་པ་ཡིན་ལ། གཤིན་རྗེ་དུས་མ་ཡིན་པའི་འཆི་ བ། ནོར་བདག་ནི་ལོངས་སྤྱོད་ལ་རྣམ་པར་གཡེང་བ། སྲིན་པོ་ནི་འཚེ་བ་སྣ་ཚོགས་པ་ཐགས་ བཟང་རིས་ནི་ཡིད་སྒྱུར་བར་བྱེད་པ་སྟེ། དེ་དག་མནན་པ་ནི་དེ་དག་བཅོམ་པར་མཚོན་པའོ། ། དེ་ལྟར་ན་ཡབ་ཀྱི་ཞབས་འོག་གི་བདུད་བཞི་དང༌། ཕྱོགས་ཀྱི་བདུད་བཞི་རྣམས་གནས་དང་ བྱེད་ལས་རྣམས་ཐ་དད་པ་སྟེ། གཙོ་བོའི་ཞབས་འོག་གི་བདུད་བཞི་ནི། གཟུགས་ཁམས་ཀྱི་ བདག་པོ་ཚངས་པ་དང༌། སུམ་ཅུ་རྩ་གསུམ་གྱི་བདག་པོ་བརྒྱ་བྱིན་དང༌། བདུད་ཀྱི་གཙོ་བོ་ གཞན་འཕྲུལ་དབང་བྱེད་དང༌། ལྷ་གསུམ་གྱི་ནང་གི་དབང་ཕྱུག་ཆེན་པོའོ། །ཕྱོགས་ཀྱི་བདུད་ བཞི་ནི། སྟེང་གི་ཕྱོགས་སྐྱོང་འདོད་པའི་ཁམས་ཀྱི་ཚངས་པ་དང༌། དྲི་ཟའི་གདོན་གྱི་གཙོ་བོ་ སྟེ་ཤར་ཕྱོགས་སྐྱོང་བ་བརྒྱ་བྱིན་དང༌། ལྷ་ཆེན་པོ་ཁྱབ་འཇུག་དང༌། བྱང་ཤར་གྱི་ཕྱོགས་སྐྱོང་ བ་དབང་ལྡན་འབྱུང་པོ་རྣམས་ཡིན་ནོ། །ཞེས་བླ་མ་གོང་མ་རྣམས་གསུངས་སོ། །སེམས་ཅན་ ཡོངས་སུ་སྨིན་པར་བྱེད་པ་ཉི་མའི་གདན། ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་པ་ཟླ་ བའི་གདན། ཉེས་པས་མ་གོས་པ་པདྨའི་གདན་གྱིས་མཚན། དེ་ལྟར་ན་གཙོ་བོའི་གདན་ཉི་ མའི་དཀྱིལ་འཁོར་དུ་ངེས་ཤིང༌། ལྷ་མོ་རྣམས་ལ་རྒྱ་གཞུང་རྣམས་ལས་ཉི་ཟླ་སོ་སོར་བཤད་ པ་སྣ་ཚོགས་སུ་ཡོད་ཀྱང༌། སྐབས་འདིར་ཉི་ཟླ་འདམ་གར་བཞེད་དོ། །བདག་མེད་ལྷ་མོ་བཅོ་ ལྔའི་ཚེ་ཐམས་ཅད་དྲག་མོ་ཡིན་པའི་ཕྱིར་ཉི་མའི་གདན་དང༌། ཡབ་ཀྱི་དཀྱིལ་འཁོར་ལ་ལྷ་ མོ་རྣམས་ཅུང་ཟད་ཞི་བའི་ཕྱིར། ཟླ་བའི་གདན་དུ་ངེས་སོ་ཞེས་པ་ནི་ཡང་དག་པ་མ་ཡིན་ཏེ། འབྱུང་པོ་འདུལ་བྱེད་དང་ནག་པོ་ཆེན་པོ་དང་། ལྷ་མོ་ཙ་རཱི་ཀ་ལ་སོགས་པ་ཤིན་ཏུ་ཁྲོས་པའི་ ལྷ་རྣམས་ལའང་ཟླ་བའི་གདན་བཤད་པ་མང་དུ་ཡོད་པའི་ཕྱིར་དང༌། ཡབ་ཀྱི་དཀྱིལ་འཁོར་ 21-1-255 གྱི་ལྷ་མོ་བརྒྱད་ལྷ་མོ་བཅོ་ལྔ་ལས་ཞི་བ་ཡིན་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། ། གཞལ་ཡས་ཁང་གི་དག་པ་བརྗོད་པ་ནི། མཉམ་པ་ཉིད་ཀྱི་ཕྱིར་གྲུ་བཞི་པ། ཚད་མེད་ པ་བཞིའི་རང་བཞིན་གྱི་ཟུར་བཞི་པ། རྣམ་པར་ཐར་བ་བཞིའི་རང་བཞིན་གྱི་སྒོ་བཞི། དྲན་ པ་ཉེར་བཞག་བཞི་ནི་འདོད་ཡོན་གྱི་སྣམ་བུ་བཞི། ཡང་དག་སྤོང་བ་བཞི་ནི། ཀ་བ་བཞིའི་ བཏེགས་པའི་རྟ་བབ་བཞི། རྫུ་འཕྲུལ་རྐང་པ་བཞི་ནི། སྒོ་ཁྱུད་དང་བཅས་པའི་སྒོ་ཁང་བཞི། དབང་པོ་ལྔ་དང་སྟོབས་ལྔ་ནི། རྩིག་པ་རིམ་པ་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མེ་ཏོག་གི་ འཕྲེང་བ། འཕགས་ལམ་ཡན་ལག་བརྒྱད་ནི་ཀ་བ་བརྒྱད། ཉོན་མོངས་པའི་སྒྲིབ་པ་སྤངས་པ་ དྲྭ་བ་དྲྭ་ཕྱེད། ཚུལ་ཁྲིམས་གསུམ་གྱི་རང་བཞིན་གྱི་རྒྱན་ཐམས་ཅད་ཀྱི་རྣམ་པར་བརྒྱན་པའོ། ། གཞལ་ཡས་ཁང་གི་གདན་སྣ་ཚོགས་རྡོ་རྗེ་ནི་གང་ཟག་གི་བདག་མེད་མཚོན་ལ་དེ་ཉིད་རྭ་ བཅུ་གཉིས་སུ་བྱས་ན། རྟེན་འབྲེལ་བཅུ་གཉིས་རྣམ་པར་དག་པ་མཚོན་ཅིང་རྭ་ཉི་ཤུར་བྱས་ ན། འཇིགས་ཚོགས་ལ་ལྟ་བ་ཉི་ཤུ་འཇོམས་པ་མཚོན། པདྨ་ཆུའི་ནང་དུ་གནས་ཀྱང་ཆུས་མ་ གོས་པ་ལྟར་ཀུན་རྫོབ་སྣ་ཚོགས་པའི་སྣང་བ་འཆར་ཡང་དེས་མ་གོས་པས་ཆོས་ཀྱི་དབྱིངས་ ཀྱི་སྟོང་པ་ཉིད་དེ། ཆོས་ཀྱི་བདག་མེད་ཀྱི་དོན་ཡིན་ལ་དེ་གཉིས་ལ་ཡེ་ཤེས་ཀྱི་སྣང་བ་ལྷག་ པར་རྒྱས་པ་ནི། དེ་གཉིས་ཀྱི་བར་ན་གནས་པའི་ཉི་མའི་དཀྱིལ་འཁོར་གྱི་མཚོན་ནོ། །དུར་ ཁྲོད་ནི་འཁོར་བ་མཚོན་ཅིང༌། དེ་བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད་ཀྱིས་བསྡུས་པ་མཚོན་པ་ དང༌། ཕྱི་རོལ་ཏུ་བསྲུང་བའི་འཁོར་ལོ་ནི་སངས་རྒྱས་རྣམས་ཀྱི་བདུད་བཞི་དང་སྒྲིབ་གཉིས་ བཅོམ་ཞིང་གཏན་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་མཚོན་ནོ། ། གཉིས་པ་བཟླས་པའི་རྣལ་འབྱོར་ལ་བཟླས་པའི་སྤྱོད་བགྲང་ཕྲེང་དང༌། བཟླས་པའི་ དམིགས་པ་དང༌། བཟླས་བྱའི་སྔགས་དང༌། ཞར་བྱུང་བཟླས་པའི་དབྱེ་བ་བཤད་པ་སྟེ་བཞིའོ། ། དང་པོ་ནི། །ལས་བཞི་ལ་བགྲང་ཕྲེང་གི་རྒྱུ་དང་གྲངས་དང་ཐག་པ་དང༌། ཇི་ལྟར་བཟུང་བའི་ 21-1-256 ཚུལ་རྣམས་སོ་སོར་ཡོད་ཅིང༌། ཐུན་མོང་དུ་བགྲང་ཕྲེང་བྱིན་རླབས་རྒྱས་འབྲིང་བསྡུས་གསུམ་ དང༌། ཇི་ལྟར་བཅང་པའི་ཚུལ་རྣམས་ཞིབ་མོར་ཤེས་དགོས། གཉིས་པ་བཟླས་པའི་དམིགས་པ་ནི། བླ་མའི་མན་ངག་གིས་ཞལ་ནས་ཞལ་དང༌། གསང་གནས་ནས་གསང་གནས་སུ་འཁོར་བ་འཁོར་ལོའི་བཟླས་པ་ཉིད་གཙོ་བོར་མཛད་ ཅིང༌། དེ་ལ་ཡང་ཡི་དམ་ལྷའི་ཐུགས་རྒྱུད་བསྐུལ་བ་མཆོག་སྒྲུབ་པ་གཙོ་བོར་གྱུར་པ་དང༌། ཞི་ བ་དང་རྒྱས་པ་དང་དབང་དང་དྲག་པོ་སྟེ། ལས་སོ་སོའི་དམིགས་པའི་ཁྱད་པར་དང༌། ཐུན་ མོང་གི་ཆོས་རྣམས་སྟེ་ངག་ལས་རྒྱས་པར་ཤེས་པར་བྱའོ། ། གསུམ་པ་ནི༌། རྩ་སྔགས་སྙིང་པོ། ཉེ་སྙིང་རྣལ་འབྱོར་མ་རྣམས་ཀྱི་འཕྲེང་སྔགས་སུ་ གྲགས་པ་དབྱངས་ཡིག་གི་སྔགས་རྣམས་རྩ་རྒྱུད་དངོས་བསྟན་ལས་གསལ་བར་གསུངས་ ཞིང་རྒྱུད་སྡེ་སྤྱིའི་འགྲོའི་ཀྱིས་ཡུམ་དང་འཁོར་གྱི་ལྷ་མོ་རྣམས་ལ་ས་བོན་ནི། མཚན་སྔགས་ལ་ དེ་ཉིད་གསུམ་སྤེལ་ལམ། བཞི་སྤེལ་ལམ། ལྔ་སྤེལ་ལ་སོགས་པ་མཛད་པ་ཡིན་ནོ། ཁ་ཅིག་ སྐབས་འདིའི་ཉེ་སྙིང་དུ་གྲགས་པ། རྡོ་རྗེ་གྲི་གུག་གི་ལས་ཚོགས་སུ་བཤད་པའི་ཕྱིར། ཉེ་སྙིང་ དུ་མི་འཐད་ཅིང༌། རྒྱུད་གཞུང་ཁུངས་མ་ལས་ཀྱང་ཉེ་སྙིང་དུ་བཤད་པ་མེད་དོ། །ཞེས་ཟེར་ བ་མི་འཐད་དེ། མར་མེ་མཛད་ཀྱི་སྒྲུབ་ཐབས་ལ་སོགས་པ་གཞུང་ཁུངས་མ་འགའ་ལས་ཉེ་ སྙིང་དུ་བཤད་ཅིང༌། སྒྲུབ་ཐབས་མཚོ་སྐྱེས་ལས་ཀྱང་སྔགས་འདི་ཉིད་ཉེ་སྙིང་དུ་མཛད་པར་ གསལ་ཏེ། ལས་ཚོགས་ཀྱི་སྔགས་མཐའ་དག་སྒྲུབ་ཐབས་སུ་བྲི་བར་མི་ལང་བའི་ཕྱིར་རོ། ། ལས་ཚོགས་ཀྱི་སྔགས་ཡིན་པའི་རྒྱུ་མཚན་གྱི་ཉེ་སྙིང་དུ་མི་འཐད་པའི་སྐྱོན་མེད་དེ་ གཞན་དུ་ན། རྩ་རྒྱུད་ལས། བུད་མེད་རྣམས་ཀྱི་དབང་བྱེད་སྔགས། །དེ་བཞིན་གདུག་པ་སྡིག་ པ་དང༌། །ཞེས་གསུངས་པ་ལྟར། ཨཥྞ་ཡང་དབང་དང་དྲག་པོའི་ལས་སྒྲུབ་པའི་སྔགས་སུ་ བཤད་པའི་ཕྱིར། རྩ་སྔགས་མ་ཡིན་པའི་སྐྱོན་དུ་གྱུར་རོ། །རྩ་རྒྱུད་ལས། བཟླས་པ་ཁྲི་ཡིས་ 21-1-257 གསལ་བ་དང༌། །སྒྲ་རིང་པ་དང་བཟང་བ་ཡིས། །ཞེས་གསུངས་པ་ལྟར། ཧ་ཅང་མྱུར་བུལ་ གཉིས་དང༌། ཧ་ཅང་སྒྲ་ཆེ་ཆུང་གཉིས་ཏེ་སྐྱོན་བཞི་སྤངས་ཏེ་གསལ་ལ་དལ་བ་དང༌། ཤིན་ཏུ་ དག་པར་བཟླ་དགོས་པ་ཡིན་ནོ། ། བཞི་པ་ནི། བཟླས་པ་ལ་དབྱེ་ན། རྒྱ་བོད་ཀྱི་སློབ་དཔོན་གཞན་རྣམས་ཀྱི་མན་ངག་ལས་ འདི་ལྟར་འབྱུང་སྟེ། ཁྱོགས་ཀྱི་བཟླས་པ། འཁོར་ལོའི་བཟླས་པ། བཀོད་པའི་བཟླས་པ། སྤྲོ་ བསྡུའི་བཟླས་པ་སྟེ། དམིགས་པའི་དབྱེ་བས་བཞི་དང༌། ཁྲོ་བོའི་བཟླས་པ། ཤུབ་བུའི་བཟླས་ པ། ཡིད་བཟླས། འགོག་པའི་བཟླས་པ་སྟེ་ངག་གི་བྱ་བའི་ཁྱད་པར་གྱིས་བཞི་དང༌། བསྐུལ་ བའི་བཟླས་པ། གོང་བུའི་བཟླས་པ། རྡོ་རྗེའི་བཟླས་པ་སྟེ་སྔགས་ཀྱི་ཁྱད་པར་གྱིས་དབྱེ་བས་ གསུམ་སྟེ་བཅུ་གཅིག་ཏུ་འདོད་པ་ཡོད་ཅིང༌། རྒྱ་གར་གྱི་སློབ་དཔོན་ཕྱི་མ་རྣམས་ཀྱི་བཞེད་པ་ ཁྱོགས་ཀྱི་བཟླས་པ་དང༌། འཁོར་ལོའི་བཟླས་པ་གཅིག་ཏུ་བཞེད་པས་བཟླས་པ་བཅུའོ། ། དེ་ལྟར་ན་དག་པ་དྲན་པ་དང༌། བཟླས་པ་ནི་རྗེས་སྤྱོད་ཀྱི་ཡན་ལག་ཏུ་བསྡུ་བའི་ཕྱིར། སྦྱང་གཞི་སྦྱོང་བྱེད་མ་སྦྱར་ཀྱང་རུང་མོད། གཞན་གྱིས་རིགས་འདྲེས་སྦྱར་ཀྱང་མི་འགལ་སྟེ། དེ་ཡང་འཁོར་བའི་ཆོས་ལ་སྦྱར་ན་དག་པ་དྲན་པ་ནི་ཡིད་ཀྱི་རྣམ་པར་རྟོག་པ་མཐའ་ཡས་པ་ དང༌། བཟླས་པ་ནི་ངག་གི་བརྗོད་པ་སྣ་ཚོགས་པ་དང་། དཀྱིལ་འཁོར་ཉེར་བསྡུ་ནི། ཚེ་དེ་ཉིད་ ཀྱི་ལས་ཟད་པ་ན། འཆི་བ་མཚོན་ཞིང༌། ཐུན་མཚམས་ལྷ་སྐུ་ལྡང་བ་ནི། སླར་བར་དོ་དང༌། སྐྱེ་བ་རྒྱུད་མར་འབྱུང་བ་མཚོན། འབྲས་བུའི་ཆོས་ལ་སྦྱར་ན། དག་པ་དྲན་པ་ནི། སངས་ རྒྱས་རྣམས་ཀྱི་ཆོས་ཐམས་ཅད་མཉམ་ཉིད་དུ་གནས་པ་མཚོན་པ་དང༌། བཟླས་པ་ནི། ཆོས་ ཀྱི་འཁོར་ལོ་བསྐོར་བ་དང༌། དཀྱིལ་འཁོར་ཉེར་བསྡུ་ནི། དངོས་ཀྱི་གདུལ་བྱ་མེད་པའི་ཞིང་ འགའ་ཞིག་ཏུ་མྱ་ངན་ལས་འདས་པའི་ཚུལ་སྟོན་པ་མཚན་པ་དང༌། ཐུན་མཚམས་ལྷ་སྐུར་ སྡང་བ་ནི། ཞིང་གཞན་དུ་སྤྲུལ་པའི་སྐུས་འབྱུང་བ་མཚོན་པ་ཡིན་ནོ། ། 21-1-258 གསུམ་པ་གཏོར་མའི་རྣལ་འབྱོར་ནི། རྩ་བཤད་ཀྱི་རྒྱུད་རྣམས་ལས། འཇིག་རྟེན་པའི་ གཏོར་མ་འབའ་ཞིག་གསལ་ན་ཡང་གཏོར་ཆོག་རྒྱ་གཞུང་ཚད་མ་དང༌། བླ་མ་གོང་མའི་མན་ ངག་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ལ་ཐུན་མོང་དུ་འབུལ་ བ་ཡིན་ནོ། ། བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། བཟའ་བཏུང་ཇི་སྙེད་པ་རྣམས་ནང་མཆོད་ལྟར་བྱིན་ རླབས་ནས་འབུལ་བ་ཡིན་ཞིང༌། དེ་ཡང་ཕུད་དཀོན་མཆོག་དང༌། འདོད་པའི་ལྷ་རྣམས་ལ་ གཏོར་མའི་སྔགས་ཀྱིས་འབུལ་བ་དང༌། ནང་གི་སྦྱིན་སྲེག་གི་ཚུལ་གྱིས་ལོངས་སྤྱོད་པ་ཡིན་ ནོ། ། ལྔ་པ་སྤྱོད་ལམ་གྱི་རྣལ་འབྱོར་ལ། གཟུགས་སྣང་ཐམས་ཅད་ཀྱཻ་རྡོ་རྗེ་དང༌། སྒྲ་ཐམས་ ཅད་སྔགས་ཀྱི་སྒྲ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱཻ་རྡོ་རྗེའི་ཐུགས་སུ་མོས་པར་ བྱ་ཞིང༌། གཞན་ཡང་གཟུགས་སོགས་ཡུལ་དྲུག་གཟུགས་རྡོ་རྗེ་མ་ལ་སོགས་པ་དང༌། མིག་ སོགས་སྐྱེ་མཆེད་དྲུག་གཏི་མུག་རྡོ་རྗེ་མ་ལ་སོགས་པར་མོས་པ་བྱས་ནས། ཐུན་མཚམས་སུ་ འཇུག་པ་སྟེ་འདིས་ནི་སྤྱོད་ལམ་གྱི་ཁྱད་པར་སྣ་ཚོགས་པ་ཡང༌། ཚོགས་རྫོགས་པའི་ཐབས་ སུ་འགྱུར་བ་ཡིན་ནོ། ། དྲུག་པ་ཉལ་བའི་རྣལ་འབྱོར་ནི། རང་བཞིན་ལྷན་སྐྱེས་སུ་ཉལ་བའི་དམིགས་པ་ནི་ དཀྱིལ་འཁོར་ཉེར་བསྡུ་དང་མཐུན་ཞིང་ཞུ་བདེ་ལྷན་སྐྱེས་ཀྱི་ངང་དུ་ཉལ་བའི་དམིགས་པ་རྒྱུ་ རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་བ་ལྟར་ཡིན་པའི་གཉིས་ཀ་ལྟར་ཡང་མི་རྟོག་པའི་ངང་དུ་ཉལ་བ་ ཡིན་ནོ། ། བདུན་པ་ལྡང་བའི་རྣལ་འབྱོར་ནི། ཉལ་བའི་ཚེ་རང་བཞིན་ལྷན་སྐྱེས་ཀྱི་ངང་དུ་ཉལ་ན། ཐུན་མཚམས་ཀྱི་ལྷ་སྐུར་སྐད་ཅིག་གིས་ལྡང་བ་ཡིན་ཞིང༌། ཞུ་བདེ་ལྷན་སྐྱེས་ཀྱི་ངང་དུ་ཉལ་ 21-1-259 ན། རྗེ་བཙུན་སྙིང་རྗེ་ཡིད་བཞེངས་ཤིག །ཅེས་བྱ་བ་ལ་སོགས་པ་ངག་ཏུ་བརྗོད་ཅིང༌། ལྷ་ མོ་བཞིས་བསྐུལ་བས་སད་པར་མོས་ནས། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་ལྟར་ལྡང་བ་ ཡིན་ནོ། །བརྒྱད་པ་ཁྲུས་ཀྱི་རྣལ་འབྱོར་ནི། རྣལ་འབྱོར་ལ་འཇུག་པའི་གོང་དུ་བསམ་གཏན་ གྱི་གྲོགས་སུ་འགྲོ་ན་ཁྲུས་བྱ་ཞིང༌། དེ་ཡང་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་གི་ སྐབས་སུ་བསྟན་པ་དང༌། དབང་ལེན་པའི་དམིགས་པ་དང་བཅས་པ་སྟེ་ཁྲུས་བྱའོ། །འདི་ལ་ དབང་བཞིའི་དག་པ། ཕྱག་རྒྱ་ལྔ་དང༌། རྩ་འཁོར་ལོ་བཞི་དང་སྐྱེ་མཆེད་དྲུག་གི་དག་པ་དང༌། རིགས་བདག་གིས་རྒྱས་འདེབས་པ་དང༌། ང་རྒྱལ་བཟུང་བ་རྣམས་མི་དགོས་སོ། །དེ་ལྟར་ རྗེས་སྤྱོད་བརྒྱད་ཀྱི་སྟེང་དུ། རྗེས་ཆགས་ཀྱི་རྣལ་འབྱོར་བསྣན་པས་དགུར་འགྱུར་བས། སྤྱིར་ རྣལ་འབྱོར་བཅུའམ་བཅུ་གཅིག་གོ །རྗེས་ཆགས་ཀྱི་རྣལ་འབྱོར་ནི་ལོགས་སུ་ངེས་པར་སྒོམ་ དགོས་པ་ཡང་མ་ཡིན་ལ། གལ་ཏེ་བསྒོམས་ན་དཀྱིལ་འཁོར་འཁོར་ལོའི་ནང་དུ་འདུས་པའི། གསང་བའི་མཆོད་པས་བསྡུས་པའི་ཕྱིར་ལོགས་སུ་མ་བགྲངས་ཀྱང་རུང་ངོ༌། ། གཉིས་པ་ལ། ལུགས་འདིའི་ཐུན་མོང་མ་ཡིན་པའི་མངོན་རྟོགས་ཀྱི་དབྱེ་བ་བཤད་པ་ དང༌། འདི་ཉིད་ཀྱི་བསྐྱེད་རིམ་གྱི་སྤྱིའི་ཆིངས་རྣམས་དབྱེ་བའོ། །དང་པོ་ནི། སློབ་དཔོན་རྣལ་ འབྱོར་གྱི་དབང་ཕྱུག་བིརྺ་པའི་མན་ངག་གིས་བརྟག་པ་གཉིས་པའི་བསྐྱེད་རིམ་སྟོན་པའི་ རྒྱུད་ཚིག་རྣམས་ལ། འཁྲུགས་བསྡེབས་མ་སྦྱར་བར། ངོ་སྐལ་སོ་སོའི་དོན་ལ། མན་ངག་ གིས་ཅུང་ཟད་ཁ་བསྐང་བས་མངོན་པར་རྟོགས་པའི་ཚུལ་བཅུ་བཞི་སྟེ། དེ་དག་ཀྱང་ཤིན་ཏུ་ རྒྱས་པ་དང༌། རྒྱས་པ་དང༌། འབྲིང་པོ་དང་། བསྡུས་པ་དང་། ཤིན་ཏུ་བསྡུས་པ་སྟེ་ལྔ་ལས། དང་པོ་ཡན་ལག་བཞི་པ་ཁོ་ནར་ངེས་ཤིང༌། དེ་ལ་གཙོ་བོར་བསྐྱེད་ཚུལ་གྱི་དབྱེ་བས། མཉམ་ སྦྱོར་མི་མཉམ་སྦྱོར་གཉིས་དེ་གཉིས་ཀ་ལ་འཁོར་གྱི་ལྷ་མོ་སྤྲོ་ཚུལ་གྱི་དབྱེ་བས། ཐིག་ལེའི་ འགྲོས་དང༌། ས་བོན་འགྲོས་གཉིས་གཉིས་སུ་ཕྱེ་བའི་བཞིའོ། །གཉིས་པ་ནི། ཡན་ལག་དྲུག་ 21-1-260 པར་ངེས་ཤིང་དེ་ལ་གཙོ་བོ་བསྐྱེད་ཚུལ་གྱི་དབྱེ་བས། མཉམ་སྦྱོར་མི་མཉམ་སྦྱོར་གཉིས། དེ་ གཉིས་ཀ་ལ་ཡང་འཁོར་གྱི་ལྷ་མོ་སྤྲོ་ཚུལ་གྱི་ཕྱེ་བའི་བཞིའོ། །ཡི་གེ་འགྲོས་དང་ལྷ་མོ་འགྲོས་ གཉིས་གཉིས་སུ་དབྱེ་བས་བཞིའོ། །དེ་ལྟར་བརྒྱད་ནི་ཨཱ་ལི་ཀཱ་ལི་ལ་ལྟོས་པ་ཁོ་ན་ཡིན་ནོ། ། གསུམ་པ་ནི་ཨཱ་ལི་ཀཱ་ལི་ལས་ལྟོས་པ་དང༌། མི་མཉམ་སྦྱོར་ཁོ་ནར་ངེས་ཤིང༌། དབྱེ་ན་ ཡན་ལག་བཞི་པ་དང༌། དྲུག་པ་གཉིས། ཡན་ལག་བཞི་པ་ལ་ལྷ་མོ་སྤྲོ་ཚུལ་ཐིག་ལེ་འགྲོས་ དང་ས་བོན་འགྲོས་གཉིས་དང༌། དྲུག་པས་ཐིག་ལེ་འགྲོས་དང་ས་བོན་འགྲོས་གཉིས་ཏེ་ བཞིའོ། ། བཞི་པ་ནི། ས་བོན་ལས་བསྐྱེད་པ་ཡིན་ཏེ། རྒྱུ་རྡོ་རྗེ་འཛིན་པ་དང༌། འཁོར་གྱི་ལྷ་མོ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་དང་། གནས་སྐབས་གསུམ་ཆར་ས་བོན་ལས་བསྐྱེད་པའོ། །ལྔ་པ་ནི་ སྐད་ཅིག་གིས་བསྐྱེད་པ་ཡིན་ཏེ། རྒྱུ་རྡོ་རྗེ་འཛིན་པ་དང༌། འཁོར་གྱི་ལྷ་མོ་དང༌། འབྲས་བུ་རྡོ་ རྗེ་འཛིན་པ་སྟེ། གནས་སྐབས་གསུམ་ཆར་སྐད་ཅིག་གིས་བསྐྱེད་པའོ། ། དེ་ལྟར་གོང་དུ་སྨོས་པའི་མངོན་རྟོགས་ཚུལ་བཅུ་གཉིས་ལས། ཡན་ལག་བཞི་པའི་ ཕྱོགས་ལ་རྒྱུ་རྡོ་རྗེ་འཛིན་པ་དང༌། འཁོར་གྱི་ལྷ་མོ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་གསུམ་ཆར་ མངོན་བྱང་ལྔ་ལས་བསྐྱེད་པ་དང༌། ཡན་ལག་དྲུག་པའི་ཕྱོགས་ལ་རྒྱུ་རྡོ་རྗེ་འཛིན་པ་མངོན་ བྱང་ལྔ་ལས་བསྐྱེད་ཅིང༌། འཁོར་གྱི་ལྷ་མོ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་ས་བོན་ལས་བསྐྱེད་ པ་ཡིན་ནོ། །དེ་ལྟར་མངོན་རྟོགས་ཚུལ་བཅུ་བཞི་ནི། རྗེས་ཆགས་རྡོ་རྗེ་སེམས་དཔའི་ཡན་ ལག་གི་གནས་སྐབས་ལས་ཕྱེ་བ་ཡིན་ཅིང༌། ལྷག་མ་གོང་འོག་རྣམས་ལ་ཡན་ལག་བཞི་དྲུག་ གིས་ཁྱད་པར་ཕྲན་བུ་མ་གཏོགས་དོན་ལ་ཁྱད་པར་ཆེར་མེད་དོ། །དེ་ལྟར་མངོན་པར་རྟོགས་ པ་སྒོམ་པ་པོའི་གང་ཟག་ནི་སྐྱེས་སྟོབས་ཀྱི་དབང་པོའི་སྒོ་ནས་རབ་ཀྱི་རབ་དང་རབ་འབྲིང་ དང༌། ཐ་མ་དང༌། ཐ་མའི་ཐ་མ་སྟེ་ལྔའོ། ། 21-1-261 དེ་ལ་མངོན་པར་རྟོགས་པ་གཉིས་ནི། རབ་ཀྱི་རབ་དང༌། ཐ་མའི་ཐ་མས་བསྒོམ་པར་བྱ་ བ་ཡིན་ཏེ། རིམ་པ་བཞིན་དུ་དེ་ཙམ་བསྒོམས་པས་ཆོག་པ་དང༌། དེ་བས་ལྷག་པར་བསྒོམ་ པར་མི་ནུས་པའི་ཕྱིར་རོ། །མངོན་པར་རྟོགས་པ་འབྲིང་པོའི་ཚུལ་བཞི་ནི། རབ་དང་ཐ་མས་ བསྒོམ་པར་བྱ་བ་ཡིན་ཏེ། རྒྱུ་མཚན་སྔ་མ་ཉིད་དང་། དེ་ཙམ་ངེས་པར་སྒོམ་ཡང་དགོས་པའི་ ཕྱིར་རོ། །མངོན་རྟོགས་རྒྱས་པ་བརྒྱད་ནི། གང་ཟག་འབྲིང་པོའི་བསྒོམ་པར་བྱ་བ་ཡིན་ཏེ། དེ་ ཉིད་སྒོམ་ནུས་པ་དང༌། དེ་ངེས་པར་སྒོམ་ཡང་དགོས་པའི་ཕྱིར་རོ། །དེ་ལྟ་བུས་གང་ཟག་ཅིག་ ཉིད་དང་། དབང་པོ་སྦྱང་ཚུལ་གྱི་རིམ་པས་གང་ཟག་འགྱུར་བ་དང༌། ཨཱ་ལི་ཀཱ་ལི་ལ་ལྟོས་པའི་ མངོན་བྱང་དང༌། ཨཱ་ལི་ཀཱ་ལི་ལ་མ་ལྟོས་པའི་མངོན་བྱང་དང༌། ས་བོན་ལས་བསྐྱེད་པ་དང༌། སྐད་ཅིག་གིས་བསྐྱེད་པ་སྟེ་མངོན་པར་རྟོགས་པ་བཞི་སྦྱོར་བ་མཚོ་སྐྱེས་ཀྱི་ལུགས་ཡིན་པས། འདི་དང་རྣམ་གཞག་ཐ་དད་པའི་ཕྱིར་གཅིག་ཏུ་བསྲེ་བར་མི་བྱ་བའོ། ། གཉིས་པ་འདི་ཉིད་ཀྱི་བསྐྱེད་རིམ་སྤྱིའི་ཆིངས་བཤད་པ་ལ་སློབ་དཔོན་ཌོམ་བི་ཧེ་རུ་ཀའི་ ལུགས་དང༌། ནཱ་རོ་པའི་མན་ངག་གི་གཞུང་རྣམས་ལ་ཡན་ལག་དྲུག་པ་ཁོ་ནར་ངེས་ཤིང་སློབ་ དཔོན་ལྭ་བ་པའི་མཚོན་ཆ་ཅན་གྱི་སྒྲུབ་ལས་ཡན་ལག་བཞི་པ་དང༌། མཚོ་སྐྱེས་ལ་སོགས་ པའི་རྩ་རྒྱུད་དངོས་བསྟན་ལ་བརྟེན་པའི་སྒྲུབ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །ཞེས་བྱ་ བ་ལ་སོགས་པའི་བྱང་ཆུབ་བཞི་དང་། རྣལ་འབྱོར་རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་སྟེ་བཞིས་འཆིང་བ་དང༌། སློབ་དཔོན་ཤནྟི་པ་དང༌། ནག་པོ་དམ་ཚིག་གི་ རྡོ་རྗེ་རྗེས་འབྲང་དང་བཅས་པ་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པའི་རྗེས་སུ་འཁོར་གྱི་ལྷ་མོ་ སྤྲོ་བ་སོགས་འབྱུང་ཞིང༌། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་པོ་མཆོག་ལས་རྒྱལ་པོ་མཆོག་ ཏེ། ཏིང་ངེ་འཛིན་གསུམ་གྱིས་འཆིང་བར་མཛད། ལུགས་འདི་ལ་མངོན་པར་རྟོགས་པ་ཡན་ ལག་དྲུག་པ་དང༌། བཞི་པ་གང་རུང་གི་འཆིང་བར་གསུངས་ཤིང༌། སྒྲུབ་གཅིག་ལ་ཆིངས་ 21-1-262 གཉིས་ནི་མི་བཞེད་དོ། ། དེ་ཡང་ཡན་ལག་དྲུག་པ་ནི་གོང་དུ་བཤད་ཟིན་ཅིང༌། བཞི་པ་ནི། བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་ཏེ་བཞིའོ། །དེ་དག་ཀྱང་དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་ བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་བཀོད། །ཅེས་ གསུངས་པ་དང་དོན་ཅིག་པར་བཞེད་ལ། དེ་ལ་ཡང་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་ ཡན་ཆད་ནི། སྟོང་ཉིད་བྱང་ཆུབ་དང༌། བསྙེན་པ། གོ་ཆ་བསྒོ་བ་ནི། ས་བོན་བསྡུ་བ་དང༌། ཉེར་སྒྲུབ། ཡེ་ཤེས་པ་བསྟིམ་པ་ནི་གཟུགས་བརྙན་རྫོགས་པ་དང་སྒྲུབ་པ་ཡིན་ནོ། །དབང་ བསྐུར་རྒྱས་གདབ་ནི། ཡི་གེ་བཀོད་པ་དང༌། སྒྲུབ་ཆེན་པོ་ཡིན་ནོ། །འགའ་ཞིག་མངོན་རྟོགས་ ཡན་ལག་དྲུག་པ་དང༌། བཞི་པ་གཉིས་ཅར་གྱི་འཆིང་བར་གྲགས་པ་ཡང༌། ཡན་ལག་དྲུག་ པའི་ཆིངས་ཀྱི་ནང་དུ་འདུས་ཤིང༌། ཁ་ཅིག་གནས་བཞིའི་ཆིངས་ཡོད་པར་འདོད་པ་ཡང་མི་ འཐད་དེ། གནས་པ་བཞི་ནི་སྐུ་བཞི་ལམ་དུ་བྱེད་པའི་དོན་ཙམ་ཡིན་པའི་ཕྱིར་མངོན་རྟོགས་ ཀྱི་ཆིངས་སུ་མི་འཐད་དོ། །དེ་བཞིན་དུ་རྣལ་འབྱོར་རྫོགས་ཕྲེང་ལས་འབྱུང་བའི་ཀྱཻ་རྡོར་གྱི་ མངོན་རྟོགས་ལྟ་བུ། ལུགས་སྲོལ་རང་རྐང་དུ་བྱས་ནས། སྐད་ཅིག་གིས་བསྐྱེད་པའི་ཆིངས་ སུ་འདོད་པ་ཡང་མི་འཐད་དེ། དེ་ནི་རྫོགས་པའི་རྣལ་འབྱོར་ཁོ་ནས་དབང་དུ་བྱས་པ་ཡིན་གྱི། སློབ་དཔོན་དེའི་ལུགས་ལ་ཡང་ཀྱཻ་རྡོར་གྱི་མངོན་རྟོགས་ཀྱི་གཙོ་བོ་སྐད་ཅིག་གིས་བསྐྱེད་པའི་ ཆིངས་སུ་མི་འདོད་པས་སོ། ། གསུམ་པ་ལ། བསྐྱེད་རིམ་ལ་གཙོ་བོར་བཞག་པའི་ས་ལམ་དང༌། རྫོགས་རིམ་ལ་གཙོ་ བོར་བཞག་པའི་ས་ལམ་མོ། །དང་པོ་ཌོཾ་བི་པ་རྗེས་འབྲང་དང་བཅས་པའི་ལུགས་ལ། ལས་ དང་པོ་པ། བདེ་བ་ཅུང་ཟད་ཐོབ་པ། བདེ་སྟོང་གི་ཉམས་སྐྱེས་པ། བདེ་སྟོང་གི་ཉམས་ཆེར་ སྐྱེས་པ་དང་བཞིར་བཞག་པ་དང༌། མཚོ་སྐྱེས་ལུགས་ལས་འབྱུང་བ། འཆིང་བ་མཐའ་དག་ 21-1-263 དང་ལྡན་པའི་གང་ཟག་ཐ་མའི་ཐ་མ་དང༌། ཐ་མ་འབྲིང་དང་། རབ་སྟེ་བཞིར་གྲགས་པ་དང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་རྗེས་འབྲང་དང་བཅས་པའི་ལུགས་ལ། ལས་དང་པོ་ པ་དང༌། ཡེ་ཤེས་ཕེབས་པ་དང༌། ཡེ་ཤེས་ལ་དབང་དང༌། ཡེ་ཤེས་ལ་ཆེས་དབང་བ་སྟེ། གང་ ཟག་བཞིར་གྲགས་པ་རྣམས་མིང་ཐ་དད་པ་མ་གཏོགས་དོན་ལ་ཁྱད་པར་མེད་དོ། །ངོ་བོ་ལམ་ སྒོམ་པའི་གང་ཟག་རྣམ་པ་བཞིར་རིམ་གྱིས་ན་འཕོ་བ་ཡིན་ནོ། །དེ་ཡང་དཀྱིལ་འཁོར་རགས་ པ་ལ་གསལ་སྣང་མ་ཐོབ་པ་དེ་སྲིད་དུ། གང་ཟག་དང་པོ་ཡིན་ལ་གསལ་སྣང་ཐོབ་པའི་ཚེ་ གཉིས་པ་དང༌། གོ་ཆའི་ལྷ་ལ་སོགས་པ་ཕྲ་མོ་རྣམས་ལ་གསལ་སྣང་ཐོབ་པའི་ཚེ་གསུམ་པའོ། ། དེ་རྣམས་བསྐྱེད་རིམ་འབའ་ཞིག་གིས་ཐོབ་པ་ཡང་ཡོད། བསྐྱེད་རྫོགས་གཉིས་ཅར་གྱིས་ ཐོབ་པ་ཡང་ཡོད། གང་ཟག་བཞི་པ་ནི་བསྐྱེད་རྫོགས་ཟུང་འབྲེལ་དུ་བསྒོམས་པ་ལས་ཐོབ་པ་ ཡིན་ཏེ་ཡུངས་ཀར་གྱི་གོང་བུ་ཙམ་གྱི་ནང་དུ་ཡང་དཀྱིལ་འཁོར་རབ་འབྱམས་གསལ་ཐེབས་ པ་དང་། ལྷ་བསྐྱེད་པ་དང་སྤྲོ་བ་དང༌། བསྡུ་བ་ཐོགས་མེད་དུ་ནུས་པ་དེའི་ཚེ་གང་ཟག་བཞི་ པར་འཇོག་པ་ཡིན་ནོ། །དེ་ལྟར་གང་ཟག་དང་པོ་གསུམ་ནི་ཚོགས་ལམ་པར་ངེས་ཤིང༌། སྦྱོར་ ལམ་དྲོད་ཀྱི་ཡེ་ཤེས་སྐྱེས་པ་ཕན་ཆད། སྦྱོར་མཐོང༌། སྒོམ་པའི་ལམ་གསུམ་ལ་གནས་པ་ནི་ གང་ཟག་བཞི་པ་ཡིན་ནོ། ། ༼གསུམ་པ༽གཉིས་པ་རྫོགས་རིམ་ལ་གཙོ་བོར་བཞག་པའི་ས་ལམ་གྱི་རྣམ་བཞག་བཤད་པ་ལ། སྒྲུབ་བྱེད་ལམ་གྱི་རང་བཞིན་བཤད་པ་དང༌། སྒྲུབ་བྱ་འབྲས་བུའི་ངོ་བོའོ། །དང་པོ་ལ་ལམ་གྱི་ ངོ་བོ་ངོས་བཟུང་བ་དང༌། མན་ངག་ལས་འབྱུང་བའི་རྣམ་བཞག་གིས་ཁ་བསྐང་བའོ། །དང་པོ་ ལ། བསྒོམ་བྱ་བྱང་ཕྱོགས་དང་བསྒྲོད་བྱ་ལམ་གྱི་རྣམ་བཞག་གོ །དང་པོ་ལ་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་གཉིས་སོ། །དང་པོ་ཐུན་མོང་ནི་བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐེག་ པ་ཆེན་པོ་སྤྱི་དང་མཚུངས་པ་ཡིན་ཏེ། ཚོགས་ལམ་ཆུང་བ་དྲན་པ་ཉེ་བར་བཞག་པ་ཡང་དག་ 21-1-264 སྤོང་བ་བཞི། ཆེན་པོ་རྫུ་འཕྲུལ་རྐང་པ་བཞི། སྦྱོར་ལམ་དྲོད་དང་རྩེ་མོར་དབང་པོ་ལྔ། བཟོད་ པ་དང་ཆོས་མཆོག་ལ་སྟོབས་ལྔ། མཐོང་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན། སྒོམ་ལམ་ལ་ འཕགས་པའི་ལམ་འབྲིང་པོ་ཡན་ལག་བརྒྱད་རྣམས་སྦྱོར་བ་ཡིན་ནོ། ། གཉིས་པ་ནི། ཐུན་མོང་མ་ཡིན་པའི་བྱང་ཕྱོགས་སོ་བདུན་ལས་དང་པོར་དྲན་པ་ཉེར་ བཞག་བཞི། གཉིས་པ་རྫུ་འཕྲུལ་གྱི་རྐང་པ་བཞི། བཅུ་པའི་བར་ལྷག་མ་བརྒྱད་ལ། བྱང་ ཕྱོགས་ཀྱི་ཆོས་གཉིས་གཉིས། བཅུ་གཅིག་པ་དང་བཅུ་གཉིས་པ་ལ་བཞི་བཞི། ཡང་དག་ པའི་ལས་ཀྱི་མཐའ་ལ་སོགས་པ་ཕྱི་མ་ལྔ་ནི་བཅུ་གསུམ་པའི་ཕྱེད་འོག་མ་དང་སྦྱོར་བ་ཡིན་ ཅིང༌། དེ་དག་བྱང་ཕྱོགས་དངོས་དང་རྗེས་སུ་མཐུན་པ་ནི་སྦྱོར་ལམ་བཅུ་གཉིས་ཀྱི་གནས་ སྐབས་སུ་འབྱུང་བ་ཡིན་ནོ། །གཞན་ཡང་ཐུན་མོང་གི་བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་ ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་མཐུན་པ་ཡིན། ཐུན་མོང་མ་ཡིན་པའི་བྱང་ཕྱོགས་སོ་ བདུན་ནི། རྩ་སུམ་ཅུ་སོ་བདུན་དང༌། ཡི་གེ་སུམ་ཅུ་སོ་བདུན་དང༌། ཁམས་སུམ་ཅུ་སོ་བདུན་ དང༌། རླུང་སུམ་ཅུ་སོ་བདུན་དབུ་མར་ཐིམ་པ་ལས་བྱུང་བའི་ཡེ་ཤེས་ཡིན་ནོ། ། གཉིས་པ་ནི། བསྒྲོད་བྱ་ལམ་གྱི་རྣམ་བཞག་ལ། སོ་སོའི་སྐྱེ་བོའི་ལམ་དང་འཕགས་པའི་ ལམ་གཉིས་སོ། །དང་པོ་ནི། དཀྱིལ་འཁོར་རགས་པ་ལ་གསལ་སྣང་ཅུང་ཟད་ཐོབ་ཅིང་ཐེག་ པ་གཞན་བཀྲི་བར་མི་ནུས་པ་དེའི་ཚེ་ཚོགས་ལམ་ཆུང་ངུ་དང༌། གསལ་སྣང་ཅུང་ཟད་མཆེད་ པ་ན་ཚོགས་ལམ་འབྲིང་པོ་དང༌། གསལ་སྣང་རྒྱ་ཆེར་མཆེད་ཅིང་ཡི་དམ་གྱི་ལྷ་ཞལ་ལྟ་བར་ ནུས་པ་དང༌། ལས་ཚོགས་ཐོགས་མེད་དུ་གྲུབ་པ་དང༌། ཐུན་མོང་གི་དངོས་གྲུབ་ཆེན་པོ་ རྣམས་འགྲུབ་ཏུ་རུང་བ་དེའི་ཚེ་ཚོགས་ལམ་ཆེན་པོ་ཡིན་ནོ། །དེ་ལྟར་བསྐྱེད་རིམ་བསྒོམས་པ་ མཐར་ཕྱིན་པའི་ཡོན་ཏན་ལ་གནས་པའི་སྟེང་དུ། རྩ་ཨ་ཝ་དྷུ་ཏིར་རླུང་སེམས་ཐིམ་པའི་རྐྱེན་ གྱིས་ཞུ་བདེའི་རང་བཞིན་ཅན་གྱི་བདེ་སྟོང་གི་ཡེ་ཤེས་ཆུང་འབྲིང་ཆེ་གསུམ་ཐོབ་པ་དེའི་ཚེ། 21-1-265 སྦྱོར་ལམ་དྲོད་ཆུང་འབྲིང་ཆེ་གསུམ་དུ་འཇོག་པ་ཡིན་ནོ། ། དེ་ནས་ཡེ་ཤེས་ཀྱི་སྐུ་ཞེས་བྱ་རྣམ་རྟོག་གི་བྲལ་བའི་སྐུ། དཀྱིལ་འཁོར་གྱི་འཁོར་ལོ་རྒྱུན་ མ་ཆད་པར་སྣང་བ་དེའི་ཚེ། སྦྱོར་ལམ་རྩེ་མོ་དང༌། རང་བཞིན་བརྒྱད་ཅུའི་རྣམ་རྟོག་མངོན་ འགྱུར་པ་གཏན་ནས་འགགས་པ་དེའི་ཚེ་སྦྱོར་ལམ་བཟོད་པ་དང༌། རྟེན་དེ་ལ་མཐོང་ལམ་ གྱི་ཡེ་ཤེས་སྐྱེ་བའི་སྦྱོར་བ་བདེ་སྟོང་གི་བསྒོམ་པར་རྩོལ་བ་དེའི་ཚེ། སྦྱོར་ལམ་ཆོས་མཆོག་ ཆེན་པོ་ཡིན་ནོ། །དེ་ཡང་སྔོན་དུ་བསྐྱེད་རིམ་མ་བསྒོམས་པར་རྫོགས་རིམ་བསྒོམས་པས་རླུང་ སེམས་དབུ་མར་ཐིམ་པས། བདེ་སྟོང་གི་ཡེ་ཤེས་ཆུང་འབྲིང་ཆེ་གསུམ་ཐོབ་པ་དེའི་ཚེ་ཚོགས་ ལམ་ལས་མ་འདས་པས་དེར་བསྐྱེད་རིམ་གྱི་བོགས་འབྱུང་བའི་རྐྱེན་གྱིས་སྦྱོར་ལམ་དྲོད་ཀྱི་ ཡེ་ཤེས་སྐྱེ་བར་བཤད་པ་ནི་དམིགས་བསམ་ཡིན་ནོ། ། གཉིས་པ་འཕགས་ལམ་ནི། ས་བཅུ་གཉིས་སམ་ཕྱེད་དང་བཅུ་གསུམ་གྱིས་བསྡུས་པ་ ཡིན་ཅིང༌། དེ་ཡང་ཐེག་པ་སྤྱི་དང་ཐུན་མོང་གི་བརྡ་ཆད་རབ་ཏུ་དགའ་བ་ལ་སོགས་པའི་ མིང་དང་། རྣལ་འབྱོར་མའི་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་ཆད་གནས་ལ་སོགས་པའི་ མིང་གིས་གསུངས་པ་ཡིན་ཏེ། ཇི་སྐད་དུ། རྒྱུད་ལས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཙྪནྡོ་ མངོན་དུ་གྱུར་པ་སྟེ། །ཉེ་བའི་ཙྪནྡོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་ བ་མི་གཡོ་བས། །དུར་ཁྲོད་ལེགས་པའི་བློ་གྲོས་ཏེ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཞེས་ པ་དང༌། མངོན་བརྗོད་བླ་མ་ལས། དཔེ་མེད་ས་དང་ཡེ་ཤེས་ལྡན། །ཞེས་དང༌། རྡོ་རྗེའི་ས་ནི་ བཅུ་གསུམ་པ། ཞེས་པ་ལྷག་མ་གསུམ་གྱི་མིང་ཡང་གསུངས་ཤིང༌། དེ་ཡང་གོང་གི་འཕྲོས་ དང་སྦྱར་ན། འཐུང་སྤྱོད་དཔེ་མེད་ཡེ་ཤེས་ཆེ། ཉེ་བའི་འཐུང་སྤྱོད་ཡེ་ཤེས་ལྡན། །བཅུ་གསུམ་ རྡོ་རྗེ་འཛིན་པའི་ས། །ཞེས་བླ་མ་གོང་མ་རྣམས་ཀྱི་གསུངས་འཕྲོས་ལས་འབྱུང་ངོ༌། །དེ་ལྟར་ 21-1-266 ན་ས་རབ་ཏུ་དགའ་བའི་ཐོག་མ་དང༌། གནས་ཀྱི་དང་པོ་ནི་མཐོང་ལམ་ཡིན་ལ། ལྷག་མ་བཅུ་ གཅིག་དང༌། བཅུ་གསུམ་པའི་ཕྱེད་འོག་མ་སྒོམ་ལམ་ཡིན་ནོ། །དེ་ལྟར་ས་དེ་རྣམས་ཐོབ་པའི་ རྒྱུད་ནི་རྩ་དང༌། ཁམས་དང༌། རླུང་རྣམས་དབུ་མར་ཐིམ་པ་ལས་འབྱུང་ཞིང༌། དེ་ཡང་སྤྱོད་ པ་དང་ཉེར་རྒྱུ་ལས་རག་ལས་པ་ཡིན་ཏེ། མ་དག་ས་བདུན་དུ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་ པ་ཁོ་ན་དང༌། དེ་ཡང་བཅུ་གསུམ་པའི་བར་རྣམས་ལ། ཕྱོགས་ལས་རྣམ་རྒྱལ་ཁོ་ནའམ། ཉེ་ རྒྱུའི་བགྲོད་པའང་ཡོད་ལ། བཅུ་གསུམ་པའི་ཕྱེད་འོག་མ་ནི། ཉེ་རྒྱུ་ཁོ་ན་ལ་ངེས་པར་ལྟོས་པ་ ཡིན་ནོ། །དེ་ཡང་ཕྱི་རོལ་ཏུ་ཛ་ལན་ཏ་ལ་སོགས་པའི་ཡུལ་ཆེན་བཞི་བགྲོད་པ་དང༌། དེ་དག་ ན་གནས་པའི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་འདུ་བ་ཁྱད་པར་ཅན་གྱི་ཀུན་ཏུ་བཟང་པོའི་ སྤྱོད་པ་སྤྱད་པས། ནང་དུ་མི་ཕྱེད་མ་ལ་སོགས་པ་བཞི་དང་ཁམས་དང་རླུང་རྣམས་དབུ་མར་ ཐིམ་པ། ས་དང་པོའི་རྟོགས་པ་སྐྱེ་བ་ཡིན་ཅིང༌། གཞན་ལའང་རིགས་འགྲེའོ། ། དེ་ལྟར་ས་དང་པོ་གཉིས་སུ་ཡུལ་ཆེན་དང༌། རྩ་དང༌། ཁམས་དང༌། རླུང་གི་འཕོ་བ་བཞི་ བཞི་དང༌། དེ་ནས་ས་བཅུ་པའི་བར་ལྷག་མ་བརྒྱད་ལ་གཉིས་གཉིས་དང༌། བཅུ་གཅིག་པ་ དང༌། བཅུ་གཉིས་པ་ལ་བཞི་བཞི་དང༌། བཅུ་གསུམ་པའི་ཕྱིར་འོག་མ་ལ་སྦས་པའི་རྩ་ལྔ་དང་ འདུ་བྲལ་མའི་ཁམས་དང་རླུང་རྣམས་དབུ་མར་ཐིམ་དགོས་པ་ཡིན་ནོ། །དེ་ལྟར་ས་རྣམས་ཀྱི་ ཡོན་ཏན་ཕལ་ཆེ་བ་ནི་ཐེག་པ་སྤྱི་དང་མཚུངས་ཤིང༌། བཅུ་གཅིག་པ་དང༌། བཅུ་གཉིས་པ་ནི་ ས་བཅུ་པའི་ཡོན་ཏན་ཡར་འཕེལ་གྱི་སྟེང་དུ་ཆོས་སྐུའི་ཞིང་ཁམས་ལ་དབང་འབྱོར་པ་ཞེས་བྱ་ བ། ཇི་ལྟ་བའི་ཆོས་རྣམས་རྟོགས་པས་ཡེ་ཤེས་ལྷག་པར་རྟོགས་པ་ཡིན་ནོ། །བཅུ་གསུམ་པའི་ ཕྱེད་འོག་མ་ནི། ངོ་བོ་ཉིད་སྐུའི་ཞིང་ཁམས་ལ་དབང་ཐོབ་པ་ཞེས་བྱ། ཇི་ལྟ་བ་དང་ཇི་སྙེད་ པའི་ཆོས་རྣམས་ཀྱི་གནས་ལུགས་མ་ལུས་པར་རྟོགས་པའི་ཡེ་ཤེས་དཔག་ཏུ་མེད་པ་དང་ལྡན་ པ་ཡིན་ནོ། །ས་བཅུ་གཅིག་པ་དང༌། བཅུ་གཉིས་པའི་ངོས་སྐལ་གྱི། ཕྱིའི་ཡུལ་ཆེན་བརྒྱད་ 21-1-267 ནི། དུར་ཁྲོད་བརྒྱད་ལ་ངོས་འཛིན་པ་དང༌། བཅུ་གསུམ་པའི་ཕྱེད་འོག་མའི་ངོ་སྐལ་གྱི་ཕྱིའི་ ཡུལ་ཆེན་ལྔ་ནི། རྡོ་རྗེ་གདན་དང༌། དེ་དང་ཉེ་བའི་ཕྱོགས་བཞིའི་ཡུལ་རྣམས་སོ། །དེ་ལྟར་རྩ་ རྒྱུད་དངོས་བསྟན་ལས། ཡུལ་ཆེན་སུམ་ཅུ་རྩ་གཉིས་དང༌། ནང་གིས་ལུས་སྦྱར་བ་ཡོད་ཀྱང༌། བདེ་མཆོག་ལ་ཉེར་བཞིར་གསུངས་པ། རྩ་མི་ཕྱེད་མ་སོགས་པར་རིམ་པ་བཞིན་དུ་སྦྱར་བ་ ནི། སམྦུ་ཊི་ནས་གསུངས་པ་དང་གུང་བསྒྲིགས་པ་ལས་ཤེས་དགོས་སོ། ། གཉིས་པ་མན་ངག་གིས་ཁ་བསྐང་བ་ལ། ལྟ་གྲུབ་བརྒྱད་ངོས་བཟུང་བ་དང༌། དེ་ལ་ཇི་ ལྟར་ཁྲིད་པའི་ཚུལ་ལོ། །དང་པོ་ལ་སོ་སྐྱེས་ལམ་དུ་ལྟ་བ་བཞི་དང༌། འཕགས་ལམ་དུ་གྲུབ་ མཐའ་བཞིའོ། །དང་པོ་བུམ་དབང་གི་ལྟ་བ་མི་རྟོག་པ་གཙོ་ཆེ་བ་ངོ་བོ་ཉིད། གསང་དབང་ གི་ལྟ་བ་གསལ་བ་གཙོ་ཆེ་བ་རང་བྱུང་གི་ཡེ་ཤེས་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལྟ་ བ་བདེ་བ་གཙོ་ཆེ་བ་ཡས་བརྟན་གྱི་དགའ་བ་བཞི་དང༌། དབང་བཞི་པའི་ལྟ་བ་བདེ་སྟོང་ གཉིས་སུ་མེད་པ་མས་བརྟན་གྱི་དགའ་བ་བཞིའོ། །དང་པོ་ལ་དབྱེ་ན་སྣང་ཕྱོགས་ངོ་བོ་ཉིད། སྟོང་ཕྱོགས་ངོ་བོ་ཉིད། ཟུང་འཇུག་ངོ་བོ་ཉིད་གསུམ། དེ་དག་ནི་དཀྱིལ་འཁོར་སྒོམ་པ་དང་ འབྲེལ་བའི་སྣང་ཉམས་དང་། སྟོང་ཉམས་དང༌། སྣང་སྟོང་ཟུང་འཇུག་གི་ཉམས་རྣམས་སོ། ། དེ་གསུམ་ཆར་ཡིད་ཀུན་བཏགས་དང་བྲལ་བའི་ཆོས་ཉིད། མ་རིག་པ་ལས་ལོག་པའི་ཆོས་ ཅན། ངོ་བོ་གཅིག་ཚུལ་གྱི་ལྡོག་པ་ཐ་དད་དེ། མཚན་ཉིད་གསུམ་དུ་གསུངས་སོ། །གཉིས་པ་ ལ་རང་བྱུང་ཞེས་པའི་ཕྱི་རོལ་གྱི་རྐྱེན་གཞན་ལ་མ་ལྟོས་པ་ཡིན་ལ། དེ་ལ་ཉོན་མོངས་པ་རང་ བྱུང༌། རྣམ་རྟོག་རང་བྱུང༌། སྒྲེལ་གཞི་རང་བྱུང༌། གསལ་ཞིང་ཡངས་ལ་རང་བྱུང་ཆེན་པོའི་ཡེ་ ཤེས་སོ། །དང་པོ་ནི། རྩ་རླུང་ཐིག་ལེའི་ཁྱད་པར་འགའ་ཞིག་དབུ་མར་ཐིམ་པའི་རྟེན་འབྲེལ་ གྱི་ཉོན་མོངས་པའི་དུག་ལྔ་ཤུགས་དྲག་པོ་ལྟར་སྣང་བའི་ལམ་གྱི་ཡེ་ཤེས་དང༌། རྣམ་རྟོག་ ཤུགས་དྲག་པོ་ལྟར་སྣང་བའི་ལམ་གྱིས་ཡེ་ཤེས་དང་། ཉམས་མཐོ་དམན། གསལ་མི་གསལ། 21-1-268 བདེ་སྡུག་འདྲེས་མར་སྣང་བ་དང༌། གསལ་སྟོང་གི་ཡེ་ཤེས་མཐའ་དབུས་མེད་པར་འཆར་བ་ རྣམས་སོ། ། གསུམ་པ་ནི་ཡས་བརྟན་གྱི་དགའ་བ་བཞི་སྟེ། དེ་དག་ལ་ཡང་གནས་ལ་ལྟོས་པ་ལུས་ལ་ ལྟོས་པ། སྤང་བྱ་ལ་ལྟོས་པ། ངོ་བོ་ཉིད་ལ་ལྟོས་པའི་དབྱེ་བས་བཅུ་དྲུག་གོ །དང་པོ་ནི། སྤྱི་ བོའི་ཧཾ་ཡིག་ཞུ་བས། བྱང་ཆུབ་ཀྱི་སེམས་མགྲིན་པ། སྙིང་ཁ་ལྟེ་བ། གསང་གནས་རྣམས་སུ་ བརྟན་པར་བྱས་པའི་དུས་སུ་འཆར་བ་ཡིན་ནོ། །གཉིས་པ་ལུས་ལ་ལྟོས་པ་ནི། ཕྱི་རོལ་གྱི་བྱ་ བ་ལ་ལྟོས་པའི་བདེ་བ་དང༌། གཉིས་སྦྱོར་གྱི་བྱ་བ་ལས་ཐོབ་པའི་བདེ་བ་དང༌། བསྲུབས་པ་ ལས་བྱུང་བའི་བདེ་བ་དང༌། བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པའི་བདེ་བ་སྟེ། སྐད་ཅིག་ རིམ་པ་བཞི་ལ་ལྟོས་པ་ཡིན་ནོ། །གསུམ་པ་སྤང་བྱ་ལ་ལྟོས་པ་ནི། ཕྱི་རོལ་བཟུང་བའི་རྣམ་ རྟོག་རགས་པ་འགགས་པ་དང་། རིག་མར་འཛིན་པའི་རྣམ་རྟོག་འགགས་པ་དང༌། བདག་ཏུ་ འཛིན་པའི་རྣམ་རྟོག་མངོན་འགྱུར་བ་འགགས་པ་དང་། གཟུང་འཛིན་གྱི་རྣམ་རྟོག་ཕྲ་རགས་ མངོན་འགྱུར་བ་འགགས་པ་སྟེ་བཞིའོ། །བཞི་པ་ངོ་བོ་ཉིད་ལ་ལྟོས་པ་ནི། བདེ་སྟོང་གི་ཡེ་ ཤེས་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། ཆེན་པོའི་ཆེན་པོ་རྣམས་ཡིན་ནོ། །བཞི་པ་དབང་ བཞི་པའི་ལྟ་བ་བདེ་སྟོང་གཉིས་སུ་མེད་པ་མས་བརྟན་གྱི་དགའ་བ་བཞི་ནི། ཇི་སྐད་དུ། རྒྱུ་ མཐུན་པས་ནི་སྐྲ་དཀར་འཇོམས། །རྣམ་པར་སྨིན་པའི་སྟོབ་སྟེར་བྱེད། །སྐྱེས་བུའི་བྱེད་པས་ རྣམ་པར་འཕེལ། །དྲི་མ་མེད་པས་འཆི་མེད་འགྱུར། །ཞེས་གསུངས་པ་ལྟར་འབྲས་བུ་བཞི་སྟེ། དེ་ཡང་ནོར་བུ་ནས་ལྟེ་བར་བྱང་སེམས་ཀྱི་གང་ཞིང་བརྟན་པར་བྱས་པ་ནི། རྒྱུ་མཐུན་པའི་ འབྲས་བུ་སྟེ། སྐྲ་དཀར་ལ་སོགས་པ་རྒས་པ་མི་འབྱུང་བ་དང༌། དེ་ཉིད་སྙིང་གར་བརྟན་པར་ བྱས་པ་ནི་རྣམ་སྨིན་གྱི་འབྲས་བུ་སྟེ། སེམས་ཡེ་ཤེས་ཀྱི་སྟོབས་སུ་གྱུར་པས། ལུས་སྲེད་མེད་ ཀྱི་བུའི་སྟོབས་དང་ལྡན་པ་ཡིན་ནོ། །དེ་ཉིད་མགྲིན་པའི་བར་དུ་བརྟན་པར་བྱས་པ་ནི་སྐྱེས་བུ་ 21-1-269 བྱེད་པའི་འབྲས་བུ་སྟེ་ཆོས་ཐམས་ཅད་ལ་བློ་གྲོས་འཕེལ་ཞིང༌། ཐོགས་མེད་དུ་ཆོས་སྟོན་པར་ ནུས་པ་དང༌། དེ་ཉིད་སྤྱི་བོའི་བར་དུ་བརྟན་པར་བྱས་པ་བྲལ་བའི་འབྲས་བུ་སྟེ། ཐ་མལ་པའི་ ལུས་གནས་གྱུར་ནས། འཇའ་ལུས་རྡོ་རྗེའི་སྐུར་འགྱུར་བ་ཡིན་ནོ། ། གཉིས་པ་ལ་གྲུབ་མཐའ་ཞེས་བྱ་བ་ནི། གྲུབ་འབྲས་རེ་སོ་སོའི་སྐྱེ་བོའི་གནས་སྐབས་སུ་ དབང་བཞིའི་ལམ་སྒོམ་པའི་འབྲས་བུ་ཡིན་པས་སོ། །རྣམ་པ་གཅིག་ཏུ་གྲུབ་པ་ནི། མཆོག་གི་ དངོས་གྲུབ་ཡིན་ལ། མཐར་ཐུག་གི་འབྲས་བུ་དེ་དང་ཉེ་བའི་གྲུབ་པའི་མཐའ་ཞེས་བྱའོ། །དེ་ ལ་དབྱེ་ན་བུམ་དབང་གི་གྲུབ་མཐའ་འཁོར་འདས་དབྱེར་མེད། གསང་དབང་གི་གྲུབ་མཐའ་ མ་འདྲེས་པ་ཡོངས་རྫོགས། ཤེར་དབང་གི་གྲུབ་མཐའ་བདེ་སྟོང་རྒྱ་ཆུང་བ། དབང་བཞི་ པའི་གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ་དང་བཞིའོ། །དང་པོ་ནི། ས་དང་པོ་ནས་དྲུག་པའི་བར་ རྣམས་ཡིན་ཏེ། འཁོར་འདས་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ལ་གཙོ་བོར་བྱེད་པས་ འཁོར་འདས་དབྱེར་མེད་ཅེས་བྱའོ། །གཉིས་པ་ནི་ས་བདུན་པ་ནས་བཅུ་པའི་བར་རྣམས་ ཡིན་ཏེ། སོ་སོ་ཡང་དག་པའི་རིག་པ་བཞི་ལ་དབང་འབྱོར་པས་སེམས་ཅན་སོ་སོའི་བསམ་ པ་དང་ཆ་མཐུན་པ་དང༌། འགྲོ་བ་སོ་སོའི་སྐད་དང་མཐུན་པའི་ཆོས་མ་འདྲེས་པར་སྟོན་པར་ ནུས་པས་ན་མ་འདྲེས་པ་ཡོངས་སུ་རྫོགས་པ་ཞེས་བྱའོ། །གསུམ་པ་ནི་ས་བཅུ་གཅིག་པ་དང་ བཅུ་གཉིས་པ་ཡིན་ཏེ། འདི་དག་ནི་བདེ་སྟོང་གི་ཡེ་ཤེས་ཀྱི་ཡུལ་ཚད་དང་བཅས་པའི་ཕྱིར་ རོ། །བདེ་སྟོང་རྒྱ་ཆུང་བ་ཞེས་བྱའོ། །བཞི་པ་ནི་བཅུ་གསུམ་པའི་ཕྱེད་འོག་མ་ནི་མཁྱེན་པའི་ སྐད་ཅིག་མ་གཅིག་གིས་བརྟན་གཡོ་ཐམས་ཅད་ལ་ཁྱབ་པར་ནུས་པའི་ཕྱིར། བདེ་སྟོང་རྒྱ་ཆེ་ བ་ཞེས་བྱའོ། །ས་འདི་དག་ཏུ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར། གྲུབ་མཐའ་ལ་ རྟགས་སུ་ཤར་བ་ཞེས་བྱའོ། ། གཉིས་པ་དེ་ལ་ཇི་ལྟར་ཁྲིད་པའི་ཚུལ་ནི། ཚོགས་སྦྱོར་གྱི་ལམ་མཐའ་དག་ཁམས་འདུས་ 21-1-270 པ་གསུམ་དང༌། འཇིག་རྟེན་ལས་འདས་པའི་ལམ་གྲུབ་མཐའ་བཞིས་བསྡུས་པ་ལྟར་ཏེ། དེ་ ལ་ཁྲིད་ལུགས་གསུམ་དང༌། བསྒྲོད་ལུགས་གཉིས་ཀྱི། དང་པོ་ནི། རླུང་གིས་ལམ་ཁྲིད་པའི་ ཚུལ་ལ། ཁམས་འདུས་པ་དང་པོར་གནོད་པ་དང་བཅས་པས་ལམ་ཁྲིད་པ་དང༌། འདུས་ པ་གཉིས་པ་ཕན་གནོད་མེད་པར་ལམ་ཁྲིད་པ་དང༌། འདུས་པ་གསུམ་པར་ཕན་འདོགས་ པས་ལམ་ཁྲིད་པ་སྟེ། དེ་དག་གིས་འཇིག་རྟེན་ཆོས་མཆོག་མན་ཆད་གྱིས་ལམ་ཆོད་པའོ། ། འཇིག་རྟེན་ལས་འདས་པའི་གནས་སྐབས་སུའང་གྲུབ་མཐའ་དང་པོར་ཟག་པ་མེད་པའི་ རླུང་གི་ལམ་ཁྲིད་པ་དང༌། གཉིས་པར་དབང་པོ་ལྔའི་རླུང་གི་ལམ་ཁྲིད་པ་དང༌། གསུམ་པར་ སྟོབས་ལྔའི་རླུང་གི་ལམ་ཁྲིད་པ་དང༌། བཞི་པ་སྲོག་རྩོལ་རབ་ཏུ་ཐིམ་པའི་རླུང་གི་ལམ་ཁྲིད་ པ་སྟེ། དེ་ནས་རླུང་གི་བགྲོད་པ་མ་ལུས་པ་ཐིམ་པས། སངས་རྒྱས་ཀྱི་སར་ཡེ་ཤེས་ཀྱི་རླུང་ འབའ་ཞིག་ཏུ་འགྱུར་བ་ཡིན་ནོ། །གཉིས་པ་ཐིག་ལེས་ལམ་ཁྲིད་ཚུལ་ལ་འདུས་པ་དང་པོར་ ཁམས་དང་སྙིགས་མ་ཕྱེད་པར་ལམ་ཁྲིད་པ་དང༌། གཉིས་པ་ཅུང་ཟད་ཕྱེད་པས་ཁྲིད་པ་དང༌། གསུམ་པར་དྭངས་སྙིགས་ཕྱེད་པར་ཁྲིད་པ་སྟེ་གསུམ་དུ་ཡོད་ཅིང༌། འཇིག་རྟེན་ལས་འདས་ པའི་སྐབས་སུའང༌། གྲུབ་མཐའ་དང་པོར་ཁམས་དྭངས་མས་ལམ་ཁྲིད་པ་དང༌། གཉིས་པར་ ཐིག་ལེར་བདུད་རྩིས་ཁྲིད་པ་དང་གསུམ་པར་དྭངས་མ་ཆེན་པོས་ལམ་ཁྲིད་པ་དང༌། བཞི་ པ་དྭངས་མའི་དྭངས་མའི་ལམ་ཁྲིད་པ་སྟེ། དེའི་ཐིག་ལེའི་བགྲོད་པ་ཐམས་ཅད་ཐིམ་པས་ ཁམས་དྭངས་མ་མཆོག་འབའ་ཞིག་ཏུ་འགྱུར་བ་ཡིན་ནོ། ། གསུམ་པ་རྩ་ཡི་གེའི་ལམ་ཁྲིད་ཚུལ་ནི། འདུས་པ་གསུམ་ལ་མ་ངེས་པ་འཁྲུལ་སྣང་ལ་ བརྟེན་ནས་ལམ་ཁྲིད་ཚུལ་དང༌། ངེས་པ་མཐོང་སྣང་ལ་བརྟེན་ནས་ལམ་ཁྲིད་ཚུལ་དང༌། ཤིན་ ཏུ་ངེས་པ་གསལ་སྣང་ལ་བརྟེན་ནས་ལམ་ཁྲིད་པའོ། །འཕགས་ལམ་སྐབས་སུ་གྲུབ་མཐའ་ བཞི་ལ་ཡི་གེའི་སྟོབས་ཅུང་ཟད་དག་པས་ལམ་ཁྲིད་པ་དང༌། ཡི་གེའི་སྟོབས་ཕལ་ཆེར་དག་ 21-1-271 པས་ཁྲིད་པ་དང༌། ཡི་གེའི་སྟོབས་དག་པས་ཁྲིད་པ་དང༌། ཡི་གེའི་སྟོབས་ཆེར་དག་པས་ཁྲིད་ པ་དང་བཞི་ཡོད་ཅིང༌། དེ་ནས་རྩ་ཡི་གེའི་བགྲོད་པ་ཐིམ་པས་མི་ཤིགས་པ་མཆོག་ཏུ་གྱུར་པ་ ཡིན་ནོ། །གཉིས་པ་ནི། བགྲོད་ལུགས་གཉིས་ནི། ལམ་ལྟར་ན་ལམ་ལྔ་དང་ས་བཅུ་གསུམ་ མོ། །བྱང་ཕྱོགས་ལྟར་བགྲོད་ན་བྱང་ཕྱོགས་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ ནོ། ། གཉིས་པ་འབྲས་བུའི་ངོ་བོ་ནི། བླ་མ་གོང་མའི་མན་ངག་གིས་བཤད་པ་ལས། ཇི་སྐད་ དུ། གནས་ཡོངས་གྱུར་དང་ཡེ་ཤེས་སྐུ། །མི་གནས་མྱ་ངན་འདས་ཉིད་དང༌། །གཉིས་སུ་ མེད་པ་ཉིད་དང་ནི། །མཛད་པ་རྒྱུན་མི་འཆད་པས་བསྡུས། ། ཞེས་གསུངས་པ་ལྟར། དོན་ ཚན་དྲུག་དང༌། སྐུ་དང་ཡེ་ཤེས་ཀྱི་ཡན་ལག་བཤད་པ་བརྩི་བ་སྟེ་བདུན་ནོ། །དང་པོ་གནས་ གྱུར་པ་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཆ་ནས་གནས་གྱུར་པ་མེད་ཀྱང༌། ཀུན་རྫོབ་ ཀྱི་ཆ་ནས་གནས་གྱུར་པ་སྟེ། ཀུན་གཞི་རྣམ་ཤེས་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས། ཉོན་ཡིད་གནས་གྱུར་པ་མཉམ་ཉིད་ཡེ་ཤེས། ཡིད་ཀྱི་རྣམ་ཤེས་གནས་གྱུར་པ་སོར་རྟོག་ཡེ་ ཤེས། སྒོ་ལྔའི་རྣམ་ཤེས་གནས་གྱུར་བ་བྱ་བ་གྲུབ་པའི་ཡེ་ཤེས། ཆོས་ཀྱི་དབྱིངས་ཤིན་ཏུ་ དྲི་མ་མེད་པར་གྱུར་པ་ཆོས་དབྱིངས་ཡེ་ཤེས་ཏེ། མདོ་དང་ཐུན་མོང་གི་གནས་གྱུར་གྱི་རྣམ་ དག་དང༌། ཕུང་པོ་ལྔ་རྒྱལ་བ་རིགས་ལྔར་གནས་གྱུར་པ་དང༌། ཉོན་མོངས་དུག་ལྔ་ཡེ་ཤེས་ ལྔར་གནས་གྱུར་པ་དང༌། སྐྱེ་མཆེད་བཅུ་གཉིས་སེམས་དཔའ་སེམས་མའི་དཀྱིལ་འཁོར་དུ་ གནས་གྱུར་པ་དང༌། ལུས་རྩ་སྤྲུལ་སྐུར་གནས་གྱུར་པ་དང༌། ཡི་གེ་ལོངས་སྐུར་གནས་གྱུར་ པ་དང༌། ཁམས་ཆོས་སྐུར་གནས་གྱུར་པ་དང༌། སྙིང་པོ་ཡེ་ཤེས། རླུང་ངོ་བོ་ཉིད་སྐུར་གནས་ གྱུར་པ་སྟེ། ཐུན་མོང་མ་ཡིན་པའི་གནས་གྱུར་གྱི་རྣམ་བཞག་གོ །གཉིས་པ་ཡེ་ཤེས་ནི། གོང་ དུ་མངོན་བྱང་གི་སྐབས་སུ་བཤད་ཟིན་པའི་ཡེ་ཤེས་ལྔ་དང༌། སྟོབས་བཅུ་ལ་སོགས་པ་སངས་ 21-1-272 རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ཡིན་ལ། དེ་ཡང་ཡེ་ཤེས་ལྔ་སྐུ་གསུམ་གྱིས་བསྡུས་པ་ཡིན་ ཏེ། ཆོས་དབྱིངས་ཡེ་ཤེས་ནི་ཆོས་སྐུ་དང༌། བྱ་གྲུབ་ཡེ་ཤེས་ནི་སྤྲུལ་སྐུ། ཡེ་ཤེས་གཞན་རྣམས་ ནི་ལོངས་སྐུས་བསྡུས་པ་ཡིན་ནོ། །དེ་ཡང་བདེ་མཆོག་སྟོད་འགྲེལ་ལས། ཡང་སངས་རྒྱས་ཀྱི་ ས་དེ་ཉིད་ལ་རྡོ་རྗེ་གུར་དང༌། སངས་རྒྱས་ཀྱི་སའི་དགོངས་པ་ལྟར་ཡེ་ཤེས་ལྔས་སངས་རྒྱས་ ཀྱི་ས་ཐམས་ཅད་བསྡུས་པར་གསུངས། ཞེས་གསུངས་ཤིང༌། ལྗོན་ཤིང་ལས་ཀྱང་དེ་བཞིན་ གསུངས་ལ། འདི་སྐབས་ཀྱི་སངས་རྒྱས་ཀྱི་སའི་དགོངས་པ་ཞེས་པ་ནི་མདོ་སྡེ་སངས་རྒྱས་ཀྱི་ ས་ཡིན་པའི་ཕྱིར། མདོ་ལུགས་ལ་ཡེ་ཤེས་ལྔ་མེད་པར་འདོད་པ་ནི། རྗེ་བཙུན་གོང་མ་རྣམས་ ཀྱི་དགོངས་པ་བསྐངས་པ་མ་ཡིན་ནོ། ། གསུམ་པ་ནི་སྐུ་གསུམ་གྱི་སྟེང་དུ། ངོ་བོ་ཉིད་སྐུ་བསྣན་པས་བཞི། དེའི་སྟེང་དུ་བདེ་བ་ ཆེན་པོའི་སྐུ་བསྣན་པས་ལྔའོ། །བཞི་པ་མི་གནས་མྱང་འདས་ནི། ཆོས་སྐུས་སྲིད་པའི་མཐའ་ ལ་མི་གནས་པ་དང༌། ལོངས་སྐུ་ལ་སྟོན་པའི་སྒོ་ནས་མྱང་འདས་ཀྱི་མཐའ་ལ་མི་གནས་པ་ ཉིད་ཡིན་ནོ། ། ལྔ་པ་གཉིས་སུ་མེད་པ་ནི་ཟུང་དུ་འཇུག་པ་སྟེ། སྐུའི་དཀྱིལ་འཁོར་གྱི་འཁོར་ལོ་སྣང་ བ་དང༌། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྡོག་ཆ་ཐ་དད་ཀྱང༌། ཡེ་ཤེས་གཅིག་གི་རྣམ་ རོལ་ཡིན་པའི་དོན། དྲུག་པ་ནི། སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཏེ། གདུལ་བྱ་གང་ལ་གང་འདུལ་དུ་སྟོན་ པ་དང༌། བརྟན་གཡོ་ཐམས་ཅད་ཀྱི་རྣམ་པ་སྟོན་པ་དང༌། དུས་སྲིད་པ་ཇི་སྲིད་པའི་བར་དུ་ རྒྱུན་མི་འཆད་པར་འབྱུང་བའོ། ། བདུན་པ་ནི། ཡེ་ཤེས་ལྔ་དང༌། ཡན་ལག་བདུན་ཡང་སྐུ་གསུམ་གྱིས་བསྡུས་པ་ཡིན་ཏེ། ཇི་སྐད་དུ་སློབ་དཔོན་ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་ 21-1-273 བཞིན་མེད། །སྙིང་རྗེའི་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཡན་ལག་བདུན་ བཤད་དོན་དང་ལྡན་པའི་བསྒྲུབ་བྱ་འདིར། །བདག་འདོད་ཚད་མས་ཡོངས་བསྒོམས་བློ་ཅན་ རྣམས་ཀྱང་སྔགས། །ཞེས་གསུངས་པ་ལྟར། ཁ་སྦྱོར་ལ་སོགས་པ་ཡན་ལག་དང་པོ་གསུམ་ ལོངས་སྐུ་དང༌། རང་བཞིན་མེད་པའི་ཡན་ལག་ནི་ཆོས་སྐུ་དང༌། ཕྱི་མ་གསུམ་ནི་སྤྲུལ་པའི་ སྐུའོ། ། དེ་ལྟ་བུའི་ཡན་ལག་བདུན་ལྡན་ཚོགས་གཉིས་རྫོགས་པའི་སངས་རྒྱས་དངོས་དང༌། རྡོ་ རྗེ་འཆང་ཞེས་བྱ་ལ། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རགས་འབྲས་ཀྱི་སངས་རྒྱས་ནི་སངས་ རྒྱས་ཀྱི་མཚན་དང་ལྡན་པ་ཙམ་སྟེ་ས་བཅུ་པ་ལས་མི་འདའོ། །སམྦུ་ཊི་ལས་གང་དག་བསམ་ གྱི་མི་ཁྱབ་པའི་གནས་ཐོབ་པ་དེ་དག་ནི་བདེ་བར་གཤེགས་པ་སྟེ། སངས་རྒྱས་ཡིན་ལ། མཚན་བཞི་མཚོན་པ་ནི། རྡོ་རྗེ་སེམས་དཔའ་ཡང་དག་པའོ། །ཞེས་གསུངས་སོ། །འདི་སྐབས་ ཀྱི་བསམ་གྱི་མི་ཁྱབ་པའི་གནས་ནི་ཁ་སྦྱོར་དང་བདེ་བ་ཆེན་པོ་ཡིན་ཅིང༌། མཚན་གཞི་མཚོན་ པར་བྱེད་པ་ནི། ཆོས་ཐམས་ཅད་གཟིགས་ཤིང་མཁྱེན་པའི་དོན་ནོ། ། ཐམས་ཅད་མཁྱེན་པའི་ལམ་བཟང་བདུད་རྩིའི་མཚོ། །ཡི་གེའི་པར་འཁོད་དགེ་བ་གང་ བསགས་དེའི། །འགྲོ་བའི་ཡིད་མཁར་ཀུན་མཁྱེན་ཟླ་འོད་རྒྱས། །དགྱེས་པའི་རྡོ་རྗེ་རབ་རྒྱས་ རྒྱུར་ཅིག །དེ་ལྟར་བླ་མ་དམ་པའི་གསུང་རྒྱུད་དྲི་མ་མེད་པ་སྐལ་བ་དང་ལྡན་པའི་གདུལ་བྱ་ རྣམས་ཀྱི་ཟིན་བྲིས་སུ་བཀོད་པའོ། །འདི་ནི་སློབ་མ་འགའ་ཞིག་གིས་འཛིན་ཆོས་ཡི་གེར་ བཀོད་པར་གདའ་བ། ངག་སྒྲོས་མ་འཆུགས་པ་ཚིག་རིས་ཀྱང་གཏོང་ཆོས་ལ་ཇི་ལྟར་སྨྲས་ པ་ཁོ་ན་འཁོད་ཐུབ་འདུག་པས། སླར་ཡང་ཏཱ་ར་ནཱ་ཐས་རང་ལོ་སོ་གསུམ་པ་ལ་ཇོ་མོ་ནང་དུ་ ཞུས་དག་ཀྱང་ཅུང་ཟད་བྱས་པ་སྟེ། ཁོ་བོའི་ངག་སྒྲོས་འཛིན་པའི་ཀྱཻ་རྡོར་ས་ལུགས་ལ་དགའ་ བ་རྣམས་བློ་གཏད་ཐུབ་ངེས་པར་ཡོད་དོ།། །།དགེའོ། ། 21-1-274 ༄༅། །ཀྱཻ་རྡོ་རྗེའི་བསྐྱེད་རིམ་གྱི་བཤད་པ་བཞུགས་སོ། ། ༄༅། །ན་མོ་གུ་རུ་ཝེ། རྣམ་ཀུན་མཆོག་དང་ལྡན་པའི་ཡེ་ཤེས་དང༌། །དཔལ་ལྡན་འགྱུར་ བ་མེད་པའི་བདེ་བ་ཆེ། །ཟུང་འཇུག་འཁོར་ལོའི་མགོན་པོ་བླ་མ་ལ། །མཆོག་ཏུ་གུས་པ་ཆེན་ པོས་ཕྱག་འཚལ་ལོ། །དེ་ཡི་གོ་འཕང་སྒྲུབ་བྱེད་བདུད་རྩིའི་བཅུད། །གྲུབ་བརྙེས་བརྒྱུད་པའི་ ལམ་ལས་འོངས་པ་འདི། །བརྗེད་ངེས་རྟོག་པ་སྤང་ཕྱིར་ལེགས་བཤད་ཀྱི། །ཆུ་དྭངས་ནོར་ བུའི་འཕྲེང་བ་སྤེལ་བར་བྱ། ། འདིར་བརྒྱུད་ཀྱི་རྒྱལ་པོ་དཔལ་ཀྱཻ་རྡོ་རྗེ་ལས་བརྩམས་ཏེ་རིམ་གཉིས་ཀྱི་རྣམ་པར་ གཞག་པ་འཆད་པ་ལ་གཉིས་ཏེ། རྒྱུད་ཀྱི་མངོན་པར་རྟོགས་པ་མདོ་ཙམ་བསྟན་པ་དང༌། རིམ་ པ་གཉིས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། རྗོད་བྱེད་ཚིག་གི་རྒྱུད་རྣམ་པར་གཞག་པ་དང༌། བརྗོད་བྱ་དོན་གྱི་རྒྱུད་ངེས་པར་བྱ་བའོ། །དང་པོ་ལ། རྒྱུད་འདི་ཉིད་རྒྱུད་སྡེ་གང་དུ་གཏོགས་ པ་དང༌། གསུངས་པ་པོའི་སྟོན་པ་གང་ཡིན་པ་དང༌། རྒྱུད་ཉིད་དུ་ངོས་བཟུང་བའོ། ། དང་པོ་ནི་བདག་ཅག་གི་སྟོན་པས་དམ་པའི་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ བསྐོར་བ་ཐམས་ཅད་ཐེག་པ་དམན་པའི་སྡེ་སྣོད་དང༌། ཐེག་ཆེན་གྱི་སྡེ་སྣོད་གཉིས་སུ་འདུས་ ལ། ཐེག་ཆེན་གྱི་སྡེ་སྣོད་ཀྱང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དང༌། འབྲས་བུ་རྡོ་རྗེ་ཐེག་པའི་ སྡེ་སྣོད་གཉིས་སུ་འདུས། གཉིས་པ་རྡོ་རྗེ་ཐེག་པའི་སྡེ་སྣོད་ཐམས་ཅད་ཀྱང་རྒྱུད་སྡེ་བཞིར་ འདུས་ཏེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྷག་ལ། ། སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྷག་པའོ། །ཞེས་གསུངས་ པ་ལྟར་རྒྱུད་སྡེ་བཞི་ལས་འདི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །དེ་ལ་ཡང་ཐབས་ཀྱི་རྒྱུད་ 21-1-275 དང༌། ཤེས་རབ་ཀྱི་རྒྱུད་དང༌། ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་གསུམ་ལས། འདི་ཐབས་ ཤེས་གཉིས་སུ་མེད་པའི་རྒྱུད་ཡིན་ཏེ། འདི་ཉིད་ལས། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྲའང་ ཤེས་རབ་བརྗོད་པར་བྱ། །ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ ཉོན། །ཞེས་གསུངས་སོ། །གཉིས་མེད་རྒྱུད་དེའི་ཡང་སྙིང་པོར་གྱུར་པ་ཀྱཻ་རྡོ་རྗེའི་རྒྱུད་དོ། ། གཉིས་པ་ནི། སྤྱིར་རྒྱུད་སྡེ་ཐམས་ཅད་རྡོ་རྗེ་འཆང་ཆེན་པོས་གསུངས་ཤིང༌། ཁྱད་པར་དུ་ རྒྱུད་འདི་ཉིད་ཐོག་མ་མེད་པའི་དུས་ནས་སྟོན་པ་ཧེ་རུ་ཀའི་རྣམ་པས་དག་པའི་འཁོར་ཚོགས་ རྒྱ་མཚོ་ལས་གསུངས་པ། བར་སྐབས་བར་སྐབས་སུ་ནུབ་པར་གྱུར་པ་ལས། བདག་ཅག་ གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པའི་ཚེ་འོག་མིན་དུ་ལོངས་ སྐུ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་དང༌། འཛམ་བུའི་གླིང་དུ་སྤྲུལ་སྐུ་ཞལ་བརྒྱད་ཕྱག་བཅུ་དྲུག་ པའི་རྣམ་པས་གསུངས་སོ། ། གསུམ་པ་ནི། ཀྱཻ་རྡོ་རྗེའི་རྒྱུད་རྒྱས་པ་འབུམ་ཕྲག་ལྔ་པ་ཞིག་ཡོད་དོ། །རྡོ་རྗེ་གུར་ལས། འབུམ་ཕྲག་ལྔ་བདག་ཀྱཻ་རྡོ་རྗེ། །ལུས་ནི་དཀྱིལ་འཁོར་ལྔ་གསུངས་པ། །ཞེས་གསུངས་པ་ ལྟར། རྡོ་རྗེ་རིགས་ཀྱི་དུམ་བུ། སྔགས་ཀྱི་དུམ་བུ། དབང་བསྐུར་བའི་དུམ་བུ། ལྷའི་དུམ་བུ། དེ་ཁོ་ན་ཉིད་ཀྱི་དུམ་བུ་སྟེ་དེ་རེ་རེ་ལ། ཤློ་ཀ་འབུམ་ཕྲག་རེ་རེ་སྟེ་འབུམ་ཕྲག་ལྔའོ། །དེ་ལས་ བསྡུས་པའི་རྒྱུད་ལ། རྩ་བའི་རྒྱུད། བཤད་པའི་རྒྱུད། ཆ་མཐུན་གྱི་རྒྱུད་གསུམ་ལས། དང་པོ་ ནི་རྩ་བའི་རྒྱུད་བརྟག་པ་གཉིས་པ་ཡིན་ལ། །གཉིས་པ་ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་ རྗེ་གུར། ཐུན་མོང་བའི་བཤད་རྒྱུད་སམྦྷུ་ཊིའོ། ། གསུམ་པ་ནི། ཕྱག་ཆེན་ཐིག་ལེ། ཡེ་ཤེས་ཐིག་ལེ། ཡེ་ཤེས་སྙིང་པོ། རྣལ་འབྱོར་མ་ ཐམས་ཅད་གསང་བ་སྒྲོན་མེའི་རྒྱུད་དེ་ཐིག་ལེ་སྐོར་བཞི། རྡོ་རྗེ་ཨ་ར་ལི་དང༌། རི་ཥི་ཨ་ར་ ལི་དང༌། རྙོག་པ་མེད་པའི་རྒྱུད་རྣམས་སོ། །དེ་ཡང་རྩ་བའི་རྒྱུད་བརྟག་པ་གཉིས་པ་འདི་རྒྱུད་ 21-1-276 རྒྱས་པ་བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་བྱུང་བ་ཡིན་ཅིང༌། དེ་ལ་འདོད་ཚུལ་མི་འདྲ་བ་དུ་ མ་བྱུང་ནའང་བརྟག་པ་ཕྱི་མ་གཉིས་ཕྱུང་བར་བླ་མ་གོང་མ་རྣམས་ཀྱིས་བཞེད་དོ། །འདི་ལ་ འགྲེལ་བཤད་ཚད་ལྡན་མང་དུ་བྱུང་མོད། འཕགས་ཡུལ་དུ་ཤིང་རྟའི་སྲོལ་འབྱེད་ཐ་དད་དུ་ གྲགས་པ་ནི་མེད་ལ། བོད་ཡུལ་འདིར་ལུགས་སྲོལ་མང་དུ་བྱུང་བ་ལས། དཔལ་ལྡན་ས་སྐྱ་ བ་ཡབ་སྲས་ལ་བཀའ་བབས་པ་ནི། སློབ་དཔོན་མཐུ་སྟོབས་ཀྱི་དབང་ཕྱུག་བིརྺ་པའི་མན་ ངག་གི་ལུགས་དང༌། གྲུབ་ཆེན་ཌོམ་བྷི་ཧེ་རུ་ཀ་རྗེས་འབྲང་དང་བཅས་པའི་ལུགས་དང༌། སློབ་དཔོན་མཚོ་སྐྱེས་ཀྱི་ལུགས་དང༌། ནག་པོ་དམ་ཚིག་རྡོ་རྗེའི་ལུགས་དེ་བཀའ་བབ་བཞིར་ གྲགས་པ་དང༌། གཞན་ཡང་ནཱ་རོ་པ་དང༌། མཻེ་ཏྲི་པའི་ལུགས་ཏེ་དྲུག་གོ ། དེ་ལ་དང་པོ་ནི་སྙན་རྒྱུད་གཙོ་ཞིང༌། སྐབས་འདིར་གཏན་ལ་དབབ་བྱའི་གཙོ་བོ་ཡིན་ ལ། ཌོམྦྷི་ལུགས་སོགས་ཕྱི་མ་གསུམ་ལ་ནི། ཇི་སྐད་དུ། སྙིང་པོའི་དོན་གྱི་ཀྱཻ་རྡོར་ནི། །བིརྺའི་ རྗེས་འབྲང་ཌོམྦྷིའི་སྐོར། །ཡན་ལག་མེད་རྗེས་པདྨའི་སྐོར། །དམ་ཚིག་རྡོ་རྗེ་ནག་པོའི་སྐོར། ། གཙོ་ཆེའི་ཆོས་སྣ་སུམ་ཅུ་དགུ །ཞེས་པ་ལྟར་གཙོ་ཆེ་བའི་ཆོས་སྣ་སུམ་ཅུ་རྩ་དགུ་ཡོད་ཅིང༌། ནཱ་རོ་པ་ཡི་ལུགས་ཕམ་ཐིང་ནས་བརྒྱུད། མལ་ལོ་ཙཱ་བ་ལ་ས་སྐྱ་པ་ཆེན་པོའི་གསན་ཅིང༌། མཻ་ ཏྲི་པའི་ལུགས་ལ་བསྒྲུབ་ཐབས་དང་ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉི་ཤུ་རྩ་དྲུག་བཞུགས་སོ། ། ཤནྟི་མེ་ཏྲི་སྙན་གྲགས་བཟང༌། །ཞེས་གསུངས་པའི་ཤན་ཏི་པའི་ལུགས་ནི་ནག་པོ་ལུགས་ སུ་འདུས་སོ། །དེ་རྣམས་ལས་སློབ་དཔོན་བིརྺ་པའི་ལུགས་འདི་རྗེ་བཙུན་གོང་མས་མཛད་པ་ རགས་རིམ་སྨོས་ན། བཤད་པ་ལ་ཉེ་བར་མཁོ་བའི་གཞུང་བདུན་ཏེ། རྒྱུད་སྡེའི་དུམ་བུ། རྒྱུད་ དེའི་སྤྱི་རྣམ། རྒྱུད་ཀྱི་མངོན་རྟོགས། དེ་གཉིས་ཀྱི་བསྡུས་དོན་སྟོང་ཐུན། ཡབ་ཀྱི་བསྟོད་པ། ཡུམ་གྱི་བསྟོད་པ། བདག་མེད་བསྟོད་འགྲེལ་ལོ། ། ཇི་སྐད་དུ། རྒྱུད་སྡེའི་དུམ་བུ་རྣམ་བཞག་མངོན་རྟོགས་དང༌། །སྟོང་ཐུན་གཉིས་ཀྱི་བསྡུས་ 21-1-277 དོན་བསྟོད་པ་གཉིས། །བདག་མེད་བསྟོད་པའི་རྣམ་འགྲེལ་དང་བཅས་པ། །ཀུན་ཏུ་དགོས་ པའི་གཞུང་བདུན་འཐོར་མི་བྱ། །ཞེས་གསུངས་སོ། །གཞུང་བདུན་པོའི་སྟེང་དུ། རྒྱུད་གསུམ་ ལ་འགྲེལ་པ་གསུམ། བསྡུས་དོན་གསུམ་ཏེ་དྲུག་བསྣན་པས་བཤད་པ་སྤྱི་འགྲོས་ཆོས་བཅུ་ གསུམ་སྟེ། ཇི་སྐད་དུ། རྒྱུད་དོན་སོ་སོའི་རྣམ་འགྲེལ་དང་བཅས་པ། །གང་ལ་གང་དགོས་ དེ་དེ་བླང་བྱ་སྟེ། །དེ་ལྟར་བཅུ་གསུམ་ལེགས་པར་རབ་བལྟས་ན། །རྣམ་པར་ཕྱེ་བའི་རྒྱུད་ གསུམ་ཤེས་པར་འགྱུར། །ཞེས་གསུངས་སོ། །སྤྱིར་ལག་ཏུ་བླང་བའི་ཆོས་བཅུ་བཞི་ནི། ཇི་ སྐད་དུ། སྨིན་བྱེད་ལྟུང་བའི་རྣམ་བཤད་སྒྲུབ་ཐབས་བཞི། །རབ་གནས་སྦྱིན་སྲེག་ཚོགས་ཀྱི་ ཆོ་གར་བཅས། །རྡོ་རྗེ་དྲིལ་བུ་བགྲང་ཕྲེང་དགང་བླུགས་དང༌། །ཐ་མའི་ཆོ་ག་མཆོད་རྟེན་སྒྲུབ་ པ་སྟེ། །དེ་ལྟར་བཅུ་བཞི་དང་པོའི་ལུས་ཅན་ནས། །བརྩམས་ཏེ་གང་ཟག་ཀུན་གྱིས་གཟུང་ བར་བྱ། །ཞེས་སོ། །དེ་ཡང་དབང་བཅུ། རྩ་ལྟུང་འཁྲུལ་སྤོང༌། མངོན་རྟོག་རྒྱས་པ་ཡན་ལག་ བཞི་པ། འབྲིང་པོ་ཡན་ལག་དྲུག་པ། བསྡུས་པ་ལྷན་སྐྱེས། ཡུམ་གྱི་སྒྲུབ་ཐབས་དང་བཞི། འགའ་ཞིག་མངོན་རྟོགས་བསྡུས་པ་མེད། མཚོ་སྐྱེས་ལུགས་ཀྱི་མངོན་རྟོགས་ཚིགས་བཅད་མ་ འདྲེན་ཟེར་ཏེ་ཧ་ཅང་ཐལ་བར་འདྲའོ། །བསྡུས་པའང་ད་ལྟ་བཀའ་འབུམ་ན་བཞུགས་པ་འདི་ ཡིན་པའི་ངེས་པ་མེད། ཡིན་ན་ཡིག་སྣ་དྲུག་ཅིའི་ལས་དང་པོའི་ཆོས་ཀྱི་ནང་དུ་འདྲེན་རིག་པ་ ལས་མ་བགྲངས། དེས་ན་ཀྱཻ་རྡོར་གྱི་སྒྲུབ་ཐབས་ཡིན་པའི་ངེས་པ་མེད་པས་མན་ངག་ལུགས་ ཀྱི་རྒྱུད་འཆད་པ་ལ་མཁོ་བའི་སྒྲུབ་ཐབས་གཞན་ཡོད་པ་དེང་སང་དཔེ་མ་རྙེད་པའང་ཡིན་ སྲིད་གསུངས་སོ། །རབ་གནས་བཟང་པོ་དང་དྲུག་སྦྱིན་བསྲེག་ཞི་བ་དང་ལས་བཞི། རྡོ་རྗེ་ དང་དྲིལ་བུའི་དེ་ཉིད་དུས་ཐ་མའི་ཆོ་ག་རྣམས་ལ་ཡིག་ཆ་རེ་རེ་ཡོད་ཅིང༌། བགྲང་ཕྲེང་དགང་ བླུགས་མཆོད་རྟེན་སྒྲུབ་པ་རྣམས་ལ་ཡིག་ཆ་ཟུར་དང་ལྔ་པར་ཡོད་པ་དང་དེང་སང་ནུབ་པའི། ཡང་ན་ཡིག་ཆ་ཆེ་བ་རྣམས་ཀྱི་ནང་ན་ཆ་ཤས་ཀྱི་གསུངས་པ་རྣམས་ལ་དགོངས་ཟེར་རོ། ། 21-1-278 ཞར་ལ་འོངས་པ་སྦས་པའི་བརྟུལ་ཞུགས་ལ་ཉེ་བར་མཁོ་བའི་ཆོས་དྲུག་ནི། ཇི་སྐད་དུ། རུས་རྒྱན་བཏགས་པའི་སྣོད་དང་གཟུང་བྱའི་ཟས། །རོལ་མོའི་ཆོ་ག་སྟན་དང་བགོ་བའི་གོས། ། འདི་དག་ཧེ་རུ་ཀ་དཔལ་ཆས་དྲུག་སྟེ། །རྣམ་པར་ཕྱེ་ན་བཅུ་བཞིར་འགྲོ་བ་ཡིན། །ཞེས་སོ། ། བཅུ་བཞི་པོ་གང་ཞེ་ན། རྒྱན་ལ་བཞི་དང༌། བཏུང་བའི་སྣོད་དང་ལྔ། ལག་ཆ་གཉིས་དང་ རོལ་མོའི་ཆ་བྱད་གསུམ། སྟན་དང་གོས་ལ་གཉིས་གཉིས་ཏེ། དེ་ལྟར་བདུན་དུ་དབྱེ་བའི་ རྣམ་གྲངས་བཅུ་བཞིའོ། །ཞེས་གསུངས་པའི་རྒྱན་བཞི་ནི། རུས་རྒྱན། ཁྲག་གི་ཐིག་ལེ། ཞག་ གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་རྣམས་སོ། །བཏུང་བའི་སྣོད་ཐོད་པ། ལག་ཆ་གཉིས་ནི་གྲི་ གུག་དང་ཁ་ཊྭཾ་གའོ། །རོལ་མོའི་ཆ་བྱད་གསུམ་ནི། ཅང་ཏེའུ། གསང་བའི་རྔེའུ་ཆུང༌། མི་རྐང་ གི་གླིང་བུ་རྣམས་སོ། །སྟན་གཉིས་ནི། སྟག་ལྤགས་དང་རོ་གདན་ནོ། །གོས་གཉིས་ནི་སྟག་ ལྤགས་དང༌། རོའི་ཆས་གོས་སོ། །གཞན་ཡང་གདན་གྱི་རྣམ་གྲངས་སོགས་མང་དུ་ཡོད་ཅིང༌། སྦས་པའི་དོན་རྣམས་གསུང་རབ་རིན་པོ་ཆེ་ལས་འཕྲོས་ནས་དཀར་ཆག་སོགས་སུ་མཛད་དོ། ། གཉིས་པ་བརྗོད་བྱ་དོན་གྱི་རྒྱུད་ངེས་པར་བྱ་བ་ནི། །ཇི་སྐད་དུ། གསང་བ་འདུས་པའི་ རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་ དང་དེ་ཡི་རང་བཞིན་དང༌། །མི་ཕྲོགས་པ་ཡི་རབ་དབྱེ་བ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། ། གཞི་ནི་ཐབས་ཤེས་བྱ་བ་ཡིན། །དེ་བཞིན་མི་ཕྲོགས་འབྲས་བུའོ། །གསུམ་གྱིས་རྒྱུད་ཀྱི་དོན་ བསྡུས་པའོ། །ཞེས་གསུངས་པ་ལྟར། བརྗོད་བྱ་དོན་གྱི་རྒྱུད་ལ་དབྱེ་ན། རྒྱུ་རྒྱུད་སྔོན་དུ་འགྲོ་ བ་རྟེན་གྱི་གང་ཟག ཉམས་སུ་བླང་བྱ་ཐབས་ཀྱི་རྒྱུད། ཉམས་སུ་བླངས་པས་ཐོབ་པ་འབྲས་ བུའི་རྒྱུད་དང་གསུམ་མོ། །དང་པོ་ལ། རྒྱུ་རྒྱུད་ཀྱི་ངོ་བོ། གང་ཟག་གི་རང་བཞིན། དེའི་རྒྱུད་ ཇི་ལྟར་སྦྱངས་པའི་ཚུལ་དང་གསུམ། དང་པོ་ནི། སེམས་རང་བཞིན་གྱིས་འོད་གསལ་བ་ཀུན་ 21-1-279 ཏུ་འགྲོ་བ་དེ་ཡིན་ལ། དེའི་སྣང་ཆ་འཁོར་བའི་ཆོས་ཐམས་ཅད་ཀྱང་རྒྱུ་རྒྱུད་དུ་བསྡུས་པ་ཡིན་ ཏེ། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་ སོ། །གཉིས་པ་གང་ཟག་གི་རང་བཞིན་ནི། སློབ་དཔོན་གརྦྷ་རི་པས། རྒྱུ་རིགས་སྤང་བྱ་རྐྱེན་ ལ་ལྟོས། །གང་ཟག་རྣམ་པ་བཞི་ཡིན་ནོ། །ཞེས་གསུངས་པ་ལྟར། གང་ཟག་ལ་དབྱེ་ན། རྒྱུ་ ལ་ལྟོས་པ། རིགས་ལ་ལྟོས་པ། སྤང་བྱ་ལ་ལྟོས་པ། རྐྱེན་ལ་ལྟོས་པ་དང་བཞིའོ། །གསུམ་པ་ ནི། སྤྱོད་པའི་ཚུལ་ཁྲིམས་ཀྱི་རིམ་པས་སྦྱང་བ། ལྟ་བའི་རིམ་པས་སྦྱང་བ་དབང་གིས་སྨིན་ པར་བྱེད་པ་སྟེ། ཇི་སྐད་དུ། སྐལ་དམན་སེམས་ཅན་འདུལ་དཀའ་བ། །གང་གིས་འདུལ་བར་ འགྱུར་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་གསོ་སྦྱོང་སྦྱིན་པར་བྱ། ། དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ ནོ། །རྣལ་འབྱོར་སྤྱོད་པ་དེ་ལ་ཕྱེས། །དེ་ཡི་རྗེས་སུ་དབུ་མ་བསྟན། །ཐེག་པའི་རིམ་པ་ཀུན་ ཤེས་ནས། །དེ་རྗེས་ཀྱཻ་རྡོ་རྗེ་བསྟན། །ཅེས་གསུངས་སོ། །དེ་ཡང་སྐལ་དམན་རིམ་འཇུག་ པའི་དབང་དུ་བྱས་པ་ཡིན་ལ། སྐལ་ལྡན་ཅིག་ཅར་བ་ལ་ནི་དབང་བསྐུར་བ་ཁོ་ནས་རྒྱུད་སྦྱང་ བ་འགྲུབ་པ་ཡིན་ནོ། ། སྤྱིར་དབང་ལ། རྒྱུ་དུས་ཀྱི་དབང༌། ལམ་དུས་ཀྱི་དབང་། འབྲས་དུས་ཀྱི་དབང་གསུམ་ ཡོད། །དེ་གསུམ་ངོ་བོའི་སྒོ་ནས་ཐབས་རྒྱུད་ཡིན་ཀྱང༌། མ་སྨིན་པ་སྨིན་པར་བྱེད་པའི་དབང་ ངམ། རྒྱུ་དུས་ཀྱི་དབང་ནི། རང་གང་ལ་བསྐུར་བའི་སེམས་རྒྱུད་དེ་རྒྱུ་རྒྱུད་ཁྱད་པར་ཅན་དུ་ བྱེད་པའི་ཕྱིར་རྒྱུ་རྒྱུད་ཀྱི་མངོན་རྟོགས་ཡིན་ནོ། །ཇི་སྐད་དུ། ཐབས་ལ་སྨིན་བྱེད་དབང་དང་ ཉམས་མྱོང་དང༌། །ཞེས་ཐབས་རྒྱུད་དུ་གསུངས་པའང་ཡོད། དེ་ལ་གང་དུ་དབང་བསྐུར་ བའི་དཀྱིལ་འཁོར། གང་ལ་དབང་བསྐུར་བ། ཇི་ལྟར་བསྐུར་བའི་ཚུལ་དང་གསུམ། དང་ པོ་ནི། སམྦྷུ་ཊི་ལས། དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་ག་ཞེས་སུ་ 21-1-280 བརྗོད། །དཀྱིལ་འཁོར་བྱང་ཆུབ་སེམས་ཡིན་ཏེ། །དཀྱིལ་འཁོར་གསུམ་དུ་གསུངས་པའོ། ། ཞེས་གསུངས་པ་ལྟར། བུམ་དབང་གི་དཀྱིལ་འཁོར་ལུས་ཀྱི་དཀྱིལ་འཁོར་དང༌། རྡུལ་ཚོན་ གྱི་དཀྱིལ་འཁོར་དང་། དབྱིབས་སུ་བཀོད་པའི་དཀྱིལ་འཁོར་གཞན་དང༌། ཏིང་ངེ་འཛིན་ གྱི་དཀྱིལ་འཁོར་ཏེ་བཞི་ཡོད་པ་ལས། འདིར་གཙོ་བོར་གྱུར་པ་ལུས་ཀྱི་དཀྱིལ་འཁོར་སྨོས་ ཤིང༌། བྷ་གའི་དཀྱིལ་འཁོར་དུ་གསང་དབང༌། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་གཉིས་ ལས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། དོན་ དམ་བྱང་ཆུབ་སེམས་ཀྱིས་དཀྱིལ་འཁོར་དུ་དབང་བཞི་པ་བསྐུར་བ་ཡིན་ནོ། །གང་ཟག་རབ་ འབྲིང་ཐ་མ་གསུམ་ཁ་ལ་སྤྱིར་བཏང་ལ་སྨིན་བྱེད་ཀྱི་བུམ་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་ དུ་དབང་བསྐུར་དགོས་ཤིང༌། རས་བྲིས་དང༌། རྡོ་རྗེ་དྲིལ་བུ་པས་སྨིན་བྱེད་ལུས་དཀྱིལ་དུ་ བསྐུར་བར་གསུངས་པ་སོགས་དམིགས་བསལ་ཡིན་ནོ། ། གཉིས་པ་ནི། སློབ་མའི་ལུས་རྩའི་དཀྱིལ་འཁོར་ལ་བུམ་དབང༌། རྩ་བའི་ཡི་གེ་དཀྱིལ་ འཁོར་ལ་གསང་དབང༌། ཁམས་བདུད་རྩིའི་དཀྱིལ་འཁོར་ལ་ཤེས་རབ་ཡེ་ཤེས་ཀྱི་དབང༌། སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་ལ་དབང་བཞི་པ་བསྐུར་བ་ཡིན། གསུམ་པ་ནི། མངོན་ པར་རྟོགས་པ་བདུན་དང་ལྡན་སྟེ། དེ་ཡང་སྔོན་དུ་འགྲོ་བ་བསྙེན་པ་ནི་སློབ་དཔོན་གྱིས་ བསྒྲུབ་པར་བྱ་བ་ཡིན་ཞིང་དཀྱིལ་འཁོར་གྱི་ཆོ་ག་ལ་དངོས་ལ་སློབ་མ་རྗེས་བཟུང༌། ས་ཆོག་ བརྟག་བསླང་སྦྱང་བཟུང་སྲུང་བ་སྟ་གོན་རྣམ་པ་བཞིའི་རིམ་པ། དྲིས་ཤིང་རྒྱན་བཀྲམ་པ། སྒྲུབ་ཅིང་མཆོད་པ། བདག་ཉིད་འཇུག་ཅིང་དབང་བླང་བ། སློབ་མ་གཞུག་ཅིང་དབང་བསྐུར་ བའོ། ། རྗེས་ཆོག་ནི་སླར་བསྡུ་བའི་ཆོ་གའོ། །གཉིས་པ་ཐབས་རྒྱུད་ཀྱི་མངོན་པར་རྟོག་པ་བཅུ་ གཅིག་སྟེ། མཆོག་སྒྲུབ་པའི་མངོན་རྟོགས་ལྔ། ཐུན་མོང་སྒྲུབ་པའི་མངོན་རྟོགས་ལྔ། གཉིས་ 21-1-281 ཀ་ལ་དགོས་པའི་གྲོགས་དམ་ཚིག་དང་སྡོམ་པའོ། །དང་པོ་ལྔ་ནི་ལས་ཐམས་ཅད་ལྷན་ཅིག་ སྐྱེས་པའི་ཡེ་ཤེས་སུ་ཤེས་པར་བྱ་བའི་ཕྱིར་རྟོགས་པའི་ལྟ་བ་དང༌། རྫོགས་རིམ་གྱི་བརྟེན་ བསྐྱེད་པའི་རིམ་པ། ལྷར་སྣང་ཡེ་ཤེས་སུ་རྟོགས་པར་བྱ་བའི་རྫོགས་པའི་རིམ་པ། རིམ་ གཉིས་བརྟེན་ནས་བོགས་འབྱིན་པ་སྤྱོད་པ། འབྲས་བུ་ལ་མཚམས་སྦྱོར་བ་ཉེ་རྒྱུ་ཨཱ་ལི་ཀཱ་ལི་ བྱང་ཆུབ་ཀྱི་སེམས་རྣམས་སོ། ། གཉིས་པ་ལྔ་ནི། ཡི་དམ་ལྷའི་ཐུགས་བརྒྱུད་བསྐུལ་བའི་ཕྱིར་བཟླས་པ། བར་ཆད་ལ་ སོགས་པ་ཞི་བར་བྱ་བའི་ཕྱིར་གཏོར་མ། སྐུ་གཟུགས་བྱིན་གྱིས་བརླབས་པའི་ཕྱིར་རབ་ གནས། ལས་ཐམས་ཅད་འགྲུབ་པར་བྱ་བའི་ཕྱིར་སྦྱིན་སྲེག །དམན་པ་ལ་མོས་པའི་གང་ ཟག་རྗེས་སུ་བཟུང་བའི་ཕྱིར་ལས་རབ་འབྱམས་རྣམས་སོ། །དེ་གཉིས་ཀྱི་དང་པོ། ལྟ་བ་ལ་ ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལྟ་བ་གཉིས་ལས། དང་པོ་ནི་ཕ་རོལ་ཏུ་ཕྱིན་པའི་ལྟ་བ་ ཡིན་ལ། དེའི་ཐོས་བསམ་གྱི་ལྟ་བ་ནི་ལྟ་བ་དུག་ཅན་དུ་བཞེད་དོ། ། གཉིས་པ་ཐུན་མོང་མ་ཡིན་པ་སྔགས་ཀྱི་ལྟ་བ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་ ཉིད་དེ་ཡུལ་ཅན་དབང་གི་ཡེ་ཤེས་ཀྱིས་མྱོང་བར་བྱས་པ་ལ་ངོས་འཛིན་པ་ཡིན་ནོ། །རིམ་པ་ གཉིས་ཀྱི་རྣམ་བཞག་འོག་ཏུ་འཆད་ལ། སྤྱོད་པ་དེ་ལ་ཨ་ཝ་དྷུ་ཏི་ཀུན་འདར་གྱི་སྤྱོད་པ། ཀུན་ ཏུ་བཟང་པོའི་སྤྱོད་པ། ཕྱོགས་ལས་རྣམས་རྒྱལ་གྱི་སྤྱོད་པ་སྟེ་གསུམ་མོ། །ཉེ་རྒྱུ་ནི་སྤྱོད་པ་ དང་འབྲེལ་བ་ཡིན་མོད། ཐུན་མོང་མིན་པའི་ཁྱད་པར་ནི། རྫོགས་པའི་སངས་རྒྱས་སྤྲུལ་པའི་ སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུས་དབང་བསྐུར་བ་འབྲས་དུས་ཀྱི་དབང་གི་ཡེ་ཤེས་དང་ འབྲེལ་བ་ཡིན་ནོ། །བཟླས་པ་ལ་སོགས་པ་ཐུན་མོང་གི་མངོན་པར་རྟོགས་པ་ལྔ་ནི་གཞན་ དུ་འཆད་དོ། །གསུམ་པ་དམ་ཚིག་དང་སྡོམ་པ་ལ་དབྱེ་ན་ལས་དང་པོའི་དམ་ཚིག །བརྟན་ པ་ཅུང་ཟད་ཐོབ་པའི་དམ་ཚིག་བརྟན་པ་ཆེར་ཐོབ་པའི་དམ་ཚིག་སྟེ་གསུམ་མོ། །མན་ངག་ 21-1-282 ལས་ནི་དབང་བཞི་པོ་རེ་རེ་ལ་མཉམ་བཞག་གི་དམ་ཚིག །རྗེས་སྤྱོད་ཀྱི་དམ་ཚིག །བསྲུངས་ པའི་དམ་ཚིག །བཟའ་བའི་དམ་ཚིག །མི་བྲལ་བའི་དམ་ཚིག་སྟེ་ལྔ་ལྔར་ཕྱེ་ནས་དམ་ཚིག་ ཉི་ཤུ་རྩ་ལྔར་བཤད། དེ་ལས་སྤྱོད་པ་དང་ཉེ་རྒྱུ་ནི་རྫོགས་རིམ་གྱི་ཡན་ལག་ཡིན་ལ། མངོན་ པར་རྟོགས་པ་ཐུན་མོང་བ་ལྔ་ནི་བསྐྱེད་རིམ་གྱི་ཡན་ལག་རྟོགས་པའི་ལྟ་བ་དང་དམ་ཚིག་ནི་ གཉིས་ཀ་ལ་དགོས་པ་ཡིན་ནོ། ། དེས་ན་ཐབས་རྒྱུད་ཀྱི་མངོན་པར་རྟོགས་པ་བཅུ་གཅིག་ལ་རྩ་བ་གཉིས་དང་ཡན་ལག་ དགུའོ། །གསུམ་པ་ཉམས་སུ་བླངས་བས་ཐོབ་པ་འབྲས་བུས་རྒྱུད་ལ། གནས་སྐབས་ཀྱི་ འབྲས་བུ་ས་བཅུ་གཉིས་དང༌། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་སའོ། །དང་པོ་ལ། ངོ་ བོ་ནི་བདེ་སྟོང་གི་ཡེ་ཤེས་ཡིན་ལ། དེའི་རྒྱུ་ནི། ཕྱི་རོལ་དུ་ཡུལ་ཆེན་པོ་རྣམས་བསྒྲོད་པ་དང༌། ནང་དུ་རྩ་རླུང་ཐིག་ལེའི་བགྲོད་དབུ་མར་ཐིམ་པ་ཡིན་ནོ། །འདིའི་ཉམས་སུ་བླང་བྱ་མཉམ་ བཞག་ཏུ་བདེ་བ་ཆེན་པོའི་ཡེ་ཤེས་སྒོམ་པ་དང༌། རྗེས་ཐོབ་ཏུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་ པའོ། །ས་རྣམས་ཀྱི་ཡོན་ཏན་ལ། ཐུན་མོང་བ་དང་མདོ་དང་མཚུངས་ཤིང༌། ཐུན་མོང་མ་ཡིན་ པའི་ཡོན་ཏན་ནི་རྒྱས་པར་རྒྱུད་དུ་ཤེས་པར་བྱའོ། །གཉིས་པ་ནི། སྐུ་བཞི་དང་ཡེ་ཤེས་ལྔས་ བསྡུས་པ་ཡིན་ཞིང༌། གཞན་ཡང་སངས་རྒྱས་ཀྱི་སྐུ་དང་གསུང་ཐུགས་ཀྱི་གསང་བ་བསམ་ གྱིས་མི་ཁྱབ་པ་དང༌། ཡོན་ཏན་དང་འཕྲིན་ལས་ཀྱི་འཇུག་པ་བསམ་གྱིས་མི་ཁྱབ་པ་ལ་ སོགས་པ་རྒྱུད་དུ་ཤེས་པར་བྱའོ། ། གཉིས་པ་རིམ་པ་གཉིས་བྱེ་བྲག་ཏུ་བཤད་པ་ལ། རིམ་གཉིས་སྤྱིའི་རྣམ་བཞག་བསྟན་ པ་དང༌། བསྐྱེད་རིམ་རྒྱས་པར་བཤད་པའོ། །དང་པོ་ལ། ངོ་བོ། དབྱེ་བ། སྒྲ་དོན། གྲངས་ ངེས། གོ་རིམ། གྲོལ་བའི་འཐད་པ་ཏེ་རིམ་གཉིས་སྤྱིའི་མངོན་རྟོགས་དྲུག་གོ །དང་པོ་ངོ་བོ་ནི། ཡིད་མཚན་རྟོག་ལས་སྐྱོབ་པའི་ཐབས་ཁྱད་པར་ཅན་ཏེ། བདེ་སྟོང་གི་ཡེ་ཤེས་ལྷ་སྐུའི་རྣམ་པ་ 21-1-283 དང་འབྲེལ་བའོ། །གཉིས་པར་དབྱེ་བ་ལ། བསྐྱེད་རིམ་དང༌། རྫོགས་རིམ་གཉིས། དང་པོ་ ལ་དབྱེ་ན། ཏིང་ངེ་འཛིན་གསུམ། ཡན་ལག་བཞི། ཡན་ལག་དྲུག་པ་རྣམས་སུ་ཡོད། གཉིས་ པ་རྫོགས་རིམ་ལ། རང་བྱིན་རླབས་དང༌། དཀྱིལ་འཁོར་འཁོར་ལོ་གཉིས་སུ་ཡོད། གསུམ་ པ་སྒྲ་དོན་ནི། འཕགས་སྐོར་བའི་ལུགས་ལ་སྦྱང་གཞི་ལས་མིང་དུ་བཏགས་པར་བཞེད་དོ། ། ཐ་མལ་གྱི་ལུས་གྲུབ་པ་ནི་བསྐྱེད་པ། སྐྱེ་གནས་བཞི་དང༌། བྱེ་བྲག་མངལ་སྐྱེས་ཀྱི་སྒོ་ནས་ སྐྱེ་བའི་རིམ་པ། ཐ་མལ་གྱི་སེམས་ཅན་འཆི་བ་རྫོགས་པ། ས་ཆུ་ལ་ཐིམ་པ་སོགས་རིམ་ པ་སྦྱོང་བྱེད་ལྷའི་རྣལ་འབྱོར་དང་རྡོར་བཟླས་འོད་གསལ་ལ་སོགས་པ་ལ་དེ་སྐད་བརྟགས་ པར་བཞེད་དོ། །སྤྱོད་བསྡུས་ལས། གང་ཞིག་སྐྱེ་བ་ཀུན་རྫོབ་བདེན་པ་སྟེ། །འཆི་བའི་མིང་ ཡང་དོན་དམ་བདེན་པའོ། །རིམ་གཉིས་འདི་དག་བླ་མའི་དྲིན་གྱིས་ནི། །རྙེད་པ་འདི་དག་མ་ འོངས་སངས་རྒྱས་ཡིན། །ཞེས་གསུངས། དུས་འཁོར་བ་རྣམས་འབྲས་བུའི་སྒོ་ནས་མིང་དུ་ བཏགས་པར་བཞེད་དེ། བསྐྱེད་པའི་དོན་ཐུན་མོང་གི་དངོས་གྲུབ། རྫོགས་པའི་དོན་མཆོག་ གི་དངོས་གྲུབ། རིམ་པ་ནི་དེ་གཉིས་མངོན་དུ་བྱེད་པའི་ལམ་སྟེ། ལྷ་སྐུ་སྒོམ་པ་དང་རྣལ་ འབྱོར་ཡན་ལག་དྲུག་སྒོམ་པའོ། །སློབ་དཔོན་རྣལ་འབྱོར་དབང་ཕྱུག་བིརྺ་པ་རྗེས་འབྲང་དང་ བཅས་པའི་དགོངས་དོན་རང་ལུགས་ནི། བསྐྱེད་པའི་དོན་ཡིད་རྣམ་རྟོག་གི་རྩོལ་བས་བསྐྱེད་ པའི་ལྷ་སྐུ་དང༌། རྫོགས་པ་ནི་ལུས་ངག་ཡིད་གསུམ་རྫོགས་པ་སྟེ། དེའི་དོན་ཡང་ལུས་རྩ། ངག་རླུང་དང་ཡི་གེ།སེམས་ཐིག་ལེ་རྣམས་ལུས་ལ་ཇི་ལྟར་གནས་པ་བཞིན་དུ་རྫོགས་པར་ སྒོམ་པ་ཡིན་པས། གཞན་དུ་ཡོངས་སུ་གྲུབ་པའི་རིམ་པ་ཞེས་བྱ་བ་དང་མཐུན་པ་ཡིན་ནོ། ། བཞི་པ་གྲངས་ངེས་ནི། སྤང་བྱ་གཉིས་སུ་ངེས་པའི་ཕྱིར་དང༌། ཐོབ་བྱ་གཉིས་སུ་ངེས་ པའི་ཕྱིར་དང༌། ངོ་བོ་རྟེན་དང་བརྟེན་པ་ཡིན་པའི་ཕྱིར། བསྐྱེད་རྫོགས་གཉིས་སུ་གྲངས་ངེས་ སོ། །དང་པོ་ནི། ཐ་མལ་གྱི་རྣམ་རྟོག་གཞོམ་པའི་ཕྱིར་བསྐྱེད་པའི་རིམ་པ་དང༌། གྱ་ནོམ་ལྷར་ 21-1-284 ཞེན་གྱི་རྣམ་རྟོག་གཞོམ་པའི་ཕྱིར་རྫོགས་པའི་རིམ་པ་སྒོམ་དགོས་པ་ཡིན་ཏེ། རྡོ་རྗེ་གུར་ ལས། ཐ་མལ་རྣམ་རྟོག་གཞོམ་པའི་ཕྱིར། །སྒོམ་པ་ཡང་དག་རབ་ཏུ་བསྒྲགས། །རང་བཞིན་ གནས་སྐབས་བསྒོམ་པ་ནི། །སྒོམ་པ་མ་ཡིན་མི་བསྒོམས་མིན། །ཞེས་གསུངས། ཐ་མལ་ གྱི་རྣམ་རྟོག་དེ་ལ་དབྱེ་ན། རྒྱུ་ལས་དང་ཉོན་མོངས་པ་དང༌། འབྲས་བུ་བདག་དང་བདག་ གིར་འཛིན་པ་གཉིས་ལས། དང་པོ་ནི་ཚོགས་བསགས་པ་རྣམ་པ་གཉིས་ཀྱིས་སྦྱོར་བར་བྱེད་ ཅིང༌། གཉིས་པ་ལ། སྣོད་དང་བཅུད་སྦྱོར་ཚུལ་གཉིས་ལས། དང་པོ་ནི། སྣོད་ཀྱི་འཇིག་རྟེན་ ནི། ལྷའི་གཞལ་ཡས་ཁང་དང༌། ལྷ་དཔའ་བོ་གཅིག་པའི་མངོན་རྟོགས་ལ་ནི། ལྷའི་གདན་ གྱིས་ཀྱང་སྦྱོང་བར་བྱེད་ཅིང༌། བཅུད་སྦྱོར་ཚུལ་ལ། བསྐྱེད་ཆོག་གིས་སྐྱེ་གནས་བཞི་སྦྱོར་ ཚུལ་དང༌། ལྷའི་རྣམ་པས་དུག་གསུམ་སྦྱོང་བའོ། །དང་པོ་ནི། མངོན་བྱང་ལྔ་བསྐྱེད་ཀྱིས་དྲོད་ གཤེར་སྐྱེས་སྦྱོང་བ་དང༌། མཁའ་ནང་ནས་ལྷ་ཚོགས་སྤྲོ་བས་མངལ་སྐྱེས་སྦྱོང་བ་དང༌། འོད་ ཀྱི་གོང་བུ་ལས་བཞེངས་པ་དང༌། རྡོ་རྗེ་ཆོ་ག་གསུམ་བསྐྱེད་ཀྱིས་སྒོང་སྐྱེས་སྦྱོང༌། སྐད་ཅིག་ གིས་བསྐྱེད་པའི་རྣལ་འབྱོར་གྱིས་རྫུས་སྐྱེས་སྦྱོང་བའོ། །གཉིས་པ་ནི། ལྷ་རྣམས་ཞི་བ་དང་ཁྲོ་ བོ་དང་ཁྲོ་ཆགས་འདྲེས་པ་གསུམ་དུ་འདུས་ཤིང༌། ཆགས་པའི་རྣམ་པས་འདོད་ཆགས་སྦྱོང་ བ་དང༌། ཤིན་ཏུ་ཁྲོ་བོའི་རྣམ་པས་ཞེ་སྡང་སྦྱོང༌། ཤིན་ཏུ་ཞི་བའི་རྣམ་པས་གཏི་མུག་སྦྱོང༌། ཁྲོ་ ཆགས་འདྲེས་པའི་རྣམ་པས་དུག་གསུམ་ཀ་སྦྱོང་བ་ཡིན་ཏེ། དེ་ཡང་བཙུན་མོའི་འཁོར་གྱི་ནང་ དུ་འདུག་པས་འདོད་ཆགས་སྦྱོང༌། ཁྲོ་བོ་ཆེན་པོར་བསྟན་པས་ཞེ་སྡང་སྦྱོང༌། མཚན་དཔེ་དང་ ལྡན་པས་གཏི་མུག་སྦྱོངས་བ་ཡིན་ནོ། །དེས་ན་ཞི་ཁྲོ་ཕྱོགས་རེ་བ་ནི་མི་ཟབ་པ་ཡིན་ལ། ཁྲོ་ ཆགས་འདྲེས་པ་ནི་ཤིན་ཏུ་ཟབ་པ་ཡིན་ནོ། །རྡོ་རྗེ་གུར་ལས། འདོད་ཆགས་ཞེ་སྡང་གཏི་མུག་ དང༌། །ང་རྒྱལ་སེར་སྣའི་སྐྱེ་བོ་རྣམས། །བསྡུ་ཕྱིར་རང་གི་འཁོར་ལོ་ལ། །རྡོ་རྗེའི་གཟུགས་ནི་ དུ་མ་འཛིན། །ཞེས་སོ། ། 21-1-285 གཉིས་པ་ནི། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་ནི་རྫོགས་རིམ་གྱིས་སྦྱོང་སྟེ། ཇི་སྐད་དུ། རྩ་རྒྱུད་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱི། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་སྒོམ། ། སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །ཅེས་གསུངས། དེ་ཡང་ བསྐྱེད་རིམ་གྱི་གནས་སྐབས་སུ། སྟོང་པ་ཉིད་ཀྱི་ལྟ་བ་དང་འདྲེས་པས་གྱ་ནོམ་ལྷར་ཞེན་གྱི་ རྣམ་རྟོག་ཅུང་ཟད་མགོ་མནོན་པར་བྱེད་མོད་ཀྱི། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་ཕྲ་མོ་རྣམས་ དཔྱིས་འབྱིན་པ་ལ་རྫོགས་རིམ་སྒོམ་དགོས་པ་ཡིན་ནོ། །གཉིས་པ་ཐོབ་བྱ་གཉིས་སུ་ངེས་ པའི་ཕྱིར་བསྐྱེད་རྫོགས་གཉིས་སུ་ངེས་པ་ནི། སྤྱིར་བསྐྱེད་རྫོགས་གཉིས་ཆར་གྱིས་སྐུ་བཞི་ཡེ་ ཤེས་ལྔ་འགྲུབ་པར་བྱེད་མོད་ཀྱི། གཙོ་བོ་གཟུགས་ཀྱི་སྐུ་འགྲུབ་པའི་དོན་དུ་བསྐྱེད་པའི་རིམ་ པ་སྒོམ་དགོས་པ་ཡིན་ཏེ། རྡོ་རྗེ་གུར་ལས། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་ རྒྱས་ཉིད་དུ་ངེས་པར་འགྲུབ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ ཅུར་ལྡན། །དེ་ནི་ཐབས་ཀྱི་གཟུགས་ཅན་ནོ། །ཞེས་སོ། །ཆོས་ཀྱི་སྐུ་འགྲུབ་པའི་དོན་དུ་ རྫོགས་པའི་རིམ་པ་སྒོམ་དགོས་པ་ཡིན་ཏེ། སུམྦུ་ཊི་ལས། རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ ཀྱི་སྐུ་ནི་རབ་ཏུ་གྲགས། །ཞེས་སོ། ། གསུམ་པ་ངོ་བོ་རྟེན་དང་བརྟེན་པ་ཡིན་པའི་ཕྱིར་བསྐྱེད་རྫོགས་གཉིས་སུ་གྲངས་ངེས་པ་ ནི། རྩ་རྒྱུད་ལས། རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །དེ་ཡི་བདེ་བ་བདེ་ཆེན་བརྗོད། ། རྫོགས་པ་སྒོམ་པ་མེད་པ་སྟེ། །བསྐྱེད་པ་ཡིས་ནི་ཅི་ཞིག་འཚལ། །ཞེས་རྫོགས་རིམ་སྒོམ་ པས་ཆོག་གི །བསྐྱེད་རིམ་གྱི་ཅི་ཞིག་འཚལ་ཞེས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། །ཨེ་མ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། ། ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། ཁྱབ་དང་ཁྱབ་བྱེད་ཚུལ་ གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ 21-1-286 ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་ཉིད་ཀྱང་དམིགས་མི་ འགྱུར། །ཞེས་གསུངས་པས་མེ་ཏོག་དང་མེ་ཏོག་གི་དྲི་ལྟར་བསྐྱེད་རིམ་གྱིས་སྒྲུབ་པའི་ལྷ་སྐུ་ ལུས་ཀྱི་ཆོས་དང༌། རྫོགས་རིམ་པའི་ཡེ་ཤེས་བདེ་བ་ཆེན་པོ་སེམས་ཀྱི་ཆོས་གཉིས་རྟེན་དང་ བརྟེན་པར་གནས་པ་ཡིན་ནོ། །ལྔ་པ་གོ་རིམ་ལ། འཕགས་སྐོར་བ་རྣམས་བསྐྱེད་རིམ་བསྟན་ ནས་རྫོགས་རིམ་སྒོམ་པར་བཞེད་དོ། །རིམ་ལྔ་ལས། བསྐྱེད་པའི་རིམ་པ་ལ་གནས་ཤིང༌། ། རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་ནི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་ རིམ་པ་ལྟ་བུར་གསུངས། །ཞེས་སོ། །སེམས་འགྲེལ་པ་ཁ་ཅིག །བསྐྱེད་རིམ་བརྟན་རུང་མ་ བརྟན་རུང་ལོ་བཅུ་གཉིས་བསྒོམས་ནས་གཟོད་རྫོགས་རིམ་བསྒོམ་པར་འདོད་པ་དང༌། སློབ་ དཔོན་ཁ་ཅིག །བསྐྱེད་རིམ་ལ་རྫོགས་རིམ་གྱིས་རྒྱས་བཏབ་ནས་སྒོམ་པར་འདོད་པ་སོགས་ མང་དུ་ཡོང་ཀྱང་རྗེ་ག་ཡ་དྷ་རའི་བཞེད་པ། རྩ་རྒྱུད་ལས། རིམ་གཉིས་མཉམ་པར་གནས་ ནས་ནི། །ཞེས་གསུངས་པའི་དོན་གྱིས། སྟན་ཐོག་གཅིག་ཏུ་ཐུན་སྟོད་ལ་བསྐྱེད་རིམ་དང༌། ཐུན་སྨད་ལ་རྫོགས་རིམ་སྒོམ་པར་བརྗོད་དོ། ། དྲུག་པ་གྲོལ་བའི་འཐད་པ་ནི། རིགས་སམ་རྒྱུ་ཡིན་པའི་ཕྱིར་དང༌། ཐབས་ཁྱད་པར་ ཅན་གྱིས་ཟིན་པའི་ཕྱིར་དང༌། དག་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་གྲོལ་བར་འཐད་ དོ། །དང་པོ་ནི་རྩ་རྒྱུད་ལས། རིགས་དང་འབྱུང་བ་ལྔ་རྣམས་དང༌། །ཕུང་པོ་ལྔ་ཡི་རང་བཞིན་ གྱིས། །རིགས་དང་བགྲང་བྱ་འདི་ཡིས་ནི། །རིགས་ཞེས་མངོན་པར་བརྗོད་པར་བྱ། །ཞེས་ ཕུང་པོ་ལྔ་སངས་རྒྱས་ལྔའི་རིགས་དང༌། ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་རིགས་སུ་གསུངས་ པ་དང༌། ཐམས་ཅད་གསང་བའི་རྒྱུད་ལས། རྒྱུ་ལ་འབྲས་བུའི་རྒྱས་བཏབ་ཅིང༌། །འབྲས་བུ་ ལ་ཡང་རྒྱུ་རྒྱས་གདབ། །ཞེས་དང༌། རྩ་རྒྱུད་ལས། ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། ། མཆོག་ཏུ་བདེ་བ་གཟུགས་མེད་པ། །དེ་བཞིན་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་གསུངས་ 21-1-287 པ་ལྟར། སེམས་ཀྱི་སྣང་ཆ་བཞིན་ལག་ལ་སོགས་པར་སྣང་བ་ནི་རྒྱུ་ཡིན་ལ། བསྐྱེད་རིམ་ ལྷ་སྐུ་སྒོམ་པའི་རྐྱེན་གྱིས་དེའི་རྒྱས་འགྱུར་གྱི་རིགས་ཐོབ་པར་འགྱུར་བའི་ཕྱིར་གཟུགས་ ཀྱི་སྐུར་འགྲུབ་པའི་དོན་དུ་སྒོམ་པ་འཐད་ལ། སེམས་ཀྱི་ཆོས་ཉིད་བདེ་སྟོང་གཉིས་སུ་མེད་ པའི་ཡེ་ཤེས་སུ་གནས་པ་ནི་རྒྱུ་ཡིན་ཞིང༌། རྫོགས་པའི་རིམ་པ་བདེ་སྟོང་སྒོམ་པའི་རྐྱེན་གྱིས་ རྒྱས་འགྱུར་གྱི་རིགས་འཐོབ་པར་འགྱུར་བའི་ཕྱིར་ཆོས་ཀྱི་སྐུ་འགྲུབ་པར་འཐད་པ་ཡིན་ནོ། ། གཉིས་པ་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་གྲོལ་བར་འཐད་པ་ནི། རིམ་པ་གཉིས་ པོ་ཐམས་ཅད་གཉེན་པོར་ཆེ་བ་བཞིའི་བདག་ཉིད་ཅན་ཡིན་ཞིང༌། དེ་ཡང་རིགས་འདྲ་གཉེན་ པོར་ཆེ་བ་དང༌། བཟློག་པ་གཉེན་པོར་ཆེ་བ་དང༌། སྒོམ་པ་གཉེན་པོར་ཆེ་བ་དང༌། བསྣན་ པ་གཉེན་པོར་ཆེ་བ་དང་བཞིའོ། །དང་པོ་ནི། དཔེར་ན་ཁྱི་སྨྱོན་གྱི་མཆེ་བ་ལ་སོགས་པ་གཡོ་ བའི་དུག་གིས་ཟིན་པའི་གཉེན་པོར་བཙན་དུག་ལ་སོགས་པ་བརྟན་པའི་དུག་འགྲོ་བ་ལྟར། ཐ་མལ་གྱི་རྣམ་པར་རྟོག་པའི་གཉེན་པོར་ལམ་གྱི་རྣམ་རྟོག་དང༌། ཉོན་མོངས་པའི་གཉེན་ པོར་ཉོན་མོངས་པ་ཉིད་ལམ་དུ་བྱེད་པ་སྟེ། ཇི་སྐད་དུ། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ ཐམས་ཅད་འཆི་བར་བྱེད། །དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འབིགས་པར་ བྱེད། །ཅེས་སོ། ། གཉིས་པ་ནི། སྣོད་བཅུད་ཐ་མལ་པ་ལ་ཞེན་པའི་གཉེན་པོར་གཞལ་ཡས་ཁང་དང་ ལྷའི་རྣམ་པ་བསྒོམས་པ་སྟེ། ཇི་ལྟར་རླུང་གིས་ཟིན་པ་དེས། །མོན་སྲན་དྲེའུ་བཟའ་བ་སྦྱིན། ། བཟློག་པའི་སྨན་ནི་བརྟགས་པ་ལས། རླུང་གིས་རླུང་ལ་བསྣུན་པར་བྱེད། །གསུམ་པ་ནི། མགོ་བོ་གཅིག་དང་ལག་གཉིས་སུ་ཞེན་པ་སོགས་ཀྱིས་གཉེན་པོར་དབུ་མང་ཕྱག་མང་དུ་ སྒོམ་ཚུལ་བསྟན་ཏེ༌། ཇི་ལྟར་རྣ་བར་ཆུ་བླུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་ བཞིན་དངོས་པོའི་རྣམ་རྟོག་ཀྱང༌། །རྣམ་པ་ངེས་པར་སྦྱང་བར་བྱ། །ཞེས་སོ། །བཞི་པ་ནི། ཐ་ 21-1-288 མལ་གྱི་འདོད་ཆགས་ཀྱི་གཉེན་པོར་དཀྱིལ་འཁོར་འཁོར་ལོ་བསྒོམས་པ་ཡིན་ཏེ། ཇི་ལྟར་ ཚད་པས་ཚིག་པ་ཡང༌། །མེ་ཡིས་ཡང་ནི་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་འཚིག་ པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །ཞེས་སོ། །ཐབས་ཁྱད་པར་ཅན་དེ་རྣམས་བསྟན་ པས། སྐྱེ་བོ་མི་ཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་བ། །ཐབས་དང་བཅས་ནས་ དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། ཞེས་སོ། ། གསུམ་པ་དག་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་གྲོལ་བའི་འཐད་པ་ནི། ཇི་སྐད་ དུ། ངེས་པར་དངོས་པོ་ཐམས་ཅད་ཀྱི། དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་ དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་དང༌། རང་རིག་བདག་ཉིད་དག་པ་ ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་དེ་བཞིན་ཉིད་ཀྱི་དག་པ། ལྷ་སོ་སོའི་དག་ པ། རང་རིག་པའི་དག་པ་སྟེ་གསུམ་ལས། སྤྱིར་རིམ་པ་གཉིས་ཅར་ལ་དག་པ་གསུམ་ཀ་ཚང་ མོད། གཙོ་བོར་ཆོས་ཐམས་ཅད་གདོད་མ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནི་ དེ་བཞིན་ཉིད་ཀྱི་དག་པར་གནས་ལ་རྒྱུ་མཚན་དེའི་ཕྱིར་རྟོགས་པའི་ལྟ་བས་དེ་རྣམས་སྟོང་ ཉིད་དུ་བསྒོམས་པས་གྲོལ་བར་འཐད། ཕུང་ཁམས་སྐྱེ་མཆེད་ཀྱི་རང་བཞིན་གདོད་མ་ནས་ ལྷ་སོ་སོའི་དག་པར་གནས་ལ། དེའི་ཕྱིར་བསྐྱེད་རིམ་གྱིས་དེ་རྣམས་ལ་ལྷ་སྐུར་བསྒོམས་ པས་གྲོལ་བར་འཐད། སེམས་ཉིད་རང་རིག་པའི་བདེ་བ་ཆེན་པོ་རང་རིག་པའི་དག་པར་ གནས་ལ། དེའི་ཕྱིར་རྫོགས་པའི་རིམ་པ་བདེ་སྟོང་གི་ཡེ་ཤེས་བསྒོམས་པས་གྲོལ་བར་འཐད་ པ་ཡིན་ནོ། །གཉིས་པ་བསྐྱེད་རིམ་རྒྱས་པར་བཤད་པ་ལ། བསྒོམ་པ་པོའི་གང་ཟག གང་དུ་ སྒོམ་པའི་གནས། གང་གི་ཚེ་བསྒོམ་པའི་དུས། ཇི་ལྟར་སྒོམ་པའི་བསམ་པ། བསྒོམ་བྱ་དངོས་ ཞིབ་མོར་བཤད་པ་དང་ལྔའོ། །དང་པོ་ནི་རྒྱུད་རིམ་གྱིས་སྦྱང་བའམ་ཅིག་ཅར་བའི་གང་ཟག་ གང་ཡིན་ཡང༌། དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་མ་ཉམས་པ་ལས་དང་པོའི་ 21-1-289 གང་ཟག་གོ ། གཉིས་པ་ནི། ཇི་སྐད་དུ། གནས་ནི་བཟང་པོ་ངེས་པར་བརྟགས། །རང་གི་ཁྱིམ་དུ་ཞེས་ གསུངས་པ་ལྟར་ལས་དང་པོ་པས་དང་པོར་རང་གི་ཁྱིམ་དུ་སྒོམ་པ་དང༌། བརྟན་པ་ཅུང་ཟད་ ཐོབ་པས་ཤིང་དང་དུར་ཁྲོད་ལ་སོགས་པར་བསྒོམས་སྟེ། ཤིང་གཅིག་དང་ནི་དུར་ཁྲོད་དང༌། ། མ་མོའི་ཁྱིམ་དང་མཚན་མོ་དང༌། །ཡང་ན་དབེན་པའི་བས་མཐའ་རུ། །སྒོམ་པ་བཟང་པོར་ ངེས་པར་བརྟགས། །ཞེས་གསུངས་པ་ལྟར་རོ། །བརྟན་པ་ཆེན་པོ་ཐོབ་པས་ནི་ཡུལ་སུམ་ཅུ་ རྩ་བདུན་རྣམས་སུ་སྒོམ་མོ། ། གསུམ་པ་ནི། རྩ་རྒྱུད་ལས། མཚན་དུས་སུ། ཞེས་གསུངས་པ་ལྟར། ལས་དང་པོ་པས་ བསྐྱེད་རིམ་གྱི་ལྷ་སྐུ་ལ་སེམས་འཛིན་པའི་དུས་གཙོ་བོར་མཚན་མོ་ཡིན་ལ། ལྷག་མ་བཟླས་ སྒོམ་ལ། སོགས་པ་བྱ་བའི་དུས་ལ་ངེས་པ་མེད་དོ། །བརྟན་པ་ཅུང་ཟད་ཐོབ་ནས་ཐུན་བཞི་ དང༌། བརྟན་པ་ཆེན་པོ་ཐོབ་ནས་གནས་སྐབས་ཐམས་ཅད་དུ་བསྒོམས་པ་ཡིན་ཏེ། རྡོ་རྗེ་གུར་ ལས། ཐུན་ཚོད་བཞིར་ནི་བྱིན་རླབས་པས། །བསྒོམས་ན་མྱུར་དུ་འགྲུབ་པར་གྱུར། །ཞེས་ དང༌། རྩ་རྒྱུད་ལས། བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། ། ཞེས་དང༌། གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང༌། །གདུག་པའི་སེམས་ནི་མ་རིག་པས། ། དངོས་གྲུབ་འདོད་པའི་དངོས་གྲུབ་ཕྱིར། །མཁས་པས་འབད་པས་མི་གནས་སོ། །ཞེས་ གསུངས་སོ། ། བཞི་པ་ནི། རྩ་རྒྱུད་ལས། བདག་ཉིད་གྲུབ་པའི་སེམས་ཀྱིས་ནི། །རྣལ་འབྱོར་མ་སྒོམ་ ཤེས་རབ་ཅན། །ཡང་ན་ཧེ་རུ་ཀ་དཔལ་གཟུགས། །ཞེས་གསུངས་པ་ལྟར། ལམ་དང་ལམ་ སྟོན་པ་པོའི་སློབ་དཔོན་ལ་ཐེ་ཚོམ་སྤངས་ནས། ངེས་པར་འགྲུབ་པའི་ཡིད་ཆེས་དང་བཅས་ ནས་སྒོམ་པ་ཡིན་ནོ། །ལྔ་པ་ལ། བསྒོམ་བྱ་དཀྱིལ་འཁོར་གྱི་རྣམ་བཞག །སྒོམ་ཚུལ་མངོན་ 21-1-290 རྟོགས་དངོས་ཀྱི་བཤད་པ། བསྒོམ་འབྲས་ས་ལམ་གྱི་རྣམ་བཞག་དང་གསུམ་ལས། དང་པོ་ ནི། གོང་དུ་བཤད་པའི་རྩ་བཤད་ཆ་མཐུན་གྱི་རྒྱུད་རྣམས་ལས་དཀྱིལ་འཁོར་གྱི་རྣམ་བཞག་ མང་དུ་གསུངས་མོད། འདིར་གུར་བརྟག་སམ་གསུམ་ལས་བཤད་པའི་དཀྱིལ་འཁོར་གྱི་རྣམ་ བཞག་ནི། དངོས་བསྟན་ཚིག་གིས་ཟིན་པ་དང༌། བླ་མའི་མན་ངག་གིས་བཀྲལ་བ་གཉིས། དང་པོ་དངོས་ནི། བརྟག་གཉིས་ལས། སྐུ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར། གསུང་ཀྱཻ་རྡོ་རྗེ། ཐུགས་ ཀྱཻ་རྡོ་རྗེའི་སྟེ་ཐུན་མོང་གི་ཧེ་རུ་ཀའི་དཀྱིལ་འཁོར་གསུམ། སྙིང་པོ་ཀྱཻ་རྡོ་རྗེ། བདག་མེད་ལྷ་མོ་ བཅོ་ལྔའི་དཀྱིལ་འཁོར་ཏེ་མཆོག་གི་དཀྱིལ་འཁོར་གཉིས་ཏེ་ལྔའོ། ། བཤད་པའི་རྒྱུད་རྡོ་རྗེ་གུར་ལས་ནི། མི་བསྐྱོད་པ་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། རྣམ་ པར་སྣང་མཛད་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། རིན་ཆེན་འབྱུང་ལྡན་ཀྱཻ་རྡོ་རྗེ་ལྷ་དགུའི་ དཀྱིལ་འཁོར། འོད་དཔག་མེད་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། དོན་ཡོད་གྲུབ་པ་ཀྱཻ་རྡོ་ རྗེ་ལྷ་དགུའི་དཀྱིལ་འཁོར་ཏེ་རིགས་རྐྱང་གི་དཀྱིལ་འཁོར་ལྔ། རིགས་བསྡུས་ལ་ནི། བརྒྱད་ བརྒྱད་དབུས་སུ་གནས་པའམ། །ཡང་ན་ཉི་ཤུ་རྩ་ལྔའི་བར། །ཞེས་གསུངས་པ་ལྟར་ལྷ་དགུ་ མ་ལྔ་གཅིག་ཏུ་བསྡུས་པའི་དཀྱིལ་འཁོར་དང༌། ལྷ་སྔ་མ་ལྔ་གཅིག་ཏུ་བསྡུས་པའི་དཀྱིལ་ འཁོར་ཏེ། རིགས་བསྡུས་པའི་དཀྱིལ་འཁོར་གཉིས། དེ་དག་ལ། ཇི་སྐད་དུ། སངས་རྒྱས་ གཙོ་བོ་གང་ཉིད་ཀྱི། །དཀྱིལ་འཁོར་གཙོ་བོ་གང་འགྱུར་པ། །དེ་ཉིད་ཀྱིས་ནི་དཀྱིལ་འཁོར་ རོ། །ཞེས་གསུངས་པ་ལྟར། ལྷ་གཙོ་བོ་ལྔ་གོ་འཕོ་བའི་དབྱེ་བས་རིགས་བསྡུས་རྒྱས་པ་ལྔ་ བསྡུས་པ་ལྔ་སྟེ་སྙིང་པོ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་བཅོ་ལྔ། བདག་མེད་ལྷ་མོ་བཅུ་གསུམ་མ་ དང་བཅོ་ལྔ་མ་སྟེ་དངོས་བསྟན་ཚིག་གིས་ཟིན་པའི་དཀྱིལ་འཁོར་བཅུ་བདུན་དང་། ཧེ་རུ་ཀ་ གཞན་གསུམ་གྱི་སྒྲུབ་ཐབས་དངོས་སུ་བཤད་པ་ལ། རྒྱ་བོད་ཀྱི་བླ་མ་རྣམས་ཀྱི་བཞེད་པས་ འཁོར་གྱི་ལྷ་ཚོགས་སྦྱར་བས་དངོས་ཀྱི་དཀྱིལ་འཁོར་ཉི་ཤུར་གསུངས་སོ། ། 21-1-291 སམྦུ་ཊི་ལས། སྐུ་གསུང་ཐུགས་སྙིང་པོའི་ཧེ་རུ་ཀ་རྣམས་ལ་ལྷ་བཅུ་བདུན་པའི་དཀྱིལ་ འཁོར་རེ་རེ་གསུངས་ཤིང༌། རྡོ་རྗེ་བདག་མེད་མ་དང་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་ མའི་དཀྱིལ་འཁོར། དྲག་པོ་གདན་ཅན་ལྷ་བཅུ་གསུམ་མའི་དཀྱིལ་འཁོར། རྒྱུད་འདིའི་ དཀྱིལ་འཁོར་གྱི་གཙོ་བོར་རྡོ་རྗེ་དབྱིངས་ཏེ། རྡོ་རྗེ་སེམས་དཔའ་ལྷ་སོ་བདུན་གྱི་དཀྱིལ་ འཁོར་ཏེ། དངོས་བསྟན་གྱི་ཚིག་གིས་ཟིན་པའི་དཀྱིལ་འཁོར་བརྒྱད་དོ། །འདིའི་བདག་མེད་ མ་ནི། སློབ་དཔོན་ཨ་བྷ་ཡས་ལྷ་ཉི་ཤུ་རྩ་གསུམ་དུ་གསུངས་ཀྱང༌། རང་ལུགས་ཀྱི་བླ་མ་གོང་ མས་ནི་ལྷ་མོ་བཅོ་ལྔར་བཞེད་དོ། །གཉིས་པ་ལ། རྒྱ་བོད་ཀྱི་མཁས་པ་སོ་སོའི་བཞེད་ཚུལ་ མང་དུ་ཡོད་ཀྱང་འདིར་མ་སྨོས་ལ། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་མན་ ངག་གི་ལུགས་ལ། རྩ་རྒྱུད་ཀྱི་དངོས་བསྟན་ཀྱི་དཀྱིལ་འཁོར་ལྔའི་སྟེང་དུ། རྒྱུ་རྡོ་རྗེ་འཛིན་ པ་གཙོ་བོར་བྱས་པའི་དཀྱིལ་འཁོར་བསྣན་པས་དྲུག་གོ །རྡོ་རྗེ་གུར་ལས་འབྱུང་བ་ལ། སྙིང་ པོ་ཀྱཻ་རྡོ་རྗེ་རིགས་བསྡུས་ཀྱི་དཀྱིལ་འཁོར་ལ་རིགས་ལྔའི་དབྱེ་བས་རིགས་བསྡུས་རྒྱས་པ་ ལྔ་དང་བསྡུས་པ་ལྔ་འབྱུང་བ་བཞིན་དུ། ཧེ་རུ་ཀ་གཞན་གསུམ་ལ་རིགས་ལྔའི་དབྱེ་བས་ རིགས་བསྡུས་རྒྱས་པ་ལྔ་དང་བསྡུས་པ་ལྔ་སྟེ་བཅུ་བཅུ་འབྱུང་བས། རིགས་བསྡུས་ཀྱི་དཀྱིལ་ འཁོར་བཞི་བཅུ་དང༌། དངོས་བསྟན་སྙིང་པོ་ཀྱཻ་རྡོ་རྗེ་རིགས་རྐྱང༌། ལྷ་དགུའི་དཀྱིལ་འཁོར་ ལ་རིགས་ལྔའི་དབྱེ་བས་རིགས་རྐྱང་ལྷ་དགུའི་དཀྱིལ་འཁོར་ལྔ་ཡོད་པ་བཞིན་དུ། ཧེ་རུ་ཀ་ གཞན་གསུམ་ལ་ཡང་རིགས་ལྔའི་དབྱེ་བས་རིགས་རྐྱང་ལྷ་དགུའི་དཀྱིལ་འཁོར་ལྔ་ལྔ་འབྱུང་ བས་ཉི་ཤུའོ། ། དེ་ལྟར་ཡབ་ཧེ་རུ་ཀའི་དཀྱིལ་འཁོར་དྲུག་ཅུའི་སྟེང་དུ་བདག་མེད་མའི་དཀྱིལ་འཁོར་ གཉིས་ཏེ་དྲུག་ཅུ་རྩ་གཉིས་ལྗོན་ཤིང་ལས་བཤད་པ་ལྟར་རམ༌། ཡང་གུར་རྒྱན་ལྟར་ན། སྔར་ གྱི་དཀྱིལ་འཁོར་དེ་རྣམས་ཀྱི་སྟེང་དུ་རིགས་རྐྱང་ལྷ་ལྔའི། དཀྱིལ་འཁོར་ཉི་ཤུ་བསྣན་པས་ 21-1-292 བརྒྱད་ཅུ་རྩ་གཉིས་དང༌། དེ་ཡང་བརྒྱད་བརྒྱད་དབུས་སུ་གནས་པའམ། །ཞེས་པའི་སྐབས་ ཀྱི་དཀྱིལ་འཁོར་ལ་རིགས་རྐྱང་དང་རིགས་བསྡུས་གཉིས་འབྱུང་བ་བཞིན་དུ། ཡང་ན་ཉི་ ཤུ་རྩ་ལྔའི་བར། །ཞེས་པའི་སྐབས་ཀྱི་དཀྱིལ་འཁོར་ལ་ཡང་རིགས་རྐྱང་དང་རིགས་བསྡུས་ ཀྱི་དབྱེ་བ་དོན་གྱིས་ཐོབ་པས། ཡབ་ཧེ་རུ་ཀ་བཞི་ལ་རིགས་ལྔའི་དབྱེ་བས་ཉི་ཤུ་ལ་ལྷ་ལྔའི་ དཀྱིལ་འཁོར་རེ་རེ་སྟེ་ཉི་ཤུའོ། ། རིགས་རྐྱང་གི་དཀྱིལ་འཁོར་ལ། རྒྱས་པ་ཉི་ཤུ་བསྡུས་པ་ཉི་ཤུ། རིགས་བསྡུས་ཀྱི་དཀྱིལ་ འཁོར་ལ་རྒྱས་པ་ཉི་ཤུ་བསྡུས་པ་ཉི་ཤུ་སྟེ་ཡབ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་བརྒྱད་ཅུ་ལ། སྐུ་ གསུང་ཐུགས་སྙིང་པོའི་ཧེ་རུ་ཀ་བཞི་ལ་དཀྱིལ་འཁོར་ཉི་ཤུ་ཉི་ཤུ་འབྱུང་ཞིང༌། རིགས་ལྔ་ལ་ དཀྱིལ་འཁོར་བཅུ་དྲུག་བཅུ་དྲུག་ཡོད། འདིར་ཉེ་བར་མཁོ་བ། མི་བསྐྱོད་པ། རྡོ་རྗེ་ཅན། ཀྱཻ་རྡོ་ རྗེ་རྣམས་མིང་གི་རྣམ་གྲངས་དང༌། དེ་བཞིན་གཤེགས་པ། སངས་རྒྱས་རྟག་པ་ཕན་པ་རྣམས་ མིང་གི་རྣམ་གྲངས། རིན་ཆེན་འབྱུང་ལྡན། རྡོ་རྗེ་ཉི་མ། གསེར་གྱི་རི། ཧེ་རིའི་རིགས། ནམ་ མཁའ་མཛོད་ཅེས་པ་རྣམ་གྲངས། འོད་དཔག་མེད། པདྨ་གར་དབང༌། འཇིག་རྟེན་དབང་ཕྱུག ། རྡོ་རྗེ་ཆོས་རྣམས་རྣམ་གྲངས་དང༌། དོན་ཡོད་གྲུབ་པ། རྟ་ཡི་རྒྱལ་པོ། རྡོ་རྗེ་རྟ་མཆོག །བདུན་ པའི་རྒྱལ་པོ། ལྕགས་ཀྱི་རྒྱལ་པོ་རྣམས་རྣམ་གྲངས་སོ། །སམྦུ་ཊི་ལས། དཀྱིལ་འཁོར་དང་ པོ་བདུན་གྱི་སྟེང་དུ་རྡོ་རྗེ་དབྱིངས་ལ་རིགས་ལྔའི་ལྷ་གཙོ་བོ་གོ་འཕོས་པའི་དབྱེ་བས་མཆོག་ སྒྲུབ་པའི་དཀྱིལ་འཁོར་ལྔ་སྟེ་བཅུ་གཉིས་སོ། །དེ་དག་ལ་ཧེ་རུ་ཀ་བཞི་དང༌། བདག་མེད་མ་ ནི་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དང་། ཡེ་ཤེས་དབང་ཕྱུག་མ་ནི་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་ དང་དྲག་པོ་གདན་ཅན་དང༌། རྡོ་རྗེ་དབྱིངས་ནི་སངས་རྒྱས་མཉམ་སྦྱོར་དང་མཐུན་པར་བླ་མ་ གོང་མ་རྣམས་བཞེད་དོ། ། སློབ་དཔོན་ཨ་བྷ་ཡཱ་ཀཱ་ར་ནི། དྲག་པོ་གདན་ཅན་སྟོན་པའི་ཚིག་གིས་དུར་ཁྲོད་ལ་ 21-1-293 དགྱེས་པའི་ཧེ་རུ་ཀ་དང༌། དྲག་པོ་གདན་ཅན་གཉིས་སྟོན་པར་བཞེད་ཅིང༌། དེ་གཉིས་དང་རྡོ་ རྗེ་དབྱིངས་ནི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་བཞེད་དོ། །དེ་ལྟར་ཡོངས་སུ་དྲིལ་བས་ཀྱཻ་ རྡོ་རྗེ་རྒྱུད་གསུམ་ལས་དངོས་བསྟན་མཆོག་སྒྲུབ་པའི་དཀྱིལ་འཁོར་སུམ་ཅུ་རྩ་གསུམ་དང༌། བླ་མའི་མན་ངག་གིས་བཀྲལ་བས་བརྒྱ་ཐམ་པར་འགྱུར་རོ། །ལས་རྒྱས་པ་ནི། བརྟག་གཉིས་ ལས། ཀུ་རུ་ཀུལླེ་དང༌། ལྷ་མོ་བདུན་གྱི་ལྷ་སྔགས་ཙམ་གསུངས་ཤིང༌། རྡོ་རྗེ་གུར་ལས། རྡོ་ རྗེ་སྒྲོལ་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་དང༌། ལས་ཚོགས་རྒྱས་པར་གསུངས། ལྷག་མ་ ལས་རྒྱས་པའི་ལྷ་ཉི་ཤུ་རྩ་བདུན་དང༌། ལས་ཚོགས་ཅི་རིགས་པ་དང་བཅས་པ་གསུངས་ སོ། །སམྦུ་ཊི་ལས། ལས་རྒྱས་པའི་ལྷ་ཉི་ཤུ་རྩ་བརྒྱད་དང་། ལས་ཚོགས་ཤིན་ཏུ་རྒྱས་པར་ གསུངས་སོ། །གཉིས་པ་སྒོམ་ཚུལ་མངོན་རྟོགས་ཀྱི་རྣམ་བཞག་ལ་རྗེ་ས་སྐྱ་བ་ཆེན་པོས། དེ་ ལ་མངོན་རྟོགས་རྣམ་གཉིས་སྟེ། །མཉམ་པར་བཞག་པའི་རྣལ་འབྱོར་དང༌། །མཉམ་པར་མ་ བཞག་རྣལ་འབྱོར་རོ། །མཉམ་བཞག་བསྐྱེད་རྫོགས་རྣམ་གཉིས་དང༌། །མ་བཞག་མཉམ་པ་ བརྒྱད་ཡིན་ཏེ། །ཉལ་དང་ལྡང་དང་བཟླས་པ་དང་། ཁྲུས་དང་ཁ་ཟས་གཏོར་མ་དང༌། །སྤྱོད་ ལམ་རྗེས་ཆགས་རྣལ་འབྱོར་བརྒྱད། །ཅེས་གསུངས་པ་ལྟར་བཤད་པར་བྱ་བ་ལ་གཉིས་ ཏེ། མཉམ་པར་བཞག་པའི་རྣལ་འབྱོར་དང༌། རྗེས་སྤྱོད་ལམ་གྱི་རྣལ་འབྱོར་རོ། །དང་པོ་ལ་ འདིར་བསྟན་གཙོ་བོ་བསྐྱེད་རིམ་རྒྱས་པར་བཤད་པ་དང་། ཞར་ལས་བྱུང་བ་རྫོགས་པའི་རིམ་ པ་གཉིས་སོ། །དང་པོ་ལ། སྔོན་འགྲོའི་ཆོ་ག་དང༌། དངོས་གཞིའི་བྱ་བ་གཉིས་སོ། །དང་པོ་ལ། ཐུན་མོང་གི་སྔོན་འགྲོ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་སོ། །དང་པོ་ནི། སྐྱབས་ འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་ཏེ། འདི་རྣམས་མངོན་རྟོགས་སྒོམ་ པ་རེ་རེ་སྔོན་དུ་བྱེད་དགོས་པས་རྒྱུད་དུ་རྒྱ་གཞུང་གིས་བཤད་པ་མེད་ཀྱང༌། བླ་མའི་མན་ ངག་གོ །དེ་ལ་སྐྱབས་འགྲོའི་ཡུལ་དུ་གཙོ་བོ་བླ་མ་དང་ཀྱཻ་རྡོ་རྗེ་ཐ་མི་དད་དུ་བྱས་པའམ། ཡི་ 21-1-294 དམ་ཀྱི་རིགས་བདག་ཏུ་བླ་མ་སྒོམ་པ་གང་བདེ་བྱས་ལ་གཞན་དཀྱུས་བཞིན། སེམས་བསྐྱེད་ པའི་ཚིག་ནི་རྗེ་བཙུན་ས་པཎ་མན་གྱིས་ཕྱག་ལེན་འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། ། ཞེས་སོགས་མཛད་དོ། །རྡོ་རྗེ་སེམས་དཔའི་བསྐྱེད་ཆོག་ནི། རྒྱས་པ་རྡོ་རྗེ་ཆོ་ག་གསུམ་ལས་ རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་བསྐྱེད་པ་བསྙེན་པ། དེ་ཡི་གནས་གསུམ་ཡིག་འབྲུ་གསུམ་གྱིས་ བྱིན་གྱིས་རློབས་པ་ཉེར་སྒྲུབ། ཡེ་ཤེས་སེམས་དཔའ་དགུག་གཞུག་སྒྲུབ་པ། དབང་བསྐུར་ ནས་རྡོ་རྗེ་སེམས་དཔའ་མི་བསྐྱོད་པས་རྒྱས་གདབ་པ་སྒྲུབ་ཆེན་ཏེ་བསྙེན་སྒྲུབ་ཡན་ལག་ བཞིའི་སྒོ་ནས་བསྐྱེད་པ་དང་། འབྲིང་པོ་གཞན་འདྲ་བ་ལས་རིགས་བདག་རང་ཆས་སུ་ཡོད་པ་ དང༌། བསྡུས་པ་སྐད་ཅིག་གིས་བསྐྱེད་པ་གསུམ་པོ་ལ་སོགས་སྐབས་དང་སྦྱར་ནས་གང་བདེ་ བ་ཞིག་བྱ་ཡི། དེ་གསུམ་ལས་གང་རུང་གཅིག་བཟུང་ནས་འདི་ཁོ་ན་བྱ་དགོས་ཀྱི་གཞན་གྱིས་ མ་ཡིན་ནོ་ཞེས་བརྗོད་པར་མི་བྱའོ། ཁྱད་པར་ལྗོན་ཤིང་ལས། སློབ་དཔོན་བི་རུ་པ་ཡི་བཞེད་ པ། བསྙེན་སྒྲུབ་ཡན་ལག་བཞི་མ་ཚང་བའི་མངོན་པར་རྟོགས་པ་མཆོག་ཐུན་མོང་གང་ལའང་ མི་བཞེད་དོ། །ཞེས་གསུངས་པ་ལ་བརྟེན་ནས་སྐད་ཅིག་གིས་བསྐྱེད་པའི་རྡོ་རྗེ་སེམས་དཔའི་ བསྐྱེད་ཆོག་མི་འཐད་དོ་ཞེས་ཟེར་བ་མི་འཐད་དེ། དེ་ལྟར་གསུངས་པ་དེ་ནི་མངོན་རྟོགས་རང་ དབང་ཅན་གྱི་དབང་དུ་བྱས་པ་ཡིན་གྱི། ཡན་ལག་གི་ལྷ་བསྐྱེད་པ་ཙམ་ལ་མ་ཡིན་པའི་ཕྱིར། གཞན་དུ་ན་རྡོ་རྗེ་སེམས་དཔའ་ཡན་ལག་བཞི་རྫོགས་སུ་བསྐྱེད་པའི་དེའི་ཡང་རིགས་བདག་ ཡན་ལག་བཞི་རྫོགས་སུ་བསྐྱེད་དགོས་པ་སོགས་ཐུག་མེད་དུ་འགྱུར་བ་དང༌། མིག་ཏུ་གཏི་ མུག་རྡོ་རྗེ་མ་ཞེས་སོགས་ཀྱང་ཡན་ལག་བཞི་རྫོགས་སུ་བསྐྱེད་དགོས་པ་སོགས་ཧ་ཅང་ཐལ་ བར་འགྱུར་རོ། །རྡོ་རྗེ་སེམས་དཔའ་དེ་ཉིད་བླ་མ་དང་དབྱེར་མེད་དུ་བསྒོམས་ནས་སྔགས་ དོན་རྣམས་གསོལ་བ་འདེབས་པའི་ཚིག་ཡིན་པ་ལྟར་ཡིད་ལ་བསམ་ཞིང་སྔགས་འདྲེན་ནོ། ། དེ་ཡང༌། ༀ་ནི་བཀྲ་ཤིས་པ། ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། །ཞེས་པ། དཔལ་རྡོ་རྗེ་ 21-1-295 ཁྲག་འཐུང་དམ་ཚིག་གིས་རྗེས་སུ་སྐྱོང༌། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཞེས་པ་རྡོ་རྗེ་ཁྲག་འཐུང་ དེ་ཉིད་ཀྱི་ཉེ་བར་གནས་པར་མཛོད། ཌི་དྷོ་མེ་བྷ་ཝ། ཞེས་པ་བདག་ལ་བརྟན་པར་མཛད་དུ་ གསོལ། སུ་ཏོ་ཥྱོ་མེ་བྷ་བ། ཞེས་པ། བདག་ལ་ཤིན་ཏུ་དགྱེས་པར་མཛོད། ཨ་ནུར་རཀྟོ་མེ་ བྷ་ཝ་ཞེས་པ། བདག་ལ་རྗེས་སུ་ཆགས་པར་མཛོད། སུ་པོཥྱོ་མེ་བྷ་ཝ། ཞེས་བདག་ལ་ཤིན་ ཏུ་དགྱེས་པར་མཛོད། སརྦ་སིདྡྷི་མྨེ་པྲ་ཡཙྪ། ཞེས་པ་བདག་ལ་དངོས་གྲུབ་ཐམས་ཅད་རབ་ཏུ་ སྩོལ། སརྦ་ཀརྨ་སུ་ཙ་མེ། ཞེས་པ་ལས་ཀུན་ལ་ཡང་བདག་ནི། ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུྃ། ཞེས་པ་ སེམས་ལ་དགེ་ལེགས་སུ་མཛོད། ཧ་ཧ་ཧ་ཧ་ཧོ། རྣམས་ནི་སྤྲོས་པའི་ཚིག །བྷ་ག་ཝཱན་བཛྲ་ཧེ་ རུ། ཞེས་པ་བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང༌། མཱ་མེ་མུཉྩ། བདག་ལ་མི་འབྲལ་བར་མཛད་ དུ་གསོལ། ཧེ་རུ་ཀོ་བྷ་ཝ། ཞེས་པ་དཔལ་ཧེ་རུ་ཀའི་དངོས་པོ་མཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་ པས། དམ་ཚིག་སེམས་དཔའ་ཆེན་པོ་ཨཱཿཧཱུྃ་ཕཊ་ནི་བདུད་དང་རྣམ་རྟོག་འཇོམས་པའོ། ། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། མཐུན་རྐྱེན་ཚོགས་བསགས་པ། འགལ་ རྐྱེན་བགེགས་འཇོམས་པའོ། །དང་པོ་ལ། བསོད་ནམས་ཀྱི་ཚོགས་བསགས་པ་དང༌། ཡེ་ཤེས་ ཀྱི་ཚོགས་བསགས་པའོ། །དང་པོ་ལ། ཡུལ་མཆོག་ལ་བསོད་ནམས་ཀྱི་ཚོགས་བསགས་པ་ དང༌། ཡུལ་དམན་པ་ལ་ཚོགས་བསགས་པའོ། །དང་པོ་ལ། རྟེན་བྱིན་གྱིས་བརླབས་པ་དང་། ཚོགས་ཞིང་སྤྱན་དྲངས་པ། ཚོགས་བསགས་དངོས་དང༌། གསུམ། དང་པོ་ནི། ཐ་མལ་གྱི་ང་ རྒྱལ་གྱིས་མཆོད་པ་བྱས་པ་ལ་ཡང་བསོད་ནམས་ཀྱི་ཚོགས་ཆེ་བར་འབྱུང་མོད། དེ་ལྟ་བུའི་ བསྐལ་པར་མཆོད་པ་ལས་ཀྱང༌། དག་པའི་སྣང་བར་བསྒྱུར་ནས་ཉིན་ཞག་གཅིག་གི་བར་དུ་ མཆོད་པ་བསོད་ནམས་ཆེ་བས། ལུས་ཐ་མལ་དུ་འཛིན་པའི་རྣམ་རྟོག་འཇོམས་པར་བྱ་བའི་ ཕྱིར་སྐད་ཅིག་གིས་ཀྱཻ་རྡོ་རྗེར་སྒོམ་ལ། སེམས་ཐ་མལ་དུ་འཛིན་པ་དགག་པའི་ཕྱིར་སྙིང་ཁར་ པད་ཉི་ལ་ཧཱུཾ་སྔོན་པོ། དེའི་ཞབས་ཀྱུ། ཁོག་པ། མགོ་བོ། ཟླ་ཚེས། ཐིག་ལེ་དང་ལྔའོ། །ཡེ་ 21-1-296 ཤེས་ལྔར་མོས་པར་བྱའོ། །གཉིས་པ་ལ། གང་ནས་སྤྱན་འདྲེན་པའི་རང་བཞིན་གྱི་གནས་ ནི་འགའ་ཞིག་ལྟར། འོག་མིན་སྟུག་པོ་བཀོད་པ་ལ་འཆད་པ་ལ་ཡང་མི་འགལ་མོད། འདིར་ ཆོས་ཀྱི་དབྱིངས་ཉིད་ཡིན་པས་འགྲོ་འོང་གི་རྣམ་པ་མི་དགོས་ཤིང༌། མདུན་གྱི་ནམ་མཁར་ གསལ་བཏབ་པ་ཁོ་ནས་ཆོག་ལ་ཚིག་ནི། དེ་ལས་འོད་ཟེར་ཞེས་སོགས་དཀྱུས་ལྟར་རོ། །དེ་ ཡང་བླ་མ་དང་ཡི་དམ་ངོ་བོ་དབྱེར་མེད་ཡིན་པར་ཐམས་ཅད་མཐུན་མོད། འདིར་རྣམ་པ་ཐ་ དད་པ་ནི་བླ་མ་རིགས་བདག་གི་ཚུལ་དུ་སྒོམ་དགོས་པ་ཡིན་ནོ། ། གསུམ་པ་ལ་ཕྱག་འཚལ་བ། མཆོད་པ་འབུལ་བ། རྒྱུན་བཤགས། སྡོམ་པ་བཟུང་བ་དང་ བཞི། དང་པོ་ནི། ན་མོ་གུ་རུ་བྷྱ། སོགས་སོ། །གཉིས་པ་ནི། ནམ་མཁར་སོགས་ཏེ། མདུན་གྱི་ ནམ་མཁར་རྗེ་བཙུན་ལྷ་དགུའི་དཀྱིལ་འཁོར་བལྟས་ནས་ནི། རྡོ་རྗེ་སྐྱེ་བ་སྟེ་རྡོ་རྗེའི་ས་བོན་ཧཱུཾ་ ལས་རྒྱན་གྱིས་བརྒྱན་པའི་ལྷ་མོ་སྤྲོས་ཏེ། མཆོད་ཚུལ་ནི། ལྷ་མོ་དཀར་མོ་སྟེ་གོ་རཱིའི་ཕྱག་ཏུ་ རི་དྭགས་ཀྱིས་མཚན་མ་ཟླ་བའི་བརྡས་བསྟན་པས་བྱང་ཆུབ་ཀྱི་སེམས་ཀྱི་གང་བའི་ཐོད་པ། (བར་འདིར་ལྷ་མོ་ཆོམ་རྐུན་མ་སོགས་བཞིའི་བཤད་པ་མི་བཞུགས། མཆན།) རི་ཁྲོད་མའི་རོ་སྟེ་བཅུད་ལེན་གྱི་ གང་བའི་ཐོད་པ། བཅུད་ལེན་གྱི་རྫས་ཏེ་མི་སོགས་ཀྱི་འགྲོ་བ་གང་ལ་རེག་ཀྱང་ཚེ་ཉི་མ་དང་ མཉམ་པ་སོགས་སུ་འགྱུར་ཞིང་རྡོ་ཤིང་སོགས་ལ་རེག་ན་གསེར་ལ་སོགས་པའི་རིན་པོ་ཆེར་ འགྱུར་བའོ། །གདོལ་པ་མོས་ཅང་ཏེའུ་བརྡུང་བ་དང༌། གཡུང་མོས་སྐུ་ལ་འཁྱུད་པའི་སྟངས་ ཀས་མཆོད་པའོ། །དེ་ཡང་ལྷ་མོ་དང་པོ་ལྔས་ནང་མཆོད། དེ་ནས་གཉིས་ཀྱིས་ཕྱི་མཆོད། བརྒྱད་པས་གསང་བའི་མཆོད་པ་འབུལ་ལོ། ། གསུམ་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པས་སྐྱབས་འགྲོ་ མདོར་བསྟན། རྐང་པ་གཉིས་པས་བཤགས་པ། གསུམ་པས་རྗེས་སུ་ཡི་རང་བ། བཞི་པས་ དོན་དམ་བྱང་སེམས་འཛིན་པར་དམ་བཅའ་བ། ལྔ་པ་དང་དྲུག་པས་སྐྱབས་འགྲོ་དངོས། 21-1-297 བདུན་པ་དང་བརྒྱད་པས་སྨོན་སེམས། དེ་ནས་རྐང་པ་གསུམ་གྱིས་འཇུག་སེམས། རྐང་པ་ཐ་ མས་བསྔོ་བ་སྟེ་ཕྱག་འཚལ། མན་ཆད་བགྲངས་པས་བདུན་པའོ། །བཞི་པ་རིགས་ལྔའི་སྡོམ་ བཟུང་ནི། རྒྱ་གཞུང་རྣམས་ལས་གསལ་ཆ་མི་འབྱུང་ཡང་འདིར་སྦྱར་བ་ཤིན་ཏུ་ལེགས་ཤིང་ སྦྱོར་བར་མཛད་པ་ཡིན་ནོ། ། དོན་ནི། སངས་རྒྱས་སྲས་བཅས་དཔའ་བོ་རྣལ་འབྱོར་མ་རྣམས་དགོངས་སུ་གསོལ་ ནས། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཇི་ལྟར་ དུས་གསུམ་མགོན་པོས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་བདག་གིས་བསྐྱེད་ནས་ཉེས་ སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ ཁྲིམས་གསུམ་བཟུང་བ་དང་། རྣམ་སྣང་རིགས་ཀྱི་དམ་ཚིག་ལ། སངས་རྒྱས་ཆོས་དང་དགེ་ འདུན་གསུམ་ལ་སྐྱབས་སུ་འགྲོ་བ་དང་། རྡོ་རྗེའི་རིགས་ལ་དྲིལ་བུ་ཕྱག་རྒྱ་སློབ་དཔོན་བཞི། དེ་ཡང་ཀུན་རྫོབ་བརྡའི་རྡོ་རྗེའི་དྲིལ་བུ་བྲིས་སྐུ་རྣམས་དང༌། དོན་དམ་པ་བདེ་བ་ཆེན་པོ་རྡོ་ རྗེ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དྲིལ་བུ། ལུས་ལྷ་སྐུར་སྒོམ་པ་ཕྱག་རྒྱའོ། །རིན་པོ་ཆེའི་ རིགས་ལ་ཉིན་མཚན་དུས་དྲུག་ཏུ་ཟང་ཟིང་མི་འཇིགས་ཆོས་དང་བྱམས་པའི་སྦྱིན་པ་སྟེ་བཞི། པདྨའི་རིགས་ལ་ཕྱི་ནང་གསང་བའི་ཆོས་འཛིན་པ་དང་། ཐེག་པ་གསུམ་གྱི་ཆོས་འཛིན་པ་ གཉིས། དོན་གྲུབ་ཀྱི་དམ་ཚིག་སྡོམ་པ་ཐམས་ཅད་དང་ལྡན་པར་འཛིན་པ་དང་། མཆོད་པའི་ ལས་བྱས་པ་གཉིས་སོ། ། རིགས་ལྔ་སྤྱིའི་སྡོམ་པ་ལ། བྱང་ཆུབ་སེམས་ནི་བླ་མེད་མཆོག་ཅེས་སོགས་ཏེ་སྡོམ་པ་ དེ་རྣམས་སེམས་ཅན་གྱི་དོན་དུ་བཟུང་བར་ཁས་བླངས་པ་དང༌། མ་བསྒྲལ་བ་རྣམས་བདག་ གིས་བསྒྲལ་སོགས་སོ། །གཉིས་པ་ཡུལ་དམན་པ་ལ་བསོད་ནམས་ཀྱིས་ཚོགས་བསགས་ པ་ནི། ཚད་མེད་པ་བཞི་སྒོམ་པ་ཡིན་ཞིང༌། དེ་ལ་དང་པོ་གསུམ་ཐེག་ཆེན་པ་སྤྱི་དང་མཐུན། 21-1-298 བཞི་པ་ནི་བཏང་སྙོམས་ཚད་མེད་ལ་སེམས་ཅན་རྣམས་འཁོད་པར་གྱུར་ཅིག་སྙམ་དུ་བསམ་ མོ། །རྩ་རྒྱུད་ལས། དང་པོ་བྱམས་པ་བསྒོམས་པ་སྟེ། །གཉིས་པ་སྙིང་རྗེ་རྣམ་བསྒོམ་ཞིང༌། ། གསུམ་པ་དགའ་བ་བསྒོམ་པ་དང༌། །ཀུན་གྱི་མཐའ་ལ་བཏང་སྙོམ་མོ། །ཞེས་བྱ། དེ་ལྟར་ བསོད་ནམས་ཀྱི་ཚོགས་བསགས་པས་གཞི་འཁོར་བའི་གནས་སྐབས་སུ་སྐྱེ་བ་ཕྱི་མ་སྐྱེ་ འགྱུར་གྱི་འཕེན་བྱེད་ཀྱི་ལས་གསོག་པ་དང་མཚུངས་པ་ཡིན་ལ། སྦྱངས་འབྲས་དང་སྦྱར་ ན་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གསོག་པ་དང་མཚུངས་པ་ཡིན། དེ་གཉིས་དང་ མཚུངས་པར་སྦྱར་བའི་དགོས་པ་ནི། ལམ་དེ་ལྟར་བསྒོམས་པས་འཁོར་བའི་ཆོས་རྣམས་སྦྱང་ བ་དང་། འབྲས་བུ་མངོན་དུ་འགྱུར་བའི་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས་པ་ཡིན་ནོ། །དེ་ ལྟར་སྒོམ་པའི་གནས་སྐབས་ཀྱི་དགོས་པ་ནི། ལྷ་རྣམས་མཆོད་པས་མཉེས་ཤིང་རྒྱུད་བྱིན་ གྱིས་བརླབས་པ་དང༌། དེས་བར་དུ་གཅོད་པ་མི་འབྱུང་བ་དང༌། ཚེགས་ཆུང་ངུའི་ཚོགས་རྒྱ་ ཆེན་པོ་གསོག་པ་དང༌། དངོས་གཞིའི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བའི་རྒྱུར་འགྱུར་པའོ། ། གཉིས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། རྒྱུད་དང་སྒྲུབ་ཐབས་སོ་སོ་ནས་བཤད་པ་ ལྟར་རྣམ་ཐར་བཞི་དང༌། གསུམ་དང༌། དག་པ་གསུམ་དང༌། སྣང་བ་སེམས་དང༌། སེམས་ སྟོང་པར་གཏན་ལ་འབེབས་པ་སྟེ། དེ་ལ་ཚུལ་མང་དུ་གསུངས་ཀྱང་འདིར་ཤུ་ནྱཱ་ཏའི་སྔགས་ དོན་བསམ་པར་གཅིག་པུས་ཆོག་ལ། སློབ་དཔོན་འགའ་ཞིག་ལྟར་རིགས་པས་དཔྱད་པ་ སྔོན་དུ་གཏོང་བའང་མི་འགལ་མོད། མཐའ་གཅིག་ཏུ་མི་དགོས་པ་སྟེ། རིགས་པའི་དཔྱད་ པ་མི་ཤེས་པའི་གང་ཟག་གིས་ཀྱང་བླ་མས་བསྟན་པའི་མན་ངག་ཉམས་སུ་བླངས་པས་དོན་ རྟོགས་པའི་ཕྱིར། དཔེར་ན་བུ་རམ་གྱི་འབྱུང་ཁུངས་དང་ཁ་དོག་ལ་སོགས་པ་མི་ཤེས་ཀྱང་རོ་ མྱོང་བ་བཞིན་ནོ། །རིགས་དཔྱད་མ་བྱས་ན་མཚན་ཉིད་འགོག་མི་ནུས་སྙམ་ན། འོ་ན་བསྐྱེད་ རིམ་གྱི་ལྷ་སྐུ་སྒོམ་པ་དང༌། རྫོགས་རིམ་གྱི་རྩ་རླུང་ཐིག་ལེ་ཡིག་འབྲུ་སོགས་བསྒོམས་ནས་ 21-1-299 ཀྱང་དེ་ལ་གཅིག་ཏུ་བྲལ་སོགས་ཀྱི་དཔྱད་པ་དགོས་པར་འགྱུར་ལ། དེ་འདྲ་ནི་ཚད་ལྡན་ སུས་ཀྱང་མ་བཤད་དོ། །སྤྱིར་དཔྱད་པ་སྔོན་དུ་གཏོང་བའི་ལུགས་ལ་ཡང༌། དཔྱད་པ་བཏང་ ཟིན་པའི་དོན་དེ་ལ་ཅིར་ཡང་མི་འཛིན་པར་མཉམ་པར་འཇོག་པ་ཡིན་གྱི། གང་དག་མཉམ་ བཞག་དངོས་གཞིའི་སྐབས་སུ་ཡང༌། བདག་མེད་བདེན་པར་མེད་སྙམ་པའི་འཛིན་སྟངས་ཀྱི་ ཤུགས་དྲག་པོ་དགོས་ཟེར་བ་དག་ནི། ཆོས་འདིའི་ངེས་དོན་ཟབ་མོ་ལ་རྒྱབ་ཀྱིས་ཕྱོགས་པའི་ གཏམ་ཡིན་ཡང༌། དེ་དག་ལ་ནི་མཁས་པ་སྔ་མ་རྣམས་ཀྱིས་དགག་པ་རྒྱ་ཆེར་བརྗོད་ཟིན་པ་ ལྟར་ཤེས་པར་བྱའོ། ། སྟོང་ཉིད་ལ་ཡང༌། སྣང་བ་བཀག་པ་དང་མ་བཀག་པ་གཉིས་ལས། འདིར་ནི་སྣང་བ་ བཀག་པའི་ཅི་ཡང་མི་བསམ་པ་ཉིད་དུ་མཉམ་པར་འཇོག་པ། སྣང་བ་བཀག་ན་ཡེ་ཤེས་ ཚོགས་བསགས་འདི་འཆི་བ་སྦྱོང་བྱེད་དམ་ལམ་བྱེད་ཡིན་ལ། འཆི་བའི་དུས་སུ་སྣང་བ་ ཐམས་ཅད་ཐིམ་འགྲོ་བའི་ཕྱིར། རིགས་པས་དཔྱད་པ་དགོས་པ་རྣམས་ཀྱང༌། སྦྱང་བྱ་དང་ མི་མཐུན་ནོ། །དེ་ལྟར་ན་སྟོང་ཉིད་ལ་ཅིར་ཡང་མི་རྟོག་པར་འཇོག་པ་སྟེ་སྟོང་ཉིད་ཡེ་ཤེས་ རྡོ་རྗེའི་བདག་ཉིད་ངའོ། །ཞེས་པ་ལྟར་སྟོང་ཉིད་རིགས་པས་མྱོང་བྱར་བྱས་པ་སྟེ། དེའི་རྗེས་ ཐོབ་ཏུ་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྡོ་རྗེའི་བདག་ཉིད་ངའོ་ཞེས་ང་རྒྱལ་ཡང་བྱའོ། །དེ་ ལྟར་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། གཞི་འཁོར་བའི་ཆོས་ལ་འཆི་བའི་རྣམ་པ་དང་མཐུན་ པས་སྦྱོར་ཞིང་། འབྲས་བུའི་ཆོས་ལ་ཡང་དག་པའི་མཐའ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་རྣམ་ པ་དང་མཐུན་པས་ལམ་དུ་བྱེད་པ་ཡིན་ནོ། །འདིར་ཡེ་ཤེས་ཚོགས་བསགས་འཆི་བ་སྦྱོང་ བྱེད་དུ་བཤད་པ་མི་འཐད་པར་འདོད་པ་ནི། མི་གཡོ་བླ་མེད་ཀྱི་རྒྱུད་ལས་བསྒོམས་པས་རྣམ་ པར་དག་པ་བརྗོད་པར་བྱ་སྟེ་དང་པོར་མཆོད་པ་ནི་བསོད་ནམས་ཀྱི་ཚོགས་དེ་ཁྱད་པར་དུ་ འཕགས་པའི་ལས་སོ། །སྟོང་པ་ཉིད་ནི་ཡེ་ཤེས་ཀྱི་ཚོགས་ཏེ་ཁྱད་པར་དུ་འཕགས་པའི་འཆི་ 21-1-300 བའོ། །དྭངས་བའི་ལུས་ནི་བར་སྲིད་ཀྱི་ལུས་སོ། །ཞེས་གསུངས་པ་དང་དངོས་སུ་འགལ། ཁ་ཅིག་གསུང་འཁོར་ཡན་ཆད་སྔོན་འགྲོའི་ཆོས་ལ་སྦྱང་གཞི་སྦྱོང་བྱེད་སྦྱོར་བ་འགོགས་པ་ ནི། རང་ཉིད་ཀྱིས་ཀྱང་གསང་འདུས་ཡེ་ཤེས་ཞབས་ལུགས་ལ་ཡེ་ཤེས་ཚོགས་བསགས་ འཆི་བ་སྦྱོང་བྱེད་དུ་བཤད་པ་དང་ནང་འགལ་ལོ། །གཉིས་པ་བསྲུང་བའི་འཁོར་ལོ་བསྒོམ་པ་ ལ། ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་གཉིས། འདི་གཉིས་ཀྱི་ཁྱད་པར་དང་པོ་ནི་འདིའི་ རིགས་འདྲ་བླ་མེད་ཀྱི་དཀྱིལ་འཁོར་ཕལ་ཆེ་བ་ཞིག་ལ་ཐུན་མོང་དུ་འཇུག་ལ། གཉིས་པ་ འདིའི་རིགས་འདྲ་ནི་འདི་སོགས་དཀྱིལ་འཁོར་ཁྱད་པར་ཅན་འགའ་ཞིག་ལ་ཡོད་ཀྱི། དཀྱིལ་ འཁོར་མཐའ་དག་ལ་འཇུག་པ་མ་ཡིན་པའི་དོན་ནོ། ། འདིར་ཀྱཻ་རྡོ་རྗེའི་ཐུན་མོང་མ་ཡིན་པ་ལ་འཆད་པ་མི་འཐད་དེ། ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ ཡིན་ཡང་ཁྲོ་བཅུའི་བསྲུང་འཁོར་མེད་པ་མང་ཞིང༌། གསང་བ་འདུས་པ་དང༌། བདག་མེད་ མ་སོགས་ལ་ཁྲོ་བཅུ་དེ་ཡོད་པའི་ཕྱིར། ཐུན་མོང་གི་བསྲུང་འཁོར་བསྒོམ་ཚུལ་ནི། རྩ་རྒྱུད་ ལས། རྭ་བས་ཉི་མ་སྔོན་དུ་རྣམ་བསམ་ཏེ། །ཉིན་རེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ ཉིད་ཀྱིས་ནི་རྭ་བ་དང༌། །གུར་བཅིང་བ་ཡང་རྣམ་པར་སྒོམ་པ་ཉིད། །ཅེས་གསུངས་ལ། དེའི་ དངོས་བསྟན་ལ་ཉི་མ་སྣ་ཚོགས་རྡོ་རྗེ་རྡོ་རྗེ་རྭ་བ་གུར་དེ་བཞི་ལས་མ་བཤད་ཀྱང༌། བླ་མའི་ མན་ངག་གིས་པདྨ་རྡོ་རྗེའི་ས་གཞི། རྭ་བ་བླ་བྲེ་མེ་རི་དང་བཅས་པ་སྤྱི་མཐུན་དུ་སྦྱར་བ་ཡིན་ པས། སྟོང་པའི་ངང་ལས་པཾ་ལྗང་གུ་ལས་སྣ་ཚོགས་པདྨ། རཾ་ལས་ཉི་མ་བསྒོམ་སྟེ། རབ་ཅེས་ པར་ཡིན་པས་མར་རྔོག་རྣམས་རྭ་ལས་བསྐྱེད་པར་བཞེད། རང་ལུགས་ནི། རྒྱུད་ནས་འབྱུང་ བ་ས་བོན་གྱི་ཡི་གེ་འདི་རྣམས་ལ་ཟླ་ཚེས་ཐིག་ལེ་ནཱ་ད་དང་བཅས་པ་རེ་བསྣོན་པ་མན་ངག་ ཡིན་པས་རཾ་ལས་བསྐྱེད། དེའི་དབུས་སུ་ཧཱུཾ་སྔོན་པོ་ལས་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ་ཕྱོགས་ མདོག་ལ། ཤར་གྱི་དབུས་རྭ་དཀར་བ། གཡས་ཀྱི་རྭ་གཉིས་དཀར་བ་དང་སྔོ་བ། གཡོན་ 21-1-301 གྱི་རྭ་གཉིས་དམར་བ་དང་ལྗང་བ་སྟེ་ལྔ། ལྷོའི་དབུས་རྭ་སེར། གཡས་ཀྱི་དཀར་བ་དང་སྔོ་ བ་སོགས་རིགས་འགྲེ་ཤིང༌། དབྱིབས་དབུས་རྭ་ཐད་སོར་བྱས་པའི་གཡས་སུ་རྭ་གཉིས། གཡོན་དུ་རྭ་གཉིས། དབུས་ཀྱང་ལེབ་ཆགས་སུ་ཡོད་པར་བསྒོམ། རྭ་བཅུ་གཉིས་པར་བྱེད་ ན་ཕྱོགས་རེ་ལ་རྭ་གསུམ་གསུམ་སྟེ་བཅུ་གཉིས། དེ་ལ་ཤར་གྱི་རྭ་གསུམ་དཀར། ལྷོའི་རྭ་ གསུམ་སེར། ནུབ་ཀྱི་རྭ་གསུམ་དམར། བྱང་གི་རྭ་གསུམ་ལྗང་བའི་མདོག་གི །རྭ་སོ་སོར་ཁ་ དོག་མི་གཅིག་པ་དགོས་ཤིང་འདི་སྒོམ་བདེའོ། །དེ་ལ་རྭ་ཉི་ཤུ་ནི་འཇིག་ལྟ་ཉི་ཤུ་འཇོམས་པ་ དང༌། བཅུ་གཉིས་ནི་མ་དག་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འཇོམས་པ་མཚོན། །ཧཱུཾ་ ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རྩེ་ལས་སྣ་ཚོགས་རྡོ་རྗེ་ཆེ་ཆུང་དཔག་ཏུ་མེད་པ་ འཕྲོས་པས་འོག་ཐམས་ཅད་གང་ཞིང༌། དེ་རྣམས་འབྲེལ་ཏེ་ཤིན་ཏུ་བརྟན་ཅིང་འཕང་ཐུབ་ པར་བསམ། ཁོར་ཡུག་ཏུ་འཕྲོས་པས་རྡོ་རྗེ་འགྲེང་བུར་གྱུར་པ་ཤིན་ཏུ་ཆེ་བ། དེའི་མཚམས་ རྣམས་དེ་ལས་ཆུང་བ། དེའི་མཚམས་རྡོ་རྗེ་ཕྲ་མོ་ནས་དང་རྡུལ་ཕྲན་ཙམ་གྱིས་གང་ཞིང་ འབྲེལ་ཏེ་བརྟན་པ་སྟེང་དུ་ཡང་དེ་ལྟ་བུའི་གུར་བསམ་ནས་བརྟན་བྱེད་དུ་བཛྲ་རཀྵའི་སྔགས་ ལན་གསུམ་བརྗོད་དོ། ། ཐུན་མོང་མ་ཡིན་པའི་བསྲུང་འཁོར་ནི། རྡོ་རྗེ་གུར་ལེའུ་བཞི་པ་ནས་ཁྲོ་བཅུའི་སྒྲུབ་ ཐབས་དང་སྔགས་རྣམས་གསུངས། ལེའུ་བཅུ་གཉིས་པ་ནས་བདག་མེད་མ་ཡི་མངོན་རྟོགས་ ཀྱི་སྔོན་དུ་ཁྲོ་བཅུ་དང་འཁོར་ལོ་བསྒོམ་པར་གསུངས་ཤིང༌། ལེའུ་བཅུ་གཉིས་པར་རྒྱས་ པར་གསུངས་པ་བཞིན་བསྒོམས་ཏེ། དེ་ཡང་ཇི་སྐད་དུ། རྡོ་རྗེ་གུར་གྱི་ལེའུ་བཅུ་གཉིས་པ་ ལས། ནམ་མཁའི་ཁམས་ཀྱི་དབུས་ན་གནས་པར། །སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ། །ཧཱུཾ་ནི་ བཅུ་གཉིས་སྦྱོར་བ་ཡིས། ཁྲོ་བོ་བཅུ་ནི་རིམ་པས་དགོད། །གཤིན་རྗེ་མཐར་བྱེད་ཤེས་རབ་ མཐར། །པདྨ་མཐར་བྱེད་བགེགས་མཐར་བྱེད། །ཌཱ་ཀི་ཁྲོ་བོ་དབྱུག་པ་སྔོན། །མི་གཡོ་བ་དང་ 21-1-302 སྟོབས་ཆེན་དང༌། །གཙུག་གཏོར་གདུགས་ནི་དཀར་པོ་དང༌། །རྡོ་རྗེ་ཞབས་འོག་གནས་པ་ནི། ། བདུད་རྩི་སྦྱོར་བས་ཐམས་ཅད་དུ། ཁྲོ་བོའི་རྣམ་པར་བསྒོམ་པར་བྱ། །དཔག་ཚད་བརྒྱ་ནི་ ཁྱབ་པ་རུ། །བསམ་ནས་བགེགས་ནི་བསྐྲད་པར་བྱ། །ཞེས་གསུངས། བསྒོམ་ཚུལ་ནི་མངོན་ རྟོགས་བཞིན་ལ། འཁོར་ལོ་ནི་གའུ་ལྟ་བུ་རྩིབས་བརྒྱད་པ་རལ་གྲི་སོ་ལྟར་རྣོ་བ་ཕྱིར་བསྟན་ པ། སྟེང་འོག་གི་རྩིབས་གཉིས་མདུང་སོ་སྦུགས་སྟོང་ལྟ་བུ། བསྲུང་བ་བསྐྱང་བར་མཛད་ན་ཧཱུཾ་ མཛད་དབུས་དང༌། གཙུག་གཏོར་འཁོར་ལོས་བསྒྱུར་བ་སྟེང་དུ་བྱེད། དེ་ལྟར་བྱེད་ན་བཟླས་ པ་མི་བྱེད་པར་མངོན་རྟོགས་དངོས་གཞིར་འཇུག་པའམ། བཟླས་པ་བྱེད་པར་སྤྲོ་ན་ཡང་ཁྲོ་ བཅུའི་སྔགས་སོ་སོར་བཟླ་ཡི་ཨུཥྞི་ཥ་བཟླ་བར་མི་མཛད། བཟློག་པ་གཙོ་བོར་བྱེད་ན། གཙོ་ བོ་གོ་འཕོ་བའི་གནད་ཀྱི་གཙུག་གཏོར་འཁོར་ལོས་བསྒྱུར་བ་དབུས་དང༌། ཧཱུཾ་མཛད་སྟེང་དུ་ བསྒོམ། འདི་ལྟར་བྱེད་ཚེ། གཙོ་བོའི་ཕྱག་མཚན་གཡས་ཀྱི་འཁོར་ལོ་ནི་མཚོན་ཆའི་འཁོར་ ལོ་རྩིབས་རྣོ་བ། ཕྱི་ཆ་མུ་ཁྱུད་མེད་པ་མཛུམ་མོའི་རྩེ་ལ་བརྒྱུས་པའོ། ། གཤིན་རྗེ་གཤེད་ཀྱི་གཡས་ཀྱི་ཐོ་བ་ནི་རྡོ་རྗེའི་ཐོ་བ་སྟེ་ཐོ་བའི་ལོག་དང་ཕྱོགས་སོ་ སོར་རྡོ་རྗེ་རྩེ་ལྔ་པ་རེ་རེ་མཚན་པ། ཤེས་རབ་མཐར་བྱེད་ནི་གཞན་གྱིས་མི་ཐུབ་པ་ཡིན་ལ། ཕྱག་མཚན་བེ་ཅོན་ནི་རྡོ་རྗེ་བེ་ཅོན་ཏེ་འཆང་ཟུང་ཕྲ་ཞིང་རྩེ་སྦོམ་པ་ཡས་མར་རྡོ་རྗེས་མཚན་ པ། པདྨ་མཐར་བྱེད་ནི་རྟ་མགྲིན་ཏེ་པདྨ་དམར་མོ་འདབ་བརྒྱད་ཡུ་བ་དང་བཅས་པ་འཛིན་ པ། བགེགས་མཐར་བྱེད་ཀྱི་རྡོ་རྗེ་ནི་རྡོ་རྗེ་སྔོན་པོ་རྭ་གདེངས་པ། མི་གཡོ་བ་རྡོ་རྗེའི་ཡུ་བ་ བྱས་པའི་རལ་གྲི། འདོད་རྒྱལ་ལྕགས་ཀྱུ། དབྱུག་སྔོན་ཅན་གྱི་ཕྱག་མཚན་ནི། གཤིན་རྗེའི་ དབྱུག་པ་སྟེ་རྩ་བ་ཕྲ་ཞིང་རྩེ་ཅུང་ཟད་བཀུག་པ་སྟོབས་པོ་ཆེས་རྩེ་གསུམ། ཧཱུཾ་མཛད་རྡོ་རྗེ་དང་ དྲིལ་བུ་རང་གི་ཕྱག་རྒྱས་ཐུགས་ཀར་འཛིན་པ། གནོད་མཛེས་ཀྱི་ཕྱག་མཚན་གཏུན་ཤིང་ནི་ འཆང་ཟུང་ཕྲ་ཞིང་རྩེ་གཉིས་སྦོམ་པའོ། །འཁོར་ལོའི་སྟེང་ཕྱོགས་ཀྱི་ལྷ་གཙོ་བོའི་དབུ་ཐད་ 21-1-303 དམ་མདུན་ངོས་སུ་ཉེ་བ་ཙམ་དང༌། འོག་གི་ལྷ་གཙོ་བོའི་རྒྱབ་ལ་ཉེ་ཙམ་དུ་བསྒོམ། རྒྱུ་མཚན་ དེའི་ཕྱིར་དཀྱིལ་འཁོར་ལ་འབྲི་དུས་སྟེང་གི་ཁྲོ་བོ་ཤར་སྒོའི་ཁྲོ་བོའི་ཡང་ཕྱི་རོལ་དང༌། འོག་ གི་ཁྲོ་བོ་ནུབ་སྒོའི་ཁྲོ་བོའི་ཡང་ཕྱི་རོལ་ཏུ་བྲི་བ་ཡིན། དེ་རྣམས་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་ བརླབས། ཡེ་ཤེས་སྤྱན་དྲངས། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད། གཽ་རི་མ་ལ་ སོགས་པའི་སྔགས་རྒྱས་བསྟིམ། དབང་ལྷ་སྤྱན་དྲངས། སྔར་ལྟར་མཆོད་ནས་དབང་བསྐུར་ རྒྱས་གདབ་བཟླས་པ་བྱེད་པ་འབྲིང་པོ་དང༌། དེའི་སྐྱེ་མཆེད་ཀྱང་བྱིན་གྱིས་བརླབས། མཆོད་ པ་ལ་ཡང་དཀར་མོ་རི་དྭགས་སོགས་བཅུག །རྒྱས་གདབ་གྲུབ་ནས་མཆོད་བསྟོད་བྱས་ཏེ་ བཟླས་པ་རྒྱས་པ་དང༌། འབྲིང་པོ་ལྟར་ལས་མཆོད་པ་ལ་ཉེར་སྤྱོད་ལྔ་ཙམ་བྱས། དབང་ལྷའི་ མཆོད་པ་བཞག་པ་བསྡུས་པའོ། །བསྲུང་འཁོར་གྱི་ལྷ་འདི་རྣམས་མངོན་རྟོགས་ཀྱི་ཡན་ལག་ ཡིན་པས་ཆོ་ག་རྒྱས་པ་ལ་གལ་ཆུང་འབྲིང་བསྡུས་གང་རིགས་ཀྱི་ཆོག །བསྲུང་བཟློག་གི་ དམིགས་པ་དཀྱུས་བཞིན་དང༌། བཟློག་པ་ལ་གནད་ལྔ་སྟེ། བསྲུང་བའི་སྐབས་སུ་ཧཱུཾ་མཛད་ དབུས་སུ་ཡོད་པ་དེ་བཟློག་པའི་སྐབས་སྟེང་དུ་སྤོས། དབུས་སུ་གཙུག་ཏོར་འཁོར་ལོ་བསྒྱུར་ བ་བཀོད་པ་སྟེ་གཙོ་བོར་གོ་འཕོ་བའི་གནད་དང་མིང་སྦ་བའི་སྐབས་མིང་ཡིག་ལ་བོད་སྐད་ ལ་གང་ཡིན་དེའི་མིང་ཐོག་མ་བསམ། བསྲུང་བྱ་རྣམས་ཀྱི་ལུས་སྙིང་ཁའི་རྡོ་རྗེའི་ནང་དུ་ བསྒོམས་མི་བདེ་ན་འཁོར་ལོའི་ནང་ངམ་རྡོ་རྗེའི་རྭ་བའི་ནང་དུ་བསྒོམས་པས་རུང༌། སྙིང་ གའི་ཧཱུཾ་ལས་འོད་ཕྲོས་ལུས་རྡོ་རྗེའི་གོ་བགོས་པར་བསམ་པ་ལུས་བསྲུང་ཞིང་མིང་སྦ་བའི་ གནད། ཁྲོ་བོ་ཐམས་ཅད་ཁྲོས་ཤིང་ཞབས་གཡས་བརྐྱང་དང༌། ཕྱོགས་མཚམས་རྣམས་ཀྱི་ ཁྲོ་བོ་རྣམས་ཞལ་ཕྱིར་བསྒྱུར། སྟེང་འོག་གཉིས་ཀྱི་ཁྲོ་བོ་ཡང་དབུས་རང་ཐད་ན་མེད་པས་ ཞལ་ཕྱིར་བསྒྱུར་པ་དོན་གྱིས་ཐོབ་སྟེ་ལྷའི་རྣམ་པའི་གནད། བསྲུང་བའི་འཁོར་ལོ་གཡས་སུ་ འཁོར། ཕྱིར་བཟློག་སྐབས་འཁོར་ལོ་སྔར་གཡས་སུ་འཁོར་བ་ཧཱུཾ་ཞེས་བརྗོད་པ་དང་མཉམ་ 21-1-304 དུ་གཡོན་དུ་འཁོར། འཁོར་ལོའི་རྩིབས་བར་དུ་སྒྲུབ་བྱའི་ལས་ལ་གྲུབ་པའི་རླུང་འཚུབ་མ་ དབྱེ་བ་ཟླ་གམ། དེའི་སྟེང་དུ་མེ་འབར་བཞིན་པའི་གྲུ་གསུམ་རང་གི་ཐུགས་ཀ་ནས་འཕྲོས་ པའི་ཕོ་ཉས་སྒྲུབ་བྱའི་སྐེ་དང༌། རྐང་ལག་ལྕགས་སྒྲོག་གིས་བཅིངས་ནས་དྲངས་ལ། མེ་རླུང་ གི་སྟེང་དུ་སྤྱིའུ་ཚུགས་སུ་འདུག་པར་བསམ་ལ། འཁོར་ལོ་འཁོར་བའི་རྩིབས་རྣམས་ཀྱིས་ བསྒྲུབ་བྱའི་ལུས་དུམ་བུར་བཅད། མེས་བསྲེགས། རོ་མ་རྣམས་རླུང་གིས་ཁྱེར། རྣམ་པར་ ཤེས་པ་ཞེ་སྡང་རྣམ་པར་དག་པ་མི་བསྐྱོད་པའི་ཞིང་དུ་སྐྱེས་པར་བསམ་ལ་འཁོར་ལོ་བསྐོར་ བའི་གནད། སྔགས་བཟླ་བའི་ཚེ་ཨུཥྞི་ཥ་བཟླ་བ་སྔགས་ཀྱི་གནད་དེ་ལྔའོ། ། སྔགས་དོན་ནི། ན་མཿས་མནྟ་བུདྡྷ་ནཱཾ། ཀུན་ནས་སངས་རྒྱས་ལ་ཕྱག་འཚལ་ལོ། །ན་ མཿས་མནྟ་དྷརྨཱ་ནཾ། ཀུན་ནས་ཆོས་ལ་ཕྱག་འཚལ་ལོ། །ན་མཿསམནྟ་སཾ་གྷཱ་ནཱཾ། ཀུན་ནས་དགེ་ འདུན་ལ་ཕྱག་འཚལ་ལོ། །འདི་མན་ཆད་ཀྱིས་ༀ་རྣམས་ནི་ཕྱག་འཚལ་ལོ། སི་ཏཱ་དཀར་པོ། ཏྲ་ས་ཏྲེ་ཚད་སྐྱོབས་ༀ་བི་མ་ལ། དྲི་མ་མེད་པ་ༀ་ཤཾ་ཀ་ར། ཤཾ་ཞི་བ། ཀ་ར་བྱེད་པ། ཡང་ན་ བདེ་བར་བྱེད་པ། པྲ་ཏྱཾ་གི་ར། ཕྱིར་བཟློག་པ་སྟེ། པྲ་ཏྱ་ཕྱིར། ཨཾ་གི་ར་བཟློག་པའོ། །བཛྲ་ཨུཥྞི་ ཥ་ཙཀྲ་ཝརྟི། རྡོ་རྗེ་གཙུག་གཏོར་འཁོར་ལོ་བསྒྱུར་བ་སྟེ། བཛྲ་རྡོ་རྗེ། ཨུཥྞི་ཥ་གཙུག་གཏོར། ཙཀྲ་འཁོར་ལོ། ཝརྟི་བསྒྱུར་བའོ། །སརྦ་ཡནྟྲ་འཁྲུལ་འཁོར་ཐམས་ཅད། མཎྚ་སྔགས། མཱུ་ལ་ ཀརྨ་རྩ་བའི་ལས། བནྡྷ་ནི་བཅིངས་པ། ཏཱ་ཌ་ནཾ། བརྡེགས་པ། ཀཱི་ལ་ནཱཾ་དཱ། ཕུར་བུས་བཏབ་ ཀྱང་རུང༌། མ་མ་གྲ་ཏེ། བདག་ལ་བྱེད་པ། ཡེ་ན་ཀེ་ན་ཙི་ཏཾ། གང་ཅི་ཡང་རུང་བ། ཀྲི་ཏཾ་བྱས་ པ་དེ། ཏཏ་སརྺན་ཏུ། བྱེད་པར་གྱུར་པ་ཐམས་ཅད། ཚིནྡྷ་ཚིནྡྷ་ཆོད་གཉིས། བིནྡྷ་བིནྡྷ་ཕུག་ གཉིས། ཙི་རི་ཙི་རི་ཕྱེ་མར་གྱིས་གཉིས། གི་རི་གི་རི་གནོན་གཉིས། མ་ར་མ་ར་སོད་གཉིས། ཧཱུཾ་བཅུ་དང་ཕཊ་གསུམ། དེ་ཡང་ཐོག་མར་དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། བཛྲ་ ཨུཥྞི་ཥ་ཙཀྲ་ཝརྟི་ཞེས་ཁྲོ་བོ་ལ་བོས་པ། སརྦ་ཡནྡྲ་ཞེས་པ་མན་ཆད་བྱ་བའི་ཡུལ་ངེས་བཟུང་ 21-1-305 བ། ཚིནྡྷ་ཚིནྡྷ་མན་ཆད་ཇི་ལྟར་བྱ་བ། ཧཱུཾ་ཕཊ་རྣམས་ནི་ཁྲོ་བོ་རྣམས་གསལ་འདེབས་སོ། ། ཐལ་མོ་གདབ་པ་ནི། རྡོ་རྗེ་གུར་ལས། རྡོ་རྗེ་ཚིར་བས་གདབ་པར་བྱ། །ཞེས་གསུངས་ ཤིང༌། དམིགས་པ། རང་ཉིད་སྐུ་ཤིན་ཏུ་ཆེ་བའི་ཕྱག་མཐིལ་གཉིས་ནམ་མཁའ་དང་ས་གཞི་ ལྟར་རྒྱ་རབ་ཏུ་ཆེར་བའི་མཐིལ་ཕན་ཚུན་དུ་རྡོ་རྗེ་ལེབ་མོ་ཆེ་བ་རེ། དེའི་ལྟེ་བར་གཡས་སུ་ ཉི་མ། གཡོན་དུ་ཟླ་བ། དེ་གཉིས་ཀྱི་བར་དུ་བསྒྲུབ་བྱ་བསམ་ཏེ་ཐལ་མོ་གདབ་པས་རྡུལ་ ཕྲན་ཙམ་དུ་བརླག་པར་བསམ་ཤིང་ཐལ་མོ་བརྡབས། དམོད་མོའི་སྐབས་ཀྱི་རྫུ་འཕྲུལ་ཞེས་ པ་ནི་དེའི་སྒྲུབ་པའི་ལྷ་འདྲེའི་རྫུ་འཕྲུལ་ཡིན་ལ། གཞན་རྣམས་རྟོགས་སླའོ། །སྤྱིར་ཁྲོ་བཅུ་ འདི་ལ་བསྲུང་བ་ཙམ་དང༌། ཕྱིར་བཟློག་གཉིས་ལས། བསྲུང་བ་ཙམ་གྱིས་ཕྱིར་བཟློག་མི་ འགྲུབ་ཅིང༌། ཕྱིར་བཟློག་གིས་གཉིས་ཀ་འགྲུབ་པ་ཡིན་ནོ། དེ་ལྟར་བསྲུངས་བའི་འཁོར་ལོ་ བསྒོམས་པས་གཞི་འཁོར་བའི་ཆོས་ལ་གང་དུ་སྐྱེ་བ་ལེན་པར་འགྱུར་བའི་བར་དུ་གཅོད་པ་ སེལ་བར་མཚོན་ཅིང༌། འབྲས་བུའི་ཆོས་ལ་མངོན་པར་རྫོགས་པར་འཚང་རྒྱ་བའི་མཛད་པ་ སྟོན་པའི་སྔོན་རོལ་དུ་བདུད་ཀྱི་སྡེ་བཅོམ་པ་མཚོན་པ་ཡིན་ནོ། ། གཉིས་པ་དངོས་གཞིའི་བྱ་བ་ལ། མངོན་པར་རྟོགས་པའི་ཆིངས་བཤད་པ་དང༌། ཡན་ ལག་དྲུག་པ་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ་ཏིང་ངེ་འཛིན་གསུམ་གྱི། གནས་བཞིའི་ བྱང་ཆུབ་བཞིའི་ཡན་ལག་བཞི། ཡན་ལག་དྲུག་གིས་བཅིངས་པའི་ཏིང་ངེ་འཛིན་རྣམ་གསུམ་ ཡོད། ཏིང་ངེ་འཛིན་གསུམ་དང་ཡན་ལག་དྲུག་གཉིས། ཆིངས་འཆིང་བ་ནི་ལོགས་སུ་བགྲང་ མི་དགོས་ཏེ། གཞན་དུ་ན་ཡན་ལག་བཞི་དག་གནས་པ་བཞི་གཉིས་ཀས་འཆིང་བ་ཡང་ འདྲེན་རིག་པར་འགྱུར་རོ། །རྫོགས་པའི་རྣལ་འབྱོར་གྱི་སྒྲུབ་ཐབས་ཞེས་པའང་རྣལ་འབྱོར་ རྫོགས་འཕྲེང་ཁོ་ནའི་ལུགས་ཡིན་གྱི། སྤྱི་ཁྱབ་ཏུ་འཇུག་པའི་བསྐྱེད་རིམ་གྱི་ཆིངས་མ་ཡིན་ པས་འདིར་འདྲེན་མི་རིགས་སོ། །དང་པོ་ཏིང་ངེ་འཛིན་གསུམ་གྱི་ཆིངས་ནི། དང་པོ་སྦྱོར་ 21-1-306 བ། གཉིས་པ་དཀྱིལ་འཁོར་རྒྱལ་མཆོག །གསུམ་པ་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་གྱི་ བཅིངས་པ་སྟེ། རྡོ་རྗེ་རྩེ་མོ་ལས། དང་པོ་སྦྱོར་བའི་ཏིང་ངེ་འཛིན་མཆོག །རྣལ་འབྱོར་པས་ ནི་སྙོམས་འཇུག་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །དེ་ནས་ཡང་ནི་ལས་རྒྱལ་ལོ། ། ཞེས་གསུངས། དེ་ཡང་སློབ་དཔོན་ནག་པོ་ལུགས་ཀྱི་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ལྟ་བུ་ཡིན་ཏེ། དེར་རྒྱུ་འབྲས་ཀྱི་ཧེ་རུ་ཀའི་བར་དུ་འཁོར་མི་བསྐྱོད་པར་རྒྱུ་རྡོ་རྗེ་འཛིན་པ་ཞུ། དེ་གླུས་བསྐུལ་ ནས་འབྲས་བུ་རྡོ་རྗེ་འཛིན་དུ་བཞེངས། དེའི་སྐུ་གསུང་ཐུགས་སྐྱེ་མཆེད་བྱིན་གྱིས་བརླབས་ པ་དང་པོ་སྦྱོར་བ། མཁའ་གསང་བྱིན་གྱིས་བརླབས་ནས་འཁོར་གྱི་ལྷ་མོ་སྤྲོ་བ་དཀྱིལ་འཁོར་ རྒྱལ་མཆོག་དབང་བསྐུར་མཆོད་བསྟོད་སོགས་ལས་རྒྱལ་མཆོག་གོ ། གཉིས་པ་གནས་པ་བཞིའི་ཆིངས་ནི། གོང་བུའི་གནས་པ། ཆུའི་གནས་པ། གཟུགས་ཀྱི་ གནས་པ། གཟུགས་མེད་ཀྱི་གནས་པ་སྟེ་བཞི་ཡིན་ཏེ། གོང་བུ་ཆུ་དང་གཟུགས་གནས་དང༌། ། དེ་བཞིན་གཟུགས་ལས་འདས་པའོ། །ཞེས་གསུངས། དཔེར་ན་སློབ་དཔོན་མཚོ་སྐྱེས་ཀྱི་ ལུགས་ཀྱི་སྒྲུབ་ཐབས་ལྟ་བུ་ཡིན་ཏེ། རྒྱུ་རྡོ་རྗེ་འཛིན་པ་དང་འཁོར་བསྐྱེད་པ་ཡན་ཆད་གོང་བུ། རྒྱུ་རྡོ་རྗེ་འཛིན་འོད་དུ་ཞུ་བ་སོགས་ཆུའི་གནས་པ། འབྲས་བུའི་རྡོར་འཛིན་དུ་བཞེངས་པ་མན་ གྱི་བསྐྱེད་རིམ་གཟུགས། རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུས་བསྡུས་ཏེ་འོད་གསལ་དུ་བཅུག་ པ་ནི་གཟུགས་ལས་འདས་པའོ། ། གསུམ་པ། བྱང་ཆུབ་བཞིའི་ཆིངས་ནི། དང་པོ་སྟོང་པ་ལས་བྱང་ཆུབ་པ། གཉིས་པ་ས་ བོན་ལས། གསུམ་པ་གཟུགས་བརྙན་རྫོགས་པ་ལས། བཞི་པ་ཡིག་འབྲུ་དགོད་པ་ལས་བྱང་ ཆུབ་པའོ། །དེ་ཡང་རྒྱུད་ལས། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུ། ། གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་གསུངས་སོ། ། སྒྲུབ་ཐབས་འདིས་བཅིངས་པའི་མངོན་རྟོགས་བཀའ་བབས་བཞིའི་ནང་ན་མེད་ཀྱང་སྤྱིར་ 21-1-307 ནི་མང་དུ་འབྱུང་ངོ༌། །དེ་ཡང་རྒྱུ་རྡོར་འཛིན་ལྟ་བུ་སྟོང་པ་ལས་བྱང་ཆུབ་པ། འཁོར་གྱི་ལྷ་མོ་ བསྐྱེད་པ་ས་བོན་ལས་བྱང་ཆུབ་པ། འབྲས་བུ་རྡོར་འཛིན་དམ་ཡེ་བསྲེ་བ་གཟུགས་བརྙན་ རྫོགས་པ། ཡིག་འབྲུ་དགོད་པ་ཞེས་པ་ཡི་གེའི་སྐད་དོད་ཨཀྵ་ར་འགྱུར་བ་མེད་པ་སྟེ་རིགས་ བདག་གིས་རྒྱས་བཏབ་པས་རིགས་འགྱུར་བ་མེད་པའོ། ། བཞི་པ་ཡན་ལག་བཞིའི་ཆིངས་ནི། བསྙེན་པ། ཉེར་བསྒྲུབ། སྒྲུབ་པ། སྒྲུབ་ཆེན་ཏེ་ བཞིའོ། །དེ་ནི་རྩ་རྒྱུད་ཀྱི་ལུང་དྲང་མ་ཐག་པ་དེ་དང༌། གསང་བ་འདུས་པ་ལས། བསྙེན་པའི་ དམ་ཚིག་སྦྱོར་བ་དང༌། །ཉེ་བར་སྒྲུབ་པ་འབྱུང་བ་དང༌། །སྒྲུབ་པའི་དོན་ནི་དམ་ཚིག་དང༌། ། གྲུབ་པ་ཆེན་པོ་དག་དང་བཞི། །ཞེས་སོ། །དེ་ནི་ཀྱཻ་རྡོར་མན་ངག་ལུགས་ལ་སློབ་དཔོན་རིན་ པོ་ཆེས་སྦྱོར་བར་མཛད་པ་ལྟ་བུ་ཡིན་ཏེ། འབྲས་བུ་རྡོར་འཛིན་བསྐྱེད་པ་ཡན་ཆད་བསྙེན་པ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ཉེར་སྒྲུབ། ཡེ་ཤེས་སེམས་དཔའ་སྤྱན་ དྲངས་ནས་བསྲེ་བ་སྒྲུབ་པ། རྒྱས་གདབ་སྒྲུབ་ཆེན་ནོ། ། ལྔ་པ་ཡན་ལག་དྲུག་གི་ཆིངས་ནི། གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ ཡན་ལག་སོགས་ཏེ་འོག་ཏུ་ཞིབ་པར་འཆད། དེ་ནི་ཀྱེ་རྡོ་རྗེ་མན་ངག་ལུགས་དང༌། ཌོམྦྷི་ ལུགས་ལྟ་བུའོ། ། གཉིས་པ་ལ་ལྷའི་རྣལ་འབྱོར་གྱི་རིམ་པ་དང༌། ལྷའི་རྣམ་པ་ལ་དམིགས་པའོ། །དང་པོ་ ནི། རྡོ་རྗེ་གུར་ལས། སངས་རྒྱས་གནས་པའི་རྫོགས་པ་དང༌། །རྣམ་པ་ལྔ་པོ་སྒོམ་པ་དང༌། ། ཀུན་ཏུ་བཟང་པོའི་རང་བཞིན་ཅན། །རང་གི་ལྷག་པའི་ལྷར་སྒྲུབ་དང༌། །དཀྱིལ་འཁོར་ རྣམས་ནི་དགོད་པ་དང༌། །མཆོད་བསྟོད་བདུད་རྩི་མྱང་བ་སོགས། །རྣལ་འབྱོར་ཡན་ལག་ དྲུག་ཏུ་འདོད། །ཅེས་དང༌། སློབ་དཔོན་མི་ཐུབ་ཟླ་བས༌། ཕོ་བྲང་སངས་རྒྱས་རྣམ་སྣང་མཛད། ། དབང་ནི་མི་བསྐྱོད་དེ་བཞིན་གཤེགས། །བདུད་རྩི་མྱང་བ་འོད་དཔག་མེད། །བསྟོད་པ་རིན་ 21-1-308 ཆེན་འབྱུང་ལྡན་དཔལ། །མཆོད་པ་དོན་ཡོད་རང་བཞིན་མཆོད། །རྗེས་ཆགས་རྡོ་རྗེ་སེམས་ དཔའ་དངོས། །ཞེས་པ་ལྟར་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག ། རྗེས་ཆགས་རྡོ་རྗེ་སེམས་དཔའི་ཡན་ལག དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག བདུད་ རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག བསྟོད་པ་ རིན་ཆེན་འབྱུང་ལྡན་གྱི་ཡན་ལག་སྟེ་དྲུག་ལས། དང་པོ་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་ སྣང་མཛད་ཀྱི་ཡན་ལག་ནི། ཇི་སྐད་དུ། རྡོ་རྗེ་གུར་ལས། སངས་རྒྱས་གནས་བཞི་བསྒྲུབས་ ནས་ནི། །ཞེས་པ་ལྟར། གཞལ་ཡས་ཁང་བསྐྱེད་པ་ཡིན་ཏེ། གཙུག་ཏོར་འཁོར་ལོས་བསྒྱུར་ བའི་ནང་དུ་བསྒོམས་ཀྱང་རུང་མོད། དེ་ཞུ་བ་ལས་བསྐྱེད་ཀྱང་རུང་བས། རང་ཉིད་གཙུག་ ཏོར་འཁོར་ལོས་བསྒྱུར་བ་འོད་དུ་ཞུ་བ་ལས། གཞིའི་ཡན་ལག་ཨེ་ལས་ཆོས་ཀྱི་འབྱུང་གནས་ སྒོམ། དེའི་ནང་དུ་རྒྱུའི་ཡན་ལག་སོ་སོའི་ས་བོན་ལས་འབྱུང་བཞི་རིམ་བརྩེགས། གཞལ་ ཡས་ཁང་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཡིན་པས། རྣམ་སྣང་གི་ས་བོན་བྷྲུཾ་དང་ཕྱག་མཚན་ འཁོར་ལོ་ཡིན་པས་དེ་བཞིན་སྒོམ། འདི་ཁ་དོག་དཀར་པོ་བྱེད་པའང་ཡོད་མོད་མི་འགལ་ བ། བླ་མའི་མན་ངག་གིས་སེར་པོའོ། །རྐྱེན་གྱིས་ཡན་ལག་ནི། བར་སྲིད་ཀྱི་ངོ་བོ་ༀ་དཀར་ པོ། ཨཱཿ དམར་པོ། ཧཱུཾ་སྔོན་པོ་སྟེ་བར་དོའི་ལུས་ངག་ཡིད་གསུམ། སྐྱེ་བ་ལེན་པའི་སྲེད་ལེན་ གཉིས་མཚོན་པའི་ཧོཿ དམར་པོ་མགོ་སྤྲད་པ་གཉིས་ཀྱིས་བར་དུ་ཆུད་པ་སྟེ་ཡི་གེ་སྟེང་ནས་ སྟེང་དུ་བརྩེགས་པ། དེ་རྣམས་ལས་དེ་འདྲ་བའི་སེམས་ཀྱི་སྣང་བ་ཆ་གཅིག་ཆད་པ་འབྱུང་ བཞི་འཁོར་ལོ་དང་བཅས་པ་ལ་ཐིམ། འབྱུང་བཞི་འཁོར་ལོ་དང་བཅས་པ་ཡོངས་སུ་གྱུར་པ་ ལས་གཞལ་ཡས་ཁང་བསྐྱེད་དོ། །དེ་ཡང་རྩ་རྒྱུད་ལས། ནམ་མཁའི་དབུས་སུ་བྷ་ག་བསམ། ། ཞེས་པས་ནི་ཆོས་བྱུང༌། འཁོར་ལོ་ས་དང་ཆུ་ནི་སྔོན། །ཇི་ལྟར་རིགས་པར་བྱིན་ཟ་དང༌། །ལྷ་ རྣམས་ཀྱིས་རླུང་ཚད་ཆེན་དང༌། །ཇི་ལྟར་སྒོམ་པ་འབྱུང་བ་ཡང༌། །ཆོས་འབྱུང་འདུས་བསྐྱེད་ 21-1-309 འཁོར་ལོ་ཉིད། །ཅེས་འབྱུང་བཞི་ལུགས་ལྡོག་ཏུ་གསུངས་པ་དེ་བཞིན་ས་ནི་མཚོ་སྐྱེས་ལུགས་ སོགས་ཡིན་ལ། རྡོ་རྗེ་གུར་ལས། ལུགས་འབྱུང་དུ་གསུངས་པས། འདི་རྩ་བཤད་སྦྲེལ་དེ་མན་ ངག་གིས་འབྱུང་བཞི་རིམ་པ་ཅན་དུ་འགོད་པ་ཡིན། ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ཚད་ལྡན་འགའ་ ཞིག་ལས་བར་དོ་མཚོན་བྱེད་འཇོག་པ་མེད་ཅིང༌། འགའ་ཞིག་ལས་ཡོད་ཀྱང་ནཱ་དཱ་ལ་སོགས་ པ་སྒོམ་པ་ཡོད་ལ། འདིར་གྲུབ་ཆེན་ཌོམྦྷི་ཧེ་རུ་ཀའི་དགོངས་དོན། སློབ་དཔོན་མི་ཐུབ་པ་ཟླ་ བས་སྒྲུབ་ཐབས་ཡན་ལག་དྲུག་པ་ལས། ཧོཿ གཉིས་བར་དུ་གནས་པ་ཡི། །སྐུ་གསུང་ཐུགས་ ཀྱི་ཡི་གེ་སྟེ། །འདི་ནི་བར་མའི་སེམས་ཅན་མིང༌། །ཞེས་ཡི་གེ་ལྔ་དགོད་པ་གསང་འདུས་ཡེ་ ཤེས་ཞབས་ལུགས་དང་མཐུན་པར་མཛད་པ་ཡིན་ནོ། ། ཡི་གེ་ལྔ་པོ་དེ་སྦྱང་འབྲས་ལ་སྦྱར་ན། ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས་དང་ དབྱིངས་དང་ཡེ་ཤེས་མཚོན། སེམས་ཀྱི་སྣང་ཆ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ བསྲེས་པས་གཞལ་ཡས་ཁང་ལྷ་སྐུའི་ངོ་བོར་འགྱུར་ཞིང༌། དེ་ཉིད་རང་གི་སེམས་སྣང་དུ་ ཤེས་པའི་དགོས་པ་ཡོད་དོ། །སེམས་ཅན་གྱི་ལས་ཀྱི་མཐུ་ལས་སྣོད་ཀྱི་འཇིག་རྟེན་ཆགས་པ་ དང༌། ཞིང་སྦྱངས་པས་དག་པའི་ཞིང་ཁམས་འགྲུབ་པ་བཞིན་དུ། ཡི་གེ་འབྲུ་ལྔའི་རྣམ་པ་ཅན་ གྱི་ལོངས་སྤྱོད་རྫོགས་སྐུའི་མཐུ་ལས་གཞལ་ཡས་ཁང་འགྲུབ་པ་ཡིན་ཏེ། སེམས་ཀྱི་སྣང་ཆ་ གཅིག་བསྲེས་པའི་དག་སྦྱོར་གྱི་ཕྱོགས་གཅིག་ནི་འདི་ཡང་ཡིན་ནོ། །ཆོས་འབྱུང་གི་སྦྱང་བྱ་ སྐྱེས་གནས་ཀྱི་དབང་དུ་བྱས་ན་མའི་མངལ་དང་སྒོང་སྐོགས་སོགས་མཚོན། འབྱུང་བཞི་ནི་ མ་དག་པའི་འབྱུང་བཞིའོ། །རྣམ་བྱང་ལ་ཆོས་འབྱུང་ཟུར་གསུམ་སྨད་ཀྱི་ཟུར་དང་བཞིས་རྣམ་ པར་ཐར་པའི་སྒོ་བཞི་སྟེ་ཆོས་ཀྱི་དབྱིངས་ཆོས་སྐུ། འབྱུང་བཞི་ནི་ཡུམ་བཞིའོ། ། དེ་ལྟར་ན་སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ་དཀྱུས་ལྟར་ན་ཕྲུགས་གཅིག་ནི་དེ་ཙམ་ཡིན་ལ། གཞན་ཡང་གཞལ་ཡས་ཁང་གིས་ལུས་སྦྱོང་བ་དང༌། ལྷ་སྐུས་སེམས་སྦྱོང་བ་ལྟར་ན། མངལ་ 21-1-310 དུ་འཇུག་པའི་སྔོན་འགྲོའི་རིམ་པ་དང་བསྡུས་ནས་འབྱུང་བཞི་ལུགས་འབྱུང་དང༌། མངལ་དུ་ གནས་པའི་ཚེ་འབྱུང་བ་བཞིས་ཕན་བཏགས་པ་ལྟར་ལུགས་ལྡོག་ཏུ་སྒོམ་པར་བྱ་བ་ཡིན། དེ་ ལྟར་འབྱུང་བཞི་ལས་ལུས་འགྲུབ་པ་དང་མཚུངས་པར་དེ་ལས་གཞལ་ཡས་ཁང་འགྲུབ་པའོ། ། སེམས་སྣང་ཆ་གཅིག་བསྲེ་བ་ཡང་བར་དོའི་རྣམ་ཤེས་འཇུག་པ་ཉིད་ཡིན་པས་སྦྱང་གཞི་ སྦྱོང་བྱེད་མི་འདྲ་བ་གཉིས་འབྱུང་བ་ཡིན་ནོ། །དེ་ལྟར་སྦྱོང་ཚུལ་ཕྱི་མ་འདི་གཉིས་ནི་སློབ་ དཔོན་བིརྺ་པ་དང་ཌོམྦྷི་པའི་མན་ངག་ལས་མི་འབྱུང་ཡང༌། ཕམ་ཐིང་པ་ཡབ་སྲས་ཀྱི་མན་ ངག་ལས་འབྱུང་བ་ལྟར་བླ་མ་རྣམས་སྐབས་འདིར་ཡང་འཆད་ཀྱིན་འདུག་པ་ལྟར་བཤད་པ་ ཡིན་གསུངས། ཆོས་འབྱུང་གི་ནང་དུ་གཞལ་ཡས་ཁང་བསྐྱེད་པ་ཡིན་ཡང་ཆོས་འབྱུང་དེའི་ གཞལ་ཡས་ཁང་མི་སྒྲིབ་པར་བསྒོམ་དགོས་ཤིང༌། གཞལ་ཡས་ཁང་ནི་གྲུ་བཞི་པ་རིན་པོ་ ཆེའི་རྩིག་པ་ལྔ་སྦྲགས་བརྩིགས་པའི་དཔངས་ཆ་ཕྲན་ལྔ། དེའི་སྟེང་ནས་ཕྱིར་ཅུང་ཟད་འབུར་ བའི་ཕ་གུ་སེར་པོ་དཔངས་ཆ་ཕྲན་གཅིག་ལས་བསྐོར་བ། ཕ་གུ་ནི་ད་ལྟ་སྤའུ་ཞེས་གྲགས་པ་ འདི་ཀ་ཡིན་པས་མཐུད་མཚམས་རྣམས་རིན་པོ་ཆེའི་སྤྲས་པ། དེའི་སྟེང་ནས་བྲེ་སྤུངས་ཀྱིས་ བཏེགས་པ། དེའི་སྟེང་དུ་གསེར་གྱི་གདུང་ལེབ་ཕྱི་མ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ ཆུ་སྲིན་གྱི་ཁ་ནས་འབྱུང་བའི་དྲྭ་ཕྱེད་འཕྱང་བ། འདི་དང་བྲེ་སྤུངས་བསྡོམས་པའི་དཔངས་ ཆ་བྲན་གཉིས་སོ། །སྒོ་ནང་གཡས་གཡོན་གྱི་ཟུར་དང་སྒོའི་བར་ཐད་དུ་ཀ་བ་རེ་རེ་སྟེ་བརྒྱད་ ཀྱིས་བཏེགས་པའི་སྟེང་དུ་རྡོ་རྗེའི་གདུང་ཟླུམ་པོ། དེ་ལ་ཕན་ཚུན་ནས་ཕྱམ་བཏང་སྟེ་ཐོག་ ཕུབ་པ། གདུང་ཟླུམ་གྱི་སྟེང་དུ་རྩིག་པ་ཟླུམ་པོ། ཕ་གུ་བྲེ་སྤུང་རྣམས་ཆ་ཕྲ་བའི་སྟེང་དུ་གསེར་ གདུང་ཟླུམ་པོ་དེའི་ཕྱི་རོལ་དུ་སྐ་རགས་ལས་དྲྭ་ཕྱེད་འཕྱང་བ་གསེར་གདུང་བཞི་མིག་མང་ རིས་སུ་བྲིས་པ་ལ་ཕྱམ་བཏང་སྟེ་ཐོག་ཕུག་པ་དེའི་སྟེང་དུ་རྩིག་པ། ཕ་གུ་བྲེ་ཕུལ་དྲྭ་ཕྱེད་ སོགས་གྲུ་བཞིར་ཡོད་པ་ལ་དབུས་ཕྱུར་བུར་གྱུར་པའི་ཐོག་ཕུབ་པའི་རྩེར་རྡོ་རྗེ་རིན་པོ་ཆེའི་ 21-1-311 མཚན་པ་རྩིག་པའི་ཕྱི་རོལ་ཏུ་འདོད་སྣམ་དམར་པོ་ཆ་ཆེན་གཅིག་གི་རྒྱ་དང་ཕྱེད་ཀྱི་དཔངས་ ཚད་ཅན། འདི་ལ་ཁ་ཁྱེར་ཞེས་ཀྱང་བྱ། ཁ་ཁྱེར་བཞི་ཞེས་འབྱུང་བ་འདོད་སྣམ་སྒོ་མདུན་ལ་ མེད་པས་ན་དུམ་བུ་བཞིའོ། །ཕྱོགས་བཞིར་སྒོ་ཆ་ཕྲན་ཕྱེད་དང་ལྔ་པའི་དཔངས་ཚད་ཅན། གློ་བུར་དུ་ཆ་ཆེན་གཅིག་ཕྱིར་བཏོན་པ་སྒོ་ཁྱུད། དེ་ལས་འཕྲེད་དུ་ཆ་ཕྲན་གཅིག་སྒོ་འགྲམ། དེ་ལས་སླར་མདུན་དུ་ཆ་ཕྲན་གཅིག་སྒོ་ལོག །རྟ་བབས་སྒོ་མདུན་དུ་བྱེད་པ་ལྟར་ན། རྩིག་ པའི་དཔངས་ལ་ཆ་ཕྲན་བཞི། དེའི་སྟེང་དུ་མུན་པ་དཔངས་ཆ་ཕྲན་གཅིག་གི་བར་བྲེ་སྤུངས། དེའི་སྟེང་ཐོག་ཕུབ་པའི་སྟེང་དུ་རྟ་བབས་རིམ་པ་བཞི་ལ་ཆ་ཕྲན་རེ་རེ། དེའི་དབུས་སུ་མཐོང་ ཁར་གླང་རྒྱབ་མིག་གསུམ་གྱི་གཟུགས་བཏོད་པའོ། །དེའི་སྟེང་དུ་པདྨ་ལ་གནས་པའི་ཆོས་ ཀྱི་འཁོར་ལོ་གསེར་ལས་གྲུབ་པ་རྩིབས་བརྒྱད་ནས་བཅུ་གཉིས་སྟོང་སོགས་ཅི་རིག་པ། དེའི་ གཡས་གཡོན་དུ་རི་དྭགས་དང་ཀྲྀཥྞ་ས་ར་རེ་རེ། དེའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་ བ་ཅན། སྣམ་བུ་སོ་སོ་ལ་རྒྱལ་མཚན་འཕན། གཞན་ཡང་གོས་དང་འཕན་སོགས་དང༌། དུར་ ཁྲོད་བརྒྱད་ཀྱང་དཀྱུས་བཞིན་ནོ། ། གཞལ་ཡས་ཁང་གི་ནང་ལྷ་སྣམ་ཤར་དཀར་སོགས་ཕྱོགས་མདོག་ཅན་འཕར་མ་གཅིག་ པ་བྱ། རྒྱུད་ལས། འཕར་མ་གཉིས་དག་སྐྱོན་མེད་པ། །ཞེས་པ། བདག་མེད་མའི་སྐབས་ཡིན་ ཡང་འདིར་ཡང་སྦྱར་དུ་རུང་ངོ༌། །དེའི་དབུས་སུ་སྣ་ཚོགས་པདྨ་ཡུ་བ་ཁྲུ་གང་ཙམ་དང་བཅས་ པ་ལ། འདབ་མ་རྣམས་དེང་སང་ཕྱོགས་བཞི་དམར་བ། མེ་རླུང་གཉིས་སེར་བ། དབང་ལྡན་ སྔོ་བ། བདེན་བྲལ་ལྗང་བ་བྱེད་ཀྱིན་འདུག་པ་ལྟར་བྱས་ཀྱང་རུང་མོད། རྗེ་བཙུན་གོང་མ་ རྣམས་ཀྱིས་ཕྱོགས་རྣམས་ཕྱོགས་མདོག །མཚམས་རྣམས་མཛེས་ཚོན་དུ་གསུངས་པས་དེ་ བཞིན་དུ་བྱ། དེའི་ཟེའུ་འབྲུ་གེ་སར་དང་བཅས་པའི་དབུས་སུ་ཉི་མའི་དཀྱིལ་འཁོར། འདབ་ མ་རྣམས་ལ་ཟླ་བའོ། །དེ་གཉིས་གང་བྱས་ཀྱང་རུང༌། དབུས་ཀྱི་ཉི་མའི་སྟེང་དུ་ཕུང་པོའི་ 21-1-312 བདུད་ཀྱི་ངོ་བོ་ཚངས་པ་སེར་པོ། ཉོན་མོངས་པ་དབང་པོ་དཀར་པོ། འཆི་བདག་ཉེ་དབང་ སྔོན་པོ། ལྷའི་བུའི་བདུད་ཀྱི་ངོ་བོ་དྲག་པོ་ནག་པོ་རྣམས་བརྩིགས་ཤིང༌། ལག་ཆ་མེད་པར་ ཐལ་མོ་སྦྱར་ཞིང་གདོང་གྱེན་དུ་ཕྱོགས་པའམ་བཀྲམ། གདན་ཞབས་ཇི་ལྟར་བྱེད་ཀྱིས་ སྟབས་དང་བསྟུན། དབུས་གདན་གྱི་ཚངས་པ་གཟུགས་ཁམས་ཀྱི་ཚངས་པ། དབང་པོ་ནི་ བརྒྱ་བྱིན། ཉེ་དབང་ནི་ཁྱབ་འཇུག་ཡིན་ལ་དྲག་པོ་བདུད་སྡིག་ཅན། ཤར་གྱི་གདན་གྱི་སྟེང་དུ་ འདོད་ཁམས་ཀྱི་ཚངས་པ་སེར་པའོ། །ལྷོར་ཕྱོགས་སྐྱོང་བཅུའི་དབང་པོ་དཀར་པོ། ནུབ་ཏུ་ཉེ་ དབང་སྔོན་པོ། བྱང་དུ་དྲག་པོ་ནག་པོ་བྱང་ཤར་དུ་གཤིན་རྗེ་སྔོན་པོ་ནི་གཤིན་རྗེ་ཆོས་རྒྱལ། ཤར་ལྷོར་ནོར་བདག་ནི་རྣམ་སྲས་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ་ནི་ཕྱོགས་སྐྱོང་བཅུའི་ ནང་ཚན་ནུབ་བྱང་དུ་ཐགས་བཟང་རིས་དུད་ཁ་ནི་ལྷ་མ་ཡིན་ནོ། །དེ་རྣམས་གདོང་གྱེན་དུ་ ཕྱོགས་པའི་གདན། ལྷའི་གདན་བསྐྱེད་པ་ཡང་གཞལ་ཡས་ཁང་སྒོམ་པའི་ཡན་ལག་ཡིན་ ཞིང༌། གཞལ་ཡས་ཁང་གདན་བཅས་ཏེ་རྣམས་རང་གི་སེམས་སྣང་ཡིན་པས་ང་རྒྱལ་བཟུང་ བ་ནི། ༀ་སརྦ་ཏ་ཐཱ་ག་ཏ། དེ་བཞིན་གཤེགས་པ་ཐམས་ཅད། ཨ་ནཱི་ལ་ཡ། ཕོ་བྲང༌། བཛྲ་སྭ་ བྷཱ་ཝ་རང་བཞིན་གྱི་རྡོ་རྗེ། ཨཱཏྨ་ཀོ། བདག་ཉིད་ཨ་ཧཾ་ངའོ་ཞེས་པའོ། ། སྔགས་ཀྱི་ང་རྒྱལ་ནི་རྟེན་གྱི་དཀྱིལ་འཁོར་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོར་ཤེས་པའི་ ཆེད་དང༌། ཡན་ལག་དྲུག་གིས་མཚམས་ཤེས་པའི་ཆེད་ཀྱང་ཡིན་ནོ། །གཉིས་པ་རྗེས་སུ་ ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་ནི། རྡོ་རྗེ་གུར་ལས། ཀུན་ཏུ་བཟང་པོ་བདེན་པའི་ དངོས། །རྣམ་པ་ལྔ་པོ་བསྒོམ་བྱ་སྟེ། །རང་རང་ལྷག་ལྷའི་སྒྲུབ་ཐབས་བྱ། །ཞེས་པ་ལྟར། དམ་ ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་གཞུག་པ་གཉིས་ལས། དང་པོ་ལ་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་ པ། རྒྱུ་རྡོ་རྗེ་འཛིན་པའི་མཛད་པ། ཞུ་བ་གླུས་བསྐུལ་བ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་ པ། འོད་ཟེར་སྤྲོ་བསྡུས་ཤིང་སྦྱོང་བ། ཡི་གེ་དགོད་ཅིང་བྱིན་གྱིས་བརླབས་པ་སྟེ་དྲུག་ལས། 21-1-313 དང་པོ་ནི། མངོན་བྱང་ལྔ་འབྲས་བུ་དང་བཅས་པ་ཡིན་ཞིང༌། དེ་ཡང་མངོན་བྱང་དང་པོ་བཞི་ དང་རྒྱུ་རྡོ་རྗེ་འཛིན་པ་བཞེངས་བཞིན་ནི་མངོན་བྱང་ལྔ་པ་ཡིན་ལ། རྒྱུ་རྡོ་རྗེ་འཛིན་པ་བཞེངས་ ཟིན་པ་ནི་འབྲས་བུའོ། །དེ་ལ་མངོན་བྱང་ལྔའི་མངོན་པར་རྟོགས་པ་ཅུང་ཟད་བཤད་པ་ལ། རྒྱུད་གཞུང་ལས་ཇི་ལྟར་བཤད་ཚུལ། མངོན་བྱང་གི་དག་བྱེད་བཤད་པ་དེའི་འཕྲོས་དོན་ཅུང་ ཟད་བཤད་པའོ། །དང་པོ་ནི། རྣལ་འབྱོར་རྒྱུད་དང་བླ་མེད་ཀྱི་རྒྱུད་ཐམས་ཅད་ལ་ཐུན་མོང་ དུ་སྦྱར་བར་བྱ་བ་ནི་དེ་ཉིད་བསྡུས་པ་ལས་གསུངས་ཤིང༌། དེ་ཡང་སེམས་སོ་སོར་རྟོགས་ པ་ལས་མངོན་པར་བྱང་ཆུབ་པ། བྱང་ཆུབ་ཀྱི་སེམས་ལས་མངོན་པར་བྱང་ཆུབ་པ། བརྟན་ པའི་རྡོ་རྗེ་ལས་མངོན་པར་བྱང་ཆུབ་པ། རྡོ་རྗེའི་བདག་ཉིད་ལས་མངོན་པར་བྱང་ཆུབ་པ། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཇི་ལྟ་བ་དེ་ལྟ་བུ་ལས་མངོན་པར་བྱང་ཆུབ་པ་ སྟེ་ལྔའོ། ། གསང་འདུས་འཕགས་སྐོར་བའི་ལུགས་ལ་ནི། དེ་བཞིན་ཉིད་ལ་མངོན་པར་བྱང་ཆུབ་ པ། ཟླ་བ་ལས་མངོན་པར་བྱང་ཆུབ་པ། ཡི་གེ་ལས་མངོན་པར་བྱང་ཆུབ་པ། མཚན་མ་ ལས་མངོན་པར་བྱང་ཆུབ་པ། སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པ་དང་ལྔར་ གསུངས་པ་ལ། ལྷག་མ་བླ་མེད་ཀྱི་རྒྱུད་སྡེ་ཕལ་ཆེར་ལས་ཉི་ཟླ་ཁ་སྦྱོར་དང༌། ཟླ་བ་ཁ་སྦྱོར་ སོགས་ཁྱད་པར་ཕྲན་ཚེགས་མ་གཏོགས་དོན་གྱི་སྤྱི་མཐུན་པ་ཡིན། འདིར་རྩ་རྒྱུད་བརྟག་པ་ གཉིས་པའི་དགོངས་པ་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་བཞེད་པས་བཀྲལ་ བ་མངོན་པར་རྟོགས་པའི་ཚུལ་བཅུ་བཞི་སྟེ། དེ་རྣམས་བསྡུ་ན། སྐད་ཅིག་གིས་བསྐྱེད་པ་ས་ བོན་རྣམས་ལས་བསྐྱེད་པ། ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མངོན་བྱང་དང༌། དེ་ལ་མ་ལྟོས་པའི་ མངོན་བྱང་བཞིར་འདུ། དང་པོ་ནི་ཆོ་ག་ཤིན་ཏུ་བསྡུས་པ་སྟེ་གོ་སླ། གཉིས་པ་ཅུང་ཟད་བསྡུས་ པ་ནི། རྒྱུད་ལས། དེ་ཡི་སྟེང་དུ་ཟླ་བ་ཡིན། །ཟླ་བའི་སྟེང་དུ་ས་བོན་ཉིད། །ཕྱི་ནས་བདུད་ 21-1-314 ལས་རྒྱལ་བས་མནན། །གཉིས་འདུས་པ་ལས་བདེ་ཆེན་པོ། །ཞེས་པས་བསྟན། དེ་ལ་དབྱེ་ ན། ཡན་ལག་བཞི་དྲུག་གི་དབྱེ་བས་གཉིས། དེ་རེ་རེ་ལ་མཁའ་ནང་དུ་ཐིག་ལེ་བརྒྱད་པས་ ས་བོན་བརྒྱད། ས་བོན་བརྒྱད་པོ་ཕྱིར་འཕྲོས་ཡོངས་སུ་གྱུར་པ་ལས་ལྷ་མོ་བརྒྱད་དུ་གྱུར་པ་ དང༌། གཉིས་པ་ནི་ས་བོན་བརྒྱད་པོ་ལས་ཡི་གེ་བརྒྱད་དུ་གྱུར་པ་ལས་མཁའ་ནང་ཉིད་དུ་ལྷ་ མོར་གྱུར་ནས་ཕྱིར་སྤྲོ་བ་ལྷ་མོའི་འགྲོས་གཉིས་སུ་ཕྱེ་བས་བཞི། ས་བོན་འགྲོས་ནི། རྩ་རྒྱུད་ ལས། གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཊཾ། འདི་ཡིས་ས་བོན་ཕྱུང་བ་དང༌། །ཞེས་པས་བསྟན། ལྷ་མོའི་ འགྲོས་ནི་རྒྱུད་ལས། དཀར་མོ་དབང་པོའི་ཕྱོགས་ཕྱུང་ནས། །ཤར་གྱི་སྒོ་རུ་ཡང་དག་གནས། ། ཞེས་པ་ནས། རླུང་གི་མཚམས་སུ་གཡུང་མོ་ཉིད། །ཅེས་པའི་བར་གྱིས་བསྟན། གསུམ་པ་ཨཱ་ ལི་ཀཱ་ལི་ལ་ལྟོས་པའི་མངོན་བྱང་ནི། རྒྱུད་ལས། ཨཱ་ལི་ཟླ་བའི་གཟུགས་ཀྱི་གནས། །ཀཱ་ལི་ གཟུགས་ཀྱི་སྣང་བྱེད་དོ། ། ཟླ་བ་ཉི་མ་འདུས་པ་ལས། །དཀར་པོ་ལ་སོགས་རབ་ཏུ་གྲགས་ཞེས་པས་བསྟན། དེ་ལ་ དབྱེ་ན་ཤིན་ཏུ་རྒྱས་པ་ཡན་ལག་བཞི་པ་ལ་སྦྱར་བ་དང༌། རྒྱས་པ་ཡན་ལག་དྲུག་པ་ལ་སྦྱར་བ་ གཉིས། དེ་རེ་རེ་ལ་མཉམ་སྦྱོར་དང་མི་མཉམ་གཉིས་གཉིས་ཏེ། ཡན་ལག་བཞི་པའི་གཉིས་ པོ་ལ། མཁའ་ནང་ནས་ལྷ་མོ་བརྒྱད་ཀྱི་རྒྱུའི་ཐིག་ལེ་བརྒྱད་པོ་ཕྱོགས་མཚམས་གྱི་ཉི་ཟླའམ་ ཟླ་བ་ཁ་སྦྱོར་བརྒྱད་པོའི་བར་དུ་སྤྲོས་པ་ཐིག་ལེ་བསྐྱོང་བ་ཐིག་ལེའི་འགྲོས་དང༌། མཁའ་ ནང་ནས་ཡི་གེ་བརྒྱད་ཉི་ཟླའམ་ཟླ་བ་ཁ་སྦྱོར་བརྒྱད་པོའི་བར་དུ་སྤྲོ་བ་ས་བོན་གྱི་འགྲོས་ཏེ་ བཞིའོ། །ཡན་ལག་དྲུག་པའི་གཉིས་ལ། ས་བོན་འགྲོས་དང་ལྷ་མོའི་འགྲོས་གཉིས་གཉིས་ ཏེ་བཞི། དེ་ལྟ་ན་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་ཚུལ་ལ་ཡན་ལག་བཞི་དྲུག་གི་དབྱེ་བས་བརྒྱད་དོ། ། བཞི་པ་ནི་ཆོ་ག་འབྲིང་པོ་སྟེ། ཨཱ་ལི་ཀཱ་ལི་ལ་མ་ལྟོས་པ་དང༌། མི་མཉམ་སྦྱོར་ཁོ་ནར་ངེས་ ཤིང་དབྱེ་ན་ཡན་ལག་བཞི་པ་དང༌། དྲུག་པ་གཉིས། ཡན་ལག་བཞི་པ་ལ་ལྷ་མོ་སྤྲོ་ཚུལ་ཐིག་ 21-1-315 ལེའི་འགྲོས་དང་ས་བོན་འགྲོས་གཉིས་དང༌། དྲུག་པ་ལ། ཐིག་ལེ་འགྲོས་དང་ས་བོན་འགྲོས་ ཏེ་བཞིའོ། །སྐད་ཅིག་ལས་བསྐྱེད་པ་དང༌། ས་བོན་ལས་བསྐྱེད་པ་དེ་བཅུ་བཞི། དག་ལྡན་དུ་ བཅོ་ལྔ་ཞེས་གསུངས་པ་ལྟར་ན། དེའི་སྟེང་དུ་རྡོ་རྗེ་ཆོ་ག་གསུམ་བསྐྱེད་སྣོན་དགོས་ཀྱི། དེ་ འདྲེན་པ་མི་འཐད་པར་བྱེད་པ་དག་ཡོད་ཀྱང༌། གཞན་དུ་ན་ཟློས་སྐྱོན་འབའ་ཞིག་ཏུ་འགྱུར་ རོ། ། མཉམ་སྦྱོར་ནི། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་སོགས་ཀྱིས་བསྟན། མི་མཉམ་སྦྱོར་ ནི། དེ་ཡི་སྟེང་དུ་ཟླ་བ་ཡིན། །ཞེས་སོགས་ཀྱིས་བསྟན་ནོ། །དེ་རྣམས་ལ་སློབ་དཔོན་ཌོམྦྷི་པ་ ནི་འཁྲུགས་བསྡེབས་ནས་མངོན་རྟོགས་གཅིག་ལ་སྦྱོར་ཏེ། འདི་ལྟར་མངོན་རྟོགས་འབྲིང་པོ་ ཡན་ལག་དྲུག་པ་ལྟར་གཙོ་བོ་ཡབ་ཡུམ་མཉམ་སྦྱོར་གྱི་མངོན་བྱང་ལྔ་ལས་བསྐྱེད། འཁོར་ རྣམས་ལྷ་མོའི་འགྲོས་སུ་བསྐྱེད་པ་ཁོ་ན་མཛད། རྒྱུད་ཀྱི་དོན་ཡང༌། དེ་ཡི་སྟེང་དུ་ཟླ་བ་ཡིན། ། ཞེས་སོགས་ཀྱིས་ནི་ཟླ་ཉི་སོགས་བསྟན། ཨཱ་ལི་ཟླ་བའི་གཟུགས་ཀྱི་གནས། །ཞེས་སོགས་ ཀྱིས་ཟླ་ཉི་རྒྱུད་དུ་བསྟན། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །ཞེས་སོགས་ཀྱིས་དེ་རྣམས་ཀྱི་དག་ པ་བསྟན། གཾ་ཙཾ་སོགས་དང༌། དཀར་མོ་དབང་པོའི་ཕྱོགས་ཕྱུང་ནས། །ཞེས་སོགས་གཉིས་ ཀས་ཀྱང་མངལ་དུ་ལྷར་བསྐྱེད་ནས་སྤྲོ་བ་བསྟན་ཞེས་གསུངས་སོ། །དེ་དག་ལས་སྐད་ཅིག་ གིས་བསྐྱེད་པ་དང་ས་བོན་ལས་བསྐྱེད་པ་ལ་ནི། རྒྱུ་རྡོ་རྗེ་འཛིན་པ་དང༌། འཁོར་གྱི་ལྷ་མོ་ དང༌། འབྲས་བུ་རྡོ་རྗེ་འཛིན་པ་སྟེ་གནས་སྐབས་གསུམ་ཆར་སྐད་ཅིག་ལས་བསྐྱེད་པ་དང༌། དེ་རྣམས་ས་བོན་ལས་བསྐྱེད་པའོ། །ཡན་ལག་བཞི་པའི་ཕྱོགས་ལ། རྒྱུ་རྡོ་རྗེ་འཛིན་པ་དང་ འཁོར་གྱི་ལྷ་མོ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་གསུམ་ཀ་མངོན་བྱང་ལྔ་ལས་བསྐྱེད་པ་དང༌། ཡན་ལག་དྲུག་པའི་ཕྱོགས་ལ། རྒྱུ་རྡོ་རྗེ་འཛིན་པ་མངོན་བྱང་ལྔ་ལས་བསྐྱེད་ཅིང༌། འཁོར་གྱི་ ལྷ་མོ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་ས་བོན་ལས་བསྐྱེད་པ་ཡིན་ནོ། ། 21-1-316 དེ་ལྟར་མངོན་པར་རྟོགས་པའི་ཚུལ་བཅུ་བཞི་ནི། རྗེས་ཆགས་རྡོ་རྗེ་སེམས་དཔའི་ཡན་ ལག་གི་གནས་སྐབས་ལས་ཕྱེ་བ་ཡིན་ཞིང༌། ལྷག་མ་གོང་འོག་རྣམས་ལ་ཡན་ལག་བཞི་དྲུག་ གིས་ཁྱད་པར་ཕྲན་བུ་མ་གཏོགས་དོན་ལ་ཁྱད་པར་ཆེར་མེད་དོ། །དེ་ལྟར་ཞིབ་མོར་འབྱེད་ དགོས་པའི་རྒྱུ་མཚན་དེ་རྣམས་སྒོམ་པ་པོ་ཡི་གང་ཟག་སྐྱེས་སྟོབས་ཀྱི་དབང་པོའི་སྒོ་ནས་ རབ་ཀྱི་རབ། རབ། འབྲིང༌། ཐ་མ། མཐའ་མའི་མཐའ་མ་སྟེ་ལྔའོ། །དེ་ལ་མངོན་རྟོགས་ བསྡུས་པ་གཉིས་ནི་རབ་ཀྱི་རབ་དང༌། མཐའ་མའི་མཐའ་མས་བསྒོམ་པར་བྱ་བ་ཡིན་ཏེ། རིམ་པ་བཞིན་དུ་དེ་ཙམ་བསྒོམས་པས་ཆོག་པ་དང༌། དེ་བས་ལྷག་པ་བསྒོམས་མི་ནུས་པའི་ ཕྱིར། མངོན་པར་རྟོགས་པ་འབྲིང་པོའི་ཚུལ་བཞི་ནི་རབ་དང་མཐའ་མས་བསྒོམ་པར་བྱ་བ་ ཡིན་ཏེ། རྒྱུ་མཚན་སྔ་མ་དེ་ཉིད་དང༌། དེ་ཙམ་ངེས་པར་བསྒོམ་དགོས་པའི་ཕྱིར། མངོན་པར་ རྟོགས་པ་རྒྱས་པ་བརྒྱད་ནི་གང་ཟག་འབྲིང་པོས་བསྒོམ་པར་བྱ་བ་ཡིན་ཏེ། དེ་ཉིད་སྒོམ་ནུས་ པ་དང༌། དེ་ངེས་པར་བསྒོམ་ཡང་དགོས་པའི་ཕྱིར། དེ་ལྟ་བས་ན་གང་ཟག་གཅིག་གིས་དབང་ པོ་སྦྱང་ཚུལ་གྱི་རིམ་པས་གང་ཟག་བཞིར་འགྱུར་པ་དང༌། ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མངོན་ བྱང་དང༌། དེ་ལ་མ་ལྟོས་པའི་མངོན་བྱང་དང༌། ས་བོན་ལས་བསྐྱེད་པ་དང༌། སྐད་ཅིག་གིས་ བསྐྱེད་པ་སྟེ་མངོན་པར་རྟོགས་པ་བཞི་སྦྱོར་ལ་མཚོ་སྐྱེས་ཀྱི་ལུགས་ཡིན་པས་འདི་རྣམས་དང་ རྣམ་བཞག་ཐ་དད་པའི་ཕྱིར་གཅིག་ཏུ་བསྲེ་བར་མི་བྱའོ། །གཉིས་པ་མངོན་བྱང་གི་དག་བྱེད་ བཤད་པ་ལ། སྦྱོང་བྱེད་བསྐྱེད་རིམ་གྱི་མངོན་བྱང་ལྔར་བཤད་པ། སྦྱང་བྱ་འཁོར་བའི་སྐྱེ་བ་ བཤད་པ། སྦྱང་འབྲས་འབྲས་བུའི་མངོན་བྱང་བཤད་པའོ། །དང་པོ་ནི། བཤད་མ་ཐག་པའི་ བསྐྱེད་ཆོག་གི་རྣམ་པར་གཞག་པ་དེ་རྣམས་ལ། བསྐྱེད་བྱ་ལྷའི་སྒོ་ནས་གཙོ་བོ་ཁོ་ན་མངོན་ བྱང་ལྔ་ལས་བསྐྱེད་པ་དང༌། གཙོ་འཁོར་ཐམས་ཅད་མངོན་བྱང་ལྔ་ལས་བསྐྱེད་པ་གཉིས་སོ། ། 21-1-317 གཉིས་པ་ནི་བརྒྱུད་པ་འདིའི་སྔ་རབས་པ་རྣམས་ཀྱིས་གསུང་ཁོ་ནར་ལྟར་ན། མངོན་ བྱང་གི་ཟླ་བས་རྫུས་སྐྱེས་ཀྱི་སེམས་ཀྱི་གསལ་ཆ་དང༌། དྲོད་གཤེར་སྐྱེས་ཀྱི་གཤེར་བ་དང་། མངལ་སྐྱེས་ཀྱི་ཕའི་ཁམས་རྣམས་སྦྱོང་བར་བྱེད་དོ། །ཉི་མས་ནི་རྫུས་སྐྱེས་ཀྱི་གནས་ལ་སྲེད་ པ་དང༌། དྲོད་གཤེར་སྐྱེས་ཀྱི་དྲོད་དང༌། མངལ་སྐྱེས་ཀྱི་མའི་ཁམས་རྣམས་སྦྱོང་བར་བྱེད། ཉི་ ཟླ་གཉིས་ཅར་གྱིས་ཀྱང་སྒོང་སྐྱེས་ཀྱི་སྒོ་ངའི་ཁྱིམ་དང་བཅུད་སྦྱོང་བར་བྱེད་དོ། །ཞེས་པ་དེ་ ཙམ་ཞིག་གསུངས་ལ། མངོན་བྱང་ཕྱི་མ་གསུམ་འོག་ཏུ་འཆད་པ་དང་འདྲའོ། །རང་ལུགས་ ཀྱི་བླ་མ་ཕྱི་མ་རྣམས་ཀྱིས་བཞེད་པ་ལྟར་ན། དེ་ཉིད་སྐྱེ་གནས་གཞན་གསུམ་ལ་གཙོ་བོར་མི་ སྦྱོར་ཞིང༌། མངལ་སྐྱེས་ཁོ་ན་ལ་གཙོ་བོར་སྦྱོར་བར་མཛད་དེ། དེ་ཡང་སློབ་དཔོན་གཞན་གྱི་ མན་ངག་གིས་ཁ་བསྐངས་ནས་ཞིབ་མོར་འཆད་པ་ཡིན་ནོ། །དེ་ལ་ཡང་དབུས་ཀྱི་གདན་གྱི་ སྟེང་དུ་སངས་རྒྱས་ཀྱི་མཚན་བཟང་སོ་གཉིས་ཀྱི་ངོ་བོ་ཨཱ་ལི་ཕྲག་གཉིས་རེ་རེ་ནས་སྐར་མ་ ལྟར་དཀར་བ། དེ་ཡོངས་སུ་གྱུར་པ་ལས་ཟླ་བ། དེའི་སྟེང་དུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་ བདག་ཉིད། ཀཱ་ལི་ཡ་ར་ལ་ཝ་ཌ་དྷ་ཞེས་པ་དང་བཅས་པ་ཕྲག་གཉིས་མར་མེའི་ཕྲེང་བ་ལྟར་ རེ་རེ་ནས་དམར་བ་ལས་ཉི་མ། དེ་གཉིས་ཀྱི་བར་དུ་ཧཱུཾ་ལས་ཐོད་པ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ ཧཱུཾ་གིས་མཚན་པ་དང་། ཨཾ་ལས་གྲི་གུག་སྔོ་ནག་ཡུ་བ་ལ་ཨཾ་གིས་མཚན་པ་ཡུ་བ་གྱེན་བསྟན། དེ་རྣམས་གཅིག་ཏུ་འདྲེས། དེ་ལས་སྐད་ཅིག་ཏུ་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་དེ། དེ་ལ་ཨཱ་ལི་སོ་ གཉིས་ནི་སྦྱང་བྱ་ལུས་ལ་ཁུ་བ་མཚོན་ཞིང༌། ཡར་ངོའི་ཚེས་གཅིག་ནས་བཅོ་དང་དེའི་མཚན་ མོ་བཅུ་དྲུག་སྟེ། དེ་རྣམས་ལ་སྐྱེས་པའི་དབང་དུ་བྱས་ནས་བྱང་སེམས་རྐང་པ་གཡས་ཀྱི་མཐེ་ བོང་ནས་སྤྱི་བོའི་བར་དུ་འཕོ་སྟེ་བཅུ་དྲུག །མར་ངོས་ཚེས་གཅིག་ནས་གནམ་སྟོང་གི་བར་ རྐང་པ་གཡོན་པའི་མཐེ་བོང་ནས་སྤྱི་བོའི་བར་དུ་འཕོ་སྟེ་བཅུ་དྲུག །བསྡོམས་པས་སོ་གཉིས། སྦྱང་འབྲས་ལ་མཚན་སོ་གཉིས་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ་ཟླ་བར་བསྒོམས་ནས་ 21-1-318 སྦྱང་འབྲས་དེར་མོས་པ་བྱ། ཀཱ་ལིའི་ནི་རྡུལ་མཚོན་ཅིང་བརྒྱད་ཅུར་འབྱེད་པ་ནི། རྡུལ་དེ་ལ་ ས་ཆུ་མེ་རླུང་ནམ་མཁའི་ཁམས་དང་ལྔ་ཡོད་ཅིང༌། གང་ན་གཅིག་ཡོད་པ་དེར་ཐམས་ཅད་ ཀྱང་ངོ༌། །ཞེས་གསུངས་པས། དེ་རེ་རེ་འབྱུང་བ་བཞི་བཞིར་ཕྱེ་བས་ཉི་ཤུ། དེ་རེ་རེ་ལ་རྟེན་ ཐིག་ལེ་ལུས་ཀྱི་ཆོས་རེ་རེ་དང༌། བརྟེན་པ་བདེ་བ་སེམས་ཀྱི་ཆོས་རེ་རེ་ཕྱེ་བས་བཞི་བཅུ། དེ་ རྣམས་ཀྱང་ཀུན་རྫོབ་སྣང་བ་ཐབས་ཀྱི་ཆ་རེ་རེ་དང༌། རང་བཞིན་སྟོང་པ་དོན་དམ་གྱི་ཆ་རེ་རེ་ ཕྱེ་བས་བརྒྱད་ཅུའོ། །སྦྱང་འབྲས་དཔེ་བྱད་བརྒྱད་ཅུ་དང་མཉམ་ཉིད་ཡེ་ཤེས་ཏེ། དེ་རྣམས་ཉི་ མར་བསྒོམས་ནས་སྦྱང་འབྲས་དེ་ཡིན་སྙམ་དུ་མོས་པ་བྱའོ། །ས་བོན་དྲི་ཟ་ཞུགས་པ་མཚོན་ ཞིང༌། གནས་སྐབས་དེ་ནི་དཀར་དམར་སེམས་གསུམ་འདྲེས་པའི་སྐབས་མཚོན། དེ་ཉིད་ ལས་ཕྱག་མཚན་དུ་གྱུར་པ་ནི། མངལ་དུ་ཡན་ལག་དང་ཉིང་ལག་རྣམས་དོད་པ་མཚོན་ཞིང༌། སྦྱང་འབྲས་སོ་སོར་རྟོག་པའི་ཡེ་ཤེས་སོ། །འདྲེས་པ་ནི་མངལ་དུ་གྲུབ་པའི་ཕུང་ཁམས་སྐྱེ་ མཆེད་རྣམས་ཡོངས་སུ་རྫོགས་ཏེ་བཙའ་བ་ལ་ཉེ་བར་མཚོན་ཞིང་། སྦྱང་འབྲས་བྱ་གྲུབ་ཡེ་ ཤེས། དེ་ལས་སྐུ་ཡོངས་སུ་རྫོགས་པ་ནི་མངལ་སྐྱེས་ཀྱི་ཕྱི་རོལ་དུ་སྐྱེས་པ་དང་། འབྲས་བུ་ ཆོས་དབྱིངས་ཡེ་ཤེས་མཚོན་ཏེ། རྒྱུད་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་ པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོགས་པ་བརྗོད་པར་བྱ། ། ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ ཆོ་ག་གསུངས་པ་ཡི། །རྣམ་པ་ལྔ་པོ་སྒོམ་པ་ཉིད། །ཅེས་དང༌། མཉམ་སྦྱོར་གྱི་དབང་དུ་བྱས་ པ་ནི་ཨཱ་ལི་ལས་ཟླ་བ་དཀར་པོ་གྲུ་གསུམ་ཨཱ་ལིས་མཚན་པ་དང༌། ཀཱ་ལི་ལས་ཟླ་བ་དམར་པོ་ ཀཱ་ལིས་མཚན་པ་བརྩེགས་པ། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དེ་ལ་ས་བོན་གྱི་ཡི་ གེ་མི་བསྒོམས་སྟེ། ཧཱུཾ་ཕཊ་རྣམ་པ་འདོད་མི་བྱ། །ཞེས་པའི་དོན་ཡིན་གསུངས། དེ་ལས་འོད་ ཟེར་འཕྲོ་འདུས་འདྲེས་པ་ལས་ལྷ་སྐུར་བཞེངས་པ་སྟེ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་ 21-1-319 སེམས་དཔའ་ཉིད་ཀྱི་གདན། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུཾ་ཕཊ་རྣམ་པའང་འདོད་མི་བྱ། ། ཞེས་གསུངས། མཚོན་དོན་ནི་ཟླ་བ་དམར་པོས་རཀྟ་མཚོན་ཅིང༌། གཞན་རྣམས་མི་མཉམ་ སྦྱོར་དང་འདྲའོ། ། དེ་ཐམས་ཅད་ཀྱང་ལམ་བྱེད་བཞིའི་སྒོ་ནས་ཉམས་སུ་བླངས་དགོས་ཤིང༌། ཚུར་དེ་ལ་ དཔེར་མཚོན་ན་མེ་ལོང་ལྟ་བུའི་ཡེ་ཤེས་དེ་རྣམས་ཟླ་བར་བསྒོམས་པས་རྣམ་པ་ལམ་དུ་བྱེད་ པ། དེ་ཉིད་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པར་མོས་པ་བྱས་པས་ལན་གཅིག་དེ་ཐོབ་ པར་འགྱུར་བས་མོས་པ་ལམ་དུ་བྱེད་པ། སངས་རྒྱས་ལ་མངའ་བའི་མེ་ལོང་ལྟ་བུའི་ཡེ་ཤེས་ དེ་ཉིད་འདི་ཡིན་ནོ་སྙམ་དུ་བསྒོམས་པས་འབྲས་བུ་ལམ་དུ་བྱེད་པ། དེས་བདག་གི་རྒྱུ་ལ་ ཚོགས་གསོག་ཅིང་སྒྲིབ་པ་འདག་པས་བྱིན་རླབས་ལམ་དུ་བྱེད་པའོ། །དེ་དག་ཀྱང་ཞེན་པས་ ཞུགས་ན་འབྲེལ་བས་མི་བསླུ་བའི་ལམ་མོ། ། གསུམ་པ་འབྲས་བུའི་མངོན་བྱང་བཤད་པ་ལ། དངོས་དང༌། དེ་ཉིད་བསྐྱེད་རིམ་ལ་ སྦྱར་བའི་ཚུལ་ལོ། །དང་པོ་ལ་མངོན་པར་བྱང་ཆུབ་པར་འཆད་ཚུལ་དང་། དེ་ཉིད་ཀྱི་ངོ་བོ་ བཤད་པའོ། །དང་པོ་ནི། ཇི་སྐད་དུ། རྡོ་རྗེ་གུར་ལས། རྡོ་རྗེ་ཉི་མ་ནུབ་པ་ན། །སྦྱོར་བ་ཀུན་ ཏུ་བརྩམ་པར་བྱ། །སྐྱ་རེངས་འཆར་བའི་དུས་སུ་ནི། །སྒོམ་པ་མཆོག་ནི་འགྲུབ་པར་འགྱུར། ། ཞེས་གསུངས་པ་ལྟར་ཏེ། དེ་ཡང་མཚན་མོ་ཟླ་བའི་འོད་དང་འགྲོགས་པ་དགའ་བ་སྐད་ ཅིག་མ་དང་པོ་དང༌། ཉིན་མོ་ཉི་མའི་འོད་དང་འགྲོགས་པ་མཆོག་དགའ་སྐད་ཅིག་མ་གཉིས་ པ་དང༌། ཉི་མ་ནུབ་པ་ན་མཚམས་ཀྱི་མུན་པས་ཁྱབ་པ་ཁྱད་དགའ་སྐད་ཅིག་མ་གསུམ་པ་ དང༌། ཐོ་རངས་སྐྱ་རེངས་འཆར་བའི་དུས་སུ་ལྷན་ཅིག་སྐྱེ་དགའ་སྐད་ཅིག་མ་བཞི་པ་རྣམས་ མངོན་དུ་བྱས་ནས། སྐད་ཅིག་མ་ལྔ་པ་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ནོ། །དེ་ ལྟར་ཕྱི་དབྱིབས་ཀྱི་མངོན་བྱང་ནི་ཕ་རྒྱུད་ནས་གསུངས་པ་དང་ཐུན་མོང་བ་ཡིན་ལ། ནང་ 21-1-320 བྱང་ཆུབ་སེམས་ཀྱི་བསྒྲོད་པ་ལ་ལྟོས་པའི་མངོན་བྱང་ནི། འཚང་རྒྱ་ཁ་མའི་བྱང་ཆུབ་སེམས་ དཔའ་རྣམས་ལ། ལོངས་སྤྱོད་རྫོགས་པའི་སྐུ་དཀྱིལ་འཁོར་དང་བཅས་པ་རྣམས་ཀྱིས་དབང་ བསྐུར་བ་དེའི་ཚེ། རྒྱུན་མཐའི་སྔ་ལོགས་སུ་བུམ་དབང་དང༌། གསང་དབང་སྔོན་དུ་འགྲོ་བས་ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ནི། རང་སྣང་གི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ཐབས་ཀྱི་ དཀར་ཆ་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་གསང་བའི་དབང་དུ་འོང་ཤིང་བརྟན་པར་བྱས་པས། ཡས་བརྟན་གྱི་དགའ་བ་བཞིའི་མཚན་ཉིད་ཅན་གྱི་ཡེ་ཤེས་བསྐྱེད་པ་དེ་མངོན་བྱང་དང་པོ་ ཡིན་ལ། དེ་ལྟ་བུའི་དཀར་ཆ་དང་ལྷན་ཅིག་རང་སྣང་གི་རིག་མའི་དམར་ཆ་ཡེ་ཤེས་ཀྱི་ངོ་བོར་ གྱུར་པ་གསང་བ་ནས་སྤྱི་བོའི་གཙུག་ཏུ་བརྟན་པར་བྱས་པས་མས་བརྟན་གྱི་དགའ་བ་བཞིའི་ མཚན་ཉིད་ཅན་གྱི་ཡེ་ཤེས་སྐྱེ་བ་སྟེ་མངོན་བྱང་གཉིས་པ་ཡིན་ནོ། ། དེ་ནས་སློབ་པའི་ཡེ་ཤེས་ཀྱི་སྣང་བར་འགྱུར་བ་རླུང་དང་བཅས་པའི་ཚོགས་པ་ཕྲ་མོ་ རྣམས་ཀྱི་སྙིང་ཁར་ཐིམ་ཞིང༌། དེའི་རྐྱེན་གྱིས་ཐིག་ལེ་དཀར་དམར་གྱི་ཚོགས་པ་འགག་པ་ ནི་མངོན་བྱང་གསུམ་པའོ། །རྐྱེན་དེས་སྐད་ཅིག་མ་གཉིས་པ་ལ་དགའ་བ་བཞི་པར་གྱུར་པའི་ རྒྱུན་མཐའི་ཡེ་ཤེས་དངོས་སྐྱེ་སྟེ། དེ་བདེ་ཆེན་གྱི་སྒྲིབ་པའམ་ཤེས་བྱའི་སྒྲིབ་པ་ཕྲ་མོ་དང༌། ཀུན་གཞི་སྤོང་བར་བྱ་བའི་དངོས་གཉེན་ཏེ་མངོན་བྱང་བཞི་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་ མངོན་བྱང་དང་པོ་གཉིས་ནི་ཡས་བརྟན་དང་མས་བརྟན་གྱིས་བསྡུས་པ་དགའ་བ་བཞི་བཞིའི་ བདག་ཉིད་ཅན་ཡིན་ཞིང༌། མངོན་བྱང་གསུམ་པ་ནི་ཞུ་བདེ་ལྷན་སྐྱེས་བླ་ན་མེད་པ་ཡིན་ནོ། ། མངོན་བྱང་བཞི་པ་ནི་རང་བཞིན་ལྷན་སྐྱེས་དུ་གྱུར་པའི་ལམ་གྱི་ཡེ་ཤེས་མཐར་ཐུག་པ་ཡིན་ པས་དེ་ཉིད་ལྷན་ཅིག་སྐྱེས་དགའ་འབའ་ཞིག་གིས་བསྡུས་པ་ཡིན་ལ། མངོན་བྱང་དང་པོ་ བཞི་གོ་རིམ་བཞིན་དུ་དགའ་བ་བཞི་དང་སྦྱར་བའང་ཡོད་པ་ནི། དེ་རྣམས་ལུས་དང༌། ངག་ དང༌། ཡིད་དང༌། ཡེ་ཤེས་ཀྱི་བདེ་བ་ཡིན་པས་རྣམ་པ་མཚུངས་པའི་དབང་དུ་བྱས་པ་ཡིན་ནོ། ། 21-1-321 མངོན་བྱང་བཞི་པ་དེའི་སྐད་ཅིག་གཉིས་པར་སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་བ་ཡིན་ལ། དེ་ཡང་ མི་སློབ་རྣམ་གྲོལ་ལམ་ནི་མངོན་བྱང་ལྔ་པའི་བདག་ཉིད་ཡིན་ཅིང་། སྐད་ཅིག་གཉིས་པ་ཕན་ ཆད་མངོན་བྱང་ལྔ་ཆར་གྱི་བདག་ཉིད་དུ་གནས་སོ་ཞེས་བླ་མ་རྣམས་ཀྱིས་གསུངས་སོ། ། དེས་ན་མངོན་བྱང་དང་པོ་བཞི་ནི་ཡེ་ཤེས་ལྔའི་རྗེས་མཐུན་གྱི་ངོ་བོར་གནས་ལ། མངོན་ བྱང་ལྔ་པ་ནི་ཡེ་ཤེས་ལྔའི་བདག་ཉིད་དུ་དངོས་སུ་གནས་པ་ཡིན་ནོ། །དེ་ཡང་ཆོས་ཐམས་ ཅད་ཀྱི་ཇི་ལྟ་བ་དང་། ཇི་སྙེད་པའི་གནས་ལུགས་མཁྱེན་པ་དང༌། ཆོས་ཐམས་ཅད་མཉམ་པ་ ཉིད་དུ་རྟོག་ཤིང་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོར་འཇུག་པ་དང༌། ཆོས་རྣམས་ཀྱི་རང་ དང་སྤྱིའི་མཚན་ཉིད་མ་འདྲེས་པར་མཁྱེན་པ་དང༌། སེམས་ཅན་གྱི་ཁམས་ཐ་དད་པ་སྨིན་ ཅིང་གྲོལ་བར་མཛད་པའི་རྒྱུ་ནུས་མཐུའི་ངོ་བོར་གནས་པ་ཐུགས་རྗེའི་ཆེན་པོའི་ཡེ་ཤེས་དང༌། ཆོས་ཀྱི་དབྱིངས་ཤིན་ཏུ་དྲི་མ་མེད་པར་གནས་པ་ལ། གློ་བུར་གྱི་དྲི་མ་བྱང་བའི་ཡེ་ཤེས་ཏེ་གོ་ རིམ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས། སོ་སོར་རྟོག་པའི་ཡེ་ ཤེས། བྱ་བ་ནན་ཏན་གྱི་ཡེ་ཤེས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིན་ནོ། །སྦྱོར་ཚུལ་ གཞན་ནི་མངོན་བྱང་དང་པོའི་སྐབས་སུ་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་ནས། མངོན་བྱང་ལྔ་ པའི་ཚེ་ཆོས་དབྱིངས་ཡེ་ཤེས་ཐོབ་པའི་བར་དུ་གསུངས་པ་ནི། དང་པོ་བཞི་རྗེས་མཐུན་པ་ དང་། ལྔ་པ་དངོས་ཡིན་པའི་དོན་ཏེ། དེ་ལྟར་ན་མངོན་བྱང་དང་པོ་བཞི་ནི་སྔ་མ་སྔ་མའི་ཡེ་ ཤེས་ལྷག་པར་རྒྱས་པ་ཕྱི་མ་ཕྱི་མ་ལ་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་ཡོད་ཅིང༌། ཡེ་ཤེས་རྗེས་ མཐུན་པའི་དབང་དུ་བྱས་ན་མངོན་བྱང་དང་པོའི་སྐབས་སུ་མེ་ལོང་ལྟ་བུའི་ཡེ་ཤེས་གཙོ་བོར་ གྱུར་པ་དང་། གཉིས་པའི་སྐབས་སུ་མཉམ་ཉིད་ཡེ་ཤེས། གསུམ་པར་སོར་རྟོག་ཡེ་ཤེས། བཞི་པར་བྱ་གྲུབ་ཡེ་ཤེས་གཙོ་བོར་གྱུར་པ་ཡིན་ནོ། །དེ་དག་ཏུ་ཆོས་དབྱིངས་དག་པ་གཉིས་ ལྡན་མཐར་ཐུག་པ་མ་ཐོབ་པའི་ཕྱིར། ཆོས་དབྱིངས་ཡེ་ཤེས་གཙོ་བོར་མི་འཇོག་ལ། མངོན་ 21-1-322 བྱང་ལྔ་པའི་སྐབས་སུ་ནི་དེ་གསར་དུ་ཐོབ་པའི་ཕྱིར། ཆོས་དབྱིངས་ཡེ་ཤེས་གཙོ་བོར་འཇོག་ པ་ཡིན་ནོ། །གཉིས་དེ་དག་བསྐྱེད་རིམ་ལ་སྦྱར་བའི་ཚུལ་ནི། བསྐྱེད་རིམ་གྱི་མངོན་བྱང་དང་ པོ་ཟླ་བ་བསྒོམ་པ་ནི། འབྲས་དུས་ཀྱི་མངོན་བྱང་དང་པོ་དང་མཚུངས་པ་ཡིན་ཏེ། ཟླ་བས་ ནི་བྱང་ཆུབ་ཀྱི་སེམས་དཀར་པོ་མཚོན་པ་ལ་མངོན་བྱང་དང་པོ་བྱང་ཆུབ་ཀྱི་སེམས་དཀར་ ཆ་དང་འགྲོགས་པའི་ཡེ་ཤེས་ཡིན་པས་སོ། །མངོན་བྱང་གཉིས་པ་ཉི་མ་སྒོམ་པ་འབྲས་དུས་ ཀྱི་གཉིས་པ་དང་མཚུངས་པ་ཡིན་ཏེ། ཉི་མས་ནི་དམར་ཆ་མཚོན་ལ། མངོན་བྱང་གཉིས་པ་ བརྟེན་བྱང་ཆུབ་སེམས་དམར་ཆ་དང་འགྲོགས་པའི་ཡེ་ཤེས་ཡིན་པས་སོ། ། གསུམ་པ་ས་བོན་དང་ཕྱག་མཚན་བསྒོམ་པ་ནི་འབྲས་དུས་ཀྱི་གསུམ་པ་དང་མཚུངས་པ་ ཡིན་ཏེ། ས་བོན་དང་ཕྱག་མཚན་ནི་ཡིད་རླུང་གི་ཚོགས་དང་བཅས་པ་མཚོན་ཅིང༌། འབྲས་ དུས་ཀྱི་མངོན་བྱང་གསུམ་པ་ནི་ཡིད་དང་རླུང་ཐིམ་པའི་ཡེ་ཤེས་ཡིན་པས་སོ། །མངོན་བྱང་ བཞི་པ་ཡང་རྣམ་པ་མཚུངས་པ་ཡིན་ཏེ། སྐབས་འདིར་ཐམས་ཅད་གཅིག་ཏུ་འདྲེས་པ་དང་ འབྲས་དུས་ཀྱི་མངོན་བྱང་བཞི་པ་ཡང་མངོན་བྱང་དང་པོ་གསུམ་ཆར་གྱི་ནུས་པ་གཅིག་ ཏུ་བསྡོམས་པའི་ཡེ་ཤེས་ཡིན་པས་སོ། །མངོན་བྱང་ལྔ་པ་ཡང་རྣམ་པ་མཚུངས་པ་ཡིན་ཏེ། སྐབས་འདིར་བསྐྱེད་ཆོག་འདི་ལ་བརྟེན་ནས་ལྷ་སྐུ་ཡོངས་སུ་རྫོགས་པ་ཡིན་ཅིང༌། འབྲས་ དུས་ཀྱི་མངོན་བྱང་ལྔ་པ་དང༌། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཐམས་ཅད་རྫོགས་པ་ཡིན་ པས་སོ། །མངོན་བྱང་དང་པོའི་མེ་ལོང་ལྟ་བུའི་ཡེ་ཤེས་དང་རྣམ་པ་མཐུན་པ་ཡིན་ཏེ། ཟླ་ བའི་འོད་ཟེར་གྱིས་གཟུགས་བརྙན་རགས་པ་ཙམ་སྣང་བར་བྱེད་པ་ལྟར། མེ་ལོང་ལྟ་བུའི་ ཡེ་ཤེས་ཀྱིས་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་གཟིགས་པ་ཙམ་ ཡིན་ལ། སོ་སོར་རྟོག་པར་མི་མཛད་པས་སོ། །མངོན་བྱང་གཉིས་པ་མཉམ་ཉིད་ཡེ་ཤེས་དང་ མཚུངས་པ་ཡིན་ཏེ། ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་ལྷག་པར་རྒྱས་པ་བཞིན་དུ། དེ་ཡང་ 21-1-323 ཆོས་རྣམས་ཀྱི་ཇི་ལྟ་བའི་གནས་ལུགས་ལ་མཁྱེན་པ་ལྷག་པར་རྒྱས་པས་སོ། །མངོན་བྱང་ གསུམ་པ་སོར་རྟོག་ཡེ་ཤེས་དང་མཚུངས་པ་ཡིན་ཏེ། སྐབས་འདིར་ལྷ་སོ་སོའི་ས་བོན་དང་ ཕྱག་མཚན་སོ་སོར་ངེས་ལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་ མ་འདྲེས་པར་བྱེད་པས་སོ། །མངོན་བྱང་བཞི་པ་བྱ་གྲུབ་ཡེ་ཤེས་དང་ཆོས་མཚུངས་པ་ཡིན་ཏེ། སྐབས་འདིར་ཐམས་ཅད་གཅིག་ཏུ་གྱུར་པ་དང༌། བྱ་གྲུབ་ཡེ་ཤེས་དེ་ཡེ་ཤེས་གཞན་གསུམ་ གྱི་ནུས་མཐུ་གཅིག་ཏུ་སྡོམ་པའི་ངོ་བོར་གནས་པ་ཡིན་པས་སོ། ། མངོན་བྱང་ལྔ་པ་ཆོས་དབྱིངས་ཡེ་ཤེས་དང་ཆོས་མཚུངས་པ་ཡིན་ཏེ། སྐབས་འདིར་ཉི་ ཟླ་ས་བོན་ཕྱག་མཚན་བཞིའི་ངོ་བོ་ལྷའི་སྐུ་ཡོངས་སུ་རྫོགས་པ་ཡིན་ཅིང༌། ཆོས་ཀྱི་དབྱིངས་ ཀྱི་ཡེ་ཤེས་ཀྱང་ཡེ་ཤེས་བཞི་ཆར་གྱི་རྟེན་བྱེད་པའོ། །མངོན་བྱང་དང་པོ་གཉིས་ཀྱི་སྐབས་ སུ། ཨཱ་ལི་ཀཱ་ལི་འབྱུང་བའི་རྒྱུ་མཚན་འབྲས་བུའི་ཆོས་དང་སྦྱར་བ་ནི། ཨཱ་ལི་མཚན་བཟང་ པོ་སུམ་ཅུ་རྩ་གཉིས་ཀྱི་རྒྱུ་བསོད་ནམས་ཀྱི་ཚོགས་དང༌། ཀཱ་ལི་དཔེ་བྱད་བརྒྱད་ཅུའི་བསོད་ ནམས་ཀྱི་ཚོགས་ཡིན་ཅིང༌། དེའི་འབྲས་བུའི་སྐུ་ཡོངས་སུ་རྫོགས་པ་མཚན་དཔེའི་སྤྲས་པའོ། ། མངོན་བྱང་དང་པོ་གཉིས་ཀྱི་སྐབས་སུ་ཨཱ་ལི་ཀཱ་ལི་འབྱུང་བའི་རྒྱུ་མཚན་ཡོད་དེ། ཨཱ་ལི་ཟླ་ བའི་ས་བོན་དང་། ཀཱ་ལི་ཉི་མའི་ས་བོན་ཡིན་པའི་ཕྱིར་རོ། ། གསུམ་པ་དེའི་འཕྲོས་དོན་ཅུང་ཟད་བཤད་པ་ནི། །རྗེ་བཙུན་གོང་མ་རྣམས་ཀྱིས་མཉམ་ སྦྱོར་གསང་བ་དང༌། མི་མཉམ་སྦྱོར་ཤེས་རབ་ཡེ་ཤེས་ཀྱི་དབང་དང་མཚུངས་ཚུལ་གསལ་ བར་བསྟན་ནས། དབྱིངས་དང་ཡེ་ཤེས་རྒྱས་གདབ་ཕྱིར། །རང་བཞིན་གྱིས་དག་རྒྱུ་འབྲས་ ཕྱིར། །ཐིག་ལེའི་རིམ་ཕྱིར་ལུས་སེམས་ཕྱིར། །དབང་ཕྱིར་དགོས་པ་བསམ་ཡས་ཕྱིར། །ཅེས་ མཉམ་སྦྱོར་དང་མི་མཉམ་སྦྱོར་གྱི་མཚོན་དོན་སྡོམ་གྱིས་ཚུལ་གྱིས་གསུངས་པ་ཡིན་ནོ། །དེའི་ དོན་བར་སྐབས་ཀྱི་བླ་མ་རྣམས་འདི་ལྟར་འཆད་དེ། དབྱིངས་དག་པ་གཉིས་ལྡན་ཟླ་བ་ཁ་ 21-1-324 སྦྱོར་གྱིས་མཚོན་ཞིང་ཡེ་ཤེས་རྣམ་པ་སྣ་ཚོགས་འཆར་བ་ཟླ་བ་དཀར་པོ་ཉི་མ་དམར་པོ་སྟེ་ ཉི་ཟླ་ཁ་སྦྱོར་གྱིས་མཚོན་ཞིང་། རང་བཞིན་དག་པའི་རྒྱུ་རྫོགས་རིམ་དུ་རང་བྱིན་རླབས་པ། ཤེས་པ་གསལ་སྟོང་ཟླ་བ་ལྟ་བུ་དང༌། སྤྱི་བོའི་ཧཾ་ཡིག་ཞུ་བ་བྱང་ཆུབ་ཀྱི་སེམས་ཟླ་བ་ལྟ་བུ་ སྟེ་ཟླ་བ་ཁ་སྦྱོར་དང༌། རང་བཞིན་དག་པ་འབྲས་བུའི་རྫོགས་རིམ་དང༌། དཀྱིལ་འཁོར་གྱི་ འཁོར་ལོ་ལ་རང་གི་བྱང་ཆུབ་ཀྱི་སེམས་དཀར་ཆ་དང་ཤེས་རབ་མའི་དམར་ཆ་མཚོན་པའི་ ཕྱིར་ཉི་ཟླ་ཁ་སྦྱོར་གྱིས་མཚོན་ནོ། །ཕའི་ས་བོན་འབའ་ཞིག་ལས་ལུས་འགྲུབ་པ་དང་མཚུངས་ པར་ཟླ་བ་ཁ་སྦྱོར་དང་། ཐིག་ལེ་དཀར་དམར་གཉིས་ལས་འགྲུབ་པ་དང་མཚུངས་པར་ཉི་ཟླ་ ཁ་སྦྱོར་སྒོམ་པ་དང༌། སེམས་རང་བཞིན་རྣམ་པར་དག་པ་དང་རྣམ་པར་དག་པའི་ལམ་གྱིས་ དག་པར་བྱེད་པ་ཟླ་བ་ཁ་སྦྱོར་དང༌། མངལ་སྐྱེས་ཀྱི་ལུས་འགྲུབ་པ་དང་མཚུངས་པར་ཉི་ཟླ་ ཁ་སྦྱོར་སྒོམ་པ་ཡིན་ནོ། །དབང་ཕྱིར་ཞེས་པ་གསང་དབང་གི་སྐབས་སུ་གང་ལ་བསྐུར་བའི་ ཡུལ། སློབ་མའི་རྟེན་བྱང་ཆུབ་ཀྱི་སེམས་དཀར་པོ་དང༌། བསྐུར་བྱེད་ཀྱི་རྫས་སློབ་དཔོན་གྱི་ བྱང་ཆུབ་གྱི་སེམས་དཀར་པོ་ཡིན་པས་ཟླ་བ་ཁ་སྦྱོར་དང༌། དེའི་ཚེ་རྣམ་རྟོག་གི་གྲྭ་ཟུར་དང་ བཅས་པའི་ཕྱིར་ཟླ་བ་གྲུ་གསུམ་དང་། བྱང་ཆུབ་ཀྱི་སེམས་མི་འགག་པར་ཕྱིར་འདོར་བས་ མཚོན་དོན་དུ། གསུམ་པའི་ཚེ་ཕྱག་མཚན་ས་བོན་གྱིས་མཚན་མ་མེད་པ་དང༌། བྱང་ཆུབ་ཀྱི་ སེམས་འཕྲོ་བའི་མཚོན་དོན་དུ་འོད་ཟེར་སྤྲོ་བསྡུ་བྱེད་པ་ཡིན་ནོ། ། ཤེས་རབ་དབང་གི་སྐབས་སུ་སློབ་མའི་བྱང་ཆུབ་ཀྱི་སེམས་དཀར་པོ་དང་། རིག་མའི་ བྱང་ཆུབ་ཀྱི་སེམས་དམར་པོ་གཉིས་ཀྱི་མཚོན་དོན་དུ་ཉི་ཟླ་ཁ་སྦྱོར་དང་། དེའི་ཚེ་རྣམ་རྟོག་ གི་གྲྭ་ཟུར་ཉམས་པས་གཉིས་ཀའང་ཟླུམ་པོར་སྒོམ་པ་དང་བྱང་ཆུབ་ཀྱི་སེམས་དགག་པའི་ མཚོན་དོན་དུ་ཕྱག་མཚན་གྱི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་དང༌། མས་བརྟན་གྱི་རིམ་པས་བྱང་ ཆུབ་ཀྱི་སེམས་བརྟན་པར་བྱེད་པས་འོད་ཟེར་གྱི་སྤྲོ་བསྡུ་མི་བྱེད་པ་ཡིན་ནོ། །དགོས་པ་ 21-1-325 བསམ་ཡས་ཕྱིར། །ཞེས་པ་ནི། དེ་དག་ལ་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་སོགས་གཞན་ཡང་ ཡོད་ཅེས་པའི་དོན་དུ་གོང་དུ་བཤད་པ་ལྟར་ཡིན་ནོ། །ཡང་ཐིག་ལེའི་རིམ་ཕྱིར་ལུས་སེམས་ ཕྱིར། །ཞེས་པ་རྒྱུ་རྒྱུད་ལ་སྦྱར་བ་དང༌། དབང་ཕྱིར་ཞེས་པ་སྨིན་བྱེད་ཀྱི་དབང་དང༌། རང་ བཞིན་གྱིས་དག་རྒྱུ་འབྲས་ཕྱིར། །ཞེས་པ་གྲོལ་བྱེད་རྫོགས་པའི་རིམ་པ་དང༌། དབྱིངས་དང་ ཡེ་ཤེས་རྒྱས་གདབ་ཕྱིར། །ཞེས་པ་འབྲས་རྒྱུད་ལ་སྦྱར་བ་ཡིན་ནོ། །བསྐྱེད་རིམ་གཞན་ལ་ མི་སྦྱོར་ཏེ། དམིགས་པ་ལྔ་པོ་འདི་བསྐྱེད་རིམ་དངོས་ཡིན་པའི་ཕྱིར། ཡན་ལག་བཞི་པ་ལྟར་ ན་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་ནག་པོ་བྱེད་པ་རང་བཞིན་གནས་རིགས་འགྱུར་མེད་མཚོན། ཡན་ལག་དྲུག་པ་ལྟར་ན་སྐུ་མདོག་དཀར་པོ་བྱེད་པ་རང་བཞིན་གནས་རིགས་དེ་རང་བཞིན་ གྱིས་མཚོན་པ་དང༌། རྣམ་པ་གཅིག་ཏུ་ན་དཀར་པོ་དེ་ཁ་དོག་གང་དུ་ཡང་བསྒྱུར་དུ་རུང་བས་ དེ་མཚོན། ཞལ་ཕྱག་རྣམས་དཀྱུས་བཞིན་ནོ། ། གཉིས་པ་རྒྱུ་རྡོ་རྗེ་འཛིན་པའི་མཛད་པ་ལ། རྟེན་མཁའ་གསང་བྱིན་གྱིས་བརླབས་པ་ དང༌། རྒྱུ་སངས་རྒྱས་བྱང་སེམས་ཀྱི་ཚོགས་དགུག་པ་དང༌། ངོ་བོ་འཁོར་གྱི་ལྷ་མོ་སྤྲོ་བ་སྟེ་ གསུམ་ལས། དང་པོ་མཁའ་གསང་བྱིན་གྱིས་བརླབས་པ་དཀྱུས་ལྟར་ལ་སྔགས་དོན་ནི། ༀ་ པདྨ་རྒྱ་སྐད་སོར་བཞག །སུ་ཁ་བདེ་བ། དྷ་ར་འཛིན་པ། མཧཱ་ཆེན་པོ། རཱ་ག་སུ་ཁཾ་དང་ཆགས་ པའི་བདེ་བ་སྟེར། ཙ་ཏུར་བཞི། ཨཱ་ནནྡ་དགའ་བ། བྷ་ག་བི་ཤྭ། སྐལ་པ་སྣ་ཚོགས་པ། ཧཱུཾ་ཧཱུཾ་ ཧཱུཾ། བསྒྱུར་དུ་མེད། ཀཪྻཾ་ཀུ་རུ་ཥ་མེ། བྱ་བ་མཛོད་ཅིག །བདག་ལའོ། །ༀ་བཛྲ་རྡོ་རྗེ། མཧཱ་ ཆེན་པོ། དེ་ཥ་ཞེ་སྡང༌། ཙ་ཏུར་ཨཱ་ནན་ད་དཱ་ཡ་ཀ །དགའ་བ་བཞི་སྟེར་བར་བྱེད། ཁ་གེ་མུ་ཁ། མཁའ་འགྲོ་གདོང༌། ཨེ་ཀ གཅིག །རཱ་སོ་ན་ཐ། རོ་གཅིག་མགོན། ཧཱུཾ་ཧཱུཾ་ཧཱུཾ། བསྒྱུར་དུ་མེད། ཀཪྻཾ་ཀུ་རུ་ཥ་མེ། བྱ་བ་མཛོད་ཅིག་བདག་ལའོ། །ཞེས་པའོ། །གཉིས་པ་གོ་སླ་ཞིང༌། སྒྲུབ་ ཐབས་དཀྱུས་བཞིན་ནོ། ། 21-1-326 གསུམ་པ་ལ། སྤྱིར་འཁོར་གྱི་ལྷ་མོ་སྤྲོ་ཚུལ། ཡན་ལག་བཞི་པའི་ཕྱོགས་ལ་འཁོར་གྱི་ ལྷ་མོ་ཐམས་ཅད་ཀྱང་མངོན་བྱང་ལྔ་བསྐྱེད་ཡིན་ཞིང༌། མཁའ་ནང་ནས་ཐིག་ལེ་སྤྲོ་བའི་ཚུལ་ དང༌། ས་བོན་སྤྲོ་ཚུལ་གཉིས་ཡོད་པས་དེ་གཉིས་ཀྱིས་ཕྱི་རོལ་ཏུ་ལྷ་མོ་རྣམས་བསྐྱེད་ཆོག་གི་ ཚིག་ལ་བརྟེན་ནས་བསྐྱེད་པ་ཡིན་ནོ། །ཡན་ལག་དྲུག་པའི་ཕྱོགས་ལ་མཁའ་ནང་ནས་ཡི་གེ་ སྤྲོ་བའི་ཚུལ་དང༌། ཡི་གེ་རྣམས་ལྷ་མོར་གྱུར་ནས་ཕྱི་རོལ་ཏུ་སྤྲོ་བའི་ཚུལ་གཉིས་ལས། དཀྱུས་ ཀྱི་འདི་ནི་ཕྱི་མ་ལྟར་ཡིན་ལ། གང་ལྟར་ཡང་དེ་རྣམས་ཅིག་ཅར་དུ་སྤྲོ་ཞིང་རིམ་གྱིས་གསལ་ འདེབས་པ་ཡིན་ནོ། །མཁའ་ནང་ནས་ཕྱུང་བའི་ལྷ་མོ་རྣམས་འགོད་ཚུལ། དཀར་མོ་དབང་ པོའི་ཕྱོགས་ཕྱུང་ནས། །ཤར་གྱི་སྒོ་རུ་ཡང་དག་གནས། །ཞེས་སོགས་གསུངས་ཤིང་། སྐུ་ མདོག་ཀྱང་གཽ་རཱི་ཁ་དོག་དཀར་པོར་གྱུར། །ཆོམ་རྐུན་མ་ནི་བཙོད་དང་མཚུངས། །རོ་ལངས་ མ་ནི་གསེར་བཙོས་བཞིན། །གྷསྨ་རཱི་ནི་མརྒད་མཚུངས། །པུཀྐ་སཱི་ནི་དབང་སྔོན་མཚུངས། ། རི་ཁྲོད་མ་ནི་ཟླ་ནོར་འོད། །གཏུམ་མོ་ནམ་མཁའི་མདོག་སངས་མ། །གཡུང་མོ་སྣ་ཚོགས་པ་ ཞེས་བརྗོད། །ཅེས་གསུངས་ཞིང༌། ཕྱག་མཚན་ཡང༌། དཀར་མོ་ཕྱག་གཡས་གྲི་གུག་སྟེ། །དེ་ བཞིན་གཡོན་ཉ་རོ་ཧི་ཏ། །ཆོམ་མ་གཡས་ཅང་ཏེའུ་ཉིད། །གཡོན་པའི་ཕྱག་ན་ཕག་པ་ཉིད། ། རོ་ལངས་མ་གཡས་རུས་སྦལ་ཏེ། །གཡོན་པ་ཡིས་ནི་པདྨའི་སྣོད། །གྷསྨ་རི་ཡིས་གཡས་ན་ སྦྲུལ། །གཡོན་པས་རྣལ་འབྱོར་ལྷུང་བཟེད་ཉིད། །པུཀྐ་སི་གཡས་སེང་གེ་སྟེ། །གཡོན་པས་ དགྲ་སྟ་དེ་བཞིན་ནོ། །རི་ཁྲོད་མ་གཡས་དགེ་སློང་སྟེ། །གཡོན་ན་བསིལ་བྱེད་དེ་བཞིན་ནོ། ། གདོལ་བ་མོ་གཡས་འཁོར་ལོ་སྟེ། གཡོན་པས་ཐོད་པ་དེ་བཞིན་ནོ། །གཡུང་མོའི་གཡས་ན་ རྡོ་རྗེ་ཉིད། །གཡོན་ན་སྡིགས་མཛུབ་དེ་བཞིན་ནོ། ། དེ་རྣམས་ཀྱི་གདན་ནི། ཚངས་པ་དབང་པོ་ཉེ་དབང་དང༌། །གཤིན་རྗེ་དང་ནི་ནོར་བདག་ དང༌། །བདེན་བྲལ་དང་ནི་ཐག་བཟང་རིས། །གཽ་རཱི་མ་ལ་སོགས་པའི་གདན། །ཞེས་གསུངས་ 21-1-327 ཤིང་། སྤྱིའི་མངོན་རྟོགས། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །དཀར་མོ་ལ་སོགས་ཕྱག་ གཉིས་བརྗོད། །སྤྱན་གཉིས་སྐྲ་ནི་གྱེན་དུ་བརྫེས། །ཕྱག་རྒྱ་ལྔ་ཡི་རྣམ་པར་བརྒྱན། །ཞེས་ གསུངས། དེ་རྣམས་ཀྱི་དོན་མངོན་རྟོགས་རྣམས་གོ་སླ་ཞིང༌། གཽ་རཱི་གཡོན་གྱི་ཉ་རོ་ཧི་ཏ་ནི། རོ་ཧི་ཏ་ཞེས་དམར་པོ་ལ་འཇུག་པས་ཉ་དམར་པོ་གཞུར་ཡོད་པ། ཙོ་རིའི་གཡས་ཅང་ཏེའུ་ཏེ་ ཌཱ་མ་རུ། བཻ་ཏ་ལི་གཡས་རུས་སྦལ། གཡོན་བདུད་རྩིས་བཀང་བའི་ཐོད་པ། གྷསྨཱ་རིའི་གཡས་ སྦྲུལ་ལྗང་གུ། གཡོན་ན་བདུད་རྩིའི་བཀང་བའི་ཐོད་པ། གཞན་རྣམས་གོ་བདེ་ལ། གདོལ་ བ་མོའི་ཕྱག་མཚན་འཁོར་ལོ་རྩིབས་བརྒྱད་པའི་རྩེ་ལ་མུ་ཁྱུད་ཡོད་པ། གཡོན་ཐོང་གཤོལ་ གཡུང་མོའི་སྡིགས་མཛུབ་ནི་སྡིགས་མཛུབ་ལས་མཐེ་བོང་ལ་གུང་སྲིན་གྱི་ཕྱི་ནས་མནན་པ་ ཁྲོ་བོའི་སྡིགས་མཛུབ་དང༌། ནང་ནས་མནན་པ་རྡོ་རྗེའི་སྡིགས་མཛུབ་གཉིས་ལས་འདིར་རྡོ་ རྗེའི་སྡིགས་མཛུབ་བོ། ། དེ་དག་ལས་མཁའ་གསང་བྱིན་གྱིས་བརླབས་པ་ནི། ཕ་མ་འདོད་པའི་ཀུན་སྦྱོར་ལ་ ཞུགས་པ་དང༌། དེ་བཞིན་གཤེགས་པ་རྣམས་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་མཉམ་ པར་བཞག་པ་མཚོན་པ་ཡིན་ནོ། །སངས་རྒྱས་བྱང་སེམས་ཀྱི་ཚོགས་དགུག་པ་ནི། སྐྱེ་བ་པོ་ ཉིང་མཚམས་སྦྱོར་བ་དང༌། དེ་བཞིན་གཤེགས་པ་ཀུན་གྱི་སྤྲུལ་པའི་སྐུ་སྤྲུལ་པའི་རྒྱུ་བདེ་བ་ ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་མཚོན། འཁོར་གྱི་ལྷ་མོ་སྤྲོ་བ་ནི་ལུས་ཅན་ རྣམས་ཀྱི་སྐྱེ་བ་བླང་ནས་རང་གི་བྱ་བ་ལ་གནས་པ་དང༌། དེ་བཞིན་གཤེགས་པའི་སྤྲུལ་པ་སྣ་ ཚོགས་པས་སེམས་ཅན་གྱི་དོན་བྱེད་པ་མཚོན་ནོ། ། གསུམ་པ་ཞུ་བ་གླུས་བསྐུས་པ་ལ། བར་དོའི་རྣམ་པར་ཤེས་པ་གཞུག་པ། རྒྱུ་རྡོ་རྗེ་འཛིན་ པ་ཡབ་ཡུམ་ཞུ་བ། ལྷ་མོ་བཞིའི་གླུས་བསྐུལ་བ་དང་གསུམ་ལས། དང་པོ་ནི། རྡོ་རྗེ་གུར་ ལས། དྲི་ཟ་རྣམ་པར་ཞུགས་ནས་ནི། །ཞུ་བ་རྗེས་སུ་དྲན་པར་བྱ། །ཞེས་གསུངས་པའི་དོན་ 21-1-328 དེ། སླར་ཡབ་ཡུམ་སྙོམས་པར་ཞུགས་པས། བར་སྲིད་མཚོན་བྱེད་ཀྱི་ཡི་གེ་རྣམས་ཞལ་དུ་ བཞུགས་པའོ། །གཉིས་པ་ནི། ཡབ་ཡུམ་གཉིས་རྗེས་ཆགས་ཀྱི་སེམས་ཀྱིས་ཞུ་བ་སྟེ་དཀྱུས་ བཞིན་ནོ། །དེ་ཡང་མངོན་བྱང་ལྔ་བསྐྱེད་ནས་ཡེ་ཤེས་པ་བསྟིམ་པའི་བར་རྗེས་ཆགས་ཀྱི་ ཡན་ལག་ཡིན་ཀྱང༌། རྗེས་ཆགས་ཀྱི་གཙོ་བོ་རྒྱུ་རྡོ་རྗེ་འཛིན་པ་ཞུ་བ་ཉིད་ཡིན་པས། ང་རྒྱལ་ བཟུང་བའི་སྔགས་སྐབས་འདིར་བརྗོད་དགོས་པ་ཡིན། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ། རྗེས་སུ་ཆགས་པ། བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པའོ། །གསུམ་པ་ནི། མཚམས་ཀྱི་ལྷ་མོ་ པུཀྐ་སི་སོགས་བཞི་ནི་སྤྱན་མ་སོགས་བཞི་དང༌། ཚད་མེད་བཞིའི་ངོ་བོ་ཡིན་པས་དེ་རྣམས་ ཀྱིས་སེམས་ཅན་གྱི་དོན་ལ་བཞེངས་པར་གླུས་བསྐུལ་བ་ལ། པུཀྐ་སིས་ཐུགས་རྗེ་ཆེན་པོའི་ སྒོ་ནས་བསྐུལ་བ་ནི། རྗེ་བཙུན་ཞེས་བོས་ནས། ཁྱེད་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་གྱི་ ཡིད་ཡིན་པས། ཐིག་ལེ་ལས་ལྷ་སྐུ་ཞལ་ཕྱག་གི་རྣམ་པར་བཞེངས་ཤིག་བཞེངས་ནས་པུཀྐ་ སཱི་བདག་ལ་སྐྱོབས་ཤིག །སྟོང་པ་ཉིད་ལ་བཞུགས་པའི་ཏིང་ངེ་འཛིན་རང་བཞིན་འདི་ཉིད་ སྤོངས་ལ། བདག་ལ་བདེ་བ་ཆེན་པོའི་སྦྱོར་བའི་ས་ལ་ལོངས་སྤྱོད་བཞེད་པར་མཛོད་ཅིག ། ཤ་བ་རིས་གནད་ལ་བོར་བའི་ཚུལ་གྱིས་བསྐུལ་བ་ནི། ཀྱཻ་རྡོ་རྗེ་ཁྱོད་མེད་པ་སྟེ་ཞལ་ཕྱག་གི་ རྣམ་པར་མི་གསལ་ན། ཤ་བ་རི་བདག་འགུམ་པར་འགྱུར་བས། སྟོང་པའི་རང་བཞིན་ཉིད་ སྤོངས་ལ་རི་ཁྲོད་མ་བདག་གི་འདོད་པའི་འབྲས་བུ་གྲུབ་པར་མཛོད་ཅིག །ཙནྡྲ་ལིས་སྔོན་གྱི་ ཐུགས་དམ་རྗེས་སུ་རབ་ཏུ་དྲན་པའི་སྒོ་ནས་བསྐུལ་བ་ནི། དགའ་གཙོ་ཞེས་བོས་ནས་ཁྱོད་ ཀྱིས་སྔོན་ཐུགས་བསྐྱེད་པའི་སྐབས་སུ་འཇིག་རྟེན་ཐམས་ཅད་མགྲོན་དུ་གཉེར་བ་སྟེ་གཞན་ དོན་བྱེད་པར་དམ་བཅས་ཏེ། ད་སྟོང་པ་ཉིད་ཀྱི་དོན་ལ་བཞུགས་སམ་ཅི། ཁྱོད་མེད་ན་བདག་ གིས་ཕྱོགས་ནི་མི་འཚལ་བས་ཏེ་བླང་དོར་གྱི་གནས་མི་ཤེས་ན་ཀྱཻ་རྡོ་རྗེ་ཁྱོད་ལ་ཞལ་ཕྱག་གི་ རྣམ་པར་བཞེངས་ཞེས་གདོལ་པ་མོ་བདག་ཞུ་བ་བགྱིད་དོ། །གཡུང་མོས་ཐུགས་ཡོངས་སུ་ 21-1-329 མཁྱེན་པའི་ཚུལ་གྱིས་བསྐུལ་བ་ནི། གཡུང་མོ་བདག་ནི་སེམས་སྒྲིམ་པས་བདག་གིས་ཁྱོད་ ཀྱི་ཐུགས་འཚལ་གྱིས། མིག་འཕྲུལ་མངའ་བ་ལྟར་སྤྲུལ་པ་སྣ་ཚོགས་སུ་འགྱེད་ནུས་ཤིང༌། སྣ་ཚོགས་སུ་སྣང་བའི་གཡོ་སྒྱུ་ཅན་འཚལ་གྱི། དེ་བས་ན་ཁྱོད་བཞེངས་ཤིག །སྙིང་རྗེས་རྒྱུན་ ཆད་མ་མཛད་ཅིག་ཅེས་པའོ། ། དེ་དག་ལས་བར་དོའི་རྣམ་ཤེས་གཞུག་པ་ནི། བར་སྲིད་ཀྱི་སེམས་ཅན་སྐྱེ་གནས་ལ་ དམིགས་ནས་འཇུག་པ་དང་། དེ་བཞིན་གཤེགས་པའི་འགྲོ་དོན་གྱི་དུས་མཁྱེན་པ་མཚོན་པ་ དང༌། ཡབ་ཡུམ་ཞུ་བ་ནི་མངལ་དུ་སྲོག་ཆགས་པ་དང༌། འགྲོ་དོན་གྱི་རྒྱུ་ཐུགས་རྗེ་ཆེན་པོའི་ ཏིང་ངེ་འཛིན་བདེ་བ་ཆེན་པོའི་ཡེ་ཤེས་སུ་གནས་པ་དང་མཚུངས་པ་ཡིན་ཅིང་། གླུས་བསྐུལ་ བ་ནི། མངལ་དུ་ཆགས་པ་ནས་རྒྱུ་ཁུ་ཁྲག་འདྲེས་པ་ལ་ཡོད་པས་འབྱུང་བ་བཞི་དང༌། གྲོགས་ མའི་མངལ་གྱི་འབྱུང་བ་བཞིའི། སས་སྲ་བར་བྱེད། ཆུས་སྡུད་པར་བྱེད། མེས་སྨིན་པར་བྱེད། རླུང་གིས་རྒྱས་པར་བྱེད་པ་དང༌། ཚད་མེད་བཞིས་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་བསྐུལ་བ་ མཚོན་ནོ། ། བཞི་པ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་ནི། ཡན་ལག་བཞི་པ་སོགས་མངོན་རྟོགས་ རྒྱས་པའི་ཕྱོགས་ལ་མངོན་བྱང་ལྔ་བསྐྱེད་ཡོད་པ་ལྟར་ན། སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ་སྔ་ མའི་རིམ་པས་འགྲེའོ། །སྐབས་འདིའི་མངོན་རྟོགས་ཕལ་ཆེ་བ་ལ། འོད་ཀྱི་གོང་བུ་ལས་ས་ བོན་དང་། དེ་ལས་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པར་བཤད་པ་ཡིན་ཏེ། རྒྱུད་ལས། ཧཱུཾ་དང་ ཨཾ་གི་རྡོ་རྗེ་ཆེ། ཁུ་བའི་གཟུགས་ལས་བཞེངས་ནས་ནི། །ཞེས་དང༌། བདག་པོའི་ས་བོན་ བདག་ཉིད་ནི། །ཨཾ་ཧཱུཾ་སྔོན་པོ་འབར་འཇིག་པས། །ཞེས་གསུངས་པས་གླུས་བསྐུལ་བའི་རྐྱེན་ གྱིས་འོད་ཀྱིས་གོང་བུ་ལས་ས་བོན་ཧཱུཾ་དང་ཨཾ་སྔོན་པོ་འབར་ཞིང་འཇིག་པར་བསྒོམ། དེ་ཉིད་ འོད་ཟེར་དང་བཅས་པས་མངལ་གྱི་གནས་སྐབས་བཅུ་ཆར་མཚོན་པ་ཡིན་ནོ། ། 21-1-330 དེ་ཡང་འབྲས་བུ་རྡོ་རྗེ་འཛིན་པའི་སྐུ་མདོག་ཕྱག་མཚན་སོགས་ནི། རྒྱུད་ལས། ཞལ་ བརྒྱད་པ་ལ་ཞབས་བཞི་པ། །ཕྱག་ནི་བཅུ་དྲུག་དག་གིས་བརྒྱན། །བདུད་བཞི་རྣམ་པར་ མནན་པ་ཉིད། །འཇིགས་པའང་འཇིགས་པར་མཛད་པ་པོ། །མགོ་བོའི་ཕྲེང་བའི་དོ་ཤལ་ མཛད། །ཉི་མར་བཞུགས་ཤིང་རོལ་པར་བཅས། ཁ་དོག་སྔོན་པོ་འཇིགས་ཆེན་པོ། །སྣ་ ཚོགས་རྡོ་རྗེ་སྤྱི་བོར་འཛིན། །ཉིད་ཀྱི་ཞལ་ནས་ཧཱུཾ་སྤྲོ་ཞིང༌། །ཐལ་བའི་ལུས་ལ་བྱུགས་པ་ཉིད། ། ཅེས་དང༌། རྩ་བའི་ཞལ་ནི་ནག་པོ་ཆེ། །གཡས་པའི་ཞལ་ནི་ཀུནྡ་མཚུངས། །གཡོན་པ་དམར་ པོ་ཆེར་འཇིགས་པ། །སྤྱི་བོའི་ཞལ་ནི་གཙིགས་པ་ཅན། །སྤྱན་ནི་ཉི་ཤུ་རྩ་བཞི་ཆེ། །ལྷག་མའི་ ཞལ་ནི་བུང་བ་བཞིན། །ཞེས་དང༌། གླང་པོ་རྟ་བོང་གླང་རྔ་མོང༌། །མི་དང་ཤ་ར་བྷ་བྱི་ལ། ། གཡས་པའི་ཐོད་པ་བརྒྱད་པོ་ལ། །གཉིས་འཐུང་ལ་སོགས་རིམ་ཤེས་བྱ། །ས་དང་ཆུ་དང་མེ་ དང་ནི། །རླུང་དང་ཟླ་བ་ཉི་མ་ཉིད། །མཐར་བྱེད་དང་ནི་གནོད་སྦྱིན་ཉིད། གཡོན་པའི་ཐོད་ པ་བརྒྱད་ནའོ། །ཞེས་གསུངས་སོ། །མངོན་རྟོགས་དཀྱུས་གོ་སླ་ཞིང༌། སྟེང་ཞལ་དུད་ཁ་ནི་ སྤོས་དུད་ཀྱི་ཁ་དོག་ལྟ་བུ་སྔོ་བསངས་ཡིན་ལ། སྟེང་ཞལ་གཙིགས་པ་སྟེ་མཆེ་བ་ཆེར་མངོན་ པ་ཨམ་གཙིགས་ལྟ་བུའོ། །རྗེ་བཙུན་གོང་མ་རྣམས་ཀྱི་ཡིག་ཆ་ལས་རྒྱབ་ཞལ་བཞི་ནག་པོ་ ཞེས་པ་ཁོ་ནར་གསུངས། བར་གྱི་བླ་མ་རྣམས་གཡས་གཡོན་གྱི་ཞལ་མ་ཡིན་གྱི། རྒྱབ་ཞལ་ མི་བྱེད་པར་ལྷག་པ་ཅུང་ཟད་ཡོད་པར་བྱས་པར་བཞེད། ཤ་ར་བྷ་ནི་སེངྒེ་རྐང་པ་བརྒྱད་པ་ ཞེས་པ་སོགས་དང་དཔྱི་གཉིས་སུ་ཡང་གཤོག་པ་རེ་རེ་ཡོད་པས་རྐང་པ་བརྒྱད་པར་བཏགས་ ལ། དབྱིབས་སེངྒེ་ལྟ་བུ་ལ་ལུག་གི་རྭ་ལྟ་བུའི་རྭ་དང་ལྡན་པ་ཁ་དོག་སྔོན་པོ་ཡོད་པའོ། ། སའི་ལྷ་ནི་སའི་ལྷ་མོ་ཡིན་ལ། གཞན་རྣམས་ནི་ལྷ་ཕོའོ། །ཞབས་གཡས་གཉིས་བརྐྱང་ བའི་བརླ་ལ་གཡོན་གཉིས་བསྐུམ་པའི་སོར་མོ་རྣམས་བསྟད་པའི་སྐྱིལ་ཀྲུང་ཕྱེད་པ་དང༌། མདུན་མ་གཉིས་བརྐྱང་བསྐུམ། རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་མཛད་པ་ 21-1-331 གཉིས་ཀ་ལ་ལུང་རྣམ་པར་དག་པ་ཡོད་པས་གཉིས་ཀ་འཐད་པས། ཕྱོགས་གཅིག་ལ་ཨ་ལ་ འཐད་པར་གང་བདེ་བྱ་ཞིང༌། ས་ལུགས་པ་མ་གཏོགས་པའི་གཞན་བོད་ཀྱི་ཀྱཻ་རྡོར་བ་ཐམས་ ཅད་ནི་ཞབས་ཀྱི་བཞུགས་སྟབས་ཕྱི་མ་འདི་ཁོ་ན་བཞེད་ཅིང༌། ས་ལུགས་ལ་ཡང་རྗེ་བཙུན་ གོང་མ་རྣམས་ཀྱི་ཐུགས་དམ་བྲིས་སྐུ་ཡིད་ཆེས་པ་ཅན་སོགས་ལས་ནི་ཕྱི་མ་འདི་ཁོ་ན་འབྱུང༌། རྒྱུད་འདིར་རུས་པའི་རྒྱན་ལྔ་གསལ་ཏེ། ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །ཞེས་ཆོས་སྐུ་རྡོ་རྗེ་ འཆང་ལ་ཡང་ཕྱག་རྒྱ་ལྔར་བཤད། སྤྱོད་པའི་སྐབས་སུ་ཐལ་བ་ཡང་བཤད་པས། སེར་རལ་ ཁ་ཡང་མན་ངག་གིས་སྦྱར་ནས་རྒྱན་དྲུག ས་སྐྱ་བ་ཕྱི་མ་རྣམས་དབུ་གཅིག་ལ་ཞལ་བརྒྱད་ དུ་བཞེད་ཀྱི། དབུ་བརྒྱད་གཏན་ནས་མི་འཐད་པར་འདོད་ཀྱང༌། དེ་མ་ཐག་ཏུ་དབུ་རེ་རེ་ལ་ མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་པ་ཞེས་འདོན་པ་དང་འགལ། དེས་ན་དབུ་བརྒྱད་འདོད་ པ་དང་ཞལ་བརྒྱད་དུ་འདོད་པའང་གཉིས་ཀ་ཕྱོགས་རེར་མ་ལྷུང་བ་བྱ་ཞིང༌། རྗེ་བཙུན་གོང་ མ་རྣམས་དབུ་བརྒྱད་དུ་འདོད་པ་ཤས་ཆེའོ། །ཕྱག་བཅུ་དྲུག་རེ་རེ་ལའང་དཔུང་པ་རེ། དེ་རེ་ རེ་ལ་སོག་པ་རེ་རེའོ། །བདག་མེད་མའང་དཀྱུས་བཞིན་ནོ། །དེ་ལྟར་འབྲས་བུ་རྡོ་རྗེ་འཛིན་ པ་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྐྱེད་པ་ནི། མའི་མངལ་ནས་བཙས་པ་མཚོན་པ་དང་། སྤྲུལ་ པའི་སྐུ་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་སྐུ་བལྟམས་པ་མཚོན་ནོ། ། ལྔ་པ་འོད་ཟེར་སྤྲོ་བསྡུའི་ཞིང་སྦྱོང་བ་ནི། ཡབ་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ། ཞེས་ སོགས་ལྷ་རྣམས་ཀྱི་ཐུགས་ཀར་ས་བོན་གདན་དང་བཅས་པ་ཙམ་བསྒོམས་པས་ཀྱང་སེམས་ དཔའ་སུམ་བརྩེགས་དོན་གྱིས་སྒོམ་པ་ཡིན་ཏེ། དེ་ཡང་ས་བོན་གྱི་ཡི་གེ་གདན་དང་བཅས་ པ་ནི་ཡེ་ཤེས་སེམས་དཔའ་དང༌། ཟླ་ཕྱེད་ཐིག་ལེ་ནཱ་ད་རྣམས་ནི་ཏིང་ངེ་འཛིན་སེམས་དཔའ་ འོ། །འདི་ལ་སློབ་དཔོན་མི་ཐུབ་ཟླ་བའི་སྒྲུབ་ཐབས་ཡན་ལག་དྲུག་པར་སེམས་དཔའ་སུམ་ བརྩེགས་དངོས་སུ་བསྐྱེད་པར་བཤད་དེ། འདིས་ནི་མངལ་ནས་བཙས་པའི་སེམས་ཅན་གྱི་ 21-1-332 སེམས་ཀྱི་ནུས་པ་གོང་ནས་གོང་དུ་འཕེལ་བ་དང་། སྤྲུལ་པའི་སྐུ་བསྟིམ་ནས་ཡེ་ཤེས་ལྷག་ པར་སྤྲོ་བ་མཚོན་པ་ཡིན་ནོ། །དེ་རྣམས་ལས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ ཁང༌། བཅུད་ཀྱི་སེམས་ཅན་རེ་རེ་བཞིན་ཡང་ལྷ་དགུ་དགུར་མོས་པ་བྱ། དེ་ལྟར་འོད་ཟེར་ སྤྲོ་བསྡུའི་ཞིང་སྦྱངས་པ་ནི། སྣོད་བཅུད་དུ་འཛིན་པའི་འདུ་ཤེས་རགས་པ་ལྷག་པར་རྒྱས་པ་ དང༌། རྫོགས་སྨིན་སྦྱང་གསུམ་གྱི་ལྷག་མའང་ཅི་རིགས་པར་སྤྱོད་པ་མཚོན་པ་ཡིན་ནོ། །དྲུག་ པ་སྐྱེ་མཆེད་བྱིན་གྱིས་བརླབས་པ་ནི། དེ་ཐམས་ཅད་ཀྱི་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་ ཀྱི་དབང་རྟེན་སོ་སོ་དང༌། དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་ལྷ་རྣམས་ཀྱི་མིང་ཡིག་དང་པོ་ ལ་སོགས་པ་རྣམས་ཐིག་ལེས་བརྒྱན་པ་ལས་གཏི་མུག་རྡོ་རྗེ་མ་སོགས་སྐྱེ་མཆེད་སོ་སོའི་ལྷར་ བསྒོམས་ཤིང༌། དེ་ཡང་མིག་སོགས་སུ་ལྷ་མོ་དེ་དག་གིས་སྤྲོས་པར་སྒོམ་པ་ཡིན་གྱི། མིག་ སོགས་ཉིད་དེ་དང་དེར་བསྒོམ་པ་ནི་མ་ཡིན་ལ། སྐུ་མདོག་ཕྱག་མཚན་དཀྱུས་བཞིན་ནོ། །དེ་ རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ནུས་པ་འཕེལ་བ་དང༌། སྐུ་གསུང་ཐུགས་ཀྱི་མཛད་པས་ གདུལ་བྱ་ཡོངས་སུ་སྨིན་པར་མཛད་པ་མཚོན་ནོ། །གཉིས་པ་ཡེ་ཤེས་པ་གཞུག་པ་ནི་རང་ གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ལ་མཆོད་དེ་ དགུག་གཞུག་བྱ་བ་སོགས་དཀྱུས་བཞིན་ནོ། ། དེ་རྣམས་ཀྱིས་ལོ་བཅུ་དྲུག་གམ་བཅུ་གཉིས་ལོན་པ་ན། འདོད་པའི་ཡུལ་རྣམས་ལ་བྱེ་ བྲག་ཕྱེད་པས་ལུས་སེམས་ཀྱི་མཐུ་ཡོངས་སུ་རྫོགས་པ་དང༌། ཁྱིམ་ནས་ཁྱིམ་མེད་པར་རབ་ ཏུ་བྱུང་སྟེ་ཆགས་བྲལ་བརྙེས་པའི་ཚུལ་སྟོན་པ་མཚོན་པ་ཡིན་ནོ། །དེ་དག་ནི་རྗེས་ཆགས་ཀྱི་ ཡན་ལག་ཡིན་ཏེ། མངོན་བྱང་གི་ཚེ་ཉི་ཟླ་ཁ་སྦྱོར་གྱི་རྗེས་ཆགས་དང༌། རྒྱུ་རྡོ་རྗེ་འཛིན་པ་ དང་འབྲས་བུ་རྡོ་རྗེ་འཛིན་པ་ཞལ་སྦྱོར་གྱི་རྣམ་པ་ཅན་གྱི་རྗེས་ཆགས་དང༌། དམ་ཚིག་སེམས་ དཔའ་ལ་ཡེ་ཤེས་སེམས་དཔའ་བསྟིམས་ནས་བདེ་བ་ཆེན་པོ་སྐྱེ་བ་དང༌། འཁོར་གྱི་ལྷ་མོ་སྤྲོ་ 21-1-333 བ་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་བ་གཉིས་ནི་རྗེས་ཆགས་དངོས་ཡིན་པས་སོ། །དེ་ལྟར་རྗེས་ ཆགས་དེ་རྣམས་རྡོ་རྗེ་སེམས་དཔའི་ཡན་ལག་ཡིན་ཏེ། རྡོ་རྗེ་སེམས་དཔའ་ནི་བདེ་བ་ཆེན་ པོའི་ངོ་བོ་དང་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཡིན་ལ། ཡན་ལག་འདི་ཡང་བདེ་བ་ཆེན་ པོའི་ལམ་དངོས་དང་ཡན་ལག་དྲུག་གི་གཙོ་བོ་ཡིན་པ་དང༌། ཡང་རྡོ་རྗེ་སེམས་དཔའ་སངས་ རྒྱས་ཐམས་ཅད་ཀྱི་རྩ་བ་ཡིན་པ་དང༌། ཡན་ལག་འདི་ཡང་སྒྲུབ་ཐབས་ཀྱི་རྩ་བ་ཡིན་པས་དེ་ དང་ཆ་མཐུན་པའོ། །གསུམ་པ་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་ལ། དབང་བསྐུར་ བ་དང༌། རྒྱས་གདབ་པ་གཉིས། དང་པོ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་ནག་པོ་ལྕགས་ ཀྱུ་ལྟ་བུ་འཕྲོས། དབང་གི་ལྷ་རིགས་ལྔ་སོགས་གདན་གསུམ་ཚང་བའི་ལྷ་ཚོགས་སྤྱན་དྲངས་ ལ་མཆོད་དེ་གསོལ་བ་བཏབ་དབང་བསྐུར་ཏེ། དེ་ཡང་རྒྱུད་གཞན་ལས་རིགས་ལྔས་དབང་ བསྐུར་བའི་དགོངས་པ་མཛད། ཡུམ་བཞིའི་དབང་བསྐུར་བ་སོགས་བཤད་མོད། འདིར་ རིགས་ལྔ་ཉིད་ཀྱིས་དབང་བསྐུར། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་ མཆོད་པ་བྱས་པར་བཤད་དོ། ། རྒྱུད་ལས། སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པས་གཟུགས་ཀྱི་དེ་བཞིན་གཤེགས་ པ་ལྔའི་བདག་ཉིད་ཀྱིས། བདུད་རྩི་ལྔས་གང་བའི་བུམ་པ་ལྔས་དབང་བསྐུར་བྱའོ། །དབང་ བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །གུར་ གུམ་གྱི་ཆར་འབབ་པར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་ བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླང་ངོ༌། །ཞེས་གསུངས་སོ། །དེ་ཡང་ སྨིན་མཚམས་ཀྱི་འཁོར་ལོ་དང༌། མགྲིན་པ་དང༌། སྙིང་ག་རྣམས་རིམ་པ་བཞིན་དུ་ལུས་ ངག་ཡིད་གསུམ་གྱི་སྣང་བ་འབྱུང་བའི་རྩ་ཡིག་གི་གནས་ཡིན་པའི་ཕྱིར་སྐུ་གསུང་ཐུགས་ཀྱི་ 21-1-334 གནས་སུ་འཇོག་པ་དང༌། ལུས་ཀྱི་དྲི་མ་དག་བྱེད་བུམ་དབང༌། ངག་གི་དྲི་མ་དག་བྱེད་གསང་ དབང༌། ཡིད་ཀྱི་དྲི་མ་དག་བྱེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་པས་དབང་གི་ཆུ་རྒྱུན་གྱིས་ སྨིན་མཚམས་ཡན་ཆད་གང༌། བུམ་པའི་དབང་ཐོབ། བུམ་དབང་གི་ལམ་གྱི་མཐར་ཐུག་པ་ བསྐྱེད་རིམ་གྱི་རྒྱན་ཕྲ་མོ་ཚུན་ཆད་གསལ་འདེབས་པ་ཡིན་ལ། དེ་མཚོན་དོན་དུ། སྤྱི་བོའི་ འཁོར་ལོ་མི་བསྐྱོད་པ་སོགས་བརྗོད་དོ། །མགྲིན་པ་ཡན་ཆད་གང༌། གསང་དབང་ཐོབ་པའི་ དེའི་ལམ་རང་བྱིན་རླབས་ཀྱི་མཐར་ཐུག་པ་འཁོར་ལོ་བཞི་ཕྱག་རྒྱ་བཞིར་མོས་པ་སྟེ། ལྟེ་བ་ སྤྲུལ་པའི་འཁོར་ལོ་ཞེས་སོགས་ཀྱི་བརྗོད། སྙིང་ག་ཡན་ཆད་གང་བས་ཤེར་དབང་ཐོབ་སྟེ། སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་རླབས་དྲན་པར་བྱ་སྟེ་དེའི་དོན་དཀྱིལ་འཁོར་འཁོར་ལོའི་ ལམ་བསྒོམས་པས་མཐར་ཐུག་ཏུ་རྩ་རྣམས་བྱང་ཆུབ་ཀྱི་སེམས་ཀྱིས་སྐྱེ་མཆེད་དབང་པོའི་སྒོ་ ཐམས་ཅད་ཀྱང་གང་བས་འཇུག་ཤེས་དྲུག་བདེ་སྟོང་གི་ཡེ་ཤེས་འཆར་ཚུལ་ཡིན་ནོ། ། མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་བརྗོད། དབང་བཞི་པ་དྲི་མ་མཐའ་དག་སྦྱོང་བྱེད་ ཡིན་པའི་ཕྱིར་བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་གང་བ་ལ་སྦྱོར་ཞིང༌། དེའི་མཐར་རྒྱས་ གདབ་བྱེད་པ་ཡིན་པས་ཆུ་དེའི་ནང་ནས་དྭངས་མའམ་གཙོ་བོ་ཞིག་ཡར་བྱུང་སྤྱི་བོར་འཁྱིལ་ བ་ལས་རིགས་བདག་འབྱུང་བ་ནི། དབང་བཞི་པའི་ལམ་རྡོ་རྗེའི་རྦ་རླབས་ཀྱི་སྐབས་སུ་བྱང་ ཆུབ་སེམས་ཀྱི་བསྒྲོད་པ་དང༌། རྩ་རྣམས་གཙུག་གཏོར་ཏུ་ཐིམས་པ་མཚོན། དེ་ལྟར་སྔར་ བཤད་པ་རྣམས་ཀྱི་སྟེང་དུ་དབང་བསྐུར་བས། ལྷའི་རྣལ་འབྱོར་མ་ཚང་བ་མེད་པ་ཡིན་ཞིང༌། དེ་ཉིད་རང་རང་གི་རིགས་དང་རྗེས་སུ་འབྲེལ་ནས་ལས་ཀྱི་མཐའ་ལ་གནས་པ་དང༌། བྱང་ ཆུབ་ཆེན་པོར་སངས་རྒྱས་རྣམས་ཀྱི་དབང་བསྐུར་བའི་རྐྱེན་གྱིས་མངོན་པར་རྫོགས་པར་ སངས་རྒྱས་པའི་མཛད་པ་སྟོན་པ་མཚོན་ནོ། ། གཉིས་པ་ནི། སྤྱིར་རྒྱས་གདབ་ལ། ངོ་བོ་ཉིད་ཀྱི་རྒྱ། ལུས་ལ་སེམས་ཀྱི། སེམས་ལ་ 21-1-335 ལུས་ཀྱི། རྒྱུ་ལ་འབྲས་བུའི། འབྲས་བུ་ལ་རྒྱུའི་རྒྱས་གདབ་སྟེ་ལྔ་པོ་འདིས་ཆོས་ཐམས་ཅད་ ལ་རྒྱས་གདབ་པར་བྱ་བ་ཡིན། །དེ་ཡང་ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པ་ནི་ངོ་ བོ་ཉིད་ཀྱི་རྒྱས་གདབ་པའོ། །གཟུགས་ཅན་དུ་སྣང་བ་ཐམས་ཅད་རྣམ་པར་རིག་པ་ཙམ་ཡིན་ པས་ལུས་ལ་སེམས་ཀྱིས་རྒྱ། སེམས་ཉིད་ཁམས་གསུམ་གྱི་དངོས་པོར་སྣང་བ་ནི་སེམས་ལ་ ལུས་ཀྱི་རྒྱ། དངོས་པོ་ཐམས་ཅད་རྒྱུ་འབྲས་ཕན་ཚུན་འབྲེལ་བ་ཅན་ཡིན་པ་ནི་རྒྱུ་ལ་འབྲས་བུ་ དང༌། འབྲས་བུ་ལ་རྒྱུའི་རྒྱའོ། །འདིར་གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པས་རྒྱས་གདབ་པ་ནི་ ངོ་བོ་ཉིད་ཀྱི་རྒྱ་སྟེ། གཙོ་བོ་ཡབ་ཡུམ་ཞེ་སྡང་རྣམ་པར་དག་པ་དང་རྡོ་རྗེའི་རིགས་ཡིན་ལ། མི་ བསྐྱོད་བའང་དེ་ཡིན་པས་སོ། །གཽ་རཱི་དང་པུཀྐ་སཱི་ལ་མི་བསྐྱོད་པས་རྒྱས་གདབ་པ་ནི་ལུས་ལ་ སེམས་ཀྱི་རྒྱ་སྟེ་གཽ་རཱི་ནི་རྣམ་པར་སྣང་མཛད་ལྷ་མོར་བསྟན་པ་ཡིན་ལ། རྣམ་སྣང་ནི་གཟུགས་ ཕུང་དག་པ་ཡིན། པུཀྐ་སཱི་ནི་ས་ཁམས་རྣམ་དག་ཡིན། དེ་ཡང་གཟུགས་སུ་འདུས་པའི་ལུས་ ཡིན་ལ། མི་བསྐྱོད་པ་ནི་རྣམ་ཤེས་རྣམ་པར་དག་པ་སེམས་ཡིན་པས་སོ། །རྒྱུད་ལས་རྡོ་རྗེ་ སྙིང་པོས་གསོལ་བ། ས་ནི་པུཀྐ་སཱིར་བཤད་པ། །གང་ཕྱིར་གཏི་མུག་སྲ་བ་ཉིད། །སྐུ་ནི་རྣམ་ སྣང་ཉིད་གསུང་ན། །ཇི་ལྟར་མི་བསྐྱོད་ཕྱག་རྒྱ་ལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། སེམས་སྤངས་ནས་ནི་ལུས་ཀྱི་ནི། །མཛེས་པ་གཞན་དུ་མི་འགྱུར་རོ། །དེ་ཕྱིར་རྣམ་པར་ སྣང་མཛད་སེམས། །སྐུ་ལ་ཐུགས་ཀྱི་ཕྱག་རྒྱས་གདབ། །ཅེས་སོ། །ཙཽ་རཱི་དང་ཤ་བ་རི་ལ་རྣམ་ སྣང་གི་རྒྱས་གདབ་པ་ནི། སེམས་ལ་ལུས་ཀྱི་རྒྱ་སྟེ། ཙཽ་རཱི་ནི་སྒྲ་རྣམ་དག་ཡིན། སྒྲ་རྡོ་རྗེ་མ་མི་ བསྐྱོད་པའི་རིགས་ཡིན་པས་དེ་དགོངས་ཤིང༌། ཤཱ་བཱ་རི་ཆུ་རྣམ་དག །དོན་དུ་དེ་གཉིས་རྣམ་ ཤེས་རྣམ་དག་གི་ངོ་བོ་སེམས་ཡིན་ལ་རྣམ་པར་སྣང་མཛད་ལུས་རྣམ་པར་དག་པ་ཡིན་པས་ སོ། །རྒྱུད་ལས། ལུས་སྤངས་ནས་ནི་སེམས་ཀྱི་ནི། །གནས་པ་གཞན་དུ་མཐོང་མི་འགྱུར། ། གང་ཕྱིར་སེམས་ནི་གཏི་མུག་འགྱུར། །ཐུགས་ལ་གཏི་མུག་ཕྱག་རྒྱས་བཏབ། །ཅེས་སོ། །བཻ་ 21-1-336 ཏ་ལཱི་དང་ཙནྡྲ་ལཱི་ལ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་གདབ་པ་ནི་རྒྱུ་ལ་འབྲས་བུའི་རྒྱ་སྟེ། བཻ་ཏཱ་ ལི་འདོད་ཆགས་རྣམ་དག་འོད་དཔག་མེད་ལྷ་མོར་བསྟན་པ་དང༌། ཙནྡྲ་ལཱི་མེ་རྣམ་དག་ཡིན་ པས་དེ་གཉིས་ཀ་འདོད་ཆགས་རྣམ་དག་ཡིན་ལ། རྒྱུ་འདོད་ཆགས་ལས་འབྲས་བུ་ལོངས་ སྤྱོད་ལ་བརྐམ་པའི་སེར་སྣ་དང༌། འདོད་པའི་དངོས་པོ་དེ་སྙམ་དུ་ང་རྒྱལ་སྐྱེ། རིན་འབྱུང་ནི་ ང་རྒྱལ་དང་སེར་སྣ་རྣམ་དག་ཡིན་པས་སོ། །རྒྱུད་ལས། གང་ཕྱིར་འདོད་ཆགས་ཁྲག་བཤད་ པ། ཁྲག་ནི་རིན་ཆེན་འབྱུང་ལྡན་ཉིད། །དྲོད་ནི་ཁྲག་གི་རང་བཞིན་ཕྱིར། །འདོད་ཆགས་སེར་ སྣས་ཕྱག་རྒྱས་གདབ། །ཅེས་སོ། །གྷསྨ་རཱི་དང་ཌོམྦྷི་ནཱི་ལ་འོད་དཔག་མེད་ཀྱི་རྒྱས་གདབ་པ་ ནི་འབྲས་བུ་ལ་རྒྱུའི་རྒྱ་སྟེ། གྷསྨཱ་རཱི་ཕྲག་དོག་རྣམ་དག་དང༌། ཌོམྦྷི་ནཱི་རླུང་རྣམ་དག་སྟེ་གཉིས་ ཀ་ཕྲག་དོག་རྣམ་དག་ཡིན་ལ། རྒྱུ་བདག་ཉིད་ལ་ཆགས་པའི་རྐྱེན་གྱིས། འབྲས་བུ་གཞན་གྱི་ ཕུན་སུམ་ཚོགས་ལ་སྡང་བའི་ཕྲག་དོག་འབྱུང༌། འོད་དཔག་མེད་འདོད་ཆགས་རྣམ་དག་ཡིན་ པས་སོ། །རྒྱུད་ལས། འདོད་ཆགས་མ་གཏོགས་ཕྲག་དོག་ནི། །གཞན་དུ་འབྱུང་བ་མ་ཡིན་ཏེ། ། དེའི་ཕྱིར་འདོད་ཆགས་ཕྱག་རྒྱ་ཡིས། །མཁས་པས་གཡུང་མོ་ཕྱག་རྒྱ་གདབ། །ཅེས་སོ། ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ། མངོན་པར་དབང་བསྐུར་བ། བཛྲ་སྭ་བྷཱ་ཝ་ཨཏྨ་ ཀོ྅ཧཾ། ཞེས་ང་རྒྱལ་བཟུང་ངོ༌། །དེ་ལྟར་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་ཡིན་ཏེ། དབང་བསྐུར་བ་ནི་བུམ་པའི་ཆུའི་བྱ་བ་དང་འབྲེལ་བ་ཡིན་ལ། ཆུ་ཁམས་རྣམ་པར་དག་པ་མ་ མཱ་ཀི་དང༌། མ་མཱ་ཀི་མི་བསྐྱོད་པའི་ཡུམ་ཡིན་པས་སོ། །ལྷ་ལ་དབང་བསྐུར་བའི་བྱ་བ་ཡོངས་ སུ་རྫོགས་པ་ན། དེ་ཉིད་ཀྱི་ང་རྒྱལ་བཟུང་བར་བྱ་བ་ཡིན་ཏེ། དབང་བསྐུར་བའི་ཡན་ལག་ གིས་མཚམས་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ། །འདི་ནི་འོག་ནས་འབྱུང་བའི་ཡན་ལག་ཕྱི་མ་ གསུམ་ལའང་རིགས་འགྲེའོ། ། བཞི་པ་བདུད་རྩི་མྱངས་པ་འོད་དཔག་མེད་ཀྱི་ཡན་ལག་ནི་ནང་མཆོད་དངོས་སུ་ཡོད་ན་ 21-1-337 དེའམ་བསམ་པས་ཀྱང་རུང་སྟེ། གསང་བ་འདུས་པ་ལས། ཤ་རྣམས་ཐམས་ཅད་མེད་ན་ཡང༌། ། ཐམས་ཅད་བསམ་པའི་རྣམ་པར་གཞག །རྡོ་རྗེའི་སྦྱོར་བ་འདི་ཡིས་ནི། །སངས་རྒྱས་ཐམས་ ཅད་བྱིན་གྱིས་བརླབས། །ཞེས་བྱའོ། །གང་ལྟར་དེ་ལ་དམིགས་ཏེ། ཨ་མྲྀ་ཏས་བསངས། སྭ་ བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་བརྡུང་བ་ལྟ་བུ་ སྟེ་ཟླ་གམ་འཆང་ཟུང་དང་མཆོག་མ་ལ་ཡཾ་དང་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་ མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། ༀ་ཨཱཿཧཱུཾ་ལས་མི་མགོའི་སྒྱེད་ བུ་ལ་གནས་པའི་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བར་རང་ལ་བསྟན་པ་ཡངས་ཤིང་ རྒྱ་ཆེ་བ། དེའི་ནང་དུ་ཨ་ལས་ཟླ་བའི་སྟེང་དུ་ས་བོན་ལས་ཤ་ལྔ་དང་བདུད་རྩི་ལྔ་བསྐྱེད། དེ་ རྣམས་ཀྱི་མཐོ་གང་ཙམ་གྱི་ནམ་མཁའ་ལ་དེ་རྣམས་བྱིན་རླབས་བྱེད། ཡེ་ཤེས་ལྔའི་ས་བོན་ རྣམས་བསྐྱེད། ཟླ་བའི་མཐར་ཨཱ་ལི་ཀཱ་ལི་བསྒོམ། འདི་ལ་གཞུང་གི་ཟིན་པོ་མེད་ཀྱང་མན་ ངག་ཡིན། དེ་རྣམས་ཀྱི་སྟེང་གི་ནམ་མཁར་ༀ་དཀར་པོ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། འདི་ལ་ཨཱ་དམར་པོ་དོན་གྱིས་དགོས། དེའི་སྟེང་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་སྟེ་ ཡིག་འབྲུ་གསུམ་གའང་བདུད་རྩིའི་འཛག་པའི་ཕྱིར་མགོ་བོ་ཐུར་བསྟན་ཡིན། རྡོ་རྗེའི་ལྟེ་བའི་ ཧཱུཾ་ལས་འོད་ཟེར་འོག་ཏུ་འཕྲོས། རླུང་གཡོས་མེ་སྦར། ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་རྣམས་ འོད་དུ་ཞུ་ཞིང་བསྐོལ་བས་ཁ་དོག་དམར་སེར་དུ་འགྱུར། དེའི་རླངས་པ་གྱེན་དུ་ལ་སོང་བ་ སོགས་དཀྱུས་བཞིན་ཡིན་ཅིང༌། དེ་རྣམས་དམ་ཚིག་པའི་བདུད་རྩིའོ། །དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡང་དག་པའི་ཡེ་ཤེས་ཀྱི་བདུད་རྩི་རྣམས་ཧེ་རུ་ཀ་སྟེ་ཀྱཻ་རྡོ་ རྗེ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཐོད་པ། གྲུ་མོར་ཁ་ཊྭཱཾ་ག་འཛིན་པ་ནི་ཡེ་ཤེས་ཀྱི་བདུད་ རྩི་སྟེ། དེ་སྤྱན་དྲངས་བསྟིམས་ནས་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར་གྱི་བར་དུ་དཀྱུས་བཞིན། ཤ་ལྔ་བདུད་རྩི་ལྔའི་མ་དག་པའི་ཆ་རྣམས་དག་སྟེ་མི་སྣང་བར་བྱས་པ་ནི་སྦྱངས་པ། དེ་ཉིད་ 21-1-338 ཡེ་ཤེས་སུ་རྟོགས་པ་ནི་རྟོགས་པ། རྒྱ་ཆེ་ཤིང་ཟད་མི་ཤེས་པར་སྤེལ་བ་ནི་སྦར་བ། དེ་ཡང་ ཁོལ་ཞིང་ལུད་པའི་སྐབས་མ་དག་པའི་ཆ་ཤས་དང་རགས་པ་རྣམས་ཕྱིར་བོ་བའམ་མེད་པར་ བསམ་པ་གང་རུང་བྱ། ༀ་ཨཱཿཧཱུཾ་གསུམ་ནི་སྦྱངས་རྟོགས་སྤར་གསུམ་གྱི་སྔགས་ཡིན་ལ། ཧ་ ཞེས་བརྗོད་པའི་སྐབས་བདུད་རྩིའི་སྟེང་དུ་ཧ་སེར་པོ་བསམ་སྟེ་བདུད་རྩི་ལ་ཐིམ་པས་ཁ་དོག་ ཕུན་སུམ་ཚོགས་པར་བསམ། ཧོ་དཀར་པོ་བསམ་ནས་ཧོཿཞེས་བརྗོད་ཅིང་ཐིམ་པས་དྲི་ཕུན་ སུམ་ཚོགས་པ། ཧྲཱི་སྔོན་པོ་བསམ་བརྗོད་བྱས་ཤིང་ཐིམ་པས་རོ་ཕུན་སུམ་ཚོགས་པར་བསམ་ ལ་ཕྱག་རྒྱ་རྣམས་དཀྱུས་བཞིན་ནོ། ། འབུལ་བ་ནི། རྒྱས་པར་ན་རྩ་རྒྱུད་ཀྱི་བླ་མ་རྣམས་ཀྱིས་མཚན་ནས་སྨོས་ཏེ་འབྲུ་གསུམ་ སྦྱར་བ་དང༌། ལྷ་སོ་སོའི་སྔགས་ཀྱིས་ཕུལ། བསྡུ་ན་ལྷ་རྣམས་ཀྱི་ལྗགས་ཀྱི་རྩེ་རྡོ་རྗེ་ནས་ འབྲས་བུ་ཙམ་ལས་བྱུང་བའི་འོད་ཀྱི་སྦུ་གུས་དྲངས་ནས་གསོལ་བར་བསམ་ཞིང༌། ༀ་ཨཱཿཧཱུཾ་ ཞེས་བརྗོད། ༀ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏེ། བདུད་རྩི། སྭ་ད་ན། མྱང་བ། བཛྲ་སྭ་བྷ་ཝ་ཨཱརྨ་ ཀོ྅ཧཾ་གི་ང་རྒྱལ་བཟུང་ངོ༌། །བདུད་རྩི་མྱང་བ་ནང་གི་མཆོད་པ་ཡིན་ན་ཡང་མཆོད་པའི་ཡན་ ལག་ལས་འདིར་ཟུར་དུ་ཕྱུང་བ་ཡིན། རྒྱལ་བ་རིགས་དྲུག་གི་དག་པའི་མངོན་རྟོགས་ཡན་ ལག་དྲུག་འཇོག་དགོས་པའི་རྒྱུ་མཚན་གྱིས་སོ། །དེ་ལྟར་ན་བདུད་རྩི་མྱང་བ་འོད་དཔག་མེད་ ཀྱི་ཡན་ལག་ཡིན་ཏེ། བདུད་རྩི་ནི་མགྲིན་པར་མྱང་བ་ཡིན་ལ། མགྲིན་པ་ནི་ངག་གི་གནས་ ཡིན་པའི་ཕྱིར་དང༌། ངག་རྣམ་པར་དག་པ་འོད་དཔག་མེད་ཡིན་པས་སོ། །ལྔ་པ་མཆོད་པ་ དོན་ཡོད་གྲུབ་པའི་ཡན་ལག་ནི། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་རྣམས་སྤྲོས་ཏེ་མཆོད་ པར་བསམ་ཞིང༌། དཀར་མོ་རི་དྭགས་སོགས་བརྗོད། དོན་ནི་བརྗོད་ཟིན་ཏོ། ། ༀ་སརྦ་ཏ་ཐཱ་གཱ་ཏ་པཱུ་ཛ། མཆོད་པ། བཛྲ་སོགས་ཀྱིས་ང་རྒྱལ་བཟུང་ངོ༌། །མཆོད་པ་ དོན་ཡོད་གྲུབ་པའི་ཡན་ལག་ཡིན་ཏེ། ལྷ་རྣམས་འཕྲིན་ལས་ལ་བསྐུལ་པ་ནི་མཆོད་པ་ལ་ 21-1-339 རག་ལས་ཤིང༌། དོན་ཡོད་གྲུབ་པའང་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་ངོ་བོ་ཡིན་ པས་སོ། །དྲུག་པ་བསྟོད་པར་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་ནི། ཁྱོད་ནི་སོགས་བརྗོད་ ཅིང་བསྟོད་པར་བསམ་ལ། དོན་ནི། དཀྱིལ་འཁོར་གྱི་གཙོ་བོ་ཁྱོད་ཀྱི་རྡོ་རྗེ་བདག་མེད་རྣལ་ འབྱོར་མ་ཚོགས་ལྷ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ཟག་མེད་ཀྱི་བདེ་བ་ལ་ལོངས་ སྤྱོད་པས་ན་ལོངས་སྤྱོད་རྫོགས་པ་དང་ཁ་སྦྱོར་དང་བདེ་བ་ཆེན་པོ་སྟེ་ལོངས་སྐུའི་ཡན་ལག་ གསུམ་དང༌། ཁྱོད་ནི། ཉིད་ཀྱི་ཐུགས་ཀྱི་མཆོག་ཏེ་དེ་ཁོ་ན་ཉིད་བརྙེས་པས་རང་བཞིན་མེད་ པ་ཆོས་སྐུའི་ཡན་ལག་དང༌། ཁྱེད་ཀྱིས་རྒྱུ་བ་སེམས་ཅན་དང་མི་རྒྱུ་བའི་སྣོད་ཀྱིས་འཇིག་རྟེན་ སོགས་སྣ་ཚོགས་པས་སྤྲུལ་པ་སྣ་ཚོགས་པ་སྤྲུལ་ནས་འགྲོ་བ་ཀུན་བརྒྱན་དེ་དོན་མཛད་ཅིང༌། སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་རྣམས་སྡུག་བསྔལ་ལས་སད་པར་མཛད་ཅིང༌། སྒྱུ་མའི་ སྤྲོས་པ་རྡོ་རྗེ་སྟེ་ཆོས་ཀྱི་སྐུར་སྒྲུབ་པར་མཛད་པའི་ཡིད་ཧེ་རུ་ཀ་དཔལ་ཞེས་པ་དེ་རྣམས་ཀྱི་ སྙིང་རྗེ་ཆེན་པོ་དངོས་སུ་བསྟན་ཅིང༌། རྒྱུན་མི་འཆད་པ་དང་འགག་པ་མེད་པའང་དོན་གྱིས་ བསྟན་པས་སྤྲུལ་པའི་སྐུའི་ཡན་ལག་བདུན་དང་ལྡན་པ། བདེ་སྟོང་ཟུང་དུ་འཇུག་པའི་རྡོ་རྗེ་ ལུས་ངག་ཡིད་ཀྱིས་བསྟོད་པས་དགྱེས་པར་མཛོད། དེ་ལྟར་མཆོད་བསྟོད་བྱས་ནས་ཐུགས་ ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་སླར་ཐུགས་ཀར་བསྡུ་བའོ། ། ༀ་སརྦ་ཏ་ཐཱ་ག་ཏ་སཱུ་ཏི་ར། བསྟོད་པ་བཛྲ་སོགས་ཀྱིས་ང་རྒྱལ་བཟུང་ངོ༌། །བསྟོད་པ་ རིན་ཆེན་འབྱུང་ལྡན་གྱི་ཡན་ལག་ཡིན་ཏེ། རིན་ཆེན་འབྱུང་ལྡན་སངས་རྒྱས་ཐམས་ཅད་ཀྱི་ ཡོན་ཏན་གྱི་ངོ་བོ་ཡིན་ཅིང༌། བསྟོད་པ་ཡང་ཡོན་ཏན་བརྗོད་པའི་ཚིག་ཡིན་པས་སོ། །དེ་ ལྟར་བདུད་རྩི་མྱང་བ་དང་མཆོད་པ་དང༌། བསྟོད་པ་སྟེ་ཡན་ལག་གསུམ་བསྒོམས་པས་གཞི་ འཁོར་བའི་ཆོས་ལ་སེམས་ཅན་རྣམས་གནས་དང་ལོངས་སྤྱོད་དང་ཉེ་བར་ལོངས་སྤྱོད་པ་ རྣམས་ལ་རང་དབང་དུ་གྱུར་པའི་ལོངས་སྤྱོད་པ་མཚོན་པས་སྦྱོངས་ལ། འབྲས་བུའི་ཆོས་ལ་ 21-1-340 མངོན་པར་རྫོགས་པར་སངས་རྒྱས་ནས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པ་དང༌། བསྟོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ལམ་དུ་བྱེད་པ་ཡིན་ནོ། །དེ་ལྟར་ན་ བསྐྱེད་རིམ་གྱི་དམིགས་པའི་གཙོ་བོ་ཐམས་ཅད་ལ་སྦྱང་བྱ་འཁོར་བའི་རྣམ་པ་དང་མཐུན་ པས་དེ་སྦྱོང་བ་དང༌། སྦྱང་འབྲས་མྱ་ངན་ལས་འདས་པའི་རྣམ་པ་དང་མཐུན་པས་འབྲས་བུ་ ལམ་དུ་བྱེད་པ་གཉིས་ཚང་དགོས་ཤིང༌། དེ་དག་བླ་མ་གོང་མ་རྣམས་ཀྱིས་མར་བལྟས་འཁོར་ བའི་འདྲ་འབག་དང་མཐུན་པ་དང༌། ཡར་བལྟས་རྣམ་བྱང་གི་འདྲ་འབག་མཐུན་པ་ཞེས་ གསུངས་སོ། །དེ་དག་ཀྱང་འཕགས་པ་རིན་པོ་ཆེས། ཁམས་དྲུག་ཡུལ་དྲུག་དབང་པོ་དྲུག ། རྣམ་ཤེས་དྲུག་དང་ཉོན་མོངས་དྲུག །ཁ་དོག་དྲུག་དང་རིགས་དྲུག་དང༌། །ཕུང་པོ་དབྱིབས་ དང་བཅས་པ་དྲུག །སྦྱངས་ནས་རྒྱལ་བ་རིགས་དྲུག་གོ །ཐོབ་བྱེད་ཡན་ལག་དྲུག་པ་འདི། ། རྒྱལ་བས་རྡོ་རྗེ་གུར་ལས་གསུངས། །ཞེས་གསུངས་སོ། ། གཉིས་པ་ལྷའི་རྣམ་པ་ལ་དམིགས་པ་ནི། ལྷ་ཡི་རྣམ་པ་ལ་བསླབ་པ་དང༌། ང་རྒྱལ་ལ་ བསླབ་པ་དང་གཉིས་སུ་འདུས་ཤིང༌། ལྷའི་རྣམ་པ་ལ་བསླབ་པ་ལ། གཙོ་བོ་དཀྱིལ་འཁོར་ ཐམས་ཅད་ཅིག་ཅར་དུ་གསལ་འདེབས་པ་དང༌། རིམ་གྱི་གསལ་འདེབས་པ་གཉིས་ལས། གཉིས་ཀ་ལ་གསལ་འདེབས་ལུགས་མི་འདྲ་བ་མང་ན་ཡང༌། བརྒྱུད་པ་འདི་དང་རྗེས་སུ་ འབྲེལ་བ་ནི་མཚོ་སྐྱེས་ལུགས་ཀྱི་ལམ་བསྐོར་ནས་འབྱུང་བ་ལྟར་དམིགས་ཐུན་སུམ་ཅུ་སོ་ གཉིས་དང༌། དག་པ་གསུམ་གྱི་ཁྲིད་ནས་འབྱུང་བ་ལྟར་དམིགས་ཐུན་བདུན་དང༌། བིརྺ་པའི་ ཐུན་མོང་མ་ཡིན་པའི་ལུགས་ལ་དམིགས་ཐུན་བཅུ་བདུན་འབྱུང་བ་སྟེ་ལུགས་གསུམ་དུ་ཡོད། གཉིས་པ་ང་རྒྱལ་ལ་བསླབ་པ་ནི། བདག་ཉིད་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་དངོས་ཡིན་སྙམ་ པ་སྤྱིར་བསླབ་པ་དང༌། བྱེ་བྲག་ཏུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་ ཆ་ཤས་རེ་རེ་ལ་བསླབ་པར་བྱ་བ་ཡིན་ཞིང༌། དེ་ཡང་བདག་ཉིད་ཀྱིས་སྒོམ་པའི་ཞལ་བརྒྱད་ 21-1-341 ནི། ཀྱཻ་རྡོ་རྗེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྣམ་ཐར་བརྒྱད་ཀྱི་ཡེ་ཤེས་ཡིན་པ་ སོགས་ཐམས་ཅད་ལ་སོ་སོ་ནས་བསླབ་པར་བྱ་བ་ཡིན་ནོ། །དེ་ལ་ཐ་མལ་གྱི་སྣང་བའི་གཉེན་ པོ་ལྷའི་རྣམ་པ་ལ་བསླབ་པ་དང༌། ཐ་མལ་དུ་འཛིན་པའི་གཉེན་པོར་ལྷའི་ང་རྒྱལ་ལ་བསླབ་ པ་ཡིན་ནོ། །ལམ་འདི་གཉིས་བསྒོམས་པས་གསལ་སྣང་ཐོབ་པའི་ཚེ། སྡུག་བསྔལ་བདེན་ པའི་སྣང་བ་མངོན་གྱུར་པ་འགག་ཅིང་འཁོར་བ་སྤོང་བ་ཡིན་ཏེ། སློབ་དཔོན་སངས་རྒྱས་ཡེ་ ཤེས་ཞབས་ཀྱིས། ཐ་མལ་རྣམ་རྟོག་རྒྱུན་འདི་མ་གཏོགས་པ། །སྲིད་པར་སྡུག་བསྔལ་གཞན་ ནི་ཡོད་མ་ཡིན། །དེ་དང་རྣམ་པ་འགལ་བར་གྱུར་པའི་ཡིད། །དེས་ནི་མངོན་སུམ་དུ་ནི་རྟོགས་ པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་རང་བཞིན་ཅན། །གང་ཡིན་དེས་ནི་ཀུན་རྟོག་འཆར་མི་ བྱེད། །ཅེས་གསུངས་སོ། ། གཞན་ཡང་ལྷའི་རྣམ་པ་དང༌། མོས་པ་བསྒོམས་པས་གྲོལ་བར་འགྱུར་བ་ནི་ལམ་བྱེད་ བཞི་ཚང་བའི་རྒྱུ་མཚན་གྱིས་ཡིན་ནོ། །ལམ་བྱེད་བཞི་མངོན་བྱང་གི་སྐབས་སུའང་བཤད་ ཟིན་མོད། འདིར་བསྐྱེད་རིམ་སྤྱི་ལ་སྦྱོར་ཚུལ་སྤྱིར་བཤད་ན། འབྲས་བུ་ལམ་དུ་བྱེད་པ། རྣམ་ པ་ལམ་དུ་བྱེད་པ། མོས་པ་ལམ་དུ་བྱེད་པ། བྱིན་རླབས་ལམ་དུ་བྱེད་པ་སྟེ་བཞི། དང་པོ་ནི། བསྐྱེད་རིམ་གྱི་དམིགས་པ་ལ། འབྲས་བུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ དང་བཅས་པར་མོས་ཤིང་ཞེན་པས་དེ་ཉིད་ཐོབ་པར་འགྱུར་བ་ཡིན་ཏེ། ནོར་བུའི་འོད་ལ་ ནོར་བུ་ཞེན་པས་ནོར་བུ་ཐོབ་པ་བཞིན་ནོ། །གཉིས་པ་ནི། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ ཀྱི་རྣམ་པ་ཡིད་ལ་བྱས་པས་དེ་རྣམས་ཐོབ་པར་འགྱུར་བ་ཡིན་ཏེ། དཔེར་ན་བསམ་གཏན་པ་ འགའ་ཞིག་གིས་མེའི་རྣམ་པ་ཡིད་ལ་བྱས་པས་ཟད་པར་མེའི་ཏིང་ངེ་འཛིན་ཐོབ་ནས་བདུད་ ཀྱི་གནས་སུ་མེ་སྤྲུལ་ནུས་པ་བཞིན་ནོ། །གསུམ་པ་ནི། དེ་ལྟར་སྒོམ་པའི་དཀྱིལ་འཁོར་ལ་ དེ་བཞིན་གཤེགས་པ་རྣམས་ཀྱིས་དཀྱིལ་འཁོར་དངོས་སུ་མོས་པ་མཐར་ཕྱིན་པ་ན་དེ་ཉིད་ 21-1-342 ཐོབ་པར་འགྱུར་བ་ཡིན་ཏེ། ཤཱ་རིའི་བུས་དམྱལ་བའི་གནས་པདྨོའི་ཚལ་དུ་མོས་པས་དངོས་ སུ་པདྨོའི་ཚལ་དུ་འགྱུར་བ་བཞིན་ནོ། །བཞི་པ་ནི། དེ་ལྟར་བསྒོམས་པས་ལྷག་པའི་ལྷས་བྱིན་ གྱིས་བརླབས་ཤིང་དེའི་སྟོབས་ཀྱིས་གྲོལ་བར་འགྱུར་ཏེ། བྱིན་གྱིས་བརླབས་པའི་ཐབས་ སུ་སངས་རྒྱས་ཀྱིས་གསུངས་ཤིང༌། ཡི་དམ་ལྷའི་བྱིན་གྱིས་བརླབས་པ་ཙམ་གྱིས་ཏིང་ངེ་ འཛིན་བཟང་པོ་སྐྱེ་ཤིང༌། ས་དང་ལམ་གྱི་མངོན་པར་རྟོགས་པ་རྒྱུད་ལ་སྐྱེ་བས་མཐར་སངས་ རྒྱས་ཉིད་དུ་འགྱུར་ཏེ། གང་གིས་ལྕི་བའི་ཕུང་པོ་གསེར་དུ་བྱིན་གྱིས་བརླབས་པས་གསེར་དུ་ འགྱུར་བ་བཞིན་ནོ། །དེ་ལྟར་ལམ་བྱེད་བཞི་པོ་འདི་དག་བསྐྱེད་རིམ་ཐམས་ཅད་ཀྱི་དམིགས་ པའི་གཙོ་བོ་ཀུན་ལ་ཚང་བ་དང༌། བསྐྱེད་རིམ་ཐམས་ཅད་ཀྱི་རྣལ་འབྱོར་པ་ལ་འཇུག་པ་ནས་ བརྩམས་ཏེ་ལྷ་སྐུ་ལ་སེམས་འཛིན་པའི་བར་ཐམས་ཅད་དུ་ལྷའི་རྣམ་པ་ལ་བསླབ་པ་དང༌། ང་ རྒྱལ་ལ་བསླབ་པ་གཉིས་ཚང་དགོས་ཤིང༌། གཉིས་ཀའང་རྒྱ་ཆེ་བ་དང་གསལ་བའི་ངོ་བོ་ཡིན་ ལ། དེ་དག་སྟོང་ཉིད་རྟོགས་པའི་ལྟ་བས་ཟིན་པའི་ཚེ། ཟབ་པའི་རྣམ་འབྱོར་ཡང་ཡིན་པས་ ཟབ་པ་དང་རྒྱ་ཆེ་བའམ། ཟབ་གསལ་གཉིས་སུ་མེད་པ་ལ་བསླབ་པ་ཡིན་ནོ། ། གཉིས་པ་རྫོགས་རིམ་ནི། གང་ལ་གནད་དུ་བསྣུན་པའི་གཞི་རྟེན་དཀྱིལ་འཁོར་ བཞིའམ། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་སེམས་ཏེ་གསུམ་དུ་གྲགས་པའོ། ། དབང་གོང་མ་གསུམ་དང་འབྲེལ་བའི་རྫོགས་རིམ་གྱི་རྣམ་བཞག་ཞིབ་མོར་གཏན་ལ་དབབ་ དགོས་མོད། རྒྱས་པར་གཞན་དུ་ཤེས་པར་བྱའོ། །སྐབས་འདིར་དཀྱིལ་འཁོར་བསྡུ་བའམ་ བཟླས་པའི་མཐར་བསྡུ་བས་ཀྱང་རུང་སྟེ་དག་པ་དྲན་པ་དང༌། བཟླས་པ་ནི་རྗེས་སྤྱོད་ཡིན་ པའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་གསལ་གདབ་དགོས་པའི་ངེས་པ་ མེད་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་གསལ་བཞིན་པའི་ངང་ནས་དེ་ཉིད་ བསྒོམས་ཤིང་བཟླས་ན་ཤིན་ཏུ་ལེགས་པའང་ཡིན་པས་སོ། ། 21-1-343 གཉིས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ། དག་པ་དྲན་པ། བཟླས་པའི་རྣལ་ འབྱོར། གཏོར་མའི་རྣལ་འབྱོར། ཟས་ཀྱི་རྣལ་འབྱོར། སྤྱོད་ལམ་གྱི་རྣལ་འབྱོར། ཉལ་བའི་ རྣལ་འབྱོར། ལྡང་བའི་རྣལ་འབྱོར། ཁྲུས་ཀྱི་རྣལ་འབྱོར་དང་བརྒྱད་དོ། །དང་པོ་ནི། སྙིང་ རྗེས་སྤྱན་ནི་དམར་པོ་ལ། །ཞེས་པ་ལ་སོགས་པ་ངག་ཏུ་བརྗོད་ཅིང་དོན་ཞིབ་མོར་བསམ་ པ་ཡིན་ལ། ཡན་ལག་ཀུན་ལ་རྡོར་འཛིན་མགོན། །ཞེས་པ་མཚོ་སྐྱེས་ཀྱི་སྒྲུབ་ཐབས་ནས་ འབྱུང་བ་ཡིན་ཅིང༌། གཞན་རྣམས་ནི་རྩ་རྒྱུད་ནས་འབྱུང་བ་ལྟར་ཉེ་བར་བསྡུས་པའོ། །དེ་ ཡང་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ངོ་བོ་རོ་གཅིག་པའི་བདག་ཉིད་ཀྱི་སྐུ་ལ་སྤྱན་གསུམ་ དམར་བ་ནི་སྙིང་རྗེ་ཆེན་པོས་འགྲོ་བ་ལ་རྗེས་སུ་ཆགས་པ། འབྲོག་མིའི་འགྱུར་དུ། བྱམས་ པའི་ཐུགས་ལ་ཡན་ལག་གནག །ཅེས་འབྱུང་བ། ལུས་ཀྱི་སྐད་དོད་ཡན་ལག་ལ་བསྒྱུར་བ་ ཡིན་ལ། སྐུ་མདོག་གནག་པ་ནི་ཐུགས་བྱམས་པ་ཆེན་པོ་ལ་འགྱུར་བ་མེད་པ། ཞབས་བཞི་ནི་ སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་སྟེ་བསྡུ་དངོས་བཞིའོ། ། དེ་དག་གིས་ཕུང་པོའི་བདུད་དང༌། ལྷའི་བུའི་བདུད་དང༌། འཆི་བདག་གི་བདུད་དང༌། ཉོན་ མོངས་པའི་བདུད་སྟེ། གདུལ་བྱ་གཞན་རྒྱུད་ལ་གནས་པ་དེ་དག་མཐའ་དག་འཇོམས་པ་ནི་ རིམ་པ་བཞིན་དུ་ཚངས་པ། དབང་པོ། ཉེ་དབང་དྲག་པོ་རྣམས་སོ། །མདུན་གྱི་ཞབས་གཡོན་ བསྐུམས་པ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་འཁོར་བའི་མཐའ་ལ་མི་གནས་པ་དང༌། གཡས་བརྐྱང་པ་ནི་ཐུགས་རྗེ་ཆེན་པོས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པ་དང༌། རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་གནས་པ་ནི། ཐབས་ཤེས་ཟུང་དུ་འཇུག་ པས། རྟག་ཆད་ཀྱི་མཐའ་དང་བྲལ་བ་དབུ་མ་ལ་གནས་པ་དང༌། མི་གནས་པའི་མྱ་ངན་ ལས་འདས་པ་ཡིན་ནོ། །ཞབས་བཞི་ཆར་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་སུ་མཛད་པ་ལྟར་ ན། གཡོན་གཉིས་བསྐུམ་པས་འཁོར་བ་ལ་མི་གནས་པ་དང༌། གཡས་གཉིས་བརྐྱངས་པས། 21-1-344 མྱང་འདས་ཀྱི་མཐའ་གཉིས་ལ་མི་གནས་པ་དང༌། དེ་གཉིས་བསྡོམས་པས་ཐབས་ཤེས་ཟུང་ འཇུག་ཏུ་མཚོན་པ་ཡིན་ནོ། ། ཞལ་བརྒྱད་ནི་རྣམ་ཐར་བརྒྱད། དེ་ལ་སྔགས་དང་ཕ་རོལ་ཏུ་ཕྱིན་པ་ནས་བཤད་པ་ གཉིས་མིང་མཐུན་ཤིང་དོན་ཁྱབ་པར་ཆེར་མེད་མོད། འདིར་ཐེག་པ་ཐུན་མོང་གི་དབང་དུ་ བྱས་ནས་སངས་རྒྱས་ཀྱི་སའི་གཟུགས་ཅན་གཟུགས་ལ་བལྟ་བ་སོགས་བརྒྱད་ལས། རྩ་ ཞལ་ནི་གཟུགས་ཅན་གཟུགས་ལ་བལྟ་བའི་རྣམ་ཐར། གཡས་ཞལ་གཟུགས་མེད་གཟུགས་ ལ་བལྟ་བའི་རྣམ་ཐར། གཡོན་ཞལ་ཁྱད་པར་སྡུག་པའི་རྣམ་ཐར། སྟེང་ཞལ་འགོག་པའི་རྣམ་ ཐར། ཞལ་ལྷག་མ་བཞི་ནི་གཟུགས་མེད་གྱི་རྣམ་ཐར་བཞིའོ། །ཕྱག་བཅུ་དྲུག་ནི་སྟོང་ཉིད་ བཅུ་དྲུག བཅུ་དྲུག་པོ་ཤེར་ཕྱིན་གྱི་མདོ་དང་འགྲེལ་པ་ཆེ་ཆུང་ནས་འབྱུང་བ་ལྟ་བུར་རུང་མོད། སཾ་བྷུ་ཊ་ནས་འབྱུང་བ་དང༌། དབུས་མཐའ་རྩ་འགྲེལ་ནས་འབྱུང་བ་དགོངས་པ་གཅིག་ཏུ་ཡོད་ པས་དེ་བཟུང་ངོ༌། །བཅུ་དྲུག་ནི་ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང༌། ཆེན་པོ། སྟོང་ཉིད་དང༌། དོན་དམ་པ་འདུས་བྱས། འདུས་མ་བྱས། མཐའ་ལས་འདས་པ། ཐོག་མ་དང་ ཐ་མ་མེད་པ། དོར་བ་མེད་པ། རང་བཞིན༌། རང་གི་མི་སྟོང་གི་མཚན་མ་ཉིད། ཆོས་ཐམས་ ཅད། དངོས་པོ་མེད་པ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམས་སོ། །དེ་ལ་དང་པོ་ དྲུག་ནི་མཐོང་བྱ་དང་མཐོང་ཚུལ་གྱི་སྒོ་ནས་བཞག་པ་ཡིན་ལ། སྟོང་ཉིད་ཕྱི་མ་གཉིས་ནི་རང་ གི་ངོ་བོ་སྟོང་མི་སྟོང་གི་ཚུལ་གྱིས་སྒོ་ནས་བཞག་པ་ཡིན་ཅིང༌། དེ་བརྒྱད་ནི། གཡས་ཀྱི་ཕྱག་ བརྒྱད་དོ། །སྟོང་ཉིད་བར་བ་བརྒྱད་ནི་གཡོན་གྱི་ཕྱག་བརྒྱད་དོ། །ཐོད་པ་བཅུ་དྲུག་ནི་ཕྱག་ བཅུ་དྲུག་དང་སྦྱོར་རྒྱུའི་བདེ་བ་ཆེན་པོ་བཅུ་དྲུག་སྟེ་དགའ་བ་བཅུ་དྲུག་གི་རྣམ་པ་ཅན་ནོ། ། གཡས་པའི་ཕྱག་ན་གནས་པའི་སྲོག་ཆགས་བརྒྱད་ནི། རྡོ་རྗེ་གུར་ལས། གློ་དང་འབུར་ དང་དེ་བཞིན་སྨྱོ། ཁོང་སྐམ་མཛེ་དང་ཤྲི་ཛི་ཀ །མཆིན་པ་མཚེར་པའི་ནད་རྣམས་ལ། །གླང་ 21-1-345 པོ་ལ་སོགས་རིམ་ཤེས་བྱ། །ཞེས་གསུངས་པ་ལྟར་སེམས་ཅན་གྱི་ནད་བརྒྱད་མཚོན་པ་ཡིན་ ལ། དེ་རྣམས་ཁ་ནང་དུ་བལྟ་བ་ནི། སྐུ་ལ་བསྡུ་བའི་ཚུལ་གྱིས་ནད་དེ་རྣམས་སེལ་བར་མཚོན། གཡོན་གྱི་ཐོད་པའི་ནང་གི་ལྷ་བརྒྱད་ནི་དབང་ཕྱུག་བརྒྱད་མཚོན་པ་དང༌། དེ་རྣམས་སེམས་ ཅན་ལ་སྩོལ་བ་ནི་གདོང་ཕྱིར་བསྟན་པས་མཚོན་པ་ཡིན། འདི་ལ་བླ་མ་གོང་མའི་ཡིག་ཆ་ འགའ་རེར་ཡང༌། སྐུ་ཡི་དབང་ཕྱུག་དང་ནི་གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་ཐུགས་ ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཀུན་ཏུ་འགྲོ་བའི་དབང་ཕྱུག་དང༌། །ཅི་འདོད་འཕྲིན་ལས་ ཡོན་ཏན་བརྒྱད་པའོ། །ཞེས་པ་འདི་བྲིས་པ་ཙམ་མཛད། ཕྱིས་ཀྱི་ས་ལུགས་པའི་རྣམ་བཤད་ ཐམས་ཅད་ལ་ཕྱག་མཚན་གྱི་དག་སྦྱོར་ཡོན་ཏན་བརྒྱད་དེ་ལ་ངོས་འཛིན་མཛད། གཡས་ གཡོན་གྱི་དག་པ་ཆེ་ཆུང་ངོ་སྙོམས་པ་འདྲ་ཞིང༌། ཡང་ཁ་ཅིག །ཕྲ་ཞིང་ཡང་ལ་ཕྲ་བར་ནུས་པ་ དང༌། །སྤྱོད་པར་ནུས་དང་བདག་ཉིད་ཆེན་པོ་དང༌། །དགའ་བར་མགུ་བྱེད་ཐམས་ཅད་དབང་ དུ་བྱེད། །ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། །ཞེས་པ་ལྟར་གྱི་ཕྲ་ཡང་ལ་སོགས་པ་ ཐུན་མོང་གི་དངོས་གྲུབ་བརྒྱད་ལ་སྦྱོར་བ་ནི་སྦྱོར་ཚུལ་མི་བདེའོ། །དེས་ན་བླ་མ་གོང་མ་ཕལ་ ཆེར་གྱིས་བཞེད་པ་ལྟར། ཁམས་བརྒྱད་རྣམ་པར་དག་པས་དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་ མཚོན་པ་ཡིན་ནོ། ། དེ་ལྟར་ན་ཁམས་བརྒྱད་པོ་དེ་རྣམས་ཀྱི་སྙིགས་མའི་ཆ་རྣམས་ཟད་ཅིང་དྭངས་མ་རྣམས་ སྟོབས་སུ་གྱུར་ཏེ། དེ་ལས་ས་སྟོབས་སུ་གྱུར་པས་ནི་ལུས་སྲེད་མེད་ཀྱི་བུའི་སྟོབས་དང་ མཚུངས་པར་འགྱུར་བ་དང༌། ཆུ་སྟོབས་སུ་གྱུར་པས་ནི་ལུས་ཀྱི་ནད་ཀུན་བྱང་ཞིང་ཉམས་ དང་ལྡན་པར་འགྱུར་པ་དང༌། མེ་སྟོབས་སུ་གྱུར་པས་གཅིག་དང་དུ་མར་སྣང་བ་སོགས་ཆོ་ འཕྲུལ་སྟོན་ཅིང་ལུས་བཀྲག་མདངས་དང་ལྡན་པ། རླུང་སྟོབས་སུ་གྱུར་པས་ལུས་ཡང་ཞིང་ རླུང་ལྟར་མགྱོགས་པ་དང༌། ནམ་མཁའ་སྟོབས་སུ་གྱུར་པས་སྣོད་བཅུད་ཀྱི་ཁྱབ་པར་མང་ 21-1-346 པོ་སྐྱེ་འཇིག་བྱེད་ནུས་པ་དང༌། ཟླ་བ་སྟེ་བྱང་སེམས་སྟོབས་སུ་གྱུར་པས་ལུས་ཀྱི་དཀར་ཆ་ འཕེལ་ཞིང་སྙིགས་མ་དག་ལུས་ཀྱི་གྲིབ་མ་སོགས་མེད་པར་འགྱུར་བ་དང༌། ཉི་མ་སྟེ་རྡུལ་ སྟོབས་སུ་གྱུར་པས་གཟི་བརྗིད་ཆེ་ཞིང་འོད་འབར་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་པ་དང༌། རྣམ་ཤེས་ཀྱི་ཁམས་སྟོབས་སུ་གྱུར་པས་གསལ་སྟོང་གི་ཏིང་ངེ་འཛིན་གྱི་ནུས་པས་མངོན་པར་ ཤེས་པ་འཐོབ་བོ། ། གུག་སྐྱེད་ནི་ཕྱག་རྒྱའི་དོན་ཡིན་པས་ཕྱག་རྒྱ་ལྔ་ནི་སངས་རྒྱས་ལྔའོ། །དེ་ཡང་ཡེ་ཤེས་ ལྔའི་དག་པར་གནས་པས་ཡེ་ཤེས་ལྔ་ཡོངས་སུ་རྫོགས་པ་མཚོན་ནོ། །ཐལ་ཆེན་གྱི་སྐུ་ལུས་ ཐམས་ཅད་བརྒྱན་པ་ནི་རྡོ་རྗེ་འཆང་དང༌། བདེ་བ་ཆེན་པོའི་ཡེ་ཤེས་ལ་གནས་པ་མཚོན། དེ་ ཡང་སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །ཞེས་སོགས་ཀྱིས་རྒྱས་པར་བཤད་དོ། །ཕྱི་རོལ་དུ་ ལྷ་དང་ལྷ་མོ་ལ་སོགས་པའི་གདུག་པ་ཅན་རྣམས་འདུལ་བ་དང༌། ནང་དུ་རྣམ་པར་རྟོག་པ་ འདུལ་བའི་ཕྱིར་དུ་ཁྲོ་བོའི་སྐུར་སྟོན་པ་དང༌། སྤྱན་གསུམ་ནི་རྡོ་རྗེ་གསུམ་རྣམ་པར་དག་པ། ཤ་པུཀྐ་སཱི། ཁྲག་རི་ཁྲོད་མ། གདོལ་བ་མོ་ཁུ་བ། གཡུང་མོ་རྐང་དང་ཚུལ་རྣམ་པར་དག་པ། ལྤགས་པ་རིམ་པ་བདུན་ནི། དྲན་དང་ཆོས་རབ་འབྱེད་དང་བརྩོན་འགྲུས་དང༌། །དགའ་དང་ ཤིན་ཏུ་སྦྱང་དང་བཏང་སྙོམས་དང༌། །ཏིང་ངེ་འཛིན་ཡན་ལག་བྱང་ཆུབ་ཀྱི་ཡན་ལག་བདུན་ ནོ། ། རྐང་ལག་གི་རུས་པ་བཞི་ནི། སྡུག་བསྔལ། ཀུན་འབྱུང༌། འགོག་པ། ལམ་གྱི་བདེན་པ་སྟེ་ བཞིའོ། །འཁོར་རྣམས་ཀྱི་དག་པ་ནི། རྩ་རྒྱུད་དངོས་བསྟན་ལས་བདག་མེད་ལྷ་མོ་བཅོ་ལྔའི་ དག་པར་གསུངས་པ་རྣམས། སྐབས་འདིར་རྣལ་འབྱོར་མ་ལྷ་དགུར་བསྡུས་པའི་དག་པ་ལ་ སྦྱོར། དེ་ཡང་ས་སྤྱོད་མ་དང་མཁའ་སྤྱོད་མ་ནི་རྡོ་རྗེ་བདག་མེད་མ་དང༌། རྡོ་རྗེ་མ་དང༌། དཀར་ མོ་དང༌། ཆུ་མ་དང༌། རྡོ་རྗེ་མཁའ་འགྲོ་མ་ནི་རིམ་པ་བཞིན་དུ་གཽ་རི་ལ་སོགས་པ་ཕྱོགས་ཀྱི་ལྷ་ 21-1-347 མོ་བཞི་དང་སྦྱོར་བ་ཡིན་ནོ། །དེས་ན་རྣམ་པར་ཤེས་པའི་ཕུང་པོ་དང༌། རེག་བྱ་དང༌། ཆོས་ ཁམས་དང༌། ནམ་མཁའི་ཁམས་རྣམ་པར་དག་པ་ནི་བདག་མེད་མ་དང༌། གཟུགས་ཀྱི་སྐྱེ་ མཆེད་དང་གཟུགས་ཕུང་རྣམ་པར་དག་པ་གཽ་རཱི་དང༌། སྒྲ་དང་ཚོར་བ་རྣམ་པར་དག་པ་ཙཽ་རཱི་ དང༌། དྲི་དང་འདུ་ཤེས་རྣམ་པར་དག་པ་བཻ་ཏཱ་ལི་དང༌། རོ་དང་འདུ་བྱེད་རྣམ་པར་དག་པ་གྷསྨ་ རཱི་དང༌། ས་ཁམས་རྣམ་པར་དག་པ་པུཀྐ་སཱི་དང༌། ཆུ་ཁམས་རྣམ་པར་དག་པ་ཤ་ཝ་རཱི་དང༌། མེ་ཁམས་རྣམ་པར་དག་པ་ཙནྡྲ་ལཱི་དང༌། རླུང་ཁམས་རྣམ་པར་དག་པ་ཌོམྦྷི་ནི་རྣམས་སོ། ། ཇི་སྐད་དུ། རྒྱུད་ལས། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ནི་དཀར་མོ་བཤད། ། འདུ་ཤེས་ཆུའི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་ གྱིས་ནི། །བདག་མེད་རྣལ་འབྱོར་མ་གནས་སོ། །ཞེས་དང༌། གཟུགས་ལ་དཀར་མོར་རྟག་ ཏུ་བཤད། །སྒྲ་ནི་ཆོམ་རྐུན་མར་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རཱི་རབ་ གྲགས། །རེག་ལ་ས་སྤྱོད་མ་ཞེས་བརྗོད། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། །ཞེས་དང༌། ས་ནི་པུཀྐ་སཱི་ཞེས་བཤད། །ཆུ་ནི་རྔོན་པ་མ་ཞེས་བརྗོད། །མེ་ནི་གཏུམ་མོར་ཤེས་པར་བྱ། ། རླུང་ནི་གཡུང་མོར་རབ་ཏུ་གྲགས། །ཞེས་གསུངས་སོ། ། དུག་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔ་ཡི་བདག་ཉིད་ནི། ཕྱོགས་ཀྱི་ལྷ་མོ་རྣམས་དང་ བདག་མེད་མ་ལ་སྦྱར་བའང་རུང་མོད། ཡབ་ཧེ་རུ་ཀའི་དཀྱིལ་འཁོར་འདིར་གཙོ་བོ་ཉིད་ལ་ སྦྱོར་བ་ཡིན་ཅིང༌། ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་ཚེ་འཕར་མ་ནང་མའི་ལྷ་རྣམས་ལ་སྦྱོར་ བ་ཡིན་ནོ། །དེ་ལྟར་བདག་མེད་མ་སྐུ་མདོག་ནག་མོ་ནི་ཆོས་ཉིད་འགྱུར་བ་མེད་པ་མཚོན། གཡས་ཀྱི་གྲི་གུག་གིས་ནི་རྩ་ཉོན་དྲུག་གཅོད། གཡོན་གྱི་ཐོད་པ་ནི་དངོས་པོ་དང་དངོས་པོ་ མེད་པའི་རྣམ་པར་རྟོག་པ་མཐའ་དག་འཇོམས་པ་དང༌། ནང་གི་ཁྲག་ནི་བདུད་བཞིའི་ཁྲག་ སྟེ་དེ་བཏུལ་བ་དང༌། དེ་བཞིན་ཉིད་ཀྱི་བདག་ཉིད་ཞལ་གཅིག །ཐབས་ཤེས་ཀྱི་བདག་ཉིད་ 21-1-348 ཀྱི་ཕྱག་གཉིས་མའོ། །གཽ་རཱི་སྐུ་མདོག་ནག་མོ་ནི་ཆོས་ཉིད་མི་འགྱུར་པས་ནག་མོ། གཡོན་ གྱི་ཉ་འདོད་ཆགས། གཡས་ཀྱི་གྲི་གུག་གིས་དེ་གཅོད་པ་མཚོན་ནོ། །ཙཽ་རཱི་ནི་སེམས་ཅན་ལ་ རྗེས་སུ་ཆགས་པའི་ཁ་དོག་དམར་མོ། གཡོན་དུ་གཏི་མུག་གི་རང་བཞིན་ཕག་པ། གཡས་ ཀྱི་ཌ་མ་རུས་གཏི་མུག་གི་གཉིད་ནས་སློང་བ། རོ་ལངས་མ་སྐུ་མདོག་སེར་མོ་ནི་ཡོན་ཏན་ རྒྱས་པ། གཡས་ཀྱི་རུས་སྦལ་ནི་ཕྲག་དོག གཡོན་གྱི་བདུད་རྩིས་དེ་སེལ་བ་མཚོན། གྷསྨ་རཱི་ སྐུ་མདོག་ལྗང་གུ་ནི་འཕྲིན་ལས་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་པ། གཡས་པའི་སྤྲུལ་ གྱིས་ཞེ་སྡང་དང༌། གཡོན་གྱི་ཐོད་པའི་བདུད་རྩིས་དེ་སེལ་བ་མཚོན། པུཀྐ་སཱི་སྐུ་མདོག་སྔོན་ མོ་ནི་ཆོས་ཉིད་མི་འགྱུར་བ། གཡས་ཀྱི་སེངྒེ་ནི་ང་རྒྱལ། གཡོན་གྱི་དགྲ་སྟས་དེ་གཅོད་པ་ མཚོན། རི་ཁྲོད་མ་སྐུ་མདོག་དཀར་མོ་ནི་རང་བཞིན་གྱི་རྟོག་པ་དང་བྲལ་བ། གཡས་ཀྱི་དགེ་ སློང་ནི་བདག་ལྟ་འཇོམས་པ། གཡོན་གྱི་གསིལ་བྱེད་ནི་སེར་སྣའི་མདུད་པ། གདོལ་བ་མོ་སྔོ་ བསངས་ནི་སེམས་ཅན་གྱི་དོན་ལ་ཆགས་པ། གཡས་ཀྱི་འཁོར་ལོ་ནི་ཆོས་འཁོར་བསྐོར་བ། གཡོན་གྱི་ཐོད་པ་ནི་ཉོན་མོངས་པའི་ཐལ་བ་རློག་པ་མཚོན་ནོ། ། གཡུང་མོ་འཕྲིན་ལས་སྣ་ཚོགས་པས་སེམས་ཅན་གྱི་དོན་མཛད་པས་ཁ་དོག་སྣ་ཚོགས་ པ། རྣམ་རྟོག་གི་རི་བོ་བདག་མེད་པའི་རྡོ་རྗེས་བསྙིལ་བས་གཡས་རྡོ་རྗེ། གཡོན་གདུག་པ་ ཅན་ལ་བསྡིགས་པའི་སྡིགས་མཛུབ་བོ། །གཙོ་འཁོར་ཐམས་ཅད་སྐྲ་གྱེན་དུ་བརྫེས་པ་ནི། ཡེ་ཤེས་གོང་ནས་གོང་དུ་འཕེལ་བ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ་ནི་རིགས་ལྔའི་རང་ བཞིན་གྱིས་རྒྱས་གདབ་པ་དང༌། མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་ནི་སེམས་བྱུང་ལྔ་བཅུ་རྣམ་ པར་དག་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བ་ནི་ཇི་ལྟ་བ་དང་ཇི་སྙེད་པ་ལ་ཡེ་ཤེས་ལྷག་པར་ རྒྱས་པའོ། །སྐབས་འདིར་གདོལ་བ་མོ་ནི། རྩ་རྒྱུད་ལས། གཏུམ་མོ་ནམ་མཁའི་སྔོ་བསངས་ མ། །ཞེས་གསུངས་པ་དཀྱུས་ལྟར་ཡིན་ལ། རྒྱུད་རྒྱས་པའི་རྗེས་སུ་འབྲངས་ནས་སྒྲུབ་ཐབས་ 21-1-349 མཚོ་སྐྱེས་ལས་སྐུ་མདོག་སྔོ་དམར་དུ་བཤད། དེའི་རྗེས་སུ་འབྲང་བའི་སྒྲུབ་ཐབས་ཀྱང་མང་ དུ་ཡོད་པས། དེ་ལྟར་ན་དེས་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ཆོས་བསྟན་པ་མཚོན། གདོལ་པ་མོའི་གཡོན་གྱི་ཐོད་པ་ནི་ཐེ་ཚོམ་གྱི་ཐ་བ་རློག་པ་དང༌། གཡུང་མོའི་གཡས་ཀྱི་རྡོ་རྗེ་ ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་མཚོན་པར་བླ་མ་གོང་མའི་གསུང་རྒྱུན་འགའ་ཞིག་ ལས་འབྱུང་བ་ཤིན་ཏུ་ལེགས་པར་ཡང་མངོན་ནོ། ། གཡུང་མོ་ཁ་དོག་སྣ་ཚོགས་པར་བཤད་པ་ལ། འགའ་ཞིག་གིས་ལྗང་གུར་འདོད་པ་ དང༌། འགའ་ཞིག་གིས་ཕུག་རོན་གྱི་མགྲིན་པ་ལྟར་མདངས་སྣ་ཚོགས་པ་འཆར་བར་འདོད་ པ་དང༌། འགའ་ཞིག་གིས་ཐིག་ལེ་སྣ་ཚོགས་པས་ལུས་ཐམས་ཅད་ཁྱབ་པར་འདོད་པ་དང༌། འགའ་ཞིག་གིས་ཚོན་སྣ་ལྔ་གཅིག་ཏུ་འདྲེས་པའི་ཁ་དོག་སྣ་ཚོགས་དང་མཚུངས་པར་འདོད་ པ་དང༌། འགའ་ཞིག་རྐང་མཐིལ་རླུང་སོགས་ཀྱི་རིམ་པ་དང་བསྟན་པའི་ཁ་དོག་དང་མཚུངས་ པར་འདོད་པ་དང༌། འགའ་ཞིག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་འབྱུང་བའི་རྡོ་རྗེའི་ལས་ ཀྱི་ཁ་དོག་དང་མཐུན་པར་འདོད་པ་དང༌། འགའ་ཞིག་སུམ་མདོ་དང་ཞལ་རས་དཀར་བ། སྐུ་ སྟོད་ནག་པ། རྐེད་པ་དམར་བ། བར་ལྷུ་གཉིས་དང་བརླ་གཉིས་སེར་བ། ཕྱག་ངར་གཉིས་ དང་ཞབས་ལྗང་གུ་ཡིན་པར་འདོད་པ་སྟེ་ལུགས་བདུན་ག་ཡང་བླ་མའི་མན་ངག་དང་འབྲེལ་ ན་འགལ་བ་མེད་དོ། །དེ་ལྟར་ལྷ་མོ་བརྒྱད་ཀྱི་ཞབས་ཀྱི་འོག་གི་ལྷ་རྣམས་ལ་ཚངས་པ་ནི་ཞི་ བའི་ལས། དབང་པོ་རྒྱས་པའི་ལས། ཉེ་དབང་དབང་གི་ལས། དྲག་པོ་དྲག་པོའི་ལས་སྟེ། སངས་རྒྱས་ཀྱི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པའི་སྔགས་རྒྱུད་ལ། ལས་བཞིས་རང་དོན་ཁོ་ ནར་གཉེར་ཞིང༌། སྡིག་པའི་སེམས་དང་མ་བྲལ་བ་མཚོན་པ་ཡིན། གཤིན་རྗེས་དུས་མ་ཡིན་ པར་འཆི་བ། ནོར་བདག་ནི་ལོངས་སྤྱོད་ལ་རྣམ་པར་གཡེང་བ། སྲིན་པོ་ནི་འཆི་བ་སྣ་ཚོགས་ པ། ཐགས་བཟང་རིས་ནི་ཡིད་སྒྱུར་བར་བྱེད་པ་སྟེ་དེ་རྣམས་མནན་པ་ནི་དེ་རྣམས་བཅོམ་ 21-1-350 པ་མཚོན། དེ་ལྟར་ན་ཡབ་ཀྱི་ཞབས་འོག་གི་བདུད་བཞི་དང༌། ཕྱོགས་ཀྱི་བདུད་བཞི་རྣམས་ གནས་དང་བྱེད་ལས་རྣམས་ཐ་དད་པ་སྟེ། གཙོ་བོའི་ཞབས་འོག་གི་བདུད་བཞི་ནི་གཟུགས་ ཁམས་ཀྱི་བདག་པོ་ཚངས་པ་དང༌། སུམ་ཅུ་རྩ་གསུམ་གྱི་བདག་པོ་བརྒྱ་བྱིན་དང༌། བདུད་ཀྱི་ གཙོ་བོ་གཞན་འཕྲུལ་དབང་བྱེད་པ་དང༌། ལྷ་གསུམ་གྱི་ནང་གི་དབང་ཕྱུག་ཆེན་པོའོ། །ཕྱོགས་ ཀྱིས་བདུད་བཞི་ནི། སྟེང་གི་ཕྱོགས་སྐྱོང་འདོད་པའི་ཁམས་ཀྱི་ཚངས་པ་དང༌། དྲི་ཟའི་གདོན་ གྱི་གཙོ་བོ་སྟེ་ཤར་ཕྱོགས་སྐྱོང་བ་བརྒྱ་བྱིན་དང༌། ལྷ་ཆེན་པོ་ཁྱབ་འཇུག་དང༌། བྱང་ཤར་ གྱི་ཕྱོགས་སྐྱོང་དབང་ལྡན་འབྱུང་པོ་རྣམས་ཡིན་ནོ། །ཞེས་བླ་མ་གོང་མ་རྣམས་གསུངས་སོ། ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཉི་མའི་གདན། ཉོན་མོངས་པའི་ཚ་གདུང་ཞི་བར་ བྱེད་པ་ཟླ་བའི་གདན། ཉེས་པས་མ་གོས་པ་པདྨའི་གདན་གྱིས་མཚོན་ནོ། །དེ་ལྟར་གཙོ་བོའི་ གདན་ཉི་མའི་དཀྱིལ་འཁོར་དུ་ངེས་ཤིང༌། ལྷ་མོ་རྣམས་ལ་རྒྱ་གཞུང་རྣམས་ལས་ཉི་ཟླ་སོ་ སོར་བཤད་པ་སྣ་ཚོགས་ཡོད་ཀྱང་སྐབས་འདིར་ཉི་ཟླ་འདམ་གར་བཞེད་དོ། ཁ་ཅིག་བདག་ མེད་ལྷ་མོ་བཅོ་ལྔའི་ཚེ། ཐམས་ཅད་དྲག་མོ་ཡིན་པའི་ཕྱིར་ཉི་མའི་གདན། ཡབ་ཀྱི་དཀྱིལ་ འཁོར་ལ་ལྷ་མོ་རྣམས་ཅུང་ཟད་ཞི་བའི་ཕྱིར་ཟླ་བའི་གདན་དུ་ངེས་སོ་ཞེས་པ་ནི་ཡང་དག་པ་ མ་ཡིན་ཏེ། འབྱུང་པོ་འདུལ་བྱེད་དང༌། ནག་པོ་ཆེན་པོ་དང་ལྷ་མོ་ཙནྡྲ་ཀ་ལ་སོགས་པ་ཤིན་ཏུ་ ཁྲོས་པའི་ལྷ་རྣམས་ལའང་ཟླ་བའི་གདན་ཡོད་པ་མང་དུ་ཡོད་པའི་ཕྱིར་དང༌། ཡབ་ཀྱི་དཀྱིལ་ འཁོར་གྱི་ལྷ་མོ་བརྒྱད་ལྷ་མོ་བཅོ་ལྔ་ལས་ཞི་བ་ཡིན་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། ། གཞལ་ཡས་ཁང་གི་དག་པ་བརྗོད་པ་ནི། མཉམ་པ་ཉིད་ཀྱི་ཕྱིར་གྲུ་བཞི་པ། ཚད་མེད་ པ་བཞིའི་རང་བཞིན་གྱི་ཟུར་བཞི་པ། རྣམ་པར་ཐར་པ་བཞིའི་རང་བཞིན་གྱི་སྒོ་བཞི་པ། དྲན་ པ་ཉེ་བར་བཞག་པ་བཞི་ནི་འདོད་ཡོན་གྱི་སྣམ་བུ་བཞི། ཡང་དག་པར་སྤོང་བ་བཞི་ནི་ཀ་བ་ བཞིས་བཏེགས་པའི་རྟ་བབ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་སྒོ་ཁྱུད་དང་བཅས་པའི་སྒོ་ 21-1-351 ཁང་བཞི། དབང་པོ་ལྔ་དང་སྟོབས་ལྔ་ནི་རྩིག་པ་རིམ་པ་ལྔ། བྱང་ཆུབ་ཡན་ལག་བདུན་ནི་མེ་ ཏོག་ཕྲེང་བ། འཕགས་ལམ་ཡན་ལག་བརྒྱད་ནི་ཀ་བ་བརྒྱད། ཉོན་མོངས་པའི་སྒྲིབ་པ་སྤངས་ པ་དྲྭ་བ་དྲྭ་ཕྱེད། ཚུལ་ཁྲིམས་གསུམ་གྱི་རང་བཞིན་གྱི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ པའོ། །གཞལ་ཡས་ཁང་གི་གདན་སྣ་ཚོགས་རྡོ་རྗེ་ནི་གང་ཟག་གི་བདག་མེད་པ་མཚོན་ལ། དེ་ཉིད་རྭ་བཅུ་གཉིས་སུ་བྱས་ན་རྟེན་འབྲེལ་བཅུ་གཉིས་རྣམ་པར་དག་པ་མཚོན་ཞིང༌། རྭ་ཉི་ ཤུར་བྱས་ན་འཇིག་ཚོགས་ལ་ལྟ་བ་ཉི་ཤུ་འཇོམས་པ་མཚོན། གདན་པདྨ་ནི་པདྨ་ཆུའི་ནང་དུ་ གནས་ཀྱང་ཆུས་མ་གོས་པ་ལྟར། ཀུན་རྫོབ་སྣ་ཚོགས་པའི་སྣང་བ་འཆར་ཡང་དེས་མ་གོས་ པས་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དེ། ཆོས་ཀྱི་བདག་མེད་ཀྱི་དོན་ཡིན་ལ། བདག་མེད་དེ་ གཉིས་ལ་ཡེ་ཤེས་ཀྱི་སྣང་བ་ལྷག་པར་རྒྱས་པ་ནི། དེ་གཉིས་ཀྱི་བར་ན་གནས་པའི་ཉི་མའི་ དཀྱིལ་འཁོར་གྱིས་མཚོན། དུར་ཁྲོད་ཀྱིས་ནི་འཁོར་བ་མཚོན་ཞིང༌། དེ་བརྒྱད་ནི་རྣམ་ཤེས་ ཚོགས་བརྒྱད་ཀྱིས་བསྡུས་པ་མཚོན་ནོ། ། ཕྱི་རོལ་ཏུ་བསྲུང་བའི་འཁོར་ལོ་ནི་སངས་རྒྱས་རྣམས་ཀྱིས་བདུད་བཞི་དང་སྒྲིབ་པ་ གཉིས་བཅོམ་ཞིང་གཏན་མི་སྐྱེ་བར་བྱེད་པ་མཚོན་ནོ། །གཉིས་པ་བཟླས་པའི་རྣལ་འབྱོར་ ལ། བཟླས་པའི་ཡོ་བྱད། བཟླས་པའི་དམིགས་པ། བཟླ་བྱའི་སྔགས། ཞར་བྱུང་བཟླས་པའི་ དབྱེ་བ་བཤད་པ་དང་བཞིའོ། །དང་པོ་ལ་འཕྲེང་བའི་རྒྱུ་གྲངས། འཕྲེང་ཐག །མདོ་འཛིན། རྒྱུ་ བརྒྱུ་བའི་ཚུལ། བྱིན་རླབས་བྱ་ཚུལ། བགྲང་ཚུལ་དང༌། །བདུན་ནོ། །དང་པོ་ནི། རྒྱུད་ལས། ཤེལ་གྱིས་རེངས་པའི་བཟླས་པ་ཉིད། །དབང་ལ་ཙནྡན་དམར་པོ་ཉིད། །ལུང་ཐང་གིས་ནི་ མངོན་སྤྱོད་ཉིད། །ནི་རིང་ཤུ་ནི་སྡང་པ་ལ། །རྟ་ཡི་རུས་པས་སྐྲོད་པ་ལ། །གླང་པོའི་རུས་པས་ ཆགས་པ་ལ། །བྲམ་ཟེའི་རུས་པས་དགུགས་པ་ཉིད། །མ་ནི་ཡིས་ཀྱང་བསད་པ་ལ། །ཞེས་ དང༌། སམྦུ་ཊི་ལས། ཤེལ་དང་ཉ་ལྕིབས་མུ་ཏིག་དང༌། ཁམས་ནི་དཀར་པོ་ལ་སོགས་གཞན། ། 21-1-352 ཞི་བའི་ལས་ལ་ཁྱད་པར་དུ། །འཕྲེང་བ་ཡི་ནི་མཚན་ཉིད་དུ། །གསེར་དང་དངུལ་དང་ཟངས་ མ་དང༌། །པདྨའི་ས་བོན་ཁྱད་པར་དུ། །རྒྱས་པ་ལ་ནི་འཕྲེང་བ་ཉིད། །རྣམ་པར་མཁས་པས་ བགྲང་བར་བྱ། །གུར་གུམ་ལ་སོགས་དྲི་སོགས་ཀྱིས། །དྲི་ནི་ཐམས་ཅད་ཁྱད་པར་དུ། །སྒྲུབ་ ཤིང་རིལ་བུ་བྱས་ནས་ནི། །དབང་ལ་ཡོངས་སུ་རབ་ཏུ་གྲགས། །རུ་རཀྴ་དང་ལུང་ཐང་དང༌། ། དེ་བཞིན་སྐྱེས་པའི་རུས་པ་ཉིད། །དྲག་པོའི་ལས་ལ་སྦྱར་བར་བྱ། །མངོན་སྤྱོད་ལ་ནི་རབ་ ཏུ་གྲགས། །ཞེས་དང༌། ཞི་རྒྱས་དབང་དང་མངོན་སྤྱོད་ལས། །བོ་དྷི་ཙིས་ནི་ལས་ཀུན་བྱེད། ། ཅེས་གསུངས་ཤིང༌། རྒྱུད་མང་པོ་ལས་མཆོག་སྒྲུབ་པ་ལ་མིའི་ཐོད་ཕྲེང་སྔགས་སོ། །གཉིས་ པ་ནི། སམྦྷུ་ཊི་ལས། སྔགས་ཀྱི་བཟླས་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་པ་ལྷག་པར་བྱ། །མངོན་སྤྱོད་ལས་ནི་དྲུག་ཉིད་དོ། ། ཞེས་སོ། ། གསུམ་པ་ནི། རྡོ་རྗེ་མཁའ་འགྲོ་ལས། ཡང་ན་རས་བ་ལ་སྐུད་པ་ནི། ཞེས་གསུངས་ ཤིང༌། སེམས་དཔའ་བརྒྱད་དང་རྡོ་རྗེ་སེམས་དཔའ་མཚོན་པས་དགུ་སྒྲིལ་དུ་བྱས་ཏེ། སམྦྷུ་ ཊི་ལས། ལྷ་ནི་དགུ་སོགས་སྲད་བུ་ལ། །ལྷ་དགུས་བྱིན་གྱིས་བརླབ་པར་བྱ། །ཞེས་གསུངས་ ཤིང༌། སྡོམ་འབྱུང་ལས། ལས་སོ་སོ་ལ་སྲད་བུའི་ཁྱད་པར་ཡང་སྣ་ཚོགས་གསུངས་སོ། །བཞི་ པ་ནི། མདོ་འཛིན་ཉིས་བརྩེགས་བྱ་ཞིང༌། གོང་མས་ཆོས་དབྱིངས་ཡེ་ཤེས། འོག་མས་སྟོབས་ སོགས་མཚོན་པ་དང༌། སྐུ་གཉིས་ཀྱང་མཚོན་ནོ། །སམྦྷུ་ཊི་ལས། མཆོད་རྟེན་ཆོས་དབྱིངས་ ཕུང་པོའི་རི། །སྟེང་དུ་ཡང་ནི་ཆོས་ཀྱི་དབྱིངས། །ཞེས་སོ། ། ལྔ་པ་ནི། འཕྲེང་ཐག་སངས་རྒྱས་བྱང་སེམས་འཕྲེང་རྡོག་རྣམས་དགྲ་བཅོམ་པར་མོས་ པ་ལས། ངག་ཏུ་ཧཱུཾ་གླུ་ལེན་ཅིང་རྒྱུ་བ་བརྒྱུས་པར་བྱ་སྟེ། སམྦྷུ་ཊིར། ཧཱུཾ་གིས་སྲད་བུར་བརྒྱུས་ པ་ཉིད། །ཅེས་སོ། །དྲུག་པ་ནི་རང་ལྷའི་རྣལ་འབྱོར་དང་ལྡན་པའི་ལག་པ་གཡོན་པའི་སོར་ 21-1-353 མོ་རྣམས་པདྨ་འདབ་མ་ལྔ་པ། ལག་མཐིལ་དུ་ཟླ་བའི་དཀྱིལ་འཁོར་དབྱངས་ཡིག་བཅུ་དྲུག་ གཡོན་བསྐོར་དེའི་ལྟེ་བ་ལ་ཨཱཿལག་པ་གཡས་པའི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པ། ལག་མཐིལ་ དུ་ཉི་མའི་དཀྱིལ་འཁོར་ལ་གསལ་བྱེད་སོ་བཞི་གཡས་སྐོར་དུ་གནས་པའི་ལྟེ་བ་ལ་ཧཱུཾ་བསམ་ ལ། པད་སྐོར་སྔོན་དུ་འགྲོ་བའི་འཕྲེང་བ་བླང་བ་ལག་གཉིས་དབུས་སུ་བཞག འཕྲེང་བ་ལ་ བདུད་རྩི་ཡི་གེ་སུཾ། དཀར་པོ་འོད་ཟེར་འཕྲོ་བར་བསམ། རྡོ་རྗེ་པདྨ་སྙོམས་པར་ཞུགས་པས་ བྱང་ཆུབ་ཀྱི་སེམས་ཀྱིས་སུམ་ལ་ཁྱབ་དེ་འཕྲེང་བ་དང་གཉིས་སུ་མེད་པར་བསམ་ལ། ༀ་པ་ དེ་པ་དེ་མཧཱ་ཛྙཱ་ནཱཾ་སརྦ་མཱ་ལ་དྷརྨ་སཾ་བྷོ་ཏ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཨ་ཁཾ་སྭཧཱ། ཞེས་སྔགས་འདི་འཕྲེང་ སྐོར་གཅིག་བཟླས་ལ་བྱིན་གྱིས་བརླབས། ཕྱིས་བཟླས་ན་ནམ་ཕྱེད་ཀྱི་དུས་སུ་ལན་གསུམ་ མམ་བདུན་ལ་སོགས་པར་བཟླས་ན་སྔགས་ཀྱི་ནུས་པ་བརྟན་པར་འགྱུར་རོ། །སམྦུ་ཊི་ལས། སོར་མོ་རྡོ་རྗེ་རྩེ་མོ་སྟེ། །གཡོན་པ་པདྨའི་རྣམ་པར་བསྒོམ། །པདྨ་རྡོ་རྗེ་སྙོམས་འཇུག་བྱས། ། ཁ་སྦྱར་དབུས་སུ་འཕྲེང་གཞག་ལ། །ཀུན་གྱི་དེ་ཉིད་བསྒོམ་བྱ་ཞིང༌། །འཕྲེང་བ་བྱིན་གྱིས་ བརླབ་པར་བྱ། །ཞེས་སོ། །བསྡུས་པར་ན་དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ནས་འབྱུང་བ་ལྟར་ཡང་ མཛད་དོ། ། བདུན་པ་ནི། སཾ་བྷུ་ཊི་ལས། སོར་མོ་ལ་སོགས་བྱེ་བྲག་ལ། ཕྱི་ནས་སྔགས་པས་ བཟླས་པར་བྱ། །ཞེས་གསུངས་པ་ལྟར། ཞི་བ་ལ་མཛུམ་མོ། རྒྱས་པ་ལ་གུང་མོ། དབང་ལ་ སྲིན་ལག །མངོན་སྤྱོད་ལ་མཐེའུ་ཆུང་གི་སྟེང་དུ་བཞག་གོ ། མཐེ་བོང་རྡོ་རྗེ་ལྕགས་ཀྱུས་ལྷ་ དགུག་པའི་བསམ་པས་བགྲང་སྟེ་དེ་ཉིད་ལས། མཐེ་བོང་རྡོ་རྗེ་ལྕགས་ཀྱུ་ཡིས། །སྒོམ་པའི་ ལྷ་རྣམས་དགུག་པར་བྱ། །ཞེས་སོ། །དེ་ལྟར་འཕྲེང་བའི་དེ་ཉིད་ཤེས་པའི་སྒོ་ནས་སྔགས་ བཟླས་ན་དངོས་གྲུབ་ཐོབ་ལ། གཞན་དུ་ན་མི་ཐོབ་སྟེ། དེ་ཉིད་ལས། མཉམ་བཞག་བཟླས་ དང་བསྒོམས་པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང༌། དེ་ཉིད་མི་ཤེས་ 21-1-354 འཕྲེང་བ་ནི། །བུད་མེད་རྣམས་ཀྱི་དོ་ཤལ་འདྲ། །ཞེས་སོ། །གཉིས་པ་བཟླས་པའི་དམིགས་ པ་ནི། འཁོར་ལོའི་བཟླས་པ། སྤྲོ་བསྡུའི་བཟླས་པ། བཀོད་པའི་བཟླས་པ་དང་གསུམ་ལས། འདིར་འཁོར་ལོའི་བཟླས་པ་ཉིད་གཙོ་བོར་བཤད་པས། ཞལ་ནས་ཞལ་དང༌། གསང་བ་ནས་ གསང་བར་འཁོར་བ་ཡིན་ལ། ཕར་འཁོར་དང་ཚུར་འཁོར་གཉིས་ཀ་བླ་མ་གོང་མས་བཤད་ པའི་གང་བདེ་བྱ་ལ། ཡི་དམ་ལྷའི་ཐུགས་བརྒྱུད་བསྐུལ་བ་མཆོག་བསྒྲུབ་པ་གཙོ་བོར་གྱུར་པ་ དང༌། ཞི་རྒྱས་དབང་དྲག་སོ་སོ་ལ་ཁ་དོག་དཀར་སེར་དམར་ནག་དང༌། དམིགས་པའི་ཁྱད་ པར་སོ་སོ་ལ་བྱས་ལ། རྗེ་ཐམས་ཅད་མཁྱེན་པས་སྔགས་འཕྲེང་ངོ་བོ་ཁ་དོག་སྔོན་པོ་ལ་འོད་ ཟེར་དཀར་སེར་དམར་སྔོ་སོ་སོར་བྱེད་པ་ཡིན་གསུང་ངོ༌། ། རྒྱུན་བཟླས་ལ་སྡིག་པ་ཞི་བའི་ཕྱིར་འོད་ཟེར་དཀར་པོ་བྱའོ། །འཁོར་གྱི་སྔགས་བཟླ་ བའི་ཚེ། གཙོ་བ་ཡབ་ཡུམ་གྱི་ཞལ་དུ་འཁོར་གྱི་ལྷ་རྣམས་ཀྱི་སྔགས་འཕྲེང་ཞུགས། ཡབ་ ཡུམ་ཀྱི་སྐུ་ལ་འཁོར་བའི་དམིགས་པ་སྔར་བཞིན་ལ། སྔགས་ཀྱི་འོད་ཟེར་དེས་ལྷ་མོ་གང་ གིས་བཟླས་པ་བྱེད་པའི་ལྷ་མོ་དེ་ལ་ཕོག་པས། དེ་དབང་དུ་འདུ་ཞིང་འཕྲིན་ལས་བསྐུལ་བར་ བསམ་ལ་བཟླ། ཡང་ན་རང་རང་གི་ཐུགས་ཀའི་ས་བོན་ལས་འཁོར་བར་བསམ་ཞིང་བཟླའོ། ། གསུམ་པ་ལ། བཟླ་བྱའི་སྔགས་དངོས། བཟླས་པའི་གོ་རིམ། ཇི་ཙམ་བཟླས་པའི་ གྲངས། དེ་ལྟར་བཟླས་པའི་དགོས་པའོ། །དང་པོ་ནི། རྩ་སྔགས། སྙིང་པོ། ཉེ་སྙིང༌། རྣལ་ འབྱོར་མ་རྣམས་ཀྱི་འཕྲེང་སྔགས་སུ་གྲགས་པ་དབྱངས་ཡིག་གི་སྔགས་རྣམས་རྩ་རྒྱུད་དངོས་ བསྟན་ལས་གསལ་བར་གསུངས་ཤིང༌། རྒྱུད་སྡེ་སྤྱིའི་འགྲོས་ཀྱིས་ཡུམ་དང་འཁོར་གྱི་ལྷ་མོ་ རྣམས་ལ་ས་བོན་ནམ་མཚན་སྔགས་ལ་དེ་ཉིད་གསུམ་སྤེལ་ལམ་བཞི་སྤེལ་ལམ་ལྔ་སྤེལ་ལ་ སོགས་པ་མཛད་པ་ཡིན་ནོ། ཁ་ཅིག་སྐབས་འདིའི་ཉེ་སྙིང་དུ་གྲགས་པ་རྡོ་རྗེའི་གྲི་གུག་གི་ 21-1-355 ལས་ཚོགས་སུ་བཤད་པའི་ཕྱིར་ཉེ་སྙིང་དུ་མི་འཐད་ཅིང༌། རྒྱུད་གཞུང་ཁུངས་མ་ལས་ཀྱང་ཉེ་ སྙིང་དུ་བཤད་པ་མེད་དོ། །ཞེས་ཟེར་བ་མི་འཐད་དེ། མར་མེ་མཛད་ཀྱི་སྒྲུབ་ཐབས་ལ་སོགས་ གཞུང་ཁུངས་མ་རྣམས་ལས་ཉེ་སྙིང་དུ་བཤད་ཅིང༌། སྒྲུབ་ཐབས་མཚོ་སྐྱེས་ལས་ཀྱང་སྔགས་ འདི་ཉིད་ཉེ་སྙིང་དུ་མཛད་པར་གསལ་ཏེ། ལས་ཚོགས་ཀྱི་སྔགས་མཐའ་དག་སྒྲུབ་ཐབས་སུ་ བྲི་བར་མི་ལང་བའི་ཕྱིར་རོ། །ལས་ཚོགས་ཀྱི་སྔགས་ཡིན་པའི་རྒྱུ་མཚན་གྱིས་ཉེ་སྙིང་དུ་མི་ འཐད་པའི་སྐྱོན་མེད་དེ། གཞན་དུ་ན། རྩ་རྒྱུད་ལས། བུད་མེད་རྣམས་ཀྱི་དབང་བྱེད་སྔགས། ། དེ་བཞིན་གདུག་པ་བསྡིགས་པ་དང༌། །ཞེས་གསུངས་པ་ལྟར་ཨཥྚ་ཡང་དབང་དང་དྲག་པོའི་ ལས་སྒྲུབ་པའི་སྔགས་སུ་བཤད་པའི་ཕྱིར། རྩ་སྔགས་མ་ཡིན་པའི་སྐྱོན་དུ་འགྱུར་རོ། །རྩ་ སྔགས་ཀྱི་དོན་ནི། །ༀ་ནི་བཀྲ་ཤིས་པའི་དོན། ཨཥྚཱ་བརྒྱད། ཨ་ན་ནཱ་ཞལ། ཡ་དགོས་ཆེད་ ཀྱི་དོན་ནོ། །སིཾ་དམར་སེར། གཽརྡྷ་གྱེན་དུ། ཀེ་ཤ །སྐྲ། ཝརྟ་མ་ནེ་བརྫེས་པ། ནའི་འབྲིང་བུ་ ནི་དགོས་ཆེད་ཀྱི་དོན་ནོ། །དེས་ན་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་ལ། །ཞེས་པའོ། །ཙ་ཏུར། བཞི། བ་ཤ་ཏི་ཉི་ཤུ། ནེ་དྲཱ་སྤྱན། ཡ་དགོས་ཆེད། ཉི་ཤུ་རྩ་བཞིའི་སྤྱན་ནི། ཞེས་པའོ། ཥོ་ཊ་ཤ། བཅུ་དྲུག བྷུ་ཛ་ལག་པ། ཡ་ལ་བའི་དོན། ཕྱག་བཅུ་དྲུག་པ་ལ། ཞེས་པའོ། །ཀྲིཥྞ་ནག་པོ། ཛི་ མཱུ་ཏ་ཆར་སྤྲིན། ཝ་པཱུ་ཥ། སྐུ་ལུས། འགྲེང་བུ་པ་ལ་ཞེས་པའི་དོན། སྐུ་མདོག་ཆར་སྤྲིན་ལྟར་ གནག་པ་ལ་ཞེས་པའོ། །ཀ་པཱ་ལ་ཐོད་པ། མཱ་ལ་འཕྲེང་བ། ཨ་ནེ་ཀཾ་དུ་མ། དྷཱ་རི་ཎ། འཛིན་ པ། འགྲེང་བུ་དགོས་ཆེད། ཐོད་པའི་འཕྲེང་བ་དུ་མ་འཛིན་པ་ལ། ཞེས་པའོ། །ཨཱཏྨ་ཏ། ཁུང༌། ཀྲུ་ར། འཁྲུགས་པ། ཙིཏྟ་ཡ་ཐུགས་ལ། ཁུང་ནས་འཁྲུགས་པའི་ཐུགས་ལ། ཞེས་པའོ། །ཨརྡྡེ། ཕྱེད། ན་དུ། ཟླ་བ། དཾཥྚི་ཎེ། མཆེ་བ་ཅན་ལ། འགྲེང་བུ་བཞི་པའི་དགོས་ཆེད་དེ། ཟླ་བ་ཕྱེད་ པ་ལྟ་བུའི་མཆེ་བ་ཅན། །ཞེས་པའོ། ། ༀ་ནི་དམ་བཅའ་བའི་དོན། མཱ་ར་ཡ་གཉིས་ནི་སོད་ཅིག་གཉིས། ཀཱ་ར་ཡ། གཉིས་བྱ་ 21-1-356 བའི་ལས་གྱིས་གྱིས། གརྫ་ཡ། ཁུག་ཅིག་གཉིས། ཏརྫ་ཡ། གཉིས་སྡིགས་མཛུབ་བསྡིགས། ཤོ་ཥ་ཡ་གཉིས་སྐེམས་ཤིག་གཉིས། སཔྟ་བདུན། ས་གཱ་ར་ན་རྒྱ་མཚོ། ཨ་ན་གཉིས་ཤའི་ཟས་ བྱིན་པ། བྷནྡྷ་བྷནྡྷ་ཆིངས་ཤིག་གཉིས། ནཱ་ག་ཀླུ། ཨཥྚ་ཀཱ་ན། བརྒྱད། ཨནྣ། ཟས་སུ་ཟ་བ། གྲྀ ཧྣ་གྲྀཧྣ་ཟུང་ཤིག་གཉིས། ཤ་ཏྲུན། དགྲ་བོ་རྣམས་སོ། །ཧ་ཧཱ་ཧི་ཧཱི་ཧུ་ཧུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ ཞེས་ པ་རྣམས་ནི་བཞད་པའི་ཉམས་བཅུ་གཉིས་སོགས་དང༌། ཕཊ་དག་པ། སཱ་ཧཱ་གཞི་ཚུག་ཅེས་ པ་སྟེ། དེ་ཡང་ༀ་ཞེས་དམ་བཅའ་དྲན་པར་མཛོད་ལ། ཞི་རྒྱས་དབང་དགུག་བསད་བསྐྲད་ སོགས་བྱ་བའི་ལས་གྱིས་ཤིག་གྱིས་ཤིག་ཅེས་བསྐུལ་ནས། ཁམས་གསུམ་འཁོར་བའི་ལས་ ཉོན་བག་ཆགས་དང་བཅས་པ་རྣམས་དང༌། རྒྱ་མཚོ་བདུན་ལ་གནས་པའི་ཀླུ་གདོན་བརྒྱད་ ལ་སོགས་པའི་གནོད་བྱེད་རྣམས། ཟུངས་ཤིག ཟུངས་ཤིག ཁུག་ཅིག ཁུག་ཅིག ཆིངས་ཤིག ཆིངས་ཤིག སྤྱན་འཕྲུལ་སྡང་མིག་གིས་གཟིར་ལ་སྡིགས་མཛུབ་བསྡིགས་པའི་མཚོན་ཆས། སོད་ཅིག སོད་ཅིག ཤ་ཁྲག་བདུད་རྩིའི་གཏོར་མའི་ཟས་བྱིན་པ་ཁྱེད་ཀྱིས་ཟས་སུ་ཟ་བས་ དགྱེས་བདེར་བཞད་པའི་ཉམས་དང་ལྡན་པར་མཛོད་ཅིག འཁོར་བ་རྣམ་ཤེས་དག་པ་བདེ་ སྟོང་གི་དབྱིངས་སུ་ཐིམ་པའི་གཞི་ཚུགས་ཤིག་ཅེས་སོ། །དེ་རྣམས་ཀྱི་བཤད་པ་གཞི་བཤད་ དུ་བལྟ་བར་བྱའོ། །ༀ་སྔགས་ཀྱི་མགོ་འདྲེན། དེ་ཝ་ལྷ། བི་ཙུ་འཇོམས་པ། བཛྲ་རྡོ་རྗེ་དང༌། བཛྲ་ཀརྟ་རི་རྡོ་རྗེ་གྲི་གུག །ཅེས་པའོ། །གཉིས་པ་ནི། རྩ་སྔགས་སྙིང་པོ། ཉེ་སྙིང་རྣམས་རིམ་ པ་ལྟར་སྐུ་གསུང་ཐུགས་བསྐུལ་བྱེད་ཡིན་ཅིང༌། དེ་གསུམ་ཡང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཕྲ་ ཞིང་བསྐུལ་དཀའ་བས། བསྐུལ་སླ་བའི་རིམ་པ་ལས་བཟླ་སྟེ། རྩ་སྔགས་ཐོག་མར་བཟླ་བ་ སོགས་ཡིན་ལ། ཡབ་ཀྱི་རྗེས་ལ་ཡུམ་གྱི་དང༌། དེ་ནས་འཁོར་གྱི་སྔགས་བཟླའོ། ། གསུམ་པ་ནི། དཀྱིལ་འཁོར་བདག་པོ་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱིས་དེ་ བཞིན་ཁྲི། །ཞེས་དང༌། སྡོམ་འབྱུང་ལས། རྫོགས་ལྡན་ལ་ནི་བཟླ་བྱ་གཅིག །གཉིས་འགྱུར་ 21-1-357 གསུམ་ལྡན་ལ་བཟླས་བྱ། །གསུམ་འགྱུར་གཉིས་ལྡན་ལ་རབ་བརྗོད། རྩོད་ལྡན་བཟླས་པ་ བཞི་འགྱུར་རོ། །ཞེས་གསུངས་པས། བསྙེན་པ་རབ་ལ་གཙོ་བོ་ལ་བཞི་འབུམ༌། ཡུམ་ལ་ ཡབ་དང་འདྲ་ལ། མ་གྲུབ་ན་འཁོར་དང་མཉམ་པ་བཟླས་ཀྱང་རུང༌། འཁོར་རྣམས་ལ་བཞི་ ཁྲི་རེ། བསྙེན་པ་འབྲིང་ལ་གཙོ་བོ་ལ་བཞི་ཁྲི། འཁོར་རྣམས་ལ་བཞི་སྟོང་རེ། ཐ་མ་གཙོ་བོ་ ལ་བཞི་སྟོང༌། འཁོར་ལ་བཞི་བརྒྱ་རེའོ། །འབྲིང་ཐ་མ་གཉིས་ནི་བསྙེན་པ་གསོ་བ་ཡིན་གྱི་ གཞིའི་བསྙེན་པ་ལ་དང་པོ་ཁོ་ན་བཟུང་ལ། དེ་འགྲུབ་ན་རྡོ་རྗེ་སློབ་དཔོན་གྱི་ལས་མཐའ་དག་ ལ་འཇུག་པར་དབང་ཞིང༌། མཆོག་གྲུབ་པ་ལ་ནི་གྲངས་ཀྱི་ཚད་མེད་དོ། །བཞི་པ་ནི། བཟླས་ པས་སངས་རྒྱས་ཀྱི་ཐུགས་རྒྱུད་བསྐུལ་བས་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པ་ ཡིན་ཏེ། རྡོ་རྗེ་གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །མཁའ་འགྲོ་མ་དང་ རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབ་པར་བརྗོད། ། དཔེར་ན་སྐྱེས་བུ་ལ་ལ་ཞིག །སྐད་ཀྱི་ང་རོས་བོས་པ་ན། །མངོན་སུམ་དུ་ནི་འོང་བར་འགྱུར། ། དེ་བཞིན་དེ་བཞིན་གཤེགས་ཀུན་གཤེགས། །ཞེས་སོ། །རྩ་རྒྱུད་ལས། བཟླས་པ་ཁྲི་ཡིས་ གསལ་བ་དང༌། །སྒྲ་རིང་བ་དང་བཟང་བ་ཡི། །ཞེས་གསུངས་པ་ལྟར། ཧ་ཅང་མྱུར་བུལ་ གཉིས་དང༌། ཧ་ཅང་སྒྲ་ཆེ་ཅུང་གཉིས་ཏེ་སྐྱོན་བཞི་སྤངས་ནས། གསལ་ལ་དལ་བ་དང་ཤིན་ ཏུ་དག་པར་བཟླ་དགོས་པ་ཡིན་ནོ། ། བཞི་པ་ཞར་བྱུང་བཟླས་པའི་དབྱེ་བ་བཤད་པ་ནི། བཟླས་པ་ལ་དབྱེ་ན། རྒྱ་བོད་ཀྱི་ སློབ་དཔོན་གཞན་རྣམས་ཀྱི་མན་ངག་ལས་འདི་ལྟར་འབྱུང་སྟེ། ཁྱོགས་ཀྱི་བཟླས་པ། འཁོར་ ལོའི་བཟླས་པ། བཀོད་པའི་བཟླས་པ། སྤྲོ་བསྡུས་བཟླས་པ་སྟེ་དམིགས་པའི་དབྱེ་བས་བཞི་ དང༌། ཁྲོ་བའི་བཟླས་པ། ཤུབ་བུའི་བཟླས་པ། འགོག་པའི་བཟླས་པ། ཡིད་བཟླས་ཏེ་ངག་ གི་བྱས་པའི་ཁྱད་པར་གྱིས་བཞི་དང༌། བསྐུལ་བའི་བཟླས་པ། གོང་བུའི་བཟླས་པ། རྡོ་རྗེའི་ 21-1-358 བཟླས་པ་སྟེ་སྔགས་ཀྱི་ཁྱད་པར་གྱི་དབྱེ་བས་གསུམ་སྟེ་བཅུ་གཅིག་ཏུ་ཡོད་ཅིང༌། རྒྱ་གར་ གྱི་སློབ་དཔོན་ཕྱི་མ་རྣམས་ཀྱིས་བཞེད་པ་ཁྱོགས་ཀྱི་བཟླས་པ་དང་འཁོར་ལོའི་བཟླས་པ་ གཅིག་ཏུ་བཞེད་པས་དེ་ལྟར་ན་བཅུའོ། །དེ་ལྟར་ན། དག་པ་དྲན་པ་དང༌། བཟླས་པ་ནི་རྗེས་ སྦྱོར་ཀྱི་ཡན་ལག་ཏུ་བསྡུ་བའི་ཕྱིར་སྦྱང་གཞི་སྦྱོང་བྱེད་མ་སྦྱར་ཀྱང་རུང་མོད། རྒྱུད་སྡེ་གཞན་ གྱི་རིགས་འགྲེས་སྦྱར་ཀྱང་མི་འགལ་ཏེ། དེ་ཡང་འཁོར་བའི་ཆོས་ལ་སྦྱར་ན་དག་པ་དྲན་པ་ ནི་ཡིད་ཀྱི་རྣམ་པར་རྟོག་པ་མཐའ་ཡས་པ་དང༌། བཟླས་པ་ནི་ངག་གི་བརྗོད་པ་སྣ་ཚོགས་པ་ དང་དཀྱིལ་འཁོར་ཉེར་བསྡུ་ནི། ཚེ་དེ་ཉིད་ཀྱི་ལས་ཟད་པ་ན་སླར་འཆི་བ་མཚོན་ཞིང༌། ཐུན་ མཚམས་ལྷ་སྐུར་སྡང་བ་ནི་སླར་བར་དོ་དང་སྐྱེ་བ་བརྒྱུད་མར་འབྱུང་བ་མཚོན། འབྲས་བུའི་ ཆོས་ལ་སྦྱར་ན་དག་པ་དྲན་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གནས་ པ་མཚོན་པ་དང༌། བཟླས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། དཀྱིལ་འཁོར་ཉེར་བསྡུ་ནི། དངོས་ཀྱི་གདུལ་བྱ་མེད་པའི་ཞིང་འགའ་ཞིག་ཏུ་མྱ་ངན་ལས་འདས་པའི་ཚུལ་སྟོན་པ་མཚོན་ པ་དང༌། ཐུན་མཚམས་ལྷ་སྐུར་ལྡང་བ་ནི་གཞན་དུ་སྤྲུལ་པའི་སྐུ་འབྱུང་བ་མཚོན་པ་ཡིན་ནོ། ། གསུམ་པ་གཏོར་མའི་རྣལ་འབྱོར་ནི། རྩ་བཤད་ཀྱི་རྒྱུད་རྣམས་ལས་འཇིག་རྟེན་པའི་ གཏོར་མ་འབའ་ཞིག་གསལ་ན་ཡང༌། གཏོར་ཆོག་རྒྱ་གཞུང་ཚད་མ་རྣམས་དང་བླ་མ་གོང་ མའི་མན་ངག་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ལ་ཐུན་མོང་ དུ་འབུལ་བ་ཡིན་ལ། འདི་ལ་ཆོས་འབྱུང་སུམ་བརྩེགས་བྱེད་པ་དང༌། ཆོས་འབྱུང་གཅིག་ཏུ་ པདྨ་འདབ་བརྒྱད་སུམ་བརྩེགས་བྱེད་པ་ལྟར་ཡང་རུང་ངོ༌། །གཏོར་མའི་སྔགས་དོན་ནི། ༀ་ བྷ་ག་ཝཱན་མཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝ་ར་ཀཱ་ཡ་ཝཱཀ་ཙིཏྟ། ཞེས་པ་ནི། བཅོམ་ལྡན་སྙིང་ རྗེ་ཆེན་པོ་ཀྱཻ་རྡོ་རྗེའི་སྐུ་གསུང་ཐུགས་འཁོར་དང་བཅས་པ་ཞེས་པའོ། །ༀ་ཨིནྡ། དབང་པོ་ཛ་ མ་གཤིན་རྗེ། ཛ་ལ་ཆུ་ལྷ། ཛཀྑ། གནོད་སྦྱིན། བྷུ་ཏ། འབྱུང་པོ། བཧྣི། མེ་ལྷ། བཱ་ཡུ་རླུང་ལྷ། 21-1-359 རཀྵ། སྲིན་པོ། ཙནྡ་ཟླ་བ། པུཛྫ་ཉི་མ། མཱ་ཏ་སའི་ལྷ་མོ། །བཱ་སྤ་ཚངས་པ། ཏཱ་ལ་པཱ་ཏ་ལཾ་ཨཊྚ་ སཔྤ་ཀླུ། སྭཱ་ཧཱ། ས་འོག་ནས་གནས་པའི་ཀླུ་ཆེན་བརྒྱད། ཨི་དམ་འདི། བ་ལིཾ་གཏོར་མ། བྷུཉྫ། ཟོ་ཞིག །ཛིགྷ་སྣོམས་ཤིག ཕུལླ། མེ་ཏོག །དྷུ་པ། བདུག་སྤོས། མཾ་ས་ཤ་ཆེན། བཱིགྷ། ཆང་ གིས་རྒྱས་པར་གྱིས། ཨམྥ། བདག་གི། སབྦྷ་ཐམས་ཅད། ཀཛྫ་བྱེ་བ། སཱདྷཱ། བསྒྲུབས་ཤིག ཁནྟི་ཁུ་ཎི་བཟོད་པར་གསོལ། ཕེ་ཊ་ག་ད་གནོད་པ་སོལ། ༀ་ཨཱ་ཀཱ་རོ་སོགས་ཨ་ཡིག་ནི་དང་ པོའི་སྒོའི་ཆོས་ཐམས་ཅད་ཀྱི་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །ཞེས་སོ། །གཏོར་མའི་ཕན་ཡོན་ནི། ཨེ་ཝཾ་རྣམ་པར་ཞུགས་ནས་ནི། །བགེགས་དང་ལོག་པར་འདྲེན་པ་ལས། །སེམས་ཅན་རྣམས་ ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་སེམས་དཔའི་གཏོར་མ་བསྟན། །ཞེས་སོ། ། བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། བཟའ་བཏུང་ཇི་སྙེད་པ་རྣམས་ནང་མཆོད་ལྟར་བྱིན་ གྱིས་བརླབས་ནས་འབུལ་བ་ཡིན་ཞིང༌། དེ་ཡང་ཕུད་དཀོན་མཆོག་དང་འདོད་པའི་ལྷ་རྣམས་ ལ་གཏོར་མའི་སྔགས་ཀྱི་འབུལ་བ་དང༌། ནང་གི་སྦྱིན་སྲེག་གི་ཚུལ་དུ་ལོངས་སྤྱོད་པ་ཡིན་ནོ། ། མཇུག་གི་ཆོ་ག་ལ། གཏོར་མ་དང་མ་འབྲེལ་ན། རྡོ་རྗེའི་གླུ། ཤིས་བརྗོད། སྨོན་ལམ་བྱ་ཞིང༌། གཏོར་མ་དང་འབྲེལ་ན་དེའི་སྟེང་དུ་གཏོར་མགྲོན་གཤེགས་གསོལ་བྱའོ། ། ལྔ་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི། གཟུགས་སྣང་ཐམས་ཅད་ཀྱཻ་རྡོ་རྗེ། སྒྲ་ཐམས་ཅད་ སྔགས་ཀྱི་སྒྲ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱཻ་རྡོ་རྗེའི་ཐུགས་སུ་མོས་པ་བྱ་ཞིང༌། གཞན་ ཡང་གཟུགས་སོགས་ཡུལ་དྲུག་གཟུགས་རྡོ་རྗེ་མ་ལ་སོགས་པ་དང༌། མིག་སོགས་སྐྱེ་མཆེད་ དྲུག་གཏི་མུག་རྡོ་རྗེ་མ་ལ་སོགས་པར་མོས་པ་བྱས་ནས་ཐུན་མཚམས་སུ་འཇུག་པ་སྟེ། འདིས་ ནི་སྤྱོད་ལམ་གྱི་ཁྱད་པར་སྣ་ཚོགས་པ་ཡང༌། ཚོགས་རྫོགས་པའི་ཐབས་སུ་འགྱུར་བ་ཡིན་ནོ། ། དྲུག་པ་ཉལ་བའི་རྣལ་འབྱོར་ལ། རང་བཞིན་ལྷན་སྐྱེས་སུ་ཉལ་བའི་དམིགས་པ་ནི་ 21-1-360 དཀྱིལ་འཁོར་ཉེར་བསྡུ་དང་མཐུན་ཞིང༌། དེ་ལ་ཐུན་མཚམས་ཀྱི་ལྷ་ཞལ་གཅིག་ཕྱག་གཉིས་ པ་དེ་ཡང་འོད་དུ་ཞུ། ཐུགས་ཀའི་ཧཱུཾ་ལ་ཐིམ། དེ་ཡང་ནཱ་དཱའི་བར་དུ་ཐིམ། དེ་ཡང་ནམ་མཁའ་ ལ་འཇའ་ལྟར་ཡལ་བའི་འོད་གསལ་གྱི་ངང་ལ་ཉལ་བ་ཡིན་ལ། ཞུ་བདེ་ལྷན་སྐྱེས་ཀྱི་ངང་དུ་ ཉལ་བའི་དམིགས་པ། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་བ་ལྟར་ཡིན་པས། གཉིས་ཀ་གང་ལྟར་ ཡང་མི་རྟོག་པའི་ངང་དུ་ཉལ་བ་ཡིན་ནོ། ། བདུན་པ་ལྡང་བའི་རྣལ་འབྱོར་ནི། ཉལ་བའི་ཚེ་རང་བཞིན་ལྷན་སྐྱེས་ཀྱི་ངང་དུ་ཉལ་བ་ ཡིན་ན། ཐུན་མཚམས་ཀྱི་ལྷ་སྐུར་སྐད་ཅིག་གིས་ལྡང་བ་ཡིན་ཅིང༌། ཞུ་བདེ་ལྷན་སྐྱེས་ཀྱི་ངང་ དུ་ཉལ་ན། ཞུ་བ་གླུས་བསྐུལ་བར་བྱེད་པར་བསམ་ཞིང་ཚིག་ངག་ཏུ་བརྗོད་ནས་འབྲས་བུ་རྡོ་ རྗེ་འཛིན་པ་བཞེངས་པ་ལྟར་ལྡང་བ་ཡིན་ནོ། ། བརྒྱད་པ་ཁྲུས་ཀྱི་རྣལ་འབྱོར་ནི། རྣལ་འབྱོར་ལ་འཇུག་པའི་སྔོན་དུ་བསམ་གཏན་གྱི་ གྲོགས་སུ་འགྲོ་བ་ཁྲུས་བྱ་ཞིང༌། དམིགས་པ་དབང་ལེན་པ་ལྟར་བྱས་ལ། འོན་ཀྱང་རྒྱས་ གདབ་སོགས་བྱེད་མི་དགོས། དེ་ལྟར་རྗེས་སྤྱོད་བརྒྱད་ཀྱི་སྟེང་དུ་རྗེས་ཆགས་ཀྱི་རྣལ་འབྱོར་ བསྣན་པས་དགུར་འགྱུར་བས། སྤྱིར་རྣལ་འབྱོར་བཅུའམ་བཅུ་གཅིག་གོ །ཡང་ན་དག་པ་ དྲན་པ་རྗེས་སྤྱོད་དུ་མ་བགྲངས་ན་རྗེས་སྤྱོད་བརྒྱད་དོ། །རྗེས་ཆགས་ཀྱི་རྣལ་འབྱོར་ནི་ལོགས་ སུ་ངེས་པར་བསྒོམ་དགོས་པ་མ་ཡིན་ལ། གལ་ཏེ་བསྒོམ་ན་དཀྱིལ་འཁོར་འཁོར་ལོའི་ནང་དུ་ འདུས་པའམ། གསང་བའི་མཆོད་པར་འདུས་པའི་ཕྱིར་ལོགས་སུ་མ་བགྲངས་ཀྱང་རུང་ངོ༌། ། དེ་རྣམས་གཞི་བཤད་ནས་གསུངས་པ་དང་སྦྱར་ན། བསྐྱེད་པའི་རྣལ་འབྱོར་ལ་ཆོ་གའི་ སྒོ་བརྒྱད། ཆོ་གའི་གཙོ་བོ་ཉི་ཤུ་རྩ་བཞི། ཆོ་གའི་ཡན་ལག་བཅུ་དྲུག ཆོ་གའི་ཆིངས་བཞི། ཞེས་གསུངས་པའི་སྒོ་བརྒྱད་ནི། སྔོན་འགྲོ་བསྲུང་འཁོར། དངོས་གཞི་ཡན་ལག་དྲུག །རྗེས་ བསྡུ་བ་སྟེ་བརྒྱད་དམ། ཡང་ན་སྔོན་འགྲོ་ཚོགས་གཉིས་བསགས་པ། དངོས་གཞི་ཡན་ལག་ 21-1-361 དྲུག་གོ །ཆོ་གའི་གཙོ་བོ་ཉི་ཤུ་རྩ་བཞི་ནི། ཡན་ལག་དྲུག་ལ་ཕྱེ་བ་སྟེ། གཞལ་ཡས་ཁང་ བསྐྱེད་པ་རྣམ་སྣང་གི་ཡན་ལག་ལ། གཞིའི་ཡན་ལག །རྒྱུའི་རྐྱེན་གྱི། གནས་པའི། གདན་ གྱི་ཡན་ལག་སྒོམ་པ་དང་ལྔ། རྗེས་ཆགས་ཀྱི་ཡན་ལག་ལ་མངོན་བྱང་ལྔ། མཁའ་གསང་བྱིན་ རླབས། སྙོམས་པར་ཞུགས་པ། འཁོར་དབྱུང་བ། རྒྱུ་རྡོ་རྗེ་ཞུ་བ། གླུས་བསྐུལ་བ། འབྲས་བུ་ རྡོ་རྗེ་འཆང་བཞེངས་པ། སྣོད་བཅུད་སྦྱངས་པ། སྐྱེ་མཆེད་བྱིན་རླབས། ཡེ་ཤེས་གཞུག་པ་སྟེ་ བཅུ་བཞི། དབང་ལ། དབང་བསྐུར་དང༌། རྒྱས་གདབ་གཉིས། བདུད་རྩི་མྱང་བ། མཆོད་པ། བསྟོད་པའི་ཡན་ལག་རྣམས་རེ་རེ་སྟེ་བསྡོམས་པས་ཉི་ཤུ་རྩ་བཞིའོ། ། ཆོ་གའི་ཡན་ལག་བཅུ་དྲུག་ནི། སྙིང་ག་ནས་འོད་ཟེར་སྤྲོ་བ། ཚོགས་ཞིང་སྤྱན་དྲངས་པ། དེ་ལ་ཕྱག་འཚལ་བ། མཆོད་པ། ཡན་ལག་ལྔ་པ། སྡོམ་པ་བཟུང་བ། ཚད་མེད་བཞི། བསྲུང་ འཁོར། ཡང་ན་སྤྱན་དྲངས་ཤིང་མཆོད་པ། བསོད་ནམས་ཚོགས་ལ་ཡན་ལག་ལྔ། ཚད་མེད། ཡེ་ཤེས་ཚོགས་ཏེ་སྔོན་འགྲོ་ལ་བརྒྱད། མཉམ་པར་བཞག་པའི་རྣལ་འབྱོར་བརྒྱད་དེ་བཅུ་ དྲུག་གོ །ཆོ་གའི་ཆིངས་བཞི་ནི། བསྙེན་སྒྲུབ་ཡན་ལག་བཞིའོ། ། གསུམ་པ་བསྒོམས་འབྲས་ས་ལམ་གྱི་རྣམ་བཞག་བཤད་པ་ལ། བསྐྱེད་རིམ་ལ་གཙོ་ བོར་བཞག་པའི་ས་ལམ་དང༌། རྫོགས་རིམ་ལ་གཙོ་བོར་བཞག་པའི་ས་ལམ་མོ། །དང་པོ་ ནི། ཌོམྦྷི་པ་རྗེས་འབྲང་དང་བཅས་པའི་ལུགས་ལ། ལས་དང་པོ་པ། བདེ་བ་ཅུང་ཟད་ཐོབ་ པ། བདེ་སྟོང་གི་ཉམས་སྐྱེས་པ༌། དེ་ཆེར་སྐྱེས་པ་སྟེ་བཞིར་བཞག་པ་དང༌། མཚོ་སྐྱེས་ལུགས་ ལས་འབྱུང་བ་ནི། འཆིང་བ་མཐའ་དག་དང་ལྡན་པའི་གང་ཟག་ཐ་མའི་ཐ་མ་དང༌། ཐ་མ་ དང༌། འབྲིང་དང༌། རབ་སྟེ་བཞིར་གྲགས་པ་དང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ རྗེས་འབྲང་དང་བཅས་པའི་ལུགས་ལ། ལས་དང་པོ་པ་དང༌། ཡེ་ཤེས་ཕེབས་པ་དང༌། ཡེ་ ཤེས་ལ་དབང་བ་དང༌། ཡེ་ཤེས་ལ་ཆེས་དབང་བ་སྟེ། གང་ཟག་བཞིར་གྲགས་པ་རྣམས་མིང་ 21-1-362 ཐ་དད་པ་མ་གཏོགས་དོན་ལ་ཁྱད་པར་མེད་དོ། །ངོ་བོ་ལམ་བསྒོམས་པའི་གང་ཟག་རྣམ་པ་ བཞིར་རིམ་གྱིས་འཕོ་བ་ཡིན་ནོ། ། དེ་ཡང་དཀྱིལ་འཁོར་རགས་པ་ལ་གསལ་སྣང་མ་ཐོབ་པ་དེ་སྲིད་དུ་གང་ཟག་དང་པོ་ ཡིན་ལ། གསལ་སྣང་ཐོབ་པའི་ཚེ་གཉིས་པ་དང༌། གོ་ཆའི་ལྷ་ལ་སོགས་པ་ཕྲ་མོ་རྣམས་ལ་ གསལ་སྣང་ཐོབ་པའི་ཚེ་གསུམ་པའོ། །ཡུངས་དཀར་གྱི་གོང་བུ་ཙམ་གྱི་ནང་དུ་ཡང་དཀྱིལ་ འཁོར་ཡོངས་རྫོགས་སྐད་ཅིག་ལ་གསལ་ཐེབས་པ་ནུས་པ་དེའི་གང་ཟག་བཞི་པ་ཡིན་ནོ། ། དེ་ལྟར་ཡེ་ཤེས་ཕེབས་པ་སོགས་གསུམ་དང༌། ཚོགས་ལམ་ཆེ་འབྲིང་ཆུང་གསུམ་སྦྱོར་ཞིང༌། དེ་རྣམས་ནི་བསྐྱེད་རིམ་ཁོ་ནས་ཐོབ་པ་ཡང་ཡོད་ལ། བསྐྱེད་རྫོགས་གཉིས་ཀར་གྱིས་ཐོབ་པ་ ཡང་ཡོད་དོ། །དེ་ལྟར་གང་ཟག་དང་པོ་གསུམ་ནི་ཚོགས་ལམ་པར་ངེས་ཤིང༌། སྦྱོར་ལམ་དྲོད་ ཀྱིས་ཡེ་ཤེས་སྐྱེས་པ་ཕན་ཆད་སྦྱོར་མཐོང་སྒོམ་པའི་ལམ་གསུམ་ལ་གནས་པ་ནི་གང་ཟག་ བཞི་པ་ཡིན་ནོ། ། གཉིས་པ་རྫོགས་རིམ་ལ་གཙོ་བོར་བཞག་པའི་ས་ལམ་གྱི་རྣམ་བཞག་བཤད་པ་ལ། སྒྲུབ་བྱེད་ལམ་གྱི་རང་བཞིན་དང༌། སྒྲུབ་བྱ་འབྲས་བུའི་ངོ་བོའོ། །དང་པོ་ལ་ལམ་གྱི་ངོ་བོ་ ངོས་བཟུང་བ་དང༌། ལམ་དག་ལས་འབྱུང་བའི་རྣམ་བཞག་གི་ཁ་བསྐོང་བའོ། །དང་པོ་ལ། སྒོམ་བྱ་བྱང་ཕྱོགས་དང༌། བགྲོད་བྱ་ལམ་གྱི་རྣམ་བཞག་གོ །དང་པོ་ལ་ཐུན་མོང་དང༌། ཐུན་ མོང་མ་ཡིན་པ་གཉིས་ལས། དང་པོ་ནི། བྱང་ཕྱོགས་སོ་བདུན་ཐེག་པ་ཆེན་པོ་སྤྱི་དང་མཚུངས་ པ་ཡིན་ཏེ། ཚོགས་ལམ་ཆུང་བ་ནས་དྲན་པ་ཉེ་བཞག་བཞི། འབྲིང་པོ་ནས་ཡང་དག་པར་སྤོང་ བ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི། སྦྱོར་ལམ་དྲོད་དང་རྩེ་མོར་དབང་པོ་ལྔ། བཟོད་ པ་དང་ཆོས་མཆོག་ལ་སྟོབས་ལྔ། མཐོང་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན། སྒོམ་ལམ་ལ་ འཕགས་ལམ་ཡན་ལག་བརྒྱད་རྣམས་སྦྱོར་བ་ཡིན་ནོ། ། 21-1-363 གཉིས་པ། ཐུན་མོང་མ་ཡིན་པའི་བྱང་ཕྱོགས་སོ་བདུན་ལ། ས་དང་པོར་དྲན་པ་ཉེར་ བཞག་བཞི། གཉིས་པ་རྫུ་འཕྲུལ་གྱི་རྐང་པ་བཞི། བཅུ་པའི་བར་ལྷག་མ་བརྒྱད་ལ་བྱང་ ཕྱོགས་ཀྱི་ཆོས་གཉིས་གཉིས། བཅུ་གཅིག་པ་དང་བཅུ་གཉིས་པ་ལ་བཞི་བཞི། ཡང་དག་པའི་ ལས་ཀྱི་མཐའ་ལ་སོགས་པ་ཕྱི་མ་ལྔ་ནི་བཅུ་གསུམ་པའི་ཕྱེད་འོག་མ་དང་སྦྱོར་བ་ཡིན་ཅིང༌། དེ་དག་ནི་བྱང་ཕྱོགས་དངོས་དང་རྗེས་སུ་མཐུན་པ་ནི་སྦྱོར་ལམ་ས་བཅུ་གཉིས་ཀྱིས་གནས་ སྐབས་སུ་འབྱུང་བ་ཡིན་ནོ། །གཞན་ཡང་ཐུན་མོང་གི་བྱང་ཕྱོགས་ཀྱི་ཆོས་སོ་བདུན་ནི་ཕ་རོལ་ ཏུ་ཕྱིན་པའི་ཐེག་པ་དང་མཐུན་པ་ཡིན་ལ། ཐུན་མོང་མ་ཡིན་པའི་བྱང་ཕྱོགས་སོ་བདུན་ནི་རྩ་ སུམ་ཅུ་སོ་བདུན་དང༌། ཡི་གེ་སུམ་ཅུ་སོ་བདུན་དང༌། ཁམས་སོ་བདུན་དང༌། རླུང་སོ་བདུན་ དབུ་མར་ཐིམ་པ་ལས་བྱུང་བའི་ཡེ་ཤེས་ཡིན་ནོ། ། གཉིས་པ་བགྲོད་བྱེད་ལམ་གྱི་རང་བཞིན་ལ། སོ་སོའི་སྐྱེ་བོའི་ལམ་དང༌། འཕགས་པའི་ ལམ་གཉིས། དང་པོ་ལ། དཀྱིལ་འཁོར་རགས་པ་ལ་གསལ་སྣང་ཅུང་ཟད་ཐོབ་ཅིང༌། ཐེག་ པ་གཞན་གྱིས་དཀྲི་བར་མི་ནུས་པ་དེའི་ཚེ་ཚོགས་ལམ་ཆུང་ངུ་དང༌། གསལ་སྣང་ཅུང་ཟད་ མཆེད་པ་ན་ཚོགས་ལམ་འབྲིང་པོ་དང༌། གསལ་སྣང་རྒྱ་ཆེར་མཆེད་ཅིང་ཡི་དམ་གྱི་ཞལ་ལྟ་ བར་ནུས་པ་དང༌། ལས་ཚོགས་ཐོགས་མེད་དུ་གྲུབ་པ་དང༌། ཐུན་མོང་གི་དངོས་གྲུབ་ཆེན་ པོ་འགྲུབ་ཏུ་རུང་བ་དེའི་ཚེ་ཚོགས་ལམ་ཆེན་པོ་ཡིན་ནོ། །དེ་ལྟར་བསྐྱེད་རིམ་སྒོམ་པ་མཐར་ ཕྱིན་པའི་ཡོན་ཏན་ལ་གནས་པའི་སྟེང་དུ། རྩ་ཨ་ཝ་དྷུ་ཏིར་རླུང་སེམས་ཐིམ་པའི་རྐྱེན་གྱིས་ ཞུ་བདེའི་རང་བཞིན་ཅན་གྱི་བདེ་སྟོང་གི་ཡེ་ཤེས་ཆུང་འབྲིང་ཆེན་པོ་གསུམ་ཐོབ་པ་དེའི་ཚེ། སྦྱོར་ལམ་དྲོད་ཆུང་འབྲིང་ཆེན་པོ་གསུམ་དུ་འཇོག་པ་ཡིན། དེ་ནས་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་ རྣམ་རྟོག་དང་བྲལ་བའི་སྐུ། དཀྱིལ་འཁོར་གྱི་འཁོར་ལོ་རྒྱུན་མི་ཆད་པར་སྣང་བ་དེའི་ཚེ་སྦྱོར་ ལམ་རྩེ་མོ་དང༌། རང་བཞིན་བརྒྱད་ཅུའི་རྣམ་རྟོག་མངོན་འགྱུར་བ་གཏན་ནས་འགག་པ་ 21-1-364 དེའི་ཚེ་སྦྱོར་ལམ་བཟོད་པ་དང༌། རྟེན་དེ་ལ་མཐོང་ལམ་གྱི་ཡེ་ཤེས་སྐྱེ་བའི་སྦྱོར་བ་བདེ་སྟོང་ གི་ཡེ་ཤེས་བསྒོམ་པར་རྩོལ་བ་དེའི་ཚེ་སྦྱོར་ལམ་ཆོས་མཆོག་ཆེན་པོ་ཡིན་ནོ། །དེ་ཡང་སྔོན་ དུ་བསྐྱེད་རིམ་མ་བསྒོམས་པར་རྫོགས་རིམ་བསྒོམས་པས་རླུང་སེམས་དབུ་མར་ཐིམ་པས་ བདེ་སྟོང་གི་ཡེ་ཤེས་ཆུང་འབྲིང་ཆེ་གསུམ་ཐོབ་པ་དེས་ཚོགས་ལམ་ལས་མ་འདས་ལ། དེར་ བསྐྱེད་རིམ་གྱིས་བོགས་དབྱུང་བའི་རྐྱེན་གྱིས་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་སྐྱེ་བར་བཤད་པ་ནི་ དམིགས་གསལ་ཡིན་ནོ། ། གཉིས་པ་འཕགས་ལམ་ནི་ས་བཅུ་གཉིས་སམ་ཕྱེད་དང་བཅུ་གསུམ་གྱིས་བསྡུས་པ་ ཡིན་ཅིང༌། དེ་ཡང་ཐེག་པ་སྤྱི་དང་ཐུན་མོང་གི་བརྡ་ཆད་རབ་ཏུ་དགའ་བ་ལ་སོགས་པའི་མིང་ དང༌། རྣལ་འབྱོར་མའི་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་ཆད་གནས་ལ་སོགས་པའི་མིང་ གིས་གསུངས་པ་ཡིན་ཏེ། ཇི་སྐད་དུ། རྒྱུད་ལས་གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཙྪནྡོ་ མངོན་དུ་གྱུར་པ་སྟེ། །ཉེ་བའི་ཙྪནྡོ་སྦྱངས་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་ བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་དེ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། ཞེས་དང༌། མངོན་བརྗོད་བླ་མ་ལས། དཔེ་མེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེ་ས་ནི་བཅུ་གསུམ་པ། ཞེས་པ་ ལྷག་མ་གསུམ་གྱི་མིང་ཡང་གསུངས་ཤིང༌། དེ་ཡང་གོང་གི་འཕྲོས་དང་སྦྱར་ན། འཐུང་སྤྱོད་ དཔེ་མེད་ཡེ་ཤེས་ཆེ། །ཉེ་བའི་འཐུང་སྤྱོད་ཡེ་ཤེས་ལྡན། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས། ། ཞེས་བླ་མ་གོང་མ་རྣམས་ཀྱི་གསུང་འཕྲོས་ལས་འབྱུང་ངོ༌། །དེ་ལྟར་ན་ས་རབ་ཏུ་དགའ་བའི་ ཐོག་མ་དང་གནས་ཀྱི་དང་པོ་ནི་མཐོང་ལམ་ཡིན་ལ། ལྷག་མ་བཅུ་གཅིག་དང་བཅུ་གསུམ་ པའི་ཕྱེད་འོག་མ་ནི་སྒོམ་ལམ་ཡིན་ནོ། ། དེ་ལྟར་ས་དེ་རྣམས་ཐོབ་པའི་རྒྱུ་ནི། རྩ་དང་ཁམས་དང་རླུང་རྣམས་དབུ་མར་ཐིམ་པ་ 21-1-365 ལས་འབྱུང་ཞིང༌། དེ་ཡང་སྤྱོད་པ་དང་ཉེ་རྒྱུ་ལ་རག་ལས་པ་ཡིན་ཏེ། མ་དག་ས་བདུན་དུ་ ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ཁོ་ན་དང༌། དེ་ནས་བཅུ་གཉིས་པའི་བར་ཕྱོགས་ལས་རྣམ་ རྒྱལ་ཁོ་ནའམ་ཉེ་རྒྱུའི་བགྲོད་པའང་ཡོད་ལ། བཅུ་གསུམ་པའི་ཕྱེད་འོག་མ་ནི་ཉེ་རྒྱུ་ཁོ་ན་ ལ་ངེས་པར་ལྟོས་པ་ཡིན་ནོ། །དེ་ཡང་ཕྱི་རོལ་དུ་ཛ་ལན་དྷ་ར་ལ་སོགས་པའི་ཡུལ་ཆེན་བཞི་ བགྲོད་པ་དང༌། དེ་དག་ན་གནས་པའི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་འདུ་བ་ཁྱད་པར་ ཅན་གྱི་ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་པས་ནང་དུ་མི་ཕྱེད་མ་ལ་སོགས་པ་བཞི་དང༌། ཁམས་ དང་རླུང་རྣམས་དབུ་མར་ཐིམ་པས་ས་དང་པོའི་རྟོགས་པ་སྐྱེ་བ་ཡིན་ཅིང༌། གཞན་ལའང་ རིགས་འགྲེའོ། །དེ་ལྟར་ས་དང་པོ་དང་གཉིས་པ་གཉིས་སུ་ཡུལ་ཆེན་དང༌། རྩ་དང་ཁམས་ དང་རླུང་གི་འཕོ་བ་བཞི་བཞི་དང༌། དེ་ནས་བཅུའི་བར་ལྷག་མ་བརྒྱད་ལ་གཉིས་གཉིས་ དང༌། བཅུ་གཅིག་པ་དང་བཅུ་གཉིས་པ་ལ་བཞི་བཞི་དང༌། བཅུ་གསུམ་པའི་ཕྱེད་འོག་མ་ལ་ སྦས་པའི་རྩ་ལྔ་དང༌། བདུད་བྲལ་བའི་ཁམས་དང་རླུང་རྣམས་དབུ་མར་ཐིམ་དགོས་པ་ཡིན་ ནོ། །དེ་ལྟར་ས་རྣམས་ཀྱི་ཡོན་ཏན་ཕལ་ཆེ་བ་ནི་ཐེག་པ་སྤྱི་དང་མཚུངས་ཤིང༌། བཅུ་གཅིག་ པ་དང་བཅུ་གཉིས་པ་ནི་ས་བཅུའི་ཡོན་ཏན་ཡར་འཕེལ་གྱི་སྟེང་དུ། ཆོས་སྐུའི་ཞིང་ཁམས་ ལ་དབང་འབྱོར་པ་ཞེས་བྱ་བ་ཇི་ལྟ་བའི་ཆོས་རྣམས་རྟོགས་པའི་ཡེ་ཤེས་ལྷག་པར་རྟོགས་པ་ ཡིན་ནོ། ། བཅུ་གསུམ་པ་ཕྱེད་འོག་མ་ནི་ངོ་བོ་ཉིད་སྐུའི་ཞིང་ཁམས་ལ་དབང་ཐོབ་པ་ཞེས་བྱ་ཞིང་ ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་རྣམས་ཀྱི་གནས་ལུགས་མ་ལུས་པ་རྟོགས་པའི་ཡེ་ཤེས་དཔག་ ཏུ་མེད་པ་ལྡན་པ་ཡིན་ནོ། །ས་བཅུ་གཅིག་པ་དང་བཅུ་གཉིས་པའི་ངོ་སྐལ་གྱི་ཕྱིའི་ཡུལ་ཆེན་ པོ་བརྒྱད་ནི། དུར་ཁྲོད་བརྒྱད་ལ་ངོས་འཛིན་པ་དང༌། བཅུ་གསུམ་པའི་ཕྱེད་འོག་མའི་ངོ་སྐལ་ གྱི་ཕྱིའི་ཡུལ་ཆེན་ལྔ་ནི། རྡོ་རྗེ་གདན་དང་དེ་དང་ཉེ་བའི་ཕྱོགས་བཞིའི་ཡུལ་རྣམས་སོ། །དེ་ 21-1-366 ལྟར་རྩ་རྒྱུད་དངོས་བསྟན་ལ་ཡུལ་ཆེན་སུམ་ཅུ་རྩ་གཉིས་དང༌། ནང་གི་ལུས་ལ་སྦྱར་བ་ཡོད་ ཀྱང༌། བདེ་མཆོག་ལ་ཉེར་བཞིར་གསུངས་པ་རྩ་མི་ཕྱེད་མ་ལ་སོགས་པ་དང་རིམ་པ་བཞིན་ དུ་སྦྱར་བ་ནི། སམ་བྷུ་ཊི་ནས་གསུངས་པ་དང་གུང་བསྒྲིགས་པ་ལས་ཤེས་པར་བྱའོ། ། གཉིས་པ་མན་ངག་གི་ཁ་བསྐང་བ་ལ། ལྟ་གྲུབ་བརྒྱད་ངོས་བཟུང་བ་དང༌། དེ་ལ་ཇི་ལྟར་ ཁྲིད་པའི་ཚུལ་ལོ། །དང་པོ་ལ་སོ་སྐྱེས་ལམ་དུ་ལྟ་བ་བཞི་དང༌། འཕགས་ལམ་དུ་གྲུབ་མཐའ་ བཞིའོ། །དང་པོ་བུམ་དབང་གི་ལྟ་བ་མི་རྟོག་པ་གཙོ་ཆེ་བ་ངོ་བོ་ཉིད་དང༌། གསང་དབང་གི་ ལྟ་བ་གསལ་བ་གཙོ་ཆེ་བ་རང་བྱུང་གི་ཡེ་ཤེས་དང༌། ཤེས་རབ་ཡེ་ཤེས་དབང་གི་ལྟ་བ་བདེ་ བ་གཙོ་ཆེ་བ་ཡས་བརྟན་གྱི་དགའ་བ་བཞི་དང༌། དབང་བཞི་པའི་ལྟ་བ་བདེ་སྟོང་གཉིས་སུ་ མེད་པ་མས་བརྟན་གྱི་དགའ་བ་བཞིའོ། །དང་པོ་ལ་དབྱེ་ན། སྣང་ཕྱོགས་ཀྱི་ངོ་བོ་ཉིད་ཀྱི། སྟོང་ཕྱོགས་ཀྱི་ངོ་བོ་ཉིད་དང༌། ཟུང་འཇུག་གི་ངོ་བོ་ཉིད་གསུམ་མོ། །དེ་དག་ནི་དཀྱིལ་འཁོར་ བསྒོམས་པ་དང་འབྲེལ་བའི་སྣང་ཉམས་དང༌། སྟོང་ཉམས་དང༌། སྣང་སྟོང་ཟུང་འཇུག་གི་ ཉམས་རྣམས་སོ། །དེ་གསུམ་ཆར་ཡིད་ཀུན་བཏགས་དང་བྲལ་བའི་ཆོས་ཉིད། མི་རིགས་ པ་ལས་ལོག་པའི་ཆོས་ཅན། ངོ་བོ་གཅིག་ཚུལ་གྱི་ལྡོག་པ་ཐ་དད་པ་སྟེ་མཚན་ཉིད་གསུམ་དུ་ གསུངས་སོ། །གཉིས་པ་ལ་རང་བྱུང་ཞེས་པའི་དོན་ཕྱི་རོལ་གྱི་རྐྱེན་གཞན་ལ་མ་ལྟོས་པ་ཡིན་ ལ། དེ་ལ་ཉོན་མོངས་རང་བྱུང༌། རྣམ་རྟོག་རང་བྱུང་དང༌། སྦྲེལ་གཞི་རང་བྱུང༌། གསལ་ཞིང་ ཡངས་ལ་རང་བྱུང་ཆེན་པོའི་ཡེ་ཤེས་སོ། །དང་པོ་ནི། རྩ་རླུང་ཐིག་ལེའི་ཁྱད་པར་འགའ་ཞིག་ དབང་བསྐུར་ཐོབ་པས་རྟེན་འབྲེལ་གྱིས་ཉོན་མོངས་དུག་ལྔ་ཤུགས་དྲག་པོ་ལྟར་སྣང་བའི་ ལམ་གྱི་ཡེ་ཤེས་དང་གཉིས་པ་རྣམ་རྟོག་ཤུགས་དྲག་པོ་ལྟར་སྣང་བའི་ལམ་གྱི་ཡེ་ཤེས་དང༌། གསུམ་པ་ཉམས་མཐོ་དམན་གསལ་མི་གསལ། བདེ་སྡུག་འདྲེས་མར་སྣང་བ་དང༌། བཞི་པ་ གསལ་སྟོང་གི་ཡེ་ཤེས་མཐའ་དབུས་མེད་པར་འཆར་བ་རྣམས་སོ། །གསུམ་པ་ནི་ཡས་བརྟན་ 21-1-367 གྱི་དགའ་བ་བཞི་སྟེ། དེ་དག་ལ་ཡང༌། གནས་ལ་ལྟོས་པ་བཞི་དང༌། ལུས་ལ་ལྟོས་པ། སྤང་བྱ་ ལ་ལྟོས་པ། ངོ་བོ་ཉིད་ལ་ལྟོས་པར་དབྱེ་བས་བཅུ་དྲུག་གོ །དང་པོ་ནི། སྤྱི་བོའི་ཧཾ་ཡིག་ཞུ་བ་ ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་སུ་བརྟན་ པར་བྱ་བའི་དུས་སུ་བདེ་བ་འཆར་བ་ཡིན་ནོ། །གཉིས་པ་ལུས་ལ་ལྟོས་པ་ནི། ཕྱི་རོལ་གྱི་བྱ་ བ་ལ་ལྟོས་པའི་བདེ་བ་དང༌། གཉིས་སྦྱོར་གྱི་བྱ་བ་ལས་ཐོབ་པའི་བདེ་བ་དང༌། བསྲུབས་པ་ ལས་བྱུང་བའི་བདེ་བ་དང༌། བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པའི་བདེ་བ་སྟེ་སྐད་ཅིག་མ་ རིམ་པ་བཞི་ལ་ལྟོས་པ་ཡིན་ནོ། ། གསུམ་པ་སྤང་བྱ་ལ་ལྟོས་པ་ནི་ཕྱི་རོལ་གཟུང་བའི་རྣམ་རྟོག་རགས་པ་འགགས་པ་ དང༌། རིག་མར་འཛིན་པའི་རྣམ་རྟོག་འགགས་པ་དང༌། བདག་ཏུ་འཛིན་པའི་རྣམ་རྟོག་མངོན་ གྱུར་པ་འགགས་པ་དང༌། གཟུང་འཛིན་གྱི་རྣམ་རྟོག་ཕྲ་རགས་མངོན་གྱུར་པ་འགགས་པ་སྟེ་ བཞིའོ། །བཞི་པ་ངོ་བོ་ཉིད་ལ་ལྟོས་པ་ནི། བདེ་སྟོང་གི་ཡེ་ཤེས་ཆུང་ངུ་དང༌། འབྲིང་དང༌། ཆེན་ པོ་དང་། ཆེན་པོའི་ཆེན་པོ་རྣམས་ཡིན་ནོ། །བཞི་པ་དབང་བཞི་པའི་ལྟ་བ་བདེ་སྟོང་གཉིས་སུ་ མེད་པའི་མས་བརྟན་གྱི་དགའ་བ་བཞི་ནི། ཇི་སྐད་དུ། རྒྱུ་མཐུན་པས་ནི་སྐྲ་དཀར་འཇོམས། ། རྣམ་པར་སྨིན་པའི་སྟོབས་སྟེར་བྱེད། །སྐྱེས་བུ་བྱེད་པས་རྣམ་པར་འཕེལ། །དྲི་མ་མེད་པས་ འཆི་མེད་འགྱུར། །ཞེས་གསུངས་པ་ལྟར་འབྲས་བུ་བཞི་སྟེ། དེ་ཡང་ནོར་བུ་ནས་ལྟེ་བའི་ བར་བྱང་སེམས་ཀྱིས་གང་ཞིང་བརྟན་པར་བྱས་པ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། སྐྲ་དཀར་ ལ་སོགས་པ་རྒས་པ་མི་འབྱུང་བ་དང༌། དེ་ཉིད་སྙིང་གར་བརྟན་པར་བྱས་པ་ནི་རྣམ་སྨིན་གྱི་ འབྲས་བུ་སྟེ། སེམས་ཡེ་ཤེས་ཀྱི་སྟོབས་སུ་གྱུར་པས་ལུས་སྲེད་མེད་ཀྱིས་བུའི་སྟོབས་དང་ ལྡན་པ་ཡིན་ནོ། །དེ་ཉིད་མགྲིན་པའི་བར་དུ་བརྟན་པར་བྱས་པ་ནི། སྐྱེས་བུ་བྱེད་པའི་འབྲས་ བུ་སྟེ། ཆོས་ཐམས་ཅད་ལ་བློ་གྲོས་འཕེལ་ཤིང་ཐོགས་མེད་དུ་ཆོས་སྟོན་ནུས་པ་དང༌། དེ་ཉིད་ 21-1-368 སྤྱི་བོའི་བར་དུ་བརྟན་པར་བྱས་པ་ནི་བྲལ་བའི་འབྲས་བུ་སྟེ། ཐ་མལ་པའི་ལུས་གནས་གྱུར་ ནས་འཇའ་ལུས་རྡོ་རྗེའི་སྐུ་འགྱུར་པ་ཡིན་ནོ། ། གཉིས་པ་འཕགས་ལམ་དུ་གྲུབ་མཐའ་བཞི་ཞེས་བྱ་བ་ནི་གྲུབ་འབྲས་ཏེ། སོ་སོའི་སྐྱེ་ བོའི་གནས་སྐབས་སུ་དབང་བཞིའི་ལམ་བསྒོམས་པའི་འབྲས་བུ་ཡིན་པས་སོ། །རྣམ་པ་ གཅིག་ཏུ་ན། གྲུབ་པ་ནི་མཆོག་གི་དངོས་གྲུབ་ཡིན་ལ། མཐར་ཐུག་གི་འབྲས་བུ་དེ་དང་ཉེ་ བས་གྲུབ་པའི་མཐའ་ཞེས་བྱའོ། །དེ་ལ་དབྱེ་ན། བུམ་དབང་གི་གྲུབ་མཐའ་འཁོར་འདས་ དབྱེར་མེད། གསང་དབང་གི་གྲུབ་མཐའ་མ་འདྲེས་ཡོངས་རྫོགས། ཤེར་དབང་གི་གྲུབ་མཐའ་ བདེ་སྟོང་རྒྱ་ཆུང་བ། དབང་བཞི་པའི་གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ་དང་བཞིའོ། །དང་པོ་ནི། ས་དང་པོ་ནས་དྲུག་པའི་བར་ཡིན་ཏེ། འཁོར་འདས་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ ལ་གཙོ་བོར་བྱེད་པས་འཁོར་འདས་དབྱེར་མེད་ཅེས་བྱའོ། །གཉིས་པ་ནི། ས་བདུན་པ་ནས་ བཅུའི་བར་རྣམས་ཡིན་ཏེ། སོ་སོར་ཡང་དག་པར་རིག་པ་བཞི་ལ་དབང་འབྱོར་བས་སེམས་ ཅན་སོ་སོའི་བསམ་པ་དང་མཐུན་པ་དང་། འགྲོ་བ་སོ་སོའི་སྐད་དང་མཐུན་པའི་ཆོས་སོ་སོར་ མ་འདྲེས་པ་སྟོན་པར་ནུས་པས་ན་མ་འདྲེས་པ་ཡོངས་སུ་རྫོགས་པ་ཞེས་བྱའོ། །གསུམ་པ་ ནི། ས་བཅུ་གཅིག་པ་དང་བཅུ་གཉིས་པ་ཡིན་ཏེ། འདི་དག་ནི་བདེ་སྟོང་གི་ཡེ་ཤེས་ཀྱི་ཡུལ་ ཚད་དང་བཅས་པའི་ཕྱིར་བདེ་སྟོང་རྒྱ་ཆུང་བ་ཞེས་བྱའོ། །བཞི་པ་ནི། བཅུ་གསུམ་པའི་ཕྱེད་ འོག་མ་ནི་སྐད་ཅིག་མ་གཅིག་གིས་བརྟན་གཡོ་ཐམས་ཅད་ལ་ཁྱབ་པར་ནུས་པའི་ཕྱིར་བདེ་ སྟོང་རྒྱ་ཆེ་བ་ཞེས་བྱའོ། །ས་འདི་དག་ཏུ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་གྲུབ་ མཐའ་ལ་རྟགས་སུ་ཤར་བ་ཞེས་བྱའོ། །གཉིས་པ་དེ་ལ་ཇི་ལྟར་འཁྲིད་ཚུལ་ནི། ཚོགས་སྦྱོར་ གྱི་ལམ་མཐའ་དག་ཁམས་འདུས་པ་གསུམ་དང༌། འཇིག་རྟེན་ལས་འདས་པའི་ལམ་གྲུབ་ མཐའ་བཞིའི་བསྡུས་པ་ལྟར་ཏེ། དེ་ལ་ཁྲིད་ལུགས་གསུམ་དང༌། བསྒྲོད་ལུགས་གཉིས་ཀྱི་ 21-1-369 དང་པོ་རླུང་གི་ལམ་ཁྲིད་པའི་ཚུལ་ནི། ཁམས་འདུས་པ་དང་པོར་གནོད་པ་དང་བཅས་པའི་ ལམ་ཁྲིད་པ་དང༌། འདུས་པ་གཉིས་པ་ཕན་གནོད་མེད་པར་ལམ་ཁྲིད་པ་དང༌། འདུས་པ་ གསུམ་པར་ཕན་པ་དང་བཅས་པའི་ལམ་ཁྲིད་པ་སྟེ་དེ་དག་ནི་འཇིག་རྟེན་ཆོས་མཆོག་མན་ ཆད་ཀྱི་ལམ་ཆོད་པའོ། །འཇིག་རྟེན་ལས་འདས་པའི་གནས་སྐབས་སུ་ཡང་གྲུབ་མཐའ་དང་ པོར་ཟག་པ་མེད་པའི་རླུང་གི་ལམ་ཁྲིད་པ་དང༌། གཉིས་པར་དབང་པོ་ལྔའི་རླུང་གི་ལམ་ཁྲིད་ པ་དང༌། གསུམ་པར་སྟོབས་ལྔའི་རླུང་གི་ལམ་ཁྲིད་པ་དང༌། བཞི་པར་སྲོག་རྩོལ་རབ་ཏུ་ཐིམ་ པའི་རླུང་གི་ལམ་ཁྲིད་པ་སྟེ། དེ་ལྟར་རླུང་གི་བགྲོད་པ་མ་ལུས་པ་ཐིམ་པས་སངས་རྒྱས་ཀྱི་ སར་ཡེ་ཤེས་ཀྱི་རླུང་འབའ་ཞིག་ཏུ་གྱུར་པ་ཡིན་ནོ། ། གཉིས་པ་ཐིག་ལེའི་ལམ་ཁྲིད་ཚུལ་ལ། འདུས་པ་དང་པོར་ཁམས་དྭངས་སྙིགས་མ་ཕྱེད་ པར་ལམ་ཁྲིད་པ་དང༌། གཉིས་པར་ཅུང་ཟད་ཕྱེད་པས་ཁྲིད་པ་དང༌། གསུམ་པ་དྭངས་སྙིགས་ ཕྱེད་པར་ཁྲིད་པ་སྟེ་གསུམ་དུ་ཡོད་ཅིང༌། འཇིག་རྟེན་ལས་འདས་པའི་སྐབས་སུའང་གྲུབ་ མཐའ་དང་པོར་ཁམས་དྭངས་མའི་ལམ་ཁྲིད་པ་དང༌། གཉིས་པ་ཐིག་ལེའི་བདུད་རྩི་ལམ་ ཁྲིད་པ་དང༌། གསུམ་པར་དྭངས་མ་ཆེན་པོའི་ལམ་ཁྲིད་པ་དང༌། བཞི་པར་དྭངས་མའི་དྭངས་ མས་ལམ་ཁྲིད་པ་སྟེ། དེ་ནས་ཐིག་ལེའི་བགྲོད་པ་ཐམས་ཅད་ཐིམ་པས། ཁམས་དྭངས་མ་ མཆོག་འབའ་ཞིག་ཏུ་གྱུར་པ་ཡིན་ནོ། །གསུམ་པ་རྩ་ཡི་གེའི་ལམ་ཁྲིད་ཚུལ་ནི། འདུས་པ་ གསུམ་ལ་མ་ངེས་པ་འཁྲུལ་སྣང་ལ་བརྟེན་ནས་ལམ་ཁྲིད་ཚུལ་དང༌། ངེས་པ་མཐོང་སྣང་ལ་ བརྟེན་ནས་ལམ་ཁྲིད་ཚུལ་དང༌། ཤིན་ཏུ་ངེས་པ་གསལ་སྣང་ལ་བརྟེན་ནས་ལམ་ཁྲིད་པའོ། ། འཕགས་ལམ་སྐབས་སུ་གྲུབ་མཐའ་བཞི་ལ། ཡི་གེའི་སྟོབས་ཅུང་ཟད་དག་པའི་ལམ་ཁྲིད་ ཚུལ་དང༌། ཡི་གེའི་སྟོབས་ཕལ་ཆེར་དག་པའི་ཁྲིད་ཚུལ་དང༌། ཡི་གེའི་སྟོབས་དག་པའི་ལམ་ ཁྲིད་པའི་ཚུལ་དང༌། ཡི་གེའི་སྟོབས་ཆེར་དག་པའི་ཁྲིད་ཚུལ་ཏེ་བཞི་ཡོད་ཅིང༌། དེ་ནས་རྩ་ཡི་ 21-1-370 གེའི་བགྲོད་པ་ཐིམ་པས་མི་ཤིགས་པ་མཆོག་ཏུ་གྱུར་པ་ཡིན་ནོ། ། གཉིས་པ་བགྲོད་ལུགས་གཉིས་ནི། ལམ་ལྟར་ན་ལམ་ལྔ་དང་ས་བཅུ་གསུམ་མོ། །བྱང་ ཕྱོགས་ལྟར་བགྲོད་ན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ནོ། །གཉིས་ པ་བསྒྲུབ་བྱ་འབྲས་བུའི་ངོ་བོ་ནི། བླ་མ་གོང་མའི་མན་ངག་ལས། ཇི་སྐད་དུ། གནས་ཡོངས་ གྱུར་དང་ཡེ་ཤེས་སྐུ། །མི་གནས་མྱ་ངན་འདས་ཉིད་དང༌། །གཉིས་སུ་མེད་པ་ཉིད་དང་ནི། ། མཛད་པ་རྒྱུན་མི་འཆད་པས་བསྡུས། །ཞེས་གསུངས་པ་ལྟར་དོན་ཚན་དྲུག་དང༌། སྐུ་དང་ཡེ་ ཤེས་ཀྱི་ཡན་ལག་བཤད་པ་བརྩི་བ་སྟེ་བདུན་ནོ། །དང་པོ་གནས་ཡོངས་སུ་གྱུར་པ་ནི། ཆོས་ ཀྱི་དབྱིངས་རང་བཞིན་གྱི་ཆ་ནས་གནས་གྱུར་པ་མེད་ཀྱང་ཀུན་རྫོབ་ཀྱི་ཆ་ནས་གནས་གྱུར་པ་ སྟེ། ཀུན་གཞིའི་རྣམ་ཤེས་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས། ཉོན་ཡིད་གནས་གྱུར་པ་ མཉམ་པ་ཉིད་ཀྱི་ཡེ་ཤེས། ཡིད་ཀྱི་རྣམ་ཤེས་གནས་གྱུར་པ་སོར་རྟོག་ཡེ་ཤེས། སྒོ་ལྔའི་རྣམ་ ཤེས་གནས་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས། ཆོས་ཀྱི་དབྱིངས་ཤིན་ཏུ་དྲི་མ་མེད་པར་གྱུར་པ་ ཆོས་དབྱིངས་ཡེ་ཤེས་ཏེ་མདོ་དང་ཐུན་མོང་གི་གནས་གྱུར་གྱི་རྣམ་བཞག་དང༌། ཕུང་པོ་ལྔ་ རྒྱལ་བ་རིག་ལྔར་གནས་གྱུར་པ་དང༌། ཉོན་མོངས་པ་དུག་ལྔ་ཡེ་ཤེས་ལྔར་གནས་གྱུར་པ་ དང༌། སྐྱེ་མཆེད་བཅུ་གཉིས་སེམས་དཔའ་སེམས་མའི་དཀྱིལ་འཁོར་དུ་གནས་གྱུར་པ་དང༌། ལུས་རྩ་གནས་སྤྲུལ་སྐུར་གནས་གྱུར་པ་དང༌། ཡི་གེ་ལོངས་སྐུར་གནས་གྱུར་པ་དང༌། ཁམས་ ཆོས་སྐུར་གནས་གྱུར་པ་དང༌། སྙིང་པོ་ཡེ་ཤེས་ངོ་བོ་ཉིད་སྐུར་གནས་གྱུར་པ་སྟེ། ཐུན་མོང་མ་ ཡིན་པའི་གནས་གྱུར་གྱི་རྣམ་བཞག་གོ ། གཉིས་པ་ཡེ་ཤེས་ནི། གོང་དུ་མངོན་བྱང་གི་སྐབས་སུ་བཤད་ཟིན་པའི་ཡེ་ཤེས་ལྔ་དང༌། སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ཡིན་ལ། དེ་ཡང་ཡེ་ཤེས་ ལྔ་སྐུ་གསུམ་གྱི་བསྡུས་པ་ཡིན་ཏེ། ཆོས་དབྱིངས་ཡེ་ཤེས་ནི་ཆོས་སྐུ་དང༌། བྱ་གྲུབ་ཡེ་ཤེས་ནི་ 21-1-371 སྤྲུལ་སྐུ། ཡེ་ཤེས་གཞན་རྣམས་ནི་ལོངས་སྐུས་བསྡུས་པ་ཡིན་ནོ། །དེ་ཡང་བདེ་མཆོག་སྟོད་ འགྲེལ་ལས། ཡང་སངས་རྒྱས་ཀྱི་ས་དེ་ཉིད་ལ་རྡོ་རྗེ་གུར་དང་སངས་རྒྱས་ཀྱི་སའི་དགོངས་པ་ ལྟར་ཡེ་ཤེས་ལྔས་སངས་རྒྱས་ཀྱི་ས་ཐམས་ཅད་བསྡུས་པར་གསུངས། ཞེས་གསུངས་ཤིང༌། ལྗོན་ཤིང་ལས་ཀྱང་དེ་བཞིན་དུ་གསུངས་ལ། འདིའི་སྐབས་ཀྱི་སངས་རྒྱས་ཀྱི་སའི་དགོངས་ པ་ཞེས་གསུངས་པ་ནི། མདོ་སྡེ་སངས་རྒྱས་ཀྱི་ས་ཡིན་པའི་ཕྱིར་མདོ་ལུགས་ལ་ཡེ་ཤེས་ལྔ་ མེད་པར་འདོད་པ་ནི། རྗེ་བཙུན་གོང་མ་རྣམས་ཀྱིས་དགོངས་པ་བསྐངས་པ་མ་ཡིན་ནོ། ། གསུམ་པ་ནི། སྐུ་གསུམ་གྱི་སྟེང་དུ་ངོ་བོ་ཉིད་སྐུ་བསྣན་པས་བཞིའོ། །དེའི་སྟེང་དུ་བདེ་བ་ ཆེན་པོའི་སྐུ་བསྣན་པས་ལྔའོ། །བཞི་པ་ནི་མི་གནས་པའི་མྱང་འདས་ནི་ཆོས་སྐུས་སྲིད་པའི་ མཐའ་ལ་མི་གནས་པ་དང༌། ལོངས་སྐུ་སྟོན་པའི་སྒོ་ནས་མྱང་འདས་ཀྱི་མཐའ་ལ་མི་གནས་ པ་ཉིད་ཡིན་ནོ། །ལྔ་པ་གཉིས་སུ་མེད་པ་ནི་ཟུང་དུ་འཇུག་པ་སྟེ། སྐུ་དཀྱིལ་འཁོར་གྱི་འཁོར་ ལོ་སྣང་བ་དང༌། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྡོག་ཆ་ཐ་དད་ཀྱང་ཡེ་ཤེས་གཅིག་གི་ རྣམ་རོལ་ཡིན་ནོ། ། དྲུག་པ་ནི། སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཏེ། གདུལ་བྱ་གང་ལ་གང་འདུལ་དུ་སྟོན་ པ་དང༌། བརྟན་གཡོ་ཐམས་ཅད་ཀྱི་རྣམ་པར་སྟོན་པ་དང་། དུས་སྲིད་པ་ཇི་སྲིད་ཀྱི་བར་དུ་རྒྱུན་ མི་འཆད་པར་འབྱུང་བའོ། །བདུན་པ་ནི། ཡེ་ཤེས་ལྔ་དང་ཡན་ལག་བདུན་ཡང་སྐུ་གསུམ་ གྱིས་བསྡུས་པ་ཡིན་ཏེ། ཇི་སྐད་དུ། སློབ་དཔོན་ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་ དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་ མེད། །ཡན་ལག་བདུན་བཤད་དོན་དང་ལྡན་པའི་བསྒྲུབ་བྱ་འདིར། །བདག་འདོད་ཚད་མས་ ཡོངས་གོམས་བློ་ཅན་རྣམས་ཀྱིས་བསྔགས། །ཞེས་གསུངས་པ་ལྟར། ཁ་སྦྱོར་ལ་སོགས་པ་ ཡན་ལག་དང་པོ་གསུམ་ལོངས་སྐུ་དང་། རང་བཞིན་མེད་པའི་ཡན་ལག་ནི་ཆོས་སྐུ་དང༌། ཕྱི་ 21-1-372 མ་གསུམ་ནི་སྤྲུལ་པའི་སྐུའོ། །དེ་ལྟ་བུའི་ཡན་ལག་བདུན་ལྡན་ཚོགས་གཉིས་རྫོགས་པའི་ སངས་རྒྱས་དངོས་དང་རྡོ་རྗེ་འཆང་ཞེས་བྱ་ལ། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རང་འབྲས་ཀྱི་ སངས་རྒྱས་ནི། སངས་རྒྱས་ཀྱི་མཚན་དང་ལྡན་པ་ཙམ་སྟེ། ས་བཅུ་པ་ལས་མི་འདའ་འོ། ། སཾབྷུ་ཊི་ལས། གང་དག་བསམ་གྱིས་མི་ཁྱབ་པའི་གནས་ཐོབ་པ་དེ་དག་བདེ་བར་གཤེགས་ པ་སྟེ། སངས་རྒྱས་ཡིན་ལ་མཚན་གཞི་མཚོན་པ་ནི་རྡོ་རྗེ་སེམས་དཔའ་ཡང་དག་པའོ། །ཞེས་ གསུངས་སོ། །འདིའི་སྐབས་ཀྱི་བསམ་གྱིས་མི་ཁྱབ་པའི་གནས་ནི་ཁ་སྦྱོར་དང་བདེ་བ་ཆེན་ པོའི་གནས་ཡིན་ཅིང༌། མཚན་གཞི་མཚོན་པར་བྱེད་པ་ནི། ཆོས་ཐམས་ཅད་གཟིགས་ཤིང་ མཁྱེན་པའི་དོན་ཏོ། ། ཐམས་ཅད་མཁྱེན་པའི་ལམ་བཟང་བདུད་རྩིའི་མཚོ། །ཡི་གེའི་སར་འཁོད་དགེ་བ་གང་ བསགས་དེས། །འགྲོ་བའི་ཡིད་མཁར་ཀུན་མཁྱེན་ཟླ་འོད་རྒྱས། །དགྱེས་པའི་རྡོ་རྗེ་རབ་རྒྱས་ རྒྱུར་གྱུར་ཅིག ། ཅེས་པ་འདི་ནི་རྗེ་བཙུན་ཐམས་ཅད་མཁྱེན་པས་འཇམ་དབྱངས་ཀུན་དགའ་སྙིང་པོའམ་མཚན་གཞན་ཏཱ་ར་ནཱ་ཐའི་ཞལ་སྔ་ ནས་གསུངས་པ་ཇི་ལྟར་ཟིན་པ་བཞིན་དམ་པ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་དགེ་སློང་དཔལ་ལྡན་ཤཱཀྱཱ་བསྟན་འཛིན་ གྱིས་བྲིས་པའོ།། །།དགེའོ། །བཀྲ་ཤིས། ། 21-1-373 ༄༅། །འཕགས་མ་སྒྲོལ་མའི་མཚན་ངེས་པའི་ཊཱིཀྐ་ འགྲེལ་པ་རྣམས་ཀྱི་ལུགས་སུ་ སྦྱར་བ་བཞུགས་སོ། ། ༄༅། །ན་མོ་ཨརྱ་ཏཱ་ར་ཡེ། རྡོ་རྗེ་སློབ་དཔོན་མགོན་བྱས་ལྷ་མོའི་ཚོགས། །ནམ་ཡང་ གཙུག་གི་རྒྱན་དུ་བཞུགས་གྱུར་ཅིག །ལེགས་བཤད་མཆོག་ཏུ་སྤེལ་བར་སྤྲོ་བ་ལ། །ཕྱི་ནང་ གེགས་དང་བར་ཆད་ཞི་བར་མཛོད། །འདིར་སྒྲོལ་མ་འབྱུང་བའི་རྒྱུད་ཀྱི་སྙིང་པོར་གྲགས་པ་ མཚན་ངེས་པ་འདི་ལ། སློབ་དཔོན་ཆེན་པོ་མར་མེ་མཛད་དཔལ་ཡེ་ཤེས་ཀྱི་བཞེད་པའི་ཕྱག་ འཚལ་ཉེར་གཅིག་དང་སྦྱོར་བར་མཛད་པ་ཡིན་པ་ལས། ཨ་ཏཱི་ཤ་ཉིད་ཀྱིས་རྒྱུད་འགྲེལ་རྒྱས་ པར་མདོར་བསྡུས་སུ་སྦྱར་བར་མཛད་པ། འགྲེལ་པ་གཞན་དང་བླ་མའི་གསུང་འགྲོས་ཀྱིས་ རྒྱས་པར་ཕྱེ་བ་ནི་འདི་ཡིན་ཏེ། དེ་ལ་ཕྱག་འཚལ་ཉེར་གཅིག་གི་དོན་བཤད་པ། མཚན་ངེས་ པ་དང་སྦྱར་བ། མཚན་གྱི་གྲངས་བསྟན་པ་སྟེ་གསུམ་ལས། དང་པོ་ནི། འདིར་འབྲུ་འགྲེལ་དུ་ བརྗོད་ན་ཡང་མང་བར་འགྱུར་བས་སྙིང་པོར་གྲིལ་ཏེ་བརྗོད་པར་བྱའོ། ། དེ་ཡང་ཤློ་ཀ་དང་པོ་ལ། སྒྲོལ་མ་ཞེས་པ་ནི། སེམས་ཅན་འཁོར་བ་ལས་སྒྲོལ་བར་ནུས་ པའི་ཡོན་ཏན་ནོ། །མྱུར་མ་ནི་སྙིང་རྗེ་ཆེན་པོའོ། །དཔའ་བོ་ནི་ཡེ་ཤེས་ཀྱིས་སྒྲིབ་གཉིས་བཅོམ་ པའི་ཕྱིར་དཔའ་བ་སྟེ་མཁྱེན་པའོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་བ་ཞེས་པ་ནི་ཇི་སྙེད་པ་ གཟིགས་པ་ཡིན་ལ། འཇིག་རྟེན་གསུམ་མགོན་ཆོས་ཀྱི་སྐུ། དེ་ལས་བྱུང་བ་ནི་གཟུགས་ཀྱི་ སྐུའོ། །དེ་ལྟར་སྒྲ་ཇི་བཞིན་པ་མ་ཡིན་པས་འབྲས་བུ་བསྟན་ལ། སྒྲ་ཇི་བཞིན་པ་ནི། འཁོར་ 21-1-374 བ་ལས་སྒྲོལ་བ་དང༌། འཕྲིན་ལས་མྱུར་བ་དང༌། འཇིགས་པ་ལས་སྐྱོབ་པ་དང༌། སྤྱན་གཡོ་ བ་དང༌། སྤྱན་རས་གཟིགས་ཀྱི་ཞལ་རས་ལས་འཁྲུངས་པ་རྣམས་བསྟན་ཏེ། གཉིས་པའི་དོན་ ནི། སྟོན་ཀའི་ཟླ་བའི་བརྡས་བྱང་ཆུབ་ཀྱི་སེམས་ཡིན་པས། ནོར་བུ་ནས་སྤྱི་བོའི་བར་གང་བ་ བརྩེགས་པ་དང༌། རྩ་ཕྲན་ཐམས་ཅད་ཐིག་ལེ་སྐར་མའི་ཚུལ་གྱིས་ཡོངས་སུ་གང་བ་སྟེ། སྒྲ་ཇི་ བཞིན་པ་ནི། སྐུ་མདོག་དཀར་པོ་འོད་ཟེར་དཀར་པོ་འཕྲོ་བའོ། ། གསུམ་པའི་དོན་ནི། ཆུ་སྐྱེས་ནི་གསང་བའི་པདྨ་དང༌། ཕྱག་གི་སྒྲས་ཐབས་ཀྱི་རྡོ་རྗེའོ། ། ཐབས་ཤེས་མཉམ་པར་སྦྱོར་བ་ལས། བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པ་ཚུལ་ཁྲིམས་དང༌། བདེ་བ་ལ་རྩེ་གཅིག་ཏུ་གནས་པས་བསམ་གཏན། དེ་གཉིས་ཀྱིས་ཆོས་ཐམས་ཅད་རང་ བཞིན་མེད་པར་རྟོགས་པ་ཤེས་རབ་དང༌། དེ་ལས་ནམ་ཡང་མི་འདའ་བ་བརྩོན་འགྲུས་དང༌། ཡེ་ཤེས་དེའི་ངོ་བོར་བདེ་སྡུག་མཉམ་པ་ཉིད་དུ་བཟོད་པ་དང༌། བདག་ཏུ་ལྟ་བ་བཟློག་པའི་ ཕྱིར་བདག་གིར་འཛིན་པ་ཡོངས་སུ་བཏང་བའི་སྦྱིན་པའོ། །དེ་ལ་དཀའ་ཐུབ་ནི་ཚུལ་ཁྲིམས་ དང༌། ཞི་བ་ནི་ཤེས་རབ་བོ། སྒྲ་ཇི་བཞིན་པ་ནི། གསེར་གྱི་ཡུ་བ་ཅན་གྱི་པདྨ་སྔོན་པོ་ཕྱག་ ན་བསྣམས་པ་དང༌། ཕར་ཕྱིན་དྲུག་རྫོགས་པའོ། །བཞི་པའི་དོན་ནི། དེ་བཞིན་གཤེགས་པ་ སྟེ། ཕུང་པོ་ལྔ་ཡི་དྭངས་མ་གཙུག་ཏོར་དུ་ཡོངས་སུ་ཐིམ་པས་ཁུ་རྡུལ་རླུང་གི་ཚོགས་པ་ཞིག་ པའི་ཕྱིར། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལས་རྣམ་པར་རྒྱལ་བས། དེས་ནི་སངས་རྒྱས་ཀྱི་སྐུ་ བརྙེས་པའི་ཕྱིར་རྒྱལ་སྲས་ཆེན་པོས་ཀྱང་མཆོད་པའོ། །རྒྱལ་སྲས་ཀྱི་སྒྲས་སྐྱེ་མཆེད་ཀྱི་རླུང་ དང་ཁམས་རྣམས་འོད་གསལ་དུ་འཇུག་པའོ། །སྒྲ་ཇི་བཞིན་པ་ནི། སངས་རྒྱས་ཀྱི་གཙུག་ ཏོར་ལས་འཁྲུངས་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པས་བྱང་སེམས་འཕགས་པ་རྣམས་ ཀྱིས་མཆོད་པའོ། ། ལྔ་པའི་དོན་ནི། ཏུཏྟ་ར་ནི་གདུང་བ་མ་སྟེ། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ལ་ 21-1-375 གདུང་བའོ། །ཧཱུྃ་གི་ཡི་གེ་ནི། མི་ཤིགས་པའི་སྒྲ་དང༌། འདོད་པ་ནི་གསང་བའི་འཁོར་ལོ་དང༌། ཕྱོགས་ཏེ་དབུ་མའི་ནང་ཁྱབ་པ་དང༌། ནམ་མཁའ་གང་བ་ནི་སྒྲ་རྣམས་བརྗོད་བྲལ་དུ་གྱུར་ པའོ། །རྩ་འཁོར་ལོ་ལྔ་མེ་རླུང་གི་འཁོར་ལོ་སྟེ་འཇིག་རྟེན་བདུན་ཀུན་དས་གང་ཞིང་གནོན་པ་ དང༌། དཀར་ཆ་གསང་བ་ནས་སྤྱི་བོའི་བར་དུ་འགུགས་པའོ། །སྒྲ་ཇི་བཞིན་པ་ནི། སྔགས་ཀྱི་ སྒྲས་འདོད་ཁམས་སོགས་ཁམས་གསུམ་གང་བ་དང༌། འཇིག་རྟེན་བདུན་པོ་དབང་དུ་འདུས་ པས་ལྷ་ཆེན་པོ་སོགས་འགྲོ་བ་ཐམས་ཅད་འགུགས་ཤིང་དབང་དུ་མཛད་པའོ། ། དྲུག་པའི་དོན་ནི། བརྒྱ་བྱིན་ས་ཁམས་དང་ཚངས་པ་དག་བྱེད་ཆུ་ཁམས་དང༌། མེ་ལྷ་མེ་ ཁམས་དང༌། རླུང་ལྷ་རླུང་ཁམས་དང༌། སྣ་ཚོགས་དབང་ཕྱུག་སྟེ་ལྷ་ཆེན་པོ་ནི་ནམ་མཁའི་ ཁམས་ལྔ་པོ་རྣམས་ཀྱི་དྭངས་མ་འཁོར་ལོ་སོ་སོའི་ལྟེ་བའི་ཐིག་ལེར་ཐིམ་པར་བྱེད་པའི་ཕྱིར་ མཆོད་པའོ། །འབྱུང་པོ་རྩ་རོ་ལངས་ནི་ཐིག་ལེ། དྲི་ཟ་ནི་རླུང༌། གནོད་སྦྱིན་ནི་རྣམ་པར་རྟོག་ པ་སྟེ། དེ་དག་ཀྱང་ཐིག་ལེར་ཐིམ་ཞིང་འགགས་པའོ། །སྒྲ་ཇི་བཞིན་པ་ནི། ལྷ་ཆེན་པོ་རྣམས་ དང་འབྱུང་པོ་ཐམས་ཅད་ཀྱིས་མཆོད་ཅིང་བསྟོད་པའོ། ། བདུན་པའི་དོན་ནི། ཏྲཊ་ནི་དྲ་ལའི་དོན་དང༌། ཕཊ་ནི་འགགས་པར་བྱེད་པའི་དོན་ཏེ། རིམ་པ་ཇི་བཞིན་དུ་ཐ་མལ་བའི་ལུས་དང་རྣམ་རྟོག་འཇོམས་པའོ། །དོན་དམ་པའི་དབྱིངས་ ལས་ཕ་རོལ་ཏུ་གྱུར་བའི་ལས་ཉོན་གྱི་འཁྲུལ་འཁོར་སྟེ། འཁོར་བའི་ལས་རླུང་སོགས་བསྡུས་ ཏེ་དེ་བཅོམ་པ་དང༌། གཡས་བསྐུམ་གཡོན་བརྐྱང་ནི། རོ་མ་དང་རྐྱང་མ་སྟེ། སྟེང་དང་འོག་ ཏུ་ཁ་བལྟས་པའི་ཕྱིར་རོ། །དེ་གཉིས་དབུ་མའི་ཞབས་ཀྱིས་མནན་པ་སྟེ། དེ་གཉིས་ཀྱིས་ རྒྱུ་བ་དབུ་མར་འགགས་པའོ། །དེ་ལས་གཏུམ་མོ་འབར་བ་དང༌། དེས་བྱང་ཆུབ་ཀྱི་སེམས་ འབབས་ཅིང་འཁྲུགས་པ་དང༌། དེ་ལས་ཀྱང་གཏུམ་མོ་ཆེར་འབར་ཞིང་འཛག་པ་སོགས་ཏེ། ཐིག་ལེ་འབར་འཛག་གིས་བསྒྲོད་པའི་ལུས་དག་པར་བྱེད་པའོ། །སྒྲ་ཇི་བཞིན་པ་ནི། རིགས་ 21-1-376 སྔགས་ཀྱིས་གཞན་གྱི་བྱད་མ་བཟློག་པ་དང༌། དྲག་མོའི་སྐུ་མ་འབར་ཞིང་གཡོན་བརྐྱང་ སོགས་སྟང་སྟབས་སྣ་ཚོགས་པས་དགྲ་བགེགས་འཇོམས་པའོ། ། བརྒྱད་པའི་དོན་ནི། ཏུ་རེ་ནི་མྱུར་མ་སྟེ་མྱུར་དུ་དངོས་གྲུབ་ཐོབ་པའོ། །བདུད་འཇོམས་པ་ ནི་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པའོ། ཁྲོ་གཉེར་སོགས་ནི་དྲག་པོའི་ཆས་སུ་ཞུགས་པ་ཡིན་ ལ། དགྲ་བོ་ནི་ཉོན་མོངས་པ་སྟེ། སྒྲིབ་པ་མ་ལུས་པ་བཅོམ་ཞིང་གསོད་པའོ། །འཇིགས་པ་ ཆེན་པོ་ནི་ཟབ་མོའི་གནད་འདི་ལ་མུ་སྟེགས་དང་ཉན་ཐོས་སོགས་སྐྲད་པའོ། །སྒྲ་ཇི་བཞིན་ པ་ནི། སྔགས་ཀྱི་སྒྲས་འབྱུང་པོ་འཇིགས་པར་བྱེད་པ་དང༌། ཁྲོ་མོའི་སྐུར་བསྟན་ཏེ་བདུད་ཀྱི་ དམག་དཔོན་སྒྲུབ་པ་པོའི་དགྲ་རྣམས་གསོད་པའོ། ། དགུ་པའི་དོན་ནི། རཏྣའི་སྒྲ་ནི་དྲི་མ་མེད་པའི་དོན་ཏེ་དེ་གསུམ་ནི་ལུས་ངག་ཡིད་གསུམ་ གྱི་རང་བཞིན་རྣམ་པར་དག་པའོ། །དེས་མཚོན་པར་བྱེད་པ་ནི་ཁུ་རྡུལ་རླུང་གསུམ་སྟེ། དེ་ རྣམས་སྙིང་ཁའི་ཐིག་ལེར་ཡོངས་སུ་བཅིངས་པ་ནི། ཕྱག་རྒྱའི་སོར་མོ་སྙིང་གར་བཀོད་པའི་ དོན་ནོ། །དེ་ལས་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་ཚེ་སྐུའི་འོད་ཟེར་གྱིས་ཕྱོགས་ཐམས་ཅད་ཁྱབ་ པའོ། །སྒྲ་ཇི་བཞིན་པ་ནི། དཀོན་མཆོག་གསུམ་མཚོན་པ་སོར་མོ་གསུམ་བསྒྲང་བའི་ཕྱག་རྒྱ་ ཐུགས་ཀར་བཀོད་ཅིང་འོད་ཟེར་ཕྱོགས་བཅུར་འཕྲོ་བའོ། ། བཅུ་པའི་དོན་ནི། རབ་ཏུ་དགའ་བ་ནི་ལྷན་ཅིག་སྐྱེས་དགའ་ཡིན་ལ། ནོར་བུར་བྱང་ཆུབ་ ཀྱི་སེམས་བསྟན་པས་རྒྱས་པ་ནི་སྤྱི་བོར་མས་བརྟན་པའི་ལྷན་སྐྱེས་དབུ་རྒྱན་གྱི་འོད་འཕྲེང་ སྤེལ་བའི་དོན་ནོ། །བཞད་པ་རབ་བཞད་ནི་དགའ་བའི་སྒྲ། གདུང་བ་མ་ནི། དེ་ལས་ཡེ་ཤེས་ ལྔ་ཐོབ་པར་འགྱུར་ཞེས་པ་ལྟར་ཡེ་ཤེས་ལྔའོ། །བདུད་ནི་ཆགས་རྟོགས་ཡིན་ལ་འཇིག་རྟེན་ ནི་ལུས་ངག་ཡིད་གསུམ་སྟེ། དེ་རྣམས་བདེ་ཆེན་དབང་དུ་བྱས་པའོ། །སྒྲ་ཇི་བཞིན་པ་ནི། དབུ་ རྒྱན་གྱི་འོད་ཀྱིས་དགའ་བ་བསྐྱེད་པ་དང༌། བཞད་ཅིང་སྔགས་ཀྱི་སྒྲས། འགྲོ་བ་གཞན་རྣམས་ 21-1-377 དབང་དུ་བྱེད་པའི་བདུད་ཀྱང་དབང་དུ་བྱེད་པ་སྟེ་བྲན་དུ་བྱེད་པའོ། ། བཅུ་གཅིག་པའི་དོན་ནི། ས་གཞི་སྐྱོང་བ་ནི་གསང་བའི་པདྨོར་གནས་པའི་བྱང་ཆུབ་ཀྱི་ སེམས་མས་བརྟན་གྱི་རིམ་པས་སྤྱི་བོར་འགུག་པར་བྱེད་པ་སྟེ། ཁྲོ་གཉེར་གཡོ་བ་དང་ཧཱུྃ་ གིས་སྒྲས་ནི་ལུས་ངག་གི་འདྲེན་ནོ། །འཕོངས་པ་ནི་ཐ་མལ་པའི་འདོད་ཆགས་ཀྱི་སྲེད་པའོ། ། སྒྲ་ཇི་བཞིན་པ་ནི། རྒྱལ་པོ་རྣམས་དབང་དུ་བྱེད་ཅིང་འགུགས་ལ། ཁྲོ་མོའི་རིགས་སྔགས་ ཀྱིས་དབུལ་བ་སེལ་བའོ། ། བཅུ་གཉིས་པའི་དོན་ནི། ཟླ་བའི་དུམ་བུ་ནི་བྱང་ཆུབ་ཀྱི་སེམས་སྤྱི་བོར་བརྟན་པའོ། ། འོད་དཔག་མེད་ནི་དམར་ཆའི་དྭངས་མ་སྟེ་རལ་བའི་ཁྲོད་གནས་ན་སྤྱི་བོ་ནས་ནོར་བུའི་བར་ དུ་མར་བརྟན་པའོ། །དེ་ལྟར་དཀར་དམར་གྱི་འགྲོས་ཐིམ་པའི་མ་དག་པའི་ལུས་འོད་ལུས་སུ་ བྱེད་པ་ནི། འོད་རབ་མཛེས་པའི་དོན་ནོ། །སྒྲ་ཇི་བཞིན་པ་ནི། ཟླ་བ་ཕྱེད་པ་འོད་འཕྲོ་བ་དང་ འོད་དཔག་མེད་ཀྱི་དབུ་བརྒྱན་ཅན་ནོ། ། བཅུ་གསུམ་པའི་དོན་ནི། གཡས་བརྐྱང་གཡོན་བསྐུམ་པ་སྟེ། རོ་རྐྱང་ཉི་ཟླའི་རླུང་ངམ་ སྲོག་དང་ཐུར་སེལ་དབུ་མའི་ཐིག་ལེར་བཅིངས་པ། དེ་ལས་གཏུམ་མོའི་སྣང་བ་ཕྱོགས་མེད་ དུ་འབར་བ་དང༌། དེའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་སྣང་བ་དང༌། དགྲ་བོ་སྟེ་རླུང་ འཕོ་བ་བཅུ་གཉིས་འཛེམ་པའོ། །སྒྲ་ཇི་བཞིན་པ་ནི། མེ་དཔུང་འབར་བའི་དབུས་ན་བཞུགས་ པ་དང༌། དྲག་པོའི་སྟང་སྟབས་ཀྱིས་དགྲ་བོ་གནོན་པའོ། ། བཅུ་བཞི་པའི་དོན་ནི། ས་གཞིའི་ངོས་ནི་ལྟེ་བ་སྟེ། དེར་མུན་པའི་རླུང་གཏུམ་མོའི་སྣང་ བའི་འོད་ཀྱིས་ཕུག་ཅིང་གཞོམ་མེད་ཀྱི་སྒྲ་དང༌། རྣམ་རྟོག་ལ་ཁྲོས་པའི་ཡེ་ཤེས་ཀྱིས་རྣམ་ ཤེས་རིམ་པ་བདུན་འཇོམས་པའོ། །སྒྲ་ཇི་བཞིན་པ་ནི། ས་གཞི་ལ་ཞབས་བརྡབས་པས། ས་ འོག་བདུན་གྱི་ལྷ་དང་ཀླུ་དང་ལྷ་མ་ཡིན་རྣམས་སྐྲག་པར་བྱེད་པའོ། ། 21-1-378 བཅོ་ལྔ་པའི་དོན་ནི། མྱ་ངན་འདས་ཞི་ནི། ཆོས་དབྱིངས་ཡེ་ཤེས་བདེ་བ་མ་ནི་སོར་ རྟོག་ཡེ་ཤེས། དགེ་བ་མ་ནི་མེ་ལོང་ཡེ་ཤེས། ཞི་བ་ནི་མཉམ་ཉིད་ཡེ་ཤེས། སྡིག་པ་ཆེན་པོ་ འཇོམས་པ་ནི་བྱ་གྲུབ་ཡེ་ཤེས་དེའི་ཁྱད་པར་སྭཱཧཱ་དང༌། ༀ་ཡིག་ལ་སོགས་སྔགས་ཀྱི་སྒྲ་དུ་ མས་ཀྱང་སེམས་ཅན་གྱི་དོན་བྱེད་པའོ། །སྒྲ་ཇི་བཞིན་པ་ནི། འགྲོ་བ་རྣམས་ལ་ཚེ་འདིའི་ བདེ་བ་དང་ཕ་རོལ་གྱི་དགེ་བ་སྩོལ་བར་མཛད་ཅིང༌། སྡུག་བསྔལ་ཐམས་ཅད་ཞི་བར་མཛད་ པ་དང༌། མྱ་ངན་ལས་འདས་པའི་ས་རང་ཉིད་ཀྱིས་ཀྱང་བརྙེས་ནས་གཞན་ཡང་དེ་ལ་འགོད་ པར་མཛད་པ་དང༌། སྔགས་ཀྱི་མཐུས་སྡིག་པ་འབྲས་བུ་དང་བཅས་པ་འཇོམས་པའོ། ། བཅུ་དྲུག་པའི་དོན་ནི། ཡི་གེ་བཅུ་ནི་རླུང་བཅུ་ཡིན་ལ། དེ་རྣམས་མི་ཤིགས་པར་ཐིམ་པ་ ནི་ཧཱུྃ་ངོ༌། །རབ་ཏུ་དགའ་བའི་བསྐོར་བ་ནི་ལུས་ཐམས་ཅད་བདེ་བ་ཆེན་པོའི་འོད་ཟེར་གྱིས་ ཁྱབ་པའོ། །སྒྲ་ཇི་བཞིན་པ་ནི། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བས་དགྲ་རྣམས་འཇོམས་པ་ དང༌། ཧཱུྃ་ལས་འཁྲུངས་པའི་སྐུ་ཡི་གེ་བཅུ་པའི་སྒྲ་སྒྲོག་པའོ། ། བཅུ་བདུན་པའི་དོན་ནི། རི་རབ་ཀྱི་སྒྲས་ཚངས་པའི་རུས་པའི་དབྱུག་གུ། མན་ད་ར་དང་ འབིགས་བྱེད་ཀྱི་སྒྲས་ཀུན་འདར་མ་དང་ཡིད་བཟང་མའོ། །དེ་རྣམས་གཡོ་བ་ནི་ཐིག་ལེ་དང༌། རླུང་གིས་གང་བའི་འདར་བ་དང༌། ཞབས་བརྡབས་པའི་སྒྲས། རྩ་ཁ་ག་གཱ་ན་དང་རྩ་ན་ར་ན་ སི་མཉམ་པར་སྦྱོར་བར་བསྟན་ནོ། །ཧཱུྃ་གི་རྣམ་པའི་ས་བོན་ནི་ཡི་གེའི་ས་བོན་ཅེས་བསྒྱུར་ཏེ། ཧཱུྃ་གི་སྒྲ་དང་བཅས་ཏེ་བྱང་ཆུབ་སེམས་གྱེན་དུ་གཤེགས་པའི་དོན་ནི། སྒྲ་ཇི་བཞིན་པ་ནི། ལྷ་ མོ་མྱུར་མས། ཧཱུྃ་ཞེས་ཞབས་བརྡབས་པས་ས་གཡོ་ཞིང་འཇིག་རྟེན་གསུམ་བསྐྱོད་པའོ། ། བཅོ་བརྒྱད་པའི་དོན་ནི། ལྷ་ནི་ལུས་ལས་བྱུང་བ་སྟེ། ལྷན་ཅིག་སྐྱེས་པའི་དགའ་མའོ། ། དེའི་ཆུ་མཚོ་ལས་བྱུང་བའི་རི་དྭགས་རྟགས་ཅན་ཏེ་ཟླ་བ་ནི་གསལ་ཞིང་དྲི་མ་མེད་པའི་ཕྱིར་ སྟོང་ཉིད་རྟོགས་པའི་ཡེ་ཤེས་སོ། །ཧ་ར་ནི་འཕྲོག་པ་སྟེ། གཞན་གྱི་ལས་ཀྱི་སྒྲིབ་པ་འཕྲོག་ 21-1-379 པར་སྟོན་པ་དང༌། ཕཊ་ནི་དག་པ་སྟེ། རང་ཉིད་ཀྱི་ཉོན་མོངས་པ་འཇོམས་པའོ། །དུག་ནི་ཉོན་ མོངས་པ་སྟེ་དེ་སེལ་བའོ། །སྒྲ་ཇི་བཞིན་པ་ནི། ལྷའི་མཚོ་ལས་བྱུང་བའི་མེ་ཏོག་ཀུན་ད་དང་ ཟླ་བ་བཅས་པ་ཕྱག་ན་བསྣམས་ཤིང་སྔགས་ཀྱིས་དུག་སེལ་བའོ། ། བཅུ་དགུ་པའི་དོན་ནི། ལྷའི་ཚོགས་ནི། ལུས་ལ་གནད་དུ་བསྣུན་པ་ལས་འབྱུང་བའི་ཕྱིར་ ཡེ་ཤེས་ཀྱི་སྐུའོ། །དེ་ནི་སྲིད་པ་གསུམ་གྱིས་མཆོད་པ་བྱ་བའི་ཕྱིར་ལྷ་དང་མིའམ་ཅིའི་བསྟེན་ མའོ། །དེའི་རྒྱུ་ཡང་བྱང་ཆུབ་ཀྱི་སེམས་འཆིང་བའི་གོ་ཆའི་བཟི་བརྗིད་ཀྱིས། རྩོད་པ་སྟེ་ ཉམས་པའི་ཆགས་བྲལ་དང༌། རྨི་ལམ་ངན་པ་སྟེ་འཁྲུལ་བའི་བདེ་བ་རྣམས་ལྷ་སྐུས་འཇོམས་ པའོ། །སྒྲ་ཇི་བཞིན་པ་ནི། ལྷའི་རྒྱལ་པོ་སོགས་ཀྱིས་བཏུད་པ་དང༌། གོ་ཆའི་ཕྱག་རྒྱའི་གཟི་ བརྗིད་ཀྱི་རྩོད་པ་དང་རྨི་ལམ་ངན་པ་སོགས་སེལ་བའོ། ། ཉི་ཤུ་པའི་དོན་ནི། ཉི་ཟླ་སྟེ། དཀར་དམར་གྱི་དྭངས་མས་ཡོངས་སུ་གང་བའི་སྤྱན་ཏེ་ དབུ་མའི་སྟེང་འོག་གི་སྣེ་གཉིས་སོ། །དེ་ལས་ཡེ་ཤེས་གསལ་བའི་ཕྱིར་འོད་རབ་གསལ་ བའོ། །ཏཱ་ར་གཉིས་ནི་སྒྲོལ་བའི་དོན་ཏེ། བདེ་སྟོང་གིས་སྲིད་འདས་གཉིས་ཀྱི་མཐའ་ལས་ སྒྲོལ་བའོ། །གདུང་བས་རིམས་ནད་སེལ་བ་ནི། ཀ་རི་ནཱ་སྣ་ཚོགས་པས་ལྷན་ཅིག་སྐྱེས་པའི་ ཡེ་ཤེས་ལ་འཇོག་པའོ། །སྒྲ་ཇི་བཞིན་པ་ནི། ཉི་ཟླའི་འོད་ལྟར་གསལ་བའི་སྤྱན་དང༌། སྔགས་ ཀྱིས་རིམས་ནད་སེལ་བའོ། ། ཉེར་གཅིག་པའི་དོན་ནི། དེ་ཉིད་གསུམ་ནི་རྣམ་ཐར་སྒོ་གསུམ། ཞུ་བའི་མཐུ་ནི། ཆོས་ཀྱི་ སྐུའི་ནུས་མཐུ་འཕྲིན་ལས་ལྷུན་འགྲུབ་རྒྱུན་མི་འཆད་པའོ། །གདོན་ནི་རྩའི་ཚོགས། རོ་ལངས་ དང་གནོད་སྦྱིན་གོང་བཞིན་ཏེ། ཐ་མལ་གྱི་ལུས་ཀྱི་ཚོགས་པ་དག་པ་དང༌། དེ་ཉིད་གསུམ་ མངོན་དུ་བྱས་པ་དང༌། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པ་དུས་མཉམ་པར་སྟོན་ནོ། ། སྒྲ་ཇི་བཞིན་པ་ནི། ཡི་གེ་འབྲུ་གསུམ་གྱི་སྔགས་བཀོད་པས། གདོན་ལ་སོགས་པ་འཇོམས་ 21-1-380 ཤིང་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་པའོ། ། གཉིས་པ་ནི་དེ་ནས་བཅོམ་ལྡན་འདས་མ་ཞེས་པ་ནས།བདེ་བ་ཆེན་མོའོ། །ཞེས་པའི་ བར་ལ། བཅོམ་ལྡན་འདས་མ་ཞེས་པས་འབྲས་བུའི་རྒྱུད་དང༌། སངས་རྒྱས་ཐམས་ཅད་ཀྱི་ དབང་བསྐུར་མ་ཞེས་པས་དབང་གི་སྨིན་པ་སྟེ་རང་བཞིན་གྱི་རྒྱུད་དང༌། ལས་ཐམས་ཅད་ འགྲུབ་པར་བྱེད་པ་ཞེས་པས། སྔགས་ཀྱི་འཕྲིན་ལས་སམ། ཆོ་གའམ་བྱ་བ་སྟེ་ཐབས་སམ་ གཞིའི་རྒྱུད་དང༌། རྒྱུད་ཀུན་གྱི་དབང་ཕྱུག་མ་ཞེས་པས། སེམས་ཉིད་རང་བཞིན་འབྲས་བུའི་ རྒྱུད་གསུམ་གར་ངོ་བོ་དབྱེ་བ་མེད་པར་བསྟན་པ་སྟེ། དེ་རྣམས་ནི་མདོར་བསྟན་པ་ཡིན་ལ། ཅུང་ཟད་རྒྱས་པར་བཤད་པ་ལ། མཚན་ལྷག་མ་རྣམས་ཕྱག་འཚལ་ཉེར་གཅིག་དང་སྦྱོར་ཏེ། སྒྲོལ་མ་ཞེས་པ་ནི། སེམས་ཅན་འཁོར་བ་ལས་སྒྲོལ་བ་སྟེ། ཚིགས་སུ་བཅད་པ་དང་པོས་རྒྱས་ པར་བཤད་དོ། ། ཟླ་བའི་བདེ་མ་ཞེས་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་བདེ་མ་སྟེ། གཉིས་པས་བཤད་དོ། །ངོ་ མཚར་བདེ་མ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བདེ་བའི་རྫོགས་པ་སྟེ། གསུམ་པས་བཤད་དོ། །ཕུང་ པོའི་བདག་མོ་སྐྱེ་མཆེད་ཀྱི་བདག་མོར་གྱུར་བ་ཞེས་པ་ནི། ཕུང་ཁམས་སྐྱེ་མཆེད་འོད་གསལ་ དུ་ཞུགས་པའི་དོན་ཏེ། བཞི་བས་བཤད་དོ། །གདུང་མ་ཞེས་པ་ནི། ཏུཏྟཱ་རེའི་སྒྲ་ཐོག་མར་ སྨོས་པ་སྟེ། ལྔ་པས་བཤད་དོ། །རྡོ་རྗེ་ཅོད་པན་ལྔ་དང་ལྡན་པ་ནི་ཁམས་ལྔའི་དྭངས་མ་འཁོར་ ལོ་ལྔའི་ཅོད་པན་དུ་བཅིངས་པ་དང༌། འབྱུང་བ་རྣམས་རབ་ཏུ་ཐོབ་པ་ཞེས་པ་ནི། ཁམས་ཕྲ་ བའི་འབྱུང་བ་རྣམས་འོད་གསལ་དུ་བསྡུ་བ་སྟེ་དྲུག་པས་བཤད་དོ། །དག་བྱེད་ཅེས་པ་ཐ་མལ་ གྱི་ལུས་དག་པ་དང༌། དག་བྱེད་ཆེན་མོ་ནི། དག་པར་བྱེད་པ་འབར་འཛག་གི་ཡེ་ཤེས་ཏེ། དེ་ ནི་བདུན་པས་བཤད་དོ། །མྱུར་བ་མ་ཞེས་པ་ནི། ཏུ་རེའི་སྒྲ་ཐོག་མར་སྨོས་པ་སྟེ། བརྒྱད་པས་ བཤད་དོ། ། 21-1-381 སྐུ་དང་གསུང་དང་ཐུགས་ཀྱི་གདོད་མ་ཞེས་པ་ནི། ཁུ་རྡུལ་རླུང་གསུམ་གྱི་ཚོགས་རགས་ པ་འགགས་པ་ལས་ཡེ་ཤེས་ཀྱིས་སྐུ་འགྲུབ་པ་སྟེ། དགུས་པས་བསྟན་ཏོ། །ཡེ་ཤེས་ལྔས་ བརྒྱན་པ་མ་ཞེས་པ་ནི། ཤེས་རབ་ལ་རྗེས་ཆགས་ཀྱི་ཡེ་ཤེས་ལྔ་སྐྱེས་པ་སྟེ། བཅུ་པས་བསྟན་ ཏོ། །འདོད་པ་ཐམས་ཅད་རབ་ཏུ་སྦྱིན་མ་ཞེས་པ་ནི་མས་བརྟན་ལྷན་སྐྱེས་ཀྱིས་འདོད་པའི་ དངོས་གྲུབ་སྦྱིན་པ་སྟེ། བཅུ་གཅིག་པས་བཤད་དོ། ། རྡོ་རྗེ་རྣལ་འབྱོར་མ་ཆེན་མོ་ཞེས་པ་ལ། རྡོ་རྗེ་ནི་དབྱེར་མེད་པ་མི་ཕྱེད་ཅིང་བརྟན་པ་རྣལ་ འབྱོར་ནི་སྦྱོར་བ་སྟེ་དཀར་དམར་གྱི་འགྲོས་ཁ་སྦྱོར་དེས་མ་དག་པའི་ལུས་བསྒྱུར་བར་བྱེད་ བའི་ཕྱིར་ཆེན་མོའོ། །དེ་ནི་བཅུ་གཉིས་པས་བཤད་དོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་གཏུམ་ མོའི་སྣང་བ་ལས་བྱུང་བའི་དཀྱིལ་འཁོར་ཏེ་བཅུ་གསུམ་པས་བཤད་དོ། །རྣམ་པར་ཤེས་པ་ ཡོངས་སུ་དག་མ་ཞེས་པ་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་འགྱུར་པ་སྟེ། བཅུ་ བཞི་པས་བཤད་དོ། །ཡེ་ཤེས་རྣམ་པ་ལྔས་བྱང་ཆུབ་པ་ཞེས་པ་ནི། འབྲས་དུས་ཀྱི་ཡེ་ཤེས་ལྔ་ སྟེ། བཅོ་ལྔ་པས་བཤད་དོ། །ཡི་གེ་བཅུའི་སྒྲ་སྒྲོག་པ་ནི་རླུང་བཅུ་དག་པ་དང༌། སྒྲ་སྒྲོག་དགྱེས་ མ་ནི། མི་ཤིགས་པའི་སྒྲས་བདེ་བ་བསྐྱེད་མ་སྟེ། བཅུ་དྲུག་པས་བཤད་དོ། །དྲི་མ་མེད་པ་ཞེས་ པ་ནི་རྩ་དང་རླུང་དང་ཐིག་ལེ་ཡེ་ཤེས་རྒྱས་པས་གསལ་ཞིང་དྭངས་པ། ཤིན་ཏུ་ཕྲ་བ་ནི་རྩ་ གཉིས་མཉམ་པར་སྦྱོར་བ། གསང་སྔགས་ཆེན་མོ་ནི་ཧཱུྃ། དེ་ནི་བཅུ་བདུན་པས་བཤད་དོ། ། ཡུལ་དང་བྲལ་བའི་རང་བཞིན་ཞེས་པ་ནི། ཡུལ་ཡུལ་ཅན་དབྱེར་མེད་པའི་རང་བཞིན་ སྟོང་ཉིད་དེ། བཅོ་བརྒྱད་པས་བཤད་དོ། །རྡུལ་དང་བྲལ་བ་ནི། རྡུལ་ཕྲ་རབ་ཀྱི་ཆོས་ལས་ འདས་པ་དང༌། མཚན་དང་དཔེ་བྱད་རྣམས་ཀྱིས་སྤྲས་པ་ཞེས་པ་ནི། ཡེ་ཤེས་ཀྱི་སྐུའི་ཁྱད་ པར་ཏེ། བཅུ་དགུ་པས་བཤད་དོ། །ཕྲ་ཞིང་བདེ་བ་ནི། དཀར་དམར་གྱི་བྱང་ཆུབ་ཀྱི་སེམས་ དབུ་མར་གང་ཞིང་བརྟན་པས་བདེ་བ། ཡེ་ཤེས་སྙིང་པོ་ནི་འོད་གསལ་བདེ་སྟོང་གི་སྲིད་ 21-1-382 འདས་ལས་སྒྲོལ་བའི་ཕྱི་ནག་བདེ་བ་ཆེན་མོའོ། །དེ་ནི་ཉི་ཤུ་པས་སྟོན་ཏེ། རྡོ་རྗེ་མ་ཞེས་པ་ལ། རྡོ་རྗེ་ནི་སྟོང་པ་ཉིད་དེ་རྣམ་ཐར་སྒོ་གསུམ་མོ། །དམ་ཚིག་སྒྲོལ་མ་ནི། སེམས་ཅན་རྣམས་ཀྱི་ དམ་ཚིག་གིས་སེམས་ཅན་འཁོར་བ་ལས་སྒྲོལ་བ་སྟེ། ཆོས་སྐུའི་འཕྲིན་ལས་སོ། །དེ་ནི་ཉེར་ གཅིག་པས་བསྟན་ཏོ། ། གསུམ་པ་ནི། མཚན་ངེས་པ་འདི་ཉིད་ཀྱི་གླེགས་བམ་ལོགས་སུ་བཞུགས་པ་རྣམས་ལ་ མཚན་ཉེར་བརྒྱད་པ་ཞེས་ཡོངས་སུ་གྲགས་སོ། །གྲུབ་ཆེན་ཞི་བའི་ཞབས་ཀྱི་མན་ངག་ལ་ མཚན་ཉི་ཤུ་རྩ་བརྒྱད་ཀྱི་གྲངས་ངེས་པ་མེད་པར་བཞེད་པ་ཉིད་བདེ་བར་མངོན་ལ། སློབ་ དཔོན་མིའི་ཉི་མའི་ཞལ་སྔ་ནས་ནི། མཚན་སུམ་ཅུ་རྩ་ལྔར་བཞེད་དོ། །མཚན་ངེས་པའི་གཞུང་ དགོས་ཀྱི་འབྲེལ་བ་ལ། སློབ་དཔོན་དམ་པ་གང་བའི་རྡོ་རྗེ་དང༌། ཕ་རོ་པཉྩས་མཛད་པ་དང༌། མར་མེ་མཛད་དཔལ་གྱིས་མཛད་པའི་རྒྱུད་འགྲེལ་ཆེན་མོ་རྣམས་མཐུན་པར་ཉི་ཤུ་རྩ་བརྒྱད་ དུ་བཤད་དོ། །དེ་ཡང་མཚན་ཉི་ཤུ་རྩ་གཅིག་ནི། ཕྱག་འཚལ་ཉེར་གཅིག་དང་སྦྱར་བའི་དབྱེ་ བསྡུ་གོང་ལྟར་སྟེ། ཉེར་གཅིག་གི་སྟེང་དུ། བཅོམ་ལྡན་འདས་མ་ཆེན་མོ་ཞེས་པ་དང༌། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་ཅེས་པ་དང༌། དེ་བཞིན་གཤེགས་པ་ དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་ཐམས་ཅད་ཀྱི་བདག་པོ་ཞེས་ པ་དང༌། རྒྱུ་བ་དང་མི་རྒྱུ་བའི་བྱེད་པོ་ཞེས་པ་དང༌། བསྟན་པ་དང་གཡོ་བའི་རང་བཞིན་ཞེས་ པ་དང༌། གསང་བ་ལས་ཀྱང་ཆེས་ཤིན་ཏུ་གསང་བ་ཞེས་པ་དང༌། གསང་བ་ཆེན་མོའི་དབང་ ཕྱུག་མ་ཞེས་པ་སྟེ་བདུན་བསྣན་པའི་ཉེར་བརྒྱད་དུ་མཛད་དོ། ། གྲུབ་ཆེན་ཞི་བའི་ཞབས་ཀྱིས་བཞེད་པ་ནི། འོག་གི་སུམ་ཅུ་རྩ་ལྔ་དང་བདུན་པོ་དེ་རྣམས་ དང་འདིར་ཡང་དམ་ཚིག་སྒྲོལ་མ་ཞེས་འབྱུང་བ་བསྣན་པས་བཞི་བཅུ་ཞེ་གསུམ་དུ་མཛད་ པའོ། ཁ་ཅིག་རིགས་ལྔ་པོ་སོ་སོའི་བདག་པོ་ཡང་མཚན་རེ་རེར་བགྲངས་ཏེ། ཞེ་བདུན་དུ་ 21-1-383 བྱེད་པའི་ལུགས་དང༌། གསང་བ་དང༌། ཆེས་གསང་བ་དང༌། ཤིན་ཏུ་གསང་བ་ཞེས་ཕྱེ་བ་ དང༌། གསང་བ་ཆེན་མོ་དང༌། དབང་ཕྱུག་མ་སོ་སོར་ཕྲལ་བས་ལྔ་བཅུར་བཤད་པའི་ལུགས་ ཀྱང་ཡོད་གསུངས་སོ། །རྡོ་རྗེ་ཅོད་པན་ལྔ་དང་ལྡན་ཞེས་བྱ་བའི་ཚིག་མེད་པ་ཡི་གེའི་སྐྱོན་ ཡིན་གསུངས་སོ། །དེ་དག་ནི་མཚན་ངེས་པའི་འགྲེལ་བ་དང༌། ཨ་ཏི་ཤྭའི་རྒྱུད་ཀྱི་འགྲེལ་པ་ ལས་བྱུང་བ་རྣམས་སྦྱོར་ཞིང་གོང་སྤྲོས་ཏེ་བླ་མ་དམ་པའི་གསུང་ངག་གིས་ཉེ་བར་བརྒྱན་པའོ། ། ད་ནི་དེའི་འཕྲོས་དོན་ཙམ་དུ། སློབ་དཔོན་མིའི་ཉི་མའི་འགྲེལ་པ་ལྟར་བཤད་ན། ཕྱག་ འཚལ་ཉེར་གཅིག་དང་མི་སྦྱོར་བར། སྒྲ་ཇི་བཞིན་པའི་བཤད་པ་མཛད་དེ། བཅོམ་ལྡན་ འདས་མ་ཆེན་མོ་ཞེས་པ་ནས་དབང་ཕྱུག་མས་ཞེས་པའི་བར་དུ་ནི། བཅོམ་ལྡན་འདས་མའི་ ཆེ་བའམ། དེ་ནས་ཕྱུང་ངོ་ཞེས་པའི་བར་གྱིས་མཚན་འདི་རྣམས་སྔགས་སུ་བྱིན་གྱིས་བརླབས་ པའོ། །བཅོམ་ལྡན་འདས་མ་ཞེས་སོགས་ནི་མཚན་དངོས་སོ། །དེ་སྐད་ཅེས་བཀའ་སྩལ་ཏོ། ། ཞེས་པ་ནི་མཚན་བཤད་ཟིན་པའི་ཚིག་གོ །དེ་ལ་དེ་ནས་ཞེས་བྱ་བ་ནི་རྩ་རྒྱུད་གསུངས་པའི་ རྗེས་ཐོག་དེ་ནས་སོ། །ཆེན་མོ་ཞེས་པ་ནི། སངས་རྒྱས་ཐམས་ཅད་བསྐྱེད་པར་བྱས་པས་ སོ། །དེ་བཞིན་གཤེགས་པ་དང༌། ཞེས་པ་ལ་སོགས་པ་ནི་རིགས་ལྔ་ཅན་གྱི་ཡུམ་ཡིན་པས་ སོ། །རྒྱུ་དང་མི་རྒྱུ་བའི་དབྱེ་བ་སྟོང་པ་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུའི་དོན་ཡིན་ལ། བརྟན་ པ་དང་གཡོ་བའི་རང་བཞིན་ནི་ཤེས་རབ་སྟོང་ཉིད་བརྟན་གཡོ་ཐམས་ཅད་ཀྱི་རང་བཞིན་དེ་ བཞིན་ཉིད་ཀྱི་དོན་ནོ། ། གསང་བ་ནི་ཟབ་པའི་དོན་དེ། འཇིག་རྟེན་པ་རྣམས་དང་ཐེག་པ་དམན་པ་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྤྱོད་ཡུལ་མ་ཡིན་པའི་ཕྱིར། གསང་བ་སོགས་སོ། ། ཕྱུང་ངོ་ཞེས་པའི་དོན་ནི་བྱིན་གྱིས་བརླབས་པའོ། །བཅོམ་ལྡན་འདས་མ་ནི་སྤྱི་དང་མཐུན། 21-1-384 སྒྲོལ་མ་ཞེས་པའང་གོང་དང་འདྲ། རྡོ་རྗེ་མ་ནི་འོད་གསལ་བ། དམ་ཚིག་སྒྲོལ་མ་ནི། རང་ གི་དམ་ཚིག་ཁོ་ནས་སེམས་ཅན་འཁོར་བ་ལས་སྒྲོལ་བའོ། །རྡོ་རྗེ་རྣལ་འབྱོར་མ་ཆེན་མོ་ ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཡེ་ཤེས་ལྔས་བརྒྱན་པ་ནི། ཆོས་ དབྱིངས་ཡེ་ཤེས་སོགས་དང་ལྡན་པ། རྡོ་རྗེ་ཅོད་པན་ལྔ་དང་ལྡན་ཞེས་པ་ནི་རིགས་ལྔའི་དབུ་ རྒྱན་པ། སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་མ་ནི། སྒྲོལ་མ་ཉིད་མངོན་པར་རྫོགས་པར་ སངས་རྒྱས་པའི་ཚེ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་མར་དབང་བསྐུར་བའོ། །ཡེ་ཤེས་ དཀྱིལ་འཁོར་ནི་སྟོབས་བཅུ་ལ་སོགས་པའོ། །ཟླ་བའི་བདེ་མ་ནི། སེམས་ཅན་རྣམས་ཀྱི་ལས་ ཉོན་གྱི་ཚ་གདུང་ཞི་བར་མཛད་པའོ། །ངོ་མཚར་བདེ་མ་ནི་ཟག་མེད་ཀྱི་བདེ་བའི་ཡེ་ཤེས་སོ། ། སྐུ་དང་གསུང་དང་ཐུགས་ཀྱི་འདོད་མ་ནི། སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསུམ་བདེ་བའི་ཡེ་ ཤེས་སུ་མཛད་པའོ། །ཕུང་པོ་དང་སྐྱེ་མཆེད་ཀྱི་བདག་མོ་ནི། དེ་དག་རྣམ་པར་དག་པའི་ཡེ་ ཤེས་ཀྱི་རང་བཞིན་ཡིན་པས་སོ། ། འབྱུང་བ་རྣམས་རབ་ཏུ་ཐོབ་པ་ནི་ཁམས་བརྒྱད་ཀྱི་དྭངས་མའི་སྐུ་སྐྱེ་ན་གར་ཡང་ཕྱིན་ པའོ། །ཡུལ་དང་བྲལ་བ་ནི་གོང་དང་འདྲ། རྒྱུད་ཀུན་གྱི་དབང་ཕྱུག་མ་ནི། སྔགས་དང་རྒྱུད་ ཀྱི་སྦྱོར་བ་མཐའ་དག་གསུང་བ་པོའི་དོན་ནོ། །ཡེ་ཤེས་རྣམ་པ་ལྔས་བྱང་ཆུབ་པ་ནི། མངོན་ པར་བྱང་ཆུབ་པ་ལྔས་སངས་རྒྱས་མཉེས་པའོ། །རྡུལ་དང་བྲལ་བ་ནི་རྣམ་རྟོག་སྤངས་པ། དྲི་ མ་མེད་པ་ནི། སྒྲིབ་པ་སྤངས་པ། གསང་སྔགས་ཆེན་མོ་ནི་རང་གཞན་མཚན་རྟོག་ལས་སྐྱོབ་ པ། ཤིན་ཏུ་ཕྲ་བ་ནི་ཆོས་ཀྱི་དབྱིངས་རྟོགས་དཀའ་བ། མཚན་དཔེའི་སྤྲས་པ་ནི། ལོངས་ སྤྱོད་རྫོགས་པའི་སྐུ་དག་བྱེད་དང༌། དག་བྱེད་ཆེན་མོ་ནི་སྤྲུལ་པའི་སྐུ་སྟེ་སེམས་ཅན་རྣམས་ ཀྱི་འཁོར་བ་དང་ཞི་བའི་མཐའ་དག་པར་བྱེད་པའོ། །ལས་ཐམས་ཅད་འགྲུབ་པར་བྱེད་པ་ ནི། སྒྲོལ་མའི་རིགས་སྔགས་ཀྱིས་ཞི་སོགས་ཐམས་ཅད་འགྲུབ་པར་བྱེད་པའོ། །འདོད་པ་ 21-1-385 ཐམས་ཅད་ནི་དངོས་གྲུབ་ཐམས་ཅད་དོ། །ཡི་གེ་བཅུའི་སྒྲ་སྒྲོག་པ་ནི་སྔགས་སོ། །སྒྲ་སྒྲོག་ དགྱེས་མ་ཞེས་པ་ནི། སྒྲ་སྒྲོག་ནི་ཧེ་རུ་ཀའི་མཚན་ནོ། །གདུང་མ་དང༌། མྱུར་མ་དང༌། རྣམ་ ཤེས་ཡོངས་སུ་དག་པ་སོགས་གོང་བཞིན་ནོ། །རང་བཞིན་མི་འགྱུར་བའི་ཕྱིར་ཕྲ་བ། དེ་ཉིད་ བདེ་བ་དང་ཡེ་ཤེས་ཀྱི་སྙིང་པོའི་ན་དེའི་ཕྱིར་བདེ་བ་ཆེན་མོའོ་ཞེས་སྦྱར་བར་བྱའོ། །མཚན་ ངེས་པའི་གླེགས་བམ་ལོགས་སུ་བྱས་པ་ལ། མཚན་ངེས་པ་ཞེས་བྱ་བ་སྟོང་ཕྲག་བཅུ་གཉིས་ པ་ལས་ཕྱུང་བ་ཞེས་འབྱུང་བ་ནི། གཉིས་ལྡན་གྱི་རྒྱུད་ལས་ཕྱུང་བའི་དོན་ཏེ། ཁྲི་ཉིས་སྟོང་པ་ དང༌། བསྡུས་རྒྱུད་གཉིས་ཀར་དུ་ཡོད་པ་ཡིན་པས་མི་འགལ་ལ། དེ་ལ་འདི་ནི་སོགས་བྲིས་ པ་ཡི་གེ་པའི་སྐྱོན་ནོ། །ཞེས་གསུངས་པ་ལྟར་རོ། །གྲུབ་ཆེན་ཞི་བའི་ཞབས་ཀྱི་མན་ངག་གི་ བཤད་པ་རྣམས་ནི་གཞན་དུ་འབྲི་བར་བྱའོ། །རྒྱུད་ཀྱི་སྙིང་པོར་གྱུར་པ་མཚན་གྱི་གཞུང༌། །རྒྱ་ གར་མཁས་པས་ཚིག་དོན་ཞིབ་འཆད་པ། །མིའི་ཉི་མའི་ལུགས་བཞིན་བློ་དམན་ལ། །མདོར་ བསྡུས་ཚུལ་གྱིས་ལེགས་པར་བཤད་པ་བྱས། །མཚན་གཞུང་རྩ་བའི་རྒྱུད་དུ་བཞག་ནས་ནི། ། ཕྱོགས་བཅུ་རྒྱལ་བའི་བསྟོད་པའི་ཕྱག་འཚལ་རྒྱུད། །བཤད་པའི་རྒྱུད་དུ་སྦྱར་བའི་ལེགས་ བཤད་འདི། །བློ་གྲོས་མཆོག་རྣམས་དགའ་བ་བསྐྱེད་པར་མཛོད། །ཤིན་ཏུ་ཟབ་མོའི་དོན་ ལ་མོས་པ་ལ། །མཆོག་གྱུར་དམ་པའི་བཤད་པ་གཞན་དུ་སྟེ། །ལེགས་བཤད་སྦྱར་བ་འདིས་ ཀྱང་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་མཆོག་ལ་འཁོད་པར་ཤོག །ཅེས་པ་མཚན་ངེས་པའི་ བཤད་སྦྱར་འདི་ཉིད་ཀྱང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་པ་སྣྲོན་ཟླ་བའི་ཡར་ཚེས་གཉིས་ལ་སྦྱར་བའོ།། །། དགེའོ། ། གཡུ་ལོ་བཀོད་པའི་ཞིང༌། །འཕགས་མ་བཞུགས་པའི་གནས། །ང་ཚོ་ཕྱི་མའི་དུས། །དེ་ རུ་སྐྱེ་སྨོན་འདེབས། །འདི་ཡང་མ་ཏིས་སོ།། །། 21-1-386 ༄༅། །རྗེ་བཙུན་རྡོ་རྗེ་གྲགས་པའི་ཞལ་གཟིགས་པའི་ལུགས་སུ་ གྲགས་པ་མ་མོ་སྲོག་གཟེར་གྱི་སྒྲུབ་ཐབས་ ཀླག་ཆོག་བཞུགས་སོ། ། ཡ་མཱན་ཏ་ཀའི་ལས་བྱེད་སྙན་རྒྱུད་ཤིན་ཏུ་གསང་བ། ༄༅། །ན་མོ་གུ་རུ། དཔལ་ཧེ་རུ་ཀས་བྱིན་གྱིས་རློབས་ཤིག །དཔལ་ལྡན་ནག་མོ་རེ་མ་ཏི། ཉམས་པའི་སྲོག་རྩ་དམར་ པོ་གཟིར་བ། ཞེས་བྱ་བའི་སྒྲུབ་ཐབས་ལས་བྱུང་བའི་མན་ངག་ལ། གཞུང་ནས་མི་གསལ་བའི་མན་ངག་ལག་ལེན་ཁ་འགེངས་ དགོས་རྣམས། མཁའ་འགྲོ་ཆེན་མོའི་ལུགས་ལྟར་བྱེད་པ་དང༌། ཉི་མ་སྨོད་རྒྱུད་ཀྱི་ལུགས་བཞིན་བྱེད་པའི་སྲོལ་གཉིས་ཀ་ཡོད། དང་པོ་ནི། མཁའ་འགྲོ་ཆེན་མོའི་སྒྲུབ་ཐབས་སུ་བཤད་ཟིན་པ་ལྟར་ལ་འདོད་པ་སྤོས་པས་ཁྱབ། གཉིས་པའི་དབང་དུ་བྱས་ནས། རང་ཉིད་བཅོམ་ལྡན་འདས་ཁྲོ་བོ་གཤིན་རྗེ་གཤེད་པོའི་བདག་བསྐྱེད་སྔོན་དུ་བཏང༌། མཆོད་གཏོར་བཤམས། བགེགས་བསྐྲད། མཆོད་པ་བྱིན་རླབས་བྱ། མདུན་བསྐྱེད་བསངས་སྦྱངས་མི་དམིགས་ཏེ། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་ བསྲུང་འཁོར་གྱི་དབུས་སུ་ཡཾ་ལས་རླུང༌། རཾ་ལས་མེ། བཾ་ལས་རཀྟའི་རྒྱ་མཚོའི་མཐའ་བྲག་ རིས་བསྐོར་བ། དབུས་སུ་རྡོ་རྗེའི་ས་གཞི་ལ་བྷྲུཾ་ལས་ཐོད་པ་འབར་བའི་གཞལ་ཡས་ཁང་གྲུ་ བཞི་སྒོ་བཞི་འཇིགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། ། བྷྲུཾ་བི་ཤྭ་བི་ཤུདྡྷཻ་ཀ་པ་ལ་བྷྲུཾ། དེའི་དབུས་སུ་ཨེ་ལས་སྨུག་ནག་གྲུ་གསུམ་འབར་བའི་ དཀྱིལ་འཁོར་རོ། །གཉིས་པ་ཧཱུཾ་དེའི་དབུས་སུ་སྲིན་པོའི་བོང་བུ་ཀ་དམར་རླུང་གི་གཤོག་པ་ ཅན། མཇུག་མའི་ཕྱོགས་སུ་མིག་ཡོད་པ། ཞིང་ཆེན་གྱི་ལིང་ག་དང་བཅས་པའོ། །དེའི་སྟེང་ དུ་བྷྱོཿཡིག་ནག་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། 21-1-387 འཁོར་འདས་ཀྱི་ནུས་མཐུ་ཐམས་ཅད་ཚུར་བསྡུས་ཏེ་བྷྱོཿཡིག་ལ་ཐིམ། ༀ་དེ་བཱི་མཧཱ་ཀཱ་ལི་ ཧཱུཾ། དེ་ལས་དཔལ་ལྡན་གཉན་གྱི་རེ་མ་ཏཱི་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་གཉིས་ སྤྱན་གསུམ་པ་གཡས་རལ་གྲི་མེ་འབར་བ་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་ པ་མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བའི་སྒྲ་སྒྲོག་པ། རལ་པ་མུན་པ་ལྟར་གཏིབས་པ། སྟག་ལྤགས་ཀྱི་སྨད་དཀྲིས་ཅན་རེ་ལྡེའི་ཤམ་བུ་དང༌། ཞིང་ལྤགས་དང་གླང་ལྤགས་སྦྱར་བའི་ སྟོད་གཡོགས་གསོལ་བ། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། སྦྲུལ་གྱི་རྒྱན་ཅན། དུར་ཁྲོད་ཀྱི་ཆས་རྫོགས་པ། ལྟེ་བ་ནས་ཉི་མ་དང༌། སྤྱི་གཙུག་ནས་ཟླ་བ་འཆར་བ། སྲིན་པོའི་ བོང་བུ་གྭ་དམར་ལ་ཆིབས་ཤིང༌། མེ་རླུང་འཚུབ་མའི་དབུས་ན་གནས་པའོ། ། འཁོར་བདུད་མོ་ནག་མོ་འབུམ་སྡེ་ཐམས་ཅད་ཀྱང་གྲི་གུག་དང་ཐོད་ཁྲག་འཛིན་པའོ། ། དེའི་ཐུགས་ཀར་ཡང་ཡི་གེ་བྷྱོ་ཡིག་གོ །ཐུགས་ཁའི་བྷྱོཿལས་བྷྱོཿཡིག་མང་པོ་སྤྲོས་ཏེ་བདུད་ མོ་འབུམ་སྡེར་གྱུར། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། སྲོག་བདག་ཆེན་མོ་བཛྲ་ས་མཱ་ཛཿ ནག་མོ་ཏིང་ལཾ་མ་མ་དུན་བྷྱོཿཛཿཧཱུཾ་བཾ་ཧོཿ ནག་མོ་དུན་བྷྱོཿདུན་བྷྱོཿ ཞེས་སྤྱན་དྲངས་ཤིང༌། གཉིས་ སུ་མེད་པར་ཐིམ། ནག་མོ་རག་མོ་དུན་ཏིང་མ་མ་ན་མཿཨ་ཨ་ཧི། ཞེས་པས་ཕྱག་འཚལ། ཏྲག་རག་ ཤ་མ་ཧི་ཀུ་ལ་པདྨ་ས་མ་ཡ་ཏིཥྚ་ལྷན། བཞུགས་སུ་གསོལ། བྷྱོ། དཔལ་ལྡན་ལྷ་མོ་ནག་མོ་རེ་མ་ ཏི། ལྷ་མོ་ཆེན་པོ་ནམ་གྲུ་མ། །རྫོང་མོ་ཆེན་མོ་དཀའ་བཟློག་མ། །ནག་མོ་ཆེན་མོ་ཁ་འབར་མ། ། བྱིས་པ་ཀུན་གྱི་དུང་བྱེད་མ། །དུར་ཁྲོད་འབར་བའི་ལོ་མ་ཅན། །རཀྵ་ཆེན་མོ་ཙ་མུནྚ། །ནམ་ མཁའི་ཁམས་ཀྱི་མཐུ་མོ་ཆེ། །བར་སྣང་ཁམས་ཀྱི་གློག་མ་སྤྲིན། ཁ་ནས་མེ་འབར་རྒྱ་མཚོ་ སྐེམས། །ལག་ན་རྡོ་རྗེ་རི་རབ་བསྙིལ། །རལ་པ་ནག་པོ་སྟོང་ཁམས་ཁྱབ། །ཞལ་ནས་ཁྲག་གི་ རྒྱ་མཚོ་འཁྱིལ། །ཉིན་གྱི་དུས་སུ་གྲོགས་བྱེད་མ། །མཚན་གྱི་དུས་སུ་རྒྱུག་བྱེད་མ། །ནག་མོ་ འཁོར་བཅས་ཐུགས་དམ་བསྐང༌། །ཤ་ཆེན་ཚོགས་ནི་རི་ལྟར་སྤུངས། །ཙིཏྟ་ཚོགས་ནི་རྫ་ལྟར་ 21-1-388 ལྷག །རཀྟ་རྒྱ་མཚོ་རྦ་ཀློང་འཁྱིལ། །འཁོར་བཅས་ཐུགས་དམ་བསྐོང་གྱུར་ཅིང༌། །ནག་མོ་ཁ་ ལ་ཛ་ཡ་དུ་ས་མ་ཡ་ཧོ། རུ་ལུ་རུ་ལུ་དུན་བྷྱོཿ སྙིང་ཁ་ལ་མ་ཧི་དུན་བྷྱོཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་ མཆོད། མ་མོ་ནག་མོ་སནྟི་སནྟ་ཀུ་ལུ་ཀུ་ལུ་ཧ་ཧ་ཧ། མཧཱ་མཾ་ས་ཁ་ཧི། མཧཱ་རཀྟ་ཁ་ཧཱི། མཧཱ་པཉྩ་ ཨ་མྲྀ་ཏ་ཁ་ཧཱི། དེ་ནས་བཟླས་པ་ནི། རང་གི་མདུན་དུ་མ་མོ་ཉེ་བར་སྤྱན་དྲངས། ཐུགས་ཀར་བྷྱོཿཡིག་སྔགས་འཕྲེང་དང་ བཅས་པ་གསལ་བཏབ། མཆོད་ཅིང་ཐུགས་རྒྱུད་བསྐུལ་བར་བསམ་ལ། ༀ་མཧཱ་ཀཱ་ལ་རེ་མ་ཏི་མ་མ་རུ་ལུ་རཀྵ་ རེ་མ་ཏི། རུ་ལུ་རུ་ལུ་བྷྱོཿཛཿཛཿ ཞེས་པ་ནི་རྩ་བའི་བསྙེན་པའི་སྔགས་སོ། །ༀ་རུ་རུ་ཙ་ཏུར་ཨ་ཤུག་མེ་པྲ་ ཏི་རུ་དྲ་ཁ་ཤག་རག་མོ་ཧཱུཾ། རཀྵ་ཙིཏྟ་ས་མ་ཡ། ཀུ་རུ་ཁ་ཙིཏྟ་ནན། ཞེས་པ་འདི་བསྒྲུབ་པའི་སྐབས་ཀྱི་ བོད་པའོ། །ༀ་རུ་རུ་བོ་ཏི་ཧཱུཾ། ཏིཥྛ་བ་ཏོ་སི་རཀྨོ་སྙིང་ཁ་ལ་རཀ་མོ་ཐུན་མོ་ཐུན་བྷྱོཿཛ་ཛཿ རྦད་པའོ། ། ༀ་ཥུ་ལུ་རེ་མ་ཏི་ས་མ་ཡ་པྲ་མ་ཧ་སྟི་པྲ་མ་མ་རག་མོ་རུ་ལུ་རུ་ལུ་བྷྱོཿཛ་ཛ། ཁ་རཀ་དྲི་ཁིམ་ཛ་ ཛ། ཁ་ལེ་ཐུན་བྷྱོཿཐུན་མ་མ་བྷྱོཿ ཐུན་བརྡེག་པའི་སྔགས་སོ། །ཧཱུཾ་ཀ་མོ་རྣི་ཤ་ཀུ་རུ་ཐུན་རྦད། རཀ་མོ་ ཨརྱ་ཛ་ཛ་དྲི་ཁེབས་ཁ་ལེ་བྷྱོཿབྷྱོཿཛ་ཛ། ས་མཱ་ཡ་དགྲ་བོའི་མཱ་ར་ཡ་ཧཱུཾ་ཕཊ། བསད་པའི་སྔགས་སོ། ། མཐར་འབྲུ་གསུམ་གྱི་གཏོར་མ་བྱིན་རླབས་ཁ་གསོས་ལ། དགྲ་བགེགས་ཐམས་ཅད་བཀུགས་ཅིང་བསྟིམ་པར་མོས་ཏེ། བསྙེན་ སྔགས་ཀྱི་མཐར། ཨེ་དམ་བ་ལིང་ཏ་ཁ་ཁ་ཁ་ཧཱི་ཁ་ཧཱི། བྷུཉྫ་ཧོ་རཀྟ་སི་བ་ས་མ་ཡ་སྭཱཧཱ། ལན་བདུན་ གྱིས་གཏོར་མ་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བྷྱོཿ རྒྱ་མཚོའི་ཀློང་ན་མེ་འབར་ཁྱོད། །མཚོ་ རྣམས་སྐེམས་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུའི་ཕྱེད་དུ་ བཞུགས། །རྫོང་དང་དཀའ་བཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ ཡིན་ཁྱོད་ཀྱི་ཤེས། །དེ་ལ་འཇིགས་པ་མེད་པར་འགྱུར། །གཤིན་རྗེ་ལྕམ་མོ་བདུད་ཀྱི་ཡུམ། ། ནད་དོ་ཅོག་གི་བདག་མོ་སྟེ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། ཁྱོད་ལ་བསྟོད་དེ་ཕྱག་ ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། འདོད་པ་ཀུན་འགྲུབ་ཤོག ། གི་བར་གྱིས་འཕྲིན་ལས་བཅོལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་སྐོང་ཞིང་བཟོད་པར་གསོལ་ལོ། །རྟེན་ཡོད་ན་བརྟན་ཞུགས་ 21-1-389 དང༌། མེད་ན་གཤེགས་གསོལ་བྱ། འདི་ནི་གཏོར་ཆོག་ཙམ་ཡིན་ལ། ལྷ་མོའི་བསྐང་བ་ནི། རེ་མ་ཏཱི་སྤྱི་ དང་མཐུན་པས་ཆོག་གི །འདི་ལ་ཡིག་རྙིང་རྒྱས་པ་ལོགས་སུ་མེད། འདིའི་རྩ་བའི་བསྙེན་པ་ བྱེད་ན། གནས་དབེན་པར་བྲིས་སྐུའི་མདུན་དུ་གཏོར་མ་དང༌། མཆོད་པ་དང༌། སྨན་དང༌། རཀྟ་རྣམས་བཤམས། ཡང་ན་རྡོ་ལེབ་ལྟ་བུའི་སྟེང་དུ་གྲི་ཁྲག་དང་མཚལ་ཐིག་བསྲེས་པའི་གྲུ་ གསུམ་ཆོམ་བུ་དང་བཅས་པ་བྲིས། སྐུའི་ཚབ་ཏུ་བྱས་ནའང་ལེགས། དེ་ནས་སྔོན་འགྲོ་གཏོར་ མ་དང༌། བགེགས་གཏོར་རྒྱ་ཆེན་བཏང༌། མཚམས་བཅད་བསྲུང་འཁོར་བསྒོམ། གནས་དང་ ཡོ་བྱད་བྱིན་གྱིས་བརླབས། བདག་བསྐྱེད་སྔོན་དུ་འགྲོ་བས། སྨན་རཀ་གཏོར་མ་རྣམས་ཡི་ དམ་གྱི་ལུགས་སུ་བྱིན་གྱིས་བརླབས། ཡི་དམ་གྱི་མདུན་བསྐྱེད་ཡོད་ན་མཆོད་གཏོར་འབུལ་ བ་ཡན་ཆད་བྱ། ཡི་དམ་གྱི་མདུན་བསྐྱེད་མེད་ཀྱང་ཆོག །དེ་ནས་ལྷ་མོ་ཉིད་ཀྱི་རིམ་པ་ནི་གོང་ དུ་བཤད་པ་བཞིན་ཡིན་པ་ལ། བཟླས་པའི་སྐབས་སུ་སླེབས་པ་ན་དང་པོར་བསྙེན་སྔགས་ དེ་ཉིད་འབུམ་ཕྲག་ཉི་ཤུ་རྩ་བཞི་བཟླ། དེ་བར་དུ་གཞན་རྣམས་ཚར་གསུམ་ཙམ་རེ་སྦྱོར་བ་ མ་གཏོགས་བཟླས་པ་བྱེད་མི་དགོས། དེ་སོང་ནས་བསྙེན་སྔགས་ཅུང་ཟད་རེ་སྔོན་དུ་བཏང༌། འབོད་པ་ཁྲི་ཕྲག་བཞི་བཟླས་ཏེ། དེ་སོང་ནས་གཉིས་པོ་དེ་ཅུང་ཟད་རེ་བཟླས་པའི་རྗེས་སུ་ རྦད་པ་བཞི་ཁྲིའོ། །དེ་རྗེས་གསུམ་པོ་དེ་ཅུང་ཟད་བཟླས་ནས་ཐུན་སྔགས་བཞི་ཁྲིའོ། །དེ་ རྗེས་བཞི་པོ་དེ་ཅུང་ཟད་བཟླས་ནས་བསད་པ་བཞི་ཁྲིའོ། །དེ་ནས་སྔགས་ལྔ་ཚར་གཅིག་ཏུ་ དྲིལ་ནས་ཁྲི་ཕྲག་གཅིག་བཟླས་པར་བྱེད་དེ། འོན་ཀྱང་བཞི་ཁྲི་བཟླས་ན་བཟང་ངོ༌། །བསྙེན་ པའི་སྐབས་འདིར་བསྐང་བ་དང་བཤགས་པ་ཡང་ཡང་བྱ། དེ་ཙམ་གྱི་རྩ་བའི་བསྙེན་པ་གྲུབ་ པ་ཡིན་ནོ། ། འདི་ནི་མདོར་བསྡུས་པའི་ལུགས་ཡིན་པས། སྒྲུབ་པ་དང་ལས་སྦྱོར་གཅིག་ཏུ་དྲིལ། རྦད་ པ་དང་བསད་པ་ཡང་གཅིག་ཏུ་དྲིལ་བ་ཡིན་པས་སོ་སོར་མི་དགོས་སོ། །འདི་ལ་དང་པོར་ 21-1-390 དཀོན་མཆོག་མཆོད་པ་དང༌། གསུང་རབ་སྒྲོག་པ་དང༌། ཚ་ཚ་གདབ་པ་དང༌། སྨོན་ལམ་ ཁྱད་པར་ཅན་འདེབས་པ་དང༌། བགེགས་གཏོར་གཏོང་བ་དང༌། གཞི་བདག་ལ་གཏོར་མ་ གཏོང༌། སྡེ་བརྒྱད་སྤྱི་ལའང་མཆོད་གཏོར་བདེན་བདར་དང་བཅས་པ་འབྲུབ་ཁུང་བསྐྱེད་ དེ་བྱ། །མཚམས་བཅད། བསྲུང་འཁོར་བསྒོམ། རྫས་རྣམས་ཚོགས་པར་བྱ། ཡི་དམ་དང་ ཆོས་སྐྱོང་གི་བསྙེན་པ་ཁ་གསོ། དེ་ནས་གྲོག་མཁར་བདུན་གྱིས་ས་ལ་སྟེགས་བུ་གྲུ་བཞི་པའི་ དབུས་སུ། འབྲུབ་ཁུང་གྲུ་གསུམ་ཁ་ཁྱེར་ཅན་ཅིག་བྱ། ཁ་ལ་དུག་ཁྲག་གི་བྱུགས་པའི་རྩང་ཉི་ ཤུ་རྩ་གཅིག་དང༌། ཕུར་བུ་ཉི་ཤུ་རྩ་གཅིག་སྲིན་མོ་འགྲོས་སུ་བཙུགས། གྲུ་གསུམ་གྱི་འདེབས་ རང་ལ་བསྟན། རྩེ་མོའི་ཕྱོགས་སུ་ཐང་ཀའམ། ཙ་ཀ་ལི་མདའ་དར་ལ་བཏགས་པ་བཞུགས། སྟེགས་བུའི་ལྷོ་ནུབ་ཀྱི་ཟུར་ལ་བརྟེན་གཏོར། དབུས་སུ་སྔགས་ཀྱི་ཤོག་དྲིལ་བཙུགས་པ་ གྲི་རྒོད་ཀྱི་ཤས་བརྒྱན་པ། ནལ་བུའི་སྙིང་མ་ཉམས་པ་མདའ་ཐུང་ལ་བརྟག་པ་གཅིག་ཀྱང་ བཙུག །བྱང་ཤར་གྱི་ཟུར་ལ་ཐུན་ཁང་བྱ་སྟེ། དེར་འུག་པའི་སྒྲོ་ངར་མི་རིམས་ཁྲག་དང༌། དུག་ ཁྲག་བླུག །ཤར་ལྷོར་གྲི་ཐོད་དུ་གྲི་ཁྲག་དང༌། ཁྲག་སྣ་ཚོགས་བླུག །ནུབ་བྱང་དུ་མཛེ་ཁྲག་ དང༌། རམ་བུ་དང༌། དུག་གིས་བཀང་བའི་ཕག་ཐོད་བཞག །ཡུངས་ཀར་ཡུངས་ནག་སོགས་ སྐམ་ཐུན་རྣམས་ཐོད་ངན་དུ་བླུགས་ཏེ་ཕྱོགས་ཇི་ལྟར་འོས་པར་བཞག །ཆོས་འབྱུང་གྲུ་གསུམ་ ཉིས་བརྩེགས་ཀྱི་ལྟེ་བར་བསད་སྔགས་མིང་དང་བཅས་པ་འབྲི། ཟུར་དྲུག་ལ་ཡན་ལག་དྲུག་ འོག་ཏུ་མནན་པའི་ཚུལ་དུ་བྲི། ཕྱིའི་མུ་ཁྱུད་ལ་རྦད་སྔགས་དང་ཐུན་སྔགས་ཀྱིས་བསྐོར་བ་ འབྲི། རྟེན་གཏོར་གྱི་འོག་ཏུ་མནན། ཚིལ་ཆེན་བྱུག་པའི་ཤོག་བུ་ལ་ལིང་ག་འབྲི་ཚུལ་སྤྱི་དང་ འདྲ་བ་ལས། སྙིང་ཁར་ཆེ་གེ་མོ་ཨ་ཀཪྵ་ཡ་ཛ། བྷནྡྷ་བྷནྡྷ་མ་ར་ཡ་ཧཱུཾ་ཕཊ། ཅེས་པ་འབྲི། དེའི་ མཐའ་བསད་སྔགས་མགོ་བོ་ཕྱིར་བསྟན་གྱིས་བསྐོར། དེའི་ཕྱི་ནས་ཐུན་སྔགས་ཀྱིས་བསྐོར། དེའི་ཕྱི་ནས་བསྙེན་སྔགས་དང་འབོད་རྦད་ཀྱིས་བསྐོར། ཐམས་ཅད་ལ་འདི་ཞེས་བྱ་བ་མཱ་ར་ 21-1-391 ཡ་སོད་བྷྱོཿབྷྱོཿཡ་ཡ་ཆུམ་ཆུམ། ཞེས་པས་མཐའ་བརྟེན་དེ་ལ་རྫས་བཅུག །དགུག་གཞུག་ མང་དུ་བྱས་ཏེ་མགོ་ནས་མར་བསྒྲིལ་ནས། ཤི་སྐྲས་བཅིངས་ཏེ་བག་ཟན་བཙོས་པ་ལ་རྫས་ བསྲེས་པའི་ཉ་བོའི་ལྟེ་བར་བཅུག །དེ་འབྲུབ་ཁུང་གི་དབུས་སུ་བཞག་སྟེ། མི་ཤི་བའི་སྐྲའི་ སྲད་བུ་ཡན་ལག་ལྔ་ནས་བཅིངས། དེའི་སྣོད་དེ་སྐྱེར་ཕུར་ལ་བཅིངས་ནས། རྟེན་གཏོར་གྱི་ མདུན་དུ་ཕུར་བུ་ལ་བཏོད། ཐུན་མོང་མ་ཡིན་པའི་དམ་རྫས་ནལ་བུའི་ཤ་ཁྲག་བསྲེས་པའི་ རྒྱུ་བཟང་པོའི་གཏོར་མ་བརྗིད་ལྡན་གཅིག་གཡས་ཕྱོགས་སུ་བཤམས། དེ་ཀ་འདྲ་བ་ཞིག་ གཡོན་ཕྱོགས་སུ་ཐག་ཅུང་ཟད་རིང་བར་གཏའ་གཏོར་གྱི་ཚུལ་དུ་བྱེད། དེ་དར་ནག་གིས་ གཡོག་པའི་སྒྲོམ་དུ་བཅུག་ཀྱང་རུང༌། གཞན་ཡང་ཤ་ཁྲག་དམར་གྱི་བརྒྱན་པའི་གཏོར་མ་སྤྱི་ གཏོར་གྱི་ཚུལ་དུ་གང་བདེར་བསྒྲིག །གོང་དུ་བཤད་པའི་བྲིས་ལིང་དེ་ཁ་འདྲ་བ་གཅིག་བྱས་ ལ། ལིང་ག་ཆེན་པོའི་འོག་ཏུ་འདིང་བའམ། འབྲུབ་ཁུང་གི་ནང་ལོག་ལ་མགོ་གཞུག་ལྡོག་སྟེ་ བཀྲམ་ཡང་རུང༌། གཞོན་ནུ་མ་གཙང་མའི་ལག་པའི་སྲིན་ལག་ལ་གཡབ་དར་ནག་པོ་བཏབ་ པ་དང༌། མནན་པ་དང་སྦྱིན་སྲེག་གི་ཡོ་བྱད་རྣམས་ཀྱང་ཚང་བར་བྱ། ལས་ལ་འཇུག་པའི་ སྔོན་དུ། སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་བྱ། བགེགས་བསྐྲད། མཚམས་ བཅད། མཐོ་གཟུག །བསྲུང་འཁོར་སྒོམ་པ་རྣམས་ཉི་མ་དང་པོ་ལ་བྱ། ཞག་ཕྱི་མ་རྣམས་ལ་ གནས་ཡོ་བྱིན་རླབས་ངེས་པར་བྱ། སྔོན་འགྲོ་གཏོར་མ་འགྲུབ་ན་ལེགས། དེ་ནས་ཐུན་དང་ པོ་ལ་ཡི་དམ་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་བཏང༌། ལས་སྦྱོར་གྱི་སྐབས་ འདིར་ཡི་དམ་གྱི་མདུན་བསྐྱེད་མཆོད་གཏོར་ཡང་གལ་ཆེ་བས་དུས་སྐབས་འདིར་བྱེད། སླར་ ཡང་མཆོད་པ་རྣམས་རྒྱས་པར་བྱིན་གྱིས་རླབས། སྨན་ཕུད་རཀྟ་བྱིན་གྱིས་རླབས་པ་ནན་ཏན་ གྱི་བསྐྱེད། དེ་རྗེས་མདུན་བསྐྱེད་བསངས་སྦྱངས་སོགས་གོང་བཞིན་བྱས་ནས་བསྐང་བ་ལ་ ཐུག་གི་བར་དུའོ། ། 21-1-392 དེ་ནས་རང་ཉིད་ཡི་དམ་གནས་གྱུར་པའི་དཔལ་ལྷ་མོ་ནག་མོར་བསྒོམ། སྙིང་པོ་ལན་ འགའ་ཟུར་ཉུང་བརྗོད། བར་དེར་ལིང་ག་བསྐྱེད་ཅིང༌། དགུག་གཞུག་ལན་མང་དུ་བྱ། སྙིང་ པོ་དང་འབོད་རྦད་བསད་གསུམ་སྦྲེལ་བའི་མཐར། ཆྒཻ་མོའི་བླ་སྲོག་ཐམས་ཅད་ཨ་ཀཪྵ་ཡ་ ཛཿཛཿཞེས་བཏགས་པ་བརྒྱ་ཙམ་རེ་བཟླས་ནས། དེ་ནས་སྔགས་ལྔ་ཆར་སྦྲེལ་བ་ཁོ་ན་བཟླ། བཟླས་པ་པོ་ལྷ་དང་ཕྲལ་བ་དང༌། དགུག་གཞུག་བཅིང་བ་དང༌། ལྡག་ཆད་བཅག་པའི་ དམིགས་པ་དྲག་ཏུ་བྱ། ཐུན་རྣམས་ལ་ཡང་གཟུང་ཐག་བཏགས་ཏེ་སྔགས་ལྔ་ཆར་གཅིག་ཏུ་ དྲིལ་བ་དེ་ཀ་ཐུན་རེ་བཞིན་བརྒྱ་ཕྲག་སོགས་བཟླས་པ་དེས་ཆོག །ཐུན་སྔགས་ལོགས་པ་མི་ དགོས། ཐུན་རེ་རེ་བཞིན་གཏོར་མ་ཁ་གསོས་ཏེ་འབུལ། གཏའ་གཏོར་དེ་འགྲུབ་ན་ཐུན་དེ་ བཞིན་དང༌། དེ་ཙམ་མ་གྲུབ་ན་ཐུན་ཐ་མ་ལ་ཁ་གསོས་ཤིང་བྱིན་རླབས་བྱེད་ཚུལ་སྤྱི་དང་འདྲ། ཐུན་མཚམས་སུ་འབྲུབ་ཁུང་རོ་རས་སམ་གཡམ་པས་ཁ་བཅད། དེ་ལྟར་ཞག་བདུན་ཚུན་ཆད་ ལ་ཁུགས་པའི་རྟགས་འབྱུང༌། ལིང་ག་ལ་སྒྲ་ཚག་ཚག་ཐག་ཐོག་བྱུང་ན་རྟགས་ཡིན། ལར་ འདི་རྦད་བསད་གཅིག་ཏུ་དྲིལ་བ་ཡིན་པས། ཁུག་པའི་རྟགས་ལ་དགུག་སྡོད་རང་ཡང་མི་ དགོས། ཞག་བདུན་སོང་ནས་རྟགས་མ་བྱུང་རུང༌། བསད་ལས་ལ་ཞུགས་པས་ཆོག དེ་ཡང་བྱ་བའི་རིམ་པ་རྣམས་སྔ་མ་དང་འདྲ་བ་ལས། བཟླས་པའི་སྔོན་གྱི་དགུག་གཞུག་ ཚར་གསུམ་བྱས་ནས། དགུག་པའི་སྔགས་ཅུང་ཟད་ཙམ་བཟླ། མང་དུ་བཟླས་མི་དགོས། དེ་ རྗེས་བཟླས་པ་དངོས་སྔགས་བརྒྱ་བརྒྱ་ཙམ་སོང་མཚམས་སུ་ཐུན་བརྡེག་པའི་སྲོལ་ཡོད། འོན་ ཀྱང་འདི་ལྟར་ལེགས་པ་འཕྲེང་རྡོག་དྲུག་ཅུ་པ་གཅིག་ལ་སྔགས་ལྔ་པོ་སྦྲེལ་ནས་བགྲངས་ ཏེ་འཕྲེང་སྐོར་རེ་རེའི་མཐའམ། གཉིས་གཉིས་ཀྱི་མཐའ་མ། གསུམ་གསུམ་གྱི་མཐར་ཐུན་ སྔགས་བསད་སྔགས་སྦྲེལ་བ་ཁོ་ན་ཚར་དགུ་དགུ་ལིང་ག་ལ་ཐུན་རྡེག་གོ །ལིང་གའི་སྙིང་ གར་རོ་སྐྲས་གཟུངས་ཐག་བཏགས། བཟླས་པ་བྱེད་པའི་ཚེ་དེའི་སྣེ་ནས་བཟུང༌། བཟླས་པ་ 21-1-393 འཇོག་ཙ་ན་རྡོ་རྗེ་ལ་བཏག་སྟེ། དེའི་སྙིང་གར་མནན་ནོ། །བཟླས་པ་དཀྱུས་ཀྱི་དམིགས་པའི་ སྐབས། རང་དང་མདུན་གྱི་ལྷ་མོ་གཉིས་ཀར་གྱི་ཕྱག་གཡོན་པར་ལྕགས་ཀྱུ་དང་ཞགས་པ་ འཛིན་པས་བཅིངས་ཤིང་འཐེན་འཐེན་འདྲེན་པར་བསམས། རླུང་ཕྱིར་འཕྲོས་པའི་བདག་ མདུན་གཉིས་ཀའི་ས་བོན་སྔགས་ཕྲེང་ལ་མཁའ་འགྲོ་མ་ཤིན་ཏུ་ཁྲོས་པ། གྲི་ཐོད་འཛིན་པ་ མང་པོ་སྤྲོས་ནས། མདུན་གྱི་བསྒྲུབ་བྱའི་སྙིང་ག་ནས་ཞུགས། ལུས་ཀྱི་ཁོག་ནང་དུ་སོང་ནས་ གནད་ཐམས་ཅད་གྲི་གུག་གིས་བཅད། ཁྱད་པར་སྲོག་རྩ་བཅད་ཅིང་རྩ་བ་ནས་བཏོན། སྙིང་ ག་ནས་རྣམ་ཤེས་མར་མེ་ལྟར་འབར་བ་དེ། ཕྱག་གཡོན་པའི་ཐོད་པས་དུག་ཁྲག་བླུག་ཏེ། ཐུམ་ཐུམ་བསད་པར་བསམ། བསྒྲུབ་བྱའི་ཚེ་སྲོག་ལུས་ཀྱི་མདངས་བཅུད་རྣམས་བདུད་རྩིའི་ རང་བཞིན་ཧཱུཾ་དུ་གྱུར་པ་སྟེ། མཁའ་འགྲོ་མ་དེ་རྣམས་ཀྱིས་ཚུར་བླངས་ནས། རླུང་ནང་དུ་ཡོང་ བ་དང་བསྟུན་བདག་དང་མདུན་བསྐྱེད་ཀྱི་སྣ་སྒོ་ནས་ཞུགས་ཏེ། སྙིང་གའི་ས་བོན་སྔགས་ཕྲེང་ ལ་ཐིམ་པས་བཀྲག་མདངས་བཅུད་དུ་གྱུར་ནས། བསྒྲུབ་བྱའི་ཚེ་དང་དབང་ཐང་ཐམས་ཅད་ རང་ཉིད་ལ་བྱུང་ཞིང་རྒྱ་ཆེར་འཕེལ་བར་བསམ། དམིགས་པའི་གྲངས་ལ་སྤྱིར་ངོས་བཟུང་ དང་མི་དགོས་ཀྱང༌། སྔགས་སྦྲགས་མ་ལན་དྲུག་དྲུག་ལ་དེ་དམིགས་པ་དེ་ཚར་རེ་བསྒོམས་ ནས་མཚམས་པར་འོང་བས་ལག་ལེན་ལ་དེ་ལྟར་བྱ་ཞེས་བླ་མས་གསུང༌། དེ་འདྲ་ལན་དགུ་ སོང་ནས་ཐ་མའི་སྔགས་ལན་དྲུག་ལ་འགོག་བཟླས་བྱ་སྟེ། རླུང་འབུད་པའི་ཚེ་བདག་དང་ མདུན་བསྐྱེད་ཀྱི་ཤངས་ཀྱི་སྒོ་ནས་འཐོར་རླུང་དྲག་པོ་མི་བཟད་པ་སྤྲོས་ཏེ། བསྒྲུབ་བྱའི་རྣམ་ ཤེས་མར་མེ་ལྟ་བུ་ནི་བསད། ལུས་ཐམས་ཅད་ཤག་ཤིག་ཏུ་བཏང་བར་བསམ། རླུང་ནང་དུ་ ཡོང་ཙ་ན་ཁོའི་རྩ་རླུང་ཐིག་ལེའི་དྭངས་མ་དང༌། བསྲུང་བ། ནུས་པ། དགེ་ལེགས། ཚེ་སྲོག་ བསོད་ནམས་དབང་ཐང་ཐམས་ཅད་ཐིག་ལེ་དཀར་པོའི་རྣམ་པར་དྲངས་ཏེ། རང་དང་མདུན་ བསྐྱེད་ཀྱི་ཤངས་ཀྱི་སྒོ་ནས་ཞུགས་ཏེ། ཐུགས་ཀའམ་ལྟེ་བར་ཐིམ་པས་མདངས་དང་བདེ་བ་ 21-1-394 རྒྱས་པར་བསམ། དེ་ནས་ཐུན་གྱི་སྐབས་ཐོག་མར་སྐམ་ཐུན་མཚོན་ཆའི་ཆར་དུ་འབེབས། སྲིན་མོ་མི་བཟད་པ་མང་པོས་བཅོམ་པར་ཡང་བསམ། དེ་ནས་རློན་ཐུན་དང་པོ་དུག་གི་ཆར་ པ་དང༌། གཉིས་པའི་ནད་ཀྱི་ཆར་ཕབས་པས་མཚོ་འཁྱིལ་ཏེ་ཞིག་ཅིང་དུམ་བུར་བསམ། གསུམ་པ་མཁའ་འགྲོ་མ་མང་པོ་སྤྲུལ་ནས་བཅོམ་པར་བསམ། ཚུལ་དེ་ལྟ་བུའི་བསད་ལས་ བརྩམས། ཐུན་ཕྱི་མ་རྣམས་ལ་རང་ཉིད་ཡི་དམ་གྱི་ངོ་བོ་མ་མོར་སྒོམ་པ་དེ་ཀས་ཆོག །ཡང་ ཕར་ཕྱག་འཚལ་བའི་རྨི་ལམ་བྱུང་ན་ཡི་དམ་གྱི་བདག་བསྐྱེད་དང་བཟླས་པ་མང་ཙམ་བྱ། སྔགས་དག་པོར་བཟླ་བ་དང༌། བར་བར་དུ་བསྐང་བཤགས་གལ་ཆེ། གཟས་པ་པོ་བསད་པ་ དང༌། བཤས་བྱེད་པ་དང༌། ནང་ཁྲོལ་སོགས་ཤ་ཟོས་པ་དང༌། དངོས་སུ་རང་ཉིད་སྐྱུག་མེར་བ་ སོང༌། འཇོམ་པར་བྱུང་ན་བསད་པའི་རྟགས་ཡིན་ཏེ། དེ་ཡང་གཞུང་ལས། ཐུན་ལས་མེ་སྟག་ འཕྲོ་ན་ཟོར་འཕེན་པར་བཤད། དེ་ལར་མ་བྱུང་ན་སྦྱིན་སྲེག་དང་མནན་ཙམ་ཞིག་བྱེད་པ་འདྲ་ བ་ཞིག་བྱུང་ནའང༌། ད་ལྟ་ལག་ལེན་དུ་འདེབས་རྒྱུ་ལ་འཕང་བསྲེགས་མནན་གསུམ་གར་བྱ་ སྟེ། བསད་རྟགས་ལན་གཅིག་ཙམ་ལ་མ་བཞག་པར། ད་དུང་ཡུན་བསྲིངས་ཏེ་བསྒྲུབས་པས་ རང་བསད་རྟགས་ལན་གཉིས་གསུམ་དུ་བྱུང་ན་ངེས་ཅན་ཡིན་པས། ཐུན་རྟགས་བྱུང་རུང་མ་ བྱུང་རུང་མྱུར་བུལ་དང་སྟོབས་ཆེ་ཆུང་གིས་ཁྱད་ཙམ་ལས་འགྲུབ་པར་ནི་ངེས། འབྲུ་ནག་གི་ ཕྱེ་ལ་དུག་ཁྲག་བསྲེས་པ་ལ་ཟོར་གཏོར་གཅིག་བཅོས་དུག་ཁྲག་གིས་བྱུག །བྲ་བོ་སྲན་ནག་ སྐེ་ཚེ་སོགས་བླུག །ཞག་གཅིག་གཉིས་གསུམ་ཚུན་ཆོད་དུ་ཐུན་གཞན་རྣམས་དང་ལྷན་ཅིག་ དམིགས་པ་གཏད་དེ་བསྒྲུབས། རློན་ཐུན་གསུམ་དང༌། སྐམ་ཐུན་གྱི་སྣོད་དུ་ལྷག་མ་ཅུང་ཟད་ རེ་བཞག །གཞན་རྣམས་ཐོད་ངན་ནམ་ལྕགས་སྣོད་དུ་བླུག །ལིང་ག་ལ་སྔར་བཏབ་ཟིན་པ་ འབྲུབ་ཁུང་ན་ཡོད་པའི་དེ་ནས་ཀྱང་ཅུང་ཟད་བླུག །དྲག་སྔགས་བཟླ་ཞིང་ཐུན་རྣམས་གཅིག་ ཏུ་བསྲེས། རང་ཉིད་དྲག་པོའི་ཆས་སུ་ཞུགས། སྐད་ཅིག་དྲན་རྫོགས་ཀྱིས་ཡི་དམ་དུ་བསྐྱེད་ 21-1-395 ནས་སྔགས་དྲག་ཏུ་བཟླ། མ་མོ་དྲག་ཏུ་བསྐུལ། དེ་ནས་རང་ཉིད་ལྷ་མོའི་སྐུར་བསྒྱུར་བའི་ང་ རྒྱལ་གྱིས་དགྲ་ཡུལ་མཐོང་བའམ། དེ་མིན་ནའང་རི་རྩེ་སོགས་དམིགས་པ་གསལ་ས་གཅིག་ ཏུ་སོང་ནས། བདེན་བདར་དང་དམོད་བཅོལ་དྲག་ཏུ་བྱས་པའི་མཐར། སྔགས་ལྔ་སྦྲེལ་ལན་ བདུན་བཟླས་པའི་མཇུག་ལ་གཏོར་མ་འཕངས། ཐུན་སྔགས་བསད་སྔགས་སྦྲེལ་བ་འབའ་ ཞིག་བཟླ་བཞིན་དུ་ཐུན་རྣམས་ཆ་ཤས་ཆ་ཤས་ནས་ཟད་ཟད་དུ་འཕང༌། མི་ལྤགས་སམ། རོ་ ཤུན་གྱི་དོལ་མོ་ཀ་གདབ་བོ། ། དེ་ནས་ནང་དུ་འོང་ནས་འབྲུབ་ཁུང་གི་ལིང་ག་བསྒྲལ་ཏེ་གཏོར་མ་ལ་ཅུང་ཟད་བཏབ། ལིང་རོ་གཞན་ནལ་བུའི་ཤ་ཁྲག་དང༌། གཞན་ཡང་དྲག་རྫས་སྤྱི་དང་མཐུན་པས་བསྲེག་རྫས་ རྣམས་དང༌། སྔར་གྱི་ཐུན་མོང་མ་ཡིན་པའི་གཏོར་མ་དང་བཅས་པ། ལིང་གའི་མཐུའི་ཐུན་ རོ་ཐམས་ཅད་ཀྱང་བླངས་སྦྱིན་སྲེག་བྱ། དཔལ་ལྷ་མོ་ཉིད་མེ་ལྷ་ཡིན་པས་མེ་ལྷ་འཇིག་རྟེན་ པའི་ཆོ་ག་དགོས། སྔགས་ལྔ་སྦྲེལ་གྱི་མཐར་ཨགྣེ་ཡེ་ཀྲོ་དྷ་ཛྭ་ལ་རཾ་རཾ། ཆེ་གེ་མོ། མ་ར་ཡ་ ཕཊ། ཅེས་པ་ནི་བསྲེགས་རྫས་འབུལ་བའི་སྔགས་སོ། །འདིར་ལིང་ག་གསར་བ་གཅིག་ཀྱང་ བསྒྲལ་ནས་འབུལ། སྔགས་ནི་དྲུག་ཅུ་ལ་སོགས་པའི་ཇི་ལྟར་འོས་པའོ། །དེ་ནས་འབྲུབ་ཁུང་ ནང་གི་བྲིས་ལིང་དེ་དང༌། གཏོར་གདན་གྱི་བྲིས་ལིང་དེ་གཉིས་ཁ་སྦྱར། མགོ་ནས་དྲིལ་ཏེ་ གཡག་རྒོད་ཀྱི་རྭ་ནང་དུ་བཅུག །དུག་རིགས་བརྡུངས་པའི་ཕྱེ་མ་དང༌། སྦྱིན་སྲེག་གི་ཐལ་བ་ ཚོམ་བུ་ཙམ་ཞིག་རྣམས་བཅུགས་ཏེ། ལམ་རྒྱ་འགྲམ་མམ། ཀླུ་གཉན་གནས་སའམ། དུར་ ཁྲོད་དམ། མཆོད་རྟེན་གྱི་འོག་ཏུ་མནན་པར་བྱའོ། །སྔར་གྱི་བཏབ་གཏོར་དེ་ཐོབ་ཐང་ལ་ཕྱི་ རྟགས་བྱུང་ན་འབུལ་བ་ཡིན་ཀྱང༌། དེ་ཙམ་འཇོག་མི་ཐུབ་ན། སྐབས་འདིར་འབུལ་ལོ། ། ཡང་བསད་རྟགས་ནང་རྟགས་བྱུང་ན་འབུལ་བ་གཅིག་ཀྱང་ཡོད་དེ། དེ་ལ་ནི་རྟགས་ གཏོར་ཞེས་བྱའོ། །དེ་ནས་ཚོགས་ཀྱི་འཁོར་ལོ་དང་དགའ་སྟོན་བྱ་ཞིང༌། ནམ་སྨད་བསྐང་ 21-1-396 བཤགས་དང་དངོས་གྲུབ་བླང་བ་ནན་ཏན་ཏུ་བསྐྱེད། གཏོར་མ་གསར་བ་དང༌། ཐུན་གཏོར་ ཡང་བཤམས་ཤིང་བསྔོས་ནས། སྐྱ་རེངས་དང་པོ་ཤར་བ་ན་ཁང་སྟེང་དར་ཕྱར། རོལ་མོ་ བརྡུངས། གཏོར་མ་གསར་བ་དེ་དག་དང༌། སྔར་གྱི་ཐུན་མོང་གི་གཏོར་མ་དེ་སྤྱི་བཏབ་ཀྱི་ ཚུལ་གྱིས་བཏང༌། འཕྲིན་ལས་བཅོལ། སྨོན་ལམ་བཏབ། བཀྲ་ཤིས་བརྗོད་དོ། །དེ་ནས་སྒྲུབ་ ཁང་དུ་རྗེས་ཆོག་དང་ཉེར་བསྡུ་བྱས་ཏེ་སྤྱིར་དང་མཐུན་ནོ། །སྒྲུབ་ཐབས་འདི་ནི་མཐུ་སྟོབས་ ཀྱི་དབང་ཕྱུག་ཏུ་ལོ་ཙཱ་བ་རྡོ་གྲགས་པ་ཉིད་ཀྱིས་ཞལ་གཟིགས་པའི་དཔལ་ལྷ་མོའི་སྒྲུབ་ ཐབས་གསར་མ་དེ་ཡིན། འདི་ལ་ཐུན་དྲུག་ལ་སོགས་པའི་རྣམ་གྲངས་མང་པོ་དེ་མི་དགོས་ པར་གཅིག་ལ་འདུས་པས་ལག་ལེན་ཤིན་ཏུ་འཁྱེར་བདེ་བ་ཡིན་ནོ། ། སྤྱིར་ལྷ་མོ་ཉིད་ཆོས་སྐྱོང་གི་མཐིལ་དུ་བྱེད་ན་མདོས་ཆོག་གལ་ཆེ་བ་ཡིན་པར་འདུག ། མ་མོ་སྤྱིའི་མདོས་ཆོག་དང༌། ལྷ་མོའི་སྤྱི་བསྐང་གི་ཆོ་ག་རྒྱས་པ་ནི་ཡི་གེ་རྙིང་པ་གཞན་དུ་ བལྟ་བར་བྱ་ཡི། འདིར་བྲིས་པས་མང་བ་ཡིན་ནོ། །ཞེས་པ་འདི་ཡང་རྭའི་རིགས་སུ་སྐྱེས་ཤིང༌། འཇམ་དཔལ་ རྡོ་རྗེ་གྲགས་པའི་བཀའ་བརྒྱུད་ཅུང་ཟད་འཛིན་པ། རྒྱལ་ཁམས་ཏཱ་ར་ནཱ་ཐ་ཞེས་བྱ་བས་གཞུང་གི་གསལ་བྱེད་དུ་མན་ངག་ལག་ ལེན་ཀླག་ཆོག་གི་ཚུལ་དུ་བྲིས་པའོ།། །།མངྒ་ལཾ། དགེའོ། ། 21-1-397 ༄༅། །ཀླུ་བསང་བསྡུས་པ་བཞུགས། ༄༅། །ཀླུ་བསང་བྱ་བ་ལ་ཀླུ་རྫས་ཀླུ་སྨན་ཀླུ་ཤིང་སྣ་ཚོགས་པ་བསྲེགས་ལ། ༀ་ཨ་མྲྀ་ཏས་བསངས། སྭ་བྷཱ་ ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་བསང་རྫས་ཟག་པ་མེད་པ་བདུད་ རྩིའི་རྒྱ་མཚོ་ཆེན་པོར་གྱུར། འབྲུ་གསུམ་ལན་གསུམ། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་རླབས་ལ་འདི་སྐད་དོ། ། ཀྱཻ་དབུས་ཀྱི་དབུས་རྒྱལ་ཆུ་ལྷ་ནི། །སྦྲུལ་མགོ་བདུན་གྱི་གདེངས་ཀས་མཛེས། །ཕྱག་གཉིས་ ཐལ་སྦྱར་འཛུམ་བག་ཅན། །ལྷ་ལུས་རིན་ཆེན་རྒྱན་གྱིས་སྤྲས། །སྐུ་སྨད་སྦྲུལ་མཇུག་འཁྱིལ་ བ་ནི། །དེ་རིང་གནས་འདིར་སྤྱན་འདྲེན་ནོ། །འཁོར་དང་བཅས་པ་གཤེགས་སུ་གསོལ། ། བདུད་རྩི་བསང་གི་མཆོད་པ་འབུལ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །ཀླུ་ རྫས་སྣ་ཚོགས༴ མཆོད་པ་འབུལ་བའི་ཡོན་ཏན་གྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། ། ཀླུ་ཡི་གཡང་དང་དངོས་གྲུབ་ནས། །མི་དང་ནོར་འཕེལ་བཀྲ་ཤིས་དང༌། །ལོངས་སྤྱོད་ཕུན་ སུམ་ཚོགས་པ་དང༌། །ནད་མེད་དཔལ་འབྱོར་རྒྱས་པར་ཤོག །ཀྱཻ་ཤར་དུ་མཐའ་ཡས་ལྷོ་རུ་ པདྨ་དང༌། །ནུབ་ཏུ་འཇོག་པོ་བྱང་དུ་ནོར་རྒྱས་དང༌། །ཤར་ལྷོར་དུང་སྐྱོང་ལྷོ་ནུབ་ཀརྐོ་ཊ། ། ནུབ་བྱང་རིགས་ལྡན་བྱང་ཤར་པདྨ་རྣམས། །དེ་རིང་གནས་འདིར་སྤྱན་འདྲེན་ནོ། །འཁོར་ དང་བཅས་པ་གཤེགས་སུ་གསོལ། །བདུད་རྩི་བསང་གི་མཆོད་པ་འབུལ། །ཀྱཻ་རྗེ་རིགས་དང་ ནི་བྲམ་ཟེའི་རིགས། །དམངས་རིགས་གདོལ་བའི་རིགས་རྣམས་དང༌། ཁྱད་པར་ཡུལ་ཕྱོགས་ འདིར་གནས་པའི། །ཀླུ་གཉན་ས་བདག་འཁོར་བཅས་དང༌། །གཉན་གཏོར་ཀླུ་དང་སྡེ་བརྒྱད་ སོགས། །འཁོར་དང་བཅས་པ་ཐམས་ཅད་བསང༌། །གནས་དང་ཕོ་བྲང་བཤིག་པ་དང༌། ། 21-1-398 འཁོར་དང་ལོངས་སྤྱོད་བརླག་པ་དང༌། །ས་གཉན་རྡོ་གཉན་ཤིང་གཉན་དང༌། །ཆུ་གཉན་ ཆུ་མིག་བསྲུབས་པ་དང༌། །མི་གཙང་དྲི་མས་ཕོག་པ་སོགས། །ཉེས་པའི་སྐྱོན་གྱིས་ཁྱེད་ རྣམས་ལ། །ནད་དང་གནོད་པ་ཅི་མཆིས་པ། །མཆོད་པའི་རྫས་ཀྱི་གསོས་གྱུར་ཅིག །བདུད་ རྩི་བསང་གིས་དག་གྱུར་ཅིག །དག་པའི་ངང་དུ་གནས་གྱུར་ཅིག །དགའ་བདེའི་སེམས་དང་ ལྡན་གྱུར་ཅིག །རྣལ་འབྱོར་བདག་དང་ཡོན་བདག་ལ། །ཀླུ་ཡིས་གཡང་དང་དངོས་གྲུབ་ ནས། །མི་དང་ནོར་འཕེལ་བཀྲ་ཤིས་དང༌། །ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༌། །ནད་མེད་ དཔལ་འབྱོར་རྒྱས་པར་ཤོག །ཀླུ་གཉན་ས་བདག་འཁོར་བཅས་ཀྱིས། །ནད་དང་གདུག་རྩུབ་ མ་བཏང་ཞིག །མི་ལ་ན་ཚ་མ་བཏང་ཞིག །ནོར་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་སད་སེར་ མ་བཏང་ཞིག །རྣལ་འབྱོར་བདག་དང་ཡོན་བདག་ལ། །རིག་འཛིན་ཚེ་དང་སྟོབས་ལྡན་མཐུ། ། དབང་ཐང་བུ་དང་མཛོད་ལྡན་ནོར། །གྲགས་པ་སྙན་དང་ཁ་དོག་གོས། །རྐང་འགྲོ་ནོར་དང་ སྐྱིད་སྤྱོད་ཟས། །ད་ལྟ་ཉིད་དུ་སྩལ་དུ་གསོལ། །བཅོལ་པའི་འཕྲིན་ལས་འགྲུབ་པར་མཛོད། ། ཀླུ་བསང་ཉེ་བར་བསྡུས་པ་འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པའོ།། །།མངྒ་ལཾ། བཀྲ་ཤིས། 21-1-399 ༄༅། །རྗེ་བཙུན་འཕགས་མ་སྒྲོལ་མ་ར་མདར་བོས་པ་ ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། བྷ་ག་ཝ་ཏི་ཨཱརྱ་ཏ་རེ། བདག་ཏཱ་ར་ནཱ་ཐས་ཕྱག་འཚལ་ལོ། །འཕགས་ མའི་ཐུགས་དང་ཅི་འགལ་བ། །ཉེས་བྱས་གང་ཡིན་བཤགས་པར་བགྱི། །ཉེས་པ་གང་ཞིག་ ལེགས་པ་དང༌། །དེ་སྦྱོང་ཐབས་དང་ལུང་བསྟན་གསོལ། །བུ་ནི་ལམ་གོལ་བྱུང་སྲིད་ན། །མ་ ཡིས་ཅི་ཕྱིར་ལམ་མི་སྟོན། །ཤུ་བྷཾ། ༈ ༀ་སྭཱ་སྟི། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་ལ། །བདག་ཀུན་དགའ་སྙིང་པོ་ ཕྱག་འཚལ་ལོ། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་མ་ལུས་སེལ་བར་ ཤོག །གལ་ཏེ་བུ་ལ་ནུས་མེད་ན། །ཡུམ་གཅིག་གཏོང་གྲོགས་ཅིས་མི་མཛད། །གདུང་བས་ ལྷང་ལྷང་ཞུ་ཞིང་འབོད། །ཡེ་ཤེས་སྤྱན་གྱི་མི་གཟིགས་སམ། །ཤུ་བྷཾ། ༈ ཨཱརྱ་ཏཱ་རེ། ཀྱཻ་སེམས་ཅན་ཐམས་ཅད་སྡུག་བསྔལ་ཡ་ཆ་མ་ཆ་འདི་འདྲ་རང་འཁུར་ དགོས་པ་ལ། ཁྱོད་ཀྱི་ཅི་ཡི་ཕྱིར་མི་སྐྱོབ་ལགས། ཨ་རེ། ༈ ཀྱཻ། སྒྲོལ་མ་ཀྱཻ་སྒྲོལ་མཛད་མ། ཙནྡྲ་གོ་མི་བཞིན། བདག་ཀྱང་སྐྱོབ་པར་ཞུ། ཧེ་ཧེ། ༈ ཏཱ་རེ་ཏཱ་རེ་ཏཱ་རེ། པུར་རྒྱལ་བོད་ཀྱི་མི་རྣམས་སྡུག་བསྔལ་འདི་འདྲས་ནོན། །སངས་ རྒྱས་བསྟན་པ་ནུབ་པ་འདི་ལ་ཁྱོད་ཀྱིས་སྐྱོབ། ཁྱོད་མིན་སུ་ལ་རམ་ཟླ་སྒྲོན། །གཟིགས་ཤིག་ གཟིགས་ཤིག་གཟིགས་ཤིག ། ༈ ཕཊ། མ་ཡི་བུ་ལ་ཁྲོ་བ་ཅི། །ཉེས་པ་ཐམས་ཅད་སྙིང་ནས་བཤགས། །ལར་ནས་ ཐམས་ཅད་བདེན་པས་སྟོང༌། །ཕཊ། 21-1-400 ༈ ༀ་ཏིཥྛ། ཇོ་མོ་མངོན་པར་མཐོ་བའི་ཡུལ། །དམན་པའི་གནས་ལས་དྲང་དུ་གསོལ། དི་ པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། །ཤཱཀྱ་ཤྲི་བྷ་དྲ་བཞིན། །བདག་གི་ཅོ་ཏོ་ནས་ཟུངས་ཤིག །ཏཱ་རེ་མཁྱེན། ༈ ཧེ་བྷཱ་ཊི། བྷཱ་ཊི། བྷཱ་ཊི། རྣལ་འབྱོར་ཅན་གྱི་དབང་ཕྱུག་མས། །མ་མ་ཨ་ཡུར་ཙི་རཾ་ཛཱི་ པ། ཁྱེད་ལས་སྐྱབས་གཞན་མ་མཆིས་སོ། །ཡོ་གི་ཤཱ་རི། ༈ ཧེ་དེ་བཱི། ལྷ་མོ་མི་མཐུན་ཕྱོགས་ཀུན་འཇོམས། །རེ་ས་གཞན་ན་མ་མཆིས་སོ། །མངྒ་ ལཾ། ༈ དཔལ་ལྡན་མི་འཇིགས་ཕྱག་རྒྱ་དེ། །བདག་གི་སྤྱི་བོར་རྟག་ཏུ་ཞོག །བྱིན་གྱིས་རློབས་ ཤིག་ཨེ་མ་ཧོ། ། ༈ བྷོ་བྷ་ག་ཝ་ཏཱི། ཡེ་ཤེས་གཟི་འོད་རྒྱས་པ་ཡི། །དངོས་གྲུབ་དེ་འདྲ་བདག་ལ་སྩོལ། ། ཧ་ཧ་ཧ་ཧ། ༈ ཨཾ་ཨཾ་ཨཾ། ཤེས་རབ་མཚོན་ཆས་སྒྲིབ་གཉིས་འཇོམས། །བདག་ཅག་མ་རིག་ད་སོལ་ ཅིག །སེམས་ཅན་ཉོན་མོངས་རྒྱ་མཚོར་བྱིང༌། །འདི་འདྲ་འཇིགས་པ་ཀུན་ལས་སྐྱོབ། །ཨ་ལ་ ལ་ཏེ་ལས་ལ་བཞེངས། །བཀྲ་ཤིས། ༈ རིག་འཛིན་འཁོར་ལོ་བསྒྱུར་བ་མོ། ཁྱེད་ཀྱི་བདག་ཅག་རིག་འཛིན་གྱི། །འཁོར་ལོ་ བསྒྱུར་བའི་གནས་ལ་ཞོག །ཁམས་གསུམ་དབང་ཕྱུག་གོ་འཕང་འཁོད། །ཀལྱཎ། ༈ ཏཱཾ་ཁཾ། བདག་ཀྱང་དམ་ཚིག་རྡོ་རྗེ་བསྒྲུབས། །འཕགས་མའི་སྐུ་དང་མཉམ་པར་ཤོག ། དཀྱིལ་འཁོར་འཁོར་ལོ་ཀུན་འདུས་པའི། །དབང་ཕྱུག་མ་དང་བདག་པོར་གྱུར། །སམྤནྣ་ཀུ་ རུ། འདི་རྗེ་བཙུན་འཕགས་མ་སྒྲོལ་མ་ར་མདར་བོས་པ་ཞེས་བྱ་བ་ཡིན། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ཐོར་བུའོ།། །།མངྒ་ལཾ། བཀྲ་ཤིས། ༈ འདིར་འབད་དགེ་འདིས་ལུས་འདི་བོར་མ་ཐག །གཡུ་ལོ་བཀོད་པར་འཕགས་ མའི་དགྱེས་ཞལ་དྲུང༌། །ཐུགས་སྲས་གདུལ་ཞིང་མཆོག་ཏུ་ལེགས་གྱུར་ཏེ། །སྐྱེ་སྲིད་དེ་ལ་ 21-1-401 ལམ་མཐར་ཕྱིན་གྱུར་ཅིག །ཅེས་པའང་མ་ཏིས་སྨྲས་སོ།། །། 21-1-402 ༄༅། །འབྱུང་བཞིའི་གཏོར་ཆོག་བཞུགས། ༄༅། །ན་མོ་གུ་རུ་ཝེ། འབྱུང་བཞིའི་གཏོར་མ་གཏོང་བར་འདོད་པས། བླ་མ་ཡི་དམ་དཀོན་མཆོག་ གསུམ་ལ་སྐྱབས་སུ་མཆིའོ། །འགྲོ་བའི་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སྐྱབས་སེམས་ སྔོན་དུ་སོང་ནས། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ ཤུདྡྷོ྅ཧཾ། ཞེས་པས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་ འཁོར་གྱི་སྟེང་དུ་ཧཱུཾ་ལས་རང་ཉིད་ཕ་དམ་པ་སངས་རྒྱས་སྐུ་མདོག་སྨུག་ནག་ཞལ་གཅིག་ ཕྱག་གཉིས་པ། གཡས་སེང་ལྡེང་གིས་ཌཱ་མ་རུ་ནམ་མཁའ་ལ་འཁྲོལ་བ། གཡོན་དངུལ་ དཀར་གྱི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་དཀྱིལ་ཀྲུང་དུ་བཞུགས་པ། རྟེན་འབྲེལ་ཀྱི་གི་ལ་ ཏེ་འཕྲག་པར་བཀལ་བ། གདམས་ངག་གིས་མཛོད་འཛིན་པ། བཀའ་བསྟན་བཅོས་ཐམས་ ཅད་ཐུགས་ལ་ཚང་བ། ཞལ་དུ་ཨཱ་ལི་ཀ་ལིའི་སྒྲ་སྒྲོག་པ། སྤྲུལ་པའི་སྐུ་མི་ཕམ་མགོན་པོ་དམ་ པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཏ་ཐ་ད་དྷ་ན། ཡ་ར་ལ་ཝ་ཤ་ཥ་ ས་ཧ་ཀྵ། ཞེས་ཅི་མང་བཟླས་ལ། དེ་ནས་གཏོར་མ་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་ བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཟབ་ཅིང་རྒྱ་ཆེ་བ་ བའི་ནང་དུ། ཡཾ་ལས་རླུང་རྫས་སྔོན་པོ་ཡངས་ཤིང་གཡོ་བར་འགྱུར། ༀ་ཨཱཿཧཱུཾ། ལན་གསུམ། ཡཾ་ ཨི་ཨཱི་ཙ་ཚ་ཛ་ཛྷ་ཉ་ཡ་ཤ །ཞེས་ཉེར་གཅིག་སོགས་བཟླས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ནས། ཡཾ་ལས་ རླུང་རྫས་སྔོན་པོ་ཡངས་ཤིང་གཡོ་བར་གྱུར་པ་འདི་ཉིད་བླ་མ་དང༌། ཤར་རྡོ་རྗེ་སེམས་དཔའི་ 21-1-403 ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །བཞེས་ནས་སྣང་བ་བརྟེན་འབྲེལ་དུ་ འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། རྟེན་འབྲེལ་གྱི་སྒོ་ནས་འགྲོ་དོན་ནུས་པར་བྱིན་གྱིས་ བརླབ་ཏུ་གསོལ། འགྲོ་དོན་གྱི་འཁོར་བ་དོང་ནས་དཀྲུག་ནུས་པར་གྱུར་ཅིག །ཉོན་མོངས་པ་ ཞེ་སྡང་ཞི་བར་གྱུར་ཅིག །ནང་རླུང་ནད་ཞི་བར་གྱུར་ཅིག ། གདོན་ལྷའི་གདོན་ཞི་བར་གྱུར་ ཅིག །ཤར་ཕྱོགས་དྲི་ཟའི་གདོན་ཞི་བར་གྱུར་ཅིག །བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་ སྐྱབས་སུ་མཆིའོ། །འགྲོ་བའི་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག །སྐྱབས་འགྲོ་སེམས་བསྐྱེད། ༀ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་ལས་ གྲུབ་པའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ། །རཾ་ལས་མེ་རྫས་དམར་པོ་ཚ་ཞིང་བསྲེག་པར་ གྱུར་ཅིག །ༀ་ཨཱཿཧཱུཾ། ལན་གསུམ། རཾ་རྀ་རཱྀ་ཊ་ཋ་ཌྷ་ཎ་ར་ཥ། ཉེར་གཅིག་བཟླས། ཨརྒྷཾ་སོགས་ཀྱིས་མཆོད། རཾ་ལས་མེ་རྫས་དམར་པོ་ཚ་ཞིང་བསྲེག་པ་འདི་ཉིད་བླ་མ་དང་ལྷོའི་རིན་ཆེན་འབྱུང་ལྡན་གྱི་ ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །བཞེས་ནས་སྣང་བ་རྟེན་འབྲེལ་དུ་ འཆར་བར་གྱུར་ཅིག ། རྟེན་འབྲེལ་གྱི་སྒོ་ནས་འགྲོ་དོན་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། འགྲོ་དོན་གྱིས་འཁོར་བ་དོང་ནས་དཀྲུག་ནུས་པར་གྱུར་ཅིག །ཉོན་མོངས་པ་ང་རྒྱལ་དང་ སེར་སྣ་ཞི་བར་གྱུར་ཅིག ནད་ཚ་ནད་ཞི་བར་གྱུར་ཅིག གདོན་ཕོ་གདོན་ཞི་བར་གྱུར་ཅིག ལྷོ་ ཕྱོགས་གཤིན་རྗེས་གནོད་པ་ཞི་བར་གྱུར་ཅིག གོང་བཞིན་སྐྱབས་འགྲོ་སེམས་བསྐྱེད་བྱ། ༀ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་ལས་ གྲུབ་པའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ༌། བཾ་ལས་ཆུ་རྫས་དཀར་པོ་གྲང་ཞིང་གཤེར་བར་ གྱུར། ༀ་ཨཱཿཧཱུཾ། ལན་གསུམ། བཾ་ཨུ་ཨཱུ་པ་ཕ་བ་བྷ་མ་ཝ་ཀྵ། ཨརྒྷཾ༴ སོགས་ཀྱིས་མཆོད། བཾ་ལས་ཆུ་ རྫས་དཀར་པོ་གྲང་ཞིང་གཤེར་བར་གྱུར་པ་འདི་ཉིད་བླ་མ་དང༌། ནུབ་སྣང་བ་མཐའ་ཡས་ ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །བཞེས་ནས་སྣང་བ་རྟེན་འབྲེལ་དུ་ 21-1-404 འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། །རྟེན་འབྲེལ་གྱི་སྒོ་ནས་འགྲོ་དོན་ནུས་པར་བྱིན་གྱིས་ བརླབས་ཏུ་གསོལ། འགྲོ་དོན་གྱི་འཁོར་བ་དོང་ནས་དཀྲུག་ནུས་པར་གྱུར་ཅིག །ཉོན་མོངས་ པ་འདོད་ཆགས་ཞི་བར་གྱུར་ཅིག །ནད་གྲང་ནད་ཞི་བར་གྱུར་ཅིག །གདོན་མོ་གདོན་ཞི་བར་ གྱུར་ཅིག །ནུབ་ཕྱོགས་ཆུ་ལྷའི་གནོད་པ་ཞི་བར་གྱུར་ཅིག །སྐྱབས་འགྲོ་སེམས་བསྐྱེད་བྱ། ༀ་བཛྲ་ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་ལས་ གྲུབ་པའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ། པཾ་ལས་ས་རྫས་སེར་པོ་སྲ་ཞིང་མཐས་པར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ། ལཾ་ལ་ལཱ་ཏ་ཐ་ད་དྷ་ན་ལས། ཨརྒྷཾ་སོགས་ཀྱིས་མཆོད། ལཾ་ལས་ས་རྫས་སེར་ པོ་སྲ་ཞིང་འཐས་པར་གྱུར་པ་འདི་ཉིད་བླ་མ་དང་བྱང་དོན་ཡོད་གྲུབ་པའི་ལྷ་ཚོགས་འཁོར་ དང་བཅས་པ་རྣམས་ལ་འབུལ་ལོ། །བཞེས་ནས་སྣང་བ་རྟེན་འབྲེལ་དུ་འཆར་བར་བྱིན་གྱིས་ བརླབ་ཏུ་གསོལ། རྟེན་འབྲེལ་གྱི་སྒོ་ནས་འགྲོ་དོན་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། འགྲོ་དོན་གྱི་འཁོར་བ་དོང་ནས་དཀྲུག་ནུས་པར་གྱུར་ཅིག ཉོན་མོངས་པ་གཏི་མུག་ཞི་བར་ གྱུར་ཅིག ནད་བད་ཀན་ཞི་བར་གྱུར་ཅིག གདོན་ས་གདོན་ཞི་བར་གྱུར་ཅིག བྱང་ཕྱོགས་ གནོད་སྦྱིན་གྱི་གནོད་པ་ཞི་བར་གྱུར་ཅིག ༀ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ ངང་ལས་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ། མཆོད་སྦྱིན་གྱི་ གཏོར་མ་གཟུགས་གླུད་ཆང་བུ་འཐེབ་སྐྱུ་དང་བཅས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་ གྱུར། ༀ་ཨཱཿཧཱུཾ། ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ༀ་སམྦྷ་ར་སམྦྷ་ར་ཧཱུཾ། དེ་ བཞིན་གཤེགས་པ་བཞིའི་མཚན་བརྗོད། མཆོད་སྦྱིན་གྱི་གཏོར་མ་གཟུགས་གླུད་ཆང་བུ་འཐེབ་སྐྱུ་དང་ བཅས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་བདག་ཅག་ཡོན་མཆོད་འཁོར་དང་ བཅས་པས། ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ། བརྒྱབ་པའི་ནད་མང་བསད་ པའི་ཚེ་ཐུང༌། འཕྲོག་པའི་སྒོ་དབུལ་ཟས་ནོར་སྲོག་གི་ལན་ཆགས་དང༌། གཞན་ཡང་མཐོ་བ་ 21-1-405 མཁར་གྱི་ལན་ཆགས་དང༌། དམའ་བ་ས་ཞིང་གི་ལན་ཆགས་དང༌། མུ་ཏིག་གསེར་དངུལ་ ཟངས་ལྕགས་ཀྱི་ལན་ཆགས་དང༌། ནོར་གཡག་རྟ་ལུག་གསུམ་གྱི་ལན་ཆགས་དང༌། ཕྱུགས་ བ་ར་བོང་གསུམ་གྱི་ལན་ཆགས་དང༌། ཡུལ་མི་ཁྱིམ་མཚེས་ཀྱིས་ལན་ཆགས་དང༌། ཕ་མ་བུ་ ཚའི་ལན་ཆགས་ལ་སོགས་པ་ལན་ཆགས་ཀྱི་རིགས་སུ་གྱུར་པ་རྣམས་ལ་སྦྱིན་ནོ། །ཚེ་འཁོར་ བ་ཐོག་མ་མེད་པ་ནས་བསགས་པའི་ལན་ཆགས་ཐམས་ཅད་བྱང་ཤ་འཁོན་ཐམས་ཅད་ཞི། བུ་ལོན་ཐམས་ཅད་ཁྱེར་ནས་ཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག ། ཀྱཻ་སྲིད་གསུམ་འདི་ན་གང་ཡང་རུང༌། །འདི་ན་གནས་པའི་གདོན་བགེགས་རྣམས། ། ཚུར་ཤོག་རྒྱལ་བའི་བཀའ་ལ་ཉོན། །འབྲུ་མཆོག་ངར་གླུད་ཡ་མཚན་ཅན། །སྔོན་ཚེ་ལྷ་དབང་ བརྒྱ་བྱིན་གླུད། །ད་ལྟ་ཡོན་བདག་རྒྱུ་འབྱོར་གླུད། །གླུད་བདག་ཐམས་ཅད་གླུད་བཞེས་ཤིག ། ཡས་ཀྱི་བདག་པོར་ཡས་བཞེས་ཅིག ། བདག་སོགས་ཡོན་བདག་འཁོར་བཅས་ཀྱི། །ཤ་ཡི་ གླུད་འདི་ས་ལ་གཏོང༌། །ས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོངས་ ལ། །ཡོངས་ལ་གནོད་པ་མ་བྱེད་ཅིག །ཁྲག་གི་གླུད་འདི་ཆུ་ལ་གཏོང༌། །ཆུ་ལ་གནས་པའི་ལྷ་ འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོངས་ལ། །ཡོངས་ལ་གནོད་པ་མ་བྱེད་ཅིག །དྲོད་ཀྱི་ གླུད་འདི་མེ་ལ་གཏོང༌། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོངས་ ལ། །ཡོངས་ལ་གནོད་པ་མ་བྱེད་ཅིག །དབུགས་ཀྱི་གླུད་ཀྱི་རླུང་ལ་གཏོང༌། །རླུང་ལ་གནས་ པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོངས་ལ། །ཡོངས་ལ་གནོད་པ་མ་བྱེད་ཅིག ། ཡིད་ཀྱི་གླུད་འདི་མཁའ་ལ་གཏོང༌། །མཁའ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་ མ་འདི་ལོངས་ལ། །ཡོངས་ལ་གནོད་པ་མ་བྱེད་ཅིག །སྔོན་ཚེ་བདེན་པའི་བྱིན་རླབས་དང༌། ། ད་ལྟ་རྒྱུ་སྦྱོར་ཡོན་བདག་གི །བསམ་པ་རྣམ་པར་དག་པ་དང༌། །རྣལ་འབྱོར་དོན་གཉིས་ལྡན་ པ་ཡི། །ལྷག་བསམ་དག་པའི་བསམ་པ་ཡིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཁྲམ་ 21-1-406 ལ་བབ་ན་ཁྲམ་ཁ་ཕྱེས། །ཤྭ་ལ་བབ་ན་ཤོར་རྡོ་དོར། །རྩིས་ལ་བབ་ན་རྩིས་ཏེ་ཕྱུང༌། །རྒྱན་ ལ་བབ་ན་རྒྱན་དེ་སྤོས། །བཟུང་བ་ཐོངས་ལ་བཅིངས་པ་བཀྲོལ། །བདུད་ཀྱི་ཞགས་པ་སླར་ བསྒྱུར་ཅིག །གཞན་ཡང་བཟློག་པའི་རིགས་ཅི་རིགས་བྱའོ། །ཡང་དམ་པ་སངས་རྒྱས་འགྲོ་བའི་མགོན་པོའི་འབྱུང་བཞིའི་ གཏོར་མ་འདི་ཉིད་ནད་པ་དྲག་པོའི་རྐྱེན་བཟློག་ཏུ་གཏོང་ན། ལྷ་བཤོས་དབུལ་ཟན་ཟླ་གམ་བརྒྱ་དང་ལྔ་ཤར་དུ་བལྟས་ལ་བཏང༌། གྲུ་གསུམ་བརྒྱ་དང་གསུམ་ལྷོར་བལྟས་ལ་བཏང༌། ཟླུམ་པོ་བརྒྱ་དང་དྲུག་ནུབ་ཏུ་བལྟས་ལ་བཏང༌། གྲུ་བཞི་བརྒྱ་དང་བཞི་བྱང་ དུ་བལྟས་ལ་བཏང༌། ངར་གླུད་བརྒྱ། འཐེབ་སྐྱུ་བརྒྱ། ཆང་བུ་བརྒྱ། ཟན་མིའི་གླུད་ཕོ་མོ་གང་ཡིན་གྱི་སྐྱེ་མཆེད་དོད་པར་བྱས་ལ། དེའི་ཕྲག་པ་གཡས་པ་མི་ཁའི་རྫས་བཀལ། གཡོན་ལ་ནད་པའི་ལོ་གྲངས་ཀྱི་ཁྲམ་ཤིང་བཀལ་བ་གཅིག །ནད་པའི་གོས་ཀྱི་ཐུ་བ་ གཡས་པའི་སྟེང་དུ་བཞག་ལ་ཁ་རང་ལ་བསྟན། དེའི་མདུན་དུ་སྣོད་ཟངས་ཆེན་མོ་བཞག་ལ། སྐྱབས་སེམས་དང༌། བདག་བསྐྱེད། ལྷ་བཤོས་ཟླ་གམ་སོགས་གོང་གི་རིགས་འདྲེ། ངར་གླུད་ཆང་བུ་སོགས་ཁ་འབར་མའི་རིགས་འདྲེ། བསྔོས་ཟིན་པ་དང་ཐེབས་ གང་ཡོད་དུ་བསྐྱལ། བདེན་པའི་སྟོབས་རྣམས་བརྗོད། རྗེས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །ལྷག་ཆད་ཡི་གེ་བརྒྱ་པ་བཟླའོ། ། གཞན་ཡང་འདི་སྐད་དོ། །ཀྱཻ་གསོན་ཅིག་སྣང་སྲིད་ལྷ་འདྲེ་རྣམས། །གླུད་འདི་སྲིད་པ་གང་ནས་ སྲིད། །དང་པོ་བཅོམ་ལྡན་ཤཀ་ཐུབ་ཀྱིས། ལྷ་དབང་བརྒྱ་བྱིན་དོན་དུ་མཛད། །བར་དུ་འཁོར་ ལོ་དྲུག་པའི་གླུད། །འདུ་བ་རྣམ་བཞི་ནད་ལས་གྲོལ། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གླུད། །རྣལ་ འབྱོར་སྔགས་འཆང་བདག་གིས་ནི། །སྡེ་བརྒྱད་རྣམས་ལ་བཏང་བ་ཡི། །བར་ཆད་མ་ལུས་ ཞི་བར་བྱས། །ངར་གླུད་གསེར་གྱི་ཨ་ཙ་ར། །ཟེར་མོས་སྒྲོས་ལ་ལུང་ཐང་མིག །སྤྱན་མིག་ ཕྲད་ངས་ཧྲིག་སེ་ཧྲིག །མགྲོན་བུའི་སོ་ནི་དཀར་མདངས་ཅན། །ཞལ་ནི་འཛུམ་མདངས་མུ་ ལུ་ལུ། །ཕྱག་གཡས་རིན་ཆེན་གསེར་ལ་བྱས། །གཡོན་པ་རིན་ཆེན་གཡུ་ལ་བྱས། །ཕྱག་ གི་གར་སྟབས་ལིང་སེ་ལིང༌། །ཞབས་གཡས་ཐབས་ཆེན་ལྕགས་ལ་བྱས། །གཡོན་པ་ཤེས་ རབ་ཟངས་ལ་བྱས། །ཞབས་ཀྱི་གར་འགྲོས་འདུ་རུ་རུ། །རྣམ་ཤེས་ཚོགས་དྲུག་འདི་ལ་ཚང༌། ། བཀྲག་མདངས་གཟི་མདངས་འདི་ལ་ཚང༌། །ཤ་ཁྲག་རུས་གསུམ་འདི་ལ་ཚང༌། །ལོངས་ 21-1-407 སྤྱོད་མངའ་ཐང་འདི་ལ་ཚང༌། །དཔའ་སྩལ་སྟོབས་རྒྱས་འདི་ལ་ཚང༌། །འགྲོ་ན་ཁྱུ་མཆོག་ མ་ཧེའི་འགྲོས། །སྨྲ་ན་ཚངས་པའི་དབྱངས་ལྟར་སྨྲས། །རིན་ཆེན་སྣ་ལྔའི་རྒྱན་གྱིས་བརྒྱན། ། དར་མཚོན་སྣ་ལྔའི་ན་བཟའ་གསོལ། །འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོས། །འདི་འདྲའི་ གླུད་མཆོག་ཡ་མཚན་ཅན། །མི་ལས་དེ་ནི་གླུད་དགའོ། །བྱ་ལས་དེ་ནི་སྤུ་དགའོ། །སྣང་སྲིད་ ལྷ་འདྲེའི་ཕྱག་ཏུ་འབུལ། །བཞེས་ནས་རང་རང་གནས་སུ་གཤེགས། །ཀྱཻ་ད་ནི་འབྱུང་བ་གླུད་ གཏོང་ངོ༌། །གཏོར་གླུད་འབྱུང་བ་ལྔ་ལ་གཏོང༌། །ལམ་ནི་བླ་མེད་གནས་སུ་སྟོན། །འདུ་བ་དང་ པོ་སེམས་ཀྱི་གླུད། །འབྱུང་བ་དང་པོ་ནམ་མཁར་གཏོང༌། །ནམ་མཁར་གནས་པའི་ལྷ་འདྲེ་ རྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་ལ་བཅིང་བ་བཀྲོལ། །ཕྱིན་ ཆད་གནོད་པ་མ་བྱེད་ཅིག །འདུ་བ་དེ་ནི་དབུགས་ཀྱི་གླུད། །འབྱུང་བ་དེ་ནི་རླུང་ལ་གཏོང༌། ། རླུང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་ ལ་བཅིང་བ་བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །འདུ་བ་དེ་ན་དྲོད་ཀྱིས་གླུད། །འབྱུང་ བ་དེ་ནི་མེ་ལ་གཏོང༌། །མེ་ལ་གནས་པའི་ལྷ་འདྲེ་རྣམས། གླུད་དང་གཏོར་མ་འདི་བཞེས་ལ། ། བཟུང་བ་ཐོངས་ལ་བཅིང་བ་བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །འདུ་བ་དེ་ནི་ཁྲག་གི་ གླུད། །འབྱུང་བ་དེ་ནི་ཆུ་ལ་གཏོང༌། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་ འདི་བཞེས་ལ། །བཟུང་བ་ཐོངས་ལ་བཅིང་བ་བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །འདུ་ བ་དེ་ནི་ཤ་ཡི་གླུད། །འབྱུང་བ་དེ་ནི་ས་ལ་གཏོང༌། །ས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་ དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་ལ་བཅིང་བ་བཀྲོལ། །ཕྱིན་ཆད་གནོད་པ་མ་ བྱེད་ཅིག །འདུ་བ་དེ་ནི་རུས་པའི་གླུད། །འབྱུང་བ་དེ་ནི་བྲག་ལ་གཏོང༌། །བྲག་ལ་གནས་པའི་ ལྷ་འདྲེ་རྣམས། གླུད་དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་ལ་བཅིང་བ་བཀྲོལ། ། ཕྱིན་ཆད་གནོད་པ་མ་བྱེད་ཅིག །འདུ་བ་དེ་ནི་རྩ་རྒྱུས་གླུད། །འབྱུང་བ་དེ་ནི་ཤིང་ལ་གཏོང༌། ། 21-1-408 ཤིང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་ལ་ བཅིངས་པ་བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །འདུ་བ་དེ་ནི་པགས་པའི་གླུད། །འབྱུང་ བ་དེ་ནི་ཐང་ལ་གཏོང༌། །ཐང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་བཞེས་ ལ། །བཟུང་བ་ཐོངས་བ་བཅིང་བ་བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །འདུ་བ་ནི་རྒྱུ་ མའི་གླུད། །འབྱུང་བ་དེ་ནི་ལམ་ལ་གཏོང༌། །ལམ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་ལ་བཅིང་བ་བཀྲོལ། །ཕྱིན་ཆད་གནོད་པ་མ་བྱེད་ ཅིག །འདུ་བ་དེ་ནི་སྐྲ་ཡི་གླུད། །འབྱུང་བ་དེ་ནི་ནགས་ལ་གཏོང༌། །ནགས་ལ་གནས་པའི་ ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །བཟུང་བ་ཐོངས་ལ་བཅིང་བ་བཀྲོལ། ། ཕྱིན་ཆད་གནོད་པ་མ་བྱེད་ཅིག །དེ་ནས་གླུད་གར་གཏོང་ཕྱོགས་ལ་ཁ་བསྟན་ལ་འདི་སྐད་དོ། ། ཀྱཻ་ད་ནི་གླུད་ལ་ལམ་ཅིག་སྟོན། །ཡང་དག་དོན་གྱི་ལམ་དང་གཅིག ། ཀུན་རྫོབ་སྒྱུ་མའི་ ལམ་དང་གཉིས། །ཡང་དག་དོན་གྱི་ལམ་སྟོན་པ། །ཆོས་ཉིད་སྟོང་པའི་ལམ་དུ་བསྟན། །ཀུན་ རྫོབ་སྒྱུ་མའི་ལམ་བསྟན་པ། །འབྱུང་བ་ལྔ་ཡི་ལུས་སྟོབས་ཀྱི། །མ་བསྒྲོད་བསམ་པ་ཙམ་གྱིས་ ནི། །སྟོང་གསུམ་གཞན་དུ་སླེབ་པར་བཞུད། །ལོངས་སྤྱོད་སྣ་ཚོགས་དེ་ན་ཆེ། །བགེགས་ཀྱི་ རྒྱལ་པོ་དེ་ན་བཞུགས། །ད་ནི་གླུད་ལ་ལམ་ཅིག་སྟོན། །ལམ་ནི་དགུང་སྔོན་མཐོངས་སུ་སྟོན། ། དགུང་ཚིག་སྐྱ་མོ་དུང་གི་ལམ། །ལམ་དེར་བཞུད་ལ་མཁའ་ལ་གཤེགས། །ཡང་ནི་གླུད་ལ་ ལམ་ཅིག་སྟོན། །ལམ་ནི་ཆུ་བོའི་གཞུང་ལ་སྟོན། །ཆུ་གཞུང་སྔོན་མོ་ཆུ་ཡི་ལམ། །ལམ་འདི་ བཞུད་ལ་ཕྱོགས་དེར་གཤེགས། །ཡང་ནི་གླུད་ལ་ལམ་ཅིག་སྟོན། །ལྷ་ཀླུ་གནོད་སྦྱིན་འབྱུང་པོ་ རྣམས། །སོ་སོའི་ལམ་ནི་བསམ་མི་ཁྱབ། །ལམ་དེར་བཞུད་ལ་ཚུར་མ་ལོག །ཆོས་ཉིད་བདེན་ པའི་བྱིན་རླབས་དང༌། །གསང་སྔགས་བཀའ་ཡི་བྱིན་རླབས་དང༌། །སྔགས་འཆང་བདག་གི་ བྱིན་རླབས་ཀྱི། །འདོད་པའི་ལོངས་སྤྱོད་ལྡན་པར་ཤོག །ལན་ཆགས་རྒྱལ་པོ་བགེགས་ཀྱི་ 21-1-409 ཚོགས། །གླུད་དང་གཏོར་མ་འདི་བཞེས་ལ། །ཡོངས་ལ་གནོད་པ་མ་བྱེད་པར། ཁྱོད་ཀྱི་ནད་ རྣམས་མྱུར་དུ་བསྡུས། ཁྲམ་ལ་བབ་ན་ཁྲམ་ཁ་ཕྱེས། །ཤོ་ལ་བབ་ན་ཤོ་རྡེའུ་དོར། །རྩིས་ལ་ བབ་ན་རྩིས་ཏེ་ཕྱུང༌། །རྒྱན་ལ་བབ་ན་རྒྱན་དེ་སྤོས། །སོ་སོའི་གནས་དང་རྟེན་ལ་གཤེགས། ། ཕྱིན་ཆད་འདི་ལ་གནོད་མ་བྱེད། །གླུད་ཆེན་དམ་པ་འདི་ཁྱེར་ལ། །ནད་གོད་ཚ་གོད་ཁྱོད་ ཀྱིས་ཆོད། །ན་བའི་ན་ཁུར་ཁྱོད་ཀྱིས་ཐོན། །ཚ་བའི་ཚ་ཁུར་ཁྱོད་ཀྱིས་ཐོན། །བསྡམས་པ་ ཡོད་ན་གློད་ལ་ཐོངས། །བཅིང་བ་ཡོད་ན་ཁྲོལ་ལ་ཐོངས། །ཆགས་ཆེན་ཉམས་ང་བཟློག་ཏུ་ གསོལ། །རྨི་ལམ་མཚན་ལྟས་ངན་པ་བཟློག །མཐུ་གཏད་རྦོད་གཏོང་ཐམས་ཅད་བཟློག ། བདུད་ཀྱི་ཞགས་པ་སླར་བསྒྱུར་ཅིག །དེ་རྗེས་དགེ་བ་བྱང་ཆུབ་ཏུ་བསྔོའོ། །སྨོན་ལམ་དང༌། བཀྲ་ ཤིས་བྱའོ། །འབྱུང་བཞིའི་གཏོར་ཆོག་འདི་ཡང་གཏོར་ཆོག་རྙིང་པ་ལ་ཏཱ་ར་ན་ཐཱས་ཞུ་དག་བགྱིས་པ་ཏེ་བྱིན་རླབས་ཀྱི་གཟི་འོད་ འབར་བ་ནད་གདོན་རབ་ཞི་ཞེས་པའོ།། །།མངྒ་ལཾ། ། ༈ མི་ཁའི་རྫས་ལ། རེ་བ་ནག་པོའི་ཁུག་མའི་ནང་དུ། ཟན་དང་བྲ་བོ་སྒོག་པ་གསུམ། བཙོང་དང་ཡོངས་མ་ཞུན་མཁན་ གསུམ། །སྒྱེད་དྲག་ཕ་འོང་དྲག་པ་བསླང༌། རྟག་གསུམ་འགལ་བ་སྣེ་ནག་བྱ་གསོབ་རྣམས། མི་ཁ་བཟློག་པའི་རྫས་སུ་བསགས། ཐང་དཀར་གྱི་ཕོ་ཏང༌། གླང་མས་མོ་ཏང་ལག་པ་གཡས་གཡོན་བཀུ། ། ༈ སྲན་མ། བྲ་བོ། རམ་པ། བརྩོད། མཚུར། ཚྭ། གཡེར་མ། སྦང་མ། ཡོས་ཚིག །ར་བལ། ཁྱི་བལ། སྐྲ་ཚལ། སྒོག་པ། རྡོ་ ནག །གཡག་རྭ། ར་རྨིག ཁྱི་མགོ ། ར་ཐོད། བྲ་ཤིང༌། གླང་མ། སྒྱུ་མོ། བོ་ཏོ་ཕུབ་ཆག མདའ་ཆག མདུང་ཆག གཞུ་ཆག གྲི་ཆག སྡེར་ཆག ཕོར་ཆག གཟར་ཆག སྟན་དུམ། ལྷམ་དུམ། དེ་རྣམས་བླུག རྫོགས་སོ།། །།བཀྲ་ཤིས། གཅིག་ཞུས། དེ་ཡང་སྐྱེ་འདི་ཉིད་ནས་རབ་བསགས་པ། །བྱ་བ་དོན་ལྡན་ཁོ་ནའི་མཐུ་ལ་བརྟེན། །གདོས་བྱས་རྒྱུ་ལས་འདི་གང་བོར་མ་ ཐག །འཁོར་བར་སྐྱེ་གནས་དམན་པ་ཀུན་ལས་ལྡོག །དགེའོ། ། 21-1-410 ༄༅། །བརྒྱ་བཞིའི་ཆོ་ག་ཇོ་ནང་ལུགས་ཞེས་བྱ་བ་བཞུགས་སོ། ། ༄༅། །འདིར་བརྒྱ་བཞིའི་ཆོ་ག་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །སྟོན་པ་བདེ་བར་ གཤེགས་པ་ཡིས། །བསྟན་པའི་དམ་ཆོས་རིན་ཆེན་འདི། །ནམ་ཞིག་ནུབ་ལ་ཉེ་བའི་དུས། །སྔགས་པ་ནང་དབྱེན་བྱེད་པ་འབྱུང༌། ། སྔགས་པའི་ནང་དགྲས་བསྟན་པ་དཀྲུག །དེ་ནི་བསྒྲལ་བའི་ཞིང་ཡིན་པ། །ཐུབ་པའི་བདེན་པའི་དགྲ་བཟློག་ཕྱིར། །བན་བོན་ ལོག་ལྟ་དམ་ལོག་རྣམས། །བདུད་བཞི་ཤེར་སྙིང་བཟློག་པར་གྱིས། །རབ་ཏུ་སྔགས་ལ་སྤྱོད་པར་བྱ། ། ༀ་སྭཱ་སྟི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བརྒྱ་བཞིའི་གཏོར་མ་གཏོང་བར་འདོད་པ་འདི་ལ་གསུམ་སྟེ། སྔོན་ འགྲོ་དངོས་གཞི་རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས། དཀྱིལ་འཁོར་འབྲི་བ་དང༌། བརྒྱ་བཞིའི་རྫས་བསགས་པའོ། ། དང་པོ་ནི། ས་ཕྱོགས་གཙང་མར་མཎྜལ་པདྨ་འདབ་བརྒྱད་ཀྱི་ནང་དུ་ཐུབ་པའི་ཕྱག་གཡས་པ་གན་རྐྱལ་གྱི་ཕྱག་རྒྱ་ཕྱག་ མགོ་ཡོངས་རྫོགས་ཕྱག་ངར་གྱི་ཕྱེད་ཙམ་བཅས་པ་བྲི། ཕྱག་མཐིལ་དུའང་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཐུབ་པའི་སྐུ་གཟུགས་ བཤམས། དེའི་མཐར་ཉེར་སྤྱོད་ཀྱིས་བསྐོར། གཉིས་པ་རྫས་བསགས་པ་ནི། སཱཙྪ་རབ་གནས་བྱས་པ་བརྒྱ། རྩི་མར་གྱི་མར་མེ་ བརྒྱ། འབྲུ་ཟན་གྱི་གཏོར་མ་བརྒྱ། འབྲས་ཟན་གྱི་ངར་མི་བརྒྱ་སོགས་ཕྱག་མཐིལ་དུ་ཕྱོགས་བཞིར་བཀོད། གཞན་ཡང་མཆོད་ པའི་བྱེ་བྲག་ཇི་འབྱོར་དང༌། མཆོད་པ་ཉེར་སྤྱོད། གླུད་རྫོངས་དང་བཅས་པ་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ ལ་བདག་ཉིད་ལྷར་གསལ་བ། སྔོན་གྱི་འབྱུང་ཁུངས། སྤྱན་དྲངས་པ། བཞུགས་སུ་གསོལ་བ། བརྒྱ་བཞི་མཆོད་པ། མཆོད་པ་ གཞན་འབུལ་བ། བསྟོད་པ། འཕྲིན་ལས་བཅོལ་བ་སྟེ་བརྒྱད་དོ། ། དང་པོ་ནི། ཐོག་མར་མཆོད་པ་བྱིན་རླབས་བྱ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ ལན་བདུན་བརྗོད། སངས་ རྒྱས་ཆོས་དང་ཚོགས་ཀྱི༴ སོགས། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་བྱའོ། །རང་ཉིད་སྐད་ ཅིག་གིས་ཐུབ་པར་གསལ་བའི་སྙིང་གར་ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ 21-1-411 ཧཱུཾ་གསེར་མདོག་ཅན། དེ་ལས་འོད་འཕྲོས། མདུན་གྱི་ནམ་མཁར་ཐུབ་པ་ཆེན་པོ་ལ་སངས་ རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ༀ་ཤཱཀྱ་མུ་ནི་ས་པཱ་རི་ ཝ་ར་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ནས་ཤཔྟ་ཨཱཿཧཱུཾ། གི་བར་གྱིས་མཆོད། དཀོན་མཆོག་ གསུམ་ལ་བདག་སྐྱབས་མཆི། །ནས། སངས་རྒྱས་འགྲུབ་པར་ཤོག །གི་བར་ལན་གསུམ། ༀ་སྭ་བྷཱ་ ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲིའི་ཕྱོགས་བཞིར་བདུད་བཞི། མཚམས་ བཞིར་སེངྒེ་བཞིས་བཏེགས་པའི་སྟེང་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ལས་རྡོ་རྗེ་སེར་ པོ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་ཐུབ་པ་ཆེན་པོ་སྐུ་མདོག་གསེར་བཙོ་ མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་ས་གནོན། གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང༌། ན་བཟའ་ཆོས་གོས་ངུར་སྨྲིག་གསོལ་བ། དབུའི་ གཙུག་ཏོར་དང་བཅས་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། དེའི་དཔྲལ་བར་ༀ། མགྲིན་ པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་ཐུབ་པ་ཆེན་པོའི་རྣམ་པར་བཛྲ་ས་མཱ་ཛཿ སྤྲོ་ན་མ་ལུས་སེམས་ ཅན་སོགས། བཅོམ་ལྡན་བསྐལ་བ་སོགས། ༀ་བཛྲ་ཨཾ་ཀུ་ཤ་ཛཿ ནས་ༀ་བཛྲ་ཨ་བེ་ཤ་ཡ་ཨ། གཉིས་སུ་མེད་པར་ཐིམ། དེ་དག་གི་ཕྱག་རྒྱ་སྤྱི་འགྲོས་ལྟར་མཛད་དེ། ཡང་སྙིང་གིས་ཧཱུཾ་ལས་འོད་འཕྲོས། དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛ། ཁྱེད་རྣམས་ཀྱིས་བདག་ ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབས་པས། ༀ་སརྦ་ཏ་ཐཱ་ག་ཏ་ ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་བས་མི་བསྐྱོད་པས་དབུ་བརྒྱན། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་ཤཱཀྱ་མུ་ནི་ཡེ་ཏ་ཐཱ་ག་ཏ་ཡ། ཨར་ཧཱ་ཏེ་སམྱག་སཾ་བུདྡྷ་ཡ། ཏཱདྱ་ཐཱ། ༀ་ མུ་ནི་མུ་ནི་མཧཱ་མུ་ནི་ཤཱཀྱ་མུ་ནི་ཡེ་སྭཱཧཱ། ༀ་ཨཱཿབཛྲ་ཧཱུཾ་སྭཱཧཱ། ཞེས་བཟླས་ཅི་ནུས་བྱ། ༈ སྐབས་འདིར་ཟབ་མདོ་ཅི་ནུས་བཟླས་པར་བྱ། (མདུན་བསྐྱེད་ནི་བརྒྱ་བཞིའི་དཀྱིལ་འཁོར་དབུས་ཀྱི་ཐུབ་སྐུ་ལ་ 21-1-412 དམིགས་ཏེ། མདུན་གྱི་ནམ་མཁར་དེ་བཞིན་དེ་གཤེགས་པ་སོགས། ཟབ་མདོ་ཅི་ནུས་བྱ། བཟློག་པ་མི་རྒྱབ། མཆོད་བསྟོད།) གོང་བཞིན་ཨརྒྷཾ་སོགས་ཀྱིས་མཆོད། ཐབས་མཁས་ཐུགས་རྗེས་སོགས་ཀྱིས་བསྟོད། གཉིས་པ་ནི། དེ་ནས་རོལ་མོ་དབྱངས་དང་བཅས་པའི། མདོས་འདོན་པ། ཀྱཻ་སུམ་ཅུ་རྩ་གསུམ་ལྷ་ཡི་ཡུལ་ གྱི་དབུས། ཁང་བཟང་རྣམ་པར་རྒྱལ་བའི་ཕོ་བྲང་ནས། །རིན་ཆེན་ཁྲི་ལ་ལྷ་དབང་བརྒྱ་བྱིན་ ནི། །དགའ་མགུར་འདོད་ཡོན་དག་ལ་སྤྱོད་པའི་ཚེ། །སྔོན་གྱི་ལས་དང་འཕྲལ་རྐྱེན་གྱིས་ བསྐུལ་ཏེ། །གློ་བུར་བདུད་བཞིའི་ཐབས་ཀྱིས་ནོན་པ་གྱུར། །བདེ་མེད་སྡུག་བསྔལ་དྲག་ པོས་གཟིར་བ་ལ། །བཅོམ་ལྡན་ཤཱཀྱའི་གཙོ་ལ་སྐྱབས་སོང་བས། །དེ་ཚེ་བཅོམ་ལྡན་ཤཱཀྱ་ ཐུབ་པ་ཡིས། འགྲོ་བ་ཀུན་ལ་ཕན་ཕྱིར་ཏིང་འཛིན་གྱིས། །སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་ ལེགས་བཤམས་ནས། །མཆོད་སྦྱིན་ཕྱག་རྒྱས་མཐུན་པའི་རྫས་བསགས་ནས། །སྐྱེ་མཆེད་ མུ་བཞིའི་གནས་ནས་བདུད་བཞི་རྣམས། །ཐུགས་རྗེས་ལྕགས་ཀྱུས་བཀུག་ནས་ཕྱག་སོར་ བཞིར། །བཀོད་ནས་བདུད་བཞིར་མཆོད་སྦྱིན་བྱིན་པ་ཡིས། །བརྒྱ་བྱིན་ནད་དང་སྡུག་བསྔལ་ ཀུན་ལས་ཐར། །ལན་གསུམ། མཐར་གསུམ་པ་ནི། ཨ་མྲྀ་ཏས་སངས། སྭ་བྷ་ཝས་སྦྱངས། དཀྱིལ་འཁོར་ སྟོང་པ་ཉིད་དུ་འགྱུར། སྟོང་པའི་ངང་ལས་པདྨ་འདབ་མ་བརྒྱད་པ་ལྟེ་བར་གེ་སར་དང་བཅས་ པའི་སྟེང་མཆོད་སྦྱིན་གྱི་ཕྱག་རྒྱ་ཕྱག་གཡས་པ་གན་རྐྱལ་དུ་གནས་པར་གྱུར། རང་གི་ཐུགས་ ཀ་ནས་འོད་ཟེར་འཕྲོས་སྐྱེ་མཆེད་མུ་བཞིའི་གནས་ནས་བདུད་བཞི་འཁོར་དང་བཅས་པ་སྤྱན་ དྲངས། ཀྱཻ། ནམ་མཁའ་མཐའ་ཡས་ལྷ་ཡི་ཕོ་བྲང་ནས། །མི་གནས་མྱང་འདས་ཐོབ་ལ་བར་ དུ་གཅོད། །ཕུང་པོའི་བདུད་ཚོགས་འཁོར་དང་བཅས་པ་རྣམས། །གནས་འདིར་སྤྱན་འདྲེན་ མཆོད་ཕྱིར་གཤེགས་སུ་གསོལ། །རྣམ་ཤེས་མཐའ་ཡས་ལྷ་ཡི་ཕོ་བྲང་ནས། །གནས་ལུགས་ མངོན་གསུམ་མཐོང་ལ་བར་དུ་གཅོད། །ཉོན་མོངས་བདུད་ཚོགས་འཁོར་དང་བཅས་པ་ རྣམས། །གནས་འདིར་སྤྱན་འདྲེན་མཆོད་ཕྱིར་གཤེགས་སུ་གསོལ། །ཅི་ཡང་མེད་པའི་ལྷ་ཡི་ 21-1-413 ཕོ་བྲང་ནས། །འདོད་པའི་ལོངས་སྤྱོད་ཐོབ་ལ་བར་དུ་གཅོད། །ལྷ་བུའི་བདུད་ཚོགས་འཁོར་ དང་བཅས་པ་རྣམས། །གནས་འདིར་སྤྱན་འདྲེན་མཆོད་ཕྱིར་གཤེགས་སུ་གསོལ། །འདུ་ ཤེས་མེད་མིན་ལྷ་ཡི་ཕོ་བྲང་ནས། །ཚེ་སྲོག་མཐའ་རུ་ཕྱིན་ལ་བར་དུ་གཅོད། །འཆི་བདག་ བདུད་ཚོགས་འཁོར་དང་བཅས་པ་རྣམས། །གནས་འདིར་སྤྱན་འདྲེན་མཆོད་ཕྱིར་གཤེགས་ སུ་གསོལ། ། བཞི་པ་བཞུགས་སུ་གསོལ་བ་ནས། ཀྱཻ་ཕུང་པོའི་བདུད་ནི་དཀར་པོ་འཁོར་ལོ་འཛིན། །ཉོན་ མོངས་བདུད་ནི་སེར་པོ་ནོར་བུ་འཛིན། །ལྷའི་བུ་བདུད་ནི་དམར་པོ་པདྨ་འཛིན། །འཆི་བདག་ བདུད་ནི་ནག་པོ་རལ་གྲི་འཛིན། །རང་རང་འཁོར་གྱི་ཚོགས་ཀྱི་ཡོངས་སུ་བསྐོར། །ཕྱག་སོར་ བཞི་ཡི་རྩེ་མོར་བཞུགས་སུ་གསོལ། །རྒྱས་པར་ན་འགུགས་འདྲེན་སོགས་ཡིག་རྙིང་ན་གསལ། ལྔ་པ་བརྒྱ་བཞིའི་མཆོད་པ་ནི། རྫས་རྣམས་སྔགས་དྲུག་ཕྱག་དྲུག་གི་བྱིན་རླབས་ནི། ཆོས་ཉིད་རྣམ་དག་གི་ཕྱག་རྒྱ་ཐལ་ མོ་ཁོང་སྟོང་སྙིང་གར་སྦྱར། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭཱ་བྷཱ་ཝ་ཤུདྡྷོ྅ཧཾ། ལན་གསུམ། ཞེས་པས། མ་དག་པ་ རྣམས་སྦྱངས་ནས་སྟོང་པ་ཉིད་དུ་བསམ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་ཐལ་མོ་སྦྱོར་བ་ལས་ཚིག་བར་པ་གསུམ་བཅག་པ་དཔྲལ་ བ་རུ་བྱ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐད་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨེ་མཾ་ག་གཱ་ན་ཁཾ་ སྭཱཧཱ། ལན་གསུམ། ཞེས་པས། མགྲོན་སོ་སོའི་མོས་པ་དང་མཐུན་པའི་ཡོ་བྱད་རྣམས་ནམ་མཁའི་ཁམས་ཐམས་ཅད་ཁྱད་པར་ བསམ། བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཐལ་མོ་ཕྱིར་བསྐྱེད། མཐེ་བོང་བསྣོལ་བའི་ཐད་དུ་བྱ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ ན་ཧ་ན་ཧཱུཾ་ཕཊ། ལན་གསུམ། ཞེས་པས། སྡུག་བསྔལ་མཐའ་དག་ཞི་བར་བྱེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་ བསམ། རྒྱ་ཆེན་ཤུགས་ལྡན་འོད་ཀྱི་ཕྱག་རྒྱ། གཡོན་ཁུ་ཚུར་སྟེང་དུ་བཞག་ལ། གཡས་པའི་ཁུ་ཚུར་སྡིགས་མཛུབ་གཏོར་མ་ལ་ གཏད་དེ། ན་མཱཿསརྦ་ཏ་ཐཱ་ག་ཏ་ཨཱ་ཝ་ལོ་ཀེ་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ལན་གསུམ། ཞེས་པས། འཕགས་ པ་རྣམས་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་མཐའ་ཡས་པ་དང༌། སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་འདོད་པའི་ལོངས་སྤྱོད་ཟད་མི་ ཤེས་པ་འབྱུང་བར་བསམ། ཡེ་ཤེས་སྐར་མདའི་ཕྱག་རྒྱ། གཡོན་སྙིང་གར་སྣོད་འདེགས་ཚུལ་དང༌། གཡས་སྐྱབས་སྦྱིན་གྱིས་ཕྱག་ 21-1-414 རྒྱ་བཅའ། ༀ་ཛྙཱ་ན་ཨ་ཝཱ་ལོ་ཀི་ཏེ། ན་མ་སནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མཱ་ཡ་མཧཱ་མ་ཎི་དུ་རུ་དུ་རུ་ཧྲཱི་ ད་ཡ་ཛྭ་ལ་ནི་ཧཱུཾ། ལན་གསུམ་ཞེས་པས། ལུས་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པ་འཕགས་པ་རྣམས་ལ་ཕུལ་བས་མཉེས་ ཤིང༌། སེམས་ཅན་རྣམས་ཀྱང་རང་རང་གི་འདོད་ཡོན་ལ་རྩོད་པ་མེད་ཅིང་མཐུན་པའི་བསམ་པ་དང་ལྡན་པར་བསམ། དབང་ བསྒྱུར་འཁོར་ལོའི་ཕྱག་རྒྱ་ནི། སོར་མོ་ནང་དུ་བསྣོལ་བ་སྤྱི་བོར་བཞག་པ་དང༌། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་རི་པྲ་ བྷཉྫ་ན་མཧཱ་སཱ་མ་ཡེ་སྭཱ་ཧཱ། ཞེས་པས། མགྲོན་ཐམས་ཅད་ཀྱང་དམ་ཚིག་ལ་གནས་ཤིང་ཕན་པ་དང་བདེ་བའི་འཕྲིན་ ལས་འབའ་ཞིག་སྒྲུབ་པར་བསམ་ཞིང༌། ཕྱག་རྒྱ་རྣམས་ཕྱོགས་བཞིར་བསྟན་ཞིང་སྔགས་རྣམས་ལན་གསུམ་གསུམ་བརྗོད། (སྤྲོ་ ན། བདག་གི་བསམ་པའི་) བསངས་སྦྱངས། འབྲུ་གསུམ་བརྗོད། ནམ་མཁའ་མཛོད་ཀྱི་སྔགས་ལན་བདུན་ལ་སོགས་པར་ བྱའོ། ། ཀྱཻ་རིན་ཆེན་སྣ་ལྔའི་རྡུལ་ཚོན་ལས་གྲུབ་པའི། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ངོ་བོ་ ཉིད། །བསོད་ནམས་ཞིང་གི་མཆོག་གྱུར་ཆོས་སྐུའི་རྟེན། །རི་རབ་ཚར་དུ་དངར་བའི་མཆོད་ རྟེན་བརྒྱ། །ཕུང་པོའི་བདུད་ཚོགས་འཁོར་དང་བཅས་ལ་འབུལ། །མེ་ལོང་ཡེ་ཤེས་རྣམ་དག་ ཆོས་ཀྱི་སྐུ། །བཅོམ་ལྡན་མི་བསྐྱོད་རྡོ་རྗེ་སྐུ་ཐོབ་ནས། །འགྲོ་ཀུན་ཕུང་པོའི་བདུད་ལས་ཐར་ གྱུར་ཅིག །(ཅེས་འདོན་མི་བཞི་ཡོད་ན་ཉེར་ལྔའམ་གང་འོས་མཐར། དེ་ནས་གོང་གི་བྱིན་རླབས་སྔགས་ཕྱག་སོགས་འོག་ མ་གསུམ་ལ་རེ་རེ་བཞིན་སྦྱར།) ཀྱཻ་སྟོང་གསུམ་ཚར་དུ་དངར་བའི་སྣོད་ནང་དུ། །འབྲི་མར་རྩི་མར་ རྒྱ་མཚོ་འཁྱིལ་བའི་དབུས། །རི་རབ་ལྟ་བུའི་མར་མེའི་སྡོང་བུ་ལ། །ཉི་ཟླ་ལྟ་བུའི་འོད་འབར་ སྣང་གསལ་བརྒྱ། །ཉོན་མོངས་བདུད་ཚོགས་འཁོར་དང་བཅས་ལ་འབུལ། །མཉམ་ཉིད་ཡེ་ ཤེས་རྣམ་དག་ཆོས་ཀྱི་སྐུ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་སྐུ་ཐོབ་ནས། །འགྲོ་ཀུན་ཉོན་ མོངས་བདུད་ལས་ཐར་གྱུར་ཅིག །(འདོན་རྡུང་གོང་བཞིན་སྦྱར།) ཀྱཻ་རབ་ཡངས་ནམ་མཁའ་ལྟ་བུའི་ སྣོད་ནང་དུ། །འཆི་མེད་བདུད་རྩིའི་བཏུང་བ་མཚོ་ལྟར་འཁྱིལ། །བཟའ་དང་བཅའ་བ་རི་རབ་ ལྟ་བུར་སྤུངས། །བཀོད་མཛེས་ཤ་ཁྲག་བརྒྱན་པའི་གཏོར་མ་བརྒྱ། །ལྷའི་བུའི་བདུད་ཚོགས་ 21-1-415 འཁོར་དང་བཅས་ལ་འབུལ། །སོར་རྟོག་ཡེ་ཤེས་རྣམ་དག་ཆོས་ཀྱི་སྐུ། །བཅོམ་ལྡན་འོད་ དཔག་ཏུ་མེད་ཀྱི་སྐུ་ཐོབ་ནས། འགྲོ་ཀུན་ལྷ་བུའི་བདུད་ལས་ཐར་གྱུར་ཅིག །(འདོན་རྡུང་གོང་ བཞིན་གྲངས་བསོགས།) ཀྱཻ་འབྲུ་ཟན་རིན་ཆེན་རྣམ་པ་ལྔ་ལས་བྱུང༌། །གཟུགས་མཛེས་དབྱངས་ སྙན་ཡིད་དང་དབང་པོ་གསལ། །མཛེས་པ་གཅིག་ཏུ་བསྡུས་པ་ནོར་མང་ལྡན། །ཡོན་ཏན་ བརྒྱ་ཕྲག་ལྡན་པའི་ངར་གླུད་བརྒྱ། །འཆི་བདག་བདུད་ཚོགས་འཁོར་དང་བཅས་ལ་འབུལ། ། བྱ་གྲུབ་ཡེ་ཤེས་རྣམ་དག་ཆོས་ཀྱི་སྐུ། །བཅོམ་ལྡན་དོན་ཡོད་གྲུབ་པའི་སྐུ་ཐོབ་ནས། འགྲོ་ ཀུན་འཆི་བདག་བདུད་ལས་ཐར་གྱུར་ཅིག །(བརྒྱ་ཕྲག་གི་གྲངས་སོང་མཐར།) རང་བཞིན་རྣམ་དག་ ངང་དུ་རོ་གཅིག་ཀྱང༌། །སྒྱུ་མ་ལྟ་བུའི་བདུད་བཞིའི་དམག་ཚོགས་ལ། །མིག་འཕྲུལ་ལྟ་བུའི་ བརྒྱ་བཞིའི་མཆོད་པ་འདི། །བྲག་ཆ་ལྟ་བུའི་དབྱངས་ཀྱིས་མཆོད་པར་བགྱི། །སྤྲུལ་པ་ལྟ་བུའི་ མཆོད་པ་འདི་བཞེས་ལ། །ཆོས་དབྱིངས་ཡེ་ཤེས་རྣམ་དག་ཆོས་ཀྱི་སྐུ། །བཅོམ་ལྡན་རྣམ་པར་ སྣང་མཛད་སྐུ་ཐོབ་ནས། །འགྲོ་ཀུན་བདུད་བཞིའི་དགྲ་ལས་རྒྱལ་གྱུར་ཅིག ། དྲུག་པ་མཆོད་པ་གཞན་འབུལ་བ་ནི། མཆོད་པ་རྣམས་བསངས་སྦྱངས་འབྲུ་གསུམ་གྱིས་བྱིན་གྱིས་རླབས་ལ། ཀྱཻ་རྒྱ་ མཚོ་ལྟ་བུར་འཁྱིལ་བའི་མཆོད་ཡོན་དང༌། །སྐུ་ལུས་དྭངས་གསལ་འབར་བའི་ཞབས་བསིལ་ དང༌། །ལྟ་ན་ཤིན་ཏུ་སྡུག་པའི་མེ་ཏོག་ཚོགས། །དུད་སྤྲིན་ནམ་མཁའ་གང་བའི་བདུག་སྤོས་ དང༌། །རབ་འབར་ཚར་དུ་དངར་བའི་མར་མེ་དང༌། ཅིག་ཅར་དྲི་བཟང་འགྱེད་པའི་དྲི་ཆབ་ དང༌། །རོ་ནུས་ཕུན་སུམ་ཚོགས་པའི་ཞལ་ཟས་དང༌། །སྒྲ་སྙན་རོལ་མོའི་བྱེ་བྲག་སྣ་ཚོགས་ རྣམས། །བདུད་བཞི་འཁོར་དང་བཅས་པའི་ཚོགས་ལ་འབུལ། །འགྲོ་ཀུན་བདུད་བཞིའི་ བར་ཆད་ཞི་གྱུར་ཅིག །མིག་གི་དགའ་སྟོན་སྤུངས་པའི་གཟུགས་མཆོག་དང༌། །བརྗོད་བྲལ་ རྣ་བར་སྙན་པའི་སྒྲ་སྙན་དང༌། །དྲི་བསུང་ཕྱོགས་བཅུར་འཕྲོ་བའི་དྲི་མཆོག་དང༌། ཁ་དོག་ རོ་མཆོག་ལྡན་པའི་ཞལ་ཟས་དང༌། །རེག་འཇམ་བདེ་བ་བསྐྱེད་པའི་གོས་མཆོག་སོགས། ། 21-1-416 འདོད་ཡོན་ལྔ་ཡི་མཆོད་པ་སྣ་ཚོགས་རྣམས། །བདུད་བཞི་འཁོར་དང་བཅས་པའི་ཚོགས་ལ་ འབུལ། །འགྲོ་ཀུན་བདུད་བཞིས་བར་ཆད་ཞི་གྱུར་ཅིག །འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་ དང༌། །གླང་པོ་རྟ་མཆོག་དམག་དཔོན་རིན་ཆེན་བདུན། །རྒྱལ་སྲིད་རིན་ཆེན་སྣ་བདུན་མཆོད་ པ་རྣམས། །བདུད་བཞི་འཁོར་དང་བཅས་པའི་ཚོགས་ལ་འབུལ། །འགྲོ་ཀུན་བདུད་བཞིའི་ བར་ཆད་ཞི་གྱུར་ཅིག །འཁོར་ལོ་གདུགས་དང་རྒྱལ་མཚན་དུང་དཀར་དང༌། །གསེར་ཉ་ དཔལ་བེ་བུམ་པ་པདྨ་དཀར། །ནམ་མཁའ་གང་བའི་བཀྲ་ཤིས་རྟགས་བརྒྱད་རྣམས། །བདུད་ བཞི་འཁོར་དང་བཅས་པའི་ཚོགས་ལ་འབུལ། །འགྲོ་ཀུན་བདུད་བཞིས་བར་ཆད་ཞི་གྱུར་ ཅིག །ཅེས་བརྗོད། དེ་ནས་ཤ་ཁྲག་བརྒྱན་པའི་གཏོར་མ་(འདི་ལ་དམར་གཏོར་བཞི་བཅའ་སྲོལ་ཡོད།) ཡོད་ན་བསངས་ སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་རླབས། སམྦྷ་རས་བསྔགས་ལ་ཕུད་ཀྱིས་མཆོད་དེ། བཀོད་མཛེས་རི་རབ་ལྟ་ བུའི་གཏོར་མ་འདི། །ཤ་དང་ཁྲག་གིས་བརྒྱན་ཅིང་བྱིན་རླབས་ཏེ། །བདུད་བཞི་འཁོར་དང་ བཅས་པའི་ཚོགས་ལ་འབུལ། །བཞེས་ལ་ཕྱི་ནང་འགལ་རྐྱེན་ཞི་བར་མཛོད། །བདུན་པ་བསྟོད་ པ་ནི། ཀྱཻ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གནས་ཤིང༌། །འགྲོ་བ་ཀུན་གྱི་གཟུགས་ཀྱི་ཕུང་ པོ་ལ། །དབང་བསྒྱུར་སྟོབས་ལྡན་ཕུང་པོའི་བདུད་ཚོགས་ལ། །ཕྱག་འཚལ་མཆོད་ཅིང་གུས་ པས་བསྟོད་པར་བགྱི། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་གནས་ཤིང༌། །འགྲོ་བ་ཀུན་གྱི་ ཚོར་བའི་ཕུང་པོ་ལ། །དབང་བསྒྱུར་སྟོབས་ལྡན་ཉོན་མོངས་བདུད་ཚོགས་ལ། །ཕྱག་འཚལ༴། ཅི་ཡང་མེད་པ་སྐྱེ་མཆེད་ལ་གནས་པ། །འགྲོ་བ་ཀུན་གྱི་འདུ་ཤེས་ཕུང་པོ་ལ། །དབང་བསྒྱུར་ སྟོབས་ལྡན་ལྟ་བའི་བདུད་ཚོགས་ལ། །ཕྱག་འཚལ༴ །ཡོད་མིན་མེད་མིན་སྐྱེ་མཆེད་ལ་ གནས་ཤིང༌། །འགྲོ་བ་ཀུན་གྱི་འདུ་བྱེད་ཕུང་པོ་ལ། །དབང་བསྒྱུར་སྟོབས་ལྡན་འཆི་བདག་ བདུད་ཚོགས་ལ། །ཕྱག་འཚལ་མཆོད་ཅིང་གུས་པས་བསྟོད་པར་བགྱི། །བདུད་བཞིའི་འཁོར་ དུ་གཏོགས་པའི་ཚོགས་རྣམས་ལ། །མཆོད་སྦྱིན་གཏོར་མ་རྒྱ་ཆེན་འདི་འབུལ་བས། །གནོད་ 21-1-417 ཅིང་གདུག་པའི་འཚེ་བ་ཀུན་ཞི་ནས། །འགྲོ་ཀུན་བདུད་བཞིའི་དགྲ་ལས་རྒྱལ་གྱུར་ཅིག ། བརྒྱད་པ་འཕྲིན་ལས་བཅོལ་བ་ནི། ཀྱཻ་བཅོམ་ལྡན་ཤཱཀྱ་ཐུབ་པའི་བྱིན་རླབས་དང༌། །རྟེན་འབྲེལ་ བསླུ་བ་མེད་པའི་བདེན་པ་དང༌། །མཆོད་སྦྱིན་རྣམ་པར་དག་པའི་མཐུ་སྟོབས་ཀྱིས། །འགྲོ་ ལ་བདུད་བཞིའི་བར་ཆད་ཞི་གྱུར་ཅིག །བདུད་བཞིའི་དམག་ཚོགས་འཁོར་དང་བཅས་པ་ རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། བྱ་བྱེད་ངན་པ་མེད་པར་མཛོད། ། ལོ་ཀེགས་ཟླ་ཀེག་ཞགས་ཀེག་དང༌། །ཟ་ཀེག་ཆགས་ཆེ་ཉམ་ང་དང༌། །བདུད་བཞིའི་དམག་ ཚོགས་དགྲ་ལ་བསྒྱུར། །གཟུགས་སྒྲ་དྲི་རོ་རེག་བྱ་ལྡན་པའི་རྫས། །དབང་པོ་དྲུག་ལ་རྨད་ བྱུང་བདེ་ཆེན་བསྐྱེད། །འདོད་དགུ་ལྡན་པའི་ཚོགས་ཀྱི་མཆོད་པ་འདི། །བདུད་བཞིའི་དམག་ ཚོགས་འཁོར་བཅས་རྣམས་ལ་འབུལ། །ལུས་སེམས་ཏིང་འཛིན་ཟས་ཀྱིས་ཚིམས་གྱུར་ནས། ། ཟག་མེད་ཏིང་འཛིན་ཟས་ལ་སྤྱོད་གྱུར་ཅིག ། གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས། གླུད་བཏང་བ་དང་མཇུག་ཆོག་གོ །དང་པོ་ནི། འབྲས་ཟན་ནམ། བག་ཕྱེ་ལ་གླུད་སྐྱེ་ མཆེད་དོད་པ༌། གླུད་རྫོང་རིན་པོ་ཆེ་དང༌། འབྲུ་སྣ་དང༌། ཟས་སྣ་གོས་སྣ། ཆང་ཕུད་གསེར་སྐྱེམས་སོགས་འདུ་བྱས་ལ། ཆབ་རྫས་ ཀྱིས་བྲན་ལ། བསངས་སྦྱངས། བྱིན་གྱིས་བརླབས། སམྦྷ་རས་བསྔོས་ལ། ཀྱཻ་རིན་ཆེན་མཛེས་པའི་ངར་གླུད་ རྒྱན་ལྡན་འདི། །འབྲུ་ཟན་རིན་ཆེན་ལྔ་ཡི་སྙིང་པོ་ཅན། །ཕུང་ཁམས་སྐྱེ་མཆེད་དབང་པོའི་ ཡོན་ཏན་ལྡན། །སྣ་ཚོགས་རྒྱན་གྱིས་ངར་གླུད་འདི། །སྔགས་དང་ཏིང་འཛིན་ཕྱག་རྒྱའི་ཚོགས་ རྣམས་ཀྱིས། །ནམ་མཁའི་ཁམས་ཀུན་གང་བར་བྱིན་རླབས་ནས། །བདག་ཅག་དཔོན་སློབ་ སྦྱིན་བདག་འཁོར་བཅས་ཀྱི། །གླུད་དུ་བདུད་བཞིའི་དམག་ཚོགས་རྣམས་ལ་འབུལ། །ནོར་ ལྡན་མཛེས་པའི་ངར་གླུད་འདི་བཞེས་ཤིག །མཚར་ངར་མཛེས་ལྡན་ངར་གླུད་འདིས་བཞེས་ ཤིག །ལྟ་ན་སྡུག་པའི་ངར་གླུད་འདི་བཞེས་ཤིག །ཡོན་ཏན་བརྒྱ་ཕྲག་ལྡན་པ་འདི་བཞེས་ཤིག ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ 21-1-418 བར་མཛོད། །ཀྱཻ་རིན་ཆེན་མཛེས་པའི་ངར་གླུད་རྒྱན་ལྡན་འདི། །རྣམ་ཐོས་སྲས་ལ་འགྲན་ ཞིང་ནོར་མང་ལྡན། །སྐབས་གསུམ་དབང་པོའི་ཕུན་ཚོགས་ལས་འཁྲུངས་ཤིང༌། །ནག་པོའི་ སྡེ་ལས་རྒྱལ་བར་བྱེད་པ་འདི། །རིག་འཛིན་གསང་སྔགས་འཛིན་པ་བདག་ཅག་དང༌། །རྒྱུ་ སྦྱོར་ཡོན་གྱི་བདག་པོའི་གླུད་དུ་འབུལ། །མི་ལས་གླུད་དགའ་མཛེས་པའི་གླུད་བཞེས་ལ། ། བདུད་བཞིའི་དམག་ཚོགས་སྡང་བའི་དགྲ་ལ་བསྒྱུར། །བཟུང་བ་ཡོད་ན་ད་ལྟ་ཉིད་དུ་ཐོངས། ། བཅིང་བ་ཡོད་ན་ད་ལྟ་ཉིད་དུ་ཁྲོལ། །བདུད་ཀྱི་ཁྲམ་ལ་བཏབ་ན་ཁྲམ་ཁ་ཕྱེས། །བཙན་གྱི་ཤྭ་ རྡོ་བཀྱེ་ན་ཤྭ་རྡོ་ཕྱུང༌། །ཀླུ་ཡིས་བྱད་དུ་བཅུག་ན་བྱད་ཐག་ཆོད། །རྒྱལ་པོས་སྨྱོ་འབོག་གཏོང་ བ་དགྲ་ལ་བསྒྱུར། །ཐེ་རང་སྲིས་ལ་རྐུ་བ་དགྲ་ལ་བསྒྱུར། །མ་མོའི་དལ་ཡམས་ཐམས་ཅད་ དགྲ་ལ་བསྒྱུར། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ གདོན་རིགས་སུམ་བརྒྱ་དྲུག་ཅུ༴ ནད་ རིགས་བཞི་བརྒྱ་རྩ་བཞི༴ དུས་མིན་འཆི་བ་བཅོ་བརྒྱད༴ ལོ་དང་ཟླ་བའི་བགེགས་རྣམས་ དགྲ་ལ༴ ཞག་དང་ཟ་མའི་བགེགས་རྣམས༴ རྨི་ལམ་ངན་པ་ཐམས་ཅད༴ བདུད་ཀྱི་དམག་ ཚོགས་ཐམས་ཅད༴ འབྱུང་པོའི་དལ་ཡམ་ཐམས་ཅད་དགྲ་ལ་བསྒྱུར། །བྱད་ཁ་རྦོད་གཏོང་ ཐམས་ཅད་དགྲ་ལ་བསྒྱུར། །ཞེས་བརྗོད་ཅིང༌། གླུད་རྣམས་ཕྱོགས་བཞིར་བསྐྱལ་ལོ། །(དེ་ཡང་ཕུང་བདུད་དཀར་པོ་ བྱ་མགོ་ཅན་ལན་ཆགས་འབྲུ་སྣ་བཅས་ཤར་དུ་བསྐྱལ། ཉོན་བདུད་སེར་པོ་རྟ་མགོ་ཅན་མར་མེ་རྒྱ་བཅས་ལྷོར། ལྷ་བདུད་དམར་ པོ་ཁྱི་མགོ་ཅན་དམར་གཏོར་བརྒྱ་བཅས་ནུབ། འཆི་བདུད་ནག་པོ་སྦྲུལ་མགོ་ཅན་ངར་མི་བརྒྱ་བཅས་བྱང་དུ། གླུད་ངར་མི་ལོ་ བདུད་སྟེང་དུ་བསྐྱལ་བ་བཅུག་ཚེ། འོག་གི་རྒྱབ་ཆོག་དམར་གཏོར་བྱིན་གྱིས་རླབས། མཛོད་སྔགས་ལན་བདུན་གྱིས་བསྔོས་ནས། བྷྱོཿདམར་གྱི་གཏོར་མ༴ ནས་ངང་དུ་བྷྱོཿ བར་བརྗོད།) གཉིས་པ་མཇུག་ཆོག་ནི། བདག་བསྐྱེད་ཀྱི་ལྷ་ལ་མཆོད་བསྟོད་རྒྱས་བསྡུས་གང་རུང་བྱ། ཡིག་བརྒྱ། བཟོད་གསོལ། ས་ ཚྭ་སོགས་རྟེན་ལ་བརྟན་ཞུགས་བྱ། སརྦ་བྷུ་ཏ་གཙྪ། ཞེས་བརྗོད་ལ། བདུད་བཞི་འཁོར་བཅས་སྐྱེ་མཆེད་མུ་བཞིའི་ གནས་སུ་གཤེགས། བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །ཡང་རྐྱེན་བཟློག་གལ་ཆེ་བ་ཡིན་ན། །གོང་གི་རྒྱབ་ཆོག་ 21-1-419 ཏུ་འདི་བྱ་སྟེ། དང་པོ་བཅའ་བཤམས་ནི། གཏོར་མ་ཟུར་གསུམ་ལ་གཡག་རོག་ཁྱུ་བའམ། དེ་མ་རྙེད་ན་གླང་ནག་ཁྱུ་བའི་ཁྲག་ བྱུག །པུ་ཤུད་ཀྱི་སྒྲོ་བཙུག གཡའ་ཚལ་གྱི་སྟེང་དུ་བཞག་ལ། བདག་གི་རྣལ་འབྱོར་སྔོན་དུ་སོང་བས། གོང་བཞིན་སྔགས་དྲུག་ ཕྱག་དྲུག་གི་བྱིན་གྱིས་བརླབས། བསངས་སྦྱངས་འབྲུ་གསུམ་གྱིས་བྱིན་རླབས། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་སོགས་ཀྱིས་ བསྔོས་ནས། བྷྱོཿ དམར་གྱི་གཏོར་མ་བརྗིད་ལྡན་འདིས། །ལྟས་ངན་བརྒྱད་ཅུ་རྩ་བཞི་བཟློག ། ཡས་ཀྱི་གནས་ལ་ཕར་བལྟས་པ། །ཉི་ཟླ་ཤི་བའི་ལྟས་ངན་མཐོང༌། །ལྷ་ཆེན་ཁྲོས་པའི་ཐན་ ཡིན་པས། །དམར་གཏོར་འདི་ཡིས་བཟློག་གྱུར་ཅིག །བར་སྣང་མཁའ་ལ་ཕར་བལྟས་པས། ། བྱ་རྒོད་སྡེར་མོས་འཛིང་བ་མཐོང༌། །སྲོག་བདག་རྒྱལ་པོའི་ཐན་ཡིན་པས། །དམར་གཏོར་ འདི་ཡིས་བཟློག་གྱུར་ཅིག །ནགས་ལ་འབྲོང་རྒོད་རྭ་འཛིང་མཐོང༌། །བདུད་ཀྱིས་གཡོས་ པའི་ལྟས་ངན་ཡིན། །དམར་གཏོར༴ སྤང་ལ་ཤ་བ་རྭ་འཛིང་མཐོང༌། །གཉན་ཆེན་ཁྲོས་པའི་ ལྟས་ངན་ཡིན། །དམར་གཏོར༴ གཡའ་ལ་རྣ་བ་རྭ་འཛིང་མཐོང༌། །གཟའ་རྒོད་ཁྲོས་པའི་ ལྟས་ངན་ཡིན༌། །དམར་གཏོར༴ བྲག་ལ་གོང་ལྷག་སྡེར་འཛིང་མཐོང༌། །སྨན་མོ་ཁྲོས་པའི༴། དམར་གཏོར༴ རི་རྩེ་འུག་པ་སྡེར་འཛིང་མཐོང༌། །གཟའ་བདུད་ཁྲོས་པའི༴ །དམར་གཏོར༴། ནགས་ལ་དོམ་དྲེད་སྡེར་འཛིང་མཐོང༌། །མ་བདུད་ཁྲོས་པའི༴ །དམར་གཏོར༴ བྲག་དམར་ གཡག་རྒོད་རྭ་འཛིང་མཐོང༌། །བདུད་ནག་བཏང་བའི༴ །དམར་གཏོར༴ ནམ་ལངས་དམར་ མམ་མཐོང་བ་དེ། །དལ་བདག་ཁྲོས་པའི༴ དམར་གཏོར༴ སྦྲུལ་ནག་ལམ་དུ་འཁྱིལ་བ་དེ། ། ཀླུ་བདུད་ཁྲོས་པའི་དམར་གཏོར༴ རི་དྭགས་གྲོང་དུ་བྱུང་བ་དེ། །ཡུལ་འདྲེས་གནོད་པའི༴ དམར་གཏོར༴ བྱ་རྒོད་ཁྱིམ་དུ་བྱུང་བ་དེ། །རྒྱལ་འགོང་བདུད་དུ་འབབ་པའི༴ །དམར་གཏོར༴ ཕོ་རོག་སྡེར་འཛིང་སྒྲོག་སྐད་འདོན། །ཡ་བདུད་སྲོག་ལ་གནོད་པའི་ལྟས་ངན་ཡིན། །དམར་ གཏོར༴ ཤིང་ཆེན་རླུང་གི་བཅག་པ་དེ། །སྐྱེ་རྒྱུད་ཆད་པའི༴ དམར་གཏོར༴ མོ་དང་རྨི་ལམ་ ངན་པ་དེ། །དལ་རིམ་འོང་བའི༴ དམར་གཏོར༴ བུད་མེད་ཁྲག་རལ་བྱེད་པ་དེ། །རབས་ 21-1-420 ཆད་ཡོངས་བའི༴ དམར་གཏོར༴ ཤ་བ་གྲོང་ཡུལ་འགྲིམས་པ་དེ། །གཅེར་བུ་སྤུན་དགུའི་ གནོད་པའི༴ དམར་གཏོར༴ སྦྲུལ་དང་སྦལ་ལྗོང་རྨི་བ་དེ། །གཉན་ནད་ཆར་དུ་འབབ་པའི་ ལྟས༴ དམར་གཏོར༴ མུན་པ་ནག་པོ་འཛུམ་པ་རྨི། །ནད་རིམས་རྣམ་བཞི་ཡོང་བའི་ལྟས་ ངན་ཡིན། །དམར་གཏོར༴ ཞིང་ལ་བྲ་བ་བྱུང་བ་དེ། །ལོ་ཐན་འོང་བའི༴ དམར་གཏོར༴ མི་ ལ་ཤ་རོ་སྐྱེས་པ་དེ༴ གནམ་ཐིལ་འོང་བའི༴ དམར༴ ཕྱུགས་ལ་རིགས་མིན་སྐྱེས་པ་དེ། །ནོར་ ཀོང་འོང་བའི་ལྟས༴ དམར་གཏོར༴ ལུག་ཁྱུར་འཕར་སྤྱང་ཞུགས་པ་དེ། །གཟའ་རྒོད་ཁྲོས་ པའི༴ དམར་གཏོར་འདི་ཡིས་བཟློག་གྱུར་ཅིག །ཁང་ཁྱིམ་གདུང་མ་ཆགས་པ་དེ། །མགོན་པོ་ ཁྲོས་པའི༴ དམར་གཏོར༴ ཀྲུང་ཀྲུང་ནང་དུ་འབེབ་པ་དེ། །ཏྲི་མོ་ནོར་ལ་གནོད་པའི༴ དམར་ གཏོར༴ ཁྲ་དང་བྱ་རྒོད་འཐབ་པ་མཐོང༌། །མཐུ་ཁ་ཟུག་པའི༴ དམར་གཏོར༴ ཁྱི་དང་སྤྱང་ཀི་ འཐབ་པ་དེ། །ཕུར་ཁ་ཟུག་པའི༴ དམར་གཏོར༴ མུན་པ་ནག་པོ་གཡོས་པ་དེ། །བདུད་ཀྱི་ བར་ཆད་ཡོང་བའི་ལྟས། །དམར་གཏོར༴ འཚུབ་མ་ཆེན་པོས་འཁྱེར་བ་དེ། །གྲི་ཁ་དར་བའི༴ དམར་གཏོར༴ བྱ་ནག་སྤྲིན་ལྟར་འཐིབས་པ་དེ། །ལྷ་འདྲེས་སྲོག་ལ་བརྡོ་བའི༴ དམར་གཏོར༴ སྲོད་ལ་རྟ་ཕོ་འཚེར་བ་དེ། །རྒྱལ་པོའི་གནོད་པའི༴ དམར་གཏོར༴ འོག་རྟ་སྒ་འགྲོས་བྱེད་པ་ དེ། །མི་ཁ་བདུད་ཀྱིས་ཁྱེར་བའི༴ དམར་གཏོར༴ ཐོ་རངས་སྒོ་ཁྱི་ངུ་བ་དེ། །འགོང་པོ་སྲིད་ལ་ ཞུགས་པའི༴ དམར་གཏོར༴ ཕ་གུ་ཁུ་མཚན་བུ་ཆུང་ནང་འཛིང་དེ། །ཕོ་ལྷ་ཁྲོས་པའི་ལྟས་ངན་ ཡིན༴ དམར་གཏོར༴ ཕུགས་སུ་བུ་ཚངས་བྱས་པ་དེ། །ཡུལ་བུད་འོང་བའི༴ དམར་གཏོར༴ ཁྱིམ་ལ་པུ་ཤུད་ཚང་བྱས་ཏེ། །སང་ཕོད་ཀོད་ཁ་འོང་པའི༴ དམར་གཏོར༴ མི་ནག་འཇིགས་ སུ་རྨི་བ་དེ། །མགོན་པོ་ནག་པོའི་ཆོ་འཕྲུལ་ཡིན། །དམར་གཏོར༴ ཆུ་ཆེན་འཁྲུགས་པ་རྨི་བ་དེ། ། ས་བདག་ནག་པོས་ལྟས་ཡིན་པས། །དམར་གཏོར༴ སྲིན་བྱ་ཀུ་ཀུ་ནམ་གོང་འཚེར། །འདྲེ་མོ་ བཏང་བའི༴ དམར་གཏོར༴ ཕུགས་སུ་མེ་ཆེན་ཤོར་བ་དེ། །ཁ་མཆུ་འོང་བའི༴ དམར་གཏོར༴ 21-1-421 རྟ་དྲི་རྟ་སྒྲོག་བཅད་པ་དེ། །དགྲ་སྲི་ལངས་པའི༴ དམར་གཏོར༴ ཁྱི་ཡི་སྒོ་ཕུག་འདྲད་པ་དེ། ། གྲི་རྒོད་འགྱེད་པའི༴ དམར་གཏོར༴ དྲག་པོ་དམར་གྱི་གཏོར་མ་འདིས། །མི་སྡུག་ལྟས་ངན་ བརྒྱད་ཅུ་རྩ་བཞི་བཟློག །ཡས་ཀྱི་བདུད་གཡོས་ཐམས་ཅད་བཟློག་གྱུར་ཅིག །མས་ཀྱི་སྲི་ཁ་ ལངས་པ་ཐམས་ཅད་བཟློག །ཕ་ཚན་དགྲ་རུ་ལངས་པ་ཐམས་ཅད་བཟློག །ལྷ་འདྲེའི་དམག་ དཔུང་ལངས་པ་ཐམས་ཅད་བཟློག །སྡེ་བརྒྱད་དལ་ཁ་འདྲེན་པ་ཐམས་ཅད་བཟློག །དུས་ མིན་འཆི་བའི་བཀའ་བབ་ཐམས་ཅད༴ སྒྲ་སྐད་ངན་པ་ཐོས་པ་ཐམས་ཅད༴ མོ་དང་བཀྲ་མི་ ཤིས་པ་ཐམས་ཅད༴ ཐུམ་ཐུམ་རྨི་ལམ་ངན་པ་ཐམས་ཅད༴ ས་འོག་མི་ཆུང་མཐོང་བ་ཐམས་ ཅད༴ ཟ་ཁ་ཚོང་ཁ་ལོག་པ་ཐམས་ཅད༴ བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག་གྱུར་ཅིག །མ་ བུའི་བྱུར་འདྲེ་བརྒྱད་ཅུ་བཟློག་གྱུར་ཅིག །སྔགས་བོན་ཕུར་ཁ་ཟུག་པ༴ སྔ་དགྲ་ལས་ལ་དར་ པ་བཟློག་གྱུར་ཅིག །ཕྱི་དགྲ་ཡིད་ལས་སེམས་པ༴ མཐོང་བའི་དུག་ལངས་ངན་པ༴ ཐོས་པ་ དགྲ་ཡི་ལྟས་ངན་ལ་སོགས་པ། །དྲག་པོ་དམར་གྱི་གཏོར་མས་བཟློག་གྱུར་ཅིག །བལ་ནག་ གཡང་བཞི་འདི་ཡིས་བཟློག་གྱུར་ཅིག །ཐན་བྱ་པུ་ཤུད་སྒྲོ་ཡིས་སྣ་དྲོངས་ལ། །དགྲ་བགེགས་ མི་མཐུན་ཡུལ་དུ་ད་སོངས་ཤིག །བྷྱོཿབྷྱོཿབྷྱོཿབྷྱོཿ སྟོང་པ་མི་དམིགས་ངང་དུ་བྷྱོཿ ཞེས་རོལ་ཆེན་ དྲག་པོའི་སྒྲ་དང་བཅས་ལ་དགྲ་ཡུལ་དུ་དམིགས་ཏེ་ཕྱིར་བསྐྱལ་ལོ། །སློབ་དཔོན་པདྨས་མཛད་པའི་བདུད་བཞི་བརྒྱ་བཞིས་ བཟློག་པའི་ཆོ་ག་བསྡུས་པ་རྫོགས་སོ།། །།འདི་ནི་རྗེ་བཙུན་ཐམས་ཅད་མཁྱེན་པ་འཁོར་ལོའི་མགོན་པོ་འཇམ་མགོན་བླ་མ་ ཏཱ་ར་ནཱ་ཐས་ཞུས་དག་གནང་བ་ཡིན་པས་བྱིན་རླབས་ཀྱི་གཟི་བྱིན་དང་ལྡན་ཞིང་གདོན་བགེགས་བར་ཆད་ཐམས་ཅད་ངེས་པར་ བཟློག་པར་འགྱུར་རོ།། །།སརྦ་མངྒ་ལཾ། ཤུ་བྷཾ། ༈ དམར་གཏོར་བཞི་ཡོད་ན་ཕྱོགས་བཞིར་ཟོར་དུ་འཕང༌། དེ་ནས་ཕྱོགས་བཞིར་མདོ་བཟློག་བཞི་བརྒྱབ། དགྲ་ བགེགས་གནོད་བྱེད་ཐམས་ཅད་ཟབ་མོ་སྟོང་པ་ཉིད་ནས་གྱུར་ཅིག །ཅེས་བརྗོད། །དེ་ནས་གོང་ གི་མཇུག་ཆོག་བདག་མདུན་གཉིས་ལ་དམིགས་ཏེ། ༀ་ཤཱཀྱ་མུ་ནི་ས་པཱ་རི་ཝ་ར་ཨརྒྷཾ༴ སོགས་དང༌། ཁམས་ 21-1-422 གསུམ་པ་ཡི་འགྲོ་ཀུན༴ སོགས་ཀྱིས་མཆོད་བསྟོད་བྱ། ཡི་གེ་བརྒྱ་བཟོད་གསོལ། སཱཙྪ་དང་ཐུབ་པའི་སྐུ་གཟུགས་སོགས་ ལ་བརྟན་བཞུགས་བྱ། སརྦ་བྷུ་ཏ། སོགས་ཀྱི་ཁྲིའི་ཕྱོགས་བཞིའི་བདུད་བཞི་གཤེགས་ལ། བསྔོ་སྨོན། བཀྲ་ཤིས་རྣམས་བྱས་ པས་ལེགས་པར་གྲུབ་པ་ཡིན་ནོ། །གོང་འོག་གི་མཆན་བུ་འདི་རྣམས་རང་བཟོ་མིན། རྔ་བའི་སེ་དགོན་པའི་བླ་མ་དམ་པ་གསང་ མཐའ་སོགས་ཀྱི་ཕྱག་ལེན་ཞལ་རྒྱུན་ལྟར་ཡིན་ནོ། །དགེ་ལེགས་འཕེལ། 21-1-423 ༄༅། །རྡོ་རྗེ་འཇིགས་བྱེད་བསྡུས་པའི་སྒྲུབ་ཐབས་དང་ སློབ་མ་རྗེས་འཛིན་བཞུགས་སོ། ། ༄༅། །ན་མོ་བཛྲ་བྷེ་རཱ་ཝ་ཡ། གང་ཞིག་ཡེ་ཤེས་འབར་བའི་མེ་ལྕེ་ཡིས། །མ་ལུས་བདུད་སྡེའི་ཚང་ཚིང་ཀུན་ བསྲེགས་ནས། །བདེན་གཉིས་སྣང་བྱེད་ཡེ་ཤེས་འོད་བརྒྱ་འགྱེད། །རྡོ་རྗེ་སློབ་དཔོན་དཔའ་བོ་ཆེ་ལ་འདུད། །བསྡུས་པའི་སྒྲུབ་ ཐབས་འདིར་ཞུགས་ན། །དྲག་ཤུལ་སྤྱོད་པ་མཐའ་དག་ནི། །སྐད་ཅིག་གཅིག་གིས་འགྲུབ་འགྱུར་ཞེས། །དུས་གཞན་ཞིག་ན་བླ་ མ་གསུང༌། འདིར་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་ཀྱང་གསུངས་ཤིང༌། དཔལ་ཁ་སྦྱོར་ཐིག་ལེ་ལས་གསལ་བར་བསྟན་པ་དཔལ་ རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་བསྡུས་པ་ཞེས་བྱ་བའི་གཞུང་གི་དོན། མཆོག་ཏུ་བསྡུས་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ སྒྲུབ་ཐབས་སྒོམ་པར་འདོད་པས། དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་ སྒོམ་བཟླས་རྣམས་སྔོན་དུ་བཏང་ཞིང༌། རང་སྐད་ཅིག་གི་འཇིགས་མཛད་དུ་གསལ་བའི་སྙིང་ཁར་པད་ ཉི་ལ་གནས་པའི་ཧཱུཾ་ལས་འོད་ཟེར་འཕྲོས། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ལྷ་ཚོགས་ ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ། ན་མོ་གུ་རུ་བྷྱཿ ན་མོ་བཛྲ་བྷེ་ར་ཝ་མཎྜལ་བྷྱ། བཛྲ་ལཱ་སྱ། སོགས་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་བདུན་རྣམ་དག་བྱ། ཚད་མེད་བཞི་སྤྱི་དང་མཐུན། ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་ཧཱུཾ་ཡིག་ ལས་གྲུབ་པའི་བསྲུང་འཁོར་གྱི་དབུས་སུ་ཆོས་ཀྱི་འབྱུང་གནས་ཆེན་པོ་མི་ཟད་ཅིང་འཇིགས་ པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཡོངས་སུ་བསྐོར་བའི་ནང་དུ་ཐོད་རུས་འབར་བའི་གཞལ་ མེད་ཁང་ཡངས་ཤིང་རྒྱ་ཆེ་ལ་དཔངས་མཐོ་བ་དེའི་དབུས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ ཟླ་གམ་དུད་ཁ་ལ་གནས་པའི་སྣ་ཚོགས་པདྨ་དང་ཉི་མའི་གདན། དེའི་སྟེང་དུ་ཟླ་བ་ལ་གནས་ པའི་དྷིཿལས་རང་ཉིད་འཇམ་དཔལ་ཞི་བར་འགྱུར་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ 21-1-424 དེའི་འོད་ཀྱིས་སངས་རྒྱས་བྱང་ཆུབ་སེམས་དཔའ་རིག་མར་བཅས་པ་ཐམས་ཅད་གདུལ་ དཀའ་འདུལ་བའི་རྣམ་པ་ཅན་དུ་སྤྱན་དྲངས་ཏེ་རང་ལ་ཐིམ། རང་ཉིད་ཀྱང་ཐུགས་ཀའི་ཉི་ མ་ལ་ཐིམ། དེ་ཉིད་འབར་བ་དང་བཅས་ཤིང་དཔག་ཚད་བརྒྱད་སྟོང་གི་ཚད་དུ་གྱུར། དེའི་ འགྱུར་བ་ལས། ཧཱུཾ་དང་རྡོ་རྗེ་འབར་བ་ཆེན་པོའོ། །ཡང་འོད་ཟེར་སྤྲོ་བསྡུས་མཁའ་དབྱིངས་ གང་བའི་འཇིགས་མཛད་རྡོ་རྗེའི་ཚོགས་རྣམས་བདག་ཉིད་ལ་འདུས་པ་ལས། རྡོ་རྗེ་འཇིགས་ བྱེད་ཆེན་པོའི་སྐུར་གྱུར། ༀ་ཧྲཱིཿཥྚིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། རང་ཉིད་རྡོ་རྗེ་འཇིགས་ བྱེད་སྐུ་མདོག་དུས་མཐའི་སྤྲིན་ལྟར་རབ་ཏུ་གནག་པ། ཞལ་བཞི་ཕྱག་བརྒྱད་ཞབས་བཞི་ པ། སྐུ་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ་གཅེར་བུ་ལིང་ག་གྱེན་དུ་བསྒྲེང་བ། སྡང་བ་དང་ གདུག་པ་ཅན་ཐམས་ཅད་ཀྱི་ཤ་དང་རྐང་དང་ཚིལ་ཟ་བ་ཧ་ཧཱ་དང་ཧཱུཾ་ཧཱུཾ་དང་ཕེཾ་ཀྱི་སྒྲ་གནམ་ དུ་འབོད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ལ་སྡིགས་མཛུབ་ བྱེད་པ། རྩ་བའི་ཞལ་མཐིང་ནག་མ་ཧེ་འཁྲོས་པའི་གདོང༌། རྡོ་རྗེའི་རྭ་གདེང་བས་ཕྱོགས་ ཐམས་ཅད་གནོན་པ། གཡས་ཞལ་དཀར་པོ་རྒྱ་ཆེར་བཞད་ཅིང༌། གཡོན་ཞལ་དམར་པོ་རབ་ ཏུ་འཇིགས་པ། ཡ་སོས་མ་མཆུ་མནན་པ། དབུའི་གཙུག་ཏུ་འཇམ་དཔལ་གྱི་ཞལ་གསེར་ མདོག་ཡིད་ཙམ་ཁྲོ་བ། ཟུར་ཕུད་ལྔ་དང་ལྡན་པའོ། ཁྲོ་ཞལ་ཐམས་ཅད་དམར་ལ་ཟླུམ་པའི་ སྤྱན་གསུམ་གསུམ་དང་ལྡན་པ། སྨ་ར་དང་སྨིན་མ་དང་དབུ་སྐྲ་ཁམ་སེར་མེ་ལྟར་འབར་བ། ཕྱག་གཡས་པ་རྣམས་ཀྱི་རྡོ་རྗེས་མཚན་པའི་གཏུན་ཤིང་དང༌། རལ་གྲི་དང༌། འཁོར་ལོ་དང༌། ཅང་ཏེའུ་རྣམས་འཛིན་པ། གཡོན་པ་རྣམས་ཀྱིས་རྡོ་རྗེས་མཚན་པའི་ཁ་ཊཾ་ག་དང༌། ཐོད་ཁྲག་ དང༌། མདའ་གཞུ་དང༌། ཞགས་པ་བསྣམས་པ་སྟེ། རལ་གྲི་དང་ཐོད་ཁྲག་ཐུགས་ཀར་སྟེང་ འོག་ཏུ་འཛིན་པ། དང་པོ་གཉིས་ཀྱི་གླང་པོ་ཆེའི་ལྤགས་པ་ཡང་བརྒྱངས་ཏེ་བསྣམས་པའོ། ། ཞབས་མདུན་མ་གཉིས་གཡོན་བསྐུམ་གཡས་བརྐྱང་ཞིང༌། རྒྱབ་མ་གཉིས་གར་གྱི་ཚུལ་ 21-1-425 གྱིས་མནན་པ། སྐུ་ལ་རུས་པའི་རྒྱན་དྲུག་དང་ཀླུ་ཆེན་པོ་བརྒྱད་ཀྱིས་དཀྲིས་པ། ཐོད་སྐམ་ ལྔའི་དབུ་བརྒྱན་དང༌། ཁྲག་འཛག་མགོ་བོ་ལྔ་བཅུའི་དོ་ཤལ་ཅན། སྐུ་ལས་སྤྲུལ་པའི་རྡོ་རྗེ་ཕོ་ ཉའི་ཚོགས་ཀྱིས་ནམ་མཁའི་ཁམས་རྒྱས་པར་འགེང་བ། འཇིགས་དུས་ཀྱི་མེ་ལྟ་བུའི་དབུས་ ན་བཞུགས་ཤིང༌། སྲིད་པ་གསུམ་གྱི་བལྟ་བར་ཡང་མི་བཟོད་པའི་བདག་ཉིད་དུ་གྱུར། མིག་ ཏུ་ཀྵཾ། རྣ་བར་ཛྲཾ། སྣ་ལ་ཁཾ། ལྕེ་ལ་གཾ །དཔྲལ་བར་སྐཾ། ལྟེ་བར་སཾ། སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། སྙིང་ཁར་ཧཱུཾ་སྔོན་པོ་སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་རྡོ་ རྗེའི་རྣམ་པར་སྤྱན་དྲངས་ཏེ་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལ་ཐིམ། རང་གི་སྙིང་གར་ཡེ་ ཤེས་སེམས་དཔའ་འཇམ་དཔལ་ཞི་བ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེའི་ ལྟེ་བར་ཉི་མ་ལ་ཧཱུཾ། དེ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་དཔལ་རྡོ་རྗེ་འཇིགས་ བྱེད་དབང་གི་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿ མཆོད་ཡོན་ཉེར་སྤྱོད་ལྔས་མཆོད། ༀ་ཨ་བྷི་ཥིཉྩ་ཏུ་མཾ་ སརྦ་ཏཱ་ཐ་ག་ཏ། ཞེས་གསོལ་བ་བཏབ་པས། ༀ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭ་ཨཱ་ཧཾ། ཞེས་གསུངས་ཤིང་དབང་བསྐུར་ཏེ་མི་བསྐྱོད་པས་དབུ་བརྒྱན། ཛཿཧཱུཾ་བཾ་ཧོཿ ཞེས་དེ་ཐམས་ ཅད་རང་ལ་གཉིས་སུ་མེད་པར་ཐིམ། གཤིན་རྗེ་གཤེད་ཀྱི་དམ་རྒྱ་བཅས་གནས་གསུམ་དུ་གཏུགས་ལ། རྩ་སྔགས་ དང༌། སྙིང་པོ་དང༌། ཉེ་སྙིང་རྣམས་བརྗོད་དོ། །དེ་ནས་སྒེག་སོགས་བརྒྱད་ཀྱིས་མཆོད་པ་དང༌། གཟུགས་སྒྲ་ལ་སོགས་ དྲུག་པོ་ནི། །སོགས་དང༌། དུར་ཁྲོད་རྒྱན་གྱི། སོགས་ཀྱི་མཆོད་ཅིང་བསྟོད། བདུད་རྩི་མྱང་བ་འཇིགས་བྱེད་སྒྲུབ་ ཐབས་རྭ་ལུགས་སྤྱི་དང་འདྲ། བཟླས་པའི་དམིགས་པ་ཡང་འདྲ་སྟེ། རྩ་སྔགས་ཡི་གེ་སོ་གཉིས་དང༌། སྙིང་པོ་བཅུ་པ་དང༌། ཉེ་ སྙིང་བདུན་པ་རྣམས་སྤྱི་དང་འདྲ་བ་དང༌། ཧྲཱིཿཥྚིཿ ཡི་གེ་བཅུ་བཞི་པ་ཁྱད་པར་དུ་བཟླའོ། །མཐར་སྙིང་ཁའི་འོད་ཟེར་གྱི་ སྣོད་བཅུད་དཀྱིལ་འཁོར་འཁོར་ལོ་གྱུར་པ། གཞལ་ཡས་ཁང་ལ་ཐིམ། དེ་རང་ཉིད་ལ་ཐིམ། རང་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། དེ་ཡང་སྟོང་པ་ཉིད་དུ་ སྦྱང་ངོ༌། །སྟོང་པའི་ངང་ལས་རང་ཉིད་ཕྱག་གཉིས་པའི་ང་རྒྱལ་དང་ལྡན་པས། སྲུང་བའི་དོན་དུ་སྐྱེ་ 21-1-426 མཆེད་དང་གནས་གསུམ་བྱིན་གྱིས་རླབས་སོ། །དགེ་བ་བསྔོ། འདི་ལ་སྲུང་འཁོར་མི་བསྡུ་བ་མན་ངག་ཡིན་ནོ། ། གཏོར་མ་འབུལ་ཚུལ་ནི། བྱིན་རླབས་སོགས་ཐམས་ཅད་རྡོ་རྗེ་འཇིགས་བྱེད་རྭ་ལུགས་རྒྱས་པ་དང་འདྲ་བ་ལས། འབུལ་ བའི་སྔགས་ནི། ཡི་གེ་བཅུ་པའི་མཐར་མཧཱ་བཛྲ་བྷཻ་ར་ཝ་མཧཱ་ཨ་དྷི་པ་ཏི་ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི་ ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་བདུན་གྱི་འབུལ་བ་ནི་ཁྱད་པར་རོ། །ཚུལ་འདིས་སྙིང་པོ་འབུམ་ཕྲག་བཅུ་བཟླ་བ་ནི་ བསྙེན་པའོ། །ཡང་གཞན་ཡང་སྔར་དང་འདྲ་བ་ལས། དབང་བསྐུར་རྒྱས་བཏབ་ཀྱི་རྗེས་སུ། རང་གི་ཡེ་ཤེས་ཀྱི་སྣང་ བ་ལས་གྲུབ་པའི་འཁོར་བཞི་སྐད་ཅིག་གི་གྲུབ་པ་ནི། མདུན་དུ་རཾ་ལས་རྡོ་རྗེ་སྲིན་པོ་སྨུག་ ནག་རལ་གྲི་དང་ཐོད་པ་འཛིན་པ་ཁྱིའི་གདོང་པ་ཅན། གཡས་སུ་ཡ་ལས་ལས་ཀྱི་གཤིན་རྗེ་ སྔོ་སྐྱ་བེ་ཅོན་ཐོགས་པ། གཡོན་དུ་མ་ལས་དུས་མཚན་མ་དམར་མོ་རྩེ་གསུམ་འཛིན་པ། རྒྱབ་ ཏུ་ཧཱུཾ་ལས་དཔལ་མགོན་ནག་པོ་གྲི་གུག་དང་ཐོད་ཁྲག་འཛིན་པ། ཐམས་ཅད་ཀྱང་རལ་པ་ མུན་ལྟར་གཏིབ་པ། སྟག་ལྤགས་ཀྱིས་སྨད་དཀྲིས་དང༌། མི་ལྤགས་ཀྱི་སྟོད་གཡོགས་གསོལ་ བ། སྦྲུལ་རྒྱན་དང་མི་མགོའི་འཕྲེང་བ་ཅན། གཡོན་བརྐྱང་གི་སྟབས་ཀྱི་མི་རོའི་གདན་ལ་ བཞུགས་པ་ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པའོ། །ཞེས་བསྐྱེད་ནས་མཆོད་བསྟོད་ཡན་ཆད་སྔར་བཞིན་བྱ། གཙོ་བོའི་བཟླས་པ་སོང་རྗེས་སུ་འཁོར་བཞི་པོ་ལ་གཙོ་བོའི་བཞི་ཆ་རེ་བཟླ་སྟེ། ༀ་བཛྲ་རཀྵ་ས་བྷ་ཀྵ་ས་ཤ་ཏྲུཾ་ཨི་ ཏི་ཕཊ། རྡོ་རྗེའི་སྲིན་པོའོ། །ༀ་ཀ་ལ་རཱུ་པ་ཧཱུཾ་ཕཊ། ལས་ཀྱི་གཤིན་རྗེའོ། །བྷྱོ་ཀཱ་ལ་ཏྲི་བྷྱོཿ དུས་མཚན་མའོ། ། ༀ་མཧཱ་ཀཱ་ལ་རུ་པ་ཤ་ཧཱུཾ་ཕཊ། ནག་པོ་ཆེན་པོའོ། །གཏོར་འབུལ་གྱི་སྐབས་འཁོར་བཞི་ཡང་སྤྱན་དྲངས་ནས། སོ་སོའི་ སྙིང་པོའི་མཐར། ཨཱ་ཀ་རོ་བཏགས་པས་འབུལ། ནག་པོ་ཆེན་པོ་ལ་ཤ་ས་ནས་ཀྱང་ལྷག་པོར་འབུལ་བ་ཡིན་ནོ། །འཁོར་གྱི་ བསྟོད་པ་བསྡུས་པ་ནི། དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་གནས་མཆོག་ཏུ། །དབང་མེད་དང་པས་ འདུས་པ་དང༌། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་ལ། །གུས་པས་ཕྱག་འཚལ་བསྟོད་པར་བགྱི། ། ཞེས་པ་ཙམ་གྱིས་ཆོག་སྟེ་ཉེ་བའི་བསྙེན་པའོ། །སྒོམ་དོན་དང་མཐུན་པར་དཀྱིལ་འཁོར་བྲིས་ལ། དམ་རྫས་མཆོད་གཏོར་ཚོགས་ པ་བྱས་ནས། བདག་མདུན་ཐ་མི་དད་པའི་ཚུལ་གྱིས་ཟླ་བ་དྲུག་ལ་སོགས་པར་གཙོ་འཁོར་གྱི་སྔགས་སྦྲེལ་ནས་བཟླས་སྒོམ་བྱེད་ 21-1-427 པ་ནི་སྒྲུབ་པའོ། །འཁོར་གྱི་སྔགས་བསྡུ་ན། རཾ་ཡཾ་བྷྱོ་ཧཱུྃ། ཞེས་པ་ཙམ་གྱི་ཆོག་གོ །དེ་ཉིད་དང་འདྲ་བ་ལས་ཐུན་མཚམས་ཀྱི་ སྐབས་མ་གཏོགས། བདག་མདུན་དབྱེར་མེད་དུ་བསྒོམ་བཟླས་བྱེད་པ་སྟེ། ཟླ་བ་ཕྱེད་ནས་ཟླ་བ་དྲུག་གི་བར་བྱེད་པ་ནི། སྒྲུབ་པ་ ཆེན་པོའོ། ། དེ་ནས་ནི་ལས་ལ་སྦྱར་བས་ཇི་ལྟར་བདེ་བར་འགྲུབ་པར་འགྱུར་རོ། །འདི་ལ་སྒྱུ་འཕྲུལ་དྲྭ་བ་དང༌། ཁ་སྦྱོར་ལས་འཁོར་ རྡོ་རྗེ་སྲིན་པོ་གཅིག་པུ་ལས་གསུངས་ཀྱང༌། གཞན་རྣམས་བླ་མའི་མན་ངག་ལས་འབྱུང་ལ། འདིའི་རྟོགས་པ་བསྡུས་པ་ལས་ཀྱང་ དོན་གྱི་མ་བཤད་དོ། །ཡང་མདུན་དུ་རྡོ་རྗེ་སྲིན་པོ་གཤིན་རྗེ། དུས་མཚན་གསུམ་གསུམ་སྦྲགས་སུ་ཆད་པའི་ལུགས་ཀྱང་ཡོད་དེ། འདམ་ཁ་ཡིན་པའི་ཕྱིར་ཇི་ལྟར་བདེ་བར་བྱའོ། ། སྒྲུབ་ཐབས་འདིའི་དབང་ཆོག་གམ། བྱིན་རླབས་ཀྱི་ཆོ་ག་ནི། སྟེགས་བུ་ཡངས་པ་ལ་ཆོས་འབྱུང་གྲུ་གསུམ་མཐིང་ཁ་མེ་ རིས་བསྐོར། ཕྱི་ཟླུམ་སྐོར་ཡང་རྡོ་རྭ་དང་མེ་རིས་སྐོར། གྲུ་ཆད་དམར་པོ་བྱའོ། །དབུས་ཉི་གདན་ལ་ཚོམ་བུ་ནག་པོ་ལྔ་བཀོད། དེའི་སྟེང་དུ་མཉྫི་ལ། ཐོད་པ་ཤས་གང་བའི་དཀྱིལ་དུ། འཁྲུལ་འཁོར་དང་རལ་གྲི་བཙུགས། བདུད་རྩི་ལྔས་ཀྱང་སྦགས། ཕྱོགས་ བཞིར་སྟེགས་བུར་དམར་གཏོར་རེ་ཡང་བཀོད། མདུན་དུ་འབུལ་གཏོར་གཉིས། ཕྱི་མཆོད། ནང་མཆོད། ཁྲག་གི་ཨརྒྷཾ་ཤ་ཆེན་ གྱི་བདུག་སྤོས། ཤ་རུས་ཀྱི་ཞལ་ཟས་རྣམས་ཀྱང་ཁྱད་པར་དུ་བཤམ། སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་སྔོན་དུ་ འགྲོ་བས། གོང་བཞིན་བདག་བསྐྱེད་སྒོམ། བཟླས་པ་ཅུང་ཟད་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ ཧཱུཾ་ཡིག་ལས། ཞེས་པ་ནས། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ནང་དུ། དེའི་ དབུས་སུ་ཐོད་རུས་འབར་བའི་གཞལ་མེད་ཁང༌། ཞེས་པ་ནས། པདྨ་དང་ཉི་མའི་གདན། དེའི་ སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུར་གྱུར། ཅེས་པ་ ནས། མི་བཟོད་པའི་བདག་ཉིད་དུ་གྱུར། མདུན་དུ་རམ་ལས༴ སོགས་འཁོར་བཞི་བསྐྱེད། མིག་ཏུ་ ཀྵིཾ་ནས་མཆོད་བསྟོད་བདུད་རྩི་མྱང་བའི་བར་ཡང་བདག་བསྐྱེད་དང་འདྲ་བ་ལས། འཁོར་རྣམས་ལ་རིགས་བདག་ གཙོ་བོ་ཕྱག་གཉིས་པས་དབུ་བརྒྱན་པའམ། གཙོ་འཁོར་ཐམས་ཅད་ལ་མི་བསྐྱོད་པས་དབུ་ བརྒྱན། ཅེས་པ་དང༌། བདག་མདུན་གྱི་འདོན་པ་སྤོ་ཚུལ་ཤེས་དགོས་སོ། །བར་འདིར་བཟླས་པ་ཅུང་ཟད་བྱ། དེ་ནས་གཏོར་ 21-1-428 མ་འབུལ་ཏེ། གཏོར་མ་དང་པོ་ལྷ་ལྔ་ལ་འབུལ། གཉིས་པ་ཕྱོགས་སྐྱོང་བཅུ་ལ་འབུལ། ཐུན་མོང་དུ་སློབ་མའི་རྒྱུད་བྱིན་གྱིས་རློབ་ པར་གསོལ་བ་བཏབ། གང་ཡང་རུང་བའི་བུམ་པ་དྲི་བཟང་གི་ཆུས་བཀང་ནས། ༀ་བཛྲ་ཨ་མྲྀ་ཏ་ཀུན་ཌ་ལི་ཧ་ན་ཧ་ ན་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ཀྱི་ཡིག་འབྲུ་རབ་ཏུ་འབར་བའི་རང་བཞིན་དུ་བསམ། སྔགས་དེ་ཉིད་བརྒྱ་སྟོང་དང༌། ཨ་བྷི་ ཥེ་ཀ་ཏ་ཉེར་གཅིག་བཟླས། འདི་སློབ་མ་རྣམས་དང་པོར་ཁྲུས་བྱ་བའི་བུམ་པ་དེ་ཡིན་ནོ། །ཡང་སྟེགས་བུ་གཞན་ཞིག་གི་སྟེང་ དུ་དབང་བསྐུར་བའི་བུམ་པ་འཆའ་སྟེ། དེ་ཡང་ཐོད་པའམ། རིན་པོ་ཆེའི་བུམ་པ་ཡང་རུང་ལ། ཤིང་གི་སྣོད་དུ་བྱ་བ་མིན་གསུང༌། དེས་ན་ཕལ་ཆེར་ལག་ལ་རྫའི་བུམ་པ་ཞིག་ཁྲག་དང་ཆང་སྲེས་པའི་སྤོས་ཆུས་བཀང༌། ནག་པོར་བྱུག་ཁ་རྒྱན་མི་དགོས། ཐོད་པ་ ཆང་གིས་བཀང་བས་ཁ་བཅད། དེའི་དབུས་སུ་ལྷ་ལྔ་པོ་སྐད་ཅིག་གིས་གསལ་བཏབ་ནས་སྔགས་བརྒྱ་བརྒྱ་ཙམ་བཟླའོ། །ཀཱ་པ་ ལའི་མྱོས་བྱེད་སོ་སོའི་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་པས་ཕུལ། རྡོ་རྗེའི་འཕྲེང་བ་ཞིག་ལ་གཙོ་བོའི་སྔགས་ལན་བརྒྱ་ བཟླ་ཞིང༌། ཧཱུཾ་ལས་བྱུང་བ་རྒྱལ་བ་མི་བསྐྱོད་པའི་བདག་ཉིད་དུ་མོས། ༀ་ཨཱཿབཛྲ་དྷྲིཀ་ཧཱུཾ་སྭཱཧཱ། ཞེས་པའང་བརྒྱ་བརྒྱད་བཟླའོ། ། དེ་ནས་སློབ་མ་རྣམས་ལ་བགེགས་སྦྱང་བ་དང༌། སྡིག་པ་སྦྱང་བ་དང༌། ཁྲུས་རྣམས་སྔོན་དུ་སོང་ནས་སེམས་བསྐྱེད་གསལ་ བཏབ། ཆོས་བཤད་བྱ། སློབ་མས་མཎྜལ་ཕུལ། དགའ་ཆེན་ཁྱོད་བདག །སོགས་ཀྱིས་གསོལ་བ་བཏབ། འདི་ནི་ ཁྱོད་ཀྱི་དམྱལ་བའི་ཆུ། །སོགས་ཀྱིས་དམ་ལ་བཞག །དཀྱིལ་ཆོག་ལས་འབྱུང་བ་ལྟར་ཡེ་ཤེས་དབབ་པ་བྱ། ལྷ་ངོ་ བསྟན། ཨེ་མ་ཧོ་སངས་རྒྱས་སློབ་དཔོན་ཆེ། །ཨེ་མ་ཧོ་ཆོས་དང་ཚོགས་ཀྱི་མཆོག །དམ་ཚིག་དེ་ ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །ཅེས་ལན་གསུམ། དེ་ནས་སློབ་མ་གཙོ་བོ་ བསྐྱེད། སྙིང་ཁར་ཡང་གཙོ་བོ་དང༌། ལྟེ་བར་འཁོར་བཞི་སྒོམ། རེ་རེ་བཞིན་བཟླས་ལུང་ཕོག་རེ་རེ་བཞིན་སྔགས་བཟླས་པའི་བུམ་ པའི་ཆུའི་དབང་ལན་ལྔ་བསྐུར་དགོས་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །སོགས་ཀྱི་མཐར་སོ་སོའི་སྔགས་ཀྱི་མཇུག་ལ། ཨ་བྷི་ ཥིཉྩ། བཏགས་པས་སོ། །དེ་རྗེས་གཙོ་བོའི་དམ་རྫས་དང༌། འཁོར་རྣམས་ཀྱི་གཏོར་དབང་ཡང་རིམ་བཞིན་དུ་བྱ། རྡོ་རྗེ་འཕྲེང་ བ་ལ་མེ་ཏོག་སྣ་ཚོགས་བཅིངས་ཏེ། སློབ་མའི་མགོ་བོར་དབང་བསྐུར་ཏེ། ཨུ་དུམ་ཝ་ར་མནྟ་ར། །ཞེས་སོགས་བརྗོད། ཐོད་པའི་དབུས་ཀྱི་རལ་གྲི་ལག་ཏུ་གཏད་ལ། སངས་རྒྱས་ཀུན་གྱི་རལ་གྲི་ཆེ༴ སོགས། རྡོར་དྲིལ་གཏད་ལ། ཤེས་ 21-1-429 རབ་ཐབས་ཀྱི་རང་བཞིན་བདག །སོགས། བདུད་རྩི་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་པའི་ནང་མཆོད་སྦྱིན་ ལ། བཏུང་བ་རིན་ཆེན། སོགས་བརྗོད། གཤིན་རྗེ་གཤེད་ཀྱི་དྲག་པོའི་འཁོར་ལོ་ལག་ཏུ་གཏད་ལ། བསྒྲལ་བར་བྱ་ བའི་ཡུལ་ལྔ་ནི། །འཁོར་ལོ་དང་ནི་ཏིང་ངེ་འཛིན། །སྔགས་སམ་སྨན་གྱི་གསད་བྱ་སྟེ། །ཡང་ ན་གནས་ལས་སྤོས་པར་བྱ༌། །ཞེས་དང་རྩ་སྔགས་ལ། ཨབྷིའི་ཥིཉྩ་བཏགས་པ་བརྗོད་དོ། །སློབ་མའི་རྗེས་ཀྱི་བྱ་ བ་སྤྱི་དང་འདྲ་ཞིང༌། ཚོགས་འཁོར་ཆོ་གས་ཚོགས་བཏང༌། དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བའང་གཞན་གྱི་འདྲེའོ། །ཀུན་ལ་ཡོངས་ སུ་མ་གྲགས་ཀྱང༌། །རྒྱུད་དོན་ཤེས་པ་རྣམས་དགའ་བ། །མཁས་པའི་སྙིང་ལ་ཞེན་པ་ལྟར། །གསལ་པོར་བཀོད་པ་འདི་ཉིད་དོ། ། དངོས་གྲུབ་ཀུན་གྱི་སྒྲུབ་པའི་ཐབས །འཇུག་སྒོ་ཙམ་ཞིག་བརྗོད་པ་ལས། །དགེ་བ་ཅུང་ཟད་གང་བསགས་ཏེ། །རྡོ་རྗེ་འཇིགས་ བྱེད་དཔལ་ཐོབ་ཤོག །འདི་ལ་རྡོ་རྗེ་འཇིགས་བྱེད་རྒྱས་པ་སྒྲུབ་ཐབས་རྭ་ལུགས་སྔོན་དུ་ཤེས་པ་གལ་ཆེ་ལ། དེ་ནས་འདི་ཙམ་ཁོ་ ནས་འགྲུབ་སྟེ། མཆོག་ཏུ་བསྡུས་པ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སློབ་མའི་རྗེས་བཟུང་དང་བཅས་པ་གསལ་པོར་བཀོད་པ་ འདི་ཡང༌། སློབ་བུ་དམ་ཚིག་ཅན་སྔགས་འཆང་དཀོན་མཆོག་ལེགས་འཛིན་གྱི་བསྐུལ་ནས། ཏཱ་ར་ནཱ་ཐས་སྦྱར་བའོ།། །།བཀྲ་ ཤིས། ཞུས་དག འདི་བྲིས་དགེ་བས་མ་རྒན་སེམས་ཅན་ཐམས་ཅད་གཤིན་རྗེ་དུས་དགྲའི་རྒྱལ་བའི་གོ་འཕང་ཐོབ་པར་རྒྱུར་གྱུར་ ཅིག 21-1-430 ༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་བྱེད་ལུགས་ ཀྱི་ལག་ལེན་དངོས་གྲུབ་ཀུན་སྩོལ་ཞེས་ བྱ་བ་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྙེན་པ་ལ། རྭ་སྐྱོ་སོགས་ཀྱི་ ཡིག་ཆ་དངོས་བསྟན་ཕལ་ཆེར་ལ། ལས་ཚོགས་ཁོ་ན་དོན་དུ་གཉེར་བའི་བསྙེན་པའི་དབང་ དུ་མཛད་གདའ་ནའང༌། ལས་ཚོགས་དོན་གཉེར་གྱི་གང་ཟག་ཉེ་ཚེ་བ་ལ་དགོངས་པ་ཡིན། སྤྱིར་བསྙེན་པའི་སྐབས་འདིར་མཆོག་སྒྲུབ་པ་ཁོ་ན་གཙོ་ཆེ་ལ། སྒྲུབ་པའམ་བསྙེན་སྒྲུབ་ སྦྲགས་མ་ཡིན་ན། ལས་ཚོགས་གཙོ་མི་ཆེ། དབང་པོ་རབ་ཀྱི་མཆོག་གི་དངོས་གྲུབ་ཀྱི་བརྒྱུད་ པའི་རྒྱུའམ། ཕལ་ཆེ་བ་ལ་དགོངས་ནས་ཐུན་མོང་གི་དངོས་གྲུབ་ཀྱི་རྒྱུ་ཡིན་པ་དང༌། དབང་ པོ་ཤིན་ཏུ་ཐ་མས་ཀྱང་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་ཅིང་། སྤྱིར་གྱི་ལས་ཚོགས་ འགྲུབ་པ་ཞར་བྱུང་དང༌། ལས་ཚོགས་ཀྱང་དྲག་ལས་ཁོ་ན་མ་ཡིན་གྱི། ལས་བཞི་ཆ་མཉམ་ ཡིན་ནོ། །དེ་ལྟར་ཡིན་པ་རྟོག་པ་དང་པོ་ཁོ་ན་ལ་བརྟགས་པས་ཤེས། འདིར་རྒྱུད་ལས་དངོས་ གྲུབ་མཆོག་ཅེས་གསུངས་པ་ནི། ཐུན་མོང་གི་དངོས་གྲུབ་ཆེན་པོའི་མིང་ཡིན་པས། དངོས་ གྲུབ་དང་ལས་སྦྱོར་ཙམ་གྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་འགྲུབ་ཀྱི། དེ་འགྲུབ་པ་ལས་ བསྒྲུབ་པ་ལ་རྫོགས་རིམ་དགོས་པར་དགོངས་སོ། །ལས་སྦྱོར་ཞེས་པ་ནི། དངོས་གྲུབ་ལ་ དངོས་སུ་མཚམས་སྦྱོར་བ་ལ་ཡང་ལས་སྦྱོར་ཟེར་ལ། འོན་ཀྱང་དེ་ལས་བཞི་སོགས་ཕྲ་མོའི་ 21-1-431 སྒྲུབ་ཐབས་ནི་མ་ཡིན་ནོ། །དེས་ན་རྒྱུད་འདིར་ལས་དང་པོ་པའི་ས་ལ་གནས་པ་རྣམས་ཀྱི། ལས་བཞི་སྒྲུབ་ཚུལ་རྣམ་པ་བསྙེན་སྒྲུབ་ལས་གསུམ་གྱི་ལས་སྦྱོར་དུ་ཤེས་པར་བྱའོ། ། དེ་ལྟར་སྤྱིར་ངེས་པར་བྱས་ནས། ལས་དང་པོ་པའི་བསྙེན་པ་བྱེད་ཚུལ་ནི། དང་པོར་སྒྲིབ་ སྦྱོང་དང་ཚོགས་བསགས་ཅི་རིགས་པར་བྱས་ལ། ལེགས་པར་ཚགས་སུ་ཚུད་པའི་གནས་ ཁང་དང༌། ཕྱིའི་ཡོ་བྱད་གསར་དུ་བླང་དུ་མི་བཏུབ་པས། ཡོ་བྱད་ཀྱང་ཚགས་སུ་ཚུད་པར་ བྱས། ཕྱོགས་སྐྱོང་གི་གཏོར་མ་རྒྱ་ཆེར་བཏང༌། བར་ཆད་མི་འཇུག་པར་གསོལ་བ་བཏབ་ པ་ལན་མང་དུ་བྱ། དེ་རྗེས་བགེགས་སྦྱང་བ་དང༌། སྡིག་པ་སྦྱང་བ་དང༌། ཁྲུས་གསོལ་དྲི་མ་ སྦྱང་བ་རྣམས་གལ་ཆེ། ཐོ་བརྩིགས་ཏེ་ཁྲོ་བོ་བདུད་རྩི་འཁྱིལ་བའི་སྔགས་དྲག་ཏུ་བཟླ། གུ་ གུལ་གྱིས་བདུག དེ་དག་གི་བར་བར་དུ་འབྱུང་པོ་སྤྱི་དང༌། གཞི་བདག་གཏོར་མ་ཡང་མང་ དུ་བཏང༌། བར་ཆད་བསྲུང་བ་དང་མཐུན་རྐྱེན་སྒྲུབ་པར་གསོལ་བ་བཏབ། དེ་དག་ནི་དཀྱིལ་ འཁོར་གཞན་གང་ཡང་རུང་བ་ལ་བསྙེན་པ་གྲངས་བསྙེན་ཙམ་སོང་ན། བདག་ཉིད་ཁོ་ནས་ བྱས་ཀྱང་རུང་ལ། མ་སོང་ན་སྦྱང་བ་གསུམ་པོ་དེ་བསྙེན་པ་སོང་བ་དམ་ཚིག་དང་ལྡན་པ་ གཞན་གྱིས་བྱེད་དགོས་སོ། །ཞག་ཤས་སྐྱབས་འགྲོ་སེམས་བསྐྱེད་དང་ཡིག་བརྒྱ་མང་དུ་ བཟླ། ཨ་མོ་གྷ་བཛྲ་གྱིས་མཛད་པའི་ལྷ་བཅུ་བདུན་མས་སྒྲུབ་ཐབས་དང༌། ལ་ལི་ཏིའི་གཞུང་ ཆུང་དུ་གྲགས་པའི་རོ་ལངས་བརྒྱད་སྐོར་གྱི་རྒྱ་གཞུང་དེའི་ལུགས་ལྟར་ན། ཁྲོ་བོ་བཅུའི་ བསྲུང་འཁོར་ཡང་ཞག་ཤས་སྒོམ་པ་ཡང་དགོས་པས་བསྙེན་པ་གཞན་རྣམས་དང་མཐུན་ པས་ལེགས་ཀྱང༌། དེང་སང་ལག་ལེན་ལ་མི་མཛད་ཅིང་མི་དགོས་སོ། །བསྙེན་པའི་སྔོན་ འགྲོའི་ཆོས་དེ་རྣམས་དཀྱིལ་འཁོར་འདིའི་བསྙེན་པ་ཐོག་མའང་ངེས་པར་གལ་ཆེ། བསྙེན་པ་ སྐྱར་མ་ལ་མཐའ་གཅིག་ཏུ་དགོས་པའི་ངེས་པ་མེད་པས། རིག་པས་ཇི་ལྟར་འོས་པ་དག་བྱའོ། ། འདི་མཆོག་སྒྲུབ་ཡིན་པས་ཁ་བལྟ་ཕྱོགས་གཙོ་མི་ཆེ་ཡང༌། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ 21-1-432 གྱི་རྒྱུན་ལ། རང་གི་གདོང་ལྷོ་ཕྱོགས་སུ་ལྟ་བ་ཁོ་ན་མཛད་ཅིང༌། བྲིས་སྐུ་དང་མཆོད་བཤམས་ ཕྱོགས་གང་བདེ་བ་ལ་བལྟས་པས་ཆོག་ཀྱང༌། སྒྲུབ་པ་པོ་རང་ཉིད་ལ་ཕྱོགས་པ་གཙོ་ཆེ། བསྙེན་པའི་གཏོར་མ་ནི་གསུམ་སྟེ། ཡི་དམ་གྱི་གཏོར་མ་དང༌། ཕྱོགས་སྐྱོང་བཅུ་དང༌། གཤིན་ རྗེ་ཆོས་ཀྱི་རྒྱལ་པོ་རྣམས་སོ། ། གསུམ་གར་ཡང་ཟླུམ་པོ་དམར་གཏོར་དུ་བྱ་སྟེ། མཆོད་པ་བཤམས་ཚུལ་སོགས་སྤྱི་དང་ མཐུན། དེ་རྗེས་བསྙེན་མཚམས་དམ་པོར་བསྡམས། ཐུན་དུ་བཅད་ནས་བསྒོམ་དགོས་པ་ལ། ཐུན་དང་པོ་ལ་སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་རེ་བྱ་སྟེ། ཐུན་ཕྱི་མ་རྣམས་ ལ་སྔར་ཡོད་གསལ་འདེབས་པའི་ཚུལ་མ་གཏོགས། གསར་དུ་བསྐྱེད་ཆོག་མི་དགོས་པའི་ ལུགས་ཀྱང་ཡོད་མོད། གསལ་སྣང་ལ་བརྟན་པ་མ་ཐོབ་པ་དང༌། ཐུན་མཚམས་སུ་ངག་སྨྲ་ བ་སོགས་ལ་དེ་མི་ལེགས་པས། མངོན་རྟོགས་ཐུན་རེ་བཞིན་བསྐྱེད། ཐུན་རེ་བཞིན་བསྡུ་བ་ ཡིན་པ་ལས། སྐྱབས་སེམས་དང་ཡིག་བརྒྱ་དང་རིགས་ལྔའི་སྡོམ་བཟུང་རྣམས་བཞག་ཀྱང་ ཆོག་སྟེ། དེ་དག་གཅིག་ཏུ་གསལ་བར་མ་གསུངས་པ་དང༌། དེ་རྣམས་བདུན་རྣམ་དག་དང་ ཚད་མེད་བཞིར་འདུས་པའི་ཕྱིར་ཞེས་བླ་མས་གསུངས། སོ་སོའི་ངག་འདོན་དང་དམིགས་པ་ རྣམས་མ་ཆད་པར་ཤར་གྱིས་བཏང་ལ། བཟླས་པའི་སྔོན་དུ་ལྷའི་རྣམ་པ་གསལ་བ་དང༌། ང་ རྒྱལ་བརྟན་པ་གཅིག་བསྐྱེད། དམིགས་པ་རྒྱས་པ་ནི་རྒྱ་སྟོན་གྱི་ཡི་གེ་དང༌། ཤོག་ཁྲ་དཔེའུ་ རིས་བྱས་པ་དེ་ཀ་རྭ་བའི་མན་ངག་ཐུན་མོང་མ་ཡིན་པར་སྣང་སྟེ། རྭ་ལོས་མཛད་པར་གྲགས་ པའི་འགྲེལ་པ་གསུམ་གྱི་དགོངས་པ་ཡང་དེ་ཀར་གདའ། ཁོ་བོའི་བླ་མ་བླ་ཆེན་རྣམས་ཀྱང་དེ་ ལྟར་བཞེད། ཕ་མེས་བླ་མ་རྣམས་ནི་རྭ་ནུབ་པའི་རྗེས་སུ་འབྲང་སྟེ། སྔགས་འཁོར་བསྡུས་པ་ འདི་ག་ཁོ་ན་མཛད། རྭ་ཤེས་རྒྱལ་གྱིས་བསྒྲིགས་པའི་རྭ་པོད་དུ་གྲགས་པ་ཡང་གསེར་པོད་ ཀྱི་དཔེ་རྣམས་ཉམས་པས་གསེར་འདྲའི་པོ་ཏི་བརྩམས་སོ་ཞེས་ལོ་རྒྱུས་ཅུང་ཟད་དང་བཅས་ 21-1-433 པ་གསུང་གིན་གདའ། འདི་པའི་ལུགས་ལ་མངོན་རྟོགས་རིམ་པ་ལྔ་དང༌། དཀྱིལ་ཆོག་ཡིད་ བཞིན་གཏེར་མཛོད་དང་རྟོག་བདུན་གྱི་རྐང་འགྲེལ་དུག་བཅོས་སྐོར་དང་བཅས་པ་རྣམས་ ཡི་གེ་སྔ་མ་མ་གཏོགས་པས་ཡིག་ཚབ་ཙམ་ཡིན་པར་བཞེད། འོན་ཀྱང་མན་ངག་དང་གསུང་ སྒྲོས་སྐྱོན་མེད་ཡིན་དུ་རུང་གསུངས། བདག་དེ་གཉིས་ལས་གཅིག་ཁོ་ནའི་ཕྱོགས་མི་འཛིན་ ཡང༌། འདི་ལྟར་ཉམས་ལེན་ཁྱེར་བདེ་བས་བསྡུས་པའི་ལུགས་ལྟར་ན། རང་གི་སྙིང་གར་ འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞི་བ། དེའི་ཐུགས་ཀར་རྡོ་རྗེ་ནག་པོ་རྩེ་ལྔ་པའམ་རྩེ་ དགུ་པ་རྭ་གདེངས་པ། དེའི་ལྟེ་བ་ཁོང་སྟོང་དུ་གནས་པ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ནག་པོ་མེ་འབར་བ་གཅིག་བསྒོམ། མཐའ་སྐོར་དུ་སྔགས་ཕྲེང་རྣམས་ཁ་དོག་ནག་པོ་མེ་ ལྕེ་དམར་པོ་འབར་བ། དེའི་ཕྱི་རོལ་ལ་འོད་ཟེར་སྣ་ལྔ་འཕྲོ་བ། སོ་སོའི་བཟླས་པ་ནི་ཅི་ནུས་ བཟླས་པའི་སྐབས། ས་བོན་ནི་སྔགས་འཕྲེང་དང་བཅས་པ་ལས་མེ་ལྕེ་འུར་གྱིས་འབར། རྡོ་ རྗེའི་རྭ་གསེབ་ནས་ཐོན། འཇམ་དཔལ་གྱི་སྐུའི་ཆ་ཐམས་ཅད་ནས་འཕྲོས། རྩ་ཞལ་ནས་མེ་ ལྕེ་མྱུག་མྱུག་བྱུང༌། མེ་གསེབ་ནས་སྔགས་ཀྱི་ཡི་གེ་མེ་འབར་བ་དཔག་ཏུ་མེད་པ་བྱུང༌། རྩ་ ཞལ་གྱི་མེ་ལྕེའི་རྩེ་ནས་སྔགས་ཀྱི་ཡི་གེ་དུ་བ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་ ཐམས་ཅད་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་རྣམས་ སྔགས་འཕྲེང་གི་རྣམ་པར་བསྡུས། རྩ་ཞལ་སོགས་སྔར་གྱི་ལམ་ནས་ཞུགས་ཏེ་སྔར་གྱི་ལམ་ ནས་ཐིམ་པས། མེ་ལྕེ་འབར་བ་དང༌། འོད་ཟེར་གྱི་རྐང་མཐིལ་ཡན་ཆད་གང༌། ལུས་སེམས་ ཐམས་ཅད་བདེ་བས་ཁྱབ་པར་བསམ། དེ་ཉིད་ཡང་ཡང་བསྒོམ། འདི་ནི་རྒྱུད་ཀྱི་རྒྱལ་པོ་ རྟོག་པ་བདུན་པ་ལས། དེ་ལྟར་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་དེ་བདག་ཉིད་ ཡིན་པར་བསྒོམས་ནས། ཤིན་ཏུ་མཉམ་པར་བཞག་པས་དཔའ་བོ་གནས་ལ་གནས་པའི་ རྣལ་འབྱོར་པས། ཕྱི་ནས་སྔགས་བཟླས་པར་བྱ་སྟེ། བཟླས་པའི་དུས་སུ་རང་གི་སྙིང་གར་ཉི་ 21-1-434 མའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་སྔགས་ཀྱི་རྣམ་པ་བསམ་ཏེ་འབར་བ་དང་ཕྱི་ནས་མ་ ཡེངས་པའི་ཡིད་ཀྱིས་བཟླས་པ་བྱའོ། །ཞེས་གསུངས་པ་དང་ཡང་མཐུན། རྩ་བརྒྱུད་ཀྱི་བླ་མ་ དང་མཁའ་དབྱིངས་གང་བའི་སངས་རྒྱས་ཐམས་ཅད་ཀྱིས་བཟླ་གྲོགས་མཛད་པ་ནི་སྤྱི་དང་ འདྲ། སྔགས་ཀྱི་བཟླས་ཚུལ་ནི། ཐུན་རེ་རེ་ལ་རིམ་ཅན་དུ། བཟླས་པའི་གོ་རིམ་དང༌། བསྙེན་ པ་ལ་འཇུག་པའི་གོ་རིམ་མོ། ། དང་པོ་ནི། དང་པོར་རྩ་སྔགས། བར་དུ་སྙིང་པོ། མཐར་ཉེ་སྙིང་ངོ༌། །གང་གཙོ་བོར་ བཟླ་བའི་མང་ཉུང་གི་ཁྱད་པར་མ་གཏོགས། ཐུན་གཅིག་ལ་གོ་རིམ་འདི་ཁོ་ནར་ངེས་སོ། ། མན་ངག་བསྡུས་པ་འདིའི་ལུགས་ལ། རྩ་སྔགས་བཟླ་བའི་སྐབས་ཧཱུཾ་ལ་རྩ་སྔགས་ཁོ་ནས་ བསྐོར། སྙིང་པོ་བཟླ་བའི་སྐབས་དེ་ཞུ་ནས་སྙིང་པོར་གྱུར་པ་སོགས། ཉེ་སྙིང་ལ་ཡང་རིགས་ འགྲེས། གཉིས་པ་བསྙེན་པ་ནི་དང་པོར། ཉེ་སྙིང་ལ་བར་དུ་སྙིང་པོ་ལ་མཐར་རྩ་སྔགས་ལ་ བྱེད། གྲངས་ཚད་ནི། སྔགས་བཏུས་པའི་རྟོག་པའི་སྐབས་སུ་གསུངས་པ་རྣམས་སྔོན་གྱི་གང་ ཟག་ལ་དགོངས་པ་ཡིན་ལ། ད་ལྟར་ནི་སྤྱི་དང་མཐུན་པར་སྙིང་པོ། ཉེ་སྙིང་གཉིས་ལ་འབྲུ་ འབུམ་དང༌། རྩ་སྔགས་ལ་བཞི་འབུམ་བཟླས་པའི་བསྙེན་པ་ཆུང་ངུ་སོང་སྟེ། དཀྱིལ་འཁོར་ འབྲི་བ་དང་། དབང་བསྐུར་བ་དང༌། སྦྱིན་སྲེག་དང༌། རབ་ཏུ་གནས་པ་དང༌། གཏོར་མ་ལ་ སོགས་པའི་ལས་ཚོགས་ཅི་རིགས་པ་སྒྲུབ་པ་ལ་དབང་ངོ༌། ། གསུམ་པོ་གང་རུང་རེ་ལ་བྱེ་བསྙེན་སོང་ན། སོ་སོའི་བསྙེན་པ་ཆེན་པོ་ཞེས་བྱ་སྟེ། བསྙེན་ པ་ཆུང་ངུས་གསུམ་ག་དང༌། གང་རུང་གཅིག་གིས་བསྙེན་པ་ཆེན་པོ་སོང་བས། ལས་མཐའ་ དག་སྒྲུབ་པ་ལ་དབང་ཞིང༌། གསུམ་ག་ལ་བསྙེན་པ་ཆེན་པོ་སོང་ན་ནི། ལས་ཐོགས་པ་མེད་ པ་འགྲུབ་པ་ཞེས་བྱའོ། །དངོས་གྲུབ་ཀྱི་དོན་དུ་ནི་ཚད་མེད་དོ། །ཞེས་གསུངས་ཡང༌། ལྷའི་ གསལ་སྣང་ལ་བརྟན་པ་ཐོབ་ན་ནི་བཟླས་པ་ཉུང་ཡང་དངོས་གྲུབ་འགྲུབ་ལ། དེ་མ་ཐོབ་ན་ 21-1-435 བཟླས་པ་བྱེ་བ་ཕྲག་བརྒྱའི་ཀྱང་དངོས་གྲུབ་མངོན་དུ་འགྱུར་བ་མ་ཡིན་ནོ། །དེ་བས་ན་དངོས་ གྲུབ་ཀྱི་དོན་དུ་བསམ་གཏན་བྱ། ལས་ཚོགས་ཀྱི་དོན་དུ་སྔགས་བཟླས་བྱ་བ་ཡང་ཕྱོགས་ གཅིག་ནས་དོན་ལ་གནས་སོ། །གྲངས་ཀྱི་བསྙེན་པ་གང་ཡང་རུང་བ་སྔོན་དུ་སོང་ནས། ཁ་ བསྐོང་གི་སྐབས་སུ། མཁའ་དབྱིངས་ཐམས་ཅད་ཡོངས་སུ་གང་བའི་དམིགས་པ་གསལ་ བཏབ་ལ། ཁམས་གསུམ་སྔགས་ཀྱི་སྒྲར་ཤེས་པའི་བཟླས་པ་བྱའོ། ། གཏོར་མ་འབུལ་བ་ནི། ཐུན་ཐམས་ཅད་ཀྱི་ཐ་མར་གཅིག་ཁོ་ན་འབུལ་ན། ནམ་ཕྱེད་ ཀྱི་དུས་སམ། སྲོད་ཀྱི་མཐར་འབུལ། ལན་གཉིས་འབུལ་ན། ཐུན་ཐོག་མཐའ་གཉིས་ལ་བྱ། ཐུན་ཐམས་ཅད་ལ་འགྲུབ་ན་ཤིན་ཏུ་ལེགས། ཐུན་གྲངས་ནི་ཇི་ལྟར་འདོད་པ་བྱས་ཀྱང་ཆོག་ པའི་སྐབས་ཡོད་དེ་ལག་ལེན་གསུམ་དང་བཞི་གཙོ་ཆེའོ། །ཁ་ཟས་བྱིན་རླབས་སོགས་མ་ ཆད་པ་དང་། ཐུན་མཚམས་ཐམས་ཅད་དུ་ཐ་མལ་མ་སོང་བ་སོ་སོའི་རྣལ་འབྱོར་ལ་གནས་པ་ གལ་ཆེའོ། ། འཕྲེང་བ་བྱིན་གྱིས་བརླབས་པ་ནི། མངོན་རྟོགས་དཀྱུས་མ་རྣམས་ནའང་གསལ་མོད་ ཀྱི། ཉིན་རེ་བཞིན་དང་ཐུན་རེ་བཞིན་དུ་བྱིན་རླབས་བསྡུས་པ་ནི། འོད་དཔག་མེད་ཀྱི་ངོ་བོ་ ཧྲཱིཿ ཡིག་དམར་པོ་འཕྲེད་དུ་བསྒྲགས་པ་ལས་བྱུང་བའི་མི་མགོ་ཁྲག་འཛག་པའི་དོ་ཤལ་དུ་ མོས། ཧྲཱཿཥྚི་སོགས་ལན་བདུན་ཙམ་བཟླས་ཏེ། དེ་ཙམ་གྱི་ཆོག །རྒྱས་པ་ནི་ཧྲཱིཿལས་བྱུང་བའི་ འོད་དཔག་མེད་དམ། འདོད་ཆགས་གཤིན་རྗེ་གཤེད་ཞལ་གསུམ་ཕྱག་དྲུག་པ་གང་རུང་དུ་ བསྐྱེད། སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབས། དབང་བཀུར་མཆོད་བསྟོད། ཞུ་ བ་ལས་མགོ་འཕྲེང་དུ་གྱུར་པར་མོས་ལ། གང་གཙོ་བོར་བཟླས་པའི་སྔགས་དེ་བརྒྱ་རྩ་བཟླ། སེན་མོ་ལྕགས་ཀྱུ་ལྟ་བུའི་ལྷའི་ཐུགས་ཀ་ནས་འདྲེན་པར་བསམ། འདི་ནི་སྔགས་སོ་སོའི་ བསྙེན་པ་འཕྲོ་མཚམས་སོགས་ལ་ལན་རེ་རེ་བྱའོ། །འདི་རྣམས་ཀྱི་གནད་ཕྲན་བུ་ཐན་ཐུན་ད་ 21-1-436 དུང་ཞལ་ལས་ཤེས་པར་བྱའོ། །ཞེས་པའང་མ་ཎི་པ་སོགས་དོན་དུ་གཉེར་བ་མང་པོས་སྔ་མོ་ ནས་བསྐུལ་བ་དང༌། ཁྱད་པར་ས་སྐྱོང་ཆོས་བཞིན་པ་ནམ་མཁའི་ཚེ་དབང་ཕུན་ཚོགས་ཀྱིས་ བཀས་བསྐུལ་ནས་ཏཱ་ར་ནཱ་ཐས་འཕྲལ་དུ་སྨྲས་པའོ།། །།མངྒ་ལཾ། 21-1-437 ༄༅། །བསྙེན་པ་བྱེད་ཚུལ་བཞུགས། ༄༅། །ན་མོ་གུ་རུ། ལར་བྱིན་རླབས་ཀྱི་རྩ་བ་ཡིན་པས། བླ་མ་ལ་གསོལ་བ་ཐོབ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཡིན་པའི་ལྷ་སྒོམས་སྔགས་བཟླས་ལ་འབུངས། གནས་ལུགས་ སྤྲོས་བྲལ་ཡིན་པས། འཛིན་མེད་ལྷུག་པར་ཞོག འཁོར་བ་སྡུག་བསྔལ་ཡིན་པས། གང་ ལའང་སྲེད་པ་སྤོང༌། འགྲོ་དྲུག་ཕ་མ་ཡིན་པས། བྱམས་དང་སྙིང་རྗེ་སྒོམས། བསྙེན་པའི་ སྐབས་འདིར་སྙིང་གར་སྔགས་འཁོར་ཆེན་མོ་ཞིག་བསྒོམ་པར་བཤད་ཅིང༌། ཡིག་རྙིང་ལ་ སོགས་པ་ཞིག་ཀྱང་ཡོད་མོད་ཀྱི། དམིགས་པ་གསལ་ཐེབས་པ་དཀའ་བས་ད་ལྟ་ལག་ལེན་ དུ་མི་མཛད། གཞན་ཡང་དམིགས་པ་འདྲ་མིན་དུ་མ་འདུག་སྟེ། དཀྱུས་ཀྱི་ལག་ལེན་ལ་ འདེབས་རྒྱུ། སྙིང་གར་འཇམ་དཔལ། དེའི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པ་གསལ་ཐེབས་ན་འདི་ རང་སྒོམ། མི་གསལ་ན་སྙིང་ཁའི་འཇམ་དཔལ་ཞི་བ་རྡོ་རྗེར་བསྒོམ། གང་ལྟར་ཡང་རྡོ་རྗེའི་ ལྟེ་བར་ཉི་གདན་ལ་ཧཱུཾ། དེའི་མཐའ་སྐོར་དུ་བཟླས་པ་གང་བྱེད་ཀྱི་སྔགས་འཕྲེང་གི་བསྐོར་བ་ སྟེ། དེའི་ཡིག་འབྲུ་རྣམས་མགོ་གྱེན་བལྟས་ཁ་ནང་བསྟན་མདུན་ནས་གཡས་སྐོར་དུ་འགོད་ པས་མདོག་སྔོན་པོ་ཡིན། དེ་ལས་འོད་ཟེར་འཕྲོས་ལུས་གང༌། བ་སྤུའི་ཁུང་བུ་ནས་སོང༌། སྣང་བ་ཐམས་ཅད་ཁྱབ། འཕགས་པ་རྣམས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ ནས་སྙིང་ཁའི་ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཐིམ། ཞལ་དགུ་ཁར་ནས་སྔགས་ བཟླས་ཤིང༌། ཁམས་གསུམ་སྣོད་བཅུད་ཐམས་ཅད་ལ་སྔགས་ཀྱི་སྒྲ་འབྱུང་བ་ཙམ་བསྒོམ། དེ་ལྟར་ན་རང་ཉིད་ཡི་དམ་གྱི་སྐུར་གསལ་བ་ཙམ་ལ་སེམས་གཏད་ནས། སྔགས་ཉེར་གཅིག་ སོགས་བརྒྱ་ཙམ་རེ་བཟླས། དེ་ནས་སྙིང་ཁའི་སྔགས་འཁོར་ལ་ཀློག་པའི་ཚུལ་གྱི་དེ་ཙམ་རེ་ 21-1-438 བཟླས། དེ་ལས་འོད་ཟེར་སྤྲོ་བསྡུས་ལ་དེ་ཙམ་རེ་བཟླས། དེ་རྗེས་ཞལ་དགུ་དང་སྣང་སྲིད་ ཐམས་ཅད་ལས་རང་སྒྲ་བྱུང་བར་བསམ་ནས་བཟླ། ཧྲཱིཿཥྚཱིཿལྟ་བུ་ལ་དཔེར་མཚོན་ན། སྔགས་ ཕྲེང་སྐོར་གཅིག་ལ་དམིགས་པ་བཞི་པོ་དེ་ཚར་རེ་ཙམ་འགྲོ་བར་བྱེད། དེས་གཞན་གཉིས་ ལའང་མཚོན། བྱེ་བསྙེན་སོང་ནས་ཉེར་སྒྲུབ་བྱེད་ན། སྔར་གྱི་འཕྲོ་ལ་གང་བྱས་ཀྱང་རུང༌། བར་དེ་མཚམས་བཅད་སོང་ནས། སླར་ཡང་ཉེར་སྒྲུབ་ལ་ཞུགས་ཀྱང་ཆོག །དེ་ཁྱད་པར་ མེད་པ་ལགས། ཞེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ། །ཐར་པ་རུ་དབུ་མཛད་བློ་བཟང་པས་ལོ་ མཚམས་བྱས་དུས་རྟག་བརྟན་ནས་གནང་བ་ཡིན་ལགས། ༈ ཡང་འཇིགས་མཛད་ཀྱི་བསྲེག་བླུགས་བསྡུས་པའི་མཇུག་ཏུ་བྱུང་བ་ནི་འདི་ལྟར། སྔ་ དྲོའི་ཐུན་ལ་སྐྱབས་འགྲོ་སེམས་བསྐྱེད། ཡིག་བརྒྱ་ཉི་ཤུ་རྩ་གཅིག་ཙམ་བྱེད། ཐུན་གཞན་ འཚོལ། དེ་ཚེ་ཚར་གསུམ་རེས་ཆོག །བཟླས་པའི་སྐབས་རང་གི་བཟླས་པས་བླ་མ་ཡི་དམ་ སངས་རྒྱས་བྱང་སེམས་ནམ་མཁའ་ཁེངས་པས་བཟླ་རོགས་མཛད་པར་མོས། ཡ་མཱནྟ་ཀ་ལ་ འབུམ་ཕྲག་བདུན། ཧྲཱིཿཥྚཱི་འབུམ་ཕྲག་བཅུ་བཟླ་དགོས། ཡ་མ་ར་ཛ་ལ་བཟླ་ན་འབུམ་ཕྲག་ གསུམ། ཐུན་མཚམས་སུ་རང་ཕྱག་གཉིས་པ་གཙོ་བོའི་ཐུགས་ཀ་ནས་སྤྲོས་པར་བསམ། གཏོར་ཆོག་སྲོད་ཐུན་ཁོ་ན་ལ་བྱས་པས་ཆོག །རྨི་ལམ་བཟང་བཟང་འདྲ་བ་ལ་དགའ་བ་ཡང་ མི་བྱ། འཚུབ་པ་བྱུང་ན་བླ་མའི་གསོལ་འདེབས་དང༌། སྒྱུ་མ་རྨི་ལམ་ལྟ་བུར་ཤེས་པ་ལ་ནན་ ཆགས་བྱ། བཀྲ་ཤིས། 21-1-439 ༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱུད་ཀྱི་ རྒྱལ་པོ་ཞེས་བྱ་བ་བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་བ་ཏན་ཏྲ་ཀྲོ་དྷ་རཱ་ཛ་ན་མ། བོད་སྐད་དུ། དཔལ་ རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱུད་ཀྱི་རྒྱལ་པོ་ཞེ་བྱ་བ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི། །སྒྲུབ་པ་ཡང་དག་རབ་ བཤད་དེ། །དེས་ནི་ལྷ་རྣམས་ཐམས་ཅད་ལ། །དྲག་ཤུལ་ཆེ་ཤིང་འཇིགས་པར་བྱེད། །དེ་ ལ་ཐོག་མར་སྔགས་པས་ཡིད་དུ་འོང་བའི་གནས་གང་ཡང་རུང་བར་གནས་ལ། དགོས་པ་ ཐམས་ཅད་བསྒྲུབ་པར་བྱའོ། ། དེ་ལ་གནས་བསྲུང་བ་ནི། དུར་ཁྲོད་དམ། ཆུ་ཀླུང་གི་འགྲམ་མམ། ཤིང་གཅིག་གམ། མཚན་མ་གཅིག་པའམ། གཞི་མདོའམ། རིའི་རྩེ་མོའམ། ཁང་སྟོང་ངམ༌། མ་མོའི་ཁྱིམ་མམ། ལྷའི་ཁང་པའམ། འཐབ་མོའི་གནས་སམ། གྲོང་ཁྱེར་རམ། ནགས་ཁྲོད་དམ། གྲོང་བར་ལ་ སོགས་པའི་གནས་སྔགས་པ་གནས་ཏེ། འཇིགས་བྱེད་ཆེན་པོའི་རྒྱུད་འདིར་དབང་བསྐུར་ བའི་རྣལ་འབྱོར་བས། དབང་དང༌། དགུག་པ་དང༌། བསད་པ་དང༌། བསྐྲད་པ་དང༌། དབྱེ་ བ་དང༌། རེངས་པ་དང༌། རལ་གྲི་དང༌། མིག་སྨན་དང༌། ས་འོག་དང༌། རི་ལུ་དང༌། རོ་དང༌། བཅུད་ཀྱིས་ལེན་པ་དང༌། ནོར་དང༌། འབྱུང་པོ་དང༌། རོ་ལངས་དང༌། ཤ་ཟ་དང༌། གནོད་ སྦྱིན་དང༌། གནོད་སྦྱིན་མོ་དང༌། ཀླུ་ལ་སོགས་པ་ཆོ་ག་འདིས་བསྒྲུབ་པར་བྱའོ། །དེ་ལ་ཆོ་ག་ ནི། དང་པོར་རེ་ཞིག་སྔགས་པའི་མི་རོ་བསྲེགས་པའི་ཐལ་ཆེན་གྱིས་ལུས་བྱུགས་ཏེ། མཚན་ ཕྱེད་ན་གཅེར་བུ་སྐྲ་གྲོལ་བར་བྱས་ལ། མ་ཧེའི་གདོང་ཅན་གྱི་རྣལ་འབྱོར་གྱི་ཀུན་ཏུ་སྤྱོད་པས་ 21-1-440 དུར་ཁྲོད་ལ་སོགས་པར་དཀྱིལ་འཁོར་བྲི་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་ རྣམ་པར་བརྒྱན། །དྲིལ་བུ་དར་གྱི་འཕན་ལ་སོགས། །མེ་ཏོག་འཕྲེང་བས་རྣམ་པར་བརྒྱན། ། གྲྭ་རྣམས་དག་ནི་ཐམས་ཅད་དང༌། །སྒོ་ཁྱུད་ཀྱི་ནི་ཐིགས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་ སྤྲས་པའི། །ཟླ་བ་ཕྱེད་པའང་དེ་བཞིན་ནོ། །དེ་དབུས་འཁོར་ལོ་བྲི་བ་ནི། །རེ་མིག་དགུ་པ་ ཚོམ་བུའོ། །སྒོ་གཅིག་པ་ནི་དབྱེ་བར་བྱ། །ལྷག་མ་ཡོངས་སུ་བཅད་པར་བྱ། །དེ་དབུས་མི་ རོ་བྲི་བར་བྱ། །ཤར་དུ་མགོ་བོ། ལྷོར་ལག་པ། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་པ། ཤར་གྱི་གྲྭར་ ཐོད་པ། ལྷོར་ཐོད་ཚལ། ནུབ་ཏུ་དུར་ཁྲོད་ཀྱི་རས། བྱང་དུ་སྐྱེས་བུ་གསལ་ཤིང་ལ་བཙུགས་ པའོ། །འདི་དག་ནི་འཁོར་ལོའི་དབུས་སུ་མཚན་མའི་ཕྱག་རྒྱའོ། །དེ་ནས་འཁོར་ལོའི་ཕྱི་རོལ་ གྱི་ཕྱག་རྒྱ་རྣམས་ནི། ཤར་ཕྱོགས་ཀྱི་སྣམ་བུ་དག་ལ། གྲི་གུག་དང༌། མཚོན་རྩེ་གཅིག་པ་ དང༌། གཏུན་ཤིང་དང་། ཆུ་གྲི་དང༌། རྡོ་རྗེ་རྩེ་གཅིག་པ་དང༌། ལྕགས་ཀྱུ་ལ་སོགས་པ་བྲིའོ། ལྷོ་ ཕྱོགས་ཀྱི་སྣམ་བུ་ལ། སྟ་རེ་དང༌། མདའ་དང༌། ཁ་ཊྭཾ་ག་དང༌། དབྱུག་ཏོ་དང༌། འཁོར་ལོ་དང༌། རྡོ་རྗེ་ཞགས་པ་ལ་སོགས་པ་བྲིའོ། །ནུབ་ཀྱི་སྣམ་བུ་ལ། རྡོ་རྗེ་དང༌། རྔེའུ་ཆུང་དང༌། ཕུབ་དང༌། གཞུ་དང༌། དྲིལ་བུ་དང༌། རླུང་གི་རས་ལ་སོགས་པ་བྲིའོ། །བྱང་གི་སྣམ་བུ་ལ། སྡིགས་འཛུབ་ དང༌། འཕན་རྩེ་གསུམ་པ་དང༌། གླང་པོ་ཆེའི་ལྤགས་པ་དང༌། རྡོ་རྗེ་ཐོ་བ་དང༌། མདུང་དང༌། མེ་ཐབ་ལ་སོགས་པ་བྲིའོ། །སྒོ་བཞི་དང་གྲྭ་བཞིར་རོ་ལངས་ཆེན་པོ་བྲིའོ། །གལ་ཏེ་མཆོག་གི་ དངོས་གྲུབ་འདོད་ན། མར་ཁུ་ཆེན་པོའི་མར་མེ་འབུལ། མི་དང༌། བོང་བུ་དང༌། རྔ་མོང་དང༌། ཁྱི་དང༌། ཝ་དང༌། མ་ཧེ་དང༌། གླང་པོ་དང༌། བ་གླང་དང་ལུག་དང༌། རི་དྭགས་དང༌། ཕག་ལ་ སོགས་པའི་ཤ་རྣམས་དབུལ་བར་བྱའོ། ། གཞན་ཡང་བྱ་རྒོད་དང༌། འུག་པ་དང༌། བྱ་རོག་དང༌། ཁྲ་དང༌། ཆུ་སྐྱར་དང༌། ཐིང་རིལ་ དང༌། བཞད་དང༌། རྨ་བྱ་དང༌། རི་སྐེག་དང༌། བྱ་ཆེན་པོ་ལ་སོགས་པའི་ཤ་རྣམས་དབུལ་ 21-1-441 བར་བྱའོ། །ཤིན་ཏུ་མཉམ་པར་བཞག་པས། བཟའ་བ་དང༌། སྟོན་མོ་དང༌། སྦྱིན་སྲེག་དང༌། གཏོར་མའི་ལས་བྱའོ། །དཀྱིལ་འཁོར་གྱི་གྲྭ་ཐམས་ཅད་དུ་ཁྲག་གི་ཆག་ཆག་བྱའོ། །དཔལ་ རྡོ་རྗེ་འཇིགས་བྱེད་མ་ཧེའི་གདོང་གི་སྦྱོར་བ་ལ་གནས་པས་ལྷ་བཤོས་ཐམས་ཅད་དབུལ་བར་ བྱའོ། །ཕྱི་ནས་སྔགས་པ་སྔོན་དུ་བསྙེན་པ་བྱས་པས་བདག་དང་ཤིན་ཏུ་མཐུན་པ་བཞིའམ། བདག་གཅིག་པུ་རྣམ་པར་སྣང་མཛད་ཀྱིས་ལུས་བྱུགས་གཅེར་བུར་ཕུད་སྐྲ་སིལ་ལ། མཚན་ ཕྱེད་ན་ཅང་ཏེའུ་དཀྲོལ་པས། ཧ་ཧ་ཞེས་བྱ་ཞིང་ཤིན་ཏུ་མཉམ་པར་བཞག་སྟེ། རྡོ་རྗེ་འཇིགས་ བྱེད་ཆེན་པོའི་དཀྱིལ་འཁོར་དུ་དངོས་གྲུབ་འདོད་པས་འཇུག་པར་བྱའོ། ། རབ་ཏུ་ཞུམ་པའི་ཆང་ལ་སོགས་པ་བཏུང་བ་དང༌། བཟའ་བའི་རོ་རྣམས་དབུལ་བར་ བྱའོ། །ཕྱི་ནས་དེའི་དབུས་སུ་འདོད་པའི་དངོས་གྲུབ་དམིགས་ཏེ། དེའི་སྟེང་དུ་དཔལ་རྡོ་རྗེ་ འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་བསམ་པར་བྱའོ། །དེའི་མདུན་དུ་གཡས་བསྐུམ་དུ་ གནས་ལ་ང་རྒྱལ་དང་བཅས་པས། སེམས་རྩེ་གཅིག་ཏུ་ཤིན་ཏུ་མཉམ་པར་བཞག་པས་ཡི་ གེ་བཅུ་པའི་སྔགས་བཟླ་བར་བྱའོ། །དེ་ནས་འཇིགས་པ་ཆེན་པོ་བྱུང་ན། དེ་ལ་སྔགས་པས་ འཇིགས་པར་མི་བྱ་སྟེ། གལ་ཏེ་འཇིགས་པར་གྱུར་ན་དེ་ལ་བགེགས་ཆེན་པོའི་བར་ཆད་ འབྱུང་ངོ༌། །བར་ཆད་བྱུང་ན་དངོས་གྲུབ་མི་འགྲུབ་པའོ། །དེའི་ཕྱིར་སྔགས་པས་འཇིགས་པར་ མི་བྱ་སྟེ། དེ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དགྱེས་སོ། །དགྱེས་ནས་ཁྱོད་ལ་མཆོག་ཅི་ ཞིག་སྦྱིན་ཞེས་གསུངས་པ་དང༌། དེ་ལ་རིག་འཛིན་གྱིས་སྨྲས་པ། རལ་གྲི་དང༌། ས་འོག་དང༌། མིག་སྨན་དང༌། རོ་དང༌། བཅུད་ཀྱིས་ལེན་པའམ། གཞན་ཡང་ཡིད་ལ་འདོད་པའི་དངོས་ གྲུབ་བདག་ལ་ངེས་པར་སྩོལ་ཅིག་ཅེས་བརྗོད་ན། དེ་ལ་ཐེ་ཚོམ་མེད་པར་སྩོལ་ལོ། །གལ་ཏེ་ སྔགས་པས་མཆོག་མ་གྲུབ་ཀྱང༌། དེ་ཡིས་ཕྲ་མོའི་ལས་ཐམས་ཅད་ངེས་པར་འགྲུབ་བོ། །འདི་ ནི་འཇམ་དཔལ་མཆོག་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོའི་སྦྱོར་བའི་རྒྱུད་ལས་དཀྱིལ་ 21-1-442 འཁོར་བསྟན་པ་སྟེ། རྟོག་པ་དང་པོའོ། ། དེ་ནས་ལས་ཀུན་གྱི་རྗེས་སུ་འབྲང་བའི་དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱིན་པའི་ཆོ་ག་ བཤད་དེ། དེ་ལ་རིམ་པ་ཇི་ལྟ་བ་བཞིན་དུ། བསད་པ་དང༌། བསྐྲད་པ་ལ་སོགས་པ་སྔགས་པ་ ཁྲོས་པས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྦྱོར་བ་ལ་གནས་པས་བྱ་སྟེ། དང་པོར་རེ་ཞིག་ སྔགས་པས་བསད་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལ་ནི་སྔགས་དང་ལྷའི་སྦྱོར་པ་དང་ ལྡན་པས། ཐོག་མར་ནི་དེ་བྱ་སྟེ། དེའི་སྦྱོར་བ་གཙོ་བོ་ཡིན་པའི་ཕྱིར་རོ། ། དེ་ལ་འདི་ཡི་ལས་ནི་ཇི་ལྟར་བསད་པར་འདོད་པས་སྔགས་པས་དུར་ཁྲོད་ཀྱི་རས་ལ། དུག་དང༌། ཁྲག་དང༌། ལན་ཚྭ་དང༌། སྐེ་ཚེ་དང༌། ནིམ་པ་དང༌། དྷ་དྷ་དུ་རའི་དང་ཁུ་བ་ཡིས་ རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོ་ལེ་ཚེ་བཅུ་དྲུག་པ་དང༌། བྱ་རོག་ཆེན་པོའི་སྒྲོ་རྩའི་སྙུ་ གུའམ། མིའི་རུས་པའི་སྙུ་གུས། གཅེར་བུ་སྐྲ་བཤིག་པ། ཁ་ལྷོར་བལྟས་ཏེ་མ་ཧེའི་གདོང་ཅན་ གྱི་སྦྱོར་བས་བྲི་བར་བྱའོ། །མེ་གཉིས་ཀྱི་དབུས་སུ་སྒྲུབ་བྱའི་མིང་དང་བཅས་པར་བཞག་ལ། དེ་ཡི་གེ་བཅུ་པས་བསྐོར། ཧཱུཾ་བརྒྱད་ཀྱང་བྲི། ཐུར་དུ་ཕཊ་བརྒྱད་བྲི། བདག་ཉིད་ཚ་བའི་མར་ གྱིས་ལུས་བྱུག་ལ། ཐོད་པ་གཉིས་ཀྱི་བར་དུ་འཁོར་ལོ་བཅུག་ལ། སྒྱེད་བུ་གསུམ་གྱི་སྟེང་དུ་ བཞག་ལ། དུར་ཁྲོད་ཀྱི་མགལ་བས་མེ་རབ་ཏུ་སྦར་ཏེ། རྐང་པ་གཡོན་པས་མནན་ལ། ཡི་གེ་ བཅུ་པའི་སྔགས་བཟླས་སོ། །དེ་ཡིས་སྐད་ཅིག་གིས་ཐེ་ཚོམ་མེད་པར་འཆིའོ། ། གཞན་ཡང་རིམས་ཀྱིས་ཐེབས་པར་འདོད་ན། འཁོར་ལོ་དེ་ཉིད་མིའི་ཉ་ཕྱིས་གཉིས་ ཀྱི་དབུས་སུ་ལེགས་པར་བཞག་ལ། མེ་དུར་གྱི་འོག་ཏུ་བཅུག་ན་རིམས་ནད་ཀྱིས་འཛིན་ཏོ། ། དེ་ལེ་ཚེ་བཅུ་དྲུག་པའི་འཁོར་ལོ་རབ་ཏུ་སྦྱོར་བ་གཞན་གསུངས་དེ། འོན་ཀྱང་འདི་ཡི་ཁྱད་ པར་ནི། ཡི་གེ་སུམ་ཅུ་རྩ་གཉིས་པའི་སྔགས་དང་ལྡན་པ། ཡི་གེ་བཅུ་པའི་སྔགས་བསྒྲུབ་ བྱའི་མིང་དང་བཅས་པ་ལྷན་ཅིག་ཏུ་ཡི་གེ་དང་སྔགས་སྤེལ་བ་དགོད་དོ། །སྔོན་དུ་གསུངས་ 21-1-443 པའི་རྫས་དང་ལྷན་ཅིག་ཏུ་བྱ་རོག་གིས་ཟས་བཏོགས་པའི་ལྷག་མ་མི་གཙང་བ་དང༌། རྣམ་ པར་སྣང་མཛད་དང་ལྷན་ཅིག་དུར་ཁྲོད་ཀྱི་རས་ལ་བྱུགས་ཏེ། དེ་ལ་སྔོན་དུ་གསུངས་པའི་ཆོ་ གས་འཁོར་ལོ་བྲིས་ཏེ། དུར་ཁྲོད་དུ་སྦས་ན་འཆི་བར་འགྱུར་རོ། །ཤིང་གཅིག་གི་དྲུང་སྦས་ན་ སྐྲོད་པར་འགྱུར་རོ། །མཚན་མ་གཅིག་པར་སྦས་ན་དབྱེ་བར་འགྱུར་རོ། །ཆུའི་ནང་དུ་སྦས་ན་ རེངས་པར་འགྱུར་རོ། ཁྱིམ་དུ་བཞག་ན་ཞི་བར་འགྱུར་རོ། །ཕྱུང་ནས་ལེགས་པར་བཀྲུས་ནས་ གྲོལ་བར་འགྱུར་རོ། །གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ། གཤིན་རྗེའི་འཁོར་ལོ་སྔོན་གྱི་ ཆོ་གས་དུར་ཁྲོད་ཀྱི་རས་ལ་བྲིས་ཏེ། དུར་ཁྲོད་དམ། ལམ་བཞི་མདོ་དང༌། ཤིང་གཅིག་དང༌། གྲོག་མཁར་དང༌། ཆུ་འགྲམ་དང༌། མཚན་མ་གཅིག་པ་དང་། རྒྱལ་པོའི་སྒོ་ཁང་དང༌། རྣམ་ པར་སྣང་མཛད་དང༌། རྡོ་རྗེའི་ཆུ་དང༌། དུར་ཁྲོད་ཀྱི་སོལ་བར་བསྒྲུབ་བྱའི་གཟུགས་བརྙན་ སོར་བརྒྱད་པ་བྱས་ལ། དེའི་སྙིང་གར་སྔགས་བཅུག་སྟེ། མའི་རུས་པའི་ཕུར་བུ་གནས་ལྔ་ རུ་གདབ་པར་བྱའོ། །ཚིགས་ཐམས་ཅད་ལ་ཚེར་མ་རྣོན་པོས་དགང་བར་བྱའོ། །དེ་ཐོད་པ་ གཉིས་ཀྱི་དབུས་སུ་བཅུག་སྟེ། དེར་གྲོག་མཁར་དང་གནས་བདུན་གྱི་ས་ཡིས་གཤིན་རྗེའི་ གཟུགས་གྲུ་གང་ཙམ་ཞལ་གཙིགས་པ། གསུས་པ་ཆེ་བ། ཞལ་གཅིག་པ། ཕྱག་གཉིས་པ། ཕྱག་ན་རལ་གྲི་དང་ཞགས་པ་འཛིན་པ། གཅེར་བུ་སྐྲ་སིལ་བུར་བྱས་པ། དེའི་སྙིང་གར་ཐོད་ པ་གཉིས་བཅུག་སྟེ། ཉི་མ་ཕྱེད་དམ་ནམ་ཕྱེད་ནམ་དུར་ཁྲོད་དམ། རོ་བསྲེགས་པའི་སར་སྦ་ སྟེ། ཤིན་ཏུ་རིང་བར་བརྐོས་ཏེ་མགོ་ལྷོར་བསྟན་ལ། ཁ་ཐུར་དུ་སྦུབ་ལ་སྦའོ། །ཁྱིམ་དུ་འོངས་ པ་དང༌། ཤིན་ཏུ་ང་རྒྱལ་དང་ལྡན་པས་མ་ཧེ་གདོང་གི་སྦྱོར་བས་བསྒྲུབ་བྱའི་མིང་དང་བཅས་ པའི་ཡི་གེ་བཅུ་པའི་སྔགས་བཟླས་པར་བྱས་ན་ཉི་མ་གསུམ་གྱིས་འཆིའོ། །བྱུང་ནས་དཀྲུས་ ན་ཐར་པར་འགྱུར་རོ། ། དེ་ནས་རེངས་པའི་རབ་ཏུ་སྦྱོར་བར་གསུངས་ཏེ། ཏེའུ་ལོ་བའི་ལྤགས་པ་དུག་ལ་སོགས་ 21-1-444 པའི་རྫས་ཀྱིས་ཡི་གེ་བཅུ་པའི་སྔགས་བྲིས་ལ། ལྤགས་པ་དེ་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་ དང༌། གཅིན་བཏང་བའི་ཤུལ་གྱི་སས་བཀང་ལ། བསྒྲུབ་བྱ་དེའི་སྐྲས་བཅིང་བར་བྱའོ། །ཕྱི་ ནས་བོང་བུའི་གཅིན་དང༌། རྣམ་པར་སྣང་མཛད་དང་ལྷན་ཅིག་ཏུ་བརྫིས་ལ། བླུག་མ་ཡང་ དག་པར་དགང་བར་བྱ་སྟེ། དེ་རུ་འཁོར་ལོ་བཅུག་ལ་རོ་བསྲེགས་པའི་མེ་ལ་བཞག་སྟེ། རྐང་ པ་གཡོན་པས་མནན་ལ། གཤིན་རྗེའི་སྦྱོར་བས་ཡི་གེ་བཅུ་པའི་སྔགས་བཟླས་པ་བྱས་ན་ ཞག་གཅིག་གིས་རེངས་པར་བྱེད་དོ། །འདི་ནི་ཕྱིས་མི་འགྲུབ་པའི་རབ་ཏུ་སྦྱོར་བའོ། །སྔགས་ པ་ཤིན་ཏུ་ཁྲོས་པས་རབ་ཏུ་སྦྱོར་བ་བྱའོ། ། གཞན་ཡང་དབྱེ་བའི་རབ་ཏུ་སྦྱོར་བ་ནི། གཤིན་རྗེ་འཁོར་ལོ་སྔོན་གྱི་ཆོ་གས་བྲིས་ལ། གནས་བདུན་གྱི་སས་མ་ཧེ་དང་རྟ་བྱས་ལ། དེ་གཉིས་གཅིག་གི་སྟེང་དུ་གཅིག་བཞག་ལ། དེ་ གཉིས་ཀྱི་སྙིང་གར་འཁོར་ལོ་བཅུག་སྟེ། ནིམ་པའི་ཤིང་དྲུང་དུ་སྦའོ། །འཁོར་ལོ་ཡང་མ་ཧེ་ དང་རྟའི་ཁྲག་གིས་བྲིས་ཏེ། ཤིན་ཏུ་མཉམ་པར་བཞག་པས་ཞག་གསུམ་གྱིས་འབྱེད་པར་ བྱེད་དོ། །དེ་ནས་སྔགས་པས་བསྐྲད་པར་འདོད་ན། གནས་བདུན་གྱིས་ས་རྔ་མོའི་གཟུགས་ བྱས་ལ། དེ་ཡི་རྒྱབ་ཏུ་ཡི་གེ་ཡཾ་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པའི་རྣམ་ པ་དམིགས་ཏེ། དེའི་སྟེང་དུ་བསྒྲུབ་བྱ་དམིགས་ལ། དེ་ཡི་རྒྱབ་ཏུ་གཤིན་རྗེའི་གཟུགས་ལག་ པས་དབྱུག་པ་འཛིན་པ་དམིགས་ལ། དེའི་དབྱུག་པས་བརྡེག་ཅིང་ཁ་ལྷོར་བལྟས་ནས་འཁྲིད་ པར་རྣམ་པར་བསམ་པར་བྱའོ། །འཁོར་ལོ་དེ་དེའི་སྙིང་ཁར་གོང་དུ་གསུངས་པའི་ཆོ་གས། བསྒྲུབ་བྱའི་མིང་དང་སྤེལ་བ་ཡང་དག་པར་བྲིས་ལ་བཅུག་ན་ཞག་བདུན་གྱིས་ཐེ་ཚོམ་མེད་ པར་སྐྲོད་པར་འགྱུར་རོ། ། དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ། ཉི་མའི་ཚེས་ལ། གཏུམ་པོའི་ལུས་ཚ་ བའི་མར་ཁུས་བྱུགས་ལ། ནིམ་པའི་ཤིང་ལ་འཛེགས་ནས་དེར་བཞག་ལ། དེའི་ལུས་ཀྱི་མར་ 21-1-445 ཁུ་ཉ་ཕྱིས་ཀྱི་བཞུར་ལ་དེར་གནས་པ་བཟུང་ངོ༌། །མར་ཁུ་དེ་བླངས་ནས་ལྷ་ཆེན་པོའི་རྒྱལ་ མཚན་སྔོན་པོའི་རས་སམ། དེ་མ་རྙེད་ན་དཀར་པོ་བླངས་ལ། བསྲེག་པའི་བར་གྱི་དུ་བའི་ དྲེག་པ་དེ་དང་མར་ཁུ་དེ་གཅིག་ཏུ་བྱས་ལ། བསྐྲད་པར་འདོད་པ་དེའི་ལྷམ་ལ་དེ་བསྐུ། དེའི་ ལག་པ་དང་རྐང་པ་གཉིས་ལ་ཡང་བྱུགས་ན། སྐད་ཅིག་གིས་སྐྲོད་དོ། །དེ་ནས་གཞན་ཡང་ རབ་ཏུ་སྦྱོར་བ་གསུངས་པ་ནི། དུར་ཁྲོད་ཀྱི་རས་སམ། གྲོ་གའི་ལོ་མ་ལ་རླུང་གི་དཀྱིལ་འཁོར་ དུར་ཁྲོད་ཀྱི་གསོལ་བ་དང་བྱ་རོག་གི་ཁྲག་དང་བྱ་རོག་གི་རྐང་གི་སྙུ་གུས་བྲི་བར་བྱ་སྟེ། རླུང་ གི་དཀྱིལ་འཁོར་གྱི་དབུས་སུ་བསྒྲུབ་བྱའི་མིང་དང་སྤེལ་ལ། གཏོར་མ་ཟ་བའི་མགྲིན་པར་ བཅིངས་ལ། བྱ་རོག་བཟུང་ནས་མ་ཧེའི་གདོང་གི་སྦྱོར་བས་གནས་པས་ཁ་ལྷོར་བལྟས་ལ་ བཏང་སྟེ། དེ་སྐད་ཅིག་གིས་བྱ་རོག་བཞིན་ས་ཀུན་ཏུ་སྐོར་རོ། ། གཞན་ཡང་བསྐྲད་པ་ནི། ཚ་བའི་མར་ཁུས་བསྐུས་ལ། ནིམ་པའི་ཤིང་ལས་གཏོར་མ་ ཟ་བའི་ཚད་རྐྱང་ལ། ཚད་དེ་བའི་ནགས་ཀྱི་ཤིང་གི་མེས་བསྲེགས་པའི་ཐལ་བ་དེ་བླངས་ལ། གང་གི་མགོར་བླུགས་པ་དེ་བསྐྲོད་པར་འགྱུར་རོ། །གཞན་ཡང་དབྱེ་བའི་རབ་ཏུ་སྦྱོར་བ་ནི། བྱ་རོག་དང༌། འུག་པའི་གཤོག་པ་དང་། བྲམ་ཟེ་དང༌། གཏུམ་པོའི་སྐྲ་གཅིག་ཏུ་བྱས་ལ། ད་ རུ་རའི་ཤིང་ལ་མེ་རབ་ཏུ་སྦར་ཏེ། དུ་བ་མེད་པའི་མེས་བསྲེགས་ཏེ། དེའི་ཐལ་བ་བླངས་ལ་ ཡི་གེ་བཅུ་པའི་སྔགས་བཟླས་ནས། བུད་མེད་དང་སྐྱེས་པ་གཉིས་ཀྱི་བར་དུ་ཐལ་བ་བཞག་ ན། དེ་སྐད་ཅིག་གིས་དབྱེ་བར་འགྱུར་རོ། །དེ་ནས་དུར་ཁྲོད་ཀྱི་རས་བླངས་དེ་དུག་ལ་སོགས་ པའི་རྫས་ཀྱི་སྦགས་པའི་བར་དུ་བཅུག་ལ། བསྒྲུབ་བྱའི་མིང་བྲིས་ལ་སྲེ་མོའི་སྤུ་དང་སྦྲུལ་ གྱི་ལྤགས་པ་བླངས་ཏེ་བསྲེས་ནས་སྡོང་བུ་བྱས་ཏེ། གང་དང་གང་གི་ཁྱིམ་དུ་སྦར་བ་དེ་ཕན་ ཚུན་འཐབ་པར་འགྱུར་རོ། །དེ་ནས་གསང་བར་འདོད་པས་ནི། བཤང་གཅི་ལས་གཟུགས་ བརྙན་བྱས་ལ། དེ་ཡི་སྟེང་དུ་དུག་གི་ཕྱེ་མས་རབ་ཏུ་བྱུགས་ལ། དུར་ཁྲོད་ཀྱི་མེ་ལ་གཅེར་བུ་ 21-1-446 སྐྲ་བཤིག་པ་བྱས་ལ་ཁ་ལྷོར་བལྟས་ཏེ། མ་ཧེའི་གདོང་གི་སྦྱོར་བས་ནམ་ཕྱེད་ན་དེ་བཏུབས་ ལ་དུར་ཁྲོད་ཀྱི་མེ་ལ་བསྲེག་གོ །གང་གི་མིང་དང་བཅས་པར་བྱས་ན་དེ་སྐད་ཅིག་གི་འཆིའོ། ། རྡོ་རྗེ་འཇིགས་བྱེད་ཆེན་པོ་ཉིད་ཀྱིས་རབ་ཏུ་སྦྱོར་བ་འདི་གསུངས་སོ། ། དེ་ནས་བསྐྲད་པར་འདོད་པས་རྒྱལ་མཚན་གྱི་རས་ལ་ལེ་ཚེ་བཅུ་དྲུག་པའི་འཁོར་ལོ། སྔོན་དུ་གསུངས་པའི་རྫས་དང་དུར་ཁྲོད་ཀྱི་སོལ་བས་གང་གིས་མིང་དང་བཅས་པ་བྲིས་ཏེ། ནིམ་པའི་ཤིང་ལ་རྒྱལ་མཚན་བཞག་ན་དེ་སྐྲོད་པར་འགྱུར་རོ། །དེ་ནས་རེངས་པར་འདོད་ པའི་གཤིན་རྗེའི་འཁོར་ལོ་གཡམ་པའམ་རས་ལ། བ་བླ་དང་ཡུང་བས་གོང་གི་མིང་དང་ བཅས་པ་ལེགས་པར་བྲིས་ནས་བཞག་ན་དེ་རེངས་པར་འགྱུར་རོ། །གལ་ཏེ་སྔགས་པས་ དབང་དུ་བྱ་བར་འདོད་ན། གྲོག་མཁར་གྱིས་དང༌། གུར་གུམ་དང༌། འགི་ཧཾ་དང་ལྷན་ཅིག་ ཏུ་བྱས་ཏེ། བསྒྲུབ་བྱ་ཕོའམ། གལ་ཏེ་མོའི་གཟུགས་བརྙན་ཚད་སོར་བཅུ་དྲུག་པ་བྱས་ལ། འགི་ཧཾ་དང་སྲིན་ལག་གིས། ཁྲག་གིས་གྲོ་ག་ལ་གཤིན་རྗེའི་འཁོར་ལོ་བྲིས་ཏེ། དེའི་སྙིང་ གར་བཅུག་ནས་རང་གི་ཁྱིམ་དུ་བཞག་ལ། མེ་ཏོག་དམར་པོ་དུས་གསུམ་དུ་དབུལ་བ་དང༌། ཁ་ནུབ་ཏུ་བལྟས་ལ་ཡི་གེ་བཅུ་པའི་སྔགས་བཟླས་པ་བྱས་ན། ཞག་བདུན་གྱི་བརྒྱ་བྱིན་ཡང་ དབང་དུ་འགྱུར་བ་ཕྲ་མོའི་མི་ལྟ་ཅི་སྨོས། དེ་ནས་ཡང་དགུག་པར་འདོད་ན། དེ་ལ་ཐོད་པ་ལ་ འཁོར་ལོ་འགི་ཧཾ་དང་སྲིན་ལག་གི་ཁྲག་གིས་བྲིས་ཏེ། སེང་ལྡེང་གི་མེ་ལ་བསྲེ་ཞིང་གང་ལ་ བྱ་བའི་མིང་དང་བཅས་པར་བཟླས་ན། དེ་སྐད་ཅིག་གིས་རླུང་གི་ཤུགས་བཞིན་འགུག་པར་ འགྱུར་རོ། །དེ་ནས་སྔགས་པས། སྨྱོ་བར་འདོད་ན། ད་རུ་རའི་འབྲས་བུ་བླངས་ལ་ཤ་ཆེན་ དང་ལྷན་ཅིག་ཏུ། ཤིང་སྲིན་གྱི་ཟོས་པའི་ཕྱེ་མ་དང་བསྲེས་ནས་བཟའ་བ་དང་བཏུང་བ་ལ་ སྦྱིན་ནོ། །སྔགས་ཀྱང་བཟླས་པར་བྱ་སྟེ། དེ་སྐད་ཅིག་གིས་སྨྱོ་བར་འགྱུར་ཞིང་ཞག་བདུན་ གྱིས་འཆིའོ། །དེ་ནས་གཞན་ཡང་རབ་སྦྱོར་བ་གསུངས་པ་གཤིན་རྗེའི་སྔགས་དུར་ཁྲོད་ཀྱི་ 21-1-447 རས་ལ་དུག་ལ་སོགས་པའི་རྫས་ཀྱིས་བྲིས་ཏེ་མར་མེ་ཆེན་པོ་དང༌། རྣམ་པར་སྣང་མཛད་ ཀྱིས་གཟུགས་བརྙན་བྱས་ལ། དེའི་སྙིང་གར་འཁོར་ལོ་བཅུག་ནས་ཕའི་ནགས་སུ་སོང་ལ། རོ་བསྲེགས་པའི་མེ་ལ་མཚོན་རྣོན་པོས་བཏུབས་ནས། རྣམ་པར་གཙིགས་པའི་སྦྱོར་བས་ རྣལ་འབྱོར་པས་གནས་ལ། རྣམ་པར་སྣང་མཛད་ཀྱིས་ལུས་བྱུགས་ཏེ། ཁ་ལྷོར་བལྟས་ནས་ བསྲེགས་ན་དེའི་མོད་ལ་འཆིའོ། །དེ་ནས་བྲལ་བའི་ཆོ་ག་འབྱུང་བ་ནི། བྱ་རོག་དང་འུག་པའི་ རུས་པ་བླངས་ལ། དེ་གཉིས་ལ་ལྕགས་ཀྱུའི་ཚེར་མས་བསྒྲུབ་བྱའི་མིང་དང་ལྷན་ཅིག་ཏུ། ཡི་ གེ་བཅུ་པའི་སྔགས་བྲིས་ལ་གཅིག་པུ་གནས་སུ་གནས་ཏེ། གང་གི་མིང་དང་བཅས་པར་ བཟླས་ཤིང༌། དེ་གཅིག་ལ་གཅིག་བླུད་ན་འབྲལ་བར་འགྱུར་རོ། །གཤིན་རྗེའི་འཁོར་ལོ་གྲོ་ གའི་འདབ་མ་ལ། བུད་མེད་དང་སྐྱེས་པའི་མིང་བྲིས་ནས་སྦལ་པའི་གསུས་པར་བཅུག་ལ། གང་གིས་མིང་དང་བཅས་པ་ཐེམ་པའི་འོག་ཏུ་སྦས་ན། དེའི་ཡན་ལག་མཚོན་གྱིས། གཏུབ་ པར་འགྱུར་རོ། །དེ་ནས་བུ་མོ་རེངས་པའི་རབ་ཏུ་སྦྱོར་བ་ནི་གཤིན་རྗེའི་སྔགས་དུར་ཁྲོད་ཀྱི་ རས་ལ་དུག་ལ་སོགས་པས་བྲིས་ཏེ། རོ་བསྲེགས་པའི་སོལ་བས་གཟུགས་བརྙན་མཐོ་གང་ ཙམ་གྱི་ཚད་ཁ་གཙིགས་པར་བྱས་ཏེ། དེའི་སྙིང་གར་འཁོར་ལོ་བཅུག་ནས་རྐང་པ་གཡོན་ པས་མནན་ལ། མ་ཧེའི་གདོང་གི་སྦྱོར་བས་ཆེ་གེ་མོ་བུ་མོ་རེངས་པར་གྱུར་ཅིག །ཅེས་ཡི་གེ་ བཅུ་པའི་སྔགས་བཟླས་ན་རེངས་པར་འགྱུར་རོ། །འདིའི་ལས་རྣམས་ནི་གཞན་སུ་ལ་ཡང་སྨྲ་ བར་མི་བྱའོ། །གལ་ཏེ་སྔགས་པ་རྨོངས་པའི་བདག་ཉིད་ཀྱིས་ཕྱེད་ན་དམྱལ་བར་ངེས་པར་ ལྟུང་ངོ༌། །དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་དང༌། བླ་མ་ལ་བརྙས་པ་དང༌། དམ་ཚིག་ དང་བྲལ་བ་དང༌། སྔགས་དང་རྒྱུད་ལ་འཕྱ་བར་བྱེད་པ་དང༌། སེམས་ཅན་ལ་འཚེ་བ་འདི་ རྣམས་ལ་ཕན་པའི་ཕྱིར། སྔགས་པས་སྙིང་རྗེས་གདུང་བའི་སེམས་ཀྱིས་གནོད་པས་སྦྱོར་བ་ རབ་ཏུ་བྱའོ། །གལ་ཏེ་གཞན་ལ་བྱས་ན་དམ་ཚིག་ཉམས་ནས་ཚབ་ཆེན་པོར་འགྲོ་བའོ། ། 21-1-448 རྒྱུད་གཞན་ལས་ཀྱང་གསུངས་པ། སློབ་དཔོན་ལ་ནི་སྣོམ་བྱེད་དང༌། །ཐེག་པ་ཆེན་པོ་ སྐུར་བ་དང༌། །སྔགས་རྒྱུད་རབ་སྦྱོར་ཡེ་ཤེས་ལ། །འཕྱ་བར་བྱེད་པའི་མི་གང་ནི། །དེ་ནི་ འབད་པས་གསད་པར་བྱ། །ཡང་ན་གནས་ནས་གཡོ་བར་བྱ། །རྣལ་འབྱོར་སྙིང་རྗེ་མེད་པ་ ཡིས། །གཞན་ལ་རུང་རུང་བྱས་ན་ནི། དེ་ལ་དེ་བཞིན་ལས་དེ་ནི། །ཕྱིར་སྒྲོག་པར་ནི་འབྱུང་ བར་འགྱུར། །ཅིའི་ཕྱིར་སེམས་ཅན་མཐོ་བརྩམ་ཕྱིར། །རྣལ་འབྱོར་པ་ནི་འདི་ལའོ། །འདི་ནི་ འཇམ་དཔལ་མཆོག་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས་ལས་ཐམས་ཅད་ གྲུབ་པའི་རྟོག་པ་སྟེ་གཉིས་པའོ། ། དེ་ནས་ཇི་ལྟ་བའི་ཆོ་གས་སྔགས་བཏུ་བ་རབ་ཏུ་གསུངས་ཏེ། རབ་ཏུ་གཙང་བའི་གནས་ སུ། །སྔགས་པའི་གནས་ལ་སྔགས་བཏུ་བར་བྱའོ། །ཇི་ལྟར་དྲུག་པའི་དང་པོ་དང༌། །ལྔ་པ་ལ་ ཡང་ལྔ་པ་དང༌། །དྲུག་པ་ཡི་ནི་གཉིས་པ་ལ། །དབྱངས་ཡིག་གཉིས་པ་དང་ལྡན་པ། །གཉིས་ པ་ཡི་ནི་གསུམ་པ་ལ། །ཡང་ནི་དབྱངས་ཡིག་གཉིས་པ་ལྡན། །དྲུག་པ་ཡི་ཡང་དང་པོ་དང༌། ། ཡང་ནི་དྲུག་པའི་དང་པོ་སྦྱིན། །དབྱངས་ཡིག་བཅུ་གསུམ་དང་ལྡན་པ། །ལྔ་པ་ཡི་ཡང་ལྔ་པ་ ལ། །དབྱངས་ཡིག་བཅུ་གཅིག་དང་ལྡན་པ། །དྲུག་པ་ཡི་ཡང་དང་པོ་དང༌། །ཡང་ནི་དྲུག་པའི་ དང་པོ་སྦྱིན། །ལྔ་པ་ཡི་ཡང་ལྔ་པ་ལ། །བཅུ་དང་གཅིག་གིས་མནན་ལྡན་པ། །བཞི་པ་ཡི་ནི་ གསུམ་པ་ལ། །བཅུ་གསུམ་པ་ཡི་མཉམ་མནན་པ། །དྲུག་པ་ཡི་ཡང་གཉིས་པ་ལ། །དབྱངས་ ཡིག་ལྔ་པ་དང་ལྡན་པ། །གསུམ་པ་ཡི་ནི་ལྔ་པ་དང༌། །རླུང་གི་ས་བོན་དེ་ནས་སྦྱིན། །དབྱངས་ ཡིག་བཅུ་གསུམ་ཡང་དག་ལྡན། །བཞི་པ་ཡི་ནི་གསུམ་པ་དང༌། །དེ་ནི་རླུང་གིས་ས་བོན་ སྦྱིན། །དྲུག་པ་ཡི་ནི་དང་པོ་དང༌། །བཞི་པ་ཡི་ནི་གསུམ་པ་དང༌། །དེ་ནས་རླུང་གི་ས་བོན་ནོ། ། དབྱངས་ཡིག་བཅུ་གསུམ་པ་དང་ལྡན། །བཞི་པ་ཡི་ནི་ལྔ་པ་ལ། །དབྱངས་ཡིག་གསུམ་པ་ དང་ལྡན་པ། །དེ་ནས་མེ་ཡིས་ས་བོན་བྱིན། །རླུང་གི་ས་བོན་དེ་བཞིན་ནོ། །དེ་ནས་ཡི་གེ་ཐ་ 21-1-449 མ་སྦྱིན། །དབྱངས་ཡིག་བཅུ་གཅིག་པ་དང་ལྡན། །རླུང་གི་ས་བོན་དེ་བཞིན་མཆོག །དྲུག་པ་ ཡི་ནི་དང་པོ་དང༌། །དེ་ནས་ཡི་གེ་ཐ་མ་སྦྱིན། །དབྱངས་ཡིག་བཅུ་གཅིག་པ་དང་ལྡན། །ཡང་ ནི་རླུང་གི་ས་བོན་དང་། །གཉིས་པ་ཡི་ནི་དང་པོ་དང༌། །གཉིས་པའི་གཉིས་པ་དང་ལྡན་པ། ། བཞི་པ་ཡི་ནི་ལྔ་པ་ལས། །དབྱངས་ཡིག་གསུམ་པ་དང་ལྡན་པ། །དེ་ནས་མེ་ཡི་ས་བོན་དང༌། ། དབྱངས་ཡིག་གཉིས་པར་ལྡན་པ་དང༌། །ལྔ་པ་ཡི་ནི་ལྔ་པ་དང༌། །དེ་ནས་རླུང་གིས་ས་བོན་ སྦྱིན། །ཐོག་མར་རྣམ་པར་སྣང་མཛད་བྱིན། །མཆོག་གི་དབང་ཕྱུག་དང་སྦྱར་བ། །སྟེང་དུ་ ས་བོན་སྟོང་པས་བརྒྱན། །ལྔ་པ་ཡི་ནི་གཉིས་པ་དང༌། །གསུམ་པ་ཡི་ནི་དང་པོ་ནི། །མཁས་ པས་གཉིས་སུ་བརྗོད་པར་བྱ། །འདི་ནི་དཔལ་ལྡན་འཇམ་པའི་མཆོག །འཇིགས་བྱེད་ཆེན་ པོའི་རྒྱུད་འཁོར་ལོ། །མ་ཧེའི་གདོང་ཅན་རྩ་སྔགས་ཏེ། །འབུམ་བཟླས་པས་ནི་ལས་ཀུན་ བྱེད། །འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །བདུན་པ་ཡི་ནི་བཞི་ པ་ལ། དབྱངས་ཡིག་བཞི་པ་དང་ལྡན་པ། འོག་ཏུ་མེ་ཡིས་ས་བོན་སྦྱིན། །དེ་ནས་མངའ་ བདག་བཅུ་དྲུག་མཐའ། །བདུན་པ་ཡི་ནི་གཉིས་པ་ལ། །དབྱངས་ཡིག་བཞི་པ་དང་ལྡན་པ། ། གསུམ་པ་ཡི་ནི་དང་པོ་ལ། །མེ་ཡི་ས་བོན་འོག་ཏུ་གདགས། །མངའ་བདག་བཅུ་དྲུག་མཐའ་ མ་སྟེ། །དྲུག་པ་ཡི་ནི་བཞི་པ་ལ། །དབྱངས་ཡིག་གསུམ་པ་དང་ལྡན་པའོ། །དང་པོ་ཡི་ནི་དང་ པོ་ལ། །དབྱངས་ཡིག་གསུམ་པ་དང་ལྡན་ཏེ། །འོག་ཏུ་མེ་ཡིས་ས་བོན་སྦྱིན། །བཞི་པ་ཡི་ ནི་དང་པོ་ལ། །དབྱངས་ཡིག་གཉིས་པ་དང་ལྡན་པའོ། །བཞི་པ་ཡི་ནི་ལྔ་པ་ནི། །མཁས་པ་ ཡིས་ནི་ལན་གཉིས་བརྗོད། །ཐོག་མར་རྣམ་པར་སྣང་མཛད་སྦྱིན། །སྡེ་ཚན་བདུན་གྱི་ས་བོན་ ལ། །དབྱངས་ཡིག་དྲུག་པ་དང་ལྡན་པ། །སྤྱི་བོ་རུ་ནི་ཐིག་ལེས་བརྒྱན། །ལྔ་པ་ཡི་ནི་གཉིས་ པ་དང༌། །གསུམ་པ་ཡི་ནི་དང་པོའོ། །འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །མ་ཧེའི་གདོང་ཅན་སྦྱོར་ བ་ཡིས། །ཐམས་ཅད་ལས་ནི་བྱེད་པའོ། །ལས་ཀྱི་སྔགས་སུ་གྲགས་པ་སྟེ། །གསུམ་འབུམ་ 21-1-450 བཟླས་ནས་ལས་ཀུན་བྱེད། །དྲུག་པ་ཡི་ནི་དང་པོ་དང༌། །ལྔ་པ་ཡི་ཡང་ལྔ་པ་ལ། །དབྱངས་ ཡིག་གཉིས་པ་དང་སྦྱར་བ། །བཞི་པའི་ལྔ་པས་བརྟེན་པར་བྱ། །བཞི་པའི་དང་པོ་འོག་ཏུ་ བཞིག །དང་པོ་ཡི་ནི་དང་པོ་དང༌། །ཐོག་མར་རྣམ་པར་སྣང་མཛད་སྦྱིན། །སྡེ་ཚན་བདུན་གྱི་ ཐ་མ་ལ། །དབྱངས་ཡིག་དྲུག་པ་དང་ལྡན་པར། །དྲན་པ་དེ་བཞིན་མཐར་སྦྱིན་ནོ། །སྟོང་པའི་ ལྷ་ཡི་མཉམ་མནན་པ། །ལྔ་པ་ཡི་ནི་གཉིས་པ་དང༌། །གསུམ་པ་ཡི་ནི་དང་པོའོ། །འདི་ནི་ མ་ཧེའི་གདོང་པ་ཡི། །སྙིང་པོའི་སྔགས་སུ་རབ་ཏུ་གྲགས། །ཡི་གེ་རེ་རེ་འབུམ་བཟླས་པས། ། འཇིག་རྟེན་གསུམ་གྱི་ལས་ནི་གང༌། །ཅི་ཡང་རུང་བ་ཐམས་ཅད་བྱེད། །སྔགས་བཏུ་བའི་ཆོ་ གའི་སྐབས་འདིར་མཆོད་པར་བྱའོ། །འདི་ནི་འཇམ་དཔལ་མཆོག་དཔལ་རྡོ་རྗེ་འཇིགས་བྱེད་ ཆེན་པོའི་རྒྱུད་ལས་སྔགས་བཏུ་བའི་རྟོག་པ་སྟེ་གསུམ་པའོ། ། དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པ་ཆོས་ཐམས་ཅད་བདག་མེད་པ་སྔོན་དུ་སོང་བས་ ལྷའི་དམིགས་པ་ཡང་དག་པར་བཤད་པར་བྱ་སྟེ། དང་པོ་རང་བཞིན་གྱིས་དག་པའི་སྔགས་ བརྗོད་པར་བྱའོ། །ཆོས་ཐམས་ཅད་བདག་མེད་པའི་ངོ་བོར་བྱས་ནས་ནམ་མཁའི་དཀྱིལ་དུ་ ཡཾ་གྱི་རྣམ་པ་ལས་གྲུབ་པའི་རླུང་གི་དཀྱིལ་འཁོར་མདོག་དུ་བའི་རྣམ་པར་བསམ་མོ། །དེའི་ སྟེང་དུ་དང་པོའི་དབྱངས་ཡིག་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་དམིགས་ཏེ། དེའི་སྟེང་དུ་ དྷིཿའི་རྣམ་པ་ལས་འཇམ་དཔལ་གཞོན་ནུའི་གཟུགས་སུ་གྱུར་པར་བྱའོ། །དེའི་སྙིང་གར་ཨའི་ རྣམ་པ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་བསྒོམས་ཏེ། ཉི་མའི་དཀྱིལ་འཁོར་དེ་ལས་འོད་ ཟེར་འཕྲོས་པས་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་ རྣམས་དང༌། བྱང་ཆུབ་སེམས་དཔའ་དང༌། རིག་པའི་ལྷ་མོ་དང༌། ཁྲོ་བོ་ལ་སོགས་པ་ཤིན་ཏུ་ བསྐུལ་དེ། ཡང་འོངས་ནས་ཉི་མའི་དཀྱིལ་འཁོར་ལ་ཞུགས་པར་བསམ་མོ། །དེ་ཡིས་འཇམ་ དཔལ་དང་དེ་བཞིན་གཤེགས་པ་ལ་སོགས་པ་དེ་རྣམས་གཅིག་ཏུ་གྱུར་ནས་ཉི་མའི་དཀྱིལ་ 21-1-451 འཁོར་དུ་བསམ་པར་བྱའོ། །འོད་ཟེར་འབར་བའི་རྣམ་པས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་ པར་བསམ་པར་བྱའོ། །དེའི་སྟེང་དུ་ཧཱུཾ་མདོག་ནག་པོའི་འོད་ཟེར་ལྔ་དང་ཡང་དག་པར་ལྡན་ པར་བསམ། ཧཱུཾ་དེ་ལས་འོད་ཟེར་གྱི་རྣམ་པ་འཕྲོས་པས་སྔོན་དུ་གསུངས་པ་བཞིན་དུ་ཡང་ ཞུགས་ཏེ། ཡི་གེ་དེ་ལས་རྡོ་རྗེ་ཆེན་པོ་རྣམ་པར་གདེངས་པ་ཁ་དོག་ནག་པོ་འོད་ཟེར་ལྔ་དང་ ལྡན་པ། རྣམ་པར་དམིགས་པར་བྱ་སྟེ། རྡོ་རྗེ་དེ་ལས་ཕྲ་མོའི་རྣམ་པའི་སངས་རྒྱས་དང༌། བྱང་ ཆུབ་སེམས་དཔའ་དང༌། ཁྲོ་བོ་དང༌། རིག་པའི་ལྷ་མོས་ནམ་མཁའི་དབུས་ཏིལ་གྱི་གོང་བུ་ ལྟར་གང་ཉི་མ་ལ་གནས་པ་རྣམ་པར་བསམ་པར་བྱའོ། ། དེ་ནས་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བཏུལ་ ནས་བྱང་ཆུབ་ལ་རབ་ཏུ་བཀོད་དེ། དེ་ཡང་དེ་དང་ལྷན་ཅིག་ཏུ་བསྡུས་ནས་རྡོ་རྗེའི་གཟུགས་ བརྙན་ལ་རབ་ཏུ་ཞུགས་པར་བསམ་མོ། །རྡོ་རྗེའི་གཟུགས་བརྙན་དེ་ཉིད་ཞལ་དགུ་པ་མ་ཧེའི་ གཟུགས་ཅན། འཇིགས་པའི་དུས་ཀྱི་མེ་ལྟར་འབར་བ། རྡོ་རྗེ་འཇིགས་བྱེད་ཆེན་པོ་ཁམས་ གསུམ་ཟ་བར་ནུས་པ། ཞལ་གཙིགས་པ་ཧ་ཧ་ཞེས་ལྗགས་འགྲིལ་བ། རྣམ་པར་གཙིགས་ པའི་ཁྲོ་གཉེར་འཇིགས་པ། ཁྲོ་གཉེར་གྱི་འགྲམ་ན་སྨིན་མ་དང་སྤྱན་འཇིགས་པ་ཆེན་པོའི་ དུས་ལྟར་འཕྲོ་བ། སྒྲ་སྒྲོག་པ། མིའི་ཁྲག་དང༌། ཚིལ་དང༌། ཞག་དང༌། རྐང་ཟ་བ་འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་སོགས་པ་ལ་སྡིགས་མཛུབ་བྱེད་པ། བརྒྱ་བྱིན་ དང༌། ཚངས་པ་དང༌། དབང་ཕྱུག་ཆེན་པོ་དང༌། ཁྱབ་འཇུག་དང༌། གཞོན་ནུ་རྣམས་ཁ་སྦུབ་ ཏུ་བྱས་ནས་ཞབས་ཀྱི་འོག་ཏུ་མནན་པ། འཇིགས་སུ་རུང་བའི་ཐོད་པའི་ཐོད་བྱས་པ། ཐོད་ པ་བརྩིགས་པའི་རྩེ་མོ་འཇིགས་པ་ཆེན་པོ་ཅན། ཕེཾ་ཞེས་ཐོད་པའི་འཕྱང་འཕྲུལ་གྱིས་བརྒྱན་ པ། ཞབས་བཅུ་དྲུག་པ། གཅེར་བུའི་གཟུགས་མཚན་མ་གྱེན་དུ་འགྲེང་བ། གཡོན་བརྐྱང་ བ། གསུས་པ་ཆེ་བ། སྐྲ་གྱེན་དུ་བརྫེས་པ། འཇིགས་པ་ཆེན་པོར་བྱེད་པ། ཕཊ་ཅེས་སྒྲ་སྒྲོག་ 21-1-452 པ། ཕྱག་སུམ་ཅུ་རྩ་བཞི་དང་ལྡན་པ། གླང་པོ་ཆེའི་ལྤགས་པ་རློན་པ་འཛིན་པ། དཔལ་རྡོ་རྗེ་ འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་རྣམ་པར་བསམ་པར་བྱ་སྟེ། དེ་ལྟར་ཤིན་ཏུ་བསམ་ པ་བརྟན་པས་བྱས་ཏེ། དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ལ་ཤིན་ཏུ་མཉམ་པར་བཞག་པས་སྔགས་ པས་རྟག་ཏུ་བསྒོམ་པར་བྱ་སྟེ། གཡས་དང་པོ་ན་རྡོ་རྗེ་གྲི་གུག་གཉིས་པ་ན། མདུང་རྩེ་གཅིག་ པ། གསུམ་པ་ན་གཏུན་ཤིང༌། བཞི་པ་ན་ཆུ་གྲི་དང༌། ལྔ་པ་ན་རྡོ་རྗེ་རྩེ་གཅིག་པ། དྲུག་པ་ན་ སྟ་རེ། བདུན་པ་ན་མདུང༌། བརྒྱད་པ་ན་མདའ། དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་དབྱུག་ཐོ། བཅུ་གཅིག་པ་ན་ཁ་ཊཾ་ག །བཅུ་གཉིས་པ་ན་འཁོར་ལོ། །བཅུ་གསུམ་པ་ན་རྡོ་རྗེ། བཅུ་བཞི་ པ་ན་རྡོ་རྗེ་ཐོ་བ། བཅོ་ལྔ་པ་ན་རལ་གྲི། བཅུ་དྲུག་པ་ན་ཅང་ཏེའུའོ། །གཡོན་པའི་ཕྱག་དང་ པོ་ན་ཐོད་པ། གཉིས་པ་ན་མགོ་བོ། གསུམ་པ་ན་ཕུབ། བཞི་པ་ན་རྐང་པ། ལྔ་པ་ན་ཞགས་ པ། དྲུག་པ་ན་གཞུ། བདུན་པ་ན་རྒྱུ་མ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་པ། བཅུ་པ་ན་ དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིང་ལ་བཙུགས་པ། བཅུ་གཉིས་པ་ན་ མེ་ཐབ། བཅུ་གསུམ་པ་ན་ཐོད་ཚལ། བཅུ་བཞི་པ་ན་སྡིགས་མཛུབ། བཅོ་ལྔ་པ་ན་འཕན་རྩེ་ གསུམ་པ། བཅུ་དྲུག་པ་ན་རླུང་གིས་འཕྱར་བའི་རས། ཕྱག་གཉིས་ཀྱིས་གླང་པོ་ཆེའི་ལྤགས་ པ་རློན་པ་འཛིན་པའོ། ། ཞབས་གཡས་ཀྱི་དང་པོས་མི། གཉིས་པས་མ་ཧེ། །གསུམ་པས་གླང༌། བཞི་པས་བོང་ བུ། ལྔ་པས་རྔ་མོང༌། དྲུག་པས་ཁྱི། བདུན་པས་ལུག །བརྒྱད་པས་ལྕེ་སྤྱང༌། ཞབས་གཡས་ པས་འདི་དག་མནན་པའོ། །ཞབས་གཡོན་པས་དང་པོ་བྱ་རྒོད། གཉིས་པས་འུག་པ། གསུམ་ པས་བྱ་རོག །བཞི་པས་ནེ་ཙོ། ལྔ་པས་ཁྲ། དྲུག་པར་ཁྱུང་ཆེན། བདུན་པས་རེ་སྐེག །བརྒྱད་ པས་བཞད། གཡོན་པས་འདི་དག་མནན་པའོ། །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཞལ་ནི་ རབ་ཏུ་གནག་པ། མ་ཧེའི་རྣམ་པར་ཤིན་ཏུ་ཁྲོས་པ་ཅན། རྭའི་གཡས་སུ་ཞལ་གསུམ་པ། དང་ 21-1-453 པོ་སྔོན་པོ། གཉིས་པ་དམར་པོ། གསུམ་པ་སེར་པོ་སྟེ། མངའ་བདག་གི་ཞལ་གསུམ་ཤིན་ ཏུ་ཁྲོས་པའོ། །རྭའི་གཡོན་པར་ཞལ་གསུམ་དཀར་པོ་དང་། དུད་ཁ་དང༌། ནག་པོ། རབ་ཏུ་ ཁྲོས་པ་གཙིགས་པའི་ཞལ་བསམ་པར་བྱའོ། །རྭ་གཉིས་ཀྱི་བར་དུ་དབུས་ཀྱི་ཞལ་དམར་པོ་ རབ་ཏུ་འཇིགས་པ། ཞལ་ནས་ཁྲག་འཛག་པར་བསམ་པར་བྱའོ། །སྟེང་དུ་འཇམ་དཔལ་གྱི་ ཞལ་ཅུང་ཟད་སེར་བ་ཡིད་ཙམ་ཁྲོ་བ་གཞོན་ནུའི་བརྒྱན་གྱིས་བརྒྱན་པ། སྤྱི་བོར་རལ་པ་ལྔ་ དང་ལྡན་པ་རྣམ་པར་བསམས་ཏེ། ཞལ་ཐམས་ཅད་སྤྱན་གསུམ་པར་བསྒོམས་ཏེ། འདི་ལྟར་ བདག་ཉིད་རྩེ་གཅིག་ཏུ་དམིགས་སོ། །དེ་ལྟར་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་ དེ་བདག་ཉིད་ཡིན་པར་བསྒོམས་ནས། ཤིན་ཏུ་མཉམ་པར་བཞག་པས་དཔའ་བོའི་གནས་ ལ་གནས་པའི་རྣལ་འབྱོར་པས། ཕྱི་ནས་སྔགས་བཟླས་པར་བྱ་སྟེ། བཟླས་པའི་དུས་སུ་རང་ གིས་སྙིང་གར་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་རང་གིས་སྔགས་ཀྱིས་རྣམ་པ་བསམ་ཏེ་ འབར་བ་དང༌། ཕྱི་ནས་མ་ཡེངས་པའི་ཡིད་ཀྱིས་བཟླས་པ་བྱའོ། །འདི་སྦྱོར་ལ་གནས་སྔགས་ པ་ཡིས། །རྟག་ཏུ་འཇིགས་མེད་ལས་ཀུན་བྱ། །དུར་ཁྲོད་གནས་ལ་བསྒོམ་བྱ་ཞིང༌། །རྟག་ ཏུ་བདུད་རྩི་ལྔ་རྣམས་བཟའ། །འདི་ཡི་སྒྲུབ་ལས་གྲུབ་གཞན་མིན། །གཞན་ཡང་མར་མེ་ཆེ་ བཟའ་ཞིང༌། །མཚན་མོ་རྒྱུ་བའི་རྣལ་འབྱོར་པས། །གསུམ་འབུམ་རྩ་བའི་སྔགས་བཟླས་བྱ། ། འདི་ཟློས་པ་ཡི་སྔགས་པ་ཡིས། །ཐམས་ཅད་ལས་ནི་བྱེད་པར་གྱུར། །འདི་འཇམ་དཔལ་ མཆོག་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས་སྒོམ་པའི་རྟོག་པ་སྟེ་བཞི་པའོ། ། དེ་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་གསང་བའི་བྲིས་སྐུའི་མཆོག་རབ་ཏུ་བཤད་ པ། དཔའ་བོའི་རས་སམ། ཞིང་ལ་བཀལ་བའི་རས་སམ། མེ་ཏོག་ཅན་གྱི་རས་སམ། རབ་ ཏུ་འཛག་པའི་རས་སམ། བུ་བཙས་པའི་རས་སམ། དེ་མ་རྙེད་ན་རས་གཞན་གང་ཡང་རུང་ བ་བླངས་ལ། འདིར་དངོས་པོ་ཀུན་ཀྱིས་མོས་པ་རྣམ་པར་རྟོག་པ་མེད་པ་མི་ཁྲོག །གཙང་བ། 21-1-454 མཁས་པ། གཞུངས་པ། རང་བ་དང་ལྡན་པ། བརྩེ་བ་ཅན། སྲིད་པ་དང་བྲལ་བ། འདི་ལྟར་ ཡོན་ཏན་དང་ལྡན་པ། ཤིན་ཏུ་རི་མོ་མཁས་པའི་ལག་པར་བྲི་བར་བྱའོ། །གལ་ཏེ་དངོས་གྲུབ་ འདོད་པས་དཔའ་བོའི་ཡོན་སྦྱིན་ནོ། །དེ་ལ་ཆོ་ག་ནི། གསང་བའི་གནས་སུ་གནས་ལ་ཤིན་ཏུ་ མཉམ་པར་བཞག་པས་བྲི་བར་བྱ་སྟེ། རི་མོ་མཁན་དང༌། སྒྲུབ་པ་པོས་མཐོང་བ་ལས་འཇིག་ རྟེན་པ་གཞན་གྱིས་མི་མཐོང་བར་བྲི་བར་བྱ་སྟེ། ཞབས་བཅུ་དྲུག་པ། ཕྱག་སུམ་ཅུ་རྩ་བཞི་པ། ཞལ་དགུ་པ། གཅེར་བུ་ཁ་དོག་ནག་པོ། གཡོན་བརྐྱང་བ། འཇིགས་པ་ཆེན་པོ་ཡང་འཇིགས་ པར་བྱེད་པའི་རྣམ་པ་ཅན། མཚན་མ་གྱེན་དུ་འགྲེང་བའི་རྣམ་པ་ཅན་གྱི་ཐང་ཀ་བྲི་བར་བྱའོ། ། ཞལ་དང་པོ་མ་ཧེའོ། །རྭའི་གཡས་སུ་ཞལ་གསུམ་སྟེ། སྔོན་པོ་དང༌། དམར་པོ་དང༌། སེར་པོ་ཤིན་ཏུ་ཁྲོས་པ་བྲི་བར་བྱའོ། །གཡོན་དུ་དཀར་པོ་དང༌། དུད་ཁ་དང༌། ནག་པོའོ། །དེ་ གཉིས་ཀྱི་དབུས་སུ་རབ་ཏུ་དམར་བ་བྲི་བར་བྱ། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་སེར་པོ་ ཅུང་ཟད་ཁྲོ་བ་བྲི་བར་བྱའོ། །ཕྱག་གཡས་པ་ན་རྡོ་རྗེ་གྲི་གུག་དང༌། མཚོན་རྩེ་གཅིག་པ་དང༌། གཏུན་ཤིང་དང༌། ཆུ་གྲི་དང༌། རྡོ་རྗེ་རྩེ་གཅིག་པ་དང༌། སྟ་རེ་དང་། མདུང་དང༌། མདའ་དང༌། ལྕགས་ཀྱུ་དང་། དབྱུག་ཏོ་དང༌། ཁ་ཊྭཱཾ་ག་དང་། འཁོར་ལོ་དང༌། རྡོ་རྗེ་དང༌། རྡོ་རྗེ་ཐོ་བ་དང༌། རལ་གྲི་དང༌། ཅང་ཏེའུའོ། །ཕྱག་གཡོན་པ་ཐོད་པ་དང་། མགོ་བོ་དང༌། ཕུབ་དང་རྐང་པ་དང༌། ཞགས་པ་དང༌། གཞུ་དང༌། རྒྱུ་མ་དང༌། དྲིལ་བུ་དང༌། ལག་པ་དང༌། དུར་ཁྲོད་ཀྱི་རས་དང༌། སྐྱེས་བུ་གསལ་ཤིང་ལ་བཙུགས་པ་དང༌། མེ་ཐབ་དང༌། ཐོད་ཚལ་དང༌། སྡིགས་མཛུབ་དང༌། འཕན་རྩེ་གསུམ་པ་དང༌། རླུང་གིས་བསྐྱོད་པའི་རས་སོ། །ཕྱག་གཉིས་ཀྱིས་གླང་པོ་ཆེའི་ ལྤགས་པ་རློན་པ་འཛིན་པ་བྲིའོ། །ཞབས་གཡས་པས་མི་དང༌། མ་ཧེ་དང༌། གླང་དང༌། བོང་ བུ་དང༌། རྔ་མོང་དང༌། ཁྱི་དང་། ལུག་དང༌། ཅེ་སྤྱང་རྣམས་སོ། །ཞབས་གཡོན་པས་བྱ་རྒོད་ 21-1-455 དང༌། འུག་པ་དང༌། བྱ་རོག་དང༌། ནེ་ཙོ་དང༌། ཁྲ་དང༌། ཁྱུང་ཆེན་དང༌། རི་སྐེག་དང༌། བཞད་ རྣམས་སོ། །འདི་ལྟ་བུར་འདུག་པའི་རྡོ་རྗེ་འཇིགས་བྱེད་ཆེན་པོ་བྲི་བར་བྱའོ། །དེའི་ཕྱི་རོལ་ཏུ་ དུར་ཁྲོད་ཆེན་པོ་ཡང་བྲི་སྟེ། འཇིགས་པ་ཆེན་པོར་བྱེད་པའི་གནོད་སྦྱིན་དང༌། སྲིན་པོ་དང༌། ཞིང་སྐྱོང་དང༌། རོ་ལངས་དང་ལྡན་པ། སྐྱེས་བུ་མདུང་རྩེ་བཙུགས་པའི་གཟུགས་དེར་བསྟན་ པར་བྱ། ནྱ་གྲོ་ཏའི་ཤིང་གི་སྟེང་ནས་སྐྱེས་བུ་འཕྱང་བ་བསྟན་པར་བྱ། སྐྱེས་བུ་བསྲེགས་པ་ ཡང་བྲི། མདུང་གིས་ཕུག་པ་ཡང་བྲི། སྣ་ཚོགས་པའི་བྱ་རྒོད་དང༌། བྱ་རོག་དང༌། ཁྱི་དང༌། ཅེ་ སྤྱང་ཧ་ཧ་འབྱིན་པ་བྲི། སྒྲུབ་པ་པོ་རྣམས་ཀྱང་བྲི་སྟེ། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་ལྟ་བ་ གཅེར་བུ་སྐྲ་བཤིག་པ། ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང༌། ཐོད་པ་དང༌། ཁ་ཊྭཾ་ག་འཛིན་ པ། ཐོད་པས་སྤྱི་བོར་བརྒྱན་པ། རྒོད་ཅིང་དུར་ཁྲོད་དེར་འཇུག་པ་བྲིའོ། །འདི་ནི་གསང་བའི་ བྲིས་སྐུ་སྟེ། གནས་གཅིག་ཏུ་ལེགས་པར་བཞག་ལ། ཤ་ཆེན་གྱིས་སྤོས་དབུལ། དེའི་མདུན་ དུ་རུས་ཆེན་གྱི་འཕྲེང་བས་བཟླས་པ་བྱ། སྔགས་པས་མཉམ་པར་བཞག་པས་དུས་གསུམ་དུ་ འབད་པས་བྲིས་སྐུ་བསྲུང་ངོ༌། །གཞན་ཡང་གང་དུ་ཡང་མི་བཞག་གོ །གཞན་གང་གི་མདུན་ དུ་ཡང་མི་དགྲམ་མོ། །ལྡག་པ་དང༌། བཏུང་བ་དང་། བཟའ་བ་དང༌། སྟོན་མོ་ནི་ཤ་ཆེན་རྟག་ ཏུ་མཚན་མོ་བཟའོ། །གལ་ཏེ་མཆོག་གི་དངོས་གྲུབ་འདོད་ན། དུས་གསུམ་དུ་རྣམ་པར་སྣང་ མཛད་དང༌། ཁྲག་གིས་སྤོས་བྲིས་སྐུའི་མདུན་དུ་དབུལ་ལོ། །འདི་ནི་འཇམ་དཔལ་མཆོག་ དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས་བྲིས་སྐུའི་ཆོ་གའི་རྟོག་པ་སྟེ་ལྔ་ པའོ། ། དེ་ནས་སྦྱིན་སྲེག་གི་ལས་ཀྱི་ཆོ་ག་གསུངས་པ། ཇི་ལྟར་སྔོན་གྱི་རིམ་པ་སྟེ། དང་པོ་རེ་ ཞིག་སྔགས་པས་ཕའི་ནགས་སུ་ཕྱིན་ལ། མཚན་ཕྱེད་ན་སྦྱིན་སྲེག་གི་ལས་ཀུན་བྱ་སྟེ། གོང་ དུ་གསུངས་པའི་ལྷའི་སྦྱོར་བ་ལ་གནས་པས་ལས་ཐམས་ཅད་བྱའོ། །དེ་ལ་ལས་ནི་འདི་ 21-1-456 རྣམས་ཡིན་ཏེ། གལ་ཏེ་གསད་པར་འདོད་ན། དེར་མིའི་རུས་པ་དང༌། རྣམ་པར་སྣང་མཛད་ དང༌། བོང་བུའི་སྦངས་དང༌། ཚེར་མ་དང༌། སྐྲ་དང༌། སེན་མོ་དང༌། དེ་དག་ཐམས་ཅད་ མར་ཁུས་སྤུས་ལ། མ་ཧེའི་ཞལ་གྱི་སྦྱོར་བས་ཤིན་ཏུ་མཉམ་པར་བཞག་ལ་ཁ་ལྷོར་བལྟས་ ཏེ། རོ་བསྲེགས་པའི་མེ་ལ་གང་གི་མིང་དང་བཅས་པ་བརྒྱ་རྩ་བརྒྱད་བསྲེག་ན་དེ་ཞག་བདུན་ གྱིས་འཆིའོ། །ཡང་ན་ཕྱོགས་གཅིག་ཏུ་གནས་ལ། མེ་ཐབ་གྲུ་གསུམ་བྱས་ལ། དེ་རུ་སྔོན་ ཏུ་གསུངས་པའི་རྫས་ཀྱི་གཏུམ་པོའི་མེ་ལ་སྦྱིན་བསྲེག་བྱའོ། །སྦྱོར་བ་དེས་ནི་ལས་དེ་ཉིད་ འགྲུབ་བོ། །དེ་ནས་འབྲལ་བར་འདོད་ན། བྱ་རོག་དང༌། འུག་པ་དང༌། རྨ་བྱའི་སྒྲོ་དང༌། སྦྲུལ་ གྱི་ཤུན་པ་དང༌། སྐྲ་དང༌། འབྲས་ཕུབ་དང༌། མ་ཧེ་དང༌། རྟའི་ཤ་ལྷན་ཅིག་ཏུ་གང་གི་མིང་ དང་བཅས་པ་དུར་ཁྲོད་ཀྱི་མེ་ལ་བསྲེགས་ན་དེ་དང་འབྲལ་བར་འགྱུར་རོ། །ཡང་ན་དུར་ཁྲོད་ ཀྱི་ཤིང་ལ་གཏུམ་པོའི་མེ་རབ་ཏུ་སྦར་ལ་ཁྱིམ་དུ་གནས་ཏེ། གོང་གི་རྫས་དེ་བསྲེགས་ན་རྡོ་རྗེ་ འཛིན་པ་ལྟ་བུ་ཡང་ཉི་མ་བདུན་གྱིས་འབྲལ་ལོ། །དེ་ནས་བསྐྲད་པར་འདོད་ན། བྱ་རོག་གི་ ཤ་དང༌། རྔ་མོའི་སྦངས་དང༌། ལྷན་ཅིག་ཏུ་ཆང་དང་ཡང་དག་པར་ལྡན་པ། རླུང་གིས་དཀྱིལ་ འཁོར་གྱི་དབུས་སུ་དུར་ཁྲོད་ཀྱི་མེ་རབ་ཏུ་སྦར་ལ། གཅེར་བུ་སྐྲ་བཤིག་པར་བསྒྱུར་ནས། ཁ་ ལྷོར་ཕྱོགས་སུ་བལྟས་ཏེ་ཆེ་གེ་མོའི་མིང་དང་བཅས་པ་ལག་པ་གཡོན་པའི་སྦྱིན་བསྲེག་སྟོང་ བྱས་ན་སྐྲོད་པ་ལས་གཞན་མིན་ནོ། །དེ་ནས་རེངས་པར་འདོད་ན། པ་བླ་དང༌། ཡུང་བ་དང༌། ལྡིང་རིས་དང༌། འགི་ཧཾ་དང་བཅས་པས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ། ཁ་བྱང་དུ་བལྟས་ ཏེ། ལས་ཀྱི་རྗེས་སུ་འབྲང་བའི་སྦྱོར་བ་དམིགས་ནས། གང་གི་མིང་དང་བཅས་པས་སྦྱིན་ སྲེག་བྱས་ན་ཉི་མ་བདུན་གྱིས་རེངས་པར་འགྱུར་རོ། ། དེ་ནས་གྲོང་བསྐྲད་པར་འདོད་ན། ནིམ་པའི་ཤིང་ལ་མེ་རབ་ཏུ་སྦར་ལ། ཁྱིའི་ཤ་དང༌། སྦལ་པའི་ཤ་དང༌། རྔ་མོང་གི་སྦངས་དང༌། བྱི་ལིའི་ཁྲག་དང༌། གཅིག་ཏུ་སྤྲུལ་ཏེ། གཤིན་ 21-1-457 རྗེའི་སྦྱོར་བ་ལ་གནས་པས་གྲོང་གི་མིང་དང་བཅས་པར་ཡི་གེའི་སྔགས་ཀྱིས་རླུང་གི་དཀྱིལ་ འཁོར་གྱི་དབུས་སུ་སྦྱིན་སྲེག་སྟོང་ཕྲག་བཅུ་བྱས་ན་གྲོང་སྐྲོད་པར་འགྱུར་རོ། །ལས་དེ་རྣམས་ ནི་ཤིན་ཏུ་མཉམ་པར་བཞག་པས་བྱ་བའམ། ཡང་ན་སྔགས་པ་ཉིད་ཀྱིས་ཀྱང་ལས་དེ་དག་མི་ བྱ། གཞན་སུ་ལ་ཡང་མི་བསྟན་ཏོ། ། དེ་ནས་བུ་མོ་རེངས་པར་འདོད་ན། ཚེར་མ་དང༌། དུག་དང༌། སྐེ་ཚེ་དང་བཅས་པར་རང་ གི་ཁྲག་གིས་སྤྲུས་ནས་ཡི་གེ་བཅུ་པའི་སྔགས་དང་བཅས་པས་བུ་མོ་ཆེ་གེ་མོ་རེངས་པར་གྱུར་ ཅིག །ཅེས་དུར་ཁྲོད་ཀྱི་མེ་ལ་སྦྱིན་སྲེག་སྟོང་བྱས་ན་རེངས་པ་ལས་གཞན་མིན་ནོ། །དེ་ནས་ ཞི་བར་བྱ་བར་འདོད་ན། མར་དང༌། སྦྲང་རྩི་དང༌། འོ་མ་དང༌། དུར་བ་དང་བཅས་པར་བ་ ལ་ཤའི་ཤིང་ལ་མེ་རབ་ཏུ་སྦར་ནས་ཞི་བར་འདོད་པའི་དམིགས་པས། ཡུལ་གྱི་ཤར་ཕྱོགས་ སུ་ཁ་བལྟས་ཏེ་གནས་པས། དུས་གསུམ་དུ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ནས་དེས་ཡུལ་ཞི་ བར་འགྱུར་རོ། །དེ་ནས་རྒྱས་པར་འདོད་ན། ཏིལ་དང༌། འབྲས་དང༌། ནས་དང༌། །མར་དང་ བཅས་པས་ཨུ་དུམ་ཝ་རའི་ཤིང་ལ་མེ་རབ་ཏུ་སྦར་ནས་ལས་ཀྱི་རྗེས་སུ་འབྲང་བའི་ལྷའི་སྦྱོར་ བ་དམིགས་ཏེ། ཁ་བྱང་དུ་བལྟས་ནས་མཉམ་པར་བཞག་པས་དུས་གསུམ་དུ་སྦྱིན་སྲེག་སྟོང་ བྱས་ན་རྒྱས་པར་འགྱུར་རོ། ། དེ་ནས་དགུག་པར་འདོད་ན། ཀེ་ཚེས་གཟུགས་བརྙན་བྱས་ལ་སེང་ལྡེང་གི་མེ་ཡིས་ དབུས་སུ་བརྒྱ་རྩ་བརྒྱད་དུ་བསྲེགས་ཏེ་དེས་འགུགས་སོ། །ཉི་མ་བདུན་གྱིས་གང་འདོད་པ་ཐེ་ ཚོམ་མེད་པར་འགྱུར་རོ། །དེ་ནས་སྨྱོ་བར་བྱེད་པར་འདོད་ན། བྱ་རྒོད་ཆེན་པོའི་ཚང་དང་ཤ་ ཆེན་བསྲེགས་ན་སྨྱོ་བར་འགྱུར་རོ། །དེ་ཕུབ་མའི་མེ་ལ་བསྲེགས་ན་བདེ་ལེགས་སུ་འགྱུར་རོ། ། དེ་ནས་ནོར་ནོར་མ་ཡིན་པར་འདོད་ན། ཤིང་བལ་གྱི་མེ་ལ་ད་རུ་རའི་འབྲས་བུ་དང་བཅས་ པར་མཚན་མོ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཤིན་ཏུ་ཆུད་ཟོས་པར་འགྱུར་རོ། །ཨ་རུ་ར་ 21-1-458 བསྲེགས་ན་སླར་རྫས་དེ་ཉིད་དུ་འགྱུར་རོ། །རྗེ་བཙུན་གྱི་མདུན་དུ་ཤ་ཆེན་ཆང་དང་བཅས་ པ། ཟླ་བ་དྲུག་ཏུ་མཚན་མོ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་ཡུལ་ཐམས་ཅད་ཀྱི་བདག་པོར་ འགྱུར་རོ། །བ་གླང་གི་ཤ་ཁྲག་དང་བཅས་པ་གང་གིས་མིང་དང་བཅས་པར་སྦྱིན་སྲེག་སྟོང་ བྱས་ན་ཇི་སྲིད་འཚོའི་བར་དུ་བྲན་དུ་གནས་པར་ཐེ་ཚོམ་མེད་དོ། ཁྱི་ཤ་རྡོ་རྗེའི་ཆུ་དང་བཅས་ པར་མཚན་མོ་གང་གི་མིང་དང་བཅས་པར་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན། བདག་ཉིད་ ནོར་དང་བཅས་པར་དབང་དུ་འགྱུར་རོ། །རྟའི་ཤ་རྣམ་པར་སྣང་མཛད་དང་བཅས་པ་སྦྱིན་ སྲེག་བརྒྱ་རྩ་བརྒྱད་གནས་གཅིག་ཏུ་གནས་པས། མཚན་མོ་རྒྱལ་པོ་ལ་དམིགས་ནས་བྱས་ན་ ཞག་བདུན་གྱིས་འཁོར་དང་བཅས་པར་དབང་དུ་འགྱུར་རོ། །གླང་པོའི་ཤ་ཁུ་བ་དང་བཅས་ པས་འཇིག་རྟེན་ཀུན་ལ་དམིགས་ཏེ་མཚན་མོ་སྦྱིན་སྲེག་སྟོང་བྱས་ན་ཞག་བདུན་གྱིས་དབང་ དུ་འགྱུར་རོ། །ཉ་དང་ཤ་དང་ཆང་དང་བཅས་པས་འཇིགས་པ་མེད་པར་སྦྱིན་སྲེག་བརྒྱ་རྩ་ བརྒྱད་བྱས་ན་བུད་མེད་ཐམས་ཅད་དབང་དུ་འགྱུར་རོ། ། དེ་ནས་བསྐྲད་པར་འདོད་ན། བྱ་རོག་གི་ཤ་གཞན་དང་མ་འདྲེས་པར་གང་གི་མིང་དང་ བཅས་པར་སྦྱིན་སྲེག་སྟོང་བྱས་ན་ཉི་མ་བདུན་གྱིས་རྡོ་རྗེ་འཛིན་པ་ལྟ་བུ་ཡང་རབ་ཏུ་འབྲོས་ པར་འགྱུར་ན་ཕྲ་མོ་གཞན་ལྟ་ཅི་སྨོས། དེ་ནས་བྱ་རོག་གི་ཚང་དང༌། འབྲས་ཀྱི་ཕུབ་མ་དང༌། ལྷན་ཅིག་ཏུ་དྷ་རུ་རའི་ཤིང་ལ་མེ་རབ་ཏུ་སྦར་ཏེ། ཡི་གེ་བཅུ་པའི་སྔགས་གང་གི་མིང་དང་ བཅས་པར་ནམ་ཕྱེད་ན་སྦྱིན་སྲེག་བྱས་ན་ཉི་མ་བདུན་གྱིས་སྐྲོད་པར་འགྱུར་རོ། །དེ་ནས་ དབང་དུ་བྱ་བར་འདོད་ན། སེང་ལྡེང་གི་མེ་ལ་ཏིལ་དང་འབྲས་དང་བུད་མེད་ཀྱི་མེ་ཏོག་དང་ ལྷན་གཅིག་ཏུ་རྡོ་རྗེ་ཆུ་དང་བསྲེས་ཏེ། རྣལ་འབྱོར་གྱི་གཟུགས་དམར་པོར་དམིགས་ནས་ཁ་ ནུབ་ཏུ་བལྟས་ཏེ། ཡི་གེ་བཅུ་པའི་སྔགས་གང་གིས་མིང་དང་བཅས་པ་སྔགས་པས་བསྲེགས་ ན་ཉི་མ་བདུན་གྱིས་དབང་དུ་འགྱུར་ཏེ། ཇི་སྲིད་འཚོའི་བར་དུ་མི་འབྲལ་ལོ། །དེ་ནས་དགུག་ 21-1-459 པར་འདོད་ན། བདུད་རྩི་ལྔ་དང་བཅས་པར་སེང་ལྡིང་གི་མེ་ལ་གང་གི་མིང་དང་བཅས་པ་ སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་དེ་སྐད་ཅིག་གཅིག་གིས་འོང་བར་འགྱུར་རོ། །ལས་འདི་ རྣམས་ནི་སྔོན་དུ་བསྙེན་པ་བྱས་པའི་སྔགས་པས་བྱའོ། །གཞན་པས་བྱས་ན་སྔགས་པ་ལ་ འཇིག་རྟེན་པས་འཕྱ་བར་འགྱུར་རོ། ། ཇི་ལྟར་བྱེ་བྲག་མི་བྱ་སྟེ། །གང་ལའང་བྱེ་བྲག་སྦྱིན་མི་བྱ། །བྱེ་བྲག་ཕྱེ་ན་སྔགས་པ་ཡིས། ། དངོས་གྲུབ་འགྲུབ་པ་མ་ཡིན་ནོ། །རྒྱུད་གཞན་དག་ལས་ཀྱང་གསུངས་ཏེ། །ཇི་ལྟར་བྱེ་བྲག་ མ་སྐྱེས་ན། །དེ་བཞིན་བྱ་བའི་བྱེ་བྲག་སྨྲས། །རྡོ་རྗེ་སེམས་དཔས་ཀྱང་མི་འགྲུབ། །གང་གི་ མདུན་དུའང་སྔགས་པ་ཡིས། །དེ་ཕྱིར་ལས་རྣམས་མཐོང་མི་བྱ། །གཞན་དང་ལྷན་ཅིག་ཏུ་མི་ བྱ། །གལ་ཏེ་སྔགས་པས་ལས་བྱ་འདོད། །དེ་དག་གཅིག་པུ་ཉིད་ཀྱིས་བྱ། །སྔགས་པ་དེ་ཡིས་ ལས་ཀུན་འགྲུབ། །འདི་ནི་འཇམ་དཔལ་མཆོག་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་ རྒྱུད་ལས་སྦྱིན་སྲེག་གི་ལས་ཀྱི་ཆོ་ག་རྒྱ་ཆེ་བའི་རྟོག་པ་སྟེ་དྲུག་པའོ། ། དེ་ནས་བསམ་གཏན་གྱི་ལས་ཀྱི་ཆོ་ག་ཇི་ལྟ་བ་ཡང་དག་པར་གསུངས་ཏེ། བསམ་གཏན་ ཙམ་གྱིས་སྦྱོར་བ་དགོས་པ་ཐམས་ཅད་སྒྲུབ་པར་བྱ་སྟེ། དེའི་ཆོ་ག་ནི། དང་པོར་རེ་ཞིག་རྣལ་ འབྱོར་པ་མ་ཧེའི་གདོང་པའི་སྦྱོར་བ་ལ། གནས་པ། སྔོན་དུ་བསྙེན་པ་བྱས་པས་ལས་ཐམས་ ཅད་བྱའོ། །རཾ་ཡོངས་སུ་གྱུར་པའི་མེའི་དཀྱིལ་འཁོར་ཀུན་ཏུ་གསལ་ཞིང་འབར་བ་རྣམ་པར་ བསམ་ལ། དེའི་སྟེང་དུ་བསྒྲུབ་བྱ་གཅེར་བུ་སྐྲ་བཤིག་པ་བྱེད་པར་གྱུར་པ་བདག་གིས་མདུན་ དུ་རྣམ་པར་བསམ་མོ། །དེ་ནས་རང་གི་ལུས་ལས་ཁྲོ་བོའི་གཟུགས་བརྙན་མང་བ་རྣམ་པར་ སྤྲོས་ཏེ། ཁྲོ་བོ་དེ་རྣམས་ཀྱིས་རལ་གྲིས་རྒྱབ་ཅིང་ཁྲག་འཐུང་བར་བསམ་པར་བྱའོ། །བསྒྲུབ་ བྱ་དེའི་ཤ་ཟ་བ་དང༌། རྒྱུ་མ་དྲངས་པར་བསམ་པར་བྱའོ། །འདི་སྐད་སྨྲས་ཏེ། དཀོན་མཆོག་ གསུམ་ལ་གནོད་པར་བྱེད་པ་དང༌། བླ་མ་ལ་སྐུར་བ་འདེབས་པ་ལ་རྒྱོབ་ཅིག །སོད་ཅིག་སོད་ 21-1-460 ཅིག །བསམ་ཤིང་བརྗོད་པ་ཙམ་གྱིས། རྡོ་རྗེ་འཛིན་པ་ཡང་ཞག་བདུན་གྱིས་འཆི་ན། ཕྲ་མོ་ སྲོག་ཆགས་གཞན་ལྟ་ཅི་སྨོས། དེ་ནས་གཞན་ཡང་བསམ་གཏན་གྱི་རབ་ཏུ་སྦྱོར་བ་ནི། མ་ ཧེའི་གདོང་ཅན་གྱི་ང་རྒྱལ་གྱིས་གནས་ཏེ། ལས་ཐམས་ཅད་སྒྲུབ་པར་བྱའོ། །མེའི་དཀྱིལ་ འཁོར་གྱི་དབུས་སུ་བསྒྲུབ་བྱ་འདར་བར་རྣམ་པར་བསམ་ལ། དེའི་མདུན་དུ་སྲིན་པོ་མང་པོ་ བསམ་པར་བྱ་སྟེ། སྲིན་པོ་དེ་དག་ཐ་དད་པའི་ལུས་ཅན་མ་རུངས་པ། ཤིན་ཏུ་གཏུམ་པས་ཤ་ ཟ་བ་དང༌། ཁྲག་འཐུང་བར་རྣམ་པར་བསམ་པར་བྱའོ། །གཞན་ཡང་རྣམ་པ་སྣ་ཚོགས་པའི་ བྱ་རྣམས་ཏེ། བྱ་རྒོད་དང༌། བྱ་རོག་དང༌། འུག་པ་དང༌། ལྕེ་སྤྱང་དང༌། ཁྱི་རྣམས་ཀྱིས་ཤ་ ཟ་བ་དང༌། ཁྲག་འཐུང་བར་རྣམ་པར་བསམ་པར་བྱའོ། །བསམ་གཏན་འདིའི་སྦྱོར་བས་ཐེ་ ཚོམ་མེད་པར་འཆིའོ། །དཔག་ཚད་བརྒྱ་ན་གནས་པས་སྐྱེས་བུ་ཡང་བཟུང་སྟེ་བསམ་གཏན་ ཙམ་མོ། །སྔགས་པས་བསམ་པ་བརྟན་པར་བྱའོ། །དེ་ནས་དཔྲལ་བར་འདོད་ན། མ་ཧེའི་ སྙིང་གར་བསྒྲུབ་བྱ་བསམ་པ་སྟེ། བསྒྲུབ་བྱ་གཞན་རྟའི་སྙིང་གར་བསམ་པར་བྱའོ། །རྟ་དང་ མ་ཧེ་གཉིས་ཕན་ཚུན་འཐབ་པར་བྱེད་པར་བསམ་སྟེ། ཇི་སྲིད་རྟ་དང་མ་ཧེ་གཉིས་ཕྱེ་མར་མ་ གྱུར་གྱི་བར་དུ་བྱའོ། །ཕྱི་ནས་བསྒྲུབ་བྱ་དེ་གཉིས་རབ་ཏུ་མི་འཛག་པར་བསམ་པར་བྱས་ན། བསམ་པ་ཙམ་གྱིས་ཉི་མ་བདུན་གྱིས་ངེས་པར་འཐབ་པར་འགྱུར་ཏེ་གཞན་དུ་མིན་ནོ། །དེ་ ནས་བསྐྲད་པར་འདོད་ན། དེ་རུ་ཡཾ་ཡོངས་སུ་གྱུར་པའི་རྔ་མོ་བསམ་པར་བྱ་སྟེ། ཡང་དེའི་རྒྱབ་ ཏུ་ཡཾ་གྱིས་རྣམ་པ་ལས་གྱུར་པའི་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པའི་རྣམ་པར་བསམ་མོ། ། དེའི་སྟེང་དུ་བསྒྲུབ་བྱ་གཅེར་བུ་སྐྲ་བཤིག་པར་བྲེད་པར་གྱུར་པར་བསམ་པར་བྱ་སྟེ། མ་ཧེའི་ གདོང་ཅན་གྱིས་སྦྱོར་བ་ལ་གནས་པས། དེའི་རྒྱབ་ཏུ་གཤིན་རྗེའི་གཟུགས་ལག་པས་དབྱུག་ པ་འཛིན་པ། སྐྲ་བསྲལ་པ་རྣམ་པར་བསམ་པར་བྱ་སྟེ། རྔ་མོ་དེ་ཁ་ལྷོར་བསྟན་ལ་བཏང་ངོ༌། ། དེའི་མིང་དང་བཅས་པར་གཤིན་རྗེའི་སྔགས་བརྗོད་པར་བྱས་ན། རྣལ་འབྱོར་པས་འདི་ 21-1-461 བསམ་པ་ཙམ་གྱིས་ཞག་བདུན་ན་འདི་ལྟར་རྡོ་རྗེ་འཛིན་པ་ཡང་སྐྲོད་པར་འགྱུར་རོ། །གཞན་ ཡང་བསམ་གཏན་གྱི་རབ་ཏུ་སྦྱོར་བ་ནི། བྱ་རོག་གིའམ། བྱ་རྒོད་ཀྱི་རྒྱབ་ཏུ་བསྒྲུབ་བྱ་སྐྲ་བྲོལ་ བ་གཅེར་བུ་རྣམ་པར་བསམ་མོ། །དེའི་རྒྱབ་ཏུ་གཤིན་རྗེ་རྣམ་པར་བསམ་པར་བྱ་སྟེ། ལག་ན་ ཐོ་བ་ཐོགས་པ། བསྒྲུབ་བྱའི་སྐྲ་བཟུང་སྟེ། དེ་ལ་མ་ཧེའི་གདོང་ཅན་གྱིས་བཀའ་བསྒོ་སྟེ། ཁ་ ལྷོ་རུ་བལྟས་ནས་སོང་བར་བསམ་སྟེ། རྩེ་གཅིག་པའི་སྦྱོར་བས་ཞག་བདུན་གྱིས་སྐྲོད་པར་ འགྱུར་རོ། །དེ་ནས་དགུག་པར་བྱེད་ན། ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་གཤིན་རྗེ་གཟུགས་ལྕགས་ཀྱུ་དང་ཞགས་ པ་ལག་ན་ཐོགས་པ་རྣམ་པར་བསམ་མོ། །མ་ཧེའི་གདོང་གི་རྣལ་འབྱོར་ལ་གནས་པས་དེ་ལ་ བཀའ་བསྒོ་བ། གཤིན་རྗེ་སོང་ལ་ཡུལ་ཆེ་གེ་མོ་ནས་བུ་མོ་ཆེ་གེ་མོ་མྱུར་དུ་ཁུག་ཅིག དེ་སྐད་ བསྐུལ་བས་ཡཾ་ཡིག་གིས་བསྐྱོད་དེ། སོང་བར་རྣམ་པར་བསམ་པར་བྱའོ། །བསམ་གཏན་ འདི་ཡི་རབ་ཏུ་སྦྱོར་བ་ལ་གནས་པས། སྔགས་པས་ཁམས་གསུམ་དུ་གཏོགས་པའི་བུད་ མེད་བཀུག་ལ་རོལ་བར་བྱའོ། །ཇི་ལྟར་བསམ་པ་བརྟན་པར་འགྱུར་ནས། འདིའི་རབ་ཏུ་ སྦྱོར་བའི་དེ་དག་བྱའོ། །གཞན་གྱིས་མི་བྱའོ། །དེ་ནས་དུག་གིས་ཟིན་པ་བསླང་བའི་སྦྱོར་བ་ གསུངས་ཏེ། རང་གི་སྙིང་གར་པདྨ་དཀར་པོ་འདབ་མ་བརྒྱད་པ་རྣམ་པར་བསམ་ལ། དེའི་ སྟེང་དུ་དབྱངས་ཡིག་གསུམ་པ་མདོག་དཀར་པོ་དང༌། འདབ་མར་ཕཊ་བརྒྱད་བསམ་པར་ བྱ། དེ་ལས་ལྷག་མ་ཞེས་བྱ་བའི་ཀླུའི་གཟུགས་རྣམ་པར་བསམ་སྟེ། དེའི་སྤྱི་བོར་ཡི་གེ་ཨི་ཁ་ དོག་དཀར་པོ་ལས་བདུད་རྩི་འཛག་པར་བསམ་པར་བྱའོ། །ཀླུ་དེའི་མིག་རྣམས་ནས་བདུད་ རྩི་འཕྲོས་ནས་བསྒྲུབ་བྱ་དེའི་ལུས་ལ་ཐིམ་པར་བསམ་པར་བྱ་སྟེ། བསམ་གཏན་འདིའི་སྦྱོར་ བས་ཁམས་གསུམ་ཡོངས་སུ་གང་བའི་དུག་ཀྱང་མེད་པར་འགྱུར་རོ། །དུག་ཁུར་སྟོང་ཡང་ ཟ་ནུས་སོ། །དེ་ནས་ཞུ་བའི་བསམ་གཏན་གྱི་སྦྱོར་བ་རབ་ཏུ་གསུང་བ་ནི། བསྒྲུབ་བྱ་མདུན་ 21-1-462 དུ་བསམས་ཏེ། དེའི་རྐང་པ་གཉིས་ལ་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་བསམ་ པར་བྱ། དེའི་སྟེང་དུ་གསང་བའི་གནས་སུ་མེའི་དཀྱིལ་འཁོར་གྲུ་གསུམ། ཁ་དོག་དམར་ པོ་རཾ་གྱིས་བྱིན་གྱིས་རླབས་པ་བསམ། དེའི་སྟེང་དུ་སྙིང་གར་སའི་དཀྱིལ་འཁོར་གྲུ་བཞི་ པ། ཁ་དོག་སེར་པོ་ལཾ་གྱིས་བྱིན་གྱིས་བརླབས་པ་བསམ། དེའི་སྟེང་དུ་དཔྲལ་བར་ཟླ་བའི་ དཀྱིལ་འཁོར་བསམ། དེའི་དབུས་སུ་ཡི་གེ་བཾ་མགོ་ཐུར་དུ་གནས་པ་ལས་བདུད་རྩི་འཛག་ པར་བསམ་ཏེ། དེ་ནི་ལེགས་པར་རྣམ་པར་བསམས་ནས་རླུང་གིས་མེ་རབ་ཏུ་སྦར་ཏེ་མེ་དེས་ དབང་ཆེན་གྱི་དཀྱིལ་འཁོར་བསྲེགས་པར་རྣམ་པར་བསམ། དབང་ཆེན་གྱི་དཀྱིལ་འཁོར་གྱི་ དྲོད་ཀྱིས་བདུད་རྩིའི་དཀྱིལ་འཁོར་དེ་ཞུ་བའི་རྣམ་པར་བསམ་པར་བྱ་སྟེ། འདིའི་སྦྱོར་བ་ཙམ་ གྱིས་བུད་མེད་ཞུ་བར་འགྱུར་ཏེ། འོ་མའི་ཤིང་བཞིན་ཞུ་བར་བྱེད་པར་ཐེ་ཚོམ་མེད་དོ། །དེ་ ནས་རྒྱལ་པོའམ། རྒྱལ་པོའི་བློན་པོ་དབང་དུ་བྱ་བར་འདོད་ན། སྔགས་པའི་མ་ཧེའི་གདོང་ ཅན་གྱི་རྣལ་འབྱོར་ལ་རབ་ཏུ་གནས་ལ། བདག་ཉིད་མདོག་དམར་པོ་བསམས་ཏེ། བསྒྲུབ་ བྱ་གང་དུ་གནས་པ་དེའི་སྟེང་དུ་གནས་ལ། ཕྱི་ནས་རང་གི་ལུས་ལས་འཇམ་དཔལ་མདོག་ དམར་པོ་ཕྱག་ན་ལྕགས་ཀྱུ་དང་ཞགས་པ་ཅན་རབ་ཏུ་བྱུང་སྟེ། འཇམ་དཔལ་དེས་བསྒྲུབ་བྱའི་ སྙིང་ཁ་དང་མགྲིན་པར་བཅིངས་ནས་དགུག་པར་བསམ་མོ། །འཇམ་དཔལ་གྱི་སྐུ་ལ་རབ་ཏུ་ གཞུག་གོ །བསྒྲུབ་བྱེད་མྱོས་པར་བསམ་པར་བྱ་སྟེ། བསམ་གཏན་འདི་ཡི་སྦྱོར་བས་དེའི་སྙིང་ གར་ཡི་གེ་བཅུ་པའི་སྔགས་རྣམ་པར་བསམ་པར་བྱའོ། ། ཡང་ཁ་དོག་དམར་པོའི་སྒྲུབ་པ་པོའི་ཡེ་ཤེས་ཀྱི་གཟུགས་ཀྱིས་ཡི་གེ་དེ་ལ་གཞུག་པར་ བྱའོ། །དེ་ནས་བསྒྲུབ་བྱ་དང་སྔགས་གཅིག་ཏུ་འགྱུར་བར་བྱའོ། །བསམ་གཏན་འདིའི་རབ་ཏུ་ སྦྱོར་བས་ཉི་མ་བདུན་གྱིས་འཁོར་ལོ་སྒྱུར་བ་ཡང་དབང་དུ་འགྱུར་ཏེ། ཇི་སྲིད་འཚོའི་བར་དུ་ ཐེ་ཚོམ་མེད་དོ། །རབ་ཏུ་མཉམ་པར་བཞག་པའི་སྔགས་པས་མི་གཡོ་བའི་བསམ་གཏན་གྱིས་ 21-1-463 བྱའོ། །རྒྱུད་གང་ལ་ཡང་མི་སྦྱིན་ནོ། །གལ་ཏེ་སྔགས་ཀྱང་མི་བསྟན། དཔལ་རྡོ་རྗེ་འཇིགས་ བྱེད་ཆེན་པོ་མ་ཧེའི་གདོང་ཅན་གྱི་བསམ་གཏན་གང་ལ་ཡང་མི་སྦྱིན་ནོ། །སྨྲ་བར་ཡང་མི་ བྱ། སྔགས་ཀྱི་དབྱེ་བ་ཡང་མི་བྱ། བྲི་སྐུ་ཡང་གང་གིས་མདུན་དུ་ཡང་མི་དགྲམ། ཐང་ཀ་ཡང་ གསལ་བར་བཞག་གོ ། རྒྱུད་པ་འདིའི་རབ་ཏུ་སྦྱོར་བ་དང༌། བཟླས་པ་དང༌། སྨྲ་བ་གཞན་སུ་ལ་ཡང་འགའ་ཙམ་ ཡང་མི་བཟླ། གལ་ཏེ་ཡང་བཟླས་ན་དམ་ཚིག་ཉམས་པར་གྱུར་པས། དཔལ་འཇིགས་བྱེད་ ཆེན་པོ་དང༌། གཞན་ཡང་རྣལ་འབྱོར་མ་རྣམས་ཀྱིས་དང༌། མཁའ་འགྲོ་མ་རྣམས་ཀྱིས་ཟའོ། ། དེའི་ཕྱིར་སྔགས་པས་སུ་ལ་ཡང་མི་སྦྱིན་ནོ། །སྔགས་པས་གཞན་ལ་སྦྱིན་ན། དེ་དང་སློབ་ མར་བཅས་པ་དམ་ཚིག་ཉམས་ཏེ། འཇིག་རྟེན་འདི་ནི་འཇིགས་པ་ཆེན་པོར་གྱུར། འཇིག་ རྟེན་ཕ་རོལ་ཏུ་དམྱལ་བར་འགྲོ་བར་ཐེ་ཚོམ་མེད་དོ། ། དེ་ནས་སྦྱིན་ན། དམ་ཚིག་མ་ཉམས་པ་དང༌། རྣམ་པར་རྟོག་པ་མེད་པ་དང༌། དམ་པའི་ བརྟུལ་ཞུགས་ཅན། དཔའ་བོ་བླ་མ་ལ་གུས་པ། དུལ་བ་ཅན། དེ་བཞིན་གཤེགས་པའི་བསྟན་ པ་ངེས་པར་འཛིན་པ། རྒྱུད་སྦས་པ། མི་ཁྲོ་བ། སྙིང་རྗེ་དང་ལྡན་པ། བཟླས་པ་དང་བསམ་ གཏན་ལ་ཕྱོགས་པ་དང༌། རྣམ་པར་སྨིན་པ་ལ་འཛེམ་པ་དང༌། འདི་ལྟ་བུའི་ཡོན་ཏན་གྱི་ཁྱད་ པར་དང་ལྡན་པ་ནི། སློབ་མ་བཟང་པོ་སྟེ། དཀྱིལ་འཁོར་དམ་པ་དཔལ་རྡོ་རྗེ་འཇིགས་བྱེད་ ལ་མཆོག་ཏུ་གུས་པ། སྙིང་རྗེ་ཆེན་པོའི་ཡིད་བརླན་པ། རྣམ་པར་རྟོག་པ་མེད་པ། རབ་ཏུ་རྟོག་ པ་ལ་ཤིན་ཏུ་རྣམ་པར་བསམས་ཏེ། བླ་མས་དེ་ལྟ་བུའི་སློབ་མ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ ཆེན་པོའི་རྒྱུད་སྦྱིན་ནོ། །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོ་རྒྱུད་འབུམ་པ་ནས་ བྱུང་བ། རྟོག་པའི་ཕྱོགས་བཀླགས་པས་འདི་ནི་འཇམ་དཔལ་མཆོག་རྡོ་རྗེ་འཇིགས་བྱེད་ཆེན་ པོའི་རྣལ་འབྱོར་གྱི་རྒྱུད་ལས་བསམ་གཏན་གྱི་ལས་སྒྲུབ་པའི་རྟོག་པ་སྟེ་བདུན་པའོ། ། 21-1-464 སྔགས་པས་གཞན་ལ་བྱིན་ན་དེ་དང་སློབ་མར་བཅས་པར་དམྱལ་བར་འགྲོ་བར་ཐེ་ཚོམ་ མེད་དོ། །འཇིག་རྟེན་འདིར་ནི་འཇིགས་པ་ཆེན་པོར་འགྱུར་རོ། །འཇིག་རྟེན་ཕ་རོལ་ཏུ་ནི་ དམྱལ་བར་འགྲོའོ། །དམ་ཚིག་ཀྱང་ཉམས་པར་འགྱུར་རོ། །ཉེར་རྒྱུད་སྦྱིན་ནོ་ཞེས་པའི་རྗེས་ ལ་ཡོད། ཁ་ཅིག་ཏུའོ། །གྲུབ་པ། དཔལ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་དངོས་གྲུབ་ སྒྲུབ་པའི་རྟོག་པ། དཔལ་ཨུ་རྒྱན་གྱི་གནས་ཆེན་པོ་ནས་འཇམ་དཔལ་གྱི་རྒྱུད་ལས་བྱུང་བ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞེས་བྱ་བ། བླ་མ་དམ་པ། དཀྱིལ་ འཁོར་ཆེན་པོའི་སློབ་དཔོན་དཔལ་ལ་ལི་ཏ་བཛྲས་ཕྱུང་ནས་མཛད་པ་རྫོགས་སོ།། །། ནུས་བཞིན་ཤེས་རབ་བླ་མ་ཡི། །བཀའ་འདི་བསྒྱུར་བའི་དགེ་བ་གང༌། །དེ་ཡིས་བསྟན་ ལ་རྙེད་པ་དང༌། །ཞལ་ནི་ཉེ་བར་སྟོན་གྱུར་ཅིག །སླད་ཀྱིས་པཎྜི་ཏ་བྷ་རོ་ཕྱག་རྡུམ་དང་། ལོ་ཙྪ་ བ་དགེ་སློང་རྡོ་རྗེ་གྲགས་ཀྱིས་ཀྱང་བཅོས་ཤིང་གཏན་ལ་ཕབ་པའོ། །རྒྱུད་རྒྱལ་འདི་ལ། ཞང་ ཅོག་གྲུ །རོང་ཟོམ། རྭ་ལོ། བ་རི། ནག་ཚོ། གྱི་ཇོ། མལ་གྱོ། ཁུ་དངོས་གྲུབ། པཎྜི་ཏ་ས་ མན་ཏས་བསྒྱུར་པ་སྟེ། འགྱུར་བརྒྱད་ཡོད་ཅེས་སྔོན་དུས་གྲགས། དུས་ཕྱིས་སྐྱིད་རོང་ལོ་ཙཱ་ བ་ངག་དབང་གིས་དབུས་གཙང་ཀུན་ཏུ་བཙལ་བས། སྔ་མ་བཞི་པོ་དང༌། བརྒྱད་པོ་དར་མ་ འདུས་པ་ལྷ་བཙད་པོ་མུ་ནེ་རཱ་ཛའི་འགྱུར་དང༌། ཚིགས་བཅད་མ་དང་གཞན་གཅིག་སྟེ་འགྱུར་ བྱང་མ་ཐེབས་པ་གཉིས་མཐོང་གསུང་ལ། ཁྱུང་བོས་ཀྱང་འགྱུར་དང་པོ་གསུམ་དང༌། མལ་ འགྱུར་དང༌། མ་ནིང་ཆོས་ཤེས་དང༌། ཚིགས་བཅད་མ་སྟེ། འགྱུར་དྲུག་མཐོང་ངོ༌། ། རྭ་འགྱུར་ལ། འགྱུར་སྔ་མ་ཞང་གི་འགྱུར་བྱང་ཡོད་མེད་གཉིས་སྣང་བ། ཚིག་རིགས་མི་ འདྲ་བ་ཅུང་ཟད་གདའ། རཱ་བའི་ཊཱིཀྐ་རྙིང་པ་རྣམས། ང་ཡི་འགྱུར་བྱང་མེད་པ་དེ་ཁོ་ན་ལ་འབྲུ་ གནོན་པར་འདུག །མལ་འགྱུར་དེ་ཡང་ལོ་ཙཱ་བ་ཁྱུང་པོ་ཆོས་རྩོན་གྱི་འགྱུར་ལ་འགྱུར་བཅོས་ མཛད་པར་འདུག་པས། མ་ནིང་པ་དང༌། ཆོས་བརྩོན་གྱི་འགྱུར་འདི་གཉིས་ཀྱང༌། སྔགས་ཀྱི་ 21-1-465 བརྒྱད་ལ་མི་ཐེ་བས་སྤྱིར་འགྱུར་མི་འདྲ་བ་བཅུ་གཅིག་ནི་ངེས་པར་བྱུང་སྣང་ངོ༌། །ཞང་འགྱུར་ དང་། རོང་ཟོམ་འགྱུར་ལ་སྔགས་ཏུ་ཚིག་ལྷུག་པར་ཡོད། གཞན་མཐོང་བ་བཞི་ལ་ཚིགས་ བཅད་དུ་སྣང༌། སྤྱིར་དཔེ་རྙིང་ཁོ་རང་ལ་བརྟགས་དུས། འགྱུར་གཞན་ལ་རྭའི་འགྱུར་བྱང་ བཏགས་པ་དང༌། འགྱུར་མི་གཅིག་པ་ཕན་ཚུན་ཞུ་དག་བྱས་པ་ཚིག་རིགས་འགྲེས་པ་དང༌། ཚིག་སྣ་རིང་ཐུང་དང༌། མཆན་བུ་དཀྱུས་ལ་ཤོར་བ་སོགས་སྣ་ཚོགས་སྣང་ཡང༌། རྒྱ་བོད་ཀྱི་ འབྲེལ་བ་ཇི་སྙེད་པ་ཞིག་ལ་གཏུགས་ཤིང༌། རྭ་འགྱུར་སྔ་མའི་སྟེང་དུ་ཡིག་ནོར་རྒྱུད་པ་འགའ་ རེ་འདུག་པ་ཐམས་ཅད་སྤངས་ཏེ། བརྟག་དཔྱད་ཐུབ་ངེས་པར་ཞུས་དག་བྱེད་པ་པོ་ནི་ཏཱ་ར་ནཱ་ ཐའོ། །འདིའི་རྒྱ་དཔེ་མ་མཐོང་བས། བོད་སྐད་ཁོ་ནའི་ཞུས་དག་ལས། གཞན་འགྱུར་བཅོས་ ཐབས་མ་བྱུང་ཡང༌། འགྱུར་མི་གཅིག་པ་རྣམས་བསྡུར་བ་དང༌། བཤད་པ་རྣམས་ཀྱི་དོན་ལ་ དཔྱད་པ་ན། ཚིག་ཟུར་ཚུན་ཆད་དག་མ་དག་ཕྱིན་ཅི་མ་ལོག་པ་གསལ་བར་རྟོགས་པའི་རྒྱུད་ ཉིད་ལས་སོ།། །།ཞུས་དག མངྒ་ལཾ། ཤུ་བྷཾ་སྟུ་སརྦ་ཛ་ག་ཏཾ། 21-1-466 ༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དྲུག་ཅུ་རྩ་བཞིའི་གཏོར་མའི་ ཆོ་ག་ཁམས་གསུམ་ཟིལ་གནོན་གྱི་དམིགས་རིམ་གྱིས་ མན་ངག་གི་ཡི་གེ་སྙིང་དང་འདྲ་བ། གཞན་ལ་ གསང་བའི་མན་ངག་བཞུགས། ༄༅། །ༀ་སྭཱ་སྟི། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ རྡོ་རྗེའི་ཁྲོ་རྒྱལ་གཤིན་རྗེ་གཤེད་མཐར་བྱེད་ཆེན་པོའི་རིགས་ཀྱི་ལས་ཚོགས་དང་འབྲེལ་ བས་བསྒྲུབ་པར་བྱ་བ། དྲུག་ཅུ་རྩ་བཞིའི་གཏོར་མའི་ཆོ་ག་ཁམས་གསུམ་ཟིལ་གནོན་ཞེས་བྱ་ བ་ལ། དང་པོར་སྟོད་ལས་བྱང་ཆུབ་སྒྲུབ་པ་དང༌། སྨད་ལས་དགྲ་བགེགས་སྒྲོལ་བ་ཞེས་བྱ་བ་ ལས། སྟོད་ལས་བྱང་ཆུབ་སྒྲུབ་པའི་སྐབས་རྣམས་སྤྱིར་ནས་གོ་སླ་བ་ལས། ཚོགས་ཞིང་སྤྱན་ འདྲེན་གྱི་སྐབས། རྗེ་བཙུན་ཉིད་ཀྱི་མན་ངག་ནས་འབྱུང་བཞིན། དམིགས་པ་བརྟན་པོ་དང་ བཅས། ཕྱིར་འབྲང་གི་བགེགས་རྣམས་ཕྱིར་བསྐྲད་པའི་དམིགས་པ་དང༌། གསུམ་པ་སྐྱབས་ སུ་འགྲོ་བ་དང༌། དེ་ནས་བཟླས་པའི་དམིགས་པ་གསལ་འདེབས་པ་སོགས། རྟ་ཁལ་མ་དང༌། གཤེད་དམར་འཁྲུལ་འཇོམས་ལས་གཟིགས་འཚལ་སྔགས་བསྡུ་བའི་སྐབས། ཕྱོགས་བཅུ་ དུས་གསུམ་གྱི་ཞེས་པ་དང༌། འོད་གསལ་དུ་བསྡུ་བའི་སྐབས། ཁམས་གསུམ་སྣོད་བཅུད་ ཞེས་པའི་སྐབས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དང༌། རང་ལ་ཐིམ་ཞེས་ པའི་སྐབས། དམིགས་པ་གནད་ཆེ་བ་ཟབ་འཚལ། དེ་ནས་མདུན་བསྐྱེད་ཀྱི་མཆོད་གཏོར་ འབུལ་བས་སྐབས་ཐམས་ཅད་དུ་བཟླས་ནང་ལ་དམིགས་པ་ཡིན་ནའང༌། ཞབས་སུ།[བླ་མ་] 21-1-467 དང་འཇམ་དཔལ་གཤིན་རྗེ་གཤེད་པོས་བདག་ལ་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་སྩལ་ དུ་གསོལ། ཞེས་བརྗོད། དེ་ནས་མདུན་བསྐྱེད་ཐུགས་རྒྱུད་བསྐུལ་བའི་ཕྱིར་ཁྲོ་བཟླས་ཚབ་ འཚལ། བཀྲ་ཤིས། ། དེ་ནས་སྨད་ལས་དགྲ་བགེགས་སྒྲལ་བ། སྙན་གསན་དབབས་པ། མ་ཉེས་པར་དཔང་ གཟིགས་པ། བསྒྲལ་ཆོག །བཏབ་གཏོང་ཟོར་ལམ་དབྱེ་བ། ཟོར་འཕང་བ། ཟོར་ལམ་གཅོད་ པ་ལས། སྙན་གསན་དབབས་པས། གཟི་དཔང་གཉིས་གོ་སླ། དེ་ནས་བསྒྲལ་ཆོག་གི་སྐབས་ གཞན་རྣམས་གོ་སླ། ལིང་ག་བསྐྱེད་པའི་སྐབས་བསད་ལས་དང་སྦྱར་བས། བསད་པ་ཡིན་ན་ གོ་སླ། བཟློག་པ་ལ་བགེགས་ལུས་རིད་ཅིང་ཉམ་ཆུང་བ་ཞེས་པའི་སྐབས། བགེགས་དེ་དངོས་ སུ་གསལ་བ་ཡོད་ན་རང་གི་མིང་གིས་འབོད་ཅིང་དེའི་འཁོར་དང་སྤྲུལ་བ་ཡང་སྤྲུལ་རྣམས་ལ་ དམིགས་པ་གཏད། ལིངྒ་སྒྲོལ་བའི་སྐབས་དགྲ་བགེགས་ལྷ་དང་འཕྲལ་བའི་སྐབས། སྔགས་ ཀྱི་འཕྲལ་བ། མཆོད་པའི་འཕྲལ་བ། རྫས་ཀྱི་འཕྲལ་བ་གསུམ་ལ་ནན་ཏན་བསྐྱེད་པ་འཚལ། གསལ་བ་རྣམ་པ་གསུམ་གསལ་འདེབས། རང་ཡི་དམ་དུ་གསལ་བ་ལས་བྱེད། ཕུར་བ་ཡི་ དམ་གྱིས་ཐུགས་སྤྲུལ་དུ་གསལ་བ། ལིངྒ་དགྲ་བགེགས་དམིགས་བསལ་གང་མིན་དུ་བསལ་ བ་ཞེས་པ་དང༌། ཚེ་ལུང་ཁྲུས་ལོང་མེད་ན་ཤན་པ་ཡིན་ཞེས་ཏེ། རང་སྒྲུབ་པ་པོ་ཚེ་དང་བསོད་ ནམས་སོགས་ཀྱིས་ཀྱང་ཚངས་ན། དམ་ཅན་སྲུང་མ་ཤ་ཁྲག་བདུད་རྩི་རྣམ་པ་ལྔར་གྱུར་པས་ གསོལ་བའི་ཚངས་པ། དགྲ་བགེགས་གནས་ཀྱི་ཚངས་པ་ཞེས་པ། ཁོ་ཡི་རྣམ་ཤེས་ཨཱ་ཡིག་ སྐྱ་འཆར་རེ་བ་དེ། གནས་གསུམ་སོགས་ནས་འཐོན། ཕུར་བུའི་ཁོང་སེང་ནས་མར་དྲང་ཏེ་ ཕཊ་ཅེས་པའི་ངང་ནས་རྒྱལ་བ་མི་བསྐྱོད་ཞིང་ངམ། བདེ་བ་ཅན་ལ་སོགས་པར་གནས་སྤར་ དེ། ཕཊ་ཅེས་བསྐྲད་པས་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་ངང་དུ་བཞག །རྣམ་ཤེས་ཚོགས་ བརྒྱད་དང་ཚོགས་དྲུག་གསུང་ཆོས་སྐད་སྤྱིའི་དཔང་དུ་བཞག །ཡང་གསང་སྔགས་སྤྱི་ལ་ 21-1-468 གནད་སྦྱོར་གཉིས་གནད་ཆེ་བ་ཡིན་ཞེས་གསུངས་པ་ཡང་གོ་དགོས་སོ། ། འདི་ཡི་འཕྲོ་ལས་འདི་ལྟར་འབྲེལ་བ་འབུམ་ནག་ལས། ལིངྒ་དང་ནི་ཉ་མོ་གཉིས། ། དམིགས་པ་ཅག་ཏེ་རྒྱ་རུ་མི་ཅག །ལིངྒ་ཉ་མོ་འདི་ཉིད་སྙིང་གར་ཞུགས། །དུས་ནི་སྨིན་དྲུག་ ས་འོག་དུས། །འབྲི་མཁན་རྨེ་མཁན་དམ་ཚིག་བླ་མ་དང༌། སློབ་དཔོན་ལ་ཉམས་ཞེས་བཤད་ པའི་ལུང་ཡང་ཡོད་དོ། །བཏབ་གཏོར་སྐབས་ལྟར་བྱས་པ་བསད་བཟློག་གང་ཡིན་ཀྱང་ ཟབ་པའི་གནད་དོ། །ཟོར་ལམ་དབྱེ་བ། ཡང་རྒྱུད་འབྲལ་བའི་ངང་གསེར་སྐྱེམས་ལ་སོགས་ དང༌། དམིགས་པ་གསལ་ངང་ནས་བྱ། དེ་ནས་ཟོར་འཕངས་པའི་སྐབས་གཏོར་མའི་ལྷ་ནམ་ མཁར་འདེག་པའམ་བྲིས་སྐུ་ལ་བསྟིམས་པ་ཡང་བཤད་དོ། །དེ་ནས་སྤྲུལ་གཞི་སྒྲུབ་ཁང་དེར་ བཞུགས་ཤིང༌། སྤྲུལ་པ་ཡང་སྤྲུལ་རྣམས་ས་གཞི་བར་སྣང་ཐམས་ཅད་ཁང་པ་ཆེ་བ་རི་རབ། ཆུང་བ་ཡུང་འབྲུ་ཡང་ཆུང་རྡུལ་ཕྲན་དུ་གྱུར་ན་གང་ལ་དམིགས་པའི་ཡུལ་ཁམས་སོགས་ཁང་ ནས། ལས་གང་ལ་གང་འཚམས་པ་མེད་ཅིང༌། གཏོར་མ་དེ་ཡང་དུག་དང་ཞེས་པས་དུག་ དུག་ཟ་དང་སྣ་ཚོགས་དང་མེ་དང༌། མཚོན་ཆའི་ཕུང་པོ་དང་གནམ་ལྕགས་ཀྱིས་ཐོག་སོགས་ སུ་གྱུར་ནས། དགྲ་བགེགས་ལྷག་མ་ཏིལ་འབྲུ་ཙམ་ཡང་མེད་པར་བསམ་སྟེ། དེའི་ངང་ནས་ སྟོང་པ་ཉིད་ཀྱི་དོན་བསམ་མོད། དེའི་ཟོར་ལམ་བཅད་པར་བྱ་སྟེ། དེ་མཚམས་འབྱུང་བ་ལྔ་ ཡི་དཀྱིལ་འཁོར་བསམ་པ་དང༌། རི་བདུན་རོལ་བའི་མཚོ་བདུན་བསམ་པ། དེ་ལ་ཕུར་བུས་ རྡོ་རྗེ་རྒྱ་གྲམ་བྲིས་པའི་དམིགས་པ་དང༌། དང་པོ་གཅིག་པུས་བྱའོ། ། འདིར་སྨྲས་པ། ཐབས་ལས་དུག་ཀྱང་བདུད་རྩིར་འགྱུར། །མ་ཀྵིའི་སྦྱོར་བའི་ལྕགས་ ཀྱང་གསེར། །འཆི་སྟེར་དབྱུག་གུའི་ཡེ་ཤེས་ཆེར། །འདོད་པ་ཀུན་འབྱུང་ངོ་མཚར་རྨད། །ཞེས་ དང༌། དཔལ་ལྡན་རྒྱུད་ཆེན་གསང་བའི་རྒྱ་མཚོ་ལས། །དངོས་གྲུབ་ཀུན་འབྱུང་ཡིད་བཞིན་ ནོར་རྙེད་པ། །བདུད་ལས་རྣམ་རྒྱལ་རྒྱལ་མཚན་རྩེར་མཆོད་པས། །ཕུན་ཚོགས་འགྲོ་ལ་ཕན་ 21-1-469 བདེ་དར་གྱུར་ཅིག །དང༌། རྭ་ལོ་གསུམ་པ་ཏཱ་ར་ནཱ་ཐཱ་ཡིས། །དྲུག་ཅུ་རྩ་བཞིའི་གཏོར་མའི་མན་ངག་འདི། །ཞལ་གྱིས་ གདམས་པ་ཡི་གེར་བཀོད་ནས་ཀྱང༌། །མན་ངག་ཡི་གེ་སྙིང་དང་འདྲ་བ་ཡི། །གྲུབ་མཐའ་ཁ་ཁར་སྤེལ་ན་བཀའ་རྒྱ་ཡོད། །སློབ་ མ་དམ་ཚིག་མ་ཉམས་སྙིང་འདྲ་བས། །དེ་རྣམས་མ་རྟོགས་ཀུན་ལ་གསང་བ་གྱིས། །གཞན་ལ་སྤེལ་ན་ཕྱི་མར་ནཱ་ར་གན། །དགེ་ ལེགས་འཕེལ་བར་ཤོག ཤུ་བྷཾ། 21-1-470 ༄༅། །དཔལ་རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་དབང་དང་ བརྒྱུད་བཤད་མན་ངག་དང་བཅས་པའི་བླ་མ་ བརྒྱུད་པ་ལ་གསོལ་བ་འདེབས་པའི་ ཚིགས་བཅད་བཞུགས་སོ། ། ༄༅། །ན་མོ་གུ་རུ་བྷེ་ར་ཝ་ཡ། དཔལ་ལྡན་ཡེ་ཤེས་རྣམ་ལྔའི་རང་སྣང་ལས། །ཟབ་ གསལ་དབྱེར་མེད་འཇམ་དཔལ་ཁྲོ་བོའི་སྐུ། །འཇིགས་མཛད་ཆེན་པོའི་དཀྱིལ་འཁོར་ལྷ་ ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བའི་ཡུམ་ཆེན་རྡོ་རྗེ་བེ་ ཏ་ལི། །ལུང་བསྟན་མཆོག་བརྙེས་གྲུབ་ཆེན་ལཱ་ལི་ཏ། །ཐུགས་རྗེས་དྲེགས་པ་འབུལ་མཛད་ ཨ་མོ་གྷ། །གསོལ་བ༴ །རིམ་གཉིས་མངོན་གྱུར་ཡེ་ཤེས་འབྱུང་གནས་དང༌། །མངོན་སྤྱོད་ རྒྱ་མཚོའི་མངའ་བདག་པདྨ་པ། །ལོག་ལྟའི་རྒྱལ་པོ་ཚར་གཅོད་བྷ་རོའི་ཞབས། །གསོལ་བ༴། འཇིགས་མཛད་གོ་འཕང་མཆོག་བརྙེས་རྡོ་རྗེ་གྲགས། །ལམ་བཟང་བསྟན་པ་རྒྱས་མཛད་ ཆོས་རབ་དཔལ། །ཟབ་མོས་རྒྱུད་སྦྱངས་ཡེ་ཤེས་སེང་གེའི་ཞབས། །གསོལ་བ༴ །བློ་ལྡན་ ནུས་པའི་དབང་ཕྱུག་འབུམ་སེང་དང༌། །གློག་སྐྱའི་རིགས་འཁྲུངས་རྟོན་པ་དབང་དྲག་མཚན། ། རྡོ་རྗེ་འཛིན་དབང་ལྡོང་སྟོན་ཤེས་རབ་དཔལ། །གསོལ་བ༴ །དམ་ཆོས་འཁོར་ལོས་བསྒྱུར་ བ་འཕགས་པའི་མཚན། །ཆོས་བརྒྱད་རྣམ་རྟོག་ཀུན་སྤངས་དཀོན་མཆོག་དཔལ། །རྩེ་གཅིག་ སྒྲུབ་པའི་དབང་ཕྱུག་བསོད་ནམས་དཔལ། །གསོལ་བ༴ །མཁྱེན་བརྩེའི་དབང་ཕྱུག་བསོད་ ནམས་རྒྱལ་མཚན་དཔལ། །ཡོན་ཏན་ཀུན་ལྡན་བྱང་ཆུབ་སེང་གེའི་ཞབས། །བསྡུ་དངོས་རྣམ་ 21-1-471 བཞིས་དོན་མཛད་ཤར་ཆེན་པ། །གསོལ་བ༴ །མཚན་མཆོག་དོན་དང་ལྡན་པའི་ཀུན་དགའ་ བཟང༌། །རྒྱལ་སྲས་གཞན་ཕན་མངོན་གྱུར་ཁ་ཕྱར་བ། །འཇམ་དཔལ་དགྱེས་པའི་བཤེས་ གཉེན་ཤཱཀྱའི་མཚན། །གསོལ་བ༴ །ཡང་ན་ཆོས་རབ་ཀྱི་རྗེས་སུ་ར་ཤང་བ་ནས་བརྒྱུད་ཀྱང་རུང་སྟེ། འདི་ལྟར། རྒྱུད་སྡེ་ཀུན་སྦྱངས་དཀོན་མཆོག་སེང་གེའི་ཞབས། །མན་ངག་ཀུན་གྱི་མཛོད་ འཛིན་ཆོས་སེང་པ། །སྙན་བརྒྱུད་གདམས་པའི་མངའ་བདག་ཤེས་རབ་མཚན། །གསོལ་ བ༴ འཁྲུལ་མེད་ལམ་བཟང་མངོན་གྱུར་དབང་ཕྱུག་གྲགས། །རྡོ་རྗེ་གྲགས་པའི་རྣམ་འཁྲུལ་ རྒྱ་སྟོན་རྗེ། །རིས་མེད་ཐོས་པས་བརྒྱུད་ཕྱུག་བག་སྟོན་པ། །འཇིགས་མཛད་ཞལ་གཟིགས་ འཇམ་དབྱངས་རལ་གྲིའི་ཞབས། །གནས་ལྔ་མཐར་སོན་བློ་བརྟན་བཞི་པ་དང༌། །འཇམ་ དཔལ་དགྱེས་པའི་ཡེ་ཤེས་ཤཱཀྱའི་མཚན། །གསོལ་བ༴ །ཞེས་བརྗོད་ཀྱང་རུང་ངོ༌། ། མཁས་དབང་ཆོས་ཉིད་མངོན་གྱུར་བྱམས་གླིང་བ། སྤྱོད་འཆང་རྣམ་འཕྲུལ་ཀུན་དགའ་ གྲོལ་མཆོག་ཞབས། །རྡོ་རྗེ་འཆང་དངོས་ཀུན་དགའ་རྒྱལ་མཚན་ལ། །གསོལ་བ༴ །རབ་ གསལ་མཚན་དཔེས་སྤྲས་པ་རྡོ་རྗེ་སྐུ། །རབ་མཉེན་ཡན་ལག་དྲུག་ཅུའི་གསུང་དབྱངས་ཅན། ། ཡེ་ཤེས་རྒྱ་མཚོའི་ཟུང་འཇུག་ཐུགས་ཀྱི་དངོས། །གསོལ་བ༴ །དབང་བཞི་རིམ་པས་རང་རྒྱུད་ སྨིན་བྱས་ཏེ། །ཞི་ཁྲོ་རྣམ་པར་རོལ་པའི་ཏིང་འཛིན་གྱིས། །འཇམ་དཔལ་ཁྲོ་བོའི་བསྐྱེད་རིམ་ མཐར་ཕྱིན་ནས། །ལས་དང་དངོས་གྲུབ་འགྲུབ་པར་བྱིན་གྱིས་རློབས། །ཟབ་དང་རྒྱ་ཆེ་ཟུང་ འཇུག་རིམ་པ་ཡིས། །སྣང་སྟོང་དབྱེར་མེད་ལྷ་སྐུ་ལམ་ཁྱེར་དང༌། །དྷུ་ཏིར་གནད་དུ་བསྣན་ པའི་བདེ་ཆེན་གྱིས། །རྫོགས་རིམ་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། །བསྙེན་པའི་རིམ་ པས་རང་རྒྱུད་སྦྱངས་བྱས་ཏེ། །སྒྲུབ་པའི་ཚུལ་གྱི་རིམ་པ་མངོན་གྱུར་ནས། །དངོས་གྲུབ་རྣམ་ གཉིས་ལེན་པའི་ལས་སྦྱོར་གྱིས། །འཇིགས་མཛད་དངོས་སུ་འགྲུབ་པར་བྱིན་གྱིས་རློབས། ། བརྟུལ་ཞུགས་སྤྱོད་པས་རང་དོན་མཐར་ཕྱིན་ནས། །མཐའ་དག་འགྲོ་ཀུན་ཐེག་མཆོག་ལམ་ 21-1-472 ལ་བཀོད། །ས་དང་ལམ་རིམ་ཐམས་ཅད་བསྒྲོད་གྱུར་ནས། །བླ་མེད་བྱང་ཆུབ་ཐོབ་པར་བྱིན་ གྱིས་རློབས། །ཞེས་འཇིགས་བྱེད་རྭ་ལུགས་རོ་ལངས་བརྒྱད་སྐོར་གྱི་དབང་དང༌། རྒྱུད་བཤད། མན་ངག་དང་བཅས་པའི་ བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་ཚིགས་བཅད་འདི་ནི། ས་སྐྱོང་གཞོན་ནུ་ཀུན་དགའ་བསོད་ནམས་རྒྱལ་མཚན་གྱིས་ བསྐུལ་ནས། ཏཱ་ར་ནཱ་ཐས་སྨྲས་པའོ།། །། 21-1-473 ༄༅། །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་གྱི་ བཀྲ་ཤིས་བརྗོད་པའི་ཚིགས་སུ་ བཅད་པ་བཞུགས། ༄༅། །ༀ་སྭ་སྟི། དཔལ་ལྡན་རྡོ་རྗེ་འཆང་དབང་བཤེས་གཉེན་ཚུལ། །མཐའ་ཡས་ འགྲོ་ལ་ཕན་བདེའི་དགེ་ལེགས་སྩོལ། །ལཱ་ལི་ཏ་སོགས་རྩ་བརྒྱུད་བླ་མ་ཡིས། །སྲིད་ཞིའི་ ཕུན་ཚོགས་མ་ལུས་འདིར་སྩོལ་ཅིག །མི་འགྱུར་བདེ་ཆེན་ཆོས་དབྱིངས་རྣམ་དག་ལས། །ཡེ་ ཤེས་རྒྱ་མཚོ་འཇམ་དཔལ་དཔའ་བོའི་ཐུགས། །བདུད་དཔུང་ཀུན་འཇོམས་འཇིགས་མཛད་ ཆེན་པོའི་སྐུར། །སྟོན་མཛད་འཁོར་ལོའི་མགོན་པོས་བཀྲ་ཤིས་ཤོག །བདེ་ཆེན་གཡོ་མེད་ ངང་ལས་མ་གཡོས་ཀྱང༌། །མོས་པ་སྣ་ཚོགས་སེམས་ཅན་འདུལ་བའི་ཕྱིར། །ཡེ་ཤེས་ཉམས་ བརྒྱའི་སྤྲུལ་པ་སྣ་ཚོགས་འཆང༌། །རིགས་ལྔའི་འཁོར་ལོས་བསྒྱུར་བའི་བཀྲ་ཤིས་ཤོག ། མཐའ་དག་རྒྱལ་བ་དགྱེས་པའི་ཟློས་གར་མཁན། །ཟག་མེད་བདེ་བསྐྱེད་སྒྱུ་འཕྲུལ་དུ་མས་ སྒེག །རྗེས་ཆགས་རོལ་པས་རྣམ་རྒྱན་ལྷ་མོའི་གཙོ། །ཙརྩི་ཀ་སོགས་ལྷ་མོས་བཀྲ་ཤིས་ཤོག ། དཀྱིལ་འཁོར་ཀུན་ཏུ་སྔགས་ཀྱི་ལྷ་རྣམས་ཀུན། །དགུག་གཞུགས་བཅིང་དང་མཉེས་པས་ ལས་མཛད་ཅིང༌། །བགེགས་ཀུན་འཇོམས་མཛད་དངོས་གྲུབ་མ་ལུས་སྩོལ། །སྒོ་སྲུང་ཁྲོ་བོ་ རྣམས་ཀྱིས་བཀྲ་ཤིས་ཤོག །གཟུགས་སྒྲ་ལ་སོགས་འདོད་ཡོན་ལྷ་མོ་རྣམས། །ཕུང་པོ་ཉོན་ མོངས་འཆི་བདག་ལྷ་ཡི་བུ། །འཕྲིན་ལས་དྲག་པོ་འདུལ་ཕྱིར་སྐུ་སྤྲུལ་པ། །བདེ་སྐྱོང་ཐོད་པ་ བཞི་ཡིས་བཀྲ་ཤིས་ཤོག །དབང་པོ་བཅས་པའི་ལྷ་དང་ནད་གདོན་སོགས། །གདུགས་ཅན་ 21-1-474 འདུལ་ཕྱིར་འཇིགས་བྱེད་སྐུར་བཞེངས་པ། །དཔག་ཡས་རྒྱལ་བ་སྲས་བཅས་ཀུན་འདུས་ དངོས། །ཞེ་དགུའི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཤོག །གདུགས་པ་སྐྲག་བྱེད་རྡོ་རྗེ་རོ་ ལངས་བརྒྱད། །མཐར་བྱེད་ལུས་འཛིན་ཕྱོགས་བཅུའི་དགྲ་བགེགས་འདུལ། །སྒྲུབ་ལ་དངོས་ གྲུབ་གཉིས་ཀྱིས་མཆོག་སྩོལ་བ། །སྒོ་མཚམས་གནས་པ་རྣམས་ཀྱིས་བཀྲ་ཤིས་ཤོག །བཅུ་ དྲུག་འཕོ་བའི་བག་ཆགས་མཐར་འཛིན་པ། །བདེ་ཆེན་ཡེ་ཤེས་མ་གཤིན་བཅུ་དྲུག་ཚུལ། ། ཐོག་མེད་འཕྲིན་ལས་སྒྲུབ་པའི་མཐུ་དཔལ་ཅན། །ལས་མཛད་ཕོ་ཉའི་ཚོགས་ཀྱིས་བཀྲ་ ཤིས་ཤོག །བྱང་ཆུབ་ཕྱོགས་ཆོས་རང་བཞིན་རྒྱན་གྱིས་སྤྲས། །རྡོ་རྗེ་ས་གཞི་འདམ་སྐྱེས་ལྟེ་ བར་གནས། །སྲིད་ལས་སྒྲོལ་ཕྱིར་དུར་ཁྲོད་ཆེན་པོར་བཅས། །ཡེ་ཤེས་གཞལ་མེད་ཁང་ གིས་བཀྲ་ཤིས་ཤོག །སྟོང་ཉིད་ཡེ་ཤེས་རྡོ་རྗེའི་ས་གཞིའི་གུར། །རྭ་བ་མེ་དཔུང་འབར་བ་ འཁོར་ལོ་བཅས། །བར་ཆད་ཀུན་འཇོམས་སྲུང་བའི་འཁོར་ལོ་ཡིས། །སྲིད་གསུམ་ཕན་བདེ་ ཁྱབ་པའི་བཀྲ་ཤིས་ཤོག །ཅེས་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་གྱི་བཀྲ་ཤིས་བརྗོད་པའི་ཚིགས་ སུ་བཅད་པ། ས་སྐྱོང་གཞོན་ནུ་ཀུན་དགའ་བསོད་ནམས་རྒྱལ་མཚན་གྱིས་བསྐུལ་ནས། །ཏཱ་ར་ནཱ་ཐས་སྨྲས་པའོ།། །།དགེའོ། ། ཛམ་སྨོན་ཡོད། 21-1-475 ༄༅། །དམ་ཅན་ཆོས་ཀྱི་རྒྱལ་པོ་ལས་ཀྱི་གཤིན་རྗེའི་མན་ངག་ གསང་བ་ལས་ཀྱང་ཆེས་གསང་བ་བཞུགས་སོ། ། ཆོས་རྒྱལ་མན་ངག་ཆེན་མོ་དགེའོ། ། ༄༅། །བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོ་ཡ་མནྟ་ཀ་ལ་ཕྱག་འཚལ་ལོ། །གཤིན་རྗེ་ཆོས་ཀྱི་རྒྱལ་ པོའི་རྟོག་པ་དང༌། དེའི་མན་ངག་རྭ་བའི་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ལྟར་བཤད་པར་བྱའོ། །དེ་ལ་དང་པོར་རྒྱུན་གྱིས་གཏོར་ ཆོག་ནི། གཏོར་མ་གྲུ་གསུམ་ཤ་ཁྲག་གིས་བརྒྱན་པ་མཆོད་པ་དང་བཅས་པ་བཤམས། དཔལ་རྡོ་རྗེ་འཇིགས་མཛད་ལ་སོགས་པ་ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་གང་ཡང་རུང་བའི་བདག་སྐྱེད་སྔོན་དུ་འགྲོ་བས་མཆོད་པ་དང་གཏོར་མ་ཡི་དམ་ལྟར་བྱིན་གྱིས་ རླབས། རྟེན་ཡོད་ན་ཨ་མྲྀ་ཏས་བསངས། རྟེན་ཡོད་མེད་གང་ཡིན་རུང་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ ལས་བསྲུང་བའི་འཁོར་ལོ་དང༌། དུར་ཁྲོད་ཆེན་པོའི་དབུས་རང་གི་མདུན་དུ་པད་ཉི་ལ་གནས་ པའི་མ་ཧེ་ནག་པོ་དྲེགས་ཤིང་ཁྲོས་པ་ལུས་ཉམས་རྩལ་དང་ལྡན་པ་རྭ་བརྡར་ཞིང་རྨིག་པ་རྡེབ་ པ། དགྲ་བགེགས་བྱད་མ་ཐམས་ཅད་བརྫིས་ཤིང་གསོད་པར་བྱེད་པ་ཤིན་ཏུ་འཇིགས་པའོ། ། དེའི་སྟེང་དུ་རང་གི་ཐུགས་ཀ་ནས་ཧཱུཾ་གཅིག་སྤྲོས་ཏེ། ཧཱུཾ་དེ་ལས་ཐོད་སྐམ་གྱིས་མཚན་པའི་ དབྱུག་ཏོའམ་བེ་ཅོན་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་འཕགས་ཚོགས་མཆོད། སེམས་ ཅན་གྱི་དོན་བྱས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། འཁོར་འདས་ཀྱི་ནུས་ མཐུ་རྣམས་བསྡུས། ས་བོན་ཕྱག་མཚན་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། ལས་ཀྱི་གཤིན་ རྗེ་སྐུ་མདོག་མུན་པ་ལྟར་གནག་པ། ཤིན་ཏུ་ཆེས་ཁྲོས་འཁྲུགས་རྔམ་པ། ཞལ་གཅིག་ཕྱག་ གཉིས་དམར་ལ་ཟླུམ་པའི་སྤྱན་གསུམ་པ། དབུ་སྐྲ་རལ་པ་ཁམས་སེར་གྱེན་དུ་བརྫེས་ཤིང་ ཕྱོགས་ཀུན་ཏུ་གཡེངས་པ། རབ་ཁྲོས་མ་ཧེའི་གདོང་མཆེ་བ་བཞི་གཙིགས་པ། ཡང་ན་སྲིན་པོའི་ 21-1-476 ཞལ་རས་སོ། །ཕྱག་གཡས་ཐོད་སྐམ་གྱིས་མཚན་པའི་དབྱུག་ཏོ་ནམ་མཁའ་ལ་འཕྱར་བ། གཡོན་ དུས་ཀྱི་ཞགས་པ་ནག་པོ་དང་བཅས་པའི་སྡིགས་མཛུབ་གནོད་བྱེད་ལ་བསྡིགས་པར་མཛད་ པ། སྐུ་སྦོམ་ཞིང་ཐུང་བ་གཅེར་བུ་ལིང་ག་གྱེན་དུ་སྒྲེང་བ། ཞབས་གཡས་བསྐུམས་གཡོན་ བརྐྱངས་པས་མ་ཧེ་ལ་གནས་པ། ཐོད་སྐམ་གྱི་དབུ་རྒྱན་ཐོད་རློན་གྱི་དོ་ཤལ། རུས་པའི་རྒྱན་ གྱིས་བརྒྱན་པ། དེའི་གཡོན་དུ་ཧྲིཿ ལས་མདུང་རྩེ་གསུམ་པ་ཧྲཱིཿས་མཚན་པ། དེ་ལས་འོད་ འཕྲོས་ལས་གསུམ་མཛད་འདུས་པ་ཡོངས་སུ་གྱུར་པ་ལས། སྲིན་མོ་ཆེན་མོ་ཙ་མུཎྜཱི་དུས་ མཐའི་སྤྲིན་དང་མཚུངས་པའི་མདོག་ཅན་ནུ་མ་རྒྱས་པ། ཕྱག་གཡས་ཏྲི་ཤུ་ལ་འཕྱར་ཞིང༌། གཡོན་ཐོད་པ་སྙིང་ཁྲག་གིས་གང་བ་འཛིན་པ། ཞབས་གཡོན་སྐུམ་གཡས་བརྐྱངས་པའི་ སྟབས་ཀྱིས་བཞུགས་པ་གླང་པོ་ཆེའི་ཀོ་རློན་གྱོན་པ་རྒྱན་དང་ཆ་བྱད་ལས་ཀྱི་གཤིན་རྗེ་དང་ མཚུངས་ཤིང༌། ཡབ་ཡུམ་གཉིས་ཀ་མེ་རླུང་འཚུབ་མའི་དབུས་ན་བཞུགས་པའོ། ། གཉིས་ཀའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ཁ་ནས་འོད་ ཟེར་འཕྲོས། འཛམ་གླིང་དབུས་ཀྱི་ཕྱོགས་མཚོ་མ་དྲོས་པའི་ས་འོག་དཔག་ཚད་ལྔ་བརྒྱ་ནས། དམ་ཅན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང༌། སྲིན་མོ་ཆེན་མོ་ཙ་མུཎྜི་འཁོར་དང་བཅས་པ་བཛྲ་ས་ མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་གཤིན་རྗེ་གཤེད་རྒྱལ་བ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ ས་མཱ་ཛཿ པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་ པར་དབང་བསྐུར་བ་སྩལ་ཏུ་གསོལ། ༀ་བཛྲཱི་བྷ་ཝ་ཨ བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་ པའི་ཆུས་དབང་བསྐུར། སྐུ་ལུས་གང༌། ཉེས་སྐྱོན་དག །ཡབ་ཡུམ་གཉིས་ཀར་གྱི་སྤྱི་བོར་རྡོ་ རྗེ་ནག་པོ་རྩེ་ལྔ་པས་དབུ་བརྒྱན། དབྱུག་པའི་ཕྱག་རྒྱ་དང་ཡི་གེ་བཅུ་གཅིག་པ་ལན་གསུམ་གྱི་མཐར་ས་མཱ་ཡ་ སྟྭཾ་ཞེས་དམ་ལ་བཞག །ༀ་ཀཱ་ལ་རཱུ་པ་ས་པཱ་རི་ཝ་ར་བྷྱཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་དོ། །ༀ་ཀཱ་ལ་ རཱུ་པ་ཧཱུཾ་ཕཊ། ཡི་དམ་ཆོས་སྐྱོང་གཉིས་ཀའི་སྔགས་ཀྱང་ཡིན། ཆོས་རྒྱལ་ཉིད་མཆོག་ཏུ་ཉེ་བར་བྱེད་པའི་ཉེ་བའི་སྙིང་པོའོ། ། 21-1-477 ༀ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུཾ་ཕཊ། ཡི་གེ་བཅུ་གཅིག་པ་སྟེ་བྱིན་གྱིས་རློབས་པའི་སྔགས་སོ། །ༀ་ཀཱ་ལ་རཱུ་པ་བྷི་ མ་ཡཀྵ་ཧཱུཾ། མཧཱ་རོ་ཥ་ཎ་ཡ་མ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ནི་བསྙེན་པའི་སྔགས་ཏེ་སྙིང་པོའོ། །ༀ་ ཀཱ་ལ་རཱུ་པ་བྷི་མ་ཡཀྵ་ཧཱུཾ་མཧཱ་རོ་ཥ་ཎ་ར་སིདྡྷི་ཡོ་སརྦ་བྷུ་ཏ་ཨ་དྷི་པ་ཏ་ཡེ་ཡ་མ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ་ ཕཊ་སྭཱཧཱ། ཉེ་བའི་བསྙེན་པའི་སྔགས་ཏེ་རྩ་སྔགས་སོ། །ༀ་ཀཱ་ལ་རཱུ་པ་ཡ་སརྦ་ཤ་ཏྲུན་དུཥྚ་ཏྲཱ་ས་ཡ་ཏྲཱ་ས་ ཡ། ཨ་གདྡྷྱ་ཨ་གདྡྷྱ་ཤོ་ཥ་ཡ་ཤོ་ཥ་ཡ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བནྡྷ་བནྡྷ། ཙུརྞ་ཙུརྞ། ཙཀྵ་བཛྲེ་ཎ་གྷོ་ར་པ་དྲཱ་ཡ་ཀྵེ་ཏྲ་པཱ་ལཱའ་ཡེ། ཙྪིན་ད་ཙྪིན་ད། བྷིན་ད་བྷིན་ད། ཐཱཾ་ཀཾ་བཛྲ་ནཱ་ད་ རུ་དྷི་ར་ཨརྒྷ྄ཾ་པཱ་ཡ་ཡ་བཱ་ར་ཡ་བཛྲ་ཡ་ནཱ་ཤ་ཡ་སྟམ་བྷ་ཡ་ཧཱུཾ་ཕཊ། ཡབ་ཀྱི་འཕྲེང་སྔགས་ཏེ་གཤིན་རྗེ་བྱེ་ བ་ཐེར་འབུམ་གྱི་སྔགས་སོ། །ཧྲིཿཙ་མུནྚི་ཡེ་སརྦ་ཤ་ཏྲུན་དུཥྚན་དྷུ་ན་དྷུ་ན་བནྡྷ་བནྡྷ་མ་ཐ་མ་ཐ། པྲ་མ་ ཐ་པྲ་མ་ཐ། ཧཱུཾ་ཛཱ་ལ་ཛྭ་ར་ཛྭ་རེ་ཎ་བྱེ་དྷི་རོ་ག་ཎཾ་ཉི་ག་ན་ཤི་བཾ་ཡཾ་ཧཾ་རཾ་རི་ཚུས་ཡ་ཨ་བེ་ཤ་ཡ་ ཛི་བཾ་ཧྲི་ད་ཡ། ཚིནྡྷ་ཚིནྡྷ། བཱའ་དྱ་པ་ཤི་གྷྲཾ་མཱ་ར་ཡ། ན་ཤ་ཡ་ཧཱུཾ་ཕཊ། ལྷ་མོ་ཙ་མུཎྜཱིའི་འཕྲེང་བའི་སྔགས་ ཏེ་མ་མོ་བྱེ་བ་ཐེར་འབུམ་གྱི་སྤྱི་སྔགས་སོ། །འཕྲེང་སྔགས་འདི་གཉིས་ལ་སྔགས་བཏུ་མེད་ཅིང༌། སྐབས་འགར་ལེགས་སྦྱར་རང་ དུའང་མ་ངེས་པས། འདོན་ཚུལ་མི་འདྲ་བ་འགའ་རེ་འདུག་ཀྱང༌། དག་ཐེར་བྱས་ནས་ཁུངས་ཆེ་བའི་ཕྱོགས་ནས་བྲིས་པའོ། ། ༀ་ཧྲིཿཙ་མུནྚཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ནི་ཡུམ་ཙ་མུཎྜིའི་སྙིང་པོ་སྟེ་ཡབ་ཀྱི་ཉེ་སྙིང་དང་སྙིང་པོ་དང་རྩ་སྔགས་ ཐམས་ཅད་ཀྱི་ཟླ་སྡེབ་ལ་འདི་ཁོ་ན་སྤེལ་ཏེ་སྦྱར་རོ། །འདིར་ཙ་མུནྚཱི་ཅེས་པའི་གཞུག་ཏུ་བཾ་ཧཱུྃ་ཕཊ་དང༌། ཙཾ་ཧཱུཾ་ཕཊ་སྦྱོར་ བའང་ཡོད་དོ། །རྒྱུ་མཚན་ལ་བརྟགས་ན་གཉིས་ཀ་མི་འགལ་ཀྱང༌། དཔེ་རྙིང་བ་རང་ཚོ་ན་མི་འདུག་ཅིང༌། མགོ་ན་ཧྲཱིཿཡོད་ཕྱིན་ ས་བོན་གཉིས་སྦྲགས་དགོས་ཀྱང་མི་དགོས་པ་འདྲའོ། །དེ་དག་ཐམས་ཅད་བློ་ལ་བྱང་བར་བྱས་ནས་སྐབས་འདིར་ཐམས་ཅད་ ཚར་གཅིག་བརྗོད་དེ། འཕྲེང་སྔགས་མ་གཏོགས་གང་ཡང་རུང་བ་གཅིག་བརྒྱ་རྩ་སོགས་ཅུང་ཟད་བཟླས། ༀ་ཨཱཿཧཱུཾ་ཞེས་བྱིན་ གྱིས་རླབས། གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་སླར་ཡང་གསལ་བཏབ། ༀ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ ཧཱུཾ། ཨི་དཾ་བ་ལིང་གྲྀཧྞ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ལས་མི་ཉུང་བས་ཡབ་ལ་ཕུལ། ༀ་ཧྲིཿཙ་མུནྚི་ ཡེ་ཨི་དཾ་བ་ལིང་སོགས་གོང་བཞིན་སྦྱར་བ་ལན་གསུམ་མམ་ལྔས་ཡུམ་ལ་ཕུལ། ༀ་ཀཱ་ལ་རཱུ་པ་ཙ་མུནྚི་ཡེ་ཞེས་པ་ 21-1-478 མགོ་བོར་སྦྱར་ནས་ཨརྒྷཾ་ནས་ཤཔྟའི་བར་གྱི་མཆོད། འཆི་བ་ཡི་དྭགས་རྒྱལ་པོ་ནི། །མ་དྲོས་མཚོ་ཡི་འབྲི་ དཀྱིལ་ན། །རི་ནག་དགུ་ཡི་ཕ་མཐའ་སྟེ། །སྤོས་ངད་རི་ཡི་བར་དག་ན། །མཆུ་དང་ཞིང་དུ་ཆ་ མཉམ་མཚོ། །དེ་འོག་དཔག་ཚད་ལྔ་བརྒྱའི་འོག །འཆི་བདག་ཡི་དྭགས་རྒྱལ་པོ་བཞུགས། ། འགྲོ་བ་ཀུན་གྱི་ལུས་ཀྱི་བདུད། །ལུས་དང་གྲིབ་མའི་ཚུལ་བཞིན་དུ། །འགྲོ་བ་ཀུན་ལ་གནས་ པ་སྟེ། །ཕུང་པོ་ཉིང་མཚམས་སྦྱོར་བ་པོ། །འཇིགས་པ་ཁྱོད་ཀྱི་གཟུགས་མཐོང་ཞིང༌། །གཤིན་ རྗེ་ཁྱོད་ཀྱི་དྲི་ངད་ལྡང༌། །རྩེ་ན་འགྲོ་བའི་སྲོག་གི་བདུད། །ལྟག་པའི་ཕྱོགས་ན་གནས་པ་སྟེ། གཙིགས་པ་ཅན་ལ་ཕྱག་འཚལ་ལོ། །སྲིན་པོའི་ལྕམ་མོ་གཤིན་རྗེའི་ཡུམ། །དུས་མཚན་སྲོག་ གི་བདག་མོ་སྟེ། །རྒྱ་མཚོ་ཆེན་པོ་བདུན་ལ་གནས། །ཙ་མུནྚི་ལའང་ཕྱག་འཚལ་ལོ། །མཆོད་ སྦྱིན་གཏོར་མ་འདི་བཞེས་ལ། །སོགས་འཕྲིན་ལས་གཞོལ། ཕུན་སུམ་ཚོགས་པ་མངའ་བ་སོགས་ཤིས་ པ་བརྗོད། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སོགས་སྨོན་ལམ་བཏབ་ཡིག་བརྒྱ་དང་བཟོད་གསོལ་བྱ། རྟེན་ཡོད་ན་ཆོས་སྐྱོང་ཕོ་མོ་གཉིས་ལ་བརྟན་ཞུགས་བྱེད་ཅིང༌། ཁྱེད་ཀྱི་སེམས་ཅན་དོན་ཀུན་སོགས་གཏོར་འགྲོན་ རྣམས་གཤེགས། རྟེན་མེད་ན་ཆོས་སྐྱོང་ཉིད་ཀྱི་ཡེ་ཤེས་པ་ཡང་གཤེགས་ཤིང༌། དམ་ཚིག་པ་རང་གི་ལྟེ་བར་ཐིམ་པའོ། །སྨོན་ ལམ་དང་བཀྲ་ཤིས་གོང་གི་དེ་ཀས་ཆོ་ག་མོད། སྤྲོ་ན་འདིར་ཡང་བྱེད་པ་མི་འགལ་ལོ། །གལ་ཏེ་དྲག་པོའི་ལས་ལ་དགའ་བའམ། དེ་ཉིད་ཀྱི་སྒྲུབ་པ་དང༌། ལས་སྦྱོར་ཡིན་ན། གཞན་གོང་དང་དུ་འདྲ་བ་ལས། གཏོར་མ་ཤ་ཁྲག་གི་རྒྱ་མཚོར་མོས་ཏེ། གཏོར་སྔགས་སྔ་མས་ཕུལ་བའི་དེ་མ་ཐག་ཏུ། །སྒྲུབ་བྱ་དགྲ་བགེགས་བྱད་མ་རྣམས་བཀུག་སྟེ་གཏོར་མ་ལ་ ཐིམ། ༀ་ཀཱ་ལ་རཱུ་པ་སརྦ་བིགྷྣ་ན་ཤ་ཏྲུན་མཱ་ར་ཡེ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ༀ་ ཙ་མུནྚི་སརྦ་བིགྷྣན་སོགས་དེ་བཞིན་དུ་སྦྱར་བས་ཕུལ། མཆོད་སྦྱིན་གཏོར་མ་སོགས་གོང་བཞིན་འདོད་དོན་གསོལ་བའི་ མཐར། འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །ཞེས་སོགས་གཙོ་བོ་ཡབ་ཡུམ་གྱི་བསྐུལ་བ་དང༌། དུག་མཚོ་ནག་ པོ་རྦ་ཀློང་འཁྱིལ་བ་ནས། །རོ་ལངས་རྔམ་པ་དགུ་ཡི་ཁྲི་སྟེང་ནས། །བཞེངས་ཤིག་བཞེངས་ ཤིག་མཁའ་འགྲོ་མ་ཙ་མུནྚཱི། །བཞེངས་ནས་འགལ་བྱེད་ཐལ་བ་རྡུལ་དུ་རློག །འཇམ་དཔལ་ 21-1-479 གཤིན་རྗེ་གཤེད་ཀྱིས་བཀའ་བྱུང་གི །སྲིན་མོ་ཆེན་མོའི་འཕྲིན་ལས་དུས་ལ་བབ། །ཆོས་ཀྱི་ རྒྱལ་པོའི་དམག་སྣ་ཁྱོད་ཀྱིས་དྲོངས། །ཟུང་ཞིག་ཆིངས་ཤིག་བསད་པའི་འཕྲིན་ལས་མཛོད། ། བསྐྲད་དང་དབྱེ་དང་རེངས་པའི་འཕྲིན་ལས་མཛོད། །ཕུར་བུས་བཏབ་དང་མནན་པའི་ལས་ མཛོད་ཅིག །དགྲ་བགེགས་ཤ་ལ་ཟོ་ཞིག་ཁྲག་ལ་འཐུང༌། །མིང་གི་ལྷག་མ་ཙམ་ཡང་མེད་ པར་མཛོད། །ཅེས་ལས་མཁན་གྱི་ཚུལ་དུ་ཡུམ་བསྐུལ་ལོ། །རྩ་སྔགས་ཀྱི་ཉེས་སྐྱོན་དང༌། ཨུ་ནི་ཤ་ལ་སེང་གེ་ཏེ། གསོད་ བྱེད་མཐར་ཐུག་པའོ། །ཞེས་པའང་ཞལ་རྒྱུན་ནོ། །དེ་ལྟར་ན་གཏོར་ཆོག་གི་རིམ་པ་སྟེ་དང་པོའོ། ། ད་ནི་འདིའི་བསྙེན་སྒྲུབ་ལས་སྦྱོར་གྱི་རིམ་པ་ལ་བརྟེན་ནས། འགལ་བྱེད་ཐམས་ཅད་ ཆོམ་ལ་འབེབས་པའི་ཐབས་བཤད་པར་བྱའོ། །དེ་ལ་དང་པོར་མཁོ་བའི་ཡོ་བྱད་བསགས་ པ་ནི། རོ་རས་སམ་དཔའ་བོས་རིན་གྱིས་ཉོས་པའི་རས་ལ། སྔགས་བཟླས་པའི་ཆུས་བཀྲུས། བགེགས་བསྐྲད་བསྲུང་བ་བྱ། ཉེ་སྙིང་ཅུང་ཟད་བཟླའོ། །རས་འདུལ་གྱི་དུས་གྲི་ཁྲག་དང་ མངལ་ཁྲག་དང་དུག་སྣ་རྣམས་ཅུང་ཟད་བྱུག །སྐུ་འབྲི་སར་དྲི་བཟང་གིས་ཡ་དང་བྷྱོཿའམ་ཧཱུཾ་ དང་ཧྲིཿགང་རུང་འབྲི། ཉེ་སྙིང་བཟླས་པས་བྱིན་གྱིས་བརླབས། སྐྱ་བྲིས་ཀྱི་སྐབས་རོ་སོལ་ གྱིས་ཅུང་ཟད་བྲི་བར་འདོད་དེ། མཐའ་གཅིག་ཏུ་དགོས་པའང་མིན། སྐུ་གཟུགས་ཁྲུ་ཚད་ ཙམ་བྱེད་པར་གསུངས་པ་མཚོན་བྱེད་ཡིན། དེ་བས་ཆུང་བ་དང་ཆེ་བའང་མི་རུང་བ་མིན་ནོ། ། སྐབས་འདིར་ཆོས་རྒྱལ་ཡབ་ཡུམ་སྦགས་ཏེ་སྒྲུབ་པའི་དབང་དུ་བྱས་ན། ཡབ་ཡུམ་ གཉིས་ཀར་གྱི་བྲིས་སྐུ་དགོས་པས། དེ་ལ་གཤིན་རྗེ་ཕོ་མོ་ལྕམ་སྲིང་ལྟར་བསྒྲུབས་ན་བྲིས་སྐུ་ སོ་སོར་བྱས་ཀྱང་རུང༌། གཅིག་ལ་བྲིས་ཀྱང་རུང་མོད་ཀྱི། ཡབ་མངོན་རྟོགས་ལྟར་དང༌། ཙ་ མུནྚི་ཡབ་ཀྱི་གདན་ལ་མི་བཞུགས་པར། གཡས་གཡོན་འོག་གསུམ་གང་རིགས་སུ་གདན་ ཟུར་ས་ལ་འབྲི། ཞབས་གཡོན་བརྐྱང་དུ་བྱེད། ཁ་ཅིག་སྲོག་ཆགས་ཀྱི་གདན་མེད་པ་དང༌། གཞན་དག་མ་ཧེའི་གདན་བྱེད་པར་ཡང་འདོད་མོད། ཙ་མུནྚི་ནི་རོ་ལངས་ཀྱི་གདན་ལ་གནས་ 21-1-480 པ་ཉིད་ཡིན་ནོ། །འོན་ཀྱང་འདིར་ཡབ་ཡུམ་དུ་སྒྲུབ་པ་ཉིད་བསྔགས་པར་བཞེད་པས། དེའི་ཚེ་ ཡབ་ཀྱི་གདན་མ་ཧེ་ལ་ཡབ་ཡུམ་གཉིས་རྩར་བཞུགས་ཏེ། ཡུམ་གྱི་ཞབས་ཀྱང་གཡས་བརྐྱང་ ངོ༌། །དངོས་སུ་མཉམ་སྦྱོར་དུ་འབྲི་བ་དང་སྒོམ་པ་དག་མེད་ཀྱང༌། ཞབས་སྟབས་དེ་ལྟར་བྱེད་ པ་དེ་ནི་དོན་གྱིས་མཉམ་སྦྱོར་མཚོན་ནོ། ། འདིར་བླ་མའི་ཞལ་ནས། གཙུག་ལག་ཁང་དང་དགེ་འདུན་གྱི་སྡེའི་སྲུང་མ་བསྟན་པ་སྐྱོང་ བའི་བསྐོར་བདག་ཏུ་བསྒྲུབས་ན་ཞིང་སྐྱོང་གི་ཚུལ་དུ་བསྒྲུབ་དགོས་ཏེ། འདི་ཉིད་ཀྱི་འཕྲེང་ བའི་སྔགས་ལས་ཀྱང་ཀྵེ་ཏྲ་པཱ་ལ་ཞེས་གསུངས་མོད་གསུངས། ཞིང་སྐྱོང་བརྒྱད་ཀྱི་གཤིན་རྗེ་ གཤེད་དེ་གདོང་བརྙན་ཅན་དུ་བཤད་པས། ལས་གཤིན་མ་ཧེའི་ཞལ་ཅན་དུ་མཛད་པ་འདི་ མན་ངག་ཡིན། འཁོར་ལོ་ལ་སོགས་པའི་སྒོ་ནས་མངོན་སྤྱོད་ལ་སོགས་པའི་ལས་ཚོགས་ཙམ་ སྒྲུབ་པ་ལ་ནི་མ་ཧེའི་ཞལ་མཐའ་གཅིག་ཏུ་དགོས་པ་མིན་ཏེ། རྟོག་བདུན་གྱི་གཟུགས་བརྙན་ སྦྱོར་བའི་སྐབས་ཁྲོ་ཞལ་དུ་བཤད། དེ་སྐབས་ཀྱི་མན་ངག་ལས་ཀྱང་ཁྲོ་ཞལ་དུ་འབྱུང་བ་དང་ འདྲ། རྟོག་པ་འདི་ཉིད་ནས་ནི་གསལ་ཁ་རང་མེད་ཀྱང༌། གཉིས་ཀར་རུང་བའི་འཐེན་ཕྱོགས་ ཡོད་དེ། ཁོ་བོ་ཅག་གི་བླ་མ་བརྒྱུད་པ་མ་གཏོགས་མཁས་མཁས་མོ་སུས་ཀྱང་མ་གོ་བར་ འདུག་གོ ། དཀོར་བདག་ལ་ཞིང་སྐྱོང་དུ་བསྒྲུབ་དགོས་པའི་རྒྱུ་མཚན་ཅི་སྙམ་ན། ཞིང་སྐྱོང་ཞེས་ པའི་མིང་གིས་ཀྱང་དེར་གོ་དགོས་ཤིང༌། སངས་རྒྱས་བསྟན་པའི་དཀོར་བདག་ཆེ་ཤོས་དེ་ མགོན་པོ་ཡིན། མགོན་པོ་ཐམས་ཅད་ཞིང་སྐྱོང་ཡིན། འདིར་ཡང་གཤིན་རྗེ་མགོན་པོ་ནག་ པོ་ཆེན་པོའི་ལུགས་སུ་སྒྲུབ་པ་ཡིན་ནོ། །སྤྱིར་ཞིང་སྐྱོང་ལ་མགོན་པོས་མ་ཁྱབ། མགོན་པོ་ལ་ ཞིང་སྐྱོང་གིས་ཁྱབ་པས་ཞིང་སྐྱོང་དུ་སྒྲུབ་ཚད་ལ་གདོང་བརྙན་དགོས་པར་ཏ་ག་ལ་ངེས་ཀྱང༌། དཀྱིལ་འཁོར་ཆེན་པོའི་དགོད་པ་ལ། དུར་ཁྲོད་ཀྱི་ཞིང་སྐྱོང་དེ་ལྟར་ཡོད་པ་དེ། འདིར་དེ་ལྟར་ 21-1-481 བྱེད་པའི་སྒྲུབ་བྱེད་དུ་སྦྱོར་བ་ནི་བླ་མ་དམ་པའི་མན་ངག་ཡིན་ནོ། ། གཞན་དག་ཡི་དམ་ཆོས་སྐྱོང་ཞལ་རས་མཐུན་པའི་ཆེད་ཡིན་ཅེས་ཟེར་ཏེ་ཅལ་ཅོལ་ལོ། ། ལིང་ག་གྱེན་སྒྲེང་དུ་མཛད་པ་ནི། སྒྲུབ་ཚུལ་གཞན་ལ་མི་དགོས་ཀྱང༌། གཤིན་རྗེ་དེ་ཉིད་ ལས་མཁན་ལྷ་མགོན་དང་དབྱེར་མེད་པར་ངོ་བོ་གཅིག་ཏུ་སྒྲུབ་པའི་ལུགས་ཡིན། དགོས་པ་ ནི། འདི་ལ་མན་ངག་གི་གནད་ཅུང་ཟད་ཅིག་ཡོད་པ་དེ་བསྣན་ན། སྒྲུབ་ཐབས་གཅིག་གིས་ ལྷ་གཉིས་ཀར་འགྲུབ་པས་ལག་ལེན་འཁྱེར་བདེ་བ་དང༌། དེའི་སྟེང་དུ་ཡང་མན་ངག་ཅུང་ ཟད་དང་བཅས་ན་སྒྲུབ་པོ་ཉིད་ཀྱི་སྲུང་མར་སྒྲུབ་པའི་སྐབས། ཞོར་ལ་དབང་སྡུད་ལ་སྔགས་ པ་ཡིན་ཅེས་ངེད་ཀྱི་བླ་མ་གསུང་ངོ༌། །འདི་ཡང་གཞན་ཚོས་མ་གོ །སྐུ་གཅེར་བུར་འདོད་ཕྱིན་ དབང་པོ་འཆང་བ་དང༌། སྦས་པ་མི་རུང་བས་འདི་འདོད་དགོས་མོད་གཞུང་འདི་ལས་གཅེར་ བུར་གསུངས་པ་ཡང་མེད། གཅེར་བུ་བཀག་པའང་མེད་པས། རྟགས་མངོན་པར་མི་བྱེད་ན་ སྟག་ལྤགས་ཀྱིས་སྨད་དཀྲིས་སོ། ། རྟོག་པ་ལས་རྒྱན་མེད་རུས་པའི་འཕྲེང་བ་ཅན་ཅེས་གསུངས་པ་ལ། ཁ་ཅིག་ཐོད་སྐམ་ གྱི་དོ་ཤལ་ལས་རྒྱན་གཞན་མེད་ཟེར་བ་དང༌། རྒྱན་གཏན་མེད་དུ་འདོད་པ་སོགས་ཡོད་ ཀྱང༌། འདིར་རྒྱན་མེད་པའི་དོན་ནི། རིན་པོ་ཆེ་དང་མེ་ཏོག་སོགས་སྒེག་མཛེས་ཀྱི་རྒྱན་མེད་ པའི་དོན་ནོ། །དེ་ཡང་དྲག་ལས་ཀྱི་དབང་དུ་བྱེད་ནས་གསུངས་པ་སྟེ། གཞན་ཞི་བ་ལ་རྒྱན་ མེད་པ་དང་རིན་པོ་ཆེའི་རྒྱན་ཕྲ་མོ། རྒྱས་པ་ལ་རིན་པོ་ཆེའི་རྒྱན་མང་པོ། དབང་ལ་མེ་ཏོག་ སོགས་དང༌། དེ་དག་ལ་ཅི་རིགས་པར་དར་གྱི་ན་བཟའ་ཡང་མི་འགལ་ལོ། །རུས་འཕྲེང་ཞེས་ པས་མགོ་འཕྲེང་དང་རུས་རྒྱན་དངོས་སུ་གསུངས། སྟག་ལྤགས་དང་སྦྲུལ་ལ་སོགས་པ་ཡང་ བཀག་པ་ནི་མ་ཡིན་ནོ། ། ཡུམ་ལ་བ་གླང་གི་ལྤགས་པ་དང་གོས་ནག་སོགས་མན་ངག་གི་ཡི་གེ་རྣམས་ལས་སྣ་ 21-1-482 ཚོགས་བྱུང་ཀྱང༌། རྭ་ཕྱི་མའི་ཡི་གེ་ན་གླང་ལྤགས་སུ་བཞེད་ཅིང༌། རྟོག་པ་ལས་གསུས་ཆེན་ ཅེས་གསུངས་པ་ལྷ་མོ་སྐུ་གཟུགས་ཀྱི་མཚན་ཉིད་ལ་མི་སྦྱོར་བར། དུད་འགྲོའི་མཚན་ཉིད་ ལ་སྦྱར་ཏེ་གླང་པོ་ཆེར་འདོད་པའོ། །དེའི་ཚེ་སྨད་གཡོགས་མ་ཡིན་སྟོད་གཡོགས་ཡིན་མོད། སྨད་གཅེར་བུའམ་སྟག་ལྤགས་ཅན་ཇི་ལྟར་བྱེད་ཡབ་ལ་ཇི་ལྟར་བྲིས་པ་དང་མཐུན་པར་བྱའོ། ། སྤྱན་གསུམ་མཆེ་གཙིགས་སྐྲ་གྱེན་བརྫེས་སོགས་ཡབ་དང་མཐུན་ནོ། ། བཅུ་གསུམ་མའི་ལུགས་ལ་ཡུམ་དབུ་སྐྲ་གྲོལ་བ་དང་ན་བཟའ་བ་གླང་གི་པགས་པ་ཅན་ ཡིན་ཀྱང༌། དེ་འདིར་བསྲེ་མི་དགོས་སོ། །ཡི་གེ་ལ་ལ་ནས་སྐུ་སྦོམ་ཐུང་དང་གསུས་པ་རྒྱས་ པར་བཤད་པ་ལ་བསམས་ནས། ཧ་ཅང་སྦོམ་ཐུང་ཐལ་བ་དང༌། གྲོད་འཇོལ་ཆེ་གྲགས་པ་ མི་ལེགས་ཤིང༌། ཁ་ཅིག་གཤིན་རྗེ་ཡིན་པས་ཤིན་ཏུ་སྐེམ་པ་བྱེད་ཟེར་བ་ལ་ཡང་རྒྱུ་མཚན་ མེད་པས། ཡབ་ཡུམ་གཉིས་ཀར་ཞལ་ཚད་བརྒྱད་པའམ་བདུན་པ་གང་རུང་དུ་བྲི་བར་བྱ་ ཞིང༌། ཡུམ་ལ་ལྷ་མོའི་མཚན་ཉིད་ཀྱི་ཕྱིར་ཁ་སྤུ་མི་འབྲི་སྟེ་འདིར་མ་ཟད་མགོ་བརྙན་མེད་པ་ ཀུན་ལ་དེ་ལྟར་གོ་བར་བྱའོ། །བྲིས་སྐུ་དེ་ལ་ཡབ་ཡུམ་གཉིས་མ་གཏོགས་བླ་མ་ཡི་དམ་ཆོས་ སྐྱོང་གཞན་སོགས། ལྷ་མགྲོན་གང་ཡང་མི་འབྲི། དུར་ཁྲོད་པ་རྣམས་མ་གཏོགས་འཁོར་ཡང་ མི་དགོས་སོ། །སྐྱ་བཟོ་གྲུབ། མཚོན་མ་བཏབ་པའི་བར་དེར། ཐུགས་ཀར་ཡི་གེ་བདུན་པ། མགྲིན་པར་བསྙེན་སྔགས་སྤྱི་བོར་ཉེ་བསྙེན་ལྟེ་བ་མན་ཆད་ཀྱི་ཆ་ལ་འཕྲེང་བའི་སྔགས་བྲི། ཡུམ་གྱི་གནས་གསུམ་ཆར་དུ་སྙིང་པོ་དང་ལྟེ་བ་མན་ཆད་ལ་འཕྲེང་བའི་སྔགས་བྲིའོ། ། སྐབས་དེར་ཡང་སྦྱར་བ་དང་ཁྲུས་གསོལ་དང༌། སྔགས་དེ་རྣམས་ཉིད་མང་དུ་བཟླས་ པས་བྱིན་གྱིས་བརླབས། དེ་ནས་མཚོན་བཀྱེ་ཞིང་སྤྱན་དབྱེ་ཡན་གྲུབ་པ་ན། ཞག་དེ་ཉིད་ལ་ རབ་གནས་བྱ་སྟེ། སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་དང༌། ཡི་དམ་གྱི་བདག་ བསྐྱེད་བུམ་བསྐྱེད་སྔོན་དུ་བཏང༌། བགེགས་སྦྱང་བ་དང་བྱུར་བསལ་བ་དང༌། ཁྲུས་གསོལ་ 21-1-483 རྣམས་ནན་ཏན་དུ་བྱས། དེ་ནས་མཆོད་གཏོར་དང་དམ་རྫས་རྣམས་རྒྱ་ཆེར་བཤམས། འདོན་ ཆ་གཏོར་ཆོག་དང་འདྲ་བ་ལས། རང་གི་སྙིང་ཁ་ནས་ཧཱུཾ་སྤྲོ་བ་མི་དགོས། མདུན་བསྐྱེད་ གཞན་དང་འདྲ་བར་ས་བོན་ལས་བསྐྱེད། སྐྱེད་མ་ཐག་ཏུ་ཡི་གེ་བཅུ་གཅིག་པ་བདུན་སོགས་ ཇི་ལྟར་འོས་པ་འདོན། ཡེ་ཤེས་པ་སྤྱན་འདྲེན་ལན་བདུན་སོགས་ཚར་གང་མང་བྱེད། སྔ་མ་ དེ་ལ་ཕྱིར་འབྲང་གི་བགེགས་སྐྲོད་དགོས། དབང་བསྐུར་རྒྱས་བཏབ་ཚར་མ་ཐག་ཏུ། ཡི་གེ་ བཅུ་གཅིག་པ་བཟླས་པས་བྱིན་གྱིས་བརླབས་པར་གསུངས་པ་ལས། ཡི་གེ་སྔ་མ་རྣམས་ལ་ བརྒྱ་རྩ་བརྒྱད་བཟླས་ནས་མེ་ཏོག་གཏོར་གསུང་བ་ཡོད་ཀྱང༌། ལག་ལེན་ལ་མེ་ཏོག་དམར་ ནག་གམ་དཀར་དམར་གཉིས་བྱ། དཀར་པོའམ་ནག་པོ་ལ་ཡི་གེ་བདུན་པ་སྟོང་ཕྲག་གཅིག་ བཟླས། དམར་པོ་ལ་ཡུམ་གྱི་སྙིང་པོ་ལྔ་བརྒྱ་བཟླས། དེ་ནས་མེ་ཏོག་གཉིས་བསྲེས། ཡེ་དྷར་ ལན་ཉི་ཤུ་རྩ་གཅིག་བཟླས། ༀ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཡ་ཧཱུཾ་ཕཊ། ཅེས་པའི་ཡི་གེ་བཅུ་གཉིས་ པ་དང༌། ༀ་ཧྲཱིཿཙ་མུནྚི་ཏྲག་རཀྵ་ཧཱུཾ་ཕཊ། ཅེས་པ་གཉིས་སྦྲེལ་ནས་བརྒྱ་རྩ་བརྒྱད་བཟླས་ཏེ་མེ་ ཏོག་འཐོར། དེ་ནས་རྗེས་བརྟན་ཞུགས་ཀྱི་བར་འདྲ། ཇི་ལྟར་འོས་པར་ཚོགས་འཁོར་མཚོན་ པ་ཞིག་མེད་ཀ་མེད་ཡིན། དེ་ནས་ཕྱོགས་སྐྱོང་གི་གཏོར་མ་དང་འབྱུང་པོ་སྤྱི་གཏོར་བཏང་ ནས་མགྲོན་རྣམས་གཤེགས་གསོལ་དང་སྨོན་ལམ་དང་བཀྲ་ཤིས་བྱའོ། ། དེ་ཙམ་གྱིས་རབ་ཏུ་གནས་པར་འགྱུར་ལ། དང་པོ་འབྲི་བ་ནས་བརྩམས་ཏེ་རབ་གནས་ མ་གྲུབ་ཀྱི་བར་ལ། རང་དང་ལྷ་བྲིས་པ་དང༌། ཆོས་འདི་ཞུས་པའི་རྩ་བའི་བླ་མ་ཉིད་དམ་རབ་ གནས་བྱེད་མཁན་མ་གཏོགས་ཤིན་ཏུ་གསང་བ་གལ་ཆེའོ། །དེ་ནས་ཀྱང་དམ་ཚིག་དང་མི་ ལྡན་པས་མ་མཐོང་བ་དགོས་ཤིང༌། ཕལ་ཆེར་ལ་གསང་བ་རང་ལེགས་སོ། །འདི་དམ་ཚིག་ བྲིས་སྐུའི་ཚུལ་ཡིན། བྱིན་རླབས་ཆེ་ཞིང་འཕྲིན་ལས་དང་རྟགས་མཚན་ཤིན་ཏུ་མྱུར་བའི་ གནད་ཡིན་ལ། དེ་མིན་བྲིས་སྐུ་དཀྱུས་མ་རབ་གནས་ཅན་གྱིས་ཀྱང༌། དམིགས་རྟེན་སྒྲུབ་ 21-1-484 རྟེན་རུང་ཙམ་ནི་ཡིན་ནོ། །བྲིས་སྐུ་འབྲི་ཚུལ་གྱི་རིམ་པ་སྟེ་གཉིས་པའོ། ། ༈ ད་ནི་འཁོར་ལོ་འབྲི་ཚུལ་བཤད་པར་བྱ་སྟེ། བྲི་གཞི་ནི་ཞིང་ཆེན་ལ་བཀབ་པའི་རས་ སམ་དར་རམ་སོ་རས་སོགས་འབྱོར་ན་རབ། དེ་མིན་ཤོག་བུ་ལ་གྲི་ཁྲག་དང༌། དུག་གིས་ ཅུང་ཟད་བྱུགས། བྱ་རོག་གི་ཁྲག་དང༌། རོ་སོལ་དང༌། བོང་བུའི་ཆུ་དུག་ཁྲག་རྣམས་ཅུང་ཟད་ བསྲེས་པའི་སྣ་ཚ་དང༌། བྱ་རོག་གི་གཤོག་རུའམ་མི་རྐང་གི་སྙུ་གུ་བྱེད་པར་བཤད་པ། དེ་ལ་ དངོས་སུ་འགྲུབ་ན་རབ། མ་འགྲུབ་ན་རྐང་གི་སྦུབས་སུ་སྙུ་གུ་བཅུག་པའམ། སྙུ་གུ་ལ་རུས་པ་ དེ་དག་བཅིངས་པས་ཀྱང་རུང༌། ཞེས་བླ་མ་གསུངས། དེ་ནས་འཁོར་ལོ་དངོས་ནི། ཟླུམ་སྐོར་ གསུམ་བྱེད་དགོས་པ་ལས། ཐོག་མ་ཚངས་ཟུར་སྐམ་ཐིག་བཞི་བཏབ། ལྟེ་བ་བཙལ་ནས་ཇི་ ལྟར་འོས་པར་སྐོར་བ་ལས། གལ་ཏེ་སོར་ལྔ་བསྐོར་ཡོད་ན། སོར་གསུམ་པའི་མཚམས་སུ་ གཅིག་བསྐོར། དབུས་ཀྱི་གཡས་གཡོན་དུ་སོར་གཅིག་གིས་མཚམས་སུ་གཅིག་བསྐོར། དེ་ རྣམས་ཀྱི་ཕྱི་ནང་གང་ཡང་རུང་བར་ཡི་གེ་ཤོང་ཙམ་གྱི་མུ་ཁྱུད་རེ་ཡང་བསྐོར། དབུས་ཀྱི་ལྟེ་ བར་ཡི་གེ་འབྲི་ཚུལ་ནི། དགྲ་མང་པོའམ་དམིགས་བསལ་མེད་པའི་གནོད་བྱེད་སྤྱི་ལ་བྱེད་ན་ རིམ་པ་ལྟར་སརྦ་ཤ་ཏྲུན་རྒྱལ་གྲོང་པ་རྣམས་ནི་བཱ། ར་ཡ་ཟེར་བ་ལྟ་བུ་དང༌། རྡོ་རྗེ་གདན་པ་ རྣམས་ཀྱི་སརྦ་ཤ་ཏྲུན་ནི་བཱ་ར་ཡ་ཞེས་པ་ལྟ་བུ་འབྲི་སྟེ། དེས་གཞན་ལའང་རིགས་འགྲེ་ཤེས་ དགོས། དམིགས་བསལ་རེ་རེ་ལ་བྱེད་ནས་སརྦ་ཞེས་པ་མི་འབྲི་སྟེ། ཤ་ཏྲུན་ཙན་སྐྱབས་ནི་ བཱ་ར་ཡ་ཞེས་པ་ལྟ་བུ་འབྲི། དེས་གཞན་ལའང་རིགས་འགྲེ། དེའི་མཐའ་ཕཊ་གྱི་སྐོར་བའམ་ ཕཊ་གཉིས་ཀྱི་བར་དུ་བཅུག །དབུས་སུ་ཡ་གཅིག་འབྲི་བའང་ཡོད། ལྟེ་བའི་མུ་འཁྱུད་ལ་ༀ་ ཀཱ་ལ་རཱུ་པ་དགྲ་བོ་ཆེ་གེ་མོ་མཱ་ར་ཡ་ནཱ་ཤ་ཡ་སྟཾ་བྷ་ཡ་བྷསྨི་ཀུ་རུ་ཧཱུཾ་ཕཊ། ཅེས་པ་བྲི་སྟེ། རེ་ མིག་བརྒྱད་པ་ནང་མ་ལ་ཡབ་ཀྱི་འཕྲེང་སྔགས་ཀྱི་ཕྱེད་སྔ་མ་འགོད་དགོས་པ་ལས་ཁ་ཅིག་ སྤེལ་ཚིག་མི་དགོས་ཟེར། རྭ་ཤར་བ་དང་རྒྱ་སྟོན་སོགས་བར་སྐབས་ཀྱི་མང་པོ་ཞིག་རེ་རེ་ 21-1-485 བཞིན་དགྲ་བོ་མ་ར་ཡ་ཕཊ་ཅེས་པ་འབྲི་གསུངས། དེ་ཡང་འགལ་བ་ཆེར་མེད་མོད་ཅུང་མི་ བདེ། འདིར་རྭ་འབུམ་སོགས་ནས་བརྒྱུད་པའི་མན་ངག་ནི་ཚིག་ལན་གཉིས་གཉིས་ཡོད་པ་ རྣམས་ལ་བར་དུ་མིང་ཙམ་སྤེལ་བ་སྟེ། དཔེར་ན་ཏྲཱ་ས་ཡ་ཆེ་གེ་མོ་ཏྲཱ་ས་ཡ་ཞེས་པ་ལྟ་བུའོ། ། ལན་གཉིས་མ་ཟློས་པ་རྣམས་ལ་མིང་ཐོག་མར་སྤེལ་ཏེ། ཆེ་གེ་མོ་རུ་འདིར་ཨརྒྷཾ་བ་ ཞེས་པ་ལྟ་བུ་སྟེ། ཡབ་ཡུམ་གཉིས་ཀར་གྱི་འཁོར་ལོའི་རེ་མིག་ཕྱི་བརྒྱད་ནང་བརྒྱད་ཀྱི་ཡི་གེ་ འགོད་ཚུལ་ཀུན་ལ་དེ་ལྟར་ངེས་པར་བྱའོ། །རང་ལུགས་ལག་ལེན་འདི་ལ་བྱེད་དེ། དེ་ཡང་ དབུས་ཀྱི་ཡིག་མགོ་ཕྱོགས་དེ་ཤར། གཡོན་ལྷོ། སྨད་ཕྱོགས་ནུབ། གཡས་ཕྱོགས་བྱང་དུ་ བྱས་པའི་ཤར་དུ་ཏྲ་ས་ཡ་ཏྲ་ས་ཡ། ཤར་ལྷོར་ཨ་ཀདྷྱ་ཨ་ཀདྷྱ། ལྷོར་ཤོ་ཥ་ཡ་ཤོ་ཥ་ཡ། ལྷོ་ནུབ་ ཏུ་ཧ་ན་ཧ་ན། ནུབ་ཏུ་ད་ཧ་ད་ཧ། ནུབ་བྱང་དུ་པ་ཙ་པ་ཙ། བྱང་དུ་བནྡྷ་བནྡྷ། བྱང་ཤར་དུ་ཙུརྞ་ ཙུརྞ་ཞེས་པ་རྣམས་ལ་དབུས་སུ་མིང་སྤེལ་ལོ། །མུ་ཁྱུད་བར་བ་ལ་སྙིང་པོ་ཡི་གེ་ཉི་ཤུ་རྩ་ལྔ་པ་ ལ་སྤེལ་ཚིག་ནང་གི་དང་འདྲ་བ་འབྲི། ཕྱིའི་རེ་མིག་བརྒྱད་ལ། ཤར་དུ་ཆེ་གེ་མོ་ཙཀྵ་བཛྲེ་ཎ་ གྷོ་ར་པ་དྲ་ཡ། ཤར་ལྷོར་ཆེ་གེ་མོ་ཀྵེ་ཏྲ་པཱ་ལཱ་ཡ། ལྷོར་ཚིནྡྷ་ཆེ་གེ་མོ་ཚིནྡྷ། ལྷོ་ནུབ་ཏུ་བྷིནྡྷ་ཆེ་ གེ་མོ་བྷིནྡྷ། ནུབ་ཏུ་ཆེ་ག་མོ་ཐཱ་ཀཾ་བཛྲི་བཱ་ད། ནུབ་བྱང་དུ་ཆེ་གེ་མོ་ཏུ་དྷི་ར་ཨརྒྷཾ་པཱ། བྱང་དུ་ཆེ་ གེ་མོ་ཡ་མཱ་ར་ཡ། བྱང་ཤར་དུ་ཆེ་གེ་མོ་བཛྲ་ཡ་ནཱ་ཤ་ཡ་སྟཾ་བྷ་ཡ་ཧཱུཾ་ཕཊ་ཅེས་པ་འབྲི། མུ་ཁྱུད་ ཕྱི་མ་ལ་རྩ་སྔགས་ཀྱི་འཇུག་ཏུ་སྤེལ་ཚིག་སྔ་མ་བཞིན་བྱ། དེའི་ཕྱི་རོལ་ཏུ་འཁོར་ལོ་དེ་ཉིད་ ལས་ཀྱི་གཤིན་རྗེའི་ལྟོ་བར་ཆུད་པ་འབྲི། དབུས་ཀྱི་ཡིག་མགོ་ཕྱོགས་ལ་སྐུ་སྟོད་ཡོང་བ་བྱེད། གདན་པད་ཉི་དང་མ་ཧེ་མི་དགོས། རོ་གདན་ཙམ་བྱ་གསུངས། གདན་མི་བྱེད་པའི་སྲོལ་ཡང་ འདུག་གོ ། ཡུམ་གྱི་འཁོར་ལོ་ཡང་སྐོར་ཐིག་དྲུག་དང་ལྟེ་བའི་ཡི་གེ་ཡང་གཞན་ཡབ་དང་འདྲ། དབུས་སུ་ཧྲའམ་བྷྱོཿའབྲི་བའང་ཡོད། རེ་མིག་ནང་མ་བརྒྱད་ཀྱི་ཤར་དུ་དྷུ་ན་ཆེ་གེ་མོ་དྷུ་ན། 21-1-486 ཤར་ལྷོར་བནྡྷ་ཆེ་གེ་མོ་བནྡྷ། ལྷོར་མ་ཐ་ཆེ་གེ་མོ་མ་ཐ། ལྷོ་ནུབ་ཏུ་པྲ་མ་ཐ་ཆེ་གེ་མོ་པྲ་མ་ཐ། ནུབ་ཏུ་ཆེ་གེ་མོ་ཧཱུཾ་ཛྭ་ལ། ནུབ་བྱང་དུ་ཛྭ་ར་ཆེ་གེ་མོ་ཛྭ་རེ་ཎ། བྱང་དུ་ཆེ་གེ་མོ་བྱེ་དྷི། བྱང་ཤར་ དུ་ཆེ་གེ་མོ་རོ་ག་ཎཾ། རིམ་པ་ཕྱི་མའི་ཤར་དུ་ཆེ་གེ་མོ་ཉིད་གདན་ཤི་བཾ། ཤར་ལྷོར་ཆེ་གེ་མོ་ཡཾ་ ཧཾ་རི་ཚུས་ཡ། ལྷོར་ཆེ་གེ་མོ་ཨ་བེ་ཤ་ཡ། ལྷོ་ནུབ་ཏུ་ཆེ་གེ་མོ་ཛི་བཾ་ཧྲི་ད་ཡ། ནུབ་ཏུ་ཚིནྡྷ་ཆེ་གེ་ མོ་ཚིནྡྷ། ནུབ་བྱང་དུ་ཆེ་གེ་མོ་བཱ་དྱ་པ། བྱང་དུ་ཆེ་གེ་མོ་ཤི་གྷྲ་མཱ་ར་ཡ། བྱང་ཤར་དུ་ཆེ་གེ་མོ་ན་ ཤ་ཡ་ཧཱུཾ་ཕཊ། འདིའི་མུ་ཁྱུད་གསུམ་ག་ལ་ༀ་ཧྲིཿཙ་མུཎྜི་དགྲ་བོ་ཆེ་གེ་མོ་མཱ་ར་ཡ་ནཱ་ཤ་ཡ་སྟཾ་ བྷ་ཡ་བྷ་སྨི་ཀུ་རུ་ཧཱུཾ་ཕཊ། ཅེས་པ་ཁོ་ན་འབྲིའོ། །འཁོར་ལོ་དེ་ལྷ་མོ་ཙ་མུནྚིའི་ལྟོ་བར་ཆུད་པ་ འབྲི། དེ་ཡང་གོང་བཞིན་རོ་གདན་ཙམ་མམ་གདན་སྤང་པའོ། ། ཡབ་ཡུམ་གྱི་འཁོར་ལོའི་མུ་ཁྱུད་དང་རེ་མིག་བཅུ་དྲུག་པོའི་ཡི་གེ་རྣམས་དྲག་པོའི་ལས་ ལ་མགོ་ནང་བསྟན་བྱེད་པ་ལ་རྩོད་པ་མེད། ཞི་རྒྱས་དབང་གསུམ་སྒྲུབ་ན་མགོ་ཕྱི་བལྟ་བྱེད་ ཅེས་འགའ་ཞིག་བཞེད་མོད། གཤིན་རྗེ་གཤེད་ཀྱི་འཁོར་ལོ་ལ་དེ་བཞིན་ཡིན་ཀྱང༌། འདི་ ལས་ཀྱི་གཤིན་རྗེའི་འཁོར་ལོ་ཡིན་པའི་ཕྱིར་ལས་ཐམས་ཅད་ལ་ཡིག་མགོ་རྣམས་ནང་ བསྟན་ཁོ་ན་བྱེད་ཅེས་བདག་ཅག་གི་བླ་མ་གསུང་ངོ༌། །འོན་ཀྱང་འཁོར་ལོ་འདི་ལ་བརྟེན་ ནས་ལས་གསུམ་པོ་དེ་དག་སྒྲུབ་པ་མེད་བསམ་ན། མ་ཡིན་ཏེ་དངོས་བསྟན་གྱི་འཁོར་ལོ་འདི་ ཁོ་ན་ལ་ཡང༌། ཞི་བའི་ནང་ཚན་བསྲུང་བཟློག་གཉིས་དངོས་སུ་ཡོད། རྒྱས་པ་དང་དབང་གི་ ལས་བྱེད་པས་དངོས་སུ་ཅུང་ཟད་དཀོན་ཀྱང་དེ་དག་གི་བར་ཆད་བསྲུང་བ་དང་བཟློག་པ་ལ་ ངེས་པར་འཇུག་པ་ཡིན་ནོ། ། བསད་ལས་ཀྱི་སྤེལ་ཚིག་ནི་གོང་བཞིན་ཡིན་ལ། དབྱེ་བསྐྲད་རྨོང་རེངས་ཀུན་ལའང་མཱ་ ར་ཡ་ཞེས་པའི་ཚབ་ཏུ་དེ་དང་དེའི་སྤེལ་ཚིག་འཇུག་པ་ཡིན་ནོ། །དེའི་ཚེ་བྲིས་གཞི་སྣག་ཚ་ལ་ སོགས་པ་ཡང་བསྒྱུར་དགོས་ཏེ་སྤྱི་དང་འདྲའོ། །དངོས་བསྟན་འདི་མིན་པར་མན་ངག་གིས་ 21-1-487 ལྡེ་བསྒྱུར་བའི་ལས་གསུམ་གྱི་འཁོར་ལོ་ནི་འཆད་པར་འགྱུར་རོ། ། ཡང་བླ་མ་སྐྱོ་བ་རྣམས་ཀྱི་བཞེད་པ་ནི། ཟླུམ་སྐོར་རིམ་པ་གཉིས་ལ་མུ་ཁྱུད་རེ་རེ་བྱེད། དེ་ ནས་ཐིག་བཞི་སྣོལ་མར་བཏབ་པས། ནང་མ་ལེ་ཚེ་དགུ་དང་ཕྱི་མ་ལ་བརྒྱད་ཡོད་པ་དེ་ཐིག་ ལྷག་པོ་རེ་རེ་བཏབ་པས་དཀྱིལ་འཁོར་གྱི་གདུང་ཐིག་འདྲ་བ་ཡི་གེ་ཤོང་བ་རེ་བྱེད། ལྟེ་བ་གྲུ་ བཞི་ལ་མ་མ་ཤ་ཏྲུན་ཆེ་གེ་མོ་ཞེས་པ་འདྲི་དེའི་མཐའ་ཕྱོགས་བཞིའི་གདུང་ལ་མ་མ་ཤ་ཏྲུན་ མཱ་ར་ཡ་ཞེས་པ་ཁོ་ན་འབྲི་ཏྲ་ས་ཡ་ལ་སོགས་པ་སྔགས་ཚན་བརྒྱད་པོ་ཡང་གཡོན་སྐོར་གྱིས་ འབྲི་སྟེ་ཕྱི་མ་ལའང་དེས་རིགས་འདྲེ། མུ་ཁྱུད་གཉིས་ཀ་ལའང་ཡི་གེ་འགོད་ཚུལ་ཀ་གདུང་ དང་འདྲ། ཡུམ་གྱི་འཁོར་ལོ་ལ་རེ་མིག་ནང་མ་བརྒྱད་ལ་ཨ་མུ་ཀ་སྱ་ཧཱུཾ་ན་སོགས་སྔགས་ཚན་ བརྒྱད་པོ་ཡོངས་རྫོགས་ཚར་རེ་རེ་འབྲི། ཕྱི་མ་བརྒྱད་ལ་ཉི་གདན་སོགས་སྔགས་ཚན་བརྒྱད་ པོ་ཡོངས་རྫོགས་ཚར་རེར་འབྲི་བར་འདོད་དོ། ། ཡང་སྐྱོ་བ་ཁ་ཅིག་ནི་ཡབ་ཡུམ་གཉིས་ཀར་ལ་རེ་མིག་ནང་མ་བརྒྱད་པོ་དཀྱུས་དང་འདྲ་ བ་ལ་ཁྱད་པར་ནི་གཡོན་བསྐོར་ཡིན། ཕྱི་མ་བརྒྱད་ཡབ་ཡུམ་མཚུངས་པར་ཙཀྵ་སོགས་ དང་ཉི་མ་སོགས་ཡོངས་རྫོགས་འབྲི་བའི་ལུགས་ཀྱང་འདུག་གོ །དབུས་ཀྱི་ཡི་གེ་མགོ་ཡབ་ ཀྱི་གཡོན་དང་ཡུམ་གྱི་གཡས་ལ་སྟོན་ནོ། །དེ་དག་ནི་ཕྱིའི་ཡིག་རིགས་དང་དཔེ་རིགས་སྣ་ ཚོགས་མཐོང་ན། ཐེ་ཚོམ་ཟ་བ་བཟློག་པའི་ཕྱིར་དང་ལུགས་སོ་སོ་གོ་བའི་ཕྱིར་བཀོད་པ་ཡིན་ གྱི་ལག་ལེན་དུ་གདབ་བྱ་ནི་དཀྱུས་ཁོ་ནའོ། །དེ་ལྟར་འཁོར་ལོ་བྲིས་མ་ཐག་རབ་གནས་བྱ་ སྟེ། སྔོན་འགྲོ་གཏོར་མ། གནས་ཡོ་བྱིན་གྱིས་བརླབས། བདག་བསྐྱེད་བུམ་སྒྲུབ་དང་བཅས་ པ་སྔོན་དུ་འགྲོ་བས། འཁོར་ལོ་ལ་སྦྱང་བ་དང་བགེགས་བསྐྲད་དྲག་ཏུ་བྱ། ཕྱིར་བསལ་བ་ སོགས་མི་དགོས། ལས་བུམ་གྱིས་ཁྲུས་གསོལ་བྱ། འཁོར་ལོ་བསངས་སྦྱངས། སྟོང་པའི་ ངང་ལས་ཧཱུཾ་ཡིག་ལས་བྱུང་པའི་བསྲུང་འཁོར་གྱི་དབུས་སུ་བྷྲུཾ་ཡིག་ནག་པོ་ལས་ཇི་ལྟར་བྲིས་ 21-1-488 པ་དང་མཐུན་པའི་ལྕགས་ཁང་སྒོ་མེད་ཁང་མིག་བཅུ་བདུན་པ། དུག་དང་མེ་དང་མཚོན་ཆ་ འཕར་རྒྱུག་བྱེད་པས་གང་བའོ། །དེའི་ལྟེ་བའི་ཡིག་འབྲུ་ལས་གཤིན་ཡབ་ཡུམ་དུ་བསྐྱེད། གཞན་སྔགས་ཀྱི་ཡིག་འབྲུ་རྣམས་རེ་རེ་བཞིན་ཡ་ལས་བྱུང་བའི་གཤིན་རྗེ་དང༌། བྷྱོཿའམ་མ་ ལས་བྱུང་བའི་གཤིན་རྗེ་མོ་རྣམས་ཆ་ལུགས་མ་ངེས་པའམ། ཡང་ན་ལས་གཤིན་ཡབ་ཡུམ་ ཉིད་དང་འདྲ་བ་རེ་བསྐྱེད། གནས་གསུམ་བྱིན་གྱིས་བརླབས། སྙིང་གར་ས་བོན་ཡ་དང་བྷྱོཿརེ་ བསྐྱེད། དེ་དག་དུས་གཅིག་ཏུ་གསལ་ཐེབས་པ་དཀའ་བས་རེ་རེ་བཞིན་རིམ་པས་གསལ་ འདེབས་ཀྱི། བྲིས་གཞིའི་སྐུ་འདྲ་གཉིས་ཀྱང་ས་བོན་ལས་མི་བསྐྱེད་སྙིང་པོ་ལན་བདུན་ བདུན་གྱིས་ཆོས་རྒྱལ་ཡབ་ཡུམ་དུ་བསྐྱེད། གནས་གསུམ་བྱིན་རླབས་བྱ། སྤྲོ་ན་མིག་ཏུ་ཀྵིཾ་ སོགས་ཀྱང་འགོད། དེ་ནས་ཡེ་ཤེས་པ་ཆོས་རྒྱལ་ཡབ་ཡུམ་ཕྱི་ནང་གཉིས་དང༌། གཤིན་རྗེ་བྱེ་ བ་ཐེར་འབུམ་དང་མ་མོ་བྱེ་བ་ཐེར་འབུམ་སྤྱན་དྲངས་ཏེ་བསྟིམ་པ་རྣམས་དམིགས་པ་ཤུགས་ ཆེ་ལ་དྲག་པས་ལན་མང་དུ་བསྒོམ། བུམ་ཆུས་གཏོར་ཞིང་དབང་བསྐུར། དབང་རྟགས་རྡོ་རྗེ་ ནག་པོ་རྩེ་ལྔ་འབའ་ཞིག་ཡིན། སྐབས་འདིར་དམ་རྫས་ཀྱི་གཏོར་མ་བྱིན་གྱིས་བརླབས་ལ་ ཕུལ། མཆོད་བསྟོད་དང་ལས་བཅོལ་རྒྱས་པར་བྱས། ལྷ་རྣམས་ཞུ་བ་ལས། ཡིག་འབྲུར་གྱུར་ ཅེས་ཞལ་བསྒྱུར། བྲིས་གཞིའི་ལྷ་བསྒྱུར་མི་དགོས། སུ་པྲ་ཏིཥྛཱ་དང་ཡེ་དྷར་དང་ཉེ་སྙིང་སྙིང་ པོ་རྩ་སྔགས་རྣམས་བརྒྱ་རྩ་སོགས་གང་མང་དང༌། འཁོར་ལོ་གཉིས་ཀྱི་སྔགས་ཀྱང་ཉི་ཤུ་རྩ་ གཅིག་ཙམ་བཟླས་ཏེ། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ནས་འཇིག་རྟེན་འཇིག་རྟེན་ འདས་པའི་བྱིན་རླབས་ཐམས་ཅད་གཤིན་རྗེ་ཡབ་ཡུམ་གྱི་རྩ་སྔགས་ཀྱི་རྣམ་པར་སྤྱན་དྲངས་ ནས་འཁོར་ལོའི་སྔགས་ལ་ཡང་ཡང་བསྟིམ། མེ་ཏོག་ནག་པོ་ཡང་ཡང་འཐོར་རོ། །མེ་ཏོག་ ཀྱང་སྔོན་བྲིས་སྐུ་བཞིན་བསྒྲུབས་ན་ལེགས་པར་མངོན་མཚམས་འདིར་མཆོད་བསྟོད་བརྟན་ བྱེད་ཡིག་བརྒྱ་དང་སྨོན་ལམ་བཀྲ་ཤིས་རེ་བྱ། དེ་ནས་བསྒྲུབ་བྱའི་མིང་ཡིག་རྣམས་བྲིས་ལ་ 21-1-489 བསྒྲུབ་བྱ་དངོས་སུ་བསྐྱེད། བདེན་བདར་དང་དགུག་གཞུག་དྲུག་ཅུ་རྩ་བཞིའི་གཏོར་ཆོག་ ཆེན་མོ་བཞིན་ལན་མང་དུ་བྱ། ཧྲཱིཿཥྚིཿའམ་ཡ་མ་རཱ་ཛའི་མཐར། གཤིན་རྗེ་ཡབ་ཡུམ་གྱི་སྙིང་ པོ་བཏགས་ལ་དགྲ་བོ་འདི་ཞེས་བྱ་བ་ཨ་ཀཪྵ་ཡ་ཛཿཛཿཞེས་བཏགས་པ་དྲུག་ཅུ་ཙམ་དང༌། དགྲ་བོ་འདི་ཞེས་བྱ་བ་འགོ་བའི་ལྷ་དང་བི་དྷྱེ་ཤཱ་ཡ་ཧཱུཾ་ཕཊ་ཅེས་པ་དྲུག་ཅུ་ཙམ་བནྡྷ་བནྡྷ་དང་ སྟམ་བྷ་ཡ་སྟམ་བྷ་ཡ་ཞེས་བཏགས་པའང་དྲུག་ཅུ་ཙམ་བཟླས་ཞགས་པས་བཅིངས། རྡོ་རྗེ་རྒྱ་ གྲམ་གྱིས་མནན་བཙོན་སྲུང་རྣམས་ཀྱིས་བསྐོར་བར་བསམ། སླར་ཡང་གཏོར་མ་དང་མཆོད་ པ་ཕུལ་ནས་རེ་ཞིག་འཇོག་པའམ་ཡང་ན་དེ་མ་ཐག་ལྟེབ་རྩིས་བྱས་ཀྱང་རུང་ངོ༌། །དེའི་ཚུལ་ ནི་འོག་ཏུ་འཆད་དོ། །གཤིན་རྗེ་ཕོ་མོའམ་བཤན་པ་ཕོ་མོའི་འཁོར་ལོ་འབྲི་ཚུལ་གྱི་རིམ་པ་སྟེ་ གསུམ་པའོ། ། ད་ནི་བསྙེན་སྒྲུབ་ལས་གསུམ་གྱི་རིམ་པ་རྣམས་བཤད་པར་བྱའོ། །དེ་ལ་དང་པོར་བསྙེན་ པ་ལ་དབྱེ་ན་རྩ་བའི་བསྙེན་པ་དང༌། ཉེ་བའི་བསྙེན་པ་གཉིས་ཡོད། དང་པོ་ནི་བསྙེན་པ་རང་ དང་བསྙེན་པ་ཙམ་པོ་དང་བསྙེན་པ་ཆུང་ངུ་དང་བསྙེན་རྐྱང་དང་རྩ་བའི་བསྙེན་པ་དང་གཞིའི་ བསྙེན་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །དེ་ཡང་དམ་ཚིག་བྲིས་སྐུ་སྔར་ཡོད་ན་ ལེགས། ངེས་པར་དགོས་པ་ནི་མིན། དེར་མ་ཟད་བྲིས་འབུར་དཀྱུས་མ་ཙམ་གྱི་རྟེན་བཤམས་ ཐུབ་ན་ནི་ལེགས། མེད་ཀྱང་ཆོག་སྟེ། གནས་དབེན་པར་མཆོད་གཏོར་བཤམ། གཏོར་མ་ འཛིན་གཏོར་དུ་བྱ། སྔོན་འགྲོ་གཏོར་མ་ནས་བརྩམ་རྗེས་ཆོག་གི་མཐར་ཐུག་པར་གཏོར་ ཆོག་ཏུ་བཤད་པའི་སྐབས་བཞིན་ཡིན་པ་ལས། རྟེན་གཞན་མེད་ཀྱང་འཛིན་གཏོར་ཉིད་རྟེན་ ཡིན་པས་བསྙེན་པ་མ་གྲོལ་བར་མདུན་བསྐྱེད་ཡབ་ཡུམ་གཤེགས་གསོལ་མི་བྱེད། འཁོར་ དང་མགྲོན་རྣམས་གཤེགས། ཐུན་ཕྱི་མ་རྣམས་ལ་ཡང་ལྷ་སྐུ་སྔ་མ་འོད་གསལ་དུ་བཅུག་ནས་ སླར་བསྐྱེད་པ་ཡིན་པས་འདོན་པ་བསྒྱུར་བ་མི་དགོས་སོ། ། 21-1-490 གང་ལྟར་ཡང་ཉེ་སྙིང་ཡི་གེ་བདུན་པ་ལ་འབྲུ་འབུམ་བྱེད། བསྙེན་རྫོགས་དངོས་སྙིང་ པོ་ལ་འབུམ་ཕྲག་གསུམ་བཟླ་བར་བཤད་དོ། །ཉེ་བསྙེན་གྱི་སྔགས་སམ་རྩ་སྔགས་གྲངས་ བསྙེན་དུ་བྱེད་ན་འབུམ་ཕྲག་གཅིག་བཟླ། བསྙེན་པ་ཆུང་ངུའི་སྐབས་རྩ་སྔགས་དང་འཕྲེང་ བའི་སྔགས་ལ་གྲངས་བསྙེན་མ་བསྐྱལ་ཀྱང་རུང་བས་ཐུན་གྱི་མཇུག་ཏུ་ཅུང་ཟད་རེ་ཀ་བཟླས་ པས་ཁྱབ་བོ། །ཡི་དམ་གྱི་སྔགས་སྤྱིར་གྲངས་མེད་ཚད་མེད་དུ་བཟླ་དགོས་ཤིང་ཁྱད་པར་ དུ་ཡང་བྱེ་བ་གཅིག་ནས་ལྔའི་བར་བཟླ་བར་གསུངས་པ་སྒྲིབ་སྦྱོང་དང་ཚོགས་གསོག་དང་ དངོས་གྲུབ་དང་ལས་ཚོགས་མཐའ་དག་གི་རྒྱུ་ཡིན་ནོ། །བཀའ་སྲུང་འཇིག་རྟེན་འདས་པ་ འདི་ཀུན་ཡང་དེ་དང་ཕྱོགས་མཚུངས་ཙམ་སྤྱིར་ཡིན་མོད་ཀྱང་ཚུལ་སྟོན་དབང་གིས་དེ་ཙམ་ དུ་བཟླ་བ་དགོས་པ་ཆུང་ཞིང༌། འཁུ་ལྡོག་མང་པོས་མཐའ་མེད་དུ་བཟླ་མི་དགོས་ལ། བསྙེན་ པའི་སྐབས་འདིར་སྔར་གྱི་དེ་ཙམ་ལ་རྟགས་མེད་ན་ཉིས་འགྱུར་རམ་གསུམ་འགྱུར་རམ་བཞི་ འགྱུར་གྱི་བར་དུ་བཟླས་ཞིང་རྟགས་ཀྱང་འབྱུང་བར་འགྱུར་རོ། །ཡི་དམ་གྱི་སྔགས་ནི་དུས་ རྟག་ཏུ་ཅི་ནུས་སུ་བཟླ་དགོས་པ་ཡིན་པས་དེ་གཉིས་ཅུང་ཟད་མི་འདྲའོ། །ཡི་དམ་གྱི་བསྙེན་ པ་སྔོན་དུ་མ་སོང་ན་འདིའི་བསྙེན་པ་བྱར་མི་རུང༌། ཡི་དམ་ནི་ཐོབ་ཐང་གི་གཤིན་རྗེ་གཤེད་ གང་ལ་བརྟེན་ཀྱང་མཆོག་ཡིན་མོད། སྤྱིར་ཁྲོ་བོའི་རྒྱལ་པོ་གཞན་ལ་བརྟེན་ཀྱང་མི་རུང་བ་ནི་ མ་ཡིན་ནོ། ། མངོན་སྤྱོད་ཀྱི་ལས་མཐའ་བྱས་པ་དང༌། གཞན་ལ་འདི་ཉིད་ཀྱི་དབང་རྗེས་གནང་བྱས་ པ་དང༌། སྔར་མ་ཐོབ་པའི་མི་ལ་འདིའི་སྒྲུབ་ཐབས་ལག་ལེན་བསྟན་པ་སོགས་ཀྱིས་བྱིན་ རླབས་ཀྱི་བཀྲག་མདངས་ཅི་རིགས་པ་རེ་ཡལ་འགྲོ་བས། སླར་བསྙེན་པ་ཁ་གསོ་ཅུང་ཟད་རེ་ བྱེད་དགོས་སོ། །དེ་ལྟར་རྩ་བའི་བསྙེན་པ་སོང་ནས་ལས་གཤིན་དགོས་ཀྱིའམ་ཡི་དམ་དང་ སྦྲགས་པའི་སྦྱིན་སྲེག་ལྔ་སྟོང་ངམ་ཁྲི་ཙམ་འབུལ། དེ་བས་མང་བ་རང་མི་དགོས། གཏོར་ 21-1-491 ཆེན་གཅིག་དང་གཏོར་ཆུང་མང་དུ་བཤམས་ནས་གཏོར་མ་བརྒྱ་ཚར་སྟོང་ཚར་སོགས་འབུལ་ ལོ། །སྤྱིར་འདི་ཉིད་ཆོས་སྐྱོང་གི་གཙོ་བོར་བྱེད་ན་བསྙེན་པ་དང་ཉེ་བསྙེན་སྐབས་སྐབས་སུ་ བསྐྱར་གྱིན་བྱས་ན་ཤིན་ཏུ་ལེགས་སོ། །དེ་ནས་དུས་སྐབས་གཞན་ལ་ཉེ་བསྙེན་བྱེད་ན་དམ་ ཚིག་བྲིས་སྐུ་འགྲུབ་པར་བྱས་ནས་བླ་མ་དཀོན་མཆོག་མཆོད་ཅིང༌། ནང་གཏོར་ཕུལ་ནས་ གསོལ་བ་བཏབ། ཡིག་བརྒྱ་བཤགས་པ་སོགས་བྱ། ཡུལ་ལྷ་བཞི་བདག་ལ་གཏོར་མ་བཏང༌། བགེགས་བསྐྲད་ཅིང་ཐོ་བརྩིགས། དེའི་སྟེང་དུ་སྲུང་བའི་དོན་དུ་ལས་ཀྱི་གཤིན་རྗེ་རལ་གྲི་ ཐོགས་པ་བཞུགས་པར་གྱུར། སྔགས་མང་དུ་བཟླས། མེ་ཏོག་གཏོར་གུ་གུལ་བདུག །འདིར་ བརྒྱུད་པ་གོང་མ་ནུས་པ་བརྙེས་པ་རྣམས་ཀྱི་མྱོང་གྲུབ་ཞལ་གདམས་ལ། སྤྱིར་ཡང་བོད་ཡུལ་ འདིར་བསྙེན་སྒྲུབ་བྱེད་པ་ལ་རྒྱལ་བསེན་ཐེའུ་རང་དང་བཅས་པ་ལ་ཀླུའི་རྒྱབ་སྐྱོར་བ་འདི་ཀ་ བར་ཆད་ཆེ་ཞིང༌། དགོས་སུ་ལས་གཤིན་ནག་པོ་བསྒྲུབས་པ་ལས་པེ་དཀར་གྱི་འཁོར་རྣམས་ ཀྱི་བར་ཆད་གཏོང་བས། དེ་དག་ལ་དམིགས་ནས་བགེགས་གཏོར་གླུད་སོགས་རྒྱ་ཆེར་ཙམ་ བཏང་ངོ༌། ཁོ་རའི་སྒེར་གྱི་གཏོར་ཆོག་བྱས་ནས་འབྲེལ་ཆུང་ནས་བར་ཆད་གཏོང་དུ་འགྲོ་ བས་མི་བྱ། ཁོ་ལ་དམིགས་ནས་སིལ་གཏོར་བགེགས་གཏོར་སྤྱིའི་ཆོ་ག་རང་བྱེད། བགེགས་ གཏོར་བསྐྱར་གྱིན་བཏང་ན་ཁོ་ཡང་བསྐྱར་ནས་ལོག་ཡོང་བས་ཡང་ཡང་མི་བྱེད། ལན་ཅིག་ པོ་དེ་སྔགས་གྲངས་མང་ལ་དམིགས་པ་གང་གསལ་བྱེད། སྐྲོད་པའི་ཚེ་ཡང་སྔགས་དང་ དམིགས་པ་དྲག་ལ་ཡུན་རིང་བས་མཚམས་གཅོད་དགོས་སོ། ། དེ་རྗེས་མཚམས་བསྡམས་སྒྲུབ་ཁང་གི་ནང་དུ་བྲིས་སྐུ་ལྷོ་ལ་ཞལ་གཟིགས་པའི་མདུན་ དུ་རང་ཉིད་ཁ་བྱང་བསྟན་ནམ། ཡང་དེ་གོ་ལྡོག་ན་ཡང་བཟང༌། རང་དང་བྲིས་སྐུ་གདོང་ཐད་ ཡོང་བ་གཅིག་བྱེད་དགོས། གོ་སྐབས་མི་བདེ་ན་ཁ་བལྟ་ཕྱོགས་ལ་ཁྱད་ཙམ་མེད། རྟགས་ ཀྱི་གཏོར་མ་ཁ་ཟས་བཟང་ཚད་ལས་བྱས་ཤིང་དམ་རྫས་ཀྱིས་བརྒྱན་པ་རུལ་མི་འགྲོ་བ་ཅིག་ 21-1-492 ཐོད་པའམ་ལྕགས་སྣོད་དུ་བཤམས། དར་ནག་གམ་རས་ནག་གི་བཀབ་བོ། །དེའི་དྲུང་དུ་ མཆོད་ཡོན་རཀྟ་ལ་ག་བུར་དང་ཚ་བ་གསུམ་དང་ཚ་སྣ་བཏབ་པ་ཞིག་ཀྱང་བཤམས་ཏེ་ཁ་ གཅོད་དོ། །བྲིས་སྐུའི་མདུན་དུ་འཛིན་གཏོར་ཤ་ཁྲག་གིས་བརྒྱན་པ་དང་མཆོད་པ་བཤམས་ ཐུན་གཏོར་རེ་ཡང་བྱ་སྟེ་ཐུན་ཐམས་ཅད་ལ་འགྲུབ་ན་རབ། དེ་ཙམ་མ་ལྕོགས་ན་སྲོད་ཐུན་ ལ་ཕུལ་ཀྱང་རུང་མོད། སྐྱ་རེངས་ཤར་བའི་དུས་སུ་ཕུལ་ན་བཟང་བ་ཡིན་ནོ། །སྐབས་འདིར་ བཟླས་པ་ནི་རྩ་སྔགས་ཉིད་ཉེ་བསྙེན་གྱི་སྔགས་སུ་གསུངས་པའི་ཕྱིར་གཙོ་བོར་དེ་བཟླ་ དགོས་ལ། སྔགས་ཐུང་གཞན་གཉིས་ཇི་ལྟར་རིགས་པ་བཟླ། ཡུམ་གྱི་སྔགས་ནི་རྩ་སྔགས་ ཇི་ཙམ་སོང་བ་དེའི་ཕྱེད་ཙམ་བཟླ་བ་ཡིན་ནོ། །སྤྱིར་འཕྲེང་སྔགས་ལ་བསྙེན་པ་མ་སོང་ཡང་ འཁོར་ལོ་སྒྲུབ་ཏུ་མི་རུང་བ་མ་ཡིན་མོད། །བསྙེན་པ་སོང་ན་ལས་མྱུར་བ་ལ་ཤིན་ཏུ་གལ་ཆེ་ བ་གཅིག་ཀྱང་ཡོད་དོ། །དེ་ལྟར་ན་རབ་ཏུ་འཕྲེང་སྔགས་གཉིས་པོ་འབུམ་ཕྲག་གཅིག །འབྲིང་ དུ་ཁྲི་ཕྲག་བཞི། མ་མཐའ་ལ་ཁྲི་ཙམ་གྱིས་ཀྱང་རུང་ངོ༌། །གཏོར་ཆོག་དཀྱུས་མ་དེ་སོང་བའི་ སྐབས་རྟགས་ཀྱི་གཏོར་མའི་ཁེབས་བསལ། ཁ་གསོས། ནང་མཆོད་ཀྱིས་བྲན། བྱིན་རླབས་ རྒྱས་པ་བྱ། རྟགས་བྱུང་ན་འབུལ་ལོ་ཞེས་བྱས་ནས་དེ་མ་ཐག་ཁེབས་བཀབ། ཡི་དམ་གྱི་སྙིང་ པོ་དང་རཀྟའི་སྔགས་ཀྱི་བསྲུང་བ་བྱ། རཀྟའི་ཨརྒྷཾ་ལ་ཡང་དེ་དང་འདྲ། རྟགས་ནི་དང་པོར་ མི་ནག་པོ་དང་རྒྱལ་པོ་དམག་དཔོན་དཔའ་བོའི་རིགས་དང་གོ་མཚོན་ཅན་དང་ཀླ་ཀློ་དང་ བནྡྷི་ནག་པོ་དང༌། ཚོམ་པོ་དང་ཤན་པ་སོགས་ཡབ་ཀྱི་ཆོ་འཕྲུལ་ལ་འོང༌། མ་སྲིང་དང་བུད་ མེད་དང༌། མཚོ་ཆེན་པོ་དང་ཆུ་བོ་རྒྱུག་པ་དང༌། ཁྲག་མཚོ་སོགས་ཡུམ་གྱི་ཆོ་འཕྲུལ་ཡིན། མུན་ནག་དང་མི་དང་རླུང་འཚུབ་སོགས་གཉིས་ཀའི་ཆོ་འཕྲུལ་ལ་འོང༌། མཛེ་སྦྲང་དང་ཧྲུལ་ པོ་ཧྲུལ་མོ་སོགས་སེལ་གྱི་ལྟས་ཡིན་པས་ཡིག་བརྒྱ་དང་བཤགས་པ་བྱ། རད་རོད་ཅན་དང་ ན་བའི་རྣམ་པ་འདུག་ན་གྲིབ་ཀྱི་ཕོག་པ་ཡིན་པས་ཁྲུས་གསོལ་སོགས་བྱེད། འབག་སེང་དང་ 21-1-493 མེ་ཆེན་དང་རྒྱལ་པོ་དང་སྒྲ་དང་ཐོག་འཚིག་པ་དང༌། ས་འགུལ་བ་དང༌། སྒོ་སྲོག་པ་དང༌། བྱ་ གདུག་པ་ཅན་དང་གཅན་གཟན་སོགས་ནི་རྟགས་དང་བར་ཆད་གཉིས་ཀ་ལ་འོང་བས། རྗེས་ ཤེས་ལ་བརྟགས་ན་ཤེས་དགོས། སྤྱིར་བསྲུང་བཟློག་དྲག་ཏུ་བྱས་པས་རྟགས་ཡིན་ན་གོང་ འཕེལ་ལ་འགྲོ། བར་ཆད་ཡིན་ན་སངས་འགྲོ། མཐར་རྟགས་རབ་བྲིས་སྐུ་བཞད་པ་དང༌། དངོས་སུ་མཐོང་བ་ཡིན་ཀྱང་དེང་སང་ཕལ་ཆེ་བ་ལ་འབྱུང་བ་དཀོན། གོང་གི་དེ་རྣམས་རང་ ལ་འདུད་པ་དང༌། ཤིན་ཏུ་དགའ་བའི་རྣམ་འགྱུར་བྱེད་པ་དང༌། མ་ཧེ་ལ་བཞོན་ནས་རྒྱུག་པ་ སོགས་ཡིན་པར་གྲགས། རྨི་ལམ་དུ་ཞལ་མཐོང་གི་རྣམ་པ་རབ་རིབ་འབྱུང་བ་ཡང་སྲིད། ཞུ་ བ་ཅན་ཕྱག་འཚལ་བ་དང༌། མ་སྲིང་གཟུགས་དང༌། ཆས་གོས་ཕུན་སུམ་ཚོགས་པའམ་བུད་ མེད་ནག་མོ་ཕྱག་འཚལ་བ་བྱུང་ན་ངེས་པ་ཅན་དུ་བྱེད། སྔགས་ཀྱི་རྟགས་གཏོར་དང་རཀྟ་ མཆོད་ཡོན་དུ་ཕུལ་ནས་ཡི་དམ་གྱི་སྔགས་དྲག་ཏུ་བཟླ་བ་དང༌། མནའ་བཀག་དམ་ལ་བཞག ། ལས་སྦྱོར་དྲག་ཏུ་བྱའོ། །གཏང་རག་རྒྱ་ཆེན་པོ་ཚོགས་འཁོར་བྱེད་པ་ཡང་གལ་ཆེ། དེ་ནས་ རྗེས་བསྡུས་ཏེ། དེ་མ་ཐག་གམ་དུས་གཞན་དུའང་རུང་སྟེ་དྲག་ལས་ཀྱི་སྒྲུབ་པ་ལ་འཇུག་གོ ། བསྙེན་པ་དང་ཉེ་བསྙེན་ཇི་ལྟར་སྒྲུབ་པའི་རིམ་པ་སྟེ་བཞི་པའོ། ། ད་ནི་སྒྲུབ་པ་ལ་འཇུག་པ་བཤད་པར་བྱའོ། །དེ་ཡང་ཡེ་ཤེས་ལྷའི་སྒྲུབ་པ་མ་ཡིན། དྲག་ པོ་མངོན་སྤྱོད་བསད་ལས་ཀྱི་སྒྲུབ་པའོ། །སྐབས་འདིར་བསྒྲུབ་བྱ་དེའི་བརྟེན་སྐྱོབ་ཀྱི་ལྷ་ རྣམས་ཀྱིས་བར་ཆད་རྩོམ་ཉེན་ཆེ། དེ་ལས་གཞན་པའི་ལྷ་འདྲེས་དཀྱུས་མའི་བར་ཆད་ འབྱུང་ཉེན་ཆུང་ངོ༌། །ཉེ་བསྙེན་གྱི་སྐབས་བཞིན་སྔོན་འགྲོ་དགེ་བའི་དཔུང་རྣམས་བྱ། རྒྱལ་ འགོང་ལ་བགེགས་གཏོར་གཏོང་བའི་དོད་དུ་བསྒྲུབ་བྱའི་གསང་སྡེ་རྣམས་བགེགས་གཏོར་ སྦྱིན། བགེགས་བསྐྲད་དྲག་ཏུ་གཟིར་ཞིང་དེ་མ་ཐག་བསྲུང་འཁོར་སྒོམ་པ་གལ་ཆེ། ཉི་ཕྱེད་ ཡན་ལ་ཡིག་བརྒྱ་བཟླ་བ་དང༌། དེ་མན་ཆད་མངོན་རྟོགས་སྒོམ་སྟེ། ཡི་དམ་གྱི་སྔགས་དྲག་ 21-1-494 ཏུ་བཟླ། དེ་ལྟ་བུ་ཞག་གསུམ་སོགས་ཇི་ལྟར་འོས་པའི་རིགས་ལ་སྔར་མ་བསགས་ན་རྫས་ རྣམས་བསགས་ཤིང་འཁྲུལ་འཁོར་སྐབས་འདིར་ངེས་པར་འབྲིའོ། །དེ་ཡང་འཁོར་ལོའི་ རྒྱུ་རྣམས་ལ་སྦྱང་བ་བྱ། ཁྲུས་ཆུས་གཏོར། མཆོད་རྫས་ལ་སོགས་པ་རྫས་ཀྱི་རིགས་གཞན་ རྣམས་ལའང་དེ་བཞིན་དུ་བྱེད། རྫས་ཀྱི་གཙོ་བོ་ཐོད་པ་མཚན་ངན་ལ། ཡི་གེ་མང་པོ་ན་དུམ་ བུ་གཅིག་གམ་གཉིས་པ་ལ་ཟེར་བ་འདུག་ཀྱང༌། གཞུང་ཡི་གེ་མ་དག་པ་བཀླགས་པས་ཕྱིས་ གསལ་བྱེད། བྱས་པ་ཀུན་ཀྱང་མ་དག་གོ ། དེས་ན་དཔེ་རྙིང་འགའ་ལས་དུམ་བུ་དྲུག་གམ་བརྒྱད་པ་ལས་ཞེས་འབྱུང་བ་ལྟར་བྱ་ སྟེ། དུམ་བུ་བརྒྱད་དྲུག་གཉིས་རང་བཞིན་གྱིས་མཚན་ངན་ཡིན་ཅིང་གཅིག་པ་དང་གཉིས་པ་ མཚན་ངན་ཉུང་བས་སོ། །ཐོད་པ་དེའི་འབྲེག་མཚམས་ཅུང་ཟད་མཐོ་བ་དཔྲལ་བ་དང༌། ལྟག་ ཁུང་གི་ཁ་ལ་ཐིག་བཏབ་སྟེ་གྲས་བདར་ལེགས་པར་བྱས། ཆུ་དྲོན་གྱིས་མི་འཁྲུར། མ་ཐོད་ རྙན་གྱི་ཕྱོགས་ལ་གཤིན་རྗེའི་དབུ་ཕྱག་གི་རྣམ་པ་རང་གྲུབ་ཡོད་པ་སྟེ། གོང་འཁོར་ལོ་འབྲི་ བའི་རྫས་ཀྱིས་སྐྱ་རིས་གསལ་བཏབ། ཚོན་རྩི་རྣམས་ལ་དུག་བསྲེས་ལ་གཤིན་རྗེ་ཉིད་ཀྱི་ སྔགས་མང་དུ་བཟླས་ཏེ་ཚོན་རྔམ་འཇིགས་ཀྱི་རྣམ་པ་ཡོང་བར་བྱ། དེ་ལ་པྲ་ཚིལ་མནན་ནོ། ། འགྲུབ་ན་པྲ་ཚིལ་མ་མནན་གོང་དུ་སྐུ་དེའི་སྤྱི་བོར་ཉེ་སྙིང་དང༌། མཐའ་སྐོར་དུ་རྩ་སྔགས། ཞལ་དང་ཕྱག་ལ་ༀ་ཀཱ་ལ་རཱུ་པ་ཤ་ནན་ན་མ་རྦད་རུ་ལུ་རུ་ལུ་བྷྱོ་ཛཿརུ་ལུ་ཚལ་པ་ཡ་ནི་ཏོ་ཤ་རུ་ ནི་ནན་མཱ་ར་ཡ་ནན་ༀ་ཞེས་པས་བྲི། གལ་ཏེ་ཞལ་དབྱེ་འདི་མ་འབྱོར་ན་ཐོད་པ་མཚན་ངན་ ཕོ་ཐོད་མོ་ཐོད་ཁ་སྦྱོར་དུ་བྱུང་ནའང་ནུས་པ་ཆེ་བར་འོང་ཞིང་ཕོ་ཐོད་ཁ་སྦྱོར་དང༌། མོ་ཐོད་ཁ་ སྦྱོར་ཡང་རུང་ཙམ་ཡིན་ནོ། །ཞལ་དབྱེ་ཡོད་པའི་དབང་དུ་བྱས་ཏེ་ཀ་པཱ་ལའི་རྒྱ་སྲུབ་མ་རྣམས་ ལ་རྫས་སྔ་མ་ལྟར་གྱིས་སྙིང་པོ་དང་རྩ་སྔགས་དང་ཡུམ་གྱི་སྙིང་པོ་རྣམས་དྲག་པོའི་སྤེལ་ཚིག་ ཅན་འདྲི། ཡ་ཐོད་མ་ཐོད་གཉིས་ཀར་གྱི་དབུས་སུ་དུག་ཁྲག་གི་ཡ་ཆེན་པོ་རེ་འབྲི། ཡ་མ་རྭ་ 21-1-495 ཛ་སྤེལ་ཚིག་ཅན་གྱི་མཐའ་སྐོར་ལ་འབྲི་ཞེས་གསུང་སྒྲོས་ལས་འབྱུང་སྟེ། སྔགས་འདི་ཡི་དམ་ གྱི་སྔགས་སུ་བྱེད་པ་དང༌། འཇིག་རྟེན་གཤིན་རྗེའི་སྔགས་སུ་བྱེད་པ་གཉིས་ལས་འདིར་ཕྱི་མ་ ལྟར་ཡིན་ནོ། །བསད་ལས་ལ་སྤེལ་ཚིག་དགོས་པ་ཐམས་ཅད་དུ་བཤད་ཚོད་ཐོབ་ཐང་མཱ་ར་ ཡ་ཞེས་པ་ཁོ་ནས་ཆོག་ཀྱང༌། ད་ལྟར་ལག་ལེན་དུ་དེ་ཙམ་གྱིས་རྣོན་པོ་མི་ཡོད་པས་ཏྲིག་ནན་ ཨེ་ཧུར་ཐུམ་ཛཿམཱ་ར་ཡ་ཧཱུཾ་ཕཊ་ཆེས་འབྲི་བ་ལས་མྱུར་བའི་མན་ངག་ཡིན། མཐུ་མཁན་འགའ་ ཞིག་བྲིང་ཤག་ཅེས་སོགས་ཀྱི་མཐའ་རྟེན་འཛུག་པའང་འདུག །ནུས་པ་ཡོང་འཕྲོ་ཡིན་ཟེར་ རོ། ། འོན་ཀྱང་དེ་ནི་རྦད་སྔགས་དང་འབྲེལ་གྱི། འཁོར་ལོ་དང་འབྲེལ་བ་མ་ཡིན་ནོ། །ཞེས་ བདག་གི་བླ་མ་གསུང་ངོ༌། །འཁོར་ལོ་ཤིན་ཏུ་རྣོ་བར་འདོད་ན་མཇུག་ཏུ་ལྷ་སྲིན་གང་ལ་ གཏོད་པར་འདོད་པའི་ལྷ་འདྲེ་དེ་སྡེ་བརྒྱད་གང་ཡིན་བརྟགས་ནས་དེའི་སྲོག་སྙིང་སྤེལ་ཚིག་ དང་བཅས་པས་སྐོར། ཡ་མ་རཱ་ཛ་ཨཛྙཱ་པ་ཡ་ཏི་རྦད་ཅེས་པ་བར་བར་དུ་སྤེལ་བ་ལག་ལེན་ མན་ངག་ཡིན། དེ་ནས་ཤོག་བུ་ལ་རྫས་སྔགས་བཞིན་གྱིས་དགྲ་བོའི་ལིང་ག་སྤྱི་དང་མཐུན་ པ་ལ། སྙིང་གར་མིང་གི་མཐར་ཡབ་ཀྱི་ཉེ་སྙིང་དང༌། ཡུམ་སྔགས་ཀྱི་མཐར་སྤེལ་ཚིག་ཅན་ གྱིས་བསྐོར། ཕྱིའི་མཐའ་སྐོར་དུ་སྙིང་པོ་དང་རྩ་སྔགས་དང་ཡུམ་སྔགས་སྤེལ་ཚིག་ཅན་གྱིས་ བསྐོར་བར་བྱ། འཁོར་ལོ་དངོས་གཞིའི་མིང་ཡིག་བསྒྲུབ་བྱའི་ཟག་རྫས་ཀྱིས་བྱུག་པ་བྱུང་ ཀྱང་ལེགས། མ་བྱུང་ཀྱང་ཆོ་ག་ལིང་ག་འདི་ལ་ཟག་རྫས་ལྔ་པོ་གང་རུང་གཅིག་མེད་ཁ་མེད་ དགོས། དེས་དང་པོར་མི་འཁྱམ། བར་དུ་བླ་འཁོར། མཐར་བླ་མི་འབྲོས་པའི་དགོས་པའོ། ། དེ་ལ་འབྲུབ་ཁང་དུ་དགུག་གཞུག་དྲག་པོ་ལན་མང་དུ་བྱས། ཡབ་ཡུམ་གྱི་སྔགས་གཉིས་ ལ་དགུག་གཞུག་གི་སྔགས་བཏགས་པ་ཡང་ལན་མང་དུ་བྱས་ནས། འཁོར་ལོའི་གཤམ་ གྱི་ཕྱོགས་སུ་མགོ་བསྟན་ཏེ་འཁོར་ལོ་གཉིས་ཀྱི་བར་དུ་བཅུག །ལིང་གའི་སྙིང་ཁ་ན་ཡོད་ 21-1-496 པའི་སྔགས་དང་འཁོར་ལོ་གཉིས་ཀྱང་ལྟོ་བར་སྦྱོར་བར་བྱ། ལག་པ་བདེ་བས་ཡི་གེ་ཕྲ་ཞིང་ འཁོར་ལོ་ཆུང་ན་མ་བལྟབས་པ་དམ་རྩིས་སྦྱར་ཏེ་ཁ་སྦྱོར་འགྲིགས་སོར་བཞག་པས་ལེགས་ བལྟའི་ཚིགས་དགོས་པ་བྱུང་ན་བྲང་ཐུམ་ཟེར་བའི་བལྟེབ་ཚིགས་དེ་བྱེད། དེ་ཡང་ཡབ་གཙོར་ ཆེ་བས་ཕྱི་ནང་གི་བལྟབ་ལུགས་མ་ནོར་བ་ཡབ་འཁོར་ལ་བྱས་པས་མདུན་བལྟེབ་ཡིན། ཡུམ་ འཁོར་ལ་ཕྱི་ཀློག་དང་རྒྱབ་བསྟན་ཤུགས་ལ་འོང༌། འཁོར་ལོའི་རྒྱབ་སྟེང་དང༌། སུག་བཞི་ འོག་ཏུ་ཡོང་བའི་རྩིས་ཀྱི་སྟེང་འོག་མི་འཁྲུལ་བའི་རྟགས་བཏབ་ནས་དྲག་པོའི་དཀྲིས་སྤྱི་དང་ མཐུན་པར་བྱ། ཡང་བལྟེབ་ཚིགས་མ་བྱས་ཀྱང་དཀྲིས་ནི་དགོས། མོ་འཁོར་འོག་དང་ཕོ་ འཁོར་སྟེང་དུ་བྱ། དེ་རྗེས་ལག་ལེན་ལུགས་གཅིག་ལ་ཐོད་པ་རྫས་ངན་ས་བསོབ་ཀྱི་འོལ་སྤྱི་ བཀང་བའི་སྟེང་དུ་འཁོར་ལོ་བཞག་ལྟེ་བའི་ཡིག་མགོ་དཔྲལ་བའི་ཕྱོགས་སུ་བསྟན། འཁོར་ ལོ་ལ་རྒྱུ་མའམ་མི་རུས་སམ་མི་ལྤགས་ཀྱི་སྲད་བུ་བཏགས། དཔྲལ་བའི་ཕྱོགས་ནས་བཏོན། འཁོར་ལོའི་སྟེང་དུ་ཡང་རྫས་ཐན་ཐུན་འགྲེམས། ཡང་ལག་ལེན་ལུགས་གཞན་ལ་འཁོར་ ལོ་བལྟེབ་ཚིགས་བྱས་པ་དེ་ལིང་གའི་སྙིང་གར་གཞུག ལིང་གའི་རྒྱུ་ཡང་དགྲ་བོ་ཟག་རྫས་ བསྲེས་ཏེ་འཇིམ་པའམ་བག་ཟན་ལ་བྱེད། དེ་ཡང་དང་པོ་ལིང་ག་ཁོག་སྟོང་བཅོས་ལ་སྐམ། དེར་འཁོར་ལོ་བཅུག་སྟེ་ཁ་སྒྲིབ་བོ། །དེའི་སྙིང་ཁའམ་ལྟེ་བའི་ཐད་དུ་ཨག་ཚེ་ཁུང་ཡོང་བ་བྱ། དེ་ལ་མཐུན་ལམ་བཏོད་ནས་ཐུན་འདེབས་པའི་ལུགས་ཀྱང་ཡོད། དེ་གཉིས་གང་ལྟར་ཡང་དེ་ ནས་མ་ཐོད་གཤིན་རྗེའི་གཟུགས་ཀྱི་སྟེང་ནས་བཀབ་ཐོད་པའི་ཕྱི་ནས་རོ་སྐྲ་དང་རྒྱུ་མ་སྲད་ བུ་སྔོ་ནག་གིས་རྒྱ་གྲམ་རིས་སུ་ཐོད་པ་ཕྱེད་མཐོང་ཙམ་དུ་བསྡམ། བདེན་སྟོབས་དང་དྲག་ སྔགས་མང་དུ་བརྗོད། ཤ་ཆེན་དང་གུ་གུལ་གྱིས་བདུགས།ཡུངས་ཀར་ཡུངས་ནག་བསྲེས་ལ་ བསྲུང་བ་བྱས་ཏེ་བཞག་གོ ། སྒྲུབ་པའི་དུས་ཁ་ལྟ་ཕྱོགས་ལ་སྤྱིར་གཤིན་རྗེ་ལྷོ་ཕྱོགས་ན་གནས་པས་ལྷོ་ལ་ལྟ་ཟེར་ 21-1-497 དེ། ཁ་ཅིག་སྤྱིར་བཏང་བ་དེ་ལྟར་ཡིན་ཡང་རྟོག་པ་འདིའི་ལུགས་ཀྱི་བྱང་དུ་ལྟ་དགོས་ཟེར། གཞན་དག་འདི་ལྷོ་ཕྱོགས་ཁོ་ནའི་གཤིན་རྗེ་མ་ཡིན། དབུས་ཀྱི་གཤིན་རྗེ་ཡིན་པས་ལྟ་ ཕྱོགས་ལ་ངེས་པ་མེད། དགྲ་གང་ཡོད་ཀྱི་ཕྱོགས་ལ་ལྟ་ཟེར། འོན་ཀྱང་འདི་ལྟར་གོ་བར་བྱ་ སྟེ། དྲག་ལས་སྤྱིའི་ཆོ་ག་ལ་དགོས་པར་ལྷོར་བལྟས་ཀྱང་རུང༌། དམིགས་པ་གསལ་བའི་ཕྱིར་ དགྲ་ཕྱོགས་ལ་བལྟས་ཀྱང་ཆོག་པ་ཡིན་ཅིང༌། ཁ་ལྟ་ཕྱོགས་འདི་དག་སྒྲུབ་པ་པོ་གཙོ་ཆེའམ། མདུན་སྐྱེད་གཙོ་ཆེ་ཞེ་ན། གཞན་དག་སྣ་ཚོགས་འཆད་ཀྱང་རང་ལུགས་སྒྲུབ་པ་པོ་གཙོ་ཆེའོ། ། དེས་ན་སྔར་བཞིན་བྲིས་སྐུ་ཡོད་ན་དཀྱིལ་འཁོར་ལ་སོགས་པ་མི་དགོས། བྲིས་སྐུ་མེད་ན་ གྲུ་གསུམ་མཐིང་ནག་ཕྱག་མཚན་བཀོད་པའི་དཀྱིལ་འཁོར་འབྲི། རང་དང་བྲིས་སྐུའི་བར་དུ་ འབྲུབ་ཁུང་བློས་བསླངས་ཁྲུ་གང་ལས་མི་ཆུང་བ་ཞིག་བྱ། བྲིས་སྐུའི་མདུན་དུ་གཏོར་མ་ཤ་ ཁྲག་སྙིང་ལ་སོགས་པས་བརྒྱན་པ་དང་དྲག་པོའི་མཆོད་རྫས་སྤྱི་མཐུན་ལས་མི་རྟ་ཁྱི་གསུམ་ གྱི་ཤ་ཁྲག་དང་ར་ནག་ཉ་སྦྲུལ་རྣམས་ཀྱི་ཤ་དང་སྦྱར་བའི་མཆོད་པ་དང༌། ཚིལ་ཆེན་གྲི་ཁྲག་ ཉ་སྐམ་ར་ནག་གི་དབང་པོ་ལྔ་རྣམས་སྲེས་པའི་གུ་གུལ་གྱི་བདུག་སྤོས་རྣམས་དགོས། སྐམ་ ཐུན་རློན་ཐུན་སྤྱི་དང་མཐུན་པར་བཤམས་ཤིང་སྒྲུབ་ལུགས་ཀྱང་འདྲ། སྔགས་ནི་རྩ་སྔགས་ ཀྱི་མཐར་ཀཱ་ལ་རཱུ་པ་ཀྵཾ་མ་དུག་ཙ་ཙ་ཚལ་པ་རྦད་རྦད་མ་དུག་ཀྵཾ་ཡ་ལ་ཀྵཾ་ཞེས་པའོ། ། ཆོ་གའི་རིམ་པ་ནི་མཆོད་བསྟོད་ཀྱི་བར་གོང་དང་འདྲ་བ་ལས། བཟླས་པའི་མགོ་མཇུག་ གཉིས་ཅར་དུ་གཏོར་བསྔོ་རེ་བྱེད། འགྲུབ་ན་གཏོར་ཆུང་ལ་སོགས་རེ་བྱ། དེ་མ་ལྕོགས་ན་ གཏོར་མ་ཆེ་བ་ཁ་གསོས་པས་ཀྱང་ཆོག །འཁོར་ལོ་གཉིས་དང་ཡ་ཐོད་མ་ཐོད་གཤིན་རྗེ་ཡབ་ ཡུམ་དང་འབྲུབ་ཁུག་ལྕགས་ཁང་དུ་སྒོམ། ཞེས་འདོད་པ་དང༌། ཐོད་པ་རིལ་པོ་ལྕགས་ཁང་ དུ་འདོད་པ་གཉིས་ཡོད་མོད། ཅུང་ཟད་མི་བདེ་བས་ཞལ་དབྱེ་ཡིན་ན་འབྲུབ་ཁུང་དུ་ཡ་ཐོད་ གཤིན་རྗེའི་ཕོ་བྲང་ཞལ་དབྱེ་དང་འཁོར་ལོ་གཤིན་རྗེ་ཡབ་ཡུམ་དུ་བསྐྱེད། ཡ་ཐོད་ཁ་སྦྱོར་ 21-1-498 ཡིན་ན་འབྲུབ་ཁུང་དུ་ཐོད་པ་དང་བཅས་པ་གཞལ་ཡས་ཁང་དུ་བསྐྱེད་ཀྱང་ཆོག །ཡང་ན་ འབྲུབ་ཁུང་གཞལ་ཡས་ཁང་དང་ཐོད་པ་གཉིས་འཁོར་ལོ་དང་བཅས་པ་ཡོངས་རྫོགས་ཡབ་ ཡུམ་དུ་བསྐྱེད་ཀྱང་རུང་བ་ཡིན་ནོ། །སྐྱེད་ཆོག་མདུན་སྐྱེད་མ་དང་མཉམ་དུ་བྱས་པས་ཡོང༌། ལིང་ག་དང་མིང་ཡིག་བསྒྲུབ་བྱ་དངོས་སུ་མོས་དགོས། གཏོར་ཆོག་དང་བཟླས་པའི་བར་དུ་ ལིང་ག་ལ་དམིགས་ནས་དགུག་གཞུག་མང་དུ་བྱ། ཡབ་ཀྱི་ཉེ་སྙིང་གི་མཐར་དགྲ་བོ་ཆེ་གེ་མོ་ ཨཀཪྵ་ཡ་ཛཿཛཿབླ་སྲོག་ཐམས་ཅད་ནཱ་ཛ་ཛ་ཞེས་བཏགས་པ་བརྒྱ་ཉི་ཤུ་ཙམ་དང༌། སྙིང་པོ་ དང་རྩ་སྔགས་གང་རུང་གཅིག་ལ་སྔགས་དེ་བཏགས་པ་དྲུག་ཅུ་ཙམ་དང༌། ཅིག་ཤོས་ལ་སྟོང་ ཕྲག་སོགས་གང་མང་དུ་ཡུམ་གྱི་སྙིང་པོ་ལའང་དེ་དང་མཚུངས། མཇུག་ཏུ་འཕྲེང་སྔགས་ལ་ སྤེལ་ཚིག་སྦྱར་བ་ཉེར་གཅིག་ཙམ་བཟླ། དེ་ནས་ཡང་གཏོར་བསྔོ་བྱས་ཏེ། མཇུག་ཏུ་རྗེས་ ཆོག་རྣམས་བྱ་བ་ཡིན་ཀྱང་ལས་སྦྱོར་མ་ཚར་བར་དུ་འཁོར་དང་གཏོར་མགྲོན་ཚོ་ཡང་དབང་ པོའི་ཚུལ་དུ་བཞུགས་པ་ཡིན་གྱི་གཤེགས་གསོལ་མི་བྱེད་དེ། དེ་ལྟར་ན་ཐུན་གསུམ་མམ་ བཞི་ལ་སོགས་པ་བྱ། དེ་འདྲ་ཞག་གསུམ་མམ་བདུན་གྱི་བར་བྱས་པས་ཁུགས་པའི་རྟགས་ འབྱུང་སྟེ་སྤྱི་དང་འདྲ། དེ་ནས་ཀྱང་མི་འབྲོས་པར་བྱ་བའི་ཕྱིར་དགུག་གཞུག་བཅིངས་མཉེས་ མང་དུ་བྱེད་པ་གལ་ཆེ་སྟེ་ཞག་གཅིག་གཉིས་གསུམ་གང་རུང་བྱའོ། ། དེ་ནས་བཟུང་ཐུན་མཚམས་སུ་ཨག་རྩེ་ཁུང་སྔགས་ཀྱི་ཤོག་རིལ་གྱིས་བཀག །དེ་ཚུན་ ལ་ཐུན་བསྒྲུབ་པར་བྱ་ཡི་བརྡེག་མི་དགོས། འདི་ནས་བཟུང་རྡེག་གོ །སྦྲགས་སྒྲུབ་ཀྱི་སྐབས་ འདིར་ཡབ་ཡུམ་ཀྱི་སྔགས་བཟླ་མཁན་སོ་སོས་བྱེད་པར་བཤད་པ། ཅིག་ཡོད་ཀྱང་སྒྲུབ་པ་ པོ་གཅིག་ཉིད་ཀྱིས་སྔགས་གཉིས་ཀ་བཟླ་བ་ཀ་ད་ལྟའི་ལག་ལེན་ལ་བདེ་བར་འོང༌། མི་ མང་པོས་བསྒྲུབས་ན་ཡང་ཐམས་ཅད་ཀྱིས་གཉིས་ཀས་བཟླ་བ་ལ་བརྩོན་པར་བྱའོ། །ཆོ་ གའི་རིམ་པ་གཞན་འདྲ་བ་ལས་སྔ་གཏོར་སོང་བའི་རྗེས་ལ་དགུག་གཞུག་ཚར་གསུམ་བྱས་ 21-1-499 ནས་ཐོད་པའི་དཔྲལ་བའི་ཁུང་མཚམས་ནས་བཏོན་པའི་སྲད་བུ་དེ་ལ་དྲག་པོའི་གཟུངས་ ཐག་བཏགས་ཏེ་བཟུང༌། མང་པོས་བསྒྲུབས་ནའང་གཟུངས་ཐག་མི་གཅིག་པ་རེ་རེ་དགོས་ སོ། །བསད་སྔགས་དང་བཅས་པའི་སྔགས་ཐམས་ཅད་ཚར་གཅིག་བརྗོད། དེ་ནས་མདུན་ བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་ལས་ཕོ་ཉ་དཔག་ཏུ་མེད་པ་སྤྲོས། འཁོར་ལོའི་གཤིན་རྗེ་ ཡབ་ཡུམ་ཞལ་སྤྲོད་དུ་ཡོད་པའི་ཞབས་གཉིས་ཀྱི་བར་མཚམས་སུ་སྒྲུབ་བྱ་དེ་སྤྱི་བོ་ཚུགས་ སམ། གན་རྐྱལ་དུ་འདུག་པ་ལ་བསད་ལས་མཛད་པར་བསམས་ཏེ་ཉེ་སྙིང་དང་ཡུམ་གྱི་སྙིང་ པོ་བརྒྱ་རྩ་རེའི་མཐར་བསད་སྔགས་བཏགས། སྙིང་པོ་དང་རྩ་སྔགས་གཉིས་སོ། །གང་རུང་ གཅིག་ལ་བསད་སྔགས་བཏགས་པ་འཕྲེང་སྐོར་ཙམ་དང༌། ཅིག་ཤོས་ལ་ཡུམ་གྱི་སྔགས་ བཏགས། དེ་ལ་བསད་སྔགས་བཏགས་པ་སྟོང་ཕྲག་སོགས་ཇི་ལྟར་འོས་པར་བཟླ། བསད་ སྔགས་ནི་ནཱ་ཤ་ཡ་སྟཾ་བྷ་ཡ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་པ་དང་འཁོར་ལོ་ལ་འབྲི་བའི་ཏྲིག་ནན་ སོགས་ཀྱང་ཡིན། འཕྲེང་བའི་སྔགས་ལ་དུཥྚན་ཞེས་པའི་གནས་སུ་བསྒྲུབ་བྱའི་མིང་འཇུག་པ་ མ་གཏོགས་བསད་སྔགས་ལ་སོགས་པ་མི་དགོས་ཏེ་རང་ཤུགས་ཀྱིས་ཡོད་པའི་ཕྱིར་རོ། ། འཕྲེང་བའི་སྔགས་བཟླ་བའི་ཚུལ་ལ་ཉིན་པར་ཡབ་ཀྱི་སྔགས་གཙོ་བོར་བཟླ་སྟེ། ཉིན་ ཕྱེད་ཡན་ལ་ༀ་ཀཱ་ལ་རཱུ་པ་ཡ་ཤ་ཏྲུན་ཆེ་གེ་མོ་ཏྲཱ་ས་ཡ་ནས་ཙུ་རྞ་ཙུ་རྞ་ཧུཾ་ཕཊ་ཅེས་པ་དང༌། དགོངས་ཕྱོགས་ༀ་ཀཱ་ལ་རཱུ་པ་ཡ་ཤ་ཏྲུན་ཆེ་གེ་མོ་ཙཀྵ་བཛྲེ་ཎ་ཞེས་པ་ནས། སྟཾ་བྷ་ཡ་ཧཱུཾ་ཕཊ་ ཅེས་པ་བཟླ། གཤིན་རྗེའི་ཕོ་ཉ་གཙོ་བོར་གྱུར་པའི་དམག་ཚོགས་ཀྱིས་དགྲ་བོ་བསད་བཅད་ ཀྱི་ལས་བྱེད་པར་བསམ། མཐར་ཡུམ་གྱི་འཕྲེང་སྔགས་བདུན་ཙམ་རེ་བཟླའོ། །སྲོད་ཐུན་ གྱི་སྐབས་ཧྲིཿཙ་མུནྚཱི་ཡེ་ཤ་ཏྲུན་ཆེ་གེ་མོ་དྷུ་ན་དྷུ་ན་ནས་བྱ་དྷི་རོ་ག་ཎཾ་ཕཊ། ཅེས་པ་བཟླ། ཐོ་ རངས་ཧྲིཿཙ་མུནྚཱི་ཤ་ཏྲུན་ཆེ་གེ་མོ་ཉེ་ག་ན་ཤཾ་བཾ་ཅེས་པ་ནས། ན་ཤ་ཡ་ཧཱུཾ་ཕཊ་ཀྱི་བར་བཟླ། མཇུག་ཏུ་ཡབ་ཀྱི་འཕྲེང་སྔགས་བདུན་ཙམ་རེ་ཡང་བཟླའོ། །གཤིན་རྗེ་མོ་གཙོ་བོར་གྱུར་ 21-1-500 པས་དགྲ་བོ་བསད་བཅད་ཀྱི་ལས་མཛད་པར་བསམ། ཉེ་སྙིང་གི་སྐབས་སུ་ཐུན་མི་འདེབས། སྔགས་གཞན་རྣམས་ཀྱི་སྐབས་སུ་འབྲུབ་ཁུང་གི་ཕྱི་ལ་མ་བོ་བར་ཐོད་པ་ལ་ཐུན་བརྡེགས་ཏེ། ཕོ་སྔགས་ལ་སྐམ་ཐུན་དང་མོ་སྔགས་ལ་རློན་ཐུན་སྔགས་དེ་དང་དེ་ལ་ཐུན་སྒྲུབ་ཀྱི་སྔགས་ དང་ཧ་ལ་ཧ་ལ་བྷྱོཿདང་ཏྲག་རཀྵ་བྷྱོཿབཏགས་པས་བརྡེག་གོ ། སྐབས་དེ་དག་ཅི་རིགས་པར་གུ་གུལ་གྱིས་བདུག་ཅིང་ལྷ་དབྱེ་བའི་དམིགས་པ་བྱ་ཡི། གཞན་ལྷ་དབྱེ་མི་དགོས་པར་གྲགས། ཅི་སྟེ་བྱེད་ན་གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་ཆེན་མོ་ དང་འདྲ་བར་བྱའོ། །འདིར་ཆོ་གའི་ཡན་ལག་ལ་མེད་ཁ་མེད་མིན་ཀྱང་ཉིན་ཕྱེད་ཀྱི་ཐུན་ལ་ དྲག་པོའི་སྦྱིན་སྲེག་རེ་འབུལ་ཐུབ་ནའང་ལེགས་སོ། །དེ་ལྟར་བསྒྲུབས་པས་ཞག་བདུན་ནམ་ ཟླ་ཕྱེད་ཉེར་གཅིག་ཚུན་ལ་བསད་རྟགས་ངེས་པར་འོང་ངོ༌། །བསད་རྟགས་ནི་སྤྱི་དང་འདྲ་བ་ ལས། མི་ནག་ཕོ་མོས་དགྲ་བསད་པ་དང་གློ་སྙིང་མཆིན་པ་སྟེར་མཁན་བྱུང་ཞིང་ཟོས་པ་རྨི་ན་ ངེས་ཅན་དུ་བྱེད་དོ། ། ད་ནི་འདི་དཔྱད་དེ་བཅའ་གཞིའི་སྐབས་སུ་རྒྱ་སྟོན་གྱིས་བཞེད་པས། ཞལ་དབྱེ་མ་ཐོད་ འོག་ཏུ་བྱས། ཡ་ཐོད་ཀྱིས་སྟེང་ནས་འགེབ་པར་བཞེད་པ་ནི། ཞལ་དབྱེའི་སྐབས་བྲིས་ལང་ ལ་ཐུན་ཐེབས་པ་གཅིག་དགོས་པ་ལ། ཨག་ཙེ་ཁུང་ཁ་འོག་ཏུ་བསྟན་ན་དེ་མི་རུང་བ་དང༌། ཞལ་དབྱེ་སྤྱིའི་ལུགས་དང་ཡང་འགལ་བས་དེ་མི་ལེགས་སོ། །འབྲི་ཁུང་དཔལ་འཛིན་སྦྲགས་ སྒྲུབ་ཀྱི་སྐབས་འདིར་རབ་ཏུ་མ་ཐོད་ཕོ་མོ་གཉིས། འབྲིང་དུ་མ་ཐོད་གང་རྙེད་གཉིས་ཁ་ སྦྱོར་བྱེད། ཐ་མ་ཀ་པཱ་ལ་ཁ་སྦྱོར་ཡིན། ཡབ་རྐྱང་དུ་སྒྲུབ་པ་ཁོ་ན་ལ་ཡ་ཐོད་མ་ཐོད་ཁ་སྦྱོར་ བྱེད། སྦྲགས་སྒྲུབ་ལ་དེ་མི་བྱེད་པར་འདོད་དོ། །དེ་མི་འཐད་དེ་སྤྱིར་ཐོད་པ་ཁ་སྦྱོར་རྐྱང་སྒྲུབ་ སྦྲགས་སྒྲུབ་ཐབས་ཐམས་ཅད་ལ་རུང་མོད་ཀྱང་མ་ཐོད་ཁ་སྦྱོར་བྱེད་པ་འདི་ཞལ་དབྱེ་སྤྱིའི་ ལག་ལེན་དང་འགལ་ཞིང༌། རྟོག་པ་ལས་ཐོད་པའི་ནང་དུ་འཇུག་པར་བཤད་པ་ལ་ཀ་པཱ་ལ་ 21-1-501 མེད་ན་མ་ཐོད་ཁོ་ན་ལ་ཐོད་པའི་ཐ་སྙད་མི་འཇུག་པའི་ཕྱིར་དང༌། སྦྲགས་སྒྲུབ་ཀྱི་སྐབས་ གོང་གི་ཐོད་པར་བཅུག་པར་བྱ་ཞེས་རྐྱང་སྒྲུབ་ཀྱི་སྐབས་ལ་ཁ་འཕངས་མཛད་སྐབས་དེར་རྒྱ་ སྲུབ་ལ་ཡི་གེ་འབྲི་བ་དང་བནྡྷ་སྲོ་བར་བཤད་ན་མ་ཐོད་ལ་དེ་གཉིས་ཀ་མི་རུང་བའི་ཕྱིར་རོ། ། ཐོད་ངན་ཀྱི་ནུས་པ་ནི་གཙོ་བོར་ཀ་པཱ་ལ་ལ་ཡོད་པ་ཡིན་པས། དེ་བོར་ན་ཐོད་ངན་ འབད་པས་བཙལ་བ་དོན་མེད་དུ་འགྲོ་ལགས། དེ་བཞིན་དུ་དཔལ་འཛིན་ནི་འཕྲེང་བའི་ སྔགས་བཟླས་ན་ལས་འགྱང་བ་མྱོང་བས་གྲུབ་གསུངས་ན་ཡང་ཁོང་རང་གི་དེ་ལ་བསྙེན་པ་ མ་མཛད་པའམ། སྔགས་མ་དག་པ་ལས་བྱུང་བ་ཡིན་གྱི། འཁོར་ལོའི་སྔགས་བཟླས་པས་ ལས་འགྱངས་པ་མིན་ནོ། །སྔགས་ཐུང་རྣམས་ལ་བསྙེན་པ་སོང༌། འཕྲེང་སྔགས་ལ་མ་སོང་ ན་འཁོར་ལོ་ལ་བཀོད་པའི་སྔགས་རྣམས་ཆེད་གཏད་བཟླ་བ་མི་རུང་ཡང་བསྙེན་པ་སོང་ན་ འཁོར་ལོའི་སྔགས་བཟླས་པ་ཉིད་ཆེས་མྱུར་རོ། །རྩ་སྔགས་གཉིས་པོའི་ཡང་ཕྱེད་སྔ་མས་ དྲེགས་པ་ལས་ལ་བསྡུ། ཕྱེད་ཕྱི་མས་གཏོར་ཞིང་ལས་ལ་འགྱེད་པའོ། །དེ་ལྟར་སྒྲུབ་པ་ལག་ ཏུ་བླང་བའི་རིམ་པ་སྟེ་ལྔ་པའོ། ། ད་ནི་ལས་ལ་སྦྱོར་བ་བཤད་པར་བྱ་སྟེ། གསང་རྟགས་བྱུང་བ་ནས་ལས་ལ་སྦྱོར་ཏེ། སྔར་ གྱི་སྒྲུབ་པའི་འཕྲོས་དེ་ལ་ཀ་བྱེད་དགོས་ཀྱི། བར་མཚམས་ཆོད་ན་མི་རུང་ངོ༌། །སྐབས་དེར་ བཞེང་པའམ་སྔ་ནས་ཡོད་ཀྱང་རུང་སྟེ་གྲོག་མཁར་ལ་སོགས་པ་བདུན་གྱིས་ས་དང་རོ་སོལ་ དང་དུག་ཁྲག་སྣ་ཚོགས་བསྲེས་པའི་ས་ལ་གཤིན་རྗེའི་གཟུགས་རྒྱུན་དུ་ཇི་ལྟར་སྒོམ་པ་དང་ མཐུན་པ་གཅིག་བྱ། གཟུགས་འདི་ལ་ཡབ་རྐྱང་དང་སྦྲགས་སྒྲུབ་ལ་ཁྱད་མེད། གཤིན་རྗེ་ཕོ་ ཁོ་ནས་ཆོག །དེ་ཡང་ཕོ་གཙོ་བོ་ཡིན་པའི་གནད་ཀྱིས་ཀྱང་ཡིན། འཁོར་ལོ་ལ་བགོ་བཤའ་ དང་ཐོད་པ་ལ་བགོ་བཤའ་བྱར་མི་རུང་བ་དང༌། ཡུམ་གྱི་སྐུར་བཞེངས་ཀྱང་ནང་བཞུགས་ འཇུག་རྒྱུ་མེད་པའི་རྒྱུ་མཚན་གྱིས་སོ། །སྐུ་དེ་གསར་དུ་བཞེངས་པ་ཡིན་ན་སྐབས་འདིར་བྲིས་ 21-1-502 སྐུ་དང་མཐུན་པར་རབ་གནས་བྱའོ། །དེ་ནས་སྐུ་དེའི་ལྟོ་བར་སྔར་གྱི་ཐོད་པ་ཁ་སྦྱོར་གཞུག ། སྐུའི་རྒྱབ་ཏུ་ཐུན་ཁུང་ལ་ཐུན་ལམ་བཏོད། ཐོད་པ་ཉིད་ལ་འབབ་པར་བྱ། དེ་ཡང་ཨག་ཙེ་ ཁུང་གི་ནང་ངམ་སྤྱི་བོའི་སྟེང་གང་རུང་ལ་ཡོང་བ་བྱེད། དམར་གཏོར་ཆེན་པོ་གཅིག་བཤམ། བསང་གཏོར་ཡིན་ཡང་ལས་མ་གྲོལ་བར་འཛིན་གཏོར་དང་འདྲ། ཆོ་གའི་རིམ་པ་སྔར་དང་ མཐུན། ཐུན་བརྡེག་པའི་ཚེ་རང་ཉིད་ཡི་དམ་གྱི་ང་རྒྱལ་བརྟན་པོས་སྐུ་གཟུགས་ཀྱི་རྒྱབ་ཏུ་ འོངས་ནས་ལྕགས་ཐུར་སོགས་ཀྱིས་བླངས་ནས་ཐུན་ཁུང་དུ་བསྡིག་པར་བྱའོ། །ཡང་ན་རྙིང་ མ་བ་འགའ་ལག་ཀོ་གྱོན་ནས་རྡེག་པ་ལྟར་བྱས་ཀྱང་རུང་ངོ༌། །ཐུན་མཚམས་སུ་གཏོར་མ་ རྒྱས་པར་བཤམས། བྱིན་རླབས་ཀྱི་རྗེས་ལ་དགྲ་བགེགས་དགུག་གཞུག་བྱ། འདེབས་ཁ་ དང་བསྒྲལ་ཆོག་དམིགས་པ་དང་ངག་ཏུ་བྱ། དངོས་སུ་ཕུར་བུ་འདེབས་པ་སོགས་མི་དགོས། དེ་ནས་གཏོར་འབུལ་དང་བཅོལ་གཏད་དྲག་པོ་བྱ། འཛིན་གཏོར་རྒུལ་བསྐྱོད་མི་བཏང་བར། ཐུན་གཏོར་གསར་པ་དེ་ཟོར་དུ་འཕེན་པར་བྱའོ། །དམིགས་པ་ནི་རང་ཉིད་ཡི་དམ་རི་རབ་ ཙམ་གྱི་མདུན་དུ་གཟུགས་བརྙན་དེ་སྲིད་པ་ཐམས་ཅད་ཁོང་དུ་ཆུད་པའི་གཤིན་རྗེ་དངོས་ཡི་ དམ་གྱི་སྐུའི་ཕྱེད་ཙམ་དུ་སླེབ་པ་འཇིག་རྟེན་གྱི་ཁམས་སམ་འཛམ་བུའི་གླིང་ལྟོ་བར་ཆུད་པ་ ཞིག་བསྒོམ། འབྲུབ་ཁུང་ནམ་མཁའི་ཁམས་སུ་མོས། གཤིན་རྗེ་དེའི་ལྟོ་བར་ཀ་པཱ་ལ་གཤིན་ རྗེའི་གྲོང་ཁྱེར་གྱི་ནང་དུ། ཞལ་དབྱེ་ཡོད་ན་དེ་དང་འཁོར་ལོ་གཤིན་རྗེ་ཡབ་ཡུམ་ཉིད་དུ་མོས་ པའི་ཞབས་འོག་ཏུ་ལིང་ག་དེ་བསྒྲུབ་བྱར་མོས། དེ་ཞབས་འོག་ཏུ་མནན་པས་བུ་དགུ་ནས་ ཁྲག་འཛག་ཅིང་ལུས་ཤིག་པ་དང་གཅིག །མཚོན་ཆ་དང་དབྱུག་པ་བརྒྱབ་པས་ཞིག་པ་དང་ གཉིས། འཁོར་ལོ་ཕོ་ཉ་ཕོ་མོ་འཇིགས་སུ་རུང་བ་རྣམས་དང་བྱ་དང་གཅན་གཟན་སྣ་ཚོགས་ ཀྱིས་བསད་ཅིང་ཟོས་པ་དང་གསུམ། གཤིན་རྗེ་ཡབ་ཡུམ་ཉིད་ཀྱིས་ཆོམ་ཆོམ་དུ་གསོལ་བ་ དང་བཞི། སྲིད་གསུམ་ཁྱབ་པའི་གཤིན་རྗེའི་སྐུའི་ནང་ནས་ཕོ་ཉ་དྲག་གཏུམ་ནང་དུ་སྤྲོས། 21-1-503 འཁོར་ལོའི་ཕྱོགས་བཅུ་ནས་བསྐོར་ཏེ་བསད་ལས་མཛད་པ་དང་ལྔ། དུག་དང་ཁྲག་ཕབ་ པས་ཞིག་ཅིང་རུལ་བར་བྱས་པ་དང་དྲུག །ཕྱོགས་བཅུ་ནས་མ་འབར་བས་ཐལ་བར་བྱས་པ་ དང་བདུན་ཏེ། དེ་རྣམས་རིམ་ཅན་རིམ་ཅན་དུ་བསྐྱར་གྱིན་ཡང་ཡང་བསྒོམ། སྔགས་ཀྱི་ཤམ་ བུ་ཞལ་ཤེས་ནི། ནྲི་མཱ་ར་ཡ་ནྲ་མ་ར་དུ་ཡ་མ་སྙིང་ཡ་མ་ཁྲག་ཚལ་པ་བམ་རིམ་དུམ་བུ་དུམ་ བུ་རྦད། ཅེས་པ་སྔར་གྱི་བསད་སྔགས་ཐམས་ཅད་ཀྱི་འཇུག་ཏུ་གདགས། དྲི་ཅན་སོགས་མི་ དགོས། ཉིན་རེ་བཞིན་ནམ་ཐུན་བཞིར་ཕྱི་གཏོར་གྲོལ་མཚམས་ལིང་ཆུང་རེ་བསྒྲལ་ཏེ་གཏོར་ མ་དང་སྦྱིན་སྲེག་བཏབ། དེ་ལྟར་ཞག་གཅིག་གམ་གསུམ་མམ་ལྔའམ་བདུན་དུ་བྱ། དེ་ལས་ ལྷག་པ་ནམ་ཡང་མི་དགོས། ཉེར་དགུ་ལྟ་བུས་དུས་རྩུབ་མོའམ། མིག་མར་དར་བ་སོགས་ གཟའ་སྐར་རྩུབ་པོ་གང་རུང་ལ་རྦད་ནས་བཟང་བར་གྲགས་ཤིང༌། ཡང་གཅིག་ཏུ་གཟའི་ ཚེས་གཙོ་མི་ཆེ། རང་ཉིད་དམིགས་པ་གསལ་ཞེས་ཞེ་སྡང་སྐྱེ་བའི་དུས་དེར་ལས་ལ་སྦྱར་ བས་ཆོག་གོ །གང་ལྟར་ཡང་ཉི་ཕྱེད་དང་ནམ་ཕྱེད་ལ་དུར་ཁྲོད་དམ། འདྲེའི་གནས་སུ་སོང་ ལ་གཏོར་མ་གསུམ་བཤམ། དང་པོ་སྡེ་བརྒྱད་སྤྱི་ལ་བསྔོས་ཏེ་དཔང་གཟུགས་ཤགས་གདབ་ ལས་ལ་བསྐུལ། གཏོར་མ་གཉིས་པ་ནི་གང་ལ་གཏོད་པའི་གནས་བདག་ལྷ་འདྲེ་དེ་ལ་བསྔོས་ ཏེ། ངས་ཁྱོད་ལ་འདི་གཏད་པ་ཡིན་པས་ཐལ་བར་བརླག་པར་གྱིས། གཏད་དོ་མ་བཏང་ཤོར་ ཏེ་བྱ། བེ་ཅོན་གྱི་ཕྱག་རྒྱས་ས་གཞི་དྲལ་བར་བསམ་ཏེ་ས་བརྐོས། སོར་བཞི་བཅུ་རྩ་བརྒྱད་ ལས་གཏིང་ཐུང་བ་མི་རུང༌། དེ་བས་ཀྱང་རིང་པ་བཟང༌། དེར་རྡོའམ་ཤིང་ལེབ་ཀྱི་ཁང་སྒྲོམ་ བྱ། དེར་གཤིན་རྗེའི་གཟུགས་དེ་ཁ་སྦུབ་ཏེ་བཞག་ནས་དགྲ་བོའི་ཡུལ་ཁམས་ལ་གབ་སྟེ་ འདུག་པར་མོས། དེ་ནས་གཏོར་མའི་དུམ་བུ་གཅིག་བཅུག །རཀྟས་གཏོར། སྟེང་ནས་རྡོའམ་ ཤིང་གིས་ཁ་བཀབ། ས་རླན་ཡོད་ན་མི་ལེགས་པས་ས་སྐམ་པར་བྱ། ཁ་ཅིག་དོང་གྲུ་གསུམ་ དུ་བྱེད་ཅིང་རོ་ཡམ་ལ་རྡོ་རྒྱ་གྲམ་བྲིས་པས་སྟེང་ནས་འགེབས་པར་འདོད་པའང་ཡོད་མོད། 21-1-504 ཁོ་བོ་ཅག་གི་བླ་མ་རྣམས་འཁོར་ལོ་གཟུགས་བརྙན་གྱི་སྦྱོར་བ་ཅན་ལ་རྒྱ་གྲམ་བྲིས་པའི་རྡོས་ འགེབས་པ་མི་བཞེད། དོང་གྲུ་གསུམ་ཡང་སྤྲོས་པ་ཙམ་ཡིན་གསུང་ངོ༌། ། རྒྱ་གྲམ་དང་རི་རབ་གྱིས་མནན་པ་ནི། མནན་གཏད་སྤྱིའི་རིགས་འགྲེས་ཤོར་བ་ཡིན། ཡང་ན་གཟུགས་བརྙན་ཁ་བུབ་མི་བྱེད་པར་དགྲ་ཕྱོགས་སུ་ཞལ་བསྟན་ཏེ་བཞག་ཀྱང་ཆོག ། ཁ་བུབ་མཐའ་གཅིག་ཏུ་མི་དགོས་པ་ནི་རྟོག་བདུན་དེ་དང་ཅུང་མི་འདྲ་བ་དང་རྒྱུ་མཚན་ གཞན་ཞིག་ཀྱང་སྣང་ངོ༌། །དེ་རྗེས་གཏོར་མ་གསུམ་པ་དེ་གཤིན་རྗེ་ལ་ཕུལ་ལ་དམོད་བཅོལ་ དྲག་ཏུ་བྱའོ། །དེ་ནས་སོལ་བ་ཡོད་ན་སྤུངས། གང་ལྟར་ཡང་སས་བསྒྲིབས་ཏེ་མི་མངོན་པར་ བྱའོ། །དེ་ནས་དེའི་སྟེང་དུ་ཡི་དམ་གྱི་ང་རྒྱལ་བརྟན་པོས་དྲག་པོའི་བྲོ་རྡུང་ས་ཆུ་མེ་རླུང་ནམ་ མཁའི་མཚམས་གཅོད་རྣམས་བྱས། ལམ་དུ་བསྲུང་འཁོར་བསྒོམ། སྒྲུབ་ཁང་དུ་སླེབས་ནས་ མདུན་བསྐྱེད་ལ་མཆོད་པ་དང༌། ཚོགས་འཁོར་རྒྱས་བསྡུས་གང་རུང་ཞིག་བྱ། དེ་ཙམ་གྱིས་ ལས་འགྲུབ་ཀྱང་ལས་ཀྱི་མཐའ་གཙང་བའི་ཕྱིར་དྲག་པོའི་སྦྱིན་སྲེག་ཇི་ལྟར་འོས་པ་བྱའོ། ། ཐུན་རྫས་འཐོར་བ་དང་གཏོར་མ་གསོས་པའི་མཐེབ་ཀྱུ་སོགས་ཀྱང་བསྲེག་སྐུལ་དྲག་པོ་ བྱས་ཏེ་དྲག་པོའི་ལས་ཀྱི་གཏོར་མ་དེ་ཡང་ཟོར་དུ་འཕང༌། མཆོད་བསྟོད་སོགས་རྗེས་ཆོག་ རྒྱས་པར་བྱ། དེ་དག་གི་བྱ་བ་མཐའ་དག་ཟིན་པའི་རྗེས་སུ། དེ་མ་ཐག་པའམ་ཉི་མ་གཅིག་ གཉིས་སོང་ནས་འབྲུབ་ཁུང་གི་ཤུལ་ལམ་ཇི་ལྟར་འོས་པར་ཡི་དམ་མམ་ཆོས་རྒྱལ་ལྕམ་དྲལ་ ལ་ཞི་བའི་སྦྱིན་སྲེག་གི་མཆོད་པས་མཉེས་པར་བྱའོ། ། དྲུག་ཅུ་རྩ་བཞི་སོགས་གཏོར་མ་ཡང་རྒྱ་ཆེར་བཏང༌། དེས་ནི་ལས་ཀྱི་མཐའ་ཤིན་ཏུ་བཀྲ་ ཤིས་པར་འགྱུར་རོ། །ཕྱི་རྟགས་མ་རྫོགས་བར་དུ་བསྐུལ་བ་ཡང་སྤྱི་དང་འདྲའོ། །དེ་ལྟར་ན་ འདི་ཉིད་ཀྱི་རྟོག་པ་ལས་འཁོར་ལོའི་མཐའ་མ་གཟུགས་བརྙན་ལ་སྦྱོར་བ་ཁོ་ན་གསུངས་པ་ བཞིན་འདིར་ཡང་དེ་ལྟར་བཤད་ཟིན་ལ། རྭ་ལུགས་ཀྱི་ཡིག་རྙིང་གྲགས་ཆེ་བ་འདི་དང་རྒྱ་ 21-1-505 སྟོན་དང་བོད་ཀྱི་དཔལ་འཛིན་སོགས་དེ་ལྟར་ཞག་གསུམ་བྱས་ནས་ཀྱང་ཆེས་མ་དག་པར་ སྟོན་ནས་གའུ་བསྲེ་བར་འདོད་ཅིང༌། གཉོས་སྐྱོ་ཞང་གསུམ་གྱི་ཡིག་སྣ་ཐོར་བུ་རྣམས་ལ་ཡང་ དེ་དང་མཐུན་པར་ཟུར་ཙམ་སྣང་ངོ༌། །འོན་ཀྱང་གཟུགས་བརྙན་གྱི་སྦྱོར་བས་རྟགས་མ་བྱུང་ ན་ཐོད་པ་ཁ་སྦྱོར་ཞལ་དབྱེའི་གའུ་གཟུགས་བརྙན་གྱི་ཁོག་ནས་བཏོན་ཏེ་བསྲེག་པར་འདོད་ པ་དང༌། རྒྱ་སྟོན་ན་རེ། ཐོད་པ་དང་གཟུགས་བརྙན་གཉིས་ཀར་མེས་གདུང་གསུང་སྤོགས་ ཆོག་ཏུ་དགོངས་པ་དང༌། དེ་དག་ཕལ་ཆེར་རྟགས་མ་བྱུང་ན་མེས་གདུང་དང༌། དེ་ནས་རྟགས་ བྱུང་བ་ན་ལྡེར་བཟོའི་ཁོག་པར་བཅུག་སྟེ་སྦེད་པར་འདོད་པ་སོགས་ནི་མི་ལེགས་སོ། །དེས་ ན་རྟོག་པ་འདིར་མ་གསུང་ཀྱང་རྟོག་བདུན་གྱི་ཆོ་གས་རིགས་བསྒྲེས་ན། ཡང་ན་གའུ་མེ་ལ་ སྲོས་པས་ཚ་སྒྲུབ་བྱེད། ཡང་ན་གའུ་རང་སྦེད་པའི་མནན་པ་བྱེད། ཡང་ན་གཟུགས་བརྙན་ གྱི་སྦྱོར་བས་རྦོད་གཏོང་འཛུགས་པའོ། །རྒྱུད་ཀྱི་རྒྱལ་པོ་རྟོག་བདུན་གྱི་དགོངས་པའང་དེ་ཁོ་ ན་ཡིན། འཁོར་ལོ་གཅིག་ལ་ཐམས་ཅད་སྤུངས་ན་ཨ་པ་ཙ་ཨོབ་ལང་རོ་གཅིག་ལ་བསྲེག་རྒྱུ་ དང་སྦེད་རྒྱུའི་དཔེར་འགྲེའོ། ། དེའི་དབང་དུ་བྱས་ནས་གལ་ཏེ་གའུ་སྲོ་བར་འདོད་ན་འདི་ལྟ་སྟེ། འཁོར་ལོ་རང་ཡུན་ རིང་དུ་བསྒྲུབས་ཀྱང་རྟགས་མ་བྱུང་ན་འབྲུབ་ཁུང་གི་ནང་དུ་རོ་རྡོའི་སྒྱེད་པུ་གསུམ་འཛོམ་ མམ། མི་བསད་པའི་གྲི་ལྕགས་ཀྱི་སྒྱེད་བུའི་སྟེང་དུ་ཐོད་པ་ཁ་སྦྱོར་གྱི་གའུ་བཞག །དེ་དག་ མ་འབྱོར་ན་དུག་ཤིང་ངམ་ཚེར་མ་ཅན་གྱི་ཤིང་གི་ཡུ་བ་བཏགས་ཏེ་བཟུང་བས་ཀྱང་རུང༌། འབྲུབ་ཁུང་དུ་མི་རོ་སྲེག་པའི་འགལ་དུམ་དང་དུག་ཤིང་དང་འབྲས་སམ་ཇུ་ཚེའི་ཕུར་མ་དང༌། སེང་ལྡེང་སོགས་ལ་མེ་སྤར་ཏེ་མེ་བདག་གམ་མེ་ལྕེ་ལ་ཅུང་ཟད་སྲོ་ཞིང་བསད་སྔགས་དྲག་ཏུ་ བཟླ་བ་དང༌། མེས་བསྲེགས་པའི་དམིགས་པ་གཙོ་བོར་བསྒོམ། ནམ་ཕྱེད་ཉི་ཕྱེད་ལ་དེ་ལྟ་ བུ་ཡུད་རེ་བྱས་པས་དེས་རྟགས་ཐམས་ཅད་འབྱུང་བ་ཡིན་ནོ། །དགྲ་ལ་ནུས་པ་བྱུང་ན་འཁོར་ 21-1-506 ལོ་བཏོན་ཏེ་ལས་མཐའ་བསྡུ་བར་བྱའོ། །ཡང་ན་འཁོར་ལོ་དེ་བསྒྲུབས་པས་ནང་རྟགས་བྱུང་ ཡང་ཕྱི་རྟགས་འགྱངས་ན། སླར་ཡང་མཆོད་གཏོར་སྦྱིན་སྲེག་སོགས་དང་བཅས་ཞག་གསུམ་ ཙམ་དྲག་ཏུ་བསྐུལ་ནས་གའུ་ཉིད་མནན་གཏད་དུ་བྱེད། ཡང་ན་གཟུགས་བརྙན་གྱི་སྦྱོར་བ་ གོང་བཞིན་བྱའོ། །གའུ་སྲོ་བ་དང་གའུ་མནན་གཏད་ཀྱི་མན་ངག་གི་གཤིན་རྗེ་གཤེད་ཀྱི་ སྐབས་དང་འདྲའོ། ། དེས་ན་རང་ལུགས་ལ་ཚ་སྒྲུབ་དང་གཟུགས་བརྙན་གྱི་སྦྱོར་བ་གཉིས་ཀ་འཁོར་ལོ་ གཅིག་ཁོ་ན་ལ་བྱེད་དུ་མི་རུང་ཞིང་ལས་སྦྱོར་སྒྲུབ་ཐེངས་གཅིག་ལ་གཉིས་ཀར་མི་དགོས་ མོད། ཅི་སྟེ་ནུས་པ་ཆེ་ལ་རེ་ནས་བྱེད་འདོད་ན་འཁོར་ལོ་གཉིས་དང་འབྲུབ་ཁུང་གཉིས་བྱས་ ཏེ་བསྒྲུབས་ན་རུང་ངོ༌། །དེས་མཚོན་ཏེ་འཁོར་ལོ་གསུམ་གྱིས་ལས་གསུམ་བྱས་ཀྱང་རུང་ མོད་ཀྱི། འཁོར་ལོ་གཉིས་གསུམ་དུས་གཅིག་ཏུ་སྒྲུབ་པ་འདི་འདྲའི་རིགས་བསྙེན་སོང་མང་ པོར་ཕྱོགས་གཅིག་ཏུ་སྒྲུབ་པའི་རིགས་ལ་རུང་གི་གཅིག་གི་སྒྲུབ་པའི་རིགས་ལ་ནུས་པ་ཆུང་ ངོ༌། །དེས་ན་ནུས་པ་ཆེ་ན་སྤོགས་ཆོག་མི་དགོས། སྤོགས་ཆོག་དགོས་རིགས་ཀྱིའང་ནང་སེལ་ དབྱེ་ན་གསུམ་སྟེ། གྲུབ་བཀའ་ན་གཟུགས་བརྙན་སྦྱོར་བ་དགོས། འབྲིང་ལ་གའུ་མནན་པར་ སྦ། འགྲུབ་སླ་ན་གའུ་སྲོ་བར་བཤད་པ་ཡི་དམ་གྱི་ལས་ཚོགས་སྐབས་བྱེད་པ་བཞིན་དུ་འདིར་ ཡང་རིག་པར་བྱ་ལ། དེང་སང་གོ་རྒྱ་ཙམ་ཡིན་གྱི། རྟོག་པ་ཉིད་ལས་དངོས་སུ་གསལ་བར་ གསུངས་པའི་ཕྱིར་ད་ལྟ་ལག་ལེན་དུ་འདེབས་རྒྱུ་ནི། གཟུགས་བརྙན་གྱི་སྦྱོར་བ་ཉིད་དོ། ། ད་ནི་ལྷག་མ་ལས་གསུམ་ཟུར་ཙམ་སྨོས་ན། འཁོར་ལོའི་སྐབས་གཤིན་རྗེ་ཡབ་ཡུམ་གྱི་ འཁོར་ལོ་ལ། ནང་ཀ་གདུང་གི་ཐིག་མི་བྱེད་པར། ཐིག་རྐྱང་གིས་ཆོག །དེའི་ཕྱིར་དེའི་སྔགས་ ཀྱང་མི་དགོས། རྩིབ་ལ་གཤིན་རྗེ་ཕོ་མོའི་འཕྲེང་སྔགས་མི་འགོད་པས་ནང་མ་བརྒྱད་ལ་ཡ་ མ་མེ་ད་ཀྵེ་སྤེལ་ཚིག་དང་བཅས་པ་ཁོ་ན་འགོད། དེ་ཡང་ཇི་ལྟ་བུ་སྙམ་ན་རང་རང་སོ་སོའི་ 21-1-507 དབུས་སུ་ཡ་ཤར་དུ་བསྟན་པའི་དབང་དུ་བྱས་ནས། ཤར་ནས་གཡས་སྐོར་གྱིས་མ་མེ་ད་ཀྵ་ འགོད། དེའི་མཐར་ཆེ་གེ་མོ་ཤན་ཏིང་ཀུ་རུ་སྭཱཧཱ། ཞེས་པ་ལྟ་བུའོ། །ཕྱི་མ་བརྒྱད་ལ་ཡ་ཀཱ་ལ་ རཱུ་པ་ཞེས་པ་གོང་དང་འདྲ་བར་བྲིས་པ་ལ་སྤེལ་ཚིག་གིས་བསྐོར། ཡུམ་གྱི་འཁོར་ལོ་ལ་ཡང་ ནང་མ་བརྒྱད་ལ། དབུས་སུ་མ་མ་ཤར་ནས་གཡས་སྐོར་གྱི་ཏྲ་ཀ་ར་ཀ་ཤ་མུ་ཏྲ་ཞེས་པའི་མུ་ ཏྲ་གཅིག་ཏུ་བྱས་པ་དང༌། ཕྱི་མ་བརྒྱད་ལ་ཧྲིཿཙ་མུནྚཱི་ཡེའམ། ཙམ་ཙ་མུནྚཱི་ཡེ་སྤེལ་ཚིག་ཅན་ འདྲི། ཞི་བ་ལ་ཡབ་ཡུམ་སྐུ་མདོག་དཀར་པོ་གཡོན་པས་བུམ་པ་བསྣམས་པ། རྒྱས་པ་ལ་ སེར་པོ་གཡོན་པས་ནོར་བུས་གང་བའི་ཀ་པཱ་ལ་འཛིན་པ། ཞི་རྒྱས་ལ་ལྷ་ཞལ་གཙོ་བོར་བྱེད། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན་ནོ། །དབང་ལ་དམར་པོ་ཡབ་ཀྱི་ཕྱག་གཡོན་ན་ ལྕགས་ཀྱུའོ། །ལྷ་ཞལ་དང་མ་ཧེའི་ཞལ་འདམ་ཁ་ཡིན། རྒྱན་ཞི་རྒྱས་དང་འདྲ། ཡུམ་མདའ་ གཞུ་འགེངས་པར་བྱ། གཉིས་ཀའང་གཅེར་བུའོ། །དབྱུག་པ་དང་རྩེ་གསུམ་ཡང་ཁ་དོག་དང་ མཚན་མ་ལས་དང་མཐུན་པར་བྱའོ། ། ལྷག་མ་འཁོར་ལོ་སྒྲུབ་ཚུལ་དཔལ་གཤིན་རྗེ་གཤེད་ཀྱི་འཁོར་ལོ་སྤྱི་དང་འདྲའོ། །བསྐྲད་ དབྱེ་མནན་པ་རྣམས་ཁ་བསྒྱུར་ལུགས་ཙམ་ཤེས་ན་སྤྱི་ཁོག་བསད་ལས་དང་འདྲ། རྟོག་པའི་ དངོས་བསྟན་ལ་བསད་ལས་ཁོ་ན་གསུངས་ཀྱང༌། ལས་གཞན་རྣམས་ལ་འདོན་པ་སྤོ་ལུགས་ དེ་ལྟར་ཤེས་དགོས་སོ། །དེ་ལྟར་ན་ལས་སྦྱོར་གྱི་རིམ་པ་གསལ་བར་བཤད་པ་སྟེ་དྲུག་པའོ། ། ད་ནི་ཉེ་བར་མཁོ་ཞིང་དགོས་ངེས་ཤེས་པའི་ལག་ལེན་འགའ་ཞིག་བཤད་པར་བྱ་སྟེ། དེ་ ལ་ལྕམ་དྲལ་འདིའི་བཀའ་གཏད་ཐུན་མོང་མ་ཡིན་པ་དེ་བྱེད་ན། མཎྜལ་ནག་པོ་གྲུ་གསུམ་ ཚོམ་བུ་གཉིས་པ་ཞིག་བྱ། ཡབ་ཀྱི་གཏོར་མ་ལ་ཤས་མང་དུ་བརྒྱན། ཏིལ་ནག་ནས་ནག་ སོགས་འབྲུ་ནག་པོའི་རིགས་དང༌། སྲོག་ཆགས་ནག་པོའི་ཤ་དང༌། ཆང་མང་ཙམ་བླུག །རཀྟ་ ཅུང་ཟད་བྲན། དར་རམ་རས་ནག་པོས་བརྒྱན། ཡུམ་གྱི་གཏོར་མ་ལ་རཀྟ་མང་དུ་བྲན་ཏེ། 21-1-508 སྣོད་དུ་འཁྱིལ་བས་མཐའ་འཁོར་བར་བྱ། མྱོས་བྱེད་ཅུང་ཟད་ཙམ་གྱིས་ཆོག །ཉ་ཤས་བརྒྱན་ པ་ལྷག་པོ་ཡིན། སྒོག་བཙོང་ལ་ཕུག་ཤིང་འབྲས་སོགས་ཡོད་ན་གཉིས་ཀ་ལ་འདེབས། མེ་ ལོང་བཞི་བྱས། གཅིག་ལ་སྙིང་པོ། གཅིག་ལ་ཉེ་སྙིང༌། གཅིག་ལ་རྩ་སྔགས། གཅིག་ལ་ཡུམ་ གྱི་སྙིང་པོ་རྣམས་ཁྲག་དང་དྲི་བཟང་བསྲེས་པས་བྲིས། བདག་བསྐྱེད་ཡི་དམ་དང༌། ཡི་དམ་ གྱི་བུམ་བསྒྲུབ་བྱ། མདུན་སྐྱེད་གཤིན་རྗེ་སྒྲུབ་ཚུལ་སྤྱི་དང་འདྲ། ཀུན་མཁྱེན་ཡེ་ཤེས་སོགས་ གསོལ་བཏབ་དང་གུར་ནས་འབྱུང་བའི་རྒྱུན་བཤགས་བྱེད། སློབ་མ་གཤིན་རྗེ་ཡབ་ཡུམ་དུ་ བསྐྱེད། མེ་ལོང་གི་རྩ་སྔགས་བཀྲུས་ཏེ་སྤྱི་བོ་ནས་བླུགས། འཐུང་དུ་གཞུག ཡེ་ཤེས་པ་བསྟིམ། སྐུའི་ཨཛྙཱ་ཡིན། སྙིང་པོ་བཀྲུས་ནས་མགྲིན་པར་གཏོར་ཞིང་འཐུང་དུ་གཞུག སྔགས་རྣམས་ སྤྱན་དྲངས་ཏེ་བསྟིམ། གསུང་གི་ཨཛྙཱ་ཡིན། ཉེ་སྙིང་བཟླས་ཤིང་སྙིང་ཁར་གཏོར་འཐུང་དུ་ གཞུག །ཕྱག་མཚན་བསྟིམ། ཐུགས་ཀྱི་ཨཛྙཱ་ཡིན། ཡབ་ཀྱི་གཏོར་དབང་བསྐུར་ཏེ། བཀའ་ བགོའི་མཐར་ཡབ་ཀྱི་འཕྲེང་སྔགས་དྲག་ཏུ་བཟླས། སློབ་མ་ལ་བསྟིམ། ཡེ་ཤེས་རྡོ་རྗེའི་ཨཛྙཱ་ ཡིན། དེ་ནས་ཡང་སློབ་མ་ཡུམ་དུ་བསྐྱེད་དེ་གཞན་སྔར་དང་འདྲ་བ་ལས། སྔགས་གཅིག་ ལས་མེད་པས་མེ་ལོང་གཅིག་པུ་དེ་ཉིད་བཀྲུས་པའི་ཁུ་བ་ལས་གསུམ་མཐོར་ཞིང་གཏོར་བ་ ཡིན། གཏོར་དབང་གི་སྐབས་སུ་སློབ་དཔོན་གྱིས་ཡུམ་གྱི་འཕྲེང་སྔགས་དྲག་ཏུ་བཟླ། དེ་ནས་ སྐད་ཅིག་གིས་ཡབ་ཡུམ་མཉམ་པར་སྦྱོར་བའི་སྐུར་བསྒོམ་དུ་བཅུག་ལ། བཟླས་ལུང་སྦྱིན་ ཏེ་ཉེ་སྙིང་ལ་ལན་ཉེར་གཅིག །སྙིང་པོ་དང་ཡུམ་གྱི་སྔགས་ལན་བདུན་བདུན་རྩ་སྔགས་ལ་ ལན་གསུམ། འཕྲེང་སྔགས་གཉིས་པོ་ལན་རེ་རྗེས་ཟློས་བྱེད། དེ་ནས་སློབ་མའི་སྤྱི་བོར་བླ་མ་ ཡི་དམ་སྒོམ་དུ་བཅུག །དེ་ཐིམ་པས་ཡི་དམ་དུ་གྱུར། གནས་གསུམ་དང་སྐྱེ་མཆེད་བྱིན་གྱིས་ བརླབས། ཡེ་ཤེས་ཕབ། བུམ་ཆུས་དབང་བསྐུར་རྒྱས་བཏབ། སྙིང་ཁར་ཡི་དམ་གྱི་སྔགས་ དང༌། ལྟེ་བར་བྷྱོཿགསལ་བཏབ། གཏོར་མ་ལག་ཏུ་གཏད་ནས་བཀའ་བསྒོ་བྱ། ཡབ་ཡུམ་ 21-1-509 ལྟེ་བར་ཐིམ། གཏོར་མ་གཉིས་ནས་ཅུང་ཟད་རེ་སྦྱིན་ནོ། །འདི་ཤིན་ཏུ་བཀའ་དོག །འདི་ལ་ ཚོགས་འཁོར་མེད་ཀ་མེད་ཡིན། གཞན་སྤྱི་དང་འདྲའོ། ། ༈ ཆོས་རྒྱལ་འདི་མཐུ་ལས་ཚོགས་ཙམ་མ་ཡིན་པར་གཙུག་ལག་ཁང་གི་དཀོར་སྲུང་ དང༌། དགེ་འདུན་གྱི་སྡེ་སྐྱོང་བའི་ཆོས་སྐྱོང་ཆེན་པོར་བསྒྲུབས་ན། དབེན་པའི་གནས་སུ་རྟེན་ བཅའ་སྟེ། ས་བཟང་པོ་རིན་པོ་ཆེ་དང་བསྲེས་པ་ལ། སྟེགས་བུ་གྲུ་བཞི་དབུས་སུ་ཆོས་འབྱུང་ གྲུ་གསུམ་དཔངས་སུ་མཐོ་གང་བ། སྟེགས་བུ་དང་བཅས་པར་བཞེངས། ཕྱི་ནང་ཐམས་ ཅད་གྲི་ཁྲག་རང་བྱུང་དུག་དང་བཅས་པས་བྱུགས། སྟེགས་བུ་ལ་འོག་ཐོག་བྱ། དེར་དྲག་ པོའི་འཁོར་ལོ་བཅའ་གྲི་སྙིང་བཅའ་ཐབས་སྤྱི་དང་འདྲ་བ་ལ་རྩ་དབུས་མར་འཁོར་ལོ་འཇུག་ ཏུ་དེ་བྲི་གཞི་དར་ལ་འཁོར་ལོ་རྩིབས་དྲུག །ལྟེ་བར་ༀ། རྩིབས་དྲུག་ལ་ཡི་གེ་ལྷག་མ་དྲུག ། ༀ་གྱི་གཡས་གཡོན་དུ་ཡ་རེ་མགོ་བོ་ཕྱིར་བསྟན་བྲི། ལྟེ་བའི་མུ་ཁྱུད་ལ་འདོད་དོན་འདྲི། མུ་ ཁྱུད་ནང་མ་ལ་ཙ་མུནྚིའི་སྙིང་པོ་དང༌། ཕྱི་མ་ལ་རབ་གནས་ཀྱི་སྙིང་པོ་རྣམས་སེར་རྐྱང་ངམ། སེར་པོ་བསྲེས་པའི་སྣག་ཚས་བྲི། ཡང་ན་མཚལ་གྱི་བྲིས་ཀྱང་རུང་ངོ༌། །འདི་རྟེན་ཡིན་པས་ ཡིག་མགོ་ཕྱིར་བསྟན་རང་བྱེད། དབུས་ཀྱི་ཡིག་མགོ་ལ་ནུབ་བཅོལ་དགོས་གསུང༌། དེ་ གཞོགས་གཡོན་ནས་སྒྲིམ་ཏེ། མགོ་མཇུག་མ་ནོར་བར་གཞུག །དེ་ལྕགས་ཀྱི་གའུར་བཅུག་ ལ་གྲུ་གསུམ་གྱི་ནང་དུ་གཞུག །གྲུ་གསུམ་དེར་ཕྱག་མཚན་དབྱུག་ཏོ་དང༌། གྲི་གུག་དང༌། རལ་གྲི་དང་མདུང་ཐུང་རྣམས་ལ་ཡབ་ཀྱི་སྙིང་པོ་རྩ་སྔགས་གང་རུང་བྲིས་པ་དང་རྩེ་གསུམ་ ལ་ཡུམ་གྱི་སྙིང་པོ་བྲིས་པ་དང་ཞགས་པ་དང༌། ཐོད་པ་སོགས་ལ་ཡི་གེ་མེད་པའང་གཞུག ། སྟེང་ནས་ལྕགས་སམ་གཡམ་པའི་ཁ་གཅོད་ཀྱིས་བཅད། དེ་ནི་ཆོས་སྐྱོང་སྤྱི་དང་མཐུན་པར་ གསང་བའི་རྟེན་ཡིན། གྲུ་གསུམ་གྱི་ཕྱི་ངོས་ལ་ཉེ་སྙིང་རྩ་སྔགས། སྙིང་པོ་གཉིས་སོགས་ཀྱི་ མཐར། ཆོས་རྒྱུད་འདིའམ་གཙུག་ལག་ཁང་འདི་ཡི་བསྟན་པ་སྐྱོངས་ཤིག །ཅེས་པ་བྲིའོ། ། 21-1-510 ཡང་ཆོས་འབྱུང་དེ་ཉིད་ཀྱི་རྒྱབ་ཕྱོགས་སུ་བཞགས་པའམ། གཞན་དུ་ཡང་རུང་སྟེ། ཡབ་ ཀྱི་མདུང་ནག་པོ་བ་དན་དང་དར་ནག་ཅན་ལ། གཞན་གྲི་སྙིང་གི་འཁོར་ལོ་དེ་དང་འདྲ་བ་ ལས། མུ་ཁྱུད་ནང་མ་ལ་ཡབ་རང་གི་རྩ་སྔགས་འབྲི། དེ་བཞིན་དུ་མ་ཧེ་ནག་པོའི་སྙིང་དགོས་ ཀྱང་མ་རྙེད་ན་གཡག་ནག་གི་སྙིང་གི་རྩ་སྦུགས་སུ་འཁོར་ལོ་དེ་ཀ་འདྲ་བ་བཅུག་པ་མགུལ་ དུ་བཏགས། ཡུམ་གྱི་རྟེན་རྩེ་གསུམ་དམར་པོ་ལ་དར་དམར་གང་ཡོད་ཀྱང་འདྲ། འཁོར་ལོ་ རྩིབས་བཅུ་པའི་ལྟེ་བར་བྷྱོཿའི་གཡས་གཡོན་དུ་མ་གཉིས། ལྟེ་བའི་མུ་ཁྱུད་ལ་འདོད་གསོལ། རྩིབས་བཅུ་ལ། སྙིང་པོ་འབྲུ་བཅུ། མུ་ཁྱུད་ནང་མ་ལ་བརྟན་ཞུགས་དང༌། བར་པ་ལ་དབྱངས་ བཅུ་དྲུག་དང༌། ཕྱི་མ་ལ་ཡེ་དྷར་མས་བསྐོར་བ་བྲི། ཡིག་མགོ་ཕྱིར་བསྟན་དང་དབུས་ཀྱི་ཡི་གེ་ ལ་ནུབ་བཅོལ། ཁྱི་མོ་ནག་མོའི་སྙིང་གི་རྩ་སྦུགས་སུ་འཁོར་ལོ་དེ་ཀ་འདྲ་བ་བཅུག་པ་མགུལ་ དུ་བཏགས། ཡང་ན་ཕྱག་མཚན་གཉིས་ཀྱི་ཚབ་མདའ་དར་ལ་བྱ་སྟེ། སྙིང་གཉིས་པོ་མདའ་ དར་གྱི་མགུལ་དུ་བཏགས་ཀྱང་རུང་ངོ༌། །ཧ་ལ་ནག་པོ་དང་གྲི་ཐོད་ཅན་ལའང་འདིའི་རིགས་ འདྲེ། དེ་བཞིན་དུ་ས་ཁམས་པ་ལ་རིན་པོ་ཆེ་བརྡར་བ་ལ། གྲི་ཁྲག་བསྲེས་ཏེ་མ་ཧེ་བྱས་པའི་ ཁོག་པར། འཁོར་ལོ་དེ་དང༌། མི་ཤ་དང༌། དངུལ་རྡོག་དང༌། ཤེལ་དང༌། རྡོ་ཕ་བང་ལ་ཡ་ དྲུག་བྲིས་པ་གཞུག །རྒྱུ་དེ་ལས་རོ་ལངས་སུག་བཞི་བཙུགས་པའི་གཟུགས་ཀྱི་ཁོག་ཏུ་ཡུམ་ གྱི་འཁོར་ལོ་དང༌། ཉ་ཤ་དང༌། གསེར་དང་བྱུ་རུའམ། མི་རུས་ལ་བྷྱོཿབྲིས་པ་གཞུག །མདུང་ དར་གཉིས་དང་སྲོག་ཆགས་གཉིས་ཀྱི་རྒྱབ་ལ། ཁྱེད་འདི་ལ་རྟེན་ཆོས་ལ་བསྟན་པ་སྲུངས་ ཤིག་ཅེས་པ་འབྲི། དེ་དག་ནི་ཕྱིའི་རྟེན་ནོ། ། ཡང་རྟག་གཏོར་ནི། གཏོར་མ་ཆེ་ཆུང་གཉིས་སྤྱི་དང་མཐུན་པར་བྱས་པ་ལས། གཏོར་མ་ ལ་ཁོང་སྟོང་བཅོས་པའི་ནང་དུ། འོག་ཏུ་བྲིས་པའི་ལིང་ཆུང་ཕོ་མོ་རེ་སོ་སོར་བྱ། དེའི་སྟེང་དུ་ སྟག་གི་ཤ སྦྲུལ་ཤ ཤ་ཆེན་ར་ནག་གི་ཤ་ཚིལ། འབྲུ་ནག་བྲ་བོ་སོགས་དང༌། བཅས་པའི་སྟེང་ 21-1-511 དུ་འཁོར་ལོ་སོ་སོ་གཞུག །དེའི་སྟེང་དུ་འབྲུ་སྣ་ནོར་སྣ་དར་སྣ་བཞག །སྒོ་བཀག །གཞན་ རྟག་གཏོར་བཤམ་ཚུལ་སྤྱི་དང་འདྲ། དེ་ནི་ནང་གི་རྟེན་ནོ། །རྩ་བའི་རྟེན་བྲིས་སྐུ་དང་འབུར་ སྐུ་ཡང་བཤམ་དགོས། བྲིས་སྐུ་དེ་ཡང་ཡབ་སྟག་ལྤགས་ཀྱི་སྨད་དཀྲིས་དང༌། མི་ལྤགས་ཀྱི་ སྟོད་གཡོགས། ཡུམ་གོས་ཟུ་ནག་པོ་དང་གླང་ལྤགས་གསོལ་བའམ། ཡང་ན་ཡབ་ཀྱང་དར་ ནག་ཅི་རིགས་གསོལ་བ་དང༌། རིན་པོ་ཆེའི་རྒྱན་ཅུང་ཟད་ཡོད་པ་བྱས་ན་སྡེ་དེ་ལ་བཀྲ་ཤིས་ པ་ཡིན་གསུངས། མཚོན་ཆ་དང་གོ་ཆ་དང་མཆོད་རྫས་སྣ་ཚོགས་པ་བཞག་གོ །དེ་དག་གི་ རབ་གནས་ནི་རེ་རེ་བཞིན་བྱ་སྟེ། དམ་ཚིག་བྲིས་སྐུའི་རབ་གནས་ཀྱི་རིགས་འདྲེ་ལ། རབ་ གནས་ཀྱི་ཆོ་ག་གཞན་ནས་ཀྱང་ཅུང་ཟད་ཁ་བསྐང་ངོ༌། །ཡང་སྙིང་པོའི་འཁོར་ལོ་ཞེས་བྱ་བ་ ལྟེ་བ་ཟླུམ་པོ་སོར་གཉིས་ལྷག་ཙམ་བསྐོར། དེར་ཧཱུཾ་གཅིག་འབྲི། ལྟེ་བའི་མུ་ཁྱུད་ལ་འདོད་ གསོལ་གྱིས་བསྐོར། དེ་ནས་སོར་གསུམ་ཙམ་བསྐོར་བའི་བར་ལ། རེ་མིག་ཕྲ་མོ་བཅོ་བརྒྱད་ བྱ། ཐམས་ཅད་ལ་ཕུགས་སུ་ༀ་རེ། དེའི་ཕྱི་རུ་ཀ་ནས་ཛའི་བར་གྱི་ཡི་གེ་བཅོ་བརྒྱད་པོ་རེ་ རེ་འབྲི། དེའི་ཕྱི་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཧཱ། རྣམས་བརྩེགས་ཏེ་འབྲི། ཐམས་ཅད་ཀྱི་མཐའི་མུ་ ཁྱུད་ལ་འདོད་གསོལ་བྲི། མཐའ་མེ་རིས་སྐོར། རྩ་སྔགས་ཀྱི་འཁོར་ལོ་ནི། བསྐོར་ཐིག་བྱེད་ ཚུལ་སྙིང་པོའི་དེ་དང་འདྲ་བ་ལས། རེ་མིག་གམ་རྩིབས་སུམ་ཅུ་སོ་གཉིས་བྱ། ཐམས་ཅད་ཀྱི་ ཕུགས་སུ་ༀ་རེ་རེ། དེའི་ཕྱི་རུ་ཡ་ནས་ཛའི་བར་རྩ་སྔགས་ཡི་གེ་སོ་གཉིས། དེ་ཕྱིར་ཧཱུཾ་ཧཱུཾ་ཕཊ་ ཕཊ་སྭཱཧཱ། སྔར་བཞིན་བྲི། འཁོར་ལོ་འདི་རྣམས་ཀྱི་ཡི་གེ་ཐམས་ཅད་མགོ་ནང་ལྟ་ཡིན། ལྟེ་ བའི་ཡིག་མགོ་ལ་ཤར་འཆོལ་ལོ། །འཁོར་ལོ་འདི་གཉིས་ཀྱིས་ལས་ཐམས་ཅད་འགྲུབ་པ་ ཡིན་ཀྱང༌། སྐབས་འདི་རྩ་སྔགས་ཀྱི་འཁོར་ལོ་དར་སེར་པོ་ལ་གསེར་རམ་དངུལ་གྱིས་བྲི། རབ་གནས་བྱ། རྒྱ་མཚོ་རླབས་ཟེར་བའི་ལྟེ་བའི་ལུགས་དེ་བྱས། རྫ་བུམ་ཆེ་བ་གསར་བའི་ ནང་དུ་འབྲུ་སྣ་གོས་སྣ་སྤུངས་པའི་སྟེང་དུ། སྟེང་འོག་མདུན་རྒྱབ་མ་ནོར་བར་བཞག སྟེང་དུ་ 21-1-512 སྨན་སྣ་དང་ནོར་སྣ་སྣ་ཚོགས་ཀྱིས་བཀང་སྟེ། དར་གྱིས་ཁ་བཀབ་ནས་སྔར་གྱི་ཕྱི་རྟེན་རྣམས་ དང་ལྷན་ཅིག་ཏུ་བཞག སྒེར་མཆོད་བྱུང་ན་རབ། མ་བྱུང་ན་ཐུན་མོང་གི་མཆོད་པ་མ་ཆགས་ པར་བྱ། དུས་དུས་སུ་འོ་མ་དང་ཞོ་གཏོར་རོ། །འདིས་དགོན་གནས་དེར་ལོངས་སྤྱོད་ལ་བར་ ཆད་མི་འབྱུང་ཞིང༌། འབྱོར་པ་འཕེལ་བའི་རྟེན་འབྲེལ་ཁྱད་པར་ཅན་ཡིན་ནོ། །གཤིན་རྗེའི་ འཁོར་ཡི་དྭགས་ཀྱིས་ནོར་ལ་བར་ཆད་བྱེད་ན་གདམས་པ་འདི་དགོས་སོ། །དེ་བཞིན་དུ་སྙིང་ པོའི་འཁོར་ལོ་གྲོ་ག་ལ་ཟངས་སམ་མཚལ་གྱིས་བྲིས། རབ་གནས་བྱས་ལ་བདེ་བ་ལུགས་སྔ་ མ་དང་འདྲ། སྨད་འཚོང་མའི་ཐོད་པ་ཁ་སྦྱོར་རམ་ཟངས་ཀྱི་གའུ་མར་དང་སྦྲང་རྩིས་གང་བའི་ ནང་དུ་བཅུག །དེ་ཡང་ཆང་སྣོད་རྙིང་པར་བཅུག་ཏེ་ཁ་རས་དམར་པོས་བཀབ། མཆོད་པ་སྤྱི་ དང་དུས་དུས་སུ་མྱོས་བྱེད་ཀྱིས་གཏོར་རོ། །འདིས་ནང་འཁྲུག་སོགས་མི་འབྱུང་ཞིང་གནས་ གཞི་དེ་ལ་སྐྱེ་བོ་རྣམས་གུས་པའི་རྟེན་འབྲེལ་དུ་འགྱུར་རོ། །ཆོས་རྒྱལ་ལྷ་མགོན་གཅིག་ ཏུ་སྒྲུབ་པའི་ཐབས་ནི་རང་གི་སྙིང་ཁ་ནས་སྤྲོས་པའི་ཧཱུཾ་ལ་བྱང་ཤར་ནས་ཧཱུཾ་དང་ལྷོ་ནས་ཡ་ བསྟིམ། ཡེ་ཤེས་པའི་སྐབས་སུ་གཉིས་ཀར་སྤྱན་འདྲེན། ཐུགས་ཀར་ཧཱུཾ་གི་མཐའ་སྐོར་དུ་ཀཱ་ ལ་རཱུ་པ་དེ་ཥ་ར་ར་སྒོམ་ནས་སྔགས་ཀྱང་དེ་ཁ་བཟླ། ལིང་གའི་ནང་དུ་ཡཾ་ཨཱུ་ར་ཨཱུ་ར་བྷུ་ར་བྷུ་ ར་ཧཱུཾ་བརྩེགས་པ་བསྒོམ་པའོ། ། ཡང་སྡེ་བརྒྱད་ཐམས་ཅད་གཤིན་རྗེའི་འཁོར་ཡིན། འགོང་པོ་དང་ཐེ་རང་གྲི་མོ་སོགས་ ཀྱིས་ཆོས་གྲྭ་དང་དགེ་འདུན་ལ་བར་དུ་གཅོད། མི་སྙན་པ་སྒྲོག །ཚེ་དང་ལོངས་སྤྱོད་དང་སྲི་ ལ་བརྐུ་བས་གདམས་ངག་གཞན་ནས་འབྱུང་བའི་བསེ་རགས་འགོང་པོ་གནོན་པ་དང༌། མི་ ལ་བསེ་རགས་གནོན་པ་དང༌། བྱ་མགོ་ཅན་དང༌། བསེ་གདོང་ཅན་དང༌། བྲེལ་འཕོངས་དང༌། ཤེས་པ་དཀར་པོ་དང༌། མགོ་གསུམ་གནོན་པ་སོགས། དེ་དག་གང་བྱས་ཀྱང་གོ་ཆོད་ཅིང་ཕན་ པར་འོང༌། འདི་ཉིད་ཀྱི་རང་ལུགས་ནི། དང་པོར་ཕྱོགས་མཚམས་བརྒྱད་ལ་བགེགས་གཏོར་ 21-1-513 མང་དུ་བཏང༌། ཁྱད་པར་དུ་རྒྱལ་སྲིད་དང་ཐེ་རངས་འགོང་པོ་ས་བདག་ཀླུ་གཉན་དང་བཅས་ པ་ལ། ཆེད་དུ་དམིགས་པའི་བགེགས་གཏོར་ཡས་གླུད་སོགས་མང་དུ་གཏོང་ཞིང༌། ཐོག་མ་ ནས་ཉི་མ་གསུམ་མམ་ལྔ་ལ་སོགས་པར་གཏོང་ངོ༌། །དེ་ནས་མ་འོངས་ཤིག་བྱ། དེ་ཙམ་གྱིས་ བསྐྲོད་ཐུབ་པའི་ལྟས་བྱུང་ན། དེ་མ་ཐག་ཕྱོགས་མཚམས་རྣམས་སུ་ཐོ་བཙུགས་ལྷར་བསྐྱེད། གཏོར་མ་ཕུལ། རབ་གནས་བྱ། འདོད་དོན་གསོལ་བ་བཏབ་པ་ཙམ་གྱིས་འགྲུབ་བོ། ། ད་དུང་ངེས་ཅན་དུ་བསྐྲད་དགོས་ན་གྲོ་ག་དང་ཤོག་ཤོག་གང་རྙེད་ལ། དྲི་ཙ་པ་ལ་ཐག་ རིང་དུ་ཆོས་ཆོས་སེན་དྷར་ཡམ་ཡམ་ཆོས་ཆོས་དྲི་ལིང་ཆོས་ཆོས་དྲིའུ་དྲིའུ་ཆོས་ཆོས་ཧམ་ཤམ་ དྲི་ཆོས་ཆོས་ན་ག་ཕུ་ག་ག་ས་ག་ན་ག་གཞན་དུ་ཆོས་ཆོས་ཞེས་པ་མང་དུ་བྲིས་ལ་རྟ་ཐོད་སྐམ་ པར་གཅུག །སྤྲེའུ་དང་བྱ་དང་སྦྲུལ་དང༌། ཇོ་བོ་ཞྭ་ཐེབ་ཅན་རྟ་བཞོན་དང༌། བོང་བཞོན་དང༌། སྤྱང་ཀུ་ལ་སོགས་པའི་གཟུགས་བརྙན་དང༌། ནོར་སྣ་ཟས་སྣ་གོས་སྣ་འབྲུ་སྣ་ཚོགས་དང༌། མི་ཁའི་ཟས་གསུམ་དང་བཅས་པའི་གཏོར་མ་རྣམས་བགེགས་ལ་བསྔོས། བདེན་པ་བདར། འདི་ན་སྡོད་པའི་གནས་མེད་ག་གེ་མོ་ན་སྐྱིད་དོ་བྱས། ལྷ་ཁང་གནས་གཞི་གོག་པོའམ། གྲོང་ ཁྱེར་ཆེན་པོའི་འདབས་སུ་བསྐྱལ། དེ་མ་ཐག་ཐོ་བརྩེགས། བསྲུང་འཁོར་དྲག་ཏུ་བསྒོམ་ པ་སོགས་བྱས་པས་འགྲུབ་བོ། །ཤིན་ཏུ་རང་འཚུབ་ན་མནན་པ་བྱ་སྟེ། དེ་ཡང་བསྙེན་པ་ཁ་ གསོས། བཤན་པ་ཕོ་མོའི་འཁོར་ལོ་གོང་བཞིན་ལས། བགེགས་ལ་ཁ་སྤོས། འཁོར་ལོ་ཁ་ སྦྱོར་གྱི་ནང་དུ། བགེགས་ལིང་མང་པོ་བཅུག རབ་གནས་དགུག་གཞུག་ལྟབ་རྩིས་དཀྲིས་ སོགས་བརྒྱབ། འབྲུབ་ཁུང་དུ་བཅུག་ནས། ཞག་གསུམ་མམ་བདུན་སོགས་བསྒྲུབས་ཤིང༌། དགུག་གཞུག་བཅིངས་མཉེས་དང༌། སྟེང་དུ་མཆོད་རྟེན་གྱིས་མནན་ཅིང་དྲག་ཏུ་སྒྲུབ། དེ་ ནས་ཁྱི་ནག་པོའི་ཐོད་པའི་ནང་དུ་བཅུག །ལམ་རྒྱ་གྲམ་དུ་མནན་པ་སྤྱི་དང་མཐུན་པར་མནན་ པས་རུང་ངོ༌། །ཡང་ན་སྙིང་པོ་དང་རྩ་སྔགས་ཀྱི་འཁོར་ལོ་ཁ་སྦྱོར་དང་ཡུམ་བརྒྱད་གྱི་སྲོག་ 21-1-514 འཁོར་རྣམས་ཀྱི་ནང་དུ། བགེགས་ལིང་བཅུག་ཏེ་མནན་ཀྱང་རུང་ངོ༌། །ཡུམ་གྱི་སྲོག་འཁོར་ དང་འདྲ་རུང་ལ། དབུས་སུ་ཧཱུཾ་དང་ཡབ་ཀྱི་ཉེ་སྙིང་འབྲི། ཕྱིའི་རྩིབས་བརྒྱད་ལ་མ་བྷྱོཿབརྒྱད་ འབྲི། ཁ་སྦྱོར་བར་དུ་མོ་འདྲེའི་ལིང་ག་བཅུག །ལིང་ག་གྲོ་ག་དང༌། འཁོར་ལོ་ཟངས་གླེགས་ ལ་བྲིས་ནས། སྔར་གྱི་སྙིང་པོའི་དེ་དང༌། བཅའ་གཞི་འདྲ་བ་ལ། སྟེང་དུ་མཆོད་རྟེན་གྱིས་ མནན་ཏེ་བཞག་ན་སྡེ་དེ་ལ་བུད་མེད་ཀྱི་གནོད་པ་དང༌། མི་བགེགས་མི་འབྱུང་ངོ༌། །ཤིན་ཏུ་ མཁོ་བའི་མན་ངག་གལ་ཆེན་འགའ་ཞིག་གི་སྐབས་ཏེ་བདུན་པའོ། ། ད་ནི་གཞན་ཡང་འདི་ལྟར་རིག་པར་བྱ་སྟེ། ལས་གཤིན་གྱི་རྟོག་པ་འདིར་དངོས་བསྟན་ ཚིག་དོན་ལ་ཕོ་རྐྱང་དུ་སྒྲུབ་པ་དང་། ཕོ་མོ་སྦྲགས་ཏེ་སྒྲུབ་པ་གཉིས་གསལ་བར་བསྟན། གཉིས་ཀྱི་ནང་ནས་གཙོ་བོ་སྦྲགས་སྒྲུབ་ཡིན། ཕོ་རྐྱང་དུ་གྲུབ་པ་ཡང་དངོས་སུ་གསུངས་ པས། མོ་རྐྱང་དུ་སྒྲུབ་པའང་ཞོར་ལ་འཕངས་སོ། །ཕོ་རྐྱང་དང་མོ་རྐྱང་དུ་སྒྲུབ་པ་རྣམས་ཕ་ རོལ་པོ་ལས་ཤུགས་ཆུང་བ་དང་སྲུང་བཟློག་ངན་ན་རྣོ་མྱུར་ཆེ་བར་ཡོང་ཡང་ཚན་ཁ་ཆུང་ ཞིང་འཁུ་ལྡོག་མང་བར་གྲགས། སྦྲགས་སྒྲུབ་བྱིན་ཆེ་བཀྲ་ཤིས་སྟོབས་ཆེ་ཤིང་རྣོ་བར་ཡང་ ཡོངས་གསུངས་ནས། ལག་ལེན་སྦྲགས་སྒྲུབ་ལ་བྱེད། ཡང་ཕོ་རྐྱང་མོ་རྐྱང་ལ་མཐུ་ཙམ་ འོང༌། ཡང་བསྟན་སྲུང་ཆོས་བདག་ཏུ་བྱེད་ན། ཡབ་ཡུམ་དུ་སྒྲུབ་པའམ་ལྕམ་དྲལ་དུ་སྒྲུབ་ པ་ངེས་པར་དགོས། འཁོར་མང་དུ་བྱེད་ནའང་རྣོ་ཞིང་བཟང་བར་བཞེད་དོ། །འདིར་ཁོ་བོ་ ཅག་གི་ཐུན་མོང་མ་ཡིན་པའི་བླ་མ་རྣམས་འདི་སྐད་གསུངས་ཏེ། སྤྱིར་གཤིན་རྗེ་ལ་ཕྱོགས་ མཚམས་བརྒྱད་དང་འབྲེལ་བའི་བརྒྱད་དམ། དེའི་སྟེང་དུ་དབུས་བསྣན་པས་དགུ། ཡང་ན་ དབུས་ལ་སྟེང་འོག་གཉིས་སུ་ཕྱེ་བས་བཅུ་ཡང་ཡོད། ཡ་བ་ཏི་ལ་སོགས་པ་ཕྱོགས་མཚམས་ ཀྱི་གཤིན་རྗེ་བརྒྱད། ཡུམ་དང་བཅས་པ་ཀུན་ལ་གྲགས་མོད་ཀྱང་གཞན་གྱི་འཁོར་དུ་སྦྱར་ བ་མ་གཏོགས། སོ་སོའི་སྒྲུབ་ཐབས་ཁ་གསལ་ཅན་གྲགས་ཆེ་བ་ཆེར་མེད། དེ་དག་དང་དོན་ 21-1-515 གཅིག་པ་ལ་མིང་གཞན་གྱིས་བསྟན་པ་ནི། དཔེར་བརྗོད་ན་ཁྲག་མདོག་ལྕམ་དྲལ་ལྟ་བུ་ཤར་ ཕྱོགས་ཀྱི་གཤིན་རྗེ་ཡིན། མ་རུ་རྩེ་བཞི་སྐོར་ལྟ་བུ་ཤར་ལྷོའི་གཤིན་རྗེ་དང༌། ར་ཧུ་ལ་ལྟ་བུ་ལྷོ་ ནུབ་ཀྱི་གཤིན་རྗེ་ཡིན་ཡང་གསུང༌། རེས་འགའ་ལས་གཤིན་ཧ་ལ་ནག་པོ་ལྟ་བུ་ཡང་ལྷོ་ནུབ་ ཀྱི་གཤིན་རྗེའི་རིགས་སུ་འགྱུར་གསུང༌། རྣམ་སྲས་གཤིན་རྗེར་སྒྲུབ་པ་ལྟ་བུ་བྱང་ཕྱོགས་ཀྱི་ གཤིན་རྗེ་ཡིན། ཏེ་ལོའི་རྟོག་པ་ནས་འབྱུང་བའི་ལྷ་མགོན་ལྟ་བུ་བྱང་ཤར་གྱི་གཤིན་རྗེ་ཡིན། དབུས་ཀྱི་གཤིན་རྗེ་ནི་དུར་ཁྲོད་ནག་པོ་ནས་བཤད་པ་ནག་པོ་རོ་འཛིན་གྱི་ལུགས། མགོན་ པོ་བཅུ་བདུན་མ་ལྟ་བུ་ཡིན་ཅིང༌། སྟེང་འོག་གཉིས་སུ་ཕྱེ་ན་དེ་ཉིད་སྟེང་གི་ཡིན་པར་འགྱུར། ནུབ་དང་འོག་གི་གཤིན་རྗེ་ནི་ན་ག་རཀྵ་ལྟ་བུ་ཡིན། རྟོག་པ་འདི་དང་ལས་གཤིན་བཅུ་གསུམ་ མ་ལ་སོགས་པ་ལས་གཤིན་དངོས་འདི་ལྷོ་ཕྱོགས་ཀྱི་ཡིན། ནུབ་བྱང་གི་གསལ་ཁ་ཅན་རང་ མ་རྙེད་ཀྱང༌། མོན་པ་ཀེ་ཏ་ལྟ་བུ་ཡིན་པ་འདྲའོ་གསུང༌། མན་ངག་རིག་པའི་གསུང་ཡིན་ཏེ་ དོན་ལའང་གནས་པར་མངོན། རྟོག་པ་འདིར་མཚོ་མ་དྲོས་པའི་ཐད་དུ་གནས་པར་བཤད་ པས། བྱང་ཕྱོགས་ཀྱི་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཕྱོགས་མཚམས་ཀྱི་གཤིན་རྗེ་བརྒྱད་པོ་ ཡང་ཕྱོགས་སྐྱོང་བརྒྱད་དང་འབྲེལ་བ་ཡིན། ཕྱོགས་སྐྱོང་གི་གནས་ཀྱི་དབང་དུ་བྱས་ན། རི་ རབ་ཀྱི་རྩེ་མོ་དབུས་སུ་བཞག །རི་རབ་དང་བར་མ་ཆད་པའི་ཕྱོགས་མཚམས་བརྒྱད་གནས་ ནང་མ་ཡིན། གླིང་བཞིའི་ཐད་ཀྱི་ཕྱོགས་མཚམས་བརྒྱད་གནས་བར་པ་ཡིན། དེས་ན་མཚོ་མ་ དྲོས་པ་འཛམ་གླིང་གི་དབུས་ལ་རྟེན་པ་ཡིན། ལྷོ་ཕྱོགས་ཀྱི་གླིང་ཡིན་པའི་ཕྱིར་ལྷོའི་གཤིན་ རྗེའི་གནས་སུ་འགྱུར། འདི་སྐབས་ཀྱི་གཤིན་རྗེའི་གནས་མཚམས་ཀྱི་ཚོ་ཟུར་ཐིག་གི་སྟེང་དུ་ དགོས་པས་གླིང་ཕྲན་ལ་མ་ཡིན་རྒྱ་མཚོ་ཡིན་ནོ། ། གནས་ཕྱི་མ་བརྒྱད་ཀྱི་ཕྱི་ནི་ལྕགས་རིའི་ནང་མཚམས་ལ་རྩི་བ་ཡིན་ཏེ། ལྷོ་ཕྱོགས་ དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ཟེར་བའང་དེ་ལ་བསམ་པའོ། །དབུས་ཀྱི་གཤིན་རྗེའི་གནས་ 21-1-516 ནི་རི་རབ་ཀྱི་ཁོང་སེང་ས་འོག་གོ །ཡང་སྟེང་འོག་གཉིས་སུ་དབྱེ་ན། རི་རབ་ཀྱི་རྩེ་མོ་དང་སྨད་ གཞི་ལའང་ངོས་འཛིན་ནོ། །རྣམ་གྲངས་དུ་མ་བྱས་ན་དེ་ལྟར་ཡིན་ཡང༌། གཙོ་བོ་གཅིག་ལ་ བསྡུ་ན་གཤིན་རྗེའི་ལྡོག་པ་ནས་ལྷོ་ཕྱོགས་ཀྱི་གཤིན་རྗེ་རང་གཙོ་བོ་ཡིན་པས་ཐམས་ཅད་དེ་ ལ་འདུས། དྲེགས་པ་སྤྱི་ལྡོག་ནས་བྱས་ན་དབུས་ཀྱི་དེ་གཙོ་བོ་ཡིན་མོད། སྤྱིར་དྲག་སྔགས་ ཀྱི་དྲེགས་པ་ཕོ་རྒྱུད་ཐམས་ཅད་གཤིན་རྗེ་དང་སྲིན་པོ་ལ་འདུས། མོ་རྒྱུད་ཐམས་ཅད་མ་མོ་ དང་མཁའ་འགྲོ་ལ་འདུས། མགོན་པོ་ནག་པོའི་ཆོས་སྐོར་རྣམས་ཀྱང་ཤས་ཆེར་སྲིན་པོ་དང་ འབྲེལ་བ་དང་། དབང་ཕྱུག་དང་འབྲེལ་བ་དང༌། དྲེགས་པ་སྤྱི་དང་འབྲེལ་བ་ཡང་མང་པོ་ཡོད་ དོ། །སྤྱིར་དེ་ལྟར་ཡིན་ཡང་ཉམས་ལེན་གྱི་སྐབས་སུ། གང་དང་གང་གི་སྒྲུབ་ཐབས་སུ་ཞུགས་ པ་དེ་དང་དེ་ཉིད་སྐབས་དེར་གཙོ་བོ་བྱེད་དགོས་པ་ཡིན་པས། གཙོ་འཁོར་ལ་ཕྱོགས་གཅིག་ པའི་ཨ་འཐས་བྱར་མི་རུང༌། ལྷ་དཔོན་རེས་གཡོག་རེས་ཞེས་གྲོང་པའི་ཁ་ན་རྒྱུ་བ་དེ་ཡང་ ཕྱོགས་གཅིག་ནས་འཐད་དུ་རུང་ངོ༌། །དེ་དག་ལས་འདིར་ལག་ལེན་གྱི་མཐིལ་དུ་འདེབས་རྒྱུ་ སྦྲགས་སྒྲུབ་ཀྱི་སྐོར་རྣམས་བཤད་ཟིན་ཏོ། ། རྐྱང་སྒྲུབ་ཏུ་བྱེད་ན་མི་འདྲ་བའི་ཁྱད་པར་ནི། ཉེ་བའི་བསྙེན་པ་ནས་བརྩམ་དེ་མི་འདྲ་བ་ ཅུང་ཟད་ཡོད། རྩ་བའི་བསྙེན་པ་ནི་སྦྲགས་སྒྲུབ་ཁོ་ནས་མཆོག་ཅིང་འདི་ཁོ་ནས་ལེགས་ཀྱི། རྐྱང་སྒྲུབ་ཀྱི་རྩ་བསྙེན་མི་ལེགས་སོ། །དེ་ཕྱིན་ཆད་ལ་ཕོ་རྐྱང་དུ་བསྒྲུབས་ན་བྲིས་སྐུ་ཡང་ཡབ་ རྐྱང་འབྲི། ལྷ་བསྐྱེད་པ་དང༌། བཟླས་པ་དང་། གཏོར་མ་ཡང་ཡུམ་གྱི་སྐོར་རྣམས་བོར་བ་ཀ་ ཡིན། སྒྲུབ་པའི་སྐབས་སུ་ཞལ་དབྱེ་ཡོད་ན་ཡ་ཐོད་ཉིད་ལ་ཡབ་ཀྱི་འཁོར་ལོ་འབྲི་བའམ། འཁོར་ལོ་ལོགས་སུ་བྲིས་ཟིན་པ་དེ་ཐོད་པ་ལ་སྦྱོར་བ་གང་རུང་བྱ། ཐོད་པའི་ནང་རྫས་ངན་ ཟབ་ཟོབ་ཀྱིས་འགེགས་པ་དེ་མི་དགོས། ཐོད་པའི་ནང་ཇི་ལྟར་འོས་པར་བྲིས་ལིང་ངམ། དེ་ སྙིང་ཁར་བཅུག་པའི་ཉ་བོའི་གཟུགས་དེ་ཤིང་བཀག་གི་སྟེང་དུ་གན་རྐྱལ་དུ་གནས་པ་དམ་ 21-1-517 རྩིས་སྦྱར་དེ་གཡོ་འགུལ་མེད་པར་བཞག དེའི་སྟེང་ནས་མ་ཐོད་གཤིན་རྗེའི་གཟུགས་ཀྱིས་ འགེབས་པ་ཡིན། འདི་ལ་ངེས་པར་ཨག་རྩེ་ཁུང་ལ་ཁུན་ལམ་བཏོད་དགོས་སོ། །ཐོད་པ་ ཁ་སྦྱོར་ཡིན་ན་ཐོད་པ་སྟེང་མ་ལ་ཡང་འཁོར་ལོ་འབྲི་བའམ་སྦྱོར་དེ། དེའི་ཚེ་འོག་མ་དང་ཁ་ སྦྱོར་དུ་དོན་གྱིས་སོང༌། སྔགས་ཀྱང་གཅིག་པས་དང་པོར་འབྲི་ལུགས་གཅིག་བྱས་ན། འདིར་ གཡས་གཡོན་འཇོལ་འགྲོ་བས་འོག་གཡས་སྐོར་དང༌། སྟེང་མ་གཡོན་སྐོར་དུ་འབྲིའོ། ཁ་ ཅིག་ཐོད་པ་ཁ་སྦྱོར་ལ་སྟེང་མའི་ཚངས་བུག་ཏུ་ཐུན་ལམ་བཏོད་པའི་སྲོལ་ཡང་འདུག་སྟེ། འདི་ནི་འཁོར་ལོ་ལ་གནོད་པས་ཤིན་ཏུ་མི་རུང་ལ། སྤྱིར་ཡང་ཐོད་པ་ཉམས་པར་འགྱུར་བས་ ཅུང་དེ་མི་ལེགས་པར་མངོན་ནོ། །དེ་མན་ཆད་སྒྲུབ་པ་དང་ལས་སྦྱོར་གྱི་སྐབས་རྣམས་སུ། ཡུམ་གྱི་སྐོར་རྣམས་བོར་བ་ཁོ་ནའོ། །དེ་བཞིན་དུ་ཡུམ་རྐྱང་སྒྲུབ་ན་ཡང༌། བྲིས་སྐུ་ཡང་ཡུམ་ ཁོ་ན་བཞེངས། སྒྲུབ་པའི་སྐབས་ཞལ་དབྱེ་བྱེད་ན། ཡ་ཐོད་ལ་ཡུམ་གྱི་འཁོར་ལོ་ཁོ་ན་བྲིས། མ་ཐོད་སྐན་གྱི་ཕྱོགས་ལ་གཤིན་རྗེའི་སྐུ་རང་བྱུང་ནི་གསལ་འདེབས་རྒྱུ་དེ་གཤིན་རྗེ་མོའི་ རྣམ་པར་བྱ། སྔགས་ནི་དཔྲལ་བར་ཉེ་སྙིང་དང༌། མ་མ་རཀྵ་ཡཀྵ་ཧཱུཾ་ཛ་ཧཱུཾ། ཡ་མ་རཱ་ཛ་ཎྲྀ་ཛ་ཛ་ ཞེས་པ་ཞལ་གྱི་ཐད་ལ་བྲི། མ་མ་རུ་ལུ་མ་ཧེ་བྷྱོཿ ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་མཐའ་ལ་བྲི་ བ་ནི་ཁྱད་པར་ཡིན། ཐོད་པ་ཁ་སྦྱོར་ཡིན་ནའང༌། འཁོར་ལོ་འབྲི་བའམ་ཁ་སྦྱོར་ཏེ། འཁོར་ ལོ་འོག་མ་ལ་གཡོན་སྐོར་དང༌། སྟེང་མ་ལ་གཡས་སྐོར་རོ། ། ལས་སྦྱོར་གྱི་སྐབས་ལྡེར་བཟོ་ཡང་ཙ་མུཎྜི་ཉིད་བཞེངས། གཞན་ཆོ་ག་ལྷག་མ་ཡབ་ ཀྱི་བསྐོར་བོར་བ་ཁོ་ན་ཡིན། རྐྱང་སྒྲུབ་འདི་གཉིས་ལ་ཉིན་མཚན་གྱི་སྔགས་ཀྱང་ཕོ་མོ་སོ་ སོ་རྐྱང་བ་ལས་འོས་མེད་ཀྱང༌། ཕྱེད་མར་བཅད་ནས་བཟླ་བ་དེ་མི་དགོས། འཕྲེང་སྔགས་ ཉེ་བསྙེན་གྱི་སྐབས་བཞིན་བཟླའོ། །དེའི་རྒྱུ་མཚན་བསྡུ་བ་དང༌། འགྱེད་པའི་ལས་དེ་ཕོས་ མོ་བསྐུལ་བ་དང༌། མོས་ཕོ་བསྐུལ་བ་ལ་དགོས་ཀྱི་གཞན་ལ་མ་ཡིན་པས་སོ། །དེ་བཞིན་དུ་ 21-1-518 འཁོར་ལོ་ཡང་རྐྱང་སྒྲུབ་ལ་འཁོར་ལོ་གཅིག་ལས་མེད་པ་ཞལ་དབྱེ་ལྟ་བུ་ལ་དེར་ཟད། ཐོད་ པ་ཁ་སྦྱོར་རེ་བྱེད་པའི་ཚེ་གཡས་སྐོར་གཡོན་སྐོར་སོ་སོར་དགོས་པའི་རྒྱུ་མཚན། འཁོར་ལོ་ གཉིས་པོ་སྔགས་ཀྱི་ངོ་བོ་གཅིག །དམིགས་པས་ཀྱང་ལྷ་གཅིག་ཏུ་མོས་དགོས་ལ། རེ་མིག་ སོ་སོའི་སྔགས་སྟེང་འོག་ཏུ་འགྲིག་པ་ཞིག་དགོས། དེ་མིན་སྔགས་འཁྲུགས་པ་ལས་ཇི་བཞིན་ མི་འགྲུབ། དཔེར་ན་ལག་ངར་གཡས་པའི་ཤ་ལྤགས་ཀྱི་ནང་དུ་གཡོན་པའི་རུས་པ་བཅུག་ན་ ཚིགས་མཚམས་མི་འགྲིག་པ་བཞིན་ནོ། །སྔགས་སྒྲུབ་ཀྱི་འཁོར་ལོ་ཁ་སྦྱོར་ལ་ནི་དེ་དང་མི་ འདྲ་སྟེ་སྔགས་གཉིས་པོ་ཡེ་མི་གཅིག་པས་འདྲ་བ་སྒྲིག་རྒྱུ་མེད་པ་དང༌། གནོད་སྦྱིན་འཁོར་ ལོ་ལ་ལྷ་ཚོགས་ཡབ་ཡུམ་སྒྲིག་རྒྱུ་ཡོད་པ་ལྟ་བུ་འདི་ལ་མེད་པ་དང༌། དམིགས་པས་ཀྱང་ལྷ་ ཡབ་ཡུམ་སོ་སོར་སྒོམ་ཞིང་འཁོར་ལོ་ཡང་སོ་སོར་རང་རྐང་པ་ཡིན་གྱིས་གཅིག་ཏུ་བསྡུ་རྒྱུ་ མིན་པའི་ཕྱིར་རོ། །ཕོ་རྐྱང་ལ་འོག་མ་གཡོན་སྐོར་ཁ་གྱེན་བསྟན་དང༌། སྟེང་མ་གཡས་སྐོར་ དུ་བྲིས་པ་ཁ་སྦུབ་ཏེ་སྦྱར་བས་གཡས་སྐོར་དུ་ཁ་སྦྱོར་འབྱུང་། ཐབས་རྐྱང་པ་མཚོན་པ་ཡིན། མོ་རྐྱང་ལ་འོག་མ་གཡོན་སྐོར་དུ་བྲིས་པ་ཁ་གྱེན་བསྟན་ལ། སྟེང་མ་གཡས་སྐོར་དུ་བྲིས་པ་ཁ་ སྦུབ་པས་གཡོན་སྐོར་ཁ་སྦྱོར་དུའང་ཤེས་རབ་རྐྱང་པ་མཚོན། སྦྲགས་སྒྲུབ་ཀྱི་སྐབས་གཉིས་ ཀ་གཡས་སྐོར་དུ་འབྲི། དེ་ལ་འཁོར་ལོ་ལྟབ་ཚིགས་མ་བྱས་ན་རྣམ་སྤྱི་གསལ་ཏེ། མོ་འཁོར་ གཡས་སྐོར་འོག་ནས་ཁ་གྱེན་བསྟན་དེ་ཤེས་རབ་ལ་ཐབས་ཀྱི་ཞད་ཡོད་པ་དང༌། འཕོ་འཁོར་ གཡས་སྐོར་དུ་བྲིས་པ་ཁ་སྦུབ་པས་གཡོན་སྐོར་དུ་སོང་བ་དེ། ཐབས་ལ་ཤེས་རབ་ཀྱི་ཞད་ ཡོད་པ་མཚོན་ཅིང༌། གཡས་སྐོར་གཡོན་སྐོར་ཁ་སྦྱོར་དུ་འབྱུང་བ་ནི། མཚན་ཉིད་ཐ་དད་པ་ གཉིས་བྱ་བ་གཅིག་ལ་འཇུག་པའི་ཕྱིར་རོ། ། རྐྱང་སྒྲུབ་སྐབས་ཐོད་པ་ལ་འབྲི་བར་རྟོག་པ་ལས་གསུངས་པས་ཐོབ་ཐང་ཡིན་གྱི། གཞན་འཁོར་ལོ་འབྲི་ཚུལ་སྦྲགས་སྒྲུབ་བཞིན་བྱས་ཀྱང་ལས་འགྲུབ་ཀྱིན་ཡོད་པས་འགལ་བ་ 21-1-519 ཡོད་པ་མ་ཡིན་ནོ། །དེ་དག་ཀྱང་རྙེད་ཅིང་འགྲུབ་ན་ཐོད་པ་བམ་རིལ་ཡོངས་རྫོགས་ཡོད་པ་ དང༌། གཤིན་རྗེའི་སྐུ་རང་འབྱུང་དུ་ཡོད་པའི་རྟེན་འབྲེལ་གྱིས་ཞལ་དབྱེ་ཉིད་ནུས་པ་ཆེ་བར་ གྲགས་སོ། །འདིར་ཡབ་རྐྱང་དང་ཡུམ་རྐྱང་དང་ཡབ་ཡུམ་མམ་ལྕམ་དྲལ་སྦྲགས་ཏེ་སྒྲུབ་པ་ འདིས་མཚོན་ཏེ། མངོན་རྟོགས་ཀྱི་སྐབས་དམིགས་གསལ་གྱི་འཁོར་བསྐྱེད་པའི་ལྷག་ཆོས་ མ་གཏོགས། བཅུ་གསུམ་མའམ་བཅུ་བདུན་མ་སོགས་ལའང་ཆོ་གའི་རིམ་པ་འདི་ཁོ་ན་སྦྱར་ བས་རུང་ངོ༌། །དེ་བཞིན་དུ་ཧ་ལ་ནག་པོ་ཕོ་རྐྱང་ངམ་ལྕམ་དྲལ་དུ་བྱེད་ནའང༌། ཉེ་སྙིང་སྤོས་ན་ འདི་ཁོ་ནས་འགྲུབ། ཡང་ལག་ལེན་ཁྲིགས་བཀོད་སོགས་ནས་བཤད་ཅིང༌། མན་ངག་ལས་ འབྱུང་བ་ལས་གཤིན་གྲི་གུག་དང་ཐོད་པ་བསྣམས་པ་གཙོ་རྐྱང༌། རེ་མ་ཏི་དང་ལྕམ་དྲལ་དུ་ བྱ་སྟེ་ཉེ་སྙིང་ཡང༌། ༀ་ཤྲཱི་མཧཱ་ཀཱ་ལ་རུ་པ་ཤ་ཧཱུཾ་ཕཊ་ཅེས་བསྒྱུར། གཞན་ཆོ་ག་འདི་ཉིད་ཀྱིས་ ལས་སྒྲུབ་བོ། །གྱི་ལྗང་བའི་མགོན་པོ་གཤིན་རྗེ་ལྟར་སྒྲུབ་པ་ཡང་འདི་ལ་འཁོར་མང་དུ་བྱས་ པ་ཀ་ཡིན། དེ་དག་ལ་སོགས་པ་རྣམ་པ་དུ་མར་འགྱུར་བར་ཤེས་པར་བྱའོ། ། ཡང་འདིར་རྟོག་པ་འདི་ལ་དངོས་སུ་མ་བརྟེན་མོད། ཞལ་གདམས་མན་ངག་གཞན་ བསྟན་པ་ནི། ཕྱི་རོལ་མུ་ཁྱུད་གསུམ་བསྐོར་བ་ལ་རྡོ་རྗེའི་འཕྲེང་བ་དང་མེ་རི་འབྲི། དེའི་ནང་ དུ་མཚོན་ཆ་འཁོར་ལོ་རྩིབས་བརྒྱད་པ་ལ་ལྟེ་བ་སྐོར་མི་དགོས། རྩིབས་ཀྱི་རྩེ་མོ་རྣོ་ཟུལ་བ་ མི་བྱེད་པར། ཡི་གེ་ཆའི་འཕོང་བཞིན་དུ་ཆ་ཤས་གཉིས་པ་གཅིག་འབྲི་བའི་སྲོལ་འདུག །རྒྱུ་ མཚན་གཅིག་ཀྱང་འཆད་ལ། མན་ངག་ཡི་གེ་རྙིང་པ་རྣམས་ན་ནི་གསལ་ཁ་མེད། རྩིབས་ བརྒྱད་ལ་དམུ་བྱད་མ་ཆེ་གེ་རང་ཉིད་ལ་ལོག་ཤོག །དེ་བཞིན་དུ་རྒྱལ་པོ། གཤིན་རྗེ། གྱིང་ འདྲིལ། དྲི་འདྲིལ། བདུད། མ་མོ་བཙན་ཅེས་པ་རྣམས་ལ། གནོད་བྱེད་དམ་བྱད་མ་ཆེ་གེ་མོ་ རང་ཉིད་ལ་ལོག་ཤོག །ཅེས་པ་ཤར་ནས་གོ་རིམ་ཇི་ལྟ་བ་བཞིན་དུ་གཡོན་སྐོར་ཡིག་མགོ་ ཕྱིར་བསྟན་དུ་འབྲི། དེ་བཞིན་དུ་ཤར་དང་ཤར་ལྷོའི་མཚམས་ཀྱི་རྩིབས་བར་ལ་རྨུ་འཁུ་སྟཾ་ 21-1-520 ཤ་ཏྲུན་ཤ་ཏྲུན་སྟཾ་བྷ་ཡ་ནན་ལཾ། དེ་བཞིན་དུ་རྩིབས་བར་རྣམས་ལ་གཡོན་སྐོར་གྱིས་རྒྱལ་པོ་ རྒྱལ་ཏེ་རྒྱུ་དང༌། གཤིན་རྗེ་དང༌། ཡུལ་ལྷ་དང༌། གྱིང་འདྲིལ་དྲི་འདྲིལ་དང༌། བདུད་དང༌། མ་ མོ་དང༌། བཙན་དང༌། ཅང་ཏེའུ་ཞེས་པ་རྣམས་ལ། འཁུ་སྟཾ་ཤ་ཏྲུན་ཤ་ཏྲུན། སྟཾ་བྷ་ཡ་ནན་ལཾ། ཞེས་བཏགས་པ་ཡིག་མགོ་ནང་བསྟན་དུ་འབྲི། འཁོར་ལོའི་དཀྱིལ་དུ་བསྒྲུབ་བྱ་བྲང་འཇོག་ བྱེད་པ། རྐང་པ་བསྐུམ་ཞིང་སྒྲོག་གིས་བསྡམས་པ་ཞིག་འབྲི། བར་ལྷུ་གཡས་དང་སྟོད་དང་ བར་ལྷུ་གཡོན་རྣམས་ལ། ཀུན་དྲུག་ཐུམ་རི་ལི་ལི་ཞེས་པ་ཚར་གཉིས་ལུས་པོ་མ་ལ་སྔགས་ དེའི་རྗེས་སུ་བནྡྷེ་པ་ཤ་ཡ་བནྡྷེ་པ་ཤ་ཡ་ཞེས་པ་འབྲི། དཔྲལ་བ་ཐུམ་རིལ་ལི་ལི་ཡིག་མགོ་ ཐུར་བསྟན་འབྲི། གཟུགས་བརྙན་དེའི་མདུན་ཕྱོགས་ལ་ཧ་ཧ་ཤ་ཏྲུན་ཤ་ཏྲུན། ཆེ་གེ་མོ་ནན་ འཁུ་སྟམ་ཞེས་པ་འབྲི། གཡོན་ལ་ཤ་ཏྲུན་ཤ་ཏྲུན་སྟཾ་བྷ་ཡ་མཱ་ར་ཡ་ཛ། གཡས་ལ་ལམ་བྱང་ཁ་ བྱེད་པ་ཕུར་ཁ་འཕེན་པ་ལ་སོགས་པ་རྣམས་ལམ། དམིགས་གསལ་ངོ་ཤེས་ན་སྙིང་ཁ་མིང་ རུས་འབྲི། འཁོར་ལོ་འདི་གཤིན་རྗེ་ཕོ་མོའི་འཁོར་ལོའི་བར་དུ་བཅུག །གཤིན་རྗེའི་འཁོར་ ལོ་དངོས་ལའང་སྤེལ་ཚིག་ཁ་བསྒྱུར་དེ་བྲི། ཞལ་དབྱེའི་ནང་དུ་བཅུག་ཀྱང་རུང་མོད་ཀྱི། འདི་ ཁ་ལོགས་སུ་བསྒྲུབས་ན་ཐོད་པ་ཁ་སྦྱོར་རམ། ཐོད་ངན་གཅིག་པུའམ། རྫའི་རུས་སྦལ་གྱི་ ནང་དུ་བཅུག་ཀྱང་རུང་ངོ༌། ། བཅའ་གཞིའི་སྐབས་སུ་ཁྱད་པར་དེ་དག་ཡིན། དམིགས་པ་ནི་འཁོར་ལོའི་ལྟེ་བར་རང་ ཉིད་ཡི་དམ་གྱི་མདུན་ནམ། ཕྱོགས་བཞིར་གཤིན་རྗེ་ཡབ་ཡུམ་རྩིབས་བརྒྱད་ལ་ཡ་བརྒྱད་ བྷྱོཿབརྒྱད་ལས་གཤིན་རྗེ་ཕོ་མོ་བརྒྱད་བསྐྱེད། གྲི་གུག་ཐོད་ཁྲག་འཛིན་པ་ཁོ་ན་བསྒོམ། དེ་ ཡང་བསྲུང་བ་གཙོ་བོར་བྱེད་ན་ལྗང་ནག བཟློག་པ་ལ་དུད་ཁ། བསད་པ་ལ་ནག་པོའོ། །སྒྲུབ་ ལུགས་གཞན་ཐམས་ཅད་གོང་དང་འདྲ། བསྲུང་བཟློག་བསད་གསུམ་གྱི་དམིགས་པ་ནི། ཨུཥྚི་ཥའི་མན་ངག་གི་རིགས་འདྲེས་སོ། །ལིང་གའི་འཁོར་ལོ་དེ་ལྟ་བུ་ནི། བཅོམ་ལྡན་འདས་ 21-1-521 གཤིན་རྗེས་གཤེད་ཀྱི་འཁོར་ལོ་ལ་ཁ་སྤོས་ཀྱང་བྱད་བཟློག་ཕུན་སུམ་ཚོགས་པར་འགྱུར་རོ། ། ༈ བཅོམ་ལྡན་འདས་ཡ་མན་ཏ་ཀ་ལ་ཕྱག་འཚལ་ལོ། །ཤིན་ཏུ་གསང་བའི་མན་ངག་ རླུང་གིས་ཀྱང་ཐོས་སུ་མི་རུང་ངོ༌། །འདི་ཁོ་ནའོ། །འདི་ཙམ་ཁོ་ནའོ། །གསང་བར་བྱའོ་སྦ་བར་ བྱའོ། །དཔེ་མིག་གིས་མཐོང་དུ་ག་ལ་རུང༌། ཡོད་སྐད་ཀྱང་སྨྲ་བར་མི་བྱའོ། །རྟ་སྔོན་པོའི་ཐོད་ པ་གྲས་མེད་ཅིག་དགོས། དཔའ་བོ་གྲིར་བསད་པ་དང༌། ཕུང་ཤུལ་གྱི་ས་བླང༌། ས་སྟེགས་ བྱས་ལ་འབྲུབ་ཁུང་དུ་གྲུ་གསུམ་མཐིང་ནག་བཅོས། གྲི་ཁྲག་དང་བཙན་དུག་བསྲེས་པས་ བྱུག །ཁ་ཁྱེར་ལ་རྩག་དམར་པོས་བསྐོར། རྩངས་ལ་མི་རྟ་ར་གསུམ་གྱི་སྙིང་གི་དུམ་བུ་གང་ རྙེད་དེ་འཛུགས། དང་པོར་ཡི་དམ་དང༌། དེ་རྗེས་གཤིན་རྗེའི་བསྙེན་སྒྲུབ་སྔོན་དུ་སོང་བའི་ རྣལ་འབྱོར་པས། འཁོར་ལོའི་ལྟེ་བ་ལ་ཉེ་སྙིང་ཡི་གེ་བདུན་པའམ། ཡང་ན་བརྒྱད་པ་སྤེལ་ ཚིག་ཅན་འབྲི། དབུས་སུ་ཡ་བཞིའི་ནང་དུ་ཆེ་གེ་མ་ར་ཡ་ལྟེ་བའི་མུ་ཁྱུད་ལ་བསྙེན་སྔགས་ཀྱི་ མིང་ཅན་རྦད་པ་དེ་འབྲི། རྩིབས་བརྒྱད་ལ་ཆོས་རྒྱལ་གྱི་འཕྲེང་སྔགས་གོང་བཞིན་འབྲི། མུ་ ཁྱུད་ལ་བསད་སྔགས་འབྲིའོ། །དེ་འདྲ་ཁ་སྦྱོར་གྱི་ནང་དུ་བྲིས་ལིང་བཅུག །འཁོར་ལོ་དེ་ཡང་ ཟག་རྫས་བསྲེས་པའི་ཉ་བོའི་ཁོག་ཏུ་བཅུག དེ་རྟ་ཐོད་དུ་བཅུག་ལ་འབྲུབ་ཁུང་དུ་བཞག་གོ ། འཁོར་ལོ་དེ་འདྲ་བ་ཚིག་ཁྱེར་གཞན་ཞིག་ཀྱང་བརྒྱངས་ཏེ། དེ་འདྲའི་སྟེང་དུ་ལིང་ག་ གཅིག་བཞག་དགོས་ཏེ་འབྲུབ་ཁུང་དེ་ཁའི་ནང་ངམ་གཞན་དུ་བྲིས་ལིང་ངམ། ཟན་ལིང་ཞིག་ ཀྱང་དགོས། མ་ཧེ་ནག་པོའི་ཐོད་པ་དགོས་པ་བཤད་ཀྱང་མ་རྙེད་ན། གཡག་རོག་གམ་ར་ རོག་གི་ཐོད་པར་བཱ་ཛི་ཁ་ཚར་ཀུ་ཏ་ཏེ་ནག་པོ་གསུམ་གྱི་ཤོ་ནི་ཏ་དང༌། མ་ཧུ་ར་སེར་དཀར་ གཉིས། ར་དུག་སྤྱད་དུག་ཏེ་རྫས་སྣ་བདུན། བསད་པའི་གྲི་མཚོན་གྱི་ལྕགས་ཕྱེ་སོགས་དང་ བསྲེས་པའི་ཐུན་བཞག་སྔགས་ནི་ཉེ་སྙིང་ངམ། སྙིང་པོའམ། རྩ་སྔགས་བརྒྱ་ཙམ་སོང་བའི་ 21-1-522 མཐར་འདི་འདོགས་ཏེ། བཞི་པའི་དང་པོ་མེ་ལ་གནས་པ་ནོར་བུ་མིག་གསུམ་གྱིས་བརྒྱན་ པ་དང༌། མཐར་གནས་གསུམ་པ་མགོ་ལ་མིག་གསུམ་གློད་ནས་དང་པོའི་ལྔ་པ་སྦྱར་བ་ནི་ སྔགས་ཅན་ཟེར། དར་སྔོན་ང་རོ་ཅན་དང༌། དང་པོའི་དང་པོ་ནི་དུང་ཞེས་བྱའོ། ། དེ་ནས་ཐུན་རཀྵ་ཡ་ཡང་དུང་གི་རྗེས་ལ། དུ་ནི་རཀྵ་ཛ་མ་ནི་ཛ་ཐུར་ཁ་ལ་རྦད། དུ་ར་ ཡཀྵ་དགྲ་བོའི་སྙིང་ལ་ཡ། ཞེས་དྲག་ཏུ་བཟླས། བསྙེན་སྔགས་ཟེར་ཡང་རྦད་སྔགས་ཡིན། རྦད་རྟགས་འཕྲལ་དུ་སྲོག་ལ་ཐུམ་རིལ། ལཾ་ལཾ་ལཾ་ཐུམ་རིལ་རྦད། ཁྲག་ཐིབས་ཁཾ་ཁཾ་ཁཾ་རྦད། ཙ་ལ་བྲེང་ཤག་རཾ་རཾ་རཾ་རྦད་ཙི་ཏ་དུན་སྨུགས་ཡཾ་ཡཾ་ཡཾ་རྦད། ལིང་ཤག་སྲོག་ལ་བྲེང༌། རྣི་ཧུར་ ཐུམ་ཏྲི་པིང་ཤཾ་ཀ་ཐུན་རཀྵ་ཡ་ཏྲི་པིང་ཤཾ་ཀ་དུ་ནི་རཀྵ་ཛཿ མ་ནི་ཛཿ་སོགས་རྦད་སྔགས་ཐུཾ་ཐུཾ་ རྦད། ཅེས་པ་བཏགས་ཤིང་བཟླ། གུང་གཉིས་དང་སྲོད་ཐོ་རངས་ཏེ་དུས་བཞི་ལ། འཁོར་ལོ་ རྒྱངས་པ་དང༌། འཁོར་ལོ་མ་དེ་དང༌། ལིང་ག་ལ་ཐུན་བརྡེག་ཅིང་ཕུར་བཏབ་ཀྱི་དམིགས་པ་ རྣམ་འགྱུར་བྱའོ། །བསད་རྟགས་བྱུང་ན་སྐབས་འདིར་འཁོར་ལོ་སྦའོ། །ནང་རྟགས་ནི་ཞག་ གསུམ་ནས་བཅུ་གཉིས་བར་དུ་འོང༌། དེ་རྗེས་ཕྱི་རྟགས་ཟླ་བ་གསུམ་ཚུན་ལ་ངེས་པར་འོང་ བར་བཤད། དེ་ལྟ་ན་ཡང་ཞག་བཅུ་གཉིས་ཀྱི་བར་དུ་ནང་རྟགས་མ་བྱུང་ན། དང་པོའི་ཡི་གེ་ བཞིའི་རྗེས་སུ། ཁ་ཐུན་རཀྵ་ཡ་ལམ་བཞི་དགྲ་བོའི་སྲོག་ལ་ཧུར་ཐུམ་རྦད། ཁམ་བཞི་དགྲ་ བོའི་སྲོག་ལ་ཐིམ་ལོང་རྦད། རཾ་བཞི་དགྲ་བོའི་རྩ་ལ་འབྲིང་ཤག་རྦད། ཡཾ་བཞི་དགྲ་བོའི་ཙི་ ཏ་དུན་སྨུགས་རྦད། རྣི་ཧུར་ཐུཾ་ཐུཾ་ཐུཾ་ལིང་ཤག་སྲོག་ལ་བྲེང་བྲེང་རྦད་ཅེས་ཐུན་དང་ཕུར་པ་ བརྡེག་གོ །དེ་བསད་རྟགས་འབྱུང་བར་ཐེ་ཚོམ་མེད། རྟགས་བྱུང་ན་ལིང་ག་འབུལ་ཏེ། དུང་ གི་རྗེས་སུ་དུ་ནི་ཡཀྵ་རྣི། དགྲ་བོ་རྩ་ལ་རྦད། མ་ཎི་ཛ་དུར་དགྲ་བོའི་སྲོག་ཁ་ལ་རྦད། དུ་ར་ ཡཀྵ་དགྲ་བོའི་སྙིང་ལ་ཡ། ཞེས་མི་བསད་པའི་གྲི་ལ་མང་དུ་བཟླས་ཏེ་ལིང་ག་བསྒྲལ། ཅུང་ ཟད་གཅིག་གཏོར་མ་ལ་ཕུལ། ཅུང་ཟད་གཅིག་རྟ་ཐོད་ནང་དུ་བཅུག །གཞན་རྣམས་སྦྱིན་ 21-1-523 སྲེག་བྱ། འཁོར་ལོ་རྟ་ཐོད་དང་བཅས་པ་ཆུ་མིག་མགོ་དགུ་པའི་དྲུང་དུ་སྦས་ཀྱང་རུང༌། བྲག་ ལ་ཆུ་འཐབ་ཀྱི་འཁོར་དུག་གཏད་ཀྱང་རུང་ཏེ་ཕྱི་རྟགས་འཕྲལ་དུ་འོང༌། ཕྱི་རྟགས་བྱུང་མ་ ཐག་ཏུ་རྟ་སྔོན་གྱི་ཧི་ཡ་གཏང་རག་ཏུ་འབུལ་ལོ། །འདིའི་ལུགས་ཀྱི་སྒྲུབ་པ་ལས་སྦྱོར་བྱེད་ ཚུལ་ཡང་སྤྱི་ཁོག་གོང་དང་འདྲའོ། །ཡང་ན་ལིང་ག་ཉིད་འབྲུབ་ཁང་དུ་བཅུག་སྟེ་བསྒྲུབས་ ནས། མཐར་སྦ་བའི་ཚེ་རྟ་ཐོད་དུ་བཅུག་ཀྱང༌། རུང་ཞེས་གསུང་བ་ལག་ལེན་བདེའོ། །འདི་ དངོས་སུ་ཧ་ལ་ནག་པོའི་ལས་ཚོགས་རང་ཡིན། ཆོས་རྒྱལ་ལྕམ་དྲལ་ལམ་འཁོར་མང་སོགས་ སྒྲུབ་ཐབས་མ་ལ་སྦྱོར་བའི་ཕྱག་སྲོལ་ཡང་ཡོད་པར་སྣང་ཞིང༌། རྣོ་ཁྱད་ནུས་པ་ཆེན་པོ་བྱུང་ བའི་མྱོང་གྲུབ་ཅན་ཡིན་པར་འདུག །རང་ཉིད་བསྙེན་སྔགས་གང་ལ་གཙོ་བོར་བྱས་པ་དེས་ མགོ་དྲངས། གཤིན་རྗེའི་སྔགས་ཐེམས་འབྲུ་ལྔ་པོ་བསྣན་ནས། རྦད་གསང་སྤོགས་ཆོག་ལིང་ སྒྲོལ་གྱི་སྔགས་བཞིན་ནམ་དགོས་སུ་བཟླ་བ་མན་ངག་ཡིན་ནོ། །ཆོས་རྒྱལ་གྱི་མཐུ་ལ་རྣོ་ཁྱད་ བྱེད་ན་འདི་མི་དགོས་ཁ་མེད་ཡིན། བཅོམ་ལྡན་འདས་ཡ་མན་ཏ་ཀའི་འཁོར་ལོ་སྒྲུབ་པ་ལ་ ཡང༌། ལས་སྦྱོར་འདི་བཏགས་པ་དེ་བསྒྲུབས་ན། ཤིན་ཏུ་རྣོ་བ་ཡིན་གསུང་ངོ༌། །ལག་ལེན་གྱི་ གནད་ཕྲ་མོ་རྣམས་བླ་མའི་ཞལ་ལས་རྟོགས་དགོས་སོ་སྨྲས་པ། མཐུ་ཆེན་སྔ་མས་ཡིག་ཆུང་ འཁྲུགས་ཅན་མཛད། །དཀར་ཆག་མེད་པས་ཕལ་གྱིས་རྩད་མ་ཆོད། །བོད་ཀྱི་དཔལ་འཛིན་ ནས་གཟུང་ལས་གཤིན་ལ། །ཡིད་དགའ་བྱེད་མཁན་ཀུན་གྱི་འདི་མ་སྙེད། །ཡུ་བུ་ཟབ་མོའི་ གདམས་ངག་ཐོབ། །ལག་ཏུ་ལེན་ན་ལེན་ལུགས་ཤེས། །མན་ངག་མེད་པའི་རྦད་དགོག་ལ། ། འགྲམ་ཆུ་ལྡང་དགོས་མི་བདོག་གོ ། ༈ ཡང་བྷ་ག་ཝན་བཛྲ་བྷཻ་ར་བ་ལ་ཕྱག་འཚལ་ལོ། །འདི་ཤིན་ཏུ་གསང་བར་བྱའོ། །དམ་ ཚིག་མེད་པ་དང༌། དམ་སྲིད་ལ་བསྟན་ན་ཤིན་ཏུ་ཕུང་བར་འགྱུར་རོ། །ཆོས་རྒྱུད་མི་གཅིག་པ་ དང༌། ལྟ་བ་གཞན་འཛིན་པ་རྣམས་ཀྱིས་མཐོང་བ་དང༌། ཐོས་པ་དང༌། བཟླས་སྒོམ་བྱས་ན་ 21-1-524 ལྷ་སྔགས་འདི་ཁོ་ན། ངན་པ་དེ་དག་ལ་དུག་ཏུ་གྱུར་ཅིག ནད་དུ་གྱུར་ཅིག མཚོན་ཆའི་ཆར་ དུ་གྱུར་ཅིག སློབ་མ་དམ་ཉམས་རྣམས་ལ་རང་གཤེད་དུ་འབབ་པར་གྱུར་ཅིག འདིར་ལས་ ཀྱི་གཤིན་རྗེ་ཧ་ལ་དམར་པོའི་སྒྲུབ་ཐབས་ཀྱི་མན་ངག་ནི་འདི་ཡིན་ཏེ། འདི་ལ་སྐུ་མདོག་ གི་ཁྱད་པར་མ་གཏོགས་བསྙེན་པ་ནག་པོ་དང་འདྲ། སྒྲུབ་པའི་སྔགས་ལ་ཡང༌། དམར་ གཏོར་ཤ་ཁྲག་ཅན་དེ་དམ་རྫས་སུ་བཞག །ཡི་གེ་བརྒྱ་པ་བརྒྱ་ཉི་ཤུ་ཙམ་རེས་མགོ་དྲངས་ ནས། ༀ་དུང་གི་རྗེས་ལ་དུ་དྲི་ཟ་ག་ཡ་ཀ་ཥ་རྦད། སུ་ཆེ་མ་ཁ་དྷར་རུ་རུ་བྲ་བྲ་དུམ་དུམ་ཤིག་ ཤིག་མཱ་ར་ཡ་རྣལ་མ་རྣལ་ཏེ་གསོད་ལ་རྔམ། བཤོ་ལ་མེར་མེར་སྲིས་སྲིས་ལ་ཆུམ་ཐུ་བི་ཐུ་ བི་ལྕགས་ཀྱི་དགྲ་རྦད་ན་ལིང་ཡ་ཡ་རྒྱོབ་རྒྱོབ་མགོ་ལ་ཡ། སྙིང་ལ་ཡ། རྩ་ལ་ཡ་ཞེས་བཟླ་ བ་ཡིན། གཏོར་མ་ལྷག་པོར་ཟན་གྱི་རའི་གཟུགས་ལ། དགུག་གཞུག་བྱས་ཏེ་བསྒྲལ་ནས་ འབུལ། འཁོར་ལོའི་སྐབས་ནག་པོའི་བསྙེན་སྔགས་བསད་སྔགས་ཀྱི་ཚ་བ་ལ་སྔགས་འདི་ ཁོ་ན་འབྲི། འདི་ལ་བསྙེན་པ་དང་བསད་པ་དང་སྤོགས་ཆོག་གི་དབྱེ་བ་མེད། གཅིག་པོ་དེ་ ལ་ཀུན་ཚང༌། གཞན་ཐམས་ཅད་ཧ་ལ་ནག་པོས་རིགས་འདྲེ། སྲོག་བསྒྲུབ་ཡོད་ན་འཁོར་ལོ་ མེད་ཀྱང་ཆོག་སྟེ་འདིར་མ་བཤད་དོ། །ཡང་རྭ་ལུགས་པའི་ཡིག་ཆུང་རྙིང་པ་གཅིག་ན། དྲག་ སྔགས་ཧུར་ཐུམ་སྲོག་ལེན་དམར་པོ་ཞེས་མིང་བཏགས་ཏེ། འབྲུབ་ཁུང་གི་སྟེང་དུ་ལྷ་ངའི་ནང་ དུ་ཐལ་ཆེན་གྱིས་གྲུ་གསུམ་བྲིས། དེའི་ནང་དུ་སྔར་བཤད་པ་ལྟར་གྱི་ལིང་ག་བཅུག རང་གི་ གཡས་སུ་ཡི་དམ་གྱི་མཆོད་གཏོར་དང༌། གཡོན་དུ་ལས་ཀྱི་གཤིན་རྗེའི་མཆོད་གཏོར་སྙིང་སྣ་ དང༌། ཤ་ཁྲག་དང་དར་ནག་གིས་བརྒྱན་པ་ཡང་བཤམས། གོང་དུ་བཤད་པ་ལྟར་གྱི་གཤིན་ རྗེ་ཡབ་ཀྱི་འཁོར་ལོ་དང༌། དེའི་འོག་ཏུ་ལྡིངས་གཅིག་ལ་བྲིས་ལིང་ཞིག་སྔར་གྱི་ཉ་བོའི་སྟེང་ ཐད་རང་དུ། ཕུར་བཞི་ལ་རྒྱངས་ཏེ་ཡོང་བར་བྱ། ཡུངས་དཀར་དང༌། དུག་རིགས་ཀྱི་ཕྱེ་མ་ དང་ཟི་ར་དཀར་ནག་གི་ཐུན་བཤམས། བདག་མདུན་སྔོན་དུ་འགྲོ་བས་ཡི་དམ་གྱི་གཏོར་མ་ 21-1-525 ཕུལ། ལིང་ག་ལ་དགུག་གཞུག་དོས་དྲག་ལ། ཡུན་རིང་བར་བྱས་ཏེ་གཡམ་པས་ཁ་བཀབ། ཐུན་ལ་ཐུན་ཐག་བཏགས་ཏེ། ཡི་དམ་གྱི་རྩ་སྔགས་དང༌། ཀཱ་ལ་རཱུ་པ་ཞེས་པའི་སྔགས་རིང་ བ་སྦྲེལ་བ་ལ། ཧཱུཾ་སེ་ཀཱ་ལེ་ཀུ་ལེ་ཕཊ། ཀུ་ཏེ་མེ་པ་ཅེར་མ་ན་ཕཊ་ཡ། བྷ་སྨི་ཀུ་ཤ་ན་རྦད་ཕཊ། ༀ་ཤྲཱི་མཉྫུ་ཡ་མ་རཱ་ཛ་ཐུམ་སྲོག་ཐུམ་རྦལ་མི། རྦལ་ཏེ་གསོད་ལ་རྔམ་སྲོག་ཆོད་མཱ་ར་ཡ། ཐོད་ པ་གཟུགས་ཕུང་མཱ་ར་ཡ། ཐོད་པ་ཏ་ཀྲེ་ནི་ཐོད་པ་དགྲ་བོ་འཁོར་བཅས་མཱ་ར་ཡ། ཐོད་པ་ཧུར་ ཐུམ་ཏྲ་མ་ཡ་ར་ཙ་བདུན་ཏེ་བདུན་ཏེ་ཁ་ལ་རྦད་ཡ། སྙིང་ཁ་ལ་ཟོ། ཙི་ཏ་དམར་པོ་ཁྲཾ་ཁྲུཾ་ཁ་ལ་ ཧབ་ཧུབ་སོད་ཡ་ཡ། ཞེས་བཏགས་པ་བརྒྱ་ཕྲག་རེ་བཟླ། ཐུན་བཞིའམ་གསུམ་མམ། ནམ་ ཕྱེད་ཉི་ཕྱེད་དེ་ཐུན་གཉིས་བྱས་ཀྱང་རུང༌། དེ་ལྟར་ཞག་བདུན་སོང་ནས་གཞན་སྔར་བཞིན་ ལས། ཡི་དམ་གྱི་སྔགས་བརྒྱ་ཙམ་རེ་བཟླས་པའི་རྗེས་སུ། དྲག་སྔགས་འདི་ཁོ་ན་ལན་བདུན་ གྱི་བར་དུ་བཟླ་ཞིང་ཐུན་གྱིས་བྲབ་བོ། །ཡང་སྔར་བཞིན་ལིང་ག་ཁ་བཅད་དོ། ། ཉི་ཕྱེད་དང་ནམ་ཕྱེད་དང་ཐོ་རངས་ཀྱི་ཐུན་གསུམ་བྱ། ཟླ་བ་ཕྱེད་ཀྱིས་འགྲུབ་པར་ བཤད། སྒྲུབ་པ་དང་ལས་སྦྱོར་སྤྱི་ཁོག་དཀྱུས་དང་འདྲ། འདིའི་དཔེ་རྙིང་མ་ལས་ནི་དམར་ པོ་ཁྲག་མདོག་གི་ལས་ཚོགས་ཡིན་ཟེར་བ་ཡོད་དེ། དེ་ལ་སྦྱར་ཡང་མི་འགལ་མོད་སྔགས་ ཀཱ་ལ་རཱུ་པ་ཡིན་པས། ཡ་མ་མཐིང་ཁ་ཉིད་ཀྱི་ལས་ཚོགས་ཡིན། ཤན་པ་རེག་གཅོད་ཟེར་རོ། ། འདིའི་ཡིག་ཆུང་རྙིང་པ་དེ་རྗེ་བཙུན་རྡོ་རྗེ་གྲགས་པའི་གསུང་ཡིན་ཟེར་བ་ཡོད་ཀྱང༌། གསུང་ དངོས་མིན། དེ་ལས་བྱུང་བའི་མན་ངག་རྭ་ཤེས་རབ་རྒྱལ་མཚན་གྱིས་གསུང་ཡིན་པར་སེམ་ མོ། ། འདི་ཧ་ལ་ནག་པོ་དང་འབྲེལ་བར་མངོན་ཡང༌། རྩ་བའི་སྒྲུབ་ཐབས་ལ་ཀ་སྦྱོར་རྒྱུ་ཡིན་ གསུང་ངོ༌། །འདི་ལ་རྒྱ་སྟོན་གྱིས་ཐུགས་རྩིས་སུ་མཛད་འདུག་པས་འདིར་ཡང་བཀོད་པའོ། ། ཡང་ཆོས་རྒྱལ་ཁྲག་མདོག་ལྕམ་དྲལ་དང༌། མ་རུ་རྩེ་བཞི་སྐོར་གྱི་ལས་ཚོགས་ནི། འདིར་བྲི་ 21-1-526 མི་ལང་ཡིག་རྙིང་དུ་བལྟ་བར་བྱའོ། །གཏོར་ཆོག་དང་གཏོར་བཟློག་བྱེད་ཚུལ་ནི་གཞན་དུ་ བཤད་ཟིན་ཏོ། །དེ་དག་ནི་དཀྱུས་ཀྱི་མན་ངག་མ་ཡིན་ཀྱང་དཀྱུས་ལ་ཤིན་ཏུ་ཕན་འདོགས་ པའི་མན་ངག་གོ །འཕྲོས་དོན་གྱི་སྐབས་ཏེ་བརྒྱད་པའོ། ། དེ་ལྟར་དོན་ལག་ལེན་མངོན་རྟོགས་ཀྱི་ཚུལ་དང་རྒྱས་པར་བཤད་ཟིན་པས། ད་ནི་ ཆོས་ཀྱི་རྒྱལ་པོའི་དྲག་པོའི་ཚིག་དོན་ཉིད་ཅུང་ཟད་བཤད་པར་བྱའོ། །འདི་མན་ངག་ཤིན་ ཏུ་གསལ་བར་བྱས་པའི་གཞུང་ཉིད་ཀྱི་ཕྱིར་སྔོན་ཕལ་ཆེར་ལ་གསང་བ་ཞིག་ཡིན་པར་སྣང་ བས་དཔེ་རྙིང་རྣམས་ལ་རྒྱ་སྐད་བོད་སྐད་ཀྱིས་མཚན་སྨོས་པ་དང་འགྱུར་གྱི་ཕྱག་མེད་དོ། ། གཞུང་དངོས་ལ་མཆོད་པར་བརྗོད་པ་དང༌། ཆོ་ག་དངོས་དང༌། ཐུན་མོང་མ་ཡིན་པའི་དམ་ ཚིག་བསྟན་པ་སྟེ་གསུམ་ལས། དང་པོ་ནི། འཆི་བ་ཡི་དྭགས་རྒྱལ་པོ་ནི། །འཆི་བདག་བདུད་ ཅེས་བྱ་བ་སྟེ། །ཞེས་པ་ནས་གཙིགས་པ་ཅན་ལ་ཕྱག་འཚལ་ལོ་ཞེས་པའི་བར་ཏེ། འཆི་བ་ སོགས་ཚིག་རྐང་གསུམ་གྱིས་ལྷ་འདི་ཉིད་ངོས་བཟུང་ཞིང་མཚན་བསྟན་ཏེ་ངོ་བོ་ནི་ཀུན་གྱི་ གསོད་བྱེད་དེ་མཚན་ནི་འཆི་བདག་གོ །དེ་ཡང་སེམས་ཅན་དེ་རྣམས་ཉིད་ཀྱིས་ལས་ལས་ འགྲུབ་པའོ། །ལུས་དང་སོགས་རྐང་པ་གཉིས་ཀྱིས་དེའི་ཁྱད་ཆོས་ནི་འགྲོ་བ་ཀུན་ལ་གནས་ པར་བསྟན། ཕུང་པོ་སོགས་གཅིག་གིས་བྱེད་ལས་བསྟན་ཏེ། ཡང་དཔེ་འགའ་ཞིག་ལ་ལུས་ ཀྱི་བདུད་ཅེས་ཡོད་པ་ལྟར་ན་ལུས་སྔ་མ་འཇོམས་པའི་དོན་ནོ། ། ཕུང་པོ་ཉིད་འཚམས་སྦྱོར་ཅེས་པས་ལས་དགེ་སྡིག་དང་མཐུན་པར་འགྲོ་བ་དྲུག་ཏུ་སྐྱེར་ འཇུག་པའོ། །དེ་ཞུགས་པའི་རྟགས་ནི་འཇིགས་པ་དེའི་སོགས་ཏེ་ཕྱོགས་ཀུན་ནག་པོར་སྣང་ བ་དང་དྲི་ངད་མི་ཟད་པ་འབྱུང་བའོ། །དེས་ན་ཞེས་སོགས་གཉིས་ནི་འགྲོ་བ་རྣམས་ཀྱི་ལྟག་ པའི་འདུད་སྒོ་གཤིན་རྗེའི་གནས་ཡིན་ཅེས་པ་སྟེ། འཆི་བའི་ཚེ་གནད་འབྲལ་བའི་ཐ་མ་དེ་ལ་ ཐུག་པའོ། །གཙིགས་པ་ཅན་ནི་མཆེ་བ་གཙིགས་པ་སྟེ་འཇིགས་པའི་གཟུགས་སོ། ། 21-1-527 གཞུང་གཉིས་པ་ཆོ་ག་དངོས་ལ་ཆོས་རྒྱལ་རྐྱང་པ་སྒྲུབ་པ་དང༌། ཡབ་ཡུམ་སྦྲགས་ཏེ་ སྒྲུབ་པའོ། །དང་པོ་ནི། དེ་ལ་འཆི་བདག་སྐྱེས་བུའི་གཟུགས་ཞེས་པ་ནས། རང་གི་བདུད་ཀྱི་ དབང་དུ་འགྱུར་ཞེས་པའི་བར་ཏེ། འདིར་རྩ་བའི་བསྙེན་པ་དང་ཉེ་བསྙེན་གྱི་གཞུང་འདྲེས་ མར་གསུངས་སོ། །དེ་ལ་གསུམ་སྟེ། བསྙེན་པ་དང༌། སྒྲུབ་པ་དང༌། ལས་ལ་སྦྱོར་བའོ། །དང་ པོ་ནི། བཟླས་བརྗོད་བཅས་པའི་ཚུལ་དག་གིས། །ཞེས་ཉེ་བསྙེན་གྱི་དུས་སུ་བཤད་པ་ཡིན་ ཀྱང༌། ཚིག་ཟུར་ལ་རྩ་བའི་བསྙེན་པ་བྱུང་སྟེ་ཉེ་བསྙེན་གྱི་བཟླས་བརྗོད་དེ་ཡང་སྔོན་རྩ་བསྙེན་ གྱི་བཟླས་བརྗོད་བྱས་ཟིན་པ་དེ་ལྟ་བུའི་ཚུལ་ཅེས་འབྱུང་བས་སོ། །ཐོག་མ་མཐའ་དང་ཡང་ དག་ལྡན། །བཅུ་བཞིས་ཕྱེ་བ་བསྙེན་པ་ཡིན། །ཅེས་པས་རྩ་བསྙེན་གྱི་སྔགས་དང༌། མངོན་དུ་ གྱུར་ནས་བ་གླང་བྱིན། །ཅེས་པས་རྩ་བསྙེན་གྱི་གཏོར་ཆོག་བསྟན་པ་ཡིན། གཞན་དུ་ན་བྲིས་ སྐུ་ལ་བརྟེན་པའི་ཉེ་བསྙེན་གྱི་གཏོར་འབུལ་ཁོ་ན་ཀ་ཡིན་ན། གྲུབ་ཏེ་མངོན་དུ་གྱུར་པ་ན། ཤ་ ཆེན་གཏོར་མ་ཆེན་པོ་སྦྱིན། །ཅེས་གསུངས་པ་དང་ཟློས་པར་འགྱུར་པའི་ཕྱིར་རོ། །སྔགས་ ཀྱི་གཞི་འགོད་པ་དང་གཏོར་སྔགས་ནི་རྩ་བསྙེན་ཉེ་བསྙེན་གཉིས་ཀ་ལ་འཇུག་གོ །ལྷག་ མ་རྣམས་ཉེར་སྒྲུབ་ཀྱི་གཞུང་ཡིན་ནོ། །དེ་ལྟར་ན་འདིར་བྲིས་སྐུ་འབྲི་ཚུལ། བྲིས་སྐུའི་རབ་ གནས། བསྙེན་པའི་ཚུལ་ཏེ་གསུམ་ལས། དང་པོ་ནི། དེ་ལ་འཆི་བདག་སྐྱེས་བུའི་གཟུགས། ། ཞེས་པ་ནས། མ་ཧེ་དག་ལ་གནས་པ་བྲི། །ཞེས་པའི་བར་ཏེ། ཁྲུ་གང་ཞེས་པ་སྐུ་གཟུགས་ ཀྱི་ཚད་དང༌། ཡི་དྭགས་གོས་ནི་རོ་རས་ཀྱི་མིང་ངོ༌། །འདིར་རལ་པ་གྱེན་བརྫེས་དང༌། མཆེ་ བ་གཙིགས་པ་ཞེས་པ་ལས་གཞན་ཞལ་བཞིན་གྱི་མཚན་ཉིད་གང་ཡང་མ་གསུངས་པས། ཁྲོ་ ཞལ་དང་མ་ཧེའི་ཞལ་གཉིས་ཀ་ཡང་འདིའི་ཁོངས་སུ་འདུས་སོ། །གཤིན་རྗེའི་དབྱུག་པ་ནི་ དབྱུག་པ་ནག་པོ་མི་མགོས་བརྒྱན་པའམ། བཾ་དབྱུག་ཡིན་པ་ལས། འདིར་སྔ་མ་སྟེ་མི་མགོ་ ཡང་སྐམ་པོའོ། །དེ་ཡང་ཡེ་ཤེས་ཀྱིས་ལྷ་ཉིད་ཀྱི་ཕྱིར་རྡོ་རྗེས་མཚན་པར་བྱ་ལ། ཞགས་པ་ 21-1-528 ཡང་གཤིན་རྗེའི་ཞགས་པ་ནག་པོ་སྟེ་རྒྱུ་ཞགས་དང༌། སྦྲུལ་ཞགས་སོགས་བློ་ལ་མཚོན་ཚད་ འབྲི་བར་མི་བྱ་ཞིང་རྡོ་རྗེས་མཚན་པ་ནི་དགོས་སོ། །མ་ཧེ་དག་ལ་ཞེས་པའི་གཉིས་ཚིག་ གིས་མ་ཧེ་ཕོ་མོ་གཉིས་སུ་བྱེད་པའང་མི་འགལ་ལ། འོན་ཀྱང་གཅིག་ལའང་སྐབས་འགར་ དམིགས་གསལ་དུ་གཉིས་ཚིག་འཇུག་ཅིང་མན་ངག་གི་རྒྱུན་ཐམས་ཅད་ལ་གཅིག་ཉིད་དོ། ། རྒྱ་སྟོན་གྱི་ཡིན་པར་བྱེད་པའི་མཆན་བུ་ན་དག་ཅེས་པས་ཡབ་ཡུམ་གཉིས་ཀར་མ་ཧེ་ གཅིག་ལ་བཞུགས་པ་ཟུར་གྱིས་བསྟན་ཟེར། དེ་ལྟར་ན་མ་ཧེར་གནས་པ་དག་འབྲིའོ། །ཞེས་ འདོན་དགོས། གཉིས་པ་རབ་གནས་ནི། དེ་ནས་རྣལ་འབྱོར་ཆེན་པོ་ཡིས། ཞེས་པ་ནས་ཡི་གེ་ བཅུ་གཅིག་པའི་སྔགས་རྫོགས་ཀྱི་བར་རོ། །དཔེ་མང་པོ་ལས། ཞི་གནས་བྱ་ཞེས་འབྱུང་བ་ནི། བདག་བསྐྱེད་ལ་སེམས་གནས་པའི་དོན་དུ་འཆད་པ་ཡོད་ཀྱང་དཔེ་འགའ་ལས་རབ་གནས་ བྱ་ཞེས་འབྱུང་བ་དག་གོ ། ཡང་ན་ཏིང་འཛིན་རྣམ་གསུམ་ཞེས་པའི་ཏིང་ངེ་འཛིན་གྱི་སྐད་དོད་ས་མཱ་དྷི་ལ་མགྱོགས་ ཆོས་བྱས། ཡི་གེ་མ་དག་པར་དྷ་ཏ་ཏུ་ནོར་ན་ཡང་ན་ས་ཏི་རྣམ་གསུམ་ཟེར་བ་ལ་གོ་བ་མེད་དོ། ། དོན་ནི་ཡང་ན་ཞེས་པ་སྔ་མ་ལས་འདམ་ཁའི་ཁྱད་པར་སྟོན་པའི་ཕྱིར་སྔ་མ་མདུན་དུ་གནས་ ལ་ཞེས་པས་མདུན་དུ་གནས་པའི་བྲིས་སྐུ་སྐད་ཅིག་གིས་བསྐྱེད་པ་ལ་རབ་གནས་བྱ་བར་ གསུངས་ནས། འདིར་དེ་ལས་གཞན་ཡང་ན་ཏིང་འཛིན་གསུམ་ལས་བསྐྱེད་ཅེས་པ་སྟེ། ཏིང་ ངེ་འཛིན་གསུམ་ནི་རྭ་བ་རྣམས་ས་བོན་དང༌། ཕྱག་མཚན་དང་ལྷ་སྐུའི་རིམ་པས་བསྐྱེད་པའོ་ གསུང༌། དེའི་ནང་གི་ས་བོན་གང་ཞེ་ན་ཧཱུཾ་ལས་ནག་པོ་ཆེན་པོ་སྟེ། ཞེས་གཤིན་རྗེ་འདི་མགོན་ པོའི་ངོ་བོར་བསྒྲུབས་ན་ཧཱུཾ་ལས་བསྐྱེད། གཤིན་རྗེ་འབའ་ཞིག་ཏུ་བྱེད་ན་ཡ་ལས་བསྐྱེད་ པའོ། །ཞེས་ཀྱང་འདོད་མོད་ཧཱུཾ་ལས་བསྐྱེད་པ་ནི་ཡེ་ཤེས་པའི་དོན་ཡང་ཡིན་ནོ། །གཉོས་ འགར་ཕྱོགས་ཀྱི་ཡིག་ཆུང་གཅིག་ན། ཏིང་འཛིན་གསུམ་ནི་དམ་ཚིག་པ་བསྐྱེད་པ། ཡེ་ཤེས་ 21-1-529 པ་བསྟིམ་པ། དབང་བསྐུར་བའོ། །ཞེས་ཀྱང་འཆད་པ་འདི་དངོས་འདོམས་ཆེ། དེ་ལྟར་ན་ དེའི་དམ་ཚིག་པ་བསྐྱེད་པ་ནི་ཧཱུཾ་ལས་ཞེས་སྦྱོར་རོ། །ཡི་གེ་བཅུ་གཅིག་པ་བརྗོད་པ་ནི་ཡང་ན་ སྙིང་པོའི་སྔགས་ལ་བསྐྱེད་ཀྱང་ཆོག་པའི་དོན་ཡིན་ཟེར་ཡང་རབ་གནས་ཀྱི་སྔགས་ཀྱི་མངའ་ དབུལ་ཡང་ཞོར་ལ་བསྟན་ནོ། ། བྲིས་སྐུ་དང་རབ་གནས་གཉིས་ཐོག་མར་སྟོན་པ་ནི་བསྙེན་སྒྲུབ་ལས་གསུམ་ཆར་གྱི་ སྐབས་སུ་དགོས་པའི་ལྷའི་རྣམ་པ་དང་བསྐྱེད་ཆོག་ཐོག་མར་ཤེས་པའི་ཕྱིར་རོ། །གསུམ་པ་ ལ། ཉེ་བསྙེན་གྱི་གནས་དང༌། བཟླས་པ་དང༌། རྟགས་དང༌། བསྙེན་པ་གཉིས་ཀྱི་ཐུན་མོང་ གི་བྱ་བའོ། །དང་པོ་ནི། དུར་ཁྲོད་སོགས། གཉིས་པ་ནི་བཟླས་བརྗོད་སོགས། གསུམ་པ་ནི་ ཧ་ཧ་སོགས། བཞི་པ་ལ་རྩ་བའི་བསྙེན་པའི་གཏོར་མ། སྔགས་ཀྱི་གཞི། བསྙེན་པ་གཉིས་ཀྱི་ སྔགས་ཀྱི་ཁྱད་པར། ཉེ་བསྙེན་གྱི་གཏོར་མ། གཏོར་མའི་རྒྱུ་གཏོར་སྔགས། ཚོགས་ཀྱི་མཆོད་ པ་རྣམས་སོ། །དང་པོ་ནི་སྔོན་དུ་སོགས་ཏེ། བསྙེན་པའི་རྟགས་བྱུང་ནས་ཞེས་པའི་དོན་ནོ། ། གཉིས་པ་ནི་དེ་ལ་བསྙེན་པའི་ཞེས་པ་ནས་ཕཊ་ཕཊ་སྭཱཧཱའི་བར་རོ། །དཔེ་རིང་འགའ་ལས་ བྷ་སྨཱི་ཨ་ཀྲོ་ཏ་ཧཱུཾ་ཟེར་བའང་འདུག་སྟེ་དཀྱུས་ཉིད་དག་གོ །གསུམ་པ་ནི་ཐོག་མ་སོགས་ཏེ་ འདི་ལ་སྦ་ལུགས་རྙིང་པ་རྣམས་སྔགས་ཀྱི་ཐོག་མའི་སྡེ་པ་དང་ཐ་མའི་སྡེ་པའི་ཡི་གེ་ཡོད་པ་ ལ་དབུས་ནས་ཡི་གེ་བཅུ་བཞིའི་ཕྱུང་བ་ནི་རྩ་བའི་བསྙེན་པའི་སྔགས་ཡིན་ལ། བཅུ་བཞི་པོ་དེ་ ཡང་གང་ཞེ་ན་ན་ར་སི་དྷ་ཡེ་སརྦ་བྷུ་ཏ་ཨ་དྷི་པ་ཏ་ཡེ། ཞེས་པ་ཡིན་པར་བཞེད་དོ། ། རྒྱ་སྟོན་ནི་མཧཱ་རོ་ཥ་ཎ་ན་ར་སི་དྷ་ཡེ་སརྦ་བྷུ་ཏ་ཞེས་བཅུ་བཞི་སྟོན་པར་བཞེད་དོ། །བོད་ ཀྱི་དཔལ་འཛིན་ནི་ཐོག་མར་དང་ཐ་མ་སྡོམ་པའི་ཡི་གེ་བཅུ་བཞིའི་གུད་དུ་ཕྱུང་བ་ཉིད་ཡིན་ ཅེས་པ་དང༌། དེ་ཡང་བསྙེན་སྔགས་ཡིན་མི་གསུང་བར་སྙིང་པོ་ཡིན་ཟེར། བར་གྱི་ཡི་གེ་ རྣམས་མ་སྟོན་པའི་ཡོངས་རྫོགས་དེ་ཡང་ཉེ་བསྙེན་གྱི་སྔགས་ཡིན་མི་ཟེར་བ་ཉེ་སྙིང་ཡིན་ 21-1-530 ཅེས་འཆད་དོ། །འདིར་ལུགས་དང་པོ་བཟང་ངོ༌། །ལུགས་བར་པ་ཡང་ཅུང་མི་ལེགས་ཏེ། སརྦ་བྷུ་ཏ་འབྱུང་པོ་ཐམས་ཅད་ཨ་དྷི་པ་ཏ་ཡེ་མངའ་བདག་སྟེ་འབྱུང་པོའི་བདག་པོའི་དོན་ ཡིན་པ་ལ། སརྦ་བྷུ་ཏ་ཞེས་པ་བཞག་ན་ཨ་དྷི་པ་ཏི་ཡོད་ཀྱང་སུས་བདག་པོ་ཡིན་མ་བྱུང་བས་ དོན་མི་སྟོན་ནོ། །ཕྱི་མ་ཡང་མི་འཐད་དེ། ཡི་གེ་བཅུ་བཞིའི་གསུངས་པ་ལ་བཅོ་ལྔ་བྱུང་བས་ མ་འགྲིག་ནས། ༀ་སྤྱི་འགྲོ་ཡིན་པས་བཅུ་བཞིའི་ནང་ལ་མི་ཐེ་ཡང་བསྣན་ཅེས་ཟོལ་འཇོག་ གི་སྐྱོན་སྤོང་བྱེད་དགོས་བྱུང་བའི་ཕྱིར་དང༌། ༀ་སྤྱི་འགྲོ་ཡིན་ན་ཧཱུཾ་ཡང་སྤྱི་འགྲོ་མ་ཡིན་པའི་ རྒྱུ་མཚན་མེད་པའི་ཕྱིར་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་ཞེས་པ་དཔེ་མང་པོ་ལ་ཡོད་པ་ལྟར་ན་འགྲིག་ ཀྱང༌། འགའ་ཞིག་ཏུ་ཧཱུཾ་གཉིས་ཕཊ་གཅིག་དང༌། འགའ་ཞིག་ཏུ་ཧཱུཾ་གཅིག་ཕཊ་གཅིག་ཀྱང་ འདུག་པ་དེ་དག་ཀྱང་ཅིག་ཏུ་དགག་པར་དཀའ་ན། དེ་དག་ལ་མི་འགྲིག་པ་དང་ཐོག་མཐའ་ བསྡུ་བའི་ཚུལ་འདི་ལྟར་ཡིན་ན་གོང་གི་ཡི་གེ་བཅུ་གཅིག་པ་གཤིན་རྗེའི་གདོང་གི་སྔགས་སུ་ གྲགས་པ་དེ་དང་ཧཱུཾ་ཕཊ་ལྷག་པོ་དེ་རང་སྭཱཧཱ་བསྣན་པའི་ཁྱད་ཙམ་ལས་མི་འདུག་པས་སྔོན་ དུ་གསལ་བར་བརྗོད་ཕྱིན་འདིར་གབ་པའི་ཚུལ་གྱིས་བསྟན་དགོས་མི་འདུག་པའི་ཕྱིར་རོ། ། འདི་ལ་རྭ་བ་རྣམས། ཐོག་མ་མཐའ་དང་ཡང་དག་ལྡན། །བཅུ་བཞི་ཕྱེ་བ་བསྙེན་པ་ཡིན། ། རིམ་པ་བཞིན་དུ་མ་ཕྱེ་བ། །ཉེ་བའི་བསྙེན་པ་ཡིན་པར་ཤེས་ཞེས་འདོན་མོད། སྐྱོ་བ་རྣམས། ཐོག་མཐའ་ཡང་དག་ལྡན་པ་ལ། །བཅུ་བཞི་ཕྲལ་བ་བསྙེན་པ་ཡིན་ཅེས་འདོན་པ་དངོས་གོ་བ་ གསལ་བ་བྱུང་སྟེ། གང་ལྟར་ནའང་ཐོག་མ་དང་ཐ་མའི་ཡིག་འབྲུར་ལྡན་ཏེ་ཡོད་པ་ལ། དབུས་ ནས་ཡི་གེ་བཅུ་བཞི་པའི་བར་འཕྲལ་ཞིང་མེད་པར་བྱས་པ་ནི། བསྙེན་པ་ཉེ་བསྙེན་གཉིས་ཀྱི་ ཟླས་ཕྱེ་བའི་བསྙེན་པ་སྟེ། རྩ་བསྙེན་གྱི་སྔགས་ཡིན་ཅེས་པ་གཞུང་དོན་ལ་བཞུགས་ཀྱི། ཐོག་ མཐའི་བཅུ་གཉིས་པོ་བར་གྱི་ཡི་གེ་བཅུ་དགུ་ལས་ལོགས་སུ་བཀར་བ་ཡིན་ཅེས་པའི་དོན་མ་ ཡིན་ནོ། ། 21-1-531 དེ་འདྲ་ཡིན་ན་ཐོག་མཐའི་བཅུ་བཞིའི་ལོགས་སུ་བྱས་པ་བསྙེན་པ་ཡིན་ཅེས་པ་མཐར་ གྱི་ཐོག་མཐའ་དང་ལྡན་ཞེས་གསུང་བར་མི་འགྱུར་ཏེ། ཐོག་མཐའ་དང་ལྡན་ཅེས་པས་བཅུ་ བཞི་དང་མི་ལྡན་པར་སྟོན་པའི་ཕྱིར་དང༌། ཕྱེ་བ་དང་བྲལ་ཞེས་པ་ལོགས་སུ་བཀར་བའི་ མིང་ཡིན། དེ་ཡང་བར་བཞག་པ་ལ་ཟེར། དཀྱུས་ལ་རྒྱུན་དུ་འདོན་རྒྱུ་དེ་ཚུར་བླངས་པ་ཡིན་ གྱི། ཕར་བཀར་བ་ག་ལ་ཡིན། དེས་ན་དཔལ་འཛིན་ལྟར་ན། བཅུ་དགུ་ཕྱེ་བ་སྙིང་པོ་ཡིན་ ཟེར་དགོས་སོ། །དེའི་ཕྱིར་མི་ལེགས་སོ། །གཞན་ཡང་བསྙེན་པ་དང་ཉེ་བསྙེན་ཅེས་པ་སྙིང་ པོ་དང་ཉེ་སྙིང་ཞེས་པར་བཅོས་པ་ནི་ཧ་ཅང་མི་རིགས་པའི་དབང་ཆེ་ཐལ་ཆེས་པའོ། །བཞི་པ་ ནི་གྲུབ་སྟེ་སོགས་ཏེ་ཉེ་བསྙེན་གྱི་རྟགས་བྱུང་ན་སྔགས་གྲུབ་པའི་ལྟས་ཡིན་པས་སོ། །ལྔ་པ་ནི་ ཤ་ཆེན་སོགས་སོ། །དྲུག་པ་ནི་བསྙེན་སྒྲུབ་ལས་གསུམ་ཐམས་ཅད་ཀྱི་ཐུན་མོང་བ་སྟེ། ༀ་ཀ་ ལ་སོགས་གཏོར་སྔགས་ཉིད་དོ། ། བདུན་པ་ནི་ཚོགས་ལ་སོགས་ཞེས་པ་སྟེ་ཉེར་བསྒྲུབ་ཐོན་པའི་གཏང་རག་གོ །གཉིས་ པ་སྒྲུབ་པ་ནི། དེ་ལྟར་གྲུབ་ནས་ལས་བྱས་ཏེ། །ཞེས་པ་ནས་བྷན་དྷ་དེ་ནི་བསྡམ་པར་བྱ༌། ། ཞེས་པའི་བར་རོ། །དེ་ལ་དབྱེ་ན་ཐོད་པའི་མཚན་ཉིད། ཞལ་དབྱེ་བཞེངས་ཚུལ་འཁོར་ལོ་ འབྲི་བ། འཁོར་ལོའི་བཅའ་ཐབས་རྣམས་སོ། །དང་པོ་ནི་དེ་ལྟར་སོགས་ཚིག་རྐང་གསུམ་ མོ། །མཚན་ངན་ཞེས་པ་དང་བཟང་པོ་ཞེས་པ་འགལ་ལོ་སྙམ་ན། མི་འགལ་ཏེ། དེ་ཉིད་ལ་ ལྟོས་པའི་བཟང་པོ་ནི་ནུས་པ་ཆེའོ། །དཔེ་ཕལ་ཆེར་ན་དུམ་བུ་གཅིག་གམ་གཉིས་པ་ལ། ཞེས་ འབྱུང་ཞིང༌། ཕྱིས་ཀྱི་གསལ་བྱེད་རྣམས་ཀྱིས་ཀྱང་དེ་ལ་འབྲུ་བསྣན་མོད། ཡི་གེ་མ་དག་པ་རྒྱ་ འབྱམས་ཡིན་ནོ། །སྔོན་གྱི་དཔེ་རྙིང་དག་པ་ན། དུམ་བུ་དྲུག་གམ་བརྒྱད་པ་ལ། །ཞེས་པ་ཡོད་ དོ། །གཉིས་པ་ནི་དཔྲལ་བའི་ངོས་ནས་སོགས་ཚིགས་རྐང་དྲུག་གོ །བཻ་བ་སཱ་ཏ་ན་ཉི་མའི་ བུ་སྟེ་ལས་ཀྱི་གཤིན་རྗེ་ཉིད་ཀྱི་མིང་ངོ༌། །རྟོག་པ་འདི་ཉིད་ཀྱི་དངོས་བསྟན་ལྟར་ན་རོ་རས་ 21-1-532 ལ་གཤིན་རྗེའི་སྐུ་བྲིས་ནས་མ་ཐོད་རྐན་གྱི་ཕྱོགས་ལ་ཀླན་པས་ཆོག་པར་གསུངས། ཐོད་པ་ དངོས་ལ་གསལ་འདེབས་པའི་ཚེ་རུས་གཟུགས་ལ་ལྟོ་བ་ཡན་ལས་མི་གསལ་ཡང་ཀླད་ཁུང་ གི་རྒྱབ་ལྟག་པའི་ཕྱོགས་སུ་སྐུ་སྨད་ཞབས་དང་བཅས་པ་ཡང་མཚོན་བྱེད་ཙམ་བྲི། རས་ལ་ འབྲི་ན་སྐུ་ཡོངས་རྫོགས་ཆ་ཚད་ལྡན་པར་བྲིས་ནས། ཀླད་ཁུང་གི་མདུན་རྐན་གྱི་ཕྱོགས་ཁོ་ ན་ལ་སྦྱར་བས་ཆོག །སྔོན་བཞི་ཞེན་ཅེས་པ་ནི་སྐུ་མདོག་ཕྱག་མཚན་བྲིས་སྐུའི་སྐབས་ལ་ཁ་ འཕངས་པ་ཡིན། དེར་ཞབས་སྟབས་མི་གསལ་བས་འདིར་ཞབས་གཉིས་བསྒྲད་པའི་རུས་ སྦལ་གྱི་སྟབས་བྲི། བརྐྱང་བསྐུམ་ནི་མི་ལེགས་སོ། །དངོས་བསྟན་དེ་ལྟར་ཡིན་ཀྱང་དོན་ ཤུགས་ལ་རུས་ཚུགས་ཉིད་ལ་གསལ་འདེབས་པ་ཡང་བསྟན་ཏེ། འདི་རྣོ་བ་ཡང་གྲགས་སོ། ། དེ་ལྟར་ན་ཞལ་རས་ལྷག་པར་ཆེ་ཞིང་སྐུ་ལུས་ཆུང་ཕྱག་ཀྱང་ཧ་ཅང་མི་གསལ་བས་ཕྱག་ཡོང་ བའི་ས་དེར་ཕྱག་མཚན་བྱེད་ཙམ་ཕྱག་མཚན་དང་བཅས་པའམ། སྤར་བ་གདེངས་པ་གང་ ལྟར་བྱས་ཀྱང་འདྲའོ། །རུས་ཚུགས་ལ་མ་ཧེའི་ཞལ་གྱི་རྣམ་པ་མི་འབྱུང་བས། འདིས་ལས་ གཤིན་ཁྲོ་ཞལ་ཡང་བསྟན་པ་ཡིན་ནོ། ། གསུམ་པ་ནི་སྤྱི་བོའི་ངོས་ཀྱི་སོགས་ཏེ་སྟཾ་བྷ་ཡ་ཧཱུཾ་ཕཊ་ཀྱི་བར་རོ། །སྙུ་གུ་དང་སྣག་ཚ་ནི་ གཤིན་རྗེའི་གཟུགས་ཀྱི་སྐབས་སུ་བཤད་མ་ཐག་པ་དེ་ཉིད་ཀྱིས་བྱ། རྩིབས་བརྒྱད་ཅེས་པ་ རེ་མིག་ཉིད་རྩིབས་ཡིན་གྱི་རྩེ་མོ་ཅན་གྱི་རྩིབས་མི་དགོས་སོ། །སྔགས་འགོད་ཚུལ་ནི་གོང་ དུ་བཤད་པ་ལྟར་གྱི་མན་ངག་ལས་གཞན་དུ་མེད་ལ། དཔེ་མང་པོ་ན་ཏྲོ་ས་ཡ་ཞེས་པ་ནི་མ་ དག་སྟེ། གལ་ཏེ་ཏྲོ་ཡིན་ན་ཏྲོ་ཊ་ཡ་ཞེས་ཟེར་དགོས་ཀྱང་ཕལ་ཆེར་དུ། ཏྲ་ས་ཡ་འབྱུང་བ་ལ་ ལག་ལེན་མཛད། ཙཀྵ་བཛྲེ་ཎ་ཞེས་པ་ལ་འགའ་ཞིག་ཏུ་ཙནྚ་བཛྲེ་ཎ་དང༌། ལ་ལར་ཙཀྲེ་བཛྲེ་ ན་དང༌། ལ་ལར་ཙ་ཀྲ་ན་བཛྲེ་ན་ཟེར་བ་ཡོད་ནའང་དཀྱུས་བཞིན་བྱ། དཔེ་འགའ་ཞིག་ཏུ་གྷོ་ བྷི་ཏྲ་པ་ཡ་བྷི་ཏྲ་པ་ཡ་ཟེར་བ་འདུག་པ་ལྟར་ན་བི་དྲ་བཱ་ཡ་ཟེར་རྒྱུར་འདུག ལ་ལ་ན་བི་ཏྲ་པ་ཏྲ་ 21-1-533 ཡོད་དེ་ལྟར་ན་གཟའི་སྔགས་ཡིན་མོད་ཀྱི་འོན་ཀྱང་དཀྱུས་ཉིད་འཐད་པར་བྱ། ཨརྒྷཾ་པཱ་ཞེས་ པ་ལ་དཔེ་ལ་ལར། ཨ་ཀཪྵ་ཡ་ལན་གསུམ་གཉིས་སུ་བྱས་པའང་ཡོད། དེ་འདྲ་མདོག་ཁ་བ་ གཅིག་བྱུང་ཀྱང་གོང་གི་རུ་དྷི་ར་དང་སྦྲེལ་རྒྱུར་འདུག་པས། རུ་བི་དྷི་ར་ཨརྒྷ་པཱ་བྱས་ན་ཁྲག་ གི་མཆོད་ཡོད་གསོལ་ཞིག་ཅེས་པའོ། །གཞན་དེ་ཁྲག་ཁུག་གཅིག་ཟེར་བར་འགྲོ་ཡང༌། འདི་ ཁྲག་དགུག་པའི་ལས་ཚོགས་མ་ཡིན་པས་མི་འབྲེལ་ལོ། །བཛྲ་ཡེ་བཛྲ་ཡེ་ཞེས་དཔེ་མང་པོ་ ལ་འདུག་པ་ཡང༌། ཅུང་ཟད་མ་དག་པར་མངོན་ཏེ། དཔེ་གཞན་མང་པོ་ལ་ཡོད་པ་ལྟར་ལག་ ལེན་གྱི་རྒྱུན་ལ་བཛྲ་ཡ་ཞེས་པ་མཛད་ཀྱིན་འདུག །བདག་གི་འཆར་སྒོ་ལྟར་ན་བྷཉྫ་ཡ་ཡིན་ ནམ་སེམས་ཏེ་འོན་ཀྱང་བཅོས་མི་ནུས་སོ། །བཞི་པ་ནི་བར་དུ་ཞེས་སོགས་ཏེ་དགྲའི་མིང་ འབྲི་བ་ནི། འཁོར་ལོ་གཉིས་ཡོད་ན་བར་གྱི་ལིང་ག་ལའོ། །འཁོར་ལོ་གཅིག་ལས་མེད་ཅིང༌། ཀླད་ཁུང་ནས་ཐུན་བརྡེག་ན་ལིང་ག་གན་རྐྱལ་དང་དེ་མིན་ཁ་སྦུབ་བོ། ། གསུམ་པ་ལས་སྦྱོར་ནི། རོ་ཤིང་ཞེས་པ་ནས་དབང་དུ་འགྱུར་ཞེས་པའི་བར་ཏེ། བནྡྷ་སྲོ་ བ། གཟུགས་བརྙན་སྦྱོར་བ། མནན་པར་བྱེད་པ། དེས་ལས་འགྲུབ་པར་བསྟན་པ་སྟེ་བཞི་ ལས། དང་པོ་ནི། རོ་ཤིང་སོགས་རྐང་པ་གཉིས་ཏེ། འདི་ལ་དཔེ་ཕལ་ཆེར་ན། ཞག་གསུམ་ བར་དུ་བྱས་ནས་ཀྱང༌། །ཞེས་འབྱུང་བས་སྔོན་ལ་ཚ་སྒྲུབ་བྱས། དེའི་རྒྱུན་ལ་གཤིན་རྗེས་ གཟུགས་ཀྱི་ཁོག་པར་འཇུག་པ་དང༌། ཡང་སྐབས་སྐབས་སུ་ཁོག་པ་ནས་བཏོན་ཏེ་ཚ་སྒྲུབ་ བྱེད་པའི་ལག་ལེན་རྣམས་བྱུང་ངོ༌། །ཕྱི་མ་ཤིན་ཏུ་མི་ལེགས་ལ། སྔ་མ་ཡང་གཞུང་གི་དགོངས་ པ་མ་ཡིན་ཚུལ་གོང་དུ་བཤད་ཟིན། དེ་ལྟར་བྱས་ན་ནུས་པ་འབྱུང་སྲིད་མོད། གཞུང་དོན་མིན་ ཡང་སླར་གཟུགས་བརྙན་གྱི་ཁོག་པ་འཇུག་ཕྱིན། ཚ་སྒྲུབ་བྱེད་རང་བྱེད་འདོད་ན་མེ་ལ་མི་སྲོ་ བར་རྫས་ཀྱི་བྱུག་པའམ་ཕྱེ་མའི་ཚ་སྒྲུབ་བྱས་ན་ལེགས་སོ། །དེས་ན་གཞུང་དཔེ་རྙིང་དག་པ་ འགའ་རེ་ན། དེ་ལྟར་ཞག་གསུམ་བྱས་ཀྱང་འགྲུབ། །ཅེས་འབྱུང་བ་ལྟར་ཏེ། ཡང་ན་ཚ་སྒྲུབ་ 21-1-534 བྱས་པས་ཀྱང་འགྲུབ། ཡང་ན་གཟུགས་བརྙན་སྦྱོར་བས་འགྲུབ་ཅེས་པའི་དོན་ཡང་ཡིན་ནོ། ། འདི་དག་དང་ཕྱོགས་མཚུངས་པར་དཔལ་རྟོག་པ་བདུན་པ་ལས། ཇི་སྐད་དུ། ཐོད་པ་ གཉིས་ཀྱི་དབུས་སུ་འཁོར་ལོ་བཅུག་སྟེ། སྒྱེད་བུ་གསུམ་གྱི་སྟེང་དུ་བཞག་ལ། དུར་ཁྲོད་ཀྱི་ འགལ་བས་མེ་རབ་ཏུ་སྦར་ཏེ། རྐང་པ་གཡོན་པས་མནན་ལ་ཡི་གེ་བཅུ་པོའི་སྔགས་བཟླས་ སོ། །དེས་སྐད་ཅིག་ཙམ་གྱིས་ཐེ་ཚོམ་མེད་པར་འཆིའོ། །ཞེས་གསུངས་ཏེ་ཐེ་ཚོམ་མེད་པར་ དགྲ་འཆིའོ། །ཞེས་སྤོགས་ཆོག་གཞན་མི་དགོས་པར་གསུངས་ཏེ། འདི་ཉིད་མཐའི་སྤོགས་ ཆོག་ཡིན་པའི་ཕྱིར་རོ། །ཚ་གྲུབ་འདིས་ཐེ་ཚོམ་མེད་པར་ཤི་བའི་རྗེས་སུ་སླར་ཡང་གཟུགས་ བརྙན་སྦྱོར་བའི་སྤོགས་ཆོག་གི་ཅི་ཞིག་བྱ། གཉིས་པ་ལ་གཟུགས་བརྙན་དངོས་ནི། ལས་ ཀྱི་འཆི་བདག་སོགས་རྐང་པ་གཉིས་ཀྱིས་སོ། །རྒྱུ་ནི་གྲོག་མཁར་བདུན་དང་སོགས་རྐང་ པ་གསུམ་མོ། །འདིར་གྲོག་མཁར་བདུན་ཅེས་པ་རྟོག་པ་བདུན་པ་རྣམས་ལ་གྲགས་ཆེ་བའི་ དབང་དུ་བྱས་ནས་དོན་འགྱུར་གྱི་ཚུལ་གྱིས་ཕྱིས་བཅོས་པར་འདུག །རྙིང་པ་མ་བཅོས་པ་ རྣམས་ན། བདུན་པོར་ས་དང་སྣང་མཛད་དང༌། །ཞེས་འབྱུང་བ་ཉིད་གདོད་མའོ། །དེ་ཡང་ བོར་བ་ཞེས་པ་ཕུང་བྱེད་ཀྱིས་ཞེས་པའི་དོན་ཡིན་དེ་འདྲ་བདུན་ནོ། །སྣང་མཛད་ཅེས་པ་ལ་ ཁ་ཅིག་རྣམ་སྣང་གི་ལྡེར་བཟོ་ཞིག་པའི་ས་ལ་ངོས་འཛིན་པ་ཤིན་ཏུ་འཁྲུལ་ཏེ། དེང་སང་ ཕྱིས་འབྱུང་གི་སྔགས་པ་དག་མཆོད་རྟེན་ནག་པོའི་ས་ཟེར་ཀྱིན་རྒྱུག་པ་དང་ཕྱོགས་འདྲ་སྟེ་མི་ འཐད་དེ། འདི་རིགས་བྱེད་རང་བྱེད་ན་འཇིག་རྟེན་པའི་ལྡེར་བཟོའི་རོ་ཐོད་ལ་བྱེད་དགོས་ ཀྱང་འདིར་དེ་ཡང་དོན་མིན་ནོ། །དེ་ལ་རྣམ་སྣ ང་ནི་དྲི་ཆེན་གྱི་བརྡ་ཡིན། ལག་ལེན་མན་ ངག་ལ་ནི་མི་ལུད་འཁྱམས་པོ་དང་ཁྱི་ལུད་དང༌། བོང་བུ་དང་རྔ་མོང་གི་སྦངས་རྣམས་སོ། ། ལྡེར་བཟོ་དཀྱུས་མ་བྱེད་ན་དེ་དག་བསྲེ་བ་ཡིན། ས་འོག་ཏུ་སྦེད་པ་ལ་རྫས་བསྐུ་བར་བྱས་ ན་བཟང་བས་དེའི་ལུགས་ལྟར་ན་རྒྱུ་བསྲེས་ན་སོ་བཏང་བའི་ཚེ་ནུས་པ་ཡལ་འགྲོ་བས། ཐོག་ 21-1-535 མར་རྫས་ལ་གཟུགས་བརྙན་བཅོས་སོ་བཏང་རྗེས། ཁོག་ནང་དུ་རྫས་དེ་དག་ལན་མང་དུ་ བྱུགས་ཤིང་སྐམ་ནས་མཐུག་པོ་ཡོང་བ་བྱེད་དོ། ། གཟུགས་བརྙན་སྒྲུབ་ཚུལ་ནི། དེ་ཡི་སྙིང་ཁར་སོགས་ཚིག་གཉིས་ཏེ། སྐབས་འདིར་ འཁོར་ལོ་ལ་བྲིས་སྔགས་བཟླས་ཏེ་ཞེས་འབྱུང་བས་བོད་ཀྱི་དཔལ་འཛིན་འཕྲེང་སྔགས་ བཟླས་ན་ལས་འགྱངས་འགྲོ་བར་འདོད་པ་རྗེན་རྒྱག་ཏུ་བཀག་པ་ཡིན་ནོ། །གསུམ་པ་མནན་ པ་ནི་མར་ཚེས་སོགས་རྐང་པ་གཉིས་ཏེ་གཟུགས་བརྙན་སྦྱོར་བའི་འཕྲོས་ཀྱང་ཡིན། གའུ་ རང་ཉིད་མནན་གཏད་དུ་བྱེད་པའང་བསྟན་ནོ། །བཞི་པ་ལས་འགྲུབ་པར་བསྟན་པ་ནི། དེ་ ལྟར་སོགས་རྐང་པ་གསུམ་སྟེ། རང་གི་བདུད་ཅེས་པ་ནི་བསྒྲུབ་བྱ་ཁོང་རང་གི་ལུས་དང་གྲིབ་ མ་བཞིན་དུ་འགྲོགས་པའི་གཤིན་རྗེའི་དབང་དུ་འགྱུར་བ་སྟེ། དེའི་མོད་ལ་འཆི་བའོ། །དེ་ ཡན་ཆད་ཀྱིས་ཡབ་རྐྱང་དུ་སྒྲུབ་པ་གསལ་བར་བཤད་དེ། འདིའི་རིག་པ་ཡུམ་ལ་བསྒྲེས་པས་ ཡུམ་རྐྱང་དུ་སྒྲུབ་པའང་ཤུགས་ལ་བསྟན་ནོ། ། གཉིས་པ་ཡབ་ཡུམ་སྦྲགས་ཏེ་སྒྲུབ་པ་ལ། གནས་དང་ལྷ་ངོས་བཟུང་བ་དེ་ཡུམ་གྱི་སྐུའི་ རྣམ་འགྱུར་བཤད་པ། འཁོར་ལོ་འབྲི་བའི་ཚུལ། འཁོར་ལོའི་བཅའ་ཐབས། འཁོར་ལོ་སྒྲུབ་ པའི་ཚུལ། མནན་པས་འགྲུབ་པར་བསྟན་པ་རྣམས་སོ། །དང་པོ་ནི་འཆི་བ་ཡི་དྭགས་རྒྱལ་པོ་ ནི། །ཞེས་པ་ནས་ཙ་མུནྚི་ཞེས་པའི་བར་རོ། །དེ་ལ་གནས་ནི་རི་ནག་པོ་དགུའི་ཕ་མཐའ་ནི་ཕ་ རོལ་ཏེ་བྱང་ཕྱོགས་ཡིན་པ་དང༌། སྤོས་ངད་ལྡན་པའི་རི་བོའི་ཚུ་རོལ་ཏེ་ལྷོ་ཕྱོགས་ཀྱང་ཡིན་ པའོ། །རི་དགུ་དང་སྤོས་ངད་ལྡན་གྱི་རིའི་བར་དེ་ན་མཚོ་མ་དྲོས་པ་ཡོད་དེ། དེ་ཡང་མ་དྲོས་ མཚོ་ཡི་འདྲེ་དཀྱིལ་ན་ཞེས་པ་དཔེ་ཕལ་ཆེར་ན་འདུག །འདྲེ་མིག་ན་ཞེས་པ་ལ་ལ་ན་འདུག་ ཀྱང་དོན་གཅིག་སྟེ། བོད་ཀྱི་ཡུལ་ཕྱོགས་འགའ་ཞིག་གི་སྐད་རྙིང་པ་ལ། མཚོ་རྫིང་གང་ དང་གང་གིས་ཆུ་སྐྱེ་ཁུང་གི་ཆུ་མིག་ལ་འདྲེ་མིག་ཟེར་རོ། །གནས་དེ་ན་ལྷ་མོ་ཙ་མུནྚི་གནས་ 21-1-536 ལ། དེའི་འོག་དཔག་ཚད་ལྔ་བརྒྱ་ན་གཤིན་རྗེའི་རྒྱལ་པོ་བཞུགས་ཏེ་དེ་དག་ནི་ཕྱིའི་གནས་ ཡིན་ལ། ནང་གི་གནས་ནི་འགྲོ་བ་མི་སོགས་རྣམས་ཀྱི་ལྟག་པའི་མདུད་སྒོ་ལ་གནས་པས་ རུས་ཚིགས་ལ་གཤིན་རྗེའི་ཞལ་རང་གྲུབ་འབྱུང་བའང་དེའི་རྟེན་འབྲེལ་གྱི་གནད་ཀ་ཡིན་ པ། ཡབ་གཙོ་ཆེ་བར་འཆད་ཀྱང་ཡབ་ཡུམ་གཉིས་ཀར་གྱི་གནས་སོ། །ལྷ་ནི་འཆི་བདག་ཡི་ དྭགས་ཞེས་པས་ཡབ་དང་དེའི་ཡུམ་ནི་ཙནྚི་ཞེས་པས་བསྟན། ཙ་མུནྚཱི་དང་ཙ་རྩི་ཀཱ་ནི་དོན་ གཅིག་མིང་གི་རྣམ་གྲངས་ཏེ་སྲིན་པོའི་དབང་པོ་བདེན་བྲལ་གྱི་སྲིང་མོའོ། །དེས་དོན་ཚན་ དང་པོ་སོང་ངོ༌། ། དེའི་རྗེས་སུ་སྐུ་གཟུགས་དང་འཁོར་ལོ་འབྲི་ཚུལ་དང༌། འཁོར་ལོའི་བཅའ་གཞི་རྣམས་ འཁྲུག་ཅན་དུ་འབྱུང་ངོ༌། །ཇི་ལྟར་ཞེ་ན་འདི་རབས་ཆད་ཅེས་སོགས་རྐང་པ་གཉིས་དང༌། མིའི་ཐོད་པ་སོགས་བར་གྱི་རྐང་པ་གསུམ་ནི། འོག་ཏུ་འཁོར་ལོ་གཉིས་ཀྱི་བར་དུ་ཡང་གང་ ལ་བྱ་བའི་མིང་གཟུགས་གཞུག་ཅེས་པའི་རྗེས་ལ་སྦྲེལ་རྒྱུ་ཡིན་ནོ། །གཉིས་པ་ཡུམ་གྱི་སྐུའི་ རྣམ་འགྱུར་འབྲི་ཚུལ་ནི། རོ་རས་ངག་ལ་གཟུགས་བྲི་བ། །ཞེས་པ་ནས་གཡོན་ཐོད་པ༌། ཞེས་ པའི་བར་དུ་ཚིག་བདུན་ནོ། །འདིར་དངོས་སུ་ཞལ་དབྱེའི་ཨག་རྩའི་ཕྱོགས་སུ་སྦྱོར་རྒྱུའི་བྲིས་ སྐུ་བསྟན་ཀྱང་ཤུགས་ལ་མདུན་བསྐྱེད་དང་དམ་ཚིག་གི་བྲིས་སྐུའི་ཐང་ག་དང༌། གང་གི་ལྟོ་ བར་འཁོར་ལོ་འབྲི་རྒྱུའི་གཟུགས་དང་ལྟག་པའི་རུས་ཚིགས་ལ་གཤིན་རྗེ་མོའི་ཞལ་དབྱེ་ ཚུལ་རྣམས་ཀྱང་ཐུན་མོང་དུ་བསྟན་པ་ཡིན་ནོ། །འདིར་ཞལ་དང་ཕྱག་ཞབས་སྔོན་བཞིན་བྲི། ། ཞེས་པའི་སྔོན་གྱི་ཡབ་ཀྱི་སྐབས་ལ་ཟེར་བས་ཡབ་མ་ཧེའི་ཞལ་ཅན་ཡིན་པ་གཞིར་བཞག་ ཏུ་བྱས་ནས། གཡུང་སྟོན་རྡོ་རྗེ་དཔལ་ནི་ཡུམ་ཡང་མ་ཧེའི་ཞལ་དུ་འདོད་ཅེས་དེ་འདྲའི་སྐུ་ འབག་བཞེངས་པའི་བབ་ཆོལ་བྱས་སོ། །ཚིག་དེས་ནི་ཞལ་གཅིག་པ་དང་ཕྱག་ཞབས་ངག་ གཉིས་པར་སྟོན་པ་ཀ་ཡིན། ཞལ་རས་ཀྱི་འཇིགས་ཚུལ་དང་མཆེ་གཙིགས་གོང་དུ་གསལ་ 21-1-537 ཡང་འདིར་མེད་པས་དེ་ལའང་ཁ་འཕངས་པ་ཡིན། འོན་ཀྱང་ཚིག་ཟུར་གྱི་ནུས་པ་ལ་འདི་ ལྷ་ཞལ་ཡིན་པས་གོང་མ་ཡང་ལྷ་ཞལ་དུ་བསྟན་ཟེར་ན་མི་འགལ་མོད། ལར་མན་ངག་གི་ རྗེས་སུ་འབྲང་གི་རྟོག་དཔྱོད་ཀྱི་རྗེས་སུ་མི་འབྲང་ངོ༌། །འདིར་མིག་གསུམ་ཁྲོ་གཉེར་ཅན་དུ་ གསུངས་པས་ལྷ་ཞལ་དུ་གསལ། གོང་དུ་གསལ་ཁ་མེད་པས་བླ་མའི་མན་ངག་ལ་ཞིང་སྐྱོང་ མགོན་པོའི་དབང་དུ་བྱས་ནས། གདོང་བརྙན་དུ་མཛད་པར་མ་ཟད་རྟོག་པ་འདིའི་དགོངས་ པ་ཡང་མ་ཧེའི་ཞལ་ལོ། །ཞེས་ཁོ་བོ་ཅག་གི་བླ་མ་རྣམས་གསུངས་ལ། གཉིས་ཀ་ལྟར་ཡང་མི་ འགལ་ལོ་སྙམ་བདག་སེམས་སོ། །རྭ་བའི་ཡིག་རྙིང་ན། གསུས་ཆེན་དུད་འགྲོ་ཞེས་པ་གླང་ པོར་འདོད། སྦ་པ་ཕྱི་མ་དང་གཞན་ཐམས་ཅད་གསུས་ཆེ་ཞེས་པ་ཡར་གཅོད་པར་མཐུན། དུད་འགྲོའི་གོས་ལ། རྒྱ་སྟོན་སྟག་ཤམ་དུ་བཞེད། གཞན་རྣམས་བ་ལང་གི་པགས་པ་ཟེར་ བ་ཡང་མི་འགལ་ལོ། །དེ་ལྟར་ན་ཡང་གཞུང་གི་དོན་ནི་གསུས་ཆེ་ཞེས་པ་ཡར་སྦྱོར་རྒྱུ་ཡིན་ ཏེ། འོན་ཀྱང་སྤྱིར་ཁྲོ་མོ་སྤྱི་མཚུངས་ཀྱི་ལུས་སྦོམ་པའི་དོན་ཙམ་ཡིན་གྱི། འདི་ལ་དགོས་ཆོས་ སུ་ལྟོ་བ་ཧ་ཅང་ཆེ་གྲགས་པ་དགོས་པ་མིན་ནོ། །ཕྱིས་ཀྱི་དཔེ་ཕལ་ཆེར་ལས་གསུས་ཆེ་དུད་ འགྲོའི་གོས་གྱོན་ཅིང་ཞེས་འབྱུང་བ་ཅུང་ཟད་མ་དག །དཔེ་རྙིང་དག་པ་ན། དུར་ཁྲོད་གོས་ གྱོན་མ་ཞེས་འབྱུང་བ་དག་པར་སྣང་བས་ལྤགས་གོས་ཐམས་ཅད་ཀྱང་དུར་ཁྲོད་ཀྱི་གོས་ཡིན་ ལ་དེར་མ་ཟད་རོ་རས་ལ་སོགས་པ་ཡང་ངོ༌། ། དེས་ན་འདིར་སྤྱི་ཙམ་བསྟན་པས་བྱེ་བྲག་སོ་སོ་ཡང་མི་འགལ་ཏེ་མན་ངག་མ་ནོར་བའི་ རྗེས་སུ་འབྲང་བར་བྱའོ། །ད་ལྟའི་དཔེ་ཕལ་ཆེར་ན་གཡས་ན་ཏྲི་ཤུལ་ལ་གཡོན་པ་ཡང༌། མིའི་ཐོད་པ་དག་དང་སྦྱར་ཞེས་ཚིག་ཕྱི་མ་ཕྱག་མཚན་སྟོན་བྱེད་དུ་སྦྱོར་ཡང༌། ཡི་གེ་མ་དག་ པ་སྟེ། དཔེ་རྙིང་ཁུངས་ལྡན་ན་གཡས་ན་ཏྲི་ཤུལ་གཡོན་ཐོད་པ་ཞེས་འབྱུང༌། ཚིག་ཕྱི་མ་ནི་ལྷ་ མོའི་སྐུ་རས་ལ་བྲིས་པ་དེ་ཞལ་དབྱེ་ལ་སྦྱོར་བའི་དོན་ཡིན་ནོ། ། 21-1-538 གཉིས་པ་འཁོར་ལོ་འབྲི་བ་ནི། དེ་ལ་འཆི་བདག་འཁོར་ལོ་ནི། །ཞེས་པ་ནས། ནཱ་ཤ་ཡ་ཧཱུཾ་ ཕཊ་ཀྱི་བར་ཏེ་སྔོན་བཞིན་དུ་ཞེས་པ་ནི་སྦྲགས་སྒྲུབ་ཀྱི་སྐབས་འདིར་ཡབ་ཡུམ་གྱི་འཁོར་ལོ་ ཁ་སྦྱོར་དགོས་པས། ཡབ་ཀྱི་འཁོར་ལོ་སྔོན་བཞིན་འབྲི་ཞེས་པའོ། །འཆི་བདག་ཚུལ་དུ་འབྲི་ ཞེས་པ་ནི་འཁོར་ལོ་དེ་ལྷ་མོའི་ལྟོ་བར་ཆུད་པར་འབྲི་བ་སྟེ་བྲིས་གཞིའི་ལྷ་གོང་དུ་མ་བཤད་ པས། འདིའི་ཡབ་ཀྱི་འཁོར་ལོ་ལ་ཡང་ཁ་འགེངས་པའོ། །གཞན་རྣམས་གོ་སླའོ། །བཞི་པ་ འཁོར་ལོ་བཅའ་ཐབས་ལ། སྣོད་ཀྱི་ཁྱད་པར། ལིང་ག་འཇུག་ཚུལ། འཁོར་ལོ་གཞུག་ཚུལ་ ཏེ་གསུམ་ལས། དང་པོ་ལ་ཐོད་པ་ཁ་སྦྱོར་ནི། རབ་ཆད་སོགས་ཚིག་གཉིས་ནི་ཐོད་པའི་ནང་ དུ་དུག་ཁྲག་གིས་ཡ་ཡིག་རེ་རེ་འབྲི་བ་དེ་བསྟན། མི་ཡི་ཐོད་པ་དག་དང་སྦྱར་ཅེས་པས་ཐོད་ བཾ་གྱི་ཞལ་དབྱེ་བསྟན་ནོ། །གཉིས་པ་ནི་འཁོར་ལོ་གཉིས་ཀྱི་ཞེས་སོགས་ཚིག་གཉིས་ཏེ་ བྲིས་ལིང་འཇུག་ཚུལ་ལོ། །གསུམ་པ་ནི་ཡབ་ཡུམ་འཁོར་ལོ་སོགས་ཚིག་ལྔ་སྟེ། འཁོར་ལོ་ ཐོད་པར་གཞུག་པ་དང༌། རོ་སྐྲ་དང་མི་རྒྱུས་ཀྱིས་སྡོམ་པ་དང༌། རྒྱུ་མས་གཟུང་ཐག་བྱེད་པ་ བསྟན། མི་རྒྱུས་ཞེས་པ་ལན་གཉིས་ལྡབ་པ་ནི། འཁོར་ལོ་དང་ཐོད་པ་གཉིས་ལ་སོ་སོར་གོ་ བའོ། །མིའི་རྒྱུས་པས་སོགས་ཚིག་རྐང་གཉིས་ཀྱིས་འཁོར་ལོ་ཐོད་ཚལ་གྱི་བར་དུ་བཅུག་སྟེ། ཕྱི་ནས་སྡོམ་པ་བསྟན་ཏོ། ། ལྔ་པ་འཁོར་ལོ་སྒྲུབ་ཚུལ་ནི། སྔགས་དང་ཆོ་ག་གཉིས་ལས། དང་པོ་ནི། ༀ་ཧྲིཿསོགས་ སོ། །གཉིས་པ་ནི། བླ་མས་འཆི་བདག་སམ་བྱས་ཏེ་སོགས་ཚིག་ལྔ་དང༌། གཙོ་དང་གཟུངས་ ཀྱི་གཟུང་ནས་ཀྱང༌། །ཞེས་སོགས་ཚིག་རྐང་བཞི་པ་ཡིན་ཏེ། དེ་ཡང་བླ་མ་ཞེས་པ་སྒྲུབ་པ་ པོ་ཉིད་ཡབ་ཀྱི་སྔགས་རྣམས་བཟླ། བུད་མེད་ནུས་པ་འགྲུབ་པའི་གཟུང་མ་ཡོད་ན་དེས་གོས་ སྔོན་པོ་གྱོན་ཏེ། ཡུམ་གྱི་སྔགས་འདོན་ཞེས་ཏེ་དེ་མེད་ན་ལས་མཁན་ཏེ་ལས་ཀྱི་རྡོ་རྗེ་དཔའ་ བོས་ཀྱང་སྒྲུབ་ཏུ་རུང་ངོ་ཞེས་གསུངས་ནས། མུ་ཁྱུད་ཀྱི་འཕྲེང་སྔགས་གོང་དུ་བཤད་ཟིན་ 21-1-539 པས་འདིར་ཡུམ་གྱི་སྙིང་པོ་གསུངས་སོ། །གཟུང་ཐག་ནས་གཙོ་བོ་སྟེ་སྒྲུབ་པ་པོ་དང་གཟུངས་ མ་གཉིས་ཀར་གྱིས་བཟུང་ཞིང་བཟླ་ཞེས་པ་ལ། མཎྜལ་ནི་དཀྱིལ་འཁོར་ཏེ་འབྲུབ་ཁུང་ངོ༌། ། སྟེང་འོག་གི་འཁོར་ལོ་གཉིས་ལ་དམིགས་ནས་ཡབ་ཀྱི་སྔགས་སྒྲུབ་པོ་དང་ཡུམ་གྱི་སྔགས་ གཟུང་མས་འབུམ་ཕྲག་གཅིག་བཟླས་ན་ལས་འགྲུབ་པར་འགྱུར་རོ། །ཞེས་པའོ། །དྲུག་ པ་མནན་པས་འགྲུབ་པར་བསྟན་པ་ནི། དེ་ལྟར་བཟླས་པ་སོགས་ཤློ་ཀ་གཅིག་སྟེ། ལྷ་དང་ ཀླུ་སོགས་སྡེ་བརྒྱད་མཐུ་ཆེན་རྣམས་ཀྱང་སྒྲོལ་བར་ནུས་ན་ཕྲ་མོ་མི་རྣམས་ལྟ་ཅི་སྨོས་ཞེས་ པའོ། །རྩ་བའི་གསུམ་པ་ཐུན་མོང་མ་ཡིན་པའི་དམ་ཚིག་བསྟན་པ་ནི། དེ་ཡི་སྒྲུབ་པའི་ཞེས་ པ་ནས། གཞན་མི་བསྟན་ཅེས་པའི་བར་ཤློ་ཀ་གཉིས་ཏེ། འདིར་ཐུན་མོང་མ་ཡིན་པའི་དམ་ ཚིག་གསུམ་སྟེ། བཅའ་གཞི་ཡོ་བྱད་བཀོད་པ་ཤིན་ཏུ་གསང་བ་དང༌། མ་རུང་པ་ལ་མངོན་ སྤྱོད་ངེས་པར་བྱ་བ་དང༌། མན་ངག་ཤིན་ཏུ་གསང་བའོ། །དང་པོ་ནི་དེའི་སྒྲུབ་པའི་གནས་ ཞེས་སོགས་ཏེ། གཞན་གྱིས་ཚོར་རིག་མེད་པ་དབེན་པར་བྱེད་དགོས་པའོ། །གཉིས་པ་ནི་བླ་ མ་སོགས་ཚིག་རྐང་ལྔའོ། །འདི་ལ་དཔེ་འགའ་རེ་ལས། བླ་མ་ཕ་མ་མཆོད་པའི་གནས་ཞེས་ པ་དང༌། གང་བྱུང་ཡང་ནི་དགྲལ་བར་བྱ། །ཞེས་པའི་བར་གྱི་ཚིག །དེ་ལ་གནོད་བྱེད་དགྲ་བོ་ རྣམས། །ཞེས་པ་ཆད་པས་དོན་ཕྱིན་ཅི་ལོག་ཏུ་ཤིན་ཏུ་ཁྱམས་ཏེ། དགྲ་རུ་ལངས་ན་བླ་མ་དང་ ཕ་མ་ལ་ཡང་མངོན་སྤྱོད་བྱེད་དགོས་ཟེར་བར་སོང༌། སྔོན་གྱི་བླུན་པོ་འགའ་ཞིག་དེ་ཀ་ཁས་ བླངས་ནས་དགོས་ཆོས་ཐུན་མོང་མ་ཡིན་པ་ཡིན་ཟེར་ནས་ཆོས་ལོག་སྟོན་ནོ། ། འབྲི་ཁུང་དཔལ་འཛིན་ཡང་དེ་འདྲ་དངོས་སུ་ག་ལ་ཡིན་ཏེ། ལ་དོར་བའི་ཚིག་ཡིན་པས་ བླ་མ་ཕ་མ་སོགས་ཀྱང་སྒྲུབ་ཁང་དུ་མི་གཏོང་བའི་ཚིག་ཏུ་འཆད་དེ། དཔེ་མ་དག་པ་ཁོ་ན་ ཀློགས་པའི་སྐྱོན་དེར་འདུག །ཡང་དཔེ་རྙིང་འགའ་ཞིག་ལས། བླ་མ་ཕ་མ་མཆོད་པ་ཡིན། ། གང་བྱུང་ཡང་ནི་དགྲལ་བར་བྱ། །ཞེས་པ་འདུག་ཅིང་རྭ་ལུགས་ཀྱི་ཡིག་རྙིང་འགའ་ལས་དེ་ 21-1-540 ལྟར་ལ་འབྲུ་བསྣན་འདུག དེ་ནི་དོན་ལ་སྐྱོན་མེད་ཀྱང༌། གང་བྱུང་ཞེས་པའི་ཚིག་ལ་འབྲེལ་ མཚམས་མ་བྱུང་ཞིང་ཤློ་ཀའི་རྐང་གྲངས་ཀྱང་མ་འགྲིག་གོ །དེས་ན་ལྷ་དང་བླ་མ་མཆོད་པའི་ གནས། དེ་ལ་གནོད་བྱེད་དགྲ་བོ་རྣམས། །གང་བྱུང་ཡང་ནི་དགྲལ་བར་བྱ། །ཞེས་འདོན་རྒྱུ་ ཡིན། གཉོས་པ་དང་ཞང་པའི་དཔེ་རྙིང་དག་པ་རྣམས་ན་དེ་བཞིན་དུ་སྣང་ངོ༌། །མཆོད་པའི་ གནས་ནི་དཀོན་མཆོག་གསུམ་གྱི་རྟེན་དང་ཆོས་ཀྱི་རྒྱུན་དང་དགེ་འདུན་ནོ། །སྤྱིར་བསྒྲལ་ བའི་ཞིང་དུ་འགྲོ་བ་རྣམ་གྲངས་མང་ཡང༌། སྐབས་འདིར་བླ་མ་དཀོན་མཆོག་གི་སྐུ་དགྲ་ སྒྲོལ་བ་ནི་དམ་ཚིག་དང་ཏེ་ནུས་པ་དང་ལྡན་པས་སོ། །གསུམ་པ་ནི་གསང་བ་བྱ་སྟེ་ཞེས་སོ། ། གླེགས་བམ་གྱི་མཐར་དཔེ་རྙིང་ལ་ལ་ནི་འཆི་བདག་གི་སྒྲུབ་པ་རྫོགས་སོ་ཞེས་པ་ལས་མེད། བར་སྐབས་ནས་བཟུང་བའི་ཕྱིས་ཀྱིས་དཔེ་ཕལ་ཆེ་བ་ན། ལས་ཀྱི་གཤིན་རྗེ་ཆོས་ཀྱི་རྒྱལ་ པོའི་སྒྲུབ་ཐབས་སློབ་དཔོན་ལ་ལི་ཏ་བཛྲ་གྱིས་མཛད་པ་རྫོགས་སོ་ཟེར་བ་ཡོད། དཔེ་རྙིང་ བ་ལ་ལ་ན་དེ་དང་འདྲ་བ་ལས་ལ་ལི་ཏ་བཛྲ་གྱིས་ཕྱུང་ནས་ཟེར་བའང་འདུག །དཔེ་འགའ་ ཞིག་ལས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེས་གསུངས་པ་རྫོགས་སོ་ཟེར་བའང་ཡོད། །ལ་ ལི་ཏས་མཛད་ཟེར་བ་ཀུན་ལ་བལ་པོ་ཐུགས་རྗེ་ཆེན་པོ་རྭ་ལོས་བསྒྱུར་ཟེར་བ་འགྱུར་བྱང་དེ་ ལ་བྲིས་འདུག་དེ་ཡང་གཞུང་འདི་ལ་ལི་ཏ་བཛྲ་གྱིས་བཀའ་རྩོམ་མ་ཡིན། གཤིན་རྗེ་གཤེད་ དམར་ལས་གཤིན་ཉིད་ཀྱི་རྒྱུད་རྒྱས་པ་གཅིག་ནས་དུམ་བུ་ལ་སོགས་སུ་བཀོལ་བར་ཡང་ གྲགས་ཤིང་དོན་ལའང་གནས་ཏེ་ངེས་སུ་འདུག །དེས་ན་བཅོམ་ལྡན་འདས་འཇམ་པའི་ རྡོ་རྗེས་གསུངས་པ་རྫོགས་སོ་ཞེས་འབྱུང་བ་དེ་འཐད་པར་མངོན་ཅིང༌། ལ་ལི་ཏ་བཛྲ་གྱིས་ ཕྱུངས་ནས་མཛད་པའོ། །ཞེས་པའང་མི་འགལ་ཏེ། རྒྱུད་རྒྱས་པའི་ནང་ནས་སློབ་དཔོན་དེས་ བཀོད་པ་ཡིན། ཅེས་པར་འགྲོ་བས་སོ། །འདི་ལ་ཚིག་རིགས་མི་གཅིག་པ་ཕྲན་བུ་ཡོད་པ་ནི། ཡི་གེ་པའི་བྱེད་པ་ཙམ་དུ་འདུག །འགྱུར་ནི་གཅིག་ཁོ་ནར་མངོན་ཅིང་དེ་ཡང་ངག་རྒྱུན་གཅིག་ 21-1-541 ལ་རོང་ཟོམ་གྱིས་བསྒྱུར་བ་ཡིན་ནོ། །ཞེས་ཟེར་བ་བདེན་པར་མངོན་ནོ། ཁ་ཅིག་སྔ་དར་ཕྱི་ དར་གྱི་བར་ལ་འགྱུར་བ་ཡིན་ནམ་ཡང་ཟེར་རོ། །གང་ལྟར་ཡང་ཕྱི་དར་གྱི་ལོ་ཙཱ་བ་གཤིན་རྗེ་ མཁན་པོ་ཀུན་གྱི་ཉན་བཤད་དང་ཕྱག་ལེན་དུ་མཛད་དོ། ། ཕྱིས་ཐམས་ཅད་ན་ཆོས་རྒྱལ་གྱི་སྐོར་འདི་དར་རྒྱས་ཆེ་བར་འདུག་མོད། ལོ་ཙཱ་བ་གོ་རུབ་ ཆོས་ཤེས་མཛད་པའི་དགྲ་ནག་གི་འཁོར་ལོའི་དོན་བཤད་པ་ནས། བཅུ་གསུམ་པ་མ་བྱུང་ ཞིང་དེ་ལ་བརྒྱུད་པ་འདྲ་མིན་སྣ་ཚོགས་ནས་བཀའ་གཏད་ཀྱི་རིམ་པ་བྱུང་མོད་ཀྱང་གདམས་ ངག་ཆེ་རྒྱུ་མི་འདུག །ཆོས་རྒྱལ་འདི་ལ་ཆོས་སྐྱོང་གི་གཙོ་བོར་བྱེད་མཁན་ཁྱབ་ཆེ་ཤོས་རང་ དེ་དག་གི་ཕྱོགས་པ་ཡིན་ཀྱང་བླ་མ་དབུ་མ་པའི་ཉེ་རྒྱུད་དུ་བཞེངས་པ་ལས་རྟོག་པ་འདི་ལ་ བརྟེན་པར་མི་སྣང༌། གཞན་ཡང་སོ་སོ་ལ་རིགས་མི་གཅིག་པ་མང་པོ་འདུག་ཀྱང་གདམས་ ངག་ཆེ་ཆེ་མི་འདྲ་ཞིང༌། རྭ་ལུགས་སུ་རློམ་པ་ཕྱིས་འབྱུང་རྣམས་ཀྱང་དཔེ་བུམ་ན་ཡོད་པའི་ ཆོས་རྒྱལ་གྱི་རྟོག་པ་དང་དེའི་གསལ་བྱེད་ཚོ་ལ་ལུང་རྒྱུན་ཙམ་མ་གཏོགས། འདིའི་ལག་ལེན་ ཤེས་པ་དཀོན་པར་བྱུང༌། ཐ་ན་ཇི་ལྟར་ཡིན་གྱི་དཔྱད་པ་ཞུགས་པའང་ཆེར་མི་འདུག་པ་དང༌། གཞུང་འདི་ལ་བརྡ་འབྱོར་དཀའ་བའི་ཚིག་རིགས་ཅུང་ཟད་ཡོད་པ་རྣམས་ལ་སྔ་མ་ཚོས་ཀྱང་ ཟོལ་བྱས་གདའ། དེང་སང་ནི་གཞན་གྱིས་གོ་བ་མ་མཐོང་ཞིང་མ་ཐོས། སྔར་འདི་ལ་འགྲེལ་ ཊཱིཀ་ཀྱང་མ་མཐོང་ལ་མན་ངག་གི་ཡི་གེ་གསལ་པོའང་མི་འདུག་གོ །འདིར་མན་ངག་ཞལ་ རྒྱུན་དང་ཕྱག་ལེན་མཛུབ་ཁྲིད་ཐོབ་ཅིང་ཡིག་སྣ་སྣ་ཚོགས་ལ་དཔྱད་པའང་ཞུགས། དཔྱད་ མཐར་དོགས་པའང་ཆོད་པ་ལས། རྭ་ལུགས་ཀྱི་ཡིག་རྙིང་རྭ་ཕྱི་མས་མཛད་པར་གྲགས་པ་ ཉུང་ངུ་འདི་ནི་ཕྲན་ཚེགས་མ་གཏོགས་གཞན་ཤིན་ཏུ་དག་པར་མཐོང་ནས་གཙོ་བོར་དེ་ལ་ གཞུང་ཤིང་བྱས་ཏེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་མན་ངག་མི་ཤེས་པ་རྣམས་ལ། ཕན་སེམས་ ཀྱིས་འདི་སྦྱར་བའོ། །འདི་ཤིན་ཏུ་བཀའ་དམ་པར་བྱའོ།། །།གཅིག་ཞུས། མང་ག་ལཾ། 21-1-542 ཛམ་སྨོན་ཡོད། 21-1-543 ༄༅། །བསྲུང་འཁོར་རྡོ་རྗེ་བྲག་རྫོང་མ་རྒྱས་པའི་ཁྲིད་ཡིག་ འདུས་གསལ་ཚང་བ་ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། དཔལ་ལྡན་རྡོ་རྗེ་ཧེ་རུ་ཀ །རབ་ཁྲོས་མགོན་ལ་བཏུད་བྱས་ནས། །མཆོག་ཏུ་ཟབ་པར་གྲགས་ པ་ཡི། །བསྲུང་བཟློག་བསད་གསུམ་མདོ་ཙམ་བྲི། །མགོན་པོ་ཁྲོ་བཅུའི་སྒྲུབ་ཐབས་ལས་བརྩམས་ནས། བསྙེན་པའི་མན་ངག་ བསྲུང་འཁོར་རྡོ་རྗེ་བྲག་རྫོང་མར་གྲགས་པའི་རྒྱུན་ཁྱེར་གྱི་ངག་འདོན་དང༌། ལས་ཚོགས་བསྲུང་བཟློག་བསད་པའི་མན་ངག་ ཉེར་མཁོ་ཅུང་ཟད་བྲི་བར་བྱའོ། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྤྱི་དང་མཐུན་པར་བྱས་ལ་བྱའོ། ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སུམ་ལས་རྡོ་རྗེ་བྲག་རྫོང་དམར་ནག་ཟུར་ གསུམ་སྟོང་གསུམ་གྱི་ཁྱོན་དང་མཉམ་པ། དེའི་སྟེང་དུ་ཨེ་ལས་ཆོས་འབྱུང་གྲུ་གསུམ་མཐིང་ ནག་རབ་ཏུ་ཡངས་པ། དེའི་ནང་དུ་པཾ་ལས་པདྨ། རཾ་ལས་ཉི་མ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བ་ལ་གནས་པའི་ཧཱུཾ་ལས་འོད་འཕྲོས། རྡོ་རྗེ་ས་གཞིར་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ ཀྱི་མེ་འབར་བའི་ནང་དུ། ཧཱུཾ་བྷྲུཾ་ཧཱུཾ། སྔོན་པོ་ཞུ་བ་ལས་བྱུང་བའི་གནམ་ལྕགས་འབར་བའི་ འཁོར་ལོ་རྩིབས་བཅུ་པ། རྩེ་མོ་རྣོ་བ། ཁོག་པ་སྟོང་པ་ཡངས་ཤིང་རྒྱ་ཆེ་བ། གོ་སྐབས་མེད་ པར་གྱུར། འཁོར་ལོའི་ནང་གི་དབུས་དང་ཕྱོགས་བཅུར་པདྨ་དང་ཉི་མའི་དཀྱིལ་འཁོར་རེ་རེ། དེ་རྣམས་ཀྱི་སྟེང་དུ་ཧཱུཾ་མཐིང་ནག་རེ་རེ། དེ་རྣམས་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། དབུས་ཀྱི་གདན་གྱི་སྟེང་དུ་ བདག་ཉིད་རྡོ་རྗེ་ནག་པོ་ཆེན་པོ་དུས་ཀྱི་མུན་པ་ལྟ་བུའི་སྐུ་མདོག་ཅན་ཆེ་ཞིང་ཆེར་འབར་བ། ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་ སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཅར་གྱི་དབུས་ན་རྣམ་སྤྲུལ་གྱི་གནྡྷེ་བསྣམས་པ། སྤྱན་ 21-1-544 གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་ སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ དྲུག་དང༌། སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་ པན་དང་ལྷབ་ལྷུབ་ཀྱིས་བཀླུབས་པ། མིའུ་ཐུང་འགྱེལ་བའི་འདུག་སྟངས་ཀྱིས་རོ་ཡི་སྟེང་ན་ བཞུགས་པ། དེའི་གཡས་ན་བྱ་ནག །གཡོན་ན་ཁྱི་ནག །རྒྱབ་ན་ལྕགས་སྤྱང༌། མདུན་ན་མི་ ནག །སྟེང་ན་ནམ་མཁའ་ལྡིང་གི་སྤྲུལ་པའི་ཕོ་ཉ་འཕྲོ་བ་མི་བསྐྱོད་པའི་དབུ་རྒྱན་ཅན། ཡེ་ ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། འཁོར་ལས་བྱེད་སྤྲུལ་པ་ཡང་སྤྲུལ། སྡེ་ བརྒྱད་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་བའོ། །ཕྱོགས་བཅུའི་མགོན་པོ་རྣམས་ནི་གཙོ་བོ་ དང་མཚུངས་པ་ལས། ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པ་ཐོད་ཁྲག་ ཐུགས་ཀར་འཛིན་ཅིང༌། ཞབས་གཡས་བསྐུམ་གཡོན་བརྐྱང་བ། ཕྱག་མཚན་གནྡྷེ་སྤངས་ པ། ཕོ་ཉ་དྲག་གཏུམ་གྱི་རྣམ་པ་ཅན་ནོ། །བསྲུང་བའི་འཁོར་ལོའི་ཕྱི་རོལ་ན། དུར་ཁྲོད་ཆེན་ པོ་བརྒྱད་དུ་ཕྱོགས་སྐྱོང་བ་རྣམས་དང༌། ཕོ་ཉ་སྡེ་བརྒྱད་ཀྱིས་བསྐོར་བར་གྱུར། ཐམས་ཅད་ ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་ཧཱུཾ་ལས་འོད་འཕྲོས་རང་ བཞིན་གྱི་གནས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད། དཔལ་ མགོན་པོ་བཅུ་གཅིག །བསྲུང་བའི་འཁོར་དང་བཅས་པ་ལ་རྡོ་རྗེ་ཁྲོ་བོ་དམ་ཅན་སྲུང་མའི་ ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་བཅས་པའི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་ བཾ་ཧོཿ རང་དང་གཉིས་སུ་མེད་པར་ཐིམ། ཡང་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། དབང་ གི་ལྷ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་ མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཞིང་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ 21-1-545 ཡར་ལུད་པ་ལས། མི་བསྐྱོད་པ་རེ་རེས་དབུ་བརྒྱན། ༀ་ཤྲཱི་མཧཱ་ཀཱ་ལ་ས་པཱ་རི་ཝཱ་ར། ཞེས་རེ་རེ་ སྦྱར་ནས། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ། དུས་གསུམ་རྒྱལ་བའི་ཐུགས་ཀྱི་རྣམ་འཕྲུལ་ལས། ཡེ་ཤེས་གཅིག་ཉིད་མགོན་པོ་ནག་པོའི་ཚུལ། །གང་འདུལ་རྣམ་འཕྲུལ་མཐའ་ཡས་སྟོན་པའི་ སྐུ། །དེ་ལ་བསྟོད་བྱེད་གུས་པས་ཕྱག་ཀྱང་འཚལ། །ཅེས་པས་བསྟོད། དེ་ནས་བར་འདིར་འོག་ནས་འཆད་ པའི་གནད་ལྔ་པོ་གསལ་བཏབ། ༀ་བཛྲ་ཙཀྲ་རཀྵ་ཧཱུཾ་བྷྲུཾ་ཧཱུཾ་ཕཊ། ཅེས་བརྗོད། ༀ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ཅེས་ པ་དང༌། ༀ་ཤྲཱི་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཧཱ། ཞེས་པ་དང༌། ཤམ་བུ་ཅན་སོགས་མང་དུ་བཟླ་ཞིང༌། མཇུག་ཏུ་དགྲ་ བགེགས་བསད་བཅད་ཀྱིས་ལས་མཛད་པར་བསམ་སྟེ། ཤཱ་ས་ན༴ སྤེལ་ཚིག་མེད་པའམ། སྤེལ་ཚིག་ཅན་སྐབས་སུ་གང་ བབ་ཉེར་གཅིག་ནས་བརྒྱ་རྩའི་བར་བཟླའོ། །ཐུན་འཇོག་ཁར། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་ བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ༴ དགེ་འདུན་གྱི༴ མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ལྷ་ ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱི་བཀའ༴ བདག་ཅག་གི་ཏིང་ངེ་འཛིན་དང༌། ཕྱག་ རྒྱ་དང༌། གསང་སྔགས་དང༌། རིགས་སྔགས་ཀྱི་གཞི་འདི་འགྲུབ་པར་གྱུར་ཅིག །བདག་ཅག་ འཁོར་དང་བཅས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་གྱུར་ཅིག །ཕྱིར་ལ་བཟློག་ པར་གྱུར་ཅིག །བདག་ཅག་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང༌། གདུག་པའི་སེམས་ དང་ལྡན་པ་རྣམས་དང༌། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང༌། བསམ་པ་ངན་པ་ དང་སྦྱོར་བ་ངན་པར་བྱེད་པའི་དགྲ་དང་བགེགས་དང༌། བྱད་མ་ཐམས་ཅད་ཀྱི་བསམ་ངན་ སྦྱོར་རྩུབ་ཐམས་ཅད་དབྱིངས་སུ་ཞི་བར་གྱུར་ཅིག །གལ་ཏེ་ཞི་བར་མ་གྱུར་ན་དེའི་ཚེ་དེ་དག་ ཐམས་ཅད་ཀྱི་ལུས་བཅིང་བར་བགྱིའོ། །ངག་བཅིང་བར༴ །ཡིད་བཅིང་བར༴ ། མཐུ་བརླག་ པར་གྱུར་ཅིག །སྟོབས་བརླག་པར༴ རྫུ་འཕྲུལ་བརླག་པར༴ དེས་སྒྲུབ་པའི་སྔགས་ཀྱིས་དེ་ 21-1-546 ཉིད་བརླག་པར་གྱུར་ཅིག །དེས་སྒྲུབ་པའི་སྲུང་མ་དང་ལྷ་འདྲེས་དེ་ཉིད་ཀྱི་ཤ་ལ་ཟ་བར་གྱུར་ ཅིག །དེའི་ཏིང་ངེ་འཛིན་དང་ཕྱག་རྒྱ་དང༌། སྔགས་དང༌། རྫས་དང༌། འཁོར་ལོ་ཐམས་ཅད་ ཀྱིས་དེ་ཉིད་བརླག་པར་གྱུར་ཅིག བྱད་མར་རང་གཤེད་རང་ལ་འབབ་པར་གྱུར་ཅིག །གཞན་ ཡང་བདག་ཅག་གི་རྨི་ལམ་ངན་པ་དང༌། མཚན་མ་ངན་པ་དང༌། ལྟས་ངན་པ་དང༌། བཀྲ་མི་ ཤིས་པ་དང༌། ལོ་སྐེག་དང༌། ཟླ་སྐེག་དང༌། ཞག་སྐེག་དང༌། ནད་ཆགས་དང་གདོན་ཆགས་ དང་བདུད་གཡོས་དང་སྲི་ལངས་པ་ལ་སོགས་ཆགས་ཆེ་ཉམ་ང་དང༌། མདོར་ན་བར་ཆད་ མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ལ་བཟློག་པར་གྱུར་ཅིག །ཅེས་སོགས་དམོད་པ་དང་བཅས་ཏེ་ ཐལ་མོ་བརྡབས། ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་རྣམས་ནི་ཐམས་ཅད་ ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །བགེགས་དང་ ལོག་པར་འདྲེན་པ་རྣམས། །འདུལ་དཀའ་འདུལ་ཕྱིར་དཔའ་བོ་ནི། །ཤིན་ཏུ་གཏུམ་པའི་ཁྲོ་ གཟུགས་ཀྱིས། །མ་རུངས་པ་རྣམས་ཚར་གཅོད་ཤོག །སླར་ཡང་སྐུ་གསུང་ཐུགས་མི་འགྱུར་བའི་གཟེར་བུའི་ དམིགས་པ་ཚར་གཅིག་ཡིད་ལ་བསྒོམ། མཆོད་བསྟོད་བྱས་ནས་འོད་གསལ་དུ་བསྡུས་ལ། ཅུང་ཟད་མཉམ་པར་བཞག །སྟོང་ པའི་ངང་ལས་སྐད་ཅིག་ཙམ་གྱིས་སྔོན་བཞིན་གྲུབ་པར་འགྱུར། ཅེས་བརྗོད། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྔགས་གསུམ་པོ་ཚར་གཅིག་བརྗོད། གནས་ལུས་ལོངས་སྤྱོད་སྣང་བ་ཐམས་ཅད་ བྱིན་གྱིས་བརླབས་སོ། །དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་སྨོན་ལམ་དང༌། སྔོན་ཚེ་བཅོམ་ལྡན་ འདས། སོགས་བཀྲ་ཤིས་ཀྱི་ཚིགས་བཅད་ཀྱང་བརྗོད་དོ། །དེ་དག་ནི་ངག་འདོན་གྱི་རིམ་པའོ། །ཚུལ་འདིའི་བསྙེན་པ་བསྐྱལ་ ནས། འོག་ནས་འབྱུང་བའི་ལས་ཚོགས་བསྒྲུབ་པར་བྱའོ། ། ད་ནི་དཀྱུས་དང་ཁྱད་པར་གྱི་མན་ངག་རྣམས་མདོ་ཙམ་བཤད་པར་བྱ་སྟེ། དེ་ལ་དཀྱུས་ ཀྱི་མན་ངག་ནི་གོང་དུ་བཤད་པ་ལྟར་གྱི་བཟླས་པའི་སྐབས་སུ་གནད་ལྔ་དང་ལྡན་པར་བྱ་བ་ ཡིན་ཏེ། དེ་དག་རིགས་བདག་གི་རྒྱས་འདེབས་མཆོད་བསྟོད་དང་བཅས་པ་གྲུབ། མཚམས་ 21-1-547 སུ། ཐོག་མར་དམིགས་པ་འདི་རྣམས་ལེགས་པར་གསལ་བཏབ་ནས། དེ་རྗེས་དམིགས་པ་ དེའི་རྒྱུན་ལ་གནས་པས་བཟླས་པར་བྱའོ། །དེ་ལ་གནད་ལྔའི་དང་པོ་སྒྲུབ་བྱའི་ལུས་སྦ་བའི་ གནད་ནི། རང་ཉིད་མགོན་པོའི་སྐུར་གསལ་བའི་ཐུགས་ཀར་གྲི་གུག་གི་ཡུ་བ་རྡོ་རྗེའི་རྣམ་ པར་གནས་པ་ལྟེ་བར་སྦུབས་སྟོང་གི་ནང་དུ། ཉི་མ་ལ་གནས་པའི་རང་སེམས་ཧཱུཾ་ཡིག་ནག་ པོར་བསྒོམ། བསྲུང་བྱ་དེ་རང་གི་བླ་མ་ཡིན་ན་ཧཱུཾ་གི་ཀླད་ཀོར་གྱི་ནང་དུ་བསྒོམ། དེ་བཞིན་དུ། ཕ་མ་ལ་སོགས་པ་བཀུར་བར་འོས་པ་ཡིན་ན་ཧཱུཾ་གི་མདུན་དུ་བསྒོམ། ཕོ་ཉིད་གཡས་དང༌། མོ་ ཉིད་གཡོན་དང༌། སློབ་མ་དང་གཡོག་འཁོར་རྒྱབ་དང༌། ནོར་རྫས་འོག་ཏུ་བསམ་མོ། །ཡུལ་ ཁམས་སོགས་ཏེ་སྡེ་ཆེན་པོ་བསྲུང་བ་ལ་ཧཱུཾ་གི་འོག་ཏུ་སྒོམ་པའི་ལུགས་ཀྱང་ཡོད་མོད་ཀྱི། འཁོར་ལོའི་ནང་དུ་ཚུད་པར་སྒོམ་པ་ཙམ་གྱིས་ཆོག་གོ ། བསྲུང་བྱ་ཕྱི་ནང་གང་དུ་བཀོད་ཀྱང༌། དེ་དག་གི་མཐའ་སྐོར་དུ་རྩ་སྔགས་དང་སྙིང་པོ་ དང་ཉེ་སྙིང་གི་ཡིག་འབྲུ་འོད་ཟེར་འབར་བས་བསྐོར་བར་བསྒོམ། གནད་གཉིས་པ་མིང་སྦ་ བ་ནི། བསྲུང་བྱ་དེ་བླ་མ་ཡིན་ན་དེ་ཉིད་ཀྱི་ཐུགས་ཀར་མཚན་གྱིས་ཡི་གེ་དང་པོ་བསམ། ཞེས་ པ་དང༌། བསྲུང་བྱ་གཞན་ལ་ཧཱུཾ་གི་ཞབས་ཀྱུའི་ནང་དུ་དེ་ཉིད་ཀྱི་མིང་ཡིག་དང་པོ་བསམ། ཞེས་འབྱུང་ཡང༌། མན་ངག་ལག་ལེན་དུ་མིང་ཡོངས་རྫོགས་རཀྵ་རཀྵ་ཧཱུཾ་གིས་མཐའ་བརྟེན་ པས། ༀ་གྱིས་མགོ་འདྲེན་དང་བཅས་པ་བསྒོམ་ན་ལེགས་པར་བཞེད་དེ། ༀ་ཆེ་གེ་མོར་རཀྵ་ རཀྵ་ཧཱུཾ་ཞེས་པ་ལྟ་བུའོ། ། གནད་གསུམ་པ་ཡིད་སྦ་བ་ནི། རང་གི་སྙིང་གའི་ཧཱུཾ་དེ་ཉིད་བསྲུང་བྱ་རྣམས་ཀྱི་ཡིད་ཀྱི་ ངོ་བོར་མོས་པར་བྱའོ། །ༀ་ལས་རྡོ་རྗེའི་ཕྲ་མོ་དཔག་ཏུ་མེད་པ་སྤྲོས་ནས། རང་དང་བསྲུང་བྱ་ རྣམས་ཀྱི་ལུས་ལ་གོ་མཚམས་མེད་པར་གཏམས་པར་བསམ་མོ། །གནད་བཞི་པ་སྐུ་གསུང་ ཐུགས་མི་འགྱུར་བའི་གནད་ནི། རང་གི་སྤྱི་བོར་ༀ་ལས་འཁོར་ལོ་དཀར་པོ་ༀ་གྱིས་མཚན་ 21-1-548 པ། དེ་ལས་འོད་འཕྲོས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་འཕགས་པ་ཉན་ཐོས་རང་རྒྱལ། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། ལྷ་དང་དྲང་སྲོང་ལ་སོགས་པ་ཐམས་ཅད་ཀྱི་སྐུ་བྱིན་ རླབས་ནུས་མཐུ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སྤྱན་དྲངས་ནས། རང་གི་དཔྲལ་ བའི་ༀ་ལ་ཐིམ། དེ་ལས་འོད་འཕྲོས་ལུས་ཀྱི་ནང་ཐམས་ཅད་གང་བས། ལུས་ཀྱི་སྡིག་སྒྲིབ་ དག །ལྷ་འདྲེས་ལུས་བྱད་དུ་བཅུག་པ་སོགས་ཉེས་སྐྱོན་རྣམས་དབྱིངས་སུ་ཡལ། རྡོ་རྗེའི་ སྐུ་མི་འགྱུར་བ་ཚེའི་དངོས་གྲུབ་ཐོབ་པར་མོས། དེ་བཞིན་དུ་རིགས་འགྲེས་ཏེ། མགྲིན་པར་ ཨཱཿལས་པདྨ་དམར་པོས་ཨཱཿས་མཚན་པ་དང༌། གསུང་གི་བྱིན་རླབས་བསྡུ་བ་དང༌། འོད་ཀྱི་ རང་གི་ལུས་ལ་ཁྱབ་པས་ངག་གི་སྡིག་སྒྲིབ་དག །ངག་མནན་པ་ལ་སོགས་སྦྱངས། རྡོ་རྗེའི་ གསུང་གི་ནུས་མཐུ་ཐོགས་པ་མེད་པར་གྲུབ་པར་མོས། དེ་བཞིན་དུ། སྙིང་གར་ཧཱུཾ་ལས་རྡོ་རྗེ་ སྔོན་པོ་ཧཱུཾ་གིས་མཚན་པ་དང༌། ཐུགས་ཀྱི་བྱིན་རླབས་བསྡུ་བ་དང༌། འོད་ཀྱིས་ལུས་ནང་གང་ བས་ཡིད་ཀྱི་སྡིག་སྒྲིབ་དག །རྫས་སྔགས་སོགས་ཀྱིས་མནན་ཞིང་གཟིར་བའི་རྟེན་འབྲེལ་ ལས་རྨོངས་ཤིང་འཁྲུལ་བ་ལ་སོགས་པ་སྦྱངས། རྡོ་རྗེའི་ཐུགས་མཁྱེན་བརྩེ་ནུས་གསུམ་གྱི་ རང་བཞིན་མངོན་དུ་བྱས་པར་མོས། རང་གི་ལྕེ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པར་བསམ་མོ། ། གནད་ལྔ་པ་འཁོར་ལོ་བསྐོར་བའི་གནད་ནི། རང་གིས་བསྒོམ་པའི་འཁོར་ལོ་ལས་འོད་ ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ ཅད་ཧཱུཾ་དང་ཧཱུཾ་ཡིག་བྷྲུཾ་ཡིག་གི་རྣམ་པར་སྤྱན་དྲངས་ཏེ་འཁོར་ལོ་ལ་ཐིམ་པས་ནུས་མཐུ་བསམ་ གྱིས་མི་ཁྱབ་པར་གྱུར་པར་བསམ་ལ། བཛྲ་ཙཀྲའི་སྔགས་ལན་གསུམ་བརྗོད་པ། བསྲུང་ པའི་འཁོར་ལོ་གཡས་སུ་འཁོར་བས་ནད་གདོན་དགྲ་བགེགས་བྱད་མ་ལ་སོགས་པ་རྣམས་ འཁོར་ལོ་དང་མེ་འོད་ཀྱིས་ཐལ་བར་བརླག་པར་བསམ་མོ། །དམིགས་བསལ་གྱི་བཟློག་པ་ དང་བསད་པ་དགོས་པ་མེད་ཀྱང་ཤ་ས་ན་བཟླ་བའི་སྐབས་སུ་རང་གི་ཐུགས་ཀ་ནས་ཕོ་ཉ་ 21-1-549 དཔག་ཏུ་མེད་པ་སྤྲོས་ནས་དགྲ་བགེགས་སོགས། མི་མཐུན་པའི་ཕྱོགས་ཐམས་ཅད་མེ་རླུང་ གི་དཀྱིལ་འཁོར་གྱི་སྟེང་དུ་ཞགས་པ་ལྕགས་ཀྱུའི་སྦྱོར་བས་དྲངས་ཤིག་བཀུག་ནས། འཁོར་ ལོའི་རྩིབས་ཀྱི་བར་དུ་བཞག་པས། འཁོར་ལོས་གཏུབས། མེས་བསྲེགས། རླུང་གིས་གཏོར། རྣམ་པར་ཤེས་པ་དབྱིངས་སུ་སྤར་བར་བསྒོམ་སྟེ། འདི་ནི་བསྲུང་བའི་ཞོར་ལ་འོང་བའི་བསད་ དམིགས་ཙམ་ཡིན་ནོ། ། དམིགས་བསལ་ཡོད་ན། སྣ་ཚོགས་རྡོ་རྗེའི་ལྟེ་བར་འབྲུབ་ཁུང་གི་ནང་དུ་བསྒྲུབ་བྱ་ ལྕེས་བྲང་ཁེབས་པའི་སྟེང་དུ་འཁོར་ལོས་མནན་པར་བསྒོམ། འཁོར་ལོ་བསྐོར་བས་ཕྱེ་མར་ བརླག་པར་བསམ། དེ་བཞིན་དུ་དམོད་པ་བརྗོད་པའི་སྐབས། ལག་མཐིལ་གཡས་སུ་ཉི་མ་ དང༌། གཡོན་དུ་ཟླ་བ་ལ་གནས་པའི་སྣ་ཚོགས་རབ་ཏུ་ཡངས་པ་རེ་བསམ་ནས། དེའི་བར་ དུ་དགྲ་བགེགས་ལོག་འདྲེན་བདུད་དང་བྱད་མ། མཚན་ལྟས་ངན་པ་ལ་སོགས་པ་མི་མཐུན་ པའི་ཕྱོགས་ཐམས་ཅད་འདིར་སྐད་ཅིག་གིས་བཀུག་ནས། ཕྱེ་མར་བཏགས་ཤིང་རྗེས་མེད་ དུ་འགྱུར་བར་བསམ་ལ་ཐལ་མོ་བརྡབ། འདི་ཡང་བསྲུང་བའི་ཞོར་ལས་འོངས་པའི་བཟློག་ དམིགས་ཙམ་ཡིན་ཏེ། དེ་ཡན་ཆད་ནི། བསྲུང་བཟློག་གཞན་དང་ཡང་ཕལ་ཆེར་མཐུན་མོད་ ཀྱི། འོན་ཀྱང་གཞན་ནས་ཁ་བསྐང་བ་མ་ཡིན་པར་འདིའི་རང་ལུགས་ཀྱི་མན་ངག་ཏུ་གསལ་ བར་བྱའོ། ། གཉིས་པ་ཁྱད་པར་གྱི་མན་ངག་ཞེས་གྲགས་པ་ནི། ཨུཥྞིཥ་རཱ་ལུགས་ཀྱི་མན་ངག་འགར་ མོ་ལོགས་སུ་སྦྱར་བ་ཡིན་ཀྱང༌། འདི་བཞིན་ལག་ལེན་དུ་མཛད་པས་བྱིན་རླབས་དང་ནུས་ མཐུ་ཚན་ཆེ་ལ་རྣོ་ཞིང་མྱུར་བར་འབྱུང༌། ཞེས་གྲགས་སོ། །དེ་ཡང་མདོ་ཙམ་བརྗོད་ན། བཙན་ པོ་མཁར་དུ་བཞུགས་པ། ཁམས་གསུམ་གཡུལ་དུ་བཅད་པ། རྣོ་གསུམ་མཚོན་དུ་བརྡུང་ བ། འཁོར་ལོས་ཇག་པ་འགྱེད་པ་སྟེ་བཞིའོ། །དང་པོ་ནི། གོང་གི་གནད་ལྔ་སོང་ནས། རང་ 21-1-550 གི་ཐུགས་ཀ་ནས་འོད་འཕྲོས་བླ་མ་ཡི་དམ་ལ་སོགས་པ་སྤྱན་དྲངས་ནས། ལྷ་བཅུ་གཅིག་ ལ་ཐིམ་པས་སོ། །སངས་རྒྱས་ཀུན་འདུས་ངོ་བོ་རྡོ་རྗེའི་རང་བཞིན་གྱི་སྐུ་འོད་ཟེར་མེ་དཔུང་ མཐའ་མེད་དུ་འབར་བས་གནོད་བྱེད་འཇོམས་པའི་ནུས་པ་ཅན་དུ་མོས་པའོ། །གཉིས་པ་ནི། འཁོར་ལོ་ཇེ་ཆེར་སོང་ནས་སྟོང་གསུམ་ཁྱབ་པ་དང༌། སྲ་བརྟན་རྣོ་ངར་ཤུགས་དྲག་དང་ལྡན་ པས་མྱུར་དུ་འཁོར་ཞིང༌། སྒྲ་དང་མེ་འོད་ཀྱི་ཕྱོགས་མཚམས་ཐམས་ཅད་ལ་ཁྱབ་པས་སྲིད་ གསུམ་གྱི་འབྱུང་པོ་ཐམས་ཅད་ཆེར་སྔངས་ཏེ། བདག་ལ་མགོན་སྐྱབས་སུ་ཞུ་བར་བསམ། དེ་རྗེས་རང་དང་གནོད་བྱེད་ལྷ་དང་འཁོར་ལོ། མདོར་ན་ཁམས་གསུམ་འཁོར་འདས་ཐམས་ ཅད་རང་སེམས་ཀྱི་སྣང་བ་སྣང་སྟོང་སྒྱུ་མ་ཙམ་དུ་ཐག་བཅད་དེ་ཁྱབ་བརྡལ་གྱི་དབྱིངས་དེར་ བཞག་གོ ། གསུམ་པ་ནི། ཡང་མགོན་པོ་བཅུ་གཅིག་གི་ཐུགས་ཀ་ནས་འོད་འཕྲོས། འཇིག་རྟེན་ དང་འཇིག་རྟེན་ལས་འདས་པའི་ནུས་མཐུ་ཐམས་ཅད་བཀུག་ནས་རང་དང་འཁོར་ལོ་ལ་ བསྟིམས། འཁོར་ལོ་འབར་བ་ལས་མཚོན་ཆ་དང་མེའི་བུ་ཡུག་ཆེན་པོ་འཚུབས་ཏེ། སྔགས་ ཀྱི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་གྲགས་པ་ལྟར་བསྒྲགས་པས། གནོད་བྱེད་ཐམས་ཅད་རྡུལ་ བཞིན་བརླག་པར་བསམ། བཞི་པ་ནི། བསྲུང་བ་དང༌། བཟློག་པ། བསད་པ་དང་གསུམ་ ལས་དང་པོ་ནི། གྲོ་ག་ལ་སོགས་པའི་གཞི་ལ་འགི་ཧཾ་དང་གུར་གུམ་བསྲེས་པའི་འཁོར་ལོ་ རྩིབས་སུ་བཅུ། ནང་དུ་མུ་ཁྱུད་ཅིག །ཕྱི་མ་ལ་མུ་ཁྱུད་གཉིས། དེའི་ཕྱི་རོལ་རྡོ་རྗེ་རྭ་བ་དང་མེ་ རིས་བསྐོར། དབུས་དང་རྩིབས་བཅུ་ལ་ཧཱུཾ་རེ་རེ། དེ་རྣམས་ཀྱི་མཐར་ༀ་མཧཱ་ཀཱ་ལ་ཧཱུཾ་ཕཊ་ཆེ་ གེ་མོ་ལ་རཀྵ་རཀྵ་ཞེས་པ་དང༌། མུ་ཁྱུད་ནང་མ་ལ། ༀ་ཤྲཱི་མཧཱ་ཀཱ་ལ་ཡ་ཆེ་གེ་མོ་དང་བྱད་མ་ གདོན་བགེགས་སོགས་ལས་སྲུངས་ཤིག་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ལྟ་བུའི་སྤེལ་ཚིག་སྐབས་སུ་ གང་བབས་སྦྱར། རྩིབས་མཆན་རྣམས་ལའང་ཡི་གེ་བདུན་པ་ལས་བཅོལ་དང་བཅས་པ་གོང་ 21-1-551 བཞིན་བྲི། མུ་ཁྱུད་ནང་མ་ལ་ཤ་ས་ན་དང་གོང་བཞིན་གནོད་བྱེད་བྱད་ཁ་སོགས། མུ་ཁྱུད་ ཕྱི་མ་ལ་རྟེན་འབྲེལ་སྙིང་པོ་འབྲི། དེ་ལ་རབ་གནས་བྱ་བ་ནི། བདག་བསྐྱེད་ལ་འདོན་པ་སྤོ། མཐར་གཏོར་འབུལ་རྒྱས་པར་བྱ། ལྷ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་ཡིག་འབྲུར་གྱུར། ཅེས་བརྗོད། སྔགས་རྣམས་བརྒྱ་རྩས་བྱིན་གྱིས་བརླབས་ལ། ཡེ་དྷརྨ་ཉེར་གཅིག་གིས་བརྟན་ ཞུགས་བྱས་ལ་ཤིས་པ་བརྗོད། དེ་ནས་ལག་ལེན་བཞིན་ལྟེ་བ་ལ་ཚོན་སྐུད་ཀྱིས་དཀྲིས་ནས། དཔུང་པ་གཡས་གཡོན་གང་རུང་ལ་འདོགས། གནད་སྔ་མ་རྣམས་སོང་མཚམས་སུ། འཁོར་ ལོ་དེ་ལ་ལག་པས་རེག་པས་འཁོར་ལོ་ལས་འོད་འཕྲོས། སངས་རྒྱས་ལ་སོགས་པའི་བྱིན་ རླབས་ཐམས་ཅད་སྒོམ་པའི་བསྲུང་འཁོར་དང་འདྲ་བ་སྤྱན་དྲངས། བྲིས་པའི་འཁོར་ལོ་ལ་ ཐིམ་པས་ནུས་མཐུ་དང་གཟི་བརྗིད་དཔག་ཏུ་མེད་པར་འགྱུར། སྙིང་པོ་བདུན་རྩ་སྔགས་ བདུན། རྟེན་འབྲེལ་སྙིང་པོ་གསུམ་བཟླས་པས་བདག་ལ་བསྲུང་བར་བསམ། བསྲུང་བ་ལ་དེ་ ཙམ་གྱིས་ཆོག་གོ ། གཉིས་པ་བཟློག་པ་ནི། འཁོར་ལོ་སྔ་མའི་སྟེང་ནས་མཛད་པའི་ལག་ལེན་འདུག་ཀྱང༌། བཟློག་པའི་འཁོར་ལོ་ལོགས་སུ་བྲིས་ན་ལེགས་པས་དུག་ཁྲག་དང་འགི་ཧཾ་བསྲེས་པ་ནས། ཡིག་འབྲུ་རྣམས་མགོ་ནང་དུ་བསྟན་པ་དང༌། བསྲུང་བའི་སྤེལ་ཚིག་གི་ཚབ་ཏུ། འདི་ཞེས་བྱ་ བ་ལ་གནོད་པར་བྱེད་པའི་དགྲ་བགེགས་བྱད་མ་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ། ཡནྡྲ་མནྡྲ་ཀརྨ་ པྲཏྱཾ་གི་ར་ཧྲི་སྟྭཾ་བྷ་ཡ་ལཾ། བྱད་མ་འདི་ཀཱི་ལི་ཀི་ལ་ཡ་ཧཱུཾ་ཕཊ། ཅེས་པ་འདྲི་བ་ནི་ཁྱད་པར་རོ། ། གོང་དུ་བཤད་པའི་བསྲུང་བ་དེ་སོང་བའི་རྗེས་ལ་བྱིན་རླབས་བསྡུ་ཚུལ་དང༌། བརྟན་བྱེད་ ཀྱི་སྔགས་སྔར་བསྲུང་བའི་སྐབས་བཞིན་བྱེད། མགོན་པོ་བཅུ་གཅིག་པོ་ཆེར་ཁྲོས། ཕྱོགས་ བཅུའི་མགོན་པོའི་ཞབས་གཡས་བརྐྱང་དུ་བསྒྱུར། ཕྱོགས་མཚམས་བརྒྱད་དུ་ཞལ་ཕྱིར་ གཟིགས། འཁོར་ལོ་གཡོན་བསྐོར་དུ་དྲག་ཏུ་འཁོར། རྩིབས་རྣམས་ཀྱི་བར་མཚམས་སུ་མེ་ 21-1-552 དང་རླུང་གི་དཀྱིལ་འཁོར་བརྩེགས་པའི་གདན་ལ། ཎི་ལས་དགྲ་དང་བྱད་མ། དྲི་ལས་ཕོ་ གདོན། སྲི་ལས་མོ་གདོན་རྣམས་ལུས་རིད་པ། སྐྲ་འཛིངས་པ། སྐྱབས་དང་བྲལ་བ། ཡན་ ལག་བཅིངས་པ། གཅེར་བུ་འདར་བ། སྤྱི་བོའི་གཙུག་ཏུ་འདུག་པར་བསམ། རང་གི་ཐུགས་ ཀ་ནས་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལ་སོགས་མཚོན་ཆ་སྣ་ཚོགས་ཐོགས་པ་སྤྲོས། ཞགས་ པ་དང༌། ལྕགས་ཀྱུས་དགྲ་བགེགས་བཀུག །མཚོན་ཆས་བསྡིགས་ཏེ་སྔར་བསྒོམས་པའི་ གཟུགས་བརྙན་ལ་ཡང་ཡང་བསྟིམས། འཁོར་ལོ་བསྐོར་བས་རྐང་པ་ནས་སྤྱི་བོའི་བར་དུ་ཉི་ མ་ཉིལ་གཏུབས། མེས་བསྲེགས། ཐལ་བ་རླུང་གིས་གཏོར། སླར་ཡང་དགྲ་དང་བྱད་མའི་ ལྷ་དང་སྲུང་མ་དང་དཔུང་གཉེན་རྣམས་ཚུར་འོངས་པས་འཁོར་ལོ་དྲག་ཏུ་འཁོར་བས། ནང་ དུ་འོང་ས་མ་རྙེད་ཅིང༌། རྭ་བ་དང་མེའི་འོག་ལ་ཐོགས་ཏེ་ཕ་རོལ་ཏུའང་འགྲོ་ས་མ་རྙེད་ནས། མགོན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་དྲག་གཏུམ་མི་བཟད་པ་རྣམས་ཀྱིས་སྐད་ཅིག་ལ་ བཟུང་ཞིང་མཚོན་ཆས་བརྡེག ཤ་ཁྲག་རུས་གསུམ་ཞལ་དུ་གསོལ་བ། ལྷག་མ་ཙམ་ཡང་ མེད་པར་བྱས། ཕོ་ཉ་རྣམས་རང་ལ་ཐིམ་པས་དགྲ་བགེགས་བྱད་མ་ལྷ་བསྲུང་དཔུང་གཉེན་ དང་བཅས་པའི་ལུས་སྲོག་ཚེ་དང་བསོད་ནམས་བཀྲག་མདངས་དང་བཅུད་ཐམས་ཅད་རང་ ལ་བྱུང་བར་བསམས་ལ། ཤཱ་ས་ནའི་མཇུག་གི་རྦད་བསད་ལ་མིང་ཡིག་སྤེལ་ནས་བཟླས་ ཏེ། དེ་ཡང་དམིགས་བསལ་ཡོད་ན་མིང་དངོས་སུ་གཞུག་ལ། སྤྱི་བཟློག་ལ་བྱེད་ན། ཨེ་དམ་ དུཥྚཾ། དགྲ་བགེགས་དང་བྱད་མ་ཁ་ཁ། དགྲ་བགེགས་དང་བྱད་མ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་ དང་བྱད་མ་མཱ་ར་མཱ་ར། དེ་བཞིན་དུ་སྦྱར་ཏེ། དགྲ་བགེགས་དང་བྱད་མ་འདི་ན་མི་ཀེ་ན་མཱ་ ར་ཡ་ཧཱུཾ་ཕཊ། ཅེས་དྲག་ཏུ་འདོན་ནོ། །ཡང་རྒྱལ་འགོང་དང་བཙན་དང༌། བདུད་ལྟ་བུའི་ གནོད་པ་ཡོད་ན་སྤྱིར་དམིགས་པ་གོང་དང་འདྲ་ཞིང་ཉམས་དང་རྨི་ལམ་དུ་ཆོ་འཕྲུལ་ངེས་པ་ ཅན་འོངས་ན་དྲི་ལས་རྣམ་པ་ཆོ་འཕྲུལ་དེ་ཉིད་འདྲ་བ་བསྐྱེད་ཅིང་དགུག །ཤ་ས་ནའི་མཇུག་ 21-1-553 ཏུ། ༀ་ཤྲཱི་མཧཱ་ཀཱ་ལ་ཡ། སརྦ་རོ་མྱག་ཁ་ཐིམ། སྲོག་གཟེར་ཕུར་ནན། དྲིག་ཕྱུང༌། ཧྲི་ཏྲི་ཤག་ རྦད། ཅེས་བཏགས་པ་བཟླས། ཕོ་གདོན་མོ་གདོན་ཐམས་ཅད་ལ་འདི་ཁོ་ན་སྦྱར་རོ། །ཀླུ་ལ་ གཏད་ཁྲམ་བྱས་པ་སོགས་ཡོད་ན། དམིགས་པ་སྔ་མ་བཞིན་བསྒོམས་པའི་རྗེས་སུ། སྔགས་ ཀྱི་ཡིག་འབྲུ་རྣམས་ལས་རྡོ་རྗེ་རྒྱ་གྲམ་དང་རི་རབ་ལྷུན་པོ་དཔག་ཏུ་མེད་པ་སྤྲོས་ནས། གནོད་ བྱེད་ཀླུ་གཉན་རྣམས་དང༌། དེའི་དཔུང་གཉེན་གཏད་ཁྲམ་གྱི་སྔགས་ཀྱི་ཡིག་འབྲུ་ལ་སོགས་ པ་ཐམས་ཅད་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པར་མནན་པར་བསམ། སྔགས་ནི་ཤཱ་ས་ ནའི་མཇུག་ཏུ། ༀ་ཤྲཱི་མཧཱ་ཀཱ་ལ་ཡ། ན་ག་ཤ་རི་རཾ་བི་སྤོ་ཊ་ཡ། ཚིནྡྷ་ཚིནྡྷ། བིནྡྷ་བིནྡྷ། ན་ག་ ནཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླའོ། ། ༈ ཡང་དམིགས་གསལ་ཅན་གྱི་རྦོད་གཏོང་དྲག་པོ་ཡོད་ན། སྤྱི་འགྲོའི་མན་ངག་གིས་ བཟློག་མ་ཐུབ་ན། དམིགས་གཞི་སྔ་མ་བཞིན་དུ་བསྒོམས་ནས། དགུག་གཞུག་གི་སྔོན་ལ་ བྱད་མ་དེའི་ཡི་དམ་ཆོས་སྐྱོང་སོགས་ངོ་ཤེས་ན་དེ་ཉིད་དེའི་རྣམ་པ་སྔགས་ཀྱི་ཡིག་འབྲུས་ བསྐོར་བར་བསྒོམ་གང་ཡིན་མི་ཤེས་ན་ཁྲོ་བོ་ཁ་དོག་མི་གཅིག་པ་ལྔ་ཨཱ་ལི་ཀཱ་ལིས་བསྐོར་བ་ འོད་དང་ལྡན་པར་བསྒོམ། རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས། བྱད་མའི་ བསྲུང་འཁོར་ལ་རེག་པས་ལྕི་བས་དངུལ་ཆུ་སྡུད་པ་ལྟར་ཚུར་བསྡུས་ཏེ། རང་གི་བསྒོམ་པའི་ བསྲུང་འཁོར་ལ་ཐིམ། ཡང་འོད་འཕྲོས་བྱད་མའི་ཡི་དམ་ཆོས་སྐྱོང༌། ལྷ་སྒོམ་སྔགས་བཟླས། རྫས་དང་འཁོར་ལོ་ལ་སོགས་པའི་བྱིན་རླབས་ནུས་མཐུ་ཐམས་ཅད་རྡོ་ཁབ་ལེན་གྱིས་ ལྕགས་ཕྱེ་བླངས་པ་ལྟར་ཚུར་བསྡུས་ཏེ། བདག་ཉིད་གཙོ་འཁོར་བཅུ་གཅིག་ལ་ཐིམ། ནུས་ མཐུ་དང་གཟི་བརྗིད་དཔག་ཏུ་མེད་པར་བསམ། ཡང་འོད་འཕྲོས་བྱད་མའི་སྲུང་མ་རྣམས་ཀྱི་ སྙིང་གར་ཕོག །དེ་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་དྭངས་མ་རྣམས་ཧཱུཾ་གི་རྣམ་པར་བསྡུས་ ནས། རང་གི་ཐུགས་ཀའི་ཧཱུཾ་གི་ཞབས་ཀྱུའི་འོག་ཏུ་འགྱེལ་སྟབས་སུ་མནན་པར་བསྒོམ། དེ་ 21-1-554 ནི་བྱད་མའི་ལྷ་བསྲུང་བཙོན་དུ་བཟུང་ཞེས་བྱ་བ་ཡིན་ནོ། ། ཡང་འོད་འཕྲོས་བྱད་མའི་མདངས་ལྷ་སྟོབས་དང་བྲལ་བ་དེ་ཕོ་ཉ་རྣམས་ཀྱི་བཀུག་པ་ ཡན་ཆད་སྔར་བཞིན་བསྒོམས་པ་ལས། ཐུན་མོང་མ་ཡིན་པའི་དམིགས་པ་དེ་རྣམས་ལན་ གསུམ་ལྔ། བདུན་སོགས་བསྐྱར་གྱིན་བསྒོམ་པ་གལ་ཆེ། སྔགས་ནི་ཤཱ་ས་ནའི་མཇུག་ཏུ། ༀ་ ཤྲཱི་མ་མཧཱ་ཀཱ་ལ་ཡ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མ་ར་ཡ་ཛཿཀཱི་ལི་ཀཱི་ལ་ཡ་བྷྱོཿབཟློག་རྦད། ཅེས་ དྲག་ཏུ་བཟླས་ཤིང༌། ཤིན་ཏུ་རྩུབ་ན་དགྲ་དང་བྱད་མའི་སྲུང་མ་ཚུར་རྣམས་འོངས་པ་ལ། ཕོ་ ཉ་དྲག་གཏུམ་མི་བཟད་པ་རྣམས་ཀྱིས་བརྡེག་པས་དེ་རྣམས་ཕར་ལོག་ནས་དགྲ་དང་བྱད་མ་ དེ་ཉིད་ཐལ་བའི་རྡུལ་དུ་བརླག་པར་བྱས་པར་བསམ། གཞན་ཡང་སྐབས་སུ་ཕོ་ཉ་དཔག་ ཏུ་མེད་པ་སྤྲོས་ཏེ་བྱད་མའི་ཡུལ་དང་ལྷ་བསྲུང་ཐམས་ཅད་བཅོམ་བསྲུང་བ་དང་མཚོན་ཆ་ རྣམས་བདག་ཉིད་ཀྱི་བསྲུང་བ་དང༌། ལག་ཆར་ཡང་བྱས་པར་བསམ། གོང་དུ་བཤད་པའི་ དམོད་པ་ཡང་ཡང་གདབ་བོ། །འདི་རྣམས་གཙོ་བོར་བཟློག་པ་ཡིན་ཡང་བསད་པའང་ཞོར་ ལ་ཡོད་པས་བཟློག་བསད་སྟབས་གཅིག་པ་ཞེས་བྱའོ། ། གསུམ་པ་བསད་པ་ནི། འཁོར་ལོ་ནི་གོང་དུ་བཤད་པའི་བཟློག་འཁོར་དེ་ཉིད་བཟློག་ བསད་སྟབས་གཅིག་པ་ཡིན་པས། དེ་ཀ་འདྲ་བ་གཅིག་གིས་ཀྱང་རུང་ཙམ་ཡིན་ལ། བསད་ འཁོར་དངོས་ནི། འཁོར་ལོའི་ལྟེ་བར་བྱད་མའི་ལིངྒ་ལྕེ་སྙིང་གར་སླེབས་པའི་སྟེང་དུ་རྡོ་རྗེ་རྒྱ་ གྲམ་ལྟེ་བ་ལ་ཧཱུཾ་སྔགས་ཀྱིས་བསྐོར། འགྲུབ་ན་རྩིབས་བཅུ་ལའང་དེ་བཞིན་དུ་འབྲི། ལིངྒའི་ མཐར་བྱད་མ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་སྤེལ་བའི་སྔགས་ཀྱིས་བསྐོར། རང་གི་ལག་མགོ་དང༌། གཏོར་མའི་འོག་ཏུ་ཡང་ལིངྒའི་མཐར་བསད་སྔགས་ཀྱིས་བསྐོར་བའི་ལྕེའི་སྟེང་དུ་འཁོར་ལོ་ རྩིབས་བཅུ་བཟློག་འཁོར་བསྡུས་པ་དང་ཕལ་ཆེར་འདྲ་བས་མནན་པ་རེ་རེ་བྲི། དེ་བཞིན་ དུ་གཡུལ་འཐབ་པའི་སའམ། མི་རོ་བསྲེགས་པའི་ཤུལ་གྱི་ས་ཞག་མ་ལོན་པ་ལ་སོགས་པ་ 21-1-555 ཇི་ལྟར་རྙེད་པ་བླངས་ཏེ། དུག་ཁྲག་ལ་སོགས་པ་བསྲེས་པ་ལ་འབྲུབ་ཁུང་གྲུ་གསུམ་ཚད་ཇི་ ལྟར་རིགས་པ་ཞིག་རང་གི་མདུན་གྱི་ཕྱོགས། རང་གི་ཕྱོགས་སུ་ལོགས་བསྟན་པ་སྟན་ལས་ དམའ་བ་ཞིག་ཏུ་ཡོད་པར་བྱ། དེའི་ནང་རོ་སོལ་གྱིས་བྱུགས། དུག་ཁྲག་བྱུགས་པའི་རྩང་ ཉེར་གཅིག་གིས་ཁ་ཁྱེར་ལ་བསྐོར་དེའི་ནང་དུ་གོང་དུ་བཤད་པ་ལྟར་གྱི་བསད་པའི་འཁོར་ ལོ་དེ་གཞུག་དགོས་པ་ཡིན་ལ། དེ་ཡང་འདི་ལྟར་བྱ་སྟེ། ཤོག་བུ་ལ་ཁྲག་ཆེན་གྱིས་ཅུང་ཟད་ བྱུགས་ལ། སླར་དུག་དང༌། ཁྲག་དང༌། སྐེ་ཚེ་དང༌། ལན་ཚྭ་རྣམས་བསྲེས་པའི་སྣག་ཚས། འཁོར་ལོ་ཁ་སྦྱོར་རམ་རྐྱང་བ་གང་རུང་ཞིག་འདྲི་བ་ཡིན་པ་ལ། ཁ་སྦྱོར་ལྟར་ན་སྟེང་འཁོར་ གཡས་བསྐོར་དང༌། འོག་འཁོར་གཡོན་བསྐོར་དུ་བྲི་བར་བྱེད་ལ། དེ་གཉིས་སྙོམས་ཤིང་ འགྲིགས་པ་ཞིག་དགོས་པས། བཙག་བར་གྱི་འཁོར་ལོ་ཞིག་ལོགས་སུ་བཙོས་ནས་དེས་ འདེབས་པའམ། འཁོར་ལོ་གཅིག་བྲིས་ཟིན་པའི་སྟེང་དུ་སོལ་བའི་རི་མོ་བཏབ་སྟེ། ཅིག་ ཤོས་ལ་བཞའ་འཕབ་པར་བྱས་ཀྱང་རུང་ངོ༌། །དེའི་དབུས་སུ་བྲིས་པའི་ལིངྒ་སྔགས་ཅན་ཞིག་ ཀྱང་གཞུག །འཁོར་ལོ་ཆིག་རྐྱང་བྱེད་ནའང་བྲིས་པའི་ལིངྒ་ཞིག་འཁོར་ལོའི་ལྟེ་བའི་ཐད་ དུ་སྦྱར་དགོས། གང་ལྟར་ཡང་ལག་ལེན་བཞིན་བཏབ། རོ་སྐྲས་བཅིངས། རྙེད་ན་ཐོད་པ་ གླིང་བརྒྱད་དགུ་བཅུ་པ་གསུམ་གང་རྙེད། ཕོ་ཐོད་མོ་ཐོད་ཁ་སྦྱོར་དུ་བྱས། མ་རྙེད་ན་དེ་འདྲ་ བ་ཕོ་ཐོད་ཁ་སྦྱོར་རམ། མོ་ཐོད་ཁ་སྦྱོར་གྱིས་ཀྱང་ཡོང༌། དེ་ཡང་མ་རྙེད་ན་ཐོད་པ་དེ་འདྲ་བ་ གཅིག་ཉིད་ལ་དུམ་བུ་གཉིས་སུ་བྱེད་པའི་ཐོད་ཚལ་ཁ་སྦྱོར་རམ། ཐོད་པ་གཅིག་ཉིད་ཀྱི་ནང་ དུ་བཞག་ཀྱང་རུང་བར་མངོན། གང་ལྟར་ཡང་འཁོར་ལོ་དེ་དགྲ་བོའི་དྲི་མ་དྲུག་པོ་གང་རྙེད་ དམ། རྐང་རྗེས་ཀྱི་ས་དང་ཟོས་ལྷག་ལ་སོགས་རྙེད་ནས་བསྲེས་པའི་ཕུང་ཤུལ་གྱི་ས་ལ་ལིངྒ་ བྱས་པའི་དེའི་སྙིང་གར་གཞུག དེ་ལ་དགུག་གཞུག་ཡང་ཡང་བྱས་ཏེ། བསད་འཁོར་ལྷག་ པ་ཁ་སྦྱོར་གྱི་ལུགས་གཅིག་བྲིས་ནས་ལིངྒ་དེའི་སྟེང་འོག་ནས་གཡོགས་པའི་ལག་ལེན་ཡང་ 21-1-556 ཡོད་པ་ལྟར་རམ། དེ་མ་བྱས་ཀྱང་རུང་སྟེ་སྐུད་པ་སྔོ་དམར་གྱིས་བཅིངས། ཐོད་པའི་ནང་དུ་ དུག་དང་རོ་ཐལ་སོགས་ཀྱིས་བཀང་བ་ལ་གཞུག །ཐོད་པ་སྟེང་མ་ལ་ཐུན་ཁུང་བཞག །ཕྱི་ ནས་སྐྲས་བཅིངས་པར་བྱའོ། །དེ་ལྟ་བུའི་ཐོད་པ་འབྲུབ་ཁུང་དེར་བཅུག །རོ་གཡམ་ལ་ནང་ དུ་བསད་པའི་འཁོར་ལོ་དང༌། ཕྱི་མ་རྡོ་རྗེ་རྒྱ་གྲམ་རི་རབ་དང་བཅས་པ་བྲིས་པས་ཁ་བཅད། སྐམ་ཐུན་རློན་ཐུན་དང༌། ལྕགས་སམ་སེང་ལྡིང་དམ། མི་རུས་ཀྱི་ཕུར་བུའང་ཕུར་གདན་དང་ བཅས་པ་བཤམས། ཕྱོགས་གཞན་ཞིག་ཏུ་ཉིན་རེ་བཞིན་དུ་བྱ་བའི་འབྲུབ་ཁུང་དང༌། ཟན་ ལིང་ཡང་བཤམས་དགོས་ཤིང༌། འབྲུབ་ཁུང་གི་རྒྱབ་ཕྱོགས་སུ་རྟེན་དང་མཆོད་གཏོར་རྒྱ་ ཆེར་བཤམས། ཐུན་བཞི་ལ་སོགས་པར་འདི་ཉིད་ཀྱི་ཐུན་གྱི་མགོ་ཞབས་གང་ཡང་རུང་བ། དེ་གཏོར་འབུལ་དང་བསྐང་བཤགས་གནད་དུ་འགྲོ་བ་རེ་རེ་བྱེད་པ་གལ་ཆེ། གཏོར་མ་ནི་ ཐུན་གཏོར་རེ་རེ་མ་ཆགས་པར་འབུལ་ཞིང་ཕྱིར་བཏང༌། རྒྱུན་གཏོར་ཐུན་བཞིར་གསོས་ལ་ འབུལ། གཏའ་གཏོར་ཐུན་བཞིར་གསོ་ཞིང་བྱིན་གྱིས་བརླབས་ལ་མི་འབུལ་བར་དར་གྱིས་ བཀབ་ལ། ལས་འདི་གྲུབ་ན་འབུལ་ལོ། །ཞེས་བྱ། དངོས་གཞི་ཕལ་ཆེར་གོང་གི་བཟློག་པའི་སྐབས་དང་འདྲ་བ་ལས། བསྲུང་འཁོར་གྱི་ སྣ་ཚོགས་རྡོ་རྗེའི་ལྟེ་བར་འབྲུབ་ཁུང་གི་ནང་དུ་དགྲ་བོའི་བྱད་མ་གན་རྐྱལ་དུ་གནས་པ་ལྕེས་ བྲང་ཁེབས་པའི་སྟེང་དུ་འཁོར་ལོའི་མར་རྩེ་བཅུགས་པའི་ལྕེ་དང་སྙིང་ཕུག་ཅིང་དེའི་ཐོག་ ཏུ་འཁོར་ལོ་བསྐོར་བར་བསམ། རྩིབས་ཀྱི་བར་དུ་བྱད་མ་བསད་བཅད་གཏུབ་པ་སོགས་ བཟློག་པའི་སྐབས་དང་འདྲ་བ། ཁྱད་པར་སྐབས་འདིར་བཟླས་པ་མང་དུ་སོང་མཚམས་ནས་ མདུན་གྱི་ཟན་ལིང་ལ་དམིགས་ནས། དགུག་གཞུག་ལན་གསུམ་སོགས་སོང་མཚམས་སུ་ ཤཱ་ས་ན་བཟླ་བཞིན་དུ་ལིངྒ་དུམ་བུར་གཏུབ་ལ་གཏོར་མ་ལ་བཏབ། བདག་བསྐྱེད་མདུན་ བསྐྱེད་འཁོར་ལོའི་ལྷ་གསུམ་ཆར་ལ་དམིགས་ནས་གཏོར་མ་འབུལ། འཕྲིན་ལས་དྲག་ཏུ་ 21-1-557 བསྐུལ། འབྲུབ་ཁུང་ཁ་ཕྱེས་ནས་ཐོད་པའི་ནང་གི་ལིངྒ་ལ་དགུག་གཞུག་དྲག་ཏུ་བྱ་ཞིང༌། མཐར་ཡི་དམ་ཆོས་སྐྱོང་གི་རྩ་སྔགས་སྦྲེལ་བའི་མཇུག་ལ། དགྲ་བོ་འདི་ཞེས་བྱ་བའི་བླ་སྲོག་ ཨཪྵ་ཡ་ཛ་ཛཿ ཆེ་གེ་མོ་ཨརྣི་ཤག་ཕྱེ་ཤག་ཕྱེ་ཁུག་ལིང་ཨ་ཀཪྵ་ཡ་ཛ་ཛཿ ཞེས་བཏགས་པ་ཅི་ མང་དུ་བཟླས་ནས། མཐར་ཛཿཧཱུཾ་བཾ་ཧོཿ ལན་མང་པོས་བཅིང་བར་མོས་ལ་འབྲུབ་ཁུང་ཁ་ བཀབ་བོ། ། ཐུན་དང་ཕུར་བའི་ལྷ་ལ་དམིགས་ཏེ་འོག་ཏུ་འཆད་པའི་ཐུན་སྔགས་དང་ཕུར་བའི་ སྔགས་ཀྱང་དྲག་ཏུ་བཟླ། ཐུན་མཚམས་སུ་བསྲུང་བའི་དམིགས་པ་གསལ་བཏབ་ནས་ཕྱི་ཕྲེང་ དང་ནམ་ཕྱེད་ལ་སོགས་པའི་དུས་སུ་སྒྲུབ་ཁང་གི་ཕྱི་རོལ་དུ་གཏོར་མ་ཞིག་ཁྱེར་ལ། འབྱུང་ པོ་སྤྱིའི་གཏོར་མ་ལྟར་བྱིན་གྱིས་བརླབས། དགྲ་བོའི་ལྷ་ལ་དམིགས་ནས་བདེན་པ་བདར་ དེ་དགུག །ཨ་ཀཱ་རོ་ལན་མང་པོས་འབུལ། དཔང་གཟུང་བཅོལ་ཞིང་ཤགས་མང་དུ་བཏབ། དགྲ་དང་བྱད་མའི་དཔུང་གཉེན་མ་བྱེད་པ་བདག་གི་གྲོགས་གྱིས་ལ་གནོད་བྱེད་འདི་རྡུལ་དུ་ རློག་ཅིག །ཅེས་སོགས་བརྗོད། གཙྪ་ཞེས་རང་གནས་སུ་བཏང་ལ། སྔགས་ཀྱི་མཐར་དགྲ་ བོ་འདི་ཞེས་བྱ་བ་འགོ་བའི་ལྷ་དང་ཕྲོལ། ཞིག་བི་དེ་ཤ་ཡ་ཕཊཿ ཨརྞི་ཤག་ཕྱེ་ཤག་ཕྱེ། ཞེས་ བཏགས་པ་ལན་ཉེར་གཅིག་ཙམ་བཟླས་པ་དང༌། དེའི་ལྷ་རྣམས་མ་ཧེ་དང་འུག་པ་བཞོན་ པ་དང༌། དེ་རྣམས་ཉིད་དུ་རྟ་དང་བྱ་རོག་ལ་བཞོན་པ་ཕན་ཚུན་སྡང་སེམས་དྲག་པོས་འཐབ་ པས་དགྲ་བོ་རྣམས་རྡུལ་དུ་བརླག་པར་བསམ། ཡང་གཏོར་མ་གཅིག་ཡུལ་ལྷ་གཞི་བདག་སྡེ་ བརྒྱད་སྤྱི་ལ་མཁའ་འགྲོ་སྤྱི་གཏོར་དང༌། གཞི་བདག་གཏོར་མའི་ཆོ་གས་ཕུལ། མ་ཉེས་པའི་ དཔང་གཟུ་ཤག་འདེབས། འཕྲིན་ལས་བཅོལ་ནས། དེ་བཞིན་དུ་བྱེད་པར་བསམ། བསྲུང་བ་ དང་བཅས་པས་ནང་དུ་འོངས། ཚུལ་དེ་ལྟ་བུའི་ཁུག་པའི་རྟགས་བྱུང་ངམ། ཞག་བདུན་ཕྲག་ གཅིག་གམ་གཉིས་སམ། གསུམ་གྱི་བར་སྒྲུབ་བོ། ། 21-1-558 ༈ དེ་ནས་བསད་པ་དངོས་ནི། གཞན་སྔ་མ་དང་འདྲ་བ་ལས། ཐོད་པའི་ནང་གི་ལིངྒ་ལ་ དགུག་གཞུག་སོང་མཚམས་སུ་དེ་དགྲ་བོ་དངོས་སུ་བསམ་ཞིང༌། དེའི་སྙིང་གར་ཡང་འཁོར་ ལོ་རྩིབས་བཅུ་པའི་དབུས་ན་ཁྲོ་བོ་བཅུ་གཅིག་དངོས་སུ་ཡོད་པར་མོས། བདག་བསྐྱེད་ཀྱི་ ཐུགས་ཀར་ནས་མཁའ་འགྲོ་མ་དཔག་ཏུ་མེད་པ་སྤྲོས། དེའི་ལུས་ལ་གནས་པའི་འཇིག་རྟེན་ དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ལ་མཆོད་པར་བསམ་ལ། ཨརྒྷཾ་སོགས་བརྗོད། འཇིག་རྟེན་ལས་འདས་པ་རྣམས་རང་ལ་བསྟིམ་པའམ། དབྱིངས་སུ་གཤེགས། འཇིག་རྟེན་ པ་རྣམས་རིང་དུ་བསྐྲད་པར་བསམ། སྒྲུབ་བྱའི་སྔོན་གྱི་ལས་ཀྱིས་འཕངས་པའི་ཁ་རྗེ་དབང་ ཐང༌། ཚེ་དང་བསོད་ནམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་སྙིང་གར་ཧཱུཾ་གི་རྣམ་པར་ འདུས། སྤྱི་གཙུག་ནས་ཕྱུང་སྟེ་བདག་ལ་བསྟིམ་པའི་མོས་པ་བྱ། རང་གི་སྙིང་ག་ནས་འོད་ འཕྲོས། དགྲ་བོའི་སྙིང་གའི་འཁོར་ལོ་ལ་ཕོག་འཁོར་ལོ་གཡོན་འཁོར་དུ་དྲག་ཏུ་འཁོར་བར་ སྲོག་རྩ་དོན་སྙིང་ནང་ཁྲོལ་ཐམས་ཅད་ནང་ནས་གཏུབས། བདག་བསྐྱེད་ཀྱི་འཁོར་ལོ་གཡས་ སུ་བསྐོར་བས་ཕྱི་ནས་གཏུབས་ཏེ་སྔར་སྤྲོས་པའི་མཁའ་འགྲོ་མ་རྣམས་དང༌། གཞན་ཡང་ཕོ་ ཉ་སྲིན་པོ་གདུག་པ་ཅན་དཔག་ཏུ་མེད་པ་སྤྲུལ་ནས་ཤ་ཆོམ་རུས་ཆོམ་དུ་ཟོས་པར་བསམ་ལ། སྔགས་བདུན་ཙམ་བཟླ། ཡང་དམིགས་པ་དེ་ཀ་འདྲ་བ་ལས། འཁོར་ལོ་གཉིས་ཀྱིས་དུམ་ བུར་གཏུབ་པ་མེས་བསྲེག །རླུང་གིས་གཏོར་བར་བསམ་སྟེ་སྔགས་བདུན་ཙམ་བཟླ། ཡང་ དམིགས་པ་དེ་ཀ་འདྲ་བ་ལས། དུམ་བུར་གཏུབས་ཟིན་པའི་མཚམས་སུ་སླར་ཡང་ལྷག་མ་དེ་ ཉིད་དང༌། དགྲ་བོའི་ཡུལ་ཁམས་ལ་དམིགས་ནས་དུག་དང་མེ་དང་མཚོན་ཆའི་ཆར་ཆེན་པོ་ སྤྲོས་ཏེ། དེའི་གནས་ལུས་ལོངས་སྤྱོད་འཁོར་གཡོག་ཉེ་བའི་ལྷ་དང་རྒྱབ་བསྟེན་ཐམས་ཅད་ མིང་ཙམ་ཡང་མེད་པར་བརླག་པར་བསམ་ལ། སྔགས་བདུན་ཙམ་བཟླ་བའོ། ། དེ་ལ་སྔགས་ནི་ཤ་ས་ནའི་མཇུག་ཏུ། སརྦ་ཤ་ཏྲུཾ་མ་ར་ཡ་ཕཊཿ ཚིནྡྷ་ཚིནྡྷ་ༀ་མཧཱ་ཀ་ལ་ 21-1-559 ཡ། སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད། མནྡྲ་ཙཀྲ་རྦད། ཡ་མ་ཙཀྲ་རྦད། དགྲ་བོའི་དབུགས་ལ་ཐུམ་རིལ་ ཧྲི་ལ། སྙིང་ལ་ཆུམ་ཆུམ་སྲོག་ལ་བམ་རིལ་ལི་ལི་ཛ་ཛཿ ཞེས་བཏགས་པའོ། །ལས་མགོན་ རྣམས་ཀྱི་འབོད་རྦད་བསད་གསུམ་ཡང་ཅི་རིགས་བཟླས་ན་ཤིན་ཏུ་ལེགས་སོ། །དེ་དག་ནི་ བསྒོམ་བཟླས་ཀྱིས་བསད་པའོ། །དེ་ནས་སྐམ་ཐུན་རློན་ཐུན་ནི། ཐུན་ཁུང་དུ་གདབ་ཅིང༌། གོང་གི་སྔགས་ཀྱི་མཐར་སུ་མི་ཏྲ་ག་རཀྵ་བྷྱོཿ ཐིབས་ཐིབས་ཙཀྲ་བྷྱོཿ སྙིང་ག་རག་བདུན་དྲི་ བྷྱོཿརྦད་རྦད་དྲི་ན་ཤིག་ཤིག་སེ་ན་གཏུབ་གཏུབ། ཁ་རག་རྦད་དུམ་བུ་བྷྱོཿ བཛྲ་ཙི་ཏྲི་རཀྵ་ཙ་ ཏྲི་ཡ་མཱ་ར་ཡ་བྷྱོ་བྷྱོཿ ཞེས་དྲག་ཏུ་བརྗོད་དེ། ཐུན་གྱིས་བསད་པའོ། །ཕུར་བུ་སྐད་ཅིག་གིས་ གུར་གྱི་མགོན་པོ་ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན་བསྒོམ་སྟེ། ཤཱ་ས་ནའི་མཇུག་ཏུ། མཧཱ་ ཀཱ་ལ་བཛྲ་ཀཱི་ལཱི་ཀཱི་ལ་ཡ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ། ཅེས་ལན་བདུན་ཙམ་བཟླས་པའི་རྗེས་ལ། ཕུར་བུ་དེ་ཉིད་ལག་ཏུ་བླངས་ཞིང༌། ལིངྒའི་སྟེང་དུ་དྲག་ཏུ་བསྒྲིལ་ལ། སྔགས་དེ་ཉིད་དྲག་ཏུ་ བཟླ། དམིགས་པ་ནི་གནས་ལྔར་ཕུར་བུས་བཏབ་པས་ཤ་ཁྲག་ཏུ་མེར་གྱིས་སོང་བ་མགོན་ པོ་འཁོར་བཅས་ཀྱི་གསོལ་བར་བསམ། ཡང་འབྲུབ་ཁུང་ཁ་བཅད་པ་སོགས་སྔར་བཞིན་ནོ། ། དེ་ལྟར་ཞག་བདུན་ནམ་ཉེར་གཅིག་ལ་སོགས་པར་བསྒྲུབས་པས་བསད་བའི་ལས་འགྲུབ་ ཏུ་ཉེ་རྟགས་བྱུང་ན། གཏའ་གཏོར་དེ་འབུལ། འབྲུབ་ཁུང་དེ་ཉིད་དུ་རོའི་འགལ་དུམ་དང༌། ཚེར་མའི་ཤིང་ལ་དུག་ཁྲག་བྱུགས་པའི་བུད་ཤིང་བརྩེགས། དྲག་པོའི་མཆོད་གཏོར་རྒྱ་ཆེར་ བཤམས། ཁྲག་དང་སྣུམ་ནག་བསྲེས་པ་དང༌། བྲ་བོ་དང་སྲན་ནག་དང༌། ཡུངས་དཀར་ནག་ དང༌། ཤ་རུས་སྐྲ་ཤད། རྔ་མོང་དང་བོང་བའི་སྦངས་དང༌། ཚེར་མའི་ཡམ་ཤིང་ལ་སོགས་པ་ འདུ་བྱས། དམིགས་པ་གོང་བཞིན་ལས་ཐབ་ཁུང་དུ་མགོན་པོ་བཅུ་གཅིག་ཕྱོགས་སྐྱོང་ལས་ མཁན་དང་བཅས་པ་སྐད་ཅིག་གིས་བསྐྱེད། སྙིང་པོ་བཟླ་བཞིན་མེ་སྤར། ཡེ་ཤེས་པ་སྤྱན་ དྲངས་ནས་མཆོད་བསྟོད་དམ་བཞག་རྣམས་གཏོར་བསྔོ་ལྟར་བྱས། ཟན་ལིང་བསྒྲལ་བ་དེ་མི་ 21-1-560 དགོས། དེ་རྗེས་ཐོད་པ་ཁ་ཕྱེས་ནས། ལིངྒ་དགུག་གཞུག་བྱ་བ་ནས་བཟུང་། ཕུར་བས་བསད་ པའི་བར་གོང་བཞིན་ལས། གནས་ལྔར་ཕུར་བུས་དངོས་སུ་བཏབ། ཤཱ་ས་ན་བཟླ་བཞིན་ མཚོན་ཆས་གཏུབ། འཁོར་ལོ་ལ་མི་གནོད་པར་བྱའོ། ། ཤཱ་ས་ན་སྤེལ་ཚིག་ཤམ་བུ་དང་བཅས་པ་ཁོ་ན་བཟླ་ཞིང་ཞལ་དུ་བསྟབ་པར་མོས་ལ་ བསྲེགས། དེ་བཞིན་དུ་བསྲེག་རྫས་གཞན་རྣམས་ཀྱང་བསྲེགས་མཐར་འཁོར་ལོ་ཡང་ བསྲེགས་ཏེ། མཆོད་བསྟོད་གཏོར་མ་འབུལ། བཟོད་གསོལ་གཤེགས་གསོལ་བཀྲ་ཤིས་ཀྱི་ བར་དུ་བྱས་ཏེ། གཏོར་ཆོག་དང་བསྐང་བའི་ཡི་གེར་བཤད་པ་བཞིན་ནོ། །འདི་ལས་མཐའ་ བསྡུ་བའི་སྦྱིན་སྲེག་ཡིན་པས་འདི་ཁོ་ནའི་ཆོག་ཏེ། སྦྱིན་སྲེག་སྤྱི་འགྲོའི་ལུགས་ཀྱི་ཆོ་ག་ལྷག་ མ་རྣམས་ཀྱང་མི་དགོས་སོ། ། དེ་ནས་མནན་པ་ལ། ལིངྒའི་ཕྱི་དྲིལ་གྱི་དེ་ཡོད་ན་དེ་ལས་བྱ་སྟེ། དེ་མེད་ན་བསད་འཁོར་ སྔ་མ་དང་འདྲ་བ་བྲིས་ཏེ། ཁ་སྦྱོར་གྱི་བར་རམ་རྐྱང་བའི་ནང་དུ་ལིངྒ་བཅུག །དགུག་གཞུག་ དྲག་ཏུ་བྱས་ནས་བལྟེབ་སྟེ། སྦྱིན་བསྲེག་ཐལ་བ་དང་བཅས་པ་སྔར་གྱི་ཐོད་པ་ཁ་སྦྱོར་བ་དེའི་ ནང་དུ་བཅུག །རེ་བས་དྲིལ། མི་ཤི་བའི་སྐྲས་བཅིངས། ལམ་རྒྱ་གྲམ་མམ་མཆོད་རྟེན་ལ་ སོགས་པའི་སར་སོང་ལ། འབྱུང་པོ་སྤྱི་གཏོར་དང་གཞི་བདག་གཏོར་མ་དང༌། ཀླུ་དང་གཤིན་ རྗེ་ལའང་མིང་ནས་སྨོས་པའི་གཏོར་མ་སྦྱིན། དེ་ནས་བཛྲ་ཏྲ་ཐ་ཞེས་བརྗོད་ཅིང་དང་པོ་བླུས་ ལ་ཀླུ་དང་ཤིན་རྗེ་རལ་པ་ཚར་དགུའི་ལྟོ་བ་རིམ་གྱིས་དྲལ་ཏེ་གཤིན་རྗེའི་ལྟོ་བར་བཅུག་པར་ མོས་ལ་དོང་གི་ནང་དུ་སྦས། ས་དང་ཆུས་ཅུང་ཟད་མནན་ལ། ཨེ་ལ་ཙཀྲ་ཁ་ཐིམ་མཱ་ར་ཡ་ཙཀྲ་ ཁ་ཐིམ། ཞེས་བརྗོད། གཤིན་རྗེའི་ལྟོ་བ་སྲུབ་པར་བསམ། ཡང་དེ་བཞིན་དུ་བྱས་པས་ཀླུའི་ ལྟོ་བ་སྲུབ་པར་བསམ། སྦྱིན་སྲེག་ཐལ་བའི་ལྷག་མ་དང༌། གཏོར་མ་རྙིང་པའང་དེ་རུ་ཐུག་ལ། སླར་ཡང་ས་ཆུ་རིམ་པ་བདུན་གྱིས་བཀབ། དེའི་སྟེང་དུ་འབྲུབ་ཁུང་གི་ཁ་བཅོད་དེས་མནན། 21-1-561 དེ་ནས་སས་གཡོགས་ཏེ་མི་མངོན་པར་བྱའོ། །དེའི་སྟེང་དུ་བདག་ཉིད་འདུག་ནས་མགོན་པོ་ འཁོར་བཅས་དང༌། ཀླུ་དང་གཤིན་རྗེ་དང་གཞི་བདག་རྣམས་ལ་དམོད་བཅོལ་དྲག་ཏུ་བྱ། ཕྱི་ མིག་མི་ལྟར་བར་ལོགས་ལ་གཏད་ལམ་བཅད་དེ་སྒྲུབ་ཁུང་དུ་འཇུག ཚོགས་ཀྱི་འཁོར་ལོའི་ དགའ་སྟོན་སོགས་སྤྱི་དང་འདྲ་བར་བྱའོ། །མནན་པས་བསད་པའོ། ། ༈ ཟོར་གྱིས་བསད་པ་ནི། དེ་ནས་ལས་ལ་གྲུབ་ཀྱི་བར་དུ་དྲག་ཏུ་བསྐུལ། མགོན་པོ་ ཁྲོ་བཅུའི་གཏོར་མ་ཟོར་རམ། དམར་ཆེན་གཏོར་ཆོག་ལྟར་ཟོར་ཡང་ཡང་འཕང་བར་བྱ་སྟེ། ཟོར་གྱིས་བསད་པའོ། །དེ་ལྟར་ན་རྡོ་རྗེ་བྲག་རྫོང་མ་འདི་ཉིད་ལས་འཕྲོས་པའི་བསྲུང་བཟློག་ བསད་གསུམ་གྱི་མན་ངག་གནད་ཆེ་བ་རྣམས་གསལ་བར་བརྗོད་ཟིན་ཏོ། ། བསྲུང་བ་ལས་འཕྲོས་པའི་ནད་ཡམས་བསྲུང་བ་དང༌། དམག་བཟློག་པ་ལ་སོགས་པ་ དང༌། བཟློག་པའི་སྐབས་ནའང་སྒྲུབ་པ་དང་ལས་སྦྱོར་གྱི་མིང་བཏགས་པ་རྣམ་གྲངས་མང་ པོ་དང༌། ལས་སྦྱོར་གྱི་སྐབས་ནའང༌། ཐུན་གྱིས་བཟློག་པ། ཟོར་གྱིས་བཟློག་པ། གཏོར་མས་ བཟློག་པ། མནན་པས་བཟློག་པ་ལ་སོགས་པའི་རྣམ་གྲངས་དུ་མ་དང༌། སྔགས་པ་ནང་རྒྱས་ ཀྱི་མན་ངག་དང༌། གཏོར་མ་ལ་བརྟེན་ཏེ་དགྲ་བོ་ལ་རང་གཤེད་རང་ལ་དབབ་པ་སོགས་རྣམ་ གྲངས་དུ་མ་ཞིག་ཡོད་པར་འདུག་ནའང༌། ཉེར་མཁོ་ཆུང་ཞིང་གནད་ཀྱང་ཆུང་བར་མཐོང་ ནས་འདིར་མ་བྲིས་ལ། ནང་གི་མན་ངག་ཡིན་ཟེར་བས། རང་གི་སྙིང་གར་དྲེགས་པ་ཕོ་རྒྱུད་ མོ་རྒྱུད་ཀྱི་ངོ་བོ་རྡོ་རྗེའི་བྲག་རྫོང་མ་བསྒོམ་པ་སོགས་ཀྱང་ཨུཥྞི་རྭ་ལུགས་ཀྱི་མན་ངག་ལས། བསྲུང་བྱ་སྦ་བའི་སྐབས་སྙིང་གར་འཁོར་ལོ་བསྒོམ་པ་ལ་འདྲ་མིན་གྱི་མན་ངག་བྱས་པར་ ཟིན་ཅིང༌། གནད་ཀྱང་ཤིན་ཏུ་ཆུང་བར་མཐོང་ངོ༌། ། འཕྲོས་དོན་རྨི་ལམ་ངན་པ་དང༌། ལྟས་ངན་པ་བཟློག་པའི་དམིགས་པ་ནི་འདི་ཡིན་ཏེ། རང་གི་ལྟོ་བར་གཤིན་རྗེ་དམར་ནག་རལ་གྲི་དང་ཞགས་པ་འཛིན་པ། ཁ་གདངས་པ། དེའི་ 21-1-562 ལྟེ་བར་ཟླ་བ་གཡོན་དུ་འཁོར་བའི་སྟེང་དུ་ཉི་མ་གཡས་སུ་འཁོར་བ་ཅིག་གསལ་གདབ། རང་ གི་མདུན་དུ་དགྲ་དང་གདོན་དང་བྱད་མ་དང༌། རྨི་ལམ་ངན་པ་དང་ལྟས་ངན་པ་གང་བྱུང་བ་དེ་ ཉིད་གསལ་གདབ། ༀ་ཤྲཱི་མཧཱ་ཀཱ་ལ་ཤཱ་ས་ན། སོགས། ཨི་དཾ་དུཥྚན་གྱི་བར་དག་ཏུ་བརྗོད། རྣ་ རྩེ་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་དབྱིབས་ཅན་མང་དུ་སྤྲོས། གནོད་བྱེད་དང་མཚན་ལྟས་ ངན་པ་ཐམས་ཅད་རང་དབང་མེད་པར་བཀུག་སྟེ། རང་ཉིད་མགོན་པོའི་སྐུར་གསལ་བའི་ ཞལ་དུ་བཅུག །མཚོན་གྱི་བཅོམ་ཞིང་ཕྱེ་མར་བཏང༌། ལྟོ་བའི་གཤིན་རྗེའི་ཞལ་དུ་གསོལ། དེའི་ལྟོ་བར་ཉི་ཟླ་གཉིས་ཀྱི་བར་དུ་བཏགས། སྟེང་གི་ཉི་མས་བསྲེགས། འོག་གི་ཟླ་བ་འགྱུར་ བྱེད་ཀྱི་ཆུ་བྱུང་སྟེ་སྦྱངས། མི་དམིགས་པར་གྱུར་པར་བསམ། འདིའི་སྐབས་སྟེང་རླུང་བཟུང་ ལ་ཡིད་ཀྱིས། ཁ་ཁ་ཁཱ་ཧི་ཁཱ་ཧི། མན་ཆད་བཟླ། མཇུག་ཏུ་སྟོང་པས་རྒྱས་གདབ། དེ་ལྟ་བུའི་ ལན་བདུན་ནས་ཉེར་གཅིག་གི་བར་སྐབས་དང་སྦྱར་ཞིང་བསྒོམ། སྒོམ་པའི་དུས་ནི་སྲོད་དང་ ཐོ་རངས་ལ་བསྔགས་པར་བྱེད། དེ་ལྟར་ཞག་བདུན་བྱས་པས། རྨི་ལམ་ངན་པ་དང་མཚན་ ལྟས་ངན་པ་ཐམས་ཅད་བཟློག་པར་གསུངས་ཏེ། ཤིན་ཏུ་ཟབ་པར་ཡང་འཁུམ་མོ། །དཔལ་ ལྡན་མགོན་པོའི་མན་ངག་ལས། །བསྲུང་བཟློག་བསད་གསུམ་ཚང་བ་ཡི། །ལས་ཚོགས་མདོ་ ཙམ་བྲིས་པས་ཀྱང༌། །གདུལ་དཀའ་ཐམས་ཅད་འདུལ་བར་ཤོག །ཅེས་པ་འདི་ཡང་མདོ་ སྟོད་པ་དགེ་བཤེས་བློ་གྲོས་དཔལ་བཟང་དང༌། མདོ་སྨད་པ་དབོན་པོ་ལྷུན་གྲུབ་རྒྱལ་མཚན་ སོགས་དོན་གཉེར་མང་པོས་ཡང་ཡང་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་ པའོ།། །། སརྦ་མངྒ་ལམ། ། དགེ་ལེགས་འཕེལ།། །། 21-1-563 ༄༅། །མགོན་པོ་ཏྲཀྴད་ཀྱི་ཆོས་འབྱུང་དང་གཏོར་རྒྱག་ཐམས་ཅད་ ཀྱི་མན་ངག་གཞན་ལ་མེད་པའི་ཁྱད་ཆོས་ཞལ་རྒྱུན་ གསེར་གྱི་ཐིག་པ་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། ལེགས་ལྡན་མགོན་པོའི་མན་ངག་ཞལ་རྒྱུན་གསེར་གྱི་ཐིག་པ་འབྲི། བླ་མ་མཁའ་འགྲོས་བཟོད་པར་གསོལ། རྭ་ལོ་ཙཱ་གསུམ་པ་ཏཱ་ར་ནཱ་ཐའི་ཞལ་རྒྱུན་བདུད་ འདུལ་དབང་ཕྱུག་ཞེས་བྱ་བའི་མགོན་པོ་གཞན་ལས་ཀྱང་ནུས་མཐུ་ཆེ་བས་མགོན་པོ་ཏྲཀྵད་ ཞལ་གཉིས་ཕྱག་བཞི་པ་ནི། སྔོན་གྱི་ཤཱཀྱ་ཐུབ་པས། རི་རབ་ཆེན་པོའི་རྩེ་རུ་ཏིང་ངེ་འཛིན་ལ་ ཞུགས་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། ཀྱཻ་བཅོམ་ལྡན་འདས་ལགས། ནག་པོ་ཆེན་པོ་གདུག་པ་ཅན་ནི། རྒྱུད་གང་ལས་སྒྲུབ། བཅོམ་ལྡན་འདས་ཀྱི་བསྟན་པ་ཇི་ལྟར་གཏད། མ་འོངས་པས་རྣལ་འབྱོར་པས་ཇི་ལྟར་སྒྲུབ། སྒྲུབ་པའི་ཡོན་ཏན་ཇི་ལྟར་ཡོད་ལགས། བཅོམ་ལྡན་འདས་ཀྱི་བཀའ་བསྩལ་པ། བསྟན་པ་ སྙིགས་དུས་གཏད་པའི་རབ་ལོ་རྒྱུས་རྩ་བ་བཤད། འདིར་འདུས་ཀྱི་འཁོར་ཚོགས་རྣམས་ཉོན་ ཅིག །ནག་པོ་ཆེན་པོ་གཅིག་ལ་སྒྲུབ་ཐབས་རྣམ་པ་གསུམ་དུ་བཤད། དེ་ལ་ལྷ་ཏྲཀྴད་དང༌། གནོད་བྱིན་ཏྲཀྵད་འདི་རྒྱལ་པོ་མྱ་ངན་མེད་ཀྱིས་ནུབ་གཅིག་ལ་མཆོད་རྟེན་བྱེ་བ་སྒྲུབ་པའི་ འཕྲིན་ལས་སྒྲུབ་མཁན་ཏེ་མགོན་པོ་འདི་ཡིན། གསང་བ་བདུད་དུ་སྒྲུབ་པ་འདི་ལ་ཡང་ནང་ གསེས་སུ་དབྱེ་ན། ཕྱིའི་སྲོལ་བདག་དཀར་པོའི་ཚུལ་དུ་སྒྲུབ་པ་ཞལ་ལྔ་ཕྱག་བཞི་པ་མགོན་ དཀར་ཚུལ་དུ་ཡོད། ནང་གི་མགོན་པོ་སྒྲུབ་པ་ཞལ་གཅིག་ཕྱག་གཉིས་པ། གསང་བ་བདུད་ 21-1-564 དུ་སྒྲུབ་པ་ཞལ་གཉིས་ཕྱག་བཞི་པ་འདི་ལ། བཅོམ་ལྡན་འདས་ཀྱི་དྲེགས་པ་འདུར་བྱེད་ ཀྱི་རྒྱུད་ལེའུ་སུམ་ཅུ་པ་གསུངས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ནག་པོ་གཅེར་བུའི་ རྒྱུད་ལེའུ་སུམ་ཅུ་པ་གསུངས་པ། འདི་ཁའི་ནང་ནས་རྩ་བའི་མགོན་པོ་གྲི་ཐོད་ཅན་དང་ཞལ་ གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་འབྱུང༌། རྒྱུད་སྤྱན་འདྲེན་མཁན་རྒྱ་ལྕགས་དམ་ཁ་པ་ ཡིན། རྒྱ་ལུགས་སུ་གྲགས། ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནག་པོ་གཅེར་བུའི་རྒྱུད་ ལེའུ་བཅུ་གསུམ་མ་གསུངས། མགོན་པོ་སེང་བཞོན་མ་བྱུང༌། ཇོ་བོ་ལུགས་སུ་གྲགས། རྒྱུད་ འཕྲིན་ལས་མན་ངག་གི་སྙིང་པོ་གསལ་བ་ཞེས་པ་ཡོད། དེའི་ནང་དུ་མགོན་པོ་གྲི་ཐོད་ཅན་ དང༌། མགོན་པོའི་མི་ནག་རྟ་ནག་ལ་བཞོན་པ། བཟློག་པའི་མགོན་པོ་ཡིན་པར་བཞེད། ནག་ པོ་བདུན་པའི་རྒྱུད་དང༌། དུར་ཁྲོད་ནག་པོའི་རྒྱུད་དུ་ཞལ་གཅིག་ཕྱག་གཉིས་པ་ལ། འཁོར་ གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་ཀྱི་བསྐོར་བར་གསུངས། འདི་ལ་བརྟེན་ནས་མགོན་པོ་དྲུག་ཅུ་ པ་ཡོངས། སྒྲུབ་པ་ལ་ལག་ལེན་སྐབས་ཡིན་ན། འདི་ལ་ཕྱིའི་དཀྱིལ་འཁོར། ནང་གི་དཀྱིལ་ འཁོར། །གསང་བའི་དཀྱིལ་འཁོར་དང་གསུམ། ཕྱིར་གཞིའི་དམ་རྫས་ཀྱི་གནད། འགྱུར་བ་ ཏིང་ངེ་འཛིན་གྱི་གནད། ཀྱེར་སྒོམ་འཕྲིན་ལས་ཀྱི་གནད། མྱུར་བ་གསང་སྔགས་ཀྱི་གནད། ས་བཅད་འདི་རྣམས་ལས་བཞི་ཆར་ལ་འཇུག །དང་པོ། ས་གཞི་ལ་དུག་དང་ཁྲག་གིས་ཆག་ ཆག་བཏབ། ས་ཡི་ལས་བདུན་ཚང་བར་བྱ། གཞན་ལག་ལེན་རྣམས་ཟུར་ན་ཡོད། ཟོར་སྣ་ འདྲེན་ན་འདི་རུ་ཆང་དང༌། ཁྲག་སྣ་ཚོགས་ཚེད་དང༌། ཕུར་བུ་ཡུངས་དཀར་ཡུངས་ནག་དང༌། ཏིལ་དང་སྐེ་ཚེ་དང༌། ཤིང་དང་ཟི་ར་དཀར་ནག །རྡོ་ནག་ཐུན་དང་ལྕགས་ཕྱེ་ཟངས་ཕྱེ་དང༌། ཀོང་ཟོར་རྭ་ཟོར་མདའ་ཟོར་དང༌། དམ་ཉམས་དགྲ་བོའི་མཁར་ལ་རྡོབས། ཉིན་གསུམ་ཐུན་ རྣམས་ནི། དགྲ་བོ་གནོད་བྱེད་ལུས་ལ་རྡོབས། དམ་རྫས་ལེགས་པའི་ལེའུ་སྟེ་གསུངས། དེ་ རྣམས་བསྒྲུབ་དུས་སུ། སྐམ་ཐུན་ཐམས་ཅད་ཡཾ་དང་ཧཱུཾ་ལས་བསྐྱེད། རློན་ཐུན་ཐམས་ཅད་མ་ 21-1-565 དང་བྷྱོ་ལས་བསྐྱེད། སྒྲུབ་དུས་བསད་སྔགས་ལ་ཐུན་སྔགས་བཏགས་ལ་བཟླས། ཉིན་མོ་ཕོ་ ཐུན་བརྡེབས། མཚན་མོ་མོ་ཐུན་བརྡེབས། དེ་རྣམས་བཀའ་བཞིའི་ལག་ལེན་གྱི་རིམ་པའོ། ། སྒྲུབ་པ་ལག་ལེན་ལ་འཇུག་སྟེ། མགོན་པོ་ཞལ་གཉིས་ཕྱག་གཉིས་ཕྱག་བཞི་སྒྲུབ་པ་ལ། ཡི་དམ་སྟོབས་ཆེ་ལ་འཆུན་ཆེ་བ་གཅིག་དགོས། དེའི་ལོ་རྒྱུས་ནི་གཉོས་ལོ་ཙཱ་བའི་བྷ་ལིང་ཨ་ ཙརྱའི་སྐུ་མདུན་དུ་གསེར་སྲང་སྟོང་ཕྲག་གཅིག་དུས་གཅིག་ཏུ་ཕུལ་ནས་ཆོས་ཞུ་བ་གསུམ་ བྱས། ཁྱད་པར་ང་ཡི་ཁང་པ་ལ་ཚུག་ཅིག་ཙམ་ན་ཡོད་པའི། དེ་ལ་ཆགས་པ་བཞིན་དུ་སྡང་ བ་ཡོད་པས། ཆོས་སྐྱོང་མཐུ་རྩལ་ཅན་གཅིག་དགོས་ཞུས་པས། མགོན་པོ་འདི་ཁོ་ན་གནང་ བ་ཡིན། དེའི་རྒྱབ་རྟེན་དུ་ཡི་དམ་གཤིན་རྗེ་གཤེད་ཀྱི་དབང་བསྐུར་རྒྱས་པ་གནང༌། ད་ལྟའི་ བར་དུ་ཡང་རྡོ་རྗེ་འཇིགས་བྱེད་དག་ཏུ་མཛད་པ་འདི་ཡིན་འཇིགས་བྱེད་གཉོས་ལུགས་སུ་ གྲགས་པ་ཡིན། ཁྱད་པར་མཁས་བཙུན་ཐམས་ཅད་ཀྱི་འཇིགས་བྱེད་རྭ་ལ་ཐུག་ཟེར་བར་ གསུངས་པ་དང༌། ཁྱད་པར་རྭ་ལོ་གསུམ་པའི་ཞལ་རྒྱུན་ལ། བྱིན་རླབས་ཀྱི་བརྒྱུད་པ་བུམ་པ་ གཅིག་ནས་གཅིག་ཏུ་བླུགས་པ་ལྟ་བུ་ཡོད། ཉི་མ་དེ་རིང་ཡན་ཆད་ལ་སྒྲུབ་ཐབས་ཀྱིས་བརྒྱུད་ པའི་བར་མ་ཆད་པ་ཡིན་གསུངས། མཁའ་འགྲོའི་ཞལ་རླངས་མ་ཡལ་བ་ཡོད་གསུངས། སྒྲུབ་ ཐབས་ཉམས་ལེན་ཉམས་སུ་ལོངས། འདིར་བསད་བཟློག་གཉིས་དང༌། འབྲེལ་བའི་སྔགས་ འདི་ལྟར་བཟླ། རལ་གྲི་འབར་བའི་འཁྲུལ་འཁོར་བསྐོར། ཡ་མ་རཱ་ཛ་ས་དོ་མེ་ཡ་ཧཱུཾ་རཾ་ཆེ། ཡ་ མེ་དུ་རུ་ཎ་ཡོ་ད་ཡ་ཕཊ་ཀེ།ཡ་ད་ཡོ་ནི་ར་ཡཀྵེ་ཡ་རྦད་མོ། ཡཀྵེ་ཡཙྪ་ནི་ར་མ་ཡ་དགྲ་བོ་མར་ ཡ་ཕཊ། བསད་པ་དབྱེ་བསྐྲད་རྨོངས་རེངས་ལ། མིང་གི་ཡི་གེའི་འབར་བར་དུ། སྔགས་ཀྱི་ ཡི་གེ་སྤེལ་བ་སྟེ། སྙིང་པོ་ཉེ་སྙིང་སྟེང་དུ་སྔགས་དེ་ལྟར་བཟླ། ཚོགས་པ་ཡོངས་རྫོགས་རྣམས་ གཙོ་བོའི་ཞལ་ཕྱག་ཡོངས་རྫོགས་བསྐྱེད་ནས་རྒྱུན་དུ་བཟླ། ལས་བྱེད་སློབ་དཔོན་གྱི་དྲག་ ཅིང་ཟེར་ནས་ངེས་པར་བཟླ། དེ་ནས་མདུན་བསྐྱེད་བཟླས་པ་མན་ཆད་བཏང་བ། ལྷའི་གཙོ་ 21-1-566 མཛད་ལྷ་ཏྲཀྴད། གནོད་སྦྱིན་གཙོ་མཛད་གནོད་སྦྱིན་ཏྲཀྴད། བདུད་ཀྱི་གཙོ་མཛད་བདུད་ ཏྲཀྴད་རྣམས་སྒྲུབ་ཐབས་ཐ་དད་ཡོད་པ་འདྲ་ཡང་སྒྲུབ་ཐབས་ཐ་དད་དུ་མི་བྱེད། ཞལ་གཅིག་ ཕྱག་བཞི་པའི་སྒྲུབ་ཐབས་འདི་ཁ་ལ་རང་རང་ས་བོན་བྱས་པའི་མཐུས། ཏྲཀྴད་ལ་འབོད་ སྔགས་ཡིག་འབྲུ་བཅུ་བདུན་པ་ཡིན། རྭ་ལུགས་ནི་དམ་ཅན་ཆོས་རྒྱལ་ལ་ལས་ཀྱི་གཤིན་རྗེ་ མགོན་པོ་ནག་པོའི་སྒྲུབ་པ་དང༌། ལྷ་མགོན་དུ་སྒྲུབ་པ་དང༌། སྒྲུབ་པའི་སྔགས་དེ་ལྟར་བྱས་ པས་ལྷ་གཉིས་གསུམ་གྱི་ནུས་པ་ཡོད་བླ་མའི་ཞལ་རྒྱུན་ཡིན། ཏྲཀྴད་ལ་ཡང་དེའི་རིགས་འགྲེ་ བ་གོ་བར་བྱའོ། ། དེ་ནས་སྨད་ལས་བསད་པ་ནི། ༀ་སླ་ན་ནི་བྱིན་ནོ། །སྙིང་ལ་ཡ་ཡ། སུ་ཏྲཱི་ཙི་ཏ་རྦད། མཧཱ་ ཀ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ། ༀ་མ་ཧཱ་ཀ་ལ་ཏྲི་ཡཾ་བྷྱོ། ཎི་ཚལ་བ་དྲི་ཛ་ཡཾ་བྷྱོ་ཎི་ཚལ་པ། ཆེ་གེ་མོ་མ་ར་ ཡ་ཛཿ སྲོག་ཐིག་དབབ་པའི་དྲག་སྔགས་ཡིན། །སྲིད་གསུམ་སྒྲོལ་ཞིང་ཕུང་བར་བྱེད། །གཞུ་ དང་མདའ་དང་མདེའུ་ཚུལ་གསུང༌། །ཉིན་མོ་ཡབ་ཀྱིས་འདོད་པ་ལ། །རྦད་བསད་གཉིས་པོ་ བཏགས་ནས་བཟླས། །ཡུམ་ལ་མཚན་མོ་དེ་བཞིན་ནོ། །རང་ཡི་དམ་དུ་གསལ་བའི་ཐུགས་ ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་མགོན་པོ་ལྕམ་དྲལ་གྱི་ཐུགས་རྒྱུད་བསྐུལ་ཞིང༌། བྲན་མོ་བྲན་ ཕོ་ཐམས་ཅད་ཡང་མིག་རྩ་རིག་ཅིང་བཀའ་ལ་ཉན་ནས་ལས་བྱེད་པར་བསྒོམ། བསྙེན་པའི་ སྔགས་རྣམས་བཟླས་པའི་ཚེ། མུ་ཏིག་བསྟར་ལ་བརྒྱུས་བཞིན་བཟླ། །སྒྲུབ་པའི་སྔགས་ རྣམས་བཟླ་བའི་ཚེ། །བར་སྣང་དགོང་གི་ཐོག་བཞིན་བཟླ། །ལས་སྦྱོར་སྔགས་རྣམས་བཟླ་ བའི་ཚེ། །ཧོར་བ་གཟན་ལ་འཛུམ་བཞིན་བཟླ། །དེ་རྣམས་ལག་ལེན་སོང་ནས་བསྐང་བ་ འཕྲིན་ལས་ཀྱི་གཞུང་བསྲིངས། བཏབ་གཏོར་གྱི་བྱ་བ་ལ་འཇུག་སྟེ། བཏབ་གཏོར་བཅའ་ ལུགས་ཀྱི་ཁྱད་པར་ནི། གཏོར་མ་གྲུ་གསུམ་དུ་བྱེད་པ་དང༌། གྲུ་གསུམ་ཆོས་འབྱུང་བཟོ་རྒྱུ་ བྱེད་པ་དང༌། མི་གཟུགས་བརྒྱ་རྩ་རུ་བྱེད་པ་དང༌། མཐེབ་སྐྱུ་རུ་བྱེད་པ་ནི་མགྱོགས་ཆོས་ཡིན། 21-1-567 འདི་སྐབས་སུ་འཐོར་བ་བསྡུ་བའི་དམིགས་པ་ཡང་དགོས། དེ་ལ་སྔགས་དང་ཕྱག་རྒྱ་ཏིང་ངེ་ འཛིན་གསུམ་གྱིས་འགུགས་པར་བྱ། གཏོར་ཆུང་འབུལ་བའི་སྔགས་གཏོར་སྒྲུབ་ནང་ན་ཡོད་ དོ། ། བླ་མའི་ཞལ་ནས་ཤེས་པར་བྱ། གཏོར་ཆུང་དེ་དགྲ་བགེགས་དངོས་སུ་བསམ་ནས་ མགོན་པོ་ལྕམ་དྲལ་འཁོར་དང་བཅས་པའི་ཞལ་དུ་ཤ་ཆོམ་རུས་ཆོམ་ལ་རྐན་སྒྲ་དང་བཅས་ པས་དགྲ་བགེགས་གསོལ་བར་མཛད་པར་བསམ། མདུན་བསྐྱེད་ཀྱི་ལྷ་དེ་ཡང༌། རྙིང་མ་ བ་ལ་ལས་ལུགས་ལ་གཏོར་མ་ཐོག་མར་ལྷར་གསལ་བ་དང༌། བར་དུ་གཏོར་མ་གསལ་བ་ དང༌། མཐར་ཟོར་དུ་གསལ་བར་བྱེད་དེ། གཞན་དག་དེ་ལྟ་བུ་མི་བྱེད་པར་མདུན་བསྐྱེད་ཀྱི་ གཏོར་མ་དེ་ཉིད་དགྲ་བགེགས་ཀྱི་ཤ་ཁྲག་གི་རྒྱ་མཚོ་ཆེན་པོ་དམིགས་ནས་མཆོད་པའི་ཚུལ་ དུ་འབུལ། རང་ཉིད་དཔེར་ན་ཡི་དམ་རི་རབ་ཙམ་དུ་བསྒོམ། དེའི་བཀའ་ཉན་ཆོས་སྐྱོང་ མདུན་བསྐྱེད་ཀྱི་སྐེད་པ་ཙམ་དུ་སླེབ་པར་བསྒོམས་ནས། ལས་བཅོལ་བའི་དམིགས་པ་བྱེད་ པ་ཡིན། བསྟོད་བསྐུལ་རྣམས་ཀྱི་གཞུང་བསྲངས། བསྐུལ་བའི་དམིགས་པ་ནི། མགོན་པོ་ དུག་ཀུག་ཀུག་ཞིང་དགྲ་ལ་ཕྱོགས། ལྷ་མོ་ཡང་དགྲ་བོ་ཁྲམ་ལ་འདེབས་པར་བསམ་ཞིང་ནད་ སྣ་དྲོངས། མཚོན་གྱི་གྲུ་གུའི་འགྱེད་ཅིང་ཤྭ་དྷེའུ་དཀར་ནག་འདྲིལ། མོན་མོ་རྣམས་ནི། ལ་ ལ་ངུ་ཞིང་ལ་ལ་ཁྲོ། དགྲ་ལ་གཡབ་མོ་འདེབས་ཤིང་ངུ༌། ལ་ལ་ལག་པ་འབྲེལ་ཞིང་ངུ༌། ལ་ ལ་གྲི་ཐོད་ལ་ལ་ངུ༌། དགྲ་ལ་ངུ་ཟུག་རྟག་ཏུ་བྱེད། ཁྱི་མོ་རལ་པའི་སྤུ་གསེབ་ནས། དུག་དང་ མཚོན་ཆ་སྤུར་ལྟར་འཕྲོ། དགྲ་ཡི་ཡུལ་དུ་ཡང་ཡང་སོང་བར་བསམ། དྲག་ཏུ་རྒྱུག་ཅིང་དྲག་ཏུ་ མཆོད། དེ་ལྟར་བསྒོམ་པར་བྱ། མཚམས་འདི་རུ་སྟོད་ལས་བྱང་ཆུབ་སྒྲུབ་པ་དང༌། སྨད་ལས་ དྲག་ལས་སྒྲུབ་པའི་ཐབས་ཀྱི་ལས་ལ་འཇུག་པར་བྱ་སྟེ། མདུན་དུ་འབྲུབ་ཁུང་དངོས་སམ་ བྲིས་པའི་ནང་དུ་ལིང་ག་སྐྱེ་མཆེད་དོད་པར་བྱ། རང་གི་ལག་པའི་ཕུར་བ་བསྒྲིལ་ཤིང༌། ཧཱུཾ་ 21-1-568 ལས་བྱུང་བའི་ནག་པོ་ཆེ། །ཕྱག་གཡས་གྲི་གུག་ནམ་མཁར་འཕྱར། །གཡོན་པའི་ཐོད་ཁྲག་ ཞལ་དུ་གསོལ། །སྐུ་སྨད་དཔལ་གྱི་དབྱིས་ཆེན་སྟེ། །འོད་ཟེར་འབར་བའི་ཀཱི་ལ་ཡ། །དམ་ ཉམས་སྙིང་ལ་ཀཱི་ལ་ཡ། །ལག་པ་ཐབས་ཤེས་སྦྱར་བ་ལས། །སྲས་མཆོག་དེ་ལྟར་འབྱུང་བར་ མོས། བདེན་བདར་ལྷའི་གདངས་དང་ལྡན་པ་མང་དུ་བྱ། འདི་རུ་བསྒྲལ་བའི་ཕན་ཡོན་དང༌། མ་བསྒྲལ་བའི་ཉེས་དམིགས་དང༌། ཚངས་པ་རྣམ་གསུམ་དང༌། ཁ་སྦྱོར་དབྱེ་བ་དང༌། ཚེ་ལུང་ དང༌། ཁྲུས་ལུང་དང༌། དགྲ་བགེགས་ཀྱི་ཚེ་ལུང་དང༌། རྣལ་འབྱོར་བའི་ཚེ་ལུང་དང༌། དགྲ་ བགེགས་ཀྱི་ཁྲུས་ལུང༌། ཁམས་གསུམ་སེམས་ཅན་ཁྲུས་ལུང་དང༌། རྡོ་རྗེ་ཕུར་བའི་ཁྲུས་ལུང་ ངོ༌། །ཁ་སྦྱོར་དབྱེ་བའི་ལྷ་ལ་མཆོད་པ་འདི་སྔ་བ་ཡིན། དྲུག་ཅུ་པའི་ནང་གི་ཁ་སྦྱོར་བཞིའི་ དབང་དུ་བཏང་ན། གནས་ཀྱི་ཁ་སྦྱོར་དང༌། ཡེ་ཤེས་ཀྱི་ཁ་སྦྱོར་དང༌། འཇིག་རྟེན་པའི་ཁ་སྦྱོར་ དང༌། གོ་ཆའི་ཁ་སྦྱོར་རོ། །གསང་སྡེ་བརྒྱད་པོ་ཡང་ཁ་སྦྱོར་ཡིན་ཏེ། མིའི་ཁ་སྦྱོར་བཞི་དང༌། ལྷའི་ཁ་སྦྱོར་བཞི་སྟེ། ལྷའི་ཁ་སྦྱོར་བཞི་ནི། ལྷན་ཅིག་སྐྱེས་པའི་གསང་སྡེ། ཚེ་ལྷའི་གསང་ སྡེ། ཡུལ་ལྷའི་གསང་སྡེ། ཞིང་ལྷའི་གསང་སྡེ་དེ་བཞིའོ། །མིའི་གསང་སྡེ་བཞི་ནི། རྡོ་རྗེ་སློབ་ དཔོན་གསང་སྡེ། རྗེ་དཔོན་གྱི་གསང་སྡེ། གྲོགས་ཀྱི་གསང་སྡེ། འཁོར་གཡོག་གི་གསང་སྡེ། གསང་སྡེའི་འདིའི་རྣམས་ལ་མཆོད་པ་འབུལ་མི་དགོས་པའང་ཡོད། གསང་སྡེ་བརྒྱད་པོ་འདི་ རྣམས་རྒྱུད་རྟོག་པ་གསུམ་པ་ནས་གསུངས། གཤིན་རྗེ་གཤེད་སྐོར་རྣམས་འདི་ཁ་ཕྱག་ལེན་ དུ་མཛད། ལ་ལར་ཞིག་གི་ཆོས་སྐད་ལ། ཁ་སྦྱོར་བཞི་ཤེས་ན་ཤེས་དང་མ་ཤེས་ན་སྨྲ་ཤེས་ སམ་ཨུ་ཚུགས་བྱས་ཡང་ཀུན་འདུག །ཀྱཻ་རྡོ་རྗེའི་རྒྱུད་དུ་ཁ་སྦྱོར་གསུམ་ལས་མ་གསུངས། ངེས་མེད་དུ་གསུངས། དཔེར་ན་དམིགས་གསལ་ཅན་གྱི་དགྲ་གཅིག་ལ་བླ་མེད་ཀྱི་དབང་ བཞི་ཐོབ་པ་ཡོད་ན་བུམ་དབང་གི་ཁ་སྦྱོར་དབྱེ་བ་དང༌། གསང་གི་ཁ་སྦྱོར་དབྱེ་བ་དང༌། ཤེས་ རབ་ཡེ་ཤེས་ཀྱི་ཁ་སྦྱོར་དབྱེ་བ་དང༌། དབང་བཞི་པའི་ཁ་སྦྱོར་དབྱེ་བ་དང༌། དཔེར་ན་རྟོགས་ 21-1-569 ལྡན་དབང་བཞི་མ་ཐོབ་པ་ལ་སེམས་ངོ་འཕྲོད་པ་ཡོད་ན་དེའི་ཁ་སྦྱོར་དབྱེ་བ་དང༌། འཁོར་ལོ་ དང་རྫས་དང་ཡིག་འབྲུའི་ཁ་སྦྱོར་དབྱེ་བ་བྱས་ནས། ཁྲུས་ལུང་གི་དམིགས་པ་གཏད། གཟས་ པ་པོའི་ལིངྒའི་ཚེ་ལུང་དམིགས་པ་རྣམས་གཏད། རྡོ་རྗེ་ཕུར་བ་ལིངྒའི་དཀྱིལ་དུ་བསྣུན་པས། རྩ་ཐམས་ཅད་གུར་གྱི་ཆོན་ཐག་བཅད་པ་བཞིན་དུ་སོང་བར་བསམ། ཁྲག་ཐག་ཐམས་ཅད་ བྱེ་མ་སྐམ་པོ་ལ་ཆུ་ཐིག་བརྒྱབ་པ་བཞིན་སོང་བར་བསམ། ཁྲག་གི་དྭངས་མ་ལྕོག་མོའི་སྒོང་ ང་དང་འདྲ་བ་ཡོད། དེའི་དབུས་ན་ཚེ་རྟེན་ཨ་དཀར་པོ་ཡོད། དེ་ཕུར་པའི་རྩེ་མོས་བླངས་ཏེ་ བླ་མ་ཡི་དམ་གང་རུང་ཞིག་གི་ཐུགས་ཀར་འཕང་ངོ༌། །ལུས་ཁང་སྟོང་འདྲ་བ་དེ་ལ་ཐུན་དང་ ཕྱག་མཚན་རྣམས་རིམ་བཞིན་བཏབ། གཟས་པ་པོའི་སྡིག་སྒྲིབ་སྦྱོང་བའི་གནད་ཁྱད་པར་ ཅན་ཡོད། ལུས་དུམ་བུར་བཏང༌། དེ་ནས་བྱིན་རླབས། བླ་མ་ཡི་དམ་ཆོས་སྐྱོང་རྣམས་ལ་ ཞལ་བསྟབས་ཀྱི་མཆོད་པ་གྱེར། ཚིམ་ཞིང་མཉེས་པར་བསམ། བླ་མ་ཡི་དམ་ལ་ཕུལ་བས་ ཡེ་ཤེས་ཀྱི་ཚོགས་རྫོགས། དམ་ཅན་ཆོས་སྐྱོང་ལ་ཕུལ་བས་བསོད་ནམས་ཀྱི་ཚོགས་རྫོགས། ཚངས་པ་རྣམ་གསུམ་དེ་ལ་ཚངས། བསྒྲལ་བའི་ཕན་ཡོན་དེ་ལ་ཚངས། སྒོ་དབྱེ་འཕྲེང་སེལ་ གསེར་སྐྱེམས་བདེན་པར་བདར་ཞལ་བསྒྱུར་དང༌། ཟོར་བསྐུལ་བར་བྱས། གཞན་མ་རྣམས་ ཀྱི་དབྱངས་རོལ་གྱེར། རྡོ་རྗེ་སློབ་དཔོན་གྱི་རྦོད་གཏོང་དང་དགྲ་བོ་གསོད་པ་བྱ། ས་ནས་ བླང་ནས་འཕང་ཙ་ན། སྲིད་པ་གསུམ་གྱི་ནད་དང་དུག་དང་འཁྲུལ་འཁོར་དང་ལྷ་འདྲེ་མི་ གསུམ་གྱི་སྡིག་པ་དང༌། ནུས་མཐུ་ཐམས་ཅད་ཚང་བའི་གཏོར་མ་རི་རབ་ཙམ་དུ་བསྟིམ་ནས། གཟུགས་ཅན་གཟུགས་མེད་གང་ན་གནས་པའི་ཡུལ་ཁམས་སུ་འཕངས། དེ་དང་མཉམ་དུ་ ལས་བྱེད་ཕོ་ཉ་ལས་མཁན་སྡེ་བརྒྱད་དང་བཅས་པ་དམག་དཔུང་གི་ཚུལ་དུ་སོང་བར་བསམ། ཆོ་འཕྲུལ་སྣ་ཚོགས་བྱུང་ནས་བརླག་པར་བསམ། གཏོར་ཁ་སྦུབ། དེ་ལྟར་བྱས་པའི་རྦོད་ གཏོང་དང་དམག་དང་གཏད་མནན་ཐམས་ཅད་ཚང་བར་བཤད། རྡོ་རྗེ་སློབ་དཔོན་གྱིས་རྟེན་ 21-1-570 མནན། ཕྱི་མིག་མི་བལྟ་བར་རྐང་པ་གཡས་པའི་ཡི་གེའམ་རི་མོ་ལྔ་འབྲི། དེ་མཚམས་གཅོད་ ཀྱི་དམིགས་པ་ཡིན་གྱིས། དེ་ལྟར་མཁས་རྨོངས་ཐམས་ཅད་ལ། བརྒྱག་གཏོར་མཚོན་ཆར་ བསྒོམས་ནས་རྒྱག་པ་འདུག་སྟེ། རྒྱག་ལུགས་ཀྱི་དམིགས་པ་ནི། རྣལ་འབྱོར་པ་ལ་དགྲ་གློ་ བུར་ཉིད་དུ་བྱུང་ནས་རྒྱག་པའི་དམིགས་པ་ཡིན་གྱིས། མཚོན་ཆར་རྒྱག་པ་ལྟར་ནུས་པ་ཐོན་ པས་བྱེ་བྲག་གི་དམིགས་པ་ཡིན་ནོ། ། རྭ་ལོ་གསུམ་པ་ཏཱ་ར་ནཱ་ཐས་ཞལ་རྒྱུན་འཁྲུལ་མེད་ཡིན། གོང་གི་རྒྱག་ལུགས་དེ་ལ་ཡང༌། རང་རང་ལ་སྒོམ་ལུགས་མི་གཅིག་པ་མཐའ་ཡས་པ་ལ་སོགས་ཡོད་དོ། །ངེད་ཀྱི་འདི་རྣམས་ སྦྱོར་དངོས་རྗེས་གསུམ་ཚང་ཡོད། ནང་དུ་འོང་ནས་ཚོགས་དང་བཀྲ་ཤིས་མཐའ་རྒྱས་བྱེད། དཀྱིལ་འཁོར་ཤུལ་དུ་མེ་ཏོག་ངེས་པར་འཐོར། །མཁས་རྣམས་ལོ་རྒྱུས་ཕྱག་ལེན་བཏབ། ། གསལ་བར་བལྟ་བས་མེ་ལོང་ཡིན། །རབ་རིབ་འབྱེད་པས་མིག་ཐུར་ཡིན། །རང་བཟོ་མེད་ པའི་ཞལ་རྒྱུན་ལགས། །ཞེས་ས་མོ་བྱི་ལོ་ཟླ་བ་དྲུག་པའི་ཚེས་ཉི་ཤུ་ལ་དགེ་སློང་སྙིང་པོ་མཐའ་ཡས་ཀྱིས་བྲིས་པ་སྟེ་བྲག་ སྟོད་ཆོས་ཀྱི་ཕོ་བྲང་དུ་དགེའོ།། །། གཅིག་ཞུས། །གྲུབ་མཐའི་མཐར་ཐུག་ཁྱད་པར་ངེས་དོན་སྙིང་པོ་ཀུན་མཁྱེན་གྱི་ལྟ་བ་ འདི་མ་གཏོགས་པའི་གྲུབ་མཐའ་ཁ་ཁར་གསང་བར་གྱིས་ཤིག་སརྦ་མངྒ་ལཾ། ། (རིགས་འཛིན་རྣམ་སྣང་རྡོ་རྗེས་ཞུས་དག་གནང་བའི་དཔེ་ལས་བཤུས། ཞེས་ཟེར་བ་འདུག་ཀྱང་མི་དག་སྙམ།) 21-1-571 ༄༅། །ནགས་སྨན་གཏོར་ཆོག་བདུད་རྩི་ཐིག་པ་ཞེས་ བྱ་བ་ལྷ་བཙན་གྱི་གཏོར་བསྔོ་དང་ བཅས་པ་བཞུགས། ༄༅། །ༀ་སྭཱ་སྟི། ༀ་བཛྲ་ཡཀྵ་ཧཱུཾ། གིས་བསངས། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨ་ཏྱ་ནུ་ཏྤནྣ་ཏྭ་ཏ། སྭ་བྷཱ་ཝས་སྦྱངས། སྟོང་ པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ནང་དུ་ༀ་ལས་བྱུང་བའི་གཏོར་མ་འདོད་ དགུའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ དམ་པའི་སྤྱན་སྔར་ཁས་བླངས་དམ་བཅས་ བཞིན། །བསྟན་པ་བསྲུང་དང་འགྲོ་ལ་ཕན་གདག་དང༌། །རྣལ་འབྱོར་སྒྲུབ་བརྩོན་བསྐྱོང་ཕྱིར་ སྤྱན་འདྲེན་གྱིས། །ཚུར་བྱོན་མཆོད་གཏོར་བཞེས་སླད་འདིར་གཤེགས་ཤིག །ༀ་བཛྲ་ཡཀྵི་ ཨེ་ཧྱ་ཧི་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། བཛྲ་ས་མ་ཡ་སྟྭཾ། ནགས་སྨན་རྒྱལ་མོ་སྨན་བཙུན་ ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། སྨན་འཕྲན་འབུམ་སྡེ་འཁོར་དང་བཅས་པ་རྣམས། མཆོད་ སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་ འདའ་བར། འགལ་རྐྱེན་བསྲུང་བ་དང༌། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ གཏོང་གྲོགས་མཛོད་ཅིག །ༀ་བཛྲ་ཡཀྵི་ས་པཱ་རཱི་ཝ་ར་བྷྱཿན་མ་སརྦ་ཏ་ཐ་ག་ཏ་བྷྱོ་བི་ཤྭ་མུ་ ཁེ་བྷྱེཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨེ་མཾ་ག་ག་ན་ཁཾ་གྲྀཧྞ་དམ་བ་ལིང་ཏ་ཡེ་སྭཱཧཱ། ལན་ལྔའི་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ༀ་བཛྲ་ཡཀྵི་ཨ་མྲྀ་ཏ་ལ་ཁ་རཾ་ཁ་ཧི། ཞེས་པས་ནང་མཆོད་འབུལ། བྷྱོཿ གང་ གི་རྒྱལ་བའི་བསྟན་པ་འབའ་ཞིག་དང༌། །དེ་འཛིན་རྣལ་འབྱོར་ཚོགས་རྣམས་སྐྱོངས་མཛད་ 21-1-572 ཅིང༌། །འགྲོ་བ་ཀུན་ལ་མ་ལྟར་བྱམས་པ་ཡི། །མ་ཅིག་ནགས་སྨན་རྒྱལ་མོར་བསྟོད་པར་ བགྱི། །སངས་རྒྱས་བསྟན་པ་དར་བ་དང༌། །སེམས་ཅན་ཀུན་ལ་བདེ་སྐྱིད་མཛོད། ཁྱད་པར་ བདག་ཅག་འཁོར་བཅས་ལ། །འགལ་རྐྱེན་བསྲུང་ལ་མཐུན་རྐྱེན་སྒྲུབས། ། རང་གི་སྙིང་གའི་འོད་ཀྱིས་ཆེ་བཙན་འཁོར་བཅས་ཨ་ཀཪྵ་ཛཿ དེ་བ་ཤུ་ལ་དྲི་ཡང་ཛཿ ས་ པ་རི་ཝ་ར་ཨཾ་ཀུ་ཤཱ་ཛཿ བཛྲ་ཨ་རལླི་ཧོ། ས་མ་ཡ་སྟྭཾ། གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། དེ་ བ་ཤཱུ་ལ་དྲི་ཡཾ་ཛཿ ཨ་ཀཱ་རོ། བཏགས་པ་ལན་གསུམ་གྱིས་འབུལ། སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་ རུ། །སྲོག་གི་སྙིང་པོ་དམ་ལ་ཕུལ་ནས་ཀྱང༌། །སངས་རྒྱས་བསྟན་པ་བསྲུང་བར་དམ་བཅས་ པར། །ལྷ་བཙན་དགྲ་ལྷའི་རྒྱལ་པོ་ཁྱེད་ལ་བསྟོད། །སངས་རྒྱས་བསྟན་པ་དར་བ། །སོགས་གོང་ བཞིན།བཛྲ་མུཿ གཏོར་མགྲོན་རྣམས་གཤེགས། གཙྪ་གཙྪ་སྭ་ཐཱ་ནཾ། སྨོན་ལམ་དང་བཀྲ་ཤིས་བྱ། ཞེས་པའང་ཏཱ་ར་ནཱ་ ཐས་སྨྲས་པའོ།། །། དགེའོ། ། 21-1-573 ༄༅། །དཔལ་ནག་པོ་ཆེན་པོའི་སྦྱིན་སྲེག་མདོར་བསྡུས་ པ་བཞུགས། ༄༅། །ༀ་སྭཱ་སྟི། དཔལ་ནག་པོ་ཆེན་པོའི་སྦྱིན་སྲེག་མདོར་བསྡུས་པ་ནི། ཐབ་བློ་བསླངས་སུ་བྱེད་ན་སྟེགས་བུ་ མདའ་གང་གྲུ་བཞི་ལ་དཔངས་མཐོ་གང་ཙམ་བྱ། དེའི་དབུས་སུ་ཐབ་རྩིག་པའམ། བྲུས་པའི་སོར་བཞི་ཙམ་བྲུས། སོར་བརྒྱད་ ཙམ་བརྩིགས་ནས་རྩིག་པའི་སྲབ་མཐུག་སོར་བཞི་ཡོད་པར་བྱ། དེའི་ཕྱི་ཁ་ཁྱེར་སོ་སོར་དབྱིབས་གྲུ་གསུམ་ཉིད་ཀྱི་ཆོག །ངོས་ རེ་གྲུ་གང་བ་ཡོང་བར་བྱ། དྲག་པོ་ཁོ་ན་ལ་སོར་ཉི་ཤུ་བ་ཡིན་ཏེ། མཐའ་གཅིག་ཏུ་མ་ངེས། ཕྱི་ནང་ཐམས་ཅད་ཚོན་ནག་པོའམ། རོ་སོལ་གྱིས་བྱུགས། དེའི་སྟེང་དུ་ལས་དང་མཐུན་པའི་ཁ་དོག་གཞན་གྱིས་བསྒྱུར་ཏེ། ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོ། བྲིས་ཐབས་སུ་བྱེད་ན་ཐིག་ཆེན་བརྒྱད་གཏབ་པ་སོགས་སྤྱི་དང་འདྲ། ཁ་ཁྱེར་ལ་ཁྲོ་བའི་ རྡོ་རྗེ་བྲི། ཐབ་ཀྱིས་ནང་དུ་པདྨ་འདབ་བརྒྱད་དམ། འཁོར་ལོ་སྔོན་པོ་རྩིབས་བརྒྱད། ལྟེ་བ་ལ་གྲི་གུག་ཅིག་འབྲིའོ། །ཟུར་གསུམ་ རྩེ་མོ་ཕར་བསྟན་པར་བྱ། ཐབ་ཀྱི་གཡོན་དུ་མཆོད་རྫས་དང༌། རང་གི་གཡོན་དུ་བསྲེག་རྫས་བཤམས། གཏོར་མ་ཇི་ལྟར་བདེ་བ་ ལ་བསྒྲིག་ཞི་བ་རྐྱང་པ་ལ་མཆོད་རྫས་བསྲེག་རྫས་བཤམ་ཚུལ་ཏེ་གོ་ལྡོག་ཡིན། ཐབ་ཞལ་བྱང་དུ་ཕྱོགས། རང་ཉིད་ཁ་ལྷོར་ལྟ། ཤིང་ཚེར་མ་ཅན་གཙོར་བྱེད་གཞན་ཡང་སྐམ་ཡང་དང་མདོག་མི་སྡུག་པ་སྣ་ཚོགས་པའི་བུད་ཤིང་དང༌།འབུལ་རྒྱུའི་ཡམ་ཤིང་ཤ་ ཁྲག་རུས་གསུམ་སྐྲ་ཤད་སྣུམ་ནག །སྲན་མ། བྲ་བོ། ཡུངས་དཀར། ཡུངས་ནག །སྐེ་ཚེ་སོགས་འབྲུ་སྣ་ཚོགས་བསྲེས་པ་དང༌། དུག་ཁྲག་དང༌། བུང་བུའི་སྦངས་དང༌། ལན་ཚ་སོགས་བཤམ། བཟློག་པ་གལ་ཆེ་བ་དང༌། དྲག་ལས་དམིགས་བསལ་ཅན་ཡིན་ ན། ལིང་ག་ཆེ་བར་གྲགས་པ་བྲུབ་ཁུང་གཅིག་གི་ནང་དུ་རྫས་དང་བཅས་པའི་ལིང་ག་དང་ལིང་ཆུང་གཉིས་ཀ་བཤམ། བཟློག་ པ་ཙམ་དང༌། བསྙེན་པའི་ཁ་སྐོང་སོགས་དངོས་གྲུབ་ཀྱི་དོན་ཡིན་ན། སྣོད་གཅིག་ཏུ་ཕྱེ་མར་ལིངྒ་བྱས་པ་དང༌། ཁྲག་བྱུགས་པའི་ ལིང་ཆུང་འགའ་ཤས་བཤམས་པས་ཆོག །ཕུད་དང་རཀྟ་ཡང་བཤམས་དགོས། ཆོ་ག་དངོས་ནི་སྔོན་འགྲོའི་གཏོར་མ་དང༌། གནས་ཡོ་བྱད་བྱིན་རླབས། ཡི་དམ་གང་བྱེད་ཀྱི་བདག་བསྐྱེད་བཟླས་པ་གཏོར་ 21-1-574 འབུལ་དང་བཅས་པའི་བར་བྱ། ཐབ་ཁུང་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཐབ་ཁུང་གྲུ་ གསུམ་པ་ལས་ཐམས་ཅད་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད། བསྲེག་རྫས་རྣམས་ལ་ རཀྟ་དང་ནང་མཆོད་གཏོར། ༀ་ༀ་སྭཱཧཱ། ༀ་ཨཱཿསྭཱཧཱ། ༀ་ཤྲིཾ་སྭཱཧཱ། ༀ་ཛྲིཾ་སྭཱཧཱ། ༀ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་བྱིན་གྱིས་བརླབས་ཏེ། ༀ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་ཐབ་ཁུང་དུ་མེ་སྦར། བསངས་སྦྱངས། སྟོང་པའི་ངང་ལས་ ཐབ་ཁུང་གི་མེ་ལྟར་གྱུར་པ་ནི་སྐུ་མདོག་ནག་པོ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ་སྲིན་ པོའི་ལུས་ཅན་དུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཤར་ལྷོ་ནས་མེ་ལྷ་འཁོར་དང་ བཅས་པ་བཛྲ་ས་མཱ་ཛཿ ༀ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག ། བསྲེག་བླུག་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ༀ་ཨགྣེ་ཡེ་ཧཱུཾ། ཞེས་ལན་བདུན་གྱིས་དགང་བླུགས་ཕུལ། ༀ་ཨགྣེ་ཡེ་གནོད་ བྱེད་དགྲ་བགེགས་ཐམས་ཅད་མ་ར་ཡ་ཧཱུཾ་ཕཊ། ཞེས་བརྗོད། ཨརྒྷཾ་སོགས། ཤཔྟའི་བར་གྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐི་དབང་བསྐུར་བ། ། ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་ འདུད། །ཅེས་བསྟོད། ཡང་བླུགས་གཟར་གཅིག་ཕུལ། མེ་ལྷ་འབར་བའི་རྣམ་པ་ཅན་དུ་གྱུར། ཨ་མྲྀ་ཏས་བསངས་དང༌། སྟོང་པར་སྦྱངས་པ་ནས་བཟུང་དམ་ལ་བཞག་པའི་བར་མགོན་པོ་འཁོར་བཅས་བསྐྱེད་ཅིང་ སྤྱན་དྲངས་པའི་བར་གཏོར་ཆོག་བཞིན་དུ་བྱ། ཡང་མཆོད་བསྟོད་བསྐུལ་བར་བྱ་སྟེ། བྲུབ་ཁུང་དུ་ལིངྒ་ཆེ་བ་བཅས་ཡོད་པའི་ རིགས་ཡིན་ནམ། བདེན་བདར་དགུག་གཞུག་སོགས་སྤྱི་དང་འདྲ་བའི་མཐར་ཤཱ་ས་ན་བཟླས་བཞིན་དུ་ཐུན་གྱིས་བྲབ། ༀ་ མཧཱ་ཀཱ་ལ་གནོད་བྱེད་དགྲ་བགེགས་ཐམས་ཅད་མ་ར་ཡ་ཧཱུཾ་ཕཊ། ཅེས་རལ་གྲིའམ་གྲི་གུག་གིས་དུམ་ བུ་མང་པོར་བཏུབས། ལིང་ཆུང་རྣམས་ཀྱང་ཡིད་ཀྱིས་དགྲ་བགེགས་དངོས་སུ་བསྐྱེད་ཅིང༌། དགུག་གཞུགས་ཡང་ཡང་བྱ། ༀ་ མཧཱ་ཀ་ལ་སོགས་གོང་བཞིན་དང༌། ཤཱ་ས་ནའི་སྔགས་བཟླས་པས་བླུགས་གཟར་གྱིས་བླངས་ནས། ཁྲག་གི་ཨརྒྷཾ་ལན་ གསུམ་ཕུལ། དེ་ནས་མར་ནག་གི་དགང་བླུགས་ལན་བདུན་ཙམ་ཕུལ་ནས། སྔགས་དེ་དག་ཉིད་ཚེར་མ་ཅན་གྱི་ཡམ་ཤིང་ཉི་ཤུ་རྩ་ 21-1-575 གཅིག་སོགས་འབུལ། ལིངྒ་བསྒྲལ་བ་ཡིན་ན། དེ་ནས་ལིང་རོ་རྣམས་སྔགས་དེ་ཉིད་ཀྱིས་ཉི་ཤུ་རྩ་གཅིག་ཕུལ། ལིང་ཆུང་རྣམས་ མ་གཏུབ་པར་དགྲ་བགེགས་དངོས་སུ་བསམ་ལ་འབུལ། དེའི་རྗེས་སུ་བསྲེག་རྫས་གཞན་ཐམས་ཅད་བསྲེགས་ནས་གོང་དུ་ བསྟན་པའི་སྔགས་དེ་ཉིད་ཀྱི་འབུལ་ཏེ། མཐར་ཆང་བླུགས་གཟར་གསུམ་འབུལ་བར་བྱའོ། །ཡམ་ཤིང་མར་ནག་བར་སྐབས་དེ་ དག་ཏུ་གང་བབས་བབས་སུ་འབུལ་དགོས། དམིགས་པ་ནི། དཀྱུས་ཀྱི་ཉམས་ལེན་ལམ་དམ་རྫས་ཤ་ཁྲག་གི་རྒྱ་མཚོ་དང༌། མཆོད་རྫས་བཟང་དགུར་མོས་ནས་འབུལ། དྲག་ལས་ཀྱི་སྐབས་ཡིན་ན་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ཞག་སོགས་ཀྱི་དབྱིབས་མཐུན་སྦྱར་ནས་འབུལ། གནོད་བྱེད་གདུག་ པ་ཅན་ཐམས་ཅད་སྐད་ཅིག་གིས་བཀུག་ནས་དེ་ཉིད་དུ་དུམ་བུ་བརྒྱ་སྟོང་དུ་བརླགས་ནས་ཤ་མཆོད་རུས་མཆོད་དུ་ཆེམ་ཆེམ་ གསོལ་བ་དང༌། མེས་བསྲེགས་ནས་ཐལ་བ་ཡང་སྦུར་སྦུར་འགྲོ་བ་དང༌། སྐད་ཅིག་ལ་མྱགས་པ་སོགས་རྣམ་འགྱུར་སྣ་ཚོགས་པར་ བསམ་མོ། ། མཐར་གཏོར་བསྔོའི་བཞིན་དུ་གཏོར་མ་འབུལ་བ་དང༌། མཆོད་བསྟོད་བསྐུལ་བ་ཡིག་བརྒྱ་བཟོད་གསོལ་གཤེགས་ གསོལ་རྣམས་སྤྱི་དང་འདྲ་བར་བྱ་སྟེ། ཐལ་བ་ནས་ཅུང་ཟད་རང་གི་སྙིང་གར་བྱུགས། དམ་ཚིག་པ་རང་ལ་བསྟིམ་ མོ། །ཡང་བླུགས་གཟར་གཅིག་ཕུལ་བས། མེ་དཔུང་མེ་ལྷའི་རྣམ་པར་འགྱུར། བསྲེགས་རྫས་ལྷག་མ་རྣམས་གོང་ བཞིན་དུ་བརྟན་པའི་གསང་སྔགས་དང་བཅས་པས་ལན་བདུན་འབུལ། མཐར་གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་ གྱིས་བརླབས། ༀ་ཨགྣེ་ཡེ་སྭཱཧཱ། ཨ་ཀཱ་རོ་བཏགས་པའི་མཐར། གནོད་བྱེད་དགྲ་བགེགས་ཐམས་ཅད་ མ་ར་ཡ་ཧཱུཾ་ཕཊ། ཅེས་བཏགས་ཏེ་ལན་གསུམ་ཕུལ་ནས། ཡང་གོང་བཞིན་དགང་བླུགས་བདུན་འབུལ། མཆོད་བསྟོད་ ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ། གྱི་མཐར། ༀ་ཨགྣེ་ཡེ་གཙྪ། ཞེས་མེ་ལྷ་གཤེགས། དམ་ཚིག་པ་ འབར་བའི་རྣམ་པ་ཅན་དུ་གྱུར། གནས་གསུམ་བྱིན་གྱིས་བརླབས་པ་སོགས་བསྲུང་བ་དང༌། སྨོན་ལམ་དང་བཀྲ་ ཤིས་ཅི་རིགས་པར་བྱའོ། ། ལས་བཞི་སོ་སོའི་སྦྱིན་སྲེག་རྒྱས་པ་བྱེད་ན། ཡི་དམ་གྱི་སྦྱིན་སྲེག་གི་འདོན་པ་སྤོ་བས་ཆོ་ག་ལ། འདིར་བཟློག་པ་ཅུང་ཟད་ དྲག་པོ་དང་འབྲེལ་བའི་སྦྱིན་སྲེག་བསྡུས་པའི་དབང་དུ་བྱས་སོ། །དཔལ་གུར་གྱི་མགོན་པོ་ལ་སོགས་པའི་ཆོས་སྐྱོང་གི་རིགས་ 21-1-576 ཕལ་ཆེ་བའི་སྦྱིན་སྲེག་མདོ་ཙམ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།བཀྲ་ཤིས་པར་གྱུར་ཅིག ། རབ་དཀར་འདིས་མཚོན་སྐྱེ་འཕགས་དགེ་ཆེན་གྱིས། །དུས་མཐར་རྒྱལ་བསྟན་དབུ་ འཕང་མཐོ་བ་དང༌། །ཆབས་ཅིག་འགྲོ་ལ་ཕན་བདེ་ཡོངས་སྤེལ་ཞིང༌། །བསྟན་འགྲོའི་བསྲུང་ རིམ་རླབས་ཆེན་སྤྱོད་གྱུར་ཅིག །རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པའི། །རྣམ་སྤྲུལ་རྗེ་ བཙུན་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་ལྔ་ལོར། །རྒྱལ་བསྟན་མི་ ཉམས་གོང་དུ་འཕེལ་བའི་ཕྱིར། །ཀུན་མཁྱེན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི། །ཤིང་པར་ འཛམ་ཐང་གཙང་བའི་ཆོས་གྲྭ་ཆེར། །བསྐྲུན་པའི་དགེ་བ་འོད་དཀར་དྲི་མེད་ཀྱིས། །མར་ གྱུར་འགྲོ་ལ་རྫོགས་སངས་རྒྱས་ཐོབ་ཤོག །མངྒ་ལཾ། བཀྲ་ཤིས་པར་གྱུར་ཅིག 21-1-577 ༄༅། །སྒྲོལ་མ་རྣལ་འབྱོར་མ་ལ་བརྟེན་པའི་གནོད་ སྦྱིན་མོའི་སྒྲུབ་ཐབས་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲོལ་མ་རྣལ་འབྱོར་མ་ལ་བརྟེན་པའི་ གནོད་སྦྱིན་མོའི་སྒྲུབ་ཐབས་ནི། ཤིང་ལེབ་ལ་སྐུ་འདྲ་བྱ། རབ་གནས་གྲུབ་ནས། རང་བདག་ བསྐྱེད་བསྒོམ་ལ་ང་རྒྱལ་དང་ལྡན་པའི། བཾ་ཡཾ་བརྩེགས་པ་ལས་ནོར་རྒྱུན་མ་སེར་མོ། ཕྱག་ གཡས་ཁ་དོག་སྣ་ཚོགས་པའི་གོས་དང༌། གཡོན་འབྲས་ཀྱི་སྙེ་མ་འཛིན་པ། སྐྲ་འཁྱིལ་བ། རྒྱན་དང་ན་བཟའ་རྫོགས་པ། གསེར་གྱི་བྲག་སྐྱིབས་ན་བྱང་ཆུབ་ཤིང་ལ་རྒྱབ་བརྟེན་པ། རང་ གི་སྙིང་ག་ནས་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་འཛིན་པས་གནོད་སྦྱིན་མོ་བཀུག་ནས་བསྟིམ། དབང་བསྐུར་ནས་གཤིན་རྗེ་གཤེད་ཀྱིས་དབུ་བརྒྱན། རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་སྐྱེ་གནས་ སུ་རེག་ལ། ༀ་ཡོ་ཡཀྵི་ཎི་བཱི་ར་ཛེ་སྭཱཧཱ། ཞེས་བཟླས་ལ་མཆོད་པ་འབུལ། དེ་གོས་ཀྱི་ས་ གཡོགས་ལ་བཞག །སྔགས་འབུམ་ཕྲག་བཅུས་འགྲུབ་སྟེ་བསྙེན་པའོ། །གསུང་འདི་ཡང་ཏཱ་ར་ནཱ་ཐས་ རང་ལོ་ཉེར་གསུམ་ལ་སྦྱར་བའོ།། །།ཤུམྦྷ་མ་སྟུ། བཀྲ་ཤིས། 21-1-578 ༄༅། །ཕྱག་དྲུག་པའི་བསང་མཆོད་བསྟན་པ་འཕེལ་བྱེད་ ཞེས་བྱ་བ་བཞུགས། ༄༅། །ༀ་སྭཱ་སྟི། བླ་མ་དང་མགོན་པོ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །འདིར་མགོན་པོ་འཁོར་བཅས་ཀྱི་བསང་ རྫས་རྣམས་ཚོགས་པར་བྱས་ལ། མགོན་པོ་སྤྱན་འདྲེན་པ་ནི། ཧཱུཾ། ཤར་ལྷོར་དུར་ཁྲོད་ཆེན་པོ་ནས། །ཚང་ཚིང་ འཁྲིགས་པའི་ཞིང་ཁམས་སུ། །ཙནྡན་ཤིང་གི་རྩེ་མོ་ན། །བྱིན་རླབས་མགོན་པོ་འཁོར་དང་ བཅས། །བརྒྱུད་པའི་བླ་མ་ཐམས་ཅད་དང༌། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་དང༌། །དཔའ་བོ་ དཔའ་མོ་མཁའ་འགྲོའི་ཚོགས། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །མཆོད་པའི་ གནས་འདིར་སྤྱན་འདྲེན་ན། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །དགྱེས་པའི་ གདན་ལ་བཞུགས་སུ་གསོལ། །ཨེ་ཧྱ་ཧི་ཨརྒྷཾ་སྭཱ་ཧཱ། ཀ་མ་ལ་ཡ་སྟྭམ། ཧཱུཾ། མེ་ཏོག་བདུག་ སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །ཕྱི་ཡི་མཆོད་པ་སྣ་ཚོགས་དང༌། །ཤ་ལྔ་ བདུད་རྩི་རྣམ་ལྔ་དང༌། །ནང་གི་མཆོད་པ་སྣ་ཚོགས་དང༌། །གསང་བའི་མཆོད་པ་མ་ལུས་ སོགས། །བསང་དང་ཕུད་ཀྱི་མཆོད་པ་དང༌། །སྣ་ཚོགས་མཆོད་པ་ཐམས་ཅད་ཀྱིས། །རྡོ་རྗེ་ འཆང་ནས་རྒྱུད་པར་བཅས། །བཀའ་བརྒྱུད་བླ་མ་དམ་པ་ལ། །མཆོད་པའི་བྱེ་བྲག་སྣ་ཚོགས་ དང༌། །བསང་དང་ཕུད་ཀྱི་མཆོད་པ་འབུལ། །དབང་དང་དངོས་གྲུབ་སྩལ་དུ་གསོལ། །འདི་ དང་བར་དུ་སྐྱབས་མཛོད་ཅིག །བདེ་ཆེན་མཐར་ལམ་སྟོན་མཛོད་ཅིག །ཧཱུཾ། ཕྱག་དྲུག་ཡེ་ཤེས་ མགོན་པོ་ལ། །མཆོད་པའི་བྱེ་བྲག་སྣ་ཚོགས་དང༌། །བསང་དང་ཕུད་ཀྱི་མཆོད་པ་འབུལ། ། དབང་དང་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་མགོན་པོའི་བཀའ་ཉན་པའི། །གནོད་སྦྱིན་ ཀྵེ་ཏྲ་པཱ་ལ་དང༌། གནོད་སྦྱིན་དམག་ཚོགས་འཁོར་བཅས་ལ། །མཆོད་པའི༴ བསང་དང་༴ 21-1-579 དབང་དང་༴ ཡེ་ཤེས་མགོན་པོའི་བཀའ་ཉན་པའི། །དབང་ཕྱུག་ཛི་ན་མི་ཏྲ་དང༌། །དབང་ཕྱུག་ དམག་ཚོགས་འཁོར་བཅས་ལ། །མཆོད་པའི༴ བསང་དང་༴ དབང་༴ ཡེ་ཤེས་མགོན་པོའི་ བཀའ་ཉན་པའི། །གཤིན་རྗེ་ཏྲཀྐི་ར་ཛ་དང༌། །གཤིན་རྗེའི་དམག་ཚོགས་འཁོར་བཅས་ལ། ། མཆོད་པའི༴ བསང་༴ དབང་༴ ཡེ་ཤེས་མགོན་པོའི་བཀའ་ཉན་པའི། །བདུད་མགོན་ཏྲཀྴད་ ནག་པོ་དང༌། །བདུད་ཀྱི་དམག་ཚོགས་འཁོར་བཅས་ལ། །མཆོད་པའི༴ བསང་༴ དབང་༴ ཡེ་ཤེས་མགོན་པོ་བཀའ་ཉན་པའི། །འཇིག་རྟེན་དྲེག་པ་ལ་སོགས་པ། །མཆོད་པའི་བྱེ་བྲག་ སྣ་ཚོགས་དང༌། །བསང་དང་ཕུད་ཀྱི་མཆོད་པ་འབུལ། །བསྟན་པ་སྲུང་བའི་ལས་མཛོད་ཅིག ། དཔལ་ལྡན་ལྷ་མོ་ལ་སོགས་པའི། །མ་མོ་བྱེ་བ་དུང་ཕྱུར་ལ། །མཆོད་པའི༴ བསང་༴ བསྟན་ པ༴ ཚངས་པ་བརྒྱ་བྱིན་ལ་སོགས་པའི། །ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས་ལ། །མཆོད་ པའི༴ བསང་༴ བསྟན༴ དབང་ཕྱུག་ཁྱབ་འཇུག་ལ་སོགས་པའི། །ལྷ་ཆེན་བརྒྱད་པོ་འཁོར་ བཅས་ལ། །མཆོད་པའི༴ བསང་༴ བསྟན༴ པ་སངས་ཕུར་བུ་ལ་སོགས་པའི། །གཟའ་ཆེན་ བརྒྱད་པོ་འཁོར་བཅས་ལ། །མཆོད་པའི༴ བསང་༴ བསྟན༴ སྨིན་དྲུག་སྣར་མ་ལ་སོགས་པའི། ། རྒྱུ་སྐར་ལྷ་མོ་ཉེར་བརྒྱད་ལ། །མཆོད་པའི༴ བསང་༴ བསྟན༴ གང་བ་བཟང་པོ་ནོར་བཟང་ སོགས། །དེད་དཔོན་ཆེན་པོ་དགུ་པོ་ལ། །མཆོད་པའི༴ བསང་༴ བསྟན༴ ཡུལ་འཁོར་སྲུང་ བ་ལ་སོགས་པའི། །རྒྱལ་པོ་ཆེན་པོ་སྡེ་བཞི་ལ། །མཆོད་པའི༴ བསང་༴ བསྟན༴ མདོག་ནག་ འཇིགས་ཤིང་རྔམ་པའི་ཚོགས། །དམ་ཅན་རྒྱ་མཚོ་འཁོར་བཅས་ལ། །མཆོད་པའི༴ བསང་༴ བསྟན༴ ཡུལ་དང་གནས་དང་དུར་ཁྲོད་དང༌། །གནས་པའི་དཔའ་བོའི་དཔའ་མོ་དང༌། ། མཁའ་འགྲོ་ཆོས་སྐྱོང་འཁོར་བཅས་ལ། །མཆོད་པའི༴ བསང་༴ བསྟན༴ བསང་དང་ཕུད་ཀྱི་ མཆོད་པ་ཡིས། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །གར་འགྲོ་གར་འདུག་གར་ གནས་ཀྱང༌། །ཆོས་དང་མཐུན་པའི་སྟོང་གྲོགས་མཛོད། །གཞི་བདག་གནས་བདག་དཀོར་ 21-1-580 བདག་དང༌། །དཀར་ཕྱོགས་ཆོས་སྐྱོང་ཐམས་ཅད་ལ། །བསང་དང་ཞི་བ་དམ་པ་འབུལ། ། བསམ་པའི་དོན་ཀུན་འགྲུབ་པར་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྡང་ བའི་དགྲ་དང་གནོད་པའི་བགེགས། །ཐམས་ཅད་བཟློག་ཅིང་བསྒྱུར་བ་དང༌། །བཅོལ་བའི་ འཕྲིན་ལས་འགྲུབ་པར་མཛོད། །ཅེས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་བསང་མཆོད་བསྟན་པ་འཕེལ་བྱེད་ འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པ་དགེ། །སརྦ་མངྒ་ལཾ། 21-1-581 ༄༅། །ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་གྱི་ བྱུང་ཚུལ་མདོ་ཙམ་བརྗོད་པ་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། རྒྱལ་མཆོག་ཐུགས་རྗེའི་འོད་དཀར་ཕྲེང་བ་རྒྱས། །སྐལ་ལྡན་བློ་ཡི་ ཀུ་མུད་ཁ་ཕྱེ་ལས། །ལེགས་བཤད་གེ་སར་རྒོད་པའི་རྡུལ་འཕྲེང་དག །བློ་ལྡན་གཙུག་གི་ ནོར་བུས་ངལ་གསོ་བྱོས། །འདིར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་བྱུང་ཚུལ་གྱི་དབང་དུ་ བྱས་ན། ཡེ་ཤེས་ཀྱི་མགོན་པོ་ཉིད་ཀྱིས་ཁྱད་པར་གྱིས་ཐུགས་བསྐྱེད་ཚུལ། སྒྲུབ་ཐབས་ཀྱི་ ཆོས་སྐོར་འཕགས་ཡུལ་དུ་བྱུང་ཚུལ། དེ་ལས་བརྒྱུད་དེ་ཁ་བ་ཅན་གྱི་ལྗོངས་སུ་དར་ཚུལ། ད་ ལྟ་གྲགས་ཆེ་བའི་ཆོས་སྐོར་རྣམས་ཇི་ཙམ་ཡོད་པ་སྟེ་བཞི་ལས། དང་པོ་ནི། སྔོན་ཐུགས་རྗེ་ ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས་དང་པོ་ཐུགས་བསྐྱེད་པ་ནས་བཟུང༌། བསྐལ་བ་ གྲངས་མེད་མང་པོར་ཚོགས་བསགས། ས་བཅུ་པ་ཁྱད་པར་ཅན་བརྙེས། འོད་ཟེར་ཆེན་པོའི་ དབང་བསྐུར་ཐོབ། རྒྱལ་སྲས་ཐུ་བོ་རྣམས་ཀྱི་གྲལ་དུ་ཚུད་པའི་སྐབས་ཤིག་ཐུགས་བསྐྱེད་ཀྱི་ དམ་བཅའ་འདི་ལྟ་བུ་མཛད་དེ། ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ འཁོར་བའི་གནས་འདི་དག་གི་སེམས་ཅན་གྱི་དོན་བྱ་སྟེ། སེམས་ཅན་ཐམས་ཅད་འཁོར་བ་ ལས་བདག་གིས་སྒྲོལ་བ་ལས། འཁོར་བའི་གནས་འདིར་སེམས་ཅན་གཅིག་ཀྱང་མ་ལུས་ པ་ཐམས་ཅད་སངས་རྒྱས་ཀྱི་ས་ལ་མ་འཁོད་ཀྱི་བར་དུ་བདག་སངས་རྒྱས་ཐོབ་པར་མི་བྱ། སེམས་ཅན་གཅིག་ཀྱང་མ་ལུས་པ་སངས་རྒྱས་ལ་བཀོད་ཟིན་པ་ན། དེའི་རྗེས་སུ་བདག་ ཉིད་སངས་རྒྱས་ཐོབ་ལགས་ཀྱི། གཞན་དུ་ན་བདག་འཁོར་བ་ཉིད་དུ་གནས་ཏེ་སེམས་ཅན་ གྱི་དོན་བྱའོ། །གལ་ཏེ་བདག་དམ་བཅའ་འདི་ལས་འདའ་བར་གྱུར་ན་ལུས་ཚལ་པ་སྟོང་དུ་ 21-1-582 འགས་པར་གྱུར་ཅིག །ཅེས་དབུ་སྙུང་མཛད་དོ། ། དེ་ནས་བརྩམས་ཏེ་རི་བོ་པོ་ཊ་ལར་བཞུགས་ནས་སྤྲུལ་པ་མཐའ་ཡས་པས་སྐད་ཅིག་ རེ་རེ་ལ་ཡང་སེམས་ཅན་དཔག་ཏུ་མེད་པ་ཅིག་ཅར་སྨིན་གྲོལ་དུ་མཛད་ན་གཞན་ལྟ་ཅི་སྨོས། ཚུལ་དེ་ལྟ་བུའི་ལོ་གྲངས་ཀྱི་ཚད་བཟུང་བར་ག་ལ་ནུས། བསྐལ་བ་རང་ཡང་ཇི་སྙེད་ཅིག་སོང་ བ་ན། དུས་ལན་གཅིག་ད་ནི་སེམས་ཅན་མང་པོ་གྲོལ་བྱུང་བས་འཁོར་བའི་གནས་སྟོངས་ ལས་ཆེ་དགོངས་ཏེ་མངོན་ཤེས་ཀྱིས་གཟིགས་པས། སེམས་ཅན་གྱི་ཁམས་ལ་འཕེལ་འགྲིབ་ མེད་པས་ཉུང་བར་མ་ཟད། ཡུལ་ཉེ་བ་ན་གནས་པའི་སེམས་ཅན་རྣམས་སྙིགས་མ་ལྔ་བདོ་ བས་འདུལ་དཀའ་བ་རྣམས་གཟིགས་ཏེ། ད་ནི་བདག་གིས་སེམས་ཅན་གཅིག་གི་དོན་ཡང་ བྱར་མི་ནུས་ཞེས་སྔར་གྱི་ཐུགས་བསྐྱེད་དམ་བཅའ་དེ་བཏང་བའི་ཚུལ་མཛད་པས་སྐུ་ལུས་ ཚལ་བ་སྟོང་དུ་གས་སྐད། འཕགས་པ་འཇིག་རྟེན་མགོན་པོ་དེ་ཉིད་དང་པོ་ཐུགས་བསྐྱེད་པ་ ནས་བཟུང་སྟེ་རྟག་ཏུ་རྗེས་སུ་བཟུང་བའི་དགེ་བའི་བཤེས་གཉེན་ནི་བཅོམ་ལྡན་འདས་འོད་ དཔག་མེད་ཡིན་པས། དེའི་ཚེ་སངས་རྒྱས་འོད་དཔག་མེད་མངོན་སུམ་དུ་བྱོན་ནས། རིགས་ ཀྱི་བུ་ཁྱོད་ཀྱི་དེ་ལྟ་བུའི་སེམས་བསྐྱེད་བཏང་བ་དེ་མ་ལེགས། ད་ནི་དམ་བཅའ་བཏང་བ་དེ་ སླར་གསོ་བ་སོགས་ཀྱི་དོན་དུ་སྔར་གྱི་སེམས་བསྐྱེད་པ་དེ་བས་རྒྱ་ཆེ་བའི་སེམས་བསྐྱེད་ཞིག་ གྱིས་ཤིག་ཅེས་གསུངས་ཤིང་སྐུ་ལུས་ཚལ་པ་སྟོང་དུ་གས་པ་དེ་དབུ་བཅུ་གཅིག་དང་ཕྱག་ སྟོང་ཕྲག་ཏུ་བྱིན་གྱིས་བརླབས་སོ། །དེར་དགོངས་པ་ལ་སྔར་གྱི་དེ་བས་རྒྱ་ཆེ་བའི་སེམས་ བསྐྱེད་ནི་ནམ་ཡང་མེད། དེའི་ཆ་ཤས་ཀྱང་སྒྲུབ་པར་མི་ནུས་ཞེས་ཞག་བདུན་ཅི་བྱ་རྟོལ་མེད་ པ་ལས། དེའི་ཚེ་ད་ནི་སྙིགས་མ་ལྔ་བདོ་པའི་སེམས་ཅན་མ་རུངས་པ་རྣམས་དྲག་པོས་འདུལ་ བ་དང༌། ཆོས་བྱེད་རྣམས་ཀྱང་བར་དོའི་འཇིགས་པ་ལས་མི་ཐར་པར་གཟིགས་ནས་བར་དོ་ ལས་སྐྱོབ་པ་དང༌། སྙིགས་དུས་སྐྱེ་བོ་རྣམས་དབུལ་ཕོངས་ཁོ་ན་སྡུག་བསྔལ་ཆེ་བས། དེའི་ 21-1-583 གཉེན་པོར་བསམ་པ་ཙམ་གྱིས་དགོས་འདོད་ཐམས་ཅད་འབྱུང་བ་སྟེ། འཕྲིན་ལས་རྣམ་པ་ གསུམ་གྱི་སྒོ་ནས་ཐུགས་བསྐྱེད་སྔ་མ་ལས་ལྷག་པའི་ཚུལ་དུ་དགོངས་ཏེ། འཕགས་པ་སྤྱན་ རས་གཟིགས་ཀྱི་ཐུགས་ཀ་ནས་ཧཱུཾ་མཐིང་ནག་གཅིག་བྱུང་སྟེ། དེ་ཉིད་མྱུར་མཛད་ཡེ་ཤེས་ཀྱི་ མགོན་པོར་གྱུར་པ་ན་ཞིང་ཁམས་ཐམས་ཅད་དུ་ས་རྣམ་པ་དྲུག་ཏུ་གཡོས་སོ། ། དེའི་ཚེ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ལ་སོགས་པའི་ཕྱོགས་བཅུའི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་མགྲིན་གཅིག་ཏུ་རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟ་བུའི་ སེམས་བསྐྱེད་པ་དེ་ལེགས་སོ། །མྱུར་མཛད་མགོན་པོ་འདི་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདི་ ཉིད་ཀྱིས་དབང་དང་ལྡན་པར་བྱའོ། ཁྲོ་བོ་གཤིན་རྗེ་གཤེད་པོ་འདི་ཉིད་ཀྱིས་མཐུ་དང་ལྡན་ པར་བྱའོ། །གནོད་སྦྱིན་དང༌། སྲིན་པོ་དང་། གཤིན་རྗེ་དང༌། བདུད་དང་མ་མོའི་ཚོགས་ཀྱིས་ འདི་ཉིད་ཀྱི་འཕྲིན་ལས་བསྒྲུབ་པར་བྱའོ། །ཞེས་གསུངས་ཤིང་དུས་གསུམ་གྱི་སངས་རྒྱས་ ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱིས་སྤྲུལ་པའི་ཁྲོ་བོ་ཆེན་པོར་དབང་ བསྐུར་ཞིང་མངའ་གསོལ་ལོ། །དེ་ནས་བརྩམས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ དུ་བསྟན་པ་བསྲུང་ཞིང་བཞུགས་པ་ལགས། གཉིས་པ་ནི། སྔོན་ཡང་དག་པར་རྫོགས་པའི་ སངས་རྒྱས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་གཤེགས་པ་ན། གར་མཁན་ཞིག་དད་པ་སྐྱེས་ཏེ་ གླུ་དང་རོལ་མོའི་མཆོད་པ་རྒྱ་ཆེར་ཕུལ་ནས་སྨོན་ལམ་བཏབ། དེ་ནས་ཕྱིས་སངས་རྒྱས་སྐུ་མྱ་ ངན་ལས་འདས་ནས་ལོ་དྲུག་བརྒྱ་ཉེ་བར་ལོན་པ་ནི་མིའི་སྐྱེ་བ་བརྙེས་ཤིང་གྲུབ་པ་ཐོབ་པའི་ རི་ཁྲོད་མགོན་པོ་ཤཱ་བ་རི་པ་ཞེས་བྱ་བར་གྱུར། དེ་ལན་གཅིག་དུར་ཁྲོད་བསིལ་བའི་ཚལ་ན་ སྤྲོས་པ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་པའི་སྐབས་ནངས་ཞིག་ཐོ་རངས་ནམ་མཁར་ཌཱ་ མ་རུའི་སྒྲ་ཁྲོལ་བྱུང་བ་ལ་གཤེགས་པས་ཡེ་ཤེས་ཀྱི་མགོན་པོ་འདི་མངོན་སུམ་དུ་བྱོན་འདུག་ ཏེ། མགོན་པོས་ཉིད་ཀྱི་སྲོག་སྔགས་དང་སྒྲུབ་ཐབས་ཐམས་ཅད་གྲུབ་ཐོབ་ཤཱ་བ་རི་པ་ལ་ 21-1-584 གནང་ངོ༌། །དཔལ་ལྡན་ཤཱ་བ་རི་པ་དེ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་ཅིང་སྐུ་ཚེ་ཉི་ཟླ་ དང་མཉམ་པར་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པ་ཡིན་ནོ། ། གཞན་ཡང་འཕགས་པ་སྤྱན་རས་གཟིགས། རྡོ་རྗེ་རྣལ་འབྱོར་མ། འཕགས་མ་སྒྲོལ་མ། དཔལ་མགོན་པོ་ཉིད་དེ། བྱིན་གྱིས་བརླབས་པའི་ལྷ་བཞི་འབྲལ་མེད་བྱ་བ་ཡིན་ཏེ། ཤཱ་བ་རི་ པ་ལ་ལྷ་གཞན་དེ་རྣམས་ཀྱིས་ཀྱང་རང་རང་སོ་སོའི་སྒྲུབ་ཐབས་གསུངས་སོ། །དུས་སྐབས་ དེ་ནས་ལོ་སྟོང་ཕྲག་ཙམ་ལོན་པའི་དུས་ཕྱིས། མངའ་བདག་མཻ་ཏྲི་བ་ཞེས་བྱ་བ་མཚན་དངོས་ མཻ་ཏྲི་གུ་བྷེ་བོད་སྐད་དུ་བྱམས་པ་སྦས་པ། གསང་མཚན་གཉིས་མེད་རྡོ་རྗེ་ཅེས་བྱ་བ་དེ་བི་ ཀྲ་མ་ཤཱི་ལར་བཞུགས་དུས་བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ། ནུས་མཐུ་ཁྱད་པར་ཅན་ བརྙེས་ཀྱང་གནས་ལུགས་ཀྱི་དོན་མ་རྟོགས་ནས་ལྷག་པའི་ལྷ་ལ་གསོལ་བ་བཏབ་པས། ལྷོ་ ཕྱོགས་དཔལ་གྱི་རིར་སོངས་ཤིག་རི་ཁྲོད་མགོན་པོས་རྗེས་སུ་འཛིན་པར་འགྱུར་རོ་ཞེས་ལུང་ བསྟན་ཐོབ། དེ་ནས་དཔལ་རིར་བྱོན། གྲུབ་ཐོབ་ཤཱ་བ་རུ་པ་ལས་ཟབ་མོའི་དོན་གྱི་ཕྱག་རྒྱ་ ཆེན་པོའི་གདམས་པ་མཐའ་དག་གསན། གནས་ལུགས་གཟིགས་པ་ནམ་མཁའ་དང་མཉམ་ པར་འགྱུར། ཟབ་དོན་གྱི་གདམས་པ་སྤེལ་བའི་བཀའི་གནང་བ་ཐོབ། བྱིན་གྱིས་བརླབས་ པའི་ལྷ་བཞིའི་སྒྲུབ་ཐབས་བརྩམས། ཞག་ཉེར་གཅིག་བསྒྲུབས་པས་ཆོས་སྐྱོང་བྲན་དུ་ འཁོལ་བར་གྱུར་ཏེ། དཔག་ཚད་བརྒྱའི་ཕ་རོལ་ནས་བརྟན་གཡོའི་དངོས་པོ་ཆེན་པོ་བླང་ཏེ་ འབུལ་བ་སོགས་བཞེད་དོན་མཐའ་དག་སྒྲུབ་པ་ཞིག་གོ ། ཡང་གཏམ་རྒྱུད་ཀྱི་རྣམ་གྲངས་གཞན་ནི། སྔོན་དགེ་བསྙེན་ཞི་བའི་གོ་ཆ་ལྕགས་ཀྱི་བྱིན་ པ་ཅན་དུ་གྲགས་པ་དེ་རི་པོ་ཊ་ལར་ལན་གསུམ་བྱོན། འཕགས་པ་སྤྱན་རས་གཟིགས་དངོས་ སུ་མཇལ། སྔ་ཕྱི་ཕོ་བྲང་གཞལ་མེད་ཁང་གཞན་ཐམས་ཅད་ལ་མཇལ་ཞིང་བསྐོར། རྟེན་ཀུན་ ལ་ཡང་ཕྱག་མཆོད་བསྒྲུབས་པ་ལས། མཐའ་གཅིག་ན་ཁང་བཟང་ཤིན་ཏུ་ཆེ་བ་ནམ་ཡང་ 21-1-585 སྒོ་མི་འབྱེད་པ་ཞིག་འདུག་ཏེ། དཔའ་བོ་མཁའ་འགྲོ་རྣམས་ལ་འདིའི་སྒོ་འབྱེད་པར་ཞུ་ཞུས་ པས། འདིའི་སྒོ་ཕྱེ་ན་འཇིག་རྟེན་གསུམ་པོ་ཐམས་ཅད་སྔངས་ཤིང་འཆི་པའམ་འཆི་ལ་ཐུག་ པར་འགྱུར་གསུངས་པས། ཡང་འཕགས་པ་སྤྱན་རས་གཟིགས་ཉིད་ལ་ཞུས་ཤིང་གསོལ་བ་ བཏབ་པས་སྤྲུལ་པའི་ཕོ་ཉ་ཞིག་མངགས་ཏེ། འཕགས་པའི་བཀས་གནང་བའི་སྟོབས་ཀྱིས་ སེམས་ཅན་སུ་ལ་གནོད་པ་མེད་པའི་ངང་ནས་སྒོ་ཕྱེས། དེར་ཡེ་ཤེས་ཀྱི་མགོན་པོ་འདི་དང་ མཇལ། གསོལ་བ་བཏབ་པས་རྒྱུད་བྱིན་གྱིས་བརླབས། འཛམ་བུའི་གླིང་དུ་སེམས་ཅན་གྱི་ དོན་དང་སངས་རྒྱས་ཀྱི་བསྟན་པ་སྐྱོང་བ་ལ་འབྱོར་བར་ཞུ་ཞེས་གསོལ་བ་བཏབ་པས་ཞལ་ གྱིས་བཞེས། དེ་ནས་བཟུང་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཤིང་ནྱ་གྲོ་དྷའི་ཕུག་ན་སྤྲུལ་ པའི་སྐུ་ཞིག་རྟག་ཏུ་བཞུགས་པ་ཡིན། ས་ར་ཧ་དང་ཤཱ་བ་རི་བས་སྒྲུབ་ཐབས་ཀྱང་མཛད་ཅེས་ གྲགས་ཏེ། འདི་ལོ་ཙྪ་བ་འགར་ཆོས་བཟང་གི་ལུགས་ཀྱི་གསུང་སྒྲོས་ལས་བྱུང༌། པོ་ཊ་ལའི་ ལམ་ཡིག་ཏུ་གྲགས་པའི་རྒྱུད་ལས་ཀྱང་པོ་ཊ་ལར་མགོན་པོ་འདི་བཞུགས་པར་བཤད་པ་ དང་མཐུན་ནོ། ། ཡང་འགའ་ཞིག་འདི་ལྟ་སྟེ། མགོན་པོ་འདི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ན་ བཞུགས་པ་སློབ་དཔོན་ཀླུ་སྒྲུབ་དང༌། བྲམ་ཟེ་མཆོག་སྲེད་ཀྱིས་སྤྱན་དྲངས་ཞེས་ཀྱང་བཞེད་ དེ། དེ་ཐམས་ཅད་ཡུལ་དུས་གནས་སྐབས་སོ་སོ་ཡིན་པའི་ཕྱིར་ཐམས་ཅད་དོན་ལ་གནས་ ཤིང་བདེན་པ་ཁོ་ནའོ། ། གསུམ་པ་ནི། སྤྱིར་མགོན་པོ་འདིའི་ཆོས་སྐོར་བོད་དུ་བསྒྱུར་བའི་ལོཙྪ་བ་མང་དུ་བྱུང་ སྟེ། གྱི་ཇོ་ཟླ་བའི་འོད་ཟེར་གྱིས་པནྚི་ཏ་མི་མཉམ་རྡོ་རྗེའི་ཁོལ་པོ་ལ་གསན་ནས་ཤཱ་བ་རི་པའི་ གཞུང་ཆུང་བསྒྱུར། ལུགས་འདི་མགོན་རྐྱང་ཁོ་ནས་བསྙེན་སྒྲུབ་ལས་གསུམ་གྱི་ཆོས་སྐོར་ ཡིན་པར་གྲགས་སོ། །མཉམ་སྲིང་ལོ་ཙཱ་བ་གང་རུང་ཚུལ་ཁྲིམས་འབྱུང་གནས་ཞེས་བྱ་བས་ 21-1-586 པཎྜི་ཏ་ཤན་ཏ་ཨ་ཀ་ར་ལ་བརྟེན་ནས་བསྒྱུར་ཞེས་གྲགས་ཤིང༌། འདིའི་སྒྲུབ་ཐབས་བོད་ཀྱི་ ཡིག་རྙིང་ཅི་རིགས་པར་མཐོང་ཏེ། མཁའ་འགྲོ་དྲུག་སྐོར་དུ་གྲགས་པ་དེ་ཡིན་པར་འདུག ། ཡང་ལོ་ཙྪ་བ་འགར་ཆོས་བཟང་གིས་པཎྜི་ཏ་ཨ་ཏ་ཡ་བཛྲ་ལ་གསན་ཏེ་ས་ར་ཧ་དང༌། ཤཱ་ བ་རིའི་སྒྲུབ་ཐབས་བསྒྱུར། འགྱུར་འདི་ལ་འཁྱུད་ཡུམ་ཡོད་མེད་གཉིས་ཡོད་ནའང་འཁོར་ མཁའ་འགྲོ་བཞི་སྐོར་ཁོ་ན་ཡིན། ཁྱུང་པོའི་གདམས་ངག་དང་མཐུན་ཤས་ཆེ་བ་ཞིག་ཡོད། ཁ་ཅིག་ཨ་ཏ་ཡ་ཞེས་པ་ཡི་གེ་ནོར་བ་ཡིན། ཨ་ཏ་ཡ་བཛྲ་ཞེས་པས་གཉིས་མེད་རྡོ་རྗེ་མེ་ཏྲི་བ་ དང་གཅིག་ཟེར་བ་ནི་བློས་བཏགས་པ་ཙམ་སྟེ་ཨ་ཏ་ཡ་ཞེས་པ་ཀུན་ཏུ་སྦྱིན་པའམ་མཆོག་ཏུ་ བྱམས་པའི་དོན་ཡིན་ནོ། །ཡི་གེ་ཏ་དང་ད་ནོར་སོ་ཙམ་བྱུང་སྲིད་ཀྱང་ཡུལ་སྐད་གྱི་ཁྱད་པར་ དག་ལས་འགལ་བ་ཡང་མེད་ཅིང༌། སྤྱིར་ཡང་ཡིག་ནོར་དང་བསྡུ་ཡིག་ལ་དགག་སྒྲུབ་དགོས་ ན་ཧ་ཅང་ཐལ་བར་འགྱུར་རོ། །མི་མཉམ་རྡོ་རྗེ་དང་ཨ་ཏ་ཡ་བཛྲ་འདི་གཉིས་ཀར་མཁས་ གྲུབ་ཁྱུང་པོའི་ཡང་བླ་མ་ཡིན་ནོ། ། དེ་ལྟར་ཡང་ལུགས་དེ་དག་ལ་ནི་བསྙེན་བསྒྲུབ་ལས་གསུམ་ཆ་ཚང་ཙམ་མདོར་བསྡུས་ ཏེ་མ་གཏོགས་ཆོས་སྐོར་རྒྱས་པ་མེད། དེང་སང་ཆོས་རྒྱུན་ཡང་མི་བཞུགས་སོ། །དེས་ན་ མགོན་པོ་འདིའི་ཆོས་སྐོར་རྒྱས་ཤིང་ཟབ་པ་བཅོས་བསླད་དང་བྲལ་བ་བྱིན་རླབས་ཀྱི་གཟི་ བྱིན་འགྲན་ཟླ་མེད་ཅིང་ས་སྟེང་ཐམས་ཅད་ཁྱབ་པའི་འཕྲིན་ལས་ཀྱི་དཔལ་འབྱོར་རྒྱས་པ་ ནི་མཁས་གྲུབ་ཁྱུང་པོའི་རྣལ་འབྱོར་བ་འདིའི་མན་ངག་ཁོ་ན་ཡིན་ནོ། །དེ་ཡང་མཁས་གྲུབ་ ཁྱུང་པོ་རྣལ་འབྱོར་པ་དེ་གདུང་རུས་ཁྱུང་པོ་འཁྲུང་ཡུལ་སྙེ་མོ་ར་མང༌། དང་པོ་བོན་ལ་མཁས་ པར་མཛད་དེ་ཚོགས་པ་བདུན་བརྒྱ་ཙམ་འདུས། དེ་ནས་རྫོགས་ཆེན་ལ་ཞུགས་ཏེ་སློབ་མ་ སུམ་བརྒྱ་ཙམ་འདུས། དེ་ནས་སྐོར་དེ་མཚམས་ནས་བླ་མ་མང་དུ་བསྟེན་ཏེ། ཀྱེ་རྡོར་དང་ གཤིན་རྗེ་གཤེད་དང་ཕྱག་ཆེན་གྱི་སྐོར་མཐའ་དག་གསན། དགུང་ལོ་ལྔ་བཅུ་ང་གཉིས་ཙམ་ 21-1-587 བཞེས་པ་ལ་བལ་ཡུལ་དུ་ཕེབས་ཏེ། དེ་ནས་ཀྱང་མི་ལོ་ལྔ་བཅུའི་སྐོར་རྒྱ་བལ་བོད་གསུམ་ དུ་འབྱོན་བཞུད་མཛད། བླ་མ་རྒྱ་གར་བ་མཁས་པ་བརྒྱ་དང་ལྔ་བཅུ་བསྟེན། མདོ་སྔགས་སྒྲ་ ཚད་གཞུང་མན་ངག་ཐམས་ཅད་ཐུགས་སུ་ཆུད་པར་མཛད། ཐུན་མོང་གི་བླ་མ་རྡོ་རྗེ་གདན་ པ་ཆེན་པོ་བསོད་ནམས་འབྱུང་གནས། མཻ་ཏྲི་བ། སྦས་པའི་རྣལ་འབྱོར་པ། ར་ཧུ་ལ་པ་དེ་བཞི་ དང༌། ཐུན་མོང་མ་ཡིན་པ་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་དང༌། སུ་ཁ་སིདྡྷི་སྟེ་དྲུག་པོ་རྣམས་ རྩ་བའི་བླ་མ་མཛད། དེ་ལ་རྒྱ་གར་དུ་ལན་བར་མ་ཕེབས་པའི་ཚེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ གཉིས་སོགས་མཁས་གྲུབ་དཔག་ཏུ་མེད་པའི་ཐུགས་བཅུད་ལོངས། སླར་བོད་དུ་ལྡོག་ཏུ་ཉེ་ བའི་སྐབས་ཞིག་མངའ་བདག་མཻ་ཏྲི་བ་ལ་ཆོས་རྒྱག་གི་ལྷག་མ་གསེར་མང་དུ་ཡོད་པ་རྣམས་ ཕུལ་ཏེ། བདག་ཅག་བོད་རྣམས་ལོངས་སྤྱོད་ཆུང་བས་ནོར་སྒྲུབ་མྱུར་ལ་ལྟག་ཚན་ཆེ་བ་ཞིག་ ཞུ་ཞུས་པས། མགོན་པོའི་འདིའི་སྔོན་གྱི་ལོ་རྒྱུས་རྣམས་གསུངས་ཏེ། ཐུགས་རྗེ་ཆེན་པོ་ནག་ པོ་ཞེས་ཀྱང་བྱ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞེས་ཀྱང་བྱ། མགོན་པོ་ཤིང་ཕུང་ཅན་ཞེས་ ཀྱང་བྱ། འདི་དང་པོ་རྟེན་པ་ཙམ་གྱིས་དགོས་འདོད་ཐམས་ཅད་འབྱུང་བ། བསམ་པ་ཙམ་གྱི་ བར་ཆད་ཐམས་ཅད་སེལ་བ། དགྲ་ཐམས་ཅད་རྡུལ་དུ་རློག་པར་བྱེད་པ། གསོལ་བ་བཏབ་ན་ མ་བསྒྲུབས་པར་ཡང་ཞལ་སྟོན་པ། བཟློག་པ་དང་ནང་རྨེས་མི་ཚུགས་པ། ཐུན་མོང་བསྒྲུབས་ པས་མཆོག་ཞོར་ལ་འབྱུང་བ། ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཆོས་སྐྱོང་འདི་སྦྱིན་པ་བྱ་ཞེས་ གསུངས་ཏེ། ཏིང་ངེ་འཛིན་གྱི་དབང་ཟབ་མོའི་སྒོ་ཕྱེ་ནས་ཆོས་སྐྱོང་འདིའི་གདམས་ངག་ རྫོགས་པར་གནང་ཞིང་མཐར་འདི་སྐད་ཅེས། སྤྱིར་དམ་ཚིག་མ་ཉམས་པ། དགོས་སུ་འབྲུ་ ནག་རྗེན་བཏགས་ཀྱི་གཏོར་མ་དང་ཐུན་མོང་མ་ཡིན་པའི་སྤོས་སྦྱོར་སོགས་དམ་རྫས་རྣམས་ ཚང་ཞིང་མ་འཆགས་པ། བྱ་ནག་དང་ཁྱི་ནག་ལ་རྡོས་མི་རྡེག་པ་དང༌། ཡིད་ཆེས་པར་བྱེད་པ་ སོགས་མགོན་པོའི་དགོས་ཀྱི་དམ་ཚིག་རྣམས་ལའང་གནས་པར་གྱིས། དེ་ལྟར་བྱས་ན་རི་ལ་ 21-1-588 སྡོད་པ་སོགས་གནས་སྐབས་ཐམས་ཅད་དུ་འཚོ་བའི་རྩོལ་བ་མི་དགོས། རང་ལ་དགོས་ཚད་ མགོན་པོ་རང་གི་སྐྱེལ། ཞག་བཅུ་གསུམ་བསྒྲུབས་ན་ཁྱོད་ཉིད་འཁོར་དང་བཅས་པ་ཐམས་ ཅད་ལའང་ཞལ་མངོན་སུམ་དུ་སྟོན་པར་འགྱུར་རོ། །ཞེས་ལུང་བསྟན་མཛད་དེ། དེ་ནས་ བོད་དུ་བྱོན་ཡང་སླད་ཀྱི་རྒྱ་གར་དུ་ཕེབས་ཏེ་བླ་མ་རྣམས་ཀྱི་སྐུ་དྲིན་དྲན་པའི་ཚོགས་འཁོར་ ཞུ་བ་དང་གསེར་གྱི་མཎྜལ་བཟང་པོས་མཉེས་པར་མཛད། དེ་སྐབས་མངའ་བདག་མཻ་ཏྲི་བ་ ནི་མི་བཞུགས། ཇོ་མོ་རྣལ་འབྱོར་གྱི་དབང་ཕྱུག་མ་གང་ག་དྷ་རིའི་དྲུང་དུ་གསེར་གྱི་མཎྜལ་ ཕུལ་བས་ཀྱང་ཕྱག་ཆེན་དང༌། མགོན་པོ་ལས་དངོས་གྲུབ་འགྲུབ་པའི་ལྟས་ཁྱད་པར་ཅན་ བརྙེས། དེ་རྗེས་སླར་བོད་དུ་ཕེབས་ཤིང་འགྲོ་དོན་ཀྱང་ཆེར་མཛད། བར་བར་དུ་སྒོམ་སྒྲུབ་ ཚུལ་ཡང་མང་དུ་བསྟན། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་ངེས་པར་དགོངས་ནས་ དགེ་བཤེས་པོ་ཏོ་བ་དང༌། གླང་རི་ཐང་པ་ལའང་ཆོས་གསན། འཕན་ཡུལ་ཇོག་པའི་རི་ལ་ གཅིག་རིལ་མཛད། དང་པོ་བླ་མ་མཻ་ཏྲི་པས་གསུང་དུས་འཚོ་བའི་རྩོལ་བ་མི་དགོས་མགོན་ པོས་སྐྱེལ་གསུང་དགོངས་ཏེ། འཚོ་བའི་རྩོལ་བ་ཡེ་མ་མཛད་པས་འཚོ་བ་ཆད། ནུབ་གཅིག་ མགོན་པོའི་རྒྱུན་གཏོར་ཡང་མ་བྱུང་བས་ཕུག་པའི་སྒོར་ཐོན་ཏེ། ཀྵེ་ཏྲ་པཱ་ལ་སོགས་མགོན་ པོའི་ལས་མཁན་རྣམས་ཀྱི་མིང་ནས་བོས་ཏེ། དང་པོ་བླ་མ་མཻ་ཏྲི་བས་དེ་སྐད་གསུང་བ་ཡིན་ ཏེ། ད་འདི་ན་ང་ལ་འཚོ་བ་ནམ་ཡང་མེད། མགོན་པོ་རང་གི་རྒྱུན་གཏོར་ཡང་ཆད་ནས་མེད་ དོ། །ཞེས་གསུངས་སྐད་ཆེན་པོ་བཏང་བས་དེའི་ནང་བར་རང་འབྲས་ཁོངས་ཀྱི་ཚོང་འདུས་ ནས་འབུལ་སྐྱེལ་བ་ཤིན་ཏུ་ཚབ་ཆེ་བ་བྱུང་སྟེ། མར། ནས་དང༌། ཇ་ཟས་གོས་སོགས་ཤིན་ ཏུ་མང་པོ་བྱུང་སྟེ། དེ་ལ་བརྟེན་ནས་སློབ་མ་མང་དུ་བསྡུས་ནས་ཆོས་གསུང༌། ཟླ་གཅིག་ཙམ་ སོང་ནས་ཚོགས་མང་ཆེས་ཏེ། ཇོག་པོར་མ་ཤོང་ནས་ལུང་པའི་མདའ་ཆད་ཀ་ཞེས་བྱ་བར་ དགོན་པ་བཏབ། རིམ་གྱིས་ཚོགས་པ་སྟོང་ཙམ་འདུས། དེ་ནས་ལན་གཅིག་དགོན་པའི་ 21-1-589 ནང་གི་སྤྱིལ་བུ་ཞིག་ཏུ་བཞུགས། ཟླ་སྟོད་གྲོལ་མཚམས་བྱེད་ཀྱིན་ཆོས་བཤད། ཟླ་སྨད་ལ་ མཚམས་མཛད་ཅིང་ཡོད་པ་ལས་མཚམས་ཀྱི་དུས་ཞིག་ནམ་ལངས་མ་ཐག་གཟིམ་ཁང་གི་སྒོ་ རྡུང་བ་ཞིག་བྱུང་བས། ཉེ་གནས་ཀྱིས་བལྟས་དུས་ཨ་ཙ་ར་ཞིག་བྱོན་འདུག་ནས་བླ་མ་དང་ མཇལ་བར་ཞུ་གསུང་བ་ན། དེ་ནས་ཡར་ལོན་མར་ལོན་བྱས་ཏེ། མཚམས་ལ་ཡོད་པས་མི་ མཇལ་ཞུས་པས་ང་ཐག་རིང་པོ་ནས་འོངས་པའི་ནད་པ་ཞིག་ཡིན་པས་ཅིས་ཀྱང་མཇལ་བ་ཞུ་ གསུང༌། དེ་ནས་ནང་དུ་སྤྱན་དྲངས་སྨན་པ་བོས་ཏེ་བལྟ་རུ་བཅུག་པས། འདི་ཁྲག་ཏུ་འདུག་ ཏེ་གཏར་ཁ་བྱ་དགོས་ཟེར་བ་ལ། རྣལ་འབྱོར་པས་གཏར་ཁ་དེས་མི་ཡོང་གསུང་ཏེ་རླུང་སྦྱོར་ ཞིག་མཛད་པས། ཁྲུ་གང་ཙམ་གྱི་ནམ་མཁའ་ལ་འུ་རུ་འུ་རུ་བཞུགས་ཏེ་བ་སྤུའི་བུ་ག་ཐམས་ ཅད་ནས་ནད་ཁྲག་རྣམས་ཕྱིར་བྱུང༌། དེར་བསེར་མ་ལངས་གསུང་གིན་འདུག་པས་འབྲུ་མར་ གྱི་བྱུགས་པ་འབུལ་བར་བརྩམས་པ་ན། རྣལ་འབྱོར་པས་བསྐུ་མཉེ་དེས་མི་ཡོང་གསུང༌། ཡང་རླུང་སྦྱོར་གཞན་ཞིག་མཛད་པས། དེ་སྔར་བཞིན་ནམ་མཁའ་ལ་འུ་རུ་འུ་རུ་འདུག་པ་ ལས་བ་སྤུའི་བུ་ག་ནས་ཀུན་ད་ཞག་དང་བཅས་པ་སྣུམ་ཚིལ་གྱིས་བྱུང༌། ཡང་རླུང་སྦྱོར་གཞན་ ཞིག་མཛད་པས་བ་སྤུའི་བུ་གར་སིབ་སིབ་ཐིམ་པས་སྐུ་བཀྲག་མདངས་དང་ལྡན་པར་གྱུར་ཏེ། དེ་ངོ་མཚར་ཆེ་བར་མཁྱེན་ནས། ད་ནང་གང་ནས་ཕེབས་ཞུས་པས། ང་རྒྱ་གར་རྡོ་རྗེ་གདན་ ནས་ད་ནང་ཉི་མ་ཤར་མ་ཐག་འོངས་པ་ཡིན་ཏེ། པོ་ཏ་རི་རོང་དོག་པས་འདིར་སླེབས་དུས་ཉི་ མ་མ་ཤར་བར་འདུག་གསུང༌། མཚན་གང་ཡིན་དྲི་བས་ར་ཧུ་ལ་གུཔྟ་བཛྲ་ཡིན་གསུངས་ཏེ་གུ་ ན་པཱ་ཀ་ར་དང༌། རཏྣ་ཨ་ཀཱ་ར་དང༌། ཡང་ཨ་བྷི་ཛུ་ཏ་ཀ་ན་རེ། བོད་དུ་སོང་དང་རྣལ་འབྱོར་ པ་ཞིག་ལ་ཕན་ཐོགས་པར་འགྱུར་ཞེས་གསུང་ཏེ་འོང་བས་ཁྱོད་དང་འཕྲད་པ་ཡིན། ཅེས་ སོགས་བླ་མ་ཉིད་ཀྱི་རྣམ་ཐར་རྒྱས་པར་གསུང༌། དེ་ནས་མཁས་གྲུབ་ཁྱུང་པོ་ཉིད་ཀྱིས་བླ་མ་ ར་ཧུ་ལ་པ་དེ་ལ་རྒྱུད་མན་ངག་སྤྱི་ལ་གྲགས་པ་མཐའ་ཡས་པ་གསན། ཁྱད་པར་ན་མགོན་པོ་ 21-1-590 འདིའི་ཆོས་སྐོར་ཤིན་ཏུ་རྒྱས་པ། གསན་ཏེ། སྔར་མངའ་བདག་མཻ་ཏྲི་བ་ལ་མི་བཞུགས་པའི་ ཁྱད་པར་གྱི་གདམས་པ་ཡང་མང་དུ་བྱུང༌། གནས་དེར་ཟླ་བ་བདུན་བཞུགས། དེ་ནས་ཀླུ་ ཤོད་དང༌། རོང་དང༌། འདམ་ལ་སོགས་པར་ཡང་ཕེབས། དེ་རྗེས་བྱང་རྒྱབ་བརྒྱུད་དེ་གུང་ ཐང་དང༌། མང་ཡུལ་སྐྱིད་གྲོང་གི་བར་དུ་ཕེབས་པ་ལ། དེའི་བར་དུ་མཁས་གྲུབ་ཆེན་པོ་སྐྱེལ་ མར་ཕེབས། གསུང་ལས། རླུང་ཤིང་རྟ་ཅན་དང༌། རྡོ་རྗེ་རྣལ་འབྱོར་མ་རྨི་ལམ་དུ་ཞལ་ལྟ་བ་ འདི་དང༌། མགོན་པོ་ཤིང་ཕུང་ཅན་གྱི་གདམས་པ་སྟེ། གདམས་པ་གསུམ་པོ་འདི་སྟེར་བའི་ ཡུལ་ཆོས་ཀྱི་སྣོད་དུ་གྱུར་པ་གཞན་ཡེ་མ་རྙེད་ནས་ཁྱེད་ལ་གཏད་པ་ཡིན་གསུང་ནས། ནམ་ མཁའ་ལ་འཕུར་ཏེ་བཞུད་ཀྱང་ཟེར་གར་གཤེགས་ཆ་མེད་དོ། །དེ་ལྟར་མཁས་གྲུབ་ཁྱུང་པོ་ དེ་རུ་མཚམས་དང༌། འཕན་ཡུལ་དང༌། དབུ་རུ་སྟོད་སོགས་ཡོངས་སྡོམ་ལ་ལོ་ཉི་ཤུ་ལྷག་ཅིག་ བཞུགས། དེ་ནས་མཁའ་འགྲོའི་ལུང་བསྟན་གྱིས་ཡང་ཡང་བསྐུལ་ཏེ་གཡས་རུ་ཤངས་ཀྱི་ ཕྱོགས་སུ་ཕེབ་ནས་ལོ་སུམ་ཅུའི་བར་འགྲོ་དོན་རྒྱ་ཆེར་མཛད། སྐུ་ལུས་ཀྱི་བཀོད་པ་བརྒྱ་རྩ་ བརྒྱད་ཅིག་ཅར་སྟོན་པ་དང༌། བྲག་རི་ལ་ཐོགས་པ་མེད་པར་བཞུད་པ་དང་སྤྲུལ་པའི་དམག་ ཚོགས་བཀྱེ་ནས་གནོད་པ་མེད་པར་ཕ་རོལ་གྱི་གཡུལ་ངོ་བཟློག་པ་དང༌། བུམ་པའི་ནང་དུ་ ཞག་བདུན་བཞུགས་པ་དང༌། ནམ་མཁའ་ལ་བཞུགས་ནས་ཚོགས་པ་ཁྲི་ཚོ་བརྒྱ་ལ་བྱམས་ ཆོས་སྡེ་ལྔ་གསུངས་པ་སོགས་རྣམ་པར་ཐར་པ་བློས་དཔོག་པར་མི་ནུས་སོ། །ལན་གཅིག་ ཁམས་པའི་གྲྭ་བ་འཁྲུག་པས་དམ་སེལ་གྱིས་སྐུ་གྲིབ་ཕོག་སྟེ་བག་ཙམ་སྙུང་བ་ལ། མགོན་ པོའི་གཏོར་ཆེན་གྱིས་ཞེས་ལུང་བསྟན་བྱུང་ནས་དཔོན་སློབ་བཞི་བཅུ་ཐམ་པས་གཏོར་ཆེན་ བསྒྲུབས་ཏེ་ཞག་བཅུ་གསུམ་ནས་ནང་རྟགས་བྱུང་སྟེ། གཏོར་མ་གཏོང་བར་ཕེབས་པས་ གཏོར་སྟེགས་ཀྱི་སྟེང་ན་མགོན་པོ་བར་ཆད་ཀུན་སེལ་ཉིད་སྐུ་མདོག་དཀར་པོ་ཞིག་བཞུགས་ པ་དཔོན་སློབ་ཐམས་ཅད་ཀྱིས་གཟིགས། དེ་མ་ཐག་སྙུང་བ་ཡང་དྭངས། སྔོན་མཻ་ཏྲི་བས་ 21-1-591 འཁོར་དང་བཅས་པ་ལ་མགོན་པོའི་ཞལ་སྟོན་པར་ལུང་བསྟན་པ་དེ་འདི་ཡིན་པར་གྲགས་ སོ། །མཁས་གྲུབ་ཁྱུང་པོའི་རྣལ་འབྱོར་པ་དེས་མགོན་པོ་འདིའི་གདམས་ངག་གནང་བའི་ སློབ་མ་ནི་སྤྱིར་ནི་ཤིན་ཏུ་མང་བར་ཡོད་སྣང་ཏེ། སློབ་དཔོན་ཆོས་ཀྱི་ཤེས་རབ་ལ་གནད་བྱ་ བ་གཅིག་ནས་ཕྱིས་ཞུ་སྟོན་ཧྲུལ་པོ་བར་དུ་བརྒྱུད་པའི་ཡིག་ཆ་ཡང་འདུག་པས་མཚོན། འོན་ ཀྱང་ད་ལྟའི་བར་དུ་ཆོས་རྒྱུན་མ་ཆད་ཅིང་གྲགས་ཆེ་བ་ནི་གསུམ་ཡིན་ཏེ་མཁན་ཆེན་ལ་སྟོད་ པ་དཀོན་མཆོག་མཁར་དང༌། མཁའ་འགྲོ་སྤྲིན་བཞིན་འདུ་བའི་ཞང་སྒོམ་ཆོས་སེང་དང༌། སྒྱུ་ ལུས་རྨི་ལམ་གྱི་མངའ་བདག་རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས་སོ། ། དེ་ལས་མཁན་ཆེན་ལ་སྟོད་པ་ནི། མཚན་ཉིད་སློབ་དུས་འབྲེ་ཆེན་པོ་ཤེས་རབ་འབར་ གྱི་སློབ་མ་ཡིན་པས་ཉང་སྟོད་གནས་རྙིང་གི་གདན་སར་སྤྱན་འདྲེན་ནན་ཅན་མང་པོ་བྱུང་བ་ ན། ང་མི་ཆོས་ཐག་རིང་བས་མཚན་ཉིད་པའི་སྡེ་ཆེན་པོ་འདི་འཛིན་སྐྱོང་དཀའ། འོན་ཀྱང་ བླ་མ་ལ་ཞུ་དགོངས་ཏེ། ཁྱུང་པོའི་རྣལ་འབྱོར་པ་ལ་ཞུས་པས། ཁྱེད་རང་ཉམ་ང་མི་དགོས་ པ་ཅིག་ངས་བྱིན་གྱིས་བརླབས་པས་དགོས་དོན་ཐམས་ཅད་མགོན་པོ་འདིས་སྒྲུབ་པར་འདུག ། བླ་མའི་གདན་ས་ཟུངས་ཤིག་གསུང༌། དེར་ཁོང་གི་ཞོང་ནས་ཉུང་ལ་ཕེབས་པའི་ལམ་ཤང་ མདར་སླེབས་པ་ན་བླ་མའི་ཐུགས་དམ་མགོན་པོའི་བྲིས་སྐུ་ཞིག་ཀྱང་ཕྱི་བཞིན་འབྲང་ཀྱིན་ བྱོན། དེ་ལ་འཕུར་ཐང་དུ་གྲགས། བླ་མས་བཀས་མ་གནང་བར་འཁུར་དུ་མི་རུང་སྙམ་ནས་ སླར་ཡང་ཞོར་དུ་ལོག་ཏེ་བླ་མ་ལ་ཞུས་པས་དེ་སྤྱན་དྲོངས་ལ་སོང༌། ཁྱོད་སློབ་དཔོན་ཤེས་ རབ་འབར་བས་ཀྱང་བསོད་ནམས་ཆེ་བར་འོངས་གསུངས་ཏེ་ཕྱིས་དེ་ཁ་བཞིན་དུ་བྱུང༌། མཐུ་ སྟོབས་ཀྱང་བསམ་གྱིས་མི་ཁྱབ་པར་མངའ། འདིས་ལ་སྟོད་ཅོང་ཆོས་ལྡིང་སོགས་དང༌། ཉེར་ གཉིས་སུ་དགོན་གནས་མང་དུ་བཏབ། འདི་ནས་བརྒྱུད་པ་མགོན་པོ་རྙིང་པའི་ལུགས་ལ་ མགོན་པོ་སྟོད་ལུགས་པར་གྲགས་སོ། །རྟོགས་ལྡན་ཞིང་སྒོམ་ཆོས་སེང་ནི། མཁས་གྲུབ་ཆེན་ 21-1-592 པོ་ཁྱུང་པོའི་རྣལ་འབྱོར་པ་ཡུན་རིང་དུ་བསྟེན། གསང་སྔགས་ཀྱི་གདམས་ངག་ཆེས་ཟབ་པ་ མང་པོ་ཐོས། བླ་མའི་གསུང་གིས་བསྐུལ་བས་གནམ་མཚོའི་ངོ་ལ་ལོ་བདུན། བྱང་ངུར་དང་ ཐང་ལྷའི་མགུལ་སྦྲགས་པ་ལ་ལོ་ལྔ་བཞུགས། དེ་དུས་གནས་ལུགས་ཀྱི་དོན་མངོན་སུམ་དུ་ རྟོགས། རླུང་སེམས་དབུ་མར་ཆུད། ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས། རྡོ་རྗེ་རྣལ་ འབྱོར་མ་དང་མི་ལབ་པ་བཞིན་དུ་གྱུར། མགོན་པོ་འདི་ཆེད་དུ་མ་བསྒྲུབས་པར་ཡང་འགྲུབ། གསང་སྤྱོད་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་སྐབས་སུ་མཐུན་རྐྱེན་ཐམས་ཅད་ མགོན་པོས་བསྒྲུབས། ཕྱིས་གནམ་རྩེ་ལྡིང་དུ་ལོ་མང་དུ་བཞུགས་ཏེ། གནས་དེ་ནས་མཁའ་ སྤྱོད་དུ་གཤེགས་སོ། ། རྨོག་ཅོག་པ་ཆེན་པོ་ནི། ཁོང་གི་རྣམ་ཐར་ཉིད་ན་གསལ་བ་ལྟར་མཐའ་ཡས་པའི་མཛད་ པ་ཅན་ཡིན་ལ། དམ་པ་འདིས་རྨོག་ཅོག་གི་བྲག་ལ་ལོ་བཅུ་གཉིས་སུ་མི་ཟས་སྤྱན་གྱིས་ མ་གཟིགས་པར་དཀའ་སྤྱད་ཀྱི་སྒོ་ནས་སྒྲུབ་པ་མཛད་དེ། གྲུབ་པའི་གོ་འཕང་མཐོན་པོ་ གཤེགས་པ་ཡིན་པ་ལས། སྒྲུབ་པ་ལོ་བདུན་བརྒྱད་སོང་བའི་སྐབས་ལྷ་བཞི་དྲིལ་བསྒྲུབ་ལ་ ཐུགས་སྣང་འགྲོ་བ་ཞིག་བྱུང་ནས་ཐུན་གྱི་ཉིན་མཚན་མ་ཆགས་པར་མཛད་པས་ནུབ་གཅིག་ བྲག་ལོགས་ལ་མགོན་པོ་འཁོར་བཅས་མངོན་སུམ་དུ་བྱོན། མེ་དཔུང་དྲག་ཏུ་འབར་ཞིང་ཌཱ་ མ་རུ་ཁྲོལ་ཁྲོལ་འདུག །དེ་གཟིགས་པས་ཐུགས་ཉམས་འུར་ཏེ་ཏྲག་བསྟོད་དབྱངས་སུ་གྱེར་ གྱིན་བསྐོར་བ་མཛད་པས་མགོན་པོ་ཡང་ཤིན་ཏུ་དགྱེས་སོ། ། དེ་ཕྱིན་ཆད་ཆོས་སྐྱོང་བྲན་དུ་འཁོལ་ཞིང༌། མི་དང་མི་ལབ་པ་བཞིན་དུ་བཞུགས། འོན་ ཀྱང་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས་ཤིང་འགྲོ་དྲུག་སེམས་ཅན་ལ་བྱམས་སྙིང་རྗེ་ ཕྱོགས་མེད་དུ་ཤར་བས་དྲག་པོ་མངོན་སྤྱོད་ཀྱི་ལས་ནམ་ཡང་མ་དགོངས་ཏེ། དམ་པ་འདིའི་ འཕྲིན་ལས་རྒྱས་པའི་སྐབས་ཤིག་འབུལ་སྐྱེལ་ཚན་ཆེ་བ་ཞིག་ཉེ་འཁོར་ལྷ་ཕུ་ཡུལ་བ་འགས་ 21-1-593 བཅོམ། དེར་གྲྭ་བ་འགས་སེར་དམག་བཤོམ། མགོན་གཡག་གཅིག་ཡོད་པ་མི་ངན་དེ་རྣམས་ ཀྱི་གྲོང་ལྟག་དུ་སོང་ནས་རྭ་བདར་རྨིག་པ་རྡེབ་ངར་སྐད་འབྱིན་པ་ན་མེ་བཀྲ་ལྷབ་ལྷབ་བྱུང༌། དེར་དམ་པ་འདིའི་ཞལ་ནས། ལམ་སྣ་བླ་མ་རྗེ་ལ་ཞུས་པས་ལམ་རྒྱུས་མཁས་པའི་ཚད་ཅིག་ བྱུང༌། ཞེས་སོགས་མགུར་པ་ཞེས་ཏེ། ང་ལས་སུ་ཆོས་བྱེད་པ་ལ་སྡིག་གཡོས་ཀྱི་དམག་མི་ བྱེད། བསམ་ངན་གྱི་མཐུ་ཡང་མི་གཏོང་གསུང་ནས། བེམ་བུམ་ཞིག་དང༌། གསོལ་ཆས་ བགས་ཁུག་སྐུ་རྒྱབ་ཏུ་བསྣམས་ཏེ་དགོན་གནས་བསྐྱུར། རི་ལ་བྲོས་ནས་བྱོན་པས། གྲྭ་བ་ རྣམས་ཀྱི་སེར་དམག་ཀྱང་བཤོལ། དགོན་གཡག་དེ་ཡང་ལྡོག་བྱུང་སྐད། འཕགས་མ་སྒྲོལ་ མའི་ཞལ་བསྟན་ནས། ཞེ་སྡང་མེ་དཔུང་ཆེན་པོ་དེ། །བྱམས་པའི་ཆབ་ཀྱི་ལེགས་པར་ཞི། ། ཤིན་ཏུ་ལེགས་སོ་རྣལ་འབྱོར་པ། །ཞེས་ཆེད་དུ་བརྗོད་པ་གསུང་ཏེ། དཔེ་འདིས་མཚོན་ནོ། ། དམ་པ་འདིའི་དྲུང་དུ་སྐྱེར་སྒང་པ་ཆེན་པོས་སྤྱིར་གདམས་ངག་མཐའ་དག་དང༌། ཁྱད་པར་ མགོན་པོའི་ཆོས་སྐོར་གསན་ཅིང༌། བླ་མས་ཀྱང་མགོན་པོ་བྲན་དུ་འཁོལ་བར་ལུང་བསྟན། སྐྱེར་སྒང་གི་གདན་ས་མཛད་ནས་འགྲོ་དོན་ཡང་འཕེལ་བར་མཛད་པའི་སྐབས་ཤིག་རྟོགས་ ལྡན་ཞིང་སྒོམ་ཆོས་སེང་མཇལ་བར་ཕེབས། མཁའ་འགྲོ་རྣམ་གསུམ་དང༌། ཨ་ཏ་ཡ་བཛྲ། མཻ་ཏྲི་བ་སོགས་ནས་བརྒྱུད་པའི་རྫོགས་རིམ་གྱི་གདམས་པ་ཟབ་མོ་མང་པོ་དང༌། མགོན་ པོའི་སྐོར་སྔར་རྗེ་རྨོག་ཅོག་པ་ལ་མ་གསན་པ་རྣམས་གསན། དེས་ན་སྐྱེར་སྒང་པ་ལ་ཁྱུང་ པོའི་ཐུགས་སྲས་ཕྱི་མ་གཉིས་ཅར་གྱི་གདམས་ངག་རྣམས་གཅིག་ཏུ་འདུས་པ་ཡིན། དམ་པ་ འདི་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མངའ་བདག་ཡིན་པས་རྦད་བསྐུལ་མཛད་པ་སོགས་ཡེ་མེད་ ཀྱང་དགོན་པ་ལ་ལྕགས་རི་བརྩེགས་པ་ཡུལ་བས་བཀག །དེ་ནུབ་རང་དུ་ཡུལ་བ་རྣམས་ནང་ འཁྲུགས་ཤོར། མགོ་བསྡུ་བྱེད་མཁན་དེ་གཉིས་འཐབ་གྲལ་དུ་ཤི་བ་སོགས་ཕྱི་རྟགས་མང་ པོ་བྱུང་བ་ཞིག་ཡིན་པར་སྣང༌། དེའི་ཐུགས་སྲས་གཉན་སྟོན་ཆེན་པོ་རི་གོང་བ་ཡིན་ཏེ། སྐྱེ་ 21-1-594 སྒང་དུ་བཞུགས་པའི་སྐབས་ཐོ་རེངས་ཁ་ཞིག་བླ་མའི་དྲུང་དུ་ཤོག་གསུངས་པ་ལ་བྱོན་པས། སྐྱེར་སྒང་པ་གཟིམ་ཁང་གི་ཐོག་ཁ་ལ་བསྐོར་བ་མཛད་ཀྱིན་འདུག ཡ་གའི་རི་ངོགས་དེ་ལ་ ལྟོས་དང་གསུང༌། གཟིགས་པས་དགོན་པའི་ལྟག་གི་རི་ལོགས་ལ་མགོན་པོ་འདི་རྔམ་ཞིང་ གཟི་བརྗིད་ཆེ་བར་བཞུགས་པ་ལ། གནོད་སྦྱིན་ཀྵེ་ཏྲ་པཱ་ལས་མི་སྙིང་དམར་ཙ་རེ་བ་གཉིས་ འབུལ་གྱིན་འདུག་ནས། འདི་ལྟར་གདའ་ཞུས་པས་དེ་ཙུག་ཡིན། མདང་ཆུ་སྐོར་ལ་ངན་ བྱེད་མཁན་ཞིག་བྱུང་ཡོད་པར་འདུག་ཏེ་སྙིང་ནི་དེའི་ཡིན་པར་འདུག་གསུངས། ནམ་ལངས་ འཕྲལ་ལྟར་ཕྱིན་པས་ཅུ་སྐོར་སྒྱེལ་འདུག །མི་དེ་གཉིས་ཀྱང་འཕྲལ་དུ་ཤི། དེ་ལྟར་མ་སྒྲུབ་ པར་ཞལ་གཟིགས་པ་ཡིན། ཕྱིས་ཡོལ་དུ་བཞུགས་པའི་དུས་སུ་ནམ་མཁའ་ནས་འབྱུང་བ་ འཁྲུགས་པས། ཐོག་མདའ་བཅུ་ཙམ་སྐུ་བངས་སུ་རྒྱབ་པ་སྒྱུ་མ་ལྟ་བུར་རྟོགས་པའི་ངང་ནས་ སྐུ་ལུས་མེ་དཔུང་ཆེན་པོའི་དབུས་སུ་བཞུགས། ཐོག་ཁོ་རང་ཡང་མ་ཉམས། སྤུ་ཉག་གཅིག་ ཀྱང་མ་ཚིག་པ་ལ་ཐོག་སྡེ་རྣམས་ཐུ་བར་བསྣམས་ཏེ་བྲག་ཡང་ལ་བྱོན། དུས་དེར་མགོན་པོ་ འདི་ཡང་རོགས་ལ་སླེབས་འདུག་སྟེ། སྣང་བ་སྒྱུ་མ་ལྟ་བུར་ཤར་བའི་སྟོབས་ཀྱིས་བྱ་བ་གང་ ཡང་འཆོལ་མི་དགོས། ང་ལ་ནི་དགྲ་དང་གཉེན་ལ་ཁྱད་པར་མེད། ཆོས་སྐྱོང་ཁྱེད་རྣམས་ ཀྱིས་གཞན་ལ་གནོད་པ་མ་བྱེད་ཅིག །དགོས་སུ་མི་མ་བསད་ཅིག །ཅེས་གཏན་དུ་ངར་ ཆགས་པ་ཡིན། དེ་ཡང་ཇི་སྙེད་ཅིག་འོང་བར་འདུག་གསུང༌། འོན་ཀྱང་བཟའ་མང་ཚན་ཉུང་ ཚན་གྱིས་ཆུ་སྐོར་གྱི་ཙམ་པ་སྐྱེལ་བ་དང༌། འཚེ་བར་ཤོམ་པའི་གྲྭ་བ་རྣམས་ལ་མི་འཚམས་ པ་ཆེན་པོ་བྱུང་བ་དང༌། ཆུ་ཐགས་ཀྱི་སྟེ་ས་རྐུ་མཁན་དེ་མ་ཐག་ཏུ་ལྟག་པ་ཆག་སྟེ་ཤི་བ་དང༌། ལུག་རྫས་སྐུར་བ་བཏབ་པས་ཁྲག་བསྐྱུགས་ཏེ་ཤི་བ་སོགས་བཀའ་ཤིན་ཏུ་གཉན་པའི་རྣམ་ གྲངས་ལ་ཟད་པ་མེད། སྐབས་ཤིག་དཔལ་ལྷ་མོ་རེ་མ་ཏིའི་ཞལ་ན་ཏེ། མགོན་པོའི་སྐུ་ཞིག་ བཞེངས་ཤིག་དང་སེམས་ཅན་གྱི་དོན་ཆེན་པོ་འོང་གསུང་ལ། ང་བྱ་བཏང་ཞིག་གིས་དེ་འདྲ་ 21-1-595 བ་བཞེངས་མི་ཐུབ་ལས་ཆེ་གསུངས་པས། ལྷ་མོའི་ཞལ་ནས། ཁྱེད་ཀྱིས་འཇིམ་པ་དམ་སྤོ་ ཙམ་ཞིག་མི་འབྱོར་པར་འདུག་གམ་གསུང༌། འོ་ན་ངས་སྐུ་བཞེངས་ཀྱི། ཁྱེད་རྣམས་ཀྱིས་མི་ མ་བསད་ཅིག་གསུངས། དེ་ནས་ཞག་ཤས་སོང་བས་ལན་གཅིག་ཉེ་སྐོར་གྱི་གྲོགས་པོ་ཞིག་ ནས་འཇིམ་པའི་ས་བླང་ཏེ་ཕེབས་ཙ་ན། སྒོ་དྲུང་ན་ཨ་ཙ་ར་བཟོ་ཆས་ཁྱེར་བ་ཞིག་འདུག །དེ་ ལ་གཏམ་བྱས་པས་འཇིམ་བཟོ་ལེགས་པོ་ཤེས་ཟེར་བས་རྟེན་འབྲེལ་འགྲིགས་ཡ་མཚན་ཆེ་ དགོངས་ཏེ། ནང་དུ་སྤྱན་དྲངས། ཞག་གཉིས་གསུམ་རྒྱུ་ཚོགས་རྣམས་བསགས། ཚོན་རྩི་ཚུན་ ཆད་འཛོམ་པ་བྱུང་ནས་བཞེངས་པར་བརྩམ་པ་ལས་ནུབ་མོ་གྲ་བཤོམ་བྱས་ནས་བཞག་པས་ ནམ་ལངས་མ་ཐག་སྐུ་ཡོངས་རྫོགས་ཚོན་རྩི་དང་བཅས་པར་གྲུབ་འདུག །དེ་ན་རེ་ད་རབ་ གནས་ཀྱི་གྲབ་རན་གསུང་བ་ལ་མགོན་པོའི་སྤྲུལ་པ་ཡིན་པར་མཁྱེན་ནས། རབ་གནས་ཁྱེད་ རང་གིས་མཛོད་གསུང་བས་ཨ་ཙར་ཡང་སྐུ་འདྲ་ལ་ཐིམ། དེ་ལྟར་ན་རང་བྱུང་མགོན་པོར་ གྲགས་ཤིང་ཤིན་ཏུ་བྱིན་རླབས་ཆེ་བ་ད་ལྟའི་བར་དུ་ཡང་བཀའ་གཉན་ཅིང་རྟགས་མངོན་ གྱུར་དུ་བཞུགས། མགོན་པོ་བྱིན་རླབས་ཆེ་བ་གཞན་ཀུན་ལྐོག་ཏུ་ཡིན་པའི་ཚུལ་དུ་བཞུགས་ ཀྱང༌། འདི་ནི་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་འཁོར་བ་མཐའ་ཅན་དུ་བྱེད་པ་ འཕགས་པ་སྤྱན་རས་གཟིགས་ཀྱི་མཛད་པ་ཡིན་གསུངས་ནས་ད་ལྟའི་བར་དུ་སྐྱེ་བོ་ཐམས་ ཅད་ཀྱིས་ཕྱག་མཆོད་ཀྱི་ཡུལ་དུ་བཞུགས་སོ། ། དེ་ལྟ་བུའི་སངས་རྒྱས་གཉན་སྟོན་གྱི་སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད་འཛིན་པ་ ནི་འགྲོ་མགོན་སངས་རྒྱས་སྟོན་པ་ཡིན། དེ་ཡང་བླ་མ་གོང་མ་རྣམས་དང་མཚུངས་པར་ཤེས་ བྱ་ཐམས་ཅད་ལ་ནི་མཁྱེན་པ་རྒྱས། མཁས་བཙུན་བཟང་པོའི་ཕུལ་དུ་གྱུར། འཇིག་རྟེན་ ཆོས་བརྒྱད་ལས་ནི་ཐུགས་ལོག་འཁོར་འདས་ཐམས་ཅད་ནི་སྒྱུ་མ་ལྟ་བུར་གཟིགས། གནས་ ལུགས་ཀྱི་དོན་རྟོགས་པ་ནི་འགྱུར་བ་མེད། བྱམས་སྙིང་རྗེ་ནི་མཁའ་ལྟར་ཁྱབ། ཡི་དམ་གྱི་ལྷ་ 21-1-596 དཔག་ཏུ་མེད་པ་ནི་ཞལ་གཟིགས། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ནི་བྲན་བཞིན་འཁོལ། གཞན་ཕན་འགྲོ་དོན་རང་ཤར་ལྷུན་གྱིས་གྲུབ་པ་ཉིད་དོ། ། དེ་ལྟ་བུའི་བླ་མ་དམ་པ་དེ་ལ་ནི་ཚོགས་པ་ཁྲི་ཚོ་མང་པོ་འདུས་པས། ནུབ་ཕྱོགས་ཛ་ལནྡྷ་ ར་དང༌། ཨུ་རྒྱན་ཚུན་ཆད་ནས་ཤར་ཕྱོགས་རྒྱ་ནག་གི་བར་དུ་བུ་སློབ་ཀྱིས་ཁྱབ་པར་མཛད་ ཀྱང༌། ཐུགས་སྲས་ཀྱིས་གཙོ་བོ་གདན་ས་སློབ་དཔོན་ཨའི་སེངྒེ་དང༌། ཕྱོགས་མཐར་འཕྲིན་ ལས་སྐྱོང་བ་འཇག་བསམ་གྱིས་རྐང་བཟུང་བའི་སྒྲུབ་བརྒྱུད་དཔལ་ལྡན་ཤངས་པའི་སྲོལ་ཀ་ འཛིན་པ་རྣམས་ཀྱིས་མགོན་པོ་འདིའི་ཆོས་སྐོར་རྣམས་མ་ནོར་བར་ཐུགས་ཉམས་སུ་བཞེས་ པས་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུའི་གདམས་པ་འཆད་པ་དང་ཉན་པ་དང་ཉམས་སུ་ལེན་ མཁན་རྣམས་ལ་མ་སྒྲུབ་ཀྱང་མགོན་པོ་འདི་རང་ཤུགས་ཀྱིས་འགོ་བ་ཡིན། དེ་ལྟར་གཉན་ སྟོན་ནས་བརྒྱུད་པ་ལ་མགོན་པོ་རེ་གོང་བའི་ལུགས་སམ། སྨད་ལུགས་པ་ཟེར་ཏེ། རི་གོང་ གདན་ས་ལས་བརྒྱུད་པ་འདི་ཕག་མོ་གྲུབ་པ་སོགས་དབུས་སུ་དར་རྒྱས་ཆེན་པོ་བྱུང་འདུག ། འཇག་པ་ལ་སྟོད་རྒྱུད་སྨད་རྒྱུད་བར་རྒྱུད་གསུམ། བསམ་ལྡེང་བའི་ལུགས་ལ་ལྷོ་གཙང་ རྒྱུད་པ་གཉིས་སོགས་བྱུང༌། མགོན་པོ་སྟོད་ལུགས་པའི་སྲོལ་འཛིན་རྣམས་ལ་མགོན་པོའི་ བསྙེན་སྒྲུབ་ལས་གསུམ་ཁོ་ན་གཙོ་བྱེད་ཅིང་མཐུ་བོ་ཆེ་མང་དུ་བྱུང་ཡང་བྱུང་ལ་མཐུ་ཆེན་དུ་ རློམ་པའི་རྔམས་འཇིགས་བྱེད་པ་མང་དུ་བྱུང་ཞིང༌། སྔོན་དུས་ལུགས་འདི་དར་རྒྱས་ཆེ། དེང་ སང་ཆོས་རྒྱུན་མ་ཆད་ཙམ་ལས་མེད་དོ། །སྨད་ལུགས་པ་ཤངས་པ་བཀའ་རྒྱུད་པའི་སྐྱེས་ཆེན་ རྣམས་ནི་ཆོས་སྐྱོང་ཚུལ་བཞིན་དུ་བསྟེན་པར་མཛད། ངེས་དོན་ཟབ་མོའི་རྒྱུད་གྲོལ་བས་སྣང་ བ་སྒྱུ་མ་ལྟ་བུ་དང༌། རང་ཤར་ཕྱག་རྒྱ་ཆེན་པོའི་ཡོ་ལང་ཙམ་ཉིད་བརྗོད་ངོ་ཙམ་མ་ཡིན་པར་ ཐུགས་ལ་རིག་པའི་ཕྱིར། ཁུག་ཤོག་རྒྱོབ་ཤོག་སོད་ཤོག་ཀྱི་བཟླས་བརྗོད་དང༌། གཞན་ལ་ གནོད་སེམས་ཀྱིས་དུས་འདའ་བར་བྱེད་པའི་ཕྱག་སྲོལ་ནི་མེད། སེམས་ཀྱི་མདུད་པ་རང་ 21-1-597 གྲོལ་དུ་ཤིག་གེ་བའི་ངང་ནས་འཕྲིན་ལས་རྣམ་པ་བཞི་འབད་མེད་དུ་འགྲུབ་པ་ཞིག་ཡིན་པར་ སྣང་ངོ༌། །མགོན་པོ་རི་གོང་བའི་ལུགས་འདི་ཕྱིས་སུ་ཤིན་ཏུ་དར་རྒྱས་ཆེ། ཆོས་བརྒྱུད་ཀྱི་སྡེ་ གཞན་དུ་དར་བ་ལ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་འདིས་ཀྱང༌། འཇག་ཆེན་བྱམས་པ་དཔལ་ལ་ གསན། རིགས་པའི་དབང་ཕྱུག་དགེ་ལེགས་དཔལ་བས་འཇག་པའི་སློབ་བརྒྱུད་མོས་ནམ་ མཁའི་རྣལ་འབྱོར་པ་ལ་ཞུས་པ་ཡིན། དེ་དག་ལ་བརྟེན་ནས་ཀྱང་མགོན་པོ་འདི་ལ་མཆོད་ མཁན་ཕྱོགས་ཐམས་ཅད་དུ་ཁྱབ་བོ། །རི་གོང་གདན་ནས་བརྒྱུད་པའི་བཀའ་སྲོལ་ལས་ མཁས་གྲུབ་ཆོས་བཟང་ཉི་མ་བྱོན་པ་ལས་འཕགས་ཆེན་བསོད་ནམས་དར་དང༌། འཕགས་ པ་རིམ་པ་སོགས་ཀྱིས་ཞུས་ཏེ། འཕགས་སྡེ་བཞི་དར་བ་སོགས་ཐོར་བུ་ཐོར་བུར་དར་བ་ནི་ ཤིན་ཏུ་མང་སྟེ་སྨོས་ཀྱི་མི་ལང་ངོ༌། ། བཞི་པ་ནི། མགོན་པོའི་འདིའི་ཆོས་སྐོར་ལ་རྣམ་གྲངས་མང་ཡང༌། རྟོག་མཐུ་རུ་སྒྲུབ་ པ་དང༌། ཞི་བ་ནོར་སྒྲུབ་པ་གཉིས་སུ་འདུས། དང་པོ་ལ་སྒྲུབ་ཐབས་མི་འདྲ་བའི་ཁྱད་པར་ ནི། མགོན་པོའི་སྐུ་མདོག་ནག་པོ་གཙོ་རྐྱང༌། ལྕམ་དྲལ་དང༌། ལྷ་གསུམ་དང༌། དྲེགས་པ་སྡེ་ ལྔས་བསྐོར་བ་དང༌། རྒྱན་ཅན་ལྷ་ལྔ་དང༌། ལྷ་བཅུ་གསུམ་པ་དང༌། ས་ར་ཧའི་ལུགས་དང༌། སྟོད་ལུགས་པའི་མགོན་པོ་ལྷ་དགུ་ལ་སོགས་པ་ཡོད། གཞན་ཡང་ལྗང་གུ་དྲག་སྒྲུབ། སེར་ པོ་དྲག་སྒྲུབ་དང༌། ལྷ་མོ་སྒོས་སྒྲུབ་དང༌། འཁོར་གྱི་སྒོས་སྒྲུབ་དང༌། རྟེན་བཞི་གནད་གསུམ་ ལ་སོགས་པ་མཆོག་སྒྲུབ་པ་དང༌། ལས་ཚོགས་ཤིན་ཏུ་མང་བར་སྣང་ངོ༌། ཁུང་དང་ལྡན་པའི་ རྩོད་མེད་ཤ་སྟག་ཡོད། སྟོད་ལུགས་ཀྱི་མགོན་པོ་ཕྱག་སྟོང་སྤྱན་སྟོང་གི་སྐོར་མང་པོ་དང༌། དབུ་ཞལ་ཉེར་གཅིག་པ་དང༌། རྒྱུད་ལེའུ་བརྒྱ་མ་དང༌། ལེའུ་བཅུ་གཉིས་མ་དང༌། མདོ་ཆོག་ ལ་སོགས་རྣམས་རྒྱ་གར་ནས་བསྒྱུར་ངེས་པ་དཀའ་ཡང་བྱིན་རླབས་ཀྱི་སྒོ་ནས་ཆེན་པོ་ཡོད་ པར་སྣང་ངོ༌། ། 21-1-598 གཉིས་པ་ནི། མགོན་དཀར་ཡིད་བཞིན་ནོར་བུ་དང༌། མགོན་པོ་གཟིགས་ལྡན་དང༌། མགོན་པོ་མཐིང་ག་དང༌། མགོན་པོ་སེར་པོ་ཞལ་བརྒྱད་པ་དང༌། མགོན་སེར་ནོར་སྒྲུབ་དང་ མགོན་དམར་དབང་གི་རྒྱལ་པོ་དང༌། མགོན་དམར་ཚེ་སྒྲུབ་དང༌། མགོན་ལྗང་ཚེ་བདག་ སོགས་མང་པོ་ཡོད་པ་ཡིན་ནོ། །གཉིས་ཀ་ལ་དགོས་པའི་མན་ངག་ནི། གནད་ལ་དབབ་པ་ ཕྱི་ནང་དང༌། གྲིབ་སེལ་ཕྱི་ནང༌། བླ་མ་མགོན་པོ་དབྱེར་མེད་ཀྱི་གསོལ་འདེབས་སོགས་ཡིན་ ནོ། ། གཞན་ཡང་ལྷ་བཞི་དྲིལ་སྒྲུབ་དང༌། མཁའ་སྤྱོད་གསུམ་སྒྲུབ་སོགས་ཀྱང་ཡེ་ཤེས་མགོན་ པོ་འདི་དང་འབྲེལ་བའི་ཟབ་ཆོས་ཁྱད་པར་ཅན་ཡིན་ཏེ། དེ་ལྟར་ན་འདིར་ཟུར་ཙམ་སྨོས་ཀྱི་ རྒྱས་པར་བླ་མ་དམ་པས་སྟོན་པར་འགྱུར་རོ། །འདིར་སྨྲས་པ། བརྗོད་བྲལ་ཡེ་ཤེས་མཆོག་ ཏེ་སྙིང་རྗེ་ཆེ། །རྟག་ཏུ་ཤར་བས་རང་རྩལ་འགག་མེད་ལས། །དུས་གསུམ་ཆད་པ་མེད་པའི་ འཕྲིན་ལས་ཅན། །མྱུར་མཛད་སྤྱན་རས་གཟིགས་ཀྱི་དགེ་ལེགས་སྩོལ། །ཅེས་པ་ཕྱག་དྲུག་ ཡེ་ཤེས་ཀྱི་མགོན་པོའི་ཆོས་སྐོར་བྱུང་ཚུལ་མདོ་ཙམ་འདི་ཡང༌། ས་སྐྱོང་མིའི་དབང་པོ་ཀུན་ དགའ་རབ་བསྟན་དབང་གི་རྒྱལ་པོས་བཀའ་བསྐུལ་ཏེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐའི་མིང་ གཞན་ཀུན་དགའ་སྙིང་པོས་བྲིས་པའོ།། །།དགེ་ལེགས་འཕེལ། བཀྲ་ཤིས། ལེགས་བཞེངས་དེ་ཡི་མཐུ་ལས། །བསྟན་འགྲོར་དགེ་མཚན་ཤར་ཏེ། །སྐལ་ངན་རྒུད་ ཚོགས་ཞི་ནས། །རྫོགས་ལྡན་ཆོས་སྤྱོད་གྱུར་ཅིག ། 21-1-599 ༄༅། །རྭ་ལུགས་མགོན་ནག་གི་ལས་ཚོགས་ཆེས་ཟབ་པ་ ལག་ལེན་མ་བཞུགས། ཡཱ་མན་ཏ་ཀའི་ལས་བྱེད་སྙན་རྒྱུད་ཤིན་ཏུ་གསང་བ། ༄༅། །ན་མོ་བཛྲ་བྷེ་ར་བཱ་ཡ། རྗེ་བཙུན་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པའི་མན་ངག་མགོན་པོ་ནག་པོའི་སྒྲུབ་ཐབས་ ནི་འདི་ཡིན་ཏེ། བསྙེན་པ་དང༌། སྒྲུབ་པ་དང༌། ལས་ལ་སྦྱོར་བའོ། །དང་པོ་ནི། བྲིས་སྐུའི་མདུན་དུ་རྡོ་ལེབ་ནག་པོའི་མཎྜལ། རང་ བྱུང་གིས་སྦགས་པའི་ཚོམ་བུ་ནག་པོ་ཅན་བཤམས་པའམ། ཡང་ན་བྲིས་སྐུའམ་མཎྜལ་གང་རུང་དེས་ཀྱང་ཆོག །མཆོད་པ། གཏོར་ མ། ནང་མཆོད་རཀྟ་རྣམས་ཀྱང་བཤམས། འཇིགས་མཛད་ཆེན་པོའི་བདག་བསྐྱེད་གང་རུང་སྔོན་དུ་འགྲོ་བས། མདུན་བསྐྱེད་ ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་བསྲུང་འཁོར་གྱི་ ནང་དུ། དུར་ཁྲོད་ཆེན་པོའི་ས་གཞི་ལ་རྡོ་རྗེ་བྲག་རི་གྲུ་གསུམ་གྱི་དཀྱིལ་འཁོར། དེའི་སྟེང་དུ་ བཾ་ལས་པདྨ་དང་རཾ་ལས་ཉི་མའི་གདན། དེའི་སྟེང་དུ་ཎི་ལས་དགྲ་བགེགས་བསྒྲལ་བའི་བམ་ ཆེན་གྱི་སྟེང་དུ་གཙོ་བོའི་ཐུགས་ག་ནས་ཧཱུཾ་ཡིག་ནག་པོ་མེ་འབར་བ་སྤྲོས་ཏེ་འཁོད། དེ་ལས་ འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། བྱིན་རླབས་ནུས་མཐུ་རྣམས་ཚུར་ འདུས་ཧཱུཾ་ལ་ཐིམ། ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་མཧཱ་ཀ་ལ་སྐུ་མདོག་ དུས་ཀྱི་མུན་པ་ལྟར་ཆེས་གནག་པ། སྦོམ་ཞིང་ཐུང་བ། ཉི་མ་འབུམ་གྱི་གཟི་བརྗིད་ཅན། གཏུམ་ཞིག་ཁྲོས་པ། འཚམས་པ་ལས་འདས་པའི་ཁྲོ་གཏུམ་དྲག་ཤུལ་ཅན། ཞལ་གཅིག་ ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། སྤྱན་གསུམ་མཆེ་བ་གཙིགས་ ཤིང་དྲག་ཏུ་བཞད་པ། སྨ་ར་སྨིན་མ་དབུ་སྐྲ་ཁམ་ནག་འབར་ཞིང་འཛིངས་པ། སྟག་ལྤགས་ 21-1-600 དང༌། སྦྲུལ་དང༌། མི་མགོས་བརྒྱན་པ། མེ་རླུང་འཚུབས་མའི་དབུས་ན་པད་ཉི་མི་རོའི་གདན་ ལ་བཞེངས་པའི་སྟབས་ཀྱིས་གནས་པའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ ཧཱུཾ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་མགོན་པོ་མ་ཧཱ་ཀ་ལ་ འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ལན་གསུམ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླང་ དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་གྱི། ། གཉིས་སུ་མེད་པར་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་མཧཱ་ཀཱ་ལ་ཡེ། ཧཱུཾ་དད་པ་དང་ནི་དམ་ ཚིག་གིས། །ཚུར་གཤེགས་དམ་ཚིག་ཉེར་འོངས་པ། །བསྐྱེད་པའི་དམ་ཚིག་བྱིན་རླབས་ཕྱིར། ། ཐུགས་རྗེས་བྱོན་ལ་བརྟན་པར་བཞུགས། །ས་མ་ཡ་ཏིཥྛ་ཛཿཧཱུཾ་བཾ་ཧོཿ རང་གི་ཐུགས་ཀ་ནས་ དབང་གི་ལྷ་རྣམས་སྤྲོས། དམ་རྫས་དང་མཆོད་པའི་སྤྲིན་ཕུང་བསྟིབས་ཏེ། ཆ་བྱད་སྣ་ཚོགས་ དང་བཅས་པས་བདུད་རྩིའི་ཆུ་རྒྱུན་གྱི་དབང་བསྐུར། མི་བསྐྱོད་པའམ་གཤིན་རྗེ་གཤེད་པོས་ དབུ་བརྒྱན། ༀ་བཛྲ་མཧཱ་ཀཱ་ལ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད། གཏོར་མ། ནང་མཆོད། རཀྟ་གསུམ་ཡི་དམ་གྱི་མངོན་རྟོགས་ལྟར་ཕྱོགས་གཅིག་ཏུ་བྱིན་གྱིས་བརླབས། ཤཱ་ས་ན་ལན་གསུམ་སོགས་ཀྱིས། གཏོར་མ་ བདུད་རྩིའི་བཅུད་མཆོག་འདོད་ཡོན་ལྔ་དང་ལྡན་པར་མོས་ཏེ་ཕུལ། སྙིང་པོའི་མཐར་འབྲུ་གསུམ་བཏགས་པ་ལན་གསུམ་བརྗོད་ ཅིང༌། ནང་མཆོད་ནས་གཏོར་མ་ལ་ལན་གསུམ་བཟླས། ཤཱ་ས་ན་ཚར་གཅིག་བརྗོད་དེ། བཏུང་བ་བདུད་རྩིའི་རྒྱ་མཚོ་གསོལ་ བར་བསམ། ༀ་མཧཱ་ཀཱ་ལ་ཡ་སརྦ་དུཥྚན་མཱ་ར་ཡ་མ་ཧཱ་མཾ་ས་ཁ་ཧཱི། མཧཱ་རཀྟ་ཁཱ་ཧི། ཞེས་ལན་གསུམ། རཀྟ་ལན་གསུམ་བྲན་ལ། ཤཱ་ས་ན་ཚར་གཅིག་བརྗོད་དེ། ཤ་ཁྲག་རུས་པ་གནམ་ས་གང་བ་ཞལ་དུ་བཏབ་ པར་མོས། རབ་ཏུ་དགྱེས་པས་ཧ་ཧ་ཧོ་ཧོ་ཧཱུཾ་ཧཱུཾ་ཞེས་གསུང་བར་གྱུར། དེ་ནས་ཐོད་པའི་ཕྱག་རྒྱ་བྱས་ལ། ཤཱ་ས་ ནའི་མཐར། ས་མཱ་ཡ་སྟྭཾ། ས་མ་ཡཱ་ཧོ། ལན་གསུམ། དཔལ་ནག་པོ་ཆེན་པོ་ཁྱོད་ཀྱིས་སྔོན་བཅོམ་ ལྡན་འདས་ཀྱི་སྤྱན་སྔར་ཇི་ལྟར་ཁས་བླངས་ཤིང་དམ་བཅས་པ་བཞིན་དུ། རྣལ་འབྱོར་པ་ བདག་གིས་ཇི་ལྟར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད་ཅིག །བདུད་རྩི་དང་རཀྟ་བསྲེས་པ། 21-1-601 གཏོར་མ་ལ་བླུགས། ཧཱུཾ་རིང་པོ་བདུན། ༀ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ་ཧཱུཾ། ལན་གསུམ། གཤིན་རྗེ་གཤེད་ པོ་དེང་ཁྱོད་ཀྱིས། །སྙིང་ལ་ཡང་དག་ཞུགས་པར་གྱུར། །བདག་ཀྱང་དམ་ལས་མི་འདའ་ཡི། ། ཁྱོད་ཀྱང་དམ་ལས་མ་འདའ་ཞིག །རྡོ་རྗེ་ཐུགས་ཀར་གཏུགས་ལ་ཕྱག་ཏུ་གཏད་པར་བསམ། བདུད་རྩི་རང་གི་ ལྕེ་ཐོག་དུའང་ཅུང་ཟད་བཞག །བསྟོད་པ། སྲིན་གཟུགས་མ་ཤོ་ལོ་ཀ་གསུམ་གྱིས་བསྟོད། དཔལ་ལྡན་ནག་པོ་ཆེན་པོ་ ཡིས། །བདག་ལ་དགོས་པའི་དོན་ཐམས་ཅད། །བསམ་པ་བཞིན་དུ་སྒྲུབ་པ་དང༌། །སངས་ རྒྱས་བསྟན་པ་བསྲུང་བར་མཛོད། །བཟླས་པའི་དམིགས་པ་སྤྱི་དང་འདྲ་བར་གསལ་བཏབ་ལ། ༀ་མཧཱ་ཀཱ་ལ་ ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ཅི་འགྲུབ་པ་ཟླ་སྟེ། འབུམ་ཕྲག་བཅུ་གཉིས་གྲངས་བསྙེན་ཆུང་ངུ་དང༌། སུམ་ཅུ་འབྲིང་པོ་ དང༌། ཞེ་བརྒྱད་ཆེན་པོར་བཞེད་དོ། །ཐུན་གྱི་གཞུག་ཏུ། ཡེ་ཤེས་མགོན་པོའི་ཐུགས་ཀ་ནས། ལས་མགོན་གཡས་གྲི་གུག་འཕྱར་ ཞིང༌། ཞབས་བརྐྱང་བསྐུམ་དུ་བཞུགས་པ་མང་པོར་བྱོན་པར་བསམ། ཡིད་ཀྱི་མཆོད་པ་དང་གཏོར་མ་ཕུལ་ལ། ༀ་མཧཱ་ཀ་ ལ་གུ་ཎ་ཧྲི་ད་ཛཿཛཿ ཞེས་པ་བདུན་དང་ཉེར་གཅིག་སོགས་ཅུང་ཟད་བཟླ། ཡང་མགོན་པོའི་ཐུགས་ཀའི་ཧཱུཾ་ ལས་འོད་ཟེར་འཕྲོས་ནས་མཁའ་འགྲོའི་གནས་ནས་མ་མོ་ནག་མོ་གྲི་ཐོད་འཛིན་པ་བཀུག ། ཡིད་ཀྱི་མཆོད། གཏོར་མའི་ལྷག་མ་ལ་དམིགས་ནས། ༀ་མཧཱ་ཀཱ་ལི་རཀ་མོ་བ་ལིང་ཏ་པཱུ་ཛ་གྲིཧྞ་ཧོ། ཁ་ཁ་ ཁཱ་ཧི་ཁཱ་ཧི་མ་མོ་སྲོག་ཁཱ་ཧི་ཧཱུཾ། ལན་གསུམ་ༀ་མཧཱ་ཀཱ་ལ་རཽ་དྲི་དུ་མ་མོ་ཤ་ཤ །ཛ་ཛ་ཧཱུཾ་བྷྱོཿབྷྱོཿཞེས་ ཅུང་ཟད་བཟླས། ལས་མགོན་ཐུགས་ཀར་ཐིམ། མ་མོར་གནས་སུ་གཤེགས་པར་བསམ། ༀ་མཧཱ་ཀཱ་ལ་དགྲ་བོ་མ་ར་ ཡ་ཧཱུཾ་ཕཊ། ཅེས་པའི་རྩ་བའི་བསད་སྔགས་དང༌། འབོད་རྦད་བསད་གསུམ་གཅིག་ཏུ་དྲིལ་བ་ཤ་ས་ན་དང༌། ༀ་མཧཱ་ཀཱ་ ལ་ཡཀྵ་མཧཱ་ཀཱ་ལ་ཧུར་ཐུམ་ཛཿ དགྲ་བོ་དམ་ཉམས་ཀྱི་མགོ་ལུས་པྲ་པྲ་ཕྲོལ་ཕྲོལ་དྲ་ཀ་རཀྵས་ ཕྱེས་ཕྱེས། དུམ་བུ་དུམ་བུ། ཧེ་ལམ་ཁཱ་ཧི། ཞེས་པ་དྲག་པོ་སྤུ་གྲིའི་སྔགས་རྣམས་ཅུང་ཟད་བཟླའོ། །ཤཱ་ས་ན་ ལ་འབུམ་ནས་བཞི་འབུམ་གྱི་བར་སོང་ན་ལེགས། སྔགས་འཐོར་བུ་གཞན་བཞི་པོ་རྣམས་བཞི་ཁྲི་རེ་བཟླས་ནས་སོ་སོའི་བསྙེན་ པ་སོང་བའོ། །དེ་ཡང་འདིའི་སྒོས་ཀྱི་ལས་སྦྱོར་བྱེད་ན་གལ་ཆེ་བ་ཡིན། དྲུག་ཅུ་རྩ་བཞིའི་ཞོར་ལ་ཟོར་འཕེན་པ་ཙམ་བྱེད་པ་ལ་ནི་ ཡི་དམ་གྱི་བསྙེན་པ་ཐེམས་ནས། མགོན་པོ་ལ་ཡི་གེ་བཅུ་གཉིས་པ་བཞི་འབུམ་སོང་རུང་བ་ཙམ་ཡིན་ནོ། །ཐུན་འཇོག་ཁར་སླར་ 21-1-602 ཡང་མཆོད་བསྟོད་བྱ། ཡིག་བརྒྱ་བཟོད་གསོལ་རྟེན་ལ་བརྟན་བཞུགས། །མགྲོན་གཤེགས་གསོལ། སྨོན་ལམ་བཀྲ་ཤིས་རྣམས་ བྱའོ། །འདི་ནི་རྩ་བའི་བསྙེན་པ་རྭ་ལུགས་ཡིན་ལ། དུས་རྒྱུན་གྱི་གཏོར་བསྔོ་ལ་ནི་གོང་བཞིན་རྫོགས་པས་འགྲུབ་ནའང་ལེགས་ མོད་ཀྱི། མ་གྲུབ་ན་བྲིས་སྐུ་དང༌། མཎྜལ། སྨན་དང༌། རཀྟ་རྣམས་མེད་ཀྱང་ཆོག །བཟླས་པ་ཡང་ཡི་གེ་བཅུ་གཉིས་ཅུང་ཟད་ཙམ་ བཟླས་པ་ཁོ་ནས་ཆོག་ཅིང༌། མཆོད་ཡོན་སོགས་ཀྱང་དངོས་སུ་བཤམ་མ་ཐུབ་ན་ཏིང་ངེ་འཛིན་གྱིས་ཆོག་པས། དེའི་ཚེ་མཆོད་པ་ བྱིན་རླབས་ཀྱང་མི་དགོས་ཤིང༌། གཏོར་ཆོག་གཞན་དང་སྦྲེལ་ནས་བྱེད་ན་རྗེས་ཆོག་ལ་སོགས་པ་མི་དགོས་སོ། །རྭ་བའི་མགོན་ ནག་བྱ་བའི་རྡོ་རྗེ་གུར་གྱི་རྒྱུད་ལས་འབྱུང་བའི་སྒྲུབ་ཐབས་ལྷད་མེད་རང་དེ་ཡིན་ཅིང༌། ཤམ་བུ་ཅན་གྱི་སྔགས་བཞི་པོ་དེ་ཤིན་ཏུ་ རྣོ་ཞིང་མྱུར་བའི་ཕྱིར། རྒྱུད་རྐྱང་གི་སྒྲུབ་ཐབས་མན་ངག་མེད་པའི་གཞན་ལས་ཁྱད་པར་དུ་འཕགས་པའང་ཡིན་ལ། སྤྱིར་ནི་མཧཱ་ ཀ་ལ་འདིར་རོ་ལངས་ཆེན་པོ་བརྒྱད་ཀྱི་སྤྱི་གཟུགས་ཡིན་པའི་ཕྱིར། དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་བཀའ་ཉན་ཐུན་མོང་ མ་ཡིན་པའི་གཅིག་ཏུ་འབྱུང་བས། འཇིགས་མཛད་ཆེན་པོའི་ལས་ཚོགས་སྒྲུབ་པ་ལ་གལ་ཆེན་པོའི་ཞུ་བ་ཡིན་པར་གོ་བར་བྱའོ། ། འདིར་ཐོག་མར་ཉེ་བར་མཁོ་བ་ལ། དྲུག་ཅུ་རྩ་བཞིའི་གཏོར་ཆོག་ཆེན་མོ་གཏོང་དུས་མགོན་པོ་ནག་པོའི་གཏོར་ཟོར་སྡེའི་ཐུང་ཆ་ ལག་ཏུ་སྦྱོར་ན། དཀྱིལ་འཁོར་ཆེན་མོའི་ཕྱོགས་གང་ཡང་རུང་བ་ཞིག་ཏུ། ཆོས་འབྱུང་ནག་པོ་མཆུ་ལ་གྲི་གུག་གི་འཕྲེང་བ་དང༌། ཕྱི་ རོལ་མེ་རིས་བསྐོར་བ་ཞིག་བྱ། དབུས་སུ་ཉི་གདན་ལ་གྲི་གུག་གམ་ཚོམ་བུ་ནག་པོ་བཀོད། དེའི་སྟེང་དུ་སྟེགས་བུ་ལ་ལྕགས་སྣོད་ དུ་འབྲུ་ནག་དང༌། དྲག་རྫས་བསྲེས་པའི་གཏོར་མ་གྲུ་གསུམ། ཁྲག་དང༌། རོ་སོལ་གྱི་བྱུག་པ། རྩ་བའི་ཟུར་གསུམ་དུ་མི་མགོས་ མཚན་པ། ཡུངས་ཀར་དང༌། ཀེ་ཚེའི་གོང་བུ་དུག་ཤིང་གི་ཚེར་མ་རྣམས་དུག་ཁྲག་གིས་བཀྲུས་པ་ཅི་རིགས་པ་བཙུག །མཐའ་ལ་ དྲག་པོའི་མཆོད་གཏོར་གྱིས་གྲུ་གསུམ་དུ་བསྐོར། འཇིག་རྟེན་འདས་གཏོར་གྱི་བསྡེབས་ལ་དཔལ་གཏོར་དང་དར་ནག་གི་བ་དན་ བཙུགས་པ་གཅིག་ཀྱང་བཤམས། མཆོད་གཏོར་རྣམས་བྱིན་རླབས་ཆེན་པོའི་སྐབས་སུ་ཡང་དམིགས་པ་གཏད། དྲུག་ཅུ་རྩ་བཞི་ སོང་མཚམས་སུ་སླར་ཡང་བྱིན་རླབས་ཁ་གསོ་བའི་ཚུལ་གྱིས་མཆོད་པ་བྱིན་རླབས་ཤིག་བྱ། མདུན་བསྐྱེད་བསངས་སྦྱངས་ནས། བཟླས་པའི་བར་གོང་དུ་བཤད་པ་བཞིན་དུ་བྱ། ཡིག་བརྒྱ་ལན་གསུམ་སོགས་བཟླས་ནས། སྐུའི་དམ་ཚིག་ཉམས་པ་ འཐོལ་ལོར་བཤགས། གསུང་གི༴ ཐུགས་ཀྱི༴ རྩ་བའི༴ ཡན་ལག༴ སྐུ་གསུང་ཐུགས་དང་ རྩ་བ་ཡན་ལག་གི །དམ་ཚིག་འགལ་འཁྲུལ་ཐམས་ཅད་སོ་སོར་བཤགས། འཐོལ་བཤགས་ 21-1-603 ཕུལ་ནས་ཚངས་པར་མཛད་དུ་གསོལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོ་འཁོར་ དང་བཅས་པ་ཐམས་ཅད་ཀྱིས། བདག་ལ་དངོས་གྲུབ་ཀྱི་སྡོང་གྲོགས་དང༌། མཐུ་སྟོབས་ཐོག་ པ་མེད་པར་སྩལ་ནས། ཕྱི་ནང་གསང་གསུམ་གྱི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ ཞི་བ་དང༌། བསྲུང་བ་དང༌། བཟློག་པར་མཛད་དུ་གསོལ། སྔོན་གྱི་ལས་ལས་བྱུང་བ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་གདོན་བྱུར་ཆག་ལ་སོགས་པ་རྐྱེན་ངན་ཐམས་ཅད་བཟློག་ པར་མཛད་དུ་གསོལ། བདག་ཅག་ལ་གནོད་པར་བྱེད་པའི་དགྲ་བགེགས་ལོག་འདྲེན་བྱད་ མ་བསམ་སྦྱོར་ངན་པ་ཐམས་ཅད་སྐད་ཅིག་ཉིད་ལ་འཇོམས་ཤིང་རྡུལ་དུ་བརླག་པར་མཛད་ དུ་གསོལ། སརྦ་ཨུ་པ་དྲ་བ་ནི་བ་རཱ་ཡ་ཕཊ། ཅེས་ལས་ལ་བསྐུལ་བའི་གསོལ་བ་བཏབ། འདིའི་སྒོས་ཀྱི་གཏོར་ ཆོག་ཡིན་ན་བར་འདིར་བསྐང་བ་རྒྱས་བསྡུས་ཇི་ལྟར་འོས་པ་རེ་བྱེད་དགོས་ལ། སྡེ་ཐུང་སྦྱོར་བའི་སྐབས་མཆོད་འཕྲེང་ཙམ་གྱི་གོ་ ཆོད་པས། ལིང་ག་སྒྲོལ་ཆོག་གྲུབ་པའི་རྗེས་སུ་གཏོར་མ་ལ་ལིང་དུ་མ་སྒྲོན་ཞིང་རཀྟ་གསར་བའང་བླུག་ནས། དགྲ་བགེགས་ཞལ་ དུ་འདེབས་པའི་དམིགས་པ་དང་བཅས། ཤཱ་ས་ན་བདུན་ནས་ཉེར་གཅིག་གི་བར་ཇི་ལྟར་འོས་པ་བཟླ་ཞིང༌། གཏོར་སྔགས་ཐུང་ བ་དང༌། མ་མོའི་གཏོར་སྔགས་ཀྱང་ལན་བདུན་བདུན་བརྗོད། ༀ་མཧཱ་ཀཱ་ལ་གུ་ཎ་ཧྲི་ད་གནོད་བྱེད་མ་རཱ་ཡ་ཧཱུཾ་ ཕཊ། ཅེས་དང༌། ༀ་བཛྲ་ཀྲོ་དྷ་མཧཱ་ཀ་ལ་ཡཾ་ཤ་ཏྲུན་ཙིཏྟ་ཀྲོ་ཏི་དུན་ཛཿ ཞེས་པ་དང༌། སྤུ་གྲིའི་སྔགས་དང༌། ཀཱ་ལ་རཽ་དྲི་སྔགས་རྣམས་ཀྱང་དྲུག་ཅུ་རེའམ་ཇི་ལྟར་འོས་པ་དྲག་ཏུ་བཟླའོ། ། དེ་ནས་མཆོད་པ་ནི། ལས་གཤིན་གྱི་སྐབས་ཀྱིས་བསྟོད་གསུམ་མ་ལ། འདོན་པ་བསྒྱུར་ཏེ་ཕུལ། དེ་རྗེས་བསྟོད་བསྐུལ་ནི། ཧཱུཾ་དཔལ་ལྡན་ནག་པོ་ཆེན་པོ་ནི། །བསྐལ་བའི་མེ་དཔུང་ནང་ན་བཞུགས། །མི་རོའི་སྟེང་ནས་ སྐུ་བྱུང་བ། །མདོག་ནག་ཐུང་ལ་གསུས་པ་ཆེ། །ཡོན་ཏན་རྫོགས་པའི་ལྷ་ཁྱོད་ཀྱིས། །དགྲ་ བགེགས་གདུག་པ་མྱུར་དུ་སྒྲོལ། །གཡས་ཀྱི་ཕྱག་གི་གྲི་གུག་གིས། །བསྟན་ལ་གནོད་པའི་ སྙིང་རྩ་མཆོད། །གཡོན་པའི་ཕྱག་གི་ཐོད་པ་ཡིས། །དམ་ཉམས་རྣམས་ཀྱི་སྙིང་ཁྲག་གསོལ། ། མཆེ་བའི་ཟླ་ཚེས་རབ་གཙིགས་པ། །འཇིག་རྟེན་མ་ལུས་ཟ་བར་བྱེད། །སྤྱན་གསུམ་མེ་ཡི་ཚ་ 21-1-604 ཚ་འཕྲོ། །གདུག་པ་ཅན་རྣམས་སྲེག་པར་བྱེད། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ཁྱོད། །བདུད་ ཀུན་འདུལ་བའི་དམག་དཔོན་ཡིན། །དམ་ཉམས་རྣམས་ཀྱི་གཤེད་མ་མཛོད། །མནའ་ཟན་ རྣམས་ཀྱི་སྲོག་དབུགས་ལེན། །ཆོས་འཁོར་ཡོངས་ཀྱི་སྲུང་མ་སྟེ། །ནག་པོ་གཏུམ་པོ་ལས་ ལ་གཤེགས། །བླ་མ་ལ་འཁུ་སེམས་ཅན་འཚེ། །ཆོས་འཁོར་འདི་ལ་སྡང་བ་རྣམས། །མ་ ལུས་སྐད་ཅིག་ཙམ་གྱིས་ཀྱང༌། །འདི་ཉིད་དུ་ནི་རིངས་པར་ཁུག །ཤ་ཁྲག་ནང་ཁྲོལ་མ་ལུས་ པ། །དཔའ་བོ་ཆེན་པོས་མྱུར་དུ་ཟོ། །དེ་ལུས་ཏིལ་ཙམ་གཏུབས་ནས་ཀྱང༌། ཁྱོད་ཀྱི་ཞལ་དུ་ གསོལ་བར་མཛོད། །གལ་ཏེ་དེ་ལྟར་མ་བྱས་ན། ཁྱོད་ཉིད་དམ་ཚིག་ཉམས་འགྱུར་ཏེ། །རྡོ་རྗེ་ འཆང་གི་བཀའ་འདས་པས། །སྙིང་ཁྲག་ས་ལ་ལྷུང་བར་འགྱུར། །དེ་བས་དམ་ཚིག་མ་འདའ་ བར། །གདུག་པའི་དགྲ་འདི་མྱུར་དུ་སྒྲོལ། །མཧཱ་ཀཱ་ལ་དགྲ་བོའི་སྲོལ་ལ་བྲེང་བྲེང༌། རྒྱུག་ རྒྱུག །ཡ་ཡ། ཞེས་ལན་གསུམ་བསྐུལ། དེ་ནས་ཟོར་འཕེན་པའི་སྐབས། རྡོ་ཟོར། ཡུངས་ཟོར་ལ་སོགས་པའི་སྤྱི་དང་མཐུན་ པར་འཕངས་ནས། གཏོར་མ་ཞལ་བསྒྱུར་ཏེ། དྲུག་ཅུ་རྩ་བཞིའི་སྔོན་ལ་འཕེན་དགོས། སྤྲོ་ན་སྤྱི་དང་མཐུན་པར་འདས་དང་མ་བྱོན་ མའི་བསྐུལ་ནས། མཐར་རོལ་མོའི་སྒྲ་དྲག་པོ་དང་བཅས་ནས་ཤཱ་ས་ན་བཟླ་བཞིན་དུ་འཕངས། དེ་ཡང་དགྲ་བགེགས་བྱད་ མ་ཁ་ཁ། དགྲ་བགེགས་བྱད་མ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྟ་བུ་མིང་སྤེལ་སྦྱར་ནས་སོ། །ཚོགས་དང་རྗེས་ཆོག་སོགས་ ལ་ཆོ་ག་ཚར་གཅིག་གིས་འགྲུབ་ཀྱང་དམིགས་པའི་སྐབས་ནག་པོ་ཆེན་པོ་ལ་འབུལ་བའི་དམིགས་པ་མ་ཆད་པ་གལ་ཆེའོ། ། བཟླས་པའི་མན་ངག་ནི། ལྕེ་རྡོ་རྗེ་རྩེ་མོ་གསུམ་པ། ཡས་རྐན་ཟླ་བ་ཨཱ་ལིས་མཚན་པ། མས་ རྐན་ཉི་མ་ཀཱ་ལིས་མཚན་པས། ལྕེའི་རྩ་བའི་ནང་དུ་སྔགས་སྒོམ། རང་གི་ཐུགས་ཀ་ནས་སྙིང་ པོ་སོགས་བཟླས་སྔགས་དང༌། ཨཱ་ལི་ཀཱ་ལི་དཔག་ཏུ་མེད་པ་བྱུང༌། ལྕེའི་རྩ་བ་དང༌། ཨཱ་ལི་ ཀ་ལི་ལ་ཐིམ། ཡང་ཨཱ་ལི་ཀཱ་ལི་འོད་དུ་ཞུ་སྟེ་ལྕེ་ནང་གི་སྔགས་ལ་ཐིམ་པས་ཁ་དོག་དང་འོད་ རྒྱས་ཤིང་ནུས་པ་བརྒྱ་འགྱུར་དུ་གྱུར། དེ་ནས་སྔགས་བཟླས་པས་སྙིང་ག་དང་ལྕེའི་འོད་ཀྱིས་ བསྐུལ་ནས། མགོན་པོ་རང་དབང་མེད་པར་ལས་ལ་འཁོལ་བར་བསམ། རྩ་བའི་བསྙེན་ 21-1-605 པ་སོང་ནས་ལས་ཀྱི་བསྙེན་པ་ནི་དུར་ཁྲོད་དང༌། ཕུང་ཤུལ་དང༌། གྲོག་མཁར་བདུན་གྱིས་ བསྲེས་པའི་མཎྜལ་ས་སྟེ་གྲུ་བཞིར་རྒྱར་ཁྲུ་དོ། །དཔངས་སུ་ཁྲུ་གང་ཡན་ཆད་ཇི་ལྟར་འོས་པ། དེའི་སྟེང་དུ་དཔངས་སོར་བཞི་ཙམ་ཟླུམ་པོར་བསྐོར་བ། དབུས་སུ་གྲུ་གསུམ་བང་རིམ་སུམ་ བརྩེགས། ངོས་རེ་ལ་ཁྲུ་གང་སོར་ཉི་ཤུ་པ། སྲབ་འཐུག་སོར་གཉིས་པ་བྱ། བང་རིམ་གཉིས་ ཀྱང་ཞིང་སོར་གཉིས་རེ་བྱེད། འབྲུབ་ཁུང་གི་ནང་ཡོངས་སུ་མཐོ་གང་ངོ༌། །ཡང་མཐུར་དུ་ བསྐོས་པ་ཁོ་ན་བྱེད་ན་ཟླུམ་པའི་ཁ་མཚམས་ནས་སོར་གཉིས་མར་གཞལ་བ་ན། ལས་ཀྱི་ཁ་ ཁྱེར་ཞིང་སོར་གཉིས། དེ་བཞིན་དུ་ཁ་ཁྱེར་དང་མཆུ་ཡང་མཐུར་དུ་ཇེ་དམའ་ཇེ་དམའ་འབྲུས། མཆུའི་ནང་འབྲུབ་ཁུང་དངོས་རྒྱར་ཁྲུ་གང༌། དཔངས་སུ་ཁྲུ་ཕྱེད་ཡིན། གང་ལྟར་ཡང་རུང་སྟེ་ འབྲུབ་ཁུང་གི་ནང་དུག་དང༌། ཁྲག་དང༌། རོ་སོལ་སོགས་སྦྱོར་བས་དམར་ནག་ཏུ་བྱུག །རིམ་ པར་དང་པོ་དམར་པོ་ལ་པདྨ། བར་བ་དཀར་པོ་ལ་འཁོར་ལོ། འོག་མ་སྔོ་སྐྱ་ལ་གྲི་གུག །ཟླ་ གམ་གསུམ་པ་ལ་དམར་པོ། ཕྱི་སྐོར་ཟླུམ་པོ་ལ་ཐོད་འཕྲེང་དང༌། རྡོ་ར་མེ་རི་བྱེད། འབྲུབ་ ཁུང་ནང་གི་གཞི་ལ་འཁོར་སྔོན་པོ་རྩིབས་བརྒྱད་ལྟེ་བ་ལ། ཧཱུཾ་ངམ་གྲི་གུག རྩིབས་བརྒྱད་ལ་ མཧཱ་ཀཱ་ལ་གུ་ཊ་ཧྲི་ད་བཀོད། གྲི་སྙིང་བཅའ་ཐབས་སྤྱི་དང་འདྲ་བ་ལས། རྩ་ལགས་གཡོན་དུ་ དགྲ་ལིང་གཞུག །དབུས་མར་ལྕགས་ཕུར་ཆུང་ངུ་ཚོན་གདབ་གཅིག་ཞུགས་པ་ལྷག་པོ་ཡིན། གྲི་སྙིང་མ་རྙེད་ན་ནག་པོ་བཞི་མཚོན་གྱིས་བསད་པའི་སྙིང་གིས་ཀྱང་རུང༌། རོ་རས་ལ་མགོན་ པོའི་སྐུ་འོལ་ཙམ་བྲིས་པ་ཅིག་གིས་སྙིང་ག་དེ་ལ་དྲིལ་ནས་ཐོད་པར་བཅུག །ཟླ་གམ་མདུན་ མ་ལ་བཞག །དར་ནག་གི་མདའ་དར་ལ་ཕུར་བུ་བཏགས་པ་གཡས་སུ་བཙུགས། དགྲ་བོའི་ དྲི་མ་བྱུག་པའི་གཞི་ལས་ལིང་ག་སྔགས་ཀྱི་མཐའ་སྐོར་བ་གཅིག་བྲིས་ལ། དགུག་གཞུག་ དྲག་ཏུ་བྱས་ལ་ཐོད་པ་མཚན་ངན་གྱི་ནང་དུ་བཅུག་འབྲུབ་ཁུང་དུ་བཞག །དེའི་སྟེང་དུ་དམ་ རྫས་བསྲེས་ཤིང༌། དུག་ཁྲག་གིས་བྱུག་པའི་གཏོར་མ་མཐོ་གང་བ་ཞིག་ལྕགས་སྣོད་དུ་བཅུག་ 21-1-606 ཅིང་སྟེགས་བུ་ལ་བཞག །ཡང་ན་ཐོད་པ་མི་འགྱུར་བར་བྱས་ཏེ། ཤིང་གི་གྲབ་བྱས་པའི་སྟེང་ དུ་གཏོར་མ་བཞག །ལིངྒ་ལ་གཏོར་མ་མ་རེག་ཙམ་བཞག །འབྲུབ་ཁུང་གི་ཁར་དར་ནག་ རས་ནག་སོགས་ཀྱིས་བཅད་དོ། །མཐའ་དྲག་པོའི་མཆོད་པས་རྒྱ་ཆེར་བསྐོར། རྩ་གཏོར་ རང་གི་སྔས་མགོར་བཞག །འཛིན་གཏོར་དཀྱིལ་འཁོར་གྱི་མདུན་དུ་འཇོག །འཕྲལ་གཏོར་ ཅི་བདེ་བ་ཤིན་ཏུ་བཞག་ནས་ཕུལ་ཟིན་པ་ན་སྤྱི་བཏབ་དང་བཅས་ཏེ། རང་ཉལ་སའི་སྟེང་ ཐོག་ཏུ་འབུལ་བ་ཡིན། ཉམས་ལེན་ཆོ་གའི་རིམ་པ་ནི་རྩ་བའི་བསྙེན་པ་དང་འདྲ། དམིགས་ པ་ནི་བཟླས་པའི་སྐབས་སུ། དྲག་པོ་སྔགས་ཀྱི་འོད་ཟེར་གནམ་ལྕགས་མཚོན་ཆའི་ཐོག་སེར། དུག་ནད་མེ་གསུམ་དགྲ་བོའི་ཡུལ་ཁམས་སུ་འདེབས་པ་དང༌། གཏོར་མའི་སྐབས་སུ། དགྲ་ བགེགས་རྣམས་གཏོར་མ་ལ་ཐིམ་པ་ཡང་ཡང་བསྒོམ། ཐུན་གཞུག་ཏུ་འཕྲལ་གཏོར་གཏོང༌། དེ་མ་ཐག་བསྐུལ་བྱ་ཞིང་དགྲ་ལ་རྦད། ཤཱ་ས་ན་དྲག་ཏུ་བཟླའོ། །དེ་ལྟར་བྱས་པས་བསྙེན་པའི་ གྲངས་ངེས་ཅན་བྱུང་ནས་མཆོད་གཏོར་རྒྱ་ཆེར་བཤམས། གཏའ་གཏོར་ཡང་འབུལ། འགྲུབ་ ན་ལས་ཐམས་ཅད་པའི་གཏོར་མ་ཡང་གཏང་རག་ཏུ་འཕུལ། མ་གྲུབ་ཀྱང་འགལ་བ་མེད། གཉིས་པ་སྒྲུབ་པ་ནི། ལས་བསྙེན་གྱི་འཕྲོ་དེ་ཀ་མཐུད་ན་བཟང་ཞིང༌། བར་དུ་མཚམས་ ཆོད་ཀྱང་མི་འགལ་མོད། ཡུན་རིང་དུ་འགྱངས་ནས་མི་རུང་ངོ༌། །དེ་ནས་ལིང་ག་བཅའ་བ་ནི། དགྲ་བོའི་ཤ་ཉེ་རུས་ཉེའི་རུས་པ་སོགས་རྙེད་ན་བཟང་སྟེ། མི་རྙེད་པ་ཤས་ཆེ། ཚེར་མའི་ཤིང་ ལ་རུས་ཤིང་བྱ། རོ་རས་སམ། གྲི་ཁྲག་གམ། ཤ་ཆེན་གྱི་ཁུ་བའམ། ཚིལ་ཆེན་བྱུག་པའི་ཤོག་ བུ་ལ་སྔགས་འབྲི་དུག་སྣ་བསྲེས་པའི་སྣག་ཚས། ༀ་བཛྲ་ཀྲོདྷ་མཧཱ་ཀཱ་ལ། ཆེ་གེ་མོ་གོ་རོ་ཙ་ན་ ཀུ་མ་རི་ཏུ་ན་ཛ་ཛ། ཞེས་བྲིས་པ་མགོ་བོའི་ཐད་ཀར་བསྡམས། གཞན་དེ་དང་འདྲ་བ་ལ་ཆེ་གེ་ མོ་ཛ་ཧ་ཀྲོ་དྷི། ཞེས་འདོན་པ་བསྒྱུར། མགྲིན་པའི་ཐད་ཀར་བསྡམས། ཁྲག་སྣ་བསྲེས་པའི་ སྣག་ཚས་ཙིཏྟ་ཀྲོདྷཾ་སོགས་འདོན་པ་སྤོས་ལ་སྙིང་གའི་ཐད་ཀར་བསྡམས། ཚ་སྣ་བསྲེས་པས་ 21-1-607 ཆེ་གེ་མོ་རཀྟ་ཀྲོ་དྷི། ཞེས་སྤོས་པ་ལྟེ་བའི་ཐད་ཀར་བཅིངས། གུ་གུལ་མི་ཟི། ཐུག་པོའི་རྨང་བྲེ་ རྣམས་བསྲེས་པས་ཆེ་གེ་མོ་མ་ར་ཡ་ཀྲོ་ཏི། ཞེས་པ་འདོམ་གྱི་ཐད་ཀར་བཅིངས། ཟླའི་རུ་ཤིང་ ཡང་བསྡོམས་ཏེ། རྫས་སྔགས་འདོམ་གྱི་དེ་དང་འདྲ། དེ་རྣམས་སྦྱར་བའམ། དཀྲི་བའམ། སྡོམ་པ་གང་བྱས་ཀྱང་འདྲ། དེ་ལ་ཚ་བ་གསུམ་དང༌། ཟག་རྫས་གྲོག་མཁར་བདུན་རྣམས་ འཇིམས་པ་ལ་བསྲེས་ཏེ་རུ་ཤིང་ལ་གཡོགས། གཟུགས་བརྙན་དོད་པ་སྙིང་ཁར་བྲིས། ལིང་ ག་འཇུག་པ་ཡོད་པ་བྱ། དུག་དང༌། ཀེ་ཚེ་དང༌། ལན་ཚྭ་དང༌། བཾ་གྱིས་སྙིང་ཁྲག་དང༌། སྲིན་ ལག་གི་ཁྲག་རྣམས་བསྲེས་པའི་སྣག་ཚས་བྲིས་ལིང་སྤྱི་དང་མཐུན་པ་ཞིག་འབྲི། འདི་འཁོར་ ལོ་མི་བྱེད་པའི་ལུགས་ཡིན་འཁོར་ལོ་བྱེད་ན་རྩིབས་བརྒྱད་ལྟེ་བ་མུ་ཁྱུད་བཅས། རྩིབས་ བརྒྱད་ལ་ཡི་གེ་བརྒྱད། དགྲ་བོ་འདི་ཞེས་བྱ་བ་འདི་ན་མི་གེ་ན་མཱ་ར་ཡ་ཧཱུཾ་ཕཊ། རྩིབས་མཆན་ བརྒྱད་ལ་ཆེ་གེ་མོ་ཁ་ཁ་སོགས། མུ་ཁྱུད་ལ་ཤ་ས་ནའི་ཨེ་དཾ་དུཥྚན་ལ་ཆེ་གེ་མོ་ནི་མཱ་ར་ཡ་ཕཊ། དབུས་སུ་ལིང་ག་སྔགས་བཅས། སྔགས་ནི་སྙིང་པོ་གསུམ་ཆར་གྱིས་སྐོར། ལྕེའི་སྟེང་དུ་རྡོ་རྗེ་ རྒྱ་གྲམ་གྱིས་མནན་པ་ཅིག་བྱ། ལིང་ག་མནན་པ་དང༌། སྤྱི་བོ་སོགས་ལ་འཁོར་ལོ་གལ་ཆེ། མེས་གདུང་བ་དང༌། ཐུན་གྱིས་བསད་པ་སོགས་ལ་ལིང་ག་རྐྱང་གིས་ཆོ་ག་གསུང་བར་འདུག ། དེ་ཡང་ཉི་ལྷག་ལ་གཡེངས། བགེགས་བསྐྲད། དགུག་གཞུག །ལྷར་དབྱེ་རྣམས་བྱས། བྲང་ ཐལ་གྱི་སྟབས་ཚམས་བྱས་ཏེ་ལིང་ག་ཆེ་གེ་མོའི་སྙིང་ཁར་བཅུག །སྒོ་ཡང་བཀག་འདི་དག་ སྔ་མ་སྔ་མ་སྐམ་གྱིན་བྱས་དགོས་ཏེ། བཤེར་ཚབ་གྱིས་ལ་བའམ། ཡི་གེ་བསུབས་ན་ནུས་པ་ མི་འབྱུང་བའི་ཕྱིར་རོ། ། དེ་ནས་ལིང་ག་ལ་པྲ་ཚིལ་བྱུག ཚེར་མ་ལ་དུག་ཁྲག་བྱུག་པ། ཤཱ་ས་ནས་བསྔགས་པས་ མང་པོ་བཅུགས་དཔྲལ་བ། སྙིང་ག ལྟེ་བ། ཡན་ལག་བཞི་རྣམས་ལ་མི་རུས་ཀྱི་ཕུར་བུ་ཆུང་ ངུ་དེ་ཡང་འདེབས། དེ་ལ་ཕྱི་རོལ་ཏུ་བསྐྱེད་ཆོག་དགུག་གཞུག ལྷ་དབྱེ་དྲག་ཏུ་བྱ། ཐོད་པའི་ 21-1-608 སྣོད་མི་དགོས། འབྲུབ་ཁུང་གི་ནང་སྔར་གྱི་བྲིས་ལིང་གི་སྟེང་དུ་འཇོག་པ་སྟེ། གནས་བདུན་ དུ་ཕུར་བུས་མ་བཏབ་ན་ཁ་བུབ་ཏུ་འཇོག་ཟེར་བ་དང༌། རྒྱབ་ནས་ཕུར་བུས་འདེབས་ཟེར་བ་ སོགས་ཡོད་ཀྱང༌། ཕུར་བུ་མདུན་ནས་འདེབས་ཤིང༌། ལིང་གའང་གན་རྐྱལ་དུ་བཞག་གོ །རོ་ སྐྲས་ཡན་ལག་དང་མགུལ་བ་བཅིངས་ཏེ། དེའི་སྣེ་ཕུར་བས་གཏོད་ཕུར་བྱས་ཏེ་བཞག དེ་ མ་ཐག་ཏུ་དགུག་གཞུག་དྲག་པོ་ལན་མང་པོ་དང༌། སྙིང་པོའི་མཐར་དགུག་གཞུག་གི་སྔགས་ བཅུག་པ་མང་དུ་བཟླས་ཏེ། རོ་གཡམ་མམ་རོ་གོས་ནག་པོ་སོགས་ཀྱིས་ཁ་བཅད་དོ། །དེའི་ སྟེང་གི་ནམ་མཁའ་ལ་བྲིས་སྐུའམ། གཏོར་མ་བཞུགས་སུ་གསོལ། ཁ་ཁྱེར་ལ་རྩང་ཉི་ཤུ་རྩ་ གཅིག་ཙམ་བཀོད། མཚན་ངན་གཉིས་སུ་སྐམ་ཐུན་རློན་ཐུན་བཤམས། བསྙེན་པའི་སྐབས་ བཞིན་མངོན་རྟོགས་ཀྱི་གཞུང་བསྲངས། བཟླས་པའི་སྐབས་སུ་བསྙེན་སྔགས་གཉིས་ལ་ཆེ་ གེ་མོ་མཱ་ར་ཡ་སྤེལ་བ་དང༌། དེ་ལ་བསད་སྔགས་ཀྱང་བཏགས་ཏེ་བཟླ། དེ་རྗེས་ཤཱ་ས་ན་དྲག་ ཏུ་བཟླ། ཐུན་གཉིས་ལའང༌། དེ་ལྟ་བུའི་སྔགས་དྲུག་ཅུའམ་བརྒྱ་ཉི་ཤུ་བཟླ། དེ་ནས་འབྲུབ་ ཁུང་ཁ་ཕྱེ་ལ། དགུག་གཞུག་དང་ལྷ་དབྱེ་དྲག་ཏུ་བྱ། ཉིན་མོ་སྐམ་ཐུན་དང༌། མཚན་མོ་རློན་ ཐུན་ནས་ལིང་ག་ལ་བཏེགས་ཅིང༌། ཡི་དམ་གྱི་སྔགས་ཀྱིས་མགོ་དྲངས་ཏེ་བསད་སྔགས་ དང་ཤཱ་ས་ན་ལ་ནན་ཏན་བསྐྱེད། ཐུན་སྔགས་གཞན་བཏགས་ཀྱང་ཆོག །མི་བསད་པའི་གྲི་ ལྕགས་ལ་བཅོས་པའི་ཕྱག་མཚན་གྱིས་པྲ་ཚིལ་ལ་རི་མོ་དོད་ཙམ་འདེབས། བསད་བཅད་ཀྱི་ དམིགས་པ་དྲག་པོ་བྱས་ཏེ། ཡང་འབྲུབ་ཁུང་ཁ་བཅད་དེ་མནན་པར་བསམས། དམིགས་པ་ ལ་མགོན་པོ་འབྲུབ་ཁུང་གི་དབུས་སུ་བཞུགས་ཁ་ཁྱེར་ལ་མཁའ་འགྲོ་སྲིན་པོ་དཔག་ཏུ་མེད་ པ་གནས་པས་དགྲ་བགེགས་འགུགས་འདྲེན་བསད་ལས་བྱེད་པའོ། །ཆོ་གའི་རིམ་པ་གཞན་ རྣམས་ལས་བསྙེན་གྱི་སྐབས་དང་འདྲ་བ་ལས། ཐུན་གཏོར་དགྲ་ཕྱོགས་སུ་འཕང་བ་གནད་ ཡིན། དགྲ་དང་དགྲའི་བླ་བསད་པ་དང༌། ནགས་ལ་མེ་བཏང་བ་དང༌། མཁར་བསྒྱེལ་བ་ 21-1-609 སོགས་བསྒྲུབས་པའི་རྟག་མྱུར་དུ་འོང༌། གསུམ་པ་ལ་ལས་ལ་སྦྱོར་བ་ནི། ཞག་ཤས་ཤིག་དང་འདྲ་བ་ལས། ཐུན་རེ་བཞིན་ལིང་ ག་གསར་པ་དེ་བསྒྲལ་གྱིན་ཞལ་དུ་བཏབ། དེ་ནས་རྩ་བའི་ལིང་ག་ཡང་བསྒྲལ། འབྲུབ་ཁུང་ དེ་ཉིད་དུ་བུད་ཤིང་བརྩིགས་ཏེ་སྦྱིན་སྲེག་གི་ཆོ་གས་ཕུལ། དེའི་ཐལ་བ་ཆ་གསུམ་དུ་བྱས། ཆ་གཅིག་དྲག་སྔགས་བཟླ་བཞིན་དུ་རླུང་སོ་ལངས་པའི་དུས་སུ་རླུང་ལ་ཕྱར། ཆ་གཅིག་ཆུ་ འཁོར་རམ་མཚོ་གཉན་པོ་ལ་བླུགས། ཆ་གཅིག་ས་དང་བསྲེས་ལིང་ག་བྱས་སྙིང་གར་འཁོར་ ལོ་བཅུག དགུག་གཞུག་དྲག་པོ་བྱས་མཆོད་རྟེན་གྱི་འོག་ཏུ་མནན། འདི་ལ་འབྱུང་བ་བཞིའི་ ལས་ཚང་སྟེ་ལུགས་གཅིག་ཡིན། ཡང་ན་སྦྱིན་སྲེག་མི་བྱེད་པར་མནན་པ་བྱེད་ན་སྔར་གྱི་ལིང་ ག་དེ་ཐོད་ངན་ཁ་སྦྱོར་གྱི་ནང་དུ་བཅུག །ཆུ་མི་འཆོར་བར་བྱ་སྟེ་ས་བདག་ཀླུ་གཉན་གྱི་གནས་ སམ། འདྲེ་དྲག་པོ་གནས་སུ་མནན་ཅིང་གཏད་དོ། ། དེ་ནས་ཀྱང་བསྐུལ་བ་ནི་སྐབས་དེར་ཡང་གོང་དུ་གཏད་པ་བཞིན་དུ་ཟོར་འཕེན། ལས་ དངོས་མ་གྲུབ་ཀྱི་བར་དུ་ཡང་ཡང་བསྐུལ་བཞིན་ཟོར་འཕེན་པར་བྱའོ། །ཡང་ན་སྔར་ལིང་ག་ འཁོར་ལོ་ཡོད་མེད་གཉིས་བྱས། འཁོར་ལོ་ཡོད་པ་མནན། མེད་པ་བསྲེགས། ཟོར་འཕེན་པ་ རྣམས་བྱས་པས། མནན་བསྲེག་འཕང་གསུམ་གར་ཚང་བ་ཡིན། རབ་ཟླ་བ་གསུམ། འབྲིང་ ཟླ་བ་དྲུག །ཐ་མས་ཀྱང་ཟླ་བ་དགུ་ལ་འཆུག་པ་མེད་གསུང༌། མགོན་པོ་ནག་པོའི་བསྙེན་སྒྲུབ་ ལས་སྦྱོར་གྱི་རྐང་ནི་དེ་དག་ཡིན་ནོ། ། གཞན་ཡང་སྤོགས་ཆོག་ནི་ཆེ་བ་གསུམ། ཚྭ་སྣ་ཚོགས། མེ་ཏོག་དྲི་མི་ཞིམ་པ། ཁྲག་ རྣམས་བསྲེས་པའི་སྣག་ཚས་མགོན་པོའི་སྔགས་དང་སྐུ་འོལ་སྤྱི་ཙམ་བྲིས། དུར་ཁྲོད་སོལ་བ། གྲི་ཁྲག །ཤ་ཆེན་ཚིལ་ཆེན་ཅུང་ཟད་བསྲེས་པའི་བག་ཟན་ནམ། འབྲུ་ནག་རྗེན་བཏགས་ལ་ སྐུ་འོལ་སྤྱི་ཙམ་བྱས། བྲིས་སྐུ་དང༌། ཡི་དམ་གྱི་མགོ་མནན་པའི་སྔགས་ཀྱི་ཤོག་རིལ་གཉིས་ 21-1-610 ཁུང་དུ་བཅུག །འབྲུབ་ཁུང་དུ་བཅུག གུ་གུལ་བདུག །ནང་གཞུག་བཅུག་པའི་བུ་ཁར་རྡོ་རྗེ་ གཏད་དེ། བསྙེན་སྔགས་མགོ་ཞབས་སློག་པས་གཟིར། དེས་ཀྱང་བསད་རྟགས་མ་བྱུང་ན། བསད་སྔགས་མགོ་ཞབས་བཟློག་པས་གཟིར། བསད་རྟགས་བྱུང་ན་བུ་ཁར་སྤོས་བླུག །སྤྲ་ ཚུལ་གྱི་ཁ་བཅད། ཁྲུས་གསོལ། མཆོད་གཏོར་བསྐང་བཤགས་རྒྱས་པ་གལ་ཆེའོ། །འདི་གོ་ བབ་ཙམ་ཡིན་ལག་ལེན་དུ་མི་འདེབས། སྦར་བུའི་ལས་ཚོགས་ནི་ཐོད་པ་ལ་གོང་དུ་བཤད་ པའི་འཁོར་ལོ་བྲི། ལྟེ་བར་ལིང་གཟུགས་མི་དགོས། འཁོར་ལོ་བསྡུས་པ་ལ་དབུས་སུ་མིང་ རུས་རྩིབས་ལ་བསད་པ། མུ་ཁྱུད་ལ་བསྙེན་སྔགས་ཤམ་བུ་ཅན་ཟེར་བ་ཡོད། དེའི་ནང་དུ་ ཚ་བ་གསུམ། དུག་སྣ། ཚྭ་སྣ། ཚོགས་ཚད། དགྲ་དུ་ཡོད་ཀྱི་མིང་རུས་ཅན་ལིང་ག་སྔགས་ ཅན་བྲི་བཅུག །ཐོད་པ་ཁ་སྦྱོར་ཡོད་ན་བཟང༌། དེ་འབྲུབ་ཁུང་དུ་བཅུག་ལ་མགོན་པོ་འཁོར་ བཅས་ཐོད་པའི་སྟེང་དུ་བཞུགས་པར་བསམ། ཆོ་ག་སྔར་དང་འདྲ་བ་ལས། བཟླས་པའི་སྔོན་ དུ་དགུག་གཞུག་བྱ། ཐོད་པའི་སྟེང་དུ་མགོན་པོ་བཞུགས་པར་བསམ། སྔགས་ཀྱི་གཤམ་ དུ་དགྲ་བོ་ཆེ་གེ་མོ་ནོར་དང་བཅས་པ་ཨུ་ཙི་ཊ་ཡ་ཤི་ར་སྟཾ་བྷ་ཡ་ནན། ཞེས་བཟླ་ཞིང༌། ཉིན་ མོ་ཡང་ཉུང་ཐུན་དང༌། མཚན་མོ་དུག་ཐུན་འདེབས། ལྟས་བྱུང་ན་ཁང་སེལ་དུ་བྱེད་ན་ཁང་ པའི་རྨང་ངམ་གྲིབ་མ་ཕོག་སར་མནན། རིགས་རྒྱུད་བརླག་པར་བྱེད་ན་སོ་ཏོག་སོལ་བ་བླ་ མ་རྣམས་ལ་སྔགས་ཁྲི་བཟླས། དེ་དང་ཐལ་བས་ཐོད་པ་ཁ་སྦྱོར་གྱི་བར་མཚམས་བཀང་སྟེ། དུར་ཁྲོད་ཆེན་པོའམ། གཞི་བདག་གཉན་པོ་གནས་སར་གཏད་པར་བྱའོ། །གལ་ཏེ་ཐོད་པ་ བམ་རིལ་ལ་སྒྲུབ་པ་ཡིན་ན་ཐོད་པའི་ནང་དུ་རྫས་དང་འཁོར་ལོ་ལིང་ག་རྣམས་བཅུག་ལ། སྔར་བཞིན་བསྒྲུབས་ནས་ཐོད་པའི་གདོང་དགྲ་ཕྱོགས་ལ་བསྟན་ཏེ་སྦའོ། །གཞན་ཡང་མེ་ལ་ དུ་བ་དང༌། མཛེས་འཛིན་པ་དང༌། སེར་བ་དབབ་པ། གདོན་གྱི་ལས་ཏེ། དེ་རྣམས་ཀྱི། རྣམ་ བཞག་གཞུང་ནས་གསལ་ལོ། །ཞེས་པ་རྗེ་བཙུན་རྭ་ལོའི་མན་ངག །མགོན་པོ་མཧཱ་ཀཱ་ལའི་ 21-1-611 སྒྲུབ་ཐབས་འདི་ཡང་ཡི་གེ་རྙིང་པའི་གསལ་བྱེད་དུ་གབ་འཁྲུག་མེད་ཅིང་གོ་བདེ་བ་རྒྱལ་ ཁམས་པ་ཏཱ་ར་ནཱ་ཐས་བཀོད་པའོ།། །།མངྒ་ལཾ། གཅིག་ཞུས། ཤུབྷཾ། དགེའོ། ། འདི་བྲིས་དགེ་བས་སྐྱེ་བ་ཀུན་ཏུ་ངེས་དོན་བསྟན་པའི་མི་མཐུན་ཕྱོགས་ཐམས་ཅད་ མངོན་སྤྱོད་དྲག་པོས་བསྒྲལ་ནུས་པར་གྱུར་ཅིག །བྱ་བ་གང་བརྩམ་ཆོས་དང་མཐུན་ནས་ ཀྱང༌། །སྡིག་ལས་གང་གིས་ཉམས་པ་མེད་བཞིན་དུ། །རྣམ་དཀར་དྲི་མ་མེད་པའི་ལེགས་ ལམ་ལ། །སྐྱེ་འདིར་དགེ་རྩ་འབད་ཚད་དེར་འགྱུར་ཤོག ། 21-1-612 ༄༅། །མགོན་དཀར་ཡིད་བཞིན་ནོར་བུའི་མཆོད་བསྐང་དངོས་གྲུབ་ ཀུན་སྩོལ་ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། མགོན་དཀར་ཡིད་བཞིན་ནོར་བུའི་མཆོད་བསྐང་དངོས་གྲུབ་ཀུན་སྩོལ་ཞེས་བྱ་བ། བླ་མ་ རྣམས་པ་ཕྱག་འཚལ་ལོ། །མཆོད་རྫས་རྣམས་བཤམས་ཤིང༌། སྔོན་འགྲོ་བཏང༌། བདག་མདུན་གཏོར་འབུལ་སོགས་ཀྱི་རྗེས་ སུ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲུཾ་ལས་རིན་པོ་ཆེ་ ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ པའི་དབུས་སུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ནམ་མཁའ་དང་མཉམ་ པའི་ནང་དུ་ལྷ་དང་མི་ལས་ཁྱད་པར་འཕགས་པའི་མཆོད་རྫས་སྣ་ཚོགས། བསྐང་རྫས་སྣ་ ཚོགས། གྲུབ་རྫས་སྣ་ཚོགས། འདོད་ཡོན་སྣ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་ཀྱི་སྨོན་ལམ་དང་ཐུགས་རྗེ་ལས་གྲུབ་པ་དང༌། ཁྱད་པར་དུ་ཡང་འཕགས་ པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་ པ་ཡོངས་སུ་གང་བ། བླ་མ་དང་མགོན་པོ་ཡིད་བཞིན་ནོར་བུ་སངས་རྒྱས་དང་བྱང་སེམས། འཁོར་ཚོགས་མཁའ་འགྲོ་གྲངས་མེད། ལས་མཛད་གནོད་སྦྱིན་བཞི། དམ་ཅན་རྒྱ་མཚོའི་ ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ༀ་སརྦ་ བིད་པུ་ར་པུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨ་ཝརྟ་ཧོ། ༀ་བཛྲ་ས་སྤ་ར་ཎ་ཁཾ་སྭཱཧཱ། དད་པ་དང་ནི་ དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བླ་མ་མགོན་པོ་དབྱེར་ མེད་མཆོག །མགོན་དཀར་ཡིད་བཞིན་ནོར་བུ་ནི། །འཁོར་ཚོགས་མཁའ་འགྲོ་གྲངས་མེད་ དང༌། །སངས་རྒྱས་བྱང་སེམས་དཔའ་བོ་དང༌། །གནོད་སྦྱིན་བཞི་དང་བཀའ་ཉན་རྣམས། ། 21-1-613 མཆོད་པའི་གནས་འདིར་གཤེགས་སུ་གསོལ། །མཆོད་པའི་གནས་འདིར་གཤེགས་ནས་ ཀྱང༌། །མགོན་པོ་ཡིད་བཞིན་ནོར་བུ་ཚོགས། །སྣ་ཚོགས་མཆོད་པས་མཉེས་གྱུར་ནས། །འགྲོ་ ཀུན་དཔལ་འབྱོར་རྒྱས་པ་དང༌། ཁྱད་པར་བདག་ཅག་དཔོན་སློབ་ཀྱིས། །ཆོས་འབྱོར་དགེ་ ལེགས་འཕེལ་བ་དང༌། །ཀུན་མཁྱེན་སངས་རྒྱས་ཐོབ་བྱའི་ཕྱིར། འཁོར་བཅས་གནས་འདིར་ གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ པདྨ་ཀཱ་མ་ལ་སྟྭཾ། ཀུན་བཟང་མཆོང་སྤྲིན་རྒྱ་མཚོ་ལས་ བྱུང་བའི། །ཡན་ལག་བརྒྱད་ལྡན་རབ་དཀར་འོ་མའི་མཚོ། །དྭངས་ཤིང་དྲི་མེད་རབ་དཀར་ ཞབས་བསིལ་དང༌། །ཨུཏྤལ་པདྨ་ཨུ་ཏམ་ཝཱ་རའི་ཚོགས། །སྦྱར་དང་ལྷན་སྐྱེས་དྲི་ཞིམ་སྤོས་ ཀྱི་ཚོགས། །ཉི་ཟླ་ནོར་བུ་སྣང་བྱེད་འོད་གསལ་དང༌། །ཀུར་གུམ་ག་བུར་ལ་སོགས་དྲི་བཟང་ ཚོགས། །སྨན་རྣམས་འབྲས་དང་སྨན་མཆོག་རོ་་བརྒྱའི་ཟས། །རབ་སྙན་སྒྲ་དབྱངས་མཆོད་ སྤྲིན་དཔག་མེད་ཀྱིས། །བླ་མ་མགོན་པོ་དབྱེར་མེད་ཐུགས་དམ་བསྐང༌། །མགོན་དཀར་ཡིད་ བཞིན་ནོར་བུའི་ཐུགས་དམ་བསྐང་། །མཁའ་འགྲོ་གྲངས་མེད་འབུམ་གྱི༴ ལས་མཛད་གནོད་ སྤྱིན་བཞིའི༴ འཁོར་ཚོགས་དམ་ཅན་རྒྱལ་པོའི༴ འཁོར་དང་བཅས་པ་མཆོད་པས་དགྱེས་ གྱུར་ནས། བདག་ཅག་འཁོར་བཅས་ཆོས་འབྱོར་གོང་འཕེལ་ཞིང༌། །བྱང་ཆུབ་བར་གྱི་སྲུང་ མ་ཁྱོད་ཀྱིས་མཛོད། །བཀྲ་ཤིས་རིན་ཆེན་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྫས་བརྒྱད་ བཀྲ་ཤིས་རྟགས་བརྒྱད་དང༌། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་སྤྲིན་སོགས། །བཀྲ་ཤིས་ ཕུན་ཚོགས་མཆོད་རྫས་བཀྲ་ཤིས་ཀྱིས། །བླ་མ་མགོན་པོ༴ མགོན་དཀར༴ མཁའ་འགྲོ༴ ལས་མཛད༴ འཁོར་ཚོགས༴ འཁོར་དང་བཅས༴ བདག་ཅག༴ བྱང་ཆུབ༴ རབ་དཀར་མཚན་ ལྡན་ཀུན་བཟང་ཀ་པ་ལར། །རབ་དཀར་ཡེ་ཤེས་བདུད་རྩི་རྒྱ་མཚོ་འཁྱིལ། །རབ་དཀར་ཕྱག་ རྒྱ་ཡིད་ཀྱིས་བྱིན་རླབས་པའི༴ རབ་དཀར་ཡེ་ཤེས་བདུད་རྩི་རྒྱ་མཚོ་འདིས། །བླ་མ་མགོན་ པོ༴ མགོན་དཀར༴ མཁའ་འགྲོ༴ ལས་མཛད༴ འཁོར་ཚོགས༴ འཁོར་དང་བཅས༴ བདག་ 21-1-614 ཅག༴ བྱང་ཆུབ༴ རབ་མཛེས་ལང་ཚོས་དྲེགས་པའི་སྨིན་ལེགས་མ། །དཀྱུས་རིངས་ཟུར་མིག་ འདོད་པའི་མདའ་འཕེན་ཞིང༌། །བདེ་ཆེན་ཆགས་པས་མྱོས་པའི་རྣམ་འགྱུར་མཁས། །རབ་ མཛེས་གསང་ཡུམ་ལྷ་མོ་འབུམ་ཕྲག་གིས། །བླ་མ་མགོན་པོ༴ མགོན་དཀར༴ མཁའ་འགྲོ༴ ལས་མཛད༴ འཁོར་ཚོགས༴ འཁོར་དང་བཅས༴ བདག་ཅག༴ བྱང་ཆུབ༴ རྣམ་དག་སངས་ རྒྱས་བྱང་སེམས་འཕགས་ཚོགས་དང༌། །བདག་གཞན་སྔགས་སོགས་ཏིང་འཛིན་ཡེ་ཤེས་ ལས། །གྲུབ་པས་བདག་པོའི་ཡོངས་སུ་མ་བཟུང་བའི། །མཆོད་པའི་སྤྲིན་ཕུང་རབ་དཀར་ ཐམས་ཅད་ཀྱིས། །བླ་མ་མགོན་པོ༴ མགོན་དཀར༴ མཁའ་འགྲོ༴ ལས་མཛད༴ འཁོར་ ཚོགས༴ འཁོར་དང་བཅས༴ བདག་ཅག༴ བྱང་ཆུབ་བར་གྱིས༴ ནས་འབྲས་གྲོ་སྲན་ཏིལ་ སོགས་འབྲས་བུའི་ཚོགས། །ཤིང་ཏོག་ཀ་ར་བུ་རམ་རྒུན་འབྲུམ་དང༌། །ཤ་མར་ཐུད་སོགས་ ཟས་མཆོག་སྟོང་ཕྲག་དང༌། །ཇ་ཆང་འོ་མ་བདུད་རྩི་སྦྲང་གི་བཅུད། །སྦྱར་དང་རང་བྱུང་བདུད་ རྩི་རྒྱ་མཚོའི་ཚོགས། །གསེར་དངུལ་མུ་ཏིག་རིན་ཆེན་བཱཻ་ཌཱུཪྻ། །མར་གད་བྱུ་རུ་གཡུ་དང་ སྤོལ་ཤེལ་དང༌། །སྲ་བརྟན་མཛེས་པས་གོ་མཚོན་སྣ་ཚོགས་དང༌། །སྣམ་བུ་དར་ཟབ་སྲབ་ འཇམ་ལྷ་རྫས་ཀྱིས། །བླ་མ་མགོན་པོ༴ མགོན་དཀར༴ མཁའ་འགྲོ༴ ལས་མཛད༴ འཁོར་ ཚོགས༴ འཁོར་དང་བཅས༴ བདག་ཅག༴ བྱང་ཆུབ༴ ཅང་ཤེས་རྟ་དང་གཡང་ཆགས་ལུག་ གི་ཁྱུ། །འདོད་འཇོའི་བ་དང་ཁྱུ་མཆོག་གཡང་གི་ཚོགས། །སེངྒེ་སྟག་དོམ་དྲེད་སོགས་རྐང་ བཞི་དང༌། །གཏེར་བུམ་དཔག་བསམ་ཤིང་དང་གཡས་འཁྱིལ་དུང༌། །རིན་ཆེན་རི་བོ་ཡིད་ འོང་ཁང་བཟང་དང༌། །གཟུགས་མཛེས་དབྱངས་སྙན་དྲི་ཞིམ་རོ་མཆོག་གོས། །བསམ་ཀུན་ རྫོགས་བྱེད་དགོས་འདོད་ནོར་བུ་ཡིས། །བླ་མ་མགོན་པོ༴ མགོན་དཀར༴ །མཁའ་འགྲོ༴ ལས་ མཛད༴ འཁོར་ཚོགས༴ འཁོར་དང་བཅས༴ བདག་ཅག༴ བྱང་ཆུབ༴ རི་རྒྱལ་གླིང་བཞི་ཉི་ ཟླ་གླིང་ཕྲན་བཅས། །སྟོང་གསུམ་བགྲང་ཡས་གཞི་དང་མེ་ཏོག་གིས། །རྒྱན་པའི་གངས་ཅན་ 21-1-615 མཚོའི་ཞིང་ཁམས་ཀུན། །རང་བཞིན་གྱིས་གྲུབ་མཆོད་རྫས་རྒྱ་མཚོ་དང༌། །དངོས་བཤམས་ ཡིད་སྤྲུལ་ཆོད་སྤྲིན་མཐའ་ཡས་པས། །བླ་མ་མགོན་པོ༴ མགོན་དཀར༴ མཁའ་འགྲོ༴ ལས་ མཛད༴ འཁོར་ཚོགས༴ འཁོར་དང་བཅས༴ བདག་ཅག༴ བྱང་ཆུབ་བར་གྱི་སྲུང་མ་ཁྱོད་ཀྱིས་ མཛོད། ། དེ་ནས་བསྟོད་པ་ནི། ལྷུན་སྡུག་ཀཱཻ་ལ་ཤའི་རི་བོ་ལྟར། །འོད་ཟེར་བྱེ་བས་འཁྱུད་པའི་དཔལ་ འཕྲེང་ཅན། །དབང་སྡུད་མཁའ་འགྲོ་སྟོང་གི་བདག་པོ་ནི། །མྱུར་མཛད་སྤྱན་རས་གཟིགས་ ལ་ཕྱག་འཚལ་བསྟོད། །འཛུམ་བག་བརྗིད་པས་ཞལ་རས་ཡིད་ཙམ་ཁྲོ། །འདོད་དགུ་ཆར་ འབེབས་དབང་གི་རྒྱལ་པོ་ཁྱོད། །ཆོས་ཉིད་ཐིག་ལེ་སྒོ་ང་འདོད་པའི་སེམས། །དངོས་སུ་གྱུར་ པའི་སྐུ་ལ༴ །དངུལ་ཆུས་མདངས་གསལ་ཧཱུཾ་ཡིག་ལས་འཁྲུངས་པ། །སྐྱེ་འགྲོ་རེ་སྐོང་དབུལ་ བའི་སྡུག་བསྔལ་སེལ། །དབུ་སྐྲ་གྱེན་བརྗེས་སྤྱི་བོ་མི་བསྐྱོད་རྒྱལ། །རྒྱས་གདབ་ཆེན་པོའི་ དབང་བསྐུར་ཁྱོད་ལ་བསྟོད། ཁ་བ་རི་ལ་འཆར་ཁ་གསར་བ་ལྟར། ཁྱོད་ཞལ་སྨིན་མཚམས་ སིནྡྷུར་ཐིག་ལེ་འཛེས། །རིན་ཆེན་གདུའུ་འཁྲོལ་བའི་ཕྱག་དྲུག་པ། །བླ་མེད་ཕ་རོལ་ཕྱིན་པའི་ ངོ་བོར་བསྟོད། །གྲི་གུག་ཡིད་བཞིན་ནོར་བུ་ཌཱ་མ་རུ། །ནོར་བུས་གཏམས་པའི་ཐོད་པ་བུམ་ པར་བཅས། །རྩེ་གསུམ་དངོས་གྲུབ་འགུགས་པས་ལྕགས་ཀྱུ་བསྣམས། །ཕྱག་དྲུག་མགོན་པོ་ ཁྱོད་ལ་གུས་པས་བསྟོད། །ལྷབ་ལྷུབ་དར་དང་སྟག་པགས་ན་བཟའ་ཅན། །འོད་འབར་རིན་ ཆེན་བརྒྱན་ཀྱིས་སིལ་ཁྲོལ་དང༌། །ནོར་བུས་ཆུན་འཕྱང་དུ་མས་རབ་བརྗིད་པའི། །གཟི་བྱིན་ ལྷང་ངེ་འབར་ལ་ཕྱག་འཚལ་བསྟོད། །འདོད་པའི་ལོངས་སྤྱོད་ཆར་ཆེན་འབེབ་བྱེད་པ། །བི་ ན་ཡ་ཀའི་སྟེང་ན་རོལ་པས་བཞུགས། །རབ་སྔོན་ཙནྡན་ལྗོན་པའི་ཚལ་ན་དགྱེས། །གནས་ གསུམ་འཁའ་འགྲོའི་བདག་པོ་ཁྱོད་ལ་བསྟོད། །ཐུགས་ཀར་དབང་གི་ལྷ་མོ་ལང་ཚོ་མ། ། འཆར་ཁའི་འོད་རིས་གསལ་བ་གློག་འཕྲན་ལྟར། །མཛེས་ཤིང་དངོས་གྲུབ་གཡོ་བའི་ལྕགས་ 21-1-616 ཀྱུ་འཛིན། །སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་ཅིང་གསོལ་བ་ འདེབས་པ་དང༌། །སྙིང་ནས་ལྷ་མཆོག་ཁྱོད་ལ་གདུང་བ་ཡིས། །མཆོད་གཏོར་འབུལ་གྱིས་ བདག་ལ་མཆོག་བསྩལ་ནས༌། །དཔལ་དང་འདོད་པའི་དོན་ཀུན་གྲུབ་པར་མཛོད། །ཐུགས་ རྗེའི་སྤྲིན་ཀྱིས་དཔལ་འབྱོར་རྒྱ་མཚོ་རྣམས། །གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་ཤོག ། ཅེས་པ་མགོན་དཀར་ཡིད་བཞིན་ནོར་བུའི་བསྟོད་བསྐང་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་བཅུ་དགུ་པ་ལའོ།། །། མངྒ་ལཾ། བཀྲ་ཤིས། 21-1-617 ༄༅། །མྱུར་མཛད་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་ ཚིགས་བཅད་མ་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྐད་ཅིག་གིས། །པད་ཉི་གཾ་ལས་ ཚོགས་བདག་དཀར། །གླང་གདོང་ལ་ཕུག་ནེའུ་ལེ་བསྣམས། ཁ་སྦུབ་དར་དང་ནོར་བུས་ བརྒྱན། །དེ་སྟེང་ཧཱུཾ་ལས་གྲི་གུག་ལས། །མྱུར་མཛད་མགོན་པོ་ཕྱག་དྲུག་པ། །ནག་པོ་སྤྱན་ གསུམ་མཆེ་བ་གཙིགས། །གྲི་གུག་མགོ་འཕྲེང་ཌ་རུ་གཡས། །ཐོད་ཁྲག་རྩེ་གསུམ་ཞགས་ པ་གཡོན། །མགོ་འཕྲེང་སིནྡྷུ་ཐིག་ལེ་དང༌། །སྟག་ལྤགས་རྒྱན་དྲུག་གཡེར་ཁ་སྦྲུལ། །དབུ་ སྐྲ་གྱེན་བརྫེས་མི་བསྐྱོད་བརྒྱན། །མཉམ་པའི་སྟབས་ཅན་མེ་དཔུང་ནང༌། །དུར་ཁྲོད་དབུས་ ན་ཤིང་དྲུང་བཞུགས། ཁྲག་མཚོ་བྷྱོཿལས་རེ་མ་ཏི། །སྔོ་ནག་རལ་གྲི་ཐོད་ཁྲག་འཛིན། །རབ་ ཁྲོས་དྲེའུ་རྟ་རྐང་གསུམ་བཅིབས། །ཀྵཾ་ལས་ཀྵེ་ཊ་པ་ལ་ནག །གྲི་ཐོད་འཛིན་ཅིང་དོམ་ནག་ བཞོན། །ཧཱུཾ་ལས་ཛི་ན་མི་ཏྲ་སྨུག །སྲིན་པོ་ཅང་ཏེའུ་ཐོད་ཁྲག་འཛིན། །ཊཾ་ལས་གཤིན་རྗེ་ འདོད་རྒྱལ་ནག །ལྕགས་ཀྱུ་ཞགས་པ་སྡིགས་མཛུབ་མཛད། །ཧཱུཾ་ལས་དྲཀྴད་རྟ་ནག་ཆིབས། ། མདུང་དམར་ཐོད་པ་འཇོལ་བེར་ཅན། །སག་ལྷམ་གྱོན་ཞིང་བདུད་དམག་བཅས། །ཕྱོགས་ སྐྱོང་ལྷ་ཀླུ་གཟའ་འཇིགས་བྱེད། །རྒྱུ་སྐར་རྒྱལ་ཆེན་དམ་ཅན་བཅས། །རང་གི་སྙིང་ཁ་ནས་ འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་བསིལ་བའི་ཚལ། ཙནྡན་གྱི་ཤིང་རྐང་གཅིག་པའི་དྲུང་ ནས། ཡེ་ཤེས་མགོན་པོ་ཕྱག་དྲུག་པ། སྟེང་ན་རྩ་རྒྱུད་བླ་མ་དང༌། གཡས་ན་དཔའ་བོའི་ངར་ བཅས་ཤིང༌། གཡོན་ན་དཔའ་མོའི་འཛུམ་དང་བཅས་པ། འཁོར་དམ་ཅན་རྒྱ་མཚོའི་དམག་ ཚོགས་དང་བཅས་པ། ༀ་བཛྲ་མཧཱ་ཀཱ་ལ་ས་པ་རི་ཝ་ར་ཀྵིཾ། དད་པ་དང་ནི་སོགས། དམ་ཅན་རྒྱ་ 21-1-618 མཚོ་གཤེགས་སུ་གསོལ། །བླ་མ་དབང་རྒྱལ་ནོར་བུ་དྲིལ་བུ་བསྣམས། །འོད་ཟེར་སྣོལ་མས་ དབྱེར་མེད་བྱིན་གྱིས་བརླབས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས། །མཁས་ གྲུབ་ཁྱུང་པོ་རྣལ་འབྱོར་ལ༴ རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ལ༴ དབོན་སྟོན་སྐྱེ་སྒང་པ་ ཆེན་པོ་ལ༴ གཉན་སྟོན་སྦས་པའི་སངས་རྒྱས་ལ༴ འགྲོ་མགོན་སངས་རྒྱས་སྟོན་པ༴ མཁས་ གྲུབ་གཙང་མ་ཤིང་སྟོན༴ སོགས་(སྤར་མ་དང་འདྲའོ། །)གྲུབ་ཆེན་ལྷ་དབང་གྲགས་པ་ལ༴ དྲིན་ཅན་ རྩ་བའི་བླ་མ་ལ༴ བླ་མ་མགོན་པོ་དབྱེར་མེད་ལ༴ མགོན་པོ་བླ་མ་དབྱེར་མེད་ལ་གསོལ་བ་ འདེབས། །བླ་མ་གྲུབ་ཆེན་རྡོ་རྗེ་ཐོད་པ་བསྣམས། །སངས་རྒྱས་སྲས་བཅས་བཀུགས་ཤིང་ གནས་གསུམ་གྱིས། །ཡིག་བརྒྱས་ཉམས་སེལ་བདག་ལ་བྱིན་གྱིས་རླབས། །ཡིག་བརྒྱ་བཟླ། ན་ མོ་བུངྔྷ་ཡ། སོགས། མི། ཀྱཻ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པའི་བླ་ མ་དམ་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས༴ དཔའ་པོ་དང་དཔའ་མོ་རྣལ་འབྱོར་ དང་རྣལ་འབྱོར་མ་རྣམས་ཀྱིས༴ དཔལ་ཡེ་ཤེས་ཀྱི་མགོན་པོ༴ སོགས། སྤར་མ་འདྲ། ཁྱེད་རྣམས་ ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་བཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ ལྟ་ཉིད་དུ་མྱུར་བ་ཉིད་འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །རྡོ་རྗེ་འཆང་དང་དཔལ་ ལྡན་ཤཱ་བ་རི། །སོགས།རབ་ཏུ་བཤགས་པས་བདེ་ཆེན་ཐོབ་གྱུར་ཅིག །བླ་མ་དབང་སྡུད་ཌཱ་ དྲིལ་སིནྡྷུར་བསྐུལ། །ཧྲཱིཿལས་ཡི་གེའི་ལྷ་མོ་བཅུ་གསུམ་བསྐོར། །ༀ་བཛྲ་ནཱ་ར་ཀྲིཾ་ཀྲིཾ་ཧཱུཾ་ཧཱུཾ་ ཕཊ་ཕཊ་སྭཱཧཱ། ལན་བདུན། དེ་ནས་བཟླས་པ་བྱ་སྟེ། ༀ་བཛྲ་མཧཱ་ཀཱ་ལ་ཀཱིཾ་ཀྵེ་ཏྲ་བིགྷྣན་བི་ན་ཡ་ཀ་ཧཱུཾ་ ཧཱུཾ་ཕཊ་ཕཊཿསྭཱཧཱ། སྙིང་པོ། ༀ་ཤྲཱི་མཧཱ་ཀཱ་ལ་ཤ་ས་ན༴ སོགས་དེ་ན་མི་ཀེ་ན་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ ཕཊ་སྭཱཧཱ། བྷྱོཿམ་མོ་ནག་མོ༴ ༀ་ཀྵེ་ཏྲ་པ་ལ༴ ༀ་ཛི་ན་མི་ཏྲ༴ ༀ་ཊཀྐི་ར་ཛ༴ ༀ་དུ་ཡག་ཛ༴ གཏོར་མ་ལ། ཨ་མྲི་ཏས་བསངས། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་དང༌། རཾ་ 21-1-619 ལས་མེ། ཨ་ལས་ཀ་པཱ་ལར། ཤ་ལྔ་བདུད་རྩི་ལྔ་ཞུ་བདུད་རྩིར་གྱུར། ཡེ་ཤེས་བདུད་རྩི་ བཀུག་བསྟིམ་རྒྱ་མཚོར་གྱུར། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ངོ་བོ་བལྟའོ། །ༀ་ཨཱཿཧཱུཾ་ཧ་ ཧོ་ཧྲིཿༀ་བཛྲ་མཧཱ་ཀ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣ་ན་བི་ན་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ ཁཱ་ཧི། ༀ་བཛྲ་མ་ཧ་ཀ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣ་ན་བི་ན་ཡ་ཀ་དྲཀ་རག་མོ་བ་ལིང་ཏ་མཾ་ས་རཀྟ་རུ་ཏི་ར་ ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཧཱུཾ་ཕཊ། ལན་བདུན་ནམ་ལྔ། ༀ་ཨཱཿཧཱུཾ། ཧཱུཾ། མྱུར་མཛད་སྤྱན་རས་གཟིགས་ལ་ ཕྱག་འཚལ་ལོ། །ནས། ཅི་འདོད་དངོས་གྲུབ་མྱུར་དུ་སྩལ་དུ་གསོལ། ། ༈ གནོད་སྦྱིན་ཆེན་པོ་ལ་གཏོར་བསྔོ་ནི། ༀ་ཨ་མྲྀ་ཏས་བསངས། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལ་ཡཾ་ ལས་རླུང༌། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀཱ་པ་ལ་ཡངས་ཤིང་ རྒྱ་ཆེའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་ རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོཿཧྲིཿ ༀ་ཀྵེ་ཏྲ་པ་ལ་བིགྷྣན་ཧཱུཾ་ཕཊ། ཨེ་དམ་བ་ལིཾ་ཏ་ ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ༀ་ཨཱཿཧཱུཾ། གནོད་སྦྱིན་ཆེན་པོ་ཀྵེ་ ཏྲ་པ་ལ་འཁོར་དང་བཅས་པས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། དཔལ་ ལྡན་བླ་མ་དམ་པ་རྗེ་བཙུན་ཀུན་དགའ་སྙིང་པོའི་བཀའ་བསྒོས་དམ་ལ་བཞག་པ་ལྟར། རྣལ་ འབྱོར་པ་བདག་ཅག་འཁོར་བཅས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་སྲུངས། མཐུན་རྐྱེན་ ཡིད་ལ་བསམ་པའི་དོན་ཐམས་ཅད་སྒྲུབ་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཞེས་པའང་ཏཱ་ ར་ན་ཐས་བྲག་སྟོད་རྡོ་རྗེའི་ཕོ་བྲང་དུ་བྲིས་པའོ།། །།སརྦ་མཾ་ག་ལཾ། བཀྲ་ཤིས། འདི་བྲིས་དགེ་བས་བླ་མ་མགོན་པོ་དབྱེར་མེད་ ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག ། 21-1-620 ༄༅། །མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་ བསྡུས་པ་བཞུགས། ༄༅། །ༀ་སྭཱ་སྟི། བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ་ལོ། །གཏོར་མ་བྱིན་རླབས་ཡི་ དམ་ལྟར་བྱས་ལ། རང་གི་མདུན་དུ་པད་ཉི་ལ་ཧཱུཾ་ལས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་ པ་སྐུ་མདོག་མཐིང་ནག་དང་པོ་གཉིས་གྲི་ཐོད། བར་བ་གཉིས་མི་མགོའི་འཕྲེང་བ་དང་རྩེ་ གསུམ། ཐ་མ་གཉིས་ཌ་མ་རུ་ཞགས་པ་བསྣམས་པ། སྟག་ལྦགས་དང་མགོ་འཕྲེང་རུས་པ་ དང་སྦྲུལ་དང་ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་འཕྲེང་བའི་བརྒྱན་པ། ཞབས་ གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པས་ཚོགས་ཀྱི་བདག་པོ་མནན་པ། སྤྱན་གསུམ་ མཆེ་གཙིགས་སྨ་ར་སྨིན་མ་དབུ་སྐྲ་གྱེན་དུ་བརྫེས་པ། མི་བསྐྱོད་པའི་དབུ་རྒྱན་ཅན། སིན་ངྷུ་ རའི་ཐིག་ལེ་དཔྲལ་བར་བྱུག་པ། ཙནྡན་གྱི་སྡོང་པོ་ལ་རྒྱབ་བརྟེན་པ། མེ་དཔུང་འབར་བའི་ དབུས་ན་བཞུགས་པའོ། །དེའི་གཡོན་དུ་བྷྱོཿལས་དཔལ་ལྡན་ལྷ་མོ་ནག་མོ་དྲེའུ་ལ་བཞོན་པ་ ཁྲམ་ཤིང་དང་ནད་རྐྱལ་ཐོགས་པ། མདུན་དུ་གནོད་སྦྱིན་ཀྵེ་ཊ་པ་ལ་སྨུག་ནག་གྲི་ཐོད་འཛིན་ པ། དོམ་ནག་སྙོན་པ་ལ་བཞོན་པ། གཡས་སུ་ཛི་ན་མི་ཏྲ་དམར་ནག་ཅང་ཏེའུ་དང་འཁོར་ལོ་ འཛིན་པ། རྒྱབ་ཏུ་ཊཀྐི་ར་ཛ་ནག་པོ་སྤུ་གྲི་དང་ཐོད་ཁྲག་འཛིན་པ། གཡོན་དུ་བདུད་མགོན་ དྲཀྴད་རུས་མཚོན་དང་ཐོད་སྙིང་འཛིན་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། དར་ ནག་གི་འཇོལ་བེར་དང་སག་ལྷམ་གསོལ་བ། དེའི་ཕྱི་རོལ་དུ་དཔལ་མགོན་བདུད་ཅུ་རྩ་ལྔ་ དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཤར་ ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཙནྡན་གྱི་ཤིང་རྐང་གཅིག་པའི་དྲུང་ན་མྱུར་མཛད་ཡེ་ 21-1-621 ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྟེང་ན་རྩ་བརྒྱུད་ཀྱི་བླ་མ། གཡས་ན་དཔའ་བོ་ངར་དང་ བཅས་ཤིང༌། གཡོན་ན་དཔའ་མོ་འཛུམ་དང་བཅས་པ་བཀའ་སྡོད་ཞིང་སྐྱོང་ཕོ་ཉ་དམ་ཅན་ རྒྱ་མཚོའི་དམག་ཚོགས་དང་བཅས་པ། ཨོ་བཛྲ་མཧཱ་ཀཱ་ལ་ས་པཱ་རི་ཝ་ར་ཀྵིཾ་ཉེར་གཅིག བཛྲ་ས་ མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ནང་མཆོད་བྱིན་རླབས་བྱ། ༀ་བཛྲ་མ་ཧཱ་ཀ་ལ་ཀྵིཾ་ཀྵེ་ཊ་པ་ལ་བིགྷྣན་བི་ཡ་ཀ་ཧཱུཾ་ ཧཱུཾ་ཕཊ། ཅེས་མང་དུ་བཟླ། སྔགས་དེ་ཀའི་མཐར། ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། བྷྱོཿམ་ མོ་ནག་མོ་བེ་ཏ་ལི་སིནྡྷི་ཀུ་ལུ་ཀུ་རུ་ཧཱུཾ་ཕཊ། ཨེ་དམ་སོགས་ལན་གསུམ། ༀ་ཀྵེ་ཊ་པ་ལ་བིགྷྣན་ཧཱུཾ་ ཕཊ། ཨི་དམ་སོགས་ལན་གསུམ། ༀ་ཛི་ན་མི་ཏྲ་བ་ཤིང་ཀུ་རུ་ཧཱུཾ་ཕཊ། ཨི་དམ་སོགས་གསུམ། ༀ་ཊཀྐི་ ར་ཛ་ས་མཱ་ཡ་བྷྱོཿདུ་ཛ་ཧཱུཾ་ཕཊ། ཨི་དམ་སོགས་གསུམ། ༀ་དུ་ཡག་ཛ་མཧཱ་ཀཱ་ལ་ཏྲཀྴད་ཧཱུཾ་ཕཊ། ཨི་དམ་སོགས་ལན་གསུམ། ༀ་ཤྲཱི་མཧཱ་ཀཱ་ལ་ཡ་ཤཱ་ས་ན༴ སོགས། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུཾ་ཕཊ། ཨི་ དམ་སོགས་ལན་གསུམ་གྱིས་དམ་ཅན་སྤྱི་ལ་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ༀ་ཨཱཿཧཱུཾ། ཞེས་ནང་མཆོད་འབུལ། ཧཱུཾ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ན་ཡ་ ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐམས་ཅན། །ཕྱག་དྲུག་སྦྲུལ་གྱིས་རྒྱན་གྱི་རྣམ་པར་ བརྒྱན། །གཡས་པས་གྲི་གུག་བར་བས་འཕྲེང་བ་འཛིན། །ཐ་མ་ཌ་མ་རུ་ནི་དྲག་ཏུ་འཁྲོལ། ། གཡོན་པ་ཐོད་ཁྲག་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པ་བཟུང་ནས་འཆིང་བར་ བྱེད། །དྲག་པོའི་ཞལ་གདང་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་ དུ་བརྫེས། །དཔྲལ་བར་སིནྡྷུ་ར་ཡིས་ཐིག་ལེར་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་ བཏབ་བརྟན། ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པའི། །དཔལ་ལྡན་ཕྱག་དྲུག་པ་ལ་ ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ༴ སོགས་ཀྱིས་འདོད་དོན་གསོལ་བ་བཏབས། བླ་མ་མགོན་པོ་དབྱེར་མེད་པའི་གྲིབ་སེལ་ལ་སོགས་པའི་རྗེས་སུ་འདི་རྣམས་བྱས་ཀྱང་རུང༌། ཡིག་བརྒྱ་བཟོད་གསོལ། སྨོན་ 21-1-622 ལམ་དང་བཀྲ་ཤིས་བརྗོད་དོ། །ཕྱག་དྲུག་ཡེ་ཤེས་མགོན་པོའི་གཏོར་ཆོག་བསྡུས་པ་ཁྱེར་བདེ་འདི་ནི་གངས་དཀར་རྡོ་རྗེ་གདན་ གྱི་གཉེར་ཉི་མ་རྣམ་རྒྱལ་གྱིས་བསྐུལ་ངོར། ཏཱ་ར་ནཱ་ཐས་ཕོ་བྲང་གོང་དཀར་དུ་སྦྱར་བའོ།། །།བྱ་བ་གང་བརྩམ་ཆོས་དང་མཐུན་ ནས་ཀྱང༌། །སྡིག་ལས་གང་གིས་ཉམས་པ་མེད་བཞིན་དུ། །རྣམ་དཀར་དྲི་མ་མེད་པའི་ལེགས་ལམ་ལ། །སྐྱེ་འདིར་དགེ་རྩ་འབད་ ཚད་དེར་འགྱུར་ཤོག ། 21-1-623 ༄༅། །དམར་ནག་འཇིགས་གསུམ་ལས་བཞིའི་གཏོར་མ་བསྡུས་པ་ཉིན་ གཅིག་རྫོགས་པའི་དབུ་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཕྱི་ནང་རྒྱུ་འབྲས་གཤིན་རྗེ་ཀུན། །འཇོམས་བྱེད་ བདེ་སྟོང་དབྱེར་མེད་གཤེད། །དངོས་པོ་ཀུན་ཀྱིས་གུས་བཏུད་ནས། །དེ་ཡི་གཏོར་མའི་རྣམ་དབྱེ་བཤད། །དྲུག་ཅུ་རྩ་བཞིའི་ གཏོར་མ་བསྡུས་པ་གཏོང་བར་འདོད་པས། བཤམས་བཀོད་རྣམས་ཚར་བ་དང༌། འདིའི་བཤམས་བཀོད་ནི། བྲིས་སྐུ་ལ་སོགས་ རྟེན་གྱི་མདུན་དུ། ཡི་དམ་གྱི་གཏོར་མ་ཟླུམ་གཏོར་ཞིག་སྟེགས་མཐོ་བ་ལ་བཞག །དེའི་མདུན་ནམ། གཡོན་དུ་སྟེགས་དམའ་བ་ ལ། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་གཏོར་མ་ཟུར་གསུམ་པ་དང༌། སྣོད་ཅུང་ཟད་ཡངས་པ་ཞིག་ཏུ། ཕྱོགས་སྐྱོང་སྤྱིའི་གཏོར་མ་ཟླུམ་ པོའི་གྲུབ་གསུམ་གང་འོས་བཤམས། དེ་རྣམས་ཀྱི་མདུན་དུ་འཐེབ་སྐྱུ་ཡང་ཟླུམ་པོའམ། གྲུ་གསུམ་སོགས་ལས་གང་བྱེད་དང་ བསྟུན། སྣོད་བཞིར་འཐེབ་སྐྱུ་བཅུ་དྲུག་བཅུ་དྲུག་གི་སྣོད་བརྒྱད་དུ་བརྒྱད་དམ། བཅུ་དྲུག་ཏུ་བཞི་བཞི་བཤམས་པའམ། ཡང་ ན་སྣོད་ཆེ་བ་གཅིག་ཏུ་ཚན་པ་སོ་སོར་བཅད་དེ་བཤམས་ཀྱང་རུང༌། དེ་དག་གི་མདུན་དུ་འཇིག་རྟེན་ལས་འདས་པའི་མཆོད་པ་ དང་བསྟུན། དེའི་མདུན་དུ་ལས་གཤིན་གྱི་མཆོད་པ་ཐམས་ཅད་ཀྱང་ཕྱི་རོལ་ཏུ་སྤྱིའི་མཆོད་པ་བཤམས། དྲག་པོའི་ལས་ཅུང་ ཟད་འབྲེལ་ན། རཀྟའི་ཨརྒྷཾ་ཡང་བཤམས། མཆོད་པ་བྱིན་རླབས་དང་གཏོར་མ་བྱིན་རླབས་ཐམས་ཅད་ལྷན་ཅིག་ཏུ་བྱས། སྔོན་འགྲོའི་གཏོར་མ་དང་གནས་ཡོ་བྱིན་རླབས་སྤྱི་དང་མཐུན་པར་བྱ། དམར་ནག་འཇིགས་གསུམ་གང་རུང་གི་བདག་བསྐྱེད་ རྒྱས་བསྡུས་ལུང་སྐབས་དང་སྦྱར། བཟླས་པ་ཅུང་ཟད་བྱ། མདུན་བསྐྱེད་ཉེན་ཡོད་ན་དེ་ལ་དམིགས་ཤིང༌། མེད་ན་མདུན་གྱི་ ནམ་མཁའ་བསྐྱེད་པ་ཡིན་ལ། འཇིགས་བྱེད་ལྟ་བུ་ལ་དཔེར་མཚོན་ན། ཡ་མཱནྟ་ཀས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ པའི་ངང་ལས་ཆོས་འབྱུང་གྲུ་གསུམ་ཞེས་པ་ནས། མདུན་བསྐྱེད་རྒྱས་བསྡུས་དམར་ནག་འཇིགས་གསུམ་རང་ རང་གི་ལུགས་ལྟར་བྱ། སྤྱན་འདྲེན་བཞུགས་གསོལ་དབང་བསྐུར་རྒྱས་གདབ་རང་རང་གི་ལུགས་ལྟར་བྱ། མདུན་བསྐྱེད་མཆོད་ བསྟོད་རྒྱས་བསྡུས་ཅི་རིགས་པ་བྱ། རང་གི་སྙིང་ཁ་ནས་འོད་ཟེར་གྱིས་རྩེ་མོ་ནས་ཁྲོ་བོ་ལྕགས་ཀྱུ་དང་ 21-1-624 ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། ཕྱོགས་སྐྱོང་བ་བཅུ་སྲིད་པ་གསུམ་གྱི་འབྱུང་པོའི་ ཚོགས་དཔག་ཏུ་མེད་པ་དང་བཅས་པ་བཀུག་པར་གྱུར། ༀ་ཧྲཱིཿཥྚཱི་བི་ཀྲི་ཏ་ནན་ཧཱུཾ་ཕཊ། ཨིནྡྲ་ ཡ་ས་པ་རི་ཝ་ར་ཎ་ཨ་ཀཪྵ་ཡ་ཛཿ སོགས་ནས་ཕུར་གདབ་དབང་བསྐུར་རྒྱས་གདབ་བྱ། དེ་ནས་ལས་གཤིན་གྱི་ གཏོར་མ་རྒྱས་བསྡུས་གང་རུང་འབུལ། ཐུགས་རྒྱུད་བསྐུལ་བའི་ཆེད་དུ་བཟླས་པ་ཅི་འགྲུབ་བྱ། དེ་ནས་ཆོས་སྐྱོང་གང་མོས་ཀྱི་ གཏོར་མ་བསྔོ་བ་མཁའ་འགྲོ་སྦྱི་གཏོར་གཞི་བདག་གཏོར་མ་སོགས་སྐབས་འདིར་བྱ། དྲུག་ཅུ་རྩ་བཞི་བཏབ་པའི་ཚུལ་ནི། སྣོད་ སོ་སོར་ན་ཆུ་དང་ཆང་ཕལ་པ་ཐོག་མ་ནས་བླུག །གཏོར་མ་བྱིན་རླབས་ཀྱི་གོང་དུ་ནང་མཆོད་རེ་བླུག ༀ་ཨཿཧཱུཾ་ཧ་ཧོ་ཧྲཱིཿས་ ལན་གསུམ་བྱིན་གྱིས་རླབས། ཡི་དམ་གྱི་སྙིང་པོ་ཚར་རེ་དང་ཕྱོགས་སྐྱོང་ཀྱི་སྔགས་ཀྱི་ཕུལ། ཨིནྡྲ་ཡ༴ སོགས། ཕྲེཾ་ཕྲེཾ་ཕྲེཾ་ ཕཊ་ཕཊ་ཕཊ། བདག་དང་ཆེ་གེ་མོའི་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཤནྟི་ཀུཾ་རུ་སྭཱཧཱ། ༀ་ད་ཤ་དིག་ལཱོ་ཀ་པ་ལ་ས་པ་རི་ཝ་ར་བྷྱཿ ཞེས་མགོ་བོར་སྦྱར་ལ། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱི་ནང་མཆོད། བདུད་བཞི་པོ་ནི་རྣམ་པར་འཇོམས། །ཞེས་པས་བསྟོད། འདོད་དོན་གསོལ་གདབ་ བསྡུས་པའི་སྐབས། འདི་ཞེས་བྱ་བའི་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང༌། །ཚེ་དང་ བསོད་ནམས་ལོངས་སྤྱོད་འཕེལ། །ཐམས་ཅད་དབང་དུ་བསྡུ་བར་མཛོད། །ལོག་པར་ལྟ་ བའི་དགྲ་དང་བགེགས། །མངོན་སྤྱོད་དྲག་པོའི་འཕྲིན་ལས་ཀྱིས། །དོན་དམ་དབྱིངས་སུ་ཚར་ ཆོད་ལ། །ཞི་བ་ཆེན་པོར་མཛད་དུ་གསོལ། །བདེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པ་ཡན་ཆོད་ཞི་བའི་ལུགས་ལ་འཐེབ་སྐྱུ་ཟླུམ་པོ། རྒྱས་པ་ལ་གྲུ་བཞི། དབང་ལ་ ཟླ་གམ། བསད་བསྐྲད་ལ་གྲུ་གསུམ་གོང་བཞིན་དུ་སྔགས་དང་འདོད་དོན་གསོལ་གདབ་འདྲ་བ་ལ། མཇུག་ཏུ་རྒྱས་ལ། ཚེ་དང་ བསོད་ནམས་པུཥྚཾ་ཀུ་རུ་ཡེ་སྭཱཧཱ། དབང་ལ། ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧོ། དགུག་པ་ལ། ཆེ་གེ་མོ་ཨ་ཀཪྵ་ ཡ་ཛ་ཧྲི། བསྐྲད་པ་ལ། ཆེ་གེ་མོ་ཨུ་ཙི་ཊ་ཡ་ཕཊ། བཟློག་པ་ལ། བྱད་མ་དགྲ་བགེགས་ཐམས་ཅད་ནི་ བཱ་ར་ཡ་ཕཊ། བསད་པ་ལ། མཱ་ར་ཡ་ཕཊ། རེངས་པ་ལ། སྟམྦྷ་ཡ་ལཾ། དབྱེ་བ་ལ། ཆེ་གེ་མོ་དང་ཆེ་གེ་ མོ་བི་དེ་ཤ་ཡ་ཕཊ། བསྲུང་བ་ལ། རཀྵ་རཀྵ་སྭཧཱ། ཞེས་སྤེལ་ཚིག་དང་འདོན་པ་སྦྱར་བ་བྱ། བཞི་ཚར་བཅུག་པ་ 21-1-625 ལ་འབྱུང་པོ་ཐམས་ཅད་པ་དང་ལྷན་ཅིག་ཏུ་བྱིན་པ་ལ། ཕྱོགས་སྐྱོང་གི་ཚར་བཞི་དང༌། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོགས་ལན་ གཉིས་ཀྱིས་གཏོར་མ་བྱིན་ནས་འཕྲིན་ལས་བཅོལ་བ་ལ་སོགས་སྔར་བཞིན་དུ་བྱ། དེ་ནས་གཏོར་མ་རྣམས་ལ་དཔལ་འབར་ བཙུག་ལ། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །སོགས་ཕྱོགས་སྐྱོང་གི་བསྟོད་པ་སོགས། ཚོགས་ལ་བསྟོད། གང་འདུལ་ཚུལ་གྱི། ཞེས་པ་ནས། ལྷའི་ཚོགས་རྣམས་མ་ལུས་དང༌། །ཞེས་སོགས་ནས། ཡིད་ལ་ འདོད་པ་ཀུན་འགྲུབ་ཤོག །ཅེས་པས་བར་གྱི་འཕྲིན་ལས་བཅོལ། རོལ་མོའི་སྒྲ་དང་བཅས་པའི་འདོད། (མཇུག་མ་རྙེད་ལགས།) 21-1-626 ༄༅། །དཔལ་ལེགས་ལྡན་ནག་པོ་དྲཀྴད་ལྕམ་དྲལ་གྱི་ གཏོར་ཆོག་ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། བླ་མ་ལ་ཕྱག་འཚལ་ལོ། །དཔལ་ལེགས་ལྡན་ནག་པོ་ཏྲཀྴད་ལྕམ་དྲལ་གྱི་གཏོར་ཆོག་ནི། གཏོར་ མ་དཔལ་གཏོར་བཤོས་བུ་ཟླུམ་པོ་དམར་གྱི་བརྒྱན་པ་མཆོད་པ་དང་བཅས་བཤམས། དུས་བཟང་པོར་བསྙེན་པ་ལ་སོགས་པའི་ སྐབས། ཐུན་གཏོར་གྲུ་གསུམ་དེ་ཡང་བཤམས། རྒྱུན་དུ་ཐུན་གཏོར་གྲུབ་ན་ལེགས་མོད་མ་གྲུབ་ཀྱང་མི་འགལ། དེ་ནས་ཡི་དམ་ གྱི་བདག་བསྐྱེད་སྔོན་དུ་འགྲོ་བའི་བཟླས་པ་ཅུང་ཟད་བྱ། མཆོད་པ་གཏོར་མ་བྱིན་རླབས་ཡིད་དམ་གང་བྱེད་ཀྱིས་ལུགས་བཞིན་ བྱེད། དེ་ནས། ༀ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། རང་གི་མདུན་དུ་ཧཱུཾ་ལས་བསྲུང་འཁོར་གྱི་ ནང་དུ། དུར་ཁྲོད་ཆེན་པོའི་དབུས་སུ་བྷྲཱུཾ་ལས་ཕྱི་རིན་པོ་སྣ་ཚོགས་ལས་གྲུབ་པ། གྲུ་བཞི་པ། ནང་ཐོད་མཁར་འབར་བའི་གཞལ་མེད་ཁང༌། ཤར་མིའི་ཐོད་པའི་རྩིག་པ། ལྷོར་རྟའི་ཐོད་པ། ནུབ་སྤྲེའུ་ཐོད་པ། བྱང་ལུག་གི་ཐོད་པའི་རྩིག་པ་ཟླུམ་པོ། དེའི་ནང་དུ་གྲུ་གསུམ་ནག་པོ་བདུན་ བརྩེགས། ལྕགས་ཀྱི་མཁར་ཟུང་དྲུག་པ་དབུས་སུ་མི་རོ་རྟ་རོ་གཅལ་དུ་བཀྲམ་པ། གསེར་ གྱི་ཁྲི་དང༌། པད་ཉི་བརྩེགས་པའི་གདན་ལ། རཾ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་ དམར་ནག་སྲིན་པོ་ཁྲོས་པའི་གཟུགས། སྡང་མིག་འབར་བའི་སྤྱན་གསུམ་མཆེ་བ་གཙིགས་ པ། སྨ་ར་དང་སྨིན་མ། དབུ་སྐྲ་ཁམ་ནག་འབར་ཞིང་ལྡིང་པ། གཡས་ཀྱི་ཞལ་ཤྭ་ན་མུ་ཁ་སེར་ པོ་ཤེལ་མིག་ཅན། ཕྱག་བཞིའི་གཡས་གཉིས་ན་དུག་གི་སྡོང་པོ་མེ་འབར་བ་དང༌། བདུད་ཀྱི་ ཞགས་པ་ནག་པོ། གཡོན་གཉིས་ན་ཁྲམ་ཤིང་དང་ཐོད་པ་སྙིང་བཅས་འཛིན་པ། དར་ནག་ གི་འཇོལ་བེར་དྲེད་མོའི་བཅིང་སླག །སེང་གེའི་ལྤགས་པའི་གོ་སླག་ཅན་དང༌། གསེར་གྱི་སྐ་ རགས། སག་ཏིའི་ལྷྭམ། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ་ལ་སོགས་པའི་རྒྱན་དང་ 21-1-627 ཆ་བྱད་རྫོགས་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། ཁམས་གསུམ་འདར་ཞིང་སྐྲག་ པར་བྱེད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེའི་གཡོན་དུ་བྷྱོཿལས་ དཔལ་ལྡན་ལྷ་མོ་རེ་མ་ཏི། མ་མོ་ཡོངས་ཀྱི་གཙོ་མོ། ནག་མོ་སྤྱན་གསུམ་མཆེ་བ་གཙིགས་པ། ཕྱག་གཡས་ན་རལ་གྲི་དང་ཞིང་ལྤགས། གཡོན་གཉིས་ན་ཐོད་ཁྲག་དང་ནེའུ་ལེ་བསྣམས་པ། གླང་ཆེན་ལྤགས་པའི་སྟོད་གཡོགས་དང༌། བ་གླང་ལྤགས་པའི་སྨད་གཡོགས་ཅན། རེ་ལྡེའི་ ཤམ་བུ་དང༌། སྦྲུལ་རིགས་བཞིའི་སྐ་རགས་དང༌། ལྟེ་བ་ནས་ཉི་མ་དང༌། སྤྱི་གཙུག་ནས་ཟླ་ བ་འཆར་བ། དྲེའུ་རྟ་རྐང་གསུམ་ལ་ཆིབས་པ། ཁྲག་མཚོའི་དབུས་སུ་མེ་རླུང་འཚུབས་མའི་ དཀྱིལ་ན་བཞུགས་པ། དེ་ལྟར་ལྕམ་དྲལ་གཉིས་ཀྱི་སྐུའི་འཁོར་དུ་སྤྲུལ་པའི་མོན་པ་ཕོ་བདུན་ མོ་བདུན། ལས་བྱེད་ཤྭ་ན་བདུན། གནོད་སྦྱིན་བརྒྱད་ལྕགས་ཀྱི་བྱ་ཁྲ་བརྒྱད་ཀྱི་གཟུགས་ འཛིན་པ། གཤིན་རྗེ་བརྒྱད། སྟག གཟིགས། དོམ། དྲེད། འཕར་བ། སེང་གེ། སྤྱང་ཁྱི་བརྒྱད་ དུ་སྤྲུལ་པ། བདུད་རྒྱལ་ཉི་ཁྲི་ཆིག་སྟོང་ལྷ་དམག་འབུམ་སྟེ་ལྷ་མ་སྲིན་སྡེ་བརྒྱད་རྣམས་སྤྲིན་ དཔུང་འཁྲིགས་པ་ལྟར་འཁོད་པར་གྱུར། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། འདོད་རྒྱལ་ ཁང་དང༌། ཨུ་ཙ་ལའི་དུར་ཁྲོད་དང་མུ་ལེ་སྟེང་ལ་སོགས་པ་ནས། དཔལ་ཡེ་ཤེས་ཀྱི་མགོན་ པོ་ལྕམ་དྲལ་འཁོར་བཅས་བཛྲ་ས་མཱ་ཛཿ སྔོན་ཚེ་ཤཀྱ་སེངྒའི་སྤྱན་སྔ་རུ། །ལྷ་ཆེན་ཁྱོད་ཀྱི་ ཇི་ལྟར་དམ་བཅས་བཞིན། །འཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །སངས་རྒྱས་ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ་ལྷ་ མིན་དམག་ཚོགས་གཡུལ་བཟློག་ཅིང༌། །ལྷ་དམག་དཀར་པོའི་དབུགས་འབྱིན་པ། །ལྷ་ཆེན་ དཔལ་འབར་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ༀ་བཛྲ་བྷ་ཝ་ཨ་ བྷི་ཥིཉྩ་ཧཱུཾ། རྒྱལ་བ་རིགས་ལྔའི་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་ པ་ལས་མི་བསྐྱོད་པའི་དབུ་རྒྱན། ༀ་ཤྲཱི་མཧཱ་ཀ་ལ་ཏྲཀྴད་མཧཱ་ཀ་ལ་སིངྔྷི་ཡཾ་དུ་ཛ་ཛཿ ཞེས་གཙོ་བོ་ 21-1-628 དང༌། ༀ་རོ་རུ་རོ་རུ་དྲི་ཙ་པ་ལ་ཨ་ཤུག་མེ་མ་ཧཱུཾ་མ་བྷྱོ་ཛ་ཛཿ ཞེས་ལྷ་མོའི་སྔགས་ཏེ་མགོན་པོའི་ཕྱེད་ལྷ་མོའི་ གྲངས་སུ་བཤད། དེ་ནས་གཏོར་མ་འབུལ་ཏེ། ༀ་མཧཱ་ཀ་ལ་ཏྲི་ཡཾ་ཛཿ ས་མ་ཡ་ས་མ་ལོ་ཀི་ནི་མུན་བྷྱོ་ཧཱུཾ་ ཕཊ། བཱ་ལིང་ཨེ་དམ་གྲིཧྣ་ཁ་ཁ་ཁཱ་ཧི་ཁཱ་ཧི་བྷུཉྫ་ཧོ། རཀྟ་པི་བ་ཏོ་ས་མ་ཡ་སྭཱཧཱ། ༀ་དེ་བི་མ་ཧཱ་ ཀ་ལི་རེ་མ་ཏི་ཨེ་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་མཧཱ་པཉྩ་ཨ་མྲྀ་ཏ་ལ་ཁ་ཧི། མཧཱ་རཀྟ་ལ་ཁཱ་ཧི། ཞེས་ལན་གསུམ་མམ། ལྔའམ། བདུན་ལ་སོགས་པས་ཕུལ། དཔལ་ཡེ་ཤེས་ཀྱི་མགོན་པོ་མཧཱ་ཀ་ལ། རྣལ་ འབྱོར་གྱི་དགྲ་ལྷ་བདུད་འདུལ་གྱི་དབང་ཕྱུག །དུག་གསུམ་གྱི་སྨན་པ། རིག་འཛིན་གྱི་སྲོག་ ཤིང༌། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། ལྷ་ཡི་དེད་དཔོན་ཆེན་པོ་སྲོག་བདུད་ ནག་པོ་ཐོད་པའི་ཕྲེང་བ་ཅན་འཁོར་དང་བཅས་རྣམས་བ་ལིང་རྒྱན་གྱི་གཏོར་མ་འདི་བཞེས་ ཤིག་ཁཱ་རཾ་ཁཱ་ཧི། དཔལ་ལྡན་གཉན་གྱི་རེ་མ་ཏི། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །ནག་ མོ་དྲེའུ་ལ་བཞོན་པ། །གཅེར་བུ་བོང་བུ་ལ་བཞོན་པ། །མགྱོགས་མ་རླུང་ལ་བཞོན་པ། འཁོར་ ནག་མོ་འབུམ་དང་བཅས་པ་རྣམས་བ་ལིང་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཁ་རཾ་ཁཱ་ཧི། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ༀ་ཨཱཿཧཱུཾ། གིས་ནང་མཆོད་འབུལ། ཧཱུཾ་དད་པ་དང་ནི་དམ་ཚིག་གིས། ། ཚུར་བྱོན་སྲོག་བདུད་མ་རུང་བ། །མངོན་ཤེས་རྫུ་འཕྲུལ་ཐབས་ཀྱི་གཙོ། །དྲག་པོའི་ཞལ་ལ་ གཏུམ་པའི་སྐུ། །སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་ སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་པར་བྱེད། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །བྷྱོཿ མ་ཡི་ནང་ནས་མ་གཅིག་མ། །སྲིང་གི་ནང་ནས་སྲིང་གཅིག་མ། །དཔལ་ལྡན་གཉན་གྱི་རེ་མ་ ཏི། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །མ་བཅོས་ཆོས་སྐུ་བདེ་བ་ཆེན་པོ་ནི། །སྲིད་དང་ ཞི་བར་མི་གནས་མཉམ་པ་ཉིད། །ཡོན་ཏན་འཕྲིན་ལས་འཚམས་པའི་སྐུར་སྟོན་པ། །དཔལ་ དང་ལྡན་པའི་ལྷ་མོ་ཁྱོད་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཀུན་ འགྲུབ་ཤོག་ཅེས་པའི་འདོད་དོན་ཞུ། ཐུན་གཏོར་ཡོད་ན་སྐབས་འདིར་འབུལ་ཏེ། ཧཱུཾ་སྲིད་གསུམ་དབང་བསྒྱུར་ 21-1-629 མགོན་པོ་ཡབ་ཡུམ་དང༌། །སྟོབས་ལྡན་ཕོ་ཉ་མངགས་གཞུགས་འཁོར་དང་བཅས། །ཤིན་ ཏུ་འཇིགས་ཁྲོས་དྲག་ལ་རྔམ་པའི་གཟུགས། །རྣོ་བའི་མཚོན་འཛིན་མགྱོགས་པའི་ཤུགས་ ཅན་རྣམས། །ཟག་མེད་བདུད་རྩིའི་གཏོར་མ་འདི་བཞེས་ཤིག །སྨན་རག་ཕུད་ཀྱི་གཏོར་མ་ འདི་བཞེས་ཤིག །ཛ་གད་དཔའ་བོའི་སྨན་ཕུད༴ ཛམ་བུ་ཊི་ཀའི་ཞལ་ཟས༴ དམ་ཉམས་དགྲ་ བོའི་ཤ་ཁྲག༴ །སྔར་བཅོལ་ལེགས་པའི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལེགས་ པའི་གསོལ་འདེབས་གཉན་པོར་བཞེས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ ཀྱི། །འགལ་རྐྱེན་ནད་གདོན་བར་ཆད་ཞི་བ་དང༌། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་ པ་དང༌། ཁྱད་པར་སངས་རྒྱས་བསྟན་པ་སྐྱོང་བ་དང༌། །བླ་མས་བཅོལ་བའི་འཕྲིན་ལས་ སྒྲུབ་པར་མཛོད། །རྒྱལ་བའི་བཀའ་དང་དམ་ཚིག་བདེན་པ་བཞིན། །བྱང་ཆུབ་སྒྲུབ་པའི་ བར་ཆད་བྱེད་པ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །ཐམས་ཅད་རྡུལ་ ཕྲན་བཞིན་དུ་བརླག་པར་མཛོད། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབ། །རྣལ་འབྱོར་ བཅོལ་པའི་འཕྲིན་ལས་འགྲུབ་པར་མཛོད། །ཅེས་འདོད་དོན་ཞུ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། བརྟན་བཞུགས། སྨོན་ལམ་རྣམས་གང་འགྲུབ་བྱ། ཞེས་དཔལ་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་གྱི་གཏོར་ཆོག་རྒྱུན་གྱི་ཉམས་ལེན་ ཞེས་བྱ་བ་འདི་ཡང་ས་སྐྱོང་གཞོན་ནུ་དམ་པའི་མངའ་བདག་ཀུན་དགའ་རབ་བརྟན་དབང་གི་རྒྱལ་པོའི་བཀས་བསྐུལ་ནས། ཏཱ་ར་ ནཱ་ཐས་སྨྲས་པའོ།། །།སྔོན་ཚེ་བླ་མ་གོང་མའི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པར་མཛད་པའི་གང་ཟག་ལ། །བར་ཆད་བསྲུང་ཞིང་ སྐྱོང་བར་ཞལ་བཞེས་པའི། །མཐུ་ལྡན་དྲཀྴད་ཆེན་པོའི་བཀྲ་ཤིས་ཤོག །དགེའོ། །འདི་བྲིས་དགེ་བས་ངེས་དོན་བསྟན་པའི་མི་ མཐུན་ཕྱོགས་ཐམས་ཅད་གཞོམ་པའི་རྒྱུར་གྱུར་ཅིག །ཤུ་བྷཾ། བཀྲ་ཤིས། 21-1-630 ༄༅། །བཤེས་པའི་འཕྲིན་ཡིག་གི་འགྲེལ་པ་རྗེ་བཙུན་ཐམས་ཅད་ མཁྱེན་པ་ཏཱ་ར་ནཱ་ཐའི་གསུང་བཞིན་སྡེ་སྲིད་ཕུན་ཚོགས་ རྣམ་རྒྱལ་གྱིས་ཟིན་བྲིས་བགྱིས་པ་ བཞུགས། [བཤེས་འཕྲིན་རྣམ་བཤད་ཟིན་བྲིས་ལེགས་བཤད་འགྲན་ཟླ་བྲལ་བ་བཞུགས་པའོ། །] ༄༅། །[ༀ་སྭཱསྟཱི་པྲ་ཛ་བྷྱཱ། ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭེ་བྷྱཱཿ] གང་ཞིག་ཆོས་དབྱིངས་མཐའ་ཀླས་ཤེས་ བྱའི་གནས་ཀུན་མ་ལུས་ཁྱབ་པ་ཡི། །ནང་གི་ཡེ་ཤེས་རང་རིག་གསལ་བ་ཇི་ལྟ་ཇི་སྙེད་མཁྱེན་ པའི་ཐུགས། །སྨོན་ལམ་རྒྱ་མཚོ་བརྩེ་བའི་གཏེར་གྱུར་རྩོལ་མེད་ལྷུན་གྲུབ་འཕྲིན་ལས་ཀྱིས། ། འཁོར་འདས་དོན་མཆོག་བདེ་བླག་སྩོལ་མཛད་སངས་རྒྱས་དབང་གི་རྒྱལ་པོར་འདུད། ། འཕགས་པ་ཀླུ་སྒྲུབ་གཞུང་ལུགས་དྲི་མེད་ལམ། །རབ་ཏུ་གསལ་བ་རིན་ཆེན་སྒྲོན་མེའི་ བློ། །གང་གི་དྲིན་ལས་རྙེད་འདི་རྗེ་བཙུན་མཆོག །མཚུངས་མེད་བླ་མའི་གསུང་བཞིན་བྲི་བར་ བྱ། ། དེ་ཡང་བཤེས་པའི་འཕྲིན་ཡིག་གི་བསྟན་བཅོས་འདི་འཆད་པ་ལ། དང་པོར་མཚན་དོན་ ནི། རྒྱ་གར་སྐད་དུ། སུ་ཧྲི་ད་ལེ་ཁ། བོད་སྐད་དུ། བཤེས་པའི་འཕྲིན་ཡིག་ཅེས་པ། རྒྱལ་པོ་ བདེ་སྤྱོད་དང་ཡིད་ཉེ་བ་གྲོགས་མཛའ་བཤེས་སུ་གྱུར་པར། རྒྱང་རིང་པོ་ནས་ཡི་གེར་བསྡམ་ (གདམས)པས་འཕྲིན་ཡིག་ཅེས་པའོ། །འགྱུར་གྱི་ཕྱག་འཚལ་འཕགས་པ་འཇམ་དཔལ་ལ་ 21-1-631 བྱས་པར། གཞོན་ནུར་གྱུར་པ་ཞེས་པའི་དོན། སྔོན་བྱང་ཆུབ་ཀྱིས་སྤྱད་པ་སྤྱོད་པའི་དུས་ཀྱི་ སྐུ་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་རྟག་ཏུ་ཚངས་པར་ སྤྱོད་པ་ཁོ་ནར་གྱུར་{པའི[པས]། བྱིས་པ་གཞོན་ནུ་གཙང་མར་གནས་པ་ལྟར་བྱང་ཆུབ་ སེམས་དཔའ་གཞོན་ནུའི་ས་{ས་[པ]ཞེས་བྱ། གཞུང་དོན་ལ་གླེང་སླང་བ་དང༌། གཞུང་ དངོས་གཉིས་ལས། དང་པོ་ནི། ཡོན་ཏན་རང་བཞིན་དགེ་འོས་བདག་གིས་ནི། །བདེ་བར་ གཤེགས་པའི་གསུང་སྙད་ལས་བྱུང་བའི། །བསོད་ནམས་འདུན་སླད་འཕགས་པའི་དབྱངས་ འདི་དག །ཅུང་ཟད་གཅིག་བསྡེབས་ཁྱོད་ཀྱིས་གསན་པའི་རིགས། །གང་ལ་བསྡམས་ (གདམས)པར་བྱ་བའི་ཡུལ་རིགས་རུས་ཕུན་སུམ་ཚོགས་པ་དང༌། ཤེས་རབ་གཏོང་བ་དད་ པ་བརྩོན་འགྲུས་ཆེ་བ་ལ་སོགས་པའི་ཡོན་ཏན་གྱི་རང་བཞིན་ཅན། རྟག་ཏུ་དགེ་བར་སྤྱོད་པ་ དང༌། འོས་པ་དང་རིགས་པའི་བྱ་བ་ལ་གནས་པའི་རྒྱལ་པོ་ཞེས་བོས་ནས། བསྡམས་པ་པོ་ཀླུ་ སྒྲུབ་བདག་གིས་ནི། བསྡམས་(གདམས)པའི་ངོ་བོ་རང་བཟོ་མ་ཡིན་པར་བདེ་བར་ གཤེགས་པའི་གསུང་རབ་ཏུ་ཇི་ལྟར་འབྱུང་བ་བཞིན་{གྱིས་[གྱི]དོན་བསྐྱར་{ལྡབ་[འདབ་] ཏུ་སྙད་པ་ལས་བྱུང་བ་རྣམས་བསྡམས་(གདམས)པ། དགོས་པ་རྒྱལ་པོ་བསོད་ནམས་ལ་ འདུན་པའམ། དགེ་བའི་བསམ་སྦྱོར་གོང་དུ་{འཕེལ་[སྤེལ་]བའི་སླད་དུ། ཇི་ལྟར་ བསྡམས(གདམས)པའི་ཚུལ་ནི། ཛ་ཏཱིའི་ནང་ཚན་གྱི་མི་མཉམ་པའི་སྡེབ་སྦྱོར་གྱི་ནང་ནས་ སྡེབ་སྦྱོར་འཕགས་པའི་དབྱངས་སུ་སྒྲིགས་ཤིང་བྱས་པ་སྟེ་སངས་རྒྱས་{ཀྱིས་གསུངས་[ཀྱི་ གསུང་]རབ་རྒྱ་མཚོ་ལྟ་བུ་ལས། དགོས་དོན་ཉེ་བར་མཁོ་བའི་དོན་{དུ་}ཅུང་ཟད་ཅིག་ བསྡེབས་པ་འདི་དག་རྒྱལ་པོ་ཁྱོད་ཀྱིས་གསན་པར་རིགས་སོ། །གླེང་བསླང་བའི་འཕྲོས་དོན་ ནི། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང༌། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་ པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང༌། །དམ་ཆོས་བརྗོད་ལ་བརྟེན་སླད་ 21-1-632 སྨད་མི་བགྱི། །བསྡམས་(གདམས)པ་པོ་ངན་{པའི་[པས་]ཉན་པར་མི་རིགས་སོ་ཞེ་ན། བདེ་བར་གཤེགས་པ་སངས་རྒྱས་ཀྱི་སྐུ་གཟུགས་རྒྱུ་ཤིང་ཕལ་བ་ལས་བགྱིས་པ་བཟོ་ དབྱིབས། ཆ་ཚད་དང་མི་ལྡན་པ་[མ]ལེགས་པ་ཅི་འདྲ་ཞིག་བྱུང་ཀྱང་རུང་སངས་རྒྱས་ཀྱི་སྐུ་ འདྲ་ཡིན་པའི་ཕྱིར་སྐྱེ་བོ་མཁས་པ་ཤེས་རབ་དང་ལྡན་པ་རྣམས་{ཀྱི་[ཀྱིས]མཆོད་པའི་ཡུལ་ དུ་བྱེད་པ་དེ་བཞིན་དུ་བདག་ཀླུ་སྒྲུབ་སོ་སོ་སྐྱེ་བོར་གྱུར་པས་བསྡམ་(གདམས)པ་པོ་ངན་པ་ དང༌། རྗོད་བྱེད་ཀྱི་ཚིག་བདག་{གིས་[གི་]སྙན་ངག་ངན་ཅིང་མི་ལེགས་ཀྱང༌། སངས་རྒྱས་ ཀྱི་གསུང་རབ་དམ་པའི་ཆོས་ཀྱི་དོན་ལྷད་མེད་དུ་བརྗོད་པ་ལ་བརྟེན་པའི་སླད་དུ་{ཏེ་(སྟེ་) བརྟེན་པའི་ཕྱིར། སངས་རྒྱས་ཀྱི་སྔོན་དུ་གསུངས་པ་དེ་ཁ་བསྐྱར་ཟློས་སུ་བརྗོད་པ་ཡིན་པས་ སྨད་པར་མི་བགྱི་ཞིང་དང་དུ་བླང་བར་རིགས་སོ། །ཞེས་ཁེངས་སྐྱུང་བའོ། །ཡང་འཕྲོས་དོན་ ནི། ཐུབ་པ་ཆེན་པོའི་བཀའ་ནི་སྙན་དགུ་ཞིག །ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །རྡོ་ ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས། ། སངས་རྒྱས་ཀྱིས་གསུངས་པ་དེ་ཁ་ལས་ལྷག་པོ་སྟོན་རྒྱུ་མེད་ན་བསྐྱར་ཟློས་སུ་{སྡམས་ (གདམས་)པར་དགོས་པ་མེད་དོ་ཞེ་ན། ཐུབ་པ་ཆེན་པོའི་བཀའ་ཚིག་ནི་སེམས་ལ་འབབ་པ་ དོན་བཟང་བ་སྙན་{དགུ་[རྒུ་]བཟང་ཚད་མང་པོ་ཞིག་རྒྱལ་པོ་ཁྱོད་ཀྱི་ཐུགས་སུ་ལྟ་སྔོན་ནས་ ཆུད་ཅིང་མཁྱེན་པ་ཡིན་མོད་ཀྱང༌། སླར་ཡང་གསལ་འདེབས་པ་དང༌། སངས་རྒྱས་ཀྱི་གསུང་ རབ་རྒྱ་ཆེ་བ་མང་པོའི་ནང་དུ་དོན་ཁ་འཐོར་དུ་བཞུགས་པ་རྣམས་ཕྱོགས་སུ་བསྡེབས་པས་ འཁྲུགས་པར་མི་འགྱུར་བའི་བརྗེད་ཐོ་ལྟ་བུར་འགྱུར་བས། {དེས་[དཔེ་]རྡོ་ཐལ་གྱིས་བྱུགས་ པའི་ཁང་པ་ཁ་དོག་དཀར་བ་ལ། དགུང་ཟླའི་འོད་ཀྱིས་ནི་ཕོག་ན་ཆེས་ལྷག་པར་དཀར་བར་ ཅི་སྟེ་མི་{བགྱི་[བགྱིད་]དེ་བགྱིད་པར་འགྱུར་བ་བཞིན་ནོ། །གཞུང་དངོས་ལ་ལམ་ཐམས་ ཅད་ཀྱི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་གཉིས་ཏེ། དད་པ་དང༌། བག་ཡོད་པའོ། །དད་པའི་ 21-1-633 ཆོས་སྐོར་གྱི་ནང་ཚན་ནས་ཐོག་མར་དད་པ་ཇི་ལྟར་སྒོམ་པའི་ཚུལ་ནི། རྒྱལ་བས་སངས་རྒྱས་ ཆོས་དང་དགེ་འདུན་དང༌། །གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག །རབ་ཏུ་བཀའ་སྩལ་ དེ་དག་སོ་སོ་ཡི། །ཡོན་ཏན་ཚོགས་ཀྱི་རྗེས་སུ་དྲན་པར་བགྱི། །རྒྱལ་བས་འཁོར་རྣམས་ལ། སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་རྗེས་སུ་དྲན་པ་དང༌། དགེ་འདུན་རྗེས་སུ་དྲན་པ་དང༌། གཏོང་བ་རྗེས་སུ་དྲན་པ་དང༌། ཚུལ་ཁྲིམས་རྗེས་སུ་དྲན་པ་དང༌། ལྷ་རྗེས་སུ་དྲན་པ་རྣམ་པ་ དྲུག་པོ་བསྒོམ་པར་གྱིས་ཤིག །ཅེས་བཀའ་སྩལ་བར་མཛད་པ་ཡིན་ཞིང༌། དེ་ཡང་སངས་ རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན། ཆོས་ཀྱི་ཕན་ཡོན། དགེ་འདུན་གྱི་ཡོན་ཏན། སྦྱིན་པ་ དང་ཚུལ་ཁྲིམས་ཀྱི་ཕན་ཡོན། འདོད་པ་དང་གཟུགས་ཁམས་ཀྱི་ལྷ་རྣམས་ཀྱི་གནས་ལུས་ ལོངས་སྤྱོད་གསུམ་གྱི་ཡོན་ཏན། རྒྱུ་དགེ་བ་སྤྱད་པ་ལས་བྱུང་བ་དང་དེ་དག་སོ་སོའི་ཡོན་ཏན་ གྱི་ཚོགས་ཇི་ལྟར་ཡོད་པ་དང་རྗེས་སུ་མཐུན་པ་དྲན་པར་བྱེད་པ་ནི་རྗེས་སུ་དྲན་པ་ཡིན་ནོ། ། འདོད་པ་དང་གཟུགས་ཁམས་ཀྱི་ལྷ་ནི་སྔོན་གྱི་དགེ་བའི་འབྲས་{བུ་[བུས་]མངོན་ཤེས་དང་ ལྡན་ཏེ་འཇིག་རྟེན་{གྱི་}ཁམས་ཀྱི་བྱ་བ་ལེགས་ཉེས་གང་བྱེད་རྣམས་མངོན་སུམ་དུ་མཐོང་ བའི་ཕྱིར་དམ་པའི་ཆོས་ཚུལ་བཞིན་མ་{སྒྲུབས་(བསྒྲུབ་)ན་ལྷ་རྣམས་ཀྱང་ཁྲེལ་བར་འགྱུར་ རོ་སྙམ། རབ་ཏུ་བྱུང་བ་རྣམས་ཀྱིས་ནི་རྗེས་སུ་དྲན་ནས་{དཔང་[སྤང་]པོར་འཇོག་པ་ཡིན་ ནོ། །དད་པ་དེ་ཡང་གང་ཟག་ལ་དད་པ་དང༌། ཆོས་ལ་དད་པ་གཉིས་སུ་འདུ་བ་ལས། སངས་ རྒྱས་དང་དགེ་འདུན་རྗེས་སུ་དྲན་པ་ནི་གང་ཟག་སྐྱེས་བུ་ལ་དད་པ་ཡིན། ཆོས་གཏོང་བ་ཚུལ་ ཁྲིམས་ལྷ་རྗེས་སུ་དྲན་པ་རྣམས་ནི་ཆོས་ལ་དད་པ་ཡིན་ཏེ་ཆོས་རྗེས་དྲན་ནི། ཆོས་ལ་དད་པ་ ངོ་བོ་དང༌། གཏོང་བ་ཚུལ་ཁྲིམས་གཉིས་ལ་དད་པ་ནི་ཉམས་ལེན་རྟོགས་པའི་ཆོས་ཀྱི་ནང་ ནས་དེ་གཉིས་ལ། {སྒེར་[དགེར་]དུ་དད་པ་ཡིན། ལྷ་རྗེས་དྲན་ཡང་དེའི་རྒྱུ་དགེ་བ་ལ་དད་ པས་ཆོས་ལ་དད་པའི་ནང་དུ་འདུས་སོ། །དད་པ་དང་ལྡན་པའི་སྤྱོད་པ་བཤད་པ་ལས། ཐོག་ 21-1-634 མར་དགེ་བའི་ལས་ཀྱི་ལམ་བཅུ་ལ་གནས་དགོས་པར་སྟོན་པ་ནི། དགེ་བའི་ལས་ལམ་བཅུ་ པོ་ལུས་དང་ནི། །ངག་དང་ཡིད་ཀྱིས་རྟག་ཏུ་བསྟེན་བགྱི་ཞིང༌། །ཆང་རྣམས་ལས་བཟློག་དེ་ བཞིན་དགེ་བ་ཡི། །འཚོ་བ་ལ་ཡང་མངོན་པར་དགྱེས་པར་མཛད། །སྲོག་གཅོད་པ། མ་བྱིན་ {པར་[པ་]ལེན་པ། འདོད་{པའི་[པས་]ལོག་པར་གཡེམ་པ་སྟེ་ལུས་ཀྱི་ལས་གསུམ། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་ཏེ་ངག་གི་ལས་བཞི། རྣབས་སེམས། གནོད་སེམས། ལོག་ལྟ་ སྟེ་ཡིད་ཀྱི་ལས་གསུམ་མོ། །དེ་ལྟར་མི་དགེ་བ་བཅུ་ཡིད་གྱིས་སྤངས་ཤིང་ལུས་ངག་གི་བྱ་ བས་དེ་ལས་ལོག་པར་བྱས་ཏེ་མི་དགེ་བ་བཅུ་སྤངས་པའི་དགེ་བའི་ལས་ལམ་བཅུ་པོ་ལུས་ དང་ནི་ངག་དང་ཡིད་ཀྱིས་དུས་སུ་བསྟེན་ཅིང་སྡིག་པ་སྤང་བ་ལ་གནས་པར་བྱེད་པ་དང༌། དེར་མ་ཟད་ཆང་{གིས་[གི་]མྱོས་ན་བག་མེད་པར་གྱུར་ཏེ་མི་དགེ་བའི་ལས་ལ་འཇུག་པར་ འགྱུར་བའི་ཕྱིར་དེ་རྣམས་ལས་ཀྱང་བཟློག་པ་དང༌། དཀོན་མཆོག་གི་{དཀོར་[བརྐོར་]ལ་ སོགས་པ་ལོག་པའི་འཚོ་བ་དང་མི་ལྡན་པ་ནི་དགེ་བའི་འཚོ་བ་སྟེ་དེ་དག་ལ་ཡང་མངོན་པར་ དགྱེས་པར་མཛོད་ཅིག །དེའི་རྗེས་སུ་སྦྱིན་པ་ལ་སླབ་ཚུལ་ལ་སྦྱིན་པ་གཏོང་དགོས་པའི་རྒྱུ་ མཚན། གཏོང་བའི་ཡུལ། སྦྱིན་པ་ཇི་ལྟར་གཏོང་བའི་ཚུལ་གསུམ་སྟོན་པ་ནི། ལོངས་སྤྱོད་ གཡོ་བ་སྙིང་པོ་མེད་མཁྱེན་ནས། །དགེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ ཚུལ་བཞིན་བསྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། ། ལོངས་སྤྱོད་རྣམས་ནི་ངེས་པར་མི་བརྟན་ཅིང་གཡོ་བ་འབྲལ་བ་དང་འཇིག་པར་འགྱུར་བ་ ཡིན་ལ། འཇིག་ཅིང་འགྱུར་བ་ཙམ་དུ་མ་ཟད་ལོངས་སྤྱོད་བཅངས་པས་སྐྱེ་བ་གཞན་དུ་ཕན་ པ་སོགས་ཀྱང་མ་ཡིན་ལ། ངེས་པར་འབྲལ་བ་དང་ཚིམ་པ་མེད་པས་སྙིང་པོ་མེད་པ་ཡིན་པ་ དང༌། ལོངས་སྤྱོད་སྦྱིན་པར་བཏང་ན། འཇིག་རྟེན་ཕ་རོལ་གཞན་དུ་འབྱོར་པ་བདེ་སྐྱིད་ཕུན་ སུམ་ཚོགས་པ་འབྱུང་བའི་ཕན་ཡོན་ཡོད་པ་མཐོང་{བའི་[བས་]སྦྱིན་པ་གཏོང་དགོས་པ་ 21-1-635 ཡིན་ཅིང༌། སྦྱིན་པའི་ཡུལ་ཡོན་ཏན་གྱི་ཞིང་དགེ་སློང་སོགས་དང༌། ཁྱིམ་གནས་ཆོས་བཞིན་ དུ་སྤྱོད་པ་བྲམ་ཟེ་དང༌། སྡུག་བསྔལ་གྱི་ཞིང་བཀྲེན་པ་དང་ནད་པ་ལ་སོགས་པ། ཕན་ འདོགས་ཀྱི་ཞིང་ཕ་མ་དང་མཛའ་བཤེས་དྲིན་གཟོ་འོས་པ་རྣམས་ཕན་ཡོན་ཆེ་བའི་ཡུལ་གཙོ་ བོར་སྨོས་པ་དང༌། སྦྱིན་པ་གཏོང་བས་ཚུལ་བསམ་པ་དང་སྤྱོད་པ་རྣམ་པར་དག་{པ་}དགོས་ པ་ལས། བསམ་པ་ཡུལ་མཆོག་རྣམས་ལ་གུས་པ་དང༌། དམན་པ་ལ་སྙིང་རྗེ་ཕན་སེམས་ཀྱིས་ ཀུན་ནས་བསླངས་པ་{དང་}། སྤྱོད་པ་གུས་པར་གཏོང་བ། དུས་སུ་བབས་པར་གཏོང་བ། རན་པར་གཏོང་བ་ནི་སྦྱིན་ཡུལ་དང་འཕྲོད་མཐུན་པར་གཏོང་བའི་སྦྱིན་པ་ཚུལ་ལུགས་རྣམ་ དག་བཞིན་དུ་བསྩལ་བར་བགྱིའོ། །དེ་ལྟ་བུའི་སྦྱིན་པ་ཚུལ་བཞིན་དུ་བཏང་བ་ནི་འཇིག་རྟེན་ ཕ་རོལ་ཏུ་བདེ་འབྲས་ཕུན་སུམ་ཚོགས་པར་བྱེད་པའི་ཕན་ཡོན་དང་ལྡན་པས་གཉེན་གྱི་ མཆོག་མཚུངས་པ་མེད་པ་ཡིན་ནོ། །ཚུལ་ཁྲིམས་ལ་ཇི་ལྟར་བསླབ་པའི་ཚུལ་དང༌། ཚུལ་ ཁྲིམས་བསྲུང་བའི་ཕན་ཡོན་བཤད་པ་ནི། ཁྱོད་ཀྱིས་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། ། མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། ། ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཤེས་ལྡན་ཁྱེད་ལྟ་བུ་རྣམས་ཀྱིས་ཚུལ་ ཁྲིམས་མཚན་ཉིད་བཞི་ལྡན་དུ་བསྲུངས་ཤིང་བསྟེན་པར་བགྱི་དགོས་ཏེ། དེ་ཡང་མ་ཉམས་ པ། མོད་མི་དམའ་བ། མ་འདྲེས་པ། མ་སྦགས་པའི་ཚུལ་ཁྲིམས་ཏེ་མཚན་ཉིད་བཞི་ལྡན་ནོ། ། དེ་ལྟར་ཡང༌། འཆལ་ཁྲིམས་དེའི་རྒྱུས་འཕན་མ་བྱུང༌། །དེ་གཉེན་པོ་དང་ཞི་{ལྷ་[ལ་]བརྟེན། ། ཞེས་པ་ལྟར་རྩ་བ་དང་ཡན་ལག་རྣམས་ལག་ལེན་དུ་མ་ཉམས་པར་བསྲུང་བ་ནི་མ་ཉམས་ པའི་ཚུལ་ཁྲིམས་སོ། །ལག་ལེན་མ་ཉམས་པར་བསྲུངས་ཀྱང་གཉེན་པོ་སྟོབས་དང་མི་ལྡན་ པས་སེམས་ཉོན་མོངས་ཀྱིས་དཀྲུགས་ན་ཚུལ་ཁྲིམས་ཀྱང་སྟོབས་ཞན་པས་མོད་དམའ་བར་ འགྱུར་བའི་ཕྱིར་ཡིད་ཀྱི་མི་དགེ་བ་འདོད་ཆགས་དང་གནོད་སེམས་སོགས་སེམས་ལ་མི་ 21-1-636 འཆང་བར་ཚུལ་ཁྲིམས་བསྲུང་བ་ནི་མོད་མི་དམའ་བའི་ཚུལ་ཁྲིམས་སོ། །མི་སྡུག་པ་སོགས་ མ་ཆགས་པ་དང༌། བྱམས་སྙིང་རྗེ་དང་རྟེན་འབྲེལ་བསམ་པ་ལ་སོགས་པ་གཉེན་པོ་བསྒོམས་ པས་ཉོན་མོངས་དང་མི་འདྲེ་བར་བྱེད་པ་མ་འདྲེས་པའི་ཚུལ་ཁྲིམས་སོ། །འཇིག་སྐྱོབ་ཀྱི་ཚུལ་ ཁྲིམས་ཞེས་བྱ་བ། འཚོ་བ་མ་ཕྱེད་པའམ་དམག་ཁྲལ་ཁུར་སྐྱེད་ཆད་པ་སོགས་ལས་ཐར་ པའམ། ཚེ་འདིའི་གྲགས་པ་{བཀུར་[བསྐུར་]སྟི་རྙེད་པ་འཁོར་བསྡུ་བ་ལ་སོགས་པ་འཇིག་ སྐྱོབ་{ཀྱིས་[ཀྱི་]ཆེད་དུ་ཚུལ་ཁྲིམས་བསྲུང་བ་ནི་ཚེ་འདིའི་རྣམ་རྟོག་གིས་གོས་པ་ཡིན་པས་ དེས་མ་སྦགས་པ་དང༌། ཡང་ལེགས་སྨོན་གྱི་ཚུལ་ཁྲིམས་ཞེས་བྱ་བ་སྐྱེ་བ་གཞན་དུ་ལྷ་མིའི་ མངོན་མཐོའི་བདེ་བ་བསྒྲུབ་པའི་སླད་དུ་ཚུལ་ཁྲིམས་བསྲུངས་ན་ཡང་འཁོར་བའི་བདེ་བ་ལ་ སྲེད་པའི་གོས་པ་ཡིན་པས་དེ་དག་གིས་ཀྱང་མ་སྦགས་པར་ཐར་པ་དོན་གཉེར་ངེས་པར་ འབྱུང་བའི་ཚུལ་ཁྲིམས་ལ་བསླབ་པ་ནི་མ་སྦགས་པའི་ཚུལ་ཁྲིམས་ཏེ་ཚུལ་ཁྲིམས་མཚན་ཉིད་ བཞི་དང་ལྡན་པ་ཡིན་ལ། ཐེག་པ་ཆེན་པོ་པ་རྣམས་ཀྱིས་ནི་བཞི་ལྡན་དུ་མ་ཟད་རང་ཉིད་ཁོ་ན་ ཐར་པ་དོན་གཉེར་མ་ཡིན་པར་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་འདོད་{ཀྱིས་ [ཀྱི་]ཀུན་ནས་{བསླང་བའི་[སླངས་པའི་]ཚུལ་ཁྲིམས་ལ་སློབ་པ་ཡིན་ནོ། །འདིར་སློབ་ དཔོན་བློ་གྲོས་ཆེན་པོའི་འགྲེལ་པར། བསླབ་པའི་ཡན་ལག་གཅིག་འདུས་པ་ཉམས་པ་དང༌། {མདོ་[མང་པོ་]འདས་པ་མོ་སྨྲ་བར་འཆད་ཀྱང་ལེགས་པར་མ་མཐོང་ངོ༌། །དེ་ལྟར་ཚུལ་ ཁྲིམས་བསྲུང་བའི་ཕན་ཡོན་ནི། རྒྱུ་བའི་སེམས་ཅན་མི་དང་དུད་འགྲོ་ལ་སོགས་པ་རྣམས་ ཀྱང་ས་གཞི་ལ་བརྟེན་ནས་སྐྱེ་འཕེལ་བྱེད། རི་ནགས་ཚལ་འབབ་ཆུ་ལོ་ཏོག་ལ་སོགས་[པ་] མི་རྒྱུ་བའི་དངོས་པོ་རྣམས་ཀྱང་ས་ལས་འབྱུང་བ་བཞིན་དུ། ཏིང་ངེ་འཛིན་དང་ཤེས་རབ་ལ་ སོགས་པའི་ཡོན་ཏན་ཐམས་ཅད་ཀྱང་ཚུལ་ཁྲིམས་ལས་བྱུང་བ་ཡིན་པས་ཚུལ་ཁྲིམས་ནི་དེ་ ཀུན་གྱི་གཞི་རྟེན་ལགས་པར་རྒྱལ་བས་གསུངས་པ་ཡིན་ནོ། །དད་པ་དང་རྗེས་སུ་འབྲེལ་བ་ 21-1-637 ཐེག་ཆེན་ཐུན་མོང་མ་མིན་པའི་སྤྱོད་པ་ལ་རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། འབྲས་བུ་སངས་ རྒྱས་ཀྱི་ས་གཉིས་བཤད་པ་ནི། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང༌། །དེ་ བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན། །འདི་དག་རྒྱས་མཛད་སྲིད་པའི་རྒྱ་མཚོ་ཡི། །ཕ་ རོལ་ཕྱིན་པ་རྒྱལ་བའི་དབང་པོར་མཛོད། །ཅེས་པ་སྦྱིན་པ་གཞལ་དུ་མེད་པ་མཐའ་ཡས་པར་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང༌། བསམ་ གཏན་དང་ཤེས་རབ་གཞལ་མེད་མཐའ་ཡས་པར་བསྐྱེད་པའི་ཕ་རོལ་ཏུ་ཕྱིན་པའི་བར་དྲུག་ པོ་འདི་དག་ཕྱོགས་མེད་དུ་རྒྱས་པར་མཛོད་ཅིག རྒྱས་པར་བྱེད་ལུགས་སྔོན་འགྲོའི་དུས་སུ་ སྙིང་རྗེ་ཆེན་པོའི་བསམ་པས་ཟིན་པ། དངོས་གཞིའི་དུས་སུ་སྦྱིན་པའི་སྒོ་སྣ་ཚོགས་པས་སྦྱིན་ ཡུལ་ཕྱོགས་མེད་དང་དུས་ཐམས་ཅད་དུ་གཏོང་བ་ནས། ཤེས་རབ་ཀྱིས་{བསྒྲུབ་(སྒྲུབ་)པ་ ཐོས་བསམ་སྒོམ་གསུམ་སྣ་ཚོགས་པ་དུས་ཐམས་ཅད་དུ་མཐའ་མེད་པར་བསྐྱེད་པའི་བར་དུ་ རྒྱས་པར་བྱེད། རྗེས་ཀྱི་དུས་སུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཏུ་ བསྔོ་བས་རྒྱས་འདེབས། སྔོན་འགྲོ་དངོས་གཞི་རྗེས་ཐམས་ཅད་དུ་ཐབས་མཁས་ཀྱི་ཡན་ ལག་སྦྱིན་པ་གཏོང་བ་པོ་སྦྱིན་པའི་དངོས་པོ་སྦྱིན་ཡུལ་རྣམས་བདེན་མེད་སྒྱུ་མ་ལྟ་བུ་འཁོར་ གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡན་ལག་ བཞི་ལྡན་དུ་རྒྱས་པར་བྱས་ནས་སྲིད་པ་འཁོར་བའི་རྒྱ་མཚོ་སྟེ། རྒྱ་མཚོ་རྒྱ་ཆེ་བ་དང་མཚུངས་ པར་འཁོར་བའི་གནས་མཐའ་ཡས་པ་དང༌། {གཏིང་[ཏིང་]ཟབ་པ་དང་མཚུངས་ཏེ་དེར་བྱིང་ ནས་ཐོན་པར་དཀའ་བ་དང༌། ཆུ་སྲིན་ལ་སོགས་[པ་]གདུག་པའི་སེམས་ཅན་{གྱིས་[གྱི་] འཇིགས་པ་མང་བ་དང་མཚུངས་པར་སྡུག་བསྔལ་གྱི་འཇིགས་པ་མང་བ་དང༌། རྒལ་བར་ དཀའ་བ་དང་མཚུངས་པར་འཁོར་བ་ལས་ཐར་པར་དཀའ་{སྟེ་[ཏེ་]ཆོས་སྒོམ་པ་མ་ གཏོགས་ཐབས་གང་གིས་ཀྱང་ཐར་མི་ཐུབ་པས་དེ་ལྟ་བུའི་འཁོར་བའི་རྒྱ་མཚོ་ལས་ཕ་རོལ་ 21-1-638 ཏུ་ཕྱིན་པའི་མཐར་སོན་པ་རྒྱལ་བའི་དབང་པོ་སངས་རྒྱས་ཀྱི་གོ་{འཕངས་(འཕང་) ཐོབ་ པར་མཛོད་ཅིག ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་འཁོར་བའི་རྒྱ་མཚོ་ལས་རང་ཉིད་ གཅིག་པུ་{སྒོམ་[སྒོ་]ཐར་ཙམ་ཡིན་ལ། སངས་རྒྱས་ནི་རང་ཉིད་འཁོར་བའི་རྒྱ་མཚོའི་ཕ་ རོལ་ཏུ་སོན་པར་མ་ཟད་སེམས་ཅན་མཐའ་ཡས་པ་འདྲེན་པར་མཛད་པས་ཐར་ལུགས་ མཐར་ཐུག་པ་ཡིན་ནོ། །འདིར་བློ་གྲོས་ཆེན་པོའི་འགྲེལ་ཆེན་ལས། གཞན་མེད་ཕ་རོལ་ཕྱིན་ ཅེས་འདོན་ཅིང༌། ཕྱིན་དྲུག་ཉན་རང་ལ་མེད་པའི་དོན་དུ་འཆད་དོ། །ད་ནི་ཁྱིམ་པའི་རྟེན་ཅན་ ལས་དང་པོ་པ་དད་པ་ཅན་རྣམས་ལ་ཉེ་བར་མཁོ་བའི་ཆོས་རྣམ་པ་གཉིས་བཤད་དེ། ཕ་མ་ ལ་སོགས་པ་གུས་པར་འོས་པ་རྣམས་ལ་མཆོད་པ་དང༌། ཡན་ལག་བརྒྱད་དང་ལྡན་པའི་གསོ་ སྦྱོང་བླངས་པ་ལས། དང་པོ་ནི་ཁྱིམ་ན་ཕ་དང་མ་[ལ་]ཡོངས་སུ་གུས་པར་བྱེད་པ་ནི་ཚངས་ པ་དང་བཅས་[པ་]ཡིན། སློབ་དཔོན་དང་བཅས་པ་ཡིན་ནོ། །ཞེས་གྲགས་པ་ལྟར་བཤད་པ་ ནི། གང་ལ་ཕ་དང་མ་དག་མཆོད་{པ་ཡི[བྱེད་པའི]། །རིགས་དེ་ཚངས་བཅས་སློབ་དཔོན་ བཅས་པའང་ལགས། །གང་ཕ་དང་མ་དག་ལ་གུས་པས་མཆོད་པར་བྱེད་པའི་རིགས་དེ་ལ་ནི་ ཚངས་པ་དང་བཅས་པ་ཡིན། སློབ་དཔོན་དང་བཅས་པ་ཡིན་ཏེ། དངོས་སུ་ཕན་འདོགས་པའི་ ཕ་དང་མ་ལ་གུས་པར་{སྲིད་(སྲི་)ཞུ་བྱེད་པ་[བྱས་པ་]ཤེས་པ་དྲིན་གཟོ་བ་དེ་ནི། ལྷ་རྣམས་ ཀྱི་མཐར་ཐུག་ཚངས་པ་ལ་སོགས་པའི་ལྷ་ལ་གུས་པ་བྱེད་པ་ཡང་སྙིང་ཐག་པ་ནས་གུས་པ་ ཡིན་པས་ཚངས་པ་དང་བཅས་པ་ཡིན། འཇུག་ལྡོག་ཐམས་ཅད་སློབ་པར་བྱེད་པའི་ཕ་དང་མ་ ལ་གུས་པ་[བྱེད་པ་]དེ་ནི། རིག་པའི་ཁྱད་པར་གཞན་སློབ་པའི་སློབ་དཔོན་ལ་གུས་པ་ཡང་ སྙིང་ཐག་པ་ནས་གུས་པ་ཡིན། དེ་ལྟར་མ་ཡིན་པར་དངོས་སུ་ཕན་འདོག་པའི་ཕ་མ་ལ་བྱས་ ཤེས་དྲིན་གཟོ་མེད་ན། ལྷ་ལ་གུས་པ་ལྟར་སྟོན་ཡང་ཚིག་ཙམ་[གྱི་]གཡོ་སྒྱུའི་གུས་པ་ཡིན་གྱི་ ཞེ་ནས་གུས་པ་མ་ཡིན། འཇུག་{ལྡོག་[བཟློག་]ཐམས་ཅད་སྟོན་པའི་ཕ་མ་ལ་མི་གུས་ན་ 21-1-639 རིག་པའི་ཁྱད་པར་གཞན་སྟོན་པའི་སློབ་དཔོན་ལ་གུས་པ་ལྟར་སྣང་ཡང་གཡོ་སྒྱུའི་གུས་པ་ ཡིན་གྱི་སྙིང་ཐག་པ་ནས་གུས་པ་མ་ཡིན་ནོ། །{དེ་སྐད་དུ། ཕ་མའི་མདོ་ལས། དགེ་སློང་དག་ ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོར་བྱེད་པ་དང༌། ལེགས་པར་གཡོག་བྱེད་ པའི་ཁྱིམ་པ་དེ་དག་ནི་ཚངས་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ རིགས་ཀྱི་བུའི་ཕ་མ་གཉིས་ནི། རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི་ཕྱིར་རོ། ཁྱིམ་པ་ དེ་དག་ནི་སློབ་དཔོན་དང་འདྲ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ ཕ་མ་གཉིས་ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བའི་ཕྱིར་རོ། །ཞེས་དང༌། ཕ་མ་ གཉིས་ནི་ཚངས་པ་ཡིན། །དེ་བཞིན་དང་པོ་སློབ་དཔོན་ཡིན། །བུ་ཡི་ཀུན་སྦྱིན་འོས་གྱུར་པ། ། མི་ཡང་ཡིན་ལ་ལྷ་ཡང་ཡིན། །ཅེས་གསུངས་སོ། །}ཕན་ཡོན་ནི། འདི་དག་ལ་མཆོད་གྲགས་ པར་འགྱུར་བ་དང༌། །སླད་མར་ན་ཡང་མཐོ་རིས་འགྱུར་བ་ལགས། །ཕ་དང་མ་འདི་དག་ལ་ གུས་པར་མཆོད་པས། འདི་ནི་བྱས་པ་ཤེས་པ་དྲིན་གཟོ་བ་ཡ་རབས་ཀྱི་སྤྱོད་པ་དང་ལྡན་པ་ ཡིན་ནོ། །ཞེས་ཐམས་ཅད་{ཀྱིས་[ཀྱི་]བསྔགས་པས་གྲགས་པ་ཐོབ་པར་འགྱུར་བ་དང༌། སླད་མར་སྐྱེ་བ་གཞན་ལ་ཡང་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པ་མཐོ་རིས་སུ་སྐྱེ་བ་ཐོབ་ པར་འགྱུར་བ་ཡིན་ནོ། །གཉིས་པ་ལ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་དངོས་ དང༌། དེ་བསྲུངས་པའི་ཕན་ཡོན་གཉིས་ལས། དང་པོ་ནི། འཚེ་དང་ཆོམ་རྐུན་འཁྲིག་པ་རྫུན་ དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང༌། །མལ་སྟན་མཐོ་ལ་དགའ་དང་གླུ་དག་ དང༌། །གར་དང་ཕྲེང་བའི་ཁྱད་པར་རྣམས་སྤོང་ཞིང༌། །སེམས་ཅན་ལ་གནོད་འཚེའི་གཙོ་བོ་ སྲོག་གཅོད་པ། ཆོམ་རྐུན་གྱི་ལས་རྐུ་འཕྲོག་མ་བྱིན་པར་ལེན་པ། འཁྲིག་པའི་ཆོས་བསྟེན་པ་ མི་ཚངས་པར་སྤྱོད་པ། ཤེས་བཞིན་དུ་བརྫུན་སྨྲ་བ་སྟེ། བཞི་པོ་སྤོང་བ་ནི་ཚུལ་ཁྲིམས་ཀྱི་ཡན་ ལག་གོ །ཆང་འཐུང་བ་སྤོང་བ་ནི་བག་ཡོད་པའི་ཡན་ལག་གོ །སྐྱ་རེངས་དང་པོ་ཤར་བ་ནས་ 21-1-640 ཉི་མ་ཕྱེད་ཡན་{བཟའ་[གཟའ་]བའི་དུས་ཡིན་ལ། ཉིན་ཕྱེད་ནས། སང་སྐྱ་རེངས་དང་པོ་མ་ ཤར་བར་སྐོམ་པ་སེལ་བའི་བཏུང་བ་མ་གཏོགས་{བཟའ་[གཟའ་]བ་དང་བཅའ་བའི་ཁྱད་ པར་ཁམ་གང་དུ་ལོངས་པ་རྟེན་ན་དུས་མ་ཡིན་པའི་ཟས་ལ་ཆགས་པའི་ཉེས་པར་འགྱུར་བས་ སྤོང་བ་དང༌། མལ་སྟན་མཐོ་བ་འཕངས་{འཁྲུ་[ཁྲུ་]གང་ལོངས་པ་དང༌། མཐོ་དམན་ཅི་ཡིན་ ཀྱང་རིན་པོ་ཆེ་ལ་སོགས་པའི་རིན་ཐང་ཆེ་བའི་མལ་{སྟན་[གདན་]ལ་ལོངས་སྤྱོད་པའི་ཉེས་ པ་སྤོང་བ་དང་ཐ་མལ་གྱི་གླུ་དང་རྩེད་མོའི་གར་དང་རོལ་མོ་དང་རིན་པོ་ཆེ་དང་མེ་ཏོག་ལ་ སོགས་པའི་འཕྲེང་བ་རྒྱན་{གྱི་[གྱིས་]ཁྱད་པར་འདོགས་པ་དང༌། ལུས་ལ་སྤོས་ཀྱི་དྲི་བཟང་ བས་ཉུག་པ་དང༌། ཁ་དོག་འཆང་བ་ནི་ཚོན་གྱིས་ཁ་དོག་བསྒྱུར་བ་རྣམས་ཏེ། སྒེག་འཆོས་ལ་ བརྟེན་པའི་ཉེས་པ་དེ་རྣམས་དང༌། གོང་གི་ཕྱི་དྲོའི་ཁ་ཟས་ལ་ཆགས་པའི་ཉེས་པ། མལ་{སྟན་ [གདན་]ཆེ་མཐོ་ལ་ལོངས་སྤྱད་པའི་ཉེས་པ་དང་བཅས་པ་གསུམ་སྤོང་བ་ནི་བརྟུལ་ཞུགས་ ཀྱི་ཡན་ལག་ཡིན་ནོ། །དེ་ལྟར་བསྙེན་གནས་བསྲུངས་པའི་ཕན་ཡོན་ནི། དགྲ་བཅོམ་ཚུལ་ ཁྲིམས་རྗེས་སུ་བྱེད་པ་ཡི། །ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། །གསོ་སྦྱོང་འདོད་སྤྱོད་ ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱིད། །འཕགས་པ་དགྲ་བཅོམ་ པའི་ཚུལ་ཁྲིམས་དང་རྣམ་པ་མཐུན་ཅིང་རྗེས་སུ་འཇུག་པའི་ཡན་ལག་བརྒྱད་དང་ལྡན་པའི་ བསྙེན་གནས་བསྲུངས་པའི་ཕན་ཡོན་སྔར་གྱི་དགེ་བ་ཉམས་པ་{གསོ་[སོ་]ཞིང་གོང་དུ་ འཕེལ་བར་བྱེད། སྡིག་པ་སྦྱོང་བར་བྱེད། རྣམ་པར་སྨིན་པའི་འབྲས་བུ་འདོད་པ་ན་སྤྱོད་པའི་ ལྷ་དྲུག་པོ་གང་རུང་གི་ལུས་ཡིད་དུ་འོང་བ་ཐོབ་པར་བྱེད་པས་དེ་ལྟ་བུའི་ཕན་ཡོན་དང་ལྡན་ པའི་གསོ་སྦྱོང་རང་ཉིད་{ཀྱིས་[ཀྱི་]བསྲུང་ཞིང་སྐྱེས་པ་བུད་མེད་གཞན་དག་ཀྱང་བགྱིད་དུ་ སྩོལ་བར་གྱིས་ཤིག་སྟེ་བགྱིད་དུ་འཇུག་པར་གྱིས་ཤིག །བསྙེན་གནས་ཀྱི་སྤྱི་དོན་ཟུར་སྐོལ་ མཐའ་གཅོད་ལ། བསྙེན་གནས་ཀྱི་སྡོམ་པའི་ངོ་བོ། ལེན་པ་པོའི་རྟེན་གྱི་ཁྱད་པར། གང་ལས་ 21-1-641 བསླང་བའི་ཡུལ། དུས་ཇི་ཙམ་དུ་ལེན་པ། ཇི་ལྟར་ལེན་པའི་ཚུལ། དེ་ལྟར་བླངས་པའི་བསླབ་ བྱ། བླངས་པའི་ཕན་ཡོན་རྣམས་ལས་སྡོམ་པའི་ངོ་བོ་ནི། སོ་སོ་ཐར་བའི་སྡོམ་པ་ལ། མི་དགེ་ བ་བཅུ་ཆ་ཚང་སྤོང་བའི་སྡོམ་པ་དང༌། ཆ་ཤས་ཅི་རིགས་སྤོང་བ་རྣམས་ཡོད་པ་ལས། བསྙེན་ གནས་ཀྱི་སྡོམ་པའི་ངོ་བོ་ཡང་མི་དགེ་བ་བཅུ་ལས་ལོག་པའི་སྡོམ་པ་ཡིན་ལ། ལེན་པ་པོ་རྟེན་ གྱི་ཁྱད་པར་ནི། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་རྣམས་གླིང་གསུམ་གྱི་སྐྱེས་པ་བུད་མེད་ཁོ་ན་ཡིན་ པར་འདོད། མདོ་སྡེ་པ་དང་ཐེག་པ་ཆེན་པོ་པ་རྣམས་ནི་ཀླུ་དང་གནོད་སྦྱིན་དང་ལྷ་ལ་སོགས་ པ་མི་མ་ཡིན་པའི་འགྲོ་བ་རྣམས་ཀྱིས་ཀྱང་སྙིང་ཐག་པ་ནས་དད་[པའི་]སེམས་ཀྱིས་བླངས་ ན་སྡོམ་པ་སྐྱེ་བར་འདོད་པ་ལས་གྲུབ་མཐའ་གོང་མའི་འདོད་པ་ལྟར་དངོས་པོ་ལ་གནས་པའི་ {བཙན་[གཙན་]པ་ཡིན། གང་ལ་བླང་བའི་ཡུལ་བྱེ་བྲག་ཏུ་སྨྲ་བ་དགེ་སློང་ཁོ་ན་ལས་ལེན་ དགོས་པར་འདོད། མདོ་སྡེ་པ་ཡན་གྱི་གྲུབ་མཐའ་སྨྲ་བ་རྣམས་ནི་དགེ་སློང་དགེ་ཚུལ་དགེ་ བསྙེན་གང་ཡང་རུང་བ་ལས་{བླང་བས་[བླངས་པས་]ཐོབ་པར་འདོད། ཇི་ཙམ་དུ་ལེན་པའི་ དུས་སྤྱིར་{བཏང་[ལྟང་]ཉིན་ཞག་གི་མཐའ་ཅན་ཡིན་པར་ཐམས་ཅད་མཐུན་ཀྱང༌། བྱེ་བྲག་ ཏུ་སྨྲ་བ་དམིགས་བསལ་མི་འདོད་ཅིང༌། མདོ་སྡེ་པ་དང་ཐེག་ཆེན་པ་རྣམས་[ནི་]ཉིན་ཞག་ཏུ་ བསྲུང་བ་བསྙེན་གནས་རང་གི་ཐོབ་ཐང་སྤྱིར་བཏང་ཡིན་ཀྱང་དམིགས་བསལ་ཡུན་ཐུང་ངུ་བ་ ཉིན་ཞག་ཏུ་སྲུང་མི་ནུས་པར་ཉིན་གང་ཙམ་བསྲུང་{བ་[བར་]ཁས་{བླང་[བླངས་]ནས་ བསྲུང་ན་དུས་མ་རྫོགས་པ་ཙམ་ཡིན་ནའང་བསྙེན་གནས་ཀྱི་སྡོམ་པར་འགྱུར་བ་ཡིན། ཉིན་ ཞག་གཅིག་ལས་དུས་རིང་བ་ཞག་གྲངས་ཅི་ཙམ་བསྲུང་ནུས་ཀྱང༌། བསམ་པའི་དབང་གིས་ བསླབ་བྱ་ལ་གནས་ན་དེ་ཡང་བསྙེན་གནས་ཀྱི་སྡོམ་པ་ཡིན་པར་འདོད། བྱེ་བྲག་ཏུ་སྨྲ་བ་ནི་ བསྙེན་གནས་ཀྱི་སྡོམ་པ་བསྲུང་བའི་དུས་ཉིན་ཞག་གཅིག་ལས་མང་བ་དང་ཉུང་བར་མི་རུང་ བས་{བསྲུང་[བསྲུངས་]ཀྱང་ལེགས་སྤྱད་དགེ་བ་ཙམ་ཡིན་གྱི་སྡོམ་པར་མི་འདོད་དོ། །ཇི་ 21-1-642 ལྟར་ལེན་པའི་ཚུལ་ལ། ལེན་ཚུལ་དངོས་དང༌། ལེན་པའི་ཆོ་གའི་ཁྱད་པར་གཉིས་སོ། །ལེན་ ཚུལ་དངོས་ནི། ཆོས་མངོན་པ་མཛོད་ལས། དམའ་བར་འདུག་སྨྲས་{འདས་[བཟླས་]པ་ {ཡིས[ཡི]། །མི་རྒྱན་ནམ་ནི་ནངས་བར་དུ། །བསྙེན་གནས་ཡན་ལག་ཚང་བར་ནི། །ནངས་ པར་གཞན་ལ་ནོད་པར་བྱ། །ཞེས་པ་སྡོམ་པ་ལེན་པའི་ཚུལ་སྟན་དམའ་བ་ལ་འདུག །སློབ་ དཔོན་གྱིས་སྡོམ་པ་འབོགས་ཆོག་སྨྲ་བ་བཞིན་དུ་བཟླས་ཤིང༌། རྒྱན་གསར་པས་མི་རྒྱན་པ་ དང༌། སང་ནམ་མ་ལངས་པར་དུ་ཡན་ལག་བརྒྱད་ཆ་ཚང་བར་བསྲུང་བའི་བསྙེན་གནས་ཀྱི་ སྡོམ་པ་དེ། ནངས་པར་སྔ་དྲོ་ནམ་ལངས་མ་ཐག་གཞན་སློབ་དཔོན་གྱི་དྲུང་དུ་བླང་བར་བྱ་ ཞེས་པ་ལ་བྱེ་བྲག་ཏུ་སྨྲ་བ་ནི་དུས་རྟག་ཏུ་གཞན་ཁོ་ན་ལས་ལེན་པར་འདོད། ཉན་ཐོས་མདོ་ སྡེ་པ་དང་ཐེག་ཆེན་པ་རྣམས་ཐོག་མར་སློབ་དཔོན་ལས་ལེན་དགོས་མོད། དེ་ནས་རང་{གི་ [གིས་]བླངས་པས་ཀྱང་ཐོབ་པར་འདོད། ལེན་པའི་ཆོ་གའི་ཁྱད་པར་ཐེག་དམན་ཉན་ཐོས་ ཀྱི་ལུགས་ལ། སྐྱབས་སུ་འགྲོ་བ་སྔོན་དུ་སོང་བའི་ཁས་ལེན་ལན་གསུམ་བྱས་པས་བསྙེན་ གནས་ཀྱི་སྡོམ་པ་ཐོབ་པར་འདོད། ཐེག་ཆེན་པ་རྣམས་ནི་སྐྱབས་འགྲོ་སྔོན་དུ་སོང་ནས་ སེམས་བསྐྱེད་པ་དང་འབྲེལ་བའི་ཁས་ལེན་གྱིས་ཐོབ་པར་འདོད། བསྙེན་གནས་ཀྱི་བསླབ་ བྱ་ཡན་ལག་བརྒྱད་དང་ལྡན་པར་གནས་དགོས་པ་{ལས[ལ]། རྩ་བ་བཞི་སྤངས་པའི་ བསླབ་བྱ་ལ་གནས་པ་ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་པ་ལས། རྩ་བ་བཞི་སོ་སོར། གཞི་ བསམ་པ་སྦྱོར་བ་མཐར་ཐུག་གི་ཡན་ལག་བཞི་ཚང་ན་སྡོམ་པ་འཇིག་པར་འགྱུར་བ་ཡིན་ཏེ། གཞི་ལ་རྟེན་དང་ཡུལ་གཉིས། བསམ་པ་[ལ་]ཀུན་སློང་དང༌། འདུ་ཤེས་གཉིས། སྦྱོར་བ་ དང༌། མཐར་ཐུག་ལ་ནང་ཚན་གྱིས་དབྱེ་བ་ངེས་བཟུང་མེད་པ་ལས། ཐམས་ཅད་ལ་རྟེན་སྡོམ་ པ་ཐོབ་ལ་མ་ཉམས་པ་ཤེས་པ་{དང་}རང་བཞིན་དུ་གནས་པའོ། །ཡུལ་སྲོག་གཅོད་པ་ལ་མི་ དང་མིར་ཆགས་པའི་འགྲོ་བ་གཞན། མ་བྱིན་པ་ལེན་པར་མིའི་འགྲོ་བས་བདག་ཏུ་བཟུང་{བ་ 21-1-643 [བའི་]རིན་ཐང་ཚང་བའི་དངོས་པོ་མ་ཤ་ཀ་ལྔའམ་ཀར་ཤ་པ་ཎའི་བཞི་ཆ་སྟེ་དངུལ་ཞོ་ཕྱེད་ ཙམ་གྱི་ཚད་བཞག་པ་ལྟ་བུ། མི་གཙང་(ཚངས་)བར་སྤྱོད་པ་ལ་སྐྱེ་གནས་ཁ་བཤང་ལམ་སྟེ་ ཉམས་པ་མེད་པའི་སྒོ་གསུམ་[དུ་]བརྟེན་པ། རྫུན་ནི་མིའི་ཆོས་བླ་མ་[མ་]ཡིན་པ་ལ་འདུ་ ཤེས་བསྒྱུར་ནས་ཡིན་པར་སྨྲ་བའི་ངག་ཚིག་སྟེ་ཡུལ་ནི་མིའི་འགྲོ་བ་ལ་སྨྲས་པ། བསམ་པའི་ ཀུན་སློང་སྲོག་གཅོད་པ་ལ་སྙིང་ཐག་པ་ནས་གསོད་སེམས་སྐྱེས་པ། མ་བྱིན་ལེན་ལ་གཞན་ གྱི་ལོངས་སྤྱོད་བདག་གིར་ལེན་པར་འདོད་པ། མི་གཙང་(ཚངས་)བ་སྤྱོད་པ་ལ་འཁྲིག་པའི་ ཆོས་བརྟེན་པར་འདོད་པ། རྫུན་ལ་མིའི་ཆོས་བླ་མར་སྨྲ་བ་འདུ་ཤེས་བསྒྱུར་བའི་བརྫུན། སྨྲ་ བར་འདོད་པ། འདུ་ཤེས་ནི་སྲོག་གཅོད་པར་ལྷ་{བྱིན་[སྦྱིན་]གསོད་རྒྱུར་མཆོད་སྦྱིན་བསད་ པ་ལྟ་བུ་ནོར་བ་མ་ཡིན་པའི་དེ་ལ་དེར་ཤེས་ཀྱི་བློ་མ་འཁྲུལ་བ། མ་བྱིན་ལེན་ལ་གཞན་གྱི་ དངོས་པོ་ལེན་{རྒྱུར་[རྒྱུ་]རང་གི་དངོས་པོ་དང་འདུ་ཤེས་འཁྲུལ་བ་དང༌། རིན་ཐང་མ་ཚང་བ་ ལེན་{རྒྱུར་[རྒྱུ་]ཚང་བ་དང༌། ནོར་བ་མ་ཡིན་པ་ལྟ་བུའི་དེ་ལ་དེར་ཤེས་ཀྱི་བློ་མ་འཁྲུལ་བ། མི་གཙང་(ཚངས་)བ་སྤྱོད་པ་ལ། འཁྲིག་པ་ལ་ནི་འདུ་ཤེས་གཙོར་བྱ་མེད་ཅེས་གསུངས་པ་ ལྟར་འདུ་ཤེས་འཁྲུལ་མ་འཁྲུལ་ལ་རག་མ་ལུས་པར་བཤད། རྫུན་ལ་རྒྱུན་དུ་ཞུགས་པའི་ འབྲས་བུ་ཐོབ་པོ་ཞེས་སྨྲ་རྒྱུ་ལ་དགྲ་བཅོམ་པ་ཐོབ་བོ་ཞེས་པར་ཚིག་ནོར་བ་ལྟ་བུ་མིན་པའི་ དེར་ཤེས་ཀྱི་བློ་མ་འཁྲུལ་བ། སྦྱོར་བ་ནི་སྲོག་གཅོད་པ་ལ་རང་གི་དངོས་སུ་སྲོག་གཅོད་པའི་ ལས་ལ་སྦྱར་བ་དང༌། གཞན་བྱེད་དུ་བཅུག་པ། འཆི་བའི་བསྔགས་པ་བརྗོད་ནས། རང་ཉིད་ འཆིར་བཅུག་པ་མཚོན་དང་སྔགས་དང་སྨན་ལ་སོགས་པས་གསོད་པ། མ་བྱིན་པར་ལེན་པ་ ལ་གཞན་གྱི་ནོར་མཐུས་ཕྲོགས་པ་དང༌། འཇབ་བུས་{བརྐུར་[རྐུ་]བ་དང༌། གཞན་འཕྲོག་པ་ དང་{བརྐུར་[རྐུར་]འཇུག་པ་རིགས་སྔགས་ཀྱིས་འདྲེན་པ། མི་གཙང་(ཚངས་)བར་སྤྱོད་པ་ ལ་ཉམས་པ་མེད་པའི་སྒོ་གསུམ་གང་རུང་གི་ནང་དུ་བརྟེན་པའི་འཁྲིག་པར་སྤྱོད་པ། རྫུན་མི་ 21-1-644 ཆོས་བླ་མར་སྨྲ་བ་དངོས་སུ་མིའི་འགྲོ་བས་ཐོས་པར་{སྨྲ་བ[སྨྲས་པ]། མཐར་ཐུག་སྲོག་ གཅོད་པ་ལ་སྲོག་འགགས་པ་དང༌། སྲོག་མ་འགགས་པར་དུ་གསོད་སེམས་རྒྱུན་མ་ལོག་པ། མ་བྱིན་ལེན་ལ་ཐོབ་སེམས་སྐྱེས་པ། མི་གཙང་(ཚངས་)བར་སྤྱོད་པ་ལ། ཁམས་[གནས་ ནས་]འཕོས་པའི་བདེ་བ་ཉམས་སུ་མྱོང་བ། རྫུན་ལ་མིའི་འགྲོ་བས་གོ་བ་རྣམས་ནི་མཐར་ ཐུག་སྟེ། གཞི་བསམ་སྦྱོར་བ་མཐར་ཐུག་དེ་རྣམས་ཚང་ན་དགེ་སློང་གི་ཕམ་པ་དང་འདྲ་བའི་ ཉེས་བྱས་སུ་འགྱུར་བས་རྩ་བ་བཞི་རེ་རེ་ཉམས་པར་འགྱུར་ཀྱང་སྡོམ་པ་འཇིག་པ་ཡིན། ཡན་ ལག་དེ་རྣམས་མ་ཚང་བ་སེལ་བའི་ལྟུང་བ་རྣམས་ནི་སྦོམ་པོའི་ཉེས་བྱས་ཙམ་ཡིན་པས་སྡོམ་ པ་ཉམས་སྨད་པར་འགྱུར་བ་ཡིན་ལ་འཇིག་པར་འགྱུར་བ་མ་ཡིན་ནོ། །གཞི་བསམ་སྦྱོར་བ་ མཐར་ཐུག་བཞིའི་ནང་ནས་ཀུན་སློང་མ་ཚང་ན་བསམ་པ་ཉོན་མོངས་ཅན་མིན་པས་ཉེས་པ་ ཡང་བ་ཡིན། འདུ་ཤེས་འཁྲུལ་བ་ཙམ་མིན་ཀྱང་གཞན་རྣམས་ཚང་ན། ཆ་ཤས་མ་གཏོག་ ཕལ་ཆེར་ཚང་བ་ཡིན་པས་ཉེས་པ་ལྕི་བ་ཡིན། གཞི་སྦྱོར་བ་མཐར་ཐུག་གསུམ་ལ་ཚང་མ་ ཚང་ལ་ཉེས་པ་ཆེ་ཆུང་སྣ་ཚོགས་པ་[མ་]ངེས་པར་འབྱུང་བ་ཡིན། དགེ་སློང་དང་དགེ་ཚུལ་ཏེ་ རབ་ཏུ་བྱུང་བ་རྩ་བ་བཞིའི་བསླབ་བྱ་ལས་ཉམས་པར་གྱུར་པ་ལ་འཆབ་སེམས་{གསོད་ [གསོང་]པའི་སེམས་སྐྱེས་ན་སླར་སྡོམ་པ་བླང་དུ་མེད་པ་དང་དགེ་ཚུལ་ལ་{གསོད་[གསོང་] སེམས་མ་སྐྱེས་ན་ལན་གསུམ་གྱི་བར་དུ་བླངས་པས་སྐྱེ་བར་གསུངས། དེ་ལས་མང་བར་ ལེན་མི་རུང་བར་གསུངས་པ་ནི་རབ་ཏུ་བྱུང་བ་རྣམས་ལ་ཧ་ཅང་ཐལ་ཆེས་པར་འགྱུར་དུ་ དོགས་པ་ཡིན་ཅིང༌། དགེ་བསྙེན་དང་བསྙེན་གནས་རྣམས་ལ་འཆབ་སེམས་སྐྱེས་ཀྱང་སླར་ ལེན་པར་བཤད་པ་དང༌། ལན་མང་དུ་ཉམས་ཀྱང་སླར་བླང་དུ་རུང་བ་ཡིན་ནོ། །བསྙེན་ གནས་ཡན་ལག་བརྒྱད་དང་ལྡན་པར་བསྲུང་བའི་ཕན་ཡོན་ནི། མཐོང་བའི་ཆོས་ཚེ་འདི་ཉིད་ ལ་དཀར་ཕྱོགས་སྐྱོང་བའི་ལྷ་དང་སྲུང་མའི་ཚོགས་ཀྱིས་བསྲུང་ཞིང་སྐྱོབ་པར་འགྱུར་བ་དང༌། 21-1-645 ཁྱད་པར་དུ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་སོགས་པའི་དཀར་ཕྱོགས་ལ་མངོན་པར་ དགའ་ཞིང་བསྟན་པ་བསྲུང་བའི་ལྷ་ཆེན་པོ་དེ་དག་དུས་བཟང་པོ་རྣམས་སུ་འཛམ་བུའི་གླིང་ ཉུལ་བ་བྱེད་པས་བསྙེན་གནས་ལ་ཡང་དག་པར་གནས་པ་རྣམས་ལ་རབ་ཏུ་དགེས་པས་ བསྲུང་བར་བྱེད་པ་དང་ཕྱོགས་དེ་དག་ཏུ་ཡུན་རིང་དུ་གནས་པས་དེ་རྣམས་ཀྱི་མཐུ་དང་གཟི་ བརྗིད་ཀྱིས་འབྱུང་པོ་མ་རུངས་པ་རྣམས་བྱེར་བར་{གྱུར་པའི་[འགྱུར་བས་]ཡུལ་ཕྱོགས་ཀྱང་ དགེ་ཞིང་བདེ་སྐྱིད་དང་ལྡན་པར་འགྱུར་ལ། བར་སྐབས་ཚེ་ཕྱི་མར་འབྱུང་བའི་ཕན་ཡོན་ འདོད་པ་ན་སྤྱོད་པའི་ལྷའི་ལུས་ཕུན་སུམ་ཚོགས་པ་ཐོབ་ཅིང༌། དེ་ཡང་དཀོན་མཆོག་གསུམ་ ལ་དད་པ་ཆེན་པོའི་བསམ་པ་དང་ཡང་ནས་ཡང་དུ་{བླང་[བླངས་]ན་ལྷའི་ནང་དུ་ཡང་ མཆོག་བརྒྱ་བྱིན་དང་མཚུངས་པ་དང་འདོད་ཁམས་ཀྱི་ལྷ་དྲུག་ལས་གོང་མ་རྣམས་སུ་སྐྱེ་ཞིང༌། ལས་ཀྱི་ལྷག་མར་མིར་སྐྱེ་བ་ཡང་ཡོད། དགེ་བ་བཅུ་ལ་གནས་པའི་ཚུལ་ཁྲིམས་བསྲུང་བའི་ ཕན་ཡོན་གྱིས་གང་དུ་སྐྱེས་པ་དེར་ཚེ་རིང་བ་དང༌། གཟུགས་བཟང་བ་དང་ལོངས་སྤྱོད་ཆེ་བ་ ལ་སོགས་{པ་}ཕུན་སུམ་ཚོགས་པར་འགྱུར་རོ། །མཐར་ཐུག་གི་ཕན་ཡོན་{ནི}། བྱང་ཆུབ་ གསུམ་གང་དུ་དམིགས་པ་དེ་དང་དེ་ཐོབ་པར་འགྱུར་བ་དང༌། ཁྱད་པར་དུ་ཐེག་པ་ཆེན་པོའི་ ལུགས་སུ་བསྙེན་གནས་ཀྱི་སྡོམ་པ་བསྲུང་ན་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་{གྱུར་[འགྱུར་] བར་མ་ཟད། ཐེག་དམན་ལུགས་སུ་བླངས་ཀྱང༌། སྐྱབས་འགྲོ་སྔོན་དུ་སོང་བས་རྫོགས་པའི་ སངས་རྒྱས་ལ་དམིགས་པའི་ཕྱིར་མཐར་{རྫོགས་པའི་}སངས་རྒྱས་ཐོབ་པའི་ཚོགས་སུ་ {གྱུར་[འགྱུར་]བ་ཡིན་ནོ། །དེ་ལྟར་དད་པའི་ཆོས་སྐོར་གྱི་རྗེས་ཐོགས་སུ། བག་ཡོད་པའི་ ཆོས་སྐོར་བཤད་པ་ལ་དོན་ཚན་ལྔའི་དང་པོ་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བ་ལ་ བརྩོན་པར་གྱིས་ཤིག ཅེས་གདམས་པ་ནི། སེར་སྣ་གཡོ་སྒྱུ་ཆགས་དང་སྙོམས་ལས་དང༌། ། མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང༌། །རིགས་དང་གཟུགས་དང་ཐོས་པ་ལང་ཚོ་ 21-1-646 དང༌། །དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས། །ཉོན་མོངས་དགུའི་གནོད་པ་ ལས་སེམས་བསྲུང་བར་བྱ་སྟེ། སེར་སྣ་ནི་སྔར་ཡོད་ཀྱི་རྫས་ཡོ་བྱད་ལ་སྲེད་པས་གཞན་ལ་ གཏོང་མི་ཕོད་པ་དང༌། གཡོ་ནི་རང་ཉིད་ལ་ཡོན་ཏན་མེད་པ་ལ་ཡོད་པ་ལྟར་སྟོན་པས་གཞན་ བསླུ་བར་བྱེད་པ་དང༌། སྒྱུ་ནི་རང་{གིས་[གི་]སྐྱོན་སྦེད་པས་གཞན་བསླུ་བར་བྱེད་པ་དང༌། ཆགས་པ་ནི་ལོ་བྷ་ཞེས་པ་ཆོག་མི་ཤེས་པ་སྟེ། ལོངས་སྤྱོད་ཀྱི་ཆོག་མི་ཤེས་པའི་འདོད་ཆེན་ གྱི་ལོངས་སྤྱོད་ལ་སྲེད་ཅིང་ཆགས་པ་དང༌། སྙོམས་ལས་ནི་ལེ་ལོ་སྟེ། ཆོས་ལ་ཐོག་མར་ འཇུག་པ་ལ་ལེ་ལོ་དང་ཞུགས་ནས་ཀྱང་མཐར་ཕྱིན་པར་བརྩོན་པ་མི་སྒྲུབ་པའི་སྙོམས་ལས་ སུ་གྱུར་པ། མངོན་པའི་ང་རྒྱལ་ནི་ཡོན་ཏན་མེད་པ་ལ་ཡོད་པར་ང་རྒྱལ་བ་དང༌། འདོད་ ཆགས་ནི་ཁམས་གསུམ་གྱི་འདོད་ཆགས་ལས། འདོད་ཁམས་ཀྱི་འདོད་ཆགས་དང༌། དེ་ལ་ ཡང་རང་རྒྱུད་ཀྱི་ཕུང་པོ་ལ་ཆགས་པ་དང༌། གནས་ལ་ཆགས་པ་དང༌། འདོད་ཡོན་ལ་ཆགས་ པ་རྣམས་ཀྱི་ནང་ནས། ཉེས་པ་ཐམས་ཅད་འཕྲལ་དུ་བསྐྱེད་པའི་གཞི་འདོད་ཡོན་ལ་ཆགས་ པ་ཡིན་ནོ། །ཞེ་སྡང་ནི་གནོད་སེམས་དང་རྗེས་སུ་འབྲེལ་བའི་ཁོང་ཁྲོ་བ། རིགས་མཐོ་བས་ང་ རྒྱལ་བ་དང་རྗེས་སུ་འབྲེལ་བར་གཞན་དམན་པ་དང་རང་ཉིད་མཆོག་ཏུ་འཛིན་པའི་སེམས་ མཐོ་བ་དང༌། དེ་བཞིན་དུ་གཟུགས་མཛེས་པ་ལ་སོགས་པས་ཡུས་པ་དང༌། ཐོས་པ་དང་ལང་ ཚོ་དར་ལ་བབས་པ་དང༌། དབང་ཐང་ཆེ་བས་སེམས་བཏུགས་པ་ཁེངས་པ་ཆེན་པོ་གྱུར་པར་ ནི་རྒྱགས་པ་སྟེ་ཉོན་མོངས་དགུ་པོ་དེ་རྣམས་ནི་དུས་རྟག་ཏུ་རང་ལ་གནོད་པར་བྱེད་པས་དགྲ་ དང་མཚུངས་པ་སྟེ་དགྲ་ལ་ཟོན་སྐྱོར་ནས་འཇོམས་པར་བྱེད་པ་བཞིན་ཉོན་མོངས་པ་དེ་ རྣམས་ཀྱང༌། སེམས་ལ་མི་{བཅངས་པར་[བཅང་བར་]ནམ་སྐྱེས་པའི་དུས་སུ་གཉེན་པོས་ འབུར་འཇོམས་སུ་བྱེད་པའི་དགྲ་ལྟར་གཟིགས་དགོས་སོ། །ཕན་ཡོན་དང་ཉེས་དམིགས་ ཤེས་པའི་སྒོ་ནས་བག་ཡོད་{པར་[པ་]བསྒྲུབ་པར་གདམས་པ་ནི། བག་ཡོད་བདུད་རྩིའི་ 21-1-647 གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་བསྩལ་ཏེ། །དེ་བས་ཁྱོད་ཀྱིས་ དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་བཅས་པར་མཛོད། །གང་ཞིག་སྔོན་ཆད་ བག་མེད་གྱུར་པ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་ཏེ་ཡང༌། །ཟླ་བ་སྤྲིན་བྲལ་ལྟ་བུར་ རྣམ་མཛེས་ཏེ། །དགའ་བོ་སོར་འཕྲེང་མཐོང་ལྡན་བདེ་བྱེད་བཞིན། །བག་ཡོད་པ་ནི་བདུད་ རྩིའམ་འཆི་[བ་]མེད་པའི་གནས་ཡིན་ཏེ། ཆོས་ལ་ནན་ཏན་སྙིང་པོར་བག་ཡོད་པ་སྤྱད་པས་ སེམས་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་ཐར་པ་འཆི་བ་མེད་པའི་གོ་འཕང་ཐོབ་པར་བྱེད་ པས། འཆི་མེད་ཀྱི་གོང་འཕང་བག་ཡོད་ལས་འབྱུང་བའི་ཕྱིར་བག་ཡོད་པར་འཆི་མེད་ཀྱི་ གནས་ཞེས་བྱ། ཇི་སྲིད་བག་མེད་པ་ཡོད་ཀྱི་བར་དེ་སྲིད་དུ་ཐར་བ་འཆི་མེད་ཀྱི་གོ་འཕང་ཐོབ་ པར་མི་འགྱུར་ཞིང༌། བག་མེད་པ་ལས་ཉོན་མོངས་པ་འབྱུང་བ་དང༌། ཉོན་མོངས་པ་ལས་སྐྱེ་ ཤིའི་འཕྲེང་བ་འབྱུང་བས་བག་མེད་པ་ནི་འཆི་བའི་གནས་ཡིན་ནོ་ཞེས་བཅོམ་ལྡན་འདས་ ཐུབ་པའི་དབང་པོའི་བཀའ་བསྩལ་པ་ཡིན་ཏེ། མདོ་སྡེ་ལས། བག་ཡོད་འཆི་མེད་གནས་ཡིན་ ཏེ། །བག་མེད་པ་ནི་འཆི་བའི་གནས། །བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་ རྟག་ཏུ་འཆི། །དེ་ཡི་ཁྱད་པར་དེ་རིགས་པས། །མཁས་པ་རྣམས་ནི་བག་དང་བཅས། །བག་ ཡོད་པ་ལ་རབ་དགའ་བ། །འཕགས་པའི་སྤྱོད་ཡུལ་དགའ་བ་ཡིན། །ཅེས་ལུང་གིས་བསྟན་པ་ ལྟར་བླང་དོར་ཤེས་ནས་བག་ཡོད་པར་སྤྱད་པས་དགེ་བའི་ཆོས་མཐའ་དག་རྒྱ་ཆེར་འཕེལ་ བར་འགྱུར་ཏེ། དེ་བས་ན་རྒྱལ་པོ་ཁྱོད་ཀྱིས་རང་ཉིད་[ཀྱི་] དགེ་བའི་ཆོས་སྤེལ་བའི་སླད་དུ་ སངས་རྒྱས་དང་འཕགས་པ་རྣམས་ལ་བརྙས་པ་དང་རིས་སུ་བོར་བ་མ་ཡིན་པ་ཆེ་ཐང་དུ་ མཆོག་དང་གཙོ་{བོ་[བོར་]འཛིན་པའི་{དཔེ་[དེས་]གསུངས་པ་དམ་པའི་ཆོས་དང་བཅས་ པར་གུས་པ་ཆེན་པོས་རྟག་ཏུ་ཆོས་ལ་བག་དང་བཅས་པ་སྟེ་བག་ཡོད་པར་མཛོད་ཅིག །འོ་ན་ སྔོན་དུ་བག་མེད་པར་སྤྱད་{པའི་[པས་]ཉེས་ཟིན་པས་ད་ནི་བག་ཡོད་ལ་གནས་ཀྱང་མི་ཕན་ 21-1-648 ནོ་ཅེ་(ཞེ་)ན་ཐོག་མ་ཉིད་ནས་བཟུང་ཚེ་ཧྲིལ་པོར་བག་ཡོད་ཁོ་ནར་གནས་ན་ཆེས་ངོ་མཚར་ ཆེ་བ་ཡིན་མོད་ཀྱང་། དེ་ལྟར་མིན་{པ་[པའི་]གང་ཞིག་སྔོན་ཆད་བག་མེད་པ་སྤྱད་པ་གྱུར་པ་ ཡིན་ཀྱང༌། ཕྱི་ནས་བག་དང་ལྡན་པར་གྱུར་ན་ཡང་ནམ་བག་ཡོད་པར་གྱུར་པ་དེ་ནས་གཟུང༌། རང་ཉིད་ལ་ཕན་པ་དང་བདེ་བ་འབྱུང་བ་དང༌། སྤྱོད་པ་ལ་གཞན་གྱིས་སྨོད་པར་མི་འགྱུར་ ཞིང་བསྔགས་པར་བྱེད་པའི་མཛེས་པ་སྟེ། ཟླ་བ་ཐོག་མར་སྤྲིན་གྱིས་བསྒྲིབས་ཀྱང༌། སླར་ {ཡང་}སྤྲིན་དང་བྲལ་བའི་དུས་དེ་ཉིད་ནས་ཉམས་པ་མེད་པར་གསལ་བ་དང་འོད་ཟེར་ ཡོངས་སུ་རྒྱས་པས་རྣམ་པར་མཛེས་པ་བཞིན་ནོ། །མཚན་གཞི་སྔོན་བག་མེད་པར་སྤྱད་པ་ལ་ ཕྱིས་བག་དང་ལྡན་པར་གྱུར་པ་འདོད་ཆགས་ཤས་ཆེ་བ་བཅོམ་ལྡན་འདས་ཀྱི་མཆེད་ཟླ་ གཅུང་དགའ་བོ་[དང་]། ཞེ་སྡང་ཤིན་ཏུ་ཆེ་བ་སོར་མོའི་ཕྲེང་བ་ཅན་དང༌། མཐོང་ལྡན་ཏེ་ཕ་ བསད་པ་རྒྱལ་པོ་མ་སྐྱེས་དགྲ་དང༌། མ་བསད་པའི་མཚམས་མེད་པ་བྱས་པ་བདེ་བྱེད་དེ། དེ་ རྣམས་ཀྱང་ཕྱིས་འགྱོད་པའི་སེམས་ཀྱིས་བག་ཡོད་པར་སྤྱད་པ་ལས་རང་ཉིད་ཀྱི་དགོས་པའི་ དོན་ཕུན་སུམ་ཚོགས་པ་ཐོབ་པ་བཞིན་ནོ། །ཁྱད་པར་དུ་ཁོང་ཁྲོ་སྤོང་བ་ལ་བག་ཡོད་པར་ གདམས་པ་ནི། །བཟོད་པ་དང་མཚུངས་དཀའ་ཐུབ་མ་མཆིས་པས། །ཁྱོད་ཀྱིས་ཁྲོ་བའི་གོ་ སྐབས་དབྱེ་མི་བགྱི། །ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད། །འཐོབ་པར་འགྱུར་བར་སངས་ རྒྱས་ཞལ་གྱིས་བཞེས། །ཁོང་ཁྲོ་བ་ཞེ་སྡང་གི་གཉེན་པོ་བཟོད་པ་དང་མཚུངས་པའི་དཀའ་ ཐུབ་ཡོད་པ་མ་ཡིན་ཏེ། ལུས་ལ་{གདུང་[སྟུང་]བ་རྩོམ་པའི་དཀའ་ཐུབ་མེ་ལྔ་བརྟེན་པ་དང༌། སྨྱུང་བ་དང་གཅེར་བུ་བྱེད་པ་ལ་སོགས་པ་བཟོད་ནུས་པའི་དྲང་སྲོང་རྣམས་ཀྱིས་ཀྱང་གཞན་ གྱི་གནོད་པ་བཟོད་མ་ནུས་པར་{དམོད་[སྨོད་]པ་འདོར་བ་སོགས་ཡོད་པས་གནོད་པ་ལ་ཇི་ མི་སྙམ་པའི་བཟོད་པ་ནི་ཆེས་དཀའ་བའང་ཡིན་ལ། ལུས་ལ་གདུང་བ་རྩོམ་པའི་དཀའ་ཐུབ་ ནི་ཕན་ཡོན་དང་མི་ལྡན་ཏེ་སྡིག་པ་བྱང་བ་དང་ཐར་པ་ཐོབ་པའི་ཐབས་སུ་འགྱུར་བ་མ་ཡིན། 21-1-649 བཟོད་པས་ནི་ལམ་གྱི་ཡོན་ཏན་གོང་དུ་འཕེལ་བར་བྱེད་པས་བསྟེན་པར་བྱ་བའི་ཆོས་རྣམས་ ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ་དེས་ནས་བཟོད་པའི་མི་མཐུན་ཕྱོགས་ཁོང་ཁྲོ་བ་རྒྱུད་ལ་སྐྱེར་མི་ འཇུག་ཅིང༌། གལ་ཏེ་སྐྱེས་ཀྱང་རྒྱུན་བཅད་ནས་དེ་མ་ཐག་ཁོང་ཁྲོ་ལས་{བལྡོག་[བཟློག་] པར་བྱེད་པས་ཁྲོ་བས་གོ་སྐབས་དུས་ནམ་ཡང་དབྱེ་བར་མི་བགྱི་སྟེ་གོ་སྐབས་མི་དབྱེ་ཞེས་པ་ ནི་ཡོངས་སུ་མི་སྟེར་བའི་དོན་ནོ། །དེ་ལྟར་ཁོང་ཁྲོ་བ་སྤངས་ཤིང་བཟོད་པ་ལ་གནས་པའི་ ཡོན་ཏན་གྱིས་ཕྱིར་མི་{ལྡོག་[ཟློག་]པ་ཉིད་ཐོབ་པར་འགྱུར་བ་སངས་རྒྱས་ཀྱི་ཞལ་གྱིས་ བཞེས་པའམ་བཀའ་བསྩལ་པ་ཡིན་ཏེ་ཉན་ཐོས་ཀྱི་སྡེ་སྣོད་ལས། བཙུན་པ་དགེ་སྦྱོང་ཕྱིར་མི་ {ལྡོག་[བཟློག་]པ་ནི་གང་ལགས། བྲམ་ཟེ་དང་དགེ་སྦྱོང་གང་ཁྲོ་བར་མི་བྱེད། རབ་ཏུ་ཁྲོ་ བར་མི་བྱེད། འཁོན་དུ་འཛིན་པར་མི་བྱེད། དབྱུག་པ་ལེན་པ་ཡོངས་སུ་སྤངས་པ། མཚོན་ཆ་ ལེན་པ་ཡོངས་སུ་སྤངས་པ་དེ་ནི་དགེ་སྦྱོང་ཕྱིར་མི་{ལྡོག་[བཟློག་] པ་ཡིན་ནོ། །ཞེས་ གསུངས་སོ། །ཕྱིར་མི་བཟློག་པ་ལ་ཐེག་ཆེན་བྱང་ཆུབ་སེམས་{དཔའ་[དཔའི་]ལམ་གྱི་ དབང་དུ་བྱས་ན་ཚོགས་ལམ་ཆེན་པོ་ནས་ས་བརྒྱད་པའི་བར་དུ་ཕྱི་མི་{ལྡོག་[བཟློག་]པ་ ཐོབ་ཚུལ་འཇོག་མཚམས་མང་བར་ཡོད་པ་དང༌། ཉན་ཐོས་ཀྱི་ལམ་ལ་ཡང་སྦྱོར་ལམ་བཟོད་ པ་ཐོབ་པ་ནས་ཕྱིར་མི་{ལྡོག་[བཟློག་]པ་ཡིན་པར་བཤད་དོ། །ཁོང་ཁྲོ་བ་སྤོང་བ་ལ་ཐོག་ མར་འཁོན་འཛིན་སྤོང་དགོས་ཏེ། བདག་ནི་འདིས་སྤྱོས་འདིས་བཏགས་ཕམ་པར་བྱས། ། འདི་ཡིས་བདག་གི་ནོར་ཕྲོགས་གྱུར་ཏོ་ཞེས། །འཁོན་དུ་འཛིན་པས་འཁྲུག་ལོང་རྣམས་སྐྱེ་ སྟེ། །འཁོན་འཛིན་རྣམས་སྤངས་བདེ་བར་གཉིད་ཀྱིས་ལོག །འདིས་བདག་ལ་མངོན་སུམ་དུ་ སྤྱོས་ཏེ་ཚིག་རྩུབ་མོས་རྒོལ་བར་བྱེད་དོ། །འདིས་ནི་བདག་བརྡུང་ཞིང་བཏགས་སོ། །འདིས་ སྨྲ་བ་དང་འཐབ་རྩོད་ཀྱིས་ཕམ་པར་བྱས་སོ། །འདིས་བདག་གི་ནོར་ཕྲོགས་པར་གྱུར་ཏོ་ཞེས་ པས་མཚོན་པ་ཀུན་ནས་མནར་སེམས་པ་དགུ་སྟེ། འདིས་བདག་ལ་གནོད་པ་བྱས་སོ་བྱེད་དོ། ། 21-1-650 བྱེད་པར་འགྱུར་རོ། །{འདིས་བདག་དང་ཉེ་ཞིང་ཕྱོགས་སུ་གཏོགས་པ་རྣམས་ལ་གནོད་པ་ བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ། །}འདིས་བདག་གི་དགྲ་ལ་ཕན་བཏགས་སོ། །འདོགས་ པར་བྱེད་དོ། །འདོགས་པར་འགྱུར་རོ་སྙམ་པའི་སེམས་དམ་པོར་གྱུར་པས་ཁོང་ཁྲོ་བ་ཞེ་སྡང་ གིས་འཁོན་དུ་འཛིན་པས་འཁྲུག་ལོང་རྩོད་པ་བསྐྱེད་པར་བྱེད་པ་དེ་སྤངས་ནས་བདེ་བར་ གཉིད་ཀྱིས་ལོག་པ་ལ་སོགས་པ་སྤྱོད་ལམ་ཀུན་ཏུ་འཁོན་འཛིན་རྣམ་པར་སྤངས་ཏེ་བདེ་བ་ ལ་གནས་པར་གྱིས་ཤིག །རང་གཞན་གྱི་སྤྱོད་པ་ལ་བརྟགས་ཏེ་བག་ཡོད་པར་གདམས་པ་ ལས། རང་གི་སྤྱོད་པ་ལ་བརྟགས་ཏེ་བག་ཡོད་པར་བསླབ་པ་ལ། སེམས་ཀྱི་སྤྱོད་ཡུལ་ལ་ བརྟགས་ཏེ་བག་ཡོད་པར་བསླབ་པ་དང༌། ངག་གི་སྤྱོད་པ་ལ་བརྟགས་ཏེ་བག་ཡོད་པར་ བསླབ་པ་གཉིས་ལས། དང་པོ་ནི། སེམས་ནི་ཆུ་དང་ས་དང་རྡོ་བ་ལ། །རི་མོར་བྲིས་པ་དེ་ འདྲར་རིག་པར་གྱིས། །དེའི་ན་ཉོན་མོངས་ཅན་ལ་དང་པོ་ནི། །མཆོག་སྟེ་ཆོས་འདོད་རྣམས་ ལ་ཐ་མ་ལགས། །སེམས་ཞེས་པར་འཇུག་ཚུལ་མང་དག་ཡོད་ཀྱང༌། སྐབས་འདིར་ཡིད་ལ་ བྱེད་པ་ཡིན་ལ། དེ་ལ་ཡང་ཆུ་ལ་རི་མོ་བྲིས་པ་ལྟར་ཡིད་ལ་བྱེད་པ་མི་བརྟན་པ་དང༌། ས་ལ་ རི་མོ་བྲིས་པ་ལྟར་ཅུང་ཟད་བརྟན་པ་དང༌། རྡོ་བ་ལ་རི་མོ་བྲིས་པ་ལྟར་ཤིན་ཏུ་བརྟན་པ་ གསུམ་སྟེ། {དེས་[དཔེ་]གསུམ་དེ་དང་འདྲ་བ་སེམས་ཀྱི་དབྱེ་བ་ནི་རིག་ཅིང་གོ་བར་བགྱི་ལ། དེ་གསུམ་སོ་སོར་ཡང་དགེ་མི་དགེ་ལུང་མ་བསྟན་ཡིད་བྱེད་དང་གསུམ་གསུམ་དུ་ཡོད་ཀྱང༌། སྤང་བླང་གི་དབང་དུ་བྱས་ནས་དགེ་མི་དགེ་གཉིས་ལས། མི་དགེ་བ་ཉོན་མོངས་པས་སེམས་ ཐོག་མར་མ་སྐྱེས་པ་བྱ། སྐྱེས་ཀྱང་མྱུར་དུ་སྤོང་དགོས་ཏེ། ཉོན་མོངས་ཅན་གྱི་རྣམ་རྟོག་ཡིད་ ལ་བྱེད་པ་ནི་དང་པོ་སྟེ། ཆུ་ལ་རི་མོ་བྲིས་པ་ལྟར་མི་བརྟན་པར་བྱ་བ་ནི་མཆོག་ཡིན་ཅིང༌། ཆོས་འདོད་དེ་དགེ་བའི་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་རྣམས་[ལ་]ནི་ཐ་མ་རྡོ་ལ་རི་མོ་བྲིས་ པ་ལྟར་ཤིན་ཏུ་བརྟན་པར་བྱ་བ་མཆོག་ཡིན་པས། རང་གི་ཡིད་{ཀྱིས་[ཀྱི་]སྤྱོད་པ་ལ་ 21-1-651 བརྟགས་ཏེ་དེ་ལྟར་དུ་བསླབ་པར་བྱེད་དགོས་སོ། །ངག་གི་སྤྱོད་པ་ལ་བརྟགས་ཏེ་བག་ཡོད་ པར་བསླབ་པ་ནི། རྒྱལ་བའི་སྙིང་ལ་འབབ་དང་བདེན་པ་དང༌། །ལོག་པར་སྨྲ་ལྡན་སྐྱེས་བུ་ རྣམས་ཀྱི་ནི། །སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག །རྣམ་གསུམ་བཀའ་བསྩལ་དེ་ལས་ཐ་ མ་སྤངས། །རྒྱལ་བ་སངས་རྒྱས་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་ངག་ཚིག་སྤང་བླང་གི་ཡུལ་ དུ་བྱ་བ་རྣམ་པ་གསུམ་ཡོད་པར་གསུངས་ཏེ། མི་དགེ་བ་དང་རྗེས་སུ་འབྲེལ་བ་མ་ཡིན་པར་ སྨྲ་བའི་ཡུལ་གང་ཡིན་པ་དེའི་ཡིད་ལ་འཐད་ཅིང་དགའ་བ་བསྐྱེད་པར་བྱེད་པའི་ངག་ཚིག་ནི་ སྙིང་ལ་འབབ་པའི་ཚིག་སྟེ། དེས་རོ་མྱངས་པས་དགའ་བར་བྱེད་པ་སྦྲང་རྩི་དང་མཚུངས་པ་ དང༌། བདེན་པའི་ཚིག་ཆོས་ཀྱི་གཏམ་འཁོར་བ་རྒྱུ་འབྲས་དང་ཐར་བ་རྒྱུ་འབྲས་[ཏེ་]བདེན་ པ་བཞིའི་ཀུན་རྫོབ་རྟེན་འབྲེལ་འགག་མེད་དང༌། དོན་དམ་བདེན་པ་སྟོང་ཉིད་སྦྲོས་བྲལ་ སྟོན་པར་བྱེད་པ་བདེན་པའི་ཚིག་ནི་སྐྱོན་གྱིས་མ་གོས་པས་དཔེ་མེ་ཏོག་པདྨ་ལ་འདམ་གྱིས་ མི་གོས་ཆུ་མི་ཆགས་པ་དང་མཚུངས་པ་ཡིན་ལ། ལོག་པར་སྨྲ་བ་དང་ལྡན་པ་ནི་སྐྱེ་བོ་གྲུབ་ མཐས་བློ་མ་བསྒྱུར་བ་རྣམས་ཀྱི་ཉོན་མོངས་པ་དང་རྗེས་སུ་འབྲེལ་བའི་ཚིག་དང༌། མུ་སྟེགས་ ཅན་ལ་སོགས་པའི་ལྟ་སྤྱོད་ལོག་པས་བསྒྱུར་པའི་ཚིག་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་ཤིན་ཏུ་སྨད་ པའི་ཡུལ་ཡིན་པའི་ཕྱིར་དཔེ་མི་གཙང་བ་དང་མཚུངས་ཏེ། དེ་གསུམ་ལས་ཐ་མ་མི་གཙང་བ་ དང་འདྲ་བའི་ཚིག་སྤང་བར་བྱ་ཞིང༌། སྦྲང་རྩི་ལྟ་བུའི་ཚིག་བླང་བར་བྱ་བའི་ཡུལ་ཕལ་བ་ཡིན་ ལ། བདེན་པའི་ཚིག་ཆོས་ཀྱི་ཡང་དག་པའི་གཏམ་ནི་བླང་བར་བྱ་བའི་མཆོག་ཡིན་པ་{དེའི་ [དེ་]ཕྱིར་རང་གི་ངག་ཚིག་རྣམ་པ་གསུམ་པོ་ཇི་ལྟར་དུ་འགྱུར་{བ་}བརྟགས་ཏེ་སྦྲང་རྩི་ལྟ་ བུའི་ཚིག་ཀྱང་བརྗོད་ཅིང༌། མེ་ཏོག་ལྟ་བུའི་ཚིག་ངེས་པར་བརྗོད་པར་བྱའོ། །རང་གཞན་ གཉིས་ཀའི་སྤྱོད་པ་ལ་བརྟགས་ཏེ་བསླབ་ཚུལ་[ལ]། སྣང་ནས་སྣང་བའི་མཐར་ཐུག་མུན་པ་ ནས། །མུན་པའི་མཐའ་དང་སྣང་ནས་མུན་མཐར་ཐུག །མུན་ནས་སྣང་བའི་མཐར་ཐུག་གང་ 21-1-652 ཟག་ནི། །བཞི་སྟེ་དེ་དག་རྣམས་ཀྱི་དང་པོ་མཛོད། །སྣང་བའི་བརྡས་བསྟན་པ་ནི་མཐོ་རིས་ཏེ། བློ་དང་རིགས་པ་དང་ལྡན་པས་སྣང་བ་དང་མཚུངས་པ་ཡིན་ཅིང༌། མུན་པའི་བརྡས་བསྟན་པ་ ནི་ངན་སོང་སྟེ་བླུན་ཅིང་རྨོངས་པས་ན། མུན་པ་དང་མཚུངས་པ་ཡིན་ནོ། །དེ་ཡང་མཐོ་རིས་ ནས་དགེ་བའི་ལས་ཀྱིས་མཐོ་རིས་སུ་འགྲོ་བ་སྣང་བ་ནས་སྣང་བའི་མཐར་ཐུག་ཏུ་འགྲོ་བའི་ གང་ཟག་དང༌། ངན་སོང་ནས་མི་དགེ་བའི་ལས་ཀྱིས་ངན་སོང་དུ་འགྲོ་བ་མུན་པ་ནས་མུན་ པའི་[མཐར་ཐུག་ཏུ་འགྲོ་བའི་གང་ཟག སྣང་བ་མཐོ་རིས་ནས་མི་དགེ་བར་སྤྱད་པས་མུན་པ་ ངན་སོང་དུ་འགྲོ་བ་སྣང་བ་ནས་མུན་པའི་མཐར་ཐུག་ཏུ་འགྲོ་བའི་གང་ཟག མུན་པ་ངན་སོང་ གི་རྟེན་ལ་དགེ་བའི་ལས་བསགས་པ་དང༌། སྔོན་གྱི་དགེ་བས་སྣང་བ་མཐོ་རིས་སུ་འགྲོ་བ་ མུན་པ་ནས་སྣང་བའི་མཐར་ཐུག་ཏུ་འགྲོ་བའི་གང་ཟག་སྟེ་དེ་བཞིར་ངེས་པ་ལས། རང་ཉིད་ ཀྱང་དེ་དག་གི་དང་པོ་སྣང་བ་ནས་སྣང་བའི་མཐར་ཐུག་ཏུ་འགྲོ་བ་མིའི་རྟེན་ནས་སླར་ཡང་ མཐོ་རིས་ལྷ་མིའི་བདེ་བ་ལ་རེག་པར་འགྱུར་བ་དགེ་བའི་ལས་རྒྱ་ཆེན་པོ་སྤྱོད་ཅིང༌། རང་དང་ ཉེ་བ་དང་རང་གི་བློ་སྒྱུར་ནུས་པ་རྣམས་ཀྱང་དེ་ལྟ་བུའི་དགེ་བའི་ལས་ལ་སྦྱོར་བར་མཛོད་ ཅིག གཙོ་བོར་གཞན་གྱི་སྤྱོད་པ་ལ་བརྟགས་ཏེ་བག་ཡོད་པར་གདམས་པ་ནི། མི་ནི་ཨ་སྨྲའི་ འབྲས་བཞིན་མ་སྨིན་ལ། །སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ། །མ་སྨིན་མ་སྨིན་པར་སྣང་ སྨིན་ལ་ནི། །སྨིན་པར་སྣང་ཞེས་བགྱི་བར་འདྲར་རྟོགས་མཛོད། །མི་འདི་དག་ནི་ཨ་སྨྲའི་ འབྲས་བུ་དང་འདྲ་བ་རྟོགས་པར་མཛོད་ཅིག ཇི་ལྟར་ཞེ་ན་ཤིང་ཨ་སྨྲའི་འབྲས་བུ་ལ་ནང་མ་ སྨིན་པ་ལ་ཕྱི་སྨིན་པ་འདྲ་བ་དང༌། ནང་སྨིན་ལ་ཕྱི་མ་སྨིན་པ་འདྲ་བ། ནང་མ་སྨིན་ལ་ཕྱི་ཡང་ མ་སྨིན་པར་སྣང་བ། ནང་སྨིན་ལ་ཕྱི་ཡང་སྨིན་པར་སྣང་བ་རྣམས་སོ་སོར་ཡོད་པ་བཞིན། མི་ རྣམས་ལ་ཡང་ནི་ནང་གི་སེམས་མ་རུང་ཞིང་ངན་པ་ལ་ཕྱིའི་ལུས་ཀྱི་སྤྱོད་པ་མཁས་པ་དང་ ངག་འཇམ་པས་ཕན་འདོགས་པ་ལྟར་བྱེད་པ་ནང་མ་སྨིན་ལ་ཕྱི་སྨིན་པ་དང་འདྲ། སེམས་ 21-1-653 བཟང་ཡང་ལུས་ཀྱི་སྤྱོད་པ་མི་མཁས་ཤིང་ངག་རྩུབ་པ་ནི་ནང་སྨིན་ལ་ཕྱི་མ་སྨིན་པ་དང་འདྲ་ བ། ཕྱི་ནང་གཉིས་མཚུངས་པར་ངན་པ་ཕྱི་ནང་གཉིས་ཀ་མ་སྨིན་པ་དང་འདྲ་བ། ཕྱི་ནང་ གཉིས་མཚུངས་པར་བཟང་བ་ནི་ཕྱི་ནང་གཉིས་ཀ་སྨིན་པ་དང་འདྲ་བ་སྟེ། ཕྱི་ནང་མཚུངས་ པར་ངན་པ་རྒྱང་རིང་དུ་སྤོང་བ་དང༌། ཕྱི་ནང་གཉིས་མཚུངས་པར་བསམ་པ་ཀུན་སྤྱོད་ཕུན་ སུམ་ཚོགས་པ་ཕན་འདོགས་པའི་ངང་ཚུལ་ཅན་དེ་ནི་དུས་རྟག་ཏུ་བསྙེན་ཞིང་བསྟེན་པ་དང་ བག་འབེབས་པར་བྱ་བ་ནི་བརྟག་བླ་བ་ཡིན་ལ། ཕྱི་ནང་མི་མཚུངས་པ་རྣམ་པ་གཉིས་པོར་ ལེགས་པར་བརྟགས་ཏེ་སེམས་བཟང་ན་ལུས་ཀྱི་སྤྱོད་པ་མི་མཁས་ཀྱང་ཅི་རིགས་པར་བག་ འབེབས་པ་དང་བསྟེན་པར་བྱ་བ་ཡིན་ལ། སེམས་གནག་ཅིང་ངན་ན་ལུས་ངག་གི་སྤྱོད་པ་ མཛེས་པས་ཕན་འདོགས་པ་ལྟར་སྣང་ཡང༌། དེ་ནི་དུས་རྟག་ཏུ་ཞེ་ཟོན་ཆེན་པོས་སྤང་བར་བྱ་ དགོས་པ་ཡིན་ཏེ། ལེགས་པར་མ་བརྟགས་པས་བག་མེད་པར་གྱུར་ན་ཆོས་དང་སྲིད་ཀྱི་བྱ་བ་ ཉམས་པར་འགྱུར་བས་རྒྱང་རིང་དུ་སྤང་པར་བྱ་དགོས་སོ། །འདོད་ཡོན་ལ་རྣམ་པར་གཡེང་ བ་སྤངས་ནས་བག་ཡོད་བྱ་བར་བསྡམ་པ་ལ། ཐོག་མར་འདོད་པས་ལོག་པར་གཡེམ་པ་མི་ རུང་བར་སྤྱོད་པ་དགག་པ་ནི། གཞན་གྱི་ཆུང་མ་མི་བལྟ་མཐོང་ན་ཡང༌། །ན་ཚོད་མཐུན་པར་ མ་དང་བུ་མོ་དང༌། །སྲིང་མོའི་འདུ་ཤེས་བསྐྱེད་བགྱི་ཆགས་གྱུར་ན། །མི་གཙང་ཉིད་དུའང་ ཡང་དག་བསམ་པར་བགྱི། །གཞན་]གྱི་ཆུང་མ་བུད་མེད་ལ་ཆགས་སེམས་ཀྱིས་བལྟ་བར་མི་ བྱེད། ཆེད་དུ་མ་བལྟས་པར་མཐོང་བས་ཆགས་པར་གྱུར་ན་ཡང་ན་ཚོད་དང་མཐུན་པའི་རིམ་ པས་རང་ལས་རྒན་པ་རྣམས་ལ་མའི་འདུ་ཤེས་དང༌། གཞོན་པར་བུ་མོའི་འདུ་ཤེས་དང༌། རང་དང་ན་ཚོད་མཉམ་པར་སྲིང་མོའི་འདུ་ཤེས་བསྐྱེད་པར་བགྱིད་པ་ན། འཛེམ་བག་གི་ སེམས་དང་ལྡན་པས་ཡིད་ཆགས་པ་ལས་བཟློག་པར་འགྱུར་ཞིང༌། དེས་ཀྱང་བཟློག་མི་ནུས་ པའི་ཆགས་པ་ཤུགས་ཆེ་བར་གྱུར་ན་མི་སྡུག་པའི་ཏིང་ངེ་འཛིན་བསྒོམ་པའི་ཚུལ་གྱིས་མི་ 21-1-654 གཙང་བའི་རང་བཞིན་དུའང་ཡང་དག་པར་བསམ་པར་བགྱིས་པས་གཞན་གྱི་ཁྱིམ་ཐབས་ ལ་ཆགས་པ་བཟློག་པར་བྱེད་དོ། །སེམས་བསྲུང་བས་བག་ཡོད་པར་བྱ་བ་ནི། གཡོ་བའི་ སེམས་ནི་ཐོས་མཚུངས་བུ་ལྟ་བུར། །གཏེར་བཞིན་སྲོག་དང་འདྲ་བར་བསྲུང་བགྱིད་དེ། །ཉོན་ མོངས་པའི་ཡུལ་ལ་གཡོ་བའི་སེམས་ནི་དུས་རྟག་ཏུ་བསྒྲིམས་ནས་ཡུལ་ལ་གཡོ་བ་ལས་ བཟློག་སྟེ་ཉོན་མོངས་པ་ལས་སེམས་ཤིན་ཏུ་བསྲུང་བར་བྱ་བ་ནི། ཐོས་པ་ལ་སོགས་པ་དང་ འདྲ་བར་བསྲུང་དགོས་ཏེ། ཐོས་པའི་དོན་ཡང་ནས་ཡང་དུ་བསམ་ཞིང་ཚིག་ངག་ཏུ་བརྗོད་ པར་བྱ་བ་ལ་བརྩོན་པ་མི་ལྷོད་{པ་[པར་]དགོས་པ་དང་མཚུངས། བུ་གཅེས་{པ་[པར་] མནོ་མི་ཤེས་པའི་དུས་ནས་ཉམས་ཉེས་སུ་མི་འགྱུར་བའི་ཕྱིར་དུ་བལྟ་ཞིང་འཚོ་དགོས་པ་ལྟ་ བུར་མཚུངས། གཞན་གྱི་ཡོད་པར་ཤེས་པའི་གཏེར་དང་མཛོད་ཀྱི་ནོར་ལ་གཞན་{གྱིས་[གྱི་] གནོད་པ་དང་ཆུད་མ་ཟོས་པར་བྱེད་པས་བསྲུང་དགོས་པ་དང་མཚུངས་པ་བཞིན་དང༌། དུས་ རྟག་ཏུ་སྲོག་གཅེས་པའི་སྙིང་པོར་གྱུར་པས་རྣམ་པ་དུ་མ་ནས་བསྲུང་དགོས་པ་དང་མཚུངས་ པར་སེམས་ཉོན་མོངས་པའི་ཡུལ་ལ་གཡོ་བ་ལས་བསྲུང་བར་བྱའོ། །འདོད་ཡོན་གྱི་ཉེས་ དམིགས་ཤེས་པས་བག་ཡོད་པར་བྱ་བར་བསྡམས་པ་ལ། གདུག་པ་དུག་དང་མཚོན་དང་ དགྲ་བོ་དང༌། །མེ་བཞིན་འདོད་པའི་བདེ་ལ་ཡིད་འབྱུང་མཛོད། །འདོད་ཡོན་ལ་ཆགས་པས་ སེམས་ཉོན་མོངས་པར་བྱེད་པའི་ཉེས་དམིགས་ནི། སྦྲུལ་གདུག་པས་ཟིན་ན་དུག་གིས་ ཡོངས་སུ་ཁྱབ་པར་བྱེད་པ་དང་མཚུངས། དུག་ཆུང་ངུས་ཀྱང་སྲོག་འཕྲོག་པར་བྱེད་པ་དང་ མཚུངས། མཚོན་རྣོན་པོས་རེག་པས་རྨ་འབྱིན་ཞིང་གཅོད་པར་བྱེད་པ་དང་མཚུངས། དགྲ་ བོས་གླགས་ལྟས་ཏེ་གནོད་པར་བྱེད་པ་དང་མཚུངས། མེ་ཆུང་ངུས་ཀྱང་ཟོན་མེད་ལ་རིམ་པར་ བསྲེག་ནུས་པ་བཞིན་དུ། འདོད་པའི་བདེ་བ་ཡང་དེ་དང་འདྲ་སྟེ་འདོད་ཡོན་ལ་མངོན་པར་ ཆགས་པ་སྐྱོན་གྱི་རང་བཞིན་དུ་ཤེས་ནས་ཡིད་འབྱུང་བར་མཛོད་ཅིག །འདོད་ཡོན་གྱི་ཉེས་ 21-1-655 དམིགས་བཤད་པ་ལ། འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པ་སྟེ། །རྒྱལ་བའི་དབང་པོས་ ཀིམ་པའི་འབྲས་འདྲར་གསུངས། །འདོད་ཡོན་རྣམས་ནི་ཕུང་ཁྲོལ་མང་པོའི་གཞིར་གྱུར་པས་ ན། རྒྱལ་བའི་དབང་པོ་སངས་རྒྱས་ཀྱིས་ཤིང་ཀིམ་པའི་འབྲས་བུ་དབྱིབས་ཁ་དོག་མཛེས་ ཀྱང་དུག་གི་ནུས་པ་ཅན་ཡིན་པ་དང་འདྲ་བར་འཕྲལ་དགའ་བར་སྣང་ཡང་སྐྱོན་དང་བཅས་ པས་ཆགས་པའི་གནས་མ་ཡིན་པར་གསུངས་སོ། །འདོད་ཡོན་ལ་མ་ཆགས་པ་དགོས་པའི་རྒྱུ་ མཚན་བསྟན་པ་ནི། དེ་དག་སྤང་བགྱི་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བཙོན་རར་ འཇིག་རྟེན་འདི་དག་བཅིངས། །འདོད་ཡོན་ལ་ཆགས་པ་སྤང་བར་བགྱི་སྟེ། འདོད་ཡོན་ལ་ ཆགས་པ་དེ་ཡི་ལྕགས་སྒྲོག་གིས་དམ་དུ་བཅིངས་པའི་སེམས་ཅན་འཇིག་རྟེན་པ་འདི་དག་ནི་ འཁོར་བ་སྡུག་བསྔལ་གྱི་བཙོན་ར་ལས་ཐར་མི་ནུས་པས།འདོད་ཡོན་ལ་ཆགས་པའི་ལྕགས་ སྒྲོག་སྤངས་ཏེ་འཁོར་བའི་བཙོན་ར་ལས་ཐར་བར་བྱའོ། །འདོད་ཡོན་ལ་ཆགས་པ་སྤངས་པ་ དཔའ་པོ་མཆོག་ཡིན་པར་སྟོན་པ་ནི། གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི། །རྟག་ཏུ་མི་ བརྟན་གཡོ་དང་གང་དག་ཅིག །གཡུལ་ངོར་དགྲ་ཚོགས་ལས་རྒྱལ་དེ་དག་ལས། །མཁས་ རྣམས་དང་པོ་དཔའ་རབ་ལགས་པར་འཚལ། །སྐྱེས་བུ་གང་དག་དབང་པོ་དྲུག་གི་རྣམ་པར་ ཤེས་པ་ཡུལ་དྲུག་རྣམས་ལ་ནི་རྟག་ཏུ་མི་བརྟན་པར་གཡོ་བ། བག་ཡོད་པའི་གཉེན་པོའི་ སྟོབས་ཀྱིས་འཇོམས་པར་བྱེད་པ་སྟེ། དེ་ཡང་དངོས་སུ་ནི་དབང་པོ་རྣམས་ནི་བེམ་པོ་ཡིན་ པས་ཡུལ་ལ་གཡོ་བ་མིན་ཅིང༌། འཇུག་ཤེས་ཀྱང་རྟོག་མེད་ཡིན་པས་ཡུལ་ལ་གཡོ་བ་མ་ཡིན་ མོད། དབང་ཤེས་དེའི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པ་ནི་ཡུལ་ལ་གཡོ་བས། ཆགས་ སྡང་ལ་སོགས་པའི་ཉོན་མོངས་པ་མཐའ་དག་སྐྱེད་པར་བྱེད་པ་ཡིན་པས་ན། མིག་གི་དབང་ ཤེས་དེའི་རྗེས་འབྲང་རྣམ་པར་རྟོག་པ་དང་བཅས་པ་ཡུལ་གཟུགས་ལ་གཡོ་བར་བྱེད་པ་ནས། ཡིད་ཀྱི་དབང་ཤེས་རྗེས་འབྲང་རྣམ་པར་རྟོག་པ་དང་བཅས་པ་ཡུལ་ཆོས་ཁམས་ལ་གཡོ་བའི་ 21-1-656 བར་གྱི་དབང་ཤེས་དྲུག་རྗེས་འབྲང་རྣམ་པར་རྟོག་པ་དང་བཅས་པ། རང་གི་ཡུལ་སོ་སོར་མི་ བརྟན་པར་གཡོ་བ་ཉོན་མོངས་པའི་{དགྲ་[དགྲའི་]ཚོགས་གཉེན་པོས་བཅོམ་ཞིང་རྒྱལ་བར་ བྱས་པ་ནི་དཔའ་བོ་ཡིན་པ་དང༌། གཡུལ་ངོར་དགྲའི་དཔུང་ཚོགས་སྐྱེས་བུ་གཅིག་གིས་ བཅོམ་ནས་དགྲ་ལས་རྒྱལ་བར་བྱས་པ་ཡང་དཔའ་བོ་སྟེ། དེ་གཉིས་ཀྱི་ནང་ནས། མཁས་པ་ རྣམས་ནི་ཡུལ་ལ་གཡོ་བའི་རྣམ་པར་རྟོག་པ་ལས་རྒྱལ་བ། ནང་སེམས་ཀྱིས་དགྲ་ཚོགས་ བཅོམ་པ་ཉིད་དཔའ་བ་{དང་}མཆོག་དང་རབ་ལགས་པར་འཚལ་ཞིང་བརྩི་བ་ཡིན་ནོ། ། བུད་མེད་ཀྱི་ཡུལ་ལ་ཆགས་པ་སྤོང་བ་ནི། བུད་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ། །དྲི་ ང་བ་དང་སྒོ་དགུ་དོད་པ་དང༌། །མི་གཙང་ཀུན་སྣོད་འདྲ་བ་དགང་དཀའ་དང༌། །ལྤགས་པས་ གཡོགས་པར་རྒྱན་ཡང་ལོགས་ཤིག་གཟིགས། །བུད་མེད་གཞོན་ནུའི་ལུས་ཡིད་དུ་འོང་བ་ནི་ ཆགས་པར་འོས་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། ལོགས་ཤིག་ནས་སོ་སོར་ཕྱེ་ནས་རྣམ་པར་ བརྟག་ན། ལུས་ཀྱི་ནང་མི་གཙང་བས་གཏམས་པའི་དྲི་ང་བ་དང༌། སྒོ་དགུ་དོད་པ་ནས་ སྙིགས་མ་འཛག་པ་དང༌། ཁྲག་ཆུ་སེར་ནང་ཁྲོལ་སོགས་མི་གཙང་བ་སྣ་ཚོགས་པ་ཀུན་གྱི་ སྣོད་དང་འདྲ་བ་ཡིན་པ་དང༌། དེ་ཡང་དུད་འགྲོ་ལྟ་བུ་གསོ་སླ་བ་མ་ཡིན་པར། ཟས་{ནོར་ [གོས་]རིན་ཐང་ཅན་གྱིས་འཚོ་དགོས་པས་དགང་དཀར་བ་ཡིན་པས་ན། ཕྱི་ནས་ལྤགས་ པས་གཡོགས་ནས་མི་མཐོང་བར་བསྒྲིབས་པ་དང༌། རྒྱན་གྱིས་མཛེས་པ་ལྟར་བྱས་ཀྱང་བློས་ སོ་སོར་ལོགས་ཤིག་ནས་གཟིགས་ན་མི་སྡུག་པའི་རང་བཞིན་ཅན་ཡིན་པས་ཆགས་པར་མི་ རིགས་སོ། །འདོད་ཡོན་ནི་ངོམ་པ་མེད་པའི་ཕྱིར་སྲེད་པ་{དགག་[བགག་]དགོས་པར་ བསྡམས་(གདམས་)པ་ནི། ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ན། །བདེ་བའི་དོན་དུ་མེ་ལ་ ཀུན་བསྟེན་ཀྱང༌། །ཞི་བར་མི་འགྱུར་དེ་དང་འདྲ་བར་ནི། །འདོད་པ་རྣམས་ལ་ཆགས་པའང་ མཁྱེན་པར་མཛོད། །མཛེའི་ནད་ཀྱིས་ཟིན་པ་ཅན་ལྤགས་པའི་བར་དུ་སྲིན་བུ་གཡོ་བའི་ 21-1-657 གདུང་བས་ཉེན་པ་འགའ་ཞིག་བདེ་བའི་དོན་དུ་མེའི་འོད་ལ་ཀུན་ནས་བསྟེན་པས་ཡུད་ཙམ་ བདེ་བ་ལྟར་སྣང་ཡང༌། ནད་ཞི་བར་མི་འགྱུར་བར་སླར་ཆུ་སེར་ཀྱིས་ཚ་བ་རྒྱས་པས་ཟུག་རྔུ་ འཕེལ་བར་འགྱུར་བ་བཞིན་དུ། དེ་དང་འདྲ་བར་ནི། འདོད་པའི་ཡོན་ཏན་བསྟེན་པས་ཡུད་ ཙམ་ཚིམ་པ་ལྟར་གྱུར་ཀྱང༌། སླར་སྲེད་པ་རྒྱས་པར་འགྱུར་ཞིང་ངོམ་པ་མེད་པ་དེའི་ཕྱིར་ འདོད་པ་རྣམས་ལ་ཆགས་པའང་མཁྱེན་པར་མཛོད་ལ་འདོད་ཡོན་ལ་ཆགས་པའི་སྲེད་པ་ ཐོག་མ་ཉིད་ནས་བཟློག་པར་བྱའོ། །དེ་ལྟར་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་བག་ཡོད་ པའི་ཆོས་སྐོར་བཤད་ཟིན་པའི་རྗེས་ཐོགས་སུ། ལམ་དངོས་བཤད་པ་ལ། ཐེག་པ་ཐུན་མོང་ གི་ལམ་རྒྱས་པར་བཤད་པ་དང༌། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་དང་འབྲས་{བུ་[བུའི་ ]འཇུག་སྒོ་ཙམ་བསྟན་པ་ལས། དང་པོ་ལ། མདོར་བསྟན་གྱི་ཚུལ་གྱིས་སྒོམ་བྱ་ངོས་བཟུང་བ་ དང༌། རྒྱས་བཤད་ཀྱི་ཚུལ་གྱིས་ལམ་ལྔའི་རིམ་པ་བཤད་པ་ལས། དང་པོ་ནི། དོན་དམ་ གཟིགས་པར་བགྱི་སླད་དངོས་རྣམས་ལ། །ཚུལ་བཞིན་ཡིད་ལ་བགྱིད་པ་དེ་གོམས་མཛོད། ། དེ་དང་འདྲ་བར་ཡོན་ཏན་ལྡན་པ་ཡི། །ཆོས་གཞན་གཅིག་འགའ་ཡང་མཆིས་པ་མ་ལགས་ སོ། །དགོས་པ་དོན་དམ་པའི་གནས་ལུགས་མཐོང་ཞིང་རྟོགས་པར་བྱ་བའི་སླད་དུ་སྟེ། སྤྱིར་ བཏང་དོན་དམ་སྟོང་ཉིད་སྤྲོས་བྲལ་ལ་བྱེད་པ་ཡིན་ཀྱང༌། སྐབས་འདིར་གང་ཟག་གི་བདག་ མེད་པ་ལ་གཙོ་བོར་བྱ་ཞིང༌། བསྒོམ་བྱ་དངོས། དངོས་པོ་རྣམས་ལ་ཚུལ་བཞིན་ཡིད་ལ་བགྱི་ བ་དེ་རུ་གོམས་པར་མཛོད་ཅིག དེ་ལྟ་བུའི་ཕན་ཡོན་ནི། སྤྱིར་བཏང་ལུང་མ་བསྟན་དང་མི་ དགེ་བ་རྣམས་དོན་མེད་དང་དོན་ལོག་ཡིན་པས་ཕན་ཡོན་མེད་པ་དང༌། དགེ་བ་མཐའ་དག་ ཕན་ཡོན་དང་བཅས་པ་ཡིན་ཡང༌། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དང་འདྲ་བར་ཕན་ ཡོན་མཚུངས་ཤིང་མཉམ་པའི་ཆོས་ནི་གཅིག་དང་འགའ་ཡང་ཡོད་པ་མ་ཡིན་ནོ། །དངོས་པོ་ རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པའི་ངོ་བོ་ནི་བདེན་པ་བཞིའི་དོན་སྒོམ་པ་ཡིན་ལ། ཚུལ་ 21-1-658 བཞིན་ཡིད་ལ་བྱེད་པ་ཟེར་བའི་རྒྱུ་མཚན་ནི། ཡིན་པ་ལ་ཡིན་པ་དང༌། མ་ཡིན་པ་ལ་མ་ཡིན་ པར་དངོས་པོའི་གནས་ཚུལ་དང་མཐུན་པར་བསྒོམ་པ་ནི། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཡིན་ ཅིང༌། ཉོན་མོངས་པ་རྣམས་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་[པ་ཡིན་]པས། དེ་གཉིས་ འགལ་བའི་ཕྱིར། ཚུལ་བཞིན་དུ་ཡིད་ལ་བྱེད་པས། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ ཉོན་མོངས་པ་འཇོམས་པར་བྱེད་དོ། །བདེན་པ་བཞིའི་དོན་བསྒོམ་པ་ནི། བདེན་པ་{བཞིའི་ [བཞི་]མི་རྟག་པ་ལ་སོགས་བཅུ་དྲུག་གི་རྣམ་པ་ཡིད་ལ་བྱེད་པ་ལས། སྡུག་བསྔལ་བདེན་པ་ {ལས[ལ]། མི་རྟག་སྡུག་བསྔལ་སྟོང་བ་བདག་མེད་{བཞི་སྟེ[གཞི་ཏེ]། འདུས་བྱས་ཐམས་ ཅད་མི་རྟག །ཟག་བཅས་ཐམས་ཅད་སྡུག་བསྔལ། ཆོས་ཐམས་ཅད་སྟོང་པ་དང༌། ཆོས་ ཐམས་ཅད་བདག་མེད་པའི་དོན་བསྒོམ་པ་སྟེ། བེམ་ཤེས་ཀྱིས་བསྡུས་པའི་དངོས་པོ་རྣམས་ རྒྱུ་རྐྱེན་གྱིས་འདུས་བྱས་པས་ན་འདུས་བྱས། དེ་ཡང་སྐད་ཅིག་{གིས་[གི་]གནས་སྐབས་ཕྱི་ མ་{མ་}སྐྱེ་ཞིང་སྔ་མ་འགགས་པས་ན། རྟག་ཏུ་འགྱུར་བ་དང་འཇིག་པའི་ཕྱིར་མི་རྟག་པ་ཡིན་ པ་ལྟར། དེ་དང་མཐུན་པར་ཚུལ་བཞིན་ཡིད་ལ་བྱེད་པ་དང༌། ལམ་བདེན་མ་གཏོགས་པའི་ འདུས་བྱས་རྣམས་ནི་ཟག་བཅས་ཏེ། དེ་ཡང་ཁམས་གསུམ་གྱི་བསྡུས་པའི་གནས་སྣོད་ཀྱི་ འཇིག་རྟེན། དབང་པོ་ལུས། ཤེས་པ་སེམས་བྱུང་རྣམས་ཟག་པ་དང་བཅས་པ་ཡིན་པ་ལས། ཚོར་བ་སྡུག་བསྔལ་དང་འབྲེལ་བ་རྣམས་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཡིན། ཚོར་བ་བདེ་བ་ དང་འབྲེལ་བ་[རྣམས་]ནི་འགྱུར་བའི་སྡུག་བསྔལ་ཡིན། ཚོར་བ་བཏང་སྙོམས་དང་འབྲེལ་ བ་རྣམས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཡིན། དེ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་ནི། དུད་འགྲོ་ ལ་སོགས་པ་རྣམས་ཀྱིས་ཀྱང་ཤེས། འགྱུར་བའི་སྡུག་བསྔལ་ནི་སྐྱེ་བོ་བློ་གྲོས་དང་ལྡན་པ་ རྣམས་ཀྱིས་མཐོང༌། འདུ་བྱེད་ཀྱི་སྡུག་བསྔལ་[ནི་]སྡུག་བསྔལ་ཀུན་གྱི་གཞིར་གྱུར་པ་ཡིན་ ཡང་གཞན་གྱིས་མི་ཤེས་ཤིང༌། འཕགས་པ་རྣམས་ཀྱི་རྟོགས་པ་ཡིན་ནོ། །ཆོས་ཐམས་ཅད་ 21-1-659 སྟོང་པ་ཞེས་པ། སྤྱིར་བཏང་སྟོང་པ་སྤྲོས་བྲལ་ལ་བྱེད་པ་མང་ཡང༌། འདིར་སྡུག་བསྔལ་བདེན་ པའི་རྣམ་{པ་[པའི་]སྟོང་པ་ནི་མི་མཐུན་པའི་རྒྱུ་འབྲས་སྟོང་པ་ལ་བྱེད་པའི། དབང་ཕྱུག་ལ་ སོགས་པ་བྱེད་པའི་སྐྱེས་བུ་དང༌། དུས་རྒྱུར་སྨྲ་བ་ལ་སོགས་པ་བྱེད་པ་པོ་གཞན་གྱིས་བྱས་པ་ དེ་ནི་དངོས་པོའི་གནས་ཚུལ་ལ་མི་སྲིད་ཅིང་དེ་ལྟར་བྱེད་པ་པོས་སྟོང་པར་ཤེས་ལ། མཐུན་ ཞིང་རུང་བའི་རྒྱུ་རྐྱེན་སྣ་ཚོགས་པ་འཛོམས་པ་ལས་འབྲས་བུར་སྣང་བ་ཙམ་[ནི་]ཡིན་ནོ། ། ཆོས་ཐམས་ཅད་བདག་མེད་པ་ནི། ངར་འཛིན་ལྷན་སྐྱེས་ཀྱི་འཛིན་བཏང་(སྟངས་)ཀྱི་གཟུང་ བྱའི་[ང་]བདག་དེ་ནི་དངོས་གནས་ལ་ནམ་ཡང་ཡོད་པ་མ་ཡིན་ཏེ། ཡུལ་གྱི་སྒོ་ནས་ཕྱི་ནང་ བར་གསུམ་དུས་ཐོག་མཐའ་བར་ཐམས་ཅད་དུ་མེད་ཅིང་དེ་ལྟར་དུ་ཤེས་པ་ནི་བདག་མེད་ {པ་[པའི་]རྣམ་པ་ཡིད་ལ་བྱེད་པའོ། །ཀུན་འབྱུང་བདེན་པའི་རྣམ་པ་ལ། རྒྱུ་དང་ཀུན་འབྱུང་ རྐྱེན་དང་རབ་སྐྱེ་རྣམ་པ་བཞིར་ཡོད་ཀྱང༌། དོན་གཅིག་ཏུ་འདུ་བ་ཡིན་པས། ཀུན་འབྱུང་གི་ངོ་ བོ་ཉོན་མོངས་པ་དང༌། ལས་གཉིས་ཀྱིས་འབྲས་བུ་སྡུག་བསྔལ་བསྐྱེད་ཅིང་རིགས་མཐུན་གྱི་ ཉོན་མོངས་པ་དང༌། ལས་གཉིས་པོ་རང་ཡང་སྣ་ཚོགས་པ་བསྐྱེད་པར་བྱེད་པས། འཁོར་བའི་ རྒྱུ་དང་འབྲས་བུ་ཐམས་ཅད་ལས་དང་ཉོན་མོངས་པ་ལས་འབྱུང་བ་དེ་ལྟར་དུ་ཤེས་པ་ནི་ཀུན་ འབྱུང་བདེན་པའི་རྣམ་པ་ཡིད་ལ་བྱེད་པའོ། །འགོག་པའི་བདེན་པའི་རྣམ་པ་ལ་འགོག་པ་ཞི་ བ་གྱ་ནོམ་ངེས་འབྱུང་བཞིར་ཡོད་ཀྱང༌། དོན་གཅིག་ཏུ་འདུས་པས། ཉོན་མོངས་པ་སྤངས་ པས་ལས་འགགས། ལས་འགགས་པས་སྡུག་བསྔལ་འགགས་ཏེ། ལས་ཉོན་སྡུག་བསྔལ་ གསུམ་འགགས་པའི་ཤེས་པ་རང་རིག་རང་གསལ་དེ་སྡུག་བསྔལ་ཐམས་ཅད་ཟད་པའི་ མཐའ་དང༌། བདེ་བ་དམ་པ་འགོགས་པའི་དབྱིངས་ཡིན་པ། དེ་ལྟར་དུ་ངེས་ཤེས་བསྐྱེད་པ་ནི་ འགོག་པའི་རྣམ་པ་ཡིད་ལ་བྱེད་པའོ། །ལམ་གྱི་བདེན་པའི་རྣམ་པ་ལ། ལམ་དང་རིག་པ་སྒྲུབ་ པ་ངེས་འབྱིན་བཞིར་ཡོད་ཀྱང༌། དོན་གཅིག་ཏུ་འདུས་པས། ལམ་བདེན་གྱི་ངོ་བོ་ཟག་མེད་ 21-1-660 ཀྱིས་ཤེས་རབ་ཏིང་ངེ་འཛིན་ཚུལ་ཁྲིམས་དང་བཅས་པ་འདི་ནི་ཉོན་མོངས་པ་སྤོང་བའི་ནུས་ པ་དང་ལྡན་པ། འགོག་པའི་གནས་ཐོབ་པར་བྱེད་པ་ཡིན་པ་ལ་དེ་ལྟར་དུ་ངེས་ཤེས་བྱེད་པ་ནི་ ལམ་གྱི་བདེན་པའི་རྣམ་པ་ཡིད་ལ་བྱེད་པའོ། །ལམ་ལྔའི་དབྱེ་བ་རྒྱས་པར་བཤད་པ་ལ། སོ་ སྐྱེས་ལམ་གྱི་རིམ་པ་བསྟན་པ་དང༌། འཕགས་ལམ་འབྲས་བུ་དང་བཅས་པ་བསྟན་པ་གཉིས་ ལས། དང་པོ་ལ་ཚོགས་ལམ་དང་འབྲེལ་བའི་ཆོས་བསྟན་པ་དང༌། སྦྱོར་ལམ་དང་འབྲེལ་ བའི་ཆོས་བསྟན་པའོ། །དང་པོ་ལ། ཚོགས་ལམ་དུ་ཚུལ་ཁྲིམས་དང་ཤེས་རབ་ལ་ལྷག་པར་ གནས་དགོས་པར་བསྟན་པ་ནི། སྐྱེས་བུ་རིགས་གཟུགས་ཐོས་དང་ལྡན་རྣམས་ཀྱང༌། །ཤེས་ རབ་ཚུལ་ཁྲིམས་བྲལ་བ་བཀུར་མ་ལགས། །དེ་ལྟས་གང་ལ་ཡོན་ཏན་འདི་གཉིས་ལྡན། །དེ་ ནི་ཡོན་ཏན་གཞན་དང་བྲལ་ཡང་མཆོད། །སྐྱེས་བུ་གང་དག་རྒྱལ་པོའི་རིགས་ཤིང་སཱ་ལ་ཆེན་ པོ་ལྟ་བུ་དང༌། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པས་རིགས་མཆོག་ཏུ་གྱུར་པ་ མཛེས་པ་དང་ནད་མེད་པ་ལ་སོགས་པས་གཟུགས་བཟང་བ། རིག་པའི་གནས་བཅོ་བརྒྱད་ ལ་སོགས་པའི་ཐ་སྙད་ཀྱི་གཙུག་ལག་ལ་ཐོས་པ་ཤིན་ཏུ་སྦྱངས་པ་དང་ལྡན་པ་ཞིག་ཡིན་ཀྱང་། གནས་ལུགས་ལ་སྤྱོད་པ་དང༌། ཐར་བའི་ལམ་ཤེས་པའི་ཤེས་རབ་མེད་ཅིང༌། བླང་དོར་རྣམ་ པར་དག་པ་ལ་གནས་པའི་ཚུལ་ཁྲིམས་དང་བྲལ་བ་ན། ལྷ་དང་བཅས་པའི་འཇིག་རྟེན་{གྱིས་ [གྱི་]བཀུར་སྟིའི་གནས་མ་ཡིན་ཅིང༌། ཡང་རིགས་གཟུགས་ཐོས་པའི་ཡོན་ཏན་དང་ལྡན་ན་ ལྟ་སྨོས་ཀྱང་ཅི་དགོས། དེ་དག་ལ་སོགས་པ་ཡོན་ཏན་གཞན་དང་བྲལ་ཡང་གནས་ལུགས་ དང་ཐར་བའི་ལམ་ཤེས་པའི་ཤེས་རབ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་ཡོན་ཏན་དེ་ལྟ་ བུ་[དེ་]གཉིས་གང་ལ་ལྡན་ན། འཇིག་རྟེན་གྱི་མཆོད་པ་དང་བཀུར་སྟིའི་གནས་དམ་པར་ གྱུར་པ་ཡིན་ནོ། །ཤེས་རབ་དེ་ལ་ཡང༌། ཐོས་བྱུང་བསམ་བྱུང་སྒོམ་བྱུང་གི་ཤེས་རབ་གསུམ་ དུ་ཡོད་པ་ལས། ཚོགས་ལམ་གྱི་སྐབས་འདིར་ཐོས་བྱུང་བསམ་བྱུང་{གི་}ཤེས་རབ་གཉིས་ 21-1-661 གཙོ་ཆེ་བ་ཡིན་ཅིང༌། ཚུལ་ཁྲིམས་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མཐའ་ཡས་པ་ཡོད་ ཀྱང༌། སྐབས་འདིར་སོ་སོ་ཐར་པའི་ཚུལ་ཁྲིམས་ཡིན་ནོ། །ཚོགས་ལམ་པས་ཆོས་བརྒྱད་ཀྱི་ རྣམ་པར་རྟོག་པ་མགོ་སྙོམས་བྱེད་དགོས་པར་བསྟན་པ་ནི། འཇིག་རྟེན་མཁྱེན་པ་རྙེད་དང་མ་ རྙེད་དང༌། །བདེ་དང་མི་བདེ་སྙན་དང་མི་སྙན་དང༌། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་ བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །འཇིག་རྟེན་མཁྱེན་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་བརྒྱད་མགོ་སྙོམས་དགོས་པར་བཀའ་བསྩལ་པ་ ཡིན་ཏེ། དེ་ཡང་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྙེད་པ་དང༌། མ་རྙེད་པ་ཕོངས་པ། ལུས་ལ་ ནད་མེད་ཅིང་སེམས་ཉམས་བག་བདེ་བ་དང༌། མི་བདེ་བ། གཞན་གྱིས་གཅིག་ནས་གཅིག་ཏུ་ བརྒྱུད་ཅིང་ཐོས་པའི་གཏམ་སྙན་པ་དང༌། མི་སྙན་པ། རང་ལ་དངོས་སུ་བསྟོད་པ་དང༌། སྨད་ པ་སྟེ་ཆོས་བརྒྱད་པོ་དེ་ལ། འཇིག་རྟེན་པ་རྣམས་ཆེར་འཛིན་པས་ཆགས་སྡང་ལ་སྤྱོད་པ་ནི། བློ་འཁྲུལ་བས་བཅོས་ནས་ལོག་{པས་[པའི་]ཡིད་ལ་བྱེད་པ་ཙམ་དུ་ཟད་ཀྱི། དངོས་གནས་ ལ་ཞུགས་པའི་ཆགས་སྡང་སྤངས་བླང་གི་ཡུལ་དུ་འོས་པ་ནི་མ་ཡིན་པས། རྙེད་པ་ལ་སོགས་ པ་བཞི་ལ་དགའ་བ་དང་ཆགས་པར་མི་བྱེད། མ་རྙེད་པ་ལ་སོགས་པ་བཞི་ལ་སྡུག་པ་དང་ཞེ་ སྡང་བར་མི་བྱེད་པར། ཆོས་བརྒྱད་པོ་དེ་དག་མཉམ་སྙོམས་པར་མཛོད་ཅིག །ཚོགས་ལམ་པ་ དེ་ལས་འབྲས་ཀྱི་སྤང་བླང་ལ་[ཤིན་ཏུ་]གནས་དགོས་པར་བསྟན་པ་ནི། [ཁ་ཅིག་འཇིག་ རྟེན་མཁྱེན་པ་ཞེས་བོད་པར་འཆད་ཀྱང་མི་ལེགས་སོ། །]ཁྱོད་ཀྱི་བྲམ་ཟེ་དགེ་སློང་ལྷ་དང་ནི། ། མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང༌། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ། ། དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །རྒྱལ་པོ་ཁྱོད་ཀྱི་མཆོད་གནས་བྲམ་ཟེ་ དང༌། དགེ་སློང་དང༌། ལྷའི་མཆོད་སྦྱིན་གྱི་ཆེད་དང་ནི། མགྲོན་དུ་གྱུར་པ་དང༌། ཡབ་ཡུམ་ དག་དང་བཙུན་མོ་དང་འཁོར་ལ་སོགས་པ་གཞན་གྱི་དོན་ནམ་སླད་དུའང་སྡིག་པ་མི་བགྱིའོ། ། 21-1-662 རང་དོན་མིན་པས་དེ་དག་བགྱིས་ནའང་ཉེས་དམིགས་མེད་པའམ། ཉེས་དམིགས་ཆུང་བ་ ཡིན་ནོ་སྙམ་ན་མ་ཡིན་ཏེ། རང་གི་སྙིང་ཐག་པ་ནས། ལས་སྦྱོར་དངོས་རྗེས་གསུམ་ཚང་བར་ སྡིག་པ་སྤྱད་པའི་འབྲས་བུ་རང་ཉིད་ལ་འབྱུང་བར་འགྱུར་བས། གང་གི་ཆེད་དུ་བྱས་པ་དེ་ དག་གིས་དམྱལ་བའི་གནས་སུ་སྡུག་བསྔལ་གྱི་སྐལ་བ་ནོད་ཅིང་བླངས་ཏེ། རང་གི་རྣམ་པར་ སྨིན་པའི་སྡུག་བསྔལ་གྱི་ཁུར་ཡང་བར་བྱེད་པ་འགའ་ཡང་མ་མཆིས་ཏེ་གྲོགས་སུ་སླེབ་པར་ མི་འགྱུར་བའི་ཕྱིར། གཞན་གྱི་སླད་དུ་ཡང་སྡིག་པའི་ལས་ནམ་ཡང་མི་བགྱིད་དོ། །ཚིགས་སུ་ བཅད་པ་{འདིའི་[དེའི་]འཕྲོས་དོན། སྡིག་པའི་ལས་སྤྱད་པའི་འབྲས་བུ་འཕྲལ་ཉིད་དུ་མི་ འགྱུར་བས་སྤངས་མི་དགོས་སྙམ་ན། སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་ མོད་ལ་མཚོན་བཞིན་མི་གཅོད་ཀྱང༌། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་ བུ་གང་ལགས་མངོན་པར་འགྱུར། །སྡིག་པའི་ལས་རྣམས་སྤྱད་པ་ཕལ་ཆེར་གྱི་འབྲས་བུ་ མཚོན་རྣོན་པོས་བཏབ་པས་རྨ་འབྱིན་པ་བཞིན་དུ་དེ་མ་ཐག་མོད་ལ་འཕྲལ་དུ་སྨིན་ཅིང་ གཅོད་པར་མི་འགྱུར་ཀྱང་ནམ་འཆི་བའི་དུས་དང༌། བར་དོ་དང༌། སྐྱེ་བ་ཕྱི་མ་རྣམས་སུ་བབ་ པ་ན་སྡིག་པའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་གང་ལགས་པ་ཉམས་སུ་མྱོང་ཞིང་མངོན་ པར་འགྱུར་རོ། །ལས་ཀྱི་འབྲས་བུ་དེ་དུས་ཇི་ཙམ་ན་སྨིན་པར་འགྱུར་ཞེ་ན། མྱོང་བར་མ་ངེས་ པའི་ལས་དང༌། མྱོང་བར་ངེས་པའི་ལས་གཉིས་ལས། དང་པོ་ལ། བྱས་པ་མ་བསགས་པ་ དང༌། མ་བྱས་{པ་}ལ་བསགས་པ་གཉིས་ལས། བྱས་པ་མ་བསགས་པ་ལ་ཆེ་འབྲིང་ཆུང་ གསུམ་དུ་ཡོད་དེ། ལས་དགེ་མི་དགེའི་སྦྱོར་བ་ལ་ཞུགས་ནས། དངོས་གཞི་ལ་མ་སླེབས་པ་ནི་ ཆུང་ངུ་དང༌། སྦྱོར་བ་ལ་ཞུགས་ནས་དངོས་གཞིའི་ཕྱེད་ཙམ་ནས་འགྱོད་པས་ལྡོག་པའི་འབྲིང་ དང་། སྦྱོར་བ་ལ་ཞུགས་ནས་དངོས་གཞི་རྫོགས་ཤིང་རྗེས་ཀྱི་མ་སླེབས་པར་འགྱོད་སེམས་ དྲག་ཏུ་སྐྱེས་པ་ནི་བྱས་{པ་[ལ་]མ་བསགས་པའི་ལས་ཆེན་པོ་ཡིན་ནོ། །གཞན་གྱི་དགེ་བ་ 21-1-663 དང་མི་དགེ་བར་རྗེས་སུ་ཡི་རང་སྒོམ་པ་དང༌། དད་པའི་སེམས་མེད་པས་སྐོར་བ་བྱས་པ་ དང༌། གསོད་སེམས་མེད་པས་ལག་ནས་རྡོ་ལྷུང་སྟེ་སྲོག་ཆགས་བསད་པ་ལྟ་བུ་རྣམས་ནི་མ་ བྱས་ལ་བསགས་པའི་ལས་ཡིན་ཏེ། བྱས་ལ་མ་བསགས་པ་དང༌། མ་བྱས་ལ་བསགས་པ་དེ་ རྣམས་ནི། ལས་དེའི་རིགས་མང་དུ་ཚོགས་པ་དང༌། དགེ་སྡིག་རིགས་མཐུན་པ་གཞན་གྱི་རྐྱེན་ དང་འཕྲད་ན་འབྲས་བུ་མྱོང་བར་འགྱུར་ལ། གཉེན་པོ་མ་ཡིན་ཡང་དགེ་སྡིག་གི་ལས་རིགས་ མི་མཐུན་གཞན་གྱིས་བཅོམ་{ན་[ནས་]འབྲས་བུ་འབྱུང་བར་མི་འགྱུར་བ་ཡང་ཡོད་པས་ མྱོང་བར་མ་ངེས་པའི་ལས་ཡིན་ལ། གཉིས་པ་ནི་བྱས་ལ་བསགས་པ་རྣམས་མྱོང་བར་ངེས་པའི་ལས་ཡིན་ཏེ། དེ་ལ་དབྱེ་ན། མཐོང་ཆོས་མྱོང་འགྱུར། {སྐྱེས་ནས་[སྐྱེ་གནས་]མྱོང་འགྱུར། ལན་གྲངས་གཞན་ལ་མྱོང་ འགྱུར་རྣམས་ཀྱི། དང་པོ་ནི། ཡུལ་ཁྱད་པར་ཅན་མཆོག་ལ་བསམ་པ་ཤུགས་དྲག་པོས་དགེ་ སྡིག་གི་ལས་བསགས་པ་ལ། རྣམ་པར་སྨིན་པའི་འབྲས་བུའི་ཐོག་མ་རྣམས་སྐྱེ་བ་འདི་ཉིད་ ལ་སྨིན་པར་འགྱུར་ཞིང༌། དེར་རྫོགས་པ་མ་ཡིན་པས་སྐྱེ་བ་ཕྱི་མར་མྱོང་བར་འགྱུར་བ་དང༌། སྐྱེས་ནས་མྱོང་འགྱུར་ནི། མཚམས་མེད་ལྔ་བྱས་པ་དང༌། སོ་སོ་སྐྱེ་བོ་ཁོ་ནའི་སྐབས་སུ་ངེས་ པར་འབྱུང་བའི་ཚུལ་ཁྲིམས་ཚེ་ཧྲིལ་བོ་མ་ཉམས་པར་ཡང་དག་པར་བསྲུངས་པ་ལྟ་བུ་ལ། སྐྱེ་ བ་གཞན་གྱིས་བར་མ་ཆོད་པའི་སྐྱེ་བ་ཕྱི་མར་རྣམ་པར་སྨིན་པའི་འབྲས་བུ་མྱོང་བར་ངེས་པ་ དང༌། ལན་གྲངས་གཞན་དུ་མྱོང་འགྱུར་ནི། བྱས་ལ་བསགས་པའི་ལས་སྟོབས་ཆུང་བ་རྣམས་ དུས་ནམ་གྱི་ཚེ་འབྱུང་བར་མ་ངེས་པས། དགེ་སྡིག་རིགས་མཐུན་གྱི་སད་རྐྱེན་དང་འཕྲད་མ་ འཕྲད་ཀྱི་སྐྱེ་བ་གཉིས་གསུམ་དང་མང་པོའི་བར་གང་དུ་འབྱུང་མ་ངེས་པ་ནི་ལན་གྲངས་ གཞན་དུ་མྱོང་འགྱུར་ཡིན་ཞིང༌། སྡིག་པའི་ལས་མྱོང་བར་ངེས་པ་རྣམས་ཀྱང་གཉེན་པོས་ འཇོམ་པར་ནུས་པ་ཡིན་ནོ། །གཞུང་འདིར་སྡིག་པའི་ལས་ཀྱི་འབྲས་བུ་འཕྲལ་དུ་སྨིན་པར་མི་ 21-1-664 འགྱུར་བར་གསུངས་པ། མཐོང་ཆོས་མྱོང་འགྱུར་མ་གཏོགས་པའི་སྡིག་པའི་ལས་ཕལ་ཆེར་ ལ་དགོངས་པ་ཡིན་ལ། ལས་དགེ་སྡིག་གཉིས་ཀ་སྤྱད་པ་ལས་འཕྲལ་དུ་འབྲས་བུ་སྨིན་རུང་ རྣམས། ཐོག་མར་གང་སྨིན་པར་འགྱུར་ཞེ་ན། འཕགས་པ་ཀུན་དགའ་བོས་གསུང་ལས། འཁོར་བ་ལས་ནི་ལྕི་གང་དང༌། །ཉེ་བ་གང་དང་གོམ་པ་གང༌། །སྔར་བྱས་གང་ཡིན་དེ་དག་ ལས། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་པའི་དོན། དགེ་སྡིག་གཉིས་ཀའི་ལས་སྨིན་རུང་ ལ། ལས་སྟོབས་གང་ཆེ་བ་དེ་སྔོན་ལ་སྨིན་པར་འགྱུར། དགེ་སྡིག་སྟོབས་མཉམ་ན། འཆི་ ཁར་དགེ་སྡིག་གི་སེམས་གང་གསལ་བས་གསོས་ཐེབས་པ་དེ་སྔོན་ལ་སྨིན་པར་འགྱུར། དེ་ ཡང་གསལ་མི་གསལ་མཉམ་ན། སྔོན་དགེ་སྡིག་ལ་གོམ་ཤུགས་གང་ཆེ་བ་དེ་ཐོག་མར་སྨིན་ པར་འགྱུར། དེ་ཡང་མཉམ་ན་དགེ་སྡིག་གཉིས་པོ་སྔོན་ལ་གང་བྱས་པ་དེ། བྱས་པའི་དུས་ཀྱི་ གོ་རིམ་དང་མཐུན་པར་སྔོན་ལ་སྨིན་པར་འགྱུར་རོ། །མི་དགེ་བ་མཉམ་པོ་དང༌། དགེ་བ་ མཉམ་པོ་ལ་ཡང་སྨིན་ལུགས་དེ་དང་འདྲ་བར་ཤེས་པར་བྱའོ། །དོན་ཚན་བཞི་པ། འཕགས་ པའི་ནོར་བདུན་ལྡན་དུ་བསྒྲུབ་པར་{བསྡམ་[གདམས་]པ་ནི། དད་དང་ཚུལ་ཁྲིམས་གཏོང་ དང་ཐོས་པ་དང༌། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང༌། །ཤེས་རབ་ནོར་བདུན་ལགས་པར་ ཐུབ་པས་གསུངས། །ནོར་གཞན་ཕལ་བ་དོན་མ་མཆིས་རྟོགས་མཛོད། །དད་པ་ལ་དང་བའི་ དད་པ་དང༌། འདུན་པའི་དད་པ། ཡིད་ཆེས་པའི་དད་པ་གསུམ་སྟེ། དང་བའི་དད་པ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་ནས། ཡོན་ཏན་དང་ལྡན་པའི་ཡུལ་དེ་{དག་[ལ་] དགའ་བའོ། །འདུན་པའི་དད་པ་ནི། ཡོན་ཏན་དང་ལྡན་པའི་ཡུལ་དེ་ཐོབ་པར་འདོད་པ་དང༌། དེ་དག་ལ་མོས་པས་མཆོད་པ་ལ་སོགས་པ་དགེ་བའི་ལས་བསྒྲུབ་པར་འདོད་པའོ། །ཡིད་ ཆེས་པའི་དད་པ་ནི། འཕགས་པ་ལ་ཡོན་ཏན་དང་ལྡན་པར་ཡིད་ཆེས་པ་དང༌། ཆོས་ལ་བདེན་ ཚིག་ཏུ་ཡིད་ཆེས་པ་ནི། ཡིད་ཆེས་པའི་དད་པ་སྟེ། དང་བའི་དད་པ་ནི། འདུན་པའི་དད་པའི་ 21-1-665 སྔོན་དུ་འགྲོ་བ་ཡིན་ལ། ཡིད་ཆེས་པའི་དད་པ་ནི། ཐམས་ཅད་ཀྱི་ཐོག་མཐའ་བར་གསུམ་དུ་ དགོས་པ་ཡིན་ནོ། །ཚུལ་ཁྲིམས་ལ་སྡོམ་པའི་ཚུལ་ཁྲིམས་དང༌། བར་མ་དགེ་བའི་ཚུལ་ཁྲིམས་ ཏེ། སྡོམ་པ་ནི་སོ་སོར་ཐར་པའི་སྡོམ་པ་དང༌། བསམ་གཏན་གྱི་སྡོམ་པ་དང༌། སེམས་བསྐྱེད་ ཀྱི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་ཡིན་ནོ། །བར་མ་དགེ་བ་ནི་ཆོ་གས་བླང་པ་ཡང་ཡོད། དེ་མིན་ཡང་ཉིན་རེ་ལ་སོགས་[པར་]སྡིག་པ་སྤོང་བ་དང༌། དགེ་བ་བསྒྲུབ་{པ་རང་[པར་] རང་གི་དམ་བཅས་པ་ལ་སོགས་པ་ནི། བར་མ་དགེ་བའི་ཚུལ་ཁྲིམས་སོ། །ཐོས་པ་ནི། བདེ་ བར་གཤེགས་པའི་[བཀའ་]སྡེ་སྣོད་གསུམ་དང་དགོངས་འགྲེལ་གྱི་བསྟན་བཅོས་[རྣམས་] ཀྱི་ཚིག་རྣམས་ཐོས་ཤིང་གོ་བ་དང༌། ཚིག་ཡིད་ལ་འཛིན་པའོ། །གཏོང་བ་ནི་གཞན་ལ་ཕན་ སེམས་ཀྱིས་ཟང་ཟིང་གི་སྦྱིན་པ་གཏོང་བ་དང༌། གཞན་ལ་ཆོས་སྟོན་པ་ཆོས་ཀྱི་སྦྱིན་པའོ། །ངོ་ ཚ་ཤེས་པ་ནི། རང་ལ་བསམ་སྟེ་ཁ་ན་མ་ཐོ་བར་འཛེམས་པ་ཡིན་ཏེ། མི་གཞན་གྱིས་མ་གོ་ རུང༌། རང་ཉིད་ཀྱིས་བྱ་བ་ངན་པ་བྱས་ན་རྣམ་སྨིན་ལྕི་བ་དང༌། ལྷ་ལ་སོགས་པ་ཁྲེལ་བར་ འགྱུར་ཞིང༌། རང་ཉིད་ཀྱང་ད་ལྟ་སྐྱེ་བོ་ངན་པ་ཐ་ཆད་དུ་འགྱུར་བར་བསམ་ཏེ་འཛེམ་བག་ བྱེད་པ་ཡིན་ལ། ཁྲེལ་ཡོད་པ་ནི། གཞན་ལ་བསམ་སྟེ་ཁ་ན་མ་ཐོ་བར་འཛེམས་པ་སྟེ། བྱ་བ་ ངན་པ་བྱས་ན་གཞན་གྱིས་སྨོད་པའི་གྲགས་པ་ངན་པ་འབྱུང་བར་བསམ་ནས་འཛེམ་བག་ བྱེད་པའོ། །ཤེས་རབ་ནི་བསམ་པའི་ཤེས་རབ་ཀྱི་ཆོས་ཀྱི་ཡང་དག་པའི་དོན་གོ་བ་དང༌། སྒོམ་པའི་ཤེས་རབ་ཀྱི་[ཆོས་ཀྱི་]ཡང་དག་པའི་དོན་རྟོགས་པ་ཡིན་ནོ། །བར་གྱི་ཚིག་དྲི་མེད་ ཅེས་པ། སྐྱོན་གྱིས་མ་གོས་པའི་དོན་བར་གྱི་གསལ་བྱེད་ཐོག་མཐའ་ཐམས་ཅད་དུ་སྦྱར་བར་ བྱའོ། །དེ་ལྟར་དད་པ་འཕགས་པའི་ནོར་ནས། ཤེས་རབ་འཕགས་པའི་ནོར་གྱི་བར་འཕགས་ པའི་ནོར་བདུན་ལགས་པར་ཐུབ་པས་གསུངས་ཏེ། འཕགས་རྒྱུད་ལ་ཡོད་པའི་དད་པ་ལ་ སོགས་པ་རྣམས་ནི། སྒྲ་བཤད་འཇུག་གཉིས་ཀའི་སྒོ་ནས་འཕགས་པའི་ནོར་བདུན་དངོས་ 21-1-666 ཡིན་ལ། ཚོགས་ལམ་པ་ལ་སོགས་པ་སོ་སྐྱེའི་རྒྱུད་ཀྱི་དད་པ་ལ་སོགས་པ་རྣམས་ལ་འཕགས་ པའི་ནོར་བདུན་གྱི་སྒྲ་བཤད་མེད་ཀྱང༌། རྗེས་སུ་མཐུན་པས་དེ་དག་འཕགས་པའི་ཡེ་ཤེས་ཀྱི་ རྒྱུ་ཡིན་པའི་ཕྱིར། འཕགས་པའི་ནོར་བདུན་གྱི་སྒྲ་འཇུག་པ་ནི་ཡིན་ནོ། །དེ་ལྟ་བུའི་འཕགས་ པའི་ནོར་བདུན་གྱི་ཚེ་འདིར་བདེ་བ་དམ་པ་དང་སྙན་པར་གྲགས་པ་ཐོབ་པར་འགྱུར། ཕྱི་ མར་མཐོ་རིས་ཀྱི་བདེ་བ་ཕུན་སུམ་ཚོགས་པར་བྱེད་ཅིང༌། མཐར་ཐེག་པ་གསུམ་གང་ཡང་ རུང་བའི་བྱང་ཆུབ་ཐོབ་པར་འགྱུར་བས་ཕན་ཡོན་ཆེས་མཆོག་ཏུ་གྱུར་པ་ཡིན་ལ། དེ་ལས་ གཞན་ཕལ་པ་འཇིག་རྟེན་གྱི་ནོར་རྣམས་ནི། སྐྱེ་བ་གཞན་དུ་ཕྱིར་འབྲང་བར་མི་འགྱུར་བས་ མཐོ་རིས་དང་ཐར་བའི་བདེ་བ་ཐོབ་པར་འགྱུར་བའི་ཕན་ཡོན་དང་མི་ལྡན་ཞིང༌། ཚེ་འདིར་ ཡང་ཕན་ཡོན་ཉུང་ཟད་ཙམ་ཡིན་པས། དོན་མེད་དུ་མཆིས་པར་རྟོགས་པར་མཛོད་ཅིག ། འཕྲོས་དོན་ངོ་ཚ་ཁྲེལ་ཡོད་ལ་གནས་པས། བྱ་བ་ངན་པ་མཐའ་དག་ལས་ལྡོག་པར་བྱེད་ དགོས་ཀྱང༌། གྲགས་པ་ཉམས་པར་འགྱུར་བའི་བྱ་བ་དྲུག་པོ་འདི་རྣམས་འབྱུང་བར་ཉེ་བས་ སྒོས་སུ་སྤོང་དགོས་པར་བསྟན་པ་ནི། རྒྱན་པོ་འགྱེད་དང་འདུས་ལ་བལྟ་བ་དང༌། །ལེ་ལོ་ སྡིག་པའི་གྲོགས་ལ་བསྟེན་པ་དང༌། ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་ པར་འགྱུར་བ་དེ་དྲུག་སྤོངས། །ཤོ་དང་མིག་མང་ལ་སོགས་པ་རྒྱན་པོ་འགྱེད་པས་དོན་མེད་དུ་ དུས་འདའ་བ་དང༌། ནོར་{སྐུགས་[བསྐུངས་]སུ་བཅུག་ནས་རྒྱན་པོ་བྱེད་པ་དང༌། སྐྱེ་བོ་མང་ པོ་འདུས་པ་ལ་སོགས་པའི་ལྟད་མོ་ལ་དགའ་ཆེས་པས། ཡང་{དང་}ཡང་དུ་རྒྱུན་བསྲིངས་ ནས་བལྟ་བ་དང༌། དགེ་བ་ལ་སྤྲོ་བ་མེད་པས་ལེ་ལོ་{སྐྱིད་[སྒྱིད་]སྙོམས་དང༌། གང་དག་ བསྟེན་ན་དགེ་བ་{མི་}འགྲིབ་ཅིང་མི་དགེ་བ་འཕེལ་བར་{བྱེད་}འགྱུར་བའི་སྡིག་པའི་ གྲོགས་མི་དགེ་བའི་བཤེས་གཉེན་ཏེ། ལེ་ལོ་སྡིག་པའི་གྲོགས་གཉིས་ནི་ཉེས་པ་ཐམས་ཅད་ ཀྱི་རྩ་བ་ཡིན་པས་ནན་ཏན་ཆེ་ཐང་དུ་སྤངས་དགོས་སོ། །ཆང་འཐུང་བའམ། རྐུན་མོ་དང་ 21-1-667 ལོག་གཡེམ་གྱི་ཆེད་དུ་མཚན་{མོར་[མོ་]རྒྱུ་ཞིང་འཁྱམ་པར་བྱེད་པ་སྟེ། འདི་རྣམས་ཀྱིས་ ངན་སོང་དུ་སྐྱེ་བའི་རྒྱུ་བྱེད་ཅིང༌། སྐྱེ་བོ་{ནང་[ངན་]པའི་གྲངས་སུ་འཇོག་པས་གྲགས་པ་ ངན་པ་འབྱུང་བས་ཕུན་སུམ་ཚོགས་པའི་གྲགས་པ་ཉམས་པར་འགྱུར་བ་འདི་དག་ནི་འབད་ པས་སྤོང་བར་{བྱེད་[བྱ་]དགོས་སོ། །དོན་ཚན་ལྔ་པ་འདོད་ཆུང་ཆོག་ཤེས་ལ་{བསྡམས་ [གདམས་]པ་ལ། དེའི་མི་མཐུན་ཕྱོགས་འདོད་ཆེན་ཆོག་མི་ཤེས་ཏེ། མངོན་པ་མཛོད་ལས། རྙེད་ལ་ཡང་སྲེད་ཆོག་མི་ཤེས། །མ་རྙེད་ལ་འདོད་འདོད་ཆེན་ཅན། །ཞེས་གསུངས་པ་ལྟར། དེ་གཉིས་ཀྱི་ངོ་བོ་ནི། གཉིས་ཀའང་ཡོ་བྱད་ངན་པས་ཆོག་མི་ཤེས་པར་མཉམ་པ་ལས། ཡོ་ བྱད་ཕུན་སུམ་ཚོགས་པ་མ་རྙེད་པ་རྙེད་པར་འདོད་པ་ནི་འདོད་ཆེན་དང༌། ཕུན་སུམ་ཚོགས་པ་ རྙེད་ཀྱང༌། སླར་ཡང་ལྷག་པོ་ཐོབ་པར་འདོད་པ་ནི་ཆོག་མི་ཤེས་{ཏེ[པ་སྟེ]། དེ་དག་གི་ གཉེན་པོ་འདོད་ཆུང་ཆོག་ཤེས་ཡིན་པ་ལས། ཆོག་ཤེས་པར་{བསྡམས་[གདམས་]པ་ནི། ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་ གསུངས། །ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་ འབྱོར་པ་ལགས། །ནོར་རྣམས་ཐམས་ཅད་ཀུན་གྱི་ནང་ནས་ཆོག་ཤེས་པའི་བསམ་པ་ནི། ནོར་གྱི་རབ་དང་མཆོག་ཏུ་གྱུར་པ་ཡིན་པར་ལྷ་མིའི་སྟོན་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱིས་གསུངས་ཏེ། རྒྱལ་པོ་ཁྱོད་ཀྱིས་དུས་ཀུན་ཏུ་ཆོག་ཤེས་པར་མཛོད་ཅིག །དེ་ལྟར་ ཆོག་ཤེས་ན་ནི་ཡོ་བྱད་བདོག་པ་ཕུན་སུམ་ཚོགས་པ་དང་མི་ལྡན་ཡང་ཡང་དག་པའི་འབྱོར་པ་ མཆོག་ཐོབ་པ་ཡིན་ནོ། །ནོར་ནི་ཕྱི་རོལ་གྱི་ཡོ་བྱད་ཡིན་ལ། ཆོག་ཤེས་པ་ནི་བསམ་པའི་{སྒྲོ་ འདོགས་[འགྲོ་ལྡོག་]པ་ཡིན་པས། ནོར་མ་ཡིན་ནམ་ཞེ་ན། ཆོག་ཤེས་དང་མི་ལྡན་ན་ལྷའི་ ལོངས་སྤྱོད་ལྟར་ཏུ་གྱུར་ཀྱང་ཚིམས་པ་དང་ཡིད་ལ་བདེ་བ་ཐོབ་པའི་སྐབས་མེད་ཅིང༌། ཡོ་ བྱད་ཀྱི་ལོངས་སྤྱོད་དང་མི་ལྡན་ཡང་ཆོག་ཤེས་པར་གྱུར་ན་ཚིམས་ཤིང་ཡིད་ལ་བདེ་བ་ཐོབ་ 21-1-668 པར་འགྱུར་བས། ཆོག་ཤེས་པ་ནི་ནོར་གྱི་མཆོག་དང་འདྲ་བར་གྱུར་{པ་[པས་]ཡིན་ནོ། ། འདོད་པ་ཆུང་བར་གདམས་པ་ནི། དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ ཆུང་རྣམས་དེ་ལྟ་མ་ལགས་ཏེ། །ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་ སྡུག་བསྔལ་དེ་སྙེད་དོ། །དེས་པ་ནི་མཛངས་པ་ཡིན་ལ། དེ་ཡང་སྤྱི་བརྟོལ་ཅན་མ་ཡིན་པའི་ རྒྱུད་གཙང་ཞིང་འཇམ་ལ་ཞིབ་ཐིག་ཅན་དང༌། རིག་པར་བྱ་བའི་ཡུལ་ཤེས་པའི་མཁས་པ་ གཉིས་ལ་ངོས་འཛིན་པ་ལས་རྒྱལ་པོ་མཁས་པའི་རང་བཞིན་ཅན་མཛངས་པ་ལ་དེས་པ་ཞེས་ བོས་ནས། བདོག་པའི་དངོས་པོ་མང་པོ་རྣམས་དང་པོར་གསོག་པ་དང༌། {རབ་(བར་)ཏུ་ བསྲུང་བ་དང༌།} མཐར་འབྲལ་བའི་སྡུག་བསྔལ་རྣམ་པ་གསུམ་དང་ལྡན་{པ་[པས་]ཤིན་ཏུ་ སྡུག་བསྔལ་བ་ཡིན་ན། བདོག་པའི་དངོས་[པོ་]འཚོལ་བར་མི་བྱེད་པའི་འདོད་པ་ཆུང་བ་ རྣམས་ནི་སྡུག་བསྔལ་དེ་ལྟ་བུ་ལ་སྤྱོད་པ་མ་ཡིན་ཏེ་དཔེ་ཀླུའི་མཆོག་རྒྱལ་རིགས་ལ་སོགས་ པ་རྣམས་ལ། སྦྲུལ་མགོ་གཉིས་ནས་སྟོང་གི་བར་ཀླུ་ཇེ་བཟང་ཇེ་བཟང་བཞིན་གྱི་མགོ་མང་བ་ ཡིན་པ་དང༌། ཇི་སྙེད་མགོ་མང་བ་དེ་སྲིད་དུ་དེ་དང་དེ་ལས་བྱུང་བའི་སྡུག་བསྔལ་གྱི་ཚོགས་ མང་བར་འགྱུར་ཏེ། མིག་ལ་སོགས་པའི་དབང་པོ་སོ་སོར་སྲུང་དགོས་པའི་སྡུག་བསྔལ་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང༌། བསླབ་པའི་གནས་ལྔ་བླངས་པ་མིན་ན། ཀླུའི་ རྒྱལ་པོ་བསྐལ་བའི་བར་དུ་ཚེ་གནས་པ་མ་གཏོགས་པ་རྣམས་ལ། མགོ་རེ་རེའི་སྟེང་དུ་བྱེ་ ཚན་དང་ཆུ་འདྲེས་པའི་རྒྱུན་འབབས་པས། མགོ་མང་བས་སྡུག་བསྔལ་མང་བ་དང༌། བདོག་ པ་ཡང་མང་བས་སྡུག་བསྔལ་མང་བ་མཚུངས་པས་ན། དུས་རྟག་ཏུ་འདོད་སྲེད་ཆུང་བར་བྱ་ དགོས་སོ། །དོན་ཚན་དྲུག་པ་བྱང་ཆུབ་སེམས་དཔའ་ཚོགས་ལམ་པ་ཁྱིམ་པས་དབང་དུ་བྱས་ ནས་ཁྱིམ་ཐབས་ངན་པ་སྤངས་བར་གདམས་པ་ནི། རང་བཞིན་དགྲར་འབྲེལ་གཤེད་མ་ལྟ་ བུ་དང༌། །ཁྱིམ་ཐབ་བརྙས་བགྱི་རྗེ་མོ་ལྟ་བུ་དང༌། །ཆུང་ངུའང་རྐུ་བ་ཆོམ་རྐུན་ལྟ་བུ་ཡི། །ཆུང་ 21-1-669 མ་གསུམ་པོ་དེ་དག་རྣམ་པར་སྤངས། །གཤེད་མ་ལྟ་བུ་རང་བཞིན་{གྱི་[གྱིས་]དགྲ་དང་ འབྲེལ་བ། ཞེ་གནག་ཅིང་བདག་ཉིད་ལ་གནོད་པར་བྱེད་པ་དང༌། རྗེ་མོས་བྲན་ལ་བརྙས་{པ་ [པར་]བྱེད་པ་ལྟ་{བུ་[བུར་]ཁྱིམས་ཐབས་ལ་བརྙས་པའི་སེམས་བྱེད་པ་དང༌། ཆུང་ངུ་ཡང་ རྐུ་ཞིང་སྦེད་པར་བྱེད་པ་ཆོམ་རྐུན་དང་མཚུངས་པ་སྟེ་གསུམ་པོ་[དེ་རྣམས་]གང་ཡང་རུང་ པའི་ཁྱིམ་ཐབས་ཆུང་མ་ནི་སྤང་བར་བྱའོ། །དེ་ལས་ལྡོག་པའི་ཡོན་ཏན་དང་ལྡན་པར་བསྟེན་ པར་བྱ་བ་ནི། སྲིང་མོ་བཞིན་དུ་རྗེས་མཐུན་གང་ཡིན་དང༌། །མཛའ་མོ་བཞིན་དུ་སྙིང་ལ་ འབབ་པ་དང༌། །མ་བཞིན་ཕན་པར་འདོད་དང་བྲན་མོ་བཞིན། །དབང་གྱུར་གང་ཡིན་རིགས་ ཀྱི་ལྷ་བཞིན་བཀུར། །སྲིང་མོ་མཆོག་{གི་}རང་གི་ཕུ་བོ་དང་མི་འགལ་བའི་བྱ་སྤྱོད་རྗེས་སུ་ མཐུན་པར་བྱེད་པ་དང་མཚུངས་པར། རང་དང་རྗེས་སུ་མཐུན་པའི་བྱ་བ་སྤྱོད་པ་གང་ཡིན་པ་ དང༌། གྲོགས་མཛའ་མོ་བཞིན་དུ་སེམས་ལ་འཐད་ཅིང་འབབ་པར་བྱེད་པ་དང༌། མ་བཞིན་དུ་ བདག་ཉིད་ལ་ཕན་པར་འདོད་ཅིང་སེམས་པ་དང༌། བྲན་མོ་བཞིན་དུ་ངག་ལ་ཉན་པ་གུས་པ་ དང་འཇིགས་པས་བསྟེན་པར་བྱེད་པ་དང༌། དབང་གྱུར་ཏེ་རང་གི་ཁྱིམ་ཐབས་ལ་རིགས་ཀྱི་ ལྷ་བཞིན་དུ་བཀུར་བར་བྱེད་པ་དེ་ལྟ་བུའི་ཆུང་མ་ནི་བསྟེན་{པར་}བྱའོ། །འགྲེལ་པར་རིགས་ ཀྱི་ལྷ་ཞེས་པ་བུད་མེད་ཀྱི་ཁྱད་པར་ལ་སྦྱོར་བ་ནི་མི་ལེགས་སོ། །ཟས་ཀྱི་ཚོད་རིག་{པར་ བསྡམ་[པ་ལ་གདམས་]པ་ནི། ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་ སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས། །འཚག་ ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཟས་ཀྱི་ཚོད་རིག་པ་ནི། རན་པར་ཟ་བ་ལ་ ཡང་ཅུང་ཟད་འཇུག་པ་ཡིན་མོད་ཀྱང༌། གཙོ་བོར་ཉོན་མོངས་པའི་རྣམ་རྟོག་སྤངས་ཏེ་དགེ་ བའི་སེམས་ཀྱིས་ཀུན་ནས་བསླངས་ཏེ་ཟ་བ་ཡིན་ཅིང༌། དེ་ཡང་སྨན་བསྟེན་པ་ནི། ལུས་འཚོ་ བ་དང་ནད་གསོ་བའི་ཕྱིར་དུ་ཡིན་གྱི། རོ་ལ་ཆགས་ནས་ཟ་བ་མ་ཡིན་པ་བཞིན་དུ། ལུས་འཚོ་ 21-1-670 བའི་ཕྱིར་[དུ་]ཁ་ཟས་ཟ་ཞིང༌། རོ་ལ་སྲེད་ཅིང་ཆགས་པས་ཟ་བར་མི་བྱེད། ཉོན་མོངས་པ་ འདོད་ཆགས་ཞེ་སྡང་མེད་པས་ཁ་ཟས་{སྟོན་[སྟེན་]པ་ཡིན་ཏེ། གཞན་ལ་བརྡེག་ཅིང་བརྡུང་ བ་{དང་}། འཐབ་པ་{དང་}། ཤེད་སྟོབས་འགྲན་པ་སོགས་ཀྱི་ཆེད་དུ་ལུས་རྒྱགས་པའི་ཕྱིར་ མ་ལགས། བསྙེམས་པ་སྟེ་ང་རྒྱལ་དང་གྲགས་འདོད་ཀྱིས་ཟས་རིན་ཐང་ཆེན་པོ་འདི་ཙམ་དུ་ ཟའོ་ཞེས་ཆེད་གཉེར་གྱིས་རིན་ཐང་ཆེན་པོ་བསྟེན་པ་མ་ལགས། འཚག་ཕྱིར་ཏེ་མདངས་ སྟོབས་རྒྱས་པར་བྱས་ཏེ་བུད་མེད་ལ་{རྩེ་[བརྩེ་]བའི་ཕྱིར་དུ་ཟ་བ་མ་ལགས། ལུས་གནས་ པ་འབའ་ཞིག་གི་ཕྱིར་དུ་ཟ་བར་བྱེད་ཅིང༌། ལུས་གནས་པ་ལས་དགེ་བའི་ལས་སྒྲུབ་པ་ཡིན་ ཏེ། འཕགས་པ་ལྷས། བཞི་བརྒྱ་པར། ལུས་འདི་དགྲ་ལྟར་མཐོང་མོད་ཀྱི། །དེ་ལྟ་ན་ཡང་དེ་ བསྲུང་བྱ། །ཁྲིམས་ལྡན་ཡུན་རིང་གནས་པ་ནི། །དེ་ལས་བསོད་ནམས་ཆེན་པོ་བྱེད། །ཅེས་ གསུངས་པ་བཞིན་ནོ། །ནམ་གྱི་ཆ་སྟོད་དང༌། ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་ པར་{བསྡམས་[གདམས་]པ་ནི། རིག་པའི་བདག་ཉིད་ཉིན་པར་མཐའ་དག་དང༌། །མཚན་ མོའི་ཐུན་གྱི་སྟོད་སྨད་འདས་ནས་ནི། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། ། དྲན་དང་ལྡན་པར་དེ་དག་རབ་ཏུ་མནོལ། །བོད་དཔེ་དང་བོད་འགྲེལ་རྣམས་ན་རིག་པ་འོས་ པ་ལ་འབྲུ་མནན་ཀྱང༌། རྒྱ་དཔེར་ཡུཀྟ་ཞེས་ཡོད་པས་རིག་པར་བསྒྱུར་དགོས་པས། ཤེས་ རབ་བློ་གྲོས་དང་ལྡན་པས་རིག་པའི་བདག་ཉིད་ཅེས་རྒྱལ་པོ་ལ་བོས་ནས། ནད་ཀྱིས་གདུང་ བས་ཁམས་གསོ་བའི་ཕྱིར་དགོས་ན་མ་གཏོགས། ཉིན་མོའི་དུས་མཐའ་དག་དང༌། མཚན་ མོའི་ཐུན་གྱི་སྟོད་སྨད་འདས་ཞེས་པ་སྤངས་པ་སྟེ། དེའི་བར་སྐབས་མཚན་མོའི་གུང་ཐུན་ལ་ མནལ་བའི་ཚེ། འབྲས་བུ་མེད་པ་དོན་མེད་དུ་མི་འགྱུར་བའི་ཆེད་དུ་དྲན་པ་གསུམ་དང་ལྡན་ པས་མནལ་བར་བྱ་སྟེ། ལྡང་བའི་འདུན་པ་དང༌། སྣང་བའི་འདུན་པ་དང༌། ཆོས་ཀྱི་འདུན་པ་ གསུམ་མོ། །ལྡང་བའི་འདུན་པ་ནི། ཁམས་དུབ་པ་གསོས་ནས་མྱུར་དུ་ལྡང་བར་བྱའོ་སྙམ་ 21-1-671 པའི་འདུན་པ་ཡུན་རིང་དུ་གཉིད་ལོག་པའི་གཉེན་པོ་དང༌། སྣང་བའི་འདུན་པ་དང༌། ཉིན་མོ་ མི་འགོལ་བའི་ཕྱོགས་སུ་བློས་ཕབ་སྟེ་བག་མེད་དུ་མི་ཉལ་བར། ཅུང་ཟད་ཁོང་བསྒྲིམས་ཏེ་ གཉིད་སྤངས་པར་ཉལ་བ་བཞིན་དུ། མཚན་ལ་ཡང་སྣང་བའི་འདུ་ཤེས་ཀྱིས་ཉལ་བ་གཉིད་ འཐུག་པོ་མི་འབྱུང་བའི་གཉེན་པོ་དང༌། ཆོས་ཀྱི་འདུན་པ་ནི། ཁམས་བརྟས་པར་བྱེད་པའི་ ཕྱིར་མནལ་བས་ཁམས་དུབ་པ་གསོས་ཏེ། དེ་ལས་ལངས་ནས་ཆོས་ཀྱི་བྱ་བ་ལ་འཇུག་པར་ བྱེད་དོ། །སྙམ་པའི་འདུན་པ་དེ་རྣམས་དང་ལྡན་པར་བྱས་པས། གཉིད་ཀྱི་དུས་ཀྱང་དོན་མེད་ འབྲས་བུ་མེད་པར་མི་འགྱུར་{བས་[བར་]དགེ་བའི་ཆོས་དང་ལྡན་པའོ། །དེ་རྣམས་{ཀྱི་ [ཀྱིས་]ཚོགས་ལམ་དང་འབྲལ་བའི་ཆོས་སྐོར་བསྟན་ཟིན་པ་ཡིན་ནོ། །དོན་བསྡུ་ནི་བྱང་ཆུབ་ སེམས་དཔའ་ཚོགས་ལམ་པའི་སྒྲུབ་པ་ལ་ཉམས་ལེན་དངོས་དང༌། སྤྱོད་པ་རྣམ་པར་དག་པ་ གཉིས་ལས། དང་པོ་ནི། གཞི་ཚུལ་ཁྲིམས་ལ་གནས་པས་ཐོས་བསམ་སྒོམ་གསུམ་གྱི་ཤེས་ རབ་ལ་བསླབ་པ་ཚིགས་བཅད་{དངོས་[དང་པོས་]བསྟན། སྤྱོད་པ་རྣམ་པར་དག་པ་ལ་མ་ ཆགས་པ་འཕགས་པའི་རིགས་ཀྱི་སེམས་ནི། འདོད་ཆུང་ཆོག་ཤེས་ལ་{བསྡམས་[གདམས་] པས་བསྟན། ཤེས་བཞིན་དུ་གནས་པས་མངོན་པར་དགའ་བ་ནི། ཆོས་བརྒྱད་ཀྱི་རྣམ་རྟོག་ སྤོང་བ་དང༌། ལས་འབྲས་ཕྲ་ཞིབ་ལ་སྤང་བླང་དགོས་པ་དང༌། ངོ་ཚ་ཁྲེལ་ཡོད་དུ་བྱ་བ་དང༌། ཁྱིམ་པར་{བསྡམས་[གདམས་]པ་གཙོ་ཆེ་བ་ལ་རྒྱན་པོ་འགྱེད་པ་ལ་སོགས་པ་སྤངས་ དགོས་པ་གཞན་རྣམས་ཀྱིས་བསྟན། ཁ་ཟས་ཀྱི་ཚོད་རིག་པ་དང༌། ནམ་གྱི་ཆ་སྟོད་དང་ཆ་ སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་དགོས་པ་གོང་དུ་གཞུང་ཚིག་གོ་སླ་བ་ལྟར་གྱིས་ བསྟན། ཚོགས་ལམ་པས་དྲན་པ་ཉེར་བཞག་བཞི་ལ་བསླབ་དགོས་པ་ནི་ཤེས་རབ་ལ་བསླབ་ པའི་ནང་དུ་འདུས། ཡང་དག་སྤོང་བ་ལ་བསླབ་པ་ཚོགས་ལམ་ལ་སྦྱོར་ན། ཆོས་བརྒྱད་ཀྱི་ རྣམ་རྟོག་སྤོང་བ་དང༌། ལས་འབྲས་ཕྲ་ཞིབ་ལ་སྤང་བླང་བྱེད་པའི་ནང་དུ་འདུས་པ་ཡིན་ནོ། ། 21-1-672 རྫུ་འཕྲུལ་གྱི་རྐང་པ་འདིར་[ནི་] མ་སྨོས་ཀྱང༌། འོག་གི་ཉེས་པ་ལྔ་སྤོང་བའི་ཤུགས་ལ་ {འཕགས་[འཕངས་]པར་ཤེས་དགོས་ལ། དེ་དག་ཚོགས་སྦྱོར་ཅི་རིགས་པར་ཐོབ་པའང་ ཡིན་ནོ། །དེ་ལ་ཡང་དག་སྤོང་བ་བཞི་ནི། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ། སྐྱེས་པ་བསྲུང་ བ། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ། སྐྱེས་པ་སྤོང་བ་རྣམས་{ནི་[ཏེ་]སེམས་བསྲུང་ བའི་བརྩོན་འགྲུས་ཀྱི་རང་བཞིན་ནོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པ་རྫུ་འཕྲུལ་གྱི་ རྐང་པ་དང༌། བརྩོན་འགྲུས་དང༌། སྤྱོད་པ་{དང་}། སེམས་རྫུ་འཕྲུལ་གྱི་རྐང་པ་སྟེ་བཞི་ཀ་ ཡང་ཏིང་ངེ་འཛིན་གྱི་ཕྱོགས་སུ་གཏོགས་སོ། །སྦྱོར་ལམ་དང་འབྲེལ་བའི་ཆོས་བཤད་པ་ {ལས[ལ]། སྦྱོར་ལམ་གྱི་རྒྱུ་ཚོགས་བསྟན་པ་དང༌། སྦྱོར་ལམ་དངོས་འཕྲོས་[དོན་]དང་ བཅས་བསྟན་པའོ། །དང་པོ་ལ་དོན་ཚན་བཞིའི་ཐོག་མ། ཚད་མེད་པ་བཞི་བསྒོམ་པར་ {བསྡམས་[གདམས་]པ་ལ། བྱམས་དང་སྙིང་རྗེ་དག་དང་དགའ་བ་དང༌། །བཏང་སྙོམས་ རྟག་ཏུ་ཡང་དག་སྒོམ་མཛོད་ཅིག །གོང་མ་བརྙེས་པར་མ་གྱུར་དེ་ལྟར་ནའང༌། །ཚངས་པའི་ འཇིག་རྟེན་བདེ་བ་ཐོབ་པར་འགྱུར། །བྱམས་པ་ནི། སེམས་ཅན་རྣམས་ཀྱི་བདེ་བ་རྒྱུ་དང་ བཅས་པ་[མ་]ཐོབ་{པར་ས་[པ་]བདེ་བ་དང་འཕྲད་པར་འདོད་པ་དང༌། སྙིང་རྗེ་ནི་སེམས་ ཅན་སྡུག་བསྔལ་རྒྱུ་དང་བཅས་པ་དང་ལྡན་བཞིན་པ་རྣམས། སྡུག་བསྔལ་དང་བྲལ་བར་ འདོད་པ་དག་དང༌། དགའ་བ་ནི། ད་ལྟ་ཡང་སེམས་ཅན་བདེ་བ་ལ་གནས་པར་དགའ་ཞིང༌། སླར་བདེ་བ་དང་མི་འབྲལ་བར་དགའ་བ་དང༌། བཏང་སྙོམས་ནི། སེམས་ཅན་རེ་རེ་ནས་ཉེ་ རིང་མེད་པ་དང༌། ཐམས་ཅད་ལ་ཞེ་སྡང་དང་རྗེས་སུ་ཆགས་པ་གཉིས་ཀ་མེད་པར་མཉམ་ སྙོམས་པར་བྱེད་པའི་འདུན་པ་སྟེ་དེ་རྣམས་རྟག་ཏུ་ཡང་དག་པར་གོམས་པར་མཛོད་ཅིག ། བྱམས་སོགས་ཚད་མེད་པ་བཞི་བསྒོམས་པ་ལས། ཐེག་པ་ཆེན་པོར་སེམས་བསྐྱེད་པ་ལ་ སོགས་པ་དགེ་ཆོས་གཞན་ཡང་རྒྱ་ཆེ་བར་འཕེལ་བས། སངས་རྒྱས་ཀྱི་བྱང་ཆུབ་ལ་སོགས་པ་ 21-1-673 བྱང་ཆུབ་གསུམ་པོ་གང་རུང་ཐོབ་ཏུ་ཡང་ཡོད་ལ། གལ་ཏེ་གོང་མ་སྟེ་བྱང་ཆུབ་གསུམ་པོ་ཐོབ་ པར་མ་གྱུར་ཀྱང༌། ཚངས་པའི་འཇིག་རྟེན་དུ་སྐྱེས་ནས་བསམ་གཏན་གྱི་བདེ་བ་དམ་པ་ཐོབ་ ཅིང་ཉམས་སུ་མྱོང་བར་འགྱུར་བ་ལ་ཐེ་ཚོམ་མེད་པ་ཡིན་ནོ། །དེ་ལྟར་བྱམས་སོགས་གོང་མ་ གསུམ་བསྒོམས་པས་ཞེ་སྡང་བཟློག་པ་ཡིན་ཡང༌། དེའི་རྗེས་སུ་སེམས་ཅན་ལ་སྲེད་པས་ ཆགས་པ་ཁྲི་བར་འགྱུར་བ་ལ། སེམས་ཅན་སྡུག་བསྔལ་བ་དང༌། མི་རྟག་ཅིང་འགྱུར་བ་ལ་ སྲེད་པ་བྱེད་རིན་མི་ཆོག་པ་དང༌། ཡོངས་སུ་ཆགས་པར་མི་བྱེད་པར་བསམས་ཏེ་བཏང་ སྙོམས་བསྒོམས་པས་བྱམས་སོགས་གོང་མ་རྣམས་ཀྱི་སྐྱོན་སེལ་བར་འགྱུར་བས། བཏང་ སྙོམས་ནི་གེགས་སེལ་དུ་འགྱུར་བ་ཡིན་ནོ། །མཐའ་གཅོད་ཅུང་ཟད་བཤད་པ་ལ། བྱམས་ སོགས་སྙིང་ཐག་པ་ནས་བསྒོམས་ཀྱང༌། ཐོག་མར་བྱམས་སོགས་ཀྱི་ཡུལ་ལ་གསལ་སྣང་མི་ འཆར་བས། བྱམས་སོགས་ཙམ་ཡིན་ཀྱང་ཚད་མེད་པ་ནི་མ་ཡིན། དེ་དག་ནན་ཏན་དུ་ བསྒོམས་པས་སེམས་རྩེ་གཅིག་པའི་ཞི་གནས་གསལ་ཞིང་གཡོ་བ་མེད་པ་སྐྱེ་ཞིང༌། དེ་དང་ བྱམས་སོགས་བསྲེས་ནས་བསྒོམས་པ་ལས་གསལ་སྣང་ཐོབ་སྟེ། བྱམས་སོགས་སྒོམ་པའི་ ཡུལ་སེམས་ཅན་བགྲང་ཡས་ཚད་མེད་པ་མངོན་སུམ་དུ་མཐོང་བ་ལྟ་བུའི་གསལ་སྣང་དང༌། དེ་དག་རེ་རེ་ལ་ཡང་བྱམས་སོགས་འཇུག་པའི་གསལ་སྣང་ཤུགས་ཆེན་པོར་གྱུར་པ་ནི་ཚད་ མེད་པའི་ཏིང་ངེ་འཛིན་ཐོབ་པ་ཡིན་ནོ། །ཡང་ཆོས་མངོན་པ་ལས། སེམས་གནས་པའི་ཐབས་ དགུས་ཞི་གནས་བསྒྲུབས། ཡིད་ལ་བྱེད་པ་བདུན་གྱིས་ལྷག་མཐོང་བསྒྲུབས་ཏེ། འདོད་པ་ལ་ ཆགས་བྲལ་བྱས་པས་བསམ་གཏན་དུ་སྐྱེ་བ་དང༌། འདོད་པའི་ཉོན་མོངས་པ་མངོན་གྱུར་མ་ ལོག་ཅིང་བསམ་གཏན་གྱི་ཏིང་ངེ་འཛིན་མ་ཐོབ་པ། བསམ་གཏན་གྱི་ལྷར་སྐྱེ་བ་མི་སྲིད་པར་ བཤད་པ་དང༌། མདོ་སྡེ་འགའ་ཞིག་དང༌། གཞུང་འདི་སོགས་སུ། ཚད་མེད་[པ་]བཞི་བསྒོམ་ པ་ཁོ་ནས་བསམ་གཏན་གྱི་ལྷར་སྐྱེ་བར་བཤད་པ་མི་འགའ་ལམ་ཞེ་ན། འགལ་བར་མི་ 21-1-674 འགྱུར་ཏེ། སེམས་གནས་པའི་ཐབས་དགུ་དང༌། ཡིད་བྱེད་བདུན་གྱིས་བསམ་གཏན་གྱི་ཏིང་ ངེ་འཛིན་བསྒྲུབས་ནས་བསམ་གཏན་དུ་སྐྱེ་བར་བཤད་པ་ནི་ཉི་ཚེ་བ་ཙམ་ཡིན་གྱི། བསམ་ གཏན་གྱི་ཏིང་ངེ་འཛིན་ནི་སྒྲུབ་ཚུལ་ལ་དེ་ཁོ་ནས་ཁྱབ་པར་མངོན་པ་ནས་ཀྱང་མ་བཤད། འདོད་ཉོན་མངོན་{འགྱུར་བ་[གྱུར་པ་]སྤོང་དགོས་པ་དང༌། བསམ་གཏན་གྱི་ཏིང་ངེ་འཛིན་ གྲུབ་དགོས་པ་ནི་འདིར་ཡང་མཐུན་པར་ཁས་ལེན་པ་ཡིན་ཏེ། བྱམས་སོགས་དང་པོ་གསུམ་ གྱིས་ནི་འདོད་ཁམས་ཀྱི་ཐུན་མོང་མ་ཡིན་པའི་ཉོན་མོངས་པ་ཞེ་སྡང་མངོན་གྱུར་བ་སྤོང་བར་ བྱེད། བཏང་སྙོམས་ཀྱིས་ནི་རྗེས་སུ་ཆགས་པ་སྤོང་ཞིང༌། དེའི་ཞར་བྱུང་དུ་འདོད་པའི་ཉོན་ མོངས་གཞན་ཡང་སྤོང་བ་ཡིན། ཚད་མེད་པ་བཞི་ནི་དགེ་བ་ལ་[རྩེ་]གཅིག་པའི་སེམས་ཀྱི་ ཏིང་ངེ་འཛིན་ཡིན་པས། སྔོན་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པ་དང༌། བསམ་གཏན་གྱི་ ལྷར་སྐྱེ་མྱོང་བའི་བག་ཆགས་སད་པའམ། ཡང་ན་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པ་རྐྱེན་ གཞན་གྱིས་བར་དུ་ཉམས་ནས་འབྲས་བུ་མ་སྨིན་པ་ལན་གྲངས་གཞན་དུ་མྱོང་འགྱུར་གྱི་ལས་ སད་རྒྱུ་ཡོད་པ་རྣམས་ནི་ཚད་མེད་པ་བཞི་བསྒོམས་པས་སྣ་དྲངས་ནས་སྐྱེ་བ་འདིར་བསམ་ གཏན་གྱི་ཏིང་ངེ་འཛིན་ཐོབ་པ་དང༌། ཕྱི་མ་བསམ་གཏན་གྱི་ལྷར་སྐྱེ་བ་ཡིན་ནོ། །དོན་ཚན་ གཉིས་པ་བསམ་གཏན་བཞིའི་ཏིང་ངེ་འཛིན་བསྒོམ་པ་ལ་གདམས་པ་ནི། འདོད་སྤྱོད་དགའ་ དང་བདེ་དང་སྡུག་བསྔལ་དག །རྣམ་པར་སྤངས་པའི་བསམ་གཏན་བཞི་པོ་ཡིས། །ཚངས་ དང་འོད་གསལ་དག་དང་དགེ་རྒྱས་དང༌། །འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ་ཐོབ། །རྒྱུ་ སྙོམས་འཇུག་གི་བསམ་གཏན་བཞི་ནི། མིའི་རྟེན་ལ་བསམ་གཏན་གྱི་ཏིང་ངེ་འཛིན་བསྒྲུབས་ ནས་ཐོབ་པའི་མཉམ་གཞག་གི་སས་བསྡུས་པ་དེ་ཁོ་ན་ཡིན་ལ། འབྲས་བུ་སྐྱེ་བའི་བསམ་ གཏན་བཞི་ནི། སྐྱེ་བ་སྔ་མར་འདོད་པའི་ལྷའམ་མིའི་རྟེན་ལ་བསམ་གཏན་གྱི་ཏིང་ངེ་འཛིན་ གྲུབ་པས། དེའི་འབྲས་བུ་བསམ་གཏན་གྱི་ལྷར་སྐྱེས་པ་ནས་མ་ཤི་བར་འབད་རྩོལ་མེད་པར་ 21-1-675 རང་ཤུགས་ཀྱིས་སེམས་བསམ་གཏན་གྱི་ཏིང་ངེ་འཛིན་ལ་གནས་པ་ནི། འབྲས་བུ་སྐྱེ་བའི་ བསམ་གཏན་དངོས་ཡིན་ལ༑ དེའི་གནས་ལུས་ལོངས་སྤྱོད་རྣམས་ལ་ཡང༌། འབྲས་བུ་སྐྱེ་ བའི་བསམ་གཏན་གྱི་མིང་གིས་བཏགས་པ་ཙམ་ཡིན་ནོ། །རྒྱུ་སྙོམས་འཇུག་གི་བསམ་གཏན་ གྱི་དབང་དུ་བྱས་ནས། སྤང་བྱ་འདོད་པ་ལ་འདུན་པ་{སྔོན་དུ་[དངོས་སུ་]བསྟན་པས། གནོད་སེམས་ཀྱང་དེའི་ཤུགས་ལ་བསྟན་པ་ཡིན་ཏེ། དེ་གཉིས་གཅིག་ཡོད་ན་ཅིག་ཤོས་ཀྱང་ ཡོད་དགོས་པའི་ཕྱིར་རོ། །ཞི་གནས་སྐྱོན་མེད་ལ་གོམས་པ་རབ་ཀྱི་མཐར་ཕྱིན་ནས། འདོད་ པ་ལ་འདུན་པ་དང༌། གནོད་སེམས་ཀྱི་གཉེན་པོ་བསྒོམ་པས་ཚོར་བ་སྡུག་བསྔལ་དང༌། ཡིད་ མི་བདེ་བ་དང༌། འདོད་པའི་ཉོན་མོངས་རྣམས་མངོན་གྱུར་སྤངས་པས་སེམས་རབ་ཏུ་དབེན་ པ་ལས་སྐྱེས་པའི་དགའ་བདེ་ཐོབ་པ་ནི། བསམ་གཏན་དང་པོའི་སྙོམས་འཇུག་གི་ཏིང་ངེ་ འཛིན་ཡིན་ལ་{སྔོན་བདེ་བའི་རྟོག་པ་[སྐྱོན་རྟོག་དཔྱོད་གཉིས་དང་]བཅས་པའོ། །དཔྱོད་པ་ ཞེས་པས་རྟོག་པ་ཤུགས་ལ་བསྟན་པ་ཡིན་ཏེ། དཔྱོད་པ་སྤོང་བ་ལ་རྟོག་པ་སྤོང་བ་སྔོན་དུ་ འགྲོ་དགོས་པའི་ཕྱིར་རོ། །དམིགས་ཡུལ་ལ་རགས་{པ་བསྟན་པར་[པར་རྟོག་པ་དང་ཞིབ་ པར་]དཔྱོད་པའི་རྟོག་དཔྱོད་གཉིས་ནི་རྣལ་འབྱོར་གྱི་སྐྱོན་དུ་ཤེས་ནས་གཉེན་པོས་སྤངས་ པས། དམིགས་ཡུལ་ལ་ཤིན་ཏུ་སེམས་མི་རྟོག་པར་འགྱུར་བས་ནང་རབ་ཏུ་དྭངས་པའི་དགའ་ བདེ་ལ་གནས་{པའི[པ་ནི]། བསམ་གཏན་གཉིས་པའི་ཏིང་ངེ་འཛིན་ཡིན། དགའ་བའི་སྲེད་ པ་དེ་ཡང་ཏིང་ངེ་འཛིན་དང་མི་མཐུན་པར་ཤེས་ནས། རང་གི་ངོ་བོ་ཉིད་ལ་བལྟས་ནས་ སྤངས་པས་དགའ་བ་མེད་ཅིང༌། སེམས་[དང་]ལུས་ཀྱི་བདེ་{བས་[བའི་]རོ་མྱང་བར་ གནས་པ་དེ་ནི་བསམ་གཏན་གསུམ་པའི་ཏིང་ངེ་འཛིན་ཡིན། བདེ་བ་དེ་ཡང་བསམ་གཏན་གྱི་ སྐྱོན་དུ་ཤེས་ནས་སྤངས་པས་བཏང་སྙོམས་ལ་གནས་པའི་ཏིང་ངེ་འཛིན་གསལ་ཞིང་དག་ལ་ གཡོ་བ་མེད་པ་[དེ་]ནི་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ཡིན་ནོ། །བསམ་གཏན་བཞི་ཀ་ 21-1-676 ཡང་{རགས་[རང་]པའི་སེམས་རྒྱུད་ལ་གསལ་སྣང་རྩེ་གཅིག་པར་འདྲ་བ་ལས་ཁྱད་པར་ནི། དེ་{ལ་[ཡང་]སེམས་རབ་ཏུ་དབེན་པ་ལས་སྐྱེས་པའི་དགའ་བདེ་ཞེས་པ། འདོད་པའི་ཉོན་ མོངས་པ་དང༌། སྡུག་བསྔལ་གྱིས་སེམས་དཀྲུགས་པས་རྣམ་པར་གཡེངས་ཏེ་སུན་ཞིང་མི་ འགོལ་བ་ལས། བསམ་གཏན་དང་པོའི་ཏིང་ངེ་འཛིན་ཐོབ་པས་སུན་པ་རྣམས་སངས་ཏེ་ དབེན་པ་ཐོབ་པའི་དགའ་བདེ་ལྷག་པར་སྐྱེས་པ་ཡིན། ནང་རབ་ཏུ་དང་བའི་དགའ་བདེ་ནི་ བསམ་གཏན་གཉིས་པར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་དམིགས་པའི་བདེ་བ་དང༌། དེ་ལ་སྲེད་པའི་དགའ་བ་ལ་གནས་པ་ཡིན། བསམ་གཏན་གསུམ་པ་ནི་དགའ་བ་སྤངས་པའི་ བདེ་བ་ལ་གནས་པ་དང༌། བསམ་གཏན་བཞི་པར་སྡུག་བསྔལ་སྤངས་ཞེས་པ་ཚོར་བ་སྡུག་ བསྔལ་{མངོན་[སྔོན་]གྱུར་པ་བསམ་གཏན་དང་པོར་སྤངས་ཟིན་པས། འདིར་གསར་དུ་ སྤོང་རྒྱུ་ཆེར་མེད་ཀྱང༌། བདེ་བ་སྤངས་པས་སྡུག་བསྔལ་དང༌། མཚུངས་པར་ལྡན་པ་ཡིན་ [ནམ་]སྙམ་པའི་དོག་པ་སྤངས་པའི་ཕྱིར་སྡུག་བསྔལ་དང་བདེ་བ་གཉིས་ཀ་སྤངས་པའི་ བཏང་སྙོམས་དང་མཚུངས་ལྡན་གྱི་ཏིང་ངེ་འཛིན་ཡིན་པར་སྟོན་པའོ། །འབྲས་བུ་སྐྱེ་བའི་ བསམ་གཏན་ཐོབ་ཚུལ་ནི། བསམ་གཏན་དང་པོའི་ཏིང་ངེ་འཛིན་ཐོབ་པ་བསམ་གཏན་དང་ པོའི་གནས་གསུམ་གང་རུང་དུ་སྐྱེ་བ་ལས། གཙོ་བོ་ཚངས་ཆེན་དང༌། བསམ་གཏན་གཉིས་ པའི་ཏིང་ངེ་འཛིན་ཐོབ་{པ}། བསམ་གཏན་གཉིས་པའི་གནས་གསུམ་གང་རུང་དུ་སྐྱེ་བ་ ལས། གཙོ་བོ་འོད་གསལ་དང༌། བསམ་གཏན་གསུམ་པའི་ཏིང་ངེ་འཛིན་ཐོབ་པ་བསམ་ གཏན་གསུམ་པའི་གནས་གསུམ་གང་རུང་དུ་སྐྱེ་བ་ལས། གཙོ་བོ་དགེ་རྒྱས་དང༌། བསམ་ གཏན་བཞི་པའི་ཏིང་ངེ་འཛིན་ཐོབ་པ། བསམ་གཏན་བཞི་པའི་གནས་གསུམ་གང་རུང་དུ་སྐྱེ་ བ་ལས། གཙོ་བོར་འབྲས་བུ་ཆེ་བ་སྟེ། དེ་དག་སོ་སོའི་ལྷ་རྣམས་དང་ཚེ་གནས་ལུས་ལོངས་ སྤྱོད་རྣམས་བསྐལ་བ་མཉམ་པ་ཐོབ་པར་འགྱུར་རོ། །བསམ་གཏན་དང་པོའི་གནས་གསུམ་ 21-1-677 ཐོབ་པར་བྱེད་པའི་ཏིང་ངེ་འཛིན་ལ་ངོ་བོ་ལ་བཟང་ངན་མེད་ཀྱང༌། གོམ་ཤུགས་ཆེ་ཆུང་དང་ སྦྱིན་པ་ལ་སོགས་པ་དགེ་བ་གཞན་གྱི་རྒྱབ་རྟེན་སྟོབས་ཆེ་ཆུང་གི་ཆེ་རིམ་ནས་གོང་མར་སྐྱེ་ བར་འགྱུར་ཞིང༌། བསམ་གཏན་གཉིས་པའི་གནས་གསུམ་ལ་སོགས་པ་གཞན་རྣམས་ལ་ ཡང་དེས་རིགས་འགྲེའོ། །དོན་ཚན་གསུམ་པ་དགེ་བ་སྟོབས་ཆེན་[དུ་]བསྒྲུབ་དགོས་པར་ གདམས་པ་ནི། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་ འབྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་ལས་དགེ་བ་སྤྱོད་ལ་བརྩོན་པར་ བགྱི། །རྟག་པར་ཡང་ཡང་དུ་བྱས་པ་ནི། དགེ་མི་དགེ་གང་ཡིན་ཡང་སྟོབས་དང་ལྡན་པར་ འགྱུར་བ་དང༌། མངོན་པར་ཞེན་པ་སྟེ་བསམ་པའི་ཀུན་སློང་ཤུགས་དྲག་པོ་དང་ལྡན་པས་ བྱས་པ་སྟེ་ཞེ་སྡང་ཆེན་པོས་སྲོག་གཅོད་པ་དང༌། དད་པ་ཆེན་པོས་སྦྱིན་པ་བཏང་བ་ལ་སོགས་ པ་དགེ་སྡིག་སྟོབས་ཆེན་པོར་འགྱུར་བ་དང༌། གཉེན་པོ་མེད་པ་ནི། དགེ་སྡིག་གང་ཡང་ འཇོམས་པར་བྱེད་པའི་གཉེན་པོ་མེད་ན་སྟོབས་དང་ལྡན་པར་འགྱུར་ཏེ། མི་དགེ་བའི་དངོས་ གཉེན་ནི་སྡིག་པ་བཤགས་པར་བྱེད་པ་དང༌། སྡིག་པ་གང་ལ་དམིགས་ནས་སྦྱོང་བར་བྱེད་ པའི་དགེ་བ་སྒྲུབ་པ་དང༌། ལམ་སྒོམ་པའི་ཆོས་རྣམས་ནི་མི་དགེ་བ་འཇོམས་པར་བྱེད་པའི་ དངོས་གཉེན་དང༌། དངོས་གཉེན་མིན་པའི་དགེ་བ་གཞན་གྱིས་ཀྱང་མི་དགེ་བ་འཇོམས་པར་ བྱེད་པ་ཡོད་ཅིང༌། མི་དགེ་བ་ནི་གཉེན་པོར་འགྱུར་བ་མ་ཡིན་ཡང༌། དགེ་བ་འཇོམས་པ་ཙམ་ ལ་གཉེན་པོའི་མིང་གིས་བཏགས་པ་སྟེ། ཡུལ་གང་ལ་དགེ་བའི་ལས་སྔོན་དུ་བསགས་པ་ ཕྱིས་འགྱོད་ནས་དེ་དག་ལས་ལོག་པ་ཡུལ་དེ་ཉིད་ལ་མ་གུས་ཤིང་སྨོད་པས་མི་དགེ་བ་རྩོམ་ པར་བྱེད་ན། སྔ་མའི་དགེ་བ་དེ་འཇོམས་པར་འགྱུར་བ་ཡིན་ཞིང༌། དེ་བཞིན་མིན་པའི་སྡིག་ པའི་ལས་ཀྱིས་དགེ་བ་འཇོམས་ནུས་པ་ནི་མ་ཡིན་ནོ། །ཡོན་ཏན་དང་ལྡན་པ་ནི་འཕགས་ པའམ་སོ་སོ་སྐྱེ་བོ་ཡིན་ཡང་ཚུལ་ཁྲིམས་དང་ལྡན་པ། མང་དུ་ཐོས་པ་ཡང་དག་པའི་ཏིང་ངེ་ 21-1-678 འཛིན་དང་ལྡན་པ་རྣམས་དང༌། ཕན་ཐོགས་ཀྱི་ཞིང་དང་སྡུག་བསྔལ་གྱི་ཞིང་ཡང་ཤུགས་ལ་ བསྟན་པ་ཡིན་ཏེ། ཡུལ་ཕུན་སུམ་ཚོགས་པ་ལ་དགེ་སྡིག་གི་ལས་གང་བསགས་ཀྱང་སྟོབས་ དང་ལྡན་པར་འགྱུར། གཙོ་བོར་ལྡན་ཞེས་པ་ཁ་ཅིག་གིས་བརྩེ་ལྡན་དུ་བསྒྱུར་ནས་འཆད་པ་ ནི་མི་འཐད་ལ། གཙོ་བོའི་དོན་ཕྱག་འཚལ་བ་དང༌། གུས་པར་བྱ་བའི་ཡུལ་སློབ་དཔོན་དང་ ཕ་མ་ལ་སོགས་པ་ཡིན་པར་བཤད་པ་ཡོད་མོད། རང་ལུགས་རྒྱ་དཔེར་ཨུ་པ་ཀ་ར་ཞེས་པ། [ཕན་འདོགས་ལ་ཡང་འཇུག་མོད།] ཤིན་ཏུ་བྱེད་པའམ། ལྷག་པར་བྱེད་པ་ལ་[ཡང་]འགྱུར་ {བ་[བས་]ཡང་ཡང་དུ་བྱེད་པ་ལ་ཡང་བཤད་རུང་ཡིན་ཡང༌། རྟག་དང་ཞེས་པའི་སྐབས་ གོང་དུ་བཤད་ཟིན་པས་འདིར་ཆེན་པོར་སྤྱོད་པ་སྟེ། བསམ་སྦྱོར་གཅིག་གིས་མང་པོའི་སྲོག་ གཅོད་པ་དང༌། བསམ་སྦྱོར་གཅིག་གིས་སྦྱིན་པའི་ཡོ་བྱད་མང་པོ་གཏོང་བ་ལ་སོགས་པ་དགེ་ སྡིག་གང་ཡིན་ཡང་ངོ་བོ་ཆེན་པོར་སྤྱོད་པ་ནི། གཙོ་བོར་སྤྱོད་པ་ཡིན་ཏེ། ཆེན་པོ་ལ་གཙོ་བོའི་ སྒྲ་ནི་ཀུན་ལ་གྲགས་པ་ཡིན་{ལ[པ]། རིའི་རྒྱལ་པོ་ཞེས་པ་བཞིན་ནོ། །དགེ་སྡིག་སྟོབས་དང་ ལྡན་པ་འབྱུང་བའི་གཞིའམ། བསྐྱེད་པའི་རྒྱུ་ལ་ནི་གཞི་ཟེར་ཏེ། རྟག་པའི་གཞི་ནས་གཙོ་བོ་ དང་ལྡན་པའི་གཞིའི་བར་གྱི་དགེ་བ་དང་མི་དགེ་བ་རྣམ་པ་ལྔ་ནི། སྟོབས་ཆེན་པོ་དང་ལྡན་པ་ ལས་མི་དགེ་བ་རྣམས་འབད་པས་སྤངས་ཤིང༌། དགེ་བ་སྤྱོད་པ་ལ་བརྩོན་འགྲུས་ཀྱི་མཐུ་དང་ ལྡན་པར་གྱིས་ཤིག །འཕྲོས་དོན་དགེ་བའི་ལས་སྟོབས་ལྡན་དུ་བསྒྲུབས་ཀྱང༌། མི་དགེ་བ་ དང་སྲ་བསྲེས་སུ་གྱུར་པས་རྣམ་པར་དག་པར་མི་འགྱུར་སྙམ་ན། ལན་ཚ་སྲང་འགས་ཆུ་ནི་ ཉུང་ངུ་ཞིག ། རོ་བསྒྱུར་བགྱིད་ཀྱི་གང་གཱའི་ཀླུང་མིན་ལྟར། །དེ་བཞིན་སྡིག་པའི་ལས་ནི་ཆུང་ ངུ་ཡང༌། །དགེ་བའི་རྩ་བ་ཡངས་པས་མཁྱེན་པར་བགྱི། །ལན་ཚ་སྲང་གཉིས་དང་གསུམ་ལ་ སོགས་པ་འགས་ཆུ་ཉུང་ངུ་རོ་བསྒྱུར་བར་ནུས་ཀྱང༌། གང་གཱའི་ཀླུང་རོ་བསྒྱུར་མི་ནུས་པར་མ་ ཟད། ལན་ཚ་རང་ཡང་གར་སོང་མེད་པར་ཡལ་བར་འགྱུར་བ་བཞིན་དུ་སྡིག་པའི་ལས་ཆུང་ 21-1-679 ངུ་རྣམས་ཀྱི་དགེ་བའི་རྩ་བ་ཡངས་པ་རྒྱ་{ཆེན་པོ་[ཆེར་]སྟོབས་དང་ལྡན་པར་བསྒྲུབས་པ་ [ལ་]གནོད་པར་མི་འགྱུར་ཞིང༌། དགེ་བའི་ལས་སྟོབས་དང་ལྡན་པ་དེས་ནི་སྡིག་པའི་ལས་ ཆུང་ངུ་རྣམས་འབྲས་བུ་མེད་པར་འཇོམས་པར་བྱེད་པ་ཡིན་པ་དེ་ལྟར་དུ་མཁྱེན་པར་མཛོད་ ཅིག །དོན་ཚན་བཞི་པ་སྒྲིབ་པ་ལྔ་སྤང་བ་ལ་གདམས་པ་ནི། རྒོད་དང་འགྱོད་དང་གནོད་ སེམས་རྨུགས་པ་དང༌། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་ དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་རིགས་པར་མཛོད། །རྒོད་པ་ནི། ཆོས་ མངོན་པ་ལས། ཉེ་ཉོན་ཉི་ཤུའི་སྐབས་སུ་འདོད་ཡོན་ལ་ཆགས་པའི་རྣམ་པར་རྟོག་པའི་ཁྱད་ པར་ལ་བཤད་པ་ཡོད་ཀྱང༌། འདིར་ནི་དུས་གསུམ་གྱི་ཡུལ་ལ་རྣམ་པར་རྟོག་པ་འཕྲོ་བའི་རྣམ་ གཡེངས་མི་འགོག་ཅིང་དང་དུ་ལེན་པ་ལ་འཇོག་པ་ཡིན། འགྱོད་པ་ནི། དགེ་བ་དང་ལུང་མ་ བསྟན་ལ་འགྱོད་པ་ངེས་པར་སྒྲིབ་པ་ཡིན་ཅིང༌། སྡིག་པ་ལ་འགྱོད་པ་ནི་རྣམ་པ་ཐམས་ཅད་དུ་ སྒྲིབ་པ་མ་ཡིན་པས་སྡིག་པ་བཤགས་པ་ལ་དགོས་པ་སོགས་དགེ་བའི་ཆོས་སུ་འགྱུར་བའི་ སྐབས་ཡོད་ཀྱང༌། མཉམ་བཞག་ཏིང་ངེ་འཛིན་གྱི་གནས་སྐབས་སུ་སྡིག་པ་ལ་འགྱོད་པ་སྐྱེས་ ཀྱང་སེམས་འཕྲོ་བས་བསམ་གཏན་གྱི་གེགས་སུ་འགྱུར་བས་སྒྲིབ་པ་ཡིན་ནོ། །གནོད་སེམས་ ནི། སེམས་ཅན་ལ་ཀུན་ནས་མནར་སེམས་པ་དང༌། རྨུགས་པ་ནི། དམིགས་པ་སེམས་མི་ གསལ་བས་བྱིང་བ་འཐུག་པོར་གྱུར་པ་ཡིན༌། གཉིད་གོ་སླ་བར་ཟད། འདོད་པ་ལ་འདུན་པ་ ནི། འདོད་པ་ལ་ཆགས་ཤིང་དེ་ཐོབ་པར་འདོད་པ་དང༌། ཐེ་ཚོམ་ནི། སྤྱིར་ཐེ་ཚོམ་ཐམས་ཅད་ བསམ་གཏན་གྱི་གེགས་ཡིན་ཞིང༌། ཁྱད་པར་དུ་དམིགས་པའི་ཡུལ་ལ་ཐེ་ཚོམ་ཟ་བ་སྟེ་དེ་ ལྟར་ན་རྣམ་གྲངས་བདུན་ཡོད་ཀྱང༌། རྒོད་འགྱོད་གཉིས་ཕྱོགས་མཐུན་པས་གཅིག་ཏུ་བྱས་པ་ དང༌། གཉིད་རྨུགས་གཉིས་གཅིག་ཏུ་བྱས་པས་སྒྲིབ་པ་ལྔ་སྟེ། དེ་རྣམས་ཀྱིས་བསླབ་པ་ གསུམ་ལ་བར་དུ་གཅོད་པར་བྱེད་པ་ཡིན་ཏེ། གནོད་སེམས་དང་འདོད་པ་ལ་འདུན་པས་ 21-1-680 ཚུལ་ཁྲིམས་ཀྱི་བསླབ་པ་ལ་བར་དུ་གཅོད་པར་བྱེད། རྒོད་འགྱོད་གཉིད་རྨུགས་རྣམས་ཀྱིས་ ནི་ཏིང་ངེ་འཛིན་གྱིས་བསླབ་པ་ལ་བར་དུ་གཅོད་པར་བྱེད། ཐེ་ཚོམ་གྱིས་ནི། ཤེས་རབ་ཀྱི་ བསླབ་པ་ལ་བར་དུ་གཅོད་པར་བྱེད་པ་ཡིན་ནོ། །དེ་ལྟ་བུའི་སྒྲིབ་པ་ལྔ་པོ་འདི་དག་ནི། དགེ་ བ་འབྱོར་པ་ཕུན་སུམ་ཚོགས་པའི་ནོར་དང་མཚུངས་པ༑ འཕྲོག་པའི་ཆོམ་རྐུན་དང་འདྲ་བ་ ལགས་པར་ཤེས་པར་བྱས་ཏེ་འབད་པས་སྤང་བར་བྱའོ། །སྒྲིབ་པའི་རིགས་མཐའ་ཡས་པར་ ཡོད་པ་ལས། སྒྲིབ་པ་ལྔ་པོ་འདི་རྣམས་ལྷག་པར་དུ་སྨོས་པ་ནི། ལས་དང་པོ་པས་ཐོག་མ་ ཉིད་དུ་སྤོང་བ་གལ་ཆེ་བས་ཆེད་དུ་སྨོས་པ་དང༌། འདི་རྣམས་ཀྱིས་དགེ་བ་ལ་ཇི་ལྟར་དུ་ གེགས་བྱེད་ན། འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་ཀྱིས་ནི་ལུས་ངག་ཡིད་ གསུམ་གྱི་དགེ་བ་མཐའ་དག་ལ་གེགས་བྱེད། གཞན་རྣམས་ཀྱིས་ནི་གཙོ་བོར་བསམ་གཏན་ ལ་གེགས་བྱེད་པ་ཡིན་ནོ། །སྦྱོར་ལམ་དངོས་འཕྲོས་དོན་དང་བཅས་པ་བཤད་པ་ལས། སྦྱོར་ ལམ་དངོས་ནི། དད་དང་བརྩོན་འགྲུས་དག་དང་དྲན་པ་དང༌། །ཏིང་འཛིན་ཤེས་རབ་ཆོས་ མཆོག་ལྔ་ཉིད་དེ། །འདི་ལ་མངོན་བརྩོན་མཛོད་ཅིག་འདི་དག་ནི། །སྟོབས་དབང་ཞེས་བགྱི་ རྩེ་མོར་གྱུར་པའང་ལགས། །འདིར་སྤྱི་དོན་ཅུང་ཟད་བརྗོད་ན། སྦྱོར་ལམ་གྱི་དབྱེ་བ་ཕྱེ་བའི་ ངོ་བོ་དང༌། དད་སོགས་ཆོས་ལྔའི་རང་བཞིན། དབང་སྟོབས་ཀྱིས་ཁྱད་པར། དེ་དང་སྦྱོར་ ལམ་བཞི་སྦྱོར་ཚུལ་རྣམས་ལས། དང་པོ་ནི། སྦྱོར་ལམ་ལ་དབྱེ་ན། དྲོད་རྩེ་མོ་བཟོད་པ་ཆོས་ མཆོག་རྣམས་སོ། །གཉིས་པ་སྦྱོར་ལམ་གྱི་ཡེ་ཤེས་ཀྱི་ངོ་བོ་ནི། བདག་མེད་ལ་དམིགས་པའི་ ཤེས་རབ་ཡིན་ལ། དད་སོགས་ཆོས་གཞན་རྣམས་དེའི་འཁོར་ཡིན་ནོ། །དེ་ཡང་ཐེག་པ་ཐུན་ མོང་དུ་གང་ཟག་གི་བདག་མེད་ལ་གསལ་སྣང་ཆུང་{དང་}འབྲིང་དང་ཆེན་པོ་དང་རབ་ཀྱི་ མཐར་ཕྱིན་པ་རྣམས་གོ་རིམ་ལྟར་སྦྱོར་ལམ་བཞིའི་ངོ་བོ་དང༌། ཐེག་ཆེན་ཐུན་མོང་མ་ཡིན་པ་ ལ་གཟུང་བ་བདག་མེད་ལ་གསལ་སྣང་ཆེ་འབྲིང་ཆུང་གསུམ་དང༌། འཛིན་པ་བདེན་མེད་ལ་ 21-1-681 གསལ་སྣང་ཐོབ་པ་རྣམས་གོ་རིམ་བཞིན་སྦྱོར་ལམ་བཞིའི་ངོ་བོ་འཇོག་གོ །གསུམ་པ་ནི། མཉམ་བཞག་གི་ཡེ་ཤེས་ལ་ཕན་ཡོན་ཡོད་པར་ཤེས་ནས། དེ་ལ་དགའ་བས་དད་པ་དང༌། མཉམ་བཞག་ལ་འདུན་པའི་སེམས་དྲག་པོས་བརྩོན་པར་བསྒྲུབས་པ་དང༌། དྲན་པས་བཅུར་ ནས་དམིགས་[པ་]ལ་སེམས་སྒྲིམ་པ་དང༌། ཏིང་ངེ་འཛིན་གྱི་སེམས་དམིགས་པ་ལ་གནས་པ་ དང༌། ཤེས་རབ་ཀྱིས་དམིགས་པའི་ཡུལ་གསལ་བར་རབ་ཏུ་འབྱེད་ཅིང་རྟོགས་པ་རྣམས་ནི་ དད་སོགས་ཆོས་ལྔའི་རང་བཞིན་ཡིན་ནོ། །བཞི་པ་དབང་པོ་དང་སྟོབས་ཀྱི་ཁྱད་པར་ནི། དབང་པོའི་སྒྲ་དོན་རང་གི་དམིགས་པའི་ཡུལ་ལ་དབང་བསྒྱུར་བའམ་དབང་འབྱོར་པ་ཡིན་ ལ། དེ་ཡང་དད་སོགས་ཆོས་ལྔའི་དམིགས་པའི་ཡུལ་ལ་གསལ་སྣང་ཐོབ་ཅིང་གསལ་སྣང་ ཐོབ་པ་དེ་ལ་བློས་རང་དབང་དུ་སྤྱོད་པར་ནུས་པ་ནི། དད་སོགས་ཀྱི་དབང་པོ་ཡིན། གསལ་ སྣང་ཐོབ་ནས་རང་དབང་དུ་སྤྱོད་པའི་དོན་ནི། དད་པ་བསྒོམས་པ་{ནས་[ན་]སེམས་ཐམས་ ཅད་[དད་པའི་]ངོ་བོར་སོང་བ་ལྟ་བུ་ནས། ཤེས་རབ་བདག་མེད་པའི་དོན་སྒོམ་པ་ན་སེམས་ ཐམས་ཅད་བདག་མེད་རྟོགས་པའི་ཤེས་རབ་ཁོ་ནའི་ངོ་བོར་སོང་བ་འདྲ་བའི་བར་རྣམས་ ཡིན་ནོ། །སྟོབས་ཞེས་བྱ་བ་ནི་སྟོབས་དང་ལྡན་པ་སྟེ་རང་གི་དམིགས་པའི་ཡུལ་ལ་དབང་ འབྱོར་པར་མ་ཟད། མི་མཐུན་ཕྱོགས་ཟིལ་གྱིས་གནོན་ཅིང་འཇོམས་པར་ནུས་པ་ཡིན་ནོ། ། མི་མཐུན་ཕྱོགས་ནི། དད་པའི་མི་མཐུན་ཕྱོགས་མ་དད་པ། བརྩོན་འགྲུས་ཀྱི་མི་མཐུན་ ཕྱོགས་ལེ་ལོ། དྲན་པའི་མི་མཐུན་ཕྱོགས་རྗེད་ངས། ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་རྣམ་ གཡེངས། ཤེས་རབ་ཀྱི་མི་མཐུན་ཕྱོགས་ཤེས་རབ་འཆལ་བ་དང༌། ལོག་པར་ལྟ་བ་ཡང་ཡིན་ ཡང༌། གཙོ་བོར་རྨོངས་པའི་རང་བཞིན་ཅན་གྱི་གཏི་མུག་ཡིན་ལ། དེ་ཡང་དམིགས་པའི་ཡུལ་ མི་ཤེས་པའི་གཏི་མུག་ཡིན་ནོ། །དེ་ལྟ་བུའི་མི་མཐུན་ཕྱོགས་ཀྱི་རྣམ་པར་རྟོག་པ་རྣམས་རྩོལ་ བས་བཀག་ནས་འགོག་པ་དང༌། འབད་རྩོལ་མེད་པར་འགགས་པས་འཇོམས་པའི་སྟོབས་ 21-1-682 ཞེས་བྱའོ། །ལྔ་པ་སྦྱོར་ལམ་བཞི་དང་སྦྱོར་ཚུལ་ནི། བྱང་ཆུབ་སེམས་དཔའ་ཚོགས་ལམ་པས་ མཉམ་བཞག་རྩེ་གཅིག་པས་དད་སོགས་ཆོས་ལྔ་བསྒོམས་པས་གསལ་སྣང་སྐྱེས་པ་ན། གསལ་སྣང་ནི་ཐོབ། རྐྱེན་དང་དུས་ལ་དབང་མ་འབྱོར་པ་དེའི་ཚེ་སྦྱོར་ལམ་གྱི་ནང་ནས་དྲོད་ ཐོབ་པ་དང༌། དབང་པོ་ལྔ་ཆུང་ངུའམ་ཕལ་པ་དང་ཐ་མལ་པ་ཐོབ་པ་ཡིན་ནོ། །སླར་ཡང་རྒྱུན་ རིང་དུ་བསྒོམས་པས་དད་སོགས་ཆོས་ལྔའི་དམིགས་ཡུལ་ལ་གསལ་སྣང་གོང་འཕེལ་དུ་གྱུར་ ནས་བདེ་སྡུག་དང་འབྱོར་མ་འབྱོར་ལ་སོགས་པའི་རྐྱེན་ལ་རག་མ་ལུས་ཤིང༌། རང་གི་བློའི་ འཕེན་པ་ཇི་ཙམ་དུ་བཏང་བའི་ཡུན་དེ་ཙམ་དུ་དམིགས་པའི་ཡུལ་ལ་ཐུན་གཅིག་ཏུ་མཉམ་ པར་འཇོག་ནུས་པ་ན། སྦྱོར་ལམ་རྩེ་མོ་ཡིན་ཅིང༌། དབང་པོ་ལྔ་མཆོག་དང་ཁྱད་པར་ཅན་ ཕུལ་དུ་བྱུང་བ་ཞེས་བྱ། སྦྱོར་ལམ་དེ་གཉིས་སུ་མཉམ་བཞག་གི་གནས་སྐབས་སུ་དེ་ལྟར་ འབྱུང་ཡང༌། རྗེ་ཐོབ་ཐུན་མཚམས་སུ་མི་འདོད་བཞིན་དུ་མི་མཐུན་ཕྱོགས་ཀྱི་རྣམ་པར་རྟོག་ པ་རྣམས་དང༌། སེམས་འདྲེ་བར་འགྱུར་བའི་སྟོབས་སུ་འཇོག་པ་ནི་མ་ཡིན། སླར་ཡང་ དམིགས་པ་རྒྱུན་བསྲིང་སྟེ་བསྒོམས་པ་ལས། གསལ་སྣང་ཆེས་གོང་དུ་འཕེལ་བའི་ནུས་པས། རྗེས་ཐོབ་ཏུ་མི་མཐུན་ཕྱོགས་ཀྱི་རྣམ་པར་རྟོག་པ་ཆེད་བརྟད་སྐབས་ཕྱེ་ན་མ་གཏོགས་མི་ འབྱུང་བ་ནི་སྦྱོར་ལམ་བཟོད་པ་ཞེས་བྱ་ཞིང༌། སྟོབས་ལྔ་ཆུང་ངུའམ་ཕལ་པ་ཐ་མལ་པ་ཐོབ་པ་ ཡིན། དེ་དག་ཀྱང་ཡུན་བསྲིངས་ཏེ་བསྒོམས་པས་གསལ་སྣང་མཐར་ཕྱིན་ཅིང༌། རྗེས་ཐོབ་ཏུ་ མི་མཐུན་ཕྱོགས་ཀྱི་རྣམ་པར་རྟོག་པ་ཆེད་བརྟད་སྐབས་དབྱེ་ཡང་མི་སྐྱེ་བ་དེ་ནི་སྦྱོར་ལམ་ ཆོས་མཆོག་ཡིན་ཅིང༌། སྟོབས་ལྔ་ཆེན་པོ་དང་ཁྱད་པར་ཅན་དུ་ཕུལ་དུ་བྱུང་བ་ཐོབ་པ་ཡིན་ནོ། ། གཞུང་དོན་དངོས་ནི། དད་པ་དང༌། བརྩོན་འགྲུས་དག་དང༌། དྲན་པ་དང༌། ཏིང་ངེ་འཛིན་ དང༌། ཤེས་རབ་སྟེ་ཆོས་ཀྱི་མཆོག་ལྔ་པོ་འདི་ལ་མངོན་པར་བརྩོན་པ་སྟེ། བརྩོན་འགྲུས་ཆེན་ པོས་ནན་ཏན་དུ་བསྒོམ་པར་མཛོད་ཅིག །དེ་ལྟར་སྒོམ་པ་ན་མི་མཐུན་ཕྱོགས་འཇོམས་པའི་ 21-1-683 ནུས་པ་ཐོབ་པ་དེའི་ཚེ་སྟོབས་ཞེས་བྱ་ཞིང༌། དེ་ཡང་སྦྱོར་ལམ་མཆོག་ཐོབ་པ་ན་མཐར་ཕྱིན་ པར་འགྱུར་ལ། མི་མཐུན་ཕྱོགས་འཇོམས་པའི་ནུས་པ་མེད་ཀྱང༌། དམིགས་པའི་ཡུལ་ལ་ གསལ་སྣང་ཐོབ་[པ་]ན་དབང་པོ་ཞེས་བྱ་ཞིང་། དེ་ཡང་སྦྱོར་ལམ་རྩེ་མོ་ཐོབ་[པ་]ན་མཐར་ ཕྱིན་པར་འགྱུར་རོ། །སྦྱོར་ལམ་འདི་རྣམས་ལ་མིང་གཞན་ཡང༌། སྣང་བ་ཐོབ་པ་དང༌། མཆེད་ པ་དང་དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པ་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་ཀྱང་ བྱའོ། །འཕྲོས་དོན་ལ་དོན་ཚན་གཉིས་ལས། དང་པོ་འཁོར་བ་ལ་ཡིད་ངེས་པར་འབྱུང་བའི་ ཐབས་བསྒྲུབ་པ་ལ་གདམས་པ་ནི། ན་རྒ་འཆི་སྡུག་བྲལ་དང་དེ་བཞིན་དུ། །ལས་འདི་བདག་ གིར་བྱས་ལས་མ་འདས་ཞེས། །དེ་ལྟར་ཡང་དང་ཡང་དུ་སེམས་པ་ནི། །དེ་ཡི་གཉེན་པོའི་སྒོ་ ནས་རྒྱགས་མི་འགྱུར། །ན་བ་རྒས་པ་འཆི་བ་གསུམ་དང༌། སྡུག་པ་སྟེ་ཡིད་དུ་འོང་བ་དང་ བྲལ་བ་ལ་སོགས་པ་དེ་བཞིན་དུ་རིགས་དྲུག་གི་གནས་ན་སྡུག་བསྔལ་སྣ་ཚོགས་པ་འབྱུང་བ་ རྣམས་རང་གི་སྔོན་གྱི་ལས་ཀྱི་འབྲས་བུ་བདག་གིར་བྱས་ཏེ་ཉམས་སུ་མྱོང་དགོས་པ་ལས་མ་ འདས་པ་སྟེ། དེ་ལས་ཐབས་གཞན་མེད་པ་ཡིན་ལ། དེའི་ཕྱིར་ཁམས་གསུམ་འཁོར་བ་པ་ འདི་རྣམས་མི་འདོད་བཞིན་དུ་སྡུག་བསྔལ་སྣ་ཚོགས་པ་ལ་སྤྱོད་པར་བྱེད་དོ་ཞེས་དེ་ལྟར་ཡང་ ནས་ཡང་དུ་སེམས་པ་དེ་ནི་ཚུལ་དེ་བསམ་པ་ན་འཁོར་བར་འཁྱམས་པའི་རྒྱུ་འཁོར་བ་ལ་ ཆགས་ཤིང་སྲེད་པ་དང༌། འཁོར་བའི་བདེ་བ་ལ་ང་རྒྱལ་བས་རྒྱགས་པ་རྣམས་ཡིན་པ་ལས། འཁོར་བ་ལ་ཡིད་ངེས་པར་འབྱུང་བ་ནི་དེའི་གཉེན་པོ་ཡིན་པས་{སྒོམས་[སྒོ་ནས་]རྒྱགས་པ་ དང་ཆགས་པ་ལ་སོགས་པར་མི་འགྱུར་ཞིང་སེལ་བར་བྱེད་དོ། །གཉིས་པ་ལས་འབྲས་ལ་ ཡིད་ཆེས་སྐྱེ་བའི་ཐབས་སྒྲུབ་པ་ལ་གདམས་པ་ནི། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། ། ཡང་དག་ལྟ་ལ་གོམས་པ་དག་ཏུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང༌། ། ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །སྐྱེས་བུ་མཆོག་ཐར་བའི་བདེ་བ་དོན་དུ་གཉེར་ 21-1-684 བ་ལ་ལྟ་སྨོས་ཀྱང་ཅི་དགོས། དབང་པོ་དམན་པ་ཞིག་གལ་ཏེ་མཐོ་རིས་ཀྱི་བདེ་བ་མངོན་པར་ འདོད་ན་ཡང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་ནན་ཏན་དུ་{གོ་བར་[གོམས་པར་] བྱའོ། །འདིར་མཐའ་གཅོད་ཅུང་ཟད་བརྗོད་ན། མཐོ་རིས་ཀྱི་བདེ་བ་ཙམ་དོན་དུ་གཉེར་ཞིང༌། དེ་ལས་ལྷག་པ་ཐར་པ་ལ་གུས་པར་མི་བྱེད་པ་ནི་དབང་པོ་དམན་པ་ཡིན་མོད། ངན་སོང་གི་ རྟེན་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་ཏུ་མེད་པས། ཐར་པ་དང་ཐམས་ཅད་མཁྱེན་ པ་བསྒྲུབ་པའི་ཕྱིར་དུ་མཐོ་རིས་དོན་དུ་གཉེར་བ་ནི་དབང་པོ་དམན་པར་མི་འགྱུར་རོ། །ཡང་ དག་པའི་ལྟ་བ་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང༌། འཇིག་རྟེན་ལས་འདས་པའི་ ཡང་དག་པའི་ལྟ་བ་གཉིས་ལས། དང་པོ་ནི། ལས་འབྲས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་ པའི་ཤེས་རབ་སྟེ། དེ་ལ་བརྟེན་ནས་ལས་འབྲས་ལ་ཡིད་ཆེས་པའི་དད་པ་སྐྱེ་བས། ཤེས་རབ་ {ལ་[ལས་]དད་པ་སྐྱེའོ་ཞེས་གྲགས་སོ། །ལས་འབྲས་ལ་ཡིད་ཆེས་ནས། དེ་ལ་བླང་དོར་ ལག་ལེན་དུ་བྱས་པས་ངན་སོང་དུ་མི་འགྲོ་བར་འགྱུར་ཏེ། མདོ་ལས། འཇིག་རྟེན་པ་ཡི་ཡང་ དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་བསྐལ་བ་སྟོང་དག་ཏུ། །ངན་འགྲོར་འགྲོ་བར་མི་ འགྱུར་རོ། །ཞེས་གསུངས་སོ། །འཇིག་རྟེན་པའི་ཡང་དག་པའི་{ཡང་དག་པའི་}ལྟ་བ་ཞེས་ པའི་དོན་ནི། ལས་འབྲས་ལ་ཡིད་ཆེས་པའི་ལྟ་བ་འདི་ཡང་བདག་མེད་པའི་ལྟ་བ་དང་མ་ འབྲེལ་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་མི་འགྱུར་བས་འཇིག་རྟེན་པ་ཞེས་ བྱ་བ་ཡིན་ལ། ཀུན་རྫོབ་བདེན་པའི་དོན་ཕྱིན་ཅི་མ་ལོག་པའི་ཆོས་ཡིན་པས་ཡང་དག་པའང་ ཡིན་ལ། འདི་ཁོ་ནས་ཐར་པ་མི་ཐོབ་ཀྱང་འདི་ཐར་པའི་ལམ་ཐམས་ཅད་ཀྱི་གཞིར་གྱུར་ པ{ཡིན་ནོ[འོ]། །མཐོ་རིས་ཀྱི་བདེ་བ་བསྒྲུབ་པ་ལ་ལག་ལེན་དུ་ལུས་ངག་གི་ལས་འབྲས་ཀྱི་ སྤང་བླང་བྱས་པས་འགྲུབ་ན། ལས་འབྲས་ལ་ཡིད་ཆེས་པའི་ལྟ་བ་མེད་ཀྱང་ཆོག་པ་ཡིན་ [ནམ་]སྙམ་ན། དེ་ལྟར་མ་ཡིན་ཏེ། ལས་འབྲས་ལ་ཡིད་ཆེས་དང་མི་ལྡན་ན་ལོག་པར་ལྟ་བ་ 21-1-685 དངོས་འདྲེས་སམ། ལོག་པར་ལྟ་བའི་བག་འདྲེས་པར་འགྱུར་བས། ལོག་པར་ལྟ་བས་ཀུན་ ནས་བསླང་སྟེ། ལེགས་པར་སྤྱད་པའི་དགེ་བ་བསྒྲུབས་ཀྱང༌། ལོག་ལྟས་ཀུན་ནས་བསླངས་ པའི་ཕྱིར་དགེ་བ་བྱས་པ་ཐམས་ཅད་ཉམས་སྨད་པས་སྟོབས་དང་ལྡན་པར་མི་འགྱུར་ཞིང༌། ལོག་པར་ལྟ་བའི་རྣམ་པར་སྨིན་པ་རླབས་ཆེན་པོས་ཟིལ་གྱིས་མནན་པས། དགེ་བ་ཆུང་ངུ་ དེའི་འབྲས་བུ་ཡང་མི་མངོན་པ་ཉིད་དུ་འགྱུར་བས། རྣམ་པར་སྨིན་པ་མི་བཟད་པ་སྟེ་མ་ རུངས་པ་དང་ལྡན་པར་འགྱུར་རོ། །དེའི་མཐའ་ཅུང་ཟད་{དཔྱད་[བཅད་]ན། ལོག་པར་ལྟ་ བས་ཀུན་ནས་བསླངས་ཀྱང་དགེ་བ་ཡིན་པས། རང་འབྲས་རྣམ་པར་སྨིན་པའི་འབྲས་བུ་མ་ རུངས་པ་སྡུག་བསྔལ་བར་འགྱུར་བ་མ་ཡིན་ཏེ། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་ཁོ་ན་འབྱུང་ བའི་ཕྱིར་རོ། །དེ་{ལྟར་[ལྟ་]ན་ཡང་ལོག་པར་ལྟ་བའི་རྣམ་སྨིན་སྟོབས་དང་ལྡན་པས་དགེ་བ་ ཆུང་ངུ་དེའི་འབྲས་བུ་{བསྔོ་[རྔོ་]མི་ཐོགས་པ་ཉིད་དུ་འགྱུར་བ་ལ་དགོངས་སོ། །ད་ནི་གཉིས་ པ་འཕགས་ལམ་འབྲས་བུ་དང་བཅས་པ་བསྟན་པ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་ བ་གཉིས་ལས། དང་པོ་ལ། མཐོང་ལམ་འཕྲོས་དོན་དང་བཅས་པ་རྒྱས་པར་བཤད་པ་དང༌། འབྲས་བུ་མྱང་འདས་རྒྱུ་སྒོམ་ལམ་དང་བཅས་པ་བཤད་པའོ། །དང་པོ་ལ་མཐོང་ལམ་དངོས་ བཤད་པ་དང༌། འཕྲོས་དོན་རྒྱས་པར་བཤད་པའོ། །དང་པོ་ལ། དོན་ཚན་བཞི་ལས། དང་པོ་ ཕྱིན་ཅི་ལོག་བཞི་སྤོང་བར་གདམས་པ་ནི། མི་ནི་ཡང་དག་ཉིད་དུ་མི་བདེ་ཞིང༌། །མི་རྟག་ བདག་མེད་མི་གཙང་རིག་པར་བགྱི། །དྲན་པ་ཉེ་བར་མ་བཞག་རྣམས་ཀྱིས་ནི། །ཕྱིན་ཅི་ལོག་ བཞིར་ལྟ་བ་ཕུང་ཁྲོལ་བ། །འདིར་སྤྱི་དོན་{དུ་}ཅུང་ཟད་བརྗོད་ན། མི་གཙང་བ་ལ་གཙང་ བར་འཛིན་པ། སྡུག་བསྔལ་བ་ལ་བདེ་བར་འཛིན་པ། མི་རྟག་པ་ལ་རྟག་པར་འཛིན་པ། བདག་མེད་པ་ལ་བདག་ཏུ་འཛིན་པ་རྣམས་ནི། ཕྱིན་ཅི་ལོག་གི་ལྟ་བ་བཞིའོ། །དེའི་གཉེན་པོ་ དྲན་པ་ཉེར་བཞག་བཞི་ནི། ཆོས་མངོན་པ་ལས། ལུས་ཚོར་སེམས་དང་ཆོས་རྣམས་ལ། ། 21-1-686 མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ཞེས་པ་ལུས་མི་གཙང་བའི་རང་བཞིན་དུ་ཤེས་ པ་ལུས་དྲན་པ་ཉེར་བཞག གང་ཅི་ཡང་རུང་བའི་ཚོར་བ་ཐམས་ཅད་སྡུག་བསྔལ་དུ་ཤེས་པ་ ཚོར་བ་དྲན་པ་ཉེར་བཞག སེམས་གཙོ་བོར་གྱུར་པའི་འདུས་བྱས་ཐམས་ཅད་འཇིག་ཅིང་མི་ རྟག་པར་ཤེས་པ་སེམས་དྲན་པ་ཉེར་བཞག ཤེས་བྱ་ལ་སྲིད་ཚད་ཀྱི་ཆོས་ཐམས་ཅད་བདག་ མེད་པར་ཤེས་པ་ཆོས་དྲན་པ་ཉེར་བཞག་རྣམས་ཏེ། དེ་སོ་སོ་ལ་ཡང་བྱེད་པ་པོ་ལ་སོགས་པ། སྟོངས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་དུ་ཤེས་པ་ཡིན་ནོ། །སྐབས་འདིའི་སྤང་གཉེན་ སྦྱོར་ཚུལ་ལ་ཕྱིན་ཅི་ལོག་གི་ལྟ་བ་དང་པོ་ནི། ལུས་དྲན་པ་ཉེར་བཞག་གིས་སྤོང་བ་དང༌། གཉིས་པ་ཚོར་བ་དྲན་པ་ཉེར་བཞག་དང༌། གསུམ་པ་སེམས་དྲན་པ་ཉེར་བཞག་དང༌། བཞི་ པ་ཆོས་དྲན་པ་ཉེར་བཞག་རྣམས་ཀྱིས་སྤོང་བར་བྱེད་པའོ། །དྲན་པ་ཉེར་བཞག་བཞི་པོ་འདི། ལས་དང་པོ་པ་ཚོགས་ལམ་གྱི་དུས་ནས་སྒོམ་དགོས་པ་ཡིན་ཡང༌། མཐོང་ལམ་གྱི་སྐབས་ འདིར་ཆེད་དུ་སྨོས་པ་ནི། མངོན་སུམ་མཐོང་བའི་དབང་དུ་བྱས་པ་སྟེ། དྲན་པ་ཉེར་བཞག་ བཞིའི་མཚན་ཉིད་དང་ལྡན་པའི་ཡེ་ཤེས་[དངོས་]ཐོབ་པ་དང༌། ཕྱིན་ཅི་ལོག་བཞིའི་ས་བོན་ སྦངས་པ་ནི། མཐོང་ལམ་དུ་ཡིན་པས་སྐབས་འདིར་བསྟན་པའོ། །གཞུང་དོན་ནི། མིའི་ འཇིག་རྟེན་གྱིས་ནི་མཚོན་པའི་འཁོར་བ་ཐམས་ཅད་ཡིན་ཏེ། སོ་སོ་སྐྱེ་བོ་རྣམས་ཀྱིས་བློས་ རྟོགས་པ་མ་ཡིན་ཡང་དངོས་པོའི་གནས་ཚུལ་ཡང་དག་པར་ཟག་བཅས་འཁོར་བའི་ཆོས་ ཐམས་ཅད་མི་བདེ་ཞིང་སྡུག་བསྔལ་བ་དང༌། འདུས་བྱས་ཐམས་ཅད་མི་རྟག་པ་དང༌། གང་ཅི་ ཡང་རུང་བའི་ཆོས་ཐམས་ཅད་བདག་མེད་པ་དང༌། ཕུང་པོ་རྣམས་མི་གཙང་བའི་རང་བཞིན་ དུ་ཤེས་ཤིང་རིག་པར་བྱའོ། །དེའི་རྒྱུ་མཚན་ཡང་དྲན་པ་ཉེ་བར་བཞག་པ་དང་མི་ལྡན་པའི་ སྐྱེས་བུ་རྣམས་ནི། ཕྱིན་ཅི་ལོག་གི་ལྟ་བ་བཞིར་ལྟ་བས་རྒྱུད་{དཀྲུག་པ་[དཀྲུགས་པས་] འཁོར་བའི་སྡུག་བསྔལ་སྣ་ཚོགས་པ་འབྱུང་བའི་ཕུང་ཁྲོལ་ཆེན་པོར་གྱུར་པའོ། །གཟུགས་ནི་ 21-1-687 བདག་མ་ཡིན་ཞེས་གསུངས་ཏེ་བདག །གཟུགས་དང་ལྡན་མིན་གཟུགས་ལ་བདག་གནས་ མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་ མཛོད། །གཟུགས་ནི་ངའམ་བདག་མ་ཡིན་ཞེས་གསུངས་པ་སྟེ། གཟུགས་དང་བདག་ངོ་བོ་ གཅིག་པ་མ་ཡིན་ལ། གཟུགས་དང་བདག་ལྡན་པ་མ་ཡིན་ཏེ། སྐྱེས་བུ་དང་དེའི་ནོར་བཞིན་ དུ་ཕན་ཚུན་འབྲེལ་བར་མི་གནས་པའོ། །གཟུགས་ལ་བདག་བརྟེན་ཅིང་གནས་པ་མི་{བརྟེན་ [གཏན་]ལ་གནས་པ་ལྟ་བུ་ཡང་མ་ཡིན་ཅིང༌། བདག་ལ་གཟུགས་ས་ལ་འཁྲི་ཤིང་བརྟེན་པ་ ལྟར་ཡང་མི་གནས་པ་སྟེ་བདག་ལས་གཟུགས་སྐྱེས་པ་འདྲ་བ་ཡང་མ་ཡིན་པ་དེ་བཞིན་དུ་ ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ལ་ཡང་དེ་ལྟར་དུ་སྦྱར་ཞིང༌། རྣམ་པར་ཤེས་པ་ བདག་གི་ངོ་བོར་མི་གནས། རྣམ་པར་ཤེས་པ་བདག་དང་འབྲེལ་བར་གནས་པ་མ་ཡིན། རྣམ་ པར་ཤེས་པ་ལ་བདག་མེད། བདག་ལ་རྣམ་པར་ཤེས་པ་མེད་པ་སྟེ། ཕུང་པོ་ལྔ་པོ་སྟོང་པ་སྟེ་ བདག་མེད་པར་རྟོགས་པར་[བགྱི་བ་སྟེ་]མཛོད་ཅིག །སྐབས་འདིར་སྤྱི་དོན་གྱི་མཐའ་གཅོད་ ཅུང་ཟད་བརྗོད་ན། སྤང་བྱ་བདག་འཛིན་ངོས་བཟུང་བ་དང༌། སྤོང་བྱེད་བདག་མེད་རྟོགས་ པའི་ཤེས་རབ་བཤད་པ་གཉིས་ལས། དང་པོ་ལ། ངོ་བོ། ཁྱད་པར། དབྱེ་བ་རྣམས་ལས། དང་པོ་ནི། ཉེར་ལེན་གྱི་ཕུང་པོ་ལྔ་{ལ་[ལས་]དམིགས་ནས་ང་བདག་ཏུ་འཛིན་པའི་ཤེས་ པའོ། །གཉིས་པ་ཁྱད་པར་ནི། རྟག་གཅིག་རང་དབང་ཅན་དུ་སྒྲོ་འདོགས་པའི་བདག་སྟེ། བདག་གིས་སྔོན་འདི་བྱས་སོ། །མ་འོངས་པ་ན་འདི་བྱེད་དོ་ཞེས་རྟག་པའི་རྣམ་པར་སྒྲོ་ འདོགས་པ་དང༌། བདག་གཅིག་པུ་གལ་ཆེའོ། །བདག་གཅིག་པུ་འཇིགས་པ་ལས་ཐར་ {ཏེ[རོ]། །ཞེས་གཞན་དང་མ་འདྲེས་པའི་བདག་གཅིག་པུའི་མཚན་ཉིད་ཅན་དུ་འཛིན་པ་ དང༌། བློས་བཏགས་པར་མ་ལྟོས་པའི་བདག་ཚུགས་ཐུབ་ཀྱི་རྣམ་པར་འཛིན་པ་ནི་རང་དབང་ ཅན་དུ་འཛིན་པའོ། །དབྱེ་བ་ནི། གཟུགས་ཀྱི་ཕུང་པོ་བདག་ཡིན་པར་འཛིན་པ་ནས། རྣམ་ 21-1-688 པར་ཤེས་པའི་ཕུང་པོ་བདག་ཡིན་པར་འཛིན་པའི་བར་ལྔ་ནི་བདག་འཛིན་དངོས་ཡིན་ནོ། ། དེ་བཞིན་དུ་ཕུང་པོ་ལྔའི་ཁྱད་པར་ལ་སྦྱར་ཏེ། གཟུགས་བདག་དང་ལྡན་པ་ལ་སོགས་པ་ལྔ། གཟུགས་ལ་བདག་ཡོད་པ་ལ་སོགས་པ་ལྔ། བདག་ལ་གཟུགས་ཡོད་པ་ལ་སོགས་པ་ལྔ་སྟེ་ བཅོ་ལྔ་པོ་{དེ་}ནི་བདག་གིར་འཛིན་པ་སྟེ། བསྡོམས་པས་འཇིག་ལྟ་ཉི་ཤུའོ། །གཉིས་པ་སྤོང་ བྱེད་བདག་མེད་རྟོགས་པའི་ཤེས་རབ་ནི། དངོས་པོའི་གནས་ཚུལ་ལ་ཡེ་ནས་བདག་མེད་པ་ ལ་བདག་མེད་པར་ཤེས་པ་སྟེ། དངོས་གནས་ལ་བདག་མེད་ཚུལ་ཇི་ལྟར་ཡིན་ན། དབུ་མ་རྩ་ བ་ཤེས་རབ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་པའི་དོན། མིག་ལ་ སོགས་པའི་རྣམ་པར་ཤེས་པ་[རྣམས་]དང༌། དགེ་མི་དགེ་ལུང་མ་བསྟན་གྱི་རྣམ་པར་རྟོག་ པའི་སེམས་བྱུང་གི་ཚོགས་རྣམས་{ཀྱིས་[ཀྱི་]བདག་ཏུ་ཤེས་པ་དང༌། སྣང་བ་དང༌། འཛིན་ པར་མི་བྱེད་ཅིང༌། བདག་ཏུ་ལྟ་བའི་བློ་ཁོ་ནས། ཤེས་པ་དང༌། སྣང་བ་དང༌། འཛིན་པར་བྱེད་ པ་ཡིན་ལ། བདག་ངེས་པར་ཡོད་ན་བདག་འཛིན་གྱི་བློའི་འཛིན་ལུགས་དང་མཐུན་པར་ཡོད་ དགོས་པ་ལ། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི། མི་རྟག་པ་སྐྱེ་འཇིག་ཅན་ཡིན་པས། ཕུང་པོ་ བདག་ཡིན་ན་བདག་སྐྱེ་འཇིག་ཅན་ཡིན་དགོས་པ་ལ། ངར་འཛིན་གྱི་བློས་བདག་རྟག་པར་ འཛིན་པ་དང་{མི་[མ་]མཐུན་པས་ཕུང་པོ་བདག་མ་ཡིན་ཞིང༌། བདག་ཕུང་པོ་ལས་གཞན་དུ་ གྱུར་པ་མ་ཡིན་{ལ[ཏེ]། {ཕུང་པོ་སྡུག་བསྔལ་དུ་གྱུར་པ་མ་ཡིན་ཏེ།} ཕུང་པོ་སྡུག་བསྔལ་དུ་ གྱུར་པ་ལ་བདག་སྡུག་བསྔལ་ཞེས་པ་དང༌། མིག་གིས་གཟུགས་མཐོང་བ་ལ་བདག་གིས་ གཟུགས་མཐོང་ཞེས་པ་ཕུང་པོ་ལ་དམིགས་པ་ཞིག་ནི། བདག་ཏུ་འཛིན་པའི་འཛིན་སྟངས་ལ་ འདུག་པ་མངོན་སུམ་མྱོང་བས་གྲུབ་པས། ཕུང་པོ་ལས་གཞན་དུ་གྱུར་པ་ཞིག་ཀྱང་ངེས་པར་ བདག་མ་ཡིན་ནོ། །གཞན་ཡང་ཕུང་པོ་རེ་རེ་ནས་ཐམས་ཅད་བདག་ཡིན་ན་བདག་དུ་མར་ 21-1-689 {གྱུར[འགྱུར]། ཕུང་པོ་གཅིག་བདག་ཡིན་ལ་གཞན་རྣམས་མིན་པའི་དབྱེ་བ་ཡང་མི་འཐད་ དེ་རིག་པ་འདི་རྡུལ་ཕྲན་གྱི་བར་དུ་རིགས་བསྒྲེ་བར་བྱ་ལ། ཕུང་པོ་སྤྱི་ཡང་བདག་མ་ཡིན་ཏེ། རེ་རེ་སོ་སོ་ལས་གཞན་པའི་སྤྱི་མ་གྲུབ་པའི་ཕྱིར་རོ། །ཕུང་པོ་མ་ཡིན་ན། བདག་དངོས་མེད་ དུ་ཐལ་བ་དང༌། དངོས་མེད་ཡིན་ན་དངོས་མེད་ལ་བྱ་བ་བྱེད་པ་པོ་དང༌། རྣམ་སྨིན་མྱོང་བ་ པོའི་བདག་གི་ཐ་སྙད་འཇུག་པར་མི་འགྱུར་ཞིང༌། དངོས་མེད་ཡིན་ཕྱིན་གནས་ཚུལ་ལ་མེད་ པར་འགྱུར་བ་དང༌། གཉིས་མིན་གྱི་མུ་གསུམ་པ་ཡང་རེ་ཞིག་མི་སྣང་ཞིང་མ་གྲགས་པས། གང་ཟག་གི་བདག་ཅེས་བྱ་བ་ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས། ཡོད་པ་ལྟར་འཁྲུལ་ བས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བློས་བཏགས་པ་ཙམ་དུ་ཟད་ཀྱི། དངོས་པོའི་གནས་ ཚུལ་ལ་ཡེ་ནས་མེད་པ་དེ་ལྟར་དུ་ཤེས་ནས་བསྒོམས་པས། བདག་འཛིན་རིམ་གྱིས་སྲབ་པར་ གྱུར་ནས། མཐོང་ལམ་དུ་བདག་མེད་མངོན་སུམ་དུ་རྟོག་པའི་བདག་[ཏུ་]འཛིན་པ་རྩ་བ་ ནས་ལྡོག་པ་ཡིན་ནོ། །བྱེད་པ་པོས་སྟོང་པ་ལ་སོགས་པ་སྟོང་ཉིད་བཤད་པ་ནི། ཕུང་པོ་འདོད་ རྒྱལ་ལས་མིན་དུས་ལས་མིན། །རང་བཞིན་ལས་མིན་ངོ་བོ་ཉིད་ལས་མིན། །དབང་ཕྱུག་ ལས་མིན་རྒྱུ་མེད་ཅན་མིན་ཏེ། །མི་ཤེས་ལས་དང་སྲེད་ལས་བྱུང་རིག་མཛོད། །ཉེ་བར་ལེན་ པའི་ཕུང་པོ་ལྔ་ནི། གཟུགས་ཀྱི་ཕུང་པོ། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ ཕུང་པོ།རྣམ་པར་ཤེས་པའི་ཕུང་པོ་དང་ལྔའོ། །གཟུགས་ཀྱི་ཕུང་པོ་ལ་རྣམ་གྲངས་ཀྱི་དབྱེ་བ་ མཐའ་ཡས་པ་ཡོད་ཀྱང༌། རྫས་སུ་གྲུབ་པ་བཅུ་སྟེ། མིག་གི་དབང་པོ། རྣ་བའི་དབང་པོ། སྣའི་ དབང་པོ། {སྐྱེ་བའི་[ལྕེའི་]དབང་པོ། ལུས་ཀྱི་དབང་པོའི་ཁམས་སམ། སྐྱེ་མཆེད་དེ། ནང་གི་ གཟུགས་ཅན་ལྔ་དང༌། གཟུགས་སྒྲ་དྲི་རོ་རེག་བྱའི་ཁམས་[སམ]སྐྱེ་མཆེད་དེ། ཕྱིའི་གཟུགས་ ཅན་རྣམས་སོ། །ཚོར་བའི་ཕུང་པོ་ལ། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་མམ། ནང་ཚན་ དུ་དབྱེ་ན། ཚོར་བ་བདེ་བ་དང་ཡིད་བདེ་སྡུག་བསྔལ་དང་ཡིད་མི་བདེ། བཏང་སྙོམས་ཏེ་ལྔའོ། ། 21-1-690 འདུ་ཤེས་ནི་མཚན་མར་འཛིན་པའམ། སྔོན་རྟགས་སུ་བྱེད་པ་སྟེ། ཡོད་མེད། ཡིན་མིན། བཟང་ངན་མཐོ་དམན། ཆེ་ཆུང་དུ་འཛིན་པ་དང༌། འདི་ནི་དཀར་པོའོ། །འདི་ནི་དམར་པོའོ། ། འདི་ནི་མིའོ། །འདི་ནི་དུད་འགྲོའོ་ཞེས་སྒྲ་དོན་འབྲེལ་བར་འཛིན་པའམ་མིང་དོན་གཅིག་ པར་འཛིན་པའོ། །ཚོར་བ་དང་འདུ་ཤེས་མ་གཏོགས་པའི་འདོད་ཆགས་ལ་སོགས་པའི་མི་ དགེ་བ། དད་པ་ལ་སོགས་པའི་དགེ་བ། གཉིད་ལ་སོགས་པ་ལུང་མ་བསྟན་གྱི་རྣམ་པར་རྟོག་ པ་ཐམས་ཅད་འདུ་བྱེད་ཀྱི་ཕུང་པོ་དངོས་ཡིན་ཏེ། མཚུངས་ལྡན་འདུ་བྱེད་ཅེས་བྱ། མི་ལྡན་ འདུ་བྱེད་ནི་དངོས་པོ་རྣམས་ཀྱི་སྐྱེ་འཇིག་དང་འཕེལ་འགྲིབ་ཀྱི་ཁྱད་པར་ལ་བློས་བཏགས་པ་ ཙམ་དུ་ཟད་ཀྱི། རྫས་སུ་ཡོད་པ་ནི་མ་ཡིན་ནོ། །རྣམ་པར་ཤེས་པའི་ཕུང་པོ་ནི། མིག་གི་རྣམ་ པར་ཤེས་པ། རྣ་བའི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། ལྕེའི་རྣམ་པར་ཤེས་པ། ལུས་ ཀྱི་རྣམ་པར་ཤེས་པ། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་འཇུག་ཤེས་དྲུག་དང༌། ཉོན་མོངས་པ་ཅན་ གྱི་ཡིད་ཀུན་{གཞི་[གཞིའི་]རྣམ་ཤེས་དང་བཅས་པ་{རྣམས་[རྣམ་ཤེས་]ཚོགས་བརྒྱད་དོ། ། ཕུང་པོ་ལྔ་པོ་དེ་རྣམས་ཀྱིས་འདུས་བྱས་དངོས་པོའི་ཆོས་ཐམས་ཅད་བསྡུས་པ་ཡིན་ཏེ། བེམ་ པོར་གྲགས་པ་རྣམས་ནི་གཟུགས་ཀྱི་ཕུང་པོའི་ནང་དུ་འདུས། ཤེས་པ་རྣམས་ནི་ཕུང་པོ་ཕྱི་མ་ བཞི་པོའི་ནང་དུ་འདུས། ཕུང་པོ་ལ་དབྱེ་ན་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་དང༌། མ་ བསྡུས་པ་གཉིས་[སུ་]ཡོད་པ་ལ། རྒྱུད་ཀྱིས་བསྡུས་པ་ནི། སེམས་ཅན་རྣམས་ཀྱི་ལུས་ངག་ ཡིད་གསུམ་དང༌། མ་བསྡུས་པ་ནི་སྣོད་ཀྱི་འཇིག་རྟེན་ཡིན་ནོ། །ཕུང་པོའི་དོན་དུ་མ་སྤུངས་པ་ སྟེ། གཟུགས་ཀྱི་ཕུང་པོ་ནི། རྡུལ་བསགས་ཤིང་འདུས་པ་ལས་དུ་མ་སྤུངས་པ་དངོས་ཡིན་ལ། ཤེས་པ་རྣམས་ལ་དངོས་སུ་དུ་མ་སྤུངས་པའི་དོན་མ་ཚང་ཡང༌། ཤེས་པ་སྐད་ཅིག་སྔ་ཕྱི་མང་ པོ་ཞིག་བསགས་ཤིང་འདུས་པ་བློས་འཛིན་པའི་ཕུང་པོའོ། །ཕུང་པོ་ལས་གཞན་དུ་གྱུར་པ་ནི་ དངོས་མེད་དེ། དེ་དག་ལ་དངོས་ཀྱི་སྐྱེ་འཇིག་འབྲས་བུ་རྒྱུ་རྐྱེན་རྣམས་མེད་{པ[ལ]། ཕུང་པོ་ 21-1-691 རྣམས་ནི་རྒྱུ་རྐྱེན་སྣ་ཚོགས་པས་བསྐྱེད་པར་བྱེད་པ་ཡིན་ན། ཕྱི་རོལ་པ་མང་པོའི་འདོད་པ་ ལྟར་དུ། དབང་ཕྱུག་གི་འདོད་པའི་བློ་སྔོན་དུ་བཏང་བ་ལས། ཕུང་པོ་རྣམས་བྱུང་བ་ཡང་མ་ ཡིན། དུས་ཞེས་པའི་རྫས་སུ་གྲུབ་པ་གཞན་ཞིག་གིས་བསྐྱེད་པ་ཡང་མ་ཡིན། མུ་སྟེགས་ གྲངས་ཅན་པའི་འདོད་པ་ལྟར་དུ། རྡུལ་འདོད་ཆགས། མུན་པ་ཞེ་སྡང༌། སྙིང་སྟོབས་དགེ་བ་ སྟེ། དེ་གསུམ་རོ་གཅིག་ཏུ་འདྲེས་པས་གཞི་མཐུན་དུ་གྱུར་པ་ནི་རང་བཞིན་ཏེ། དེ་ལས་བྱུང་ བ་ཡང་མ་ཡིན་པས། མི་མཐུན་པའི་རྒྱུ་ལས་མ་བྱུང་ཞིང༌། རང་གི་ངོ་བོ་ཉིད་ལས་རང་ཉིད་ བྱུང་བ་ཡང་མ་ཡིན་ཏེ་དེ་འདྲ་མི་སྲིད་པས་སོ། །དངོས་པོ་རྣམས་རང་ཉིད་སྐྱེ་འཇིག་འདོད་ པའི་འདོད་རྒྱལ་ལས་ཀྱང་མ་ཡིན་ཏེ། འདིར་འདོད་རྒྱལ་ནི་{གནམ་འབབས་[མནམ་བབས་ ]ཀྱི་ཚུལ་ཏེ་རྒྱུ་རྐྱེན་གཞན་ལ་མ་ལྟོས་པ་རང་སྐྱེ་འདོད་པས་སྐྱེ་བ་ལྟ་བུའོ། །རྒྱུ་མེད་པ་ཡང་མ་ ཡིན་ཏེ། རེས་འགའ་སྐྱེ་ཞིང་རེས་འགའ་འགག་པའི་ཕྱིར་རོ། །དེས་ན་མཐུན་པའི་རྒྱུ་རྟེན་ འབྲེལ་རྒྱུ་རྐྱེན་སྣ་ཚོགས་པ་ལས་བྱུང་བ་ཡིན་ཏེ་མི་ཤེས་པ་དང༌། སྲེད་པ་སྔོན་དུ་ངེས་པར་ འགྲོ་དགོས་པ་ཡིན་ཅིང༌། ཉོན་མོངས་དེའི་ཀུན་ནས་བསླངས་པའི་ལས་ཀྱི་ཕུང་པོ་རྣམས་ བསྐྱེད་ཅིང་འབྱུང་བར་མི་རིགས་པར་བྱའོ། །བདག་མེད་པ་དང༌། སྟོང་པ་གཉིས་ལས་དང་པོ་ པའི་དུས་ནས་སྒོམ་པ་ཡིན་ཡང་མངོན་སུམ་དུ་ཤེས་ཤིང་རྟོགས་པའི་ས་མཚམས་ཀྱི་ཐོག་མ་ ནི་མཐོང་ལམ་དུ་འབྱུང་བ་ཡིན་ནོ། །དེ་དག་འགོག་བྱེད་ཀྱི་རིགས་པ་ནི་རེ་ཞིག་མ་སྨོས་ཏེ་ གཞན་དུ་ཤེས་པར་བྱའོ། །[ཀུན་ཏུ་སྦྱོར་བ་གསུམ་སྤོང་བ་ལ་གདམས་པ་ནི།] ཚུལ་ཁྲིམས་ བརྟུལ་ཞུགས་མཆོག་འཛིན་རང་ལུས་ལ། །ཕྱིན་ཅི་ལོག་པར་ལྟ་དང་ཐེ་ཚོམ་སྟེ། །ཀུན་ཏུ་སྦྱོར་ བ་འདི་གསུམ་ཐར་པ་ཡི། །གྲོང་ཁྱེར་སྒོ་འགེགས་ལགས་པ་མཁྱེན་པར་བགྱི། །མཐོང་སྤང་ ཀུན་སྦྱོར་གསུམ་ནི། ཚུལ་ཞུགས་མཆོག་འཛིན་དང༌། འཇིགས་ཚོགས་ལ་ལྟ་བ་དང༌། ཐེ་ཚོམ་ རྣམས་སོ། །ཚུལ་ཁྲིམས་ནི། རང་སྡེ་ནང་པ་ལ་གཙོ་བོར་གྲགས་པ་དང༌། བརྟུལ་ཞུགས་ནི། 21-1-692 ཕྱི་རོལ་པ་ལ་གཙོ་བོར་གྲགས་པ་ཡིན་ཅིང༌། ཡང་ན་སྤང་བྱ་སྤོང་བའི་དབང་དུ་བྱས་ནས་ཚུལ་ ཁྲིམས་དང༌། བསྒྲུབ་བྱ་སྒྲུབ་པའི་དབང་དུ་བྱས་ནས་བརྟུལ་ཞུགས་ཀྱང་ཡིན་ནོ། །དེ་ཡང་ཕྱི་ རོལ་པ་རྣམས་ཀྱིས་མེ་ལྔ་བསྟེན་{ནས[པ]། རི་ནས་མཆོང་བ། རི་དྭགས་ཀྱི་བརྟུལ་ཞུགས་ སོགས་ལོག་པའི་བརྟུལ་ཞུགས་ཀྱིས་གྲོལ་བར་འདོད་པ་རྣམས་ལྟ་ཅི་སྨོས། ལུས་ངག་གི་ སྡིག་སྤོང་དགེ་སྒྲུབ་ཀྱི་ཚུལ་ཁྲིམས་ཡིན་ཡང༌། ངེས་འབྱུང་གི་བསམ་པ་དང་ཡང་དག་པའི་ ཤེས་རབ་མེད་བཞིན་དུ། ཚུལ་ཁྲིམས་ཁོ་ནས་གྲོལ་བར་འདོད་པ་ནི། ཚུལ་ཞུགས་ལ་མཆོག་ ཏུ་འཛིན་པའོ། །ལུས་ཞེས་པ་ལུས་ཀྱི་སྐྱེ་མཆེད་དང༌། ལུས་ངག་ཡིད་གསུམ་དུ་དབྱེ་བའི་ལུས་ ཁོ་ན་མ་ཡིན་ཏེ། ལུས་ཞེས་པ་རང་བཞིན་ལ་འཇོག་པས་རང་གི་རང་བཞིན་ལ་ཕྱིན་ཅི་ལོག་ བདག་ཏུ་འཛིན་པའི་འཇིག་ཚོགས་ལ་ལྟ་བ་དང༌། ཐེ་ཚོམ་ནི་སྐབས་འདིར་བདེན་པ་བཞིའི་ དོན་ལ་ཐེ་ཚོམ་ཟ་བ་སྟེ། རྒྱུ་ཀུན་འབྱུང་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་དང༌། རྒྱུ་ལམ་ བདེན་ལས། འབྲས་བུ་འགོག་བདེན་མྱ་ངན་ལས་འདས་པ་ཐོབ་པ་ལ་ཐེ་ཚོམ་ཟ་[བ་]སྟེ། ཀུན་སྦྱོར་གསུམ་པོ་འདི་ནི་ཐར་པ་གྲོང་ཁྱེར་དང་འདྲ་བའི་སྒོ་འགེགས་པ་སྟེ། ཐོས་པ་ལ་ གེགས་བྱེད་ཀྱི་ཉོན་མོངས་པའི་གཙོ་བོ་ཡིན་པར་ཤེས་པར་བྱས་ནས་ནན་ཏན་གྱིས་སྤོང་ དགོས་སོ། །མཐོང་སྤངས་ཀྱི་ཉོན་མོངས་པ། མཐའ་ཡས་པར་ཡོད་པ་ལས། ཀུན་སྦྱོར་གསུམ་ པོ་སྐབས་འདིར་ཆེད་དུ་བརྗོད་པ་ཇི་ལྟར་ཞེ་ན། མངོན་པ་མཛོད་ལས། འགྲོ་མི་འདོད་དང་ ལམ་ནོར་དང༌། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཐར་པ་བགྲོད་ལ་གེགས་བྱེད་པ། །དེ་ཡི་ཕྱིར་ ན་གསུམ་བསྟན་ཏོ། །ཞེས་པ་ལྟར། འཇིག་ཚོགས་ལ་ལྟ་བ་ནི་ལམ་ལ་འགྲོ་མི་འདོད་པ་དང༌། ཚུལ་ཞུགས་མཆོག་འཛིན་ནི་ལམ་ནོར་བ་དང༌། ཐེ་ཚོམ་ནི་ལམ་ལ་ཐེ་ཚོམ་བྱེད་པ་དང་ མཚུངས་པར། ཐར་པའི་ལམ་བགྲོད་པ་ལ་གེགས་བྱེད་པ་དང༌། མཐོང་ལམ་གྱི་སྤོང་བའི་ཉོན་ མོངས་པ་རྣམས་ཀྱི་གཙོ་བོ་ཡིན་པས་སོ། །དོན་ཚན་བཞི་པ་ལྷག་པའི་བསླབ་པ་གསུམ་ 21-1-693 བསྒྲུབ་པར་གདམས་པ་ལས། ལྷག་པའི་བསླབ་པ་གསུམ་གྱི་[རྒྱུ་]སྒྲུབ་པ་ལ་གདམས་པ་ནི། ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱི་གྲོགས་བགྱིར་ཅི་ཡང་མ་མཆིས་ཀྱིས། ། ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡི། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། ། ལྷག་པའི་བསླབ་པ་ནི་ཟག་མེད་ལམ་གྱི་ངོ་བོར་གྱུར་པ་འཕགས་རྒྱུད་ཀྱི་བསླབ་གསུམ་ཡིན་ ནོ། །ཐར་པ་ནི། རང་ཉིད་ཀྱིས་ལམ་{བསྒོམ་[སྒོམ་]པར་མ་ལྟོས་པར་གཞན་གྱིས་མཆོག་ བྱིན་པ་ལ་སོགས་པས་འབྱུང་བ་ཡིན་ནམ་སྙམ་ན་མ་ཡིན་ཏེ། རང་ཉིད་ཀྱིས་ལམ་ཉམས་སུ་ བླངས་པ་ལ་བརྟེན་ནས་ཐར་པ་ཐོབ་དགོས་པ་ཡིན་ཡང༌། རང་{གི་[གིས་]མ་འབད་པར་ གཞན་གྱིས་གྲོགས་བགྱིས་ཏེ་ཐོབ་པ་ནི་མི་སྲིད་ལ། དེ་ཡང་གསུང་རབ་ཀྱི་དོན་དྲི་མ་མེད་པ་ ཐོས་ཤིང༌། དེའི་དོན་བསམ་པ་དང་སྒོམ་པར་བྱེད་པ་ལྷག་པ་ཤེས་རབ་ཀྱི་བསླ྄བ་པའི་རྒྱུ་ དང༌། མི་དགེ་བ་བཅུ་སྤོང་{བའི་[གི་]ཚུམ་ཁྲིམས་སོགས་ལ་གནས་པ་ལྷག་པ་ཚུལ་ཁྲིམས་ ཀྱི་རྒྱུ་དང༌། བསམ་གཏན་ཞི་གནས་{བསྒོམ་[སྒོམ་]པ་ལ་སོགས་པ་ལྷག་པ་ཏིང་ངེ་འཛིན་གྱི་ བསླབ་པའི་རྒྱུ་སྟེ། ཐོས་པ་དང༌། ཚུལ་ཁྲིམས་དང༌། བསམ་གཏན་རྣམས་དང་ལྡན་པའི་སྒོ་ ནས་བདེན་པ་བཞིའི་དོན་{བསྒོམ་[སྒོམ་]པ་ལ་བརྩོན་པར་མཛོད་ཅིག །བསླབ་པ་གསུམ་ དངོས་འཕྲོས་དོན་དང་བཅས་པ་ལ་གདམས་པ་ནི། དངོས་ནི། ལྷག་པའི་ཚུལ་ཁྲིམས་ལྷག་ པའི་ཤེས་རབ་དང༌། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི། །བསླབ་པ་བརྒྱ་རྩ་ལྔ་ བཅུ་ལྷག་གཅིག་ཀྱང་། །གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར། །ལས་དང་པོ་པའི་ སྐབས་ནས་གཟུངས་ཏེ་བསླབ་པ་གསུམ་ལ་བསླབ་དགོས་པ་ལས། ཚོགས་སྦྱོར་གྱི་གནས་ སྐབས་སུ་གོང་དུ་འཕེལ་བ་དང༌། མཐོང་ལམ་ཐོབ་པའི་ཚེ། བསླབ་པ་གསུམ་ཕལ་པའི་{རྒྱུ་ སྟེ་[རྒྱུན་ཏེ་]ལྷག་པའི་བསླབ་པ་གསུམ་དུ་འགྱུར་བ་ཡིན་ཅིང༌། འཕགས་ལམ་གྱི་དངོས་ {གཞིའི་[གཞི་]ལྷག་པའི་བསླབ་པ་གསུམ་ཡིན་པས། ལྷག་པའི་ཚུལ་ཁྲིམས་དང༌། ལྷག་ 21-1-694 པའི་ཤེས་རབ་དང༌། ལྷག་པའི་སེམས་ཏེ་ཏིང་ངེ་འཛིན་ལ་རྟག་ཏུ་བསླབས་ནས་ཞི་བ་མྱ་ངན་ ལས་འདས་པའི་གོ་འཕང་ཐོབ་པར་མཛོད་ཅིག །བསླབ་པའི་གནས་དགེ་སློང་གི་ཁྲིམས་ ཉིས་བརྒྱ་ལྔ་བཅུ་རྩ་གཅིག་ལ་སོགས་པ་དཔག་ཏུ་མེད་པ། ཐེག་པ་ཆེ་ཆུང་གི་སྡེ་སྣོད་ལས་ གསུངས་པ་རྣམས་ཀྱང༌། བསླབ་པ་གསུམ་པོ་འདིའི་ནང་དུ་ཡང་དག་པར་འདུས་པས། འདི་ དག་ལ་ཉམས་ལེན་ནན་ཏན་ཏུ་བསྒྲུབ་པར་བྱའོ། །འཕྲོས་དོན་ནི། དབང་ཕྱུག་ལུས་གཏོགས་ དྲན་པ་བདེ་གཤེགས་ཀྱིས། །བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། །དེ་ནི་བསྒྲིབས་ ནས་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །དབང་ བསྒྱུར་བའི་དོན་གྱིས་སའི་དབང་ཕྱུག་ཅེས་རྒྱལ་པོ་ལ་བོས་ནས་ལུས་གཏོགས་པར་གྱིས་ ཞེས་པ། འདིར་[ཡང་]ལུས་ཞེས་པ་རང་བཞིན་ཏེ། རང་གཞན་སྣོད་བཅུད་ཐམས་ཅད་ཀྱི་ རང་བཞིན་ལ་ལེགས་པར་བརྟགས་ཏེ། དངོས་པོའི་གནས་ལུགས་ཤེས་པར་བྱེད་པ་ནི་ལྷག་ མཐོང་དང་ཤེས་བཞིན་ཡིན་ལ། དེ་ཡང་དྲན་པ་མ་ཡེངས་པར་སྐྱོང་དགོས་པ་ཡིན་ཏེ། དྲན་པ་ ནི་དགེ་བའི་ཆོས་མཐའ་དག་འཕེལ་བར་བྱེད་པ་ཡིན་པས། བདེ་བར་གཤེགས་པ་ཐམས་ ཅད་ཀྱིས་བགྲོད་པ་གཅིག་པའི་ལམ་ཉེ་བར་བསྟན་པ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་འདི་ ཉིད་བསྒོམ་པར་མཛད་པའི་དོན་ནོ། །དེ་ལྟ་བུའི་དྲན་པ་དེ་ནི་ཡེངས་མེད་དུ་འབད་པས་ བསྒྲིམས་ཏེ་མངོན་པར་བསྲུང་ཞིང་སྐྱོང་དགོས་ལ། ཅི་སྟེ་དྲན་པ་ལས་ཉམས་ན་ཤེས་བཞིན་ དང་བྲལ་བར་འགྱུར་ཞིང༌། ཤེས་བཞིན་མེད་པས་བསླབ་པ་གསུམ་ལ་སོགས་པའི་ཆོས་ ཐམས་ཅད་འཇིག་པར་འགྱུར་རོ། །དེ་ཡན་གྱི་མཐོང་ལམ་བཤད་ཟིན་པའི་དོན་བསྡུ་ནི། མཐོང་ལམ་གྱི་ངོ་བོ་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཡེ་ཤེས་གསར་དུ་ཐོབ་པ་ལ་འཇོག་ དགོས་པ་དང༌། བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་མངོན་སུམ་དུ་རྟོགས་པ་ ཡིན་ཅིང༌། ཕྱིན་ཅི་ལོག་སྤངས་པ་དང༌། སྟོང་ཉིད་མཐོང་བ་དང༌། བདག་མེད་མཐོང་བ་དང༌། 21-1-695 ལྷག་པའི་བསླབ་པ་གསུམ་ཐོབ་པ་དང༌། ཀུན་སྦྱོར་གསུམ་ལ་སོགས་པ་མཐོང་བས་སྤང་བར་ བྱ་བའི་ཉོན་མོངས་པ་རྣམས་སྤངས་པའི་སྤངས་རྟོགས་ཀྱི་ཁྱད་པར་དང་ལྡན་པ་ཡིན་ནོ། ། མཐོང་ལམ་གྱི་འཕྲོས་དོན་རྒྱས་པར་བཤད་པ་ནི། མཐོང་ལམ་གྱི་ཡེ་ཤེས་ཀྱི་བདེན་བཞི་མི་ རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པ་ཡིན་པས། དམིགས་ཡུལ་བདེན་བཞི་མི་ རྟག་ལ་སོགས་བཅུ་དྲུག་གི་ནང་ནས། མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་བར་སྐབས་ཀྱི་ ཚིགས་བཅད་ཀྱིས་རྒྱས་པར་འཆད་པ་ལས། འཆི་བ་མི་རྟག་པ། དལ་འབྱོར་རྙེད་དཀའ། འཁོར་བའི་ཉེས་དམིགས་རྣམས་ལས། དང་པོ། འཆི་བ་མི་རྟག་པ་བཤད་པ་ལ། ཚེ་ལ་ཡིད་ བརྟན་མེད་པར་བསྟན་པ་དང༌། ལུས་ལ་ཡིད་བརྟན་མེད་པར་བསྟན་པ་དང༌། འདུས་བྱས་ ཐམས་ཅད་མི་རྟག་པར་བསྟན་པ། མི་རྟག་པ་དེ་ལས་ལྡོག་མི་ནུས་པར་བསྟན་པ་རྣམས་ལས། དང་པོ་ནི། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། ། དབུགས་རྔུབས་དབུགས་འབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་ མཚར་ཆེ། །ཚེ་འདི་ལ་ཉེ་བར་{ཚེ་[འཚེ་]བའི་གནོད་པའི་ཚོགས་མང་བ་ཡིན་ཏེ། དགྲ་དང་ ནད་གདོན་མེ་ཆུ་དུག་མཚོན་ལ་སོགས་པ་གནོད་པ་ཁོ་ནར་ངེས་པ་མང་ཞིང༌། སྲོག་འཚོ་བའི་ མཐུན་རྐྱེན་དུ་བྱེད་པ། བཟའ་བཏུང་གནས་ཁང་སྨན་ལ་སོགས་པ་རྣམས་ཀྱང་སྐབས་འགར་ སྲོག་འཚོ་བ་ལ་གནོད་པའི་རྐྱེན་དུ་སོང་བ་ཡང་ཡོད་པས་གནོད་པ་མང་བ་ཡིན་ལ། སྲོག་ ཉམས་ཆུང་བ་ལ་གནོད་འཚེ་མང་བ་འདི་ནི་ཆུའི་ལྦུ་བ་[ལ་]རླུང་དྲག་པོས་བཏབ་པ་བཞིན་ ནམ་དེ་ལས་ཀྱང་འཇིག་སླ་བས་མི་རྟག་ན། {ནམ་འཇིག་ཆ་མེད་[ཆ་མེད་ནམ་འཇིག་]པར་ གྱུར་པས། དེས་ན་དབུགས་རྔུབས་ནས་དབུགས་ཕྱིར་{འབྱུང་[དབྱུང་]བ་དང༌། དབུགས་ ཕྱིར་ཕྱུང་ནས་ནང་དུ་རྔུབས་པ་དང༌། གཉིད་ལོག་པ་ལས་སད་པའི་ལོང་ཁོམ་པ་གང་ལགས་ པར་མ་ཤི་བ་ཡང་ངོ་མཚར་ཆེ་བས། ཚེ་འདི་ནི་ཤིན་ཏུ་མི་རྟག་པ་ཡིན་ནོ། །གཉིས་པ་ལུས་ལ་ 21-1-696 ཡིད་བརྟན་མེད་པར་བསྟན་པ་ནི། ལུས་མཐའ་ཐལ་བ་མཐར་བསྐམས་མཐར་འདྲུལ་ཞིང༌། ། ཐ་མར་མི་གཙང་སྙིང་པོ་མ་མཆིས་པར། །རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ། ། སོ་སོར་དགྱེས་ཆོས་ཅན་དུ་མཁྱེན་པར་མཛོད། །ལུས་འདི་ཉིད་ལ་འཚོ་བའི་སྐབས་སུ་ གཅེས་སྤྲས་དང་བཟང་འཛིན་དུ་བྱེད་ཀྱང༌། མཐར་ཤི་བའི་ཚེ་མེས་བསྲེགས་ནས་ཐལ་བར་ གྱུར་པ་དང༌། ས་{དུགས་[དུར་]ལ་སོགས་པས་བསྐམས་པ་དང༌། རུལ་བར་འགྱུར་བ་དང༌། ཐ་མར་ལུས་ཁ་ཕྱེ་ནས་ནང་ཁྲོལ་ལ་སོགས་པ་བསྟན་ན། མི་གཙང་བའི་རང་བཞིན་མངོན་དུ་ {གྱུར་པ་[འགྱུར་བ་]དང༌། ལུས་ལ་རྟག་པའི་སྙིང་པོ་མ་མཆིས་པ་དང༌། ཕུན་སུམ་ཚོགས་ པའི་བྱ་བ་སྒྲུབ་པའི་སྙིང་པོ་མེད་པར། མྱུར་དུ་རྣམ་པར་འཇིག་པ་སྟེ་འགྱུར་བ་དང༌། དེངས་པ་ སྟེ་ཡལ་བ་དང༌། །མྱགས་པ་སྟེ་རྒས་ཤིང་རྙིང་བ་དང༌། ཤ་རུས་ལ་སོགས་པ་སོ་སོར་བྲལ་ཞིང་ མཐོང་བར་འགྱུར་བས་འགྱེས་པ་ལས་མ་འདས་པའི་ཆོས་ཅན་དུ་མཁྱེན་པར་མཛོད་ཅིག ། གསུམ་པ་{འདུས་བྱས་[འཇིག་རྟེན་]ཐམས་ཅད་མི་རྟག་པ་ནི། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་ བདུན། །འབར་བས་བསྲེགས་པས་ལུས་ཅན་འདི་དག་ཀྱང༌། །ཐལ་བ་ཡང་ནི་ལུས་པར་མི་ འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །བརྟན་ཞིང་འཕོ་འགྱུར་མེད་པ་འདྲ་བའི་ གསེར་གྱི་ས་གཞི་དང་གླིང་བཅུ་གཉིས། གསེར་གྱི་རི་བདུན། རི་རབ་ལྷུན་པོ། རྒྱ་མཚོ་ཆེན་ པོ་ལ་སོགས་པ་རྣམས་ཀྱང་མཐར་བསྐལ་བ་འཇིག་པ་ན་ལུས་ཅན་ཏེ་གཟུགས་ཅན་འདི་དག་ ཉི་མ་བདུན་གྱི་མེ་འབར་བས་བསྲེགས་ནས། ཐོག་མ་ཐལ་བར་འགྱུར་ཞིང་དེ་ཡང་རླུང་གིས་ གཏོར་ནས་མཐར་མི་སྣང་བར་བྱེད་པ་དེ་ལྟར་ན་ཤིན་ཏུ་ཉམ་ཆུང་བའི་མིའི་ལུས་འཇིག་སླ་བ་ ལྟ་སྨོས་ཀྱང་ཅི་དགོས། བཞི་པ་མི་རྟག་པ་དེ་ལས་ཟློག་མི་ནུས་པ་ནི། དེ་ལྟར་འདི་ཀུན་མི་ རྟག་བདག་མེད་དེ། །སྐྱབས་མེད་མགོན་མེད་གནས་མེད་དེ་སླད་དུ། །འཁོར་བ་ཆུ་ཤིང་སྙིང་ པོ་མེད་པ་ལ། །མི་མཆོག་ཁྱོད་ཀྱི་ཐུགས་ནི་འབྱུང་བར་མཛོད། །འདུས་བྱས་{ནི་[ཀྱི་]ཆོས་ 21-1-697 [གཞན་]ཐམས་ཅད་མི་རྟག་ཅིང་འཇིག་པར་འགྱུར་བ་ཡིན་ཡང༌། བདག་དང་བྱེད་པ་པོ་ལ་ སོགས་པ་རྟག་པ་ཡིན་ནམ་སྙམ་ན། དེ་ལྟར་མ་ཡིན་{པའི་[པ་]བདག་[ནི་]མེད་ལ། ཐམས་ ཅད་འཇིག་པར་འགྱུར་བ་དེ་ལས་སྐྱོབ་པར་བྱེད་པ་པོ་མེད་ཅིང༌། མགོན་བྱས་ཏེ་ཕན་ འདོགས་{ཀྱང་[པ་ཡང་]མེད་ལ། གནས་འཆའ་བའི་རྟེན་པ་མེད་པའི་ཕྱིར། འཁོར་བ་ནི་ཆུ་ ཤིང་སྙིང་པོ་མེད་པ་དང་མཚུངས་པས། མིའི་མཆོག་རྒྱལ་པོ་ཁྱོད་ཀྱི་ཐུགས་ནི་འཁོར་བ་ལ་ ངེས་པར་འབྱུང་བར་མཛོད་ཅིག ། དལ་འབྱོར་རྙེད་དཀའ་བཤད་པ་ལ། མིའི་ལུས་རྙེད་དཀའ་བར་བསྟན་པ། འཁོར་ལོ་ བཞི་ལྡན་བཤད་པ། མི་ཁོམ་པ་བརྒྱད་ལས་ལོག་པའི་དལ་བ་བཤད་པ་རྣམས་ལས། དང་པོ་ནི། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང༌། །རུས་སྦལ་ཕྲད་པ་བས་ཀྱང་ དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་ མཆིས་པར་མཛོད། །རྒྱ་མཚོ་ཆེན་པོ་ཆེས་རབ་ཏུ་ཁ་ཡངས་པར་གཉའ་ཤིང་ཆ་མེད་དུ་བསྐྱོད་ {པའི་[པ་ལ་]བུ་{གར[ག་ཞིག་ཡོད་ཅིང་]། རྒྱ་མཚོའི་དབུས་ཀྱི་གཏིང་དུ་གནས་པའི་རུས་ སྦལ་ལོ་བརྒྱ་རེའི་དུས་ན་ཡུད་ཙམ་རེ་ཆུའི་སྟེང་དུ་མགོ་འདོན་{པ་}ཞིག་ཡོད་ལ་དེའི་མགྲིན་ པ་གཉའ་ཤིང་གི་བུ་གར་འགྱུས་ཤིང་ཕྲད་པ་དཀོན་པ་ཡིན་མོད། དེ་ལས་ཀྱང༌། དུད་འགྲོ་ ལ་སོགས་{པ་[པའི་]ངན་སོང་གི་འགྲོ་བའི་ནང་ནས་མིའི་ལུས་རྟེན་ཉིད་ཐོབ་པ་ནི་ཆེས་ལྷག་ པར་དཀོན་ཅིང་དཀའ་བ་ཡིན་པས། མིའི་དབང་པོ་རྒྱལ་པོ་ཁྱོད་ཀྱིས་ཀྱང་དམ་པའི་ཆོས་ ལ་སྤྱོད་{པའི་[པས་]མིའི་ལུས་རྟེན་ཐོབ་པ་འབྲས་བུ་དང་ལྡན་པར་མཛོད་ཅིག །འགྲེལ་པ་ དང༌། དཔེ་མང་པོ་ལས་རྒྱ་མཚོ་གཅིག་{ནས་[གནས་]ཞེས་འདོན་པ་ལྟར་[ན་]གཉའ་ཤིང་ དང་རུས་སྦལ་རྒྱ་མཚོ་གཅིག་གི་ནང་ན་གནས་ཞེས་པ་ཙམ་མོ། །འཕྲོས་དོན་ནི། གང་ཞིག་ གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱག་པར་བགྱི་བ་དེ་བས་ནི། །གང་ཞིག་ 21-1-698 མི་རུ་སྐྱེས་ནས་སྡིག་པ་དག །བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། ། གསེར་གྱི་སྣོད་རིན་པོ་ཆེའི་སྤྲས་པས་ངན་སྐྱུགས་མི་གཙང་བ་འཕྱག་པར་བགྱིད་པ་ན་ འཇིག་རྟེན་དུ་བླུན་པར་བྱེད་པ་དེ་བས་ཀྱང༌། མི་རུ་སྐྱེས་ཤིང་མི་ལུས་ཐོབ་ནས་སྡིག་པའི་ ལས་དག་ལ་སྐོལ་བར་བྱེད་པ་ནི། སྡུག་བསྔལ་མི་བཟད་པའི་རྒྱུར་འགྱུར་བས་ཆེས་རབ་ཏུ་ བླུན་པ་ཡིན་ནོ། །གསེར་སྣོད་སྤྲས་པ་དང་མི་ལུས་གཉིས་རྟེན་བཟང་བར་མཚུངས་པ་དང༌། སྡིག་པ་དང་ངན་སྐྱུག་{གཉིས་}སྨད་པའི་འོས་སུ་མཚུངས་པར་སྦྱར་བའོ། །གཉིས་པ་འཁོར་ ལོ་བཞི་ལྡན་བཤད་པ་ནི། མཐུན་པར་གྱུར་པའི་ཡུལ་དུ་གནས་པ་དང༌། །སྐྱེས་བུ་དམ་པ་ལ་ ནི་བསྟེན་པ་དང༌། །བདག་ནི་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་ པོ་བཞི་ནི་ཁྱོད་ལ་མངའ། །ཡུལ་མཐུན་པ་ན་གནས་པ། སྐྱེས་བུ་དམ་པ་ལ་བརྟེན་པ། ལེགས་ པར་སྨོན་ལམ་ཐེབས་པ། སྔོན་བསོད་ནམས་ལ་གོམས་པ་རྣམས་ནི་དལ་འབྱོར་གྱི་འཁོར་ལོ་ བཞིའོ། །དེ་ཡང་མཐུན་པར་གྱུར་པའི་ཡུལ་ནི། ཆོས་སྤྱོད་པ་ལ་འགལ་རྐྱེན་མེད་ཅིང་མཐུན་ རྐྱེན་འཛོམས་པའི་ཡུལ་ཕྱོགས་ན་གནས་པ་དང༌། རང་ཉིད་ལ་ཆོས་སྟོན་པའི་སྐྱེས་བུ་དམ་ པ་ལ་ནི་གུས་པ་རྙེད་ཅིང་ལུས་ངག་གི་སྤྱོད་པ་རྣམ་པར་དག་པས་ཡོངས་སུ་བསྟེན་པ་དང༌། བདག་ཉིད་{ཀྱི་[ཀྱིས་]ཆོས་ལ་སྤྱོད་{པར་[པའི་]སྨོན་ལམ་ལེགས་པར་བཏབ་པ་ཚེ་འདིར་ སད་ཅིང་ཐེབས་པ་དང༌། སྔོན་གྱི་སྐྱེ་བ་རྣམས་ལ་[ཡང་]བསོད་ནམས་དགེ་བའི་ལས་སྤྱད་ པའི་གོམ་ཤུགས་ཡོད་པ་སྟེ། དལ་འབྱོར་འཁོར་ལོ་བཞི་དང་ལྡན་པས་ཆོས་ཉམས་སུ་ལོང་ བར་འགྱུར་བ་ཡིན་པ་ལས། རྒྱལ་པོ་ཁྱོད་ལ་འཁོར་ལོ་ཆེན་པོ་བཞི་པོ་དེ་རྣམས་ནི་མངའ་བ་ ཡིན་པས། དམ་པའི་ཆོས་{བསྒྲུབ་[སྒྲུབ་]པ་ལ་བརྩོན་པར་མཛོད་ཅིག །འཁོར་ལོ་ཆེན་པོ་ དེ་རྣམས་ཀྱི་ནང་ནས་གང་{གི་[ཞིག་]གཙོ་ཆེ་བ་ཡིན་ཞེ་ན། དགེ་བའི་བཤེས་གཉེན་བསྟེན་ པ་ནི་གཙོ་བོར་གྱུར་པ་ཡིན་ཏེ། དེ་དང་ལྡན་ན་གཞན་དེ་དག་མ་ཚང་ཡང་ཤས་ཆེ་བར་ཆོས་ 21-1-699 ལ་སྤྱོད་པར་འགྱུར་བ་ཡིན་ཞིང༌། དེ་མེད་ན་གཞན་རྣམས་ཚང་ཡང་ཆོས་ལ་སྤྱོད་པ་དཀོན་པ་ ཡིན་པས། དགེ་བའི་བཤེས་གཉེན་བསྟེན་པ་གལ་ཆེར་སྟོན་པ་ནི། དགེ་བའི་བཤེས་གཉེན་ བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུང་དེའི་ཕྱིར། །སྐྱེས་བུ་དམ་ པ་བསྟེན་བགྱི་རྒྱལ་བ་ལ། །བསྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ཚངས་པ་ནི་གཙང་བའི་ དོན་ཡིན་ཞིང༌། དེ་ཡང་ཉོན་མོངས་པ་ས་བོན་དང་བཅས་པ་སྤངས་པའི་ཐར་པ་ཡིན་ལ། དེའི་ ཕྱིར་དུ་སྤྱད་པ་སྤྱོད་པ་ནི་ཚངས་པར་སྤྱོད་པ་དེ་ཐར་པའི་ལམ་ཡིན་པས། དགེ་བའི་བཤེས་ གཉེན་བསྟེན་པ་ནི་ཐར་པའི་ལམ་ཡོངས་སུ་རྫོགས་པ་ཡིན་པར་ཐུབ་པ་སངས་རྒྱས་ཀྱིས་ གསུངས་པ་དེའི་ཕྱིར་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་བསྟེན་པར་གྱིས་ཤིག །སུ་ཞིག་ གིས་དགེ་བའི་བཤེས་གཉེན་བསྟེན་ལེགས་པ་དེའི་རྒྱུད་ལ་ཐར་པའི་ལམ་ཡོངས་སུ་རྫོགས་ པ་སྐྱེ་བར་འགྱུར་བ་ཤས་ཆེ་བ་ཡིན་ནོ། །གཞན་ཡང་སྐྱེས་བུ་དམ་པ་རྒྱལ་བ་སངས་རྒྱས་ལ་ བསྟེན་པ་ལས། སྔོན་སྐྱེ་བོ་རབ་ཏུ་མང་པོ་མཐའ་ཡས་པས་ཞི་བ་མྱ་ངན་ལས་འདས་པའི་གོ་ འཕང་ཐོབ་པ་དང་ཚུལ་མཚུངས་པར། ད་{ལྟ་[ལྟར་]ཡང་དགེ་བའི་བཤེས་གཉེན་བསྟེན་པ་ ལས། དེ་དང་རྗེས་སུ་མཐུན་པའི་ཡོན་ཏན་འབྱུང་བའོ། །{དགེ་བའི་བཤེས་གཉེན་བསྟེན་ པ་ཚངས་སྤྱོད་ཡོངས་སུ་རྫོགས་པར་གསུངས་པའི་མདོ་ནི་ལུང་ཕྲན་ཚེགས་ཏེ། དེ་ལས་དགེ་ བའི་བཤེས་གཉེན་ལ་བརྟེན་པ་དང༌། དགེ་བ་ལ་ལྷན་ཅིག་གནས་པ་དང༌། དགེ་བ་ལ་བསྟེན་ ནས་སྡིག་པའི་གྲོགས་པོ་མི་བསྟེན། སྡིག་པ་དང་ལྷན་ཅིག་མི་གནས། སྡིག་པ་ལ་མ་བསྟེན་ ན་འདི་ནི་ཚངས་པར་སྤྱོད་པའི་ཆེད་ཡིན་ནོ། །ཞེས་ཀུན་དགའ་བོས་ཞུས་པ་ལ། ཀུན་དགའ་ བོ། དེ་ནི་ཚངས་པར་སྦྱོད་པ་ཀུན་ཏུ་མཐར་ཕྱིན་པ་མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་ སུ་དག་པ། ཡོངས་སུ་བྱང་བ་ཡིན་ནོ། །ཞེས་གསུངས། འདིར་དགེ་ཞེས་པ་དགེ་བའི་གྲོགས་ པོ་དང༌། སྡིག་པ་ཞེས་པ་སྡིག་གྲོགས་སུ་ཤེས་པར་བྱའོ། །}གསུམ་པ་མི་ཁོམ་པ་བརྒྱད་ལས་ 21-1-700 ལོགས་པའི་དལ་བ་བཤད་པ་ནི། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང༌། །ཡི་དྭགས་ཉིད་ དང་དམྱལ་བར་སྐྱེ་བ་དང༌། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་དང་ གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་ སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་ མཛོད། །ལོག་པར་ལྟ་བ་འཛིན་པ་སྟེ་ལས་འབྲས་ལ་མེད་པར་སྐུར་བ་འདེབས་པའམ་དཀོན་ མཆོག་གསུམ་ལ་སྐུར་བ་འདེགས་པ་དང༌། དུད་འགྲོ་དང༌། ཡི་དྭགས་ཉིད་དང༌། དམྱལ་བ་ རྣམས་སུ་སྐྱེ་བ་དང་རྒྱལ་བའི་བཀའ་མེད་པ་སྟེ། སངས་རྒྱས་འཇིག་རྟེན་དུ་མ་བྱོན་པར་སྐྱེ་ བའམ། བྱོན་ཡང་ཆོས་མ་དར་བའི་ཡུལ་མཐའ་འཁོབ་ཏུ་ཀླ་ཀློར་སྐྱེ་བ་དང༌། ཆོས་ཀྱི་བླང་ དོར་གང་ཡང་མི་ཤེས་པའི་ཡིད་གླེན་ཞིང་རྨོངས་པའམ། ངག་ལྐུགས་པ་དང༌། ལྷ་ཚེ་རིང་པོ་ ཉིད་དུ་གྱུར་པ་སྟེ། བརྒྱད་པོ་དེ་དག་གང་ཡང་རུང་བར་སྐྱེ་བ་ནི། ཆོས་སྤྱོད་པར་[ལོང་]མི་ ཁོམ་པའི་གནས་སྐྱོན་དང་བཅས་པ་ཡིན་པས། དེ་རྣམས་དང་བྲལ་བ་ཁོམ་ཞིང་དལ་བ་རྙེད་ ནས་ནི། ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་བཟློག་པ་ལ་འབད་པར་མཛོད་ཅིག ལྷ་ ཚེ་རིང་པོ་ནི་ཁ་ཅིག་གཟུགས་མེད་ཁམས་ཀྱི་ལྷ་ལ་འདོད་པ་དང༌། འགའ་ཞིག་འདོད་པའི་ ཡོན་ཏན་གྱིས་དབེན་བཅོས་པའི་ལྷ་ལ་འདོད་པ་ཡོད་ཀྱང་ཅུང་ཟད་མི་བདེ་བས། འདུ་ཤེས་ མེད་པའི་ལྷ་ཡིན་པར་འཆད་དགོས་སོ། །སྐབས་འདིར་འབྱོར་པ་བཅུ་བཤད་པ། མི་ཉིད་ དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་ བསྡོམས་སུ་བཤད་པ་ལྟར། མིའི་རྟེན་ཐོབ་པ། ཡུལ་དབུས་ཆོས་དར་སར་སྐྱེས་པ། དབང་ པོ་སྒོ་ལྔ་ཚང་བ། ལས་མཐའ་མ་ལོག་པ་སྟེ། མཚམས་མེད་མ་བྱས་པ། གནས་ལ་དད་པ་ ནི། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་དད་པ་སྟེ། སངས་རྒྱས་ཀྱི་གསུང་རབ་ལ་ 21-1-701 དད་པ་རྣམས་ནི་རང་འབྱོར་ལྔ་དང༌། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་ཆོས་གསུངས་ པ། བསྟན་པ་གནས་པ། བསྟན་པ་ལ་རང་ཉིད་[ཡོངས་སུ་]ཞུགས་པ། རབ་ཏུ་བྱུང་བ་ལ་ ཆོས་གོས་དང་བསོད་སྙོམས་སྦྱོར་པ་པོ་ཡོད་པའམ། གཞན་ཡང་ཆོས་ཀྱི་མཐུན་རྐྱེན་སྦྱོར་བ་ པོ་དང་ལྡན་པ་རྣམས་ནི་གཞན་འབྱོར་ལྔའོ། །མི་ཁོམ་པ་བརྒྱད་ལས་ལོག་པའི་དལ་བ་དང༌། རང་འབྱོར་ལྔ་གནད་གཅིག་ཅིང་འབྱོར་པ་བཅུ་ཚང་བ་ནི་ཆོས་སྤྱོད་པའི་སྐལ་བ་དང་ལྡན་པ་ ཙམ་ཡིན་ལ། དེའི་སྟེང་དུ་དལ་འབྱོར་གྱི་འཁོར་ལོ་བཞི་དང་ལྡན་ན་ངེས་པར་ཆོས་ཉམས་ སུ་ལོང་བར་འགྱུར་བ་ཡིན་ནོ། །འཁོར་བའི་སྡུག་བསྔལ་བཤད་པ་ལ། མདོར་བསྟན། རྒྱས་ བཤད། དོན་བསྡུ་གསུམ་ལས། དང་པོ་ནི། དེས་པ་འདོད་པས་ཕོངས་དང་འཆི་བ་དང༌། །ན་ དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང༌། །འདི་ཡི་ ཉེས་པ་ཤས་ཀྱང་གསན་པར་མཛོད། །དེས་པ་ཞེས་རྒྱལ་པོ་ལ་བོས་ནས། འདོད་པས་ཕོངས་ པ་ནི། འདོད་པ་བཙལ་ཏེ་མི་རྙེད་པ་དང་རེ་བ་འབྲས་བུ་མེད་པའི་སྡུག་བསྔལ་ཡིན་ཏེ་དེ་དག་ དང༌། ན་བ། རྒས་པ། འཆི་བ་ལ་སོགས་པའི་སྡུག་བསྔལ་དུ་མ་རྟག་ཏུ་རྒྱུན་མི་འཆད་པར་ འབྱུང་བའི་འབྱུང་གནས་འཁོར་བ་ལ་ཡིད་ཡོངས་སུ་སྐྱོ་བར་བྱ་ཞིང༌། འཁོར་བ་དེའི་ཉེས་པ་ ཤས་གཅིག་ཀྱང་སྟེ་རགས་པ་ཙམ་བརྗོད་{ཀྱིས་[ཀྱི་]གསན་པར་མཛོད་ཅིག ། གཉིས་པ་རྒྱས་བཤད་ལ། འཁོར་བ་སྤྱིའི་སྡུག་བསྔལ་བཤད་པ་དང༌། འགྲོ་བ་སོ་སོའི་ སྡུག་བསྔལ་བཤད་པ་ལས། དང་པོ་ནི་མདོ་ལས། འཁོར་བའི་སྡུག་བསྔལ་རྣམ་པ་དྲུག་ གསུངས་པའི་རྗེས་སུ་འབྲངས་ཏེ་ངེས་པ་མེད་པས་སྡུག་བསྔལ་བ་དང༌། ངོམས་པ་མེད་པས་ སྡུག་བསྔལ་བ་དང༌། ཡང་ཡང་ཕུང་པོ་འདོར་བས་སྡུག་བསྔལ་བ་དང༌། ཡང་ཡང་ཕུང་པོ་ ལེན་པས་སྡུག་བསྔལ་བ་དང༌། མཐོ་དམན་འགྱུར་བས་སྡུག་བསྔལ་བ་དང༌། གཅིག་པུ་ གྲོགས་མེད་པར་འགྲོ་{བ་[བས་]སྡུག་བསྔལ་བ་རྣམས་ལས། དང་པོ་ངེས་པ་མེད་པས་སྡུག་ 21-1-702 བསྔལ་བ་ནི། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་དག་བཤེས་ཉིད་དང༌། ། ལྡོག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །ཚེ་འདིར་ ཡང་དགྲ་གཉེན་ལ་སོགས་པའི་གནས་[སྐབས་]མ་ངེས་པར་འགྱུར་བ་ཡོད་ཀྱང༌། གཙོ་ཆེ་བ་ སྐྱེ་བ་བཞིན་དུ་སྟེ། ཕ་ནི་བུ་ཉིད་དུ་འགྱུར་བ་དང༌། མ་ནི་ཆུང་མ་ཉིད་དུ་འགྱུར་བ་དང༌། དགྲ་ བོ་གཉེན་བཤེས་སུ་འགྱུར་བ་དང༌། དེ་དག་ལས་ལྡོག་པ་བུ་ཕར་འགྱུར་བ་དང་ཆུང་མ་མར་ འགྱུར་བ་དང༌། གཉེན་བཤེས་དགྲར་འགྱུར་བ་ལ་སོགས་པ་ངེས་པ་མེད་པ་སྣ་ཚོགས་ཉིད་དུ་ འགྱུར་བ་མཆི་ཞིང་གདའ། དེའི་ཕྱིར་འཁོར་བ་འདི་ནི་ངེས་པ་འགའ་ཡང་མ་མཆིས་སོ། །དེ་ ཡང་འཇིག་རྟེན་གྱི་ཁམས་གཞན་དུ་སྐྱེས་པ་ན། སྔར་དང་མི་འདྲ་བ་རྣམ་པ་ཐམས་ཅད་རྩ་བ་ ནས་བརྗེས་པ་ཡིན་པས་མ་ངེས་པ་དང༌། འཇིག་རྟེན་གྱི་ཁམས་འདིར་སྐྱེས་ཀྱང་མ་ངེས་ {པར་[པ་]འཆོལ་བར་{འགྱུར་བས[གྱུར་པས]། རང་གི་གཉེན་ལ་ཕན་བཏགས་པའི་ འབྲས་བུ་རྗེས་མེད་དུ་དགྲར་འགྱུར་བ་ལ་སོགས་པ་ཁྲིགས་བཀོད་ལས་ཕྱོགས་ལོག་པར་ གྱུར་པ་ངེས་མེད་སྣ་ཚོགས་འབྱུང་བ་ནི་སྡུག་བསྔལ་བའོ། །གཉིས་པ་ངོམས་པ་མེད་པས་སྡུག་ བསྔལ་བ་ནི། རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །འོ་མ་འཐུང་སྟེ་ད་དུང་སོ་སོ་ཡི། །སྐྱེ་བོའི་ རྗེས་སུ་འབྲང་བའི་འཁོར་བ་པས། །དེ་བས་ཆེས་མང་ཉིད་ཅིག་བཏུང་འཚལ་ལོ། །སྐྱེ་བ་ཐོག་ མ་མེད་པ་ནས་སེམས་ཅན་རེ་རེས་ཀྱང་རང་གི་མ་བྱས་པ་དེའི་འོ་མ་འཐུང་བ་རྣམས་མ་ སྐམས་མ་གོད་པར་ཕྱོགས་གཅིག་ཏུ་བསགས་པ་ན། རྒྱ་མཚོ་བཞི་ལས་ལྷག་ཅིང་མང་བ་ འཐུང་ཀྱང་ཚིམས་པ་མེད་པར་གྱུར་པ་དང༌། ད་དུང་ཡང་སོ་སོའི་སྐྱེ་བོའི་རྗེས་སུ་འབྲང་བའི་ བློ་འཁོར་བར་ཆགས་ཤིང་སྲེད་པ་རྣམས་ནི། འཁོར་བ་མཐའ་མེད་པའི་བར་དུ་སྔར་བས་ ཀྱང་ཆེས་མང་བའི་ནུ་ཞོ་ཚིམས་པ་མེད་པར་འཐུང་བར་བྱེད་པས། ཇི་ཙམ་ཞིག་འཐུངས་ཀྱང་ ཚིམས་པར་མི་འགྱུར་བ། འོ་མ་འཐུངས་པས་མཚོན་པའི་བཟའ་བཏུང་ལོངས་སྤྱོད་ལ་སོགས་ 21-1-703 པ་ཚིམས་པའི་དུས་མེད་པ་ནི་ངོམས་པ་མེད་པས་སྡུག་བསྔལ་པའོ། །གསུམ་པ་ཡང་[ཡང་] ཕུང་པོ་འདོར་བས་སྡུག་བསྔལ་{བ་}ནི། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་ མཉམ་པ་ཉིད་ཅིག་འདས་གྱུར་ཏེ། །ས་ཕྱོགས་རེ་རེར་[ཏེ་]ས་ཕྱོགས་གཅིག་ཏུ་རང་གི་ཕུང་ པོ་དོར་བའི་རུས་པ་རྣམས། །གོད་ཟག་མེད་པར་ཕྱོགས་གཅིག་ཏུ་སྤུངས་ན་རི་རབ་ལྷུན་པོ་ དང་མཉམ་པ་ཡང་ཇི་སྙེད་ཅིག་སྟེ་གྲངས་ལས་འདས་པར་འགྱུར་ཞིང༌། སླར་ཡང་འཁོར་བ་ མཐའ་མེད་པར་གྱུར་པས། རུས་པའི་ཕུང་པོ་[མི་]ཟད་པར་{མི་}འགྱུར་རོ། །བཞི་པ་ཡང་ ཡང་ཕུང་པོ་ལེན་པས་སྡུག་བསྔལ་བ་ནི། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རི་ལུར་ བགྲངས་ཀྱང་ས་ཡིས་ལོང་མི་འགྱུར། །སེམས་ཅན་གཅིག་གིས་བདག་ཉིད་ཀྱི་མ་བྱས་པའི་ གྲངས་ལ་ས་ཆེན་པོ་འདི་འདམ་དུ་བྱས་ནས། རྒྱ་ཤུག་གི་འབྲས་བུའི་ཚིག་གུ་ཙམ་གྱི་རིལ་ བུའི་གྲངས་ཀྱིས་གཞལ་བར་བྱས་ཏེ་བགྲངས་ན་ས་ཡིས་ལོང་བར་མི་འགྱུར་ཏེ། ས་གཞི་འདི་ ཟད་པར་འགྱུར་ལ། མའི་ཕ་མཐའ་ནི་རྫོགས་པར་མི་འགྱུར་རོ། །ལྔ་པ་མཐོ་དམན་དུ་{གྱུར་ པས་[འགྱུར་བས་]སྡུག་བསྔལ་བ་ལ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་འཇིག་ པར་འགྱུར་བས་སྡུག་བསྔལ་བ་ནི། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་ དབང་གིས་ཕྱིར་ཡང་ས་སྟེང་ལྷུང༌། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང༌། །འཁོར་བ་ དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ས་འོག །ས་སྟེང༌། ས་བླ་གསུམ་གྱི་ཀླུ་དང་གནོད་སྦྱིན་དང་ ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར་འོས་པའི་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ ནས་ནི་སླར་ཡང་ས་སྟེང་དུ་བྲན་གྱི་ཐ་མར་སྐྱེ་བ་དང༌། ངན་སོང་དུ་སྐྱེ་བར་འགྱུར་བ་{ཡང་} ཡོད་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཚེ་ལོ་བརྒྱད་ཁྲི་ལ་སོགས་པ་འཚོ་བ་དབང་ཐང་གླིང་ བཞི་ནས་གླིང་གཅིག་གི་བར་ཅི་རིགས་པར་མངའ་བསྒྱུར་བ་དང༌། ལོངས་སྤྱོད་རྒྱལ་སྲིད་ རིན་པོ་ཆེ་སྣ་བདུན་ལ་སྤྱོད་པ་ཉིད་དུ་གྱུར་ནས་ཀྱང༌། སླར་འཁོར་བའི་གནས་དག་ཏུ་བྲན་གྱི་ 21-1-704 ཐ་མ་ཉིད་དུ་འགྱུར་བ་ཡོད་པས། ལྷ་མིའི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་པ་ཡང་མི་རྟག་ ཅིང་ཡིད་བརྟན་མེད་པ་འགྱུར་བའི་རང་བཞིན་ཅན་ཡིན་ནོ། །གྲོགས་ཀྱི་བདེ་བ་ལ་ཡིད་ བརྟན་མེད་ཅིང་འགྱུར་བར་བསྟན་པ་ནི། མཐོ་རིས་བུ་མོའི་ནུ་མ་སྐེད་པ་ལ། །རེག་པའི་བདེ་ བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་དབད་པའི་འཁྲུལ་འཁོར་གྱིས། །རེག་ པ་ཤིན་ཏུ་མི་བཟད་བརྟེན་འཚལ་ལོ། །མཐོ་རིས་ནི་ལྷ་མི་ཐམས་ཅད་ཡིན་ཡང༌། སྐབས་ འདིར་ལྷ་ལ་མཐོ་རིས་ཞེས་པ་འཇིག་རྟེན་དུ་གྲགས་པ་ལྟར་དུ་བརྗོད་ནས། དེ་ལྟ་བུའི་ལྷའི་བུ་ མོའི་ནུ་མ་དང་སྐེད་པ་ལ་རེག་པའི་བདེ་བ་ཡུན་རིང་དུ་ཉམས་སུ་མྱོང་བར་བྱས་ཀྱང༌། དེ་དག་ ནས་ཚེ་འཕོས་པ་ན། དམྱལ་བར་རི་གཉིས་ཀྱི་བར་དུ་འཐག་པ་དང༌། དམྱལ་སྲུང་རྣམས་ ཀྱིས་ལུས་དུམ་བུར་གཅོད་པ་དང༌། དབད་པ་སྟེ་དམྱལ་སྲུང་དང་དམྱལ་བའི་སེམས་ཅན་ གཅན་གཟན་དང༌། བྱའི་གཟུགས་མ་རུངས་པ་གདུག་པ་ཅན་རྣམས་ཀྱིས་ལུས་དུམ་བུར་ འཐོར་ཞིང༌། དབད་ལ་ཟ་བར་བྱེད་པས། སྡུག་བསྔལ་གྱི་རེག་པ་ཤིན་ཏུ་མི་བཟད་པ་ཉམས་ སུ་མྱོང་ཞིང་བརྟེན་པར་འགྱུར་རོ། །གནས་ཀྱི་བདེ་བ་འགྱུར་བར་བསྟན་པ་ནི། རྐང་པས་ རེག་པས་ནེམས་པར་བདེ་བཟོད་པ། །ལྷུན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི། །སླར་ཡང་མེ་ མུར་རོ་མྱགས་རྒྱུ་བ་ཡི། །སྡུག་བསྔལ་མི་བཟོད་འཕོག་སྙམ་བགྱིད་འཚལ་ལོ། །ལྷུན་པོའི་ ངོས་དང་རྩེ་ལ་གནས་པའི་ལྷ་རྣམས་ཀྱི་གནས་ཀྱི་ས་གཞི་རིན་པོ་ཆེའི་རང་བཞིན་ཅན་རེག་ པ་བདེ་བ། སྲིན་བལ་གྱི་འདབ་མ་ལྟར་འཇམ་ཞིང་མཉེན་པ་རྐང་པས་རེག་ཅིང་མནན་པ་ན་ ནེམས་པ་དང༌། བཏེགས་པ་ན་འཕར་བ་སྙམ་ཞིག་བྱེད་པ་དེ་ལྟ་བུའི་གནས་ཀྱི་བདེ་བ་བཟོད་ ཅིང་ཉམས་སུ་མྱོང་ནས་ཡུན་རིང་གནས་ཀྱང་ཚེ་འཕོས་པ་ནས་དམྱལ་བར་མེ་མ་མུར་ཏེ་མེ་ འདག་གི་འོབས་སུ་ལུས་{བྱིང་[བྱིངས་]བ་དང་མི་གཙང་བའི་རང་བཞིན་ཅན་རོ་མྱགས་ཀྱི་ འདམ་དུ་བྱིངས་ཤིང༌། སྲིན་བུ་ལྕགས་ཀྱི་མཆུ་ཅན་གྱིས་ལུས་དཀྲོལ་བར་བྱེད་པ་ལ་སོགས་ 21-1-705 པ་སྡུག་བསྔལ་མི་བཟད་པ་འཕོག་པ་སྟེ་ཐོག་ཏུ་འབབ་པར་འགྱུར་རོ་སྙམ་དུ་ཤེས་པར་བྱའོ། ། མཐོ་རིས་ཀྱི་དགའ་ཚལ་ལ་ལོངས་སྤྱོད་པའི་བདེ་བ་འགྱུར་བར་བསྟན་པ་ནི། མཐོ་རིས་བུ་ མོས་འབྲོངས་ཤིང་དགའ་བ་དང༌། །རྣམ་པར་མཛེས་ཚལ་སོན་པར་རྩེས་ནས་སླར། །འདབ་ མ་རལ་གྲི་འདྲ་ཚལ་གན་རྣམས་ཀྱིས། །རྐང་ལག་རྣ་བ་སྣ་གཅོད་འཐོབ་པར་འགྱུར། །མཐོ་ རིས་ལྷའི་བུ་མོས་འབྲོངས་པ་སྟེ་[ཁྲིད་པའམ་]གུས་པར་བསྟེན་པ་ཡིད་རབ་ཏུ་དགའ་བ་དང་ བཅས་པས་རྣམ་པར་མཛེས་པའི་ལྷའི་སྐྱེད་མོའི་ཚལ་དུ་སོན་པ་སྟེ་ཕྱིན་ནས། རྩེ་བའི་བདེ་བ་ ཉམས་སུ་མྱོང་བར་བྱས་ཀྱང༌། ཤི་བའི་འོག་ཏུ་སླར་ཡང་རལ་གྲི་ལོ་མའི་ནགས་ཚལ་གྱི་ དམྱལ་བར་སྐྱེས་ནས། རལ་གྲི་ལ་སོགས་པའི་མཚོན་རྣོན་པོ་འདྲ་བའི་འདབ་མ་རྣམས་རླུང་ གིས་བསྐྱོད་ནས་ཆར་བཞིན་དུ་འབབ་པའི་མཚོན་ཆ་རྣམས་ཀྱིས་ནི། རྐང་པ་ལག་པ་ལ་ སོགས་པའི་ཡན་ལག་དང་རྣ་བ་དང་སྣ་ལ་སོགས་པ་རྣམས་གཅོད་པའི་སྡུག་བསྔལ་ཉམས་ སུ་མྱོང་བར་བྱེད་དོ། །ཁྲུས་ཀྱི་རྫིང་བུ་ལ་ལོངས་སྤྱོད་པའི་བདེ་བ་འགྱུར་བར་བསྟན་པ་ནི། དལ་གྱིས་འབབ་པ་ལྷ་ཡི་བུ་མོ་ནི། །གདོང་མཛེས་གསེར་གྱི་པདྨ་ལྡན་ཞུགས་ནས། །སླར་ ཡང་དམྱལ་བར་ཆུ་བོ་རབ་མེད་པར། །ཚཱ་སྒོ་བཟོད་གླགས་ཆུ་ཚན་འཇུག་འཚལ་ལོ། །ལྷའི་ཆུ་ བོ་དལ་གྱིས་འབབ་པ་དང༌། རྫིང་བུ་དལ་གྱིས་འབབ་པ་ཞེས་བྱ་བ་རྣམས་ཁ་དོག་དྲི་རོ་ཡིད་ དུ་འོང་བ་དང་ལྡན་པ། རེག་ན་བདེ་བར་གསེར་གྱི་པདྨ་ལ་སོགས་པས་རྣམ་པར་བརྒྱན་པ་ དང་ལྡན་པའི་ཁྲུས་ཀྱི་རྫིང་བུར་ལྷའི་བུ་མོ་གདོང་མཛེས་དང་ལྷན་ཅིག་ཏུ་ཁྲུས་ལ་ཞུགས་པའི་ བདེ་བ་བསྟེན་པར་བྱས་ཀྱང༌། ཤི་བའི་འོག་ཏུ་སླར་ཡང་དམྱལ་བར་ཐལ་ཚན་གྱི་ཆུ་བོ་གཏིང་ རིང་བས་རབ་མེད་པ། འགྱུར་བྱེད་ཀྱི་ཆུ་ཚན་ཚྭ་སྒོ་ཅན་དུ་གྱུར་པ་བཟོད་པར་དཀའ་བ་དེར་ འཇུག་དགོས་ཤིང་ཤ་རུས་བྲལ་བའི་སྡུག་བསྔལ་ཡུན་རིང་དུ་ཉམས་སུ་མྱོང་བར་བྱེད་དོ། ། ཁམས་གསུམ་གྱི་ལྷའི་གོ་འཕང་ཐོབ་པ་ལ་ཡིད་བརྟན་མེད་པར་བསྟན་པ་ནི། ལྷ་ཡུལ་འདོད་ 21-1-706 བདེ་ཤིན་ཏུ་ཆེན་པོ་དང༌། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་ བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །འདོད་ཁམས་ཀྱི་ལྷ་ རྣམས་ལྷ་ཡུལ་གྱི་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པའི་བདེ་བ་ཤིན་ ཏུ་ཆེན་པོར་གྲགས་པ་དང༌། {འདི་}འདོད་ཡོན་ལ་ཆགས་པ་མངོན་འགྱུར་བ་དང་བྲལ་བ་ བསམ་གཏན་གྱི་ཏིང་ངེ་འཛིན་གྱི་བདེ་བ་ཐོབ་པ་ཚངས་པ་ཉིད་ཀྱང༌། སླར་ཚེ་འཕོས་ནས་ དམྱལ་བ་མནར་མེད་པར་སྐྱེ་བ་ཡོད་པས། ལུས་དམྱལ་བའི་{མེའི་}བུད་ཤིང་དུ་གྱུར་པའི་ སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་པར་བྱེད་དགོས་སོ། །འདོད་པའི་ལྷ་རྣམས་ཀྱིས་འདོད་ ཡོན་ལ་སྤྱོད་ཚུལ་ནི། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ། སུམ་ཅུ་རྩ་གསུམ་པ། འཐབ་བྲལ་བ། དགའ་ལྡན་པ་རྣམས་ནི་ཉེ་བར་གནས་པའི་ལོངས་སྤྱོད་ལ་དབང་བསྒྱུར་བར་བྱེད། འཕྲུལ་ དགའ་བ་ནི། དེ་སྟེང་དུ་རང་གིས་སྤྲུལ་བའི་འདོད་ཡོན་ལ་ལོངས་སྤྱོད་པར་བྱེད། གཞན་ འཕྲུལ་དབང་བྱེད་ནི། རང་གིས་སྤྲུལ་པར་མ་ཟད། གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལ་ཡང་ ལོངས་སྤྱོད་པར་བྱེད་པ་ཡིན་ནོ། །འཇིག་རྟེན་པ་རྣམས་ལ་མངོན་དུ་གྱུར་ཅིང་གྲགས་ཆེ་བའི་ དབང་དུ་བྱས་ནས། ཀུན་ཏུ་རྒྱུ་བའི་ལྷ་རྣམས་ཀྱི་འབྱོར་པ་{ལ་}ཡིད་བརྟན་མེད་པར་བསྟན་ པ་ནི། ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། ། སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱངས་པའང་མི་མཐོང་འགྱུར། ། ཉི་མ་དང་ཟླ་བའི་ལྷར་སྐྱེས་པ་ནི་ཉི་ཟླའི་གོ་འཕང་ཉིད་ཐོབ་པ་སྟེ་དེ་དག་ལས་ཀྱི་ནུས་པའི་ གཟི་བྱིན་རང་ལུས་ཀྱི་འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བར་བྱེད་པའི་བསོད་ནམས་དང་ ལྡན་པ་ཡང༌། སླར་ཡང་གླིང་བར་གྱི་མུན་པ་དང༌། ས་འོག་གི་དམྱལ་བའི་མུན་པ་སྨག་རུམ་ འཐུག་པོར་སྐྱེ་བ་འཕོས་པ་ན། རང་ཉིད་ཀྱི་ལག་པ་བརྐྱངས་པ་ཙམ་ཡང་མི་མཐོང་བའི་སྡུག་ བསྔལ་ཉམས་སུ་མྱོང་བར་བྱེད་དོ། །དྲུག་པ་གཅིག་པུ་གྲོགས་མེད་པས་སྡུག་བསྔལ་བ་ནི། དེ་ 21-1-707 ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི། །རྣམ་གསུམ་མར་མེའི་སྣང་བ་རབ་བཞེས་ ཤིག །གཅིག་པུ་ཉི་མ་ཟླ་བས་མི་བརྫི་པའི། །མུན་ནག་མཐའ་ཡས་ནང་དུ་འཇུག་འཚལ་ལོ། ། མྱུར་དུ་ནོངས་པ་སྟེ་འཆི་བར་འགྱུར་རོ། །དེ་ཡང་འཆི་བའི་དུས་ན་རང་ཉིད་གཅིག་པུར་འཆི་ བ་དང༌། སྐྱེ་བ་ལེན་པ་ཡང་རང་ཉིད་གཅིག་པུར་ལེན་པ་དང༌། ལས་གསོག་པ་ཡང་རང་ཉིད་ གཅིག་པུས་གསོག་པ་དང༌། རྣམ་སྨིན་མྱོང་བ་ཡང་རང་ཉིད་གཅིག་པུས་མྱོང་བ་སྟེ། དེ་ལྟར་ གྲོགས་མེད་པར་གཅིག་པུར་ཉི་མ་དང་ཟླ་བས་བརྫི་བར་མི་ནུས་པ་སྡུག་བསྔལ་གྱི་མུན་ནག་ མཐའ་ཡས་པའི་ནང་དུ་འཇུག་པར་བྱེད་པས། དེ་ལྟ་བུའི་མུན་པ་སེལ་{བའི་[བ་]བསོད་ ནམས་རྣམ་པ་གསུམ་གྱི་སྒྲོན་མེ་ལག་ཏུ་[རབ་ཏུ་]ལོང་པར་མཛོད་ཅིག །དེ་ཡང་བསོད་ ནམས་རྣམ་པ་གསུམ་ནི། སྦྱིན་པ་ལས་བྱུང་བའི་བསོད་ནམས། ཚུལ་ཁྲིམས་ལས་བྱུང་བའི་ བསོད་ནམས། བསྒོམས་པ་ལས་བྱུང་བའི་བསོད་ནམས་གསུམ་ལས། དང་པོ་གཉིས་ནི་གོ་ སླ་ཞིང༌། གསུམ་པ་ནི། དད་པ། ངེས་འབྱུང་། སྙིང་རྗེ། བཟོད་པ་ལ་སོགས་པ་རྣམས་སྒོམ་ པར་བྱེད་པ་ཡིན་ཞིང༌། སྟོང་པ་ཉིད་བསྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་པས། སྐབས་འདིར་ བགྲང་བ་[མ]ཡིན་ནོ། །འགྲོ་བ་སོ་སོའི་སྡུག་བསྔལ་ལས། དམྱལ་བའི་སྡུག་བསྔལ་བཤད་ པ་ལ་རྒྱུ་དང་དབྱེ་བ་བསྟན་པ་ནི། སེམས་ཅན་ཉེས་པ་སྤྱད་པ་སྤྱོད་རྣམས་ལ། །ཡང་སོས་ཐིག་ ནག་རབ་ཏུ་ཚ་བ་དང༌། །བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པའི། །དམྱལ་བ་ རྣམས་སུ་རྟག་ཏུ་སྡུག་བསྔལ་འགྱུར། །སེམས་ཅན་གང་ཞིག་{གིས་[རྒྱུ]ཉེས་པར་སྤྱད་པ་མི་ དགེ་བ་བཅུ་བསྟེན་ཅིང་གོམས་{པ་[ལ]ལན་མང་དུ་བྱེད་པ་སྟེ། ལུས་ངག་གི་སྤྱོད་པས་ བསྟེན་ཅིང་ཡིད་ཀྱིས་བསྒོམ་པ་དང༌། ལན་མང་དུ་བསགས་ཤིང་སྤྱད་པས་དམྱལ་བའི་འགྲོ་ བར་འཕེན་པར་བྱེད་པ་ཡིན་ཅིང༌། དེ་ལ་དབྱེ་ན། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་ འབོད་རབ་ཏུ་ཚ་བ། མནར་མེད་དེ་དངོས་སུ་བསྟན་པ་ཚ་དམྱལ་དྲུག་དང༌། ཤུགས་ལ་ 21-1-708 འཕངས་པ་ངུ་འབོད་སྨོས་པས་ངུ་འབོད་ཆེན་པོ་དང༌། རབ་ཏུ་ཚ་བ་སྨོས་པས་ཚ་བ་རྣམས་ཏེ་ ཚ་དམྱལ་བརྒྱད་དང༌། སོགས་{ཁོང་[ཁོངས་]ནས་གྲང་དམྱལ་བརྒྱད། དམྱལ་བ་ཉེ་འཁོར་ དང་ཉེ་ཚེ་བ་རྣམས་ཏེ། དམྱལ་བ་དེ་རྣམས་སུ་ཡུན་རིང་དུ་སྡུག་བསྔལ་ཉམས་སུ་མྱོང་བར་ འགྱུར་རོ། །ཡང་སོས་ཐིག་ནག་བསྡུས་འཇོམས་དང༌། །ངུ་འབོད་ངུ་འབོད་ཆེན་པོ་སྟེ། །ཚ་བ་ རབ་ཚ་མནར་མེད་པའོ། །ཞེས་བསྡོམས་སུ་བཤད་པ་ལྟར་ཚ་དམྱལ་བརྒྱད་དོ། །དམྱལ་བ་དེ་ རྣམས་སུ་སྡུག་བསྔལ་ལ་སྤྱོད་ཚུལ་བསྟན་པ་ལས། དམྱལ་བ་བསྡུས་འཇོམས་ནི། ཁ་ཅིག་ ཏིལ་བཞིན་འཚིར་ཏེ་དེ་བཞིན་གཞན། །ཕྱེ་མ་ཞིབ་མོ་བཞིན་དུ་ཕྱེ་མར་འཐག །དམྱལ་གནས་ ཁ་ཅིག་ན་ལྕགས་ཀྱི། {གཏུན་[བཏུན་]རྒྱ་ཆེ་བ་དཔག་ཚད་དུ་མ་ཡོད་པའི་སྟེང་དུ། གཤིན་ རྗེའི་སྐྱེས་བུ་རྣམས་ཀྱིས་སེམས་ཅན་གྱི་བྱེ་བྲག་ཁ་ཅིག་མང་དུ་བསྡུས་པ་ལྷན་ཅིག་ཏུ་ལྕགས་ ཀྱི་རིས་ཏིལ་བརྡུང་བ་བཞིན་དུ་འཚིར་བར་བྱེད་དོ། །གཞན་ཡང་དམྱལ་བའི་འགྲོ་བ་གཅིག་ དང་དུ་མ་ལ་སོགས་པ་གང་ཡང་རུང་བ་ལྕགས་ཀྱི་འཁྲུལ་འཁོར་དང་རི་གཉིས་ཀྱི་བར་དུ་ སྨན་གྱིས་ཕྱེ་མ་ཞིབ་མོ་བཞིན་དུ་ཕྱེ་མར་འཐག་པར་བྱེད་པའོ། །ཐིག་ནག་ནི། ཁ་ཅིག་སོག་ ལེས་འདྲལ་ཏེ་དེ་བཞིན་གཞན། །སྟ་རེ་མི་བཟད་སོ་རྣོན་རྣམས་ཀྱིས་གཤེག །ཁ་ཅིག་{གིས་ [གི་]ལུས་ལ་ཐིག་ནག་པོ་བརྒྱད་དམ། བཅུ་དྲུག་གམ་སོ་གཉིས་ལ་སོགས་པ་སྣ་ཚོགས་པ་ བཏབ་ནས་ཤིང་གཏུབས་པ་བཞིན་དུ་སོག་ལེས་འབྲེག་པ་དང༌། སྟ་རེ་སོ་རྣོན་མི་བཟད་པས་ གཤོག་པར་བྱེད་པའོ། །ངུ་འབོད་ནི། དེ་བཞིན་གཞན་དག་ཁྲོ་ཆུ་བཞུས་པ་ཡི། ཁུ་བ་འབར་ བ་འཁྲིགས་པ་ལྡུད་པར་བགྱིད། །ཁྲོ་ཆུ་བཞུ་བ་མེ་ལྕེ་འབར་བ་འཁྲིགས་པ་ཆུ་སོགས་བཏུང་ བ་བཞིན་དུ་ལྡུད་པར་བྱེད་པ་དང༌། ལྕགས་ཀྱི་ཐོ་ལུམ་མེ་འབར་བ་ཟས་སུ་སྟེར་བས། ནང་ ཁྲོལ་ལ་སོགས་པ་བསྲེགས་པའི་སྡུག་བསྔལ་མི་བཟད་པ་ཉམས་སུ་མྱོང་བར་འགྱུར་བ་སྟེ། མངོན་པ་རྣམས་ལས། ལྕགས་ཀྱི་ཁང་པ་ཉིས་རིམ་མམ། གཅིག་ཏུ་བཅུག་ནས་སྲེག་པར་ 21-1-709 ཡང་བྱེད་དོ། །རབ་ཏུ་ཚ་བ་ནི། ཁ་ཅིག་ལྕགས་ཀྱི་གསལ་ཤིང་རབ་འབར་བ། །ཚེར་མ་ཅན་ ལ་ཀུན་ཏུ་བརྒྱུད་པར་བགྱི། །ལྕགས་ཀྱི་གསལ་ཤིང་ཚེར་མ་ཅན་མེ་འབར་བས་ལུས་ཕུག་ ཅིང་ཀུན་ཏུ་བརྒྱུད་པར་བྱེད་པ་སྟེ། གོང་དུ་བསྟན་པའི་ངུ་འབོད་དང༌། རབ་ཏུ་ཚ་བ་གཉིས་ཀྱི་ ཤུགས་ལ། ངུ་འབོད་ཆེན་པོ་དང་ཚ་བ་གཉིས་ཀྱང་བསྟན་པ་ཡིན་ཏེ་སྡུག་བསྔལ་ཆེ་ཆུང་ཙམ་ མ་གཏོགས་རྣམ་པ་མཚུངས་པའོ། །ཡང་སོས་དང་མནར་མེད་ཀྱི་སྡུག་བསྔལ་དངོས་སུ་མ་ བཤད་པ་ནི། མནར་མེད་དུ་ཚ་དམྱལ་གཞན་གྱི་སྡུག་བསྔལ་དེ་དག་ཐམས་ཅད་འབྱུང་བ་ དང༌། ཡང་སོས་སུ་ནི་ཅི་རིགས་པར་འབྱུང་བས། ལྕི་ཡང་ཙམ་མ་གཏོགས་རིགས་མཚོན་པར་ གོ་བས་ཟུར་དུ་མ་སྨོས་པའོ། །དམྱལ་བའི་གནས་དེ་དག་ཏུ་མ་ངེས་པ་འབྱུང་བའི་སྡུག་བསྔལ་ གྱི་རྣམ་གྲངས་བསྟན་པ་ནི། ཁ་ཅིག་ལྕགས་ཀྱི་མཆེ་བ་ལྡན་པའི་ཁྱི། །གཏུམ་པོས་དབད་ཅིང་ ལག་པ་གནམ་དུ་བསྒྲེང༌། །དབང་མེད་གཞན་དག་ལྕགས་མཆུ་རྣོན་པོ་དང༌། །སེན་མོ་མི་ བཟད་ལྡན་པའི་ཁྭ་རྣམས་འཐོག །ལྕགས་ཀྱི་མཆེ་བ་མི་བཟད་པ་{དང་}ལྡན་པའི་ཁྱི་གཏུམ་ པོས་ལྕགས་ཀྱི་ཐང་ལ་འདེད་ཅིང་ཟིན་ནས་ལུས་རབ་ཏུ་བྲལ་ཏེ་ཟ་བར་བྱེད་པ་དང༌། གཞན་ ཡང་བྲོས་ནས་ཤལ་མ་ལའི་སྡོང་པོར་འཛེགས་པ་ན། རྗེས་སུ་རྒྱུགས་ཏེ། ལག་པ་གནམ་དུ་ བསྒྲེང་བའི་སྡེར་མོས་བཟུང་སྟེ། གཅན་གཟན་གཏུམ་པོ་དེ་དག་གིས་དབད་པ་སྟེ་ལུས་དུམ་ བུར་གཅོད་ཅིང་ཟ་བར་བྱེད་དོ། །དེས་མཚོན་པའི་གཅན་གཟན་གདུག་པ་ཅན་སྣ་ཚོགས་ཀྱི་ འཇིགས་པ་ཆེན་པོ་དང༌། གཞན་[ཡང་]ལྕགས་ཀྱི་མཆུ་དང་སྡེར་མོ་རྣོན་པོ་མི་བཟད་པ་དང་ ལྡན་པའི་ཁྭ་ཏས་དབང་མེད་དུ་བཟུང་ནས་ལུས་ཀྱི་ཤ་དུམ་བུར་འཐོག་ཅིང་འཐོར་བར་བྱེད་ {པའོ[དོ]། །དེས་མཚོན་པའི་བྱའི་ཚོགས་མ་རུངས་པ་སྣ་ཚོགས་པའི་འཇིགས་པ་འབྱུང་ངོ༌། ཁ་ཅིག་སྲིན་བུ་སྦུར་བ་སྣ་ཚོགས་དང༌། །ཤ་སྦྲང་སྦྲང་མ་ནག་པོ་ཁྲི་ཕྲག་དག །རེག་ན་མི་ བཟད་རྨ་སྲོལ་ཆེར་འབྱིན་པའི། །ཟ་བར་བགྱིད་ཅིང་འདྲེ་ལྡོག་སྨྲེ་སྔགས་འདོན། །སྲོག་ 21-1-710 ཆགས་ཕྲ་མོའི་འཇིགས་པ་ཡང་ལྕགས་དང་ཁྲོ་ཆུའི་རང་བཞིན་ཅན་གྱི་སྲིན་བུ་དང༌། སྦུར་པ་ སོགས་སྣ་ཚོགས་དང༌། ཤ་སྦྲང་དང༌། སྦྲང་མ་ནག་པོ་སྟེ་དུག་སྦྲང་ཕྲ་མོ་ཁྲི་ཕྲག་དག་གི་རེག་ པ་ཙམ་གྱིས་མི་བཟད་པའི་རྨ་སྲོལ་ཆེར་འབྱིན་པར་བྱེད་པས་ཟ་བར་བྱེད་པ་ན། འདྲེ་ལྡོག་ དང་སྨྲེ་སྔགས་འདོན་པའི་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་པ་དེ་རྣམས་ནི། གཅན་གཟན་ དང༌། བྱ་{དང་}། སེམས་ཅན་ཕྲ་མོ་རྣམས་{ཀྱིས་[ཀྱི་]འཇིགས་པ་བསྟན་པའོ། ཁ་ཅིག་ མདག་མེ་འབར་བའི་ཚོགས་སུ་ནི། །རྒྱུན་མི་འཆད་པར་རབ་བསྲེགས་ཁ་ཡང་བགྲད། །ཁ་ ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ། །སྤྱིའུ་ཚུགས་འབྲས་ཀྱི་ལྕུག་འཕེད་བཞིན་དུ་ འཚེད། །མེ་མདག་དང་མེ་རབ་ཏུ་འབར་བས་ཤིང་འགལ་དུམ་མེ་ལ་བསྲེག་པ་བཞིན་དུ། བར་མཚམས་མེད་པར་བསྲེགས་པས་ཁ་བགྲད་ནས་ཉེན་སྐད་ཆོ་ངེ་འདོན་པར་བྱེད་དོ། ། གཞན་ཡང་ལྕགས་ལས་བྱས་པའི་ཟངས་ཆེན་ཏེ། ཟངས་འདྲའི་གཟུགས་དཔག་ཚད་དུ་མ་ ཡོད་པར་དམྱལ་བའི་སེམས་ཅན་མང་དུ་འཚེད་པ་ནི་འབྲས་ཀྱི་ལྕུག་འཕེད་དེ། འབྲས་བཀྲུས་ ཤིང་སྤངས་པ་ཆུ་ཁོལ་མར་བཙོས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྒྱུག་ཅིང་ བུན་ལོང་དུ་གཡོ་བར་བྱེད་པ་ལྟར་འཚེད་[འཚོད་]པས་སྡུག་བསྔལ་གྱི་ཚོར་པ་མི་བཟད་པ་ སྣ་ཚོགས་དང་ལྡན་པ་ཡིན་ནོ། །དེ་དག་ནི་མེས་བསྲེག་པ་དང་འཚེད་པའི་སྡུག་བསྔལ་ {བསྟེན་[བསྟན་]པའོ། །འདིར་གྲང་དམྱལ་དང༌། ཉེ་འཁོར་[བ་དང་] ཉི་ཚེ་བ་རྣམས་ཀྱི་ སྡུག་བསྔལ་མ་བཤད་པ་ནི། དེ་རྣམས་དམྱལ་བའི་གནས་རྒྱ་ཆུང་བ་དང༌། སེམས་ཅན་སྐྱེ་བ་ ཉུང་བས་གཙོ་ཆུང་བའི་ཕྱིར་མ་སྨོས་ལ། ཚ་དམྱལ་རྣམས་གཙོ་ཆེ་བས་སྨོས་པ་ཡིན་ནོ། ། དམྱལ་བའི་སྡུག་བསྔལ་དེ་{དག་[ཐག་]རིང་བས་འཕྲལ་དུ་མི་འབྱུང་བ་ཡིན་ནམ་སྙམ་ན། ཁད་ཉེ་བར་བསྟན་པ་ནི། སྡིག་ཅན་དབུགས་འབྱུང་འགག་པ་ཙམ་ཞིག་གི །དུས་ཀྱི་བར་དུ་ ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོབ་ན་རྣམ་སྟོང་དུ། །མི་འཇིགས་གང་ 21-1-711 ལགས་རྡོ་རྗེའི་རང་བཞིན་ནོ། །སྡིག་པའི་ལས་ནི་བསགས། སྦྱོང་བར་མ་བྱས་པ་མི་སྡིག་ཅན་ དེ་དག་དབུགས་མ་འགགས་བར་དུ་མིའི་འཇིག་རྟེན་དང༌། འགགས་ནས་དམྱལ་བའི་སྡུག་ བསྔལ་མངོན་དུ་གྱུར་པས། དེ་གཉིས་ཀྱི་བར་དུ་དབུགས་འབྱུང་བ་འགགས་པའི་དུས་ཀྱི་ ཆོད་པ་ཙམ་ལས་མེད་ཅིང༌། དེ་ཡང་དབུགས་འགགས་པ་ཉིད་ནས་དེ་མ་ཐག་ཏུ་དམྱལ་བར་ སྐྱེ་བ་ཡིན་ནམ་ཞེ་ན་དབུགས་འགགས་ནས་འཆི་སྲིད་དང༌། དེའི་འོག་ཏུ་བར་སྲིད་རྣམས་ འབྱུང་བས་དབུགས་འགགས་མ་ཐག་རང་བར་མེད་དུ་དམྱལ་བར་སྐྱེ་བ་མ་ཡིན་ཡང༌། སྡིག་ ཅན་རྣམས་ལ་ནི་དབུགས་འགགས་པའི་གནས་སྐབས་དང༌། བར་སྲིད་དུ་[ཡང་]དམྱལ་བའི་ སྡུག་བསྔལ་གྱི་སྣང་བ་{སྔུན་[སྔོན་]བསུས་ནས་འགོ་རྩོམ་པར་འགྱུར་བ་ཡིན་ཞིང༌། དེ་ལྟ་ བུའི་དམྱལ་བའི་སྡུག་བསྔལ་གཞལ་དུ་མེད་པ་དེ་ཉིད་མྱུར་དུ་འབྱུང་བར་{ཐོབ་[ཐོས་]པ་ན། བློ་གྲོས་དང་ལྡན་པ་རྣམས་འཇིགས་ཤིང་ཡིད་སྐྱོ་བར་འགྱུར་བ་རྣམ་པ་སྟོང་སྟེ་མཐའ་ཡས་ པར་འགྱུར་ཡང༌། དེ་དག་ཐོས་ནས་མི་འཇིགས་པའི་བླུན་པོ་གང་ཡིན་རྣམས་ནི་སེམས་མེད་ {ལེག་[བེམ་]པས་སྙིང་སྲ་བ་རྡོ་རྗེའི་རང་བཞིན་{ཅན་}ལྟ་བུ་ཡིན་ནོ། །དམྱལ་བའི་སྡུག་ བསྔལ་ཤུགས་དྲག་པར་བསྟན་པ་ནི། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང༌། །དྲན་དང་ བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང༌། །འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟད་ པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །དམྱལ་བའི་གཟུགས་རི་མོར་བྲིས་པ་ མཐོང་བ་དང༌། དམྱལ་བའི་སྡུག་བསྔལ་གྱི་གཏམ་རྒྱས་པར་བཤད་པ་ཐོས་པ་དང༌། ཐོས་པ་ ལྟར་དུ་ཡིད་ལ་དྲན་པ་དང༌། དམྱལ་བའི་སྡུག་བསྔལ་གྱི་གཏམ་གསུང་རབ་ཏུ་བཤད་པ་ བཀླགས་པ་དང༌། དམྱལ་བའི་བཀོད་པ་བྲིས་འབུར་གྱི་གཟུགས་དང༌། རྩེད་མོའི་གར་གྱི་ རྣམ་པར་སྟོན་པ་ལ་སོགས་པ་གཟུགས་སུ་བགྱིས་པ་སྟེ། དམྱལ་བའི་སྡུག་བསྔལ་གྱི་རྣམ་པ་ མཐོང་བ་དང་ཐོས་པ་ཙམ་གྱིས་ཀྱང་ཡིད་སྐྱོ་བ་དང༌། སྐྲག་པ་{སྐྱེད་[བསྐྱེད་]པར་བྱེད་ན་ 21-1-712 རྣམ་པར་སྨིན་པའི་སྡུག་བསྔལ་མི་བཟད་པ་ཐོག་ཏུ་བབས་ཤིང་ཉམས་སུ་མྱོང་བར་{འགྱུར་ [གྱུར་]ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྤྱི་ལྡོག་ནས་དམྱལ་བའི་སྡུག་བསྔལ་ཐམས་ཅད་ལྷག་ པར་དོས་དྲག་པ་ཡིན་ནོ། །དམྱལ་བའི་སྡུག་བསྔལ། ཆེས་ཆེ་བ་ངོས་བཟུང་བ་ནི། བདེ་བ་ ཀུན་གྱི་ནང་ན་སྲེད་ཟད་པའི། །བདེ་བའི་བདག་པོ་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་ བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་བཟད། །བདེ་བ་ ཐམས་ཅད་ཀྱི་ནང་ནས་སྲེད་པ་ཟད་པའི་བདེ་བ་ནི་དགྲ་བཅོམ་པའི་གནས་སྐབས་ཐོབ་པ་ལ་ སོགས་པ་ཁམས་གསུམ་གྱི་ཉོན་མོངས་{པ་}སྤངས་པའི་བདེ་བ་དེ་ནི་བདེ་བ་ཐམས་ཅད་ཀྱི་ བདག་པོ་སྟེ། མཆོག་གམ་གཙོ་བོར་གྱུར་པའི་མཐར་ཐུག་པ་ཡིན་ལ། དེ་ཇི་ལྟ་བ་དེ་བཞིན་དུ་ འཁོར་བའི་སྡུག་བསྔལ་རྣམས་ཀྱི་ནང་ནས་དམྱལ་བའི་སྡུག་བསྔལ་སྤྱི་ཙམ་ཡང་དོས་དྲག་པ་ དང༌། ཁྱད་པར་མནར་མེད་པའི་དམྱལ་བའི་སྡུག་བསྔལ་ནི་རབ་ཏུ་མི་ཟད་པའི་སྡུག་བསྔལ་ གྱི་མཐར་ཐུག་པ་ཡིན་ནོ། །དམྱལ་བའི་སྡུག་བསྔལ་ཆུང་ངུ་ལ་ཡང་སྡུག་བསྔལ་གཞན་གྱིས་ མཚོན་མི་ནུས་པར་བསྟན་པ་ནི། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་ བཏབ་སྡུག་བསྔལ་གང་ལགས་པ། ། དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། །འོལ་ཡང་མི་བགྱིད་ཆར་ཡང་མི་ཕོད་ དོ། །འཇིག་རྟེན་འདི་ན་མི་ཞིག་གི་ལུས་ལ་ཉིན་གཅིག་ལ་མདུང་ཐུང་སུམ་བརྒྱས་རབ་ཏུ་དྲག་ ཏུ་བཏབ་པ་མ་ཤི་བར་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བ་གང་ཡིན་པ་དེས་ནི་དམྱལ་ བའི་སྡུག་བསྔལ་ཆུང་ངུ་ཞིག་ལའང་བསྒྲུན་དུ་མེད་པ་ཡིན་ཏེ། དེ་ལྟ་བུའི་སྡུག་བསྔལ་གྱིས་ དམྱལ་བའི་སྡུག་བསྔལ་ལ་འོལ་ཡང་མི་བགྱིད་པ་སྟེ། དེ་ལ་འོལ་སྤྱི་ནི་ཕྱོགས་འདྲ་ལ་ཟེར་བ་ ཡིན་པ་ལས། དེ་ལྟར་ཕྱོགས་འདྲ་བ་ཙམ་ཡང་མིན་པ་དང༌། དུམ་བུ་བརྒྱའི་ཆར་ཡང་མི་ཕོད་ པ་སྟེ་ཆ་ཤས་དང་མཉམ་པ་ཡང་མ་ཡིན་ནོ། །དམྱལ་བའི་སྡུག་བསྔལ་ཡུན་རིང་བར་བསྟན་ 21-1-713 པ་ནི། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། ། ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་འབྲལ་བར་མི་འགྱུར་རོ། །དེ་ལྟར་ དམྱལ་བའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་ཉམས་སུ་མྱོང་བར་འགྱུར་ཏེ། གྲང་དམྱལ་དུ་ ལུས་ཚལ་པ་བརྒྱ་སྟོང་དུ་འགས་པ་དང༌། ཚ་དམྱལ་དུ་ལུས་དུམ་བུ་བརྒྱ་སྟོང་དུ་གཏུབས་པ་ དང༌། ཟངས་ཞུན་དང་ལྷན་ཅིག་མར་བཞིན་དུ་བཞུ་བ་ལ་སོགས་པ་བྱས་ཀྱང༌། ཡང་ཡང་དུ་ སོས་ནས་སྡུག་བསྔལ་དྲག་པོ་ལོ་བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང༌། དམྱལ་བར་སྐྱེ་བའི་ མི་དགེ་བའི་ལས་དེ་ཇི་སྲིད་ཟད་པར་མ་གྱུར་པ་དེ་སྲིད་དུ་སྲོག་དང་འབྲལ་བར་མི་འགྱུར་ བས་སྡུག་བསྔལ་གྱི་ཚོགས་རྒྱུན་མི་ཆད་པར་བསྟེན་པར་བྱེད་དོ། །དམྱལ་བའི་སྡུག་བསྔལ་ གྱི་རྒྱུ་སྤོང་བར་གདམས་པ་ནི། མི་དགེའི་འབྲས་འདི་རྣམས་ཀྱི་ས་བོན་ནི། །ལུས་ངག་ཡིད་ ཀྱིས་ཉེས་སྤྱད་ཁྱོད་ཀྱིས་ནི། །ཅི་ནས་དེ་རྡུལ་ཙམ་ཡང་མ་མཆིས་པ། །དེ་ལྟར་ཉིད་ཀྱི་རྩལ་ གྱིས་འབད་པར་མཛོད། །མི་དགེ་བའི་འབྲས་བུ་སྡུག་བསྔལ་གྱི་ས་བོན་ནི། ལུས་ངག་ཡིད་ ཀྱིས་ཉེས་པར་སྤྱད་པ་མི་དགེ་པའི་ལས་བསགས་པ་སྟེ། རྒྱལ་པོ་ཁྱོད་ཀྱིས་ཅི་ནས་ཀྱང་མི་ དགེ་བའི་ལས་དེ་རྡུལ་ཙམ་ཡང་མ་ལུས་པར་སྤོང་ཞིང་དེ་ལྟར་ཡིད་ཀྱི་རྩལ་བསྐྱེད་ནས་དོན་ གཉེར་གལ་ཆེ་འབད་པས་ཆེད་དུ་བསྒྲིམས་ནས་སྤང་དགོས་པའོ། །དུད་འགྲོའི་སྡུག་བསྔལ་ བཤད་པ་ནི། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང༌། །བཅིངས་དང་བརྡེག་སོགས་སྡུག་ བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤོང་བ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་ བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང༌། །ཤ་དང་ལྤགས་པའི་ཆེད་དུ་གསོད་པར་ འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང༌། །ལྕག་དང་ལྕགས་ཀྱུས་བཏབ་པས་ བཏབ་སྟེ་བཀོལ། །སྡུག་བསྔལ་ཞི་བའི་བདེ་བ་སྐྱོན་མེད་པ་ལ་གནས་པ་བ་ནི་ཉེ་བར་ཞི་བ་ ཡིན་ལ། དེ་ལྟ་བུས་ཞི་བར་འགྱུར་བའི་ཐབས་དགེ་བ་སྤངས་ཤིང༌། མི་དགེ་བ་བཅུ་འབྲིང་ 21-1-714 དང་ཆུང་ངུར་སྤྱད་པས་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་བས་དེ་ན་ཡང་སྡུག་བསྔལ་ ཁོ་ན་ཡིན་ཏེ། མིས་བདག་ཏུ་བཟུང་བ་རྣམས་ནི་བདག་པོས་གསོད་པ་དང༌། རྟོད་ཕུར་ལ་ འདོགས་ཤིང་སྣ་ཚོགས་པས་འཆིང་བར་བྱེད་པ་དང༌། ལྕག་དང་དབྱུག་པ་ལ་སོགས་པས་ བརྡེག་པ་དང༌། སོགས་ཁོངས་ནས་ཁལ་བཀུར་པ་སོགས་མང་དུ་ཡོད། བདག་པོ་མེད་པའི་ དུད་འགྲོ་རྣམས་ནི་གཅིག་གིས་གཅིག་ཟ་ཞིང༌། དེ་ལྟ་བུའི་འཇིགས་སྐྲག་གི་སྡུག་བསྔལ་ ཉམས་སུ་མྱོང་བར་བྱེད་དོ། །ཁ་ཅིག་མུ་ཏིག་དང༌། བལ་དང༌། རུས་པ་དང༌། [ཁྲག་]ཤ་དང༌། ལྤགས་པ་རྣམས་གཞན་གྱི་ཉེར་སྤྱོད་ཀྱི་ཕྱིར་དུ་གསོད་པར་བྱེད་དོ། ། གཞན་ཡང་རང་དབང་མེད་པའི་དུད་འགྲོ་འགའ་ཞིག་རྡོག་པ་དང་ལག་པས་བསྣུན་པ་ དང༌། རྟ་སོགས་ལྕག་གིས་{བཀོལ་[སྐོལ་]བ་དང༌། གླང་པོ་ཆེ་ལྟ་བུ་ལྕགས་ཀྱུས་བཏབ་སྟེ་ {བཀོལ་[སྐོལ་]བ་ལ་སོགས་པས་རྣམ་པ་སྣ་ཚོགས་པའི་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཉམས་ སུ་མྱོང་བར་བྱེད་དོ། །ཡི་དྭགས་ཀྱི་སྡུག་བསྔལ་བཤད་པ་ལ། མདོར་བསྟན་{པ་}དང་རྒྱས་ བཤད་ལས། དང་པོ་ནི། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་ བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཡི་དྭགས་ཀྱི་གནས་སུ་སྐྱེས་{ནས[བ་ན]། འདོད་པ་ བཙལ་བའི་མི་རྙེད་པས་ཕོངས་ཤིང༌། འདོད་པའི་དོན་མ་གྲུབ་པས་བསྐྱེད་པའི་སྡུག་བསྔལ་ ནི། བདེ་བའི་བར་མཚམས་ཆད་པ་མེད་པར་འབྱུང་བས། སྡུག་བསྔལ་ཉག་གཅིག་ཏུ་རྒྱུན་ ཆགས་པ་དང༌། ལས་ངན་པའི་ཤུགས་དྲག་པོའི་རྣམ་པར་སྨིན་པ་ཡིན་པས་མི་འཆོས་པ་སྟེ་ བཅོས་སུ་མེད་ཅིང༌། བཀྲེས་པ་དང༌། སྐོམ་པ་དང༌། གྲང་བ་དང༌། ཚ་བ་དང༌། ཟས་སྐོམ་ལན་ རེ་འཚོལ་བའི་ཕྱིར་དུ་ལོ་བཅུ་གཉིས་ལ་སོགས་པའི་དུས་རིང་པོར་ཕྱོགས་ཀུན་ཏུ་རྒྱུ་བས་ ཐང་ཆད་ཅིང་ངལ་བར་འགྱུར་བ་དང༌། འཇིགས་པ་ནི། ཡི་དྭགས་ནང་དུ་{ཡིད་[ཡང་]དགྲའི་ 21-1-715 འཇིགས་པ་ཡོད་པ་དང༌། འགྲོ་བ་གཞན་ཡང་དགྲར་གྱུར་པའི་གནོད་འཚེ་ལ་སོགས་འཇིགས་ སྐྲག་ཆེན་པོས་བསྐྱེད་པའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་བསྟེན་པར་བྱེད་དགོས་སོ། །རྒྱས་ བཤད་ལ། ཡི་དྭགས་ནང་གི་སྒྲིབ་པ་ཅན་གྱི་སྡུག་བསྔལ་བཤད་པ་ནི། ཁ་ཅིག་ཁ་ནི་ཁབ་ཀྱི་ མིག་ཙམ་ལ། །ལྟོ་བ་རི་ཡི་ལྟོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ ཀྱང༌། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཡི་དྭགས་ནང་གི་སྒྲིབ་པ་ཅན་མང་པོ་ ཞིག་{གི་[ནི་] ཁའི་སྒོ་ནི་ཁབ་ཀྱི་མིག་ཙམ་ལ་འགྲམ་ཕུགས་ཡངས་པ། མགྲིན་པ་ཤིན་ཏུ་ཕྲ་ བ་ལྟོ་བ་རིའི་ཁྱོན་དང་མཉམ་པ་ལ། ཡན་ལག་ཕྲ་བས་ལུས་མི་ཐེག་པའི་སྣང་བ་ཡོད་པ། དེས་ནི་ཟས་བཟང་པོ་ལྟ་ཅི་སྨོས། གྱི་ནར་བོར་བ་སྟེ་དོན་མེད་རྩིས་མེད་དུ་བོར་བའི་མི་གཙང་ བ་ཅུང་[ཟད་]རྙེད་ཀྱང༌། ཁའི་སྒོར་མི་ཐར་བས་འཚལ་ཞིང་ཟ་བའི་མཐུ་དང་ལྡན་པ་མ་ཡིན་ ཞིང༌། ཐར་ཡང་ཁའི་སྦུགས་ཡངས་པས་སྟོར་འགྲོ་བ་དང༌། མགྲིན་པར་མི་ཐར་ཞིང་གལ་ སྲིད་ཁོག་ཏུ་སླེབས་ཀྱང་ལྟོ་བ་ཤིན་ཏུ་ཡངས་པས {རྔོན་[མངོན་]མི་ཐོགས་པས་བཀྲེས་པའི་ སྡུག་བསྔལ་ཆེན་{པོའི་[པོས་]རབ་ཏུ་ཉེན་པ་ཡིན་ནོ། །ཟས་སྐོམ་གྱི་སྒྲིབ་པ་ཅན་{དང་}། མེ་ ལྕེའི་འཁོར་ལོ་ཅན་གྱི་སྡུག་བསྔལ་བཤད་པ་ནི། ཁ་ཅིག་ལྤགས་རུས་ལུས་ཤིང་གཅེར་བུ་སྟེ། ། ཏ་ལའི་ཡ་ཐོག་སྐམ་པ་ལྟ་བུ་ལགས། ཁ་ཅིག་མཚན་ཤིང་ཁ་ནས་འབར་བ་སྟེ། །ཟས་སུ་ འབར་བའི་ཁར་བབ་བྱེ་མ་འཚལ། །ཡི་དྭགས་མང་པོ་ཞིག་ནི་ལུས་ལ་ཤ་མེད་པས་ལྤགས་པ་ དང་རུས་པ་ཙམ་ལྷག་མར་ལུས་{ཤིང་[བཞིན་དུ་]སྐེམ་པ་དང༌། གོས་ཀྱིས་ཕོངས་པས་ལུས་ གཅེར་བུར་གྱུར་པ་ཏ་ལའི་ཡ་ཐོག་སྐམ་པ་ཉི་ལྷག་ཀྱིས་ཁྱེར་པ་ལྟར། མདོག་སྐྱ་བོ་མི་སྡུག་པ། ལུས་ལ་གཤེར་མེད་པ་དང་རུས་ཚིགས་སུམ་བརྒྱ་དྲུག་ཅུ་འཐབ་པའི་རུས་པ་ངར་བས། མེ་རྡོ་ བརྡབས་པ་བཞིན་དུ་རུས་ཚིགས་རྣམས་ལས་མེ་ལྕེ་འཕྲོ་བས་ལུས་སྲེག་པར་བྱེད་ཅིང༌། གཞན་[ཡང་]མཚན་རེ་བཞིན་དུ་ཁ་ནས་མེ་འབར་བ་ལ་ཟས་སུ་བྱེ་མའི་རྒྱུན་ཁ་ནང་དུ་བབ་ 21-1-716 པ་ཁ་ནས་འབར་བའི་མེས་བསྲེགས་པ་ལས་ཀྱིས་དབང་མེད་དུ་ཟ་བར་བྱེད་དགོས་པས། བྱེ་ ཚན་ཀྱིས་ལུས་ཀྱི་ནང་ཁྲོལ་བསྲེག་ཅིང༌། སྡུག་བསྔལ་དྲག་པོ་ཉམས་སུ་མྱོང་བར་བྱེད་དོ། ། ཡི་དྭགས་ཕྱིའི་སྒྲིབ་པ་ཅན་གྱི་སྡུག་བསྔལ་བསྟན་པ་ནི། དམངས་རིག་འགས་ནི་རྣག་དང་ཕྱི་ ས་དང༌། །ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ ནས། །ལྦ་བ་བྱུང་བ་སྨིན་པའི་རྣག་འཚལ་ལོ། །ཡི་དྭགས་ཤས་ཆེ་བ་དམངས་རིགས་དབང་ ཆུང་ངུར་གྱུར་པ་རྣམས་ནི། ཟས་བཟང་པོ་ལྟ་ཅི་སྨོས་རྣག་དང་བཤང་ལྕི་ཁྲག་ལ་སོགས་པའི་ མི་གཙང་བ་ཅུང་ཟད་ཀྱང་གཞན་ནས་རྙེད་པའི་སྐལ་བ་མེད་པས། ཡི་དྭགས་དེ་རྣམས་ཉིད་ ཕན་ཚུན་ཞེ་སྡང་གིས་འཁྲུགས་ནས་ཁུ་ཚུར་བསྣུན་པས། གདོང་ལ་སོགས་པའི་རང་གི་རྨའི་ ཁྲག་ཟགས་པ་སོགས་ཅུང་ཟད་དང༌། ལྦ་བ་བྱུང་བ་སྨིན་པའི་རང་གི་རྣག་ཀྱང་ཟས་སུ་འཚལ་ པ་སྟེ་ཟ་བར་བྱེད་དོ། །གྲང་དྲོའི་སྡུག་བསྔལ་བསྟན་པ་ནི། ཡི་དྭགས་རྣམས་ལ་སོས་ཀའི་དུས་ སུ་ནི། །ཟླ་བ་ཚ་ལ་དགུན་ནི་ཉི་མའང་གྲང༌། །ལྗོན་ཤིང་འབྲས་བུ་མེད་གྱུར་འདི་དག་གིས། ། བལྟས་པ་ཙམ་གྱིས་ཀླུང་ཡང་བསྐམས་པར་འགྱུར། །ཡི་དྭགས་རྣམས་ལ་སོས་ཀའི་ཚ་བའི་ དུས་སུ་ཟླ་བ་དང༌། རླུང་ཆར་པ་ལ་སོགས་པ་རྣམས་ཀྱང་ཚ་བའི་གྲོགས་སུ་སོང་ནས་གདུང་ བར་བྱེད། དགུན་གྲང་བའི་དུས་སུ་ཉི་མ་དང་མེ་ལ་སོགས་པ་{ཆེ་[ཚ]བ་རྣམས་ཀྱང་གྲང་ བའི་གྲོགས་སུ་སོང་སྟེ་ལུས་འཁྱག་པར་བྱེད་པའི་སྡུག་བསྔལ་འབྱུང་བའོ། །འདི་ནི་ཕྱིའི་སྒྲིབ་ པ་ཅན་དུ་མ་ཟད་ཡི་དྭགས་ཕལ་ཆེར་ལ་ཡང་འབྱུང་བ་ཡིན་ནོ། །ལྗོན་ཤིང་འབྲས་བུ་དང་ལྡན་ པ་རྒྱང་ནས་མཐོང་བས་བརྒྱུགས་པ་འཁྲིས་སུ་སླེབས་པ་ན། འབྲས་བུ་མེད་པའི་ཤིང་སྐམ་ པོར་འགྱུར་བ་དང༌། ཆུ་ཀླུང་འབབ་པ་རྒྱང་ནས་མཐོང་བ་རྒྱུགས་པ་ན་བལྟས་པ་ཙམ་གྱིས་ཆུ་ ཀླུང་མེད་པར་བྱེ་མ་དང༌། གསེག་མ་སྐམ་པོར་གྱུར་ཏེ་མི་རྙེད་པའི་སྡུག་བསྔལ་དུ་མ་ཟད། རེ་ བ་འབྲས་བུ་མེད་པ་ཡི་ཆད་པའི་སྡུག་བསྔལ་ལྷག་པར་བསྟེན་པར་འགྱུར་རོ། །ཡི་དྭགས་ 21-1-717 རྣམས་ཀྱི་སྡུག་བསྔལ་གྱི་རྒྱུ་དང་ཚེ་ཚད་བསྟན་པ་ནི། བར་ཆད་མེད་པར་སྡུག་བསྔལ་བསྟེན་ གྱུར་པ། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །བར་མ་ཆད་པར་ཁོར་ཡུག་ཏུ་སྡུག་བསྔལ་ མི་བཟད་པ་བསྟེན་པར་འགྱུར་བ་ནི་རྒྱུ་ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་སྲ་བས་ བཅངས་པའི་ལུས་ཅན་ཡི་དྭགས་འདི་དག་ནི། མངོན་པ་ལས། ཟླ་བ་ཉིན་ཞག་ལྔ་བརྒྱ། ཞེས་ པ་མིའི་ཟླ་བ་རེ་ལ་ཞག་རེར་རྩིས་པའི་ལོ་ལྔ་བརྒྱར་ཚེ་གནས་པར་གསུངས་པ་དོན་མཚུངས་ པར་ལོ་ཁྲི་ཕྲག་གཅིག་དང་ལྔ་སྟོང་གི་བར་དུ་འཚོ་ཞིང་འཆི་བར་མི་འགྱུར་རོ། །དེ་ཡང་ཕལ་ ཆེ་བ་ཡིན་གྱི། གཞན་ཚེ་ཚད་ལས་བརྒལ་བར་གནས་པ་དང༌། དུས་མ་ཡིན་པར་འཆི་བ་ནི་ ཡོད་དོ། །ཉེས་པར་སྤྱད་པས་དམྱལ་བ་དང་དུད་འགྲོ་རྣམས་སུ་ཡང་འཕེན་པ་ཡིན་ན། ཡི་ དྭགས་སུ་སྐྱེ་བའི་ཐུན་མོང་མ་ཡིན་པའི་རྒྱུ་གང་གིས་བསྐྱེད་པ་ཡིན་ཞེ་ན། དེ་ལྟར་ཡི་དྭགས་ རྣམས་ཀྱིས་སྣ་ཚོགས་པའི། །སྡུག་བསྔལ་རོ་གཅིག་ཐོབ་པ་གང་ལགས་པ། །དེ་ཡི་རྒྱུ་ནི་སྐྱེ་ བོ་འཇུངས་དགའ་བ། །སེར་སྣ་འཕགས་མིན་ལགས་པར་སངས་རྒྱས་གསུངས༌། །ཡི་དྭགས་ རེ་རེ་བཞིན་དུ་སྡུག་བསྔལ་གྱི་རྣམ་པ་མི་འདྲ་བ་སྣ་ཚོགས་མྱོང་ལ། སོ་སོ་ཕན་ཚུན་དུ་སྡུག་ བསྔལ་རྣམས་ཕྱོགས་འདྲ་ཞིང་མཚུངས་པར་ཡོད་པས། །སྡུག་བསྔལ་རོ་གཅིག་ཏུ་ཐོབ་པ་ དེའི་རྒྱུ་ནི་སྐྱེ་བོ་འཇུངས་[པ་ལ་]དགའ་བ་སྟེ། རང་གི་ནོར་ལ་རྐམ་ཆགས་དང༌། གཞན་གྱི་ ནོར་ལ་བརྣབ་སེམས་དང་ལྡན་པའི་སེར་སྣ་ནི་འཕགས་མིན་ཏེ། འཕགས་པའི་ཆོས་དང་མི་ མཐུན་པ་དེ་ལས། ཡི་དྭགས་ཀྱི་འགྲོ་བའི་སྡུག་བསྔལ་[རྣམ་པ་]སྣ་ཚོགས་འབྱུང་བ་ཡིན་པར་ སངས་རྒྱས་ཀྱིས་གསུངས་སོ། །ལྷའི་སྡུག་བསྔལ་བཤད་པ་ལ། མདོར་བསྟན། རྒྱས་བཤད་ ལས། དང་པོ་ནི། མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་ བས་ཆེ། །དེ་ལྟར་བསམ་ནས་ཡ་རབས་རྣམས་ཀྱིས་ནི། །ཟན་འགྱུར་མཐོ་རིས་སླད་དུ་སྲེད་ 21-1-718 མི་བགྱི། །{འདི་[འདིར་]ཡང་མཐོ་རིས་ཞེས་པ་འཇིག་རྟེན་དུ་གྲགས་པ་བཞིན། ལྷ་ལ་ངོས་ བཟུང་ནས་ངན་སོང་གི་འགྲོ་བ་རྣམས་སྡུག་བསྔལ་དང་ལྡན་པ་ཡིན་ན། ལྷ་རྣམས་དུས་རྟག་ ཏུ་བདེའོ་སྙམ་ན། ལྷ་རྣམས་ནི་དུས་རེ་ཞིག་བདེ་བ་ཆེན་པོ་ཕུན་སུམ་ཚོགས་པ་དང་ལྡན་པ་ ཡིན་ཡང༌། འཆི་འཕོ་བར་ཤེས་པའི་དུས་ཀྱི་སེམས་ཀྱི་སྡུག་བསྔལ་ནི། ངན་སོང་དུ་ལུས་ཀྱི་ སྡུག་བསྔལ་མྱོང་བ་དེ་ལས་ཀྱང་ལྷག་པར་ཆེ་བ་ཡིན་ཏེ། ལྷའི་ལོངས་སྤྱོད་ལ་ནི་ཆེས་ཆགས་ ཀྱང་དབང་མེད་དུ་འབྲལ་བར་ཤེས་པས་སོ། །དེ་ལྟར་བསམས་ཤིང་ཤེས་ནས་ཡ་རབས་ མཁས་པ་རྣམས་ཀྱིས་ནི། ཐར་པའི་ལམ་གྱི་རྟེན་མ་ཡིན་པར་མཐོ་རིས་ཁོ་ནའི་སླད་དུ་སྲེད་པ་ བགྱིད་པར་མི་འོས་ཏེ། མཐོ་རིས་ཀྱི་བདེ་བ་དེ་ནི་ཟད་པར་འགྱུར་བས་བློ་{བརྟད་[གཏད་] མི་ཐུབ་པའི་ཕྱིར་རོ། །ལྷའི་སྡུག་བསྔལ་རྒྱས་པར་བཤད་པ་ལ། འཆི་ལྟས་འཕོག་པའི་སྡུག་ བསྔལ་དང༌། འཆི་འཕོ་ལྟུང་བའི་སྡུག་བསྔལ་གཉིས་ལས། དང་པོ་ནི། ལུས་ཀྱི་ཁ་དོག་མི་ སྡུག་འགྱུར་བ་དང༌། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིངས་དང༌། །གོས་ལ་དྲི་མ་ཆགས་དང་ ལུས་ལ་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །ལྷ་རྣམས་ཀྱི་ལུས་ཀྱི་ཁ་དོག་ནི་ སྔོན་པོ་ལ་སོགས་པ་གཅིག་པ་དང༌། དམར་སྐྱ་ལ་སོགས་པ་ཁ་དོག་འདྲེས་པ་ཅི་ཡིན་ཡང༌། སྔོན་ནི་རྟག་ཏུ་མཛེས་པ་གསལ་བ་དྭངས་པ་འོད་ཀྱི་རང་བཞིན་ཅན་ཡིན་པ་ལ། འཆི་བའི་ ལྟས་སུ་མདོག་ཉམས་ནས་ཁ་དོག་མི་སྡུག་པར་འགྱུར་པ་དང༌། ཡང་ཡིད་དུ་འོང་བའི་གནས་ ལ་དགའ་བདེར་སྤྱོད་པ་ལས། སྐབས་དེར་སྟན་ལ་མི་དགའ་ཞིང་ཡིད་སྐྱོ་བའི་རྣམ་པ་འབྱུང་ བ་དང༌། ཡང་ལུས་ཀྱི་མེ་ཏོག་གི་ཕྲེང་བ་ཡུན་རིང་དུ་རྙིངས་པར་མི་འགྱུར་ཞིང༌། རྙིངས་པ་ལ་ ཉེ་བ་ན། རང་གི་ལས་ཀྱི་མཐུས་རླུང་དལ་བུས་ཕྲེང་བ་རྙིངས་པ་དེ་ཁྱེར་ནས་གསར་པ་འགོད་ པར་བྱེད་པ་ལས། སྐབས་དེར་ཕྲེང་བ་རྙིངས་པར་འགྱུར་ཞིང༌། རྙིངས་པ་དེ་ཡང་སྔར་བཞིན་ དུ་རླུང་གིས་མི་ཁྱེར་བར་ལུས་ལ་གནས་པ་དང༌། ཡང་ལྷའི་ལུས་ལ་ལྤགས་རུས་ཤ་གསུམ་ 21-1-719 མེད་པས་དྭངས་མར་གྱུར་པས་སྔོན་དུ་གོས་ལ་དྲི་ནོགས་ཆགས་པར་མི་འགྱུར་བ་ལས། དྲེག་ པ་ཆགས་པར་འགྱུར་བ་དང༌། ཡང་ལུས་ལྡང་བ་ཡང་ཞིང་{ཟོ་[ཟོལ་]མདོག་བདེ་བས་རྔུལ་ མི་འབྱུང་བ་ལས། དེ་སྐབས་མཆན་ཁུང་ལ་སོགས་པ་ནས་རྔུལ་འཛག་པའི་ལྟས་རྣམས་འབྱུང་ བར་འགྱུར་རོ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་སྔ་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་ལ་འབྱུང་ འགྱུར་ཏེ། །ས་སྟེང་མི་རྣམས་འཆི་བར་འགྱུར་བ་དག །སྦྲོན་པར་བྱེད་པའི་འཆི་ལྟས་རྣམས་ དང་འདྲ། །མཐོ་རིས་ལྷ་འཆི་འཕོ་བར་བྱ་སྟོང་དུ་སྦྲོན་པར་བྱེད་པའི་ལྟས་རྣམ་པ་ལྔ་པོ་འདི་ནི་ ལྷ་རྣམས་ལ་འབྱུང་བར་འགྱུར་ཏེ༑ དེ་ཡང་ས་སྟེང་གི་མི་རྣམས་འཆི་བ་ལ་ཉེ་བར་འགྱུར་བ་ ནི། འཆི་བའི་སྔོན་དུ་ལོ་གསུམ་མམ་ཟླ་བ་དྲུག་{ལ་}སོགས་པ་ནས་འཆི་ལྟས་སྟོན་པར་བྱེད་ པའི་འབྱུང་བ་དང་འདྲ་བ་ཡིན་ནོ། །ལྷ་རྣམས་ལ་འཆི་ལྟས་འབྱུང་བ་ནི། ལྷའི་རང་ཞག་བདུན་ གྱི་གོང་དུ་འཆི་ལྟས་འབྱུང་སྟེ། དེ་ཡང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི། ཞག་གཅིག་ལ་ མི་ལོ་ལྔ་བཅུ་དང༌། སུམ་ཅུ་རྩ་གསུམ་གྱི་ལྷའི་ཞག་གཅིག་ལ་མི་ལོ་བརྒྱ་ཡིན་པས། སྔར་ཡུན་ རིང་དུ་ལྷའི་དཔལ་འབྱོར་ལ་སྤྱད་ཀྱང་བདེ་བར་ཆགས་པས་སེམས་ཁྲིད་ནས་ཡུན་རིང་སོང་ བ་མ་ཤེས་པས་སྐྱིད་དུ་མ་ཚོར་ལ། འཆི་འཕོ་བའི་རྟགས་མངོན་དུ་གྱུར་པ་{ནས་[ན་]སེམས་ ཀྱི་སྡུག་བསྔལ་དྲག་པོ་ཡུན་རིང་དུ་འཁུར་དགོས་པའི་སྣང་བ་འབྱུང་བས་{དེའི་[དེ་འདྲེའི་] ཞག་བདུན་གྱི་སྡུག་བསྔལ་དེ་ཡང་ཡུན་རིང་ཞིང་དོས་དྲག་པ་ཡིན་ནོ། །གནས་འོག་ཏུ་ལྷུང་ བའི་སྡུག་བསྔལ་ནི། ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་ འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང༌། །དམྱལ་བར་གནས་པ་གང་ ཡང་རུང་བར་འགྱུར། །འཆི་ཁའི་སྡུག་བསྔལ་དེ་ཙམ་དུ་མ་ཟད། ལྷའི་བདེ་བ་ཐོབ་ཀྱང་ ཕུགས་ཀྱི་ཡིད་བརྟན་མེད་པ་ཉིད་སྡུག་བསྔལ་གྱི་གཙོ་བོ་ཡིན་ཏེ། ལྷའི་འཇིག་རྟེན་དག་ནས་ ཚེ་འཕོས་པ་ལ། ཕལ་ཆེར་དགེ་བའི་ལྷག་མ་མེད་པ་ཤས་ཆེ་བས། གལ་ཏེ་དགེ་བའི་ལྷག་མ་ 21-1-720 མེད་ན། སྐྱེ་བ་{ འདིའི་[དེའི་]རྗེས་ནས། རང་དབང་མེད་པར་མི་འདོད་བཞིན་དུ། དུད་འགྲོ་ དང་ཡི་དྭགས་དང་དམྱལ་བར་གནས་པ་སྟེ་དེ་གསུམ་གང་རུང་དུ་སྐྱེས་ནས་སྡུག་བསྔལ་བར་ འགྱུར་རོ། །འཆི་འཕོ་བའི་ཚེ་ལྷའི་མངོན་ཤེས་ཀྱིས་རང་གང་དུ་སྐྱེ་བའི་གནས་མཐོང་བར་ འགྱུར་བས། ངན་སོང་དུ་སྐྱེ་བ་ཤེས་ན་སྡུག་བསྔལ་བཟོད་གླགས་མེད་པའི་འགྲོ་བའི་གནས་ དེར་འཇུག་པ་ལ་སྐྲག་ཅིང་སྡུག་བསྔལ་གྱིས་ལུས་སྐམ་པ་ཙམ་དུ་འགྱུར་བ་དང༌། མིའི་འགྲོ་ བར་སྐྱེ་{བ་[བར་]ཤེས་ན་ཡང༌། ལོངས་སྤྱོད་ཀྱིས་མིག་མ་ཁེངས་པས། ལོངས་སྤྱོད་དང་མི་ ལྡན་ཞིང་ཕོངས་པར་འགྱུར་རོ་སྙམ་པའི་སྡུག་བསྔལ་དང་བཅས་ནས་འཆི་འཕོ་ལ། དགེ་བའི་ ལྷག་{མ་}མེད་ན་ངན་སོང་དུ་སྐྱེ་ཞིང༌། ལྷག་འཕྲན་བུ་ཡོད་ན་མིར་སྐྱེ་བ་ཡིན་ལ། ལྷ་ནས་ ལྷར་སྐྱེ་བ་ནི་ཆེས་དཀོན་པ་ཡིན་ནོ། །ལྷ་མིན་གྱི་སྡུག་བསྔལ་བཤད་པ་ནི། ལྷ་མིན་དག་ ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ ལྡན་ནའང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ལྷ་མ་ཡིན་གྱི་འགྲོ་བ་ དག་ནའང་ལྷ་མིན་རྣམས་ནི་ལྷའི་རང་བཞིན་གྱི་དཔལ་འབྱོར་ལ་ཕྲག་དོག་པས། སྡང་སེམས་ དང་ལྡན་པའི་ཡིད་ཀྱི་སྡུག་བསྔལ་ལྷག་པར་ཆེ་བ་ཡིན་ཏེ། དེ་ཡང་རང་བཞིན་གྱི་ཞེས་པ་ལྷ་ མ་ཡིན་གྱི་དཔལ་འབྱོར་ཕྲོགས་པ་དང༌། སྤྱི་པའི་ལོངས་སྤྱོད་ལྷས་བདག་ཏུ་བཟུང་བ་མ་ཡིན་ པར། ལྷ་རང་གི་བསོད་ནམས་ཀྱི་ཤུགས་ཀྱིས་རང་བཞིན་གྱི་ལོངས་སྤྱོད་དང་ལྡན་པ་ལ། ལྷ་ མིན་རྣམས་ཀྱི་ཕྲག་དོག་དང་ཞེ་སྡང་གིས། ལྷ་ལ་དམག་བྱེད་པར། ལྷ་རྣམས་ནི་བདུད་རྩི་ དང་ལྡན་ཞིང་བསོད་ནམས་ཆེ་བས་ཤི་བ་ཉུང་བ་དང༌། དཔུང་ཉམས་པར་མི་འགྱུར་ཞིང་ལྷའི་ དཔུང་ཚོགས་དང་འཐབ་པར་ལྷ་མིན་རྣམས་བདུད་རྩི་དང་མི་ལྡན་ཞིང་བསོད་ནམས་དམན་ པས། གསོད་པ་དང་གཡུལ་ཉམས་པས་ཆེས་སྡུག་བསྔལ་བར་འགྱུར་རོ། །ལྷ་མ་ཡིན་གྱི་འགྲོ་ བ་ནི་བློ་གྲོས་དང་ཤེས་རབ་ལྡན་པ་དད་པས་ཆོས་ལ་འཇུག་པ་སྲིད་ཀྱང༌། འགྲོ་བའི་སྒྲིབ་པ་ 21-1-721 ཞེས་བྱ་བ་ལུས་དེ་བླང་པ་ཁོ་ནའི་སྐྱོན་གྱིས་བདེན་པ་མཐོང་བ་འཇིག་རྟེན་ལས་འདས་པའི་ ཡེ་ཤེས་ཐར་པའི་ལམ་ཐོབ་པར་མ་གྱུར་ཅིང༌། དེར་མ་ཟད་བསམ་གཏན་དང་གཟུགས་མེད་ ཀྱི་ཏིང་ངེ་འཛིན་སོགས་ཆགས་བྲལ་གྱི་ལམ་ཙམ་ཡང་ཐོབ་པར་མི་འགྱུར་རོ། །འགྲེལ་པ་ ལས་རང་བཞིན་གྱི་ཞེས་པར་ང་རྒྱལ་ཤས་ཆེ་བ་ཞེས་འཆད་ཀྱང་ཚིག་དོན་ལ་མ་འབྲེལ་ལོ། ། མིའི་འགྲོ་བའི་སྡུག་བསྔལ་སྐབས་འདིར་མ་བཤད་པ་ནི། གོང་དུ་འཆི་བ་མི་རྟག་པ་བསྟན་ པའི་སྐབས་དང༌། ན་རྒ་འཆི་སྡུག་བྲལ་དེང་ཞེས་པ་ལ་སོགས་པའི་སྐབས་སུ་བསྟན་ཟིན་པས་ སླར་མ་བརྗོད་པའོ། །དོན་བསྡུ་ནི། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང༌། །དམྱལ་བ་དུད་ འགྲོ་ཡི་དྭགས་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་གནོད་ གྱུར་ལགས་མཁྱེན་མཛོད། །འཁོར་བ་རྣམས་ནི་གོང་དུ་བསྟན་པའི་སྡུག་བསྔལ་དེ་འདྲ་བ་ ཉམས་སུ་མྱོངས་དགོས་པ་ལགས་པས། ལྷ་དང༌། མི་དང༌། དམྱལ་བ། ཡི་དྭགས། དུད་འགྲོ་ ལ་སོགས་པ་རྣམས་{གང་དུ་[དག་ཏུ་]སྐྱེ་བ་ནི། གནོད་པ་སྡུག་བསྔལ་གསུམ་དང༌། དྲུག་ དང༌། བརྒྱད་ལ་སོགས་པ་དུ་མའི་སྣོད་དམ་རྟེན་གཞིར་གྱུར་པ་ལགས་པར་མཁྱེན་པར་ མཛད་ནས་{དགེ་[དེ་དག་]ལས་ལྡོག་པར་བྱའོ། །ཚིགས་བཅད་འདིར་ལྷ་མིན་མ་བཤད་པ་ ནི་ལྷའི་ནང་དུ་འདུས་པའི་དབང་དུ་བྱས་སོ། །དེས་མཐོང་ལམ་འཕྲོས་དོན་དང་བཅས་པ་ བསྟན་ཟིན་ནས། འབྲས་བུ་མྱང་འདས་རྒྱུ་སྒོམ་ལམ་དང་བཅས་བཤད་པ་ལ། འབྲས་བུ་མྱང་ འདས་ལ་གདམས་པ་དང༌། སྒོམ་ལམ་ལ་གདམས་པ་གཉིས་ལས། དང་པོ་ནི། མགོའམ་ གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང༌། །ཡང་སྲིད་མེད་ པར་བགྱི་སླད་འབད་འཚལ་ཏེ། །འདི་བས་ཆོས་མཆོག་དགོས་པ་གཞན་མ་མཆིས། །ཡང་ སྲིད་ལན་མི་དགོས་པ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་བྱེད་པའི་ཏིང་ངེ་འཛིན་གྱི་ གཉམ་བཞག་ལ་གནས་པའི་གང་ཟག་དེའི་མགོ་དང་གོས་ལ་གློ་བུར་དུ་མེ་ཤོར་བར་གྱུར་ལ། 21-1-722 མེ་བསད་པའི་ཚེ་དེའི་གཡེང་བས་ཏིང་ངེ་འཛིན་གྱི་བར་ཆད་པར་འགྱུར་བ་དང༌། མ་བསད་ ན་ཏིང་ངེ་འཛིན་གོང་དུ་འཕེལ་བར་འགྱུར་ན། མེ་དེ་དག་ཕྱིར་བཟློག་པའི་བགྱི་བ་བཏང་སྟེ། ཡང་སྲིད་མེད་ཅིང་བཟློག་པར་བགྱི་པའི་སླད་དུ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་ མཉམ་བཞག་ལས་མི་གཡོ་བར་བྱེད་དགོས་ཏེ། དེ་ལྟ་བུ་ལས་ཆེས་མཆོག་ཏུ་གྱུར་པའི་དགོས་ པའམ་དོན་བསྒྲུབ་རྒྱུ་དེ་ལས་གལ་ཆེ་བ་དང་ལྷག་པའི་བྱ་བ་ནི་གང་ཅི་ཡང་ཡོད་པ་མ་ཡིན་ པས། ཚུལ་ཁྲིམས་དག་དང་ཤེས་རབ་བསམ་གཏན་གྱིས། །མྱ་ངན་འདས་ཞི་དུལ་བ་དྲི་མེད་ པའི། །གོ་འཕང་མི་རྒ་མི་འཆི་བས་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །རྒྱུའམ་ ལམ་ཚུལ་ཁྲིམས་དག་དང༌། ཤེས་རབ་དང༌། ཏིང་ངེ་འཛིན་ཏེ་བསླབ་པ་གསུམ་གྱིས་འབྲས་ བུ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་བྱ་ཞིང༌། དེ་ཡང་མྱ་ངན་ནི་སྡུག་བསྔལ་ཡིན་ལ། དེ་སྤངས་པས་མྱ་ངན་ལས་འདས་པ་དང༌། ཞི་བ་ནི་ཚེར་མ་རྩུབ་པ་དང་བྲལ་བ་སྟེ། ཉོན་ མོངས་པ་མེད་པའོ། །དུལ་བ་ནི་འཁོར་བར་ཀུན་ཏུ་སྦྱོར་པའི་ལས་མེད་པ་དང༌། དྲི་མ་མེད་པ་ ནི་སྐྱོན་དང་བྲལ་བའོ། །འགྲེལ་པར་སྡུག་བསྔལ་ཞི་བས་རབ་ཏུ་ཕྱེ་པའི་ཕྱིར་ཞི་བ་ལྷག་མེད་ མྱང་འདས་དང་དབང་པོ་དུལ་བས་ཁྱད་པར་དུ་བྱས་པའི་ཕྱིར་དུལ་བ་ལྷག་བཅས་ལ་འཆད་ དོ། །འདུས་བྱས་རྣམས་ནི་རྙིངས་ཤིང་རྒས་པ་དང༌། འཇིག་ཅིང་མེད་པར་གྱུར་པ་ཡིན་པ་ ལས་རྒ་ཤི་མེད་པ་མི་རྒས་[མི་]འཆི་བ་དང༌། མྱ་ངན་ལས་འདས་པའི་བདེ་བ་དེ་ནི་ཟད་ནས་ སླར་འཁོར་བར་སྐྱེ་བ་མི་སྲིད་པའི་ཕྱིར་ཟད་མི་འཚལ་བ། ས་ཆུ་མེ་རླུང་ཉི་ཟླ་དང་བྲལ་བ་སྟེ་ མུ་སྟེགས་གཅེར་བུ་[པ་]རྣམས་ནི་ནམ་མཁའི་དབྱིངས་ན་ཐར་པའི་གྲོང་ཁྱེར་ཁ་དོག་དཀར་ པོ་ཞིག་ཡོད་པར་འདོད་པ་དང༌། དབང་ཕྱུག་པ་དང༌། ཁྱབ་འཇུག་པ་རྣམས་ནི། དབང་ཕྱུག་ དང་ཁྱབ་འཇུག་གི་གནས་ཐར་{པ[པར་]འདོད་པ་ལ་སོགས་པ་འབྱུང་བའམ། འབྱུང་འགྱུར་ ལས་བྱུང་བའི་འདུས་བྱས་ཀྱི་བཀོད་པ་ཐར་པར་འདོད་པ་དེ་ལྟ་{བུར་[བུ་]མ་ཡིན་པའི་ཟག་ 21-1-723 མེད་དབྱིངས་ཀྱི་[ཡེ་ཤེས་ཀྱི་]ཐར་པ་མཆོག་ཐོབ་པར་མཛོད་ཅིག མུ་སྟེགས་འདོད་པའི་ འདུས་བྱས་ཀྱི་གནས་དེ་འདྲ་ནི་ཐར་པ་མ་ཡིན་ཏེ། འབྱུང་བ་ལས་གྱུར་པས་མཐར་འཇིག་ པའི་ཕྱིར་རོ། །རྒྱུ་སྒོམ་ལམ་བཤད་པ་ལ། བྱང་ཆུབ་ཡན་ལག་བདུན་ལ་གདམས་པ། རྟེན་ འབྲེལ་བཅུ་གཉིས་བསྒོམ་པར་གདམས་པ། འཕགས་ལམ་ཡན་ལག་བརྒྱད་ལ་གདམས་པ་ ལས་དང་པོ་ལ་དངོས་དང་འཕྲོས་དོན་ལས། དང་པོ་ནི། དྲན་དང་ཆོས་རབ་འབྱེད་དང་བརྩོན་ འགྲུས་དང༌། །དགའ་དང་ཤིན་ཏུ་སྦྱངས་དང་ཏིང་འཛིན་དང༌། །བཏང་སྙོམས་འདི་བདུན་ བྱང་ཆུབ་ཡན་ལག་སྟེ། །མྱ་ངན་འདས་ཐོབ་བགྱིད་པའི་དགེ་ཚོགས་ལགས། །དྲན་པ་ཡང་ དག་བྱང་ཆུབ་ཀྱི་ཡན་ལག ཆོས་རབ་ཏུ་རྣམ་འབྱེད་དེ་ཤེས་རབ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ ཀྱི་ཡན་ལག་སྟེ། འདི་རྣམས་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱ་སྟེ། བྱང་ཆུབ་ནི་ཐར་པ་ མྱ་ངན་ལས་འདས་པ་ཡིན་ལ། ཡན་ལག་ནི་དེ་དང་རྗེས་སུ་མཐུན་པའི་དོན་ཏེ། དེ་སྒྲུབ་པའི་ ཐབས་སུ་གྱུར་པའི་དོན་ཡིན་ཏེ། དགེ་ཚོགས་དེ་རྣམས་ནི་མྱ་ངན་ལས་འདས་པ་ཐོབ་པའི་ ཐབས་ཀྱི་ཉམས་ལེན་ཡིན་པས་འབད་པས་སྒོམ་པར་བྱེད་དོ། །དེ་ཡང་མདོ་སྡེ་རྒྱན་དང་ དབུས་མཐའ་རྣམ་འབྱེད་ལས་མཐུན་པར་གསུངས་པ། རང་བཞིན་ཡན་ལག་གནས་ཡན་ ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ ཉོན་མོངས་མེད་ཡན་ལག །ཅེས་པ་རང་བཞིན་ནི་དངོས་སམ་གཙོ་བོའི་དོན་ཡིན་པས། བདག་མེད་རྟོགས་པའི་ཤེས་རབ་ནི། བྱང་ཆུབ་ཡན་ལག་གི་དངོས་གཞི་གཙོ་བོ་ཡིན་པས་ རང་བཞིན་གྱི་ཡན་ལག་དང༌། གནས་ཀྱི་དོན་ནི་རྟེན་གཞིའི་དོན་ཡིན་ཅིང༌། དམིགས་ཡུལ་ བདག་མེད་པའི་དོན་མ་བརྗེད་པ་དྲན་པར་བྱེད་པ་དེ་ལས་ཤེས་རབ་སྐྱེ་བའི་དྲན་པ་ནི་གནས་ ཀྱི་ཡན་ལག་དང་ངེས་པར་འབྱུང་བ་ནི་གོང་ནས་གང་དུ་འགྲོ་བ་སྟེ། བརྩོན་འགྲུས་ཀྱི་ཤེས་ 21-1-724 རབ་གོང་འཕེལ་དུ་བྱེད་པས་བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་དང༌། ཕན་ཡོན་ གྱི་དོན་ནི་གནས་སྐབས་ཀྱི་ཕན་ཡོན་ཏེ། བདག་མེད་སྟོང་ཉིད་ཀྱི་དོན་རྟོགས་པས་དགའ་ བདེ་ཁྱད་པར་{ཅན་}འདྲེན་{པར་བྱེད་}པ་གནས་སྐབས་ཀྱི་ཕན་ཡོན་ཡིན་པས་དགའ་བདེ་ {དེ་}ནི་ཕན་ཡོན་གྱི་ཡན་ལག་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་བཏང་སྙོམས་ གསུམ་ནི་ཉོན་མོངས་མེད་པའི་ཡན་ལག་ཡིན་ཅིང༌། དབུས་མཐའ་རྣམ་འབྱེད་ལས། འདི་ལ་ གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བརྗོད་པ་ཡིན། །ཞེས་པ། གཞི་ནི་རྒྱུའི་དོན་ཡིན་པས། ཉོན་མོངས་པའི་བག་ལ་ཉལ་དང༌། རྗེས་སུ་མཐུན་པའི་ལུས་ངག་ཡིད་གསུམ་གྱིས་ཀུན་ཏུ་ སྤྱོད་པ་ནི་གནས་ངན་ལེན་ཡིན་ཞིང༌། དེ་ཉིད་སྔོན་འབད་པས་བསྒྲིམས་ཏེ་{བཟློག་[ལྡོག་] དགོས་པ་ཕྱིས་སྦྱངས་པའི་གོམས་ཤུགས་ཀྱིས་ཆེད་དུ་མ་བསྒྲིམས་ཀྱང་མི་འབྱུང་ཞིང༌། གཞན་ཡང་{རང་[ངང་]གི་དགེ་བ་ལ་འཇུག་པ་ནི། ཉོན་མོངས་མེད་པ་འབྱུང་བའི་རྒྱུ་ཡིན་ཏེ། དེ་{ནས་[ན་]ཤིན་ཏུ་སྦྱངས་པ་ནི་གཞི་དང༌། གནས་ནི་རྟེན་གཞིར་གྱུར་པའི་དོན་ཡིན་པས། ཉོན་མོངས་པ་མེད་པའི་ཡེ་ཤེས་ཡུན་རིང་དུ་གནས་པ་ཏིང་ངེ་འཛིན་ལས་{བྱུང་[འབྱུང་]བའི་ ཏིང་ངེ་འཛིན་ནི། ཉོན་མོངས་པ་མེད་པའི་གནས་དང༌། ཉོན་མོངས་པ་མེད་པའི་ཡེ་ཤེས་ཀྱི་ངོ་ བོ་ནི་བཏང་སྙོམས་ཏེ། མ་ཆགས་མི་སྡང་བ་ཡིན་ནོ། །གཉིས་པ་འཕྲོས་དོན་བྱང་ཆུབ་ཡན་ ལག་བདུན་པོ་དེ་རྣམས་ཀྱི་ནང་ནས་ཉམས་ལེན་གྱི་གཙོ་བོ་རྣམ་འབྱེད་ཤེས་རབ་དང༌། བསམ་གཏན་{གྱི་}ཏིང་ངེ་འཛིན་སྟོན་པ་ནི། ཤེས་རབ་མེད་ལ་བསམ་གཏན་ཡོད་མིན་ཏེ། ། བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་དེ་གཉིས་ཡོད་པའི་སྲིད་པ་ཡི། །རྒྱ་ མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། །ཐོས་བསམ་གྱི་ཤེས་རབ་ཕྱིན་ཅི་མ་ལོག་པས་ མཚམས་སྦྱོར་བ་མེད་ན། གནས་{ལུས་[ལུགས་]ཀྱི་དོན་ལ་མཉམ་པར་འཇོག་པའི་བསམ་ གཏན་བསྒོམ་ནུས་པ་ཡོད་པ་མིན་ཞིང༌། བསམ་གཏན་དེ་མེད་པས་ཉོན་མོངས་སྤོང་བ་དང་ 21-1-725 ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཟག་མེད་སྒོམ་བྱུང་གི་ཤེས་རབ་སྐྱེ་བར་འགྱུར་བ་མེད་ ལ། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དང་གནས་ལུགས་ཡང་དག་པའི་དོན་ལ་མཉམ་ པར་འཇོག་པའི་བསམ་གཏན་དེ་གཉིས་རང་གི་རྒྱུད་ལ་འཛོམ་པར་གྱུར་ན། སྲིད་པ་འཁོར་ བའི་རྒྱ་མཚོ་བརྒལ་བར་དཀའ་བ་ཉིད་ཀྱང༌། རྨིག་རྗེས་ཀྱི་ཆུ་ལྟ་བུར་འབད་རྩོལ་གྱི་དཀའ་ བ་མེད་པར་བརྒལ་བར་འཚལ་བ་སྟེ་ནུས་པ་ཡིན་ནོ། །དེའི་ཡང་འཕྲོས་དོན་འདིར་ཤེས་རབ་ ཀྱིས་འཁོར་བ་ལས་གྲོལ་བར་བཤད་ན། ལྟ་བ་ཐམས་ཅད་ཤེས་རབ་ཀྱི་རིགས་ཡིན་པས་ འཇིག་རྟེན་མཐའ་ལྡན་ལ་སོགས་པའི་ལྟ་བ་བཅུ་བཞི་པོ་ཡང་སྒོམ་པས་གྲོལ་བར་འགྱུར་བ་ ཡིན་ནམ་ཞེ་ན། དེ་ལྟར་མ་ཡིན་པར་སྟོན་པ་ནི། ལུང་མ་བསྟན་ལྟ་བཅུ་བཞི་འཇིག་རྟེན་ན། ། ཉི་མའི་གཉེན་གྱིས་རབ་གསུངས་གང་དག་ལགས། །དེ་དག་རྣམས་ལ་བསམ་པར་མི་བགྱི་ སྟེ། །དེ་ཡི་བློ་ནི་ཞི་བར་བགྱིད་མ་ལགས། །འཇིག་རྟེན་མཐའ་ལྡན་ལ་སོགས་པའི་འཇིག་ རྟེན་ན་གྲགས་ཆེ་བའི་ལྟ་བ་བཅུ་བཞི་ནི། ཉི་མའི་གཉེན་ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱིས་ལུང་མ་བསྟན་པའི་ལྟ་བ་ཞེས་པའི་ཐ་སྙད་རབ་ཏུ་གསུངས་པ་གང་དག་སྟེ། དེ་ལྟ་ བུའི་ལོག་པའི་ཤེས་རབ་ཀྱི་ལྟ་བ་དེ་དག་རྣམས་ལ་ནི། བསམ་པ་དང་བསྒོམ་པར་བྱ་བ་མ་ ཡིན་ཏེ། དེའི་བློ་སྟེ་རང་གི་སེམས་རྒྱུད་ཀྱི་ཉོན་མོངས་པ་ཞི་བར་བགྱིད་པ་མ་ཡིན་པའི་ཕྱིར་ རོ། །ལུང་དུ་མ་བསྟན་པའི་ལྟ་བ་བཅུ་བཞི་པའི་སྡོམ་ནི། བདག་དང་འཇིག་རྟེན་མཐའ་ལྡན་ དང༌། །མི་ལྡན་གཉིས་ཀ་གཉིས་ཀ་མིན། །བདག་དང་འཇིག་རྟེན་རྟག་པ་དང༌། །མི་རྟག་ གཉིས་ཀ་གཉིས་ཀ་མིན། །དེ་བཞིན་གཤེགས་པ་གྲོངས་ཕན་ཆད། །འབྱུང་དང་མི་འབྱུང་ གཉིས་གཉིས་མིན། །བདག་སྲོག་གཅིག་དང་ཐ་དད་ཅེས། །ལུང་མ་བསྟན་ལྟ་བཅུ་བཞིའོ། ། དེ་ཡང་བདག་དང་འཇིག་རྟེན་མཐའ་ལྡན་ལ་སོགས་པ་ནི། བདག་དང་ཕུང་པོ་མཉམ་མི་ མཉམ་དུ་འཛིན་པ། བོང་ཆེ་ཆུང་གི་ཚད་ཀྱི་མཐའ་དང༌། སྔོན་དང་ཕྱི་མའི་དུས་ཀྱི་མཐའ་དང་ 21-1-726 ལྡན་མི་ལྡན། དེ་གཉིས་ཀ་ཡིན་པ་དང༌། [དེ་]གཉིས་ཀ་མིན་པ། འཇིག་རྟེན་གྱི་ཁམས་ཡུལ་ གྱི་སྟེང་འོག་ཕྱོགས་མཚམས་ཀྱི་ཚད་མཐའ་ལྡན་ཡིན་མིན་དུ་འཛིན་པ་དང༌། བསྐལ་བ་ ཆགས་འཇིག་ལ་སོགས་པའི་དུས་ཀྱི་མཐའ་ཡོད་མེད་དེ་གཉིས་[གཉིས་]ཀ་ཡིན་པ་དང་ མིན་པར་འཛིན་པ། བདག་དང་འཇིན་རྟེན་རྟག་པ་དང་མི་རྟག་པ། དེ་གཉིས་གཉིས་ཀ་ཡིན་ མིན། དེ་བཞིན་གཤེགས་པ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་ཕན་ ཆད་དེ་ཐར་པ་ནས་སླར་འཁོར་བར་ལྡོག་མི་ལྡོག འབྱུང་མི་འབྱུང་དང༌། དེ་གཉིས་ཀ་ཡིན་ མིན། བདག་དང་སྲོག་གཅིག་མི་གཅིག་ཏུ་འཛིན་པ་སྟེ། ལྟ་བ་བཅུ་བཞི་པོ་དེ་རྣམས་ཀྱི་སྒོ་ ནས་མུ་སྟེགས་ཀུན་ཏུ་རྒྱུ་མང་པོ་ཞིག་གིས། དེ་བཞིན་གཤེགས་པ་[ལ་]དྲི་བ་ཞུས་པར་ དགོས་པའི་དབང་གིས་རེ་ཞིག་ཏུ་ལུང་སྟོན་པ་མ་གནང་བས། ལྟ་བ་ངན་པ་དེ་རྣམས་[ལ་] ལུང་མ་བསྟན་གྱི་ལྟ་བ་ཞེས་བྱའོ། །རྟེན་འབྲེལ་བཅུ་གཉིས་བསྒོམ་པར་གདམས་པ་ལ། རྟེན་ འབྲེལ་ལུགས་འབྱུང་ནི། མ་རིག་པ་ལས་ལས་ཏེ་དེ་ལས་ནི། །རྣམ་ཤེས་དེ་ལས་མིང་དང་ གཟུགས་རབ་འབྱུང༌། །དེ་ལས་སྐྱེ་མཆེད་དྲུག་སྟེ་དེ་དག་ལས། །རེག་པ་ཀུན་ཏུ་འབྱུང་བར་ ཐུབ་པས་གསུངས། །རེག་པ་ལས་ནི་ཚོར་བ་ཀུན་འབྱུང་སྟེ། །ཚོར་བའི་གཞི་ལས་སྲེད་པ་ འབྱུང་བར་འགྱུར། །སྲེད་ལས་ལེན་པ་སྐྱེ་བར་འགྱུར་བ་སྟེ། །དེ་ལས་སྲིད་པ་སྲིད་ལས་སྐྱེ་བ་ ལགས། །སྐྱེ་བ་ཡོད་ན་མྱ་ངན་ན་རྒ་དང༌། །འདོད་པས་ཕོངས་དང་འཆི་བས་འཇིགས་སོགས་ ཀྱིས། །སྡུག་བསྔལ་ཕུང་པོ་ཤིན་ཏུ་ཆེ་འབྱུང་སྟེ། །མ་རིག་པ་ཡི་རྟེན་འབྲེལ་ལས་ལས་ཏེ། འདུ་བྱེད་ཀྱི་རྟེན་འབྲེལ་འབྱུང༌། [དེ་ལས་རྣམ་ཤེས་ཀྱི་རྟེན་འབྲེལ་འབྱུང༌།] དེ་ལས་མིང་ དང་གཟུགས་ཀྱི་རྟེན་འབྲེལ་རབ་ཏུ་འབྱུང་བར་འགྱུར། དེ་ལས་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་ འབྱུང་སྟེ། དེ་དག་ལས་རེག་པའི་རྟེན་འབྲེལ་ཀུན་ཏུ་འབྱུང་བར་ཐུབ་པས་གསུངས་ལ། རེག་ པ་དེ་ལས་ནི་ཚོར་བའི་རྟེན་འབྲེལ་ཀུན་ཏུ་འབྱུང་སྟེ། ཚོར་བའི་གཞི་ཞེས་པ་ནི་ཚོར་བ་ཡང་ 21-1-727 ཡིན་ལ། སྲེད་པ་ལ་སོགས་པ་འབྱུང་བའི་གཞི་ཡིན་པས་གཞི་མཐུན་བསྡུ་བའི་སྒྲས་བསྟན་པ་ ཡིན། དེ་ལས་སྲིད་པའི་རྟེན་འབྲེལ་འབྱུང་བར་འགྱུར། སྲིད་པ་དེ་ལས་ལེན་པའི་རྟེན་འབྲེལ་ སྐྱེ་བར་འགྱུར། དེ་ལས་སྲིད་པའི་རྟེན་འབྲེལ་འབྱུང་བར་འགྱུར། སྲིད་པ་དེ་ལས་སྐྱེ་བའི་རྟེན་ འབྲེལ་འབྱུང་བར་འགྱུར་[བ་ལགས་ཤིང་]། དེ་ལས་རྒ་ཤིའི་རྟེན་འབྲེལ་འབྱུང་བ་སྟེ་གང་སྐྱེ་ བ་ཡོད་པ་ན་མྱ་ངན་དང༌། ན་བ་དང༌། རྒས་པ་དང༌། འདོད་པའི་ཕོངས་པ་དང༌། འཆི་བ་ལ་ སོགས་པའི་འཇིག་པ་རྣམ་པ་སྣ་ཚོགས་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཤིན་ཏུ་ཆེ་བ་མི་བཟད་པ་ འབྱུང་བར་འགྱུར་རོ། །རྟེན་འབྲེལ་ལུགས་ལྡོག་མཚོན་བྱེད་ཙམ་བསྟན་པ་ནི། སྐྱེ་བ་འགགས་ པས་འདི་ཀུན་འགགས་པར་འགྱུར། །ཞེས་པ་སྐྱེ་བ་འགགས་པས་རྒ་ཤི་འགགས་པ་དང༌། དེ་ བཞིན་དུ་སྲིད་པ་འགགས་པས་སྐྱེ་བ་འགགས་པ་ནས། མ་རིག་པ་འགགས་པས་འདུ་བྱེད་ འགགས་པའི་བར་དུ་ལུགས་ལྡོག་ཏུ་སྦྱར་བར་བྱའོ། །རྟེན་འབྲེལ་གྱི་ཆེ་བ་བསྟན་པ་ནི། རྟེན་ ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་ གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པས་རྣམ་མཆོག་མཐོང༌། ། རྟེན་ཅིང་འབྲེལ་བར་འབྱུང་བའི་གཏམ་འདི་ནི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱི་གསུང་དམ་པའི་ཆོས་ཀྱི་བང་མཛོད་ཆེན་པོའི་གཅེས་པའི་སྙིང་པོ་དང༌། རྟོགས་དཀའ་ ཞིང་རྟོགས་ན་དོན་ཆེན་པོར་འགྱུར་བས་ཟབ་མོ་སྟེ། གང་གི་རྟེན་འབྲེལ་གྱི་དོན་འདི་ནི་ཡང་ དག་པར་ཕྱིན་ཅི་མ་ལོག་པར་མཐོང་བ་དེ་ནི་བདེན་པ་བཞིའི་དེ་ཁོ་ན་ཉིད་རིག་ཅིང་རྣམ་པ་ མཆོག་སྟེ་མ་ནོར་བ་བཅུ་དྲུག་ལ་སོགས་པ་མངོན་སུམ་དུ་མཐོང་བ་ཡིན་ལ་དེ་ནི་ཚོགས་རྒྱ་ ཆེན་པོ་དང་ལྡན་ན་སངས་རྒྱས་དང༌། འབྲིང་དུ་བསགས་{པར་[པ་]རང་རྒྱལ། ཆུང་ངུར་ བསགས་པ་ཉན་ཐོས་དགྲ་བཅོམ་པར་འགྱུར་རོ། །འདིར་སྤྱི་དོན་ཅུང་ཟད་བརྗོད་ན། མ་རིག་ འདུ་བྱེད་རྣམ་ཤེས་དང༌། །མིང་གཟུགས་སྐྱེ་མཆེད་རེག་པ་དང༌། །ཚོར་བ་སྲེད་ལེན་སྲིད་པ་ 21-1-728 དང༌། སྐྱེ་བ་རྒ་ཤི་བཅུ་གཉིས་སོ། །འདིར་རྟེན་འབྲེལ་གྱི་ངོ་བོ། དབྱེ་བ་ཡན་ལག་བཅུ་གཉིས་ ངོས་བཟུང་བ། དེ་དག་སྐྱེ་བ་གསུམ་ལ་ཇི་ལྟར་འཁོར་བའི་ཚུལ་རྣམས་ལས། དང་པོ་ནི་རྐྱེན་ ལས་བྱུང་བའི་ངོ་བོ་ཡིན་ཏེ། མཐུན་པའི་རྒྱུ་རྐྱེན་སྣ་ཚོགས་ལ་འབྲས་བུ་འབྱུང་བའི་དོན་ཡིན་ ལ། གཉིས་པ་ལ། ངོ་བོའི་དབྱེ་བ་ནི། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་དང༌། རྣམ་བྱང་གི་ རྟེན་འབྲེལ་གཉིས་ལས། དང་པོ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ནས། སྐྱེ་བའི་ རྐྱེན་གྱིས་རྒ་ཤི་འབྱུང་བའི་བར་དུ་སྦྱར་བའོ། །གཉིས་པ་ནི། མ་རིག་པ་འགགས་པས་འདུ་ བྱེད་འགགས་པ་ནས། སྐྱེ་བ་འགགས་པས་རྒ་ཤི་འགགས་པའི་བར་དུའོ། །རྟོགས་བྱེད་ཀྱི་ ཤེས་པས་རྟེན་འབྲེལ་སྒོམ་ཚུལ་དང་{རྟོག་[རྟོགས་]ཚུལ་ལ་དབྱེ་ན། ལུགས་འབྱུང་ལུགས་ ལྡོག་གཉིས་ལས། དང་པོ་ནི། མ་རིག་པ་ལས་འདུ་བྱེད་འབྱུང་བ་དང༌། མ་རིག་པ་འགགས་ པས་འདུ་བྱེད་འགགས་པ་ནས་སྐྱེ་བ་ལས་རྒ་ཤི་འབྱུང་བ་དང༌། སྐྱེ་བ་འགགས་པས་རྒ་ཤི་ འགགས་པའི་བར་ལུགས་འབྱུང་དུ་བསམ་པ་དང༌། གཉིས་པ་ནི། སྐྱེ་བ་ལས་རྒ་ཤི་འབྱུང་བ་ དང༌། སྐྱེ་བ་འགགས་པས་རྒ་ཤི་འགགས་པ་ནས། མ་རིག་པའི་བར་དུ་སྦྱར་ཏེ་གོ་རིམ་ལྡོག་ པའི་ཚུལ་གྱིས་བསྒོམ་པའོ། །རྣམ་གཞག་ཐ་དད་ཀྱི་དབྱེ་བ་ལ། སྐད་ཅིག་མའི་རྟེན་འབྲེལ། རྒྱུན་ཆགས་པའི་རྟེན་འབྲེལ། གནས་སྐབས་པའི་རྟེན་འབྲེལ། འབྲེལ་བ་ཅན་གྱི་རྟེན་འབྲེལ་ རྣམས་ལས། དང་པོ་ནི། མ་རིག་པས་ཀུན་ནས་བླངས་པའི་དགེ་མི་དགེའི་ལས་གང་བྱེད་ ཀྱང༌། ལས་དེ་བྱེད་པ་པོའི་སེམས་དང་ལུས་ལ་དུས་སྐད་ཅིག་མར་རྟེན་འབྲེལ་བཅུ་གཉིས་ ཚང་བར་བརྩི་བ་ཡིན་ལ། རྒྱུན་ཆགས་པའི་རྟེན་འབྲེལ་ནི། འཁོར་བ་ཐོག་མ་མེད་པ་ནས་ད་ ལྟའི་བར་དུ་རྟེན་འབྲེལ་གྱི་འཁོར་ལོ་གཅིག་མཐུད་རྒྱུན་མ་ཆད་པར་བྱུང་བ་དང༌། ཕྱིས་ཀྱང་ འཁོར་བ་མཐའ་མེད་པའི་བར་དུ་གཉེན་པོས་མ་བཅོམ་ན་རྒྱུན་མི་འཆད་པར་འབྱུང་བའོ། ། གནས་སྐབས་པའི་རྟེན་འབྲེལ་ནི་འོག་ཏུ་འཆད་པར་འགྱུར་རོ། །འབྲེལ་བ་ཅན་གྱི་རྟེན་ 21-1-729 འབྲེལ་ནི་སེམས་ཅན་ཁོ་ན་ལ་སྦྱར་ན། ལས་དང་ཉོན་མོངས་པ་སྡུག་བསྔལ་རྣམས་གཅིག་ ལས་གཅིག་འབྱུང་བ་ཕན་ཚུན་འབྲེལ་བ་དང༌། བེམ་ཆོས་ལ་སྦྱར་ན་ས་བོན་ལས་མྱུ་གུ་འབྱུང་ ཞིང༌། མྱུ་གུ་ལས་ས་བོན་འབྱུང་བ་སོགས་རྒྱུ་འབྲས་འབྲེལ་བ་དང༌། བརྟན་གཡོ་གཉིས་ཀ་ ཐུན་མོང་དུ་སྦྱར་ན། སེམས་ཅན་གྱི་ལས་དང་ཉོན་མོངས་པ་ལས་འཇིག་རྟེན་གྱི་ཁམས་ཀྱི་ སྣང་བ་འབྱུང་ཞིང་གྲུབ་པ་དང༌། འཇིག་རྟེན་གྱི་ཁམས་ལ་བརྟེན་ཅིང་དམིགས་པས་སེམས་ ཅན་{གྱི་[རྣམས་ཀྱི་]ལས་དང་ཉོན་མོངས་པ་གསོག་པར་བྱེད་པའི་སྣོད་བཅུད་ཐམས་ཅད་ འབྲེལ་བ་ཅན་དུ་གྱུར་པ་སྟེ། འབྲེལ་བ་ཅན་གྱི་རྟེན་འབྲེལ་ལ་ནི་རྣམ་པ་བརྒྱད་ཡོད་པར་ཐེག་ པ་ཆེན་པོའི་ཆོས་མངོན་པ་ལས་གསུངས་སོ། །ཡན་ལག་བཅུ་གཉིས་ཀྱི་ངོ་བོ་ནི། མ་རིག་པ་ ལ་དེ་ཁོ་[ན་]ཉིད་ལ་རྨོངས་པའི་མ་རིག་པ་དང༌། ལས་འབྲས་ལ་རྨོངས་པའི་མ་རིག་པ་ གཉིས་ལས། དང་པོ་ནི། བདག་མེད་པའི་དོན་མི་ཤེས་པས་རྨོངས་པ་སྟེ། དེས་ནི་མི་དགེ་བ་ དང་ཟག་བཅས་ཐམས་ཅད་ཀུན་ནས་སློང་བར་བྱེད་ཅིང༌། ལས་འབྲས་ལ་རྨོངས་པའི་མ་ རིག་པ་ནི། དགེ་མི་དགེ་ལས་འབྲས་བུ་བདེ་སྡུག་འབྱུང་བ་མི་ཤེས་པ་སྟེ། དེས་ནི་མི་དགེ་བ་ རྣམས་ཁོ་ན་ཀུན་ནས་སློང་བར་བྱེད་དོ། །འདུ་བྱེད་ལ་ངོ་བོ་ནི་ལུས་ངག་ཡིད་ཀྱི་ལས་གསུམ་ གང་རུང་ཞིག་[ཡིན་]ལ། དབྱེ་ན་བསོད་ནམས་ཀྱི་ལས། བསོད་ནམས་མ་ཡིན་པའི་ལས། མི་གཡོ་བའི་ལས་གསུམ་ལས། དང་པོ་ནི་འདོད་ཁམས་ཀྱི་དགེ་བ་དང༌། གཉིས་པ་ནི་མི་དགེ་ བ་ཐམས་ཅད་ཡིན། གསུམ་པ་ནི་བསམ་གཏན་དང་གཟུགས་མེད་དེ་ཁམས་གོང་མ་གཉིས་ ཐོབ་པར་བྱེད་པའི་ལས་ཡིན་པས་དགེ་བ་དང༌། འཇིག་རྟེན་པ་དང༌། མཉམ་གཞག་ས་པ་སྟེ་ ཁྱད་ཆོས་གསུམ་ལྡན་ཡིན་ནོ། །ལུང་མ་བསྟན་གྱི་ལས་[དང་]། དགེ་བའི་ནང་ནས་ཟག་མེད་ ཀྱི་ལས་ནི་འདུ་བྱེད་ཀྱི་ཡན་ལག་ཏུ་མི་འགྱུར་རོ། །རྣམ་ཤེས་ལ་རྒྱུའི་རྣམ་ཤེས་དང༌། འབྲས་ བུའི་རྣམ་ཤེས་ཏེ། དེ་ཡང་ཀུན་{གཞི་[གཞིའི་]རྣམ་ཤེས་ཡིན་ཅིང༌། རྒྱུན་གཅིག་ཁོ་ན་ཡིན་ 21-1-730 པས་རྣམ་ཤེས་རང་གི་ངོས་ནས་གསལ་མི་གསལ་དང༌། སྟོབས་ཆེ་ཆུང་མེད་ཀྱང༌། རྣམ་ཤེས་ ལ་ལས་ཀྱི་ས་བོན་ཐེབས་པ་ནས་མ་ཤི་བའི་བར་དུ་ལས་ཀྱི་བག་ཆགས་མི་གསལ་ཞིང་ སྟོབས་ཆུང་བར་ཡོད་པས་རྒྱུ་དང༌། བར་དོ་དང་{རང་ཉིད་[ཉིང་]མཚམས་སྦྱར་བ་ན། ལས་ ཀྱི་ས་བོན་སྨིན་པའི་ཚུལ་གྱིས་སྟོབས་དང་ལྡན་ཞིང་གསལ་བར་འགྱུར་བ་ཡིན་ནོ། །མིང་ གཟུགས་ཀྱི་རྟེན་འབྲེལ་ལ། མིང་ནི་མིང་བཞིའི་ཕུང་པོ་སྟེ། ཚོར་བ། འདུ་བྱེད། འདུ་ཤེས་ རྣམ་པར་ཤེས་པའི་ཕུང་པོ་བཞི་པོ་གཞན་ལ་རིག་པར་བྱེད་པ་ན། དབང་ཤེས་ལ་བསྟན་དུ་ མེད་པའི་མིང་ཁོ་ནས་སྟོན་པར་བྱེད་པ་ཡིན་{པས་[ཅིང་]། གཟུགས་ཀྱི་ཕུང་པོ་ནི། མིག་གི་ རྣམ་པར་ཤེས་པ་ལ་སོགས་པ་ལ་དངོས་སུ་བསྟན་དུ་ཡོད་པས་གཟུགས་ཞེས་བརྗོད་དེ། དེ་ ལྟར་ཕུང་པོ་ལྔ་ནི་མིང་གཟུགས་ཀྱི་རྟེན་འབྲེལ་ཡིན་ནོ། །སྐྱེ་མཆེད་དྲུག་ནི་མིག་གི་སྐྱེ་མཆེད་ ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དྲུག་གོ །རེག་པའི་རྟེན་འབྲེལ་ནི། ཡུལ་དབང་རྣམ་ཤེས་ གསུམ་འདུས་པ་ལ་བརྟེན་ནས་ཤེས་པ་རྣམ་པར་འགྱུར་བ་སྟེ། དེ་ཡང་མིག་གི་འདུས་ཏེ་རེག་ པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དྲུག་གོ །ཚོར་བའི་རྟེན་འབྲེལ་ལ་ནི། མིག་གི་འདུས་ ཏེ་རེག་པའི་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་ཚོར་བའི་བར་དྲུག་དང༌། དེ་རེ་རེ་ལ་ཡང་ བདེ་སྡུག་བཏང་སྙོམས་གསུམ་གྱིས་ཚོར་བ་མྱོང་བའི་དབྱེ་བས་བཅོ་བརྒྱད་དུ་འགྱུར་བ་ལས་ གང་ཡང་རུང་བ་ཞིག་ཡིན་ནོ། །སྲེད་པའི་རྟེན་འབྲེལ་ནི། ཚོར་བ་ལས་འབྱུང་བས། བདེ་བ་ ལ་སྔར་ཡོད་དང་མི་འབྲལ་བར་སྲེད་པ་དང༌། སྔར་མེད་འབྱུང་བར་འདོད་པས་སྲེད་པ། སྡུག་ བསྔལ་ལ་འབྲལ་བར་འདོད་པ་དང་སླར་མི་འབྱུང་བར་འདོད་པས་སྲེད་པ། བཏང་སྙོམས་ལ་ གནས་པར་འདོད་པས་སྲེད་པའོ། །ལེན་པའི་རྟེན་འབྲེལ་ནི། སྲེད་པའི་ཡུལ་འཚོལ་བར་ འདོད་པ་སྟེ། དེ་ལ་འདོད་པ་ཉེ་བར་ལེན་པ་དང༌། ཚུལ་ཞུགས་ཉེ་བར་ལེན་པ་དང༌། ལྟ་བ་ཉེ་ བར་ལེན་པ་དང༌། བདག་ཏུ་སྨྲ་{བར་[བ་]ཉེ་བར་ལེན་པ་རྣམས་ལས། འདོད་པ་ཉེ་བར་ 21-1-731 ལེན་པ་ནི། འདོད་པའི་ཡུལ་རྣམས་ལ་སྲེད་ནས་འཚོལ་བར་འདོད་པ་དང༌། ཚུལ་ཞུགས་ཉེ་ བར་ལེན་པ་ནི་ཕྱི་མ་མཐོ་རིས་ཀྱི་ཕུང་པོ་བདེ་བ་དོན་དུ་གཉེར་པ་ཙམ་གྱིས་ཚུལ་ཁྲིམས་དང་ བརྟུལ་ཞུགས་ལེན་པར་འདོད་པ་ཡིན་ནོ། །ལྟ་བ་ཉེ་བར་ལེན་པ་ནི་ཚེ་འདིར་རྙེད་པ་བཀུར་ བསྟི་གྲགས་པ་ཐོབ་པར་འདོད་པ་དང༌། ཕྱི་མའི་མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་བས་ངན་ པའི་ལྟ་བ་[ལ་]འཛིན་པར་འདོད་པ་དང༌། བདག་ཏུ་སྨྲ་བར་ཉེ་བར་ལེན་པ་ནི། [འཇིག་ལྟས་ ཀུན་ནས་སླངས་ཏེ་]བདག་རྒྱུད་ཀྱི་ཕུང་པོ་[ལ་]སྲེད་པས་དེའི་ཕུན་ཚོགས་འདོད་པ་སྟེ། དངོས་པོ་ལ་སེར་སྣས་མཁོ་ཚགས་སུ་བྱེད་འདོད་ལྟ་བུ་དང༌། བདག་ཉིད་སྒྲོག་པར་བྱེད་པ་ དང༌། ཕུང་པོ་བཟང་པོ་འདོད་པས་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམ་པར་ འདོད་པ་ཚུན་ཆད་དོ། །ཉེར་ལེན་བཞི་པོ་ཆོས་མངོན་གཉིས་སུ་འདི་ལས་རྣམ་གྲངས་གཞན་ དུ་གསུངས་ཀྱང་གནད་གཅིག་ཉིད་དོ། །སྲིད་པའི་རྟེན་འབྲེལ་ནི། སྐྱེ་བའི་སྲིད་པར་ཉིང་ མཚམས་སྦྱོར་{བའི་[ངེས་པའི་]ལས་མཐུ་ཅན་དུ་གྱུར་པ་ནི་སྲིད་པ་སྟེ། དེ་ལ་གསུམ་ལས། ལས་ཀྱི་སྲིད་པ་ནི་སྟོབས་ཆུང་བ་དང༌། འཆི་བའི་སྲིད་པ་ནི་སྟོབས་འབྲིང་དང༌། ཉིང་མཚམས་ སྦྱོར་བའི་སྲིད་པ་ནི་སྟོབས་ཆེན་པོར་གྱུར་པའོ། །སྐྱེ་བའི་རྟེན་འབྲེལ་ནི། མངལ་སྐྱེས། རྫུས་ སྐྱེས། དྲོད་གཤེར་སྐྱེས། སྒོང་སྐྱེས་ཀྱི་སྐྱེ་བ་རྣམས་སོ། །རྒ་ཤིའི་རྟེན་འབྲེལ་[ནི༌།] ཕུང་པོ་ འགྱུར་བས་རྒས་པ་དང༌། ན་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ། སྡུག་བསྔལ་བ། ཡིད་མི་བདེ་བ་ལ་སོགས་པ་ནས་འཆི་བའི་བར་དུའོ། །དེ་ལྟར་རྟེན་འབྲེལ་བཅུ་གཉིས་ནི། ལམ་གསུམ་མམ། ཀུན་ནས་ཉོན་མོངས་པ་གསུམ་གྱིས་བསྡུས་པ་ཡིན་ཏེ། ཉོན་མོངས་ཀྱི་ ལམ་དང༌། ལས་ཀྱི་ལམ་དང༌། སྡུག་བསྔལ་གྱི་ལམ་གསུམ་མོ། །ཡང་ན་ཀུན་ནས་ཉོན་མོངས་ པ་གསུམ་སྟེ། ཉོན་མོངས་ཀྱིས་ཀུན་ནས་ཉོན་མོངས། ལས་ཀྱི་ཀུན་ནས་ཉོན་མོངས། སྡུག་ བསྔལ་གྱིས་ཀུན་ནས་ཉོན་མོངས་རྣམས་སོ། །དེ་ཡང་ཀླུ་སྒྲུབ་ཉིད་ཀྱིས། དབུ་མ་རྟེན་འབྲེལ་ 21-1-732 སྙིང་པོ་ལས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་ བདུན་ནི་སྡུག་བསྔལ་ལོ། །ཞེས་པ། དང་པོ་མ་རིག་པ། བརྒྱད་པ་སྲེད་པ། དགུ་པ་ལེན་པ་ནི་ ཉོན་མོངས་དང༌། གཉིས་པ་འདུ་བྱེད་དང༌། བཅུ་པ་སྲིད་པ་ནི་ལས་ཡིན་ནོ། །ལྷག་མ་རྣམ་ པར་ཤེས་པ་ལ་སོགས་པ་ལྔ་དང༌། སྐྱེ་བ་རྒ་ཤི་གཉིས་ཏེ་བདུན་པ་ནི་སྡུག་བསྔལ་ཞེས་བྱའོ། ། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་ འབྱུང་སྲིད་པའི་འཁོར་ལོ་འདི། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་པ་ཉོན་མོངས་པ་ ལས་ལས་འབྱུང༌། ལས་ལས་སྡུག་བསྔལ་འབྱུང༌། དེའི་མཐའ་ཟད་པར་མི་འགྱུར་བར་སླར་ ཡང་སྡུག་བསྔལ་ལས་ཉོན་མོངས་པ་འབྱུང་བའི་རྒྱུན་ཆགས་པར་འཁོར་བ་ཡིན་ནོ། །དེ་ལ་ ལས་ཉོན་ཡན་ལག་ལྔ་ནི་རྒྱུ་དང༌། སྡུག་བསྔལ་ཡན་ལག་བདུན་ནི་འབྲས་བུས་བསྡུས་སོ། ། བཞི་པ་ཚེ་གསུམ་ལ་སྦྱར་བ་ནི། གནས་སྐབས་པའི་རྟེན་འབྲེལ་ཁོ་ནའི་དབང་དུ་བྱས་ནས་ ཚེ་གསུམ་ལ་སྦྱོར་བ་ཡིན་ཏེ། མངོན་པ་མཛོད་ལས། སྔོན་དང་ཕྱི་མཐར་གཉིས་གཉིས་དང༌། ། བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །ཞེས་པ་སྐྱེ་བ་སྔོན་མ་ལ་མ་རིག་པ་དང༌། འདུ་བྱེད་ གཉིས་སྦྱར། སྐྱེ་བ་ཕྱི་མ་ལ་སྐྱེ་བ་དང་རྒ་ཤི་གཉིས་སྦྱར། སྐྱེ་བ་བར་པ་ལ་རྣམ་པར་ཤེས་པ་ ནས་སྲིད་པའི་བར་གྱི་རྟེན་འབྲེལ་གྱི་ཡན་ལག་བརྒྱད་པོ་སྦྱར་རོ། །དེ་ལྟར་ཚེ་གསུམ་ལ་སྦྱར་ པའི་དགོས་པ་ནི། སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་ལྡོག་ཕྱིར་རོ། །ཞེས་ པ་ཚེ་བར་པ་ད་ལྟར་གྱི་སྐྱེ་བ་ཡིན་པའི་དབང་དུ་བྱས་ནས། དེའི་རྒྱུ་ཚེ་སྔ་མ་ཡིན་པར་བསྟན་ པས། དེ་ཡང་སྐྱེ་བ་སྔོན་མ་སོགས་སྐྱེ་བའི་སྔོན་མཐའ་མེད་པར་ཤེས་པས། སྐྱེ་བའི་སྔོན་གྱི་ མཐའ་ལ་རྨོངས་པ་ལྡོག་པར་འགྱུར་ཞིང༌། སྐྱེ་བ་ཕྱི་མ་ད་ལྟར་གྱི་སྐྱེ་བའི་འབྲས་བུ་ཡིན་པར་ བསྟན་པས། དེའི་ཡང་ཚེ་ཕྱི་མ་སོགས་གཉེན་པོས་མ་བཅོམ་ན་སྐྱེ་བ་མཐའ་མེད་དུ་ཤེས་པས་ སྐྱེ་བའི་ཕྱི་མཐའ་ལ་རྨོངས་པ་སེལ་བར་འགྱུར་རོ། །ད་ལྟར་གྱི་སྐྱེ་བ་ཚེ་སྔོན་མའི་འབྲས་བུ་ 21-1-733 དང་ཕྱི་མའི་{རྒྱུན་[རྒྱུ་]ཡིན་པ་ཤེས་པ་ན། རྒྱུ་མེད་ལས་བྱུང་བ་དང༌། བྱེད་པའི་སྐྱེས་བུས་ བྱས་པར་འདོད་པ་ལ་སོགས་པའི་རྨོངས་པ་ལྡོག་པར་འགྱུར་རོ། །ཚེ་གསུམ་ལ་ཇི་ལྟར་སྦྱོར་ བའི་ཚུལ་ནི་སྔོན་[མ་]ལ་ཉོན་མོངས་པ་ཁོ་ན་ལ་གནས་པའི་སྐབས་ནི་མ་རིག་པའི་ཡན་ལག་ ཡིན། འདུ་བྱེད་ཀྱི་ནང་དུ་རྒྱུའི་རྣམ་ཤེས་ཀྱང་བསྡུས་ཏེ། ཉོན་མོངས་པས་ཀུན་ནས་བསླངས་ པའི་ལས་ལ་སྤྱོད་བཞིན་པ་དང༌། སྤྱད་ཟིན་པ་ནི་འདུ་བྱེད་ཀྱི་ཡན་ལག་སྟེ། དེ་གཉིས་ཚེ་དང་ པོའི་ཁོངས་སུ་བསྡུས་པ་དང༌། བར་དོ་དང་ཉིང་{མཉམས་[མཚམས་]སྦྱོར་བའི་གནས་ སྐབས་ན་རྣམ་པར་ཤེས་པ་ནི་ཡོད་ལ། གཟུགས་ཀྱི་ཕུང་པོ་མེད་པས་རྣམ་པར་ཤེས་པའི་ཡན་ ལག་ཅེས་བྱ། བར་དོའི་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་ཏེ་དཀར་དམར་སེམས་ གསུམ་འདྲེས་པ་ན། མིང་{བཞི་[གཞི་]དང༌། གཟུགས་ཀྱི་ཕུང་པོ་ཙམ་ནི་ཡོད་ལ། མིག་ སོགས་སྐྱེ་མཆེད་བཞི་མ་དོད་པས། མིང་གཟུགས་ཀྱི་ཡན་ལག་ཅེས་བྱ། ཟླ་བ་ལྔ་རྫོགས་[པ་ ]ན་སྔར་ཡོད་ལུས་དང་ཡིད་ཀྱི་སྐྱེ་མཆེད་[ཀྱི་]སྟེང་དུ། མིག་གི་སྐྱེ་མཆེད་ལ་སོགས་པ་བཞི་ མངོན་དུ་གྱུར་པས་སྐྱེ་མཆེད་དྲུག་ཚང་ཞིང༌། གཟུགས་སོགས་ཀྱི་ཡུལ་ལ་སྤྱོད་{པར་}མི་ནུས་ པས་སྐྱེ་མཆེད་ཀྱི་ཡན་ལག་ཅེས་བྱ། བཙས་པ་ནས་དབང་པོ་དྲུག་ཡུལ་ལ་འཇུག་པས་རེག་ པ་ཡོད་ཀྱང༌། ཚོར་བ་བདེ་སྡུག་གི་རྒྱུ་མི་ཤེས་པས་རེག་པའི་རྟེན་འབྲེལ་གྱི་ཡན་ལག་ཅེས་བྱ། སྨྲ་བ་དང་འགྲོ་བ་ལ་སོགས་པའི་གནས་སྐབས་ནས་བདེ་སྡུག་གི་རྒྱུ་ཤེས་པ་ལ་སོགས་པའི་ ཚོར་བ་རགས་པ་ཡོད་ཀྱང༌། འཁྲིག་པ་ལ་སྲེད་པའི་སེམས་མེད་པ་ནི་ཚོར་བའི་རྟེན་འབྲེལ་ གྱི་ཡན་ལག་ཅེས་བྱ། ལོ་བཅུ་གཉིས་ལ་སོགས་པའི་གནས་སྐབས་ན་འཁྲིག་པ་ལ་སྲེད་པའི་ སེམས་ཡོད་ཅིང་སྤྱོད་མི་ནུས་པས། སྲེད་པ་ཤས་ཆེ་ལ་ལེན་པ་ཤེས་ཆུང་བས་སྲིད་པའི་རྟེན་ འབྲེལ་གྱི་ཡན་ལག་ཡིན། [ལོ་]བཅུ་དྲུག་པ་ལ་སོགས་པ་ན་འཁྲིག་པའི་བྱ་བ་ལ་འཇུག་པས་ སྲེད་པའི་ཡུལ་ལ་སྤྱོད་པས་ལེན་པ་ཤས་ཆེར་ཡོད་ཅིང༌། ནར་མ་ལོན་པས་བསམ་བཞིན་པའི་ 21-1-734 ལས་ཤུགས་ཅན་མང་པོ་གསོག་པར་མི་བྱེད་པས་ལེན་པའི་ཡན་ལག་དང༌། ནར་ལོན་པ་ནས་ འཆི་བའི་བར་དུ་དགེ་སྡིག་གི་ལས་ཤུགས་ཆེ་བར་སྤྱོད་པས་སྲིད་པའི་ཡན་ལག་སྟེ། ཡན་ ལག་བརྒྱད་པོ་དེ་རྣམས་ནི་ཚེ་བར་པ་ལ་ཚང་པ་ཡིན༌། བར་དོའི་སྲིད་པ་དང་ཉིང་མཚམས་ སྦྱོར་བའི་སྲིད་པ་གཉིས་སྐྱེ་བའི་ནང་དུ་བསྡུས་ཏེ། མའི་མངལ་དུ་གནས་པ་ནས་ཕྱིར་བྱུང་ བའི་བར་ནི་སྐྱེ་བའི་རྟེན་འབྲེལ་གྱི་ཡན་ལག་དང༌། སྐྱེས་ནས་ཕུང་པོར་འགྱུར་བ་ལ་སོགས་ པའི་འཆི་བའི་བར་ནི་རྒ་ཤིའི་རྟེན་འབྲེལ་གྱི་ཡན་ལག་ཡིན་ནོ། །ཡན་ལག་གཉིས་པོ་དེ་ཚེ་ གསུམ་པའི་གནས་སྐབས་སུ་སྦྱར་རོ། །དེ་ཡང་འཕགས་པ་ཀླུ་སྒྲུབ་གྱི་རྗེས་འབྲང་རྣམས་རྟེན་ འབྲེལ་གྱི་འཁོར་ལོ་ཚེ་གསུམ་ལ་བརྩི་བ་ཤས་ཆེ་བ་འཕགས་པ་ཐོགས་མེད་ནི་སྐྱེ་བ་གཉིས་ ལ་རྫོགས་པར་བཞེད་པ་ཤས་ཆེ་སྟེ། དེ་ཡང༌། མ་རིག་པ་ནས་ལེན་པའི་བར་དགུ་པོ་རྣམས་ ནི་སྐྱེ་བ་སྔ་མ་ལ་ཚང་བ་དང༌། ཕྱི་མ་གསུམ་ནི་སྐྱེ་བ་རྗེས་མ་ལ་སྦྱོར་བར་མཛད་པ་ཡིན་ནོ། ། ཚུལ་འདི་ནི་མ་རིག་པ་དང་འདུ་བྱེད་ནི་འཕེན་པའི་ཡན་ལག་དང༌། རྣམ་ཤེས་ལ་སོགས་པ་ ལྔ་ནི་{འཕགས་[འཕངས་]པའི་ཡན་ལག་ཡིན་ནོ། །སྲེད་ལེན་སྲིད་པ་གསུམ་ནི་འགྲུབ་བྱེད་ ཀྱི་ཡན་ལག་དང༌། སྐྱེ་བ་རྒ་ཤི་གཉིས་ནི་{འགྲུབ་[གྲུབ་]པའི་ཡན་ལག་སྟེ་ཡན་ལག་བཞིས་ བསྡུས་པའོ། །དེ་དག་ནི་ཀུན་རྫོབ་རྟེན་འབྲེལ་ཡིན་ལ། རེ་ཞིག་དོན་དམ་གྱི་རྟེན་འབྲེལ་ནི། གནས་སྐབས་ཀྱི་དོན་དམ་སྟེ། དཔེར་ན་འདུ་བྱེད་ཀྱི་ཡན་ལག བདག་དང༌། གཞན་དང་། གཉིས་ཀ་དང༌། གཉིས་མིན་ལས་མི་སྐྱེ་ཡང་མ་བརྟགས་མ་དཔྱད་པའི་ངོར་མ་རིག་པའི་རྐྱེན་ གྱིས་འདུ་བྱེད་ཅེས་ཚོགས་པ་དེ་ལས་སྣང་བ་དེ་ཙམ་ཤར་བ་མི་འགོག་པ་ལྟ་བུ་སྟེ་འདིར་རྒྱས་ པར་མ་བརྗོད་དོ། །འཕགས་ལམ་ཡན་ལག་བརྒྱད་བཤད་པ་ལ། དངོས་དང་འཕྲོས་དོན་ གཉིས་ལས། དང་པོ་ལ། འཕགས་ལམ་ཡན་ལག་བརྒྱད་ངོས་བཟུང་བ་ནི། ཡང་དག་ལྟ་དང་ འཚོ་དང་རྩོལ་བ་དང༌། །དྲན་དང་ཏིང་འཛིན་དག་དང་ལས་མཐའ་དང༌། །ཡང་དག་རྟོག་ཉིད་ 21-1-735 ལམ་གྱི་ཡན་ལག་བརྒྱད། །འདི་ནི་ཞི་བར་བགྱི་སླད་བསྒོམ་པར་བགྱི། །དེ་ཡང་ཡང་དག་ པའི་ལྟ་བ་དང༌། དེ་བཞིན་དུ་སྦྱར་ཏེ་འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་ དང༌། ངག་དང༌། ལས་མཐའ་དང༌། ཡང་དག་པའི་རྟོག་པ་ཉིད་དེ། དེ་རྣམས་ནི་འཕགས་ ལམ་ཡང་ཡིན་ལ། ཡན་ལག་[བརྒྱད་]ཀྱང་ཡིན་པས། འཕགས་ལམ་གྱི་ཡན་ལག་བརྒྱད་དོ། ། དེ་ནི་ཉོན་མོངས་པ་དང་སྡུག་བསྔལ་མ་ཞི་བ་ཞི་བར་བྱེད་པ་དང༌། ཞི་བ་རྣམས་ཤིན་ཏུ་ མཐར་ཕྱིན་པར་བྱ་བའི་སླད་དུ་བསྟེན་པར་བྱའོ། །གཞུང་འདིར་གོ་རིམ་དེ་བཞིན་དུ་བསྟན་ པ་ནི་སྡེབ་སྦྱོར་གྱི་དབང་གིས་ཡིན་གྱི། གཞན་དུ་ན་ལྟ་རྟོག་ངག་ལས་འཚོ་རྩོལ་དྲན་ཏིང་ བརྒྱད་ཅེས་སྡོམས་སུ་བྱ་སྟེ། མདོ་ལས་གོ་རིམ་དེ་ལྟར་དུ་གསུངས་སོ། །དེ་ཡང་ཡང་དག་པའི་ ལྟ་བ་ནི་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཟག་མེད་ཀྱི་ཤེས་རབ་ཡིན། ཡང་དག་པའི་རྟོགས་པ་ནི་གནས་ལུགས་ཀྱི་དོན་རང་གིས་རྟོགས་པ་ལྟར་གཞན་གྱིས་ཀྱང་ རྟོགས་པར་འདོད་པའི་གཞན་ཕན་གྱི་སེམས་ཡིན། ཡང་དག་པའི་ངག་ནི། གནས་ལུགས་ཀྱི་ དོན་རང་གིས་རྟོགས་པ་ལྟར་གཞན་ལ་ངག་ཚིག་དྲི་མ་མེད་པས་སྟོན་པར་བྱེད་པ་ཡིན། ཡང་ དག་པའི་ལས་ཀྱི་མཐའ་ནི། ལུས་ངག་ཡིད་གསུམ་གྱིས་མི་དགེ་བ་ཕྲ་མོ་ཙམ་ཡང་སྤངས་ པའི་དགེ་བའི་སྤྱོད་པ་ཁྱད་པར་ཅན་ལ་གནས་པ་ཡིན། ཡང་དག་པའི་འཚོ་བ་ནི། ལོག་པའི་ འཚོ་བ་སྤངས་ནས་ཆོས་དང་མཐུན་པའི་འཚོ་བ་སྟེ་རབ་ཏུ་བྱུང་བའི་དབང་དུ་བྱས་ན་ཟས་ བསོད་སྙོམས་པ་དང༌། གོས་ཕྱག་དར་ཁྲོད་ཀྱི་འཚོ་བ་ལ་སོགས་པ་སྦྱངས་བའི་ཡོན་ཏན་བཅུ་ གཉིས་ལ་གནས་པ་ལྟ་བུ་ཡིན་ནོ། །ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་ཡིན་ཅིང༌། དྲན་ པ་དང༌། ཏིང་ངེ་འཛིན་ཏེ་འཕགས་ལམ་ཡན་ལག་གསུམ་པོ་དེ་ནི་བྱང་ཆུབ་ཡན་ལག་བདུན་ གྱི་སྐབས་སུ་བསྟན་པ་དང་འདྲའོ། །འདིར་ཡང་དག་ཅེས་པ་སོ་སོ་སྐྱེ་བོ་ལ་མེད་པའི་འཕགས་ པའི་ལམ་ཡིན་པའི་ཕྱིར་དེ་ལྟར་བརྗོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་དུ་གྲངས་ 21-1-736 ངེས་བསྟན་པ་ནི། དབུས་མཐའ་རྣམ་འབྱེད་ལས། ཡོངས་སུ་དཔྱོད་དང་གོ་བྱེད་དང༌། །རྣམ་ གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི༌། །ལམ་གྱི་ཡན་ལག་ དེ་བརྒྱད་དོ། །ཞེས་པ་གནས་ལུགས་ཀྱི་དོན་བློ་གྲོས་ཀྱིས་ཡོངས་སུ་དཔྱོད་ནུས་པ་ཞིག་ དགོས་པར་ལྟ་བ་དང༌། གནས་ལུགས་ཀྱི་དོན་དེ་གཞན་གྱིས་གོ་ཞིང་རྟོགས་པར་བྱེད་དགོས་ པ་རྟོགས་པས་འགྲུབ་ཅིང༌། ངག་དང་ལས་དང་འཚོ་བ་གསུམ་གྱིས་གཞན་ཡིད་ཆེས་པར་ བྱེད་པ་དང༌། རྩོལ་བ་དང༌། དྲན་པ། ཏིང་ངེ་འཛིན་གསུམ་གྱིས་མི་མཐུན་[པའི་]ཕྱོགས་ཀྱི་ གཉེན་པོ་བྱེད་པ་སྟེ། ལྟ་དང་ཚུལ་ཁྲིམས་ཡོད་བྱད་སྨྱུངས། །གཞན་ལ་རྣམ་པར་རིག་བྱེད་ འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང༌། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །དེ་ཡང་ རང་རིག་{ནི་[གི་]གནས་ལུགས་ཀྱི་དོན་རྟོགས་པ་གཞན་[ལ་]ངག་ཚིག་དྲི་མ་མེད་པར་ བསྟན་པས་ཡང་དག་པའི་ལྟ་བ་དང་ལྡན་པར་ཡིད་ཆེས་པར་འགྱུར་བ་དང༌། སྤྱོད་པ་དགེ་བ་ ལ་གནས་པས་ཚུལ་ཁྲིམས་དང་ལྡན་པར་ཡིད་ཆེས་པ་དང༌། ཡང་དག་པའི་འཚོ་བ་ལ་གནས་ པས་ཡོ་བྱད་སྨྱུངས་བར་ཡིད་ཆེས་པར་བྱེད་པས། ངག་ལས་འཚོ་བ་གསུམ་ནི་གཞན་ཡིད་ ཆེས་པར་བྱེད་པའི་ཡན་ལག་ཡིན་ནོ། །རྩོལ་པ་བརྩོན་འགྲུས་ཀྱིས་ནི་ཞེ་སྡང་ལ་སོགས་པ་རྩ་ བའི་ཉོན་མོངས་པ་འཇོམས་པར་བྱེད། དྲན་པས་ནི་མཉམ་བཞག་གི་གནས་[སྐབས་]སུ་ བྱིངས་རྒོད་ལ་སོགས་པ་ཉེ་བའི་ཉོན་མོངས་པ་འཇོམས་པའི་གཉེན་པོ་བྱེད། ཏིང་ངེ་འཛིན་ གྱི་ནི་དབང་ལ་བར་དུ་གཅོད་པའི་སྙོམས་འཇུག་གི་སྒྲིབ་པ་རྣམས་འཇོམས་པའི་གཉེན་པོ་ བྱེད་པ་ཡིན་ཏེ། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དགུ་དང༌། རྫུ་ འཕྲུལ་ལ་སོགས་པ་མངོན་པར་ཤེས་པ་དྲུག་དང༌། ཟད་པར་བཅུ་དང་ཟིལ་གྱིས་གནོན་པ་ བརྒྱད་ལ་སོགས་པ་རྣམས་ཐོབ་པ་ལ་བར་དུ་གཅོད་པའི་སྙོམས་འཇུག་གི་སྒྲིབ་པ་རྣམས་ གཉེན་པོ་ཏིང་ངེ་འཛིན་གྱིས་བཅོམ་ནས། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་ 21-1-737 འཇུག་ཐོབ་ཅིང༌། དེ་དག་ཐོབ་པས་རྫུ་འཕྲུལ་དང༌། མངོན་ཤེས་རྣམས་ལ་དབང་འབྱོར་པ་ ཐོབ་པ་ཡིན་ནོ། །འཕགས་ལམ་ཡན་ལག་བརྒྱད་པོ་དེ་ནི་བདེན་པ་བཞི་སྒོམ་པའི་ཐབས་ དང༌། འཕགས་པའི་ལམ་དངོས་ཡིན་པར་བསྟན་པ་ནི། སྐྱེ་འདི་སྡུག་བསྔལ་སྲེད་པ་ཞེས་ བགྱི་བ། །འདི་ནི་དེ་ཡི་ཀུན་འབྱུང་རྒྱ་ཆེན་ཏེ། །འདི་འགོག་པ་ནི་ཐར་པ་ལགས་ཏེ་དེ། །འཐོབ་ བགྱིད་འཕགས་ལམ་ཡན་ལག་དེ་བརྒྱད་ལགས། །ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་ བསྔལ་ཡིན་ཡང༌། དེའི་གཙོ་བོ་སྐྱེ་བ་འདི་ཡིན་ཅིང༌། ལས་ཉོན་ཐམས་ཅད་ཀུན་འབྱུང་ཡིན་ ཡང༌། སྐྱེ་བ་ལ་མཚམས་སྦྱོར་བའི་ཉོན་མོངས་ནི་{སྲིད་[སྲེད་]པ་ཞེས་བྱ་བ་དགའ་བའི་ ཆགས་པ་ཡིན་པས། དེ་ནི་སྡུག་བསྔལ་འདི་ཡི་རྒྱུ་ཀུན་འབྱུང་ཐམས་ཅད་ཀྱི་གཙོ་བོ་རྒྱ་ཆེན་ པོར་གྱུར་པ་ཡིན་ཏེ། དེ་ལྟར་ལས་ཉོན་སྡུག་བསྔལ་གསུམ་པོ་འདི་འགགས་པའི་ཤུགས་ཀྱིས་ སེམས་ཉིད་སྤྲོས་བྲལ་དེ་ནི་ཐར་པ་འགོག་པའི་བདེན་པ་ཡིན་ཅིང༌། དེ་ཐོབ་པར་བྱེད་པའི་ ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པོ་དེ་ཡིན་པ་ལས། དེ་རྣམས་ཀྱི་ནང་ནས་ཀྱང་ ལམ་གྱི་གཙོ་བོ་ཡང་དག་པའི་ལྟ་བ་ཡིན་ནོ། །འཕྲོས་དོན་ནི། དེ་ལྟར་འཕགས་པའི་བདེན་པ་ བཞི་པོ་དག །མཐོང་བར་བགྱི་སླད་རྟག་ཏུ་བརྩོན་པར་བགྱི། །པང་ན་དཔལ་གནས་ཁྱིམ་པ་ རྣམས་ཀྱིས་ཀྱང༌། །ཤེས་པས་ཉོན་མོངས་ཆུ་བོ་ལས་བརྒལ་བགྱི། །བདག་མེད་པའི་དོན་ གཙོ་བོར་གྱུར་པའི་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་གི་དོན་བསྒོམ་པར་བྱ་ཞིང༌། དེ་ ཡང་ཁམས་གསུམ་འཁོར་བ་འདི་དག་སྡུག་བསྔལ་དུ་ཤེས་པར་བྱས་ནས། སྡུག་བསྔལ་གྱི་རྒྱུ་ ལས་ཉོན་ཀུན་འབྱུང་རྣམས་སྤོང་བ་དང༌། སྡུག་བསྔལ་ཐམས་ཅད་ཟད་པའི་མཐའི་ཡེ་ཤེས་ འགོག་པ་ཐོབ་པར་བྱེད་དགོས་པས་ཀུན་འབྱུང་སྤོང་བ་དང༌། འགོག་པ་ཐོབ་པའི་ཐབས་ ལམ་གྱི་ཉམས་ལེན་ལ་སློབ་དགོས་སོ། །དེ་ལྟར་འཕགས་པའི་བདེན་པ་བཞིའི་དོན་མངོན་ སུམ་དུ་མཐོང་བར་བགྱི་བའི་སླད་དུ་རྟག་ཏུ་བརྩོན་པ་ཆེན་{པོ་ནས་[པོས་]འཕགས་པའི་ 21-1-738 ལམ་རྒྱུད་ལ་མ་སྐྱེས་པར་ནན་ཏན་དུ་བྱ་དགོས་ཤིང༌། འཕགས་པའི་ལམ་ཐོབ་པ་ན་ཤུགས་ འབྱུང་གིས་ཡོན་ཏན་གོང་དུ་འཕེལ་བར་འགྱུར་རོ། །དེ་ལྟར་ན་ཡང་བདེན་པ་བཞིའི་དོན་ བསྒོམས་ནས་མངོན་སུམ་དུ་རྟོགས་པར་འགྱུར་བ་ནི། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ སྟེ་ཚུལ་ཁྲིམས་ལ་གནས་པ་འདོད་པ་ཆུང་ཞིང་ཆོག་ཤེས་པ། དབེན་པ་ལ་གནས་ཤིང་གཡེང་ བ་མེད་པ་དེ་དག་གིས་རྩེ་གཅིག་ཏུ་བསྒོམ་པས་ཐོབ་པ་ཡིན་གྱི། རྒྱལ་སྲིད་ཀྱི་བྱ་བས་རྣམ་ པར་གཡེང་བ་ལ་སོགས་པ་བདག་ཅག་ཁྱིམ་པ་རྣམས་ཀྱིས་ཅུང་ཟད་རེ་བསྒོམས་པས་དོན་ རྟོགས་པར་མི་འགྱུར་སྙམ་ན་མ་ཡིན་ཏེ། སྔོན་སངས་རྒྱས་ཉིད་བཞུགས་པའི་དུས་ན་རྒྱལ་པོ་ གཟུགས་ཅན་སྙིང་པོ་དང༌། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སོགས་པ་ཡང་དཔལ་དང་ ལོངས་སྤྱོད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་རང་གི་པང་ན་གནས་པ་བཞིན་དུ་ལོངས་སྤྱོད་ པའི་ཁྱིམ་པ་དེ་དག་ཀྱང༌། འདོད་ཡོན་ལ་སྤྱོད་བཞིན་པར་ཡང་དག་པའི་ལྟ་བ་ཤེས་རབ་རྒྱུད་ ལ་སྐྱེས་ནས་ཉོན་མོངས་པའི་ཆུ་བོ་ལས་བརྒལ་ཏེ། འཕགས་པའི་ལམ་ཐོབ་པ་ཡིན་ནོ། །ཡང་ སྔོན་བྱུང་བ་དེ་རྣམས་ནི་བསོད་ནམས་ཀྱི་ཚོགས་{རྒྱ་}ཆེན་པོར་བསགས་པ་དབང་པོ་རྣོ་བ་ ཡིན་ལ། སྐལ་བ་ཆུང་བ་བདག་ཅག་རྣམས་ཀྱིས་ནི་དེ་ལྟར་དུ་བསྒྲུབ་པར་མི་ནུས་སོ་ཞེ་ན། གང་དག་ཆོས་མངོན་བགྱིས་པ་དེ་དག་ཀྱང༌། །གནམ་ལས་བབས་པ་མ་ལགས་ལོ་ཏོག་ བཞིན། །ས་རུམ་ནས་འཐོན་མ་ལགས་དེ་དག་སྔོན། །ཉོན་མོངས་རག་ལས་སྐྱེ་བོ་ཁོ་ནར་ བས། །གང་དག་ཁྱིམ་པའི་རྟེན་ལ་འདོད་ཡོན་དང་བཅས་པས་ཆོས་ཉིད་ཀྱི་དོན་མངོན་སུམ་ དུ་བགྱིས་པ་དེ་དག་ཀྱང༌། སྔོན་ཐོག་མ་ཉིད་ནས་རང་གྲུབ་ཏུ་བསོད་ནམས་ཆེས་ཆེ་བ་དབང་ པོ་རྣོ་བ་ཞིག་རྒྱུ་མེད་པར་གནམ་བབས་སུ་བྱུང་བ་དང༌། ས་འོག་ནས་མྱུ་གུ་ཐོན་པ་བཞིན་དུ་ བྱུང་བ་མ་ཡིན་ཏེ། སྔོན་གྱི་གང་ཟག་དེ་རྣམས་ཀྱང་ཐོག་མར་ཉོན་མོངས་ལ་རག་ལས་པ་སྟེ་ ཉོན་མོངས་ཀྱི་དབང་དུ་གྱུར་པ། དབང་པོ་རྟུལ་བའི་སོ་སོ་སྐྱེ་བོ་ཕལ་བ་ཞིག་ག་ཡིན་ཀྱང༌། 21-1-739 དགེ་བའི་ལམ་ལ་རིམ་གྱིས་གོམས་པར་བྱས་པས་རྒྱུད་སྨིན་ནས་ཕྱིས་དབང་པོ་རྣོན་པོར་གྱུར་ ཏེ་བདེན་པ་མཐོང་བ་ཡིན་པས་སྒྱིད་ལུག་པར་མི་བྱའོ། །ད་ནི་གོང་དུ་བཤད་པ་ཐམས་ཅད་ ཀྱི་སྤྱིའི་དོན་བསྡུས་པ་ནི། བསྙེངས་དང་བྲལ་བ་མང་དུས་གསོལ་ཅི་འཚལ། །ཕན་པའི་ གདམས་ངག་དོན་པོ་འདི་ལགས་ཏེ། །ཁྱོད་ཀྱི་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། ། སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །བསྙེངས་པ་ནི་འཇིགས་པའི་དོན་ཡིན་པས། རྒྱལ་པོ་ནི་སའི་དབང་ཕྱུག་དང་ལྡན་པས་ཚེ་འདིར་འཇིགས་པ་དང་བྲལ་བ་དང༌། སྡིག་པ་ སྤངས་ཤིང་དགེ་བ་ལ་སྤྱད་པས་སྐྱེ་བ་ཕྱི་མར་ཡང་སྡུག་བསྔལ་གྱི་འཇིགས་པ་དང་བྲལ་བས། བསྙེངས་དང་བྲལ་ཞེས་རྒྱལ་པོ་ལ་བོས་ནས། སྔར་རྗེས་དྲན་དྲུག་ནས་འཕགས་ལམ་ཡན་ ལག་བརྒྱད་ལ་སོགས་པའི་བར་དུ་བསྟན་པ་དེ་ཙམ་གྱིས་དོན་སྟོན་པ་ཡིན་པས། ཁྱེད་ལ་ད་ ནི་མང་པོ་གསོལ་བར་བགྱི་མི་དགོས་ཤིང་ཅི་འཚལ་ཏེ་མི་འཚལ་ལོ། །མདོར་བསྡུ་ན། གང་ ཞིག་རྒྱུད་ལ་བརྟེན་ན་ཕན་པ་དང་བདེ་བའི་རྒྱུར་འགྱུར་པའི་གདམས་ངག་རྣམས་ཀྱི་དོན་གྱི་ སྙིང་པོ་གཙོ་བོ་ནི། སེམས་རྒྱུད་ཀྱི་ཉོན་མོངས་པ་སྦྱོང་བ་འདི་ལགས་པས། རྒྱལ་པོ་ཁྱོད་ཀྱིས་ རང་གི་ཐུགས་ཐུལ་བར་མཛོད་ཅིག །བཅོམ་ལྡན་འདས་ཀྱིས་སེམས་ཐུལ་བ་ནི་ཆོས་ཐམས་ ཅད་ཀྱི་རྩ་བ་ལགས་པར་གསུངས་ཏེ། སེམས་དུལ་བ་ནི་ལེགས་པ་སྟེ། །ཞེས་དང༌། རང་གི་ སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་སོ། །སེམས་ དུལ་བ་ལ་ནི་གོང་དུ་བཤད་པའི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་བསྒྲུབ་དགོས་ན། དེ་ལྟར་ མི་ནུས་སོ་ཞེ་ན། ཁྱོད་ལ་དེ་སྐད་གདམས་པ་གང་ལགས་དེའི། །བས་པར་དགེ་སློང་གིས་ ཀྱང་བགྱི་བར་དཀའ། །འདི་ལས་གང་ཞིག་སྤྱོད་པའི་ངོ་བོ་དེའི། །ཡོན་ཏན་བསྟེན་པས་སྐུ་ཚེ་ དོན་ཡོད་མཛོད། །གོང་དུ་བསྟན་པ་མཐའ་དག་ནི་བསལ་ཏེ་མ་ལུས་པ་ཡོངས་སུ་རྫོགས་པར་ སོ་སོ་སྐྱེ་བོའི་གནས་སྐབས་སུ་ནི་དགེ་སློང་རྣམས་ཀྱིས་ཀྱང་བགྱི་བར་དཀའ་བ་ཡིན་ཏེ། 21-1-740 འཕགས་ལམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེས་ན་རང་གི་བློ་དང་འཚམས་པ་ཇི་ལྟར་ ཉམས་སུ་ལེན་པར་འདོད་པའི་ཆོས་སྐོར་རེ་ལ་སོགས་པ་གང་ཡང་རུང་བ་ཞིག་ཅི་ནུས་ཅི་ ལྕོགས་སུ་བསླབས་པས་ཡོན་ཏན་གྱི་ཚོགས་འཕེལ་བར་འགྱུར་ཞིང་སྐུ་ཚེ་དོན་དང་ལྡན་པར་ འགྱུར་བས་དེ་བཞིན་མཛོད་ཅིག །ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་འབྲས་བུ་དང་བཅས་ པ་ཕྱོགས་མཚོན་ཙམ་བསྟན་པ་ལ། ལམ་དང་འབྲས་བུ་གཉིས་ལས། དང་པོ་ལ། ལས་དང་ པོ་པའི་ས་བཤད་པ། མོས་པས་སྤྱོད་པའི་ས་བཤད་པ། འཕགས་པའི་ས་བཤད་པ་རྣམས་ ལས། དང་པོ་ནི། ཀུན་གྱི་དགེ་བ་ཀུན་ལ་ཡི་རང་ཞིང༌། །ཉིད་ཀྱི་ལེགས་པར་སྤྱད་པ་རྣམ་ གསུམ་ཡང༌། །སངས་རྒྱས་ཉིད་ཐོབ་བགྱི་སླད་ཡོངས་བསྔོས་ནས། །དེ་ཡང་ལས་དང་པོ་པའི་ གནས་སྐབས་སུ། ཐེག་ཆེན་དགེ་བའི་བཤེས་གཉེན་བསྟེན་པ་དང༌། བསམ་པ་བྱང་ཆུབ་ཏུ་ སེམས་བསྐྱེད་པ་གཉིས་གཞུང་ཚིག་གི་དངོས་སུ་མ་བསྟན་ཀྱང་ཤུགས་ལ་འཕངས་པ་ཡིན་ པས། དོན་ཐོབ་ཀྱིས་ཁ་བསྐང་བར་བྱ་སྟེ། དགེ་བའི་བཤེས་གཉེན་བསྟེན་པ་ནི། ཐེག་པ་ཐུན་ མོང་གི་སྐབས་དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད་ཅེས་སོགས་གོང་དུ་བསྟན་ པ་སྐབས་འདིར་ཡང་དགོས་པ་དང༌། སངས་རྒྱས་ཉིད་ཐོབ་བགྱི་སླད་ཅེས་པའི་ཟུར་གྱིས་ བྱང་ཆུབ་ཏུ་སེམས་བསྐྱེད་དགོས་པ་བསྟན་པས། དགེ་བའི་བཤེས་གཉེན་བསྟེན་པ་དང༌། བྱང་ཆུབ་ཀྱི་སེམས་ལ་གནས་པ་སྔོན་དུ་འགྲོ་བས། རང་གི་ལུས་ངག་ཡིད་གསུམ་གྱིས་ ལེགས་པར་སྤྱད་པའི་དགེ་བ་ལ་བརྩོན་པ་དང༌། གཞན་གྱི་དགེ་བ་ལ་ཡི་རང་བ། ཡུལ་གྱི་སྒོ་ ནས་དགྲ་གཉེན་མེད་པ། དགེ་བའི་ལས་ཀྱི་ངོ་བོ་ལ་ཆེ་ཆུང་མེད་པར་རང་གཞན་ཀུན་གྱི་དགེ་ བ་མཐའ་དག་ཀུན་ལ་རྗེས་སུ་ཡི་རང་བར་བྱེད་པ་དང༌། ཉིད་རང་གི་སྒོ་གསུམ་གྱི་ལེགས་ སྤྱད་རྣམ་པ་གསུམ་གྱིས་དགེ་བ་བསྒྲུབས་པ་དང༌། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་ བགྱིས་པ་དེ་དག་གཞན་དོན་དུ་བྱང་ཆུབ་ཆེན་པོ་ཐོབ་པའི་རྒྱུར་བསྔོ་བར་བྱེད་ཅིང༌། ཚིག་ 21-1-741 ཟིན་ལ་མི་གསལ་ཡང་དེ་དག་རྣམས་ཀྱང་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ལྟ་བས་རྒྱས་འདེབས་ དགོས་པ་[ཡང་]ཡིན་ཏེ། དགེ་བ་ཐམས་ཅད་སྟོང་ཉིད་ཀྱིས་ཟིན་པར་བྱེད་པ་ནི་ཐེག་པ་ཆེན་ པོ་སྤྱིའི་ལུགས་སོ། ། དེ་ལྟར་ཐེག་ཆེན་དགེ་བའི་བཤེས་གཉེན་བསྟན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ། སྒོ་ གསུམ་དགེ་བ་ལ་རྩོལ་བ། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ། གཞན་དོན་དུ་དགེ་བའི་ རྩ་བ་བྱང་ཆུབ་ཏུ་བསྔོ་བ། དེ་རྣམས་སྟོང་{པ་}ཉིད་ཀྱིས་རྒྱས་འདེབས་པ་སྟེ། ཆོས་དྲུག་པོ་ དེ་ནི་ཚོགས་ལམ་པའི་ཉམས་ལེན་དངོས་གཞི་ཡིན་ཞིང༌། སྦྱོར་ལམ་དུ་ཡང་དེ་ལྟར་ཉམས་ སུ་ལེན་ཀྱང༌། ཚོགས་ལམ་དུ་ནི་མ་གྲུབ་པ་འགྲུབ་པར་བྱེད་པའི་ཐབས་སུ་ལམ་དེ་དག་ལ་ སློབ་ཅིང་སྦྱོར་ལམ་དུ་གྲུབ་ཟིན་གོང་དུ་འཕེལ་བར་བྱེད་པའོ། །ཆེད་གཉེར་གྱིས་འབད་རྩོལ་ མི་དགོས་པར་རང་ཉིད་ངང་གིས་ལམ་གྱི་ཉམས་ལེན་དགེ་བའི་ཆོས་མཐའ་དག་འཕེལ་བར་ འགྱུར་ན་ཚོགས་ལམ་རྒྱུད་ལ་སྐྱེས་པ་ཡིན་ནོ། །ཚོགས་ལམ་དང༌། ལས་དང་པོ་པའི་ས་དང༌། དད་པའི་ས་རྣམས་དོན་གཅིག་གོ །མོས་སྤྱོད་ཀྱིས་བཤད་པ་ནི། དེ་ནས་དགེ་བའི་ཕུང་པོ་ འདི་ཡིས་ཁྱོད། །སྐྱེ་བ་དཔག་ཏུ་མེད་པར་ལྷ་མི་ཡི། །འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་ མཛད་ནས། །དེའི་རྗེས་ནས་ཚོགས་ལམ་དུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོར་བསགས་ པའི་དགེ་བའི་ཕུང་པོ་ཆེན་པོ་དེའི་རྒྱུས་ཁྱོད་ཀྱིས་སྦྱོར་ལམ་ཐོབ་པ་ན་ལུས་རྟེན་གྱི་ཁྱད་པར་ དགོས་པའི་དོན་ཆེན་པོའི་ཆེད་དུ་མ་གཏོགས་ངན་སོང་དུ་མི་སྐྱེ་བས། སྐྱེ་བ་དཔག་ཏུ་མེད་ པ་སྟེ་སྐྱེ་བ་ཐམས་ཅད་དུ་མཐོ་རིས་ལྷ་མིའི་ལུས་སུ་འགྱུར་ཞིང༌། ཏིང་ངེ་འཛིན་གྱི་ཁྱད་པར་ འཇིག་རྟེན་པ་ཀུན་གྱི་ནང་ཚན་པ་ཡིན་ལ་ཆོས་ཀྱི་བདག་མེད་སྟོང་ཉིད་ལ་གསལ་སྣང་ཐོབ་ པ་རྣལ་འབྱོར་དུ་བྱེད་པ་ཡང་ཡིན་པ་དང༌། མངོན་ཤེས་ལ་སོགས་པ་ཐུན་མོང་གི་ཡོན་ཏན་ བསྒྲུབ་པའི་ཏིང་ངེ་འཛིན་ལ་དབང་བསྒྱུར་བར་བྱེད་དོ། །དེ་ཡང་འདོད་སེམས་རྩེ་གཅིག་པ་ 21-1-742 དང༌། བསམ་གཏན་དང༌། གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཞི་གནས་བསྒོམས་ པས་འཇིག་རྟེན་པའི་སེམས་དང་ལུས་རྟེན་མཐོ་རིས་སུ་སྐྱེ་བར་བསྟན་པས། འཇིག་རྟེན་ པའི་ལམ་ཡིན་པ་དང༌། སྟོང་པ་ཉིད་ལ་གསལ་སྣང་ཐོབ་པའི་ལྷག་མཐོང་ལ་རྣལ་འབྱོར་དུ་ བྱེད་པར་བཤད་པས། ཚོགས་ལམ་ལས་འདས་པའི་སྦྱོར་ལམ་ཡིན་པར་སྟོན་ཅིང༌། ཆོས་ ཉིད་{མངོན་སུམ་དུ་[དངོས་སུ་]མཐོང་བ་ཡིན་པས། མོས་པས་སྤྱོད་པའི་ས་ཉིད་{དོ་[ཡིན་ ནོ]། །འཕགས་པའི་ས་བཤད་པ་ནི། འཕགས་པ་སྤྱན་རས་གཟིགས་དབང་སྤྱོད་པ་ཡིས། ། འགྲོ་བ་ཉམས་ཐག་མང་པོ་རྗེས་བཟུང་སྟེ། །འཁྲུངས་ནས་ན་རྒ་འདོད་ཆགས་ཞེ་སྡང་རྣམས། ། བྱང་ཆུབ་སེམས་དཔའ་འཕགས་པ་དེ་ནི་རང་དོན་གྱི་ཡོན་ཏན་ལ། སྤངས་ཐོབ་གཉིས་ཀྱིས་ ཐོབ་པའི་ཡོན་ཏན་ནི། སངས་རྒྱས་ཀྱི་རིགས་སུ་འཁྲུངས་པ་ཡིན་ཏེ། ཕ་བཟང་པོའི་ཚུལ་ དང་མཐུན་པར་བུ་ཡང་བཟང་པོར་འབྱུང་པ་བཞིན་དུ། ཆོས་ཉིད་མངོན་སུམ་གཟིགས་པའི་ ཐུགས་རྣམ་པ་མཐུན་ཞིང་རིགས་མཚུངས་པ་དང༌། སྐུ་ཡང་བྱང་ཆུབ་སེམས་དཔའ་དངོས་ གནས་ཀྱི་ལུས། ཡིད་ཀྱི་རང་བཞིན་ཅན་གྱི་ལུས་ནི་མཚན་དཔེས་ཡོངས་སུ་བརྒྱན་པ། ལོངས་ སྤྱོད་རྫོགས་པའི་སྐུ་དང་རྣམ་པ་མཚུངས་པ་ཡིན་ནོ། །སྤངས་པའི་ཡོན་ཏན་ནི། འདིར་འདོད་ ཆགས་ཞེ་སྡང་གཉིས་མཚོན་བྱེད་དུ་སྨོས་པ་ཡིན་ཞིང༌། བྱང་ཆུབ་སེམས་དཔའ་འཕགས་ པའི་ཆེད་དུ་མི་སྤངས་པའི་ཉོན་མོངས་པ་དང༌། དབང་བསྒྱུར་བའི་ཉོན་མོངས་པ་རྣམས་མ་ གཏོགས་ཉོན་མོངས་པ་མཐའ་དག་སྤངས་ཤིང༌། སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་རྩ་བ་ནས་ སྤངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་འཕགས་པའི་དངོས་གནས་ཀྱི་ལུས་རྡུལ་ཕྲ་རབ་ ཀྱི་ཆོས་ལས་འདས་པ་ཡིད་ཀྱི་རང་བཞིན་ཅན་དེ་ལ་ནི། སྡུག་བསྔལ་བཞི་པོ་དེ་དག་མེད་དེ། ཁམས་གསུམ་ལས་ཡོངས་སུ་འདས་པའི་ཕྱིར་རོ། །དེ་ལྟར་ན་ཡང་སྤྲུལ་པ་དང་སྨོན་ལམ་གྱི་ སྐྱེ་བ་ལ་སོགས་པ་སྟོན་པར་བྱེད་པ་ཡང་ཡིན་ནོ། །འགྲོ་བའི་དོན་སྤྱོད་ཚུལ་ནི། འཕགས་པ་ 21-1-743 སྤྱན་རས་གཟིགས་{ཀྱི་[ཀྱིས་]སློབ་པ་ལམ་གྱི་གནས་སྐབས་སུ་སེམས་ཅན་སྡུག་བསྔལ་གྱི་ གནས་མཐའ་དག་ལས་སྐྱོབ་པར་མཛད་པའི་སྤྱོད་པ་བཞིན་དུ་སྤྲུལ་པ་སྣ་ཚོགས་པས། འགྲོ་ བ་སྡུག་བསྔལ་གྱིས་ཉམས་ཐག་པར་{འགྱུར་[གྱུར་]བ་མང་པོ་རྣམས་རྗེས་སུ་བཟུང་སྟེ། ཐར་བའི་གོ་འཕང་ལ་འགོད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་པོ་དང་ལྡན་པ་ ཡིན་ནོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་འབྲས་བུ་བཤད་པ་ལ། ཞིང་ཁམས་དང་བཅས་ པའི་རྟེན་གྱི་ཁྱད་པར་བཤད་པ་དང༌། འཕྲིན་ལས་བཤད་པ་གཉིས་ཀྱི་དང་པོ་ནི། བསལ་ ཏེ་སངས་རྒྱས་ཞིང་དུ་བཅོམ་ལྡན་འདས། །འོད་དཔག་མེད་དང་འདྲ་བར་འཇིག་རྟེན་གྱི། ། མགོན་པོ་སྐུ་ཚེ་དཔག་ཏུ་མེད་པར་མཛོད། །སྔོན་བསྐལ་བ་གྲངས་མེད་གསུམ་ལ་སོགས་ པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ དཔག་ཏུ་མེད་པར་བསྒྲུབས་ཤིང་སྨོན་ལམ་བཏབ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་ སྦྱོང་བར་མཛད་པས། སངས་རྒྱས་རང་སྣང་ཡེ་ཤེས་ཀྱི་ཞིང་ཁམས་འོག་མིན་སྟུག་པོ་བཀོད་ པའི་གནས་དང༌། གཞན་སྣང་དུ་ཡང་བདེ་བ་ཅན་ལ་སོགས་པ་གང་དུ་མངོན་པར་རྫོགས་ པར་སངས་རྒྱས་པའི་གནས་ནི། འཇིག་རྟེན་གྱི་ཁམས་གཞན་ལས་ཁྱད་པར་དུ་འཕགས་པ་ བདེ་བ་དམ་པའི་གནས་ཕུན་སུམ་ཚོགས་པ་འབྱུང་ཞིང༌། རྟེན་ནི་སངས་རྒྱས་རང་སྣང་གི་ཡེ་ ཤེས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་ཡོངས་སུ་བརྒྱན་པ། དུས་ཆད་པ་མེད་པར་རྟག་ཏུ་འཚོ་ ཞིང་{བཞེས་[གཞེས་]པ་འཁོར་བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་ལ་ཆོས་ཀྱི་འཁོར་ ལོ་མ་ལུས་པར་རྫོགས་པར་བསྐོར་བའི་ཆོས་ཡོངས་སུ་རྫོགས་པར་སྤྱོད་པས་ལོངས་སྤྱོད་ རྫོགས་སྐུ་ཞེས་བྱ་ཞིང༌། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་འཁོར་བ་ཇི་སྲིད་གནས་ ཀྱི་བར་དུ་འཚོ་ཞིང་{བཞེས་[གཞེས་]པ་དང་རྗེས་སུ་མཐུན་པར། རྒྱལ་པོ་ཁྱོད་ཀྱིས་ཀྱང་ འཇིག་རྟེན་གྱི་མགོན་པོ་སྐུ་ཚེ་དཔག་ཏུ་མེད་པ་དུས་རྟག་ཏུ་འཕོ་འགྱུར་མེད་པ་ནི་ལོངས་སྤྱོད་ 21-1-744 རྫོགས་པའི་སྐུ་ཡིན་པས། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མཛོད་ཅིག འདིར་ དཔེའི་སྐབས་སུ་བཅོམ་ལྡན་འདས་ཞེས་པ་འབྲས་བུའི་ཡོན་ཏན་འཆད་པར་དགོངས་པ་ཡིན་ ཏེ། འདས་ཞེས་པ་ལྷ་དབང་ཕྱུག་སོགས་ཀྱི་མིང་དང་ནོར་འཁྲུལ་བྱུང་བར་དོགས་ནས་ལོ་ཙཱ་ བས་བླ་ཐབས་སུ་བསྣན་པའོ། །དེ་ཡང་བྷ་ག་བཅོམ་པ་དང༌། སྐལ་བ་ལ་འཇུག་ཅིང༌། ཝན་ ལྡན་པ་སྟེ། བཅོམ་ལྡན་ནི་སྐལ་ལྡན་དུ་འགྱུར་བས། བདུད་བཞི་བཅོམ་པ་དང༌། སྐལ་བ་དང་ ལྡན་པ་སྟེ། དེ་ལྟར་ཡང༌། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་སྐལ་ཞེས་བྱ། །དེ་ཡང་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས། དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། བཟོད་པའི་ ཕ་རོལ་ཏུ་ཕྱིན་པ་ལས་གཟུགས་ཕུན་སུམ་ཚོགས་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ དཔལ་ཕུན་སུམ་ཚོགས་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གྲགས་པ་ཕུན་སུམ་ ཚོགས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དུས་གསུམ་ཆགས་ཐོགས་མེད་པའི་ཡེ་ ཤེས་ཕུན་སུམ་ཚོགས་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དོན་འཕྲིན་ ལས་ཕུན་སུམ་ཚོགས་པ་འབད་མེད་དུ་རྒྱུན་མ་ཆད་པར་འབྱུང་བའི་བརྩོན་འགྲུས་ཕུན་{སུམ་ }ཚོགས་{པ་}རྣམས་སོ། །འཕྲིན་ལས་བཤད་པ་ལ། ངོ་བོ་དང་དབྱེ་བ་གཉིས་ལས། དང་པོ་ ནི། ཤེས་རབ་ཚུལ་ཁྲིམས་གཏོང་འབྱུང་གྲགས་ཆེན་དྲི་མ་མེད། །ལྷ་ཡུལ་ནམ་མཁའ་དང་ནི་ ས་སྟེང་རྒྱས་མཛད་ནས། །སངས་རྒྱས་ཀྱིས་འགྲོ་བ་མཐའ་དག་གི་དབང་པོ་དང་མཚམས་ པར་ཆོས་ཀྱི་འཁོར་ལོ་མ་ལུས་པར་བསྐོར་བར་མཛད་པས། འགྲོ་བ་རྣམས་རྣམ་དཀར་གྱི་ དགེ་བའི་རྩ་བ་ལ་འགོད་པར་མཛད་{དོ[དེ]། །ཤེས་རབ་དང༌། ཚུལ་ཁྲིམས་དང༌། གཏོང་བ་ སྦྱིན་པ་སྟེ། དེ་རྣམས་ནི་འཕགས་པ་དགྱེས་པ་དང༌། མཁས་པས་བསྔགས་པར་བྱ་བའི་ཡུལ་ ཡིན་པས། གྲགས་པ་ཆེན་པོ་འབྱུང་བ་དང༌། སྐྱོན་གྱིས་མ་གོས་པ་དྲི་མ་མེད་པ་སྟེ། མི་དགེ་ 21-1-745 བས་མ་གོས་པ། ཉོན་མོངས་པས་མ་གོས་པ། བདེན་འཛིན་གྱིས་མ་གོས་པ་དེ་ལྟ་བུའི་དགེ་ བའི་རྩ་བ་ལྷ་ཡུལ་དང༌། ནམ་མཁའ་གནོད་སྦྱིན་རྒྱུ་བའི་གནས་དང༌། ས་སྟེང་གི་ཡུལ་དང༌། {དཔེ་[དེས་]མཚོན་ནས། ས་འོག་གི་ཀླུ་ལ་སོགས་པ་སྲིད་པ་གསུམ་གྱི་འཇིག་རྟེན་དུ་རྒྱས་ པར་མཛོད་ཅིག །དབྱེ་བ་ལ། མཐོ་རིས་ཀྱི་བདེ་བ་ལ་འགོད་པ། ཉན་ཐོས་དང་རང་སངས་ རྒྱས་ཀྱི་ཐར་པ་ལ་འགོད་པ། སངས་རྒྱས་ཀྱི་བྱང་ཆུབ་ལ་འགོད་པ་རྣམས་སྟོན་པ་ལས། མཐོ་ རིས་ཀྱི་བདེ་བ་ལ་འགོད་པ་ནི། ས་ལ་མི་དང་མཐོ་རིས་ལྷ་ནི་ན་ཆུང་མཆོག །བདེ་དགས་ དགའ་བ་ངེས་པར་རབ་ཏུ་ཞི་མཛད་དེ། །ས་ལ་མིའི་ཚོར་བ་སྡུག་བསྔལ་གྱི་ཚོགས་རྣམས་ཉེ་ བར་ཞི་བའི་དགའ་བདེ་དང༌། མཐོ་རིས་ལྷ་ནི་ལྷའི་ན་ཆུང་མ་དང་རྩེ་བ་ལ་སོགས་པའི་བདེ་ བ་རྒྱས་པར་བྱེད་པ་དང༌། ངེས་པར་ཚོར་བ་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པ་ནི་མཐོ་རིས་ ཀྱི་བདེ་བ་ལ་འགོད་པའོ། །དེ་ཡང་ཐར་པའི་སྐལ་བ་མེད་པ་མཐོ་རིས་ཙམ་ལ་འགོད་པ་དང༌། སྐལ་ལྡན་གྱི་ཐར་པའི་ལམ་སྟེགས་སུ་མཐོ་རིས་ལ་འགོད་པ་གཉིས་ཡོད་དོ། ། ཉན་རང་གི་ཐར་པ་ལ་འགོད་པ་{ན[ནི]། ཉོན་མོངས་ཉམ་ཐག་སེམས་ཅན་ཚོགས་ཀྱི་ འཇིགས་བསྐྱེད་དང༌། །འཆི་བ་ཞི་མཛད་ཉོན་མོངས་ཀྱི་ཉམ་ཐག་པའི་སེམས་ཅན་རྣམས་ལ་ ཐར་པའི་ལམ་བསྟན་པས། འཇིགས་པ་སྐྱེ་བ་དང༌། འཆི་བ་རྣམས་ཞི་བར་མཛད་པ་སྟེ། ན་ བ། རྒས་པ། མི་སྡུག་པ་དང་ཕྲད་པ་དང༌། འདོད་པ་བཙལ་གྱིས་མི་རྙེད་པ་ལ་སོགས་པ་དེ་ རྣམས་ཉེ་བར་ཞི་བ་ཉན་རང་གི་བྱང་ཆུབ་ལ་འགོད་{པ་ལ[པའོ།]། འདི་ནི་ཐར་པའི་སྐལ་བ་ ཡོད་ཀྱང་རེ་ཞིག་སངས་རྒྱས་ཐོབ་པའི་སྐལ་བ་མེད་པ་རྣམས་ཀྱི་དོན་དུའོ། །སངས་རྒྱས་ཀྱི་ བྱང་ཆུབ་ལ་འགོད་པ་ནི། རྒྱལ་བའི་དབང་པོ་ཉིད་བརྙེས་ནས། །འཇིག་རྟེན་ལས་འདས་མིང་ ཙམ་ཞི་ལ་མི་གཡོ་བ། །མི་བགྲེས་ནོངས་པ་མི་མངའི་གོ་འཕང་བརྙེས་པར་མཛོད། །འདི་ན་ རིགས་ངེས་མ་ངེས་ཇི་ལྟར་ཡང་ཐེག་ཆེན་པའི་སྐལ་{བ་}ཅན་རྣམས་ཏེ། རྒྱལ་བ་ཡང་ཡིན་ 21-1-746 ལ་དབང་པོ་ཡང་ཡིན་ཏེ། འཇིག་རྟེན་གྱི་འདྲེན་པ་དབང་པོ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་གོ་ འཕང་བརྙེས་པར་བྱས་པ་ནི་འཇིག་རྟེན་ལས་འདས་པ་ཡིན་ནོ། །ཉན་རང་འཕགས་པ་རྣམས་ ཀྱང་འཇིག་རྟེན་ལས་འདས་པ་མ་ཡིན་ནམ་ཞེ་ན། དེ་དག་ནི་རགས་པ་ཙམ་གྱི་དབང་དུ་བྱས་ ནས་འཇིག་རྟེན་ལས་འདས་པ་ཡིན་ཡང༌། དེ་དག་ལ་ནི་མ་རིག་བག་ཆགས་ཀྱི་ས་དང༌། ཟག་ མེད་ཀྱི་ལས་དང༌། ཡིད་ཀྱི་རང་བཞིན་ཅན་གྱི་ལུས་དང༌། བསམ་གྱིས་མི་ཁྱབ་པའི་{ཆོས་} འཆི་འཕོ་བ་དང༌། སྐྱེ་བ་ཡོད་པས་ན། འཁོར་བའི་ཉོན་མོངས་པའི་ཞད་མ་དག་པ་ཅུང་ཟད་ ཡོད་པས། འཇིག་རྟེན་ལས་ཤིན་ཏུ་འདས་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་སྐུ་གསུང་ཐུགས་ མཛད་པ་འཕྲིན་ལས་རྣམས། གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་{པའི་[པས་]མིང་ཙམ་གྱིས་ སྟོན་པ་ཡིན་ཅིང༌། སྤང་བྱ་སྒྲིབ་སོགས་མཐའ་དག་ཉེ་བར་ཞི་བ་དང༌། མི་གཡོ་བ་རྟག་པའི་ སྐུ་སྟེ། དེ་ནི་ཕུང་པོ་འགྱུར་ནས་བགྲེས་པར་མི་འགྱུར། ནོངས་པ་སྟེ་མི་རྟག་པའི་ཚུལ་བསྟན་ པ་མྱ་ངན་ལས་འདས་པར་མི་འགྱུར་ཞིང་དེ་དག་མི་མངའ་བ། ལོངས་སྤྱོད་རྫོགས་པའི་སྐུའི་ གོ་འཕངས་བརྙེས་པར་མཛོད་ཅིག །ཅེས་གདམས་པའི་ཚུལ་གྱིས་གདུལ་བྱ་སངས་རྒྱས་ ལ་འགོད་པའི་འཕྲིན་ལས་བསྟན་པའོ། །གཞུང་མཐར་ཕྱིན་པའི་དོན་ནི་གསུམ་སྟེ། བསྟན་ བཅོས་ཀྱི་མཚན་སྨོས་པ་ནི། བཤེས་པའི་འཕྲིན་ཡིག་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ ཀྱིས་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་བསྐུར་བ་རྫོགས་སོ།། །།འགྱུར་བྱང་ནི་རྒྱ་གར་གྱི་མཁན་ པོ་སརྦ་ཛྙཱ་དེ་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་གཏན་ལ་ ཕབ་པའོ། །འགྱུར་གྱི་ཡོན་བདག་ལ་གདམས་པ་ནི། དགེ་བཤེས་ཀླུ་ཡིས་གདམས་པའི་ཆར་ རྒྱུན་འདིས། །མི་རྗེ་རྒྱལ་པོའི་ཐུགས་ཀྱི་མཚོ་རྒྱས་ནས། །རྒྱལ་སྲིད་འཁོར་གྱི་ཉ་སྦལ་མང་ པོ་དག །སྐྱབས་མཛད་རེ་བ་ཡིད་བཞིན་སྐོང་བར་སྨོན། །ཕྱི་མ་གཉིས་ནི་འགྱུར་བྱེད་ལོ་ཙཱ་ བས་སྦྱར་བའོ། །{དེ་ལྟར་[འདི་སྔོན་]འཕགས་པ་ཀླུ་སྒྲུབ་ཀྱི། །གསུང་གི་བདུད་རྩིའི་ཉིང་ 21-1-747 ཁུ་ཡིས། །བདེ་སྤྱོད་རྒྱལ་པོ་སྨིན་མཛད་ལྟར། །{གདམས་ངག་གསུང་གི་བདག་དོན་རྙེད། ། [དེ་དོན་གསལ་བར་བཀྲལ་བ་ཡིན། །]ཚུལ་འདི་ས་སྤྱོད་{ཀུན་གྱི་གཙོ[ཕུན་སུམ་ཚོགས]། ། རྒྱལ་ཐབས་ཀུན་ལས་རྣམ་རྒྱལ་བས། །དོན་གཉེར་ཀུན་ལ་ཕན་པ་དང༌། །འཕགས་པའི་ མཆོག་ཀུན་དགྱེས་ཕྱིར་སྦྱར། །དེ་ལྟར་ཆོས་དོན་དྲི་མེད་ཉི་མའི་སྣང་བ་ཡིས། །འགྲོ་འདི་ རྒུད་པའི་མུན་པ་བསལ་ཏེ་ཐེག་མཆོག་ལམ། །གེགས་མེད་{མངོན་[སྔོན་]གྱུར་རང་གཞན་ དོན་གཉིས་ལྷུན་གྲུབ་སྟེ། །འགྱུར་མེད་མཆོག་གི་སྐུ་ཡི་འགྲོ་དོན་རྒྱས་གྱུར་ཅིག །{ཅེས་སློབ་ དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་གྱིས་མཛད་པའི་བཤེས་པའི་འཕྲིན་ཡིག་ཞེས་བྱ་བའི་ཊཱིཀྐ་ འདི་ནི། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་ལུང་ཇི་ལྟ་བ་བཞིན་ས་སྐྱོང་ཀུན་ གྱི་དབང་ཕྱུག །གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་ཟིན་བྲིས་སུ་བགྱིས་པ་ཡིན་པས། འདིས་ཀྱང་ཀུན་མཁྱེན་ཇོ་ནང་པའི་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒལཾ། །} འདིའི་མ་ཡིག་ནི་འཛམ་ཐང་པར་ཤིང་དང་འབྲས་དཔེ་རྙིང་ཕྱི་ལ།༡༤༡ གཉིས་ཡིན། རྟགས་འདི་འཛམ་ཐང་པར་ཤིང་ཁོ་ན་ལ་ཡོད། { } རྟགས་འདི་འབྲས་དཔེ་རྙིང་ཁོ་ན་ལ་ཡོད། [ ] རྟགས་འདི་དོགས་པ་ཡོད་རིགས་རྣམས་ཟུར་དུ་བཅོས་ཁུལ་བྱས་ཡོད། ( ) རྟགས་འདི་དཔེ་གཉིས་མི་འདྲ་ས་བདམ་བཀོད་བྱས་ཆོག །སྔོན་མ་འཛམ་ཐང་དང་ཕྱི་མ་འབྲས་དཔེ་རྙིང་ཡིན། { [ ] ཇོ་ནང་དཔེ་ཚོགས་བསྐྱར་ཞུ་གཉིས་པ། ཐུབ་དབང༌། ཁམ་པོ། གསུང་སྙན། དཔེ་གཟུགས་ཇུས་འགོད་པ། ངག་དབང་གསུང་སྙན། 21-1-748 ༄༅། །བཛྲ་བྷཻ་ར་བའི་ལས་མཁན་ལེགས་ལྡན་ལྷའི་མགོན་པོའི་ སྒྲུབ་ཐབས་ལས་སྦྱོར་དང་བཅས་པའི་ ལག་ལེན་བཞུགས། སྙན་རྒྱུད་ཤིན་ཏུ་གསང་བ། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་འཇམ་དཔལ་འཇིགས་མཛད་ཆེན་པོའི་ལས་ བྱེད་དྲག་པོ་ཆེན་པོ་ཞེས་བྱ་བ་དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་ནི་འདི་ཡིན་ཏེ། འདི་ནི་མུ་སྟེགས་ལུགས་མ་ཡིན་ལ། རྙིང་མར་ གྲགས་པའི་རླུང་ཞགས་ཀྱི་ལྷ་དང་ཡང་འདི་མི་འདྲ་སྟེ། འདི་ནི་ངེས་དོན་དུ་ཡེ་ཤེས་པ་ཡིན་ལ། དྲང་དོན་ཡང་ལྷ་ཆེན་པོ་གསུམ་ གྱི་ཡ་གྱལ་དེ་ཡིན། ཅིག་ཤོས་དེ་ནི་འདིའི་འཁོར་དུ་གཏོགས་པ། བོད་ཁམས་ཉིད་ལ་གཙོ་བོར་སྤྱོད་པའི་དྲེགས་པ་གདུག་རྩུབ་ ཅན་ཞིག་ཡིན་པར་སྣང་བས་སོ། །འདི་ནི་རྡོ་རྗེ་མཁའ་འགྲོའི་རྒྱུད་དང༌། ཏེ་ལོའི་རྟོག་པ་ཆེ་ཆུང་གཉིས་ལ་བརྟེན་པའི་མན་ངག་རྭ་ ལོ་རྡོ་རྗེ་གྲགས་པའི་ཞལ་གདམ་ཡིན་ནོ། །ཏེ་ལོའི་རྟོག་པ་ཆེ་ཆུང་དེ་གཉིས་ཀྱང་འཇིགས་མཛད་ཆེན་པོའི་རྒྱུད་རྒྱས་པའི་དུམ་བུ་ ཡིན་ནོ། །འདི་ལ་རྩ་བའི་བསྙེན་པ་ནི་རང་གི་མདུན་དུ་གཏོར་མ་སྤྱི་འགྲོའི་དང༌། ད་དྷུ་རའི་མེ་ཏོག །མེ་ཏོག་དམར་པོ་གཞན་དང༌། ཚིལ་ཆེན། ཤ་ཆེན། ཆང་རཀྟ། དུག་ཆུའི་མཆོད་ཡོན་སོགས་བཤམས། དཔལ་འཇིགས་མཛད་ཆེན་པོའི་བདག་བསྐྱེད་སྔོན་དུ་ འགྲོ་བས་མཆོད་གཏོར་རྣམས་ཡི་དམ་གྱི་ཆོ་ག་བཞིན་དུ་བྱིན་གྱིས་བརླབས། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ ནས་ཧཱུཾ་གཅིག་སྤྲོས་པ་ཡོངས་སུ་གྱུར་པ་ལས། ལེགས་ལྡན་ལྷའི་མགོན་པོ་སྐུ་མདོག་རྩ་ཞལ་ སྔོ་སྐྱ། ཞལ་ལྔ་གཡས་དམར། རྒྱབ་སེར། གཡོན་དཀར། སྟེང་ཞལ་དུད་ཁའོ། །སྟེང་ཞལ་ ལྔ་པོ་ཐམས་ཅད་སྤྱན་གསུམ་པ། ཕྱག་བཞི་དང་པོ་གཉིས་ཀྱི་རྩེ་གསུམ་དང་ཁ་ཊཾ་ག །འོག་ མ་གཉིས་ཀྱིས་ཌཱ་མ་རུ་དང་ཆང་གིས་གང་བའི་ཤར་ལྷོ་ཐོད་པ་འཛིན་པ། སྟག་ལྤགས། མི་ 21-1-749 ལྤགས། གླང་ལྤགས། སྦྲུལ་དང་མགོ་འཕྲེང་སོགས་ཀྱིས་བརྒྱན་པ། རལ་པའི་ཐོར་ཚུགས་ གངྒཱ་དང་ཟླ་བས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱངས་པས་ཁྱུ་མཆོག་དཀར་པོའི་ གདན་ལ་གནས་པ། གཡོན་གྱི་ཕྱོགས་ནས་ལྷ་མོ་གོ་རི་དམར་མོས་འཁྱུད་པའོ། །རང་གི་སྙིང་ ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ལེགས་ལྡན་ལྷའི་མགོན་པོ་འཁོར་དང་ བཅས་པ་བཛྲ་ས་མཱ་ཛཿ ཀ་པཱ་ལ་མཱ་ལཱ། ཨ་ལི་ཀྲིཾ་ཏེ་ཤྭ་ར་ཧཱུཾ་ཧཱུཾ། ཨ་གཙྪ་ཡ་ཨ་གཙྪ་ཡ་རུ་དྲ་ ཨ་སྭཱཧཱ། ཞེས་སྤྱན་དྲངས། སུམ་བྷའམ་ཨ་མྲྀ་ཏས་བགེགས་བསྐྲད། ཛཿཧཱུཾ་བཾ་ཧོཿ སྙིང་པོའི་མཐར་ས་མ་ཡ་ སྟྭཾ། ཞེས་དམ་ལ་བཞག །ༀ་མ་ཧེ་ཤྭ་ར་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྷ་ཡི་རྒྱལ་པོ་ མཐུ་བོ་ཆེ། །འཇིག་རྟེན་གསུམ་ལ་དབང་བསྒྱུར་པ། །དྲག་པོ་མིག་གསུམ་བདེ་བྱེད་དེ། །ཨུ་ མའི་བདག་པོ་ཁྱོད་ལ་བསྟོད། །དཔྲལ་བར་ༀ། མགྲིན་པར་ཨཱ། ཐུགས་ཀར་ཧཱུཾ། ཐུགས་ཀ་ ནས་དབང་གི་ལྷ་སྤྲོས་ཏེ་དབང་བསྐུར་ཏེ་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན། སྤྱན་འདྲེན་གྱི་སྔགས་ཀྱི་མཐར་ ཨ་ཀཱ་རོ་བཏགས་པས་གཏོར་མ་ཕུལ། རང་གི་ཐུགས་ཀའི་ས་བོན་གྱི་ཞབས་ཀྱུའི་ནང་དང༌། མདུན་ བསྐྱེད་ཀྱི་ཐུགས་ཀར་སྔགས་འཕྲེང་བསམ་ལ། ༀ་ཨཿརུ་དྲ་ཧཱུཾ་ཧཱུཾ་སྭཱཧཱ། ཞེས་བཟླས། ཐུན་འཇོག་ཁར་ མཆོད་བསྟོད་བྱས་ཏེ། བཛྲ་མུཿ ཞེས་ཡེ་ཤེས་པ་ལྟེ་བའི་ས་བོན་ལ་བསྡུ། འདི་ལ་བསྙེན་པའི་གྲངས་ཀྱི་ངེས་པ་ མེད་པའི་ཇི་ལྟར་བདེ་བའོ། ། ལས་ཀྱི་བསྙེན་པ་ནི་མཎྜལ་གྲུ་གསུམ་སྤྱི་དང་མ་ཐུན་པར་བཤམས། དབུས་སུ་རྩེ་གསུམ་བྲིས་གཏོར་མ་ནོར་བུ་མིག་ གསུམ་ཤ་ཁྲག་གིས་བརྒྱན། མཆོད་གཏོར་བཤམས༌། རྩ་བའི་བསྙེན་པའི་སྐབས་ནི་མཁའ་འགྲོ་ཡིན། འདིར་ཤིན་ཏུ་ཁྲོ་བོར་ བསྒྱུར། སྔར་གྱི་བསྙེན་པས་སྔགས་ལ་ༀ་ཨ་ཎྲྀ་ཛ་ས་མ་ཡ། སྲོག་བྲིང་བྲིང་ཛ་ཛཿ ཞེས་བཏགས་པ་བཟླ་ཞིང༌། སྔགས་འཁོར་ཐུགས་ཀར་ནས་ལྟེ་བར་འཁོར་བའི་ལུགས་གཅིག་དང༌། ཐུགས་ཀའི་ཧཱུཾ་གི་མདུན་བསྐྱེད་ཀྱི་སྔགས་འབྲས་བུའི་ ཞལ་ནས་ཅུང་ཟད་རེ་བླངས་ཏེ། རང་གི་ཐུགས་ཀའི་སྔགས་ལ་བསྟིམ་པའི་ལུགས་གཅིག་སྟེ་གཉིས་པོ་སྤེལ་གྱིན་བཟླ། ཚུལ་དེ་ ལྟ་བུའི་ཞག་བདུན་སོགས་བྱའོ། །དཀྱིལ་འཁོར་ལ་ནུབ་རེ་བཞིན་བརྟན་བཞུགས་བྱ། གཤེགས་གསོལ་དང་བསྡུ་བ་མི་དགོས། 21-1-750 འདི་དག་གི་སྐབས་རྣམས་སུ། མཧཱ་དེ་བ་ཨེ་ཛ། ཨུ་མ་དེ་བཱི་ཨེ་ཛ། དྷུ་པྲ་མ་ངྷུ་ཁྲག་ད་དུན་ཏི་མ་དུ་ཛཿ ཞེས་པ་རྦད་སྔགས་བརྒྱ་རྩ་རེའང་ཇི་ལྟར་འོས་པ་ཡང་བཟླ་ཞིང༌། མཧཱ་དེ་བ་ཏི་ཛ་ཏི་ཛ། སཾ་བྷྲ་མ་ན་རཀྵ་ཀང་ཀ་ ལ་ཡ་ཧཱུཾ། དེ་བ་ར་ཛ་མ་ཧཱ་ནི་ཛ། དགྲ་བོ་མཱ་ར་ཡ་ཐུན་རྦད་ཤཀ་སེ་ན་ཛ་ཛ་ཧཱུཾ་ཧཱུཾ། ཙ་ཏུར་མུ་ཁ་ རཀྵ་མ་ན། ཀང་ཀ་ལ་ཡང་ཧཱུཾ། མཧཱ་དེ་བ་ཨ་མུ་ཀ་མཱ་ར་ཡ་སོད། ཎི་ཧུར་ཐུམ་ཛ། ཤ་ཏྲུན་མཱ་ ར་ཡ་རྦད། ཅེས་པ་ནི་བསད་སྔགས་དང་ཐུན་ཟོར་གཅིག་ཏུ་དྲིལ་བ་སྟེ། འདི་ཡང་ཉེར་གཅིག་སོགས་ཇི་ལྟར་འོས་པར་བཟླའོ། ། དེ་ལྟར་ལས་ཀྱི་བསྙེན་པ་འགྲོལ་བའི་སྐབས་སུ་མདུན་བསྐྱེད་གཤེགས་བསྡུ་བྱེད། རྟེན་ཡོད་ན་བརྟན་བཞུགས་བྱ་མེད་ཀྱང༌། ཚན་པོ་ཆེ་ཙམ་མ་གཏོགས་འདིའི་བྲིས་འབུར་གྱི་སྐུ་བརྙན་བཞེངས་པའི་རྒྱུན་མེད་དོ། ། སྒྲུབ་པ་ནི་སྔར་གྱི་དཀྱིལ་འཁོར་དང་འདྲ་བའི་མདུན་དུ་འབྲུབ་ཁུང་སྤྱི་དང་མཐུན་པ་དུག་གིས་བྱུག་པའི་ནང་དུ། གྲོག་ མཁར་བདུན་དང༌། ཟག་རྫས་དང༌། རྐང་རྗེས་བསྲེས་པའི་བག་ཟན་གྱི་ལིང་གའི་སྙིང་ཁར་བསད་སྔགས་ཀྱིས་མཐའ་བསྐོར་བའི་ བྲིས་ལིང་བཅུག །དེ་དབུས་སུ་བཞག །རོ་གཡམ་གྱིས་ཁ་བཅད། མཚན་ངན་གཉིས་སུ་སྐམ་ཐུན་རློན་ཐུན་བཞག །རྩིབ་མའི་ གཞི་དང༌། ཤུག་ཆེན་ཀྱི་མདའ་ལ་དུག་ཁྲག་གིས། བསད་སྔགས་བྲིས་པ་ཡང་བཤམས། དེ་གསུམ་ལ་སོགས་བསད་སྔགས་དྲུག་ ཅུ་རེའམ་ཐུན་མོང་དུ་དྲུག་ཅུ་བཟླས་ཀྱང་རུང་སྟེ་ཐུན་རེ་བཞིན་དགོས་སོ། །ཆོ་ག་ནི་སྔར་བཤད་པ་བཞིན་ལས། གཏོར་འབུལ་ གྱི་སྐབས་སྤྱན་འདྲེན་པའི་སྔགས་ཀྱི་མཐར། ཨེ་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཤ་ཏྲུན་ད་ཧ་ད་ཧ། པ་ ཙ་པ་ཙ་མཱ་ར་ཡ་ཧཱུཾ་ཕཊ། ཞེས་བྱ། བཟླས་པའི་སྐབས་བོད་རྦད་གཅིག་ཏུ་དྲིལ་བ་དང་འཇུག་ཏུ་རྦད་སྔགས་ལ་བསད་ སྔགས་བཏག་པ་ཅུང་ཟད་རེ་བཟླ། གཏོར་འབུལ་སོང་མཚམས་སུ་འབྲུབ་ཁུང་ཁ་ཕྱེ་ནས་ལིངྒ་དགུག་གཞུག་དྲག་ཏུ་བྱ། དེ་ནས་ ལྷ་དང་དབྱེ་བའི་དམིགས་པ་དང་བཟླས་པ་བྱེད། ཡིད་དམ་གྱི་ཕྱག་མཚན་འདེབས་ཁ་རྣམས་སོང་བའི་རྗེས་སུ་བོད་རྦད་བསད་ གསུམ་གཅིག་ཏུ་དྲིལ་བའི་སྔགས་བཟླ་བཞིན་དུ་ཐུན་གསུམ་པོ་ཅུང་ཟད་པ་རྡེག །བསྒྲུབ་བྱ་མྱོས་ཤིང་བཅིངས་ལ་ཐར་ས་མེད་ པར་བསམ། འབྲུབ་ཁུང་ཁ་བཅད་དེ་རི་རབ་ཀྱིས་ཀྱང་མནན་པར་མོས། བསྒྲུབ་བྱ་འདི་ཞེས་བྱ་བ་སྟཾ་བྷ་ཡ་ལཾ། ཞེས་བརྗོད་དེ་ལྟར་བསྒྲུབས་པས་རྟགས་འབྱུང༌། དེ་ནས་ལས་ལ་སྦྱར་བ་ནི། གཞན་སྔ་མ་དང་འདྲ་བ་ལས། མདུན་བསྐྱེད་བཟླས་ པའི་སྐབས་སུ་བོད་རྦད་བསད་གསུམ་གཅིག་ཏུ་དྲིལ་ནས་བཟླ། ཐུན་རེ་བཞིན་ལིང་ག་གསར་པ་རེ་ཡང་བཅས། དགུག་གཞུག་ 21-1-751 ལྷན་ཅིག་ཏུ་བྱས། ཐུན་བརྡེགས་པའི་བར་དུ་འདྲ་བ་ལས་འབྲུབ་ཁུང་ཁ་བཅད་དེ་མནན་ལིང་ག་གསར་བ་ཕུར་སྐོར་བྱས། ཕུར་ བས་བཏབ་སྟེ་བསྒྲལ་ནས་གཏོང་མ་ལ་བཏབ། གཏོར་སྔགས་ཀྱི་འབུལ་ལོ། །མི་རིང་པར་རྟགས་འབྱུང་ཞིང༌། མ་བྱུང་རུང་ཞག་ བདུན་སོགས་སོང་བ་ན་འབྲུབ་ཁུང་གི་ལིང་ག་ཡང་ཕུར་བུས་བཏབ། རལ་གྲིས་གཏུབ་ནས། དུག་ཤིང་ངམ་ཚེར་མ་ཅན་གྱི་ཤིང་ ལ་མེ་སྦར་བའི་ནང་དུ་ཚུ་ཚན་ངྷ་རིའི་ཆོ་ག་ཞིབ་མོ་ནས་འབྱུང་བ་ལྟར་སྔགས་བཟླས་ཤིང༌། ཐལ་བ་ལམ་རྒྱ་གྲམ་དུ་མནན་པར་ བྱའོ། །དེ་ནས་གཏོར་ཟོར་འཕང་བ་ནི་འོག་ཏུ་འཆད་པར་འགྱུར་རོ། །འདི་ནི་ལེགས་ལྡན་ལྷ་མགོན་ཉིད་སྒོས་སྒྲུབ་ཀྱི་ཚུལ་ཡིན་ ལ། གཤིན་རྗེའི་འཁོར་ལོ་གཏོད་ན་དེ་དང་སྦྲེལ་ཚུལ་ཤེས་དགོས་སོ། ། ཚུ་ཚུན་རྡ་རིའི་ཆོ་ག་ཞིབ་མོའི་ལུགས་ལྟར་སྒྲུབ་ན། བདག་བསྐྱེད་ཀྱི་བཟླས་པ་སྟོང་ཙམ་སོང་བའི་མཐར། རང་གི་སྙིང་ ག་ནས་རཾ་སྤྲོས་པ་ལས་ཉི་མ། ཕཊ་སྤྲོས་ཏེ་དེའི་སྟེང་དུ་འཁོར་བ་ལས་འོད་འཕྲོས། གདུག་ པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། རིན་པོ་ཆེའི་མིག་གསུམ་ པ། དེ་ཞུ་བ་ལས་བྱུང་བའི་དབྱུག་ཏོར་གྱུར། དེ་ལས་ལྷ་ཆེན་པོ་སྐུ་མདོག་དམར་པོའམ་ནག་ པོ་ཁྲོ་བོའི་ཆ་བྱད་རྫོགས་ཤིང་སྦྲུལ་གྱི་ཚངས་སྐུད་ཅན། གཡས་གྲི་གུག་འཕྱར་ཞིང་གཡོན་ ཐོད་ཁྲག་བསྣམས་པ། ཞབས་གཉིས་གྱད་ཀྱི་དོར་སྟབས་ཀྱིས་བསྒྲུབ་བྱའི་ལུས་ལ་མནན་ པ་ཞིག་སྒོམ། ཡེ་ཤེས་སྤྱན་འདྲེན་གོང་དུ་བཤད་པ་དང་འདྲ། རང་དང་ཕོ་ཉའི་ཐུགས་ཀར་ཕཊ་ཀྱི་མཐར་ སྔགས་ཀྱི་བསྐོར་བར་བསྒོམ། ༀ་རུ་དྲ་མ་ཧེ་ཥཱ་ར་ཡོ་ཀ་པྲ་ཤ་མ་མ་ཡོ་ག་སིངྔྷི་ད་ད་ཧི་མེ་སྭཱཧཱ། ཞེས་པ་ཅི་ནུས་སུ་བཟླ། ཐུན་འཇོག་ཁར་མཆོད་བསྟོད་བྱས་ལ་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུའོ། །འདི་ལ་གཙོ་བོ་བྱེད་ ན་འབུམ་ཕྲག་བཞི། དེ་མིན་འབུམ་ཙམ་བཟླས་པས། བསྙེན་པ་ཡིན། སྒྲུབ་པ་ནི་དེ་དང་འདྲ་བ་ལས། རང་དང་ལྷ་ཆེན་གྱི་ ཐུགས་ཀ་ནས་འོད་ཟེར་འཕྲོས་སོ། །བསྒྲུབ་བྱ་མདུན་དུ་བཀུག་པ་ལ་གཙོ་བོའི་ཞབས་འོག་ གི་གདོང་བརྙན་སྤྲོས་ཤིང་བསད་པའི་ལས་མཛད་པ་དང༌། ལྷ་ཆེན་གྱིས་ཀྱང་ཞབས་ཀྱིས་ བཏེགས་ཤིང་གྲི་གུག་གིས་གཏུབས་པར་བསམ་ལ། ཧྲིཿཥྚིའི་མཐར་ཧཱུཾ་ཧཱཿད་ཧ་ད་ཧ། པ་ཙ་པ་ ཙ། ཞེས་བཏེགས་ལ་ཁྲི་ཕྲག་ཅིག་བཟླ་བར་བྱའོ། །ལས་སྦྱོར་གྱི་ལས་ཚོགས་འཐོར་བུ་བ་རྣམས་ཆོ་ག་ཞིབ་མོ་ཉིད་ལས་གསལ། 21-1-752 སྦྱིན་སྲེག་གི་བསད་ལས་ནི་མཆོད་གཏོར་དང་ལིང་ག་ལ་ཚུ་ཚུན་ངྷ་རའི། ཤ་རུས་བསྲེ་ཞིང༌། སྦྱིན་བསྲེག་འབུལ་བའི་སྔགས། ༀ་ རུ་དྲ་ནས་མི་སྭཱཧཱ་ཧཱུཾ་ཧ། ད་ཧ་ད་ཧ། པ་ཙ་པ་ཙ་ཨུཏྟེ་ཡ་ཧཱུཾ་ཕཊ། ༀ་མ་མ་ཧུ་ཡ་ཏེ། ཆེ་གེ་མོ། །མཱ་ར་ཡ་ཕཊ། ཅེས་བཟླས་པའི་ཁྱད་ མ་གཏོགས། གོང་རྩ་བའི་སྒྲུབ་ཐབས་ཀྱི་ལས་སྦྱོར་དང་འདྲའོ། ། འདི་ནི་གཤིན་རྗེའི་འཁོར་ལོ་སྒྲུབ་པའི་ཆོ་ག་དང་སྦྲེལ་ཏེ་འཁོར་ལོ་དབང་ཕྱུག་ཆེན་པོ་ལ་གཏོད་པ་དང༌། འཁྲུལ་འཁོར་ སྦྱིན་སྲེག་ཏུ་བྱེད་པ་ལ་ཤིན་ཏུ་བསྔགས། སྒོས་སུ་སྒྲུབ་ནའང་འཁྱེར་བདེའོ། །འདིའི་ཡི་གེ་རྙིང་པ་ལ་ལ་ན། ཚོགས་བདག་གི་ གདོང་ཅན་ཟེར་བ་ཡོད་པས། གླང་པོ་ཆེའི་གདོང་ཅན་དང༌། གླང་གི་གདོང་ཅན་དང༌། མ་ཧེའི་གདོང་ཅན་ཏུ་འདོད་པ་སོགས་བྱུང་ ཀྱང༌། རང་ལུགས་ཁྲོ་ཞལ་རང་དུ་བྱེད་པ་ལྟར་འཐད་དོ། །ཡང་ལས་མཁན་ཏེ་ལོའི་དྲག་པོ་བ་ནས་འབྱུང་བ་ལྟར་བསྒྲུབ་ན། ཐོག་ མར་ཉེ་བའི་བསྙེན་པ་ནི། རང་གི་མདུན་ཏུ་བྷྲུཾ་ལས་དབྱུག་ཏོ་བྷྲུཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་ དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། གཡས་མི་མགོ་རློན་པས་ མཚན་པའི་དབྱུག་ཏོ་འཕྱར་ཞིང༌། གཡོན་ཐོད་ཕྲག་ཐུགས་ཀར་འཛིན་པས། ཁྲག་ཆེན་དང་ ཐལ་ཆེན་གྱིས་ལུས་ལ་བྱུག་པ། ཁྲོ་བོའི་ཆ་བྱད་རྫོགས་ཤིང༌། གཡོན་བརྐྱང་གི་སྟབས་ཀྱིས་ མི་རོའི་གདན་ལ་བཞུགས་པ། འཁོར་སྲིན་པོ་ཕོ་མོ་དང༌། བྱ་དང་གཅན་གཟན་གདུག་པའི་ ཚོགས་ཀྱིས་བསྐོར་བའོ། །རང་གི་སྙིང་ཁའི་སྔགས་འཕྲེང་ལས་འོད་འཕྲོས། སྟེང་ཞལ་དམར་ མོའི་ཞལ་ནས་འཐོན། དབང་ཕྱུག་ཆེན་པོའི་སྤྱི་བོའི་ནས་ཞུགས། སྙིང་ཁའི་སྔགས་འཁོར་ བསྐུལ་དེའི་འོད་ཟེར་འཁོར་ཚོགས་ལ་ཕོག་པའི་གཙོ་འཁོར་ཐམས་ཅད་དབང་དུ་འདུས་པར་ བསམ། མཧཱ་དེ་བཱ་ད་ཥ་རར། ཞེས་པ་ཅི་ནུས་བཟླས། ཐུན་འཇོག་ཁར་དེ་ཉིད་མི་དམིགས་པར་བསྒོམ། དེ་ལྟར་ཞག་ བདུན་སོང་ནས། སྔར་གྱི་སྔགས་ལ། དགྲ་པོ་མཱ་ར་ཡ་ཙིཏྷ་ཧུར་ཐུམ། ཞེས་པ་བཏགས་ཏེ་བཟླ། ཡང་ཞག་བདུན་ སོང་བ་ན་སྔགས་དེའི་མ་དྲུག་ཏུ་ཡང༌། ན་མཿབ་ཧཱ་བྷཱུ་ཏ་དགྲ་བོ་མཱ་ར་ཡ་ཕཊ། ཅེས་པ་བཏགས་ཏེ་བཟླ། བདུན་ གསུམ་ཉི་ཤུ་རྩ་གཅིག་གིས་བསྙེས་པ་རྫོགས་པ་ཡིན། འདི་སྐབས་གཏོར་མ་ཤ་ཁྲག་གིས་སྤག་ཤིང་ནོར་བུ་མིག་གསུམ་གྱིས་ བརྒྱན་པ་རེ་བཤམས། བཟླས་པ་གང་བྱེད་པའི་སྔགས་ཀྱིས་མཐར་ཨ་ཀཱ་རོ་བཏགས་ནས་འབུལ། ལས་སྦྱོར་ཉིད་ལ་བལྟོས་ 21-1-753 པའི་བསྙེན་སྒྲུབ་ལས་གསུམ་ནི། དང་པོར་ཏེ་ལོའི་ཁྲག་དང་དུག་ཁྲག་སོགས་བསྲེས་པའི་སྣག་ཚས། འཁོར་ལོ་རྩིབས་བཞི་མུ་ ཁྱུད་དང་བཅས་པའི་ལྟེ་བར། ཧྲིཿཥྚཱིཿས་བསྐོར་བའི་དཀྱིལ་དུ་བསྒྲུབ་བྱའི་མིང་སྤེལ། མཱ་ར་ཡ་ཕཊ་དང་བཅས་པ་ འབྲི། རྩིབས་བཞི་ལ་ཡི་གེ་བརྒྱད་པ་དང་དགུ་པ་ཚར་རེ། མུ་ཁྱུད་ལ་ཡི་གེ་བཅུ་གཉིས་པས་བསྐོར། རྩིབས་མཆན་ལ་བསྒྲུབ་ བྱ་འདི་ཞེས་བྱ་བ་མ་ཧེའི་ཤཱ་རས་མཱ་ར་ཡ། ཞེས་པ་འབྲི། དེ་ཡང་ལིང་གའི་ལུས་ལ་འབྲི་བ་ཡིན། དེ་ལ་དགུག་གཞུག་ དང༌། སྲབ་རྩིས་བྱས། ཏེ་ལོའི་ལྤགས་པ་རླིད་བཤུས་སྡེར་མོ་དང་བཅས་པ་མཉེས་ནས་ཕྱི་ནང་བསྒྱུར་པའི་ལྤགས་པ་ལའང་། གོང་ གི་འཁོར་ལོ་དེ་འབྲི་དགོས་པ་ཡིནའང༌། ཏེའུ་མ་ལ་ངོས་འཛིན་མི་གཅིག་པ་ཡོད་པས། ཚུ་ཚུནྡྷ་ར་ལ་ཟེར་ན་བོད་ཀྱི་འདི་ལུས་ཆུང་ བས་འཁོར་ལོ་ཇི་བཞིན་འབྲི་ཐུབ་པ་དཀའ་འོ། །ངེས་པ་ནི་ཚུ་ཚུན་ངྷ་ར་ཡིན་ནའང༌། བོད་ཀྱི་ཏེ་ལོར་གྲགས་པ་འདིས་དེའི་དོད་ ཐུབ་པ། གྲུབ་ཐོབ་ཀྱི་དགོངས་པ་ཡིན་ན་དག་པ་མི་གཏོང་སྟེ། འདི་ལ་ནི་འཁོར་ལོ་ཤོང་བ་ལྷག་བཅས་སོང་བས་ཚར་གཉིས་བྲིས་ ན་ལེགས་སོ། །གང་ལྟར་ནའང་རླིད་བཤུས་ཀྱི་ནང་དུ་བསྒྲུབ་བྱའི་བཤང་ལྕི། རྐང་རྗེས་ཀྱི་ས། སྐྲ་དང༌། ཕ་མེས་ཀྱི་རུས་པ་སོགས་ རྫས་གང་རྙེད་ཀྱི་དབུས་སུ་སྔར་གྱི་འཁོར་ལོ་དང་བཅས་པ་བཅུག །རླིད་བཤུས་ཀྱི་བསྐྱལ་བ་རོ་སྐྲས་བཅིངས། འབྲུབ་ཁུང་སྤྱི་ དང་མཐུན་པའི་ནང་དུ་བཅུག །དྲག་པོའི་མཆོད་རྫས་སྤྱི་དང་མཐུན་པ་ལ་ཏེ་ལོ་ཤ་ཁྲག་བསྲེས་པ་བཤམས། འབྲུབ་ཁུང་གི་དབུས་ སུ་བསྒྲུབ་བྱ་སྒྱེལ་བའི་སྟེང་དུ་ལེགས་ལྡན་ཉིད་བསྒོམ། གཞན་གོང་དུ་བཤད་པ་དང་འདྲ་བ་ཞག་གསུམ་ལྔ་བདུན་ཚུན་ཆད་བྱེད་ པ་ནི་ལས་སྦྱོར་གྱི་བསྙེན་པའོ། །དེ་ནས་གཞན་འདྲ་བ་ལས་འབྲུབ་ཁུང་ནང་གི་ལིང་ག་དང༌། རྐྱལ་བའི་ནང་གི་བྲིས་ལིང་གཉིས་ ཀར་ལ་དམིགས་ནས་དགུག་གཞུག་ཡང་ཡང་བྱེད་ཅིང་སྔགས་ཡིག་དཔྱད་པ་ལ་དགུ་བ་བཏགས། བཅུ་བདུན་པ་དྲག་ཏུ་བཟླ། དབང་ཕྱུག་གི་ཞབས་ཀྱིས་མནན་ཅིང༌། དབྱུག་པས་བརྡུངས་པས་མྱོས་ཤིང་ཐར་པ་མེད་པར་བསམ། ཞག་ཆས་བྱ་སྟེ་ལས་སྦྱོར་ གྱི་སྒྲུབ་པའོ། །དེ་ནས་རྩ་བའི་སྒྲུབ་ཐབས་སུ་བཤད་པ་ལྟར་ལིང་ག་དང༌། རྐྱལ་པ་ལ་ཐུན་གྱིས་འདེབས་པ་ཞག་ཤས་བྱས་ནས། གཟའ་སྐར་དྲག་པོ་ལ་ལིང་ག་བསྒྲལ། ཏེ་ལོའི་ཤ་ཁྲག་རུས་གསུམ་བསྲེས། ཐབ་ནང་དུ་དབང་ཕྱུག་ཆེན་པོའི་བསྐྱེད་ལ་སྔགས་ འབྲུ་བཅུ་བདུན་པ་ལ། བཅུ་གཉིས་པ་བཏགས་ཏེ་སྦྱིན་བསྲེག་ཕུལ། འདི་ལ་སྦོགས་ཆོག་དང་ཡང་ཆོག་གི་འཁོར་ལོ་སོགས་ཡོད་ ཀྱང་ལག་ལེན་ལ་གཅིག་ཏུ་ངེས་པར་དགོས་པའང་མིན། སྔགས་ཀྱིས་རྐྱལ་པ་འཁོར་ལོ་དང་བཅས་པ་དེ་ཀ་སྦྱིན་སྲེག་ཏུ་འབུལ་ བ་ཉིད་སྤོགས་ཆོག་ཡིན། འདི་དང་གཤིན་རྗེའི་འཁོར་ལོ་ཆེན་མོ་སྦྲེལ་ལུགས་ཀྱང་ཤེས་དགོས་སོ། །ད་ནི་འཁོར་བདག་པོ་གཤིན་ 21-1-754 རྗེ་གཤེད་ཀྱི་དྲུག་ཅུ་རྩ་བཞིའི་སྡེ་ཐུང་དུ་སྦྱོར་བས་གཏོར་བཟློག་གི་ཆོ་ག་ནི་འདི་ཡིན་ཏེ། དཀྱིལ་འཁོར་ཆེན་པོའི་ཕྱོགས་གང་ ཡང་རུང་བ་ཟླ་གམ་སྔོན་པོའི་དཀྱིལ་འཁོར་དུ་ཆོས་འབྱུང་གྲུ་གསུམ་དམར་ནག་དེའི་དབུས་སུ་མི་རོ་ལ་དབྱུག་ཏོ་གནས་པ་ཞིག་ འབྲི། ཆོས་འབྱུང་གི་རྩེ་མོའི་ཕྱོགས་སུ་གཏོར་མ་ནོར་བུ་མིག་གསུམ་གྱི་གཟུགས་ཅན་ཅིག་དང༌། མདུན་དུ་འཕེན་གཏོར་ཐོག་ ལྡེའི་དབྱིབས་ཅན་དུག་ཁྲག་གིས་བྱུག་པ་འགོད། དྲག་པོའི་མཆོད་གཏོར་གྱིས་གཡོན་སྐོར་དུ་བསྐུར། བཤམ་བཀོད་རྣམས་སྔ་ རོལ་ནས་སྡེབ་གཅིག་ལ་བྱ། དེའི་ཕྱིར་མཆོད་གཏོར་བྱིན་རླབས་རྒྱས་པ་ཡང་དཀྱུས་ཀྱི་དེ་ཀས་ཆོག །རྩ་བའི་གཏོར་མ་བསྔོ་བའི་ རྗེས་སམ། དྲུག་ཅུ་རྩ་བཞི་ཕུལ་གྲུབ་མཚམས་ལས་ཀྱི་གཤིན་རྗེའི་སྔ་ཕྱི་གང་རུང་དུ་སྦྱར་ཀྱང་རུང་སྟེ། འབྲུ་གསུམ་གྱིས་མཆོད་ པ་བྱིན་རླབས་ཁ་གསོས། ༀ་ཤུ་ནྱ་ཏ་ཞེས་པ་ནས། བཟླས་པའི་བར་གོང་བཞིན། དེ་ལ་བཟླས་པ་ནི་སྙིང་པོའི་སྔགས་ཐུང་ ལ། ཨེ་ཨ་ཎྲྀ་སོགས་བཏགས། དེ་ལ་མཧཱ་དེ་བཱ་ཨེ་ཛ་སོགས་བཏགས་པ་སྟེ། བོད་རྦད་སྦྲེལ་པ་ཅི་འོས་པ་བཟླས། དེ་རྗེས་མཆོད་བསྟོད་ཞིག་བྱས་ནས། ལེགས་ལྡན་ལྷའི་མགོན་པོ་དེ་ཉིད་ལས་ཀྱི་སྲིན་པོ་མི་བཟད་པ་ དབང་ཕྱུག་ཆེན་པོ་ཞལ་གཅིག་ཕྱག་གཉིས། གཡས་མི་མགོ་རློན་པས་མཚོན་པའི་དབྱུག་ཏོ་ འཕྱར་བ་ནས་སོགས་ཀྱི་བསྐོར་བའོ། །མཧཱ་དེ་བ་དེ་ཥ་ར་ར་དགྲ་བོ་མ་ར་ཡ་ཙིཏྟ་ཧུར་ཐུམ། ཞེས་པ་ཉིད་ཅི་ མང་བཟླ་ཞིང༌། དེ་ལ། མཧཱ་དེ་བ་ཏེ་ཛོ་སོགས་བཏག་གོ །རྐམ་རློན་མདའ་ཟེར་གསུམ་ལ་བཏབ། དྲག་པོའི་གཏོར་མ་ལ་ དགྲ་བགེགས་དགུག་གཞུག་བྱ་སྟེ། སྙིང་པོ་ཡི་གེ་བརྒྱད་པ་ལ། ཨི་དཾ་བ་ལིང་སོགས་གོང་བཞིན་བཏག་ལ་ལན་ཉེར་གཅིག་ ཙམ་དྲག་ཏུ་བཟླས། མཆོད་འཕྲེང་ལས་གཤིན་གྱི་དེ་འདོན་པ་སྤོས་ཏེ་མཆོད་པ་རྣམས་དྲག་གཏོར་ལ་བཏབ། སྔར་གྱི་བསྟོད་ཐུང་ གི་མཐར། ལྷ་ཡི་རྒྱལ་པོ་རྫུ་འཕྲུལ་ཅན། །སྲིད་པ་གསུམ་གྱི་བྱེད་པོ་སྟེ། །སྡེ་བརྒྱད་ཡོངས་ཀྱི་ དམག་དཔོན་ལགས། ཁྱོད་ཀྱིས་མི་ཐུབ་གང་ཡང་མེད། །ལྷ་མིན་གྲོང་ཁྱེར་སུམ་བརྩེགས་ བཅོམ། །མདུང་རྩེ་གསུམ་པ་གཅིག་བསྐྱོད་པས། །ས་གཞི་ཆེན་པོ་རིང་དུ་འཕངས། །གདུག་ པ་ཅན་ཀུན་འཇོམས་པ་པོ། །སྒྲུབ་པོ་རྣལ་འབྱོར་ཅན་རྣམས་ལ། །ཚེ་དང་བློ་གྲོས་དབང་ ཕྱུག་སྟེར། །ཉམས་པ་ཀུན་གྱི་གཤེད་མ་མཛད། ཁྱུ་མཆོག་རྒྱལ་མཚོན་ལས་ལ་ཡ། །དགྲ་ བོའི་དབུག་ལ་ཐུམ་རིལ་ལི་ལི། །དགྲ་བོའི་མགོ་ལ་བཾ་རིལ་ལི་ལི། །དགྲ་བོའི་སྲོག་ལ་ཧུར་ 21-1-755 ཐུམ་ཛཿ །དགྲ་བོའི་སྙིང་ལ་བྲེང་ཤག་བྷྱོཿ །དམ་ཉམས་དགྲ་བོ་ཕུང་བར་མཛོད། །ལྷ་སྔགས་ ཐམས་ཅད་གཤེད་དུ་ཕོབ། །མཛའ་བཤེས་གཉེན་དག་འཐབ་ཏུ་ཆུག །དགྲ་བགེགས་འཁོར་ བཅས་ཐལ་བར་རློགས། ཁྱོད་ཀྱི་འཁོར་ནི་མི་བསྲུན་ཏེ། །ལོག་འདྲེན་བགེགས་བྱེད་བསམ་ མི་ཁྱབ། །དགྲ་ལ་ལྟས་ངན་ཆོ་འཕྲུལ་ཕོབ། །གོད་ཁ་སྣ་དགུ་ཐོང་ལ་ཤོར། །མདངས་དང་ བླ་ཚེ་ཕྲོག་ལ་ཤོག །དབང་ཐང་ལོངས་སྤྱོད་ཆོམ་ལ་ཤོག །གཙོ་འཁོར་གྲོགས་གཉེན་ཐམས་ ཅད་དཀྲུག །རྒྱ་མཚོའི་མཐའ་དམར་བསྐྲོད་ལ་ཤོག །གླིང་བར་མུན་ནག་ཆེན་པོར་བསྒྱུར། ། ལྷ་དང་གནོད་སྦྱིན་ཡི་དྭགས་དང༌། །ཀླུ་དང་སྲིན་པོ་མི་བཟད་པ། །མ་མོ་མཁའ་འགྲོ་དྲག་ ཤུལ་ཅན། །སྡེ་བརྒྱད་འགོང་པོ་ཐེར་འབུམ་རྣམས། །ད་ལྟ་ཉིད་དུ་ལས་ལ་བསྐུལ། །དགྲ་བོའི་ ཡུལ་མཁར་རྨང་ནས་བསྐྱེལ། །ཞིང་དང་ལོ་ཏོག་སད་སེར་ཆོམ། །མི་ནད་ཕྱུག་ནད་ཆར་ལྟར་ ཕོབ། །བདུད་གཡོས་རི་ལྟར་སྙིལ་དུ་ཆུག །བསད་སྐྲད་དབྱེ་དང་རིངས་པར་མཛོད། །མཚོན་ གྱི་བསྐལ་བ་དེར་ཐོང་ཞིག །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ །ཐམས་ཅད་གནོད་པའི་ བགེགས་ལ་བྷྱོཿ །བསམ་ངན་བྱད་ཁའི་སྟེང་དུ་བྷྱོཿ །བཟློག་ཅིག་བསྒྱུར་ཅིག་ས་མ་ཡ། །ཞེས་ དྲག་ཏུ་བསྐུལ་ལོ། །འདི་ལོགས་སུ་བྱེད་པ་ཡིན་ན་འདིར་ལིང་ག་སྒྲོལ་ཆོག་བྱ། ལིང་ག་ལ་རྩེ་གསུམ་དང་མངའི་འདེབས་པ་ངེས་ པར་བྱ། གཞན་མང་ཉུང་ཇི་ལྟར་འོས་པ་སྦྱར་བས་ཆོག །དྲུག་ཅུ་རྩ་བཞིའི་ལྡེའུ་ཐུང་ལ་སྦྱོར་ན་ལིང་སྒྲོལ་དཀྱུས་ཀྱི་དེས་ཆོག་པས། སྐབས་དེར་དམིགས་པ་གཏོད་ཀྱི་འདིར་མི་དགོས་སོ། །དེ་ནས་ཟོར་འཕང་བ་ནི་སྔར་བཞིན་བསྐུལ་ནས་ཐོག་མར་སྐམ་ཟོར། དེ་ ནས་རློན་ཟོར། དེ་ནས་མདའ་ཟོར། དེ་ནས་གཏོར་མ་ཉིད་འཕེན་ཏེ། བསད་སྔགས་ཁོ་ན་དྲག་ཏུ་བཟླའོ། །འདི་ཡང་དྲུག་ཅུ་རྩ་ བཞིའི་སྔོན་དུ་འཕང་དགོས་སོ། །དེ་ནས་ནང་དུ་འཁོར་ནས་གཏོར་མ་ནོར་བུའི་དབྱིབས་དེ་འཐེབས་ཀྱུ་གཅིག་གིས་བསོས། སྤྱན་ འདྲེན་བསྔགས་ལ། ཨ་ཀཱ་རོ་བཏགས་པ་ཚར་གསུམ་གྱིས་ཕུལ། རྗེས་ཆོག་རྣམས་དཀྱུས་གྱི་ཞོར་ལ་འགྲུབ་པས་ལོགས་སུ་མི་ དགོས་སོ། །ཞེས་པ་འདི་ཡང་རྭ་ལུགས་ཀྱི་ཡིག་རྙིང་གབ་འཁྲུགས་བསྡུས་ཤིང་མི་གསལ་བ་རྣམས་གསལ་བྱེད་དུ། རྒྱལ་ཁམས་ པ་ཏཱ་ར་ནཱ་ཐས་སྨྲས་པ་སྟེ་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་ལས་ཚོགས་ཀྱི་ཆ་ལག་ཏུ་གལ་ཆེ་བ་ཞིག་ཡིན་ནོ།། །།མངྒ་ 21-1-756 ལཾ། དགེའོ། །འདི་བྲིས་དགེ་བས་སྐྱེ་བ་ཀུན་ཏུ་ངེས་དོན་བསྟན་པའི་མི་མཐུན་ཕྱོགས་ཐམས་ཅད་གཞོམ་ནུས་པའི་རྒྱུར་གྱུར་ཅིག ། དགེ་ལེགས་འཕེལ། ཤུ་བྷཾ། གསལ་བཤད། དཔེ་བསྡུར་མའི་རྟགས། སྔོན་མ་རྟག་བརྟན་པར་མ་དང་ཕྱི་མ་འཛམ་ཐང་པར་མ་ཡིན།{ [ ] རྟག་བརྟན་པར་མ་ཁོ་ནར་ཡོད།{ } འཛམ་ཐང་པར་མ་ཁོ་ནར་ཡོད།[ ] འཛམ་པར་དང་རྟག་པར་ཉིས་ཆར་ཡོད་པའི་མཆན། ( ) རྟག་བརྟན་པར་མ་ཁོ་ནར་ཡོད་པའི་མཆན། < >