19-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། ༼ཛ༽ 19-1-2 19-1-3 19-1-4 19-1-5 དཀར་ཆག དཔལ་སྒྲའི་སྙེ་མ་དུ་མའི་དོན་ཤེས་ཤིང་རྟོགས་པ། ༡༦ བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ། ༡༩ བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་འགྲེལ་མཆོག་ཏུ་གསལ་བ། ༣༢༣ རྒྱ་སྐད་དུ་བྲིས་པའི་ཡི་གེའི་ཀློག་ཐབས་འཕགས་ཡུལ་མཁས་པའི་ལུགས། ༤ 19-1-6 19-1-7 19-1-8 ༄༅། །དཔལ་སྒྲའི་སྙེ་མ་དུ་མའི་དོན་ཤེས་ཤིང་རྟོགས་པ་ ཞེས་བྱ་བ་བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། ཤྲཱི་དྷུ་ནི་མཉྫ་རི་ཨ་ནེ་ཀཱན྄་ཛྙཱ་བོ་དྷེ་ནཱ་མ། བོད་སྐད་དུ། དཔལ་ སྒྲའི་སྙེ་མ་དུ་མའི་དོན་ཤེས་ཤིང་རྟོགས་པ་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་ལ་ ཕྱག་འཚལ་ལོ། །རྣམ་དག་ཡི་གེ་དུ་མའི་དོན། །སྒྲ་ཡི་མུ་ཏིག་འཕྲེང་བ་མཆོག །མཁས་པ་ རྣམས་ཀྱི་མགྲིན་པར་བྱས། །ཉིན་དང་མཚན་དུ་ཐོས་པས་བཟུང༌། །སྒྲ་ཡི་ཆུ་གཏེར་མཐའ་ ཡས་ལ། །སྨྲ་བས་སྒྲོད་པའི་ནུས་པ་ཅི། །སྨྲ་བའི་བདག་ཉིད་ཁྱོད་ལ་ནི། །རང་བློ་རྩེ་གཅིག་ ཡིད་ཀྱིས་འདུད། །མཚོ་བྱུང་ལྷ་མོའི་བཀའ་དྲིན་གྱིས། །ཚིག་གི་ངེས་པ་བྱེད་པ་གང༌། །གྲགས་ ཤིང་གྲུབ་དང་གྲུབ་མིན་པས། །ལེགས་པར་རབ་ཏུ་ཕྱག་འཚལ་ལོ། ༈ །ཤི་བཱའི་སྒྲའོ། །ཤི་བཱ་ བཟང་པོ་ཤི་བཱ་བདེ་འབྱུང་དང༌། །ཤི་བཱ་དཀར་མོ་ཤི་བཱ་འཇིགས་པ་མེད། །ཤི་བཱ་དུས་དང་ཤི་ བཱ་ནོར་ཡིན་ཏེ། །ཤི་བཱ་ལྕེ་སྤྱང་དུ་འགྱུར་སྙིང་ཞོ་ཤ །ཤི་བཱ་དབང་ཕྱུག་ཤི་བཱ་དཀར་པོའོ། །ཤི་ བཱ་དགེ་ལེགས་ཤི་བཱ་མནའ་མའོ། ༈ །གཽ་རཱིའི་སྒྲའོ། །གཽ་རཱི་ཞི་བ་དགྱེས་པའི་ལྷ་མོ་སྟེ། །གཽ་རཱི་ གི་ཧཾ་ལ་ཡང་འདོད་པ་ཡིན། །བུ་མ་སྐྱེས་པའི་བུད་མེད་གཽ་རཱིར་དྲན། །གཽ་རཱི་གཙང་མ་དང་ནི་ འཇིགས་པ་སེལ། ༈ །ཧ་རིའི་སྒྲའོ། །ཧ་རི་དབང་པོ་ཧ་རི་ཉི་མ་སྟེ། །ཧ་རི་ཁྱབ་འཇུག་ཧ་རི་ རླུང་ལྷའོ། །སེང་གེ་ཧ་རི་སྦལ་བ་ཧ་རི་སྟེ། །ཧ་རི་རྟ་དང་སྤྲེའུ་དག་ལའོ། །འོད་ཟེར་ཧ་རི་ཧ་རི་ རི་དྭགས་ལ། །ཧ་རི་རི་ཞུམ་ཧ་རི་ཟླ་བའོ། །ཧ་རི་གཤིན་རྗེ་ཧ་རི་པ་སངས་སྦྲུལ། །གསེར་གྱི་ མདོག་ཅན་ལ་ཡང་ཧ་རིར་དྲན། ༈ །ཀྵུ་དྲའི་སྒྲའོ། །ཀྵུ་དྲ་སྨད་འཚོང་ཀྵུ་དྲ་ཆུ་རྒྱུན་ལ། །ཀྵུ་དྲ་ དེ་ནི་སྦྲང་རྩིའི་སྦྲང་མ་སྟེ། །ཉན་ཤེས་མེད་པའི་མི་ལའང་ཀྵུ་དྲའོ། །ཀན་ད་ཀ་རི་ལ་ཡང་ཀྵུ་ 19-1-9 དྲར་བརྗོད། ༈ །བཱ་ཧའི་སྒྲའོ། །བཱ་ཧ་ཟུང་དང་བཱ་ཧ་{སྤྲིན་[འདྲེན་]པ་ལ། །བཱ་ཧ་འུ་ལག་ལ་ ཡང་འདིར་བརྗོད་དེ། །བཱ་ཧ་བྱིས་པའི་བྱེ་བྲག་ལ། །བཱ་ཧ་མང་པོ་ལ་འདིར་བརྗོད། །བཱ་ཧ་སྒྱུ་ མའི་བྱེ་བྲག་ཀྱང༌། །རབ་སྐྱེ་ལ་ཡང་བཱ་ཧ་སྟེ། །བཱ་ཧ་ཆུ་ཡི་ཁྱད་པར་ལའོ། །སོ་ཕག་བརྩེགས་ པ་ལ་སོགས་དག །མུ་ཏིག་ཆུན་པོའི་དོ་ཤལ་ལའོ། །བཱ་ཧ་སྒྱུ་མའི་བྱེ་བྲག་སྟེ། །ཞིང་དང་ཧ་ར་ རབ་ཏུ་བརྗོད། ༈ །གོ་ཡི་སྒྲའོ། །ཕྱོགས་དང་མིག་དང་སྣང་བྱེད་དང༌། །མཐོ་རིས་རྡོ་རྗེ་ངག་ དང་མདའ། །ཆུ་རྣམས་ལ་སྟེ་ས་གཞི་དང༌། །གྲགས་པ་ལ་ཡང་གོ་སྒྲར་རིག །བཅུ་པོ་དེ་དག་ རྣམས་སུ་དྲན། ༈ །མ་དྷུའི་སྒྲའོ། །མ་དྷུ་སྦྲང་འོས་མི་དང་ཆང་དང་ཆང་ངུ་དང༌། །མ་དྷུ་མེ་ཏོག་ བཅུད་དུ་རིག །མ་དྷུ་ལྷ་མིན་བྱེ་བྲག་བ་ལ་ཟ་སྟེ། །སྦྲང་དཔྱིད་ཀ་རྩི་ཅན་ལའང་མ་དྷུར་ཤེས། ༈། བྷ་བའི་སྒྲའོ། །བྷ་བ་བདག་དང་བྷ་བ་ཡིད། །ཁྱོད་ཅེས་ལ་ཡང་བྷ་བ་དང༌། །བྷ་བ་མཆོད་ པར་འོས་མི་དང༌། ཚིག་གི་དོན་ལའང་བྷ་བར་བཤད། ༈ །ཀུ་ཐཱའི་སྒྲའོ། ཀུ་ཐཱ་བ་གོས་མཛེས་ པ་ལ། །རབ་བརྗོད་ཀུ་ཐཱ་ཚེམས་བེམ་ལའང༌། །ཀུ་ཐཱ་ཐེར་ཟུག་ཀུ་ཐཱ་འབུ། །ཀུ་ཐཱ་གཉིས་སྐྱེས་ ཞོག་ཁྲུས་བྱེད། ༈ །ཀུ་ཐཱ་པ་ཞེས་པའི་སྒྲའོ། །ཀུ་ཤ་དུས་དང་འབྲུ་ས་གཞི་མར་དང༌། །ར་སྐྱེས་ སྣམ་བུ་ཆུ་གཙང་གོས། །གྲངས་གཉིས་གསུམ་དང་དྲུག་པ་དང༌། །ལམ་ལ་འགྲོ་དང་མེ་དག་ ལ། །ཀུ་ཐཱ་པ་ཞེས་རབ་ཏུ་འཇུག ། ༈ གོ་ཡི་སྒྲའོ། །མདའ་དང་ངག་དང་དབྱིག་དང་ས། ། ཕྱོགས་དང་འོད་ཟེར་ཆུ་དང་མིག །མཐོ་རིས་བརྡེག་དང་རྡོ་རྗེ་མེ། །བདེ་དང་འབྱོར་ལྡན་གོ་ ཞེས་བརྗོད། །མཐོ་རིས་མདའ་དང་རྡོ་རྗེ་དང༌། །སྟོབས་ལྡན་གོ་སྒྲ་སྐྱེས་པའི་རྟགས། །འདྲེན་ བྱེད་ཕྱོགས་མཚམས་མ་མོ་ངག །ཆུ་རྣམས་དང་ནི་བུད་མེད་ཀྱང༌། ༈ །བྷ་གའི་སྒྲའོ། །དཔལ་ ལྡན་སྙན་གྲགས་ཅན་དང་ནི། །སྐལ་བཟང་སྐྱེ་གནས་གྲགས་པ་ཉམས། །ཉི་མའི་མིང་དང་ དུག་དང་ནི། །གསེར་ཐལ་ལ་ཡང་བྷ་གའི་སྐད། །རྡོ་རྗེ་ནི་ཨེར་ནྱེད་གཟེར་ནད་བཀའ་ལུང་གླུ། ། མདའ་དང་ཐ་སྙད་བསོ་བའོ། །བླུན་པོ་བྱིས་པ་རྒྱལ་འདོད་དང༌། །ལྷ་ཡི་ཚིག་དང་མཛེ་ཅན་ 19-1-10 མ། ༈ །པུཥྐཱ་རའི་སྒྲའོ། །རས་བལ་ཤིང་དང་དཔལ་འབྲས་པདྨ་དང༌། །གླང་ཆེན་ཤིན་ཏུ་བློན་པོ་ ལྟ་བུ་བྱེད་དང་ལྷ་ཡི་ཡུལ། །གླིང་དང་འབབ་སྟེགས་སྒྲུབ་པའི་ཐབས་དང་ཡང༌། ཁྱད་འཕགས་ རྣམས་ལ་པུཥྐཱ་ར་ཡི་སྒྲ། ༈ །ཀ་ཞེས་པའི་སྒྲའོ། །མགོ་དང་སེམས་དང་ཆུ་དང་སྤྲེལ། །བདེ་བ་ ཚངས་མ་རླུང་ལྷ་དང༌། །འདོད་ཆགས་དུས་དང་གསེར་མདོག་དང༌། །སྐད་དང་ནོར་ལྡན་ཀ་ ཞེས་བྱའོ། ༈ །ཧདྶའི་སྒྲའོ། །སྲོག་དང་བཙུན་མོ་ཚངས་པ་དང༌། །དཀའ་ཐུབ་ཅན་དང་ མགྱོགས་འགྲོ་ཆོས། །དཀར་པོ་འདབ་ཆགས་བྱེ་བྲག་དང༌། །འཕྲོག་བྱེད་དག་ལའང་ཧདྶའི་ སྒྲ། ༈ །ར་སའི་སྒྲའོ། །ར་ས་ཆུ་དང་ར་ས་མགུ་བ་དང༌། །ར་ས་དང་སྒེག་འཆོས་དང་ཚིག་འབྲུ་མེད་པའི་ སྒྲ། བྷྲིདྒ་ར་ཤྲིངྒར། པོར་ལེན་པའི་སྒྲ་སྐད་དང༌། །ར་ས་རོ་བཅུད་རྩོད་པ་གྲགས་མེད་དང༌། །ར་ས་ ཕ་རོལ་སྦྱིན་དང་འཇིགས་པའོ། ༈ །པ་ལ་ཡའི་སྒྲའོ། ཏིལ་མར་ཉེད་དང་དྲི་མ་ཤ །ཆུའམ་ འཇམ་པོ་ཁང་ཆུང་དང༌། །མི་རོ་འོ་མ་ནག་ནོག་དང༌། །ཤེས་རབ་བ་ལ་ལ་ཞེས་བརྗོད། ༈། ཀཱི་ལཱ་ལའི་སྒྲའོ། །འོ་མ་མེ་ཏོག་བཅུད་དང་ཆུ། །ཆང་དང་ཕྱེ་སྣོད་མར་དང་ནི། མ་ཟིན་ལས་ ཏེ་བདུན་དོན་ལ། །མཁས་རྣམས་ཀཱི་ལཱ་ལ་ཞེས་སྨྲ། ༈ །ལ་ལཱ་མ་ཞེས་པའི་སྒྲའོ། །རྟ་དང་ མཇུག་མ་རྒྱལ་མཚན་དང༌། །གོང་བུ་བྲག་རི་སྐྱེས་བུ་དང༌། །ཡོན་ཏན་ལྷག་པ་དང་ནི་དུག ། ནོར་བུའི་རྒྱན་ཞེས་བྱ་བ་ལ། །ལ་ལཱ་མ་ཞེས་ཡང་དག་དྲན། ༈ །ཝརྞ་ཞེས་པའི་སྒྲའོ། །ཡི་གེ་ རྣམས་ལ་ཝརྞར་བརྗོད། །ཝརྞ་དཀར་པོ་ལ་སོགས་རྣམས། །ཝརྞ་བརྡུང་དཀྲོལ་ཚིག་བཅད་ ཁ། །ཝརྞ་གོ་རིག་གཉིས་སྐྱེས་སོགས། ༈ །བ་སུ་ཡི་སྒྲའོ། །བ་སུ་ཉི་མ་བ་སུ་མེ། །བ་སུ་ལྷ་ དང་བ་སུ་ས། །བ་སུ་རིན་ཆེན་བ་སུ་རྫས། །བ་སུ་ས་གཞིའི་གཏེར་བརྒྱད་སོགས། ༈ །ཨརྫུ་ ན་ཞེས་པའི་སྒྲའོ། །མདོག་དཀར་ཨ་རྫུ་ན་ཞེས་བྱ། །སྐྱ་སེང་བུ་ལའང་ཨརྫུ་ན། །ཨརྫུ་ན་ནི་ རྩྭ་སྐྱེས་ཏེ། །རི་དང་ལྗོན་པ་ཨརྫུ་ན། ༈ །བ་ལི་ཡི་སྒྲའོ། །བ་ལི་མཆོད་པའི་ཉེར་སྤྱོད་དེ། བ་ ལི་སྦྱིན་སྐྱེས་དཔོན་དུ་བརྗོད། །བ་ལི་བུད་མེད་དབུས་ཀྱི་ཆ། །རྒྱ་མཚོའི་རླབས་སོགས་ཡང་ 19-1-11 བ་ལི། །མི་ཟད་རྒས་པ་ཉིད་ལ་བྱ། །བ་ལི་འཆི་མེད་དབྱུག་པ་ཡང༌། །བ་ལི་མཆོད་པ་ཉེ་བར་ མཐོར། །བ་ལི་རྒས་པའི་སྡུག་བསྔལ་དང༌། །ལྤགས་དང་སྦོམ་པོ་ཡན་ལག་གོ ༈ །ཨནྟ་རའི་ སྒྲའོ། །བུ་ག་གོས་དང་བར་མཚམས་མེད་པ་དང༌། །ཡོལ་བས་བཅད་དང་བདག་ལ་ཨནྟར་ སྒྲ། །ཕྱི་རོལ་ཕྲད་ལ་ཡང་སྟེ་གསལ་འབར་ལའང་། །ཨནྟར་ༀ་བསོར་དུག་དང་དལ་བར་གནས་ ལའོ། ༈ །པ་དའི་སྒྲའོ། །པ་ད་ཕྱེ་མ་དང་ནི་རྡོ་ལ་སྟེ། །རྨ་ལ་སོགས་དག་ནགས་ཀྱི་ནོར་ལ་སྟེ། ། དོན་བཞི་རྣམས་སོ་ཡང་སྟེ་རྒྱལ་པོ་ཡི། །བསྟན་པ་སོགས་དང་རྒྱབ་ལ་ཨནྟ་ར། །པ་ད་རྨ་ཡི་ དཀྲིས་དང་པ་ད་ས། །འགེབས་པར་བྱེད་དང་གཟེབ་ལའང་པ་ད་སྟེ། །སྲིན་བུ་ལས་སྐྱེ་དར་ དང་དར་གྱི་ནི། །དར་དཔྱངས་དེ་ལ་ཡང་སྟེ་གནས་ལའོ། ༈ །ཨ་རིཥྚའི་ངོ་མཚར་གྲུབ་རྟགས་ལའང་ འཇུག་སྒྲའོ། །ཨ་རིཥྚ་ནི་བང་མ་སངས་པ་སྟེ། །ཨ་རིཥྚ་ནི་ཁྱིམ་ལ་འདིར་བརྗོད་དོ། །ལྷ་མིན་ཁྱུ་ མཆོག་ལ་ཡང་ཨ་རིཥྚ། །བྱ་རོག་ནི་མ་པ་དག་ལའང་ཨ་རིཥྚ། །ཨ་རིཥྚ་ནི་དགེ་ལེགས་དག་ ལའང་ཟེར། ༈ །ཀམྦ་ལའི་སྒྲའོ། །ཀམྦ་ལ་ནི་ཞལ་ཞལ་ཏེ། །སྤུ་སྐྱེས་དར་ལའང་ཀམྦལ། །བ་ ལང་ལྐོག་ཤལ་ཀམྦ་ལ། །པདྨ་ཀམྦ་ལ་རུ་དྲན། ༈ །མཎྜ་ལའི་སྒྲའོ། །མཎྜ་ལ་ནི་ཟླུམ་པོར་ རབ་ཏུ་གྲགས། །སྒྲ་དྲག་པོ་ལའང་མཎྜ་ལ་རུ་བརྗོད། །མཎྜ་ལ་ནི་ས་གཞིའི་དུམ་བུ་ལའང༌། ཁྱི་མོའི་ཕྲུ་གུ་ལ་ཡང་མཎྜ་ལ། ༈ །ཀུནྟ་ལ་ཡི་སྒྲའོ། །ཀུནྟ་ལ་ནི་སྒྲ་ཡི་ནང་ཚན་ཏེ། ཀུནྟ་ལ་ནི་ ལྷ་ཡི་ངག་ཏུ་བརྗོད། །ཀུནྟ་ལ་ནི་ཐིག་སྐུད་འཛིན་པ་དང༌། །ལག་པ་དང་ནི་ཁ་འགྲམ་ཀུནྟ་ལ། ། སྐྲ་དང་སྐྲ་ཡི་རྩེ་དང་བ་སྤུ་ལ། །ཀུནྟ་ལ་ཏེ་དེ་ནི་མགོ་ལས་སྐྱེས། །ཚོགས་པ་རོ་གཅིག་པ་སྟེ་ སྐྲ་ཙམ་ལའང༌། །ལྕང་ལོའི་རྒྱན་ལའང་ཀུནྟ་ལ་ཡིན་ནོ། ༈ །མ་ཎིའི་སྒྲའོ། །མ་ཎི་རྟགས་ཀྱི་རྩེ་ དང་སྐལ་བ་ནི། །མ་ཎི་རབ་བརྗོད་སྐལ་ལྡན་རྒྱལ་མཚན་ཏེ། །མ་ཎི་ཁྲོན་པའི་ཁ་རྒྱན་བསྐོར་ བར་བརྗོད། །མ་ཎི་པདྨ་རཱ་ག་ལ་སོགས་སོ། ༈ །ཏནྟྲའི་སྒྲའོ། །ཏནྟྲ་བསྟན་བཅོས་རིགས་རྒྱུད་ ཏནྟྲ་སྟེ། །ཏནྟྲ་གྲུབ་པའི་སྨན་གྱི་བྱ་བ་ལ། །ཏནྟྲ་བདེ་བ་ཏནྟྲ་སྟོབས་ལྡན་ཏེ། །རླུང་སྦྱོར་སྒྲུབ་ 19-1-12 ཐབས་རྣམས་ལ་ཏནྟྲའོ། ༈ །ནཻ་ཏྲའི་སྒྲའོ། །ནཻ་ཏྲ་གོས་ཀྱི་བྱེ་བྲག་ལ། །ནཻ་ཏྲ་མིག་ལ་བསྒྲེགས་ པའོ། །ཡོངས་སུ་བསྐོར་བའང་ནཻ་ཏྲར་བརྗོད། །ནཻ་ཏྲ་ཞེས་པ་གླ་རྩི་ལའང༌། ༈ །དྷཱ་ཏུའི་སྒྲའོ། ། རླུང་སོགས་རང་བཞིན་དྷཱ་ཏུར་སྨྲ། །དྷཱ་ཏུ་བྲག་ལས་བྱུང་བའི་རིགས། །བྱ་བ་དངོས་བདག་དྷཱ་ ཏུ་སྟེ། །དྷཱ་ཏུ་ལུས་ཀྱི་བཅུད་སོགས་ལའོ། ༈ །སུ་དྷཱའི་སྒྲའོ། །སུ་དྷཱ་འོད་ལྡན་གཞལ་མེད་ཁང་ ཡིན་ཏེ། །སུ་དྷཱ་རྫས་དང་སུ་དྷཱ་གློག་ཏུ་དྲན། །སུ་དྷཱ་ཁ་ཟས་དུས་ཅིག་བར་ཤེས་བྱ། །སུ་དྷཱ་ཀྱུ་ རུ་སུ་དྷཱ་ཆུ་འདྲེན་པའོ། ༈ །ཀཎྜའི་སྒྲའོ། །ཀཎྜ་དཱ་སྟེ་སྲང་ལའང་ཀཎྜའོ། །ཀཎྜ་དམ་བཅའ་ལ་ ཡང་རྣམ་པར་སྨྲ། །ཀཎྜ་ཏིང་ཤགས་སྟོབས་ལྡན་ཀཎྜའོ། །ཀཎྜ་ཤིང་གི་རྩ་བ་ལ་ཡང་ངོ༌། ༈། བེ་ལཱ་ཡི་སྒྲའོ། །བེ་ལཱ་དུས་ཀྱི་བྱེ་བྲག་སྟེ། བེ་ལཱ་རྒྱ་མཚོའི་ཆུ་གཉེར་ཡིན། །བེ་ལཱ་འུར་ཆེམ་ སྐྱོད་པ་སྟེ། །བེ་ལཱ་བྲག་ཕུག་ཁོང་གི་སྒྲ། ༈ །ཀྵ་ཎའི་སྒྲའོ། །དགའ་བ་བསྐྱེད་དང་མཁར་ ལྕགས་རི། །ཆུ་ཚོད་གཉིས་དང་དེ་བཞིན་བསྒྲིགས། །ཀྵ་ཎའི་སྒྲ་ནི་གནས་སྐབས་ཏེ། །དུས་ ལ་ཡང་ནི་ངེས་པར་བརྗོད། ༈ །བྷྲུ་ཎའི་སྒྲའོ། །འཇིགས་པ་བྷྲུ་ཎ་བྲམ་ཟེ་སྟེ། །བྷྲུ་ཎ་མངལ་ དང་བུད་མེད་བུ་ཤོར་ལ། །བྷྲུ་ཎ་སྒོང་སྐྱེས་བྱིས་པའོ། །བྷྲུ་ཎ་སྨྱོན་པ་ལ་ཡང་བརྗོད། ༈། ཨིནྡྲིའི་སྒྲའོ། །གཙོ་བོ་ཨིནྡྲ་ཞེས་པར་བཤད། །ལྷ་ཡི་རྒྱལ་བོ་ཨིནྡྲར་སྨྲ། །སྒྲ་སོགས་ལྔ་ཡི་ ཡུལ་ཅན་ལ། །དབང་པོའི་ཐ་སྙད་གྲགས་ཞེས་བརྗོད། ༈ །ཨ་ཧི་ཞེས་པའི་སྒྲའོ། །ཨ་ཧི་ལྷ་ མིན་ཁྱད་པར་ཏེ། །ཉི་མ་ཨ་ཧི་རྒྱལ་མཚན་ལ། །ལག་འགྲོ་ཨ་ཧིར་ཡང་དག་བརྗོད། །སེང་ གེའི་ཕྲུ་གུ་ཡང་ཨ་ཧིའོ། ༈ །བྱཱ་ལ་ཞེས་པའི་སྒྲའོ། །བྱཱ་ལ་སྤྲུལ་ཏེ་བྱཱ་ལ་གཅན་གཟན་ནོ། །བྱཱ་ ལ་ཁ་ཞེ་འགལ་བའི་གཡོ་ལ་བྱེད། །བཀའ་དྲིན་ལྡན་པ་ལ་ཡང་བྱཱ་ལ་སྟེ། །བྱ་ལོ་ལ་ཡང་བྱཱ་ལ་ ངེས་པར་བརྗོད། ༈ །དྷེ་ནུའི་སྒྲའོ། །འོ་མ་འཇོ་བར་བྱེད་མཁན་དྷེ་ནུ་སྟེ། །དྷེ་ནི་གླང་ཆེན་མོ་ ནི་ཕྲུ་གུ་འབྲངས། །རལ་གྲི་ཆུང་ངུ་ཡང་ནི་དྷེ་ནུར་དྲན། དྷེ་ནུ་བརྟན་དང་ཞི་བར་བྱེད་པའོ། ༈། པྲ་ཥའི་སྒྲའོ། །པྲ་ཥ་ཆོས་ཏེ་པྲ་ཥ་གཙོ་བོ་ཡིན། པྲ་ཥ་བ་ལང་བྲྀ་ཥ་ལྐུག་པ་དང༌། །བྲྀ་ཥ་ཟུར་བུ་ 19-1-13 བྲྀ་ཥ་འདོད་ཆགས་ཏེ། །བྲྀ་ཥ་ཎ་གླང་ལའང་བྲྀ་ཥར་བརྗོད་པའོ། ༈ །ཤ་ལིའི་སྒྲའོ། །ཤ་ལི་བླུན་ པོ་ཤ་ལི་དུས་ལ་སྟེ། །ཤ་ལི་བུང་བ་ཤ་ལི་ག་ཏའི་དབྱུག །ཤ་ལི་སྦྲུལ་གྱི་བྱེ་བྲག་ཉིད་ལ་འཇུག ། ཤ་ལི་རྩོད་པ་ལ་ཡང་བཤད་པའོ། ༈ །ཡོ་གའི་སྒྲའོ། །ཡོ་ག་འོད་ཟེར་བྱེ་བྲག་ཡིན། །མཉམ་ པར་སྦྱོར་ལའང་ཡོ་གར་བརྗོད། །ཡོ་ག་བཟང་པོའི་ལུང་ཐོབ་པ། །ཏིང་ངེ་འཛིན་ལའང་ཡོ་ གར་བཤད། ༈ །ཤཱི་ཏའི་སྒྲའོ། །ཤཱི་ཏ་དཔལ་མོ་བཟོད་པའང་ཤཱི་ཏ་སྟེ། །ཤཱི་ཏ་ཟས་ཀྱི་བདག་ པོའི་ལྷ་ཉིད་ཡིན། །ཤཱི་ཏ་མགོ་དང་ཤཱི་ཏ་རྒྱལ་མཚན་ལྷ། །ཤཱི་ཏ་གངྒ་ལ་ཡང་འདོད་པ་ཡི། ༈། ན་བྷིའི་སྒྲའོ། །ཐོག་མའི་རྒྱལ་རིགས་དག་ལ་ན་བྷི་སྟེ། ན་བྷི་འཁོར་ལོའི་ལྟེ་བ་དག་ལ་ བརྗོད། །ཉེ་དུ་སྐྱོང་བ་ལ་ཡང་ན་བྷི་སྟེ། །ལྟོ་བའི་འོག་ཕྱོགས་ལྟེ་བའང་ན་བྷིར་འདོད། ༈།གོ་ ཏྲའི་སྒྲའོ། །གོ་ཏྲ་མིང་དང་གོ་ཏྲ་རུས། །ས་གཞི་འཛིན་ལའང་གོ་ཏྲའོ། །ནོར་འཛིན་གོ་ཏྲར་ རིག་པར་བྱ། །བདེན་པའི་ངག་ལའང་གོ་ཏྲར་དྲན། ༈ །གྷ་ནའི་སྒྲའོ། །གྷ་ན་སྤྲིན་ཏེ་གྷ་ན་ མཁར་གཞོང་ངོ༌། །མཁར་དཀྲོལ་སྒྲ་དང་སྒྲ་ལ་གྷ་ནར་བརྗོད། །ཚོགས་ལ་གྷ་ན་རྟག་པ་གྷ་ན་ སྟེ། ལྕགས་ཀྱི་ཐོ་བ་ཡང་ནི་གྷ་ནར་བརྗོད། །པྲ་བཱ་ལའི་སྒྲའོ། །པི་ཝཾ་དབྱུག་པ་པྲ་བཱ་ལ། །ལོ་ མ་གསར་པའང་པྲ་བཱ་ལ། །བྱི་རུ་པྲ་བཱ་ལ་རབ་བརྗོད། །གླང་ཆེན་ཤམ་མ་ལི་ཡང་ངོ༌། ༈ །ཀོ་ ཎའི་སྒྲའོ། །ཀོ་ཎ་འདུག་གནས་དང་དགའ་བ། ཀོ་ཎ་ཟུར་དང་བྱེ་བར་དྲན། །ཀོ་ཎ་པི་ཝཾ་ལ་ སོགས་སྒྲོག ༈ །རཱ་མའི་སྒྲའོ། །རཱ་མ་བུད་མེད་གཤིན་རྗེ་མེ་ཡི་བུ། །དགའ་བྱེད་དགའ་བྱེད་ དཀར་དང་དཀར་མིན་དང༌། རཱ་མ་ཕྱུགས་ཀྱི་བྱེ་བྲག་དང༌། །ཤིང་རྟ་བཅུ་པ་བདག་སྐྱེས་སོ། ༈ །ཏཱ་ལའི་སྒྲའོ། ཏཱ་ལ་དུས་དང་ལས་བྱེད་ལ། །ཏཱ་ལ་ས་འོག་འདོད་པ་ཡིན། །ལྗོན་པའི་ནང་ ཚན་ཏཱ་ལར་དྲན། །ཏཱ་ལ་ལག་མཐིལ་བརྡབས་པའི་སྒྲ། ༈ །ཀཥྚཱའི་སྒྲའོ། །ཀཥྚཱ་དུས་ལའོ་ཀཥྚཱ་ ཕྱོགས། ནོར་འཛིན་ཀཥྚཱར་རབ་ཏུ་བརྗོད། །དུས་ཀྱི་ཁྱད་པར་ཀཥྚཱ་ཡིན། །ཀཥྚཱ་ཤིང་ལ་རབ་ཏུ་ བརྗོད། ༈ །པ་ལཱ་ཤའི་སྒྲའོ། །པ་ལཱ་ཤ་ནི་སྲིན་པོར་བརྗོད། །པ་ལཱ་ཤ་ནི་འགེབས་པར་དྲན། 19-1-14 ཁ་དོག་ལྗང་ཁུ་པ་ལཱ་ཤ། །མིག་འཛུམ་ཚད་ཀྱང་པ་ལཱ་ཤར་བརྗོད་དོ། ༈ །ས་ཏྲའི་སྒྲའོ། །ས་ཏྲ་ ཁང་པ་ནགས་ལའང་ས་ཏྲ་སྟེ། །ས་ཏྲ་འབྲུ་སོན་རྣམས་ལའང་དྲན། །ས་ཏྲ་འབྲས་དང་ས་ཏྲ་ ནོར། །ས་ཏྲ་ལེགས་སྤྱོད་ལ་ཡང་སྨྲོས། ༈ །ཀལྤའི་སྒྲའོ། །ཀལྤ་སྒྱུ་རྩལ་རྣམས་བདེ་སྐྱིད། ། ནད་མེད་པ་ལའང་ཀལྤར་ཤེས། །དུས་ལའང་ཀལྤར་རབ་ཏུ་བརྗོད། །མྱོས་བྱེད་འདི་ལའང་ ཀལྤར་དྲན། ༈ །བིཥྚི་ར་ཡི་སྒྲའོ། །བིཥྚ་ར་ནི་རྨ་བྱའི་སྒྲོ་ཆུན་ཏེ། །གདན་ལའང་བིཥྚ་ར་རུ་ཤེས་ པར་བྱ། །འདིར་ནི་དབང་པོའང་བིཥྚ་ར་རུ་བརྗོད། །བིཥྚ་ར་ནི་མཆོད་སྦྱིན་ལ་ཡང་སྨྲ། ༈ །ས་ མི་ཏིའི་སྒྲའོ། །གྲལ་བསྒྲིགས་ས་མི་ཏི་རུ་བརྗོད། །གཡུལ་འཐབ་ལ་ཡང་ས་མི་ཏི། །མཚོན་ཆ་ ས་མི་ཏི་རུ་དྲན། །གྲོགས་བཟང་ས་མི་ཏི་རུ་འདོད། ༈ །སི་ཏའི་སྒྲའོ། སི་ཏ་རྒན་པོ་སི་ཏ་ དཀར། །སི་ཏ་དངུལ་དུ་འདོད་པ་སྟེ། །སྒྲོ་ལྡན་ལ་ཡང་སི་ཏར་ཤེས། །སི་ཏ་སྦྱིན་སྐྱེས་མདུན་ ན་འདོན། ༈ །ཙི་ཏྲ་ཀའི་སྒྲའོ། །ཙི་ཏྲ་ཀ་ནི་ཐིག་ལེར་རབ་ཏུ་བརྗོད། །བརྗོད་དོ་ཙི་ཏྲ་ཀ་ནི་ གཟིག་ལ་འདོད། །ཙི་ཏྲ་ཀ་ནི་གདོང་གི་བཀྲག་མདངས་ལ། །ནང་གི་བྱེད་པ་ཙིཏྲ་ཀ་ཡིན་ནོ། ༈ །དྷཱ་ཏྲཱི་ཡི་སྒྲའོ། །ཁམས་རྣམས་ཞི་བའི་དྷཱ་ཏྲཱིར་མངོན་པར་བརྗོད། །དྷཱ་ཏྲཱི་སྐྱུ་རུའི་ཤིང་ལ་ འདོད། །དྷཱ་ཏྲཱི་ས་གཞིར་བརྗོད་པ་སྟེ། །དྷཱ་ཏྲཱི་ནུ་མ་སྦྱིན་པ་ལ། ༈ །དྲོ་ཎའི་སྒྲའོ། །དྲོ་ཎ་སྒྲ་ངན་ སློན་དཔོན་ཏེ། །དྲོ་ཎ་ཞེས་པ་བྱ་རོག་དྲན། །དྲོ་ཎ་རི་ཡི་ཁྱད་པར་ལ། །དྲོ་ཎ་ཤིན་ཏུ་བཞུ་བའི་ སྦྱང་བ་ལ། ༈ །ཤུ་ཀྲའི་སྒྲའོ། །ཤུ་ཀྲ་ལྷ་མིན་བླ་མར་བརྗོད། །ཤུ་ཀྲ་ཟླ་རེར་སྦྱིན་སྲེག་སྟེ། །ཤུ་ ཀྲ་སྟོབས་ཀྱི་ཁྱད་པར་རོ། །ཤུ་ཀྲ་ནང་གི་དངོས་པོ་ཡང༌། །ཤུ་ཀྲ་སྐར་མ་ལ་ཡང་བརྗོད། ༈། རོ་ཧི་ཏའི་སྒྲའོ། །དབང་པོའི་ཆད་པ་རོ་ཧི་ཏ། །རོ་ཧི་ཏ་ནི་ཉའི་གཙོ་བོ། །མདོག་དམར་ལུས་ ཀྱང་རོ་ཧི་ཏ། ༈ །བ་ལའི་སྒྲའོ། །བ་ལ་བསྐྱོད་འགྲོས་བ་ལ་དཔུང༌། །བ་ལ་བདེན་པ་བ་ལ་ སྨན། །ནོར་བུའི་འོད་ཀྱང་བ་ལ་སྟེ། །བ་ལ་ལྷ་མིན་དཔལ་དང་ས། ༈ །པར་རི་གྲ་ཧ་ཞེས་པའི་ སྒྲའོ། །པ་རི་གྲ་ཧ་གཉིས་སྐྱེས་ཀྱིས་ལེན་པ། །དམག་གི་རྗེས་འགྲོ་པ་རི་གྲ་ཧའོ། །པ་རི་གྲ་ཧ་ 19-1-15 ནུ་ཁེབས་ལ་ཡང་སྟེ། །སོ་སོར་གནོད་བྱེད་པ་རི་གྲ་ཧའོ། ༈ །ཀ་དཾ་པ་ཞེས་པའི་སྒྲའོ། །མ་ ཡར་ཀ་དཾ་པ་ཞེས་ཏེ། །ཐོར་ཅོག་ཀ་དཾ་པ་རུ་བརྗོད། །ཀ་དཾ་པ་ནི་ཤིང་ནང་ཚན། །སྐྱེས་བུ་ཡོན་ ཏན་མེད་པ་ལའང༌། ༈ །པྲི་ཡ་ཀ་ཞེས་པའི་སྒྲའོ། །རི་དྭགས་དབང་རིལ་པྲི་ཡ་ཀ །པྲི་ཡ་ཀ་ནི་ སྙིང་ཉེའི་མཆོག །མུ་ཏིག་ལ་ཡང་པྲ་ཡ་ཀ །ཙི་ཏྲ་ཀ་ཡི་ས་བོན་ལ། །པྲི་ཡ་ཀ་ནི་འདབ་ཆགས་ བཞད། །སྟག་རིས་དག་ལ་པྲི་ཡ་ཀ །པྲི་ཡ་ཀ་ནི་བཀོད་ཤོམས་ལེགས། །གྲོལ་དོན་དཀའ་ སྤྱད་པྲི་ཡ་ཀ ༈ །ཙཀྲ་ཞེས་པའི་སྒྲའོ། །ཙཀྲ་འདབ་ཆགས་བྱེ་བྲག་སྟེ། །ཙཀྲ་ཤིང་རྟའི་ཡན་ ལག་མཚོན། །ཙཀྲ་རྒྱལ་སྲིད་བཟང་ཚོགས་ལ། །ཙཀྲ་སྐོར་བ་བྱེད་ལ་འདོད། །བུ་ཊའི་དབྱེ་ བ་རྣམས་ཙཀྲ། །ཆུ་ཡི་དོང་དང་ཆུ་འཁོར་ལའོ། ༈ །སྭ་ར་ཞེས་པའི་སྒྲའོ། །སྭ་ར་ཁྱོད་ཉིད་ བདེན་པར་རིག །སྭ་ར་རི་མོ་མཁན་ལ་འདིར་རྒྱ་དཔེ་ལ་ཡིག་འབྲུ་བཞི་ཆད་བརྗོད་། །སྭ་ར་ཡང་ནི་ སྐྱེས་བུའི་མཆོག །སྭ་ར་བོང་བུ་ལ་རབ་བརྗོད། །ཐ་སྙད་མཁས་ལའང་སྭ་ར་འོ། ༈ །ཛཱ་ཏའི་ སྒྲའོ། །ཛཱ་ཏི་ལྷན་ཅིག་སྐྱེས་པར་བཤད། །མཱ་ལ་ཏི་ལའང་ཛཱ་ཏིར་བརྗོད། །ཛཱ་ཏི་རུས་སོགས་ སྐྱེ་བ་ལའང་། །ཐབ་ཁ་ལ་ཡང་ཡོངས་སུ་བརྗོད། ༈ །ཕ་ཎཱ་ཞེས་པའི་སྒྲའོ། །བ་གླང་ར་ཅོ་ཕ་ ཎཱར་ཤེས། །ལག་འགྲོའི་གདེང་ཀ་ཕ་ཎཱ་སྟེ། །ཕ་ཎཱ་རལ་པ་ཕ་ཎཱ་སྲེད། །ཕ་ཎཱ་སྲུབ་དང་འཁྱིལ་ བ་ལ། ༈ །ཏཱི་ལ་ཀའི་སྒྲའོ། །ལྗོན་ཤིང་ནང་ཚན་ཏཱི་ལ་ཀ །ཏཱི་ལ་ཀ་ནི་ཐིག་ལེ་རིས། །ཟླ་བའི་ མིང་ལའང་ཏཱི་ལ་ཀ །གཙོ་བོའང་ཏཱི་ལ་ཀ་རུ་འདོད། །ཏཱི་ལ་ཀ་ནི་རི་མོ་མཁན་རབ་བརྗོད། ། མཛེས་པའི་རི་མོའང་ཏཱི་ལ་ཀ །ནང་དང་ཤིང་གི་བྱེ་བྲག་དང༌། །ནམ་མཁའ་ཉི་མའི་གཟི་ བརྗིད་ལའོ། ༈ །གནྡྷརྦྷ་ཡི་སྒྲའོ། །གནྦྷརྦྷ་ནི་ལྷ་ཡི་ལུས། །མགྱོགས་འགྲོ་ལའང་གནྡྷརྦྷ། ། དྲན་པ་གླུ་དབྱངས་གནྡྷརྦྷ། །གནྡྷརྦྷ་ནི་རི་དྭགས་གསོ། ༈ །ཤྲྀངྒ་ཞེས་པའི་སྒྲའོ། །ཤྲྀངྒ་ གཙོ་བོར་འདོད་པ་སྟེ། །ཤྲྀངྒ་རི་རྩེར་རིག་པར་བྱ། །ཤྲྀངྒ་ཞེས་པ་རྭ་ཅོ་སྟེ། །སྒྲ་རིག་མཛོད་ ལའང་གསལ་བར་བཤད། ༈ །ཤཱ་རཾ་གའི་སྒྲའོ། །ཤཱ་རཾ་ག་ནི་ཆར་སྡོད་བྱེའུ། །ཤཱ་རཾ་ག་ནི་གླང་ 19-1-16 པོར་འདོད། །ཤཱ་རཾ་ག་ནི་རི་བོར་ཤེས། །ཤཱ་རཾ་ག་ནི་ཁྲི་སྙན་ཏེ། །བུང་བ་འཐུང་བྱེད་ཤཱ་རཾ་ག ། དེ་བཞིན་གཞུ་ལའང་ཤཱ་རཾ་ག །ཆགས་པས་ཕྲད་འདོད་ཤཱ་རཾ་ག །ཤཱ་རཾ་ག་ནི་སྤྲིན་ལ་བརྗོད། ། རྒྱ་མཚོ་ལ་བརྗོད་ཤཱ་རཾ་ག །ཆུ་ལས་སྐྱེས་པ་ལ་ཡང་ངོ༌། །ཤཱ་རཾ་ག་ནི་སེང་གེའི་རིགས། །དུང་ དང་མར་མེ་དག་ལ་ཡང༌། །རོལ་མོའི་དབྱེ་བ་ཤཱ་རཾ་ག །གདངས་དབྱངས་ཤཱ་རཾ་ག་རུ་བརྗོད། ངང་པའི་རིགས་ལའང་ཤཱ་རཾ་ག །ཁུ་བྱུག་ཤཱ་རཾ་ག་ཡིན་ནོ། ༈ །ཀ་ར་ཎའི་སྒྲའོ། །ས་བོན་ཀ་ར་ ཎར་རིག་བྱ། །ཀ་ར་ཎ་ནི་ཞིང་ལ་བརྗོད། །རིགས་ཀྱི་བྱེ་བྲག་ཀ་ར་ཎ། །ཀ་རི་ཎ་ནི་དབང་པོ་ རྣམས། ༈ །པུཎྜ་རི་ཀའི་སྒྲའོ། །སྟག་ནི་པུཎྜ་རི་ཀར་དྲན། །ཆུ་སྣོད་རིལ་བ་པུཎྜ་རི། །པུཎྜ་རི་ ཀ་ཁ་དོག་དཀར། །ཆུ་སྐྱེས་དཀར་པོ་པུཎྜ་རི། །ཆུ་སྐྱེས་དམར་པོའང་དེ་བཞིན་ནོ། །མགོ་སྐྱེས་ པུཎྜ་རི་ཀར་བརྗོད། ༈ །བྷཱུ་ཏའི་སྒྲའོ། །བུ་དང་ས་ལ་སོགས་དག་དང༌། །འདས་པའི་དུས་དང་ སྲིན་པོ་དང༌། །སྲོག་འཇོམས་རྣམས་དང་འབྱུང་པོའི་སྒྲ། ༈ །ཨཥྚཱ་པ་དའི་སྒྲའོ། །ཨཥྚཱ་པ་ད་ རིན་པོ་ཆེ། །གསེར་ཡང་ཨཥྚཱ་པ་དར་དྲན། །ཨཥྚཱ་པ་ད་ཤ་ལའི་འབྲུ། །སྐེམ་པོའི་རིགས་ ལའང་ངེས་པར་དྲན། ༈ །བཱ་ལའི་སྒྲའོ། །བཱ་ལ་སྒྲ་སྟེ་བཱ་ལ་ཆུ། །ཙ་ནི་ཀ་ཤ་བཱ་ལར་འདོད། ། བཱ་ལ་ལྐུག་པ་བྱིས་པ་ལའོ། །བཱ་ལ་ཤུགས་ལ་བསམ་པར་བྱ། ༈ །བཱ་ལ་ཀའི་སྒྲའོ། །མཁའ་ སྤྱོད་སྟག་ལ་བཱ་ལ་ཀ །བཱ་ལ་ཀ་ནི་རྒྱ་ཆེར་དྲན། །བཱ་ལ་ཀ་ནི་དྲི་ཡི་རྫས། །རལ་པའི་ཁུར་ ལའང་བཱ་ལ་ཀ ༈ །ཤྱཱ་མའི་སྒྲའོ། །ཤྱཱ་མ་མཚན་མོའི་དུས་དང་བརྟན་པོ་ལ། །ཤྱཱ་མ་བུད་མེད་ ལང་ཚོ་ལྐུག་མ་ལ། ཤྱཱ་མ་སྙིང་ཉེ་བ་དང་བརྗིད་ལྡན་ལ། །སྨད་འཚོང་རྒན་མོ་ལ་ཡང་ཤྱཱ་མར་ བརྗོད། ༈ །ཤུ་བྷའི་སྒྲའོ། །ཤུ་བྷ་བདུད་རྩི་ཤུ་བྷ་བདེན་པ་དང༌། །ཕན་བྱེད་འོ་མ་ལ་ཡང་ཤུ་ བྷར་འདོད། །ཤུ་བྷ་བཀྲ་ཤིས་ཤུ་བྷ་མཛེས་པ་དང༌། །ཤུ་བྷ་ཨ་རུ་ར་ལ་མངོན་པར་བརྗོད། ༈། གུ་རུའི་སྒྲའོ། །གུ་རུ་ཕ་དང་གུ་རུ་གཙོ་བོ་དང༌། །གུ་རུ་ལྷ་མིན་མདུན་ན་འདོན་ཡིན་ཏེ། །རྒས་ ཆེས་པ་ལའང་གུ་རུར་རབ་ཏུ་བསྒྲགས། །སློབ་མར་མངོན་དབང་བསྐུར་བའང་གུ་རུར་བརྗོད། 19-1-17 ༈ །ཀཱནྟཱ་ར་ཞེས་པའི་སྒྲའོ། །ཀཱནྟཱ་ར་ནི་ནགས་ཚལ་ལ་རབ་བརྗོད། །ཟས་གཡོས་སྟོན་བརྒྱ་བྱིན་ བུ་ཙ་ཤཱས་ན་པ་ལ་ཡང་ཀཱནྟཱ་ར། །ཀཱནྟཱ་ར་ནི་བུར་ཤིང་བྱེ་བྲག་ལའང༌། །ཀཱནྟཱ་ར་ནི་ཡུལ་སྟོང་ཕོ་བ་ ལའོ། ༈ །ཁ་བརྫུ་རའི་སྒྲའོ། །འབྲས་བུའི་ནང་ཚན་ཁ་རྫུ་ར། ཁ་རྫུ་ར་ནི་དངུལ་ཉིད་དྲན། ། ཆུང་ངུའི་རིགས་ལའང་ཁརྫུ་ར། ཁ་རྫུ་ར་ནི་རྩ་མཆོག་གོ །ཞེས་པ་ནི་དཔལ་དུ་མའི་དོན་གྱི་ སྒྲའི་སྙེ་མ་ལས་ཚིགས་སུ་བཅད་པ་དང་པོར་བསྟན་པའོ།། །། ༈ ཨཀྵའི་སྒྲའོ། །ཨཀྵ་ཤིང་གི་བྱེ་བྲག་སྟེ། །སྐྱེས་བུ་ཨཀྵ་དབང་པོའོ། །བརྐོ་ལས་མཁན་ དང་ཨུཏྤ་ལ། །ཐིག་ལེ་ཨཀྵ་ཉུང་ངུའོ། ༈ །གུ་རུའི་སྒྲའོ། །ཚིག་རྐང་དང་པོ་གཉིས་གོང་བཞིན། གུ་རུ་བླངས་ཐོབ་སློབ་མར་ཉེར་ཕན་ལ། །གུ་རུ་རྒྱལ་པོ་དང་ནི་ཕུར་བུ་ལ། །གུ་རུ་བུད་མེད་ ཐལ་མོའི་སྒྲ་ལ་བཤད། །ཕ་མེས་དགའ་བྱེད་ལྷ་དང་མཛེས་པ་ལ། །རག་དང་ཁྱོད་ཅེས་པ་ ལའང་གུ་རུའོ། །གུ་རུ་རྒྱལ་པོའི་ཁང་པར་རབ་བཤད་དེ། །རྒྱུ་སྐར་མཆུ་དར་གཞོན་ནུ་དག་ ལ་ཡང༌། །གུ་རུ་ཟླ་བ་དང་ནི་ཉི་མ་ལའང༌། །གུ་རུ་སྟོབས་བཟང་ལྷ་དང་རྒྱུད་ཆད་ལ། །མ་ཧེ་ བོང་བུ་ལག་པ་འཆི་མེད་གྲུང༌། །རྒྱལ་པོ་བྷ་ར་ཏ་ལའང་གུ་རུར་སྨྲ། ༈ །པཱ་རཱ་ཤ་ཞེས་པའི་ སྒྲའོ། །པཱ་རཱ་ཤ་ནི་འབྲུ་སུ་བ་ཀ་བརྞ་བ་ཏེ་ཚོན་བསྒྱུར་བ་ལ་ཟེར་ཚོགས་བཀྲབས་པ་ལ། །པཱ་རཱ་ཤ་ནི་ དགའ་འབྱེད་མཚན་ལྡན་དག །པཱ་རཱ་ཤ་ནི་འཇིགས་པའི་སྒྲ་ཡིན་ཏེ། རྒྱལ་པོ་དགྲ་བོ་ཉམས་ པའང་པཱ་རཱ་ཤ །པཱ་རཱ་ཤ་ནི་རི་བོར་བརྗོད། །མཚན་མོའི་དཀར་མིན་པཱ་རཱ་ཤ །པཱ་རཱ་ཤ་ནི་ སྤྲིན་གྱི་སྒྲྀབ། །གཤིན་རྗེའི་ཁོལ་པོ་པཱ་རཱ་ཤ །པཱ་རཱ་ཤ་ནི་རིན་པོ་ཆེ། །མུ་ཏིག་ཡང་ནི་པཱ་རཱ་ཤ ། དངུལ་གྱི་རིགས་ཀྱི་ཁ་དོག་ལའོ། །བཻཌཱུ་ཪྻ་དང་ནོར་བུ་རྣམས། །རྫས་ཞེས་བྱ་བའང་པཱ་རཱ་ཤ ། ཞོ་དང་རྒྱ་མཚོ་པཱ་རཱ་ཤ །རི་དྭགས་ནག་པོའང་དེ་བཞིན་ནོ། །པཱ་རཱ་ཤ་ནི་གསེར་གྱི་མདོག ། པཱ་རཱ་ཤ་ནི་དུག་དང་མར། །སྦྲང་རྩི་དང་ནི་ཕྱི་རོལ་ལོ། །ས་གཞི་ལ་ཡང་པཱ་རཱ་ཤ །གླང་པོ་ཆེ་ དང་ཕྲག་པ་ལ། །པཱ་རཱ་ཤ་འོ་དེ་བཞིན་དུ། །ཤིང་ལོ་གསར་འཇམ་པཱ་རཱ་ཤའོ། །རྔ་ཟླུམ་ལ་ཡང་ 19-1-18 པཱ་རཱ་ཤའོ། །སིལ་ཀྲོལ་དང་ནི་ཀ་པ་ལ། །རལ་གྲི་ལྷུང་བཟེད་པཱ་རཱ་ཤ །དེ་རིང་དུས་ལའང་པཱ་ རཱ་ཤ །མང་པོ་དང་ནི་རྐང་པ་ལ། །སྦྲང་རྩི་འཐུང་དང་གནས་དང་ནི། །ཁྱིམ་གྱི་ཤིང་སྡོང་པཱ་རཱ་ ཤ །པཱ་རཱ་ཤ་ནི་བསྐལ་དུས་ལའང༌། །ནེ་ཚོ་ཅོལ་ཆུང་པཱ་རཱ་ཤ །པཱ་རཱ་ཤ་ནི་གཞོན་པ་སྟེ། །སྐྱེ་བོ་ དམ་པའང་པཱ་རཱ་ཤ །པཱ་རཱ་ཤ་ནི་ཡན་ལག་སྦས། །འདོད་པའི་ལྷ་ལའང་པཱ་རཱ་ཤ །ཙན་དན་ དམར་འདི་པཱ་རཱ་ཤའོ། །དོ་ཤལ་རྐང་གདུབ་པཱ་རཱ་ཤ །པཱ་རཱ་ཤ་ནི་དྲིལ་ཆུང་འཕྲེང༌། ༈ །རཱ་མ་ ཞེས་པའི་སྒྲའོ། །རཱ་མ་ཉིད་དང་ནམ་མཁའ་ལ། །རཱ་མ་རི་དང་རི་བོར་བརྗོད། །རཱ་མ་གཤིན་ རྗེའི་ལྷ་ཡིན་ཏེ། །རཱ་མ་རྒྱ་མཚོ་དག་ལ་ཡང༌། །ས་གཞི་ཡང་འདིར་རཱ་མ་ཡིན། །མང་པོ་ལ་ ཡང་རཱ་མར་དྲན། །རཱ་མ་རྔ་བོ་ཆེ་ཡིན་ཏེ། །གཏམས་ཏེ་བཞག་དང་རི་མཆོག་ལ། །རཱ་མ་ངོ་ མཚར་དུས་ཡིན་ཏེ། །རཱ་མ་ནགས་ཀྱི་ལྷ་ལའོ། །རཱ་མ་རི་མོ་སྦས་པ་སྟེ། །རཱ་མ་དབང་པོའི་ལྷ་ རུ་བཤད། །རཱ་མ་ནོར་ལྷའི་བུ་ཡིན་ཏེ། །རཱ་མ་རྒྱས་བཏབ་མ་བཤིག་པ། །རཱ་མ་ཆུ་ཡི་སྲོག་ ཆགས་དང༌། །དེ་བཞིན་སྟོབས་ནི་གསུམ་པ་ལ། །རཱ་མ་མུ་ཏིག་ཅན་ཡིན་ཏེ། །ཨ་རྫུ་ན་ཤིང་དེ་ བཞིན་ནོ། །རཱ་མ་གྲངས་ནོར་བ་ལ་བཤད། །དེ་བཞིན་སྐྱེ་བོའི་ཡིད་ལ་ཡང༌། །རཱ་མ་མཚན་མོ་ རྒྱུ་བ་སྟེ། །དད་པ་ཅན་ཡང་རཱ་མ་ཡིན། །རཱ་མ་དྲ་བ་བྱི་བ་སྟེ། །རཱ་མ་བ་ཊའི་ཤིང་སྡོང་ལ། །རཱ་ མ་གླང་པོའི་ཕྲུ་གུ་སྟེ། །རི་བོའི་ནགས་ལ་ཡང་རཱ་མ། །རཱ་མ་དཀར་དང་དཀར་མིན་ལ། །རི་ དྭགས་བྱེ་བྲག་རཱ་མ་ཡིན། །རཱ་མ་ཤིང་རྟ་བཅུ་པའི་བུ། ༈ །ཤུ་ཀྲ་ཞེས་པའི་སྒྲའོ། ཤུ་ཀྲ་སྦྱིན་ སྐྱེས་བླ་མར་བརྗོད། །ཤུ་ཀྲ་སྡིག་པ་རླག་བྱེད་ལ། །ཤུ་ཀྲ་ཟླ་བའི་བྱེ་བྲག་སྟེ། །ཐོབ་ཅེས་པ་ ལའང་ཤི་ཀྲར་བརྗོད། ༈ །བཱིརྱ་ཞེས་པའི་སྒྲའོ། །བཱིརྱ་ཁུ་བ་སྟོབས་ཞེས་བྱ། །བཱིརྱ་ས་བོན་ལ་ རབ་བརྗོད། །བཱིརྱ་ནོར་མངས་ཚོགས་པ་ལ། །བཱིརྱ་ཡིད་དང་ཟ་བ་དག །བཱིརྱ་ཚངས་དབང་ ཁྱབ་འཇུག་ལྷ། །ས་བདག་དགའ་བྱེད་བཱིརྱ་བརྗོད། །ལྷ་དང་དཀའ་ཐུབ་བཱིརྱ་སྟེ། །བཱིརྱ་ཟླ་བ་ ཉི་མ་དག །རྒྱན་དང་བྱ་རོག་བཱིརྱར་ཤེས། །ཤིང་རྟས་འགྲོ་བའང་བཱིརྱ་ཡིན། །བཱིརྱ་ལངྒའི་ 19-1-19 གྲོང་ཁྱེར་དང༌། བཱིརྱ་ཞེས་པ་འདམ་ལས་སྐྱེས། །བཱིརྱ་ར་དགུ་དགའ་བའོ། ༈ །བུ་ཛཾ་ག་ཞེས་ པའི་སྒྲའོ། །པི་ཝང་སིལ་སྙན་གཉིས་སྐྱེས་དང༌། །ཆར་པ་རྣམས་ལ་བུ་ཛཾ་ག །བུ་ཛཾ་ག་ནི་སྤྲིན་ རྨུགས་དང༌། །སྐྱེས་བུའི་ཡན་ལག་མ་མཆོག་གོ ༈ །དྭི་ཛ་ཞེས་པའི་སྒྲའོ། །དྭི་ཛ་རྒྱལ་པོ་ས་ སྐྱོང་ལ། །དྭི་ཛ་འགྲོ་བ་འཇོམས་པའི་ལྷ། །དྭི་ཛ་བྲམ་ཟེ་ཉ་ཕྱིས་དང༌། །དྭི་ཛ་རྭ་དང་རི་ལའོ། ། དྭི་ཛ་མཛོད་དང་བསྐྱེད་པ་ལ། །དྭི་ཛ་བདག་པོའི་བརྟུལ་ཞུགས་ལ། །དྭི་ཛ་སྦྲུལ་གྱི་སྐྱེ་བ་ལ། ། དྭི་ཛ་ཉི་མའི་ཉེ་འཁོར་སྐྱེ། །དྭི་ཛ་པདྨའི་གདན་ཅན་མ། །དྭི་ཛ་གཤིན་རྗེའི་རིགས་སུ་འདོད། ། དྭི་ཛ་ཉལ་བའི་གདན་ཡིན་ཏེ། །ཚོས་སྲབ་གོས་ཀྱང་དྭི་ཛར་དྲན། །དྭི་ཛ་དངུལ་དང་གསེར་ ཡིན་ཏེ། །མུ་ཏིག་ཆེན་པོ་དྭི་ཛའོ། །དྭི་ཛ་ནོར་བུའི་རྒྱ་མཚོའོ། །གཟུགས་ལྡན་སྟོབས་ཆེན་དྭི་ ཛའོ། ༈ །བཱ་རུ་ཎའི་སྒྲའོ། །བཱ་རུ་ཎ་ནི་མྱོས་བྱེད་དག་ལ་རིག །སྡོང་འཇོམས་ལ་ཡང་བཱ་རུ་ཎ་ ཞེས་བརྗོད། །བཱ་རཱ་ཎ་ནི་ཆུ་ལྷར་བཤད་པ་སྟེ། །དེ་བཞིན་ནུབ་ཕྱོགས་ལ་ཡང་བཱ་རུ་ཎ། ༈ །ན་ ར་སཾ་ཞེས་པའི་སྒྲའོ། །ན་ར་སཾ་ནི་འབྲུ་ཡི་སྦུན་པ་ལ། །རོ་བཅུད་ལ་ཡང་ན་ར་སཾ་ཞེས་བརྗོད། ། ན་ར་སཾ་ནི་ཞོ་རྒྱས་ནུ་མ་ལ། །གསོད་པ་ལ་ཡང་ན་ར་སཾ་ཞེས་བཤད། །ན་ར་སཾ་ནི་སིལ་སྙན་ འཛིན་པ་ལ། །ཉི་མའི་ཐོག་ཕུབས་ལ་ཡང་ན་ར་སཾ། །ན་ར་སཾ་ནི་མདའ་དང་འདོད་པ་ལ། ། སྤྲིན་དང་རི་བོ་ལ་ཡང་ན་ར་སཾ། །རྒྱ་མཚོ་ལ་ཡང་ན་ར་སཾ། །ནོར་བུ་རིན་ཆེན་དག་ལ་ཡང༌། ། རླུང་དང་མགྱོགས་པ་ན་ར་སཾ། །རི་དྭགས་མིག་གཉིས་དག་ལའོ། །ན་ར་སཾ་ནི་ཙན་དན་ཤིང༌། ། རི་དྭགས་མྱོས་བྱེད་ལ་ཡང་ངོ༌། ༈ །མནྡུ་རའི་སྒྲའོ། །རྟ་ཡི་ར་བ་མནྡུ་ར། བྱ་རོག་མནྡུ་ར་ཞེས་ བརྗོད། །ཇོ་བོ་བདུད་རྩི་ལ་ཡང་འདི། །བདེན་ཅིང་བདེན་པའི་ཚིག་ལ་ཡང༌། །གསེར་གྱི་ཀ་ བ་མནྡུ་ར། །ལྤགས་པའི་གོས་དང་བཞོན་པ་ལའོ། །སྤྲིན་གྱི་ཕྲེང་མ་བ་མནྡུ་ར། །ཟླ་བ་རྡོ་རྗེ་ དག་ལའོ། །སྦྱར་བའི་མདའ་ལའང་མནྡུ་ར། །ལག་པ་དག་དང་འདམ་ལ་སྟེ། མནྡུར་སུམ་ཅུ་ རྩ་གསུམ་ལྷ། །གུར་གུམ་འཁྲིལ་ཤིང་མནྡུ་ར། །གཙུག་ཕུད་ཅན་གྱི་ཚོགས་ལ་ཡང༌། །མནྡུར་ 19-1-20 གླང་ཆེན་མྱོས་བུམ་སྟེ། །ཡང་འདིར་རྒྱ་མཚོ་མནྡུ་ར། །མེ་ཏོག་བམ་པོ་ལ་ཡང་བཤད། ཧོར་པ་ མོ་དང་མ་མ་དང་། །ལྷ་མཆོད་པ་ལ་མནྡུ་ར། ༈ །ཀིངྐི་ནཱིའི་སྒྲའོ། ཀིངྐི་ནཱི་ནི་ཁྱིམ་དང་གྲགས། ། གཤིན་རྗེའི་ཕོ་ཉ་ཀིངྐི་ནཱི། །ཀིངྐི་ནཱི་ནི་རྒྱལ་པོ་ཀུན། །ཚོགས་དང་བྱེད་པོ་སོག་མ་ལའོ། ༈། ཧ་རི་དྲཱ་ཞེས་པའི་སྒྲའོ། །ཧ་རི་དྲཱ་ནི་མཚན་མོར་བཤད། །མེ་ཏོག་དོ་ཤལ་རིང་བོ་དང༌། ཁ་ དོག་ལྗང་ཁུ་ཧ་རི་དྲཱ། །ཧ་རི་དྲཱ་ནི་བཀྲ་ཤིས་ལྡན། ༈ །ས་རི་གྷ་ཞེས་པའི་སྒྲའོ། །ས་རི་གྷ་ནི་སྟ་ རེ་སྟེ། །ས་རི་གྷ་ནི་འཇོམས་བྱེད་དུག །གྱོང་ཞིང་རྩུབ་པ་སྤུ་ཡི་མིང༌། །ཤིང་རྟ་ས་རི་གྷ་ཞེས་ བརྗོད། །རི་དང་སྒྲ་ལ་ས་རི་གྷ། །ས་རི་གྷ་ནི་རྡོ་རྗེའི་མིང༌། །དགའ་བྱེད་ལྷ་ལའང་ས་རི་གྷ། ། བུད་མེད་རྒྱགས་པ་ལ་ཡང་འདོད། །ས་རི་གྷ་ནི་བྱེད་པོ་སྟེ། །པདྨའི་གདན་ལའང་ས་རི་གྷ། ། སྲེད་མེད་ས་རི་གྷ་ཡི་མིང༌། །རི་ཡི་མཆོག་ལའང་ས་རི་གྷ། །ས་རི་གྷ་ནི་ཤིང་རྟ་མགོན་བྱེད་ ལ། །རླུང་ལྷ་བདག་ཉིད་ལས་སྐྱེས་རླུང་གི་བུ་ས་རི་གྷ། མཉམ་པའི་མཚོན་ཆ་ལ་ཡང་ས་རི་གྷ། ། ས་རི་གྷ་ནི་པདྨའི་གདན་དུ་བཤད། །སྡིག་པའི་ཆོས་ལའང་ས་རི་གྷ། །ས་རི་གྷ་ནི་རྒྱུན་མི་ འཆད། ༈ །ཀ་རའི་སྒྲའོ། །ཀ་ར་ལག་པ་ཀ་ར་ཆོས། རྒྱལ་པོ་དང་ནི་ལག་འཇམ་ལ། །ཀ་ར་ གཉིས་སྐྱེས་རྐང་པར་རེས། །རྔ་ཆེན་བརྡུང་བའི་ངེས་པ་ལ། །ཀ་ར་ཁྱོད་ཀྱི་ལག་པ་གཉིས། ། ཟླ་བ་ལྷན་ཅིག་ཚོགས་ཀ་ར། །ཀ་ར་རྒྱ་མཚོའི་མུ་འགྲམ་བརྒྱུད། །འདིར་ཡང་གསེར་ལ་ཀ་ རའོ། །ཀ་ར་མདའ་དང་འདོད་པ་ཆེ། །བུད་མེད་ནུ་མའི་ཁུར་ལྡན་ལའོ། །ཀ་ར་དྲག་པོའི་སྒྲ་ ཡིན་ཏེ། །གླང་པོས་འགྲོ་བའང་ཀ་ར་ཡིན། །ཡང་འདིར་ཀ་ར་འདབ་ལྡན་ཏེ། །ཀ་ར་ཞེས་པ་ བཀྲ་ཤིས་ལྡན། །མཚན་མོའི་དུས་ལའང་ཀ་ར་འདི། །མེ་ཏོག་འཕྲེང་བ་ཀ་ར་ཉིད། །ཀ་ར་པི་ ཝང་བརྡུང་བྱེད་དོ། །མཚན་མོ་རྒྱུ་བའང་ཀ་རའོ། །ཀ་ར་ཁྱུ་མཆོག་ལོངས་སྤྱོད་དེ། །ཀ་ར་ཕ་ ཡུལ་ཡུལ་གཞན་ལའོ། ༈ །པྲྀ་ཐྭཱི་ཞེས་པའི་སྒྲའོ། །པྲྀ་ཐྭཱི་དྷ་ར་གནས་ཡིན་ཏེ། །ས་སྟེང་འཇིག་ རྟེན་ལ་ཡང་ངོ༌། །རོ་དྲོའི་གཞི་ས་འོག་གི་འཇིག་རྟེན་གཅིག་གི་མིང་ལའང་པྲྀ་ཐྭཱི། །པྲྀ་ཐྭཱི་ཞེས་པ་འབྱོར་ 19-1-21 ལ་ཡང༌། །པྲྀ་ཐྭཱི་དྷ་ར་ནོར་ལྷའི་བུ། །ནུབ་མོ་ཉུལ་བ་ལ་ཡང་ངོ༌། །པྲྀ་ཐྭཱི་དྷ་ར་ས་གཞི་སྐྱོང༌། ། གླང་པོ་ཆེ་ལའང་དེ་བཤད་དོ། །གླང་ཆེན་བཞོན་པའང་པྲྀ་ཐྭཱི། །པྲྀ་ཐྭཱི་དྷཱ་ར་འབྲས་བུའོ། །ཇི་ ལྟར་ཟླ་བའང་ས་འཛིན་ཏེ། །དེ་བཞིན་བདག་པོ་ཉི་མ་མེ། །པྲྀ་ཐྭཱི་དྷ་ར་ཆོ་འཕྲུལ་ཏེ། །པྲི་ཐྭཱི་ འཁར་དཀྲོལ་འཛིན་པ་ལ། །པྲྀ་ཐྭཱི་དྷ་ར་ཡང་དག་མཚོ། །མི་ལ་ལའང་པྲྀ་ཐྭཱི་དྷ་ར་ཡིན། ༈ །ཨུ་ དྱཱ་ན་ཞེས་པའི་སྒྲའོ། །ཡུལ་སྟོང་ཨུ་དྱཱ་ནར་ཡང་བརྗོད། །ལམ་འགྲོའང་ཨུ་དྱཱ་ན་རབ་སྨྲ། །སྟེང་ དང་རི་དྭགས་ཤིང་རྟ་དང༌། །འཕེལ་དར་སྲེག་པ་རྣམས་ལ་དྲན། ༈ །རུ་དྷི་ར་ཞེས་པའི་སྒྲའོ། ། རུ་དྷི་ར་ནི་པདྨར་ཤེས། །ཁ་དོག་དམར་པོ་རུ་དྷི་ར། ༈ །ནནྡ་ན་ཞེས་པའི་སྒྲའོ། །གང་འདིར་ ནནྡ་ན་ཞེས་པ། །རླུང་དང་སེང་གེ་ལ་རབ་བརྗོད། ༈ །སྱནྡ་ན་ཞེས་པའི་སྒྲའོ། །མི་ཡི་འཇིག་ རྟེན་སྱནྡ་ན། །ཤིང་རྟ་སྱནྡ་ན་རུ་བརྗོད། །རི་དང་རྒྱལ་པོ་སྱནྡ་ན། །བྱ་བ་ཉམས་དང་རྟེན་གྱི་ མཆོག ༈ །ཀ་ལིའི་སྒྲའོ། །ཀ་ལི་བསྐལ་དུས་འདིར་ཡང་སྟེ། །ཀ་ལི་སྡིག་ལྡན་འགྲོ་བའི་ གནས། །ཀ་ལི་པདྨ་ལ་ཡང་བརྗོད། །དེ་བཞིན་བདེན་པ་ཀ་ལི་འོ། ༈ །ཀཱཥྛ་ཞེས་པའི་སྒྲའོ། ། ཀཱཥྛ་ཕྱོགས་ཀྱི་དང་པོ་ལ། །ཀཱཥྛ་ཀ་བ་བྱེད་པར་བརྗོད། །ཀཱཥྛ་དུས་ཀྱི་ཁྱད་པར་དང༌། །ནོར་ འཛིན་དང་ནི་ཤིང་ལའང་གྲགས། །ཀཱཥྛ་ཉལ་བའི་ལུས་རྣམས་ལ། །ཉེ་འཁོར་དང་ནི་ཚད་པ་ ལའོ། ༈ །ཀཻ་བརྟ་ཞེས་པའི་སྒྲའོ། །ཀཻ་བརྟ་ནི་ཉ་བ་དང༌། །ཆུ་ལ་སྤྱོད་པ་ཀཻ་བརྟ། །ཐོང་གཤོལ་ ལྷག་དང་གོས་ལའོ། །མཆོག་ཏུ་ཉེ་བ་ཀཻ་བརྟ། ༈ །ནི་ར་སའི་སྒྲའོ། །བཀྲག་མདངས་ཉམས་ པ་ནི་ར་ས། །རི་དྭགས་འདབ་ཆགས་རྣམས་ལའོ། །གཏམ་གཞན་གྱུར་པ་ནི་ར་ས། །ནི་ར་ས་ ནི་ནམ་སྲོས་པའོ། །ནི་ར་ས་ནི་ནམ་མཁའ་དང༌། །ལྷ་དང་མྱོས་བྱེད་ལ་ཡང་ངོ༌། །རོ་དྲོ་མེད་པ་ ནི་ར་ས། །གླང་ཆེན་མུ་ཏིག་ནི་ར་ས། །ནི་ར་ས་ནི་ཉི་ཟླ་དང༌། །སུམ་ཅུ་རྩ་གསུམ་གཞལ་མེད་ ཁང༌། །རཱ་དང་སྔོ་སངས་ནི་ར་ས། །ནི་ར་ས་ནི་ར་དགུ་དགའ། །གཾ་ག་ཙན་དན་ནི་ར་ས། །ཟླ་ བའི་ཐང་བསྐོར་དག་ལའོ། །ནི་ར་ས་ནི་བཅོམ་བརླག་ཉིད། །གཡོས་མཁན་འབྲོག་མོ་ནི་ར་ 19-1-22 ས། །གླ་རྩི་ལྡན་པ་ལ་ཡང་འདི། །སྐྱེ་བོའི་སྦྱིན་གཏོང་ནི་ར་ས། །ནི་ར་ས་ནི་ཆུ་དང་རྒྱུ། །ནད་ དང་རླུང་ལའང་ཡིན་པར་བཤད། །ནི་ར་ས་ནི་གསེར་དང་དངུལ། །དགའ་མ་ལ་ཡང་ནི་ར་ས། ། ནི་ར་ས་ནི་རྒྱ་མཚོ་སྟེ། །ཐོག་འཁྱུག་ནི་ར་ས་རུ་འདོད། ༈ །ཧེ་མའི་སྒྲའོ། །ཧེ་མ་རྡོ་རིང་རྒྱ་ བཅས་ཏེ། །བདག་པོའི་བརྟུལ་ཞུགས་ལྡན་མི་མོ། །ཧེ་མ་རྒྱལ་པོ་ས་གཞི་སྐྱོང༌། །བར་མེད་ ལྗང་ཀུ་ཧེ་མའོ། །ཧེ་མ་མེ་ཏོག་འཁྲི་ཤིང་སྟེ། །ཧེ་མའི་ཡི་གེ་མུ་ཏིག་གོ །ཧེ་མ་རླུང་གི་ལྷ་ཡིན་ ཏེ། །ཧེ་མ་ཚུལ་ཁྲིམས་ལྡན་དང་མེ། །རྒྱལ་པོ་འཇིགས་སྡེ་ཧེ་མར་བརྗོད། །ཧེ་མ་དགའ་བྱེད་ དང་ནི་མདའ། །རི་བོ་ཆེ་དང་ཡིན་འོང་ལའོ། །ཧེ་མ་རྒྱལ་པོ་མིག་མི་བཟང༌། །དེ་བཞིན་དཀར་ དང་དཀར་མིན་དག །ཧེ་མ་དྲང་སྲོང་མཆོད་ཡོན་འབུལ། །ཕྱོགས་མཚམས་བརྒྱད་ལ་ཧེ་མའོ། ། ཧེ་མ་རྟ་དང་ནགས་ཐིབས་པོ། །བྱང་ཕྱོགས་ཤིང་རྟ་ཧེ་མ་ཡིན། །ཧེ་མ་གཡོན་ཕྱོགས་འདབ་ ལྔན་རྣམས། །ཧེ་མ་བུད་མེད་གཞི་མཉམ་ལ། །ཆོས་དང་སྡིག་པ་ཧེ་མར་བརྗོད། །ཧེ་མ་རྩྭ་དང་ ས་མཚམས་ལ། །སྐྲ་ལོ་བཟང་པོ་ཧེ་མར་བརྗོད། །ཧེ་མ་ལྷ་ཡི་རྒྱལ་པོ་སྟེ། །དགའ་དང་དྲན་ པའང་ཧེ་མ་ཡིན། །ཧེ་མ་འཆི་མེད་གྲོང་ཁྱེར་ཏེ། །ལང་ཀའི་གསེར་ཡང་ཧེ་མ་སྟེ། །ཧེ་མ་རི་རྩེ་ ལྕགས་ཀྱུའོ། ༈ །བཱ་ཎའི་སྒྲའོ། །བཱ་ཎ་མདའ་ཡི་ཚོགས་པ་སྟེ། །བཱ་ཎ་མཆུ་དང་གནས་ཀྱི་གཞི། ། ཉི་ཟླ་ལ་ཡང་བཱ་ཎ་སྟེ། །རྒྱུ་སྐར་སྐར་མ་བཱ་ཎའོ། །རྒྱལ་པོ་ཀེ་ཤ་བཱ་ཎ་སྟེ། །བཱ་ཎ་བུད་མེད་ གཡེམ་མར་དྲན། །གླང་ཆེན་མུ་ཏིག་བཱ་ཎའོ། །བཱ་ཎ་རྒྱལ་བུ་གཞོན་ནུ་སྟེ། །བཱ་ཎ་རྒྱ་མཚོ་བཱ་ཎ་ སོ། །མི་བདག་ལ་ཡང་བཱ་ཎར་བརྗོད། །བཱ་ཎ་འོད་ཟེར་གླང་པོ་ཡང༌། །ཡིད་འོད་ལ་ཡང་བཱ་ ཎའོ། །བཱ་ཎ་རླུང་པོས་ཁྱབ་པ་སྟེ། །ནུ་མ་དག་གི་ཁུར་ལྡན་ལའོ། ༈ །རཏྣའི་སྒྲའོ། །རཏྣ་ བཞིན་བཟང་བུད་མེད་དེ། །དེ་བཞིན་རཏྣ་དོ་ཤལ་ལོ། །རཏྣ་གཞུ་ཡི་རབ་དབྱེ་སྟེ། །འཁྲུག་པ་ ལ་ཡང་རཏྣའོ། །རཏྣ་རླུང་འཚུབ་འཁྱིལ་བ་སྟེ། །ལུས་ཉིད་ལ་ཡང་རཏྣའོ། །རཏྣ་མ་ཧེ་བ་གླང་ དག །ཡོན་ཏན་འཕགས་ལྡན་རྟ་ལའོ། །རཏྣའང་ཟླ་ཉི་དག་ལ་སྟེ། །གཟའ་དང་རྒྱུ་སྐར་རཏྣའོ། ། 19-1-23 རཏྣ་མངོན་པར་དབང་བསྐུར་ཏེ། །བློ་ཅན་སྐྱེས་བུ་རཏྣར་བརྗོད། །རཏྣ་ས་བོན་ཁུག་སྣ་དང༌། ། རཏྣ་རྣ་ཅན་སྐྱ་སེང་བུ། །རཏྣ་དགའ་བྱེད་ལྷ་རུ་བཤད། །རཏྣ་ཡིད་ཀྱི་ཤིང་རྟའོ། ༈ །ཀ་མ་ ལའི་སྒྲའོ། ཀ་མ་ལ་ཞེས་ནམ་མཁའ་སྟེ། །པདྨའང་ཀ་མ་ལ་རུ་དྲན། །ཀ་མ་ལ་ནི་རླུང་ཚོགས་ པ། །ཤིང་རྟ་ཀ་མ་ལ་རུ་བརྗོད། །དབང་པོ་གསལ་བ་ཀ་མ་ལ། །ཀ་མ་ལ་ནི་བྱ་ངང་པ། །རི་ དྭགས་ལ་ཡང་མཚུངས་པར་བཤད། །ཀ་མ་ལ་ནི་བཞོན་པ་རྟ། །སྣང་བྱེད་གཉིས་ལའང་ཀ་མ་ ལ། །ཀ་མ་ལ་ནི་ལྗོན་ཤིང་རྩེ། །ནུ་རྒྱས་ཀ་མ་ལ་རུ་བཤད། །ཐུབ་པ་རབ་མཆོག་ཀ་མ་ལ། ། མི་མོའི་གླུ་ལའང་ཀ་མ་ལ། །ཀ་མ་ལ་ནི་སྦྲང་ཆང་སྟེ། །གསེར་གྱི་མདོག་ལའང་ཀ་མ་ལ། ། འདིར་ནི་བདེན་སྨྲ་ལ་ཡང་ངོ༌། །གླང་པོའི་མྱོས་བུམ་ཀ་མ་ལ། །ནོར་བུ་དང་ནི་རིན་པོ་ཆེ། ། བར་མཚམས་ཡུལ་ཕྲན་ཀ་མ་ལ། །རི་དང་རི་ཕྲན་ལ་ཡང་སྟེ། །མ་ཧེ་དང་ནི་བ་གླང་དང༌། ། དེ་བཞིན་ཁྱུ་མཆོག་ཀ་མ་ལ། །ཀ་མ་ལ་ནི་གྲོས་ལ་སེམས། །དེ་བཞིན་ཆུ་བོ་ཀ་མ་ལ། ༈། ཙནྡྲཱ་དི་ཞེས་པའི་སྒྲའོ། །ཙནྡྲཱ་དི་ནི་བདག་པོས་བསྐྱབས་པ་དང༌། །ཟླ་བའི་རྗེས་སུ་འཇུག་ པའི་སྐར་མའོ། །ཟླ་བའི་འོད་དང་ནུས་པའི་མིང་དུ་བཤད། །དེ་བཞིན་ཙནྡྲཱ་དི་ནི་རླུང་གི་ལྷ། ། ཙནྡྲཱ་དི་ནི་པདྨ་དག་དང་དངུལ། །གླ་རྩིའི་རི་དྭགས་ལ་ཡང་ཙནྡྲཱ་དི། །ཙན་དན་དག་དང་ཀུད་ པོ་ཙནྡྲཱ་དི། །ཙནྡྲཱ་དི་ནི་སྒོ་མོ་ཆེན་པོར་བརྗོད། །ཙནྡྲཱ་དི་ནི་གསེར་མདོག་དང༌། །མེ་ཏོག་ལྕུག་ མ་ཙནྡྲཱ་དི། །ཙནྡྲཱ་དི་ནི་ས་གཞི་དང༌། །ཚོགས་ཅན་མ་དང་ལྷན་ཅིག་མིང༌། །བཅོམ་བརླག་ གནས་པའི་ལྷ་དང་ནི། །གྲོང་ཁྱེར་འཐབ་མེད་ཙནྡྲཱ་དི། །སྤྲེའུ་རྣམས་ཀྱི་ནི་གཙོ་བོ་འཾ། །ལྷ་ཀུན་ སྤྱི་ལ་ཙནྡྲཱ་དི། །ཙནྡྲཱ་དི་ནི་རི་རབ་རི། །གཟའ་རྣམས་འཇུག་པའི་གནས་ཡིན་ཏེ། །འདོད་པའི་ ལྷ་ལ་ཙནྡྲཱ་དི། །ཉི་མའི་དཀྱིལ་འཁོར་ལ་ཡང་ངོ༌། །ཙནྡྲཱ་དི་ནི་དུ་བ་དང༌། །གནས་བཟང་པོ་ཡི་ ས་མཚམས་སོ། །ཐུན་ཚོད་ལ་སོགས་ཙནྡྲཱ་དི། །ཆར་སྤྲིན་འཆའ་བའི་གནས་ཀྱི་མིང༌། །ཧ་ནུ་ མཱན་ད་ཙནྡྲཱ་དི། །ཙནྡྲཱ་དི་ནི་སེང་གེ་སྟག །ཐམས་ཅད་ལ་ཡང་ཙནྡྲཱ་དི། །ཙནྡྲཱ་དི་ནི་ཤིང་གཉེར་ 19-1-24 མིང༌། སྤྲིན་གྱི་འཕྲེང་བ་ལ་ཡང་ངོ༌། ༈ །སཱུརྱ་ཞེས་པའི་སྒྲའོ། །སཱུརྱ་བྱ་ཁྱུང་མིང་ཡིན་ཏེ། ། སཱུརྱ་ས་གཞི་འཛིན་པར་བཤད། །སཱུརྱ་རིན་ཆེན་ནོར་བུ་སྟེ། །སཱུརྱ་གླང་ཆེན་མུ་ཏིག་འཕྲེང༌། ། གླང་པོ་ཤིན་ཏུ་རྒྱགས་པ་ལའང༌། །ཆུར་གནས་སྐྱེ་བོ་སཱུརྱ་བརྗོད། །སཱུརྱ་དགའ་བྱེད་ལྷ་མོ་ སྟེ། །ས་གཞིའི་དཀྱིལ་འཁོར་ལ་ཡང་ངོ༌། །སཱུརྱ་རྟ་དང་ཕག་པ་སྟེ། །སཱུརྱ་རི་བོའི་ཚོགས་པ་ ལ། །སཱུརྱ་གོང་མོའི་མིང་དུ་བཤད། །མེ་ཏོག་ཕུང་པོ་ལ་ཡང་སྟེ། །ཉལ་བའི་མལ་སྟན་དག་ དང་ནི། །གླང་ཆེན་ཐལ་དཀར་སཱུརྱར་བརྗོད། །སཱུརྱ་མྱོས་བྱེད་ལྷ་མོ་རྣམས། །བསོད་ནམས་ ལྡན་དང་སྡིག་ཅན་ལའོ། །སཱུརྱ་མཚན་མོ་རབ་གསལ་ལ། །ཚོགས་ཀྱི་དབང་ཕྱུག་སཱུརྱར་ གྲགས། །སཱུརྱ་གླང་ཆེན་འཁྱམས་པ་སྟེ། །ཨུཏྤལ་དམར་པོ་ལའང་སཱུརྱ། །སཱུརྱ་ཁང་བཟང་ ངང་སྐྱ་ཅན། །གཤིན་རྗེའི་ཕོ་ཉ་དག་ལ་ཡང༌། །ཟླ་བ་དང་འགྲོགས་སྐར་མ་སྟེ། །ལམ་འགོག་ པ་ལའང་སཱུརྱར་བརྗོད། །སཱུརྱ་མྱུར་དུ་འོང་བ་ལ། །སཱུརྱ་སྙིང་དང་དབང་ལྡན་ལའོ། ༈ །བཱ་རཱ་ ཧ་ཞེས་པའི་སྒྲའོ། ལྷ་མིན་གླང་ཆེན་མུ་ཏིག་ལ། །བྱིས་པའི་མིང་ལ་བཱ་རཱ་ཧ། །དཔའ་བོའི་བུ་ རྒྱུད་རྣམས་ལ་ཡང༌། །རླུང་གི་ལྷ་ཡི་མིང་ཡང་སྟེ། །རི་དྭགས་རྣམས་ཀྱི་གདོང་ལ་ཡང༌། །ནོར་ ལྷའི་བུ་ལའང་བཱ་རཱ་ཧ། །ལང་ཚོ་མ་ནི་མཉམ་པ་ལ། །ལྷ་དང་ཀུན་གསལ་བཱ་རཱ་ཧ། །བཱ་རཱ་ཧ་ ནི་ཉི་དཀྱིལ་འཁོར། །སུམ་ཅུ་རྩ་གསུམ་པ་ལའང་བཤད། །ནོར་བུ་མུ་ཏིག་བཱ་རཱ་ཧ། །བཱ་རཱ་ཧ་ ནི་ཁ་སྤུ་ཕྲ། །ལམ་འགོག་བྱེད་པའི་མི་ལ་ཡང༌། །ནུ་མའི་སྟེང་གི་དོ་ཤལ་དང༌། །བཅོམ་བརླག་ གྲོང་ཁྱེར་བཱ་རཱ་ཧ། །དཀྱིལ་འཁོར་ལ་ཡང་རབ་ཏུ་བརྗོད། །བདག་པོ་དང་ནི་རིན་ཐང་མེད། ། མངོན་པར་དབང་བསྐུར་བཱ་རཱ་ཧ། །བཱ་རཱ་ཧ་ནི་བློ་རབ་འཁྲུལ། །ལན་ཅིག་བྱུང་བ་ཉིད་ལའོ། ། མེ་ཏོག་ཟེ་འབྲུ་བཱ་རཱ་ཧ། །བཱ་རཱ་ཧ་ནི་དབང་པོའི་མིང་། དབང་པོའི་གཟུང་བྱ་རྣམས་ལ་ཡང༌། ། མལ་སྟན་ལ་ཡང་བཱ་རཱ་ཧ། །གླང་པོས་འགྲོ་བའི་བུད་མེད་ལ། །སྤྲིན་གྱི་འཕྲེང་བ་བཱ་རཱ་ཧ། ། དེ་བཞིན་ཆུ་ནི་སྐྱོར་བྱེད་མོ། ༈ །ཨིནྡྲ་ཞེས་པའི་སྒྲའོ། །ཨིནྡྲ་ལྷ་ཡི་དབང་པོའི་མིང༌། །ཨིནྡྲ་ 19-1-25 ཤིང་རྟ་ལ་ཡང་བརྗོད། །ཆུ་ཞེང་དང་ནི་ནམ་མཁའ་ལ། །འཕྲོག་བྱེད་ལྷ་ཡང་ཨིནྡྲའོ། །འཕྲོག་ པོ་ལ་ཡང་ཨིནྡྲའི་མིང༌། །ཨིནྡྲ་ཞེས་པ་སྦྲུལ་གྱི་འགྲོས། །རི་བོའི་རྩེ་ཕྲན་ཨིནྡྲའོ། །ཨིནྡྲ་དབང་ པོ་རྣམས་ཀྱི་མིང༌། །མལ་སྟན་ལ་ཡང་རབ་ཏུ་གྲགས། །སོ་དང་མཚམས་ནི་བཅད་པ་དང༌། ། ལྷ་རྣམས་བྱེ་བའི་གྲངས་ལ་དང༌། །རྡོ་རྗེའི་གནས་ལའང་ཨིནྡྲའོ། །ཨིནྡྲ་ཀེ་ཏ་ཀ་ཡི་མིང༌། ། གླང་ཆེན་འདུས་པ་རྣམས་ལ་བཤད། །ལག་ལྡན་གྱི་ནི་རླུང་ཤུགས་དང༌། ཁྱུ་མཆོག་དགའ་ བྱེད་ཨིནྡྲའོ། ༈ །ཀཱ་ཀ་ཞེས་པའི་སྒྲའོ། །ཀཱ་ཀ་བྱ་རོག་ཞེས་པར་གྲགས། ཀཱ་ཀ་ཟས་གཡོས་ བྱས་པའི་མིང༌། །འོ་མའི་རྒྱ་མཚོ་ཀཱ་ཀ་སྟེ། ཀཱ་ཀ་སྦྲུལ་དང་སེར་བུ་ལ། །ཀཱ་ཀ་ཁྱུ་མཆོག་གིས་ སྐྲག་པ། །གུར་གུམ་སྡོང་བུ་ཀཱ་ཀའོ། །ཀཱ་ཀ་ནུ་རྒྱས་མ་ཡིན་ཏེ། །ཀཱ་ཀ་བུད་མེད་བཀའ་སྩལ་ པ། །སྔོན་གྱི་མལ་སྟན་ཀཱ་ཀའོ། །ཀཱ་ཀ་མེ་ཏོག་བཏབ་པ་སྟེ། །རི་དང་ཆུ་ཀླུང་དག་ལ་ཡང༌། ། རྒྱང་གྲགས་ལ་ཡང་ཀཱ་ཀ་སྟེ། །ཙན་དན་དག་གི་མིང་ལའོ། །ཀཱ་ཀ་གླ་རྩིའི་རི་དྭགས་ཏེ། །མེ་ ཏོག་རྣམས་ཀྱི་ཟེ་འབྲུ་ལའོ། །ལྕུག་ཕྲན་གསར་པ་ཀཱ་ཀ་སྟེ། །རྒྱལ་ཕྲན་ས་བདག་དག་ལའོ། ། ཀཱ་ཀ་ལུས་པོ་རྒུད་མིང་ཡིན། །ཀཱ་ཀ་འཇིག་རྟེན་ཐམས་ཅད་དང༌། །ཕྱོགས་མཚམས་རྣམས་ ཀྱི་མིང་ལ་བཤད། །ཀཱ་ཀ་ཆང་གི་མིང་ཡིན་ཏེ། །འཐུག་པོ་དང་ནི་གླེགས་བམ་ལའོ། །ཆུ་བོ་ རབ་མེད་ཀཱ་ཀ་སྟེ། །ཀཱ་ཀ་དུས་དང་མཐར་བྱེད་ལའོ། །ཀཱ་ཀ་གྲོང་ཁྱེར་གནས་བྱེད་དེ། །ཐུབ་ པའི་གཙོ་བོ་རྣམས་ལ་བཤད། །ཁ་དོག་ལྗང་ཁུ་ཀཱ་ཀ་སྟེ། །དེ་བཞིན་ཀཱ་ཀ་མགོ་བོར་འདོད། ། ཀཱ་ཀ་ལྷ་ཆེན་འགྲོ་དབང་ཕྱུག །ཚོགས་ཀྱི་བདག་པོ་ལ་ཡང་ངོ༌། །གཟའ་དང་རྒྱུ་སྐར་ལྷ་ཀཱ་ཀ ༈ །ས་མུ་དྲ་ཞེས་པའི་སྒྲའོ། ས་མུ་དྲ་ནི་ནོར་འཕེལ་རྫས། །གསེར་དང་རིན་ཆེན་འབྱུང་ཁུངས་ ལ། །འདོད་པའི་ལྷ་ལའང་ས་མུ་དྲ། །མཆོག་གི་སྐྱེས་བུ་ལ་ཡང་བརྗོད། །ས་མུ་དྲ་ནི་ཁྲོན་པ་ ཟབ། །དེ་བཞིན་ཆུ་བོ་ལ་ཡང་ངོ༌། །རྟགས་ཅན་མདའ་ཡི་མིང་ཡང་སྟེ། །དགའ་བ་ཅན་གྱི་ ཁྱིམ་ལའོ། །ཟླ་ཉི་ལྷ་དག་ས་མུ་དྲ། །མཚན་མོར་སྤྱོད་པའི་ཚོགས་པ་ལའོ། །པདྨའི་གདན་ 19-1-26 ཅན་ས་མུ་དྲ། །རི་རབ་བང་རིམ་ལ་ཡང་ངོ༌། །འཇིག་རྟེན་ཀུན་ལ་ས་མུ་དྲ། །གདོན་གྱི་མཐུ་ ལས་སྐྱེས་པ་དང༌། །མལ་སྟན་ས་མུ་དྲ་རུ་བརྗོད། །སེན་མོས་དྲལ་བ་ས་མུ་དྲ། །སྐྱེ་སྲིད་འཇིག་ རྟེན་ལ་ཡང་ངོ༌། །ཚོགས་པ་ཚུར་འོང་ས་མུ་དྲ། དབང་པོ་གཡོན་ཕྱོགས་ངག་སྨྲ་དང༌། །རབ་ཏུ་ དགའ་བ་ས་མུ་དྲ། །ས་མུ་དྲ་ནི་རི་བོའི་ལྷ། །རྒྱ་མཚོ་བདུན་ལའང་ས་མུ་དྲ། །གཅོང་རོང་ཟབ་ མོ་སྤྲིན་དང་རླུང༌། །ས་མུ་དྲ་ཞེས་བརྗོད་པ་ཡིན། །ས་མུ་དྲ་ནི་དགའ་བའི་མིང༌། །བདེན་པའི་ གཏམ་སྨྲ་པོ་ལ་བརྗོད། །ཐམས་ཅད་བརྡུང་དཀྲོལ་ས་མུ་དྲ། །ལྷ་ཚོགས་ཐམས་ཅད་འདུས་པ་ ལའང༌། །འཇོམས་བྱེད་སྨད་འཚོང་ས་མུ་དྲ། །སྐྱ་སེང་རྣམས་ཀྱི་བུ་ཚ་དང༌། །རུ་ཎ་དང་ནི་གང་ གའི་བུ། །དཀའ་ཐུབ་ནགས་ལའང་ས་མུ་དྲ། །ས་མུ་དྲ་ནི་རཱ་མའི་མདའ། །ནགས་ཚལ་ཐིབས་ པོ་ལ་ཡང་ངོ༌། ༈ །ནཱ་ག་ཞེས་པའི་སྒྲའོ། །གསེར་ལ་ཡང་ནི་ནཱ་གར་བརྗོད། །རིན་ཆེན་ནོར་ བུའི་བྱེ་བྲག་དང༌། །མེ་ཏོག་མདའ་ལ་ནཱ་ག་ཡིན། ཁྱད་པར་ཅན་གྱི་ཁང་བཟང་ལ། །དངུལ་ སོགས་རིན་ཆེན་ནཱ་གའོ། །ནཱ་མ་མུ་ཏིག་འབྲས་བུ་ཡིན། །ནཱ་ག་བྱུ་རུའི་མིང་ལ་བཤད། །མཛེས་ མ་དང་ནི་འཁྲིལ་ཤིང་ལའོ། །ནཱ་ག་དེ་བ་ལྷ་ཡི་མིང༌། མཁའ་ལྡིང་གདན་ལ་ནཱ་གར་བརྗོད། ། ནཱ་ག་ནོར་བུའི་བུ་ག་འབུགས། ལྷ་ཡི་འགྲོ་བའི་མཆོད་བྱ་ལའང༌། །ནཱ་ག་ངོ་མཚར་རོལ་མོ་ ལ། །ནཱ་ག་གར་དང་ཆ་བྱད་བསྒྱུར། །ཀ་དམྤ་ཡི་ཤིང་ལའོ། །འདོད་ཆགས་རྣམ་རྟོག་ནཱ་ག་སྟེ། ། རྒྱ་མཚོའི་མིང་ལའང་ནཱ་ག་ཡོད། །གཡུལ་དུ་འཇུག་པའང་ནཱ་གར་བརྗོད། །ནཱ་ག་ཞེས་པ་ ཤིང་རྟ་སྟེ། །དེ་བཞིན་མེ་ཡི་ལྷ་ལ་ཡང༌། །ནཱ་ག་ཉལ་པོའི་མལ་སྟན་ལ། །ནཱ་ག་རྟག་ཏུ་བུད་ མེད་རྟེན། །ཉ་ཕྱིས་འབུ་སྐྱོགས་རྣམས་ཀྱི་མིང༌། །ནཱ་ག་ཆར་སྡོད་བྱེའུ་ལའང༌། །བུང་བའི་རྒྱལ་ པོ་ལ་ཡང་བརྗོད། །ནཱ་ག་མེ་ཏོག་ལྡུམ་ར་ལ། །རུས་སྦལ་ལ་ཡང་ནཱ་ག་ཡིན། །དེ་བཞིན་ནཱ་ག་ རི་ཁཉྫན་རིང་དུ་ལྟ་བའོ་དྭགས་སོ། །ཞེས་པ་དཔལ་སྒྲའི་སྙེ་མ་དུ་མའི་མིང་ཤེས་ཤིང་རྟོགས་པ། ཞེས་པ་སྙན་ངག་མཁན་པོ་ཨཱ་ཀ་རས་སྦྱར་བ་ལས། ཚིགས་སུ་བཅད་པ་ལྷག་པར་བྱས་པའོ།། །། 19-1-27 ༈ ཨཱ་ཡིག་ནོར་ལྷའི་བུ་ཡིན་ཏེ། །ཨཱ་ཡིག་མེས་པོ་ཉིད་ལ་བཤད། ༉ །ཨི་ཡིག་འདོད་པ་ ལ་རབ་བཤད། །དཔལ་མོ་ལ་ཨཱི་རབ་ཏུ་བརྗོད། ༉ །ཨུ་ཡིག་བདེ་བྱེད་ཚངས་པ་ལ། །ཨཱུ་ཡིག་ སྤྱི་ཡི་མེས་པོར་གྲགས། ༉ །ལྷ་ཡིས་མ་ལ་རྀ་ཡིག་སྟེ། །རཱྀ་ཡིག་སྦྱིན་སྐྱེས་མ་ཞེས་བྱ། ༉ །ལྀ་ ཡིག་ལྷ་ཡི་སྐྱེ་གནས་ཏེ། །ལྷ་ཡི་བཙུན་མོ་ལཱྀ་ཡིག་གོ ༉ །ཨེ་ཡིག་འཇུག་སེལ་ལ་བརྗོད་དེ། ། དབང་ཕྱུག་ཆེན་པོ་ཨཻ་ཡིག་གོ ༉ །ཀཿནི་སྐྱེད་དགུའི་བདག་པོར་འདོད། །རླུང་གི་དབང་ཕྱུག་ ཀོ་ཡི་སྒྲ། །ཀཿནི་བདག་ལའང་ཡང་དག་བརྗོད། །རབ་གསལ་ལ་ཡང་ཀ་རུ་གྲགས། །ཀཾ་ནི་ མགོ་དང་ཆུ་ལ་བཤད། ཁ་ལ་ཡང་ནི་རབ་ཏུ་གྲགས། ༉ །ཁཾ་ནི་དབང་པོ་རྣམས་ལའང་བཤད། ནམ་མཁའ་ལ་ཡང་ཁཾ་དུ་གྲགས། །གདོང་ལའང་དེ་བཞིན་ཡང་དག་བཤད། །དེ་བཞིན་ཁ་ ནི་སྟོང་པའོ། ༉ །གོ་ནི་ཚོགས་ཀྱི་བདག་པོར་འདོད། །གཿནི་དྲི་ཟར་རབ་ཏུ་གྲགས། །གཾ་ནི་ གླུ་དང་བརྗོད་པ་ལ། །གོ་ནི་བ་དང་དབྱངས་ཅན་མ། ༉ །གྷེ་ནི་བུམ་པའི་མཆོག་ལ་བརྗོད། ། རྐང་གདུབ་ལ་ནི་གྷཿཞེས་གྲགས། །གྷ་ནི་སྣུན་པ་ལ་རབ་བསྒྲགས། །དིང་འུར་ལ་ཡང་རབ་ ཏུ་བཤད། ༉ །ང་ཡིག་འཇིགས་པའི་སྒྲ་ཡིན་ཏེ། །ཡུལ་ལ་འདོད་པའང་ང་ཡིག་གོ ༉ །ཙ་ ཡིག་ཟླ་བ་ལ་རབ་བརྗོད། །ཆོམ་རྐུན་ལ་ཡང་ཙ་རབ་གྲགས། །དྲི་མེད་ལ་ཡང་ཙ་རུ་བཤད། ། ལུས་གཅེས་འཛིན་ལའང་རབ་གྲགས་སོ། ༉ །ཚ་ནི་གཅོད་བྱེད་ལ་བཤད་པ། །མཁས་པ་ རྣམས་ཀྱིས་སྒྲས་བསྟན་ནོ། ༉ །ཛཿནི་མགྱོགས་པོར་འགྲོ་ལ་བཤད། །ཕ་ལ་ཛིཿཞེས་རབ་ཏུ་ གྲགས། །ཛུ་ནི་རྒྱལ་བར་བྱེད་ལ་གཏམ། །ལྷ་མོ་རྣམས་ལའང་སྒྲ་མཁན་སྨྲ། ༉ །རླུང་ཤུགས་ རིང་པོ་ཛྷ་ཡིག་སྟེ། །ཟས་འདོད་པ་ལའང་ཛྷ་ཞེས་བཤད། ༉ །ཉ་ཡིག་སྨྲ་བ་ལ་རབ་བརྗོད། ། ཉ་ཡིག་གྷར་གྷར་སྒྲ་ཡིན་ནོ། ༉ །ཊཱ་ནི་ས་གཞི་ཅོད་པན་ལ། །ཊོ་ནི་སྒྲ་སྐད་ལ་རབ་གྲགས། ༉ །ཋ་ནི་དབང་ཕྱུག་ཆེ་ལ་བཤད། །ཋ་ནི་སྟོང་པ་ལ་རབ་བརྗོད། །སྒྲ་ཆེན་ལ་ཡང་ཋཿཞེས་སྨྲ། 19-1-28 དེ་བཞིན་ཟླ་བའི་དཀྱིལ་འཁོར་ལའོ། ༉ །ཌ་ཡིག་བདེ་བྱེད་ལ་བརྗོད་དེ། །སྒྲ་ཙམ་ལ་ཡང་ ཌ་ཞེས་བརྗོད། ༉ །ཌྷ་ཡིག་རྔ་ཆེན་ལ་བརྗོད་དེ། །མིའམ་ཅི་ཡི་སྒྲ་ལ་ཡང༌། ༉ །ཎ་ཡིག་ཡེ་ ཤེས་ལ་བཤད་དེ། །གདུང་བ་གཅོད་ལའང་རབ་ཏུ་བརྗོད། ༉ །ཏ་ཡི་ཡི་གེ་རྐུན་པོར་གྲགས། ། ཅ་ཅོ་མཇུག་མ་ལ་ཡང་བརྗོད། ༉།འཕྲ་རྒྱན་འདུས་ལ་ཐ་ཡིག་སྟེ། །འཇིགས་པ་སྲུང་བྱེད་ལ་ ཡང་ངོ༌། ༉ །ད་ནི་བུད་མེད་རིག་པར་བྱ། །དཱ་ནི་སྦྱིན་པོ་གཅོད་པ་དང༌། །སྦྱིན་པ་དག་ལའང་ རབ་ཏུ་བཤད། ༉ །ནོར་དང་འཆིང་བ་དྷ་ཡིན་ཏེ། །དྷ་ནི་ཚངས་པ་བློ་ལྡན་བློ། །དེ་བཞིན་ཕུན་ ཚོགས་དྷུ་ཞེས་བཤད། །དྷུ་ནི་འཇིགས་པའི་སེམས་ཡིན་ཏེ། ༉ །ན་ཡིག་དགའ་དང་གཉེན་གྱི་ ཚོགས། །བསྟོད་པ་དག་ལའང་རབ་ཏུ་བརྗོད། །ནེ་ནི་འདྲེན་པར་རབ་ཏུ་སྨྲ། །ནཽ་ནི་གྲུ་ལ་རབ་ ཏུ་བརྗོད། ༉ །པ་ནི་རླུང་ལ་ཡང་དག་གྲགས། །པཱ་ནི་བཏུང་བ་སློང་བ་ལ། །ཧཱུྃ་ཡིག་དྲི་ཟའི་ བཞད་གར་མཁན། ༉ །དེ་བཞིན་འོ་མའང་ཕ་ཡིག་གྲགས། །ར་བ་ལ་ཡང་ཕ་རུ་བརྗོད། །དེ་ བཞིན་འབྲས་མེད་བརྗོད་པ་ལའང༌། ༉ །བ་ཡིག་ཆུ་ལྷར་ཡང་དག་གྲགས། །བུམ་པ་ལ་ཡང་ བརྗོད་པ་ཉིད། །བྱ་ལ་བི་ཞེས་རབ་ཏུ་བཤད། །བི་ནི་མཁའ་ལ་རྣམ་པར་གྲགས། ༉ །བྷ་ནི་ རྒྱུ་སྐར་ལ་རབ་བཤད། །བྷཿནི་བུང་བར་རབ་ཏུ་གྲགས། །སྣང་བྱེད་ས་གཞི་ས་འོག་ལ། །བྷཱ་ ཞེས་བྱ་སྟེ་བཱི་ཉིད་ནི། །འཇིགས་པ་ལ་ཡང་མཁས་པས་བཤད། ༉ །མ་ནི་མགོ་དང་མལ་ཁྲི་ དང་། །བློ་གྲོས་ལ་ཡིན་དཔལ་མོ་ལའང༌། །མཱ་ཞེས་རབ་ཏུ་གྲགས་པ་ཡིན། །མ་ཡིས་མ་དང་ གུས་པ་དང༌། །འཆིང་བ་རྣམས་ལ་མཿཞེས་གྲགས། ༉ །ཡཿནི་གྲགས་པ་ལ་བརྗོད་དེ། །རླུང་ ལའང་ཡཿཞེས་གཙོ་བོས་བསྒྲགས། །གཏོང་བ་དང་ནི་མེལ་ཚེ་དང༌། །འཛེགས་དང་འཇིགས་ པ་དག་ལ་ཡང༌། །མཁས་པ་རྣམས་ཀྱིས་བརྗོད་པ་ཡིན། ༉ །ལ་ནི་འདོད་ལ་རོལ་པ་དང༌། ། མེ་ཡིན་༉ རུ་ནི་དགྲ་ལ་བཤད། །ནོར་དང་དགྲ་ཡིས་འཇིགས་ལའང་གྲགས། །འཇིགས་ པ་སྤྱི་ལའང་རུ་ཞེས་གྲགས། །འགྱེས་འབྲལ་དང་ནི་སྐྲག་སེམས་ལའང་། །སྒྲ་མཁན་མཁས་ 19-1-29 པ་རྣམས་ཀྱིས་བཤད། །ཞི་དུལ་དང་ནི་ཆུ་ལྷ་དང༌། །གཡོན་གྱི་ཕྱོགས་དང་ལུས་ལ་ཡང༌། ། རུ་ཞེས་བྱ་བ་རབ་ཏུ་གྲགས། ༉ །སྨྲ་བར་བྱེད་དང་འབྲེལ་བ་དང༌། །འབྱར་བ་དང་ནི་ཁབ་ རྣམས་ལ། །ཤ་ཞེས་ངེས་པར་བཤད་པ་ཡིན། །ཤཱི་ཡང་ཉལ་ཁར་བྱེད་ལ་སྨྲ། ༉ །ཧ་ནི་ཡུན་ རིང་ཉལ་བར་བྱེད། ༉ ཥ་ནི་འདུས་པར་ཡང་དག་གྲགས། ཥུ་ཡང་སྦྲུམ་མའི་མངལ་གྲོལ་ བ། ༉ །ས་ནི་ལྐོག་གྱུར་ཡང་དག་བརྗོད། །སཱ་ནི་ཡིད་འོང་མར་ངེས་སོ། ༉ །ཧཿནི་ཁྲོས་དང་ མཆོད་པ་ལ། །ཧ་ནི་ཉིན་མོ་ཞེས་པར་བཤད། ༉ །ཞིང་བསྲུང་བ་ལ་ཀྵུ་ཞེས་གྲགས། །རྟག་ པར་ངེས་པ་རྣམས་ལའང་རིག །ཅེས་པ་དཔལ་སྒྲ་ཡི་སྙེ་མ་དུ་མའི་དོན་ཤེས་ཤིང་རྟོགས་པར་ བྱེད་པ་ལས་ཡི་གེ་གཅིག་པའི་མཛོད་རྫོགས་སོ། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་པཎྜི་ཏ་བྷ་ཏྲི་ མི་ཤྲ་ལ་ཡང་དྲིས་ཤིང༌། བི་ཤྭ་པྲ་ཀ་ཤའི་རྒྱ་དཔེ་ལ་ཡང་ལྟས་ནས་བསྒྱུར་བའོ། །འདི་རྒྱ་དཔེ་ ཅུང་ཟད་འཁྲུགས་པ་དང༌། ཅུང་ཟད་མ་ཚང་ངམ་སྙམ་པའང་སེམས་པས། སླར་དཔེ་དག་པ་ ལ་གཏུག་དགོས་པ་ཙམ་ཡོད་དོ། །ཤུ་བྷ་མསྟུ། གཅིག་ཞུས་དག བཀྲ་ཤིས། [འོཾ་བཉྫ་ན་ རིང་དུ་ལྟ་བའོ། །] 19-1-30 ༄༅། །བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། སྭ་ར་སྭསྟི་བྱཱ་ཀ་ར་ཎ་སཱུ་ཏྲ། བོད་སྐད་དུ། བརྡ་སྤྲོད་པ་དབྱངས་ ཅན་གྱི་མདོ། འཕགས་མ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །(ཨ་ཨི་ཨུ་རྀ་ལྀ་མཚུངས་པ་རྣམས་སོ།།) ཨ་ཨི་ཨུ་རྀ་ལྀ་ས་མཱ་ནཱ། (ཐུང་ངུ་རིང་བོ་པླུ་ཏས་ཕྱེ་བ་རྣམས་འདྲ་བ་རྣམས་སོ།།)ཧྲ་སྭ་དཱིརྒྷ་པླུ་ཏ་བྷེ་ད་ས་ བྷརྞ། (ལྷག་མ་འཇིག་རྟེན་ལས་གྲུབ་པའང་འདིར་བཤད་དོ།།)ལོ་ཀཱཙྪེ་ཥ་སྱ་སིདྡྷི་རི་ཏི་བཀྵྱ་ཏི། ༈ ཨེ་ཨཻ་ ཨོ་ཨཽ་སནྡྷྱ་ཀྵ་ར་ཎི།(ཨེ་ཨཻ་ཨོ་ཨཽ་མཚམས་སྦྱོར་གྱི་ཡི་གེའོ།།) ཨུ་བྷ་ཡེ་སྭ་རཱཿ(གཉིས་པོ་རྣམས་དབྱངས་སོ།།) ཨ་བརྫྫཱ་ནཱ་མི་ནཿ ༈ ཧ་ཡ་ཝ་ར་ལ། ཉ་ཎ་ན་ང་མ། ཛྷ་ཌྷ་ངྷ་གྷ་བྷ། ཛ་ཌ་ད་ག་བ། ཁ་ཕ་ཚ་ཋ་ཐ། ཙ་ཊ་ཏ་ ཀ་པ། ཤ་ཥ་ས། (ཐོག་མཐའ་དག་ལས་སོ།།)ཨཱ་དྱཾ་ཏཱ་བྷྱཱཾ། (དབྱངས་ཉམས་པ་གསལ་བྱེད་དོ།།)སྭ་ར་ཧཱི་ནཱཾ་བྱཾ་ ཛ་ནཾ། (བྱ་བའི་ཆེད་དུའོ།།)ཀཱཪྻ་ཡེཏ྄། (གང་ཞིག་ཨིཏ྄་ཀྱི་མིང་ཅན་དེ་དབྱི་བའོ།།)ཡ་སྱེཏ྄་སཾ་ཛྙཱ་ཏ་སྱ་ ལོ་པཿ (ཡི་གེ་མི་མཐོང་བ་ཕྱིས་པའོ།།)བརྞཱ་དཪྴ་ནཾ་ལོ་པཿ (ཡི་གེ་རབ་ཏུ་འགོག་པ་ནི་ཕྱིས་ཙམ་མོ།།)བརྞ་ བི་རོ་དྷོ་ལོ་པ་ཤ། (དགྲ་དང་འདྲ་བ་ནི་ཀུན་ནས་བསྒྱུར་བའོ།།)ཤ་ཏྲུ་བ་དཱ་དེ་ཤ། (གཉེན་དང་འདྲ་བ་ནི་ཨཱ་ ག་མའོ།།མི་ཏྲ་བ་ཏཱ་ག་མཿ (མཐའི་ཧ་ས་དབྱངས་བྲལ།སྭ་རཱ་ནནྟ་རི་ཏཱ་ཧ་སཱཿསཾ་ཡོ་གཿ(འདུས་པ་ནི་རབ་སྦྱོར་ རོ།། (ཀུ་ཙུ་ཊུ་ཏུ་པུ་སྡེ་པ་རྣམས་སོ།།)ཀུ་ཙུ་ཊུ་ཏུ་པུ་བརྒཱཿ ( ཨར྄་ཨེཏ྄་ཨོ་ནཱ་མིའི་ཡོན་ཏན་ནོ།།)ཨ་རེ་དོ་ནཱ་མི་ གུ་ཎཿ (ཨཱ་ཨཱར྄་ཨཻ་ཨཽ་འཕེལ་བའོ།།)ཨཱ་རཻ་ཨཽ་བྲྀདྡྷིཿ (མཐའི་དབྱངས་ལ་སོགས་པ་ཊིའོ།།)ཨ་ནྤྱ་སྭ་རཱ་དིཥྚིཿ། (མཐའ་ལས་སྔོན་མ་ཨུ་པ་དྷཱའོ།།)ཨ་ནྟྱཱ་ཏྦུ་རྦ་ཨུ་པ་དྷཱ། (ཕ་རོལ་ཏུ་རབ་སྦྱོར་མེད་པ་ལ་སོགས་པའི་ཐུང་ངུ་ནི་ཡང་ 19-1-31 བའོ།།)ཨ་སཾ་ཡོ་གཱ་དི་པ་རོ་ཧྲ་སྭ་ལ་གྷུཿ། ཅེས་པ་བརྡ་སྤྲོད་པ་དབྱངས་ཅན་ལས་བརྡ་ཆད་ཀྱི་བྱ་ བའོ།། །། ༈ (ཨི་ཡཾ་སྭ་རེ།)ཨི་ཡྲ་དབྱངས་ལའོ། །ཧ་ས་ལ་(ཧ་སེ་ཉ྄་རྷྷ་སཿ)ར་ཧ་མ་ཡིན་པའི་ཧ་ས་ རྣམས་སོ། །ཛྷ་བྷ་(ཛྷ་བྷེ་ཛ་བཱཿ།)ལ་ཛ་བ་རྣམས་སོ། །ར་(རཱ་ངྻ་བོ་དྭིཿ།)ལས་ཡ྄་ཡང་གཉིས་སོ། ། (ཨུ་བཾ།)ཨུཝ྄འོ། །(རྀ་རཾ།)རྀ་ར྄འོ། །(ལྀ་ལཾ།)ལྀ་ལ྄འོ། །(ཨེ་ཨ་ཡ྄།)ཨེ་ཨཡ྄འོ། །(ཨོ་ཨ་པྲ།)ཨོ་ ཨབ྄འོ། །(ན་བྱཾ་ཛ་ནེ་སྭ་རཱཿསཾ་དྷ་ཡཿ)གསལ་བྱེད་ལ་དབྱངས་མཚམས་མི་སྦྱོར་རོ། །(ཨཻ་ཨཱ་ཡ྄།)ཨཻ་ ཨཱཡ྄འོ། །(ཨཽ་ཨཱ་བ྄།ཨཽ་ཨཱབ྄འོ། །(ཡྦོ་རློ་བ་ཤ་པཱ་བ་དཱནྟེ། ཚིག་མཐའི་ཡ྄་བ྄་དག་ཡང་ན་དབྱིའོ། །(ཨེ་དོ་ ཏོ་ཉ་ཏཱཿ།)ཨེཏ྄་ཨོཏ྄་དག་ལས་ཨཏ྄འོ། །(ས་བརྞེ་དཱིརྒྷྲས་ཧཿ)འདྲ་བའི་ཡི་གེ་འདྲེས་པ་ལ་རིང་པོའོ། ། (ཨ་ཨི་ཨེ།)ཨ་ཨི་ལ་ཨེའོ། །(ཨུ་ཨཽ།)ཨུ་ལ་ཨོའོ། །(རྀ།)རྀ་ལ་(ཨར྄་)ཨར྄འོ། །(ཀྭ་ཙི་དཱ་ར྄།)རེས་ འགའ་ཨཱར྄་ཏུའོ། །(ལྀ་ཨལ྄།)ལྀ་ཨལ྄འོ། །(ཨེ་ཨཻ་ཨཻ།)ཨེ་དང་ཨཻ་ལ་ཨཻའོ། །(ཨོ་ཨཽ་ཨཽ།)ཨོ་དང་ ཨཽ་ལ་ཨཽའོ། །(ཨོཥྛོ་ཏྦོ་བཽ།)ཨོཥྛ་དང་ཨོ་ཏུའི་ཨོ་ཡང་ནའོ། །ཅེས་པ་དབྱངས་ཀྱི་མཚམས་སྦྱོར་ རོ།། །། ༈ (ནཱ་མཱི།)ཨ་མཱི་ལས་མ་ཡིན་ནོ། །(ཡྦེ་དྭི་ཏྭེ།)ཨཱི་ཨཱུ་ཨེ་གཉིས་པ་ལས་ཀྱང་ངོ་། །(ཨཽ་ནི་བཱ་ ཏཿ།)ཨཱ་ཨཽ་ནི་པཱ་ཏའོ། །(པླུ་ཏཿ།)པླུ་ཏ་ལ་ཡང་ངོ་། །(ངཱུ་རཱ་དཱ་ཧྭཱ་ནེ་ཊེཿབླུ་ཏཿ།)རྒྱང་རིང་པོར་འབོད་ པའི་ཊི་ལ་པླུ་ཏའོ། །ཞེས་པ་རང་བཞིན་དུ་གནས་པའི་མཚམས་སྦྱོར་རོ།། །། ༈ (ཙ་པཱ་ཨ་བེ་ཛ་བཱཿ།)ཙ་པ་ལས་ཨ་བ་ལ་ཛ་བའོ། །(ཉ་མེ་ཉ་མཱ་པཱ།)ཉ་མ་ལ་ཉ་མ་ཡང་ནའོ། ། (ཙ་པཱ་ཙྪ་ཤཿ།)ཙ་པ་ལས་ཤ་ནི་ཚའོ། །(ཏོ་ཛྷ་དྷཱཿ།)ཏ་ནི་ཛྷ་བྷའོ། །(སྟོ་ཤྩུ་བྷིཿཤྩུཿ)ས་དང་ཏུ་ནི་ཤ་ཙུ་ རྣམས་ལ་ཤ་དང་ཙུའོ། །(ན་ཤཱ་ཏྲ།)ཤ་ལས་མ་ཡིན་ནོ། ། (ཥྚུ་བྷིཿཥྚུཿ)ཥ་ཊུ་རྣམས་ཀྱིས་ཥྚུའོ། །(ཏོ་ རླི་ལཿ།)ཏོ་ཡི་ལ་ལ་ལའོ། །(ཨ་ནྟ་སྠཱ་དྭི་པྲ་བྷེ་དཱཿ།)མཐར་གནས་ལ་གཉིས་སུ་དབྱེའོ། །(ན་ཥི།)ཥ་ལ་ མ་ཡིན་ནོ། །(ཊོ་ར་ནྟྱཱ་ཏ།)མཐའི་ཊུ་ལས་སོ། །(ནཿསཀ྄་ཚ་ཏེ།)ན་ལས་ཚ་ཏ་ལ་སཀ྄འོ། །(ཤེ་ཙ་ཀྦཱ་) 19-1-32 ཤ་ལ་ཙཀ྄་ཡང་ནའོ། །(བྞྣོ་ཧྲ་སྭ་དྭིཿསྭ་རེ།)ཐུང་ངུ་ལས་ང྄་ཎ྄་ན྄་དབྱངས་ལ་གཉིས་སོ། །(ཚཿ།)ཚ་ ཡང་ངོ་། །(ཁ་སེ་ཙ་པཱ་ཛྷ་སཱ་ནཱཾ།)ཁ་ས་ལ་ཛྷ་ས་རྣམས་ཙ་པའོ། །(མོ་ཉ་ནུ་སྦཱ་རཿ།)མ་ནི་རྗེས་སུ་ང་རོའོ། ། (ན་ཤྩཱ་པ་དཱ་ནྟེ་ཛྷ་སེ།)ཚིག་མཐའི་ན྄་ཡང་ཛྷ་ས་ལའོ། །(ཡ་མཱ་ཡ་པེ་ཉ་སྱ་བཱ།)ཡ་པ་ལ་ཡ་མ་ཡང་ནའོ། ། (ཡ་བ་ལ་པ་རེ་ཡ་བ་ལཱ་བཱ།)ཡ་ཝ་ལ་ཕ་རོལ་ལ་ཡ་པ་ལ་ཡང་ནའོ། །(ཛྙཱིཾ་ཚ་ནྡ་སི།)ྉྃ སྡེབ་སྦྱོར་ལའོ། ། ཞེས་པ་གསལ་བྱེད་ཀྱི་མཚམས་སྦྱོར་རོ།། །། ༈ (བི་ས་རྫ་ནཱི་ཡ་སྱ་སཿ།)རྣམ་པར་བཅད་བྱའི་སའོ། །(ཤ་ཥ་སེ་བཱ།)ཤ་ཥ་ས་ལ་ཡང་ནའོ། །(ཀུ་ པྤོཿྈྐ་ྉྤཽ་(བཱ།)ཀུ་པུ་དག་ལ་ྈྐ་ྉྤ་དག་ཡང་ནའོ། །(བཱ་ཙ་སྱ་ཏྱཱ་ད་ཡཿ།)བ་ཙ་སྤ་ཏི་ལ་སོགས་པའོ། ། (ཨ་ཧྣོ་ར་རཱ་ཏྲི་ཥུ།)ཨ་ཧྣ་ལས་རཱ་ཏྲི་མ་ཡིན་པ་ལ་རའོ། །(ཨ་ཏོ་ཏྱུཿ།)ཨ་ལས་ཨ་ལ་ཨུའོ། །ཧ་བེ།)ཧ་ པ་ལའོ། །(ཨཱ་ད་བེ་ལོ་པ་ཤ྄།)ཨ་ལས་ཨ་བ་ལ་དབྱིའོ། །(སྭ་རེ་ཡ་ཏྭ་མྦཱ།)དབྱངས་ལ་ཡ྄་ཉིད་ཡང་ ནའོ། །བྷོ་སཿ།)བྷོས྄་ལས་སོ། །(ནཱ་མི་ནོ་རཿ།)ནཱ་མི་ལས་ར྄འོ། །(ཨུ་ཥ་སཽ་བུ་དྷེ།)ཨུ་ཥས྄་ཀྱི་བུ་ངྷ་ལ་ ར྄འོ། །རེ་ཕ་པྲ་ཀྲྀ་ཏི་ཀ་སྱ་ཁ་པེ་བཱ།)རེ་ཕའི་རང་བཞིན་ཅན་ནི་ཁ་པ་ལ་ཡང་ནའོ། །(རཿ།)ར་རྣམས་ ཀྱིའོ། །(རི་ལོ་པོ་དཱིརྒྷཤྩ།)ར་ལ་དབྱི་སྟེ་རིང་པོ་ཡང་ངོ་། །(སཻ་ཥཱདྡྷ་སེ།)ས་དང་ཨེ་ཥ་ལས་ཧ་ས་ལའོ། ། ཅེས་པ་རྣམ་བཅད་ཀྱི་མཚམས་སྦྱོར་རོ།། །། ༈ (བི་བྷཀྟྱནྟཾ་པ་དཾ།)རྣམ་དབྱེའི་མཐའ་ཅན་ནི་ཚིག་གོ །(ཨ་བི་བྷཀྟི་ནཱ་མ།)རྣམ་དབྱེ་མེད་པ་ནི་ མིང་ངོ་། །(ཏཱསྨཏ྄།)དེ་ཡང་། སི་ཨཽ་ཛས྄། ཨམ྄་ཨཽ་ཤས྄། ཊཱ་བྷྱྰཾ་བྷིས྄། ངེ་བྷྱཱམ྄་བྷྱས྄། ང་སི་ བྷྱཱམ྄་བྷྱས྄། ངས྄་ཨོས྄་ཨཱམ྄། ངི་ཨོས྄་སུཔ྄། (སྲོ་བི་སརྒ།)ས྄་ར྄་དག་གི་རྣམ་བཅད་དོ། །(ཨམྴ་སོ་ ར་སྱ།)ཨམ྄་ཤས྄་དག་གི་ཨའོ། །(སོ་ནཿཔུཾ་སཿ།)སྐྱེས་པ་ལས་སའི་ནའོ། །(ཤ་སི།)ཤས྄་ལའོ། །(ཊེ་ ན།)ཊཱ་ཨི་ནའོ། །(ཨིངྦྷ།)བྷ་ལ་ཨཱའོ། །(བྦྷྱཿ།) (༈ བྷངས྄་ཙ་བྷིངས྄་ཙ་ཨ་སི་ཙ། ཙ་གསུམ་ཚིག་སྡུད་ཀྱིས་ཕྱིས། ངས྄་གཉིས་མི་ཟད་པ་ལས་འཇིག སེ་རྣམ་བཅད། བྷ྄་བྷིཨཿ ཨིཡ྄་རུ་སོང་། ཛྷ་ས་ཚུར་རོལ། ཛྷ་པ་ཕ་རོལ་ལ་ཛ་བ་རུ་འགྱུར་ བས། བྷ྄་བ྄་རུ་སོང་། ཕར་དྲངས། བྦྷྱཿ།) བྷིའི་བྷ་ཨའོ། །(དེ་རཀ྄།)ངེ་ཡི་ཨཀ྄འོ། །(ཨེ་སྦྷི་བ་ཧུ་ཏྭེ།)ས་བྷ་ 19-1-33 མང་པོ་ཉིད་ལ་ཨེའོ། །(ང་སི་རཱཏ྄།)ང་སི་ཨཏ྄དོ། །(ངསྶྱ།)ངས྄་སྱའོ། །(ཨོ་སི།)ཨོས྄་ལའོ། །(ནུ་ ཌཱ་མཿ།)ནུཊ྄་ཨཱམ྄་ལའོ། །(ནཱ་མི།)ནཱམ྄་ལའོ། །(ཀྭི་ལཱ་ཏ྄་ཥཿསཿཀྲྀ་ཏ་སྱ།)ཀུ་ཨི་ལ་ལས་ཥ་རུ་བྱེད་དེ་ སའོ། །(ཨཱ་མནྡྲ་ཎི་སིརྡྷིཿ།)བོད་པ་ལ་སི་ངྷིའོ། །(ས་མཱ་ནདྡྷེརློ་པོ྅དྷཱ་ཏོ།)བྱིངས་མ་ཡིན་པའི་མཚུངས་པ་ ལ་ངྷི་དབྱིའོ། ། ༈ (ཛ་སཱི།)ཛས྄་ཨཱིའོ། ཥྲུ་(རྣོ་ཎོ་྅་ནཾ་ཏི།)ཥ་ར་རྀ་ལས་མཐའ་མིན་པའི་ན་ཎའོ། །(ཨ་ཝ་ཀུ་པྭནྟ་ རེ་པི།)ཨ་ཝ་ཀུ་པུ་བར་ན་ཡོད་ཀྱང་ངོ་། །(སརྦྦཱ་དེཿསྨཊ྄།)སརྦ་སོགས་ལ་སྨཊ྄འོ། །(ཨ་ཏཿ།)ཨཏ྄་ ལའོ། །(སུ་ཌཱ་མཿ།)སུཊ྄་ཨཱམ྄་ལའོ། །(ངི་སྨིན྄།)ངི་སྨིན྄འོ། །(ཛ་སཱི་བཱ།)ཛས྄་ཨཱི་ཡང་ནའོ། ། ༈ (མཱ་ས་སྱ་ལོ་པོ་བཱ།)མཱ་སའི་དབྱི་བ་ཡང་ནའོ། །(ཧ་སེ་པཿསིརློ་པཿ།)ཧ་ས་ཨཱི་པ྄ལ་སི་དབྱིའོ། ། (ཨཱ་ཏོ་དྷཱ་ཏོརློ་པ།)ཨཱཏ྄་ཀྱི་བྱིངས་ཀྱི་དབྱིའོ། ༈ །(ཨཽ་ཡཱུ།)ཨཽ་ནི་ཨི་ཨུ་དག་གོ །(ཨེ་ཨོ་ཛ་སི།)ཨེ་ཨོ་ ཛས྄་ལའོ། །(དྷཽ།)ངྷི་ལའོ། །(ཊཱ་ནཱ་སྟྲི་ཡཾ།)བུད་མེད་མིན་པ་ལ་ཊཱ་ནཱའོ། །(ངི་ཏི།)ངིཏ྄་ལའོ། །(ང་ སི་ང་སོ་ར་སྱ།)ང་སི་ངས྄་དག་གི་ཨའོ། །(དེ་རཽ།)ངིའི་ཨཽའོ། །(ས་ཙ་ཌི་ཏ྄།)དེ་ནི་ཌིཏ྄འོ། །(ཌི་ཏི་ཊེཿ།) ཌིཏ྄་ལ་ཊིའོ། ༈ །(སེ་ཌཱ་དྷིཿ) (དྷི་ནི་བོད་སིའི་མིང་ཡིན་ལ། ཨ་དྷིཿནི་དྷི་མིན་པའོ། །ཚེག་དྲག་ནི་སིའི་རྗེས་སོ།།) ངྷི་ མ་ཡིན་པ་ལ་སི་ཌཱའོ། །(ཨཻ་ས་ཁྱུཿ།)ས་ཁིའི་ཨཻའོ། །(ས་ཁི་པ་ཏྱོཿརིཀ྄)ས་ཁི་པ་ཏི་དག་ལ་ཨིཀ྄འོ། ། (རྀདྡེ།)རྀཀ྄་ང་ལའོ། །(རྀ་ཏོ་ང་ཨུཿ།)རྀཏ྄་ལས་ངའི་ཨུའོ། ༈ །(ཏྱཏ྄་སོགས་ཀྱི་ཌིའི་སི་སོགས་ཨའོ། །ཅེས་ སོ།།)(སྱ་དཱ་དེཥྚེ་རཿསྱཱ་དཽ།)སི་སོགས་ལ་ཏྱཏ྄་སོགས་ཀྱི་ཊི་ཨའོ། །(ཏྲེ་ར་ཡང྄་།)ཏྲི་ཡི་ཨ་ཡང྄་འོ། ། ༈ (ཡྦོརྡྷཱ་ཏོ་རི་ཡུ་བཽ་སྭ་རཽ།)བྱིངས་ཀྱི་ཨཱི་ཨཱུ་ཨིཡ྄་ཨུ་ཝ྄་དག་དབྱངས་ལའོ། །(ཡྦཽ་བཱ།)ཡ྄་ཝ྄་དག་ ཡང་ནའོ། །(ཨཱ་མྡེ།)ངི་ཨཱམ྄འོ། ༈ །(སེ་རཱ།)སི་ཨཱའོ། །(ཨར྄་པཾ་ཙ་སུ།)ལྔ་ལ་ཨར྄འོ། །(དྷེ་རར྄།) ངྷི་ཨར྄འོ། །(ངཽ་།)ངི་ལའོ། །(སྟུ་རཱར྄།)སཏྲྀ་དག་གི་ཨར྄འོ། ༈ །(རཻ་སྦྷི།)རཻས་དང་བྷ་ལའོ། ༈། (ཨ་རཽ།)ཨཽ་ནི་ཨཽའོ། །(ཨཱམྴ་སི།)ཨཱ་ཨམ྄་ཤས྄་ལའོ། ། ༈ (ཨཱ་བ་ཏཿསྟྲི་ཡཱཾ།)བུད་མེད་ལ་ཨ་ལ་ཨཱཔ྄འོ། །(ཨཱ་བཿ།)ཨཱཔ྄་ལས་སོ། །(ཨཽ་རཱི།)ཨོོ་ཨཱིའོ། ། 19-1-34 (དྷི་རིཿ།)ངྷི་ཨིརུའོ། །(ཊཽ་སོ་རེ།)ཊཱ་ཨོས྄་དག་ལ་ཨེ། (ངི་ཏཱཾ་ཡཊ྄།)ངིཏ྄་རྣམས་ཀྱི་ཡཊ྄འོ། ༈ །(ཡ་ ཊོ྅ཙྩ།)ཡཊ྄་ཀྱི་ཨཏ྄་ཡང་ངོ་། ༈ །(ཨི་དུདྦྷྱཱཾ། )ཨིཏ྄་ཨུཏ྄་དག་ལས་སོ། །(སྟྲི་ཡཱ་ཡོཿ།)ཨི་ཨུ་ལས་ བུད་མེད་ལའོ། །(དྷཽ་ཧྲ་སྭ།)ངྷི་ལ་ཐུང་ངུའོ། །(ངི་དཱ་མཊ྄།)ངིཏ྄་ལ་ཨཊ྄འོ། །(སྟྲཱི་བྷྲཱུ་བཽཿ།)སྟྲཱི་བྷྲཱུ་ཡི་འང་ ངོ་། །(བཱ་མྴ་སི།)ཨམ྄་ཤས྄་དག་ལ་ཡང་ནའོ། །(བེ་ཡུ་བཱཿ།)ཡང་ན་ཨིཡ྄་ཨུཝ྄་ལའོ། ། ༈ (ཨ་ཏོ་ཨམ྄།)ཨཏ྄་ལས་ཨམ྄འོ། །(ཨཱི་མོ།)ཨཽ་ཨཱིའོ། །(ཛསྴ་སོཿཤིཿ།)ཛས྄་ཤས྄་དག་གི་ཤིའོ། ། (ནུ་མ་ཡ་མ།)ཡ་མ་མིན་པའི་ནུམ྄འོ། །(ནོ་པ་དྷཱ་ཡཱཿ།)ནའི་ཨུ་པ་དྷཱའི་འོ། །(ཤྟྭ་ནྱཱ་དེ།)ཨ་ནྱ་སོགས་པ་ ལ་ཤྟུའོ། ༈ །(ན་པུཾ་ས་ཀཏྶྱ་མོ་རླུཀ྄།)མ་ནིང་ལ་སི་ཨམ྄་དག་འཇིག་གོ །(ཡྦྲྀ་ཎཱཾ།)ཨི་ཨུ་རྀ་རྣམས་ ཀྱིའོ། །(ནཱ་མི་ནཿསྭ་རེ།)ནཱ་མི་དབྱངས་ལ་ནུའོ། །(ཨཙྩཱསྠྣཱ་ཤཱ་ས་དཽ།)ཨསྠི་རྣམས་ཀྱི་ན་ཨཏ྄་ཤས྄་ལ་ སོགས་པ་ལའོ། །(ཨ་ལློ་པཿསྭ་རེ྅མྤ་ཡུཀྟཱཙྪ་ཤཱ་(སཱ་ཡིན་ནམ།)དཽ།)མ་བ་རབ་སྦྱོར་མ་ཡིན་པ་ལས་ཤས྄་ སོགས་ལ་ཨཏ྄་དབྱི་སྟེ་དབྱངས་ལའོ། །(བེ་དྱོཿ།)ཨི་ངི་དག་ལ་ཡང་ནའོ། །(ན་པུཾ་ས་ཀ་སྱ་ཧྲ་སྭཿ།) མ་ནིང་གི་ཐུང་ངུའོ། །(ཊཱ་དཱ་བུཀྟ་པུཾ་སྐཾ་པུཾ་བདྦཱ།)ཊཱ་སོགས་ལ་སྐྱེས་པར་བཤད་པའི་སྐྱེས་པ་བཞིན་ ཡང་ནའོ། ། ༈ (སཱ་བ་ན་ཌུ་ཧཿ།)ཨ་ན་ཌུ་ཧ྄འི་སི་ལའོ། །(སཾ་ཡོ་གཱནྟ་སྱ་ལོ་པཿ།)རབ་སྦྱོར་མཐའ་ལ་དབྱིའོ། ། (དྷཱ་ཝམ྄།)ངྷི་ལ་ཨམ྄འོ། །(བ་སཱཾ་ར་སེ།)བས་རྣམས་ཀྱི་ར་ས་ལའོ། །(དཱ་དེརྒྷཿ།)ད་ལ་སོགས་པའི་ གྷའོ། །(ཨཱ་དི་ཛ་བཱ་ནཱཾ་ཛྷ་བྷཱནྟ་སྱ་ཛྷ་བྷཱ་སྡྷཽཿ།)ཛྷ་བའི་དང་པོ་རྣམས་ཀྱི་ཛྷ་བྷ་མཐའི་ཛྷ་བྷ་སྟེ་ས་ངྷྭ་རྣམས་ ཀྱིའོ། །(པཱ་བ་ས་ནེ་།)གནས་མེད་པ་ལ་ཡང་ནའོ། །(ཧོ་ཌྷཿ།)ཧའི་ཌྷའོ། །(དྲུ་ཧཱ་དཱི་ནཱཾ་གྷ་ཏྭ་ཌྷ་ཏྭེ་བཱ།)དྲུཧ྄་ ལ་སོགས་པའི་གྷ྄་ཉིད་ཌྷ྄་ཉིད་ཡང་ནའོ། །(བཱ་ཧོ་བཽ་ཤ་སཱ་དཽ་སྭ་རེ།)བཱ་ཧའི་ཤས྄་སོགས་དབྱངས་ ལ་བཱའི་ཨཽའོ། ། ༈ (ས་ཧེཿཥཿསཱ་ཌྷིཿ།)སཱ་ཧའི་ཌྷ་ལ་ས་ཥའོ། །(ཙ་ཏུ་རཱ་མྴཽ་ཙ།)ཙ་ཏུར྄་གྱི་ཨཱམ྄་ཤི་ལའོ། །(རཿསཾ་ཁྱཱ་ ཡཱཿ།)ར་ཡི་གྲངས་ཀྱིའོ། །(ནཱམྣོ་ནོ་ལོ་པ་ཤ་དྷཽ།)མིང་གི་ནའི་དབྱི་བ་ངྷི་མིན་པ་ལའོ། །(ཛ་ཉཽ་རྫྙཿ།)ཛ་ཉ་ 19-1-35 དག་གི་ཛྙཱའོ། །(ཤྭཱ་དེ་ཤྩེ།)ཤྭ་སོགས་ཀྱི་ཡང་ངོ་། །(ཨི་ཏོ་ཏྤཉྩ་སུ།)ཨིཏ྄་ཀྱི་ཨཏ྄་ལྔ་ལའོ། །(ཐཱ་ནུ་ཊ྄།) ཐའི་ནུཊ྄འོ། །(ཨཱ་སཽ།)ཨཱ་སི་ལའོ། །(པནྠཱཾ་ཊེཿ།)པནྠ་རྣམས་ཀྱི་ཊིའོ། །(ཨི་ནཱཾ་སཽ་སཽ།)ཨིཊ྄་རྣམས་ ཀྱི་ཤི་དང་སི་ལའོ། །(ཧ་ནོགྷྣ།)ཧན྄འི་གྷ་ན་ལའོ། །(ཛསྴ་སོ་རླུཀ྄།)ཛས྄་ཤས྄་དག་དབྱི་འཇིག་གོ ། (ཥྞཿ།)ཥ་ཎའི་འོ། །(ཨཥྚ་ནོ་བཱ་ཌཽ།)ཨཥྚན྄་ལས་ཌཽ་ཡང་ནའོ། །(བཱ་སུ།)འདི་རྣམས་ལ་ཨཱ་ཡང་ནའོ། ། ༈ (ཨི་ད་མོ་ཡཾ་པུཾ་སི།)སྐྱེས་པ་ལ་ཨི་དམ྄་གྱི་ཨ་ཡཾ་མོ། །(ད་སྱ་མཿ།)དའི་མའོ། །(ཨ་ན་ཊཽ་སཽ།)ཊཱ་ ཨོས྄་དག་ལ་ཨ་ནའོ། །(སྦྷྱཿ།)ས་བྷ་ལ་ཨའོ། །(བྷི་སྦྷིས྄།)བྷིས྄་བྷིས྄འོ། །(ཚ་ཤ་ཥ་རཱ་ཛཱ་དེཿཥཿ།)ཚ་ ཤ་ཥ་རཱ་ཛ྄་ལ་སོགས་པའི་ཥ྄འོ། །(ཥོ་ཌཿ།)ཥ་ཡི་ཌའོ། །(སྟཿ།)ཏའི་སའོ། །(ཙོཿཀུཿ།)ཙ་ཡི་ཀུའོ། ། (ཨ་ཙེ་ར་ལོ་པོ་དཱིརྒྷ་ཤྩ།)ཨཙ྄འི་དབྱི་ཞིང་རིང་པོའོ། །(ཏི་རཤྩཱ་ད་ཡཿ།)ཏི་རཤྩ་ལ་སོགས་པའོ། །(བྲ་ ཏོ་ནུམ྄།)ཨུ་དང་ར་དག་གི་ནུམ྄འོ། །(ནྶ་མྨ་ཧ་ཏོ་དྷོ་དཱིརྒྷཿ་ཤཽ་ཙ།)ནྶ་ཨཔ྄་མ་ཧཏ྄་ཀྱི་ངྷི་མིན་པ་ལ་རིང་ པོ་སྟེ་ཤི་ལའང་ངོ་། །(ཨ་ཏྭ་སོཿསཽ།)ཨ་ཏུ་དང་སའི་སི་ལའོ། །(ཌྞཿ།)ཌ་ཡི་ཎའོ། །(དོ་ཥཱཾ་རཿ།)དོཥ྄་ རྣམས་ཀྱི་རའོ། །(པུཾ་སོ་ཨ་སུང྄།)པུཾ་ས྄འི་ཨ་སུང྄་འོ། །(སྭ་རེ་མཿ།)དབྱངས་ལ་མའོ། །(ཨ་སཾ་བྷ་བེ་པུཾ་ སཿཀཀྶཽ།)མི་འབྱུང་བ་ལ་པུཾ་སའི་ཀཀ྄་སྟེ་ས་ལའོ། །(སྐོ་རཱ་དྱོ་ཤྩ།)ས་ཀ་དག་ལ་དང་པོ་དག་གི་ཡང་ ངོ་། །(བ་སོ་རྦ་ཨུ།)བ་ས྄འི་ཨུའོ། །(ཨུ་ཤ་ན་སཱཾ།)ཨུ་ཤ་ནས྄་རྣམས་ཀྱིའོ། །(སཽ་སཿ།)སི་ལ་སའོ། །(སེ་ རཽ།)སི་ཡི་ཨཽའོ། །(མཱ་དཱུ།)མ་ལས་ཨུ་དག་གོ །(ཨ་རཱི་བ་ཧུ་ཏྭེ།)ཨེའི་ཨཱི་མང་པོ་ལའོ། །(སཱ་མཱ་ནྱེ་ཨ་ད་ སཿཀཿསྱཱ་དི་བཙྩ།)མཚུངས་པ་ལ་ཨ་དས྄་ཀྱི་ཀ་སྟེ་སི་སོགས་བཞིན་ནོ། །(ན་ཧོ་དྷཿ།)ན་ཧ྄་ཡི་ངྷའོ། ། (དེ་བ་ཨཽ་སཽ།)དིབ྄་ཡི་ཨཽ་སི་ལའོ། །(བཱ་མི།)ཨམ྄་ལ་ཨ་ཡང་ནའོ། །(ཨུ་ར་སེ།)ར་ས་ལ་ཨུའོ། །(ཏྲི་ ཙ་ཏུ་རོཿསྟྲི་ཡཱཾ་ཏི་སྲྀ་ཙཏ་སྲྀ་བཏ྄།)ཏྲི་ཙ་ཏུར྄་དག་གི་བུད་མེད་ལ་ཏྲི་སྲྀ་ཙ་ཏ་སྲྀ་བཞིན་ནོ། །(ཡྦོརྦ་ཧ་སེ།) ཨི་ཨུ་དག་ར་བ་ལ་དང་ཧ་ས་ལའོ། །(ཨི་ཡཾ་སྟྲཱི་ཡཱཾ།)བུད་མེད་ལ་ཨི་ཡམ྄་མོ། །(བྷིད་པཱཾ།)ཨབ྄་ རྣམས་ཀྱི་བྷ་ལ་དའོ། །(དི་ཤཱཾ་ཀཿ།)དིཤ྄་རྣམས་ཀྱི་ཀའོ། །(ཨཧྣ་སཿ།)ཨ་ཧན྄་གྱི་སའོ། །(ནཱནྟྭ་ད་དནྟཱ་ 19-1-36 ཚནྡ་སི་ངི་ཤྱོ་རྦཱ་ལོ་པཿ།)ན་མཐའ་ཨཏ྄་ངི་ཤི་དག་གི་ཡང་ན་དབྱི་བ་སྡེབ་སྦྱོར་ལའོ། །ཅེས་པ་བརྡ་ སྤྲོད་པ་དབྱངས་ཅན་ལས་རྟགས་གསུམ་ཚིག་ཏུ་སྒྲུབ་པའི་ཆོ་ག་རྣམས་བསྟན་པའི་སྡེ་ཚན་ ནོ།། །། ༈ (ཏྭ་མ་ཧཾ་སི་ནཱ།)སི་ཡིས་ཏྭཾ་ཨ་ཧམ྄་འོ། །(ཡུ་བཱ་བོ་དྭི་པ་ཙ་ནེ།)གཉིས་ཚིག་ལ་ཡུ་བ་ཨཱ་བ་དག་ གོ །(ཨཱ་མཽ།)ཨཽ་ཨཱམ྄འོ། །(ཡཱུ་ཡཾ་བ་ཡཾ་ཛ་སཱ།)ཛས྄་ཀྱིས྄་ཡཱུ་ཡཾ་བ་ཡཾ་མོ། །(ཏྭནྨ་དེ་ཀ་ཏྭེ།)གཅིག་ཉིད་ ལ་ཏྭཏ྄་མཏ྄་དོ། །(ཨམྶྦྷཽ།)ཨམ྄་ས་བྷི་ལ་ཨཱའོ། །(ཤ་སོ་ནོ།)ཤས྄་ཀྱི་ནའོ། །(ཨེ་ཊཱ་དྱོཿ།)ཊཱ་ངི་དག་ ལ་ཨེའོ། །(ཏུ་བྷྱཾ་མ་ཧྱཾ་ད་ཡཱ།)ངེ་ཡིས་ཏུ་བྷྱཾ་མ་ཧྱཾ་མོ། །(བྷྱས྄་ཤྦྷྱམ྄།)བྷྱས྄་ཤྦྷྱམ྄་འོ། །(ང་སི་བྷྱ་སོ་ཤྟུཿ།) ང་སི་བྷྱས྄་དག་གི་ཤྟུའོ། །(ཏ་བ་མ་མ་ང་སཱ།)ངས྄་ཀྱིས་ཏ་བ་མ་མའོ། །(སཱ་མཱ་ཀཾ།)སཱམ྄་ཨཱ་ཀམ྄་མོ། ། (ཡུཥྨ་ད་སྨ་དོཿཥཥྛཱི་ཙ་ཏུརྠཱི་དྭི་ཏཱི་ཡ་བྷི་སྟེ་མེ་བནྣཽ་བས྄་ན་སཽ།)ཡུཥྨད྄་ཨསྨད྄་དག་ལ་དྲུག་པ་བཞི་པ་གཉིས་ པ་རྣམས་ཀྱིས་ཏེ་མེ་བམ྄་ནཽ་བས྄་ནས྄་དག་གོ །(ཏྭཱ་མཱ་མ།)ཨམ྄་གྱིས་ཏྭཱ་མཱའོ། །(ནཱ་དཽ།)དང་པོ་ ལ་མ་ཡིན་ནོ། །(ཙཱ་དི་བྷི་ཤྩ།)ཙ་ལ་སོགས་པ་རྣམས་ཀྱིས་ཀྱང་ངོ་། །ཞེས་པ་བརྗོད་པའི་རྟགས་ སམ་ཡུཥྨད྄་དང་ཨསྨད྄་སྒྲུབ་པའི་སྡེ་ཚན་ནོ།། །། ༈ (ཙཱ་དིརྣི་པཱ་ཏཿ།)ཙ་ལ་སོགས་པ་ནི་པཱ་ཏའོ། །(སརྦྦ་བི་བྷཀྟི་ཀསྟས྄་ཨི་ཏྱེ་ཀེ།)རྣམ་དབྱེ་ཐམས་ ཅད་པ་ལ་ཏས྄་ཅེས་པ་གཅིག་པུ་རྣམས་སོ། །(ཀི་མཿསཱ་མཱ་ནྱེ་ཙི་དཱ་དི།)ཀིམ྄་ལས་སྤྱི་སྒྲ་ལ་ཙིཏ྄་ སོགས་སོ། །(ཏ་ད་དྷཱི་ན་ཀཱ་རྟྶྣྱ་ཡོརྦཱ་སཱ་ཏ྄།)དེའི་གཡོག་འཁོར་མཐའ་དག་དང་། ཚོགས་འདུས་པ་ལ་ སཱཏ྄་ཡང་ནའོ། །(པྲཱ་དི་རུ་པ་སརྒཿ།)པྲ་ལ་སོགས་པ་ཉེར་བསྒྱུར་རོ། །(པྲགྔྷཱ་ཏོཿ།)བྱིངས་ལ་ཐོག་ མའོ། །(ཏད་བྱ་ཡཾ།)དེ་མི་ཟད་པའོ། །(ཀྟྭཱ་དྱཾ་ཏཾ་ཙ།)ཀྟྭཱ་ལ་སོགས་པ་ཡང་ངོ་། །(ཨ་བྱ་ཡཱདྦི་བྷཀྟེརླུཀ྄།) མི་ཟད་པ་ལས་རྣམ་དབྱེ་རྣམས་འཇིག་གོ །ཞེས་པ་མི་ཟད་པ་བསྟན་པའི་སྡེ་ཚན་ནོ།། །། ༈ (ཨ་ཛཱ་དེ་ཤྩཱ་པ྄།)ཨ་ཛ་ལ་སོགས་པའི་ཡང་ཨཱཔ྄འོ། །(ཀཱ་པྱ་ཏཿ།)ཀཱཔ྄་ལ་ཨི་ཨཏ྄་ཀྱིའོ། ། (ཧྲ་སྭ་བཱ།)ཐུང་ངུ་ཡང་ནའོ། །(ནྲ་ཎ་ཨཱིཔ྄།)ན་རྀ་ཨ་ལས་ཨཱིཔ྄འོ། །(ཡ་སྱ་ལོ་པཿ།)ཨི་ཨ་དག་གི་ 19-1-37 དབྱིའོ། །(ཥྚྤྲ་ཏཿ།)ཥ྄་ཊ྄་ཨུ་རྀ་ལས་སོ། །(ན་དཱ་དེཿ།)ན་ད་ལ་སོགས་པ་ལས་སོ། །(ཨིནྡྲཱ་དེ་རཱ་ཎཱི་པ྄་ ཙ།)ཨིནྡྲཱ་ལ་སོགས་པ་ལས་ཨཱ་ཎཱིཔ྄་ཡང་ངོ་། །(ཨཱི་པ྄་ས་མཱ་ཧཱ་རེ་གུ་ཎ་ཤྩ།)ཨཱི་པ་མཉམ་པར་བསྲེ་ བ་ལ་ཡོན་ཏན་ཡང་ངོ་། །(ཛཱ་ཏེ་ར་ཡོ་པ་དྷཱ་ཏ྄།)རིགས་ལས་ཡ་མ་ཡིན་པའི་ཨུ་པ་དྷཱ་ལས་སོ། །(སྭཾ་ གཱངྦཱ།)རང་ལུས་ལ་ཡང་ནའོ། །(ཨཻ་ཙ་མ་ནྭཱ་ངེཿ།)མ་ནུ་ལ་སོགས་པ་ལས་ཨཻ་ཡང་ངོ་། །(པཏྣྱ་ད་ཡཿ།) པཏྣ་ལ་སོགས་པའོ། །(པྲ་ཏཱི་ཙྱཱ་ད་ཡཿཤཔྡཱ་ནི་པཱ་ཏྱནྟེ།)པྲ་ཏཱི་ཙ་ལ་སོགས་པའི་སྒྲ་ནི་པཱ་ཏ་རྣམས་སོ། ། (བཽརྒུ་ཎཱ་ཏ྄།)ཡང་ན་ཨུ་ཡོན་ཏན་ལའོ། །(ཨུ་ཏ་ཨཱུཿ།)ཨུཏ྄་ལས་ཨཱུའོ། །(ཡཱུ་ན་སྟིཿ།)ཡུ་བན྄་ལས་ ཏིའོ། །ཞེས་པ་བུད་མེད་དུ་སྒྲུབ་པའི་རྐྱེན་བསྟན་པའི་སྡེ་ཚན་ནོ།། །། ༈ (ལིངྒཱརྠེ་པྲ་ཐ་མཱ།)རྟགས་ཀྱི་དོན་ལ་དང་པོའོ། །(ཨཱ་མནྡྲ་ཎེ་ཙ།)བོད་པ་ལ་ཡང་ངོ་། །(བྷོ་ སཿ།)བྷོས྄་རྣམས་སོ། །(ཤེ་ཥཱཿ ཀཪྻེ་ཀརྟྲ་ སཱུ་དྷ་ན་ཡོར྄། དཱ་ན་པཱ་ཏྲེ། བི་ཤླེ་ཥ་བ་དྷཽ།)ལྷག་མ་བྱ་བ་དང་བྱེད་ པ་པོས་བསྒྲུབ་པའི་ཐབས་དང་། (སཾ་བནྡྷཱ་དྷཱ་ར་བྷ་བ་ཡོ།)སྦྱིན་པའི་སྣོད་དང་བྱེ་ཞིང་ལྷུང་བ་དང་ འབྲེལ་བ་དང་རྟེན་དུ་གྱུར་པ་དག་ལའོ།། །། ༈ (ཨ་བྷི་སརྦ་ཏ་སོཿ ཀཱཪྻཱ་དྷི་གུ་པཪྻཱ་དི་ཥུ་ཏྲི་ཥུ་དྭི་ཏཱི་ཡཱ་མྲེ་ཌི་ཏཱཾ་ཏེ་ཥུ་ཏ་ཏོ་ནྱ་ཏྲ་པི་དྲྀ་ཤྱ་ཏེ།)མངོན་པར་དང་ ཐམས་ཅད་དེ་དག་གི་བྱ་བ་དང་འཛིན་པ་དང་ཡང་ཡང་ལ་སོགས་པ་གསུམ་དུ་དང་ཟློས་པའི་ མཐའ་རྣམས་སུ་དང་དེ་ལས་གཞན་དུ་ཡང་གཉིས་པ་མཐོང་ངོ་། །(ཀཱ་ལཱ་དྷྭ་ནཽ་རྣཻ་རནྟཪྻེ།)དུས་དང་ ལམ་བར་མཚམས་མེད་པ་ལའོ། ༈ །(ཀརྟ་རི་པྲ་དྷཱ་ནེ་ཀྲི་ཡཱ་ཤྲཱ་ཡེ་སཱ་དྷ་ནེ་ཙ།)བྱེད་པ་པོ་གཙོ་བོས་བྱ་ བ་ནུས་པའི་སྒྲུབ་བྱེད་ལའོ། ༈ །(བི་ནཱ་ས་ཧ་ན་མ་རྀ་ཏེ། ནིརྡྷ་ར་ཎ། སྭཱ་མྱཱ་དི་བྷི་ཤྩ།)མི་བྱེད་པ་དང་ ལྷན་ཅིག་པ་དང་ཕྱག་འཚལ་བ་དང་བོར་བ་དང་ལོགས་སུ་བཀར་བ་དང་རྗེ་བོ་ལ་སོགས་པ་ རྣམས་སོ། ༈ །(ཀརྟྲྀ་ཀཱ་ཪྻ་ཡོ་རཀྟཱ་དཽ་ཀྲྀ་ཏི་ཥཥྛཱི།)ཀྟ་ལ་སོགས་པ་མ་ཡིན་པའི་ཀྲྀཏ྄་ཀྱི་བྱེད་པོ་དང་ ལས་ཀ་དག་ལ་དྲུག་པའོ། ། (སྨ་ར་ཏཽ་ཙ་ཀཱཪྻེ་ཥཥྛཱི།)དྲན་པའི་ལས་ཀ་དག་ལ་ཡང་དྲུག་པའོ། །(བྷ་ ཡ་ཧེ་ཏཽ་ཙ་པཉྩ་མི།)འཇིགས་པའི་རྒྱུ་ལ་ཡང་ལྔ་པའོ། །(ཥཥྛཱི་ཧེ་ཏུ་པྲ་ཡོ་གེ།)རྒྱུ་དང་རབ་ཏུ་སྦྱོར་བ་ལ་ 19-1-38 དྲུག་པའོ། །(ཨིཧྠཾ་བྷཱ་བེ་ཏྲྀ་ཏཱི་ཡ།)འདི་འདྲར་ཡོད་པ་ལ་གསུམ་པའོ། །(ཡེ་ནཱཾ་ག་བི་ཀཱ་རཿ།)ལུས་ཀྱི་ རྣམ་འགྱུར་གང་དག་ལའོ། །(ཛ་ནི་ཀརྟུཿ པྲ་ཀྲྀ་ཏིཿ།)སྐྱེད་པར་བྱེད་པའི་རང་བཞིན་ལའོ། །(ཨཱ་དཱ་ དི་ཡོ་གོ་པཉྩ་མཱི།)ཨཱང྄་ལ་སོགས་པའི་སྦྱོར་བ་ལ་ལྔ་པའོ། །(ཀྲུ་དྡྷྱཱ་དི་ཡོ་གེ་ཙ།)འཁྲུགས་པ་ལ་སོགས་ པའི་སྦྱོར་བ་ལ་ཡང་ངོ་། །(བི་ཥ་ཡེ་ཙ་སཔྟ་མི།)ཡུལ་ལ་ཡང་བདུན་པའོ། །(ཥཥྛཱི་སཔྟ་མྱཽ་ཙཱ་ནཱ་དྭ་རེ།)མ་ གུས་པ་ལ་དྲུག་པ་དང་བདུན་པ་དག་གོ །(ཨ་ནྱོཀྟ་པྲ་ཐ་མཿ།)གཞན་ལས་བཤད་པའི་དང་པོའོ། ། (ཚནྡ་སི་སྱཱ་དིཿསརྦ་ཏྲ།)སྡེབ་སྦྱོར་ལས་ནི་སི་སོགས་ཐམས་ཅད་དུའོ། །ཞེས་པ་བྱེད་ཅན་གྱི་སྡེ་ ཚན་ནོ།། །། ༈ (ས་མཱ་ས་ཤྩཱ་ནྭ་ཡེ་ནཱ་མཱཾ།)མིང་རྣམས་ཀྱི་ཕན་ཚུན་བསྡུ་བ་ཡང་ངོ་། །(ས་ཙ་ཥཌྦི་དྷཿ།)དེ་ཡང་ དྲུག་ཏུ་དབྱེའོ། །(པཱུརྦེ྅བྱ་ཡེ྅བྱཡཱི་བྷ་བ།)སྔ་མར་མི་ཟད་པ་ནི་མི་ཟད་པར་འགྱུར་བའོ། །(ས་མཱ་ས་པྲ་ དྱ་ཡ་ཡོཿ།)བསྡུ་བ་ལ་རྐྱེན་དག་གོ །(ས་ན་པུངྶ་ཀཾ།)དེ་མ་ནིང་ངོ་། །(ཨ་བྱ་ཡི་བྷཱ་བཱ་ཏ྄།)མི་ཟད་པར་གྱུར་ པ་ལས་སོ། །(ཡ་ཐཱ྅སཱ་དྲྀ་ཤྱེ།)མཚུངས་པ་མ་ཡིན་པ་ལ་ཡ་ཐཱའོ། །(ཨ་ཏོ྅་མ་ན་ཏཿ།)ཨཏ྄་ཀྱི་ཨམ྄་ སྟེ་ཨཱཏ྄་མ་ཡིན་ནོ། །(བཱ་ཏཱ་དྱོཿ།)ཊཱ་ངི་དག་ཡང་ནའོ། །(ཨ་བ་དྷ་ར་ཎཱརྠེ་ཡ་བ་ཏི་ཙ།)ལོགས་སུ་བཀར་ བའི་དོན་ལ་ཡཱ་བཏ྄་ཡང་ངོ་། །(ཨ་མཱ་དཽ་ཏ་ཏྤུ་རུ་ཥཿ།)ཨམ྄་ལ་སོགས་པ་དེ་ཡི་སྐྱེས་བུའོ། །(པཱ་ཎ་ སྱཿབཱ།)པཱ་ཎ་ཡི་ཡང་ནའོ། །(ན་ཉི།)ནཉ྄་འོ། །(ནཱ།)ན་ཨའོ། །(ཨན྄་སྭ་རེ།)དབྱངས་ལ་ཨན྄འོ། ། (ཙཱརྠེ་དྭ་ནྡྭཿ།)དེའི་དོན་ལ་ཟླས་དབྱེའོ། །(ཨེ་ཀ་ཏྭ་དྭི་གུ་དྭནྡྭཽ།)ཕྱོགས་གཉིས་པ་དང་ཟླས་དབྱེ་ལ་ གཅིག་ཉིད་དོ། །(སཾ་ཁྱཱ་པཱུརྦོ་དྭི་གུཿ།)གྲངས་ཐོག་མ་ཅན་ནི་ཕྱོགས་གཉིས་པའོ། །(ས་མཱ་ཧ་རེ་ཨ་ཏ་ཨཱིཔ྄་ དྭི་གུ།)ཕྱོགས་གཉིས་པའི་མཉམ་དུ་འདུས་པའི་ཨཏ྄་ལ་ཨཱིཔ྄འོ། །(བ་ཧུ་བྲྀ་ཧཱི་ར་ནྱཱརྠ།)གཞན་གྱི་ དོན་ལ་འབྲུ་མང་པོའོ། །(ནེནྡྭཱ་དི་བྷྱ་ཤྩ།)ཨིནྡུ་སོགས་དག་ལས་ཀྱང་མ་ཡིན་ནོ། །(པྲ་ཛཱ་མེ་དྷ་ཡོ་ར་སུ་ ཀ྄།)པྲ་ཛཱ་མེ་ངྷ་དག་ལ་ཨ་སུཀ྄འོ། །(དྷརྨཱ་དན྄།)དྷརྨ་ལས་ཨན྄འོ། །(ཨ་ནྱཱརྠེ།)གཞན་གྱི་དོན་ལའོ། ། (པུཾ་བཏ྄་བཱ།)ཡང་ན་སྐྱེས་པ་ལ་བཏ྄དོ། །(གོཿ།)གོཿཡིའོ། །(ཊཱ་ཌ་ཀཱཿ།)ཊ་ཨ་ཌ་ཀ་རྣམས་སོ། །(ནོ་ 19-1-39 བཱ།)ན་ཡི་ཡང་ནའོ། །(ཀརྨ་དྷ་ར་ཡོསྟུ་ལྱཱརྠེ།)མཉམ་པའི་དོན་ལ་ལས་འཛིན་པའོ། །(ནཱམྣ་ཤྩ་ཀྲྀ་ཏཱ་སྶ་མཱ་ སཿ།)མིང་ལ་ཡང་ཀྲྀཏ྄་བསྡུ་བའོ། །(ས་ཧཱ་དེཿསཱ་དིཿ།)ས་ཧ་ལ་སོགས་པ་རྣམས་ས་ལ་སོགས་པའོ། ། (ཀོཿཀཏ྄།)ཀུ་ལ་ཀཏ྄དོ། །(པུ་རུ་ཥེ་བཱ།)སྐྱེས་བུ་ལ་ཡང་ནའོ། །(ཨ་ལུ་ཀྐྭ་ཙཏ྄།)འགའ་ཞིག་ཏུ་དབྱི་ བ་མ་ཡིན་ནོ། །(ཨཱ་དེཤྩ་དྭཾ་དྭེ།)ཟླས་དབྱེ་ལས་དང་པོ་ཡང་ངོ་། །(དིཀ྄་སཾ་ཁྱེ་སཾ་ཛྙཱ་ཡཱཾ།)ཕྱོགས་དང་ གྲངས་ཀྱི་མིང་ཅན་ལའོ། །ཞེས་པ་ཚིག་སྡུད་ཀྱི་ཆོ་ག་བསྟན་པའི་སྡེ་ཚན་ནོ།། །། ༈ (ཨ་བཏྱེ་ཨན྄།)བུ་བརྒྱུད་ལ་ཨུཎ྄འོ། །(ཨཱ་དི་སྭ་ར་སྱ་ཉྞི་ཏི་ཙ་བྲྀདྡྷིཿ།)ཉ྄ཎ྄་ཅེས་པ་ལའང་ དབྱངས་དང་པོ་འཕེལ་བའོ། །(བོ྅བྱ་སྭ་རེ།)ཨུ་ཨོའི་ཡ་དང་དབྱངས་ལ་ཨབ྄འོ། །(རྀ་ཨུ་ར་ཎི།) ཨཎ྄་ལ་རྀ་ཨུར྄འོ། །(ཨ་ཏ་ཨི་ཉ་ནྲྀ་ཥེཿ།)ཨཏ྄་ལས་དྲང་སྲོང་མིན་པ་ལ་ཨིཉ྄འོ། །(ཎྱཱ་ཡ་ན་ཎེ་ཡཎྞཱི་ཡཱ་ གརྒྒ་ན་ཌཱ་ཏྲི་སྟྲཱི་པི་ཏྲི་ཥྭ་སྲཱ་དེཤྩ།)གརྒ་ན་ཌ། ཨ་ཏྲི་བུད་མེད་ཀྱི་པི་ཏྲྀ་ཥཱ་སྲྀ་ལ་སོགས་པ་རྣམས་ལས་ཎྱ་ ཨཱ་ཡ་ནཎ྄་ཨེ་ཡཎ྄་ཎཱི་ཡ྄་ཡང་ངོ་། །(ལུ་གྦ་ཧུ་ཏྭེ་ཀྭ་ཙིཏ྄།)མང་པོ་འཇིག་སྟེ་འགའ་ཞིག་ཏུའོ། །(དེ་བ་ ཏེ་ད་མརྠེ།)ལྷ་དང་འདིའི་དོན་ལའོ། །(ཀྭ་ཙིཏ྄་དྭ་ཡོཿ།)ཁ་ཅིག་ཏུ་གཉིས་ཀ་ལའོ། །(ཎི་ཏོ་བཱ།)ཎིཏ྄་ ལས་ཡང་ནའོ། །(ཙ་ཏུ་རཤྩ་ལོ་པཿ།)ཙ་ཏུར྄་གྱི་ཙ་དབྱིའོ། །(ཨ་ནྱ་སྱ་དཀ྄།)ཨ་ནྱ་གྱི་དཀ྄འོ། །(ཀཱ་ར་ ཀཱ་ཀྲྀ་ཡ་ཡུཀྟེ།)བྱེད་པོ་དང་བྱ་བའི་སྦྱོར་བའོ། །(ཀེ་ནེ་ཡེ་ཀཱཿ།)ཀ་ཨཱིན྄་ཨི་ཡ་ཨི་ཀ་རྣམས་སོ། །(ཡ་ ལོ་པཤྩ།)ཡ་དབྱི་བ་འང་ངོ་། །(ཏྱ་ཏ་ནཽ།)ཏྱ་དང་ཏ་ན་དག་གོ །(སྭཱརྠེ྅པི།)རང་གི་དོན་ལ་ཡང་ངོ་། ། (བཏྟུ་ལྱེ།)བཏ྄་མཉམ་པ་ལའོ། །(བྷཱ་བེ་ཏ་ཏྭ་ཡཎ྄།)གྱུར་པ་ལ་ཏ་ཏྭ་ཡཎ྄འོ། །(ལོ་ཧི་ཏཱ་དེརྜི་དི་མན྄།) ལོ་ཧི་ཏ་ལ་སོགས་པའི་ཨི་མན྄་ནི་ཌིཏ྄ཏོ། །(རྀ་ར་ཨི་མ་ཎི།)རྀའི་ཨི་མན྄་ལའོ། །(བ་ཧོ་རློ་པོ་བྷུ་ཙ་ བ་ཧོཿ།)བ་ཧུ་ཡི་ལས་དབྱི་ཞིང་བྷཱུ་ཡང་ངོ་། །(ཨསྟྱརྠེ་མ་ཏུཔ྄།)ཡོད་པའི་དོན་ལ་མ་ཏུ་བ྄འོ། །(ཨ་ཨི་ ཀཽ་མ་ཏྭརྠེ།)མ་ཏུའི་དོན་ལ་ཨ་དང་ཨིཀ྄་དག་གོ །(མཱནྟོ་པ་དྷཱ་དྭ་ཏྭི་ནཽ།མ་དང་ཨའི་མཐའ་དང་ཨུ་པ་དྷཱ་ ལས་བཏ྄་ཨི་ན྄་དག་གོ །(ཏ་ཌི་དཱ་དི་བྷྱཤྩ།)ཏ་ཌི་ཏ྄་ལ་སོགས་པ་རྣམས་ལས་ཀྱང་ངོ་། །(ཡཏྟ་དོ་ ནཱ།)ཡད྄་ཏད྄་དག་ལ་ཨཱའོ། །(ཀིམཿཀིརྱཤྩ།)ཀིམ྄་ནི་ཀི་སྟེ་ཡ་ཡང་ངོ་། །(ཨཱ་ཨིཤྩཻ་ཏ་དཽ་བཱ།)ཨཱ་དང་ 19-1-40 ཨི་འང་ཨེ་ཏཏ྄་དག་ཡང་ནའོ། །(ཏུན྄་དཱ་དེ་རི་ལཿ།)ཏུནྡ་སོགས་ལ་ཨི་ལའོ། །(ཨཽནྣ་ཏྱེ་དནྟཱ་དཱུ་རཿ།) ཨཽནྣ་དནྟ་ལས་ཨུར྄འོ། །(ཤྲདྡྷཱ་དེརླུཿ།)ཤྲངྔྷཱ་ལ་སོགས་པ་ལ་ལུའོ། །(བཱ་ཙོ་གྨི་ནིཿ།)བཱ་ཙ་ལ་གྨིནིའོ། ། (ཨཱ་ལཱ་ཊཽ་ཀུཏྶི་ཏ་བྷཱ་ཥི་ཎཱི།)ངན་པའི་ཚིག་སྨྲ་བ་ལ་ཨཱ་ལ་ཨཱཊ྄་དག་གོ །(ཨཱི་ཥ་ད་པ་རི་ས་མཱཔྟཽ་ཀལྤ་དེ་ཤྱ་དེ་ ཤཱི་ཡཱཿ།)ཡོངས་སུ་རྫོགས་པར་མ་ཚང་བ་ལ་ཀལྤ་དེ་ཤྱ་དེ་ཤི་ཡ་རྣམས་སོ། །(པྲཱ་ཤཾ་སཱ་ཡཱཾ་རཱུ་པཿ།)ཁ་ བསྒྱུར་བ་ལ་རཱུ་པའོ། །(ཀུཏྶ་ཡཾ་པཱ་ཤ།)སྨྲ་བ་ངན་པ་ལ་པཱ་ཤའོ། །(བྷཱུ་ཏ་པུརྦེ་ཙརཊ྄།)སྔོན་དུས་ཤེས་ པ་ལ་ཙི་རཊ྄འོ། །(པྲཱ་ཙུརྱ་བི་ཀཱ་ར་པྲཱ་དྷཱ་ནྱཱ་ངི་ཥུ་མ་ཡཊ྄།)སྤྱི་བུངས་དང་རྣམ་འགྱུར་དང་རང་དབང་དུ་ བྱེད་པ་སོགས་རྣམས་ལ་མ་ཡཊ྄འོ། །(ན་སནྡྷིཡྦོརྱུཊ྄་ཙ།)མ་ཡིན་ཏེ་མཚམས་སྦྱོར་གྱི་ཡ྄་བ྄་དག་ ཨི་ཨིཊ྄་ཀྱང་ངོ་། །(ཨི་ཏཽ་ཛཱ་ཏཱརྠེ།)སྐྱེས་པའི་དོན་ལ་ཨིཏ྄་དག་གོ ། །(ཏ་ར་ཏ་མེ་ཡ་སྭིཥྛཱཿཔྲ་ཀཪྵེ།)ཏ་ ར་ཏ་མ་ཨཱི་ཡ་སུ་ཨིཥྛ་རྣམས་ཁྱད་འཕགས་པའོ། །(གུརྦཱ་དེ་རིཥྛེ་མེ་ཡ་སུ་ག་རཱ་དིཥྚྱ་ལོ་པཤྩ།)གུ་རུ་ལ་ སོགས་པའི་ཨིཥྛ་ཨིམ་ཨཱི་ཡ་སུ་ལ་གར྄་ལ་སོགས་པ་སྟེ་ཊི་དབྱི་བ་མ་ཡིན་པ་ཡང་ངོ་། །(ཨི་ལོ་ པོ་ཛྱཱ་ཤབྡཱ་དཱི་ཡ་སཿ།)ཛྱཱ་ཀྱི་སྒྲ་ལས་ཨཱི་ཡས྄་ཀྱི་ཨཱི་དབྱིའོ། །(བ་ཧོ་རི་ཥྚེ་ཡིཿ།)བ་ཧུའི་ཨིཥྛ་ལ་ཡིའོ། །(པ་ རི་མ་ཎེ་ད་གྷྣ྄་ད་ཡཿ།)ཚད་ལ་དགྷྣ྄་ལ་སོགས་པའོ། །(སཾ་ཁྱཱ་ཡ་བི་ཤེ་ཥཱ་ཨ་བ་དྷཱ་ར་ཎེ་རྡྭི་ཏྲི་བྷྱཱཾ་ཏཱི་ཡཿ།)གྲངས་ ཀྱི་བྱེ་བྲག་ལོགས་སུ་བཀོལ་བ་ལ་དྭི་དང་ཏྲི་དག་ལས་ཏཱི་ཡའོ། །(ཥཊ྄་ཙ་ཏུ་རོསྠཿ།)ཥཊ྄་ཙ་ཏུར྄་ དག་གི་ཐའོ། །(ཀ་ཏི་ཀ་ཏི་པ་ཡཱ་བྷྱཱཾ་ཐཿ།)ཀ་ཏི་དང་ཀ་ཏི་པ་ཡ་དག་ལས་ཀྱང་ཐའོ། །(པཉྩཱ་དེརྨཿ།པཉྩ་ སོགས་ལ་མའོ། །(ཨ་ཀཱ་ད་ཤཱ་དེརྜཿ།)བཅུ་གཅིག་ལ་སོགས་པ་རྣམས་ལ་ཌའོ། །(བིཾ་ཤ་ཏྱཱ་དེརྦཱ་ཏ་མཊ྄།) ཉི་ཤུ་སོགས་ལ་ཡང་ན་ཏ་མཊ྄འོ། །(བིཾ་ཤ་ཏེ་ཌ་ཏི།)ཉི་ཤུ་ལ་ཌ་ཏི་ཅེས་པའོ། །(ཤ་ཏཱ་དེརྣི་ཏྱཾ།)བརྒྱ་ ལ་སོགས་པ་ལ་རྟག་ཏུའོ། །(སཾ་ཁྱཱ་ཡཱཿཔྲ་ཀཱ་རེ་དྷཱ།)གྲངས་རྣམས་ཀྱི་རབ་ཏུ་དབྱེ་བ་ལ་དྷཱའོ། །(གུ་ ཎོ྅ཎ྄་བཱ།)ཡོན་ཏན་ལ་ཨཎ྄་ཡང་ནའོ། །(ཀྲྀ་ཡཱ་ཡཱ་ཨཱ་བྲྀཏྟཽ་ཀྲྀ་ཏྭས྄།)བྱ་བའི་ཆེད་དུ་ཀུན་ནས་འཇུག་པ་ ལ་ཀྲྀ་ཏྭས྄འོ། །(དྭི་ཏྲི་བྷྱཱཾ་སུཿ།)དྭི་དང་ཏྲི་དག་ལ་སུའོ། །(བ་ཧྭཱ་དེཿཤས྄།)བ་ཧུ་ལ་སོགས་པ་ལ་ཤས྄འོ། ། (ཏ་ཡཱ་ཡ་ཊཽ་སཾ་ཁྱཱ་ཡཱཾ།)ཏ་ཡ་ཨ་ཡཊ྄་དག་གི་གྲངས་ཀྱི་ཆེད་དུའོ། །(ཤེ་ཥཱ་ནེ་པཱ་ཏྱཱ་ཀ་ཏྱཱ་ད་ཡཿ།)ལྷག་མ་ 19-1-41 ཚིག་ཕྲད་རྣམས་ནི་ཀ་ཏི་ལ་སོགས་པའོ། །ཅེས་པ་དེ་ཕན་གྱི་རྐྱེན་ཉེར་མཁོ་བསྟན་པའི་སྡེ་ ཚན་ནོ།། །། ༈ (ཨ་དཱ་དེར྄་ལིཀ྄།)ཨ་ད་ལ་སོགས་པ་རྣམས་ཀྱི་འཇོག་གོ །(ཛྷ་སཱདྡྷིརྷེཿ)ཛྷ་ས་ལས་ཧི་དྷིའོ། ། ཤཱི་ངཿ།)ཤཱིང྄་ལའོ། །(ཤཱི་ངོཾ་ཏོ་རུཊ྄།)ཤཱིང྄་གི་ཨནྟ་ལ་རུཊ྄འོ། །(ཨཱ་ཏོཾ྅ཏོ་ད་ན་ཏཿ)ཨཱཏ྄་ཀྱི་ཨནྟ་ ལ་ཨཱཏ྄་ཏེ་ཨ་མིན་པའོ། །(ཨ་བཱ་དཱ་བཱི་པི་ཏིཏྶྨི། )ཨཔ྄་ལ་སོགས་པ་དག་གི་ཨཱི་ཏེ་པིཏ྄་ཀྱི་ཏ་ས་ མའོ། །(ནཱ་ན་པྱོརྦཿ།)ཨཔ྄་མེད་པ་ལ་ཨུབ྄་མ་ཡིན་ནོ། །(བྲུ་བ་ཨཱ་ཧཤྩ་པཉྩ་ནཾ།)བྲཱུ་ཨཱ་ཧ྄་ཡང་སྟེ་ལྔ་པོ་ རྣམས་སོ། །(ནུ་དྷཱ་ཏོ།)བྱིངས་ལ་ནུའོ། །(ཏ་ཐེ།)ཐ་ལ་ཏའོ། །(ཧྭཱ་དེརྡྭིཤྩ།)ཧུ་ལ་སོགས་པ་ལ་གཉིས་ ཀྱང་ངོ་། །(ས་སྭ་རཱ་དིརྡྭི་ར་དྭི།)དབྱངས་བཅས་དང་པོ་གཉིས་ཏེ་གཉིས་མ་ཡིན་པའོ། །(ཀུ་ཧོ་ཤྩུཿ།) ཀུ་དང་ཧ་ཡི་ཙུའོ། །(ཛྷ་པཱ་ནཱཾ་ཛ་བ་ཙ་པཱཿ།)ཛྷ་པ་རྣམས་ཛ་བ་དང་ཙ་པ་རྣམས་སོ། །(དྭེཿ།)གཉིས་ ལས་སོ། །ཨོརྦ་མོརྨཱ་ལོ་པཱཿ།)བ་མ་ལ་ཨུ་དབྱི་བ་ཡང་ནའོ། །(ཧེརྡྷིཿ)ཧི་ངྷིའོ། །(ཨ་ན་ཨུས྄།)ཨན྄་ནི་ ཨུས྄་སོ།། །། ༈ (ཧྲ་སྭཿ།)ཐུང་ངུའོ། །(བྷྲྀ་ཡཱཾ་ལུ་ཀི།)བྷྀཉ྄་རྣམས་ཀྱི་འཇིག་གོ །(ཨཱིརྦཱ་ཧཽ།)ཧི་ལ་ཨི་ཨཱི་ཡང་ ནའོ། །(ཨུ་སྱཱ་ལོ་པཿ།)ཨུས྄་ལ་ཨཱ་དབྱིའོ། །(དཱ་དེཿ།)དཱ་ལ་སོགས་པའོ། །(དཱཾ་ཧཽ།)ད་རྣམས་ཀྱི་ཧི་ ལའོ། །(པཱུརྦ་སྱ་ངི་ཏི་ཛྷ་སེ་དྷཿ)ངིཏ྄་ཛྷ་ས་ལ་དང་པོའི་ངྷའོ།། །། ༈ (དི་བཱ་དེཪྻཿ)དིབ྄་ལ་སོགས་པ་ལ་ཡའོ། །(ཨཱ་དྱཿཥྞཿསྣཿ།)དང་པོའི་ཥ་ཎ་ནི་ས་ནའོ། །(སྭཱ་ དེརྣུཿ།)སུ་ལ་སོགས་པ་ལ་ནུའོ། །(པྲཱ་དྱཤྩ་ཏ་ཐཱ་ཏོ་སུ་ན་མཱཾ།)སུ་དང་ན་མ྄་དག་པྲ་ལ་སོགས་པ་རྣམས་ ཀྱི་དེ་ལྟར་གཉིས་པོའོ། །(ནཱུ་པ།)ནུ་དང་ཨུ་པའོ། །(ཨོརྦཱ་ཧེཿ།)ཨུ་ནི་ཧི་ལ་ཡང་ནའོ། །(རུ་དྷཱ་དེརྣམ྄།) རུ་ངྷ྄་ལ་སོགས་པ་ལ་ནམ྄་འོ། །(ཏ་ཐོརྡྷཿ།)ཏ་དང་ཐ་ཡི་ངྷའོ། །(ནམ་སོ་སྱ།)ནམ྄་ཨ་སུ་དག་གིའོ། ། (ཛྷ་སཱདྡྷིརྷེཿ།)ཛྷ་ས་ལས་ཧི་ངྷིའོ། །(དི་སྱོརྷ་སཱཏ྄།)དི་སི་དག་གི་ཧ་ས་ལས་སོ། །(དཿསཿ།)དའི་སའོ། ། (ཏ་ནཱ་དེ་རུཔ྄།)ཏན྄་ལ་སོགས་པ་ལ་ཨུཔ྄འོ། །(ངི་ཏྱ་དུཿ།)ཨཏ྄་ཨུ་ངིཏ྄་ལའོ། །(ཀྲྀ་ཉོ་ཡི།)ཀྲ་ཉ྄འི་ 19-1-42 ཨུ་ཡ་ལའོ། །(ཏུ་དཱ་དེརཿ།)ཏུད྄་སོགས་པ་ལ་ཨའོ། །(ནཱ་ཀྵྱཱ་དེཿ།)ཀྲཱྀ་ལ་སོགས་པ་ལ་ནཱའོ། །(ཨཱི་ ཧ་སྱ།)ཧ་ས་ལ་ཨཱིའོ། །(ནཱ་ཏཿ།)ན་ཡི་ཨཏ྄འོ། །(གྲ་ཧཱཾ་ཀྔི་ཏི་ཙ།)གྲཧ྄་རྣམས་ཀྱི་ཀི་ངིཏ྄་ལ་ཡང་ངོ་། ། (ཧ་སཱ་དཱ་ན་ཧཽ།)ཧ་ས་ལས་ཧི་ལ་ཨཱ་ནའོ། །ཅེས་པ་བརྡ་སྤྲོད་པ་དབྱངས་ཅན་ལས་ཀུན་བཤད་ པར་བྱེད་པ་པོའི་རབ་ཏུ་བྱ་བ་བསྟན་པའི་སྡེ་ཚན་ནོ།། །། ༈ (དྷཱ་ཏོ།)བྱིངས་ལས་སོ། །(བྷྭཱ་དིཿ།)བྷཱུ་ལས་སོགས་པའོ། །(ས་ཙ་ཏྲི་བི་དྷཿ།)དེ་ཡང་དབྱེ་བ་ གསུམ་མོ། །(ཨཱ་ད་ནུ་དཱནྟ་ངི་ཏཿ།)ཨ་ནུ་དཱཏྟ་དང་ངིཏ྄་དག་གི་ཨཱཏ྄འོ། །(ཉིཏྶྭ་རི་ཏེ་ཏཤྩ་ཨུ་བྷེ།)ཉིཏ྄་ དང་སྭ་རི་ཏའི་གཉིས་ཀའོ། །(པ་ར་ཏོ྅ནྱཏ྄།)ཕ་རོལ་ལས་གཞན་ནོ། །(ན་བ་པ་ར་སྨཻ་པ་ད་ནི།)དགུ་ རྣམས་པ་ར་སྨཻ་ཚིག་རྣམས་སོ། །(པ་རཱ་ཎྱཏྨ་ནེ་པ་དཱ་ནི།)ཕ་རོལ་རྣམས་ཨཏྨ་ནེའི་ཚིག་རྣམས་སོ། ། ༈ ཏིཔ྄། ཏས྄། ཨནྟི། སིཔ྄། ཐས྄། ཐ། མིཔ྄། བས྄། མས྄། ༈ ཏེ། ཨཱ་ཏེ། ཨནྟེ། སེ། ཨཱ་ཐེ། ངྷྭེ། ཨེ། བ་ཧེ། མ་ཧེའོ། །(ནཱམྣི་ཙ་ཡུཥྨ་དི་ཙཱསྨ་དི་ཙ་བྷཱ་གཻཿ།)མིང་དང་ཡུཥྨད྄་དང་ཨསྨད྄་ཀྱི་ དབྱེ་བས་སོ། །(པྲ་ཐ་མ་མ་དྷྱེ་མོཏྟ་མཱ།)དང་པོ་དབུས་མ་ཕྱི་མ་རྣམས་སོ། །(ཀརྟ་རི་པཾ་ཙ།)བྱེད་པོ་ལ་ པཾ་ཡང་ངོ་། །(ཨཔ྄་ཀརྟ་རི།)ཨཔ྄་བྱེད་པ་པོ་ལའོ། །(གུ་ཎཿ།)ཡོན་ཏན་ནོ། །(ཨ་པིཏྟཱ་དིརྔི་ཏ།)པིཏ྄་ དང་ཏཱ་སོགས་མིན་པ་ལ་ངིཏ྄འོ། །(ཀྔིཏྱ་དྱུ་སི།)ཀིཏ྄་ངིཏ྄་ཨུས྄་མིན་པ་ལའོ། །(ཨ་དེ།)ཨཏ྄་ཀྱི་ ཨེ་དང་ཨ་ལའོ། །(བ་མོ་རཱ།)བ་མ་ལ་ཨཱའོ། །(ཨ་བྱ་བ་དྷ་ནཱ་ཙྩ་པུ་རུ་ཥ་བི་ཤེ་ཥཿ)བར་ཆད་མེད་པ་ལས་ ཀྱང་སྐྱེས་བུའི་བྱེ་བྲག་གོ ། །། ༈ (བི་དྷི་སཾ་བྷཱ་བ་ན་ཡོཿ།)ཆོ་ག་དང་འབྱུང་བའི་གནས་དག་ལས་སོ། །ཡཱཏ྄། ཡཱཏམ྄། ཡུས྄། ཡཱས྄། ཡཱ་ཏཱམ྄། ཡཱ་ཏ། ཡཱཾ། ཡཱ་བ། ཡཱམ། ༈ ཨཱིཏ། ཨཱི་ཡཱ་ཏཱཾ། ཨཱི་རན྄། ཨཱི་ཐཱས྄། ཨཱི་ཡཱ་ཐཱམ྄། ཨཱི་ངྷྭཾ། ཨཱི་ཡ། ཨཱི་པ་ཧི། ཨཱི་མ་ཧི། (ཡཱ།)ཡའི་ཨ། (ཡུས྄་ཨིཊ྄་འོ།།)ཡུས྄་ཀྱི་ཨིཊ྄འོ། །(ཡཱ་མ་ཨི་ཡམ྄།) ཡཱམ྄་ཨི་ཡམ྄་མོ།། །། ༈ (ཨཱ་ཤཱིཿཔྲེ་ར་ཎ་ཡོཿ།)ཨ་ཤཱི་དང་བྱེད་དུ་འཇུག་པ་དག་ལའོ། །ཏུཔ྄། ཏཱམ྄། ཨནྟུ། ཧི། ཏམ྄། 19-1-43 ཏ། ཨཱ་ནིཔ྄། ཨཱ་བཔ྄། ཨཱ་མཔ྄། ༈ ཏཱཾ། ཨཱ་ཏཱམ྄། ཨནྟམ྄། སྭ། ཨཱ་ཐཱམ྄། ངྷྭམ྄། ཨཻཔ྄། ཨཱབ་ ཧཻཔ྄། ཨཱ་མ་ཧཻཔ྄། (ཨ་ཏཿ།)ཨ་ལས་སོ། ༈ །(ཨ་ན་དྱ་ཏ་ནེ་ཨ་དཱི་ཏེ།)དེང་མིན་པའི་འདས་པ་ལའོ། ། དིཔ྄། ཏཱཾ། ཨན྄། སིཔ྄། ཏཾ། ཏ། ཨ་མིཔ྄། བ། མ། ༈ ཏན྄། ཨཱ་ཏཱམ྄། ཨཾ་ཏ། ཐཱས྄། ཨཱ་ ཐཱམ྄། ངྷྭམ྄། ཨི། བ་ཧི། མ་ཧི། (དིབཱ་དཱ་བཊ྄།)དིཔ྄་སོགས་ལ་ཨཊ྄འོ། །(ཨཱ་དཱ་ཐ་ཨི།)ཨཱཏ྄་ཨཱ་ཐའི་ ཨིའོ། །(སྭ་རཱ་དེཿ།)དབྱངས་དང་པོའི་འོ། །(ཨཱ་དྦྷུ་བི་ཀརྨྨ་ཎི།)དངོས་པོ་དང་ལས་ལ་ཨཱཏ྄འོ། །(ཡཀྩ་ ཏཪྵུ།)ཡཀ྄་བཞི་པོ་ལའོ། །(ཨ་ཡ་ཀི།)ཨ་ཡ་ཀ་ལའོ། །(རཱྀཏ྄་ཨིར྄།)རྀཏ྄་ཨིར྄འོ། །(ཡེ།)ཡ་ལའོ། ། (དཱ་དེ་རིཿ།)དཱ་སོགས་ཀྱི་ཨིའོ། །(སནྡྷྱ་ཀྵ་རཱ་ཎཱ་མཱ།)མཚམས་སྦྱོར་གྱི་ཡི་གེ་རྣམས་ཀྱི་ཨཱའོ། །(ཏ་ནོ་ ཏེརྣཱ་བཱ་ཡ་(ཡ་ཀི་ཅེས་མེད་པའང་མང་ངོ་།)ཀི།)ཏན྄་གྱི་ན྄་ཨཱ་ཡང་ནའོ། །(གུ་ཎོ྅རྟི་སཾ་ཡོ་གཱ་དྱོཿ།)ར་རབ་སྦྱོར་ ལ་སོགས་པ་ལ་ཡོན་ཏན་ནོ།། །། ༈ (པ་རོ྅ཀྵེ།)ལྐོག་གྱུར་ལའོ། །ཎཔ྄། ཨ་ཏུས྄། ཨུས྄། ཐཔ྄། ཨ་ཐུས྄། ཨ། ཎཔ྄། བ། མ། ཨེ། ཨཱ་ཏེ། ཨི་ཏེ། སེ། ཨཱ་ཐེ། ངྷྭེ། ཨེ། བ་ཧེ། མ་ཧེ། (དྭིཤྩ།)གཉིས་ཀྱང་ངོ་། །(ཨཱ་བྦོརྞཱྷ་ དཽ།)བྷཱུ་ཨ་དག་གི་ཎ་སོགས་ལ་ཨཱའོ། །(ཧྲ་སྭཿ།)ཐུང་ངུ་འོ། །(བྷུ་བོ་བུཀ྄།)བྷཱུ་བའི་བུཀ྄འོ། །(ཀྲཱ་དེརྞཱ་ དེཿ།)ཀྲྀ་སོགས་ལ་ཎ་སོགས་ཀྱིའོ། །(ཨཏ྄་ཨུ་པ་དྷཱ་ཡཱཿ།)ཨུ་པ་དྷཱའི་ཨཏ྄་ཀྱིའོ། །(ཎ་སོགས་ཀིཏ྄།)ཎ་ སོགས་ཀིཏ྄འོ། །(ལོ་པཿཔ་ཙཱི་ཀི་ཏྱེ་ཙཱ་སྱ།)པ་ཙ་རྣམས་ཀྱི་ཀིཏ྄་ལ་དབྱི་སྟེ་ཨའི་ཡང་ངོ་། །(བེཊ྄་ཐཔ྄།) ཐ་པ྄འི་ཨིཊ྄་ཡང་ནའོ། །(རཿ)རྀ་ཨའོ། །(དྷཱ་ཏོཏྣཱ་མི་ནཿ)ནཱ་མིན་གྱི་བྱིངས་ལའོ། །(ནཱ་མི་ནོ྅ཙ་ཏུརྞཱཾ་དྷོ་ ཌྷཿ།)ནཱ་མི་ལས་བཞི་པོ་རྣམས་ཀྱི་མ་ཡིན་པའི་ངྷ་ཡི་ཌྷའོ། །(ཀཱ་སཱ་དི་པྲ་ཏྱ་ཡཱནྟ་དཱམ྄།)ཀཱ་ས་ལ་སོགས་ པ་རྐྱེན་མཐའ་ཨཱམ྄འོ། །(ཨཱ་མི་བི་དེརྣ་གུ་ཎཿ)བིད྄་ཀྱི་ཨཱམ྄་ལ་ཡོན་ཏན་མ་ཡིན་ནོ། །(ཨིཙྪཱ་ཡཱ་མཱཏྨ་ ནཿསཿ།)བདག་གི་འདོད་པ་ལ་སའོ། །(ནམྣོ་ཡ་ཨཱི་ཙ་སྱ།)མིང་ལ་ཡ་ཏེ་ཨ་ཡི་ཨཱིའོ། །(ཡཿསེ།)ཨ་ཨི་ ས་ལའོ། །(ས་པ་རོ྅ཀྵ་ཡོ་རྫེརྒིཿ)ས་དང་ལྐོག་གྱུར་དག་ལ་ཛི་གིའོ། །(ག་མཱཾ་སྭ་རེ།)གམ྄་རྣམས་ཀྱི་ དབྱངས་ལའོ། །(གྷ་སཱ་དེཿཥཿ།)གྷས྄་སོགས་ཀྱི་ཥའོ། །(ཨཱ་ཏཽ་ཎཔྜཽ།)ཨཱཏ྄་ཀྱི་ཎཔ྄་ཌཽའོ། །(ཨཱ་ཏོ྅ན་ 19-1-44 པི།)ཨཱཏ྄་ཀྱི་ཨཔ྄་མེད་པ་ལའོ། །(ན་ཤ་སཱཏྑ་པཱཿ།)ཤ་ས་ལས་ཏེ་མ་ཡིན་ཀྱང་ཁ་པའོ། །(ཎ་བཱ་དཽ་ པཱུརྦ་སྱ།)ཎཔ྄་སོགས་ལ་དང་པོའི་འོ། །(ཡ་ཛཱཾ་ཡ་བ་ར་ཎཱཾ་ཡྦྲྀཏཿསམྤྲ་སཱ་ར་ཎཾ་ཀི་ཏི།)ཡཛ་རྣམས་ཀྱི་ཡ་བ་ ར་རྣམས་ལ་ཨི་ཨུ་རྀཏ྄་རྣམས་སླར་ཡང་དག་པར་བསྒྱུར་ཏེ་ཀིཏ྄་ལའོ། །(བྲཱུ་ཉོ་བ་ཙི།)བྲཱུཉ྄འི་ བཙའོ། །(ནུ་ག་ཤཱཾ།)ནུཀ྄་ཨཤ་རྣམས་ལའོ། །(བེ་ཉོ་བ་ཡ་ན་པི།)བེཉ྄འི་བཡ྄་ཨཔ྄་མེད་པ་ལའོ། ། (སཾ་ཡོ་གཱནྣ་ཀི་ཏྭ།)རབ་སྦྱོར་མཐའ་ལས་ཀིཏ྄་མ་ཡིན་ནོ།། །། ༈ (ཨཱ་ཤི་ཥི།)སྨོན་པར་བྱེད་པ་ལ། ཡཱཏ྄། ཡཱསྟཱཾ། ཡཱ་སུས྄། ཡཱ་ས྄། ཡཱསྟཾ། ཡཱསྟ། ཡཱ་སཾ། ཡཱ་ སྭ། ཡཱསྨ། སཱིཥྚ། སཱི་ཡ་སྟཱཾ། སཱི་རན྄། སཱིཥྛཱ ས྄། སཱི་ཡཱ་སྠཾ། སཱིངྷྭཾ། སཱི་ཡ། སཱི་བ་ཧི། སཱི་མ་ཧི། (དཱ་ དེ་རེ།)དཱ་སོགས་ཀྱི་ཨེའོ། །(ཡཱ་དཱ་དཽ།)ཡཱཏ྄་ལ་སོགས་ལ་པའོ། །(ཨུཿ།)རྀ་གྱིའོ།། །། ༈ (ཤྭསྟ་ནེ།)ནང་བར་ལའོ། །ཏཱ། ཏཱ་རཽ། ཏཱ་རས྄། ཏཱ་སི། ཏཱ་སྠས྄། ཏཱསྠ། ཏཱསྨི། ཏཱ་སྦས྄། ཏཱ་སྨས྄། ཏཱ། ཏཱ་རཽ། ཏཱ་རས྄། ཏཱ་སེ། ཏཱ་ས་ཐེ། ཏཱ་དྷྭེ། ཏཱ་ཧེ། ཏཱསྦ་ཧེ། ཏཱསྨ་ཧེའོ། །(སི་ས་ཏཱ་སཱི་སྱ་པཱ་ མིཊ྄།)སི་ས་ཏཱ་སཱི་སྱཔ྄་རྣམས་ལ་ཨིཊ྄འོ། །(ནཻ་ཀ་སྭ་རཱ་ད་ནུ་དཱཏྟཱཏ྄།)དབྱངས་གཅིག་པའི་ཨ་ནུ་དཱཏྟ་ ལས་མ་ཡིན་ནོ།། །། ༈ (ཏྱཱ་དཽ་བྷ་བུཥྱ་ཏི་སྱཔ྄།)འབྱུང་འགྱུར་ལ་ཏི་སོགས་ལ་སྱཔ྄འོ། །(ཥ་ཌྷོཿཀཿསེ།)ཥ་ཌྷ་དག་གི་ས་ ལ་ཀའོ། །(ཧ་ནྲྀ་ཏཿསྱཔ྄།)ཧན྄་དང་རྀཏ྄་རྣམས་ལ་སྱཔ྄་ཀྱིའོ། །(ས་སྟོ྅ན་པི།)ཨཔ྄་མེད་པ་ལ་ས་ ནི་ཏའོ། །(ཨུ་པ་དྷཱ་ཡཱ་ལ་གྷོཿ།)ཨུ་པ་དྷཱ་ཐུང་ངུ་དག་ལའོ།། །། ༈ (སྱཔ྄་ཀྲི་ཡ་ཏི་ཀྲ་མེ།)བྱ་བ་ལུས་པ་ལ་སྱཔ྄འོ། ༈ །(བྷཱུ་ཏེ་སི།)བྱུང་ཟིན་པ་ལ་སིའོ། །(དཱ་དེ་ པེ།)དཱ་སོགས་ཀྱི་པ་ལའོ། །(སྱཱ་བི་དཿ།)ཨཱ་དང་བིད྄་སི་ལའོ། །(ཨུ་སྱཱ་ལོ་པཿ།)ཨུས྄་ཀྱི་ཨཱ་དབྱིའོ། ། (མེ་ཊཿ།)མཱ་ལས་ཨཊ྄འོ། །(དྷེ་ཙ་སེ་ལོ་པོ།)དྷ་ལའང་སི་དབྱིའོ། །(ཎི་ཏྱ་པེ།)པ་ལ་ཎིཏ྄འོ། །(སེཿ།) སི་ལའོ། །(ཨི་ཊཿཨཱི་ཊི།)ཨིཊ྄་དང་ཨཱིཊ྄་ལའོ། །(ཨི་ཊོ་གྲ་ཧཾ།)གྲ་ཧ་རྣམས་ལ་ཨིཊ྄འོ། །(ལོ་པོ་ཧྲ་ སྭཱཏ྄་ཛྷ་སེ།)ཐུང་ངུ་ལས་ཛྷ་ས་ལ་དབྱིའོ། །(ཨི་ངོ་བཱ་གཱི་སཽ།)ཨིང྄་སི་ལ་གི་ཡང་ནའོ། །(ཛྷ་སཱཏ྄།)ཛྷ་ས་ 19-1-45 ལས་སོ། །(ཨི་རི་ཏོ་བཱ།)ཨིར྄་ལ་ཡང་ནའོ། །(ཨ་ནི་ཊོ་ན་མི་བ་ཏཿ།)ཨིཊ྄་མེད་པའི་ནཱ་མི་ལས་འཕེལ་ བའོ། །(རཱ་རོ་ཛྷ་སེ་དྲྀ་ཤཱཾ།)དྲྀ་ཤ་རྣམས་ཀྱི་ཛྷ་ས་ལ་ཨར྄་ནི་རའོ། །(སི་སྱོཿ།)སི་དང་སཱི་ལའོ། །(ལཏྤུ་ ཥཱ་དེ་ངཿ།)ལཏ྄་པུ་ཥ་སོགས་ལ་ངའོ། །(ཧ་ཤ་ཥཱཾ་ཏཱཏྶཀ྄།)ཧ་ཤ་ཥའི་མཐའ་ལས་སཀ྄འོ། །ཅེས་པ་ བྱིངས་ལས་ཚིག་ཏུ་སྒྲུབ་ཚུལ་རྣམས་བསྟན་པའི་སྡེ་ཚན་ནོ།། །། ༈ (ཨིཎ྄་ཏ་ནྱ་ཀརྐི་རི།)ཏན྄་ལ་བྱེད་པ་པོ་མིན་པ་ལ་ཨིཎ྄འོ། །(ལོ་པཿ།)དབྱི་བའོ། །(ཨ་ཏོ་ ཡུཀ྄།)ཨཱཏ྄་ཀྱི་ཡུཀ྄འོ། །ལ་ཡིག་ཕྱི་མ་དྲུག་གི་བྱ་བའོ། ། ༈ (ཨ་ཏི་ཤ་ཡེན་ཧ་སཱ་དེཪྻང྄་དྭིཤྩ།)ཕུལ་དུ་བྱུང་བ་ལ་ཧ་ས་དང་པོའི་ཡང྄་ཏེ་གཉིས་ཀྱང་ངོ་། ། (ཡ་ངི་།)ཡང྄་ལའོ། །(ས་དྷཱ་ཏུཿ།)དེ་བྱིངས་སོ། །(ཨཱ་ཏཿ།)ཨཱཏ྄འོ། །(སྭ་རཱ་དེཿཔ་རཿ།)དབྱངས་དང་ པོའི་ཕ་རོལ་ལོ། །(ཉ་མ་ཛྷ་པཱཾ་ནུཀ྄།)ཉ་མ་དང་ཛྷ་པ་རྣམས་ལ་ནུཀ྄འོ། །(ནོ་ལོ་པ།)ན་ནི་དབྱིའོ། ། (རི་གྲྀ་དུ་པ་དྷཱ་སྱ།)རྀཏ྄་ཨུ་པ་དྷཱའི་རིཀ྄འོ། །(ཙ་ར་ཕ་ལོ་རུ་ཙྩཱ་སྱ།)ཙ་ར་དང་ཕ་ལའི་ཨ་ནི་ཨུའོ། །(ར་ ཏོ་རིཿ།)རྀཏ྄་ཀྱི་རིའོ། ། ༈ (བཱ་ནྱ་ཏྲ་ལུ་ག་ནུ་བརྟ་ཏེ།)གཞན་དུ་འཇིག་པ་རྗེས་སུ་འགྲོ་སྟེ་ཡང་ནའོ། །(ཨ་ན་པི་ཙ་ཧ་སཱཏ྄།) ཨཔ྄་མེད་པའི་ཧ་ས་ལས་སོ། །(དྭེཿསྭ་རེཿན་པི་ནོ་པ་དྷཱ་ཡཱ་གུ་ཎཿ།)དབྱངས་ལ་གཉིས་ཅན་ཨུཔ྄་མེད་ པའི་ཨུ་པ་དྷཱ་ཡོན་ཏན་ནོ། །(ཀརྟུ་ཡང྄།)ཡང྄་བྱེད་པ་པོ་ལའོ། །(ཨཱ་ཙཱ་རེ་ཨུ་པ་མཱ་ནཱཏ྄་ཡཿ།)ཉེ་བའི་ང་ རྒྱལ་ཀུན་ཏུ་སྤྱོད་པ་ལས་ཡའོ། །(ཨིཙྪ་ཡཱ་མཱཏྨ་ནཿསཿ།)བདག་ཉིད་འདོད་པ་ལ་སའོ། །(བུཿསེ།)ཨུ་ ར་ས་ལའོ། །(ནཱ་ནི་ཊི་སེ།)ཨིཊ྄་མེད་ཀྱི་ས་ལ་མ་ཡིན་ནོ། །(སེ་དཱིརྒྷཿ།)ས་ལ་རིང་པོའོ། །(ཡཱ་སེ།)ས་ ལ་ཨ་ཨིའོ། །(གུ་ཎཿ།)ཡོན་ཏན་ནོ། །(ཧནྟེཿསེ་ཎིཏ྄།)ཧན྄་གྱི་ས་ཎི་ཏ྄འོ། །(རྀཏ྄་ཨིར྄།)རྀཏ྄་ཨིར྄འོ། ། (ཡ་ཏཿ།)ཡ་དང་ངོ་། །(ཨི་སྶེ།)ས་ལ་ཨིས྄འོ། །(པ་ཏོ་སེཊ྄།)པཏ྄་ལ་ཨིཊ྄་ཡང་ནའོ། །(ཨཱ་པྣོ་ཏེ་རཱི།) ཨཱཔ྄་དག་གི་ཨཱིའོ། །(ཨ་ཤེ་ར་ནཱ་ཡོཿ།)ཨ་ཤ྄་ལ་ཨ་ནཱ་ཡ་ཡང་ནའོ། །(གུབྦྷྱཿ།)གུཔ྄་རྣམས་ཀྱི་ཆེད་ དུའོ། །(ཨཱ་ཡཿ།)ཨཱ་ཡའོ། །(ནཱ་མྣོ་ཡ་ཨཱི་ཙཱ་སྱ།)མིང་ལ་ཡ་སྟེ་ཨཱ་ཨཱིའང་ངོ་། །(ཀ་རེ་ཎོ་ཙ་ཡཿ།)བྱེད་པ་ 19-1-46 ལ་ཡའང་ངོ་། །(ཉིརྜིཏྐ་ར་ཎེ།)བྱེད་པ་པོ་ལ་ཉི་ཌཏ྄འོ། །(ཉི་ཏཱཾ་ཧྲ་སྭེ།)ཉི་ཉིད་ལ་ཐུང་ངུའོ། །(པྲྀ་ཐཱ་ དེརཿ།)པྲྀ་ཐ་སོགས་ལ་རའོ། ༈ །(དྷྭ་ཏོཿཔྲེ་ར་ཎེ།)བྱིངས་ལ་བྱེད་དུ་འཇུག་པ་ལའོ། །(ཧ་ནོ་གྷཊ྄།)ཧ་ ན྄འི་གྷཏ྄འོ། །(ཤ་དེཿཤཏ྄།)ཤ་དའི་ཤཏ྄འོ། །(ར་ཏཽ་ཉཽ་པུཀ྄།)རྀ་ཨཏ྄་དག་གི་ཉི་ལ་པུཀ྄འོ། །(ཨེ་ རཱ།)ཨིའི་ཨཱའོ། །(ཙུ་རཱ་དེ་རྙིཿ།)ཙུ་ར་སོགས་ལ་ཉིའོ། །(ཉེ་ར་ང་དྭི་ཤྩ།)ཉི་དང་ཨང྄་ལ་གཉིས་ཀྱང་ ངོ་། །(ཉེ།)ཉིའོ། །(ལ་གྷོ་དཱིརྒྷཿ།)ཐུང་ངུ་རིང་པོར་རོ། །(ཨ་དི་ལ་གྷཽ་ཧྲ་སྭ་ཨུ་པ་དྷཱ་ཡ།)ཨང྄་དང་ཐུང་ངུ་ ལ་ཨུ་པ་དྷཱ་ཐུང་ངུའོ། །(ན་རྀཏ྄།)རྀཏ྄་ཀྱི་མ་ཡིན་ནོ། །(བ་ཧེཿཀྟི།)བཧ་ལ་ཀྟིའོ། །(ཨ་དི་པཱུརྦ་སྱ་ཌྷ་སྱ་ ཛཿ།)ཨང྄་ལ་གི་སྔ་རོལ་གྱི་ཌྷ་ནི་ཛའོ། །(ཀྲྀ་པེ་རོ་ལཿ།)ཀྲྀ་པའི་ར་ལའོ། །ཅེས་བྱིངས་རྐྱེན་མཐའ་ ཅན་གྱི་བྱ་བ་བསྟན་པའི་སྡེ་ཚན་ནོ།། །། ༈ (དྲྀ་ཤཱ་དེཿཔ་ཤྱཱ་དིཿ།)དྲྀ་ཤྱ་ལ་སོགས་པ་རྣམས་ཀྱི་པ་ཤྱ་ལ་སོགས་པའོ། །(ག་མཱཾ་ཚཿ།)གམ྄་ རྣམས་ཀྱི་ཚའོ། །(ཛྙཱ་ཛ་ནྱོརྫཱ །)ཛྙཱ་ཛ་ནི་དག་གི་ཛཱའོ། །(ཤྲུ་བཿཤྲི།)ཤྲུ་ཉིད་ནི་ཤྲྀའོ། །(པྭཱ་དེ་ཧྲ་སྭཿ།)པཱུ་ ལ་སོགས་པ་ལ་ཐུང་ངུའོ། །ཅེས་པ་ཀུན་ནས་བསྒྱུར་བའི་ཁྱད་པར་བསྟན་པའི་སྡེ་ཚན་ནོ།། །། ༈ (ནི་བི་ཤཱ་དེ།)བི་ཤ་སོགས་ལ་ནིའོ། །(ཨཱ་ང་དོ྅ནཱ་སྱ་བི་ཧ་ར་ཎེ།)དཱ་ལ་ཨཱང྄་སྟེ་རྣམ་པར་ཕྱེ་བ་ མ་ཡིན་པ་འདི་ལའོ། །(ཀྲཱི་ཌོ྅ནུ་སཾ་པ་རི་བྷྱཤྩ།)ཀྲཱིཌ་ཨ་ནུ་སཾ་པ་རི་རྣམས་ཀྱང་ངོ་། །(ས་མ་པོ་པྲོ་པ་བི་ བྷྱཿསྠཱཿ།)སཾ་ཨ་བ་པྲ་ཨུ་པ་བི་རྣམས་ལས་སྠཱའོ། །(ཨུཏྦི་བྷྱཱཾ་ཏ་པཿ།)ཨུཏ྄་བི་དག་ཏ་པ་ལའོ། །(ཨཱ་ངོ་ཡ་ མ་ཧ་ནཿ།)ཡ་མ་དང་ཧ་ན་ལ་ཨཱང྄་འོ། །(ལོ་པསྟྭ་ནུ་དཱཏྟ་ནཱཾ།)ཨ་ནུ་དཏྟ་རྣམས་དབྱི་བ་ཉིད་དོ། །(ཨུ་ཏ་ ཤྩ་ར་ཤྟྱཱ་གེ།)སྤྱོད་པ་དང་འདོན་པ་ལ་ཨུཏ྄་འོ། །(བྱ་བ་པ་རི་བྷྱཿཀྲྀ་ཡ།)ཀྲཱྀ་དངོས་ལ་བི་ཨ་བ་པ་རིའོ། ། ཅེས་པ་བྱིངས་ཉེར་སྒྱུར་སྦྱོར་ཚུལ་བསྟན་པའི་སྡེ་ཚན་ནོ།། །། ༈ (ཛྙཱ་ཤྲུ་སྨྲྀ་དྲྀ་ཤཱཾ་སཱནྟ་ནཱ་མཱཏ྄།)ཛྙཱ་ཤྲུ་སྨྲྀ་དྲྀ་ཤ་རྣམས་ཀྱི་ཨཱཏ྄འོ། །(ཀརྨ་བྱ་ཏི་ཧཱ་རེ་ཨ་ནྱ་ཏྲ་ཧིངྶཱ་དེ་རཱཏ྄།) གཅིག་ལ་འཇུག་པའི་ལས་ཧིང྄་ས་སོགས་ལས་གཞན་པ་ལ་ཨཱཏ྄འོ། །(བྱཱང྄་པཪྻུ་པ་བྷྱོ་ར་མཿ།)བི་ 19-1-47 ཨཱང྄་པ་རི་ཨུ་པ་རྣམས་ལས་རམ྄་ལ་པའོ། །(བྲྀདྡྷྱཿསྱ་ས་ཡོརྦཱ།)བྲྀཏ྄་རྣམས་ལས་སྱ་དང་ས་དག་ ལ་ཡང་ནའོ། །(མུ་ཙཱ་དེརྨུམ྄།)མུཙ྄་སོགས་ལ་མུམ྄འོ། །(ཨིརྡི་ཏཿམུམ྄།)ཨི་ཨིཏ྄་ལ་མུམ྄འོ། །(ཤ་ མཱཾདྭིརྒྷཿ།)ཤམ྄་རྣམས་ཀྱི་རིང་པོའོ། །(ཡྻོཿ)ཡ་ལ་ཨོའོ། །(པོ་རུ་ར།)པུ་ཡི་རྀ་ཨུར྄འོ། །(རུ་དཱ་དེ་ཙ་ ཏུརྞཱཾ་ཧྭ་སཱ་དེཿ།)རུད྄་སོགས་ཀྱི་ཧ་དང་བ་ས་དང་པོ་ལ་སྟེ་བཞི་པོ་རྣམས་ལའོ། །(ཛཀྵཱ་དེ་རཾ་ཏོ྅ད་ན་ ཨུ་ས།)ཛཀྵ་ལ་སོགས་པའི་ཨནྟ་དང་ཨཏ྄་དང་ཨན྄་ཨུས྄་སོ། །(ད་རི་དྲཱ་དེ་རི་དཱ་ལོ་པ་ཤྩ་ངི་ཏི།)དཱ་ རི་དྲ་སོགས་ཀྱི་ངིཏ྄་ལ་ཨི་ཏེ་ཨ་དབྱི་བའོ། །(ཨཱི་ཌཱི་ཤོཿ།)ཨཱིཌ྄་དང་ཨཱི་ཤ་དག་གིའོ། །(ཨཽ་རཽ།) ཨུའི་ཨཽའོ། །(ཡུ་ནུ་རུ་སྟུ་བྷྱ་ཨཱིརྦཱ།)ཡུ་ནུ་རུ་སྟུ་རྣམས་ལས་ཨཱིར྄་ཡང་ནའོ། །(ལོ་པ་སྟྭ་ནུ་དཏྟ་ཏཱ་ནཾ།) ཏན྄་རྣམས་ཨ་ནུ་དཏྟ་ལ་དབྱིའོ། །(ནམཿ།)ནམ྄་ལའོ། །(ཨ་པི་རཾ་ཛ་དཾ་ཤ་ཥཾ་ཛ་ཥྭཾ་ཛཱཾ།)རཾཛ྄། དཾ་ཤ྄། ཥཾ་ ཛ྄། ཥྭཾཛ྄་རྣམས་ཨཔ྄་ཀྱིའོ། །(བི་དོ་ན་བཱ་ནཱཾ་ཏྱཱ་དཱི་ནཱཾ་ཎ་བཱ་དེརྦཱ།)བིདའི་ཏི་སོགས་དགུ་རྣམས་ཎཔ྄་ལ་ སོགས་སུ་ཡང་ནའོ། །(བེཏྟེ་རཾ་ཏོ་བཱ་རུཊ྄།)བི་དའི་མཐའ་ལ་རུཊ྄་ཡང་ནའོ། །(སི་སཿ།)སིའི་སའོ། ། (ཛ་ཧྱེ་དྷི་ཤཱ་དྷི།)ཛ་ཧི་ཨེ་ངྷི་ཤཱ་ངྷིའོ། །(ཨསྟེ་རྀཊ྄།)ཨས྄་ཉིད་ལ་ཨིཊ྄འོ། །(སྐོ་རཱ་དྱོཤྩ།)ས་དང་ཀ་ དང་པོ་ཡང་ངོ་། །(ཨ་ནྱ་ཏྲ་སོ་ཛཿ།)གཞན་དུ་ས་ཛའོ། །(དི་པི་ས་སྱ་ཏཿསི་པི་བཱ།)དིཔ྄་ཀྱི་སའི་ཏ་སྟེ་ སིཔ྄་ལ་ཡང་ནའོ། །(མྲྀ་ཛེརྦྲ་རྡྷིཿཔི་ཏི།)མྲྀ་ཛ་ལ་འཕེལ་བ་པིཏ྄་ལའོ། །(ནི་ཛཱཾ་གུ་ཎཿ།)ནི་ཛ་རྣམས་ཀྱི་ ཡོན་ཏན་ནོ། །(རྀ་པྲོ་རཿཔཱུརྦ་སྱ།)རྀ་དང་པྲྀ་དག་ཐོག་མའི་ཨིའོ། །ཅེས་པ་ཀུན་བཤད་པར་ཏཔ྄་ སོགས་རྣམ་དབྱེའི་བྱ་བ་རྣམས་བསྟན་པའི་སྡེ་ཚན་ནོ།། །། ༈ (ཀྲྀཏྐ྄རྟ་རི།)བྱེད་པ་པོ་ལ་ཀྲྀཏ྄འོ། །(ཏྲྀ་བུ་ཎཽ།)ཏྲྀ་བུཎ྄་དག་གོ །(སེ་རཱ།)སིའི་ཨཱའོ། །(ཀྲྀ་ཏཿ།) ཀྲྀཏ྄་ལའོ། །(ཨཱུ་དི་ཏཽ་བཱ།)ཨཱུཏ྄་ཨིཏ྄་ཡང་ནའོ། །(ས་ཧ་བ་ཧོ་རོ་ད་བརྞ་སྱ།)སཧ྄་བཧ྄་དག་གི་ཨ་ཡིག་ ཨོའོ། ༈ །(ཡུ་བོ་ར་ནཱ་ཀཽ།)ཡུ་བུ་དག་ཨ་ན་ཨ་ཀའོ། ༈ །(ནཱ་མྱུ་པ་དྷྭཏྐཿ།)ནཱ་མིའི་ཨུ་པ་དྷཱ་ལས་ཀའོ། ། (པ་ཙི་ནཾ་དི་གྲ་ཧཱ་དེ་ར་ཡུ་ཎི་ནི།)པ་ཙི་ནནྡི་གྲཧ྄་སོགས་ལ་ཨ་ཡུ་ཎི་ནིའོ། །(རོཪྻུ་ཎཿ།)རུའི་ཡུཎ྄འོ། །(དྲྀ་ ཤཱ་དེཿཤཿ།)དྲྀ་ཤ་ལ་སོགས་པའི་ཤའོ། །(ཤི་ཏི་ཙ་ཏུརྦཏ྄།)ཤིཏ྄་བཞི་པོ་དང་འདྲའོ། །(ཛྭ་ལཱ་དེརྞཿ།)ཛྭ་ 19-1-48 ལ་སོགས་ལ་ཎའོ། །(ཀཪྻེ་ཨཎ྄།)ལས་ཀ་ལ་ཨཎ྄འོ། །(ཨཱ་ཏོ་ཌཿ།)ཨཱཏ྄་ཀྱི་ཌའོ། །(ནཱ་མྣི་ཙ།)མིང་ ཅན་ཡང་ངོ་། །(ཤུ་ཙཿཤཱུ་དྲེ།)ཤུ་ཙ་ནི་དྲ་ལ་ཤཱུའོ། །(ཨུ་ར་སཿས་ལོ་པོ་མུམྦཱ།)ཨུ་ར་སའི་ས་ཕྱིས་པ་ལ་ མུམ྄་ཡང་ནའོ། །(བི་ཧཱ་ཡ྄་སོ་བི་ཧ་ཙ།)བི་ཧ་ཡ་སའི་བི་ཧ་ཡང་ངོ་། །(ཨ་ཊཽ།)ཨ་དང་ཊ་དག་གོ །(ཨི་ ཁ་ཁི།)ཨི་ཁ་ཁིའོ། །(ཁི་ཏི་པཱུརྦ་བ་ད་སྱ།)ཁ་ཨིཏ྄་སྔོན་མའི་ཚིག་གིའོ། །(ཨེ་ཛཱཾ་ཁ་ཤ྄།)ཨེ་ཛ྄་རྣམས་ ཀྱི་ཁ་ཤའོ། །(ཁྱུཊ྄་ཀ་ར་ཎེ།བྱེད་པ་ལ་ཁྱུཊ྄འོ། །(བྷ་ཛཱཾ་བི་ཎ྄།)བྷཛ་རྣམས་ཀྱི་བིཎ྄འོ། །(བེཿ)བི་ ཉིད་ཀྱིའོ། །(བཱུ་ཧོ་རྦཽ་ཤ་སཱ་དཽ་སྭ་རེ།)བ་ཧའི་བ་ཨཽ་ཏེ་ཤས྄་སོགས་དབྱངས་ལའོ། །(ས་ཧེཿཥཿསཱ་ཌྷི།) སཧ྄་སཱཌྷ་ལ་ཥའོ། །(མོ་ནོ་དྷཱ་ཏཽ།)བྱིངས་ལ་མའི་ནའོ། །(ཨཱ་བྷཱུ་ཏདྦྷ་བེ་ཀྲ་བྷཱ་སྟི་ཡོ་གེ་ཙྭིཿ།)འདས་པ་མིན་ པར་གྱུར་པ་ལ་ཀྲྀ་བྷུ་ཨས྄་སྦྱོར་བ་ལ་ཙྭིའོ། །(ཙྭཽ་དཱིརྒྷ་ཨཱིཤྩཱ་སྱཱ།)ཙྭི་ལ་རིང་པོ་དང་ཨའི་ཨཱི་ཡང་ངོ་། ། (ཙྭཽ་ས་ལོ་པཤྩ།)ཙྭི་ལ་ས་དབྱི་བ་ཡང་ངོ་། །(ཨཱ་ཏོ་མ་ནིཔ྄་ཀྭ་ནིཔ྄་བ་ནིཔ྄ཿ)ཨཱཏ྄་ལ་མ་ནིཔ྄་ཀྭ་ནིཔ྄་ བ་ནིཔ྄འོ། །(སྠཱ་མཱི།)སྠཱ་རྣམས་ལ་ཨཱིའོ། །(ཀྭི་པཿ།)ཀྭིཔ྄འོ། །(ཧྲ་སྭ་སྱ་པི་ཏི་ཀྲྀ་ཏི་ཏུཀ྄།ཐུང་ངུའི་ཀྲྀཏ྄་ ཀྱི་པིཏ྄་ལ་ཏུཀ྄འོ། །(ཀྭིཔ྄།ཀྭིཔ྄་ཡང་ངོ་། །(དྲྀ་ཤཥྚཀ྄་ས་ཀཽ་ཙཽ་པ་མཱ་ནེ་ཀཪྻེ།)དྲྀཤ྄་ལ་ཊཀ྄་སཀ྄་དག་ ཀྱང་སྟེ་དཔེའི་བྱ་བ་ལའོ། །(ཨཱ་སརྦཱ་དེ།)སརྦ་སོགས་ལ་ཨཱའོ། །(ཀི་མི་ད་མཿཀཱི་ཤཽ།)ཀིམ྄་དང་ཨི་ དམ྄་ནི་ཀཱི་དང་ཨཱིཤ྄འོ། །(ཎི་ནི་ར་ཏཱི་ཏེ།)འདས་པ་ལ་ཎི་ནིའོ། །ཀྭིཔ྄་པ་ནིཔ྄་ཌཱཿ)ཀྭིཔ྄་དང་བ་ནིཔ྄་ དང་ཌ་རྣམས་སོ། །(ཀྟ་ཀྟ་བ་ཏུ།)ཀྟ་དང་ཀྟ་བ་ཏུའོ། །(ག་ཏྱ་རྠཱ་ད་ཀརྨ་ཀཱཙྪ་ཀརྟ་རིཀྟ།)འགྲོ་བའི་དོན་ དང་ལས་མེད་པ་དང་བྱེད་པོ་ལ་ཀྟའོ། །(ཀྟོ་བཱ་སེཊ྄།)ཨིཊ྄་བཅས་ཀྟ་ལ་ཡང་ནའོ། །(ཀི་ཏཿ།) ཀིཏ྄་ལའོ། །(ཨཱ་དཱི་དི་ཏཿ།)ཨཱཏ྄་ཨཱིཏ྄་ཉིད་དོ། །(ཉཱི་ཏཱཾ་ཏཀ྄་བརྟ་མཱ་ནེ྅་པི།)ཉ་དང་ཨི་ཨིཏ྄་ལ་ཏཀ྄་ སྟེ་འཇུག་བཞིན་པ་ལ་ཡང་ངོ་། །(དསྟ་སྱ་ནོ་དཤྩ།)ད་ལས་ཏའི་ན་སྟེ་ད་ཡང་ངོ་། །(ཨ་དོ་ཛ་གྷུཿཀི་ཏི།) ཨད྄་ཛགྷ྄་ཀིཏ྄་ལའོ། །(རཿ།)ར་ལས་སོ། །(ལྭཱ་དྱོ་དི་ཏཿ།)ལཱུ་སོགས་དང་ཨོཏ྄་ཨིཏ྄་ལའོ། །(ཕྱཱ་ཡ་ པཱི།)པྱཱ་ཡ་པཱིའོ། །(དོ་དཏྟི།)དཱའི་དད྄འོ། །(སྭ་རནྟོ་བཱ།)དབྱངས་ལས་ཏ་ཡང་ནའོ། །(བ་སིཀྵུ་དྷོ་རིཊ྄།) བས྄་ཀྵུངྷ྄་དག་ལ་ཨིཊ྄འོ། །(གྷ་སཱ་དེཿཥ།)གྷས྄་སོགས་ལ་ཥ྄འོ། །(ཏྲཱ་ཎ་དྱཱ་བཱ་ནི་པཱ་ཏྱནྟེ།)ཏྲཱ་ཎ་སོགས་ 19-1-49 ལ་ནི་པཱ་ཏ་ཡང་ནའོ། །(སམྤ་ཪྻུ་པེ་བྷྱཿཀ་རོ་ཏི་བྷུ་ཥ་ཎི་སུཊ྄།)སམ྄་པ་རི་ཨུ་པ་རྣམས་ལས་ཀྲ་ལ་རྒྱན་ གྱི་དོན་ལ་སུཊ྄འོ། །(བྷ་བེ་གྷཉ྄།)དངོས་པོ་ལ་གྷཉ྄འོ། །(པ་ཙེ་རྦཿ།)པ་ཙ྄་ལ་བའོ། །(ཤུ་ཥེཿཀཿ།)ཤུ་ ཥ྄་ལ་ཀའོ། །(ཀྵ་དེ་མཱཿ།)ཀྵ་ལས་མའོ། །(སྥཱ་ཡཿསྥཱིཿ།)སྥཱ་ནི་སྥཱིའོ། །(ཀྭ་སུ་ཀཱ་ཎཽ་ཎ་བེ་བཏ྄།)ཀྭ་སུ་དང་ ཀཱཎ྄་དག་ཎཔ྄་ཨེ་དང་འདྲའོ། །(ཤ་ཏྲྀ་ཤ་ཥཽ་ཏིཔ྄་ཏེ་བཏ྄་ཀྲི་ཡཱ་ཡཱམ྄།)ཤ་ཏྲ་ཤཱན྄་དག་ཏིཔ྄་ཏེ་དང་འདྲ་ སྟེ་བྱ་བ་ལའོ། །(མུ་གཱ་ནེ྅ཏཾཿ།)ཨཏ྄་ལས་ཨཱན྄་ལ་མུཀ྄འོ། །(ཨཱ་སེ་རཱ་ན་ཨཱི།)ཨཱས྄་ལ་ཨཱ་ནའི་ཨཱིའོ། ། (བཱ་དཱི་ཡོཿཤ་ཏུཿ།)ཨཏ྄་ལ་ཤ་ཏུ་སྟེ་ཨཱིཔ྄་ལ་ཡང་ནའོ། །(ཨ་པྱ་ཡོ་རཱནྣི་ཏྱཾ།)ཨཏ྄་ལ་ཨཔ྄་ཀྱི་ཨའི་ རྟག་ཏུའོ། །(བི་དེརྦཱ་བ་སུཿ།)བིད྄་ལ་ངེས་པར་བསུའོ། །(ཤཱི་ལེ་ཏྲྀན྄།)ཚུལ་ཁྲིམས་ལ་ཏྲིན྄འོ། །(ཨིཥྞུ་ སྣུ་ཀྣུ།)ཨིཥྞུ་སྣུ་ཀྣུའོ། །(ཥཱ་ཀོ་ཀ་ཎཿ།)ཥཱ་ཀ་ཨུ་ཨུ་ཀཎ྄་འོ། །(སཱཾ་ཏཱ་ཤཾ་ས་ཡོཤྩ།)ས་མཐའ་དང་ཤཾ་ས་ལ་ ཨུ་ཡང་ངོ་། །(ན་མཱ་དེ་རཿ།)ན་མ་སོགས་ལ་རའོ། །(གྷ་སཱ་དེཿཀྨ་རཿ།)གྷས྄་སོགས་ལ་ཀྨ་རའོ། །(ཚི་ དི་བྷི་དི་བི་དཱཾ་ཀུ་རཿ།)ཚི་དི་བྷི་དི་བི་ད་རྣམས་ལ་ཀུ་རའོ། །(བྷཱ་སཱ་དེ་གྷུ་རཿ།)བྷས྄་ལ་སོགས་པ་རྣམས་ ལ་གྷུ་རའོ། །(ཙ་ཛོཿཀ་གཽ་གྷི་ཏི།)ཙ་ཛ་དག་ཀ་ག་དག་སྟེ་གྷ་ཏ྄་ལའོ། །(ཡང྄་ཨཱུ་ཀཿ།)ཡང྄་ལ་ཨཱུཀའོ། ། (ཨཱ་དྲ་ཏཿཀིརྡྭིཤྩ་བྷཱུ་ཏེ།ཨཱཏ྄་དང་རྀཏ྄་ལ་ཀི་སྟེ་གཉིས་བྱུང་ཟིན་ལའོ། །(སཱ་དོ་ཎཱ་ད་ཡཿ།)ཨུཎ྄་ལ་ སོགས་པ་ནི་རྟག་ཏུའོ། །(མ་ནྱུ་པ་དྷཱ་ཡཱ་ར་ར།)མ་ནིའི་ཨུ་པ་དྷཱའི་རྀའི་རའོ། །(དྷྭཱ་དེ་རུ་ལིཿ།ངྷུ་སོགས་ ལ་ཨུ་ལིའོ། །(ཨཱི་ཤཱ་དེརྦ་རཿ།)ཨཱི་ཤ྄་སོགས་ལ་བ་རའོ། །(རཱ་ཛཱ་དེ་རན྄།)རཱ་ཛ་སོགས་ལ་ཨན྄འོ། ། (ཨི་མན་ཏྲཱ་སུ་ཀཿ།)ཨི་མན྄་ཏྲ་ཨ་སུཀ྄འོ། །(བ་ཙཱ་དེ་རས྄།)བཙ྄་སོགས་ལ་ཨས྄འོ། །(སཽ་ཀཪྻྻེ་ཀེ་ལི་ མཿ།)མཆོག་མིན་གྱི་ལས་ཀ་ལ་ཀེ་ལི་མའོ། །(ཡུ་བ་ཧ་གི་བྷྱོ་ནིཔ྄།ཡུ་བཧ྄་ཨ་གི་རྣམས་ལས་ནིཔ྄འོ། ། (ཨི་དི་ཙི་དི་ཤ་ཀི་རུ་དི་བྷྱོ་རཿ།)ཨི་དི་ཙི་དི་ཤ་ཀི་རུ་དི་རྣམས་ལས་རའོ། །(ཨུ་ཎཱ་ད་ཡོ྅པ་རི་མི་ཏཱཿ།)ཨུཎ྄་ ལ་སོགས་པ་གཞན་དཔག་ཏུ་མེད་པའོ། །(ཏུམ྄་ཏ་དརྠཱ་ཡཾ་བྷ་བི་ཥྱ་ཏི།)འབྱུང་འགྱུར་ལ་དེའི་དོན་དུ་ ཏུམ྄འོ། །(གྷཉ྄་བྷཱ་བེ།)དངོས་པོ་ལ་གྷཉ྄འོ། །(སཾ་ཛྙཱ་ཡ་མ་ཀརྟ྄་རི་ཙ།)མིང་ལ་བྱེད་པོ་མ་ཡིན་པ་ལ་ ཡང་ངོ་། །(སྭ་རཱ་དྱཿ།)དབྱངས་ལས་ཡའོ། །(མ་དཱཾ།)མ་ད་རྣམས་ལའོ། །(མཱུཀྟཽ་གྷ་ནཿ།)མཱུཀྟ་དག་གི་ 19-1-50 གྷ་ན་ལའོ། །(བརྞ་བི་པཪྻ་ཡཤྩ།)ཡི་གེ་བསྒྱུར་བ་ལ་ཡང་ངོ་། །(ཊྭི་ཏོ་ཐུཿ།)ཊུ་ཨིཏ྄་ལ་ཨ་ཐུའོ། །(དྭི་ དསྟྲི་མཀ྄་ཏཏྐྲྀ་ཏེ།)ཌུ་ཨིཏ྄་ཏྲི་མཀ྄་དེའི་བྱེད་པ་ལའོ། །(ནཌྐཱིཿ།)ནཊ྄་དང་ཀི་དག་གོ །(པྲཙྪ་བི་ཙྪཽཿཤེ་ ན།)པྲཚ་དང་བིཚ་དག་ན་ལ་ཤའོ། །(བྷཱ་བོ་ཡུཊ྄།)དངོས་པོ་ལ་ཡུཊ྄འོ། །(ཨུ་དསྠཱ་དེཿས་ལོ་པཿ།)ཨུཏ྄་ སྠཱ་སོགས་ལ་ས་དབྱིའོ། །(སཱ་དྷ་ནཱཾདྷཱ་ར་ཡོཤྩ།)སྒྲུབ་པའི་ཐབས་དང་རྟེན་གྱི་དག་ལ་ཡང་ངོ་། །(ཨཱི་ ཥ་དྡུཿསུ་ཥུ་ཁལྻུཊ྄།)ཨཱི་ཥ་དུཿསུ་རྣམས་ལ་ཁལ྄་དང་ཡཱུཊ྄འོ། །(ཏ་བྱཱ་ནཱི་ཡཽ།)ཏ་བྱ་དང་ཨཱ་ནཱི་ཡ་དག་གོ ། (སྭ་རཱ་དྱཿ།)དབྱངས་ལས་ཡའོ། །(པུ་ཤ་ཀཱནྟཱ་དྱཿ།)པུ་དང་ཤཀ྄་མཐའ་ལ་ཡའོ། །(ཨཱི་ཙཱ་ཏཿ།ཨཱཏ྄་ལ་ ཨཱི་ཡང་ངོ་། །(རྀ་ཧ་སཱནྟཱདྒྷྱ ཎན྄།)ར་དང་ཧ་སའི་མཐའ་ལས་གྷྱཎ྄འོ། །(ཨོ་རཱ་བ་ཤྱ་ཀེ།)ཨུ་ཡི་ལྷག་ པར་ལའོ། །(རྀ་དུ་པ་དྷཱཏྐྱཔ྄།)རྀ་ཨུ་པ་དྷཱ་ལས་ཀྱཔ྄འོ། །(བ་དེ།)བད྄་ལའོ། །(སྟྲི་ཡཱི་ཡ་ཛཾ་བྷཱ་བེ།)ཡཛ་ རྣམས་ཀྱི་དངོས་པོ་ལ་བུད་མེད་དོ། །(ཧནྟེསྟཿ།)ཧ་ནའི་ཏའོ། །(ཀྟིཿ།)ཀྟིའོ། །(ཨཱི་ཤ་ཤཱི་དོརྦ་རཱཀྟཱི་ནེ་ཊ་ གུ་ན་ཤྩ)ཨཱི་ཤ྄་དང་ཤཱིང྄་ལ་བ་ར་དང་ཀྟའི་ཨིཊ྄་དང་ཡོན་ཏན་ཡང་མ་ཡིན་ནོ། །(ཀརྟ་རི་ཀྟིཤྩཿ།) བྱེད་པ་པོ་ཡང་ཀྟིའོ། །(ཨིཀ྄་ཤྟི་པཽ་དྷཱ་ཏུ་ནིརྡེ་ཤ།)ཨིཀ྄་དང་ཤྟིཔ྄་དག་བྱིངས་མི་བསྒྱུར་བའོ། །(ཥིདྦྷི་ དཱ་མང྄།)བྷིད྄་རྣམས་ཀྱི་ཥིཏ྄་ལ་ཨང྄་ངོ་། །(གུ་རོརྷ་སཱཏ྄།)ལྕིད་ཅན་གྱི་ཧ་ས་ལས་སོ། །(ཨི་ཥཱ་དེ་ར་ ངརྠེ་ཡུས྄་སོ།།)ཨི་ཥཱ་སོགས་ལ་ཨང྄་གི་དོན་དུ་ཡུས྄་འོ། །(པྲ་ཏྱ་ཡཱནྟཏ྄།)རྐྱེན་མཐའ་ལས་ཀྱང་ངོ་། ། (པཱུརྦ་ཀཱ་ལེ་ཀྟྭ །)སྔོན་གྱི་དུས་ལ་ཀྟྭཱའོ། །(ཀྟྭ་སེཊ྄་ཀིདྤཱ།)ཀྟྭཱ་ཨིཊ྄་བཅས་ཀྱི་ཀིཏ྄་ཡང་ནའོ། །(ཨ་ ལཾ་ཁ་ལྭོཿཔྲ་ཏི་ཥེ་དྷེཀྟྭཱ། ཨ་ལཾ་དང་ཁ་ལུ་དག་དགག་པ་ལ་ཀྟྭཱའོ། །(ཨུ་དི་ཏཿཀྟྭཱ་བེཊ྄།)ཨུཏ྄་ཨིཊ྄་ལ་ཀྟྭཱ་་ སྟེ་ཨིཊ྄་ཡང་ནའོ། །(ས་མཱ་སེ་ཀྱཔ྄།)བསྡུ་བ་ལ་ཀྱཔ྄འོ། །(པི་བ་ཏེརྦཱ།)འཐུང་བ་ལ་ཡང་ནའོ། །(པཽ་ ནཿཔུ་ནྱེ་ཎ་མ་པ་དཾ་དྭིཤྩ།)ཡང་ཡང་ལ་ཎ་མ་སྟེ་ཚིག་གཉིས་ཀྱང་ངོ་། །(ཀ་ཐ་མྔ་དི་ཥུ་སྭཱརྠེ་ཎ་མ྄་ཀྲྀ་ཉཿ།)ཀ་ ཐཾ་ལ་སོགས་པ་རྣམས་ལ་རང་དོན་དུ་ཎམ྄་ཀྲྀཉ྄་ལའོ། །(བྷཱུ་བོ་བྷྲ་བེ་ཀྱཔ྄།)བྷཱུ་ལས་དངོས་པོ་ལ་ ཀྱཔ྄འོ། །(ལ་ཀྵེ་རཱི་མུཊ྄་ཙ།)མཚན་ཉིད་ལ་ཨཱི་སྟེ་མུཊ྄་ཀྱང་ངོ་། །(སྟྱཱ་ཡ་ཏེཿསྟྲཱི་ཏྭེ་ཌྲཊ྄།)སྟྱཻ་ལ་ཌ྄ཊ྄་བུད་ མེད་ཉིད་ལའོ། །(བརྞཱ་ཏྐཱ་རཿ།) ཡི་གེ་ལས་ཀཱ་རའོ། །(རཱ་དི་ཕོ་བཱ།)ར་ལས་ཨི་ཕ་ཡང་ནའོ། །(ལོ་ཀཱ་ 19-1-51 ཙྪེ་ཥ་སྱ་སིདྡྷིཿ།)ལྷག་མ་འཇིག་རྟེན་ལས་གྲུབ་པའོ། །ཅེས་པ་ཀྲྀཏ྄་རྐྱེན་བསྟན་པའི་སྡེ་ཚན་རྫོགས་ སྷོ།། །། དེ་ལྟར་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་སྐད་གཉིས་ཤན་སྦྱར་བ་འདི་ཡང་། དོན་གྱི་ སླད་དུ་མཚན་ནས་སྨོས་པ། རྭ་ལོ་གསུམ་པ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ ཞལ་སྔ་ནས་མཛད་པའི་བཤད་སྦྱར་མཆོག་ཏུ་གསལ་བའི་ནང་ནས་ཟུར་དུ་བཀོལ་ཏེ་པར་ དུ་བསྒྲུབས་པའོ།། །།{འདི་ལ་བརྟེན་ནས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་དུ་མི་ ཉམས་ཤིང་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག །གཅིག་ཞུས་དག །དགེ་ལེགས་འཕེལ། ཤུ་བྷཾ།} [སྨྲས་པ། ལེགས་བྱས་བསོད་ནམས་དཔལ་གྱི་མཐུ་ལ་བརྟེན། །ཀུན་གཟིགས་བུ་རམ་ ཤིང་པའི་ལུང་རྟོགས་བསྟན། །ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་གྱུར་པ། །ཡུན་རིང་སྲིད་ མཐར་དར་བའི་མཐུན་རྐྱེན་མཆོག །རབ་དཀར་ལེགས་བྱས་ཟླ་བའི་འོད་དཀར་གྱིས། །འགྲོ་ ཀུན་འཁོར་སྡུག་ཚ་གདུང་བསིལ་བ་དང༌། །ནོར་འཛིན་ཉེར་གནས་སྐྱེ་དགུ་རྫོགས་ལྡན་ དཔལ། །རྨད་བྱུང་དང་པོའི་སངས་རྒྱས་མྱུར་མངོན་གྱུར། །ཅེས་འབྲེལ་ཐོགས་དང་ཕ་མའི་ གཙོས་མཁའ་ཁྱབ་ཀྱི་སེམས་ཅན་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས་ཐར་པ་དང༌། རྒྱལ་ བསྟན་སྲིད་མཐར་དར་བའི་ཆ་རྐྱེན་དུ་དམིགས་ནས་ངག་དབང་ཡོན་ཏན་བཟང་པོས་སྤར་ བསྐྲུན་སྐབས་རང་ཉིད་ཀྱིས་སྨོན་ཚིག་ཏུ་བྲིས་པའོ། །དགེ་ལེགས་འཕེལ།] 19-1-52 སྭ ར སྭ སྟི སྱ བྱཱ ཀ ར ཎ སུ ཏྲ པྲྀ ཏྟཱི ཏི ནཱ མ བི ཧ ར ཏི སྨཿ ༄༅། །བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་འགྲེལ་མཆོག་ཏུ་ གསལ་བ་ཞེས་བྱ་བ་བཞུག་སོ། ། ༄༅། །ༀ་སྭ་སྟི་པྲ་ཛཱ་བྷྱཿ། དབྱངས་ཅན་བརྡ་སྤྲོད་ཀྱི་འགྲེལ་བ་མཆོག་ཏུ་གསལ་བ་ཞེས་ བྱ་བ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་སངས་རྒྱས་ལ་ཕྱག་འཚལ་ལོ། །འཕགས་མ་ དབྱངས་ཅན་མ་ལ་ཡང་ཕྱག་འཚལ་ལོ། །ཤེས་བྱའི་དཀྱིལ་འཁོར་མ་ལུས་པ། །ཅིག་ཅར་རྟག་ ཏུ་མཁྱེན་པ་ཡང༌། །འབད་རྩོལ་མི་མངའ་ཐུགས་རྗེའི་བདག །སངས་རྒྱས་འགྲོ་བའི་གཙོ་ལ་ འདུད། །སྒེག་འཆང་བྱེ་བ་ཕྲག་བརྒྱའི་རོལ་བ་མོ། །དཔལ་མོ་རྣམ་པར་གྲོལ་བའི་མཛེས་སྡུག་ སྐུ། །མཐའ་ཡས་འགྲོ་ལ་ངག་གི་བདུད་རྩིའི་བཅུད། །མཆོག་སྩོལ་རྒྱ་མཚོའི་བུ་མོ་དབྱངས་ ཅན་རྒྱལ། །བརྡ་སྤྲོད་བྱེད་གཞུང་རྒྱ་མཚོའི་ནང༌། །སྣང་བྱེད་ནོར་བུའི་ཕྲེང་བ་འདི། །ཕྱོགས་ ཀྱི་བུ་མོའི་མགྲིན་པ་ལ། །ནམ་ཡང་འགོད་པ་སུ་ཡིས་ཟློག ། འདིར་བརྡ་སྤྲོད་པའི་རིག་པ་ནི་རིག་གནས་ཆེན་པོ་ལྔའི་ནང་ཚན་ཡིན་ལ། རིག་པའི་ གནས་གཞན་དག་དཔྱིས་ཕྱིན་པར་གོ་བར་ནུས་པ་ཡང་ཕལ་ཆེར་རིག་པའི་གནས་འདི་ལ་ ལྟོས་པ་ཡིན་ནོ། །ཇི་ལྟར་མཐའ་འཁོབ་ན་གནས་པ་ཀླ་ཀློ་དག་རང་གི་ཡུལ་འཁོར་གྱི་སྐད་ཐ་ ཆད་ཀྱིས་སྟོན་པ་དེ་ལྟར་ཡ་རབས་མཁས་པ་རྣམས་ཀྱིས་བྱ་བ་མ་ཡིན་ཏེ། ཡ་རབས་རྣམས་ 19-1-53 ཕལ་ཆེར་ཞིག་ལེགས་པར་སྦྱར་བ་སཾ་སྐྲྀ་ཏ་ལྷའི་སྐད་ལས་བརྩམས་ཏེ་སྨྲའོ། །དེ་ལ་འཕགས་ པའི་ཡུལ་དང༌། འཕགས་པའི་སྐད་ཅེས་པའི་འཕགས་པ་ནི། སྐྱེ་འཕགས་གཉིས་ཀྱི་ཟླས་ དྲངས་པའི་འཕགས་པ་ཁོ་ན་ལ་མི་སྦྱོར་ཏེ། འཕགས་པའི་སྐད་དོད། ཨཱརྱ་ནི། རྗེ་བོ་དང་། ཡ་རབས་དང༌། གཞན་ལས་ཁྱད་པར་འཕགས་པའི་དོན་ཏེ། །བྲམ་ཟེ་དང་རྒྱལ་པོ། རྗེ་བོ་ རིགས་དང༌། དགེ་སྦྱོང་ཆེན་པོ་སོགས་རིགས་རུས་ཆོ་འབྲང་བཟང་བ་དང༌། སྤྱོད་པ་ཕུན་སུམ་ ཚོགས་པ་དང༌། རིག་པ་དང་བློ་གྲོས་མཆོག་རྣམས་སོ། །ཕྱི་ནང་གི་གཞུང་ལུགས་གྲགས་ལྡན་ ཕལ་ཆེ་བ་ཞིག་ལེགས་པར་སྦྱར་བའི་སྐད་དུ་ཡོད་ལ། སྐད་དེ་གོ་ནུས་པ་ནི། སྒྲ་རིག་ཤེས་པ་ ལ་ཡོད་ཀྱི། གཞན་ལ་མིན་ནོ། །བོད་དང་རྒྱ་ཡུལ་ལ་སོགས་པ་རང་རང་གི་ཡུལ་སྐད་ཉིད་ ལས་གཞན་གྱིས་རྗེས་སུ་འཛིན་མི་ནུས་པ་དག་ལ་བོད་སྐད་ལ་སོགས་པས་རིག་པ་དང་ཆོས་ སྟོན་དགོས་མོད་ཀྱང༌། ཉན་བཤད་བྱེད་པའི་གཞུང་ལུགས་གཙོ་བོ་རྣམས་འཕགས་པའི་ཡུལ་ ལས་བྱུང་ཞིང༌། ལེགས་སྦྱར་ལས་བསྒྱུར་བ་ཡིན་པའི་ཕྱིར། ཚད་མ་སྡེ་བདུན་ལ་སོགས་པའི་ གཞུང་ལུགས་འདི་ཀུན་དཔྱིས་ཕྱིན་པར་གོ་བ་བརྡ་སྤྲོད་རྟོགས་པ་ལ་རག་ལས་པ་ལྟ་བུ་ཆེས་ མང་ངོ༌། །རྒྱ་གར་ནས་བསྒྱུར་བའི་སྡེ་སྣོད་དང་གཞུང་གི་དོན་མཐར་གཏུགས་ཏེ་གོ་བ་ལ་ནི། སཾསྐྲྀ་ཏའི་སྐད་ཀྱི་སྟེང་ནས་དོན་ཚོལ་དགོས་པ་ཇི་སྙེད་ཅིག་ཡོད་པས། གང་དག་རྐང་ལག་ བརྡེབ་ཅིང་འོ་དོད་འབོད་པའི་ང་རྒྱལ་ཅན་དང༌། ཁྲོམ་དཀྱིལ་དུ་བྲོ་བའི་བརྟུལ་ཞུགས་འཛིན་ པའི་ལྷ་དགའ་དག་ཆོས་ཤེས་པའི་ཆེན་པོར་རློམ་པ་ནི་བཞད་གད་ཀྱི་གནས་སོ། །དེ་ལྟར་ན་ བརྡ་སྤྲོད་པའི་མདོ་མང་པོ་ཞིག་ཡོད་པ་ལས་འདིར་དབྱངས་ཅན་བརྡ་སྤྲོད་པའི་མདོ་བཤད་ པར་བྱའོ། ། དེ་ལ་འཕགས་མ་སཱ་ར་སྭ་སྟཱི་འདི་ནི། དོན་དུ་ནི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་མ་ཉིད་ཡིན་ལ། འཇིག་རྟེན་འདིར་སྤྲུལ་པས་འཆི་མེད་དབང་མོའི་སྐུར་བསྟན་ 19-1-54 པ་ནི། འཇིག་རྟེན་འདི་ཆགས་ནས་མི་རིང་བ་རྫོགས་ལྡན་གྱི་ཐོག་མའི་སྐབས་ཤིག རི་རབ་ ཀྱི་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོ་བདུད་རྩིའི་རང་བཞིན་དུ་གནས་པ་ལ། ཕྱོགས་ཀུན་ནས་རླུང་ བཀོད་པ་མཐའ་ཡས་པ་ལངས་ཏེ། དེས་རྒྱ་མཚོ་རྦ་རླབས་རྣམ་པ་དུ་མར་གཡོས་པ་ལས། སྲིད་པ་གསུམ་གྱི་བརྟན་གཡོའི་སྒྲ་སྐད་ཐམས་ཅད་དྲི་ཟའི་གླུའམ་མིའམ་ཅིའི་དབྱངས་ལྟ་ བུར་སྒྲ་སྙན་ཅིང་རྣ་བར་འཇེབས་པས་དཔག་ཚད་བྱེ་བར་ཁྱབ་ཅིང་གནས་སོ། །དེའི་ཚེ་ ཚངས་པ་ཆེན་པོ་མི་འཆི་བ་ཞེས་བྱ་བ་ཚངས་པའི་གྲོང་ཁྱེར་ན་སྤྱོད་པས་སྒྲ་དེ་རབ་ཏུ་གསན། ལོ་སྟོང་གི་བར་དུ་རྒྱ་མཚོ་གཡོ་བ་ལ་བལྟས་ཤིང་སྒྲ་དེ་ལ་མངོན་པར་དགའ་བའི་རོ་མྱང་བས་ འདུག་གོ །དེའི་ཚེ་སྲིད་པ་གསུམ་གྱི་སྒྲ་དབྱངས་དེ་རྣམས་འདུས་པ་ལས། ལྷ་མོ་འཆོར་སྒེག་ ཤིན་ཏུ་རྒྱས་པ་ས་འོག་ས་སྟེང་ས་བླ་གསུམ་ན་འགྲན་ཟླ་མེད་པ་ཞིག་བྱུང་ངོ༌། །འདིའི་ཡུམ་ གྱི་དོད་རྒྱ་མཚོ་ཡིན། ཚངས་པས་བསམས་པ་ནི་ཕའི་ས་བོན་གྱི་དོད། སྒྲ་དབྱངས་སྣ་ཚོགས་ ནི་མའི་རྡུལ་གྱི་དོད་དེ། དེ་དག་ཚང་བ་ལས་སྐུ་འཁྲུངས་པས་མཚོ་བྱུང་མ་དང༌། རྒྱ་མཚོའི་བུ་ མོ་དང༌། ཚངས་པའི་སྲས་མོ་དང༌། སྒྲ་དབྱངས་ལྷ་མོ་ཞེས་གྲགས་སོ། །ལྷོ་ཕྱོགས་ཀྱི་རྒྱ་མཚོ་ དེ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་གནས་ཡིན་པས། གཤིན་རྗེའི་སྲིང་མོ་ཞེས་ཀྱང་ངོ༌། །དེ་ནས་ གང་གི་ཚེ་ལྷ་མོ་དེ་ནམ་མཁའི་དཀྱིལ་ན་འདུག་སྟེ། གང་སྐྱེ་བོ་རྣམས་བདེན་པ་དང་བརྟུལ་ ཞུགས་དང་ལྔན་ཅིང་འཚེ་བ་མེད་པར་འདུག་པ་ན། ལྷ་མོ་དེ་དགའ་བས་གར་དག་བྱེད་པ་ན་ བརྟན་གཡོ་ཐམས་ཅད་ལས་ཡིད་དུ་འོང་བའི་སྒྲ་མཐའ་ཡས་པ་བྱུང་ཞིང༌། ཡིད་ཅན་རྣམས་ ཉམས་བག་བདེ་ལ། བློ་གྲོས་རྒྱས་པས་སྙན་པའི་དབྱངས་ཀྱིས་དོན་དཔག་ཏུ་མེད་པ་རང་ བརྗོད་པར་གྱུར་ཏོ། །ལྷ་དང་གནོད་སྦྱིན་དང་མི་དང་ཀླུ་རྣམས་སྤྱོད་པ་ལོག་པར་འདུག་པ་ ནི། ལྷ་མོ་དེ་ཡང་ཕྱིར་ཕྱོགས་ཏེ་འདུག་ན། སྒྲ་ཐམས་ཅད་ཉམས་ཤིང་སྐྱེ་བོ་ཐམས་ཅད་ལྡབ་ ལྡིབ་ཏུ་སྨྲའོ། །དེའི་ཚེ་དབྱངས་ཅན་མ་ཞེས་གྲགས་སོ། །འདི་བདེན་པ་དང་ཚུལ་ཁྲིམས་དང༌། 19-1-55 འཚེ་བ་སྤངས་པ་རྣམས་ལ་ཆེས་འགོ ། དེ་ལས་ལྡོག་པ་ལ་མི་དགྱེས་སོ། །ཞེས་ཀྱང་དེ་ནས་ གྲགས་སོ། །སྒྲ་དབྱངས་ལྷ་མོ་མང་པོ་སྐུ་ལས་སྤྲུལ་ནས། སེམས་ཅན་རྣམས་ཀྱི་དོན་སྤྱོད་ པར་བཞེད་པ་ལས། སྒྲ་དབྱངས་ལྷ་མོ་རབ་བཀྲམ་ཞིག་བྱུང་ན། སྐྱེ་འགྲོ་ཐམས་ཅད་མཁས་ པ་འབའ་ཞིག་ཏུ་འགྲོ་རྒྱུ་ལས། སྤྱི་མཐུན་ལས་ཀྱི་རྒྱུས། ལྷ་མོ་བརྒྱད་ཁྲི་བཞི་སྟོང་སྤྲོས་པའི་ མཚམས་སུ། ཡིད་སྲུབས་བྱེད་པས་རྒྱུན་ལོག་སྟེ། དོན་འཇིག་རྟེན་ན་མཁས་པ་ཉུང་བ་དེས་ ཡིན་ནོ་ཟེར་རོ། །འདིའི་གཏམ་རྒྱུད་མང་པོ་ལིང་ག་དང་མརྐཎྜེའི་སྔོན་རབས་ན་འདུག་སྟེ་ འདིར་རྒྱ་མི་བཀྱེད་དོ། །དེ་ལ་བྲམ་ཟེའི་གཞུང་ལས། བྱེད་པ་པོ་ཉེར་བཞི་ཡོད་པ་ལས་སྨྲ་བ་ ངག་གི་བྱེད་པོ་དབྱངས་ཅན་མ་ཞེས་འདོད་དོ། །དེ་ལ་སཱ་ར་སུ་ཏཱི་ཅེས་པ། སཱ་ར་ནི་མཚོ། སུ་ ཏཱི་ནི་བུ་མོ་སྟེ། སུ་དང་ཏཱིའི་བར་ཏུ་སཀ྄་དང་ཨཱ་གློ་བུར་བ་བཅུག་པས། སྭཱ་སྟཱི་རུ་སོང༌། མཚོ་ བྱུང་ངམ་རྒྱ་མཚོའི་བུ་མོའོ། །སྭ་ར་སྭསྟཱི། དབྱངས་ཅན་མ་ནི། སྭརཿདབྱངས་བ་ཏཱི་ལྡན་པ་ མོའི་དོན་ཡིན། ཚེག་དྲག་ས྄་རུ་སོང་དྲངས། སྭ་ར་སྭ་ཏཱིའམ། སཀ྄་སྦྱར་བས། སྭ་ར་སྭ་སྟཱི། ཞེས་སོ། །དེ་ལྟར་ན་གཞུང་འདི་གསུང་བ་པོ་ནི་བཅོམ་ལྡན་འདས་མ་དེའོ། །སྒྲའི་ལོ་རྒྱུས་ སྤྱི་ནི་གཞན་དུ་འཆད་ལ། མདོ་གཞུང་འདི་ཇི་ལྟར་བྱུང་ཚུལ་ནི། ད་ལྟ་ཕལ་པའི་སྐད་དུ། མ་ ར་ཧ་ཊ་ཟེར། འཕགས་ཡུལ་ལྷོ་ཕྱོགས་མ་ཧཱ་རཥྚ་སྟེ། ཡུལ་འཁོར་ཆེན་པོ་ཞེས་བྱ་བའི་རྒྱལ་ ཁམས་ན། བྲམ་ཟེ་གཙང་མའི་རིགས་སུ་འཁྲུངས་ཤིང་ཚངས་པར་སྤྱོད་པའི་དཔལ་དང་ལྡན་ པ། ཕྱི་ནང་གི་གཞུང་ལུགས་མཐའ་དག་ཁོང་དུ་ཆུད་པ། སྒྲ་རིག་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། འཕགས་མ་དབྱངས་ཅན་མ་མཆོད་ཅིང་སྒྲུབ་པ་ལ་རྟག་ཏུ་བརྩོན་པ་ཞིག་ཡོད་དོ། །མཚན་ནི་ ཨ་ནུ་བྷཱུ་ཏི་ཞེས་བྱའོ། །དེ་དུས་གཞན་ཞིག་ན་ཡུལ་དབུས་སུ་འོངས་པ། ཝ་ར་ཎ་སི་དང་ཉེ་བ་ རཽདཱསི་ཞེས་བྱ་བའི་གྲོང་གི་གམ་ཡོ་ཞིག་ཏུ་གྲང་ཁང་བྱས་ཏེ་འདུག་གོ །དེར་དུས་སྟོན་གཅིག་ ལ་བྲམ་ཟེ་སྒྲ་ཤེས་པ་རང་ཡང་སྟོང་ཕྲག་ལྷག་པ་འདུས། གཞན་མཁས་པའི་སྐྱེ་བོ་ཇི་སྙེད་ 19-1-56 ཅིག་འདུས་ཏེ། པཎྜི་ཏ་གསར་དུ་འོངས་པ་ལ་ཚོད་བགམ་པའི་དོན་དུ་འབེལ་གཏམ་རྒྱ་ཆེན་ པོས་ཉིན་ཞག་མང་པོ་འདས་སོ། །དེར་ཉིན་གཅིག་སློབ་དཔོན་ངག་སྟབས་པས། སྐྱེས་བུ་ རྣམས་ཞེས་པའི་དོན་ལ། པུཾསུ་ཞེས་བརྗོད་རྒྱུ་ལས། པུཾཀྵུ་ཞེས་པ་ཞལ་ནས་ཐོན་པས། དེར་ འཚོགས་ཀུན་གྱིས་བརྗོད་པ་མ་དག་ཅེས། ཁྱེད་དེ་ཙམ་དུ་སང྄་སྐྲ་ཏ་ལ་མཁས་པར་འདོད་ པ་ལ་འདི་ལྟ་བུ་ཅི་ཞེས་དཔྱས་སོ། །དེར་བརྗོད་པ་ནོར་རོ་དགོངས་པ་ལ། ཐུགས་འཚེར་ བས་འདི་ལྟ་བུ་སྔོན་གྱི་སྒྲ་མཁན་རྣམས་ཀྱིས་བྱས་ཏེ། ནང་པར་པོ་ཏི་བསྟན་པར་བྱའོ་བྱས་ ནས་གྱེས་སོ། །དེའི་ནམ་ཕྱེད་ན། དེ་འདྲའི་པོ་ཏི་ཡོང་ཡེ་མེད་ལ། ནང་པར་དེ་དག་གི་མདུན་ དུ་གདོང་ཇི་ལྟར་ལྟ། དེ་བས་ཤི་བ་མཆོག་ཅེས་རལ་གྲི་བཙལ་ཏེ་རང་གི་མགུལ་གཅོད་པར་ གཟས་པས་ཁྲག་ས་ལ་ཉིལ་གྱིས་ལྷུང་བ་ན། འཕགས་མ་དབྱངས་ཅན་མ་དངོས་སུ་བྱོན་ཏེ། བུ་བུ་བདག་ཉིད་གདུང་བ་མ་བྱེད་ཅེས་གཞུང་འདི་སྐད་ཅིག་གིས་གསུངས་པས་དབུགས་ ཕྱུང༌། དྲང་སྲོང་ཀ་ཏའི་བུས་བྱས་པའི་བར་ཏི་ཀ་ཞེས་པའི་གཞུང་ལས། བརྩོན་པ་ཆེན་པོའི་ དོན་ལ་ཀཀ྄་ཨཱ་ག་མ་སྦྱིན་པར་བཤད་བའི་ཁུངས་བསྟན། རྨ་ལ་ཟུག་རྔུ་མེད་པར་བྱིན་གྱིས་ བརླབས་སོ། །གསུང་ལས་ཁ་སང་ཚོགས་སུ་བདེན་པར་སྨྲས་ན། དེ་དུས་ཀ་ཞལ་མཐོང་ནས་ དོགས་པ་བཅད་ཆོག་པ་ལ། གཡོ་སྒྱུའི་ངག་སྨྲས་པས་ང་མ་མཐོང༌། ད་རེས་གདུང་བ་འདི་ འདྲ་བརྩམས་པས་སྡིག་པ་སྲབས་ཏེ། ང་མཐོང་བ་ཡིན་གསུང་སྐད། དེ་ནས་ལྷའི་མཐུས་ འཕགས་མའི་ཞལ་ནས་གསུངས་པའི་མདོ་འདི་འགྲེལ་བར་བཅས་པ་མཚན་མོའི་ཐུན་ཐ་མ་ དེ་ཉིད་ལ་བྲིས་གྲུབ་ཅིང༌། ཡིག་ཤོག་ཐམས་ཅད་ཀྱང་བྲིས་ནས་ཡུན་རིང་ལོན་པའི་དཔེ་རྙིང་ པ་འདྲ་བར་སྣང་བར་གྱུར་ཏོ། །དེ་ནས་ཉི་མ་ཤར་བ་ན་སྔར་བཞིན་རྒོལ་བ་རྣམས་འཚོགས་ པའི་སར། ཀུ་རེའི་ཚུལ་དུ་གླེགས་བམ་བསྟན། ཀུན་ལ་གྲགས་པའི་གཞུང་ཀ་ཏའི་བུའི་ལུང་ དྲངས་པས་ཐམས་ཅད་མགུའོ། །དེ་ནས་ཀྱལ་ཀ་བཀྲོལ་ཏེ། མགུལ་གྱི་རྨ་བསྟན། མདང་གི་ 19-1-57 ལོ་རྒྱུས་བཤད་པས་ཐམས་ཅད་ངོ་མཚར་དུ་གྱུར། མཁས་པ་མང་པོས་མདོ་འདི་བཤད་པར་ ཞུས་པས་ཚར་གཅིག་བཤད་དོ། །སློབ་དཔོན་འདི་མ་ག་དྷའི་མཁས་པ་སྒོ་དྲུག་དང་རགས་ པར་ན་དུས་མཚུངས་སོ། །དེ་ཕྱིན་ལྷའི་བྱིན་རླབས་ཀྱི་སྟོབས་ལས། གཞུང་འདི་ཤིན་ཏུ་དར་ བར་གྱུར་ཏེ། འདི་ལ་འགྲེལ་བཤད་གྲགས་ཆེ་བ་དྲུག་ཡོད། གྲགས་ཆུང་པའི་རེག་ཟིག་དང༌། ཊཱིཀ྄་ཤིན་ཏུ་མང་ཟེར། དྲུག་ནི། པུཉྩ་རཱ་ཛ་ཞེས་བྱ་བའི་རྒྱལ་པོ་གཅིག་གི་དོན་དུ། སློབ་དཔོན་ བི་མ་ལ་དཱ་ས་ཞེས་པས་བརྩམས་པ་འགྲེལ་བའི་མིང་ལ་ཡང་པུཉྩ་རཱ་ཛ་ཟེར་བ་གཅིག་དང༌། ཀཱ་མ་དྷེ་ནུ་སྟེ་འདོད་འཇོ་ཟེར་བ་དེང་སང་སྦེད་པ་གཅིག་ཡོད་དེ། དེ་གཉིས་ནང་པའི་པཎྜི་ ཏས་བརྩམས། སཱ་ར་པྲ་དི་པེ་ཀ ཡོངས་སུ་སྣང་བྱེད་ཅེས་པ་བྲམ་ཟེས་བྱས་པ་དང༌། མཎྜ་ནི་ ཏེ་རྒྱན་དུ་གྱུར་པ་དང༌། ཀཱ་ཤི་ནཱ་དི་སྟེ། གསལ་ལྡན་ཆུ་རྒྱུན་དང༌། བཱ་སུ་དེ་བི་སྟེ་ནོར་ལྷའི་ བུ་མོ་ཞེས་པ་གསུམ་ས་ནྱ་ཤིས་བྱས་པ་སྟེ་བཞི་པོ་དེ། ཕྱི་ལུགས་ཀྱི་པཎྜི་ཏས་བརྩམས། དུས་ ཕྱིས་དེང་སང་བར་དུ། ཀ་ལཱ་པ་ནི། ཤར་ཕྱོགས་གཽ་ར་བྷཾ་ག་ལ་ན་དར། གཞན་ན་ཉུང༌། ཙནྡྲ་ པའམ་ཀུ་མུ་དི་བྱཱ་ཀར་ཎ་ནི། ལྷོ་ནུབ་གུ་ཛི་ར་ཏ་ན་དར་གཞན་ན་ཉུང༌། གཞུང་འདི་དབུས་ཝ་ ར་ཎཱ་སི་ལས་བརྒྱུད་ནས་ཡུལ་ཐམས་ཅད་ན་ཆེས་དར་བ་ཡིན། པཱ་ཎི་པ་ཡང་ཉན་བཤད་མ་ ནུབ་པར་ཡོད། ཡུལ་གཉིས་པོ་དེ་མིན་པར་སྒྲ་མདོ་གཞན་སློབ་པ་ཕལ་ཆེར་ཡང་ཐོག་མར་ འདི་ལ་ཞུགས་ནས་ཕྱིས་དེ་དག་སློབ་པས་ན། དེང་སང་གི་འཕགས་ཡུལ་བ་ལ་སྒྲ་རིག་གི་ གླེང་བརྗོད་བྱེད་ན་གཞུང་འདི་མེད་མི་རུང་ཡིན་ནོ། །ཐུན་མོང་གི་རིག་གནས་དང༌། ཕྱི་གཞུང་ འཆད་པ་ཐམས་ཅད་ཅི་ལྕོགས་ཀྱིས་ཡུལ་ཝ་ར་ཎཱ་སིར་སློབ། ཀུན་གྱི་སློབ་གྲྭ་ཆེན་པོ་ཡིན། ཡུལ་འདི་ལ་འཁོར་མོ་འཇིག་དང༌། ཕུབ་རལ་ཅན་དུ་བསྒྱུར་བ་སོགས་བཟོ་ལུམ་ཡིན། ཆུ་བོ་ བ་ར་ཎ། ཨ་སའི་བར་གྱི་ལུང་པ་ཡིན་པས་ཝ་ར་ཎཱ་སིར་ཐོགས། ཕལ་པའི་སྐད་དུ་བ་ན་རཱ་ཤི་ ཟེར་རོ། ། 19-1-58 ༈ ད་ནི་གཞུང་འགྲེལ་གྱི་དོན་བཤད་པར་བྱའོ། །དེ་ཡང་འགྲེལ་བའི་ཐོག་མར་འདི་སྐད་ ཅེས། མཆོག་གི་བདག་ཉིད་རབ་བཏུད་དེ། །བྱིས་བློ་འཕེལ་བ་འགྲུབ་བའི་ཕྱིར། །དབྱངས་ ཅན་མས་མཛད་རབ་བྱེད་རྣམས། །གོ་བདེ་རབ་ཏུ་རྒྱས་མིན་བརྩམ། །ཞེས་པ་སྟེ། འདིའི་རྒྱ་ སྐད། པྲ་ཎ་མྱ་པ་ར་མཱཏྨཱ་ནཾ་བཱ་ལ་དྷཱི་བྲྀདྡྷི་སིདྡྷ་ཡེ། སཱ་ར་སྭ་ཏཱི་མྲྀཛུཾ་ཀུརྦེ་པྲ་ཀྲྀ་ཡཱཾ་ནཱ་ཏི་བིསྟཱ་རཱཾ། ཞེས་པའོ། །དེ་ཡང་པྲ་ཎ་མྱ་ནི་རབ་ཏུ་བཏུད་ནས་སམ། རབ་ཏུ་ཕྱག་འཚལ་ནས་སོ། །པ་ར་ མཱཏྨཱ་ནཾ། མཆོག་གི་བདག་ཉིད་ལའོ། །བཱ་ལ་བྱིས་པ། དྷཱི་ནི་བློ་གྲོས། བྲྀདྡྷི་ནི་འཕེལ་བ། སིདྡྷ་ ཡེ་གྲུབ་ཕྱིར་རོ། །སཱ་ར་སྭ་ཏཱི། རྒྱ་མཚོའི་བུ་མོའམ། མཚོ་བྱུང་མ་སྟེ། ལྷ་མོ་དབྱངས་ཅན་མའོ། སཱ་ར་སྭ་ཏཱི། དབྱངས་ཅན་མའི་ཞེས་པའམ་མས་ཞེས་པའོ། །རྀ་ཛུཾ་ནི་འཇམ་པའམ་བླ་བའི་ དོན། ཏཱིའི་ཀླད་སྐོར་མ྄་དབྱངས་མེད། རྀ་ཛུའི་རྀ་ལ་དྲངས་པས་མྲྀ་ཛུ་བྱུང་བ་ཡིན་ནོ། །ཀུརྦེ་ བྱའོ་སྟེ། བརྩམ་པར་བྱའོ། །པྲ་ཀྲྀ་ཡཱཾ་རབ་ཏུ་བྱ་བ་སྟེ། ཆོ་གའམ་སྒྲ་ཚུལ་ལོ། །ན་དགག་ཚིག ཨ་ཏི་ཤིན་དུ་བ། བིསྟཱ་རཱཾ། རྒྱས་བ་སྟེ། ན་དང་ཨ་ཏི་མཚམས་སྦྱར། ནཱ་ཏི་བིསྟཱ་རཱཾ། རབ་ཏུ་ རྒྱས་མིན་ནོ། ། ༈ ཚིགས་བཅད་གཉིས་པ་ནི། གང་ཞིག་སྒྲ་ཡི་ཆུ་གཏེར་ངག་གི་མཐའ། །དབང་པོ་ལ་ སོགས་ཀྱིས་ཀྱང་མ་དཔོགས་པ། །དེ་ཡི་རབ་ཏུ་བྱ་བ་མཐའ་དག་རྣམས། །མི་ཡིས་གཏམ་དུ་ བྱ་བར་ག་ལ་བཟོད། །ཅེས་པ་སྟེ། འདིའི་རྒྱ་སྐད། ཨིནྡྲཱ་ད་ཡོ་྅་པི་ཡ་སྱཱནྟཾ་ན་ཡ་ཡུཿཤཔྡ་བཱ་རི་ དྷིཿ། པྲ་ཀྲྀ་ཡཱཾ་ཏ་སྱ་ཀྲྀཏྶྣ་སྱ་ཀྵ་མོ་བཀྟུཾ་ན་རཿཀ་ཐཾ། ཞེས་པའོ། །ཨིནྡྲ་ཨཱ་དི་ཞེས་པ་སྟེ། དབང་ པོ་ལ་སོགས་པ་ཞེས་སོ། །ཨ་བི་ཀྱང་གི་དོན་ཏེ། ཨིནྡྲཱ་ད་ཡོ་྅་པི་དབང་པོ་སོགས་ཀྱིས་ཀྱང་ ཞེས་སོ། །ཡ་སྱ་ནི་གང་ཞིག ཨནྟཾ་ནི་མཐའ། ན་དགག་པ། ཡ་ཡུཿཐོབ་པའི་དོན་ཡིན་པ་འདིར་ ཚིག་གྲོགས་ལས་གཏིང་དཔོགས་པའམ་མཐར་ཐོན་པའི་དོན་ཡིན། ན་ཡིག་གིས་བཀག་ པས་མ་དཔོགས་པའོ། །ཤཔྡ་ནི་སྒྲ། བཱ་རི་དྷིཿ། ཞེས་པ་ཆུ་གཏེར་རོ། །པྲ་ཀྲྀ་ཡཱཾ་གོང་བཞིན། 19-1-59 ཏ་སྱ་ནི་དེ་ཡིའམ་དེ་ནི། ཀྲྀཏྶྣ་སྱ་ནི་རྫོགས་པའམ་མཐའ་དག་ནི་ཞེས་པའོ། །ཀྵ་མ་བཟོད་ པ་སྟེ་ནུབ་པའམ་བྱེད་ཐུབ་པ། བཀྟུཾ་སྨྲ་བར་བྱེད་པའམ་གཏམ། ན་རཿམི་ཡིས། ཀ་ཐཾ་ནི་ཅི་ འདྲ་འམ། ཇི་ལྟར་རམ། ག་ལ་ཞིག་གི་དོན་ནོ། །ཚིགས་བཅད་གཉིས་པོ་དེའི་དོན་ཅུང་ཟད་ བཤད་ན། དང་པོ་ནི་མཆོད་པར་བརྗོད་ཅིང༌། རྩོམ་པར་དམ་བཅའ་བ་ཡིན་ལ། གཉིས་པ་ ང་རྒྱལ་བསལ་བ་སྟེ་ཁེངས་སྐྱུང་བར་གྲགས་པའོ། །རབ་ཏུ་འདུད་དོ། །དེ་ཡང་ཀཱ་ཡ་སྟེ་ལུས་ དང༌། མན་ཏེ་ཡིད། བཀྟ་སྟེ་ངག་གིས་འདུད་དོ། །སུ་ལ་ན་མཆོག་གི་བདག་ཉིད་དེ་འདིའི་ འགྲེལ་བཤད་པུཉྩ་རཱ་ཛ་ལ་སོགས་པ་ནང་པའི་བསྟན་བཅོས་ལས། མཆོག་གི་བདག་ཉིད་ ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་འཆད་དེ། ཆེས་མཆོག་ཏུ་གྱུར་པས་སོ། །འགྲེལ་ བཤད་གསལ་ལྡན་རྒྱུན་འབབ་དང༌། འདོད་འཇོ་སོགས་ཕྱི་བ་ལུགས་ཀྱིས་སྦྱར་བ་རྣམས་སུ། པ་ར་མེ་ཤྭ་ར། ཞེས་པ་མཆོག་གི་དབང་ཕྱུག་སྟེ། དྲག་པོའམ། འཇུག་སེལ་ལ་སོགས་པ་བྱེད་ པོའི་ལྷ་ལ་འདོད་དོ། །དེ་ལྟ་ན་ཡང༌། མཆོག་གི་བདག་ཉིད་ནི། དེ་བཞིན་ཉིད་བདག་དམ་ པའི་བདག་སྟེ་ཆོས་དབྱིངས་སོ། །དེ་ལྟར་ཕྱག་འཚལ་ནས། དགོས་པ་གང་གི་ཕྱིར། ལས་ཅི་ བྱེད་ན། དགོས་པ་བཤད་པ། བྱིས་པ་ནི་བླུན་པོ་སྟེ་སྐབས་འདིར་བརྡ་སྤྲོད་གཞུང་ལུགས་དང་ ལྷའི་སྐད་མི་ཤེས་པའོ། །དེ་ལྟ་བུའི་སྐྱེས་བུ་ལ། སྒྲ་གཞུང་ཤེས་པའི་བློ་གྲོས་གསར་དུ་བསྐྱེད་ པ་དང༌། སྐྱེས་པའི་རྒྱུན་འཕེལ་བ་དང༌། གྲུབ་པ་སྟེ་བློ་གྲོས་མཐར་ཐུག་པར་འགྱུར་བའི་ ཕྱིར་རོ། །སྒྲ་གཞུང་ཤེས་པས་གཞུང་ལུགས་ཕལ་ཆེར་རྟོགས་པར་བླ་བའི་དགོས་པ་ཆེན་པོ་ ཡང་ཡོད་དོ། །ལས་ནི་ཅི་བྱེད་ན། འཕགས་མ་དབྱངས་ཅན་མའི་གསུང་རབ་ཏུ་བྱ་བའི་སྒྲའི་ ཆོ་ག་སྟེ་སྒྲུབ་ཚུལ་རྣམས་བློ་མི་གསལ་བ་རྣམས་ལ་འཁྲུགས་སྡེབས་ཀྱི་འཐོར་བར་འགྱུར་ བའི་ཕྱིར། གཞུང་འདིར་གོ་རིམ་འཁྲུགས་སྡེབས་མི་དགོས་པ་སོགས་གོ་བདེ་བའི་སྒྲིག་ཚུལ་ དང༌། བློ་གྲོས་སྒོ་དོག་པོ་རྣམས་ལ་གཞུང་རྒྱ་ཆེན་པོ་མི་མཁོ་བས་མཆོག་དམན་ཀུན་ལ་ཕན་ 19-1-60 པའི་ཕྱིར། རབ་ཏུ་རྒྱས་པ་མ་ཡིན་པ་ཚིག་མདོར་བསྡུས་ཙམ་དུ་བསྡུས་ཏེ། དེའི་དོན་བཤད་ པ་ཧ་ཅང་འབྱམས་ཀླས་མ་ཡིན་པར་བརྩམ་པར་བྱའོ། །ཞེས་པ་ནི་ལུགས་གཅིག་གོ །ཡང་ འདིར་གཞུང་བྱེད་པ་པོ་དངོས་སུ་མ་བརྗོད་ན། དེ་ནི་ཁ་འགེངས་ཏེ། ཨ་ཧཾ་ཨ་ནུ་བྷཱུ་ཏི་སྭ་རུ་པཱ་ ཙརྱཾ། བདག་སློབ་དཔོན་རྗེས་སུ་འབྱོར་བའི་རང་བཞིན་ཞེས་གྲགས་པའོ། །ལས་ནི་དབྱངས་ ཅན་མའི་ཞེས་དང༌། རབ་ཏུ་བྱ་བ་ཞེས་པའི་ཚིག་གཉིས་དང༌། དེའི་ཁྱད་པར་ནི་གོ་བདེ་ཞེས་ དང༌། རབ་ཏུ་རྒྱས་མིན་ཞེས་ཚིག་གཉིས་སོ། །བརྩམས་ཞེས་པ་ནི་བྱ་བའི་ཚིག་གོ །འདིར་ ལས་ཀྱི་ཁྱད་པར་བརྗོད་པ་ནི་བྱེད་པའི་ཚིག་སྟེ། སྤྱིར་བྱེད་པོ་ལས་དང་བྱ་བ་གསུམ་མམ། བྱེད་པོ་ལས་དང་བྱེད་པ་བྱ་བ་ཞེས། བྱ་བྱེད་བཞི་རུ་བཤད་ཀྱང་རུང་མོད་ཀྱི། ཡང་བྱེད་པ་ བྱ་བའི་ཁྱད་པར་དུ་སྦྱར་ནའང་ལེགས་སོ། །གང་ཞིག་བྱས་ནས་དེ་བྱེད་པ་ཡིན་ཞེས་འདྲི་བ་ ལ། འདོད་པའི་ལྷ་ལ་ཕྱག་འཚལ་སྔོན་དུ་བཏང་ནས། དེ་བྱེད་ཅེས་ཏེ། མཆོག་གི་བདག་ཉིད་ ལ་རབ་ཏུ་འདུད་ཅེས་པའོ། །དེ་ཡང་རབ་འདུད་ནས་ཞེས་པ་ཚིག་གཅིག་གོ་རིམ་ཅན་ཡིན། གང་ལ་ན་མཆོག་གི་བདག་ཉིད་ལའོ། །ཞེས་པའང་ཚིག་གཅིག་གོ །ཆེད་དུ་བྱ་བ་གང་ཞེ་ན། བྱིས་བློ་འཕེལ་བ་གྲུབ་པའི་ཕྱིར་རོ། །ཞེས་པ་ཡང་ལུགས་གཅིག་སྟེ། འཆད་ཚུལ་དེ་གཉིས་ ཀ་མི་འགལ་བས་བཤད་པ་གཅིག་ཏུ་དྲིལ་བར་བྱའོ། །གང་ཞིག་ཅེས་དང༌། སྒྲའི་ཆུ་གཏེར་ དག་གི་དང༌། མཐའ་དང༌། དབང་བོ་ལ་སོགས་དང༌། ཀྱང་དང༌། མི་དཔོགས་ཞེས་པའི་སྐད་ དོད། ན་དང་ཡ་ཡུཿདང༌། དེ་ཡི་དང༌། རབ་ཏུ་བྱ་བ་དང༌། མཐའ་དག་རྣམས་དང༌། མི་ཡི་དང༌། གཏམ་དུ་བྱ་བ་དང༌། ག་ལ་དང་བཟོད་ཅེས་པ་སྟེ་བཅུ་བཞི་པོ་དེ་དག་ལ་སཾསྐྲྀའི་སྐད་དུ་ཚིག་ སོ་སོའི་དུམ་བུ་གསལ་བ་རེ་ཡོད་དོ། །འདིར་དབང་བོ་ནི་ལྷའི་དབང་པོ་སྟེ། དེ་ལ་སོགས་ པའི་ལྷ་རྣམས་ཀྱིས་དང༌། ཀྱང་གི་སྒྲས་དྲང་སྲོང་ཆེན་པོ་སྒྲ་བྱེད་པ་ཀ་ཏའི་བུ་སོགས་ཤིན་ཏུ་ མང་པོ་སྟེ། དེ་དག་གིས་ཀྱང་སྒྲ་རིག་པའི་ཆུ་གཏེར་ཏེ། ཟད་མི་ཤེས་པ་རྒྱ་མཚོ་ལྟ་བུའི་མཐའ་ 19-1-61 དཔོགས་པར་མ་ནུས་སོ། །དེ་ཡང་འདི་སྐད་ཅེས་གྲགས་ཏེ། ལྷའི་དྲང་སྲོང་སློབ་དཔོན་བྲྀ་ ཧསྤ་ཏི་སྟེ་ཕུར་བུས། དབང་པོ་བརྒྱ་བྱིན་ལ་སྒྲ་རིག་པ་བཤད་པ་ན། ལྷའི་ལོ་སྟོང་ཕྲག་བཞིར་ ཉིན་རེར་བར་མ་ཆད་དུ་བསྟན་ཀྱང་ཨ་ཐུང་མཐའ་ཅན་གྱི་བྱ་བ་ཁོ་ནའང་མ་རྫོགས་པས། སྒྲ་ ཚུལ་བསམ་གྱིས་མི་ཁྱབ་སྟེ། མཁའ་ལ་གོམ་པས་ཇི་ལྟར་འཇལ། །རིགས་རྣམས་སོ་སོར་ རྟོགས་པའི་སླད། །མདོ་ཙམ་རན་པར་ད་སྨྲོས་ཤིག །ཅེས་མཆོད་སྦྱིན་བརྒྱ་པས་སྨྲས་པ་ན། ཕུར་བུས་ཀྱང་རན་པར་བསྡུས་ཏེ་བཤད་དོ། །ཞེས་སོ། གང་ཞིག་ལྷ་དང་དྲང་སྲོང་རྣམས་ ཀྱིས་ཀྱང་བཤད་པར་མ་ནུས་པའི་མཐའ་མེད་པའི་སྒྲ་རིག་དེའི་བྱ་བ་སྒྲུབ་ཚུལ་དང༌། གྲུབ་ གཟུགས་མཐའ་དག་རྣམས་བདག་ཨ་ནུ་བྷཱུ་ཏི་ལྟ་བུ་མིའི་འགྲོ་བ་ཕལ་པས་གཏམ་དུ་བྱ་བ་སྟེ་ སྨྲ་བར་བཟོད་ཅིང་ནུས་པ་ག་ལ་ཡིན། ཞེས་ཁེངས་སྐྱུངས་པའོ། །ལྷའི་ལོ་ཚད་དངོས་པོ་ལ་ ཞུགས་པ་ནི་མངོན་པ་སོགས་དམ་པའི་ཆོས་ལས་གསུངས་པ་དག་ཡིན་མོད་ཀྱང༌། རང་རང་ གི་ལུགས་ཉིད་ཀྱིས་བཤད་དགོས་པས། རིག་བྱེད་ལམ་པ་སོགས་ཀྱི་འདོད་པ་ལྟར། སྒྲ་དང་ སྙན་ངག་སོགས་ཀྱི་སྐབས་སུ་རྣམ་གྲངས་ལ་འཆད་དགོས་པས། མིའི་ཟླ་བ་གཅིག་ལ་མཚུན་ གྱི་ཞག་གཅིག མི་ལོ་གཅིག་ལ་ལྷའི་ཞག་གཅིག་ཅེས་འདོད་དོ། དེ་ལྟར་ན་འགྲེལ་བའི་ཐོག་ མར་བཀོད་པའི་ཤོ་ལོ་གཉིས་པོ་དེ་དག་ཅུང་ཟད་ཙམ་བཤད་པ་དེ་ནི། བློ་གསར་བ་རྣམས་ སྤྲོ་བ་སྐྱེད་པའོ། །འདི་དག་ལ་ཕྱི་རོལ་པའི་འགྲེལ་བ་རྣམས་ན། རང་འདོད་གྱི་གྲུབ་མཐའི་ དགག་སྒྲུབ་ངོ་མཚར་སྐྱེད་པ་ཅི་རིགས་ཡོད་ཀྱང་དགོས་པ་ཆུང་བས་འདིར་མ་བཤད་དོ། ། ༈ ད་ནི་ཐོག་མར་མཚམས་སྦྱོར་ནས་བཤད་པར་བྱ་བ་ཡིན་མོད་ཀྱང་དགོས་པའི་ཆེད་ དུ་མིང་འདོགས་མ་བྱས་ན། ཕྱིས་གཞུང་མང་སྐྱོན་དང༌། བློ་འཁྲུགས་པ་དང༌། བརྗོད་ཚུལ་མི་ བདེ་བར་འགྱུར་བས། མཚམས་སྦྱོར་བྱ་བའི་ཡང་སྔོན་དུ་སོ་སོའི་བརྡ་ཆད་བཞག་པར་བྱའོ། ། ཨ་ཨི་ཨུ་རྀ་ལྀ་ས་མཱ་ནཱ། ཨ་ཨི་ཨུ་རྀ་ལྀ་མཚུངས་པ་རྣམས་སོ། །ཨ་ཡིག་དང་ཨི་ཡིག་ 19-1-62 དང་ཨུ་ཡིག་དང་རྀ་ཡིག་དང་ལྀ་ཡིག་རྣམས་ལ་མཚུངས་པའི་ཡི་གེ་ཞེས་པའི་མིང་གིས་བཟུང་ ངོ༌། །འདིར་ཨ་ཨི་ཨུ་རྀ་ལྀ་མཚམས་སྦྱར་ན། ཨ་ཡྦྲླྀ་དུ་འགྲོ་ཡང་དེ་འདྲ་འདིར་མི་བྱེད་དེ། མཚམས་སྦྱོར་བ་ནི་དགོས་པ་ཡོད་ཅིང་འདོད་ན་ཡིན་གྱི། རྣམ་པ་ཀུན་ཏུ་མི་སྦྱོར་དུ་མི་རུང་བ་ མ་ཡིན་པའི་ཕྱིར་རོ། །དེས་ན་འོག་ཏུ་འཆད་འགྱུར་ལ་རེས་འགའ་ཡི་གེ་ཉུང་བའི་དོན་དུ་དེ་ འདྲའང་བྱེད་མོད་ཀྱི། ཐོག་མའི་གཞུང་ཚིག་ལ། དེ་ལྟར་ན་གཞུང་མི་མཛེས་ཤིང་གོ་དཀའ་ བས་སློབ་མ་ལ་ཐོག་མ་ཉིད་ནས་སྣ་བརྡུགས་འཕྲོད་ཏེ་འཇིགས་པ་སྐྱེ་བའི་ཕྱིར་དེ་འདྲ་མི་ བྱེད་དོ། །ཐོག་མར་འཇུག་པ་བདེ་ཞིང་བཤད་སླ་བ་ཉིད་མཛེས་པ་ཡིན་ནོ། ། ༈ ཧྲ་སྭ་དཱིརྒྷ་པླུ་ཏ་བྷེ་དཱ་ས་བྷརྞ། ཐུང་ངུ་རིང་པོ་པླུ་ཏས་ཕྱེ་བ་རྣམས་འདྲ་བ་རྣམས་སོ། ། ཨ་དང་ཨི་དང་ཨུ་དང་རྀ་དང་ལྀ་སྟེ། དེ་དག་ལ་དབྱེ་ན་ཐུང་ངུ་དང་རིང་པོ་དང་ཤིན་དུ་རིང་ པོ་པླུ་ཏ་སྟེ་གསུམ་གསུམ་དུ་དབྱེ་བས་བཅོ་ལྔ་ཞེས་ཀྱང་འདོད་པ་ཡོད་ལ། འོན་ཀྱང་དང་པོ་ བཞི་ལ་གསུམ་གསུམ་དང་ལ་ལ་རིང་པོ་མེད་ན། མཚུངས་པའི་དབྱངས་བཅུ་བཞིའོ། །གཞུང་ གཞན་འགའ་ལས་ར་ལ་ཤིན་ཏུ་རིང་པོ་མེད་པར་འདོད་པ་སོགས་མངོན་སུམ་གྱིས་གནོད་ པས་འདིར་མི་བཞེད་དོ། །དེ་ལ་ཨ་ཐུང་ཨཱ་རིང་ཨ྅་སྟེ་ཤིན་དུ་རིང་པོ་གསུམ་ཀ་ཨ་ཡིག་ ཡིན་པ་བཞིན་གཞན་རྣམས་ལ་ཡང་འདྲའོ། །ཨ་དང་ཨི་སོགས་ལྔ་ཕན་ཚུན་མཚུངས་པ་ཡིན་ ལ་འདྲ་བ་མ་ཡིན། ཨ་རིང་ཐུང་པླུ་ཏ་གསུམ་ནང་ཕན་ཚུན་འདྲ་བའང་ཡིན་ཏེ། ཨི་སོགས་ལ་ ཡང་རིགས་འགྲེའོ། །གང་འདྲ་བའི་ཡི་གེ་ཡིན་ཚད་མཚུངས་པའང་ཡིན་ནོ། ། ༈ ལོ་ཀཱཙྪོ་ཥ་སྱ་སིདྡྷི་རི་ཏི་བཀྵྱ་ཏི། ལྷག་མ་འཇིག་རྟེན་ལས་གྲུབ་པའང་འདིར་བཤད་ དོ། །སྐབས་འདིར་མཚུངས་པ་དང་འདྲ་བ་ལ་སོགས་པ་བརྡ་ཆད་མིང་འདོགས་བྱས་པ་ལས། གཞན་ལྷག་མ་སྟེ་སྐབས་འདིར་མ་བཤད་པ་འཇིག་རྟེན་ལ་རབ་ཏུ་གྲགས་པ་དང༌། བསྟན་ བཅོས་ལ་རབ་ཏུ་གྲགས་པ་རྣམས་ཀྱང༌། གཞུང་འདི་འཆད་པ་ན་སྦྱོར་དུ་རུང་སྟེ། འོག་ཏུ་ཅི་ 19-1-63 རིགས་པ་འཆད་པར་ཡང་འགྱུར་རོ། ། ༈ ཡང་འདིར་ཇི་སྐད་དུ། ཨེ་ཀ་མཱ་ཏྲ་ཙཱ་ཏ་ཀ། དྭི་མཱ་ཏྲ་བཧེ་ས། ཏྲི་མཱ་ཏྲ་ཤི་ཥི་བྲུ་ཡཏ྄། ཨརྡྷ་མཱ་ཏྲ་ན་ཀུ་ལ། ཞེས་སོ། །དེ་ཡང་བོད་སྐད་དུ་བསྒྱུར་ན། གཅིག་གི་ཡུན་ཚད་ཙཱ་ཏ་ཀ། གཉིས་ཀྱི་ཡུན་ཚད་བྱ་རོག་གོ །གསུམ་ཡུན་གཙུག་ཕུད་ཅན་དག་སྨྲ། །ཕྱེད་ཀྱི་ཡུན་ཚད་ ན་ཀུ་ལ། །ཞེས་སྲོག་ཆགས་དེ་དག་གི་སྐད་དཔེར་བྱས་པ་སྟེ། མཱ་ཏྲ་ཞེས་སྔར་ཕྱི་མོ་ཞེས་པར་ བསྒྱུར་བ་མང་ཡང༌། འདིར་ཚད་ཀྱི་དོན་ཡིན་པ། ཚད་ཅེས་པ་བོངས་ཚད་དང་ནོར་དོགས་ པས་ཡུན་ཞེས་པ་ལ་སྐད་དོད་མེད་ཀྱང༌། མི་ནོར་བའི་ཆེད་དུ་སླ་ཐབས་སུ་བསྣན་ཏེ། ཡུན་ ཚད་ཅེས་བྱའོ། །ཕྱི་མོ་ཞེས་བསྒྱུར་བ་ནི། མཱ་ཏྲ་ཞེས་པ་མ་མོའམ། ཕ་མ་ཞེས་པའི་མ་ལ་འཇུག་ པ་ཡོད་པའི་དབང་དུ་བྱས་ནས། མ་མོ་སྟེ་དབྱངས་ལ་ཟེར་བས། དབྱངས་ཐུང་ངུ་གཅིག་གི་ མིང་ལ་བསམས་པ་ཡིན་ན་དེ་ཙམ་རུང་ཡང༌། དབྱངས་ཕྱེད་པ་མེད་ལ མཱ་ཏྲ་ཕྱེད་པ་བྱུང་ཞིང༌། དེ་ཡང་གསལ་བྱེད་སྲོག་མེད་རྣམས་ཡིན་པར་བཤད་པས། མཱ་ཏྲ་ཕྱི་མོར་བསྒྱུར་བ་ནི་ཅུང་ ཟད་མི་ལེགས་སོ། །དབྱེ་བ་གཞན་ནི། ཨུ་དཏྟ་དང༌། ཨ་ནུ་དཏྟ་དང༌། སྭ་རི་ཏ་སྟེ་གསུམ་མོ། ། སྒྲ་སྐད་གསངས་མཐོན་པོ་མཐོན་པོར་འདོན་པ་ནི། ཨུ་དཏྟ་དང༌། བར་མ་ནི། སྭ་རི་ཏ་དང༌། དམའ་བ་ནི་ཨ་ནུ་དཏྟའོ། །འདི་དག་སྐབས་འདིར་ནི་དབྱངས་ཀྱི་དབང་དུ་བྱས་པས། བཅུ་ བཞི་པོ་ལ་གསུམ་གསུམ་སྟེ་བཞི་བཅུ་ཞེ་གཉིས་འདིར་ཡོད་དོ། ། ༈ ཨེ་ཨཻ་ཨོ་ཨཽ་སནྡྷྱ་ཀྵ་རཱ་ཎི། ཨེ་ཨཻ་ཨོ་ཨཽ་མཚམས་སྦྱོར་གྱི་ཡི་གེའོ། །འདིར་ལ་ལ་འདི་ སྐད་འཆད་དེ། ཨེ་ཡིག་ནི་ཨ་དང་ཨི་མཚམས་སྦྱར་བ་ལས་འབྱུང༌། ཨཻ་ནི་ཨ་དང་ཨེ་ལས་ འབྱུང༌། ཨོ་ཡིག་ནི་ཨ་དང་ཨུ་ལས་བྱུང༌། ཨཽ་ནི་ཨ་དང་ཨོ་མཚམས་སྦྱར་བ་ལས་བྱུང་བས། འདི་རྣམས་ལ་མཚམས་སྦྱོར་གྱི་ཡི་གེ་ཞེས་བྱའོ། །ཡང་ཁ་ཅིག་ནི་འདོད་རྒྱལ་གྱི་མིང་ཡིན་གྱི་ སྒྲ་བཤད་དུ་མེད་པར་འདོད་དེ། དེ་ལྟར་འཐད་པར་ཡང་སེམས་སོ། །ཨེ་ཨཻ་ཨོ་ཨཽ་ཞེས་པ་ 19-1-64 བཞི་པོ་འདི་ཐུང་དུ་མེད་པས་རིང་པོ་དང་ཤིན་ཏུ་རིང་པོ་གཉིས་སུ་དབྱེ་བ་ཁོ་ནའོ། །ཤིན་ཏུ་ རིང་པོའང་རིང་པོར་འདུས་པས་བསྡུ་ན་རིང་པོ་ཉིད་དོ། ། ཨུ་བྷ་ཡེ་སྭ་རཱཿ། གཉིས་པོ་རྣམས་དབྱངས་སོ། །མཚུངས་པའི་མིང་ཅན་དང་མཚམས་ སྦྱོར་ཡི་གེའི་མིང་ཅན་ཡི་གེ་སྡེ་ཚན་གཉིས་པོ་འདི་རྣམས་དབྱངས་ཞེས་བྱ་སྟེ། ལྔ་དང་བཞི་ སྡོམས་རྩ་བའི་དབྱངས་དགུའོ། ། ༈ ཨ་བརྫ་ནཱ་མི་ནཿ། ཨ་བོར་བ་རྣམས་ནཱ་མིའོ། །ཨ་ཡིག་གསུམ་པོ་བོར་བ་དབྱངས་ཨི་ སོགས་བརྒྱད་དམ། ཉི་ཤུ་པོ་ནི་ནཱ་མི་སྟེ་མིང་ཅན་ཞེས་ཟེར་རོ། །དེ་ལྟར་དབྱངས་རྣམས་ཀྱི་ རིམ་པ་བསྟན་ཟིན་ཏོ།། །། ༒ ད་ནི་གསལ་བྱེད་ཀྱི་གོ་རིམ་བསྟན་པར་བྱའོ། ཧ་ཡ་བ་ར་ལ། ༈ ཉ་ཎ་ན་ང་མ། ༈ ཛྷ་ཌྷ་དྷ་གྷ་བྷ། ༈ ཛ་ཌ་ད་ག་བ། ༈ ཁ་ཕ་ཚ་ཋ་ཐ། ༈ ཙ་ཊ་ཏ་ཀ་པ། ༈ ཤ་ཥ་ས། ༈ ཨཱ་དྱཾ་ཏཱ་བྷྱཱཾ། ཐོག་མཐའ་དག་ལས་སོ། །ཡི་གེ་སྡེ་ཚན་སྡེ་ཚན་དུ་བཅད་ཅིང་སྡེབས་པ་ ལ། དགོས་ཀྱི་བྱ་བ་བྱེད་རྒྱུ་མི་འདྲ་བ་ཡོད་ཅིང་སྡེ་ཚན་དུ་སྡེབས་པ་དེ་འདྲ་ཡང་ཡང་བརྗོད་ དགོས་པས་འཕྲལ་འཕྲལ་བརྗོད་པ་བདེ་བའི་ཕྱིར། ཡི་གེ་བསྡུས་བ་དགོས་ཏེ། ༈ ཧ་ས་ཞེས་ པ་ནི། ཧ་ནས་སའི་བར་ཏེ་གསལ་བྱེད་ཐམས་ཅད་ཀྱི་མིང་དུ་སྦྱར་རོ། ༈ །ཙ་པ་ཞེས་པས་ཙ་ ཊ་ཏ་ཀ་པ་གོའོ། ༈ །ཛྷ་བྷ་སོ་སོར་བསྡུ་བས་ནི། ཛྷ་ཌྷ་དྷ་གྷ་བྷ་གོའོ། ༈ །ཛ་བ་ཞེས་སོ་སོར་ བསྡུ་བས། ཛ་ཌ་ད་ག་བ་གོའོ། ༈ །ཁ་པ་ཞེས་སོ་སོར་བསྡུ་བས། ཁ་ཕ་ཚ་ཋ་ཐ། ཙ་ཊ་ཏ་ཀ་ པ་གོའོ། ༈ །ཁ་ས་སོ་སོར་བསྡུ་བས་ནི། ཁ་ཕ་ཚ་ཋ་ཐ། ཙ་ཊ་ཏ་ཀ་པ། ཤ་ཥ་ས་རྣམས་གོ་སྟེ། ཀ་ལཱ་པ་ལས་སྒྲ་མེད་ཅེས་སོ། ༈ །ཛྷ་ས་སོ་སོར་བསྡུ་བས་ནི། ཛྷ་ཌྷ་དྷ་གྷ་བྷ། ཛ་ཌ་ད་ག་བ། ཁ་ཕ་ཚ་ཋ་ཐ། ཙ་ཊ་ཏ་ཀ་པ། ཤ་ཥ་ས་རྣམས་གོ་སྟེ། ཀ་ལཱ་པར་དྷུཊ྄་ཞེས་སོ། ༈ །ཧ་བ་ཞེས་ སོ་སོར་བསྡུ་བས་ནི། ཧ་ཡ་བ་ར་ལ། ཉ་ཎ་ན་ང་མ། ཛྷ་ཌྷ་དྷ་གྷ་བྷ། ཛ་ཌ་ད་ག་པ་རྣམས་གོ་ 19-1-65 སྟེ། ཀ་ལཱ་པར་སྒྲ་ལྡན་ཞེས་སོ། ༈ །ཉ་མ་ཞེས་སོ་སོར་བསྡུ་བས། ཉ་ཎ་ན་ང་མ་སྟེ། གཞན་ ལས་སྣ་ལྡན་ཟེར་རོ། ༈ །གཞན་ཡང༌། ཧ་ཡ་བོར་བའི་གསལ་བྱེད་ལ་ཁ་ས་སོ་སོར་བསྡུ་བ་ དང༌། ༈ སྡེ་པ་རྣམས་ཀྱི་དང་པོ་དང་གཉིས་པ་རྣམས་ལས། ཀ་དང་པ་བོར་བ་ནི་ཚ་ཏ་སོ་སོར་ བསྡུ་བ་དང༌། ༈ མདོ་ལས་སྐབས་འདིར་དངོས་སུ་སོ་སོར་བསྡུ་བའི་གཞི་ཁོ་ན་ལས་གཞན་ གསལ་བྱེད་མེད་ཀྱང༌། སྐབས་འདིའི་འགྲེལ་བ་དང༌། འོག་ཏུ་འབྱུང་བའི་མདོ་རྣམས་སུའང་ གསལ་བ་ལ། ༈ དབྱངས་གྲལ་སྒྲིགས་ཀྱི་རྗེས་སུ། ཧ་ས་བཞག་པའི་དབང་དུ་བྱས་ཏེ། ཨ་ བ་སོ་སོར་བསྡུ་བས། ཨ་ཨི་ཨུ་རྀ་ལྀ་ཨེ་ཨཻ་ཨོ་ཨཽ་ཧ་ཡ་བ་ར་ལ། ཉ་ཎ་ན་ང་མ། ཛྷ་ཌྷ་དྷ་གྷ་བྷ། ཛ་ཌ་ད་ག་བ། རྣམས་གོ་སྟེ། གཞན་དུ་དབྱངས་དང་སྒྲ་ལྡན་ཞེས་སོ། ༈ །ནཱ་མི་དང་ཧ་དང་ མཐར་གནས་ལ་ཨི་ལ་སོ་སོར་བསྡུ་བ་ཟེར་རོ། །དེ་དག་ལ་སོགས་པ་ཐོག་མའི་ཡི་གེ་དང་ཐ་ མའི་ཡི་གེ་བསྡུས་པས་དེའི་བར་གྱི་ཡི་གེ་ཐམས་ཅད་གོ་བར་ནུས་པའོ། །འདི་དག་ལ་པྲ་ཀྲྀ་ ཡ་ལས་གྲངས་བཤད་མོད། སོ་སོར་བསྡུ་བ་ཁོ་ནས་གོ་བའི་ཕྱིར། འདིར་གྲངས་ཀྱི་ངེས་པ་ བཤད་པ་མི་དགོས་སོ། ། ༈ ཧ་ས་བྱཉྫ་ནཱ་ནི། ཧ་ས་སོ་སོར་བསྡུ་བ་ལ་གསལ་བྱེད་ཅེས་བྱའོ། །དེ་ཡང་བི་ཨཉྫ་ན་ རྣམ་པར་གསལ་བའི་དོན་དུ་འགྱུར་བས་ཏེ། བརྗོད་པ་སྣ་ཚོགས་མི་འདྲ་བ་གསལ་པོ་ཐམས་ ཅད་འབྱུང་བས་སོ། ༈ །ཡང་ན་སྭ་ར་ཧི་ནཱཾ་བྱཾ་ཛ་ནཾ། དབྱངས་ཉམས་པ་གསལ་བྱེད་དོ། །འདི་ ཁ་སྐོང་གི་མདོ་ཐོག་མའོ། །ཧ་ས་སོ་སོར་བསྡུ་བའི་ཡི་གེ་དབྱངས་བྲལ་སྲོག་མེད་ཁོ་ན་ལ་ གསལ་བྱེད་ཟེར་ཏེ། བི་ཨཉྫ་ན་ཨཾ་ཛ་སྲོག་ཆགས་པ་ལྟ་བུའི་ཆགས་པའི་དོན་བི་ཡིས་བཀག་ པས་བཅུད་བྲལ་བ་ལྟ་བུའི་དོན་ནོ། ༈ །ཀཱཪྻ་ཡེཏ། བྱ་བའི་ཆེད་དུའོ། །ཧ་ས་སོ་སོར་བསྡུ་ བའི་སྐབས། ཧ་སོགས་ཐམས་ཅད་ལ་སྲོག་ཨ་བཅུག་པ་ནི་དབྱངས་མེད་ན་བརྗོད་པ་མི་བདེ་ བས་ཁ་ནས་སྨྲ་བདེ་བའི་ཆེད་དུའོ། ། 19-1-66 ༈ ཡ་སྱེཏ྄་སཾ་ཛྙཱ་ཏ་སྱ་ལོ་པཿ། གང་ཞིག་ཨིཏ྄་ཀྱི་མིང་ཅན་དེ་དབྱི་བའོ། །དེ་ཡང་རྐྱེན་ དང་བྱིངས་གང་ལ་རྗེས་འབྲེལ་དེ་དང་དེ་དབྱི་བ་ལ། ཨིཏ྄་ཞེས་ཟེར་ཏེ། རྗེས་འབྲེལ་ཀ྄་དབྱི་ བ་ལ་ཀིཏ྄་ཞེས་པ་ལ་སོགས་པའོ། ༈ །བརྞཱ་དཪྴ་ནཾ་ལོ་པཿ། ཡི་གེ་མི་མཐོང་བ་ཕྱིས་པའོ། ། ཕྱིས་པ་ནི་དབྱིའོ་ཞེས་པ་ཙམ་སྟེ། དེ་ལ་ཕྱིས་མཚམས་སྦྱོར་སོགས་ཕྱིས་པའི་འོག་ཏུ་བྱ་བ་ སྲིད་པའོ། ༈ །བརྞ་བི་རོ་དྷོ་ལོ་བཤ྄། ཡི་གེ་རབ་ཏུ་འགོག་པ་ནི་ཕྱིས་ཙམ་མོ། །ཕྱིས་པ་ཙམ་གྱི་ སྐད་དོད་ལོ་པཤ྄་ཟེར་ཏེ། དེ་ནི་ཡི་གེ་དེ་དང་དེ་ཕྱིས་ནས་སླར་བྱ་བ་མི་བྱེད་པ་སྟེ། རྣམ་བཅད་ ཕྱིས་པ་མཚམས་མི་སྦྱོར་བ་ལྟ་བུའོ། །བསུབས་པ་དང་དབྱི་བའི་སྐད་དོད་ལོ་པ་ཞེས་པ་ནི། མི་སྣང་བ་དང་སྦས་པ་དང༌། ཡིབ་པ་དང༌། ཡལ་བ་དང་ཐིམ་པ་སོགས་ཀྱི་དོན་ལའང་འཇུག་ གོ ༈ །ཤ་ཏྲུབ་[དཱ་]དེ་ཤ། དགྲ་དང་འདྲ་བ་ནི་ཀུན་ནས་བསྒྱུར་བའོ། །ཨི་ཡར྄་བསྒྱུར་བ་ སོགས་འབྲེལ་བ་ཅན་ཡིན། ངས྄་སྱ་དུ་བསྒྱུར་བ་དང་ཨན྄་ཨུས྄་སུ་བསྒྱུར་བ་ལ་སོགས་པ་ འབྲེལ་མེད་ཀྱང་བསྒྱུར་བ། བདག་པོ་ཡུལ་ཕུད་ནས་འབྲེལ་མེད་གཅིག་དབང་ཆེས་སྡོད་པ་ དགྲའི་སྤྱོད་པ་དང་འདྲ་བ་སྟེ། དེ་ལ་ཨཱ་དེ་ཤ་སྟེ་ཀུན་ནས་བསྒྱུར་ཞེས་བྱའོ། །སྔ་མ་རྣམས་ ཀྱིས། ཨཱ་དེ་ཤ་བསྒྱུར་བ་ཙམ་དུ་བྱས་འདུག་ཀྱང༌། བསྒྱུར་བའི་ནང་སེལ་གྱི་ཁྱད་པར་ལ་ འཇུག་པ་དང༌། ཨཱ་ཞེས་པའི་ནུས་པ་འདོན་དགོས་སོ། ༈ །མི་ཏྲ་བ་ཏཱ་ག་མཿ། གཉེན་དང་འདྲ་ བ་ནི་ཨཱ་ག་མའོ། །ནམ་དགོས་སུ་ཕན་འདོགས་པའི་ཕྱིར། གཉེན་དང་འདྲ་བའི་རྐྱེན་ནི་ཨཱ་ག་ མ་ཞེས་ཏེ། ལུང་ངམ་གློ་བུར་པའི་དོན་ནོ། །དབྱངས་ཀྱིས་དམན་པ་གསལ་བྱེད་དོ། །ཞེས་པ་ ནས་འདི་བར་མདོ་བདུན་ཁ་སྐོང་གི་མདོའོ། ། ༈ སྭ་རཱ་ནནྟ་རི་ཏཱ་ཧ་སྭཿསཾ་ཡོ་གཿ། མཐའི་ཧ་ས་དབྱངས་བྲལ་འདུས་པ་ནི་རབ་སྦྱོར་རོ། ། བར་བར་ན་དབྱངས་མེད་ཧ་སའི་ཡི་གེ་སྲོག་མེད་གཉིས་གསུམ་ཕན་ཆད་འདུས་པ་ནི་རབ་ སྦྱོར་རོ། །མཐའ་ཞེས་པ་ནི་གསལ་བྱེད་རེ་རེ་བ་ཁོ་ན་མཐའ་ལ་དབྱངས་མེད་པའི་དོན་ནོ། ། 19-1-67 གང་སྲོག་ཅན་ཡིན་པ་དེ་ནི་གསལ་བྱེད་ཀྱི་མཐའ་མ་ཡིན་ཏེ། མཐའ་ལ་དབྱངས་ཡོད་པའོ། ། ༈ ཀུ་ཙུ་ཊུ་ཏུ་པུ་བརྒཱཿ། ཀུ་ཙུ་ཊུ་ཏུ་པུ་སྡེ་པ་རྣམས་སོ། །ཀ་ཀི་ཙ་ཙི་སོགས་སྨོས་ན་གང་ སྨོས་པ་དེ་ཁོ་ན་ལས་གཞན་མི་གོ་ལ། ཨུ་ཡིག་སྲོག་ཏུ་བཞག་པས་སྡེ་དང་བཅས་པ་གོ་སྟེ། ཨུཏ྄་ཀྱི་སྡེ་དང་བཅས་པའོ། །ཞེས་སྔོན་གྱི་སྒྲ་ཤེས་རྣམས་ཀྱིས་བརྡ་སྦྱར་བའོ། ། ༈ ཨ་རེ་དོ་ནཱ་མི་ནོ་གུ་ཎཿ། ཨར྄་ཨེཏ྄་ཨོ་ནཱ་མིའི་ཡོན་ཏན་ནོ། །ཨ་ལ་ཡོན་ཏན་མེད་ པས་ཡོན་ཏན་དང་ཡོན་ཏན་ཅན་གྱི་དབྱངས་རྣམས་ནཱ་མིའི་ནང་ནས་འབྱུང་ངོ༌། །རྀའི་ཡོན་ ཏན་ཨར྄། ཨིའི་ཡོན་ཏན་ཨེ། ཨུའི་ཡོན་ཏན་ཨོའོ། །ཡོན་ཏན་གྱི་ཡི་གེ་གསུམ་སྟེ། ཨར྄་ཨེ་ ཨོའོ། །ཙནྡྲ་པ་ལས། ཏའི་དེའི་དུས་ཀྱིའོ། །ཞེས་ཏྲ་སྦྱར་བས་གང་ལ་སྦྱར་བའི་དེ་དུས་ཀྱི་ཡི་ གེ་དེ་ཁོ་ན་གོ་སྟེ། ཨཏ྄་ཞེས་པས་ཨ་ཐུང་ཁོ་ན་དང་ཨཱཏ྄་ཅེས་ཨཱ་རིང་ཁོ་ན་གོ་བར་བཤད། གཞུང་འདིར་གཅིག་ཏུ་མ་ངེས་ཏེ། ཨཱཏ྄་ཞེས་ཨ་ཨཱ་གཉིས་གོ་བ་སོགས་ཡོད་དོ། །འོན་ཀྱང་ ཨེཏ྄་ཞེས་པས་ཨེ་ཁོ་ན་ཡིན་གྱི་ཨཻ་མི་གོ་སྟེ། ཨེ་ཀེ་ཤ་ཅན་ནམ་འགྲེང་པོ་གཉིས་པ་ཅན་ནི། ཨེ་མ་ཡིན་པས་སོ། །དེ་བཞིན་དུ་རྣ་རུ་ཉིས་རྩེག་ཀྱང་ཨོ་ཡིག་མ་ཡིན་ཏེ། དབྱངས་ལོགས་ པ་རྐངས་ཐུབ་བོ། །དེས་ན་མཚམས་སྦྱོར་གྱི་ཡི་གེ་བཞི་པོ་རྣམས་རེ་རེ་བ་ཡིན་ནོ། །དེ་ཀ་ མཚུངས་པ་དང་འདྲ་བ་མི་འབྱུང་བ་ཡང་དེའི་{ནད་ཀས་[དོན་གྱིས་]སོ། ། ༈ ཨཱ་རཻ་ཨཽ་བྲྀདྡྷིཿ། ཨཱ་ཨཱར྄་ཨཻ་ཨཽ་འཕེལ་བའོ། །འཕེལ་བ་ནི་བཞི་སྟེ་ཨ་ཡིག་གི་འཕེལ་ བ་ཨཱ་དང༌། རྀ་ཡིག་གི་འཕེལ་བ་ཨཱར྄་དང༌། ཨི་ཡིག་གི་འཕེལ་བ་ཨཻ་དང༌། ཨུ་ཡིག་གི་ འཕེལ་བ་ཨཽ། ཨཱ་ཡིག་བོར། ཨི་དང༌། རྀ་དང༌། ཨུའི་འཕེལ་བ་ཡང་ཨཻ་སོགས་དེ་རྣམས་ཁོ་ ནའོ། ༈ །ཨནྟྱ་སྭ་རཱ་དིཥྚིཿ། མཐའི་དབྱངས་ལ་སོགས་པ་ཊིའོ། །ཊི་ཞེས་པ་ནི། བྱིངས་སམ་ མིང་གི་དབྱངས་མཐའ་མ་དང༌། སོགས་ཁོངས་ནས་མཐའ་རྟེན་གསལ་བྱེད་དབྱངས་བྲལ་ ཡོད་ན་དེ་ཡང་ཡིན་ཏེ། དེ་ལ་ཊི་ཞེས་བྱའོ། ། 19-1-68 ༈ ཨནྟྱཱ་ཏྦུརྦ་ཨུ་པ་དྷཱ། མཐའ་ལས་སྔོན་མ་ཨུ་པ་དྷཱའོ། །མཐའ་ལས་ཞེས་བྱིངས་དང་ མིང་གི་མཐའ་ན་ཧ྄ས྄་དབྱངས་མེད་ཡོད་ན། དེའི་གོང་མ་ཡི་གེ་གཞན་གྱིས་བར་མ་ཆོད་པའི་ དབྱངས་ཡིག་དེ་ལ་ཨུ་པ་དྷཱ་ཞེས་ཟེར་རོ། །དཔེར་མ་ནས྄་དང༌། རཱ་ཛན྄་ཞེས་པ་ལ་ནས྄་ཀྱི་ ནའི་སྲོག་ཨ་དང་མཐའ་རྟེན་ས྄་དབྱངས་བྲལ་སྦྲགས་པ་ལ་ཊི་ཟེར། ཛའི་སྲོག་ཨ་དང་མཐའ་ བརྟེན་ན྄་སྲོག་མེད་སྦྲགས་པ་ལ་ཊི་ཟེར། འོག་ཏུ་ཊི་དབྱིའོ། །ཞེས་པ་བྱུང་ན། ཨས྄་དང་ཨན྄་ བསུབ་པ་ལྟ་བུའོ། །ཡང་འདི་ལ། ཨུ་པ་དྷཱ་རིང་པོའོ་ཞེས་པ་བྱུང་ན། ནའི་སྲོག་གི་ཨ་དེ་རིང་ པོ་དང༌། ཛའི་སྲོག་གི་ཨ་དེ་ཡང་རིང་པོར་འགྲོ་བ་ལྟ་བུའོ། །གསལ་བྱེད་ཀྱི་མཐའ་རྟེན་མེད་ ཀྱང༌། མཐའི་དབྱངས་ལ་ཊི་དང༌། ཨུ་པ་དྷཱར་བྱེད་པ་ཡང་ཡོད་དོ། །འོན་ཀྱང་དེ་འདྲ་ཕལ་ཆེར་ ལ་དབྱངས་དབྱི་བ་ཙམ་དུ་གསུངས་པ་མང་ངོ༌། ། ༈ ཨ་སཾ་ཡོ་ག་དི་བ་རོ་ཧྲ་སྭ་ལ་གྷུཿ། ཕ་རོལ་དུ་རབ་སྦྱོར་མེད་པ་ལ་སོགས་པའི་ཐུང་ངུ་ ནི་ཡང་བའོ། །ཡི་གེ་གང་གི་ཕ་རོལ་དུ་ཧ་སའི་ཡི་གེ་གཉིས་རྩེག་དབྱངས་བཅས་ཡོད་པའི་ཡི་ གེ་དེ་ནི་ལྕི་བར་འགྱུར་ལ། སོགས་ཁོངས་ནས། རྣམ་བཅད་དེ་ཚེག་དྲག་ཅན་དང༌། རྗེས་སུ་ ང་རོ་སྟེ་ཀླད་སྐོར་ཅན་རིང་པོ་ནི་ལྕི་བ་ཡིན་ལ། རབ་སྦྱོར་དང་རྣམ་བཅད་དང་ང་རོ་མེད་པའི་ ཐུང་ངུ་ནི་ཡང་བའོ། །ཁ་སྣ་གཉིས་ཀ་ནས་བརྗོད་དགོས་པ་ཉ་མ་སོ་སོར་བསྡུ་བ་ལྟ་བུ་སྣ་ལྡན་ ཞེས་ཀུན་ལ་གྲགས་པ་དང༌། གཞན་ཡང་གཞུང་འགྲེལ་འདིར་ཡི་གེ་མཐའ་དག་ལ་སྣ་ལྡན་ གྱི་རིགས་འབྱུང་བར་བཞེད་དེ། པཱ་ཎི་པ་ཡི་དགོངས་པའང་ཡིན་ནོ། །འགྲེལ་པའི་དཔེ་འགའ་ ལས་སྐབས་འདིར། ཨ་ཀུ་ཧ་དང་རྣམ་བཅད་མགྲིན་འབྱུང་ཞེས་སོགས་ཡི་གེའི་སྐྱེ་གནས་ རྣམས་ཀྱང་སྤྱི་དང་མཐུན་པར་བཤད་པ་ཡང་ཡོད་དོ། །དེ་ལྟར་ན་རབ་ཏུ་བྱ་བ་དང་པོ་བརྡ་ ཆད་ཀྱི་ལེའུའི་དོན་བཤད་ཟིན་ཏོ།། །། ༒ ད་ནི་མཚམས་སྦྱོར་བ་ཞེས་པ་གཙོ་བོར་ཚིག་ཏུ་གྲུབ་ཟིན་པ་གཉིས་སྔ་ཕྱི་མཚམས་ 19-1-69 སྦྱར་བས་སྦྲེལ་ཚུལ་ཡིན་ལ། སྤྱིར་བྱིངས་ལས་ཚིག་དང་མིང་དུ་སྒྲུབ་པ་དང༌། མིང་ལས་ཚིག་ ཏུ་སྒྲུབ་པའི་སྐབས་ཐམས་ཅད་དུ་ཡང་མཚམས་སྦྱོར་འཇུག་པ་དག་ཡོད་དོ། ། ༈ དེ་ལ་དང་པོ་དབྱངས་ཀྱི་མཚམས་སྦྱོར་ལ། མི་འདྲ་བའི་དབྱངས་ཀྱི་དབང་དུ་བྱས་ ཏེ། ཨི་ཡཾ་སྭ་རེ། ཨིཡ྄་དབྱངས་ལའོ། །ཚུ་རོལ་ཚིག་གི་མཐའ་འམ་མིང་མཐའ་འམ་དམིགས་ གསལ་མེད་ན་ཉེ་བསྒྱུར་དང་བྱིངས་སོགས་ལ་ཡང་སྟེ། དབྱངས་དང་གསལ་བྱེད་རྣམ་བཅད་ ཀྱི་རྣམ་འགྱུར་འདི་རྣམས་འབྱུང་ངོ༌། །དེ་ལས་སྔ་མའི་མཐའ་ན་དབྱངས་ཨི་ཡིག་རིང་ཐུང་ གང་ཡོད་ཀྱང༌། ཕ་རོལ་དུ་འདྲ་བ་མ་ཡིན་པའི་དབྱངས་གང་བྱུང་ཡང༌། མཐའི་ཨི་ཡིག་དེ་ཡ྄་ དབྱངས་བྲལ་དུ་འགྱུར་རོ། །དེ་ཡང་མདོ་འདི་ལས་སྤྱིར་བཏང་ལ་མི་གསལ་ཡང༌། ཀ་ལཱ་པར་ རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ། །ཞེས་པ་ལྟར། དབྱངས་དེ་དག་གྲལ་འོག་ཏུ་ཕྲལ་ ནས་རྣམ་འགྱུར་བྱས་ན། བློ་གསར་བ་ལ་གོ་བདེ་བས་འཆད་འགྱུར་ཀུན་ལ་ཡང་སྦྱར་རོ། །ད་ དྷི། ཨཱ་ན་ཡ། ཞེས་པ་བྲི། དྷའི་ནང་གི་དབྱངས་ཨི་ཕྲལ། གྲལ་འོག་ཏུ་བཞག དྷ྄་དབྱངས་མེད་ དུ་སོང༌། ད་དྷ྄་ཨི་ཨཱ་ན་ཡ། ཨི་ཡིག་ནི་ཕ་རོལ་ཨཱ་མཐོང་བས་ཡ྄་དབྱངས་བྲལ་དུ་འགྱུར། ད་ དྷ྄་ཡ྄་ཨཱ་ན་ཡ། ཞེས་པ་བྱུང༌། ཀ་ལཱ་པའི་ལུགས་ལ་ད་ནི་འདྲེན་པ་ཙམ་ལས་མེད་ཀྱང༌། འདི་ དང་པཱ་ཎི་པའི་ལུགས་ལ་ད་དུང་བྱ་བ་མ་རྫོགས་ཏེ། ཙནྡྲ་པའི་ལུགས་ཀྱང་འདི་དང་འདྲའོ། ། ཧ་སེ་྅རྷྷ་སཿ། ཧ་ས་ལ་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ། །ཚུ་རོལ་གྱི་མཐའ་དེ་ཧ་སའི་ ཡི་གེ་ཡིན་ལ། ཕ་རོལ་ཏུ་ཧ་སའི་ཡི་གེ་ཡོད་པ་དང་འཕྲད་ན། ཚུ་རོལ་གྱི་ཧ་ས་དེ་ལ་རབ་སྦྱོར་ གྱི་བྱ་བ་མེད་ན་གཉིས་སུ་འགྲོ་སྟེ། ད་དྷ྄་དྷ྄་ཡ྄་ཨཱ་ན་ཡ་བྱུང་ངོ༌། །འདི་ལ་ཧ་ཡིག་དང་ར་ཡིག་ མ་གཏོགས་ཏེ། ཧ་དང་ར་གཉིས་སུ་མི་འགྲོའོ། །འོ་ན་ཧ་ས་ལ་ཧ་ས་གཉིས་སུ་འགྲོ་ན་ད་དུང་ སྔ་མ་དེ་གཉིས་སུ་འགྱུར་རོ་སྙམ་ན་མི་འགྱུར་ཏེ། ཁ་ཅིག་གོང་དུ་ལྷག་པོ་བྱུང་ཚད་དབྱི་བར་ འདོད། ཁ་ཅིག་སྔོན་མ་ནས་སླར་ལྷག་པོ་མི་འཕེལ་བར་འདོད་དེ། ཕྱི་མ་ལྟར་མཐད་དོ། ། 19-1-70 ཛྷ་བྷེ་ཛ་བཱཿ། ཛྷ་བྷ་ལ་ཛ་བ་རྣམས་སོ། །དེ་ཡང་སྔ་མའི་མཐའ་གསལ་བྱེད་རྐྱང་པའི་ནང་ ནས་ཛྷ་སའི་ཡི་གེ་ཡིན་ལ། ཕ་རོལ་དུ་ཛྷ་བྷ་བྱུང་ན་ཚུ་རོལ་སྔ་མའི་མཐའ་ནི་ཛ་བར་འགྱུར་ རོ། །འདིར་དྷ྄་ཡིག་ཛྷ་སའི་ནང་ཚན་ཡིན། ཛྷ་བྷའི་ནང་ཚན་ཡང་ཡིན་པས། དྷ྄་ཐོག་མ་ཛྷ་ས་ དེ། དྷ྄་ཕྱི་མ་ཛྷ་བྷའི་ཡི་གེ་མཐོང་བས། དྷ྄་ཐོག་མ་ཛ་བའི་ཡི་གེར་འགྱུར་རོ། །ཛ་བའི་ཡི་གེ་ ལྔ་ལས་ཅིར་འགྱུར་ཞེ་ན། བྷ་ཡིག་རང་ཉིད་དང་སྡེ་པ་མཚུངས་པ་ད྄་ཡིག་ཏུ་འགྱུར་རོ། །སྡེ་ པ་གཅིག་ཀྱང་ཏ་ལ་སོགས་པར་མི་འགྱུར་ཏེ། ཛ་བའི་ཡི་གེ་མ་ཡིན་པའི་ཕྱིར་རོ། །ཡང་ན་ གྲངས་མཉམ་པས་བྱེད་དེ། ཛྷ་བྷའི་གསུམ་པ་དྷ྄་ཡིག་དེ། ཛ་བའི་གསུམ་པ་ད྄་ཡིག་ཏུ་འགྱུར་ ཞེས་ཀྱང་འཆད་དོ། །ད་ད྄་དྷ྄་ཡ྄་ཨཱ་ན་ཡ། ཞེས་པ་བྱུང༌། ད་ནི་ཕ་རོལ་ཏུ་འདྲེན་ཏེ། འགྲེལ་ བར། སྭ་ར་ཧི་ནཾ་པ་རེ་ཎ་སཾ་ཡོཛྱཾ། ཞེས་པའི་བོད་སྐད། དབྱངས་ཀྱིས་དམན་པ་ཕ་རོལ་དུ་རབ་ ཏུ་སྦྱོར་རོ། །ཞེས་པ་སྟེ། ཕྱི་མ་ན་དབྱངས་གསལ་གང་ཡོད་ཀྱང་སྔ་མ་དབྱངས་མེད་ཡིན་ན་དེ་ ལ་འདྲེན་དགོས་སོ། །འདིར་ཡ྄་དབྱངས་མེད་ཨཱ་ལ་དྲངས་དྷ྄་ཡཱ་ལ་དྲངས༌། ད྄་དྷྱཱ་ལ་དྲངས། ད་དྡྷྱཱ་ ན་ཡ། ཞེས་པ་གྲུབ། བོད་སྐད། ཞོ་ལོངས་ཤིག་ཅེས་པ་སྟེ། ལམ་དུ་ཞུགས་པའི་ཐོག་ མར་ཞོ་ཐོགས་པ་དང་འཕྲད་ན། དོན་འགྲུབ་པས་བཀྲ་ཤིས་པའི་ཕྱིར་ཐོག་མའི་དཔེར་བརྗོད་ དོ། །ཏ་ཀྲནྣ་རོ་ཙ་ཏེ་སྨཱ་ཀནྡུགྡྷ ཉྩ་མ་དྷུ་ར་ཡ་ཏེ། ཨོ་ད་ན་སཾ་རོ་ཙ་ནཱརྠཾ་དདྡྷྱཱ་ན་ཡ་བ་རཱ་ན་ནེ། ཞེས་པ་ལྟ་བུ་སྟེ། དེ་བསྒྱུར་ན། ང་ནི་དར་བ་འདོད་པ་མེད། །མངར་བའི་མཆོག་གི་འོ་མ་ཡང༌། ། འདོད་པའི་དོན་ནི་འབྲས་ཆན་དང༌། །ཞོ་ནི་ལོངས་ཤིག་མཆོག་གི་གདོང༌། །འདིར་རྐང་པ་ བཞི་པར། དདྡྷྱཱ་ན་ཡ། ཞེས་པ་ཡོད་པའོ། །ཛྷ་ས་ལ་སོགས་དང༌། ཛྷ་བྷ་ལ་སོགས་པའི་མདོ་ འདི་གཉིས་གསལ་བྱེད་ཀྱི་རྣམ་འགྱུར་སྟོན་བྱེད་ཡིན་ཀྱང༌། འདིར་འབྱུང་བ་ནི་འབྲེལ་ཆགས་ པས་འཁྲུགས་སྡེབས་མི་དགོས་པའི་ཕྱིར་ཏེ། ལར་འོག་མ་རྣམས་སུ་ཡང་ཉེར་མཁོ་ཤིན་ཏུ་ཆེ་ 19-1-71 སྟེ། ཧ་ས་སོགས་ཀྱང་དེ་དང་འདྲའོ། ༈ །ཡང་ཨཱི་རིང་མཐའ་ཅན་གྱི་དཔེར་བརྗོད་པ་ནི། གཽ་ རཱི་ཨ་ཏྲ་ཞེས་པ་བཞག རའི་ཨཱི་ཕྲལ། གཽར྄་ཨཱི་ཨ་ཏྲ་བྱུང་འདི་ར྄་ཡིན་ལ། གཞུང་ལས་ར་ཧ་ མིན་པ་ཞེས་པས། ར྄་ཡིག་དབྱངས་མེད་དེ་གཉིས་སུ་མི་འགྱུར་རོ། །ཨིཡ྄་དབྱངས་ལའོ། ། ཨཱི་ཡིག་ཡ྄་རུ་བསྒྱུར། རཱ་ཏྻ་བོ་དྭིཿ། ར་ལས་ཡ྄་ཡང་གཉིས་སོ། །རའི་ཕ་རོལ་ཨི་ཡར྄་སོང་ བའི་ཡ྄་ཡིག་གཉིས་སུ་འགྱུར་རོ། །གཽ་ར྄་ཡ྄་ཡ྄་ཨ་ཏྲཿབྱུང༌། ཡ྄་གཉིས་ཨ་ལ་དྲངས། ར྄་ཡྻ་ ལ་འདྲེན། འགྲེལ་པར་ཛ་ལ་ཏུམྦི་ཀཱནྱཱ་ཡེ་ན་རེ་ཕ་སྱོརྡྷ་ག་མ་ནཾ། ཞེས་པ་བསྒྱུར་ན། ཆུ་ལ་ཀོ་ བའི་རིག་པས་རེ་ཕ་སྟེང་དུ་འགྲོ་བ་ཡིན་ནོ། །ཞེས་པ་སྟེ། ར྄་ཡིག་སྟེང་དུ་འབྲི་བའོ། གཽཪྻྻ་ཏྲ་ (དཀར་མོ་འདིར་)གྲུབ། ༈ དེ་བཞིན་དུ་མདོ་གཞན་གྱིས་སྒྲུབ་དགོས་པ་ཡོད་ན་ཡང༌། དེ་དག་ འདིར་བླངས་ཏེ་སྒྲུབ་པར་བྱ་བ་ཡིན་གྱི་མདོ་གཞན་རྣམས་སྤོང་མི་དགོས་སོ། །ནཧི་ཨཏྲཿཞེས་ པ་བཞག ཧའི་ཨི་ཕྲལ། ནཧ྄་ཨི་ཨཏྲཿཨི་ཡ྄་རུ་སོང༌། ར་ཧ་མ་ཡིན་པ་ཞེས་པས། འདིར་ཧ་ ལ་གཉིས་སུ་མི་འགྲོ། ནཧ྄་ཡ྄་ཨཏྲཿཡ྄་ཨ་ལ་དྲངས། ཧ྄་ཡ་ལ་དྲངས་པས། ན་ཧྱ་ཏྲཿགྲུབ། ར་དང་ཧ་དང༌། དེ་གཉིས་མ་ཡིན་པའི་ཧ་ས་ཐོག་མར་ཡོད་པའི་ཨི་ཡིག ཕ་རོལ་དབྱངས་མི་ མཚུངས་པ་དང་ཕྲད་པའི་དཔེར་བརྗོད་དེ་བཤད་ཟིན་ཏོ། ། ༈ ཨུ་བཾ། ཨུ་ཝ྄འོ། ཚུ་རོལ་ཨུ་ཡིག་ཡོད་ལ། ཕ་རོལ་དུ་མི་འདྲ་བའི་དབྱངས་བྱུང་ན་ཨུ་ ཡིག་དེ་ཝ྄་དབྱངས་བྲལ་དུ་འགྱུར་རོ། །མ་དྷུ་ཨ་ཏྲཿབཞག་ཨུ་ཕྲལ། མ་དྷ྄་ཨུ་ཨ་ཏྲཿཨུ་བ྄་རུ་ བསྒྱུར། ཧ་ས་ལ་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ། །ཞེས་པས། དྷ྄་གཉིས། ཛྷ་བྷ་ལ་ཛ་བ་ རྣམས་སོ། །ཞེས་པས་དྷ྄་ད྄། བ྄་ཨ་ལ་དྲངས། དེ་ལ་དྷ྄་དྲངས། དེ་ལ་ད྄་དྲངས། མ་དྡྷྭ་ཏྲཿསྦྲང་ རྩི་འདིར་ཞེས་སོ། ། ༈ རྀ་རཾ། རྀར྄འོ། ཚུ་རོལ་རྀ་ཡིག་ཡོད་པས། ཕ་རོལ་དུ་མི་འདྲ་བའི་དབྱངས་མཐོང་ན། རི་ཡིག་དེ་ར྄་དབྱངས་མེད་དུ་འགྱུར་རོ། །པིཏྲྀ་ཨརྠཿརྀ་ཕྲལ་པི་ཏ྄་རྀ་ཨརྠཿརྀ་ར྄་རུ་སོང་། ཧ་ 19-1-72 ས་ལ་ར་ཧ་སོགས་ཏ྄་གཉིས་པིཏ྄་ཏ྄་ར྄་ཨརྠཿརིམ་པས་དྲངས། པིཏྟྲརྠཿ། ཕའི་དོན་ནོ། ༈ །ལྀ་ ལཾ། ལྀ་ལ྄འོ། །ཚུ་རོལ་ལྀ་ཡིག་ཡོད་ལ། ཕ་རོལ་མི་འདྲ་བའི་དབྱངས་ཡོད་ན། ལྀ་ཡིག་དེ་ ལ་དབྱངས་མེད་དུ་འགྱུར་རོ། །ལྀ་ཨནུ་བནྡྷ་བཞག ཕྲལ་རྒྱུ་མེད། ལྀ་ཉིད་ལ྄་རུ་སོང༌། ལ྄་ ཨ་ལ་དྲངས། ལ་ནུ་བནྡྷཿལྀ་རྗེས་འབྲེལ་ཞེས་སོ། །མཱཥླྀ་དང་བིཥླི་མླྀ། ཨཱ་ཀཪྵ་ཡ་དང་སྦྱར་ན། མཱཥླཱ་ཀཪྵ་ཡ་དང༌། བིཥླྀ་མླཱ་ཀཪྵ་ཡ། ཞེས་པར་སྔ་མ་དག་ཀླ་ཀློའི་སྐད་ཡིན་ཀྱང་ལེགས་སྦྱར་ གྱི་གསེབ་ཏུ་བཅུག་ན་སྒྲའི་བྱ་བ་འཇུག་གོ ༈ །ཨེ་ཨ་ཡ྄། ཨེ་ཨ་ཡ྄འོ། སྔ་མར་ཨེ་ཡོད་ལ། ཕ་རོལ་དབྱངས་ཡོད་ན། ཨེ་ཉིད་ཨ་ཡ྄་ཞེས་པར་འགྱུར་རོ། །ནེ་ཨ་ནཾ། ནའི་ཨེ་ཕྲལ། ཨེ་ཨ་ ཡ྄་རུ་སོང༌། ན྄་ཨ་ཡ྄་ཨ་ནཾ། ན྄་ཨ་ལ་དྲངས། ཡ྄་ཨ་ཕྱི་མ་ལ་དྲངས། ན་ཡ་ནཾ། འདྲེན་བྱེད་ དེ། མིག་གོ ། ༈ ཨོ་ཨ་བ྄། ཨོ་ཨ་བ྄འོ། ཚུ་རོལ་ན་ཨོ་ཡིག་ཡོད་ལ། ཕ་རོལ་ན་དབྱངས་ཡོད་ན། ཨོ་ ཡིག་དེ་ཨ་བ྄་རུ་འགྱུར་རོ། །བྷོ་ཨ་ཏི་བྷའི་ཨོ་ཕྲལ། བྷ྄་ཨོ་ཨ་ཨ་ཏི། ཨི་ཨ་བ྄་རུ་བསྒྱུར། བྷ྄་ ཨ་བ྄འི་ཨ་ལ་དྲངས། ཨ་བ྄འི་བ྄་ཨ་ཏིའི་ཨ་ལ་དྲངས། བྷ་བ་ཏི། གྱུར་ཏོ། །དངོས་པོའོ། ཡོད་པའོ། །ཇི་སྐད་དུ། ག་བ་ལ་ཨ་ཀྵ་ལ་སོགས་པའི་དང་པོར་ཨ་ཡིག་ཨཱ་ག་མ་བརྗོད་པར་ བྱའོ། ཞེས་བཤད་དོ། །གོ་ལ་སོགས་པའི་ཕ་རོལ་དུ་ཨཀྵ་ལ་སོགས་པ་བྱུང་ན། དེ་མ་ཐག་ ཨོ་ཨབ྄་མི་བྱེད་པར། གོ་སོགས་དང༌། ཨཀྵའི་ཨའི་བར་དུ་ཨ་ཡིག་ཨཱ་ག་མ་སྟེར་རོ། །གོ་ ཨཀྵཿཨ་ཡིག་ཨཱ་ག་མ། ཨོ་ཨ་བ྄་ཨ་གཉིས་འདྲ་བར་རིང་པོ། སོ་སོར་འདྲེན་ཏེ། ག྄་ཨ་ཐུང་ ལ་དྲངས། བ྄་ཨཱ་རིང་པོ་ལ་དྲངས། ག་བཱཀྵཿགྲུབ། དེ་ནི་བོད་སྐད་ལ། བ་ལང་མིག་སྟེ་སྐར་ ཁུང་གི་མིང་ཡིན། བ་ཏཱ་ཡ་ན་སྟེ་རླུང་གི་ལམ་ཡང་ཟེར། ཕལ་སྐད་ལ། ཛ་རོ་ཥ་འམ། ཁིརྐི་ ཟེར་རོ། །དེ་བཞིན་དུ། གོ་ཨིནྡྲཿ ཨ་ཨོ་ཨབ྄་ཨ་ཨི་ལ་ཨེའོ། །ག་བེནྡྲཿ བ་ལང་གི་དབང་ པོ་སྟེ་ཁྱུ་མཆོག་གོ །གོ་ཨ་ཛི་ནཾ། ཨ་ཨོ་ཨབ྄་འདྲ་རིང་དྲངས། ག་བཱ་ཛི་ནཾ། བ་ལང་གི་པགས་ 19-1-73 པའོ། །དེ་དག་ནི་ཚུ་རོལ་གོ་སྒྲ་ལ། ཕ་རོལ་ཨཀྵ་སོགས་ཁོང་དང་བཅས་པའི་དཔེར་བརྗོད་ དོ། ༈ །ད་ནི་གོ་ཡི་སོགས་ཁོངས་བཤད་དེ། སྭ་ཨཱི་རི་ཎཱི་བཞག ཐོག་མར་ཨཱི་དེ་ཡར་སྭ་ལ་ མཚམས་མི་སྦྱོར། ཨ་ཨཱ་ག་མ། ཨ་ཨི་ལ་ཨེ། རྐྱེན་གྱི་ཨ་དེ་ཨཱི་རིང་པོ་མཐོང་བས་ཨེ་རུ་སོང༌། དེ་རྗེས་འོག་ནས་འབྱུང་བ་དྲན་ཏེ། སྭའི་ཨ་ཕྲལ། ཕ་རོལ་ཨེ་མཐོང་བས་ཨེ་ཀེ་ཤ་ཅན་དུ་ སོང༌། དྲངས། སྭཻ་རི་ཎཱི། རང་འདོད་མ་སྟེ་སྨད་འཚོང་མའོ། ཨཀྵ་ཨཱུ་ཧི་ཎཱི་བཞག ཨ་ཨ་ཡིག་ ཕ་རོལ་ཨཱུ་རིང་མཐོང་བས། ཨོ་ཨཀྵའི་ཨས་དེ་མཐོང་བས་ཨཽ་དྲངས། ཨཀྵཽ་ཧི་ཎཱི། དམག་སྡེ་ ཆེན་པོ་སྡེ་གཅིག་གི་མིང་ཡིན། ཇི་སྐད་དུ། ཨ་ཡུ་ཏྭཉྩ་ནཱ་གཿ། ཏྲི་གུ་ཎིཤྩ་ར་ཐཿ ལཀྵནྟུ་ཡོ་དྷཿ ད་ཤ་ལཀྵ་བཱ་ཛི་ཥ་ཊ྄་ཏྲིངྴད་ཀོ་ཊི་པ་ཏཱ་ན་བྲྀཏྟཻཿ། ཨཀྵཽ་ཧི་ཎཱི་ནཱ་མ་བི་དྷི་ཡ་ཏེ། ཞེས་ཏེ་བོད་སྐད་ དུ། ཁྲི་ཕྲག་ཡང་ནི་གླང་པོ་ཆེ། །སུམ་འགྱུར་ཤིང་རྟ་དཔའ་བོ་འབུམ། །རྟ་ནི་འབུམ་ཕྲག་བཅུ་ རྐང་ཐང༌། །བྱེ་བ་སུམ་ཅུ་རྩ་དྲུག་འཇུག །ཨཀྵཽ་ཧི་ཎཱི་ཞེས་བྱར་བརྗོད། །ཅེས་འབྱུང་སྟེ། འོན་ ཀྱང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལ་མི་དང་མི་མིན་གྱི་གཡོག་སྡོམས་པའམ་རྣམ་ཐོས་བུ་ སོགས་ལ་སྡེ་བརྒྱད་ཀྱི་གཡོག་འཁོར་ལ་དེ་འདྲའི་དམག་སྡེ་མང་པོ་ཡོད་པ་ཡིན་གྱི། སྐྱ་སེང་ བུ་དང༌། འཐབ་དཀའ་དེ་འདྲ་བཅོ་བརྒྱད་ཡོད་པར་འདོད་པ་ནི་ཕུལ་བྱུང་ཙམ་མོ། ༈ །ཡང་པྲ་ ཨཱུ་ཌྷཿ། ཨ་ཨ་ཨུ་ཨོ་ཨོ་དང༌། ཨ་ཨཽ་སྟེ་དྲངས་པས། པྲཽཌྷཿ། ལུས་རྒྱགས་པ་དང༌། འཇིགས་ པ་མེད་པ་དང༌། །བརྟན་པོའོ། ། ༈ ན་བྱཾ་ཛ་ནེ་སྭ་རཱཿསཾ་དྷེ་ཡཿ། གསལ་བྱེད་ལ་དབྱངས་མཚམས་མི་སྦྱོར་རོ། །འདིར་ གསལ་བྱེད་ཅེས་ཕ་རོལ་ན་གསལ་བྱེད་ཡོད་པ་ཙམ་ཡིན་གྱི། སྲོག་མེད་ལ་ཟེར་བ་མིན་ ནོ། །ཚིག་གམ་མིང་ངམ་བྱིངས་དང་རྐྱེན་གང་ཡིན་ཡང་རུང༌། གོང་མའི་མཐའི་དབྱངས་དང་ ཕྱི་མའི་དབྱངས་ཐོག་མ་པ་དག་མཚམས་སྦྱོར་འབྱུང་གི ། སྔ་མར་ཡོད་པའི་དབྱངས་དེ། ཕྱི་ མ་གསལ་བྱེད་ལ་མཚམས་སྦྱོར་མི་ཐོབ་བོ། ༈ །ཡང་འགྲེལ་པར། ཀྭ་ཙིཏྶྭ་ར་བཏྻཀཱ་རཿ། 19-1-74 ཞེས་ཏེ་རེས་འགའ་ཡ་ཡིག་དབྱངས་དང་འདྲ་བ་ཉིད་དོ། །ཞེས་འབྱུང་བ་ནི། སྐབས་འགར་ དམིགས་གསལ་ལ་གསལ་བྱེད་ཕ་རོལ་དེ་ཚུ་རོལ་དབྱངས་དང་མཚམས་སྦྱོར་བའང་ཡོད་ ཅེས་སྔར་སྤྱིར་བཏང་ལ་བཀག་པ། འདིར་དམིགས་གསལ་ལ་འཇུག་པའང་ཡོད་དེ། ཡ་ཡིག་གི་རིགས་ལ་ལ་དབྱངས་དང་ ཆོ་ག་འདྲ་བར་བྱེད་དོ། །དཔེར་བརྗོད་ན། གོ་ཡུ་ཏི་ཞེས་པའི་ཚིག་ལ་དོན་གཉིས་ཏེ། ཡུ་ག་ ཀྲོ་ཤ་སྟེ་རྒྱང་གྲགས་གཉིས་ཀྱི་ལམ་ཚད་ལ་འཇུག་པ་དང༌། ག་བཱཾ་མི་ཤྲ་སྟེ་བ་ལང་ཁྱུ་བསྲེས་ པ་ལ་འཇུག་པའོ། །དང་པོ་ལ། ཡུ་ཞེས་པའི་ཡ་ལ་དབྱངས་ཀྱི་བྱ་བ་འཇུག ཕྱི་མ་ལ་གསལ་ བྱེད་ཁོ་ནའི་བྱ་བའོ། །གོ་ཡཱུ་ཏི་བཞག ཨ་ཨོ་ཨབ྄་བ྄་ཡཱུ་ལ་དྲངས། ག྄་ཨ་ལ་དྲངས། ག་བྱཱུ་ ཏི། རྒྱང་གྲགས་གཉིས་སོ། །ཡང་ན། གོ་ཡཱུ་ཏེ། གའི་ཨོ་དབྱངས་དེ་འོག་གི་གསལ་བྱེད་ཡ་ལ་ མཚམས་སྦྱོར་མི་བྱེད་དོ། །བ་ལང་གི་བསྲེས་སོ། །ཞེས་པའོ། ། ༈ ཨཻ་ཨཱ་ཡ྄། ཨཻ་ཨཱཡ྄འོ། ཚུ་རོལ་མཐའ་ན། ཨེ་ཡིག་ཡོད་ལ། ཕ་རོལ་དབྱངས་ཡོད་ པ་དང་ཕྲད་ན། ཨཻ་ཡིག་ཨཱཡ྄་རུ་འགྱུར་རོ། །ནཻ་ཨ་ཀཿནའི་སྲོག་གི་ཨཻ་དེ། ཨཱཡ྄་རུ་འགྱུར་རོ། ། སོ་སོར་དྲངས། ནཱ་ཡ་ཀཿ། གཙོ་བོའམ། འདྲེན་པའོ། ། ༈ ཨཽ་ཨཱབ྄ཿ ཨཽ་ཨཱབ྄འོ། །ཚུ་རོལ་མཐའ་ན་ཨཽ་ཡིག་ཡོད་ལ། ཕ་རོལ་ཐོག་མར་དབྱངས་ བྱུང་ན། ཨཽ་ཡིག་དེ་ཨཱབ྄་རུ་བསྒྱུར་ཏེ། ཏཽ་ཨི་ཧ་བཞག ཏའི་ཨཽ་ཕྲལ། ཨཽ་ཨཱབ྄། སོ་སོར་ དྲངས། ཏཱ་བི་ཧ། དེ་དག་འདིར་ཞེས་སོ། ། ༈ ཡྦོ་རློ་པ་ཤ྄་བཱ་པ་དཱནྟེ། ཚིག་མཐའི་ཡ྄་བ྄་དག་ཡང་ན་དབྱིའོ། །ཚིག་མཐར་ཡོད་པའི་ ཨཡ྄་སོགས་ཏེ། ཨཡ྄་ཨཱཡ྄་ཨབ྄་ཨཱབ྄། ཞེས་པ་རྣམས་ཀྱི་ཡ྄་ཡིག་དབྱངས་མེད་དང༌། བ྄་ ཡིག་དབྱངས་མེད་རྣམས་སྤྱིར་དབྱི་དགོས་པར་མ་ངེས་ཀྱང༌། སྡེབ་སྦྱོར་སོགས་ཀྱི་དགོས་པ་ ཡོད་ན་དབྱི་བར་རུང་བས་ཡང་ན་དབྱིའོ། །ཞེས་པའོ། ། 19-1-75 ༈ ཏེ་ཨཱ་ག་ཏཱཿཏའི་ཨེ་ཕྲལ། ཨེ་ཨཡ྄་ཡ྄་དབྱི་དྲངས། ཏ་ཨཱ་ག་ཏཱཿ ཡང་ན་ཡ྄་མ་ཕྱིས་ པར་ཨཱ་ལ་དྲངས། ཏ་ཡཱ་ག་ཏཱཿ དེ་ཚུར་ཤོག ཅེས་སོ། ༈ །ཏསྨཻ་ཨཱ་ས་ནཾ་བཞག སྨཻའི་ཨཻ་ཕྲལ། ཨཻ་ཨཱཡ྄་ཡ྄་དབྱི་དྲངས། ཏསྨཱ་ཨཱ་ས་ནཾ། ཡང་ན་ཡ྄་ཨཱ་རིང་པོ་ལ་དྲངས། ཏསྨཱ་ཡཱ་ས་ནཾ། ཁྱོད་ ཀྱི་གདན་ཞེས་སོ། ༈ །ཨ་སཽ། ཨིནྡྲཿ། སའི་ཨཽ་ཕྲལ། ཨཽ་ཨཱ་བ྄་བ྄་དབྱི་སོ་སོར་དྲངས། ཨ་སཱ་ ཨིནྡྲཿ། ཡང་ན་བ྄་ཨི་ལ་དྲངས། ཨ་སཱ་བིནྡྲཿ། ༈ པ་ཊོ་ཨི་ཧ་བཞག ཊའི་ཨོ་ཕྲལ། ཨོ་ཨབ྄་བ྄་ ཕྱིས་དྲངས། པ་ཊ་ཨི་ཧ། ཡང་ན་བ྄་ཨི་ལ་དྲངས། པ་ཊ་བི་ཧ། དར་འདིའམ། མཁས་པ་འདི་ ཞེས་བྱའོ། །དེ་ལྟར་ཚུ་རོལ་དུ་ཨི་ཨུ་རྀ་ལྀ་ཨེ་ཨཻ་ཨོ་ཨཽ་ཡོད་ལ། ཕ་རོལ་མི་འདྲ་བའི་དབྱངས་ གང་བྱུང་ཀྱང་དབྱངས་སྔ་མ་ཁོ་ན་འགྱུར་གྱི་ཕྱི་མ་ཡང་མི་འགྱུར་ལ། སྡོམས་པའི་རྣམ་འགྱུར་ ཡང་མེད་དོ། །ཨེ་སོགས་བཞི་ལ་འདྲ་བ་མི་སྲིད་དོ། ། འགྲེལ་བར། ལོ་པ་ཤི་པུན་རྣ་སནྡྷིཿ། ཞེས་འབྱུང་བའི་བོད་སྐད་ནི། ཕྱིས་པ་ཙམ་ལ་སླར་ མཚམས་མི་སྦྱོར་རོ། །ཞེས་པ་སྟེ། ཁ་ཅིག་འདི་མདོ་ཚིག་ཏུ་འདོད་དོ། །གང་ལྟར་ཡང༌། ཀ་ ལཱ་པར། ཕྱིས་པ་ལ་ནི་རང་བཞིན་ནོ། །ཞེས་པའི་ཚབ་སྟེ། ཨེ་དང་ཨཻའི་རྣམ་འགྱུར་ཨཡ྄་དང་ ཨཱཡ྄་དང༌། ཨོ་དང་ཨཽའི་རྣམ་འགྱུར་ཨབ྄་དང་ཨཱབ྄འི། ཡ྄་དག་དང་བ྄་དག་ཕྱིས་པའི་རྗེས་ སུ་སླར་མཚམས་སྦྱོར་ཐོབ་ཐོབ་འདྲ་ཡང་མི་བྱེད་ཅེས་པ་དངོས་སུ་ཡིན་ལ། དེར་མ་ཟད་ལོ་པ་ ཤ་ཞེས་པའི་ཕྱིས་ཙམ་གྱི་མིང་ཅན་ཐམས་ཅད་ལ་ཤུལ་དེར། སྤྱི་བཏངས་ཀྱི་ཆོ་ག་ཐོབ་ཀྱང་ མི་བྱེད་དོ། །ཞེས་པའོ། ༈ །ཡང་ཚནྡ་སི་ཏུ་བྷ་བ་ཏི། ཞེས་པའི་བོད་སྐད། སྡེབ་སྦྱོར་ལས་ནི་ ཡང་འབྱུང་ངོ༌། །ཞེས་པ་སྟེ། རིག་བྱེད་ཀྱི་དགོངས་པས་སྡེབ་སྦྱོར་ལ་དགོས་ན། ཕྱིས་པ་ཙམ་ གྱི་ཤུལ་ལ་ཡང་སླར་མཚམས་སྦྱོར་བ་ཡོད་དེ། དཔེར་ན་ཧེ་ས་ཁེ་ཨི་ཏི་ཞེས་པ་བཞག ཁའི་ དབྱངས་ཨེ་ཨཡ྄་ཡ྄་མི་སྣང་ཧེ་ས་ཁ྄་ཨ་ཨི་ཏི་བྱུང་། ཨ་ཨི་ཨེའོ། །དྲངས། ཧེ་ས་ཁེ་ཏི། ཀྱཻ་ གྲོགས་པོ་འདིར། ཞེས་སོ། ། 19-1-76 ༈ ཨེ་དོ་ཏོ྅་ཏཱཿ། ཨེཏ྄་ཨོཏ྄་དག་ལ་ཨཏ྄འོ། ཚིག་སྔ་མའི་ཚིག་མཐའ་ན་ཨེ་དང་ཨོ་ ཡིག་ཡོད་ལ། དེའི་ཕ་རོལ་བར་མ་ཆད་པ་ན། ཨཏ྄་ཏེ་ཨ་ཡིག་ཡོད་ན། ཨ་ཡིག་དེ་དབྱི་བར་ འགྱུར་རོ། །ཏད྄་ལ་ཛས྄་བྱིན་པ་ཏེ་ཞེས་པ་ཚིག་ཏུ་གྲུབ་པ་སྟེ་ཚིག་མཐའ་ཨེའི་དཔེར་བརྗོད་ དོ། །པ་ཊུ་ལ་བོད་སི་བྱིན་པས། པ་ཊོ་སྟེ་ཚིག་ཏུ་གྲུབ་པ་ཚིག་མཐའ་ཨོ་ཡིག་གི་དཔེར་བརྗོད་ དོ། ༈ །ཏེ་ཨཏ྄་བཞག ཏ྄་ཨེ་ཨཏ྄་བྱུང་ཨ་དབྱི་དྲངས། ཏེ྅་ཏ྄། དེ་འདིར་ཞེས་སོ། ༈ །པ་ཊོ་ ཨ་ཏྲ་བཞག་པ་ཊྲ་ཨོ་ཨ་ཏྲ་བྱུང༌། ཨ་ཡལ། པ་ཊོ྅ཏ྄་མཁས་པ་འདིར་ཅེས་སོ། །འདི་དག་ལ་ ཨ་ཕྱིས་པས་སྔ་མའི་ཨེ་དང་ཨོ་ནི་ཤིན་ཏུ་རིང་བོར་འགྲོ་བས། པླུ་ཏ་རེ་འབྲིའོ། ༈ །ས་བྷརྞ་ དཱིརྒྷཿས་ཧ། འདྲ་བའི་ཡི་གེ་འདྲེས་པ་ལ་རིང་པོའོ། །དཔེ་འགའ་ལས། ཧ་ས་སྟེ་ལྷན་ཅིག་ པའམ་ཚོགས་པའམ་འདྲེས་པའི་ཚིག་ནི་ཡིག་ཆུང་དཀྱུས་ཤོར་རམ་འགྲེལ་ཚིག་ཏུ་འདོད་ པས། ཁ་ཅིག་འདྲ་བའི་ཡི་གེ་ལ་རིང་པོའོ། །ཞེས་འདོན་ནོ། །འདྲ་བའི་ཡི་གེ་ནི་མཚུངས་པ་ ལྔ་ལས་བྱེ་བའི། ཨ་ཨཱ་ཨ྅་ཨི་ཨཱི་ཨི྅་ཨུ་ཨཱུ་ཨུ྅་རྀ་རཱྀ་རྀ྅ ལྀ་ལྀ྅་སྟེ་བཅུ་བཞི་ཡིན་ལ། འོན་ཀྱང་པླུ་ཏ་ཅན་ལྔ་པོ་འབྲས་བུའི་གཟུགས་ཡིན་གྱི། རྒྱུའི་ཡི་གེ་མིན་པས་འདིར་མི་མཁོ་ སྟེ། དེས་ན་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་སྟེ་དགུ་པོའོ། །ལྀ་ལ་རིང་པོ་མེད་པར་ཤེས། དེས་ན་ ཨ་རིང་ཐུང་ཐམས་ཅད་འདྲ། ཨི་རིང་ཐུང་འདྲ། ཨུ་རིང་ཐུང་འདྲ། རྀ་རིང་ཐུང་འདྲ། ལྀ་ཐུང་ ནང་འདྲ། སྐབས་འགར་རྀ་ལྀ་གཉིས་ཀྱང་འདྲའོ། །ཨ་དང་ཨི་སོགས་ནི་མཚུངས་ཀྱང་འདྲ་ བའི་ཐ་སྙད་མི་འཇུག་གོ །དེ་ན་མཚུངས་པ་ཞེས་དང༌། འདྲ་བ་ཞེས་པ་ནི། མཚུངས་ཚབས་ ཆུང་བ་དང༌། ཆེ་བའི་དོན་ཏེ་རྒྱུའི་དབྱངས་ཙམ་དུ་མཚུངས་པ་དང༌། དེར་མ་ཟད་གདངས་འདྲ་ བའི་དོན་ལ་སྦྱོར་རོ། ༈ །འདིར་ཨ་ཡིག་འདྲ་བའི་དཔེ་ནི། ཤྲདྡྷཱ་ཨཏྲ་ཞེས་པ་བཞག་དབྱངས་ ཕྲལ། ཤྲདྡྷཱ་ཨཱ་ཨཏ྄་བྱུང༌། ལག་པས་རི་མོ་འབྲི་བ་ན། ཨཱ་སྔ་མ་སྔར་ནས་རིང་པོ་ཡིན་པ་ལ། ཨ་ཕྱི་མ་ཐུང་ངུ་ཕྱིས་ཀྱང་རུང༌། ཡང་ན་གཉིས་ཀར་ཐོག་མ་བསུབས། སླར་ཨཱ་རིང་གཅིག་ 19-1-77 བྲིས་ཀྱང་རུང་སྟེ། གོ་དོན་ནི་ཡི་གེ་དེ་གཉིས་འདུས་པ་ལས་རིང་པོ་གཅིག་བྱུང་བའི་དོན་ནོ། ། ཤྲདྡྷཱ་ཏྲ། དད་ཅན་འདིར། ཞེས་སོ། །གུ་རུ་བེ་དནྟ་བ་ཀྱཻ་ཡོ་བི་ཤྭསཿ། བོད་སྐད་དུ། རིག་པའི་ གནས་བླ་མའི་ངག་དག་རབ་ཏུ་ལེན་པའོ། །ཞེས་ཏེ། དད་པ་ཅན་གྱི་དོན་དེའོ། ༈ །ཨི་ཡིག་ འདྲ་བའི་དཔེར་བརྗོད་ནི། ད་དྷི་ཨི་ཧ། བཞག དྷའི་སྲོག་གི་ཨི་ཕྲལ། དྷ྄་དབྱངས་མེད་དུ་ སོང༌། རེ་ག་འབྲི། ད་དྷ྄་ཨི་ཨི་ཧ་བྱུང༌། འདྲ་བ་ལ་རིང་པོར་གྱུར་ཟིན། ཕྱི་མ་ཨི་ཐུང་བ་དབྱི། དྷ྄་སྲོག་བྲལ་ཨཱི་ལ་དྲངས། ད་དྷཱི་ཧ། གྲུབ། ཞོ་འདི་ཞེས་སོ། འདིར་ཧ་ས་སྟེ་ལྷན་ཅིག་ཅེས་ པས་ཡི་གེ་སྔ་ཕྱི་གཉིས་འདུས་སུ་གོ་དགོས་པ་ལྟར། ད་དུང་འཆད་འགྱུར་ལ་སྔ་མ་ཨ་ཡིག་ དང༌། ཕྱི་མ་དབྱངས་ཡོད་པ་ཀུན་ལ་འདྲའོ། །ཀ་ལཱ་པའི་ལུགས་ཀྱི་གོ་བ་ལ། རིང་པོར་འགྱུར་ ཏེ་ཕ་རོལའང་དབྱི་ཞེས་པས། སྔ་ཕྱི་སྡོམས་པའི་གཟུགས་གཅིག་ཏུ་སོང་བ་མ་ཡིན། སྔ་མ་ལ་ རྣམ་འགྱུར་བྱས། ཕྱི་མ་ཡལ་བར་འདོད་པའོ། །འོན་ཀྱང་དགོས་དོན་དང་རི་མོ་འབྲི་ཚུལ་དང་ གྲུབ་གཟུགས་ནི་གཅིག་གོ །འདིར་ཇི་སྐད་དུ། སཱ་མཱརྱ་ཤཱསྟྲ་ཏོ་ནུ་ནཾ་བི་ཤེ་ཥོ་བ་ལ་བཱནྦྷ་བེཏ྄། པ་རེ་ཎ་པུརྦ་བཱ་དྷོ་བཱ་པྲ་ཡ་ཤོ་དྲྀ་ཤྱ་ཏཱ་མི་ཧ། དེ་བོད་སྐད་དུ། སྤྱིར་བཏང་བསྟན་བཅོས་ངེས་པ་ ལས། །བྱེ་བྲག་སྟོབས་དང་ལྡན་པར་འགྱུར། །ཕྱི་མས་སྔ་མ་འཇོམས་པ་ཡང༌། །མང་དུ་འབྱུང་ སྟེ་འདི་ལ་ལྟོས། །ཞེས་སོ། །གོང་དུ་ཨིཡ྄་དབྱངས་ལའོ་ཞེས། ཨི་ཡིག་གི་ཕ་རོལ་དབྱངས་ གང་བྱུང་ཡང༌། ཨི་དེ་ཡ྄་རུ་འགྲོ་བར་བཤད་ཀྱང༌། འདིར་བྱེ་བྲག་ཏུ་ཨི་གཉིས་འཛོམ་པ་ན། ཨི་སྔ་མ་ཡ྄་རུ་མི་འགྲོ་བས། དབྱངས་ལ་ཨིཡ྄་བཀག་པར་སོང་སྟེ། སྤྱིར་བཏང་དམིགས་ གསལ་འདོམས་ན་དམིགས་གསལ་དབང་བཙན་པའོ། ༈ །ཨུ་ཡིག་འདྲ་བ་ཡང༌། དེ་བཞིན་ དུ། བྷཱ་ནུ་ཨུ་ད་ཡཿ ནུའི་ཨུ་ཕྲལ། འདྲ་བ་རིང༌། བྷཱ་ན྄་ཨཱུ་ད་ཡཿདྲངས། བྷཱ་ནཱུ་ད་ཡཿ། ཉི་མ་ ཤར་རོ་ཞེས་སོ། ། ༈ ཨ་ཨི་ཨེ། ཨ་ཨི་ལ་ཨེའོ། ཚུ་རོལ་ཨ་ཡིག་དེ། ཕ་རོལ་ཨི་མཐོང་ན་ཨེ་ཡིག་ཏུ་འགྱུར་ 19-1-78 རོ། །ཏ་བ་ཨི་དཾ་བའི་ཨ་ཕྲལ། ཨ་དེས་ཕ་རོལ་ཨི་མཐོང་བས་ཨེ། ཏ་བེ་དཾ། ཁྱེད་འདི་ཞེས་ སོ། །མ་མ་ཨི་དཾ། གོང་བཞིན། མ་མ་དཾ། ང་འདི་ཞེས་སོ། །འགྲེལ་བར་ལུང་དྲངས་པ། ཧ་ ལ་ལ་སོགས་པ་ནི། ཨཱི་ཥཱ་ལ་སོགས་པ་ལ་ཊི་དབྱི་བའོ་ཞེས་འབྱུང་བས། ཧ་ལ་སོགས་ནི། ཧ་ ལ། ལངྒ་ལ། མ་ནས྄། ཨ་དྱ་རྣམས་སོ། །དེ་རྣམས་ཀྱི་ཕ་རོལ་ཨཱི་ཥཱ་བྱུང་ན། ཧ་ལ་སོགས་ ཀྱི་ཊི་དབྱི་དགོས་ན། ཊི་ནི་དབྱངས་མཐའ་ལ་དབྱངས་དེ་ཁོ་ན་དང༌། གསལ་བྱེད་མཐའ་ ཅན་ལ། གསལ་བྱེད་དབྱངས་མེད་དེ་དང་དེའི་གོང་གི་དབྱངས་གཉིས་ཀ་སྡོམས་པ་ལ་ཟེར་ བས་ཐམས་ཅད་དུ་དེ་ལྟར་གོ་བར་བྱའོ། །འདིར་ནི་མ་ནས྄་ལ་ན྄འི་སྲོག་ཨ་མཐའ་བརྟེན་ས྄་ དབྱངས་མེད་དང་བཅས་པ་དང༌། གཞན་རྣམས་ལ་ཨ་ཡིག་གོ །ཧ་ལ་ཨཱི་ཥཱི་བཞག ཊི་ཕྱིས། དབྱངས་ཀྱིས་དམན་པ་ཕ་རོལ་དུ་དྲངས། ཧ་ལཱི་ཥཱ། གཤོལ་གྱི་རྗེས་སམ་ཐོང་གཤོལ་ཞེས་སོ། ༈ །ལཾ་ག་ལ་ཨཱི་ཥཱ་བཞག ཊི་ཕྱིས་དྲངས། ལངྒ་ལཱི་ཥཱ། གཤོལ་མདའ་དང་གཤོལ་ཞེས་སོ། །མ་ ནས྄། ཨཱིཥཱ། ཊི་ཕྱིས་དྲངས། མ་ནཱི་ཥཱ། བློ་གྲོས་ལ་ཤར། ཞེས་སོ། །ཨདྱ། ཨོམ྄་བཞག ཊི་ ཕྱིས་དྲངས། མ྄་ང་རོ། །ཨདྱོཾ། དེ་རིང་ལོས་ཀྱང་ངམ། བདག་ལས་ཀྱང་ངམ། དེ་རིང་བཀྲ་ ཤིས་ཞེས་པའོ། ། ༈ ཨུ་ཨཽ། ཨུ་ལ་ཨཽའོ། །ཚུ་རོལ། ཨ་ཡིག ཕ་རོལ་ཨུ་ཡིག་དང་འདུས་ན་སྡོམས་པ་ ཨོ་ཡིག་ཏུ་འགྱུར་རོ། །གཾ་ག ཨུ་ད་ཀ་ཞེས་བཞག གའི་ཨ་ཕྲལ། ཨ་དེ་ཕ་རོལ་ཨུ་མཐོང༌། འདྲེས་པས་ཨོ་བྱུང༌། དྲངས་གངྒོ་ད་ཀཾ། གངྒའི་ཆུ་ཞེས་སོ། ༈ །རྀ་ཨར྄། རྀ་ལ་ཨར྄འོ། །སྔ་ མའི་མཐའ་ཨ་ཡིག་དང༌། ཕྱི་མའི་དང་པོར་རྀ་ཡིག་ཡོད་ན། དེ་གཉིས་འདུས་པས་ཨར྄་ཡིག་ ཏུ་འགྱུར་རོ། །ཏ་བ། རྀདྡྷིཿབཞག ཨ་ཕྲལ། དེ་ཕ་རོལ་རྀ་དང་འདྲེས་པས། ཨར྄་དུ་སོང༌། དྲངས། ཏ་བརྡྡྷི། ཁྱོད་ཀྱི་འབྱོར་པ་ཞེས་སོ། །མ་མ། རྀ་དྡྷིཿབཞག མའི་ཨ་ཕྲལ། དེ་དང་ཕ་ རོལ་གྱི་རྀ་ལྷན་ཅིག་ཨར྄་དུ་སོང༌། དྲངས། མ་མརྡྡྷིཿ བདག་གི་འབྱོར་པ། ཞེས་སོ། །རྀདྡྷི་དང་ 19-1-79 སིདྡྷི་ཞེས་པ་ལ་དོན་གཉིས་གཉིས་ཏེ། ཨཱ་ག་མ་སྟེ་ལུང་ངམ། སྔགས་གཞུང་ལས། རྀདྡྷི་རྫུ་ འཕྲུལ། སིདྡྷི་དངོས་གྲུབ་བོ། བྲམ་ཟེ་ཕལ་རྣམས་རྀདྡྷི་ནོར་རྫས་དང༌། སིདྡྷི་བྱ་བ་འགྲུབ་པའོ། ། ཞེས་སེམས་པར་བྱེད་དོ། །ཏ་བརྡྡྷིཿ། ཞེས་པ་ལ། ཏ་བ་ར་དྲ་དྷིཿ། ཞེས་པ་འདྲ་རུང་དུ་ཀློག་ པ་རྒྱ་གར་པའི་ངག་རྒྱུན་ལགས་སོ། ། ༈ ཀྭ་ཙི་ཏཱར྄། རེས་འགའ་ཨཱར྄་ཏུའོ། །ཨ་ཡིག་གི་ཕ་རོལ་དུ་རྀ་ཡིག་བྱུང་བ་འགའ་ཞིག་ ལ་ཨཱར྄་རིང་པོར་འགྲོ་བ་ཡོད་དོ། །དེ་ཡང་གཏམ་གསར་ལྟ་བུ་ངོ་མཚར་བ་ལ་འབྱུང་བ་ཤས་ ཆེའོ། །རྀཎ་རྀཎཾ། ཞེས་བཞག ཎའི་ཨ་ཕྲལ། རྀ་ཎྲྀ་ཨ་རྀ་ཎཾ་བྱུང༌། ཨ་རྀ་སྦྱོར་བ་ཨཱར྄་དུ་སོང༌། སོ་སོར་དྲངས། རི་ཎཱརྞཾ་ཎ། བུ་ལོན་རྙིང་པའམ། གཅིག་ལས་བུ་ལོན་བླངས་ནས། རྫས་དེ་ ཀ་གཞན་ལ་བུ་ལོན་དུ་གཏོང་བ་ལ་ཡང་ཟེར་རོ། །པྲ་རྀ་ཎཾ་བྲཱརྞཾ། བུ་ལོན་རྙིང་པ་ཆེས་བསེལ་ བའོ། ༈ །དེ་དང་འདྲ་བར། ཤཱཾཏ། རྀ་ཏཿཨ་ཕྲལ། ཨཱར྄་དུ་སོང༌། དྲངས། ཤཱི་ཏཱརྟཱཿགྲང་བོ་ འོངས་སོ། །གྲང་དུས་སོང་ངོ་གཉིས་ཀ་ལ་འཇུག་གོ །དུཿཁ་རྀ་ཏཿ། ཨ་ཕྲལ། ཨཱར྄་དྲངས། དུཿཁཱརྟྟཿ། སྡུག་བསྔལ་བྱུང་ངོ༌། །སྡུག་བསྔལ་སངས་སོ། །སྡུག་བསྔལ་འདས་སོ། །ཞེས་ པའམ། ཡང་ན་རྀཏཿཞེས་པ་ཁྱབ་པོ་ཞེས་པའང་ཡིན་ནོ། ། ༈ ལྀ་ཨལ྄། ལྀ་ལ་ཨལ྄འོ། ཨ་ཡིག་གི་ཕ་རོལ་དུ་ལྀ་ཡིག་བྱུང་ན། དེ་གཉིས་འདྲེས་ པ་ཨལ྄་དུ་འགྱུར་རོ། །ཏ་བ། ལྀ་ཀཱ་ར་བཞག་ཨ་ཕྲལ། ཨ་དང་ཕ་རོལ་ལྀ་ཡིག་ལྷན་ཅིག་ ཨལ྄་དུ་སོང༌། སོ་སོར་དྲངས། ཏ་བལྐཱར། ཁྱོད་ལྀ་ཡིག་ཅེས་ཏེ། ལྀ་ཡིག་ནི་དབང་ཕྱུག་ཕུན་ སུམ་ཚོགས་པའི་དོན་ནོ། །ངེས་ཚིག་གམ། གསང་ཚིག་ལས། རེས་འགའ་ར་ལ་གཉིས་བྱ་ བ་མཚུངས་པར་བྱེད་པས། ཧ་ས་ལ་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ། །ཞེས་པས་ཀ་ཉིས་ རྩེག་གོ །ཏ་བལྐྐྲཱར། ཞེས་སོ། ༈ །ཡང་ར་ལ་ཡོཿསཱ་བརྞཾ་བཱ། ཞེས་པའི་བོད་སྐད། ར་དང་ ལ་དག་འདྲ་བའི་ཡི་གེར་ཡང་ཡང་ནའོ། །ཞེས་ལུང་དྲངས་ཏེ། དབྱངས་རང་གི་བྱ་བ་མ་ཡིན་ 19-1-80 ཡང་རྀ་ལྀ་གཉིས་དང་ཕྱོགས་མཚུངས་པ་ཡིན་པ་དང་འབྲེལ་ཆགས་པས་འདིར་བཤད་དེ། ཡང་འགྲེལ་བའི་དཔེ་འགའ་ལས། རྀ་ལྀ་བརྞ་ཡོརྨི་ཐ་ས་ཝརྞ་བཱ། བོད་སྐད་དུ། རྀ་ལྀའི་ཡི་གེ་ དག་ཕན་ཚུན་མཚུངས་པའི་ཡི་གེ་ཡང་ནའོ། །ཞེས་སོ། །དེ་ཡང་ལུང་དྲངས་པ་སྟེ། དེ་ལ་རྀ་ ཡིག་འདྲ་བ་འཛོམ་ན་རཱྀ་རིང་པོར་འགྲོ། ལྀ་ཡིག་ནི་འདྲ་བ་འཛོམ་ན། ལི་ཡིག་གཅིག་ཏུ་འགྲོ་ ཡང༌། རིང་པོར་མི་འགྲོ་སྟེ་ལྀ་ལ་རིང་པོ་མེད་པའི་ཕྱིར་རོ། །སྐབས་འགར་རྀ་དང་ལྀ་གཉིས་ འདྲ་བའི་ཡི་གེར་བྱེད་ལ། དེའི་ཚེ་རྀ་ལ་བསྡུ་ན་རིང་པོ་དང༌། ལྀ་ལ་བསྡུ་ན་ཐུང་ངུའོ། ༈ །ཧོ་ ཏྲྀ་ལི་ཀཱརཿབཞག ཏའི་རྀ་ཕྲལ། ཧོ་ཏ྄་རྀ་ལྀ་ཀཱརཿ རྀ་ལྀ་འདྲ་བས་ལྷན་ཅིག་རཱྀ་རིང་པོར་སོང༌། དྲངས། ཧོ་ཏྲཱྀ་ཀཱ་རཿ ཡང་ན་རྀ་དང་ལྀ་འདུས་པ་ལྀ་རུ་སོང༌། ཧོ་ཏླྀ་ཀཱ་རཿ ཡང་གཅིག་ལ། ཧོ་ ཏྲྀ་ལྀ་ཀཱརཿཕྲལ་ཧོཏ྄་རྀ་ལྀ་ཀཱ་ར་བྱུང༌། རྀ་ལྀ་སྡོམས་ལྀ། ཚིག་ཕྲད་ལས་ཏ྄་ལ྄་རུ་སོང༌། ཧོལླྀ་ ཀཱ་རཿ། སྦྱིན་སྲེག་མཁན་པོ་མཁས་པའམ། སྦྱིན་སྲེག་མཁན་པོའི་དག ཅེས་བྱ་སྟེ་ལི་ཀཱ་ར་ནི། ཕུན་ཚོགས་སུ་མ་ཟད། མཁས་པ་དང༌། རང་དབང་ཅན་དང༌། ངག་ལ་ཡང་འཇུག་གོ །རྀ་ཀཱ་ ར་ཞེས་པ་ལྷའི་རིགས་བརྒྱུད་ལ་འཇུག་པའང་ཡིན་ནོ། ༈ །ཡང་པ་རི། ཨཾ་ཀཿཨི་ཕྲལ། པར྄་ ཨི་ཨཾ་ཀཿ ཨའི་ནུས་པས། ཨིཡ྄་དྲངས། ར྄་ཡ་དྲངས། ཡ་བརྩེགས་མ། པཪྻངྐཿ། ཞེས་པ་ གྲུབ། ཡང་ན་ར྄་ལ྄་རུ་སོང༌། ཨིཡ྄་རུ་སོང༌། དྲངས་པས། བལྻངྐཿ། མལ་སྟན་ནོ། །ཞེས་སོ། ༈ །ཡང༌། བ་ལི། ཨཾ་ཀཿ བ་ལྱངྐ། རུ་འགྲོ་བའང་ཡིན་ཏེ་གོང་དུ་བཤད་པའོ། ༈ །ཡང་ར྄་ལ྄་ མཚུངས་པས། དྷུར། ར་ཐཿ ཞེས་པ་ལ། དྷུརཱ་ཐཿ ཤིང་རྟའི་འདྲེན་ཐག་དང༌། དྷུར྄། ལ་བྷཿ། ལ། དྷུ་རཱ་བྷཿའམ། དྷུ་ལཱ་བྷཿ གཉའ་ཐང་ཐོབ་ཅེས་པར་འགྲོ་བའང་ཡོད་དོ་གསང་ཚིག་གོ ། ༈ ཨེ་ཨཻ་ཨཻ། ཨེ་དང་ཨཻ་ལ་ཨཻའོ། །ཚུ་རོལ་ཨ་ཡིག་མཐའ་དང༌། ཕ་རོལ་ཨེ་ཡིག་འཛོམ་ ན། ལྷན་ཅིག་ཨཻ་ཞེས་པར་འགྲོ་ཞིང༌། ཚུ་རོལ་ཨ་མཐའ་དང༌། ཕ་རོལ་ཨཻ་ཞེས་པ་འཛོམ་ ནའང༌། ལྷན་ཅིག་ཨཻ་ཞེས་པར་འགྲོའོ། །ཏ་བ། ཨེ་ཥཱ་ཞེས་པ་བཞག་པའི་ཨ་ཕྲལ། དེས་ཕ་ 19-1-81 རོལ་ཨེ་མཐོང༌། ལྷན་ཅིག་ཨཻ་རུ་སོང༌། དྲངས་པས། ཏ་བཻ་ཥཱ། ཁྱོད་འདིར་ཞེས་སམ། ཁྱོད་ཀྱི་ གནའ་མ་ཞེས་སོ། ༈ །དེ་བཞིན་དུ། ཏབ། ཨཻ་ཤྭརྱཾ། ཏ་བཻ་ཤྭཪྻྻཾ། ཁྱོད་དབང་གི་ཕྱུག་པའོ། ། ༈ ཨོ་ཨཽ་ཨཽ། ཨོ་དང་ཨཽ་ལ་ཨཽའོ། །ཨ་མཐའི་ཕ་རོལ་ཏུ་ཨོ་ཡིག་གམ། ཨཽ་ཡིག་གང་བྱུང་ རུ་ཕན་ཚུན་འདྲེས་པ། ཨཽ་ཡིག་ཏུ་འགྱུར་རོ། །ཏབ། ཨོ་ད་ནཾ་བཞག་པའི་ཨ་ཕྲལ། ཏབ྄། ཨ་ ཨཽ་ད་ནཾ། ཨ་དང་ཨོ་སྡོམས་པ་ཨཽ་རུ་སོང༌། དྲངས། ཏ་བཽ་ད་ནཾ། ཁྱོད་ཀྱི་ཟན་ཞེས་ཏེ། ཟན་ནི་ འབྲས་ཆན་ནོ། ༈ །ཏབ། ཨཽ་ནཏྟྱཾ། ཨ་ཕྲལ། ཏབ྄་ཨ། ཨཽ་ནཏྟྱཾ་བྱུང༌། ཨ་ཨཽ་སྡོམས་པས་ཨཽ་ རུ་སོང༌། དྲངས། ཏ་བཽ་ན་ཏྟྱཾ། ཁྱོད་ཀྱི་སྐྱབས་འོག་ཅེས་སམ། ཁྱོད་ཁེངས་པ་ཅན་ཞེས་སོ། ། ༈ ཨོཥྛོ་ཏྦོ་བཽ། ཨོཥྛ་དང་ཨོ་ཏུའི་ཨོ་ཡང་ནའོ། །འདི་ཁ་སྐོངས་ཀྱི་གཞུང་དུ་ཁ་ཅིག་འཆད་ དོ། །ཨ་མཐའི་ཕ་རོལ་དུ། ཨོཥྛ་དང༌། ཨོ་ཏུ་བྱུང་ལ། ཚིག་སྡུད་ཀྱི་ནང་སེལ་ལམ་ཁྱད་པར་གྱི་ སྐབས། སྔ་ཕྱི་འདུས་པ་ཨཽ་ཡིག་ཏུ་མི་འགྱུར་བར། ཨོ་ཡིག་རང་དུ་འགྱུར་བ་ཡོད་དེ། བིམྦ་ ཨོཥྛཿབཞག བའི་ཨ་ཕྲལ། བིམྦ། ཨ་ཨོཥྛཿབྱུང༌། ཨ་དང་ཨོ་འདྲེས་པ་ཡིན་ཀྱང༌། ཨཽ་རུ་མི་ འགྲོ་བར་ཨོ་རང་དུ་སོང༌། དྲངས བིམྦོཥྛཿ བིམྦའི་མཆུ་ཞེས་སོ། །བིམྦ་ནི་ཕལ་སྐད་དུ་ཀནྡུ་ར་ ཟེར་བའི་ཤིང་འབྲས་ཤིན་ཏུ་དམར་བ་ཞིག་སྟེ། དེ་དང་འདྲ་བའི་མཆུའོ། ༈ །སྠཱུ་ལ། ཨོ་ཏུཿ ཨ་ཕྲལ། ཨ་དང་འདུས་པ་ལས་ཨོ་ཁོ་ན། དྲངས། སྠཱུ་ལོ་ཏུཿ བྱི་ལ་སྦོམ་པོ་ཞེས་སོ། །ཡང་ ན་སྟེ་ཚིག་སྡུད་ཀྱི་ཁྱད་པར་མ་ཡིན་པ་སྤྱི་འགྲོས་ལ། ཨཽ་སྟེ། བི་མྦཽ ཥྛཿ། སྠཱུ་ལཽ་ཏུཿ། ཞེས་པ་ ཉིད་དོ། །དེ་དག་ནི་དབྱངས་ཀྱི་མཚམས་སྦྱོར་ཇི་ལྟར་བྱེད་ཚུལ་གྱི་རིམ་པ་རབ་ཏུ་གྲགས་པ་ རྣམས་སོ། །དེས་མཚམས་སྦྱོར་གྱི་རབ་ཏུ་བྱ་བའི་གཞུང་ལས་སྡེ་ཚན་གཉིས་པ་བཤད་ཟིན་ ཏོ།། །། ༒ ད་ནི་དེ་ལས་ཅི་རིགས་པའི་དམིགས་གསལ་རང་བཞིན་དུ་གནས་པས་རྣམ་འགྱུར་ མི་བྱེད་པ་དག་ཟུར་ཙམ་སྟོན་ནོ། ། 19-1-82 ༈ ནཱ་མཱི། ཨ་མཱི་ལས་མ་ཡིན་ནོ། །ཐོག་མར་ཨ་དས྄་ཞེས་པ་མིང་ཡིན་པ་ལས། རྣམ་དབྱེ་ བྱིན་པས་ཨ་མཱི་རུ་སོང་བ་དེའི་ཕ་རོལ་དུ་དབྱངས་དང་པོ་ཅན་གྱི་མིང་བྱུང་ཡང་མཚམས་སྦྱོར་ མི་བྱེད་དོ། །དེ་ཡང་ཨ་དས྄་ཛས྄་བཞག ཊི་ཨ་ཨ་ད་ཛ་ས྄་ཞེས་པ་བྱུང༌། ཛས྄་ཨཱི་རུ་བསྒྱུར། དའི་མའོ་ཞེས་པས་ད་མ་རུ་སོང༌། ཨ་ཨི་ལ་ཨེ། ཨ་མེ་ཨེའི་ཨཱི་མང་པོ་ལའོ། །ཨ་མཱི། གྲུབ། དེ་རྗེས་ཨ་མཱི་ཨ་དི་ཏྱ། ཞེས་འདི་རྣམས་ཉི་མའོ་ཞེས་སོ། །རྣམས་ཞེས་མང་ཚིག་ནི་ཉི་མ་ལ་ ཁྱིམ་གྱི་བདག་པོ་བཅུ་གཉིས་ཡོད་པས་སོ། ༈ །དེ་བཞིན་དུ། ཨ་མཱི་ཨ་ཤྭཿ། རྟ་འདི་རྣམས། ༈ ཨ་མཱི་ཨིཥྛཿ། སོ་ཕག་འདི་རྣམས། ༈ ཨ་མཱི་ཨུཥྚཿ། རྔ་མོ་འདི་རྣམས། ༈ ཨ་མཱི་ཨེ་ཌ་ཀཱཿ། ལུག་འདི་རྣམས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཨིཡ྄་དབྱངས་ལའོ། །ཞེས་པའི་སྤྱིར་བཏང་ ཐོབ་ཀྱང་དམིགས་གསལ་ལ་མི་བྱེད་པའོ། ། ༈ ཡྦེ་དྭི་ཏྭེ། ཨི་ཨུ་ཨེ་གཉིས་པ་ལས་ཀྱང་ངོ༌། །མ་ཎཱི་ལ་སོགས་པའི་ཚོགས་པ་མ་ གཏོགས་པའི་ཚིག་མཐའི་ཨི་མཐའ་དང་། ཨུ་མཐའ་དང༌། ཨེ་མཐའ་ཡང་ཡིན་ལ། གཉིས་ ཚིག་ཨཽ་བྱིན་པའི་ཤུལ་ཡིན་པ། དེ་འདྲའི་ཕ་རོལ་དུ་དབྱངས་བྱུང་ཀྱང་མཚམས་མི་སྦྱོར་རོ། ། ཨགྣི་ཨཽ་བཞག ཨཽ་ཨཱི་རུ་བསྒྱུར། འདྲ་བ་རིང༌། ཨགྣཱི་གྲུབ། ཨགྣཱི། ཨ་ཏྲ། ཨི་ཡ྄་དབྱངས་ མི་འཇུག་དེ་ཀ་ལ་འཇོག ཨགྣཱི་ཨཏྲ། མེ་དག་འདིར། ཨི་མཐའི་དཔེར་བརྗོད་དོ། ༈ །པ་ཊུ། ཨཽ་བཞག ཨཽ་ཨཱུ་རུ་བསྒྱུར། འདྲ་བ་རིང༌། པ་ཊཱུ། གྲུབ། པ་ཊཱུ། ཨ་ཏྲཿབཞག ཨུ་བ྄འོ། །ཞེས་ པའི་སྤྱིར་བཏང་མི་འགྲོ་སྟེ། དེ་ཀ་ལ་འཇོག་པའོ། །མཁས་པ་འདིར། ཞེས་ཏེ་ཨུ་མཐའི་དཔེར་ བརྗོད་དོ། ༈ །མཱ་ལ་ཨཽ་བཞག ཨཽ་ཨཱི་རུ་བསྒྱུར། ཨ་ཨི་ལ་ཨེའོ། །རྟགས་མཐའི་ཨ་ཨེ། མཱ་ ལེ་གྲུབ། མཱ་ལེ་ཨཱ་ན་ཡ། བཞག ཨེ་ཨཡ྄འོ། །སྤྱིར་བཏང་ཡིན་ཀྱང་འདིར་མི་འཇུག་སྟེ། དེ་ ཀ་ལ་རང་གནས་སོ། །ཕྲེང་བ་དག་ལོངས་ཤིག་ཅེས་པ་སྟེ། ཨེ་མཐའི་དཔེར་བརྗོད་པའོ། ༈ །ཡང་དམིགས་གསལ་དེའི་ཡང་དམིགས་གསལ་སྤྱིར་བཏངས་སུ་ལོག་པ། མ་ཎཱི་པ་ལ་ 19-1-83 སོགས་པའོ། །དེ་ཡང་མ་ཎཱི་ཨིབ་བཞག འདྲ་བ་གཅིག་ཏུ་འདུས། མ་ཎཱི་བ། ནོར་བུ་འདྲ་བ། རོ་དཱ་སཱི་ཨི་བ་བཞག འདྲ་བ་རིང་པོ་གདོད་མ་འདྲེས། རོ་དཱ་སཱི་བ། གནམ་ས་འདི། ༈ དཾ་པ་ ཏཱི་ཨི་བ་བཞག འདྲ་རིང༌། ཡེ་ནས་ཡོད་འདུས། དམྦ་ཏཱི་ག ཁྱོ་ཤུག་འདི། ༈ ཛཱ་ཡཱ་པ་ཏཱི་ཨིབ་ བཞག འདྲ་བ་རིང༌། ཛཱ་ཡཱ་པ་ཏཱི་བ། འབྱོར་བའི་བདག་པོ་འདི། ༈ མཱ་ཡཱ་པ་ཏཱི། ཨིབ་བཞག འདྲ་རིང༌། སྔོན་ནས་ཡོད། ལྷན་ཅིག་གྱུར། མཱ་ཡཱ་པ་ཏཱི་བ། སྒྱུ་མའི་བདག་པོ་འདིའོ། །སྒྱུ་མ་ ནི། བུད་མེད་དང༌། ནོར་དང༌། མིག་འཕྲུལ་ལ་གོ་སྟེ། སྒྱུ་མའི་བདག་པོ་ནི། ལྷ་འཇུག་སེལ་ ལ་སོགས་པའོ། ། ༈ ཨཽ་ནི་པཱ་ཏཿ། ཨ་ཨོ་ནི་པཱ་ཏའོ། །ཨ་མཐའ་ཚིག་འཕྲད་དང༌། ཨོ་མཐའ་ངེས་ཚིག་ དང༌། ༈ གཞན་ཡང་ཨ་ཨི་ལ་སོགས་པ་དབྱངས་གཅིག་པུ་ལ་ཡང་མཚམས་མི་སྦྱོར་རོ། དབྱངས་གཅིག་པུ་པའི་དོན། དབྱངས་གཅིག་ཡོད་པའི་ཚིག་ཡིན་པ། དེ་ལ་ཧ་སའི་ཡི་གེ་མེད་ ཅིང༌། དབྱངས་ལྷག་པོ་ཡང་མེད་པའོ། ། ༈ ཨཱ་ནི་པཱ་དའོ། ཨཱ་ཨེ་བཾ་མ་ནྱ་སེ་ཁྱོད་འདི་ལྟར་བསམ་ཞེས་པ་སྟེ། ཨེ་དང་ཨཻ་ལ་ཨཻའོ། ། འདིར་སྤངས་ཏེ་དེ་ཁོ་ན་ལ་རང་གནས་སོ། ༈ །ཨོ་ནི་པཱ་ཏའོ། །ནོ་ཨ་ཏྲ་སྠཱ་ཏ་བྱཾ་བཞག ཁྱོད་ འདིར་མ་སྡོད། ཅེས་པ་སྟེ། ཨོ་ཨ་བ྄འོ། །ཞེས་པ་སྐབས་འདིར་བོར་ཏེ། དེ་ཀ་ལ་རང་བཞིན་ དུ་གནས་སོ། ༈ །དབྱངས་གཅིག་པུ་པའི་དཔེར་བརྗོད་ནི། ཨ་ཨ་པེ་ཧི། དེ་ཚུར་ཤོག ༈ ཨི་ ཨིནྡྲ་པ་ཤྱ། འདི་དབང་པོ་ལྟོས། ༈ ཨུ་ཨུ་ཏིཥྛ། ཕ་གི་ལོངས་ཤིག ཅེས་པ་སྟེ། དེ་དག་ལ་ འདྲ་བ་ལ་རིང་པོར་འདྲེས་པ་ཐོབ་པ་ལྟར་སྣང་ཡང་མི་འཚལ་ཏེ། ཐོག་མའི་ཡི་གེ་དེ་དབྱངས་ གཅིག་པུ་པ་ཡིན་པས་ནའོ། །འབྲེལ་བ་སྒྲུབ་པ་ནི། མངོན་སུམ་སྟེ་གོ་དཀའ་ཞིང༌། བརྗོད་ པ་མི་མཛེས་པས་སོ། །རྒྱ་གར་བ་ཁ་ཅིག་ཨ་དགག་ཚིག་སྟེ། ཨ་ཨ་པེ་ཧི། མ་འོང་ཤིག ཅེས་ སམ། ཕར་སོང༌། ཞེས་པར་འགྱུར་ཟེར་ཡང་ཕལ་ཆེར་མི་འདོད་དོ། །དབང་པོ་ལྟོས་ཀྱི་གོ་བ་ 19-1-84 ནི། ལྟད་མོ་ལྟོས་ཞེས་པའོ། །བོད་ཀྱི་སྒྲ་པ་རྣམས། ཨ་བརྒྱ་བྱིན། ཨི་བདུད། ཨུ་དྲག་པོའི་ མིང་ཡིན་ཟེར། །འདིར་ནི་ཨ་ཞེས་པ་དེའི་སྐད་དོད། ཨི་འདི་ཨུ་ཕ་གི་སྟེ། ཕྱི་མ་འདི་གཉིས། པྲ་ཀྲྀ་ཏའི་སྐད་ལའང་ཡོད། འདི་དག་ཀྱང་མི་ཟད་པའི་ནང་ཚན་ནོ། ། ༈ པླུ་ཏཿ། པླུ་ཏ་ལ་ཡང་ངོ༌། །པླུ་ཏ་ཡོད་པའི་ཕ་རོལ་དབྱངས་གང་ཡོད་ཀྱང་མཚམས་མི་ སྦྱོར་ཏེ། པླུ་ཏ་སྐད་གསངས་རྒྱ་བཀྱེད་པ་ཡིན་ན། མཚམས་སྦྱོར་བ་ནི་ཉུང་ངུར་སྡུད་པ་གཙོ་ ཆེ་བའི་ཕྱིར་རོ། །དེ་བ་དཏྟ་ལ་བོད་སི་བྱིན། སི་འཇིག བྷོའཾ་ཧེ་གོང་དུ་བཞག་རྟགས་མཐའ་ ཤིན་ཏུ་རིང་པོར་སོང༌། དེ་བ་དཏྟཱ་྅་གྲུབ། དེ་བ་དཏྟཱ་ཨེ་ཧི། ཨེ་དང་ཨཻ་ལ་ཨཻའོ་མི་ཐོབ་སྟེ། རྒྱང་ནས་བོད་པ་ཡིན་པའི་ཕྱིར། སྐད་གསངས་རིང་པོ་དགོས་ལ། དེ་བ་དཏྟྲཻ་ཧི། ཞེས་ཉུང་ངུ་ བྱས་པས་མི་གོ་ཞིང་དོན་མི་འགྲུབ་པའི་ཕྱིར་རོ། །དཱུ་རཱ་དཱ་ཧྭ་ནེ་ཊེཿཔླུ་ཏཿ རྒྱང་རིང་པོར་འབོད་ པའི་ཊི་ལ་པླུ་ཏའོ། །འདི་ཡང་ཁ་སྐོང་གི་མདོ་ཡིན་ཟེར་རོ། །རྒྱང་རིང་པོར་འབོད་པ་དང་སྐད་ གསངས་ཆེན་པོས་ཀློག་པ་དང༌། ངུ་བ་དང༌། གླུ་ལེན་པ་རྣམས་ཀྱི་ཊི་སྟེ་མཐའི་དབྱངས་ལ་ པླུ་ཏ་ཐོབ་སྟེ། དངོས་པོའི་སྟོབས་ལས་འབྱུང་བ་དང་མཐུན་པས་སོ། །རང་བཞིན་དུ་གནས་ པ་འདི་དག་གསར་དུ་མཚམས་མི་སྦྱོར་ཀྱང༌། མཚམས་སྦྱོར་དང་འབྲེལ་བའི་ཕྱིར་མཚམས་ སྦྱོར་གྱི་མིང་གིས་བཏགས་ཏེ། རང་བཞིན་གྱི་མཚམས་སྦྱོར་ཞེས་བྱའོ། །ཡང་ཁ་ཅིག་གོས་ཀྱི་ མཐའ་སྣོལ་ཏེ་འཚེམ་པ་དང༌། རེག་མཚམས་སྐུད་པས་དྲུབ་པ་གཉིས་ཀ་གོས་མཚམས་སྦྱོར་ བ་ཡིན་པ་ལྟར། རང་གནས་འཇོག་པ་ཉིད་རེག་མཚམས་དྲུབ་པ་དང་འདྲ་བ་མཚམས་སྦྱོར་ གྱི་རིགས་སུ་འགྲོ་ཟེར་རོ། །འདི་དག་མཚོན་བྱེད་ཙམ་སྟེ། རིག་བྱེད་དང་སྡེབ་སྦྱོར་དང་ཚིག་ ཕྲད་ལས་གཞན་ཡང་མང་དུ་བཤད་པར་གྲགས་སོ། །མཚམས་སྦྱོར་གྱི་ལེའུ་གསུམ་པ་བཤད་ ཟིན་ཏོ།། །། ༒ ད་ནི་གཙོ་བོར་གསལ་བྱེད་ནང་ཕན་ཚུན་མཚམས་སྦྱོར་ཚུལ་བཤད་པར་བྱའོ། ། 19-1-85 འོན་ཀྱང་ཕྱོགས་རེ་དབྱངས་ཡིན་པའང་ཡོད་མོད། ཚིག་མཐའ་ངེས་པར་གསལ་བྱེད་དོ། ༈། ཙ་པཱ་ཨ་བེ་ཛ་བཱཿ། ཙ་པ་ལས་ཨ་བ་ལ་ཛ་བའོ། །ཚུ་རོལ་ཚིག་མཐའ་ལ་ཙ་པ་སྟེ། ཙ་ཊ་ཏ་ཀ་ པ་རྣམས་གང་རུང་གཅིག་ཡོད་ལ། ཕ་རོལ་ཨ་བའི་ཡི་གེ་སྟེ། ཨ་ཨི་ཨུ་རྀ་ལྀ་ཨེ་ཨཻ་ཨོ་ཨཽ་ཧ་ ཡ་བ་ར་ལ་ཉ་ཎ་ན་ང་མ་ཛྷ་ཌྷ་དྷ་གྷ་བྷ་ཛ་ཌ་ད་ག་བ། ཞེས་པ་སྟེ། ཀ་ལཱ་པའི་དབྱངས་དང༌། སྒྲ་ ལྡན་ཞེས་པ་དང་འདྲ་བ་ལས་ལྷག་པོ་ཧ་ཡིག་དང་བཅས་པའོ། །དེ་དག་ཕྲད་པ་ལས། ཚུ་རོལ་ ཙ་པའི་ཡི་གེ་དེ་ནི་ཛ་བར་འགྱུར་ཏེ། ཛ་བ་སོ་སོར་བསྡུ་པ་ནི། ཛ་ཌ་ད་ག་བ་ཡིན་པ་ལས། སྡེ་ པ་གཅིག་པ་ཞིག་ཏུ་འགྲོ་དགོས་པས། ཙ་ཛ་ཊ་ཌ་ཏ་ད་ཀ་ག་པ་བ་རྣམས་སུ་འགྱུར་རོ། ༈། ཥཊྲ། ཨཏྲཿབཞག ཙ་པའི་ནང་ཚན་ཊྲ་ཡིག་དབྱངས་མེད་དེ། །ཕ་རོལ་ཨ་བའི་ནང་ཚན་ཨ་ མཐོང་བས། ཛ་བའི་ནང་ཚན་ཌ་ཡིག་ཏུ་འགྱུར་རོ། ཥཌ྄། ཨཏྲཿབྱུང༌། ཌ྄་ཨ་ལ་དྲངས། ཥ་ཌ་ ཏྲཿདྲུག་འདིར། ཞེས་སོ། ༈ །བཱཀ྄། ཡ་ཐཱ་བཞག ཙ་པའི་ཀ་ཡིག ཨ་བའི་ནང་ཚན་ཡ་མཐོང་ བས། ཛ་བའི་ནང་གི་ག྄་རུ་སོང༌། དྲངས། བཱགྱ་ཐཱ། ཇི་ལྟ་བའི་ངག་སྟེ་བདེན་པའི་ངག་གོ ༈། ཉ་མེ་ཉ་མཱ་བཱ། ཉ་མ་ལ་ཉ་མ་ཡང་ནའོ། །ཚིག་མཐར་ཚུ་རོལ་ཙ་པ་སོ་སོར་བསྡུ་བའི་ཡི་གེ་ ཡོད་པ་དེས། ཕ་རོལ་ཉ་མ་སོ་སོར་བསྡུ་བ་མཐོང་ན་ཉ་མ་ཉིད་དུ་འགྱུར་བ་སྟེ། ཉ་མ་ནི་ཨ་ བའི་ནང་སེལ་ཀ་ཡིན་པས། དམིགས་གསལ་དགོས་ཆོས་ལ། ཉ་མར་འགྱུར་བ་དང༌། ཡང་ ན་སྤྱིར་བཏང་། ཛ་བའི་ཡི་གེར་བསྒྱུར་བ་ཉིད་དོ། །ཉ་མར་བྱེད་ན། ཙ་ཉ། ཊ་ཎ། ཏ་ན། ཀ་ ང༌། པ་མ་རྣམས་སུ་འགྱུར་རོ། ༈ །བཱཀ྄། མཱ་ཏྲཾ། བཞག ཙ་པའི་ཡི་གེ་ཀ྄། ཉ་མའི་ཡི་གེ་མ་ ཡིག་དང་ཕྲད་པས། སྡེ་པ་མཚུངས་པའི་ཉ་མ། ང་ཡིག་ཏུ་འགྱུར་བའམ། ཡང་ན་སྤྱིར་བཏང་ ཛ་བའི་ག྄་ཡིག་ཏུ་འགྲོ།ཕ་རོལ་དུ་དྲངས། བཱདྨཱ་ཏྲཾ། བཱ་གྨཱ་ཏྲཾ། ཚིག་ཙམ་ཞེས་པ་སྟེ་དོན་ལ་མི་ གནས་པའོ། ༈ ཥཊྲ། མ་མ། ཙ་པའི་ཊྲ། ཉ་མའི་མ྄། ཉ་མ་སྡེ་པ་གཅིག་པའི་ཎ་ཡིག་གམ། ཡང་ན་ཛ་བའི་ཌ་རུ་སོང༌། དྲངས། ཥཎྨ་མ། ཥ་ཌྨ་མ། 19-1-86 ༈ ཙ་པཱ་ཚ་ཤཿ། ཙ་པ་ལས་ཤ་ནི་ཚའོ། །ཚིག་མཐར་ཙ་བའི་ཡི་གེ་ཡོད་པ་དེ་ལས་ཕ་རོལ་ ཤ་ཡིག་བྱུང་ན། ཤ་ཡིག་དེ་ཉིད་ཚ་ཡིག་ཏུ་བྱེད་པའམ། ཡང་ན་ཤ་ཡིག་ཉིད་དུ་རང་གནས་ཏེ། གཉིས་ཀ་ལ་ཡང་ཙ་པ་ནི་ཕར་འདྲེན་ནོ། །བཱཀ྄། ཤཱུ་རཿབཞག ཚུ་རོལ་ཙ་པའི་ཀ྄་ཡིག་ལ་རྣམ་ འགྱུར་མེད། ཤཱུ་རའི་ཤ་ཡིག་ཚ་རུ་བསྒྱུར་བས་ཚཱུ་ར་འམ། ཤཱུ་ར་ཉིད་དུ་རང་གནས། གང་ལྟར་ ཡང༌། ཀ྄་ཕར་དྲངས། བཱཀྪཱུ་རཿ བཱཀྴཱུ་རཿ དཔའ་བོའི་ངག་སྟེ། བརྫུན་གཡོ་ཟོལ་མ་ཡིན་པའི་ ཁས་ལེན་ཆེན་པོའི་ཚིག་གོ ། ༈ ཧོ་ཛྷ་བྷཿ ཧ་ནི་ཛྷ་བྷའོ། །ཚིག་མཐའ་ཙ་པ་ཡིན་པའི་ཕྱི་མར་ཧ་ཡིག་བྱུང་ན། ཧ་ཡིག་དེ་ ཛྷ་བྷའི་ཡི་གེར་བསྒྱུར་བའམ། ཡང་ན་ཧ་ཡིག་རང་གནས་སོ། །ཛྷ་བྷ་སོ་སོར་བསྡུ་བའི་ཡི་གེ་ ནི། ཛྷ་ཌྷ་དྷ་གྷ་བྷའོ། །ཚིག་མཐའ་ལ་ཏ་ཡིག་ཡོད་ན། ཕ་རོལ་ཧ་ཡིག་དེ། ཚིག་མཐའི་ཏ་ཡིག་ དེའི་བཞི་པ་དྷ་ཡིག་ཏུ་འགྲོ་བ་ལྟ་བུ་སྟེ། ཏཏ྄། ཧ་བིཿབཞག ཏཏ྄་ཀྱི་མཐའ་བརྟེན་ཏ྄་སྲོག་མེད་ མཐོང་བས། ཕ་རོལ་ཧ་ཡིག་དེ་ཏ་དང་སྡེ་པ་གཅིག་པའི་དྷ྄་ཡིག་ཏུ་འགྲོ།ཏ྄་ཡང་ད྄་རུ་འགྲོ་ དྲངས། ཏདྡྷ་བིཿ ཏདྷ་བིཿ། དེ་སྲེག་བླུགས་ཞེས་ཏེ། འབྲས་དང་གྲོ་དང་ནས་ལ་སོགས་པའི་ སྲེག་བླུགས་ནི་ཧ་བིའོ། ༈ །དེ་བཞིན་དུ་ཚིག་མཐའ་ཙ་ལ། ཧ་ཡིག་ཛྷ། ཊྲ་ལ་ཧ་ཌྷ། ཀ྄་ལ་ཧ་ གྷ། ཚིག་མཐའ་བ་ལ་ཧ་ཡིག་དེ་བྷ་ཡིག་ཏུ་འགྱུར་རོ། །བཱཀ྄། ཧ་རིཿ བཞག ཀ྄་མཐོང་བས་ཧ་ ནི་ཀ་སྡེའི་བཞི་པ་གྷ་རུ་སོང༌། ཀ྄་ག྄་རུ་སོང༌། བཱགྒྷ་རིཿ བཱགྷ་རིཿ སྨྲ་བའི་སེང་གེའམ། འཕྲོག་ བྱེད་ཀྱི་ངག་དང༌། སེང་གེའི་སྐད་ཅེས་སོ། ༈ །ཨཙ྄། ཧ་ལཽ། བཞག ཙ་མཐོང༌། ཕ་རོལ་ཧ་ནི་ ཙ་སྡེའི་བཞི་པ་ཛྷ། ཡང་ན་རང་གནས་སོ། །ཙ྄་ཛ྄་དྲངས། ཨཛྷ་ལཽ། ཨཛྫྷ་ ལཽ། ཨཙ྄། དབྱངས། ཧ་ལ྄་གསལ་བྱེད་དེ། པཱ་ཎི་པ་དང༌། ཙནྡྲ་པ་སོགས་ཀྱི་སོ་སོར་བསྡུ་བའི་བརྡ་ཡིན། དབྱངས་ གསལ་དག་ཅེས་པའི་དོན་ལ། ཨཙ྄་དང་ཧལ྄་དག་ཅེས་པའོ། ༈ ཥཊྲ། ཧ་ལཱ་ནི། བཞག ཧ་ནི་ཊྲ་མཐོང་བས་ཊ་སྡེའི་བཞི་པ་ཌྷའོ། །ཡང་ན་རང་གནས། 19-1-87 ཊྲཌ྄་དྲངས། ཥཌྜྷ་ལཱ་ནི། ཥཌྷ་ལཱ་ནི། རོལ་དྲུག་རྨོས་སོ་ཞེས་སོ། ༈ །ཏྲ་ཥྚུཔ྄། ཧཱུ་ཏཾ། བཞག པ྄་མཐོང་བས་ཧ་དེ་ནི་པ་སྡེའི་བཞི་པ་བྷ་རུ་སོང༌། ཡང་ན་རང་གནས་སོ། །པ྄་བ྄་རུ་སོང༌། དྲངས། ཏྲྀཥྚུ་བྦྷཱུ་ཏཾ། ཏྲྀཥྚུ་བྷཱུ་ཏཾ། གསུམ་འདུས་སྦྱིན་སྲེག་བྱེད་ཅེས་ཏེ། ཏྲྀཥྚུཔ྄་ནི། མར་སྣུམ་ ནས་གསུམ་བསྲེས་པ་གསུམ་འདུས་ལ་ཟེར། སྡེབ་སྦྱོར་གསུམ་སྔགས་དང༌། ཆུ་ཐིགས་ལ་ ཡང་ཟེར་རོ། ། ༈ སྟོ་ཤྩུ་བྷིཿཤྩུཿ། ས་དང་ཏུ་ནི་ཤ་ཙུ་རྣམས་ལ་ཤ་དང་ཙུའོ། །ཚིག་མཐར་ས་ཡིག་དང༌། ཏ་ཐ་ད་དྷ་ན་ཡོད་ལ། ཕ་རོལ་དུ་ཤ་ཡིག་དང་ཙ་ཚ་ཛ་ཛྷ་ཉ་ཡོད་ན། ཚིག་མཐའ་རྣམས་ཕ་ རོལ་དང་འདྲ། ཤ་དང་ཙ་སྡེར་འགྲོའོ། །དེ་ཡང་ཚིག་མཐའི་ས་ནི། ཤ་ཙུ་གང་མཐོང་ཡང་ཤ་ རུ་འགྱུར། ཏ་སྡེ་ནི། ཤ་ཙུ་གང་མཐོང་ཡང་ཙ་སྡེར་འགྱུར་རོ། །དེ་ལ་ཏུ་ཞེས་པ་ནི་ཏ་སྡེ་དང༌། ཙུ་ཞེས་པ་ནི་ཙ་སྡེའི་མིང་ངོ༌། །ཇི་འདྲར་འགྱུར་ན་གྲངས་བཞིན་དུ་སྟེ། ཏ་ཙ། ཐ་ཚ། ད་ཛ། དྷ་ ཛྷ། ན་ཉ་རྣམས་སུ་བསྒྱུར་རོ། །ཀས྄། ཙ་ར་ཏི། བཞག ཚིག་མཐའི་ས྄། ཕ་རོལ་ཙ་སྡེ་མཐོང་ བས་ཤ྄་དབྱངས་བྲལ་དུ་སོང༌། ཙ་ལ་དྲངས། ཀཤྩ་ར་ཏིཿ གང་ཐོས། གང་ཐུག་འགྲོ། ཞེས་ སོ། ༈ །དེ་དང་འདྲ་བར། ཀས྄། ཚད་ཡ་ཏི། ཞེས་པ་ལ། ཀཤྪ་ད་ཡ་ཏི། གང་འགེབས་པར་ བྱེད། ཅེས་སོ། །ཀས྄། ཤཱུརཿབཞག ཚིག་མཐའི་ས྄་ནི་ཕ་རོལ་ཤ་ཡིག་མཐོང་བས་ཤ྄་ཡིག་ཏུ་ སོང༌། དྲངས། ཀཤྴཱུ་རཿ། དཔའ་བོ་གང་འདྲ་ཡིན། ཞེས་སོ། ༈ །ཏཏ྄། ཙིཏ྄ཾ། བཞག ཚིག་ མཐའི་ཏ྄་ནི་ཕ་རོལ་ཙ་སྡེ་མཐོང་བས། ཙ྄་ཡིག་ཏུ་སོང༌། དྲངས། ཏཙྩི་ཏྲཾ། དེ་རི་མོ་ཅན་ནམ། དེ་ཡ་བཤའ་བའོ། །ཡ་བཤའ་བའི་དོན་ནི། སཾ་སྐྲྀ་ཏ་ལ། ཨ་ཙརྩ་ཟེར། རང་བཞིན་སྐད་ལ་ གཔྤ་ཟེར་ཏེ། བཞད་གད་ཀྱི་བརྫུན་འུད་ཤོབ་དང༌། ལག་འཕྲུལ་མིག་འཕྲུལ་སོགས་སོ། ། ༈ ཡང༌། ཏཏ྄། ཤཱསྟྲཾ། བཞག ཙ་པ་ལས་ཤ་ནི་ཚའོ་ཞེས། ཚིག་མཐའི་ཏ྄་དབྱངས་བྲལ་ ཙ་པའི་ཡི་གེ་དེ། ཕ་རོལ་ཤ་ཡིག་གིས་མཐོང་བས་ཤ྄་ཡིག་ཉིད་ཚ་ཡིག་ཏུ་འགྲོའོ། །ཏཏ྄་ཚཱ་སྟྲཾ་ 19-1-88 བྱུང༌། དེ་མཚམས། ཚིག་མཐའི་ཏ྄་ཡིག་དེས་ཕ་རོལ་ཙ་སྡེ་མཐོང་བས་ཏ྄་ཡིག་ཙ་སྡེར་འགྲོ་བ་ ལས། གྲངས་མཉམ་དབང་གིས། ཏ་སྡེ་དང་པོ་ཏ་ཡིག་དེ། ཙ་སྡེའི་དང་པོ་ཙ྄་རུ་སོང༌། དྲངས། ཏ་ཙྪཱ་སྟྲཾ། ཞེས་སོ། ། ༈ ན་ཤཱཏ྄། ཤ་ལས་མ་ཡིན་ནོ། །ཚུ་རོལ་ཚིག་མཐའ་ཤ་ཡིག་ཡོད། ཕ་རོལ་དུ་ཏ་སྡེ་ཡོད་ ན། ཏ་སྡེའི་ཡི་གེ་ཙ་སྡེར་མི་འགྲོ་སྟེ་རང་བཞིན་གནས་པའོ། །བིཤ྄་ནཿཞེས་བཞག་ན། ཤ་ ཡིག་གི་ཕ་རོལ། ནཿཡིག་ཙ་སྡེ་ཉ་རུ་མི་འགྲོ་སྟེ། ན་ཉིད་ལ་གནས་སོ། །དྲངས། བིཤྣཿ། ཞེས་ ཏེ་བི་ཤ྄་གཡོག ན་བདག་གི་ཞེས་པའམ། ཡང་ན། བིསྣཿ། ཁྱབ་པ་པོ་ཞེས་སོ། ༈ །པྲཤ། ནཿབཞག རྣམ་འགྱུར་མེད། དྲངས། པྲཤྣཿ། དེའི་དོན་ནི། སནྡྷྱ་པྲྀཙྪ་ཞེས་ཏེ། ཚིག་མཚམས་ སྦྱོར་བའི་དྲི་བའོ། ༈ ཥྚུ་བྷི་ཥྚུཿ། ཥ་ཊུ་རྣམས་ཀྱི་ཥྚུའོ། ཚུ་རོལ་ས་ཏུ་ནི། ཕ་རོལ་ཥ་དང་ཊུ་ལ། ཥ་དང་ཊུ་རུ་ འགྱུར་རོ། །དེ་ཡང་ཚིག་མཐའི་ས་ཡིག་གིས་ཕ་རོལ་ཥ྄་ཡིག་མཐོང་ན། ས྄་ཉིད་དྲོ་བའི་ཥ་ ཡིག་འགྱུར། ཡང་ཚིག་མཐའི་ས་ཡིག་གིས། ཕ་རོལ་ཊ་སྡེ་མཐོང་ན་ཡང༌། ས྄་ཥ྄་རུ་འགྲོ་ལ། ཚིག་མཐའི་ཏ྄་ཡིག་ལྟ་བུ་ཏ་སྡེས། ཕ་རོལ་ཊ་སྡེ་མཐོང་ན། ཏ་ཡིག་ཉིད་སོགས་ཊ་སྡེར་འགྲོའོ། ། དེ་ཡང་ཚིག་མཐའ་ཏ྄་ཡིན་ན་ཊྲ། ཐྲ་ཋྲ། ད྄་ཌ྄། དྷ྄་ཌྷ྄། ན྄་ཎ྄་རྣམས་སོ་འགྲོའོ། ༈ །ཀས྄། ཥཥྛཿབཞག ཥ྄་ཡིག་ཕ་རོལ་ལས། ཀས྄་ཀྱི་ས྄་ཥ྄་རུ་སོང༌། དྲངས ཀཥྵཥྛཿ། དྲུག་པོ་གང་ཞེས་ སོ། ༈ །ཀས། ཊཱི་ཀ་ཏེ། བཞག ས྄་ཥ྄་ཀཥྚཱི་ཀ་ཏེ། གང་ལ་འགྲོའམ། གང་ལ་འགྲེལ་བ་བྱེད་ ཅེས་སོ། ༈ །ཏཏྲ། ཊཱི་ཀ་ཏེ་བཞག ཚུ་རོལ་ཏ་སྡེས། ཕ་རོལ་ཊ་སྡེ་མཐོང་བས། ཏ྄་ཉིད་ཊ྄་ཡིག་ ཏུ་འགྲོའོ། །དྲངས། ཏ་ཊྚཱི་ཀ་ཏེ། དེ་འགྲོའམ། དེ་རིགས་ཉམས་སམ། དེ་འགྲེལ་པར་བྱེད་ ཅེས་པའོ། ། ༈ ཏོལླི་ལཿ། ཏོ་ཡི་ལ་ལ་ལའོ། །ཏོ་ཞེས་པ་ནི་ཏུ་སྟེ་ཏ་སྡེའོ། །ཚུ་རོལ་ཏ་སྡེ་ཡོད་པ་དེ། ཕ་ 19-1-89 རོལ་ལ་ཡིག་མཐོང་ན། ཏ྄་ཉིད་ལ་ཡིག་ཏུ་འགྱུར་རོ། །ཏཏ྄། ལཱུ་ནཱི་ཏི། ཞེས་པ་བཞག ཏཏ྄་ ཀྱི་མཐར་བརྟེན་ཏ྄་དབྱངས་མེད་དེ་ཕ་རོལ་ལཱུའི་ལ་མཐོང་བས། ཏ྄་ཉིད་ལ་དྲངས་ཏ྄ལླཱུ་ནཱི་ཏི། ཞེས་པ་དེ་ཆོད་ཅིག ༈ ཨནྟ་སྠ་དྭཱི་པྲ་བྷེ་དཿ། མཐར་གནས་ལ་གཉིས་སུ་དབྱེའོ། །ཞེས་པ་འདི་འགའ་ཞིག་ དབྱངས་ཅན་གྱི་མདོ་ཚིག་ཏུ་འདོད་པ་ལ་ནི་མི་ལེགས་པ་མེད། ལ་ལ་ཨ་ནུ་བྷཱུ་ཏའི་འགྲེལ་ ཚིག་ཏུ་འདོད་ཀྱང༌། དེ་མི་འཐད་དེ་འགྲེལ་པ་ཉིད་དུ་ཚིག་འདི་ལ་འགྲེལ་པ་འབྱུང་བས་སོ། ། འོན་ཀྱང་ཀཱ་རི་ཀ་ཟེར་བའི་སྒྲ་གཞུང་གཞན་ཞིག་གི་ལུང་འདྲེན་ཡིན་པར་ཊཱི་ཀ་གཅིག་ལས་ བཤད་འདུག་གོ །མཐར་གནས་བཞི་ལས། ར་ཡིག་བོར་བའི་ཡ་བ་ལ་གསུམ་ལ་རྗེས་སུ་སྣ་ ལྡན་ཅན་དང༌། རྗེས་སུ་སྣ་ལྡན་མེད་པ་གཉིས་སུ་དབྱེ་བ་ལས། སྣ་ལྡན་ཅན་ལ། ཚིག་མཐའི་ ན྄་ཡིག་ལ྄་ཡིག་ཏུ་འགྲོ་ཞིང་ཡི་གེ་སྔ་མ་ལ་ང་རོ་སྐྱེ་བར་འགྱུར་རོ། །དཔེར་བརྗོད་ནི། བྷ་ བཱན྄། ལི་ཁ་ཏི། བཞག ན྄་ཡིག་ནི་ཕ་རོལ་མཐར་གནས་མཐོང་བ་ལས་ལ྄་ཡིག་ཏུ་སོང༌། བཱ་ ཡིག་སྣ་ལྡན་ཅན་དུ་འགྲོ་བས་ཀླད་སྐོར་རེ་འབྲིའོ། །ང་རོ་དཀྱུས་མ་ལ་ཐིག་ལེ་དང༌། སྣ་ལྡན་ མཚོན་ན། ཟླ་ཕྱེད་རྐྱང་པའམ། ཟླ་ཕྱེད་ཐིག་ལེ་བྱེད་པ་གཞུང་འདིའི་རྗེས་འབྲང་གི་ལུགས་ ཏེ། པཱ་ཎི་པའི་ལུགས་ཀྱང་ཡིན་ནོ། །སྔགས་གཞུང་འགའ་ལས་ཟླ་ཕྱེད་ལ་ང་རོ་གསུང་བ་དང་ གཅིག་གོ །ལ་ཕ་རོལ་ལི་ལ་དྲངས། བྷ་བཱཾལླི་ཁ་ཏི། ཁྱོད་རི་མོ་འབྲིའོ། ། ༈ ན་ཥི། ཥ་ལ་མ་ཡིན་ནོ། །སྔར་བཤད་པ། ཏ་སྡེས་ཤ་ཡིག་ཕ་རོལ་ཡོད་པ་མཐོང་ན། ཊ་ སྡེར་འགྲོ་བ་ལ། ཤ་དང་ཥ་ཡིག་མཚུངས་ཀྱང༌། ཥ་ཕ་རོལ་ལ་ཏ་སྡེ་དེ་ཊ་སྡེར་མི་འགྲོའོ། །བྷ་ བཱན྄། ཥ་ཥྛ་བཞག ན྄་ཏ་སྡེ་ཡིན་ཡང༌། ཥ་ཡིག་མཐོང་བ་ལ་ཊྲ་སྡེར་མི་འགྱུར་རོ། །དེས་ན་ རང་གནས་པ་ལས་ན྄་ཥ་ལ་དྲངས། བྷ་བཱཎྵཥྛཿ།ཁྱོད་དྲུག ༈ ཊོ་རནྟྱཱ་ཏ྄། མཐའི་ཊུ་ལས་སོ། །ཚུ་ རོལ་དུ་ས་དང་ཏ་སྡེ་ཡོད། ཕ་རོལ་དུ་ཥ་དང་ཊ་སྡེ་ཡོད་ན། ཚུ་རོལ་གྱི་ས་ཏུ་དེ་ཀ་ཥ་ཊུར་འགྱུར་ 19-1-90 ཡང་དེ་གོ་ཟློག་སྟེ་ཚུ་རོལ་ཚིག་མཐའ་ལ་ཊུ་སྟེ་ཊ་སྡེ་ཡོད་ཅིང༌། ཕ་རོལ་ཏུ་ས་དང་ཏ་སྡེ་ཡོད་ ན། ཚུར་ཕྱོགས་ཀྱི་ཊ་སྡེའི་ནུས་པས། ཕར་ཕྱོགས་ཀྱི་ས་ཏུ་རྣམས་ཥ་ཊུར་མི་འགྲོའོ། ཥཊ྄། ནརཿབཞག དེ། ཥཊ་ཎ་རཿཞེས་པར་མི་འགྲོ། ཏ་སྡེ་ན་རང་གནས་ཡིན། ཚིག་མཐའི་ཏ་ཡིག ཉ་མ་ལ་ཉ་མའོ་ཞེས། ཉ་མའི་ཡི་གེ་ན་མཐོང༌། ཙ་པའི་ཡི་གེ་ཊ་ཡིག་དེ། ཊ་སྡེའི་ལྔ་པ་ཎྲྀ་ ཡིག་ཏུ་འགྲོ་བའམ། ཡང་ན་ཨ་བའི་ཡི་གེ་ན་མཐོང་བས། ཛ་བའི་ཡི་གེ་ལས་ཊ་སྡེ་ཌ྄་ཡིག་ཏུ་ འགྱུར་རོ། །སོ་སོར་དྲངས། ཥཎྣ་རཿ། ཡང་ན་ཥཌྣ་རཿ། མི་དྲུག་པོ་ཞེས་སོ། ༈ ཥཊ྄་སཱི་དནྟི་ བཞག རྣམ་འགྱུར་མེད་དྲངས། ཥཊྶཱི་དནྟི། དྲུག་ཏུ་རྔུལ་བར་འགྱུར་རོ། །དྲུག་སྡུག་བསྔལ་ལོ། ། ཞེས་སོ། ། ༈ ནཿས་ཀ྄་ཚ་ཏེ། ན་ལས་ཚ་ཏ་ལ་སཀ྄འོ། །ཚིག་མཐར་ན྄་ཡིག་དང༌། ཕ་རོལ་ཏུ་ཚ་ཏ་ སོ་སོར་བསྡུ་བ་སྟེ། ཚ་ཋ་ཐ་ཙ་ཊ་ཏ་རྣམས་གང་ཡང་རུང་བ་ཡོད་ན། སཀ྄་ཨཱ་ག་མ་སྟེར་རོ། ། ཇི་སྐད་དུ། ཊིཏ྄་དང་ཀིཏ྄་དག་དང་པོ་དང་མཐའ་མ་དག་ཏུའོ། །ཞེས་བཤད་པས། ཊིཏ྄་ཨཱ་ ག་མ་དང་པོ་སྟེ་ཐོག་མར་འཇོག ཀིཏ྄་ཨཱ་ག་མ་མཐའ་མར་འཇོག་པ་ལ། འདི་ཀ྄་དབྱི་དགོས་ པས་ཀིཏ྄་ཨཱ་ག་མ་ཡིན། གང་ལ་སྟེར་ན། ཚིག་གོང་མ་ལ་སྟེར་བས། གོང་མའི་མཐའ་སྟེ་ཚིག་ སྔ་ཕྱིའི་བར་དུའོ། །དེ་ཡང་རཱ་ཛན྄། ཙིཏྲཾ་བཞག རཱ་ཛན྄་ལ་སཀ྄་སྟེར་ཀ྄་ཡལ། ཨ་མི་སྣང༌། རཱ་ཛན྄་ས྄་ཙིཏྲཾ་བྱུང༌། ཥྚུ་ལས་ཥྚུའོ། །ས྄་ནི་ཙ་མཐོང་བས་ཤ྄་རུ་སོང༌། ན྄་དབྱངས་མེད་ང་ རོའོ། །དྲངས། རཱ་ཛཾ་ཤྩི་ཏྲཾ། གསལ་ཞིང་བཀྲ་བའོ། །རྒྱལ་པོ་བློ་གསལ་ཡང་ཟེར། ཀ་ལཱ་པར་ ན྄་ཤ྄་རུ་བསྒྱུར། ཡི་གེ་སྔ་མ་ལ་ཀླད་སྐོར་རང་བྱུང་གསར་སྐྱེས་སུ་མཛད་པ་ནི་འདི་དང་གྲུབ་ གཟུགས་གཅིག་ཀྱང༌། དེ་སླ་ཆོས་དང༌། འདི་སྒྲུབ་ཚུལ་དངོས་ཡིན་པར་གསལ་ལོ། ༈ །ཡང་ བྷ་བཱན྄་ཏ་ནོ་ཏི། ཞེས་པ་བཞག སཀ྄་ཨཀ྄་ཡལ། བྷ་བཱན྄ས྄་ཏ་ནོ་ཏི། ཏ་ཐ་ཕ་རོལ་ལ་ས྄་རང་ གནས་ན྄་ང་རོ། དྲངས། བྷ་བཱཾསྟ་ནོ་ཏི། ཁྱོད་ཐགས་ཐོགས་ཤིག ཁྱོད་ཡངས་པར་འདུག་ཅེས་ 19-1-91 སོ། ༈ །བྷབཱན྄། ཊིཀྐི་བཞག སཀ྄་ཀ྄་དང་ཨ་ཡལ། བྷ་བཱན྄། ས྄། ཊཀྐི་བྱུང༌། ས྄་ཥ྄། ན྄་ང་ རོ། དྲངས། བྷ་བཱཾཥྚཀྐི། ཁྱོད་ཀྱི་འདོད་པའོ། ། ༈ ཤེ་ཙཀྦཱ། ཤ་ལ་ཙཀ྄་ཡང་ནའོ། །ཚིག་མཐའ་ན྄་ཡིན་ལ། ཕ་རོལ་ཤ་མཐོང་ན་ཙཀ྄་ཨཱ་ ག་མ་སྟེར་བའམ་ཡང་ན་མི་སྟེར་རོ། །བྷ་བཱན྄། ཤཱུ་རཿབཞག ཙཀ྄ ཀ྄་ཡལ། ཨ་ཕྱིས། བྷབཱན྄་ ཙ྄། ཤཱུརཿབྱུང༌། ཚུ་རོལ་ཙ྄་མཐོང་བས་ཕ་རོལ་ཤ་ཚ་རུ་སོང༌། ན྄་ཡང་ཙ྄་མཐོང་བས་ཉ྄་རུ་ སོང༌། རིམ་པས་དྲངས། བྷ་བཱཉྩྪཱུ་རཿ། ༈ ཡང་ན་དེ་དང་འདྲ་བ་ལ་ཤ་ཚ་རུ་མ་བསྒྱུར་བས། བྷ་ བཱཉྩྴཱུ་རཿ། ༈ ཡང་ན་ཙཀ྄་མ་སྦྱེན་པས་ན྄་ཉ྄་དྲངས། བྷ་བཱཉྴཱུ་རཿ། ཡང་ན་རྣམ་འགྱུར་མེད། ན྄་ དྲངས། བྷ་བཱནྴཱུ་རཿ། ཁྱོད་དཔལ་བོའོ་ཞེས་པ་སྟེ། འཐབ་མོ་ཕེར་བ་དང༌། སྨྲ་བ་སྤོབས་པ་ དང༌། དཀའ་སྤྱོད་ནུས་པ་དང༌། བརྟུལ་ཞུགས་པ་སྡོམ་པ་ཐུབ་པ་རྣམས་ལ་འཇུག་གོ ། ༈ ཏྞྣོ་ཧྲ་སྭ་དྭིཿསྭ་རེ། ཐུང་ངུ་ལས་ང྄་ཎ྄་ན྄་དབྱངས་ལ་གཉིས་སོ། །ང྄་ཡིག་དང་ཎ྄་ཡིག་ ན྄་ཡིག་དབྱངས་མེད་གསུམ་པོ་ཚིག་མཐའ་ཡིན་ལ་ཨུ་པ་དྷཱ་སྟེ་གསུམ་པོ་རང་གི་སྔ་མའི་ཡི་ གེ་དེ་དབྱངས་ཐུང་ངུ་ཡིན་ཅིང༌། ཕ་རོལ་དུ་དབྱངས་ཡོད་པ་དང་ཕྲད་ན། ང྄་ཎ྄་ན྄་གང་ཡིན་ རུང་རང་ཉིད་གཉིས་སུ་འགྱུར་རོ། །ཐུང་ངུའི་རྗེས་སུ་ང྄་ཎ྄་ན྄་དང༌། དེའི་རྗེས་སུ་བར་མ་ ཆད་དབྱངས་ཡོད་པའི་རྣམ་འགྱུར་རོ། །འོག་ཏུ་འབྱུང་བ་ཚིག་སྒྲུབ་ཀྱི་བྱ་བ་འདིར་བླངས་ན། པྲཏྱ་ཙ྄་ལ། སི་བྱིན། ཏྱ་དང་ཙའི་བར་དུ་ནུམ྄་ཨཱ་ག་མ་བཞག ན྄། པྲཏྱན྄ཙ྄་སི་བྱུང༌། ན྄་ཉ྄་ སི་འཇིག རབ་སྦྱོར་མཐའི་ཙ྄་ཕྱིས། ཉ྄་ང྄་པྲ་ཏྱ་ང྄། གྲུབ་སྟེ་ཚིག་ཏུ་གྲུབ་པས་འདིར་ང྄་སྲོག་ མེད་ནི་ཚིག་མཐའོ། །པྲ་ཏྱང྄༌། ཨི་དཾ་བཞག འདིའི་ཨུ་པ་དྷཱ་ནི། ཏྱ་གྱི་སྲོག་ཨ་ཐུང་ཡིན། དེའི་ ཕྱི་མར་ཡོད་པའི་ང྄་ཡིག་སྲོག་བྲལ་གཅིག་པོ་དེ། ཕ་རོལ་དབྱངས་ཨི་མཐོང་བས་ང྄་ཡིག་ དབྱངས་མེད་ཉིད་གཉིས་སུ་སོང༌། པྲ་ཏྱང྄་ང྄་ཨི་དཾ། ང྄་གཉིས་ཨི་ལ་དྲངས། པྲ་ཏྱདྡི་དཾ། སོ་ སོར་མཆོད་པོ་འདི་ཞེས་པའམ། པྲཏྱང྄་ནི་མངོན་སུམ་དང༌། བདག་དང༌། གཉིས་སྡེབ་རྣམས་ 19-1-92 ལའང་འཇུག་པས། འདི་མངོན་སུམ། འདི་བདག་གམ། གཉིས་སྡེབས་འདི་ཞེས་པའང་ ཡིན་ནོ། ༈ །སུ་གཎ྄་ཨི་དཾ། ཎ྄་གཉིས་དྲངས། སུ་གཎྞི་དཾ། གཡོག་འཁོར་བཟང་པོ་འདིའམ་ ཚོགས་བཟང་པོ་འདི་ཞེས་སོ། ༈ །རཱ་ཛན྄། ཨིཧ་བཞག ན྄་གཉིས་དྲངས། རཱ་ཛནྣི་ཧ། རྒྱལ་ པོ་འདིའམ། གསལ་བ་འདི་ཞེས་སོ། །འདིར་སུ་གན྄་དང༌། རཱ་ཛན྄་ནི་སི་བྱིན་ཟིན་ཡིན་པས་ ཚིག་གོ ། ༈ ཚཿ ཚ་ཡང་ངོ༌། །ཚ་ཡང་གཉིས་སུ་འགྱུར་རོ། །གང་ལ་འགྱུར་ན། ཨུ་བ་དྷཱ་ཐུང་ངུའི་ ཕ་རོལ་གྱིའོ། །ཚ་ནི་རང་ཉིད་མཐའ་མ་དབྱངས་མེད་ཡིན་མི་དགོས་ཚ་དབྱངས་བཅས་ཀྱིས་ ཀྱང་ཆོག་མོད། ལ་ར་གསལ་བྱེད་སྲོག་བཅས་ཐམས་ཅད་དོན་གྱིས་དབྱངས་ཕ་རོལ་ཅན་ ཡིན་ནོ། ༈ ཁ་སེ་ཙ་པཱ་ཛྷ་སཱ་ནཱཾ། ཁ་ས་ལ་ཛྷ་ས་རྣམས་ཙ་པའོ། །ཚུ་རོལ་མཐའ་ན་སྒྲ་ལྡན་ཛྷ་སའི་ཡི་ གེ་ཡོད་ལ། ཕ་རོལ་ཁ་ས་སྟེ་སྒྲ་མེད་བྱུང་ན། ཛྷ་ས་ནི་ཙ་པ་སྟེ་སྔེ་པའི་དང་པོར་འགྱུར་རོ། །དེ་ ཡང་དང་པོ་ལྔ་པོ་ཅི་རུང་རུང་དུ་མི་འགྱུར་གྱི་གང་འདྲ་བའི་ཡི་གེ་དེར་འགྱུར་རོ། །ཏབ། ཚ་ཏྲཾ། བཞག །པའི་དབྱངས་ཨ་ཐུང་ཡིན་པས། དེའི་ཕྱི་མར་བྱུང་བའི་ཚ་ཡིག་གཉིས་སུ་འགྱུར་ཏེ། ཏབ་ཚ྄་ཚ་ཏྲཾ་བྱུང༌། {ཙྪ་[དེ་}ཡང་ཚ་ཉིད་གཉིས་སུ་འགྱུར་གྱི། ཚའི་སྲོག་གི་དབྱངས་གཉིས་ སུ་མི་འགྱུར་རོ། ཚ྄་གཉིས་ཀ་སྤྱིར་ཛྷ་ས་དང༌། བྱེ་བྲག་ཏུ་ཁ་ས་ཡིན་མོད་ཀྱང༌། ཚ་སྔ་མ་ཛྷ་ས་ དེ། ཚ་ཕྱི་མ་ཁ་ས་མཐོང་བས། ཛྷ་སའི་ཚ྄་སྔ་མ་རང་ཉིད་ཙ་པར་འགྱུར་བ་ལས་དེའི་ནང་ནས་ ཚ་རང་དང་སྡེ་པ་གཅིག་ཏུ་འདྲ་བའི་ཙ྄་དབྱངས་བྲལ་དུ་འགྱུར་རོ། །ཏབ་ཙ྄་ཚ་ཏྲཾ། དྲངས། ཏ་ བཙྪ་ཏྲཾ། ཁྱོད་ཀྱི་གདུགས་ཞེས་སོ། །འགྲེལ་པར་ལུང་དྲངས་པ། ཀྭཙིཏྡཱིརྒྷཱ་ད་པི། འགའ་ཞིག་ ཏུ་རིང་པོ་ལས་ཀྱང་ངོ༌། །ཞེས་འབྱུང་བས། སྐབས་འགར་ཨུ་པ་དྷཱ་རིང་པོའི་མཐའ་ལ་ཡང་ཚ་ ཡིག་གཉིས་སུ་འགྱུར་བ་ཡོད་དེ། མླེ་ཚཿབཞག ཚ་གཉིས། དང་པོ་ཙ྄་དྲངས། མླེ། ཙྪཿ། ཀླ་ཀློ་ 19-1-93 སྟེ། དགའ་བ་འཇོམས་པའི་དོན་ནོ། །ཧྲཱི། ཚཿབཞག ཚ་གཉིས། དང་པོ་ཙ྄། དྲངས། ཧྲཱི། ཙྪཿ། ངོ་ཚ་བའོ། ། ༈ མོ་[྅་]ནུ་སྭཱ་རཿ། མ་ནི་རྗེས་སུ་ང་རོའོ། །ཚིག་མཐའི་མ྄་ཡིག་དབྱངས་བྲལ་ནི། ཕ་ རོལ་ཧ་ས་སྟེ་གསལ་བྱེད་དང་ཕྲད་ན་རྗེས་སུ་ང་རོ་ཉིད་དུ་བྱེད་པ་ཤས་ཆེ་སྟེ་ཡིད་ཀྱི་འདོད་ པས་སོ། །ཧ་ས་ངེས་བཟུང་དུ་བྱེད་པ་ནི། དབྱངས་བཀག་པ་སྟེ། ཕ་རོལ་དབྱངས་ལ་དབྱངས་ མེད་དབྱངས་དང་སྦྱོར་བ་ཤས་ཆེ་བའི་ཕྱིར་རོ། །ཏཏ྄་ལ་ཨམ྄་བྱིན། ཊི་ཕྱིས་པས། ཏམ྄་ འོང་ངོ༌། །ཏམ྄། ཧ་ས་ཏི། བཞག ཏམ྄་གྱི་མ྄་ཕ་རོལ་ཧ་ཡིག་ཧ་ས་སོ་སོར་བསྡུ་བ་མཐོང་ བས་རྗེས་སུ་ང་རོ་རུ་འགྱུར་རོ། །ཏཾ་ཧ་ས་ཏི། ཁྱོད་གད་མོ་རྒོད་ཅེས་སོ། ༈ །པ་ཊུམ྄། བྲྀ་ཐཱ་ བཞག་ཧ་ས་ལ་མ྄་ང་རོ། པ་ཊུཾ་བྲྀཐཱ། མཁས་རྨོངས་ཞེས་སམ། མཁས་ལ་དོན་མེད་དོ་ཞེས་ སོ། ༈ །ནཤྩཱ་བ་དཱནྟི་ཛྷ་སེ། ཚིག་མཐའི་ན་ཡང་ཛྷ་ས་ལའོ། མ྄་ཡིག་སྔར་བཤད་ཟིན་པས་ན་ ཡང་ཞེས་པ་མ་ཡིག་ཏུ་མ་ཟད། ན྄་ཡིག་ཚིག་མཐའ་ཡིན་པ་དང༌། ཚིག་མཐའ་མ་ཡིན་པ་དེ་ ཡང༌། ཕ་རོལ་ཧ་སའི་ནང་ཚན་ཛྷ་ས་ཡོད་ན་ང་རོར་འགྱུར་རོ། །ཀ་ལཱ་པར། མ྄་ན྄་དག་གི་དྷུ་ ཨཊ྄་ལ་རྗེས་སུ་ང་རོའོ། །ཞེས་འབྱུང་བ་དང་གཅིག་གོ ༈ །དཔེར་བརྗོད་ནི། ཡ་ཤས྄་ཛས྄་ བཞག ནུམ྄་ཨཱ་ག་མ་སྦྱིན། ཡ་ཤ་ན྄ས྄་ཛས྄་བྱུང༌། ཛས྄་ཨི་རུ་འགྱུར། ན྄འི་ཨུ་པ་དྷཱ་རིང་པོའོ་ ཞེས་པས། ཤའི་ཨ་རིང་པོར་སོང༌། ཡ་ཤཱན྄ས྄་ཨི་བྱུང༌། ས྄་ཨི་ལ་དྲངས། ཡ་ཤཱ་ན྄་སི། གྲུབ། འདིའི་ཚིག་མཐའ་ནི་སི་ཞེས་ཨི་ཡིན་པས། ཤན྄་གྱི་ན྄་ནི་ཚིག་མཐའ་མ་ཡིན་ཡང༌། ཕ་རོལ་ ས་ཡིག་ཛྷ་སའི་ཡི་གེ་དེ་མཐོང་བས་ཀླད་སྐོར་དུ་འགྱུར་རོ། །ཡ་ཤཱཾ་སི། གྲགས་པ་རྣམས་ཞེས་ སོ། ༈ །དེ་བཞིན་དུ། པ་ཡཱན། སི། པ་ཡཱཾ་སི། འོ་མ་རྣམས། ཆུ་རྣམས་ཞེས་སོ། ༈ །པུམ྄། བྷྱཱཾ། ཚིག་མཐའ་བྷྱཱཾ་གྱི་ང་རོ་ཡིན། པུམ྄་གྱི་མ྄་ཚིག་མཐའ་མ་ཡིན་ཡང༌། ཕ་རོལ་ཛྷ་སའི་ཡི་གེ་ བྷ་ཡིག་མཐོང་བས་ང་རོར྄་འགྱུར་རོ། །པུཾ་བྷྱཱཾ། སྐྱེས་པ་དག་གིས། ཞེས་པའོ། ༈ །ཀམ྄། སཿ། 19-1-94 ཞེས་པ་ལ། སཿནི་ཏཏ྄་ལ་སི་བྱིན་པའོ། །མ྄་ཚིག་མཐའ་མིན་ཡང་ཛྷ་ས་དང་ཕྲད་པས་ང་རོ། ཀཾ་སཿ། འཁར་བ་དང་ཁྲོ་ལིའོ། ༈ །སམ྄སཿབཞག ཛྷ་ས་ལ་ང་རོའོ། །སཾ་སཿ། དེ་ལེགས་ པའོ། ༈ །ཡ་མཱ་ཡ་པེ་[྅་]སྱ་བཱ། ཡ་པ་ལ་ཡ་མ་ཡང་ནའོ། །སྔ་མའི་མཐའི་རྗེས་སུ་ང་རོ་ནི། ཡ་པའི་ཡི་གེ་སྟེ། དྲོ་བ་བཞི་སྤངས་པ། སྡེ་པ་དང་མཐར་གནས་ཕ་རོལ་དུ་བྱུང་ན། ང་རོ་ཉིད་ ཡ་མ་སོ་སོར་བསྡུ་བའི་ཡི་གེ་སྟེ་མཐར་གནས་དང་སྡེ་པའི་ལྔ་པ་རྣམས་སུ་འགྱུར་རོ། །དེ་ཡང་ ཅི་ཐོད་ཐོད་དུ་མི་འགྲོ་ཡི་འདྲ་བའི་ཡི་གེར་འགྱུར་རོ། །ཏཾ། ཏ་ནོ་ཏི། བཞག ཏའི་ང་རོ་དེ་ཕ་ རོལ། ཡ་པའི་ཡི་གེ་ཏ་མཐོང་བས་ང་རོ་ཉིད་ཡ་མའི་ཡི་གེའི་ནང་ཚན། ཏ་དང་སྡེ་ཚན་འདྲ་ བའི་ན྄་དབྱངས་མེད་དུ་འགྱུར་རོ། །དྲངས། ཏནྟཱ་ནོ་ཏི། དེ་ཐགས་སུ་ཐོགས་ཤིག་ཅེས་པའོ། ༈ །ཏཾ། ཀ་རོ་ཏི། བཞག་ཡ་པའི་ཡི་གེ་ཀ་མཐོང༌། ཡ་མའི་ནང་ནས་འདྲ་བ་ང་རུ་སོང༌། ཏངྐ་ རོ་ཏི། དེ་གྱིས་ཤིག་ཅེས་པའོ། ༈ །སཾ། ཛཱ་ནཱ་ཏི། བཞག ཡ་པའི་ཛཱ་མཐོང༌། ཡ་མའི་ཛ་དང་ མཚུངས་པ་ཉ྄། དྲངས། སཉྫཱ་ནཱ་ཏི། ལེགས་པར་སྐྱེས་སོ། ༈ །ཡ་བ་ལ་བ་རེ་ཡ་བ་ལཱ་བཱ། ཡ་ བ་ལ་ཕ་རོལ་ལ་ཡབ་ལ་ཡང་ནའོ། །ཡང་རྗེས་སུ་ང་རོ་ནི། སྐབས་འགར་ཡ་ཕ་རོལ་ལ་ཡ྄་ དང༌། བ་ཕ་རོལ་ལ་ཝ་དང༌། ལ྄་ཕ་རོལ་ལ་ལ་རུ་འགྱུར་བའང་ཡོད་དེ། མདོ་སྔ་མར་ཡ་མའི་ ནང་གི་འདྲ་བ་རྣམས་སུ་འགྱུར་བར་གསུངས་སོ། །དེའི་ཁྱད་པར་དམིགས་གསལ་དུ། མཐར་ གནས་དང༌། ང་རོ་ལ་འདྲ་བ་བརྩི་རྒྱུ་གཞན་མེད། ཕ་རོལ་གྱི་གཟུགས་སུ་བསྒྱུར་བའོ། །སཾ། ཡནྟ་བཞག སཾ་གྱི་ང་རོ་དེ། ཕ་རོལ་ཡ་བའི་ནང་ཚན་ཡ་ཡིག་དང་ཕྲད་པས། ཡ྄་དབྱངས་མེད་ དུ་སོང༌། དྲངས། ས་ཡྻཱནྟ། ཡང་ན་མ་ཡིན་ཏེ། སཾ་ཡནྟ། ཤིང་རྟའི་ཁ་ལོ་བསྒྱུར་བ་པོའི་མིང་ ངོ༌། ༈ །སཾ། བཏྶ་རཿབཞག སཾ་གྱི་ང་རོ་ཕ་རོལ་བ་ཡིག་དང་ཕྲད་པས། ང་རོ་ཉིད་བ྄་རུ་སོང༌། དྲངས། སབྦ་ཏྶརཿ། ཡང་ན། སཾ་བཏྶརཿ། རང་གནས་ཏེ། དུས་ཀྱི་ལོའི་མིང་ངོ༌། ༈ །ཡཾ། ལོ་ ཀཾ་བཞག ཡའི་ང་རོ་དེ་ཕ་རོལ་ལ་མཐོང་བས་ལ྄་ཡིག་ཏུ་སོང༌། དྲངས། ཡལློཀཾ། ཡཾ་ལོ་ཀཾ། 19-1-95 གང་འདི་རྣམས་ཞེས་སོ། ༈ །མདོ་དངོས་སུ་ཡ་བ་ལ་གསུམ་ལས་མ་གསུངས་ཀྱང༌། ལ་དང་ ར་བྱ་བ་མཚུངས་པའི་སྐབས་མང་བས། ར་ཡང་འདྲ་སྟེ། པུཾ། རོགཿབཞག ར་མཐོང་པས་ང་རོ་ ར྄་རུ་སོང༌། དྲངས། པུ་ཪྼོ་གཿ། ཡང་ན པུཾ་རོ་གཿ། སྐྱེས་བུའི་ནད་ཅེས་སོ། ། ༈ ཛྙཱྀ་ཚནྡ་སི། ལྃ། སྡེབ་སྦྱོར་ལའོ། །ལྃ། འདི་ནི་རིག་བྱེད་ལས་འབྱུང་བའི་ཡི་གེ་ལོགས་ པ་ཞིག་ལ་འབོད་ཚུལ་སྒྱིང་ཟེར་བའམ། སྒྱ་ཡང་ཟེར་བ་འདྲ་བས། ཛྙཱིང་གི་གཟུགས་སུ་འབྲི་ བ་ཡིན་གྱི། ཛ་ཉ་བརྩེགས་པ་ལ་ཨཱི་ཞུགས་པ་མིན་ནོ། །འོ་ན་དབྱངས་གསལ་དུ་མ་འདུས་ སམ་སྙམ་ན་མིན་ཏེ། གྷ་ཡིག་གི་རིགས་སུ་གཏོགས་སོ། །དཔེར་ན་བོད་སྐད་ལྷ་ཞེས་པ། ལ་ ཡིག་ཏུ་གཏོགས་པ་ལྟ་བུའོ། །རིག་བྱེད་ཀྱི་སྡེབ་སྦྱོར་ལས། རྗེས་སུ་ང་རོ་ཛྙཱིཾ་དུ་བསྒྱུར་བ་ཡང་ ཡོད་ཏེ། ར྄་ཡིག་དང༌། ཤ་ཥ་ས་ཧ་སྟེ་ཡི་གེ་ལྔ་པོ་ཕ་རོལ་དུ་ཡོད་པ་ལའོ། ༈ །བ་ཡཾ། སོ་མ་ བཞག ང་རོ་ལྃ། དུ་འགྲོ་སྟེ། ཕ་རོལ་ལ་ས་མཐོང་བས་སོ། །བ་ཡ་ཛྙཱིཾ་སོམཿ། དེང་ཟླ་བ་ཞེས་ སོ། ༈ །སཾ་ཧིཏཱ། ང་རོ་ལྃ། ཧ་ཕ་རོལ་ལའོ། །ས་ཛྙཱིཾ་ཧི་ཏཱ། ཡང་དག་པར་ཕན་པའོ། ༈ །ཏཾ་ ར་བིཿབཞག ར་མཐོང་བས་ང་རོ་ལྃ། །ཏ་ཛྙཱིཾར་བིཿ ཁྱོད་ཉི་མའོ། ༈ །ཧཾ་སཿབཞག ས་དང་ ཕྲད་པས་ང་རོ་ལ། ཧཛྙཱིཾསཿ། ངང་པའི་རྒྱལ་པོ་སྟེ། མདོར་ན་སྐྱོན་མེད་ཅིང༌། ཡོན་ཏན་ཕུལ་དུ་ བྱུང་བའི་དོན་ལ་གསང་ཚིག་ལས། ཛྙཱིཾ་འདི་ཐོབ་བོ། དེ་དག་ནི་གསལ་བྱེད་ནང་མཚམས་སྦྱོར་ ཚུལ་རགས་པ་ཙམ་མོ།། །། ༒ ད་ནི་རྣམ་བཅད་མཚམས་སྦྱོར་ཚུལ་བཤད་དེ། བི་སརྫནཱི་ཡ་སྱ་སཿ། རྣམ་པར་ བཅད་བྱའི་སའོ། །སྔ་མའི་མཐའ་ན་ཡོད་པའི་རྣམ་བཅད་དེ། ཕ་རོལ་ཁ་ས་སོ་སོར་བསྡུ་བའི་ ཡི་གེ་སྟེ། སྒྲ་མེད་དུ་གྲགས་པ་རྣམས་མཐོང་ན། རྣམ་བཅད་ཉིད་ས྄་ཡིག་ཏུ་འགྱུར་རོ། །ཀཿ ཏ་ནོ་ཏི། བཞག ཏ་ནི་ཁ་སའི་ནང་ཚན་ཏེ། དེ་མཐོང་བས་ཀའི་རྣམ་བཅད་ས྄་རུ་འགྲོ། ཕ་ རོལ་དྲངས། ཀསྟ་ནོ་ཏི། གང་འཐག་པར་བྱེད། ཅེས་སོ། །ཀ་ལཱ་པར། ཙ་དང་ཚ་ལ་ཤ྄། ཊ་ 19-1-96 དང་ཋ་ལ་ཥ། ཏ་དང་ཐ་ལ་ས྄། ཞེས་ཕ་རོལ་ཡི་གེ་དྲུག་ལ། ཨཱ་དེ་ཤ་མི་འདྲ་བ་བཤད་ཀྱང༌། འདིར་སའོ། །ཞེས་པར་ལྡུམས་ཏེ། སར་གྱུར་ཟིན་པ་དེ། རྣམ་གྲངས་གཅིག་ལ་ཙ་ཚ་ལ་ཤ྄་ དང༌། ཊ་ཋ་ལ་ཥ྄ར་འགྱུར་བ་ཡིན་པས་སོ། ༈ །དེ་ལྟར་སྤྱིར་བཏང་བཤད་ནས། ཁ་སའི་ནང་ ཚན་གཞན་རྣམས་ཀྱི་དགོས་ཆོས་བཤད་པ་ལ། ཤ་ཥ་སེ་བཱ། ཤ་ཥ་ས་ལ་ཡང་ནའོ། །རྣམ་ བཅད་ཀྱི་ཕ་རོལ་ན། ཤ་ཥ྄་ས྄་གསུམ་གང་ཡོད་ཀྱང༌། རྣམ་བཅད་དེ་ཕ་རོལ་གང་མཐོང་བ་ དེའི་གཟུགས་སུ་འགྱུར་བ་ཡང་རྣམ་གྲངས་གཅིག་སྟེ་ཡང་ནའོ། །ཞེས་པའི་དོན་ཡིན། ཡང་ན་ རང་གནས་སམ། སྤྱིར་བཏངས་ལྟར་ས྄་ཁོ་ན་ཡང་ངོ༌། །ཀཿ ཤེ་ཏེ། བཞག རྣམ་གཅད་དེ་ཕ་ རོལ་ཤའི་གཟུགས་སུ་འགྱུར། དྲངས། ཀ་ཤྴེ་ཏེ། སུ་ཉལ་ཞེས་སོ། ༈ །ཀཿ ཥཾཌེ། ཀའི་ཚེག་ དྲག་དེ་ཕ་རོལ་ཀྱི་གཟུགས་སུ་ཥ྄་རུ་སོང༌། །དྲངས། ཀཥྵཾནྜེ། དུམ་བུ་གང་ཞེས་དང༌། སུས་ བརྟུབས་ཞེས་སོ། ༈ །ཀཿ སཱདྷུཿ། ཚེག་དྲག་ནི་ཕ་རོལ་གྱི་གཟུགས་སུ་དྲངས། ཀསྶཱདྷུཿ། གང་ལེགས་སམ། ལེགས་པ་གང་ཞེས་སོ། །དེས་ཁ་སའི་ནང་ནས་ཤ་ཥ་ས་དང་ཕྲད་པའི་རྣམ་ འགྱུར་སོང་ངོ༌། ། ༈ ཀ་ཁ་དང་པ་ཕའི་རྣམ་འགྱུར་ནི། ཀུཔྤོཿྈྐྉྤཽབཱ། ཀུ་པུ་ལ་ྈྐ་ྉྤ་དག་ཡང་ནའོ། ། གཞུང་འདིར་ྈྐ་ྉྤ་ལ་ལྕེ་རྩ་ཅན་དང་མཆུ་ཅན་ཞེས་ཡི་གེ་ལོགས་པར་མི་བྱེད་པར། དྲོ་བའི་ ནང་ཚན་ཥ་ཡིག་རྣམ་འགྱུར་དུ་བཞེད་དོ། །རྒྱ་གར་བ་ཕལ་ཆེར་གྱི་འདོན་ཚུལ་ལ་ཡང༌། ྈྐ་ནི་ ཨ་ཥ྄ཀ་ཡིན་པས། ཨག྄་ཀ་འདྲ་རུང་དང༌། ྉྤ་ནི་ཨཥ྄་པ་ཡིན་པས། ཨཔྤ་འདྲ་རུང་ངོ༌། །རྒྱ་གར་ བ་ཁ་ཅིག ཀཱཀ྄་དང༌། བཧ྄་ཟེར་བའང་སྣང་ངོ༌། །བོད་ཀྱི་སྒྲ་པ་རྣམས། ཀོཧ྄་དང༌། པོཧ྄་ཞེས་ འབོད་དོ། །ཌ་མ་རུ་དང༌། གླང་པོའི་མྱོས་བུམ་འདྲ་བའི་གཟུགས་ནི། ལནྫན་དང༌། བརྟུ་དང༌། བལ་ཡིག་དང༌། གོ་ཌའི་ཡི་གེའི་ལུགས་ཡིན། དེ་བ་ན་ག་ར་ལ་གཟུགས་ཀྱང་ཥ་འདྲ་རུང་ ཞིག་ཡོད་དོ། །དེ་ལྟ་བུའི་ྈྐ་དང་ྉྤ་ཞེས་པའི་ཀ་དང་པ་བརྗོད་དོན་ཙམ་ཡིན་པར་བཤད་དོ། ། 19-1-97 དེས་ན་ཚུ་རོལ་རྣམ་བཅད་དེས་ཕ་རོལ་ཀ་མཐོང་ན། རྣམ་བཅད་རང་ྈྐ་དང༌། པ་མཐོང་ན་ རྣམ་བཅད་རང་ཉིད་ྉྤ་རུ་འགྱུར་རོ། །ཁ་ནི་ཀ་དང་འདྲ། ཕ་ནི་པ་དང་འདྲའོ། །ཡང་ན་རང་ བཞིན་དུ་གནས་ཏེ་མཚམས་མི་སྦྱོར་བར་བཞག་གོ །ཀཿ ཀཱ་རོ་ཏི། བཞག ཕ་རོལ་ཀ་མཐོང་ བས་རྣམ་བཅད་ྈྐ་ཞེས་པར་སོང༌། ྈྐ་ཡིག་ཀ་བརྗོད་དོན་ཡིན་པས་ཕྱིས། ཥ་ཡིག་གི་འགྱུར་ བ་ྈ྄་ནི་ཕ་རོལ་ཀྱི་ཀ་ལ་དྲངས། ཕ་རོལ་ཀྱི་ཀ་དེ་ྈྐ་ཞེས་པར་སོང༌། ཀྈྐ་རོ་ཏི། ཡང་ན་རང་ གནས། ཀཿཀ་རོ་ཏི། གང་བྱེད་དམ་ཞེས་སོ། ༈ །ཀཿ པ་ཋ་ཏི། བཞག ཚེག་དྲག ྉྤ་ཞེས་ པར་སོང༌། པ་བརྗོད་དོན། ཥ་ཡིག་གི་འགྱུར་པ་ྉ྄་ནི་ཕ་རོལ་པ་ལ་དྲངས་པས། པ་དེ་ྉྤ་རུ་ སོང༌། ཀྉྤ་ཋ་ཏི༌། གང་ཀློག་པར་བྱེད། ཅེས་སོ། །ཡང་ན། ཀཿཔ་ཋ་ཏི། རང་གནས་སོ། །དེ་ ལྟར་ན་ཁ་སའི་རྣམ་འགྱུར་སོང་ངོ༌། ། ༈ །དེ་ལས་འཕྲོས་པ་ཚིག་ཕྲད་དམ་ངེས་ཚིག་གི་སྒྲུབ་པ་ནི། བཱ་ཙ་སྱ་པ་ཏྱཱ་ད་ཡཿ བ་ ཙསྤ་ཏི་ལ་སོགས་པའོ། །བ་ཙཿཔ་ཏི་ཞེས་པ་ལ་ཚེག་དྲག་དེ། ཕ་རོལ་པ་ཡིག་ལ་ས྄་རུ་སོང༌། དྲངས། བ་ཙསྤ་ཏིཿ སྨྲ་བའི་བདག་པོ། ༈ བནཿ པཏི་ལ། བ་ནསྤ་ཏི། སེང་གེའམ། སྔོ་ལྡམ་ མོ། །འདི་ཡང་དེས་འགྲེ། ༈ བྲྀ་ཧཏ྄། བ་ཏིཿ ཏ྄་ས྄་རུ་སོང༌། བྲྀ་ཧ་སྤ་ཏིཿ རིག་བྱེད་བདག་པོ་ སྟེ། ཕུར་བུའོ། ༈ །ཀརཿ ཀརཿ ཕ་རོལ་ཀ་མཐོང་བ་ལས་རྣམ་བཅད་ས྄་རུ་སོང༌། ཀར་སྐ་རཿ བྱེད་པ་པོའོ། ༈ །པཱརཿ ཀརཿ རྣམ་བཅད་ས྄། དྲངས། པཱ་རཱ་སྐ་རཿ། མཆོག་གི་བྱེད་པ་པོ། ༈ ཏ་ཏ྄། ཀརཿ། བཞག ཏཏ྄་གྱི་མཐར་བརྟེན་ས྄། དྲངས། ཏསྐ་རཿ ཆོམ་རྐུན་ནོ། ༈ །བྷཱཿ ཀརཿ རྣམ་བཅད་ས྄། དྲངས། བྷཱ་སྐ་རཿ། འོད་བྱེད་དེ་ཉི་མའོ། ༈ །ཧ་རྀཏ྄་ཙནྡྲ་བཞག ཏ྄་ས྄་རུ་ས྄་ ཤ྄་རུ་སོང༌། དྲངས། ཧ་རི་ཤྩནྡྲཿ། འཕྲོག་བྱེད་ཟླ་བ་ཞེས་ཏེ་ཁྱབ་འཇུག་གམ། རྒྱལ་པོ་སེང་གེ་ ཟླ་བའོ། །འདི་དག་མཚོན་བྱེད་དེ། གཞུང་གི་ཆོ་ག་མི་འཇུག་པ་ལ་ཚིག་ཕྲད་ཀྱི་སྒྲུབ་པ་དང༌། གཞན་ཡང་མདོ་འདིར་མ་བསྟན་པ་རྣམས་མདོ་གཞན་གྱི་ཆོ་གས་སྒྲུབ་པོ། ། 19-1-98 ༈ ཨཧྣོ་རོ་རཱ་ཏྲི་ཥུ། ཨཧྣ་ལས་རཱ་ཏྲི་མ་ཡིན་པ་ལ་ར྄འོ། །ཨ་ཧན྄་ཚིག་ཏུ་གྲུབ་པའི་ ཨཧཿའི་མཐའི་རྣམ་བཅད་ནི། ཕ་རོལ་མིང་གི་ཐོག་མའི་ཡི་གེ་ཧ་བ་གང་བྱུང་ཡང་རྣམ་བཅད་ ར྄་རུ་འགྲོ་སྟེ། རཱཏྲི་ལ་སོགས་པ་མ་གཏོགས་སོ། །དེ་ལ་ཨ་ཧཿསྒྲུབ་པར་བྱ་སྟེ། ཨ་ཧན྄་སི་ བཞག་སི་ཡལ། ན྄་ས྄་དེ་རྣམ་བཅད་དོ། །ཨ་ཧཿ པ་ཏི་བཞག རྣམ་བཅད་ར྄་དྲངས། ཨ་ཧརྤ། ཏིཿཉིན་མོའི་བདག་པོ་སྟེ་ཉི་མའོ། །ཨ་ཧཿག་ཎཿ། ཨ་ཧ྄རྒཎཿ། ཉིན་མོའི་ཚོགས་པ་ཞེས་སོ། ༈ །རཱ་ཏྲི་ལ་སོགས་པ་མ་ཡིན་པ་ཞེས་པས། རཱ་ཏྲི་རཱུ་པ་ར་ཐནྟ་ར་ལ་སོགས་པ་ནིཨ་ཧན྄་གྱི་ མཐར་ཡང་རྣམ་བཅད་ར྄་ཡིག་ཏུ་མི་འགྲོ་སྟེ། འཆད་འགྱུར། ཨ་ལས་ཨ་ལ་ཨུའོ། །ཞེས་པ་ ཐོབ་བོ། ། ༈ ཨ་ཏོ་྅་ཏྱུཿ། ཨ་ལས་ཨ་ལ་ཨུའོ། །དེ་ཡང༌། ཨཏཿ ཨ་ཏི་ཨུཿཞེས་པ་ལ་རྣམ་བཅད་ ཨུ། དེ་ཨོ། ཨོཏ྄་ལས་ཨ་དབྱི། ཏའི་ཨི་ཡ྄། ཏ྄་དང་ཡ྄་ཨུཿལ་དྲངས་པ་སྟེ། ཨ་གཉིས་བར་དུ་ ཨུའི་དཔེར་བརྗོད་གཞུང་ཉིད་ལའང་ཚང་ངོ༌། །སྔ་མའི་མཐའི་ཨ་ཡིག་ལས་ཕྱི་མར་ཡོད་པའི་ རྣམ་བཅད་ནི་ཕ་རོལ་ཨ་ཡིག་མཐོང་ན་རྣམ་བཅད་ཨུ་ཡིག་ཏུ་འགྱུར་རོ། །ཀཿཨརྠཿབཞག ཀའི་ཨ་ཕྲལ། དེའི་ཕ་རོལ་གྱི་རྣམ་བཅད་དེ་ཨརྠའི་ཨ་མཐོང་བས། ཨུ་ཡིག་ཏུ་སོང༌། ཨུ་ལ་ ཨོ་དྲངས། ཀོརྠཿ། དོན་གང་ཡིན་ཞེས་སོ། །གོང་གི་ཨཧཿརཱཏྲི་ལ། ཨ་ཧོ་རཱ་ཏྲི། ཉིན་མཚན་ ཞེས་བྱའོ། ། ༈ ཧ་བེ། ཧ་བ་ལའོ། །ཚུ་རོལ་ཨ་ཡིག་མཐའ་ན་ཡོད་པའི་རྣམ་བཅད་ནི། ཕ་རོལ་ཧ་ བ་སོ་སོར་བསྡུ་བའི་ཡི་གེ་སྒྲ་ལྡན་དུ་གྲགས་པ་དང་ཕྲད་ན་ཡང་རྣམ་བཅད་ཉིད་ཨུ་ཡིག་ཏུ་ འགྲོའོ། ཀཿ གཏཿབཞག ཀའི་ཨ་ཕྲལ། ཨ་དང་ཧ་བའི་བར་གྱི་རྣམ་བཅད་ཨུ། ཨུ་ལ་ཨོ། དྲངས། ཀོ་ག་ཏཿ གང་ལ་འགྲོ་ཞེས་སོ། ༈ །དེ་དང་འདྲ་བར། དེ་བཿཡཱ་ཏི། དེ་བོ་ཡཱ་ཏི། ལྷ་ ཐོབ་བོ། །ཞེས་སོ། ༈ །མ་ནོཿར་ཐཿ། ཡིད་རྟོག་གམ་ཡིད་ཀྱི་ཤིང་རྟའོ། ། 19-1-99 ༈ ཨཱ་ད་བེ་ལོ་པཤ྄། ཨཱ་ལས་ཨ་བ་ལ་དབྱིའོ།། ཚུ་རོལ་ཨཱའི་མཐར་ཡོད་པའི་ཚེག་དྲག་ གིས་ཕ་རོལ་ཨ་བ་སོ་སོར་བསྡུ་བ་སྟེ། དབྱངས་དང་སྒྲ་ལྡན་མཐོང་ན། ལུགས་གཅིག་ལ་རྣམ་ བཅད་དབྱི་བར་བྱའོ། །དེ་བཱཿ ཨ་ཏྲ་བཞག པའི་ཨཱ་རིང་པོ་ཕྲལ། འདི་ཨ་གཉིས་ཀྱི་བར་གྱི་ རྣམ་བཅད་ཡིན། ལུགས་གཅིག་ལ་གོང་ལྟར་ཨུ་རུ་འགྲོ། ཨའི་དགོས་ཆོས་མ་ཡིན་པ། ཨ་ བའི་ཡི་གེ་སྤྱི་འགྲོས་ཀྱི་དབང་དུ་བྱས་ན་ཚེག་དྲག་དབྱིའོ། །བ྄ཨཱ་ལ་དྲངས། དེ་བཱ་ཨཏྲ། ལྷ་ འདིར་ཞེས་སོ། ༈ །བཱ་ཏཱཿ བནྟི། རྣམ་བཅད་ཕྱིས། བཱ་ཏཱ་བནྟི། རླུང་ཞོན་ཏེ་དྲིའོ། ། ༈ སྭ་རེ་ཡ་ཏྭམྦཱ། དབྱངས་ལ་ཡ྄་ཉིད་ཡང་ནའོ། །ཚུ་རོལ་ཨ་ཡིག་དང་མཐའི་རྣམ་བཅད་ དང༌། ཕ་རོལ་དབྱངས་ཕྲད་ན་རྣམ་བཅད་ཉིད་ཡ྄་དབྱངས་མེད་དུ་འགྲོ་བའམ། ཡང་ན་སྤྱིར་ བཏང་དབྱི་བ་ཉིད་དོ། །ཀ་ལཱ་པར་ཨཱ་བྷོ་དག་ལས་དབྱངས་ལ་དབྱི་ཞེས། ཨཱ་ཁོ་ན་ལ་བཤད་ པ་འདྲ་བ་གཅིག་ཡོད་ཀྱང༌། འདིར་ཨ་རིང་ཐུང་གཉིས་ཀའི་མཐའི་རྣམ་བཅད་ལ་ཁྱད་མེད་ པར་བཞེད། སྤྱིར་ཡང༌། ཨཏ྄་ཞེས་པ་ཨ་ཐུང་ཁོ་ན་དང༌། ཨཱཏ྄་ཞེས་པ་ཨཱ་རིང་ཁོ་ན་དང༌། ཨ་ ཞེས་སམ། ཨཱ་ཞེས་གང་སྨོས་ཀྱང་གཉིས་ཀ་གོ་བར་འདོད་དེ། གཞུང་འདིར་ནི་གོང་དུ་བཤད་ པ་ཨཏ྄་ཨཱཏ྄་ལའང་མ་ངེས་ཏེ། ཨི་ཨུ་རྀ་ལའང་འདྲའོ། །དེ་བཱཿ ཨཏྲཿཚར་གཉིས་བཞག རྣམ་ བཅད་ཡ྄། དེ་ཨ་ལ་དྲངས། དེ་བཱ་ཡ་ཏྲཿ གཅིག་ཤོས་ཨའི་མཐའ་དང༌། ཕ་རོལ་ཨ་བ་ཡིན་ པས་རྣམ་བཅད་ཡལ། དེ་བཱ་ཨ་ཏྲཿ ལྷ་རྣམས་འདིར། ཞེས་སོ། །རྣམ་བཅད་ཕྱིས་པ་ལ་སླར་ མཚམས་མི་སྦྱོར་བ་ནི་སྤྱིར་བཏང་སོ། ། ༈ བྷོ་སཿ། བྷོ་ལ་སའོ། །བྷོས྄་ལ་སོགས་པའི་ཕ་རོལ་དུ། ཨ་བ་སོ་སོར་བསྡུ་བ་བྱུང་ ན། མཐར་བརྟེན་ས྄་དབྱངས་མེད་རྣམ་བཅད་དུ་གྱུར་པ་དེ་དབྱིའོ། །བྷོས྄་སི་བཞག བྷ་གོས྄། སི། ཨགྷོས྄་སི་སི་རྣམས་འཇིག ས྄་མཐའ་རྣམས་ཚེག བྷོཿ ཨེ་ཧི་བཞག བྷོ་ལ་སོགས་པའི་ མཐའི་རྣམ་བཅད་ནི། ཨོའི་མཐའི་ཚེག་དྲག་ཡིན་ནའང་དམིགས་གསལ་ཡིན་པས། ར྄་རུ་མི་ 19-1-100 འགྲོ་སྟེ། གོང་བཞིན་ཨེ་སོགས་ཏེ་ཨ་བ་ལ་དབྱིའོ། །བྷོ་ཨེ་ཧི། ཀྱེ་འདིར་བྱོན་ཞེས་སོ། ༈ །བྷ་ གོཿ ན་མ་སྟེ། བཞག ན་ཡིག་ཨ་བ་ཡིན་རྣམ་བཅད་ཕྱིས། བྷ་གོ་ན་མ་སྟེ། སྐལ་ལྡན་ཕྱག་ འཚལ་ལོ། ༈ །ཨགྷོཿ ཡ་ཧི་བཞག ཡ་ཨ་བ་ཡིན། རྣམ་བཅད་ཡལ། ཨགྷོ་ཡ་ཧི། སྡིག་པ་ དེངས་ཤིག་གམ། ཇོ་བོ་བཞུད་ཅིག་ཅེས་པའོ། ། ༈ ནཱ་མི་ནོ་རཿ ནཱ་མི་ལས་ར྄འོ། །ཚུ་རོལ་ནཱ་མི་སྟེ། ཨ་ཡིག་གཉིས་སྦངས་པའི་དབྱངས་ ཀྱི་མཐའི་རྣམ་བཅད་ནི། ཕ་རོལ་ཨ་བ་སོ་སོར་བསྡུ་བ་དང་ཕྲད་ན། ར྄་ཡིག་ཏུ་འགྱུར་རོ། ། ཨགྣིཿ ཨཏྲཿ འདི་ནཱ་མི་ནང་སེལ་ཨི་མཐའ་ལ་ཡོད་པའི་རྣམ་བཅད་ཏེ། འདི་འདྲའི་རིགས་ ཀུན་ལ་དབྱངས་ཕྲལ་ནས་བྱ་བ་བྱས་ན་བློ་ཞན་ལ་གོ་བདེའོ། ཨགྣ྄ཨིཿ ཨཏྲཿབཞག ནཱ་མི་ ཨིའི་མཐའ་ན་ཡོད་པ་རྣམ་བཅད་དེ། ཨ་བའི་ཡི་གེ་ཨ་མཐོང་བས། ར྄་ཡིག་ཏུ་སོང༌། ར྄་ཨ་ ལ་དྲངས། གྣ་ཡང་ཨི་ལ་དྲངས། ཨགྣི་ར་ཏྲཿ མེ་འདིར་ཞེས་སོ། ༈ །པ་ཊུཿ ཡ་ཛ་ཏེ། ཨུ་ ཕྲལ། ནཱ་མི་ཨུ་དང་། ཨ་བའི་ནང་གི་ཡའི་བར་དུ་རྣམ་བཅད་ར྄། སོ་སོར་དྲངས། ཡ་གཉིས་ བརྩེགས། པ་ཊུཪྻྻ་ཛ་ཏེ། མཁས་པ་ལྷ་མཆོད་དོ། །ཞེས་སོ། ། ༈ ཨུ་ཥ་སཽ་བུདྷེ། ཨུ་ཥས྄་ཀྱི་བུདྷ་ལ་རའོ། །འདི་ཁ་སྐོང་གི་མདོ་ཡིན་ཟེར། ཚིག་མཐའ་ ཨུ་ཥས྄་ཀྱི་རྣམ་བཅད་ཀྱང་ནཱ་མིའི་ཕ་རོལ་མིན་ཀྱང་ར྄་རུ་འགྱུར་རོ། །ཨུ་ཥས྄་བུདྷཿབཞག ས྄་རྣམ་བཅད། དེ་ར྄་རུ་སོང༌། ཨུ་ཥརྦུདྷཿ སྔོན་ནས་གསལ་བའོ། །ཞེས་ཏེ། མེ་འབར་བའི་ དོན་ནོ། ། ༈ རེ་ཕ་པྲ་ཀྲྀ་ཏི་ཀ་སྱ་ཁ་བེ་བཱ། རེ་ཕའི་རང་བཞིན་ཅན་ནི་ཁ་པ་ལ་ཡང་ནའོ། །རེ་ཕའི་ རང་བཞིན་གྱི་དོན་མི་ར྄་ཡིག་ལས་བྱུང་བ་སྟེ། ར྄་དབྱངས་མེད་རྣམ་བཅད་དུ་སོང་བའི་ རྣམ་བཅད་དེས། ཕ་རོལ་དུ་ཁ་པ་སྟེ། སྡེ་པའི་དང་པོ་དང་གཉིས་པ་མཐོང་ན་ར྄་རུ་བསྒྱུར་ བའམ། ཕ་རོལ་དང་སྡོམས་ནས་ྈྐ་ྉྤ་རུ་བསྒྱུར་བ་ཡང་ནའོ། །གཱིར྄་སི། སི་ཡལ་ར྄་རྣམ་ 19-1-101 བཅད། གཱིཿཔ་ཏི་བཞག རྣམ་བཅད་འདི་ར྄་ཡིག་ལས་བྱུང་བ་ཡིན། ཕ་རོལ་པ་ཡིག་ཁ་པ་སོ་ སོར་བསྡུ་བ་ཡིན་པས། ཡང་ན་བར་གྱི་རྣམ་བཅད་ར྄་ཡིག་ཏུ་འགྱུར་དྲངས། གཱིཪྤྤ་ཏིཿ། ཡང་ ན་རྣམ་བཅད་ཥ྄་ཡིག་ཏུ་སོང༌། པ་ལ་དྲངས། ྉྤ་ཡིག་བྱུང༌། གཱི་ྉྤ་ཏིཿ། སྨྲ་བའི་བདག་པོ་ སྟེ། འཕགས་པ་འཇམ་དཔལ་ལྟ་བུའོ། ༈ །དེ་དག་འདྲ་བར། དྷུཿཔ་ཏི་བཞག རྣམ་བཅད་ ར྄་དྲངས། དྷུཪྤྤ་ཏིཿ། ཡང་ན་རྣམ་བཅད་ཥ྄་པ་ལ་བསྲེས་པས་དྷཱུ་ྉྤ་ཏི། སའི་བདག་པོ་རྒྱལ་ པོའམ། གཉའ་ཐག་ཅན་ཏེ་ཁྱུ་མཆོག་གོ །དེ་དག་ནི་ནཱ་མིའི་ཕ་རོལ་གྱི་དབང་དུ་བྱས་སོ། ། ༈ རཿ། ར་རྣམས་ཀྱིའོ། །ར྄་ཡིག་རྣམས་ལས་བྱུང་བའི་རྣམ་བཅད་ནི། ཨ་བ་ཕ་རོལ་དུ་ བྱུང་ན། ནཱ་མིའི་ཕ་རོལ་མ་ཡིན་ཀྱང་རེ་ཕར་འགྱུར་རོ། །པྲཏཱཿ ཨཏྲཿ བཞག འདི་ར྄་ལས་ བྱུང་བ་སྟེ། ཨཱ་ཡིག་རིང་པོའི་མཐའ་ཡིན་ཀྱང་ཨ་བ་ཕ་རོལ་ལ་ར྄་རུ་འགྲོ། དྲངས། པྲཱཏཱ་ར་ཏྲཿ ཐོ་རངས་འདིར། ཞེས་སོ། ༈ །ཨཾ་ཏཿ། ག་ཏཿ བཞག ཨ་ཐུང་གི་མཐའི་རྣམ་བཅད་ཡིན། ག་ ཡིག་ཨ་པ་ཡིན། རྣམ་བཅད་ར྄། དྲངས་ཨནྟརྒ་ཏཿ། ནང་དུ་འགྲོ་བའོ། ། ༈ རི་ལོ་པོ་དཱིརྒྷ་ཤྩ། ར་ལ་དབྱི་སྟེ་རིང་པོ་ཡང་ངོ༌། ར྄་ཡིག་ལས་བྱུང་པའི་རྣམ་བཅད་དེ། ཕ་རོལ་ར་ཡིག་མཐོང་ན། ཐོག་མར་ར྄་ཡིག་དབྱངས་མེད་དུ་འགྱུར། དེ་མ་ཐག་ར྄་ཕྱིས། སྔ་ མའི་དབྱངས་ཐུང་ངུ་ཡིན་ན་རིང་པོར་འགྱུར་རོ། །པུནཿ ར་མ་ཏེ། བཞག རྣམ་བཅད་ར྄། ར྄་ ཡིག་ནི་ཕ་རོལ་ར་ཡིག་མཐོང་བས་ར྄་ཡིག་སྔ་མ་ཉིད་དབྱི། ནའི་དབྱངས་ཨ་ཐུང་ནི་ཨཱ་རིང་ པོར་སོང༌། པུ་ནཱ་ར་མ་ཏེ། སླར་ཡང་རྩེད་མོ་བྱེད་དོ། ༈ །ཤུཀྟིཿ རུ་པྱཱ་ཏྨ་ནཱ་བྷཱ་ཏི། བཞག ནཱ་མི་ མཐའ་ལས་རྣམ་བཅད་ར྄། ཕ་རོལ་ར་མཐོང་ཚེག་དྲག་གི་ར྄་ཡ་ལ། ཏའི་དབྱངས་ཨི་ཐུང་ཨཱི་ རིང་པོར་སོང༌། ཤུཀྟཱི་རཱུ་པྱཱཏྨ་ནཱ་བྷཱ་ཏི། ཉ་ཕྱིས་དངུལ་གྱི་བདག་ཉིད། སེམས་པའོ། །ཞེས་སོ། ། ༈ སཻཥཱདྡྷ་སེ། ས་དང་ཨེ་ཥ་ལས་ཧ་ས་ལའོ། །ཚུ་རོལ་ས་དང་ཨེ་ཥའི་མིང་ཡོད་པའི་མཐའ་ ན་གནས་པའི་ཚེ་དྲག་དེ་ས་ཕ་རོལ་ཧ་ས་སྟེ་གསལ་བྱེད་གང་མཐོང་ཀྱང༌། རྣམ་བཅད་ཉིད་མི་ 19-1-102 སྣང་བ་བྱེད་དེ་དཔེར་བརྗོད་ནི། སཿ ཙར་ཏི། བཞག རྣམ་བཅད་ཡལ། ས་ཙ་ར་ཏི། དེ་འགྲོའོ། ། དེ་ཟའོ། །དེ་སྤྱོད་དོ། །ཞེས་པའོ། ༈ །ཨེཥཿ ས་ཧ་ཏི། རྣམ་བཅད་ཡ།ལ ཨེ་ཥ་ས་ཧ་ཏི། དེ་ལ་ ཕན་པའོ། །དེ་དང་འགྲོགས་པའོ། ༈ །ཡང་སྤྱིར་བཏང་ལ་རྣམ་བཅད་ཕྱིས་པ་སླར་མཚམས་ མི་སྦྱོར་མོད་ཀྱང༌། དམིགས་གསལ་ལ། ངེས་ཚིག་དང་གསང་ཚིག་གིས་མཚམས་སྦྱོར་བ་ ཡོད་དེ། འདིར་སྒྲའི་གཞུང་ལ་བརྟེན་ནས། མ་ཐོབ་ཐོབ་པ་དང༌། ཐོབ་པ་འགོས་པ་ནི། ནི་པཱ་ ཏེ་ངེས་ཚིག་གི་སྒྲུབ་པ་ཞེས་བྱ་ལ། རིག་བྱེད་ལས་འབྱུང་བའི་དེ་འདྲ་དེ་ལ་གསང་ཚིག་ཅེས་ བྱའོ། །གསང་ཚིག་དེ་ཡང་བྱིངས་སྒྲུབ་ཀྱི་སྐབས་སུ་ཉུང་ལ། མཚམས་སྦྱོར་དང་སི་སོགས་ལ་ ཤིན་དུ་མང་ངོ༌། །འདིར། སཿདང་ཨེ་ཥ། བཞག ཕ་རོལ་གསལ་བྱེད་མིན་ཀྱང༌། དེ་ཞེས་པའི་ སྐད་དོད་ཀྱི་སའི་ཕ་རོལ་གྱི་རྣམ་བཅད་ཕྱིས་ཟིན་པ་ན། སྤྱིར་བཏང་ལས་འགོངས་ཏེ་སླར་ ཡང་མཚམས་སྦྱོར་བ་སྟེ། རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་ལས་འབྱུང་བའོ། །སླར་ཡང་ ཨེ་དང་ཨཻ་ལ་ཨཻའོ། །ཞེས་པས། སཻ་ཥ། ཞེས་པར་འགྱུར་ཏེ། དེ་འདིར་ཞེས་པའོ། །དཔེར་ བརྗོད་ནི། སཻ་ཥ་དཱ་ཤ་ར་ཐཱི་རཱ་མཿ སཻ་ཥ་རཱ་ཛ་ཡུདྷི་ཥྚཱིརཿ། སཻ་ཥ་ཀ་རྞ་མ་ཧཱ་ཏྱཱ་གཱི། སཻ་ཥ་བྷཱི་མོ་ མ་ཧཱ་བ་ལཿདེའི་བོད་སྐད་ནི། དེ་འདི་ཤིང་རྟ་བཅུ་པའི་བུ་དགའ་བྱེད། །དེ་འདི་རྒྱལ་པོ་གཡུལ་ ངོར་བརྟན་པའོ། །དེ་འདིར་གཏོང་བ་ཆེན་པོ་རྣ་བ་ཅན། །དེ་འདི་འཇིགས་པ་སྟོབས་ནི་ཆེན་ པོའོ། །ཞེས་སོ། །ཚིག་རྐང་རེ་རེའི་མགོ་ན། སཻ་ཥ་ཞེས་པ་རེ་འབྱུང་བ་ནི། སཿཨེཥཿཞེས་པ་ ཡོད་པའི་རྣམ་བཅད་གཉིས་དབྱི་སྔ་མ་མཚམས་སྦྱར་བས། སཻ་ཥ་ཞེས་པ། སྡེབ་སྦྱོར་སྒྲིག་ པ་དང་ཚིག་རྐང་མཉམ་པའི་ཕྱིར་དུ། སྒྲ་གཞུང་སྤྱིར་བཏངས་བཀག་ཀྱང་དེ་ལྟར་མི་འགལ་ བའོ། །དཱ་ཤ་ར་ཐི་ནི་ཤིང་རྟ་བཅུ་པའི་བུ་ཞེས་པ་སྟེ། ད་ཤ་བཅུ། ར་ཐ་ཤིང་རྟའོ། །ད་ཤ་ར་ ཐ་ལ་བུ་བརྒྱུད་ཀྱི་རྐྱེན་ཨིཉ྄་སྟེར། ད་ཤ་ར་ཐ་ཨི་ཉ྄་ཉ྄་ཡལ། དང་པོར་འཕེལ་བ་ད་རིང་པོར་ སོང༌། ཐའི་ཨ་ཕྱིས། ཨི་ལ་དྲངས། དཱ་ཤ་ར་ཐི་སྟེ། ཤིང་རྟ་བཅུ་པའི་བུ་ཞེས་པའོ། །རྒྱལ་པོ་ 19-1-103 ཤིང་རྟ་བཅུ་པའི་བུ་ནི་བཞི་སྟེ། ལྷ་རཱ་མ་དང༌། ཤ་ཏྲུ་གྷ་ན་དང༌། བྷ་ར་ཐ་དང༌། ལཀྵྨ་ཎ་རྣམས་ སོ། །དེ་རྣམས་ལས་སུ་སྙམ་ན་རཱ་མ་སྟེ། དཱ་ཤ་ར་ཐི་སི་བཞག སི་རྣམ་བཅད། དཱ་ཤ་ར་ཐིཿརཱ་ མ་རཱ་མཐོང་བས་རྣམ་བཅད་ར྄་རུ་སོང༌། ར་ལ་ར྄་དབྱི། དབྱངས་སྔ་མ་རིང་པོའོ། །དཱ་ཤ་ར་ ཐཱི་རཱ་མཿབྱུང་ངོ༌། །རྣ་བ་ཅན་ནི། སྔོན་འཐབ་དཀའི་སྒོ་སྲུངས་རྣམས་ནུབ་རེ་བཞིན་སྲིན་པོ་ གཅིག་གིས་བསད་ནས་ཟོས། ནུབ་གཅིག་རྣ་བ་ཅན་སྒོ་སྲུངས་ལ་ཡོད་པ། སྲིན་པོ་དང་གྱད་ སྟོབས་བཀྱེ་བས་རྣ་བ་ཅན་རྒྱལ་ལོ། །ད་མི་ལ་གནོད་པ་མ་བྱེད་ཅིག་བྱས་པས། འོ་ན་ཉིན་རེ་ བཞིན་གསེར་བྷཱ་ར་གཅིག་བཞི་ཆར་བཅས་པ་སྟེར་དགོས་ཟེར་བ་ལྟར་རྟག་ཏུ་བྱིན་སྐད། སེ་ བ་བརྒྱད་ལ་མ་ས་གཅིག མ་ས་བཅུ་གཉིས་ལ་ཏོ་ལ་གཅིག ཏོ་ལ་སྟོང་ཕྲག་ལ་བྷཱ་ར་ཡིན། མ་ ཤ་ཀ་ནི་མ་སའི་མིང་ངོ༌། །ས་བཱ་བྷཱ་ར། ཞེས་པ་བཞི་ཆ་དང་བཅས་པའི་བྷཱ་ར་ལ་ཟེར། གཞན་ ཡང་རང་གི་པགས་པ་བྱིན་པ་དང༌། འཆི་བའི་ཚེ་ཡང་བྲམ་ཟེ་ལ་སོ་གསེར་གྱི་རང་བཞིན་བྱིན་ པ་སོགས་སློང་མོ་བས་བླངས་ཚད་སྟེར་བའོ། །གཡུལ་ངོར་བརྟན་པ་ནི་འཐབ་སར་མི་འབྲོས་ པ་དང་ནམ་ཡང་རྫུན་མི་སྨྲ་བའོ། །འཇིགས་པ་ནི་འཇིག་སྡེ་སྟེ་གླང་པོ་ཆེ་སྟོང་ཕྲག་བཅུའི་ སྟོབས་ཡོད་སྐད་དེ། ཕུལ་བྱུང་ཙམ་ཡིན་པར་མངོན་ཡང༌། ཕ་བོང་ཁྲུ་བཅུ་གཉིས་པ་གྲུ་བཞི་ པ་ལག་གིས་འཕངས་ངེས་པའོ། །དེ་དག་གོ་བ་སྐྱེ་བའི་ཕྱིར་འཕྲོས་དོན་ཙམ་མོ། །རྣམ་བཅད་ ཀྱི་མཚམས་སྦྱོར་རྫོགས་སོ།། །། ༒ ད་ནི་འཕྲོས་དོན་གཞན་ཅུང་ཟད་བཤད་དེ། འགྲེལ་བར་ཇི་སྐད་དུ། ཡ་དུཀྟ་ལཽ་ ཀི་ཀཱ་ཡེ་ཧ་ཏ་དྭེ་དེ་བ་ཧུ་ལཾ་བྷ་བེཏ྄། སེ་མཱཾ་བྷུ་མྱཱ་ད་དེ་སོ་ཥཱ་མི་ཏྱཱ་དཱི་ནཱ་མ་དུཥྚ་ཏཱ། བོད་སྐད་ དུ། འཇིག་རྟེན་པས་གང་བཤད་པ་འདི་དག་དང༌། །རིག་བྱེད་ལས་ནི་དེ་འདྲ་མང་པོ་འབྱུང༌། ། ས་གཞི་མ་བྱིན་བླངས་དང་བུར་ཤིང་མ། །དེ་དེ་འདི་ཞེས་ལ་སོགས་ཉེས་པ་མེད། །ཅེས་ཏེ། གང་འཇིག་རྟེན་འདི་ན་མཁས་པས་བཤད་པ་དང༌། ངེས་ཚིག་དང༌། རིག་བྱེད་ལས་དམིགས་ 19-1-104 གསལ་དང༌། གསང་ཚིག་གི་སྒྲུབ་པ་གཞན་ཡང་དེ་འདྲ་བ་མང་དུ་ཡོད་པ་རྣམས་བརྡ་སྤྲོད་ རང་གཞུང་དང་མ་མཐུན་ཡང་ཉེས་པ་མེད་དེ་ལེགས་པའི་ཡན་ལག་གོ །སེ་མཱཾ་བྷུ་མྱཱ་ད་དེ། སཿཨི་མཱཾ་བྷཱུ་མི་ཨ་ཨཱ་ད་དེ། སཿ་ནི་དེ་ཨི་མཱཾ་འདི། བྷཱུ་མི་སཾ་གཞི། ཨ་དགག་པ། ཨཱ་ད་དེ་ཀུན་ ནས་སྦྱིན་པ། དེ་གཉིས་སྡོམས། མ་བྱིན་པ་ཁོ་ནར་བླངས་པའོ། །དེའི་ཚེ་སའི་རྣམ་བཅད་ཕྱིས་ རྗེས་སླར་མཚམས་སྦྱར་བའོ། །ཨ་ཨི་ཨེ། སེམཱཾ། དེ་འདིའོ། །ཨ་དང་ཨཱ་མཚུངས་པ་སྦྱར་མའི་ ང་རོ་ཕྱིས། ཨི་ཡ྄་ཨཱ་དང་བསྲེས། བྷཱུ་མྱཱ་ད་དེ་གྲུབ། དེ་ཞེས་པ་ལྷ་མིའུ་ཐུང་སྟེ། ལྷ་མིན་སྟོབས་ ལྡན་གྱི་ས་གཞི་ཕྲོགས་པའོ། །ཁ་ཅིག བྷཱུ་མི་ཨཱ་ད་དེ། ཁོ་ན་ཡིན་ཟེར་ནས་ཕར་ས་གཞི་བྱིན་ པའི་བཤད་པ་བྱེད་དེ་མི་འཐད་དོ། །སོ་ཥཱ་མི་ཏྱ་དི། ཞེས་པ་ནི། དེ་བུར་ཤིང་མ་ཞེས་པ་སོགས་ ཞེས་པར་བསྒྱུར་རོ། །སཿ ཨུཥཱཾ་ཨི་ཏི་ཨཱ་དི་ཞེས་པ་ལ། སཿནི་དེ། ཨུཥཱཾ་ནི་བུ་རཾ་ཤིང་མོ་སྟེ། ལྷ་ ཀྲྀཥྞའི་བུ་ཨ་ནི་རུ་དྷའི་ཆུང་མའི་མིང་ཡིན། དེ་ནི་སྲིན་པོ་བ་ནཱ་སུ་རའི་བུ་མོའོ། །ཨི་ཏི་ཞེས་པ་ དང༌། ཨཱ་དི་སོགས་པའོ། །སའི་རྣམ་བཅད་ཕྱིས་ཀྱང་སླར། ཨུ་ལ་ཨོ་བྱས་པས། སོ་ཥཱཾ། ང་རོ་ ཨི་ལ་དྲངས། མི་ཏི་ལ་ཨི་ཡ྄ཏྱ། དེ་ཨཱ་ལ་དྲངས་པའོ། །དེ་སཻ་མཱཾ་ཞེས་དང༌། སོ་ཥཱ་མ྄་ཞེས་རྣམ་ བཅད་ཕྱིས་པའི་རྗེས་སུ་མཚམས་སྦྱར་ཀྱང་ཉེས་པ་མེད་པའི་དཔེར་བརྗོད་དོ། ། ༈ ཡང་བརྗོད་པ། ཀྭ་ཙིཏྤྲ་བྲཏྟིཿཀྭ་ཙི་ད་པྲ་བྲཏྟིཿ། ཀྭཙི་དྭིབྷཱ་ཥ་ཀྭཙི་ད་ནྱ་དེ་བ། །བི་དྷེ་ རྦི་དྷཱ་ནཾ་བ་ཧུདྷཱ་ས་མཱི་ཀྵྱ་ཙ་ཏུརྦིདྷཱཾ་བཱ་ཧུ་ལ་ཀཾ་བ་དནྟི། ལ་ལར་འཇུག་དང་ལ་ལར་མི་འཇུག་ པ། །ལ་ལར་གདམ་ང་ལ་ལར་གཞན་དུ་བསྒྱུར། །ཆོ་གའི་རིམ་པ་མང་པོ་ལེགས་འདོད་ དེ། །སྒྲུབ་ཚུལ་བཞི་པོ་མང་དུ་བཤད་པའོ། །སྐབས་ལ་ལ་འགའ་ཞིག་ཏུ་སྟེ། ཕལ་ཆེར་ལ་ མདོའི་དོན་སྤྱིར་བཏང་དམིགས་གསལ་ཚིག་ཟིན་འཇུག་པ་དང༌། ལ་ལར་ངེས་ཚིག་གི་སྒྲུབ་ པ་དང༌། མན་ངག་གསང་ཚིག་གིས། མདོའི་དངོས་བསྟན་ལ་སྤྱིར་བཏངས་དང༌། དམིགས་ གསལ་གཉིས་ཤུགས་བསྟན་ཏེ་གསུམ་ཀ་སྤངས་བས་མདོའི་དོན་མི་འཇུག་པ་དང༌། ཡང་ 19-1-105 ལ་ལར་བུ་བྷཱ་ཥ་གཉིས་སུ་སྨྲ་བ་གདམ་ང་སྟེ། མདོ་དོན་དང་མདོ་དོན་མ་ཡིན་པ་འདམ་ཀར་ བྱེད་པ་དང༌། ལ་ལར་མདོ་ཚིག་གིས་ཟིན་པའམ་མ་ཟིན་པ་གང་ཡིན་ཡང་རུང༌། གོང་གི་བྷཱུ་ མིཾ་གི་ང་རོ་དབྱི་བ་ལྟ་བུ། རྒྱུ་མཚན་བཤད་དུ་མེད་པ་དང༌། ཨཱ་དེ་ཤ་བྱེད་པ་སོགས་གཞན་དུ་ བསྒྱུར་བ་སྟེ་ཆོ་ག་བཞི་པོ་དག་གོ །ཆོ་གའི་བྱ་བ་མི་འདྲ་བའི་གྲུབ་ཚུལ་མང་པོ་དག་ཡོད་པ་ མི་འགོག་སྟེ་འདོད་པ་ཡིན་ཀྱང༌། སྒྲུབ་ཚུལ་བཞི་པོ་དེ་མང་པོ་དེ་དག་འདུས་པར་བཤད་དོ། ། བརྞཱ་ག་མོ་བརྞ་བི་པཪྻ་ཡཤྩ་དྭཽ་ཙཱ་པ་རཽ་བརྞ་བི་ཀཱ་ར་ནཱ་ཤཽ། དྷཱ་ཏོསྟ་དཪྠཱ་ཏི་ཤ་ཡེ་ན་ཡོ་ག་སྟ་དུ་ ཙྱ་ཏེ་པཉྩ་བི་དྷཾ་བི་རུཀྟཾ། ཡི་གེ་གློ་བུར་ཡི་གེ་བསྣོལ་བ་དང༌། །ཉམས་དང་ཡི་གེ་རྣམ་འགྱུར་ གཉིས་ནི་གཞན། །བྱིངས་དེའི་དོན་ལ་ཕུལ་བྱུང་སྦྱོར་བ་སྟེ། །གསུངས་པའི་ཆོ་ག་ལྔ་པོ་ངེས་ པར་བཤད། །ཅེས་ཏེ་གཞན་ཡང་རྣམ་འགྱུར་རིགས་མི་འདྲ་བ་བཞིའམ་ལྔ་ཡོད་དེ། ཡི་གེ་གློ་ བུར་བ་སྟེ། སྔར་རྒྱུན་མེད་པའི་ཡི་གེ་གསར་པ་བསྣན་པ་ཨཱ་ག་མ་དང་བར་རྐྱེན་རྣམས་ཡིན་ ལ། སྤྱིར་རྐྱེན་ཐམས་ཅད་སྔར་མེད་གློ་བུར་དུ་བྱུང་བ་ལྟར་སྣང་ཡང༌། ཚིག་དང་རྐྱེན། མིང་ དང་རྐྱེན། བྱིངས་དང་རྐྱེན་རྣམས་སྔ་ཕྱིར་སྦྱོར་རྒྱུའི་དངོས་པོ་རྣམས་ཁྱད་གཞི་ཡིན་པས་ཡི་གེ་ གློ་བུར་བ་མ་ཡིན་ནོ། །ཡི་གེ་བསྣོལ་པ་ནི། སྔ་མའི་གསལ་བྱེད་ཕྱི་མར་སྤོས། ཕྱི་མའི་གསལ་ བྱེད་སྔ་མར་སྤོས་པ་ཡིན་ལ། ཡི་གེ་ཉམས་པ་ནི་དབྱི་བ་སྟེ། ལོ་པ། ལོ་པ་ཤ། ལུཀ྄་སྟེ་གསུམ་ མོ། །ཡི་གེ་རྣམ་པར་འགྱུར་བ་ནི། ཨཱ་དེ་ཤ་ལ་སོགས་པའོ། །དེ་ཡང་མཐའ་འགྱུར་བ་དང༌། ངོ་ བོ་འགྱུར་བ་འབྲེལ་བ་ཅན་དང༌། འབྲེལ་བ་མེད་བ་སོགས་སྣ་ཚོགས་པའོ། །གཉིས་ནི་གཞན་ ཞེས་པ། ཉམས་དང་རྣམ་འགྱུར་གཉིས་ནི་གློ་བུར་བ་དང་བསྣོལ་བ་ལས་རྣམ་པར་འགྱུར་ ཚུལ་གཞན་ཡིན་ནོ་ཞེས་སོ། །བྱིངས་ཀྱི་དོན་དེ་ལ་ཕུལ་བྱུང་དུ་སྦྱོར་བ་ནི། བཞི་པོ་དེའི་ནང་ ན་ཅི་རིགས་པའང་ཡོད་པས་ལོགས་སུ་མི་འདྲེན་པའམ། དེ་དག་ཏུ་མ་འདུས་པ་ཡང་ཡོད་ པས་ལྔ་པར་ཡང་བགྲང་ངོ༌། །བྱིངས་དེའི་དང་པོའི་དོན་གང་ཡིན་པ་དེ་ཀ་ཆེས་ཕུལ་དུ་བྱུང་ 19-1-106 བར་འགྲོ་བའི་དོན་གྱི་རྐྱེན་གྱི་ཆོ་ག་ལ། བྱིངས་ཀྱི་དོན་དེ་ལ་ཕུལ་དུ་བྱུང་བའི་སྦྱོར་བ་ཟེར་རོ། ། བརྞཱ་ག་མོ་ག་བེནྡྲཱ་དཽ་སིདྷེ་བརྞ་བི་པཪྻཱ་ཡཿ། ཥོ་ཌ་ཤཱ་དཽ་བི་ཀཱརཿསྱཱ་དྭརྞ་ནཱ་ཤཿབྲྀ་ཥོ་ད་རེ། ཡི་ གེ་གློ་བུར་བ་ལང་དབང་པོ་སོགས། །ཡི་གེ་རབ་ཏུ་བསྣོལ་བ་སེང་གེའོ། །བཅུ་དྲུག་སོགས་ནི་ རྣམ་པར་འགྱུར་བ་ཡིན། །ཡི་གེ་ཉམས་པ་རྒྱས་པའི་ལྟོ་བ་ཞེས། །ཞེས་སོ། །ཨཱ་ག་མ་ལ་ཨཱ་ག་ མོ། །ཞེས་པའི་རྣ་རུ་ནི་རྣམ་བཅད་ཨུའི་ཤུལ་ལོ། ༈ །གོ ། ཨིནྡྲ་བཞག བར་དུ་ཨ་ཡིག་ཨཱ་ག་ མ་བྱིན། གོ་ཨ་མཐོང་བས་ཨོ་ཨབ྄། ག྄་ཨབ྄་ཨ་ཨིནྡྲ་ཨ་ནི་ཨི་ལ་ཨེ། སོ་སོར་དྲངས་པས། ག་ བེནྡྲ། བ་ལང་གི་དབང་བོ་སྟེ་ཁྱུ་མཆོག་གོ །ག་བེནྡྲ་ཨཱ་དཽ་མཚམས་སྦྱར་བས། ག་བེནྡྲཱ་དཽ་བྱུང༌། དེ་ཡང་ཨཱ་དི་དི་བཞག དེ་ཨཽ་བསྒྱུར། དེ་ཌི་ཏ྄་ཡིན་པས་ཊི་དའི་ཨི་ཕྱིས། ད྄་ཨཽ་ལ་དྲངས་པས། ཨཱ་དཽ་བྱུང་བའོ། །འདི་ཕུལ་དུ་བྱུང་བའི་དོན་{ཡིན་[ཅན་]ནོ། ༈ །ཡི་གེ་བསྣོལ་བ་ནི་ཧིང྄ས། ཞེས་པ་ལ། དབྱངས་སོ་སོར་ཕྲལ། ཧ྄་ཨིད྄་ས྄་ཨ་བྱུང༌། དབྱངས་གཉིས་གོང་འོག་མ་བསྒྱུར་ བར། ཧ྄་ས྄འི་གནས་སུ་བསྐྱལ། ས྄་ཡིག་ཧའི་གནས་སུ་བསྐྱལ་ནས་སོ་སོར་དྲངས་པས་སིདྷ་ གྲུབ། གཞུང་ལས། སིང྄་ཧེ་ནི། སིང྄་ཧ་ལ་ངི་བྱིན་པའོ། ༈ །ཡི་གེ་རྣམ་འགྱུར་ནི། ཥཥ྄་དཤ་ བཞག ཥ྄་དབྱངས་མེད་ཨུ། དྲ་ཌ྄་རུ་སོང༌། ཨུ་ལ་ཨོ། ཥོ་བྱུང༌། ཥོ་ཌ་ཤ་གྲུབ། ཥུ་ཨུ་རུ་འགྲོ་ བ་འབྲེལ་བ་མེད་ཀྱང་བསྒྱུར་བ་ཡིན། ད་ཌ་རུ་འགྱུར་བ་འབྲེལ་བས་འགྱུར་བའོ། ༈ །ཡི་གེ་ ཉམས་པ་ནི། པྲ་ཥ་ཏ྄་ཨུ་ད་ར་བཞག །ཏ྄་ཡིག་རྒྱུ་མཚན་འབྲེལ་མེད་པར་ཕྱིས་པའོ། །ཨུ་ལ་ ཨོ། ཥོ་རུ་སོང༌། པྲ་ཥོ་ད་ར། གྲུབ། པྲ་ཥ་ཏ྄་ཆེན་པོར་རྒྱས་པ་དང་རི་དྭགས་ལ་འཇུག ཨུ་ད་ ར་ལྟོ་བའོ། །དེས་ན་རྒྱས་པའི་ལྟོ་བའམ། རི་དྭགས་ལྟོ་བའོ། ༈ །དེ་ནས་ཡི་གེ་གློ་བུར་བའི་ དཔེར་བརྗོད། ག་བེནྡྲ་ཡི་གེ་བསྣོལ་བའི་དཔེར་བརྗོད། སིང྄་ཧ། ཡི་གེ་རྣམ་པར་འགྱུར་བའི་ དཔེར་བརྗོད། ཥོ་ཌ་ཤ ཡི་གེ་ཉམས་པའི་དཔེར་བརྗོད། པྲ་ཥོ་ད་རའོ། ༈ །བརྞཱ་བི་ཀཱ་ར་ནཱ་ ཤཱ་བྷྱཱཾ་དྷཱ་ཏོ་ར་ཏི་ཤ་ཡེ་ན་ཡཿ། ཡོ་གཿས་ཨུ་ཙྱ་ཏེ་པྲཛྙཻརྨ་ཡཱུ་ར་བྷྲ་མ་རཱ་དི་ཥུ། ཡི་གེ་རྣམ་པར་ 19-1-107 འགྱུར་དང་ཉམས་དག་གིས། །བྱིངས་ལ་ཕུལ་དུ་བྱུང་བ་འདྲེན་པ་གང༌། །རྨ་བྱ་དང་ནི་བུང་བ་ ལ་སོགས་སུ། །ཤེས་རབ་ཅན་གྱིས་སྦྱོར་བ་དེ་སྨྲས་སོ། །ཡི་གེ་རྣམ་པར་འགྱུར་བའི་རིགས་ ལས་བྱིངས་ལ་ཕུལ་བྱུང་གི་དཔེར་བརྗོད་ནི། རྨ་བྱ་སྟེ། མ་ཡུ་ར་ཞེས་པ་ལྟ་བུ་ཡིན་ལ། ཡི་གེ་ ཉམས་པའི་ཕུལ་བྱུང་སྦྱོར་བའི་དཔེར་བརྗོད་ནི། བུང་བའི་སྐད་དོད། བྷྲ་མ་ར་ལྟ་བུའོ། །དེ་ ཡང་རུ་སྒྲ་ལ་ལོ། ཞེས་སམ། རཻ་སྒྲ་ལའོ། གང་རིགས་བཞག རྐྱེན་ཌ་སྦྱིན། ཌ྄་ཡལ། ཨ་ བཞག ཌིཏ྄་ལ་ཊི་དབྱི་བས། རུ་ཡིན་ན་ཨུ་དང༌། རཻ་ཡིན་ན་ཨཻ་ཡལ། དྲངས་པས་ར་བྱུང༌། དེ་ ལ་སི་རྣམ་བཅད། རཿགྲུབ། སྒྲ་འབྱིན་པའི་དོན་ཡིན། ཡང་ན་རྐྱེན་ཨ་ཡིག་སྦྱིན། རའི་སྲོག་ ཨུ་དང༌། ཨཻ་བརྗོད་དོན། དྲངས། སི་རྣམ་བཅད་བྱས་ཀྱང་འོང་ངོ༌། ༈ །མ་ཧཱི་གོང་དུ་བཞག་ སྟེ་ས་གཞིའི་མིང་ཡིན། མ་ཧཱི་རཿ་ཞེས་པ་བཞག ཕུལ་དུ་བྱུང་བའི་ཡི་གེ་རྣམ་པར་བསྒྱུར་ཏེ། ཧཱི་ཞེས་པའི་ཧ྄་དང་དབྱངས་ཨཱི་རིང་པོ་སྡོམས་པ་དེ། ཡཱུ་རིང་པོར་བསྒྱུར་བ། མ་ཡཱུ་ར་གྲུབ། ས་སྟེང་དུ་སྐད་ཕུལ་དུ་བྱུང་བར་སྒྲོག་བའི་དོན་ཏེ་རྨ་བྱའི་སྐད་དོད་དོ། །རྨ་བྱའི་མཇུག་སྒྲོ་ མདོངས་ཅན་ལ། དྷྭ་ཛ་སྟེ་རྒྱལ་མཚན་ཟེར། རྨ་བྱ་སྒྲོ་མདོངས་ཅན་ལ། ཀ་ལཱ་ཡ་ར་ཟེར། དེ་ མེད་པ་ལ་ལཎྜོར་ཟེར། སྒྲོ་མདོངས་ཀྱི་དབུས་ཀྱི་ཐིག་ལེ་ལ། ཙནྡྲ་ཀ་ཟེར། རྒྱུད་ལས། བོད་ སྐད་ལ། ཟླ་བ་ཆུ་ཤེལ་ནོར་བུ་འོད། །ཞེས་པ་ལས་མ་བྱུང་ཡང༌། རྒྱ་གར་གྱི་སྐད་ཙནྡྲེ་ཀ་ལ། རྒྱ་འགྲེལ་འགའ་ན་ནག་པོའི་བཤད་པ་བྱེད་པ་མི་འགལ་བ་དེར་གདའ། རྨ་བྱ་ཕོ་གར་བྱེད་ ཅིང་མཆི་མ་འབབ་པ་ལ། ཨང྄་ཤུ་ཟེར། དེ་རྨ་བྱ་མོས་འཐུངས་པ་ལས། མདོངས་ཀྱི་ཐིག་ལེ་ འབྱུང་བར་གྲགས་སོ། །ཕྱིས་བྱུང་རྒྱ་གར་གྱི་ཆ་རྒྱུས་མེད་པར། རྒྱ་གར་གྱི་བཤད་པ་ཀ་བྱེད་ མཁན་ཚོ་ཡ་ཆའོ། ༈ །ཡང་བྷྲམཏ྄་རཿབཞག ཡི་གེ་ཉམས་པ་སྟེ། ཏ྄་ཡིག་དབྱི། འདི་ཡང་ ཕུལ་དུ་བྱུང་བའི་དོན་ཡིན། བྷྲམ་ཏ྄། འཁོར་བ། རཿསྒྲ་འབྱིན་པའོ། །མའི་མཐའ་རྟེན་ཏ྄་ཡིག་ ཕྱིས་པས་ཕུལ་བྱུང་དུ་སོང་བས། སྒྲ་ཆེན་པོ་དང་བཅས་ཏེ་འཕུར་ལྡིང་བྱེད་པའི་དོན་ཏེ། བྷྲ་ 19-1-108 མ་རཿབུང་བའོ། །སེང་གེ་ཡང་ཧིང྄་ས་སྟེ་འཚེ་པ་ཕུལ་དུ་བྱུང་བའི་དོན་ལ། སིང྄་ཧ་བྱུང་བ་ཡིན་ ནོ། །རྣམ་འགྱུར་གྱི་དབྱེ་བ་བཤད་པ་འདི་རྣམས་མཚོན་བྱེད་དེ། གཞུང་ཕྱི་མ་རྣམས་སུ་རྒྱས་ པར་རྟོགས་པར་བྱའོ། །སྐབས་འདིར་ཅུང་ཟད་བཤད་པ་ནི། སླར་འཆད་འགྱུར་བ་རྣམས་ལ། སློབ་སླ་བའི་ཕྱིར་དང་པོ་ཉིད་ནས་འཇུག་སྒོ་ཅུང་ཟད་བཤད་པས་འདྲིས་སུ་འཇུག་པ་ཡིན་ལ། མཚམས་སྦྱོར་ཙམ་ཁོ་ན་ལས་གཞན་མི་སློབ་པ་རྣམས་ལ་ནི། བློ་གྲོས་རྒྱས་པར་བྱེད་པའི་ གལ་ཆེན་ཡིན་ནོ། །འདིར་ས་དང་ཨེཥ་ལས་ཧ་ས་ལའོ། །ཞེས་པ་ཡན་ཆད་ཀྱིས་རྣམ་བཅད་ ཀྱི་མཚམས་སྦྱོར་རྫོགས་ཀྱང༌། དེ་མན་ཆད་འགྲེལ་པར་འཕྲོས་དོན་ཅུང་ཟད་ཚིགས་བཅད་དུ་ མཛད་འདུག་པས་དེ་དག་གི་དོན་ཟུར་ཙམ་སྨྲོས་པའོ། །སྭ་ར་སྭ་སྟི་བྱཱ་ཀ་ར་ཎའི་གཞུང་ལས་ མཚམས་སྦྱོར་གྱི་གཞུང་ལེགས་པར་བཤད་པའོ།། །།གཅིག་ཞུས། སྒྲ་ཊིཀ་ཞེ་ལྔ། ༄༅། །བིབྷ་ཀྟྱནྟཾ་པ་དཾ། རྣམ་དབྱེའི་མཐའ་ཅན་ནི་ཚིག་གོ །རྣམ་དབྱེ་གཉིས་ལས་ འདིར་སི་སོགས་སོ། །ཨ་བིབྷཀྟི་ནཱ་མ། རྣམ་དབྱེ་མེད་པ་ནི་མིང་ངོ༌། །བྱིངས་ཀྱི་མཚན་ཉིད་ བོར་བ་ཞེས་བྱ་བ། ཀྲྀཏ྄་མཐའི་རྐྱེན་སོགས་བྱིན་པས་བྱིངས་ལས་འགྱུར་གྲུབ་པ་སི་སོགས་ ཏི་སོགས་ཀྱི་རྣམ་དབྱེ་མ་བྱིན་པ་ནི་མིང་ངམ་རྟགས་སམ། ཤཔྡ་ཞེས་བྱའོ། །ཏསྨཱཏ྄། དེ་ཡང༌། སི་ཨཽ་ཛས྄། ཨམ྄་ཨཽ་ཤས྄། ཊཱ་བྷྱཱམ྄་བྷིས྄། ངེ་བྷྱ་མ྄་བྷྱས྄། ང་སི་བྷྱཱམ྄་བྷྱ་ས྄། ངེས྄་ཨོས྄་ ཨཱམ྄། ངི་ཨོས྄་སུཔ྄། ༈ དང་པོར་ཨ་ཐུང་མཐའ་ཅན་སྤྱིར་བཏང་ལ། དེ་བའི་སྒྲ་ལ་དཔེར་ བརྗོད་དུ་བྱ་སྟེ། དེ་བའི་མིང་ངམ་རྟགས་ལ། རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། དེ་བ་སི། སིའི་སྲོག་གི་ཨི་ནི་བརྗོད་དོན་ཡིན་པས་ཕྱིས། ས྄་སྲོག་མེད། སྲོ་བི་སརྒ། ས྄་ར྄་དག་གི་རྣམ་ 19-1-109 བཅད་དོ། །བྱིངས་ཀྱི་མཐའ་མ་ཡིན་པ་སྟེ། མིང་མཐའ་འམ་ཚིག་མཐའ་ལ་རྐྱེན་གྱི་ས྄་ཡིག་ ར྄་ཡིག་སྲོག་མེད་རྣམས་རྣམ་བཅད་དུ་འགྱུར་ཞེས་བྱ་སྟེ། དེ་ཡང་ཚིག་མཐའ་ཡིན་ན། ཕ་ རོལ་དུ་ཡི་གེ་གཞན་མེད་ཀྱང་དེར་འགྱུར་བ་ཡིན་ལ། ཚིག་མཐའ་མིན་པར་མིང་ཙམ་ཡིན་པ་ སོགས་ལ། ར་སའི་སོ་སོར་བསྡུ་བའི་ཡི་གེ་སུམ་ཅུ་པོ་གང་རུང་ཕ་རོལ་དུ་ཡོད་པའང་དགོས་ པ་ལས། འདིར་ཚིག་མཐའ་ཡང་ཡིན་པས། སིའི་ས྄་སྲོག་མེད་རྣམ་བཅད་དུ་སོང་བས། དེ་ བཿ(ལྷ་)གྲུབ་བོ། །དེ་བ་ལ་རྣམ་དབྱེ་དང་པོའི་གཉིས་ཚིག་ཨཽ་བྱིན། ཨོ་དང་ཨཽ་ལ་ཨཽའོ། །ཞེས་ པས་རྟགས་མཐའི་ཨ་ཨཽ་རུ་བསྒྱུར། དེ་བཽ་(ལྷ་དག་)ཞེས་པ་གྲུབ། དེ་བ་ལ་རྣམ་དབྱེ་དང་པོའི་ མང་ཚིག་ཛས྄་བྱིན། དེ་བ་ཛས྄་ཛ་ཡིག་ནི། ཛས྄་ཨཱིའོ་ཞེས་པའི་མདོ་(ལྷའི་)བྱ་བའི་དགོས་པ་ ཅན་ཡིན་ཅིང༌། རྟགས་དོན་ཡིན་པས་ཕྱིས། དེ་བ་ཨས྄་འདྲ་བའི་ཡི་གེ་ལ་རིང་བོའོ། །ཕ་རོལ་ དབྱི་བའི་ཨ་རིང་པོར་སོང༌། ས྄་རྣམ་བཅད་དུ་བྱའོ། །དེ་(ལྷ་རྣམས་)བཱཿ ༈ མདོ་གཞན་ལས་ནི་ ཨ་ཡིག་གི་ཛས྄་ལ། ཨ་སུཀ྄་རེས་འགའོ་ཞེས་བཤད་པས༌། དེ་བ་ཛས྄། ཨ་སུཀ྄་བྱིན་བ། དེ་ བའི་སྲོག་གི་ཨ་རིང་པོར། དེ་བཱས྄་ཨ་སུཀ྄ ཀ྄་རྗེས་འབྲེལ་ཡིན་པས་ཕྱིས། སུའི་ཨུ་བརྗོད་ དོན་ཡིན་པས་ཕྱིས། དེ་བཱ་ས྄་ཨས྄། ས྄་དབྱངས་མེད་ཕ་རོལ་ཏུ་དྲངས། ས྄་ཕྱི་མ་རྣམ་བཅད། དེ་བཱ་སཿའདི་སྡེབ་སྦྱོར་དང་རིག་བྱེད་ལུགས་ཏེ་ཡང་ན་བའོ། ། ༈ དེ་བ་ལ་རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ྄་བྱིན། དེ་བ་ཨམ྄། ཨམྴ་སོར་སྱ། ཨམ྄་ཤས་དག་གི་ཨའོ། །ཚུ་རོལ་རྟགས་མཐའ་མཚུངས་པའི་ཡི་གེ་ཡོད་ལ། ཕ་རོལ་ཨམ྄་ དང་ཤས྄་ཀྱི་ཨ་དག་མིང་མཐའ་ལ་དབྱི་སྟེ། འོན་ཀྱང་བྱིངས་ཀྱི་མཐར་བྱིན་པ་ཡིན་ན་མི་ དབྱིའོ། །འདིར་མིང་མཐའ་ཡིན་པས་དབྱི་སྟེ། དེ་བ་མ྄། མ྄་རྗེས་སུ་ང་རོ། །དེ་བཾ་ལྷ་ལ་ཞེས་ པ་གྲུབ་བོ། །དེ་བ་ལ་གཉིས་པའི་གཉིས་ཚིག་ཨཽ་སྟེར་ཏེ། དང་པོའི་གཉིས་ཚིག་དང་ཆོ་ག་ འདྲའོ། །དེ་བཽ་(ལྷ་དག་ལ་)གྲུབ། དེ་བ་ལ་གཉིས་པའི་མང་ཚིག་ཤས྄་བྱིན། དེ་བ་ཤས྄། ཤ྄་ 19-1-110 ཡིག་ནི། ཤས྄་ལའོ་ཞེས་སོགས་མདོ་བྱ་བ་ལ་དགོས་མོད། བརྡ་ཆད་ཐ་སྙད་ཀྱི་དོན་ཡིན་ པས་ཕྱིས། དེ་བ་ཨས྄། སོནཿཔུཾསཿ། སྐྱེས་པ་ལས་སའི་ནའོ། །སྐྱེས་པའི་རྟགས་ཀྱི་མཚུངས་ པའི་ཡི་གེ་ཡོད་པའི་མཐའ་ཅན་གྱི་ཕ་རོལ་དུ་བཞག་པའི་ཤས྄་ཀྱི་ས྄་ཡིག་ནི་ན྄་སྲོག་མེད་དུ་ འགྱུར་རོ། །ཤ་སི། ཤས྄་ལའོ། །ཤས྄་ཀྱི་ཤ་ཡིག་ཕྱིས་ཟིན་ཀྱང་ནུས་པ་ཨས྄་ལ་ཡོད་པས། རྟགས་མཐའི་ཨ་རིང་པོར་འགྱུར་རོ། །ཨས྄་དེ་ཐོག་མ་ཤས྄་ཡིན་པས། ཤས྄་ལའོ་ཞེས་ཤས྄་ ཀྱི་མིང་བཏགས་པའོ། །ཨས྄་ཀྱི་ཨ་ནི། ཨམ྄་ཤས྄་དག་གི་ཨའོ། །ཞེས་པས་དབྱིའོ། །དེ་ བཱན྄་(ལྷ་རྣམས་)ཞེས་པ་གྲུབ། ༈ གསུམ་པའི་གཅིག་ཚིག་གི་རྐྱེན་ཊཱ་ཡིན་ཏེ། དེ་བ་ལ་ཊཱ་བྱིན། དེ་བ་ཊཱ། ཊ྄་ནི་ཊཱ་ཨི་ ནའོ་སོགས་ཀྱི་རྟགས་དོན་ནམ། རྗེས་འབྲེལ་ཡིན་པས་ཕྱིས། ཊེན། ཊཱ་ཨི་ནའོ། །ཊའི་ཨ་ ཨི་ན་ཞེས་པར་བསྒྱུར། ཨ་ཨི་ལ་ཨེའོ། །ཞེས་པས་རྟགས་མཐའི་ཨ་ཨེར་སོང༌། དེ་བེན་(ལྷ་ ཡིས་)གྲུབ། གཉིས་ཚིག་ནི། ཨདྡྷི། བྷ་ལ་ཨའོ། །དེ་བ་བྷྱཱམ྄། དེ་བའི་རྟགས་མཐའི་ཨ་ཡིག་ ནི། རྣམ་དབྱེ་བྷ་ཡིག་མཐོང་བས་ཨཱ་ཡིག་ཏུ་འགྱུར་རོ། །མ྄་ནི་ཀུན་ལ་འདྲ་སྟེ་ང་རོར་བསྒྱུར་ ཀྱང་རུང་མ་བསྒྱུར་ཀྱང་རུང་ངོ༌། །དེ་བཱ་བྷྱཱཾ་(ལྷ་དག་གི་)གྲུབ་པོ། །མང་ཚིག་ནི། བྦྷྱཿ(བྷངས྄་ཙ་བྷིངས྄་ ཨ་སི་ཙ། ཙ་གསུམ་ཚིག་སྡུད་ཀྱིས་ཕྱིས། ངས྄་གཉིས་མི་ཟད་པ་ལས་འཇིག སི་རྣམ་བཅད། བྷ་བྷི་ཨཿ ཨིཡ྄་རུ་སོང༌། ཛྷ་ས་ཚུ་ རོལ་ཛྷ་བྷ་ཕ་རོལ་ལ་ཛ་བ་རུ་འགྱུར་བས། བྷབ྄་རུ་སོང༌། ཕར་དྲངས། བྦྷྱཿ) བྷའི་བྷ་ཨའོ། །དེ་བ་བྷིས྄། ཨ་ཐུང་ མཐའ་ཅན་ལས་ཕ་རོལ་རྐྱེན་རྣམ་དབྱེའི་བྷིས྄་ཀྱི་བྷ་ཡིག་ནི་ཨ་རུ་བསྒྱུར་ཏེ། ཨཱ་དེ་ཤ་བྱའོ། ། དེ་ཡང་ཨིས྄་ཀྱི་གོང་དུ་འབྲིའོ། །དེར་ཨཱ་དེ་ཤའི་ཨ་དེ། ཨིས྄་ཀྱི་ཨི་མཐོང་བས་ཨ་ཨི་ལ་ ཨེའོ། །དེབ྄་ཨེ་ས྄། རྟགས་མཐའི་ཨ། ཕ་རོལ་ཨེ་མཐོང༌། འཕེལ་བ་ཨཻ་རུ་སོང༌། ས྄་རྣམ་ བཅད། དེ་བཻཿ(ལྷ་རྣམས་ཀྱིས་)གྲུབ། ༈ སྡེབ་སྦྱོར་ལས། བྷི་རང་སོར་བཞག རྟགས་མཐའི་ཨ་ ཨེར་བསྒྱུར་དགོས་ཏེ། ཇི་སྐད་དུ། ཨ་ཡིག་བྷི་ས྄་ལ་ཨེ་ཡིག་ཡང་ནའོ། །ས྄་རྣམ་བཅད། དེ་ 19-1-111 བེ་བྷིཿཀཱརྞེབྷིཿ། ༈ རྣམ་དབྱེ་བཞི་པའི་གཅིག་ཚིག་དེ་སྟེ། དེ་བ་དེ་ང྄འི་ང྄་ནི་དིཏ྄་ཀྱི་བྱ་བའི་ དོན་ཡིན་པས་དབྱི་སྟེ། འདིར་མ་ཟད་ང་ལྡན་བཞི་ཅར་གྱི་ང་ཡིག་རྣམ་པ་ཀུན་ཏུ་དབྱིའོ། །ངེ་ རཀ྄ ངེ་ཡི་ཨཀ྄འོ། །དེ་ལ་ཨཀ྄་ཨཱ་ག་མ་སྟེར་ཏེ་འདི་ཀཏ྄་ཨཱ་ག་མ་ཡིན་པས་རྣམ་དབྱེའི་ མཐར་བཞག ཀ྄་རྗེས་འབྲེལ། ཨེ་ཨ་ཡ྄འོ། །ཞེས་པས། དེ་ཨེ་ཨ་ཡ྄་རུ་སོང༌། དེ་བ་ཨ་ཡ྄་ ཨ། མཚུངས་པའི་ཡི་གེ་ལ་རིང་པོའོ། །དེ་བཱ་རུ་སོང༌། དབྱངས་མེད་ཕ་རོལ་ཨ་ལ་ཡ྄་དྲངས། དེ་བཱ་ཡ་(ལྷའི་ཆེད་དུ།)གྲུབ་བོ། གཉིས་ཚིག་དེ་བ་བྷྱཱམ྄། དེ་བཱ་(ལྷ་དག་གི་ཆེད་དུ་)བྷྱཱཾ་དུ་འགྲུབ་སྟེ། གོང་རྣམ་དབྱེ་གསུམ་པ་དང་འདྲ། མང་ཚིག་གི་རྐྱེན་བྷྱས྄་ཡིན་ཏེ། ཨེསྦྷི་བ་ཧུ་ཏྭེ། ས་བྷ་མང་ པོ་ཉིད་ལ་ཨེའོ། །དེ་བབྷྱས྄། བྷིས྄་མ་གཏོགས་པའི་རྣམ་དབྱེ་ས་ཡིག་བྷ་ཡིག་གང་ཡིན་ ལ་ཡང༌འདྲ་སྟེ། མང་ཚིག་གི་རྐྱེན་ཡིན་ན། དེ་མཐོང་བས་ཨ་ཐུང་མཐའ་ན་ཨེ་རུ་འགྱུར་རོ། ། དེ་ལས་འདི་མང་ཚིག་གི་བྷ་ཡིག་སྟེ། དེ་བེ་བྷྱས྄། ས྄་རྣམ་བཅད། དེ་བེ་(ལྷ་རྣམས་ཀྱི་ཆེད་དུ།) བྷྱཿགྲུབ་པོ། ། ༈ རྣམ་དབྱེ་ལྔ་པའི་དབང་དུ་བྱས་ཏེ་གཅིག་ཚིག ངསི་སྟེ། དེ་བ་ང་སི་ང྄་དབྱི། ང་སི་ རཏ྄། ང་སི་ཨ་ཏ྄་དོ། །ཨ་ཐུང་མཐའ་ཅན་ལ། ངསི་ཨཏ྄་དུ་བསྒྱུར་བའི་ཨཱ་དེ་ཤ་བྱ་ལ། དེ་ ཡང་ང་དང་ཨི་ཕྱིས་ནས་ཨཏ྄་དུ་བསྒྱུར་བ་བློ་ལ་བཞག་གོ །འདྲ་བ་རིང་པོ། དེ་བ་ཏ྄་(ལྷ་ལས།) གྲུབ། གཉིས་ཚིག དེ་བ་བྷྱཱམ྄། དེ་བཱ་(ལྷ་དག་ལས་)བྷྱཱཾ་དུ་བསྒྱུར་བ་དང༌། མང་ཚིག དེ་བ་བྷྱས྄། དེ་བེ་(ལྷ་རྣམས་ལས༌)བྷྱཿ། ཞེས་པར་བསྒྱུར་བ་ནི། གོང་བཞི་པའི་སྐབས་དང་འདྲའོ། ། ༈ རྣམ་དབྱེ་དྲུག་པའི་དབང་དུ་བྱས་ནས་གཅིག་ཚིག་ངས྄་ཡིན་ཏེ། ངསྶྱ། ངས྄་སྱའོ། ། དེ་བ་ངས྄། ཨ་ཐུང་མཐའ་ཅན་ལ་རྐྱེན་ངས྄་ནི། ང་ཡིག་ཕྱིས། ཨ་ས྄་སྱ་རུ་བསྒྱུར། དེ་བ་ སྱ།(ལྷའི་གྲུབ།) གཉིས་ཚིག་ནི། ཨོ་སི། ཨོས྄་ལའོ། །དེ་བ་ཨོས྄། དེ་བའི་རྟགས་མཐའ་ཨ་ ནི་རྣམ་དབྱེ་ཨོས྄་མཐོང་བས་ཨེ་ཡིག་ཏུ་འགྱུར་ལ། ཨེ་ཨཡ྄། དབྱངས་མེད་ཕ་རོལ་ས྄་རྣམ་ 19-1-112 བཅད། དེ་བ་ཡོཿ(ལྷ་དག་གི་)གྲུབ། མང་ཚིག་ནི། དེ་བ་ཨཱམ྄། ནུ་ཊ྄་མཿ ནུ་ཊ྄་ཨཱམ྄་ལའོ། །རྣམ་ དབྱེ་ཨཱམ྄་ལ་ནུཊ྄་ཨཱ་ག་མ་སྦྱིན་ཏེ། འདི་ཊི་ཏ྄་ཨཱ་ག་མ་ཡིན་པས། རྣམ་དབྱེའི་སྔོན་དུ་བཞག་ དགོས་སོ། །ཊ྄་རྗེས་འབྲེལ། ཨུ་བརྗོད་དོན། འདིར་ཨཱམ྄་ལ་ནུ་ཏ྄་སྟེར་བ་ནི། རྟགས་མཐའ་ མཚུངས་པའི་ཡི་གེ་ཡོད་ན་ཡིན་ནོ། །དབྱངས་མེད་ཕ་རོལ། ནཱ་མི། ནཱམ྄་ལའོ། །ཕ་རོལ་ནཱམ྄་ ལས་ཚུ་རོལ་རྟགས་མཐའ་རིང་པོར་འགྱུར་བས། དེ་བཱ་(ལྷ་རྣམས་ཀྱི་)གྲུབ་ནཱ། ༈ རྣམ་དབྱེ་བདུན་པའི་དབང་དུ་བྱས་ནས་གཅིག་ཚིག་ངིའོ། །དེ་བ་ངི་ང་དབྱི། ཨ་ཨི་ ལ་ཨེའོ། །དེ་བེ་(ལྷ་ལ་)གྲུབ། གཉིས་ཚིག་དེ་བ་ཨོས྄། དེ་བ་ཡོཿ(ལྷ་དག་ལ་)ཞེས་པར་འགྱུར་ བ་དྲུག་པའི་སྐབས་བཞིན་ནོ། །མང་ཚིག་གི་དབང་དུ་བྱས་ཏེ། དེ་བ་སུཔ྄་བཞག་པ྄་རྗེས་ འབྲེལ། ཀྭི་ལཱཏ྄་ཥཿསཿཀྲྀ་ཏསྱ། ཀུ་ཨི་ལ་ལས་ཥ་རུ་བྱེད་དེ་སའོ། །ས་དང་བྷ་མང་པོ་ཉིད་ ལ་ནི་ཨེའོ། །ཞེས་པས་སུཔ྄་ཀྱི་ས་ཡིག་ནི་མང་ཚིག་ཡིན་པས། རྟགས་མཐའི་ཨ་ཨེ་རུ་བྱའོ། ། ཀ་སྡེ་དང་ཨི་ལ་སོ་སོར་བསྡུ་བ་སྟེ། ཨི་ཨུ་རྀ་ལྀ་ཨེ་ཨཻ་ཨོ་ཨཽ་ཧ་ཡ་བ་ར་ལ་བཅུ་གསུམ་པོའི་ རྟགས་མཐའ་ཅན་གྱི་ཕ་རོལ་གྱི། རྣམ་དབྱེ་ས་ཡིག་ནི་ཥ་ཡིག་ཏུ་འགྱུར་ཏེ། འགྱུར་བ་དེ་ཡང་ བརྗོད་པ་བདེ་བའི་རྒྱུ་མཚན་གྱིས་སྒྲ་མདོ་རྣམས་སུ་དེ་ལྟར་བྱེད་པ་ཡིན་གྱི་རྒྱུ་མཚན་གཞན་ ནི་མེད་དོ། །དེ་བས་ན་མདོའི་བྱེད་པས་བསྒྱུར་ན། དེ་བེ་ཥུ། (ལྷ་རྣམས་ལ།) གྲུབ། ༈ བོད་པའི་དོན་ལ་གཅིག་གཉིས་མང་ཚིག་གསུམ་ལས། དང་པོ་ནི། ཨཱ་མནྟྲ་ཎེ་སིདྡྷིཿ བོད་པ་ལ་སི་དྷིའོ། །མངོན་དུ་མཐོང་བ་ལ་སྨྲ་བའི་མིང་འབོད་བྱེད་པ་ན་བོད་པ་སྟེ། མགྲོན་ དུ་འབོད་པ་ལྟ་བུ་ནི་མ་ཡིན་ནོ། །བོད་པའི་དོན་དུ་སྦྱིན་པའི་རྣམ་དབྱེ་སི་ལ་དྷི་ཞེས་བརྡ་ཆད་ བྱའོ། །དེ་བ་སི་བཞག ས་མཱནདྡྷེརློ་བོ྅དྷཱཏོཿབྱིངས་མ་ཡིན་པའི་མཚུངས་པ་ལ་དྷི་དབྱིའོ། ། བྱིངས་ཡིན་ན་མཚུངས་པ་ཡིན་ཀྱང་དྷི་མི་འཕྱིད་ལ། བྱིངས་ཀྱི་མཐའ་མ་ཡིན་པའི་ཚུ་རོལ་ མིང་མཐའ་ལ་མཚུངས་པའི་ཡི་གེ་བཅུ་པོ་གང་རུང་ཞིག་ཡོད་པ་ལ། ཕ་རོལ་དུ་བོད་སི་བྱུང་ 19-1-113 བ་རྣམས་དབྱིའོ། །དེ་བ། མངོན་དུ་སྨྲས་པའི་བོད་ཚིག་གི་རྣམ་དབྱེ་བྱིན་པའི་རྟགས་སུ་མིང་ གི་ཐོག་མར་ཧེ་ཡིག་བཞག་པར་བྱའོ། །ཧེ་ནི་མཚོན་པ་སྟེ། བྷོ་ལ་སོགས་པ་ཡང་ངོ༌། །ཧེ་དེ་ བ།(ཀྱི་ལྷ་)གྲུབ། གཉིས་པ་གཉིས་ཚིག་ནི། དེ་བ་ཨཽ། དེ་བཽ། རྣམ་དབྱེ་དང་པོའི་སྐབས་དང་ འདྲ། ཧེ་དེ་བཽ།(ཀྱཻ་ལྷ་དག) གྲུབ། གསུམ་པ་མང་ཚིག་ནི། དེ་བ་ཛས྄། དེ་བཱཿ། གོང་རྣམ་དབྱེ་ དང་པོའི་སྐབས་དང་འདྲ། ཧེ་དེ་བཱཿ(ཀྱེ་ལྷ་རྣམས་ཞེས་སོ། །འདིས་མཚོན་ཏེ་འོག་མ་རྣམས་ལའང་སོ་སོའི་སྐབས་ ཐོབ་དང་སྦྱར་ཏེ་ཤེས་པར་བྱའོ་)གྲུབ། དེ་ལྟར་ན། སི་ཨཽ་ཛས྄་རྣམས། དོན་ཙམ་སྟོན་པ་དང༌། བོད་ པའི་དོན་ཏེ་དགོས་པའི་དབང་གིས་ལན་གཉིས་ལྡབས་པས། རྣམ་དབྱེ་ཉི་ཤུ་རྩ་བཞིའོ། །དེ་ བའི་སྒྲ་ལ་བྱེད་པ་ལྟར། གྷ་ཊ།(བུམ་པ།) པ་ཊ།(གོས།) མ་ཊ།(གནས།) སྟཾ་བྷ།(ཀ་བ།) ཀུམྦྷ།(བུམ་ པ།) བེ་པྲ།(བྲམ་ཟེ།) བྲྀཀྵ་(ཤིང་)ལ་སོགས་པ་ཆེས་མང་པོ་རྣམས་ལ་ཆོ་ག་འདི་ཁོ་ན་སྦྱོར་ཏེ། སྤྱིར་བཏང་ཨ་ཐུང་མཐའ་ཅན་ཕོ་རྟགས་རྣམས་ལའོ།། །། ༈ ཨ་ཐུང་མཐའ་ཅན་ཡིན་ཡང༌། སརྦ་ལ་སོགས་པ་རྣམས་ལ་ནི་ཆོ་ག་ཅུང་ཟད་མི་འདྲ་ བ་ཡོད་དེ། དེ་ལ་སརྦ་ལ་སོགས་པ་ནི། སརྦ།(ཐམས་ཅད།) བི་ཤྭ(སྣ་ཚོགས།) ཨུ་བྷ།(གཉིས།) ཨུ་ བྷ་ཡ།(གཉིས་མིན།) ཨ་ནྱ།(གཞན།) ཨ་ནྱ་ཏ་ར།(གཞན་དང་གཞན།) ཨི་ཏ་ར།(རང་ལས་ཐ་དད།) ཌ་ ཏ་ར་དང་ཌ་ཏ་མ་དང་ནི། ཀ་ཏ་ར་(ཇི་ཙམ་)དང་ཀ་ཏ་མ་(ཇི་ཙམ་)དང་ཡང༌། ས་མ་ར་(མཉམ་པ་) སི་མ་ར་(ས་ཆ་འམ་མངའ་ཞབས་)ནེ་མ་ར།(ཁྲིམས།) ཨེ་ཀ་(གཅིག་)དང༌། པཱུརྦྦར་(ཤར་)པར་(ཕ་ རོལ་)དང་ནི་ཨ་བ་ར་(གཞན་)དཀྵི་ཎ་(ལྷོ་)དང་དེ་བཞིན་ཨུཏྟ་ར།(བྱང་།) ཨ་པ་ར་(གཞན་ཞིག་) དང༌། ཨ་དྷ་ར་(དམའ་བ་དང་མཆུ་དང་)སྭ(རང༌)། ཨནྟ་ར྄།(བར་མཚམས།) ཏྱད྄་ཏད྄་ཡང྄་དང་(དེ་གང་ ཅེས་ལྐོག་གྱུར་)ཨེ་ཏད྄་དང༌། ཨི་དམ྄། ཨ་དས་(འདི་གསུམ་མངོན་གྱུར་)དྭི།(གཉིས།) ཀི་མར྄།(ཅི་འདི་ དང་བ་དང་སྨད་པ་གཉིས་ཡོད།) ཡུཥྨ་ད྄།(ཁྱོད།) ཨ་སྨད྄།(བདག) བྷ་བཏ྄་(ཡོད་མིན་བྱུང་གྱུར་)ཞེས་བྱ་སོ་ ལྔའོ། །རྟགས་གསུམ་ཆོ་ག་ཐམས་ཅད་འཇུག་རུང་ཡིན། དེ་ལ་རེ་ཞིག་ཕོ་རྟགས་ཀྱི་དབང་དུ་ 19-1-114 བྱས་ཏེ། རྣམ་དབྱེ་དང་པོའི་གཅིག་ཚིག་ལ། སརྦ་སི། སརྦྦཿ ཅེས་པར་འགྱུར། གཉིས་ཚིག་ ལ། སརྦྦ་ཨཽ། སརྦྦཽ། ཞེས་པར་འགྱུར་ཏེ། དེ་གཉིས་དེ་བའི་རྟགས་དང་འདྲའོ། །མང་ཚིག་ལ། སརྦ་ཛས྄། ཛ་སཱི། ཛས྄་ཨཱིའོ། །སརྦ་སོགས་ཀྱི་ནང་ནས་ཨ་ཐུང་གི་མཐའ་ལ་ཕ་རོལ་ཛས྄་ རིལ་གྱིས་ཨཱི་རུ་བསྒྱུར། སརྦ་ཛས྄། སརྦ་ཨཱི། ཨ་ཨི་ལ་ཨེའོ། །སརྦེ། གྲུབ། ༈ རྣམ་དབྱེ་ གཉིས་པ་ལ། གཅིག་ཚིག སརྦ་ཨམ྄། སརྦཾ། གཉིས་ཚིག སརྦ་ཨཽ། སརྦྦཽ། མང་ཚིག སརྦ་ ཤས྄། སརྦྦཱན྄་རྣམས་གྲུབ་སྟེ། དེ་བའི་རྟགས་དང་འདྲའོ། ། ༈ རྣམ་དབྱེ་གསུམ་པའི་དང་པོ་ནི། སརྦ་ཊཱ། ཊཱ་ཨིནའོ། །སརྦ་ཨི་ན། ཨ་ཨི་ལ་ཨེའོ། ། སརྦེན། ཞེས་སོ། ཥུརྣོ་ཎོ་྅་ནཾ་ཏི། ཥ་ར་རྀ་ལས་མཐའ་མིན་པའི་ཎ་ནའོ། །ཚུ་རོལ་དུ་ཥ་ཡིག་ དང་རེ་ཕ་དང་རྀ་ཡིག་ཡོད་ལ། ཡི་གེ་གཞན་གྱིས་བར་མ་ཆོད་ན། ཕ་རོལ་ན་ཡིག་མཐའ་མ་ ཡིན་པ་སྟེ་སྲོག་ཅན་ཡོད་པ་རྣམས་ཎ་ཡིག་འགྱུར་ལ། མཐའ་སྟེ་སྲོག་མེད་ཡིན་ན་ཎ་རུ་མི་ འགྱུར་ཏེ། སརྦྦ་ལ་གཉིས་པའི་མང་ཚིག་ཤས྄་བྱིན་པའི་རྗེས་ནི། སརྦྦཱན྄་ཞེས་ན྄་ཡིག་བྱ་ཡི། སརྦཱཎ྄་ཞེས་ཎ྄་ཡིག་མི་བྱ་བ་བཞིན་ནོ། །ཨ་བ་ཀུཔྦནྟ་རེ་྅་པི། ཨ་བ་ཀུ་པུ་བར་ན་ཡོད་ཀྱང་ ངོ༌། །ཨ་བ་སོ་སོར་བསྡུ་བའི་ཡི་གེ་ཨ་ཨི་ཨུ་རྀ་ལྀ་ཨེ་ཨཻ་ཨོ་ཨཽ་ཧ་ཡ་བ། ཞེས་པ་རྣམས་དང༌། ཀུ་ནི་ཀ་སྡེ། པུ་ནི་པ་སྡེ། ཡི་གེ་དེ་རྣམས་ཚུ་རོལ་ཥ་ར་རི་དང༌། ཕ་རོལ་ན་ཡི་གེ་བར་ན་ཡོད་ ཀྱང་ན་ཡིག་ཎ་ཡིག་ཏུ་འགྲོ་ལ། ལྷག་མ་ཡི་གེ་རྣམས་ཡོད་ན་མི་འགྱུར་རོ། །སྔ་མའི་དམིགས་ གསལ་ལོ། །དེ་ལྟར་ན། སརྦ་ཞེས་པ་ལས། སར྄་ཞེས་པའི་ར྄་མཐོང་བས། ཕ་རོལ་ཨ་ནའི་ ན་ཡིག་སྲོག་ཅན་ཎ་རུ་འགྲོ་སྟེ། བར་ན་བ་དང་ཨེ་ཡོད་ཀྱང་ཨེ་ཡིག་ནི་ཨ་བ་སོ་སོར་བསྡུ་ བའི་ཡི་གེ་ཡིན། བ་ཡིག་བ་སྡེ་ཡིན་པ་དེ་ཡོད་ཀྱང༌། ན་དེ་ཎ་ཡིག་ཏུ་སོང་ངོ༌། །སརྦེ་ཎ། གྲུབ་ གཉིས་ཚིག སརྦྦ་བྷྱཱམ྄། སརྦྦཱ་བྷྱཱཾ། མང་ཚིག སརྦ་བྷིས྄། སརྦྦེཿ རྣམས་དེ་བ་དང་འདྲ། ༈ རྣམ་དབྱེ་བཞི་པའི་གཅིག་ཚིག་ལ། སརྦྦ་དེ་ང་ཕྱིས། སརྦྦཱ་དེཿསྨཊ྄། སརྦྦ་སོགས་ལ་ 19-1-115 སྨཊ྄འོ། །རྣམ་དབྱེ་ལ་སྨཊ྄་ཨཱ་ག་མ་སྟེར། འདི་ཊིཏ྄་ཡིན་རྣམ་དབྱེའི་གོང་དུ་འབྲི། ཏ྄་རྗེས་ འབྲེལ། སརྦྦ་སྨ་ཨེ། ཨ་ཨེ་ལ་ཨཻའོ། །སྨཻ། སརྦྦ་སྨཻ། གྲུབ། གཉིས་ཚིག སརྦྦ་བྷྱཱམ྄། སརྦྦཱ་བྷྱཱཿ། མང་ཚིག སརྦྦ་བྷྱས྄། སརྦྦེ་བྷྱཿ གོང་མ་རྣམས་དང་འདྲ། ༈ ལྔ་པའི་གཅིག་ཚིག སརྦྦ་ངསི། ང྄་དང་ཨི་ཕྱིས། ཨས྄་བཞག ཨ་ཏཿཨཏ྄་ལའོ། ། ངས྄་ཀྱི་ཨས྄། ཨཏ྄་དུ་བསྒྱུར། སྨཊ྄་ཨཱ་ག་མ་བྱིན་ཏེ་གོང་བཞིན་ལ། སརྦྦ་སྨ་ཨཏ྄། སྨའི་ ཨ་དང་ཕ་རོལ་ཨཏ྄་མཚུངས་པ་འདྲ་བ་བྱས་པས། སརྦྦ་སྨཱཏ྄། གྲུབ། གཉིས་ཚིག སརྦ་བྷྱཱམ྄། སརྦྦཱ་བྷྱཱཾ། མང་ཚིག སརྦ་བྷྱས྄། སརྦེ་བྷྱཿ། ༈ དྲུག་པའི་དང་པོ། སརྦྦ་ངས྄། ངས྄་སྱའོ། །ཞེས་པས། སརྦྦ་སྱ། གཉིས་ཚིག སརྦྦ ཨོས྄། སརྦྦཡོཿ། གོང་བཞིན། མང་ཚིག་ནི། སརྦྦ ཨཱམ྄། སུ་ཌཱ་མཿ སུཊ྄་ཨཱམ྄་ལའོ། །གོང་ དུ་ནུཊ྄་སྟེར་བའི་དོན་དུ། སུཊ྄་ཨཱ་ག་མ་སྟེར། ཊ྄་རྗེས་འབྲེལ། ཨུ་བརྗོད་དོན། སརྦྦས྄་ཨཱ་མ྄། བྷ་ས་མང་པོ་ཉིད་ལ་ཨེའོ། །རྟགས་མཐའ་ཨེར་བསྒྱུར། སརྦྦེ། ཀུ་ཨི་ལ་ལས་ཥ་རུ་བྱེད་དེ་ སའོ། །ས྄་ཥ་རུ་བསྒྱུར། དབྱངས་མེད། སརྦྦེ་ཥཱཾ། ༈ བདུན་པའི་དང་པོ་ལ། སརྦྦ། ངི་ང྄་ཕྱིས། ངི་སྨིན྄། ངི་སྨིན྄འོ། །ངིའི་ཨི་སྨིན་དུ་བསྒྱུར་ ཏེ། སརྦྦ་སྨིན྄། གཉིས་ཚིག སརྦྦ་ཨོས྄། སརྦ་ཡོཿ། མང་ཚིག སརྦྦ་སུཔ྄། སརྦྦེ་ཥུ། རྣམས་ ཀྱང་དེ་བའི་སྐབས་བཞིན་ནོ། ། ༈ བོད་པ་ལ་ཡང༌། ཧེ་སརྦྦ། ཧེ་སརྦྦཽ། སརྦྦ་ཛས྄། ཛས྄་རིལ་གྱིས་ཨཱི་རུ་འགྱུར་བས། ཧེ་སརྦྦེ། དེ་དང་འདྲ་བར་བི་ཤྭ་ལ་སོགས་པའི་སརྦྦ་ནཱ་མའི་སྒྲ་ཨ་ཡིག་མཐའ་ཅན་ཀུན་སྤྱིར་ བཏངས་སུ། སརྦྦ་དང་སྒྲུབ་ཚུལ་འདྲའོ། ༈ །ཌ་ཏར་དང་ཌ་ཏམ་ནི་རྐྱེན་ཡིན་གྱི་མིང་མ་ཡིན་ མོད། མིང་གཞན་གྱི་མཐར་སྦྱར་ཏེ་འབྱུང་བས། དེའི་ཚེ་བྱ་བ་བྱེད་ཚུལ་སརྦྦ་དང་འདྲའོ། ༈། པཱུརྦྦ་ལ་སོགས་པ་དགུ་སྟེ། པཱུརྦྦ། པ་ར། ཨ་བ་ར། དཀྵི་ཎ། ཨ་ཏྟ་ར། ཨ་པ་ར། ཨ་དྷ་ར། སྭ་ 19-1-116 ཨནྟར྄་རྣམས་སོ། །དེ་ལྟར་དགུ་པོ་རྣམས་ལ་ཛས྄་ཨཱི་རུ་བསྒྱུར་ནས། པཱུརྦྦེ། པ་རེ་སོགས་སུ་ བྱེད་པ་དང༌། དེ་བའི་སྒྲ་བཞིན་མཚུངས་འདྲ་བྱས་པས། པཱུརྦྦཱཿ པ་རཱཿ། ཞེས་སོགས་སུ་བྱེད་ པ་འདམ་ཀ་ཡིན་ནོ། །ངིས་དང་ངི་ལ་ཡང༌། སརྦྦ་དང་དེ་བའི་བྱ་བ་གང་རུང་འདམ་ཀ་ཅན་ བྱེད་པས། པཱུརྦྦ་ང་སི། པཱུརྦྦསྨཱཏ྄། པཱུརྦྦ་ངི་། པཱུརྦཱསྨིན྄། ཞེས་པ་སརྦྦའི་ལུགས་དང༌། པཱུརྦྦ་ང་ སི། པཱུརྦྦཱཏ྄། པཱུརྦྦ་ངི༌། པཱུརྦྦེ། ཞེས་པ་དེ་བའི་ལུགས་ཡང་ན་བར་བྱའོ། །ལྷག་མ་རྣམས་སརྦ་ ཁོ་ན་བཞིན་བསྒྲུབ་བོ། ༈ །ཡང་པྲ་ཐམ།(དང་པོ།) ཙ་ར་མ།(པགས་པ།) ཏ་ཡ་ཊ྄། (རྐྱེན་ཡིན།) ཨ་ཡ་ཊ྄། ཨ་ལྤ།(ཆུང་ངུ་།) ཨརྡྷ།(བྱེད།) ཀ་ཏི་(ཇི་ཙམ་བྱུང་)པ་ཡ་ལ་སོགས་པ་ལ་ཡང་དེ་དང་ འདྲའོ། །ཛ་སཱིབཱ། ཛས྄་ཨཱི་ཡང་ནའོ། །དཔེར་ན། པྲ་ཐ་མ། ཛས྄། ཛས྄་ཨཱི། པྲ་ཐ་མེ། པྲ་ཐ་ མ། ཛས྄། པྲ་ཐམ། ཨས྄། འདྲ་བ་རིང་པོ། པྲ་ཐ་མཱཿ། ཞེས་ཏེ། པྲ་ཐམ་སོགས་ལ་རྣམ་དབྱེ་ ལྷག་མ་ཐམས་ཅན་སྤྱིར་བཏང་དེ་བའི་སྐབས་དང་འདྲའོ། ། ༈ ཏ་ཡཊ྄་དང་ཨ་ཡཊ྄་ནི་རྐྱེན་ཡིན་ཡང༌། དེ་དང་དེའི་མཐའ་ཅན་ནི་རྐྱེན་མཐའ་ཅན་ གྱི་མིང་ཡིན་པས་སྒྲ་སྟེ་མིང་གི་ནང་དུ་བཟུང་བར་བྱའོ། ༈ །ཏཱི་ཡ་ཞེས་པའང་རྐྱེན་ཡིན་མོད། སརྦ་སོགས་དང་གཟུགས་འདྲ་བར་བྱ་སྟེ། ངིཏ྄་ཏེ་ང྄་ལྡན་རྣམས། སརྦྦ་ལ་སོགས་པ་དང༌། དེ་བ་ལ་སོགས་པ་གང་རུང་གི་བྱ་བ་གདམ་ང་ཡིན་ནོ། ༈ །མིང་གཞན་གྱི་མཐར་ཏཱི་ཡ་འཇུག་ ཚུལ་ནི། སརྦྦ་སོགས་ཀྱི་ནང་ཚན། དྭི་ཞེས་པའི་མཐར་ཏཱི་ཡ་སྦྱར་བ། དྭི་ཏཱི་ཡ་ལ་སརྦ་སོགས་ ཀྱི་རང་ལུགས་ལྟར། དེ་ལ་དྭི་ཏཱི་ཡ་སྨཻ། ང་སི་ལ་དྭི་ཏཱི་ཡ་སྨཱ་ཏ྄། ངི་ལ་དྭི་ཏཱི་ཡསྨིན྄། ཞེས་པ་ དང༌། དེ་བ་ཤབྡ་ལྟར་ན། དེ་ལ་དྭི་ཏཱི་ཡཱ་ཡ། ང་སི་ལ་དྭི་ཏཱི་ཡཱཏ྄། ངི་ལ་དྭི་ཏཱི་ཡེ། ཞེས་པའོ། ༈། སརྦྦ་སོགས་མིན་ཡང༌། ཏྲྀ་ཏཱི་ཡ་ལ་ཡང་དེ་བཞིན་ནོ། ༈ །སརྦྦའི་ནང་ཚན། ཨུ་བྷ་ལ་ནི། སི་ སོགས་གཅིག་ཚིག་བདུན་དང༌། ཛས྄་སོགས་མང་ཚིག་བདུན་མི་འཇུག གཉིས་ཚིག་བདུན་ པོ་ཁོ་ན་འཇུག་པས། དེ་དག་ཀྱང༌། ༈ དང་པོ་ལ། ཨུ་བྷ་ཨཽ། ཨུ་བྷཽ། ༈ གཉིས་པ་ལ། ཨུ་བྷ་ 19-1-117 ཨཽ། ཨུ་བྷཽ། ༈ གསུམ་པ་ལ། ཨུབྷ། བྷྱཱམ྄། ཨུབྷཱ་བྷྱཱཾ། ༈ བཞི་པ་ལ། ཨུ་བྷ་བྷྱཱམ྄། ཨུ་བྷཱ་བྷྱཱཾ། ༈ ལྔ་པ་ལ། ཨུ་བྷ་བྷྱཱམ྄། ཨུབྷཱ་བྷྱཱཾ། ༈ དྲུག་པ་ལ། ཨུབྷ། ཨོས྄། ཨུབྷ་ཡོཿ། ༈ བདུན་པ་ལ། ཨུབྷ། ཨོས྄། ཨུ་བྷ་ཡོཿ། ཞེས་པའོ། ༈ །ཨུ་བྷ་ཡ་ལ་ནི། ཨཽ་ལ་སོགས་པ་གཉིས་ཚིག་བདུན་ པོ་མེད་དེ། གཅིག་ཚིག་བདུན་དང་མང་ཚིག་བདུན་ནོ། །དེ་ཡང༌། ༈ དང་པོའི་གཅིག་ཚིག ཨུ་ བྷ་ཡ་སི། ཨུ་བྷ་ཡཿ མང་ཚིག ཨུ་བྷ་ཡ། ཛས྄། ཨུ་བྷ་ཡེ། ༈ གཉིས་པའི་གཅིག་ཚིག ཨུབྷ་ ཡ་ཨམ྄། ཨུ་བྷ་ཡཾ། མང་ཚིག ཨུ་བྷ་ཡ་ཤས྄། ཨུབྷ་ཡཱན྄། ༈ གསུམ་པའི་གཅིག་ཚིག ཨུབྷ་ ཡ་ཊཱ། ཨུབྷ་ཡེ་ན། མང་ཚིག ཨུ་བྷ་ཡ་བྷིས། ཨུ་བྷ་ཡཻཿ། ༈ བཞི་པའི་གཅིག་ཚིག ཨུ་བྷ་ཡ་ ངེ༌། ཨུ་བྷ་ཡ་སྨཻ། མང་ཚིག ཨུ་བྷ་ཡ་བྷྱས྄། ཨུ་བྷ་ཡེབྷྱཿ ༈ ལྔ་པའི་གཅིག་ཚིག ཨུ་བྷ་ཡ་ངསི། ཨུ་བྷ་ཡ་སྨཱཏ྄། མང་ཚིག ཨུབྷ་ཡབྷྱས྄། ཨུ་བྷ་ཡེ་བྷྱཿ ༈ དྲུག་པའི་གཅིག་ཚིག ཨུ་བྷ་ཡ་ངས྄། ཨུ་བྷ་ཡ་སྱ། མང་ཚིག ཨུ་བྷ་ཡ། ཨཱམ྄། ཨུ་བྷ་ཡེ་ཥཱཾ། ༈ བདུན་པའི་གཅིག་ཚིག ཨུ་བྷ་ཡ་ངི༌། ཨུ་བྷ་ཡ་སྨིན྄། མང་ཚིག ཨུ་བྷ་ཡ་སུཔ྄། ཨུབྷ་ཡེ་ཥུ། ཞེས་བྱ་སྟེ། སརྦྦ་ལ་སོགས་པ་རང་གི་བྱ་ བ་ཉིད་དོ། །འོ་ན་སརྦྦེ་ཎ་ཞེས་པ་ལྟར་འདིར་མི་འབྱུང་བ་ཅི་ཞེ་ན། དེ་ནི་སརྦྦའི་སྡེ་ཚན་དེ་ལ་ རྣམ་དབྱེ་འཇུག་ཚུལ་གྱི་བྱ་བ་མ་ཡིན། སརྦྦའི་རྟགས་རང་ཉིད་ལ་ར་ཡིག་ཡོད་པའི་ནུས་པ་ཁོ་ ན་ཡིན་པས་མི་འགལ་ལོ། །དེ་དག་ནི་ཨཏ྄་མཐའ་ཅན་གྱི་སརྦྦ་ནཱ་མའི་སྐོར་རོ།། །། ༒ ད་ནི་ཕོ་རྟགས་མཱ་སའི་སྒྲའི་དབང་དུ་བྱས་ཏེ། མཱ་ས་སྱ་ལོ་པོ་བཱ། མཱ་སའི་དབྱི་བ་ ཡང་ནའོ། །མཱ་སའི་སྒྲ་ལ་ཕ་རོལ་དུ་རྣམ་དབྱེ་གང་བྱུང་ཀྱང༌། རྟགས་མཐའི་དབྱངས་ཉིད་ དབྱི་བ་དང༌། ཨ་ཐུང་མཐའ་ཅན་ཕོ་རྟགས་སྤྱིར་བཏངས་དེ་བའི་སྒྲ་ལ་བཤད་པ་ལྟ་བུའི་བྱ་བ་ གཉིས་པོ་འདམ་ཀ་ཡིན་ལ། མཱ་སའི་ཞེས་དྲུག་སྒྲ་འབྱུང་བའི་དོན། དབྱི་རྒྱུའི་ཡི་གེ་དེ་མཱ་སའི་ རྟགས་རང་ཉིད་ཀྱི་ནང་ཚན་དུ་གཏོགས་པའི་ཡི་གེ་གཅིག་ཡིན་པའི་དོན་ནོ། །དེ་ལ་དེ་བའི་སྒྲ་ དང་མཐུན་པའི་ཚུལ་ནི། ཚུ་རོལ་མཱ་ས་ལ། ཕ་རོལ་རྣམ་དབྱེ་ཉེར་གཅིག་རིམ་ཅན་དུ་བཞག་ 19-1-118 ནས། གོང་དེ་བའི་སྐབས་ལྟར་བསྒྲུབས་པས། ༈ མཱ་སཿ། མཱ་ཨཽ། མཱ་སཱཿ ༈ མཱ་སཾ། མཱ་སཽ། མཱ་ སཱན྄། ༈ མཱ་སེ་ན། མཱ་སཱ་བྷྱཱཾ། མཱ་སཻཿ། ༈ མཱ་སཱ་ཡ། མཱ་སཱ་བྷྱཱཾ། མཱ་སེ་བྷྱཿ། ༈ མཱ་སཱཏ྄། མཱ་སཱ་བྷྱཱཾ། མཱ་སེ་བྷྱཿ། ༈ མཱ་ས་སྱ། མཱ་ས་ཡོཿ། མཱ་སཱ་ནཱཾ། ༈ མཱ་སེ། མཱ་ས་ཡོཿ། མཱ་སེ་ཥུ། ༈ ཧེ་མཱ་ས། ཧེ་མཱ་ སཽ། ཧ་མཱ་སཱཿ། ཞེས་པ་རྣམས་ཡིན་ནོ། ། ༈ གཉིས་པ་རྟགས་མཐའི་ཨ་ཡིག་དབྱི་བའི་ཕྱོགས་ནི། མཱ་སའི་རྟགས་ཉིད་ཀྱི་བྱ་བ་ དངོས་ཡིན་ལ། ཐམས་ཅད་ལ་ཡང་དབྱངས་མེད་ཕ་རོལ་དུ་འདྲེན། ས྄་སྲོག་མེད་རྣམ་བཅད་ དུ་འགྱུར་བ་ལས། ཨ་ཕྱིས་པའི་ཕ་རོལ་རྣམ་དབྱེའི་བྷ་ཡིག་གི་ཚུ་རོལ་རྣམ་བཅད་རྣམས་ དབྱིའོ། །ཞེས་ངེས་པར་བྱས་ནས། མཱ་ས་སི། སའི་སྲོག་གི་ཨི་ཕྱིས། མཱ་ས་ས྄། མཱ་སའི་དབྱི་ བ་ཡང་ནའོ། །རྟགས་མཐའི་ཨ་ཕྱིས། ཧ་སེ་བཿསེརློབཿ ཧ་ས་ཨཱིཔ྄་ལ་སི་དབྱིའོ། །ཧ་སའི་ མཐའ་སྟེ་རྟགས་མཐའ་གསལ་བྱེད་མཐའ་ཅན་དང་ཨཱིཔ྄་ལ་ཕ་རོལ་སི་དབྱིའོ། །ཞེས་པས་ འདིར་གསལ་བྱེད་མཐའ་ལ་སི་ཕྱིས། ར྄་ས྄་དག་གི་རྣམ་བཅད། མཱཿགྲུབ། མཱ་ས་ཨཽ། རྟགས་ མཐའི་ཨ་ཕྱིས། དབྱངས་མེད། མཱ་སཽ། མཱ་ས་ཛས྄། ཛ྄་ཕྱིས། མཐའི་ཨ་ཕྱིས། དབྱངས་མེད། ར྄་ས྄་རྣམ་བཅད། མཱ་སཿ ༈ མཱ་ས་ཨམ྄། མཐའི་ཨ་ཕྱིས། དབྱངས་མེད་ཕ་རོལ། མཱ་སཾ། མཱ་ས་ ཨཽ། རྟགས་མཐའི་ཨ་ཕྱིས། དབྱངས་མེད། མཱ་སཽ། མཱ་ས། ཤ་ཕྱིས། མཐའི་ཨ་ཕྱིས། དབྱངས་ མེད། ར྄་ས྄་རྣམ་བཅད། མཱ་སཿ ༈ མཱ་ས་ཊཱ། ཊ྄་ཕྱིས། མཐའི་ཨ་ཕྱིས། དབྱངས་མེད། མཱ་སཱ། མཱ་ས་བྷྱཱམ྄། བྷའི་ནུས་པས་ཨ་ཕྱིས། མཱ་སའི་ས྄་སྲོག་མེད་དང༌། ས྄་རྣམ་བཅད་དུ་སོང་བར་མ་ ཟད། ཨཏ྄་པི་ལོ་པ་ཤ། ཅེས་པས། རྣམ་བཅད་ཕྱིས། མཱ་བྷྱཱཾ། མཱ་ས་བྷིས྄། ཕ་རོལ་བྷ་མཐོང་ བས་ས་སྲོག་གི་ཨ་ཕྱིས། ས྄་རྣམ་བཅད། རྣམ་བཅད་ཕྱིས། བྷས྄་ཀྱི་ས྄་རྣམ་བཅད། མཱ་བྷིཿ། ༈ མཱ་ས་ངེ༌། ང་དབྱི། ཨ་ཕྱིས། དབྱངས་མེད་ཕ་རོལ། མཱ་སེ། མཱ་ས་བྷྱཱམ྄། ཨ་ཕྱིས། ས྄་རྣམ་ བཅད། དེ་ཡང་ཕྱིས། མཱ་བྷྱཱཾ། མཱ་ས་བྷྱས྄། ཨ་ཕྱིས། ས྄་རྣམ་བཅད། དེ་ཡང་ཕྱིས། བྷྱས་ཀྱི་ས྄་ 19-1-119 རྣམ་བཅད། མཱ་བྷྱཿ། ༈ མཱ་ས་ང་སི། ང྄་དང་ཨི་རྗེས་འབྲེལ། མཱས་ཨས྄། ཨ་ཕྱིས། དབྱངས་ མེད་ཕ་རོལ། ས྄་རྣམ་བཅད། མཱ་སཿ། ༈ མཱ་ས་བྷྱཱམ྄། མཱ་བྷྱཱཾ། མཱ་ས་བྷྱས྄། མཱ་བྷྱཿ། རུ་བསྒྱུར་ས་ གོང་བཞིན་ནོ། །མཱ་ས་ངས྄། ང྄་ཕྱིས། མཐའི་ཨ་ཕྱིས། དབྱངས་མེད་ཕ་རོལ། ས྄་རྣམ་བཅད། མཱ་སཿ། མཱ་ས་ཨོས྄། ཨ་ཕྱིས། དབྱངས་མེད་ཕ་རོལ། ས྄་རྣམ་བཅད། མཱ་སོཿ། མཱ་ས་ཨཱམ྄། ཨ་ཕྱིས་དབྱངས་མེད་ཕ་རོལ། མཱ་སཱཾ། ༈ མཱ་ས་ངི་ང་དབྱི་ཨ་ཕྱིས་མཱ་སི། མཱ་ས་ཨོས྄། མཱ་སོཿ། གོང་བཞིན། མཱ་ས་སུཔ྄། པ྄་རྗེས་འབྲེལ། ཨ་ཕྱིས། དབྱངས་མེད་ཕ་རོལ། མཱ་སྶུ། ༈ མཱ་ས་ སི། ཨ་ཕྱིས། ཨི་འཇིག་ས྄་རྣམ་བཅད། ཧེ་མཱཿ། མཱ་ས་ཨཽ་ཨ་ཕྱིས། དབྱངས་མེད་དྲངས། ཧེ་ མཱ་སཽ། མཱས་ཛས྄། ཛ་སོང༌། ཨ་ཕྱིས། དབྱངས་མེད་ཕ་རོལ། ཧེ་མཱ་སཿ། དེས་ཨ་ཐུང་མཐའ་ ཅན་ཕོ་རྟགས་ཀྱི་སྡེ་ཚན་རགས་པ་རྣམས་ཀྱི་བྱ་བ་རྫོགས་སོ།། །། ༒ ད་ནི་སྐྱེས་པའི་རྟགས་ཨཱ་རིང་མཐའ་ཅན་གྱི་དབང་དུ་བྱས་ཏེ། སོ་མ་པཱ་ཤཔྡ་སྒྲུབ་ པ་ལ། སོ་མ་པཱ་སི། ཨི་ཕྱིས། ས྄་རྣམ་བཅད། སོ་མ་པཱཿ། སོ་མ་པཱ་ཨཽ། ཨོ་དང་ཨཽ་ལ་ཨཽའོ། ། སོ་མ་པཽ། སོ་མ་པཱ་ཛས྄། ཛ྄་སོང༌། འདྲ་བའི་ཡི་གེ་ཕ་རོལ་ཛས྄་ཀྱི་ཨ་ཕྱིས། སོ་མ་པཱཿ ༈ བོད་པའི་སི་འདིར་མི་དབྱི་སྟེ། དེ་དབྱི་བ་ནི་བྱིངས་མ་ཡིན་པའི་དབང་དུ་བྱས་ལ། འདི་ནི་ བྱིངས་མཐའ་ཡིན་པས་སོ། །སོ་མ་པཱ་སི། ཨི་བརྗོད་དོན། ས྄་རྣམ་བཅད། ཧེ་སོ་མ་པཱཿ། ཧེ་ སོ་མ་པཽ། ཧེ་སོ་མ་པཱཿ། གཉིས་ཚིག་མང་ཚིག་གི་བོད་པའང་རྣམ་དབྱེ་དང་པོ་དང་འདྲའོ། །སོ་ མ་པཱ། ཨམ྄། ཨམ྄་གྱི་ཨ་ཕྱིས། སོ་མ་པཱཾ། སོ་མ་པཱ་ཨཽ། ཨོ་ཨཽ་རུ་བསྒྱུར། སོ་མ་པཽ། སོ་མ་ པཱ་ཤས྄། ཨཱ་ཏོ་དྷཱ་ཏོ་རློ་པཿ ཨཱཏ྄་ཀྱི་བྱིངས་ཀྱི་དབྱིའོ། །དེ་ཡང་རྟགས་མཐའ་ཨཱ་ཡིག་བྱིངས་ དང་འབྲེལ་བ་ནི་ཕ་རོལ་ཤས྄་ལ་སོགས་པའི་དབྱིངས་ཀྱི་རང་བཞིན་རྣམ་དབྱེ་གང་མཐོང་ ཡང༌། རྟགས་མཐའི་དབྱངས་ཕྱི་བར་བྱ་སྟེ། སོ་མ་པཱ། ཤས྄། ཤ་སོང༌། རྟགས་མཐའི་ཨཱ་ཕྱིས། ཕ་རོལ་དྲངས་པས། སོ་མ་པཿགྲུབ། ཤས྄་ལ་སོགས་པ་ཞེས་སོ། ཨཽ་གཉིས་དང་ཨམ྄་དང༌། 19-1-120 ཛས྄་ཀྱི་ཨས྄་རྣམས་མ་ཡིན་པའི་དོན་ནོ། ༈ །སོ་མ་པཱ་ཊཱ་ཊ྄་སོང༌། སོ་མ་པཱ་ཨཱ། རྟགས་མཐའི་ ཨཱ་ཕྱིས། དྲངས་པས། སོ་མ་པཱ། སོ་མ་པཱ་བྷྱཱམ྄། གཞན་བྱ་བ་མེད། སོ་མ་པཱ་བྷྱཱཾ། སོ་མ་པཱ་བྷིས྄། གཞན་མེད། སོ་མ་པཱ་བྷིཿ། ༈ སོ་མ་པཱ་ངེ༌། ང྄་ཕྱིས། རྟགས་མཐའི་ཨཱ་ཕྱིས་ཕ་རོལ་དྲངས། ས་མ་པེ། སོ་མ་པཱ་བྷྱཱམ྄། སོ་མ་པཱ་བྷྱཱཾ། སོ་མ་པཱ་བྷྱས྄། གཞན་མེད། སོ་མ་པཱ་བྷྱཿ། ༈ སོ་མ་པཱ་ ངསི། ང྄་དང་ཨི་སོང༌། རྟགས་མཐའི་ཨཱ་ཕྱིས། དབྱངས་མེད་དྲངས། ས྄་རྣམ་བཅད། སོ་མ་ པཿ སོ་མ་པཱ་བྷྱཱམ྄། སོ་མ་པཱ་བྷྱཱཾ། སོ་མ་པཱ་བྷྱས྄། སོ་མ་པཱ་བྷྱཿ། ༈ སོ་མ་པཱ་ངས྄། ཨས྄་བཞག རྟགས་མཐའི་ཨཱ་ཕྱིས། དྲངས། སོ་མ་པཿ སོ་མ་པཱ་ཨོས྄། རྟགས་མཐའི་ཨཱ་ཕྱིས། དབྱངས་ མེད། ས྄་རྣམ་བཅད། སོ་མ་པོཿ སོ་མ་པཱ་ཨཱམ྄། རྟགས་མཐའི་ཨཱ་ཕྱིས་ཕ་རོལ་དྲངས་སོ་མ་ པཱཾ། ༈ སོ་མ་པཱ་ངི༌། ད་ཕྱིས། རྟགས་མཐའ་དབྱངས་མེད། སོ་མ་པི། སོ་མ་པཱ་ཨོས྄། ཨཱ་ཕྱིས། དབྱངས་མེད། སོ་མ་པོཿསྟེ་དྲུག་པ་དང་འདྲ། སོ་མ་པཱ་སུཔ྄། པ྄་རྗེས་འབྲེལ། གཞན་བྱ་བ་ མེད། སོ་མ་པཱ་སུ། ཞེས་པ་གྲུབ་པོ། །དེ་བཞིན་དུ། ཀི་ལཱ་ལ་པཱ།(ཆུ་འཐུང་།) ཤཾ་ཁདྷྨཱ།(དུང་བཟོ་བ།) མ་དྷུ་པཱ།(སྦྲང་རྩི་འཐུང་།) ལ་སོགས་པ་མང་པོ་དག་ཀྱང་སོ་མ་པཱ་དང་བྱ་བ་འདྲའོ།། །། ༒ ད་ནི་ཨི་ཐུང་མཐའ་ཅན་གྱི་དབང་དུ་བྱས་ན། ཧ་རི་སི། ཨི་བརྗོད་དོན། ས྄་རྣམ་ བཅད། ཧ་རིཿ། ཧ་རི་ཨཽ། ཨཽ་ཡཱུ།(ཨི་ཨུ་རྣམ་དབྱེ་ཨཽ་མཚམས་སྦྱོར་བས་ཡུ་བྱུང་།) ཨཽ་ནི་ཨི་ཨུ་དག་གོ །ཨི་ ཐུང་མཐའ་ཅན་དང༌། ཨུ་ཐུང་མཐའ་ཅན་ཕོ་རྟགས་ལ། དང་པོའི་གཉིས་ཚིག་ཨཽ་དང༌། གཉིས་ པའི་གཉིས་ཚིག་ཨཽ་དག རྟགས་མཐའི་དབྱངས་དང་མཚུངས་པར་འགྱུར་ཏེ། རྟགས་མཐའི་ ཨི་ལ་ཨཽ་དག ཨི་ཐུང་དུ་འགྱུར་བ་དང༌། རྟགས་མཐའ་ཨུ་ལ་ཨཽ་གཉིས་པོ་ཨུ་ཐུང་དུ་འགྱུར་ རོ། །འདིར་རྟགས་མཐའ་ཨི་ཐུང་ཡིན་པས། ཨཽ་ཨི་ཐུང་དུ་བསྒྱུར། འདྲ་བ་ལ་རིང་པོའོ། །ཧ་ རཱི། ཧ་རི་ཛས྄། ཛ྄་འགྲོ། ཨེ་ཨོ་ཛ་སི། ཨེ་ཨོ་ཛས྄་ལའོ། །ཨི་ཐུང་མཐའ་ཅན་ཕ་རོལ་ཛས྄་ ལ་རྟགས་མཐའ་ཨེ་རུ་འགྱུར། ཨུ་ཐུང་མཐའ་ཅན་ཕ་རོལ་ཛས྄་ལ་རྟགས་མཐའ་ཨོ་རུ་འགྱུར། 19-1-121 འདིར་ཨི་ཐུང་ཡིན་པས། ཧ་རེ། ཞེས་པར་འགྱུར། ཨེ་ཨཡ྄། དབྱངས་མེད། ས྄་རྣམ་བཅད། ཧ་ར་ཡཿ། ༈ འདིར་སམྦུ་དྡྷི་སྟེ་བོད་པའི་རྣམ་དབྱེ་ལ། ཧ་རི་སི། ཨི་སོང༌། བྱིངས་མ་ཡིན་པའི་ མཚུངས་པ་ལ་དྷི་དབྱིའོ། །ཞེས་པས། །དྷི་ནི་བོད་སི་ཡིན་པས། རྣམ་དབྱེའི་སིའི་ས྄་ཕྱིས། ཧ་ རི། ཞེས་བྱུང་བ་ལ། དྷཽ། དྷི་ལའོ། །ཕ་རོལ་དྷི་མཐོང་བས་རྟགས་མཐའི་ཨི་ཐུང་ཨེ་དང༌། ཨུ་ ཐུང་ཨོ་རུ་འགྱུར་བ་ལས། འདིར་ཧ་རི་ལས་རིའི་སྲོག་གི་ཨི་ཨེ་རུ་བསྒྱུར། ཧེ་སྔོན་དུ་བཞག ཧེ་ཧ་རེ། གྲུབ། སི་ནི་སོང་ཟིན་ཅིའི་ཕྱིར་རྟགས་མཐའ་འགྱུར་འགྲོ་སྙམ་ན། འགྲེལ་བར་དྷིའི་ ཡུལ་ལས། ཞེས་འབྱུང་བས། སྔར་དྷི་བྱུང་པའི་ནུས་པའམ། ཤུལ་གྱིས་ཀྱང་འགྱུར་རོ། །ཞེས་ པ་སྟེ་འདི་ལྟ་བུ་གཞན་ཡང་མང་ངོ༌། །གཉིས་ཚིག ཧ་རི་ཨཽ། ཧེ་ཧ་རཱི། མང་ཚིག ཧ་རི་ཛས྄། ཧ་ར་ཡཿཞེས་པ་རྣམ་དབྱེ་དང་པོའི་སྐབས་དང་འདྲ་བ་ལས་ཧེ་སྔོན་དུ་བཞག་གོ །ཧེ་ཧ་ར་ ཡཿ། གྲུབ་པོ། ༈ །ཧ་རི་ཨམ྄། ཨམ྄་ཤས྄་དག་གི་ཨའོ། །ཞེས་པས་ཨམ྄་གྱི་ཨ་སོང༌། ཧ་ རིཾ། ཧ་རི་ཨཽ། དང་པོའི་གཉིས་པ་དང་འདྲ། ཧ་རཱི། ཧ་རི་ཤས྄ ཤ྄་སོང༌། སྐྱེས་པ་ལ་ས྄འི་ན྄འོ། ། ཞེས་པས། ཨས྄་ཀྱི་ས྄་ན྄་རུ་བྱས་པས་ཨན྄། ཤས྄་ལའོ་ཞེས་པས་རྟགས་མཐའ་རིང་པོར་ བསྒྱུར། ཨམ྄་ཤས྄་དག་གི་ཨའོ། །ཞེས་ཤས྄་ཀྱི་ཨ་ཕྱིས། ཧ་རཱིན྄། ༈ ཧ་རི་ཊཱ་བཞག ཊ྄་ འགྲོ། ཊཱ་ནཱ་སྟྲི་ཡཱཾ། བུད་མེད་མིན་པ་ལ་ཊཱ་ནཱའོ། །ཨིཏ྄་མཐའ་དང་ཨུཏ྄་མཐའ་བུད་མེད་མིན་ པ་ཞེས་པས། ཕོ་རྟགས་དང་མ་ནིང་རྟགས་ལ། ཕ་རོལ་ཊཱ་ཞེས་པའི་ཨཱ་ནི་ནཱ་རུ་བསྒྱུར། ཥ་ར་ རྀ་ལས་མཐའ་མིན་པའི་ན་ཎའོ། །ཞེས་ཨི་བར་ན་ཡོད་ཀྱང་སྔོན་དུ་ར་མཐོང་བས་ཕ་རོལ་ན་ ཎ་རུ་འགྲོ་བས། ཧ་རི་ཎཱ། གྲུབ་བོ། ཧ་རི་བྷྱཱམ྄། ཧ་རི་བྷྱཱཾ། ཧ་རི་བྷིས྄། ཧ་རི་བྷིཿ། ༈ ཧ་རི་ངེ་ བཞག ང྄་འཇིག ངི་ཏི། ངིཏ྄་ལའོ། །ངིཏ྄་ཏེ་ང་ལྡན་གྱི་རྣམ་དབྱེ་བཞི་པོ་ཕ་རོལ་ཏུ་གང་བྱུང་ན་ ཡང་རྟགས་མཐའ་ཨིཏ྄་ཨེཏ྄་དང༌། ཨུ་ཏ྄་ཨོཏ྄་དུ་འགྱུར་བ་ལས། སྐབས་འདིར། ཧ་རི་ཧ་རེ་ རུ་འགྱུར། ཨེ་ཨཡ྄་རུ་བསྒྱུར། དབྱངས་མེད་གཉིས་དྲངས་པས། ཧ་ར་ཡེ། ཧ་རི་བྷྱཱམ྄། ཧ་ར་ 19-1-122 བྷྱཱཾ། ཧ་རི་བྷྱས྄། ཧ་རི་བྷྱཿ། ༈ ཧ་རི་ང་སི། ང྄་དང་ཨི་ཕྱིས། ཨས྄་བཞག ངིཏ྄་ལའོ་ཞེས་པས་ རྟགས་མཐའི་ཨི་ནི་ཨེ་རུ་གྱུར། ངསི་ང་སོ་ར་སྱ། ངསི་ངས྄་དག་གི་ཨའོ། །ཧ་རེ་ཨས྄་ཞེས་པ་ ལ་རྟགས་མཐའ་ཨེཏ྄་དང་ཨོཏ྄་ཀྱི་ཕ་རོལ། ང་སི་དང་ངས྄་ཀྱི་ཨས྄་ཞེས་པའི་ཨ་ཡིག་དབྱིའོ། ། འདིར་ང་སིའི་རྐྱེན་གྱི་ཁོང་ན་ཡོད་པའི་ཨ་ཡིག་ཕྱིས། ས྄་རྣམ་བཅད། ཧ་རེཿ། ཧ་རི་བྷྱཱམ྄། ཧ་ རི་བྷྱཱཾ། ཧ་རི་བྷྱས྄། ཧ་རི་བྷྱཿ། ༈ ཧ་རི་ངས྄། ང྄་དབྱི། ངིཏ྄་ལའོ། །ཧ་རེ། ང་སི་ངས྄་དག་གི་ ཨའོ། །རྐྱེན་གྱི་ཨ་སོང༌། རྣམ་བཅད། ཧ་རེཿསྟེ་གོང་ང་སི་དང་གཟུགས་འདྲའོ། །ཧ་རི་ཨོས྄་ བཞག རྟགས་མཐའི་ཨིཡ྄་རུ་བསྒྱུར། ར་ལས་ཡ྄་ཡང་གཉིས་སོ། །ཞེས་པས། ཧ་ར་ཞེས་པ་ ཉིད་ཀྱི་ར྄་སྲོག་མེད་དེའི་ནུས་པས་སྲོག་གི་ཨིཡ྄་རུ་སོང་བ་དེ། གཅིག་ལས་གཉིས་སུ་འགྱུར་ ཏེ། ཡ྄་སྔ་མའི་སྔོན་དུ་ཡ྄་གཅིག་འཕེལ་ལོ། །ཨོ་ལ་ཡ྄་དྲངས། ཡ྄་ཅིག་ཤོས་ཀྱང་དེའོ་སྟེང་ དུ་དྲངས། ར྄་ཡང་དེའི་སྟེང་དུ་སྦྱར་ཏེ། ས྄་རྣམ་བཅད་དུ་བྱས་པས། ཧཪྻྻོཿ། ཧ་རི་ཨཱམ྄། ནུཊ྄་ ཨཱ་ག་མ། ཨུ་དང་ཊ྄་སོང༌། དབྱངས་མེད། ནཱམ྄་ལའོ། །ཞེས་པས་རིང་པོར་འགྱུར་བས། ཧ་ རི་ཧ་རཱི་རུ་བསྒྱུར། ཧ་རཱི་ནཱམ྄། ཥ་ར་རྀ་ལས་མཐའ་མིན་པའི་ན་ཎའོ། །ཧ་རཱི་ཎཱཾ། ༈ ཧ་རི་ངི་ བཞག དམིགས་གསལ་ཡིན་པས། ངིཏ྄་ལའོ། །ཞེས་པ་འདིར་མི་འཇུག་གོ །ངེ་རཽ། ངའི་ ཨཽའོ། །ཨིཏ྄་མཐའ་དང་ཨུཏ྄་མཐའི་ཕ་རོལ་དུ་ཕྱིན་པའི་ངི་ནི་ཨཽ་རུ་བསྒྱུར། ས་ཙ་ཌི་ཏ྄། དེ་ ནི་ཌི་ཏ྄འོ། །ངི་ཨཽ་རུ་བསྒྱུར་བའི་ཨཽ་དེ་ལ་ཌི་ཏ྄་ཀྱི་མིང་འདོགས་སོ། །ཌི་ཏི་ཊེཿ། ཌི་ཏ྄་ལ་ཊིའོ། ། ཊི་ནི་རྟགས་མཐའི་དབྱངས་ཀྱི་མིང་ཡིན། ཕ་རོལ་ཌི་ཏ྄་མཐོང་བས། ཚུ་རོལ་ཊིའི་མིང་ཅན་ རྟགས་མཐའི་དབྱངས་དེ་དབྱིའོ། །དབྱངས་མེད་ཕ་རོལ། ཧ་རཽ། ཧ་རི་{ཨཽ[ཨོས]། ཧ་རིའི་ ཨིཡ྄། ཡ྄་གཉིས། དབྱངས་མེད་དྲངས་པ་དྲུག་པའི་གཉིས་པ་བཞིན་ཏེ། ཧཪྻྻོཿ། ཧ་རི་སུ་ པ྄། པ྄་སོང༌། ཀུ་ཨི་ལ་ལས་ཥ་རུ་བྱེད་དེ་སའོ། །ཞེས་པས། སུའི་ས་ཥ་རུ་བསྒྱུར་ཏེ། ཧེ་རེ་ཥུ། ཞེས་སོ། ༈ །དེ་བཞིན་དུ། ཨགྣི།(མེ།) གི་རི།(རི།) ར་བི།(ཉི་མ།) ཀ་བི་(སྙན་ངག་མཁན་)ལ་(པྲ་པྲི་ 19-1-123 ཏི་)ཡ་སོགས་པའོ།། །། ༒ ཨུ་ཐུང་མཐའ་ཅན་གྱི་རྟགས་ཀྱི་དབང་དུ་བྱས། བྷཱ་ནུ་(འོད་ཟེར་)ལ་སོགས་པའོ། །དེ་ ཡང་བཤད་མ་ཐག་པ་ཧ་རིའི་སྒྲ་ལ་བྱས་པའི་ཆོ་ག་རྣམས་འདིར་ཡང་སྦྱོར་བ་སྟེ། དབྱངས་མི་ འདྲ་བའི་འགྱུར་ཁྱད་འཕྲན་བུ་མ་གཏོགས་ཁྱད་པར་མེད་དོ། །བྷཱ་ནུསི། ས྄་རྣམ་བཅད། བྷཱ་ ནུཿ། བྷཱ་ནུ་ཨཽ། རྐྱེན་ཨཽ་ནི་ཨུར་འགྱུར་འདྲ་བ་རིང་པོའོ། །བྷཱ་ནཱུ། བྷཱ་ནུ་ཛས྄། ནུ་ནོ་རུ་སོང༌། ཨོ་ཨབ྄། རྣམ་བཅད། བྷཱ་ན་བཿ། ༈ བྷཱ་ནུ་ཨམ྄། ཨ་ཕྱིས། བྷཱ་ནུཾ། བྷཱ་ནུ་ཨཽ། ཨཽ་ཨུར྄་སོང༌། བྷཱ་ནཱུ། བྷཱ་ནུ། ཤས྄། ཨ་ཕྱིས། ས྄་ན྄ར་འགྱུར། ནུ་རིང་པོ། བྷཱ་ནཱུ་ན྄། ༈ བྷཱ་ནུ་ཊཱ། ཊཱ་ནཱ་རུ་སོང༌། བྷཱ་ནུ་ནཱ། བྷཱ་ནུ་བྷྱཱཾ། བྷཱ་ནུ་བྷིཿ། གོང་མ་རྣམས་དང་འདྲ། ༈ བྷཱ་ནུ་ངེ༌། ང྄་ཕྱིས། ནུ་ནོ་རུ་སོང༌། ཨོ་ཨབ྄། བྷཱ་ན་བེ། བྷཱ་ནུ་བྷྱཱཾ། བྷཱ་ནུ་བྷྱཿ། ༈ བྷཱ་ནུ། ངསི། བྷཱ་ནུ་ཨས྄། ཨ་ཕྱིས་ནུ་ནོ། བྷཱ་ནོཿ། བྷཱ་ནུ་བྷྱཱཾ། བྷཱ་ནུ་བྷྱཿ། ༈ བྷཱ་ནུ་ངས྄། བྷཱ་ནུ་ཨས྄། ཨ་འཇིག ནུ་ནོཿ བྷཱ་ནོཿ བྷཱ་ནུ་ཨོས྄། ཨུ་བ྄་ རུ་སོང༌། བྷཱ་ན྄་བ྄་ཨོས྄་ལ་དྲངས་པས། ནྭོ། བྷཱ་ནྭོཿ། བྷཱ་ནུ་ཨཱམ྄། ནུཊ྄་བྱིན། ནུ་རིང་པོར་སོང༌། ན་ཎ་རུ་མི་འགྲོ། བྷཱ་ནུ་ནཱཾ། ༈ བྷཱ་ནུ་ངི་། ངི་ཨཽ་རུ་བསྒྱུར། ཌི་ཏ྄་ལ་རྟགས་མཐའི་དབྱངས་སོང༌། བྷཱ་ནཽ། བྷཱ་ནུ་ཨོས྄། གོང་དུ་དྲུག་པའི་ཨོས྄་དང་འདྲ། བྷཱ་ནྭོཿ། བྷཱ་ནུ་སུཔ྄། ས་ཥ་རུ་བསྒྱུར། བྷཱ་ ནུ་ཥུ། ༈ བོད་པའི་དོན་ལ། བྷཱ་ནི་སི། སི་རྣམ་བཅད། ཧེ་བཞག ཧེ་བྷཱ་ནུཿ། བྷཱ་ནུ་ཨཽ། ཨཽ་ནི་ཨུ་ རུ་བསྒྱུར། ཧེ་བྷཱ་ནཱུ། བྷཱ་ནུ་ཛས྄། ནུ་ནོ་རུ་སོང༌། ཨོ་ཨབ྄། དྲངས་པས། ཧེ་བྷཱ་ན་(ཀྱཻ་ཉི་མ་རྣམས།) བཿ། ཞེས་གྲུབ། གཞན་ཡང༌། བིཥྞུ་(ཁྱབ་འཇུག་)དང༌། བཱ་ཡུ་ལ་(རླུང་)སོགས་པ་མང་པོ་དག་ སྟེ། འདིར་ཨིཏ྄་མཐའ་དང་ཨུཏ྄་མཐའ་འམ། ཨི་ཐུང་མཐའ་ཅན་དང་ཨུ་ཐུང་མཐའ་ཅན་ཞེས་ འབྱུང༌། གཞུང་གཞན་ལས་ཨགྣིའི་རྟགས་ཞེས་མིང་བཏགས་སོ།། །། ༒ ས་ཁི་ཤཔྡ་ལ། སེ་ཌཱ་དྷེཿ(དྷི་ནི་བོད་སིའི་མིང་ཡིན་ལ། ཨ་དྷིཿནི་དྷི་མིན་པའོ། །ཚེག་དྲག་ནི་སིའི་རྗེས་ སོ།།) དྷི་མ་ཡིན་པ་ལ་སི་ཌཱའོ། །ས་ཁི་སི།(གྲོགས་པོ།) རྣམ་དབྱེ་དང་པོ་སྦྱིན། སིའི་ཨི་བརྗོད་ 19-1-124 དོན། ས྄་ནི་ཌཱར་སོང༌། ཌིཏ྄་ལས་ཊིའོ། །ཞེས་རྟགས་མཐའི་དབྱངས་ལ་ཊི་ཟེར་བས། ཌ་ མཐོང་བས་རྟགས་མཐའི་ཨི་ཕྱིས། ཌ྄་ཡང་ཁྱད་དོན་ཡིན་ཕྱིས། ཨཱ་བཞག་དབྱངས་མེད་ཕོ་ རོལ་སྦྱར་ཏེ། ཁ྄་ཨཱ་ལ་དྲངས། ས་ཁཱ་གྲུབ་བོ། ༈ །ཡང་ས་ཁི་ལ་བོད་སི་བྱིན། བོད་སི་འཇིག དྷིའི་ཡུལ་ལས་རྟགས་མཐའི་ཨི་ཨེ། ཧེ་ས་ཁེ། དྷི་མ་ཡིན་པ་ཞེས་པས། བོད་སི་འཇིག སི་ གཞན་མི་འཇིག་པའི་ཁྱད་པར་བཤད་པའོ། །ཨཻ་ས་ཁྱུཿ། ༈ ས་ཁིའི་ཨཻའོ། ས་ཁི་ཨཽ། འགྲེལ་ བར་སི་སོགས་ལྔ་ལ་ཞེས་འབྱུང་ཡང༌། ཨཽ་སོགས་བཞི་ལ་རྟགས་མཐའི་ཨི་ཨཻར་བསྒྱུར། ཨཻ་ ཨཱཡ྄། དབྱངས་མེད་གཉིས་པོ་ཕ་རོལ་སོ་སོར་དྲངས། ས་ཁཱ་ཡཽ་གྲུབ། ས་ཁཱིའི་ཞེས་དྲུག་སྒྲའི་ དོན། རྟགས་མཐའི་ཡི་གེ་ཡོངས་རྫོགས་མིན། དེའི་ནང་གི་མཐའ་མ་དབྱངས་ཁོ་ན་བསྒྱུར་ རོ། །ཞེས་པ་སྟེ། མིའི་དབྱུག་པ་ལོངས་ཤིག་བྱས་པ། དབྱུག་པ་ཁོ་ན་ཡིན་གྱི། མི་དང་བཅས་ པ་མིན་པ་བཞིན་ནོ། །འགྲེལ་པར་གཉིས་ཚིག་ཅེས་པ་ལས་མེད་ཀྱང༌། གཞན་མ་ཡིན། དང་ པོའི་གཉིས་ཚིག་དང་གཉིས་པའི་གཉིས་ཚིག་ཨཽ་ལ་སྡེབ་སྦྱོར་དང་རིག་བྱེད་ལས། ས་ཁིའི་ རྟགས་མཐའ་ཨཻ་དང༌། ཨཽ་ཨཱ་རུ་བསྒྱུར། ཨཻ་ཨཱཡ྄། སོ་སོར་དྲངས། ས་ཁཱ་ཡཱ། གྲུབ། ས་ཁི་ ཛས྄། ཛ྄་ཁྱད་དོན། རྟགས་མཐའ་ཨཻ། ཨཻ་ཨཱ་ཡ྄། སོ་སོར་དྲངས། ར་ས་དག་གི་རྣམ་བཅད་ དོ། །ས་ཁཱ་ཡཿ། གྲུབ། ༈ ས་ཁི་ཨམ྄། རྟགས་མཐའ་ཨཻ། ཨཻ་ཨཱ་ཡ྄། སོ་སོར་དྲངས། མ྄་ང་ རོ། ས་ཁཱ་ཡཾ། གྲུབ། ས་ཁི་ལ། གཉིས་པའི་ཨཽ་གོང་དང་འདྲ། ས་ཁཱ་ཡཽ། རིག་བྱེད་ལས། ས་མཱ་ ཡཱ། ལྔ་པོ་སོང་ངོ༌། །དེ་ནས་ས་ཁི་ཤས྄་མཚུངས་པའི་ཕ་རོལ་ཤས྄་ཀྱིས྄་ན྄ར་སོང༌། ཨ་ཕྱིས། རྟགས་མཐའ་རིང་པོ། ས་ཁཱིན྄། གྲུབ་པོ། ། ༈ ས་ཁི་པ་ཏྱོ་རཱིཀ྄། ས་ཁི་པ་ཏི་དག་ལ་ཨཱིཀ྄འོ། །ས་ཁི་དང་པ་ཏི་(བདག་པོ་)ལ་ཕ་རོལ་ དུ་ཊཱ་དང་ངེ་དང་ངི་གང་ཡོད་ཀྱང༌། ས་ཁི་དང་པ་ཏིའི་རྟགས་མཐར། ཨཱིཀ྄་ཨཱ་ག་མ་སྟེར་ཏེ། ས་ཁི་ཊཱ། ཊྲ་ཕྱིས་ཨཱ། ཨཱིཀ྄་ཀ྄་རྗེས་འབྲེལ། མཚུངས་འདྲ་རིང་པོ། འདིར་རིང་པོར་གྱུར་པ་ 19-1-125 ཡིན་པས། ཊཱ་ནཱའོ་ཞེས་པ་མི་ཐོབ། ཨིཡ྄་དབྱངས་ལའོ། །ཨིཡ྄་རུ་སོང༌། དབྱངས་མེད་ཕ་ རོལ། ས་ཁྱཱ་གྲུབ། ཨཱ་ག་མ་གློ་བུར་བ་སྟེ། རྟག་པར་མི་ཡོང་བས། ཨཱིཀ྄་མ་བྱིན་ན། མཚུངས་ འདྲ་མེད་པས་རིང་པོ་མེད། ཊཱ་ནཱར་འགྱུར་བས། ས་ཁི་ནཱ་གྲུབ། ས་ཁི་བྷྱཱམ྄། ས་ཁ་བྷྱཱཾ་དུ་བྱ་བ་ ཁོ་ན་ཡིན། ས་ཁི་བྷིས྄། ས་ཁི་བྷིཿརུ་བསྒྱུར། ༈ ས་ཁིངེ་། ང྄་ཕྱིས་ཨེ། ཨིཡ྄་དབྱངས་ལའོ། ། དབྱངས་མེད་ཕ་རོལ། ས་ཁྱེ། གྲུབ། ཨཱིཀ྄་ཨཱ་ག་མ་བྱིན་ན། མཚུངས་འདྲ། ས་ཁཱི། གཞན་ འདྲ། ཡང་ན་ངི་ཏ྄་ལའོ་ཞེས་ཨཱིཀ྄་མི་སྟེར་ཧ་རི་དང་འདྲའོ། །ས་ཁི་བྷྱཱམ྄། གོང་དང་འདྲ། ས་ ཁི་བྷྱས྄། ས་ཁི་བྷྱཿརུ་བསྒྱུར། ༈ རྀ་ངྔེ༌། རྀཀ྄་ང་ལའོ། །ས་ཁི་དང་པ་ཏིའི་ཕ་རོལ་ཏུ་ང་ཡིག་གི་རྐྱེན་གཉིས་ཏེ་ངསི་ དང་ངས྄་གཉིས་གང་ཡིན་ཀྱང༌། རྟགས་མཐར་རྀཀ྄་ཨཱ་ག་མ་སྟེར་རོ། །ས་ཁི་ང་སི། ང྄་དང་ ཨི་ཕྱིས། ཨས྄། རྀཀ྄་བྱིན། ས་ཁི་རྀཀ྄་ཨས྄། ཨིཡ྄་དབྱངས་ལའོ། །དབྱངས་མེད་ཕ་རོལ་ ལན་གཉིས། ས་ཁྱྀར་ཨས྄། རྀ་ཏོ་ང་ཨུཿ རྀཏ྄་ལས་ངའི་ཨུའོ། །རྟགས་མཐའི་རྀ་ཡིག་ཕ་ རོལ། ངསི་དང༌། ངས྄་ཀྱི་ཨ་ཡིག་{ཀུར་[ཨུར་]འགྱུར་བས། ཨས྄། དེ་ནི་ཨུས྄་རུ་སོང༌། དེ་ ཡང་ཌིཏ྄་དོ། །ཞེས་ང་སི་དང༌། ངས྄་ཀྱི་ཨ་ཡིག་ཨུར་སོང་བ་དེ་ཌི་ཏ྄་ཞེས་བརྡ་ཆད་སྦྱར་ནས། ཌིཏ྄་ཕ་རོལ་དུ་བྱུང་བས། རྟགས་མཐའི་དབྱངས་ཕྱིས་ཏེ། དབྱངས་མེད་ཕ་རོལ། ས྄་རྣམ་ བཅད། ས་ཁྱུཿགྲུབ། ས་ཁི་བྷྱཱམ྄། ས་ཁི་བྷྱཱཾ། ས་ཁི་བྷྱས྄། ས་ཁི་བྷྱཿ། གོང་དང་འདྲ། ༈ ས་ཁི་ ངས྄་བཞག་ངེ་ཕྱིས་རྀཀ྄། ང་ལའོ། །རྟགས་མཐར་རྀཀ྄་བྱིན། ཨིཡ྄་དབྱངས་ལའོ། །དབྱངས་ མེད་ཕ་རོལ། རྀཏ྄་ལས་ངའི་ཨུའོ། །རྣམ་དབྱེའི་ཨ་ཡིག་ཨུར་སོང༌། ཌིཏ྄་ལས་རྟགས་མཐའི་ དབྱངས་ཕྱིས། ཕ་རོལ་དུ་དྲངས། ས྄་རྣམ་བཅད། ས་ཁྱུཿགྲུབ་སྟེ་ངསི་སྒྲ་ཇི་བཞིན་ནོ། །ས་ཁི་ ཨོས྄། ཨིཡ྄་དབྱང་ལའོ། །དབྱངས་མེད་ཕ་རོལ། ས྄་རྣམ་བཅད། ས་ཁྱོཿགྲུབ། ས་ཁི་ཨཱམ྄། ནུཊ྄་བྱིན། ཊ྄་རྗེས་འབྲེལ། ཨུ་བརྗོད་དོན། རྟགས་མཐའ་རིང་པོ། དབྱངས་མེད་ཕ་རོལ། ས་ 19-1-126 ཁི་ནཱཾ། གྲུབ། ༈ ས་ཁི་ངི་། ང྄་ཕྱིས། ཨཽ་རུ་བསྒྱུར། ཌིཏ྄་ལ་ཊིའོ་ཞེས་པས་རྟགས་མཐའི་ཨི་ ཕྱིས། རྟགས་མཐར་ཨཱིཀ྄་ཨཱ་ག་མ་བྱིན། ཀ྄་རྗེས་འབྲེལ། ང་ཕྱིས་པའི་ཨི་ཨཽར་བསྒྱུར་བ་དེ་ ཌིཏ྄་ཡིན་ནོ། །ཨིཡ྄་དབྱངས་ལའོ། །ཨཱིཀ྄་གི་ཨཱི་ཡ྄་རུ་སོང༌། དབྱངས་མེད་ཕ་རོལ། ས་ཁྱཽ། ས་ཁི་ཨོས྄། གོང་དང་འདྲ། ས་ཁྱོཿ། ས་ཁི་སུཔ྄། པ྄་ཕྱིས། ཀུ་དང་ཨི་ལ་ལས་ས་ཥའོ། །རྐྱེན་ གྱི་ས྄་ཡིག་ཥ྄་ཡིག་ཏུ་བསྒྱུར། ས་ཁི་ཥུ། གྲུབ་པོ། ༈ །པ་ཏི་ལ་ནི། རྐྱང་པ་དང་ཚིག་བསྡུད་ ཅན་གཉིས་ཡོད་པ་ལས། དང་པོ་ནི། པ་ཏི་ཞེས་པ་ལྟ་བུའོ། །ཕྱི་མ་ནི། པྲ་ཛཱ་པ་ཏི།(སྐྱེད་དགུའི་ བདག་པོ།) ཞེས་པ་ལྟ་བུའོ། །ཚིག་དེ་ཡང་པ་ཏི་ཉིད་དང་འབྲེལ་པ་ལ་ཡིན་གྱི། མིང་ཚིག་གཞན་ གྱིས་བར་མ་ཆོད་ཀྱང༌། གོང་དུ་མིང་གཞན་མ་འབྲེལ་པ་ཡོད་པ་ལ་མི་རྩིའོ། །དེ་གཉིས་ལས། པ་ཏིའི་སྒྲ་རྐྱང་པ་ལ། སི་ཨཽ་ཛས྄། ཨམ྄་ཨཽ་ཤས྄་རྣམས་ཧ་རི་སྐབས་ཏེ་ཨི་ཐུང་མཐའ་ཅན་ སྤྱིར་བཏང་དང་འདྲ་བར་བསྒྲུབ་ལ། ཊ་ནས་སུ་པ྄་ཀྱི་བར་ས་ཁི་དང་འདྲ་བར་བསྒྲུབ་སྟེ། ༈ པ་ཏི་སི། པ་ཏིཿ པ་ཏི་ཨཽ། ཨཽ་ཨཱི། པ་ཏཱི། པ་ཏི་ཛས྄། པ་ཏ་ཡཿ། ༈ པ་ཏི་བོད་པའི་སི། སི་ ཞིག་ཤུལ་གྱི་རྟགས་མཐའ་ཨེ། ཧེ་པ་ཏེ། ཧེ་པ་ཏཱི། ཧེ་པ་ཏ་ཡཿ། རྣམ་དབྱེ་དང་པོ་དང་འདྲའོ། ༈ །པ་ཏི་ཨམ྄། པ྄་ཏིཾ། པ་ཏི་ཨཽ། པ་ཏཱི། པ་ཏི་ཤས྄། པ་ཏཱིན྄། ༈ པ་ཏི་ཊཱ། ཨཱིཀ྄་སྟེར། པ་ཏྱཱ། ཡང་ན་ཧ་རིའི་སྒྲ་ལྟར། པ་ཏི་ནཱ། པ་ཏི་བྷྱཱམ྄། པ་ཏི་བྷྱཱཾ། པ་ཏི་བྷིས྄། པ་ཧི་བྷིཿ། ༈ པཏི་ངེ༌། པ་ ཏྱེ། པ་ཏི་བྷྱཱཾ། པ་ཏི་བྷྱཿ། ༈ པ་ཏི་ངསི། རྀཀ྄་བྱིན། ཨི་ཡ྄། རྀཀ྄་ལས་ཨའི་ཨུའོ། །རྐྱེན་གྱི་ཨ་ ཨུ། དེ་ཡང་ཌིཏ྄་དོ། པཏྱུཿ། པ་ཏི་བྷྱཱཾ་པ་ཏི་བྷྱཿ། ༈ པ་ཏི་ངས྄། གོང་ངསི་དང་འདྲ། པ་ཏྱུཿ། པ་ ཏི་ཨོས྄། པ་ཏྱོཿ། པ་ཏི་ཨཱམ྄། ནུཊ྄་བྱིན། པ་ཏཱི་ནཱཾ། ༈ པ་ཏི་ངི་། ཨཽ་རུ་བསྒྱུར། ཏིའི་སྲོག་ཕྱིས། ཨཱིཀ྄་བྱིན། པ་ཏྱཽ། པ་ཏི་ཨཽས྄། པ་ཏྱོཿ། པ་ཏི་སུཔ྄། པ་ཏི་ཥུ། ཞེས་པའོ། ། ༈ གཉིས་པ་པ་ཏིའི་སྒྲ་ཚིག་སྡུད་དང་འབྲེལ་བ་ལ་ནི། སྤྱིར་བཏང་ཧ་རི་དང་འདྲ་བ་ཁོ་ན་ སྟེ། དང་པོ་དྲུག་གོང་བཞིན་དང༌། ཊཱ་སོགས་ལ། པྲ་ཛཱ་པ་ཏི་ནཱ། པྲ་ཛཱ་པ་ཏི་བྷྱཱཾ། པྲ་ཛ་པ་ཏི་ 19-1-127 བྷིཿ། ༈ པྲ་ཛཱ་པ་ཏ་ཡེ། པྲ་ཛཱ་པ་ཏི་བྷྱཱཾ། པྲ་ཛཱ་པ་ཏི་བྷྱཿ། ༈ པྲ་ཛཱ་པ་ཏི་བྷྱཱཾ། པྲ་ཛཱ་པ་ཏི་བྷྱཿ ༈ པྲ་ཛཱ་པ་ཏེཿ། པྲ་ཛཱ་པ་བྷྱཱཾ། པྲ་ཛཱ་པ་ཏི་བྷྱཿ། ༈ པྲ་ཛཱ་པ་ཏཿ། པྲ་ཛཱ་པཏྻོཿ། པྲ་ཛཱ་པ་ཏཱི་ནཱཾ། ༈ པྲ་ ཛཱ་པ་ཏཽ། པྲ་ཛཱ་པཏྻོཿ། པྲ་ཛཱ་པ་ཏི་ཥུ། ཞེས་པ་སྟེ། ཨི་ཐུང་མཐའ་ཅན་སྤྱིར་བཏང་ཉིད་ཀྱིས་ བསྒྲུབས་པས་གོ་སླའོ། ༈ །དྭི་ཅེས་པ་སརྦྦ་སོགས་ཀྱི་ནང་ཚན་ཡིན། དེའི་ནང་གི་ཏྱཏ྄་སོགས་ བཅུའི་ནང་ཚན་ཏེ། བཅུ་པོ་ནི། ཏྱད྄་ཏཏ྄་ཡཏ྄་ཨེ་ཏ་ཏ྄་ཨི་དམ྄། ཨ་དས྄། དྭི། ཀིམ྄། ཡུཥྨད྄། ཨསྨད྄། ཞེས་པའོ། །དེ་རྣམས་ལ་ཨི་ཐུང་མཐའ་ཅན་ནི། དྭི་གཅིག་པུ་ཡིན་པས་སྐབས་འདིར། དྭིའི་སྒྲ་ལ་དྭི་གཉིས་ཀྱི་སྐད་དོད་ཡིན་ཅིང༌། གྲངས་བགྲོང་བའི་སྐབས་དང་འབྲེལ་བའི་དྭིའི་ སྒྲ་ལ་གཅིག་དང་མང་ཚིག་གི་རྐྱེན་མི་འཇུག་སྟེ་གཉིས་ཚིག་ཁོ་ན་སྦྱོར་རོ། །འོ་ན་འདིར་སི་ མེད་པ་ལ་སི་སོགས་ཞེས་པ་ཅི་སྙམ་ན། གྲངས་བགྲོང་བའི་སྐབས་ལ་མེད་ཀྱང་སྤྱིར་ཡོད་པ་ དང༌། དེ་ལས་ཁྱད་པར་དུ་འདི་ལྟར་གོ་དགོས་ཏེ། སི་སོགས་ཞེས་པ་རྣམ་དབྱེ་བདུན་གསུམ་ ཉེར་གཅིག་གི་སྤྱི་མིང་དུ་བཏགས་པ་ཡིན་པས་འགྲེལ་པར་སི་སོགས་ཞེས་སོ། །སྱ་དཱ་དེཥྚེ་ རཿསྱཱ་དཽ།(ཏྱཏ྄་སོགས་ཀྱི་ཊིའི་སི་སོགས་ཨའོ། །ཞེས་སོ།།) སི་སོགས་ལ་ཏྱཏ྄་སོགས་ཀྱི་ཊི་ཨའོ། །ཚུ་རོལ་ ཏྱ་ཏ྄་སོགས་བཅུ་ལ། ཕ་རོལ་སི་སོགས་གང་བྱུང་ཡང༌། རྟགས་མཐའི་དབྱངས་ཊིའི་མིང་ཅན་ དེ་ཨ་ཡིག་ཏུ་འགྲོ་སྟེ། འདིར་དྭི་ཨཽ། དྭ་ཨཽ་རུ་འགྲོ། ཨོ་ཨཽ་ལ་ཨཽའོ། །ཞེས་པས། དྭཽ། གཉིས་ པའི་གཉིས་ཚིག་ཀྱང་དེ་དང་འདྲ། དེ་བཞིན་དུ། དྭི་བྷྱཱམ྄། དྭ་བྷྱཱཾ། གསུམ་པ། བཞི་པ། ལྔ་ པ་ཀུན་འདྲ་སྟེ། དྭ་བྷྱཱཾ། དྭི་ཨོས྄། དྲུག་པ་བདུན་པ་འདྲ་སྟེ་རྟགས་མཐའི་ཨ་དེ་སླར་ཡང་ཨེར་ བསྒྱུར། ཨེ་ཨཡ྄། དྭ་ཡོཿདྭ་ཡོཿ། ༈ ཏྲི་ནི་གསུམ་གྱི་སྐད་དོད་ཡིན་གྲངས་བགྲོང་བའི་སྐབས་ སུ། ཏྲིའི་སྒྲ་ལ་མང་ཚིག་ཁོ་ན་སྦྱོར་བ། ཏྲི་ཛས྄། ཏྲི་ཨས྄། ཨེ་ཨོ་ཛས྄་ལའོ། །ཏྲ་ཡཿ། ༈ ཏྲི་ ཤས྄། ཏྲཱི་ན྄། ༈ ཏྲི་བྷིས྄། ཏྲི་བྷིཿ། ༈ ཏྲི་བྷྱས྄། ཏྲི་བྷྱཿ། ༈ ཏྲི་བྷྱས྄། ཏྲི་བྷྱཿ ཞེས་ཛས྄། ཤས྄། བྷིས྄། བྷྱས྄། བྷྱས྄། རྣམས་སྤྱིར་བཏང་ཧ་རིའི་སྐབས་དང་འདྲའོ། ། 19-1-128 ༈ ཏྲེ་ར་ཡང྄། ཏྲི་ཡི་ཨ་ཡང྄འོ། །ཏྲི་ལ་ཨཱམ྄། ཏྲི་ཨཱམ྄། ནུཊ྄་ཨཱ་ག་མ་བྱིན། ཊ྄་རྗེས་ འབྲེལ། ཨུ་བརྗོད་དོན། དབྱངས་མེད་ཕ་རོལ། ཏྲི་ནཱམ྄། ཏྲི་སྒྲ་དེ། ཕ་རོལ་ནཱམ྄་མཐོང་བས་ རྟགས་མཐའི་ཨི་ཨ་ཡ྄ང་བསྒྱུར། ཏྲ་ཨ་ཡད྄། ནཱམ྄། དྲ་ཕྱིས། དབྱངས་མེད་ཕ་རོལ་ཏུ་དྲངས། ཏྲའི་ར་བཏགས་ཀྱི་ནུས་པས། ནཱ་ཎཱར་སོང༌། ཏྲ་ཡཱ་ཎཱཾ། ལུགས་གཅིག་ལ། ཨ་ཡང྄་ལྟ་བུ་ཡི་ གེ་མང་པོར་འགྱུར་བ་ལ། བསྒྱུར་བྱ་ཏྲིའི་ཏ྄་ར྄་ཨི་གསུམ་ཀ྄་བསྒྱུར་བའང་འདོད་སྐད་ལ། འོན་ཀྱང་ཨ་ཡང྄་ནི་ང྄འི་བརྡས་ཨི་ཁོ་ན་བསྒྱུར་བ་ཉིད་འཐད་དོ། ༈ །ཏྲི་སུ་པ྄། ཏྲི་ཥུ་རུ་ བྱེད་པའང་ཧ་རི་དང་འདྲའོ། ༈ །ཀ་ཏིའི་སྒྲ་ལ་ཡང་མང་ཚིག་ཁོ་ན་སྦྱོར་ཏེ། ཀ་ཏི་ཛས྄། ཛས྄་ ཡོངས་རྫོགས་འཇིག ཀ་ཏི། ༈ ཀ་ཏི་ཤས྄། ཤས྄་ཡོངས་རྫོགས་འཇིག ཀ་ཏི། ཀ་ཏིའི་སྒྲ་ ལས་ཛས྄་ཤས྄་འཇིག་གོ །ཅེས་བཤད་པས་སོ། ༈ །ཀ་ཏི་བྷས྄།(ཇི་ཙམ།) ཀ་ཏི་བྷིཿ། ༈ ཀ་ ཏི་བྷྱས྄། ཀ་ཏི་བྷྱཿ། ༈ ཀ་ཏི་བྷྱས྄། ཀ་ཏི་བྷྱཿ ༈ ཀ་ཏི་ཨཱམ྄། ནུཊ྄། ཀ་ཏཱི་ནཱཾ། ༈ ཀ་ཏི་སུཔ྄། ཀ་ཏི་ཥུ། ཞེས་པའོ། །ཀ་ཏི་ནི་རྟགས་གསུམ་པ་ཅན་ཏེ། ཀ་ཏི་པུ་རུ་ཥ། ཕོ་རྟགས། ཀ་ཏི་སྟྲི་ཡ། མོ་རྟགས། ཀ་ཏི་པ་ཏྲཱ་ནེ། མ་ནིང་ཡིན་པ་ལྟ་བུའོ། །དེ་ཡན་ཆད་ཀྱིས་ཨིཏ྄་མཐའ་ཅན་གྱི་སྡེ་ ཚན་སྤྱིར་བཏང་དང་དམིགས་གསལ་རྣམས་བཤད་ཟིན་ཏོ།། །། ༒ ད་ནི་ཨཱིཏ྄་མཐའ་སྟེ་ཨཱི་རིང་པོའི་མཐའ་ཅན་བཤད་པ་ནི། སུ་ཤྲཱི་ཤཔྡ།(གཟུགས་མཛེས་ སམ། དཔལ་ཕུན་སུམ་ཚོགས་པ།) སུ་ཤྲཱི་སི་རྣམ་བཅད། སུ་ཤྲཱིཿ། ཡྦོརྡྷཱ་ཏོ་རི་ཡུ་བཽ་སྭ་རཽ། བྱིངས་ཀྱི་ ཨཱི་ཨཱུ་ཨིཡ྄་ཨུཔ྄་དག་དབྱངས་ལའོ། །མིང་དང་བྱིངས་གཞི་མཐུན་པའི་རྟགས་མཐའ་བྱིངས་ ཀྱི་ངོ་བོར་གྱུར་པའི་ཨཱི་རིང་པོ་དེ། ཕ་རོལ་དབྱངས་དང་རྣམ་དབྱེའི་གཞི་མཐུན་ཅན་མཐོང་ བ་ན། ཨིཡ྄་རུ་འགྱུར་བ་ལས། ཤྲཱི་ནི་ཨཱི་རིང་བོ་དང་བྱིངས་མཐའི་གཞི་མཐུན་ཡིན་ལ། དེ་ བཞིན་དུ་དེ་འདྲའི་ཨཱུ་དེ། རྣམ་དབྱེ་དབྱངས་ལ་ཨུ་བ྄་རུ་འགྱུར་རོ། །འདིར་ཨཱི་ཨིཡ྄་རུ་འགྱུར་ ཏེ། སི་གོང་དུ་བཤད་ཟིན། སླར་བྷ་ལྡན་རྣམས་དང་སུཔ྄་མ་གཏོགས་པ་རྣམ་དབྱེ་ཐམས་ཅད་ 19-1-129 དབྱངས་ཡིན་པས་དེ་ལྟར་གོ་བར་བྱས་ཏེ། སུ་ཤྲཱི་ཨཽ་བཞག ཨཱི་ཕྲལ། ཤྲ་ཨཱི། བྱིངས་རྟགས་ ཀྱི་མཐའི་ཨཱི་ཨིཡ྄་རུ་བསྒྱུར། ཤྲ྄་ཨིཡ྄་ཨཽ་ཞེས་སོ། །དབྱངས་མེད། སུ་ཤྲི་ཡཽ། སུ་ཤྲཱི་ཛས྄། ཛ྄་ སོང༌། ཨཱི་ཨི་ཡ྄། དྲངས། རྣམ་བཅད། སུ་ཤྲི་ཡཿ། ༈ སམྦུདྡྷོ་གསུམ་པོ་ཡང་དེ་གསུམ་དག་ འདྲ་ལ་ཧེ་བཞག་པ་ཉིད་དོ། །ཧེ་སུ་ཤྲཱིཿ། ཧེ་སུ་ཤྲི་ཡཽ། ཧེ་སུ་ཤྲི་ཡཿ། ཞེས་པའོ། ༈ །སུ་ཤྲཱི་ ཨམ྄། རྟགས་མཐའི་ཨཱིཏ྄། ཨིཡ྄་དྲངས་པས། སུ་ཤྲིཡཾ། བྷྱཱམ྄། བྷིས྄། བྷྱཱམ྄། བྷྱས྄། བྷྱཱམ྄། བྷྱས྄། ཞེས་པ་དྲུག་དང་སུཔ྄་མ་གཏོགས། ཀུན་ལ་ཨཱིཏ྄་ཨིཡ྄་རུ་བསྒྱུར། དབྱངས་མེད་ཕ་ རོལ་འདྲེན་པ་གོ་བར་བྱས་ཏེ། སུ་ཤྲཱི་ཨཽ། ཨིཡ྄། སུ་ཤྲི་ཡཽ། སུ་ཤྲཱི་ཤས྄། འདི་ལ་ས྄ན྄་བསྒྱུར་ བ་སོགས་དམིགས་གསལ་ལ་བཀག་སྟེ། སུ་ཤྲི་ཡཿ། ༈ སུ་ཤྲཱི་ཊཱ། ཊྲ་སོང༌། ཨིཡ྄། སུ་ཤྲི་ཡཱ། སུ་ཤྲཱི་བྷྱཱམ྄། སུ་ཤཱི་བྷྱཱཾ། སུ་ཤྲཱི་བྷིས྄། སུ་ཤྲཱི་བྷིཿ། ༈ སུ་ཤྲཱི་ངེ་། ང྄་དབྱི། ཨིཡ྄། སུ་ཤྲི་ཡེ། སུ་ཤྲཱི་ བྷྱཱམ྄། སུ་ཤྲཱི་བྷྱཱཾ། སུ་ཤྲཱི་བྷྱས྄། སུ་ཤྲཱི་བྷྱཿ། ༈ སུ་ཤྲཱི་ངསི། ང྄་དང་ཨི་སོང༌། ཨིཡ྄། སུ་ཤྲི་ཡཿ། སུ་ཤྲཱི་བྷྱཱམ྄། སུ་ཤྲཱི་བྷྱཾ། སུ་ཤྲཱི་བྷྱས྄། སུ་ཤྲཱི་བྷྱཿ། ༈ སུ་ཤྲཱི་ངས྄། སུ་ཤྲི་ཡཿ། སུ་ཤྲཱི་ཨོས྄། སུ་ཤྲི་ ཡོཿ། སུ་ཤྲཱི་ཨཱམ྄། སུ་ཤྲི་ཡཱཾ། སུ་ཤྲཱི་ངི་། ང྄་ཕྱིས། ཨིཡ྄། སུ་ཤྲི་ཡི། ༈ སུ་ཤྲཱི་ཨོས྄། སུ་ཤྲི་ཡོཿ། ༈ སུ་ཤྲཱི་སུ། པ྄་རྗེས་འབྲེལ། ཨི་ལ་ལས་ས་ཥ་སྟེ།(གྲཏྱ་ཧ་རཿ) སུ་ཤྲཱི་ཥུ། ༈ དེ་བཞིན་དུ། སུ་དྷཱི་ ལ་ཡང་སྟེ། སུ་དྷཱི་སི། སུདྷཱིཿ། སུ་དྷཱི་ཨཽ། སུ་དྷཱི་ཡཽ། སུ་དྷཱི་ཛས྄། སུ་དྷིཡཿ། ཞེས་པ་ལ་སོགས་པ་ ཐམས་ཅད་སྔ་མ་བཞིན་ནོ།། །། ༒ ཨཱུ་ཡིག་མཐའ་ཅན་ལ། སྭ་ཡཾ་བྷཱུ་ལ་སོགས་པ་སྟེ། སུ་ཤྲཱི་(གཟུགས་མཛེས་སམ་བདེ་བར་ འབྱོར་བ།) ཨཱིཏ྄་ཨིཡ྄་རུ་བྱེད་པའི་དོད་དུ། རྟགས་མཐའི་ཨཱུཏ྄་ཨུབ྄་རུ་བསྒྱུར་བ་མ་གཏོགས་ཆོ་ ག་ཐམས་ཅད་འདྲ་སྟེ། སྭ་ཡཾ་བྷཱུ་སི། སྭ་ཡཾ་བྷཱུཿ། སྭ་ཡཾ་བྷཱུ་ཨཽ། སྭ་ཡཾ་བྷུ་བཽ། སྭ་ཡཾ་བྷཱུ་ཛས྄། སྭ་ ཡཾ་བྷུ་བཿ། ༈ སྭ་ཡཾ་བྷཱུ་ཨམ྄་སྭ་ཡཾ་བྷཱུ་ཝཾ། སྭ་ཡཾ་བྷཱུ་ཨཽ། སྭ་ཡཾ་བྷཱུ་བོ། སྭ་ཡཾ་བྷཱུ་ཤས྄། སྭ་ཡཾ་བྷུ་ ཝཿ། ༈ སྭ་ཡཾ་བྷཱུ་ཊཱ། སྭ་ཡཾ་བྷུ་བཱ། སྭ་ཡཾ་བྷཱུ་བྷྱཱམ྄། སྭ་ཡཾ་བྷཱུ་བྷྱཱཾ་སྭ་ཡཾ་བྷཱུ་བྷིས྄། སྭ་ཡཾ་བྷཱུ་བྷིཿ། ༈ 19-1-130 སྭ་ཡཾ་བྷཱུ་ངེ༌། སྭ་ཡཾ་བྷུ་བེ། སྭ་ཡཾ་བྷཱུ་བྷྱཱམ྄། སྭ་ཡཾ་བྷཱུ་བྷྱཱཾ། སྭ་ཡཾ་བྷཱུ་བྷྱས྄། སྭ་ཡཾ་བྷཱུ་བྷྱཿ། ༈ སྭ་ཡཾ་ བྷཱུ་ངསི། སྭ་ཡཾ་བྷུ་བཿ སྭ་ཡཾ་བྷཱུ་བྷྱཱམ྄། སྭ་ཡཾ་བྷཱུ་བྷྱཱཾ། སྭ་ཡཾ་བྷཱུ་བྷྱས྄། སྭ་ཡཾ་བྷཱུ་བྷྱཿ། ༈ སྭ་ཡཾ་བྷུ་ ངས྄། སྭ་ཡཾ་བྷུ་བཿ། སྭ་ཡཾ་བྷཱུ་ཨོས྄། སྭ་ཡཾ་བྷུ་བོཿ། སྭ་ཡཾ་བྷཱུ་ཨཱམ྄། སྭ་ཡཾ་བྷུ་བཱཾ། ༈ སྭ་ཡཾ་བྷཱུ་ ངི་། སྭ་ཡཾ་བྷུ་བི། སྭ་ཡཾ་བྷཱུ་ཨོས྄། སྭ་ཡཾ་བྷུ་བོཿ། ༈ སྭ་ཡཾ་བྷཱུ་སུཔ྄། སྭ་ཡཾ་བྷཱུ་ཥུ། ཞེས་པ་རྣམས་ སོ། །སེ་ན་ནཱི་ཞེས་པ་ལ། སུ་ཤྲཱི་ལས་མི་འདྲ་བའི་ཁྱད་པར་ཡོད་དེ། ཡྦཽ་བཱ། ཡ྄་བ྄་དག་ཡང་ ནའོ། །བྱིངས་དང་མིང་གི་ལུས་སྦྱར་བ་ལ་རྟགས་མཐའི་ཨཱིཏ྄་ཡ྄་ཁོ་ན་དང༌། ཨཱུཏ྄བ྄་ཁོ་ནར་ བྱེད་དེ། དེ་ཡང་མཐའི་དབྱངས་དེའི་སྔ་རོལ་ཏུ་ཡི་གེ་བརྩེགས་མ་མེད་པ་དང༌། སྔོན་དུ་ཡི་གེ་ གཉིས་སམ་གསུམ་སོགས་ཡོད་པ་དགོས་སོ། །བྷ་ཥ་བརྦྷཱུ།(ལོ་དུས་སུ་འབྱུང་བ།) པུ་ནརྦྷཱུ།(སླར་ཡང་ འབྱུང་བ།) གཉིས་འདིར་བཟུང་ལ། གཞན་བྷཱུའི་སྒྲ་དང་དྷཱི་སྒྲ་སྤངས་པའི་ཕོ་རྟགས་ཨཱིཏ྄་ཨཱུཏ྄ཡ྄་ རྐྱང་པ་དང་བ྄་རྐྱང་པར་བསྒྱུར་བ་ཡིན་ཏེ། རྣམ་དབྱེ་དབྱངས་ཡིན་པ་རྣམས་ལ་དེ་ལྟར་གོ་ བར་བྱའོ། ༈ །སེ་ན་ནཱི་(སྡེའི་འདྲེན་ཨ་སྟེ་དམག་དཔོན་ནོ།།)སི། སེ་ན་ནཱིཿ། སེ་ན་ནཱི་ཨཽ། ནཱི་ཨཱི་ཕྲལ། ན྄་སྲོག་མེད། ཨཱི་ཞེས་པ་ཡ྄་རུ་བསྒྱུར། སེནཱན྄ཡ྄ཨཽ། དབྱངས་མེད་ཕ་རོལ་རིམ་པས་དྲངས་ པས། སེ་ན་ནྱཽ། སེ་ན་ནཱི་ཛས྄། ཛ྄་ཕྱིས། ཨཱིཡ྄་རུ་བསྒྱུར། དྲངས། སེ་ནཱ་ནྱཱ། སེ་ན་ནཱི་ཨམ྄། ཨཱི་ ནི་ཡ྄་རུ་སོང༌། དྲངས། སེ་ནཱ་ནྱཾ། སེ་ནཱ་ནཱི་ཨཽ། གོང་བཞིན། སེ་ནཱ་ནྱཽ། སེ་ན་ནཱི་ཤས྄། ཤ྄་སོང༌། ཨཱི་ནི་ཡ྄། དྲངས། སེ་ནཱ་ནྱཿ། སེ་ནཱ་ནཱི་ཊཱ། ཨཱིཡ྄། དྲངས། སེ་ན་ནྱཱ། སེ་ན་ནཱི་བྷྱཱམ྄། སེ་ན་ནཱི་བྷྱཱཾ། སེ་ན་ནཱི་བྷིས྄། སེ་ན་ནཱི་བྷིཿ། སེ་ན་ནཱི་ངེ་། ང྄་དབྱི། ཨཱིཡ྄། དྲངས། སེ་ན་ནྱེ། སེ་ན་ནཱི་བྷྱཱམ྄། སེ་ ན་ནཱི་བྷྱཾ། སེ་ན་ནཱི་བྷྱས྄། སེ་ན་ནཱི་བྷྱཿ། གོང་དང་འདྲ། ༈ སེ་ན་ནཱི་ང་སི། ང྄་དང་ཨི་ཕྱིས། ཨཱི་ ཡ྄། དྲངས། སེ་ན་ནྱེ། སེ་ན་ནཱི་བྷྱཱམ྄། སེ་ན་ནཱི་བྷྱཾ། སེ་ན་ནཱི་བྷྱཿ ༈ སེ་ན་ནཱི་ངས྄། ངསི་དང་ འདྲ། སེ་ན་ནྱཿ། སེ་ན་ནཱི་ཨོས྄། སེ་ན་ནྱོཿ། སེ་ན་ནཱི་ཨཱམ྄། སེ་ན་ནཱི་ལ་སོགས་པ་རྣམས་ལས་ ཨཱམ྄་ལ་ནུ་ཡང་ནའོ། །ཞེས་གཞན་ལས་བཤད་པས། སེ་ན་ནཱི་ནུཊྲ་ཨཱམ྄། ཨུ་དང་ཊྲ་ཕྱིས། སེ་ 19-1-131 ན་ནཱི་ནཱཾ། སེ་ན་ནཱི་ཨཱམ྄། ཨཱིཡ྄་རུ་བསྒྱུར། སེ་ནཱ་ནྱཱཾ། ༈ ཨཱམྔེཿ ངི་ཨཱམ྄འོ། །ནཱི་ཚིག་སྡུད་ཅན་ལ་རྣམ་དབྱེ་ངི་ནི་ཨཱམ྄་དུ་འགྱུར་ཏེ། སེ་ནཱ་ནཱི་ངི་། ངི་ལས་ང྄་ཕྱིས། ཨི་ཨཱམ྄་དུ་བསྒྱུར། ཌིཏ྄་ལ་ཊིའོ། །ཞེས་པ་ཐོབ་པ་ལྟར་སྣང་ཡང་འདིར་མི་ སྦྱོར་ཏེ། སེ་ནཱ་ནཱི་ཨཱམ྄། ཨཱིཡ྄། སེ་ནཱ་ནྱཱཾ། སེ་ནཱ་ནཱི་ཨོས྄། སེ་ནཱ་ནྱོཿ། སེ་ནཱ་ནཱི་སུཔ྄། སེ་ནཱ་ནཱི་ ཥུ། ༈ ཧེ་སེ་ནཱ་ནཱིཿ། ཧེ་སེ་ནཱ་ནྱཽ། ཧེ་སེ་ནཱ་ནྱཿ། ཡང་ནའོ་ཞེས། སེ་ནཱ་ནཱི་ཁོ་ན་ལ་ཡང་ན་སྟོན་པ་ མིན། ཨཱིཏ྄་མཐའ་ཨུཏ྄་མཐའ་སྤྱི་ལ་ཡང་ན་བ་སྟོན་ནོ་གསུང་སྟེ། སེ་ནཱ་ནཱི་སོགས་རང་ལ། སུ་ ཤྲཱིའི་བྱ་བ་དང༌། རང་གི་བྱ་བ་གདམ་ཀ་ཡིན་ནམ་དཔྱད་དོ། །ཚིག་སྡུད་མེད་པའི་ནཱི་རྐྱང་པ་ལ་ ནི། ཨཱི་རིང་པོ་ཨི་ཡ྄ར་འགྲོ་སྟེ། སི་ཨཽ་ཛས྄། ཨམ྄་སོགས་ལ། ནཱིཿནི་ཡཽ། ནི་ཡཿནི་ཡཾ་སོགས་ སུ་བསྒྱུར་ཏེ། སུ་ཤྲཱི་སྐབས་དང་འདྲའོ། ༈ །ལཱུ་(ཞིང་བརྔ་བ་)རྐྱང་པ་ལ་ནི་ཨི་ཡ྄་རུ་བྱེད་པའི་ དོད། ཨུབ྄་རུ་བསྒྱུར་བ་ཉིད་མ་གཏོགས། སུ་ཤྲཱི་དང་འདྲ་སྟེ། སྭ་ཡཾ་བྷཱུའི་སྐབས་སུ་བཤད་པ་ བཞིན་ཡིན་པས། ལཱུཿ ལུ་བཽ། ལུ་བཿལ་སོགས་པའོ། ༈ །ལཱུ་ཚིག་སྡུད་ཅན་ནི། སེ་ནཱ་ནཱི་དང་ འདྲ་སྟེ། དཔེར་(ནས་རྔ་བ་)ཡ་བ་ལཱུ་སི། ཡ་བ་ལཱུཿ། ཡ་བ་ལུ་ཨཽ། ཡ་བ་ལྭཽ། ཡ་བ་ལཱུ་ཛས྄། ཡ་ བ་ལྭཿ། ཧེ་ཡ་བ་ལཱུཿ། སོགས། བྷྱཪྵཱ་བྷཱུ་དང༌། པུ་ནརྦྷཱུ་ཡང་དེ་དང་འདྲ་སྟེ། བྷཪྵཱ་བྷཱུཿབྷཪྵཱ་བྷཱཽ། བྷཪྵཱ་བྷཱཿ སོགས་དང༌། པུ་ནརྦྷུཿ། པུ་ནརྦྷཱཽ། པུ་ནརྦྷཱཿསོགས་སོ། ༈ །བཱ་ད་པྲ་མཱི།(རི་དྭགས་ཀྲ་སྣ་) ཞེས་པ་ཡང་ཕལ་ཆེར་དེ་དང་འདྲ་སྟེ། བཱ་ད་པྲ་མཱིཿ། བཱ་ད་པྲ་མྱཽ། བཱ་ད་པྲ་མྱཿསོགས། འོན་ཀྱང་ རྣམ་དབྱེའི་རྐྱེན་གསུམ་ལ་མི་འདྲ་སྟེ། ཨམ྄་དག་ཤས྄་དང་ངི་གསུམ་མོ། 'བཱ་ད་པྲ་མཱི་ཨམ྄་ ཨམ྄་གྱི་ཨ་ཡིག་ཕྱིས། བཱ་ད་པྲ་མཱཾ། ༈ བཱ་ད་པྲི་མཱི་ཤས྄། ཨམ྄་ཤས྄་དག་གི་ཨའོ། །ཤས྄་གྱི་ ཨ་ཕྱིས། བཱ་ད་པྲ་མཱིཿ། ༈ བཱ་ད་པྲ་མཱི་ངི༌། ང་དབྱི། འདྲ་བ་ལ་ཕ་རོལ་དབྱི། བཱ་ད་པྲ་མཱི། ཞེས་ སོ། །ཨཱི་རིང་ཨཱུ་རིང་གི་མཐའ་ཅན་བཤད་ཟིན་ཏོ།། །། ༒ ད་ནི་རྀ་ཏ྄་མཐའི་རྣམ་དབྱེ་འཇུག་ཚུལ་ལ། དང་པོ་པི་ཏྲྀའི་སྒྲ་ལ་མཚོན་ན། སེ་ 19-1-132 ར། སི་ཨཱའོ། །རིཏ྄་མཐའ་ཅན་རྣམ་དབྱེ་དང་པོའི་སི་ཨཱ་རུ་འགྱུར་ཏེ། པི་ཏྲྀ་སི། ཨི་བརྗོད་ དོན། ས྄་ཨཱ་རུ་བསྒྱུར། དེ་ནི་ཌི་ཏ྄་ཡིན་པས། ཌི་ཏ྄་ལ་ཊིའོ་ཞེས་པས་རྟགས་མཐའི་ར་ཕྱིས། དབྱངས་མེད་ཕ་རོལ། པི་ཏཱ། པི་ཏྲྀ་ཨཽ། ཨར྄་བཾ་ཙ་པུ། ལྔ་ལ་ཨར྄འོ། །ལྔ་ལ་ཞེས་པ་རྣམ་ དབྱེ་དང་པོ་ལྔ་ཡིན་ལ། ད་ལྟ་ན། སིའི་བྱ་བ་ལ་ཨར྄་མི་འབྱུང་བས། གཉིས་པ་སོགས་བཞི་ ལ་ཟེར་དགོས་སོ་སྙམ་ན། ཚིག་སྡུད་ཀྱི་ཁྱད་པར་ལས་མི་འགལ་ཏེ། བ་ལང་དཀར་པོ་ཅན་ འདིར་ཤོག་བྱས་ན་རྫི་བོ་འོང་གི་བ་ལང་མི་འོང་བ་བཞིན་ནོ། །དངོས་སུ་ན་རྐྱེན་དབྱངས་བཞི་ སྟེ། པི་ཏྲྀ་ཨཽ། རྀ་ཨར྄། དྲངས། པི་ཏ་རཽ། པི་ཏྲྀ་ཛས྄། རྀ་ཨར྄། དྲངས། པི་ཏ་རཿ། ༈ དྷེ་རར྄། དྷི་ཨར྄འོ། །རྀཏ྄་མཐའ་ལ་བོད་སི་བྱིན་ན། དྷི་སྟེ་བོད་སི་ཉིད་ཨར྄་དུ་ འགྱུར། དེ་ནི་ཌིཏ྄་ཡིན་པས་ཌོཏ྄་ཊིའོ། །ཞེས་མཐའི་ར་དབྱི་དགོས་སོ། ༈ །པི་ཏྲྀ་སི། ཨི་ བརྗོད་དོན། ས྄་ཨར྄། རྀ་དབྱི། དབྱངས་མེད་དྲངས། ར྄་རྣམ་བཅད། ཧེ་པི་ཏཿ། ཧེ་པི་ཏ་ རཽ། ཧེ་པི་ཏ་རཿ གོང་དང་འདྲ། ༈ པི་ཏྲྀ་ཨམ྄། རྀ་ཨར྄། དྲངས། པི་ཏ་རཾ། པི་ཏྲྀ་ཨཽ། པི་ཏ་ རཽ། པི་ཏྲྀ་ཤས྄། ཤ྄་སོང༌། ས྄་ན྄། རྀ་རཱྀ་རུ་སོང༌། ཨ་ཕྱིས། པི་ཏྲཱྀན྄། ༈ པི་ཏྲྀ་ཊཱ། རྀ་ར྄་རུ་སོང༌། དྲངས། པི་ཏྲཱ། པི་ཏྲྀ་བྷྱཱཾ། པི་ཏྲྀ་བྷིཿ། ༈ པི་ཏྲྀ་ངེ་། རྀ་ར྄་དྲངས། པི་ཏྲེ། པི་ཏྲྀ་བྷྱཱཾ། བི་ཏྲྀ་བྷྱཿ། ༈ པི་ ཏྲྀ་ངསི། པི་ཏྲྀ་ཨས྄། རིཏ྄་ལས་ངའི་ཨུའོ། །ཨས྄་ཨུས྄་རུ་སོང༌། ཊི་ཕྱིས། དྲངས། པི་ཏུཿ། པི་ཏྲྀ་ བྷྱཱཾ། པི་ཏྲྀ་བྷྱཿ། ༈ པི་ཏྲྀ་ངས྄། པ་ཏྲྀ་ཨས྄། རྀཏ྄་ལས་ང་ཡི་ཨུའོ། །རྀ་ཕྱིས། པུ་ཏུཿ། པི་ཏྲྀ་ཨོས྄། རྀར྄། ས྄་རྣམ་བཅད། པི་ཏྲོཿ། པི་ཏྲྀ་ཨཱམ྄། ནུཊ྄། རྀ་རིང་པོ། ན་ཎ་རུ་སོང༌། པི་ཏྲཱྀ་ཎཱཾ། ༈ ངཽ་། ངི་ལའོ། །པི་ཏྲྀ་ངི༌། རྀ་ཨར྄་དུ་བསྒྱུར། ཏ྄་ཨ་དང༌། ར྄་ཨི་ལ་དྲངས། པི་ཏ་རི། པི་ཏྲྀ་ཨོས྄། པི་ཏྲོཿ། པི་ཏྲྀ་སུཔ྄། པིཏྲྀ་ཥུ། ༈ དེ་བཞིན་དུ། ཛཱ་མཱ་ཏྲྀ་ལ་(མག་པ་)སོགས་པའང་དེ་ཁོ་ན་འདྲ་བ་ ལས། རྣམ་དབྱེ་དྲུག་པའི་མང་ཚིག་གི་སྐབས། ནུ་ཊ྄་སྟེར་ཡང༌། རྟགས་མཐའ་རིང་པོར་བྱེད་ པ་དང་མི་བྱེད་པ་གདམ་ང་སྟེ། ཛཱ་མཱ་ཏྲྀ་ནུཊ྄་ཨཱམ྄། ཛཱ་མཱ་ཏྲཱྀ་ཎཱཾ། ཛཱ་མཱ་ཏྲྀ་ཎཱཾ། ཞེས་སོ། ༈ །ཀརྟྲམ་ 19-1-133 གྱི་སྒྲ་ལ། གཞན་རྣམས་པི་ཏྲྀའི་སྒྲ་དང་འདྲ། དང་པོ་ལྔ་ཁྱད་ཡོད་དེ། སྟུ་རཱར྄། ས་ཏྲ་དག་གི་ ཨཱར྄འོ། །ས་ཏྲྀ་རྐྱེན་ཅན་ཏེ་ཏྲྀའི་རྐྱེན་དང་འབྲེལ་པའམ་འདུས་པའི་ས་ཡིག་རྀཏ྄་མཐའ་ཀརྟྲམ་ ལྟ་བུ་དེ་ནི་རྣམ་དབྱེ་ལྔ་ལ་ཨཱར྄་དུ་འགྱུར་རོ། །འདིར་ཀརྟྲམ་གྱི་ཏྲྀ་ཡིག་རྐྱེན་ཡིན་མོད་ས་ཡིག་ མེད་པ་ལ་ཇི་ལྟར་འདུས་ཤིང་འབྲེལ་སྙམ་ན། ད་ལྟ་མེད་ཀྱང་སྔོན་འདུས་པ་སྟེ། བྱིངས་ཀྲ་ ལ་རྐྱེན་སྟྲྀ་བྱིན། ས་ཁྱད་དོན། ཀའི་སྲོག་གི་རྀ་ཨར྄། དྲངས་པས། ཀརྟྲམ་བྱུང་ཏྲི་སྔོན་དང་པོ་ སྟྲྀ་ཡིན་པས་སོ། །ཀརྟྲམ་སི་བཞག ཨི་བརྗོད་དོན། རྟགས་མཐའ་ཨཱར྄་དུ་བསྒྱུར། སི་ཨཱའོ། ། ཀརྟྲྀའི་རྟགས་ཀྱི་ཕ་རོལ་ཏུ་རྣམ་དབྱེ་དང་པོའི་སིའི་ས་སྲོག་མེད་ཨཱ་རུ་འགྲོ་སྟེ། ཨཱ་འདི་ཌིཏ྄་ ཡིན་པས་འདྲ་བའི་བྱ་བ་མི་བྱེད་དེ། རྟགས་མཐའི་དབྱངས་ཏེ། ཨཱར྄་གྱི་ཨཱ་ཕྱིས། རྟ྄་སྲོག་ མེད་ཨཱ་ལ་དྲངས། ཀརྟཱ། པི་ཏཱ་དང༌། ཀརྟཱ་རྐྱེན་གཟུགས་གཅིག་དུ་བྱུང་ཀྱང་བྱ་བ་མི་འདྲ་སྟེ། འདིར་ནི་རྐྱེན་ཨཱ་རུ་སོང༌། རྟགས་མཐའ་ཨཱར྄་རིང་པོར་སོང་བའི་ཨཱ་དབྱི་བ་ཡིན། པི་ཏཱའི་ སྐབས་རྟགས་མཐའི་རྀ་ཨཱར྄་དུ་མི་བསྒྱུར་བ་ཁྱད་པར་རོ། །ཨཽ་སོགས་གཞན་བཞི་ལ་ཡང༌། པི་ཏྲྀ་སྐབས་སུ། རྟགས་མཐའི་ཨར྄་ཐུང་ངུ་དང༌། འདིར་་ཨཱར྄་རིང་པོར་བསྒྱུར་བའི་ཁྱད་ཁོ་ ན་སྟེ། ཀརྟྲམ་ཨཽ། རྀ་ཨཱར྄། ཀརྟཱ་རཽ། ཀརྟྲམ་ཛས྄། ཨས྄། རྀ་ཨཱར྄། ཀརྟཱ་རཿ། ༈ ཀརྟྲྀ་ཨམ྄། རྀ་ཨཱར྄། ཀརྟཱ་རཾ། ཀ་རྟྲ་ཨཽ། རྀ་ཨཱར྄། ཀརྟཱ་རཽ། ལྷག་མ་ཤས྄་སོགས་བཅུ་དྲུག་དང༌། སཾ་བོ་དྷ་ ན་གསུམ་པོ་རྣམས། པི་ཏྲྀ་དང་ཁྱད་མེད་དོ། །དེ་བཞིན་དུ། ན་(ཚ་བོ་)བྟྲྀ། པྲ་ཤཱསྟྲྀ།(ཆད་པའི་མཚོན་ ཆ་ཅན།) ཧོ་ཏྲྀ། ཤྲོ་ཏྲྀ།(ཐོས་པ་ཅན།) གཱ་ཏྲྀ་(སྨྲ་བ་ཅན་)ལ་སོགས་པ་ཡང་ཀརྟྲམ་དང་འདྲའོ། ། ༈ ཨུ་ཐུང་མཐའ་ཅན་གྱི་རྟགས་ཀྱི་ནང་ཚན། ཀྲོཥྚུའི་(ཅི་སྤྱང་)སྒྲ་ལ་ཡང༌། སི་ཨཽ་ཛས྄། ཨམ྄་ཨཽ་སྟེ། རྐྱེན་ལྔ་པོ་འཇུག་ཚུལ། ཀརྟྲམ་དང་མཚུངས་ཏེ། ཏྲྀ་རྐྱེན་ཅན་ཞེས་པ་ཀུན་ལའོ། ། ཀྲོཥྚུ་སི། རྣམ་དབྱེ་མཐོང་བས་རྟགས་མཐའི་ཨུ་རྀ་དུ་གྱུར། ཀྲོཥྚ྄ྀས྄། སི་ཨཱ་རུ་སོང༌། ཌིཏ྄་ ལས་ཊི་ཕྱིས། ཀྲོཥྚཱ་གྲུབ། ཀྲོཥྚུ་ཨཽ། ཨུ་རྀ་དུ་བསྒྱུར། རྀ་ཨཱར྄། དབྱངས་མེད་ཕ་རོལ། ཀྲོཥྚཱ་རཽ། 19-1-134 ཀྲོཥྚུ་ཛས྄། ཛ྄་སོང༌། ཨུ་རྀ། རྀ་ཨཱར྄། དྲངས། ཀྲོཥྚཱ་རཿ། ༈ ཀྲོཥྚུ་སི། བོད་སི་ཕྱིས། ས྄འི་ནུས་ པས་རྟགས་མཐའི་ཨུ་ཨོཏ྄་དུ་གྱུར། ཧེ་བཞག ཧེ་ཀྲོཥྚོ། ཧེ་ཀྲོཥྚཱ་རཽ། ཧེ་ཀྲོཥྚཱ་རཿ། སི་སོགས་ རྐྱེན་ལྔ་དང༌། བོད་སི་བྱ་བ་མི་འདྲ་བས། བོད་པའི་དོན་གྱི་སི་ནི་ལྔ་པོ་ལ་མི་ཐེ་བར་ཚིག་ཕྲད་ ཀྱི་སྒྲུབ་པའོ། ༈ །ཀྲོཥྚུ་ཨམ྄། ཨུ་རྀ། རྀ་ཨཱར྄། ཀྲོཥྚཱ་རཾ། ཀྲོཥྚུ་ཨཽ། ཀྲོཥྚཱ་རཽ། ཀྲོཥྚུ། ཤས྄། ས྄་ ན྄། རྟགས་མཐའ་རིང་པོ། ཤས྄་ཀྱི་ཨ་དབྱི། ཀྲོཥྚཱུན྄། ཞེས་ཀརྟྲམ་དང༌། པི་ཏྲྀ་དང་ཡང་མཐུན། སྔར་བྷ་ནུའི་སྐབས་དང་ཡང་མཐུན་ནོ། །འགྲེལ་པར། ཤས྄་ཀྱི་སྐབས་ན། ཏྲྀའི་སྒྲ་དང་མི་ མཐུན་ཞེས་གསུངས་པ་ནི། རྟགས་མཐའི་ཨུ་རྀ་རུ་མི་འགྱུར་བའི་དོན་ཏེ། གཞན་འདྲའོ། ༈། ཊཱ་ནས་བརྩམས་ཏེ། དབྱངས་ཀྱི་རྐྱེན་ལ་ཀརྟྲམ་དང༌། བྷཱ་ནུའི་ལུགས་འདམ་ཀ་ཡིན་པར་མདོ་ གཞན་ལས་འབྱུང་བ་ལྟར་སྦྱོར་ཏེ། ཀྲོཥྚུ་ཊཱ། ཀྲོཥྚཱ་འམ། ཀྲོཥྚུནཱ། ཀྲོཥྚུ་བྷྱཱཾ། པོཥྚུ་བྷིཿ། ༈ ཀྲོཥྚུ་ ངེ་། ཀྲོཥྚེ་དང༌། ཀྲོཥྚ་བེ། ཀྲོཥྚུ་བྷྱཱཾ། ཀྲོཥྚུ་བྷྱཿ། ༈ ཀྲོཥྚུ་ངསི་དང༌། ངས྄་ཀྱི་ཨ་ཕྱིས། ས྄་རྣམ་ བཅད། ཀྲོཥྚུཿ། ཡང་ན་ཨ་ཕྱིས། ཨུ་ཨོར་གྱུར། ཀྲོཥྚོཿ། ཀྲོཥྚུ་བྷྱཱཾ། ཀྲོཥྚུ་བྷྱཿ། ༈ ཀྲོཥྚུ་ངས྄། ངསི་ དང་འདྲ། ཀྲོཥྚུ་འམ། ཀྲོཥྚོཿ། ངསི་དང་ངས྄་ཀྱི་ཨ་ཕྱིས་པས་རྀ་ར྄་མི་ཐོབ་པོ། ཀྲོཥྚུ་ཨོས྄། རྀ་ ར྄། ཀྲོཥྚྲོཿ། ཡང་ན་ཨུ་བ྄་རུ་བསྒྱུར། ཀྲོཥྚྭོཿ གང་ཡང་བཅོས་མ་བཅོས་མིན་གྱི། །རབ་སྦྱོར་ ཆོ་ག་དེ་ལ་ནི། །རྟག་དང་མི་རྟག་གང་དེ་ལ། །རྟག་པའི་ཆོ་ག་སྟོབས་ལྡན་ཉིད། །ཀྲོཥྚུ་ཨུཏ྄་ མཐའ་ཡིན་པས། །བྷཱ་ནུའི་ལུགས་ནི་ཨུཏ྄་མཐའ་རང་ལུགས་ཡིན་པས་བཅོས་མ་མིན་པ་དང་ གཏན་དུ་བའམ་རྟག་པའི་ཆོ་ག་ཡིན་ལ། ཏྲྀ་རྐྱེན་ལ་སོགས་པ་རྀཏ྄་མཐའི་ལུགས་སྦྱོར་བ་ནི། གཞན་ལས་བླངས་པ་ཡིན་པའི་ཕྱིར། བཅོས་མ་དང་མི་རྟག་པ་གློ་བུར་བ་ཡིན་པས། གཏན་ དུ་བའི་ཆོ་ག་དབང་བཙན་པའི་བརྡར། དྲུག་པའི་མང་ཚིག་ལ་རྀཏ྄་མཐའི་ལུགས་མི་བྱེད་དོ། ། ཁ་ཅིག་ཨཱམ྄་དབྱངས་ཡིན། ཀྱང་ནུཊྲ་བྱིན་ནས་དབྱངས་ཕ་རོལ་ཏུ་མི་འགྱུར། ནུམ྄་བྱིན་ པའི་གོང་དུ་དབྱངས་ཕ་རོལ་ཡིན་ཀྱང༌། ནཱམ྄་མ་ཡིན་པས་རྀ་རིང་པོར་མི་འགྲོ་བའི་རྒྱུ་མཚན་ 19-1-135 གྱིས་ཡིན་ནོ་ཟེར་བ་མི་འཐད་དེ། རྀ་མཐའ་ཐམས་ཅད་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། ཀྲོཥྚུ་ཨཱན྄་བཞག ནུཊ྄་བྱིན། ཀྲོཥྚཱུ་ནཱཾ། འདི་སྐབས་གསལ་བྱེད་ཀྱི་སྔོན་དུ་བྱུང་བས། ཏྲྀ་སྒྲ་ བཞིན་དུ་མི་བྱེད་ཅེས་རྀ་ཨར྄་མི་བྱེད་པའི་རྒྱུ་མཚན་གསལ་བྱེད་ཕ་རོལ་ཡིན་ཞེས་པའི་དོན་ དུ་འགྲེལ་བའི་དཔེ་གཅིག་ནའང་འདུག་སྟེ། གཅིག་གིས་བློ་བཟོ་བཅུག་པ་འདྲའོ། ༈ །ཀྲོཥྚུ་ ངི་། ཨུ་རྀ་ཨར྄། ཀྲོཥྚ་རི། ཡང་ན་ངི་ཨཽ། ཊི་ཕྱིས། དྲངས། ཀྲོཥྚཽ། ཀྲོཥྚུ། ཨོས྄། གོང་བཞིན། ཀྲོཥྚོཿ། ཀྲོཥྚྭོཿ ཀྲོཥྚུ་སུཔ྄། ཀྲོཥྚུ་ཥུ། སྐབས་འདིར་རཱྀཏ྄་ལྀཏ྄་དང་ལཱྀཏ྄་ཨེཏ྄་རྣམས་ཀྱི་མཐའ་ ཅན་མེད་པར་གྲགས་སོ། ། ༈ ཕོ་རྟགས་ཨཻ་མཐའ་ལ། སུ་རཻ་སྒྲ་སྟེ། རཻ་སསྦྷི། རཻ་ས་དང་བྷ་ལའོ། །ཨཻཏ྄་མཐའ་ཅན་ ལ་རྣམ་དབྱེ་ས་ཡིག་ཅན་སི་དང་སུ་པ྄་གཉིས། བྷ་ཡིག་ཅན་བྷྱཱཾ་བྷིས྄་བྷྱཱམ྄་བྷྱས྄་བྷྱཱམ྄་བྷྱས྄་ཏེ་ བརྒྱད་པོ་དེ་ལ། རྟགས་མཐའ་ཨཻ་ཨཱ་རུ་འགྱུར་ལ། དབྱངས་ཀྱི་རང་བཞིན་རྣམ་དབྱེ་རྣམས་ ལ། རྟགས་མཐའ་ཨཱཡ྄་རུ་བསྒྱུར་དགོས་ཏེ། སུ་རཻ་སི་ཨི་སོང༌། རའི་སྲོག་ཨཻ་ཨཱ་རུ་འགྱུར། ས྄་རྣམ་བཅད། སུ་རཱཿ སུ་རཻ་ཨཽ། རའི་ཨཻ་ཡིག་ཨཱ་ཡ྄་རུ་བསྒྱུར། དྲངས་པ། སུ་རཱ་ཡཽ། འདི་ གཉིས་ཀྱིས་ཕྱི་མ་ཀུན་ལའང་རིགས་འགྲེ་སྟེ། སུ་རཻ་ཛས྄། སུ་རཱ་ཡཿ། ༈ བོད་པ་ལ་ཡང་དེ་ཁོ་ ན་ཏེ། ཧེ་སུ་རཱཿ ཧེ་སུ་རཱ་ཡཽ། ཧེ་སུ་རཱ་ཡཿ། ཞེས་པའོ། །འགྲེལ་པར་ཐོག་མ་བོད་སི་ཁོ་ན་ལས་ མ་བཤད་དེ་ལྷག་མ་གཉིས་ཕལ་ཆེར་དུ་རྣམ་དབྱེ་དང་པོ་དང་འདྲ་བས་དོགས་པ་མེད་ལ། སི་ ལ་མི་འདྲ་བ་རེ་ཡོད་པ་མང་བ་ལ་འདིར་མི་འདྲ་བ་མེད་པ་ལ་ཁ་གསལ་བྱས་པའོ། །འདིའི་ རིགས་འོག་ཏུའང་མང་ངོ༌། ། ༈ སུ་རཻ་ཨམ྄། སུ་རཱ་ཡཾ། སུ་རཻ་ཨཽ། སུ་རཱ་ཡཽ། སུ་རཻ་ཤས྄། སུ་རཱ་ཡཿ། ༈ སུ་རཻ་ཊཱ། སུ་ རཱ་ཡཱ། སུ་རཻ་བྷྱཱམ྄། སུ་རཱ་བྷྱཱཾ། སུ་རཻ་བྷིས྄། སུ་རཱ་བྷིཿ། ༈ སུ་རཻ་ངེ༌། སུ་རཱ་ཡེ། སུ་རཱ་བྷྱཱཾ། སུ་རཱ་ བྷྱཿ། ༈ སུ་རཻ་ངསི། སུ་རཱ་ཡ། སུ་རཱ་བྷྱཱཾ། སུ་རཱ་བྷྱཿ། ༈ སུ་རཻ་ངས྄། སུ་རཱ་ཡཿ། སུ་རཻ་ཨོས྄། སུ་ 19-1-136 རཱ་ཡོཿ། སུ་རཻ་ཨཱམ྄། སུ་རཱ་ཡཱཾ། ༈ སུ་རཻ་ངི༌། སུ་རཱ་ཡི། སུ་རཻ་ཨོས྄། སུ་རཱ་ཡོཿ། སུ་རཻ་སུཔ྄། སུ་ རཱ་སུ། ༈ ཨོཏ྄་མཐའ་ཅན་ལ་གོའི་སྒྲས་མཚོན་ན། ཨོ་རཽ། ཨོ་ནི་ཨཽའོ། །རྣམ་དབྱེ་ཐོག་མ་ལྔ་པོ་ ལས་གཅིག་ཕ་རོལ་དུ་མཐོང་བས། རྟགས་མཐའི་ཨོ་ཡིག་ཨཽ་ཡིག་ཏུ་འགྱུར་རོ། །གོ་སི། ཨོ་ ཨཽས྄་རྣམ་བཅད། གཽཿ གོ་ཨཽ། ཨོ་ཨཽ་རུ་སོང༌། ཨཽ་ཨཱབ྄། དྲངས། གཱ་བཽ། གོ་ཛས྄། ཨོ་ཨཽ། ཨཱབ྄། དྲངས། གཱ་བཿ། ༈ བོད་པའི་དོན་ལའང་བྱ་བ་གཞན་མེད་དེ། ཧེ་གཽཿ ཧེ་གཱ་བཽ། ཧེ་གཱ་ བཿ། ༈ ཨམྴ་སི། ཨཱ་ཨམ྄་ཤས྄་ལའོ། །འདིར་རྣམ་དབྱེ་ཐོག་མ་ལྔ་ཞེས་གོང་དུ་བཤད་ཀྱང༌། ཨམ྄་ལ་དམིགས་གསལ་དུ། རྟགས་མཐའི་ཨོ་ནི་ཨཱ་རུ་བསྒྱུར་བ་སྟེ། འོན་ཀྱང་ཨོ་དང་ཨཱ་ འདམ་ཀར་བྱ་ཟེར་རོ། །འགྲེལ་པའི་དཀྱུས་ལ་གདམ་ང་མེད་ཀྱང༌། ཨམ྄་ནི་ལྔ་པོའི་ཆོ་ག་ དང༌། ཨམ྄་ཤས྄་གཉིས་རང་གི་ཆོ་ག་སྟེ་བྱ་བ་གཉིས་འཛིན་དགོས། གཞུང་གཞན་ལས་ཀྱང་ བཤད། འདིའི་འགྲེལ་བཤད་འགའ་ལས་ཀྱང་ཡོད་ཅེས། པཎྜི་ཏ་འཆད་དོ། །གོ་ཨམ྄་ཞེས་ བཞག གའི་སྲོག་གི་ཨོ་ནི་ཨཱ་རུ་བསྒྱུར་ཏེ། འདྲ་བའི་ཡི་གེ་གཱཾ། གོ་ཨཽ། གོང་དང་འདྲ། ག་བཽ། གོ་ཤས྄། ཨོ་ཨཱ་རུ་བསྒྱུར། འདྲ་བའི་ཡི་གེ། གཱཿ། ༈ གོ་ཊཱ། ཊྲ་སོང༌། ཨོབ྄་ཨབ྄། དྲངས། གཱ་ བཱ། གོ་བྷྱཱཾ། གོ་བྷིཿ། ༈ གོ་ངེ་། ང྄་ཕྱིས། ཨོ་ཨབ྄། ག་བེ། གོ་བྷྱཱཾ། གོ་བྷྱཿ། ༈ གོ་ང་སི། ང྄་ཨི་ གཉིས་ཕྱིས། ཨས྄་བཞག ངསི་ངས྄་ཀྱི་ཨའོ། །ཞེས་པས། ཨ་མི་སྣང་བར་སོང༌། གོཿ། གོ་བྷྱཱཾ། གོ་བྷྱཿ། ༈ གོ་ང་ས྄། ང་སི་དང་འདྲ། གོཿ། གོ་ཨས྄། ཨོ་ཨབ྄་རྣམ་བཅད། ག་བོཿ། གོ་ཨཱམ྄། ཨོ་ཨབ྄། ག་བཱཾ། སྡེབ་སྦྱོར་ལས་ནུཊྲ་སྟེར་བའང་ཡོད་པས། གོ་ནཱཾ། འགྲེང་བུ་དང་ན་རོ་ལ་ རྟགས་མཐའ་རིང་པོར་འགྲོ་རྒྱུ་མེད། འགྲེང་བུ་ན་རོ་ཉིད་རྟག་ཏུ་རིང་པོ་ཡིན་པས་སོ། ༈ །གོ་ ངི༌། ཨོ་ཨབ྄། ག་བི། གོ་ཨོས྄། ག་བོཿ། གོ་སུཔ྄། གོ་ཥུ། དེ་བཞིན་དུ། སུརྱོ་(རབ་ཏུ་སྣང་) 19-1-137 ཞེས་པའི་སྒྲ་ལའང་གོ་སྒྲ་ཇི་བཞིན་ནོ། ༈ །ཨཽ་ཡིག་མཐའ་ཅན་ལ་འདིར། གླཽ་ཞེས་པའི་སྒྲ་སྟེ། དེ་ཡང་རྐྱེན་ཧ་ས་སྟེ་གསལ་བྱེད་དང་པོ་ཅན་བརྒྱད་མ་གཏོགས་པ་ཐམས་ཅད་ལ། རྟགས་ མཐའི་ཨཽ་ཡིག་ཨཱབ྄་རུ་བསྒྱུར་བ་ཁོ་ན་ཡིན་ལ། བོད་པ་གསུམ་ཡང་རྣམ་དབྱེ་དང་པོ་གསུམ་ དང་འདྲའོ། །གླཽ་སི། རྣམ་བཅད། གླཽཿ། གླཽ་ཨཽ། ཨཽ་ཨཱབ྄། གླཱ་བཽ། གླཽ་ཛས྄། ཨཽ་ཨཱབ྄། དྲངས། རྣམ་བཅད། གླཱ་བཿ། ༈ ཧེ་གླཽཿ། ཧེ་གླཱ་བཽ། ཧེ་གླཱ་བཿ། གླཽ་ཨམ྄། གླཱ་བཾ། གླཽ། ཨཽ། གླཱ་བཽ། གླཽ་ ཤས྄། གླཱ་བཿ། ༈ གླཽ་ཊཱ། ཊྲ་སོང༌། གླཱ་བཱ། གླཽ་བྷྱཱཾ། གླཽ་བྷིཿ། ༈ གླཽ་ངེ༌། ང྄་དབྱི། གླཱ་བེ། གླཽ་བྷྱཱཾ། གླཽ་བྷྱཿ། ༈ གླཽ་ངསི། ང྄་ཨི་ཕྱིས། གླཱ་བཿ། གླཽ་བྷྱཱཾ། གླཽ་བྷྱཿ། ༈ གླཽ་ངས྄། གླཱ་བཿ། གླཽ་ཨོས྄། གླཱ་ བོཿ། གླཽ་ཨཱམ྄། གླཱ་བཱཾ། ༈ གླཽ་ངི༌། གླཱ་བི། གླཽ་ཨོས྄། གླཱ་བོཿ། གླཽ་སུཔ྄། གླཽ་ཥུ། ཞེས་པ་རྣམས་ འགྲུབ་བོ། །དབྱངས་མཐའི་རྟགས་ལས་ཕོ་རྟགས་ཅན་གྱི་བྱ་བ་རྣམས་རྫོགས་སོ།། །། ༒ ད་ནི་དབྱངས་ཀྱི་མཐའ་ཅན་མོ་རྟགས་ཀྱི་བྱ་བ་རྣམས་བརྗོད་པར་བྱ་སྟེ། དང་པོར་ ཨཱ་ཡིག་མཐའ་ཅན་ནམ། ཨཱཔ྄་མཐའ་ཞེས་པའི་སྡེ་ལས། སྤྱིར་བཏང་གཾ་གའི་སྒྲ་ལ། དང་ པོར་གཾ་ག་ཞེས་པ་ལ། ཨཱ་པ་ཏཿསྟྲི་ཡཱཾ། བུད་མེད་ལ་ཨ་ལ་ཨཱ་པ྄འོ། །གངྒ་ཨཱཔ྄། པ྄་རྗེས་ འབྲེལ། འདྲ་བའི་ཡི་གེ་ལས་རིང་པོ་ཞེས་པས། གཱི་རིང་པོ་སོང༌། གངྒཱ་ཞེས་པ་གྲུབ་སྟེ་མོ་ རྟགས་སོ། །ཨ་ཡིག་མཐའ་ཅན་མོ་རྟགས་སུ་སྒྲུབ་པ་ཐམས་ཅད་དེས་འགྲེའོ། །དེ་ལ་རྣམ་ དབྱེ་རྣམས་སྟེར་བ་ལས། གངྒཱ་སི། ཨཱ་པཿ། ཨཱཔ྄་ལས་སོ། །ཨཱ་མཐའ་ལ་རྣམ་དབྱེ་དང་པོའི་ སུ་དབྱིའོ། །གཾ་གཱ གྲུབ་བོ། །ཨཽ་རཱི། ཨཽ་ཨཱིའོ། །གངྒཱ་ཨཽ། མོ་རྟགས་ཨཱཔ྄་ལ་ཨཽ་ཞེས་པ་དང་པོ་ དང་གཉིས་པའི་རྣམ་དབྱེ་གཉིས་པོ་ཨཱི་རུ་བསྒྱུར། ཨ་ཨི་ལ་ཨེའོ། །གཾ་གེ། གཾ་གཱ ཛས྄། འདྲ་ བ། རྣམ་བཅད། གཾ་གཱཿ། ༈ དྷི་རིཿ། དྷི་ཨི་རུའོ། །རུ་ཞེས་པའི་སྐད་དོད་མེད་ཀྱང་མི་ནོར་བའི་དོན་ནོ། །ཨཱཔ྄་ལ་ དྷི་བྱིན་ན། དྷི་ཉིད་ཨི་ཐུང་ངུ་འགྱུར། གངྒཱ་ཨི། ཞེས་སོ། །ཨ་ཨི་ལ་ཨེའོ། །ཧེ་གཾ་གེ། ཧེ་གཾ་ 19-1-138 གེ། ཧེ་གཾ་གཱ། དེ་གཉིས་རྣམ་དབྱེ་དང་པོ་དང་འདྲ། ༈ ཨཱ་མྦཱ།(ན་གར་ཀོ་ཊའི་ལྷ་མོ།) ཨཀྐཱ།(འབིགས་ བྱེད་ལྷ་མོ།) ཨ་ལླཱ་(ནོར་རྒྱུན་མ་ཟེར་)རྣམས་ལའང༌། དྷི་ཨི་ཐུང་དུ་འགྱུར། ཧེ་ཨམྦེ། ཧེ་ཨཀྐེ། ཧེ་ ཨལླེ།(འདི་གསུམ་ཀ་ཨུ་མིའི་མིང་ངོ་ཟེར་ལྷ་མོ་ཐམས་ཅད་རྒྱུད་གཅིག་ཟེར་བའི་ལུགས་སོ།།) ཞེས་པའོ། ༈ །གཾ་གཱ་ ཨམ྄། མཚུངས་འདྲ། གཾ་གཱཾ། གངྒཱ་ཨཽ། གཾ་གེ། གོང་བཞིན། གཾ་གཱ ཤས྄། ཛས྄་དང་འདྲ། གངྒཱཿ། ༈ ཊཽ་སོ་རེ། ཊཱ་ཨོས྄་དག་ལ་ཨེ། གསུམ་པའི་གཅིག་ཚིག་ཊཱ་དང༌། དྲུག་པ་དང་བདུན་པའི་ གཉིས་ཚིག་ཨོས྄་ལ་རྟགས་མཐའ་ཨེ་དང་ཨེ་ཨཡ྄་རུ་འགྲོའོ། །གཾ་གཱ་ཊཱ། ཊྲ་སོང༌། རྟགས་ མཐའ་ཨེ། ཨེ་ཨཡ྄། དྲངས། གཾ་ག་ཡཱ། གངྒ་བྷྱཱཾ། གངྒཱ་བྷིཿ། ༈ ངི་ཏཱཾ་ཡཊ྄། ངིཏ྄་རྣམས་ཀྱི་ ཡཊྲའོ། །ངེ་དང༌། ངསི་དང༌། ངས྄་དང༌། ངི་རྣམས་ལ་སྐབས་འདིར། ཡཊྲ་ཨཱ་ག་མ་སྟེར་ཏེ། གངྒཱ་ངེ༌། དེ་ལ་ཡཊྲ་སྟེར་ནི་དགོས་ན། འདི་ཊིཏ྄་ཡིན་པས་རྣམ་དབྱེའི་སྔོན་དུ་སྟེ། གངྒཱ་ཡཊྲ་ ཨེ་ཊྲ་རྗེས་འབྲེལ། ཨ་ནི། ཨེ་ལ་ཨཻ། དྲངས། གཾ་གཱ་ཡཻ། གངྒཱ་བྷྱཱཾ། གངྒཱ་བྷྱཿ། ༈ གངྒཱ་ང་སི། ཡཊྲ་བྱིན། གཾ་གཱ་ཡ་ཨས྄། མཚུངས་པ། རྣམ་བཅད། གཾ་གཱ་ཡཱཿ། གཾ་གཱ་བྷྱཱཾ། གཾ་གཱ་བྷྱཿ། ༈ གངྒཱ་ ངས྄། ངསི་དང་འདྲ། གངྒཱ་ཡཱཿ། གཾ་གཱ ཨོས྄། ཊཱ་ཨོས྄་དག་ལ་ཨེ། ཞེས་པས་རྟགས་མཐའ་ ཨེ། ཨེ་ཨཡ྄། རྣམ་བཅད། གངྒ་ཡོཿ། གང྄་གཱ ཨཱམ྄། ནུཊྲ། གངྒཱ་ནཱཾ། ༈ གངྒཱ་ངི༌། ང྄་ཕྱིས། ཡཊྲ་བྱིན། ངི་ཨཱམ྄འོ། །ཞེས་པས། ཨི་ཨཱམ྄་དུ་བསྒྱུར། གཾ་གཱ་ཡ ཨཱམ྄། གཾ་ག་ཡཱཾ། གང྄་གཱ ཨོས྄། གཾ་ག་ཡོཿ། གཾ་གཱ་སུཔ྄། པ྄་རྗེས་འབྲེལ། གངྒཱ་སུ། ༈ དེ་བཞིན་དུ། ཤྲདྡྷཱ།(དད་པ།) མེ་ དྷཱ།(བློ་གྲོས།) ཤཱ་ལཱ།(ཁང་པ།) མཱ་ལཱ།(འཕྲེང་བ།) ཧེ་ལཱ།(སྨད་ར།) དོ་ལཱ།(ཁྱོགས།) ཞེས་སོགས་མང་ པོ་ཞིག་འདི་དང་འདྲའོ། ། ༈ སརྦྦ་རང་ཉིད་གོང་དུ་བཤད་པ་ལྟར་ཕོ་རྟགས་ཡིན་རུང་། ཨཱཔ྄་བྱིན་མོར་བསྒྲུབས་ པས་སོ། །སརྦྦཱ་ཅེས་པ་མོ་རྟགས་ཏེ། སྐྱེས་པའམ་སྐྱེ་བོ་ཐམས་ཅད་ཅེས་པ་ལྟ་བུ་ལ་ཕོ་རྟགས་ འཇུག དངོས་པོ་ལ་མོ་ཡིན་པ་དང༌། ས་གཞི་ལ་སོགས་པ་བློས་བཏགས་པའི་མོ་མང་པོ་ 19-1-139 འདུས་པ་ལ་ཡང༌། སརྦྦཱ་མོ་རྟགས་འཇུག་གོ །སརྦྦཱ་ལ་རྣམ་དབྱེ་འཇུག་ཚུལ་གཞན་རྣམས་སྤྱིར་ བཏང་གངྒཱའི་སྐབས་དང་འདྲ། ངིཏ྄་རྣམས་ལ་ཁྱད་པར་ཡོད་དེ། ཡ་ཊོཉཙྪ། ཡཊྲ་ཀྱི་ཨཏ྄་ཡང་ ངོ༌། །ཡཊྲ་ཀྱི་ཨཏ྄་ཡང་ངོ༌། །ཡཊྲ་ཨཱ་ག་མ་བྱིན་པས་རྟགས་མཐའ་ཨ་ཐུང་དུ་འགྱུར་ལ། ཡང་ ཞེས་པས་ཡཊྲ་ལ་སྔོན་དུ་སུཊ྄་ཨཱ་ག་མ་སྟེར་རོ། །དེ་བས་ན། སརྦྦཱ་ལ་སི་སོགས་སྦྱིན། སརྦྦཱ། སྭརྦྦེ། སརྦྦཱཿ། ༈ ཧེ་སརྦྦེ། ཧེ་སརྦྦེ། ཧེ་ས་རྦྦཱཾཿ། ༈ སརྦྦཱཾ། སརྦྦེ། སརྦྦཱཿ། ༈ ཊཱ་ཨོས྄་དག་ལ་ ཨེ་དང༌། ཨེ་ཨཡ྄། ཞེས་པས། སརྦྦ་ཡཱ། སརྦྦཱ་བྷྱཱཾ། སརྦྦཱ་བྷིཿ། ༈ སརྦྦ་ངེ༌། ངིཏ྄་རྣམས་ཀྱི་ ཡཊྲ། ཞེས་པས། ཡཊྲ། ཡཊྲ་ཀྱི་ཨཏ྄་ཡང་ངོ༌། །ཞེས་པས། རྟགས་མཐའ་ཨ་ཐུང་དང༌། ཡཊྲ་ ཀྱི་གོང་དུ་སུཊྲ་སྦྱིན། ཊྲ་གཉིས་དང་སུའི་ཨུ་རྗེས་འབྲེལ། སརྦྦ་ས྄་ཡ་ཨེ། ཨེ་ཨཻ། ཡཻ་དྲངས། སྱཻ། སརྦྦ་སྱཻ། སརྦྦཱ་བྷྱཱཾ། སརྦྦཱ་བྷྱཿ། ༈ སརྦྦ་ངསི། ང྄་ཨི་ཕྱིས། ཡཊྲ། སུཊྲ། རྟགས་མཐའ་ཐུང་ ངུ༌། ཨེ་ཨཻ། སརྦྦ་སྱཱཿ། སརྦྦཱ་བྷྱཱཾ། སརྦྦཱ་བྷྱཿ། ༈ སརྦྦཱ་ངས྄། ང྄་ཕྱིས་གཞན་ངསི་དང་འདྲ། སརྦྦ་ སྱཱཿ། སརྦྦཱ་ཨོས྄། ཊཱ་ཨོས྄་དག་ལ་ཨེ་དང༌། ཨེ་ཨཡ྄། ས྄་རྣམ་བཅད་ཅེས་པས། སརྦྦ་ཡོཿ། སརྦྦཱ་ཨཱམ྄། ནུཊྲ་ཀྱི་དོད། སུཊྲ་བྱིན། སརྦྦཱ་སཱཾ། ༈ སརྦྦཱ་ངི༌། ངི་ཨཱམ྄་དུ་བསྒྱུར། ཡཊྲ། སུཊྲ་ སྦྱིན། རྟགས་མཐའ་ཨ་ཐུང༌། སརྦྦས྄་ཡ་ཨཱམ྄། སརྦྦ་སྱཱཾ། སརྦྦ་ཡོཿ། དྲུག་པ་དང་འདྲ། སརྦྦཱ་ སུ། ༈ ཛ་རཱ་(རྒན་པོ་)ཞེས་པའི་སྒྲ་ལ། གངྒཱའི་བྱ་བ་སྒྲ་ཇི་བཞིན་པ་བྱེད་པ་དང༌། དབྱངས་ཐོག་ མ་ཅན་གྱི་རྣམ་དབྱེ་གང་བྱིན་ཀྱང༌། ཛ་རཱ་ཉིད་ཛ་རས྄་རུ་བསྒྱུར་བ་འདམ་ཁ་སྟེ། ཛ་རཱ་སི། སི་ དབྱི། ཛ་རཱ། ཛ་རེ། ཛ་རཱཿ། ༈ ཧེ་ཛ་རེ། ཧེ་ཛ་རཱཿ། ༈ ཛ་རཱཾ། ཛ་རེ། ཛ་རཱཿ། ༈ ཛ་ར་ཡཱ། ཛ་ རཱ་བྷྱཱཾ། ཛ་རཱ་བྷིཿ། ༈ ཛ་རཱ་ཡཻ། ཛ་རཱ་བྷྱཱཾ། ཛ་རཱ་བྷྱཿ། ༈ ཛ་རཱ་ཡཱཿ། ཛ་རཱ་བྷྱཱཾ། ཛ་རཱ་བྷྱཿ། ༈ ཛ་རཱ་ ཡཱཿ། ཛ་ར་ཡོཿ། ཛ་རཱ་ཎཱཾ། ༈ ཛ་རཱ་ཡཱཾ། ཛ་རཱ་ཡོ། ཛ་ར་སུ། ཞེས་པ་རྣམས་ནི་ཨཱ་རིང་མཐའ་ཅན་ མོ་རྟགས་སྤྱིར་བཏངས་ཀྱི་ལུགས་ཡིན་ལ། ༈ ཡང་ཛ་རས྄་ཞེས་པར་བསྒྱུར་བ་ནི། སི་དང་བྷ་ ལྡན་རྣམས་དང་སུཔ྄་རྣམས་བོར་བ་སྟེ། ཛ་རཱ་ཨཽ། ཛ་ར་སཽ། ཛ་རཱ་ཛས྄། ཛ་ངས྄། ཨས྄། ཛ་ 19-1-140 ར་སཿ། ༈ ཛ་རཱ་ཨམ྄། ཛ་རས྄། ཨམ྄། ཛ་ར་སཾ། ཛ་རཱ་ཨཽ། ཛ་ར་སཽ། ཛ་རཱ་ཤས྄། ཛ་ར་སཿ། ༈ ཛ་ར་ཊཱ། ཛ་ར་སཱ། ༈ ཛ་རཱ་ངེ༌། ཛ་ར་སེ། ༈ ཛ་རཱ་ང་སི། ཛ་ར་སཿ། ༈ ཛ་རཱ་ངས྄། ཛ་ར་ སཿ། ཛ་རཱ་ཨོས྄། ཛ་ར་སོཿ། ཛ་རཱ་ཨཱམ྄། ཛ་ར་སཱཾ། ༈ ཛ་རཱ་ངི༌། ཛ་རཱ་སི། ཛ་རཱ་ཨོས྄། ཛ་ར་ སོཿ། ཞེས་པ་རྣམས་སོ། །མོ་རྟགས་ཨཱ་རིང་མཐའ་ཅན་གྱི་ཆོ་ག་བསྟན་ཟིན་ཏོ།། །། ༒ ད་ནི་མོ་རྟགས་ཨི་ཐུང་མཐའ་ཅན་ལས་བུདྡྷ་སྒྲ་ལ། རྣམ་དབྱེ་དང་པོ་གསུམ་དང༌། གཉིས་པ་གསུམ་ཕོ་རྟགས་ཨི་ཐུང་མཐའ་ཅན་སྤྱིར་བཏངས་དང་འདྲ་སྟེ། བུདྡྷི་སི། རྣམ་ བཅད། བུདྡྷིཿ། བུདྡྷི་ཨཽ། ཨཽ་ནི་ཨཱི་ཨཱུ་དག་གོ །ཞེས་པས། ཨཽ། ཨཱི་རུ་སོང༌། བུདྡྷཱི། བུདྡྷཱི་ཛས྄། ཨེ་ཨོ་ཛས྄་ལའོ། །ཞེས་པས། བུདྡྷེ་རུ་སོང༌། ཨེ་ཨཡ྄། བུདྡྷ་ཡཿ། ༈ བོད་པའི་དོན་ལ། བུདྡྷི་ སི། བྱིངས་མ་ཡིན་པའི་མཚུངས་པ་ལ། དྷི་དབྱི། ཞེས་པས་ཕྱིས། དྷི་ལའོ་ཞེས་པས། རྟགས་ མཐའ་ཨེ་རུ་བསྒྱུར། ཧེ་བུདྡྷེ། ཨཽ་དང་ཛས྄་ལ་ཧེ་བཞག་པ་ལས་གཞན་དབྱེ་བ་མེད། ༈ བུདྡྷི་ ཨམ྄། ཨམ྄་ཤས྄་དག་གི་ཨའོ། །ཨ་དབྱི། བུདྡྷིཾ། བུདྡྷི་ཨཽ། གོང་བཞིན། བུདྡྷཱི། བུདྡྷི་ཤས྄། འདི་ཧ་རི་དང་ཅུང་མི་འདྲ་སྟེ། ས྄འི་ན྄་མི་བྱེད། ཤས྄་ལའོ་ཞེས་པས། རྟགས་མཐའ་རིང་པོ། བུདྡྷཱི། ཨ་ཕྱིས། བུདྡྷཱིཿ། ༈ བུདྡྷི་ཊཱ། བུདྷྱཱ། བྷྱཱཾ་བྷིས྄་འདྲ། ༈ ཨི་དུདྦྷྱཾ། ཨིཏ྄་ཨུཏ྄་དག་ལས་སོ། ། བུད་མེད་ཀྱི་རྟགས་ཨིཏ྄་མཐའ་དང༌། ཨུཏ྄་མཐའི་ཕ་རོལ་དུ། ངིཏ྄་བྱུང་ན། ངིཏ྄་ལ་ཨཊ྄་ཨཱ་ ག་མ་སྟེར། བུདྡྷི་ངེ༌། ང྄་དབྱི། ཨཊྲ་བྱིན། བུདྡྷི་ཨ་ཨེ་བཞག ཨ་ཡིག་ཨེ་མཐོང་ཨཻ་རུ་སོང༌། བུདྡྷིའི་ཨིཡ྄་དྲངས་བུདྡྷྱཻ། དེ་ཡང་འགྲེལ་བར་གདམ་གར་བཤད་དེ། ཨཊྲ་མི་སྦྱིན་ན། བུདྡྷི ཨེ། རྟགས་ཨེ། ཨེ་ཨཡ྄། བུདྡྷ་ཡེ། བྷྱཱཾ་བྷྱས྄་འདྲའོ། ༈ །བུདྡྷི་ང་སི། བུདྡྷི་ཨས྄། ཨིཏ྄་ཨུཏ྄་ དག་ལས་སོ། །ཞེས་པས། ཨཊྲ་སྦྱིན། བུདྡྷི་ཨ་ཨས྄། འདྲ་བའི་ཡི་གེ་ཨིཡ྄། དྲངས། རྣམ་ བཅད། བུདྡྷྱཿ། ཡང་ན། ཨཊྲ་སྤངས་པས། བུདྡྷི་ཨས྄། རྟགས་མཐའ་ཨེ། བུདྡྷེ་ཨས྄། ངསི་ ངས྄་ཀྱི་ཨ་ཕྱིས། རྣམ་བཅད། བུདྡྷེཿ། བྷྱཱཾ་བྷྱཿའདྲའོ། ༈ །བུདྡྷུ་ངས྄་བཞག ངསི་དང་འདྲ་བར་ 19-1-141 བསྒྲུབས། བུདྡྷྱཱཿ། ཡང་ན་བུདྡྷེཿ། བུདྡྷི་ཨོས྄། ཨིཡ྄། རྣམ་བཅད། བུདྡྷྱཿ། བུདྡྷི་ཨཱམ྄། ནུཊྲ། བུདྡྷཱི་ནཱཾ། ༈ སྟྲི་ཡཱཾ་ཡོཿ། ཨི་ཨུ་ལས་བུད་མེད་ལའོ། །ཨི་རིང་ཐུང་ཨུ་རིང་ཐུང་གི་མཐའ་ཅན་མོ་ རྟགས་ཀྱི་ཕ་རོལ་གྱི་ངི་ནི་ཡང་ན་ཨཱམ྄་དུ་འགྱུར་རོ། །བུད྄་དྷི་ངི༌། ང྄་ཕྱིས། ཨི་ཨཽ་རུ་བསྒྱུར། དེ་ཌིཏ྄་ཡིན་པས། ཊི་ཕྱིས། བུདྡྷཽ། བུདྡྷི་ཨི། ཨིཏ྄་ཨུཏ྄་དག་ལའོ། །ཞེས་ཨཏ྄་བྱིན། བུདྡྷི་ཨཊྲ་ ཨི། ཨི་ཨཱམ྄། ཨིཡ྄། དྲངས། བུདྡྷྱཱཾ། བུདྡྷི་ཨོས྄། བུདྡྷྱོཿ། བུདྡྷི་སུཔ྄། ཀུ་ཨི་ལ་ལས་ས་ཥ་ཞེས་ པས་ས་ཥ་རུ་བསྒྱུར། བུདྡྷི་ཥུ། བུདྡྷི་ཁོ་ན་ལྟར། མ་ཏི།(བློ་གྲོས།) བྷུ་ཏི།(འབྱོར་བ།) དྷྲྀ་ཏི།(འཛིན་ འཆང་། རུ་ཙི་(མཛེས་པ་)ལ་སོགས་པ་རྣམས་ཀྱང་རྣམ་དབྱེ་འཇུག་ཚུལ་འདྲའོ། ༈ །དྷེ་(བ་འཇོམ་སྟེ་ ཀཱ་མ་དྷེ་ནུ། འདོད་འཇོ་)ནུའི་སྒྲ་ལ། དྷེ་ནུ་སི། རྣམ་བཅད། དྷེ་ནུཿ། དྷེ་ནུ་ཨཽ། ཨཽ་ནི་སྔ་མ་དང་འདྲ་ བ་ཨཱུ་རུ་སོང༌། འདྲ་བ། དྷེ་ནཱུ། དྷེ་ཛས྄། ཨུ་ཨོ། ཨོ་ཨབ྄། རྣམ་བཅད། དྷེ་ན་བཿ། ༈ བོད་ པའི་དོན་ལ། དྷེ་ནུ་སི་བྱིངས་མིན་པ་ལ་དྷི་ཕྱིས། རྟགས་མཐའ་ཨོ། ཧེ་དྷེ་ནོ། ཧེ་དྷེ་ནཱུ། ཧེ་དྷེ་ན་ བཿ། ༈ དྷེ་ནུ་ཨམ྄། ཨ་ཕྱིས། དྷེ་ནུཾ། དྷེ་ནུ་ཨཽ། དྷཻ་ནཱུ། དྷེ་ནུ་ཤས྄། རྟགས་མཐའ་རིང༌། རྐྱེན་ གྱི་ཨ་ཕྱིས། དྷེ་ནཱུཿ། ༈ དྷེ་ནུ་ཊཱ་ཨུབ྄། དྷེ་ནྭཱ། བྷྱཱཾ་བྷིཿའདྲ། ༈ དྷེ་ནུ་ངེ༌། ཨཊྲ་སྟེར། དྷེ་ནུ་ཨ་ ཨེ་བཞག ཨ་ནི་ཨཻ། དྷེ་ནུའི་ཨུབ྄། དྷི་ནྭཻ། དྷེ་ནུ་ངེ་ཨོ་ཨཝ། དྷེ་ན་བེ། དྷེ་ནུ་བྷྱཱཾ། དྷེ་ནུ་བྷྱཿ། ༈ དྷེ་ནུ་ངསི། ཨཊྲ། མཚུངས་པ། ཨུཝ། དྷེ་ནྭཱཿ། དྷེ་ནུ་ང་སིཨ་ཕྱིས། རྟགས་མཐའ་ཨོ། དྷེ་ནོཿ། བྷྱཱཾ། བྷྱཿའདྲ། ༈ དེ་ནུ་ངས྄། ངསི་དང་འདྲ། དྷེ་ནྭོཿ། དྷེ་ནོཿ། དྷེ་ནུ ཨོས྄། དྷེ་ནྭོཿ། དྷེ་ནུ་ཨཱམ྄། ནུཊྲ། རྟགས་མཐའ་རིང༌། དྷེ་ནི་ནཱཾ། ༈ དྷེ་ནུ་ངི༌། ངི་ཨཽ། རྟགས་མཐའི་ཨུ་ཕྱིས། དྲངས། དྷེ་ ནཽ། ཡང་དྷེ་ནུ་ངི༌། ཨཊྲ། ཨི་ཨཱམ྄། འདྲ་བ་རིང་ཨུབ྄། དྷེ་ནྭཱཾ། དྷེ་ནུ་ཨོས྄། དྷེ་ནྭོཿ། དྷེ་ནུ་སུཔ྄། དྷེ་ནུ་ཥུ། དེ་བཞིན་དུ། ར་ཛྫུ་(ཐག་པ་)ལ་སོགས་པའང་འདྲའོ། ༈ །ན་དཱིའི་(རྒྱུན་ཅན་ཏེ་ཆུ་བོའོ་)སྒྲ། [ཧསེཔཿསེརློཔ། ཧ་ས་ཨཱིཔ྄་ལ་སི་དབྱིའོ། །]ན་དཱིསི། སི་དབྱི། ཨཱིཏ྄་ཀྱི་མཐའ་ཀུན་ལ་རྣམ་ 19-1-142 དབྱེ་དང་པོའི་སི་དབྱི་བ་ཁོ་ན་ཡིན། ན་དཱི། ན་དཱི་ཨཽ། ཨཱིཡ྄་རུ་བསྒྱུར། ན་དྱཽ། ན་དཱི་ཛས྄། ན་ དྱཿ། ༈ དྷཽ་ཧྲ་སྭ། དྷི་ལ་ཐུང་ངུའོ། །མོ་རྟགས་ཨཱི་མཐའ་དང་ཨཱུ་མཐའ་ལ། བོད་སི་བྱིན་ན། རྟགས་མཐའ་ཐུང་ངུར་འགྱུར། བོད་སི་འཇིག་གོ །ཧེ་ན་དི། ཧེ་ན་དྱཽ། ཧེ་ནདྱཿ། ༈ ན་དཱི་ཨམ྄། ཨ་ཕྱིས། ན་དཱྀ། ན་དཱི་ཨཽ། ན་དྱཽ། ན་དཱི་ཤས྄། ཨ་ཕྱིས། རྣམ་བཅད། ན་དཱིཿ། ༈ ན་དཱི་ཊཱ་ཨཱི། ཨཱིཡ྄། ན་དྱཱ། ན་དཱི་བྷྱཱཾ། ན་དཱི་བྷིཿ། ན་དཱི་ངེ་། ངི་ཏཱ་མཊྲ། ངིཏ྄་ལ་ཨཊྲའོ། །མོ་རྟགས་ཨཱི་དང་ ཨཱུའི་མཐའ་ལས། ངིཏ྄་ཡོད་པ་རྣམས་ལ་ཨཊྲ་ཨཱ་ག་མ་སྟེར་ཏེ། ན་དཱི་ངེ་། ཨཊྲ། ན་དཱི་ཨ་ཨེ། ། ཨ་ཨཻ་རུ་བསྒྱུར། ཨཱི་ཡ྄། དྲངས། ན་དྱཻ། བྷྱཱཾ་བྷྱཿའདྲ། ༈ ན་དཱི་ང་སི། ཨཊྲ། ན་དཱི་ཨ་ཨས྄། མཚུངས་པ། ན་དཱི་ཨཱས྄། ཨཱི་ཡ྄། དྲངས། ན་དྱཱཿ། བྷྱཱཾ་བྷྱཿའདྲ། ༈ ན་དཱི་ངས྄། ང་སི་དང་འདྲ། ན་དྱཱཿ། ན་དཱི་ཨོས྄། ཨཱི་ཡ྄། རྣམ་བཅད། ནདྱོཿ། ན་དཱི་ཨཱམ྄། ནུཊྲ། ན་དཱི་ནཱཾ། ༈ ན་དཱི་ངི་། ཨཊྲ། ངི་ཨཱམ྄། ཨཱིཡ྄། དྲངས། ན་དྱཱཾ། ན་དཱི་ཨོས྄། ན་དྱོཿ། ན་དཱི་སུཔ྄། ན་དཱི་ཥུ། ན་དཱི་དང་འདྲ་ བར།(གཽ་རཱི།ཨུ་མའམ་ལོ་བརྒྱད་མ།) སྭ་ར་སྭ་ཏཱི།(དབྱངས་ཅན་མ།) བྲཱཧྨ་ཎཱི།(བྲམ་ཟེ་མོ།) ཀུ་མཱ་རཱི།(གཞོན་ནུ་ མ།) ཀི་ཤོ་རཱི།(ལོ་བརྒྱད་མ།) ( མཛེས་མ།)ཀ་ལ་བྷཱ།(བུ་མོ་ཆུང་ངུ་རང་ལའང་ཟེར།) ལ་སོགས་པ་མང་ངོ༌། ། དེ་དག་ནི་ཨཱིཔ྄་མཐའ་ཡིན་ཏེ། དཔེར་ན། ན་ད་ལ་བུད་མེད་ཀྱི་རྐྱེན་ཨཱིཔ྄་བྱིན། པ྄་རྗེས་ འབྲེལ། དེའི་སྲོག་ཨ་ཕྱིས། དྲངས་པས། ན་དཱི་ཞེས་པ་ལྟ་བུ་ཡིན་ནོ། ༈ །ལཀྵྨཱི་ནི་ཨཱིཔ྄་མཐའ་ ནི་མིན། མོ་རྟགས་ཨཱི་རིང་མཐའ་ཅན་ཡིན་པས་ཕལ་ཆེར་དེ་དང་འདྲ་བ་དང༌། ཡང་ན་པ་ཡོད་ པ་ལ། དང་པོའི་སི་མི་དབྱི་སྟེ་རྣམ་བཅད་དུ་བྱེད་པའང་ཡིན། བོད་སི་ལ་རྟགས་མཐའ་ཐུང་ངུ་ རང་དུ་བྱེད། གཞན་ལྷག་མ་རྣམས་ན་དཱི་ཇི་ལྟ་བའོ། ༈ །སྟྲཱི་ཞེས་པའི་སྒྲ་ལ། སི་དབྱི་བ་ཁོ་ན་ ཡིན། སྟྲཱི་བྷྲཱུ་བོཿ། སྟྲཱི་བྷྲཱུ་ཡིའང་ངོ༌། །སྟྲཱི་དང་བྷྲཱུའི་སྒྲ་ལ། ཕ་རོལ་རྐྱེན་རྣམ་དབྱེ་དབྱངས་ཐོག་ མ་ཅན་ལ། རྟགས་མཐའ་ཨིཡ྄་དང་ཨུབ྄་རུ་བསྒྱུར། ཞེས་ཏེ། སྟྲཱིའི་སྲོག་གི་ཨཱི་རིང་པོ་དེ། ཨི་ 19-1-143 ཐུང་ཡ྄་སྲོག་མེད་དང་བཅས་པར་འགྲོ་བ་དང༌། བྷྲཱུའི་སྲོག་གི་ཨཱུ་རིང་པོ་དེ། ཨུ་ཐུང་ཝ྄་སྲོག་ མེད་དང་བཅས་པར་འགྲོ་བས། སྟྲཱི་སྟྲིཡ྄། བྷྲཱུ་ལ། བྷྲུབ྄་རུ་འགྱུར་ཏེ། དེ་ཡང་སྟྲཱི་སི། སི་དབྱི། སྟྲཱི། སྟྲཱི་ཨཽ། རྟགས་མཐའི་ཨཱི། ཨི་ཡ྄་རུ་བསྒྱུར། སྟྲི་ཡཽ། སྟྲཱི་ཛས྄། ཨིཡ྄། སྟྲི་ཡཿ། ༈ བོད་སི་ ལ་རྟགས་མཐའ་ཐུང་སི་ཕྱིས། ཧེ་སྟྲི། ཧེ་སྟྲི་ཡཽ། ཧེ་སྟྲི་ཡཿ། ༈ བཱམྴ་སི། ཨམ྄་ཤས྄་ལ་ཡང་ ནའོ། །སྟྲཱི་ཨམ྄། ཨཱི་ཨིཡ྄་རུ་བསྒྱུར། སྟྲི་ཡཾ། ཡང་ན་ཨམ྄་གྱི་ཨ་ཕྱིས། སྟྲཱིཾ། སྟྲཱི་ཨཽ། ཨིཡ྄། སྟྲི་ ཡཽ། སྟྲཱ། ཤས྄། ཨིཡ྄། སྟྲི་ཡཿ། ཚིག་ཕྲད་ཀྱི་སྒྲུབ་པ་ཡིན་ན་མ་གཏོགས། མོ་རྟགས་ལ་ཤས྄་ ཀྱི་ས྄་ནར་རུ་མི་བསྒྱུར་རོ། །ཡང་ན་སྟྲཱི་ཤས྄། ཤས྄་ཀྱི་ཨ་ཕྱིས། ས྄་རྣམ་བཅད། སྟྲཱིཿ། ༈ སྟྲཱི་ ཊཱ། ཨིཡ྄། སྟྲི་ཡཱ། བྷྱཱཾ་བྷིཿ། ༈ སྟྲཱི་ངེ༌། ཨཊྲ། ཨིཡ྄། ཨ་ཨཻ་རུ་སོང༌། དྲངས། སྟྲི་ཡཻ། བྷྱཱཾ་བྷྱཿ། ༈ སྟྲཱི་ངསི། ཨཊྲ། སྟྲི་ཨིཡ྄། ཨ་ཨས྄་བཞག མཚུངས་འདྲ་དྲངས། རྣམ་བཅད། སྟྲི་ཡཱ། བྷྱཱཾ་བྷྱཿ། ༈ སྟྲཱི་ངས྄། ངསི་དང་འདྲ། སྟྲི་ཡཱཿ། སྟྲཱི་ཨོས྄། ཨིཡ྄། སྟྲི་ཡོཿ། སྟྲཱི་ཨཱམ྄། ནུཊྲ། ཥ་ར་ར་སོགས། རྟགས་མཐའ་རིང་པོ་སྔར་ནས་གྲུབ། སྟྲཱི་ནཱཾ། ༈ སྟྲཱི་ངི༌། སྟྲཱི་ཨི། ཨི་ཨཱམ྄་དུ་གྱུར། ཨིཡ྄། སྟྲི་ ཡཱཾ། སྟྲཱི་ཨོས྄། སྟྲི་ཡོཿ། སྟྲཱི་སུཔ྄། སྟྲཱི་ཥུ། ༈ ཤྲཱིའི་སྒྲ་ལ། སི་རྣམ་བཅད། ཤྲཱིཿ། གཞན། ཤྲི་ཡཽ། ཤྲི་ཡཿ། ༈ ཤྲི་ཡཾ། ཤྲི་ཡཽ། ཤྲི་ཡཱཿ། ༈ ཤྲི་ཡཱ། ཤྲཱི་བྷྱཱཾ། ཤྲཱི་བྷིཿ། རྣམས་ན་དཱི་དང་འདྲ། ༈ བེ་ཡུ་ བཿ། ཡང་ན་ཨིཡ྄་ཨུབ྄་ལའོ། །མོ་རྟགས་བྱིངས་མཐའ་ཨིཏ྄་དང་ཨུཏ྄་ཨིཡ྄་དང་ཨུབ྄ར་སོང་ བ་ལ། ཕ་རོལ་ངིཏ྄་བཞི་པོ་རྣམས་བྱུང་ན། ཨཊྲ་ཨཱ་ག་མ་སྟེར་བ་དང་མི་སྟེར་བ་ཡང་ན་བར་ བྱའོ། །ཤྲཱི་ངེ༌། ང྄་ཕྱིས། རྟགས་མཐའ་ཨིཡ྄། ཨཊྲ་བྱིན། ཊྲ་སོང༌། ཨ་དེ་ཨེ་མཐོང་བས་ཨཻ་ རུ་སོང༌། དྲངས། ཤྲི་ཡཻ། ཡང་ན་ཤྲཱི་ཨེ་ཨིཡ྄། ཤྲི་ཡེ། བྷྱཱཾ་བྷྱཿ། ༈ ཤྲཱི་ང་སི། ཨཊྲ། མཚུངས་ པ། ཨིཡ྄། ཤྲི་ཡཱཿ། ཡང་ན་ཨཊྲ་མ་བྱིན་པས། ཤྲི་ཡཿ། བྷྱཱཾ་བྷྱཿ། ༈ ཤྲཱི་ངས྄། ངསི་དང་འདྲ། ཤྲི་ཡཱཿ། ཤྲི་ཡཿ། ཤྲཱི་ཨོས྄། ཤྲི་ཡོཿ། མདོ་གཞན་ལས། ཤྲཱི་ལ་སོགས་པ་རྣམས་ཀྱི་ཨཱམ྄་ལ་ནུ་ ཡང་ནའོ། །ཞེས་བཤད་པས། ཤྲཱི་ཨཱམ྄། ནུཊྲ། ཤྲཱི་ཎཱཾ། ཡང་ན་ཨིཡ྄་ཤྲི་ཡཱཾ། ༈ ཤྲཱི་ངི༌། ཨཊྲ་ 19-1-144 བྱིན། ངི་ཨཱམ྄། ཨིཡ྄། ཤྲི་ཡཱཾ། འདི་ཨཊྲ་མི་སྟེར་ན་ཨཱམ྄་རུ་ཡང་མི་བསྒྱུར་ཏེ། ཨིཡ྄། དྲངས་ པས། ཤྲི་ཡི། ཤྲཱི་ཨོས྄། ཤྲི་ཡོཿ། ཤྲཱི་སུཔ྄། ཤྲཱི་ཥུ། ༈ དེ་བཞིན་དུ། དྷཱི།(བློ།) ཧྲཱི།(ངོ་ཚ།) བྷཱུ། བྷཱུ་ལ་སོགས་པ་ལ་ཡང་བསྒྲུབ་ཚུལ་ཤྲཱི་ཁོ་ན་དང་འདྲའོ། ༈ །བ་དྷཱུ་(བུ་མོ་)དང༌། ཛམྦུ་ལ་(ཤིང་གི་ རིགས་)སོགས་པ་ནི། ན་དཱི་སྒྲ་དང་འདྲ་སྟེ། བདྷཱུ་སི། བདྷཱུཿ། བདྷཱུ་ཨཽ། ཨུབ྄། བ་དྷྭཽ། དེ་བཞིན་དུ། བདྷྭཿ། ༈ ཧེ་བ་དྷུ། ཧེ་བདྷྭཽ། ཧེ་བདྷྭཿ། ༈ བདྷྭཱཾ། བ་དྷྭཽ། ཤས྄་ཀྱི་སྐབས་འདིར་ས྄འི་ན྄་མི་བྱེད། ཨ་དབྱི། རྟགས་མཐའ་རིང་པོའོ། །བ་དྷཱུཿ། ༈ བདྷྭཱ། བ་དྷཱུ་བྷྱཱཾ། བ་དྷུ་བྷིཿ། ༈ བདྷྭཻ། བདྷཱུ་བྷྱཱཾ། བདྷཱུ་བྷྱཿ། ༈ བདྷྭཱཿ། བ་དྷཱུ་བྷྱཱཾ། བ་དྷཱུ་བྷྱཿ། ༈ བ་དྷྭཱཿ། བདྷྭོཿ། བདྷུ་ནཱཾ། ༈ བདྷྭཱཾ། བདྷྭོཿ། བདྷཱུ་ཥུ། ༈ རྀ་ཡིག་མཐའ་ཅན་མོ་རྟགས་ལ། མཱ་ཏྲྀ་ལ་སོགས་པ་སྟེ། དེ་ཡང་གོང་དུ་ཕོ་རྟགས་སུ་ གཏོགས་པའི་པི་ཏྲྀའི་སྐབས་དང་འདྲའོ། །མཱཏཱ། མཱ་ཏ་རཽ། མཱཏ་རཿ། ༈ ཧེ་མཱ་ཏཿ། ཧེ་མཱ་ཏ་རཽ། ཧེ་མཱ་ཏ་རཿ། ༈ མཱ་ཏ་རཾ། མཱ་ཏ་རཽ། མཱ་ཏྲཱྀཿ ཤས྄་ཀྱི་ན྄་མི་བྱེད་ཨ་ཕྱིས་རྟགས་མཐའ་རིང་པོའོ། ༈ །མཱ་ཏྲྀཊཱ། རྀ་ནི་ར྄་རུ་སོང༌། མཱཏྲཱ། བྷྱཱཾ་བྷྱིཿ། ༈ མཱ་ཏྲེ། བྷྱཱཾ་བྷྱཿ། ༈ མཱ་ཏྲྀ་ངསི། ང་ཡི་ཨུའོ། །ང་ ཨུ་ར྄་བསྒྱུར། ཊི་ཕྱིས། མཱཏུཿ། བྷྱཱཾ་བྷྱཿ། ༈ མཱ་ཏུཿ། མཱཏྲོཿ། མཱ་ཏྲཱྀ་ཎཱཾ། ༈ མཱཏརི། མཱ་ཏྲོཿ། མཱ་ཏྲྀ་ ཥུ། ཞེས་པའོ། ༈ །སྭ་སྲྀའི་སྒྲ་ནི། ཀརྟྲམ་གྱི་སྐབས་དང་འདྲ་སྟེ། སྭ་སཱ། སྭ་སཱ་རཽ། སཱ་རཱ་རཿ། ༈ ཧེ་སྭ་སཱཿ། ཧེ་སྭ་སཱ་རཽ། ཧེ་སྭ་སཱ་རཿ། ༈ སྭ་སཱ་རཾ། སྭ་སཱ་རཽ། སྭ་སྲཱྀཿ ༈ སྭ་སྲཱ། བྷྱཱཾ་བྷིཿ། ༈ སྭ་སྲེ། བྷྱཱཾ་བྷྱཿ། ༈ ང྄་ཨུ། ཊི་ཕྱིས། སྭ་སུཿ། བྷྱཱཾ་བྷྱཿ། ༈ སྭ་སུཿ། སྭ་སྲོཿ། སྭ་སྲཱྀཎཱཾ། ༈ སྭས་རི། སྭ་སྲོཿ། སྭ་སྲྀ་ཥུ། ཞེས་སོ།། །། ༈ ཨེ་ཡིག་མཐའ་ཅན་མོ་རྟགས་ལས་རཻ་ཞེས་པའི་སྒྲ་ནི། སུ་རཻ། ཞེས་པའི་སྐབས་དང་ ཁྱད་མེད་དེ། རཱཿ། རཱ་ཡཽ། རཱ་ཡཿ། ༈ ཧེ་རཱཿ། ཧེ་{྅}རཱ་ཡཽ། ཧེ་{྅}རཱཿ། ༈ རཱ་ཡཾ། རཱ་ཡཽ། རཱ་ ཡཿ། ༈ རཱ་ཡཱ། རཱ་བྷྱཱཾ། རཱ་བྷིཿ། ༈ རཱ་ཡེ། རཱ་བྷྱཱཾ། རཱ་བྷྱཿ། ༈ རཱ་ཡཿ། རཱ་བྷྱཱཾ། རཱ་བྷྱཿ། ༈ རཱ་ཡཿ། རཱ་ཡོཿ། རཱ་ཡཱཾ། ༈ རཱ་ཡི། རཱ་ཡོཿ། རཱ་སུ། ༈ གོ་ཞེས་པ་ལ། ཕོ་རྟགས་མོ་རྟགས་གཉིས་ཀ་ཡོད་ 19-1-145 པ་ལས། མོ་རྟགས་ཀྱི་གོ་སྒྲ་ལའང༌། རྣམ་དབྱེ་འཇུག་ཚུལ་ཕོ་རྟགས་དང་ཁྱད་པར་མེད་དེ། གོཿ། གཱ་བཽ། གཱ་བཿ། ༈ ཧེ་གོཿ། ཧེ་{྅}གཱ་བཽ། ཧེ་གཱ་བཱཿ། ༈ གཱཾ། གཱ་བཽ། གཱཿ། ༈ ག་བཱ། གོ་ བྷྱཱཾ། གོ་བྷིཿ། ༈ ག་བེ། གོ་བྷྱཱཾ། གོ་བྷྱཿ། ༈ གོཿ། གོ་བྷྱཱཾ། གོ་བྷྱཿ། ༈ གོཿ། ག་བོཿ། ག་བ། ཡང་ ན་གོ་ནཱཾ། ༈ ག་བི། ག་བོཿ། གོ་ཥུ། ༈ མོ་རྟགས་ཨཽ་ཡིག་མཐའ་ཅན་ལས། ནཽ་ཞེས་པའི་སྒྲ་ནི། ཕོ་རྟགས་གླཽ་ཞེས་པའི་སྒྲ་དང་ཁྱད་པར་མེད་དེ། ནཽཿ། ནཱ་བཽ། ནཱ་བཿ། ༈ ཧེ་ནཽཿ། ཧེ་ནཱ་བཽ། ཧེ་ ནཱ་བཱཿ། ༈ ནཱ་བཾ། ནཱ་བཽ། ནཱ་བ། ནཱ་བཱ། ནཽ་བྷྱཱཾ། ནཽ་བྷིཿ། ༈ ནཱ་བེ། ནཽ་བྷྱཱཾ། ནཽ་བྷྱཿ། ༈ ནཱ་བཿ། ནཽ་ བྷྱཱཾ། ནཽ་བྷྱཿ། ༈ ནཱ་བཿ། ནཱ་བོཿ། ནཱ་བཱཾ། ༈ ནཱ་བི། ནཱ་བོཿ། ནཽ་ཥུ། ཞེས་པ་རྣམས་སོ། །དབྱངས་ མཐའི་རྟགས་ལས་མོ་རྟགས་རྣམས་རྫོགས་སོ།། །། ༒ ད་ནི་དབྱངས་མཐའི་རྟགས་ལས་མ་ནིང་གི་རྟགས་བཤད་པར་བྱ་སྟེ། ཨ་ཏོ་ ཨམ྄། ཨཏ྄་ལས་ཨམ྄འོ། །མ་ནིང་ཨ་ཐུང་གི་མཐའི་ཕ་རོལ་ཏུ་རྣམ་དབྱེ་དང་པོའི་སི་སྟེ། དྷི་ མིན་པའི་སི་དང༌། གཉིས་པའི་ཨམ྄་ནི། ངེས་པར་ཨམ྄་ཁོ་ནར་འགྱུར་རོ། །དེ་ལ་འདི་སྙམ་ དུ་སི་ནི་ཨམ྄་དུ་འགྱུར་པ་བདེན་དུ་ཆུག་ཀྱང༌། ཨམ྄་ཉིད་ཕྱིས་ནས་ཡང་ཨམ྄་དུ་བྱེད་པ་ དགོས་པ་མེད་དོ། །ཞེས་དོགས་སོ། །མིན་ཏེ་དགོས་པ་གཞན་ཡང་ཡོད་མོད། ལུཀ྄་ཞེས་བྱ་ བའི་དབྱི་བས་འཇིག་པ་དེ་མིན་པའི་དོན་དུ་གོ་བྱེད་དེ། འོག་ཏུ་མ་ནིང་ལ་སི་ཨམ྄་འཇིག་གོ ། ཞེས་པ་ལ་སོགས་གཅོད་པའོ། ༈ །འདིར་ཀུ་ལའི་སྒྲ་ལ་མཚོན་ན། ཀུ་ལ་སི་ཨི་ཕྱིས། ས྄་ ཨམ྄་དུ་བསྒྱུར། རྟགས་མཐའི་ཨ་ཕྱིས། དྲངས། ཀུ་ལཾ། ༈ བོད་སི་ནི་དབྱི་སྟེ། བྱ་བ་གཞན་ མེད། ཧེ་{྅}ཀུ་ལ། ༈ ཨཱི་མཽ། ཨཽ་ཨཱིའོ། །ཀུ་ལ་ཨཽ། ཨཽ་ཨཱི་རུ་སོང༌། ཨ་ཨི་ལ་ཨེ་ཀུ་ལེ། ༈ ཀུ་ལ་ཛས྄། ཞེས་ པ་བཞག ཛ་{སྴ་[ཤྴ་]སོ་ཤིཿ། ཛས྄་ཤས྄་དག་གི་ཤིའོ། །ཤ་ཡིག་ནི་ཐམས་ཅད་པའི་དོན་ ཏེ། ཛ྄་ཨས྄་གསུམ་ཀ་བསྒྱུར་གྱི། ཨ་ལྟ་བུ་གཅིག་ཁོ་ན་བསྒྱུར་བ་མིན་པའི་བརྡའོ། །གཞན་ 19-1-146 ལས་ཀྱང༌། ལྕི་བའི་ཤིཏ྄་ཐམས་ཅད་ཀྱིའོ། །ཞེས་བཤད། ལྕི་བའི་ཛས྄། ཤ ས྄་ལྟ་བུ་ཡི་གེ་ དུ་མ་འདུས་པའི་དོན་ནོ། །ནུ་མ་ཡ་མཿ ཡ་མ་མིན་པའི་ནུམ྄འོ། །ཡ་མ་སོ་སོར་བསྡུ་བའི་ཡི་ གེ་དགུ་པོ་རྟགས་མཐའ་ལ་མེད་ན་མ་ནིང་སྐབས་འདིར། ཛས྄་ཤས྄་ལ་ནུམ྄་ཨཱ་ག་མ་སྟེར་ ཏེ། ཕ་རོལ་ཤ་ཡིག་དག་ལ་སྟེར་ཞེས་འགྲེལ་བར་འབྱུང་སྟེ། ཤ་ཡིག་ནི་ཤི་ལ་ཟེར་ཏེ། ཛས྄་ ཤས྄་ཤི་རུ་བསྒྱུར་བའི་མིང་ངོ༌། །ཀུ་ལ་ཛས྄། ཛས྄་ཤི་ཞེས་པར་བསྒྱུར། ནུམ྄་ཨཱ་ག་མ་བྱིན། གཞན་ལས། མ྄་ཨིཏ྄་མཐའ་ཅན་དབྱངས་ཀྱི་ཕ་རོལ་ལོ། །ཞེས་འབྱུང་བས། ཨི་བརྗོད་དོན་ དང༌། མ྄་གནས་ཀྱི་དོན་ཡིན་པས། ནུམ྄་གྱི་ཨུ་དང་མ྄་དབྱི། གནས་ནི་སྐབས་འདིར་དབུས་ སུ་འཇོག་པའོ། །ཀུ་ལ་ན྄་ཤི། ནོ་པདྷཱ་ཡཱཿ། ནའི་ཨུ་པདྷཱའི་འོ། །ཨུ་པ་དྷཱ་ནི་མཐའ་ལས་སྔ་མ་ ཨུ་པ་དྷཱའོ། །ཞེས་འབྱུང་ན། འདིར་མཐའ་ནི་ན྄་གསར་བྱུང་དེ་ཡིན་པས། དེའི་སྔ་མ་དང་པོའི་ རྟགས་མཐའ་ཨན྄་ཨུ་པདྷཱའོ། །ན྄་མཐའ་རུ་བྱུང་པའི་ནུས་པས་དེ་རིང་པོར་འགྱུར་ཏེ། ན྄་རྐྱང་ པས་མི་ན་ཕ་རོལ་ཏུ་རྐྱེན་གྱི་ཤ་ཡིག་ཡོད་ན་ཡིན་ནོ། །ཤ྄་ཕྱིས། ན྄་ཨི་ལ་དྲངས། ཀུ་ལཱ་ནི། གྲུབ་པོ། ༈ །ཀུ་ལ་ཨམ྄། ཨ་སོང༌། ཀུ་ལཾ། ཀུ་ལ་ཤས྄། ཛས྄་དང་འདྲ། ཀུ་ལཱ་ནི། ༈ ལྷག་མ་ ཊཱ་ལ་སོགས་པ་རྣམས་ཕོ་རྟགས་དེ་བའི་སྒྲ་དང་སྒྲུབ་ཚུལ་འདྲ་སྟེ། ཀུ་ལེ་ན། ཀུ་ལཱ་བྷྱཱཾ། ཀུ་ལཻཿ། ༈ ཀུ་ལཱ་ཡ། ཀུ་ལཱ་བྷྱཱཾ། ཀུ་ལེ་བྷྱཿ། ༈ ཀུ་ལཱཏ྄། ཀུ་ལཱ་བྷྱཱཾ། ཀུ་ལེ་བྷྱཿ། ༈ ཀུ་ལ་སྱ། ཀུ་ལ་ཡོཿ། ཀུ་ལཱ་ནཱཾ། ༈ ཀུ་ལེ། ཀུ་ལ་ཡོཿ། ཀུ་ལེ་ཥུ། ༈ ཧེ་ཀུ་ལ། ཧེ་ཀུ་ལཽ། ཧེ་ཀུ་ལཱཿ ཞེས་པ་རྣམས་སོ། ༈ །དེ་བཞིན་དུ། མཱུ་ལ་(རྩ་བ་)དང༌། ཕ་ལ་(འབྲས་བུ་)དང༌། པ་ཏྲ་(ལོ་མ་)དང༌། པུཥྤ་(མེ་ཏོག་)དང༌། ཀུཎྜ་(སྣོད་དམ་དོང་)དང༌། ཀུ་ཊུམྦ་ལ་(ཉེ་དུ་)སོགས་པ་དཔག་ཏུ་མེད་པ་ཡང་དེ་དང་འདྲའོ། ། ༈ ཤྟྭནྱཱ་དེཿ ཨ་ནྱ་ལ་སོགས་པ་ལ་ཤྟུའོ། །ཨ་ནྱ་ལ་སོགས་པ་འཕྲལ་དུ་འཆད་འགྱུར་ རྣམས་ལ། སི་དང་ཨམ྄་ནི་ཤྟུ་ཞེས་པར་བསྒྱུར་དགོས་ཏེ། ཨནྱ་སི། ཨི་ཕྱིས། ས྄་ནི་ཤྟུ་ཞེས་ པར་བསྒྱུར། ཨུ་བརྗོད་དོན། ཤ྄་གོང་བཞིན་ཐམས་ཅད་པའི་དོན་ཏེ་དབྱི། ཨནྱཏ྄། ༈ ཨནྱ་ 19-1-147 ཨམ྄། སི་དང་འདྲ་སྟེ། ཨནྱཏ྄། གཞན་ཀུ་ལ་དང་འདྲ། ཨ་ནྱཏ྄། ཨ་ནྱེ། ཨནྱ་ནི། ༈ ཨནྱཏ྄། ཨནྱེ། ཨནྱ་ནི། ཨ་ནྱེ་ན། ཞེས་པ་ལ་སོགས་པའོ། ༈ །དེ་བཞིན་དུ། ཨི་ཏ་རའི་སྒྲ་ལ། ཨི་ཏ་ རཏ྄། ཨི་ཏ་རེ། ཨི་ཏ་རཱ་ཎི། ལ་སོགས་པ་དང༌། ༈ ཀ་ཏ་རའི་སྒྲ་ལ། ཀ་ཏ་རཏ྄། ཀ་ཏ་རེ། ཀ་ ཏ་རཱ་ཎི་ལ་སོགས་དང༌། ༈ ཀ་ཏ་མའི་སྒྲ་ལ། ཀ་ཏ་མཏ྄། ཀ་ཏ་མེ། ཀེ་ཏ་མཱ་ནི་ལ་སོགས་པ་ དང༌། ༈ ཨ་ནྱ་ཏ་རའི་སྒྲ་ལ། ཨ་ནྱ་ཏ་རེ། ཨ་ནྱ་ཏ་རཱ་ཎི། ལ་སོགས་པ་སྟེ། རྐྱེན་ཌ་ཏ་ར་ཌ་ཏ་ མ་ལ་སོགས་པའོ། ༈ །ད་ནི་ཨི་ཡིག་མཐའ་ཅན་ལ། ཨསྠི་ཞེས་པའི་སྒྲ་ལ། ན་པུཾ་ས་ཀཱ་ཏསྱ་ མོ་རླུཀ྄། མ་ནིང་ལ་སི་ཨམ྄་དག་འཇིག་གོ །མ་ནིང་ཨི་མཐའ་ལ་སི་དང་ཨམ྄་ནི་ལུཀ྄་ཞེས་ ཏེ་འཇིག་(འཇིག་ཅེས་བརྡ་ཆད་དངོས་འདི་དང༌། གཞན་རྣམ་གྲངས་སུ་བཀོད་པ་དག་མ་འདྲེས་པ་བྱའོ།།)པས་དབྱི་སྟེ། ལུཀ྄་གི་སྒྲས་ཕྱིས་པ་ཙམ་མ་གཏོགས་བྱ་བ་གང་ཡང་མེད་པའོ། །ཨསྠི་སི། སི་དབྱི། ཨསྠི། ཨསྠི་ཨམ྄། ཨམ྄་དབྱི། ཡྦྲྀ་ཎཱཾ། ཨི་ཨུ་རྀ་རྣམས་ཀྱིའོ། །མ་ནིང་སྐབས་འདིར། བོད་པའི་དོན་ ལ་སི་བྱིན་ན། དྷི་དེའི་ནུས་པས་རྟགས་མཐའ་ཡོན་ཏན་དུ་འགྱུར་ཏེ། ཨི་ནི་ཨེ་དང༌། ཨུ་ནི་ཨོ་ དང༌། རྀ་ནི་ཨར྄་དུ་འགྱུར་ཏེ། ཨསྠི་སི། {ཕྱིས[བྱིན]། ཨི་ཨེ། ཨསྠེ། ཧེ་བཞག སི་དབྱི། ཧེ་ཨསྠེ། འགྲེལ་པར་ཡང་ན་བར་བཤད་དེ། ཡོན་ཏན་མ་བྱས་ན་ཧེ་ཨསྠི། སྐབས་འདིར་ འགྲེལ་པར། སཾ་བྷོ་དྷ་ན་ལི་ན་གཟུགས་གསུམ་ས་མཐའ་(ཨུ་ཤ་ནས྄་)དང༌། དེ་བཞིན་ན་(ཨུ་ཤན྄་) མཐའ་དེ་ནས་(ཨུ་ཤ་)ཨ་མཐའ་པ་སངས་ལ། །ཨིཀ྄་མཐའི་ཡོན་ཏན་སྟག་(རུས་གཅིག་མིང་ངོ་།།) རྐང་ནང་ནས་མཆོག་འཕགས་པ། ལྷག་མིན་(དྲང་སྲོང་)ཉིན་མོ་འདོད་དེ་མ་ནིང་རྟགས་ལའོ། ། ཞེས་འབྱུང་ངོ༌། ཨུ་ཤ་ནས྄་དང༌། ཨུ་ཤན྄་དང་། ཨུ་ཤ་ཞེས་པ་གཟའ་པ་སངས་ཀྱི་མིང་ཡིན་ ལ། མ་ནིང་གི་བོད་པ། ས྄་མཐའ། ན྄་མཐའ། དབྱངས་མཐའ་གསུམ་ག་ལ་རྟགས་མཐའི་ ཡོན་ཏན་འབྱུང་བར་དྲང་སྲོང་མ་དྷྱ་དི་ནས་བཤད་དོ། །ཞེས་པའི་དོན་ནོ། །ནཱ་མི་ནཿསྭ་རེ། ནཱ་ མི་དབྱངས་ལ་ནུའོ། །མ་ནིང་ནཱ་མིའི་རྟགས་མཐའ་ཅན། ཕ་རོལ་རྣམ་དབྱེའི་རིགས་དབྱངས་ 19-1-148 ཁོ་ན་བའམ། དབྱངས་དང་པོ་ཅན་ལ། ནུམ྄་ཨཱ་ག་མ་སྟེར་ཏེ། ཨསྠི། ཨཽ་ནུམ྄། ཨུམ྄་དབྱི། ཨཽ་ཨཱིའོ། །དྲངས། ཨསྠི་ནཱི། ཨསྠི་ཛས྄། ཤི་རུ་བསྒྱུར། ནུམ྄། ཨུམ྄་ཕྱིས། ཨསྠིན྄་ཤི། ཤ྄་ སོང༌། ཨསྠིན྄། ཨི་བྱུང༌། དྲངས། ཨསྠི་ནི། ཨུ་བ་དྷཱ་རིང་པོའོ། །ཨསྠཱིནི། ༈ ཨམ྄། ཨཽཤས྄་ ཀྱང་དེ་དང་འདྲ་སྟེ། ཨསྠི། ཨསྠི་ནཱི། ཨསྠཱི་ནི། ཞེས་པའོ། ། ༈ ཨཙྩཱ་སྠཾནཱ་ཤ་སཱ་དཽ། ཨསྠི་རྣམས་ཀྱི་ན་ཨཏ྄་ཤས྄་ལ་སོགས་པ་ལའོ། །ཨསྠི་ལ་ སོགས་པ་རྣམས་ལ། ཕ་རོལ་ཏུ་ཤས྄་ལ་སོགས་པ་སྟེ། ཤས྄་ཀྱི་རྟིང་མ་ཊཱ་ལ་སོགས་པའི་ སྐབས་འདིར་འབྲུ་མང་པོའི་བསྡུ་བའི་ནང་ཚན་རིགས་གཅིག་ལ། དངོས་སུ་སྨོས་པ་དེ་མི་ བསྡུད་པས། འདིར་ཡང་ཤས྄་མི་སྡུད། ཊཱ་མན་ཆད་སྡུད་དེ། ཊཱ་བྱིན་གྱི་དབྱངས་ཀྱི་རྣམ་དབྱེ་ རྣམས་གང་བྱུང་ཡང༌། རྟགས་མཐའི་ཨི་ཨ་རུ་འགྲོ་ཞིང༌། ནུམ྄་ཨཱ་ག་མ་སྟེར་རོ། །ཨལློ་པཿསྲ་ རེ་྅མྦ་ཡུཀྟཱཙྪ་<སཱ་ཡིན་ནམ་>{ཤཱ་[སཱ་]དཽ། མ་བ་རབ་སྦྱོར་མ་ཡིན་པ་ལས་ཤས྄་སོགས་ལ་ ཨཏ྄་དབྱི་སྟེ་དབྱངས་ལའོ། །སྐབས་འདིར་ནི་ནུམ྄་བྱིན་པས་གསར་དུ་ན྄་མཐར་སོང་བའང་ ཡིན་ལ། གདོད་མ་མ་ནིང་ཨི་མཐའ་ཡང་ཡིན་ལ། མ་ཡིག་གམ་བ་ཡིག་ཡོད་པའི་རབ་སྦྱོར་ ཏེ། མའམ་བ་ཡོད་པའི་ཡི་གེ་བརྩེགས་མ་མིན་པ་ཅིག་ཕ་རོལ་དུ་ཤས྄་ཀྱི་རྗེས་མ་ནས་བྱུང་ བའི་དབྱངས་ཀྱི་རྣམ་དབྱེ་ཡོད་པར་གྱུར་ན། ཨུ་པ་དྷཱ་སྟེ། གདོད་མའི་རྟགས་མཐའ་དངོས་ སུ་མཐའ་ལས་སྔ་མ་སྟེ། ན྄་མཐའི་གོང་གི་ཨ་ཡིག་ནི་དབྱི་བར་བྱའོ། །མ་ཡིག་དང་བ་ཡིག་ ཡོད་པའི་རབ་སྦྱོར་ལ་ནི་མི་དབྱིའོ། །ཨསྠི་ཊཱ། ནུམ྄། ཨི་ཨ་རུ་བསྒྱུར། ཨ་ཕྱིས། ཨ་སྠན྄་ཨཱ། ན྄་ཨཱ་ལ་དྲངས། སྠ྄་སྲོག་མེད་ཀྱང་ན྄་ལ་དྲངས། ཨསྠྣཱ། བྷྱཱཾ་བྷིཿ། ༈ ཨསྠི་ངེ་ནུམ྄། ཨ་ཕྱིས་ དྲངས། ཨསྠྣེ། བྷྱཱཾ་བྷྱཿ། ༈ ཨསྠི་ངསི་ནུམ྄། ཨི་ཨ། ཨ་ཕྱིས་དྲངས། ཨསྠྣཿ། བྷྱཱཾ་བྷྱཿ། ༈ ཨསྠི་ ངས྄། ངསི་དང་འདྲ། ཨསྠྣཿ། ཨིསྠི་ཨོས྄། ནུམ྄། ཨི་ཨ། ཕྱིས་དྲངས། ཨ་སྠྣོཿ། ཨསྠི། ཨཱམ྄། ནུམ྄། ཨི་ཨ། ཕྱིས་དྲངས། ཨསྠྣཱཾ། ༈ བེདྱོཿ། ཨི་ངི་དག་ལ་ཡང་ནའོ། །ཨི་དང་ངི་ཕ་རོལ་ 19-1-149 ལ་ནི་ཨུ་པ་དྷཱའི་ཨ་ཡིག་དབྱི་བའམ་མི་དབྱེ་བ་ཡང་ན་བ་སྟེ། ཨསྠི་ངི་ནུམ྄། ཨི་ཨ། ཨ་ཕྱིས་ དྲངས། ཨསྠཱི། ཡང་ན་ཨ་མ་ཕྱིས་པས། ཨསྠ་ནི། ཨསྠི། ཨོས྄། དྲུག་པའི་སྐབས་དང་འདྲ། ཨསྠྣོ། ཨ་སྠི་སུཔ྄། ཨསྠི་ཥུ། ཞེས་ཏེ། འདིར་ཨ་སྠི་སོགས་ཞེས་པའི་སོགས་ཁོངས་ནས། ད་ དྷི།(ཞོ།) སཀྠི།(མདུང་།) ཨ་ཀྵི་(མིག་ལྡན།)ལ་སོགས་མང་པོ་སྟེ་སྒྲུབ་ཚུལ་གཅིག་པའོ། ༈ །དེ་ བཞིན་དུ། བཱ་རི།(ཆུ།) བཱ་རི་ཎཱི། བཱ་རཱི་ཎི། ཨམ྄་སོགས་ལ། བཱ་རི། བཱ་རི་ཎཱི། བཱ་རཱི་ཎི། ཞེས་པ་ རྣམས་ཨསྠིའི་སྒྲ་དང་འདྲ། བཱ་རི་ཊཱ། ནཱ་མི་ཞེས་པས། ནུམ྄། ཥ་ར་རི་ལས་ནཱ་ཎཱ་རུ་སོང༌། བཱ་ རི་ཎཱ། ༈ དེས་དབྱངས་ཀྱི་རྣམ་དབྱེ་ཀུན་ལ་རིགས་འགྲེ་སྟེ། བཱ་རི་ངེ༌། ནུ་མ྄། བཱ་རི་ཎེ། ༈ བཱ་ རི་ང་སི། ནུམ྄། བཱ་རི་ཎཿ བྷྱཱཾ་གསུམ་བྷྱཿགཉིས་བྷིཿརྣམས་འདྲ། ༈ བཱ་རི་ངས྄། ནུམ྄། བཱ་རི་ ཎཿ། བཱ་རི་ཨོས྄། ནུམ྄། བཱ་རི་ཎོཿ། བཱ་རི་ཨཱམ྄། ནུམ྄། བཱ་རི་ཎཱཾ། ༈ བཱ་རི་ངི༌། ནུམ྄། བཱ་རི་ཎི། བཱ་རི་ཨོས྄། ནུམ྄། བཱ་རི་ཎོཿ། བཱ་རི་སུཔ྄། བཱ་རི་ཥུ། ༈ ན་པུཾ་ས་ཀ་སྱ་ཧྲ་སྭཿ། མ་ནིང་གི་ཐུང་ངུའོ། །ཨི་མཐའ་སོགས་མ་ནིང་ལ་རྣམ་དབྱེ་བྱིན་ ན། རྟགས་མཐའ་ཐུང་ངུར་འགྲོ་བ་ཤས་ཆེ་སྟེ། གྲཱ་མ་ཎཱི་སི། ཨི་ཕྱིས། ས྄་འཇིག རྟགས་མཐའ་ ཐུང་ངུའོ། །གྲཱ་མ་ཎི།(གྲོང་སྡེའི་ཕྲ་མ་མཁན།) རྣམ་དབྱེ་དབྱངས་རྣམས་བྱུང་ན། ནུམ྄་ཨཱ་མ་ག་མ་ སྟེར་ཏེ། གྲཱ་མ་ཎཱི་ཨཽ། ཨཽ་ཨཱི་རུ་བསྒྱུར། ནུམ྄། རྟགས་མཐའ་ཐུང་ངུ་། དྲངས། གྲཱ་མ་ཎི་ནཱི། གྲཱ་མ་ཎཱི་ཛས྄། ཛས྄་ཤི་རུ་བསྒྱུར། ནུམ྄་མཐའ་ཐུང་ངུ་། ཤ་དང་{རྣམ་བཅད་[མ྄་]ཕྱིས། གྲཱ་ མ་ཎ་ཨིན྄། ཨི་ཞེས་པ་ལས། མང་ཚིག་གི་ནུས་པས་ཨི་གོང་མ་སླར་རིང་པོར་{ལོག[འགྲོ]། སོ་སོར་དྲངས་པས། གྲཱ་མ་ཎཱི་ནི། ༈ བོད་པ་གསུམ་པ་ལ་ཡང་འདི་ཁོ་ན་དང་འདྲ་བ་ལས། ཧེ་ བཞག་གོ ༈ །གྲཱ་མ་ཎཱི་ཨམ྄། མཐའ་ཐུང༌། ཨམ྄་ཕྱིས། གྲཱ་མ་ཎི། གྲཱ་མ་ཎཱི་ཨཽ། གོང་དང་འདྲ། གྲཱ་མ་ཎི་ནཱི། གྲཱ་མ་ཎཱི་ཤས྄། །ཛས྄་དང་འདྲ། གྲཱ་མ་ཎཱི་ནི། ༈ ཊཱ་དཱ་བུཀྟ་པུཾ་སྐཾ་པུཾ་བདྭཱ། ཊཱ་སོགས་ལ་སྐྱེས་པར་བཤད་པའི་སྐྱེས་པ་བཞིན་ཡང་ནའོ། ། 19-1-150 དབྱངས་རྐྱེན་རྣམས་ལ་སྔར་བཤད་པའི། སེ་ན་ནཱི་ལ་སོགས་པ། གྲཱ་མ་ཎི་ཕོ་རྟགས་དང་འདྲ་ བར་མ་ནིང་སྒྲུབ་པ་དང༌། མ་ནིང་རང་ཉིད་ཀྱི་ལུགས་སུ་བསྒྲུབ་པ་གཉིས་ཡོད་དེ། སྐྱེས་པ་ བཞིན་ཞེས་པས་སྐྱེས་པ་རང་མིན་པའོ། །གྲཱ་མ་ཎཱི་ཊཱ། ཨིཡ྄་རུ་སོང༌། གྲཱ་མ་ཎྱཱཿ། ༈ གྲཱ་མ་ ཎཱ་ངེ་། ཨིཡ྄། གྲཱ་མ་ཎྱེ། ༈ དེས་རིགས་འགྲེ་སྟེ། གྲཱ་མ་ཎཱི་ངསི། གྲཱ་མ་ཎྱཿ། ༈ གྲཱ་མཱ་ཎཱི་ངས྄། གྲཱ་མ་ཎྱཿ གྲཱ་མ་ཎཱི། ཨོས྄། གྲཱ་མཱ་ཎྱོཿ། གྲཱ་མ་ཎཱི་ཨཱམ྄། གྲཱ་མ་ཎྱཱཾཿ། ༈ གྲཱ་མ་ཎཱི་ངི༌། རྐྱེན་གྱི་ཨི་ ཨཱམ྄། གྲཱ་མ་ཎྱཱཾ། གྲཱ་མ་ཎཱི་ཨོས྄། གྲཱ་མ་ཎྱོཿ། གྲཱ་ན་ཎཱི་སུཔ྄། གྲཱ་མ་ཎཱི་ཥུ། ཞེས་པ་ཕོ་རྟགས་དང་ མཚུངས་པར་སྒྲུབ་ཚུལ་ཡིན་ནོ། ༈ །ཡང་ན་གྲཱ་མ་ཎཱི་ཊཱི་ནུམ྄། །མཐའ་ཐུང༌། གྲཱ་མ་ཎི་ནཱ། ༈ གྲཱ་མ་ཎཱི་ངེ་། ནུམ྄། མཐའ་ཐུང་། གྲཱ་མ་ཎི་ནེ། ༈ གྲཱ་མ་ཎཱི་ངསི། ཨས྄་ནུམ྄་མཐའ་ཐུང༌། གྲཱ་མ་ ཎི་ནཿ། ༈ གྲཱ་མ་ཎཱི་ངས྄་ནུམ྄་མཐའ་འཐུང༌། གྲཱ་མ་ཎི་ནཿ གྲཱ་མ་ཎཱི་ཨོས྄་ནུམ་མཐའ་ཐུང་གྲཱ་ མ་ཎི་ནོཿ། གྲཱ་མ་ཎཱི་ཨམ྄། མཐའ་ཐུང་ནུམ྄་དྲངས་མཐའ་སླར་ཡང་རིང་པོའོ། །གྲཱ་མ་ཎཱི་ནཱཾ། ༈ གྲཱ་མ་ཎཱི་ངི༌། ནུམ྄། མཐའ་ཐུང༌། གྲཱ་མ་ཎི་ནི། གྲཱ་མ་ཎཱི་ཨོས྄། ནུམ྄། གྲཱ་མ་ཎི་ནོཿ། ཞེས་པ་ རྣམས་མ་ནིང་ཉིད་ཀྱི་རྟགས་ཀྱི་བསྒྲུབ་ཚུལ་ཡིན་པས་འདི་གཙོ་ཆེའོ། །སྐབས་འདིར་བྷ་ལྡན་ དྲུག་དང་སུཔ྄་ལ་ཕོ་རྟགས་དང་མ་ནིང་གི་ཁྱད་པར་མེད་དོ།། །། ༈ སོ་མ་པཱ། ཞེས་པའི་སྒྲ་མ་ནིང་རྟགས་ལ། ཕ་རོལ་རྣམ་དབྱེ་གང་བྱུང་ཡང༌། རྟགས་ མཐའ་ཐུང་ངུར་འགྱུར་ངེས་ལ། དང་པོ་གསུམ་དང་གཉིས་པ་གསུམ། གྲཱ་མ་ཎཱི་སོགས་དང་ འདྲ་སྟེ། སོ་མ་པཱ་སི། རྟགས་མཐའ་ཐུང༌། སི་ཨམ྄་དུ་བསྒྱུར། ཨམ྄་གྱི་ཨ་ཕྱིས། སོ་མ་པཾ། སོ་ མ་པཱ་ཨཽ། ཐུང་། ཨཽ་ཨཱི། ཨ་ཨི་ཨེ། སོ་མ་པེ། སོ་མ་པཱ་ཛས྄། ཐུང༌། ཛས྄་ཤི། ནུམ྄། ཤ྄་ཕྱིས། སོ་མ་པན྄་ཨི་བྱུང༌། རྟགས་མཐའ་སླར་རིང་པོའོ། །དྲངས། སོ་མ་པཱ་ནི། ༈ དེ་བཞིན་དུ། སོ་ མ་པཱ་ཨམ྄། ཐུང༌། ཨ་དབྱི། སོ་མ་པཾ། སོ་མ་པཱ་ཨཽ། ཨཱི། ཐུང༌། སོ་མ་པེ། སོ་མ་པཱ། ཤས྄། ཐུང༌། ཤི། ནུམ྄། སླར་རིང་པོ། སོ་མ་པཱ་ནི། 19-1-151 ༈ ཊཱ་མན་ཆད། ཕོ་རྟགས་དེ་བའི་སྐབས་དང་འདྲ་སྟེ། སོ་མ་པེ་ན། སོ་མ་པཱ་བྷྱཱཾ། བྷིས྄་ ཀྱི་བྷ་ཨར྄་བསྒྱུར། ཨ་ཨི་ལ་ཨེ། ཨ་ཨེ་ལ་ཨཻ། སོ་མ་བཻཿ། ༈ སོ་མ་པཱ་དེ་ཨཀ྄་ཨེ་ཨཡ྄། མཚུངས་འདྲ། དྲངས། སོ་མ་པཱ་ཡ། སོ་མ་པཱ་བྷྱཱཾ། སོ་མ་པེ་བྷྱཿ། ༈ སོ་མ་པཱ་ངསི། སོ་མ་པཱཏ྄། བྷྱཱཾ་བྷྱཿ། བཞི་པ་དང་འདྲ། ༈ སོ་མ་པཱ་ངས྄། སོ་མ་པཱ་སྱ། སོ་མ་པཱ་ཨོས྄། རྟགས་མཐའ་ཨེ་ རུ་སོང༌། ཨེ་ཨཡ྄། དྲངས། རྣམ་བཅད། སོ་མ་པ་ཡོཿ། སོ་མ་པཱ། ཨཱམ྄་ནུཊྲ། ཐུང་ངུ་སླར་ རིང་པོར་ལོག སོ་མ་པཱ་ནཱཾ། ༈ སོ་མ་པཱངི་། སོ་མ་པཻ། སོ་མ་པཱ་ཨོས྄། དྲུག་པ་དང་འདྲ། སོ་ མ་པ་ཡོཿ། སོ་མ་པཱ་སུཔ྄། སོ་མ་པེ་ཥུ། ༈ ཨུ་ཡིག་མཐའ་ཅན་མ་དྷུའི་སྒྲ་ལ། མ་དྷུ་ཕོ་རྟགས་ ནི་དཔྱིད་ཀ་ལ་འཇུག མ་ནིང་རྟགས་ནི་སྦྲང་རྩིའོ། །རྣམ་དབྱེ་དབྱངས་ཐམས་ཅད་ལ། ནུམ྄་ སྟེར་བ་ཁོ་ན་ཡིན་ནོ། །མ་དྷུ་སི། སི་དབྱི། མ་དྷུ། མ་དྷུ་ཨཽ་ཨཱི། ནུམ྄། མ་དྷུ་ནཱི། མ་དྷུ་ཛས྄། ཤི། ནུམ྄། རིང་པོ། མ་དྷཱུ་ནི། ༈ མ་དྷུ་ཨམ྄། ཨམ྄་དབྱི། མ་དྷུ། མ་དྷུ་ཨཽ། མ་དྷུ་ནཱི། མ་དྷུ་ ཤས྄། ཛས྄་དང་འདྲ། མ་དྷཱུ་ནི། ༈ མ་དྷུ་ཊཱ། ནུམ྄། མ་དྷུ་ནཱ། བྷྱཱཾ་བྷིཿ། ༈ མ་དྷུ་ང༌། ནུམ྄། མ་ དྷུ་ནེ། བྷྱཱཾ་བྷྱཿ། ༈ མ་དྷུ་ངསི། ནུམ྄། མ་དྷུ་ནཿ། བྷྱཱཾ་བྷྱཿ། ༈ མ་དྷུ་ངས྄། ནུམ྄། མ་དྷུ་ནཿ། མ་དྷུ་ ཨོས྄། ནུམ྄། མ་དྷུ་ནོཿ། མ་དྷུ་ཨཱམ྄་ནུམ྄། མ་དྷུ་ནཱཾ། ༈ མ་དྷུ་ངི༌། ནུམ྄། མ་དྷུ་ནི། མ་དྷུ་ཨོས྄་ གོང་དང་འདྲ། མ་དྷུ་སཔ྄། མ་དྷུ་ཥུ། ༈ ཨཻ་མ་(ནིང་ཡིག་)མཐའ་ཅན་ལས། ཨ་ཏི་རཻ་ཞེས་པ་ལ། ཇི་སྐད་དུ་ཐུང་ངུ་ཨཱ་དེ་ཤ་ མཚམས་སྦྱོར་གྱི་ཡི་གེ་ལ་ཨི་ཡིག་ཨུ་ཡིག་དག་ཀྱང་ངོ༌། །ཞེས་འབྱུང༌། །རྟགས་མཐའ་ཨེ་ དང་ཨཻ་ནི། ཐུང་ངུ་ཨི་དང༌། ཨོ་དང་ཨཽ་ནི་ཐུང་ངུ་ཨུ་རུ་འགྱུར་ཏེ། ཨ་ཏི་རཻ། སི། རྟགས་མཐའ་ ཨཻ་ཨི་རུ་བསྒྱུར། སི་དབྱི། ཨ་ཏི་རཻ་ཨཽ། ནུམ྄། ཐུང་ངུ༌། ཨཽ་ཨཱི། ཨ་ཏི་རི་ཎཱི། ཨ་ཏི་རཻ་ཛས྄། ཐུང་ངུ༌། ཛས྄་ཤི། ནུམ྄། ཐུང་ངུ་རིང་པོ། ཨ་ཏི་རཱི་ཎི། ༈ ཨ་ཏི་རཻ་ཨམ྄། ཕྱིས། ཨ་ཏི་རི། ཨ་ ཏི་རཻ་ཨཽ་ཨཱ་ནུམ྄། ཨ་ཏི་རི་ཎཱི། ཨ་ཏི་རཻ་ཤས྄། རྟགས་མཐའ་ཐུང༌། ཤི་ཐུང་ངུ་རིང་པོར། ཨ་ཏི་ 19-1-152 རཱི་ཎི། ༈ ཨ་ཏི་རཻ་ཊཱ། ནུམ྄། ཨ་ཏི་རི་ཎཱ། ཨ་ཏི་རི་བྷྱཱཾ། ཨ་ཏི་རི་བྷིཿ། ༈ དེས་འགྲེ་སྟེ། ཨ་ཏི་ རི་ཎེ། བྷྱཱཾ་བྷྱཿ། ༈ ཨ་ཏི་རི་ཎཿ། བྷྱཱཾ་བྷྱཿ། ༈ ཨ་ཏི་རི་ཎཿ། ཨ་ཏི་རི་ཎོཿ། ཨ་ཏི་རཱི་ཎཱཾ། ཨ་ཏི་རི་ ཎི། ཨ་ཏི་རི་ཎོཿ། ཨ་ཏི་རི་ཥུ་ཞེས་ཏེ། ཨ་ཏི་རཻ་ཞེས་པ་ལ། རཻ་ནོར་ཅན། ཨ་ཏི་རཻ་ཞེས་པ་ཤིན་ དུ་ནོར་ཅན་ནོ། ༈ །ཨ་ཏི་ནཽ་ཞེས་པ་ལ། ནཽ་ནི་གྲུ་ཡིན། ཨ་ཏི་ནཽ། གྲུ་ཆུས་ཁེངས་ལ་ཁང་པའི་ མིང་ཡིན། དེ་ལ་རྣམ་དབྱེ་ཉེར་གཅིག་གང་བྱིན་ཀྱང་ཨོ་ལ་ལྟོས་པའི་ཐུང་ངུ་ཨུ་རུ་འགྱུར་བས། ཨ་ཏི་ནཽ་སི། ཨ་ཏི་ནུ་སི། སི་དབྱི། ཨ་ཏི་ནུ། ཨ་ཏི་ནཽ་ཨཽ། ཨ་ཏི་ནུ་ཨཽ། ནུམ྄། ཨཽ་ཨཱི། ཨ་ཏི་ ནུ་ནཱི། ༈ ཨ་ཏི་ནུ་ཛས྄། ཤི། ནུ་རིང་པོ། ཨ་ཏི་ནཱུ་ནི། ༈ དེ་དང་འདྲ་བ་ལ། ཨ་ཏི་ནུ། ཨ་ཏི་ནུ་ ནཱི། ཨ་ཏི་ནཱུ་ནི། ༈ དེ་བཞིན་དུ། བྷ་ལྡན་རྣམས་ལ་འགྱུར་བ་མེད་ལ། སུཔ྄་ཥུ། ༈ དབྱངས་ རྐྱེན་རྣམས་ལ་ནུམ྄་རྟག་པར་འཇུག་པས། ཨ་ཏི་ནུ་ནཱ། ༈ ཨ་ཏི་ནུ་ནེཿ། ༈ ཨ་ཏི་ནུ་ནཿ། ཨ་ ཏི་ནུ་ནཿ། ཨ་ཏི་ནུ་ནོཿ། ཨ་ཏི་ནཱུ་ནཱཾཿ། ༈ ཨ་ཏི་ནུ་ནི། ཨ་ཏི་ནུ་ནོཿ། ཨ་ཏི་རཻ་དང་ཨ་ཏི་ནཽ། བོད་སི་སྟེར། སི་རྐྱང་བཞིན་ནམ། སླར་ཡང་ཨཻ་དང་ཨཽ་ལོག་འགྲོ་ཇི་ལྟར་འོས་པ་འདམ་ཀར་ བྱའོ། ༈ །ཡང་ཁ་ལ་པཱུ་ཞེས་པ་ལ། དང་པོ་དྲུག་བཤད་མ་ཐག་པ་དང་འདྲ་སྟེ། ཁ་ལ་པུ། ཁ་ ལ་པུ་ནཱི། ཁ་ལ་པཱུ་ནི། ༈ ཁ་ལ་པུ། ཁ་ལ་པུ་ནཱི། ཁ་ལ་པུ་ནཱི། ལྷག་མ་ཊཱ་སོགས་གོང་ཡ་བ་ལུ་ དང་འདྲའོ། ། ༈ རྀ་ཡིག་མཐའ་ལ། ཀརྟ འི་སྒྲ་ནི། དང་པོ་དྲུག་པོ་དེ་དང་འདྲ་བ་ལས། ཥ་ར་རི་ལས་ན་ ཎ་རུ་འགྱུར་ཏེ། ཀརྟྲམ། ཀརྟྲྀ་ཎཱི། ཀརྟཱྀ་ཎི། ༈ ཀརྟྲམ། ཀརྟྲམ་ཎཱི། ཀརྟྲྀ་ཎི། ༈ ཊཱ་ལ་སོགས་པ་ ལ་གདམ་ང་སྟེ། མ་ནིང་རང་ལུགས་ལྟར་ན། དབྱངས་ཀྱི་རྐྱེན་རྣམས་ལ་ནུམ྄་སྟེར། ན་ཎར་ བསྒྱུར། སུཔ྄་དང་བྷ་ལྡན་ལ་ནུམ྄་གྱི་བྱ་བ་མི་དགོས་སོ། །ཀརྟྲམ་ཎཱ། ཀརྟྲམ་བྷྱཱཾ། ཀརྟྲམ་བྷིཿ། ༈ ཀརྟྲམ་ཎེ། ཀརྟྲམ་བྷྱཱཾ། ཀརྟྲམ་བྷྱཿ། ༈ ཀརྟྲམ་ཎཿ། ཀརྟྲམ་བྷྱཱཾ། ཀརྟྲམ་བྷྱཿ། ༈ ཀརྟྲམ་ཎཿ། ཀརྟྲམ་ཎོཿ། ཨཱམ྄་འདི་ལ་རྟགས་མཐའ་རིང༌། ཀརྟྲཱམ་ཎཱཾ། ༈ ཀརྟྲམ་ཎི། ཀརྟྲམ་ཎོཿ། ཀརྟྲམ་ཥུ ༈ ཕོ་རྟགས་དག་ 19-1-153 མཚུངས་པར་སྒྲུབས་ན། རྀ་ར྄་རུ་བསྒྱུར་བས། ཀརྟྲམ་ཊཱ། ཊ྄་སོང༌། རྀ་ར྄། ར྄་ཨཱ་ལ་དྲངས། ཏ྄་ཡ་དྲངས་པས། ཀརྟྲཱ། ༈ ཀརྟྲམ་ངེ་། ཀརྟེ། ༈ ཀརྟྲམ་ང་སི། རྀཏ྄་ལ་ང་ཨུའོ། །ཨ་ཨུ་རུ་སོང༌། ཀརྟུཿ། ༈ ཀརྟྲམ་ངས྄། དེ་དང་འདྲ། ཀརྟུཿ། ཀརྟྲམ་ཨོས྄། ཀརྟྲོཿ ཀརྟྲམ་ཨཱམ྄། ཀརྟྲཱྀ་ཎཱཾ། ༈ ཀརྟྲམ་ ངི་། ཀརྟ་རི། ཀརྟྲམ་ཨོས྄། ཀརྟྲོ། ཀརྟྲམ་སུཔ྄། ཀརྟྲམ་ཥུ། དེ་ལྟར་ན་དབྱངས་མཐའ་མ་ནིང་གི་ རྟགས་རྣམས་བཤད་ཟིན་ཏོ།། །། ༒ ད་ནི་ཧ་སའི་མཐའ་ཅན་ཏེ་གསལ་བྱེད་མཐའ་ཅན་ལས་དང་པོར་ཕོ་རྟགས་རྣམས་ བཤད་པར་བྱའོ། །ཧ་ས་སོ་སོར་བསྡུ་བ་ནི་གསལ་བྱེད་ཀྱི་མིང་སྟེ་ཧ་སའི་མཐའ་ཅན་ནི་ གསལ་བྱེད་མཐའ་ཅན་ནོ། །དེ་ལ་དང་པོ། ཧ྄་མཐའ་ཅན་ལ། ཨ་(གླང་ཁྱུ་པ་)ན་ཌུ་ཧ྄་ཞེས་པ་ ལ། སཱ་བ་ན་ཌུ་ཧཿ། ཨ་ན་ཌུ་ཧ྄འི་སི་ལའོ། །ཨ་ན་ཌུཧ྄་ལ་དང་པོའི་སི་བྱིན་ན། ནུམ྄་ཨཱ་ག་ མ་སྟེར། གཞན་ལས། ཨ་ན་ཌུཧ྄་ཡི་ཨཱམ྄་ཨཱ་ག་པ་ལྔ་པོ་རྣམས་ལའོ་ཞེས་འབྱུང་བ། སི་ཨཽ་ ཛས྄། ཨམ྄་ཨཽ་སྟེ་ལྔ་པོའོ། །འདིར་ཨཱམ྄་དང་ནུམ྄་གཉིས་ཀ་སྟེར་དགོས་པ་རྣམ་དབྱེ་ལ་མི་ སྟེར་བར་མིང་ལ་སྟེར་ལ། མིང་གི་ཡང་གསལ་བྱེད་ལ་མི་སྟེར། དབྱངས་མཐའ་མ་དེ་ལ་སྟེར་ བས། སྐབས་འདིར། ཨ་ན་ཌུ་དང༌། མཐའ་རྟེན་ཧ྄་སྲོག་མེད་ཀྱི་བར་དུ་སྟེར་རོ། །ཨ་ན་ཌུ་ཧ྄་ སི་ཨུ་བརྗོད་དོན། ཨཱམ྄་དེའི་འོག་ཏུ་ནུམ྄། མ྄་གཉིས་ཕྱིས། ཨ་ན་ཌུ་ཨཱན྄་ཧ྄་ས྄། སཾ་ཡོ་གཱནྟ་ སྱ་ལོ་བཿ། རབ་སྦྱོར་མཐའ་ལ་དབྱིའོ། །རབ་སྦྱོར་ནི་གསལ་བྱེད་དབྱངས་མེད་འདུས་པ་སྟེ། སྐབས་འདིར། ན྄་སྲོག་མེད་དང༌། ཧ྄་སྲོག་མེད་དོ། །དེ་ལས་ཐ་མ་ཧ྄་ཕྱིས། དེ་ཡང་ཕ་རོལ་ ར་ས་སོ་སོར་བསྡུ་བའི་རྐྱེན་ཡོད་པ་དགོས་པ་ལས། འདིར་སི་བྱུང་ལ། ངོ་བོ་ཚིག་མཐའ་ཡིན་ པ་ཅིག་དགོས་ན། དེ་ཡང་སི་བྱིན་པས་ཚིག་ཏུ་གྲུབ་སྟེ། དེའི་ཕྱིར་ཧ྄་དབྱི། {ཧ་སེ་པ་སེ་ལོ་པ། [ཧ་ས་ཨཱིཔ྄་ལ་སི་དབྱིའོ། །]ཞེས་པས་སི་ཡང་འཇིག ཨ་ན་ཌུ་ཨཱ་ན྄་ཞེས་པ་ལུས་སོ། །ཨུབ྄། དྲངས་པས། ཨ་ན་ཌྭཱན྄། གྲུ། ཨན་ཌུཧ྄་ཨཽ། ཨཱམ྄། ཨུཝ྄། ཨ་ན་ཌ྄་བ྄་ཨཱ་ཧ྄་ཨཽ། ཞེས་འབྱུང༌། 19-1-154 སོ་སོར་དྲངས། ཨན་ཌྭཱ་ཧཽ། ཨ་ནཌུ་ཧ྄ཛས྄། ཨཱམ྄། ཨུབ྄། ཨ་ན་ཌྭཱ་ཧཿ། ༈ དྷ་ཝ་མ྄། དྷི་ལ་ཨམ྄འོ། །བོད་སི་བྱིན་ན། རྣམ་དབྱེ་དང་པོའི་སྐབས་དང་གཞན་འདྲ་ བ་ལ། ཨཱམ྄་རིང་པོ་མི་སྟེར་བར་ཨམ྄་ཨཱ་ག་མ་ཐུང་ངུ་སྟེར་རོ། །དེ་ལ། ཨ་ན་ཌྭཱ་ན྄་ཞེས་པ་ འབྱུང༌། ཧེ་ཨ་ན་ཌྭན྄། ཧེ་ཨ་ན་ཌྭཱ་ཧཽ། ཧེ་ཨ་ན་ཌྭཱ་ཧཿ། ༈ ཨ་ན་ཌུ་ཧ྄་ཨམ྄། ཨུབ྄། དྲངས། ཨ་ན་ཌྭཱ་ཧཾ། ཨ་ན་ཌྭཱ་ཧཽ། ཨ་ན་ཌུཧ྄་ཤས྄། ཤ་སོང་། དྲངས། ཨ་ན་ཌུ་ཧཿ ༈ དེ་བཞིན་དུ། ཨ་ན་ཌུ་ཧ྄་ཊཱ། དྲངས། ཨ་ན་ཌུ་ཧཱ། ༈ དེས་རིགས་འགྲེ་སྟེ། དབྱངས་རྐྱེན་ལྷག་མ་རྣམས་ ལ། ཨ་ན་ཌུཧ྄་ངེ་། ཨ་ན་ཌུ་ཧེ། ༈ ཨ་ན་ཌུཧ྄་ངསིཨ་ན་ཌུ་ཧཿ ༈ ཨ་ན་ཌུཧ྄་ངས྄། ཨ་ན་ཌུ་ ཧཿ། ༈ ཨ་ན་ཌུཧ྄་ཨོས྄། ཨ་ན་ཌུ་ཧོཿ། ཨ་ན་ཌུཧ྄་ཨཱམ྄། ཨ་ན་ཌུ་ཧཱཾ། ༈ ཨ་ན་ཌུཧ྄་ངི་། ཨ་ ན་ཌུ་ཧི། ཨ་ན་ཌུཧ྄། ཨོས྄། ཨ་ན་ཌུ་ཧོཿ། ཞེས་སོ། ༈ །བྷ་ལྡན་དང་སུཔ྄་ཁྱད་པར་གཞན་ ཡོད་དེ། ཨ་ན་ཌུཧ྄་བྷྱཱམ྄་ཞེས་པ་བཞག བ་སཱཾ་ར་སེ། བ ས྄་རྣམས་ཀྱི་ར་ས་ལའོ། །རྣམས་ཀྱི་ ཞེས་མང་ཚིག་ནི་བས྄་ཀྱི་སོགས་ཁོངས་ན། སྲཾ་ས྄།(མཚོན་སྣུན།) དྷྭཾ་ས྄།(འཇོམས་པ།) བྷྲཾས྄། ཨ་ ན་ཌུ་ཧ྄་ལ་སོགས་པའོ། །མིང་གི་ཕ་རོལ་དུ་ར་ས་སོ་སོར་བསྡུ་བའི་རྐྱེན་ཡོད་པའམ། ཚིག་ མཐའ་ལ་ཡང་འགྱུར་ཏེ། འདིར་བྷ་དང་ས་གཉིས་ཀ་ར་སའི་ཁོངས་སུ་གཏོགས་པས། ར་ས་ ཕ་རོལ་ཅན་ལ་ཧ྄་ཌ྄་རུ་སོང༌། དྲངས། ཨ་ན་ཌུདྦྷྱཱཾ། ཨན་ཌུདྦྷིཿ། ༈ ཨན་ཌུདྦྷྱཱཾ། ཨན་ཌུདྦྷྱཿ། ༈ ཨ་ན་ཌུདྦྷྱཱཾ། ཨ་ན་ཌུདྦྷྱཿ། ༈ ཨ་ན་ཌུཧ྄་སུཔ྄། བས྄་རྣམས་ཀྱི་ར་ས་ལའོ་ཞེས་པས། ཧ྄་ ད྄་རུ་སོང༌། ཁ་ས་ལ་ཙ་པ་རྣམས་ཛྷ་ས་རུ་འགྱུར་ཞེས་པས་ད྄་ཏ྄་རུ་འགྱུར་བས། ཨ་ན་ཌུཏྶུ། ཡང་ཧ྄་སྲོག་མེད་ཀྱི་མཐའ་ཅན་ཡིན་ཡང༌། དེ་དང་ཅུང་ཟད་མི་འདྲ་བ་ལ། གོ་དུ་ཧ྄་(བ་འཇོ་བ།) ཞེས་པ་ལ་ནི། གོ་དུ་ཧ྄་སི་བཞག དཱ་དེརྒྷཿ། ད་ལ་སོགས་པའི་གྷའོ། །ད་ལ་སོགས་པ་ལ། ཚུ་ རོལ་བྱིངས་ཡིན་ན། ཕ་རོལ་ཛྷ་ས་སོ་སོར་བསྡུ་བ་རྐྱེན་ལ་ཡོད་པ་དང༌། ཚུ་རོལ་མིང་ཡིན་ན་ ཕ་རོལ་ར་ས་བྱུང༌། སོ་སོར་བསྡུ་བ་ཡོད་པའི་རྐྱེན་ནམ། ཚིག་མཐར་སོང་བ་ཡིན་ན། ཧ྄་སྲོག་ 19-1-155 མེད་གྷ྄་སྲོག་མེད་དུ་འགྱུར་རོ། །སི་དབྱི་སྟེ། སྐབས་འདིར་མིང་ཡིན་ལ། སིའི་ས྄་མ་ཕྱིས་ གོང་དུ་ར་སའི་རྐྱེན་ཡིན་པས་གྷ྄་རུ་འགྱུར་ལ། ཕྱིས་ཟིན་ན་ནི་ཧ྄་དེ་ཚིག་མཐར་སོང་བས་གྷ་ རུ་བྱེད་དེ། གང་ལྟར་ཡང་ངེས་པར་གྷ྄་རུ་བསྒྱུར་རོ། །གོ་དུ་གྷ྄་བཞག ཨཱ་དི་ཛ་བཱ་ནཱཾ་ཛྷ་བྷཱནྟ་སྱ་ ཛྷ་བྷཱསྡྷྭཽཿ། ཛ་བའི་དང་པོ་རྣམས་ཀྱི་ཛྷ་བྷ་མཐའི་ཛྷ་བྷ་སྟེ་ས་དྷྭ་རྣམས་ཀྱིའོ། །ཛྷ་བྷ་སོ་སོར་བསྡུ་ བ་ནི་ཛྷ་ཌྷ་དྷ་གྷ་བྷའོ། །ཛ་བ་སོ་སོར་བསྡུ་བ་ནི། ཛ་ཌ་ད་ག་བའོ། །སྐབས་འདིར་ཛྷ་བྷའི་བཞི་ པ་གྷ྄་ཡིན། དེའི་དང་པོ་སྟེ་སྔོན་མ་ནི། ད྄་ཡིན་ན། ད྄་ཡིག་ཛ་བའི་གསུམ་པ་ཡིན་ལ། དྷ་ནི་ ཛྷ་བྷའི་གསུམ་པ་ཡིན་ནོ། །དེ་ལ་དྷ་དང་ད་གཉིས་སྡེ་པ་གཅིག་པས། སྡེ་པ་མཚུངས་པའི་ཡི་ གེ་ཡིན་ལ། ཛྷ་བྷའི་གསུམ་པ་དང༌། ཛ་བའི་གསུམ་པ་ཡིན་པས་གྲངས་མཚུངས་པའི་ཡི་གེ་ ཡང་ཡིན་ནོ། །ཛྷ་བྷའི་གྷ྄་སྲོག་མེད་མཐའ་ཅན་གྱི་དང་པོ་ན་ཡོད་པའི་ཛ་བའི་ཡི་གེ་ད྄་ཡིག་ དེ་གྷ྄་ཡིག་མཐོང་བས་ད྄་དང་མཚུངས་ཡིག་དྷ྄་ཡིག་ཏུ་འགྱུར་རོ། །གོ་དྷུ་གྷ྄། ད྄་དང་གྷ྄འི་བར་ ན་སྲོག་ཨུ་ཡོད་ཀྱང༌། དྷ྄་རུ་བསྒྱུར་བ་འདི་གསལ་བྱེད་ཁོ་ནའི་འགྱུར་བ་ཡིན་པས་མི་སྒྲིབ་བོ། ། འདིར་དེ་ལྟར་ཡིན་ལ། སྤྱིར་བྱིངས་ལ་ཛྷ་བྷའི་མཐའ་ཡོད་པ་ལ། མཐའི་དང་པོའམ་སྔོན་ མ་ཛ་བ་ཡོད་པ་རྣམས་ཛ་བ་དེ་རང་དང་མཚུངས་པའི་ཛྷ་བྷ་རུ་འགྱུར་རོ། །དེ་ལ་ཕ་རོལ་དུ་ རྐྱེན་ས་ཡིག་དང་དྷྭ་ཞེས་པའི་སྒྲ་ཡོད་པ་དགོས་ལ། མིང་མཐའ་ཡིན་ན། དེ་ཚིག་མཐར་གྱུར་ པའམ། ཡང་ན་ར་ས་སོ་སོར་བསྡུ་བའི་རྐྱེན་ཕ་རོལ་དུ་ཡོད་ན་ཡང༌། རྟགས་མཐའི་གསལ་ བྱེད་ཀྱི་གོང་མ་གསལ་བྱེད་གཞན་གྱིས་བར་མ་ཆོད་པའི་གསལ་བྱེད། ཛ་བ་དེ། དེ་ཡང་ཛྷ་ བྷ་དང་མཚུངས་པའི་ཡི་གེར་འགྱུར་རོ། །གོདྷུགྷ྄། བཱ་བ་ས་ནེ། གནས་མེད་པ་ལ་ཡང་ནའོ། ། གནས་མེད་པ་ཞེས་པ་ནི། དབྱངས་མེད་པས་གཞན་ལ་ལྟོས་པའི་ཕྱིར། གསལ་བྱེད་མཐའི་ མིང་ཡིན་ལ། དེ་ལ་ཡང་རྐྱེན་རྣམ་དབྱེ་བྱིན་པ་དགོས་ལ། དེ་ཡང་དང་པོའི་ཡི་གེ་མཐའི་སྔོན་ མ་ཛ་བ་རུ་ཡོད་པ་དེ། ཛྷ་བྷ་དང་འཕྲད་པས། ཡི་གེ་སྔོན་མ་ཛྷ་བྷ་སྡེ་གྲངས་མཚུངས་པར་ 19-1-156 གྱུར་པ་དེ་ཡོད་པའི་ནུས་པས་རྟགས་འགྱུར་འགྲོ་སྟེ། ཚུ་རོལ་ཛ་བ་རུ་མ་ཟད། གཞན་མཚན་ ཉིད་དེ་འདྲ་ཚང་བའི་ཛྷ་ས་གང་ཡོད་ཀྱང༌། ཕ་རོལ་གསལ་བྱེད་མཐའི་ཛྷ་བྷ་དེ། ཛྷ་བྷ་ཁོ་རང་ དང་སྡེ་གྲངས་མཚུངས་པ་ཛ་བ་རུ་འགྱུར་ཏེ། སྐབས་འདིར་སྡེ་བ་མཚུངས་པ་ཀ་སྡེ་ནང་ཕན་ ཚུན་ཡིན་པ་དང༌། གྲངས་མཚུངས་པ། ཛྷ་བྷའི་བཞི་པ་གྷ྄་དེ་ཛ་བའི་བཞི་པ་ག྄་རུ་འགྱུར་ལ། ཡང་ནའོ་ཞེས་ཛྷ་བྷ་དེ་ཙ་པ་རུ་བསྒྱུར་ཏེ། དེ་ཡང་སྡེ་བ་མཚུངས་པ་ཀ་སྡེ། གྲངས་མཚུངས་པ་ ཛྷ་བྷའི་བཞི་པ་གྷ་དེ། ཙ་པའི་བཞི་པ་ཀ་རུ་བསྒྱུར་རོ། །གོ་དྷུག྄ གོ་དྷུ་ཀ྄ ཞེས་པའོ། །གཞན་ དབྱངས་ཀྱི་རྐྱེན་རྣམས་སྒྲུབས་སླ་སྟེ། གོ་དུ་ཧ྄་ཨཽ། ཕ་རོལ། གོ་དུ་ཧཽཿ། གོ་དུ་ཧ྄་ཛས྄། གོ་དུ་ ཧཿ། ༈ གོ་དུ་ཧ྄་ཨམ྄། གོ་དུ་ཧཱཾ། ༈ གོ་དུ་ཧ྄་ཨཽ། གོ་དུ་ཧཽ། གོ་དུ་ཧ྄། ཤས྄། གོ་དུ་ཧཿ། ༈ གོ་ དུ་ཧ྄་ཊཱ། གོ་དུ་ཧཱ། ༈ གོ་དུ་ཧ྄་ངེ༌། གོ་དུ་ཧ྄ེ། ༈ གོ་དུ་ཧ྄་ངསི། གོ་དུ་ཧཿ། ༈ གོ་དུ་ཧ྄་ངས྄། གོ་དུ་ཧཿ། གོ་དུ་ཧ྄་ཨོས྄། གོ་དུ་ཧོཿ། གོ་དུ་ཧ྄། ཨཱམ྄། གོ་དུ་ཧཱཾ། ༈ གོ་དུ་ཧ྄་ངི༌། གོ་དུ་ཧི། གོ་ དུ་ཧ྄། ཨོས྄། གོ་དུ་ཧོཿ། ཞེས་པའོ། །བོད་པ་རྣམས་ཀྱང་ཧེ་ཐོག་མར་སྦྱོར་བ་མ་གཏོགས་ རྣམ་དབྱེ་དང་པོའི་གསུམ་པོ་སྒྲ་ཇི་བཞིན་པའོ། ༈ །བྷ་ལྡན་རྣམས་ལ་ནི། གོ་དུ་ཧ྄་བྷྱཱམ྄། ད་ ལ་སོགས་པའི་གྷའོ། །ཞེས་པས། ཧ྄་གྷ྄་རུ་བསྒྱུར། འདི་ལ་རྟགས་མཐའི་གོང་གི་གསལ་བྱེད་ ལ་ལྟོས་པའི་མཐའ་མ་དེ་ཛ་བའི་ནང་གི་ད་ཡིག་ཡིན་པས་གྷ྄་ཡིག་དེ་ཛྷ་བྷའི་ནང་གི་དྷ་ཡིག་ ཏུ་བསྒྱུར། ཛྷཱ་པེ་ཛ་བ། ཞེས་པའི་མདོས། ཛྷ་བྷ་གྷ྄་ཡིག ཛ་བ་ག྄་ཡིག་ཏུ་བསྒྱུར། ན་ཏེ་བུར་ བའོ། །དྲངས་པས། གོ་དྷུ་གྦྷྱཱཾ། གོ་དྷུ་གྦྷིཿ། ༈ གོ་དྷུ་གྦྷྱཱཾ། གོ་དྷུ་གྦཧྱཿ། ༈ གོ་དྷུ་གྦྷྱཱཾ། གོ་དྷུ་གྦྷྱཿ། ༈ གོ་དུ་ཧ྄་སུཔ྄། ཧ྄་གྷ྄་རུ་བསྒྱུར། ཁ་ས་ལ་ཙ་པ་ཛྷ་སར་འགྱུར་བས། ཕ་རོལ་སུ་ནི་ཁ་ས་ ཡིན་པ་དེ་མཐོང་བས་ཚུ་རོལ་ཛྷ་ས་གྷ་དེ། ཙ་པ་ལྔ་ལས་ཀ྄་རུ་འགྱུར། ཀུ་ཨི་ལ་ལས། སུའི་ས྄་ ཥ་རུ་བསྒྱུར། དྲངས་པས། ཀ྄་ཥ་རབ་ཏུ་འདུས་པ་ལས་ཀྵ་ཞེས་པས། གོ་དྷུ་ཀྵུ། ༈ ཡང་མ་དྷུ་ ལི་ཧ྄་(སྦྲང་རྩི་ལེན་པའི་བུང་བའོ།།) ཞེས་པ་ཕལ་ཆེར་དེ་དག་དང་འདྲ་ཡང་ཁྱད་པར་ཅུང་ཟད་ཡོད་ 19-1-157 དེ། མ་དྷུ་ལི་ཧ་སི་བཞག ཧོ་ཌྷཿ། ཧ་ཡི་ཌྷའོ། །བྱིངས་མཐའ་ལ་ཧ྄་ཡོད་པ། ཛྷ་ས་ཕ་རོལ་ལ་ ཌྷ྄་རུ་འགྱུར་བ་དང༌། མིང་མཐའ་ལ་ར་ས་ཕ་རོལ་ལམ། ཚིག་མཐར་གྱུར་པའི་གཉིས་ཀ་ཡིན་ པ་ལས་ཀྱང་སྟེ། རྟགས་མཐའི་ཧ྄་ཡིག་ཌྷ྄་ཡིག་ཏུ་འགྱུར་རོ། །འདིར་མིང་མཐའི་ཧ྄། ར་ས་ཕ་ རོལ་སིའི་ས་ལས་ཌྷ྄་ཡིག་ཏུ་འགྱུར་ཏེ། དེ་ནས་སི་ཕྱིས། གནས་མེད་པ་ལ་ཡང་ནའོ། །ཞེས་ པས། རྟགས་མཐའི་ཛྷ་ས་ཌྷ྄་ཡིག་དེ། ཡང་ན་ཛ་བ་ཌ་ཡིག་ཏུ་བསྒྱུར་བའམ། ཡང་ན་ཙ་པ་ཊྲ་ ཡིག་ཏུ་བསྒྱུར་རོ། །མ་དྷུ་ལིཌ྄། མ་དྷུ་ལིཊྲ། མ་དྷུ་ལིཧ྄་ཨཽ། ཕ་རོལ་དྲངས། མ་དྷུ་ལི་ཧཽཿ། དེས་ དབྱངས་རྣམས་རིགས་འགྲེ། མ་དྷུ་ལི་ཧཿ། ༈ ཧེ་མ་དྷུ་ལིཊ྄། ཧེ་མ་དྷུ་ལིཌ྄། ཧེ་མ་དྷུ་ལི་ཧཽ། ཧེ་ མ་དྷུ་ལི་ཧཿ། ༈ མ་དྷུ་ལི་ཧཾ། མ་དྷུ་ལི་ཧཽ། མ་དྷུ་ལི་ཧཿ། ༈ མ་དྷུ་ལི་ཧཱ། ༈ མ་དྷུ་ལི་ཧཻ། ༈ མ་ དྷུ་ལི་ཧཿ། ༈ མ་དྷུ་ལི་ཧཿ། མ་དྷུ་ལི་ཧོཿ། མ་དྷུ་ལི་ཧཱཾ། ༈ མ་དྷུ་ལི་ཧི། མ་དྷུ་ལི་ཧོཿ། ༈ མ་དྷུ་ ལི་ཧ྄་བྷྱམ྄། ཧ྄འི་ཌྷའོ། །ཧ྄་ཌྷ྄་རུ་སོང་། ཛྷ་པེ་ཛ་བ། ཞེས་པས་ཌྷ྄་ཌ྄་རུ་བསྒྱུར། དྲངས། མ་དྷུ་ ལིཌྦྷྱཱཾ། མ་དྷུ་ལིཌྦྷིཿ། ༈ མ་དྷུ་ལི་ཌྦྷྱཱཾ། མ་དྷུ་ལིཌྦྷྱཿ། ལ་སོགས་པའོ། །མ་དྷུ་ལིཧ྄་སུཔ྄། ཧ྄་ཡིག་ ཌྷ྄་རུ་སོང༌། ཁ་ས་ལས་ཛྷ་བྷ་ཙ་པར་འགྱུར་བས་ཌྷ྄་ཊ྄་རུ་སོང༌། མ་དྷུ་ལིཊྶུ། ༈ དྲུ་ཧཱ་དཱི་ནཱཾ་གྷ་ཏྭ་ཌྷ་ཏྭེ་བཱ། དྲུ་ཧ྄་ལ་སོགས་པའི་གྷ྄་ཉིད་ཌྷ྄་ཉིད་ཡང་ནའོ། །དྲུ་ཧ྄་ལ་ སོགས་པའི་ཧ྄་ཡིག་གྷ྄་ཡིག་དང་ཌྷ྄་ཡིག་ཏུ་བསྒྱུར་བ་གདམ་ཀ་ཡིན་ལ། གྷ྄་ཌྷ྄་གཉིས་པོ་ལ་ སོ་སོར་ཛ་བ་དང་ཙ་པ་གདམ་ཁ་ཡིན་ཏེ། དེ་ཡང་དང་པོའི་སི་དང་བོད་སི་དེ་ལྟར་བཞི་ཡིན་ ལ། བྷ་ལྔན་རྣམས་ལ་ཛ་བ་ཁོ་ན་ཡིན་གྱི། ཙ་པ་མ་ཡིན་པས་གཉིས་གཉིས་སོ། །མི་ཏྲ་དྲུ་ཧི། སི། ཧ྄འི་ཌྷའོ་(གྲོགས་བཤེས་ལ་མཁུ་བ།) ཞེས་པས། ཧ྄་ཌྷ་རུ་སོང་བའམ། གྷ྄་ཉིད་དང་ཌྷ྄་ཉིད་ ཅེས་པས། གྷ྄་དྷ྄་གང་རུང་བྱ། མི་ཏྲ་དྲུ་གྷ྄། མི་ཏྲ་དྲུ་ཌྷ྄། ཛ་བའི་དང་བོ་རྣམས་ཀྱི་ཛྷ་བྷ་མཐའི་ ཛྷ་བྷ་ཏེ་སདྷྭ་རྣམས་ལའོ། །ཞེས་པས། ཛྷ་བྷའི་ཡི་གེ་གྷ་དང་ཌྷ་གང་མཐོང་ཡང༌། གོང་མ་ཛ་ བའི་ཡི་གེ་དྲུའི་ད་ནི་དྷ྄་རུ་ཏེ། མི་ཏྲ་དྷྲུགྷ྄། མི་ཏྲ་དྷྲུ་ཌྷ྄། ཞེས་པའོ། །གནས་མེད་པ་ལ་ཡང་ནའོ། ། 19-1-158 ཞེས་པས། གྷ྄་རུ་བསྒྱུར་བའི་ཕྱོགས་ལ་ཛ་བའི་ནང་ཚན་ག྄་དང༌། ཙ་པའི་ཡི་གེ་ཀ྄འོ། །ཌྷ྄་རུ་ བསྒྱུར་བའི་ཕྱོགས་ལ། ཙ་པའི་ཡི་གེ་ཊ྄་དང༌། ཛ་བ་ཡི་གེ་ཌ྄་རུ་འགྱུར་རོ། །མི་ཏྲ་དྷྲུ་ག྄། མི་ཏྲ་ དྷྲུ་ཀ྄། མི་ཏྲ་དྷྲུ་ཊ྄། མིཏྲ་དྷྲུཌ྄། ཞེས་པ་ཡིན་ནོ། །མི་ཏྲ་དྲུ་ཧཽ། མི་ཏྲ་དྲུ་ཧཿ། ༈ ཧེ་མེ་ཏྲ་དྷྲུག྄། ཧེ་མི་ ཏྲ་དྷྲུཀ྄ ཧེ་མི་ཏྲ་དྷྲུཊ྄། ཧེ་མི་ཏྲ་དྷྲུཌ྄ ཧེ་མི་ཏྲ་དྲུ་ཧཽ། ཧེ་མི་ཏྲ་དྲུ་ཧཿ། ༈ ཨམ྄་སོགས་ལ། མི་ཏྲ་དྲུ་ ཧཾ། མི་ཏྲ་དྲུ་ཧཽ། མི་ཏྲ་དྲུ་ཧཿ། ༈ མི་ཏྲ་དྲུ་ཧཱ། ༈ མི་ཏྲ་དྲུ་ཧེ། ༈ མི་ཏྲ་དྲུ་ཧཿ ༈ མི་ཏྲ་དྲུ་ཧཿ། མི་ཏྲ་ དྲུ་ཧོཿ། མི་ཏྲ་དྲུ་ཧཱཾ། ༈ མི་ཏྲ་དྲུ་ཧི། ༈ མི་ཏྲ་དྲུ་ཧོཿ། བྷ་ལྡན། ཧ྄་གྷའམ་དྷ྄་རུ་བསྒྱུར། ཌྷ་ཌ྄་དང༌། གྷ་ག྄་རུ་འགྲོ་སྟེ། དྲུ་དྷྲུ་རུ་བསྒྱུར། དྲངས། མི་ཏྲ་དྷྲུ་ཌྦྷྱཱཾ། མི་ཏྲ་དྷྲུ་གྦྷྱཱཾ། ཞེས་པ་ལ་སོགས་པའོ། ༈ །མི་ཏྲ་དྲུཧ྄་སུཔ྄། ཧ྄་དྷ྄་དང༌། དྲུ་དྷྲུ་རུ་སོང༌། ཁ་ས་ལས་ཛྷ་བྷ་ཙ་པར་བསྒྱུར་ཏེ། ཌྷ྄་ཊ྄འོ། །མི་ ཏྲ་དྷྲུཊྶུ། ཞེས་པའོ། ༈ །དེ་བཞིན་དུ། ཏ་ཏྭ་མུཧ྄་(དེ་ཁོ་ན་ཉིད་ལ་རྨོངས་པ་)ལ་སོགས་པ་རྣམས་ལ་ ཡང་ངོ༌། ༈ །བྷཱར་བཱ་ཧ།(ཁུར་བཀྱེད་དེ་བོང་བུ་)ཞེས་པ་ལ། དང་པོ་ལྔ་ལ་ཁྱད་མེད། ཤས྄་སོགས་ ལ་ཁྱད་ཡོད། དེ་ཡང་བྷཱ་ར་བཱཧ྄་སི། ཧ་ཡི་ཌྷའོ། །ཧ྄་ཌྷ྄་རུ་སོང༌། དེ་ཡང་གནས་མེད་པ་ཞེས་ པས། ཛ་བའི་ཌ་འམ་ཙ་པའི་ཊ྄་གང་རུང་དུ་བྱས། བྷཱ་ར་བཱ་ཊ྄། བྷཱ་ར་བ་ཌ྄། བྷཱ་ར་བཱཧ྄། ཨཽ། ། བྷཱ་ར་བཱ་ཧཽཿ བྷཱ་ར་བཱ་ཧ། ༈ ཧེ་བྷཱ་ར་བཱཊ྄། ཧེ་བྷཱ་ར་བཱཌ྄། ཧེ་བྷཱ་ར་བཱ་ཧཽ། ཧེ་བྷཱ་ར་བཱ་ཧཿ། ༈ བྷཱ་ ར་བཱ་ཧཾ། བྷཱ་ར་བཱ་ཧཽ། བཱ་ཧོ་བཽ་ཤ་སཱ་དཽ་སྭ་རེ། བཱ་ཧའི་ཤས྄་སོགས་དབྱངས་ལ་བཱའི་ཨཽའོ། །བྷཱ་ ར་བཱཧ། ཤས྄། བཱ་ཡོངས་རྫོགས་ཨཽ་རུ་བསྒྱུར། རའི་སྲོག་ཨ་དང་མཚམས་སྦྱར་ཏེ། དྲངས། རཽ་རུ་སོང༌། ཤས྄་མན་ཆད་ཊཱ་སོགས་དབྱངས་ཀུན་ལ་རཽ་འདི་རྟག་ཏུ་འོང་ངོ༌། །བྷཱ་རཽ་ཧཿ། ༈ ཌཱ་ལ། བྷཱ་རཽ་ཧཱ། ལ་སོགས་པ། བདུན་པའི་ཨོས྄་ལ་བྷཱ་རཽ་ཧོཿ། ཞེས་པའི་བར་གོང་མ་རྣམས་ ཀྱིས་རིགས་འགྲེ་སྟེ་གོ་སླ། ༈ བྷ་ལྡན་རྣམས་ཀྱང༌། བྷཱ་ར་བཱ་ཧ། བྷྱཱམ྄། ཧ྄འི་ཌྷའོ། །ཌྷ྄་གནས་ མེད། ཌྷ་ཌ྄་རུ་འགྱུར། བྷཱ་ར་བཱཌྦྷྱཱཾ། དེས་འགྲེ། ༈ བྷཱ་ར་བཱཧ་སུཔ྄། ཧ྄་ཌྷ྄། ཌྷ྄་ཊ྄། བྷཱ་ར་བཱཊྶུ། ༈ ཡང༌། ཏུ་རཱ་སཱ་ཧ྄འི་(བརྒྱ་བྱིན་གྱི་རྟ་)སྒྲ་ལ། སཱ་ཧེཿཥཿསཱ་ཌྷིཿ། སཱ་ཧའི་ཌྷ་ལ་ས་ཥའོ། །སཱ་ 19-1-159 ཧའི་སྒྲ་ལ་སི་དང་བྷ་ལྡན་དང་སུཔ྄་རྣམས་བྱིན་པ་ན། སཱཧ་ཞེས་པའི་ས་ཡིག་ཥ་ཡིག་ཏུ་ འགྱུར་ཏེ། སི་ལ་ཚིག་མཐའ་ཡིན་པ་དང༌། གཞན་ལ་མིང་མཐའ་ཌྷའི་ནུས་པ་སྟེ། ཏུ་རཱ་སཱ་ཧ྄་ སི། བཞག ཧ྄འི་ཌྷའོ། །ཌྷ། སཱ་ཧའི་ཌྷ་ལ་ས་ཥའོ། །ཞེས་པས། ས་ཥར་སོང༌། ཏུ་རཱ་ཥཱ་ཌྷ྄སི། ཞེས་སོ། །སི་དབྱི། ཌྷ྄་ནི་གནས་མེད་སོགས་ཀྱི་ཌ྄འམ་ཊ྄་རུ་བསྒྱུར་རོ། །ཏུ་རཱ་ཥཱཊ྄། ཏུ་རཱ་ཥཱཌ྄། ཏུ་རཱ་སཱཧ྄། ཨཽ། ཕ་རོལ་དྲངས། ཏུ་རཱ་སཱ་ཧཽ། དེ་བཞིན་དུ། ཏུ་རཱ་སཱ་ཧཿ། ༈ ཏུ་རཱ་སཱ་ཧཾ། ཏུ་རཱ་སཱ་ ཧཽ། ཏུ་རཱ་སཱ་ཧཿ། ༈ ཏུ་རཱ་སཱ་ཧཱ། ཞེས་སོགས། བདུན་པའི་ཨོས྄། ཏུ་རཱ་སཱ་ཧོཿ། ཞེས་པའི་བར་ གོ་སླ། ༈ བྷ་ལྡན་ལ། ཏུ་རཱ་སཱ་ཧ་བྷྱཱཾ། ཧ྄་ཌྷ྄། ཌྷའི་ནུས་པས་ས་ཥ་རུ་སོང༌། ཏུ་རཱ་ཥཱ་ཌྷ྄་བྷྱཱམ྄། {གནས་མེད་[ཛྷ་བྷ་ལ་ཛབ་]ཅེས་པས་ཌ྄་རུ་བསྒྱུར། ཏུ་རཱ་ཥཱཌྦྷྱཱཾ། དེས་གཞན་ལའང་འགྲེ། ༈ ཏུ་རཱ་སཱཧ྄ སུཔ྄། ཧ྄་ཌྷ྄། ས྄་ཥ྄། {གནས་མེད།[ཁ་ས་སོགས་ཀྱིས་]ཌྷ྄་ཊ་རུ་སོང༌། ཏུ་རཱ་ཥཱཊྶུ། གྲུབ། ༈ རེ་ཕའི་མཐའ་ལས། ཙ་ཏུར྄་གྱི་སྒྲ་དཔེར་བརྗོད་ན། ཙ་ཏུར྄་གྲངས་ཀྱི་དོན་ལ་རྣམ་ དབྱེ་བདུན་པོའི་མང་ཚིག་ཁོ་ན་འཇུག་གི་གཅིག་ཚིག་དང་གཉིས་ཚིག་མི་འཇུག་གོ །དངོས་ པོ་བརྗོད་པའི་དོན་ལ་ནི་གཅིག་ཚིག་སོགས་ཐམས་ཅད་འཇུག་སྟེ་དབྱེ་བ་ཤེས་པར་བྱའོ། ། ༈ ཙ་ཏུ་རཱ་མྴཽ་ཙ། ཙ་ཏུར྄་གྱི་ཨཱམ྄་ཤི་ལའོ། །ཙ་ཏུར྄་(བཞི་)གྱི་སྒྲ་ལ་དངོས་པོ་བརྗོད་པའི་ སྐབས། སི་ཨཽ་ཛས྄། ཨམ྄་ཨཽ་རྣམས་ཏེ་ལྔ་པོ་ལ། ཨཱམ྄་ཨཱ་ག་མ་སྟེར་ཏེ། ཤི་ཞེས་པ་ནི་ལྔ་པོ་ དེ་རྣམས་ཏེ། རྣམ་དབྱེ་ལྔ་པོ་དེ་དག་ཕ་རོལ་ན་ཡོད་པ་ལའོ། །གྲངས་བརྗོད་པ་ལ་སི་སོགས་ མི་སྟེར་ཡང༌། ཛས྄་ནི་ལྔ་པོའི་ནང་སེལ་ཡིན་པས་ལྔ་ཕ་རོལ་ཅེས་པའི་མི་འགལ་ལོ་ཟེར། མ྄འི་མཐའ་ཅན་འདི་དབྱངས་ཀྱི་ཕ་རོལ་ལོ་ཞེས་བཤད་པས། མིང་མཐའི་གསལ་བྱེད་སྲོག་ མེད་ཀྱི་གོང༌། དབྱངས་འཇུག་མ་དེའི་འོག་མཐའ་ཨཱམ྄་ཨཱ་ག་མ་སྟེར་རོ། །ཙ་ཏུར྄་སི། ཨཱམ྄་ བྱིན། ཙ་ཏུ་ཨཱམ྄་ར྄་སི། སི་འཇིག ཨུབ྄། ར྄་རྣམ་བཅད། ཙ་ཏྭཱཿ། ཙ་ཏུར྄་ཨཽ། ཨཱམ྄། ཨུབ྄། དྲངས། ཙ་ཏྭཱ་རཽ། ཙ་ཏུར྄་ཛས྄། ཨཱམ྄། ཨུབ྄། དྲངས། ཙ་ཏྭཱ་རཿ། ༈ ཙ་ཏུར྄་ཨམ྄། ཨཱམ྄་ཨཱ་ 19-1-160 ག་མ། ཨུབ྄། ཙ་ཏྭཱ་རཾ། ཙ་ཏུར྄་ཨཽ། ཙ་ཏྭཱ་རཽ། ཞེས་པའོ། །གཞན་དབྱངས་རྣམས་ལ། ཙོ་ཏུར྄་ ཤས྄། དྲངས། ས྄་རྣམ་བཅད། ཙ་ཏུ་རཿ། ༈ དེས་མཚོན་ཏེ། ཙ་ཏུ་རཱ། ༈ ཙ་ཏུ་རེ། ༈ ཙ་ཏུ་ རཿ། ༈ ཙ་ཏུ་རཿ། ཙ་ཏུ་རོཿ། ཙ་ཏུ་རཱཾ། ༈ ཙ་ཏུ་རི། ཙ་ཏུ་རོཿ། ཞེས་པ་དང༌། ༈ བྷ་ས་ཐོག་མ་ ཅན་ལ། ར་ཕ་རོལ་དུ་དྲངས། འོག་མ་བྷ་རྣམས་གཉིས་སུ་བྱེད་པའང་ཡིན། ས་ནི་གཉིས་སུ་ མི་བྱེད་དོ། །ཙ་ཏུ་རྦྷིཿ། ཙ་ཏུརྦྷྦྷིཿ། ཞེས་པ་ལྟ་བུ་སྟེ། ཙ་ཏུརྦྷྱཱཾ། གསུམ། ཙ་ཏུརྦྷྱཿ། གཉིས། ཙ་ ཏུཪྵུ། ཞེས་པའོ། ༈ །གྲངས་ཀྱི་དོན་དུ་ནི། ཙ་ཏྭཱ་རཿ། ཙ་ཏུ་རཿ། ཙ་ཏུ་རྦྷིཿ ཙ་ཏུ་རྦྷྱཿ། ཙ་ཏུ་རྦྷྱཿ། ༈ རཿསཾ་ཁྱཱ་ཡཱཿ། ར་ཡི་གྲངས་ཀྱིའོ། །ཙ་ཏུ་ར྄་གྱི་རེ་ཕའི་མཐའ་ནུཊ྄་སྟེར། ཙ་ཏུ་ར྄་ན྄་ ཨཱམ྄། ཞེས་འབྱུང༌། ན྄་དྲངས། ནཱར྄་མཐོང༌། ཎཱཾ་དུ་སོང༌། ཎ྄་ཉིས་བརྩེགས་སུ་འགྱུར། ཙ་ཏུ་ རྞྞཾ། ༈ ཙ་ཏུཪྵུ། ཞེས་པ་མང་ཚིག་བདུན་པོ་ཁོ་ནའོ།། །། ༈ ན྄་མཐའ་ལས། རཱ་ཛ་ན྄་(རྒྱལ་པོ་)གྱི་སྒྲ་ནི། རཱ་ཛན྄་སི། ནའི་ཨུ་པ་དྷཱ་རིང་པོའོ་ཞེས་ པས། ཛཱ་རིང་པོའོ། །ནཱམྣོ་ནོ་ལོ་པ་ཤ་དྷཽ། མིང་གི་ནའི་དབྱི་བ་དྷི་མིན་པ་ལའོ། །ཞེས་པས་ ན྄་དབྱི་སྟེ། དེ་ཡང་དྷི་མ་ཡིན་པ་རྣམ་དབྱེ་དང་པོའི་སི་ནི་ན྄་མཐའ་ཅན་གྱི་མིང་མཐར་བྱིན་ ན། མཐའི་ན྄་དབྱི་སྟེ། འགྲེལ་པར་ཨཱ་ག་མ་མིན་པ་ཞེས་འབྱུང་སྟེ། གདོད་མའི་མིང་མཐའི་ན་ ཡིག་དགོས་པའི་དོན་ནོ། །ཕ་རོལ་དུ་ར་སའི་རྐྱེན་ཡོད་པའམ། རང་ཉིད་ཚིག་མཐར་སོང་བ་ གང་རུང་གཅིག་དགོས་པ་ལས། འདིར་སི་མ་ཕྱིས་གོང་དུ། བསྒྱུར་ན། ར་ས་ཕ་རོལ་དང༌། ས་ ཕྱིས་རྗེས་སུ་བསྒྱུར་ན་ཚིག་མཐའ་འོ། །སི་ཕྱིས། རཱ་ཛཱ། རཱ་ཛན྄། ཨཽ་ཨུ་པ་དྷཱ་རིང་པོ། དྲངས། རཱ་ཛཱ་ནཽ། རཱ་ཛན། ཛས྄། རིང་པོ། རཱ་ཛཱ་ནཿ། ༈ དྷི་མ་ཡིན་པ་ཞེས་པའི་ཁྱད་པར་གྱི་ཚིག་གིས། བོད་སི་ནི་ཁོ་རང་དབྱི་བ་ཁོ་ན་ལས། ཨུ་པ་དྷཱ་རིང་པོ་དང་རྟགས་མཐའི་ན་དབྱི་བ་གཉིས་ ཀ་མེད་དེ། ཧེ་རཱ་ཛན྄། གཞན་གཉིས་ནི་གོང་དང་འདྲ། ཧེ་རཱ་ཛཱ་ནཽ། ཧེ་རཱ་ཛཱ་ནཿ། ༈ ཨམ྄་ ལ། རཱ་ཛཱ་ནཾ། ཨཽ་ལ་རཱ་ཛཱ་ནཽ། རཱ་ཛན྄་ཤས྄་བཞག མ་བ་རབ་སྦྱོར་མིན་པ་ལས་ཤས྄་སོགས་ 19-1-161 ལ་ཨཏ྄་དབྱི་སྟེ་དབྱངས་ལའོ། །ཞེས་གོང་དུ་འབྱུང་བས། ཛའི་སྲོག་གི་ཨ་ཕྱིས། ས་ཏུ་ནི་ཤ་ ཙུ་རྣམས་ལས་ཤ་ཙུའོ། །ཞེས་གོང་དུ་འབྱུང་བས། ཏ་སྡེའི་ན྄་ནི་གོང་གི་ཙ་སྡེའི་ཛ་མཐོང་བས་ ཙ་སྡེ་ཉ྄་ཡིག་ཏུ་སོང༌། རཱ་ཛ྄ཉ྄་ཨས྄། ཛ་ཉཽརྫྙཿ། ཛ་ཉ་དག་གི་ཛྙཱའོ། །ཛ྄་དང་ཉ྄་དག་སྡོམས་ པ་ཛྙ་སྟེ། དེ་ཨས྄་ལ་དྲངས། རྣམ་བཅད། རཱ་ཛྙཿ། ༈ དེ་མ་གཏོགས་འོག་གི་དབྱངས་རྐྱེན་ རྣམས་ལ་འདི་ཁོ་ནས་རིགས་འགྲེ། གསལ་བྱེད་ཐོག་མ་ཅན་རྣམས་ལ་གོང་སིའི་སྐབས་ཀྱི་ མིང་གི་ནའི་དབྱི་བའོ་ཐོབ། ༈ ཨུ་པ་དྷཱ་རིང་པོ་མི་ཐོབ་སྟེ། ཊཱ་མན་ཆད་ལ། རཱ་ཛྙཱ། རཱ་ཛ་བྷྱཱཾ། རཱ་ཛ་བྷིཿ། ༈ རཱ་ཛྙེ། རཱ་ཛ་བྷྱཱཾ། རཱ་ཛ་བྷྱཿ། ༈ རཱ་ཛྙཿ། རཱ་ཛ་བྷྱཱཾ། རཱ་ཛ་བྷྱཿ། ༈ རཱ་ཛྙཿ། རཱ་ཛྙོཿ རཱ་ ཛྙཱཾ། ༈ གོང་དུ་ཨི་ངི་དག་ཡང་ནའོ། །ཞེས་པས་ཡང་ན་བ་ལ་ཨུ་པ་དྷཱ་དབྱི་བའི་ཕྱོགས་དཀྱུས་ བཞིན་ཡིན། རཱ་ཛྙི། མི་དབྱི་ན། ན྄་ཨི་ལ་དྲངས། རཱ་ཛ་ནི། རཱ་ཛྙོཿ། ༈ རཱ་ཛ་སུ། ཞེས་སོ། ༈། དེ་བཞིན་དུ། ཡ་ཛྭན་ལྷ་མཆོད་མཁན྄། ཨ་ཏྨ་ན྄།(ང་བདག) སུ་དྷ་རྨྨ་ན྄།(ལུགས་བཟང༌།) དེ་ལ་ སོགས་པ་ན྄་མཐའ་མང་པོ་ཕལ་ཆེར། རཱ་ཛན྄་དང་མཚུངས་ཀྱང༌། ཨཏྨན྄་དང༌། དྷརྨྨན྄་གྱི་མ་ དང༌། ཡ་ཛྭན྄་གྱི་བ་སྟེ། དེ་རྣམས་མ་བ་རབ་སྦྱོར་ཡིན་པས། ཨུ་པ་དྷཱའི་ཨཏ྄་མི་དབྱིའོ། །དེས་ ན་ཡ་ཛྭན྄་སི། རིང་པོ་བྱེད། སི་འཇིག ན྄་དབྱི། ཡ་ཛྭཱ། ཡ་ཛྭཱ་ནཽ། ཡ་ཛྭཱ་ནཿ། ༈ བོད་པའི་ན྄་ མི་དབྱི། རིང་པོ་མེད། ཧེ་ཡ་ཛྭན྄། ཧེ་ཡ་ཛྭཱ་ནཽ། ཧེ་ཡ་ཛྭཱ་ནཿ། ༈ ཡ་ཛྭཱ་ནཾ། ཡ་ཛྭཱ་ནཽ། ཞེས་པ་ རྣམས། རཱ་ཛན྄་དང་འདྲ། ༈ དེ་ནས་ཤས྄་སོགས་མི་མཚུངས་ཏེ། ཨུ་པ་དྷཱའི་ཨ་མ་ཕྱིས་པས། རྟགས་མཐའི་ན྄་སྲོག་མེད་ཕ་རོལ་ཏུ་དྲངས་པ་ཁོ་ནས་ཆོག་སྟེ། ཡ་ཛྭནཿ། ༈ ཡ་ཛྭ་ནཱ། ན་མིན་ ཞེས་པས་ན྄་དབྱིའོ། །ཡ་ཛྭ་བྷྱཱཾ། ཡ་ཛྭ་བྷིཿ། ༈ ཡ་ཛྭ་ནེ། ཡ་ཛྭ་བྷྱཱཾ། ཡ་ཛྭ་བྷྱཿ། ཡ་ཛྭ་ནཿ། ཡ་ཛྭ་ བྷྱཱཾཿ། ཡ་ཛྭ་བྷྱཿ། ༈ ཡ་ཛྭ་ནཿ། ཡ་ཛྭ་ནོཿ ཡ་ཛྭ་ནཱཾ། ༈ ཡ་ཛཱ་ནི། ཡ་ཛཱ་ནོཿ། ཡ་ཛྭ་སུ། ཞེས་པའོ། ༈ །ཤྭ་ན་(ཁྱི་)དང༌། ཡུ་བན྄་(ལང་ཚོ་)དང༌། མ་གྷ་བན྄་(བརྒྱ་བྱིན་)རྣམས་ལ། སི་ཨཽ་ཛས྄། ཨམ྄་ ཨཽ་ལྔ་རྣམས་རཱ་ཛན྄་གྱི་སྐབས་དང་འདྲ། ཤྭཱ། ཤྭཱ་ནཽ། ཤྭ་ནཿ། ༈ ཧེ་ཤྭན྄། ཧེ་ཤྭ་ནཽ། ཧེ་ཤྭ་ནཿ། 19-1-162 ༈ ཤྭཱ་ནཾ། ཤྭ་ནཽ། །ཞེས་པའོ། ༈ །ཤས྄་མན་ཆད་དབྱངས་ལ་མི་འདྲ་སྟེ། ཤྭཱ་དེ་ཤྩ་ཤྭ་སོགས་ ཀྱི་ཡང་ངོ་། །ཤྭན྄་སོགས་ལ་ཤས྄་སོགས་དབྱངས་ཀྱི་རྣམ་དབྱེ་བྱིན་ན་རྟགས་མཐའི་གོང་གི་ བ་ཡིག་ཨུ་རུ་འགྱུར་རོ། །ཤྭན྄་གྱི་སྐབས་འདི་དང༌། དེ་ཕན་དང༌། ཨཱིཔ྄་དང༌། ཨཱ་ཡིག་ལས་ ཀྱང་དེ་འདྲ་མང་ངོ་། །ཤྭན྄་ཤས྄། བ་ཨུ། ཤུ་ནཿ། ༈ དེ་དང་འདྲ་བ་ཁོ་ནར་ཊཱ་སོགས་དབྱངས་ ལ། ཤུ་ནཱ། ༈ ཤུ་ནེ། ༈ ཤུ་ནཿ། ༈ ཤུ་ནེཿ། ཤུ་ནོཿ། ཤུ་ནཱཾ། ༈ ཤུ་ནི། ཤུ་ནོཿ། ༈ ན་མི་ན་ལོ་ པ་ཤ། ཞེས་ན྄་ཕྱིས་པས། ཤྭ་བྷྱཱཾ། ཤྭ་བྷིཿ། ༈ ཤྭ་བྷྱཱཾ། ༈ ཤྭ་བྷྱཿ། ༈ ཤྭ་བྷྱཱཾ། ཤྭ་བྷྱཿ། ༈ ཤྭ་སུ། མཐའི་ན྄་དབྱི་བ་ཁོ་ནའོ། ༈ །ཡུ་བན྄་ལ་ནི་དང་པོ་ལྔ་འདྲ། ཡུ་བཱ། ཡུ་བཱ་ནཽ། ཡུ་བཱ་ནཿ། ༈ ཧེ་ཡུ་བ་ན྄། ཧེ་ཡུ་བཱ་ནཽ། ཧེ་ཡུ་བཱ་ནཿ། ༈ ཡུ་བཱ་ནཾ། ཡུ་བཱ་ནཽ། ཞེས་པའོ། ༈ །ཤས྄་མན་ཆད་ དབྱངས་ལ། བ་དབྱངས་དང་བཅས་པ་ཨུ་རུ་འགྱུར་ཏེ། ཨུ་ནི་ཡུའི་ཨུ་དང་མཚུངས་འདྲ་སྦྱར། ན྄་དྲངས། ཡཱུ་ནཿ། ༈ དེ་བཞིན་དུ། ཡཱུ་ནཱ། ༈ ཡཱུ་ནེ། ༈ ཡཱུ་ནཿ། ཡཱུ་ནཿ། ཡཱུ་ནོཿ། ཡཱུ་ནཱཾཿ། ༈ ཡཱུ་ ནིཿ། ཡཱུ་ནོཿ། ཞེས་པའོ། ༈ །བྷ་ལྡན་དང་སུཔ྄་ལ། ཡུ་དང་བ་རང་གནས་དང་མཐའི་ན྄་དབྱི་ སྟེ། ཡུ་བ་བྷྱཱཾ་གསུམ་དང༌། ཡུ་བ་བྷྱཿགཉིས་དང༌། ཡུ་བ་བྷིཿ ཞེས་པ་དང༌། ཡུ་བ་སུ། ཞེས་སོ། ༈ །མ་གྷ་བན྄་ལ་ཡང༌། བ་སྲོག་ཅན་ཨུ་རུ་བསྒྱུར། ཨུ་ལ་ཨོའོ། །མཚམས་སྦྱར་བས། མ་གྷོན྄་ ཞེས་འབྱུང་བ་ལས། དང་པོར་སི་སོགས་ལྔ་རཱ་ཛན྄་དང་འདྲ། མ་གྷ་བཱ་ཞེས་པ་ལ་སོགས་པའོ། ༈ །ཤས྄་སོགས་ལ་ཡང༌། མ་གྷོ་ནཿ། སོགས་དང༌། ༈ མ་གྷ་བ་བྷྱཱཾ། སོགས། མ་གྷ་བ་སུ། ཞེས་པའི་བར་འགྲེའོ། ༈ །ན྄་མཐའ་ལས་ཐིན་ལམ་གྱི་སྒྲ་ལ། ཨི་ཏོཏྤཉྩ་སུ། ཨིཏ྄་ཀྱི་ཨཏ྄་ ལྔ་ལའོ། །པ་ཐིན྄་ལ་སོགས་པའི་སྒྲ་རྣམས་ལ། སི་སོགས་ལྔ་བྱིན་པ་ན། ཐིའི་སྲོག་གི་ཨི་ལྟ་ བུ་ཨུ་པ་དྷཱ་ཨི་ཡིག་ཨཏ྄་དུ་འགྱུར་ཏེ། དེ་ལྟར་ལྔ་ལས་སི་ཁོ་ནའི་བྱ་བ་ལ། ཐཱ་ནུ་ཊ྄། ཐའི་ནུ་ ཊ྄འོ། །པནྠི་སོགས་ཀྱི་ཕ་རོལ། སི་སོགས་ལྔ་ལ་ཐ་ཡིག་སོགས་ལ་ནུཊ྄་ཨཱ་ག་མ་སྟེར་རོ། །ཨཱ་ སཽ། ཨཱ་སི་ལའོ། །དེའི་རྗེས་སུ་བྱ་བ་ལ། ལྔའི་ནང་ནས་སི་བྱིན་པ་ན། ཊི་ཨཱ་རུ་འགྱུར། སི་རྣམ་ 19-1-163 བཅད་དོ། །དེ་ཡང་པ་ཐིན྄་སི་ཨིཏ྄་ཀྱི་ཨཏ྄་ལྔ་ལའོ། །ཞེས་ཐའི་སྲོག་གི་ཨི་ཨ་རུ་བསྒྱུར། པ་ ཐ྄་ཨན། སི་ཐ་ལ་ནུཊ྄་སྟེར་དེ། ཌིཏ྄་ཡིན་པས་ཐའི་གོང་དུ་བྱིན། ཊ྄་རྗེས་འབྲེལ། ཨུ་བརྗོད་ དོན། བན྄་ཐ྄་ཨན྄་ས྄་སི་བྱིན་པའི་དུས། འདིར་ཌིཏ྄་ནི་ཐན྄་གྱི་སྲོག་ཨན྄་ཏེ། དེ་ཨཱ་རུ་བསྒྱུར། སི་རྣམ་བཅད། པནྠཱཿཞེས་པ་གྲུབ། པ་ཐིན྄་ཨཽ། ཐའི་ཨི་ཨཱཏ྄། ནུ་ཊ྄་གོང༌། ན྄་ཡི་ཨུ་པ་དྷཱའོ། ། ཞེས་པས། ཨ་པདྷཱ་ཐའི་དབྱངས་ཨཱ་རུ་སོང༌། ན྄་དྲངས། པནྠཱ་ནཽ། པ་ཐིན྄་ཛས྄། ཨཽ་འདྲ་པར་ བསྒྲུབ་པས། པནྠཱནཿ། ༈ དེ་ཁོ་ན་འདྲ་བར། ཨམ྄་དང་ཨཽ་སྟེ། པ་ཐིན྄་ཨམ྄། པནྠཱ་ནཾ། པ་ ཐིན་ཨཽ། པནྠཱ་ནོ། ཞེས་སོ། ། ༈ པནྠཱཾ་ཊེ། པནྠ་རྣམས་ཀྱི་ཊིའོ། །ཤས྄་སོགས་དབྱངས་ལ་པ་ཐིན་ལ་སོགས་པ་རྣམས་ ཀྱི་ཊི་ཕྱིས་ཏེ་རྣམ་དབྱེ་དང་མཚམས་སྦྱོར། བྷ་ལྡན་དང་སུཔ྄་ལ་མཐའི་ན྄་དབྱི་བ་ཁོ་ནའོ། ། པ་ཐིན྄་ཤས྄། པ་ཐིན྄། ཨས྄། པནྠ་རྣམས་ཀྱི་ཊི་ཞེས་པས། ཐིན྄འི་ཨིན྄་ཕྱིས། ཐ྄་དབྱངས་ མེད་དྲངས། པ་ཐཿ། ༈ པ་ཐིན྄་ཊཱ། ཊི་ཕྱིས། དྲངས། པ་ཐཱ། པ་ཐིན྄་བྷྱཱམ྄། པ་ཐི་བྷྱཱཾ། དེ་བཞིན་ དུ། པ་ཐི་བྷིཿ། ༈ པ་ཐིན྄་ངེ༌། པ་ཐེ། པ་ཐི་བྷྱཱཾ། པ་ཐི་བྷྱཿ། ༈ པ་ཐིན྄་ངསི། པ་ཐཿ། བྷྱཱཾ་བྷྱཿའདྲ། ༈ པ་ཐིན྄ ངས྄། པ་ཐཿ། པ་ཐིན྄་ཨོས྄། པ་ཐོཿ། པ་ཐིན྄་ཨཱམ྄། པ་ཐཱཾ། ༈ པ་ཐིན྄་ངི༌། པ་ཐི། པ་ཐིན། ཨོས྄། པ་ཐོཿ། པ་ཐིན྄་སུཔ྄། ན྄་ཕྱིས། ཀུ་ཨི་ལ་ས྄་ཥ྄། པ་ཐི་ཥུ། ༈ དེ་བཞིན་དུ། མ་ཐིན྄་(སྲུབ་པ་)དང༌། རྀ་བྷཱུཀྵིན྄་(བརྒྱ་བྱིན་)ལ་སོགས་པ་ཡང་དེ་ཁོ་ནའོ། ། ༈ དནྜིན྄་འི་སྒྲ་ལ་ཅུང་ཟད་མི་འདྲ་བ་ཡོད་དེ། ཨི་ནཱཾ་ཤཽ་སཽ། ཨིན྄་རྣམས་ཀྱི་ཤི་དང་སི་ ལའོ། །ཨིན྄་མཐའ་དང༌། ཧན྄་དང༌། པུཥན྄་དང༌། ཨཪྻ་མན྄་(ཉི་མ་)སོགས་རྣམས་ལ། ཤི་ སྟེ། ཛ་ས྄་ཤས྄་དང༌། སིའི་རྣམ་དབྱེ་དྷི་མ་ཡིན་པ་ཕ་རོལ་དུ་བྱུང་ན། ཨུ་པ་དྷཱ་རིང་པོར་འགྱུར་ ཏེ། དཾ་ཌིན྄་སི། ཨུ་པ། དྷཱ་ཌ་ཡི་ཨཱི་རིང་པོར་གྱུར། སི་ཕྱིས། ཚིག་མཐའི་ན྄་སྲོག་མེད་ཕྱིས་ཏེ། དཾ་ཌཱིའམ། དཎྜཱི་ཞེས་པ་གྲུབ་པོ། །དཾ་ཌིན྄་ཨཽ། དཾ་ཌི་ནཽ། དཾ་ཌི་ན྄་ཛས྄། དཾ་ཌི་ནཿ། ༈ དེ་བཞིན་ 19-1-164 དུ་གཉིས་པ་གསུམ་ལ། དཾ་ཌི་ནཾ། དཾ་ཌི་ནཽ། དཾ་ཌི་ནཿ། ༈ དཾ་ཌི་ན྄། ༈ བོད་པའི་སི་བྱིན། སི་ ཕྱིས། རིང་པོ་དང་ན྄་ཕྱི་བ་མེད། ༈ ཧེ་དཾ་ཌིན྄། ཧེ་དཾ་ཌི་ནཽ། ཧེ་དཾ་ཌི་ནཿ། ༈ དེ་བཞིན་དུ་ཊཱ་ སོགས་ལ་འགྲེ། ༈ བྷ་དང་ས་ལ་ན྄་དབྱི། དཾ་ཌི་ནཱ། དཾ་ཌི་བྷྱཱཾ། བྷིཿའདྲ། ༈ དཾ་ཌི་ནེ། བྷྱཱཾ་བྷྱཿ། ༈ དཾ་ཌི་ནཿ། བྷྱཱཾ་བྷྱཿ། ༈ དཾ་ཌི་ནཿ། དཾ་ཌི་ནོཿ། དཾ་ཌི་ནཾཿ། ༈ དཾ་ཌི་ནི། དཾ་ཌི་ནོཿ། དཾ་ཌི་ཥུ། ༈ དཎྜིན྄་ཁོ་ན་དང་འདྲ་བར། ཀ་ལིན྄་(ཆ་ཤས་ཅན་)དང༌། ཀ་པཱ་ལིན྄་(ཐོད་པ་ཅན་)དང༌། མུ་ཤ་ལིན྄་ (གཏུན་ཤིང་ཅན་)དང༌། དནྟི་ན྄་(གླང་པོ་)དང༌། མཱ་ལིན྄་(འཕྲེང་བ་ཅན་)དང༌། དྷ་ནི་ན྄་(ནོར་ཅན་)ལ་ སོགས་པ་ཡང་ངོ༌། ༈ །ཧན྄་གྱི་དབང་དུ་བྱས་ན། བྲཧྨ་ཧན྄་(ཚངས་པ་གསོད་པ་)ཞེས་པ་ལྟ་བུ་ལ། བྲཧྨ་ཧན྄་ལ་སི། སི་ཕྱིས། ཧ་རིང་པོ། ན྄་ཡང་དབྱི། བྲཧྨ་ཧཱ། ཞེས་གོང་དང་འདྲ། དེ་བཞིན་དུ། ཨཽ་ལ་སོགས་པ་ལ། ཥ་ར་རྀ་ན་ཎ་རུ་བསྒྱུར་བ་དགོས། གཞན་འདྲ། བྲཧྨ་ཧ་ཎཽ། བྲཧྨ་ཧ་ཎཿ། བྲཧྨ་ཧ་ཎཾ། བྲཧྨ་ཧ་ཎཽ། ༈ ཧ་ནོ་གྷྣི། ཧན྄འི་གྷ་ན་ལའོ། །ཧན྄་གྱི་མཐའ་ཅན་ལ། ཤས྄་སོགས་དབྱངས་ཀྱི་རྐྱེན་ བྱུང་ན། ཧ་ཡིག་དེ་གྷ་ཡིག་དབྱངས་མེད་དུ་འགྱུར་ལ། ན྄་ཨས྄་ལ་དྲངས། དེ་ལ་གྷ྄་དྲངས། ས྄་རྣམ་བཅད་བྱས་པས། བྲཧྨ་གྷྣཿ། ༈ དེ་བཞིན་དུ། བྲཧྨ་གྷྣ། བྷ་ས་ལ་ན྄་དབྱི་སྟེ། བྲཧྨ་ཧ་ བྷྱཱཾ། བྲཧྨ་ཧ་བྷིཿ། ༈ བྲཧྨ་གྷྣེ། བྷྱཱཾ་བྷྱཿ། ༈ བྲཧྨ་གྷྣཿ། བྷྱཱཾ་བྷྱཿ། ༈ བྲཧྨ་གྷྣཿ། བྲཧྨ་གྷྣོཿ། ༈ བྲཧྨ་ གྷྣི། བྲཧྨ་གྷྣོཿ། བྲཧྨ་ཧ་ཥུ། ༈ པུ་ཥན྄་ལ་དང་པོ་ལྔ་བྲཧྨ་ཧན྄་དང་འདྲ་སྟེ། པཱུ་ཥཱ། པཱུ་ཥ་ནཽ། པཱུ་ ཥ་ཎཿ། ༈ པཱུ་ཥ་ཎཾ། པཱུ་ཥ་ཎཽ། ཤས྄་སོགས་ཀྱང་ཕལ་ཆེར་འདྲ། པུ་ཥ་ན྄ ཤས྄། ཥ་ཡི་ཨ་ཕྱིས། ཥ་དང་ན྄་ཨས྄་ལ་དྲངས། པཱུཥྞཿ ༈ པཱུཥྞཱ་སོགས་དང༌། པུཥ་བྷྱཱཾ་སོགས། ༈ ངིའི་སྐབས་སུ། པཱུ་ ཥན྄་གྱི་ངི་ལ་ཊི་དབྱི་སྟེ། འགའ་ཞིག་ཏུ་ཡང་ནའོ། །ཞེས་བཤད་པ། པཱུ་ཥས྄་ན྄་ངི༌། ཨ་ཕྱིས་པ་ ཤས྄་སོགས་དང་འདྲ་བར་བྱས་ན། པུཥྞི། ཡང་ན་ན྄་ཨི་ལ་དྲངས། ཥ་ར་རྀ་ལས་ན྄་ཎ྄། པུ་ཥ་ ཎི། ཡང་ན་ཊི་དབྱི་སྟེ། ཥ་ཎ྄་གྱི་ཨན྄་ཕྱིས། ཥ྄་ཨི་ལ་དྲངས། པུ་ཥི། ཞེས་པ་གསུམ་པོ་གདམ་ 19-1-165 ངའོ། །པཱུ་ཥྞོཿ། པུ་ཥ་སུ། ༈ ཨཪྻྻམན྄་གྱི་སྒྲ་ལ། ཨཪྻྻ་མན྄་སི། ཨིན྄་རྣམས་ཀྱི་ཤི་དང་སི་ལའོ། ། ཞེས། ཨུ་པ་དྷཱ་མན྄་གྱི་ཨཱ་རིང་པོར་འགྱུར། སི་ཕྱིས། ཚིག་མཐའི་ན྄་ཡང་དབྱིའོ། །ཨཪྻྻ་མཱ། ཞེས་སོ། །ཨཪྻྻ་མ་ཎཽ། ཨཪྻྻ་མ་ཎཿ། ༈ ཨཪྻྻ་མ་ཎཾ། ཨཪྻྻ་མ་ཎཽ། ༈ ཧེ་ཨཪྻྻ་མན྄། ཧེ་ཨཪྻྻ་ མ་ཎཽ། ཧེ་ཨཪྻྻ་མ་ཎཿ། ༈ ཤས྄་སོགས་དབྱངས་ལ་ཨུ་པ་དྷཱ་ཕྱིས། བྷ་ས་ལ་མཐའི་ན྄་ཕྱིས་ པས། ཨཪྻྻམྞཿ། ༈ ཨཪྻྻམྞཱ། ཨཪྻྻ་མ་བྷྱཱཾ། ཨཪྻྻ་མ་བྷིཿ། ༈ ཨཪྻྻམྞེ། ཨཪྻྻ་མ་བྷྱཱཾ། ཨཪྻྻ་མ་བྷྱཿ། ཨཪྻྻམྞཿ། ཨཪྻྻ་མ་བྷྱཱཾ། ཨཪྻྻ་མབྷྱཿ། ༈ ཨཪྻྻམྞཿ། ཨཪྻྻ་མ་ཎོཿ། ཨཪྻྻ་མྞཱཾ། ༈ ཨཪྻྻ་མི། ཞེས་ སམ། ཨཪྻྻམྞི། ཨཪྻྻ་མ་ཎོཿ། ཨཪྻྻ་མ་སུ། ༈ གྲངས་ཀྱི་དོན་དུ། པཉྩན྄་གྱི་སྒྲ་ལ། མང་ཚིག་གི་མཐའ་ཁོ་ན་ཏེ། དེ་ཡང་པཾ་ཙ་བྷཱུ་མ་ ཡཾ། མོ་རྟགས་ཁོ་ན་དང༌། པཾ་ཙ་པུ་རུ་ཥ། ཕོ་རྟགས་དང༌། པཉྩ་ཀུ་ལཾ། མི་ནིང་གི་རྟགས་ཏེ། ཀུ་ ལ་པཾ་ཙ་ཁོ་ན་ལས་རྐྱེན་གྱིས་བསྒྱུར་བ་མེད་པས། རང་བཞིན་གྱི་རྟགས་གསུམ་པ་ཞེས་ཟེར་ ལ། དེ་ཡང་པཾ་ཙན྄་ཛས྄་བཞག ཛཤྴ་སོ་རླུཀ྄། ཛས྄་ཤས྄་དག་དབྱི་འཇིག་གོ ། གྲངས་ཀྱི་དོན་ ཥ྄་མཐའ་དང་ན྄་མཐའ་ལ། ཛས྄་ཤས྄་ནི་ལུ་ག྄་ཞེས་པ་འཇིག་པ་སྟེ། སྐབས་འདིར་ན྄་མཐའ་ ལ་ཛས྄་དབྱི་འཇིག་སྟེ། དེ་ཡང་སྤྱིར་རྐྱེན་དབྱི་བ་ལ་རྐྱེན་གྱི་བྱ་བ་ཡོད་ལ། འཇིག་པ་ལ་ནི་བྱ་ བ་མེད་པ་ཉིད་དོ། །འདིར་ཡང་སྟེ། ཛས྄་ཕྱིས་ཚིག་མཐའི་ན་ཡང་ཕྱིས་པས། པཾ་ཙ་ཞེས་པ་ཁོ་ ནའོ། ༈ །པཉྩ་ན྄་ཤས྄། ཤས྄་འཇིག་པཾ་ཙ། ༈ བྷ་ས་ལ་ན྄་དབྱི། པཾ་ཙ་ན྄་བྷིས྄། པཉྩ་བྷིཿ ༈ པཾ་ཙ་བྷྱཿ། ༈ ཥྞཿ། ཥ་ནའིའོ། གྲངས་ཀྱི་ཥ྄་མཐའ་ན྄་མཐའ་ལ་ཨཱམ྄་གྱི་སྐབས་སུ་ནུཊ྄་སྟེར་བ་ལས། འདིར་ན྄་མཐའ་ཡིན། པཾ་ཙན྄། ན྄་ཨཱམ྄། ནོ་པ་དྷཱ་ཡ། ཞེས་པས་ཙ་རིང་པོ། ན྄་མཐའ་ཕྱིས། པཾ་ཙཱ་ནཱཾ། པཾ་ཙ་སུ། ༈ དེ་ཁོ་ན་ལྟར། སཔྟན྄། ན་བན྄། ད་ཤན྄་རྣམས་དེ་དང་མཚུངས་པར་ སྒྲུབ་པོ། ། 19-1-166 ༈ ཨཥྚན྄་ལ་ནི་ཁྱད་པར་ཅུང་ཟད་ཡོད་དེ། ཨཥྚ་ནོ་བཱ་ཌཽ། ཨཥྚན྄་ལས་ཌཽ་ཡང་ནའོ། ། ཨཥྚལ་ནི་ཛ་ས྄་དང་ཤས྄་བྱིན་ན། ཛས྄་ཤས྄་ཉིད་ཌཽ་རུ་འགྱུར་བ་ཡང་ན་བ་སྟེ། ཌ྄་རྗེས་ འབྲེལ་ལ་ཊི་དབྱིའོ། །ཨཥྚ་ན྄་ཛས྄། ཛས྄་ཌཽ་རུ་སོང༌། ཌ྄་རྗེས་འབྲེལ། ཊི་ཨན྄་དབྱི། དྲངས། ཨཥྚཽ། ༈ ཡང་ན་པཾ་ཙན྄་གྱི་སྐབས་ལྟར་ཛས྄་འཇིག ཚིག་མཐའི་ན྄་ཕྱིས། ཨཥྚ། ༈ ཨཥྚན྄་ ཤས྄ ཌཽ་ཨན྄་ཕྱིས། དྲངས། ཨཥྚཽ། ༈ ཡང་ན་ཤས྄་འཇིག་ན྄་ཕྱིས། ཨཥྚ། ༈ བཱ་སུ། འདི་ རྣམས་ལ་ཨཱ་ཡང་ནའོ། །བཱ་ཨཱ་(ཡང་ན།) ཨ་སུཔ྄་(འདི་རྣམས་ལ།) བ྄་ཕྱིས་གཞན་རྣམས་འདྲ་བ་ མཚམས་སྦྱོར་བའོ། ༈ །ཨཥྚ་ན྄་བྷིས྄། ན྄་ཕྱིས། ཨཥྚ་བྷིཿ། ཨཥྚན྄་བྷིས྄། ཨུ་པ་དྷཱ་རིང་པོ། ན྄་ ཕྱིས། ཨཥྚཱ་བྷིཿ། ༈ དེས་འགྲེ་སྟེ། ཨཥྚཱ་བྷྱཿ ཨཥྚཱ་བྷྱཿ། ཞེས་དང༌། ཨཥྚ་བྷྱཿ། ཨཥྚཱ་བྷྱཿ ཞེས་ སོ། ༈ །ཨཱམ྄་ལ་གདམ་ཀ་མི་བྱེད་དེ་གཟུགས་གཅིག་ཉིད་དོ་ཞེས་བཤད། དེ་ཡང་རིང་པོར་ བསྒྱུར་བ་ཁོ་ན་ཏེ། ཨཥྚན྄་ཨཱམ྄། ཨཥྚཱ་ནཱཾ། ༈ ཡང་ཁ་ཅིག་གདམ་ང་བྱེད་ཀྱང༌། སྔོན་མ་རིང་ པོར་མི་བསྒྱུར་བའི་ཕྱོགས་ལའང༌། རྟགས་མཐའི་ན྄་ཕྱིས། ནུཊ྄་བྱིན། ནཱམ྄་ལ་རིང་པོར་བྱས་ པས། ཨཥྚཱ་ནཱཾ། ཞེས་པ་ཀ་ཡོད་པས། ཆོ་ག་མི་འདྲ་ཡང་གཟུགས་གཅིག་གོ་ཟེར་རོ། །སུཔ྄་ལ་ གོང་བཞིན། ཨཥྚ་སུ། ཨཥྚཱ་སུ།། །། ༈ མ྄་ཡིག་གི་མཐའ་ཅན་ཨི་དམ྄་གྱི་སྒྲ་ལ། ཨི་དམ྄་སི། ཨི་ད་མོ྅་ཡཾ་པུཾ་སི། སྐྱེས་པ་ ལ་ཨི་དམ྄་གྱི་ཨ་ཡཾ་མོ། ཨི་དམ྄་ལ་ཕོ་རྟགས་ཀྱི་སྒྲུབ་པའི་སྐབས་འདིར། ཨི་དམ྄་སི་དང་ བཅས་པ་ཨ་ཡམ྄་དུ་བསྒྱུར། ཨ་ཡཾ། ཨི་དམ྄་ཨཽ། ད་སྱ་མཿ། དའི་མའོ། །ད་ཞེས་པ་ཏྱད྄་ སོགས་ཀྱི་ནང་ནས་མཐའ་རྟེན་ད་ཡོད་པའམ། ཡང་ན་འདིར་ཨི་དམ྄་གྱི་ད་ཁོ་ན་མ་རུ་བསྒྱུར་ བའོ། །དེ་ལ་འགྲེལ་པར། ཏྱད྄་སོགས་ལ་ཊིའི་མཐའ་དབྱི་བའམ་ཨ་རུ་འགྱུར་བར་བཤད་ པས། དམ྄་གྱི་ཨམ྄་ཨ་རུ་བསྒྱུར་བའམ། མ྄་དབྱངས་མེད་ཕྱིས། ཨི་ད་ཨཽ། དའི་མའོ་ཞེས་ པས། ཨི་དའི་ད་མ་རུ་བསྒྱུར། ཨི་མ་ཨཽ། དྲངས། ཨི་མཽ། ཨི་དམ྄། ཛ ས྄། ཊི་ཕྱིས། དའི་ 19-1-167 མའོ། །སརྦའི་སྐབས་སུ། ཛས྄་ཨཱིའོ། །ཞེས་འབྱུང་བས། ཨཱི་རུ་བསྒྱུར། ཨ་ཨི་ལ་ཨེའོ། །ཨི་ མེ། ༈ ཏྱད྄་སོགས་ལ་བོད་ཚིག་མི་འབྱུང་ངོ༌། །ཨི་དམ྄་ཨམ྄། ཊི་ཕྱིས། ད་མ། དྲངས། ཨི་ མཾ། དེ་བཞིན་དུ། ཨི་མཽ། ཨི་དམ྄། ཤས྄། སྐྱེས་པ་ལ་ས྄་ནའོ། །ཤས྄་ཀྱི་ས྄་ན྄་རུ་བསྒྱུར། ཊི་ ཕྱིས། ད་མ། ཤས྄་ལའོ། །ཞེས་པས་མ་རིང་པོའོ། །ཨམ྄་ཤ་ས྄་དག་གི་ཨའོ། །ཞེས་ཤས྄་ཀྱི་ ཨ་ཕྱིས། ཨི་མཱན྄། ༈ ཨ་ན་ཊཽ་སཽ། ཊཱ་ཨོས྄་དག་ལ་ཨ་ནའོ། །ཨི་དམ྄་ལ་ཊཱ་དང༌། དྲུག་པ་དང་བདུན་པའི་ ཨཽས྄་བྱིན་ན། མགྱོགས་པར་བྱེད་ན། ཨི་དམ྄་ཉིད་ཨ་ནར་བསྒྱུར་བའམ། ཐོབ་ཐང་དུ་བྱས་ ན་ཊི་དབྱི། ད་མ་བྱེད་དགོས་ཏེ་གཉིས་པོ་དེ་སི་སོགས་སུཔ྄་ཀྱི་བར་ཐམས་ཅད་ལ་འཇུག་ པའི་ཕྱིར་རོ། །དེས་ཨིམ། ཨཱ། ཨིམ། ཨ་ན་རུ་བསྒྱུར། ཨ་ནའི་ན་སྲོག་ཅན་ནོ། །ཊཱ་ཡི་ཨཱ་ཨི་ ན་རུ་བྱས། མཚམས་སྦྱར་བས། ཨ་ནེ་ན། ༈ སྦབྷྱཿ། སབྷྱ་ལ་ཨའོ། །སུཔ྄་དང་བྷ་ལྡན་གྱི་ རྐྱེན་ལ། ཨིམ་ནི་ཨ་རུ་འགྱུར་རོ། །ཨི་དམ྄་བྷྱཱམ྄། ཊི་ཨ་ཨིམ྄་ཨ། བྷ་ལ་ཨའོ། །ཞེས་པས། ཨི་དམ྄་འགྱུར་བའི་ཐུང་ངུའི་ཨ་དེ་རིང་པོ་ཨཱ་རུ་གྱུར། ཨཱ་བྷྱཱཾ། བྷི་སྦྷིཿ། བྷིས྄་བྷིས྄་སོ། །ཨི་ དམ྄་དང་ཨ་དས྄་ལ། བྷིས྄་ཕྱིས་ནས་ཡང་བྷིས྄་ཉིད་དུ་བྱེད་དོ། །འགྲེལ་པར་བྷིས྄་ལས་མི་ འགྱུར་ཡང་བྷིས྄་སྔ་མ་ཕྱིས་པའི་དགོས་པ་ནི། བྷིའི་བྷ་ཨའོ། །ཞེས་དང༌། ཨ་ཡིག་བྷིས྄་ལ་ ཨེ་ཡིག་ཡང་ནའོ། །ཞེས་པའི་དོན་དགག་པའི་ཕྱིར་ཡིན་པར་བཤད་དོ། །འོན་ཀྱང་བྷ་ས་མང་ པོ་ཉིད་ལ་ནི་ཨེའོ། །ཞེས་པས་ཨེ་རུ་བསྒྱུར་ཏེ། དེ་ཡང་ཨི་དམ྄་བྷིས྄། ཕྱིས། བྷིས྄་བཅོས། ཊིམ྄་ཨི་མ་ཨ་རུ་ཨ་དེ་ཡང་ཨེ་རུ། བསྒྱུར། ཨེ་བྷིཿ། ༈ ཨི་དམ྄་ངེ་། ཨི་དམ྄། ཨ་རུ་བསྒྱུར་ བའི་བར་གོང་བཞིན། སྨཊ྄་བྱིན། ཨ་ཨེ་ལ་ཨཻ། ཨསྨཻ། ཨཱ་བྷྱཱཾ། གོང་དང་འདྲ། ཨི་དམ྄་བྷྱས྄། ཨིདམ྄། ཨ། ཨ་ཨེ། ཨེ་བྷྱཿ། ༈ ཨི་དམ྄ ངསི་བཞག ཨ་རུ་བསྒྱུར་བ་གོང་བཞིན། ངསི་ ཨཱཏ྄། སྨཊ྄། འདྲ་བའི་ཡི་གེ། ཨསྨཱཏ྄། ཨཱ་བྷྱཱཾ། ཨེ་བྷྱཿ། ༈ ཨི་དམ྄་ངས྄། ཨ་གོང་བཞིན། 19-1-168 ངས྄་སྱའོ། །ཨསྱ། ཨི་དམ྄་ཨོས྄། གོང་བཞིན་ཨ་ན་རུ་བསྒྱུར། ཨོས྄་ལའོ་ཞེས་པས་ཨ་ནའི་ སྲོག་ཨེ་རུ་བསྒྱུར། ཨེ་ཨ་ཡ྄། དྲངས། ཨ་ན་ཡོཿ། ཨི་དམ྄། ཨཱམ྄། ཨི་དམ྄་ཨའི་བར་དུ་ བསྒྱུར་པ་དང༌། ཨ་ཨེ་རུ་བྱེད། སུཊ྄་བྱིན། ཨི་ས྄་ཨཱམ྄་ཞེས་སོ། །ཀུ་ཨི་ལ་ལས་ཥ་ས་ཞེས་ པས་ས྄་ཥ྄་རུ་སོང༌། དྲངས། ཨེཥཱཾ། ༈ ཨི་དམ྄་ངི༌། ཨི་དམ྄་ཨ་ངི་སྨིན་དུ་བསྒྱུར། ཨ་སྨིན྄། ཨི་ དམ྄་ཨོས྄། ཊཱ་ཨོས྄་ལ་ཨ་ན་རུ་འགྲོ་སྟེ་གོང་བཞིན། ཨན་ཡོཿ། ཨི་དམ྄ སུ པ྄། ཨི་དམ྄་ཨའི་ བར་དུ་བསྒྱུར། ཨ་དེ་ཡང་ཨེ་རུ་སོང༌། ཀུ་ཨི་ལ་ལས་ས྄ཥ། ཨེ་ཥུ། ༈ མའི་མཐའ་ཅན་ཀིམ྄་ གྱི་སྒྲ་ལ། ཏྱད྄་སོགས་རྣམས་ཀྱི་སི་སོགས་ལ་ཊི་ཨ་རུ་བྱེད་དེ། རྣམ་དབྱེ་ཉེར་གཅིག་པོ་ཀུན་ ལ་ཡིན་ནོ། །ཀིམ྄་སི། ཀའི་སྲོག་ཨི་ཡིག་མ྄་སྲོག་མེད་དང་བཅས་པ་ཨ་རུ་འགྱུར་ཏེ། དྲངས་ པས་ཀ་སྲོག་ཅན་དུ་སོང༌། སི་ས྄་རྣམས་བཅད། ཀཿ། ཀིམ྄་ཨཽ། ཀིམ྄་ཀ་རུ་འགྱུར། ཀཽ ཀིམ྄ ཛས྄། ཀིམ྄་ཀ ཛས྄་ཨཱི། ཨ་ཨི་ཨེ། ཀེ། ༈ ཀིམ྄་ཨམ྄། ཀ ཨམ྄་གྱི་ཨ་ཕྱིས། དྲངས། ཀཾ ཀིམ྄་ཨཽ། ཀ་ཨོ་ཨཽ། ཀཽ ཀིམ྄་ཤས྄། ས྄་ན྄་ཀ ཤས྄་ལའོ། །ཞེས་པས་ཀཱ་རིང་པོ། ཀཱན྄། ༈ ཀིམ྄་ཊཱ། ཀ་ཨིན། ཀེ་ན། ཀིམ྄་བྷྱཱམ྄། ཀ་བྷལ་ཨའོ། །ཞེས་པས་ཀཱ་རིང་པོ། ཀཱ་བྷྱཱཾ། ཀིམ྄་ བྷིས྄། ཀ་བྷི་ཡི་བྷ་ཨའོ། །ཞེས་པས། ཀ་ཨ་ཨིས྄། ཨ་ཨི་ཨེ། ཨེ་ཨཻ། དྲངས། ས྄་རྣམ་བཅད། ཀཻཿ། ༈ ཀིམ྄་ངེ༌། ཀསྨཊ྄། ཨེ་ཨཻ། ཀ་སྨཻ། བྷྱཱམ྄་གོང་དང་འདྲ། ཀཱ་བྷྱཱཾ། བྷྱས྄་ལ་བྷས་མང་པོ་ ཞེས་པས་རྟགས་མཐའ་ཨེ། ཀེ་བྷྱཿ། ༈ ཀིམ྄་ངསི། ཀསྨཊ྄། ཨཏ྄། ཀ་སྨཨཏ྄། མཚམས་ སྦྱར། ཀསྨཱཏ྄། བྷྱཾ། བྷྱཿ། གོང་དང་འདྲ། ༈ ཀིམ྄་ངས྄། ཀ་ངས྄་སྱ། ཀ་སྱ། ཀིམ྄་ཨོས྄། ཀ་ ཨོས྄་ལའོ། །ཞེས་པས་ཀེ། ཨེ་ཨཡ྄། ཀ་ཡོཿ། ཀིམ྄་ཨཱམ྄། ཀ་སུཊ྄་ཀས྄་ཨཱམ྄། དྲངས། ཀ་ སཱམ྄། སཱམ྄་གྱི་ས་བྱུང་བས་བྷ་ས་མང་པོ་ལ་ཨེ། ཀེ། ཀུ་ཨི་ལ་ལ་ས་ཞེས་པས་ས྄་ཥ྄་རུ་སོང༌། ཀེཥཱཾ། ༈ ཀམ྄་ངི༌། སྨིན྄། ཀསྨིན྄། ཀིམ྄ ཨོས྄། ཀ་ཀེ་ཨཡ྄། ཀ་ཡོཿ ཀིམ྄་སུཔ྄། ཀ་བྷ་ ས་མང་པོ་ཉིད་ལ་ཨེ། ཀེ། ཀུ་ཨི་ལ་སོགས། ཀེ་ཥུ། དེ་དག་ཕལ་ཆེར་སརྦའི་སྐབས་བཞིན་ 19-1-169 བསྒྲུབས་པའོ།། །། ༈ དྷ་ཡིག་མཐའ་ལ། ཏ་ཏྭ་བུདྷ་(དེ་ཁོ་ན་ཉིད་དེ་རྟགས་པ།)ཞེས་པའི་སྒྲ་ལ། ཏ་ཏྭ་བུདྷ་སི། ཛ་ བའི་དང་པོ་རྣམས་ཀྱི་ཛྷ་བྷའི་མཐའི་ཛྷ་བྷ་སྟེ། ས་དྷྭ་རྣམས་ཀྱིའོ། །ཞེས་པ། ཛ་བའི་ནང་ཚན་ བུ་ཡིག་ནི། དབྱངས་མེད་པ་ཛྷ་བྷའི་ནང་ཚན་དྷ྄་མཐོང་བས། རང་དང་སྡེ་གྲངས་མཚུངས་ པའི་བྷུ་ཡིག་འགྱུར་ཏེ། ཏ་ཏྭ་བྷུདྷ། ཞེས་པའོ། །དེ་ནས་གནས་མེད་པ་ལ་ཡང་ནའོ། །ཞེས་ གོང་ཛ་བ་ཛྷ་བྷར་སོང་བའི་ནུས་པས། འོག་མ་ཛྷ་བྷ་སྲོག་མེད་དེ་ཛ་བའམ་ཙ་པ་རུ་འགྲོ་སྟེ། ཛ་བ་ལྟར་ན་སྡེ་གྲངས་མཚུངས་པའི་ཌ྄་རུ་འགྱུར། ཙ་པ་ལྟར་ན་སྡེ་གྲངས་མཚུངས་པའི་ཊ྄་རུ་ འགྱུར་རོ། །ཏ་ཏྭ་བྷུ་ཌ྄། ཏ་ཏྭ་བྷུཊ། ལྷག་མ་དབྱངས་རྐྱེན་རྣམས་ལ་གསལ་བྱེད་ཕ་རོལ་ལ་ འདྲེན་པ་ཁོ་ན་ཏེ། ཏ་ཏྭ་བུ་དྷཽ། ཏ་ཏྭ་བུ་དྷཿ། ༈ ཏ་ཏྭ་བུ་དྷཾ། ཏ་ཏྭ་བུ་དྷཽ། ཏ་ཏྭ་བུ་དྷཿ ༈ ཏ་ཏྭ་བུ་ དྷཱ། ༈ ཏ་ཏྭ་བུ་དྷེ། ༈ ཏ་ཏྭ་བུ་དྷཿ། ༈ ཏ་ཏྭ་བུ་དྷཿ། ༈ ཏ་ཏྭ་བུ་དྷོཿ། ཏ་ཏྭ་བུ་དྷཱཾ། ༈ ཏ་ཏྭ་བུ་དྷི། ཏ་ཏྭ་བུ་དྷོཿ། ༈ ཧེ་ཏ་ཏྭ་བྷུཌ྄། ཧེ་ཏ་ཏྭ་བྷུཊ྄། ཧེ་ཏ་ཏྭ་བུ་དྷཽ། ཧེ་ཏ་ཏྭ་བུ་དྷཿ། ༈ བྷ་ས་ལ། ཛ་ བ་དང་པོ་སོགས་ཀྱི། བ་བྷ་རུ་བསྒྱུར། ཛྷ་བྷ་ལ་ཛ་བ་རྣམས་སོ། །ཞེས་དྷ་ཡིག་ད྄་ཡིག་ཏུ་སོང་ སྟེ་དྲངས་གནས་མེད་སོགས། ཏ་ཏྭ་བྷུཌྦྷྱཱ། ཏ་ཏྭ་བྷུབྦྷྱཿཞེས་སོ། །ཏ་ཏྭ་བུ་དྷཱ་སུཔ྄། ཛ་བ་དང་ པོ་སོགས། བུ་བྷུ། ཁ་ས་ལ་ཙ་པ་ཛྷ་ས་ཞེས་པས། དྷ྄་ཡིག་ཏ྄་ཡིག་ཏུ་བསྒྱུར་བས། ཏ་ཏྭ་བྷུཏྶུ། ཞེས་པ་སྟེ་ཕལ་ཆེར་གོ་དྷུ་ཧྲ་ཞེས་པའི་སྐབས་དང་འདྲའོ།། །། ༈ ཛ་མཐའ་ཅན་ལ། སམྲཱཛ྄་ཞེས་པ་དཔེར་བརྗོད་དོ། །ཚ་ཤ་ཥ་རཱ་ཛཱ་དེཿཥཿ། ཚ་ཤ་ཥ་ རཱ་ཛ྄་ལ་སོགས་པའི་ཥའོ། །ཚ྄་མཐའ་དང་ཤ྄་མཐའ་དང་ཥ྄་མཐའ་དང་རཱ་ཛ྄་ལ་སོགས་པ་སྟེ། རཱ་ཛ྄། ཡ་ཛ྄།(ལྷ་མཆོད།) སྲྀཛ྄། བྷྲཛ྄། ལ་སོགས་པ་མང་པོ་དག་སྟེ། དེ་རྣམས་ལ་སི་བྱིན་ན། མཐའི་ཚ྄་ཤ྄་ཥ྄་ཛ྄་རྣམས་ཥ་ཡིག་ཏུ་འགྱུར་ལ། ཥོ་ཥ་ཡི་ཌའོ། ཥ྄་ཡིག་དེ་ཌ྄་ཡིག་ཏུ་འགྱུར་ཏེ། ཥ་རུ་བྱེད་པ་དང༌། ཌ་རུ་བྱེད་པ་གཉིས་ཀ་བྱིངས་རྐྱང་པའི་མཐའ་ཡིན་པ་ཛྷ་ས་ཕ་རོལ་དང་ 19-1-170 མིང་མཐའ་ལ་ར་ས་ཕ་རོལ་ཅན། བྷ་སའི་རྐྱེན་དང་སི་ཕྱིས་པའི་ཚིག་མཐའ་ལའོ། ཥ྄་ཉིད་ ཥ྄་རུ་བྱེད་པ་མི་འཐད་དོ་སྙམ་ན། ཥ྄་མཐའ་ཌ྄་ཡིག་བསྒྱུར་བ་དགག་པའི་དོན་ནི། ཐོག་མ་ ནས་ཥ་ཡིན་ན་ཌ་རུ་འགྲོ་ལ། ཕྱིས་བསྒྱུར་བའི་ཥ་ཡིག་ལ་མི་དགོས་པས་སོ། །དཔེར་ན། དྭེ་ ཥ྄་ཊི་ལ། དྭེ་ཊཱི་བྱས་ན་ཆེས་མི་བདེ་བས། དྭེཥྚི་ཟེར་དགོས་པའི་ཆེད་དོ། །དེ་ཡང་སམྲཱཛ྄་སི། སི་ཕྱིས། ཚ་ཤ་ཥ་རཱཛ྄་ལ་སོགས་པའི་ཥའོ། །ཞེས་ཛ་ཡིག་ཥ་ཡིག་ཏུ་བསྒྱུར། ཥ྄་ཡི་ཌའོ་ཞེས་ ཥ྄་དེ་ཡང་ཌ་ཡིག་གོ །གནས་མེད་སོགས་ཀྱང་འཇུག་པས། ཡང་ན་ཙ་པ་སྟེ་ཊ྄་རུ་བྱེད་དོ། ། སམྲཱ་ཌ྄། སམྲཱཊ྄། ལྷན་མ་དབྱངས་རྣམས་ལ་ཕ་རོལ་དུ་འདྲེན། བྷ་ས་ལ། ཚ་ཤ་ཥ་རཱ་ཛ྄་ལ་ སོགས་པའི་ཥའོ། །ཞེས་རྟགས་མཐའ་ཥ་དང༌། ཁྱད་པར་དུ་བྷ་ལྡན་ལ་ཥའི་ཌའོའམ། ཛྷ་བྷ་ ལས་ཛ་བ་ཞེས་པས། ཥ྄་དེ་ཌ྄་རུ་སོང་འདྲེན། སུཔ྄་ལ་ཁྱད་པར་དུ། ཁ་ས་ལ་ཙ་པར་བསྒྱུར་ ཏེ། ཌ྄་ཊ྄་རུ་བསྒྱུར་བའོ། །སམྲཱ་ཛཽ། སམྲཱ་ཛཿ། ༈ ཧེ་སམྲཱཌ྄། ཧེ་སམྲཱཊ྄། ཧེ་སམྲཱ་ཛཽ། ཧེ་སམྲཱ་ ཛཿ། ༈ སམྲཱ་ཛཾ། སམྲཱ་ཛཽ། སམྲཱ་ཛཿ། ༈ སམྲཱ་ཛཱ། སམྲཱཌྦྷྱཱཾ། སམྲཱ་ཌྦྷིཿ། ༈ སམྲཱ་ཛེ། བྷྱཱཾ་འདྲ།སམྲཱཌྦྷྱཿ། ༈ སམྲཱཛཿ། བྷྱཱཾ་བྷྱཿའདྲ། ༈ སམྲཱ་ཛཿ། སམྲཱ་ཛོཿ། སམྲཱ་ཛཱཾ། སམྲཱ་ཛི། སམྲཱ་ཛོཿ། སམྲཱ་ ཊྶུ། ཞེས་སོ། །བི་རཱ་ཛཱ་ལ་སོགས་པའང་དེ་ཁོ་ན་དང་འདྲའོ།། །། ༈ ད྄འི་མཐའ་ཅན་ནི། ཏྱད྄་ཡད྄་ཡེ་ཏད྄་ལ་སོགས་པའོ། །འདི་དག་སརྦྦ་སོགས་ཀྱི་ནང་ ཚན་ཡིན་པ་ལྟར་སྤྱིར་བཏང་དེའི་སྒྲུབ་ཚུལ་དང་འདྲ། གསལ་བྱེད་མཐའ་ཅན་གྱི་བྱ་བ་ཅུང་ ཟད་མི་འདྲ་སྟེ། ཏྱད྄། སི། ཏྱད྄་སོགས་རྣམས་སི་སོགས་ལ་ཊི་ཨ་རུ་འགྱུར་བས་ད྄་ཕྱིས་ཏྱ་ ཞེས་པའོ། །སི་སོགས་ཞེས་པ་རྣམ་དབྱེ་ཉེར་གཅིག་ཐམས་ཅད་ལ་སྟེ། འདིར་ནི། སྟཿ། ཏའི་ སའོ། །ཏྱད་ཀྱི་ཏྱ་སི་མཐོང་ན། ཡ་བཏགས་རང་སོར་བསྡད། ཏ་ནི་ས྄་རུ་འགྱུར་བས་སྱ། སི་ རྣམ་བཅད། སྱཿགྲུབ། ཏ་ས་རུ་བསྒྱུར་བ་ནི། སི་ཁོ་ན་ལ་ཡིན་གྱི། དབྱངས་རྐྱེན་རྣམས་ལྟ་ཅི་ སྨོས། བྷ་ས་ལ་ཡང་མ་ཡིན་ནོ། །ཏྱད྄་ཏྱ་རུ་སོང་བ་གཞིར་བཞག་ནས། ཏྱ་ཨཽ། ཏྱཽ། ཏྱ་ཛས྄། 19-1-171 ཨཱི། ཨ་ཨི་ཨེ། ཏྱེ། ༈ ཏྱ་ཨམ྄། ཨ་དབྱི། ཏྱཾ། ཏྱ་ཨཽ། ཏྱཽ། ཏྱ་ཤས྄། ས྄་ན྄་རུ། ཤས྄་ལའོ། ། རྟགས་མཐའ་རིང་པོ། ཤས྄་ཀྱི་ཨ་ཕྱིས། ཏྱཱན྄། ༈ ཏྱཊཱ། ཨིན། ཏྱེ་ན། ཏྱ་བྷྱཱམ྄། བྷ་ལ་ཨའོ། ཞེས། ཏྱཱ་བྷྱཱཾ། ཏྱ་བྷིས྄། བྷི་ཡི་ཨའོ་ཞེས། ཏྱཻཿ། ༈ ཏྱ་ངེ༌། སྨཊ྄། ཏྱསྨཻ། ཏྱཱ་བྷྱཱཾ། ཏྱ་བྷྱས྄། བྷ་ས་ མང་པོ་ཞེས་པས། ཏྱེ་བྷྱཿ། ༈ ཏྱ་ངསི། ཨཱཏ྄། སྨཊ྄། ཏྱསྨཱཏ྄། ཏྱཱ་བྷྱཱཾ། ཏྱེ་བྷྱཿ། ༈ ཏྱ་ངས྄། ཏྱ་ སྱ། ཏྱ་ཨོས྄། ཨོས་ལའོ་ཞེས་པས། རྟགས་མཐའ་ཨེ། ཨེ་ཨཡ྄། ཏྱ་ཡོཿ། ཏྱ་ཨཱམ྄་སུ་ཊ྄། བྷ་ ས་མང་པོ་ཞེས་ཏྱེ། ཀུ་ཨི་ལས་ས྄་ཥ྄་སྟེ། ཏྱེ་ཥཱཾ། ༈ ཏྱ་ངི་། ཏྱསྨིན྄། ཏྱ་ཨོས྄། གོང་བཞིན། ཏྱ་ ཡོཿ། ཏྱ་སུ་པ྄། བྷ་ས་མང་པོ་ཞེས་པས་རྟགས་མཐའ་ཨེ། ཀུ་ཨི་ལ་སོགས་ས་ཥ་རུ་སོང་སྟེ། ཏྱེ་ ཥུ། ཞེས་པའོ། ༈ །ཏད྄་ཀྱི་སྒྲ་ལ་ཆོ་ག་འདྲ་ཡང༌། གཟུགས་འགྱུར་ལ་ཐེ་ཚོམ་མི་འཇུག་པའི་ ཕྱིར་ཟུར་ཙམ་སྨོས་ན། ཏད྄་སི། ད྄་ཕྱིས། ཏ་ས་རུ་བསྒྱུར། རྣམ་བཅད། སཿ། ཞེས་པ་གྲུབ། གཞན་ཡང་ཏད྄་ཏ་རུ་སོང་བ་གཞིར་བྱས་ཏེ། དེས་མཚོན་ནས། ཏཽ། ཏེ། ཏཾ། སོགས་ཏྱད྄་དང་ འདྲའོ། ༈ ཡད྄་སི། ད྄་ཕྱིས། ཏ་ཡིག་མ་ཡིན་པས་ན། ཡ་ནི་ས་རུ་བསྒྱུར་མི་དགོས། གཞན་ གོང་དང་འདྲ། རྣམ་བཅད། ཡཿཞེས་སོ། །དེ་བཞིན་དུ། ཡཽ། ཡེ་སོགས་སོ། ༈ །ཨེ་ཏད྄སི། ད྄་ཕྱིས། ཏ་ས་རུ་སོང༌། ཀུ་ཨི་ལ་སོགས་ས་ཥ་རུ་སོང༌། རྣམ་བཅད། ཨེ་ཥཿ། ཨེ་ཏཽ། ཨེ་ཏེ་ སོགས་འདྲ་བ་ལས། ཨེ་ཏད྄་ཀྱི་ཆོ་ག་སླར་ཡང་བརྗོད་པ། གཉིས་པ་རྣམས་དང༌། ཊཱ་ཨོས྄་ རྣམས་ལ་ཨེ་ན་ཡང་ནའོ། །ཞེས་གཞན་ལས་བཤད་པས། ཨེ་ཏད྄་ཀྱི་དོན། འདི་ནི་ཞེས་པ་ ཡིན་པ་ལ། འདི་ནི་ཁྱེད་ལ་བཅོལ་ལོ་ཞེས་སྨྲས་ན། འདི་སུ་ཞེས་པ་ལ། སླར་ཡང་ཨེ་ན་ཞེས་ པའི་དོན། འདི་ཞེས་ངོས་སྦྱོར་བའི་ཚིག་ལ། ཨེ་ཏད྄་ཀྱི་སྒྲ་ཨེ་ན། ཞེས་བསྒྱུར་ནས་བྱ་བ་བྱེད་ དེ། དེ་ཡང་དབྱངས་རྐྱེན་ལ་ཡིན་གྱི། བྷ་ས་ལ་མིན་ཏེ། ༈ ཨེཏད྄་ཨམ྄། ད྄་ཕྱིས། ཨེ་ཏ། ཨེ་ ན་རུ་བསྒྱུར། ཨམ྄་གྱི་ཨ་ཕྱིས། ཨེ་ནཾ། ཨེ་ཏ། ཨེ་ན་རུ་མ་བསྒྱུར་ན། ཨེ་ཏཾ། ཉིད་དོ། ༈ །དེ་ བཞིན་དུ། ཨེ་ཏཱ་ན྄། ཨེ་ནཱ་ན྄། ལ་སོགས་པ་དང༌། ༈ ཨེ་ཏཱ་བྷྱཱཾ། ཨེ་ཏཻཿ། ཨེ་ཏེ་བྷྱཿ། ཨེ་ཏེ་ 19-1-172 ཥུ་ཞེས་པའི་བར་ཏྱད྄་དང་འདྲའོ། ༈ །ཚ་མཐའ་ལས། ཏ་ཏྭ་བྲཱ་ཚ྄་དེ་ཁོ་ན་ཉིད་ལ་དྲི་བ།ཞེས་པའི་སྒྲ་ ལ། ཏ་ཏྭ་པྲཱ་ཚ྄་སི། ཚ་ཤ་ཥ་རཱ་ཛ྄་ལ་སོགས་པའི་ཥའོ། །ཞེས་ཚ་ཥ་རུ་སོང༌། ཥའི་ཌ྄འོ། །ཞེས་ པས་ཥ྄ཌ྄་རུ་འགྱུར། གནས་མེད་སོགས་ཀྱི་ཡང་ན་ཙ་པའི་ཊ྄་རུ་བསྒྱུར། ཏ་ཏྭ་པྲཱཌ྄། ཏ་ཏྭ་པྲཱཊ྄། ཏ་ཏྭ་པྲཱཚ྄ ཨཽ། ཏ་ཏྭ་པྲཱ་ཚཽ། ཏ་ཏྭ་པྲཱ་ཚཿ། ༈ ཧེ་ཏ་ཏྭ་པྲཱཌ྄། ཧེ་ཏ་ཏྭ་པྲཱཊ྄། ཧེ་ཏ་ཏྭ་པྲཱ་ཚཽ། ཧེ་ཏ་ ཏྭ་པྲཱ་ཚཿ། ༈ ཏ་ཏྭ་པྲཱ་ཚཾ། ཏ་ཏྭ་པྲཱ་ཚཽ། ཏ་ཏྭ་པྲཱ་ཚཿ། ༈ ཏ་ཏྭ་པྲཱ་ཚཱ། ཏཏྭ་པྲཱཚ྄། བྷྱཱམ྄། ཚ྄་ཥ྄་རུ་ སོང༌། ཥ྄་ཌ྄་རུ་གྱུར། ཏ་ཏྭ་པྲཱ་ཌྦྷྱཱཾ། ཏ་ཏྭ་པྲཱ་ཌྦྷིཿ། ༈ ཏ་ཏྭ་པྲཱ་ཚེ། ཏ་ཏྭ་པྲཱཌྦྷྱཱཾ། ཏ་ཏྭ་པྲཱ་ཌྦྷྱ། ༈ ཏ་ ཏྭ་པྲཱ་ཚཿ། བྷྱཱཾ་བྷྱཿའདྲ། ༈ ཏ་ཏྭ་པྲཱ་ཚཿ། ཏ་ཏྭ་པྲཱ་ཚོཿ། ཏ་ཏྭ་པྲཱ་ཚཱཾ། ༈ ཏ་ཏྭ་པྲཱ་ཚི། ཏ་ཏྭ་པྲཱ་ཚོཿ། ཏ་ཏྭ་པྲཱཚ྄་སུཔ྄། བྷྱཱཾ་དང་འདྲ་བ་ལས། ཌ྄་ཡིག་ཊ྄་ཡིག་ཏུ་བསྒྱུར། ཏ་ཏྭ་པྲཊྶུ། ཞེས་པ་རྣམས་ སོ། ༈ །ཐ྄་ཡིག་མཐའ་ལ། ཨགྣི་མ་ཐ྄་(མེ་སྲུབས་པ་)ཞེས་པ་སྟེ། ཨགྣི་མཐ྄་སི། གནས་མེད་ ཞེས་པས། ཐ྄་དབྱངས་མེད་ད྄འམ་ཏ྄ར་སོང༌། སི་ཕྱིས། ཨགྣི་མཏ྄། ཨགྣི་མད྄། ཨགྣི་མཐ྄ ཨཽ། ཨགྣི་མ་ཐཽ། ཨགྣི་མ་ཐཿ ༈ ཧེ་ཨགྣི་མཏ྄། ཧེ་ཨགྣི་མད྄། ༈ ཨགྣི་མ་ཐཾ། ཨགྣི་མ་ཐཽ། ཨགྣི་མ་ཐཿ། ༈ ཨགྣི་མ་ཐཱ། ཨགྣི་མཌྦྷྱཱཾ། ཨགྣི་མཌྦྷི། ༈ ཨགྣི་མ་ཐེ། བྷྱཱཾ་བྷྱཿ། ༈ ཨགྣི་མ་ཐཿ། བྷྱཱཾ་བྷྱཿ། ༈ ཨགྣི་མ་ཐཿ། ཨགྣི་མ་ཐོཿ། ཨགྣི་མ་ཐཱཾ། ༈ ཨགྣི་མ་ཐི། ཨགྣི་མ་ཐོཿ། ཨགྣི་མཏྶུ། ༈ ཙ་ཡིག་མཐའ་ལ། པྲ་ཏྱཙ྄་ཞེས་པའི་སྒྲའི་དབང་དུ་བྱས་ན། པྲཏྱཙ྄སི། ཨཙ྄་ཡི་ལྔ་པོ་ལ་ ནུམ྄་ཨཱ་ག་མའོ་ཞེས་འབྱུང་བའོ། །དབྱངས་མཐར་ནུམ྄་སྟེར་དགོས་པས། པྲཏྱ་དང་ཙའི་ བར་དུ་སྟེ། པྲཏྱ་ནུམ྄ཙ྄་སི། ཞེས་དང༌། པྲཏྱན྄་ཙ྄ས྄། ཞེས་པའོ། །ས་ཏུ་ནི་ཤ་ཙུ་རྣམས་ལ་ཤ་ ཙུའོ། །ཞེས་ཏ་སྡེ་ན྄་དབྱངས་མེད་ཙ་སྡེ་ཙ྄་དང་འཕྲད་པས། ཙ་སྡེའི་སྡེ་པ་མཚུངས་པ་ཉ་ཡིག་ ཏུ་སོང༌། རབ་སྦྱོར་གྱི་མཐའ་དབྱི་བས་ཙ་ཕྱིས། ཙོཿཀུཿ། ཙ་ཡི་ཀུའོ། །དེ་ཡང་ཙ་སྡེ་ཀ་སྡེར་ འགྱུར་ཏེ། བྱིངས་ལ་ཛྷ་ས་ཕ་རོལ་དང༌། མིང་ལ་ཚིག་མཐའ་འམ། ར་ས་ཕ་རོལ་ཅན་ཡིན་ ནའོ། །ཙ་སྡེ་ཀ་སྡེར་འགྲོ་ཚུལ། གྲངས་ཇི་ལྟར་བ་བཞིན་ཏེ། ཙ་སྡེའི་དང་པོ། ཀ་སྡེའི་ཡང་དང་ 19-1-173 པོ་དང༌། ཙ་སྡེའི་ལྔ་པ་ཀ་སྡེའི་ཡང་ལྔ་པར་འགྱུར་བའི་བར་རོ། །དེས་ན་འདིར་ཙ་སྡེའི་ལྔ་པ་ ཉ་ཡིག་དེ་ཀ་སྡེའི་ལྔ་པ་ང྄་ཡིག་ཏུ་འགྱུར། སི་ཕྱིས་པས། པྲཏྱད྄་ཞེས་པ་གྲུབ་བོ། །པྲ་ཏྱཙ྄་ཨཽ་ ནུམ྄། པྲ་ཏྱན྄་ཙ྄་ཨཽ། ས་ཏུ་ནི་ཤ་ཙུ་རྣམས་ལ་ཤ་ཙུའོ། །ཞེས་ན྄་ཉ྄། པྲ་ཏྱཉ྄་ཙ྄་ཨཽ། རིམ་པས་ དྲངས། པྲ་ཏྱཉྩཽ། ཛས྄་ལ། པྲ་ཏྱཉྩཿ། ཨས྄་དང་ཨཽ་ཁྱད་མ་གཏོགས་ཆོ་ག་འདྲའོ། ༈ །སི་དང་ བོད་སི་འདྲ། ཧེ་པྲ་ཏྱད྄་ཨཽ་ཛས྄་ཀྱི་བོད་པའང་འདྲ། ༈ ཨམ྄་ལ། པྲ་ཏྱཉྩཾ། ཨཽ་ལ། པྲ་ཏྱཉྩཽ། ཨ་ཙེ་ར་ལོ་བོ་དཱིརྒྷཤྩ། ཨཙ྄འི་དབྱི་ཞིང་རིང་པོའོ། །པྲ་ཏྱཙ྄། ཤས྄་བཞག་ཨཙ྄འི་ཕ་རོལ་དུ་ ཤས྄་སོགས་དབྱངས་རྐྱེན་རྣམས་དང༌། དེ་ཕན་དང་ཨཱིཔ྄་དང་ཨཱི་ཡིག་བྱུང་ན། མིང་གི་མཐའི་ དབྱངས་ཨ་ཕྱིས་ལ་དེའི་གོང་མ་རིང་པོར་འགྱུར་རོ། །དེ་ཡང་པྲ་ཏི་ཨཙ྄་ཞེས་པ་མཚམས་ སྦྱར་བས། པྲ་ཏྱཙ྄་ཡིན། སོ་སོར་ཕྲལ་ན། པྲཏ྄་ཨི་ཨཙ྄་ཨས྄་ཞེས་སོ། །དེ་ནས་ཏིའི་ཨི་ནི་ཡ྄་ དབྱངས་མེད་པ་རུ་སོང༌། ཨཙ྄འི་ཨ་དེ་ནི་ཡ྄་ལ་བཅུག་པ་ཡིན་པས་སོ་སོར་ཕྲལ་ན། པྲ་ཏ྄་ ཨཙ྄་ཨས྄་ཞེས་པའོ། །ཤས྄་མཐོང་བས་མཐའ་མའི་དབྱངས་ཨཙ྄འི་ཨ་ཕྱིས། ལུགས་ཅན། མེད་པས་ལུགས་ཀྱང་མེད་པར་འགྱུར་ཏེ། དང་པོ་ཨི་ཡིག་དེ་བར་སྐབས་སུ་ཡ྄་དབྱངས་མེད་ དུ་བསྒྱུར་མཁན་ཨ་མེད་པར་སོང་ཙ་ན། ཡ྄་དེ་ཡང་ཡ྄་ལ་མི་གནས་པར་སྔར་ལུས་ཨི་ཉིད་དུ་ སླར་ལྡོག་སྟེ། པྲཏ྄་ཨིཙ྄་ཨས྄། ཞེས་པའོ། །དེར་ཨ་ཕྱིས་ཤུལ་གྱི་གོང་མ་ཨི་དེ་རིང་པོ་ཨཱི་རུ་ འགྱུར་ཞིང༌། ཙ྄་ཨས྄་ཀྱི་ཨ་ལ་དྲངས། ས྄་རྣམ་བཅད། པྲ་ཏཱི་ཙཿ། ༈ དེས་རིགས་འགྲེ་སྟེ། ཊཱ་ སོགས་དབྱངས་ལ། པྲ་ཏཱི་ཙཱ། ༈ པྲ་ཏཱི་ཙེ། ༈ པྲ་ཏཱི་ཙཿ། ༈ པྲ་ཏཱི་ཙཿ། པྲ་ཏཱི་ཙཽཿ། པྲ་ཏཱི་ཙཱཾ། ༈ པྲ་ཏཱི་ཙི། པྲ་ཏཱི་ཙོཿ། ༈ བྷ་ལྡན་ལ། པྲཏྱཙ྄་ཞེས་ཙ྄་ནི་བྷ་རྐྱེན་མཐོང་བས་ཀ་རུ་འགྲོ།ཀ྄་ག྄་ རུ་གྱུར་ཏེ། པྲ་ཏྱ་གྦྷྱཱཾ། ཞེས་པ་ལ་སོགས་པ་བྷ་ལྡན་དྲུག་འདྲ། ༈ སུཔ྄། ཙ྄ཀ྄་རུ་བསྒྱུར། ཀུ་ཨི་ ལ་སོགས། སུཔ྄་ཀྱི་ས྄་ཥ྄་རུ་བསྒྱུར། དྲངས། ཀ྄་ཥ྄་སྦྱོར་བ་ཀྵ་སྟེ། པྲ་ཏྱཀྵུ། ༈ དེ་བཞིན་དུ། ཏིཪྻ་ཙ྄་ཞེས་པའི་སྒྲ་ལའང༌། དང་པོ་ལྔ། པྲ་ཏྱཙ྄་དང་སྒྲུབ་ཚུལ་གཅིག་སྟེ། ཏིཪྻད྄། ཏིཪྻཉྩཽ། 19-1-174 ཏིཪྻཉྩཿ། ༈ བོད་པ་གསུམ་ལ་ཡང་ཧེ་འཇོག ༈ ཨམ྄་དང་ཨེ་ལ། ཏིཪྻཉྩཾ། ཏིཪྻཉྩཽ། ༈ ཏིར་ཤྩཱ་ད་ཡཿ། ཏིར་ཤྩ་ལ་སོགས་པའོ། །སོགས་པའོ་ཞེས་པ་ནི། འོག་ཏུ་འཆད་ འགྱུར། མུ་དཙ྄་ལ་སོགས་པ་མང་པོ་ཡོད་པ་ལ་དགོངས་པའོ། །ཏིཪྻཙ྄། ཏི་རཤྩ་རུ་བྱེད་པ་ ནི་ཚིག་ཕྲད་ཀྱི་སྒྲུབ་པ་སྟེ། དེ་ཡང་ཏཪྻ་ཙ྄་ལ་ཤས྄་སོགས་དབྱངས་རྐྱེན་བྱིན་ན། ཏི་རཤྩ་རུ་ བསྒྱུར་དགོས་ལ། དེ་ཕན་དང་ཨཱིཔ྄་དང༌། ཨཱི་ཡིག་ལས་ཀྱང་འགྱུར་ཏེ། ཏི་རཤྩ་ཡི་ཙ྄་དེ་ནི་ དང་པོ་ནས་སྲོག་མེད་དོ། །ཡང་ན་སྔོན་ལ་དབྱངས་བཅས་སུ་བསྒྱུར། ཕྱིས་དབྱངས་ཕྱིས་ཀྱང་ རུང་སྟེ། ཙ྄་དབྱངས་མེད་ལ་བྱ་བ་བྱེད་ཀྱི། དབྱངས་བཅས་ལ་མིན་ནོ། །དེ་ཡང་ཏིཪྻ་ཙ྄་ཤས྄། ཤ་ཕྱིས། ཏིར་ཤྩ྄་རུ་བསྒྱུར། ཏིརཤ྄་ཙ྄ཨས྄་དྲངས། རྣམ་བཅད། ཏིར་ཤྩཿ། ༈ ཆོ་ག་དེ་ཁོ་ ནས་ལྷག་མ་རྣམས་ཀྱང་སྒྲུབ་སྟེ། ཏིར་ཤྩཱ། ཏིར་ཤྩེ། ༈ ཏིར་ཤྩཿ། ༈ ཏིར་ཤྩཿ། ༈ ཏིར་ཤྩོཿ། ཏི་ ར་ཤྩཱཾ། ༈ ཏི་རཤྩི། ཏི་རཤྩོཿ། ཞེས་སོ། ༈ །ཏིཪྻ་ཙ྄་བྷྱཱམ྄། ཙ྄ཀ྄་རུ་བསྒྱུར། ཀ྄་ག྄་སྟེ། ཏིཪྻ་གྦྷྱཱཾ། ཏིཪྻགྦྷི། ༈ ཏིཪྻ་གྦྷྱཿ། ༈ ཏིཪྻཙ྄་སུཔ྄། ཙ྄་ཀ྄་རུ། ཀུ་ཨི་ལ་སོགས། སུ་ཥུ་རུ་སོང༌། དྲངས། ཀ྄ཥ་འདུས་པ་ཀྵ། ཏིཪྻཀྵུ། ཀ་ཥ་འདུས་པ་ཀྵ་རུ་འགྱུར་ཞེས་པ། རྒྱ་ཡིག་ལ་ཀ྄་ཥ་མ་འདྲེས་ པར་བརྩེགས་པ་ཙམ་དང༌། འདྲེས་པ་ཀྵ་ལ་གཟུགས་དང་བརྗོད་པ་གཉིས་ཀ་ནས་ཁྱད་ཆེན་ པོ་ཡོད་པས་དམིགས་ཀྱིས་བཀར་བའོ། །དེས་ན་ཀ྄་ཥ་འདུས་པ་ཉིད་ཀྵ་ཡིན་གྱི། སྔོན་ལ་ འདུས་ནས་རྗེས་ལ་ཀྵ་རུ་འགྲོ་རྒྱུ་རང་གཅིག་མེད་དམ་སྙམ་པ་མི་བྱའོ།། །། ༈ ཨུ་དཙ྄འི་སྒྲ་ལ། པྲ་ཏྱ་ཙ྄་དང༌། ཏིཪྻཙ྄འི་བྱ་བ་དང་ཕལ་ཆེར་འདྲ་སྟེ། དང་པོ་ལྔ་དང་ བོད་པ་གསུམ་རྣམས་ལ། ཨུ་དང྄༌། ཨུདཉྩཽ། ཨུདཉྩཿ། ༈ ཨུ་དཉྩཾ། ཨུ་དཉྩཽ། ༈ ཧེ་ཨུ་དང྄༌། ཧེ་ ཨུ་དཉྩཽ། ཧེ་ཨུ་དཉྩཿ། ༈ ཀུན་ལ་ནུམ྄་སྟེར། ན྄་ཉ྄་རུ། སི་ཕྱིས། དེ་རྗེས་ཙ྄་དབྱིའོ། ༈ ཤས྄་ སོགས་དབྱངས་ལ། ཨུ་ད་ཙ྄་ནི། ཨུ་དཱི་ཙ྄་རུ་བསྒྱུར་ཏེ། གཞན་ཏིཪྻཙ྄འི་སྐབས་བཞིན་ཏེ། ཨུ་ དཱི་ཙཿ། ༈ ཨུ་དཱི་ཙཱ། ༈ ཨུ་དཱི་ཙེ། ༈ ཨུ་དཱི་ཙཿ། ༈ ཨུ་དཱི་ཙཿ། ཨུ་དཱི་ཙོཿ། ཨུ་དི་ཙཱཾ། ༈ ཨུ་དཱི་ཙི། 19-1-175 ཨུ་དཱི་ཙོཿ། ༈ ཨུ་དཱཙ྄་བྷྱཱམ྄། ཙ྄་ཀ྄ ཀ྄་ག྄ ཨུ་དགྦྷྱཱཾ་ལ་སོགས་པའོ། ༈ །ཨུ་ད་ཙ྄་སུཔ྄། ཙ྄་ཀ྄ ས་ ཥ། དྲངས། ཨུ་དཀྵུ།། །། ༈ ས་མྱ་ཙ྄་ཡང་དེ་ཁོ་ན་ལྟར་སྦྱོར་ཏེ། ཨུ་དཱི་ཙ་ཡི་ཚབ་དུ། མཱི་ཙ྄་ས་(ཡང་དག་པ་)རུ་བསྒྱུར་ པའོ། །སམྱད྄། སམྱཉྩཽ། སམྱཉྩཿ། ༈ སམྱཉྩཾ། སམྱཉྩཽ། སཾ་མཱི་ཙཿ། ༈ ས་མཱི་ཙཱ། ༈ ས་མཱི་ཙེ། ༈ ས་མཱི་ཙཿ། ༈ ས་མཱི་ཙཿ། ༈ ས་མཱི་ཙོཿ། ས་མཱི་ཙཾཿ། ༈ ས་མཱི་ཙིཿ། ས་མཱི་ཙོཿ། ༈ བྷ་ས་ལ། སམྱ་ གྦྷྱཱཾ་སོགས་དང༌། སམྱཀྵུ། ༈ ཏ་ཡིག་མཐའ་ཅན་གྱི། མ་རུཏ྄་ཀྱི་སྒྲ་ལ། མ་རུཏ྄སི། སི་ཧ་སའི་ མཐའ་ལ་ཕྱིས། ཏ྄་དེ་ཉིད་དུ་གནས་པའམ། ད྄་རུ་བསྒྱུར་ཏེ། མ་རུཏ྄། མ་རུད྄། མ་རུ་ཏཽ། མ་ རུ་ཏཿ། ༈ མ་རུ་ཏཾ། མ་རུ་ཏཽ། མ་རུ་ཏཿ། ༈ མ་རུ་ཏཱ། མ་རུ་དྦྷྱཱཾ། མ་རུ་དྦྷིཿ། ༈ མ་རུ་ཏེ། བྷྱཱཾ་ བྷྱཿ། ༈ མ་རུ་ཏཿ། བྷྱཱཾ་བྷྱཿ། ༈ མ་རུ་ཏ྄ཿ། མ་རུ་ཏོཿ། མ་རུ་ཏཱཾ། ༈ མ་རུ་ཏི། མ་རུ་ཏོཿ། མ་རུ་ ཏྶུ། ཞེས་ཏེ། སམྱ་ཙ྄་དང་མ་རུཏ྄་ཀྱི་བོད་པའང་དང་པོ་དང་འདྲའོ། ༈ །མ་རུཏ྄་ཀྱི་སྒྲ་བཞིན་ དུ། ཨགྣི་ཙིཏ྄་ཀྱི་ལའང་འདྲའོ། ༈ །ཏ྄་མཐའ་ལ། ཨུ་རྗེས་འབྲེལ། མ་ཧ་ཏ྄་ཞེས་པ་ལྟ་བུ་སྟེ། མ་ཧ་ཏུ་ཞེས་ཧ྄་ནི་མཐའ་ཡིན། དེའི་ཨུ་རྗེས་འབྲེལ་གྱི་རྐྱེན་ཡིན། བྲིས་མ་ཐག་ཏུ་དབྱི་བས་ ཏ་སྲོག་མེད་ཉིད་མཐའ་ཡིན་ནོ། །བྲྀ་ཏོ་ནུམ྄། ཨུ་དང་རྀ་དག་གི་ནུམ྄འོ། །རྟགས་མཐའ་རྐྱེན་ ཨུ་ཡིག་རྀ་ཡིག་རྗེས་འབྲེལ་ལ། སི་སོགས་ལྔ་དྷི་དང་བཅས་པ་ལ། ནུམ྄་ཨཱ་ག་མ་སྟེར། ནྶམྨ་ ཧ་ཏོ་དྷཽ་དཱིརྒྷཿཤཽ་ཙ། ནྶ་ཨཔ྄་མ་ཧཏ྄་ཀྱི་དྷི་མིན་པ་ལ་རིང་པོ་སྟེ་ཤི་ལའང་ངོ༌། །འོག་ཏུ་འཆད་ པའི་ནྶའི་མཐའ་དང༌། ཨཔ྄་ཀྱི་མཐའ་དང༌། འདིར་མ་ཧ་ཏ྄་ཏེ། འདི་རྣམས་ལ་དྷི་སྦངས་པའི་ སི་སོགས་ལྔ་བྱིན་པ་ན། རྟགས་ཀྱི་ཐ་མའི་དབྱངས་རིང་པོར་འགྱུར་ལ། རབ་སྦྱོར་གྱི་མཐའ་ ནི་དབྱིའོ། །ས་ནི་འཇིག་ཅིང༌། གཞན་བཞི་ལ། ན྄་ཏ྄་ཕར་དྲངས། མ་ཧཱནྟཽ་སོགས་དང༌། ཏ྄་ དྲངས། ན྄་ང་རོ། མ་ཧཱཾ་ཏཽ། ཞེས་སོགས་ཏེ། ན྄་ང་རོར་བྱེད་དམ། འདྲེན་པ་གང་རུང་ཞིག་བྱའོ། ། མཧཏ྄་སི། ཨུ་རྀ་དག་གི་ནུམ྄་ཞེས། ནུམ྄། དབྱངས་ཀྱི་མཐའ་སྟེ། ཧ་དང་ཏ་ཡི་བར་དུ་སྟེར། 19-1-176 ནྶ་ཨཔ྄་མ་ཧ་ཏ྄་ཀྱི་རིང་པོ། ཞེས་ཧ་རིང་པོར་བསྒྱུར། མཧཱ་ན྄་ཏ྄་ས྄། སི་ཕྱིས་ཚིག་མཐའི་ཏ྄་ ཡང་ཕྱིས། མ་ཧཱན྄། ༈ ཧེ་མ་ཧན྄་ཏེ་བོད་སི་ལ་རིང་པོར་མི་བྱེད་དོ། །མ་ཧཏ྄ ཨཽ་ནུམ྄་རིང་པོ། ཏ྄་དྲངས། ན྄་ང་རོ། མ་ཧཱཾ་ཏཽའམ། མ་ཧཱནྟཽ་འདྲ། དེས་འགྲེ། མ་ཧཱནྟཿ། ༈ མ་ཧཱནྟཾ། མ་ཧཱནྟཽ། ཞེས་ སོ། ༈ །ཤས྄་སོགས་ལ། ནུམ྄་མི་སྟེར། རིང་པོ་མེད། མ་ཧ་ཏཿ། ༈ མ་ཧ་ཏཱ། མ་ཧ་ཏ྄་བྷྱཱམ྄། ཛྷ་བྷ་ལས་ཛ་བའོ་ཞེས། ཏ྄་ད྄འོ། ༈ །མ་ཧདྦྷྱཱཾ། མ་ཧ་དྦྷིཿ། ༈ མ་ཧ་ཏེ། མ་ཧ་དྦྷྱཱཾ། མ་ཧདྦྷྱཿ། ༈ མ་ཧ་ཏཿ། མ་ཧདྦྷྱཱཾ། མ་ཧདྦྷྱཿ༈ མ་ཧ་ཏཿ། མ་ཧ་ཏོཿ། མ་ཧ་ཏཱཾ། ༈ མ་ཧ་ཏི། མ་ཧ་ཏོཿ། མ་ཧཏྶུ། ༈ ཨུ་རྗེས་འབྲེལ་ཏ྄་མཐའ་བྷ་བ་ཏ྄་ལ། བྷ་བ་ཏུ་ཞེས་པའི་རྗེས་འབྲེལ་ཨུ་ཕྱིས། བྷ་ བ། ཏ྄་སི། ཨ་ཏྭ་སོཿསཽ། ཨ་ཏུ་དང་སིའི་སི་ལའོ། །ཕ་རོལ་དུ་དྷི་མིན་པའི་སི་བྱུང་ན། ཨ་ ཏུའི་མཐའ་དང༌། ས་མཐའ་ཅན་གྱི་ཨུ་པ་དྷཱ་རིང་པོར་འགྱུར་རོ། །ཨུ་དང་རྀ་དག་གི་ནུ་མ྄འོ། ། འདིར་ཨུ་པ་དྷཱ་ནི་བའི་སྲོག་གི་ཨ་སྟེ་དེ་རིང་པོ་ཨཱ་རུ་འགྱུར་རོ། །སི་ཕྱིས། རབ་སྦྱོར་ཡང་ དབྱི། བྷ་བཱན྄། བྷ་བཏ྄་ཨཽ། ནུམ྄། ཏ྄་དྲངས། ན྄་ང་རོའམ་དྲངས། བྷ་བཾ་ཏཽ། བྷ་བནྟཽ། དེ་དང་ འདྲ་བར། བྷ་བནྟཿ། ༈ བྷ་བནྟཾ། བྷ་བནྟཽ། ༈ ཧེ་བྷ་བནྟེ་འདི་ལ་ཨུ་པ་དྷཱ་རིང་པོར་བསྒྱུར་བ་ མེད། གཞན་དང་པོའི་སི་དང་འདྲ། གཉིས་ཚིག་མང་ཚིག་འདྲ། ༈ ཤས྄་སོགས་ཀྱང་གོང་དང་ འདྲ་སྟེ། བྷ་བ་ཏཿ། ༈ བྷ་བ་ཏཱ། བྷ་བདྦྷྱཱཾ། བྷ་བདྦྷིཿ། ༈ བྷ་བ་ཏེ། བྷ་བདྦྷྱཱཾ། བྷ་བདྦྷྱཿ། ༈ བྷ་ བ་ཏཿ། བྷྱཱཾ་བྷྱཿའདྲ། ༈ བྷ་བ་ཏཿ། བྷ་བ་ཏོཿ བྷ་བ་ཏཱཾ། ༈ བྷ་བ་ཏི། བྷ་བ་ཏོཿ། བྷ་བཏྶུ། ༈ ཏ་མཐའ་རྀ་ཡིག་རྗེས་འབྲེལ། བྷ་བ་ཏྲྀ་ལྟ་བུ་སྟེ། རྀ་རྗེས་འབྲེལ་དབྱི། བྷ་བཏ྄་འདི་ལ་སིའི་ སྐབས་ཨུ་པ་དྷཱ་རིང་པོ་མི་བྱེད། བྷ་བཏ྄་སི་ནུམ྄། སི་ཕྱིས། ཚིག་མཐའ་ཏ྄་ཡང་དབྱི། བྷ་བན྄། ཧེ་བྷ་བན྄། བྷ་བནྟཽ། བྷ་བནྟཿ། ཐམས་ཅད་གོང་མ་དང་འདྲ། ༈ ཡང་རྀ་རྗེས་འབྲེལ། པ་ཙ་ ཏྲྀ་ལ་རྀ་རྗེས་འབྲེལ། བ་ཙཏ྄་སི་ནུམ྄། རིང་པོ་མེད། སི་ཕྱིས། རྟགས་མཐའ་ཡལ། པཙན྄། ༈ ཧེ་པ་ཙན྄། གཞན་རྣམས་ཀྱང་རིགས་བྷ་བ་ཏྲྀ་དང་འདྲ། པ་ཙཾ་ཏཽ། པ་ཙནྟཽ། གང་བྱས་ཀྱང་ 19-1-177 འདྲ། པ་ཙནྟཿ། ༈ པ་ཙནྟཾ་ལ་སོགས་པ་བྷ་བཏ྄་དང་འདྲ། ༈ ཤ་མཐའ་ལ། བིཤ྄འི་སྒྲ་ནི༌། བིཤ྄་སི། ཚ་ཤ་ཥ་རཱ་ཛ྄་སོགས་ཀྱིས་ཤ྄་ཡིག་ཥ྄་ཡིག་ཏུ་བསྒྱུར། སི་ཕྱིས། ཥ྄འི་ཌ྄འོ། ཥ྄་ཌ་རུ་ བསྒྱུར། གནས་མེད་ཅེས་པས། ཡང་ན་ཌ྄་ཡང་ཊ྄་རུ་བསྒྱུར། བིཌ྄། བིཊ྄། བི་ཤ྄་ཨཽ། དྲངས། བི་ཤཽ། བིཤ྄། ཛས྄། བི་ཤཿ། ༈ ཧེ་བི་ཊ྄། གཞན་རྣམས་འདྲ། ༈ བིཤ྄ བྷྱཱཾམ྄། ཤ྄ཥ྄། ཥ྄་ཌ྄། བི་ཌྦྷྱཱཾ། བྷ་གཞན་དེས་འགྲེ། ༈ བི་ཤ྄ སུཔ྄། ཤ྄་ཥ྄། ཥ྄་ཌ྄། ཁ་ས་ལ་ཙ་པར་འགྱུར་ཞེས་པས། ཌ྄ཊ྄་རུ་སོང༌། བིཊྶུ། ༈ ཥ྄་མཐའ་ཅན། ཥ་ཥ྄་ལ། གྲངས་ཀྱི་དོན་ལ་མང་ཚིག་བདུན་པོ་ཉིད་དོ། །ཛས྄་པཉྩན྄་ གྱི་སྐབས་དང་འདྲ་བར་རྟགས་གསུམ་ཀ་ལ་རྣམ་འགྱུར་སོ་སོ་མེད་དོ། །ཛས྄་ཤས྄་དག་ འཇིག་གོ །ཞེས་པས། ཛས྄་རྩ་བ་ནས་འཇིག ཥའི་ཌའོ། །ཌ྄་རུ་བསྒྱུར་ཏེ། གོང་དུ་ཥ་མཐའ་ ཥ྄་རུ་བསྒྱུར་ནས་ཌ྄་རུ་མི་བྱེད་པ་ན་སྐབས་འགར་ཡིན་གྱི་རྟག་ཏུ་མིན་ནོ། ཥ྄་ཌ྄་སྐབས་ འགར་གནས་མེད་ཅེས། ཌ྄་ཡང་ཊ྄འོ། ཥ྄ཊ྄། ཥ྄ཌ྄། ༈ ཥ་ཥ྄་ཤས྄། ཛས྄་དང་འདྲ། ཥ྄ཊ྄། ཥ྄ཌ྄། ༈ ཥཥ྄་བྷིས྄། ཥ྄ཌ྄་རུ། ཥཌྦྷིཿ། ༈ བྷྱས྄་གཉིས་འདྲ། ༈ ཥཥ྄་ཨཱམ྄་ནུཊ྄། ན་མཐོང་ བས་ཥ྄་ཌ྄་རུ་སོང༌། ཥ་ཌ྄་ན྄་ཨཱམ྄། ཞེས་སོ། །ན྄་ཨཱམ྄ལ་དྲངས། ནཱམ྄་ཞེས། ཌྞཿ། ཌ་ཡི་ཎའོ། ། ནཱཾ་མཐོང་པས་ཌ྄་ཎ྄་རུ་འགྱུར། ཥ་ཎ྄་ནཱམ྄། ཚུ་རོལ་ཎ྄་མཐོང་བས་ཕ་རོལ་ན་ཡང་ཎ་རུ་འགྱུར་ བའི་དོན་ཏེ། ཥཎ྄་ཎཱམ྄། དྲངས་པས། ཥཎྞཱཾ། ཞེས་པའོ། ༈ ཥ་ཥ྄་སུཔ྄། ཌ྄་རུ་སོང༌། ཁས་ལ་ སོགས་ཌ྄ཊ྄།། ཥུཊྶུ། ༈ འགའ་ཞིག་ཏུ་ཚིག་མཐའ་མིན་པ་ལ་ཡང་ཚིག་མཐའི་བྱ་བའོ། །ཞེས་ འགྲེལ་པར་འབྱུང་བ་ནི། སུཔ྄་ཀྱི་མཐའ་གཅོད་དེ། ཥ྄་ཊ྄་རུ་བྱེད་པ་སོགས་ཚིག་མཐའི་རྣམ་ འགྱུར་དུ་བཤད་པ་ཡོད་ཀྱང༌། ཚིག་མཐའི་མིན་པ་ལའང་བྱ་སྟེ། དོན་གྱིས་ཐོབ་པའི་ཕྱིར་ དང༌། གྲུབ་པའི་མཐའ་མ་ཡིན་པའི་ཕྱིར་རོ། ། ༈ དོ་ཥཱཾ་རཿ། དོཥ྄་རྣམས་ཀྱི་རའོ། ཥ྄་མཐའི་ནང་ཚན། དོ་ཥ྄་ལག་པ་ལ་སོགས་པ་རྣམས་ 19-1-178 ཀྱི་ཕ་རོལ་སི་དང་པོ་དང༌། བོད་པ་གང་བྱུང་ནའང་རྟགས་མཐའི་ཥ་ཡིག་ར་ཡིག་ཏུ་འགྱུར་ རོ། །དོ་ཥ྄་སི། ཥ྄་ར྄་རུ་སོང༌། སི་ཕྱིས། ར྄་རྣམ་བཅད། དོཿ། ༈ ཧེ་དོཿ། ༈ བྷ་ལྡན་དང་ སུཔ྄་ལ། ཥ྄་ར྄་རུ་སོང་པ་ཕར་འདྲེན། བྷྱ་ཉིས་རྩེག་དངོས་སམ་ཡིད་ལ་བཞག དོརྦྷྱཱཾ། དོཪྶུ། ༈ དབྱངས་རྐྱེན་ཐོག་མ་བཞི་པོ་ལ་ཥ྄་ཡིག་ཕར་སྦྱོར་བ་སྟེ། དོ་ཥཽ། དོ་ཥཿ། ༈ དོ་ཥཾ། དོ་ཥཽ། ༈ ཤས྄་སོགས་དབྱངས་རྐྱེན་ལ་རྐྱེན་མཐོང་བས། ན྄་མཐར་འགྱུར་ཏེ་ཇི་ལྟར་འགྲོ་སྙམ་ན། ཥ་ ན྄་རུ་མི་འགྲོ་བར། ན྄་དབྱངས་མེད་གཅིག་རྟགས་མཐར་གསར་དུ་སྐྱེའོ། །དོཥ྄་ཤས྄་བཞག ཤ་དབྱི། གཞན་ལས་ཤས྄་སོགས་དབྱངས་ཕ་རོལ་ལ་ན྄་མཐའ་ཉིད་ཡང་ནའོ། །ཞེས་བཤད་ པས། ཥ྄་ནི་ཥ྄ན྄་རུ་སོང༌། དེ་ཥ྄ན྄་ཨས྄། ཞེས་འབྱུང༌། ན྄་འདིར་སྦྱོར་མཐའ་འདྲ་བ་གཅིག་ བྱུང་ནའང༌། གསར་སྐྱེས་ཡིན་པས་རབ་སྦྱོར་མཐའ་དབྱི་བ་མི་ཐོབ། ན྄་ཨ་ལ་དྲངས། ཥ་ར་ ར་ལ་སོགས་ན྄་ཎ྄། ཥ྄་དྲངས། རྣམ་བཅད། དོཥྞཿ། ཡང་ན་ཅེས་ན་མཐའ་མི་བྱེད་ན། དོ་ཥཿ། ཞེས་པའོ། ༈ །དེས་མཚོན་ཏེ། དོ་ཥ྄་ཊཱ་ཨཱ། དོཥཱ། དོཥྞཱ། ཞེས་པ་ནས། ༈ དོ་ཥ྄་ཨོས྄། དོ་ ཥོཿ། ༈ དོ་ཥྞོཿ། ཞེས་པའི་བར་རོ། ༈ །དོ་ཥ྄་ལ་སོགས་པ་ཞེས་པའི་སོགས་ཁོངས་ནས། ས་ ཛུཥ྄།(སེ་བ་སྟེ་གཡོག་ནང་ཟན་ལྟ་བུའི་བྲི་ཏི་སྟེ་སྙིང་ཉེ་བའི་མིང་ངོ༌།། ཨཱ་ཤིཥ྄།ཤིས་བརྗོད། ཧ་བིཥ྄་སྲེག་རྫས་ཀྱི་ཁྱད་ པར་དཀར་གསུམ་ལྟ་བུའོ།།)ལ་སོགས་པ་སྟེ། དེ་དག་ཀྱང་སྒྲུབ་ཚུལ། དོ་ཥ྄འི་ཆོ་ག་དེ་ཁོ་ན་དང་འདྲ་ བ་ལས། ས་ཛུ་ཥ྄་དའང༌། ཨཱ་ཤི་ཥ྄འི་ར་ས་ལ་རིང་པོ་སྟེ། ཚིག་མཐའ་ལའོ། །ཞེས་གཞན་ ལས་འབྱུང་བས་འདིར་ཚིག་མཐའ་ནི་སི་བྱིན་པ་ཕྱིས་པའི་སྐབས་ཏེ་དེ་དང༌། ཚིག་མཐའ་ མིན་ཡང༌། ར་ས། བྷ་ས་རྣམས་ལ་རྟགས་ཀྱི་དབྱངས་མཐའ་མ་རིང་པོར་བྱེད་པ་ཁྱད་པར་ཏེ། ས་ཛུཥ྄་སི། སི་ཕྱིས། ཛུ་རིང་པོ། ཛཱུ་ཥ྄་ནི་ར྄། ར྄་རྣམ་བཅད། ས་ཛུཿ གཞན་ས་ཛུ་ཥཽ། ས་ཛུ་ ཥཿལ་སོགས་པ་དང༌། ༈ ཧེ་ས་ཛུཿལ་སོགས་པ་དང༌། ༈ བྷ་ས་ལ། ཥ྄་ཌ྄། ས་ཛཱུ་ཌྦྷྱཱཾ། ས་ཛཱུཊྶུ། ༈ ས་མཐའ་ཅན་ལས། པུཾས྄འི་སྒྲ་ལ། པུཾས྄་སི། པུཾ་སོ་ཨ་སུང྄། པུཾས྄་ལ་ཨ་སུ་ང྄འོ། ། 19-1-179 པུཾ་ས྄འི་སྒྲ་ལ་ཕ་རོལ་ཏུ། སི་ཨཽ་ཛས྄་ཨམ྄་ཨཽ། སྟེ་རྣམ་དབྱེ་ལྔ་པོ་དེ་གང་བྱུང་ཡང༌། རྟགས་ མཐའ་ཨ་སུང྄་དུ་བསྒྱུར། སུང྄་གི་ང྄་ནི་མཐའ་བརྗོད་པའི་དོན་ཏེ་དབྱི། མཐའ་བརྗོད་པའི་ གོ་དོན། ང྄་ཡིག་དང་འབྲེལ་བར་བརྗོད་པས། རྟགས་ཡོངས་རྫོགས་སམ་ཡི་གེ་དུ་མ་བསྒྱུར་ བ་མ་ཡིན་གྱི། མཐའི་ཡི་གེ་གཅིག་ཁོ་ན་བསྒྱུར་པའོ། །སུའི་ཨུ་ནི་བརྗོད་དོན་ཡང་ཡིན། ཨུ་ དང་ར་རྗེས་འབྲེལ་གྱི་རྟགས་མཐའ་ལ། ནུམ྄་ཐོབ་པའི་ཕྱིར་ཡིན་པས་དབྱིའོ། །སྭ་རེ་མཿ། དབྱངས་ལ་མའོ། །ཁ་ཅིག་མདོ་འདི་དབྱངས་ཅན་མའི་གསུང་ལ་མེད་ཟེར། གང་ལྟར་ཡང་ དོན་ལ་དགོས་འདྲ། པུཾ་གྱི་ང་རོ་མ྄་ཡིག་ཉིད་དུ་བྱས་གྲལ་ལ་སྒྲིགས། པུམ྄་ཨས྄། ཞེས་པ་ འབྱུང༌། མ྄་དྲངས། ཨུ་དང་ར་དག་གི་ནུམ྄འོ། །ཞེས་པས་ནུམ྄་ཨཱ་ག་མ་སྟེར་རོ། །ནུམ྄་དེ་ པུཾས྄་ལ་སྟེར་བས་དབྱངས་མཐའ་རུ་ཡིན་ཏེ། མ་དང་ས྄་ཡིག་གི་བར་དུའོ། །པུམ྄་ན྄ས྄་སི་ ཞེས་པའོ། །ན་ས་ཨཔ྄་མ་ཧ་ཏ྄་ཀྱི་དྷི་མིན་པ་ལ་རིང་པོ་སྟེ། ཞེས་པས་མ་ཐུང་ངུ་རིང་པོར་ སོང༌། རབ་སྦྱོར་མཐའ་ས྄་ཡིག་དབྱི། སི་ཡང་དབྱི། པུ་མཱན྄། ལྷག་མ་བཞི་ལ། ཨ་སུང྄་དུ་ བསྒྱུར་བ་དང༌། ང་རོ་མ྄་རུ་བསྒྱུར་བ་དང༌། ནུམ྄་དང་རིང་པོ་རྣམས་དེ་དང་འདྲ་བར་བྱེད། རབ་སྦྱོར་གྱི་མི་དབྱི། ན྄་ཡིག་ནི་མ་རིང་པོའི་ཀླད་སྐོར་དུ་བྱེད་དོ། །པུཾས྄་ཨཽ། ས྄་ཨ་སུང྄་དུ། ང་རོ་མ྄་རུ། ཨུ་དང་ང྄་ཕྱིས། མ྄་ཨ་ལ་དྲངས། ནུམ྄། པུམ྄་ན྄ས྄་ཨཽ། ཞེས་པ་བཞག མ་རིང་ པོ། ས་དྲངས། པུ་མཱཾ་སཽ། ཞེས་གྲུབ། དེ་བཞིན་དུ། ཛས྄་སོགས་ལ། པུ་མཱཾ་སཿ། ༈ པུ་མཱཾ་སཾ། པུ་ མཱཾ་སཽ། ཞེས་སོ། ༈ །བོད་སི་ལ་ནི་གཞན་ཐམས་ཅད་གོང་སི་དང་འདྲ་བ་ལས། ན྄་ས྄་ཨཔ྄་མ་ ཧཏ྄་གྱི་དྷི་མིན་པ་ལ་ཞེས་དྷི་ལ་རིང་པོར་མི་འགྲོ་བར་བཤད་པས་མ་རིང་པོར་མི་འགྲོའོ། །ཧེ་ པུ་མན྄། བོད་པ་ཕྱི་མ་གཉིས་ལ་འདྲ་སྟེ། ཧེ་པུ་མཱཾ་སཽ། ཧེ་པུ་མཱཾ་སཿ། ༈ ལྷག་མ་ཤས྄་སོགས་ དབྱངས་ལ་འདི་ལྟར། པུཾས྄ ཤས྄། ཤ་དབྱི། དྲངས། པུཾ་སཿ། དེ་ཁོ་ནས་རིགས་འགྲེ། ༈ པུཾ་ སཱ། ༈ པུཾ་སེ། ༈ པུཾ་སཿ། ༈ པུཾ་སཿ། པུཾ་སོཿ། པུཾ་སཱཾ། ༈ པུཾ་སི། པུཾ་སོཿ། ཞེས་སོ། ༈ །བྷ་ལྡན་ 19-1-180 རྣམས་ལ་རབ་སྦྱོར་ཕྱིས་པ་ཁོ་ན་ཏེ། པུཾས྄་བྷྱཱམ྄། ས྄་ཕྱིས། པུཾ་བྷྱཱཾ། པུཾ་བྷིཿ། པུཾ་བྷྱཱཾ། སུཔ྄་ལ་དེ་ དང་འདྲ་བར་རབ་སྦྱོར་ཕྱིས་ན། པུཾ་སུ། མ་ཕྱིས་པར་དྲངས་ན། པུཾ་སྶུ། ཞེས་པ་གདམ་ཀ་ནི། སྒྲ་གཞུང་ཁོ་ནའི་ལུགས་དང༌། ༈ སྡེབ་སྦྱོར་དང་རིག་བྱེད་ལ་ཚིག་ཕྲད་སྒྲུབ་པ་ནི། ཨ་སཾ་བྷ་ བེ་པུཾ་སཿཀཀྶཽ། མི་འབྱུང་བ་ལ་པུཾ་སའི་ཀཀ྄་ཏེ་ས་ལའོ། །མི་འབྱུང་བ་ནི་མི་ཐོབ་པ་སྟེ། པུཾ་ས྄་ ནི་སྐྱེས་བུ་རང་ཉིད་ཏེ། རང་ནི་གཅིག་པུ་ཁོ་ན་ལས་གཉིས་དང་མང་པོར་མེད་པས། སུཔ྄་ཀྱི་ མང་ཚིག་མི་ཐོབ་པོ་ཞེས། རིག་བྱེད་མཐའ་པ་ལ་སོགས་པ་སྨྲ་ན། དེ་ནི་སུཔ྄་ཁོ་ནར་མ་ཟད་ གཉིས་ཚིག་མང་ཚིག་ཀུན་ལ་འདྲ་མོད། འདིར་རང་དངོས་གཅིག་ཡིན་ཀྱང་རིགས་དངོས་ དུ་མ་ཡོད་པས། །བདུན་པའི་མང་ཚིག་ས་ཡི་རྐྱེན་ལ་རིགས་ཀྱི་དོན་དུ་ཀཀ྄་ཨཱ་ག་མ་སྟེར་རོ། ། དེ་ཡང་རྐྱེན་ལ་མི་སྟེར་མིང་ལ་སྟེར་ཏེ། མཐའ་བརྟེན་ཀ྄་རྗེས་འབྲེལ། ཨ་བརྗོད་དོན། པུཾ་ས྄་ ཀ྄་སུ། ཞེས་པའོ། །སྐོར་རཱ་དྱོཤྩ། ས་ཀ་དག་གི་ལ་དང་པོ་དག་གི་ཡང་ངོ༌། །སྐབས་འདིའམ། འདི་རིགས་ལ། ཨཱ་ག་མའི་ཀ྄་དབྱངས་མེད་དང༌། ས྄་དབྱངས་མེད་གཉིས་འཛོམ་པ་ལས་ གང་འཛོམ་པའི་དང་པོ་སྟེ་ཐོག་མ་དབྱི་བ་ལས། འདིར་ས྄་དང་པོར་བྱུང་བས་ས྄་ཡིག་དབྱིའོ། ། དེ་ནས་ཀ་མཐོང་བས་སུ་ཥུ་རུ་སོང༌། ཀ྄་ཥ྄་ལ་དྲངས། ཀྵུ། པུཾ་ཀྵུ་གྲུབ་པོ། །འཕགས་མའི་ གསུངས་འདིས། ཨ་ནུ་བྷཱུ་ཏ་ཨཱ་ཙརྱའི་དབུགས་ཕྱུང་བ་ཡིན་ནོ། ། ༈ ད་ནི་བི་དྭས྄འི་(མཁས་པ་)སྒྲ་ལ། བི་དྭས྄་སི། ཨུ་དང་ར་དག་གི་ནུམ྄་ཞེས་པས། ནུམ྄་ ཨཱ་ག་མ། ནས྄ ཨཔ྄་མ་ཧ་ཏ྄་ཀྱི་དྷི་མིན་པ་རིང་པོ་ཞེས་པས། དྭཱ་རིང་པོ། སི་དབྱི། རབ་སྦྱོར་ ཕྱིས། བི་དྭཱན྄། བི་དྭས྄་ཨཽ་བཞག ནུམ྄་རིང་པོ། ན྄་རྗེས་སུ་ང་རོ། ས྄་དྲངས། བི་དྭཱཾ་སཽ། བི་ དྭས྄ ཛ ས྄་ནུམ྄་ཨཽ་དང་འདྲ། བིདྭཱཾ་སཿ། ༈ བི་དྭས྄ ཨ མ྄། ནུམ྄། བི་དྭཱཾ་སཾ། བི་དྭས྄ ཨཽ། ནུམ྄། བི་དྭཱཾ་སཽ། ༈ བོད་པ་གསུམ་གྱི་དང་པོ། སི་དངོས་དང་འདྲ་བ་ལས་རིང་པོ་མེད། གཞན་ གཉིས་འདྲ། ཧེ་བི་དྭན྄། ཧེ་བི་དྭཱཾ་སཽ། ཧེ་བི་དྭཱཾ་སཿ། 19-1-181 ༈ བ་སོརྦ་ཨུ། བ་སའི་ཨུའོ། །བ་ས྄འི་མཐའ་ཅན་ནི་མང་མོད། འདིར་དྭས྄་ཞེས། དྭ་ ཞེས་པའི་ཝ྄་ཟུར་ནི་བ་སྒྲ་སྟེ་དེ་དང༌། ས྄་དབྱངས་མེད་འདུས་ལའོ། །དེས་ན་བས྄་ལ་ཤས྄་ སོགས་དབྱངས་བྱིན་པ་མཐོང་བ་ན། དབྱངས་ཐ་མ་བ་དང་བཅས་པ་དེ་ཨུ་རུ་འགྱུར་ཏེ་བས྄་ དེ་ཨུས྄་སུ་འགྲོ་བས། བི་དྭས྄་ཞེས་པ་དེ། བི་དུས྄་སུ་སོང༌། བི་དུས྄་ཨས྄། ས྄་ནི་ནཱ་མིའི་ཕ་ རོལ་དང༌། ཀུ་ཨི་ལ་སོགས་ཥ྄་རུ་སོང༌། དྲངས། ས྄་རྣམ་བཅད། བི་དུ་ཥཿ། བས྄་མཐའ་ལ། ཤས྄་སོགས་དབྱངས་རྐྱེན་དང༌། དེ་ཕན་དང༌། ཨཱིཔ྄་དང༌། ཨཱི་ཡིག་རྐྱེན་ལས། བ྄་དབྱངས་ བཅས་ཨུ་རུ་འགྱུར་བ་ལས་འདིར་དང་པོའོ། ༈ །དེ་བཞིན་དུ། བི་དུ་ཥཱ། ༈ བི་དུ་ཥེ། ༈ བི་དུ་ ཥཿ། ༈ བི་དུ་ཥཿ། བི་དུ་ཥོཿ། བི་དུ་ཥཱཾ། ༈ བི་དུ་ཥི། བི་དུ་ཥོཿ། བྷས྄་ལ། བས྄་རྣམས་ཀྱི་ར་ས་ ལའོ། །ཞེས་པས། རྣམས་ནི་མང་ཚིག་སྟེ། སྲཾས྄་ལ་སོགས་པ་རྣམས་ལ་ཡང་སྟེ། ས྄་ཡིག་ད྄་ ཡིག་ཏུ་འགྲོ། དྲངས་པས། བི་དྭ་དྦྷྱཱཾ། བི་དྭ་དྦྷིཿ། བི་དྭ་དྦྷྱཿ། བི་དྭས྄་སུཔ྄་ལ། ཁ་ས་ལ་ཙ་པ་ སོགས། ད྄་ཏ྄། བི་དྭཏྶུ། ༈ སུ་བ་ཙས྄་(ལེགས་སྨྲ་བ་)ཀྱི་སྒྲ་ལ། སུ་བ་ཙས྄་སི། ཨ་ཏུ་དང་སའི་ སི་ལའོ། །ཞེས་པས། ཙ་རིང་པོར་སོང༌། སི་ཕྱིས། ས྄་རྣམ་བཅད། སུ་བ་ཙཱཿ། སུ་བ་ཙས྄། ཨཽ། སུ་བ་ཙ་སཽ། སུ་བ་ཙས྄་ཛས྄། སུ་བ་ཙ་སཿ། ༈ བོད་པ་ལ་རིང་པོ་མེད། ཧེ་སུ་བ་ཙཿ། གཉིས་ པོ་འདྲ། ༈ སུ་བ་ཙ་སཾ། སུ་བ་ཙ་སཽ། སུ་བ་ཙ་སཿ། ༈ སུ་བ་ཙ་སཱ། ༈ སུ་བ་ཙ་སེ། ༈ སུ་བ་ཙ་ སཿ། ༈ སུ་བ་ཙ་སཿ སུ་བ་ཙ་སོཿ། སུ་བ་ཙ་སཱཾ། ༈ སུ་བ་ཙ་སི། སུ་བ་ཙ་སོཿ། ༈ བྷ་ས་ལ། སུ་ བ་ཙས྄་བྷྱཱམ྄། ས྄་ར྄་དག་གི་རྣམ་བཅད་ཅེས། ས྄་རྣམ་བཅད་ཧ་བ་ལའོ་ཞེས། ཨ་དང་ཧ་བའི་ བར་དུ་རྣམ་བཅད་ཨུའོ། །ཨུ་ཨོ། སུ་བ་ཙོ་བྷྱཱཾ། སུ་བ་ཙོ་བྷིཿ། སུ་བ་ཙོ་བྷྱཿ། སུ་བ་ཙ་སྶུ། ༈ དེ་བཞིན་དུ། ཙཱནྡྲ་མས྄་(ཟླ་བ་)ཀྱི་སྒྲའང་དེ་དང་འདྲའོ། ༈ །ཨུ་ཤ་ནས྄འི་(པ་སངས་)སྒྲ་ ལ། ཨུ་ཤ་ན་སཱཾ། ཨུ་ཤ་ནས྄་རྣམས་ཀྱིའོ། །རྣམས་ཀྱི་ཞེས་པས། པུ་རུ་དཾ་ཤས྄་དང༌། ཨ་ནེ་ ཧས྄་རྣམས་ཀྱང་བསྡུ་སྟེ། དྷི་མིན་པའི་སི་ནི་ཨུ་ཤ་ནས྄་ཀྱི་ཕ་རོལ་ཏུ་གྱུར་ན། སིའི་ས྄། ཌཱའི་ 19-1-182 ཡི་གེར་འགྱུར། དེ་ཌིཏ྄་ཡིན་པས། ནས྄་ཀྱི་ཨས྄་དབྱི། ཌ་ཡིག་ཊི་ཕྱིས་པའི་དོན་ཏེ་དབྱི། དྲངས། ཨུ་ཤ་ནཱ། ཨུ་ཤནས྄་ཨཽ། དྲངས། ཨུ་ཤ་ན་སཽ། ཨུ་ཤ་ན་སཿ། ༈ ཨུ་ཤ་ནས྄་བོད་སི། ཨུ་ཤ་ནས྄་ཀྱི་དྷི་ལ་ན྄་མཐའ་ཉིད་དང་ཨཏ྄་མཐའ་ཉིད་ལ་ཡང་ནའོ་ཞེས། ཨུ་ཤ་ནས྄་ཏེས྄་ མཐའ་ཅན་ནི་གདོད་མ་ཡིན་ལ། ཚིག་ཕྲད་ཀྱིས། ན྄་མཐའ་ཨུ་ཤ་ནན྄་དང༌། ཨཏ྄་མཐའི་ཨུ་ ཤ་ན་ཞེས་པའང་ཡོད་པས། ཨུ་ཤ་ནས྄། སིའི་ས྄། ཧ་སེ་ར་ཤེ་སོགས་ཕྱིས། རྟགས་མཐའི་ས྄་ རྣམ་བཅད། ཧེ་ཨུ་ཤན྄ཿ། དེ་ལ་ས྄་ན྄་རུ་བསྒྱུར། ཨུ་ཤ་ནན྄། སི་ཕྱིས། ཧེ་ཨུ་ཤ་ནན྄། ཨུ་ཤ་ ནའི་ས྄་ཨར་གྱུར་པ་ལ་ཡང༌། སི་ཕྱིས། ཧེ་ཨུ་ཤ་ན། ཞེས་པའོ། །གཞན་ཡང༌། ༈ ཨུ་ཤ་ན་སཾ། ཨུ་ཤ་ན་སཽ། ཨུ་ཤ་ན་སཿ། ༈ ཨུ་ཤ་ན་སཱ། ༈ ཨུ་ཤ་ན་སེ། ༈ ཨུ་ཤ་ན་སཿ། ༈ ཨུ་ཤ་ན་སཿ། ཨུ་ཤ་ན་སོཿ། ཨུ་ཤ་ན་སཱཾ། ༈ ཨུ་ཤ་ན་སི། ཨུ་ཤ་ན་སོཿ ༈ བྷ་ས་ལ། རྟགས་མཐའི་ས྄་རྣམ་ བཅད་སོགས། སུ་བ་ཙས྄་དང་འདྲ། ཨ་ཤ་ནོ་བྷྱཱཾ། བྷིཿ བྷྱཿ། ཨུ་ཤ་ནསྶུ། ༈ ཨ་དས྄་ཀྱི་སྒྲ་ལ། ཨ་དས྄་སི་བཞག ཏྱད྄་སོགས་རྣམས་ཀྱི་ཨ་ཁོ་ནར་བསྒྱུར་བའམ། མཐའི་གསལ་བྱེད་ཁོ་ན་དབྱི་བ་གང་རུང་བྱ། རྗེས་གཟུགས་ལ་ཁྱད་མེད། འདི་རྣམ་དབྱེ་ཉེར་ གཅིག་ཀུན་ལ་སྦྱོར། ཨ་ད་སི། སཽ་སཿ། སི་ལ་སའོ། །ཨ་དས྄་ཨ་ད་རུ་སོང་བ་དེས། ཕ་རོལ་ སི་མཐོང་བཞིན་པ་ལ་ཡང༌། ད་ཡིག་ས་ཡིག་ཏུ་འགྱུར་རོ། །སི་ལ་ཞེས་པས་འདི་རྣམ་དབྱེ་ གཞན་ལ་མ་ཡིན་ནོ། །ཨས་ས྄། སེ་རཽ། སི་ཡི་ཨཽའོ། །དེ་ནས་སིའི་ས྄་དབྱངས་མེད་དེ། ཨཽ་རུ་ བསྒྱུར། ཨཽ་ལ་ཨཽ་རུ་སོང༌། དྲངས། ཨ་སཽ། ༈ ཨ་དས྄་ཨཽ། ཊི་ཨ། དའི་མའོ་ཞེས་པས། ཨ་ དའི་ད་ཡིག་མ་ཡིག་ཏུ་བསྒྱུར། འདི་ཡང་སི་ལས་གཞན་པའི་རྣམ་དབྱེ་ཉི་ཤུ་ཀུན་ལ་འགྲེ། ཨཽ་ ལ་རྟགས་མཐའ་ཨཽ། ཨ་མཽ། མཱ་དཱུ། མ་ལས་ཨུ་དག་གོ །དེ་ཡ་ཨ་དས྄། ཨ་མ་རུ་གྱུར་པའི་ སྐབས། མའི་སྲོག་གི་ཨ་ཕྲལ་ནས། ཚུ་རོལ་མའི་ནུས་པས། ཕ་རོལ་དབྱངས་དེ་འགྱུར་འགྲོ་ སྟེ། དེ་ཡང་དབྱངས་ཐུང་ངུ་ཡིན་ན་ཨུ་ཐུང་ངུ་དང༌། རིང་པོ་ཡིན་ན་ཨུ་རིང་པོར་འགྱུར་རོ། །ཨ་ 19-1-183 མུ་དང༌། ཨ་མཱུ་རུ་འགྱུར། འདི་ཡང་མང་ཚིག་རྣམས་མ་གཏོགས་ཕལ་ཆེར་ལ་འཇུག་གོ །ཨུ་ དག་ཅེས་པས་ཨཱུ་རིང་པོ་དང་ཐུང་ངུ་གཉིས་བསྟན་ནོ། །འདིར་ཨ་དས྄། ཨ་མ་རུ་སོང༌། མ་ ཡིག་རྐྱེན་ཨཽ་དང་འབྲེལ་བས་མཽ་སྟེ། ཨ་ཨཽ། ཞེས་པས་སྲོག་ཨཽ་ནི་རིང་པོ་ཡིན་ཏེ། མཚམས་ སྦྱོར་ཡི་གེ་ལ་ཐུང་ངུ་མེད་པས་སོ། །དེ་ཕྱིར་ཨུ་རུ་བསྒྱུར་བས། ཨ་མཱུ་གྲུབ། ཨ་དས྄་ཛས྄། ཊི་ ཨ། དའི་མ། སརྦྦ་སོགས་ལ། ཛས྄་ཨཱི། ཨ་ཨི་ལ་ཨེ། ཨ་མེ། ཞེས་སོ། །ཨེ་རཱི་བ་ཧུ་ཏྭེ། ཨེའི་ ཨཱི་མང་པོ་ལའོ། །མང་ཚིག་ལ་ཨ་དས྄་ཀྱི་རྟགས་མཐར་ཨེ་བྱུང་ན་ཨཱི་རུ་བསྒྱུར་རོ། །ཨ་མཱི། ༈ ཨ་དས྄་ཨམ྄། ཊི་ཨ། དའི་མ། མ་ལས་སྲོག་ཨུ་རུ། ཨམ྄་གྱི་ཨ་ཕྱིས། ཨ་མུཾ། ཨ་ དས྄། ཨཽ། གོང་དང་པོའི་གཉིས་ཚིག་བཞིན། ཨ་མཱུ། ཨ་དས྄་ཤས྄། འདི་སརྦྦ་སོགས་དང་ ཕོ་རྟགས་ཡིན་པས། ཤས྄་ཀྱི་ས྄་ན྄། ཊི་ཨ། ད་མ། མ་ལས་ཨུ་སྟེ། མུ་ཤས྄་ལའོ་ཞེས་པས་ མུ་རིང་པོ། ཤས྄་ཀྱི་ཨ་ཕྱིས། ཨ་མུན྄། ༈ ཨ་དས྄་ཊཱ། ཊི་ཨ། ད་ཡི་མ། མ་ལས་ཨུ། ཊཱ་ནཱ་རུ་ བསྒྱུར། ཨ་མུ་ནཱ། ཨ་དས྄་བྷྱཱཾམ྄། ཊི་ཨ། ད་མ། བྷ་ལ་ཨཱཏ྄འོ། །ཞེས་མ་རིང་པོ། ཨཱ་རིང་པོ་ དེ་ཨུ་རིང་པོར་སོང༌། ཨ་མཱུ་བྷྱཱཾ། ཨ་དས྄་བྷིས྄། ཊི་ཨ། ད་མ། བྷིས྄་བསྒྱུར་ནས་བྷིས྄་བྷ་ཨེ་རུ་ མི་བསྒྱུར་པའི་ཕྱིར་ཡིན། བྷ་ས་མང་པོ་ཉིད་ལ་ནི་ཨེའོ། །ཞེས་པས། ཨ་མེ། ཨེ་ཡི་ཨཱི་མང་པོ་ ལའོ། །ཞེས་པས། ཨ་མེ་ནི། ཨ་མཱི་སྟེ། ཨ་མཱི་བྷིཿ། ༈ ཨ་དས྄་ངེ་། ཊི་ཨ། ད་མ། སྨཊ྄་བྱིན། ཨེ་ལ་ཨཻ། སྨཻ། མ་ལས་ཨུ། མུ། ཀུ་ཨི་ལས་སྨཻ། ཥྨཻ་རུ་སོང༌། ཨ་མུ་ཥྨཻ། ཨ་མུ་བྷྱཱཾ། གོང་དང་འདྲ། ཨ་མཱི་བྷྱཿ བྷིཿ དང་འདྲའོ། ༈ །ཨ་དས྄་ངསི། ཊི་ཨ། ད་མ། ངསི། ཨཱཏ྄། སྨཊ྄། འདྲ་བ་རིང་ པོ། སྨཱ་ཏ྄་མ་ལས་ཨུ། ཀུ་ཨི་ལས་ཨ་མུཥྨཱ་ཏ྄། ཨ་མཱུ་བྷྱཱཾ། ཨ་མཱི་བྷྱཿ ༈ ཨ་དས྄་ངས྄། ཊི་ཨ། ད་མ། ངས྄་སྱ། མ་ལས་ཨུ། ཀུ་ཨི་ལ། ཨ་མུ་ཥྱ། ཨ་དས྄ ཨོས྄། ཊི་ཨ། ད་མ། ཨོས྄་ལའོ་ ཞེས་རྟགས་མཐར་ཨེ། ཨེཡ྄། དྲངས། མ་ལས་ཨུ། ཨ་མུ་ཡོཿ། ཨ་དས། ཨཱམ྄། ཊི་ཨ། ད་མ། སུ་ཌ྄། ཨཱམ྄། སུཊ྄། ཨཱམ྄། ས་བྷ་མང་པོ་ཉིད་ལ་ནི་ཨེ་ཞེས་པས། མེ། ཨེའི་ཨཱི་མང་པོ་ལའོ་ 19-1-184 ཞེས་པས། ཨ་མཱི། ས྄་དྲངས། ཀུ་ཨི་ལ། ཨ་མཱི་ཥཱཾ། ༈ ཨདས྄་ངི༌། ཊི་ཨ། ད་མ། ངི་སྨིན྄། མ་ ལས་ཨུ། ཨ་མུཥྨིན྄། ཨ་དས྄་ཨོས྄། ཊི་ཨ། ད་མ། ཨོས྄་ལ་ཨེ། ཨེ་ཨ་ཡ྄། ཨ་མུ་ཡོཿ ཨ་དས྄ སུཔ྄། ཊི་ཨ། ད་མ། ས་བྷ་མང་པོ། ཨ་མེ། ཨེ་ཡི་ཨཱི། ཨ་མཱི། ཀུ་ཨི་ལ། ཨ་མཱུ་ཥུ། ༈ ཨདས྄་ཀྱི་འགྱུར་བ་གཞན་སྒྲུབ་པ་ལ། སཱ་མཱ་ནྱེ་ཨ་དསཿཀཿསྱཱ་དི་བཙྩ། མཚུངས་པ་ ལ་ཨ་དས྄་ཀྱི་ཀ་སྟེ་སི་སོགས་བཞིན་ནོ། །རྒྱ་སྐད་སཱ་མཱ་ན་ཞེས་པ་སྤྱིའམ་མཚུངས་པ་ཞེས་ཕོ་ མོ་མ་ནིང་གི་དབྱེ་བ་མེད་པའི་སྤྱི་མིང་སྟེ། ག་གེ་ཞིག ཆེ་གེ་ཞིག གཅིག་དེ་ཞེས་པ་ལྟ་བུའི་ ཐུན་མོང་གི་དོན་གྱི་ཨདས྄་ལ། ཀ་རྐྱེན་དུ་འབྱུང་སྟེ། དེ་ཡང་སི་སོགས་བྱ་བ་འདྲའོ། །ཞེས་ གསུངས་པས། ཨ་དས྄་ཀ། ཊི་ཨ། ད་མ། མའི་ཨུ་སྟེ། ཨ་མུ་རུ་བསྒྱུར་ཐུབ་ནས། ཀ་ཉིད་ རྟགས་མཐར་སྦྱར་ཏེ་རང་གནས་སུ་གནས་པས། ཨ་མུ་ཀ་སྟེ་ཆེ་གེ་མོ་ཞེས་པ་སྒྲུབ་པོ། །དེ་ ནི་སརྦྦ་སོགས་ཀྱི་ཁྱད་པར་ཏྱད྄་སོགས་ཡིན་ཡང༌། རྟགས་མཐར་གནས་པའི་རྐྱེན་གྱི་དབང་ གིས། རྣམ་དབྱེའི་བྱ་བ་ཕལ་ཆེར་ཨ་ཐུང་མཐའ་ཅན། སརྦྦ་ལུགས་ཅི་རིགས་སུ་སྦྱོར་ཏེ། ཨ་ མུ་ཀ་སི། ཨ་མུ་ཀཿ། ཨ་མུ་ཀ་ཨཽ། ཨ་མུ་ཀཽ ཨ་མུ་ཀ ཛས྄། ཛས྄་ཨཱི། ཨ་མུ་ཀེ༈ ཨ་མུ་ཀ ཨམ྄། ཨ་མུ་ཀཾ ཨ་མུ་ཀ ཨཽ། ཨ་མ་ཀཽ ཨ་མུ་ཀ ཤས྄། ཨ་མུ་ཀཱན྄། ༈ ཨ་མུ་ཀ་ཊཱ། ཨ་མུ་ཀེ་ ན། ཨ་མུ་ཀ བྷྱཱམ྄། བྷ་ལ་ཨཱཏ྄་ཞེས་པས། ཨ་མུ་ཀཱ་བྷྱཱཾ། ཨ་མུ་ཀ་བྷིས྄། བྷིའི་བྷ་ཨའོ། །ཞེས་ པས། ཨ་མུ་ཀཻཿ། ༈ ཨ་མུ་ཀ་ཏེ། སྨཊ྄། ཨ་མུ་ཀ་སྨཻ། ཨ་མུ་ཀཱ་བྷྱཱཾ། ས་བྷ་མང་པོ་ཉིད་ལ་ནི་ཨེ་ ཞེས་པས། ཨ་མུ་ཀེ་བྷྱཿ། ༈ ཨ་མུ་ཀ་ངསི། ཨཱཏ྄་རུ་བསྒྱུར། སྨཊ྄། ཨ་མུ་ཀ་སྨཱཏ྄། ཨ་མུ་ཀཱ་བྷྱཱཾ། ཨ་མུ་ཀེ་བྷྱཿ། ༈ ཨ་མུ་ཀ ངས྄། སྱ་རུ་སོང༌། ཨ་མུ་ཀ་སྱ། ཨ་མུ་ཀ་ཨོས྄། ཨོས྄་ལའོ་ཞེས་ རྟགས་མཐའ་ཨེ་རུ་སོང༌། ཨཡ྄། ཨ་མུ་ཀ་ཡོཿ། ཨ་མུ་ཀ ཨཱམ྄། སུཊ྄། ས་བྷ་མང་པོ་ཉིད་ལ་ ཨེ། ཨ་མུ་ཀེ ཀུ་ཨི་ལ་ལས་ཥ་ས། ཨ་མུ་ཀི་ཥཱཾ། ༈ ཨ་མུ་ཀ ངི༌། སྨིན྄། ཨ་མུ་ཀ་སྨིན྄། ཨ་མུ་ ཀ་ཨོས྄། ཨ་མུ་ཀ་ཡོཿ། ཨ་མུ་ཀ སུཔ྄། ས་བྷ་མང་པོ་ཉིད་ཀྱིས་ཀེ། ཀུ་ཨི་ལ་སོགས། སུ་ཥུ་ 19-1-185 རུ་སོང༌། ཨ་མུ་ཀེ་ཥུ། ཞེས་པའོ། །དེ་དག་གིས་ཧ་ས་མཐའ་ཅན་ཕོ་རྟགས་རྣམས་རྫོགས་སོ།། །། ༒ དེ་ནས་ཧ་སའི་མཐའ་ཅན་བུད་མེད་ཀྱི་རྟགས་རྣམས་བཤད་པར་བྱ་སྟེ། དེ་ལ་ དང་པོར་མོ་རྟགས་ཧ྄་མཐའ་ཅན་ནི། ཨུ་པ་ན་ཧ྄འི་སྒྲ་ལ། ཨུ་པན་ཧ྄སི་བཞག ན་ཧོ་དྷཿ། ན་ ཧ྄་ཡི་དྷའོ། །ནཧ྄་ཡི་མཐའ་ཅན་གྱི་ཕ་རོལ་ར་སའི་རྐྱེན་བྱུང་བ་དང༌། རང་ཉིད་ཚིག་མཐར་ གྱུར་པ་ལ་མཐའི་ཧ྄་ཡིག་དྷ་ཡིག་ཏུ་འགྱུར་རོ། །ར་ས་ཕ་རོལ་ནི་འོག་ཏུ་བྷ་ལྡན་དང་སུཔ྄་ ཡིན་ལ། འདིར་ནི་ཚིག་མཐའོ། །དེ་ཡང་སི་ཕྱིས། ཚིག་མཐར་སོང༌། ཧ྄་དྷ྄་རུ་བསྒྱུར། གནས་ མེད་པ་ཞེས་པས། ཛ་བའི་དབང་དུ་བྱས་ནས། དྷ་ད྄་རུའམ། ཙ་པའི་དབང་དུ་བྱས་ན། དྷ྄་ད྄་ དང༌། ད྄་ཏ྄་རུ་འགྲོ།ཨུ་པ་ན་ཏ྄། ཨུ་པ་ན་ད྄། ༈ ཨཽ་སོགས་དབྱངས་རྐྱེན་ལ། དབྱངས་མེད་ ཕ་རོལ་སྦྱོར་བ་ཁོ་ན་ཡིན་ལ། ༈ བྷ་ལྡན་ལ། ན་ཧ྄འི་དྷ྄འོ་ཞེས་པས་ཧ྄་དྷ྄། ཛྷ་བྷ་ལས་ཛ་བ་ ཞེས་པས། དྷ྄་ད྄་རུ་སོང༌། དྲངས། ༈ སུཔ྄་ལ་དེ་དང་འདྲ་བ་ལས་ཁ་ས་ལ། ཙ་བ་ལ་སོགས། ད྄་ཏ྄་རུ་བསྒྱུར་བ་ཡིན་ནོ། ༈ །ཨུ་པ་ན་ཧཽ། ཨུ་པ་ན་ཧཿ། ༈ ཧེ་ཨུ་པ་ན་ཏ྄། ཧེ་ཨུ་པ་ན་ད྄། ཧེ་ ཨུ་པ་ན་ཧཽ། ཧེ་ཨུ་པ་ན་ཧཿ། ༈ ཨུ་པ་ན་ཧཾ། ཨུ་པ་ན་ཧཽ། ཨུ་པ་ན་ཧཿ། ༈ ཨུ་པ་ན་ཧཱ། ཨུ་པ་ན་ དྦྷྱཱཾ། ཨུ་པ་ན་དྦྷིཿ། ༈ ཨུ་པ་ན་ཧེ། ཨུ་པ་ན་དྦྷྱཱཾ། ཨུ་པ་ན་དྦྷྱཿ། ༈ ཨུ་པ་ན་ཧཿ ཨུ་པ་ན་དྦྷྱཱཾ། ཨུ་ པ་ནདྦྷྱཿ། ༈ ཨུ་པ་ན་ཧཿ། ཨ་པ་ན་ཧོཿ། ཨུ་པ་ན་ཧཱཾ། ༈ ཨུ་པ་ན་ཧི། ཨུ་པ་ན་ཧོཿ། ཨུ་པ་ནཏྶུ། ཞེས་པའོ། ། ༈ བ྄་ཡིག་མཐའ་ཅན་ལ། དི་བ྄་ཀྱི་སྒྲ་སྟེ། དི་བ྄་ཨཽ་སཽ། དི་བ྄་ཡི་ཨཽ་སི་ལའོ། །དི་བ྄་ཀྱི་ སི་ལ་ཨཽའོ་བྱས་ན་གོ་བདེ། དི་བ྄འི་སྒྲ་ལ། སི་བྱིན་པས། བ྄་ཡིག་ཨཽ་རུ། ཨཱ་དེ་ཤ་བྱའོ། །དི་ བ྄་སི། དི་བ྄་ཡི་ཨཽ་སི་ལའོ། །ཞེས་པས་བ྄་ཨཽ་རུ་སོང༌། དི་ཨཽས྄། དིའི་ཨི་ཕྲལ། ཨི་ཡ྄་རུ་ བསྒྱུར། ད྄་ཡ྄་ཨཽ་ལ་དྲངས། སི་རྣམ་བཅད། དྱཽཿ། དི་བ྄་ལ་ཨཽ་སོགས། དི་བཽ། དི་བཿ། ༈ 19-1-186 ཧེ་དྱོཿ། ཧེ་དི་བཽ། ཧེ་དི་བཿ། ༈ དི་བ྄་ཨམ྄། བཱ་མི། ཨམ྄་ལ་ཨཱ་ཡང་ནའོ། །དི་བ྄་ལ་ཨམ྄་ ཕ་རོལ་ཏུ་བྱུང་ན་བ྄་ནི་ཨཱ་རི་འགྱུར་ཏེ། ཡང་ན་ཞེས་པས། ཡང་ན་བ྄་ཨ་རུ་མི་འགྱུར་ཨམ྄་ ལ་སྦྱོར་ཞེས་པ་སྟེ། དི་ཨ། ཨམ྄། ཨི་ཡ྄། ད྄ཡ྄་ཨ་ཨམ྄།འདྲ་བ་ལ་རིང་པོར་དྲངས་པས་དྱཱཾ། ཡང་ན་དི་བཾ། ཞེས་པའོ། །དི་བཽ། དི་བཿ། ༈ དི་བཱ། ཨུ་ར་སེ། ར་ས་ལ་ཨུའོ། །ར་སའི་རྐྱེན་ ཕ་རོལ་ཏུ་བྱུང་ན། མོ་རྟགས་བ྄་མཐའི་བ྄་ཨུ་ཡིག་ཏུ་བསྒྱུར་བ་སྟེ། ས་བྷ་ཅན་ནི་ར་ས་ཡིན་ནོ། ། དི་བ྄་བྷྱཱམ྄། བ྄་ཨུ། ཨི་ཡ྄། ད྄་ཡ྄་ཨུ། དྲངས། དྱུ་བྷྱཱཾ། ངུྻ་བྷིཿ། ༈ དི་བེ། དྱུ་བྷྱཱཾ། དྱུ་བྷྱཿ། ༈ དི་ བཿ། དྱུ་བྷྱཱཾ། དྱུ་བྷྱཿ། ༈ དི་བཿ། དི་བོཿ། དི་བཱཾ། ༈ དི་བི། དི་བོཿ། སུཔ྄་ལ་བྷ་ལྡན་དང་འདྲ་བ་ ལས། ཀུ་ཨི་ལ་སོགས། ངྻུཥུ། ༈ རེ་ཕའི་མཐའ་ཅན་ལ། གྲངས་བརྗོད་པ་མོ་རྟགས་ཏྲི་སྒྲ་དང༌། མོ་རྟགས་ཙ་ཏུར྄་གྱི་ སྒྲ་སྟེ། འདི་ལའང་མང་ཚིག་ཁོ་ན་ཏེ། ཏྲི་ཙ་ཏུ་རོཿསྟྲི་ཡཱཾ་ཏི་སྲྀ་ཙཏ་སྲཱྀ་བ་ཏ྄། ཏྲི་ཙ་ཏུར྄་དག་གི་ བུད་མེད་ལ་ཏི་སྲྀ་ཙ་ཏ་སྲཱྀ་འདྲའོ། །མོ་རྟགས་ཀྱི་ཏྲི་སྒྲ་དང་ཙ་ཏུར྄་གྱི་སྒྲ་ལ། ཛས྄་སོགས་རྐྱེན་ བདུན་པོ་གང་བྱུང་ཡང༌། ཏྲི་ནི། ཏི་སྲྀ་(མོ་གསུམ་)དང༌། ཙ་ཏུ་ར྄་(མོ་བཞི་)ནི་ཙ་ཏ་སྲྀ་རུ་བསྒྱུར་ དགོས་ལ། ཙ་ཏ་སྲྀ་ཐུང་ངུ་ཡིན་མོད། སྲཱྀ་འདྲ་བ་ཞེས་པའི་རཱྀ་སྨོས་པས། རཱྀ་རིང་པོ་དང་འདྲ་ བའི་དོན་ཏེ། དེ་གཉིས་དངོས་སུ་རྀ་ཐུང་ཡིན་ཡང༌། རཱྀ་རིང་པོ་དང་འདྲ་བས། ས་ཏྲྀ་དག་གི་ ཨར྄འོ། །ཞེས་པའི་མདོ་འཇུག་པ་མེད་པའོ། །དེའི་གོ་དོན་ནི། རྀ་དེ་ཨར྄་དུ་བྱེད་དགོས་པ་ འདྲ་ཅིག་འདུག་ཀྱང༌། མི་བྱེད་པར་རྀ་དེ་ར྄་རུ་བསྒྱུར་བའོ། །ཏྲི་ཛས྄། ཙ་ཏུར྄་ཛས྄། ཏྲི་ཏི་སྲྀ་ དང༌། ཙ་ཏུ་ར྄། ཙཏ་སྲྀ་རུ་བསྒྱུར། ཏི་སྲྀ་ཨསྲ། ཙ་ཏ་སྲྀ་ཨས྄། ཞེས་འབྱུང༌། རྀ་ཡིག་གིས་ཨ་ མཐོང༌། ར྄་རུ་སོང༌། དྲངས། ས྄་རྣམ་བཅད། ཏི་སྲཿ། ཙ་ཏ་སྲཿ། ༈ །དེ་ཁོ་ན་བཞིན་དུ་ཤས྄་ ལ་འང་སྟེ། ཏི་སྲཿ། ཙ་ཏ་སྲཿ། ༈ བྷ་ལྡན་ལ་ཏི་སྲྀ་དང༌། ཙ་ཏ་སྲྀ་རུ་བསྒྱུར་བ་ལས་གཞན་རྣམ་ འགྱུར་མེད། ཏི་སྲྀ་བྷིཿ། ཙ་ཏ་སྲྀ་བྷིཿ། ༈ ཏི་སྲྀ་བྷྱཿ། ཙ་ཏ་སྲྀ་བྷྱཿ། ཞེས་བཞི་པ་དང༌། ཏི་སྲྀ་ 19-1-187 བྷྱཿ། ཙ་ཏ་སྲྀ་བྷྱཿ། ལྔ་པའོ། ༈ །ཨཱམ྄་གྱི་སྐབས་འདིར་སྡེབ་སྦྱོར་ལས། རྟགས་མཐའ་རིང་པོ་ དང་ཐུང་ངུ་གདམ་ཀ་ཡིན་ལ། སྒྲ་གཞུང་རང་ལུགས་ལ་རིང་པོའོ། །ཏྲི་ཨཱམ྄། ཙ་ཏུར྄། ཨཱམ྄། ནུཊ྄་སྟེ། བསྒྱུར། ཏི་སྲྀན྄་ཨཱམ྄། ཙ་ཏ་སྲྀ་ན྄་ཨཱམ྄། རིང་པོར་བྱེད་ན། ནཱམ྄་ལའོ། །ཞེས་པས། ཏི་སྲྀ་ན྄ ཨཱམ྄། ཙ་ཏ་སྲྀ་ན྄་ཨཱམ྄། དྲངས། ཥ་ར་རྀ་སོགས། ཏི་སྲཱ་ཎཱཾ། ཙ་ཏ་སྲཱྀ་ཎཱཾ། ཏི་སྲཱྀ་ཎཱཾ། ཙ་ ཏ་སྲྀ་ཎཱཾ། ༈ སུཔ྄་ལ། ཏི་སྲྀ་དང༌། ཙ་ཏ་སྲྀ་རུ་བསྒྱུར། ཀུ་ཨི་ལ་སོགས། ཏི་སྲྀ་ཥུ། ཙ་ཏ་སྲྀ་ཥུ། སྨྲ་བ། ༈ ར྄་མཐའ་ཅན་གིར྄་གྱི་སྒྲ་ལ། ཡྦོརྦི་ཧ་སེ། ཨི་ཨུ་དག་ར་བ་ལ་དང་ཧ་ས་ལའོ། །ཨི་ དང༌། ཨུ་ནི། ཨི་ཀཱ་ར་དང༌། ཨུ་ཀཱ་ར་ཚིག་སྡུད་ཀྱིས་བསྡུས་པ་ཡིན་པས། ཨི་ཐུང་ཁོ་ན་དང་ ཨུ་ཐུང་ཁོ་ན་ཡིན་པར་བཤད་དོ། །རེ་ཕའི་བྱིངས་ཡིན་པའི་མིང་ལ་མཐའི་སྔོན་མ་ཨིཏ྄་དང་ ཨུཏ྄་གང་རུང་ཡོད་པ་ལ་སི་བྱིན། ཨིཏ྄། ཨཱི་དང༌། ཨུཏ྄་ཨུ་རུ་འགྱུར་ཏེ། ཨུ་ཡིག་འོག་ཏུ་ འབྱུང༌། འདི་ཨི་སྟེ། གིར྄་སི། གི་དེ་གཱི་རུ་སོང༌། སི་ཕྱིས། ར྄་རྣམ་བཅད། གཱིཿ། ༈ ཧེ་གཱིཿ། ༈ ལྷག་མ་ཨཽ་སོགས་ཕ་རོལ་དུ་དྲངས་པ་ཁོ་ནས་ཆོག་པ་ལས་བྷ་ལྡན་ལ་བྷ་ཉིས་འགྱུར་དུ་ འདོད་དོ། །གི་རཽ། གི་རཿ། ༈ གི་རཾ། གི་རཽ། གི་རཿ། ༈ གི་རཱ། གཱི་རྦྷྦྷྱཱཾ། གཱིརྦྷྦྷིཿ། ༈ གི་རེ། བྷྱཱཾ་ བྷྱཿ། ༈ གི་རཿ། བྷྱཱཾ་བྷྱཿ། ༈ གི་རཿ། གི་རོ། གི་རཱཾ། ༈ གི་རི། གི་རོཿ། གིཪྵུ། ༈ དེ་ཁོ་ན་དང་ འདྲ་བར། པུར྄་དྷུར྄་སོགས་ཀྱང་སྟེ། པཱུཿ། པུ་རཽ་སོགས། པུ་རྦྷྱཱཾ། པཱུཪྵུ་སོགས་སོ། ༈ །དྷཱུཿ། དྷཱུརཽ། དྷཱུརྦྷྱཱཾ། དྷུཪྵུ། ༈ དྷ྄འི་མཐའ་ཅན། ས་མི་དྷ(ཡམ་ཤིང་)འི་སྒྲ་ལ། ས་མི་དྷ྄་སི། སི་དབྱི། ཚིག་མཐའ་ལ་དྷ྄་ ད྄་རུ་སོང༌། གནས་མེད་སོགས་ཡང་ན་ཏ྄འོ། །ས་མིད྄། ས་མིཏ྄། ༈ ཧེ་ས་མིད྄། ཧེ་ས་མིཏ྄། ༈ བྷ་ལྡན་ལ། དྷ྄་ད྄། སུཔ྄་ལ་ད྄་ཡང་ཏ྄་རུ་འགྲོ། དབྱངས་རྣམས་ལ་ཕ་རོལ་དུ་དྲངས། ས་མི་ དྷཽ། ས་མི་དྷཿ། ༈ ཧེ་ས་མི་དྷཽ། ཧེ་ས་མི་དྷཿ། ༈ སི་མི་དྷཾ། ས་མ་དྷཽ། ས་མི་དྷཿ། ༈ ས་མི་དྷཱ། སི་ 19-1-188 མིདྦྷྱཱཾ། སི་མི་དྦྷིཿ། ས་མི་དྷེ། བྷྱཱཾ་བྷྱཿ། ༈ ས་མ་དྷཿ། བྷྱཱཾ་བྷྱཿ། ༈ ས་མ་དྷཿ། ས་མ་དྷོཿ། ས་མི་དྷཱཾ། ༈ ས་མི་དྷི། སི་མི་དྷོཿ། ས་མིཏྶུ། ༈ བྷ྄་མཐའ་ནི། ཀ་ཀུ་བྷ྄་(ཡུལ་ཕྱོགས་)ལྟ་བུ་སྟེ། ཀ་ཀུ་བྷ྄་སི། སི་ཕྱིས། གནས་མེད་ སོགས། བྷ྄་ནི་བ྄་རུ་འགྱུར་བའམ་ཡང་ན་པ྄་རུ་སོང༌། ཀ་ཀུབ྄། ཀ་ཀུཔ྄། ༈ ཧྲེ་ཀ་ཀུ་བ྄། ཧེ་ ཀ་ཀུ་པ྄་ཞེས་སོ། ༈ །བྷ་ལྡན་ལ་ཛྷ་པ་སོགས་ཀྱིས་བ྄་དང༌། སུཔ྄་ལ་ཁ་ས་ལ་སོགས་ཀྱིས་པ྄་ རུ་འགྲོ། ༈ དབྱངས་ལ་ཕ་རོལ་ཏུ་འདྲེན་པ་ཁོ་ནའོ། །ཀ་ཀུ་བྷཽ། ཀ་ཀུ་བྷཿ། ཀ་ཀུ་བྷྱཱཾ། ཀ་ཀུ་ བྷཽ། ཀ་ཀུ་བྷཿ། ༈ ཀ་ཀུ་བྷཱ། ཀ་ཀུ་བྷྱཾ། ཀ་ཀུ་བྦྷིཿ། ༈ ཀ་ཀུ་བྷེ། བྷྱཱཾ་བྷྱཿ། ༈ ཀ་ཀུ་བྷཿ། བྷྱཱཾ་བྷྱཿ། ༈ ཀ་ཀུ་བྷཿ། ཀ་ཀུ་བྷོཿ། ཀ་ཀུ་བྷཱཾ། ཀ་ཀི་བྷི། ཀ་ཀུ་བྷོཿ། ཀ་ཀུཔྶུ། ཞེས་པའོ། ། ༈ ད་ཡིག་མཐའ་ལས་ཏྱད྄་སོགས་རྣམས་སོ། །དེ་རྣམས་ལ་ཏྱད྄་སོགས་ལ་མཐའི་ཊི་ཕྱི་ བ་ཡིན་ཀྱང༌། དབྱངས་མི་དབྱི་སྟེ། གསལ་བྱེད་ཁོ་ན་དབྱིའོ། །ཡང་དེའི་དབྱངས་མཐའ་རྟེན་ པ་ཨ་རུ་ཡོད་པ་དང༌། བུད་མེད་ལ་ཨ་ལ་ཨཱཔ྄འོ། །ཞེས་པས། མོ་རྟགས་སྐབས་འདིར་ཏྱད྄་ སོགས་ལ་རྟགས་ཀྱི་ཨ་ཡིག་ལ་ཨཱབ྄་ཀྱི་རྐྱེན་སྟེར། ཨཱཔ྄་ཀྱི་པ྄་རྗེས་འབྲེལ་དང༌། སི་ཕྱི་པའི་ དོན་ནོ། །རྟགས་ཀྱི་ཨ་དང་ཨཱཔ྄འི་ཨཱ་མཚུངས་འདྲ་རིང་པོ་བྱ། གཞན་མོ་རྟགས་སརྦྦའི་བྱ་ བ་དང་ཕལ་ཆེར་མཚུངས། ངིཏ྄་ལ་སོགས་པ་འགའ་ཞིག་མ་གཏོགས། གངྒཱ་དང་ཡང་འདྲའོ། ། དེ་ཡང༌། ཏྱད྄་སི། ཊིའི་ད྄་ཕྱིས། ཨཱཔ྄་བྱིན་པ྄་ཕྱིས། འདྲ་བ་རིང་པོ། ཏའི་སའོ། །ཞེས་པས། ཏྱཱ་ཡི་ཏ྄་ས྄་རུ་བསྒྱུར། སི་དབྱི། སྱཱ། ཏྱད྄། ཨཽ། ད྄་དབྱི། ཨཱ་པ྄། འདྲ་རིང༌། ཨཽ་ཨཱི། ཨ་ཨི་ལ་ ཨེ། དྲངས། ཏྱེ། ཏྱད྄་ཛས྄། ད྄་ཕྱི། ཨཱཔ྄། རིང་པོ། ཛས྄་ཀྱི་ཨ་འདྲ་བ། རྣམ་བཅད། ཏྱཱཿ། ༈ ཏྱད྄་ཨམ྄། ད྄་ཕྱི། ཨཱཔ྄། ཨམ྄་གྱི་ཨ་འདྲ་བའི། ཏྱཱཾ། ཨཽ་གོང་བཞིན། ཏྱེ། ཤས྄་ཛས྄་བཞིན། ཏྱཱཿ། ༈ ཏྱད྄་ཊཱ། ད྄་དབྱི། ཨཱཔ྄། ཊཱ་ཨོས྄་དག་ལ་ཨེ། ཨེ་ཨ་ཡ྄། དྲངས། ཏྱ་ཡཱ། ཏྱད྄་བྷྱཱམ྄། ད྄་ཕྱིས། ཨཱཔ྄། ཏྱཱ་བྷྱཱཾ། དེ་དང་འདྲ་བར། ཏྱཱ་བྷིཿ། ༈ ཏྱད྄་ངེ༌། ད྄་ཕྱི། ཨཱཔ྄། ངིཏ྄་རྣམས་ཀྱི་ཡ་ 19-1-189 ཊྲའོ། །ཡ་ཊྲ་ལས་ཨཏ྄་ཡང་ངོ༌། །ཞེས་པས་སོ། །ཏྱཱ་ཀྱི་སྲོག་ཨཱ་རིང་པོ་ཨ་ཏ྄་དུ་སོང་ཞིང༌། ཡ་ ཊྲ་ཀྱི་གོང་དུ་སུཊྲ་ཨཱ་ག་མ་སྟེར། ཏྱ་ས྄་ཡ྄་ཨེ། ཞེས་སོ། །ཡའི་ཨ་ཨཻ། ཏྱསྱཻ། ཏྱཱ་བྷྱཱཾ། ཏྱཱ་བྷྱཿ། ༈ ཏྱད྄་ངསི། ད྄་ཕྱིས། ཨཱཔ྄། ཡ་ཊྲ། ཡཊྲ་ལ་ཨེཏ྄་ཡང་ངོ༌། །ཞེས་པས། སུཊྲ་རྟགས་མཐའ་ ནི་སྔར་རིང་པོ་ཡིན་པ་ཐུང་ངུར་སོང༌། ཏྱ་ས྄་ཡ་ཨཱས྄། དྲངས། རྣམ་བཅད། ཏྱསྻཱཿ། ཏྱཱ་བྷྱཱཾ། ཏྱཱ་ བྷྱཿ། ༈ ཏྱད྄་ངས྄། ངས྄་སྱའོ་མི་འཇུག་ཀྱང༌། ངསི་དང་འདྲ། ཏྱ་སྱཱཿ། ཏྱད྄་ཨོས྄། ད྄་ཕྱིས། ཨཱཔ྄། འདྲ་བ། ཊཱ་ཨོས྄་དག་གི་ཨེ། ཨེ་ཨ་ཡ྄། ཏྱ་ཡ྄་ཨོས྄། དྲངས། ཏྱ་ཡོཿ། ཏྱད྄་ཨཱམ྄། ད྄་ དབྱི། ཨཱཔ྄། ཡང་ན་ཐོག་མར་སུཊ྄་བྱིན། དེའི་རྗེས་སུ་ཨཱཔ྄། ཏྱཱས྄་ཨཱམ྄། དྲངས། ཏྱཱ་སཱཾ། ༈ ཏྱད྄་ངི༌། ད྄་ཕྱིས། ཨཱཔ྄། ངི་ཨཱམ྄་དུ་འགྲོ། ཏྱཱ་ཨཱམ྄། ཞེས་སོ། །ཡ་ཊ྄། སུཊ྄། མཐའ་ཐུང༌། ཏྱ་ ས྄་ཡ྄་ཨཱམ྄། དྲངས། ཏྱ་སྱཱཾ། ཨོས྄་གོང་དང་འདྲ། ཏྱ་ཡོཿ། ཏྱད྄་སུཔ྄། ད྄་དབྱི། ཨཱཔ྄། ཏྱཱ་སུ། ༈ དེས་མཚོན་ཏེ། ཏད྄་དང༌། ཡད྄་དང༌། ཨེ་ཏད྄་སོགས་ཀྱི་མོ་རྟགས་ཀྱང་ཆོ་ག་འདི་ཁོ་ ནས་སྒྲུབ་སྟེ། ལུས་འགྱུར་ལ་ཐེ་ཚོམ་མི་འཇུག་པའི་ཕྱིར་མགོ་སྨོས་ན། ཏད྄་སི། ད྄་ཨཱཔ྄། ཏ་ ཡི་སའོ། །ཞེས་པས། ཏ་ས་རུ་བསྒྱུར། སི་ཕྱིས། སཱ། ཞེས་པ་གྲུབ། ཨཽ་ཨཱི་རུ་བསྒྱུར་བས། ཏེ། དེ་བཞིན་དུ། ཏཱཿ། ༈ ཏཱཾ། ཏེ། ཏཱཿ། ༈ ཊཱ་ཨོས྄་དག་ལ་ཨེའོ། །ཏ་ཡཱ། ཏཱ་བྷྱཱཾ། ཏཱ་བྷིཿ། ༈ ཏད྄་ ངེ་། ངིཏ྄་རྣམས་ཀྱི་ཡ་ཊ྄འོ། །ཡ་ཊ྄་ལ་ཨཏ྄་ཡང་ངོ༌། །ཞེས་པས་ང་ལྡན་ལ་ཡཊ྄། སུཊ྄། ཐུང་ ངུ་རྣམས་ཏེ། ཏ་སྱཻ། ཏཱ་བྷྱཱཾ། ཏཱ་བྷྱཿ། ༈ དེ་དྲན་པར་བྱས་ཏེ། ཏ་སྱཱ། ཏཱ་བྷྱཱཾ། ཏཱ་བྷྱཿ། ༈ ངས྄་ངསི་ འདྲ། ཏ་སྱཱཿ། ཊཱ་ཨོས྄་དག་པ་ཨེ། ཏ་ཡོཿ། སུ་ཊ྄་བྱིན། ཏཱ་སཱཾ། ༈ ངི་ཨཱམ྄། ཡ་ཊ྄། སུ་ཊ྄། ཏུ་ སྱཱཾ། དྲུག་པའི་གཉིས་པ་དྲན། ཏ་ཡོཿ། ཏཱ་སུ། ཞེས་སོ། ༈ །ཡང྄་ལ་ཏ་ཡིག་མེད་པས་སི་ལ་ས་ རུ་འགྲོ་རྒྱུ་མེད། གཞན་འདྲ། ཡཱ། ཡེ། ཡཱཿ། ༈ ཡཱཾ། ཡེ། ཡཱཿ། ༈ ཡ་ཡཱ། ཡཱ་བྷྱཱཾ། ཡཱ་བྷིཿ། ༈ ཡ་ སྱཻ། ཡཱ་བྷྱཱཾ། ཡཱ་བྷྱཿ། ༈ ཡ་སྱཱཿ། བ་ཡཱ་བྷྱཱཾ། ཡཱ་བྷྱཿ། ༈ ཡ་སྱཱཿ། ཡ་ཡོཿ། ཡཱ་སཱཾ། ༈ ཡ་སྱཱཾ། ཡ་ཡོཿ། ཡཱ་སུ། ཞེས་པའོ། ༈ །ཨེ་ཏད྄་ལ་སིའི་སྐབས་སུ། ད྄་ཕྱིས། ཏ་ས྄་རུ་སོང༌། ཀུ་ཨི་ལ་སོགས། 19-1-190 ནཱ་མི་ཨེ་ལས་ས་ཡིག་ཥ་ཡིག་ཏུ་འགྲོ། གཞན་འདྲ་སྟེ། ཨེ་ཥཱ། ཨེ་ཏེ། ཨེ་ཏཱཿ། ༈ ཨེ་ཏཱཾ། ཨེ་ ཏེ། ཨེ་ཏཱཿ། ༈ ཨེ་ཏ་ཡཱ། ཨེ་ཏཱ་བྷྱཱཾ། ཨེ་ཏཱ་བྷིཿ། ༈ ཨེ་ཏ་སྱཻ། ཨེ་ཏཱ་བྷྱཱཾ། ཨེ་ཏཱ་བྷྱཿ། ༈ ཨེ་ཏ་ སྱཱཿ། ཨེ་ཏཱ་བྷྱཱཾ། ཨེ་ཏཱ་བྷྱཿ། ༈ ཨེ་ཏ་སྱཱཿ། ཨེ་ཏ་ཡོཿ། ཨེ་ཏཱ་སཱཾ། ༈ ཨེ་ཏ་སྱཱཾ། ཨེ་ཏ་ཡོཿ། ཨེ་ཏཱ་ སུ། ༈ དེ་བཞིན་དུ་ཀིམ྄་གྱི་སྒྲ་ལ། ཕ་རོལ་དུ་རྣམ་དབྱེ་ཉེར་གཅིག་པོ་གང་བྱུང་ཡང༌། ཊི་ཨ་ རུ་བསྒྱུར་བས་ཀ་འབའ་ཞིག་ཏུ་སོང༌། གཞན་ཏྱད྄་སོགས་ཀྱི་མོ་རྟགས་ཡིན་པས་འདྲ། ཀཱ་ཀེ་ ཀཱཿ། ༈ ཀཱཾ་ཀེ་ཀཱཿ། ༈ ཀ་ཡཱ། ཀཱ་བྷྱཱཾ། ཀཱ་བྷིཿ། ༈ ཀ་སྱཻ། ཀཱ་བྷྱཱཾ། ཀཱ་བྷྱཿ། ༈ ཀ་སྱཱཿ། ཀཱ་བྷྱཱཾ། ཀཱ་ བྷྱཿ། ཀ་སྱཱ། ཀ་ཡོཿ། ཀཱ་སཱཾ། ༈ ཀ་སྱཱཾ། ཀ་ཡོཿ། ཀཱ་སུ། ཞེས་སོ། ། ༈ ད་ནི་མོ་རྟགས་ཨི་དམ྄་གྱི་སྒྲའི་དབང་དུ་བྱས་ནས། ཐུན་མོང་བ་རྣམས་ཏྱད྄་དང་འདྲ། ཨི་ཡཾ་སྟྲཱི་ཡཱཾ། བུད་མེད་ལ་ཨི་ཡམ྄་མོ། ཨི་དམ྄་སི། ཨི་བརྗོད་དོན། མོ་རྟགས་ལ། ཨི་དམ྄་ ས྄་དང་བཅས་པ་ཨི་ཡམ྄་དུ་བསྒྱུར་རོ། །ཞིབ་མོར་ན། ཊི་ཨ་དང༌། ད྄་མ་རུ་སོང༌། ཨཱཔ྄་བྱིན། མཱ་རིང་པོ། ཨི་མཱས྄་དང་བཅས་པ་ཨི་ཡམ྄་མོ། །དེ་བཞིན་དུ། འོག་མ་ཐམས་ཅད་ལ་ཡང༌། ཊི་ ཨ། ཨི་དམ྄། ཨི་ད་རུ་སོང༌། དའི་མའོ་ཞེས་ད་མ་རུ་སོང༌། ཨཱཔ྄་བྱིན། མཱ་རིང་པོར་སོང་བས། ཨི་མཱ་རུ་བསྒྱུར་ཟིན་པ་གཞིར་བཞག་བྱས་ནས་སྒྲུབ་དགོས་ན། ཨཽ་སོགས་ལ་སྔར། ཨི་མཽ་ ལ་སོགས་པར་འགྲོ་བ་བཞིན་མི་བྱེད་པར། བཤད་མ་ཐག་པའི་ཏྱད྄་སོགས་མོ་རྟགས་བཞིན་ བྱས་པས། ཨི་མེ། ཨི་མཱཿ། ༈ ཨི་མཱཾ། ཨི་མེ། ཨི་མཱཿ། ཞེས་སོ། ༈ ཨི་མཱ་ཊཱ། ཨི་མཱ་ཊཱ་ཨོས྄་ ལ་ཨ་ན་ཞེས་པས། ཨི་མཱ་ཨ་ན་དུ་སོང་ཊཱ་ཨོས྄་དག་ལ་ཨེ་ཞེས་པའང་འཇུག ཨ་ནེ་ཨཱ་བྱུང༌། ཨེ་ཨ་ཡ྄། དྲངས། ཨ་ན་ཡཱ། ཕོ་རྟགས་ཨ་ནེ་ན་དང་མི་འདྲ་བར་རྟགས་མཐའ་ཨེ་དང་ཨེ་ཨ་ ཡར་བྱེད་པའོ། ༈ །བྷ་ས་ལ་ཨའོ་ཞེས་ཨི་མ་ནི་ཨ་རུ་བསྒྱུར། ཨཱཔ྄་བྱིན། ཨཱ་འདི་བྷ་ལྡན་དང་ སུཔ྄་ཀྱི་སྐབས་ཐམས་ཅད་ལ་མདོས་ཟིན། གཞན་ལ་མིན་ཡང་འདི་མན་ཆད་ཐམས་ཅད་ལ་ སྦྱོར་དགོས་པ་ཉིད་དུ་དྲན་པར་བྱའོ། །ཨཱ་བྷྱཱཾ། ཨཱ་བྷིཿ། ༈ ཡ་ཊ྄། སུཊྲ། ཐུང་ངུ༌། ཨ་སྱཻ། ཨཱ་ 19-1-191 བྷྱཱཾ། ཨཱ་བྷྱཿ། ༈ ཨ་སྱཱཿ། ཨཱ་བྷྱཱཾ། ཨཱ་བྷྱཿ། ༈ ཨ་སྱཱཿ། ཨ་ན་རུ་སོང༌། ཨ་ཨེ་རུ་སོང༌། ཨེ་ཨ་ ཡ྄། དྲངས། ཨ་ན་ཡོཿ། སུཊ྄། ཨ་སཱཾ། ༈ ངི་ཨཱམ྄། ཨཊ྄། སུཊ྄། ཐུང་ངུ་། ཨ་སྱཱཾ། ཨ་ན་ཡོཿ། ཨཱ་སུ། ༈ མོ་རྟགས་ཙ྄་མཐའ་ལས། ཏྭཙ྄(པགས་པ་)འི་སྒྲ་ལ། ཏྭ་ཙ྄་སི། ཙུའི་ཀུའོ་ཞེས་པས་ཙ྄་ ཀ྄་རུ་སོང༌། གནས་མེད་པ་ལ་ཡང་ནའོ། །ཞེས། ཀ྄་ཉིད་དུ་གནས་པའམ། ག྄་རུ་བསྒྱུར། སི་ ཕྱིས། ཏྭཀ྄། ཏྭ་ག྄། ཏྭཙ྄། ཨཽ། དྲངས། ཏྭ་ཙཽ། དེ་གཉིས་ཀྱིས་མཚོན་ཏེ། བྷ་ས་སི་དང་འདྲ་ལ། དབྱངས་རྐྱེན་ཨཽ་དང་འདྲ་སྟེ། ཏྭ་ཙ྄་ཛས྄། ཏྭ་ཙཿ། ༈ ཧེ་ཏྭ་ཀ྄། ཧེ་ཏྭ་ག྄ ཧེ་ཏྭ་ཙཽ། ཧེ་ཏྭ་ཙཿ། ༈ ཏྭ་ཙཾ། ཏྭ་ཙཽ། ཏྭ་ཙཿ། ༈ ཏྭ་ཙཱ། ཙ྄་ཀ྄་རུ། ཛྷ་བྷ་ལས་ཛ་བ་སོགས། ཏྭ་གྦྷྱཱཾ། ཏྭགྦྷིཿ། ༈ ཏྭ་ཙེ། ཏྭགྦྷྱཱཾ། ཏྭགྦྷྱཿ། ༈ ཏྭ་ཙཿ། ཏྭགྦྷྱཱཾ། ཏྭགྦྷྱཿ། ༈ ཏྭ་ཙཿ། ཏྭ་ཙཽཿ། ཏྭ་ཙཱཾ། ༈ ཏྭ་ཙི། ཏྭ་ཙོཿ། ཀ྄་རུ་ བསྒྱུར། ཀུ་ཨི་ལ་སོགས། ཥུ་དྲངས། ཀ྄་ཥ྄་འདུས་པ་ཀྵ། ཏྭཀྵུ། ཞེས་པའོ། ༈ །དེ་བཞིན་དུ། ར་ཙ྄།(རིག་བྱེད་ཀྱི་ཚིག་རྐང་ལ་སོགས་པར་འགྱུར་བ་དང༌།) རཾ་ཀ྄་ལ། བཱཙ྄། བཱཀ྄་ལ་སོགས་པའི་འགྱུར་ བ་ཐམས་ཅད་ཏྭ་ཙ྄་དང་འདྲ་སྟེ་དེ་སོགས་མང་པོའོ། ། ༈ པ྄་ཡིག་མཐའ་ཅན། ཨཔ྄་(ཆུའི་མིང་)ལྟ་བུ་སྟེ། འོན་ཀྱང་འདི་ལ་མང་ཚིག་ཁོ་ན་འཇུག་ གོ །ཨཔ྄་ཛས྄། ན྄་ས྄༌། ཨཔ྄་མ་ཧད྄་ཀྱི་དྷི་མིན་པ་ལ་རིང་པོ་སྟེ་ཞེས་པས་ཨཔ྄་ཀྱི་ཨ་རིང་པོ་ སྟེ་ཨཱ་རུ་བསྒྱུར། པ྄་དྲངས། ས྄་རྣམས་བཅད། ཨཱ་པཿ། ༈ ཨཔ྄་ཤས྄། དྲངས། རྣམ་བཅད། ཨ་བ་བྷི་ད་པཱཾ། ཨཔ྄་རྣམས་ཀྱི་བྷ་ལ་དའོ། །ཨཔ྄་བྷིས྄་བཞག ཨ་པ྄་རྣམས་ཞེས་ཨཔ྄་ ལ་སོགས་པ་མང་པོའི་དོན་ཏེ། ཕ་རོལ་བྷ་ལྡན་ལ། རྟགས་མཐའི་པ྄་དབྱངས་མེད་ད྄་རུ་ འགྱུར་ཏེ། ཨད྄་བྷིཿ། དྲངས། ཨདྦྷིཿ། ༈ ཨདྦྷྱཿ། ༈ ཨདྦྷྱཿ། ཨཔ྄། ཨཱམ྄། ཨ་པཱཾ། ༈ ཨཔ྄་ སུཔ྄ེ། ཨཔྶུ། ༈ ཤ྄་ཡིག་མཐའ་ལ། དི་ཤ྄འི་རྟགས་ནི། དི་ཤ྄་སི། དི་ཤཱཾ་ཀཿ། དི་ཤ྄་རྣམས་ཀྱི་ཀའོ། ། རྣམས་ཀྱི་ཞེས་པས། དྲྀ་ཤ྄།(ལྟ་བ།) སྤྲ་ཤ྄།(རེག་པ།) མྲྀ་ཤ྄་(ན་རྫུ་)ལ་སོགས་མང་པོ་ཞིག་དི་ཤ྄་ 19-1-192 ཕྱོགས་དང་བྱ་བ་གཅིག་པའི་དོན་ནོ། །འདི་རྣམས་ལ་ཕ་རོལ་དུ་ར་ས་སོ་སོར་བསྡུ་བའི་རྐྱེན་ བྷས྄་བྱུང་བ་དང༌། ཚིག་མཐར༌གྱུར་པ་སི་ཕྱིས་རྗེས་ལྟ་བུ་ལ། རྟགས་མཐའི་ཤ྄་ཡིག་ཀ྄་རུ་ བསྒྱུར་བ་སྟེ། འདིར་སི་ཕྱིས། ཤ྄་ཀ྄་རུ་སོང༌། དི་ཀ྄། ཡང་ན། གནས་མེད་སོགས། ཀ྄་ག྄་རུ་ བསྒྱུར་ཏེ། དིག྄ དབྱངས་རྐྱེན་རྣམས་ལ་དྲངས་པ་ཁོ་ནས་ཆོག དི་ཤཽ། དི་ཤཿ ༈ དི་ཤཾ། དི་ ཤཽ། དི་ཤཿ ༈ དི་ཤཱ། དི་ཤ྄་བྷྱཱམ྄། ཀ྄ཛྷ་བྷ་ལ་སོགས་ཀྱིས་ག྄། དིགྦྷྱཱཾ། དི་གྦྷཿ། ༈ དི་ཤེ། དིགྦྷྱཱི། དིགྦྷྱ། ༈ དི་ཤཿ དི་གྦྷྱཱཾ། དིགྦྷྱཿ། ༈ དི་ཤཿ། དི་ཤོཿ དི་ཤཱཾ། ༈ དི་ཤི། དི་ཤོཿ། སུཔ྄་ལ་ཤ྄་ ཀ྄་དང་སུ་ཥུ། དྲངས་པས་ཀྵུ། དི་ཀྵུ། ༈ ཧེ་དིཀ྄། ཧེ་དིག྄། ཧེ་དི་ཤཽ། ཧེ་དི་ཤཿ། ཞེས་པའོ། ༈། ཥ྄་ཡིག་མཐའ་ནི། ཏྭ་ཥ྄་(མཛེས་པ་བཀོད་པ་ལེགས་པ་ལྟ་བུའོ་)ལྟ་བུ་སྟེ། ཏྭིཥ྄སི། ཥའི་ཌའོ། ཥ྄་ཡིག་ ཌ་རུ་སོང༌། གནས་མེད་སོགས། ཌ྄་ཊ྄་རུ་བྱས་ཀྱང་རུང༌། ཏྭིཌ྄། ཏྭིཊ྄། ཏྭི་ཥཽ། ཏྭིཥཿ། ༈ ཏྭིཥཾ། ཏྭི་ཥཽ། ཏྭིཥཿ། ༈ ཏྭི་ཥཱ། བྷ་ས་ལ་ཥ྄་ཌ྄་རུ་སོང༌། བྷ་ལ་དྲངས། ཏྭི་ཌྦྷྱཱཾ། ཏྭིཌྦྷིཿ། ༈ ཏྭི་ཥེ། ཏྭི་ཌྦྷྱཱཾ། ཏྭི་ཌྦྷྱཿ། ༈ ཏྭིཥཿ ཏྭི་ཌྦྷྱཱཾ། ཏྭི་ཌྦྷྱཿ། ༈ ཏྭིཥཿ། ཏྭི་ཥོཿ། ཏྭི་ཥཱཾ། ༈ ཏྭིཥི། ཏྭིཥོཿ། ཏྭིཌ྄་སུཔ྄། ཁ་ ས་ལ་སོགས་ཌ྄ཊ྄་རུ་བསྒྱུར། ཏྭིཊྶུ། ༈ ཥ྄་ཡིག་མཐའ་ཨཱ་ཤིཥ྄་ལ། ཨཱ་ཤི་ཥ྄་སི། དོ་ཥ྄་རྣམས་ ཀྱི་རའོ། །ཞེས་པས། ཥ྄་ར྄་རུ་སོང༌། སི་ཕྱིས། ས་ཛུ་ཥ྄འི་དང༌། ཨཱ་ཤིཥ྄འི་ར་ས་ལ་རིང་པོ་སྟེ་ ཚིག་མཐའ་ལ་ཡང་ངོ༌། །ཞེས་པས། ཤཱི་སྟེ་རིང་པོར་གྱུར། ར྄་རྣམ་བཅད། ཨཱ་ཤཱིཿ དབྱངས་ རྐྱེན་རྣམས་ལ་ཥ྄་ཡིག་ཕར་དྲངས། ཨཱ་ཤི་ཥཽ། ཨཱ་ཤི་ཥཿ། ༈ ཧེ་ཨཱ་ཤཱིཿ། ཧེ་ཨཱ་ཤི་ཥཽ། ཧེ་ཨཱ་ཤི་ ཥཿ། ༈ ཨཱ་ཤི་ཥཾ། ཨཱ་ཤི་ཥཽ། ཨཱ་ཤི་ཥཿ། ༈ ཨཱ་ཤི་ཥཱ། བྷ་ལྡན་ལ་དོཥ྄་རྣམས་ཀྱི་རའོ་ཞེས་པས། ཥ྄་ར་རུ། ར་ས་ལ་རིང་པོ་ཞེས་པས། ཤཱི་རིང་པོ། ཨཱ་ཤཱིརྦྷྱཱཾ། ཨཱ་ཤི་རྦྷིཿ། ༈ ཨཱ་ཤི་ཥེ། ཨཱ་ཤཱིརྦྷྱཱཾ། ཨཱ་ཤཱི་རྦྷྱཿ། ༈ ཨཱ་ཤི་ཥཿ། ཨཱ་ཤཱི་རྦྷྱཱཾ། ཨཱ་ཤཱི་རྦྷྱཿ། ༈ ཨཱི་ཤི་ཥཿ། ཨཱ་ཤི་ཥོཿ ཨཱ་ཤི་ཥཱཾ། ༈ ཨཱ་ཤི་ ཥི། ཨཱ་ཤི་ཥོཿ། ཥར་རྀ་ལ་སོགས། ཨཱ་ཤཱིཪྵུ། ༈ ཡང་ན་བྷ་ལྡན་ལ་ཥ྄འི་ཌ྄འོ། །ཞེས་ཥ྄་ཡིག་ཌ྄་ ཡིག་ཏུ། སུཔ྄་ལ་ཌ྄་ཊ྄་རུ་བསྒྱུར་བ་སྟེ་འདི་ས་ཛུ་ཥ྄་དང་གཅིག་པར་བཤད་པར་ལྟར་ནའོ། ། 19-1-193 ༈ ད་ནི་མོ་རྟགས་སུ་འགྱུར་པའི་ཨ་དས྄་ལ། ཨ་དས྄་ཡི། སི་ལ་སའོ་ཞེས་པས། ད་ས་རུ་ སོང༌། ཨ་སས྄་སི། སི་ཡི་ཨཽ། ཞེས་པས། སིའི་ཨི་ཕྱིས་ས་ཨཽ་རུ་བསྒྱུར། དེ་ཌིཏ྄་ཀྱི་མིང་ཅན་ ཡིན་པས། ཌིཏ྄་ལ་ཊི་དབྱི་བས། ས་གོང་མའི་དབྱངས་དང༌། ས་འོག་མ་དབྱངས་མེད་སྦྲགས་ པ་ཕྱིས། ཨས྄། ཨཽ་བྱུང་ཨས྄་ཕ་རོལ་ཨཽ་ལ་དྲངས། ཨ་སཽ། ཞེས་པ་གྲུབ་སྟེ་ཕོ་རྟགས་དང་ འདྲའོ། །ཨཽ་མན་ཆད་ཀུན་ལ། ཏྱད྄་སོགས་ལ་ཊི་ཨ་རུ་བསྒྱུར། ཨ་ད། དའི་མའོ་ཞེས་པས། ཨ་མ྄། བུད་མེད་ལ་ཨ་ལ་ཨཱ་ཞེས་པས། ཨཱཔ྄། འདྲ་རིང༌། ཨ་མཱ། ཞེས་པ་དང་པོར་གྲུབ་པར་ བྱ། ཀུན་ལ་ཨ་མཱ་ཁོ་ན་བཞག མ་ལས་ཨུ་དག་གོ་ཞེས་པའང་ཀུན་ལ་འབྱུང་བ་བློ་ལ་བཞག ཨ་མཱ་ཨཽ། ཨོ་ཨཽ་ལ་ཨཽའོ། ཨ་མཽ། མ་ལ་ཨཱུ་རིང་པོ། ཨ་མཱུ། ཨ་མཱ་ཛས྄། འདྲ་བ་རིང་པོར་ སོང་ཟིན། མ་ལ་ཨཱུ། ཨ་མཱུཿ། ༈ ཨ་མཱ་ཨམ྄་འདྲ་བ་ལས་ཨ་ཕྱིས། མ་ལས་ཨཱུ། ཨ་མཱུཾ། ཨཽ་ལ་ གོང་བཞིན། ཨ་མཱུ། ཤས྄་ཀྱང་ངས྄་དང་འདྲ། ཨ་མཱུཿ། ཡང་ན་ཨམ྄་ཤས྄་ཀྱི་ཨ་དབྱིའོ་གཞན་ འདྲ། ༈ ཨམཱ་ཊཱ། ཊཱ་ཨོས྄་དག་ལ་ཨེ། ཨ་མ། ཨཱ་ཨེ་ཨ་ཡ྄། མ་ལས་ཨུ་ཐུང༌། ཨ་མུ་ཡཱ། ཨ་ མཱ་བྷྱཱམ྄། མ་ལས་ཨཱུ་རིང་། ཨ་མཱུ་བྷྱཱཾ། ཨ་མཱུ་བྷིཿ། ༈ ཨ་མཱ་ངེ༌། ངིཏ྄་ལ་ཡཊ྄། ཞེས་པས། ཡཊ྄། ཡཊ྄་ལས་ཀྱང་ངོ༌། །ཞེས་པས། སུཊ྄་ཏེ་ཡཊ྄་ཀྱི་གོང་དུ་བྱིན་ཅིང༌། མཱ་ནི་ཐུང་ངུ་མ་རུ་སོང་ངོ༌། ། དྲངས། ཨམ་ས྄་ཡ་ཨེ། ཞེས་བྱུང༌། ཨེ་ཨཻ་ལ་ཨཻའོ། །ཞེས་པས། ཡཻ། དྲངས། སྱཻ། མ་ལས་ ཨུ་ཐུང༌། ཀུ་ཨེ་ལ་ལས་ས་ཥ། ཨུ་མུ་ཥྱཻ། ངས྄་དང༌། ངི་ལ་ཡང་དེའི་སྐབས་འདི་དྲན་པར་བྱའོ། ། ཨ་མཱུ་བྷྱཱཾ། ཨ་མཱུ་བྷྱཿ། ༈ ཨ་མཱ། ངསི། ཡཊ྄། སུཊ྄། ཐུང་ངུ་། ཨཻའི་ཚབ་ལ་མཚུངས་པ་རིང་པོ། དྲངས། མ་ལས་ཨུ། ཀུ་ཨི་ལ། ཨ་མུ་ཥྱཱཿ། ཨ་མཱུ་བྷྱཱཾ། ཨ་མཱུ་བྷྱཿ། ༈ ཨ་མཱ་ངས྄། ཡཊ྄། སུཊ྄། ཐུང་ངུ་། འདྲ་བའི། མ་ལས་ཨུ་ཐུང༌། ཀུ་ཨི། ཨ་མུ་ཥྱཱཿ། ཨ་མཱ་ཨོས྄། ཊཱ་ཨོས྄་དག་ལ་ཨེར། ཨ་མེ། ཨེ་ཨ་ཡ྄། མ་ལས་ཨུ་ཐུང༌། ཨ་མུ་ཡོཿ། ཨ་མཱ ཨཱམ྄། སུཊ྄། ཨ་མཱས྄། ཨཱམ྄། ཞེས་ སོ། །དྲངས། མ་ལས་ཨཱུ་རིང༌། ཀུ་ཨི་ལ། ཨ་མཱུ་ཥཱཾ། ༈ ཨ་མཱངི༌། ངི་ཨཱམ྄། ཡཊ྄། སུཊ྄། ཐུང་ 19-1-194 ངུ་། ཨམ྄་ས྄་ཡ་ཨཱམ྄། ཡ་ཨཱམ྄། འདྲ་བའི། དྲངས། མ་ལས་ཨུ། ཀུ་ཨི་ལ། ཨ་མུ་ཥྱཱཾ། ཨ་མཱ ཨོས྄། གོང་བཞིན། ཨ་མུ་ཡོཿ། ཨ་མཱ་སུཔ྄། མ་ལས། ཨཱུ་རིང༌། ཀུ་ཨི་ལ། ཨ་མཱུ་ཥུ། །ཞེས་ སོ། དེ་ལྟར་ན་ཧ་སའི་མཐའ་ལས་མོ་རྟགས་རྫོགས་སོ།། །། ༒ དེ་ནས་གསལ་བྱེད་མཐའ་ཅན་མ་ནིང་གི་རྟགས་བཤད་དེ། དེ་ལ་ར་ཡིག་མཐའ་ ཅན་གྱི་སྒྲ་ལས། བཱར྄་སི། མ་ནིང་ལ་སི་ཨམ྄་འཇིག ས྄་ར྄་དག་གི་རྣམ་བཅད། བཱཿ། བཱ་ར྄་ ཨཽ། ཨཽ་ཨཱི་དྲངས། བཱ་རཱི། བཱར྄ཛས྄། ཛས྄་ཤི། ཤ྄་སོང༌། དྲངས། བཱ་རི། ༈ བཱ་ར྄་ཨམ྄་མ་ ནིང་ལ་སི་ཨམ྄་ཕྱི། ར྄་རྣམ་བཅད། བཱཿ། ཨཽ་གོང་དང་འདྲ། བཱ་རཱི། ཤས྄་ཀྱང་ཛས྄་དང་འདྲ། བཱ་རི། འདི་ནི་ར྄་ཡིག་མཐའ་མ་ཅན་ཏེ། ར་ནི་ཡ་མ་སོ་སོར་བསྡུད་པའི་ཡི་གེ་ཡིན་པས། ཡ་ མ་ལ་ནུམ྄་མི་ཐོབ་པོ། ༈ །བཱ་ར྄་ཊཱ། དྲངས། བཱ་རཱ། བཱར྄་བྷྱཱམ྄། ར྄་ཕྱིས། བཱ་བྷྱཱཾ། བཱ་བྷིཿ། ༈ དེ་དག་གིས་མཚོན་ཏེ། བཱ་རེ། བཱ་བྷྱཱཾ། བཱ་བྷྱཿ། ༈ བཱ་རཿ བཱ་བྷྱཱཾ། བཱ་བྷྱཿ། ༈ བཱ་རཿ བཱ་རོཿ བཱ་ རཱཾ། ༈ བཱ་རི། བཱ་རོཿ བཱཪྵུ། ༈ ཙ་ཏུར྄་གྱི་རྟགས་ལ་ཡང་མང་ཚིག་ཁོ་ན་སྟེ། ཙ་ཏུར྄་ཛས྄་ཤི། ཙ་ཏུར྄་གྱི་ཤི་ལ་ཨཱམ྄། མ྄་ཕྱིས། ཙ་ཏུར་་ཨཱར྄་ཨི་ཞེས་པ་བྱུང༌། ཨུ་བ྄འོ། །ཨཱ་ལ་དྲངས། ཙ་ཏྭཱ་ར྄། ཨི་ལ་དྲངས། ཙ་ ཏྭཱ་རི། ༈ བོད་པའང་འདི་དང་འདྲ་སྟེ། ཧེ་ཙ་ཏྭཱ་རི། ཤས྄་ཀྱང་ཛས྄་དང་འདྲ། ཙ་ཏྭཱ་རིཿ ༈ བྷ་ལྡན་ལ་ར྄་དྲངས། ཙ་ཏུརྦྷིཿ ཙ་ཏུརྦྷྱཿ ཙ་ཏུརྦྷྱཿ ཙ་ཏུར྄་ཨཱམ྄་ནུཊ྄་ན྄་གཉིས་སུ་བྱ་དྲངས། ཥར་རྀ་ལས་ན྄་ཎ྄་ཉིས་རྩེག་ར྄་དྲངས། ཙ་ཏུརྞྞཱུཾ། ༈ ཙ་ཏུར྄་སུཔ྄། ཀུ་ཨི་ལ་ཙ་ཏུཪྵུ། དེ་ཡན་ ཆད་དམིགས་གསལ་མེད་པ་ལ་བོད་པ་ཐམས་ཅད་རྣམ་དབྱེ་དང་པོ་དང་འདྲའོ། ། ༈ ན྄་མཐའ་ཨཧན྄་གྱི་སྒྲ་ལ། ཨཧན྄་སཿ། ཨ་ཧན྄་གྱི་སའོ། །ཨཧན྄་གྱི་ཕ་རོལ་དུ་སི་ ཨམ྄་བྷ་ས་གང་འབྱུང་ན་ཡང༌། ན྄་ཡིག་ས྄་ཡིག་ཏུ་འགྱུར་རོ། ༈ །ཨ་ཧན྄་སི། སི་ཕྱིས། ཧན྄་ གྱི་ན྄་ས྄་རུ་སོང་དེ་རྣམ་བཅད་ཨཧཿ། ཨཧན྄་ཨཽ་ཨཽ་ཨཱི་ཨེ་དེ་དག་ལ་ཡང་ནའོ། །ཞེས་པ་ལས་ 19-1-195 སྐབས་འདིར་ཨཱི་ཡིན་ཏེ། ཨཽ་ཨཱི་རུ་བསྒྱུར་བ་དེའོ། །དེ་ལ་ཨུ་པ་དྷཱའི་དབྱངས་དབྱི་བ་དང་མི་ དབྱེ་བ་གདམ་ཀ་སྟེ། ཕྱིས་ཨ་ཧན྄་ཨཱི་འདིར་རབ་སྦྱོར་མི་དབྱི་སྟེ། ཕ་རོལ་དབྱངས་ཡིན་པས་ ཧ྄་ན྄་གཉིས་ཀ་ཨཱི་ལ་དྲངས་ཨ་ཧྣཱི། ཨུ་པ་དྷཱ་མ་ཕྱིས་ན་ན྄་ཁོ་ན་དྲངས་ཨ་ཧ་ནཱི། ཨ་ཧན྄་ཛས྄་ ཤི། ན་ཡི་ཨུ་པ་དྷཱའོ་ཞེས་པས་ཧཱ་རིང་པོ་ཨ་ཧཱ་ནི། ༈ དེ་བཞིན་དུ། ཨ་ཧན྄་ཨམ྄་སི། ཨ་མ྄་ འཇིག ཨ་ཧན྄་གྱི་ས྄འོ། །ཞེས་པས་མཐའི་ན྄་ས྄་རུ་དེ་རྣམ་བཅད། ཨ་ཧཿ ཨཽ་ལ་གོང་བཞིན། ཨཽ་ཨཱི་དང༌། ཨུ་པ་དྷཱ་དབྱི་བ་དང་མི་དབྱི་བའི་བྱེ་བྲག་གིས། ཨཧྣཱི། ཨ་ཧ་ནཱི། ཤས྄་ཀྱང་ཛས྄་ དང་འདྲ། ཨ་ཧཱ་ནི། ༈ ཨ་ཧན྄་ཊཱ། ཨུཔ྄་དྷཱ་ཕྱིས། ཨ་ཧྣཱ། དབྱངས་རྐྱེན་ཀུན་དེས་འགྲེ། ཨ་ཧ་ ན྄་བྷྱཱམ྄། ཨ་ཧན྄་གྱི་སའོ། །ན྄་ས྄་རུ་ས྄་རྣམ་བཅད་ཨ་དང་ཧ་བའི་བར་དུ་རྣམ་བཅད་ཨུ། ཨ་ ཨུ་ལ་ཨོ། ཨ་ཧོ་བྷྱཱཾ། བྷ་ལྡན་ཐམས་ཅད་དེ་དང་འདྲ། ཨ་ཧོ་བྷིཿ ༈ ཨ་ཧན྄་ངེ་ཨ་ཧ་ནེ། ཨ་ ཧོ་བྷྱཱཾ། ཨ་ཧོ་བྷྱཿ ༈ ཨ་ཧན྄་ངསི་ཨཧྣཿ། ཨ་ཧོ་བྷྱཱཾ། ཨ་ཧོ་བྷྱཿ ཨ་ཧན྄་ངས྄། ཨ་ཧྣཿ། ཨ་ཧ་ ན྄་ཨོས྄་ཨ་ཧྣོཿ། ཨཧན྄། ཨཱམ྄། ཨཧྣཱཾ། ༈ ཨཱི་ངི་དག་ལ་ཡང་ནའོ། །ཞེས་པ་ལས་འདིར་ནི་ སྟེ། ཨུ་པ་དྷཱ་ཕྱི་བ་དང་མི་ཕྱི་བའི་དབྱེ་བས། ཨ་ཧྣི། ཨ་ཧ་ནི་ཞེས་པའོ། །ཨ་ཧ་ན྄། ཨོས྄། ཨ་ ཧྣོཿ ཨ་ཧན྄་སུཔ྄། ཨ་ཧན྄་གྱི་སའོ། །ན྄་ས྄། དྲངས། ཨ་ཧ་སྶུ། ཞེས་པའོ། ༈ །{མོ་[ན་ ལོ་པཿ ན་དབྱིའོ། མ་ནིང་གི་]རྟགས་བྲཧྨན྄་ལ་སོགས་པ་ལ་ར་ས་ཕ་རོལ་དང་ཚིག་མཐའ་ལ། ན྄་དབྱངས་མེད་དབྱི་སྟེ། བྲཧྨན྄ སི་སི་ཕྱིས། ཚིག་མཐར་སོང་བས་ན྄་ཕྱིས། བྲཧྨ། བྲཧྨན྄ ཨཽ་ ཨཽ་ཨཱི་དྲངས། ཥ་ར་རྀ་ལས་ན྄་ཎ྄། བྲཧྨ་ཎཱི། བྲཧྨན྄་ཛས྄་ཤི་ན྄་ཡི་ཨུ་པ་དྷཱའོ། །མཱ་རིང་པོ། བྲཧྨཱ་ ཎི། ༈ སྒྲུབ་ཚུལ་དེ་གསུམ་ཁོ་ན་དང་འདྲ་བར། ཨམ྄་ཨཽ་ཤས྄་ལ། བྲཧྨ། བྲཧྨ་ཎཱི། བྲཧྨཱ་ཎི་ ཞེས་སོ། ། ༈ འདིར་བོད་པ་ལ་སིའི་སྐབས་སུ་ཡང་ན་ན྄་མི་དབྱི་སྟེ། ཧེ་བྲཧྨན྄། ཧེ་བྲཧྨ། ཧེ་བྲཧྨ་ཎཱི། ཧེ་བྲཧྨཱཎི། ཞེས་ཏེ་ཕྱི་མ་གཉིས་དང་པོའི་ཕྱི་མ་གཉིས་དང་འདྲའོ། ༈ །དེ་བཞིན་དུ་དབྱངས་ 19-1-196 ལ་དྲངས། བྷ་ལ་ན྄་དབྱི། བྲཧྨ་ཎཱ། བྲཧྨ་བྷྱཱཾ། བྲཧྨ་བྷིཿ། ༈ བྲཧྨ་ཎེ། བྲཧྨ་བྷྱཱཾཿ། བྲཧྨ་བྷྱཿ། ༈ བྲཧྨ་ཎཿ བྲཧྨ་བྷྱཱཾ། བྲཧྨ་བྷྱཿ ༈ བྲཧྨ་ཎཿ བྲཧྨ་ཎོཿ བྲཧྨ་ཎཱཾ། ༈ བྲཧྨ་ཎི། བྲཧྨ་ཎོཿ བྲཧྨ་ཥུ། ༈ བྲཧྨན྄་སོགས་པ་ནི། ཙ་རྨན྄།(པགས་པ།) ཀརྨན྄།(ལས།) ཝརྨན྄།(གོ་ཆའམ་གསོར།) ཤརྨན྄་(ངོ་ ཚའམ་སྐྱིད་པ་)ལ་སོགས་པ་སྟེ། ཆོ་ག་འདི་ཁོ་ནའོ། ། ༈ ནཱནྟ་ད་དནྟཱ་ཙྪནྡ་སི་ངི་ཤྱོརྦཱ་ལོ་པ། ན྄་མཐའ་ཨཏ྄་ངི་ཤི་དག་གི་ཡང་ན་དབྱི་བ་སྡེབ་ སྦྱོར་ལའོ། །འདི་ནི་ཁ་ཅིག་འགྲེལ་པར་མདོ་གཞན་གྱི་ལུང་དྲངས་པ་མདོ་འདིར་བཅུག་པ་ ཡིན་ཟེར། ཁ་གཅིག་དབྱངས་ཅན་ཉིད་ཀྱི་མདོ་ཡིན་ཡང་ཟེར་རོ། །གཞན་ལས་ཀྱང་། སྡེབ་ སྦྱོར་ལས་ནི་ཨཱ་ག་མ་དང་ཨཱ་ག་མ་མ་ཡིན་པ་དག་གི་དབྱི་བ་དང་མི་དབྱི་བའོ། །ཞེས་བཤད་ པས། མ་ནིང་ན྄་མཐའ་དང་ཨ་ཐུང་མཐའ་ལ་རིག་བྱེད་དང་དེའི་ཡན་ལག་སྡེབ་སྦྱོར་ལས་ངི་ དང་ཛས྄་ཤས྄་ཀྱི་ཤི་ལ་ཡང་ན་ཞེས་ན྄་དབྱི་བ་དང་མི་དབྱི་བ་གདམ་ངའི་དོན། ཨཱ་ག་མའི་ན྄་ དབྱི་བ་དང༌། རང་བཞིན་གྱིས་གནས་པའི་ན྄་མི་དབྱི་བའོ། །དེ་ཡང༌། པ་ར་མེ་བྱོ་མན྄་སརྦཱ་ བྷཱུ་ཏཱ་ནི། ཞེས་པ་ལྟ་བུ་སྟེ། པ་ར་མེ་བྱོ་མན྄་ངི་། ངི་ཕྱིས། ཚིག་མཐའི་ན྄་ནི་མི་དབྱི། ཨ་ཧན྄། བྲཧྨན྄་སོགས་ལ་བཤད་པ་བཞིན། བྱོ་མ་ནི་ཞེས། ན྄་ངི་ལ་འདྲེན་པ་སྒྲའི་ལུགས་ཡིན་ཡང༌། རིག་བྱེད་སྐབས་སུ། འདི་ཨཱ་ག་མ་ལྟ་བུ་གསར་བྱུང་མིན་པས་གདོད་མའི་ཡི་གེ་དེ་འདྲ་བརྗོད་ པ་བདེ་ན་མི་དབྱིའོ། །སརྦ་ཛས྄་ཤི་ནུམ྄་རྟགས་མཐའ་རིང་པོ། བྷཱུཏ། ཛས྄། ཤི། ནུམ྄། རྟགས་ མཐའ་རིང༌། བྷཱུ་ཏཱན྄། ཨི་དྲངས། བྷཱུ་ཏཱ་ནི། དེ་ནས་རིག་བྱེད་ལུགས་ལ་ཤི་དབྱི་བས། སརྦའི་ རྣམ་དབྱེ་དབྱི་བ་ན་ཤི་ཁོ་ན་ཕྱི་བ་མ་ཡིན་པར་ན྄་ཡང་དབྱི་སྟེ། འདི་ཨཱ་ག་མ་ཡིན་པས་བརྗོད་ པ་བདེ་ན་དབྱི་བ་སྐབས་སུ་བབ་བོ། ན྄་དབྱི་ཡང་སརྦའི་རིང་པོ་མི་དབྱི་སྟེ། དེ་ན྄འི་སྟོབས་ ལས་བྱུང་ཡང༌། རྟགས་མཐའ་ཁོ་ནའི་འགྱུར་བ་ཡིན་གྱི། ཕ་རོལ་གྱི་ཡི་གེ་ལ་མི་ཐེ་བས་སོ། ། ཞེས་པ་རིག་བྱེད་ལུགས་ལ་སྐབས་འདིའི་དོན་ཡིན་གྱི། གནས་སྐབས་ཐམས་ཅད་དུ་ངེས་ 19-1-197 པ་ནི་མ་ཡིན་ནོ། །སྒྲ་རིག་ཁོ་ནའི་ལུགས་ལ། སརྦྦཱ་ནི་བྷཱུ་ཏཱ་ནི། ཞེས་པ་ཁོ་ནའོ་ཟེར། ༈ ཏྱད྄་ སོགས་ལ་སི་དང་ཨམ྄་དབྱི་སྟེ། དེ་གཉིས་ལ་ཊི་ཨར྄་སྒྱུར་བ་མེད། རྣམ་དབྱེ་གསུམ་པ་ཕན་ ཆད་སརྦྦའི་སྐབས་དང་འདྲའོ། །ཏྱད྄་སི། སི་འཇིག གནས་མེད་སོགས་ཀྱི། ད྄་ཡིག་ཏ་རུ་ བསྒྱུར་བའམ་ད྄་ཡིག་རང་ལ་འཇོག་པ་གདམ་ང་ཡིན། ཏྱཏ྄། ཏྱད྄། ཏྱད྄། ཨཽ་ཨཽ་ཨཱི། ཊི་ཨ། ཏྱ་ཨཱི། ཨ་ཨི་ལ་ཨེཏྱ། ཏྱད྄་ཛས྄། ཤི། ཊི་ཨ། ནུམ྄། ན྄འི་ཨུ་པ་དྷཱ་སོགས་ཀྱིས་རིང་པོ། དྲངས། ཏྱཱ་ནི། ༈ ཏྱད྄་ཨམ྄་སི་ཨམ྄་ཕྱིས། གནས་མེད་ཏྱད྄་ཏྱཏ྄། ཏྱད྄་ཨཽ། ཊི་ཨ། ཨཱི་ཏྱེ། ཏྱད྄་ཤས྄། ཊི་ ཨ། ཤི་ནུམ྄་རིང་པོ། ཏྱཱ་ནི། ༈ དེ་བཞིན་དུ། ཏྱད྄་ཏྱ་དུ་བསྒྱུར་བ་ཐམས་ཅད་ལ་སྔོན་དུ་འགྲོ་ བས། ཊཱ་ཨི་ན། ཏྱེ་ན། ཏྱཱ་བྷྱཱཾ། ཏྱཻཿ། ཏྱསྨེ། ཏྱཱབྷྱཱཾ། ཏྱེ་བྷྱཿ། ༈ ཏྱ་སྨཏ། ཏྱཱ་བྷྱཱཾ། ཏྱེ་བྷྱཿ། ༈ ཏྱ་སྱ། ཏྱ་ཡོཿ ཏྱ་ཥཱཾ། ༈ ཏྱ་སྨིན྄། ཏྱ་ཡོཿ ཏྱེ་ཥུ། ༈ ཆོ་ག་དེ་ཁོ་ན་ཏད྄་ལའང་སྦྱར་བས། ཏད྄། ཏ྄་ཏཱ་ཏེ། ཏཱ་ནི། ལན་གཉིས། ༈ ཏེ་ན། ཏཱ་བྷྱཱཾ། ཏཻཿ། ༈ ཏ་སྨཻ། ཏཱ་བྷྱཾ། ཏེ་བྷྱཿ། ༈ ཏསྨཱ་ཏ྄༌། ཏཱ་བྷྱཾ། ཏེ་ བྷྱཿ། ༈ ཏསྱ། ཏ་ཡོཿ ཏེ་ཥཱཾ། ༈ ཏསྨིན྄། ཏ་ཡོཿ ཏེ་ཥུ། ༈ དེ་བཞིན་དུ་ཡད྄་ལའང་སྟེ། ཡད྄་ ཡཏ྄་ཡེ། ཡཱ་ནི། ལན་གཉིས། ༈ ཡེ་ན། ཡཱ་བྷྱཱཾ། ཡཻཿ། ༈ ཡ་སྨཻ། ཡཱ་བྷྱཱཾ། ཡེ་བྷྱཿ། ༈ ཡསྨཱཏ྄། ཡཱ་བྷྱཱཾ། ཡེ་བྷྱཿ། ༈ ཡ་སྱ། ཡ་ཡོཿ ཡཻ་ཥཱཾ། ༈ ཡསྨིན྄། ཡ་ཡོཿ ཡེ་ཥུ། ༈ དེ་དང་འདྲ་བར། ཨེ་ ཏད྄་ལ་ཨེ་ཏ྄ད྄་ཨེ་ཏཏ྄། ཨེ་ཏེ། ཨེ་ཏཱ་ནི་ལན་གཉིས། ༈ ཨེ་ཏེ་ན། ཨེ་ཏཱ་བྷྱཱཾ། ཨེ་ཏཻཿ། ༈ ཨེ་ ཏ་སྨཻ། ཨེ་ཏཱ་བྷྱཱཾ། ཨེ་ཏེ་བྷྱཿ། ༈ ཨེ་ཏ་སྨཱཏ྄། ཨེ་ཏཱ་བྷྱཾ། ཨེ་ཏེ་བྷྱཿ། ༈ ཨེ་ཏ་སྱ། ཨེ་ཏ་ཡོཿ ཨེ་ ཏེ་ཥཱཾ། ༈ ཨེ་ཏ་སྨིན྄། ཨེ་ཏ་ཡོཿ ཨེ་ཏེ་ཥུ། ༈ ཀིམ྄་ཡང་འདྲ་སྟེ། ཀིམ྄་ལ་སི་དང་ཨམ྄་ཕྱི། ཀིཾ་ཁོ་ ན་ཡིན། ལྷག་མ་ཏྱད྄་སོགས་ལ་ཊི་ཨ་བྱས་ན། ཀ་ཡང་ན་ཀིམ྄་ཉིད་ཀ་རུ། ཨཱ་དེ་ཤ་བྱས་ཀྱང་ ཆོག་སྟེ། ཀ་རུ་བསྒྱུར་བ་ཁོ་ན་ལ་རྣམ་འགྱུར་བྱས་ཀྱང་རུང་ངོ༌། །ཀིཾ་ཀེ། ཀཱ་ནི་ལན་གཉིས། ༈ ཀེ་ན། ཀཱ་བྷྱཱཾ། ཀཻཿ ༈ ཀསྨཻ། ཀཱ་བྷྱཱཾ། ཀེ་བྷྱཿ ༈ ཀསྨཱཏ྄། ཀཱ་བྷྱཱཾ། ཀེ་བྷྱཿ། ༈ ཀསྱ། ཀ་ཡོཿ ཀེ་ ཥཱཾ། ༈ ཀསྨིན྄། ཀ་ཡོཿ ཀེ་ཥུ། ཞེས་སོ། ༈ །ཨི་དམ྄་ལ་ཡང༌། ཨི་དམ྄་སི་དང་ཨམ྄་ཕྱི་གཞན་ 19-1-198 མེད། ལྷག་མ་རྣམས་ལ། ཊི་ཨ། ང྄འི་མའོ་ཞེས་ཨི་མར་བསྒྱུར་ཟིན་པ་ཁོ་ན་ལ་བྱ་བ་བསྒྲུབ་ སྟེ། ༈ ཨི་དཾ། ཨི་མེ། ཨི་མཱ་ནི། ༈ ཨི་དཾ། ཨི་མེ། ཨིམཱ་ནི། ༈ ཊཱ་ཨོས྄་དག་ལ་ཨ་ནའོ། །ཊཱ་ ཨི་ན། ཨ་ནེ་ན། བྷ་ས་ལ་ཨའོ། །ཞེས་དང༌། བྷ་ལ་ཨཱའོ། །ཞེས་པས། ཨཱ་བྷྱཱཾ། བྷ་ས་མང་ པོ་ཉིད་ལ་ཨེའོ། །ཨེ་བྷིཿ། ༈ འདི་མན་ལ་བྷ་ས་མིན་པ་ལ་ཡང་ཨ་རུ་བསྒྱུར་ཏེ། ཨཱསྨཻ། ཨཱ་ བྷྱཱཾ། ཨེ་བྷྱཿ། ༈ ཨསྨཱཏ྄། ཨཱ་བྷྱཱཾ། ཨེ་བྷྱཿ། ༈ ཨསྱ། ཊཱ་ཨོས་དག་ལ་ཨ་ནའོ། །ཨ་ན་ཡོཿ ཨེ་ ཥཱཾ། ༈ ཨ་སྨིན྄། ཨ་ན་ཡོཿ ཨེ་ཥུ། གསུམ་པ་ལ་སོགས་པ། ཊཱ་མན་ཆད་ཀུན་ཏུ་སྔར་ཨི་དཾ་ལ་ བཤད་པའི་བྱ་བ་དང་མཚུངས་པའོ། །པྲ་ཏྱཙ྄་ལ། པྲཏྱ་ཙ། སི་ཕྱིས་ཙུའི་ཀུའོ། །ཙ྄་ཀ྄་རུ་སོང༌། གནས་མེད་སོགས་ཀྱིས་ཡང་ན་ཀ྄་ག྄་རུ་སོང༌། པྲ་ཏྱཀ྄ པྲཏྱག྄ པྲཏྱཙ྄་ཨཽ། ཨཱི། པྲཏྱ་ཨཙ྄། སོ་སོར་ཕྱེ། ཨ་ཕྱིས། ཡ྄་ཨི་རུ་ལོག ཨི་དེ་རིང་པོ། ཨཱི་རུ་སོང༌། ཙ྄་དྲངས། པྲ་ཏཱི་ཙཱི། པྲཏྱཙ྄། ཛས྄། ཤི་ནུམ྄། ཏྱ་དང་ཙའི་བར་དུའོ། །པྲ་ཏྱན྄ཙ་ཨི་ན྄་རྗེས་སུ་ང་རོ། པྲ་ཏྱཾ་ཙི། ༈ ཨམ྄་དབྱི་ཨཽ་ ཨཱི། ཤི། ནུམ྄་རྣམས་ཀྱི་ཆོ་ག་སྦྱར་བས། པྲ་ཏྱཀ྄ པྲ་ཏཱི་ཙཱི། པྲ་ཏྱཾ་ཙི། ༈ དེ་བཞིན་དུ་ཊཱ་སོགས་ ལ། པྲ་ཏཱི་ཙཱ། ༈ པྲ་ཏཱི་ཙེ། ༈ པྲ་ཏཱི་ཙཿ། ༈ པྲ་ཏཱི་ཙཿ། པྲ་ཏཱི་ཙོཿ། པྲ་ཏཱི་ཙཱཾ། ༈ པྲ་ཏཱི་ཙི། པྲ་ཏཱི་ ཙོཿ། ཞེས་པ་རྣམས་ཨཽའི་སྐབས་ཀྱིས་རིགས་འགྲེ། ༈ བྷ་ལྡན་ལ་ཙ྄ཀ྄་རུ་ཀ྄་ག྄་རུ་སོང༌། པྲ་ ཏྱགྦྷྱཱཾ་ལ་སོགས་པ་དང༌། སུཔ྄་ལ་པྲཏྱཀྵུ། ཞེས་ཏེ་ཊཱ་ཕན་ཆད་ཕོ་རྟགས་དང་འདྲའོ། ༈ །ཛ་ག་ ཏ྄་ཀྱི་སྒྲ་ལ། ཛ་གཏ྄་སི་ཕྱིས། ཛ་གཏ྄། ཛ་གད྄། ཛ་ག་ཏཱི། ཛ་གཾ་ཏི། ༈ ཛ་ག་ཏ྄། ཛ་གད྄། ཛ་ ག་ཏཱི། ཛ་གཾ་ཏི། ༈ ཛ་ག་ཏཱ། ཏ྄་ད྄་རུ་སོང༌། ཛ་གདྦྷྱཱཾ། ཛ་གདྦྷིཿ། ༈ ཛ་ག་ཏེ། ཛ་གདྦྷྱཱཾ། ཛ་གདྦྷྱཿ། ༈ ཛ་ག་ཏ། ཛ་གདྦྷྱཱཾ། ཛ་གདྦྷྱཿ། ༈ ཛ་ག་ཏཿ ཛག་ཏོཿ། ཛ་ག་ཏཱཾ། ༈ ཛ་ག་ཏི། ཛ་ག་ཏོཿ ཛག་ ཏྶུ། ༈ དེ་བཞིན་དུ། མ་ཧ་ཏ྄། མ་ཧད྄། མ་ཧ་ཏཱི། མ་ཧཱཾ་ཏི། ༈ མ་ཧཏ྄། མ་ཧ་ད྄། མ་ཧ་ཏཱི། མ་ཧཱཾ་ ཏི། འདིར་ཧཱཾ་ཞེས་རིང་པོ་འབྱུང་བ་ནི། ན྄་ས྄་ཨཔ྄་སོགས་ཀྱིས་ཡིན་ལ། ཐམས་ཅད་དུ་ནུམ྄་ནི་ རྟགས་ཀྱི་དབྱངས་མཐར་ཡིན་གྱི། གསལ་བྱེད་མཐར་མིན་ནོ། །མ་ཧ་ཏཱ། མ་ཧདྦྷྱཱཾ། མ་ཧདྦྷིཿ། 19-1-199 ༈ མ་ཧ་ཏེ། མ་ཧདྦྷྱཱཾ། མ་ཧདྦྷྱཿ། ༈ མ་ཧ་ཏཿ མ་ཧདྦྷྱཱཾ། མ་ཧདྦྷྱཿ ༈ མ་ཧ་ཏཿ མ་ཧ་ཏོཿ། མ་ཧ་ཏཱཾ། ༈ མ་ཧ་ཏི། མ་ཧ་ཏོཿ མ་ཧཏྶུ། ཞེས་སོ། ། ༈ པྲཏྱཙ྄་ལ་ཨམ྄་མ་གཏོགས་དབྱངས་རྐྱེན་ཀུན་ལ། པྲ་ཏི་ཨཙ྄་སོ་སོར་འཕྲལ། ཨ་ཕྱིས། ཏཱི་རིང་པོར་བྱེད་པ་ཁྱད་པར་དང༌། མ་ཧཏ྄་ལ་ཛས྄་ཤས྄་ སྐབས། ན྄འི་ཨུ་པ་དྷཱ་རིང་པོའི་ཁྱད་པར་ཡོད། གཞན་པྲཏྱཙ྄་དང་ཛ་ག་ཏ྄་དང་མ་ཧ་ཏ྄་རྣམས་ སྒྲུབས་ཚུལ་འདྲའོ། ། ༈ ས྄་མཐའ་ལ། པ་ཡས྄་ཀྱི་སྒྲ་ལ་སི་ཨམ྄་འཇིག ཨཽ་གཉིས་ལ་ཨཱི། ཛས྄་ཤས྄་ལ་མ་ ཧཏ྄་དང་འདྲ། གཞན་དབྱངས་ལ་ཕར་འདྲེན། ༈ བྷ་ལྡན་ལ་ས྄་རྣམ་བཅད། རྣམ་བཅད་ དབྱངས་དང་ཧ་བའི་བར་དུ་ཨུ། ཨུ་ཨོ། སུཔ྄་ལ་རྣམ་བཅད་བྱེད་དམ་ཕར་འདྲེན་པ་གདམ་ ཀའོ། །པ་ཡཿ པ་ཡ་སཱི། པ་ཡཱཾ་སི། ན྄་ས྄་སོགས་ཀྱིས་རིང་པོའོ། །ལན་གཉིས། ༈ པ་ཡ་སཱ་པ་ ཡོ་བྷྱཱཾ། པ་ཡོ་བྷིཿ། ༈ པ་ཡོ་སེ། པ་ཡོ་བྷྱཱཾ། པ་ཡོ་བྷྱཿ། ༈ པ་ཡ་སཿ པ་ཡོ་བྷྱཱཾ། པ་ཡོ་བྷྱཿ། ༈ པ་ ཡ་སཿ པ་ཡ་སོཿ པ་ཡ་སཱཾ། ༈ པ་ཡ་སི། པ་ཡ་སོཿ པ་ཡསྶུ་པ་ཡཿསུ། ༈ དེ་བཞིན་དུ། ཏེ་ཛས྄། ཨོཛས྄། བ་ཙས྄་ལ་སོགས་པའང་སྟེ། ཏེ་ཛཿ ཏེ་ཛ་སཱི། ཏེ་ཛཱཾ་སི་ལ་སོགས་པ་དང༌། ༈ བ་ཙཿ བ་ཙ་སཱི། བ་ཙཱཾ་སི་ལ་སོགས་པའོ། ༈ །ཧ་བི་ཥ྄འི་སྒྲ་ལ། ཧ་བི་ཥ྄་སི། སི་ཕྱིས། ཥ྄་ར྄་རུ་སོང༌། ར྄་རྣམ་བཅད། ཧ་བིཿ། གཞན་པ་ཡས྄་དང་འདྲ། ཧ་བི་ཥཱི འདི་ཡང་ཥ྄་དང་ས྄་མཚུངས་པས་ ན྄་ས྄་སོགས་ཀྱིས་རིང་པའོ། །ཧ་བཱ་ཥི༌༈ ཧ་བིཿ ཧ་བི་ཥཱི། ཧ་བཱ་ཥི༌༈ ཧ་བི་ཥཱ། ཧ་བིཥ྄་བྷྱཱམ྄་ཥ྄་ ར྄། ཧ་བིརྦྷྱཱཾ། ཧ་བིརྦྷིཿ། ༈ ཧ་བི་ཥེ། ཧ་བིརྦྷྱཾ། ཧ་བིརྦྷྱཿ། ༈ ཧ་བི་ཥཿ ཧ་བིརྦྷྱཾ་ཧ་བིརྦྷྱཿ། ༈ ཧ་ བི་ཥཿ ཧ་བི་ཥོཿ ཧ་བི་ཥཱཾ། ༈ ཧ་བི་ཥི། ཧ་བི་ཥོཿ ཧ་བིཪྵུ། ཧ་བིཿཥུ། ཧ་བིཥྵུ། ཞེས་སོ། ༈ །ཨ་ དས྄་མ་ནིང་ལ། ཨ་དས྄་སི་ཕྱིས། ས྄་རྣམ་བཅད་ཨ་དཿ། ཨམ྄་ལའང་དེ་དང་འདྲ། གཞན་ རྣམས་ལ་ཨ་དས྄ ཨ་མ་རུ་བསྒྱུར་བ་སྔོན་དང་འདྲ་བའམ། ཊི་ཨ་རུ་བསྒྱུར་མཚམས་རྐྱེན་ གྱི་བྱ་བ་བྱས། དེ་ནས་ད་མ་རུ་བསྒྱུར། དབྱངས་ཨུ་རུ་བྱེད་པར་ཡང་བཤད་པས་ཅི་བདེ་བར་ 19-1-200 བྱའོ། །དཔེར་ན་ཨ་དས྄། ཨཽ་ཨཱི། ཊི་ཨ། ཨད་ཨཱི་བྱུང༌། ཨ་ཨི་ལ་ཨེ། ཨ་དེ། ད་མ། མ་ལས་ ཨཱུ། ཨ་མཱུ། ཞེས་པའམ། ཊི་ཨ། ད་མ། ཨ་ཨི་ལ་ཨེ་ཨ་མེ། མ་ལས་ཨཱུ། ཨ་མཱུ་ཞེས་པའོ། ། ཛས྄་ཤས྄་ཤི་ནུམ྄་ན྄འི་ཨུ་པ་དྷཱ་ཨ་མཱུ་ནི། ༈ ཨ་མ་ཊཱ། ཨ་དས྄་ཨ་མུ་རུ་སོང༌། ཊཱ་ནཱ། ཨི་ ཨུའི་མཐར། ཊཱ་ནཱ་འོང་བ་ཐོག་མ་ཨ་མུ་རུ་སོང་བ་དགོས་སོ། །ཨ་མུ་ནཱ། བྷ་ལ་ཨའོ། །ཨ་མཱ་ མ་ལས་ཨཱུ། ཨ་མཱུ་བྷྱཱཾ། གསུམ་ཀ་འདྲ། བྷས྄་དང་བྷྱས྄་གཉིས་ལ་བྷ་ས་མང་པོ་ལ་ཨེ། ཨ་མེ་ ཨའི་ཨཱི་མང་པོ་ལའོ། །ཞེས་པས། ཨ་མཱི་སྟེ། ཨ་མཱི་བྷིཿ། ༈ ཨ་མཱི་བྷྱཿ། དེ་དང་འདྲ་བར་ཨ་མཱི་ ཥཱཾ། ༈ ཨ་མཱི་ཥུ། ༈ ཨོས྄་གཉིས་པོ་ལ། ཨོས྄་ལའོ་ཞེས། ཨ་མེ། ཨེ་ཨཡ྄། མ་མུ་རུ་བསྒྱུར། ཨ་མུ་ཡོཿ། ༈ གཞན་ཨུ་མུ་ཥྱཻ། ༈ ཨ་མུཥྨཱ་ཏ྄། ༈ ཨ་མུ་{ཥྱ[ཥྨཱཿ]། ༈ ཨ་མུཥྨིན྄་རྣམས་ཀྱང་ སྔོན་དང་འདྲའོ། །ཞེས་པ་ཧ་ས་མཐའ་ཅན་གྱི་མ་ནིང་རྟགས་རྣམས་རྫོགས་སོ།། །། ༈ ད་ནི་རྣམ་དབྱེ་ཉེར་གཅིག་དང་འབྲེལ་བ་ཟུར་བཀོལ་རྣམས་བཤད་པར་བྱ་བ་ལས། ཡུཥྨད྄། ཨཥྨད྄་གཉིས་ཀྱི་བྱ་བ་བཤད་ན། འདི་ནི་བརྗོད་པའི་རྟགས་ཞེས་བྱ་བ། ཡུལ་ཕོ་མོ་མ་ ནིང་གསུམ་པོ་གང་ལ་ཡང་འཇུག་ཏུ་རུང་བ་ལ། དངོས་སུ་ཕོ་མོ་མ་ནིང་གི་རྣམ་འགྱུར་མེད་པ་ ཞིག་སྟེ། དེས་ན་རྟགས་ལོགས་པར་བཞག་གོ་དེ་ཡང་ཡུཥྨཱད྄་སི། ཨསྨད྄་སི་ཏྭམ་ཧཾ་སིནཱ། སི་ ཡིས་ཏྭཾ་ཨ་ཧམ྄འོ། །ཡིས་ཞེས། བྱེད་པ་པོའི་སྒྲ་སྦྱར་བ་ནི། བྱེད་པོ་དང་ལས་ཕྱོགས་གཅིག་ པའི་དོན་ཏེ། སི་དང་མིང་ལྷན་ཅིག་ཏུ་བསྒྱུར་བའི་གོ་བྱེད་དོ། །དེས་ན་སི་དང་ཡུཥྨད྄་ལྷན་ ཅིག་ཏྭམ྄། སི་དང་ཨསྨད྄་ལྷན་ཅིག་ཨ་ཧམ྄་དུ་བསྒྱུར། ཏྭ་ཨ་ཧམ྄། ཡུཥྨད྄་ཞེས་དང་ཨསྨད྄་ ཞེས་པའི་སྔ་ཕྱིའི་གོ་རིམ་ལྟར་ཏྭམ྄་དང་ཨ་ཧམ྄་གྲངས་བཞིན་སྦྱར་རོ། ། ༈ ཡུ་བཱ་བཽ་དྭི་བ་ཙ་ནེ། གཉིས་ཚིག་ལ་ཡུ་བ་ཨཱ་བ་དག་གོ །ཡུཥྨད྄་ཨསྨད྄་ལ་ཕ་རོལ་ཏུ་ གཉིས་ཚིག་གི་རྣམ་དབྱེ་བྱུང་ན། གོ་རིམ་བཞིན་ཡུ་བ་དང༌། ཨ་བ་དག་ཏུ་བསྒྱུར་དགོས། འདི་ ནི་རྟགས་ཁོ་ན་ཡིན་གྱི་རྣམ་དབྱེ་དང་བཅས་པ་མིན་ནོ། །དེས་ན་བར་སྐབས་དེར། ཡུཥྨད྄་ཨཽ། 19-1-201 ཨསྨད྄་ཨཽ་ཞེས་པ་དེ་ཡུ་བ་ཨཽ། ཨ་བ་ཨཽ་ཞེས་པར་འགྱུར་རོ། ། ཨཱ་མཽ། ཨཽ་ཨཱམ྄འོ། །ཡུཥྨད྄་ཨསྨད྄་ཀྱི་ཕ་རོལ་ཏུ་བྱུང་བའི་རྣམ་དབྱེ་ཨཽ་ནི་ཨཱཾ་རིང་པོར་ འགྱུར་བས། ཡུ་བ་ཨཱམ྄། ཨ་བ་ཨཱམ྄། སྔར་ཡུཥྨད྄་ཡུ་བ་དང༌། ཨསྨད྄་ཨ་བ་ཞེས་པར་གྱུར་ པའི་མཐའི་ཨ་དང་ཨཱམ྄་གྱི་ཨཱ་འདྲ་བ་རིང་པོ་བྱས་པས་ཡུ་བཱཾ་ཨ་བཱཾ། ༈ ཡཱུ་ཡཾ་བ་ཡཾ་ཛ་སཱ། ཛས྄་ཀྱིས་ཡཱུ་ཡཾ་བ་ཡཾ་མོ། ཀྱིས་ཞེས་བྱེད་པ་པོའི་སྒྲས་རྣམ་དབྱེ་ དང་བཅས་པར་བསྒྱུར་བ་སྟེ། ཡུཥྨད྄་ཛས྄ ཨསྨད྄་ཛས྄། ཞེས་བཞག ཡུཥྨད྄་ཛས྄། ཡཱུ་ཡཾ་དུ་ བསྒྱུར། ཨསྨད྄་ཛས྄། བ་ཡཾ་དུ་སྒྱུར། ཡཱུ་ཡཾ། བ་ཡཾ། ༈ ཏྭནྨ་དེ་ཀ་ཏྭེ། གཅིག་ཉིད་ལ་ཏྭད྄་མཏ྄་ ངོ༌། །དང་པོའི་གཅིག་ཚིག་མ་གཏོགས་པའི་གཅིག་ཚིག་གི་རྐྱེན་ཕ་རོལ་དུ་བྱུང་ན། ཡུཥྨད྄་ ཏྭཏ྄་ཞེས་དང༌། ཨསྨད྄་མཏ྄། ཞེས་པར་བསྒྱུར་བ་ལས། སྐབས་འདིར་གཉིས་པའི་གཅིག་ ཚིག་ཡུཥྨད྄་ཨམ྄། ཨསྨད྄་ཨམ྄། ཏྭཏ྄། ཨམ྄། མཏ྄་ཨམ྄། ཨཱམྶཽབྷ། ཨམ྄་ས་བྷི་ལ་ཨཱའོ། ། འདིར་ཨམ྄་དང་འོག་ཏུ་འཆད་པ་ས་དང་བྷིས྄་ལ། ཚུར་རོལ་ཊི་ཨཱ་རུ་འགྱུར་ཏེ། འདིར་ཏྭཱ་ ཨམ྄། མཱ་ཨམ་ཞེས་པའོ། །འདྲ་བ་རིང་པོ། ཕ་རོལ་དབྱི། ཏྭཱཾ་མཱཾ། ༈ གཉིས་པའི་གཉིས་ཚིག་ ཨཽ་ནི། དང་པོའི་གཉིས་ཚིག་ཨཽ་དང་འདྲ་སྟེ། ཡུ་བཱཾ། ཨཱ་བཱཾ། ༈ ཤ་སོ་ནོ། ཤས྄་ཀྱི་ནའོ། །འདི་མདོ་དངོས་མིན་ལུང་འདྲེན་ཡིན་ཟེར་བ་ཡོད་ནའང་། ཤས྄་ཀྱི་བྱ་བ་སྟོན་བྱེད་གཞན་མེད་པས་མདོ་རང་ཡིན་པ་འཐད་དོ། །ཤས྄་ལ་ནི་ཡུཥྨད྄་ཤས྄ ཨསྨད྄ ཤ ས྄ ཊི་ཨ། ཤས྄་ཉིད་ཀྱི་ས྄་ན྄་རུ་བསྒྱུར་བ་ལས་གཞན་རྣམ་འགྱུར་གསར་བ་ཁྱད་ ཆོས་གང་ཡང་མེད། འདྲ་བ་རིང་པོ་ཡོད། ཡུཥྨཱན྄། ཨསྨཱན྄། ༈ ཨེ་ཊཱ་དྱོཿ། ཊཱ་ངི་དག་ལ་ཨེའོ། ། འདིར་ཊཱ་དང་འོག་ཏུ་ངི་ལ་རྟགས་མཐའ་ཨེ་རུ་འགྱུར་རོ་ཞེས་པ་སྟེ། ཡུཥྨད྄་ཊཱ། ཨསྨད྄་ཊཱ། གཅིག་ཚིག་ལ་ཏྭཏ྄། མཏ྄་དུ་བསྒྱུར། དེ་དང་དེའི་ཊི་ཨཏ྄་གཉིས་པོ་ཨེ་རུ་འགྲོ། དྲངས་པས་ཏྭེ་ ཨཱ་མེ་ཨཱ། ཨེ་ཨ་ཡ྄། དྲངས། ཏྭ་ཡཱ། མ་ཡཱ། ༈ བྷྱཱམ྄་རིགས་གསུམ་ཀ་གཉིས་ཚིག་ཡིན་པས་ 19-1-202 ཡུ་བར་བསྒྱུར། ཡུ་བ་བྷྱཱཾ། ཨ་བ་བྷྱཱཾ། སྤྱི་འགྲོ་བྷ་ལ་ཨའོ། །ཞེས་པས་རྟགས་མཐའ་རིང་པོ། ཡུ་ བཱ་བྷྱཱཾ། ཨ་བཱ་བྷྱཱཾ། ༈ ཡུཥྨད྄་བྷིས྄ ཨསྨད྄་བྷིས྄ ཊི་ཨ། ཨམ྄་ས་བྷིས྄་ལ་ཨཱ་རོ་ཞེས་པས། ཊིའི་ ཨ་ཐུང་རིང་པོར་སོང༌། ཡུཥྨཱ་བྷིཿ། ཨསྨཱ་བྷིཿ། ༈ ཏུ་བྷྱཾ་མ་ཧྱཾང་ཡཱ། ངེ་ཡིས་ཏུ་བྷྱཾ་མཧྱ་མོ། ཡུཥྨད྄་ངེ་ཨསྨད྄་ངེ་དེ་དང་ལྷན་ཅིག་ཡུཥྨད྄་ཏུ་ བྷྱཾ་དུ་བསྒྱུར། ཨསྨད྄་མ་ཧྱཾ་དུ་བསྒྱུར་དགོས་ཏེ། ཡིས་ཞེས་པའི་ཚིག་ཟུར་ལས་སོ། །ཏུ་བྷྱཾ། མ་ ཧྱཾ།༈ གཉིས་ཚིག་ཡུ་བཱ་བྷྱཱཾ། ཨ་བཱ་བྷྱཱཾ། འདྲ། ༈ བྷྱས྄་ཤྦྷྱཱམ྄། བྷྱས྄་ཤྦྷྱཱམ྄འོ། །བཞི་པའི་བྷྱས྄་ནི། ཤྦྷྱཱམ྄་དུ་བསྒྱུར་ཏེ། དེ་ཡང་ཡུཥྨད྄་ བྷྱས྄། ཨསྨད྄་བྷྱས྄། ཊི་ཨ། བྷྱས྄་ཤྦྷྱཱམ྄་དུ་བསྒྱུར་ཤ་ཡིག་སྔར་ཐོག་མ་བྷྱས྄་ཡིན་པའི་དབང་ དུ་བྱས་ན། བྷ་ས་མང་པོ་ཉིད་ལ་ཨེ་ཞེས་པ་དགག་པ་དང༌། ཕྱིས་བྷྱམ྄་ཐུང་ངུར་སོང་བ་ལྟར་ ན་ཡང་གཉིས་ཚིག་བྷྱཱམ་རིང་པོ་དང་ཆ་འདྲ་པས། བྷ་ལ་ཨ་ཞེས་འཇུག་པར་དོགས་པ་དགག་ པའི་དོན་དུ་བྱུང་བ་ཙམ་ཡིན་གྱིས་གཞན་དོན་མེད་པས་ཕྱིས་ཏེ། ཡུཥྨ་བྷྱཾ། ཨསྨ་བྷྱཾ། ༈ ང་སི་བྷྱ་སོཿཤྟུཿ། ང་སི་བྷྱས྄་དག་གི་ཤྟུའོ། །ལྔ་པའི་གཅིག་ཚིག་ངསི་དང་མང་ཚིག་ བྷྱས྄་ནི་ཤྟུ་རུ་བསྒྱུར་བ་སྟེ། དང་པོར་གསུམ་པའི་གཅིག་ཚིག་དང་འདྲ་བར། ཡུཥྨད྄་ཏྭཏ྄་དང༌། ཨསྨད྄་མཏ྄་རུ་བསྒྱུར། ཏྭཏ྄་ཨས྄། མཏ྄་ཨས྄་ཞེས་པ་བསྒྱུར་བས། ཏྭཏ྄། ཤྟུ། མཏ྄་ཤྟུ་ཞེས་ སོ། །ཤ་ནི་ཐམས་ཅད་འགྱུར་བ་སྟེ། ཨས྄་ཡོངས་རྫོགས་ཏ྄་རུ་བསྒྱུར་བའི་རྟགས་དོན་ཡིན་ པས་ཕྱིས། ཨུ་བརྗོད་དོན། གོང་རྟགས་མཐའི་ཏ྄་ཡང་དབྱི་སྟེ། ཊི་ཨའོ། །ཏྭ་དང་མ་རྐྱེན་གྱི་ཏ྄་ དབྱངས་མེད་དང་སྦྱར་ཏྭཏ྄ མཏ྄ ༈ གཉིས་ཚིག་ཡུ་བཱ་བྷྱཱཾ། ཨ་བཱ་བྷྱཱཾ། འདྲའོ། ༈ །ཡུཥྨད྄་བྷྱས྄། ཨསྨད྄་བྷྱས྄་ཊི། ཨ། ཡུཥྨ་བྷྱས྄ ཨ་སྨ་བྷྱས྄ བྷྱས྄ཤྟུ་རུ་བསྒྱུར། ཡུཥྨ་ཤྟུ། ཨསྨ་ཤྟུ། ཤ་དང་ཨུ་ ཕྱིས་ཡུཥྨཏ྄་ཨསྨཏ྄། ༈ ངསི་སྐབས་ཀྱི་ཏྭཏ྄་མ་ཏ྄་དང་ལྔ་པའི་མང་ཚིག་གི་ཡུཥྨཏ྄་ཨསྨད྄་ཞེས་ མཐའ་རྟེན་འདི་རྣམས་རྐྱེན་གྱི་ལུས་འགྱུར་རོ། ། 19-1-203 ༈ ཏ་བ་མ་མ་ང་སཱ། ངས྄་ཀྱིས་ཏ་བ་མ་མའོ། །ཡུཥྨད྄་ངས྄་དང་ལྷན་ཅིག་ཏ་བ། ཨསྨད྄་ ངས྄་དང་ལྷན་ཅིག་མ་མ་རུ་བསྒྱུར། ཡང་ན་དྲུག་པའི་གཅིག་ཚིགས་ལ་ཐོག་མ་རྟགས་ཁོ་ན་ ཏྭཏ྄་མཏ྄་དུ་བསྒྱུར་ནས། དེ་རྗེས་ཏྭཏ྄་མཏ྄་རྣམ་དབྱེ་དང་བཅས་པ་ཏ་བ་དང་མ་མ་རུ་བསྒྱུར་ ཀྱང་འདྲ་ཞེས་ཟེར། ཏ་བ། མ་མ། ༈ ཡུཥྨད྄ ཨོས྄། ཨསྨད྄་ཨོས྄་གཉིས་ཚིག་ལ་ཡུ་བ་དང་ ཨ་བ་རུ་གོང་བཞིན་བསྒྱུར། སྤྱི་འགྲོ་ཨོས྄་ལའོ་ཞེས་པས། །རྟགས་མཐའ་ཨེ་ཨ་ཡ་དྲངས། ཡུ་བ་ཡོཿ། ཨ་བ་ཡོཿ། ༈ ཡུ་ཥྨད྄་ཨཱམ྄་ཊི་ཨཊ྄་སྟེར། ཡུཥྨས྄། ཨཱམ་ཨསྨས྄་ཨཱམ྄་འབྱུང༌། སཱ་མཱ་ཀཾ། སཱམ྄་ཨཱ་ ཀམ྄་མོ། །སཱམ྄་ཞེས་སུཊ྄་ཀྱི་ས྄་ཨཱམ྄་ལ་དྲངས་པ་སྟེ་སུཊ྄་ཨཱམ྄་དང་བཅས་པ། ཨཱ་ཀམ྄་དུ་ བསྒྱུར། འདྲ་བ་རིང་པོ་ཡུཥྨཱ་ཀཾ། ཨསྨཱ་ཀཾ། ༈ ཡུཥྨད྄༌། ངི་ཨསྨད྄་ངི་། ཏྭཏ྄། མཏ྄ཊཱ་ངི་དག་ལ་ ཨེའོ། །ཏྭེ་ཨི། མེ་ཨི་ཞེས་སོ། །ཨེ་ཨ་ཡ྄་དྲངས་པས། ཏྭ་ཡི། མ་ཡི། ༈ གཉིས་ཚིག་ཡུ་བ་ཡོཿ ཨ་བ་ཡོཿ གོང་དྲུག་པ་བཞིན། ༈ ཡུཥྨད྄་སུཔ྄་ཨསྨད྄་སུཔ྄་ཨམ྄་ས་བྷིས྄་ལ་ཨའོ། །ཞེས་པ་ ལས་འདིར་ས་སྟེ་ཊི་ཨཱ་རུ་སོང༌། ཡུཥྨཱསུ། ཨསྨཱ་སུ། ཞེས་པའོ། ༈ །ད་ནི་འདི་བཤད་དེ། དེ་ དག་ལས་སླར་ཡང་ཁྱད་པར་གཞན་དུ་འགྱུར་ཚུལ་ནི། ཨཱ་དེ་ཤ་ལ་ཡང༌། ཨཱ་དེ་ཤ་གཞན་ བསྐྱར་ནས་བྱེད་པའོ། །ཡུཥྨད་སྨ་ཏོཿཥཥྛཱི་ཙ་ཏུརྠཱི་དྭི་ཏཱི་ཡ་བྷི་སྟེ་མེ་བནྣཽ་བས྄་ན་སཽ། ཡུཥྨད྄་ ཨསྨད྄་དག་ལ་དྲུག་པ་བཞི་པ་གཉིས་པ་རྣམས་ཀྱིས་ཏེ་མེ་བམ྄་ནཽ་བས྄་ནས྄་དག་གོ ༈ །དེ་ ཡང་དཔེར་ན། དྲུག་པའི་གཅིག་ཚིག་ལ་ཡུཥྨད྄་ཏྭཏ྄་དུ་སོང་ཏྭ་ཏ྄་དང་ངས྄་ཀྱི་ཨས྄་སྡོམས་པ་ ཏ་བ་རུ་སོང་བ་དེ། ཏེ་ཞེས་པར་གྱུར་པ་དང༌། ཨསྨད྄་མཏ྄་རུ་བསྒྱུར་དེ་ཨས྄་དང་བཅས་པ། མ་མ་རུ་སོང་བ་དེ། སླར། མེ་ཞེས་པར་བསྒྱུར་བ་དང༌། ༈ དྲུག་པའི་གཉིས་ཚིག་ལ་ཡུཥྨད྄་ཡུ་ བ་ཡོཿདང༌། ཨསྨད྄ ཨཱ་བ་ཡོཿརུ་སོང་ཟིན་པ་དེ། ཡུ་བ་ཡོཿབམ྄་དང༌། ཨ་བ་ཡོཿནཽ་རུ་བསྒྱུར་ རོ། ༈ །དྲུག་པའི་མང་ཚིག་ལ་ཡུཥྨད྄། ཡུཥྨཱ་ཀཾ་དུ་བསྒྱུར། ཨསྨད྄ ཨསྨཱ་ཀཾ་དུ་བསྒྱུར་ཟིན་པ་ 19-1-204 དེ། ཡུཥྨཱ་ཀཾ་བས྄་དང༌། ཨསྨཱ་ཀཾ་ནས྄་ཞེས་པར་བསྒྱུར་རོ། ༈ །དེ་བཞིན་དུ་བཞི་པ་ལ་ཏུ་བྷྱཾ་ཏེ་ དང༌། མཧྱཾ་མེ་རུ་འགྲོ་ཞིང༌། ༈ ཡུ་བཱ་བྷྱཱཾ། བམ྄་དང༌། ཨ་བཱ་བྷྱཱཾ། ནཽ་རུ་འགྱུར་ལ། ༈ ཡུཥྨ་བྷྱཾ་ བས྄་དང་ཨསྨ་བྷྱཾ་ནས྄་ཞེས་པར་བསྒྱུར་རོ། ༈ །ཡང་གཉིས་པ་ལ་ཏྭཱཾ་མཱཾ་དམིགས་གསལ་ཅན་ དེ་འགྱུར་བ་དང༌། ཡུ་བཱཾ་བམ྄། ཨ་བཱཾ་ནཽ་རུ་འགྲོ་ཞིང༌། ༈ ཡཱུ་ཡཾ་བས྄་དང༌། བ་ཡཾ་ནས྄་ཞེས་ པར་བསྒྱུར་རོ། ༈ །དྲུག་པ་བཞི་པ་གཉིས་པ་ཞེས་པ་དངོས་སུ་ཡིན་ལ། གོ་རིམ་ཟློག་པར་ བསྟན་པས་འོས་ཤིང་འདོད་ན་ཚིག་ཕྲད་ཀྱི་ལུགས་ལ་གཞན་ལའང་སྦྱར་ཏེ། དང་པོ་ལ་ཏྭམ྄་ ཏེ་དང༌། ཨ་ཧམ྄་མེ་ཞེས་པར་འགྲོ་ཞིང༌། ཡུ་བཱཾ་བམ྄་དང༌། ཨ་བཱཾ་ནཽ་ཞེས་པར་འགྱུར་ལ། ༈ ཡུ་ཡཾ་བས྄་དང་བ་ཡཾ་ནས྄་ཞེས་པར་བསྒྱུར་རོ། ༈ །གསུམ་པ་ལ། ཏྭ་ཡཱ་ཏེ་མ་ཡཱ་མེ༈ ཡུ་བཱ་ བྷྱཱཾ་བམ྄། ཨ་བཱ་བྷྱཱཾ་ནཽ ༈ ཡུཥྨཱ་བྷིཿབས྄། ཨསྨཱ་བྷིཿནས྄། ༈ ལྔ་པ་ལ་ཏྭཏ྄་ཏེ་མཏ྄་མེ༈ ཡུ་བཱ་ བྷྱཱཾ་བམ྄། ཨ་བཱ་བྷྱཱཾ་ནཽ། ༈ ཡུཥྨཏ྄་བས྄ ཨསྨཏ྄་ནས྄། ༈ བདུན་པ་ལ། ཏྭ་ཡི་ཏེ། མ་ཡི་མེ༈ ཡུ་ བ་ཡོཿབམ྄། ཨ་བ་ཡོཿནཽ། ༈ ཡུཥྨཱ་སུ་བས྄། ཨསྨཱ་སུ་ནས྄་ཞེས་པ་རྣམས་སུའང་རེས་འགའ་ ཞིག་ན་ཀུན་དུ་བསྟན་པར་བྱའོ། ། ༈ ཏྭཱ་མཱ་མ། ཨམ྄་གྱིས་ཏྭཱ་མཱའོ། །རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ྄་དང་བཅས་ པའི་ཡུཥྨད྄་ཨསྨད྄་ནི་ཏྭཱ་དང་མཱ་རུ་བསྒྱུར་ཏེ། ཡུཥྨད྄་ཨམ྄་ཏྭཱཾ་དང༌། ཨསྨཱད྄་ཨམ྄་མཱཾ་དུ་སོང་བ་ དེ་སླར་ཡང་འདིར་ཏྭཱཾ་ཏྭཱ་དང༌། མཱཾ་མཱ་རུ་བསྒྱུར་རོ། ༈ །དེ་ལྟར་ན་ཏེ་མེ་བམ྄་ནཽ་བས྄་ནས྄་ཏྭཱ་ མཱ་སྟེ། ཨཱ་དེ་ཤ་བརྒྱད་པོ་འདི། དྲུག་པ་བཞི་པ་གཉིས་པ་རྣམས་ལ་བྱེད་པ་མང་ལ། ༈ དང་ པོ་གསུམ་པ་ལྔ་པ་བདུན་པ་རྣམས་ལ་སྤྱིར་བཏང་ལ་མི་བྱེད་པ་ཁོ་ན་ཡིན་ཡང༌། ཚིག་ཕྲད་ཀྱི་ སྒྲུབ་པ་ལ་སྐབས་འགར་སྲིད་དོ། །དངོས་སུ་སྨོན་པ་དང་ཤུགས་ལ་ལུགས་ཟློག་གི་རིམ་པའི་ བརྡས་བསྟན་པའི་དགོས་པ་ནི་དེ་ཡིན་ཅིང༌། ༈ ཏྭཾ་དང་ཨ་ཧམ྄་ནས་ཡུཥྨཱ་སུ་དང་ཨསྨཱ་སུ་ བར་དུ་འགྱུར་བ་ནི་ངེས་པ་ཡིན་ལ། ཨཱ་དེ་ཤ་ནི་མི་བྱེད་པའི་སྐབས་ཀྱང་མང་མོད། ཨཱ་དེ་ཤ་ 19-1-205 བྱས་ན་ཚིག་གི་བྱ་བ་རྫོགས་པར་འདོད་དོ་ཞེས་གཞན་ལས་འཆད་དོ། ༈ །ཡུཥྨད྄་རྣམ་དབྱེའི་ རྐྱེན་བཅས་རྣམ་འགྱུར་ནི། །ཏྭཾ་དང་ཡུ་བཱཾ་ཡཱུ་ཡཾ་དང་པོ་སྟེ། ༈ །ཏྭཱཾ་དང་ཡུ་བཱཾ་ཡུཥྨན྄་གཉིས་ པའོ། ༈ །ཏྭ་ཡཱ་ཡུབཱ་བྷྱཱཾ་དང་ཡུཥྨཱབྷིཿ། ༈ །ཏུ་བྷྱཾ་ཡུ་བཱ་བྷྱཱཾ་དང་ཡུཥྨ་བྷྱཾ། ༈ །ཏྭཏ྄་དང་ཡུ་བཱ་བྷྱཱཾ་དང་ ཡུཥྨཏ྄་དང༌། ༈ །ཏ་བ་ཡུ་བ་ཡོཿདང་ཡུཥྨཱ་ཀཾ ༈ །ཏྭ་ཡི་ཡུ་བ་ཡོཿདང་ཡུཥྨཱ་སུ། ༈ །ཨསྨད྄་རྐྱེན་ བཅས་རྣམ་པར་འགྱུར་བ་ནི། ཨ་ཧཾ་ཨཱ་བཱཾ་བ་ཡཾ་དང་པོའོ། ༈ །མཱཾ་དང་ཨཱ་བཱཾ་ཨསྨཱན྄་གཉིས་ པའོ། ༈ །མ་ཡཱ་ཨ་བཱ་བྷྱཾ་དང་ཨསྨཱབྷིཿ། ༈ །མ་ཧྱཾ་ཨ་བཱ་བྷྱཾ་དང༌ཨསྨཱ་བྷྱཾ། ༈ །མཏ྄་དང་ཨ་བཱ་ བྷྱཱཾ་དང་ཨསྨཏ྄་གསུམ། ༈ །མ་མ་ཨ་བ་ཡོཿདང་ཨསྨཱཀཾ ༈ །མ་ཡི་ཨ་བ་ཡོཿདང་ཨསྨཱ་སུ། ༈ །དང་པོའི་གཅིག་ཚིག་མང་ཚིག་དང༌། ༈ །བཞི་པ་ལྔ་པའི་གཅིག་ཚིག་རྣམས། །རྟགས་དང་ རྣམ་དབྱེ་ལྷན་ཅིག་བསྒྱུར། ༈ །གསུམ་ལྔ་དྲུག་བདུན་གཅིག་ཚིག་ནི། །ཏྭཏ྄་དང་མཏ་ལ་བྱ་བ་ སྒྲུབ། ༈ །གཉིས་ཚིག་ཀུན་ལ་ཡུ་བ་དང༌། །ཨཱ་བར་བསྒྱུར་ནས་བྱ་བ་བྱེད། ༈ །སླར་ཡང་ཤིན་ ཏུ་བསྒྱུར་བ་ནི། །ཏྭཱཾ་ནི་ཏྭཱ་རུ་འགྱུར་བ་སྟེ། །མཱཾ་ཡང་མཱ་རུ་བསྒྱུར་བར་བྱ། ༈ །ཏུ་བྷྱཾ་ཏ་བ་ཏེ་ཡིན་ ཏེ། །མ་ཧྱཾ་མ་མ་མེ་རུ་འགྱུར། ༈ །ཡུ་བཱཾ་དང་ནི་ཡུ་བཱ་བྷྱཱཾ། །ཡུ་བ་ཡོཿརྣམས་བམ྄་དུ་འགྱུར། ༈། ཨཱ་བཱཾ་དང་ནི་ཨ་བཱ་བྷྱཱཾ། །ཨ་བ་ཡོཿརྣམས་ནཽ་ཞེས་བྱ། ༈ །ཡུ་ཡཾ་ཡུཥྨ་བྷྱཾ་དང་ནི། །ཡུཥྨཱ་ཀཾ་ རྣམས་བས྄་ཞེས་བྱ། ༈ །བ་ཡཾ་ཨསྨ་བྷྱཾ་དང་ནི། །ཨསྨཱ་ཀཾ་རྣམས་ནས྄་ཞེས་བྱ། ༈ །རྣམ་དབྱེ་ དགུ་ལ་ཨཱ་དེ་ཤ། །རྣམ་པ་བརྒྱད་པོ་དེ་དག་ནི། །དྲུག་བཞི་གཉིས་པ་རྣམས་ལ་ཡོད། ༈ །ཚིག་ ཕྲད་ལ་ནི་གཞན་ཡང་འདོད། །ཞེས་བྱ་བ་ཉེར་མཁོ་སྡོམས་ཀྱི་ཚིགས་སུ་བཅད་པའོ།། །། ༈ ནཱ་དོ། དང་པོ་ལ་མ་ཡིན་ནོ། །ཚིག་རེ་རེའི་དང་པོ་སྟེ་ཐོག་མ་ལ། ཏ་བ་མམ་སོགས་རྣམ་ འགྱུར་ཐོག་མ་ཁོ་ན་བྱེད་ཀྱི། ཏེ་མེ་ལ་སོགས་པའི་ཨཱ་དེ་ཤ་ཕྱི་མ་མི་བྱེད་དོ། །འདིར་དཔེར་ བརྗོད་ཚིགས་བཅད་འགྲེལ་བར་འབྱུང་བ་ནི། སཱ་མཱི་ཏེ་ས་ས་མཱ་ཡ་ཏཿ། སྭཱ་མཱི་མེ་སཱཾ་པྲ་ཏཾ་ག་ ཏཿ། ན་མ་སྟེ་བྷ་ག་བཱནྦྷཱུ་ཡོ། དེ་ཧི་མེ་མོཀྵ་མ་བྱ་ཡཾ། ཁྱོད་ཀྱི་རྗེ་དེ་ལེགས་འོང་སམ། །བདག་ 19-1-206 གི་རྗེ་བོ་ད་ལྟ་བྱོན། །ཞེས་དྲུག་པའི་དང་པོ་དང༌། བཅོམ་ལྡན་ཁྱོད་ལ་ཡང་ཡང་འདུད། །མི་ བཟད་ཐར་པ་བདག་ལ་སྩོལ། །ཞེས་པ་བཞི་པའི་དང་པོ་སྟེ། རྐང་པ་དང་པོའི་ཡི་གེ་གསུམ་ པ་ལ་ཏེ་དང༌། གཉིས་པའི་གསུམ་པ་ལ་མེ་ནི། ཁྱོད་ཀྱི་དང་བདག་གི་ཞེས་དྲུག་པའི་གཅིག་ ཚིག་ཡིན་ནོ། །གསུམ་པའི་གསུམ་པ་ལ་ཏེ་དང༌། བཞི་པའི་གསུམ་པ་ལ་མེ་ནི། ཁྱོད་ཀྱི་ཆེད་ དོན་ལ་དང༌། བདག་གི་ཆེད་དོན་ལ་ཞེས་པའི་དོན་གྱི་ཁྱེད་ལ་དང་བདག་ལ་སྟེ་བཞི་པའི་དང་ པོའོ། ༈ །སྭཱ་མཱི་བཱནྶ་ཛ་ཧཱ་སཽ་ཙྩཻ། རྡྲ་ཥྚྭཱ་ནཽ་དཱ་ན་ཡཱ་ཙ་ནཱཾ། ༈ རཱ་ཛཱ་བཱཾ་དཱསྱ་ཏེ་དཱ་ནཾ། ཛྙཱ་ནཾ་ནཽ་མ་ དྷུ་སཱུ་ད་ནཿ། ༈ ཇོ་བོ་ཁྱེད་དག་གི་བཞད་གད། །ངེད་ཀྱི་སྦྱིན་ཁྲོམ་འཁྲུགས་འཆོས་མཐོང༌། ། རྐང་པ་དང་པོའི་ཡི་གེ་གསུམ་པ་བན྄་ནི་བམ྄་སྟེ། ཁྱེད་དག་གི་ཞེས་དྲུག་པའི་གཉིས་ཚིག་ དང༌། གཉིས་པའི་ཡི་གེ་གསུམ་པ་ནཽ་ན་ངེད་ཅག་གི་ཞེས་སམ་བདག་ཅག་དག་གི་ཞེས་དྲུག་ པའི་གཉིས་ཚིག་གོ ༈ །ཁྱེད་དག་ལ་སྦྱིན་རྒྱལ་པོས་བྱིན། །ངེད་ལ་ཡེ་ཤེས་སྦྲང་རྩི་དགྲས། ། རྐང་བ་གསུམ་པའི་ཡི་གེ་གསུམ་པ་བཱཾ་ནི་ཁྱེད་དག་གི་ཆེད་དུ་ཞེས་པ་དང༌། བཞི་པའི་ཡི་ གེ་གསུམ་པ་ནཽ་ནི་ངེད་ཅག་གི་དོན་ལ་ཞེས་བཞི་པའི་གཉིས་ཚིག་གོ །དེ་ལ་ཛ་ཧཱ་ས་གད་མོ། ཨུཙྩཻ་མཐོན་པོ་སྟེ་བཞད་གད་ཡིན་ལ། ཁྲོམ་འཁྲུགས་{ཆད་[འཆོས་]པ་ནི། སྦྱིན་པ་གཏོང་བ་ ལ་ཧབ་ཐོབ་བྱེད་པའི་ཁྲོམ་འཁྲུགས་པ་ལ་ཁྲོམ་འཆོས་པའི་ཕྱིར་བརྡེག་པ་སྟེ། དཱ་ན་ཡཱ་ཙ་ན་ ཞེས་པའོ། ༈ །དེ་བོ་བཱ་མ་པ་ཏཱདྦིཥྞུརྣ་ར་ཀཱེཏྣཽ་ཛ་ནཱརྡྡནཿ། ༈ སྭཱ་མཱི་བོ་བ་ལ་བཱན྄་རཱ་ཛ་སྭཱ་མཱི་ནཽ་ སཽ་ཛ་ནཱརྡྡནཿ ༈ འཇུག་སེལ་ལྷ་ཡིས་ཁྱོད་དག་ལའང་སྟེ། །དམྱལ་ལས་བདག་ཅག་སྲུངས་ ཤིག་སྐྱེ་བོས་མཆོད། །རྐང་པ་དང་པོར་བམ྄་ཁྱེད་དག་ལ་ཞེས་དང༌། གཉིས་པར་ནཽ་ཞེས་པ་ འདི་དང་བདག་དག་ལ་ཞེས་པ་གཉིས་པའི་གཉིས་ཚིག་གོ ༈ །སྟོབས་ལྡན་རྒྱལ་པོ་ཁྱེད་ཅག་ རྣམས་ཀྱི་རྗེ། །འགྲོ་བས་མཆོད་དེ་བདག་ཅག་རྣམས་ཀྱི་རྗེ། །ཞེས་ཏེ། གསུམ་པར། བོ་ཞེས་ པ་ནི། བས྄་ཀྱི་ས྄་རྣམ་བཅད་ཧ་བ་ལ་ཨུ། ཨུ་ཨོ་ཞེས་པའོ། །བཞི་པར་ནཽ་སྟེ། ཁྱེད་རྣམས་ཀྱི་ 19-1-207 དང༌། བདག་ཅག་རྣམས་ཀྱི་ཞེས་པ་དྲུག་པའི་མང་ཚིག་གོ ༈ །ན་མོ་བོ་བྲཧྨ་བི་ཛྷེ་བྷྱོ་ཛྙཱ་ནཾ་ནཽ་ དཱི་ཡ་ཏཱཾ་དྷ་ནཾ། ༈ སཱ་ནཾ་དཱཏྤཿཔྲ་པ་ཤྱཱ་མོ་ནཿ པ་ཤྱཱ་མོ་ནཿསུ་དུཿཁིན། ༈ རབ་མཁྱེན་ཚངས་པ་ ཁྱོད་རྣམས་ལ་འདུད་དོ། །བདག་ཅག་རྣམས་ལ་ཡེ་ཤེས་སྦྱིན་པ་སྩོལ། ༈ །ཁྱོད་རྣམས་ལ་ནི་ ཀུན་དགར་རབ་ཏུ་མཐོང༌། །རབ་ཏུ་སྡུག་བསྔལ་བར་མཐོང་བདག་རྣམས་ལའོ། ༈ །རྐང་པ་ དང་པོའི་བོ་ཞེས་པ་བས྄་ཏེ། ཁྱོད་རྣམས་ཀྱི་དོན་ལ་ཞེས་དང༌། གཉིས་པའི་ནཽ་ནི་བདག་ཅག་ རྣམས་ཀྱི་ཆེད་ལ་ཞེས་བཞི་པའི་མང་ཚིག་དང༌། ༈ གསུམ་པའི་བཿནི་བས྄་ཏེ་ཁྱེད་རྣམས་ལ་ ཞེས་དང༌། བཞི་པའི་ནཿནི་ནས྄་ཏེ་བདག་རྣམས་ལ་ཞེས་གཉིས་པའི་མང་ཚིག་གོ ༈ །པ་ཤྱཱ་ མི་ཏྭཱ་མ་དཱ་ལཱི་ཌྷཾ། པཤྱཱ་མཱ་མ་ད་བྷེ་ད་ཀཾ །ཁྱོད་ལ་བལྟས་ན་མྱོས་པས་དྲེགས། །ང་ལ་མྱོས་པ་ འཇིག་པར་མཐོང༌། །རྐང་བ་དང་པོ་ཏྭཱ་ནི་ཁྱོད་ལ་ཞེས་དང༌། གཉིས་པའི་མཱ་ནི་ང་ལ་ཞེས་པ་ སྟེ། རྣམ་དབྱེ་གཉིས་པའི་གཅིག་ཚིག་གོ ༈ །རྐང་བ་སོ་སོའི་ཐོག་མ་ལ། ཏེ་མེ་སོགས་སུ་མི་ བསྒྱུར་བའི་དཔེར་བརྗོད་ནི། ཏ་བ་ཡེ་ཤ་ཏྲ་བོ་རཱ་ཛན྄། མ་མ་ཏེ་བྱ་ཏེ་ཤ་ཏྲ་བ། ༈ ཏ་བ་མི་ཏྲཱ་ ཎི་ཡཱ་ནི་སུ་རྨ་མ་མི་ཏྲཱ་ཎི་ཏཱ་ནྱ་པི། ༈ རྒྱལ་པོ་ཁྱོད་ཀྱི་དགྲ་བོ་གང༌། །བདག་གི་ཡང་ནི་ཤིན་ ཏུ་དགྲ། ༈ །ཁྱོད་ཀྱི་གཉེན་བཤེས་གང་ཡིན་པ། །བདག་གི་བཤེས་ཀྱང་དེ་ཡིན་ནོ། །རྐང་ པ་སོ་སོའི་ཐོག་མར་ཏ་བ་མ་མ་ཞེས་པ་ཡོད་ཀྱི་ཏེ་མེ་མེད་པ་དང༌། ༈ རུ་དྲོ་པི་ཤྭེ་ཤྭ་རོ་དེ་པོ། ཡུཥྨཱ་ཀཾ་ཀུ་ལ་དེ་བ་ཧཱ། ས་ཨེ་བ་བྷ་ག་བཱནྣཱ་ཐོ། ཨསྨཱ་ཀཾ་པཱ་པ་ན་ཤ་ནཿ། སྣ་ཚོགས་དབང་ཕྱུག་ ལྷ་དྲག་པོ། །ཁྱེད་ཅག་རྣམས་ཀྱི་རིགས་ཀྱི་ལྷ། ༈ །དེ་འདིར་མགོན་པོ་བཅོམ་ལྡན་འདས། ། བདག་ཅག་རྣམས་ཀྱི་སྡིག་བ་འཇོམས། །རྐང་པ་གཉིས་པ་དང་བཞི་པའི་ཐོག་མར། ཡུཥྨཱ་ཀཾ་ དང༌། ཨསྨཱཀཾ་ཡོད་ཀྱི་བས྄་ནས྄་མེད་པ་བཞིན་ནོ། ༈ །དེ་བོ་྅སྨཱ་ནྱཱ་ཧི་ནྲ་ཧ་རེ། བིཥྞོ྅སྨཱཏ྄ཀྵ་ སརྦ་དཱ། སཾ་བྷོ་ད་ན་པ་དཱ་ད་གྲེ། ན་སཾ་བྷ་བ་ཏི་བ་སཱ་ད་ཡཿ། བོད་པའི་ཚིག་གི་རྗེས་ཐོགས་ལ། བས྄་སོགས་འབྱུང་བར་མི་འགྱུར་རོ། །ཀྱེ་ལྷ་བདག་སྐྱོངས་མིའི་སེང་གེ།རྟག་པར་བདག་ 19-1-208 སྲུང་ཁྱབ་འཇུག་ཀྱེ། །ཞེས་ཏེ། དེ་བོ་བས྄་སོགས་མི་འབྱུང༌། དེ་བ་ཨསྨད྄། བིཥྞུ་ཨསྨད྄་ཞེས་ འབྱུང་བ་བཞིན་ནོ། ༈ །ཚིག་རྐང་གི་དང་པོ་མ་ཡིན་ན་འགྱུར་སྟེ། པཱཾ་ཏུ་པོ་ནྲྀ་སི་དྷ་སྱན་ཁ་ལཱཾ་ གལ་ཀོ་ཊ་ཡཿ། ཧི་ར་ཎྱ་ཀ་ཤི་པོརྦ་ཀྵཿཀྵེ་ཏྲཱ་སྲྀ་ཀྐརྡ་མཱ་རུ་ཎཿ། སྐྱོངས་ཤིག་ཁྱེད་རྣམས་མི་ཡི་ སེང་གེ་ཡིས། །སེན་མོའི་གཤོལ་གྱི་རྩེ་མོས་འདྲོ་སྐྱོང་བུ། །གསེར་ཅན་གྱི་ནི་ལྟོ་བའི་ངོས་དྲལ་ བའི། ཁྲག་གི་འདམ་རྫབ་འཆར་ཀའི་དམར་བོ་འཛིན། །ཞེས་ཏེ། པཱཾ་ཏུ་སྔོན་ལ་སོང་བས་བོ་ སྟེ་བས྄་ཡོད་པ་བཞིན་ནོ། ། ༈ ཙཱ་དི་བྷིཤྩ། ཙ་ལ་སོགས་པ་རྣམས་ཀྱིས་ཀྱང་ངོ༌། །འོག་ཏུ་འཆད་པའི་ཙ་ལ་སོགས་པ་ ལྔ་དང་སྦྱོར་བའི་ཚིགས་ལ་ཡང༌། ཨཱ་དེ་ཤ་བརྒྱད་བོ་དེ་མི་བྱ་སྟེ། ཏ་བ་ཙ་མ་མ་ཙ་མཻ་ཏྲཱི་ཙནྡྲ་ ལེ་ཁེ་བ་སརྡྷ་ཏེ། ཁྱོད་དང་ང་ཡི་བྱམས་འདྲིས་ནི། །ཟླ་བ་ཡར་ངོ་བཞིན་དུ་འཕེལ། །ཞེས་པ་ ལྟ་བུ་སྟེ། ཏེ་ཙ། མེ་ཙ། མི་ཟེར་བར་ཏ་བ་ཙ། མ་མ་ཙ་ཟེར་བ་ལྟ་བུའོ། །ཙ་ལ་སོགས་པ་ལྔ་ ནི། ཙ་པཱ་ཨ་ཧ་ཨེ་བ་ཨེ་ཝཾ་ཞེས་སོ། །དེ་དག་གི་ཡུཥྨ་ད྄་དང་ཨསྨད྄་ཀྱི་རྣམ་འགྱུར་ཕལ་ཆེར་ བཤད་ཟིན་ཏོ།། །། ༒ ད་ནི་མི་ཟད་པའི་སྡེ་རགས་རིམ་དུ་བསྟན་པར་བྱ་སྟེ། ཙཱ་དིརྣི་པཱ་ཏཿ། ཙ་ལ་སོགས་ པ་ནི་པཱ་ཏའོ། །མིང་གཅིག་གིས་དོན་དུ་མ་སྟོན་པ་ནི། ཨ་བྱ་ཡི་ཏེ་མི་ཟད་པ་ཞེས་སམ། ནི་པཱ་ ཏ་ཞེས་བྱའོ། །ཙ་ལ་སོགས་པ་ནི་འདི་དག་ཡིན་ཏེ། ཙ་(དང་ཡང༌།) བཱ་(ཡང་ན་དང་འདྲ་བ་)ཨ་ཧ་ (ཚིག་གི་ཁ་སྐོར་སྨྲས་པ་)ཨེ་བ་(འདི་ཞེས་ངེས་པ་)ཨེ་བཾ་(བཞིན་ནས་མཚུངས།) ནཱུ་ནཾ་(ངེས་པ་)པྲ་ཐ་ཀ྄་(སོ་ སོ་)བི་ནཱ་(སྤངས་པ་)ནཱ་ནཱ་(སྣ་ཚོགས་)སྭ་སྟི་(བདེ་ལེགས།) ཨ་སྟི་(ཡོད་པ་)དོ་ཥཱ་(མཚན་མོ་)ནཀྟཾ། མྲ ཥཱ་(བརྫུན་)མི་ཐྱཱ་མཐས྄(གསང་བ་དང་འདྲེས་པ་གཉིས་)ཨ་ཐ་(དེ་ནས་བཀྲ་ཤིས་)ཨ་ཐོ་(བར་མཚམས་མེད་ དང་ཕྱིས་ནས་)ཧྱས྄་(ལས་)ཤྭས྄་(སང་ཉིན་)ཨུ་ཙྩཻས྄་(མཐོ་བ་)ནཱི་ཙཻས྄་(དམའ་བ་)སྭར྄་(མཐོ་རིས་)ཨཾ་ ཏར྄་(བར་མཚམས་)པྲཱ་ཏ་ར་(ཞོགས་པ་)པུ་ནར྄་(སླར་)བྷུ་ཡས྄་(མང་པོ་)ཨ་ཧོ་(ངོ་མཚར་)སྭིཏ྄་(རྣམ་ 19-1-209 རྟོག་)ཨུཏ྄་(མཐོ་བ་དང་དེ་རིང་)ས་ཧ་(བཅས་)རྀ་ཏེ་(སྤངས་པ་)ཨ་ནྟ་རེ་ཎ་(སྤངས་)ཨ་ནྟར་(བར་སྟོངས་) ནམས྄་(འདུད་)ཨ་ལཾ་(རྒྱན་)ཀྲྀ་ཏམ྄་(བྱེད་པ་)དགག་ཚིག་གི་སྒྲ་ཨ་མཱ་ནོ་ནཱ་བཞི་དང༌། ཨི་ཥཏ྄་ (ཆུང་ངུ་)ཀི་ལ་(གཏམ་)ཁ་ལུ་(ཚིག་རྒྱན་)བཻ་(སྤངས་པ་)ཧི་(རྒྱུ)། ཨཱ་རཱཏ྄་(ཐག་རིང་ཐུང་གཉིས་ཀ་)བྷྲྀ་ཤཾ་ (ཕུལ་བྱུང་)རྀ་ཏཾ་(བདེན་པ་)སཱ་ཀཾ་(མཐུན་)སཱརྡྡཾ་(མཐུན)། ཡཏ྄་ཏཏ྄། དེ་ལྟར་ལྔ་བཅུ་ང་གསུམ་ པར་ཨ་ལ་སོགས་པ་དབྱངས་རྐྱང་པ་མིང་དུ་གྱུར་པ་དང༌། བོད་པ་དང་དོན་གསལ་བར་བྱེད་ པ་རྣམས་ཀྱང་ངོ་། ༈ །གཞན་ཡང་ཏཏ྄་ལ་སོགས་པ་རྣམ་དབྱེའི་དོན་ཅན་ཏེ། རྟགས་རྣམ་ དབྱེ་ཅན་བསྒྱུར་བ་མང་པོ་ལ་ཡང༌། ནི་པཱ་ཏ་ཡོད་དེ། ཏཏ྄། ཡཏ྄། ཀུ་ཏྲ། ཀུ་ཧ། ཀྭ། ཏ་དཱ། ཡ་དཱ། ཨེ་ཀ་དཱ། ཨནྱ་དཱ། ཀ་དཱ། ཏ་ཐཱ། ཡ་ཐཱ། ཀ་ཐཾ། ཨིཏྠཾ། ཏ་ཏཿ། ཡ་ཏཿ ཀུ་ཏཿ ཨ་ཏཿ ཨི་ཏཿ། ལ་སོགས་པའོ། །དེ་ཡང་ཏསྨིན྄་ཞེས་པ་ཏ་ཏྲ། ཡསྨིན྄་ཞེས་པ་ཡ་ཏྲ། ཀིམ྄་གྱི་ཀ་སྨིན྄་ ཞེས་པ་ཀུ་ཏྲ་དང༌། ཀུ་ཧ་དང༌། ཀྭ་ཞེས་པ་གང་རུང་དུ་བསྒྱུར་ཏེ། དེ་དག་བདུན་པའི་སྒྲ་དཀྱུས་ མ་ཡིན་ལ། ༈ དུས་དང་འབྲེལ་བའི་བདུན་པ་ཡིན་ན། ཏ་སྨིན྄་ཞེས་པ་ཏ་དཱ། ཡསྨིན྄་ཞེས་པ་ ཡདཱ། ཨེ་ཀའི་སྒྲ་ལ་ཨེ་ཀ་དཱ། ཨནྱ་སྨིན྄་ལ་ཨ་ནྱ་དཱ། ཀིམ྄་གྱི་ཀསྨིན྄་ཀ་དཱ། ལ་སོགས་པ་ དང༌། ༈ གསུམ་པའི་དོན་ལ། ཏེ་ན་ཞེས་པ་པྲ་ཀ་ར་སྟོན་བྱེད་ལ། ཏ་ཐཱ། ཡེ་ན་ཞེས་པ་ཡ་ཐཱ། ཀིམ྄་གྱི་ཀེ་ན་ལ་ཀ་ཐཾ། ཨི་དམ྄་གྱི་ཨ་ནེ་ན་ལ། ཨིཏྠཾ་ལ་སོགས་པ་དང༌། ༈ ལྔ་པའི་དོན་ལ་ ཏཏ྄་ཀྱི་ཏསྨཱཏ྄་ཞེས་པ། ཏ་ཏཿ། ཡཏ྄་ལ་ཡསྨཱཏ྄་ཞེས་པ་ཡ་ཏཿ། ཀིམ྄་གྱི་ཀསྨཱཏ྄་ཞེས་པ་ཀུ་ཏཿ། ཨི་དམ྄་གྱི་ཨསྨཱཏ྄་ཞེས་པ་ཨ་ཏཿ། ཨེ་ཏད྄་ལ་ཨེ་ཏསྨཱཏ྄་ལ་ཨི་ཏཿ། ལ་སོགས་པར་བསྒྱུར་ ཟིན་པ་རྣམས་མི་ཟད་པའོ། ། ༈ སཱརྦྦབི་བྷཀྟི་ཀསྟས྄་ཨི་ཏྱེ་ཀེ། རྣམ་དབྱེ་ཐམས་ཅད་པ་ལ་ཏས྄་ཞེས་པ་གཅིག་པུ་ རྣམས་སོ། །ཁ་ཅིག་ཚིག་འདི་ལུང་འདྲེན་ཡིན་ཡང་ཟེར་རོ། །ཏས྄་ཀྱི་རྐྱེན་རྣམ་དབྱེ་ཐམས་ ཅད་ལ་སྦྱོར་དུ་རུང༌། འོན་ཀྱང་དེའི་དོན་ནི་གཅིག་པུའི་དོན་ལ་སྦྱིན་ཏེ། གཅིག་པུ་དོན་ནི་ 19-1-210 གཅིག་ཁོ་ན་དང༌། ཆེས་གཙོ་བོ་ཁོ་ན་ལ་འཇུག་གོ །ཏས྄་ཀྱི་མཐའ་ཅན་ཡང་ནི་པཱ་ཏའོ། ༈། སརྦྦ་ལ་ཏས྄་ཞེས་པ་བྱིན་པས། སརྦ་ཏཿཞེས་པ་ལྟ་བུ་མིང་པོ་ལ་འཇུག་གོ ༈ །ཡང་པུརྦྦསྨིན྄་ ཞེས་པ་པུ་རསྟཱཏ྄། ཨ་དྷ་རསྨིན྄་ཞེས་པ་ཨ་དྷ་སྟཱཏ྄། པ་རསྨིན྄་ཞེས་པ་པ་རེ་ཎ་ཞེས་པར་བསྒྱུར་ རོ། ། ༈ ཡང་དཀྵིཎ་དང་འབྲེལ་བའི་ཨི་ཏ་ར་(དེ་རིགས་དམའ་བ་)ལ། ཨ་ཧི་ཞེས་པའི་རྐྱེན་ཐ་ མར་སྦྱར་ན་ཡང་མི་ཟད་པའི་རྟགས་ཏེ། དཀྵི་ཎཱ་ཧི་བ་སཾ་ཏི་ཙནྜ་ལཿ། ལྷོ་ཕྱོགས་ཐག་རིང་བ་ ན་གནས་པར་བྱེད་གདོལ་པའོ། །ཞེས་པར་འགྱུར། གདོལ་པ་རྣམས་གྲོང་ཁྱེར་ཕྱི་རོལ་ལྷོ་ ཕྱོགས་ན་ཡོད་པའོ། །ཨ་ཧི་ཞེས་པ་དཀྵི་ཎ་དང་འབྲེལ་བས་གནས་གཞིའི་དོན་དང་རྒྱང་རིང་ བ་གཉིས་ཀ་སྟོན་ནོ། ། ༈ ཀིམཿསཱ་མཱ་ནྱེ་ཙི་དཱ་དིཿ། ཀིམ྄་ལས་སྤྱི་སྒྲ་ལ་ཙིཏ྄་སོགས་སོ། །ཀིམ྄་གྱི་སྒྲ་ལ་གོང་དུ་ བཤད་པའི་ཕོ་མོ་མ་ནིང་རྟགས་ཅི་ཡིན་ཡང་རུང༌། རྣམ་དབྱེ་ཉེར་གཅིག་གང་བྱུང་ཀྱང་རུང་ སྟེ། ཙིཏ྄་རྐྱེན་སྦྱིན་དུ་རུང་ཞིང༌། བྱིན་པ་ན་མི་ཐད་པ། ནི་བཱ་ཏ་ཡིན་ནོ། །ཙིཏ྄་སོགས་ཞེས་ པའི་སོགས་ཁོངས་ནས་ཙན྄འི་རྐྱེན་སོགས་ཀྱང་སྟེ། དཔེར་ན་ཀ་དཱ་ཙི་ཏཱ་ལ་སོགས་པ་དང༌། ༈ ཀཿཞེས་པ་ལ་ཙིཏ྄་བཏགས་པས། ཀཤྩིཏ྄་ཙན྄་བྱིན་པས། ཀཤྩན྄་ལ་སོགས་པ་དང༌། ༈ ཀྭཙིཏ྄། ཀྭཙན྄། ཀུཏ྄་ཙིཏ྄། ཀུཧ་ཙིཏ྄་ལ་སོགས་པ་ཐམས་ཅད་ལ་སྦྱར་རོ། ། ༈ ཏ་ད་དྷཱི་ན་ཀཱརྟྶྣྱ་ཡོརྦཱ་སཏ྄། དེའི་གཡོག་འཁོར་དང་ཚོགས་(མཐའ་དག་)འདུས་པ་ལ་ སཱཏ྄་ཡང་ནའོ། །གཡོག་འཁོར་གྱི་དོན་ལ་སཱཏ྄་སྟེར་ཏེ། དཔེར་ན་རཱ་ཛྷཱ་དྷི་ན། རྒྱལ་པོའི་ གཡོག་འཁོར་ཞེས། སཱཏ྄་རྐྱེན་མ་བྱིན་པ་དང༌། དེ་ལ་སཱཏ྄་བྱིན་ན། རཱ་ཛྙ། རཱ་ཛ་རུ་ལོག ཨ་ དྷི་ན་ཕྱིས་ཏེ། སཱཏ྄་ཉིད་གནས་པས། རཱ་ཛ་སཱཏ྄་ཞེས་པར་འགྱུར་ཡང་དོན་དེ་མི་འགྱུར་བར་ དེ་ཀ་ལ་གནས་པ་ལྟ་བུའོ། ༈ །སརྦཾ་བྷསྨ་ཐམས་ཅད་ཐལ་བ་ཞེས་པ། དེ་ལ་སཱཏ྄་བྱིན་པས། 19-1-211 སརྦཾ་ཕྱིས་བྷསྨ་སཱཏ྄་ཞེས་པ་སྟེ། ཀུན་འདུས་པའི་དོན་ལ་སཱཏ྄་དོ། ༈ །སྨྲས་བའི་ཚིག་ལ་དོན་ བཞིན་སྒྲུབ་པ་སོགས་མཚན་མ་བཟུང་བའམ། མང་པོ་ལས་གཅིག་བཟུང་བའི་དོན་ལ། ཨཱུ་རཱི་ ཨུ་ར་རི་ཨུ་ར་རཱི། ཞེས་པ་རྣམས་ཀྱང་ནི་བཱ་ཏ་ཡིན་ཅིང༌། ༈ སརྦའི་སྒྲ་དུས་ཀྱི་དོན། སདྱ་ལ་ སོགས་པ་སྟེ། སདྱ་ས་པ་ཏི་(དེ་མ་ཐག་གམ་འཕྲལ་དུ་)ཨ་དྱ་(དེ་རིང་)ཨ་དྷུ་ནཱ་(ད་ནི་)ཨི་དཱ་ནཱཾ་(ད་ལྟ་) སཾ་པྲ་ཏི་(ད་ལྟ་)སཱཾ་པྲ་ཏཾ་(ད་ལྟ་)པུ་རྦྦེ་དྱུཿ(སང༌།) བ་རེ་དྱུཿ(གནངས།) ཨ་ནྱ་དྱུཿ(གཞེས་དགུས་སོགས།) ཡ་དི་(དུས་གང་ལ།) ཡརྷི། (དུས་གང་ལ།) ཏ་དི་(དེའི་དུས་སུ་)ཏརྷི། ཨཱ་སུ་(མགྱོགས་པོ་)ཤཱིགྷྲཾ། ཛྷཊི་ཏི་ (མགྱོགས་པ་)ཏཱུརྞཱ། རྣམས་ཀྱང་མི་ཟད་པའོ། ། ༈ པྲཱ་དི་རུ་བ་སརྒཿ། པྲ་ལ་སོགས་པ་ཉེར་བསྒྱུར་རོ། །པྲ་ལ་སོགས་པ་ནི། པྲ། པ་རཱ། ཨ་ བ། སམ྄། ཨ་ནུ། ཨ་བ། ནར྄། དུར྄། བི། ཨཱང྄་ནི། ཨདྷི། ཨ་བི། ཨ་ཏི། སུ། ཨུཏ྄། ཨ་བྷི། པྲ་ཏི། པ་རི། ཨུ་པ། ཞེས་པ་སྟེ་ཉེར་བསྒྱུར་ཉི་ཤུ་དང༌། ཉེར་སྒྱུར་དང་ཕྱོགས་མཚུངས་པ་ཨཱ་ བི་སྟེ་ཉེར་གཅིག པྲགྡྷཱཏོཿ། བྱིངས་ལ་ཐོག་མའོ། །ཉེར་བསྒྱུར་རྣམས་ཕལ་ཆེར་བྱིངས་ཀྱི་ཐོག་ མར་རབ་ཏུ་སྦྱོར་རྒྱུའོ། །ཏ་ད་བྱ་ཡཾ། དེ་མི་ཟད་པའོ། །ཙ་ལ་སོགས་པ་ནས་པྲ་སོགས་ཀྱི་བར་ ལ་མི་ཟད་པ་ཞེས་བྱའོ། ། ༈ ཀྟྭཱདྱཾ་ཏཾ་ཙ། ཀྟྭ་ལ་སོགས་པ་ཡང་ངོ༌། །དེ་ལྟར་ན་ཙ་ནས་ཨཱ་བི་བར་དུ་མ་ཟད། ཀ་ ཏྭཱ་ལ་སོགས་པ་ཆེས་མང་པོ་ཞིག་ཀྱང་མི་ཟད་པའོ། །འོག་ཏུ་ཡང་འཆད་པར་འགྱུར་མོད། མཚོན་པ་ཙམ་ནི། ཌུ་ཀྲྀཉ྄་བྱེད་པ་ལའོ། །ཌུ་དང་ཉ྄་ཕྱིས། ཀྲྀ་བཞག ཀྟྭཱ་ཡི་རྐྱེན་བྱིན། ཀྲྀ་མ་ ཕྱིས་པར་བཞག་ན། ཀྲྀའི་རི་ཡོན་ཏན་ཨར྄་དུ་བྱེད་དགོས་པ་ལས། འདིར་ཀ྄་ཕྱིས་པས་ཀ྄་ ཉིད་ལ་གནས་ནས། ཀྲྀ་ཏཱ་བྱས་ནས། དེ་བཞིན་དུ། ག་ཏྭ།(ཕྱིན་ནས།) ན་ཏྭ།(ཕྱག་འཚལ་ནས།) སྟུ་ ཏྭ།(བསྟོད་པ་བྱས་ནས།) ད་ཏྟྭ།(བྱིན་ནས།) དྲྀ་ཥྚྭ།(བལྟས་ནས།) མ་ཏྭ།(ཤེས་ནས།) ཞེས་པ་ལ་སོགས་ པའོ། ༈ །ཌུ་ཀྲྀཉ྄། ཀྲྀ་ཏུམ྄་ཞེས་པའི་རྐྱེན་བྱིན། རྀ་ཡོན་ཏན་ཀ་རྟུཾ་བྱེད་པའི་དོན་དུའམ་བྱེད་ 19-1-212 པ་ལ། དེ་བཞིན་དུ། ག་ནྟུཾ།(ཕྱིན་པ་ལའམ་འགྲོ་བ་ལ།) ན་ཏུཾ།(ཕྱག་འཚལ་བ་ལ།) སྟོ་ཏུཾ།(བསྟོད་པ་ལ།) དཱ་ ཏུཾ།(སྟེར་བ་ལ།) མ་ནྡུཾ།(ཤེས་པའི་ཕྱིར།) ཞེས་པ་ལ་སོགས་པའོ། ། ༈ ཨ་བྱ་ཡཱདྦི་བྷཀྟེརླུཀ྄། མི་ཟད་པ་ལས་རྣམ་དབྱེ་རྣམས་འཇིག་གོ །མི་ཟད་པའི་རྟགས་ ཀྱི་སྡེ་ལ། རྣམ་དབྱེ་བདུན་གསུམ་ཉེར་གཅིག་ཐམས་ཅད་འཇིག་པའོ། །ཞེས་པ་སྤྱིར་བཏང་སུ་ བཤད་ནས། ༈ སྒྲར་གྱུར་པའི་མི་ཟད་པ་ལ་དམིགས་གསལ་དུ་རྣམ་དབྱེ་མི་འཇིག་པར་བྱ་བ་ བྱེད་པ་སྲིད་དེ། རིག་བྱེད་དང་ཚིག་ཕྲད་ཀྱི་སྒྲུབ་པ་ཡིན་ཏེ། པྲ་ཀྲི་ཡ་ལ་སོགས་པ་ནས་བཤད་ དོ། །མི་ཟད་པའི་སྡེ་ལ། ཕོ་མོ་མ་ནིང་གི་དབྱེ་བའི་རྟགས་ཐ་དད་མི་འདྲ་བ་ཅུང་ཟད་ཀྱང་མེད་ དེ། ཀུན་ལ་སྦྱོར་བར་བྱ་བ་ཁོ་ནའོ། །གསུངས་པ། རྟགས་གསུམ་ལ་ནི་མཉམ་པར་མཚུངས། ། རྣམ་དབྱེ་ཐམས་ཅད་ལ་ཡང་ངོ༌། །ཚིག་རྣམས་ཐམས་ཅད་ལ་ཡང་སྟེ། །དབྱེར་མེད་གང་དེ་ མི་ཟད་པའོ། །བཤད་པ་འདིས་ན། རྟགས་ཀྱི་དབྱེ་བ་མེད་དེ། གང་ལས་ཀྱང་མི་འགྱུར་བས་ ན་མི་ཟད་པའོ་ཞེས་བཤད་དོ། །གཞན་ཡང་འདི་ལྟར་གོ་དགོས་ཏེ། མི་ཟད་པའི་སྡེ་དཔག་ཏུ་ མེད་པ་ཞིག་ཡོད་ཀྱང༌། གྲགས་ཆེ་བ་དག་འདིར་སྨོས་པ་ལ། རྒྱ་སྐད་དུ་ཨ་བྱ་ཡི་ཞེས་པ་ནི་མི་ ཟད་པ་སྟེ། སི་སོགས་རྣམ་དབྱེའི་རྐྱེན་བྱིན་ཡང༌། རྣམ་པར་འགྱུར་བ་མེད་པས་མི་འགྱུར་མི་ ཟད་ཅེས་བྱ། ཡང་ཚིག་གཅིག་ལ་ཡང་སྐབས་ཐོབ་ཀྱི་དོན་སྣ་ཚོགས་པ་འབྱུང་བས། དོན་ཟད་ པ་མེད་པའི་ཕྱིར་ཡང་མི་ཟད་པ་ཞེས་བྱ། ༈ ཡང་འདི་ལ་རྒྱ་སྐད་དུ། ནི་པཱ་ཏ་ཞེས་ཀྱང་ཟེར་ བ། སྔོན་གྱི་ལོ་ཙ་བ་རྣམས་ཀྱིས་ནི་པཱ་ཏ་ཚིག་ཕྲད་དུ་བསྒྱུར། འོན་ཀྱང་ནི་ངེས་པ་དང༌། པཱ་ཏ་ ཚིག་ཡིན་པས། ངེས་ཚིག་ཞེས་པའི་དོན་དུ་འགྱུར་གསུངས༌། ངེས་པའི་སྒྲ་དོན་ཡང་རྐྱེན་གྱིས་ མི་འགྱུར་བའི་དོན་ནོ། ༈ །སྒྲའི་སྐབས་འདིར་ནི་པཱ་ཏ་ཞེས་གཉིས་ཡོད་པ། ནི་པཱ་ཏ་ཚིག་ཕྲད་ ཀྱི་སྒྲུབ་པ་དང༌། ནི་པཱ་ཏ་ངེས་ཚིག་གི་རྟགས་གཉིས་དོན་མི་གཅིག་སྟེ། འདི་དག་ནི་པཱ་ཏའི་ རྟགས་ཡིན་ལ། ཅིག་ཤོས་ནི་སྒྲ་སྒྲུབ་ཚུལ་དམིགས་གསལ་གྱི་ནང་ཚན་ཞིག་གོ ༈ །མི་ཟད་ 19-1-213 པའི་རྟགས་ཀྱི་སྡེ་ལ་དབྱེ་ན། ངོ་བོ་ཉིད་ཀྱི་མི་ཟད་པ་དང༌། བསྒྱུར་པའི་མི་ཟད་པ་དང༌། རྐྱེན་ གྱི་མཐའི་མི་ཟད་པ་གསུམ་ཡོད་དོ། ༈ །དང་པོ་ལ་དབྱེ་ན། ཉེར་བསྒྱུར་དང༌། ཉེར་བསྒྱུར་ མ་ཡིན་པ་གཉིས་སོ། །ཉེར་བསྒྱུར་ནི་ཉི་ཤུའམ་ཨཱ་བི་བགྲངས་ན་ཉེར་གཅིག་ཡིན་ལ། ༈ གཉིས་པ་ལ་མིང་རྐྱང་པ་ཞེས་པ་དབྱངས། ཁོ་ན་མིང་དུ་བཞག་པ་རྣམས་དང༌། ཨ་ལ་སོགས་ པ་དགག་ཚིག་རྐྱང་པ་རྣམས་དང༌། ཙ་ལ་སོགས་པ་མཚམས་སྦྱོར་བའི་ཚིག་དང༌། ནུ་ནཾ་ལ་ སོགས་པ་རང་རྐང་ཅན་གྱི་ཚིག་དང་ས་བྱ་ལ་སོགས་པ་དུས་ཀྱི་དོན་ཅན་ཏེ་རིག་ལྔ་ཡོད་དོ། ༈ །གཉིས་པ་བསྒྱུར་པའི་མི་ཟད་པ་ནི། ཏ་སྨིན྄་ཏ་ཏྲར་བསྒྱུར་བ་དང༌། པུརྦྦསྨིན྄་པུ་ར་སྟཱཏ྄་ རུ་བསྒྱུར་བ་ལ་སོགས་པ་རྣམས་སོ། ༈ །རྐྱེན་གྱི་མཐའ་ཅན་གྱི་མི་ཟད་པ་ནི། ཏས྄་དང་ཨེ་ཧི་ དང་ཙིཏ྄་དང་ཙན྄་དང༌། སཱད྄་དང༌། ཀྟྭ་དང་ཏུམ྄་གྱི་མཐའ་ཅན་ལ་སོགས་པའོ། ༈ །གཞུང་ འདིར། རྟགས་དྲུག་དང༌། ཡུསྨད྄་ཨསྨད྄་དུ་རྣམ་དབྱེ་འཇུག་ཚུལ་དང་ཐམས་ཅད་རྣམ་འགྱུར་ འབྱུང་ཚུལ་རྒྱས་པར་བཤད་ནས་དེ་རྣམས་ཀྱི་དམིགས་གསལ་དུ་རྣམ་དབྱེ་རྣམས་འཇུག་ཀྱང་ རྣམ་འགྱུར་མེད་པ་མི་ཟད་པའི་ལེའུ་བསྟན་པ་ཡིན་ནོ། །ཉེར་བསྒྱུར་རྣམས་རྟགས་མཐའ་ འབྱུང་བ་ཉུང་ལ། སི་སོགས་རྣམ་དབྱེའི་རྣམ་འགྱུར་ཕ་རོལ་དུ་མི་འབྱུང་ཞེས་བྱ་ཡི། སྤྱིར་རྐྱེན་ གཞན་གྱི་རྣམ་འགྱུར་ནི་ཆེས་མང་སྟེ། བཻ་ཤྲ་བ་ཎཱ་དང༌། ཨཽ་པ་ག་བ་ལྟ་བུའོ། །དེ་ལ་ཙ་ལ་ སོགས་པ་ལྔ་བཅུ་ང་གསུམ་དང༌། ༈ ཏ་ཏྲ་ལ་སོགས་པ་བཅུ་དགུ་དང༌། ༈ ས་དྱ་ལ་སོགས་པ་ བཅོ་བརྒྱད་དང༌། ༈ ཉེར་བསྒྱུར་ཉི་ཤུ་པོ་རྣམས་ལ་ངག་བྱང་བར་བྱ་ཞིང༌། ཉེར་བསྒྱུར་རྣམས་ ཀྱི་དོན་ལ་བློ་གྲོས་ཀྱི་འཇུག་པ་རྒྱས་པར་ཡང་བྱ་སྟེ། རེ་ཞིག་དེ་ཙམ་གྱིས་ཀྱང་མཁས་པའི་བྱ་ བ་ཅུང་ཟད་བྱེད་དོ། །དེ་ཡང་ཕྱོགས་མཚོན་ཙམ་ནི་འདི་ལྟ་སྟེ། ༈ པྲ་ཐོག་མར་སྦྱར་བ་ལ། པྲ་ ཎ་མ་ནི་རབ་བསྔགས་ཏེ། །ཕྱག་འཚལ་བའམ་ༀ་ཡིག་གོ །པྲཛྙཱ་ཤེས་རབ། པྲཱབྟ་ཐོབ། པྲ་མཱ་ ཎ་དང་པྲ་ཀིརྞ། །ཚད་མ་དང་ནི་བཀྲམ་བའི་དོན། །པྲ་ཀྲྀ་ཏི་ནི་རང་བཞིན་ལའོ། །པྲ་བྷུ་ཁྱབ་ 19-1-214 བདག་པྲ་བེ་ཤ། །འབེབས་པ་ལའོ་པྲ་བྷ་འོད། །གཞོལ་བ་ལ་ནི་པྲ་བ་ཎ། །ཐལ་འགྱུར་ལ་ནི་ པྲ་སཾ་ག །ཐོ་རངས་པྲ་ཏར྄་པྲ་སནྣ། །དང་བ་པྲ་གྲ་ཧ་སྲབས་པ། །པྲ་དྷཱ་ན་ནི་གཙོ་བོ་ལ། །པྲ་ ཡ་ཙྪ་ནི་སྦྱིན་པ་སྩོལ། །པྲ་ཡཱ་ད་ནི་བཀའ་དྲིན་ཟས། །པྲ་ཡོ་ཛ་ན་དགོས་པ་སྟེ། །པྲཔ྄་དྷ་ཤིན་ དུ་སྦྱངས་པ་ལ། །སོགས་ཀྱི་དོན་ལ་པྲ་མུ་ཁ། །པྲ་བྷྲི་ཏ་འོ་པྲོ་ཌྷ་དང༌། །པྲ་ཎི་ཏ་ནི་གྱ་ནོམས་ པའོ། ༈ །གཉིས་པ་པ་རཱའི་དོན་ལ། །པ་རཱ་བྷཱི་བི་ཏི་ནི་བརྙས་པའོ། །པ་རཱ་ཀྲ་མ་རྣམ་གནོན་ ལྐོག་གྱུར་ལ། །པ་རོ྅་ཀྵའོ་པ་རཱ་མྲྀཥྚ་རེག །པ་རཱ་བིཏྟ་ཏ་ནི་ཡོངས་གྱུར་རོ། །རིམ་མིན་པ་རཱ་ བྲིཏྟ་ཏ། །པ་རཱ་ཛི་ཏ་མཆོག་ཏུ་རྒྱལ། །པ་རཱ་ག་ཏ་བྲལ་བའོ། །པ་རཱ་མུ་ཁ་ཕྱིར་ཕྱོགས་པ། །པ་ རཱ་ཤུ་ཏ་རྣམ་པར་རྨོངས། ༡༠ ། ༈ གསུམ་པ་ཨ་བ་པའི་དོན་ནི། ཞུ་གསོལ་ཨ་བ་ཙཱ་ཡ་ནཱ། །རྨ་འབེབས་ཨ་བ་ཀ་ར་གྷཱི། ། ཨ་བ་རཱ་དྷ་གནོད་པར་བཤད། །བྲལ་བ་ཨ་བ་ག་ཏ་སྟེ། །སེལ་བ་ལ་ནི་ཨ་བོ་ཧ། །བྱང་གྲོལ་ ཨ་བ་བརྒ་སྟེ། །ཨ་བ་པཱ་ཏ་སྨད་རའོ། །གནོད་པ་ཨ་བ་ཀཱ་རི་ཎཾ། །མི་གསལ་ཨ་བ་བ་ར་ཎཾ། ། གསང་ཚིག་ཨ་བ་ལ་བྷའོ། །བསྙོན་དོར་གསང་བ་ཨ་བ་ཧུ། ༡༢ ། ༈ བཞི་བ་ཨ་ནུའི་དོན་ནི། རྗེས་ཐོགས་ཨ་ནུ་ཥཾ་ག་སྟེ། །རྗེས་དཔག་ཨ་ནུ་མཱ་ནར་ བརྗོད། །ཨ་ནུ་ཀཱུ་ལ་མཐུན་པ་སྟེ། །ཨ་ནུ་ཤ་ཡ་(ཕྲ་རྒྱས་ཀྱང་)བག་ལ་ཉལ། །མཐུ་ལ་ཨ་ནུ་བྷཱ་ བར་བཤད། །ཨ་ནུ་ཀམྦ་རྩེ་བ་ལ། །རྗེས་འབྲང་ཨ་ནུ་པཱ་རི་ཎ། །རྗེས་གནང་ལ་ནི་ཨ་ནུ་ཛྙཱ། ། ཨ་ནུ་པཏྟི་དམའ་བའི་ཕྱོགས། །སྐྱར་མ་དང་ནི་ཡང་ཡང་དང༌། །སྔ་མའི་རྗེས་འཇུག་དོན་ལ་ མང༌། ༡༣ ། ༈ ལྔ་པ་ཨ་བའི་དོན་ནི། ཨ་བ་ལམྦ་འཛར་བའི་དོན། །ཨ་བ་དཱ་ན་རྟོགས་བརྗོད་ལ། ། ཨ་བ་ནཱ་ད་ཞལ་གདམས་སོ། །ཞུམ་པ་ཨ་བ་མཱི་ནཾ་སྟེ། །ངེས་བཟུང་དཀར་བ་ཟུར་བཀོལ་ལ། ། ཨ་བ་དྷཱ་ར་ཎ་ཞེས་གྲགས། །ཨ་བ་དཱ་ཏ་དཀར་པོ་སྟེ། །ཨ་བ་ཡ་བ་ཆ་ཤས་ལ། །འཇུག་པ་ 19-1-215 བར་སྟོངས་སྐབས་དང་བཀླགས། །འོད་སྣང་ཨ་བ་བྷཱ་སར་བརྗོད། །ཨ་བ་ཏ་ར་སྐྱེ་དང་འཇུག ། ཨ་བ་ཀིརྞ་ཁྱབ་པའོ། ༡༦ ། ༈ དྲུག་པ་ནིར྄་གྱི་དོན་ནི། འདི་ནི་ཕལ་ཆེར་དགག་ཚིག་མང༌། །ནི་རཱ་མ་ཡ་སྐྱོན་མེད་ཏེ། ། ངེས་པའི་ཚིག་ལ་ནི་རུཀྟ། །ནིཤྩི་ཏ་ནི་ངེས་པ་ལའོ། །ནིརྡེ་ཤ་ནི་རྒྱས་བཤད་དོ། །ནིརྦཱ་ཎ་དང་ ནིཪྻཱ་ཎ། །མྱ་ངན་འདས་དང་ངེས་འབྱུང་ལའོ། །ནིཿཤྲ་ཡ་ནི་ངེས་ལེགས་ཏེ། །ནི་ཤྴ་ལྱ་ནི་ཟུག་ རྔུ་སྤངས། །ནིཤྴ་ལཾ་ཀ་རྙོག་བྲལ་དང༌། །ཆ་མེད་པ་ལའང་འཇུག་པ་ཡིན། །ཆོ་འཕྲུལ་ནི་རྨི་ཏ་ ཞེས་བརྗོད། །ནི་ཥྵུ་ཏ་ནི་གསལ་བ་ཡིན། ༡༢ ། ༈ བདུན་པ་དུར྄་གྱི་དོན་ནི། ངན་པ་དང་ནི་དཀའ་ལས་ལ། །ཕལ་ཆེར་དུར྄་གྱི་སྒྲ་ འཇུག་སྟེ། །དུརྒ་ཏི་དང་དུརྦཱ་ས། །དུརྦྷུཀྟ་དང་དུར྄་ཛ་ན། །ངན་འགྲོ་གནས་ངན་ཟ་ཉེས་དང༌། ། མི་ངན་རྣམས་ལ་རིམ་བཞིན་བརྗོད། །དུརྒ་རྫོང་སྟེ་བགྲོད་དཀའ་ཟེར། །རྙེད་པར་དཀའ་ལ་ དུར྄་ལ་བྷ། །དཀའ་བ་བྱེད་ལ་དུ་ཥྐ་ར། དུརྦ་ལ་ནི་ཉམས་ཆུང་བ། །དུཿཁ་སྡུག་བསྔལ་ཡིན་ པར་གྲགས། །དུཪྻོ་དྷ་ན་འཐབ་དཀའོ། ༡༡ ། ༈ བརྒྱད་པ་བི་ཡི་དོན་ལ། བི་ནཱ་ཡ་ཀ་རྣམ་ལོག་འདྲེན། །བི་པཱ་ཀ་ནི་རྣམ་སྨིན་ནོ། །བཻ་རོ་ ཙ་ན་རྣམ་སྣང་མཛད། །བི་མ་ལ་དང་བི་པ་ཤྱ། །དྲི་བྲལ་དང་ནི་ལྷག་མཐོང་ཡིན། །བི་རུ་ཌྷ་ཀ་ བི་དེ་ཧ། །ལུས་འཕགས་ཉིད་ཡིན་འཕགས་སྐྱེས་ཟེར། །བཀྲཾ་དང་ཁྱད་འཕགས་པི་ཤིཥྚ། །སྣ་ ཚོགས་ལ་ནི་བི་ཙིཏ྄། །བི་ཏི་གྲུབ་པའམ་ཆོ་ག་ལ། །བི་བྷུ་མངའ་བདག་བྱཱ་སྟ་ཁྱབ། །བི་མ་ཏི་ ནི་ཐེ་ཚོམ་མོ། །བྱ་བ་ལོ་ཀ་ལྟ་བ་སྟེ། །བཀོད་པ་བྷྱུ་ཧ་ལ་སོགས། ༡༥ ། ༈ དགུ་པ་ཨཱང྄་གྱི་དོན་ནི། ཨཱ་དི་དང་པོ་ཨཱ་ཀ་ཤ། །ནམ་མཁའ་ཨཱ་ཡུ་ཚེ་ལའོ། །ཨཱ་ཀཱ་ ར་དང་ཨཱ་ཀ་ར། །རྣམ་པ་དང་ནི་འབྱུང་གནས་ལ། །ལེ་ལོ་ལ་ནི་ཨཱ་ལ་སྱ། ཨཱ་ཤ་ཡ་དང་ཨཱ་ ཤ་ནི། །གཉིས་ཀ་འདོད་དང་བསམ་པ་ལ། །བཟའ་བ་ལ་ནི་ཨཱ་ཧ་ར། །འཕེལ་བ་ལ་ཡང་ཨཱ་ 19-1-216 བེ་ཤ། །ལུང་དང་སྔགས་རྒྱུད་ཨཱ་ག་མ། །ཨཱ་ཁྱ་ཏ་ནི་བཤད་པའི་མིང༌། །ཨཱ་བར་ཏ་ཡ་ཞུགས་ པ་སྟེ། །སྐོར་བ་ལ་ནི་ཨཱ་བྲྀཏྟ། །དད་གུས་ལ་ནི་ཨཱ་ད་ར། །རིང་པོ་ཨཱ་ཡ་ཏ་ཞེས་བརྗོད། །ཐ་ གྲུ་ལ་ཡང་ཨཱ་ཡ་མ། ཨཱ་བྷོ་ཥ་ནི་འབད་རྩོལ་ཡིན། །ཨཱ་བཏྟི་ནི་ལྟུང་བ་ཟེར། །ཟིལ་བ་ལ་ཡང་ ཨཱ་བར་ཏ། །ཨཱ་ཤིརྦ་ཏ་ཤིས་བརྗོད་ཡིན། །ཨཱ་ཧ་སྨྲས་དང་བོད་པ་ལའོ། །ཨཱསྐཱ་བཀའ་ལུང་ གནང་བའི་དོན། །ཨཱ་ལི་དབྱངས་དང་ཕྲེང་བའོ། །ཀུན་དགའ་ར་བ་ཨཱ་རཱ་མ། །ཨཱ་དེ་ཤ་ནི་ སྣང་བ་དང༌། །ཀུན་ནས་སྒྱུར་བའི་དོན་དུ་འདོད། །ཨཱ་ཡུ་དྷ་ནི་མཚོན་ཆ་སྟེ། །ཨཱ་བྷ་ར་ཎ་རྒྱན་ ལ་བརྗོད། ༢༨ ། ༈ བཅུ་པ་ནིའི་དོན་ནི། ངེས་པའི་སྐད་དོད་ནི་ཡ་མ། །ནི་ཡ་ཏ་ཡང་དེ་དང་གཅིག །ནི་པཱ་ ཏ་ནི་ངེས་ཚིག་སྟེ། །ནི་བཱ་ས་ན་གོས་དང་ཐབས། ནི་བྲྀཏྟ་ཞེས་ལོག་པའི་དོན། །གླིང་གཞིའི་ དོན་ལ་ནི་དཱ་ན། །ནི་མནྡྲ་ཞེས་བརྡ་བྱེད་པ། །ལྟུང་ཞིང་འགྱེལ་བ་ནི་པ་ད། །ནི་ཀ་ཊ་ཞེས་ཐག་ ཉེ་བ། །ཚོགས་ལ་ནི་ཀ་ར་ཞེས་འདོད། ༡༠། ༈ བཅུ་གཅིག་པ་ཨ་དྷིའི་དོན་ནི། ཨ་དྷི་ལྷག་པའི་དོན་ལ་མང༌། །དཔེར་ན་ལྷག་པའི་ ཤེས་རབ་ལ། །ཨ་དྷི་པྲཛྙཱ་ཟེར་བ་བཞིན། །དེ་སོགས་མང་སྟེ་འདིར་མ་སྨོས། །ཨ་དྷི་པ་ཏི་ བདག་པོ་ཆེ། །ཨ་དྷྱཱཏྨ་ནི་ནང་གི་དོན། །ལྷག་པོ་ལ་ཡང་ཨ་དྷི་ཀཾ། །ཨ་དྷྱུ་ཤི་ཏ་ལྷག་པར་བྱུང༌། ། དག་ལུས་པ་ལ་ཨ་དྷཱི་ན། །ཨ་དྷི་ཀ་ར་དབང་དུ་བྱས། །ཨ་དྷི་ཏེ་ནི་འདོན་ཅིང་ཀློག །བླ་དག྄་ ཨ་དྷི་བཱ་ཙ་ནཾ། ༡༠ ། ༈ བཅུ་གཉིས་པ་ཨ་བི་ཡི་དོན་ནི། འདི་ནི་ཕལ་ཆེར་ཚིག་གཞན་གྱི། །མཚམས་སྦྱོར་ཕྲ་ མོ་ཡིན་པས་ན། །ཐོག་མ་ལ་ཡང་སྲིད་མོད་ཀྱི། །ཕལ་ཆེར་ཐ་མར་འབྱུང་བ་ཡིན། །ཐོག་མར་ བཞག་པའི་དཔེར་བརྗོད་ནི། །ཨ་པི་ཙ་ནི་གཞན་ཡང་སྟེ། །ཨ་པི་ཧུ་ཞེས་ཡིན་མོད་ཀྱི། །ཐ་ མར་ཡོད་པ་འདི་འདྲ་སྟེ། །ཏ་ཐཱ་པི་ན་དེ་ལྟ་མོད། །ཡ་ཐཱ་བི་ནི་ཇི་ལྟར་ཡང༌། །དེ་བས་ཀྱང་ལ་ 19-1-217 ཏ་རོ྅་བི། །གང་ཡང་གཞན་ཡང་ཡོ྅་བིའོ། །ཅི་འདྲའང་ཡ་ཐཱ་བི་ན་མ། །འདི་ནི་དབུས་སུ་ བཞག་པ་ཡིན། །ཨ་བི་ཁོ་ནའི་ཚིག་དེ་ཡང༌། །ཀྱང་དང་ཡང་དག་འང་གི་དོན། ༡༡ ། ༈ བཅུ་གསུམ་པ་ཨ་ཏིའི་དོན་ནི། ཕུལ་བྱུང་ཨ་ཏི་ཤ་ཡ་སྟེ། །ཨ་ཏི་མཱ་ཏྲ་ཆད་མེད་པ། ། ཨ་ཏི་བཱ་ཏ་བརྒལ་བའི་ཚིག །ཨ་ཏི་བྷྲ་མ་ཤིན་དུ་འཁོར། །ཨ་ཏི་ས་ར་འཁྲུ་སྐྱུག་སྟེ། །འདས་ པའི་དུས་ལ་ཨ་ཏི་ཏ། །ཨ་ཏི་པྲ་སིདྡྷ་ཞེས་པ། །མཆོག་ཏུ་གསལ་བར་གྲགས་ཤིང་གྲུབ། །ཨ་ ཏི་ཕལ་ཆེར་ཤིན་ཏུའི་དོན། ༩ ། ༈ བཅུ་བཞི་པ་སུའི་དོན་ནི། སུ་ནི་བཟང་བོ་མཛེས་དང་བདེ། །རབ་དང་ལེགས་དང་ ཕུལ་བྱུང་དོན། །བྱེད་སླ་བ་དང་གཅེས་པའི་ནོར། །དེ་སོགས་རྣམ་པ་ཀུན་ལ་འགྲོ།སུ་དྷཱི་བློ་ བཟང་ཞེས་བྱ་སྟེ། །སུ་བ་ཧུ་ནི་དཔུང་བཟང་སོགས། །ཕལ་ཆེར་བཟང་པོའི་དོན་ལ་འཇུག ། སུ་རཱུ་པ་ནི་གཟུགས་མཛེས་དང༌། །བདེ་གཤེགས་སུ་ག་ཏ་ཞེས་བྱ། །སུ་བྷ་དྲ་ནི་རབ་བཟང་ དང༌། །རབ་དགའ་ལ་ཡང་སུ་ར་ཏ། །སུ་ཀྲི་ཏ་ནི་ལེགས་བྱས་ཏེ། །ལོ་ལེགས་སྐྱ་རྒྱལ་སུ་བྷཀྵི། ། སུ་བི་ཤུདྡྷ་ཞེས་པ་ནི། །ཤིན་ཏུ་རྣམ་དག་ཅེས་ལ་སོགས། །ཤིན་ཏུའི་དོན་ལའང་ཡོད་པ་མང༌། ། རྙེད་སླའི་དོན་ལ་སུ་ལ་བྷ། །སུ་ཧྲིད྄་སེམས་ལ་གཅེས་པར་འཛིན། །སུ་ཀ་ར་ཡ་བྱ་སླ་བ། ། དང་བའི་ཡིད་ལ་སུ་མཱ་ན། ༢༠ ། ༈ བཅོ་ལྔ་པ་ཨུཏ྄་གྱི་དོན་ནི། རྒྱས་པ་ལ་ནི་ཨུཏྤུ་ལ། །དར་བ་རྒྱས་པ་སྐྱེ་དང་འབྱུང༌། ། འཆར་བ་རྣམས་ལ་ཨུ་ད་ཡ། །ཨུཏྤནྣ་ཞེས་སྐྱེ་བ་ལ། །དགའ་སྟོན་ལ་ཡང་ཨུཏྶ་བ། །བྱང་ ཕྱོགས་མཆོག་དང་འདས་པ་དང༌། །བླ་མ་ཕྱི་མ་ཨུཏྟར། །ཨུཏྟ་མ་ཡང་མཆོག་ལའོ། །ཨུད྄་དཱ་ ན་ནི་སྡོམས་ཚིག་སྟེ། །མདོར་བསྟན་པ་ལ་ཨུད྄་དེ་ཤ། །ཨུཙྪ་ར་ཎ་སྨྲ་དང་བརྗོད། །ཨུད྄་གྷ་ཊ་ དང་ཨུཏྐ་ཊ། །ཨུངྒ་ར་གསུམ་རིམ་པ་བཞིན། །ཕྱེ་དང་ཤས་ཆེ་བསྒྲགས་པའོ། ༡༩། ༈ བཅུ་དྲུག་པ་ཨ་བྷིའི་དོན་ནི། འདི་ནི་ཕལ་ཆེར་མངོན་པར་གྱི། །དོན་ལ་འཇུག་མོད་ 19-1-218 གཞན་ཡང་ཡོད། །ཨ་བྷི་མུ་ཁ་མངོན་དུ་ཕྱོགས། །ཨ་བྷི་བྷུ་ནི་ཟིལ་གནོན་ཡིན། །ཨ་བྷིཀྵ་ ཎ་ཡང་ཡང་སྟེ། །མིང་ལ་ཨ་བྷི་དྷ་ནར་བརྗོད། །ཨ་བྷྱུ་ད་ཡ་མངོན་པར་མཐོ། །ཨ་བྷི་དྷྱ་ཞེས་ བརྣབ་སེམས་ཏེ། །ཨ་བྷི་པྲཱ་ཡ་དགོངས་པའོ། །ཨ་བྷི་ཨུ་པ་ག་མ་ཞེས། །ཁས་ལེན་པ་ལ་རབ་ ཏུ་གྲགས། །ཨ་བྷི་དྷེ་ཡ་བརྗོད་བྱའོ། ༡༠ ། ༈ བཅུ་བདུན་པ་པྲ་ཏིའི་དོན་ནི། ལན་ལ་པྲ་ཏི་བ་ཙ་ན། །གཟུགས་བརྙན་པྲ་ཏི་བིམྦའོ། ། པྲ་ཏི་ཧི་ཏ་བྱིན་པ་འཕྲོག །པྲ་ཏི་ཀིརྞ་ཡལ་ག་སྟེ། །པྲ་ཏི་ཥི་ཏ་དགག་པའོ། །པྲ་ཏི་བནྣཱ་མི་ མཐུན་པ། །མངོན་སུམ་ལ་ནི་པྲ་ཏྱཀྵ། །བཤགས་འབུལ་པྲ་ཏི་དེ་ཤ་ན། །སྤོབས་པ་པྲ་ཏི་བྷཱ་ ནའོ། །རྐྱེན་ལ་པྲ་ཏྱ་ཡ་ཞེས་བྱ། །ཆུ་ངོགས་པྲ་ཏི་རཉྩ་དང༌། པྲ་ཏི་གྷ་དང་པྲ་ཏི་ཛྙ། ཁོང་ཁྲོ་བ་ དང་དམ་བཅའ་ལའོ། །སྐུ་གཟུགས་པྲ་ཏི་མཱ་ན་སྟེ། །པྲ་ཏི་བནྡྷ་འབྲེལ་བ་དང༌། །པྲ་ཏི་གྲྀཧྞ་ ཞེས་པ་ནི། །ཞུགས་པའི་དོན་ལ་བཤད་པའང་ཡོད། །ཡལ་ག་རྒྱས་པའི་དོན་ལ་ནི། །ཤཱ་ག་པྲ་ ཏི་ཞེས་བྱ་བ། །ཐ་མར་སྦྱར་བའང་འདི་ལ་ཡོད། ༡༤ ། ༈ བཅོ་བརྒྱད་པ་པ་རིའི་དོན་ནི། རྣམ་གྲངས་ལ་ནི་པཪྻཱ་ཡ། །པཪྻངྐ་ནི་སྐྱིལ་ཀྲུངས་དང༌། ། མལ་སྟན་ལ་ཡང་འདོད་པ་ཡིན། །ཡོངས་རྫོགས་ལ་ནི་པཪྻནྟ། །ཡོངས་སུ་འཇོམས་ལ་པ་རི་ གྷ། །པ་རི་པ་རའམ་པ་རི་ཥ། །འཁོར་གཡོག་ཉེ་བའི་མིང་དུ་བརྗོད། །པ་རི་མི་ཏ་བློས་འཇལ་ བ། །པ་རི་ཎཱ་མ་བསྔོ་བ་དང༌། །ཡོངས་སུ་བསྒྱུར་བའི་དོན་ཡིན་ནོ། །པ་རི་བེཥྚི་ཏ་ཞེས་དང༌། ། པ་རི་བིཏྟ་ཡོངས་སུ་བསྐོར། །པ་རཱི་ཏྟ་ནི་ཆུང་ངུའོ། །སྨྲེ་སྡགས་པ་རི་དེ་བ་ན། །ལོངས་སྤྱོད་ པ་རི་བྷོ་གར་བཤད། །ཀུན་རྒྱུ་པ་རི་པྲ་ཛ་ཀ །པ་རི་ཀ་ར་ཞེས་པ་ནི། །ཡན་ལག་ལ་འཇུག་ སྡོམས་ལའང་འཇུག ༢༦ ། ༈ བཅུ་དགུ་པ་ཨུ་པའི་དོན་ནི། ཨུ་པ་ཡ་ན་ཨུ་པ་ཧར། །ཨུ་པ་གྲ་ཧཾ་ཨུ་པ་དྷཱ། །དེ་བཞི་ སྐྱེས་དང་འབུལ་བ་དང༌། །ཞུ་རྟེན་ཕྱག་རྟེན་རྣམས་ཀྱི་མིང༌། །ཨུ་པ་མ་ན་ཨུ་པ་མཱ། །དཔེར་ 19-1-219 དང་ཉེར་འཇལ་གཉིས་ལ་འཇུག །ཨུ་པ་དྲ་བ་ཉེར་འཚེ་གནོད། །ཨུ་པཱ་ཧི་ཏ་རང་བཞིན་ནོ། ། ཨུ་པ་ར་ཏ་སྤངས་པ་ཡིན། །གདན་ཁྲི་ཨུ་པ་དྷ་ཞེས་བརྗོད། །ཨུ་པཱ་ཤུ་ནི་འགོལ་བ་ལ། །ཨུ་པཱ་ ཡ་ནི་ཐབས་ཡིན་ནོ། །མལ་གདན་ཨུ་པ་དྷཱ་ནར་བརྗོད། །ཨུ་པ་ལི་ནི་ཉེ་བར་འཁོར། །ཨུ་པ་བ་ དྷ་ཙི་ལང་ཊི། །ཨུ་པ་དྷྱ་ཡི་མཁན་པོའོ། །ཨུ་པ་ནཱ་ཞེས་བྱ་བ་ནི། །བསྙེན་གནས་ལེན་པའི་མིང་ དུ་བརྗོད། །ཨུ་པཱ་ས་ནི་སྙུང་གནས་སོ། །ཉེར་སྒྱུར་དང་ནི་གནོད་བྱེད་ལ། །ཨུ་པ་སརྒ་ཞེས་ པར་གྲགས། །ཨུ་པ་ནྱ་བ་ཉེ་བར་འགོད། །ཨུ་པ་རཱ་གའང་ཉེར་སྒྱུར་དང༌། །ལམ་དུ་འགོད་ དང་གླུ་ལན་ལེན། ༡༩ ། ༈ ཉི་ཤུ་པ་སམ྄་གྱི་དོན་ནི། སམྦྷ་ར་དང་སཾ་ཀེ་ཏ་ནི་ཚོགས་དང་བརྡ། །ཀུན་འཛིན་སནྡྷ་ ར་སྟེ་འབྱོར་བ་སཾ་གྲ་དྷི། །ཀུན་འབྱུང་ས་མུ་ད་ཡ་སྤྱི་ལ་སྭ་མཱ་ན། །ཆགས་ཐོགས་ས་མ་སཾ་ག་ ཕྱགས་དར་སཾ་ཀ་ར། །ས་མྱཀ྄་ཡང་དག་སཾ་ཛྙཱ་མི། །ས་མཱ་ག་མ་མཇལ་དང་འཕྲད། །སནྟཱ་ན་ནི་ རྒྱུ་ལའོ། །བརྗོད་དང་སྡུད་པ་སདྒཱི་ཏི། །བསྡུས་པ་ལ་ནི་སཾ་གྲ་ཧ། །དུས་དང་བརྡ་དང་རྟོགས་ པ་དང༌། །གཞུང་ལུགས་གྲུབ་མཐའ་དམ་ཚིག་ལ། །ས་མ་ཡ་ཞེས་བརྗོད་པ་ཡིན། །སཾ་སྠཱ་ནཾ་ ནི་དབྱིབས་ལའོ། །སམྦནྡྷ་ནི་འབྲེལ་བར་བཤད། །ཐེ་ཚོམ་ལ་ནི་སཾ་ཤ་ཡ། །ཚོགས་པའི་དོན་ ལ་སནྡོ་ཧ། །ཀུན་སྤྱོད་ས་མཱ་ཙ་ར་སྟེ། །ས་མནྟ་ནི་ཀུན་ནས་སོ། །ཡང་དག་རྒྱལ་ལས་རཱ་ཏཊ། ། སནྟརྤ་ནི་ཚིམ་པ་ཡིན། །འཕོ་བ་ལ་ཡང་སཉྩ་ར། །སཾ་པྲ་ཏ་ནི་ཀུན་རྫོབ་བོ། །གཡུལ་འགྱེད་ པ་ལ་སཾ་གྲ་མ། །སཾ་ཧ་ཏ་ན་གྲིམས་པོའོ། །སྡུད་པ་ལ་ནི་སཉྩ་ཡ། །སཾ་ཁྱཱ་གྲངས་ཀྱི་མིང་ཡིན་ ཏེ། སམྦ་ཏྶ་ར་དུས་ཀྱི་ལོ། །ཕུན་སུམ་ཚོགས་པ་སཾ་བནྣ། ༣༧ །ཞེས་བྱའོ། །ཉེ་བསྒྱུར་ཉི་ཤུ་པོ་ འདི་དག་ལ། ཀ་ཙན་གཉིས་ཀྱི་ལུགས་སོ་སོ་ལ་ཡང་གོ་རིམ་མི་འདྲ་བ་རེ་འདུག་ཅིང༌། འདིར་ བཤད་པ་ཡང༌། སློབ་དཔོན་ཙནྡྲ་གོ་མིའི་གཞུང་དང་གོ་རིམ་འདྲ་མོད། གོ་རིམ་མི་གཅིག་ ན། ཨ་ནུ་སོགས་ངུར྄་སོགས་ཞེས་པ་ལྟ་བུ་ངོས་འཛིན་མི་འདྲ་བ་ཙམ་དགོས་པ་མ་གཏོགས། 19-1-220 ལར་ནི་ངོ་བོ་གཅིག་པས་དོན་ལ་ཁྱད་མེད་དོ། །སམ྄་ནི་ལུགས་འདི་ལ་ཉེར་སྒྱུར་བཞི་པ་ཡིན་ པར་དཀྱུས་ལ་བཤད་ཀྱང་སྐབས་འདིར་ཉི་ཤུ་པར་བཏོན་པ་ནི། ཐོག་མ་པྲ་དང༌། ཐ་མ་སཾ་དུ་ བྱེད་པ་ཚིག་བཀྲ་ལེགས་པའི་དོན་ནོ། ༈ །པྲ་པཱ་རཱ་པ་ས་མ་ནྭ་བ་ནིརྡུ་རྦྱཱད྄། ནྱ་དྷ་ཡོ྅་བྱ་ཏི་ སཱུ་ད་བྷ་ཡ་པྲ་ཏི་པཪྻུ་པ། ཞེས་པ་ལུགས་འདི་དང་མཐུན་པའི་རིམ་པ་ལྟར་ཉེར་སྒྱུར་མཚམས་ སྦྱར་བའི་སྡོམས་ཡིན། ༈ ཀ་ལཱ་པའི་ལུགས་ཀྱི་གོ་རིམ་ནི། པྲ་དང་པཱ་ར་ནི་ནིར྄་ཨུཏ྄་དུར྄་སམ྄། །བི་དང་ཨ་བ་ ཨ་ནུ་པ་རི་དང༌། །ཨ་བྷི་ཨ་དྷི་པྲ་ཏི་སུ་དང་ཨཱང྄། །ཨ་ཏི་ཨ་བ་ཨ་པི་ཨུ་བའོ། །དེ་ལ་འཕགས་ མཆོག་ཙནྡྲ་གོ་མིས། ཉེར་བསྒྱུར་ལ་འགྲེལ་བ་བསྡུས་པ་མཛད། པཎྜི་ཏ་གྷ་ཊ་བའི་འགྲེལ་བ་ ཅུང་ཟད་རྒྱས་པ་ཡང་ཡོད། དབྱངས་ཅན་བརྡ་སྤྲོད་རང་ལུགས་ལ་ཡང་མང་དུ་ཡོད་འདུག་ ནའང་མ་མཐོང་ལ། ཕྱིས་བོད་དུ་ལོ་ཙ་བ་ཆོས་སྐྱོང་བཟང་པོས་རྒྱ་དཔེ་མང་པོ་གཟིགས་ནས་ རྙེད་ཚད་བསྡུས་པའི་འགྲེལ་ཆེན་ཡོད་པས་རྒྱས་པར་དེ་དག་ཏུ་ཤེས་པར་བྱའོ། །འོན་ཀྱང་ཕྱི་ མ་འདི་ལ་འདོད་རྒྱལ་ཁོ་ནའི་མིང་འགའ་རེ་ཉེར་སྒྱུར་རང་མིན་པའང་ཅུང་ཟད་འདྲེས་སམ་ སྙམ་མོད། མཁས་པའི་ཕྱག་རྗེས་ལ་བླུན་པོས་སྐྱོར་འབྱིན་མི་བྱེད་དོ། །ལར་ནས་དཔེ་དེ་ མཐོང་ན་ཉེ་སྒྱུར་གྱི་དོན་ལ་ངོ་མཚར་ཆེས་ཆེ་བ་སྐྱེད་པར་སྣང་ངོ༌། །དེ་ལྟར་ན་མི་ཟད་པའི་ ལེའུ་བཤད་ཟིན་ཏོ།། །། ༒ ད་ནི་རྟགས་གསུམ་ངོས་བཟུང་པའི་དོན་དུ་ཁྱད་པར་ཤེས་པར་འདོད་པས། མོ་ རྟགས་ཀྱི་རྐྱེན་ནམ། བུད་མེད་དུ་སྒྲུབ་པའི་རྐྱེན་འཇུག་ཚུལ་བཤད་པར་བྱའོ། །བུད་མེད་ ལ་ཨ་ལས་ཨཱ་པ྄འོ། །ཞེས་པའི་མདོ་སྔར་བྱུང་བ་འགྲེལ་པ་མཁན་པོས། དགོས་པའི་དབང་ ལས་གོང་དུ་བཅུག་གི ། གཞུང་གི་གོ་རིམ་ལ་འདིར་འཇུག་གོ །དེ་ཡང༌། ཛཱ་ཡ་ཞེས་པ་ལ་ ཨཱ་པ྄་བུད་མེད་རྐྱེན་བྱིན། པ྄་རྗེས་འགྲེལ། འདྲ་བ་རིང་བོ། ཛཱ་ཡཱ། (བུ་མོ་མཚན་བཟང་མ་)དེས་ 19-1-221 མཚོན་ནས་དེ་བཞིན་དུ། མ་ཡ་ལ། མ་ཡཱ།(ནོར་ཅན་མའི་སྒྱུ་མ་ཅན། མེ་དྷ་ལ། མེ་དྷཱ།(བློ་ལྡན་མ། ཤྲདྡྷ་ ལ་ཤྲདྡྷཱ།(དད་ཅན་མ། དྷར་ལ་དྷརཱ།(ཆང་བ་དང་མཚོན་ཆའི་སོ།། མཱ་ལ་ལ་མཱ་ལཱ།(ཕྲེང་རྒྱུད་མཁན་མ།སོགས་ པའོ། ། ༈ ཨ་ཛཱ་དེ་ཤྩཱཔ྄། ཨ་ཛ་ལ་སོགས་པའི་ཡང་ཨཱཔ྄འོ། །འདི་ཡང་དཔེ་འགའ་ལས། བཀྟ་ བྱཿཞེས་ལུང་འདྲེན་དུ་བྱས་པ་དང༌། ཕལ་ཆེར་འདི་ཉིད་ཀྱི་མདོ་དངོས་སུ་འདོད་པ་གཉིས་ བྱུང་བ། བཀྟ་བྱ་ཞེས་པ་མེད་པའི་ཕྱོགས་མདོ་དངོས་ཡིན་པ་ལེགས་པར་སེམས་སོ། །དེ་ ཡང་བུད་མེད་ལ་ཨ་ལ་ཨཱཔ྄་ཞེས་བྱུང་བས་ཨ་ཛ་ལ་སོགས་པ་དགོས་སུ་སྨོས་པ་ཅི་སྙམ་ན། ཛ་ཡཱ་སོགས་ལ་ཨཱཔ྄་བྱིན་པ་མོ་རྟགས་ཡིན་ཡང་འཇུག་པའི་ཡུལ་མ་ངེས་པ་ཉིད་དེ། ཕོ་དང་ མ་ནིང་གི་དངོས་པོ་ལ་འགྲོ་བའང་ཡོད་ལ། ཨ་ཛ་སོགས་ལ་བུད་མེད་ཀྱི་རྐྱེན་ཨཱཔ྄་བྱིན་པ་ ནི་ཡུལ་བུད་མེད་ཁོ་ན་ལ་འཇུག་པས། མོ་རྟགས་ཁོ་ན་ལས་ནམ་ཡང་འགྱུར་བ་མེད་པར་གོ་ བའི་ཕྱིར་རོ། །ཨ་ཛ་ལ་ཨཔ྄་བྱིན་ན། ཨ་ཛཱ་(ར་མཱ་དེ་བཞིན་དུ། ཨེ་ཊ་ཀ་ལ། ཨེ་ཊ་(ལུག་མ་མོ། ཀཱ ཀོ་ཀི་ལ་ལ། ཀོ་ཀི་ལཱ།(ཁུ་བྱུག་མོ། བཱ་ལ་ལ། བཱ་ལཱ།(བུ་མོ་ལོ་བཅུ་དྲུག་མ། ཤུ་དྲ་ལ། ཤུ་དྲཱ།(དམངས་ མོ། ག་ཎི་ཀ་ལ། ག་ཎི་ཀཱ།(ཚོགས་ཅན་མ་སྟེ་སྨད་འཚོང་མ། སོགས་པའོ། །དེ་ཡང་ཛ་ཡཱ་སོགས་ལ་ བརྗོད་བྱའི་ཡུལ་མོ་མ་ངེས་ལ། ཨ་ཛཱ་སོགས་ལ་ངེས་པའི་ཕྱིར་དོན་ལ་ཁྱད་པར་ཡོད་པས་ཁ་ གསལ་བྱེད་དགོས་བྱུང་བ་ཡིན་ནོ། ། ༈ ཀཱ་པྱ་ཏཿ ཀཱཔ྄་ལ་ཨི་ཨཏ྄་ཀྱིའོ། །ཀཱ་པི་ཨི་ཨ་ཏ྄་ངས྄་རྣམས་སྦྱར་བ་ལས་མདོ་ཚིག་ དེ་ལྟར་བྱུང་སྟེ། ཀཱ་པི་ཞེས་པ་ནི། ཀཱཔ྄་དང་དིའོ། །ཀཱཔ྄་ནི་མོ་རྐྱེན་ཨཱཔ྄་དང་བཅས་པའི་ཀཱ་ ཡི་མིང་སྟེ། ཀཱཔ྄འི་སྔ་རོལ་གྱི་དེ་མ་ཐག་པའི་ཨ་ཡིག་ནི་ཨི་ཡིག་ཏུ་འགྱུར་ཏེ། ཀཱ་ར་ཀ་ཨཱཔ྄་ པ་རྗེས་འབྲེལ། ཀཱ་ར་ཀཱ་ཞེས་པར་སོང་བའི་རྗེས་དེ་མ་ཐག རའི་ཨ་དེ་ཀཱཔ྄འི་སྔོན་མ་ཉིད་ ཡིན་པའི་ཕྱིར། ཨི་ཡིག་ཏུ་འགྱུར་བས། ཀཱ་རི་ཀཱ་(བྱེད་མཁན་ནམ་ཚིག་ལེའུ་བྱས་པ་ཞེས་པ་གྲུབ་བོ། ། 19-1-222 པཱ་ཋ་ཀཱ། པཱ་ཋི་ཀཱ་(ཀློག་པ་མོ། པཱ་ཙ་ཀཱ པཱ་ཙ་ཀཱི་(འཆོས་པ་མོ་སྟེ་གཡོས་པ། ཞེས་པ་ལ་སོགས་པའོ། ༈ །ཀ་ནྱ་ཀཱ་ལ་སོགས་པ་ལ་ནི། ཀཱཔ྄འི་མཐའ་ཡིན་ཡང༌། གོང་མའི་ཨ་ཡིག་ཨི་ཡིག་ཏུ་མི་ འགྱུར་ཏེ། ཀཱ་ནྱེ་ཀཱ་ཞེས་པ་མི་བསྒྱུར་ཏེ། ཀ་ནྱ་ཀཱ་ཉིད་ལ་གནས་པའོ། ༈ །འགྲེལ་པར་ཁ་ བཀང་བ་ལ། ཉེར་བསྒྱུར་ཨ་བ་ཨ་བི་དག་གི་ཨ་དབྱི་བར་བྷ་གུ་རི་འདོད་དོ་ཞེས་འབྱུང་སྟེ། བྷ་གུ་རི་ནི་དྲང་སྲོང་ཞིག་གོ །དེ་ཡང་གདམ་ང་སྟེ། ཨ་བ་གཱ་ཧྱཾ་ཞེས་པ་ལ། །རང་གནས། བ་ གཱ་ཧྱཾ་ཞེས་པ་དང༌། ཨ་པི་དྷཱ་ནཾ་ལ་རང་གནས་སམ། པི་དྷ་ནཾ་ཞེས་པ་ལྟ་བུའོ། ༈ །ཡང་ཧས྄འི་ མཐའ་རྣམས་ལ་འདིར་ཨཱཔ྄་ཡང་ངོ༌། །ཞེས་ཀྱང་དྲངས་ཏེ། བཱ་ཙ྄་ཨཱཔ྄་པ྄་རྗེས་འབྲེལ། བཱ་ ཙཱ་ནི་ཤ྄་ཨཱཔ྄། ནི་ཤ་དི་ཤ྄་ཨཱཔ྄། དི་ཤཱ་ཞེས་པའོ། ༈ །ཧྲ་སྭོ་བཱ། ཐུང་ངུ་ཡང་ནའོ། །མོ་རྟགས་ ལ་ཀཱཔ྄་ཕ་རོལ་དུ་ཡོད་པའམ། ཏ་རཱ་ཕ་རོལ་ཏུ་ཡོད་པ་ལ། སྔ་མ་རྟགས་མཐའི་དབྱངས་རིང་ པོ་ཡོད་ན་ཐུང་ངུར་འབྱུང་བ་ཡང་ཡོད་དེ། འདམ་ག་ལ་འདྲ་མཉམ་དང༌། ཤས་ཆེ་ཆུང་གཉིས་ ཡོད་པ་ལས། འདིར་ཐུང་ངུ་ཤས་ཆེའོ། །ཀཱཔ྄་ཕ་རོལ་ལ། བེ་ཎི་ཀཱ་ལན་ཚར་ཅན་མ། ཞེས་ པའམ། བེ་ཎཱི་ཀཱ ན་དི་ཀཱ་ཞེས་པའམ། ན་དཱི་ཀཱ།(རྒྱུན་ཅན་མ་སྟེ་ཆུ་བོ། ༈ ཏ་རཱ་ཕ་རོལ་ཅན་ནི། ཤྲེ་ ཡ་སི་ཏ་རཱའམ། ཤྲེ་ཡ་(དགེ་ལེགས་ཅན་མ་སཱི་ཏ་རཱ་ཞེས་སོ། ༈ །ནཽ་ཀཱ་(གྲུ་མཁན་མ་ལ་སོགས་པ་ མང་པོ་ཞིག་ལ་རིང་པོ་ཐུང་ངུར་བསྒྱུར་པའི་བྱ་བ་མི་ཐོབ་སྟེ། དཔེར། ནཽ་ཀཱ་ཐུང་ངུར་བྱེད་ན། ནུ་ཀཱ་རུ་འགྱུར་བ་ལས། འདིར་དེ་ལྟར་མི་འགྲོའོ། །གཞུང་གིས་ཡང་ན་བར་བཤད་པས། ནཽ་ ཀཱ་སོགས་ལ་མི་བསྒྱུར་བར་ངེས་པ་ཡང་ཅི་སྙམ་ན། ཡང་ནའི་སྐད་དོད་བཱ་ཞེས་པས་ཟིན་ཏེ། ཚིག་གཅིག་ལ་དོན་དུ་མ་ཡོད་པས་ན་མི་ཟད་པ་སྟེ། བཱ་ཞེས་པ་འདི་ཡང་མི་ཟད་པ་ཡིན་པས། སྐབས་འདིར་ཡང་དོན་གཉིས་ཏེ། བེ་ནི་ཀཱ་སོགས་ལ། ཡང་ན་བའི་དོན་དང༌། ནཽ་ཀཱ་སོགས་ ལ་བྱེད་པ་འགོག་པའི་དོན་དེ་གཉིས་ཀ་འཇུག་པའོ། །དེ་ལྟར་གྱུར་པའི་ཨཱཔ྄འི་མཐའ་ཀུན་ ལ་རྣམ་དབྱེ་འཇུག་ཚུལ་གང་གཱའི་སྒྲ་དང་འདྲའོ། ། 19-1-223 ༈ ནྲ་ཎི་ཨཱིཔ྄། ན྄་རྀ་ཨ་ལས་ཨཱིཔ྄འོ། །ན྄་མཐའ་རྀ་མཐའ། ཨཎ྄་མཐའ་སྟེ། ཨཎ྄་གྱི་ རྐྱེན་བྱིན་པའི་དེར་རྗེས་ཨའི་མཐའ་ལ་ཡང༌། མོ་རྐྱེན་འཇུག་པ་ཡིན་ན་རྐྱེན་ཅི་ལྟ་བུ་སྙམ་ན་ ཨཱིཔ྄་འཇུག་གོ །དཎྜིན྄་ལ་ཨཱིཔ྄། པ་རྗེས་འབྲེལ། དྲངས། དནྜ་ནཱི་(དབྱུགས་པ་ཅན་མའི་ཆད་པ་མཁན་ མ།) དནྟིན྄། ཨཱིཔ྄། དནྟི་ནཱི།(སོ་ལྡན་མ།) ཀཱ་རིན྄། ཨཱིཔ྄། ཀ་རི་ཎཱི།(གླང་ཆེན་མ།) མཱ་ལིན྄། ཨཱིཔ྄། མཱ་ལི་ནཱི།(འཕྲེང་ལྡན་མ།) རཱཛྙཱ་ཨཱིཔ྄། ཨཱཔ྄་ལ་རཱཛྙཱའི་ཨ་དབྱིའོ་ཞེས་བཤད་པས། རཱཛྙཱ་དངོས་སུ་ དབྱངས་མཐའ་ཡིན་ཡང༌། རཱ་ཛ྄ན་ལས་བྱུང་བས་འདིར་སྨོས་ཏེ། ཛྙཱའི་ཨ་ཕྱིས། ཨཱི་ལ་དྲངས། རཱ་ཛྙཱི(རྒྱལ་མ།) ཤྭན྄་ཨཱིཔ྄། ཤྭ་ཡི་བ་སྒྲ་ཨུ་རུ་བསྒྱུར་ཏེ། ཤུ་ནཱི།(ཁྱི་མོ།) ༈ རྀ་མཐའ་ལ། ཀརྟྀ་ ཨཱིཔ྄། རྀ་ར྄་ར྄་དང་ཏ་ཨཱི་ལ་དྲངས། ཀརྟྲཱི་བྱེད་པ་མ་ཧརྟྲྀ་ཨཱིཔ྄། ཧ་མོ་རྟྲཱི།(རྐུན་ཆུང༌མོ།) ༈ ཨཎ྄་མཐའ་ལ། ཨུ་པ་ག་བ། བུ་བརྒྱུད་རྐྱེན་གྱིས་འགྱུར་བ། ཨཽ་པ་ག་བ། བའི་ཨ་ཕྱིས། ཨཱིཔ྄་ ལ་དྲངས་པས། (ཕྱུགས་སྐྱོང་མ།) ཨཽ་པ་ག་བཱི། ༈ མཱ་ཏྲྀ་(མ་དང་)དང༌། སྭ་སྲྀ་(སྒྱུག་མོ་)ལ་སོགས་ པ་རྀ་མཐའ་བུད་མེད་ཀྱི་དོན་ཡིན་ཡང༌། ཨཱིཔ྄་མི་འཇུག་སྟེ་བུད་མེད་ཀྱི་རྟགས་སུ་རང་གྲུབ་ པས་སོ། །ཞེས་དགོངས་སོ། ༈ །ཡུ་བན྄་ཨཱིཔ྄། ཡུ་བའྀ་བ་ཨུ་རུ་སོང༌། ཨུ་འདྲ་བའི་ཡི་གེ་ཡུ་ རིང་པོ། ཡཱུ་ནཱི།(ལང་ཚོ་མ།) མ་གྷ་བན྄། ཨཱིཔ྄་ཝ་ཨུ་རུ་སོང༌། ཨ་ཨུ་ལ་ཨོ་རུ་སོང༌། མ་གྷོ་ནཱི་(བརྒྱ་ བྱིན་མོ་)ཞེས་སོ། ། ༈ ཡ་སྱ་ལོ་པཿ ཨི་ཨ་དག་གི་དབྱིའོ། །རྟགས་མཐའ་ལ་ཨིའམ་ཨ་ཡོད་ལ། །ཕ་རོལ་ རྐྱེན་དབྱངས་དང་ཡ་ཡིག་ཡོད་ན། ཨ་དང་ཨི་ཕྱིས་པར་འགྱུར་རོ། །གོང་གི་ཨཽ་པ་ག་བའི་བ་ ཡི་ཨ་དབྱི་བའི་གཞུང་ཡང་འདི་ཁོ་ནའོ། ཥྚྦྲྀ་ཏཿ ཥ྄ཊ྄་ཨུ་རྀ་ལས་སོ། ཥ྄་ཡིག་རྗེས་འབྲེལ་ སྔོན་སོང་ཅན་ཏེ། ད་ལྟ་རྗེས་འབྲེལ་དངོས་སུ་མེད་ཀྱང༌། སྔར་བྱུང་བའི་རིགས་དང༌། དེ་ བཞིན་དུ་ཊ྄་དང་ཨུ་དང༌། རྀ་ཡིག་རྗེས་འབྲེལ་སྔོན་སོང་ཅན་གྱི་མིང་ལ་མོ་རྟགས་བྱེད་ན། ཨཱིཔ྄་སྟེར་ཏེ། ༈ ཥ྄་རྗེས་འབྲེལ་གྱི་དཔེ་ནི། བ་རཱ་ཀ་ལྟ་བུ་སྟེ། དེ་བྱིངས། བྲྀ་ལ་ཥ྄ཀའི་རྐྱེན་ 19-1-224 བཏགས་པ་ལས་བྱུང་བའོ། ༈ །ཊ་རྗེས་འབྲེལ་དཔེར་བརྗོད། ཀུ་རུ་ཙ་ར། ཊ་བྱིན་པའི་རྗེས་ ཡིན་པ་དང༌། ཨུ་རྗེས་འབྲེལ། གོ་མ་ཏ་ལྟ་བུ་སྟེ། སྔོན་གོ་མ་ཏུ་ཞེས་པ་བསྒྱུར་བས་སོ། ༈ །པ་ ཙནྟ། པ་ཋཾ་ཏ། བྷ་བཾ་ཏ། ཞེས་པ། པ་ཙཾ་ཏྲྀ་ལ་སོགས་པར་ཡོད་པ་རྐྱེན་གྱིས་བསྒྱུར་བས་འདི་ དག་ར་རྗེས་ཀྱི་དཔེའོ། །དེ་རྣམས་ལ་ཨཱིཔ྄་སྟེར་བས། ཨི་ཨ་དག་གི་དབྱིའོ། །ཞེས་པས། རྟགས་མཐའི་དབྱངས་ཕྱིས། དྲངས་པས། པཱ་ར་ཀཱི།(མཛེས་མ།) ༈ ཀུ་རུ་ཙ་རཱི།(ཀུ་རུའི་ཡུལ་གྱི་བུད་ མེད།) ༈ གོ་མ་ཏཱི།(ཆུ་བོའི་ནང་ཚན།) བྷ་བནྟི།(སྐལ་ཅན་མ།) ༈ པ་ཙཾ་ཏཱི།(གཡོས་མ།) མ་ཋནྟཱི།(ཀློག་ མ།) ཞེས་པ་ལ་སོགས་པའོ། ། ༈ ན་དཱ་དེཿ། ན་ད་ལ་སོགས་པ་ལས་སོ། །ན་ད། གཽ་ར། གཽ་ཏ་མ། ཙ་ཏུརྠཱ། པཉྩ་མ། པཱི་ བནྟ། ཤརྦ་ར་ལ་སོགས་པ་ལ་ཡང༌། ཨཱིཔ྄་སྟེར་ཏེ། ཨི་ཨ་དག་གི་དབྱི་སྟེ། ན་དཱི། གཽ་རཱི། གཽ་ ཏ་མཱི། ཙ་ཏུརྠཱི་པཉྩ་མཱི། བཱི་བཾ་ཏཱི། ཤརྦ་རཱི་ཞེས་པར་འགྱུར་རོ། ། ༈ ཨིནྡྲཱ་དེ་རཱ་ཎཱྀ་པ྄་ཙ། ཨིནྡྲ་ལ་སོགས་པ་ལས་ཨཱ་ནཱིཔ྄་ཡང་ངོ༌། །ཨིནྡྲ་ལ་སོགས་པ་ རྟགས་མང་པོ་ལ། ཨཱ་ཎཱིཔ྄་སྟེར་ཏེ། འདྲ་བ་རིང་པོ་བྱས་པས། ཨིནྡྲཱ་ཎཱི། བྷ་བཱ་ཎཱི། རུ་དྲཱ་ཎཱི། ༈ ཨཱིཔ྄་ས་མཱ་ཧཱ་རེ་གུ་ཎཤྩ། ཨཱིཔ྄་མཉམ་པར་བསྲེ་བ་ལ་ཡོན་ཏན་ཡང་ངོ༌། །མཉམ་པར་བསྲེ་ པའི་དོན་ཅན་གྱི་མཐར་ཨཱིཔ྄་བྱིན་པ་ལ་གོང་མ་ཡོན་ཏན་དགོས་ཏེ། དཔེར། ཏྲ་ཡ་ཎཱི། ཞེས་ གསུམ་རྣམས། བེ་དཱ་ནཱཾ། ཞེས་པ་རིག་བྱེད་རྣམས་ཞེས་པ་ཚིག་དེ་དག་དང༌། རིག་བྱེད་གསུམ་ པོ་སྡོམས་པར་བྱེད་པ་ལ། །བེ་དཱ་ནཱཾ་གསལ་བར་བརྗོད་དོན་ཡིན་པས་ཕྱིས། ནུཊ྄་ཀྱི་ན྄་ཡང་ བརྗོད་དོན། ཚིག་སྡུད་རྣམ་དབྱེ་ཨཱམ྄་ཕྱིས། ཏ྄་ཡ྄་ཙམ་ལས་པ྄་རྐྱེན་ཕྱིས་པས་རང་གནས་ སུ་ལྡོག ཏྲི་རུ་སོང༌། ཨཱིཔ྄་ཨཱི་ཨེ་རུ་སོང༌། ཨེ་ཡ྄་རུ་དྲངས། ཏྲཱ་ཡཱི། ༈ ཕོ་དང་ལྡན་པ་ལ་ཡང་ ཨཱིཔ྄འོ། །ཞེས་བཤད་པས། ཤཱུ་དྲ་ལ། ཨཱིཔ྄། ཨི་ཨ་དབྱི། དྲངས། ཤཱུ་དྲཱི། དམངས་རིགས་ ཀྱི་ཆུང་མ་ཞེས་སྐྱེས་པ་ཡང་གོ་བ་ལྟ་བུ་སྟེ། ག་ཎ་ཀཱི། རྩིས་མཁན་གྱི་ཆུང་མ་ཞེས་པས་རྩིས་ 19-1-225 མཁན་ཡང་གོ་བ་ལ་སོགས་པའོ། ༈ །ཡང་ཞེས་པས། གོ་བཱ་ལ་ཀ་ཕྱུགས་རྫིའི་དོན་ཏེ། དེ་ དང་སྦྱོར་བ་ལ་མོ་རྐྱེན་དུ་ཨཱིཔ྄་མི་འབྱུང་སྟེ། ཨཱཔ྄་ཁོ་ནའོ། །ཀཱཔ྄་ཨཏ྄་ཀྱི་ཨིའོ། །ཞེས་པ། ལ་ལི་རུ་སོང༌། གོ་བཱ་ལི་ཀཱ། ཞེས་སོགས་མང་པོ་དག་གོ ༈ །ཛཱ་ཏེ་ར་ཡོ་བ་དྷཱཏ྄། རིགས་ལས་ ཡ་མ་ཡིན་པའི་ཨུ་པ་དྷཱ་ལས་སོ། །རིགས་བརྗོད་པའི་དོན་ལ་ཨུ་པ་དྷཱ་ལ་ཡ་ཡིག་མེད་པ་ཞིག་ བྱུང་ན། དེ་ལ་ཨཱིཔ྄་ཐོབ་སྟེ། བུད་མེད་ཀྱི་དོན་དུ་སྒྲུབ་པའི་དབང་དུ་བྱས་པ་གཞིར་བཞག་ པ་ལའོ། །མེ་ཥ། མ་ཧི་ཥ། ཤཱུ་ཀ་ར། ཧཾ་ས། ཀཱུཀ་ཊ། བྲཱཧྨཎ྄། ཞེས་པ་རྣམས་ལ་ཨཱིཔ྄་བྱིན། རྟགས་མཐའི་ཨ་ཕྱིས། མེ་ཥཱི། མ་ཧི་ཥཱི། ཤཱུ་ཀ་རཱི། ཧཾ་སཱི། ཀཱུཀྐུ་ཊཱི། བྲཧྨ་ཎཱི། ཞེས་པར་གྱུར་ པ་སོགས་ཤིན་ཏུ་མང་པོའོ། ༈ །ཡ་མིན་པ་ཞེས་པས་ཨུ་པ་དྷཱ་ཡ་ཡིག་ཡིན་ན་ཨཱིཔ྄་མི་སྟེར་ཏེ། ཀྵ་ཏྲི་ཡ་དང༌། བཻ་ཤྱ་ཨཱིཔ྄་མི་ཐོབ། མོ་རྟགས་སུ་བྱེད་ན། ཨཱཔ྄་བྱིན་ཏེ། ཀྵ་ཏྲི་ཡཱ། བཻ་ཤྱཱ་ཞེས་ པ་ལྟ་བུའོ། ༈ །དང་པོའི་ན་ཚོད་བརྗོད་པ་ལ། ཨཏ྄་ལས་ཨཱིཔ྄འོ། །ཞེས་བཤད་པས། རྒན་པོ་ དང་དར་བབ་ལ་སོགས་པའི་དོན་མི་བརྗོད་པར། ན་ཚོད་དང་པོ་བྱིས་པ་དང་གཞོན་ནུ་བརྗོད་ པ་མོ་རྟགས་ལ་ཨཱིཔ྄་ཐོབ་སྟེ། ཀུ་མཱ་ར། ཨཱིཔ྄ རྟགས་མཐའི་ཨ་ཕྱིས། ཀུ་མཱ་རཱི། ཀི་ཤོ་རཱི། ཀ་ ལ་བྷཱི་ལ་སོགས་པ་མང་པོའོ། ༈ །དང་པོའི་ན་ཚོད་སྨོས་པས། པྲྀདྡྷ་དང༌། སྠཱ་བི་རཱ།(ཆེས་རྒས་ པ།) ཞེས་པ་ལྟ་བུ་མོ་རྟགས་ལ་ཨཱཔ྄་སྟེར་རོ། ༈ །ཨ་ཏ྄་ལས་ཞེས་པས། དང་པོའི་ན་ཚོད་ཡིན་ ཀྱང༌། ཨི་ཨུ་སོགས་ལ། ཨཱིཔ྄་མི་ཐོབ་སྟེ། ཤི་ཤུཿཞེས་པ་ལྟ་བུའོ། ། ༈ སྭཾ་གཱངྒཱ།(ལུས་མཛེས་ལ་ཟེར།) རང་ལུས་ལ་ཡང་ནའོ། །རང་རང་གི་ལུས་ཀྱི་ཡན་ལག་གི་ དོན་བརྗོད་པ་ལ་མོ་རྟགས་སྦྱོར་ན། ཨཱིཔ྄་སྟེར། ཡང་ན་ཨཱིཔ྄་བཀག་སྟེ། ཨཱཔ྄་སྟེར་ཞེས་པ་ ཡིན་ན། རང་ལུས་ཞེས་པའི་རང་གི་དོན་ཤེས་པ་པོ་དང་བཅས་པ་སྟེ། སེམས་རྒྱུད་ཀྱི་བཟུང་ བའི་དོན་ནོ། །ཡང་ནའི་དོན་ཡང་རྟགས་གཅིག་ལ། ཡང་ན་བར་སྦྱོར་བ་མིན་ཏེ། ཡན་ལག་ གི་དོན་ཅན་གྱི་མོ་རྟགས་སུ་བསྒྲུབ་རྒྱུའི་སྡེ་ཚན་གཅིག་ལ་ཨཱིཔ྄་དང༌། གཅིག་ཤོས་ལ་ཨཱཔ྄་ 19-1-226 སྟེར་བའི་དོན་ནོ། །སུ་མུ་ཁ་ལ། ཨཱིཔ྄། ཨི་ཨ་དབྱི། དྲངས། སུ་མུ་ཁཱི། དེ་བཞིན་དུ། མྲྀ་གཀྵ་ ལ། མྲྀ་གཀྵཱི། ཏ་ནྭཾ་ག་(ལུས་ཕྲ་)ལ། ཏ་ནྭདྒཱི། ལ་སོགས་ཤིན་ཏུ་མང་པོའོ། ༈ །ཡང་ན་བའི་ དོན། པདྨ་བ་ད་ན་ལྟ་བུ་མོ་རྟགས་སུ་ཨཱིཔ྄་མི་སྟེར་ཏེ། ཨཱཔ྄་སྟེར་བས། འདྲ་བ་རིང་བོ། པདྨ་ བ་ད་ནཱ། དེ་བཞིན་དུ། ཀ་མ་ལ་ན་ཡ་ན་ཨཱཔ྄། ཀ་མ་ལ་ན་ཡ་ནཱ། ཀ་ལྱཱ་ཎ་ཀྲོ་ཌ་ཨཱཔ྄། ཀ་ལྱཱ་ ཎ་ཀྲོ་ཌཱ། ཀི་ཤ་ལ་ཡ་ཀ་ར་ཨཱཔ྄། ཀི་ཤ་ལ་ཡ་ཀ་རཱ་(བུ་མོ་ལོ་བཅུ་གཅིག་མའམ། ཆུ་ཤིང་སྡོང་པོ་འདྲ་བའི་ ལག་མ།)མྲྀ་ཎཱ་ལ་བྷུ་ཛ་ཨཱཔ྄། མྲྀ་ཎཱ་ལ་བྷུ་ཛཱ་(ཞེས་པ་ནི་ཀུ་བ་འདྲ་བའི་སའི་ཁྲི་ཤིང་རིང་པོ་གཅིག་སྟེ་དེ་དང་འདྲ་བ་ ལག་པ་རིང་པོའོ། །) སུ་ཧསྟ་ཨཱཔ྄། སུ་ཧསྟ། དེ་དག་ལ་སོགས་པ་མང་པོ་ཞིག་ལ་ཨཱིཔ྄་མི་འཇུག་གོ ༈ །ཀྲྀཏ྄་ཀྱི་ཨི་ཡིག་ཀྟི་མིན་པ་ལ་ཨཱིཔ྄་ཡང་ནའོ། །ཞེས་བཤད་པ། ཀྲྀཏ྄་རྐྱེན་ནང་གི་ཨི་ཡིག་ ཡོད་པའི་རྐྱེན་ཡིན་པ། ཀྟི་མ་ཡིན་པ་དེ་ལྟ་བུ་རྐྱེན་གྱི་མཐའ་ཅན་ལ་ཨཱིཔ྄་སྟེར་བ་དང་མི་སྟེར་ བ་གདམ་ང་སྟེ། ཨངྒུ་ལ་ལི། ཨཱིཔ྄་བྱིན་ན། ཨི་ཨ་དབྱི། དྲངས། ཨངྒུ་ལཱི། སི་འཇིག ཨཱིཔ྄་མ་ བྱུང་ན། དེ་ལ་སི་བྱིན་པ་རྣམ་བཅད། ཨངྒུ་ལིཿ། དྷུ་ལི་ཨཱིཔ྄་ཨི་ཕྱིས། དྷུ་ལཱི། ཡང་ན་སི་རྣམ་ བཅད་དྷུ་ལིཿ། ཨ་ཛི་ཨཱིཔ྄་བྱིན་པ་ལ། ཨ་ཛི་མ་བྱིན་པ་ལ། ཨ་ཛིཿ། དེ་རྣམས་ཀྟི་ཅན་མ་ཡིན་ ཏེ། དེ་སོགས་གཞན་ཡང་ངོ༌། ༈ །ཀྟི་མ་ཡིན་པ་ཞེས་པས། ཀྟི་རྐྱེན་མཐའ་ཅན་ལ། ཨཱིཔ྄་མི་ འབྱུང་བ་ཁོ་ན་སྟེ། སི་རྣམ་བཅད་དུ་བྱས་པས། ཀྲྀ་ཏིཿབྷཱུ་ཏིཿ མཏིཿ བྷྲྀ་ཏིཿ དྷྲྀ་ཏིཿ། ལ་སོགས་ པའོ། ། ༈ ཨཻ་ཙ་མ་ནྭཱ་དེཿ། མ་ནུ་ལ་སོགས་པ་ལས་ཨཻ་ཡང་ངོ༌། །མ་ནུ་ལ་སོགས་པ་མོ་རྟགས་སུ་ སྒྲུབ་པ་ལ། ཨཱིཔ྄་སྦྱིན་ན་རྟགས་མཐའ་ཨཻ་རུ་འགྱུར་ཏེ། མ་ནུ་ཨཱིཔ྄། མ་ནཻ། ཨཻ་ཨཱ་ཡ། མན྄་ ཨཱ་ཡ྄་ཨཱི་དྲངས། མ་ནཱ་ཡཱི། ཚངས་པའི་བུ་མ་ནུ་ཞེས་པའི་རྒྱལ་པོ་བཅུ་བཞིའི་ཆུང་མ་རྣམས་ལ་ དེ་འདྲར་བརྗོད་དོ། །ཡང་ཞེས་པས། ཨཽ་རུ་བསྒྱུར་བའང་ཡོད་དེ། མ་ནུ་ཨཱིཔ྄། མ་ནཽ་ཨཱི། ཨཽ་ ཨཱ་བ྄། མ་ནྭཱ་བཱི། བྲྀ་ཥཱ་ཀ་པཱ་(དབང་ཕྱུག་གི་གླང་སྟེ་ཁྱུ་མཆོག་སྤྲེའུ་ཟེར།) ཨཱིཔ྄། ཨཻ་བྲྀ་ཥཱ་ཀ་པཻ། ཨཻ་ཨཱ་ 19-1-227 ཡ྄། བྲྀ་ཥཱ་ཀ་བཱ་ཡཱི། ༈ པཏྣྱཱ་ད་ཡཿ། པཏྣྱ་ལ་སོགས་པའོ། །པ་ཏྣཱི།(བུད་མེད།) ཨོ་ནྟ་རྦཏྣཱི།(ཀླས་ཐམས་ཅད་ཀྱི་ ནང་ནས་ཉེ་བ་མ།) ས་ཁཱི།(གྲོགས་མོ།) ཨ་ས་ཁཱི།(གྲོགས་མིན་མོ།) ཨརྡྷ་ཛ་ར་ཏཱི།(ཕྱེད་རྒན་མོ།) ཨུ་བ་ ཏཱི།(ལང་ཚོ་མ།) ཨ་ཤི་ཤྲཱི།(ཕྲུ་གུ་མེད་དེ་མོ་གཤམ།) འདི་རྣམས་ནི་པཱ་ཏ་ཡིན་ཏེ། མོ་རྟགས་སུ་བསྒྱུར་ བས་འགྱུར་བའོ། ། ༈ པྲ་ཏཱི་ཙྱཱ་ད་ཡཿཤཔྡཱ་ནི་པཱ་ཏྱནྟེ། པྲ་ཏཱི་ཙ་ལ་སོགས་པའི་སྒྲ་ནི་པཱ་ཏ་རྣམས་སོ། །པྲ་ཏཱི་ཙ་ ལ་སོགས་པ་ནི། པྲ་ཏཱི་ཙཱི།(ནུབ།) ཨུ་དཱི་ཙཱི།(བྱང་།) པྲཱ་ཙཱི།(ཤར།) ཨ་པཱ་ཙཱི།(ཤར་ལྷོ།) ལ་སོགས་ པ་མང་པོ་དག་གོ །པཏྣི་ལ་སོགས་པ་དང༌། པྲ་ཏཱི་ཙཱ་ལ་སོགས་པ་འདི་རྣམས། ཨཱིཔ྄་སྟེར་བ་ ལ་མ་ལྟོས་པར། པཏྣཱི་ལ་སོགས་པ་དང༌། པྲ་ཏཱི་ཙཱ་ལ་སོགས་པར་བསྒྱུར་བ་ཁོ་ནས་མོ་རྟགས་ སུ་གྲུབ་པའོ། ༈ །དཱ་ར་(བུད་མེད་ཀྱི་མིང་)ལ་སོགས་པ་བུད་མེད་ལ་བརྗོད་པ་ཡིན་མོད། ཨཔ྄་ དང་ཨཱིཔ྄་མི་འཇུག་ཅིང༌། རྟགས་ཀྱི་ངོ་བོ་ཡང་མོ་རྟགས་མ་ཡིན་ཏེ། ཕོ་རྟགས་ཡིན་ནོ། །དེའི་ ཕྱིར་རྣམ་དབྱེ་ཕོ་རྟགས་དབྱངས་ཨའི་མཐའ་ཅན་སྤྱིར་བཏང་བཞིན་ཡིན་པ་ལས། གཅིག་ ཚིག་དང་གཉིས་ཚིག་མི་འཇུག་པས་ཛས྄་སོགས་མང་ཚིག་བདུན་པོ་ཁོ་ན་འཇུག་སྟེ། དཱ་རཱཿ། དཱ་རཱན྄། དེ་རཻཿ། དཱ་རེ་བྷྱཿ དཱ་རེ་བྷྱཿ དཱ་རཱ་ཎཱཾ། དཱ་རེ་ཥུ། ཞེས་འབྱུང་ངོ༌། །དཱ་རའི་སྒྲ་འཇུག་ ཡུལ་བུད་མེད་ཁོ་ན་ཡིན་ཀྱང་མིང་ཕོ་རྟགས་ཡིན་ནོ། ། ༈ བཽརྒུ་ཎཱ་ཏ྄། ཡང་ན་ཨུ་ཡོན་ཏན་ལའོ། །ཚུལ་རོལ་ཨུ་ཡིག་མཐའ་ཅན་ཡོན་ཏན་བརྗོད་ པའི་དོན་ལས། ཕ་རོལ་ཏུ་བུད་མེད་ཀྱི་རྐྱེན་ཨཱིཔ྄་སྟེར་བ་དང་མི་སྟེར་བ་གདམ་ཀ་སྟེ། བྱིན་ ན། པ་ཊུ་ཨཱིཔ྄། ཨི་དང་ཨ་ཡིན་ན་དབྱི་མོད་ཀྱི། འདིར་ཨུ་ཡིན་པས་མི་དབྱི་སྟེ་ཨུ་བ྄་རུ་ འགྱུར། པ་ཊྭཱི། ཡང་ན་ཞེས་པས་ཨཱིཔ྄་མི་སྟེར་བས། སི་རྣམ་བཅད་དེ། པ་ཊུཿ། དེ་བཞིན་དུ། མྲྀ་དྭཱི། མྲྀ་དུཿ(འཇམ་མཉེན།) ཏ་ནྭཱི། ཏ་ནུཿ(ལུས་གྲ) རྀ་ཛྲཱི། རི་ཛུཿ(འཇམ་ཀླས་མ།) ཞེས་པ་ལ་ 19-1-228 སོགས་པ་དག་གོ ། ༈ ཨུ་ཏ་ཨཱུཿ། ཨུ་ཏ་ལས་ཨཱུའོ། །ཨུ་ཡིག་མཐའ་ཅན་གཞན་བུད་མེད་དུ་སྒྲུབ་ན། ཨཱུཔ྄་ ཞེས་པའི་མོ་རྐྱེན་སྟེར། དེ་ཡང་གདམ་ང་སྟེ། པཾ་གུ་ཞེས་པ་ལ། ཨཱུཔ྄་བྱིན། འདྲ་བ་ལས་རིང་ པོ། སི་རྣམ་བཅད། པངྒཱུཿ། ཨཱུཔ྄་མ་བྱིན་ན། སི་རྣམ་བཅད་ཙམ་སྟེ། པངྒུཿ བཱ་མོ་རཱུ་ཨཱུཔ྄། བཱ་ མོ་རཱུ།(བརླ་མཛེས་མ།) ཡང་ན་བཱ་མོ་རུཿ། ཀ་ར་བྷོ་རུ་ཨཱུཔ྄། ཀ་ར་གྷོ་རཱུཿ(ལག་མཛེས་གླང་མོའི་སྣ་ཞགས། )ཀ་ར་བྷོ་རུཿ ༈ ཡཱུ་ནསྟིཿ ཡུ་བན྄་ལས་ཏིའོ། །ཡུ་བན྄འི་སྒྲ་ལ་ཏི་ཞེས་པའི་རྐྱེན་སྟེར་ཏེ། ན྄་ ཕྱིས་ཏེ། ཡུ་བ་ཏི། སི་རྣམ་བཅད། ཡུ་བ་ཏིཿ། ཞེས་སོ། །དེ་ལྟར་བཤད་པ་དེ་རྣམས་མིང་གི་ ཕ་རོལ་དུ་སི་སོགས་རྐྱེན་འཇུག་པའི་གནས་སམ་གཞི་རུ་སྒྲུབ་པའི་བྱ་བྱེད་དེ། མོ་རྟགས་སུ་ བསྒྲུབས་ཟིན་པ་གོང་དུ་བཤད་པ་དེ་ཐམས་ཅད་ལ་ཚིག་ཏུ་སྒྲུབ་པའི་ཕྱིར། སི་སོགས་སྟེར་ དགོས་པ་ལས། རེ་ཞིག་དཔེར་ན་སི་སྦྱིན་པའི་དབང་དུ་བྱས་ན་ཨཱཔ྄འི་མཐའ་ལ། ཨཱཔ྄་ཀྱི་ སི་དབྱི་བ་དང༌། ཨཱིཔ྄་མཐའ་ལ་ཡང་ཧ་ས་དང་ཨཱིཔ྄་ལ་སི་དབྱི། ཨ་ནཱིཔ྄་ཡང༌། ཨཱིཔ྄་ཏུ་ གཏོགས། གཞན་ཨཱུ་དང་ཏི་ལ་སི་རྣམ་བཅད་དོ། །ཨཱཔ྄་མཐའ་ཀུན་ལ་གངྒཱ་དང་འདྲ། ཨཱིཔ྄་ མཐའ་ཀུན་ལ་ན་དཱི་དང་འདྲ། ཨཱུཔ྄་མཐའ་ཀུན་ལ་བཱ་དྷཱུ་དང་འདྲའོ། ༈ །མོ་རྟགས་ལ་བྱིངས་ ལས་མིང་དུ་གྲུབ་ཙམ་ན་མོ་རྟགས་སུ་རང་གྲུབ་པ་དང༌། སྔར་མིང་དུ་གྲུབ་ཟིན་པ་གཅིག་སླར་ མོ་རྟགས་སུ་བསྒྱུར་བ་དང༌། མོའི་དོན་ལ་སྐྱེས་པའི་བྱ་བ་སྟེ་གསུམ་མོ། ༈ །དང་པོ་ནི། སྟྲི་ དང་མཱ་ཏྲྀ་ལ་སོགས་པ་ཡིན་ལ། ༈ གཉིས་པ་ལ་ཡང་བསྒྱུར་བ་ཙམ་དང༌། མོ་རྟགས་སྒྲུབ་ བྱེད་ཀྱི་རྐྱེན་བྱིན་པ་གཉིས་སོ། ༈ །དང་པོ་པཏྣི་ལ་སོགས་པ་ཐུང་ངུ་ཕོ་རྟགས་རྣམས་རིང་ པོ་མོ་རྟགས་སུ་བྱས་པ་བློས་བཟུང་བ་ཙམ་མོ། །དེ་བཞིན་པྲ་ཏྱཾ་ཙ། པྲ་ཏཱི་ཙཱི། ཨུ་དཉྩ། ཨུ་དཱི་ ཙཱི། པྲཱག྄། པྲཱ་ཙཱི། ཨ་བཱ་ཙ། ཨ་བཱ་ཙི། ཞེས་པར་བློས་བཟུང་ཞིང་ངག་གི་བསྒྱུར་བ་ཙམ་ཡིན་ གྱི། རྐྱེན་གྱི་བྱེད་པ་ཅན་མ་ཡིན་ནོ། ༈ །གཉིས་པ་རྐྱེན་བྱིན་པས་བསྒྱུར་བ་ལ་གཞུང་འདིར། 19-1-229 ཨཱཔ྄། ཨཱིཔ྄། ཨ་ཎཱིཔ྄། ཨཱུཔ྄་ཏི་ཞེས་པ་སྟེ་རྐྱེན་ལྔ་བཤད། ཨཱཔ྄་ལ་དབྱེ་ན། སྤྱིར་བཏང་ཡུལ་ ངེས་པ་དང་མ་ངེས་པ་གཉིས། དམིགས་གསལ་ཀཱཔ྄་ལ་ཡང་ཀཱཔ྄་སྤྱི་དང༌། དམིགས་གསལ་ གྱི་ཡང་དམིགས་གསལ་གཉིས་ཡོད་དོ། །དཱིཔ྄་དང་ཌཱཔ྄་དང་དཱིཥ྄་དང༌། ཨཱུང྄༌། ཙཱཔ྄། ཏི་ དང༌། ཥྱང྄་སྟེ་བདུན། ཞེས་པ་ལྟར་བུད་མེད་ཀྱི་རྐྱེན་བདུན་གཞུང་གཞན་ལས་བཤད་དོ། ༈། གསུམ་པ་བུད་མེད་ཀྱི་དོན་ལ་སྐྱེས་པའི་བྱ་བ་ནི། དཱ་རའི་སྒྲ་ལ་སོགས་པའོ། ༈ །བུད་མེད་ ཀྱི་རྟགས་ནི་བྱེ་བྲག་པ་ཡིན་པས་གསར་དུ་སྒྲུབ་ཚུལ་རྒྱས་པ་ཡོད། ཕོ་དང་མ་ནིང་གི་རྟགས་ ནི་ཕལ་ཆེར་རང་གྲུབ་པའོ། །དེ་ལྟར་ན། བུད་མེད་ཀྱི་རྐྱེན་གྱིས་མོ་རྟགས་སུ་འགྲོ་ཚུལ་རགས་ པ་ནི་དེ་ཙམ་མོ། །བུད་མེད་ཀྱི་རྐྱེན་འཇུག་ཚུལ་བཤད་ཟིན་ཏོ།། །། ༒ ད་ནི་བྱེད་པ་ཅན་གྱི་ལེའུའི་དོན་ཅུང་ཟད་བཤད་པར་བྱའོ། །དེ་ཡང་བྱེད་པ་ཅན་ དང་བྱེད་པ་ཅན་མ་ཡིན་པའི་དབྱེ་བ་བཤད་པ་ལ། ཚིག་ཉུང་བའི་ཕྱིར་བྱེད་ཅན་གྱི་ལེའུར་ མིང་བཏགས་པ་ཡིན་གྱི། དོན་ལ་ལེའུ་འདིས། རྣམ་དབྱེ་ཐམས་ཅད་ཀྱི་འཇུག་པའི་ཡུལ་རྒྱས་ པར་བཤད་པའོ། །དེ་ཡང་རྣམ་དབྱེ་སྡེ་ཚན་བདུན་ལས། དོན་ཙམ་སྟེ་དངོས་པོའམ་རྫས་གཙོ་ བོར་བརྗོད་པ་ནི་དང་པོ་ཡིན་ལ། དངོས་དོན་དེའི་ཁྱད་པར་དང་འབྲེལ་བའི་ལྡོག་པ་ཉིད་ཐུན་ མོང་མིན་པའི་བརྗོད་བྱར་བྱེད་པ་ནི་ཕྱི་མ་དྲུག་གོ །བྱེད་པོ་བྱ་བ་བྱེད་པ་ལས་བཞིའི་དོན་གཙོ་ བོར་སྟོན་པ་བྱེད་ཅན་དུ་གྲགས་པ་ནི། དང་པོ་སོགས་ལྔ་དང་བདུན་པ་སྟེ། སྡེ་ཚན་དྲུག་པོ་ དེ་ཡིན་ལ། སྡེ་ཚན་དྲུག་པ་ནི་འབྲེལ་བ་གཙོ་བོར་སྟོན་པས་བྱེད་ཅན་དུ་མི་འཇོག་གོ་དེ་དག་ ལས་རྣམ་དབྱེ་དང་པོའི་ཡུལ་བཤད་པ་ནི། ༈ ལིངྒཱརྠེ་པྲ་ཐ་མཱ། རྟགས་ཀྱི་དོན་ལ་དང་པོའོ། །འདིར་རྟགས་དང་མིང་དང་སྒྲ་ཞེས་བྱ་ བ་རགས་པར་ན་དོན་གཅིག་མིང་གི་རྣམ་གྲངས་སུ་བྱའོ། །འགྲེལ་པར་ལུང་དྲངས་པ། ཇི་ སྐད་དུ། རྟགས་ལ་སོགས་པ་ཡང་དང་པོའི་དོན་ནོ། །ཞེས་འབྱུང་སྟེ། སོགས་པ་ནི་བོད་པ་ལ་ 19-1-230 སོགས་པའོ། །རྟགས་ཞེས་པས་ཕོ་རྟགས། མོ་རྟགས། མ་ནིང་གི་རྟགས་གསུམ་ཅར་བསྡུས་ ཏེ། བྱིངས་ལ་ཀྲྀཏ྄་མཐའི་རྐྱེན་བྱིན་པས། བྱིངས་ལས་འགྱུར་ཏེ་མིང་དུ་གྲུབ་ལ། སི་སོགས་ དང་ཏི་སོགས་ཀྱི་རྣམ་དབྱེའི་རྐྱེན་མ་བྱིན་པ་དེ་ལ་རྟགས་ཞེས་བྱ་སྟེ། མིང་དངོས་ཡིན་ལ། མིང་གི་མཐར་སི་སོགས་ཀྱི་རྐྱེན་བྱིན་ཟིན་པ་དང༌། བྱིངས་ཀྱི་མཐར་ཏི་སོགས་ཀྱི་རྣམ་དབྱེའི་ ཆོ་ག་གྲུབ་ཟིན་པ་ནི། ཚིག་ཞེས་བྱ་སྟེ། དེའི་ནང་ན་མིང་ཡོད་ཀྱང༌། མཐར་གཞན་དུ་གྱུར་པ་ སོགས་ཀྱི་ཕྱིར། རྟགས་ཁོ་ན་དང༌། མིང་རྐྱང་བ་དང་མིང་ཙམ་མ་ཡིན་ནོ། །སྐབས་འདིར་མིང་ གི་མཐར་སི་སོགས་བྱིན་པའི་ཆོ་ག་གྲུབ་པ་ན། མིང་ལས་ཡོངས་སུ་གྱུར་ཏེ་ཚིག་ཏུ་གྲུབ་པ་ ཞེས་བྱ་སྟེ། བྱིངས་ལས་མིང་དུ་སྒྲུབས། མིང་ལས་ཚིག་ཏུ་སྒྲུབས་པའོ། །འོག་ཏུ་འཆད་པར་ འགྱུར་བ་ཏི་སོགས་ཀྱི་རྐྱེན་རྣམས་ཀྱིས་ནི། ཕལ་ཆེར་མིང་མ་བརྒྱུད་པར་བྱིངས་ཉིད་ལས་ ཚིག་ཏུ་སྒྲུབ་པར་བྱེད་དོ། །དེ་ལྟར་ན་སྐབས་འདིར་འབྲེལ་བར་རྐྱེན་བོར་བ་ཞེས་པ་ནི། གོང་ དུ་རྣམ་དབྱེ་སྤངས་ཤིང་ཞེས་བཤད་པ་དང་དོན་གཅིག་པས། རྣམ་དབྱེའི་རྐྱེན་ཁོ་ན་མ་བྱིན་པ་ ལ་ཟེར་གྱི། རྐྱེན་ཡིན་ཚད་ལ་འཇོག་པ་མ་ཡིན་ཏེ། རྐྱེན་དུ་མས་མིང་དུ་སྒྲུབ་ཟིན་པའི་ཕྱིར་རོ། ། ༈ དེ་ལྟ་བུའི་མིང་དེ་ལ་ཡང༌། དགོས་པ་ནི་དོན་ཡོད་པ་ཙམ་སྟོན་པའི་ཚིག་ཏུ་སྒྲུབ་པའི་ ཕྱིར། རྣམ་དབྱེ་དང་པོ་འཇུག་སྟེ། ཇི་སྐད་དུ་སྙན་ཚིགས་གི་རིག་བྱེད་ལས། ཏ་ཏྶདྦྲཧྨ་ཞེས་ འབྱུང་བ་བསྒྱུར་ན་ཚངས་པ་དེ་ཡོད་པའོ། །ཞེས་སོ། །དེ་ཞེས་པས་ལྐོག་གྱུར་གོ་དགོས་ལ། ཡོད་པ་ནི་བདེན་པའོ། །བྲཧྨ་ནི་ཚངས་པ་ཞེས་པ་སྟེ། གྲགས་ཤིང་གྲུབ་པའི་སྐྱེས་བུ་དང༌། སེམས་རྒྱུད་ཙམ་གྱི་གང་ཟག་དང༌། ལྷ་ཆེན་ཚངས་པ་རྣམས་ལ་ཅི་རིགས་པར་འཇུག་གོ ། འདིར་ཚངས་པ་ཞེས་པ་བདེན་པ་ཞེས་དང་འབྲེལ་བས། སེམས་ཙམ་གྱི་སྐྱེས་བུ་སྟེ་བདག་ ལ་ཟེར་གྱི། ལྷ་ཚངས་པ་ཉིད་ལ་ཟེར་བ་མ་ཡིན་ལ། གཞན་ཡང་འདི་འདྲ་གནས་སྐབས་མང་ 19-1-231 པོར་གོ་དགོས་སོ། །གྲགས་ཤིང་གྲུབ་པའི་སྐྱེས་བུ་ལྷ་མི་ནི། ངན་པར་གྲགས་པ་དང་གྲུབ་ པ་ལ་མི་ཟེར་གྱི། སྤྱོད་པ་བཟང་པོའམ། བདེ་བར་ཀུན་ལ་གྲངས་ཤིང་དངོས་སུ་དེ་འདྲ་ཡིན་ པའི་གང་ཟག་ལ་ཟེར་རོ། །བོད་སྟོན་མཁས་རློམ་གྲུབ་མཐའི་བཤད་པ་བྱེད་པ་རྣམས་ཀྱིས། གྲགས་ཤིང་གྲུབ་པ་ལ་ཚངས་པ་དང༌། སྐྱེས་བུ་ཙམ་གྱི་ཚངས་པ་དང༌། མེས་པོ་ལྷ་ཚངས་ པའི་དབྱེ་བ་མ་ཕྱེད་པར་ཅལ་ཅོལ་སྨྲ་བར་བྱེད་དོ། །དཔེར་ན། བུ་གཅིག་ཚངས་པ་མཆོག་ ཏུ་བདེན། ཞེས་པའི་ཚངས་པའང་སྐྱེས་བུ་སེམས་ལ་ཟེར། ཚངས་པ་གདོང་བཞི་པ་ཡེ་མིན་ ནོ། །དོན་ཡོད་པ་ཙམ་ཞེས་པ་ནི། དངོས་པོ་དེའི་དོན་གྱི་ངོ་བོ་ཙམ་སྟོན་གྱི། ཙམ་ཞེས་པས་ ལྡོག་པའམ་ཁྱད་པར་མི་སྟོན་པའི་དོན་ཡིན་ཏེ། ལྷ་ཞེས་སྤྱི་མིང་ནས་བརྗོད་པའམ། བརྒྱ་ བྱིན་ཞེས་དགོས་ཀྱི་མིང་ནས་བརྗོད་ཀྱང་རུང་ཁྱད་མེད་དེ་ངོ་བོ་ཙམ་ཞིག་སྟོན་ནོ། །དངོས་ པོ་ཐམས་ཅད་ཀྱི་མིང་ལ་དེས་རིགས་འགྲེ། ལྡོག་པ་མི་བརྗོད་ཅེས་པ་ཡང༌། ལྡོག་པའི་ཁྱད་ པར་གཏན་ནས་མི་བརྗོད་པ་ནི་མ་ཡིན་ཏེ། རྣམ་དབྱེ་དང་པོ་ལ་ཡང་ལྷ་དག་ལྷ་རྣམས་ཞེས་ གཉིས་དང་མང་པོ་བརྗོད་པ་ཡང༌། ལྷའི་ལྡོག་པའི་ཁྱད་པར་བརྗོད་པ་ཡིན་ནོ། །དེ་བཞིན་དུ། ། བ་ལང་དཀར་པོ་ལ་སོགས་པའི་ཁྱད་པར་བརྗོད་པ་ལ་ཡང་རྣམ་དབྱེ་དང་པོ་ཉིད་འཇུག་སྟེ། ལས་དང་བྱ་བྱེད་དང་འབྲེལ་བའི་ལྡོག་པའི་ཁྱད་པར་མི་བརྗོད་པ་ལ་འདིར་ལྡོག་པ་མི་བརྗོད་ ཅེས་པའོ། །དེས་ན་ལས་སུ་བྱ་བ་ལ་སོགས་པ་བྱེད་ཚིག་རྣམས་ནི་ཁྱད་པར་ཅན་གྱི་ལྡོག་པ་ བརྗོད་པ་སྟེ། འཇིམ་པ་ལ་སྐུ་གཟུགས་བཞེངས་ཞེས་བརྗོད་ན། སྐུ་གཟུགས་ཉིད་འཇིམ་པ་ ལས་རྫས་གཞན་དུ་ནི་མེད་ལ། གཉིས་པོ་རྣམ་པ་ཐམས་ཅད་དུ་གཅིག་ན་ནི་འཇིམ་པ་ཉིད་སྐུ་ གཟུགས་སུ་ཐལ་བའི་ཕྱིར། ལས་སུ་བྱ་བའི་ཡུལ་འཇིམ་པ་ལ་འབྲས་བུ་སྐུ་གཟུགས་བྱེད་མི་ དགོས་པར་འགྱུར་ན། སྐུ་གཟུགས་སུ་གྱུར་པ་ནི་འཇིམ་པ་དེའི་ལྡོག་པ་ཡིན་པའི་ཕྱིར། འཇིམ་ པ་ལ་ཞེས་པའི་ཚིག་ཕྲད་ཀྱི་ལ་ཡིག་ནི་ལྡོག་པ་སྐུ་གཟུགས་ལྟ་བུ་དེ་ལ་འཇུག་གི ། ལས་སུ་ 19-1-232 བྱ་བའི་ལྡོག་པ་གང་ཡང་མེད་ན། ལ་ཞེས་པའི་ཚིག་གི་ཕྲད་ལ་དོན་སྟོང་པས། ཕྲད་ཀྱི་སྦྱོར་ བ་དེས་ནི་ལྡོག་པ་ལས་སུ་བྱ་བ་དེ་སྟོན་ནོ། ༈ །དེ་བཞིན་དུ་བྱེད་པ་པོའི་ངོ་བོ་དང་པོའི་ཚིག་ གིས་སྟོན་ཀྱང༌། བྱེད་པོར་མཚོན་པའི་ཚིག་གི་ནུས་པ་བྱ་བའི་ཚིག་དང་བྱེད་པའི་ཚིག་ལ་ཡོད་ པས་བྱེད་པ་པོར་འཇོག་བྱེད། དཔེར་ན་བྱེད་པའི་ཚིག་ལག་པས། མང་པོས། གཉིས་ཀྱིས་ ཞེས་པའི་པས། པོས་ཀྱི་ཞེས་པའི་ཡུལ་ནི་བྱེད་པའི་ལྡོག་པ་ལ་འཇོག་པ་དང༌། ༈ ཆེད་དུ་བྱ་ བ་ཡང༌། ཡུལ་ལས་དང་བྱེད་པ་པོ་འཛོམ་པའི་ལྡོག་པ་ཡིན་པ་དང༌། ༈ དེས་མཚོན་ཏེ་གནས་ གཞིའི་བར་དུ་ཡང༌། བྱེད་ཚིག་རྣམས་ཀྱིས་དངོས་སུ་ལྡོག་པ་ཉིད་བརྗོད་པར་བྱེད་དོ། ། ༈ འདིར་དང་པོའི་དོན་ལ་དཔེར་བརྗོད་ཀྱི་ཚིགས་བཅད་གཞན་གྱིས་བཤད་པ་ནི། ར་ བི་རི་བ་རཱ་ཛ་ཏེ་རཱ་ཛཱ། རོ་ཥཱ་ཏྐུ་མཱ་རཱི་རོ་རཱུ་ཡ་ཏེ། བོ་བྷཱུ་ཛྱ་ཏེ་བྷུ་བཾ་བྷཱུ་པཱ་ལཿ། པྲཱ་གཱ་སྟཾ་རཱ་མ་ ལཀྵྨ་ཎཽ། དེ་བོད་སྐད་དུ། ཉི་མ་འདྲ་བར་རྒྱལ་པོ་གསལ་བར་བྱེད། །གཞོན་ནུ་མ་ནི་ཁྲོས་ལས་ ངུ་བར་བྱེད། །ས་ལ་ལོངས་སྤྱོད་བྱེད་དེ་ས་སྐྱོང་བ། །དགའ་བྱེད་མཚན་ལྡན་དག་ནི་སྔོན་དུས་ བྱུང༌། །ཞེས་ཏེ། རཱ་ཛཱ་ཞེས་པ་རྒྱལ་པོ། རྣམ་དབྱེ་དང་པོ་བྱེད་པ་པོའི་དོན་ཙམ་སྟོན་པའི་དཔེ་ ཡིན། གཅིག་ཚིག་གི་རྐྱེན་སིའོ། །རཱ་ཛན྄་སི། ཨུ་པ་དྷཱ་རིང་པོ། སི་དང་ན྄་དབྱི་བའོ། །རཱ་ཛ་ ཏེ་ཞེས་པ་གསལ་བར་བྱེད་ཅེས་ཏེ་བྱ་བའི་ཚིག་གོ །ཉི་མ་དང་འདྲ་དཔེར་བརྗོད་པ་ཡིན་ཀྱང་ བྱེད་པ་སྟོན་ནོ། །ཉི་མས་མུན་པ་སེལ་དངོས་པོ་གསལ་བར་བྱེད་པ། རྒྱལ་པོས་ཀྱང་ཁྲིམས་ དག་པས་སྐྱེ་བོ་རྣམས་བྱ་བྱེད་ཀྱི་རིམ་པ་གོ་བར་བྱེད་དོ། །ཀུ་མཱ་རཱི་ནི་གཞོན་ནུ་མ་སྟེ་བྱེད་པ་ པོ། བུད་མེད་ལ་སི་ཕྱིས་དང་པོའི་གཅིག་ཚིག་ཡིན། རོ་རཱུ་ཡ་ཏེ་ནི་ངུ་བར་བྱེད་དེ། བྱ་བའི་ ཚིག་གོ །བྷཱུ་པཱ་ལཿ། ས་སྐྱོང་པ་སྟེ་བྱེད་པ་པོ་དང༌། དང་པོའི་གཅིག་ཚིག་སི་རྣམ་བཅད། བྷུ་ བཾ་ཞེས་པ་ས་ལ་སྟེ་གཉིས་པ་ལས་ཀྱི་ཚིག་ཨམ྄་གྱི་རྗེས་སོ། །བོ་བྷཱུ་ཛྱ་ཏེ་ལོངས་སྤྱོད་པར་བྱ་ བ་སྟེ་ཀྲྀ་ཡའི་ཚིག་གོ །ཎཽ་ཞེས་དང་པོའི་གཉིས་ཚིག་ཨཽའི་རྗེས་སོ། །དེ་ནི་རཱ་མ་དགའ་བྱེད། 19-1-233 ལཀྵྨ་ཎ་རཱ་མའི་ནུ་བོ་མཚན་ཉིད་ལྡན་ཏེ། དེ་དག་ལ་དངོས་པོ་དང་ངོ་བོ་དང་བྱེད་པོ་གཉིས་ ཡོད་པས་སོ། །པྲཱ་ག་ཨ་སྟཾ། སྔོན་བྱུང་བ་ཞེས་པ་ཀྲྀ་ཡ་པ་དའོ། །དཔེ་ཁ་གཅིག་ལས། བྷུ་པཱ་ ལཱཿ། ས་སྐྱོང་རྣམས་ཞེས་ཛས྄་ཀྱི་རྗེས་ཡོད་ན། དང་པོའི་མང་ཚིག་དཔེར་བརྗོད་དོ། །ཡང་ སནྟི་སནྟཿཀི་ཡནྟཿལེགས་པར་བྱེད་པ། ལེགས་པ་ཇི་ཙམ་ཞེས་པ་སྟེ། སནྟི་ལེགས་པར་ བྱེད། སནྟཿལེགས་པ་པོ། ཀི་ཡནྟཿཅི་ཙམ་ཞེས་ཏེ། སྤྱོད་ཚུལ་ལེགས་པའི་སྐྱེས་བུ་ལེགས་པོ་ བཟང་པོ་མང་ཉུང་ཇི་ཙམ་ཡོད་ཅེས་པ་ལ། སནྟཿབྱེད་པོའི་ཚིག་དང༌། སནྟི་བྱ་བའི་ཚིག་གོ ། དེ་བཞིན་དུ། ཀུ་མཱ་རཱཿཤེ་ར་ཏེ་སྭཻ་རཾ། རོ་རཱུ་ཡནྟེ་ཙ་ནཱ་ར་ཀཱཿ ཡེ་གཱི་ཡནྟེ་ཙ་གཱི་ཏ་ཛྙཱཿ། མེ་མྲྀ་ ཡནྟེ་རུ་ཛཱ་ཛི་ཏཱཿ དེ་བསྒྱུར་ན། རང་དགར་ཉོལ་ཤིག་གཞོན་ནུ་རྣམས། །དམྱལ་བ་པ་རྣམས་ ངུ་བར་བྱེད། །གླུ་ཤེས་གང་རྣམས་གླུ་ལེན་ཏེ། །ནད་ལས་རྒྱལ་མིན་འཆི་འགྱུར་བདག །ཅེས་ སོ། །ཀུ་མཱ་རཱཿནི་གཞོན་ནུ་རྣམས་ཞེས་བྱེད་པོ་སྟེ། དང་པོའི་མང་ཚིག་ཛས྄། ཤེ་ར་ཏེ་ནི་ཉོལ་ ཤིག ཀྲྀ་ཡ་པ་ད་སྭཻ་རཾ་རང་དགར་ཞེས་པ་སྟེ། བྱེད་པ་བརྗོད་པ་ཡིན་མི་ཟད་པའོ། །ནཱ་ར་ ཀཱཿ། དམྱལ་བ་པ་རྣམས་ཏེ། ཀརྟའི་ཚིག་དང་པོའི་མང་ཚིག་ཛས྄་སོ། །ངུ་བར་བྱེད་ཅེས་པ་ བྱ་བའི་ཚིག་གོ །ཡེ་ཞེས་པ་གང་རྣམས། གཱི་ཏ་ཛྙཱཿགླུ་ཤེས་པ་རྣམས། ཞེས་པ་བྱེད་པོ་དང་པོའི་ མང་ཚིག གླུ་ལེན་པ་ནི་བྱ་བའོ། །རུ་ཛ་ནད། ཨ་ཛི་ཏཱཿ། རྒྱལ་བ་མ་ཡིན་པའོ། །ནད་ཀྱི་སྡུག་ བསྔལ་ནི་རིགས་མང་བས་སམ། ཡང་ཆེན་པོ་ལ་ཡང་མང་ཚིག་འཇུག་པས། ཏཱཿཞེས་ཛས྄་ཀྱི་ རྣམ་འགྱུར་བྱུང་གི ། ནད་པ་མི་མང་པོའི་དོན་མ་ཡིན་ཏེ། བདག་ཅེས་གཅིག་པུར་འཆད་པས་ སོ། །འཆི་འགྱུར་ནི་བྱ་བ་ཡིན། བདག་ཅེས་པ་ལས་ཚིག་གོ །འདི་རྣམས་དང་པོའི་མང་ཚིག་ དཔེར་བརྗོད་པའོ། ། ༈ ཨཱ་མནྡྲ་ཎེ་ཙ། བོད་པ་ལ་ཡང་ངོ༌། །ཨཱ་མནྡྲ་ཞེས་པའི་བོད་པ་ནི། ཕོ་ཉ་བཏང་སྟེ་ འགུགས་པས་འབོད་པ་ལྟ་བུ་དང༌། ལག་བརྡ་ལ་སོགས་པས་མ་ཡིན་ཏེ། ཨ་བྷི་མུ་ཁ་ཞེས་ 19-1-234 པ་མངོན་དུ་ཕྱོགས་པའམ༌། དངོས་སུ་མཐོང་ཐོས་ཀྱི་ཡུལ་སྐད་ཀྱིས་བོད་པའོ། །བོད་པའི་ དོན་ལ་རྣམ་དབྱེ་དང་པོ་ཁོ་ན་སྟེ། །དང་པོའི་ནི་གཅིག་ཚིག་གཉིས་ཚིག མང་ཚིག་ཐམས་ ཅད་འཇུག་ཏུ་རུང་ངོ༌། །གཉིས་པ་ལ་སོགས་པ་གཞན་མི་འཇུག་སྟེ། ལས་སོགས་སྟོན་པའི་ ཚིག་འགའ་བོད་པའི་ཟླ་ལ་བྱུང་སྲིད་ནའང༌། དེ་འདྲ་དང་འདྲེས་པ་ཡིན་གྱི། དེས་བོད་པར་ མི་འགྱུར་ཏེ། རྟ་ལ་ཞོན་པའི་མི་ཞེས་བོས་ན། རྟ་ལ་ཞེས་པ་བདུན་པའི་ཚིག་ཡིན་ཀྱང༌། དེ་ ནི་བོད་པ་མིན་ལ། མི་ཞེས་པ་དེ་ལ་བོད་ཚིག་འཇུག་སྟེ། དེ་ནི་དང་པོ་ཁོ་ནའོ། །རྐང་པས་ འགྲོ་བ་དེ་ཞེས་བོད་པ་ལ། རྐང་པས་ཞེས་གསུམ་པའི་མཐའ་ཅན་བྱུང་ཡང༌། དེ་ཚིག་གཞན་ ཡིན། དེ་ལ་རྐྱེན་གསར་པ་མི་འཇུག་གི ། འགྲོ་བ་དེ་ཞེས་པ་ལ་བོད་ཚིག་འཇུག་མོད། དེ་ནི་ དང་པོ་དོན་ཙམ་སྟོན་པ་ཡིན་གྱི་གཞན་མ་ཡིན་ནོ། །དེ་བཞིན་དུ། དྲུག་སྒྲ་ལ། བྲམ་ཟེའི་བུ་ ཞེས་བརྗོད་ན། བྲམ་ཟེའི་ཞེས་འབྲེལ་བ་བརྗོད་པའི་ཚིག་ཡོད་ཀྱང༌། དེ་ལ་བོད་པའི་དོན་མི་ འཇུག་གི་བུ་ཞེས་པ་ལ་འཇུག་ན། དེ་ནི་དང་པོའི་མཐའ་ཅན་ཁོ་ནའོ། །ནང་སེལ་གསུམ་པོ་ མངོན་སུམ་གྱིས་གྲུབ་སྟེ། ཀྱེ་ལྷས་བྱིན་ཞེས་དང༌། ཀྱེ་ཕ་བུ་དག་ཅེས་དང༌། ཀྱེ་དགེ་འདུན་ རྣམས་ཞེས་བོད་པ་ལྟ་བུའོ། །ཀྱེ་མཆོད་སྦྱིན་མྱུར་དུ་སོང་ཞིག་ཅེས་པ་ལྟ་བུ་མཆོད་སྦྱིན་ཞེས་ པ་ཉིད་བོད་པ་ཡིན་ཏེ། དང་པོའི་མཐའ་ཅན་དང༌། མྱུར་དུ་ནི་ལས། སོང་ཞིག་ནི་བྱེད་པ་ཡིན་ ཀྱང༌། ལས་ལ་སྐུལ་བ་ཡིན་གྱི་བོད་པ་མ་ཡིན་ནོ། །རྒྱང་རིང་པོ་ནས་སྐད་ཆེན་པོས་རྒྱུག་ཅིག་ སོང་ཞིག་སོགས་དང༌། ཕུ་ནས་ཆུ་བྱུང་ངོ་སོགས་ནི། སྐད་གསངས་ཙམ་ཡིན་གྱི་བོད་པ་མ་ ཡིན་ནོ། །བོད་པ་ན། དཔེར་ན། ཀྱེ་ལྷས་བྱོན་ཞེས་འབོད་ཀྱི། ཀྱེ་ལྷ་བྱིན་གྱིས། ཀྱེ་ལྷས་བྱིན་ གྱི་ཕྱིར་དུ། ཞེས་སོགས་འབོད་པ་མི་འབྱུང་སྟེ། དེ་སྐད་བྱས་ཀྱང་དོན་གཞན་ལ་སྦྱོར་བ་ཡིན་ གྱི། སྐྱེས་བུ་དེ་ལ་བོད་པར་མི་འགྱུར་བའི་ཕྱིར་རོ། །ཀྱཻ་བུམ་པ་ཁྱེར་ཤོག་ཅེས་པ་ལྟ་བུ། ཀྱཻ་ ཞེས་པ་ཁོ་ན་བོད་པ་ཡིན། བུམ་པ་ཁྱེར་ཤོག་ཅེས་པ་ལས་ལ་སྐུལ་བ་ཙམ་ཡིན་ཀྱང༌། མིང་ 19-1-235 མེད་པ་རྣམ་དབྱེའི་གཞི་སྟོང་སྙམ་ན་འདི་འདྲ་རིགས་ལ་མིང་དངོས་སུ་མེད་ཀྱང་ཁོང་ན་ཡོད་ དེ། དང་པོ་མིང་ཡོད་པ་ཚིག་ཕྲད་ཕྱིས་པའོ། །མངོན་དུ་ཕྱོགས་པ་ཞེས་མངོན་གྱུར་དུ་བཤད་ པ་ལ། གཉིས་ཀ་ཕན་ཚུན་མངོན་དུ་གྱུར་པ་ཡང་ཡོད། བོད་པ་པོས་མ་མཐོང་ལ། འབོད་རྒྱུའི་ ཡུལ་གྱིས་མཐོང་བ་ལ་ཡང་ཡོད་ཀྱི། ཡུལ་དེས་འབོད་པ་པོ་དང་བོས་པའི་སྒྲ་མི་རིག་ན། ཨཱ་ མནྡྲའི་དོན་གྱི་བོད་པ་མ་ཡིན་ཏེ། བོད་པ་པོ་ལ་དེ་མངོན་དུ་གྱུར་ཀྱང༌། དེ་ལ་བོད་པ་པོའམ་ སྐད་མངོན་དུ་མ་གྱུར་ན། ཁུ་སྟོང་དང་འདྲ་བར་འགྱུར་བས་སོ། །དཔེར་བརྗོད་ནི། མཱཾ་ས་ མུདྡྷར་གོ་བིནྡ་པྲ་སཱི་ད་པ་ར་མེ་ཤྭ་ར། ཀུ་མཱ་རཽ་སྭཻ་ར་མཱ་སཱ་ཐཱཾ་ཀྵ་མདྷྭཾ་བྷོ་ཏ་བ་སྭི་ནཿ། དེ་བསྒྱུར་ ན། བདག་ལ་རྗེས་སུ་བཟུང་ཤིག་གོ་བིནྡ། །རབ་ཏུ་བསིལ་བ་སྩོལ་ཤིག་དབང་ཕྱུག་མཆོག ། རང་འདོད་བཞིན་དུ་འདུག་ཅིག་གཞོན་ནུ་དག །བཟོད་པར་མཛོད་ཅིག་དཀའ་ཐུབ་ཅན་ རྣམས་ཀྱཻ། །ཞེས་པ་སྟེ། མཱཾ་བདག་ལ་ཞེས་པ་ལས། ས་མུདྡྷ་ར་རྗེས་སུ་བཟུང་ཤིག་བྱ་བ། གོ་ བིནྡ་ནི་བ་ལང་སྲུངས་སྟེ་ལྷ་ཁྱབ་འཇུག་ཡིན་ལ། བོད་སི་ཕྱིས་པའོ། །དེས་རིགས་འགྲེ་སྟེ། པ་ ར་མ་ཤྭ་ར། མཆོག་གི་དབང་ཕྱུག་སྟེ་འཇིག་རྟེན་བྱེད་པོའི་མིང་ཡིན༌། བོད་སི་ཕྱིས་པ་སྟེ་དང་ པོའི་གཅིག་ཚིག་གི་དཔེ་དང༌། ཀུ་མཱ་རཽ་གཞོན་ནུ་དག་སྟེ། དང་པོའི་གཉིས་ཚིག་ཨཽ་བྱིན་པའི་ རྗེས་དང༌། ཏ་པ་སྭི་ནཿ། དཀའ་ཐུབ་ཅན་རྣམས་ཏེ། དང་པོའི་མང་ཚིག་ཛས྄་བྱིན་པའི་རྣམ་ འགྱུར་རོ། ། ༈ བྷོ་སཿ། བྷོས྄་རྣམས་སོ། །འདི་ཁ་སྐོང་གི་མདོ་ཡིན་ཟེར། བོད་པའི་ནང་སེལ་ཡིན་ ཏེ་དཔེར་བརྗོད་ཙམ་མོ། །བྷོས྄་ལ་སོགས་པ་རྣམས་ནི། བྷོས྄་བྷ་གོས྄་ཨ་གྷོས྄་གསུམ་མོ། ། འདི་དག་ནི་ཚིག་ཕྲད་ཀྱི་བྱ་བ་དང་འབྲེལ་ལོ། །ཀྵ་མ་སྭ་བྷོ་དུ་རཱ་རཱ་དྷྱ། བྷ་གོ་སྟུ་བྷྱཱཾ་ན་མསྟུ་ཏེ། ཨ་དྷཱིཥྭ་བྷོ་མ་ཧཱ་པྲཱཛྙཱ། གྷཱ་ཏ་ཡཱ་གྷོསྭ་གྷསྨ་རཾ། དེ་བསྒྱུར་ན། བཟོད་པར་མཛོད་ཅིག་དཀའ་བས་ སྐྱོབ་པ་ཀྱཻ། །སྐལ་ལྡན་ཁྱོད་ལ་ཕྱག་འཚལ་ལོ་བསྟོད་པར་བགྱི། །བཤད་པར་མཛོད་ཅིག་ 19-1-236 ཤེས་རབ་ཆེན་པོ་ཀྱཻ། །བདག་གི་སྡིག་པ་ཆོམས་ཤིག་སྡིག་མེད་ཀྱཻ། །ཀྵམ་སྭ་བྱ་བའོ། །བྷོས྄་ ལ་སི་སི་དང་ས྄་ཡལ། བྷོ་ནི་བོད་པ་ཉིད་དོ། །དུར྄་ཨ་རཱ་དྷྱ་ནི་བྱེད་པོའོ། །ཧེ་བྷ་གོས྄་དོན་ལ་ ཡོད་ས྄་ཡལ། །བོད་པའོ། །ཧེ་ཨ་གྷོས྄། དོན་ལ་ཡོད། ཨ་གྷོས྄་སི་དང༌། ས྄་ཡལ། གྷ་ཏ་ཡའི་ ཡ་ལ་ཨ་སྦྱར་རིང་པོར་སོང་པའོ། །བདག་གི་ནི་ལས་སོ་སྡིག་ཆོམས་བྱ་བའོ། ། ༈ ཤེ་ཥཱཿཀཪྻེ་ཀརྟྲམ་སཱདྷ་ན་ཡོརྡཱ་ན་ཨཱ་ཏྲེ་བི་ཤླེཥཱ་བདྷཽ་སཾ་བནྡྷཱ་དྷཱ་ར་བྷ་བ་ཡོ། ལྷག་མ་བྱ་བ་ དང་བྱེད་པ་པོས་སྒྲུབ་པའི་ཐབས་དང༌། སྦྱིན་པའི་སྣོད་དང༌། བྱེ་ཞིང་ལྷུང་པ་དང༌། འབྲེལ་བ་ དང་རྟེན་དུ་གྱུར་པ་དག་ལའོ། །དེ་ལྟར་རྣམ་དབྱེ་བདུན་ལས་དང་པོ་སོང་ནས། ལྷག་མ་རྣམ་ དབྱེ་གཉིས་པ་སོགས་ནི། ལྡོག་པའི་ཁྱད་པར་སྟོན་ཏེ། ༈ ལས་ཏེ་བྱ་བའི་ལས་ཀ་སྟོན་པའི་ དོན་ལ་རྣམ་དབྱེ་གཉིས་པའོ། ༈ །བྱེད་པའི་དོན་སྟོན་པ་ལ་གསུམ་པ་སྟེ། བྱེད་པོས་ལས་དེ་ སྒྲུབ་པའི་ཐབས་ནི་བྱེད་པའོ། ༈ སྦྱིན་པའི་ཡུལ་སྦྱིན་པའི་སྣོད་ལ་སྦྱིན་པ་སྟེ། དེའི་ཕྱིར་དུ་ བྱིན་པའི་དོན་ལ་བཞི་པའོ། །འདི་ནི་ཆེད་དུ་ཀུན་ལ་ཡིན་ཀྱང༌། གཙོ་བོར་ཡུལ་མཆོག་ལ་ ལེགས་པར་བྱིན་པ་ལྟ་བུ་སྟེ་མཚན་གཞི་བཟུང་བའོ། ༈ །ཕྱེ་བ་དང་ལྷུང་བའི་དོན་ལ་ལྔ་པ་ སྟེ། དེ་ལས་དེ་འབྱུང་བའི་མཚམས་སྦྱོར་བ་འབྱུང་ས་དང་ཁུངས་ལས་བྱུང་བའི་དོན་ལ་འཇུག་ པ་སྨོས་མི་དགོས་པར་བྱས་ནས། དེ་ལས་དེ་ཕྱེ་བ་དང༌། དེ་ལས་དེ་ལྷུང་བ་ལ་ཡང་ལྔ་པའི་ རྣམ་དབྱེ་དགོས་ཞེས་དོགས་གཅོད་ཞར་ལ་བསྟན་པའོ། ༈ །འབྲེལ་པའི་དོན་ལ་རྣམ་དབྱེ་ དྲུག་པ་འབྱུང་སྟེ། གཞི་མཐུན་བསྡུ་བ་ནི་བདག་གཅིག་པའི་འབྲེལ་པར་འགྱུར་ལ། བདག་ པོའི་སྒྲ་ནི། བདག་པོ་དང་ཡུལ་གྱི་འབྲེལ་བའོ། ༈ །དེ་ལ་དེ་གནས་ཤེས་སོགས་རྟེན་གྱི་དོན་ ལ་རྣམ་དབྱེ་བདུན་པ་འཇུག་སྟེ། གྱུར་པ་ཞེས་པ་ནི་བྱ་བར་གྱུར་པ་ནས་རྟེན་དུ་གྱུར་བའི་བར་ ཏེ། དེ་དང་དེའི་དོན་དུ་འགྱུར་བ་དག་ལ་ཞེས་པ་སྟེ། དེ་དེའི་དོན་དུ་འགྱུར་ཞིང་སྒྲུབ་པ་ལ། ལྷག་མ་གཉིས་པ་ལ་སོགས་པ་རྣམས་དགོས་སོ་ཞེས་པའི་དོན་ནོ། ༈ །དེ་དག་ལས་བྱེ་ཅན་ 19-1-237 དྲུག་ནི། ཇི་སྐད་དུ། ཀརྟཱ་ཀརྨ་ཙ་ཀ་ར་ཎཾ་སཾ་པྲ་དཱ་ནཾ་ཏ་ཐཻ་བ་ཙ། ཨ་པཱ་དཱ་ནཱ་དྷི་ཀ་ར་ཎ་མིཏྱཱ་ ཧུཿཀཱ་ར་ཀཱ་ནི་ཥཊ྄། དེ་བོད་སྐད་ལ། བྱེད་པོ་ལས་དང་བྱེད་པ་དང༌། །ཡང་དག་རབ་སྦྱིན་དེ་ བཞིན་འདི། །ངེས་པར་སྦྱིན་དང་ལྷག་པར་བྱེད། །བྱེད་ཅན་དྲུག་པོ་འདིར་བཤད་དོ། །ཞེས་ པའོ། །རྣམ་དབྱེ་བདུན་ལས། སྐབས་འདིར་དྲུག་པ་ནི། དེ་དང་དེའི་འབྲེལ་བ་ཙམ་སྟོན་གྱི། བྱེད་ལས་ཀྱི་མཚན་ཉིད་གཙོ་བོར་མི་སྟོན་པས་བྱེད་ཅན་ལ་མི་བགྲོང་སྟེ། ལྷག་མ་རྣམ་དབྱེ་ དྲུག་གོ ༈ །དེ་ན་བྱེད་པོ་ངོ་བོའི་དོན་ལ་རྣམ་དབྱེ་དང་པོ་དང༌། ༈ ལས་ཀྱི་དོན་ལ་གཉིས་ པ་དང༌། ༈ བྱེད་པའི་དོན་ལ་གསུམ་པ་དང༌། ༈ ཡང་དག་རབ་ཏུ་སྦྱིན་པ་དེའི་ཆེད་དུ་དོན་ ཡོད་ངེས་དང་འགྲུབ་དངོས་ཤེས་པ་བྱེད་པ་ལ་བཞི་པ་དང༌། ༈ ངེས་པར་ཀུན་སྦྱིན་པ་སྟེ་དེ་ ལས་དེ་སྔར་བྱུང་བའམ། འབྱུང་བཞིན་པའམ། ད་དུང་འབྱུང་ངེས་པའི་དོན་ལ་ལྔ་པ་དང༌། ༈ ལྷག་པར་བྱེད་པ་སྟེ། ཆོས་དེ་ལ་བྱ་བ་བྱེད་པའི་རྩ་བའི་གཞིར་གྱུར་པའི་དོན་ལ་རྣམ་དབྱེ་ བདུན་པ་རྣམས་འཇུག་གོ ༈ །དེ་རྣམས་དོན་དང་ལྡན་པ་ཡིན་ལ། སངས་རྒྱས་ལ་བཀྲོང་ བའི་ཐབས་བྱེད། ལག་པས་ཉི་མ་འཛིན། མོ་གཤམ་བུའི་ཆེད་དུ་ཁང་པ་བྱེད། མེ་ཐབ་འབར་ བཞིན་པ་ལས་མྱུ་གུ་སྐྱེ། དགྲ་བཅོམ་པའི་སེམས་ལ་ཉོན་མོངས་ཡོད་ཅེས་སོགས། དོན་ལ་ མི་སྲིད་པས་བྱ་བྱེད་མེད་པ་དང༌། དེ་ལས་གཞན་ཡང་སྤྱིར་བྱ་བྱེད་སྲིད་ཀྱང་སྐབས་དེར་མི་ འགྲུབ་པ་དང་འགྲུབ་ཀྱང་ཆེས་དམན་པ་སོགས་ནི་བྱེད་ཅན་མཚན་ཉིད་པ་མིན་ཀྱང༌། བྱེད་ ཚིག་ཏུ་སྒྲུབ་བྱེད་རྣམས་འཇུག་གོ །གཞན་གྱི་ཚིག་སྐྱོར་བ་དང༌། ཆོས་དངོས་པོ་དངོས་མེད་ དེ་དང་དེ་གཏན་ལ་འབེབས་པའི་དོན་ལ་དེ་དག་བྱེད་ཅན་དངོས་སུའང་འགྱུར་ཏེ། དཔེར་ན། དབང་ཕྱུག་གི་འདོད་པ་ཁོ་ནས་སྲིད་གསུམ་བྱས་སོ་ཟེར་བ་ནི། ཁོ་ནས་ཞེས་པ་བྱེད་པའི་ཚིག་ ལྟར་སྣང་དུ་སོང་བས་བྱེད་ཅན་དངོས་མ་ཡིན་ཏེ་བྱེད་པ་དེ་འདྲ་མི་སྲིད་པའི་ཕྱིར་རོ། །དབང་ ཕྱུག་གི་འདོད་པ་ཁོ་ནས་སྲིད་གསུམ་བྱས་སོ་ཞེས་རྒོལ་བ་འདི་ཟེར་རོ་བྱས་ན། ཁོ་ནས་ཞེས་ 19-1-238 པ། བྱེད་ཅན་དངོས་ཡིན་ཏེ། བྱེད་པ་དེ་འདྲ་ཡོད་པར་འདོད་ཟེར་བར་སོང་བའི་ཕྱིར། ཁོ་ ནས་ཞེས་པ། འདོད་ཡུལ་དེ་ཡོད་ཟེར་བར་མ་སོང༌། ཁོའི་འདོད་པ་ལ་ཁོ་ནས་འདོད་ཞེས་ པར་སོང་བའི་ཕྱིར། འདོད་པ་དེ་འདྲ་ནི་དངོས་སུ་སྲིད་པས་སོ། །དབང་ཕྱུག་གི་འདོད་པ་ཁོ་ ནས་སྲིད་གསུམ་བྱེད་ནུས་སམ་མི་ནུས་ཞེས་དཔྱོད་པའི་དུས་ཀྱི་ཁོ་ནས་ཞེས་པ་ནི་གཏན་ལ་ ཕེབས་ན། མི་ནུས་པ་ལ་འཇུག་པར་འགྱུར་བས། སྲིད་གསུམ་བྱེད་མི་ནུས་པའི་འདོད་པ་ ཙམ་དངོས་སུ་ཡོད་པས་བྱེད་ཅན་དངོས་ཏེ། དེར་བྱེད་ནུས་སམ་ཞེས་འབྱུང་བ་ནི། བྱེད་མི་ ནུས་པར་ཤེས་པའི་དོན་ལ་གོལ་ས་གཅོད་བྱེད་ཀྱི་ཚིག་ཡིན་གྱི། དེ་འདྲ་ནུས་པར་སྟོན་པ་མ་ ཡིན་པས་ནུས་པར་འདོད་པ་ལ་གནོད་བྱེད་ཁོང་ནས་འདོན་ཡིན་པས་སོ། །དེ་ཡང་འདི་དག་ ཐ་སྙད་ཀྱི་བསྙན་བཅོས་ཡིན་པའི་ཕྱིར། རང་རང་གི་གྲུབ་མཐའ་དང༌། འཇིག་རྟེན་གྲགས་པ་ དང་བསྟུན་པའང་ཡིན་མོད། དོན་ལ་གནས་པ་དང་རང་སྡེའི་གྲུབ་མཐའི་དབང་དུ་བྱས་ནས་ གོང་དུ་བཤད་པ་ལྟར་རོ། །གཞན་སྡེ་རང་རང་སོ་སོའི་བློ་ངོ་ནའང་། རང་རང་གི་བློའི་ནུས་པ་ མཐར་ཐུག་པ་ན། བློ་དེའི་ཡུལ་དུ་ཡོད་མེད་བཟང་ངན་གྱི་དབྱེ་བས། དེ་དང་དེའི་ལུགས་ལ་ བྱེད་ཅན་སྐྱོན་མེད་དུ་འགྱུར་རམ་མི་འགྱུར། ཡང་དག་ལྟར་སྣང་གི་དབྱེ་བ་དཔྱད་པར་བྱའོ། ༈ །སམྤནྡྷཱ་ནི་འབྲེལ་བ། ༈ ཨཱདྷར་གཞིའམ་རྟེན་ལ་འཇུག ༈ ཨཱདྷ་ར་དང༌། ཨ་དྷི་ཀ་ར་ བདུན་པ་གནས་གཞིའི་དོན་ལ་གཅིག སཾ་པྲ་དཱ་ན། འགྱུར་བྱེད་སྔ་མ་རྣམས་ཀྱིས། ཡང་དག་ པར་རབ་ཏུ་སྦྱིན་པར་བསྒྱུར་བ་ལྟར་སོར་བཞག་པ་ཡིན། སཾ་ཡང་དག པྲ་རབ་ཏུ། དཱ་ན་སྦྱིན་ པ་ཞེས་པའི་དབང་དུ་བྱས་ཤིང༌། སྦྱིན་པའི་སྣོད་ལའང་གཞུང་འདི་དང་གཞན་དུའང་བཤད་ པ། སྣོད་ནི་ཡུལ་ཏེ། སྦྱིན་ཡུལ་བཟང་པོ་ཡོན་གནས་ལ་འཆད་པ་གཅིག་ཀྱང་འདུག་མོད་ ཀྱི། མཚན་གཞི་བཟུང་པའམ་གཙོ་བོ་བརྗོད་པ་ཡིན་ནོ། །དེ་ལྟ་ན་ཡང་གཙོ་བོར་འདི་ལྟར་ གོ་དགོས་ཏེ། མགོ་ལ་དབྱུག་པ་བྱིན་ཞེས་པ་བརྡེག་པའི་དོན་དང༌། དངུལ་ཆུ་ལ་མུ་སི་ཕྱེ་མ་ 19-1-239 སྦྱིན་ཞེས་པ་བཏབ་པའི་དོན་དང༌། སྡུག་བསྔལ་སྦྱིན། བདེ་བ་སྦྱིན་ཞེས་སོགས་དེ་འདྲ་འབྱུང་ བར་བྱས་པའི་དོན་ཏེ། མདོར་ན་སཾ་པྲ་གཉིས་འཛོམ་དེ་སྒྲ་འོག་མ་དང་འབྲེལ་བས། སཾ་པྲ་ནི་ དོན་དུ་གཉེར་བྱའི་ཡུལ་ཡིན་ལ། དེའི་ཕྱིར་དུ་རྩོལ་བ་ཕར་བྱེད་པ་ནི་སྦྱིན་པའི་དོན་དུ་ཤེས་ པར་བྱའོ། །ཨ་པཱ་དཱ་ན། ཞེས་པ་ཡང་སྔར་གཞན་གྱིས་ངེས་པར་ཀུན་སྦྱིན་བར་བསྒྱུར་བ་ལ་ འདིར་མ་བཅོས་སོ། །དེ་ཡང་ཨ་པ་དེས་པ་ཨཱ་ཀུ་ན་དཱ་ན་སྦྱིན་པར་བསམས་པའོ། །ཨ་པ་དང་ ཨཱང྄་འདུས་པ་ཚིག་འོག་མ་དང་ཕྲད་པས་མ་ནོར་བ་ཡིན་ངེས་ཀྱི་དོན་ཡིན། དཱ་ན་ནི། གཞན་ གོང་དང་འདྲ་བ་ལས་ཁྱད་པར་ནི་ཡུལ་དེས་ཚུར་ལ་རྩོལ་བ་སྟེ། བས་འོ་མ་སྦྱིན་བྱུང༌། ཆར་ དྲག་བྱིན་བྱུང་སོགས། དེ་དང་དེས་ཁོ་རང་ལས་གཞན་ལ་རྩོལ་པའི་ཚེ། ཡུལ་ཁོ་རང་ལ་ལྟོས་ ས་མི་བྱེད་པར། རྩོལ་ཡུལ་དེ་ལ་ལྟོས་ས་བྱས་ཙ་ན། ཚུར་སྤྱིན་པའོ། ༈ །ཨ་དྷི་ཀ་ར་ཎ་ལྷག་ པར་བྱེད་ཅེས་ཏེ། དཔེར། ལྗོན་ཤིང་ལ་ཆུ་ལ་སོགས་པས་ཀྱང་བྱ་བ་བྱེད་མོད། དང་པོར་ས་ གཞི་མེད་ན་ཆུ་ལ་སོགས་པ་བྱ་བའི་གཞི་སྟོང་ལ། ས་གཞི་རྟེན་དུ་ཡོད་ན་ད་ལྟ་ཆུ་མེད་ཀྱང༌། སླད་ནས་ཆུ་ཡང་འདྲེན་དུ་རུང༌། བྱ་བ་གཞན་ཐམས་ཅད་བྱེད་རུང་ཡོད་པས། ས་གཞིས་ཕན་ འདོགས་བྱེད་པ་ཙམ་གཞན་གྱི་མི་བྱེད་པས། ས་གཞི་ནི་ལྗོན་པ་ལ་ལྷག་པར་བྱེད་པ་ཞེས་ བྱའོ། ། ༈ སྨྲས་པ། ཕྲ་མོའི་དོན་ལ་ཞིབ་མོར་རྣམ་དཔྱོད་པའི། །བློ་ཡི་འཇུག་ཚུལ་འདི་རིགས་ ཟད་པ་མེད། །ལྐོག་སུབ་བྱིན་ནས་ཁེངས་གྲགས་སྒྲུབ་བྱེད་པའི། །གླེན་པ་གག་གོག་རྣམས་ དང་འདྲ་རེ་རྐན། །མི་ཆེན་ཕལ་ཆེར་ནོར་དང་བུད་མེད་དང༌། །ཁ་སྦྱང་རྫུན་ཟོག་ཁོ་ནས་ མགོ་བོ་འཁོར། །སྐྱེ་བོ་ཕལ་ཆེར་རྨོངས་ཤིང་ཕྱོགས་རིས་ཆེ། །དྲང་པོའི་རང་བཞིན་ཤེས་ལྔན་ དེང་སང་སུ། །ལེགས་བཤད་གཏམ་གྱི་དགའ་སྟོན་བཀྱེ་ན་ཡང༌། །ལེགས་ཉེས་ཤེས་པའི་བློ་ ལྡན་མི་འདུག་པས། །དགོས་པ་མེད་སྙམ་ཕལ་ཆེར་ཁ་རོག་བསྡད། །ཟེགས་མ་འདིས་ཀྱང་ 19-1-240 རྣམ་དཔྱོད་མདངས་འོད་མཚོན། །དེང་སང་འཇིག་རྟེན་གཏི་མུག་མུན་པས་ཁྱབ། །རྒྱ་ལམ་ འགའ་ན་དཔྱོད་ལྡན་ཡོད་སྲིད་ཀྱང༌། །མཁས་རྨོངས་ཐམས་ཅད་ཆགས་སྡང་གཡོ་སྒྱུས་ཁྱེར། ། བཟང་མདོག་བྱས་ཀྱང་ཀླ་ཀློའི་རྒྱལ་ཁམས་ཡིན། །བླ་མ་སྡིག་ཅན་གྲྭ་པ་སྡིག་ཅན་དང༌། ཡོན་བདག་སྡིག་ཅན་འཁོར་གཡོག་སྡིག་པོ་ཆེ། །ཐམས་ཅད་ཕྱུགས་དང་བོང་བུའི་བརྟུལ་ ཤུགས་འཛིན། །དེ་འདྲས་ལེགས་བཤད་གོ་བ་ག་ལ་སྲིད། །དེ་དག་ཉོ་ཚོང་ཞིང་ལས་དམག་ སོགས་ཀྱིས། །བཟའ་བསྒོ་བུ་སྨད་གསོ་བར་བྱེད་རིགས་ཀྱི། །མི་ཤེས་མཁས་འདོད་མཁས་ ལ་འགྲན་འདོད་དེ། །བཅོལ་གཏོགས་མེད་པས་ཅི་དགར་ཉལ་ན་ལེགས། ༈ ད་ནི་དཀྱུས་ལ་འཇུག་སྟེ། དེ་ལྟར་རྣམ་དབྱེ་གཉིས་པ་ལ་སོགས་པ་དྲུག་ལས། གཉིས་ པ་ལས་སུ་བྱ་བའི་དོན་ལ་རྣམ་དབྱེ་གཉིས་པ་སྟེར་བའི་དབང་དུ་བྱས་སོ། །དེ་ཡང་རྒྱ་སྐད་དུ། ཀྲི་ཡ་བོད་སྐད་བྱ་བ་ཞེས་སོ། །ཀརྟཱ་ནི་བྱེད་པ་པོའོ། །ཀརྨ་ནི་ལས་སོ། །ཀཱ་ར་ཎ་ནི་བྱེད་པའོ། ། ཀརྟཱ་རི་ཞེས་པའང་ཕལ་ཆེར་བྱེད་པ་པོ་ཡིན། ཀཱ་ར་ཀཱ་ནི་བྱེད་ཅན་ཏེ། བྱེད་པ་པོ་གང་ལ་ བྱེད་པ་ཡོད་པའི་མིང་ངོ༌། །ཀཱཪྻ་བྱ་བ་ཙམ་ལ་ཡང་སྐབས་འགར་འཇུག་མོད། ཕལ་ཆེར་བྱ་ ལས་ཏེ། ལས་ཀ་བྱེད་རྒྱུ་ཞེས་ཟེར་བ་དེ་ཡིན། ལས་དང་བྱ་བ་དང་བྱེད་པ་གསུམ་ཀའི་དོན་ འདྲེས་པའོ། ༈ །འདིར་གཉིས་པ་ལས་སུ་བྱ་བ་ཞེས་པ་ཡང༌། ཀཱརྨ་སྟེ་བྱ་ལས་སོ། །ཡང་ཤིང་ ནི་ལས་སོ། །གཅོད་པ་ནི་བྱ་བའོ། །ཤིང་མཁན་ནི་བྱེད་པ་པོའོ། །སྟ་རེས་བརྡེག་པ་ནི། བྱ་ སོགས་བཞིའི་དབང་དུ་བྱས་ན། ཀཱ་ར་ཎ་སྟེ་བྱེད་པ་ཡིན། བྱ་བྱེད་ལས་གསུམ་དུ་བསྡུ་ན་བྱེད་ པོར་འདུ་བས། བྱེད་པ་པོ་གཙོ་ཕལ་གཉིས་ཀྱི་གཙོ་བོ་ནི་ཤིང་མཁན་དང༌། ཕལ་བ་ནི་སྟ་ རེའོ། སྟ།་རེས་གཅོད་པ་ན་སྟ་རེ་ནི་རང་དབང་མ་ཡིན་ཏེ་ཤིང་མཁན་ལ་ལྟོས་པ་དང༌། ཤིང་ མཁན་ནི་སྟ་རེ་དེ་ལ་མི་ལྟོས་ཏེ། རང་དབང་ཅན་གྱི་བྱེད་པོ་ཡིན་པས་སོ། །དེ་ནས་ཤིང་ལ་ གཉིས་པའི་རྣམ་དབྱེ་བྱུང་བ་ན། ལས་ཤིང་ཁོ་རང་དང༌། བྱ་བ་གཅོད་པ་ལྟ་བུ་གང་ཡང་རུང་ 19-1-241 བ་གསལ་བར་སྟོན་ཅིང་ཇི་ལྟར་བྱ་བའི་ཚུལ་བྱེད་པ་ཤུགས་ལ་སྟོན་པས་ན། བྱ་ལས་སམ་ ལས་ཀ་བྱེད་རྒྱུ་ནི། ལ་ཞེས་པའི་ཚིག་ཕྲད་ཀྱིས་བྱ་བ་བསྟན་པས་བྱེད་པ་པོ་ཡང་ཤུགས་ལ་ སྟོན་སྙམ་ན། སྤྱིར་སྟོན་པ་ཙམ་ཡིན་མོད་མ་ངེས་པའི་ཕྱིར། བྱེད་པ་པོ་ཀཱཪྻའི་དོན་ཁོངས་སུ་ མི་སྡུད་དོ། །དཔེར་ན། ཤིང་ལ་ཞེས་པའི་ཚིག་འཕྲོ་ལ། གཅོད་པའམ་བཟོ་བྱེད་ཅེས་པ་ལྟ་བུ་ བྱ་བྱེད་ཀྱི་ཚིག་ངེས་པར་སྦྱོར་དགོས་ཏེ། དེ་མེད་ན་ཚིག་གི་དོན་མི་རྫོགས་པའི་ཕྱིར་རོ། །ཤིང་ ལ་ལྷས་བྱིན་གྱིས་སོ། །བྱས་ན་བྱེད་པོ་ལྷས་བྱིན་གྱི་མིང་ཡོད་ཀྱང༌། དེས་གང་བྱེད་མི་ཤེས་ པས་གོ་བ་རྐང་ཚུགས་མ་བྱུང་ལ། ཤིང་ལ་སྟ་རེ་བརྡེག་གོ་བྱས་པས་ཚིག་གི་དོན་རྫོགས་ཏེ། བྱེད་པོ་མི་སྟོན་ཀྱང༌། གང་བྱེད་རྒྱུ་ཡིན་གསལ་པོ་གོ་ནུས་པས་དང༌། བྱ་བ་འདི་བྱེད་སྔོན་ལ་ ངེས་ན། བྱེད་པོ་སུ་ཡིན་ཕྱིས་བཙལ་ན་ཡང་མི་རུང་བ་མེད་ལ། ཐོག་མར་བྱ་བ་འདི་བྱེད་མེད་ ན། བྱེད་པོ་ཚོལ་མི་ཐུབ་སྟེ། བྱེད་པ་པོ་གང་གི་བྱེད་མི་ཤེས་པའི་ཕྱིར་རོ། །དཔེར་ན། ཐོག་མ་ ནས་ཡིད་ལ་བསམས་པའི་དོན་དུ་གཉེར་བྱ། ཡི་གེ་འབྲི་དགོས་པ་ཤེས་ན། བྱེད་པོ་ཡིག་ མཁན་དགོས་པར་ངེས་པ་རྙེད་ཡོད་ལ། སྐྱེས་བུ་གཅིག་གིས་བྱ་བྱེད་གཅིག་བྱེད་ནི་བྱེད། གང་ བྱེད་ངེས་པ་མེད་ན། དེ་བྱེད་པོ་ཚོལ་ངོ་མི་ཤེས་ལ་གང་རུང་གཅིག་བཙལ་ཀྱང་ཕྱིས་དོན་ཐོག་ ཏུ་མི་ཁེལ་བའི་ཕྱིར་རོ། །དེས་ན་མ་ངེས་པ་ཉིད་ཀྱི་བྱེད་པ་པོ་ནི། ཀཱཪྻ། སྟེ་བྱ་ལས་ལ་མི་ ཐེའོ། ༈ །ལས་སུ་བྱ་བ་དེ་ཡང་རྣམ་པ་བཞི་སྟེ། བསྐྱེད་པའི་བྱ་བ་དང༌། །འོངས་པའི་བྱ་ལས་ དང༌། འདུ་བྱེད་པའི་བྱ་ལས་དང༌། རྣམ་པར་འགྱུར་བ་ལས་ཀྱི་དོན་ལ་གཉིས་པའི་རྣམ་དབྱེ་ རྣམས་འཇུག་གོ ༈ །ལས་དེ་ལ་ཞུགས་ནི་ཞུགས། ཟིན་ནི་མ་ཟིན། ཕྱིས་འགྲུབ་ནི་འགྲུབ་ པར་འགྱུར་བ་དེ་བསྐྱེད་པས་བྱ་ལས་སོ། ༈ །ལས་སུ་བྱ་བ་གང་ཟིན་ཅིང་གྲུབ་པ་དེ་འོངས་ པའི་བྱ་ལས་སོ། ༈ །གང་ལ་ས་བོན་འདེབས་པ་སོགས་རྒྱུ་སྒྲུབ་པ་དང༌། ས་བོན་ལས་འཕེལ་ ཏེ་མྱུ་གུར་འགྲོ་བ་སོགས་དང༌། དངོས་པོ་གང་སྔར་གྲུབ་ཟིན་ལ་ཡོན་ཏན་འཕེལ་བ་དང༌། 19-1-242 སྐྱོན་དག་པར་བྱེད་པ་ནི་རྣམ་པར་སྦྱོང་བ་སྟེ། དེ་འདྲ་དེ་དག་ནི་འདུ་བྱེད་པའི་བྱ་ལས་སོ། ༈། དུས་སྔ་མའི་གནས་སྐབས་ཀྱི་མཚན་ཉིད་བཏང་ནས། ཕྱི་མའི་གནས་སྐབས་ལ་མཚན་ཉིད་ གཞན་ལེན་པ་ནི་རྣམ་པར་འགྱུར་བའི་བྱ་ལས་སོ། །དཔེར་བརྗོད་ནི། ཀ་ཊཾ་ཀ་རོ་ཏི་ཀཱ་རུ་ཀོ རཱུ་པཾ་པ་ཤྱ་ཏི་ཙཀྵུ་ཥཿ རཱ་ཛྱཾ་པྲཱ་པྣོ་ཏི་དྷརྨིཥྛ་སོ་མཾ་སུ་ནོ་ཏི་སོ་མ་པཱཿ དེ་བསྒྱུར་ན། རྩྭ་ལྷས་བྱེད་ དོ་ཀཱ་རུ་པ། །གཟུགས་ལ་ལྟས་སོ་མིག་ཅན་ནོ། །རྒྱལ་ས་ཐོབ་པོ་ཆོས་འདོད་པས། །ཞི་བ་ལ་ གཅོད་ཞི་བ་འཐུང༌། །ཞེས་ཏེ། ཀ་ཊཾ་ཞེས་པ་ནི། ཀ་ཊ་སྟེ་རྩྭ་ལྷས་པ། དེ་ལ་གཉིས་པའི་ཨམ྄་ བྱིན་པའོ། །དེས་ན་རྩྭ་ལྷས་ལ་བྱེད་དོ་ཟེར་བ་གཅིག་བྱུང་ནའང་། རྩྭ་ལྷས་རྒྱག་པའི་བྱ་བ་བྱེད་ བཞིན་པའོ། །བོད་སྐད་ལ་རྣམ་དབྱེ་བསྡུས་ནས་ལ་ཡིག་མེད་པ་བདེའོ། །ཀཱ་རུ་ནི་སྤྱིར་ལས་ གང་ལ་ཡང་དེ་བྱེད་མཁན་གྱི་མིང་ལའང་འཇུག་མོད། རྩྭའི་ལྷས་མ་རྒྱག་མཁན་མིང་ལ་རྒྱ་ སྐད་དུ། ཀཱ་རུ་ཞེས་གྲགས་པ་ཙམ་མོ། ཀཱ་རུ་ཀ། ཀཱ་རུ་བའོ། །སྔར་གྱི་རྣམས་ཀྱིས་ཀ་ཊ་རེ་ལྡེ་ རུ་བསྒྱུར་ཡང་སྨིག་མའི་རེ་ལྡེ་མ་ཡིན་ནོ། །དེས་ན་ཀ་ཊཾ་ནི་ལས། ཀཱ་རུ་བ་བྱེད་པོ། ཀ་རོ་ཏི། བྱེད་དོ། །ཞེས་པ་བྱ་བའི་ཚིག་སྟེ། བསྐྱེད་པའི་ལས་ཀྱི་དཔེའོ། ༈ །དེ་བཞིན་དུ། རཱུ་པཾ་ནི་ གཟུགས་ལ་སྟེ་ཨམ྄་བྱུང་བའོ། །དེ་ནི་ལས་སོ། །བལྟས་སོ་ནི་བལྟས་ཟིན་པ་སྟེ་བྱ་བའོ། ། མིག་ཅན་རྣམས་ནི་བྱེད་པ་པོ་སྟེ། ཙཀྵུ་ཥཿ། ཞེས་དང་པོའི་མང་ཚིག་སྟེ་འོངས་པའི་ལས་ཀྱི་ དཔེའོ། ༈ །ཡང་རཱ་ཛྱཾ་རྒྱལ་སའི་རྒྱལ་སྲིད་ལ་ཞེས་པ་གཉིས་པའི་ཨམ྄་མོ། །དྷརྨིཥྠཿ། ཆོས་ འདོད་པ་ཞེས་དངོས་སུ་དང་པོ་ཡིན་ཡང༌། འདོད་པས་ཞེས་དོན་གསུམ་པའོ། །ཆོས་འདོད་པ་ པོ་དེས། རྒྱལ་ས་ཐོབ་སྟེ། མང་པོས་བཀུར་བས་ལས་བཟང་པོ་ཁོ་ན་བྱས་པའི་ཕན་ཡོན་ལ་ རྒྱལ་ས་ཐོབ་པ་ལྟ་བུ་སྟེ། འདུ་བྱེད་པའི་ལས་ཀྱི་དཔེ་སྟེ་ལས་དང་བྱ་བྱེད་སྔར་བཞིན་ཤེས་སོ། ༈ ཡང་སོ་མཾ་ནི་ཞི་བ་ལ་སྟེ། ཞི་བ་ཞེས་བྱ་བའི་རྩྭ་ལ་ཞེས་ཏེ་ལས་སོ། །དེ་ཡང་ཨམ྄་གྱི་རྗེས་ མཾ་ཞེས་སོ། །སུ་ནོ་ཏི་བཅད་བརྡུངས་བྱེད་པ་སྟེ་བྱ་བའོ། །ཞི་བ་འཐུང་ཞེས་པ་ནི་འཐུང་བ་པོ་ 19-1-243 སྟེ་བྱེད་པོ་སྟོན་ལ། འདི་ནི་དངོས་པོ་རྩྭ་ཞི་བ་དེ་སྔར་རྩྭ་སྐམ་པོའི་གནས་སྐབས་བཏང༌། ཕྱིས་ ཁུ་བཅུད་གྱུར་པའི་གནས་སྐབས་ལེན་པའི་དོན་ལ། སོ་མ་སྟེ་ཞི་བ་ལ་གཉིས་ཚིག་སྦྱར་བ་སྟེ། རྣམ་པར་འགྱུར་བའི་ལས་ཀྱི་དཔེར་བརྗོད་པའོ། ༈ །ཨ་བྷི་སརྦ་ཏ་སོཿ ཀཱཪྻ་དྷི་གུ་པཪྻཱ་དི་ཥུ་ ཏྲི་ཥུ་དྭི་ཏཱི་ཡཱ་མྲེ་ཌེ་ཏཱཾ་ཏེ་ཥུ་ཏ་ཏོནྱ་ཏ྄་བི་དྲྀ་ཤྱ་ཏེ། མངོན་པར་དང༌། ཐམས་ཅད་དེ་དག་གི་བྱ་ བ་དང་འཛིན་པ་དང༌། ཡང་ཡང་ལ་སོགས་པར་གསུམ་དུ་དང༌། ཟློས་པའི་མཐའ་རྣམས་སུ་ དང༌། དེ་ལས་གཞན་དུ་ཡང་གཉིས་པ་མཐོང་ངོ༌། །འདི་ཁ་སྐོངས་ཡིན་ཞེས་འགའ་ཞིག་ཟེར་ བ་ནི་ཚིག་མཐར་མཐོང་ངོ་ཞེས་པ་ལྟར་ན་དེ་ལྟར་སྣང་ངོ༌། །དེ་ཡང་ཨ་བྷི་མངོན་པ་སརྦ་ ཐམས་ཅད་ཏ་སོཿཞེས་པ་ཏ་དེ་དག་གི་ཞེས་པ་སྟེ། དེའི་ཏ་རྐྱེན་འདི་ནི། ཨ་བྷི་དང་སརྦ་དེ་ དག་གཉིས་པོའི་ཐུན་མོང་ཡིན་པའི་དོན། ཨ་བྷི་ཏ་ཞེས་པ་མངོན་པར་དང༌། སརྦ་ཏ་ཞེས་པ་ ཐམས་ཅད་དུ་ཞེས་འབྱུང༌། ཀཱཪྻ་བྱ་བ་སྟེ། དེ་གཉིས་དང་འབྲེལ་བའི་མིང་གཞན་ལ། རྣམ་ དབྱེ་གཉིས་པའི་བྱ་བ་བྱེད་པའི་དོན་ནོ། །དེ་བཞིན་དུ་འཛིན་པ་སྟེ། ཕྱོགས་ངན་དང་གཏམ་ ངན་ལྟ་བུ་མི་ལེགས་པའི་དོན་ལ་འཇུག་པའི་དྷིཀ྄་ཞེས་པ་དང༌། ཨུ་པ་རི་ལན་གཉིས་དང༌། གཞན་གསུམ་ཡང་ལན་གཉིས་བརྗོད་པ་དང༌། ཨ་མྲེ་ཌི་ཏ་ཟློས་པའི་དོན་གཞན་ལ་ཡང་རྣམ་ དབྱེ་གཉིས་པ་འཇུག་སྟེ། ༈ དཔེར་བརྗོད་ནི། ཨ་བྷི་ཏོ་གྲཱ་མཾ་ན་དཱི་བ་ཧ་ཏི། སརྦ་ཏོ་གྲཱ་མཾ་ཏ་ ར་བོ་དྲྀ་ཤྱནྟེ། དྷིགྡེ་བ་ཏཏྟཾ། ཨུ་པཪྻུ་པ་རི་པུ་རོ་ཧི་ཏཾ་ཡཱ་ཙ་ཀཱཿཔ་ཏནྟི། དེ་དག་མངོན་པར་ སོགས་ཀྱིའོ། ༈ །ཨ་དྷོ྅དྷོ་གྲཱ་མཾ་ནི་དྷིཿ། ཨ་དྷྱ་དྷི་གྲཱ་མཾ་ཏིརྠཾ། ཨ་དྷྱ་དྷི་བྱཱ་དྷཾ་གཙྪནྟི་མྲྀ་གཱཿ། ཞེས་པ་རྣམས་ཟློས་པར་བརྗོད་པའི་དཔེ་དང༌། ༈ ས་མ་ཡཱ་གྲཱ་མཾ་ཤ་ཏྲུ་ཧ་ཏཿ། ནི་ཀ་ཥཱ་གྲཱ་མཾ་ ཕ་ལཾ་པྲཱ་པྟཾ། པྲ་ཏི་གྲཱ་མཾ་ཡ་ཛྭཱ་ནཿ། ཞེས་པ་གཞན་པའི་དཔེར་བརྗོད་པའོ། ༈ །དེ་དག་ཚིག་ ལྷུག་ཡིན་ལ། བོད་སྐད་དུ་རིམ་པ་བཞིན། གྲོང་ལ་ཆུ་བོ་མངོན་པར་འགྲོགས་སོ། །གྲོང་ལ་ ལྗོན་ཤིང་རྣམས་ཐམས་ཅད་དུ་མཐོང་ངོ༌། །ལྷ་སྦྱིན་ལ་ཉེས་སྐྱོན་ནོ། །མདུན་ན་འདོན་ལ་སློང་ 19-1-244 བ་པོ་རྣམས་སྟེང་ནས་སྟེང་དུ་འགྱེལ་བར་བྱེད་དོ། །ཞེས་མངོན་པར་སོགས་སོ། ༈ །གྲོང་ལ་ འཁྲིས་ནས་འཁྲིས་སུ་ནོར་ཡོད་དོ། །གྲོང་ལ་རྩ་ནས་རྩ་རུ་འབབ་སྟེགས་སོ། །རྔོན་པ་ལ་ཉེ་བ་ ཉེ་བར་རི་དྭགས་རྣམས་འགྲོ་བར་བྱེད་དོ། །ཞེས་པ་རྣམས་ཟློས་པའི་དཔེར་བརྗོད་དང༌། ༈ གྲོང་གི་ཉེ་སྐོར་ལ་དགྲ་བསད་དོ། །གྲོང་དང་ཉེ་བ་ལ་འབྲས་བུ་ཐོབ་བོ། །སོ་སོའི་གྲོང་ལ་ལྷ་ མཆོད་དོ། །ཞེས་པ་རྣམས་དངོས་སུ་སྨོས་པ་ལས་གཞན་པའི་དཔེ་བརྗོད་པའོ། ༈ །ཨ་བྷི་ཏ་ དང་འབྲེལ་པ་གྲཱ་མའི་སྒྲ་དང༌། ༈ སརྦ་ཏ་དང་འབྲེལ་བའི་གྲཱ་མ་དང༌། ༈ དྷིཀ྄་དང་འབྲེལ་ བའི་དེ་བ་དཏྟ་དང༌། ༈ ཨུ་པ་རི་ལན་གཉིས་བརྗོད་པ་དང་འབྲེལ་བའི་པུ་རོ་ཧི་ཏའི་སྒྲ་དང༌། ༈ ཨ་དྷོ་ལན་གཉིས་དང་ཨ་དྷི་ལན་གཉིས་དང་འབྲེལ་བའི་གྲཱ་མའི་སྒྲ་ལན་གཉིས་དང༌། ༈ འཕྲོས་དོན་ས་མ་ཡ་དང༌། ནི་ཀ་ཥཱ་དང༌། པྲ་ཏི་དང་འབྲེལ་བའི་གྲཱ་མ་རྣམས་ལ་རྣམ་དབྱེ་ གཉིས་པའི་ཨམ྄་བྱིན་པའོ། ༈ །འོན་ཀྱང་དོན་ཕལ་ཆེར་ལས་སུ་བྱ་བར་མ་ཡིན་ནོ། །གྲོང་ལ་ ཆུ་བོ་འགྲོགས་པ་ནི། དོན་འགྱུར་ལ་གྲོང་དང་ཆུ་བོ་ཞེས་པ་ཡིན་གྲོང་ལ་ལྗོན་ཤིང་ཞེས་པ་ དང༌། ལྷ་བྱིན་ལ་ཞེས་པའི་ལ་ཡིག་རྣམས་དོན་ནི་བདུན་པ་གནས་གཞིའོ། །མདུན་ན་འདོན་ ལ་ཞེས་པ་ནི་དོན་བཞི་པ་ཆེད་དུ་བྱ་བ་ཡིན། གྲོང་ལ་འཁྲིས་ནས་འཁྲིས་དང༌། རྩ་ནས་རྩ་ སོགས་དོན་གནས་གཞི་ཡིན། རྔོན་པ་ལ་ཉེ་བ་ནི་རྔོན་པ་དང་ཉེ་བ་སྟེ། དང་ཞེས་པ་འདི་ གཉིས་སྐབས་འདིར་ཕན་ཚུན་ནོ། །ཉེ་སྐོར་ལ་དང་ཉེ་བ་ལ་ཞེས་པའང་གནས་ཀྱི་དོན་ནོ། །དེ་ བཞིན་དུ་སོ་སོའི་གྲོང་ལ་ཞེས་པའང་གནས་ཀྱི་དོན་ཏེ། དེ་ཡང་འདིར་ལས་སུ་བྱ་བ་ལ་གཉིས་ པ་འཇུག་པ་སྤྱིར་བཏང་ཡིན་མོད། འདི་རྣམས་ནི་དོན་ལས་སུ་བྱ་བ་མ་ཡིན་ཀྱང་རྣམ་དབྱེ་ གཉིས་པ་འབྱུང་བའི་དམིགས་གསལ་གྱི་དཔེར་བརྗོད་དོ། །དེ་དག་ལས་ལྷ་སྦྱིན་ལ་ཉེས་སྐྱོན་ ནི། ལྷ་སྦྱིན་གྱི་ལུས་སེམས་ལ་ཕར་བྱ་བ་བྱེད་ཚུལ་མ་ཡིན། ལྷ་སྦྱིན་དམིགས་བཏང་ཡུལ་དུ་ བྱས་པའི་བྱེད་ཅན་ཡིན་པས་བདུན་པའོ། །མདུན་ན་འདོན་ལ་ཞེས་པ་རྒྱལ་པོའི་མདུན་ན་ 19-1-245 འདོན་རྣམས་དུས་བཟང་ལ་སྦྱིན་པ་ཁྲོམ་སྟོན་གཏོང་པ་དེ། ལག་བརྡར་བྱེད་པས་སྦྱིན་པའི་ དངོས་པོ་ལེན་པའི་ཆེད་དུ་མི་མང་པོ་རྒྱུགས་པ་ན་གཅིག་གིས་གཅིག་ཕུལ་བས་འགྱེལ་བའོ། ། པ་དནྟི་ལྷུང་བའམ་འགྱེལ་བ་ཡིན་ནོ། །འཁྲིས་སུ་ནོར་ཞེས་པའི་ནོར་ནི་ཕྱུགས་ཀྱི་མིང་ངོ༌། དོན་གཞན་རྣམས་གོ་སླའོ། ༈ །ཡང་ཨ་བྷི་ཏོ་གྲཱ་མཾ་ནི། མངོན་པར་གྲོང་དང་ཞེས་པ་སྟེ། གྲོང་ དང་ནི་ལས་སོ། །ན་དཱི་ནི་རྒྱུན་ལྡན་ཏེ་ཆུ་བོ་ཡིན། དང་པོ་བྱེད་པོའོ། །བ་ཧ་ཏི། འགྲོགས་པ་སྟེ་ བྱ་བའི་ཚིག་གོ ༈ །སརྦ་ཏོ་གྲཱ་མཾ་ནི། ཐམས་ཅད་དུ་གྲོང་ལ་སྟེ་གྲོང་ལ་ནི་ལས། ཏ་རུའི་སྒྲ་ལ་ ཛས྄་བྱིན་པས་ཏ་ར་བོ་ནི་ལྗོན་ཤིང་རྣམས་ཏེ་བྱེད་པོ་དང༌། ཐམས་ཅད་དུ་མཐོང་ནི་བྱ་བའོ། ༈ །དེ་བ་དཏྟཾ་མི་ལྷ་སྦྱིན་ལ་སྟེ་ལས། དྷིཀ྄་ནི་བྱ་བའོ། ༈ །ཨུ་པཪྻུ་པ་རི་ནི་སྟེང་དང་སྟེང་དུ་ ཕན་ཚུན་སྟབས་ཤིང་འགྱེལ་བས་གཅིག་གིས་གཅིག་གནོན་ལ་ཁད་རྫི་ལ་ཁད་པའོ། །སྡགས་ གཞུང་གྲགས་ཆེ་བ་གཅིག་ལས་སྟེང་ནས་སྟེང་དུ་བཀན་པའོ། །ཞེས་འབྱུང་བའི་སྟེང་ནས་ སྟེང་གིས་སྐད་དོད་འདི་དང་འདྲ་བས། །འདིར་ཁྲོམ་མི་རྣམས་འབོལ་གདན་བརྩེགས་པ་ བཞིན་དུ་ཡོང་བ་མ་ཡིན། འཕུལ་བརྡེག་མང་པོས་བརྡེག་འཆོས་པའི་དོན་ཡིན་པ་བཞིན། བདུད་བཞི་པོ་རང་ཞེད་ནས་གཅིག་ལ་གཅིག་ཐུག་སྟེ་བརྡེག་འཆོས་ནས་འགྱེལ་བའོ། ། འདིར་སྟེང་དང་སྟེང་ནི་བྱེད་པའི་ཚིག །པུ་རོ་ཧི་ཏ། མདུན་ན་འདོན་ནི་ལས། སློང་བ་པོ་བྱེད་ པའོ། །པ་དནྟི་བྱ་བའོ། ༈ །གྲཱ་མཾ་སྟེ་གྲོང་ལ་ཞེས་པ་རྣམས་ལས་ཀྱི་ཚིག་ཡིན། ནི་དྷི་ནི་གཏེར་ རམ་ནོར་ལས་འདིར་ནི་ནོར་ཏེ་བྱེད་པོའོ། །འབབ་སྟེགས་ཀྱང་བྱེད་པའོ། ༈ །ཨ་དྷོ྅དྷོ་དང༌། ཨ་དྷྱ་དྷི་ནི་གཉིས་སུ་ཟློས་པ་དང༌། ༈ ས་མ་ཡ་དང༌། ནི་ཀ་ཥཱ་ཟློག་ཚིག་མིན་མོད། དེ་ཐམས་ ཅད་ཐག་ཉེ་བའི་དོན་ཏེ། འཁྲིས་དང་རྩ་དང་ཉེ་སྐོར་དང་ཉེ་བ་ཅི་རིགས་པར་བསྒྱུར་བའོ། ༈། པྲ་ཏི་ནི་འདིར་སོ་སོ་ཐ་དད་དེ། དེ་རྣམས་ཐམས་ཅད་གྲོང་ལ་ཞེས་པའི་ལས་ཚིག་དེའི་ཁྱད་ པར་སྟེན་པའོ། ༈ །བྱ་དྷ་རྔོན་པ་ལ་ནི་ལས་སོ། །གཙྪནྟི་ནི་བྱ་བ། རི་དྭགས་ནི་བྱེད་པོའོ། ། 19-1-246 ༈ དགྲ་ནི་བྱེད་པོའོ། །བསད་པ་ནི་བྱ་བ། འབྲས་བུ་ནི་བྱེད་པོ། པྲཱཔྟཾ་བྱ་བའོ། །འོན་དགྲ་བོ་ བསད་བྱ་དང༌། འབྲས་བུ་ཐོབ་བྱ་ཡིན་པས་ལས་སུ་མི་འགྱུར་རམ་ཅེ་ན། དོན་ཁོ་ན་ལ་དེ་ ལྟར་ཡིན་མོད། འདིར་ཚིག་ནི། དགྲ་བསད་དོ། །ཞེས་དགྲ་དང་བསད་པ་ལ་མཚམས་སྦྲེལ་ བའི་ཕྲད་ཚིག་མེད་པས། དགྲ་སྟེ་ཤ་ཏྲུཿཞེས་པ་རྣམ་དབྱེ་དང་པོ་དོན་ཙམ་སྟོན་པས་བྱེད་པོའི་ སྒྲའོ། །འབྲས་བུ་ཞེས་པའང༌། དེ་དང་འདྲ། ཕ་ལཾ་འབྲས་བུ་ལ་ཐོབ་ཞེས་པ་མེད་པར་འབྲས་ བུ་ཞེས་པ་རྣམ་དབྱེ་དང་པོའི་མཐའ་ཅན་ནོ། །དེས་ན་འདི་འདྲའི་རིགས་ལ་ལས་ཀྱི་དོན་ལ་ བྱེད་པོའི་ཚིག་འཇུག་པ་ཞེས་བྱའོ། ། ༈ ཡ་ཛྭཱ་ན། ལྷ་མཆོད་པ་པོ་བྱེད་པོའོ། །པརྟ་ཏེ། བྱ་བའོ། ༈ །ཀཱ་ལཱདྷྭ་ནཽ་རྣཻ་རནྟཪྻེ། དུས་ དང་ལམ་བར་མཚམས་མེད་པ་ལའོ། །དུས་ལ་ལྟོས་ནས་ལོ་རེ་ཞིང་ལན་རེའམ་ལན་གཉིས་ ལ་སོགས་པ་དང༌། ཟླ་རེ་བཞིན་དང་ཞག་རེ་དང་ཉིན་རེ་དང་མཚན་རེ་དང༌། ཐུན་མཚམས་ རེ་རེར་འདི་ལྟར་བྱེད་ཅེས་ཁྲིགས་བཀོད་མ་འཆོལ་མ་འགྱངས་པ་ནི། དུས་བར་མ་ཆད་པ་ ཞེས་བྱ་སྟེ། འདི་འདྲའི་རིགས་ལ་སྐད་ཅིག་བར་མ་ཆད་རང་མི་དགོས་སོ། །ལམ་ཡང་རིའམ་ ཐང་ངམ་ཆུ་འགྲམ་སོགས་རིགས་མཐུན་གྱི་ཆེས་གྲགས་ཆེ་བ་གཅིག་འདྲ་བར་ཡོད་པ་དེ་ལ་ འདྲ་ཆོས་དེ་བར་མ་ཆད་པ་ཞེས་བྱ་སྟེ། ཆོས་ཐམས་ཅད་ནས་འདྲ་བ་དང་མི་འདྲ་བ་ཕྲ་མོས་ ཀྱང་བར་མ་ཆད་མི་དགོས་སོ། །ཅིའི་ཕྱིར་ན་འདི་དག་རིགས་པས་གཞལ་བ་མ་ཡིན། གྲོང་ ཁྱེར་པ་ལ་གྲགས་པའི་རྣམ་གཞག་སྟེ། སྒྲིགས་འཆག་མེད་དང༌། ས་མུ་འབྲེལ་ཟེར་བ་ལྟ་བུའོ། ། དོན་དེ་གཉིས་ལ་ཡང་མིང་མཐར་རྣམ་དབྱེ་གཉིས་པ་འཇུག་སྟེ། མཱ་ས་མ་དྷཱི་ཏེ། ཟླ་བར་ཀློག་ གོ །ཞེས་པ་ལ། ཟླ་བའི་བར་དུ་ཉིད་རེ་བཞིན་ཐུན་མ་ཆག་པར་བསྟན་བཅོས་ཀློག་པའི་དོན་ ཏེ། མཱ་ས་ཟླ་བའི་སྒྲ་ལ། གཉིས་པའི་ཨམ྄་བྱིན་མཱ་སམ྄་བྱུང་ཨ་དྷཱི་ཏེ་ཀློག་གོ་ཞེས་མཚམས་ སྦྱར་བའོ། །འདི་ནི་མཱ་སམ྄་ཟླ་བ་ལ་ཞེས་པ་བྱུང་ཡང༌། དོན་ནི་ཟླ་གཅིག་གི་ནང་དུ། ཟླ་བ་ 19-1-247 གཅིག་བར་དུ་ཞེས་གནས་སམ་གཞིའི་དོན་ལས་གཙོ་བོར་གཞིའི་དོན་ཡིན་གྱི། ཀློག་པ་བྱ་བ་ ཡིན་ཀྱང༌། ཟླ་བ་ལ་ལས་དེ་སྦྱོར་བ་མ་ཡིན་ཏེ། ཀློག་རྒྱུ་དེ་ཟླ་བའི་དུས་མ་ཡིན་ལ། ལས་སུ་ བྱ་བ་ཀློག་རྒྱུ་བསྟན་བཅོས་ཉིད་ཡིན་པས་སོ། །དེས་ན་བདུན་པའི་དོན་ལ་གཉིས་པའོ། །ཀྲོ་ ཤམྦ་རྤ་ཏཿརྒྱང་གྲགས་ལ་རིའོ་ཞེས་པ་ཐོག་མར་སྔོད་ས་རི་དྲུང་ངམ་རིའི་ལྟོ་ན་ཡོད་པ་གཅིག་ གིས། སྔར་སོང་ཟིན་གྱི་རིའམ། ད་འགྲོ་རྒྱུ་ལ། འདི་ནས་རྒྱང་གྲགས་གཅིག་གི་བར་དུ་རི་ ཁོ་ན་ཡིན་ཞེས། རི་དང་འགལ་བ་ཐང་ལྟ་བུས་བར་མ་ཆད་པའི་དོན་ཏེ་ནགས་ལ་སོགས་པ་ རི་དང་མི་འགལ་བ་རྣམས་མི་བརྩིའོ་ཡང་ན་རྒྱང་གྲགས་གཅིག་ཙམ་རི་རྐྱང་བར་འདུག་ཅེས་ སྔར་འདས་ཚིག་ལ་སྦྱར་རོ། །དོན་རྒྱང་གྲགས་ཀྱང་ཡིན་རི་ཡང་ཡིན་པས་གཞི་མཐུན་བསྡུ་བ་ ཡིན། ཚིག་ཏུ་ཨམ྄་བྱུང་བས། དྲུག་པའི་དོན་ལ་གཉིས་པའོ། །རྒྱང་ཟེར་བའི་དངོས་པོ་གཅིག་ ལ་ནི་བྱ་བ་བྱེད་རྒྱུ་མེད་དོ། །ཟླ་བ་དང་རྒྱང་གྲགས་ནི་ལས་ཀྱི་ཚིག་ཀློག་པ་དང་རི་ནི་བྱ་ཚིག་ ཡིན། ཨམ྄་གྱི་རྐྱེན་བར་མ་ཆད་པའི་དོན་ལ་འཇུག བར་མ་ཆད་ཅེས་པའི་ཚིག་མེད་ཀྱང་ དོན་གོའོ། །སྤྱིར་ཡང་རྣམ་དབྱེའི་རྗེས་སོགས་རྐྱེན་གྱི་ཤུལ་རྣམས། སྐད་དོད་མེད་ཀྱང་ལག་ རྟགས་ཀྱི་སྐད་འགྱུར་བས་དོན་གྱི་ཁྱད་པར་སོ་སོར་གོ་བ་ནི། ལག་རྟགས་མངོན་ཚན་དང་ འདྲ། མ་བརྗོད་ཀྱང་ལུས་ཀྱི་རྣམ་འགྱུར་གྱིས་གོ་བ་ལྟ་བུའོ། ༈ །ཡང་དེ་ལྟ་བུ་ལས་གཞན་ བར་མ་ཆད་པ་ལ་ནི་གཉིས་པ་མི་འཇུག་སྟེ། མཱ་ས་སྱ་དྭི་ར་དྷཱི་ཏེ། ཟླ་བ་གཉིས་ཀློག་གོ །ཞེས་ དངོས་སུ་སྱ་དྲུག་པའི་ངས྄་ཀྱི་རྗེས་སོ། །དོན་ནི་ཟླ་བར་ཞེས་བསྒྱུར་ཏེ། ཟླ་བ་གཅིག་གི་ནང་ དུ་ལས་གཉིས་ཀློག་ཅེས་པ་སྟེ། འདི་ཡང་བདུན་པའི་དོན་ལ་དྲུག་པ་ཡིན་ནོ། ༈ །ཀྲོ་ཤ་སྱ་ཨེ་ ཀ་དེ་ཤོ་བརྤ་ཏཿརྒྱང་གྲགས་ཀྱི་ཡུལ་གཅིག་རིའོ། །ཞེས་དངོས་སུ་བྱུང་། བོད་སྐད་དུ་འདི་ཙམ་ ལ་དོན་དྲུག་པར་མི་འགལ་ཡང༌། རྒྱ་སྐད་ལྟར་ན། སྱ་དེ་ནི་བདག་པོ་དང་གཞི་མཐུན་གཉིས་ ཀ་ལ་མི་འགྲིག་པས། བདུན་དོན་དྲུག་ཚིག་ཀ་ཡིན། འདི་ནས་རྒྱང་གྲགས་གཅིག་ཚུན་ལ་ 19-1-248 ཐམས་ཅད་རི་མ་ཡིན་ཡུལ་གྱི་ཆ་ཤས་གཅིག་ན་རི་གཅིག་ཡོད་ནི་ཡོད་ཅེས་པའོ། ། ༈ ཀརྟ་རི་པྲ་དྷཱ་ནཾཿཀྲི་ཡཱ་ཤྲཱ་ཡེ་སཱ་དྷ་ནེ་ཙ། བྱེད་པ་པོ་གཙོ་བོས་བྱ་བ་ནུས་པའི་སྒྲུབ་བྱེད་ ལའོ། །བྱེད་པ་པོ་ཉིད་གཙོ་བོ་སྟེ། དེས་བྱ་བ་བྱེད་པ་ལ་ཕན་འདོགས་ནུས་པ་སྟེ་ཁྱད་པར་ ལྷག་པོ་གཅིག་གིས་སྔར་གྱི་དགོས་དོན་འགྲུབ་སླ་བར་སྒྲུབ་པའི་ཐབས་ཀྱི་དོན་ལ་རྣམ་དབྱེ་ གསུམ་པ་འཇུག་གོ །དཔེར་ན། སྐྱེས་བུ་ཞིང་བརྔ་བ་ལ་ཟོར་བ་ལྟ་བུ་སྟེ། ཟོར་བ་མེད་ཀྱང་ བརྔ་རུ་རུང་ཙམ་ཡིན་མོད། ཟོར་བས་བདེ་བླག་ཏུ་རྔ་བ་བཞིན་ནོ། །འདིར་དཔེར་བརྗོད་ནི། བྷིནྣཿཤ་རེ་ཎ་རཱ་མེ་ཎ། རཱ་བ་ཎོ་ལོ་ཀ་རཱ་བ་ཎཿ། ཀ་རཱ་གྲེ་ཎ་བི་དཱིརྞོ་པི། བ་ན་རཻ་ཪྻུ་དྷྱ་ཏེ་བུ་ ནཿ། བོད་སྐད་དུ། འབོད་སྒྲོག་འཇིག་རྟེན་དུར་འཇུག་པ། །དགའ་བྱེད་ཀྱིས་ནི་མདའ་ཡིས་ ཕུག །ལག་རྩེས་གཤོག་བྱེད་ཡང་སྐྱར་གྱིན། །སྤྲེའུ་རྣམས་ཀྱིས་ནི་གཡུལ་འགྱེད་དོ། །རཱ་མེ་ཎ་ དང་ཤ་རེ་ཎ་ནི་རྣམས་དབྱེ་གསུམ་པའི་ཊཱ་བྱིན་པ་སྟེ། དགའ་བྱེད་ཀྱིས་དང་མདའ་ཡིས་ཞེས་ པ་སྟེ། འབོད་སྒྲོག་ནི་སྲིན་པོ་ལངྐ་མགྲིན་བཅུ་སྟེ། དེ་དགའ་བྱེད་རྒྱལ་པོ་རཱ་མས་མདའ་ཡིས་ ཕུག་སྟེ་བསད་ཅེས་པའོ། །བྱེད་པ་པོ་སྟེ་བྱེད་མཁན་ཡིན། དེ་གཙོ་བོ་ཡིན་པས་གསུམ་པ་ འཇུག་པར་མ་ཟད། གཙོ་བོའི་འདོད་དོན་འགྲུབ་པ་ལ་ཤིན་དུ་ཕན་འདོགས་བའི་ཐབས་སུ་ གྱུར་པའི་བྱེད་པ་རང་ལ་ཡང་རྣམ་དབྱེ་གསུམ་པ་འཇུག་གོ །བྱེད་པ་པོ་འདི་ཀརྟ་རི་ཞེས་བྱ། རྣམ་དབྱེ་དང་པོའི་ཡུལ་ཀརྟ་ལ་བྱེད་པོར་བཤད་པ་དང་མི་འདྲ་སྟེ། དངོས་པོ་གང་ཅི་སུས། ཅི་ ཡང་རུང་བ་ཇི་ལྟར་འོས་པའི་བྱ་བ་གཅིག་མི་བྱེད་པ་མི་སྲིད་པས་བྱ་བ་དེ་ལ་ལྟོས་པའི་བྱེད་ པོའི་ངོ་བོ་ཙམ་དངོས་པོ་དེ་ཡིན་པས། དངོས་དོན་ཙམ་ཁོ་ན་ལ་བྱེད་པ་པོ་ཞེས་བྱ་བ་ནི། རྣམ་ དབྱེ་དང་པོའི་ཡུལ་གྱི་བྱེད་པོ་ཡིན་ཏེ། དཔེར་ན། ཆུས་རས་གཤེར་བར་བྱེད་པས། གཤེར་ བར་འགྱུར་བའི་བྱ་བ་ལ་ལྟོས་ནས་ཆུ་དེ་བྱེད་པ་ཡིན་ཡང༌། ཆུ་ཞེས་ངོ་བོ་དངོས་སུ་བརྗོད་པ་ མ་གཏོགས། ཆུས་ཆུ་ཡིས་ཞེས་བྱ་བ་དང་གཤེར་བྱེད་སྦྲེལ་བའི་ཚིག་མེད་ལ་ཆུ་དེ་ད་ལྟ་རས་ 19-1-249 གཤེར་བའི་བྱ་བ་བྱེད་བཞིན་པ་མིན་ཡང༌། གཤེར་བར་བྱེད་མཁན་ཆུ་ཁོར་ཡིན་གྱི། གཞན་ མེད་པས་ཆུ་དེ། བྱེད་པོའི་ངོ་བོ་ཡིན་ནོ། །གསུམ་པའི་སྐབས་སུ་བྱེད་པོ་ཞེས་འབྱུང་བ་འདི་ བྱ་བ་དང་འབྲེལ་བའི་བྱེད་པོ་སྟེ། སྐྱེས་བུ་ཙམ་བྱེད་པོ་ཡིན་དུ་ཆུག་ཀྱང༌། བྱེད་པོའི་དོན་ཙམ་ མ་གཏོགས་བྱ་བ་འདི་བྱེད་མེད་པས། རྣམ་དབྱེ་གསུམ་པ་མི་འཇུག་གོ །དེས་ན་གསུམ་པའི་ ཡུལ་སྐྱེས་བུ་གཙོ་བོ་ཡིན་ཀྱང་གསུམ་པའི་ཡུལ་དུ་འགྲོ་བའི་རྒྱུ་མཚན་བྱེ་བའི་བྱེད་པ་ཟུར་པ་ དང་ཡང་ངེས་པར་སྦྲེལ་དགོས་པ་དེ་ཡིན་པས། བྱ་བའི་ཚིག་དང་འབྲེལ་བས་ཁྱབ། བྱེད་པ་ བྱ་བའི་ཁོང་སུ་གཏོགས་ན་བྱེད་པ་དང་ཡང་འབྲེལ་བས་ཁྱབ་མོད། བྱེད་པ་ལོགས་སུ་མེད་ ཀྱང་རུང་སྟེ། ཡོད་པ་གཙོ་ཆེ་བ་ལས་བྱ་བ་ལ་ཕན་འདོགས་བྱེད་ནི་བྱེད་པ་ལོགས་པ་པོ་ཁོ་ ན་ཡིན་ཏེ། བྱེད་པའི་སྒྲ་ནི་གསུམ་པའི་འཇུག་ཡུལ་ལོ། །བྱེད་པ་པོ་ལྷ་རཱ་མ་རང་ཡིན། བྱ་བ་ གང་དང་ཡང་མ་འབྲེལ་བ་དེ་ལ་རྣམ་དབྱེ་དང་པོ་འཇུག རཱ་མ་དེ་ཀ་སྲིན་པོ་འཇོམས་པའི་བྱ་ བ་དང་སྦྲེལ་ན་གསུམ་པ་འཇུག་དགོས། རཱ་མས་སྲིན་པོ་འཇོམས་བྱས་ཙ་ན། རཱ་མ་ཐུན་མོང་ ཡིན། སྲིན་པོ་འཇོམས་པ་ཐུན་མོང་མིན་དོན་ཡིན་པས། བྱ་བ་དེས་དབང་བྱས་པའི་སྐྱེས་བུ་རཱ་ མ་དེ་ཡིན་པས་ན། བྱེད་པོ་བྱ་བས་ཁ་དོག་བསྒྱུར་བ་ཡིན། བྱེད་པ་ཟུར་དུ་ཡོད་ན་ལྟ་ཅི་སྨོས་ མེད་ཀྱང་བྱ་བ་ལ་བྱེད་པ་གནས་པར་ངེས་པས། བྱེད་པ་ཁོ་ན་ཉིད་མ་ཡིན་ཀྱང༌། བྱེད་པས་ ཁོང་ཞིག་པའི་སྐྱེས་བུ་ཡིན་པས་དེ་ལ། སྐྱེས་བུ་རང་དང་བྱེད་པོ་རང་གི་རྣམ་དབྱེ་མི་ཐོབ་པར་ བྱེད་པའི་རྣམ་དབྱེ་ཐོབ་སྟེ། བྱེད་པོ་བྱེད་པར་གནས་གྱུར་པ་ལྟ་བུ་ཡིན། སྲིན་པོ་འཇོམས་པ་ ཞེས་བརྗོད་པ་ཙམ་གྱིས། དངོས་སུ་མ་བརྗོད་ཀྱང་འཇོམས་ཚུལ་བྱེད་པ་མེད་མི་སྲིད་མོད། བྱེད་པ་ཁྱད་པར་ཅན་ཤིན་ཏུ་ཕན་འདོགས་པ་མདའ་འཕེན་པ་སྟེ། དེ་བརྗོད་པ་ལའང་གསུམ་ པ་འཇུག་ན། མདའ་ཕེན་པ་ནི་བྱེད་པོ་མ་ཡིན་བྱེད་པ་ཁོ་ནའོ། །འདིར་འབོད་སྒྲོགས་ནི་ལས། ངུར་འཇུག་ནི་ལས་ཀྱི་ཁྱད་པར། དགའ་བྱེད་བྱེད་པོ་གཙོ་བོ། མདའ་ནི་ནུས་པའི་སྒྲུབ་ཐབས་ 19-1-250 སུ་གྱུར་པའི་བྱེད་པ་ཕུག་པ་ནི་བྱ་བའོ། །དེ་བཞིན་དུ། ཀ་ར་ཨ་གྲ་ལག་རྩེ་སྟེ་སེན་མོ་ནི་ཕན་ འདོགས་སྒྲུབ་པའི་བྱེད་པ། སྤྲེའུ་རྣམས་བྱེད་པོ། གཤོག་བྱེད་གཡུལ་འགྱེད་ནི་བྱ་བ། པུ་ ནཿཞེས་སྐྱར་གྱིན་ཞེས་པའང་བྱེད་པའི་ཁྱད་པར་རོ། ། ༈ ད་ནི་རྣམ་དབྱེ་བཞི་པའི་ཡུལ་གྱི་དབང་དུ་བྱས་ན། སྦྱིན་པའི་སྣོད་ཅེས་པ་ལ། སྦྱིན་ ཡུལ་བཟང་པོ་ལ་དམིགས་ནས་སྦྱིན་པ་བྱིན་ན། བྱ་བྱེད་མཆོག་འོས་པ་ཅན་ཡིན་པས། བྱེད་ ཅན་དངོས་ཏེ། དེ་ལ་རྣམ་དབྱེ་བཞི་པའོ། །ཞེས་སྔོན་གྱི་དྲང་སྲོང་མང་པོས་བཤད་པས། འཇིག་རྟེན་པ་ལ་ལ་སྤྱི་ཁྱབ་ཏུ་གྲགས་པ་ལྟར། སྦྱིན་ཡུལ་ཡོན་གནས་ཕྱོགས་རིས་སུ་བྱེད་ པའི་ལུགས་ཡིན། སྦྱིན་སྣོད་ངན་པ་ལ་བྱིན་ན་ཉེས་དམིགས་ཡོད་དེ། དེས་བྱས་པའི་སྡིག་ པ་རྣམས་ཡོན་སྟེར་བ་པོ་ལ་ཕྱེད་ཙམ་འགྲོ་བར་འདོད་པའི་དབང་དུ་བྱས་ཤིང༌། ཡོན་གནས་ ཀྱང་བྲམ་ཟེ་ལ་འདོད་པས། གཉིས་མེད་གསུང་པའི་བཀའ་དང་མི་འཐུན་ཡང༌། སཾ་ཀྲྀ་ཏའི་ སྐད་ཀྱི་ཚུལ་ལ་དེ་ལྟར་གྲགས་སོ། །བེ་ད་བི་དེ་གཱཾ་ད་དཱ་ཏི། རིག་བྱེད་རིག་པ་ལ་བ་ལང་སྦྱིན་ པར་བྱེད་དོ། །ཚཱ་ཏྲཱ ་ཡ་ཀ་ནྱཾ་ད་དཱ་ཏི། བསྟན་བཅོས་པ་ལ་བུ་མོ་སྟེར་རོ། །དེ་ཡང་བེད་བིད྄་ ནི་རིག་བྱེད་ཤེས་པའོ། །དེ་ལ་དེ་སྟེར་ཚཱ་ཏྲ་ཞེས་པ་བསྟན་བཅོས་པ་ཡིན་པ་ལའང་རྣམ་དབྱེ་ བཞི་པའི་ངེ་བྱུང་བའོ། །རིག་བྱེད་དཔེ་བསྟན་བཅོས་ཞེས་ཐ་དད་དེ། རིག་བྱེད་རང་བྱུང་ འདོད་པའམ། མི་འདོད་ཀྱང་རྩ་བ་གདོད་མའི་གཞུང་ཡིན། བསྟན་བཅོས་དེའི་དོན་འཆད་ པའམ། མིན་ཀྱང་རང་བློས་འགོད་པའམ། ཐོས་པ་རྗེས་སུ་སྒྲོགས་པ་ཡིན་ཏེ། ལྟ་བ་དྲུག་ དང༌། ཡན་ལག་དྲུག་དང༌། བརྡ་སྤྲོད་པ་ལ་སོགས་པ་བསྟན་བཅོས་བཅུ་བཞིར་གྲགས་པ་ལ་ སོགས་པའོ། །ཞེས་འདོད་དོ། །ད་ལྟ་ཡང་བྲམ་ཟེ་རིག་བྱེད་པ་དང༌། བསྟན་བཅོས་པ་ཞེས་ སོ་སོར་གྲགས་ཡོད་དོ། ༈ །ཡང་བ་ལང་ལ་དབྱུག་གུས་བསྣུན་ཞེས་པ་ལྟ་བུ་ལས་སུ་བྱ་བ་ དང༌། ཡུལ་འཁོར་གྱི་ཞུ་སྟེན་ལ་བསམས་ནས། ཡུལ་འཁོར་ལ་གསེར་འབུམ་སོང༌། ཞེས་ 19-1-251 པ་དང༌། གནས་སྐོར་ལ་ཟླ་བ་དྲུག་སོང་ཟེར་བ་ལྟ་བུ་ཆེད་དུ་བྱ་བ་ཡིན་ཚུལ་དབྱེ་འབྱེད་གོ་སླ་ ཡང༌། ཤིང་ལ་སྟ་རེ་བརྡེག་ཅེས་པ་ལས་བྱ་དང༌། ཤིང་ལ་ཆུ་འདྲེན་བྱ་བ་དགོས་ཆེད་དུ་འགྱུར་ བའི་དབྱེ་བ་ཅི་སྙམ། དངོས་སུ་བྱ་བ་དང༌། བརྒྱུད་ནས་བྱེད་པའི་ཁྱད་པར་རམ། ལས་སུ་བྱ་ བའི་ཡུལ་དང་འདྲེས་མ་འདྲེས་ཀྱི་ཁྱད་པར་དང༌། མངོན་དུ་ཕྱོགས་པ་དང་མ་ཕྱོགས་པའི་ཁྱད་ པར་སོགས་ཅི་རིགས་པས་དབྱེའོ་ཞེས་འདོད་དོ། །དེས་ན་འདིར་ནོར་སྦྱིན་པ་ནི། ཡང་དག་ པར་སྦྱིན་པའི་མཚན་གཞི་ཙམ་སྟེ། ཡང་དག་རབ་སྦྱིན་ལ་ནོར་གྱི་སྦྱིན་པས་ཁྱབ་པ་ནི་མ་ཡིན་ ནོ།། །། ༈ ད་ནི་ལྔ་པའི་ཡུལ་བཤད་དེ། བྱེ་བ་དང་ལྷུང་བའི་དོན་ལ་ལྔ་པའི་རྣམ་དབྱེ་འཇུག་ སྟེ། བྱེ་བ་ནི་སྔར་འདུས་པའི་འབྱར་བ་གྱེས་ཤིང་ཞིག་པའི་དོན་དང༌། ལྷུང་བ་ནི་གཡོ་བ་ ལས་ལྷུང་བ་རྒྱུག་བཞིན་པའི་རྟ་ཐོག་ནས་མི་ལྷུང་པ་ལྟ་བུ་དང༌། མི་གཡོ་བ་ལས་ལྷུང་པ་རི་ ལས་ཆུ་འབབ་པ་ལྟ་བུའི་ཕྱི་མ་འདི་འབྱུང་ཁུངས་ཀྱི་དོན་ཡིན་གཞན་རྣམས་མིན་ནོ། །ངེས་ པར་ཀུན་བྱིན་པ་འདིའི་དཔེར་བརྗོད་པ་ནི། དྷཱ་བ་ཏོ྅་ཤྲཱ་ད་པ་ཏ་ཏྲ། བང་རྒྱུག་པའི་རྟ་ལས་ ལྷུང་ངོ༌། །དྷཱ་བཏ྄་བང་རྒྱུགས་ཨ་པ་ཏཏ྄་ལྷུང་ཞེས་པ་དང༌། ཨ་ཤྭཱཏ྄་ནི། རྟ་ལས་ཀྱི་སྐད་དོད་ དོ། །ཨ་ཤྭ་ལ་ངསི་ཨཱ་ཏ་བྱུང་བའོ། ༈ །བྷཱུ་བྷྲྀ་ཏོ་བ་ཏ་ར་ཏི་གངྒཱ། ས་འཛིན་ལས་འབབ་པར་ འགྱུར་རོ་གངྒཱའོ། །བྷུ་བྷྲ་ཏ྄་ས་འཛིན་ཏེ་རི་བོའོ། །དེ་ལ་རྣམ་དབྱེ་ལྔ་པའི་ངསི་བྱུང༌། ཨས྄་ ས྄་རྣམ་བཅད། ཨ་པ་ཏ་ར་ཏི། ཕ་རོལ་ན་ཡོད་པས་རྣམ་བཅད་ཨུ་ཨོ་བྱུང་བས། བྷཱུ་བྷྲྀ་ཏོ་ བྱུང༌། ཨོ་ཏ་མཐའ་ལས་ཕ་རོལ་ཨ་དབྱིའོ། །གོང་མ་ནི་ལྷུང་ཡུལ་རྟ་འགྲོ་བས་གཡོ་བ་ལས་ ལྷུང༌། འདི་ནི་ལྷུང་ཡུལ་རི་མི་འགྲོ་ལྷུང་བྱ་ཆུ་ཕར་ལ་འགྲོ་བས་མི་གཡོ་བ་ལས་ལྷུང་བའོ། ། ༈ ད་ནི་བྱེད་ཅན་ལ་མི་བགྲོང་ཡང་། བྱེད་ཅན་མ་ཡིན་པ་རྟོགས་པའི་ཕྱིར་འབྲེལ་ཚིག་འཆད་ དགོས་ལ། དེ་ལས་ཀྱང་རྣམ་དབྱེའི་གོ་རིམ་མི་འཁྲུགས་པའི་ཕྱིར་སྐབས་འདིར་འཆད་དོ། ། 19-1-252 དེ་ཡང་འབྲེལ་བའི་དོན་དུ་སྒྲུབ་ན་རྣམ་དབྱེ་དྲུག་པ་རྣམས་སྦྱོར་རོ། །འདིར་དཔེར་བརྗོད་ནི། རཱ་ཛྙཿས་བུ་རུ་ཥོ་ཛྙ་ཡཿ པི་ཏྲོ་རེ་ཏཏྤྲ་པཱུ་ཛ་ནཾ། གུ་རུ་ཎཱི་བ་ཙ་ནཾ་པ་ཐྱཾ། ཀ་བཱཾ་ནཱཾ་ར་ས་བ་དྭ་ཙཿ། དེ་འདི་ལྟར། རྒྱལ་པོའི་སྐྱེས་བུ་དེ་ཤེས་ཏེ། །འདི་དེ་རབ་མཆོད་ཕ་མེས་ཀྱི། །བླ་མ་རྣམས་ ཀྱི་གསུང་ལཾ་བས། །དབྱངས་མཁན་རྣམས་ཀྱི་རོ་ལྡན་ཚིག །ཅེས་སོ། ༈ །རཱ་ཛྙཿཞེས་པ་ནི། རཱ་ཛན྄་ལ་དྲུག་པའི་ངས྄་སོ། །པི་ཏྲོཿཞེས་པ་པི་ཏྲྀ་ལ་དྲུག་པའི་ཨོས྄་ཏེ། ཕ་རོལ་ཨེ་ཏཏ྄་དང་ ཕྲད་པས། རྣམ་བཅད་ར྄་ཨེ་ལ་དྲངས། པི་ཏ྄ོ་རེ་བྱུང་བ་གོ་བར་བྱའོ། །གུ་རཱུ་ཎཱཾ་ཞེས་དང༌། ཀ་ བཱི་ནཱཾ་ཞེས་པ་ནི། དྲུག་པའི་ཨཱམ྄་གྱི་འགྱུར་བའོ། །འབྲེལ་ཡུལ་ནི། རཱ་ཛཱ་རྒྱལ་པོ་དང༌། པི་ཏྲྀ་ ཕ་མེས་ཏེ་མཚུན་གྱི་ལྷ་དང་གུ་རུ་བླ་མ་དང༌། ཀ་བཱི་སྟེ་གླུ་དབྱངས་མཁན་རྣམས་སོ། །འབྲེལ་ པ་པོ་ནི་སྐྱེས་བུ་ཞེས་དང༌། འདི་དེ་ཞེས་དང༌། ལམ་པ་དང༌། ཚིག་ཅེས་པ་ཉིད་དོ། །སྐྱེས་བུ་ དང༌། འདི་དེ་དང་ཥ་ལམ་པ་རྣམས་བྱེད་པོའི་སྒྲ་དང་མཆོད་པ་ནི་ལས་སོ། །ཚིགས་བཅད་ དེའི་དོན་ནི། འབྲེལ་ཡུལ་རྒྱལ་པོ་ནི་གཙོ་བོ་ཡིན་ལ་འབྲེལ་པོ་སྐྱེས་བུ་སྟེ་འཁོར་ནི་གཙོ་བོ་ མ་ཡིན་མོད། རྒྱལ་པོ་གཅིག་པུ་རྒྱུ་བར་བྱེད་ན། རྒྱུས་མེད་གསར་པ་སུས་ཀྱང་རྒྱལ་པོར་མི་ ཤེས་ལ། གཡོག་དང་བཅས་པར་སོང་ན་རྒྱལ་པོར་ཤེས་ནུས་སོ། །དེས་ན་རྒྱལ་པོ་མ་ཡིན་ པའི་སྐྱེ་བོའི་ཚོགས་པ་ལས་ཁྱད་པར་ཕྱེ་ནས། གང་དེ་རྒྱལ་པོར་གོ་བར་ནུས་པའི་ཁྱད་པར་ འབྱེད་བྱེད་ནི་གཡོག་སྐྱེས་བུ་ཡིན་གྱི། རྒྱལ་པོ་ཉིད་མ་ཡིན་ནོ། །དེ་བས་ན་རྒྱལ་པོའི་སྐྱེས་བུ་ དེ་ནི་རྒྱལ་པོ་ཉིད་རྒྱལ་པོར་ཤེས་པར་བྱེད་པ་པོ་སྟེ། རྒྱལ་པོ་དང་རྒྱལ་པོའི་མི་གཙོ་འཁོར་གྱི་ འབྲེལ་བ་ཡིན། འབྲེལ་བ་དེ་གཉིས་ཀ་ལ་ཐུན་མོང་དུ་གནས་ཀྱང༌། འབྲེལ་ཡུལ་རྒྱལ་པོ་གཙོ་ བོ་ཡིན་པས་རྣམ་དབྱེ་དྲུག་པ་འབྲེལ་བའི་སྒྲ་སྦྱོར། འབྲེལ་པོ་རྒྱལ་པོའི་སྐྱེས་བུ་སྟེ། རྒྱལ་པོའི་ མིའམ་གཡོག་ནི་ཁྱད་པར་འབྱེད་བྱེད་ནུས་པ་ཆེན་པོ་ཅན་ཡིན་ཡང༌། ཕལ་བ་ཡིན་པས་དྲུག་ སྒྲ་མི་དགོས་པའི་དཔེའོ། ༈ །དེ་བཞིན་དུ། གང་གི་བུ་འདི་དེ་ཕ་མེས་ཀྱི་མཆོད་པ་རབ་ཏུ་བྱེད་ 19-1-253 དོ། །འབྲེལ་ཡུལ་ཕ་མེས་གཙོ་བོ་ཡིན་པས་དྲུག་སྒྲ་བདག་པོའི་ཚིག་སྦྱར། མི་གཅིག་མཚུན་ མཆོད་པ་མཐོང་ན། དེ་ཁོ་ནའི་ཕ་མེས་ཀྱི་མཆོད་པ་ཡིན་པར་གོ་ནུས་ཀྱང༌། བུ་དེ་ཕལ་བ་ཡིན་ པས་དྲུག་སྒྲ་མེད་དོ། ༈ །ཡང་བླ་མ་གཙོ་བོ་ཡིན་པས་བདག་པོའི་དྲུག་སྒྲ་སྦྱོར་བ་དང༌། རྒྱལ་ པོ་མང་པོ་དང༌། ཕ་མང་པོ་ཡུལ་དུས་གཅིག་ཏུ་མི་འབྱུང་ལ། བླ་མ་ལ་འབྱུང་དུ་རུང་བས་མང་ ཚིག་སྦྱར་རོ། །བླ་མས་གདམས་པའི་གསུང་ནི་ལམ་པ་སྟེ། དེས་བསྟན་པའི་ལམ་ལ་ཞུགས་ པའི་སློབ་མས་སྒྲུབ་པའོ། །པ་ཐྱཾ་ཞེས་བྱེད་པོའི་སྒྲ་ཡིན། དོན་ནི་བྱེད་པའོ། །ཡང་གཅིག་ཏུ་ན། པ་ཐྱ་དཀའ་བ་བྱས་པ་འདས་པའི་དོན་དུ་བཤད། བླ་མའི་གསུང་དོན་དཀའ་བས་བསྒྲུབས་ ཟིན་ནས་ད་ལྟ་བདེ་བའི་དོན་དུ་ཊིཀ་འགའ་ལས་བཤད་དེ། བསྣམས་ན་བ་ཀུ་ལ་མྱངས་ན་ ཞིམ་པའི་དཔེ་དང་འདྲའོ། ༈ །དེ་བཞིན་དུ། གླུ་དབྱངས་མཁན་ནི་འབྲེལ་ཡུལ་གཙོ་བོ་ལ་ དྲུག་པའི་མང་ཚིག་སྦྱར། འབྲེལ་པོ་ཚིག་ལ་བྱེད་པོ་དང་པོའི་ཚིག་སྦྱོར་རོ། །རོ་ལྡན་ནི་འགྱུར་ འགུགས་ཅན་ཏེ་གླུའི་ཚིག་གི་ཁྱད་པར་བསྟན་པའོ། །འདི་འབྲེལ་བའི་དཔེ་ཕལ་ཆེར་ལས་དེ་ ཙམ་ཞིག་སྟེ། གཙོ་བོ་དང་འབྱེད་བྱེད་མ་ཡིན་པ་ལ་དྲུག་ཚིག་སྦྱོར། ཕལ་བ་འབྱེད་བྱེད་ལ་ མི་སྦྱོར་བའི་ལུགས་ཉིད་སློབ་དཔོན་ཨ་ནུ་བྷཱུ་ཏིའི་བཞེད་པའོ། །ཞེས་ཟེར་རོ། །འགྲེལ་པའི་ དཔེ་ལ་ལན། ཇི་སྐད་དུ། འབྲེལ་བའི་ནང་ན་གཙོ་བོ་དང་གཙོ་བོ་མ་ཡིན་པ་ལ་དྲུག་པ་རབ་ ཏུ་མཐོང་ངོ༌། །འབྱེད་བྱེད་དང་འབྱེད་བྱེད་མ། ཡིན་པ་གང་དང་གང་ལ་དབྱེ་བའོ། །འབྱར་ བ་དང་འབྲེལ་བ་ནི་ཕན་ཚུན་དུ་བྱེད་པ་སྟེ། གཉིས་པོ་དག་གི་ཡང་འབྲེལ་བ་ལ་དྲུག་པའི་དབྱེ་ བ་སྐྱེད་པར་བྱེད་དོ། །ཞེས་འབྱུང༌། ཁ་ཅིག་འདི་མཆོག་སྲེད་ཀྱིས་མཛད་པའི་པྲ་ཀྲི་ཡིའི་ལུང་ བཅུག་པ་ཡིན། དེའི་འདོད་པ་ཡིན་གྱི། ཨ་ནུ་བྷཱུ་ཏིའི་འདོད་པ་མིན་ཟེར། ཁ་ཅིག་སློབ་དཔོན་ ཨ་ནུས་པྲ་ཀྲི་ཡ་ལས་ལུང་དྲངས་པ་ཡིན། སློབ་དཔོན་ཡང་དམིགས་གསལ་ལ་འདི་བཞེད་ ཅེས་འདོད་དོ། །གང་ལྟར་མཆོག་སྲེད་ཀྱི་ལུང་ཡིན་ལ། གཙོ་ཕལ་གཉིས་ཀ་ལ་དྲུག་ཚིག་སྦྱོར། 19-1-254 གཙོ་བོ་ལ་འབྱེད་བྱེད་ཡིན་མིན་གཉིས་དང༌། ཕལ་པ་ལ་ཡང་ཡིན་མིན་གཉིས་ཡོད། འབྱར་ བ་ནི་གཟུགས་ཅན་གྱི་མཐའ་ཕན་ཚུན་བར་མེད་དུ་རེག་པ་དང༌། དུས་སྔ་ཕྱི་བར་མཚམས་ མ་ཆོད་པ་ལ་ཟེར། འབྲེལ་བ་བར་མཚམས་ཡོད་ཀྱང་འབྲེལ་པ་སྟེ། རྗེ་བོ་དང་འབངས་ཀྱི་ འབྲེལ་པ། ཁྱོ་ཤུག་དང་ཕ་བུ་དང༌། རྟེན་བརྟེན་པ་དང༌། ཡན་ལག་དང་ཡན་ལག་ཅན་ལ་ སོགས་པ་འབྲེལ་བ་མང་པོ། དེ་དག་ཕན་ཚུན་དུ་འབྲེལ་བས་གཉིས་ཀ་ལ་དྲུག་སྒྲ་ཐོབ་ཅེས་ པའི་དོན་དུ་སྣང་ངོ༌། ༈ །གོང་དུ་བཤད་པ་ལྟར་རྒྱལ་པོ་ལ་སྐྱེས་བུ་ཕར་འབྲེལ། སྐྱེས་བུ་ལ་ རྒྱལ་པོ་ཚུར་འབྲེལ་བ་ནི་མ་ཡིན་ཏེ། རྒྱལ་པོ་འབྲེལ་ཡུལ་དང་སྐྱེས་བུ་འབྲེལ་པོ་ཡིན་པས་སོ། ། འབྲེལ་བ་གཅིག་ཉིད་གཉིས་པོའི་སྤྱི་ལ་གནས་པས། རྒྱལ་བོ་སྐྱེས་བུ་དང་འབྲེལ་པ་ལྡན། སྐྱེས་བུ་རྒྱལ་པོ་དང་འབྲེལ་པ་ལྡན་ཞེས་ནི་བྱའོ། ༈ །མཆོག་སྲེད་ཀྱི་འདིའི་ལུགས་ནི་རྒྱལ་ པོ་སྐྱེ་བུ་ལ་འབྲེལ། སྐྱེས་བུ་རྒྱལ་པོ་ལ་འབྲེལ་བས་གཉིས་ཀ་ཕན་ཚུན་དུ་འབྲེལ་ཡུལ་ཡང་ ཡིན། འབྲེལ་པ་པོ་ཡང་ཡིན། འབྲེལ་ཚུལ་མི་འདྲ་བ་གཉིས་ཡོད་པས་འབྲེལ་བ་ཡང་གཉིས་ སུ་ཡོད་ཅེས་པའོ། །སྤྱིར་དྲུག་པ་འབྲེལ་བའི་སྒྲ་ལ་གཞི་མཐུན་བསྡུ་བ་དང༌། བདག་པོ་གཉིས་ ཡོད། གོང་དུ་སྨོས་པ་རྣམས་བདག་པོའི་སྒྲ་ཡིན། གཞི་མཐུན་བསྡུ་བ་ནི་འབྲེལ་བའི་ནང་ནས་ བདག་གཅིག་གི་འབྲེལ་པའི་དོན་ཡིན་ནོ། ། ༈ འདིར་སྨྲས་པ། སྔོན་དུ་གཞན་འགས་ཡང་ཡང་བཤང་ཟིན་རྣམས། །ལེགས་བཤད་ གསར་བ་ཡིན་ཞེས་གཞན་ལ་ངོམ། །འདི་ན་འགའ་ཞིག་རིག་པ་ལྐོག་ཏུ་བསླབས། །རང་བྱུང་ ཁོ་ནས་ཤེས་སོ་ཞེས་ཀྱང་སྒྲོག །བློ་བརྟན་སང་གྷ་སོགས་ཀྱི་སྒྲ་ཊིཀ྄་རྣམས། །འབད་པས་ཚོལ་ ལ་དཀྲུགས་གཟིངས་བསྒྱུར་ལོག་ཀྱིས། །གོ་དོན་ལེགས་བཤད་འདི་དག་ཡོད་མེད་ལྟོས། །དེ་ རྗེས་བསམ་ན་ཡིད་ཆེས་སྐྱེ་བའང་སྲིད། །དེང་དུས་མཁས་ཚུལ་འགའ་ལ་ཁོ་བོ་ཡིས། །སེངྒེའི་ ང་རོ་བསྒྲགས་ཚེ་ངག་བགྲོས་ནི། །མི་འཛིན་དཔེ་ཆའི་རྩད་གཅོད་བྱེད་འདུག་སྟེ། །བསྟན་ 19-1-255 མེད་ཐོགས་མེད་པོ་ཏི་གཅིག་ན་གདའ། ། ༈ ད་ནི་བདུན་པའི་ཡུལ་བཤད་དེ། དེ་ཡང་གནས་དང་འགྱུར་བ་དག་ལ་བདུན་པའོ། ། ཞེས་འབྱུང་སྟེ། གནས་ཀྱི་དོན་ལ་བདུན་པ་འཇུག་པར་མ་ཟད་འགྱུར་བ་པའི་དོན་ལ་བདུན་ པ་འཇུག་གོ །དང་པོ་གནས་ལ་ལྷག་པར་གནས་པའི་དོན་ལ་དབྱེ་བ་དྲུག་སྟེ། སྡོམ་ནི། ཉེ་ བར་འདུས་དང་ཉེ་བ་ཅན། །མངོན་པར་བྱ་དང་ཡུལ་ཅན་དང༌། །ལུགས་སྲོལ་ཅན་དང་ཉེ་བ་ སྟོན། ༈ །ཉེ་བར་འདུས་པ་ལ་བདུན་པ་འཇུག་པའི་དཔེར་བརྗོད་ནི། ཀ་ཊེ་ཤེ་ཏེ་ཀུ་མཱ་རོ྅་ སཽ། གཞོན་ནུ་འདི་དག་རྩྭ་ལྷས་ལ་ཉལ་ལ། ཀ་ཊེ་ཞེས་དང༌། ཤེ་ཏེ་ཞེས་བདུན་པའི་ངི་སྦྱར་ བའོ། །གཞོན་ནུ་འདི་དག་ཅེས་བྱེད་པོ། ཉལ་བ་ནི་བྱ་བ། རྩྭ་ལྷས་ནི་གནས་གཞི་སྟེ་དེས་འོག་ རྣམས་ལ་རིགས་འགྲེའོ། ཉེ་བར་འདུས་པ་ནི་བརྟེན་པ་ལ་དངོས་སུ་རེག་པའོ། ༈ །ཉེ་བ་ཅན་ ནི། བ་ཊེ་གཱ་བཿསུ་ཤེ་ར་ཏེ། བ་ལང་ཉལ་བར་བྱེད་དོ་པ་ཊ་ལ། ཞེས་སོ། །པ་ཊ་ནི་ཤིང་ནྱ་གྲོ་ ངྷ་དང་གཅིག་སྟེ། ཤིང་པ་ཊའི་དྲུང་ན་བ་ལང་ཉལ་ན་ཤིང་གི་ནང་ངམ། སྟེངས་སམ། ཤིང་ ལ་རེག་པ་མི་དགོས་ཀྱི། ཁང་ཉེ་བ་ནས་ཤིང་རྟེན་དུ་བྱེད་ཅིང་སྐྱབས་འཆོལ་བ་སྟེ། བ་ཊེ་ ཞེས་བདུན་པའི་ངིའོ། ༈ །མངོན་པར་ཁྱབ་པ་ནི༌། ཏི་ལེ་ཥུ་བིདྱ་ཏེ་ཏཻ་ལཾ། ཏིལ་འབྲུ་རྣམས་ ལ་ཏིལ་མར་ཡོད་པ་སྟེ། ཏི་ལེ་ཥུ་བདུན་པའི་སུཔ྄་སྦྱར་བ་སྟེ། ཏིལ་འབྲུ་རྣམས་ལ། ཞེས་སོ། ། ཏིལ་མར་ནི་ཏིལ་གྱི་ལོགས་ནས་རེག་པ་དང་ཉེ་བར་འདུག་པ་མ་ཡིན། ཏིལ་མར་གྱིས་ཏིལ་ འབྲུ་ལ་ཀུན་དུ་ཁྱབ་པའི་དོན་ལ། གནས་ཁྱབ་བྱ་བ་དང༌། གནས་པ་པོ་ཁྱབ་བྱེད་ཡིན་ནོ། ༈། ཡུལ་ཅན་དུ་གྱུར་པ་ནི། ཧྲ་དི་བྲཧྨཱ་མྲྀ་ཏམྦ་རཾ། སྙིང་ལ་ཚངས་པ་མཆོག་གི་བདུད་རྩིའོ། །དེ་ ཡང་སྙིང་གི་སྐད་དོད། ཧྲ་ད྄་ལ་དི་བྱུང་བས། ཧྲ་དི་སྟེ་སྙིང་ལ་ཞེས་བདུན་པའོ། །ཚངས་པ་ནི་ སྲོག་སྟེ་བྱེད་པ་པོའི་མཐའ་ཅན་དང༌། མཆོག་གི་བདུད་རྩི་ནི་དེའི་ཁྱད་ཆོས་སོ། །འདི་ཡང་ ཁྱབ་བྱ་ཁྱབ་བྱེད་ཡིན་པ་ལས། སྔ་མ་ནི་གཟུགས་ཅན་ཕྱོགས་ཆ་ལ་ཁྱབ་པ་དང༌། འདི་ནི་ 19-1-256 ཡུལ་ལ་ཡུལ་ཅན་ཤེས་པས་རྟོགས་ཚུལ་གྱིས་ཁྱབ་པའོ། ༈ །ལུགས་སྲོལ་ཅན་ཞེས་པ་བྱ་བ་ དེ་དང་དེ་སྒྲུབ་པ་ལ་དགོས་པའི་ཡོ་བྱད་དང་འགྲུབ་པའི་རྒྱུའམ་ཐབས་འཇིག་རྟེན་དུ་གྲགས་ པའོ། །ཡུདྡྷེ་སནྣ་ཧྱ་དེ་དྷཱི་རཿ། དཔའ་བོ་གཡུལ་དུ་གོ་ཆ་གྱོན་པར་བྱེད། འདིར་གཡུལ་འཐབ་ ནི་བྱ་བའི་གཞིའམ་རྟེན་ཡིན་པས་བདུན་པའི་ངི་འོང་སྟེ། ཡུདྡྷི་ཞེས་སོ། །དྷཱི་རཿདཔའ་བོ་བྱེད་ པོའོ། །གོ་གྱོན་པ་ནི་གཡུལ་དུ་འཇུག་པ་ལ་ལེགས་པའི་ཐབས་འཇིག་རྟེན་ལུགས་སམ། ཀུན་ དུ་གྲགས་པའི་སྲོལ་ལུགས་ཡིན། དེ་དང་ལྔན་པའི་རྟེན་ལ་ལུགས་སྲོལ་ཅན་ཟེར་རོ། ༈ །ཉེ་ བར་སྟོན་པ་ནི། བརྡ་ཐབས་ཀྱིས་གོ་བར་བྱེད་པ་སྟེ། ཨངྒུ་ལྱ་གྲེ་ཀ་རཱི་ཎཱཾ་ཤ་ཏཾ། གླང་ཆེན་བརྒྱ་ ནི་སོར་མོའི་རྩེ་ལའོ། །ཨངྒུ་ལྱ་གྲེ་ནི། བདུན་པའི་ངི་འོངས་པ་སྟེ། སོར་རྩེ་ལ་ཞེས་པའོ། །དེ་ ཡང་འཛུབ་མོ་འཛུབ་ཀེར་གྱི། གླང་པོ་ཆེ་བརྒྱ་ཅིག་ཅར་རམ་རིམ་པས་བསྟན་ཀྱང་རུང་མི་ ཞིག་གིས་འཛུབ་ཀེར་གྱི་བརྡས་བསྟན་པ་ན། ཕ་རོལ་པོ་ལ་གླང་ཆེན་བརྒྱ་མཐོང་བའི་ཤེས་ པ་སྐྱེ་སྟེ། གླང་ཆེན་མཐོང་བའི་མིག་ཤེས་ཀྱི་རྟེན་དངོས་སོར་མོ་མིན་ཡང༌། སོར་མོའི་བརྡ་ ལ་བརྟེན་ནས་ཕྱོགས་དེ་དག་ཏུ་བལྟས་པས་བྱུང་བའི་ཕྱིར། རྟེན་ནམ་གནས་འདྲ་བའི་སྒོ་ ནས་གནས་ལ་ལྷག་པར་གནས་པའི་དོན་དུ་འགྱུར་རོ། །ཀ་རཱི་ཎཱཾ་ནི་གླང་ཆེན་རྣམས་ཞེས་སོ། ། འདིས་མཚོན་པ། མཚོན་ཁ་ལ་བསད། རྩེད་མོ་ལ་བཤིག ཞོར་བྱུང་ལ་རྩིག་པ་བརྩིགས་ ཟེར་བ་སོགས་ཀྱང་གོ་བར་བྱའོ། ། ༈ གཉིས་པར་འགྱུར་བ་པ་ནི། བྱ་བ་ཅན་གྱི་དངོས་པོ་གཅིག་ལ་བྱ་བ་ཅན་གཞན་གཅིག་ བྱུང་བའོ། །དེས་ན་འགྱུར་བ་ཞེས་འབྱུང་བར་འགྱུར་པ་སྟེ་ཡོང་སྲིད། དེ་འདྲ་ཡོང་ཐང་བའི་ དོན་ནོ། །དེ་ཡང༌། རབ་ཏུ་གྲུབ་པའི་བྱ་བ་ཅན་ལ་རབ་ཏུ་མ་གྲུབ་པའི་བྱ་བ་འབྱུང་བར་འཐད་ པའི་དོན་ལ་བདུན་པ་འཇུག་སྟེ། འདི་ནི་འབྱུང་རུང་ཡིན་གྱི། ངེས་པའི་རྒྱུ་རྐྱེན་ནི་མིན། དེས་དེ་ བསྒྲུབས་པ་ཡང་མིན། གནས་གཞི་རྟེན་རྣམས་གང་ཡང་མིན་མོད། བདུན་པ་ནི་འཇུག་པའོ། ། 19-1-257 འབྲེལ་པར་མཚན་ཉིད་ཅེས་བྱུང་བའི་དོན་ནི་འཐད་པ་དང༌། རུང་བ་དང་ཡོང་ཐང་བའི་དོན་ ནོ། །རབ་ཏུ་གྲུབ་པ་ནི། སྐྱེ་བོ་ཀུན་གྱིས་ཤེས་པ་དང༌། གྲུབ་མིན་ནི་ཕལ་གྱིས་མི་རིག་པའོ། ། དེ་འདྲ་དེ་འདིར་ནི་གནས་སྐབས་ལ་འཇུག་པའི་དཔེར་བརྗོད་དེ། བྷཪྵ་ཏི་དེ་བོ་ཙོ་ར་ཨཱ་ཡཱ་ ཏཿ། ལྷ་ཆར་ལ་རྐུན་པོ་འོང་ངོ༌། །ཞེས་པ་སྟེ། ཆར་པའི་སྐད་དོད། བྷཪྵ་ཏྲ་ལ་ངི་བྱུང༌། བྷཪྵ་ཏི། དེ་བ་ལ་ངི་དེ་བེ། རབ་ཏུ་གྲུབ་པ་ལྷ་ཆར་བབས་པ་མི་ཀུན་ཀྱིས་ཤེས་པའི་དུས་སུ། རབ་ཏུ་མ་ གྲུབ་པ་སྟེ་ཕལ་ཆེར་གྱིས་མི་རིག་པའི་རྐུན་པོ་ཡོང་ཐང་བའོ། །རྐུན་པོ་བྱེད་པོ། འོང་བ་བྱ་བ། ལྷ་ཆར་བབས་པའི་གནས་སྐབས་ནི། གནས་གཞི་དངོས་མིན་ཀྱང་མཚན་ཉིད་ཅན་ཡིན་པའོ། ༈ །པ་ཏ་ཏྱཾ་ཤུ་མཱ་ལི་ནི་པ་ཏི་ཏོ྅རཱ་ཏིཿ། ཤར་བ་ལ་འོད་འཕྲེང་ཅན་ལ། ཞེས་འབྱུང་བ། བོད་ སྐད་ལྟར་ན། འོད་འཕྲེང་ཅན་ཤར་བ་ལ། དགྲ་བརྡོལ་ལོ་ཞེས་སོ། །འོད་ཕྲེང་ཉི་མ་སྟེ། པ་ ཏཏ྄་ལ་ངི་བྱུང་པ་ཏ་ཏི་ཤར་བ་ལ། ཞེས་ཏེ། ཉི་མ་ཤར་བ་ནི་རབ་ཏུ་གྲུབ་པའོ། །ཨངྴུ་མཱ་ལིན྄་ ལ་ངི་ཨངྴུ་མཱ་ལི་ནི་འོད་འཕྲེང་ཅན་ལ་ཞེས་སོ། །དགྲ་བརྡོལ་བ་ནི། གྲུབ་མིན་ཏེ། ཉི་མ་ཤར་ བ་ནི། དགྲ་སྟེ་དམག་ཡོང་བའི་རྒྱུའམ་རྟེན་མིན་ཀྱང༌། དེ་ལ་དེ་འབྱུང་ཐང་བ་སྟེ་མཚན་ཉིད་ ཅན་ནོ། ༈ །དུས་ལ་ཡང་བདུན་པའོ། །བ་སནྟེ་ཀོ་ཀི་ལཱ་སྭ་རཾ་ཀ་རོ་ཏི། དཔྱིད་ཀར་ཁུ་བྱུག་སྒྲ་ འབྱིན་ནོ། །དཔྱིད་ཀའི་རྒྱ་སྐད། བ་སནྟ྄་ལ་ངི་བྱིན། བ་སནྟི། དཔྱིད་དུས་སུའམ་དཔྱིད་ཀར་ ཞེས་པའོ། །དཔྱིད་དུས་ཀྱི་སྐབས་སུ་འབྱུང་བ་ཡིན་པས་ན་དུས་ལ་ལྟོས་པས། རྒྱུའམ་རྟེན་གྱི་ ཕྱོགས་མཐུན་ནོ། །ལོ་འདི་ལ་ཟླ་བ་འདི་ལ་ཚེས་འདི་ལ་འདི་བྱུང་ཞེས་སོགས་རིགས་བསྒྲེའོ། ། ཤིང་ལ་དང༌། སྣོད་དུ་དང༌། བུམ་པར་དང༌། དུས་སུ་ཞེས་སོགས་ཀྱང་བདུན་པར་རིག་གོ་དེ་ ཡན་ཆད་ཀྱིས་རྣམ་དབྱེ་འཇུག་ཚུལ་སྤྱིར་བཏང་དམིགས་གསལ་རགས་པ་རྣམས་བཤད་ཟིན་ ཏོ།། །། ༒ ད་ནི་འཕྲོས་དོན་ཁྱད་པར་ཅན་དང༌། ཐོར་བུ་བ་གཉིས་ལས། ༈ དང་པོ་ནི། བི་ 19-1-258 ནཱ་ས་ཏ་ན་མ་ར་ཏེ་ནིརྦྷ་ར་ཎ་སྭཱ་མྱཱ་དི་བྷིཥྩ། མི་བྱེད་པ་དང༌། ལྷན་ཅིག་དང༌། ཕྱག་འཚལ་བ་ དང༌། བོར་བ་དང༌། ལོགས་སུ་བཀར་བ་དང༌། རྗེ་བོ་ལ་སོགས་པ་རྣམས་སོ། །མི་བྱེད་པ་ སྦྱོར་བ་ཅན་ལ་སོགས་པ་དྲུག་པོ་འདི་རྣམས་ལ་རྣམ་དབྱེ་གཉིས་པ་ལ་སོགས་པ་དྲུག་པོ་དག་ སྦྱོར་ཞེས་པ་སྟེ། མི་བྱེད་པ་སོགས་ཚིག་དྲུག་པོ་དེ་རྣམས་ཉིད་མ་ཡིན། དེ་དག་སྦྱར་བའི་མིང་ གཞན་ལ་རྣམ་དབྱེ་དེ་དག་འཇུག་པས་སྦྱོར་བ་ཅན་ཞེས་བྱ། སོགས་པ་ཞེས་པ་དྲུག་པོ་དེ་ཁོ་ ན་མ་ཡིན་རེ་རེ་ཞིང་སོགས་ཁོངས་ནས་མང་དུ་འདྲེན་པའོ། །རྗེ་བོ་ལ་སོགས་པ་རྣམས་ཞེས་ པའི་མིང་ཚིག་ནི་སྡེ་ཚན་དྲུག་ཡོད་པའི་མང་ཚིག་ཀྱང་ཡིན། རེ་རེ་བཞིན་སོགས་ཁོངས་ནས་ མང་དུ་ཡོད་པའི་མང་ཚིག་ཀྱང་ཡིན་ནོ། ༈ །དེས་ན་མི་བྱེད་པ་དང་སྦྱོར་བ་ཅན་ལ་སོགས་པ་ རྣམ་དབྱེ་གཉིས་པ་དང༌། ༈ ལྷན་ཅིག་པ་དང་སྦྱོར་བ་ཅན་ལ་སོགས་པ་ལ་རྣམ་དབྱེ་གསུམ་ པ་དང༌། ༈ ཕྱག་འཚལ་བ་དང་སྦྱོར་བ་ཅན་ལ་སོགས་པ་ལ་རྣམ་དབྱེ་བཞི་པ་དང༌། ༈ བོར་ བ་དང་སྦྱོར་བ་ཅན་ལ་སོགས་པ་ལ་རྣམ་དབྱེ་ལྔ་པ་དང༌། ༈ ལོགས་སུ་བཀར་བ་དང་སྦྱོར་བ་ ཅན་ལ་སོགས་པ་ལ་རྣམ་དབྱེ་དྲུག་པ་དང༌། ༈ རྗེ་བོ་དང་སྦྱོར་བ་ཅན་ལ་སོགས་པ་ལ་རྣམ་ དབྱེ་བདུན་པའོ། །ཞེས་ཀྱང་བྱ་སྟེ། འོན་ཀྱང་ཕྱི་མ་འདི་ལ་དྲུག་པ་དང་བདུན་པ་གདམ་ངའོ། ༈ །མི་བྱེད་པ་སྟེ། བི་ན་ལ་སོགས་པ་ནི། བི་ན་དང་ཨནྟ་རེ་ཎ་དང༌། ཨནྟ་རཱ་སྟེ་འདིར་གསུམ་ བྱུང་བ་ཐམས་ཅད་དགག་པའི་དོན་ཏེ། མེད་པ་དང་མི་འབྱུང་བ་དང༌། སྤངས་པ་དང༌། མ་ ཡིན་པ་སོགས་ལ་ཚིག་གྲོགས་དབང་གིས་ཅི་དགར་འཇུག་པ་ལས། འདིར་བི་ན་མི་བྱེད་པ་ དང༌། ཨནྟ་རེ་ན་མེད་པ་དང༌། ཨནྟ་རཱ་སྤངས་པ་སྟེ། བདག་བཟུང་མེད་པ་ལ་གོ་བར་བྱའོ། ༈། དེ་ཡང་བི་ནཱ་པཱ་པཾ་སརྦ་ཕ་ལ་ཏི། སྡིག་པ་མི་བྱེད་པ་ལ་འབྲས་བུ་ཐམས་ཅད་འབྱུང་ངོ༌། །སྡིག་ པ་མི་བྱེད་པའི་མི་ལ་ལེགས་པ་འབྱུང་བའི་དོན་ཏེ་མི་བྱེད་པ་ལ་ཞེས། གནས་ཀྱི་དོན་ཡིན་ ཀྱང༌། པཱ་པཾ་ཞེས་གཉིས་པའི་ཨམ྄་བྱུང༌། འདིར་བི་ན་པཱ་པཾ། མི་བྱེད་སྡིག་པ་ལ་ཞེས་འབྱུང་ 19-1-259 བ། བོད་སྐད་དུ། སྡིག་པ་མི་བྱེད་པ་ལ་ཞེས་པར་གོང་འོག་བསྒྱུར་དགོས་པ་འདི་འདྲ་ཤིན་དུ་ རང་མང་སྟེ། སྔོན་གྱི་བླུན་སྐད་དུ། སྒྲ་ཐད་ཀློག་ཟེར་བ་དེའོ། །སྡིག་མེད་ནི་ལས། ཐམས་ཅད་ བྱེད་པོ། འབྲས་བུ་ནི་བྱ་བའོ། ༈ །ཨནྟ་རེ་ཎཱ་ཀྵི་ཎི་ཀིཉྫ་བི་ཏེ་ན། མིག་དག་བྲལ་བ་ལ་གསོན་ པས་ཅི། ཨ་ཀྵི་ཎཱི་ཞེས་པ། ཨི་ཀྵི་ཎཱ་ལ་གཉིས་པའི་ཨཽ་བྱུང༌། ཨཽ་ཨཱི་རུ་སོང་བའོ། །འདི་ནི་ མིག་མེད་པའི་མི་དེ་ཞེས་པའི་དོན་ཏེ། དང་པོ་ཡོང་འོས་པ་ལ་གཉིས་པའོ། ༈ །ཨནྟ་རཱ་ཏྭཱཾ་མཱཾ་ ཧ་རིཿཏྭཱཾ་ཁྱོད་ལ། མཱཾ་ང་ལ་སྟེ། གཉིས་པའི་ཨམ྄་བྱུང་ཡང༌། དོན་ཏྭཱཾ་ཁྱོད་ཉིད་ང་ཉིད་ཅེས་པ་ ཡིན་པས་དང་པོའོ། །སྤངས་པའོ་ཞེས་པ་ལྷ་སྤངས་པའོ། །ཁ་ཅིག་ཨནྟ་རཱ་བར་ན་ཡོད་པའི་ གོ་བ་ཡིན་ཟེར་ཏེ་འདིར་དེ་ལྟར་ཡིན་ནོ། ༈ །གཉིས་པ་ས་ཧ་སོགས་ལ། ས་ཧ་སྟེ་ལྷན་ཅིག་ དང༌། ས་དྲྀ་ཤ་སྟེ་ཆ་འདྲ་བ་དང༌། སཱ་ཀཾ་སྟེ་ཡུལ་གཅིག་ན་མཉམ་པར་འདུག་པ་དང༌། སཱརྡྷ་ སྟེ་མཉམ་དུ་འགྲོགས་པ་དང༌། ས་མ་ནི་མཉམ་པ་སྟེ་དུས་མཉམ་རྣམས་ལ་གསུམ་པའོ། ༈། ས་ཧ་ཤི་ཤྱེ་ཎ་ག་ཏོ་གུ་རུཿ། ཤི་ཥྱ་ལ་ཊཱ་བྱུང༌། ཤི་ཥྱེ་ཎ་དངོས་བསྟན་ལྟར་ན། སློབ་མས་ཞེས། བྱེད་པར་འདུག་ཀྱང༌། དོན་ནི་སློབ་མ་དང༌། ཞེས་ལྷན་ཅིག་པའི་དོན་ཏེ། སློབ་མ་དང་བླ་མ་ ལྷན་ཅིག་འོངས་སོ་ཞེས་པའོ། ༈ །ས་དྲྀ་ཤ་ཤྩཻ་ཏྲོ་མཻ་ཏྲེ་ཎ། མཻ་ཏྲ་ནི་སྐར་མ་ས་གས་ཉ་བའི་ མིང་སྟེ། དེ་ལ་གསུམ་པའི་ཊཱ་ཨི་ནའོ། །མེ་ཏྲེ་ཎ། དངོས་སུ་ས་ག་ཅན་གྱིས་ཞེས་བྱུང་ཡང༌། དོན་ས་གའི་ཟླ་བ་དང༌། ནག་ཟླ་གྲང་དྲོ་སོགས་ཆ་འདྲ་བ་སྟེ། ནག་པ་ཅན་ས་ག་ཅན་དང་ འདྲའོ། །ཞེས་སོ། ༈ །སཱ་ཀཾ་ན་ཡ་ནཱ་བྷྱཱཾ་ཤླཀྵ་ཎཱ་དནྟཱཿ། ཤླཀྵ་ཎ་མཛེས་པའོ། །ན་ཡ་ན་མིག་ གི་སྒྲ་ལ། རྣམ་དབྱེ་གསུམ་པའི་གཉིས་པ་བྷྱཱཾ་བྱིན་པས། ན་ཡ་ནཱ་བྷྱཱཾ་སྟེ་མིག་དག་གིས་ཞེས་ དངོས་སུ་བྱུང་ནའང༌། དོན་མིག་དག་དང༌། ཞེས་པ་ཡིན་པས། མཛེས་པའི་སོ་ནི་མིག་དང་ མཉམ་པར་ཡོད་དོ། །ཞེས་པའོ། །སྭརྡྷཾ་དྷ་ནི་བྷིརྡྷྲྀཏཿསཱ་དྷུཿ། དྷ་ནི་ནོར་ཅན་ཏེ་ཕྱུག་པོའི་མིང་ ལ་རྣམ་དབྱེ་གསུམ་པའི་མིང་ཚིག་བྷིས྄་བྱིན་པས། དྷ་ནི་བྷིཿ། དངོས་སུ་ནོར་ཅན་རྣམས་ཀྱིས་ 19-1-260 ཞེས་བྱུང་ཡང༌། དོན་ནི་རྣམས་དང་ངོ༌། །ནོར་ཅན་རྣམས་དང་ལེགས་པ་པོ་མཉམ་དུ་བཟུང་ ངོ༌། །ཞེས་སོ། །ལེགས་པ་པོ་ནི་སྡིག་བྲལ་གྱི་མིའོ། ༈ །ས་མཾ་ཙནྡྲེ་ཎོ་དི་ཏོ་གུ་རུཿ། ཙནྡྲ་ལ་ ཊཱ་ཙནྡྲེ་ཎ་དངོས་སུ་ན་ཟླ་བས་ཞེས་བྱུང་ཡང༌། དོན་ཟླ་བ་དང་ངོ༌། །ཨུ་དི་ཏཿ། ཤར་རོ་ཞེས་པ་ དང་མཚམས་སྦྱར་བའོ། །ཟླ་བ་དང་བླ་མ་མཉམ་དུ་ཤར་རོ། །ཞེས་ཏེ། བླ་མ་ནི་ཕུར་བུའོ། ༈། ཕྱག་འཚལ་སོགས་ནི། ན་མཿསྭ་སྟི་སྭཱ་ཧཱ་སྭ་དྷཱཿ ཨ་ལམ྄་བ་ཥཊ྄་རྣམས་ཏེ། དེ་དག་དང་སྦྱོར་ བ་ལ་རྣམ་དབྱེ་བཞི་པའོ། །ན་མོ་བུདྡྷཱ་ཡ། ན་མསྟ་ཐཱ་ག་ཏཱ་ཡ། སངས་རྒྱས་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། བུདྡྷ་དང་ག་ཏ་ལ་རྣམ་དབྱེ་བཞི་པའི་ ངེ་བྱུང་བའོ། །ཕྱག་འཚལ་བ་ནི་ཆེད་དུ་བྱ་བའི་དོན་ཡིན་ན། སྤྱིར་བཏང་ལ་འདུས་ཀྱང༌། དེ་ འདྲ་མ་ཡིན་པ་ལས་དང་གནས་ཀྱི་དོན་ཡང་ཡོད་མོད། རྣམ་དབྱེ་ནི་བཞི་པ་ཁོ་ན་འཇུག་གོ ། ༈ སྭ་སྟི་རཱ་ཛྙེ། བདེ་ལེགས་སུ་གྱུར་ཅིག་རྒྱལ་པོ་ལ། ཞེས་ཏེ། རཱ་ཛྙ་ལ་ངེ་བྱིན་པ་ཡིན། རྒྱལ་པོ་ཉིད་བདེ་བ་དང་འབྱོར་བ་ཡིན་ན་བྱེད་པོ་དང༌། ལས་རྒྱལ་པོ་ལ་བྱ་བ་བདེ་ལེགས་ འབྱུང་བའི་དོན་ཡིན་ན། ལས་སུ་བྱ་བ་ཡིན་ཀྱང༌། རྣམ་དབྱེ་བཞི་པ་བྱུང༌། སྭ་སྟི་ནི། སུ་བཟང་ བདེ་རབ་ལེགས། ཨ་སྟི་ཡོད་བྱུང་གྱུར་ཤོག །དེར་སོང་ཞིག་པའི་དོན་ཡིན་པས། བདེ་ལེགས་ སུ་གྱུར་ཅེས། མཁས་པའི་ཚིག་སྡོམ་བརྗིད་ཅན་ཡིན། གྲོང་སྐད་ལྟར་ན། བདེ་ཤིག་དང༌། སྐྱིད་པར་ཤོག་གོ ༈ །སོ་མཱ་ཡ་སྭཱཧཱཿ སོ་མ་ལྷ་ཟླ་བ་ཡིན། དེ་ལ་དེ་བྱུང༌། སོ་མཱ་ཡ། ཟླ་བའི་ ཆེད་དུ་ཞེས་པ་ཡིན་ཀྱང་ཆེད་དོན་དུ་མ་ངེས་ཏེ། ལས་ཆེད་ཡུལ་གྱི་དོན་གསུམ་ཀ་རུང་ངོ༌། ། སྭཱ་ཧཱ་ཞེས་པ་སུ་བཟང་ལེགས། ཨཱ་ཧཱ་ནི་ཟས་སོགས་མཆོད་པའི་དོན་ནོ། །ཟླ་བ་ལ་ལེགས་ པར་མཆོད་དོ། །ཞེས་པའོ། ༈ །པི་ཏྲི་བྷྱཿསྭདྷཱ། ཕ་མེས་རྣམས་ལེགས་པར་ཚིམ་མོ། །ཞེས་ པ་ཡིན་མོད། དངོས་སུ་ན། པི་ཏྲི་ཕ་མེས་ལ་བཞི་པའི་མང་ཚིག་བྷྱས྄་བྱིན་པ། ཕ་མེས་རྣམས་ ལ་ཞེས། དང་པོའི་དོན་གྱི་བཞི་པའོ། །ཕ་མེས་ནི། བོད་རྣམས་ཕོ་ལྷ་དགྲ་ལྷ་ཞང་ལྷ་ཟེར་བ་ 19-1-261 ལ། པེ་ཀར་རྩང་བཙན་ལ་སོགས་པ་འདི་ཡིན་ངོས་འཛིན་རྒྱུ་མེད་པ་དེ་ལ་ཟེར་ཏེ། ཕ་སོགས་ ཉེ་དུ་ཤི་བ་རྣམས་གྲོལ་བ་མ་ཐོབ་པར་གཤིན་ཡུལ་ཡི་དྭགས་ན་ཡོད་ཟེར། དེ་ལ་མཚུན་ཡང་ ཟེར། གཤིན་གྱི་སེམས་ཅན་གྱི་དཔོན་པོ་ཡིན་པས། གཤིན་རྗེ་ལ་མཚུན་གྱི་བདག་པོ་ཟེར་རོ། ། འདི་དག་སྔོན་གྱི་བྲམ་ཟེ་སོགས་འཇིག་རྟེན་ལ་གྲགས་པ་ཡིན་གྱི། གསུང་རབ་ཀྱི་དགོངས་ དོན་མིན་ཡང༌། སྒྲ་གཞུང་ལ་དེ་ལྟར་སྦྱོར་དགོས་སོ། ༈ །ཨ་ལམྨ་ལློ་མལླཱ་ཡ། ཨ་ལམ྄་ནི་ ནུས་པ་དང༌། སྟོབས་དང༌། གང་བ་སོགས་ལ་འཇུག་གོ །མལླ་གྱད་ཀྱི་མིང་ལ་ངེ་སྟེར། མལླཱ་ ཡ་གྱད་ལ་ཞེས་པ་རྣམ་དབྱེ་བཞི་པ་ཡིན། དོན་གཉིས་པའོ། །ནུས་སོ་གྱད་ལ་གྱད། ཅེས་ཏེ། གྱད་དེ་ནི་གྱད་གཞན་ལ་རྩལ་སྟོབས་འགྱེད་ནུས་ཞེས་པའོ། །འགའ་ཞིག་གྱད་དང་སྟེ་ལྷན་ ཅིག་པའི་དོན་ཡིན་ཟེར་རོ། ༈ །བ་ཥ་ཌནྡི་ཡ། བ་ཥ་ཊུ་ནི་སྨྲེང་འདོན་པའོ། །རྀ་ཙ་ཞེས་པ་རིག་ བྱེད་ཀྱི་ཚིག་ཅི་རིགས་དུམ་བུ་ཡིན། བ་ཥཊ྄་དེ་འདྲ་འདོན་པ་ལ་ཟེར་རོ། །དེ་འདྲ་མང་དུ་བྱས་ ན་བགེགས་ཞི་བཀྲ་ཤིས་ཟེར། ལྷ་མཆོད་བྱུང་བས་ལ་སོགས་ལ་བྱེད་དོ། དེ་ཀ་ལ་སཾསྐྲྀ་ཏའི་ སྐད་གསང་ཚིག་ཏུ། བ་ཥཊ྄་ཟེར་རོ། །ཨནྡྲ་དབང་པོ་ཞེས་པ་ལ་ངེ་བྱུང༌། ཨིནྡྲཱ་ཡ། དབང་པོ་ ལ་བདག་གིས་ཞུ་བ་བགྱིད་པའི་དོན་ཡིན་པས་ལས་སུ་བྱ་བའོ། །བོར་བ་སོགས་ལ། བོར་ བ་དང་གཞན་པ་གསལ་བར་བྱེད་པ་སྟེ། དེ་ལ་རྣམ་དབྱེ་ལྔ་པ་འཇུག་གོ །རྀ་ཏོཛྙཱ་ནཱཏྣ་མུཀྟིཿ། ཡེ་ཤེས་སྤངས་བ་ལས་གྲོལ་བ་མེད་དོ། །རྀ་ཏཿསྤངས་པའམ་བོར་བ། ཛྙཱནཱ་ཏ྄་ཡེ་ཤེས་ལས་ ཞེས། སྤངས་པ་ཡེ་ཤེས་ལས་ཟེར་ཏེ། ཡེ་ཤེས་སྤངས་པ་ལས་སོ། །འདི་ཡེ་ཤེས་སྤངས་པའི་ རྒྱུ་མཚན་གྱིས་ན་ཞེས་པ་བདུན་པར་འགྲོ། ཡེ་ཤེས་སྤངས་ན་བྱས་ན་དང་པོར་འགྲོ། ལྔ་པ་ རང་གི་དོན་དུའང་འགྲོ་བ་ཡོད། ཡེ་ཤེས་སྤངས་པའི་མིའི་དོན་ལྟར་ན། དྲུག་པར་འགྲོ་མོད་ རྣམས་དབྱེ་ལྔ་པ་ཉིད་དོ། ༈ །ཨ་ནྱོགྲྀ་ཧཱ་དྦི་ཧཱ་རཿ། གྲྀ་ཧ་ཁྱིམ་གྱི་སྐད་དོད། ལྔ་པའི་ངསི་ཨཱཏ྄་ དུ་སོང་བའོ། །བི་ཧ་ར་ཞེས་པ་ནི། ལྷ་ཁང་དང་ཀློག་པའི་གནས་དང༌། མི་ཆེན་གྱི་ཁང་པ་ལ་ 19-1-262 ཞེས་དང༌། བཞུགས་མཁན་གཅིག་བཞུགས་པའི་བྱ་བ་དང༌། ཨནྟ་ར་པུ་ར་ཏེ། ཀླས་ཏེ། བུད་ མེད་སྡོད་ས་ལ་ཡང་འཇུག་གོ །དེས་ན་ཁྱིམ་ལས་གཞན་དུ་ཀླས་སོ། །ཞེས་པ་སྟེ། ཁྱིམ་མ་ ལས་ལོགས་སུ་ཀླས་ཡོད་པའོ། ༈ །བཀོལ་བ་དང་སྦྱོར་བ་ཅན་གྱི་དོན་ལ་བྱ་བའི་དང༌། ཡོན་ ཏན་གྱི་དང༌། རིགས་ཀྱི་ནང་ནས་བཀོལ་བ་སྟེ། ལོགས་སུ་བཀར་བའི་དོན་གསུམ་མོ། ༈། ཚོགས་པའམ་འདུས་པ་ལས་ཐ་དད་པ་ཟུར་དུ་ཕྱེ་བའི་དོན་ལ་རྣམ་དབྱེ་དྲུག་པ་འཇུག་སྟེ། ཀྲི་ཡཱ་པ་རཱ་ཎཱཾ་བྷ་ག་བ་དཱ་རཱ་དྷཱ་ཀཿཤྲེཥྛཿ། བཅོམ་ལྡན་འདས་མཆོད་པ་ནི་བྱ་བ་གཞན་ཀུན་ ལས་གཙོ་བོའོ། །ཨ་པ་ར། གཞན་དེ་ལ་དྲུག་པའི་མང་ཚིག་ཨཱམ྄་སྟེར། ནུ་སོགས་བྱུང༌། ཀྲི་ ཡ་གོང༌། མཚམས་སྦྱར། ཀྲི་ཡཱ་པ་རཱ་ཎཱཾ། བྱ་བ་ཀུན་ཀྱི་ཞེས་པ་ལྟ་བྱུང་ཡང༌། ཚོང་སོགས་བྱ་ བ་གཞན་གྱི་ནང་ནས་བཀར་བ་སྟེ། བྱ་བ་གཞན་རྣམས་དམན། འདི་མཆོག་ཅེས་ཁྱད་པར་ཕྱེ་ བ་ཡིན་པས། འབྲེལ་པ་མ་ཡིན་ཀྱང་དྲུག་པ་བྱུང་སྟེ། འདི་ལ་ཚོགས་པའི་ནང་ནས་བྱུང་བ་ལ་ བསམས་ན་འབྱུང་ཁུངས་ཀྱི་དོན་ཅུང་ཟད་ཀྱང་ཡོད་མོད། དོན་གྱི་གཙོ་བོ་ཁྱད་པར་ཕྱེ་བའོ། ། བྱ་བ་སོང༌། ༈ ག་བཱཾ་ཀྲྀཥྞཱ་སམྤནྣ་ཀྵཱི་རཱ། བ་རྣམས་ལས་ནག་མོ་འོ་མ་ཕུན་སུམ་ཚོགས་པའོ། ། ག་བཱཾ་ནི་དྲུག་པའི་ཨཱམ྄་གྱི་རྗེས་ཅན་ཏེ། དངོས་སུ་ན་བ་རྣམས་ཀྱི་ཞེས་པར་བྱུང༌། དོན་ནི་བ་ རྣམས་ལས་ཞེས་ཁྱད་པར་ཕྱེ་བའོ། །ཚིག་གཞན་གྱིས་ཁ་བཀང་ན་དེ་གཉིས་མི་འགལ་ཏེ། བ་ རྣམས་ཀྱི་ནང་ནས་ཞེས་པའི་དོན་གྱིས་སོ། ཡོན་ཏན་སོང་ངོ༌། ༈ ཨེ་ཏེ་ཥཱཾ་ཀྵ་ཏྲི་ཡ་ཤུ་ར་ཏ་མཿ། འདི་རྣམས་ལས་རྒྱལ་རིག་དག་དཔའ་བའི་ཕུལ་ལོ། ཞེས་པ་སྟེ། ཨེ་ཏེ་ཥཱཾ། ཨེ་ཏ་ལ་རྣམ་དབྱེ་ དྲུག་པའི་ཨཱམ྄་སྦྱར་བའི་རྗེས་སོ། །དངོས་ལྟར་ན། དེ་རྣམས་ཀྱིས་ཞེས་པ་ཡིན་ཡང༌། དོན་ནི་ དེ་རྣམས་ལས་ཞེས་ཁྱད་པར་བསྟན་པའོ། ༈ །རྗེ་བོ་ལ་སོགས་པ་ལ་ནི་དབྱེ་བ་མེད། རྣམ་དབྱེ་ དྲུག་པ་དང་བདུན་པ་གདམ་ངར་བྱ་བ་སྟེ། ག་བཱཾ་སྭ་མཱི་ག་བཱ་མ་དྷི་པ་ཏིཿ། བ་ལང་རྣམས་ཀྱི་རྗེ་ བོ་ཁྱུ་མཆོག་མངའ་བདག་གོ །སྭཱ་མཱི་ནི་རྗེ་བོ་སྟེ། བདག་པོའམ་དཔོན་གྱི་དོན་ནམ་བཀུར་ 19-1-263 འོས་ཀྱི་མིང་ཡིན། ག་བཱཾ་ཅེས་གོ་དང་དྲུག་པའི་ཨཱམ྄་འདུས་པ་ཡིན་པ་བ་ལང་རྣམས་ཀྱི་ཞེས་ བདག་པོའི་དོན་ཏེ་འབྲེལ་བ་བརྗོད་པས། སྤྱིར་བཏང་ཉིད་ཡིན་ནོ། ༈ །གོ་ཥུ་སྭཱ་མཱི་གོ་ཥྦ་དྷི་པ་ ཏིཿ། བ་ལང་རྣམས་ལ་རྗེ་བོ་བ་ལང་རྣམས་ཀྱི་མངའ་བདག་གོ །དཔེ་འགའ་ལ༌། གོ་ཥྭ་དྷི་པ་ ཏི། ཞེས་པ་ལྟར། བ་ལང་རྫི་མངའ་བདག་གོ །ཞེས་སོ། གོ་ཥུ་ནི། བདུན་པའི་མང་ཚིག་སུཔ྄་ ཀྱི་རྗེས་ཏེ། བ་ལང་རྣམས་ལ་ཞེས་སོ། །དོན་ནི་འབྲེལ་བ་སྟེ། བ་ལང་རྣམས་ཀྱི་ཞེས་སོ། ། ༈ གཉིས་པ་འཕྲོས་དོན་ཐོར་བུ་པ་ནི། ཀརྟྲམ་ཀཱརྨ་ཡོ་རཀྟ་དཽ་ཀྲྀ་ཏི་ཥཥྚཱི། ཀྟ་ལ་སོགས་པ་ མ་ཡིན་པའི་ཀྲྀཏ྄་ཀྱི་བྱེད་པོ་དང་ལས་ཀ་དག་ལ་དྲུག་པའོ། །ཀྲྀཏ྄་ཀྱི་བྱ་བས་སྒྲུབས་པའི་བྱེད་ པོའི་དོན་དང་ལས་ཀའི་དོན་ལས། ཀྟ་ལ་སོགས་པའི་རྐྱེན་གྱི་བྱ་བ་མེད་པ་རྣམས་ལ་དྲུག་ པ་འཇུག་ཏུ་རུང་བའོ། ༈ །བྱཱ་ས་སྱ་ཀྲྀ་ཏིཿ། རྒྱས་པས་བྱས་པའོ་ཞེས་པའི་དོན་ལ། དངོས་ སུ་དྲུག་པའི་ངས྄་ཀྱི་ཤུལ། སྱ་བྱུང་བས་རྒྱས་པའི་ཞེས་ཡོད་པ་ལྟ་བུ་སྟེ། གསུམ་པའི་དོན་ལ་ དྲུག་པའོ། །ཡང་ན་བྱཱ་ས་རྒྱས་པ་བྱེད་པོ་ཙམ་དང་པོའི་དོན་ལ་དྲུག་པ་སྟེ། རྒྱས་པ་བྱེད་པོ་སྟེ། རྒྱས་པ་གཞུང་རྩོམ་པའི་དོན་ཡང་ངོ༌། ༈ །བྷཱ་ར་ཏ་སྱ་ཤྲ་བ་ཎཾ། བྷཱ་ར་ཏ་ལ་ཐོས་པའོ་སྟེ། བྷ་ ར་ཏའི་གཞུང་ལ་སློབ་གཉེར་བྱེད་པའི་དོན་ཡིན་པས། ལས་ཀྱི་དོན་ལ་གཉིས་པ་ཡོང་ཐང་བ། དྲུག་པའི་གཅིག་ཚིག་སྱ་བྱུང་བས། བྷཱ་ར་ཏའི་ཐོས་པ་ཟེར་བ་ལྟར་བྱུང་ངོ༌། །འདི་མན་ཆད་ཀྱི་ མདོ་རྣམས་ཁ་སྐོང་ཡིན་པར་གྲགས་སོ། ། ༈ སྨ་ར་ཏཽ་ཙ་ཀཱ་ཪྻེ་ཥཥྛི། དྲན་པའི་ལས་ཀ་དག་ལ་ཡང་དྲུག་པའོ། །འབྲེལ་བའི་དོན་ མིན་ཀྱང༌། དྲན་པའི་ལས་དང་འབྲེལ་བའི་དོན་ལ་དྲུག་པ་སྟེ། ལ་ཡང་ཞེས་པའི་ཡང་ཚིག་ གི་ནུས་པས་གཉིས་པ་ཡང་འཇུག་པའོ། །མཱ་ཏུཿསྨྲར་ཏི། མཱ་ཏྲྀ་ལ་ངས྄་བྱིན། ང་ཡ་ལ་ཨ་ཨུ་ཊི་ ཕྱིས། དྲངས། ས྄་རྣམ་བཅད། མཱ་ཏུཿ དངོས་སུ་དྲུག་པ་ཡིན་ཀྱང༌། ལས་སམ་གནས་གཞི་ གང་རུང་ངོ༌། །མཱུ་ཏུཿསྨྲར་ཏི། མ་དྲན་ནོ་ཞེས་པ། མ་ནི་དྲན་ཡུལ་རྒྱུ་ཡིན་ན་བདུན་པ་དང༌། 19-1-264 དྲན་པར་བྱེད་ཡུལ་ཡིན་ན་ལས་སོ། །དངོས་སུ་མ་ཡི་དྲན་ཟེར་བ་ལྟར་དྲུག་པ་བྱུང༌། དེ་བཞིན་ དུ། མཱ་ཏ་རཾ་སྨ་ར་ཏི། ཏྲྀའི་རྀ་ཨར྄་གཉིས་པའི་ཨམ྄་ལ་དྲངས། མཱ་ཏ་རཾ། མ་ལ་དྲན་པར་བྱེད་ དོ། །ཞེས་བྱུང་ཡང༌། དོན་མ་ཉིད་དྲན་པ་སྟེ། དང་པོའམ་གོང་བཞིན་བདུན་པའོ། ༈ །ཡང་ ཇི་སྐད་དུ། རྒྱུ་ལ་གསུམ་པ་སྟེ་ལྔ་པ་ཡང་ངོ༌། །ཞེས་བཤད་དེ། རྒྱུ་ཡིས་འདུས་བྱས་པའི་དོན་ ལ། རྒྱུ་འཛོམ་པ་བྱེད་པ་དང་འདྲ་བས་གསུམ་པ་དང༌། རྒྱུ་ལས་བྱུང་བ་འབྱུང་ཁུངས་དང་འདྲ་ བས་ལྔ་པ་ཡང་འཇུག་གོ །ཨ་ནི་ཏྱཿ ཤབྡཿཀྲྀ་ཏ་ཀ་ཏྭེ་ན། མི་རྟག་པའི་སྒྲ་ནི་བྱས་པ་ཡིས་སོ། ། ཀྲྀ་ཏ་ཀ་ཏྭེ་ན། གསུམ་པའི་གཅིག་ཚིག་གི་རྗེས་སོ། ༈ །ཨ་ནི་ཏྱ་ཤབྡཿཀྲྀ་ཏ་ཀ་ཏྭཱཏ྄། མི་རྟག་ པའི་སྒྲ་ནི་བྱས་པ་ལས་སོ། །བྱས་པ་ནི་རྒྱུ་ཅན་གྱི་དོན་ཡིན་ཏེ། རྒྱུ་རྐྱེན་གྱིས་བྱས་པའོ། །བྱས་ པ་ཞེས་བྱ་བ་གཅིག་ངོས་བཟུང་ནས། དེས་སྒྲ་བཅོས་པ་དང༌། དེ་ལས་སྒྲ་དེ་བྱུང་བ་མིན་ཀྱང༌། ཚིག་ཏུ་བརྗོད་པ་ལ་གསུམ་པ་དང་ལྔ་པ་བྱུང༌། དོན་ནི། སྒྲ་ཉིད་བྱས་པ་ཡིན་པས་གཞི་མཐུན་ བསྡུ་བའམ་བྱེད་པོའོ། །རིག་བྱེད་པ་དག་ན་རེ། རིག་བྱེད་ཀྱི་སྒྲ་ནི་རྟག་ལ། དུང་སྒྲ་སོགས་ གཞན་མི་རྟག་པའོ་ཟེར་རོ། ། ༈ བྷ་ཡ་ཧེ་ཏཽ་ཙ་པཉྩ་མཱི། འཇིགས་པའི་རྒྱུ་ལ་ཡང་ལྔ་པའོ། །འཇིགས་པའི་རྒྱུ་སྟོན་པ་ལ་ ཡང་ལྔ་པ་འཇུག་སྟེ། ཙཽ་རཱ་དྦེ་བྷེ་ཏི། ཆོམ་རྐུན་ལས་འཇིགས་སོ། །བྱཱ་གྷྲཱ་ཏྟྲ་སྱ་ཏི། སྟག་ལས་ སྐྲག་གོ །བི་དྱུཏྤཱ་ཏཱཙྩ་ཀི་ཏཿ། ཐོག་བབས་པ་ལུས་འཕར་བའོ་ཞེས་སོ། །འདི་དག་ཏུ་ལས་ ཞེས་འབྱུང་བ་རྣམ་དབྱེ་ནི་ལྔ་པ་ཁོ་ན་ཡིན་ཀྱང༌། དོན་ནི་འཇིགས་པ་དེའི་འབྱུང་ཁུངས་ནི་ ཆོམ་རྐུན་སོགས་དེ་དང་དེ་མིན་ཀྱང༌། དེ་ལ་བརྟེན་ནས་བྱུང་བས། རྒྱུ་རྐྱེན་གྱི་དོན་གྱི་བདུན་ པ་དང༌། དྲུག་པ་དང་ལྔ་པ་གསུམ་ཀའི་ཕྱོགས་མཐུན་པའོ། །ཙཽ་རཱཏ྄་བྱཱ་གྷྲཏ྄་པཱ་ཏཱཏ྄་རྣམས་ ངསི་བྱུང་བའི་རྗེས་ཡིན། པཱཏ་ལྷུང་བ་དང་བབས་བའི་དོན་ཡིན་ནོ། ། ༈ ཥཥྛི་ཧེ་ཏུ་པྲ་ཡོ་གེ། རྒྱུ་དང་རབ་ཏུ་སྦྱོར་བ་ལ་དྲུག་པའོ། །འདིའི་རྒྱུ་ནི་ཟ་རྒྱུ་འཐུང་རྒྱུ་ 19-1-265 ཟེར་བ་དང་འདྲ། ལས་ཀྱི་དོན་ཡིན་ཡང་རྣམ་དབྱེ་དྲུག་པ་སྦྱོར་རོ། །ཀ་སྱ་ཧེ་ཏོཿཨི་ཡཾ་ཀ་ནྱཱ། བུ་མོ་འདི་ནི་གང་གི་རྒྱུ་ཡིན། ཞེས་པ་ལྟར་བྱུང་ཡང༌། དོན་ནི་གང་ལ་སྟེར་རྒྱུ་ཡིན་ཞེས་པ་ལྟ་ བུའི་དོན་ནོ། །དངོས་པོ་ལ་རྒྱུར་བརྗོད་པའོ། ། ༈ ཨིཏྠཾ་བྷཱ་བེ་ཏྲ་ཏཱི་ཡ། འདི་འདྲར་ཡོད་པ་ལ་གསུམ་པའོ། །འདི་དང་དེ་འདྲའོ། །ཞེས་ པའི་དོན་ལ་གསུམ་པ་སྟེ། ཤིཥྱཾ་པུ་ཏྲེ་ཎ་པ་ཤྱ་ཏི། སློབ་མ་ལ་བུ་ཡིས་ལྟའོ། །ཟེར་བ་ལྟ་བུ་ བྱུང་ཡང་དོན་ནི། པུ་ཏྲེ་ཎ། ཊཱ་བྱིན་པའི་རྗེས་ཡིན་མོད། བུ་ཡིས་ཞེས་པའི་དོན་མ་ཡིན། བུ་ དང་འདྲ་ཞེས་པར་གོ་དགོས་པས། དོན་འགྱུར་བུ་དང་འདྲ་བར་སློབ་མ་ལ་ལྟའོ་ཞེས་སོ། །སཾ་ སཱ་ར་མ་སཱ་རེ་ཎ་པ་ཤྱ་ཏེ། རའི་ང་རོ་ལ་ཨ་སཱ་ར་ཞེས་པའི་ཨ་བཅུག་པའོ། ཨ་སཱ་རེ་ཎ། སྙིང་ པོ་མེད་པས་ཟེར་བ་ལྟར་བྱུང་ཡང༌། དོན་སྙིང་པོ་མེད་པར་འདྲ་བའི་དོན་ཏེ། དོན་འགྱུར་ནི། འཁོར་བ་ལ་སྙིང་པོ་མེད་པར་མཚུངས་པར་ལྟའོ། །ཞེས་པ་སྟེ། གཙོ་འཁོར་བཟང་ངན་སྐྱིད་ སྡུག་དགྲ་གཉེན་ཐམས་ཅད་སྙིང་པོ་མེད་པར་མཚུངས། ཞེས་སོ། ། ༈ ཡེ་ནཱཾ་ག་བི་ཀཱ་རཿ། ལུས་ཀྱི་རྣམ་འགྱུར་གང་དག་ལའོ། །ལུས་ཀྱི་རྣམ་པར་འགྱུར་བ་ ཡོད་པ་གསལ་བར་གཞན་ལ་མཚོན་ནུས་པ་དེ་ལ་གསུམ་པ་སྦྱོར་རོ། །ཨཀྵ་ཎཱ་ཀཱ་ཎཿ། ཨཀྵ་ ཎཱ་ནི་ཨཀྵ་ཏེ་དབང་པོའམ་སྐབས་འདིར་མིག་ཅེས་པ་ལ་ཊཱ་དང་ནུམ྄་བྱུང་བའི་རྗེས་ཡིན། མིག་གིས་ཞར་བའོ། །ཟེར་བ་འདྲ་མོད། མིག་ཞར་བའོ་ཞེས་དང་པོའི་དོན་ལ་གསུམ་པའོ། ། དེ་བཞིན་དུ། པ་དེ་ན་ཁཉྫཿ། རྐང་པ་མཐེང་པོའོ། །ཀ་རྞེན་བ་དྷི་རཿ། རྣ་བ་འོན་པའོ། །ཞེས་ པ་ཡིན་གྱི། ཊཱ་ཨིན་བྱུང་ཡང་དོན་དང་པོ་སྟེ་དེ་ཐམས་ཅད་དངོས་སུ་མཚོན་པ་དགོས་སོ། །ཁ་ ཅིག་འོན་པ་དངོས་སུ་མི་མཚོན་པར་ཡང་ངེས་པ་ཡང་མེད་ལ་ཞོར་བྱུང་ངོ༌། ། ༈ ཛ་ནི་ཀརྟུཿཔྲ་ཀྲྀ་ཏིཿ། སྐྱེད་པར་བྱེད་པའི་རང་བཞིན་ལའོ། །རང་བཞིན་ཏེ་རྒྱུ་གང་གིས་ འབྲས་བུའམ་དངོས་པོ་བསྐྱེད་པར་བྱས་ཟིན་པའི་རྒྱུ་ལ་ལྔ་པ་འཇུག་སྟེ། ངེས་པར་ཀུན་སྦྱིན་ 19-1-266 པའི་དོན་ནོ། །ཡསྨཱཏྤྲ་ཛཱ་པྲ་ཛཱ་ཡནྟེ་ཏཏྤྲ་ཧྨ་ཏི། གང་ལས་སྐྱེ་དགུ་རྣམས་སྐྱེད་པར་བྱེད་པ་དེ་ནི་ ཚངས་པ་འདིའོ། །ཞེས་སོ། །རྣམ་འགྱུར་སྐྱེ་དགུ་རྣམས་སྐྱེད་པར་བྱེད་པའི་རྒྱུའམ་རང་བཞིན་ ནམ་གང་ཞེས་ཚངས་པ་སྟེ། ཡསྨཱཏ྄་གང་ལས་ཞེས་ལྔ་པ་འཇུག བྱེད་པོ་བྱེད་པ་དང་འབྲེལ་བ་ ཡིན། དང་པོ་དང་གསུམ་པ་ཐོབ་ཐང་པ་ལ་ངེས་པར་ཀུན་སྦྱིན་པ་ཡིན་པས་འབྱུང་ཁུངས་མིན་ ཀྱང་ལྔ་པ་ཐོབ་ཅེས་པའོ། །འབྱུང་ཁུངས་རྗེས་མཐུན་པ་ནི་ཡིན་ནོ། །ཡསྨཱཏ྄་ངསིའི་རྗེས། པྲ་ ཛཱ་བྱེད་པོ། པྲ་ཛཱ་ཡནྟེ་བྱ་བའི་ཚིག་གོ ༈ །ཨཱ་དཱ་དི་ཡོ་གོ་པཉྩ་མཱི། ཨཱང྄་ལ་སོགས་པའི་སྦྱོར་བ་ ལ་ལྔ་པའོ། །ཉེར་བསྒྱུར་ཨཱང྄་ལ་སོགས་པ་མཚམས་འཛིན་པའི་དོན་ཅན་དུ་ཐོག་མར་སྦྱར་ བ་ཡོད་པའི་མིང་ལ་ལྔ་པ་འཇུག་སྟེ། ཨཱ་པཱ་ཊ་ལི་པུ་ཏྲཱདྦྲྀཥྚོ་དེ་བཿ། པུ་ཏྲཱཏ྄་ཞེས་ལྔ་པའི་གཅིག་ ཚིག་བྱུང་ཡང་འབྱུང་ཁུངས་མིན། ཨཱད྄་དང་སྦྱར་བའི་ནུས་པས་མཚམས་སྟོན་པའི་དོན་ཏེ། པཱ་ ཊ་ལི་པུ་ཏྲ་ཚུན་ཆད་ལྷ་ཆར་འབེབས་སོ། །ཞེས་པ་སྟེ། གྲོང་ཁྱེར་པཱ་ཏྲ་ལི་པུ་ཏྲ་ལས་མཚམས་ བཟུང་བའོ། ༈ །ཇི་སྐད་དུ། དེའི་དོན་ལ་བཞི་པའོ། །ཞེས་བཤད་དོ། །དེའི་དོན་ཞེས་པ་དོན་ བཟང་པོ་ཡིན་པ། སྒྲུབས་ན་མྱུར་དུ་འགྲུབ་ངེས་པ། ད་ལྟར་མངོན་དུ་མ་གྱུར་པ་གཅིག་ལ་ ཟེར། སྔགས་ཀྱི་སྦྱོར་བ་ལ་སྤྱོད་པ་ནི། དངོས་གྲུབ་ཀྱི་དོན་དུའོ་ཞེས་པ་ལྟ་བུའོ། །འདི་ནི་ཆེད་ དུ་བྱ་བའི་བྱེ་བྲག་ཁོ་ན་ཡིན་མོད་ཀྱང༌། ཆེད་དུ་བྱ་བ་གཞན་ལ་དམིགས་གསལ་བཞི་པར་མ་ ངེས། འདི་ལ་བཞི་པར་ངེས་པས་སྨོས་པའོ་ཁ་ཅིག་ཟེར། གོང་དུ་མདོའི་ཚིག་དངོས་ལ་ཆེད་ དུ་བྱ་བ་མཐའ་དག་མ་ཐོན་པས་འདིར་སྨོས་ཞེས་གཞན་དག་ཟེར་རོ། །སཾ་ཡ་མཱ་ཡ་ཤྲུ་ཏཾ་དྷནྟེ། ན་རོ་དྷརྨཱ་ཡ་སཾ་ཡ་མཾ། དྷརྨ་མོཀྵཱ་ཡ་མེ་དྷཱ་བཱི། དྷ་ནཾ་དཱ་ནཱ་ཡ་བྷུཀྟ་ཡེ། བོད་སྐད་དུ། སྡོམ་བརྩོན་ ཆེད་དུ་ཐོས་པ་འཛིན། །མི་དག་སྡོམ་བརྩོན་ཆོས་ཀྱི་ཆེད། །བློ་ལྡན་ཐར་བའི་ཆེད་དུ་ཆོས། ། སྦྱིན་པའི་ཕྱིར་དང་ཟས་ཕྱིར་ནོར། །ཞེས་སོ། མཱ་ཡ་དང༌། ཡང་མཱ་ཡ་དང༌། ཀྵཱ་ཡ་ནཱ་ཡ་ཞེས་ པ་རྣམས་བཞི་པའི་ངེ་སྦྱར་བའོ། །སཾ་ཡ་མ་ལེགས་སྡོམ་མམ་སྡོམ་བརྩོན་ནོ། །ཆོས་ནི་དགེ་བ་ 19-1-267 ལ་རྩེ་གཅིག་པའོ། །མེ་དྷཱ་བཱི་ནི་བློ་ལྡན་ནོ། །ཚིག་དང་པོ་གསུམ་ཐར་བའི་སྡེ་དང༌། ཕྱི་མས་ ཆོས་དང་འདོད་པའི་ཕྱིར་ནོར་ཞེས་ཏེ་སྡེ་བཞིའོ། །འདིས་མཚོན་ཏེ་ཆེད་དུ་བྱ་བ་ཐམས་ཅད་ དོ། ༈ ཀྲུདྡྷྱཱ་དི་ཡོ་གེ་ཙ། འཁྲུགས་པ་ལ་སོགས་པའི་སྦྱོར་བ་ཡང་ངོ༌། །ཀྲུདྡྷྱ་ཞེས་པ་འཁྲུགས་ པ་སྟེ་ཁྲོས་པ་དང༌། སོགས་ཁོངས་ནས་འཁུ་བ་དང༌། ངན་དུ་བརྗོད་པ་དང༌། སླུ་བ་སོགས་ ཀྱང་ངོ༌། །དེ་དག་ལ་ཡང་བཞི་པ་འཇུག་སྟེ། ཀྲུ་རཱ་ཡ་ཀྲུདྡྷྱ་ཏེ། ཁྲོས་པ་ལ། འཁྲུག་པར་བྱེད། ཅེས་དང་པོར་གཅིག་ཁྲོས་ནས་ཕ་རོལ་ལ་གནོད་པ་རྩོམ་པ་ལ་གཅིག་ཤོས་ཕ་རོལ་པོ་ཡང་ ཁྲོས་པའོ། །ཡང་ན་ཀྲུ་ར་ཞེས། ལྷ་མ་ཡིན། ཀངྶའི་མདུན་ན་འདོན་ཏེ། དེ་ལ་ཀངྶ་ཉིད་ཁྲོ་ བར་བྱེད་པ་ལ་ཡང༌། ཁྲོས་པ་ལས་འཁྲུག་གོ་ཞེས་པར་འཆད་དོ། །ཀྲཱུ་རཱ་ཡ་ནི་དེ་བྱུང་བ་ སྟེ། དངོས་སུ་ཁྲོས་པ་ལ་ཞེས་བཞི་པའི་ལ་ཡིག་ཡིན་ཀྱང༌། དོན་ནི་ལས་སུ་བྱ་བའི་ལའམ། ཁྲོས་པའི་རྐྱེན་གྱིས་ཕ་རོལ་ཁྲོས་པ་ཡིན་པ་རྒྱུའི་དོན་གྱི་ལྔ་པའམ་བདུན་པ་གང་རུང་ངོ༌། །དེ་ བཞིན་དུ། མི་ཏྲཱ ་ཡ་དྲུ་ཧྱ་ཏེ། འགྲོགས་བཤེས་ལ་འཁུ་བར་བྱེད་དོ། །མི་ཏྲཱ་ཡ་ནི་དེ་བྱུང་བ་སྟེ། ཆེད་དུ་ཞེས་པའི་ཚིག་ལ། དོན་ནི་གཉིས་པའོ། །གུ་ཎ་བ་ཏེ་ཨ་སཱུ་ཡ་ཏི། ཡོན་ཏན་ལྡན་པ་ལ་ མི་བསྔགས་པར་བྱེད་དོ། །གུ་ཎ་བཏཱ་དང་ངེ་སྦྱར་ཡང་ཆེད་དུ་བྱ་བ་མིན་ཏེ། ལས་སུ་བྱ་བའོ། ༈ །ཇི་སྐད་དུ། ཀྱཔ྄་ཕྱིས་ལ་ལྔ་པའོ། །ཞེས་འབྱུང་བས། ཧརྨྱཱ་ཏྤྲེ་ཀྵ་ཏེ། ཁང་བཟང་ལས་ལྟ་ བར་བྱེད་དོ། །དེ་ཡང་ཧརྨ་ལ་ཀྱཔ྄་རྐྱེན་དུ་བྱིན། ཀ྄་དང་པ྄་ཡལ། མའི་ཨ་ཕྱིས། ཡ་སྲོག་ཅན་ ལ་རྨ྄་དྲངས། ཧརྨྱ་གྲུབ། དེ་ལ་ངསི་ཨཱཏ྄། དངོས་སུ་ཁང་བཟང་ལས་ཞེས་བྱུང་ཡང༌། དོན་ འབྱུང་ཁུངས་མ་ཡིན། ཁང་བཟང་གི་སྟེང་དུ་འཛེགས་ནས་ཕྱོགས་སུ་ལྟ་བའི་དོན་ནོ། །འདིའི་ ཨཱཏ྄་ནི་ནས་ཞེས་མཚམས་སྦྱོར་བའི་ཚིག་གོ །ཨཱ་ས་ནཱཏྤྲེ་ཀྵ་ཏི། གདན་ལས་ལྟའོ། །ཞེས་པ་ ལ། ཨཱ་ས་ན་ལ་ཀྱཔ྄་བྱིན་པ། ཀ྄་ཨ྄་པ྄་གསུམ་ཀ་ཕྱིས། དེ་ལ་ངསི། ཨཱཏ྄་བྱུང་བའོ། །དེས་ 19-1-268 ན་གདན་ལ་འདུག་ནས་ལྟ་བ་ཡིན་གྱི་འབྱུང་ཁུངས་མ་ཡིན་ནོ། ༈ །ཡང་ཇི་སྐད་དུ། དགོས་ པ་ལས་བྱུང་བའི་ལས་ལ་འབྱོར་བ་ལ་བདུན་པའོ། །ཞེས་བཤད་དོ། །དགོས་པའི་དོན་སྒྲུབ་ པའི་ལས་ལ་སྦྱོར་བ་སྟོན་པ་ན། དགོས་པ་དེ། དོན་ཆེད་དུ་བྱ་བ་ཡིན་ཡང༌། ཚིག་བཞི་པ་མི་ འཇུག་པར་བདུན་པ་འཇུག་པ་སྟེ། ཙརྨ་ཎི་དྭི་པི་ནཾ་ཧནྟི། དནྟ་ཡོརྷནྟི་ཀུཉྫ་རཾ། བཱ་ལེ་ཥུ་ཙ་མ་ རཱི་ཧནྟི། སིམྣི་པུཥྐ་ལ་ཀཱ་ཧ་ཏཿ། བོད་སྐད་དུ། ལྤགས་པ་ལ་སྟག་གསོད་དོ། །མཆེ་བ་དག་ལ་ གླང་ཆེན་གསོད་དོ། །རྔ་མ་རྣམས་ལ་གཡག་གསོད་དོ། །གླ་རྩི་ལ་དྲི་དང་ལྡན་པོ་གསོད་དོ། ། ཞེས་པ་སྟེ། ཕྱི་མ་འདི་ལ་ཡང་ན། ཡུལ་འཁོར་ལ་རྒྱལ་ཕྲན་གསོད་དོ། །ཞེས་ཀྱང་བསྒྱུར་རོ། དྭི་བི་ནཾ། སྟག་སྟེ། དེ་སོགས་ལས་དང༌། ཧནྟི། ཞེས་པ་ཐམས་ཅད་བྱའོ། །ཙརྨ་ཎ྄་ལ་ངི་སྦྱར། ཙརྨ་ཎི་ལྤགས་པ་ལ་ཞེས་སོ། །དནྟ་ལ་བདུན་པའི་ཨོས྄། ཏའི་ཨ་ཨེ་ཨ་ཡ྄་དྲངས་རྣམ་བཅད། དནྟ་ཡོཿགྲུབ། མཆེ་བ་དག་ལ་ཞེས་སོ། །བཱ་ལེ་ཥུ་ནི་རྔ་མ་རྣམས་ལ་སྟེ་བདུན་པའི་མང་ཚིག་ གོ །སིམྣི་ཞེས་པ་གླ་རྩི་དང༌། ཡུལ་འཁོར་ལ་འཇུག པུཥྐ་ལ་ཀ་ནི། དྲི་ལྡན་པ་སྟེ། གླ་བ་དང༌། རྒྱལ་ཕྲན་ལ་འཇུག་གོ །སི་མིན྄་ལ་ངི་བྱིན། ན྄་མཐའི་ཨུ་པ་དྷཱ་ཕྱིས། མ྄་ན྄་དབྱངས་མེད། ཨི་ ལ་དྲངས། སིམྣི་གྲུབ། འདི་རྣམས་དོན་ཆེད་དུ་བྱ་བ་ཡིན་ཡང༌། རྣམ་དབྱེ་བདུན་པ་འཇུག་ པའོ། ། ༈ བི་ཥ་ཡེ་ཙ་སཔྟ་མཱི། ཡུལ་ལ་ཡང་བདུན་པའོ། །འདི་འགྲེལ་བའི་ཚིག་ཏུ་འཆད་པ་ དང༌། ཁ་སྐོང་གི་མདོར་འཆད་པ་དག་ཡོད་པ་ལས། དང་པོར་གསལ་ཡང་དོན་ལ་འདྲའོ། །ཏ་ རྐེ་ཙ་ཏུརཿ རྟོག་གེ་ལ་གསལ་ཞིང་དཔྱོད་པའོ། །རྟོག་གེའི་གཞུང་དོན་ནི་བློའི་ཡུལ་ཡིན་པས། ཏརྐེ་ཞེས་ངིའོ། །ཡང་ན་ཡུལ་གྱི་སྐད་དོད་བི་ཥ་ཡ་ནི་དེའི་ནང་ན་ཡོད་པའི། དེ་ཚོ་ཚང་ལ་ཡོད་ པ། དེས་བདག་ཏུ་བྱས་པ་ཡོད་པ་རྣམས་ལ་འཇུག་པས། རྟོག་གེ་བའི་ནང་ན་དཔྱོད་ལྡན་ཡོད་ པའི་དོན་ལའང་འཆད་པ་འདི་དངོས་ལེགས་སོ་སྙམ་མོ། །རྟོག་གེ་ལ་ཞེས་པ་ནི། རྟོག་གེ་བ་ 19-1-269 ལ་ཞེས་ཡོད་པའི་ཚིག་བསྡུས་པའོ། ། ༈ ཥཥྛཱི་སཔྟ་མྱཽ་ཙཱ་ནཱ་ད་རེ། མ་གུས་པ་ལ་དྲུག་པ་དང་བདུན་པ་དག་གོ །མ་གུས་པས་ ངག་ལ་མི་ཉན་པའི་དོན་ལ་དྲུག་པ་དང་བདུན་པ་གང་རུང་ཅི་རིགས་པར་འཇུག་སྟེ། དཔེར་ བརྗོད་ན། བ་ཧཱུ་ནཱཾ་ཀྲོ་ཤ་ཏཱཾ་ག་ཏཤྩོརཿ། བོད་སྐད་ནི། མང་པོ་རྣམས་ཀྱི་ཅ་ཅོ་རྣམས་ལ་རྐུན་ མ་བྲོས་སོ། །ཞེས་ཏེ། དོན་ནི་མི་མང་པོ་རྣམས་ཅ་ཅོ་བྱས་པས་བྱ་ཤོར་བའི་ཚུལ་གྱིས་རྐུན་པོ་ ཤོར་བ་སྟེ། ཤོར་བ་ནི་མ་གུས་པའོ། །བ་ཧུ་ཥྭ་སཱ་དྷུ་ཥུ་བ་ད་ཏྭ་བི་སྭ་ཡ་མཱཪྻོ་ཡཱ་ཏི་སཱ་དྷུ་མརྒེ་ཎ། དངོས་བསྟན་དེ། བོད་སྐད་དུ་བྱས་ན། མང་པོ་རྣམས་སུ་ལེགས་པ་མ་ཡིན་པ་རྣམས་ལ་སྨྲ་བ་ རྣམས་ལ་ཡང་རང་ཉིད་མཁས་པས་ལེགས་པའི་ལམ་ལ་འགྲོའོ། །ཞེས་འབྱུང༌། ཥུ་དང་ཨ་སཱ་ དྷུ་སྟེ་ལེགས་པ་མིན་པ། མཚམས་སྦྱར། ཥྭ་སཱ་དྷུ། བ་ད་ཏྶུ་དང༌། ཨ་བི་སྦྱར་བས། བ་དངྶཱ་ པི་བྱུང༌། སྨྲས་པ་རྣམས་ལ་ཡང་ཞེས་སོ། །སྭ་ཡམ྄་ཨཱརྱ་སྦྱར་བ། སྭ་ཡམཱ་རྱ་སྟེ། ཇོ་བོ་རང་ ཉིད་དམ། ཨཱརྱ་མཁས་པ་ལའང་ཟེར་བས་མཁས་པ་རང་ཉིད་ཅེས་སོ། །དེས་ན་དོན་འགྱུར་ ནི། ངན་པ་མང་པོ་རྣམས་ཀྱིས་སྨྲས་ཀྱང་མཁས་པ་རང་ཉིད་ལམ་བདེ་པ་ལ་སོང་ངོ་ཞེས་སོ། ། ངན་པ་གཡོ་ཅན་གྱི་ལམ་བདེ་བ་ལ་འཇིགས་པ་ཡོད་སྐད་པར་བསྒྲགས་ཀྱང༌། མཁས་པ་ རྣམས་དེ་ལ་མི་ཉན་པའི་དོན་ཏེ། མ་ཉན་པ་ནི་མ་གུས་པའི་བྱ་བའོ། །མ་གུས་པའི་ཡུལ་ལ་ དྲུག་པའམ་བདུན་པ་སྟེ། བ་ཧཱུ་ནཱཾ་ཞེས། དྲུག་པའི་ཨཱམ྄་དང་ནུཏ྄་ཀྱི་རྗེས་སོ། །ཀྲོ་ཤ་ཏ྄་དང་ ཨཱམ྄་སྦྱར་ཀྲོ་ཤཏཱཾ་ཞེས་སོ། །བ་ཧུ་ཥུ་བདུན་པའི་སུཔ྄་ཀྱི་རྗེས་སོ། །ཨ་སཱ་དྷུ་ཥུ་ཡང་སུཔ྄་པོ། ། བད་ཏྶུ་ཡང་སུཔ྄་པོ། །དོན་ནི་མང་པོའི་སྒྲ་ལས་ཞེས་རྒྱུའི་དོན་གྱི་ལྔ་པ་དང༌། ངན་པ་མང་པོ་ རྣམས་ཀྱི་ཞེས་བྱེད་པའི་དོན་ལ་གསུམ་པ་དང༌། སྨྲས་ཀྱང་ཞེས་པ་སྨྲས་པ་ལ་ཡང་ཞེས་པའི་ ལ་ནི་ལས་སུ་བྱ་བའོ། །དེ་བཞིན་དུ། བ་ཧུ་ཥུ་སཱ་དྷུ་ཥུ་ནི་བཱ་ར་ཡཏྶྭ་བི་སྭ་ཡ་མ་ནཱ་རྱོ་ཡཱཏྱ་སཱ་ དྷུ་མཱརྒེ་ཎ། ཡཱཏྱ་སཱ་དྷུ་ནི། ཡ་ཏི་དང༌། ཨ་སཱདྷུ་སྦྱར་བའོ། །དེ་ནི་བོད་སྐད་དུ། མང་པོ་རྣམས་ 19-1-270 སུ་ལེགས་པ་རྣམས་ལ་འགོག་པར་བྱེད་ཀྱང༌། མི་མཁས་པ་རང་ཉིད་ལེགས་པ་མ་ཡིན་པའི་ ལམ་གྱིས་འགྲོའོ། །ཞེས་པ་སྟེ། དོན་འགྱུར་ནི། ལེགས་པ་མང་པོ་རྣམས་ཀྱི་འགོག་པར་བྱེད་ ཀྱང་མི་ཤེས་པ་རང་ཉིད་ལམ་མི་བདེ་བ་ལ་འགྲོའོ། །ཞེས་པ་སྟེ། རང་ཉིད་ནི་རང་བློས་བྱེད་ པའོ། །བདེན་པར་སྨྲ་བའི་མིས་འདི་ལམ་འཇིགས་པ་ཅན་ནོ་ཞེས་བཀག་ཀྱང༌། བླུན་པོ་དག་ རང་ཚོད་ང་རྒྱལ་གྱིས་ལམ་གོལ་ལ་འགྲོ་ཞེས་པའི་དོན་ནོ། །མཱཏཱ་བི་ཏྲོ་རུད་ཏོཿཔྲ་པྲ་ཛ་ཏི་བུ་ ཏྲཿ། མ་དང་ཕ་དག་ལ་ངུ་བ་དག་ལ་བུ་རབ་ཏུ་སོང་ངོ༌། །བི་ཏྲོཿཞེས་པ་བདུན་པའི་གཉིས་ཚིག་ ཨོས྄་བྱུང་བ་ཕ་རོལ་ར་ཡིག་མཐོང་བས་རྣམ་བཅད་དུ་སོང་བ་ཕྱིས་པའོ། །ངུ་བ་དག་ལ་དང་ ཕ་མ་དག་ལ་ཞེས་པ་རྣམ་དབྱེ་བདུན་པའི་རྗེས་ཀྱི་ཚིག་ཡོད་ཀྱང༌། མ་དང་ཕ་དང་བོའི་དོན་ དང༌། ངུ་བ་དག་ལ་ཞེས་པ་ནི་ངུ་བཞིན་དུ་ཞེས་པའི་དོན་ཡིན་པས། ཕ་མ་དག་ངུ་བཞིན་དུ། བུ་ནི་མ་གུས་ཤིང་མི་ཉན་པས་གཞན་དུ་སོང་བའི་དོན་ནོ། །འདི་གཞི་གནས་དང་རྟེན་དང་ ཡུལ་མིན་ཀྱང༌། དུས་རྗེས་སུ་མཐུན་པ་སྟེ་གནས་སྐབས་ལ་བདུན་པ་བྱུང་བའོ། ༈ །ཨནྱོཀྟ་ པྲ་ཐ་མཿ གཞན་ལས་བཤད་པའི་དང་པོའོ། །དོན་ནི་བྱེད་པོ་ཙམ་མམ་དོན་ཙམ་སྟོན་པ་མིན་ ཀྱང༌། དང་པོའི་རྣམ་དབྱེ་གསུམ་པོ་འཇུག་པ་འཆད་འགྱུར་ཀུན་བཤད་དང༌། ཀྲིཏ྄་མཐའ་ན་ ཡོད་པ་སོགས་འདིར་ཡང་ཅི་རིགས་པ་བླང་བར་བྱའོ། །གྷ་ཊཿཀྲི་ཡ་ཏེ། བྱིངས་ཀྲ་ལ་རྐྱེན་ ཡཀ྄་བྱིན། དེ་ལ་ཌ྄་གྱི་རྣམ་དབྱེ་ཏེ་སྦྱར་བས། ཀྲི་ཡ་ཏེ། འདི་ཀུན་བཤད་ལས་འབྱུང་བའི་ ཆོ་གའི་དཔེར་བརྗོད་ཡིན། དེ་དང་སྦྱོར་རྒྱུའི་བུམ་པའི་སྐད་དོད། །གྷ་ཊ་ལ། དང་པོའི་གཅིག་ ཚིག་སི་སྟེར་བ་སྟེ། དངོས་སུ་བུམ་པ་བྱེད་དོ་ཞེས་སམ། བུམ་པ་བྱ་བ་བྱེད་ཅེས་བྱུང་ཡང༌། དོན་བུམ་པའི་བྱ་བ་བྱེད་ཅེས་པ་ཡིན་པས་དྲུག་པའམ། བུམ་པའི་ཆེད་དོན་ལྟར་ན་བཞི་པའོ། ། ཡང་བྱིངས། ཀྲྀ་ལ་རྐྱེན་གྷྱ་བྱིན། གྷྲ་ཡལ། རྀ་ཨཱར྄་ཀཱཪྻ། འདི་ཀྲྀཏ྄་མཐའི་ཆོ་ག་ཡིན། དེ་ ལ་སི་བྱུང༌། དེ་དང་སྦྱོར་རྒྱུ་གོས་ཀྱི་སྐད་དོད། པ་ཊ་ཞེས་པ་ལ་རྣམ་དབྱེ་སི་སྟེར་བས། དངོས་ 19-1-271 སུ་ན། པ་ཊཿཀཱརྱཿ། གོས་ལས་ཀ་ཟེར་བ་ལྟར་བྱུང་ཡང་། གོས་ཀྱི་ལས་ཀའམ་གོས་ཀྱི་ཆེད་ དུ་ལས་ཀའོ། ༈ །དེ་ནས་སྡེབ་སྦྱོར་ལས་ནི་སི་སོགས་ཐམས་ཅད་དུའོ། །ཞེས་འབྱུང་། འདི་ འགྲེལ་ཚིག་ཡིན་པར་མངོན་གསུང༌། ཁ་ཅིག་གཞུང་དུ་བྱེད་དེ། ཚནྡ་སི་སྱཱ་དིཿསརྦ་ཊྲཿཞེས་ སོ། །རིག་བྱེད་ལས་བྱུང་བ་སྡེབ་སྦྱོར་ལས་ནི། བྱེད་པོའི་དོན་ལ་ཡང་ལས་ནས། རྟེན་གྱི་བར་ འཇུག་གོ །ལས་སུ་བྱ་བ་ལའང༌། རྣམ་དབྱེ་བདུན་ཀར་འཇུག་པ་སོགས་འདི་རྣམས་དམིགས་ གསལ་དུ་སྐབས་ཐམས་ཅད་ལ་ཐམས་ཅད་འཇུག་གོ །གཅིག་ལ་མང་ཚིག་དང༌། མང་པོ་ ལ་གཅིག་ཚིག་ཀྱང་མ་ངེས་པ་ཁོ་ནའོ། །དཔེར་བརྗོད་ན། ཞོ་སྦྱིན་སྲེག་བྱེད། ཅེས་པ་ལ་སྒྲ་ གཞུང་ལྟར་ན། ད་དྷི་ཞེས་པ་ལ་སི། སི་ཕྱིས། ཛུ་ཧོ་ཏི་དང་སྦྲེལ་བས། ད་དྷི་ཛུ་ཧོ་ཏི། ཞེས་པར་ ངེས་ཀྱང༌། རིག་བྱེད་ལྟར་ན། ད་དྷི་ཛུ་ཧོ་ཏི་ཡང་ཟེར་ལ། ཡང་ད་དྷི་ཞེས་པ་ལ། ཊཱ་ནུམ྄་ཊི་ ཕྱིས། ནུམ྄་གྱི་ན྄་དང་དྷ྄་དྲངས། ད་དྷྣཱ་ཛུ་ཧོ་ཏི་ཞེས་གསུམ་པ་བྱེད་པ་དང༌། ཡང་པུ་ནནྟུ་བྲཱཧྨ་ ཎསྤ་ཏིཿ། བྲམ་ཟེའི་བདག་པོ་རྣམས་གཙང་སྦྲ་བྱེད་དོ། །ཞེས་པ་སྒྲ་གཞུང་ལྟར་ན། པ་ཏི་ལ་ ཛས྄། བ་ཏ་ཡཿཞེས་པ་ཁོ་ནར་འདོད་ཀྱང༌། སྡེབ་སྦྱོར་ལས་མང་པོའི་དོན་ལ་གཅིག་ཚིག་སྦྱར་ བས་བ་ཏེཿབྱུང་བ་ལྟ་བུའོ། ༈ །སྐབས་འདིར། བྱེད་པོ་ལས་དང་བྱེད་པ་དང༌། །ཡང་དག་རབ་ སྦྱོར་དེ་བཞིན་འདི། །ངེས་པར་སྦྱིན་དང་ལྷག་པར་བྱེད། །བྱེད་ཅན་དྲུག་པོ་འདིར་བཤད་དོ། ། ཞེས་དང༌། བྱ་བ་ལ་ནི་གཉིས་པའོ། །སྐྱེད་དང་འོངས་དང་འདུ་བྱེད་རྣམ་འགྱུར་རོ། །བྱ་བ་ སྒྲུབ་པ་ལ་ཕན་འདོགས་པར་བྱེད་པའི་དོན་ལ་གསུམ་པའི་རྣམ་དབྱེར་འགྱུར་རོ། །སྦྱིན་པའི་ སྣོད་ལ་ཡང་དག་པར་རབ་ཏུ་སྦྱིན་པའི་དོན་ལ་རྣམ་དབྱེ་བཞི་པར་བྱེད་དོ། །རབ་ཏུ་གྱེས་པ་ དང་ལྷུང་བ་དག་ལ་ལྔ་པའོ། །འབྲེལ་བ་ལ་དྲུག་པའོ། །གནས་དང་འགྱུར་བ་དག་ལ་བདུན་ པའོ། །ཉེ་བར་འདུས་དང་ཉེ་བ་ཅན། །མངོན་པར་ཁྱབ་དང་ཡུལ་ཅན་གྱུར། །ལུགས་སྲོལ་ ཅན་དང་ཉེ་བར་སྟོན། །རབ་ཏུ་གྲུབ་པ་དང༌། གྲུབ་པ་མ་ཡིན་པ་ནི་འགྱུར་བ་གཉིས་སོ། །དུས་ 19-1-272 ལ་ཡང་བདུན་པའོ། །ལྷན་ཅིག་པ་དང༌། ཆ་འདྲ་བ་དང༌། མཉམ་པར་འདུག་པ་དང༌། དུས་ མཉམ་བའི་སྦྱོར་བ་ལ་ཡང་གསུམ་པའོ། ། ནམཿསྭ་སྟི་སྭཱ་ཧཱ་སྭ་དྷ་ཨ་ལཾ་བ་ཥཊ྄་རྣམས་དང་སྦྱོར་བ་ལ་བཞི་པའོ། །བོར་བ་དང་གཞན་ པའི་སྦྱོར་བ་ལ་ལྔ་པའོ། །བཀོལ་བ་ལ་དྲུག་པའོ། །བྱ་བ་ཡོན་ཏན་རིགས་ཀྱིས་བཀར། རྗེ་བོ་ ལ་སོགས་པའི་སྦྱོར་བ་ལ་དྲུག་པ་དང་བདུན་པ་ཡང་ངོ༌། །རྒྱུ་ལ་གསུམ་པ་སྟེ་ལྔ་པ་ཡང་ངོ༌། ། དེའི་དོན་ལ་བཞི་པའོ། །ཀྱཔ྄་ཕྱིས་པ་ལ་ལྔ་པའོ། །དགོས་པ་ལས་བྱུང་བའི་ལས་ལ་སྦྱོར་ བ་ལ་ཡང་བདུན་པའོ། །སྡེབ་སྦྱོར་ལས་ནི་སི་སོགས་ཐམས་ཅད་དུའོ། །ཞེས་པ་ལ་སོགས་པ་ འདིའི་རིགས་ལུང་འདྲེན་དང༌། འགྲེལ་པའི་ཚིག་དང༌། གསར་དུ་སྦྱར་བའི་སྡོམས་ཡིན་མོད། ཉེ་བར་མཁོ་བ་ཉིད་ཀྱིས་མདོ་ཚིག་དང་ལྷན་ཅིག་བློ་ལ་བྱང་བར་བཟུང་བ་ལེགས་སོ། །དེ་ ལྟར་རྣམ་དབྱེའི་འཇུག་ཡུལ་ཞིབ་མོར་སྟོན་པ་བྱེད་ཅན་གྱི་ལེའུའི་དོན་ཅུང་ཟད་བཤད་ཟིན་ ཏོ།། །། ༒ ད་ནི་ཚིག་སྡུད་ཀྱི་ལེའུའི་གཞུང་རྣམས་ཅུང་ཟད་བཤད་པར་བྱ་སྟེ། འདིར་གང་ བསྡུ་བར་བྱ་རྒྱུ་ནི། འགྲེལ་པ་ལས། བི་བྷཀྟི་བི་ཤིཥྚཱ་ནཱཾ་པ་ཏཱ་ནཱཾ། ཞེས་འབྱུང་བ། རྣམ་དབྱེ་ ཁྱད་པར་དུ་འཕགས་པའི་ཚིག་རྣམས་ཞེས། བི་ཤིཥྚ་ཁྱད་འཕགས་ལ་འཇུག་པར་གྲགས་ཆེ་ བ་ལྟར། རྣམ་དབྱེ་དང་བཅས་པའི་ངག་གམ་ཚིག་ཏུ་སྦྱོར་བ་མ་ནོར་མ་འཁྲུགས་ལེགས་པར་ བཀོད་པ་ལ་འཆད་པའམ། ཡང་ན་བི་ཤིཥྚ་བཀྲམ་པ་ལའང་འཇུག་པས། རབ་ཏུ་བཀྲམ་ པའི་ཚིག་གི་སྦྱོར་བ་རྣམས་ཞེས་བཤད་ཀྱང་རུང་སྟེ། ཚིག་དུ་མ་དང༌། རྣམ་དབྱེ་དུ་མ་དང༌། དབྱངས་དུ་མ་སྤེལ་ཞིང་བཀྲམ་པ་དེ་བསྡུ་བར་བྱ་རྒྱུ་ཡིན་པས་སོ། །གང་ལྟར་ཡང་རྣམ་དབྱེ་ དང་བཅས་པའི་ཚིག་སྦྱོར་མང་པོ་རྣམས་ཚིག་ཉུང་ངུར་བསྡུ་བ་ནི་ཚིག་སྡུད་དོ། ། ༈ ས་མཱ་སཤྩཱ་ནྭ་ཡེ་ནཱ་མཱཾ། མིང་རྣམས་ཀྱི་ཕན་ཚུན་བསྡུ་བ་ཡང་ངོ༌། །དང་པོར་ཚིག་སྡུད་ 19-1-273 ཀྱི་ངོ་བོ་བཤད་ན། མིང་ལ་རྣམ་དབྱེ་སྦྱར་བས་ཚིག་ཏུ་གྲུབ་པ་དེ་འདྲ་གཉིས་སམ་མང་པོ་ བསྒྲིགས་ཀྱང་རུང་སྟེ། ཚིག་དེ་དག་གི་ཕྲད་དང་ཡན་ལག་རྣམས་བསྡུས་ཏེ། སྔར་ཕན་ཚུན་ མ་འབྲེལ་བ་རྣམས་གཅིག་ཏུ་སྦྱོར་བའི་ཚུལ་གྱིས་མང་པོ་རྣམས་ཉུང་ངུར་བསྡུས་པ་ལ། ཚིག་ རྒྱས་པའི་དོན་ཐམས་ཅད་ཀྱང་མ་ཚང་བ་མེད་པ་དེ་ནི་ཚིག་སྡུད་ཀྱི་དོན་ཡིན་ནོ། །ཡང་ངོ་ཞེས་ པས་འོག་ཏུ་འཆད་འགྱུར་དེ་ཕན་གྱི་རྐྱེན་རྣམས་ཀྱང་ཚིག་སྡུད་ཡིན་པས། ཚིག་སྡུད་ཀྱི་ལེའུ་ འདིར་བསྟན་པ་ཁོ་ནར་མ་ཟད་ཅེས་པའོ། །ཚིག་སྡུད་དེ་ཡང་དོན་འགལ་བ་གཉིས་བསྡུར་མི་ རུང་སྟེ། དེ་བསྡུས་ན་བརྗོད་དོན་ཤེས་བྱ་ལ་མི་སྲིད་པས། བརྗོད་བྱས་སྟོང་པར་འགྱུར་བའི་ ཕྱིར་རོ། །དཔེར་ན་ཙན་དན་ལས་བྱུང་བ་དང་མེ་འབར་བ་གཉིས་མི་འགལ་བས་ཙན་དན་ གྱི་མེ་ཞེས་བརྗོད་དུ་རུང་གི ། ཆུ་ལས་བྱུང་བ་དང་མེ་འབར་བ་གཉིས་འགལ་བས། ཆུའི་མེ་ ཞེས་བརྗོད་དུ་མི་རུང་བ་བཞིན་ནོ། །འགྲེལ་བར་དེ་ནི་སྐྱེས་བུ་དེའི་ཆུང་མ་ཞེས་པ་ལ་སོགས་ པར་མི་འགྱུར་རོ། །ཞེས་འབྱུང་སྟེ་དེ་ལ་སྐྱེས་བུའི་སྐད་དོད། པུ་རུ་ཥ་ནི། སྐབས་འདིར་སྐྱེས་ པ་ཕལ་པ་ལ་མི་ཟེར་གྱི། དཀའ་ཐུབ་གྲུབ་པའི་སྐྱེས་བུ་ཁོ་ན་ལ་བརྗོད་པ་ཡིན་ནོ། །དེས་ན་ དཀའ་ཐུབ་གྲུབ་པ་ཞེས་དང༌། ཆུང་མ་ཅན་ཞེས་པ་དོན་འགལ་བས། དཀའ་ཐུབ་གྲུབ་པ་དེའི་ ཆུང་མ་ཞེས་བརྗོད་དུ་མི་རུང་བའི་དོན་ནོ། ། ༈ དེ་ནས་ཚིག་སྡུད་ཀྱི་དབྱེ་བ་བཤད་པ། ས་ཙ་ཥཌྦྷི་དྷཿ། དེ་ཡང་དྲུག་ཏུ་དབྱེའོ། །ཚིག་ སྡུད་དེ་ལའང་དབྱེ་ན་དྲུག་སྟེ། མི་ཟད་པར་གྱུར་པའི་ཚིག་བསྡུ་བ་དང༌། ༈ དེའི་སྐྱེས་བུའི་ བསྡུ་བ་དང༌། ༈ ཟླས་དབྱེ་བའི་བསྡུ་བ་དང༌། ༈ འབྲུ་མང་པོའི་བསྡུ་བ་དང༌། ༈ ལས་འཛིན་ པའི་བསྡུ་བ་དང༌། ༈ བ་གཉིས་པའི་བསྡུ་བའོ། །ཞེས་འཆད་དོ། ༈ །དེའི་གསུམ་པ་ནི། རྒྱ་ སྐད་དུ། དྭནྡྭཿཞེས་འབྱུང་བས་སྔ་མ་རྣམས་ཀྱིས་ཟླས་དབྱེ་བར་བསྒྱུར་བ་ཡང༌། དོན་དང་ མཐུན་མོད་ཀྱི། གཉིས་གཉིས་པར་བསྒྱུར་ན་གོ་བདེ་ཞིང༌། དྲུག་པ་ལ་སྐད་དོད། དྭི་གུ་ཞེས་ 19-1-274 པ་ཡོད་པ། གུ་ནི་གོ་སྟེ། གོ་བ་ཡང་ལ་འཇུག་པར་བསམས་ཏེ། བ་གཉིས་པར་བསྒྱུར་བ་ ནི་དོན་དང་མ་འབྲེལ་བས། གོ་ཞེས་པ་ཕྱོགས་སམ་ངག་ལ་ཡང་འཇུག་པས། དྭི་ཀུ་ནི་ངག་ གཉིས་པའམ། ཕྱོགས་གཉིས་པའི་ཞེས་བྱའོ། ༈ །དེ་རྣམས་ཀྱི་ངོ་བོའི་དོན་ནི། བསྡུ་བ་བྱས་ པའི་སྔ་ཕྱིའི་ཚིག་གཉིས་ལས། ཚིག་སྔ་མའི་བརྗོད་བྱ་གཙོ་བོར་གྱུར་པ་ནི། མི་ཟད་པའི་ཚིག་ སྡུད་ཡིན་ལ། ༈ ཕྱོགས་གཉིས་པ་དང༌། དེའི་སྐྱེས་བུའི་བསྡུ་བ་ལ་ནི། ཚིག་ཕྱི་མའི་བརྗོད་བྱ་ གཙོ་བོར་འབྱུང་ངོ༌། ༈ །ཟླས་དབྱེ་བ་དང༌། ལས་འཛིན་པའི་བསྡུ་བ་ལ་ནི། ཚིག་སྔ་ཕྱི་གཉིས་ ཀྱི་བརྗོད་བྱ་ལ། གཙོ་ཆེ་ཆུང་གི་ཁྱད་པར་མེད་པས་གཉིས་ཀ་གཙོ་བོ་ཞེས་བྱའོ། ༈ །དེ་ལས་ ཟླས་དབྱེ་ནི་ཚིག་སྔ་ཕྱི་དོན་ཐ་དད་དུ་གནས་པ་ཡིན་ལ། ལས་འཛིན་པ་ནི་ཚིག་སྔ་ཕྱིའི་དོན་ རྫས་གཅིག་ལ་གཞི་མཐུན་པར་སྦྱོར་བའོ། ༈ །འབྲུ་མང་པོའི་བསྡུ་བ་ལ་ནི། དངོས་སུ་བརྗོད་ པའི་ཚིག་གཉིས་པོ་དེས། བརྗོད་བྱའི་དོན་གཞན་སྟོན་པས། སྔ་ཕྱིའི་ཚིག་གཉིས་པོའི་དངོས་ བསྟན་གྱི་དོན་བརྗོད་བྱའི་གཙོ་བོ་མ་ཡིན། དངོས་སུ་མ་བརྗོད་ཀྱང་སྔ་ཕྱིའི་ཚིག་དེས། དོན་ གཞན་ཅིག་མཚོན་པའི་དོན་གཞན་དེ་བརྗོད་བྱའི་གཙོ་བོར་འགྱུར་རོ། ༈ །དེ་རྣམས་ཀྱི་ནང་ ནས་གཉིས་ཀ་གཙོ་བོར་གྲགས་པ་ཟླས་དབྱེ་བ་དང༌། ༈ ལས་འཛིན་པ་གཉིས་ཚིག་སྡུད་ཀྱི་ གཙོ་བོ་སྟོབས་དང་ལྡན་པ་ཡིན་ནོ། །དོན་གསུམ་པ་ཚིག་སྡུས་ཀྱི་དགོས་པ་ནི། ཚིག་ཏུ་གྲུབ་ པ་མང་པོ་ཚིག་གཅིག་ཏུ་སྦྱོར་བ་དང༌། དབྱངས་དུ་མ་དབྱངས་གཅིག་ཏུ་སྦྱོར་བ་དང༌། རྣམ་ དབྱེ་ཅན་མང་པོ་རྣམ་དབྱེ་གཅིག་ཏུ་སྦྱོར་བས། སྔར་ཚིག་མང་པོ་དང༌། བརྗོད་པ་མ་བདེ་བ་ རྣམས་ཡི་གེ་ཉུང་ངུ་དང་བརྗོད་པ་བདེ་བར་གྱུར་པས། ཚིག་ཟོར་ཡང་བའི་བརྗོད་པའི་ཁུར་ ཡང་བར་འགྱུར་བ་ནི། ཚིག་སྡུད་ཀྱི་དགོས་པ་ཡིན་ནོ། ༈ །དེ་ལ་དང་པོར་མི་ཟད་པར་གྱུར་ པའི་བསྡུ་བ་ཅུང་ཟད་བཤད་ན། དཔེན་བརྗོད་ནི། དང་པོ་བུད་མེད་ཀྱི་མིང༌། སྟྲཱི་ཞེས་པ་ལ་ རྣམ་དབྱེ་གཉིས་པའི་ཨམ྄་བྱིན། དེའི་རྗེས་སུ་ཨ་དྷི་ཀྲྀ་ཏྱ་བྷ་བ་ཏི། ཞེས་པ་འབྲི་བར་བྱའོ། ། 19-1-275 རྐྱེན་ཨམ྄་གྱི་ནུས་པས་སྟྲཱིའི་སྲོག་ཨཱི་རིང་པོ་ནི། ཨི་ཡ྄་ཞེས་པ། ཨི་ཐུང་ངུ་དང༌། ཡ྄་དབྱངས་ མེད་དུ་གྱུར། སྟྲ་དབྱངས་མེད་ཨི་ལ་དྲངས་པས། སྟྲི་ཐུང་ངུ༌། ཡ྄་དབྱངས་མེད་ཨམ྄་གྱི་ཨ་ལ་ དྲངས། ཨམ྄་གྱི་མ྄་དབྱངས་མེད་ཨ་དྷིའི་ཨ་ལ་དྲངས། སྟྲི་ཡ་མ་དྷི་ཀྲྀ་ཏྱ་བྷ་བ་ཏི། བུད་མེད་ བྱ་བ་ལྷག་པོར་ཡོད་པའོ། །ཞེས་པ་འདི་ནི་ཚིག་ཏུ་སྦྱར་བའམ་ངག་ཡིན་ནོ། །དེ་ལ་བཱ་ཀྱ་ ཞེས་པ་ངག བི་གྲཧཿ ཞེས་པ་དངོས་སུ་ན་ཚིག་ཏུ་སྦྱར་བ་སྟེ། དེ་གཉིས་དོན་གཅིག་མིང་གི་ རྣམ་གྲངས་སོ། །དེའི་དོན་ནི་དོན་དང་ལྡན་པའི་ཚིག་རྣམ་དབྱེ་དང་བཅས་པ། གཉིས་སམ་ མང་པོ་སྦྲེལ་ནས་བཀོད་པས། ད་ལྟ་རང་རང་གི་བརྗོད་བྱའི་དོན་སྟོན་པའི་ཚིག་གསལ་པོར་ ཡོད་ཅིང༌། ཕྱིས་ཚིག་སྡུད་ཀྱིས་བསྡུས་པ་ལ་ཡང༌། ཚིག་སྡུད་ཅན་གྱི་ཚིག་དེ་ལ། ཚིག་རྒྱས་ པའི་དོན་མ་ཚང་བ་མེད་པར་འཇུག་པའི་ནུས་པ་ཅན་ཅིག་ལ། བི་གྲ་ཧ་ཞེས་ཟེར་ཏེ། འབྲས་ བུ་ཚིག་སྡུད་ཀྱི་སྐབས། རྒྱུ་རྒྱས་པའི་ནུས་པ་མ་ཉམས་པར་ལྷག་པར་འཛིན་པའི་དོན་ཏེ། བི་ ལྷག་པ་དང༌། གྲ་ཧ་འཛིན་པའི་སྒྲ་ལས་དྲངས་པའོ། ། པུརྦེ་྅བྱ་ཡེ྅བྱ་ཡཱི་བྷ་བ། སྔ་མར་མི་ཟད་པ་ནི་མི་ཟད་པར་གྱུར་པའོ། །མི་ཟད་པའི་ རྟགས་གཅིག་ཚིག་གི་ཐོག་མར་ཡོད་པའི་ཚིག་སྡུད་དེ་ལ། མི་ཟད་པར་གྱུར་པ་ཞེས་བྱ་སྟེ། འགྲེལ་པར་ལུང་དྲངས་པ། ཚིག་ཕྲད་ཀྱིས་མི་ཟད་པ་སྔོན་ལ་བྱེད་པ་ནི། ནི་པཱ་ཏ་སྟེ་བསྡུ་ བའོ། །ཞེས་འབྱུང་ཞིང༌། སྐབས་འདིར་དཔེར་བརྗོད་འདི་ལ། ཨ་དྷི་ཞེས་པ་ཉེར་བསྒྱུར་ཏེ་ མི་ཟད་པའི་ནང་ཚན་ནོ། །དེ་ནི་སྔར་སྟྲི་ཡ་མ་དྷི་ཞེས། སྟྲིའི་འོག་ན་ཡོད་ཀྱང༌། ཚིག་ཕྲད་ཀྱི་ སྒྲུབ་པས། མའི་དབྱངས་ཨ་འཕྲལ། ཨ་དྷི་ཞེས་པ་དེ་ནི་སྟྲིའི་གོང་དུ་བྲི་བར་བྱས་ལ་འོག་མ་ བསུབ་པོ། དེའི་ཚེ་མ྄་དབྱངས་མེད་དུ་སོང༌། ཨ་དྷི་སྟྲི་ཡམ྄་ཀྲྀ་ཏྱ་བྷ་བ་ཏི། ཞེས་པ་བྱུང༌། ཨ་ དྷི་གོང་དུ་བཏོན་པས་མི་ཟད་པ་སྔ་མ་ཅན་དུ་སོང་གྲུབ། ད་ལྟ་ཚིག་སྡུད་མ་བྱས་པའོ། ། ས་མཱ་ས་པྲ་ཏྱ་ཡ་ཡོཿ། བསྡུ་བ་ལ་རྐྱེན་དག་གོ། ཚིག་སྡུད་ཀྱི་བྱ་བ་ལ་འཇུག་ན། རྣམ་ 19-1-276 དབྱེའི་རྐྱེན་རྣམས་དབྱི་བར་བྱ་ཞིང་དག་ཅེས་པའི་ཚིག་གིས་རྗེས་འབྲང་གི་ཚིག་རྣམས་རྐྱེན་ གཞན་དང་བཅས་པ་དག་ཀྱང་དབྱི་བར་བྱ་སྟེ། སྟྲི་ལ་བྱིན་པའི་ཨམ྄་སྟེ། ཡའི་དབྱངས་ཨ་ དང་མ྄་ཕྱིས། རྗེས་འབྲང་གི་ཚིག་ཀྲྀཏྱ་བྷ་བ་ཏི་ཡང་བསུབས། ཨམ྄་ཕྱིས་པས་སྟྲི་ཡ྄་ཞེས་པ། སྟྲཱི་ཅེས་པ་རང་དུ་ལོག་པས། ཨདྷི་སྟྲཱི་ཅེས་པ་བྱུང༌། དེ་ལྟར་རྣམ་དབྱེ་རྗེས་འབྲང་དང་བཅས་ པ་ཕྱིས་པས་ཚིག་སྡུད་ཀྱི་མིང་ཐོབ་པོ། །འགྲེལ་བར་མིང་གདགས་པ་ལ་ནི་སི་ལ་སོགས་པའི་ རྣམ་དབྱེའོ། །ཞེས་འབྱུང་སྟེ། སོ་སོའི་ཚིག་སྡུད་ཀྱི་མིང་གདགས་ཐོབ་པ་ནི། ངོ་བོའི་བྱེད་པ་ ཅན་གྱི་དོན་བསྒྲུབ་པའི་ཕྱིར་གྱི་རྣམ་དབྱེ་སྟེར་བ་ཡིན་ཞེས་པའོ། །དེས་ན་སྐབས་འདིར་རྣམ་ དབྱེ་ཉེར་གཅིག་གང་ཡང་རུང་བ་སྟེར་བ་ལས་འདིར་མཚོན་བྱེད་སི་བྱིན། ཨ་དྷི་སྟྲཱི་སི་ཞེས་པ་ བཞག་གོ ། ས་ན་བུངྶ་ཀཾ། དེ་མ་ནིང་ངོ༌། །མི་ཟད་པའི་རྟགས་དང་པོར་བཞག་ཅིང༌། རྣམ་དབྱེ་སོགས་ ཕྱིས་ཟིན་པ་ན་མི་ཟད་པའི་བསྡུ་བར་གྱུར་པ་དེ་ནི་རྣམ་པ་ཀུན་ཏུ་མ་ནིང་གི་རྟགས་སུ་གྱུར་པ་ ཡིན་ཏེ། སྟྲཱི་ཅེས་པ་སྔར་རིང་པོ་མོ་རྟགས་ཡིན་ཀྱང༌། ད་ནི་ཐུང་ངུ་མ་ནིང་གི་རྟགས་སུ་འགྱུར་ རོ། །དེ་ཡང་སི་སོགས་རྣམ་དབྱེ་མ་བྱིན་གོང་དུ་མ་ནིང་གི་རྟགས་སུ་འགྱུར་བ་ཡིན་མོད་ཀྱང༌། བྱ་བ་མ་རྫོགས་པ་འཕྲོ་ཅན་ཡིན་པས། ཐུང་ངུར་མ་སྒྱུར་ཀྱང་ཆོག་ལ། སི་སོགས་བྱུང་མ་ཐག་ ངེས་པར་བསྒྱུར་དགོས་སོ། ། ཨ་བྱ་ཡི་བྷཱ་བཱཏ྄། མི་ཟད་པར་གྱུར་པ་ལས་སོ། །མི་ཟད་པར་གྱུར་པའི་ཕ་རོལ་ཏུ་རྣམ་ དབྱེ་བདུན་གསུམ་ཉི་ཤུ་རྩ་གཅིག་གང་བྱུང་ཀྱང་འཇིག་ཅིང༌། ཞིག་པའི་རྗེས་སུ་རྣམ་འགྱུར་ གྱི་བྱ་བ་ཡང་མེད་པས། སྐབས་འདིར་ཡང་སི་འཇིག་གོ །ཨ་དྷི་སྟྲི་ཞེས་པ་གྲུབ། དེའི་རྗེས་སུ་ དོན་སྟོན་པའི་ངག་ཚིག་བཞན་དགོད་ཏེ། གྲྀ་ཧ་ཀཱརྱཾ། ཞེས་པ་ལྟ་བུའོ། །ཨ་དྷི་སྟྲི་གྲྀ་ཧ་ཀཱཪྻཾ། ལྷག་པར་ཁྱིམ་གྱི་ལས་ཅན་བུད་མེད་དོ། །ཞེས་པའོ། ༈ །དེ་ནས་ཨཻ་ཡིག་མཐའ་ཅན་གྱི་ 19-1-277 དཔེར་བརྗོད་ལ། རཻ་ཨམ྄་ཨ་ཏི་གྲཱནྟ་སི་ཞེས་པ་བཞག ར་ཡི་སྲོག་གི་དབྱངས་ཨཻ་ནི། ཨཱ་ཡ྄་ ར྄་ཨཱ་ལ་དྲངས། ཡ྄་ཡམ྄་གྱི་ཨ་ལ་དྲངས། མ྄་ཡང་ཨ་ཏི་ས྄ི་ཨ་ལ་དྲངས། སི་ཨམ྄་གྱི་ཨ་ ཕྱིས། རཱ་ཡ་མ་ཏི་གྲཱནྟཾ། ཞེས་བྱུང་སྟེ། བི་གྲ་ཧའོ། །དེ་ནས་རྣམ་དབྱེ་རྗེས་འབྲང་དང་བཅས་ པ་ཕྱིས། སླར་ཡང་རཻ་ཞེས་པར་ལོག རཻ་ཨ་ཏི་ཞེས་པ་ལས། ཨ་ཏི་ནི་མི་ཟད་པའི་ན། ཉེར་ བསྒྱུར་ཡིན་པས་དེ་སྔོན་དུ་སྤོས། ཇི་སྐད་དུ། མཚམས་སྦྱོར་གྱི་ཡི་གེ་རྣམས་ཐུང་ངུར་བསྒྱུར་ ཏེ། ཨི་ཡིག་དང་ཨུ་ཡིག་དག་གོ །ཞེས་འབྱུང་བས། ཨེ་དང་ཨཻ་དག་གི་ཐུང་ངུ་ནི་ཨི་ཡིན་པས། ར྄འི་སྲོག་གི་ཨཻ་ཀེ་ཤ་ཅན་ཨིར་བསྒྱུར་རོ། །ཨ་ཏི་རི་ཞེས་པ་བྱུང༌། དེ་ལ་ཀུ་ལཾ་ཞེས་པ་སྦྱར། ཨ་ཏི་རི་ཀུ་ལཾ་སྟེ། ཆེས་འབྱོར་བ་དང་ལྡན་པའི་རིགས། ཞེས་སོ། ༈ །ཨཽ་ཡིག་མཐའ་ཅན་གྱི་ དཔེར་བརྗོད་ནི། ནཽ་ཨམ྄་ཨ་ཏི་ཀྲཱནྟ་སི། ཨཽ་ཨཱབ྄། སོ་སོར་རིམ་པས་དྲངས། སི་ཨམ྄། ནཱ་བ་ མ་ཏི་ཀྲཱནྟཾ། གྲུ་ཤིན་དུ་ནོན་པ་ཞེས་པ་སྟེ། ཧ་ཅང་ལྗི་དྲགས་པའི་མིང་ཡིན་ལ། དེ་ལྟར་ན་ཝཱཀྱ་ ཡིན་ནོ། །དོན་དེ་ཉིད་ཚང་བར་ཡིད་ལ་བཞག་ནས། བའི་སྲོག་གི་ཨ་དང༌། མའི་གསལ་བྱེད་ གཉིས་པོ་རྣམ་དབྱེ་ཨམ྄་ཡིན་པ་དང༌། ཀྲཱནྟཾ་རྗེས་འབྲང་རྐྱེན་དང་བཅས་པ་ཡིན་པས་ཐམས་ ཅད་ཕྱིས། ཐོག་མར་ནཱ་བ྄་ལས་པ་དེ་རྐྱེན་ཕྱིས་པས། ནཽ་ཞེས་པ་རང་བཞིན་དུ་ལོག ནཽ་ཨ་ཏི་ ཞེས་པ་ལས། ཨ་ཏི་གོང་དུ་སྤོས། མཚམས་སྦྱོར་གྱི་ཡི་གེ་སོགས་ཀྱི་ཨོ་དང་ཨཽ་དག་གི་ཐུང་ངུ་ ནི་ཨུ་ཡིན་པའི་ཕྱིར། ནཽ་ཞེས་པ་ནུ་རུ་སོང༌། དེ་ལ་ཛ་ལཾ་ཞེས་པ་བཏགས། ཨ་ཏི་ནུ་ཛ་ལཾ། གྲུ་ ཆུར་ནུབ་ལ་ཁད་པའོ། ། ༈ ཡ་ཐཱ྅སཱ་དྲྀ་ཤྱེ། མཚུངས་པ་མ་ཡིན་པ་ལ་ཡ་ཐཱའོ། །དངོས་པོ་དུ་མ་བྱ་བ་མི་འདྲ་ཡང༌། ཚིག་གཅིག་ཏུ་སྦྱོར་བ་མི་འགལ་པའི་དོན་ལ། མི་ཟད་ཚིག་ཡ་ཐཱ་འཇུག་གོ །དེ་ཡང་ཨི་ཐུང་ མཐའ་ཅན་གྱི་དཔེར་བརྗོད་ནི། ཤཀྟི། ཨམ྄་ཨ་ན་ཏི་ཀྲ་མྱ་ཀ་རོ་ཏི། ཨམ྄་གྱི་ཨ་ཕྱིས་མ྄་ དྲངས། ཤཀྟི་མ་ན་ཏི་ཀྲ་མྱ་ཀ་རོ་ཏི། ནུས་པ་དང་ཅི་འཚམ་པར་རིམ་པས་གྱིས་ཤིག །ཞེས་ 19-1-278 པ་སྟེ་ངག་གོ །མའི་གསལ་བྱེད་དང༌། ཀྲ་མྱ་ཀ་རོ་ཏི་ཕྱིས། ཨ་ན་ཏི། ཞེས་པ་གང་འཚམ་ པའམ། མཚུངས་པའམ། ཇི་ལྟར་འོས་པ་སྟེ། དེ་དང་དོན་གཅིག་པའི་ཡ་ཐཱ་ཞེས་པ་ཤཀྟིའི་ སྔོན་དུ་བྲིས་ནས། ཨ་ན་ཏི་ཞེས་པ་བསུབ་པོ། །འོ་ན་ཨ་ན་ཏི་ཉིད་གོང་དུ་མི་སྤོ་བ་ཅི་ཞེ་ན། དེ་མི་ཟད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་ཐོག་མར། ཤཀྟི་ཡ་ཐཱ་མི་ཟེར་བར། ཤཀྟི་ཨ་ན་ཏི་ ཞེས་པ་ཅིའི་ཕྱིར་འགོད་ཅེ་ན། ཡ་ཐཱ་ནི། རང་གི་གྲོགས་ཀྱི་མིང་དེའི་ཐ་མར་སྦྱོར་དུ་མི་རུང་ བའི་ཕྱིར་རོ། །རིགས་པ་འདི་གཞན་མང་པོ་ལ་ཡང་སྦྱོར་ཤེས་དགོས་ཏེ། དེ་ཡང་འདི་ལྟར་ ཉེ་བསྒྱུར་འགའ་ཞིག་ཐོག་མཐའ་གཉིས་ཀར་དུ་སྦྱོར་དུ་རུང་བ་ཡང་ཡོད་ལ། ཕལ་ཆེར་ཐོག་ མ་ཁོ་ནར་སྦྱོར་དགོས་ཀྱང་རྗེས་འབྲང་གི་ཚིག་གི་ཐོག་མར་སྦྱར་བས། གོང་དུ་ཡོད་པའི་ཚིག་ དངོས་ཀྱི་དོན་ལ་ཡང་འཇུག་པ་རྣམས་ལ་དེ་ལྟར་བྱེད་པ་ཡིན་ཏེ། སྔར་བཤད་ཟིན་པའི་ཨ་ དྷི་ཞེས་པ། ཀྲྀ་ཏིའི་ཐོག་མར་སྦྱར་བ་ཡིན་ཀྱང༌། ཡར་སྟྲཱི་ལ་ཡང་ནུས་པ་འཇུག་སྟེ། སྟྲཱི་ཡ་དྷི་ ཀྲྀ་ཏི། བུད་མེད་ལྷག་པར་བྱ་བ་ཞེས་པའི་ལྷག་པ་ནི། ཁྱིམ་གྱི་བྱ་བ་ནང་ལས་ལྷག་ཅིང་མང་ བའི་དོན་དུ་སྦྱོར་བར་མ་ཟད་བུད་མེད་ཅེས་པ་ལ་ཡང་འཇུག་སྟེ། ནང་ལས་ལ་སྐྱེས་པ་བས་ བུད་མེད་ལྷག་པར་འགྲུབ་ཤིང་ཕེར་བའི་དོན་ནོ། །དེའི་ཕྱིར་ཨ་དྷིའི་དོན་ནི་སྔ་མ་དང༌། །ཕྱི་ མ་གཉིས་ཀ་ལ་འཇུག་གོ །དེ་དང་འདྲ་བར་གོང་དུ་སྨོས་པའི་ཨ་ཏི་ཡང༌། དངོས་སུ་ཀྲཱནྟའི་ ཐོག་མར་སྦྱར་བ་ཡིན་ཀྱང༌། རཻ་ཞེས་པ་ལ་ཡང་ནུས་པ་འཇུག་སྟེ། ཨ་ཏི་ཞེས་པ་བསྒྱུར་ན་ ཤིན་དུ་དང༌། རཻ་ཞེས་པ་བསྒྱུར་ན་འབྱོར་བ་ཡིན་པས། ཤིན་དུ་འབྱོར་བ། ཞེས་པ་འབྱོར་བ་ བཟང་ལ་རྒྱ་ཆེ་བ་དང༌། ཀྲཱནྟ་ནི་ནོན་པ་སྟེ་ཁྱབ་པའི་དོན་ཡིན་ལ། དེས་ན་ཤིན་དུ་གང་ཞིང་ ཁྱབ་པའོ། །དེ་བཞིན་དུ། ནཽ་ཨ་ཏི་ཀྲཱནྟ་ཞེས་པའི་ཨ་ཏིའི་ནུས་པ་གོང་འོག་གཉིས་ཀ་ལ་འགྲོ་ སྟེ། གྲུ་ཉིད་ཤིན་དུ་ལྕི་བ་དང༌། ཆུ་ལ་ཤིན་དུ་ནོན་པ་སྟེ། དོན་གཉིས་ཅར་ལ་འཇུག་པའི་ཕྱིར། འདི་འདྲའི་རིགས་རྣམས་ཚིག་དངོས་ཀྱི་ཕ་རོལ་རྗེས་འབྲང་ཚིག་ཕྱི་མའི་ཐོག་མར་བཀོད་དེ། 19-1-279 ཚིག་སྡུད་མ་བྱས་གོང་དུ་ཚིག་སྔ་ཕྱི་གཉིས་ཀར་གྱི་དོན་གསལ་བར་བྱེད་ལ། རྗེས་འབྲང་གི་ ཚིག་ཕྱིས་པ་ན། མི་ཟད་པའི་ཚིག་དེ་ལས་དེ་ན་གནས་ས་མེད་པས། ཚིག་དངོས་ཀྱི་ཐོག་མར་ འགྲོའོ། །སྐབས་འདིར་ནི་དེ་དག་དང་མི་མཚུངས་ཏེ། ཨ་ན་ཏི་ཞེས་པ་ཅི་འོས་པའམ། གང་ དང་འཚམ་པ་ཞེས་པའི་ཚིག་འདི་ནི། ཤཀྟི་ཞེས་པའི་མཇུག་ཏུ་སྦྱར་བ་ཡིན་གྱི། ཚིག་ཕྱི་མ་ཀྲ་ མྱ་ཞེས་པ་ལ་མི་འཇུག་པས་དེའི་མགོར་སྦྱར་བ་མ་ཡིན་ནོ། །དེའི་རྒྱུ་མཚན་ཡང་ནུས་པ་ཇི་ལྟ་ བར་གྱིས་ཤིག་གི་དོན་ཡིན་གྱི། རིམ་པ་ཇི་ལྟ་བར་ཞེས་པ་མིན་པས་སོ། ། ༈ འདིར་སྨྲས་པ། ཚིག་རེ་ལ་ཡང་འདི་ལྟ་བུར། །ནུས་པའི་དབྱེ་བ་མཐའ་ཡས་ཡོད། །བློ་ ལ་ཇི་ལྟར་སྣང་བ་ཀུན། །ཡི་གེར་དགོད་དུ་ག་ལ་ལང༌། །ཚིག་སྦྱོར་དབྱེ་བ་མཐར་ཡས་པའི། ། སྒྲ་དོན་ཇི་བཞིན་ཤེས་ན་མཁས། །གཞན་དུ་སྒྲ་པ་ཡིན་རློམ་རྣམས། །དགེ་སྦྱོར་གཡེལ་བ་ ཙམ་དུ་ཟད། །དེ་ན་འདིར་ཨ་ན་ཏི། ཞེས་པ་གོང་དུ་སྦྱོར་རྒྱུ་མིན། སྦྱར་ཀྱང་མི་ཟད་པ་མིན་ པས་དགོས་པ་མེད་པས། དོན་གཅིག་པའི་ཡ་ཐཱ་ཞེས་པས། ཨ་ན་ཏིའི་ཚབ་བྱས་ཏེ། ཤཀྟིའི་ གོང་དུ་བཀོད་ནས། མཐར་སི་དབྱིའོ། །ཡ་ཐཱ་ཤཀྟི། ནུས་པ་ཇི་ལྟ་བ་ཞེས་པའོ།། །། ༈ ད་ནི་ཨ་ཐུང་མཐའི་དབང་དུ་བྱས་ཏེ། ཨ་ཏོ྅མ་ནཱ་ཏཿ། ཨཏ྄་ཀྱི་ཨམ྄་སྟེ་ཨཱཏ྄་མ་ཡིན་ ནོ། །མི་ཟད་པར་གྱུར་པའི་ཚིག་སྡུད་ཀྱི་སྐབས་འདིར། ཨ་ཡིག་མཐའ་ཅན་ལ་ཕ་རོལ་ཏུ་རྣམ་ དབྱེ་བདུན་གསུམ་ཉི་ཤུ་རྩ་གཅིག་ལས། ལྔ་པའི་གཅིག་ཚིག་ངསི་མ་གཏོགས་ཐམས་ཅད་ ཨམ྄་དུ་འགྱུར་རོ། །ཨཱཏ྄་མ་ཡིན་པ་ཞེས་པ་ནི། ངསི་ཨཱཏ྄འོ་ཞེས་འབྱུང་བས་ངསི་རང་གི་དོན་ ཡིན། དེ་གོང་དུ་ཕུད་ནས་གཞན་ཨམ྄་དུ་བསྒྱུར་བ་སྤྱིར་བཏངས་སོ། །ཀུམྦྷ་ངས྄། ས་མཱི་པ། ངི་ངས྄་སྱ། ང་ཕྱིས ཨ་ཨི་ལ་ཨེ། ཀུམྦྷ་སྱ་ས་མཱི་པེ། བུམ་པའི་འཁྲིས་སུའོ་ཞེས་པ་སྟེ་ཚིག་ཏུ་ སྦྱར་བའོ། །ས་མཱི་པ་ཐག་ཉེ་བ་སྟེ། དེའི་དོན་ནི་ཉེར་བསྒྱུར་ཨུ་པ་ཡིན། སྱ་མན་ཆད་ཕྱིས་ཏེ། ཨུ་པ་གོང་དུ་བཞག 19-1-280 ༈ མཐར་སི་ཨམ྄་ཨ་ཕྱིས། མ྄་ང་རོ། འཇུག་ཏུ་དོན་གསལ་བྱེད་ལ། བརྟ་ཏེ་སྦྱར། ཨུ་པ་ ཀུམྦྷཾ་བརྟ་ཏེ། ཉེ་བའི་བུམ་པ་འདུག་གོ །ཞེས་པ་སྟེ། བུམ་པ་སྔ་མ་དང་ཉེ་བར་ཕྱིས་བུམ་པ་ གཞན་བཞག་པའི་དོན་ནོ། ༈ །ཨུ་པ་ཀུམྦྷཾ་པ་ཤྱ། ཉེ་བའི་བུམ་པ་ལྟོས་ཤིག ཅེས་སོ། ། ༈ བཱ་ཊཱ་དྱོཿ། ཊཱ་ངི་དག་ལ་ཡང་ནའོ། །མི་ཟད་པ་ཅན་ཨ་མཐའ་ལ་ཕ་རོལ་ངསི་མ་ གཏོགས་པའི་རྣམ་དབྱེ་རྣམས། ཨམ྄་དུ་བསྒྱུར་ཞེས་པ་སྤྱིར་བཏང་དུ་བཤད་པ་དེའི་དམིགས་ གསལ་ལ། ཊཱ་དང་ངི་ལ་མི་ཟད་པའི་ཆོ་གས་ཨམ྄་དུ་བསྒྱུར་བ་དང༌། ཨུ་ཐུང་མཐའ་ཅན་སྤྱིའི་ ཆོ་གས་ཊཱ་ལ་ཨི་ནར་བསྒྱུར་བ་དང༌། ངའི་ང་ཕྱིས། ཨ་ཨི་ལ་ཨེ། བྱེད་པ་གདམ་ཁ་ཡིན་ཅིང་ རྣམ་དབྱེ་གཞན་རྣམས་ཨམ྄་དུ་བསྒྱུར་བའི་ཨམ྄་དེ་རྣམས་ལས། གཉིས་པའི་གཅིག་ཚིག་ཁོ་ རང་མ་གཏོགས་གཞན་རྣམས་དོན་སོ་སོ་ཐ་དད་ཡིན་ཀྱང༌། ཨམ྄་དུ་མཚུངས་པའི་ཕྱིར་ཨ་མི་ སྣང་བར་བྱེད་དེ། སྐབས་གཞན་དུ་ཡང་སི་ཨམ྄་དུ་བསྒྱུར་བའི་ཨ་དབྱི་བ་བཞིན་ནོ། །གོང་ བཞིན་ཨུ་པ་ཀུམྦྷ་ཞེས་སྒྲུབས་ནས། ༈ དེ་འདྲ་གཉིས་ལ་རྣམ་དབྱེ་ཊཱ་ཞེས་པ་རེ་རེ་བཞག་ གོ །གཅིག་ཨམ྄་དུ་བསྒྱུར། གཅིག་ཨི་ནར་བསྒྱུར། དོན་གསལ་བྱེད་ཀྲྀ་ཏཾ་ཞེས་པ་རེ་བཞག ཨུ་པ་ཀུམྦྷཾ་ཀྲྀ་ཏཾ། ཨུ་པ་ཀུམྦྷེ་ན་ཀྲྀ་ཏཾ། ཉེ་བར་བུམ་པས་བྱེད་དོ། ༈ །ཨུ་པ་ཀུམྦྷ་ངེ་དེ་ཨམ྄་ དོན་གསལ་བྱེད། དེ་ཧི། ཨུ་པ་ཀུམྦྷཾ་དེ་ཧི། ཉེ་བར་བུམ་པའི་ཆེད་དུ་བྱིན་ཞིག ༈ ཨུ་པ་ཀུམྦྷ་ ངསི། ངསི་ཨཱཏ྄་མཐར་དོན་གསལ་བྱེད་ཨཱ་ན་ཡ་བཞག ཏ྄་ད྄་རུ་སོང༌། དྲངས། ཨུ་པ་ཀུམྦྷ་དཱ་ ན་ཡ། ཉེ་བའི་བུམ་པ་ལས་ལོང་ཞིག འདི་ལ་ཐོག་མ་ནས་ཨམ྄་བཀག་པའོ། ༈ །ཨུ་པ་ཀུམྦྷ་ ངས྄་ཨམ྄་དོན་གསལ་བྱེད་དེ་ཤ ཨུ་པ་ཀུམྦྷཾ་དེ་ཤ ཉེ་བའི་བུམ་པ་འཇོག་ས་འོ་ཞེས་པའོ། ༈། ཨུ་པ་ཀུམྦྷ་ངི་ཞེས་པ་ཚར་གཉིས་བཞག གཅིག་ཨམ྄་དུ་བསྒྱུར་བ་གོང་བཞིན། ཅིག་ཤོས་ ང་ཕྱིས། ཨ་ཨི་ལ་ཨེ། མཐར་དོན་གསལ་བྱེད་ནི་དྷེ་ཧི་རེ་བཞག ཨུ་པ་ཀུམྦྷཾ་ནི་དྷེ་ཧི། ཨུ་པ་ ཀུམྦྷེ་ནི་དྷེ་ཧི། བུམ་པར་བླུགས་ཤིག་ཅེས་སོ། ༈ །དང་པོར་སྤྱིར་བཏང་དུ་མི་ཟད་པ་ལ་རྣམ་ 19-1-281 དབྱེ་འཇུག་པར་བཤད་པ་ལ། ཨ་ཐུང་མཐའ་ལ་རྣམ་དབྱེ་ཐམས་ཅད་མི་འཇུག་པ་དམིགས་ གསལ་ཡིན། དེ་ལས་ངསི་ཨཱཏ྄་དང༌། རྣམ་དབྱེ་གཞན་རྣམས་ཨམ྄་དུ་བསྒྱུར་བ་སྤྱིར་བཏང་ ཡིན། ཊཱ་དང་ངི་ལ་གདམ་ཁ་དམིགས་གསལ་ལོ། །དེ་ལྟར་ན་དེ་གཉིས་ལ་གདམ་ཁ་དང༌། ངསི་ལ་ཨཱཏ྄་དུ་ངེས། གཞན་རྣམས་ལ་ཨམ྄་དུ་ངེས་པའོ། ། ༈ ཨ་བ་དྷ་ར་ཎཱརྠེ་ཡཱ་བ་ཏི་ཙ། ལོགས་སུ་བཀོལ་བའི་དོན་ལ་ཡཱ་བ་ཏ྄་ཡང་ངོ༌། །མང་ པོའི་ནང་ནས་ཇི་ལྟར་འོས་པའི་རིགས་ཅིག་ལོགས་སུ་བཀོལ་བའི་དོན་ཡོད་པའི་ཡཱ་བ་ཏ྄་ཀྱི་ སྒྲ་སྟེ་དེ་བསྒྱུར་ན། ཇི་ཙམ་མམ་གང་འདྲ་བ་ཞེས་པའོ། །ཚིག་སྔ་མར་ཡཱ་བ་ཏ྄་དེ་ཡོད་ལ། ཚིག་ ཕྱི་མར་ཏཱ་བ་ཏ྄་ཀྱི་སྒྲ་སྟེ། དེ་འདྲའམ་དེ་ཙམ་ཞེས་པ་ཡོད་པའི་གང་འདྲ་བ་དེ་འདྲ་ཞེས་པའམ། ཅི་འདྲ་བ་དེ་འདྲ་ཞེས་ཚིག་གཉིས་རབ་ཏུ་སྦྱོར་བ་མི་ཟད་པའི་བསྡུ་བར་འགྱུར་རོ། །དེ་ཡང་ཡཱ་ བ་ཏ྄་ཛས྄ ཨ་མནྟྲ་ཛས྄ ཏ་བཏ྄་ཛས྄་བྲཱཧྨ་ཎ། ཨཱམ྄ ཨཱ་མནྟྲ་ཡ་སྭ། ཨི་ཏི་ཞེས་པ་བཞག ཛས྄་ དང་པོ་གིས་མ་ནིང་མཐའ་ལ་བྱུང༌། དེའི་ནང་ནས། ཛས྄་ཐོག་མ་ཤི། ཤ་སོང༌། བ་དང་ཏ྄འི་ བར་དུ་ནུམ྄། ཨུ་དང་མ྄་ཕྱིས། ན྄་ང་རོ། ཏ྄་ཨི་ལ་དྲངས། ཨི་དེ་ཕ་རོལ་ཨ་མཐོང་བས་ཡ྄་རུ་ སོང༌། ཏྭ་བརྩེགས་པ་ཨ་ལ་དྲངས། ཛས྄་གཉིས་པ་ཡང་ཤི་ཏ྄འི་མཐར་ནུམ྄། རྟགས་མཐའ་ རིང་ངོ༌། ན྄་ཨི་ལ་དྲངས། ཥ་ར་རྀ་ལས་ཎ། ཛས྄་གསུམ་པ་ཕོ་རྟགས་ཀྱི་མཐའ་ལ་བྱུང་བས། ཛ྄་ཕྱིས་ཨ་བཞག་པ་དང་ཏ྄འི་བར་དུ་ནུམ྄། ན྄་ང་རོ། ཏ྄་བ་ལ་དྲངས། ས྄་རྣམས་བཅད། ཕ་རོལ་གྱི་བྲཱའི་བ་མཐོང་བས། རྣམ་བཅད་ཨུ། ཨུ་ལ་ཨོ། ཨཱམ྄་གྱི་གོང་དུ་ནུ་ཊ྄། ན྄་ཨཱ་ལ་ དྲངས། ནཱམ྄་ལ་རིང་པོ། མ྄་དབྱངས་མེད་ང་རོར་བྱས་ཀྱང་རུང༌། ཡང་ན་ཕ་རོལ་གྱི་ཨཱ་རིང་ པོ་ལ་དྲངས། སྭའི་ཕ་རོལ་ཨ་ཨི་ལ་ཨེ། དེ་ལྟར་ན། ཡཱ་བནྟྱ་མནྟྲཱ་ཎི་ཏ་བནྟོ་བྲཱཧྨ་ཎཱ་ནཱཾ་ཨཱ་མནྟྲ་ ཡ་སྭ། སྣོད་རྣམས་ཇི་ཙམ་པའི་བྲམ་ཟེ་དེ་ཙམ་རྣམས་འདིར་བོས་ཤིག ཅེས་པའམ། གཙོ་ བོ་ཇི་ཙམ་པ་དེ་ཙམ་གྱི་བྲམ་ཟེ་རྣམས་འདིར་བོས་ཤིག །ཅེས་པ་སྟེ། ཚིག་སྔ་མའི་ཨ་མནྟྲ་ 19-1-282 ཞེས་པ་ནི། སྣོད་དང་གཙོ་བོ་གཉིས་ཀར་ལ་འཇུག་གོ །དེ་ནས་རྐྱེན་དང་རྗེས་འབྲང་གི་ཚིག་ རྣམས་ཕྱིས་ཏེ། ཡཱ་བཏ྄་ཨ་མནྟྲ་སི། ཨཱ་མནྟྲ་ཡ་སྭ། ཏ྄་ད྄་དྲངས། སི་ཨམ྄། ཡཱ་བ་ད་མནྟྲ་མཱ་ མནྟྲ་ཡ་སྭ། སྣོད་ཇི་ཙམ་པ་འདིར་བོས་ཤིག །ཅེས་པ་ལ་སྔ་མའི་དོན་ཐམས་ཅད་འདུས་པའོ། ། དེ་བཞིན་དུ། མ་ཀྵི་ཀ་ལ་དྲུག་པའི་ཨཱམ྄། ནུ་ཊ། ནཱམ྄་ལ་རིང་པོ། ཨ་བྷ་བ་སི་ཞེས་པ་བཞག་ སྟེ་བསྒྲུབས་པས། མ་ཀྵི་ཀཱ་ནཱ་མ་བྷ་བཿ ཤ་སྦྲང་རྣམས་མི་འབྱུང་བའོ། །རྐྱེན་སོགས་ཕྱིས། ཨ་ བྷ་བ་དང་དོན་གཅིག་པའི་ཉེར་བསྒྱུར་ནིར྄་སྔོན་དུ་བཞག སི་ཨམ྄། དོན་གསལ་བྱེད་བརྟ་ཏ། སྦྱར་བས། ནིརྨ་ཀྵི་ཀཾ་བརྟ་ཏེ། ཤ་སྦྲང་རྣམས་མི་འཇུག་པའོ། ། ༈ ཨ་མཱ་དཽ་ཏཏྤུ་རུ་ཥཿ། ཨམ྄་ལ་སོགས་པར་དེ་ཡི་སྐྱེས་བུའོ། །དེ་ཡང་སི་ཨཽ་ཛས྄་ཏེ་ རྣམ་དབྱེ་དང་པོ་གསུམ་ལ་དགོས་སུ་དེའི་སྐྱེས་བུའི་བསྡུ་བ་མེད། ཨམ྄་ལ་སོགས་པ་སྟེ་རྣམ་ དབྱེ་གཉིས་པ་ནས་བདུན་པའི་བར་བདུན་པའི་བར་གྱི། རྐྱེན་དྲུག་གསུམ་བཅོ་བརྒྱད་པོ་ ལ་འབྱུང་སྟེ། ཚིག་སྔ་མ་རྐྱེན་དེ་དག་གི་མཐའ་ཅན་ཡིན་པ་ཞིག་ཕ་རོལ་གྱི་ཚིག་གཞན་དང་ འདུས་པ་ན། བར་གྱི་རྣམ་དབྱེ་རྣམས་ཕྱིས་པ་དེ་ལ། དེའི་སྐྱེས་བུའི་ཚིག་སྡུད་ཅེས་བྱ་སྟེ། དཔེར་བརྗོད་མདོ་ཙམ་སྨོས་པ་ནི། གྲ་མ་ལ་གཉིས་པའི་ཨམ྄་བྱིན། ཨ་ཕྱིས་མ྄་ང་རོ། པྲཔྟ་ལ་ སི་རྣམ་བཅད། གྲཱ་མཾ་པྲཔྟཿཞེས་པ་དག་གོ །ཨམ྄་གྱི་རྗེས་ང་རོ་ཕྱིས། གྲཱ་མ་པྲཔྟཿ། གྲོང་སྡེ་ ཐོབ་བོ། །ཞེས་པའོ། ༈ །དཱཏ྄་གསུམ་པའི་གཅིག་ཚིག་གི་རྐྱེན་ཊཱ་ཨི་ན། ཨ་ཨི་ལ་ཨེ། ཙྪིནྣ་སི་ ཨམ྄། དཱ་ཏྲེ་ཎ་ཙྪིནྣཾ། རྐྱེན་གྱི་རྗེས་ཕྱིས་ཏེ། དཱ་ཏྲ་ཙྪི་ནྣཾ། ཟོར་བས་གཅོད་དོ། །ཞེས་སོ། ༈ །ཡཱུ་ བ། བཞི་པའི་གཅིག་ཚིག་དེ་ད྄་ཕྱིས། མཐར་ཨཊ྄་བཞག ཊ྄་སོང༌། ཨེ་ཨ་ཡ྄། ཨ་གོང་མ་ མཚུངས་འདྲ། ཡ྄་དྲངས། དཱ་རུ་སི་ཕྱིས། ཡཱུ་པཱ་ཡ་དཱ་རུ། རྣམ་དབྱེའི་རྗེས་ཕྱིས། ཡཱུ་པ་དཱ་རུ། ཀ་བའི་ཆེད་ཀྱི་ཤིང༌། ཞེས་སོ། ༈ །པྲྀཀ་ལྔ་པའི་མང་ཚིག་བྷྱཿ བྷ་ས་མང་པོ་ལ་ཨེ། ཕ་རོལ་ ཏུ་བྷ་ཡ། སི་ཨམ྄། བྷྱཿགྱི་རྣམ་བཅད་ཨུ། ཨུ་ལ་ཨོའོ། པྲྀ་ཀེ་བྷྱོ་བྷ་ཡཾ། རྣམ་དབྱེ་ཕྱིས། པྲྀ་ཀ་ 19-1-283 བྷ་ཡཾ། སྤྱང་ཀིའི་འཇིགས་པའོ། ༈ །རཱ་ཛན྄་དྲུག་པའི་གཅིག་ཚིག་ངས྄། ང྄་ཕྱིས། ན྄་མཐའ་ ལས་ཛའི་སྲོག་ཕྱིས། ཚུར་རོལ་ཙ་སྡེ་ཛ྄་མཐོང་བས། ཕ་རོལ་ཏ་སྡེ་ལྔ་པ་ན྄་ཙ་སྡེ་ལྔ་པ་ཉ྄་རུ་ སོང༌། ཛ྄་ཉ྄་ལ་དྲངས་པས་ཛྙ྄། ཛྙ྄་ཨ་ལ་དྲངས། ས྄་རྣམ་བཅད། པུ་རུ་ཥ་སི་རྣམ་བཅད། རཱ་ ཛྙཿཔུ་རུ་ཥཿ། རྣམ་དབྱེའི་རྗེས་ཛྙའི་སྲོག་གི་ཨ་དང་ཚེག་དྲག་ཕྱིས། ཛ྄་ཉ྄་བྲལ། ཉ྄་ན྄་རུ་ལོག ཛ་ལ་སྲོག་སྐྱེས་རཱ་ཛན྄་ཉིད་དུ་སླར་ལོག ནཱ་མི་མཐའ་སོགས་ཀྱིས་ན྄་ཕྱིས། རཱ་ཛ་པུ་རུ་ཥཿ། རྒྱལ་པོའི་སྐྱེས་བུ་སྟེ། རྒྱལ་པོའི་མི་སྣའོ། ༈ །ཨཀྵ་བདུན་པའི་མང་ཚིག་སུ་པ྄། བྷ་ས་མང་པོ་ ལ་ཨེ། ཀུ་ཨི་ལ་ས་ཥར་བསྒྱུར། ཤཽཎྜ་སི་རྣམ་བཅད། ཨཀྵེ་ཥུ་ཤཽཎྜཿ། རྣམ་དབྱེ་ཕྱིས། ཨཀྵ་ ཤཽཎྜཿ། ཤོ་ལ་ཆོ་ལོ་མཁན། ཞེས་སོ། ༈ །དེ་རྣམས་མཚོན་བྱེད་ཏེ། རྣམ་དབྱེ་ལྷག་མ་རྣམས་ ལའང་ཤེས་པར་བྱའོ། ༈ །འགྲེལ་པར་ལུང་དྲངས་པ། ཁ་ཅིག་ཏུ་ཨམ྄་ལ་སོགས་པའི་མཐའ་ ཅན་ནི་ཕ་རོལ་ཉིད་དུའོ། །ཞེས་འབྱུང་བས་སྔར་བཤད་པ་ལྟར། ཐོག་མར་མིང་བཀོད་པ་ལ། རྣམ་དབྱེ་གཉིས་པ་ལ་སོགས་པ་བྱིན་པས་ཚིག་ཏུ་གྲུབ་པའི་ཕྱིར་ཚིག་ཐོག་མ་ཞེས་བྱ། དེའི་ འོག་ཏུ་ཚིག་གཉིས་པ་སྦྱར། ཚིག་གཉིས་པོའི་བར་གྱི་རྣམ་དབྱེ་ཕྱིས་ཟིན་པ་ན། ཚིག་དང་པོ་ དེ་ཕ་རོལ་ཞེས་པ་ཕྱིར་མར་སྤོས། ཚིག་ཕྱི་མ་གོང་དུ་བཏོན་པའོ། །དཔེར་བརྗོད། ཨགྣི་ལ་ངི་ བྱིན། དེ་ཨཽ་བསྒྱུར། ཊི་ཕྱིས་དྲངས། ཕ་རོལ་ཨཱ་ཧི་ཏ། སི་རྣམ་བཅད། ཨགྣཽ་ཨཱ་ཧི་ཏཿ། རྣམ་ དབྱེའི་རྗེས་རྣམས་ཕྱིས། ཨགྣི་རུ་ལོག་པ། ཨཱ་ཧི་ཏའི་འོག་ཏུ་སྤོས། འདྲ་པ་རིང་པོ། སི་རྣམ་ བཅད། ཨཱ་ཧི་ཏཱ་གྣིཿ། མེ་ལ་འབུལ་བའི་སྲེག་རྫས་སོ། ༈ །པུརྦ་ཨམ྄། བྷཱུ་ཏ་སི། པུརྦཾ་བྷཱུ་ ཏཿ། རྣམ་དབྱེ་ཕྱིས། སྔ་ཕྱི་བསྒྱུར། སི་བྷཱུ་ཏ་པུརྦཿ། སྔོན་བྱུང་བའམ་སྔ་ནས་ཡོད་པའོ། ༈། ཡང་ལུང་དྲངས་པ། ཁ་ཅིག་ཏུ་ཚིག་གཅིག་ཏུ་བྱེད་པའི་བསྡུ་བ་ལ་ཎ་ཉིད་དུ་བྱེད་དོ། །ཞེས་ འབྱུང་སྟེ། ཤ་ར། དྲུག་པའི་ཨཱམ྄་ནུཊ྄་ནཱམ྄་རིང་པོ། ཐ་ན་ལ་སི་ཨམ྄། ཤ་རཱ་ཎཱཾ་བ་ནཾ། རྣམ་ དབྱེ་ཕྱིས། ན་ཎ་རུ་བསྒྱུར། སླར་ཡང་སི་ཨམ྄། ཤ་ར་བ་ཎཾ། མདའ་ཡི་ནགས་སོ། ༈ །ཨཱ་མ྄། 19-1-284 དྲུག་པའི་ཨཱམ྄་སོགས། བ་ན་སི་ཨམ྄། ཨཱ་མྲཱ་ཎཱཾ་བ་ནཾ། རྣམ་དབྱེ་ཕྱིས། ན་ཎ་སི། ཨཱམ྄་བ་ཎཾ། ཨམ྄འི་ནགས་སོ། ༈ པཱ་ཎ་སྱ་བཱ། པཱ་ཎ་ཡི་ཡང་ནའོ། །སུ་རཱ་ལ་ངསི་བྱིན། ཨས྄་ཡཊྲ་འདྲ་བ་རིང༌། ས྄་རྣམ་ བཅད། མཐར་པ་ན་ལ་སི། སུ་རཱ་ཡཱཿཔཱ་ན། རྣམ་དབྱེ་ཕྱིས། སུ་རཱ་པཱ་ནཾ་ཡང་ན་ན་ཎ་རུ་བསྒྱུར། སུ་རཱ་བཱ་ཎཾ། བཅུད་ལྡན་བཏུང་བ་སྟེ་ཆང་གི་མིང་ངོ༌། ། ༈ ན་ཉི། ན་ཉའོ། །དགག་ཚིག་གི་ན་ཡིག་ལ། ན་ཉ྄་ཞེས་པའི་མིང་འདོགས་ཏེ། ཚིག་ གཅིག་གམ། དུ་མ་ཡིན་ཡང་རུང་འདུས་པ་དེའི་ཐོག་མར་སྦྱར་བར་བྱའོ། །དགག་པའི་ན་ཉ་ སྔོན་དུ་འཇོག་པ་ཡང་དེའི་སྐྱེས་བུ་བསྡུ་བ་ཡིན་ནོ། །ནཱ། ན་ཨའོ། །ཚིག་སྡུད་ལ་དགག་པའི་ ན་ཉ྄་དེ་ཚིག་གཅིག་ལ་ཐོག་མར་འཇོག་པ་ལྟ་ཅི། ཚིག་དུ་མ་གཅིག་ཏུ་བསྡུས་པའི་ཡང་ཐོག་ མར་འཇོག་སྟེ། དེ་མ་ཐག་ན་ཡིག་ཨ་ཡིག་ཏུ་བསྒྱུར་བར་བྱ་སྟེ། གཟུགས་ལ་ཁྱད་མེད་ཀྱང༌། ན་ཕྱིས་ནས་སྲོག་ཨ་བཞག་པ་ལྟ་བུ་མ་ཡིན་ཏེ། ན་ཉ྄་ཉིད་རང་རྐང་ཚུགས་པའི་ཡི་གེ་ཡིན་ གྱི། རྗེས་འབྲེལ་ཁྱད་དོན་སོགས་གང་ཡང་མ་ཡིན་པའི་ཕྱིར་རོ། ༈ །དཔེར་བརྗོད་ནི། བྲཱཧྨ་ ཎ། སི་རྣམ་བཅད། གོང་དུ་དགག་པའི་ན་བཞག ན་བྲཱཧྨ་ཎཿ། ན་ཉ྄་ཨར་བསྒྱུར། ཨ་བྲཱཧྨ་ཎ། བྲམ་ཟེ་མ་ཡིན་པའོ། ༈ །ཡང་ནཱ་ཀ་ཏེ། མཁས་པའམ་སྙན་ངག་མཁན། ན་ཁ། སེན་མོ། ན་ ཀྵཏྲ། སྐར་མ། ན་ཀུ་ལ། སྲེ་མེང༌། ན་དཱི་ཆུ་བོ་ཞེས་པ་ལ་སོགས་པ་ན་ཡིག་དེ་འདྲའི་རིགས་ ནི། མིང་དེ་དག་གི་ཐོག་མར་རང་བཞིན་དུ་གནས་པ་ཡིན་ཏེ། དགག་པའི་ན་ཉ྄་མ་ཡིན་པས་ ཨ་ཡིག་ཏུ་བསྒྱུར་བ་མེད་དོ། ། ༈ ཨན྄་སྭ་རེ། དབྱངས་ལ་ཨན྄འོ། །ཚིག་གང་ལ་དགག་པའི་ན་ཉ྄་འཇོག་རྒྱུའི་ཚིག་ གི་ཡི་གེའི་ཐོག་མ་དེ་དབྱངས་ཡིན་ལ། དེའི་སྔོན་དུ་ནཉ྄་བཞག་པའི་ཚེ། ཕ་རོལ་དབྱངས་དེ་ མཐོང་བས་དགག་པའི་ན་ཡིག་ཨན྄་རུ་བསྒྱུར་བར་བྱའོ། །དཔེར་བརྗོད། ཨ་ཤྭའི་སྒྲ་ལ་ང་ 19-1-285 སི་ཨཱཏ྄་ཨ་ནྱ་སི། ཏ྄ད྄་དྲངས། ཨ་ཤྭཱ་དནྱཿརྟ་ལས་གཞན་པའོ། །རྣམ་དབྱེ་བསུབས། ཨ་ནྱ་ གྱི་དོན། ན་སྔོན་དུ་བཞག ན་དེས་ཕ་རོལ་དབྱངས་ཨ་མཐོང་པས་ཨན྄་དུ་གྱུར། ར྄་དབྱངས་ མེད་ཨ་ལ་དྲངས། ཨ་ན་ཤྭཿ། ཀ་ལཱ་པར་དབྱངས་ལ་ཡི་གེ་ལྡོག་པར་བྱའོ། །ཞེས་པ་དང༌། འདི་གཟུགས་གཅིག་ཅིང་དགོས་དོན་ཡང་གཅིག་མོད་ཀྱི། སྒྲུབ་ཚུལ་ཆེས་མི་འདྲའོ། ༈ །དེ་ བཞིན་དུ། དྷརྨ་ཊཱ་བི་རུ་དྡྷ་སི། དྷརྨེ་ཎ་བི་རུ་དྡྷཿ། ཞེས་པ་ཡིན་ཟེར་ཡང༌། ཆོས་ཀྱིས་གཞན་ བཅོམ་པར་འགྲོ་བས། ཕྱིས་ཨ་དྷརྨ་དང་འགལ་བར་འགྱུར་བས་གཉིས་པའི་ཨམ྄་སྟེར་བ་ ཡིན་ནོ། །རྣམ་དབྱེ་ཡལ། བི་རུ་དྡྷ་བསུབས་ཏེ། དོན་ན་ཉ྄་ཐོག་མར་བཞག ན་ཨར་བསྒྱུར་ སི་ཨ་དྷ་མཾ། ཆོས་འཇོམས་སོ། ༈ །གྲ་ཧ་ངས྄། ཨ་བྷཱ་བ་སི། གྲི་ཧ་ཎ་སྱཱ་བྷ་བཿ། རྣམ་དབྱེ་ སོགས་ཕྱིས། ཨ་བྷ་བའི་དོན་ན་ཉ྄་ཐོག་མར་བཞག སི། ཨ་གྲི་ཧ་ཎཾ། གཟའ་འཛིན་མི་འབྱུང་ ངོ༌། །ཞེས་སོ། །དེ་ན་དགག་པའི་ན་ཉ྄་རྐྱང་པའི་དོན་ནི། ཚིག་གྲོགས་ཀྱི་དབང་གིས་མེད་པ་ དང་མ་ཡིན་པ་གང་རུང་ལ་འཇུག་ཀྱང༌། མེད་པ་ཙམ་དང༌། མ་ཡིན་པ་ཙམ་ཁོ་ན་སྟེ་ཚིག་གི་ བརྗོད་ཚུལ་ནི་མེད་པར་དགག་པའི་ཚིག་གོ །དོན་ནི་མ་ཡིན་དགག་ཤས་ཆེ་སྟེ། བྲམ་ཟེ་ མ་ཡིན་ཞེས་བརྗོད་པས་རིགས་གཞན་འཕངས་པའི་ཕྱིར་རོ། །མེད་ཅེས་བརྗོད་ན་ཡང་མེད་ པའི་གཞི་གོ་བར་འགྱུར་བས་སོ། །གཞན་པ་དང་འཇིག་པ་དང་མི་འབྱུང་བའི་དོན་ལ་ན་ཉ྄་ བཀོད་པ་ནི། ཚིག་དགག་ཚིག་ཡིན་ཡང༌། དོན་སྒྲུབ་པ་ཁོ་ནར་ཤེས་པར་བྱའོ། ། ༈ ཙཱརྠེ་དྭནྡྭཿ། དེའི་དོན་ལ་ཟླས་དབྱེ་བའོ། །འདིར་མི་ཟད་པའི་ཙ་ཡིག་ནི་སྤྱི་ལ་འཇུག་ པའི་དེ་ཞེས་བྱ་བའི་དོན་ཏེ། དེ་ཡང་ལས་གཉིས་ལ་བྱ་བ་གཅིག་འཇུག་པ་ཕན་ཚུན་གཉིས་ ཀའམ། ཅིག་ཤོས་ཀྱིས་གཅིག་ལ་ཕན་འདོགས་པའི་དོན་ལ་ཚིག་སྡུད་བྱེད་པ་ནི། ཟླས་དབྱེ་ བའམ། གཉིས་གཉིས་པའི་ཚིག་སྡུད་དོ། །དེ་ལ་སྤྱིར་གཉིས་གཉིས་འདུས་པ་ལ། དངོས་པོ་ ལ་འདུས་པ་དང༌། བློས་འདུས་པ་གཉིས་ཡོད། དང་པོ་མཐའ་གཅིག་ཏུ་དགོས་པར་མ་ངེས། 19-1-286 གང་བློས་བསྡུས་པ་དེ་ཚིག་གིས་ཀྱང་བསྡུ་བར་བྱེད་པ་ཡིན་པས། ༈ དེ་ཡང་རྣམ་པ་བཞི་སྟེ། འདུ་བ་དང་བྲལ་བ་དེའི་དོན་དང༌། འབྱོར་བ་དང་བྲལ་བ་དེའི་དོན་དང༌། གཅིག་གཅིག་སྦྱོར་ བ་དེའི་དོན་དང༌། ཀུན་དུ་སྡུད་པ་དེའི་དོན་ཏེ་བཞིའོ། ༈ །དེ་ལྟར་བཞི་ལས་གཅིག་ལ་གཅིག་ སྦྱོར་བ་དང༌། ༈ ཀུན་དུ་སྡུད་པ་ནི། བྱ་བྱེད་ནུས་པའི་ཕྱིར། ཟླས་དབྱེ་བའི་ཚིག་སྡུད་ཀྱི་ཡུལ་ ཡིན་ལ། ༈ སྔ་མ་གཉིས་དང་འབྲེལ་བའི་དོན་ལ་ནི། བྱ་བྱེད་སྟོང་པའི་ཕྱིར། གཉིས་གཉིས་ པའི་ཚིག་སྡུད་ཀྱི་ཡུལ་མ་ཡིན་ནོ། ༈ །དེ་ལས་མུཙྪ་ཡ་ཞེས་པ། གནས་སྐབས་གཞན་དུ་ཀུན་ ལས་བཏུས་པར་བསྒྱུར་མོད་ཀྱི། འདིར་ནི་ས་མ་ཚོགས་པ་ཡིན་ལ། ཙ་ཡ་ཤོར་པའི་དོན་ལ་ འཇུག་པས། དུས་སྔ་མའི་སྐབས་ན་ཕྱི་མ་མ་སྐྱེས། ཕྱི་མ་སྐྱེས་ཙ་ན་སྔ་མ་ཞིག་པའི་ཕྱིར། དུས་ བསྒྲིགས་པའི་བྱ་བ་ཤོར་བ་ལྟ་བུ་ཡིན། དེ་ཡང་སྐྱེས་བུ་གཅིག་གིས་དབང་ཕྱུག་གི་བསྟོད་པ་ ཀློག་པ་ན། བླ་མའི་ཡོན་ཏན་འདོན་པ་མེད་ཅིང༌། དེ་འདོད་པ་ན་ཅིག་ཤོས་མི་འབྱུང་བས། དབང་ཕྱུག་དང་བླ་མ་སྟེ་ལས་སུ་བྱ་བ་གཉིས་ལ། བྱ་བྱེད་འདོན་པ་གཅིག་བྱེད་པོ་མི་གཅིག་ གིས་དུས་གཅིག་ཏུ་གྲུབ་པ་མེད་དོ། །འདི་ནི་དུས་སྔ་ཕྱི་འདུར་མི་རུང་བས། སྔ་ཕྱིའི་ལས་ གཉིས་བྱ་བ་གཅིག་གིས་མི་འགྲུབ་པ་ལ། དེ་ལྟར་འགྲུབ་ཚུལ་གྱི་ངག་བཀོད་དུ་མི་རུང་བའི་ དོན་ནོ། ༈ །གཉིས་པ་ནི། རིག་པ་དོན་དུ་གཉེར་བའི་སློབ་མ་གཅིག་གིས། སློབ་དཔོན་གྱི་ དོན་དུ་གྲོང་ནས་སློང་མོ་བླངས་ཏེ་འོང་བ་དང༌། བ་ལང་གི་ཁྱུ་སྐོངས་ཏེ་འོང་བ། དུས་གཅིག་ ལ་མི་འགྲུབ་སྟེ། ལས་བསོད་སྙོམས་ལ་བྱ་བ་བླངས་ཏེ་འོང་བ་དང༌། ལས་བ་ལང་གི་ཁྱུ་ལ་བྱ་ བ་འདེད་ཅིང་འོང་བ་སྟེ། ལས་གཉིས་ཕན་ཚུན་དུས་མཉམ་དུ་ཡོད་སྲིད་ཀྱང༌། བྱ་བ་གཉིས་ དུས་མཉམ་དུ་སྦྲེལ་བར་མི་ནུས་ཏེ། འདི་ནི་ཡུལ་ཕྱོགས་སུ་མི་འབྱོར་བའི་རྒྱུ་མཚན་ལས་ ཡིན་པས། ཨ་ནྭ་ཙ་ཡ། ཞེས་པའི་ཨ་ནྭ་ཕན་ཚུན་དང༌། ཙ་ཡ་མ་འགྲིག་ཅིང་ཤོར་བའི་དོན་ནོ། ། བ་ལང་གི་ཁྱུ་དང་བསོད་སྙོམས་ཀྱི་དངོས་པོ་དུས་མཉམ་ཡིན་སྲིད་ཀྱང༌། ཡུལ་དུ་མི་འབྱོར་ 19-1-287 ཞིང་འཛངས་རིང་བས། སྐྱེས་བུ་གཅིག་གིས་བྱ་བ་གཉིས་པོར་དུས་གཅིག་ཏུ་མི་འགྲུབ་བོ། ། དེ་འདྲའི་དོན་ལ་ཡང་བྱ་བྱེད་གཅིག་ཏུ་སྦྱོར་བར་སྟོན་པའི་ཚིག་སྡུད་སྦྱོར་དུ་ཨི་རུང་ངོ༌། །དེ་ ལ་འདུ་བྲལ་ནི། བསྡུ་བྱར་རློམ་པ་དངོས་པོ་གཉིས་མེད་ན་ལྟ་ཅི་སྨོས། གཅིག་ཡོད་ཀྱང་ གཅིག་མེད་ནས་སྡུད་རྒྱུ་མ་བྱུང་བ་ཡིན། འབྱོར་བྲལ་གཉིས་ཀ་ཡོད་ཀྱང་ལས་སོ་སོ་དང་བྱ་ བ་སོ་སོར་སོང་ནས་སྡུད་མི་ཐུབ་པའོ། །དོན་འདི་དག་ཀྱང་ཤིན་དུ་ཕྲ་བའི་ཕྱིར། ལག་ལེན་དུ་ འདེབས་ལ་དཀའ་ཞིང༌། སྤུ་རིས་ཕྱེད་པའང་དཀོན་པར་སྣང་ངོ༌། ༈ །འགྲེལ་པར་ལུང་དྲངས་ པ། ཟླས་དབྱེ་ལ་དབྱངས་ཉུང་ངུ་དང་གཙོ་བོ་དང་ཨི་ཡིག་ཨུ་ཡིག་མཐའ་ཅན་དང་པོར་ཚིག་ ཕྲད་དོ། །ཞེས་འབྱུང༌། དེ་ཡང་ཟླས་དབྱེ་བའི་ཚིག་སྡུད་ཀྱི་སྐབས་འདིར། ཚིག་ཐོག་མ་གཉིས་ ལ་དབྱངས་མང་ཉུང་འདྲ་ན་དེར་ཟད། མང་ཉུང་ཡོད་ན་དབྱངས་ཉུང་བ་ཐོག་མར་འགོད། དེ་ ཡང་ཚིག་དེ་གཉིས་ཀྱི་དོན་ལ་མཆོག་དམན་མེད་པའི་དབང་དུ་བྱས་པ་ཡིན། མཆོག་དམན་ ཡོད་ན་མཆོག་ཐོག་མ་དང་དམན་པ་རྗེས་སུ་བྱ། འོན་ཀྱང་གཅིག་ཏུ་མ་ངེས་པས། ཡང་ན་ དབྱངས་མང་ཉུང་དང༌། ཡང་ན་དོན་མཆོག་དམན་གྱི་དབང་དུ་བྱེད་པ་གང་རུང་གིས་ཆོག དེ་ དག་ཀྱང་ཚིག་སྔ་མའི་མཐའ་ལ་ཨི་ཡིག་དང་ཨུ་ཡིག་གང་རུང་ཡོད་ན། ཚིག་ཕྲད་ཀྱི་སྒྲུབ་པ་ ཡང་མང་དུ་འཇུག་གོ་ཞེས་པའི་དོན་ནོ། ༈ །དཔེར་བརྗོད་རྣམས་ནི་རིམ་པས། པ་ཊུ་སི་ཙ། གུཔྟ་སི་ཙ། ཞེས་པ་བཞག སི་གཉིས་རྣམ་བཅད། དེ་གཉིས་ཙ་མཐོང་བས་ཤ་རེ་རེ། སོ་སོ་ དྲངས། པ་ཊུཤྩ་གུ་པྟཤྩ། མཁས་པ་ཡང་སྦས་པ་ཡང་སྟེ། མཁས་པ་ཚིག་མི་སྨྲ་བའི་དོན་ནོ། ཤ྄་ གཉིས་རྣམ་དབྱེ་ཡིན། ཙ་གཉིས་རྗེས་འབྲང་ཡིན། དེ་རྣམས་ཕྱིས། མཐར་དང་པོའི་གཉིས་ ཚིག་ཨཽ་བྱིན། ཨཽ་ལ་ཨཽ་ཕ་རོལ་དབྱི། པ་ཊུ་གུཔྟཽ། མཁས་པ་སྦས་པ་དག ཅེས་པ་སྟེ། ཚིག་ དང་པོ་ཨུ་ཡིག་མཐའ་ཅན་གྱི་དཔེ་སྟེ་དབྱངས་སྔ་ཕྱི་གྲངས་མཉམ་པའོ། ༈ །ཨགྣི་སི་ཙ་མཱ་རུ་ ཏ྄་སི་ཙ། སྔར་བཞིན་བསྒྲུབས། ཨགྣིཤྩ་མཱ་རུ་ཏཤྩ། མེ་དང་རླུང་ཡང་ཞེས་སོ། །རྣམ་དབྱེ་རྗེས་ 19-1-288 འབྲང་བཅས་ཕྱིས། ཨཽ་བྱིན། ཨགྣི་མཱ་རུ་ཏཽ། མེ་རླུང་དག ཚིག་དང་པོ་ཨི་ཡིག་མཐའ་ཅན་ དབྱངས་ཉུང་བའི་དཔེའོ། ༈ བྷོཀྟྲམ་སི་ཙ་བྷོ་གྱ་སི་ཙ། སི་དང་པོ་ཨཱ་རུ་སོང༌། ཊི་ཕྱིས། དྲངས། སི་ཕྱི་མ་སྔར་བཞིན། བྷོཀྟཱ་ཙ་བྷོ་གྱ་ཤྩ། ལོངས་སྤྱོད་པ་པོ་ནི་ལོངས་ཀྱང་སྤྱོད་དོ། །ཞེས་སོ། ། རྐྱེན་སོགས་ཕྱིས། བྷོཀྟྲམ་བྷོ་གྱཽ། ལོངས་སྤྱོད་ཅན་ལོངས་སྤྱོད་བྱེད། འདི་ཚིག་དང་པོ་དབྱངས་ ཉུང་བ་ཡིན་ནའང་རྀ་མཐའ་ཡིན། ཚིག་ཕྲད་ཀྱིས་རྀ་མཐའ་ཨི་དང་མཚུངས་པའོ། ༈ །སྟྲཱི་སི་ ཙ་པུ་རུ་ཥ་སི་ཙ། ཨཱིཔ྄་མཐའ་ལ་སི་ཕྱིས། སྟྲཱི་ཙ་པུ་རུ་ཥཤྩ། བུད་མེད་དང་སྐྱེས་པའོ། །རྐྱེན་ སོགས་དབྱི། ཨཽ། སྟྲཱི་པུ་རུ་ཥཽ། བུད་མེད་སྐྱེས་པ་དག འདི་ཡང་ཨི་མཐའ་ཚིག་དང་པོ་དབྱངས་ ཉུང་བའི་དཔེའོ། ༈ །དེ་བཞིན་དུ། དྷ་བཤྩ་ཁ་དཱི་ར་ཤྩ། ཤུག་པ་དང་སེང་ལྡེང་ཡང་ངོ༌། །རྐྱེན་ སོགས་ཕྱིས། ཨཽ། དྷ་བ་ཁ་དཱི་རཽ། ཤུག་པ་སེང་ལྡེང་དག འདི་ནི་ཨ་མཐའ་ཅན་ཡིན་ཡང༌། ཚིག་དང་པོ་དབྱངས་ཉུང་བའི་དཔེའོ། ༈ །ཡང་ལུང་དྲངས་པ། ཟླས་དབྱེ་ལ་ལྷ་ཡི་ཚིག་དང་ པོའི་རིང་པོའོ། །ཞེས་འབྱུང་བས་སྔ་ཕྱིའི་ཚིག་གཉིས་ཀྱིས་དོན་ལྷ་བརྗོད་པར་བྱེད་ན། ཚིག་ སྔ་མའི་མཐའ་རིང་པོར་འགྱུར་ལ། ཡང་ཨགྣི་ལ་སོགས་པ་ལས། སོ་མ་ལ་སོགས་པའི་ཥ་ཉིད་ དོ། །ཞེས་ཀྱང་འབྱུང་བས། ཚིག་ཕྱི་མའི་ཐོག་མ་ན་ས་འམ་ཤའི་ཡི་གེ་ཡོད་ན། ཥ་ཡིག་ཉིད་དུ་ འགྱུར་རོ། ༈ །ཨགྣི་ཤྩ་སོ་མཤྩ། མེ་ལྷ་དང་ཟླ་བ་ཡང༌། ཤྩ་ཕྱིས། ཨགྣི་སོ་མ་ཞེས་འབྱུང་བའི་ ནི་རིང་པོར་བསྒྱུར། ས་ཥ་རུ་བསྒྱུར་ཨཽ། ཨགྣཱི་ཥོ་མཽ། ༈ དེ་བཞིན་དུ། ཨིནྡྲ་ཤྩ་བྲྀ་ཧ་སྤ་ཏི་ཤྩ། དབང་པོ་དང་ཕུར་བུའོ། །རྐྱེན་ཕྱིས། མཐར་ཨཽ་ཨཱི་མཚུངས་འདྲ། དྲཱ་རིང་པོ། ཨིནྡྲ་བྲྀ་ཧསྤ་ཏཱི། དབང་པོའི་དྲུང་ན་ཕུར་བུ་དག །ཅེས་སོ། །འདི་ནི་ཐོག་མའི་ཚིག་མཐའ་རིང་པོར་སོང་ཡང༌། ཕྱི་མའི་ཐོག་མ་ཤ་ཡིག་དང་ས་ཡིག་མ་ཡིན་ན། ཥ་ཡིག་ཏུ་མི་འགྱུར་བའི་དཔེ་ཡང་ཡིན། གཙོ་ བོའི་ཚིག་ཐོག་མར་བརྗོད་པའི་དཔེ་ཡིན་ནོ། །དེ་དག་ནི་གཅིག་གཅིག་སྦྱོར་བའི་དོན་ཅན་ཏེ། དངོས་པོ་དེ་དག་ཕན་ཚུན་དུ་ཡོད་པ། ཕན་ཚུན་གཉིས་ཀར་ཕན་གདགས་བྱ་འདོགས་བྱེད་ 19-1-289 ཀྱི་འབྲེལ་བ་ཅན་ནམ། ཡང་ན་གཅིག་ཕན་བྱ་དང་ཅིག་ཤོས་ཕན་བྱེད་ཀྱི་དོན་ཡིན་ལ། འདི་ རྣམས་ཀྱི་མཐར་རྣམ་དབྱེ་གཉིས་ཚིག་ཁོ་ན་འཇུག་པ་ལས། འདིར་མཚོན་བྱེད་རྣམས་དབྱེ་ དང་པོའི་གཉིས་ཚིག་གི་རྐྱེན་ཨཽ་སྦྱར་བ་ཡིན་ནོ། ༈ །ཡང་ལུང་དྲངས་པ། ཀུན་དུ་སྡུད་པ་ལ་ གཅིག་དང་ལྔན་པར་འབྱུང་བ་ཡང་ནའོ། །ཞེས་བཤད་ཏེ། ཀུན་སྡུད་ཀྱི་སྐབས་འདིར་ཚིག་ སྡུད་གྲུབ་པའི་མཐའ་ལ། གཅིག་གི་དོན་དང་ལྡན་པར་བྱུང་བ་སྟེ། སི་སོགས་གཅིག་ཚིག་གི་ རྐྱེན་རྣམས་སྟེར་བའམ། ཡང་ན་ཞེས་པ་མང་ཚིག་ཛས྄་ལ་སོགས་པ་བྱིན་ནོ། །དེའི་རྒྱུ་མཚན་ དངོས་པོ་མང་པོ་ཡིན་པའི་ཕྱིར་མང་ཚིག་ཀྱང་རུང་ལ། བསྡུ་བྱ་མང་ཡང་འདུས་པའི་ངོ་བོ་ནི་ གཅིག་ཡིན་པའི་ཕྱིར་གཅིག་ཚིག་གཙོ་བོར་འཇུག་གོ །དེ་ཡང༌། ཤ་ཤ་ཛས྄་ཙ་ཀུ་ཤ་ཛས྄་ཙ་ པ་ལཱ་ཤ་ཛས྄་ཙ་བཞག རྐྱེན་གྱི་ཛ྄་རྣམས་ཕྱིས། ཨ་རྣམས་འདྲ་བ་ལ་རིང་པོའོ། །ས྄་རྣམས་ རྣམ་བཅད། དེ་རྣམས་ཤ྄་དྲངས། ཤ་ཤཱ་ཤྩ་ཀུ་ཤཱ་ཤྩ་པ་ལཱ་ཤཱ་ཤྩ། རི་བོང་ནི་ཀུ་ཤ་དང་པ་ལཱ་ ཤའི་ཡང༌། ཞེས་པའོ། །རྐྱེན་སོགས་ཕྱི་མཐར་ཛས྄་སྦྱར་ན། ཤ་ཤ་ཀུ་ཤ་པ་ལཱ་ཤཱཿ། ཡང་ན་སི་ ཨམ྄་ཤ་ཤ་ཀུ་ཤ་པ་ལཱ་ཤཾ། རི་བོང་རྩྭ་ཀུ་ཤ་ཤིང་ཌྷ་ཀ་རྣམས་ཚོགས། ཞེས་པའམ། རི་བོང་ཀུ་ ཤ་ཤིང་ཌྷ་ཀ་འདི་ན་ཡོད། ཅེས་པ་ལྟ་བུ་སྟེ། ཤིང་ཌྷ་ཀའི་གྲིབ་མ་ལ་ཀུ་ཤའི་གསེབ་ཏུ་རི་བོང་ ཉལ་བ་ལྟ་བུ། དེ་གསུམ་འཚོགས་པའི་དོན་ཡིན། ༈ ཡང་ལུང་དྲངས་པ། ཨ་ནྱ་ལ་སོགས་པ་ རྣམས་ཀྱི་རྣམ་དབྱེ་དབྱེ་ཞིང་དང་པོའི་ཚིག་ལ་སཀ྄་ཨཱ་ག་མའོ། །ཨ་ནྱ་སི་ཙ་ཨ་ནྱ་སི་ཙ། སྔར་ བཞིན་བསྒྲུབས་པས། ཨ་ནྱཤྩ་ཨ་ནྱཤྩ། རྐྱེན་སོགས་ཕྱིས། ཨ་ནྱ་དང་པོའི་མཐར་སཀ྄་ཨཱ་ག་ མ་བཞག ཀ྄་རྗེས་འབྲེལ། ཨ་བརྗོད་དོན། ས྄་རྣམ་བཅད། དེ་ཨུ་ཨ་ཨུ་ལ་ཨོའོ། ཨོཏ྄་ཀྱི་ མཐར་ཨ་ནྱ་ཕྱིས། སི་ཨམ྄། ཨ་ནྱོ྅ནྱཾ། གཞན་དང་གཞན་དག་གོ ༈ །དེ་བཞིན་དུ། པ་རཤྩ་ པ་ར་ཤྩ། ཞེས་པ་ལ་རྐྱེན་ཕྱིས། སྔ་མའི་མཐར་སཀ྄་རྣམ་བཅད། དེ་ས྄ར་སོང༌། ཕ་རོལ་པོའི་ སྟེང་དུ་དྲངས། སི་པ་རསྤ་རཾ། ཕན་ཚུན་ཞེས་བྱའོ། །ཡང་ན་དེ་གཉིས་ཀར་ཡང༌། ཕན་ཚུན་ 19-1-290 དང༌། གཅིག་ལ་གཅིག་དང༌། གཞན་དང་གཞན་ནམ། གཞན་གྱིས་གཞན་ལ། ཞེས་པའི་དོན་ དུ་ཚིག་གྲོགས་ཀྱི་དབང་གིས་ཅི་རིགས་པར་འཇུག་གོ ། ༈ ཨ་ཀ་ཏྭེ་དྭེ་གུ་དྭནྡྭཽ། ཕྱོགས་གཉིས་པ་དང༌། ཟླས་དབྱེ་ལ་གཅིག་ཉིད་དོ། །ཟླས་ དབྱེའི་ཕྱོགས་གཅིག་ཀུན་སྡུད་དང༌། ཕྱོགས་གཉིས་པའི་བསྡུ་བ་ཕལ་ཆེར་ལ་རྣམ་དབྱེ་དང་ པོ་འཇུག་ཅིང༌། བསྡུ་བ་འདི་གཉིས་ལ་ཡང་མ་ནིང་གི་རྟགས་སུ་འགྱུར་བ་མང་པོ་ཡོད་ཅེས་པ་ སྟེ། ཨཱིཔ྄་མཐའ་སོགས་མ་གཏོགས་སོ། ། ༈ སཾ་ཁྱཱ་བུརྦོ་དྭི་གུཿ། གྲངས་ཐོག་མ་ཅན་ནི་ཕྱོགས་གཉིས་པའོ། །དངོས་པོ་གང་ཞིག་ གྲངས་ཀྱི་མིང་དང་འགྲེལ་བ་དེའི་ཚེ། གྲངས་ཀྱི་སྒྲ་ཐོག་མར་སྦྱར་བས། བརྗོད་པ་བདེ་ཞིང་ ཚིག་རྔམ་བརྗིད་ཅན་དུ་འགྱུར་བ་ནི། ངག་གཉིས་པའི་ཕྱོགས་གཉིས་པའི་བསྡུ་བའོ། །ས་མཱ་ ཧ་རེ་ཨཏ྄་ཨཱིཔ྄་དྭི་གུཿ ཕྱོགས་གཉིས་པའི་མཉམ་དུ་འདུས་པའི་ཨཏ྄་ལ་ཨཱིཔ྄འོ། །ས་མཱ་ཧ་ར་ ཞེས་པ་ནི། གོང་ཟླས་དབྱེའི་སྐབས་སུ་ཀུན་སྡུད་དུ་བསྒྱུར་ལ། འདིར་མཉམ་དུ་འདུས་པར་ བསྒྱུར་བར་བྱ་སྟེ། ཕྱོགས་གཉིས་པའི་ཞེས་དམིགས་གསལ་མཛད་པ་ནི། ཨཏ྄་ལ་ཨཱིཔ྄་སྟེར་ དགོས་པའི་ས་མཱ་ཧ་རའི་དོན་འདི་ཟླས་དབྱེའི་སྐབས་ཀྱི་ས་མ་ཧ་ར་དེ་མ་ཡིན། ཕྱོགས་གཉིར་ པ་རང་གི་སྐབས་ཀྱིའོ་ཞེས་པའི་དོན་ནོ། །དེས་ན་ཕྱོགས་གཉིས་པའི་ཚིག་སྡུད་ལ། གྲངས་ སྔོན་དུ་འཇོག་པའི་གྲངས་དེ་དང་ལྡན་པའི་དངོས་པོ་རྣམས་ཕྱོགས་གཅིག་ཏུ་འདུས་པའི་དོན་ ལ་འཇུག་པར་འགྱུར་ཞིང༌། ཚིག་སྡུད་ཟིན་པའི་མཐར། ཨ་ཡིག་མཐའ་ཅན་ཡིན་ན་བུད་མེད་ ཀྱི་རྐྱེན་ཨཱིཔ྄་སྟེར་དགོས་ལ། གཞན་ལ་ནི་མ་ཡིན་ནོ། ༈ །དེ་ཡང༌། ད་ཤན྄། དྲུག་པའི་ཨཱམ྄། གྲཱ་མ་ཨཱམ྄་ཨཱམ྄་གཉིས་ཀར་ལ་ནུམ྄། ན྄་མཐའ་ཕྱིས། ནཱམ྄་ལ་རིང༌། དྲངས། ནཱ་འོག་མ་ཎཱ། ད་ཤཱ་ནཱཾ་གྲཱ་མཱ་ཎཱཾ་ས་མཱ་ཧཱ་ར། གྲོང་སྡེ་བཅུ་རྣམས་འཁྲིས་འཁྲིས་སུ་འདུས་པའོ། །ཞེས་པ་ཚིག་ སྦྱོར་རོ། །རྐྱེན་རྣམས་ཕྱིས། མཐའ་ཨཱིཔ྄། ཨི་ཨ་ཕྱིས། དྲངས། ད་ཤན྄་གྱི་ན྄་ཕྱིས། ད་ཤ་གྲཱ་ 19-1-291 མཱི། ཞེས་པ་གྲུབ་སྟེ། ཚིག་སྦྱོར་གྱི་དོན་རྣམས་འདི་ལ་ཚང༌། ༈ ཡང་པཉྩན྄་ཛས྄་ཨགྣི་ཛས྄་ ཛས྄་དང་པོ་དང་ན྄་མི་སྣང༌། ཕྱི་མ་ཛ྄་ཕྱིས། རྟགས་མཐའ་ཨེ། ཨེ་ཨ་ཡ྄ར་སོང༌། གྣ་ཨ་ཡ྄འི་ ཨ་ལ་དྲངས། ཡ྄་རྐྱེན་གྱི་ཨ་ལ་དྲངས། ས྄་རྣམ་བཅད། འཇུག་ཏུ་ས་མཱ་ཧྲི་ཏ་ཞེས་པ་སྦྱར། ཨགྣིའི་ཨ་འདྲ་རིང༌། པཉྩ་གྣ་ཡཿས་མཱ་ཧྲི་ཏ། མེ་ལྔ་འདུས་པའོ། །རྐྱེན་སོགས་ཕྱིས། མཐར་ སི་འཇིག པཉྩཱ་གྣཱི་གྲུབ་བོ། ༈ །པཉྩན྄་ཨཱམ྄་གོ་ཨཱམ྄་ཨཱམ྄་སྔ་མ་ལ་ནུཊ྄། རྟགས་མཐའི་ན྄་ ཕྱིས། དྲངས། ནཱམ྄་ལ་རིང༌། གོའི་ཨོ་ཨབ྄་དྲངས། པཉྩཱ་ནཱཾ་ག་བཾ་ས་མཱ་ཧཱ་རཿ། བ་ལང་ལྔ་ རྣམས་མཉམ་པོར་ཚོགས་པའོ། །རྐྱེན་སོགས་པཉྩ་གོ་སི་སི་ཡལ། མ་ནིང་ཉིད་ལས་ཐུང་ངུ་ ཉིད་དོ། །ཨོ་ཨུ་རུ་སོང༌། པཉྩ་གུ། ༈ ཨཱིཔ྄་ཀྱི་དམིགས་གསལ་ནི། ཏྲ་ཡཱ་ཎཱཾ་ཕ་ལཱ་ཎཱཾ་ས་མཱ་ཧཱ་ རཿ། འབྲས་བུ་གསུམ་རྣམས་གཅིག་ཏུ་ཚོགས་པའོ། །སྔར་བཞིན་ཕྱིས་པས། ཏྲི་ཕ་ལ་འདི་ཨ་ མཐའ་ཡིན་པས་ཨཱིཔ྄་ཡོང་ཐང་བ་ལ། མི་འབྱུང་སྟེ། འཇིག་རྟེན་དང་བསྟན་བཅོས་ཀུན་ལས་ འབྲས་བུ་གསུམ་ལ་ཏྲི་ཕ་ལ་ཞེས་ཟེར་གྱི། ཏྲི་ཕ་ལཱི་རུ་ནཾ་(ནམ་)ཡང་མ་གྲགས་པའི་ཕྱིར་རོ། ། དེས་ན་སྐབས་འདིར་ཨཱིཔ྄་དང་དོན་མཚུངས་པའི་ཨཱཔ྄་སྟེར། མཚུངས་འདྲ། ཏྲི་ཕ་ལཱ་གྲུབ། ༈ བ་ཧུ་པྲྀ་ཧཱི་ར་ནྱཱནྠེ། གཞན་གྱི་དོན་ལ་འབྲུ་མང་པོའོ། །ཚིགས་སྔ་ཕྱི་གཉིས་པོ་སོ་སོས། དངོས་སུ་བརྗོད་པ་དེ་མ་ཡིན་པ་ལ། ཚིག་སྔ་ཕྱི་གཉིས་པོ་དེའི་དོན་དང་འབྲེལ་བའི་དོན་ གཞན་དངོས་སུ་མ་བརྗོད་པ་ཞིག་བརྗོད་བྱའི་གཙོ་བོར་བྱེད་པའི་ཚིག་སྡུད་ནི། འབྲུ་མང་པོའི་ བསྡུ་བ་ཞེས་བྱའོ། ༈ །དེ་ལ་དབྱེ་ན། དེ་མ་ཡིན་པའི་ཡོན་ཏན་ཅན་དང༌། དེའི་ཡོན་ཏན་ཅན་ གྱི་འབྲུ་མང་པོ་གཉིས་སོ། །དང་པོའི་དཔེར་བརྗོད་ནི། བ་ཧུ་སི་དྷ་ན་སི། སི་དང་པོ་འཇིག ཕྱི་ མ་ཨམ྄། དེ་ལ་ཡ་སྱ་དོན་ཡིན་པས་སྦྱར། བ་ཧུ་དྷ་ནཾ་ཡ་སྱ། གང་ལ་ནོར་མང་པོ་ཡོད་པ། ཞེས་ སོ། རྣམ་དབྱེ་རྣམས་ཕྱིས། ས྄་རྣམ་བཅད། བ་ཧུ་དྷ་ན། ནོར་མང་པོའོ་ཞེས་སོ། ༈ །དེ་བཞིན་ དུ། ཨ་སྟི། འདི་མི་ཟད་པ་ཡིན་པས་རྣམ་དབྱེའི་བྱ་བ་མི་འཇུག་པའི་དབང་དུ་བྱས་ན་རྣམ་ 19-1-292 དབྱེ་སྟེར་མི་དགོས། འཇིག་པའི་དབང་དུ་བྱས་ན་སི་བྱིན་ནས་འཇིག དྷ་ནཾ་ཡ་སྱ་སྔར་བཞིན་ སྦྱར་བས། ནོར་ཡོད་པ་གང་གི་ཞེས་སོ། །རྣམ་དབྱེ་རྗེས་འབྲང་ཅན་ཕྱིས། སི་རྣམ་བཅད། ཨིསྟི་དྷ་ནཿ ནོར་ཡོད་པའོ། ༈ །གཉིས་པ་ནི། ལམྦ་ཨཽ ཀརྞ་ཨཽ། རྐྱེན་ཨཽ་གཉིས་ནི། ཨོ་ ཨཽ་ལ་ཨཽའོ། །ཞེས་མཚམས་སྦྱར། ལམྦཽ་ཀརྞཽཡ་སྱ། རྣ་བ་གཉིས་རིང་པོའོ་ངག་གང་གི་ཕྱིས། སི་རྣམ་བཅད། ལམྦ་ཀརྞཿ། རྣ་བ་རིང་པོ་ཞེས་སོ། ༈ །དཔེར་བརྗོད་དེ་རྣམས་ཀྱི་དབང་དུ་ བྱས་ན། ནོར་མང་པོའི་ཞེས་པས་ནོར་ཙམ་དང་མང་པོ་ཙམ་ལ་མི་གོ་བར། དོན་གཞན་བདག་ པོ་སྐྱེས་བུ་གོ་སྟེ། སྐྱེས་བུ་དེ་ཡང་ནོར་མང་པོ་དང་ལྡན་པ་ཡིན་པའི་ཕྱིར། དངོས་སུ་མ་བརྗོད་ ཀྱང་བརྗོད་བྱའི་གཙོ་བོ་ཡིན་པས་དེ་དང་དངོས་སུ་བརྗོད་པའི་ཚིག་གཉིས་ཀྱི་དོན་དེ་དག་ འབྲེལ་བ་ནི་ཡིན་ནོ། །ཡང་ནོར་ཡོད་པ་ཞེས་པ་ལ། དངོས་སུ་བརྗོད་པའི་ཡོད་པ་ཙམ་དང་ ནོར་ཙམ་མ་ཡིན་གྱི། དངོས་སུ་མ་བརྗོད་པའི་ནོར་གང་ལ་ཡོད་པའི་མི་དེ་བརྗོད་བྱའི་གཙོ་ བོར་འགྱུར་བས། དོན་གཞན་གཙོ་བོའོ། །འདི་དག་ནི་དེ་མ་ཡིན་པའི་ཡོན་ཏན་ཏེ། བདག་པོ་ དེའི་ཡོན་ཏན་ནོར་དེ། ཡོན་ཏན་ཅན་བདག་པོའི་ལུས་སེམས་ཀྱི་ཆ་ཤས་སུ་མེད་པས། ཡོན་ ཏན་དེ་ཡོན་ཏན་ཅན་དེ་མ་ཡིན་པས་ན། དེ་དང་ངོ་བོ་ཐ་དད་པའི་ཡོན་ཏན་ལྡན་པའོ། ༈ །རྣ་ བ་རིང་པོ་ཞེས་པ་ལ་ཡང་དངོས་སུ་བརྗོད་པའི་རྣ་བ་ཙམ་དང༌། རིང་པོ་ཙམ་ནི་བརྗོད་བྱའི་ གཙོ་བོ་མ་ཡིན། རྣ་བ་རིང་པོ་གང་ལ་ཡོད་པའི་སྲོག་ཆགས་དེ་གོ་བར་ནུས་ཤིང་བརྗོད་བྱའི་ གཙོ་བོ་ཡིན་ནོ། །སྲོག་ཆགས་དེ་ཚིག་གཉིས་པོ་དེ་དངོས་སུ་མ་བརྗོད་པས་དོན་གཞན་ཞེས་ བྱ། འདི་ནི་དེའི་ཡོན་ཏན་ཅན་གྱི་དཔེ་སྟེ། ཡོན་ཏན་རྣ་བ་རིང་པོ་དེ་ཡོན་ཏན་ཅན་སྲོག་ཆགས་ དེའི་ལུས་ཀྱི་ཆ་ཤས་ཡིན་པས། ཡོན་ཏན་ཅན་དེ་ལས་ངོ་བོ་ཐ་དད་དུ་མེད་པའི་ཕྱིར། དེའི་ ཡོན་ཏན་ཅན་ཞེས་བྱའོ། །དེ་བཞིན་དུ་ཤེས་རབ་ཆེན་པོ་ཞེས་པ་ཡང༌། ཤེས་རབ་དང་ལྡན་ པའི་གང་ཟག་གཙོ་བོར་གོ་ནུས་ཤིང༌། ཤེས་རབ་དེ་ཡང་སྐྱེས་བུ་དེའི་ཤེས་པའི་ཆ་ཤས་ཡིན་ 19-1-293 པའི་ཕྱིར། དེ་དང་ངོ་བོ་ཐ་དད་མེད་པས་དེའི་ཡོན་ཏན་ཅན་ནོ། །འདིར་ངོ་བོ་གཅིག་ཐ་དད་ ཅེས་པ། དབུ་ཚད་ལྟ་བུའི་རིག་པས་བཞག་པ་མ་ཡིན་གྱི། འཇིག་རྟེན་གྲགས་པའི་སྒོ་ནས་ བཞག་པ་སྟེ། ནོར་ཅན་མགྲོན་དུ་བོས་ན། ནོར་ཁྱིམ་བཞག་སྟེ། བདག་པོ་རང་ཉིད་འོང་གི ། ནོར་སླེབ་མི་འོང་བ་དང༌། རྣ་བ་རིང་པོ་ཅན་བོས་ན་ནི། རྣ་བ་རིང་པོ་བཞག་སྟེ། རྣ་བ་རིང་པོ་ ཅན་འོང་བའི་ཐབས་མེད་པ་དང༌། ཤེས་རབ་ཅན་བོས་ན། ཤེས་རབ་ཤུལ་དུ་བཞག་སྟེ། མི་ དེ་འོང་བའི་ལུགས་མེད་པ་ལྟ་བུ་སྟེ། རེ་ཞིག་ལུས་སེམས་ཀྱི་ཚོགས་པ་དང་མི་འབྲལ་བ་ལ་དེ་ སྐད་ཅེས་བྱའོ། ༈ །ལུང་དྲངས་པ་འབྲུ་མང་པོའི་ཁྱད་པར་གྱི་བདུན་པའི་མཐའ་ཅན་དག་ལ། དང་པོར་ནི་པཱ་ཏའོ། །ཞེས་སོ། །བི་ཤེ་ཥ་ཎ་ཨཽ་ལོ་ཧི་ཏ་དི་ཨཀྵི་ཨཽ་ཞེས་པ་བཞག ཨཽ་དང་པོ། ཨོ་ཨཽ་ལ་ཨཽ། ངི་ཨ་ཨི་ལ་ཨེ། ཨཽ་ཕྱི་མ་ཨཱི། ནུམ྄་ན྄་ཨཱི་ལ་དྲངས། ཥ་ར་རྀ། ཡ་སྱ་བཞག བི་ ཤེ་ཥ་ཎཽ་ལོ་ཧི་ཏེ་ཨཀྵི་ཎཱི་ཡ་སྱ། ཁྱད་པར་དུ་དམར་བའི་མིག་དག་གང་གི་ཞེས་པའོ། །རྐྱེན་ སོགས་ཕྱིས། འདྲ་རིང་སི། ལོ་ཧི་ཏཱཀྵཿ། དམར་བའི་མིག མིག་ཅན་བརྗོད་བྱའི་གཙོ་བོའོ། ། ལོ་ཧི་ཏེ། ཞེས་པ་རྣམ་དབྱེ་བདུན་ཏི་མཐའ་ཅན་ཡིན་ལ། ཁྱད་པར་ཅན་གྱི་ཚིག་དང་འབྲེལ་ བའི་བདུན་པའི་མཐའ་དེ། ཚིག་དང་པོའི་མཐའ་ལ་ཡོད་པའོ། །བདུན་མཐའ་ཡིན་ན་ཚིག་ དང་པོ་ཁོ་ན་ལ་བྱེད་པ་དེ། འབྲུ་མང་པོའི་སྤྱིར་བཏང་ཡིན་ནོ། ༈ །དེ་བཞིན་དུ། གྲྀ་ཧ་ངི་ཀུ་ཤ་ ལ་སི། གྲྀ་ཧེ་ཀུ་ཤ་ལཾ་ཡ་སྱ། ཁྱིམ་དགེ་བ་གང་གི ། ཕྱིས་སི་གྲྀ་ཧ་ཀུ་ཤ་ལཿ། དགེ་བའི་ཁྱིམ། ༈ ནེནྡྭཱ་དུ་བྷྱ་ཤྩ། ཨིནྡུ་སོགས་དག་ལས་ཀྱང་མ་ཡིན་ནོ། །འདིར་དམིགས་གསལ་ཏེ་ འབྲུ་མང་པོ་ཡིན་ཀྱང༌། ཨིནྡུའི་རྟགས་སོགས་ལ། བདུན་པའི་མཐའ་ཅན་རྗེས་སུ་སྦྱོར་གྱི། ཐོག་མར་མི་བྱེད་དོ། ཨིནྡུ་སི་ཤེ་ཥ་ར་ངི་ཡསྱ། བཞག་སི་རྣམ་བཅད་ངི་ཨ་ཨི་ལ་ཨཻ། ཨིནྡུཿཤེ་ ཥ་རེ་ཡ་སྱ། གང་གི་གཙུག་ཏུ་ཟླ་བ། ཕྱིས་སི། ཨིནྡུ་ཤེ་ཥ་རཿ། གཙུག་ན་ཟླ་བ། དེ་ལ་ཤེ་ཥ་ར་ ཞེས་པ་དེ་སྔར་བདུན་པ་བྱིན་པའི་གཟུགས་ཡལ་ཀྱང་ནུས་པ་ཅན་ཡིན་པས། སྔོན་མའི་ཚིག་ 19-1-294 ཏུ་ཡོང་ཐང་བ་ལ། འདིར་མི་བྱེད་དོ། །ཤེ་ཥ་ར་ཨིནྡུ། མི་ཟེར་པར། ཤེ་ཥ་ར་ཞེས་པ་འཇུག་ ཏུ་སྦྱོར་དགོས་སོ། ༈ །དེ་བཞིན་དུ། སོགས་ཁོངས་ནས། ཇི་སྐད་དུ། འཁོར་ལོའི་ལག་ཅན་ སོགས་ལ་མ་ཡིན་ནོ། །ཞེས་ཀྱང་འབྱུང་བས། ཙཀྲ་སི་པཱཎ་ངི་ཡསྱ་བཀོད། སི་ཨམ྄། ངི་ཨཽ། ཊི་ཕྱིས། ཙཀྲཾ་པཱ་ཎཽ་ཡ་སྱ། གང་གི་ལག་ན་འཁོར་ལོ། ཕྱིས་སི། ཙཀྲ་པཱ་ཎིཿ། ལག་ན་འཁོར་ ལོའོ། ༈ །པྲ་ཛཱ་མེ་དྷ་ཡོ་ར་སུཀ྄ པྲ་ཛཱ་མེ་དྷ་དག་ལ་ཨ་སུཀ྄འོ། །འབྲུ་མང་པོའི་སྐབས་འདིར། པྲ་ཛཱའི་སྒྲ་དང༌། མེ་དྷའི་སྒྲ་ལ། མཐར་ཨ་སུཀ྄་རྐྱེན་དུ་སྦྱར་རོ། སུ་པྲ་ཛཱ་ཛས྄་ཡ་སྱ། ཞེས་པ་ བཞག་ཛ྄་ཕྱིས། ཨ་འདྲ། ས྄་རྣམ་བཅད། སུ་པྲ་ཛཱཿཡ་སྱ། བཟང་པོའི་སྐྱེ་བོ་གང་ཞིག་ཕྱིས། སུ་པྲ་ཛཱ་ཨ་སུཀ྄་ཀ྄་རྗེས་འབྲེལ། ཨུ་བརྗོད་དོན། ཨི་ཨའི་ཕྱིས། དྲངས། སི་དབྱི། ས྄་རྣམ་ བཅད། ཨ་ཏུ་དང་སའི་སི་ལའོ། །ཛ་རིང་པོར་སོང༌། སུ་པྲ་ཛཱ། སྐྱེ་བོ་བཟང་པོ། ༈ དུར྄་མེ་ དྷཱ་ཛས྄་ཡ་སྱ། ཨ་འདྲ། ས྄་རྣམ་བཅད། དུརྨེ་དྷཱཿཡ་སྱ། བློ་གྲོས་ངན་པ་གང་གི ། དུར྄་མེ་ དྷཱ། ཨ་སུཀ྄། ཨས྄། ཨི་ཨ་ཡི་ཕྱིས། དྲངས་སི་དབྱེ། ཨ་ཏུ་དང་ཞེས་པས་དྷཱ་རིང༌། ས྄་རྣམ་ བཅད། དུརྨེ་དྷཱཿ། ༈ དྷརྨཱ་དན྄། དྷརྨ་ལས་ཨན྄འོ། །འབྲུ་མང་པོའི་སྐབས་འདིར། དྷརྨའི་སྒྲ་ ལ་རྐྱེན་ཨན྄་སྟེར་རོ། །སུ་དྷརྨ་སི་ཡསྱ། སི་རྣམ་བཅད། ཧ་བ་ལ་ཨུ། ཨུ་ལ་ཨོ། སུ་དྷརྨོ་ཡ་ སྱ། ལེགས་པའི་ཆོས་གང་གི ། སུ་དྷརྨ་ཨན྄། ཨི་ཨ་ཕྱིས། དྲངས། སི་ན྄་ཡི་ཨུ་པ་དྷཱ་སི་དང་ན྄་ ཕྱིས། སུ་དྷརྨཱ། ༈ ཨ་ནྱཱརྠེ། གཞན་གྱི་དོན་ལའོ། །འབྲུ་མང་པོའི་སྐབས་འདིར་སྔར་བུད་མེད་ཀྱི་རྟགས་ སུ་གྱུར་པ། ཨཱི་རིང་པོ་དང༌། ཨཱི་རིང་པོའི་མཐའ་ཅན་དག སྤྱིར་བཏངས་ལ་ཐུང་ངུར་འགྱུར་ ཏེ། དེ་ཡང་དཔེར་མཚོན་ན། རཱུ་པ་བ་ཏཱི་སི་བྷཱཪྻཱ་སི་ཡསྱ། སི་གཉིས་ནི་ཨཱིཔ྄་མཐའ་དང་ཨཔ྄་ མཐའ་ལ་ཕྱིས། རུ་པ་བ་ཏཱི་བྷཱཪྻཱ་ཡ་སྱ། གཟུགས་ལྡན་ཆུང་མ་གང་གི་ཕྱིས། རཱུ་པ་བ་ཏཱི་བྷཱཪྻཱ། ཞེས་པ་ཡོད་པའི་ཡཱ་ཚིག་སྡུད་ཀྱི་དབང་གིས་ཐུང་ངུར་སོང༌། ༈ སུ་བཏ྄་བཱ། ཡང་ན་སྐྱེས་པ་ 19-1-295 ལ་བཏ྄་དོ། །འབྲུ་མང་པོའི་སྐབས་འདིར། བ་ཏཱི་ཞེས་པ་བུད་མེད་ཀྱི་རྟགས་ཉིད་ལ་འཇོག་ ན། བ་ཏཱིའི་ཨཱིཔ྄་མཐའ་རང་གནས་སུ་འཇོག ༈ ཡང་ན་ཕོ་རྟགས་ཀྱི་ཚིག་ཏུ་བསྒྱུར་བས། བ་ ཏཱིའི་ཨཱཔ྄་ཕྱིས་པས་བཏ྄་དུ་བསྒྱུར་རོ། ༈ །མཐར་སི་རྣམ་བཅད། རཱུ་པ་བ་ཏཱི་བྷཱཪྻཿ། ༈ ཡང་ ན། རཱུ་པ་བདྦྷཱཪྻཿ། གཟུགས་ལྡན་ཆུང་མ། ༈ ཡང་ན་ཞེས་པའི་ཚིག་ཟུར་གྱིས། བ་ཏཱི་བཏ྄་ དུ་བསྒྱུར་བ་དང་མི་བསྒྱུར་བ་ཡང་ན་བར་མ་ཟད། གཞན་མང་པོ་ལ་ཚིག་ཕྱི་མའི་མཐའ་ཐུང་ ངུར་བསྒྱུར་ཞིང༌། དང་པོའི་མཐའ་ལ་ཨཱིཔ྄་མི་འགོག་སྟེ། དཔེར་ན། ཀལྱཱ་ཎཱི་སི་པྲི་ཡཱ་སི་ཡསྱ། གོང་བཞིན། ཀ་ལྱཱ་ཎཱི་པྲི་ཡཱ་ཡ་སྱ། དགེ་ལེགས་མོ་དང་མཛའ་བ་ཞེས་སོ། ༈ །ཡང་ན། ཀ་ ལྱཱ་ཎཱི། ཞེས་པ་དགེ་བ་མ། དོན་ནི་བྷ་དྲཱ་ཞེས་པ་སྟེ། བཟང་མོའི་མིང་གི་བཏགས་པ་སྟེ། ཟླ་ བ་གང་གི་མར་ངོའི་ཚེས་གསུམ་དགུ་བཅུ་བཅུ་བཞི་སྟེ་བཞི་དང༌། ཡར་ངོའི་བཞི་བརྒྱད་བཅུ་ གཅིག་བཅོ་ལྔ་སྟེ་བཞིའོ། །དེ་ལྟར་ཉིན་ཞག་བརྒྱད་པོ་མཆོད་པ་སོགས་ཀྱི་ལས་ལ་བཟང་ ཞིང༌། རིག་པ་སོགས་ལ་མི་མཐུན་པ་བསྐྱེད་པ་འདོད་པ་དེ་རྣམས་ལ་གྲགས་སོ། །པྲི་ཡཱ་ནི་ ཕྱོགས་ཏེ་དེ་གཉིས་སྡོམས་པས་ཕྱོགས་ཀྱི་བཟང་མོ་ཟེར། གང་ལྟར་ནའང་ངག་བཀོད་པ་ལ། སི་ནི་ཞིག་ཟིན། ཡསྱ། ཕྱིས་ཏེ། ཚིག་སྡུད་དུ་བྱས་པ་ན་མཐའི་ཡཱ་ཐུང་ངུར་བྱེད་ཀྱང༌། ཎཱི་ཡི་ ཨཱིཔ྄་མི་འགོག་སྟེ། ཀ་ལྱཱ་ཎཱི་བྲི་ཡ། ཕྱོགས་ཀྱི་དགེ་བ་མའམ། དགེ་མ་མཛའ་མོ་ཞེས་སོ། ། ༈ གོཿ། གོཿཡིའོ། །གོའི་སྒྲ་ལ་འབྲུ་མང་པོའི་བསྡུ་བ་དང་བསྟུན་པའི་སྐབས་འདིར་ཡང༌། གོ་སྒྲའི་དབྱངས་མཚམས་སྦྱོར་གྱི་ཡི་གེ་ཨོ་ནི་ཐུང་ངུ་ཨུ་ཡིག་ཏུ་འགྱུར་རོ། །པཉྩན྄་ཛས྄་གོ་ ཛས྄་ཡསྱ། ཛས྄་དང་པོ་ཕྱིས། ན྄་མཐའ་ཡལ། ཛས྄་ཕྱི་མ་ཨས྄། གོའི་ཨོ་ཨབ྄། བ྄་ཨ་ལ་ དྲངས། ས྄་རྣམ་བཅད། དེས་ཡ་མཐོང༌། ཧ་བ་ལ་ཨུ། ཨུ་ལ་ཨོ། པཉྩ་ག་བོ་ཡ་སྱ། བ་ལང་ལྔ་ པོ་གང་གི ། ཞེས་བ་ལང་གི་བདག་པོའོ། །ཕྱིས། མཐའི་དབྱངས་ཐུང་ངུར་བསྒྱུར། ན྄་མཐའ་ མི་སྣང་སི་རྣམ་བཅད། པཉྩ་གུཿ། གོང་དུ་བ་ལང་ལྔ་ཕན་ཚུན་གྱི་དོན་ལ། སི་དབྱི་བ་ཡིན་ཀྱང༌། 19-1-296 འདིར་དོན་གཞན་ལ་རྣམ་བཅད་དོ། ༈ །འགྲེལ་པར་ལུང་དྲངས་པ། གྲངས་དང་སུ་དང་བྱཱ་གྷྲ་ ལ་སོགས་པའི་ཚིག་དང་པོ་ཅན་གྱི་སྒྲ་ཡི་ཨཏ྄་དབྱིའོ། །ཞེས་འབྱུང་སྟེ། འབྲུ་མང་པོའི་སྐབས་ ཀྱི་ཚིག་སྔ་ཕྱི་གཉིས་བསྡུས་པ་ན། ཚིག་དང་པོ་ལ། སྟོང་དང་གཉིས་ལ་སོགས་པ་གྲངས་ཀྱི་ མིང་དང༌། ཉེ་བསྒྱུར་སུ་དང༌། བྱཱ་གྷྲ་ལ་སོགས་པའི་ཚིག་ཡོད་ལ། དེ་འདྲ་སྔོན་དུ་སོང་བའི་སྒྲ་ སྟེ་ཚིག་ཕྱི་མའི་ཚིག་མཐའ་ལ་དབྱངས་ཨ་ཐུང་ཡོད་ན་མི་སྣང་བར་བྱེད་དོ། །ས་ཧ་སྲ་སི་ཨམ྄་ པཱ་ད་ཛས྄་ཛ་ཕྱིས། ཨས྄། འདྲ་རིང་ས྄་རྣམ་བཅད། ཡ་སྱ་སྦྱར། ས་ཧ་པྲཾ་པཱ་དཱཿཡ་སྱ། རྐང་པ་ སྟོང་ཕྲག་གང་གི་ཕྱིས། དའི་སྲོག་གི་ཨ་ཡལ། སི་དབྱི། ད྄་ཏ་རུ་སོང༌། ས་ཧ་སྲ་པཱཏ྄། གྲངས་ ཐོག་མར་ཡོད་པའི་དཔེའོ། ༈ །ཤོ་བྷ་ན་ཨཽ་པཱ་ད་ཨཽ་ཡ་སྱ་བཀོད་མཚམས་སྦྱར། ཤོ་བྷ་ནཽ་པཱ་ དཽ་ཡ་སྱ། གང་གི་རྐང་པ་དག་མཛེས་པ་དག་གོ །ཕྱིས། ཤོ་བྷ་ན་མཛེས་པ་ཞེས་པའི་དོན་ཉེ་ བསྒྱུར་སུ་བཞག །སུ་པཱ་ད། མཐའི་ཨ་ཕྱིས། སི་ཡལ། ད྄ཏ྄། སུ་པཱཏ྄། ཞེས་པ་གྲུབ། ༈ ཡང་ བྱཱ་གྷྲ་སི་ཨི་བ་པཱ་ད་ཨཽ་ཡ་སྱ་བཀོད། སི་འཇིག ཨི་བ། མི་ཟད་པ་ཡིན་པས་རྣམ་དབྱེ་མི་འཇུག་ པའམ་ཡང་ན་འཇུག ཨཽ་མཚམས་སྦྱར། བྱཱ་གྷྲ་ཨི་བ་པཱ་དཽ་ཡསྱ། གང་གི་རྐང་པ་དག་སྟག་དང་ འདྲ་བ། ཞེས་སེང་གེ་ལ་སོགས་པ་གཞན་གོ་བའོ། །ཕྱིས། ཚིག་ཕྱི་མ་ལ་ཡོད་པའི་ཨ་མཐའ་ མི་སྣང༌། སི་འཇུག ད྄་ཏ྄། བྱཱ་གྷྲ་པཱཏ྄། ༈ ཇི་སྐད་དུ་ཤས྄་ལ་སོགས་པའི་དབྱངས་ཕ་རོལ་ལ་ པཱ་ད་ཞེས་པར་བསྒྱུར་བ་ཡང་ངོ༌། །གོང་དུ་བྱཱ་གྷྲ་ལ་སོགས་པའི་སོགས་ཁོངས་ནས་འདོན་པ་ ཡིན་ཀྱང༌། ༈ སྔ་མ་དང་ཆོ་ག་ཅུང་ཟད་མི་འདྲ་བ། དྭིའི་སྒྲ་ལ་ནི་འབྲུ་མང་པོའི་སྐབས་འདིར། རྐྱེན་སི་སོགས་ལྔ་སྔ་མ་རྣམས་དང་འདྲ། ཤས྄་མན་ཆད་ཀྱི་དབྱངས་ཀྱི་རྐྱེན་རྣམས་ལ། པཱ་ ད་ཞེས་པའི་པཱ་རིང་པོ་དེ་ཐུང་ངུར་བསྒྱུར་བ་ནི་ཁྱད་པར་རོ། །དྭི་ཨཽ་པཱ་ད་ཨཽ་སྔ་ཕྱི་གཉིས་ཀ་ མཚམས་སྦྱར། དྭཽ་པཱ་དཽ་ཡ་སྱ། རྐང་གཉིས་གང་གི ། ཕྱིས་དའི་ཨ་སི་འཇུག །ད྄ཏ྄། དྭི་པཱཏ྄། དེ་ནི་སི་བྱིན་པའི་དབང་དུ་བྱས་པའོ། ༈ །གཞན་རྣམ་དབྱེ་དབྱངས་རྣམས་དང་ཕྲད་ན། ཏ྄་དེ་ 19-1-297 ནི་སླར་ཡང་ད྄་རུ་ལོག །དྲངས། དང་པོ་དང་གཉིས་པའི་ཨཽ་གཉིས་ལ། དྭི་པཱ་དཽ། ༈ ཛས྄་ལ་ ཨ་དྲངས་རྣམ་བཅད། དྭི་པཱ་དཿ། ༈ ཨམ྄་ལ། དྭི་པཱ་དཾ། དྭི་པཱ་དཽ། ༈ ཤས྄། ཤ྄་ཕྱིས། པཱ་ཐུང་ ངུ་། ཏ྄་སླར་ཡང་ད྄། ཨ་ལ་དྲངས། ས྄་རྣམ་བཅད། དྭི་པ་དཿ། རྐང་གཉིས་རྣམས་ལ། ༈ ཊཱ་ བྱིན་ན། དྭི་པ་དཱ། རྐང་གཉིས་ཀྱིས། ཞེས་པ་ལ་སོགས་པའོ། །པ་ཐུང་ངུར་བསྒྱུར་མི་བསྒྱུར་ གྱི་ཁྱད་མ་གཏོགས། ས་ཧ་སྲ་སོགས་སྔ་མ་རྣམས་ལའང་འདྲའོ། ། ༈ ད་ནི་བར་འདིར་ཚིག་སྡུད་བཤད་ཟིན་པ་ལྔ་པོ་དེ་ལས། མི་ཟད་པ་ཕྱོགས་གཉིས་པ་ མ་གཏོགས། གསུམ་དང༌། སྤྱི་འགྲོ་གཅིག་སྟེ། དེ་རྣམས་ལ་ཉེ་བར་མཁོ་བའི་རྐྱེན་གྱི་བྱ་བ་ བཤད་པ་ནི། ཊཱ་ཌ་ཀཱཿ། ཊ་ཨ་ཌ་ཀཱ་རྣམས་སོ། །ཇི་སྐད་དུ། ཊ་ཡིག་དེ་ཡི་སྐྱེས་བུར་ཤེས། ། ཨ་ཡིག་ཟླས་དབྱེ་འདིར་ཡང་ངོ༌། །འབྲུ་མང་དག་ལ་ཌ་ཡིག་ཉིད། །ཀ་ཡིག་ཀུན་ལ་རབ་ཏུ་ འཇུག །ཅེས་ཀྱང་འབྱུང་སྟེ། སྐབས་འདིར་ཊ་རྐྱེན་ཨ་རྐྱེན་ཌ་རྐྱེན་ཀ་རྐྱེན་ཏེ་བཞི་པོ་འདི་དག་ ཚིག་སྡུད་རྣམས་ལ་ཅི་རིགས་པར་འཇུག་གོ ། ༈ དེ་ལས་ཊ་རྐྱེན་གྱི་དབང་དུ་བྱས་ནས། ཨ་ཙིནྟྱ་སི་མ་ཧི་མན྄་སི་ཡ་སྱ་བཀོད། སི་དང་ པོ་རྣམ་བཅད། ཧ་བ་ལ་ཨུ་སོགས། སི་ཕྱི་མ་འཇུག ན྄་ཡི་ཨུ་པ་དྷཱ། ན྄་མཐའ་དབྱི། ཨ་ཙིནྟྱོ་ མ་ཧི་མཱ་ཡ་སྱ། གང་གི་མཆོད་པ་བསམ་གྱིས་མི་ཁྱབ་པ། ཞེས་སོ། །སི་ཕྱིས་ཨ་ཙནྟྱ་མ་ཧི་མན྄། ན྄་མཐའ་ཕྱིས། རྐྱེན་ཊ་ཊ་སོང་ཊི་ཕྱིས། མོ་རྟགས་ཀྱི་ཨཱཔ྄། འདྲ་བ་རིང༌། སི་རྣམ་བཅད། ཨ་ ཙི་ནྟྱ་མ་ཧི་མཱ། ༈ ནོ་སཱ། ན་ཡི་ཡང་ནའོ། །ན྄འི་མཐའ་ཅན་གྱི་ཕ་རོལ་དུ་ཊ྄འི་རྐྱེན་བྱུང་ན་ཊི་དབྱི་བར་བྱ་ ལ། ཊ་རྐྱེན་དུ་མ་ཟད་ཡ་དང་དབྱངས་ཀྱི་རྐྱེན་ལ་དེ་བཞིན་དུ་བྱེད་དེ། དེ་ཡང་རྣམ་དབྱེ་རྣམས་ མ་ཡིན་པའི་རྐྱེན་ལའོ། །ཡང་ནའོ་ཞེས་པའི་ཚིག་གིས་ཡང་ན་ཊུ་བསུབ་པར་མི་བྱེད་དེ། ཨུ་པ་ དྷཱ་མི་སྣང་བར་བྱེད་པའོ། ༈ །དཔེར་བརྗོད་ནི། ཨ་ཧན྄་ངས྄་ས་ཡསི། ཞེས་པ་བཞག་གོ །ངསི་ 19-1-298 ངས྄་ལ་ཨ་ཕྱིས། ཧ྄་སྲོག་མེད། ན྄་དང་ཧ྄་དབྱངས་མེད་རྐྱེན་གྱི་ཨ་ལ་དྲངས། ས྄་རྣམ་བཅད། སི་ཨམ྄། ཨ་ཧྣཿསཱ་ཡཾ། ཉིན་མོ་དང་མཚན་མོའོ། །ཇི་སྐད་དུ། བསྡུ་བ་བྱས་པ་ལ། ཕ་རོལ་ གྱི་སྒྲ་ནི་དང་པོར་ཚིག་ཕྲད་དོ། །ཞེས་བཤད་པས། བསྡུ་བར་བྱ་བའི་ཚིག་གཉིས་ཚིག་སྡུད་དུ་ བྱས་ན། ཚིག་རྐང་འོག་མ་གོང་དུ་སྤོ་ཞེས་པའི་དོན་ཡིན། འགྲེལ་པར་ཡང༌། འགའ་ཞིག་ཏུ་ ཨམ྄་ལ་སོགས་པའི་མཐའ་ཅན་ཕ་རོལ་ཏུའོ་ཞེས། དེའི་སྐྱེས་བུའི་ཚིག་སྡུད་ཀྱི་སྐབས་འདིར། ཚིག་དང་པོའི་མཐར་ཨམ྄་ལ་སོགས་པའི་རྐྱེན་བྱིན་པའི་ནུས་པ་ཡོད་ན། ཚིག་དང་པོ་དེ་ཕྱི་ མར་སྤོ་ཞེས་བཤད་དེ་དེ་གཉིས་དོན་གཅིག་གོ །དེ་ལ་ཨམ྄་ལ་སོགས་ཞེས་པ་ནི། དངོས་ སུ་ན་རྣམ་དབྱེ་གཉིས་པའི་ཨམ྄་མན་ཆད་ཏེ། འདིར་ནི་དེའི་ནང་ཚན་ངས྄་སོ། །རྣམ་གྲངས་ སུ་ན། སི་ཨམ྄་དུ་བསྒྱུར་བའང་ཨམ྄་ཉིད་ཡིན་པས། ཨམ྄་སོགས་ལ་རྣམ་དབྱེ་ཉེར་གཅིག་ པོ་ཐམས་ཅད་འབྱུང་བའི་སྐབས་ཀྱང་ཡོད་དོ། །རྣམ་དབྱེ་སོགས་ཕྱིས། སཱ་ཡ་གོང་དང༌། ཨ་ ཧན྄་འོག་ཏུ་སྤོས་ཊ྄་རྐྱེན་བྱིན། ཊ྄་ཕྱིས། ཨུ་པ་དྷཱ་མི་སྣང༌། རྐྱེན་གྱི་ཨ་ལ་དྲངས། ཨ་མཚུངས་ འདྲ། སི་རྣམ་བཅད། སཱ་ཡཱ་ཧྣཿ། ༈ དེ་དང་འདྲ་བར། ཨ་ཧ་ན྄་ངས྄། ཨ་པ་ར་སི། སྔར་བཞིན་ བསྒྲུབས་པས། ཨཧྣཿཨ་པ་རཾ། ཉིན་མོ་གཞན་ནོ། །ཕྱིས་སྔ་མ་ཕྱི་མར་བཞག ཊ་ཨུ་པ་དྷཱ་ཕྱིས། དྲངས། སི་རྣམ་བཅད། ཨ་པརཱ་ཧྣཿ། ༈ དེ་བཞིན་དུ། ཨཧྣཿམ་དྷྱཾ། ཉི་མ་གུང་ངོ༌། །ཕྱིས་ཕྱི་མ་ སྔོན་དུ་སྤོས། ཨ་མཚུངས་འདྲ། ཊ་ཨུ་པ་དྷཱ་ཕྱིས། དྲངས། སི་རྣམ་བཅད། མ་དྷྱཱ་ཧྣཿ། དེ་དག་ ནི་ཨུ་པ་དྷཱ་དབྱི་བའི་དཔེར་བརྗོད་ཡིན། ༈ ཡང་ན་ཊི་དབྱི་བར་བཤད་པ་ལྟར་ན། སཱ་ཡཱ་ཧན྄་ གྱི་ཊི་ཕྱིས་པས། སཱ་ཡཱ་ཧ྄་ཨ་ཧ྄་ཨ་ལ་དྲངས་སི། སཱ་ཡཱ་ཧཿ། དེས་རིགས་འགྲེའོ། ༈ །ཡང་ སྔ་ཕྱི་མི་བསྒྱུར་བའི་དཔེ་ནི། ཀ་པི་ནུཊ྄་ཨཱམ྄་རཱཛན྄་སི་བཞག ནཱ་མ྄་ལ་རིང་པོ། དྲངས། ནྲའི་ ཨུ་པ་ཧཱ་མཐའི་སེ་དང་ན྄་ཕྱིས། ཀ་བཱི་ནཱཾ་རཱ་ཛཱ། མཁས་ཆེན་ནམ། སྙན་ངག་མཁན་གྱི་རྒྱལ་ པོའོ། །ཕྱིས་ཀ་བི་རཱ་ཛན྄་ཊ་ཊ྄་སོང་ཨ་བཞག ཊི་མི་སྣང༌། ཛ་རྐྱེན་གྱི་ཨ་ལ་དྲངས། སི་རྣམ་ 19-1-299 བཅད། ཀ་པི་རཱ་ཛཿ། འདིར་རྐྱེན་གྱི་ཊ་ཡིག་ནི་རྗེས་འབྲེལ་དང་འདྲ་བའི་དོན་ཡིན་ཞེས་རྗེས་ འབྲེལ་དངོས་མ་ཡིན་པར་འདོད་དོ། །ཊ་རྐྱེན་གྱི་བྱ་བ་ཡན་ཆད་བྱས་ནས། བུད་མེད་ཀྱི་དོན་ དུ། རྐྱེན་ཨཱིཔ྄་བྱིན། ཨི་ཨ་ལ་ཕྱིས། དྲངས། སི་འཇིག ཀ་པི་རཱ་ཛཱི། མཁས་ཤིང་གསལ་བ་ མོའམ། སྙན་ངག་རྒྱལ་མོའོ། ། ༈ ད་ནི་ཨའི་རྐྱེན་གྱི་མཐའི་དཔེར་བརྗོད་བཤད་ཏེ། རཱ་ཛན྄་ཨཱམ྄་བཞག ཨུ་པ་དྷཱ་ཛའི་ སྲོག་ཕྱིས། ན྄་ཉ྄ར་སོང༌། ཨཱམ྄་ལ་དྲངས། རཱ་ཛྙཱཾ་པུར྄་སི། ཨུ་པ་དྷཱ་རིང༌། སི་ཕྱིས། ར྄་རྣམ་ བཅད། པཱུཿ། དེ་ལྟར་ན། རཱ་ཛྙཱཾ་པཱུཿ། རྒྱལ་པོའི་གྲོང་ཁྱེར། འདིར་ཨཱམ྄་མང་ཚིག་སྦྱོར་བ་ནི། སོ་སོའི་དགོས་ཀྱི་མིང་མེད་པར། རྒྱལ་པོ་ཞེས་སྤྱི་མིང་ཡིན་པས། དེ་ལ་མང་ཚིག་འཇུག་པའི་ གནས་སྐབས་ཡོད་པས་ཡིན་གྱི། གྲོང་ཁྱེར་གཅིག་ལ་རྒྱལ་པོ་མང་པོའི་དོན་མ་ཡིན་པས། རྒྱལ་པོ་རྣམས་ཀྱི་གྲོང་ཁྱེར་ཞེས་མི་བརྗོད་དོ། །ཕྱིས་རཱ་ཛན྄་པུར྄། ན྄་ཕྱིས། རྐྱེན་ཨ་བཞག ར྄་དབྱངས་མེད་དེ་ལ་དྲངས། སི་ཨམ྄། རཱ་ཛ་པུ་རཾ། ཞེས་པ་གྲུབ་བོ། ༈ །དེ་བཞིན་དུ། པཙ྄་ སི་ཙ་མ་ནས྄་སི་ཙ། སི་གཉིས་མི་སྣང་ཙ་ཡིཀ྄འོ། །ཀ྄་དང་ས྄་ཤ྄ར་སོང་བ་དག་ཙ་སོ་སོའི་ སྟེང་དུ་དྲངས། པཀྩ་མ་ནཤྩ། ངག་དང་ཡིད་ལ་བྱེད་པས་ཀྱང་ངོ༌། །ཕྱིས། པཀ྄་མ་ནས྄། ཞེས་ པ་བཞག ཀ྄་ནི་པ་སྡེའི་ལྔ་པ་མ་ཡིག་མཐོང་བས། ཀ་སྡེ་ཉིད་ཀྱི་ལྔ་པ་ང྄ར་སོང༌། ཨ་རྐྱེན་ བྱིན། དེ་ལ་ས྄་དྲངས། སི་ཨམ྄། པདྨ་ན་སཾ། གྲུབ་བོ། ༈ །ཡང་དཀྵི་ཎཱ་ངི་དི་ཤ྄་ངི་པ་ཐིན྄་སི། ངི་ཐོག་མ་ཨཱམ྄་ཡཊ྄་སུ་ཊ྄། རྟགས་མཐའ་ཐུང་ངུར་སོང༌། དཀྵི་ཎས྄ཡ྄་ཨཱམ྄་ཅེས་པ་འབྱུང༌། དྲངས། དི་ཤ྄་ཞེས་པའི་ཤ྄་དི་ལ་དྲངས། པ་ཐིའི་ཨི་ཨ། པ་ཐན྄་པ་དང་ཐའི་བར་དུ། ནུཊ྄་ན྄་ ང་རོ། སླར་ཡང༌། ཊི་ཨན྄་ཨཱ་རུ་སོང་བས། པཾ་ཐན྄་པནྠཱ་རུ་སོང༌། སི་རྣམ་བཅད། དཀྵི་ཎ་སྱཱཾ་ དི་ཤི་པནྠཱ། ལྷོ་ཕྱོགས་ཀྱི་ལམ་མོ། ཕྱིས། དཀྵི་ཎཱ་པ་ཐིན྄། ཨའི་རྐྱེན་བྱིན། ཊི་ཕྱིས་ཐ྄་ཨ་ལ་ དྲངས། སི་རྣམ་བཅད། དཀྵི་ཎཱ་པ་ཐཿ། ཡང་ཨ་ཧན྄་སི་ཙ་རཱ་ཏྲི་སི་ཙ། སི་དང་པོ་ཕྱིས། རྟགས་ 19-1-300 མཐའི་ན་ས྄་རུ་སོང༌། དེ་ཤ྄་ཡིག་ཙ་ལ་དྲངས། སི་ཕྱི་མ་རྣམ་བཅད། ས྄་རུ་སོང༌། དེ་ཤ྄་ཡིག་ ཙ་ལ་དྲངས། ཨ་ཧཤྩ་རཱ་ཏྲི་ཤྩ། ཉིན་མོ་དང་མཚན་མོ་ཡང༌། ཕྱིས། ཨ་ཧན྄་རཱ་ཏྲི། ན྄་ས྄་དེ་རྣམ་ བཅད། ཨུ་ཨ་ཨུ་ལ་ཨོ། མཐར་སི་ཨམ྄། ཨའི་རྐྱེན་བྱིན། ཊི་ཡལ། དྲངས། ཨ་ཧོ་རཱ་ཏྲཾ། ༈ ཌ་རྐྱེན་གྱི་མཐའ་ཅན་དཔེར་བརྗོད་པ་ནི། དྭི་ཨཽ་ཙ་ཏྲི་ཛས྄་ཙ། དྭིའི་སྲོག་ཨ་རུ་ཨོ་ཨཽ་ ལ་ཨཽའོ། །དྭཽ་ཏྲི་ཏྲེ་རུ་བསྒྱུར། ཨེ་ཨཡ྄འོ། །ཡ྄་ཛས྄་ཀྱི་ཨ་ལ་དྲངས། ས྄་ཤ྄་རུ་སོང༌། དྲངས། དྭཽ་ཙཏྲ་ཡཤྩ། གཉིས་དང་གསུམ་ཞེས་བྱ་སྟེ། གྲངས་བགྲང་བ་ཡིན་ན་ལྔ་དང༌། དངོས་པོ་ བརྗོད་པ་ཡིན་ན་གཉིས་ཚན་དང༌། གསུམ་ཚན་གྱི་དངོས་པོ་དེ་དང་དེ་བརྗོད་པར་འགྱུར་ཏེ། དབང་ཕྱུག་ནུས་མ་གཉིས་དང༌། སྙིང་སྟོབས་རྡུལ་མུན་གསུམ་ལྟ་བུའོ། །ཕྱིས། དྭི་ཏྲི་ཌའི་ རྐྱེན། ཌ྄་ཕྱིས། ཊི་ཡལ། དྲངས། དྭི་ཏྲ་བྱུང༌། ཛས྄་ཨ་མཚུངས་འདྲ། ས྄་རྣམ་བཅད། དྭི་ཏྲཱཿ། ༈ ཡང་པཉྩན྄་ཛས྄་ཙ་ཥ་ཥ྄་ཛས྄་ཙ། ཞེས་པ་བཀོད། ཛས྄་གཉིས་ཕྱིས། ན྄་སྲོག་མེད་མི་སྣང༌། ཥ྄་སྲོག་མེད་ཌ྄། པཉྩ་ཙཥ་ཌཱ། ལྔ་དང་དྲུག ཞེས་པ་སྟེ། གྲངས་བགྲོང་ན་བཅུ་གཅིག་དང༌། དངོས་པོ་བརྗོད་ན་འབྱུང་བ་ལྔ་དང་དབང་པོ་དྲུག་ལྟ་བུ་ལྔ་ཚན་དང་དྲུག་ཚན་དུ་སྦྱར་བ་སྟོན་ ནོ། །ཕྱིས། པཾཙན྄་ཥཥ྄་ན྄་ཕྱིས། ཥ྄་ཌ྄། ཌ་རྐྱེན། ཌ་རྗེས་འབྲེལ། ཊི་ཕྱིས། དྲངས། ཛས྄་ ཨ་མཚུངས་འདྲ། ས྄་རྣམ་བཅད། པཉྩ་ཥཱཿ། ༈ དེ་བཞིན་དུ། བ་ཧུ་ཛས྄། རཱ་ཛན྄་ཛས྄། ཡད྄་ ངི༌། ན་ག་རཱི་ངི་། ཞེས་པ་རྣས྄་བཀོད། ཛས྄་སྔ་མའི་ནུས་པས། ཨེ་ཨོ་ཛས྄་ལའོ། །ཞེས་ཧུ་ཧོ་ རུ་སོང༌། ཨོ་ཨབ྄། སོ་སོར་དྲངས། མ྄་རྣམ་བཅད། བ་ཧ་བ་བྱུང་། ཛས྄་ཕྱི་མའི་ནུས་པས། ན྄འི་ཨུ་པ་དྷཱ་རིང་པོ། ན྄་ཛས྄་ཀྱི་ཨ་ལ་དྲངས། ས྄་རྣམ་བཅད། རཱ་ཛཱནཿ། ཞེས་པ་བྱུང༌། ངི་ གཉིས་པོ་ཨཱམ྄་རུ་བསྒྱུར། ཡད྄་ཀྱི་ཊི་ཨ། ཨཱམ྄་ལ་ཡཊ྄་དང༌། སུཊ྄་རིམ་པས་སྦྱིན། དྲངས། ཡ་སྱཱཾ་བྱུང༌། ངི་ཨཱམ྄་ཕྱི་མའི་སྔོན་དུ་ཨཊ྄་ཨཱ་ག་མ་སྟེར། ཊ྄་རྗེས་འབྲེལ། ཨ་བཞག་འདིའི་ ནུས་པས། ཊི་དབྱི་བ་དང་ཨུ་རུ་བསྒྱུར་བ་བཀག རྟགས་མཐའི་ཨཱི་རིང་པོ་ཡ྄་དབྱངས་མེད་དུ་ 19-1-301 བསྒྱུར། དེ་ཨཱ་ག་མའི་ཨ་ལ་དྲངས། ཨཱམ྄་གྱི་ཨ་དང་མཚུངས་འདྲ། ར྄་སྲོག་མེད་དེ་ལ་དྲངས་ པས། ན་གཪྻཱཾ་བྱུང༌། དེ་ནས་རྣམ་བཅད་གཉིས་པོ་ཨུ་སོགས་མཚམས་སྦྱར། བ་ཧ་པོ་རཱ་ཛཱ་ནོ་ ཡ་སྱཱཾ་ན་གཪྻཱཾ། གང་རྒྱལ་པོ་མང་པོ་རྣམས་ཀྱི་གྲོང་ཁྱེར་དུ། ཞེས་པར་འགྱུར། རྣམ་དབྱེ་རྣམས་ སྒྲ་ཇི་བཞིན་དུ་བྱས་ན་མང་པོ་རྣམས་རྒྱལ་པོ་རྣམས་གང་ལ་གྲོང་ཁྱེར་དུ། ཞེས་པ་ཡིན་ནའང་ བོད་སྐད་ལ་མི་བདེའོ། །ཕྱིས། བ་ཧུ་རཱ་ཛན྄། རྐྱེན་ཌ་བྱུང༌། ཌ་སོང༌། ཊི་ཕྱིས། དྲངས། བུད་ མེད་ཀྱི་རྐྱེན་ཨཱཔ྄་བྱིན། མཚུངས་འདྲ་མཐར་ན་ག་རཱི་སྦྱར་རོ། །བ་ཧུ་རཱ་ཛཱ་ན་ག་རཱི། འདིར་ཛཱ་ དང་རཱི་ཞེས་གནས་དང་གནས་པ་པོའི་དོན་ལས། གནས་ལ་དོན་སྟེངས་ནས་མོ་རྟགས་འཇུག་ ལ། གནས་པ་པོ་ལ་འབྲེལ་པའི་སྒོ་ནས་མོ་རྟགས་འཇུག་པའོ། ། ༈ ད་ནི་ཀའི་རྐྱེན་མཐར་སྦྱར་བའི་དཔེར་བརྗོད་ནི། བ་ཧུ་ཛས྄། ཨེ་ཨོ་ཛས྄་ལའོ། །ཨུ་ ཨོར་སོང༌། ཨོ་ཨ་བ྄། སོ་སོར་དྲངས། ས྄་རྣམ་བཅད། མ་ཧ་བཿབྱུང༌། ཀརྟྲམ་ཛས྄། རྀ་ཨཱར྄། སོ་སོར་དྲངས། ས྄་རྣམ་བཅད། དེ་ལ་ཡ་སྱ་སྦྱར། རྣམ་བཅད་ཨུ་ཨུ་ལ་ཨོ། པ་ཧ་པཿཀརྟཱ་རོ་ ཡ་སྱ། གང་གི་བྱ་བའི་ལས་མང་པོའོ། །རྣམ་དབྱེ་རྗེས་འབྲང་དང་བཅས་པ་ཕྱིས། བ་ཧུ་ཀརྟྲྀ་ རྐྱེན་ཀ སི་རྣམ་བཅད། དེའི་རྗེས་སུ་དོན་མཚོན་བྱེད། ཀ་ཊའམ། ཡཱ་ག་ལྟ་བུ་གང་རུང་ཞིག་ བཞག བ་ཧུ་ཀརྟྲམ་ཀཿཀ་ཊཾ། རྩ་ལྷས་ཀྱི་བྱ་བ་མང་པོ་བྱེད་དོ། །བ་ཧུ་ཀརྟྲམ་ཀོ་ཡཱ་གཿ། མཆོད་ སྦྱིན་གྱི་བྱ་བ་མང་པོ་བྱེད་དོ། །ཀརྨ་དྷ་ར་ཡསྟུ་ལྱཱརྠེ། མཉམ་པའི་དོན་ལས་འཛིན་པའོ། །སྔ་ ཕྱིའི་ཚིག་གཉིས་ཀྱི་དོན། དངོས་པོ་གཅིག་ལ་མཉམ་པར་འཇུག་པའི་དོན་ཅན་གྱི་ཚིག་སྡུད་ ནི། ལས་འཛིན་པའི་བསྡུ་བ་ཞེས་བྱ་བར་གྲགས་སོ། །ནཱི་ལ་སི་ཙ་ཏཏ྄སི་ཨུཏྤལ་སི་ཙ། སི་སྔ་ ཕྱི་ཨམ྄་བར་པ་ཕྱིས། ནཱི་ལཾ་ཙ་ཏ་དུ་ཏྤ་ལཾ་ཙ། སྔོན་པོ་ཡང་དེ་ཨུཏྤལ་ཡང་ངོ༌། །འདིར་ཚིག་ གཉིས་དོན་གཅིག་ལ་མཉམ་པར་འདུས་པ་ནི། གཞི་མཐུན་བསྡུ་བའི་ཚིག་ལ་ཟེར་ཏེ། དངོས་ པོ་གཅིག་སྔོན་པོ་ཡང་ཡིན། ཨུཏྤལ་ཡང་ཡིན་ཞེས་པ་ལྟ་བུའོ། །མཚམས་སྦྱར། ནཱི་ལོཏྤལཾ། 19-1-302 ཨུཏྤལ་སྔོན་པོའོ། ༈ །དེ་བཞིན་དུ། རཀྟཱ་སི། ཨཱཔ྄་མཐའ་ལ་སི་འཇུག་ཙ་བྲི་ཨ་དས྄། སི་ཨཽ། ཊི་ཡལ། ད྄་ས྄རུ་སོང༌། ཧ་ས་ཨཱིཔ྄་སི་ཕྱིས། ས྄་རྣམ་བཅད། ཨ་སཿབྱུང༌། ལ་ཏཱ་ཞེས་པ་པྲི། ལ་ ཏཱ་སི་དབྱི་ཙ། མཚམས་སྦྱར། རཀྟཱ་ཙཱ་སཽ་ལ་ཏཱ་ཙ། དམར་པོ་ཡང་འདི་འཁྲིལ་ཤིང་ཡང་ཞེས་ སོ། །ཕྱིས། རཀྟཱ་ཞེས་པའི་ཨཱཔ྄་མཐའ་ཐུང་ངུར་བསྒྱུར་ཏཱ་ལ་སི་འཇུག རཀྟཱ་ལ་ཏཱ། འཁྲིལ་ ཤིང་དམར་པོའོ། ༈ །ཡང་པུཾས྄་སི་ས྄་དེ་ཨ་སུང྄་དུ་བསྒྱུར། ང྄་རྗེས་འབྲེལ། ཨུ་བརྗོད་དོན། པུཾ་གྱི་ང་རོམ྄། ཨ་ལ་དྲངས། མ་དང་ས྄འི་བར་དུ་ནུམ྄། ནས་ཨས྄་མ་ཧཏ྄་ཀྱི་དྷི་མིན་པ་ལ་ རིང་པོ་ཞེས་པས། མཱ་སི་དང་རབ་སྦྱོར་མཐའི་ས྄་ཕྱིས། ན྄་རྗེས་སུ་ང་རོ། མཐར་རྐྱེན་སཀ྄་ཨཱ་ ག་མ་བཞག ཀ྄་རྗེས་འབྲེལ། ཨ་བརྗོད་དོན། ཕ་རོལ་ཏུ་ཙ་བཞག ས྄་ཤ྄ར་སོང་བ་དྲངས། ལུ་པཾཤྩ་བྱུང༌། ཨ་དས྄། ཨསཿ གོང་བཞིན། ཀོ་ཀི་ལ། སི་ཙ། དེ་རྣམས་མཚམས་སྦྱར་བས། པུ་མཾཤྩཱ་སཽ་ཀོ་ཀི་ལཤྩ། སཽ་ཡང་དེ་ནི་ཁུ་བྱུག་ཀྱང་ངོ༌། །ཕྱིས། པུཾས྄་ཀོ་ཀི་ལ། སི་རྣམ་བཅད། སྔར་གྱི་{སྦྱོར་བའི་ཛས྄་[སྤྱིར་བཏང་]ལྟར་ན་རབ་སྦྱོར་མཐའི་ས྄་དབྱི་བ་ཐོབ་ཀྱང༌། འགྲེལ་ པར་ལུང་དྲངས་པ། སྐྱེས་པའི་རབ་སྦྱོར་དབྱི་བ་མ་ཡིན་ཏེ་ཁ་པ་ལའོ། །ཞེས་འབྱུང་བས་ས྄་ དབྱངས་མེད་མི་དབྱི་སྟེ་ཀའི་སྟེང་དུ་འདྲེན། པུཾ་སྐོ་ཀི་ལ་ཤ། ཁ་བྱུག་ཕོའོ། །དེས་ལས་འཛིན་ པའི་སྡེ་གཅིག་ཏུ་ཚོགས་པ་དེ་བཤད་ཟིན་ཏེ། ༈ ད་ནི་སྔར་མ་བཤད་པའི་ཉེར་མཁོ་ཁ་སྐོང་གི་རྣམ་འགྱུར་དག་བརྗོད་དོ། །ནཱམྣཤྩ་ཀྲྀ་ ཏཱ་ས་མཱ་སཿ། མིང་ལ་ཡང་ཀྲྀཏ྄་བསྡུ་བའོ། ༈ །མིང་གི་ཐ་མར་ཀྲྀ་ཏནྟའི་རྐྱེན་སོགས་རབ་ཏུ་ སྦྱོར་བ་དང༌། ༈ ཡང་ཞེས་པའི་ཚིག་ཟུར་གྱིས་ཉེར་བསྒྱུར་དང༌། ༈ ཏི་སོགས་དང་སྦྱོར་བ་ལ་ ཡང༌། དེའི་སྐྱེས་བུའི་བསྡུ་བ་འབྱུང་ཞེས་སོ། ༈ །འདི་ནས་བརྩམས་ཏེ། ཀཱ་ལ་བ་ནཾ་གི་བར་ དེའི་སྐྱེས་བུའོ། །པྲ་ཀཪྵ་ཊཱ་བཱ་ད་སི། པྲ་ཀཪྵེ་ཎ་བཱ་དཿ། ཕུལ་དུ་བྱུང་བའི་སྨྲ་བའོ། །ཕྱིས་པྲ་ བཱ་དཿ། འདིར་པྲ་ནི་ཉེར་བསྒྱུར་ཡིན། བཱ་ད་ནི་ཀྲྀཏ྄་ཀྱི་མཐའ་ཅན་ནོ། ༈ །ཀུམྦྷ་གཉིས་པའི་ 19-1-303 ཨམ྄། ཨ་ཕྱིས། མ྄་ང་རོ། ཀ་རོ་ཏི་ཨི་ཏི་སྦྱར། ཀུམྦྷཾ་ཀ་རོ་ཏཱི་ཏི། བུཾ་པ་བྱེད་པ་པོའོ། །ཕྱིས། ཀུམྦྷ་ཀཱ་རཿ། བྱེད་པ་པོའི་དོན་གྱི་ཀཱ་རིང་པོ་དང༌། རྣམ་བཅད་ནི་སིའི་རྗེས་སོ། །འདིར་ཀུམྦྷ་ ཞེས་པ་མིང་ཡིན། ཀ་རོ་ཏི་ཞེས་པ་ཏི་སོགས་ཀྱི་མཐའ་ཅན་ནོ། །འདིར་ཀུམྦྷ་ཀཱར་ཞེས་པ་ བསྒྱུར་ན། བུམ་བཟོ་བ་ཅེས་པ་ཡིན་ཡང༌། དངོས་ནི་རྫ་མཁན་གྱི་མིང་ངོ༌། །དེས་ན་མིང་དེ་ རང་གི་འཇུག་པའི་ཡུལ་ལ། མ་ཁྱབ་ཁྱབ་ཞེས་ཀྱི་སྐྱོན་གཉིས་དང་ལྡན་ཡང༌། འཇིག་རྟེན་ གྲགས་པའི་ཚད་མ་ཡིན་ནོ། ། ༈ ས་ཧཱ་དེཿསཱ་དིཿ། ས་ཧ་ལ་སོགས་པ་རྣམས་ས་ལ་སོགས་པའོ། །འདིར་ས་ཧའི་སོགས་ ཁོངས་ནས། སཾ་དང༌། ཏི་རས྄་སོགས་དང༌། སའི་སོགས་ཁོང་ནས། སཱ་དྷྲི་དང༌། ས་མི་དང༌། ཏི་རི་ལ་སོགས་པའོ། །དེ་ཡང་ས་ཧ་ལ་སོགས་པ་རྣམས། ས་ལ་སོགས་པར་བསྒྱུར་བའི་དོན་ ནོ། །ས་ཧ་པུ་ཏྲེ་ཎ་བརྟ་ཏེ། བུ་དང་ལྷན་ཅིག་ཏུ་འདུག་གོ །ཕྱིས། སི་རྣམ་བཅད། ས་ཧ་པུ་ཏྲ་ཿ ཞེས་པ་ཡོད་པའི་ས་ཧ་ནི་ས་ཉིད་དུ་བསྒྱུར་བས། ས་པུ་ཏྲ་ཞེས་པའོ། ༈ །ལུང་དྲངས་པ། ས་ ཧ་སཾ་ཏི་རས྄་རྣམས་ཀྱི་ས་དྷྲི་ས་མི་ཏི་རི་རྣམས་ཏེ། ཨ་ཙ་ཕ་རོལ་ལའོ། །ཞེས་འབྱུང་སྟེ། ས་ཧ་ ཨ་ཙ྄་ཞེས་པ་བཞག ས་ཧ་ཞེས་པ་ས་དྷྲི་རུ་བསྒྱུར། ཨཙ྄འི་ཨ་མཐོང་བས་ཨིཡ྄་རུ་སོང༌། དྷ྄་ ར྄་ཡ྄་གསུམ་དབྱངས་མེད་བརྩེགས་པ་དེ། ཨཙ྄འི་ཨ་ལ་དྲངས་པས། ས་དྷྱཙ྄་བྱུང༌། སི་བྱིན། ཙ྄འི་གོང་དུ་ནུམ྄། སི་ཕྱིས། རབ་སྦྱོར་གྱི་ཙ྄་ཡང་ཕྱིས། ན྄་ཉ྄་རུ་སོང༌། ཙ་ཡི་ཀུའོ། །ཉ྄་ཡང་ ད྄་རུ་བསྒྱུར། ས་དྷྱད྄། གྲོགས་མཆོག་གོ ༈ །དེ་བཞིན་དུ། སམ྄་ཨཙ྄་ས་མིར་སོང༌། ཨིཡ྄་ དྲངས་སི་ནུམ྄། སི་དང་ཙ྄་ཕྱིས། ན྄་ཉ྄་ཉ྄་ང྄ས་མྱང྄༌། ཡང་དག་པའོ། ༈ །ཡང་ཏི་རས྄། ཨཙ྄། ཏི་རས྄་ཞེས་པ་ཏི་རི་རུ་བསྒྱུར། ཨིཡ྄། དྲངས། སི་ནུམ྄། ཕྱིས། ན྄་ཉ྄་ང྄་རུ་སོང༌། ཏིཪྻང྄། དུད་འགྲོ་རྒྱགས་པོའོ། ༈ །ལུང་དྲངས་པ། དམན་པ་དང་ཉུང་ངུའི་དོན་དག་ལ། ཀུ་ནི། ཀཏ྄་ ལ་སོགས་པ་སྟེ། དེའི་སྐྱེས་བུ་ལའོ། །ཞེས་འབྱུང་ཞིང༌། ཀུ་ཞེས་པ་དམན་པའི་ཚིག་ནི། ངན་ 19-1-304 པ་དང་ཆུང་ངུའི་དོན་གཉིས་ཀར་ལ་འཇུག །དེ་ཡང་སྐབས་ཐོབ་ཀྱི་སོ་སོར་འཇུག་པ་ཡིན་ གྱི། ཚིག་གཅིག་གིས་དངོས་པོ་གཅིག་ལ། དོན་གཉིས་ཅིག་ཅར་འཇུག་ནུས་པ་ནི་མ་ཡིན་ ནོ། །ངན་པ་དང་ཉུང་ངུའི་དོན་གཉིས་ཀ་ལ་ཀུ་ཞེས་པ་ནི། ཀ་ཏཱ་དང༌། ཀ་དང༌། ཀ་བ་ཞེས་པ་ གསུམ་གང་རུང་དུ་བསྒྱུར་ཀྱང་རུང༌། དོན་གཉིས་ལ་ཨཱ་དེ་ཤ་གསུམ་གསུམ་གྱི་དབྱེ་བས་དྲུག་ གོ །དཔེ་ཁ་གཅིག་ལས་མདོ་འདི་ཉིད་ཀྱི་ཚིག་ཡིན་པའི་དབང་དུ་བྱས་ཏེ། ཀོཿཀཏ྄། ཀུ་ལ་ ཀཏ྄་དོ། །ཞེས་པའང་འབྱུང་སྟེ། དཔེ་ཕལ་ཆེར་ལ་མེད་ཟེར་ཏེ་གཉིས་ལ་མཐོང་ངོ༌། ༈ །དེ་ ཡང༌། ཀུ་ཨུཥྞ་ཞེས་པ་ཚར་གསུམ་བཞག ཀུ་ཐོག་མ་ཀཏ྄་དུ་བསྒྱུར། ཏྲ་ད྄། ད྄་ཨུ་ལ་དྲངས། མཐར་ཨི་ཨམ྄། ཀ་དུ་ཥ། ༈ ཀུ་བར་པ་ཀཱ་ཞེས་པར་བསྒྱུར། ཨུ་ལ་ཨོ། སི་ཀོཥྞཾ། ༈ ཀུ་ཕྱི་མ་ ཀ་བ་ཞེས་པར་བསྒྱུར། ཨུ་ལ་ཨོ། སི། ཀ་བོ་ཥྞ། ༈ དེ་གསུམ་ཀར་ཡང་དོན་གཅིག་དྲོད་ཆུང་ ངུ་ཞེས་པ་ཡིན། ཨི་ཥ་ཨརྠ། སྟེ་ཆུང་ངུའི་དོན་ནོ། །ཚིག་གྲོགས་ཀྱི་དབང་གིས་དྲོད་ལ་ངན་ པའི་ཐ་སྙད་འཇུག་པ་ཉུང་ངོ༌། ༈ །དེ་བཞིན་དུ་ཀུ་ལ་བ་ཎ་ཞེས་པ་གསུམ་ལ་རིམ་པས། ཀ་ དླ་བ་ཎཾ། ཀཱ་ལ་བ་ཎཾ། ཀ་པ་ལ་བ་ནཾ། དེ་གསུམ་ཀར་ཡང་ལན་ཚྭ་ངན་པ་སྟེ། ཚྭ་ལྷད་ཅན་ལ་ ཡང་འཇུག ལན་ཚྭ་ཉུང་ངུ་ལ་ཡང་འཇུག་གོ ། ༈ པུ་རུ་ཥེ་བཱ། སྐྱེས་བུ་ལ་ཡང་ནའོ། །སྐྱེས་བུའི་དོན་ལ་ཀུ་ཞེས་པ་སྦྱར་བ་དེ་ནི། མི་ བསྒྱུར་བར་ཀུ་ཉིད་དུ་འཇོག་པའམ། ཀཏ྄་སོགས་སུ་བསྒྱུར་འདམ་ཁ་ཡིན་ནོ། །མདོ་ཚིག་ འདི་དཔེ་ཕལ་ཆེར་ལ་འདུག་ཅིང༌། འདི་ཡོད་པ་ལ་དཔགས་ན། གོང་དུ་ཀུ་ལ་ཀཏ྄འོ། །ཞེས་ པ་ཡང་ཡོད་པ་འཐད་ཏེ། གཞན་དུ་ན་ཡང་ནའོ་ཞེས་པའི་གཞུང་འདི་ལ། བསྙེགས་མེད་པར་ འགྱུར་ཏེ། ས་ཧ་སོགས་ལ་ནི་སྦྱོར་དུ་མི་རུང་བའི་ཕྱིར་རོ། །ཅི་སྟེ་ན། དམན་པ་དང་ཆུང་ངུ་ སོགས་ཀྱི་མདོ་ལ་བསྙེག་གོ་སྙམ་ན། དེ་ནི་མདོ་འདིའི་ཚིག་མ་ཡིན་ཏེ། དྲང་སྲོང་ཀ་ཏའི་ བུའི་གཞུང་ལས་དྲངས་པའི་ལུང་ཡིན་པའི་ཕྱིས་རོ། ༈ །འདིར་དཔེར་བརྗོད་ནི། ཀུ་པུ་རུ་ཥ་ 19-1-305 སི་རྣམ་བཅད། ཀུ་པུ་རུ་ཥཿ། ཞེས་པ་ཁོ་ན་ལ་བཞག་སྟེ་རྣམ་འགྱུར་མ་བྱས་ཀྱང་ལེགས་ལ། ཡང་ན། ཀཏྤུ་རུ་ཥ། ཀཱ་པུ་རུ་ཥཿ ཀ་བ་པུ་རུ་ཥཿརྣམས་སུ་བསྒྱུར་ཀྱང་རུང་སྟེ། སྐྱེས་བུ་ངན་པ་ ཞེས་པའི་དོན་ཡིན་གྱི་ཆུང་ངུའི་དོན་ལ་མི་འཇུག་གོ །གོང་དུ་སྨོས་པའི་ལན་ཚྭ་ལྟ་བུ་ལ་ཡང༌། སྐབས་ཐོབ་ཀྱི་རེས་ཉུང་ངུ་དང༌། རེས་ངན་པ་ལ་འཇུག་གི ། ཀཱ་ལ་བ་ནཾ་ཞེས་པའི་ཚིག་ལན་ གཅིག་པོ་དེ། ཉུང་ལ་ངན་པ་ལ་མི་འཇུག་གོ ༈ །དནྟའི་ད་ཏྲྀ་སྟེ་ད་ཏྲྀ་དང་ད་ཤ་དང་དྷཱ་རྣམས་ ཕ་རོལ་ལ་ཥ་ཥ྄་ཀྱི་ཨུ་ཉིད་ཏེ་ཚིག་ཕྱི་མ་ལ་སོགས་པར་ཡང་ཊུ་ཉིད་དོ། །ཞེས་འབྱུང་སྟེ། འདི་ ནི་འབྲུ་མང་པོའོ། །དེ་ཡང་ཥཥ྄་ཀྱི་སྒྲ་ལ་དནྟ་མཐའ་རུ་སྦྱར་ན༌། དནྟ་དེ་ནི་ད་ཏྲྀ་རུ་བསྒྱུར་ དགོས་ཤིང༌། དེ་ལྟ་བུའི་ད་ཏྲྀ་དང༌། ད་ཤན྄་ཏེ་མིང་གཉིས་པོ་དེ་དང་དྷཱ་ཞེས་པའི་རྐྱེན་རྣམས་ གང་བྱུང་ཡང༌། ཥཥ྄་ཀྱི་མཐའ་བརྟེན་ཥ྄་དབྱངས་མེད་ནི་ཨུ་རུ་འགྱུར། ཚིག་ཕྱི་མའི་ཏ་སྡེའི་ཡི་ གེ་ནི་ཊ་སྡེའི་ཡི་གེར་འགྱུར་རོ། །ཞེས་པའི་དོན་ཡིན། ༈ དཔེར་བརྗོད་ནི། ཥཥ྄་ལ་ཛས྄་བྱིན་ པ་ཕྱིས། ཥཌ྄། ཌ྄་ཊ྄། དནྟ་ལ་ཛས྄། ཨ་འདྲ་རིང༌། ས྄་རྣམ་བཅད། ཥཊ་དནྟཿཡ་སྱ། སོ་རྣམས་ དྲུག་གང་གི ། ཞེས་པ་སྟེ་ངག་གོ །ཕྱིས། ཥཥ྄་དནྟ་ཞེས་པ་བཞག དནྟ་ད་ཏྲི་རུ་བསྒྱུར། ཥ྄་ཨུ་རུ་ སོང༌། ཊ་ཉིད་དོ་ཞེས་པས། ད་ཡང་ཌ་རུ་བསྒྱུར། སི་ཊི་ཕྱིས། ཏ྄འི་གོང་དུ་ནུམ྄། ཥ་ཨུཌན྄་ཏ྄་ སི། ཞེས་པ་བྱུང༌། ཨུ་ལ་ཨོ། སི་ཡལ། ཏྭ་མི་སྣང༌། ཥོ་ཌ་ན྄། སོ་དྲུག་པའོ། ༈ །དེ་བཞིན་དུ། ཥཥ྄་ཀྱི་མཐར་ད་ཤན྄་སྦྱར། ཥ྄་ཨུ་ད་ཌ་ཨུ་ལ་ཨོ། མཐར་ཛས྄་བྱིན་ན་ཕྱིས། ན་འཇིག་ཥོ་ཌ་ ཤ། སི་བྱིན་ན། ན྄་ཕྱིས། རྣམ་བཅད། ཥོ་ཌ་ཤཿ། གཉིས་ཀ་བཅུ་དྲུག་གི་དོན་ནོ། །འོན་ཀྱང་སྔ་ མ་མང་ཚིག་སྟེ་གྲངས་སུ་བགྲང་བ་ལ་འཇུག་ལ། ཕྱི་མ་གཅིག་ཚིག་སྟེ་དངོས་པོ་ཙམ་མོ། ༈། དེ་བཞིན་དུ། ཥ་ཥ་ལ་རྐྱེན་དྷཱ་ཞེས་པ་བྱིན། ཥ྄་ཨུ། དྷཱ་ཌྷཱ། ཨུ་ལ་ཨོ། ཛས྄་ཕྱིས། ཥོ་ཌྷཱ། འདི་ ལ་ནི་ཡང་ན་ཥ྄་ཌ྄་རུ་བསྒྱུར། དྲངས། ཥཌྜྷཱ། དྲུག་རྣམས་ཞེས་སོ། ༈ །ཡང་བྲྀ་ཧཏ྄་ཨཱམ྄་བེད་ ནུམ྄་ཨཱམ྄་པ་ཏི་སི། ཞེས་པ་བཞག སྒྲུབ་ཚུལ་སྤྱི་དང་འདྲ། བྲྀ་ཧ་ཏཱཾ་བེ་དཱ་ནཱཾ་པ་ཏི། རིག་བྱེད་ 19-1-306 རྣམས་ཀྱི་བདག་པོ་ཆེན་པོ་སྟེ། ཕུར་བུའོ། །དེ་ལ་རིག་བྱེད་ཅེས་པ་ནི། སྐབས་འདིར་རིག་པ་ སྣ་ཚོགས་པའི་མིང་ཡིན་གྱི། རིག་བྱེད་བཞི་ཁོ་ན་ལ་མི་ཟེར་རོ། །དབྱི། བྲྀ་ཧཏ྄་པ་ཏི་སི། ཏ་ ས྄་རུ་བསྒྱུར། སི་རྣམ་བཅད། བྲྀ་ཧསྤ་ཏིཿ། ཥོ་ཌ་ཤཿ ཥོ་ཌྜྷཱ་བྲྀ་ཧསྤ་ཏིཿ། ཞེས་པའང་དེའི་སྐྱེས་ བུའོ། ༈ །ཡང་མ་ཧཏ྄་སི་ཙ་བཞག ཧ་དང་ཏ྄འི་བར་དུ་ནུམ྄། ནྶ྄་ཨཔ྄་མ་ཧཏ྄་ཀྱི་དྷི་མིན་པ་ ལ་རིང་པོའོ། །ཧ་རིང་པོར་སོང༌། སི་དང༌། ཏ྄་ཕྱིས། ན྄་ང་རོ། །སཀ྄་ཨཱ་ག་མ། ས྄་ཤ྄་རུ་སོང་ བ་ཙའི་སྟེང་དུ་དྲངས། མ་ཧཱཾ་ཤྩ། ཞེས་པ་བྱུང༌། ཨ་དས྄་སི། གོང་བཞིན་ཨ་སཽ་རུ་བསྒྱུར། ཨཱི་ ཤྭ་ར་སི་ཙ། མ་ཧཱཾ་ཤྩ་སཽ་ཨཱི་ཤྭ་རཤྩ། ཕྱིས། མ་ཧཏ྄་ཨཱི་ཤྭ་ར། སི་ཚིག་སྔ་མའི་ཊི་ཨར་སོང༌། ཨ་ ཨི་ལ་ཨེ། མ་ཧེ་ཤྭ་རཿ། འདི་ནི་ཟླས་དབྱེ་བའོ། །འདིར་ལུང་དྲངས་པ། མ་ཧཏ྄་ཀྱི་ཊི་ནི་ཨ་ ཉིད་ཏེ་བསྡུ་བ་ལ་ཡིན་ནོ། །ཞེས་འབྱུང་བས་མ་ཧཏ྄་ཀྱི་སྒྲ་ལ་ཚིག་སྡུད་ཟིན་མ་ཐག་ཏུ། ཊི་ཨ་ ཡིག་ཏུ་བསྒྱུར་ནས་མཚམས་སྦྱོར་བ་ཡིན་ནོ། ༈ །ཡང་ཇི་སྐད་དུ། ཏ་དྱོའི་སྒྲ་ནི་དྱཱ་བཱ་རུ་བསྒྱུར་ ཏེ་བསྡུ་བ་བྱས་པ་ལ་ཡིན་ནོ། །ཞེས་ཀྱང་བཤད་དེ། དྱོ་སི་ཙ་བྷཱུ་མི་སི་ཙ། དྱོའི་ཨོ་ནི་ཨཽ། དྱཽཤྩ་ བྷཱུ་མིཤྩ། ཕྱིས། དྱོ་བྷཱུ་མི། ཚིག་དང་པོ་དྱོ་ནི། དྱཱ་བཱ་ཞེས་པར་བསྒྱུར། བྷཱུ་མི་ཨཽ་ཨཱི། དྱཱ་བཱ་བྷཱུ་མཱི། ནམ་མཁའ་དང་ས་དག་གོ །དེ་ཡང་ཟླས་དབྱེའོ། ། ༈ ཨ་ལུཀྐཱ་ཙིཏ྄། འགའ་ཞིག་ཏུ་དབྱི་བ་མ་ཡིན་ནོ། །འདིར་རྒྱ་སྐད་དུ། ཨཱ་ཀྲྀ་ཏི་ག་ན་ ཞེས་པ་ཀུན་བྱེད་པའི་ཚོགས་པ་ཞེས་སོ། །ཀུན་བྱེད་པ་ནི་རྣམ་དབྱེ་ལ་སོགས་པ་མི་བསྡུ་པར་ འཇོག་པ་ཉིད་ཡིན། དེ་འདྲའི་རིགས་མང་པོ་རྣམས་ལ་དེའི་ཚོགས་པ་ཞེས་བྱ། འགའ་ཞིག་ཏུ་ ཞེས་པས། དགོས་པ་མེད་ན་རྣམ་དབྱེ་དབྱི་བར་མི་བྱ་ལ། མཐའ་གཅིག་ཏུ་མ་ཡིན་ཏེ། ཚིག་ སྡུད་ཀྱི་དགོས་པ་ཡོད་ན་མི་སྣང་བར་བྱེད་དོ། །ཀྲྀཏ྄་མཐའ་དང་དེ་ཕན་སོགས་ལ་ཡང་འདི་ལྟ་ བུ་ཡོད་ལ། འདི་ཡང་ཚིག་སྡུད་ཀྱི་ནང་ཚན་དུ་བཤད་པས། དམིགས་གསལ་ལ་རྣམ་དབྱེ་མི་ སྡུད་པ་ཡིན་གྱི། རྗེས་འབྲང་གི་ཚིག་རྣམས་དབྱི་དགོས་སོ། །དཔེར་བརྗོད་ནི། ཀྲྀ་ཚར་ངས྄ི་ 19-1-307 ཨཱཏྲ་མུཀྟ་སི། ཏ྄་ན྄ར་སོང༌། ཀྲྀ་ཚ་རཱ་ནྨུཀྟཿ། དཀའ་ཚེགས་ཀྱིས་གྲོལ་ལོ། ༈ །སྟོ་ཀ་ངསི་ཨཱཏ྄་ མུཀྟ་སི། ཏ྄་ན྄་རུ་སོང༌། སྟོཀཱནྨུཀྟཿ། ཚེགས་ཆུང་ངུས་གྲོལ་ལོ། ༈ །ཨཔ྄་སུཔ྄་ཡོ་ནི་སི། སུཔ྄་ ཀྱི་པ྄་ཕྱིས། སི་རྣམ་བཅད། ཨཔྶུ་ཡོ་ནིཿ། ཆུའི་སྐྱེ་གནས་ཏེ་ཉའོ། །ཨུ་རས྄་ངི་ང྄་དབྱི། ས྄་ ཨི་ལ་དྲངས། ལོ་མན྄་སི་ན྄འི་ཨུ་པ་དྷཱ་སི་དང་ན྄་ཕྱིས། དྲངས། ཨུ་ར་སི་ལོ་མཱ། བྲང་གི་སྤུའོ། ༈ །ཧྲི་ཏ྄་ངི་སྤྲྀཤ྄་སི། ཏ྄་ད྄་རུ་སོང་ངི་ཨི་ལ་དྲངས། སི་འཇུག ཤ྄་ཀ྄་རུ་སོང༌། ཧྲི་དེ་སྤྲྀཀ྄ སྙིང་ དགའ་བའོ། །དེ་གཉིས་ལ་སི་འཕྱིད་པ་བྱུང་ཡང༌། གསལ་བྱེད་མཐའ་ལ་དབྱི་བ་ཡིན། ན྄་ ཕྱིས་པ་ཡང་སིའི་ནུས་པས་ན྄་མཐའ་དབྱི་བ་ཡིན་གྱི། དེ་དག་ཚིག་སྡུད་ཀྱི་སྒོ་ནས་ཕྱིས་པ་མ་ ཡིན་པས། རྣམ་དབྱེ་དབྱི་བའི་བསྡུ་བ་མི་བྱེད་པའི་དཔེར་བརྗོད་དུ་བཤད་པ་དང་མི་འགལ་ ལོ། ༈ །ཀནྛ་དི་ཀཱ་ལ་སི། མཚམས་སྦྱར། ཀནྛེ་ཀཱཿལཿ། མགྲིན་ནག་སྟེ་ལྷ་དྲག་པོའི་མིང་ངོ༌། ༈ །བཱཙ྄་ངས྄་ཡུཀྟ་སི། ང྄་ཕྱིས། ཙ྄་ཨ་ལ་དྲངས། ས྄་རྣམ་བཅད། ཨུ་ཨོ་མཚམས་སྦྱར། བཱ་ ཙོ་ཡུཀྟིཿ། ངག་རིགས་པ་དང་ལྡན་པའོ། ༈ །དི་ཤ྄་ངས྄། དཎྜ་སི། ཤ྄་ཨ་ལ་དྲངས། ས྄་རྣམ་ བཅད། དེ་ཨུ་མཚམས་སྦྱར། དི་ཤོ་དཎྜཿ། ཡུལ་ཕྱོགས་ཀྱི་དཔྱ་ཁྲལ། ༈ པ་ཤྱཏ྄་ངས྄་ཧ་ར་ སི། ཏ྄་དབྱངས་མེད་ཨ་ལ་དྲངས། ས྄་རྣམ་བཅད། ཨུ་སོགས་བྱེད། པ་ཤྱ་ཏོ་ཧ་རཿ། ཡང་ ན། པཤྱ་ལ་བརྟ་མ་ནའི་རྐྱེན་ཏས྄་བྱིན། ས྄་རྣམ་བཅད། ཕ་རོལ་ཏུ་ཧ་ར་བཞག རྣམ་བཅད་ ཨུ་སོགས་འདྲ། པ་ཤྱ་ཏོ་ཧ་རཿ། ལྟ་བཞིན་དུ་རྐུ་བའོ་སྟེ་གསེར་མགར་གྱིས་གསེར་རྐུ་བ་ལྟ་ བུའོ། །དེ་ལ་པ་ཤྱཏ྄་ཞེས་པ་ནི། མིག་གིས་བལྟ་བའི་དོན་མིང་དུ་གྲུབ་པ་ཡིན། དེ་ལ་ངས྄་ བྱིན་པས། ཚིག་ཏུ་གྲུབ། ཡང་པ་ཤྱ་ཁོ་ན་ལྟ་བའི་བྱིངས། དེ་ལ་རྐྱེན་ཏས྄་བྱིན་པས་ཚིག་ཏུ་ གྲུབ་བོ། །དེ་གཉིས་པོ་སྒྲུབ་ཚུལ་མི་གཅིག་ཀྱང་གཟུགས་འདྲ་ཞིང་དོན་ལ་ཁྱད་པར་མེད་དོ། ། འདིར་དཔེར་བརྗོད་དངོས་སུ་སྨོས་པ་རྣམས་རྣམ་དབྱེ་མི་དབྱེ་བ་ཤས་ཆེ་ལ། གཞན་ཡང་དེ་ འདྲའི་རིགས་ཅན་མང་དུ་ཡོད་པ་རྣམས་དེའི་སྐྱེས་བུའི་ཚིག་སྡུད་ལ་སྤྱིར་བཏང་དང་དམིགས་ 19-1-308 གསལ་གྱི་ཁྱད་པར་རོ། ༈ །ཇི་སྐད་དུ། ཤཱ་ཀ་པཱརྠི་བ་ལ་སོགས་པ་རྣམས་ཀྱི་ཚིག་དབུས་མ་ དབྱིའོ། །ཞེས་འབྱུང་བས། ཚིག་གསུམ་ཡོད་པའི་ནང་ཚན་ཤཱ་ཀ་དང༌། པཱརྠི་བའི་དབུས་ཀྱི་ ཚིག་དབྱེ་སྟེ། ཤཱ་ཀ་སི་པྲི་ཡ་སི་པཱརྠི་བ་སི། སི་གསུམ་རྣམ་བཅད་དོ། །ཤཱ་ཀཿཔྲི་ཡཿཔཱརྠི་བཿ། ལྡུམ་བུ་ནི་མཐུན་པའི་ས་གཞི་ལས་བྱུང༌། ཞེས་པ་སྟེ། དེ་ཡང༌། ཤཱ་ཀཿདང༌། པྲི་ཡཿདང༌། པཱརྠི་ བཿསྟེ་ཚིག་གསུམ་ཡོད་པ་ལས་དབུས་མ་པྲི་ཡཿཕྱིས། སྔ་མའི་རྣམ་བཅད་ཀྱང་དབྱི་བ་ཤས་ ཆེ། ཤཱ་ཀ་པཱནྭི་བཿ། ༈ དེ་བ་སི། པཱུ་ཛ་ཀ་སི། བྲཧྨ་ཎ་སི། སི་གསུམ་རྣམ་བཅད་དོ། །བར་མ་ ཨུ་སོགས། དེ་བ་པཱུ་ཛ་ཀོ་བྲཧྨ་ཎཿ། ལྷ་མཆོད་པའི་བྲམ་ཟེའོ། །དེ་ལ་ཚིག་བར་མ། པཱུ་ཛ་ཀོ་ ཕྱིས་པས། དེ་བ་བྲཧྨ་ཎཿ། དེ་དག་ལ་སོགས་པ་གཞན་ཡང་ངོ༌། །དོན་གཅིག་ཏུ་གནས་པ་ལ། རྣམ་དབྱེ་དང་གཅིག་ཏུ་བསྡུ་བ་ཤས་ཆེ་བ་ལས། སྤྱིར་བཏངས་དམིགས་གསལ་གྱི་རྣམ་དབྱེ་ ཕྲ་མོ་རྣམས་མ་འདྲེས་པར་ཤེས་པར་བྱའོ། ། ༈ ཨཱ་དེ་ཤྩ་དྭཾ་དྭེ། ཟླས་དབྱེ་ལ་དང་པོ་ཡང་ངོ༌། །འདི་ནས། དུ་ཧི་ཏཱ་པུ་ཏྲཽ་བར། གཅིག་ གཅིག་སྦྱོར་བའི་ཟླས་དབྱེའོ། །ཟླས་དབྱེ་བའི་ཚིག་སྡུད་ཀྱི་རིགས་འགའ་ཞིག་ལ། ཚིག་སྔ་ཕྱི་ གཉིས་ཀྱི་དང་པོ་དབྱི་བ་ཡང་ཡོད་དོ། །དཔེར་བརྗོད་ནི། མཱ་ཏྲྀ་སི་ཙ། པི་ཏྲྀ་སི་ཙ། སི་གཉིས་ ཀ་ཨཱ། ཊི་གཉིས་ཕྱིས། དྲངས། མཱ་ཏཱ་ཙ་པི་ཏཱ་ཙ། མ་དང་ཕ་ཡང་ངོ༌། །རྣམ་དབྱེ་སོགས་ཕྱིས། མཱ་ཏྲྀ་པི་ཏྲྀ་ཞེས་བྱུང་བའི་ཚིག་དང་པོ་མཱ་ཏྲྀ་ཕྱིས། པི་ཏྲྀ་ལ་གཉིས་ཚིག་ཨཽ། རྀ་ཨར྄་དུ་སོང༌། སོ་ སོར་དྲངས་པས་དངོས་སུ། པི་ཏ་རཽ་སྟེ། ཕ་དག་ཞེས་པ་ལས་མེད་ཀྱང༌། དོན་ཕ་མ་དག་གོ ༈ ། ཤྭ་ཤྲུ་ཤྩ་ཤྭ་སུ་ར་ཤྩ། རྒྱུག་མོ་དང་གྱོས་པོ་ཡང་ངོ༌། །རྣམ་དབྱེ་སོགས་ཕྱིས། ༈ ཤྭ་ཤྲུ་ཤྭ་སུ་ ར། ཞེས་པའི་ཚིག་དང་པོ། ཤྭ་ཤྲུ་ཕྱིས། ཕྱི་མ་ལ་ཨཽ་བྱིན། ར་དང་མཚམས་སྦྱར། ཤྭ་སུ་རཽ་ ཅེས་པ་གྲུབ། དངོས་སུ་གྱོས་པོ་དག་ཞེས་པ་ལས་མེད་ཀྱང༌། དོན་གཉིས་ཀར་གོའོ། ༈ །དེ་ བཞིན་དུ། དུ་ཧི་ཏྲྀ་སི་ཙ་པུ་ཏྲ་སི་ཙ། སུ་གོང་མ་ཨཱ་ཊི་ཕྱིས། དྲངས། སི་ཕྱི་མ་རྣམ་བཅད་ཤ྄། 19-1-309 དུ་ཧི་ཏཱ་ཙ་པུ་ཏྲ་ཤྩ། ཚ་མོ་དང་བུ་ཡང་ངོ༌། །ཚིག་སྦྱོར་བའོ། །རྣམ་དབྱེ་སོགས་དབྱི། དུ་ཧི་ཏྲྀ་ པུ་ཏྲ། ཞེས་པའི་ཚིག་དང་པོ། དུ་ཧི་ཏྲྀ་ཕྱིས། པུ་ཏྲ་ཨཽ་མཚམས་སྦྱར། པུ་ཏྲཽ། བུ་དག་ཞེས་པ་ སྟེ། དོན་ཚིག་སྦྱོར་བ་དང་འདྲའོ། ༈ །འགྲེལ་པར་ལུང་དྲངས་པ། ཟླས་དབྱེ་ལ་རིཏ྄་མཐའ་ རྣམས་ཀྱི་ཚིག་དང་པོའི་ཨཱ་ཡིག་ཡང་ནའོ། །ཞེས་འབྱུང་ངོ༌། །དེའི་དབང་དུ་བྱས་ཏེ། ཟླས་ དབྱེའི་ཚིག་སྡུད་ཀྱི་སྐབས་སུ། ཚིག་གཉིས་ཀྱི་སྔ་མ་ལ་མཐའ་ན་ཡོད་པའི་རྀ་ཡིག་དེ་ཨཱ་རིང་ པོར་བསྒྱུར་ཏེ། མཐའ་གཅིག་ཏུ་མ་ཡིན། ཡང་ན་རྀ་ཡིག་རང་དུ་གནས་པའང་སྲིད། བཤད་ མ་ཐག་པ་ལྟར་ཕལ་ཆེར་ཚིག་དང་པོ་རྫོགས་པར་བསུབ་པ་ཉིད་དོ། ༈ །མཱ་ཏྲྀ་སོགས་ཀྱི་ངག་ སྔར་བཞིན་སྒྲུབས་པས། མཱ་ཏཱ་ཙ་པི་ཏཱ་ཙ། ཞེས་པའོ། །དེ་ནས་རྣམ་དབྱེ་ཕྱིས་ཏེ། མཱ་ཏྲྀ་པི་ཏྲྀ། དང་པོའི་ཏྲྀ་ཡིག་གི་མཐའ་ཨཱ་ཡིག་ཏུ་བསྒྱུར། མཐར་ཨཽ། རྀ་ཨར་དྲངས། མཱ་ཏཱ་པི་ཏ་རཽ། ༈ དེ་བཞིན་དུ། དུ་ཧི་ཏ་ལའང་ངག་སྔར་བཞིན་བཀོད། ཕྱིས་དུ་ཧི་ཏྲ་པུ་ཏྲྀ། ཚིག་དང་པོའི་མཐའ་ རྀ་ཨཱ་རུ་བསྒྱུར། མཐར་ཨཽ་མཚམས་སྦྱར། དུ་ཧི་ཏཱ་པུ་ཏྲཽ། དེ་གཉིས་ལ་ཚིག་ཕྱི་མ་རྀཏ྄་མཐའ་ ཡིན་མིན་གྱི་ཁྱད་ཡོད་པའི་དཔེའོ། ༈ །ཡང་ཇི་སྐད་དུ། ཟླས་དབྱེ་ལ་སརྦ་སོགས་ཉིད་ལ་ཡང་ ནའོ། །ཞེས་ཀྱང་བཤད་ཏེ། འདི་ནི་ཀུན་སྡུད་ཀྱི་ཟླས་དབྱེའོ། །དེ་ཡང་ཟླས་དབྱེའི་སྐབས་ཁ་ གཅིག་ཏུ། སརྦ་སོགས་ཀྱི་རྟགས་ལ་སརྦ་སོགས་ཉིད་ཀྱི་ལུགས་སོ། །ཡང་ན་ཨ་ཐུང་མཐའ་ ཅན་གྱི་ལུགས་ཀྱང་རུང་ངོ༌། །ཞེས་པའོ། །དཔེར་བརྗོད་ནི། བརྞ་ཛས྄་ཙ་ཨཱ་ཤྲ་མ་ཛས྄་ཙ་ ཨིཏ་ར་ཛས྄་ཙ་ཞེས་བཀོད། ཛས྄་དང་པོ་གཉིས་ཛ྄་ཕྱིས་སྔ་ཕྱི་གཉིས་སུ་མཚམས་སྦྱར། ཕྱི་ མ་ཛས྄་ཨཱིའོ། །སྔ་ཕྱི་ཐམས་ཅད་མཚམས་སྦྱར། བརྞཱཤྩ་ཤྲ་མཱཤྩེ་ཏ་རེ་ཙ། རིགས་རྣམས་དང་ སྤྱོད་པར་གནས་པ་རྣམས་ལས་གཞན་རྣམས་ཀྱང་ངོ༌། །ཕྱིས། བརྞ་དང༌། ཨཱ་ཤྲ་མ་དང༌། ཨི་ ཏ་ར་རྣམས་བཀོད། དེ་རྣམས་མཚམས་སྦྱར། མཐར་ཛས྄་ཨཱིའོ། །ཨི་ལ་ཨཻ། བརྞཱ་ཤྲ་མེ་ཏ་རེ། ༈ ཡང་ཛས྄་ཀྱི་ཛ྄་ཕྱིས། ཨ་འདྲ་རིང༌། ས྄་རྣམ་བཅད། བརྞཱ་ཤྲ་མེ་ཏ་རཱཿ། རིགས་སྤྱོད་གནས་ 19-1-310 གཞན་ཞེས་བྱའོ། ༈ །དེ་ལ་རིགས་ཞེས་པ་ནི་རིགས་བཞི་ཡིན། སྤྱིར་ཨཱ་ཤྲ་མ་དང་ཏིརྠ་ཞེས་ པ་དོན་གཅིག བསྟི་གནས་དང་མུ་གནས་སུ་བསྒྱུར་རོ། །འདིར་ཨཱ་ཤྲ་མ་ནི་སྤྱོད་གནས་པ་སྟེ། སྤྱོད་པ་སྔ་མ་སྔ་མ་བོར་ནས་ཕྱི་མ་ཕྱི་མ་ལ་གནས་པའོ། །དེ་ལ་སྔོན་གྱི་བྲམ་ཟེ་རྣམས། དང་ པོར་བྲམ་ཟེའི་རིགས་ཙམ་སྟེ་ཁྱིམ་པ་ཕལ་བ་ཡིན་ལ། དེའི་ཚེ་རིགས་ཀྱི་ཆོས་ལ་ཉམས་པ་ དགོས་སོ། །དེ་ནས་སྤྱོད་གནས་པ་ནི། ལོ་བཅུ་དྲུག་ལོན་པ་ཕྱིན་ཆད་ནས་སྐབས་ཤིག་བྲམ་ ཟེར་བསྒྲུབས། བྲཧྨ་ཙཱ་རི་ཏེ། ན་ཚོད་དང་པོ་ལ་ཚངས་པར་སྤྱོད་པས་གནས་སོ། །དེ་ནས་ལོ་ བཞི་བཅུ་ལྷག་པ་ནས། གྲྀ་ཧ་སྠཱ་ཞེས་པ་ཁྱིམ་ན་གནས་པ་སྟེ་བག་མ་ལེན་ཅིང་རིགས་སྐྱེད་ པར་བྱེད་དོ། །བུ་གཅིག་སྐྱེས་ནས། བཱ་ན་པྲསྠཱ། ཁྱིམ་སྤངས་ནས་ནགས་སུ་གནས་ཏེ། གཞོན་ ནུའི་བརྟུལ་ཞུགས་ཏེ་གཙུག་ཕུད་བཞག སྐྲ་གཞན་བྲེགས་ཏེ། ནགས་ན་བུ་སྨད་དང་བཅས་ ཀྱང་འཁྲིག་སྦྱོར་བདུན་སྤངས་ཏེ། ཚངས་པར་སྤྱོད་དེ་འདི་ནི་དྲང་སྲོང་གི་གནས་པའོ། །དེ་ ནས་དེ་ཀ་ལ་གནས་པའམ་ཡང་འདོད་ན་བུ་སྨད་སྤངས་ནས། པ་རི་པྲ་ཛ་ཀ་སྟེ་རབ་ཏུ་བྱུང་བ་ ཀུན་ཏུ་རྒྱུ་བྱེད་དོ། །ཕྱི་མ་འདི་སྤྱོད་པ་སྔོན་མ་གསུམ་རིམ་པས་རྒྱུད་མི་དགོས་པ་ཤས་ཆེ་མོད། བཞི་རིམ་བྱེད་པ་སྲིད་པའི་དབང་དུ་བྱས་པ་སྟེ་འདི་ནི། ཨ་ཤྲ་མ་སྟེ་ཁྱིམ་ན་མི་གནས་པའི་ ཕྱིར་མི་གནས་པ་སྟེ་རབ་ཏུ་བྱུང་བའི་དོན་ཡང་ཡིན། ཡང་ན་ཨཱ་ཤྲ་མ་སྟེ། སྤྱོད་པ་མཆོག་ལ་ ཀུན་ཏུ་གནས་པའོ། །གཞན་གསུམ་པོ་ལ་ཡང་སྤྱོད་པ་སྔ་མ་རྣམས་ལ་མ་གནས་པ་དང་ཕྱི་མ་ ལ་གནས་པས། ཨཱ་ཤྲ་མ་དང༌། ཨཱ་ཤྲ་མའོ། དེ་ཡང་བྲམ་ཟེ་དང་སནྱ་ཤི་རྣམས་ཀྱི་འདོད་པས། རིགས་གཞན་རྣམས་ཀྱི་རབ་ཏུ་བྱུང་བ་ནི། དགེ་སྦྱོང་གཞན་དག་ཡིན་ལ། བྲམ་ཟེ་ནི་ཀུན་ཏུ་ རྒྱུ་ཁོ་ན་ལ་རབ་ཏུ་བྱུང་དགོས་ན། གང་བྲམ་ཟེ་ཞི་བ་པའམ་ཉི་མ་པ་ལ་སོགས་པར་རབ་ཏུ་ བྱུང་ན། རིགས་ཀྱི་ཆོས་ཀྱང་མ་ཡིན་ལ། མི་གནས་པའི་ཆོས་ཀྱང་མ་ཡིན་པས། རིགས་དང་ མི་གནས་པ་ལས་གཞན་པ་ཞེས་འདོགས་པའོ། །ཞེས་འདོད་དོ། །འདི་འདྲའི་རིགས་ཕྱི་རོལ་ 19-1-311 པའི་གྲུབ་མཐའ་དང་བརྡ་ཆད་ཀྱི་དཔེར་བརྗོད། དུར་ཕན་དག་ན་ཡང་མང་དུ་ཡོད་ཏེ། བོད་ དག་གིས་དེ་དང་དེའི་ལུགས་མ་ཤེས་པར་ཏོམ་ཆོལ་དུ་བསྒྱུར་བ་དག་སྣང་ངོ༌། ། ༈ ད་ནི་དཀྱུས་ལ་འཇུག་སྟེ། ཇི་སྐད་དུ། འབྲུ་མང་པོ་ལ་ཡང་ཐ་དད་པར་བྱེད་པའི་ དབུས་ཀྱི་ཚིག་དབྱི་བ་ཡང་ངོ༌། །ཞེས་འབྱུང་སྟེ། འདིར་ཐ་དད་པར་བྱེད་པ་ཞེས་པའི་སྐད་ དོད། བཻ་ཡཱ་དྷི་ཀ་ར་ཎ་ཞེས་པ་ཡོད། དེ་ཡང་འགྲེལ་བཤད་ལས། ཐ་དད་པའི་དོན་ལ་ངེས་ པར་གནས་ཤིང་ཡོད་པའི་རྣམ་དབྱེ་ཐ་དད་པའི་མཐའ་ནི། བཻ་ཡཱ་ཏི་ཀ་ར་ཎའོ། །ཞེས་འབྱུང་ སྟེ། ཚིག་སྡུད་བྱེད་རྒྱུའི་ཚིག་གོང་འོག་གསུམ་སྦྱར་བ་གཅིག་ལ། ཚིག་དང་པོའི་དོན་ལས་ ཚིག་ཐ་མའི་དོན་ངོ་བོ་གཞན་ཡིན་ཅིང༌། གཉིས་ཀར་རྣམ་དབྱེའི་མཐའ་ཅན་ཡིན་པ་གཅིག་ དགོས། འོན་ཀྱང་སྔ་ཕྱི་གཉིས་པོ་འབྲེལ་བ་དང་ལྡན་པའི་ཚིག་ནི། སྐབས་འདིར་གཞན་དུ་ བྱེད་པ་ཞེས་བྱ་སྟེ། འདི་འབྲུ་མང་པོའི་བསྡུ་བ་ཡིན་ཡང་གཞན་དོན་བྱེད་པ་ལ། ཚིག་སྔ་ཕྱི་ གཉིས་ཀྱི་འབྲེལ་བ་སྟོན་པའི་ཚིག་དབུས་མ་དབྱི་བར་བྱའོ། ༈ །ཧཾ་ས་དས྄་ག་མ་ན་སི་ཨི་བ་ ག་མ་ན་སི་ཡད྄་ངས྄་ཞེས་བཞག ངས྄་གཉིས་པོ་སྱ་རེ། སི་གཉིས་པོ་ཨམ྄་རེ། ཨ་ཕྱིས། མ྄་ རྗེས་སུ་ང་རོ་ཡཏ྄་ཀྱི་ཊི་ཨ། ཧཾ་ས་སྱ་ག་མ་ན་མི་བ་ག་མ་ནཾ་ཡ་སྱ། ངང་པའི་འགྲོས་དང་འདྲ་ བའི་འགྲོས་གང་གི་ཞེས་བྱུང་ཚིག་གི་སྦྱོར་བའོ། །སྱ་གཉིས་དང༌། ང་རོ་གཉིས་རྣམ་དབྱེ་ཡིན་ པས་ཕྱིས། ག་མ་ན་གཉིས་ཀྱི་སྔོན་མ་དང༌། ཡ་ནི་རྗེས་འབྲང་ཙམ་མམ་དོན་ཙམ་ཡིན་པས་ ཕྱིས་ཧཾ་ས་དང༌། ཨི་བ་དང༌། ག་མ་ན་ཞེས་པའི་ཚིག་གསུམ་པོ་བསྡུས་ཏེ་གནས་པ་ལ། ཚིག་ དབུས་མ། ཨི་བ་ཞེས་པ་འདིར་མི་སྣང་བར་བྱ་སྟེ། མཐར་བུད་མེད་ཀྱི་རྐྱེན་ཨཱཔ྄་སྦྱར། ཧཾ་ ས་ག་མ་ནཱ། ཞེས་གྲུབ་སྟེ། ངང་པའི་འགྲོས་མ། ཞེས་པའོ། །དེའི་དོན་ནི་ངང་མོ་ཉིད་ལ་ཡོད་ པའི་འགྲོས་སྟོན་པ་མ་ཡིན་ཏེ། ངང་པའི་འགྲོས་དང་འདྲ་བའི་འགྲོ་ཚུལ་ཡོད་པའི་བུད་མེད་ སྟོན་ནོ། །དེ་ལ་ཚིག་དང་པོའི་དོན་ནི་ངང་པ་རང་གི་འགྲོས་ཡིན་ལ། ཕྱི་མ་ནི་དེ་ལས་གཞན་ 19-1-312 པ་བུད་མེད་ཀྱི་རྐང་འགྲོས་ཡིན་ནོ། །དེ་གཉིས་ངོ་བོ་ཐ་དད་ཡིན་པས་ཐ་དད་དུ་བྱེད་པའི་ ཚིག་ཞེས་བྱ། འོན་ཀྱང་ཨི་བ་ཞེས་པ་བསྒྱུར་ན་འདྲ་བ་ཞེས་པའི་ཚིག་གིས་དེ་གཉིས་འབྲེལ་ མེད་མ་ཡིན་པར་འབྲེལ་བ་ཅན་དུ་བསྒྲུབས་ཏེ། དཔེ་དོན་གྱི་འབྲེལ་བའི་སྒོ་ནས་དོན་གཅིག་ ཏུ་སྦྱར་རོ། ༈ །ཉེ་བའི་ཚིག་གནྡྷ་སོགས་ཀྱི་ཨི་ཡིག་གོ་ཞེས་ཀྱང་བཤད་ཏེ། ཀུ་མུ་ད་ངས྄་ གནྡྷ་སི། ཨི་བ་གནྡྷ་སི། ཡད྄་ངས྄་ཞེས་པ་བཀོད། སི་སྔ་མ་ཕྱིས། ཕྱི་མ་རྣམ་བཅད་ཧ་བ་ལ་ ཨུ་སོགས། ཡའི་ཊི་ཨ། ངས྄་གཉིས་སྱ། ཀུ་མུ་ད་སྱ་གནྡྷ་ཨི་བ་གནྡྷོ་ཡ་སྱ། ཀུ་མུ་དའི་དྲི་དང་ འདྲ་བའི་དྲི་གང་གི་ཞེས་པ་སྟེ་ངག་གོ །དེ་ནས་རྣམ་དབྱེ་སོགས་ཕྱིས། ཀུ་མུད་ཨི་བ་གནྡྷ་ཞེས་ འབྱུང་བའི། ཚིག་དབུས་མ་ཨི་བ་ཞེས་པ་ཕྱིས། ཚིག་ཕྱི་མའི་མཐའ་དྷིའི་སྲོག་གི་ཨ་ནི་ཨི་ ཡིག་ཏུ་བསྒྱུར། སི་རྣམ་བཅད། ཀུ་མུ་ད་གནྡྷིཿ། ཀུ་མུད་ཀྱི་དྲི་ལྡན་ནོ། ། ༈ དིཀ྄་སཾ་ཁྱེ་སཾ་ཛྙཱ་ཡཱཾ། ཕྱོགས་དང་གྲངས་ཀྱི་མིང་ཅན་ལའོ། །དེ་ཡང་ལས་འཛིན་པའི་ བསྡུ་བའི་སྐབས་སུ། ཕྱོགས་ཀྱི་སྒྲའི་མིང་ཅན་དང་གྲངས་ཀྱི་སྒྲའི་མིང་ཅན་ཚིག་དང་པོར་ ཡོད་ལ། ཕ་རོལ་གྱི་ཚིག་ཀྱང་དེ་དང་ངོ་བོ་གཅིག་པའི་གཞི་མཐུན་པར་ཡོད་པའི་དོན་ལ། དང་པོར་ངག་བཀོད་ནས། ཕྱིས་ཚིག་སྡུད་བྱེད་པ་སོགས་མི་དགོས་ཏེ། ཐོག་མ་ཉིད་ནས་ ཚིག་སྡུད་ཁོ་ནས་ཆོག་གོ །ཕྱོགས་དང་གྲངས་ཀྱི་མིང་ཅན་ཡིན་ཡང་མཉམ་པར་འཇུག་པའི་ དོན་མ་ཡིན་པ་དང༌། མཉམ་དུ་འཇུག་པ་ཅན་ཡིན་ཡང༌། ཕྱོགས་གྲངས་མ་ཡིན་པ་ལ་ནི། ངག་འགོད་པའམ། ཚིག་གི་སྦྱོར་བ་ཡོད་པ་ཉིད་དེ་གོང་དུ་བཤད་པ་བཞིན་ནོ། ༈ །འདིར་ནི་ དཔེར་བརྗོད་ན། དཀྵི་ཎ་ཨགྣི་སི་རྣམ་བཅད། འདྲ་བ་རིང་པོ། དཀྵི་ཎཱགྣིཿ། ལྷོ་ཕྱོགས་ཀྱི་མེ་ ཞེས་སོ། །དེ་ལ་མེ་ཡང་ཡིན་ལྷོ་ཕྱོགས་ཅན་ཡང་ཡིན་པ་མཉམ་དུ་འཇུག་པ་སྟེ། གཞི་མཐུན་ པའང་ཡིན་པ་ལ་ཕྱོགས་ཀྱི་མིང་ཅན་གྱི་དཔེའོ། །ལྷོ་ཕྱོགས་ཀྱི་མེ་ནི། བ་ཌ་བཱ་ཨགྣི་སྟེ། རྒོད་ མ་ཁའི་མེའོ། ༈ །ཡང་སཔྟན྄་གྲཱ་མ་ཛས྄། ན྄་མཐའ་ཕྱིས། ཛས྄་ཀྱི་ཨ་མཚམས་སྦྱར། ས྄་རྣམ་ 19-1-313 བཅད། སཔྟ་གྲཱ་མཱཿ། གྲོང་སྡེ་བདུན་ཞེས་པ་སྟེ། གཞི་མཐུན་པ་གྲངས་ཀྱི་མིང་ཅན་གྱི་དཔེའོ། ༈ དེ་ལྟར་ན། མི་ཟད་དེའི་སྐྱེས་བུ་དང༌། །ཟླས་དབྱེ་འབྲུ་མང་ལས་འཛིན་པ། །ངག་གཉིས་ པ་སྟེ་བསྡུ་བ་དྲུག །ལས་འཛིན་པ་དང་བ་གཉིས་པ། །དེའི་སྐྱེས་བུར་བསྡུ་བ་ཡོད། །དེ་ལྟར་ ན་བསྡུ་བ་དྲུག་གམ་བཞི་རྣམས་ཀྱི་སྤྱིར་བཏང་དམིགས་གསལ་རྣམས་དང༌། ཚིག་དང་པོ་ དབྱི་བ་དང༌། དབུས་མ་དབྱི་བ་དང༌། དང་པོ་བསྒྱུར་བ་ལ་སོགས་པ་རྣམ་འགྱུར་གྱི་ཁྱད་པར་ རྣམས་སོ་སོར་མ་འདྲེས་པ་དང༌། གདམ་ང་སོགས་ཀྱི་བྱེ་བྲག་ལ་མཁས་པར་བྱའོ། །དེ་ལྟར་ ན་བརྡ་སྤྲོད་པ་དབྱངས་ཅན་གྱི་གཞུང་ལས། ཚིག་སྡུད་ཀྱི་དོན་རགས་པ་ཙམ་བཤད་ཟིན་ཏོ།། །། ༒ ད་ནི་དེ་ཕན་གྱི་རྐྱེན་འཇུག་ཚུལ་བཤད་དེ། ཨབཏྱེཨཎ྄། བུ་རྒྱུད་ལ་ཨཎ྄འོ། །ཨ་ བ་ཏྱ་ཞེས་པ་བུའི་རིགས་ཀྱི་མིང་ཡིན་ལ། དེའི་དོན་དུ་རྐྱེན་ཨཎ྄་ལ་སོགས་པ་སྟེར། ༈ དེ་ ཡང་འདི་ལྟར། ཨུ་པ་གུ་ལ་ངས྄་བྱིན། ཨ་བཏྱ། ལ་སི་བྱིན། ཨུ་པ་གུ་ངས྄་ཨ་བཏྱས྄་ཞེས་ པ་བྱུང༌། ངིད྄་ལའོ་ཞེས་པས་ཨི་ཨེ་དང་ཨུ་ཨོ་རུ་འགྱུར་བས། གུ་གོ་རུ་སོང༌། ངསི་ངས྄་ཀྱི་ ཨ་དབྱི་བས། ཨུ་པ་གོས྄་ས྄་རྣམ་བཅད། སི་ཨམ྄་དུ་བསྒྱུར། ཨམ་གྱི་ཨ་ཕྱིས། ཨུ་བ་གོཿཨ་ བ་ཏྱམ྄། རྣམ་བཅད་ར྄། ཨུ་བ་གོར་བ་ཏྱམ྄། ཞེས་པས་བཱ་ཀྱེ་སྟེ་ངག་ཏུ་གྲུབ། ཚིག་སྡུད་དང་ རྐྱེན་དག་ལའོ་ཞེས་པས་རྣམ་དབྱེ་ཕྱིས། དྲུག་པའི་དང་པོ་ངས྄་ཀྱི་འགྱུར་བར྄་རྣམ་བཅད་ ཕྱིས། དེ་ཕྱིས་པས་གོ་ཡང་གུ་ཉིད་དུ་ལོག སིའི་རྣམ་འགྱུར་མ྄་ཡང་དབྱི། ཨུ་པ་གུ་ཨ་བཏྱ། ཞེས་པ་བྱུང༌། བུ་རྒྱུད་ལ་ཨཎ྄་ཞེས། ཨ་བ་ཏྱ་ཕྱིས། དེའི་དོན་གྱི་རྐྱེན་ཨཎ྄་བཞག ཨཎ྄་གྱི་ ཎ྄། ཎ྄་ཡིག་འཕེལ་བའི་དོན་ཙམ་ཡིན་པས་དབྱི། ཨཱ་དི་སྭ་ར་སྱ་ཉྞི་ཏི་ཙ་བྲྀ་དྡྷིཿ། ཉ྄ཎ྄་ཞེས་པ་ ལའང་དབྱངས་དང་པོ་འཕེལ་བའོ། །ཞེས་ཉ྄་དང་ཎ྄་རྗེས་འབྲེལ་གྱི་རྐྱེན་བྱུང་བ་ན་མིང་དེ་ལ་ ཡོད་པའི་དབྱངས་ཐོག་མ་དེ་འཕེལ་བར་འགྱུར་བས། འདིར་དབྱངས་ཡིག་དང་པོ་ཐོག་མ་ཨུ་ 19-1-314 ཡིག་དེ་འཕེལ་བ་ཨཽ་རུ་འགྱུར་རོ། །ཨཽ་བ་གུ་ཨ་ཞེས་པ་བྱུང༌། བོ྅་བྱ་སྭ་རེ། ཨུ་ཨོའི་ཡ་དང་ དབྱངས་ལ་ཨཔ྄འོ། །བུ་རྒྱུད་ཀྱི་སྐབས་འདིར། ཡ་ཕ་རོལ་དང་དབྱངས་ཕ་རོལ་དུ་ཡོད་ལ། རྟགས་མཐའ་རུ་ཨུ་ཡིག་དང་ཨོ་ཡིག་ཡོད་ན། ཨུའམ་ཨོ་ཨཔ྄་ཏུ་འགྱུར་རོ། །འདིར་ཕ་རོལ་ དབྱངས་དང་རྟགས་མཐའ་ཨུ་ཡིན་པ། ཨུ་ཨབ྄་ཏུ་འགྱུར། བ྄་དབྱངས་མེད་ཨ་ལ་དྲངས། ཨཽ་ པ་ག་བ་བྱུང་སི་བྱིན་རྣམ་བཅད། ཨཽ་པ་ག་བཿ(བ་ལང་རྫིའི་རིགས་ཀྱི་བུ།) ཨུ་པ་གུ་ཨ་བཏྱ། ཞེས་ པ་ཡན་ཆད་གོ་བ་ཆེ་བའི་ཕྱིར། ངག་བཀོད་པའམ་ཚིག་ཏུ་སྦྱར་བའི་རྩ་སོངས་བྱས་པ་ཡིན། སྐབས་ཀྱི་གཞུང་དོན་ཨཎ྄་སྦྱིན་པ་མན་ཆད་ཡིན་ནོ། །འདི་ལ་བ་ར་ཎ་སིའི་སྒྲ་མཁན་པོ་ཕྱིས་ བྱུང་ད་ལྟའི་བར་གྱི་གཞུང་འདི་འཆད་པ་མང་བོ་ཞིག ཨ་བཏྱ། ཞེས་པ་བུ་རྒྱུད་ཀྱི་སྐད་དོད་ ཀྱང་ཡིན་མོད་རྐྱེན་ཡིན་པས་དེ་ཐོག་མར་བཀོད་ནས། སླར་ཨཎ྄་ལ་སོགས་པར་བསྒྱུར་པར་ འདོད། འོག་གི་ཨིཎ྄་ཎྱ་སོགས་ཀྱང་ཨ་བཏྱའི་ལུས་འགྱུར་ཡིན་ཟེར་རོ། །དེ་ལྟ་བུ་འདིའི་ འགྲེལ་བཤད། པུཉྫ་རཱ་ཛ་ན་ཡོད་ཟེར། སྒྲ་མདོ་གཞན་འགའ་རེའི་ལུགས་ལའང་ཡོད་པ་ནི་ འདུག བདག་གི་བསམ་པ་ལྟར་ན། འདིར་གཞུང་རང་ལས་ཀྱང༌། ཨ་བཏྱ་ཞེས་འབྱུང་བ། བོད་སྐད་དུ་བུ་རྒྱུད་ལ་ཞེས་པ་བདུན་པའི་གཅིག་ཚིག་ཡོད་ཀྱི། ཨ་བཏྱ་སྱ་ཞེས་པ་ལྟ་བུ། བུ་ རྒྱུད་ཀྱི་ཞེས་དྲུག་པའི་རྣམ་དབྱེ་མེད་པ་དང༌། འགྲེལ་བར་ཡང༌། ནཱ་མྣོ྅བཏྱཱརྠེ་ཨཎ྄་པྲཏྱ་ཡོ་ བྷ་བ་ཏི། ཞེས་པ་བྱུང་བས། དེ་བསྒྱུར་ན། མིང་ལས་བུ་རྒྱུད་ཀྱི་དོན་ལ་ཨཎ྄་རྐྱེན་དུ་འགྱུར་རོ། ། ཞེས་པར་བྱུང་གི ། མིང་ལས་བུ་རྒྱུད་ཞེས་པ་ཨཎ྄་གྱི་རྐྱེན་དུ་འགྱུར་རོ་ཟེར་བ་ལྟ་བུ་མི་སྣང་ བས་འདིའི་ལུགས་ལའང་སྤྱི་དང་འདྲ་བར། ཨ་པ་ཏྱ་ཀྱི་དོན་དུ་གྲུབ་པ་ལ་ཨཎ྄་སྟེར་བ་ཉིད་ ཡིན་ནོ་སྙམ་མོ། །ཡང་འདིར། ཨ་བཏྱ་ལ་སི་བྱིན་བའི་རྗེས། ཨ་བཏྱཾ་ཨཎ྄་དུ་བསྒྱུར་བ་དང༌། སི་ཕྱིས་ནས། ཨ་བཏྱ་ཁོ་ན་ཨ་ཎ྄་རུ་བསྒྱུར་བ་གཉིས་ཀྱང་ཕྱི་མ་འཐད་དོ། ༈ །དེ་བཞིན་དུ། བ་ཤེཥྛ་དང༌། གོ་ཏ་མ་ལྟ་བུ། ངས྄་སྱ་གཞན་འདྲ། བུ་རྒྱུད་ལ་ཨ་ཎ྄། ཉ྄་ཎ྄་ལ་དབྱངས་དང་པོ་ 19-1-315 འཕེལ་བའོ། །བཱ་ཤིཥྛ་ཨ། གཽ་ཏ་མ་ཨ། འདི་དག་ཨའི་མཐའ་ཡིན་པས། ཡ་དང་དབྱངས་ལ་ ཨབ྄་མི་ཐོབ། ཨི་ཨ་དག་གི་དབྱིའོ། །ཞེས་པས། རྟགས་མཐའི་ཨ་ཕྱིས། རྐྱེན་གྱི་ཨ་དྲངས། སི་རྣམ་བཅད། བཱ་ཤིཥྛཿ(གནས་འཇོག་གི་བུ།) གཽ་ཏ་མཿགོ་ཏ་མའི་བུ།) ༈ རྀ་ཨུ་ར་ཎི། ཨཎ྄་ལ་རྀ་ཨུ་ར྄འོ། །རྀ་མཐའ་ལ་ཨཎ྄་བྱུང་ན་རྀ་ཡིག་ཨུར྄་རུ་འགྱུར་ ཏེ། དཔེར་ན། མཱ་ཏྲྀ་ཨ། མཱ་ཏུར྄་རུ་འགྱུར་བ་ལྟ་བུའོ། །དེ་རྩ་བ་ནས་ཅུང་ཟད་སླངས་ཏེ་བརྗོད་ ན། ཥ་ཥ྄་ཨཱམ྄། མཱ་ཏྲྀ་ཨཱམ྄། ཨ་བཏྱ་སི། ཞེས་བཞག ཨཱམ྄་གཉིས་ཀྱི་གོང་དུ་ནུཊ྄། ཥ྄་ཡི་ཌ྄་ ཞེས་པས་ཥ྄་དབྱངས་མེད་ཌ྄་རུ་སོང༌། ཌ྄་ཡི་ཎ྄་ཞེས་པས་ཌ྄་ཎ྄་རུ་སོང༌། ཥ་ཎ྄ན྄་ཨཱམ྄། མཱ་ཏྲྀན྄་ ཨཱམ྄། ཨ་བཏྱས྄། ཞེས་པའོ། ཥ་ཊུ་ལས་ཥ་ཊུའོ། །ས་པ྄་ན྄ཾ་ན་ཞེས་པ་ཡོད་པའི་ཚུར་རོལ་ ཊ་སྡེ་ཎ྄་ཡིག་མཐོང་བས་ཕ་རོལ་ཏ་སྡེ་ན྄་ཡིག་ཊ་སྡེ་ཎ྄་ཡིག་ཏུ་སོང༌། ནཱམ྄་ལའོ་ཞེས་པས། ཏྲྀའི་ རྀ་རིང་པོར་གྱུར། ཥ་ར་རྀ་ཞེས་སོགས་ནཱམ྄་ཎཱམ྄། སི་ཨམ྄། ཨ་ཕྱིས། རིམ་པས་དྲངས། ཥཎྞཱཾ་མཱ་ཏྲཱྀ་ཎཱཾ་(མ་རྣམས་ཀྱི་དྲུག་རྣམས་ཀྱི་བུ་)ཨ་བ་ཏྱཾ། ཞེས་པའམ། ཥཎྞཱ་མྨཱ་ཏྲེ་ཎཱ་མ་བ་ཏྱམ྄། ཞེས་ ངག་ཏུ་གྲུབ་པའོ། །རྣམ་དབྱེ་རྣམས་ཚིག་སྡུད་དང་རྐྱེན་དག་ལའོ་ཞེས་པས་ཕྱིས་ཏེ། ཨཱམ྄་ ཕྱིས་པས། ལུགས་ཅན་མེད་པས་ལུགས་ཀྱང་མེད་དོ། །ནུ་ཊ྄་ཀྱང་དབྱི། ཌ྄་ཎ྄་སོགས་ཀྱང་ ལོག་སྟེ། ཥཥ྄་རང་དུ་ལོག ཏྲྀ་ཡང་ཏྲྀ་རུ་ལོག ཥཥ྄་མཱ་ཏྲྀ་ཨ་བ་ཏྱ། ཨ་བ་ཏྱ་ཕྱིས། ཨཎ྄། ཉ྄ཎ྄་ འཕེལ་བ། ཥའི་ཌ྄། ཌ྄་ཎ྄། ཨཎ྄་ལ་རྀ་ཨུར྄འོ་ཞེས་པ་སྐབས་དོན་འདི་ཡིན་ཏེ། ཏྲྀའི་སྲོག་རྀ་ ཨུར྄་རུ་སོང༌། ཥཱཎྨཱ་ཏུ་ར། སི་རྣམ་བཅད། ཥཱཎྨཱ་ཏུརཿ(མ་དྲུག་གི་བུ་སྟེ་གཞོན་ནུ་གདོང་དྲུག་གོ །) འདིར་ ཥའི་ཌ྄་ཎ྄་རུ་བསྒྱུར་བའི་ཚིག་ནི། ཇི་སྐད་དུ། འགའ་ཞིག་ན་ཛྷ་ས་རྣམས་ཉ་མ་རུ་འདོད་དོ། ། ཞེས་པ་འགྲེལ་བར་དྲངས་སོ། ༈ །ཨཏ྄་ཨི་ཉ་ནྲྀ་ཥེཿ། ཨཏ྄་ལས་དྲང་སྲོང་མིན་པ་ལ་ཨིཉ྄འོ། ། ཨ་ཡིག་མཐའ་ཅན་དྲང་སྲོང་གི་བུ་རྒྱུད་སྟོན་པ་མིན་པར་གཞན་གྱི་བུ་རྒྱུད་སྟོན་པ་དྲང་སྲོང་ གི་མིང་མ་ཡིན་པ། གཞན་གྱི་མིང་ལ་ཨིཉ྄་རྐྱེན་དུ་འགྱུར་ཏེ། ཉ྄་ཎ྄་ལ་ཡང་དབྱངས་དང་པོ་ 19-1-316 འཕེལ་བ་ཞེས་པའི་ཉ྄་རྗེས་འབྲེལ་ནི་འདི་ལྟ་བུའོ། །དེ་བ་དཏྟ་ནི་སྐྱེས་བུ་གང་ཅི་ཡང་རུང་ བ་ཙམ་ཞིག་མཚོན་པས། དྲང་སྲོང་གི་སྒྲ་མ་ཡིན་པའི་ཨ་མཐའོ། །གོང་དུ་ཨུ་པ་གུ་ཡང་དྲང་ སྲོང་མིན་མོད་ཨུ་མཐའ་ཅན་ནོ། །དེ་བ་དཏྟ་སྱ་ཨ་བཏྱཾ། རྣམ་དབྱེ་ཕྱིས། ཨ་བ་ཏྱ་ཕྱིས། ཨིཉ྄་ སྦྱིན། ཉ྄་ནི་འཕེལ་བའི་དོན་དབྱི། ཉ྄ཎ྄་ཞེས་པ་ལ་ཡང་སོགས་འཕེལ་བ། དཻ་བ་དཏྟ་ཨི། ཨི་ ཨ་དག་གི་དབྱིའོ། །ཏའི་ཨ་ཕྱིས། རྐྱེན་དང་སྦྱར། སི་རྣམ་བཅད། དཻ་བ་དཏྟིཿ།(ལྷ་སྦྱིན་གྱི་བུ་ཞེས་ པ་ལྷ་སྦྱིན་ནི་གང་ཡང་རུང་བའི་སྤྱི་མིང་ཡིན་ནོ།།) ཆོ་ག་དེ་ཀ་ཤྲཱི་དྷ་ར་ལ་སྦྱར། ཤྲཻ་དྷ་རིཿ (དཔལ་འཛིན་གྱི་བུ་ ཞེས་ཏེ་དཔལ་མོའི་བདག་པོ་ནི། དཔལ་འཛིན་ཏེ་ལྷ་ཁྱབ་འཇུག་ཡིན། དེའི་བུའོ།།) ནྱཱ་ཡ་ན་ཎེ་ཡཎྞཱི་ཡཱ་གརྒྷན་ཌཱ་ཏྲི་ སྟྲི་པི་ཏྲྀ་ཤྭ་སྲཱ་དེ་ཤྩ། གརྒ། ཎ་ཌ། ཨ་ཏྲི། བུད་མེད་ཀྱི། པི་ཏྲྀ། ཥྭ་སྲྀ་ལ་སོགས་པ་རྣམས་ལས་ ཎྱ་ཨཱ་ཡན་ཎ྄། ཨེ་ཡཎ྄། ཎཱི་ཡ་ཡང་ངོ༌། །སོགས་པ་ཞེས་གརྒ་སོགས་རེ་རེ་ལ་སྦྱོར་ཏེ། གརྒ་ སོགས་ལ་ཎྱ། ཎ་ཌ་སོགས་ལ་ཨཱ་ཡ་ནཎ྄། ཨ་ཏྲི་སོགས་ལ་ཨེ་ཡཎ྄། བུད་མེད་ཀྱི་པི་ཏྲྀ་སྭ་སྲྀ་ སོགས་ལ་ཎཱི་ཡ་ཞེས་པ་རྣམས་བུ་རྒྱུད་ཀྱི་རྐྱེན་དུ་སྟེར་ཏེ། ༈ གརྒ་སྱ་ཨ་བ་ཏྱཾ། རྣམ་དབྱེ་དང༌། ཨ་པ་ཏྱ་ཕྱིས། ཎྱ་བཞག ཎ྄་ཕྱིས་ཡ། ཉ྄་ཎ྄་ཞེས་པ་ལ་ཡང་སོགས། ཐོག་མའི་ག་རིང་པོ། གཱརྒྒ་ ཡ། ཨི་ཨའི་དབྱིའོ་ཞེས་པས། མཐའི་ཨ་ཕྱིས། ཡའི་སྟེང་དུ་དྲངས། གཱརྒྱ། སི་རྣམ་བཅད། གཱརྒྱཿ། དེ་བཞིན་དུ། བཱཏྶཎྱ། བཱཏསྱཿ། ལ་སོགས་ཤིན་དུ་མང་པོའོ། ༈ །ན་ཌ་སྱ་ཨ་པ་ཏྱཾ། ན་ ཎ་ཨཱ་ཡ་ནཎ྄། ཎ྄་ཕྱིས། ན་ཌའི་ནཱ་རིང་པོ། ཨི་ཨ་དབྱི། ནཱ་ཌཱ་ཡ་ནཿ།(དྲང་སྲོང་ན་ཌའི་བུ།) ཙ་ར་ཨཱ་ ཡ་ནཎ྄། ཡང་དེ་དང་འདྲ་བ་ལས་ཥ་ར་རྀ་སོགས། ཙཱ་རཱ་ཡ་ཎཿ(དྲང་སྲོང་ཙ་རའི་བུ།) ཨ་མུ་ཥ་ཨཱ་ཡ་ ནཎ྄་ལའང་དེ་དང་འདྲ་བས། ཨཱ་མུ་ཥཱ་(དྲང་སྲོང་ཆེ་གེ་མོའི་བུ་)ཡ་ཎཿ། ༈ ཨ་ཏྲི་ལ་ཕ་རོལ་ཨེ་ཡཎ྄། ཎ྄་འཕེལ་དོན། ཨ་ཏྲིའི་ཨ་རིང་པོ། ཨཱ་ཏྲི་ཨི་ཕྱིས། ཨཱ་ཏྲ་ཨེ་ཡ། དྲངས། སི་རྣམ་བཅད། ཨཱ་ཏྲེ་ ཡཿ(རྒྱུན་ཤེས་བུ།) ༈ དེ་དང་འདྲ་བར་གངྒ་ཨེ་ཡཎ྄། གཱངྒེ་ཡཿ(ལྷ་མོ་གངྒཱའི་བུ།) ༈ ཀ་པི་ཨེ་ཡཎ྄། ཀཱ་མེ་ཡཿ(སྤྲེའུའི་བུ།) ༈ མ་ཧཱི་ཨེ་ཡཎ྄། མཱ་ཧེ་ཡཿ(སའི་བུ་སྟེ་མིག་དམར།) དེ་དག་གི་རྩ་སློང་བྱེད་ན་ 19-1-317 སྔ་མས་རིགས་འགྲེ་བ་ལས། གངྒཱ་ལ་ངས྄་བྱིན་ན། ངིད྄་རྣམས་ཀྱི་ཡཊ྄འོ། ཞེས་ཡཊ྄། གངྒཱ་ ཡཱཿཨ་ཏྲི་ངས྄། ངིད྄་ལའོ་ཞེས་པས། ཏྲིའི་ཨི་ཨེ་རུ་སོང༌། ངསི་ངས྄་ཀྱི་ཨ་ཕྱིས། ཨ་ཏྲེཿཞེས་ འབྱུང་བ་ནི་ཁྱད་པར་རོ། ༈ །ཀ་པི་ཨ་ཏྲི་དང་འདྲ། ༈ མ་ཧཱི་ནི་ནཱ་དཱི་དང་འདྲ་སྟེ། མ་ཧཱི་ལ་ངས྄་ བྱིན། ཨཊ྄་མ་ཧཱི་ཨ་ཨས྄་བྱུང་ཨཱི་ཡ། མཧ྄་ཡ྄་ཨ་ཨས྄། འདྲ་བ་རིང༌། དྲངས། རྣམ་བཅད། མ་ཧྱཱཿ། ཞེས་འབྱུང་ངོ༌། ༈ །པི་ཏྲྀ་ལ་ངས྄། རྀཏ྄་ལ་ངའི་ཨུའོ་ཞེས་པས་ཨས྄་ཨུས྄་སུ་སོང༌། དེ་ ཌིས྄་ཡིན། ཌིཏ྄་ལ་ཊི་དབྱི། པི་ཏུཿཞེས་པ་འབྱུང་སྟེ། དེ་ནས་སཱ་སྲྀ་ངས྄་གོང་དང་འདྲ། སྭ་སུཿ། ༈ དེ་དག་ལ་ཨ་བཏྱ་སི། སི་ཨམ྄། ཨམ྄་ཀྱི་ཨ་ཕྱིས། ས྄་ཥ྄་རུ་བསྒྱུར། པི་ཏུཿཥྭ་སུ་ར་བ་ཏྱཾ། ཞེས་ངག་ཏུ་གྲུབ། ཨ་བ་ཏྱ་ཕྱིས། ཎཱི་ཡ་འབྲི། ཎཱ་འཕེལ་བའི་དོན། རྐྱེན་ཕྱིས། བི་ཏྲྀ་སྭ་སྲྀ་ཨཱི་ ཡ། དབྱངས་དང་པོ་སོགས། པ་ཏྲ་རུ་སོང༌། ས་ཥ། སྲྀའི་རྀ་ར྄་དྲངས་སི་རྣམ་བཅད། པཻ་ཏྲྀ་ཥྭ་སྭཱི་ ཡཿ(ཕའི་སྲིང་མོའི་བུ།) མཱ་ཏྲྀ་ཥ྄་སྲཱི་ཡཿ(མའི་མིང་པོའི་བུ།) ༈ བུད་མེད་ཀྱི་རྟགས་ལ་ཡང་ཨཎ྄་འགའ་ ཞིག་ཏུའོ། །ཞེས་གཞན་ལས་བཤད་པས། བྷུ་མི་ཨ་བ་ཏྱ་ཕྱིས། བྷུ་མི་ཨཎ྄་ཎ྄་ཕྱིས། དང་པོར་ འཕེལ་བ། ཊི་ཕྱིས། སི་རྣམ་བཅད། བྷཽ་མཿ(སའི་བུ་སྟེ་མིག་དམར།) ༈ ལུ་གྭ་ཧུ་ཏྭེ་ཀྭ་ཙིཏ྄། མང་ པོ་འཇིག་སྟེ་འགའ་ཞིག་ཏུའོ། །སྐབས་འགར་མང་ཚིག་བྱིན་པ་ལ་ཨཎ྄་སོགས་འཇིག་སྟེ་དྲང་ སྲོང་དང་དྲང་སྲོང་མ་ཡིན་པ་ཐམས་ཅད་ལ་འདྲའོ། །གརྒ་ཎྱ། ཎ྄་ཕྱིས། ཡ་ཡང་དབྱི་བས་དང་ པོར་འཕེལ་བ་མེད། ཛས྄་བྱིན། ཛ྄་ཕྱིས། འདྲ་བ་རིང་བོ། གརྒཱཿ། ༈ དེ་བཞིན་དུ། ཨ་ཏྲ་ཡཱཿ། རྒྱལ་པོ་ལུས་འཕགས་ཀྱི་བུའི་དོན་ལ། བི་དེ་ཧཱཿ། འདི་རྣམས་ལ་ངག་ཏུ་བྱེད་པ་ལ་ཡང་མང་ ཚིག་དགོས། ཕྱིས་པས་རྟིང་ལ་རྗེས་མི་མངོན་ཡང་དང་པོ། ཨ་པ་ཏྱཱ་ནི། ཞེས་པ་ཡོད། ཛས྄་ ཤས྄་ཤི་རུ་བྱེད། ནུམ྄་སྟེར། རྟགས་མཐའ་རིང་པོའོ། དྲང་སྲོང་གི་དཔེར་བརྗོད་གརྒ་ཨ་ཏྲི། དྲང་སྲོང་མིན་བའི་དཔེར་བརྗོད་བི་དེ་ཧའོ། ། ༈ དེ་བ་ཏེ་ད་མརྠེ། ལྷ་དང་འདིའི་དོན་ལའོ། །ལྷའི་དོན་ཏེ་ལྷའི་ཕྱིར་དུ་བཤམས་པའི་ 19-1-318 དོན་དང༌། ལྷ་ཡང་མི་ལྡོག་ནས་ལྷའི་འགྲོ་བ་ཙམ་ལ་མི་བྱ་སྟེ་བསྟེན་པའི་ལྷའི་དོན་ཡིན་ནོ། ། ལྷའི་འགྲོ་བ་མ་ཡིན་ཀྱང་བསྟེན་པ་དེ་ལ་ལྷ་ཞེས་ཟེར་རོ། །འདི་ཞེས་པ་ཡང་མངོན་དུ་གྱུར་པ་ འདི་ཡི་རྫས་ལ་སོགས་པ་ཡིན་པའི་དོན་ནོ། །དེ་འདྲ་བའི་ལྷའི་དོན་དང༌། འདིའི་དོན་ལ་ཡང་ ཨཎ྄་རྐྱེན་དུ་འགྱུར་རོ། ༈ །དཔེར་བརྗོད་ནི་ལྷའི་དོན་ལ། ཨིནྡྲ་སི། དེ་བ་ཏཱ་སི། ཡད྄་ངས྄་ ཧ་བི་ཞེས་པ་བཞག་སི་སྔ་མ་རྣམ་བཅད། ཧ་བ་ལས་ཨུ་ཨ་ཨུ་ལ་ཨོ། སི་ཕྱི་མ་ཨཱཔ྄་མཐའ་ལ་ ཕྱིས། ཡད྄། ཏྱད྄་སོགས་ལ་ཊི་ཨ། ངས྄་སྱ། ཨིནྡྲོ་དེ་བ་ཏཱ་ཡ་སྱ་ཧ་བི། དབང་པོ་ལྷ་གང་གི ། ཞེས་པ་སྟེ་དབང་པོ་ཞེས་པ་གང་ཡིན་ན་བསྟེན་པའི་ལྷ་དབང་པོ། གང་གི་ནི་གང་དབང་པོའི་ དོན་དུ་དམིགས་པའི་ཧ་བི་སྟེ་སྦྱིན་སྲེག་གི་སྲེག་རྫས་སོ། །དེ་བ་ཏཱ་ཕྱིས། ཨཎ྄་ཡ་སྱ། ཧ་བི་ དོན་ཙམ་ཡིན་པ་དང་རྣམ་དབྱེ་སི་ཕྱིས། ཨིནྡྲ་ཨཎ྄། ཎ྄་རྗེས་འབྲེལ། དབྱངས་དང་པོ་སོགས། ཨི་ལ་འཕེལ་བ་ཨཻ། ཨི་ཨ་ཡི་དབྱི། དྲངས། ཨཻནྡྲ་སི། དེ་ཨམ྄། ཨ་ཕྱིས། ཨཻནྡྲཱཾ། དབང་པོའི་ དོན་གྱི་མཆོད་རྫས་སོ། ༈ །དེས་རིགས་བསྒྲེས་ཏེ། སོ་མ་སི། དེ་བ་ཏཱ་སི། ཡད྄་ངས྄། སོ་མོ་དེ་ བ་ཏཱ་ཡ་སྱ། ཞེས་པའི་ངག་ཏུ་གྲུབ། དེ་བ་ཏཱ་ཨ་ཎ྄་རུ་བསྒྱུར། གོང་བཞིན་བསྒྲུབས་པས། སཽ་ མྱཾ། ༈ འདིའི་དོན་ལ། དེ་བ་དཏྟ་ཨེརྠ་སི། ཨི་དམ྄་སི། སི་དང་པོ་ཨམ྄། ཨ་དབྱི། ཨརྠམ྄། སི་ ཕྱི་མ་མ་ནིང་ངམ་གསལ་བྱེད་མཐའ་ལ་ཕྱིས། དེ་བ་དཏྟཱརྠ་མི་ཨི་དམ྄་ཊི་ཨ་ཐོབ་ཀྱང་འདིར་ མི་བྱེད། ཨི་དམ྄་ཕྱིས། ཨཎ྄། ཎ྄་བརྗོད་དོན། སི་ཕྱིས། ཨརྠ་ཡང་{བརྗོད་དོན[ཕྱིས]། དང་ པོར་འཕེལ་བ། ཨི་ཨ་དབྱི། དྲངས། སི་ཨམ྄། ཨ་ཕྱིས། དཻ་བ་ད་ཎཾ། གོས་ལ་སོགས་པ་སྟེ། ལྷ་སྦྱིན་གྱི་དོན་དུ་བཞག་པའི་གོས་ལྟ་བུའོ། ། ༈ ཀྲ་ཙིཏ྄་དྭ་ཡོཿ། ཁ་ཅིག་ཏུ་གཉིས་ཀ་ལའོ། །ཨགྣི་མ་རུཏ྄་ལ། ཨཎ྄་བྱིན། ཚིག་སྔོན་མ་ ཨགྣི་དང༌། ཕྱི་མ་མ་རུཏ྄་ཡིན་པ་ལས། སྤྱིར་བཏང་ལ་ཚིག་གཉིས་དོན་གཅིག་ལ་བསྡུ་དགོས་ པའི་རིགས་ལ། ཚིག་དང་པོ་ཁོ་ནའི་དབྱངས་དང་པོ་འཕེལ་བ་ཡིན་མོད། དམིགས་གསལ་ལ་ 19-1-319 གཉིས་ཀའི་དབྱངས་དང་པོ་གཉིས་འཕེལ་བ་ཡིན་པས། སྐབས་འདིར་ཨགྣི་ཨ་དང༌། མ་རུཏ྄་ གྱི་མའི་སྲོག་གི་ཨ་གཉིས་འཕེལ་བ་ཨཱ་རུ་འགྱུར་རོ། །ཨཱགྣི་མཱ་རུཏ྄་ཨ་སི་དྲངས། སི་ཨམ྄། ཨ་ཕྱིས། མ྄་ང་རོ། ཨཱགྣི་མཱ་རུ་ཏཾ་ཀརྨཱ། མེ་ལ་རླུང་གི་ལས་བྱེད། ཞེས་སོ། ༈ །སུ་ཧྲྀད྄་ཨ་ཎ྄་ འདིར་སུ་དང་ཧྲྀད྄་ནི་ཚིག་སོ་སོ་ཡིན་པའི་ཕྱིར། སུའི་ཨུ་འཕེལ་བ་ཨཽ་དང༌། ཧའི་ར་ནི་འཕེལ་ བ་ཨཱར྄་དུ་འགྱུར། ད྄་ཨ་ལ་དྲངས། སི་ཨམ྄་ཨ་ཕྱིས། སཽ་ཧཱརྡཾ། ༈ སུ་བྷ་ག ཎྱ། སུ་ནི་ཉེར་ བསྒྱུར་བྷ་གའང་མིང་སྟེ་སོ་སོ་ཡིན། སུ་དང་བྷ་ལ་འཕེལ་བ། རྐྱེན་གྱི་ཎ྄་རྗེས་འབྲེལ། ཨི་ཨ་ ལས་དབྱི་དྲངས་སི་ཨམ྄། གོང་བཞིན། སཽ་བྷཱ་གྱཾ། ༈ འདིར་འགྲེལ་པར་ལུང་དྲངས་པ་དངོས་ པོའི་དོན་ལ་ཨ་ཎ྄འོ། །ཞེས་པ་ནི། དཔེར་ན་སུ་ཧྲྀད྄་ཡིད་དགའ་བའི་དོན་ཡིན་ལ། ཨཎ྄་བྱིན་ པས་ཁྱད་ཆོས་ཡིད་དགའ་བ་དེ་དང་ལྡན་པའི་ཁྱད་གཞི་དངོས་པོ་སྙིང་ཉེ་བའི་གང་ཟག་དེ་གོ་ བར་འགྱུར་བས། སཽ་ཧཱརྡ་ནི་མཛའ་བཤེས་སོ། ༈ །ཨཎ྄་ཁོ་ན་མ་ཡིན་ཏེ། ཎྱ་སྟེར་བའི་དཔེ་ནི། སཽ་བྷཱ་གྱའོ། །འདི་དག་ཏུ་རྐྱེན་སི་བྱིན་པ་ནི་མཚོན་བྱེད་ཏེ། ཕལ་ཆེར་ལ་རྣམ་དབྱེ་ཐམས་ཅད་ སྟེར་ཏེ། འོག་ཏུ་འཆད་འགྱུར་རྣམས་ལའང་གོ་བར་བྱའོ། ། ༈ ཎི་ཏོ་བཱ། ཎི་ཏ་ལ་ཡང་ནའོ། །ཎིཏ྄་ཞེས་པ་ནི་ཎ྄་རྗེས་འབྲེལ་གྱི་རྐྱེན་རྗེས་འབྲེལ་ ཕྱིས་ཟིན་པའི་མིང་ངོ༌། །དེ་ཡང་མཚོན་བྱེད་ཏེ། མ྄་རྗེས་འབྲེལ་ཕྱིས་པ་ལ་མིཏ྄་དང༌། ཀ྄་ རྗེས་འབྲེལ་ཕྱིས་པ་ལ་ཀིཏ྄་དང༌། ཊ྄་རྗེས་འབྲེལ་ཕྱིས་པ་ལ་ཊིཏ྄་དང༌། ཉ྄་རྗེས་འབྲེལ་ཕྱིས་ པ་ལ་ཉིཏ྄་ཟེར་བ་སོགས་གོ་བར་བྱའོ། །དེ་ལ་འདིར། ཨ་ཛསི། གོསི། ཡད྄་ངས྄། ཞེས་པ་ བཀོད། སི་ཕྱི་མ་བྱུང་བས། གོ་ཡི་ཨོ་ཨཽ། སི་གཉིས་ཀ་རྣམ་བཅད། རྣམ་བཅད་སྔ་མ་ཨུ་རུ་ སོང༌། མཚམས་སྦྱར། ཕྱི་མ་ར྄། ཡད྄་ཀྱི་ཊི་ཨ། ངས྄་སྱ། ཨ་ཛོ་གཽརྱ་སྱ། ནོར་དང་ས་གཞི་ ལྡན་པ་གང་ཞེས་པ་བྱུང༌། རྣམ་དབྱེ་རྣམས་ཕྱིས། ཨ་ཛ་གོ །དེ་ཉིད་དབང་ཕྱུག་ཆེན་པོའི་ མིང་ཡིན་ལ། དེ་ལ་ཨཎ྄་སྦྱིན། ཨ་ལ་འཕེལ་བ་བྱེད་མི་བྱེད་གདམ་ཁ་ཡིན། གོའི་ཨོ་ནི་ཨབ྄་ 19-1-320 དྲངས། སི་ཨམ྄་འདྲ། ཨཱ་ཛག་བཾ། ཨ་ཛ་ག་བཾ། ཞེས་པ་འདམ་ཁར་གྲུབ་སྟེ། དབང་ཕྱུག་ཆེན་ པོའི་ཕྱག་གི་གཞུའི་མིང་ངོ༌། ༈ །དེ་བཞིན་དུ། ཀུ་མུ་ད་ངས྄། གནྡྷ་སི་ཨི་བ་ག་ན་དྷ་སི་ཡད྄་ ངས྄། ངས྄་སྱ་གཉིས། སི་ཨམ྄། སི་ཕྱི་མ་རྣམ་བཅད་ཨུ། ཡད྄་ཀྱི་ཊི་ཨ། ཀུ་མུ་དསྱ་གནྡྷ་མི་ བ་གནྡྷོ་ཡ་སྱ། ཀུ་མུ་དའི་དྲི་དང་འདྲ་བའི་དྲི་གང་གི ། ཞེས་བྱུང་བ་དོན་ནི། གང་གི་དྲི་ཀུ་མུ་ དའི་དྲི་དང་འདྲ་བ། ཞེས་པའི་དོན་ནོ། །རྣམ་དབྱེ་སོགས་ཕྱིས། ཀུ་མུ་ད་གནྡྷི་ཨཎ྄། ཎ྄་རྗེས་ འབྲེལ། ཀུ་ལ་འཕེལ་བ་བྱེད་མི་བྱེད་གདམ་ཁ། ཨིཡ྄་རྐྱེན་གྱི་ཨ་ལ་དྲངས། བུད་མེད་ལ་ ཨཱཔ྄འོ། །པ྄་རྗེས་འབྲེལ་ཨཱ་འདྲ་བའི་ཡི་གེ། ཀཽ་མུ་ད་གནྡྷྱཱ། ཀུ་མུ་ད་གནྡྷྱཱ། ཀུ་མུ་དའི་དྲི་དང་ འདྲ་བ་ཡོད་པའི་བུད་མེད་དང༌། ཀུ་མུ་དའི་དྲི་ལྡན་མི་གཅིག་གི་བུ་དང༌། སྐབས་འགར་ཀུ་མུ་ དའི་བ་ཐག་ལས་མཆེད་པའི་མྱུ་གུ་ལ་ཡང༌། ཀུ་མུ་ད་མ་ལས་བྱུང་བའི་ཕྲུག་གུའམ་བུའི་དོན་ ཚང་བས། བུ་རྒྱུད་ཀྱི་དོན་གྱི་ཨཎ྄་འཇུག་གོ །དེས་ན་འདིར་ཨཎ྄་བུ་དང༌། བུད་མེད་གཉིས་ ཀ་ལ་འཇུག་པའོ། ༈ ཤྭ་སུ་ར་ངས྄། ཨི་དམ྄་སི། ཞེས་པ་བཞག ངས྄་སྱ། ཨི་དམ྄་སི་དང་ བཅས་པ་ཨ་ཡམ྄་དུ་བསྒྱུར། མཚམས་སྦྱར། ཤྭ་སུ་ར་སྱཱ་ཡཾ། ཚིག་སྦྱོར་རོ། །རྣམ་དབྱེ་སོགས་ ཕྱིས། སྭ་ཤྭ་སུ་ར་ཎྱ་ཎ྄་རྗེས་འབྲེལ། ཨི་ཨ་ཡི་དབྱི། དྲངས། འཕེལ་བ། སྭཱ་ཤྭ་སུ་རྱ། ཞེས་ པ་གྲུབ་པོ། །སི་ཕ་རོལ་དུ་གྲཱ་མ། སི་གཉིས་ཀ་རྣམ་བཅད། རྣམ་བཅད་དང་པོ་ཨུ། མཚམས་ སྦྱར། ཤྭཱ་སུརྱོ་གྲཱ་མཿ། གྱོས་པོའི་ཁྱིམ་ནས་འོངས་སོ། །ཞེས་པའོ། ༈ །བིཥྞུ་སི་ཨི་དམ྄་ཎ྄འི་ སྲོག་གི་ཨུ་ཨོར་སོང༌། སི་རྣམ་བཅད། ར྄་མཚམས་སྦྱར། བིཥྞོ་རི་དཾ། སིའི་རྗེས་དང་ཨི་དམ྄་ ཕྱིས། ཎོ་ཎུར་ལོག་གོ །དེ་ལ་ཨཎ྄་སྦྱིན། ཎ྄་རྗེས་འབྲེལ། དང་པོར་འཕེལ་བ། ཨུ་ཨབ྄། སོ་ སོར་དྲངས་པས། བཻཥྞ་བ། སི་ཨམ྄་སྔར་བཞིན། བཻཥྞ་བཾ། ཁྱབ་འཇུག་གི་རྗེས་སུ་འབྲང་བ་ འདིའམ། ཁྱབ་འཇུག་པ་འདི་ཞེས་བྱའོ། ༈ །གོ་སི་ཨི་དམ྄་སི་རྣམ་བཅད། ར྄་དྲངས། གོ་རི་ དཾ། སི་སོགས་ཕྱིས། ཎྱ་སྦྱིན། ཎ྄་རྗེས་འབྲེལ། ཨོ་ཨབ྄་སོ་སོར་དྲངས། སི་ཨམ྄། ག་བྱཾ། བ་ 19-1-321 བྱུང་འདི་ཞེས་བྱའོ། ༈ །ཀུ་ལ་སྱ་ཨི་དམ྄། སྱ་མན་ཆད་ཕྱིས། ཎྱ་སྦྱིན། ཎ྄་རྗེས་འབྲེལ། ཨི་ ཨའི་དབྱི། དྲངས། སི་ཨམ྄། ཀུ་ལྱཾ། འདིའི་རིགས་ཞེས་སོ། ༈ །ཡུཥྨད྄་ཎཱི་ཡ་མིང་དེ་ནི་ཏྭད྄་ ཞེས་པར་བསྒྱུར། ཎ྄་རྗེས་འབྲེལ། ༈ དེ་དང་འདྲ་བར། ཨསྨད྄་ཎཱིཡ། ཎ྄་རྗེས་འབྲེལ། རྟགས་ ཏེ་མད྄་ཞེས་པར་བསྒྱུར། གཉིས་ཀ་ལ་སི་ཨམ྄། ༈ ཏྭ་དཱི་ཡཾ། ཁྱོད་ཀྱིའོ། ༈ །མ་དཱི་ཡཾ། ངའི་ འོ། ༈ །གོ་སོགས་བཞི་པོ་འདི་ལ་ཎིཏ྄་ཀྱི་རྐྱེན་བྱིན་པས། དང་པོར་འཕེལ་བ་སྤྱིར་བཏང་ལ་ ཐོབ་ཀྱང་འདི་རྣམས་དམིགས་གསལ་ཡིན་པས་མི་བྱེད་དོ། ། ༈ ཙ་ཏུ་ཤྩ་ལོ་པཿ། ཙ་ཏུར྄་གྱི་ཙ་དབྱིའོ། །ཙ་ཏུར྄་ཞེས་པའི་རྟགས་ལ། དེ་ཕན་གྱི་རྐྱེན་ གྱི་ཡའི་རྐྱེན་དང༌། དབྱངས་ཀྱི་རྐྱེན་གང་བྱུང་ཀྱང༌། ཐོག་མ་ཙ་ཡིག་དབྱི་བར་བྱ་སྟེ། ཙ་ཏུར྄་ ཎྱ། ཎ྄་རྗེས་འབྲེལ། ཙ་དབྱི། ར྄་ཡ་ལ་དྲངས། སི་ཨམ྄། ཏུརྱཾ། ཡའི་རྐྱེན་གྱི་དཔེར་བརྗོད་ དོ། ༈ །ཙ་ཏུར྄་ཎཱི་ཡ། ཎ྄་རྗེས་འབྲེལ། ཙ་ཕྱིས། ར྄་ཨི་ལ་དྲངས། སི་རྣམ་བཅད། ཏུ་རཱི་ཡཿ། དབྱངས་རྐྱེན་གྱི་དཔེར་བརྗོད་དོ། །དོན་ནི་ཙ་ཏུར྄་ཉིད་ལ་གནས་ཏེ། བཞི་པོ་རྣམས་སོ་ཞེས་ པའོ། ། ༈ ཨ་ནྱ་སྱ་ད་ཀ྄། ཨ་ནྱ་གྱི་ད་ཀ྄འོ། །ཨ་ནྱ་གྱི་སྒྲ་ལ་དེ་ཕན་གྱི་དབྱངས་རྐྱེན་ཕ་རོལ་དུ་ བྱུང་ན། བར་དུ་དཀ྄་ཨཱ་ག་མ་སྟེར་ཏེ། རྟགས་ལ་དཀ྄་ཨཱ་ག་མ་སྟེར། ཨ་ནྱ་དཀ྄་ཎཱི་ཡ། ཎ྄་རྗེས་ འབྲེལ། ཀ྄་རྗེས་འབྲེལ། ཨ་ནྱད་ཨཱི་ཡཾ། ཨི་ཨ་ཕྱིས། དྲངས་སི་ཨམ྄། ཨ་ནྱ་དཱི་ཡཾ། གཞན་ གྱི་ཕྱིར། ཞེས་སོ། ། ༈ དཀ྄་གྱི་རྐྱེན་ཨ་ནྱ་ཁོ་ན་ལ་ཡིན་གྱི་གཞན་ལ་མ་ཡིན་པའི་དཔེ་ནི། ཨརྡྷ་ཛར་ཏ་ཎཱི་ཡ། ཎ྄་རྗེས་འབྲེལ། ཏའི་ཨ་ཕྱིས། དྲངས། སི་ཨརྡྷ་ཛ་ར་ཏཱི་ཡཾ། ཕྱེད་རྒས་པ་སྟེ། དར་ཡོལ་འདིའི་ ཕྱིར། ཞེས་པའོ། ༈ །ཀཱ་ར་ཀཱ་ཀྲི་ཡ་ཡུཀྟེ། བྱེད་པོ་དང་བྱ་བའི་སྦྱོར་བ་ལའོ། །བྱེད་པ་པོ་དང་ བྱ་བ་སྦྱོར་བ་དང༌། བྱེད་པ་པོ་དང་བྱེད་པ་སྦྱོར་བ་དང༌། བྱེད་པ་དང་ལས་སྦྱོར་བ་དང༌། བྱེད་ 19-1-322 པོ་ལས་དང་བྱ་བ་གསུམ་སྦྱོར་དང༌། བྱེད་པོ་ལས་དང་བྱེད་པ་གསུམ་སྦྱོར་དང༌། བྱེད་པོ་ལས་ དང་བྱ་བྱེད་བཞི་སྦྱོར་བ་སྟེ། དབྱེ་བ་དྲུག་པོ་དེ་ལ་སྔར་བཤད་པའི་རྐྱེན་རྣམས་འཇུག་གོ །བྱ་ བའམ་བྱེད་པ་གཉིས་ཀའམ་གང་རུང་ཅིག་མེད་ན་ནི། བྱེད་པོ་དང་ལས་སྦྱོར་བའི་ཚིག་ཙམ་ ཡོད་ཀྱང་དོན་ངེས་པ་དཀོན་ལ། ལས་ཀྱི་ཚིག་མེད་ཀྱང་བྱེད་པོ་དང་བྱ་བྱེད་གང་རུང་འབྲེལ་ བ་དང༌། བྱེད་པོ་ཚིག་མེད་ཀྱང༌། བྱ་བ་དང་བྱེད་པ་གང་རུང་དང་ལས་འབྲེལ་བ་དང༌། གསུམ་ ཀ་ཚོགས་པ་གཉིས་དང༌། བཞི་ཅར་ཡོད་ན་དོན་གསལ་བར་སྟོན་པའི་ཕྱིར། དེ་དག་གི་ཁྱད་ པར་ཕྱེད་པར་བྱའོ། ༈ །ཀུངྐུ་མེ་ན་རཀྟཾ་བསྟྲཾ་ཞེས་པ་བཞག ཀུངྐུ་མེ་ན། གུར་གུམ་གྱིས་ཞེས་ པ་སྟེ། བྱེད་པ་པོའི་ཚིག་གོ །རཀྟ་ནི་དམར་པོར་བཙོས་པ་སྟེ་བྱ་བའི་ཚིག་གོ །བསྟྲ་ནི་གོས་ཏེ་ གང་ལ་བྱ་བའི་ཡུལ་ལོ། །དེས་ན། གུར་གུམ་གྱི་དམར་བའི་གོས་ཞེས་པ་སྟེ། གུར་གུམ་གྱི་ ཚོས་བཏབ་པའི་གོས་ཁ་དོག་དམར་བའི་དོན་ནོ། །མེ་ནའི་ཨིན་ནི་ཊཱ་ཡི་རྗེས་ཡིན་པས་རྣམ་ དབྱེ་དང༌། རཀྟ་སོགས་དོན་ཙམ་ཡིན་པས་ཕྱིས། ཀུངྐུ་མ་ཨཎ྄་བཞག ཎ྄་རྗེས་འབྲེལ། དང་ པོར་འཕེལ་བ། མཐའི་སྲོག་ཕྱིས། དྲངས། སི་ཨམ྄། ཀཽངྐུ་མཾ། གུར་གུམ་གྱིས་བཙོས་པའི་ གོས་ཞེས་སོ། ༈ །མ་ཐུ་རཱ་ལ་ངས྄་དང་ཡ྄ཊ་སྦྱིན་པས། མ་ཐུ་རཱ་ཡ་ཨས྄་བྱུང༌། འདྲ་བ་རིང་ས྄་ རྣམ་བཅད། ཕ་རོལ་དུ་ཨཱ་ག་ཏ་བཞག་པས། མ་ཐུ་རཱ་ཡཱཿཨཱ་ག་ཏ། བཅོམ་བརླག་ནས་འོངས་ སོ། །ཡཱཿསོགས་ཕྱིས་ནས། མ་ཐུ་རཱ་ཨཎ྄། ཎ྄་རྗེས་འབྲེལ། དང་པོ་འཕེལ་བ། ཨི་ཨ་སོགས། སི། མཱ་ཐུ་རཿ། ༈ གྲཱ་མ་ངི་བྷ་བཿང྄་ཕྱིས། ཨི་ལ་ཨེ། གྲཱ་མེ་བྷ་བཿ། རྣམ་དབྱེའི་རྗེས་སོགས་ ཕྱིས། གྲཱ་མ་ཎྱ་དབྱངས་དང་པོ་འཕེལ་བར་གདོད་ནས་ཡོད་པས་གསར་དུ་འགྲོ་རྒྱུ་མེད། གཞན་སྔར་དང་འདྲ་སྟེ། གྲཱ་མྱཿ། གྲོང་སྡེ་ན་ཡོད་དོ། །ཞེས་པའོ། ༈ །དྷུ་རཾ་བ་ཧ་ཏཱི་ཏི། རཾ་ གྱི་ཀླད་སྐོར་ནི་སིའི་རྗེས་སོ། །ཏཱི་ཏི་ཞེས་པ། ཏི་ཨི་ཏི་མཚུངས་འདྲ་བྱས་པའོ། །དེ་བསྒྱུར་ན། འཕང་ལོ་འདྲེན་པ་པོའོ་སྟེ་ཤིང་རྟ་འདྲེན་པ་གླང་ངོ༌། །དྷུར་ཨེ་ཡཎ྄། ཎ྄་རྗེས་འབྲེལ། འཕེལ་ 19-1-323 བ། ར྄་དྲངས། སི་རྣམ་བཅད། དྷཽ་རེ་ཡཿ། ཡང་ན་དྷུར་ཎྱ། ཎ྄་རྗེས་འབྲེལ། དྲངས་སི་དྷཱུརྱཿ། ༈ ཀེ་ནེ་ཡེ་ཀཱཿ། ཀ་ཨཱི་ན་ཨི་ཡ་ཨི་ཀ་རྣམས་སོ། །འདིར་དངོས་པོ་ལ་སོགས་པའི་དོན་ ལ། ཀ་དང་ཨཱིན་དང༌། ཨི་ཡ་དང༌། ཨི་ཀ་སྟེ་རྐྱེན་བཞི་པོ་དེ་དག་སྟེར་བ་ལས། དེ་རྣམས་ལ་ ཎིཏ྄་ཀྱི་མིང་འདོགས་མི་འདོགས་རྣམ་པར་རྟོག་པ་སྟེ་གདམ་གའོ། །དེ་ལ་ཎིཏ྄་ཀྱི་མིང་ཅན་ དུ་བྱས་ན། དང་པོར་འཕེལ་བ་བྱེད་ལ། ཎིཏ྄་ཀྱི་མིང་མ་བཏགས་ན་དེ་མི་བྱེད་དོ་ཞེས་ཐོག་ མར་གོ་བར་བྱ་དགོས་སོ། །འདིར་བྷ་བ་ཨརྠ་སྟེ་འབྱུང་བའི་དོན་ཞེས་པ། བསྐྱེད་ཅིང་སྐྱེས་ པའམ། ནང་ནས་ཕྱིར་བྱུང་བ་ལྟ་བུ་སྟེ། དེ་ལྟར་ན་འབྱུང་ཚུལ་དེ་ལྟ་བུའི་དོན་ལ། རྐྱེན་བཞི་ པོ་དེ་རྣམས་འཇུག་ཅིང༌། འགྲེལ་པར། བྷ་བཱ་དྱརྠ་སྟེ་འབྱུང་བ་ལ་སོགས་པ་ཞེས། སོགས་ ཁོངས་སྨོས་ཡོད་པས་དོན་གཞན་ལའང་འཇུག་གོ ༈ །ཀརྞཱ་ཊ་དི་བྷ་བ་སི། ད྄་ཕྱིས། ཨ་ཨི་ ཨེ། སི་རྣམ་བཅད། ཀརྞཱ་ཊེ་བྷ་བཿ། ཡུལ་ཀརྞཱཊར་སྐྱེས་པའམ། ཀརྞཱ་ཊ་ལས་འོངས་པའི་དོན་ ནོ། །དོན་དེ་ཉིད་ལ། ཀརྞཱ་ཊ་ཀ་ཞེས་པ་ཆ་གཉིས་བཞག ཀའི་རྐྱེན་དེ་ཎིཏ྄་ཡིན་པའི་ཕྱོགས་ ལ། དང་པོར་འཕེལ་བ་བྱེད། ཅིག་ཤོས་ལ་འཕེལ་བ་མེད། ཀའི་མཐར་སི་རྣམ་བཅད་དོ། ། ཀཱརྞཱ་ཊ་ཀཿ། ཀརྞཱ་ཊ་ཀཿ། ཞེས་པ་གདམ་ཁ་སྟེ། འདི་ལ་ཡུལ་དེར་སྐྱེས་པའི་སྐད་དོད་བདུན་ པ་གནས་གཞིའི་རྐྱེན་ཇི་ལྟ་བུ་དང༌། སྐྱེས་པ་དང་བྱུང་བའི་སྐད་དོད་བྷ་བ་ལྟ་བུ་དངོས་སུ་མེད་ ཀྱང༌། དེ་ཕན་གྱི་རྐྱེན། ཀ་ཡིག་སྦྱར་བ་ཁོ་ན་ལས། དེར་སྐྱེས་པའམ་དེ་ནས་འོངས་པ་དོན་ དུ་འགྱུར་བ་ཡིན་ཏེ། དེ་ཕན་གྱི་རྐྱེན་ཕལ་ཆེར་འདི་འདྲའི་རིགས་སོ། །དཔེར་ན་བོད་སྐད་ ལ་ཡང༌། རྒྱ་གར་བ་ཞེས་བརྗོད་ན། རྒྱ་གར་དུ་སྐྱེས་པའི་གང་ཟག་གམ་སྐྱེས་པ་མིན་ཡང་དེ་ ནས་འོངས་པ་གང་རུང་གོ་བ་བཞིན་ནོ། ༈ །གྲཱ་མ་ངསི་ཨཱ་ག་ཏ་སི། ཏ་ཏྲ་ཛཱ་ཏ་སི་བཱ། ཞེས་པ་ བཞག ངསི་ཨཱཏ྄། མཚུངས་འདྲ། ཏ྄་ད྄་རུ། ད྄་ཨ་ལ་དྲངས། སི་སྔ་མ་རྣམ་བཅད། དེས྄་དྲངས། སི་ཕྱི་མ་རྣམ་བཅད་ཨུ། དེ་ལྟར་མཚམས་སྦྱོར་བས། གྲཱ་མཱ་རཱ་ག་ཏསྟ་ཏྲ་ཛཱ་ཏཱོ་བཱ། གྲོང་སྡེ་ལས་ 19-1-324 འོངས་ཤིང་དེར་སྐྱེས་པ་ཉིད་དོ། །ཞེས་པའོ། །དོན་དེ་ལ། གྲཱ་མ་ཨཱི་ན་བཞག ཐོག་མ་འཕེལ་ བར་གདོད་ནས་གྲུབ་པས་ཎིཏ྄་ཡིན་མིན་རྩི་མི་དགོས། མའི་སྲོག་ཕྱིས་དྲངས། སི་རྣམ་བཅད། གྲཱ་མཱི་ཎཿ། ༈ གྲཱ་མ་ཎྱ། ཎ྄་རྗེས་འབྲེལ། མའི་ཨ་ཕྱིས། དྲངས། སི་གྲཱ་མྱཿ། ༈ ས་དྷྲྱཙ྄་ཨཱིན། དྷྲའི་ཡ་བཏགས་ནི་ཚིག་ཕྲད་ཀྱི་སྒྲུབ་པས། ཨཱི་རིང་པོར་འགྱུར། ཙ྄་ཡིག་རྐྱེན་གྱི་ཨཱི་ལ་དྲངས། སི་རྣམ་བཅད། ས་དྷྲཱི་ཙི་ནཿ། མཐུན་པའི་གྲོགས་པོ། ༈ ས་མྱ་ཙ྄་ཨཱི་ན། ཚིག་ཕྲད་ཀྱིས། ཡ་ བཏགས་ཨཱི་རུ་བསྒྱུར། ཙ྄་དྲངས། སི། ས་མཱི་ཙཱི་ནཿ། དངོས་པོ་བཟང་མོའམ་མདོག་དབྱིབས་ ལེགས་པའོ། །ཏིཪྻ་ཙ྄་ཨཱི་ན། ཚིག་ཕྲད་ཀྱིས་ཪྻ་ཞེས་པ་རཤ྄་ཞེས་བསྒྱུར། ཙ྄་ཨཱི་ལ་དྲངས། ཤ྄་ཙ྄་ལ་དྲངས། སི་ཏི་རཤྩཱི་ནཿ། དུད་འགྲོ་རྣམས་འོངས་ཞེས་པའོ། ། ༈ ཡ་ལོ་པཤྩ། ཡ་དབྱི་བའང་ངོ༌། །ཀ་ནྱ་གྱི་སྒྲ་ལ་སོགས་པ་མང་པོ་ཞིག་ལ། ཨུ་པ་དྷཱ་ལ་ ཡ་ཡིག་ཡོད་ན་དབྱི་བར་བྱ་སྟེ། འདི་ལ་ཡཊ྄་སྟེར་དགོས་པས། ཀ་ནྱ་ཡཊ྄་ངསི། ཛཱ་ཏ་སི། ཡ་ ཨས྄། འདྲ་རིང༌། ས྄་རྣམ་བཅད། སི་རྣམ་བཅད། ཀ་ནྱ་ཡཱཿཛཱ་ཏཿ། བུ་མོ་ལས་སྐྱེས་པ་ཞེས་པ་ སྟེ། བུ་མོ་གཞོན་ནུ་མ་ཁྱོ་མེད་ཀྱི་ནལ་བུའོ། །དོན་དེ་ལ་ཀ་ནྱ་ཨཱི་ན། ཎིཏ྄་ཀྱི་མིང་ཅན་ལ་དང་ པོར་འཕེལ་བ་དང༌། ཡ་དབྱི་བའང་ངོ་ཞེས། མདོ་འདིས་ནའི་ཡ་བཏགས་ཕྱིས། ཨི་ཨའི་དབྱི། རྐྱེན་ལ་དྲངས། སི་རྣམ་བཅད། ཀཱ་ནཱི་ནཿ། ༈ པུ་ཥྱཊཱ་ཡུཀྟ་སི། འདི་ཕོ་རྟགས་ཡིན་པས། ཊཱ་ཨི་ ན། པུ་ཥྱེ་ཎ་ཡུཀྟཿ། སྐར་མ་རྒྱལ་དང་འདུས་པ་སྟེ། རྒྱལ་གྱི་ཟླ་བའི་དོན་ཡིན། དོན་དེ་ལ། པུ་ ཥྱ་ཨཎ྄་ཎ྄་རྗེས་འབྲེལ། དང་པོར་འཕེལ་བ། མདོ་འདིས་ཡ་བཏགས་ཕྱིས། ཨི་ཨ་དབྱི། རྐྱེན་ གྱི་ཨ་ལ་དྲངས། སི། པཽ་ཥཿ། རྒྱལ་གྱི་ཟླ་བ་རང་གི་མིང་ཡིན། ༈ ཡང་པོ་ཥ། མོ་རྟགས་ཀྱི་ རྐྱེན་ཨཱིཔ྄་སྦྱིན། པཽ་ཥ་ཨཱིཔ྄་པ྄་རྗེས་འབྲེལ། ཨི་ཨ་དབྱི། དྲངས་པས། པཽ་ཥཱི། ཞེས་པ་གྲུབ་ སྟེ། རྒྱལ་གྱིས་ཉ་བ་སྟེ། རྒྱལ་ཟླའི་དཀར་ཕྱོགས་ཏེ་ཡར་ངོའི་ཚེས་བཅོ་ལྔ་པའོ། ༈ །ཡང་མོ་ རྟགས་ཀྱི་རྐྱེན་ཨཱིཔ྄་སྤངས་ཏེ། དེ་ཕན་གྱི་ཨཱི་ན་བྱིན་ན། རྟགས་མཐའི་ཨ་ཕྱིས། དྲངས། ཥ་ 19-1-325 ར་རྀ་སོགས་ན་ཎ་སི། པཽ་ཥཱི་ཎ། རྒྱལ་གྱིས་ཉ་བའོ། ༈ །དེ་བཞིན་དུ། པུརྞ་མཱ་ས་ལ། ཨཎ྄་ སྦྱིན་པས། པཽརྞ་མཱ་ས། དེ་ལ་ཨཱིཔ྄་གྱི་རྐྱེན་སྦྱར་བས། པཽརྞ་མཱ་སཱི། ཟླ་བ་ཉ་གང་བའམ་ཟླ་བ་ རྫོགས་པ་སྟེ། ཡར་ངོའི་ཚེས་བཅོ་ལྔ་པའོ། ༈ །འདིར་འཕྲོས་དོན་ཉེར་མཁོ་བཤད་ན། མ་གྷཱ་ ཊཱ་ཡུཀྟ་སི། འདི་མོ་རྟགས་ཨཱཔ྄་མཐའ་ཡིན་པས་རྟགས་མཐའ་ཨེ། ཨེ་ཨཡ྄། མ་གྷ་ཡཱ་ཡུཀྟཿ། ཞེས་ཚིག་སྦྱོར་རོ། །རྣམ་དབྱེའི་རྗེས་སོགས་ཕྱིས། མ་གྷཱ་ཨཎ྄། དང་པོར་འཕེལ་བ། རྟགས་ མཐའི་སྲོག་ཕྱིས། དྲངས། སི་མཱ་གྷཿ། མཆུའི་ཟླ་བ། ༈ མཱ་གྷ་ཨཱིཔ྄། རྟགས་མཐའི་ཨ་ཕྱིས། དྲངས། མཱ་གྷཱི། ཡང་ན་ཨཱི་ན་བྱིན། མ་གྷཱི་ནཿ། མཆུས་ཉ་བའི་ཚེས་སོ། ༈ །དེ་བཞིན་དུ། ཕལྒུ་ ཎ་ལ་ཡང་ཚིག་སྦྱོར་དེ་དང་འདྲ། ཨཎ྄་སྦྱར་བས། ཕཱལྒུཎ། དབོའི་ཟླ་བ། ༈ དེ་ལ་ཨཱིཔ྄་སྦྱར་ བས། ཕཱལྒུ་ཎཱི། ཨཱི་ན་བྱིན་ན། ཕཱལྒུ་ཎཱི་ན། དབོ་ཡིས་ཉ་བའོ། ༈ །དེ་ཁོ་ན་ལྟར། ཙི་ཏྲ་ཨཎ྄། ཙཻ་ ཏྲ། ནག་པའི་ཟླ་བའོ། །ཙཻ་ཏྲ་ཨཱིཔ྄། ཙཻ་ཏྲཱི། ཡང་ན་ཨཱི་ན། ཙཻ་ཏྲཱི་ཎ། ནག་པས་ཉ་བའོ། ༈ །དེ་ བཞིན་དུ། བི་ཤཱ་ཁཱ་ཨཎ྄། བཻ་ཤཱ་ཁ། ས་གའི་ཟླ་བའོ། ༈ །བཻ་ཤཱ་ཁ་ཨཱིཔ྄། བཻ་ཤཱ་ཁཱི། ཡང་ན། ཨཱི་ན། བཻ་ཤཱ་ཁཱི་ན། ས་གས་ཉ་བའོ། ༈ །དེ་བཞིན་དུ། ཛེཥྛ་ཨཎ྄། ཛཻཥྛ། སྣྲོན་གྱི་ཟླ་བའོ། ༈། ཛེཥྛ་ཨཱིཔ྄། ཛཻཥྛཱི། ཡང་ན། ཨཱི་ན། ཛཻཥྛཱི་ན། སྣྲོན་གྱིས་ཉ་བའི་ཚེས་སོ། ༈ །ཆུ་སྟོད་སོགས་ཟླ་ བ་གསུམ་གྱི་མིང༌། རྒྱལ་དང་འདྲ་བར་ཕོ་རྟགས་ཡིན། ཚིག་སྦྱོར་གྱི་སྐབས་སུ། ཊཱ་ཨི་ན་བྱེད། གཞན་འདྲ་སྟེ། ཨ་ཥཱ་ཌྷ་ཨཎ྄། ཨཱ་ཥཱ་ཌྷ། ཆུ་སྟོད་ཀྱི་ཟླ་བའོ། ༈ །ཨཱ་ཥཱ་ཌྷ་ཨཱིཔ྄། ཨཱ་ཥཱ་ཌྷཱི། ཡང་ ན། ཨཱི་ན། ཨཱ་ཥཱ་ཌྷཱི་ན། ཆུ་སྟོད་ཀྱིས་ཉ་བའོ། ༈ །དེ་བཞིན་དུ། ཤྲཱ་བ་ཎ། ཨཎ྄། ཤྲཱ་བ་ཎ། གྲོ་ བཞིན་ཟླ་བའོ། ༈ །ཤྲཱ་བ་ཎ། ཨཱིཔ྄། ཤྲཱ་བ་ཎཱི། ཡང་ན་ཨཱི་ན། ཤྲཱ་བ་ཎཱི་ན། གྲོ་བཞིན་གྱིས་ཉ་ བའོ། ༈ །དེ་བཞིན་དུ། བྷ་དྲ་པ་ད། ཨཎ྄། བྷཱ་དྲ་པ་ད། ཁྲུམས་སྟོད་ཀྱི་ཟླ་བའོ། ༈ །བྷཱ་དྲ་པ་ ད་ཨཱིཔ྄། བྷཱ་དྲ་པ་དཱི། ཡང་ན། ཨཱི་ན། བྷཱ་དྲ་པ་དཱི་ན། ཁྲུམས་སྟོད་ཀྱིས་ཉ་བའི་ཚེས་སོ། ༈ །ཐ་ སྐར་གྱི་སྐད་དོད། ཨ་ཤྭི་ནཱི། ཞེས་པས་མོ་རྟགས་ཨཱིཔ྄་མཐའ་ཡིན་པས། ཚིག་སྦྱོར་གྱི་སྐབས། 19-1-326 རྟགས་མཐའི་ཨཱི་ནི་ཡ྄་རུ་བསྒྱུར། ཊཱའི་ཨཱ་ལ་དྲངས་པས། ཨ་ཤི་ནྱཱ་ཡུཀྟཿ། ཞེས་པ་དགོས། ཨ་ ཤྭཱི་ནཱི་ཨཎ྄། དང་པོར་འཕེལ་བ། རྟགས་མཐའི་ཨཱི་རིང་པོ་ཕྱིས། དྲངས། ཨཱ་ཤྭི་ན། ཐ་སྐར་གྱི་ ཟླ་བའོ། ༈ །ཨཱ་ཤྭི་ན། ཨཱིཔ྄། ཨཱ་ཤྭི་ནཱི། ཡང་ན། ཨཱི་ན། ཨཱ་ཤྭི་ནཱི་ན། ཐ་སྐར་གྱིས་ཉ་བའོ། ༈། ཀྲྀ་ཏི་ཀཱ་མོ་རྟགས་ཏེ་ཚིག་སྦྱོར་མ་གྷཱའི་སྐབས་དང་འདྲ། ཀྲྀ་ཏི་ཀཱ་ཨཎ྄། ཀཱརྟི་ཀ། སྨིན་དྲུག་ གི་ཟླ་བའོ། ༈ །ཀཱརྟི་ཀཱ། ཨཱིཔ྄། ཀཱརྟི་ཀཱི། ཡང་ན། ཨཱི་ན། ཀཱརྟི་ཀཱི་ན། སྨིན་དྲུག་གིས་ཉ་བའོ། ༈ །དེ་བཞིན་དུ། མྲྀ་ག་ཤི་ར། འདི་ཕོ་རྟགས་ཡིན། ཚིག་སྦྱོར་རྒྱལ་གྱི་སྐབས་དང་འདྲ། མྲྀ་ག་ ཤི་ར་ཨཎ྄། མཱརྒ་ཤི་ར། མགོའི་ཟླ་བའོ། ༈ །མཱརྒ་ཤི་ར་ཨཱིཔ྄། མཱརྒ་ཤི་རཱི། ཡང་ན། ཨཱི་ན། མཱརྒ་ཤི་རཱི་ན། མགོ་ཡིས་ཉ་བའི་ཚེས་སོ། །ཟླ་བ་དང་ཚེས་ཀྱི་རྟགས་མཐར། སི་རྣམ་བཅད་ སོགས་རྣམ་དབྱེ་སྦྱར་ན་བྱ་བ་རྫོགས་པ་ཡིན་ལ། ཟླ་བའི་སྐད་དོད་ཀྱི་མཐར། ཨཱིཔ྄་དང་ཨཱི་ ན་སྟེར་བའི་སྔོན་དུ། རྣམ་དབྱེའི་རྗེས་ཡོད་ན་ཕྱིས་ཨཎ྄་གྱི་རྗེས་ཡོད་ཡོད་པ་དེ་ཀ་ལ་སྟེར་ དགོས་ཏེ། ཉ་བའི་ཚེས་ནི་ཟླ་བ་དེ་ཉིད་ཀྱི་ནང་སེལ་ཡིན་པས་སོ། །འོན་ཀྱང་སྐབས་འདིའི་ ཨི་ཨ་དབྱི་བ་དེ་ནི། ཨཎ྄་གྱི་ཨ་དབྱི་བ་དེ་ཉིད་ཡིན་མོད་ཀྱི། ཨཱི་ཡི་རྐྱེན་དང་སྦྱར་བས་ཨཎ྄་ གྱི་དོད་ཐུབ་ཨཱི་རྐྱེན་གཉིས་པོ་ཎ྄་རྗེས་འབྲེལ་མ་ཡིན་ཀྱང༌། དང་པོའི་འཕེལ་བ་མ་ཉམས་ པར་གནས་སོ། །དེ་ཡན་ཆད་ཀྱིས་ཀ་དང་ཨཱི་ན་འཕྲོས་དོན་དང་བཅས་པ་སོང༌། ༈ ཨཱི་ཡའི་ རྐྱེན་གྱི་བྱ་བ་མཚོན་བྱེད་ནི། ཀྵ་ཏྲ་ཨཱི་ཡ། ཨི་ཨ་ཕྱིས། དྲངས། སི། ཀྵ་ཏྲཱི་ཡཿ། ཡང་ན་ཨཎ྄་ བྱིན། དང་པོར་འཕེལ་བ། གཞན་འདྲ། ཀྵཱ་ཏྲཿ། གདུགས་དང་ལྡན་པའམ། དཔའ་བོས་བསྐོར་ བ་ཞེས་བྱ་སྟེ་རྒྱལ་པོའོ། ༈ །དེ་བཞིན་དུ། ཤུ་ཀྲ་ངི་བྷ་བ་ཤུ་ཀྲེ་བྷ་བ། ངི་སོགས་དབྱི། ཤུ་ཀྲ་ ཨཱི་ཡ། སི་ཨམ྄། ཤུ་ཀྲཱི་ཡཾ། ཨཎ྄་སྦྱར་ན། སི་རྣམ་བཅད། ཤཽ་ཀྲཿ། ༈ ཨིནྡྲ་ཨཱི་ཡ། ཨིནྡྲཱི་ཡཾ། ཨཎ྄་སྦྱར་ན། ཨཻནྡྲཿ། དབང་པོའི་ཚོགས་པའོ། ༈ །ཨི་ཀའི་རྐྱེན་གྱི་བྱ་བ་ནི། ཨཀྵབྷིས྄། ངི་ བྱ་ཏེ། ཨཀྵཻརྡི་བྱ་ཏེ། བྷིས྄་སོགས་ཕྱིས། ཨཀྵ་ཨཻ་ཀ་ཐོག་མར་འཕེལ་བ། ཨི་ཨ་ཕྱིས། དྲངས། 19-1-327 སི་རྣམ་བཅད། ཨཱ་ཀྵ་ཀཿ། རབ་ཏུ་གསལ་བའི་མིག་གོ ༈ །ཤབྡ་ངི་བྷ་བ། ཤབྡེ་བྷ་བ། ངི་ སོགས་ཕྱིས། ཤབྡ་ཨི་ཀ། འཕེལ་བ། མཐའ་ཕྱིས། དྲངས། སི། ཤཱབྡི་ཀཿ། སྒྲའི་ནང་ནས་ ཞེས་པའོ། ༈ །དེ་བཞིན་དུ། བེ་ད་ངི་བྷ་བཿ། བེ་དེ་བྷ་བཿ་སྟེ་རིག་བྱེད་ཀྱི་ཁོངས་ནས་འབྱུང་ བའོ། །འབྱུང་བའི་དོན་ལ་ཨི་ཀ་སྟེ། བེ་ད་ཨི་ཀ་གོང་བཞིན་བསྒྲུབས་པས། བཻ་དི་ཀ ༈ ཏརྐེ་ བྷ་བ། རྟོག་གེའི་ནང་ན་ཡོད་པ་ཞེས་ཚིག་ཏུ་སྦྱར་བ་ཡིན། ཏརྐ་ཨི་ཀ་གོང་བཞིན། ཏརྐི་ཀཿ། ༈ ཏྱ་ཏ་ནཽ། ཏྱ་དང་ཏ་ན་དག་གོ །ཀིམ྄་ལ་སོགས་པ་དང༌། ཨདྱ་ལ་སོགས་པ་རྣམས་ལ་ སྔར་བཤད་པ་ལྟར་གྱི་འབྱུང་བ་ལ་སོགས་པའི་དོན་དུ། ཏྱ་གྱི་རྐྱེན་དང་ཏན྄འི་རྐྱེན་སྟེར་ཏེ། ཀིམ྄་འགྱུར་བའི། ཀུ་ཏྲ་ལ། ཏྱ་སྦྱར་བས། ཀུ་ཏྲ་ཏྱཿསི་རྣམ་བཅད། ༈ ཀུ་ཏཿལ་ཏྱ་སྦྱར་བས་ རྣམ་བཅད་ཀྱི་ས྄་ཏ་ལ་དྲངས་པས། ཀུ་ཏསྟྱཿསི་རྣམ་བཅད། ཅི་ཡང་རུང་བ་ལ་ཞེས་པའོ། ༈། ཏ་ཏྲ་ལ། ཏྱ་སྦྱར། སི་རྣམ་བཅད། ཏ་ཏྲ་ཏྱཿ། དེར་དེ་ལ་ཞེས་སོ། ༈ །ཨ་དྱ་ལ། ཏ་ན་སྦྱར། སི། ཨ་དྱ་ཏ་ནཿ། དེ་རིང་བྱུང་བ། ༈ ས་དཱ་ལ། ཏ་ན་སྦྱར་བས། ས་དཱ་ཏ་ནཿ། རྟག་ཏུ་བྱུང་བ། ༈ ཧྱཿལ་ཏ་ན་སྦྱར། སི་རྣམ་བཅད། ས྄་དྲངས། ཧྱསྟ་ནཿ། ཁ་སང་ཞེས་པའོ། ། ༈ སྭཱརྠེ་པི། རང་གི་དོན་ལ་ཡང་ངོ༌། །སེམས་ཅན་དུ་གཏོགས་པའི་སྐྱེས་བུ་རང་རང་སོ་ སོའི་དངོས་པོ་བརྗོད་པ་ལ། རང་གི་དོན་ཞེས་བྱ་སྟེ། དེ་ལའང་སྔར་བཤད་པའི་རྐྱེན་དེ་དག་ ཅི་རིགས་པར་འཇུག་གོ །དཔེན་ན། དེ་བ་དཏྟ་སི་ཨེ་བ་བཞག སི་ཕྱིས། དེ་བ་དཏྟ་ཨེ་བ། ལྷ་སྦྱིན་འདིའོ་ཞེས་སམ། འདི་ནི་ལྷ་སྦྱིན་ནོ། །ཞེས་པ་ཚིག་སྦྱོར་རོ། །དེ་བ་དཏྟ་ཀ དང་པོར་ འཕེལ་བ། སི་རྣམ་བཅད། དཻ་བ་དཏྟ་ཀཿ། ༈ ཙ་ཏྭཱ་ར་བརྞ་ཨེ་བ། རིགས་བཞི་པོ་འདི་རྣམས་ ཞེས་པ་སྟེ། དེའི་དོན་ལ། ཙཏུརྦརྞ་ཎྱ། ཎ྄་རྗེས་འབྲེལ། དང་པོར་འཕེལ་བ། ཨི་ཨ་ཕྱིས། དྲངས། སི་ཨམ྄། ཙཱ་ཏུརྦརྞྱཾ། ༈ ཙོ་ར། ཨེ་བ། རྐུན་མོ་འདི་ཞེས་པའི་དོན། ཙོ་ར་ཨཎ྄། དང་ པོར་འཕེལ་བ། ཨི་ཨ་ཕྱིས། དྲངས། སི་རྣམ་བཅད། ཙཽ་རཿ། ༈ འགྲེལ་པར་ལུང་དྲངས་པ། 19-1-328 ཨཎ྄་ཨཱི་ན་དག་གི་ཡུཥྨད྄་ཨསྨད྄་དག་ཏ་བ་ཀ་ལ་སོགས་པའོ། །ཞེས་འབྱུང་བས་ཚུར་རོལ་ ཡུཥྨད྄་དང་ཨསྨད྄་ལ། ཕ་རོལ་ཨཎ྄་དང་ཨཱི་ནའི་རྐྱེན་གང་བྱུང་ཡང༌། ཡུཥྨད྄་ཏ་བ་ཀ་དང༌། ཡུཥྨ་ཀ་གང་རུང་དུ་འགྱུར་ལ། ༈ ཨསྨད྄་མ་མ་ཀ་དང༌། ཨསྨ་ཀ་གང་རུང་དུ་འགྱུར། ཞེས་པ་ སྟེ། ༈ ཡུཥྨད྄་དང༌། ཨསྨད྄་ཀྱི་ཕ་རོལ་ཏུ། ཨཎ྄་རེ་རེ་བཞག ཡུཥྨད྄་ཏ་བ་ཀ་དང༌། ཨསྨད྄་མ་ མ་ཀར་བསྒྱུར། གཉིས་ཀ་ལ་དང་པོར་འཕེལ་བ་དང༌། ཨི་ཨ་ཕྱིས། དྲངས། སི་ཨམ྄། ༈ ཏཱ་ བ་ཀཾ། ༈ མཱ་མ་ཀཾ ༈ ཡང་ཨཱིན་བྱིན་ན་ཡང་སྒྲུབ་ཚུལ་དེ་ཁོ་ན་དང་འདྲ་བས། ཏཱ་བ་ཀཱི་ནཿ། ༈ མཱ་མ་ཀཱི་ནཿ། ༈ ཡང༌། ཡུཥྨད྄་ཀྱི་རྣམ་འགྱུར་ཡུ་བ་ཡོ་དང༌། ཨསྨད྄་ཀྱི་རྣམ་འགྱུར། ཨཱ་བ་ ཡོ་ལ་སོ་སོར་ཨཎ྄་རེ་རེ་བཞག ཡུཥྨད྄། ཡུཥྨཱཀ་དང༌། ཨསྨད྄་ཨསྨཱ་ཀ་རུ་བསྒྱུར། དང་པོར་ འཕེལ་བ། ཨི་ཨ་ཕྱིས། དྲངས། སི་རྣམ་བཅད། ༈ ཡཽཥྨ་ཀཿ། ༈ ཨཱསྨཱ་ཀཿ། ༈ དེ་བཞིན་དུ། ཡུ་བ་ཡོ་དང༌། ཨ་བ་ཡོ་ལ། ཨཱི་ན་བྱིན། སྒྲུབ་ཚུལ་སྔ་མ་དང་འདྲ། ༈ ཡཽཤྨཱ་ཀཱི་ན། ༈ ཨཱསྨཱ་ཀཱི་ ནཿ། ༈ བཏྟུ་ལྱེ། བཏ྄་མཉམ་པ་ལའོ། །མཉམ་པ་སྟེ་ཕན་ཚུན་འདྲ་བའི་དོན་ལ། རྐྱེན་བཏ྄་ སྦྱོར་བ་ཡིན་ཏེ། དཔེར་བརྗོད་ན། ཙནྡྲེ་ཎ་ས་དྲྀ་ཤཾ་མུ་ཁཾ། ཟླ་བ་དང་མཚུངས་པའི་གདོང་ཞེས་ པ་སྟེ་ཚིག་སྦྱོར་རོ། །ཙནྡྲ་བཏ྄་རྐྱེན་དུ་བྱིན། མཐར་མུ་ཁ་བཞག་གོ །བཏ྄་ཀྱི་ཏ྄ད྄་ད྄་ན྄ར་ བསྒྱུར། དྲངས། སི་ཨམ྄། ཙནྡྲ་བནྨུ་ཁཾ། ཟླ་བ་འདྲ་བའི་གདོང་ངོ༌། ༈ །དེ་བཞིན་དུ། གྷ་ཊེ་ ན་ས་དྲྀ་ཤཾ་ཨུ་ད་རི། བུམ་པ་དང་འདྲ་བའི་ལྟོ་བ། ཞེས་པ་སྟེ་དེའི་དོན་ལ། ཨི་ན་དང་ས་དྲྀ་ཤཾ་ ཕྱིས་ཏེ། བཏ྄་རྐྱེན་དུ་བྱིན། ཏ྄་ད྄་རུ་བསྒྱུར། དྲངས་པས། བྷ་ཊ་བ་དུ་ད་རཾ། ༈ བྷཱ་བེ་ཏ་ཏྭ་ ཡཎ྄། གྱུར་པ་ལ་ཏ་ཏྭ་ཡཎ྄འོ། །རྒྱ་སྐད་དུ་བྷཱ་བ་ཞེས་པ་སྐབས་ཐོབ་ཀྱི་དོན་མང་པོ་ལ་འཇུག་ ཀྱང༌། འདིར་གྱུར་པ་ཞེས་པ་མཚན་ཉིད་ཀྱི་དོན་ནོ། །ཡང་རང་བཞིན་དུ་ཡོད་པར་གྱུར་པའམ་ ཁྱད་ཆོས་སུ་ཡོད་པར་གྱུར་པའི་དོན་ཏེ། ཚ་བར་འགྱུར་པ་མེ། གཤེར་བར་འགྱུར་པ་ཆུ། ཞེས་ 19-1-329 པ་དང༌། ནོག་ལྐོག་ཤལ་ཅན་དུ་ཡོད་པ་བ་ལང༌། ཞེས་པ་ལྟ་བུའོ། །དེ་ལྟར་ན་མཚན་ཉིད་ ཀྱི་དོན་ལ། རྐྱེན་ཏ་དང་ཏྭ་དང་ཡཎ྄་རྣམས་འཇུག་གོ ༈ །བྲཱཧྨ་ཎ་སྱ་བྷཱ་བ། བྲམ་ཟེ་ལ་ཡོད་ པའམ། བྲམ་ཟེའི་མཚན་ཉིད་དེ། ཚངས་སྐུད་ཅན་མཐོང་སྟེ། བྲམ་ཟེར་འདུག་ཅེས་པ་ལྟ་ བུའོ། །བྲཱཧྨ་ཎ་རྐྱེན་ཏ་སྦྱར། ཨཱཔ྄་བྱིན། མཚུངས་འདྲ། བྲཱཧྨ་ཎ་ཏཱ། བྲམ་ཟེར་གྱུར་པའམ། བྲམ་ཟེར་འདུག་ཅེས་པའོ། །དེ་ཡང་ཏ་མཐའི་རྟག་ཏུ་བུད་མེད་ཀྱི་རྟགས་སོ། །ཞེས་པས་ རྐྱེན་ཏ་ཡིག་ལ་བུད་མེད་ཀྱི་ཨཱཔ྄་སྟེར་དགོས། ༈ ཏྭ་ཡཎ྄་མ་ནིང་ཉིད་དོ། །ཞེས་པས་རྐྱེན་དེ་ གཉིས་བྱིན་ན་མ་ནིང་གི་རྟགས་སུ་འགྱུར། བྲཱཧྨ་ཎ་ལ་རྐྱེན་ཏྭ་སྦྱར། སི་ཨམ྄། བྲཱཧྨ་ཎ་ཏྭཾ། ༈ བྲཱཧྨ་ཎ྄་ལ་རྐྱེན་ཡཎ྄་བྱིན། ཎ྄་རྗེས་འབྲེལ། ཨི་ཨ་ཕྱིས། དྲངས། སི་ཨམ྄། བྲཱཧྨ་ཎྱཾ། ༈ དེ་ བཞིན་དུ། སུ་མ་ནས྄། ཡཎ྄་ཎ྄་རྗེས་འབྲེལ། དང་པོར་འཕེལ་བ། ཨི་ཨ་ཕྱིས། དྲངས། སི་ ཨམ྄། སཽ་མ་ན་སྱཾ། ༈ དེ་བཞིན་དུ། སུ་བྷ་ག་ཡཎ྄། སཽ་བྷ་གྱཾ། ༈ དེ་བཞིན་དུ། བི་དུ་ཥ་ཡཎ྄། བཻ་དུ་ཥྱཾ། ༈ ཡང་འགྲེལ་བར། མཉམ་པར་ཚོགས་པ་ལ་ཏ་ཡི་ཡོན་ཏན་ཡང་ངོ༌། །ཞེས་བཤད་ པས། ཏྲི་ཨཱམ྄། ས་མཱ་ཧཱ་ར། དེ་ལ་ནུཊ྄་བྱིན། ཨི་ཨཡ྄་རུ་བསྒྱུར། ཏྲ་ཡཱ་ཎཱཾ་ས་མཱ་ཧཱ་ར། གསུམ་ པོ་རྣམས་མཉམ་པར་ཚོགས་པ། ཞེས་པ་སྟེ། རིག་བྱེད་གསུམ་མམ། མེ་གསུམ་མམ། ཡོན་ ཏན་གསུམ་ཚོགས་པ་ལྟ་བུ་སྟེ། གང་ཅི་ཡང་རུང་བ་གསུམ་ཚོགས་པའོ། །རྣམ་དབྱེ་སོགས་ ཕྱིས་པས་ཏྲི་རུ་ལོག དེ་ལ་རྐྱེན་ཏ་ཡིག་སྦྱར། བུད་མེད་ཀྱི་ཨཱཔ྄་བྱིན་པ་ན། མཉམ་འདུས་ཀྱི་ དོན་ཡིན་པས། རྐྱེན་ཏཱ་རིང་པོའི་ནུས་པ་ལ། ཏྲིའི་ཨི་ཡིག་ནི་ཡོན་ཏན་ཨེ་ཡིག་ཏུ་འགྱུར་རོ། ། ཏྲེ་ཏཱ་ཅེས་པ་གྲུབ། བོད་སྐད་དུ། གསུམ་ཚོགས་པ་སྟེ། གསུམ་ལྡན་གྱི་དུས་ལ། ཏྲེ་ཏཱ་ཡུ་ག་ ཟེར་བ་བཞིན་ནོ། ༈ །དེ་བཞིན་དུ། ཛ་ན་ནུཊ྄་ཨཱམ྄། ས་མཱ་ཧཱ་ར། སི་དེ་དག་སྦྱར་བས། ཛ་ ནཱ་ནཱཾ་ས་མཱ་ཧཱ་རཾ། སྐྱེས་བོ་མང་པོ་རྣམས་མཉམ་པར་འདུས་པ། ཞེས་པའོ། །ཚིག་གི་སྦྱོར་བ་ དེའི་དོན་ལ་ཛ་ན་ལ་ཏའི་རྐྱེན་སྦྱར། མོ་རྟགས་ཀྱི་རྐྱེན་ཨཱཔ྄། ཛ་ན་ཏཱ་ཞེས་པ་གྲུབ། ཨ་ཐུང་ 19-1-330 གི་ཡོན་ཏན་ནི་ཨ་ཐུང་ཉིད་ཡིན་པས་རྣམ་འགྱུར་མེད་དོ། ༈ །ཡང་འགྲེལ་པར་ལུང་དྲངས་པ། ལས་རྣམས་ལ་ཡང་ཡཎ྄འོ། །ཞེས་འབྱུང་བས། བྲཱཧྨ་ཎ་སྱ་ཀརྨན྄་སི། ཞེས་པ་བཞག སི་དང་ རྟགས་མཐའི་ན྄་ཕྱིས། བྲམ་ཟེའི་ལས་ཞེས་པའོ། །རྣམ་དབྱེ་སོགས་ཕྱིས། བྲཧྨ་ཎ་ལ་ཡཎ྄་ བྱིན། ཨི་ཨ་ཕྱིས། དྲངས། སི་ཨམ྄། བྲཱཧྨཎྱཾ། ༈ ཡང་རཱ་ཛྙ་ཨི་དམ྄་ཀརྨ། རྒྱལ་པོའི་ལས་འདི་ ཞེས་པ་ཚིག་སྦྱོར་རོ། །དེ་རྣམས་ཕྱིས་ཏེ། རཱ་ཛན྄་ཡཎ྄། ཆ་གཉིས་བཞག ན྄་ཡི་ཡང་ནའོ་ཞེས་ པས། ལུགས་གཅིག་ལ་ན྄་སྲོག་མེད་ཛའི་སྲོག་ཨ་དང་བཅས་པ་ཕྱིས། ཛ྄་ཡ་ལ་དྲངས། སི་རཱ་ ཛྱཾ། ༈ ལུགས་ཅིག་ཤོས་ལན྄་དབྱངས་མེད་ཡ་ལ་དྲངས། གཞན་འདྲ། རཱ་ཛ་ནྱཾ། ༈ ལོ་ཧི་ཏཱ་དེ་རྜི་དི་མན྄། ལོ་ཧི་ཏ་ལ་སོགས་པའི་ཨི་མན྄་ནི་ཌིཏ྄་ཏོ། །ལོ་ཧི་ཏ་ལ་སོགས་ པའི་རྟགས་ལ་མཚན་ཉིད་དུ་རྐྱེན་ཨི་མན྄་སྟེར་ཏེ། ཨི་མན྄་ལ་ཌིཏ྄་ཀྱི་ཐ་སྙད་འཇོག་ཅིང༌། ཌིཏ྄་ཅེས་བཏགས་པའི་དགོས་པ་ནི། ཊི་དབྱི་བའི་ཕྱིར་རོ། །ལོ་ཧི་ཏ་སྱ་བྷ་བ། དམར་པོའི་ མཚན་ཉིད་ཏེ། དམར་པོ་རང་ལ་ཡོད་པའི་ངང་ཚུལ་ཏེ་མཚན་ཉིད་དོན་ཆོས་ལ་འཇོག་པ་དང་ གོ་བ་གཅིག་གོ །ལོ་ཧི་ཏ། ཨི་མན྄་ཊི་ཕྱིས། ཏ་ཨི་ལ་དྲངས། སི། ཨུ་བ་དྷཱ་རིང་པོ། སི་ཕྱིས། ན་ཡང་ཕྱིས་ཏེ། ལོ་ཧི་ཏི་མཱ། ༈ དེ་བཞིན་དུ། ཨ་ཎུ་ངས྄་བྷ་བ་སི་ང་ལྡན་ལ་ཨུ་ཨོ། ངས྄་ཀྱི་ ཨ་ཕྱིས། ས྄་རྣམ་བཅད། ར྄་དྲངས། ཨ་ཎོརྦྷ་བཿ། ཕྲ་མོའི་མཚན་ཉིད་ཅེས་པའི་དོན་ལ། ཨ་ ཎུ་ཨི་མན྄་ཌིཏ྄་ལ་ཊི། དྲངས། སི། ཨུ་པ་དྷཱ། སི་དང་མཐའི་ན྄་ཕྱིས། ཨ་ཎི་མཱ། ༈ རྀ་ར་ཨི་ མ་ཎི། རྀའི་ར་ཨི་མན྄་ལའོ། རྀ་ཡིག་དང་པོར་ཡོད་པའི་རྟག་ལ་ཨི་མན྄་གྱི་རྐྱེན་སྦྱར་ན། རྀ་ ཡིག་ནི་ར་སྲོག་ལྡན་དུ་འགྱུར་རོ། ༈ །པྲྀ་ཐུ་ངས྄་བྷ་བ། པྲྀ་ཐོརྦྷ་བ། རྒྱ་ཆེན་པོའི་མཚན་ཉིད། ཅེས་སོ། །རྣམ་དབྱེ་སོགས་ཕྱིས་ནས། པྲྀ་ཐུ་ཨི་མན྄་བཞག་པའི་སྲོག་གི་རྀ་ཕྲལ། རྀ་ར་སྲོག་ ལྡན། པ྄་དབྱངས་མེད་ར་ལ་དྲངས། ཊི་ཕྱིས། མཐར་སི། ན྄འི་ཨུ་པ་དྷཱ་སི་དང་ན་ཕྱིས། པྲྀ་ཐི་ མཱ། ༈ དྲྀ་ཌྷི་ཨི་མན྄། དྲ་ཌྷི་མཱ། བརྟན་པའི་མཚན་ཉིད་ཅེས་བྱ། དེ་བཞིན་དུ། མྲྀ་དུ་ཨི་མན྄། 19-1-331 མྲ་དི་མཱ། འཇམ་པོའི་རང་བཞིན་ཞེས་སོ། ། ༈ བ་ཧོ་རློ་པོ་བྷཱུ་ཙ་བ་ཧོཿ། བ་ཧུ་ཡི་བ་ཧུ་ལས་དབྱི་ཞིང་བྷུ་ཡང་ངོ༌། །བ་ཧུའི་སྒྲ་ལ་ཕ་ རོལ་ཏུ་ཨི་མན྄་གྱི་རྐྱེན་བྱུང་ན། རྐྱེན་གྱི་ཨི་ཡིག་མི་སྣང་བར་འགྱུར་ཞིང༌། བ་ཧུ་ཉིད་ཡོངས་ རྫོགས་བྷཱུ་རིང་པོར་བསྒྱུར་བ་ཡིན་ནོ། །འགྲེལ་པར་བ་ཧུའི་ཕྱི་མ་རྣམས་ཀྱི་ཞེས་དང་། ཨི་ མན྄་ལ་སོགས་པའི་ཞེས་འབྱུང་བས། ཨི་མན་དུ་མ་ཟད་རྐྱེན་དུ་མ་ལ་ཡང་ངོ༌། ༈ །དེ་ཡང༌། བ་ཧུ་ཨི་མན྄་ཞེས་པ་བཞག་གོ །བ་ཧུའི་ནུས་པས་རྐྱེན་གྱི་ཨ་ཕྱིས། དེའི་ནུས་པས་བ་ཧུ་ཞེས་ པ་བྷུ་རིང་པོར་བསྒྱུར། མཐར་སི། ཨུ་པ་དྷཱ་རིང་བོ། རྣམ་དབྱེ་དང་ཎ྄་ཕྱིས་པས། བྷཱུ་མཱ། མང་ པོ་རྣམས་ཀྱི་མཚན་ཉིད་ཅེས་བྱའོ། ༈ །འགྲེལ་བར། བ་ཧུའི་གནས་སུ་ཞེས་འབྱུང་བ་ནི། བ་ ཧུ་ཕྱིས་ནས་དེའི་ཤུལ་དུ་བྷཱུ་བཞག་ཅེས་པའི་དོན་ནོ། །ཨ་སྟྱརྠེ་མ་ཏུཔ྄། ཡོད་པའི་དོན་ལ་མ་ ཏུཔ྄འོ། གང་གིའམ་གང་ལ་ཡོད་པ་དེའི་དོན་ལ། མ་ཏུཔ྄་ཀྱི་རྐྱེན་སྟེར་བ་ཡིན་ནོ། །པ྄་རྗེས་ འབྲེལ། ཨུ་ཡིག་ནི་ནུམ྄་སྟེར་དགོས་པའི་དོན་ཡིན། གོ་མ་ཏུཔ྄། པ྄་རྗེས་འབྲེལ། ཨུ་དགོས་ དོན། ཨུ་དང་ར་དག་གི་ནུམ྄་མོ། །ཞེས་པས་མ་དང་ཏ྄འི་བར་དུ་ནུམ྄་ཨཱ་ག་མ་བྱིན། གོ་མན྄་ ཏྲ་སི་ཞེས་པ་བྱུང༌། ཨ་ཏུ་དང་སའི་སི་ལའོ་ཞེས་པས་མཱ་རིང་པོར་བསྒྱུར། སི་ཕྱིས། རབ་སྦྱོར་ མཐའ་ལས་ཏ྄་ཡང་ཕྱིས། གོ་མཱན྄། ཞེས་པ་གྲུབ། དེའི་དོན་ནི་ཚིག་སྦྱར་བ་ལ། གོ་ཨ་སྱ་ཨེ་ སྟེ་ཨི་ཏི། འདིའི་བ་ལང་ཡོད་པ་ཉིད་དོ་ཞེས་པ་སྟེ། ལྷ་སྦྱིན་གྱི་བ་ལང་ཡོད་ཞེས་པ་ལྟ་བུ། བདག་པོ་དང་འབྲེལ་བ་ཡོད་པ་དང༌། ལྷས་ན་བ་ལང་ཡོད་ཅེས་པ་ལྟ་བུ་གནས་གཞིའི་དོན་ གཉིས་ཀ་སྟོན་ཏོ། །སྐབས་དོན་སོ་སོའི་དབང་གིས་སོ། །བ་ལང་འདི་ཞེས་པ་ནི་མངོན་གྱུར་ གྱི་སྒྲ་ཡིན། བ་ལང་ཡང་ཡིན་འདི་ཡང་ཡིན་པས་གཞི་མཐུན་བསྡུ་བ་ཡིན་ནོ། ༈ །ཡང་གོ་མ་ ཏུཔ྄། པ྄་རྗེས་འབྲེལ། ཨུ་རྟགས་དོན། གོ་མ་ཏ། ཨི་ཀ྄་སྦྱིན། ཀ྄་རྗེས་འབྲེལ། དྲངས། གོ་ མ་ཏི། དོན་སྔ་མ་དང་འདྲ། ༈ དེ་བཞིན་དུ། ཤྲཱི་ཨ་སྱ་ཨསྟཱི་ཏི། ཞེས་པའམ། ཤྲཱི་བི་དྱ་ཏེ་ཡ་སྱ་ 19-1-332 དཔལ་ཡོད་པ་གང་གི་ཞེས་པའམ། གང་ལ་ཡོད་པའི་དཔལ་ཞེས་པའོ། །དེའི་དོན་ལ། ཤྲཱི་མ་ ཏུཔ྄་བཞག ནུམ྄་མཱ་རིང་པོ་སི་ཕྱིས། ཤྲཱི་མཱན྄་ཏ། རབ་སྦྱོར་མཐའ་ལ་ཏ྄་ཡང་ཕྱིས་ཏེ། ཤྲཱི་མཱན྄། ༈ ཡང་ན་ཤྲཱི་དང༌། མ་ཏུཔ྄། བཞག ཤྲཱི་མཏ྄་དུ་སོང༌། ཨཱིཀ྄་ཀ྄་རྗེས་འབྲེལ། ཤྲཱི་མ་ཏཱི། ༈ ཨ་ཨི་ཀཽ་མ་ཏྭརྠེ། མ་ཏུའི་དོན་ལ་ཨ་དང་ཨིཀ྄་དག་གོ །འདིར་མ་ཏུའི་དོན་ཞེས་པ། མ་ཏུ་དང་དགོས་དོན་གཅིག་པའི་དོན་ཏེ། གོང་བཞིན་ཡོད་པའི་དོན་ཉིད་ལ་སྦྱོར་རོ། ༈ །བཻ་ ཛ་ཡནྟི་བིདྱ་ཏི་ཡ་སྱ། དོ་ཤལ་ཡོད་པ་གང་གིའམ་གང་ལ་ཞེས་པའོ། །བཻ་ཛ་ཡནྟི་ཨ་ཞེས་པ་ བཞག ཨི་ཨ་ཕྱིས། དྲངས། སི་རྣམ་བཅད། བཻ་ཛ་ཡནྟཿ། ༈ ཡང་མཱ་ཡ་ཨིཀ྄ ཡང་ཨི་ཨ་ཕྱིས། དྲངས། སི་རྣམ་བཅད། མཱ་ཡི་ཀཿ། སྒྱུ་མ་ཅན་ཡོད་ཅེས་སམ། ནོར་ཅན་ཡོད་ཅེས་པའོ། ། ༈ མཱནྟོ་པ་དྷཱ་དྭ་ཏྭི་ནཽ། མ་དང་ཨའི་མཐའི་ཨུ་པ་དྷཱ་ལས་བ་ཏ་ཨི་ན྄་དག་གོ །མ་ཡིག་ མཐའ་ཅན་དང༌། མ་ཡིག་ཨུ་པ་དྷཱ་ཡོད་པ་དང༌། ཨ་ཡིག་མཐའ་ཅན་དང༌། ཨ་ཡིག་ཨུ་པ་དྷཱ་ ཡོད་པ་སྟེ། རྟགས་མཐའ་བཞི་པོ་དེ་ལ་བ་ཏུ་དང༌། ཨིན྄འི་རྐྱེན་སྟེར་ཏེ། འདིར་བ་ཏུ་ཞེས་པ་ ཨུ་ནི་གོང་བཞིན་ནུམ྄་སྟེར་བའི་དོན་ཡིན་པས་ཕྱིས་ཏེ། རྐྱེན་བཏ྄་ཉིད་དོ། །རྐྱེན་འདི་དག་ ཀྱང་ཡོད་པའི་དོན་ཉིད་ཏེ། ༈ དཔེར་བརྗོད་ན། བྷ་གོ་བི་དྱ་ཏེ་ཡ་སྱ། སྐལ་བ་ཡོད་པ་གང་ལ་ ཞེས་པ་སྟེ། གའི་ན་རོ་ནི་སི་རྣམ་བཅད་ཨུའི་རྗེས་ཡིན་ནོ། །ན་རོ་སོགས་ཕྱིས་ཏེ། བྷ་ག་བཏ྄་ ཞེས་བཞག བ་དང་ཏ྄འི་བར་དུ་ནུམ྄་བཱ་རིང་པོ། སི་ཕྱིས། རབ་སྦྱོར་མཐའ་ཏ྄་ཡང་ཕྱིས། བྷ་ ག་བཱན྄་གྲུབ། བཅོམ་ལྡན་ནམ། སྐལ་ལྡན་ནམ། ལེགས་ལྡན་ཏེ། ཨ་མཐའ་ལ་རྐྱེན་བཏ྄་སྟེར་ པའི་དཔེར་བརྗོད་དོ། ༈ །དེ་བཞིན་དུ། དྷ་ན་བིདྱ་ཏེ་ཡ་སྱ། གང་ལ་ནོར་ཡོད་པ་ཞེས་བྱའོ། ། དྷ་ན་ཨིན྄། ཨི་ཨ་ཕྱིས། དྷ་ནིན྄། སི་ནཱི་རིང་པོ། སི་ཕྱིས་ནཱ་མིའི་མཐའ་ལ་ན྄་ཕྱིས། དྷ་ནཱི། ༈ དེ་དང་འདྲ་བར། ཀྵཱ་ཏྲཱི། དཎྜཱི། ཀཱམཱི། ད་མཱི་སོགས་ཀྱང་སྒྲུབ་ཚུལ་དེ་ཁས་སྒྲུབ། ༈ ཤ་མ་ སི་བི་ཏྱ་ཏེ་ཡ་སྱ། སི་རྣམ་བཅད། ཨུ་རྟགས་མཐའ་ཨོ། ཤ་མོ་བི་དྱ་ཏེ་ཡ་སྱ། གང་ལ་ཞི་བའི་ 19-1-333 ངང་ཚུལ་ཡོད་པ་ཞེས་སོ། །ན་རོ་མན་ཆད་ཕྱིས་ཏེ། ཤ་མ་ལ་ཨིན྄་བྱིན་ནོ། །ཤ་མ་ཨིན། ཨི་ ཨ་ཕྱིས། དྲངས། ཤ་མིན྄། མཐར་སི། ཨུ་པ་དྷཱ་རིང་པོ། སི་ཕྱིས། ནཱ་མིའི་མཐའ་ལས་ན྄་ཡང་ ཕྱིས། ཤ་མཱི་ཞེས་པ་སྟེ། ཨ་མཐའ་ལ་རྐྱེན་ཨིན྄་སྟེར་བའི་དཔེའོ། ༈ །ཡང་དྲ་ཥ་ཊ྄་ཕ་རོལ་དུ། བ་ཏ྄་ཊ྄་ད྄་རུ་སོང༌། བ་ལ་དྲངས། མོ་རྟགས་ཀྱི་རྐྱེན་ཨཱིཔ྄་བྱིན། ཏ྄་དབྱངས་མེད་ཨཱི་རིང་པོ་ ལ་དྲངས། དྲ་ཥ་དྭ་ཏཱི། ས་གཞི་ཡོད་པའོ། །འདི་ནི་ཨ་ཨུ་པ་དྷཱ་ཡོད་པ་ལ། རྐྱེན་བཏ྄་ཕྱིན་པའི་ དཔེ་ཡིན། ༈ ཀིམ྄་བཏ྄་ཞེས་པ་བཞག སི། བ་དང་ཏ྄འི་བར་དུ་ནུམ྄། ཨུ་པ་དྷཱ་རིང་པོ། སི་ ཕྱིས། རབ་སྦྱོར་མཐའ་ལ་ཏ། ཀི་མྦཱན྄། མ྄་ཡིག་མཐའ་ཅན་གྱི་དཔེའོ། ༈ །ཡང་ལཀྵྨཱི་བཏ྄་སི་ ནུམ྄། ཨུ་བ་དྷཱ་རིང༌། སི་དང་རབ་སྦྱོར་མཐའ་ཕྱིས། ལཀྵྨཱི་བཱན྄། མ་ཨུ་པ་དྷཱའི་དཔེའོ། ༈ །ཏ་ ཌི་དཱ་དི་བྷྱཤྩ། ཏ་ཌིཏ྄་ལ་སོགས་པ་རྣམས་ལས་ཀྱང་ངོ༌། །ཏ་ཌིཏ྄་ལ་སོགས་པའི་སྒྲ་ལ་ཡང༌། བཏ྄་དང་ཨི་ནའི་སྒྲ་སྔར་བཞིན་འཇུག་གོ །ཏ་ཌིཏ྄ བཏ྄ ཏ྄་བ་ལ་དྲངས་པས། ཏ་ཌི་ཏྭ་ཏ྄། སི་ནུ་སོགས་སྔར་བཞིན། ཏ་ཌི་ཏྭཱ་ན྄། རླུང་ངམ་དབང་པོ་ཡོད་ཅེས་སོ། །དེ་བཞིན་དུ། མ་རུཏ྄་ བཏ྄། མ་རུ་ཏྭ་ཏ྄། སི་ནུ་སོགས་སྔར་བཞིན། མ་རུ་ཏྭཱན྄། རླུང་ཡོད་པའོ། ༈ །ཨེ་ཏཏ྄་ཀིམ་ཡད྄་ ཏད྄་རྣམས་ལས་སོ། །ཞེས་འབྱུང་བས། ཚད་སྟོན་པའམ་ས་མཚམས་གཅོད་པའི་དོན་ལ། ཨེ་ ཏཏ྄་ལ་སོགས་པ་བཞི་པོ་དེ་རྣམས་ལ། བཏ྄་ཀྱི་རྐྱེན་སྦྱིན་པར་བྱ་སྟེ། ཡཏྟ་དོ་རཱ། ཡད྄་ཏད྄་དག་ལ་ཨཱའོ། །ཡད྄་དང་ཏད྄་ཀྱི་མཐར་བཏ྄་ཀྱི་རྐྱེན་བྱིན་པ་ན། ཊི་ སྟེ་རྟགས་མཐའ་ནི་ཨཱ་ཡིག་རིང་པོར་འགྱུར་རོ། ༈ ཞ་ཡད྄་བཏ྄་དེ་ཙམ་ཞེས་པ་བཞག ཡད྄་ ཀྱི་སྲོག་དང་མཐའ་བརྟེན་ཏ྄་སྦྲགས་པ་ཨཱ་རིང་པོར་བསྒྱུར། སི་ནུམ྄་སོགས་སྔར་བཞིན་སྦྱར་ བས། ཡཱ་བཱན྄།(གང་ཙམ་ཞེས་སོ།།) ༈ ཏད྄་བཏ྄་ཏད྄་ཀྱི་ཊི་ཨཱ་རིང་པོར་གྱུར། སི་ནུམ྄་སོགས་ སྦྱར་བ་སྔར་བཞིན། ཏཱ་བཱན྄།(དེ་ཙམ།) ༈ ཀིམཿཀིརྱཤྩ། ཀིམ྄་ནི་ཀི་སྟེ་ཡ་ཡང་ངོ༌། །ཀིམ྄་གྱི་སྒྲ་ལ་བཏ྄་ཀྱི་རྐྱེན་སྦྱར་བ་ན། ཀིམ྄་ 19-1-334 ཉིད་ཀི་རུ་བསྒྱུར་བ་དང༌། རྐྱེན་བཏ྄་ཀྱི་བ་ཡིག་ནི་ཡ་ཡིག་ཏུ་འགྱུར་རོ། །ཀིམ྄་བཏ྄་ཀིམ྄་ནི་ རྐྱེན་བཏ྄་མཐོང་བས་ཀི་ཞེས་པར། བསྒྱུར་ཞིང༌། དེ་མཐོང་བས་བཏ྄་ཀྱི་བ་ཡ་ཡིག་ཏུ་བསྒྱུར། ཀི་ཡ་ཏ྄་ཞེས་པ་བྱུང༌། དེ་ལ་སི་ནུ་སོགས་གོང་བཞིན་སྦྱར། ཀི་མཱན྄། ཅི་ཙམ་པའོ། ། ༈ ཨཱ་ཨིཤྩཻ་ཏ་དོ་བཱ། ཨཱ་དང་ཨིའང་ཨེ་ཏཏ྄་དག་ལའང་ནའོ། །ཨེ་ཏཏ྄་ཀྱི་སྒྲ་ལ་ནི། བཏ྄་ ཀྱི་རྐྱེན་བྱིན་ན། ཡང་ན་ཊི་ནི་ཨཱ་རིང་པོར་བསྒྱུར་བ་དང༌། ཡང་ན་ཨི་རུ་བསྒྱུར་བ་ཡིན་ལ། ཨཱ་ དང་ཨིའང་ཞེས་པའི་འང་གི་སྒྲས་ཊི་ཁོ་ན་ཨི་ཡིག་ཏུ་བསྒྱུར་བ་མ་ཡིན་གྱི། ཨེ་ཏཏ྄་ཡོངས་སུ་ རྫོགས་པ་ཨིར་བསྒྱུར་བ་དང༌། རྐྱེན་གྱི་བ་ཡ་ཡིག་ཏུ་བསྒྱུར་བའང་ཡིན་ནོ། ༈ །ཨེ་ཏཏ྄་བཏ྄་ ཞེས་པ་ཚར་གཉིས་བཞག གཅིག་གི་ཊི་ཨཱ་རིང་པོར་བསྒྱུར་བས། ཨེ་ཏཱ་བཏ྄་བྱུང༌། དེ་ལ་སི་ ནུམ྄་སོགས་སྔར་བཞིན་བསྒྲུབས་པས། ཨེ་ཏཱ་བཱན྄། ༈ ཅིག་ཤོས་ལ་ཨེ་ཏཏ྄་ཞེས་པ་ཨི་རུ་ བསྒྱུར། རྐྱེན་གྱི་བ་ཡ་རུ་སོང༌། ཨི་ཡཏ྄་ཅེས་པ་བྱུང༌། སི་ནུམ྄་སོགས་སྔར་བཞིན་བསྒྲུབས་ པས། ཨི་ཡཱན྄་ཞེས་པའོ། ། ༈ ཏུན྄་དཱ་དེ་རི་ལཿ། ཏུནྡ་སོགས་ལ་ཨི་ལའོ། །ཏུནྡོ་ཨ་སྱ་ཨསྟི། འདི་ཡི་ལྟེ་བ་ཡོད་པ་ ཞེས་བྱ་བ་སྟེ། ཡོད་པའི་དོན་ནི་དངོས་པོའོ། །ཡང་ཏུནྡ་བྱ་མ་ཚུར་བསྒྱུར་བའང་ཡོད། དོ་ཞེས་ པ་སིའི་རྗེས་སོ། །རྣམ་དབྱེ་སོགས་ཕྱིས་ཏེ། ཏུནྡ་ལ་ཨི་ལ་ཞེས་པ་རྐྱེན་བཞག ཨི་ཨ་ཕྱིས། དྲངས། སི་རྣམ་བཅད། ཏུནྡི་ལཿ། ༈ ཏུནྡ་ལ་སོགས་པའི་ཁོངས་ན། སྤྱིར་མང་པོ་ཡོད་མོད་ ཀྱང༌། འདིར་དཔེར་བརྗོད་ནི། ཨུད་རའི་སྒྲ་སྟེ། ཨུད་རོ་ཨསྱ་ཨསྟི། འདི་ཡི་གསུས་པའི་ དངོས་པོ་ཞེས་སོ། །ཨུ་ད་ར་ཨི་ལ། རའི་ཨ་ཕྱིས། དྲངས། སི་རྣམ་བཅད། ཨུ་ད་རི་ལཿ། ༈ ཨཽནྣ་ཏྱེ་དནྟཱ་དུ་རཿ། ཨཽནྣ་དནྟཱ་ལས་ཨུ་ར྄འོ། །འདིར་ཨུནྣ་ནི་མཐོ་བ། དནྟ་ནི་སོ་སྟེ། ཨཽནྣ་ཏེ་དནྟ་ནི། ཆེས་མཐོ་བའི་སོ་སྟེ། སོ་རིང་ཞིང་སྦོམ་པའོ། །ཚིག་སྦྱོར་ནི་དེ་ཁོ་ན་ཡིན་མོད། ཡང་ཨུནྣ་ཛས྄། དནྡ་ཛས྄། ཨ་སྱ་བཞག ཨུནྣཱཿདནྟཱཿཨ་སྱ། འདིའི་སོ་མཐོ་བ་ཞེས་པའང་ཡོད་ 19-1-335 དོ། །དེ་རྗེས་དནྟ་ལ་ཨུར་གྱི་རྐྱེན་བྱིན། ཨི་ཨ་ཕྱིས། དྲངས། སི། དནྟུརཿ། ༈ ཤྲདྡྷཱ་དེརླུཿ། ཤྲདྡྷཱ་ལ་སོགས་པ་ལ་ལུའོ། ཤྲ།དྡྷཱ་བི་དྱ་ཏེ་ཡ་སྱ། དད་པ་དང་ལྡན་པ་གང་ གི་ཞེས་པའོ། །ཤྲདྡྷཱ་ཅེས་པ་ལ་རྐྱེན་ལུ་སྦྱར། སི། ཤྲདྡྷཱ་ལུཿ། ཚིག་སྦྱོར་དང་སྒྲུབ་ཚུལ་དེ་ཁོ་ན་ དང་འདྲ་བ་ལས། ༈ ནི་དྲཱ་ལུཿ། གཉིད་དང་ལྡན་པ། ༈ ཀྲྀ་པཱ་ལུཿ། བརྩེ་བ་དང་ལྡན་པ། ༈ ལུངས་དྲངས་པ། ཨས྄་མཱ་ཡཱ་མེ་དྷཱ་སྲཀ྄་རྣམས་ལས་ཡོད་པའི་དོན་ལ་བིན྄འོ། །ཞེས་བཤད་ པས། ཨས྄་ཀྱི་མཐའ་ཅན་དང༌། མཱ་ཡཱ་དང༌། མེ་དྷཱ་དང༌། སྲཀ྄་ཅེས་པའི་སྒྲ་རྣམས་ལ་ཡོད་པ་ དངོས་པོའི་དོན་དུ། རྐྱེན་བིན྄་ཐོབ་པ་ཡིན་ཏེ། ༈ དེ་ཡང༌། ཏ་པ་ལ་ཨས྄་བྱིན། ཨི་ཨ་ཕྱིས་ སྦྱར་བས། ཏ་བས྄། ཞེས་པ་བྱུང༌། ཚིག་སྦྱར་བའམ་ངག་ནི་ཤྲདྡྷཱ་དང་འདྲ། ཏ་བས྄། བིན྄་ས྄་ དབྱངས་མེད་པ་ལ་དྲངས། སི། ན྄འི་ཨུ་པ་དྷཱ་རིང་པོ། ནཱ་མིའི་མཐར་ན྄་དང་སི་ཕྱིས། ཏ་བ་སྭཱི། དཀའ་ཐུབ་ཅན་ནམ་སྡོམ་ལྡན་ནོ། ༈ །དེ་བཞིན་དུ། མཱ་ཡཱ་ལ་བིན྄་རྐྱེན་དུ་བྱིན། སི། ཨུ་པ་དྷཱ་ རིང༌། ན྄་དང་སི་ཕྱིས། མཱ་ཡཱ་བཱི། སྒྱུ་མ་ཅན་ནམ་འབྱོར་པ་ཅན་ནོ། ༈ །མེ་དྷཱ་ལ་ཡང་སྒྲུབ་ཚུལ་ དེ་ཁོ་ནས། མེ་དྷཱ་བཱི་སྟེ་བློ་གྲོས་ཅན་ནོ། ༈ །སྲཀ྄་ལ་ཡང་དེ་དང་འདྲ་བ་ལས། ཕ་རོལ་ཛ་བ་ མཐོང་བའི་ནུས་པས། ཀ྄ག྄་རུ་བསྒྱུར། བ་ཡི་སྟེང་དུ་དྲངས། དེ་ནས་སི་སྦྱིན། སྲགྦཱི། འཕྲེང་བ་ དང་ལྡན་པའོ། ༈ །བཱ་ཙོ་གྨི་ནིཿ། བཱ་ཙ་ལ་གྨི་ནིའོ། །བཱཙ྄འི་སྒྲ་ལ་དངོས་པོའི་དོན་དུ་རྐྱེན་གྨི་ནི་ འཇུག་སྟེ། བཱཙ྄་གྨི་ནི་ཞེས་པ་བཞག རྐྱེན་གྱི་ག྄་ཡིག་ནི་རྗེས་འབྲེལ་ཡིན་པས་ཕྱིས། ནའི་ཨི་ ཡང་རྗེས་འབྲེལ་དབྱི། བཱཙ྄་མིན྄་ཞེས་པ་བྱུང༌། ཙ྄་ནི་ཕ་རོལ་མ་ཡིག་མཐོང་བས་ཀ྄་རུ་གྱུར། ཀ྄་ག྄་རུ་སོང༌། རྐྱེན་གྱི་མའི་སྟེང་དུ་དྲངས། བཱག྄་མིན྄་སིན྄་ཡི་ཨུ་པ་དྷཱ། སི་དང་ན྄་ཕྱིས། བཱ་ གྨཱི། སྨྲ་བརྗོད་ཅན་ནོ། ༈ །ཨཱ་ལཱ་ཊཽ་ཀུཏྶི་ཏ་བྷཱ་ཥཱི་ཎཱི། ངན་པའི་ཚིག་སྨྲ་བ་ལ་ཨཱ་ལ་ཨཱཊ྄་དག་ གོ །བཱ་ཙ་ཞེས་པ་ལ་ཨཱ་ལ་ཞེས་པའི་རྐྱེན་སྦྱར། སི་རྣམ་བཅད། བཱ་ཙཱ་ལཿ། སྨྲ་བ་ངན་པ་ཅན་ ཏེ་རྫུན་ཆེན་པོ། ༈ ཡང་བཱཙ྄་ཞེས་པ་ལ་རྐྱེན་ཨཱ་ཊ་སྦྱར་བ་ཡང༌། བཱ་ཙཱ་ཊཿ། ཅེས་ཏེ་དོན་དང་ 19-1-336 སྒྲུབ་ཚུལ་དེ་ཁོ་ན་དང་འདྲའོ། ། ༈ ཨཱི་ཥ་ད་པ་རི་ས་མཱ་བྷཽ་ཀལྤ་དེ་ཤྱ་དེ་ཤཱི་ཡཱཿ། ཡོངས་སུ་རྫོགས་པར་མ་ཚང་བ་ལ། ཀལྤ་དེ་ཤྱ་དེ་ཤི་ཡ་རྣམས་སོ། །ཀློག་པ་ལ་སོགས་པ་དགོས་པའི་བྱ་བ་གང་ཡིན་དེ་ཕལ་ཆེར་ ཡོངས་སུ་རྫོགས་ཟིན། ལྷག་མ་ཅུང་ཟད་མ་ཚང་བའི་བྱ་བ་དང་ལྡན་པའི་སྐྱེས་བུ་ཡིན་པའི་ དོན་ལ། རྐྱེན་ཀལྤ་ཞེས་པ་དང༌། དེ་ཤྱ་དང༌། དེ་ཤཱི་ཡ་རྣམས་འཇུག་གོ །ཨཱི་ཥཊ྄་ཨ་པ་རི་ ས་མཱཔྟཿསརྦ་ཛྙཿ། ཊ྄་ཌ྄་ཌ྄་ད྄་རུ་སོང༌། དྲངས་པས། ཨཱི་ཥ་ད་འོང༌། ཡོངས་སུ་རྫོགས་པ་ལས་ ཅུང་ཟད་མ་ཚང་བའི་ཐམས་ཅད་ཤེས། ཞེས་པ་ནི་ངག་གོ །ཨཱི་ཥ་སོགས་ཕྱིས། སརྦ་ཛྙ་བཞག་ སྟེ། ཀལྤ་ཞེས་པའི་རྐྱེན་དང་སྦྱར། སི། སརྦ་ཛྙ་ཀལྤཿ། ༈ དེ་བཞིན་དུ། ཚིག་སྦྱོར་འགོད་པའི་ སྐབས། ཡང་པ་ཊུ་ཨཱི་ཥཊ྄་ཨུན྄་ཞེས་པའོ། །པ་ཊུ་ལ་རྐྱེན་དེ་ཤྱ་སྦྱར། སི་པ་ཊུ་དེ་ཤྱཿ། ཆ་ ཤས་ཙམ་ཉམས་ཤིང་ཕལ་ཆེར་ལ་མཁས་པའི་དོན་ནོ། ༈ །ཡང་པ་ཊུའི་ཚབ་ཏུ་ཀ་བི་སྟེ་ངག་ གོ །ཀ་བི་ལ་དེ་ཤཱི་ཡ་སྦྱར་སི་ཀ་བི་དེ་ཤཱི་ཡཿ། མ་རྫོགས་པའི་སྙན་ངག་མཁན་ནོ། ། ༈ པྲཱ་ཤཾ་སཱ་ཡཱཾ་རཱུ་པཿ། ཁ་བསྒྱུར་བ་ལ་རཱུ་པའོ། །མི་མཁས་པ་ལ་མཁས་པར་རྫུས་པ་ལ་ སོགས་པ། ཡོན་ཏན་དང་མི་ལྡན་པ་ཡོན་ཏན་དང་ལྡན་པར་འཆོས་པ། དཔེར་ན་རྟོག་གེའི་ གཞུང་ལུགས་ཀློག་དང་བྱས་པ་ཙམ་ལ། རྟོག་གེ་པར་ཁས་འཆེ་བ་དང༌། གཞུང་ཚིགས་བཅད་ གཅིག་ཁོ་ན་ཤེས་པ་ལ་གཞུང་རྫོགས་པར་ཤེས་སོ་ཞེས་རྫུ་བ་ནི་ཁ་བསྒྱུར་བ་སྟེ། འདིར་པྲ་ཤ་ སྟཽ་བཻ་ཡཱ་ཀ་ར་ཎོ། རྫུས་མའི་བརྡ་སྤྲོད་མཁན་པོ་ཞེས་བྱའོ། །དེའི་དོན་ལ། བཻ་ཡཱ་ཀ་ར་ཎ་ལ། རྐྱེན་རཱུ་པ་སྦྱར། སི། བཻ་ཡཱ་ཀ་ར་ཎ་རཱུ་པཿ། ༈ ཀུཏྶ་ཡཾ་པ་ཤ སྨྲ་བ་ངན་པ་ལ་པཱ་ཤའོ། །ཀུཏྶི་ཏོ་ བཻ་ཡཱ་ཀ་ར་ཎོ། བརྡ་སྤྲོད་པ་རྫུན་དུ་སྨྲ་བ་ཞེས་པའོ། །བཻ་ཡཱ་ཀ་ར་ཎ་ལ་པཱ་ཤ་སྦྱར། སི་བཻ་ཡཱ་ཀ་ ར་ཎ་པཱ་ཤཿ། ཞེས་སོ། ༈ །དེ་བཞིན་དུ། ཀུཏྶི་ཏོ་ཨ་བྷི་ཥཀ྄། སྨྲ་བ་ངན་པ་ཚིག་རྩུབ་ཅན་ནོ། ། ཨ་བྷི་ཥཀ྄་ལ་པཱ་ཤ་སྦྱར་སི་ཨ་བྷི་ཥཀྤཱ་ཤཿ། ༈ ཀུཏྶི་ཏོ་བཻ་ཡཱ་ཀ་ར་ཎོ་བ་ཧུ། བརྡ་སྤྲོད་པ་ཚིག་ 19-1-337 ངན་སྨྲ་བ་མང་པོའོ། །བ་ཧུ་ལ་པཱ་ཤ་སྦྱར། སི། བཱ་ཧུ་པཱ་ཤཿ། ༈ བྷུ་ཏ་པུརྦེ་ཙ་ར་ཊ྄། སྔོན་དུས་ཤེས་པ་ལ་ཙ་ར་ཊ྄འོ། །པུརྦཾ་དྲྀཥྚ་བི་དྱ་ཏེ་ཡ་སྱ། སྔོན་ དུས་ཤེས་པ་གང་ལ་ཡོད་པ་ཞེས་པའོ། །དྲྀཥྚ་ཙ་ར་ཊ྄་ཊ྄་རྗེས་འབྲེལ། སི་རྣམ་བཅད། དྲྀཥྚི་ཙ་ རཿ། ༈ པྲཱ་ཙུརྱ་བི་ཀཱ་ར་པྲ་དྷཱ་ནྱཱ་དི་ཥུ་མ་ཡཊ྄། སྤྱི་བུངས་དང༌། རྣམ་འགྱུར་དང༌། རང་དབང་ དུ་བྱེད་པ་སོགས་རྣམས་ལ་མ་ཡཊ྄འོ། །ནང་བར་སྟོན་མོ་བྱེད་རྒྱུའི་ཟས་སྤྱི་སྤུངས་མཚན་ མོ་གཡོས་པ་དང༌། རྫ་སོ་གཏོང་བ་སོགས་བཟོའི་རྣམ་འགྱུར་དང༌། གཞན་གྱི་ངག་ལ་རག་ མ་ལུས་པར་བྱ་བ་རང་བློས་བྱེད་པའི་གཙོ་བོ་ལ་སོགས་པ་རྣམས་ཀྱི་དོན་ལ། རྐྱེན་མ་ཡཊ྄་ འཇུག་གོ །ཨནྣ་མ་པྲ་ཙ་ར་བ་སྨིན྄་ཡ་ཛྙེ། ལྷ་མཆོད་ཀྱི་ཟས་སྤྱི་སྤུངས་འདི་ལ་ཞེས་སོ། ༈། ཨནྣ་ཞེས་པ་ལ་རྐྱེན་མ་ཡཊ྄་སྦྱར། ཊ྄་རྗེས་འབྲེལ། སི་རྣམ་བཅད། མཐར་ཡ་ཛྙ་ཞེས་པ་ བཞག ཨནྣ་མ་ཡོ་ཡ་ཛྙ། མཆོད་སྦྱིན་གྱི་ཟས་བཙོས་པའི་སྤྱི་བུངས་ཞེས་སོ། ༈ །ཡང་མྲྀ་ཏ་ བི་ཀ་ར་གྷ་ཊ྄། སའི་རྣམ་འགྱུར་བུམ་པ་ཞེས་སོ། །མྲྀཏ྄་ལ་རྐྱེན་མ་ཡཊ྄། ཊ྄་རྗེས་འབྲེལ། ཏ྄་ སྲོག་མེད་ནི་མ་མཐོང་བས་ན྄ར་སོང༌། དྲངས། གཞན་གོང་དང་འདྲ། མྲྀནྨ་ཡོ་གྷ་ཊཿ། ༈ སྟྲི་ པྲ་དྷཱ་ནྱ་མ་སྱ་སྟྲཱི་ཏི། ཁྱིམ་བདག་མོ་བུད་མེད་འདི་ཡོད་པའོ། །ཞེས་སོ། །སྟྲཱི་ཅེས་པ་ལ་རྐྱེན་མ་ ཡཊ྄་བྱིན། ཊ྄་རྗེས་འབྲེལ། སི་རྣམ་བཅད། མཐར་ཛཱལྨ་སི་བཞག སྟྲཱི་མ་ཡོ་ཛཱལྨཿ། ཞེས་པ་སྟེ། ཛཱལྨཿབུད་མེད་རང་ཐག་གཅོད་མཁན་གྱི་དོན་ཡིན་ལ། མ་ཡཊ྄་ཀྱི་རྗེས་མ་ཡོ་ཞེས་པ་ཁོ་ན། སྤྱི་བུངས་དང༌། རྣམ་འགྱུར་དང༌། ལས་ཡོད་ཁ་ཤེད་ཅན་མ་རྣམས་ལ་སྐབས་ཐོབ་དང་ཚིག་ གྲོགས་ཐ་དད་པའི་དབང་གིས་སོ་སོར་འཇུག་གོ ༈ །ཡང་པཱུརྞེ་ན་ཨ་མྲྀ་ཏ་ཙནྡྲཿ། གང་བའི་ཟླ་ བས་བདུད་རྩི་སྤྲོ། ཞེས་པ་སྟེ། ངག་གོ །ཨ་མྲྀ་ཏ་ལ་མ་ཡཊ྄། སྔར་བཞིན་བསྒྲུབས་པས། ཨ་ མྲྀ་ཏ་མ་ཡཿ། ཞེས་འབྱུང༌། ཨ་མྲྀ་ཏ་མ་ཡཤྩནྡྲཿ། ཞེས་སོ། ༈ །སྐབས་འདིར། དེ་རིག་བྱེད་ཀྱང་ 19-1-338 ཀློག་པ་དེ་ལ་འདིར་ཨཎ྄འོ། །ཞེས་བཤད་དོ། །ཞེས་འགྲེལ་བར་ལུང་དྲངས་ཏེ། དེ་ཡང་གོང་ དུ་དཔེར་བརྗོད་ལ། བཻ་ཡཱ་ཀ་ར་ཎ་ཞེས་ལན་མང་དུ་བྱུང་བ་དེ་ལ་འཕྲོས་དོན་བརྗོད་པ་སྟེ། དེ་ ཡང་བརྡ་སྤྲོད་ཤེས་པར་མ་ཟད་རིག་བྱེད་ཀྱང་བཀླགས་ཤིང་ཤེས་པ་ལ་ཁྱད་པར་མཆོག་གི་ དོན་དུ་ཨཎ྄་གྱི་རྐྱེན་སྟེར་དགོས་ཞེས་པའོ། །དེ་ལ་བྱཱ་ཀ་ར་ཎཾ་ཨ་དྷཱི་ཏེ་བེ་ཏ་བེ་ཏི་བཱ། བརྡ་སྤྲོད་ ལ་བཀླགས་ཤིང་རིག་བྱེད་ཀྱང་རིག་པ། ཞེས་པ་སྟེ་ངག་བཀོད་པའོ། །ན་སནྡྷི་ཡྦོཪྻུཊ྄་ཙ། མ་ ཡིན་ཏེ་མཚམས་སྦྱོར་གྱི་ཡ྄་བ྄་དག་ཨི་ཨུཊ྄་ཀྱང་ངོ༌། །དེ་ལ་དཔེར་མཚོན་ན། བྱཱ་ཀ་ར་ཎའི་ མིང་ལ་སྒྲ་དང་རིག་བྱེད་གཉིས་ཀ་ཤེས་པའི་དོན་དུ་སྒྲུབ་པ་ལ། བྱཱ་ཀ་ར་ཎའི་སྒྲ་ལ་དང༌། རྟ་ བཟང་པོ་སྟེ། སྭ་ཤྭཿ། ཞེས་པའི་སྒྲ་ལ། རྒྱུད་བཟང་ལ་དངོས་སུ་འགྲོ་དང་གཟུགས་འཛོམ་ པའི་དོན་དུ་སྒྲུབ་པ་ལ། ཨཎ྄་བྱིན་པའི་ཚེ། རྐྱེན་དེ་བྱིན་མ་ཐག་དང་པོར་འཕེལ་བ་བྱེད་པ་མ་ ཡིན་ཏེ། ཨཱ་རིང་པོ་ཉིད་འཕེལ་བར་གདོད་ནས་གྲུབ་པ་ཡིན་གྱི་གསར་དུ་འཕེལ་བ་བྱར་མེད་ པའི་ཕྱིར་རོ། །དེས་ན་ཐོག་མར་ཡི་གེ་རབ་སྦྱོར་རབ་ཏུ་ཕྱེ་ཞིང་ཕྲལ། དེ་ནས་ཡི་གེ་ཨི་ཡིག་ གམ་ཨུ་ཡིག་ཡོད་པའི་ཨི་ཡ྄་དང་ཨུ་བ྄ར་བསྒྱུར་བའི་མཚམས་སྦྱོར་བྱེད། དེ་རྗེས་ཨཱ་ག་མ་ སྟེར་ཏེ་ཡ྄་ཡིན་ན་སྔོན་དུ་ཨིཊ྄་དང༌། བ྄་ཡིན་ན་སྔོན་དུ་ཨུཊ྄་སྟེར། དེའི་རྗེས་སུ་ཨཎ྄་གྱི་ཎ྄་ རྗེས་འབྲེལ་གྱི་ནུས་པ་ལས། དབྱངས་དང་པོ་འཕེལ་བ་ཡང་བྱེད་དོ། །ཞེས་པའི་དོན་ཡིན་ནོ། ༈ །དེ་ལ་བྱཱ་ཀ་ར་ཎ་ཨཎ྄་ཞེས་པ་བཞག འདིར་བྱཱ་ཞེས་པ། བི་དང་ཨཱ་རབ་ཏུ་སྦྱོར་བ་ཡིན་པ་ ལས། དེ་གཉིས་ཕྲལ་ཞིང་ཕྱེ་ནས་རིམ་པ་མ་འཆོལ་བར་བི་གོང་དུ་བཞག བི་ཨཱ་ཀ་ར་ཨ་ཞེས་ སོ། །བིའི་སྲོག་གི་ཨི་ནི་ཡ྄་དབྱངས་མེད། ཡ྄འི་གོང་དུ་ཨིཊ྄་ཨཱ་ག་མ་བཞག ཊ྄་རྗེས་འབྲེལ། བ྄་ཨིཡ྄་ཨཱ་ཀ་ར་ཎ་ཨ་ཞེས་པ་བྱུང༌། དེ་ཡན་ཆད་དུ་འཕེལ་བ་མི་བྱེད། སྐབས་འདིར་བྱ་སྟེ། ཉ྄་ཎ྄་རྗེས་འབྲེལ་གྱི་ནུས་པ་ལས། དབྱངས་དང་པོ་ཨི་ནི། ཨེ་ཀ་ཤ་ཅན་དུ་འཕེལ་བ་བྱེད། སོ་སོར་དྲངས་པས། བཻ་ཡཱ་ཀ་ར་ཎ་ཨ་ཞེས་སོ། །ཨི་ཨ་ཕྱིས། ཎ་ཨ་ལ་དྲངས། སི་རྣམ་བཅད། 19-1-339 བཻ་ཡཱ་ཀ་ར་ཎཿ། ལེགས་པར་གྲུབ། ༈ དེ་དང་འདྲ་བར་བ྄་ཡིག་དང་ཨུཊ྄་ཡི་དཔེར་བརྗོད་ ནི། སོ་བྷ་ནོ྅ཤྭ། གཟུགས་དང་འགྲོས་གཉིས་ཀ་ཕུན་སུམ་ཚོགས་པའི་རྟའོ། །དོན་དེ་ཉིད་ ལ། ཨ་ཤྭ་ཞེས་པའི་སྔོན་དུ། ཉེར་བསྒྱུར་སུ་བཞག དེ་གཉིས་མཚམས་སྦྱར། མཐར་སི་རྣམ་ བཅད། རྟ་བཟང་ངམ་རྟ་མཆོག་གོ །སྭ་ཤྭཿཏཾ་བེ་དེ་ཏི། རྟ་མཆོག་དེར་རིག་གོ །ཞེས་པ་རྒྱུད་ བཟང་པོ་གོ་བ་སྟེ་ངག་གོ །དེ་ཡང་སྭ་ཤྭ་ཨཎ྄་ཞེས་པ་བཞག ཎ྄་རྗེས་འབྲེལ། སྭ་ནི་སུ་དང་ཨ་ རབ་སྦྱོར་ཡིན་པ་ལས། དེ་གཉིས་སོ་སོར་ཕྲལ་ཏེ་སུ་གོང་དུ་བཞག སའི་སྲོག་གི་ཨུ་ཕྲལ་ནས་ བ྄་རུ་བསྒྱུར། དེའི་སྔོན་དུ་ཨུཊ྄་བཞག ཊ྄་རྗེས་འབྲེལ། ས྄་ཨུ་བ྄་ཨ་ཤྭ་ཨ་ཞེས་པ་བྱུང༌། དེ་ ཡན་ཆད་དུ་འཕེལ་བ་མི་བྱེད། སྐབས་འདིར་བྱ་སྟེ། ཎ྄་རྗེས་འབྲེལ་གྱི་ནུས་པས། ཨུ་ནི་ཨོ་ཀཻ་ ཤ་ཅན་དུ་བསྒྱུར། ས྄་ཨཽ་དང་བ྄་ཨ་ལ་དྲངས། ཤྭའི་སྲོག་ཕྱིས། རྐྱེན་གྱི་ཨ་ལ་དྲངས། སི་རྣམ་ བཅད། སཽ་བ་ཤྭཿ། ཞེས་པ་གྲུབ་སྟེ། ཁ་ཅིག་འདི་ལ་བུ་རྒྱུད་ཀྱི་དོན་དུ་ཨཎ྄་བྱིན་ན། རྟ་མཆོག་ གི་རྒྱུད་དང༌། དངོས་པོའི་དོན་དུ་བྱིན་ན་འགྲོས་གཟུགས་འཛོམ་པའི་རྟ་ཟེར་བའང་ཡོད་དེ། རེ་རེ་ལ་དེ་ཙམ་མི་དགོས་པས། ངག་སྦྱོར་གྱི་སྐབས་ལས་ཀྱང་གོ་ནུས་ཏེ་གཉིས་ཀ་ཚང་བའི་ དོན་ཡིན་ནོ། ། ༈ ཨི་ཏོ་ཛཱ་ཏཱརྠེ། སྐྱེས་པའི་དོན་ལ་ཨིཏ྄་དག་གོ །འདིར་སྐྱེས་པ་ནི་ཕྱི་རོལ་ཀྱི་དངོས་པོ་ མ་ཡིན་ཏེ། ངོ་ཚ་སྐྱེས་པ་དང༌། དགའ་བ་སྐྱེས་པ་དང༌། བཀྲེས་ངལ་སྐྱེས་པ་སོགས་སེམས་ དང་ཚོར་བའི་རྣམ་འགྱུར་རོ། །དོན་དེ་ལ་ཨི་ཏའི་རྐྱེན་སྟེར་ཏེ། ལཛྫཨི་ཏ་ཨི་ཨ་ཕྱིས། དྲངས། སི་རྣམ་བཅད། ལཛྫི་ཏཿ། ངོ་ཚ་སྐྱེས་པ། ༈ སྒྲུབ་ཚུལ་དེ་ཁོ་ནས། ཏྲི་པ་ཨི་ཏ་སི། ཏྲི་པི་ཏཿ། ཚིམ་པ་སྐྱེས་པ། ༈ དེ་བཞིན་དུ། ཀྵུ་ད་ཨི་ཏ་སི་ཀྵུ་དི་ཏཿ། བཀྲེས་ངལ་སྐྱེས་ཞེས་པའོ། ། ༈ ཏ་ར་ཏ་མེ་ཡ་སྭིཥྛཱཿཔྲ་ཀཪྵེ། ཏ་ར་ཏ་མ་ཨཱི་ཡ་སུ་ཨིཥྛ་རྣམས་ཁྱད་འཕགས་ལའོ། ། དངོས་པོ་ཁྱད་པར་དུ་འཕགས་པ་ལ་ཕུལ་དུ་བྱུང་བའི་དོན་དུ། རྐྱེན་ཏ་ར་དང༌། ཏ་མ་དང༌། 19-1-340 ཨཱི་ཡ་སུ་དང༌། ཨིཥྛ་ཞེས་པ་རྣམས་འཇུག་སྟེ། དཔེར་ན། ཨ་ཏི་ཤ་ཡེ་ན་ཀྲྀཥྞཿ། ཆེས་ཤིན་དུ་ ནག་པོ་ཞེས་སོ། །དེའི་དོན་དུ། ཀྲྀཥྞ་དང་རྐྱེན་ཏ་ར་བཞག སི་རྣམ་བཅད། ཀྲྀཥྞ་ཏ་རཿ། ༈ ཨ་ ཏི་ཤ་ཡེ་ན་ཤུཀླཿ། ཕུལ་དུ་བྱུང་བའི་དཀར་པོའོ། །ཤུཀླ་ལ་རྐྱེན་ཏ་མ་སྦྱར་སི། ཤུཀླ་ཏ་མཿ། ༈ འགྲེལ་པར་ལུང་དྲངས་པ། ཨཱི་ཡ་སུ་དང་ཨིཥྛ་དག་ཌིཏ྄་ཉིད་དོ། །ཞེས་འབྱུང་བས། རྐྱེན་དེ་ གཉིས་ལ་ཌིཏ྄་ཀྱི་མིང་འདོགས་ཏེ། དགོས་པ་ནི་ཊི་དབྱི་བའོ། །ཨཱི་ཡ་སུ་ཞེས་པའི་སའི་ཨུ་ནི་ ནུམ྄་ཨཱ་ག་མ་སྟེར་བའི་དོན་ཏེ། ཡ་དང་ས྄འི་བར་དུ་ནུམ྄་མོ། །དཔེར་བརྗོད་ནི། ཨ་ཏི་ཤ་ཡེ་ ན་ལ་གྷུཿ། ཆེས་ཡང་བའམ། ཆེས་ཉུང་བའི་དོན་ནོ། །ལ་གྷུ་ཨཱི་ཡ་སུ། ཨུ་དགོས་དོན། ལ་གྷུ་ ཨཱི་ཡས྄་ཞེས་པ་བྱུང༌། ཊི་ཕྱིས། གྷ་ཨཱི་ལ་དྲངས༌། མཐར་སི། ཨུ་དང་རི་དག་གི་ནུམ྄འོ། །ཞེས་ པས་རྐྱེན་གྱི་ཡ་དང་ས྄འི་བར་དུ་ནུམ྄འོ། །ནྶ་ཨཱཔ྄་མ་ཧཏ་ཀྱི་དྷི་མིན་པ་ལ་རིང་པོའོ། །ཞེས་ པས་ཡ་རིང་པོར་གྱུར། ཧ་ས་ཨཱིཔ྄་སོགས་ཀྱིས་སི་ཕྱིས། རབ་སྦྱོར་མཐའ་ལ་ས྄་ཡང་ཕྱིས། ལ་གྷཱི་ཡཱན྄། ཞེས་པ་གྲུབ་བོ། །ཆོ་ག་དེ་ཁོ་ནས། ༈ པཱ་པ་ཨཱི་ཡ་སུ། པཱ་པཱི་ཡཱན྄། ཆེས་སྡིག་ པ་ཅན། ཞེས་སོ། ༈ །མོ་རྟགས་སུ་སྒྲུབ་པ་ལ་ནི། ལ་གྷུ་ཨཱི་ཡ་སུ་བཞག་ཨུ་རྗེས་འབྲེལ། ཊི་ ཕྱིས། གྷ྄་དྲངས། མཐར་རྐྱེན་ཨཱིཔ྄་བྱིན། པ྄་རྗེས་འབྲེལ། ལ་གྷཱི་ཡ་སཱི། ཤིན་དུ་ཡང་བ་མོ། ༈ ཡང་པཱ་པ་ལ། ཨཱི་ཡ་སུ་བྱིན། ཊི་ཕྱིས་དྲངས། མཐར་ཨཱིཔ྄་སྟེར་ཏེ། པཱ་པཱི་ཡ་སཱི། ཤིན་དུ་ སྡིག་ཆེན་མོ། ༈ ལ་གྷུ་ཨིཥྛ་བཞག ཊི་ཕྱིས་དྲངས། སི། ལ་གྷི་ཥྛཿ ༈ པཱ་པ་ཨིཥྛ་སི། པཱ་པི་ཥྛཿ། དོན་སྔ་མ་དག་དང་གཅིག་པས། འདི་ཐམས་ཅད་ལ་ཚིག་སྦྱོར་དུ་ཐོག་མར། ཨ་ཏི་ཤ་ཡེ་ན་ཁོ་ ན་སྦྱར་རོ། ། ༈ གུརྦཱ་དེ་རིཥྛེ་མི་ཡ་སུ་ག་རཱ་དིཥྚྱ་ལོ་པཤྩ། གུ་རུ་ལ་སོགས་པའི་ཨིཥྛ་ཨི་མ་ཨཱི་ཡ་སུ་ ལ་གར྄་ལ་སོགས་པ་སྟེ་ཊི་དབྱི་བ་མ་ཡིན་པ་ཡང་ངོ༌། །གུ་རུའི་སྒྲ་ལ་སོགས་པའི་ཕ་རོལ་ཏུ་ ཨིཥྛ་དང༌། ཨི་མན྄་དང༌། ཨཱི་ཡ་སུ་སྟེ་རྐྱེན་གསུམ་པོ་དེ་དག་གང་བྱུང་ཡང༌། གར྄་དུ་བསྒྱུར་ 19-1-341 བ་ལ་སོགས་པ་ཨཱ་དེ་ཤ་ནི་བྱེད། ཊི་དབྱི་བ་མི་བྱེད་དོ། །འདི་ལ་སྐབས་འགར་རྟགས་མཐའི་ དབྱངས་དབྱི་བ་ཡོད་ཀྱང༌། ཊི་དབྱི་བ་མ་ཡིན་ཏེ། དཔེར་ན། གུ་རུ་ཞེས་པ་མ་འགྱུར་བའི་ སྐབས། ཊི་ཕྱིས་ན་གུར྄་ཞེས་པར་འགྱུར་ཡང༌། སླར་ཨཱ་དེ་ཤ་བྱེད་དགོས་པས་དང་པོར་ཊི་ ཕྱིས་པ་དགོས་མེད་དུ་འགྱུར་བ་དང༌། གར྄་དུ་བསྒྱུར་ནས་ཊི་ཕྱིས་ན། མཐར་བརྟེན་ར྄་དང་ གའི་སྲོག་གཉིས་ཀ་ཡལ་བས་ག྄་སྲོག་མེད་འབའ་ཞིག་ལུས་ཡོང་བ། གྲུབ་པའི་གཟུགས་ག་ རཱི་ཡ་དང་འགལ་བར་འགྱུར་ཏེ། གི་ཡན྄་དུ་ཐལ་བས་སོ། །དེས་ན་འདི་ལྟར་བྱ་སྟེ། ཨ་ཏི་ཤ་ ཡེ་ན་གུ་རུཿ། ཕུལ་དུ་བྱུང་བའི་བླ་མའོ། །དོན་དེ་ལ། གུ་རུ་ཨཱི་ཡ་སུ་ཞེས་པ་བཞག གུ་རུ་གར྄་ དུ་བསྒྱུར། ར྄་དྲངས། སི་ནུམ྄། ནྶ་མཐའ་ལས་རིང་པོ། ཧ་ས་དང༌། རབ་སྦྱོར་ལས་སི་དང་ས྄་ ཕྱིས། ག་རཱི་ཡཱན྄། ༈ གུ་རུ་ཨིཥྛ་གར྄་དུ་སོང༌། དྲངས། སི་རྣམ་བཅད། ག་རིཥྛཿ། ༈ ཡང་གུ་ རུ་ཨི་མན྄་ཞེས་བཞག གར྄་དུ་བསྒྱུར། དྲངས་སི་ན྄འི་ཨུ་པ་དྷཱ་རིང་པོ། སི་ཕྱིས། ནཱ་མི་མཐའ་ ལས་ན྄་ཕྱིས། ག་རི་མཱ། ༈ འདི་གསུམ་ལ་ཡང་ན་ཚིག་སྦྱར་བ་ལ། དང་པོར་གུ་རུ་ངས྄་བྷ་བ་ སི། ཞེས་པ། གུ་རུརྦྷཱ་བཿ། ཞེས་པར་འགྱུར་ཏེ། སྐལ་བ་དང་ལྡན་པའམ་ལེགས་པ་དང་ལྡན་ པའི་བླ་མ་ཞེས་བྱ། འདིར་གུ་རུའི་སོགས་ཁོངས་ནས་མང་པོ་འབྱུང་ཡང༌། མཚོན་བྱེད་ནི། ངག་སྦྱོར་གྱི་སྐབས། ཨ་ཏི་ཤ་ཡེ་ན། ཞེས་པ་ལ་པྲི་ཡ་སྦྱར་བ་དང༌། སྠུ་ལ་སྦྱར་རོ། ༈ །པྲི་ཡ་ ཨཱི་ཡ་སུ། ཞེས་པ་བཞག པྲི་ཡ་ནི་པྲ་ཞེས་པར་བསྒྱུར། ཨ་ཨི་ལ་ཨེ། པྲེ་ཡས྄་སི་ནུམ྄། ན྄་ས྄་ མཐའ་ལ་རིང་པོ་ཧ་ས་དང་རབ་སྦྱོར་ལས་དབྱི་སྟེ། པྲེ་ཡཱན྄། ༈ ཡང་གུ་རུའི་སྒྲ་དྲན་པར་བྱ། པྲི་ཡ་ཨིཥྛ་སི་ལ། པྲེཥྛཿ། པྲི་ཡ་ཨི་མན྄། པྲ་ཨ་ཨི་ལ་ཨེ་སི་ན྄འི་ཨུ་པ་དྷཱ། སི་དང༌། ན྄་དབྱི། པྲེ་མཱ། ཕུལ་དུ་བྱུང་བའི་དགའ་བའམ་སྙིང་ཉེ་བའོ། ༈ །ཡང་སྠུ་ལ་ཨཱི་ཡ་སུ་བཞག སྠཱུ་ལ་ནི། སྠ་བ་ཞེས་པར་བསྒྱུར། ཨི་ཨ་ལས་ཕྱིས། དྲངས། སི་ནུམ྄་སོགས་གོང་བཞིན་བསྒྲུབས་པས། སྠ་གཱི་ཡཱན྄། ༈ སྠཱུ་ལ། ཨིཥྛ་བཞག སྠ་བ་ཞེས་པར་བསྒྱུར། ཨི་ཨ་ཕྱིས། དྲངས། སི། སྠ་ 19-1-342 བིཥྛཿ། ༈ ཡང་སྠུ་ལ་ཨི་མན྄། སྠ་བ་ཨི་ཨ་ཕྱིས་དྲངས། སི་ན྄འི་ཨུ་པ་དྷཱ། ཧ་ས་ལས་སི་ཕྱིས། ནཱ་མི་ལས་ན྄་ཕྱིས། སྠ་བི་མཱ། ཆེས་ཤིན་དུ་སྡོམ་པའོ། ༈ །ཨཱི་ལོ་པོཛྱཱ་ཤབྡཱ་དཱི་ཡ་སཿ། ཛྱཱ་གྱི་ སྒྲ་ལས་ཨཱི་ཡས྄་ཀྱི་ཨཱི་དབྱིའོ། །བྲྀདྡྷ་ཞེས་པའི་སྒྲའི་ཕ་རོལ་ཏུ་ཨཱི་ཡས྄་ཀྱི་ཨཱི་ཡིག་ནི་དབྱི་བ་ དང༌། བྲྀདྡྷ་ནི་ཛྱཱ་ཞེས་པར་བསྒྱུར་རོ། །དེ་ལ་ཚིག་སྦྱོར་ནི། ཨ་ཏི་ཤ་ཡེ་ན་བྲྀདྡྷཿ། ཆེས་ཤིན་ དུ་རྒྱས་པའམ། ཆེས་ཤིན་དུ་རྒན་པོའོ། །དེ་ཡང་བྲྀདྡྷ་ཨཱི་ཡས྄་ཞེས་པ་བཞག རྐྱེན་དེའི་ནུས་ པས་བྲྀདྡྷ་ནི་ཛྱཱ་ཞེས་པར། ཨཱ་དེ་ཤ་སྟེ་བསྒྱུར་བར་བྱའོ། །དེ་འགྱུར་བའི་ནུས་པས་རྐྱེན་གྱི་ཨཱི་ རིང་པོ་ཕྱིས། སི་ནུམ྄་ཨུ་པ་དྷཱ་རིང༌། སི་དང་ས྄་ཕྱིས། ཛྱཱ་ཡཱན྄། ༈ པྲྀདྡྷ་ཨིཥྛ་བཞག ཨ་ཨི་ ལ་ཨེ། སི། ཛྱེཥྛཿ། ཛྱཱ་གྱི་སྒྲའི་འཕྲོས་དོན། དཱིརྒྷ་དང༌། པྲ་ཤའི་སྒྲ་ནི། ཨཱ་དེ་ཤ་བྱེད་པ་ལ་ འཕྲོས་པ་ཡིན་གྱི།ཨཱི་ཕྱིས་པར་བྱེད་པ་ནི་མ་ཡིན་ནོ། །ཨ་ཏི་ཤ་ཡེ་ན་དཱིརྒྷཿ། ཆེས་ཆེར་རིང་ པོའོ། །དེའི་དོན་ལ་དཱིརྒྷ་ཨཱི་ཡས྄་བཞག དཱིརྒྷ་ཞེས་པ་ནི། དྲཱ་གྷ་ཞེས་པར་བསྒྱུར། རྐྱེན་གྱི་ ཨཱི་ལ་དྲངས། སི་ནུམ྄་སོགས་གོང་བཞིན་བསྒྲུབས་པས། དྲཱ་གྷཱི་ཡཱན྄། ༈ དེ་བཞིན་དུ། དཱིརྒྷ་ ཨིཥྛ་དྲཱ་གྷ་སི། དྲཱ་གྷིཥྛཿ། ༈ ཡང་ཨ་ཏི་ཤ་ཡེ་ན་པྲ་ཤཿ། གཙོ་བོ་ཕུལ་དུ་བྱུང་བའོ། །པྲ་ཤ་ཨཱི་ ཡས྄་བཞག པྲ་ཤ་ཞེས་པ་ནི། ཤྲ་ཅེས་པར་བསྒྱུར། ཨ་ཨི་ལ་ཨེ། སི་ནུམ྄་སོགས་སྔར་བཞིན་ བསྒྲུབས་པས། ཤྲེ་ཡཱན྄། ༈ ཡང་པྲ་ཤ་ཨིཥྛ་བཞག ཨ་ཨི་ལ་ཨེ། སི། ཤྲེཥྛཿ། ༈ བ་ཧོ་རིཥྛེ་ཡིཿ། བ་ཧུའི་ཨིཥྛ་ལ་ཡིའོ། །བ་ཧུའི་སྒྲ་ལ་ཕ་རོལ་ཏུ་ཨིཥྛའི་རྐྱེན་བྱུང་ན། བ་ ཧུ་ཞེས་པ་བྷཱུ་རིང་པོ་དང༌། རྐྱེན་གྱི་ཨི་ནི་ཡི་ཞེས་པར་འགྲོ་སྟེ། ཨ་ཏི་ཤ་ཡེ་ན་བ་ཧུ། མང་བའི་ ཕུལ་དུ་བྱུང་བའོ། །དེའི་དོན་ལ་བ་ཧུ་ཨིཥྛ་ཞེས་པ་བཞག བ་ཧུ་བྷཱུ་རུ་སོང༌། རྐྱེན་གྱི་ཨི་ཡིར་ སོང༌། སི། བྷཱུ་ཡིཥྛཿ། ༈ སྐབས་འདིར་འགྲེལ་པ་ལས་ལུང་དྲངས་པ་ནི། ཀིམ྄་དང་མི་ཟད་པ་ དང༌། ཀུན་ཏུ་བཤད་པ་ལས་ཀྱང༌། ཏ་ར་ཏ་མ་དག་གི་ཨཱམ྄འོ། །ཞེས་ཁ་སྐོང་གི་དོན་དུ་འབྱུང་ སྟེ། དེའི་དོན་ནི། ཀིམ྄་གྱི་སྒྲ་དང༌། མི་ཟད་པའི་རྟགས་དང༌། ཀུན་བཤད་ལས་འབྱུང་བའི་ཏི་ 19-1-343 སོགས་ཀྱི་རྐྱེན་གྱི་མཐར། ཏ་རའམ། ཏ་མའི་རྐྱེན་བྱུང་ན། རྐྱེན་དེའི་མཐར་ཨཱམ྄་ཨཱ་ག་མ་སྟེར་ དགོས་སོ། །ཞེས་པ་སྟེ། དེ་ཡང་ཀིམ྄་ལ་སྦྱོར་ན་འདི་ལྟར། ཀིམ྄་གྱི་མཐར་ཏ་ར་སྦྱར། དེའི་ མཐར་ཨཱམ྄་ཨཱ་ག་མ་བྱིན་པས། ཀི་ཏཾ་རཱཾ་ཞེས་པ་དང༌། ༈ ཀིམ྄་གྱི་མཐར་ཏ་མ་ཞེས་པ་སྦྱར། དེ་ལ་ཨཱམ྄་བྱིན་པས། ཀི་ཏཾ་མཱཾ། ཞེས་པ་འབྱུང་སྟེ། ཨཱམ྄་གྱི་ཨ་མཚུངས་འདྲ་མཚམས་སྦྱོར་བ་ དང༌། མ྄་དབྱངས་མེད་གཉིས་རྗེས་སུ་ང་ངོར་བྱེད་པ་ཁོ་ནའོ། །དེའི་དོན་ནི་ཅིག་ཡོད་དམ། ཅི་ ཡིན་ཞེས་པ་སྟེ། སྨད་པའམ། བརྙས་པའི་ཚིག་ལ་སྦྱོར། དཔེར་ན། མི་དེ་འདྲ་རྒྱལ་པོ་ཅི་ཡིན་ ཞེས་པའམ། དབུལ་པོ་དེ་འདྲ་ལ་མཛོད་ཅི་ཡོད་ཅེས་པ་ལྟ་བུ་སྟེ། ག་ལ་ཡོད་དང༌། ག་ལ་ཡིན་ ཞེས་ཀྱང་བསྒྱུར་བར་བྱའོ། །མི་ཟད་པ་ལ་སྦྱོར་པའི་དཔེར་བརྗོད་ནི། ཀུ་ཏཿཏ་ར། ཨཱམྲ་ཞེས་ པ་བཞག རྣམ་བཅད་དེས་ཏ་མཐོང་བས་ས྄ར་སོང༌། ཨཱམ྄་མཚུངས་འདྲ་མཚམས་སྦྱར། མ྄་ང་ རོ། ཀུ་ཏསྟ་རཱ། དེའི་དོན་ནི། ཀུ་ཏ་སྟ་རཾ་པ་ར་མཱ་ཎ་བཿ། མཆོག་ཏུ་ཕྲ་བ་ཞེས་སོ། ༈ ཡང་ཀུ་ ཏཿཏ་མ། ཨཱམ྄་གོང་བཞིན་བསྒྲུབས་པས། ཀུ་ཏ་སྟ་མཱཾ། ཞེས་པ་འགྲུབ། དེའི་དོན་ནི། ཀུ་ཏ་ སྟ་མཱཾ་ཏེ་ཥཱཾ་ཨཱ་རམྦྷ་ཀ་ཏྭཾ། ཞེས་པ་སྟེ། དེ་རྣམས་རྒྱ་ཆུང་ངུ་ཉིད་དོ། །ཞེས་པའོ། ༈ །དེ་བཞིན་ དུ། ཨུཙྩཻཿཞེས་པ་ལ། ཏ་ར་དང་ཏ་མ་སྦྱར། གཉིས་ཀ་ལ་ཨཱམ྄་བྱིན། བཤད་མ་ཐག་པ་བཞིན་ བསྒྲུབས་པས། ཨུཙྩཻ་སྟ་རཱཾ། ༈ ཨུཙྩཻསྟ་མཱཾ། ཞེས་པ་འབྱུང་སྟེ། དེ་དག་གྭ་ཡན྄་ཏི་ཞེས་པ་དང་ སྦྱར། སྐད་གསངས་མཐོན་པོས་སྨྲ་བར་བྱེད་དོ། །སྐད་ཆེན་པོས་གླུ་ལེན་པར་བྱེད་དོ། ༈ །ཏི་ སོགས་ཀྱི་མཐར་སྦྱོར་བའི་དཔེ་ནི། པ་ཙ་ཏི་ཏ་ར་ཨཱམ྄། པ་ཋ་ཏི་ཏ་མ་ཨཱམ྄། གོང་བཞིན། ༈ པ་ ཙ་ཏི་ཏ་རཱཾ། ཤིན་དུ་འཚེད་པར་བྱེད་དོ། ༈ །པ་ཋ་ཏི་ཏ་མཱཾ། ཆེས་ཀློག་པར་བྱེད་དོ། །ཞེས་སོ། ༈ །ཀུན་ཏུ་བཤད་པ་ལས་ཀྱང་ཞེས་པའི། ཀྱང་གི་སྒྲས་ཀྲྀཏ་རྐྱེན་གྱི་མཐར་ཡང༌། ཏ་ར་དང་ ཏ་མ་ལ་ཨཱམ྄་ཨཱ་ག་མ་སྟེར་བ་ཡིན་ཡང་ཟེར་རོ། ། ༈ པ་རི་མཱ་ཎེ་ད་གྷྣ་ད་ཡཿ། ཚད་ལ་ད་གྷྣ་ལ་སོགས་པའོ། །དེ་ལ་གང་ཡང་རུང་བའི་རྒྱ་ 19-1-344 དཔངས་དང༌། རིང་ཐུང་དང་བོང་ཚོད་དང༌། མཆུ་ཞེང་ལ་སོགས་པ་དང༌། ཆུའི་ཟབས་ལ་ སོགས་པའི་ས་མཚམས་ཡོངས་སུ་གཅོད་པ་དང༌། ཚད་སྟོན་པར་བྱེད་པ་ལ། དགྷྣཱ་དང༌། མཱ་ ཏྲ་དང༌། དྭ་ཡས། ༈ ཞེས་པ་སྟེ་རྐྱེན་གསུམ་པོ་དེ་རྣམས་འཇུག་གོ །དངོས་པོའི་ངོ་བོ་བཟང་ ངན་གྱི་ཚད་སྟོན་པ་ལྟ་བུའི་ཚད་ལ་ནི་རྐྱེན་འདི་རྣམས་མི་འཇུག་ཅིང༌། གྲངས་ཀྱི་ཚད་དང་ དུས་ཀྱི་ཚད་སྟོན་པ་ལ། མཱ་ཏྲ་ཞེས་པ་མང་དུ་འཇུག གཞན་གཉིས་པོར་རེས་འགའ་ཅུང་ ཟད་ཙམ་འཇུག་གོ ༈ །དེ་ཡང་ཛཱ་ནུ་སི་པ་རི་མཱ་ཎཾ་ཛ་ལ་སི་སི་དང་པོ་ཕྱིས། ཕྱི་མ་ཨམ྄། ཨ་ ཕྱིས། ཛཱ་ནུ་པ་རི་མཱ་ཎཾ་ཛལཾ། ཆུ་པུས་མོ་ནུབ་ཙམ་ཞེས་སོ། །དོན་དེ་ལ་ཛ་ནུའི་མཐར་ད་གྷྣཱ་སི་ ཨམ྄་དྲངས། ཛཱ་ནུ་དགྷྣཱཾ། ༈ དེ་བཞིན་དུ། པུ་རུ་ཥ་མཱ་ཏྲ་སི་ཨམ྄། པུ་རུ་ཥ་མཱ་ཏྲཾ་བྲྀ་ཀྵ། སྐྱེས་ བུ་དང་མཉམ་པའི་ཤིང༌། ༈ ཡང་ཤི་རས྄་དྭ་ཡས྄། ས྄་དབྱངས་མེད་རྣམ་བཅད། དེ་ཨུ། དེ་ ཨོ། མཐར་སི་ཨམ྄། ཤི་རོ་དྭ་ཡ་སཾ་དཎྜ། མགོ་བོའི་ཚད་དང་མཉམ་པའི་དབྱུག་པ་ཞེས་སོ། ༈ །ཡང་འགྲེལ་བར་ལུང་དྲངས་པ། གཉིས་སམ་མང་པོ་རྣམས་ཀྱི་ཡང་གཅིག་བཀར་བ་ལ་ ཀིམ྄་ལ་སོགས་པ་དག་ལ་ཌ་ཏ་ར་དང་ཌ་ཏ་མ་དག་གོ །ཞེས་འབྱུང་སྟེ་གཉིས་ཀྱི་ནང་ནས་ གཅིག་བཀར་བའམ་མང་པོའི་ནང་ནས་གཅིག་བཀར་བ་ཡིན་ཡང་རུང་སྟེ། དོན་དེ་ལ་ཀིམ྄་ ལ་སོགས་པ་སྟེ། སོགས་ཁོངས་ནས་ཡད྄་དང་ཏད྄་ལ་ཌ་ཏ་ར་དང་ཌ་ཏ་མའི་རྐྱེན་འཇུག་གོ ༈ །དེ་ཡང་ཀིམ྄་ཌ་ཏ་ར་ཞེས་པ་བཞག ཌ྄་ཕྱིས་ཨ་བཞག དེ་ཌིཏ྄་ཡིན་པས་ཊི་ཕྱིས། ཀ྄་སྲོག་ མེད་ཨ་ལ་དྲངས་པས། ཀ་ཏ་ར། ཞེས་པ་བྱུང༌། དེའི་མཐར། བྷ་བཏ྄་ལ་དྲུག་པའི་ཨོས྄་བྱིན། བྷ་བ་ཏོཿཀཱ་ཎཱཿ། ཞེས་པ་གོང་དུ་བཞག བྷ་བ་ཏོཿཀཱ་ཎཱ་ཀ་ཏ་ར། ཁྱེད་གཉིས་ལས་ཀ་ཎའི་བུ་ གང་ཡིན་ཞེས་པ་སྟེ། གཉིས་ལས་གཅིག་བཀར་བའི་དཔེའོ། ༈ །ཡང་ཀིམ྄་ཌ་ཏ་མ་བཞག ཌ྄་སོང་ཊི་ཕྱིས། དྲངས། ཀ་ཏ་མ་གྲུབ། སི་རྣམ་བཅད། ཀ་ཏ་མཿདེའི་མཐར། བྷ་བཏ྄་ལ་དྲུག་ པའི་ཨཱམ྄། བྷ་བ་ཏཱཾ་ཏཱནྟྲི་ཀ་སི་རྣམ་བཅད། ཀ་ཏ་མཿ། མའི་རྣམ་བཅད་ཨུ་སོགས་འདྲ། ཀ་ 19-1-345 ཏ་མོ་བྷ་བ་ཏཱཾ་ཏཱནྟྲི་ཀཿ། ཁྱེད་རྣམས་ལས་སྔགས་རྒྱུད་མཁན་པོ་སུ་ཡིན། ཞེས་པ་མང་པོ་ལས་ གཅིག་བཀར་བའི་དཔེའོ། ༈ །དེ་བཞིན་དུ། ཡད྄་ལ་ཌ་ཏ་ར་བཞག ཌ྄་སོང་ཊི་ཕྱིས། སྦྱར་ བས། ཡ་ཏ་ར་བྱུང༌། ༈ ཏད྄་ལ་ཌ་ཏ་ར་བཞག ཌ྄་སོང་ཊི་ཕྱིས། དྲངས་པས། ཏ་ཏ་ར་བྱུང༌། ༈ དེ་བཞིན་དུ། ཌ་ཏ་མ་དང་སྦྱར་བས། ཡ་ཏ་མ་དང༌། ༈ ཏ་ཏ་མ་འབྱུང༌། དོན་ནི་གང་དང་ ཅི་དང་དེ་ལ་སོགས་པའོ། ༈ །དེས་ན། བྷ་བ་ཏོཪྻ་ཏ་རསྟཱརྐི་ཀསྟ་ཏར་ཨུང གྲ་ཎཱ་ཏུ། ཁྱེད་དག་ ལས་གང་ཞིག་རྟོག་གེ་མཁན་པོ་དེ་ནི་སྨྲ་བ་མཆོག་ཏུ་འཛིན་པའོ། །འདི་ནི་གཉིས་དང་མང་ པོ་ལས་བཀར་བ་ཐུན་མོང་སྟེ་ཁྱད་པར་ཅན་གྱི་དོན་ནོ། ༈ །སཾ་ཁྱཱ་ཡ་བི་ཤེ་ཥཱ་ཨ་བ་དྷཱ་ར་ཎེདྭི་ ཏྲི་བྷྱཱཾ་ཏཱི་ཡཿ། གྲངས་ཀྱི་བྱེ་བྲག་ལོགས་སུ་བཀོལ་བ་ལ་དྭི་དང་ཏྲི་དག་ལས་ཏཱི་ཡའོ། །གྲངས་ ཀྱི་ཁྱད་པར་ལོགས་སུ་བཀོལ་བ་ནི། གཞན་རྣམས་ཀྱི་ནང་ནས་གྲངས་དེ་དང་ལྡན་པ་བཀོལ་ བའི་ཚིག་སྟེ། གཉིས་པོ་གསུམ་པོ་ཞེས་པ་ལྟ་བུའོ། ༈ །དེ་ཡང་དྭི་དང་ཏཱི་ཡ་བཞག སི་རྣམ་ བཅད། དྭི་ཏཱི་ཡཿ། གཉིས་པོ་ཞེས་བཀར་བའམ། གཉིས་པ་ཞེས་གཉིས་དང་ལྡན་པའི་རྟགས་ ཅན་ནོ། །དེ་ལ་དྭི་ནི་གཉིས་ཡིན། ཏཱི་ཡའི་ནུས་པས་བྱེ་བྲག་ཟུར་དུ་བཀོལ་བའི་དོན་ལ། གཉིས་པོའམ། ལྡན་པའི་རྟགས་ཅན་ལ་གཉིས་པ་ཞེས་པར་འགྱུར་བ་ཡིན། ༈ དེ་བཞིན་དུ། ཏྲི་ཏཱི་ཡ་སི། ཏྲིའི་ཨི་དང་ར྄་ནི་དབྱངས་ཀྱི་ར་རུ་བསྒྱུར་རོ། །ཏྲ་ཏཱི་ཡཿ། ཏྲ་ཞེས་པ་གསུམ་ཡིན་ ལ། དེ་ལ་ཏཱི་ཡ་སྦྱར་བས་གསུམ་པའམ་གསུམ་པོའོ། །འདིར་རའི་གི་གུ་དབྱངས་ར་རུ་བསྒྱུར་ བ་འདི་ལ། སམྤྲ་སཱ་ར་ཎའི་ཐ་སྙད་མཛད་དོ། ། ༈ ཥཊ྄་ཙ་རུ་རོསྠཿ། ཥཊ྄་དང་ཙ་ཏུར྄་དག་གི་ཐའོ། །དེ་ཡང་ཥ་ཥ྄་ཐ་ནི་ཚུལ་རོལ་གྱི་ཥ་ མཐོང་བས་ཋ་རུ་སོང༌། དྲངས། སི་རྣམ་བཅད། ཥཥྛཿ། ༈ ཡང་ཙ་ཏུར྄་ཐ་སིར྄་ཐ་ལ་དྲངས། ཙ་ཏུརྠཿ། ༈ ཀ་ཏི་ཀ་ཏི་པ་ཡཱ་བྷྱཱཾ་ཐཿ། ཀ་ཏི་དང་ཀ་ཏི་པ་ཡ་དག་ལས་ཀྱང་ཐའོ། །ཀ་ཏི་ལ་ ཐ་སྦྱར། སི་རྣམ་བཅད། ༈ ཀ་ཏི་པ་ཡ་ལ་ཐ་སྦྱར། སི་རྣམ་བཅད། ༈ ཀ་ཏི་ཐཿ། ཇི་ཙམ། 19-1-346 ༈ ཀ་ཏི་པ་ཡ་ཐཿ། ཇི་ཙམ་བྱུང༌། འདི་གྲངས་ཀྱི་རིམ་པ་མིན་ཡང་ཇི་ཙམ་ཞེས་པ་གྲངས་ལ་ དམིགས་པ་དང་། ཐའི་རྐྱེན་སྦྱོར་བར་མཚུངས་པའི་ཕྱིར་འཕྲོས་དོན་ནོ། །དཔེ་ཁ་ཅིག་ལ་ཚིག་ འདི་འོག་ན་ཡོད་དོ། ། ༈ པཉྩ་དེརྨཿ། པཉྩ་སོགས་ལ་མའོ། །དེ་ཡང་པཉྩ་ན྄མ་སི། ན྄་མཐའ་ཕྱིས། པཉྩ་མཿ། ༈ དེ་བཞིན་དུ། སཔྟ་མཿ། ཨཥྚ་མཿ། ན་བ་མཿ ད་ཤ་མཿ ཞེས་སྦྱར་རོ། ། ༈ ཨེ་ཀཱ་ད་ཤཱ་དེརྜཿ། བཅུ་གཅིག་ལ་སོགས་པ་རྣམས་ལ་ཌའོ། །བཅུ་གཅིག་གི་སྐད་དོད་ ཨེ་ཀ་ད་ཤའི་སྒྲ་ལ། རྐྱེན་ཌ་བྱིན། ཌ྄་རྗེས་འབྲེལ། ཊི་དབྱི། དྲངས། སི་རྣམ་བཅད། ཨེ་ཀ་ ད་ཤཿ། ༈ [དྭིཏྲྱ་ཥྚཱནཱཾ་དྭཱ་ཏྲ་ཡོ྅ཥྚཱཿ དྭི་ཏྲི་ཨཥྚན྄་རྣམས་ཀྱི་དྭཱ་ཏྲ་ཡོ་ཨཥྚཱ་རྣམས་སོ། །དྭི་དང་ཏྲི་ དང་ཨཥྚན྄་རྣམས་ནི་ད་ཤ་དང་སྦྱོར་བ་ན་རིམ་བཞིན་དྭ་ཏྲ་ཡོ་ཨཥྚཱ་རྣམས་སུ་འགྱུར་ཏེ།] དེ་བཞིན་དུ་བཅུ་གཉིས་ལ། དྭཱ་ད་ཤཿ། ༈ བཅུ་གསུམ་ལ་ཏྲ་ཡོ་ད་ཤཿ། ༈ བཅུ་བཞི་ལ་ ཙ་ཏུརྡ་ཤཿ ༈ བཅོ་བརྒྱད་ལ་ཨཥྚ་ད་ཤཿ། ༈ བཅུ་དགུ་ལ་ན་བ་ད་ཤཿ ༈ བིཾ་ཤཏྱཱ་དེརྦཱ་ཏ་མཊ྄། ཉི་ཤུ་སོགས་ལ་ཡང་ན་ཏ་མཊ྄འོ། བ་ཤ་ཞེས་པའི་མཐར། རྐྱེན་ ཌ་ཏི་བཞག ཌ྄་རྗེས་འབྲེལ། ཊི་དབྱི། དྲངས། བིཾ་ཤ་ཏི། ཉི་ཤུ་ཐམ་པའོ། ༈ །ཡང་ན། བིཾ་ཤ་ ཏི། ཞེས་པ་དེ་ལ། རྐྱེན་ཏ་མ་བཞག སི་རྣམ་བཅད། བིཾ་ཤ་ཏི་ཏ་མཿཉི་ཤུ་ཁོ་ནའམ། ཉི་ཤུ་ཐམ་ པའོ། ༈ །བིཾ་ཤ་ཏི་ཌ་ཏི། ཉི་ཤུ་ལ་ཌ་ཏི་ཞེས་པའོ། །ཞེས་ཀྱང་འབྱུང་བས། འདིར་ཌ྄་ཏི་ཞེས་ པ་ནི། རྐྱེན་ཌ་ཁོ་ན་ལ་ཏི་ནི་པ་ར་སྨཻ་སྐྱེས་བུ་དང་པོའི་གཅིག་ཚིག་ཡིན་པས། ཉི་ཤུའི་དོན་ལ་ རྐྱེན་ཌ་བྱེད་དོ་ཞེས་པའི་དོན་ཡིན་གྱི་རྐྱེན་ཌ་ཏི་མ་ཡིན་པར་འཆད་པའང་ལུགས་གཅིག་གོ ༈ །འདི་ལྟར་ན། བིཾ་ཤ་ཏ་ལ་རྐྱེན་ཌ་བྱིན། ཌ྄་རྗེས་འབྲེལ། ཊི་ཕྱིས། དྲངས་པས། བིཾ་ཤའོ། ༈། དེ་བཞིན་དུ། ཏྲིཾ་ཤ་ཏ྄་ལ་ཌ་ཏི་སྦྱར་ན་གོང་བཞིན་སྒྲུབས་པས། ཏྲིཾ་ཤ་ཏི་སྟེ་སུམ་ཅུ་དང༌། དེ་ ལ་ཏ་མ་སྦྱར། སི་རྣམ་བཅད། བྱས་ན། ཏྲིཾ་ཤ་ཏི་ཏ་མཿསྟེ་སུམ་ཅུ་ཐམ་པ་ཞེས་པ་འབྱུང༌། ༈ 19-1-347 ཡང་ཏྲིཾ་ཤད྄་ཁོ་ན་ལ་ཏ་མ་སྦྱར་བའང་ཡོད། ༈ ཡང་ཏྲིཾ་ཤད྄་ལ་ཌ་རྐྱེན་དུ་བྱིན། སྒྲུབ་ཚུལ་གོང་ བཞིན་བྱས་པས། ཏྲིཾ་ཤ་ཞེས་པའང་འབྱུང་སྟེ། དོན་སུམ་ཅུ་ཐམ་པའོ། ༈ །ཤ་ཏཱ་དེརྣི་ཏྱཾ། བརྒྱ་ ལ་སོགས་པ་ལ་རྟག་ཏུའོ། །བརྒྱའི་སྐད་དོད་ཤ་ཏ་ལ་རྐྱེན་ཏ་མ་སྦྱར། སི་རྣམ་བཅད། ཤ་ཏ་ཏ་ མཿབརྒྱ་ཐམ་པའོ། །རྟག་ཏུའོ་ཞེས་པའི་དོན་ནི། ཏ་མ་ཁོ་ན་རྟག་ཏུ་སྦྱོར་གྱི། ཌ་ཏི་དང་ཌ་ཁོ་ ནའི་རྐྱེན་རྣམས་མི་འབྱུང་ངོ༌། ༈ །སོགས་ཁོངས་ནས། བརྒྱ་ཐམ་པ་བཞིན་དུ་གྲངས་མེད་ཀྱི་ བར་དུའང་འབའ་ཞིག་པའི་དོན་ལ། ཏ་མ་ཁོ་ན་འབྱུང་ངོ༌། །ས་ཧས྄་ཏ་མཿ སྟོང་ཐམ་པ་དང༌། ལཀྵ་ཏ་མཿའབུམ་ཕྲག་དང༌། ཀོ་ཊི་ཏ་མཿབྱེ་བ་ཕྲག་ཅེས་པ་སྟེ། དེས་གཞན་ཡང་མཚོན་ནོ། ། ༈ སཾ་ཁྱཱ་ཡཱཿཔྲ་ཀཱ་རེ་དྷཱ། གྲངས་རྣམས་ཀྱི་རབ་ཏུ་དབྱེ་བ་ལ་དྷཱའོ། །གྲངས་ཀྱི་རབ་ཏུ་དབྱེ་ བ་ནི་ཚན་པར་བཅད་པའི་མིང་སྟེ། གཉིས་ཚན་གསུམ་ཚན་ལ་སོགས་པ་ཡིན་ལ། དེར་མ་ ཟད་ཁ་ཟས་གཅིག་པུ་བྱིན་ཞེས་པ་ལྟ་བུའི་གཅིག་པུ་ལ་ཡང་ཐོབ་ཅིང༌། གཅིག་ལས་འཕྲོས་ པའི་གཅིག་གི་སྡེ་ཚན་ལྟ་བུ་ལ་ངེས་པར་ཐོབ་བོ། ༈ དེ་ཡང༌། དྭི་ཅེས་པའི་སྒྲ་ལ་རྐྱེན་དྷཱ་སྦྱར་ བས། དྭི་དྷཱ། ཅེས་པ་གཉིས་སྡེ་ཚན་དུ་བཅད་པའི་དོན་ནོ། ༈ །དེ་བཞིན་དུ། ཏྲི་དྷཱ། ཙ་ཏུརྡྷ། ཅེས་སོགས་ཏེ། དེ་ཙམ་ལས་རྣམ་འགྱུར་གཞན་གང་ཡང་མེད་དོ། །གུ་ཎོ་྅་ཎ྄་བཱ། ཡོན་ཏན་ ལ་ཨཎ྄་ཡང་ནའོ། །གཞན་ལ་དངོས་པོ་སྦྱིན་པར་གཏོང་བ་སོགས་ཀྱི་དོན་དང་འབྲེལ་ན། རྐྱེན་དྷཱ་བྱིན་པས་རྣམ་འགྱུར་ཡོད་དེ། དབྱངས་དང་པོ་ཡོན་ཏན་དུ་འགྱུར་རོ། །དྭེ་དྷཱ། ཏྲེ་དྷཱ། དེ་ལྟར་ཡོན་ཏན་དུ་གྱུར་ཟིན་པ་ལ། ངེས་པར་ཨཎ྄་གྱི་རྐྱེན་སྟེར། ཎ྄་རྗེས་འབྲེལ། ཡོན་ཏན་ འཕེལ་བར་འགྱུར། ཨི་ཨ་ཕྱིས། དྲངས། སི་ཨམ྄། ཨ་སོང༌། དྭཻདྷྭཾ། ཏྲཻ་དྷྭཾ། ཙཱ་ཏུ་རྡྷྭཾ་ཅེས་པ་ལ་ སོགས་པའོ། ། ༈ ཀྲྀ་ཡཱ་ཡཱ་ཨཱ་བྲྀཏྟཽ་ཀྲྀ་ཏྭས྄། བྱ་བའི་ཆེད་དུ་ཀུན་ནས་འཇུག་པ་ལ་ཀྲྀ་ཏྭས྄འོ། །ཟས་དུས་ ཡང་ཡང་བྱེད་པ་དང༌། ཐུན་དུ་མ་ཡོད་པ་སོགས་ལན་མང་དུ་བསྐྱར་བའི་བྱ་བའི་དོན་ལ། ཀྲྀ་ 19-1-348 ཏྭས྄་ཞེས་པའི་རྐྱེན་སྟེར་རོ། །པཉྩ་བཱ་རཱན྄་བྷུཾ་ཀྟེ། ལན་ལྔར་ལྟོ་ཟའོ། །ཞེས་པ་སྟེང་ངག་གོ ། དོན་དེ་ལ། པཉྩ་ཀྲྀ་ཏྭས་ཞེས་པ་བཞག མཐའི་ས྄་རྣམ་བཅད། པཉྩ་ཀྲྀ་ཏྭཿ། ཥཊྐྲྀ་ཏྭཿལན་ དྲུག་ཏུ་ཞེས་པའོ། ། ༈ དྭི་ཏྲི་བྷྱཱཾ་སུཿ། དྭི་དང་ཏྲི་དག་ལ་སུའོ། །དྭི་ཞེས་པ་དང༌། ཏྲི་ཞེས་པ་ལ་རྐྱེན་སུ་ཞེས་པ་ རེ་རེ་བྱིན། སུའི་ཨུ་བརྗོད་དོན། ཕ་རོལ་ཏུ་ཨུཀྟ་ཞེས་པ་རེ་རེ་བཞག དྭིས྄་ཨུཀྟ་སེ། ཏྲིས྄་ཨུཀྟ་ སི་ཞེས་བྱུང༌། ས྄་སྲོག་མེད་རྣམ་བཅད། ནཱ་མི་མཐའ་ལས་ར྄། དྲངས། སི་ཨམ྄། དྭི་རུཀྟཾ། ཏྲི་ རུཀྟཾ། ༈ བ་ཧྭཱ་དེཿཤས྄། བ་ཧུ་ལ་སོགས་པ་ལ་ཤས྄འོ། །བ་ཧུ་ནི་མང་པོ་སྟེ། མང་པོ་ཞེས་པའི་ སྤྱི་མིང་ངམ་བཞིའམ་ལྔ་ལ་སོགས་པ་མང་པོའི་བྱེ་བྲག་གི་དོན་ལ། ཤས྄་ཀྱི་རྐྱེན་བྱིན་ན་ལན་ མང་པོའི་དོན་དུ་འགྱུར་རོ། །བ་ཧུའི་སོགས་ཁོངས་ནས་ཡང་ཡང་དང༌། བསྐྱར་བ་དང༌། རྗེས་ སུ་འཇུག་པ་ལ་སོགས་པའོ། ༈ །འདིར། བ་ཧུ་བཱ་རཱནྟཱི་ཏི། འདི་ནི་ལན་མང་པོར་རོ། །ཞེས་ པ་ཚིག་སྦྱོར་རོ། །དེའི་དོན་ལ། བ་ཧུའི་མཐར། རྐྱེན་ཤས྄་བཞག ས྄་རྣམས་བཅད། བ་ཧུ་ ཤཿཞེས་སོ། ། ༈ ཏ་ཡཱ་ཡ་ཊཽ་སཾ་ཁྱཱ་ཡཱཾ། ཏ་ཡ་ཨ་ཡཊ྄་དག་གི་གྲངས་ཀྱི་ཆེད་དུའོ། །གྲངས་ཀྱི་མིང་ལ་ རྐྱེན་ཏ་ཡ་ཊ྄འམ། ཨ་ཡཊ྄་བཞག་ན། གྲངས་དེ་དང་ལྡན་པའི་དངོས་པོའི་དོན་ཏེ། གཉིས་ པ་དང་གསུམ་པ་ཞེས་བྱ་བ་ལ་སོགས་པའོ། ༈ །དེ་ཡང༌། དྭིའི་མཐར་ཏ་ཡཊ྄་བཞག ཊ྄་རྗེས་ འབྲེལ། སི་ཨམ྄། དྭི་ཏ་ཡཾ། གཉིས་པའམ་གཉིས་ཅན་ཞེས་སོ། ༈ །དེ་བཞིན་དུ། ཏྲི་ལ་ཏ་ ཡཊ྄་སྦྱར་བས། སི་ཨམ྄། ཏྲི་ཏ་ཡཾ་སྟེ་གསུམ་པའམ་གསུམ་ཅན་ནོ། ༈ །ཨ་ཡཊ྄་ལ་ནི་འདི་ ལྟར་བྱེད་དེ། དྭིའི་མཐར་ཐོག་མར་ཏ་ཡ་ཊ྄་བྱིན། ཏ་ཨར་བསྒྱུར་ནས་ཨ་ཡཊ྄འོ། །ཨ་དེ་ནི་ ཌིཏ྄་ཡིན་ལ། ཊི་ཕྱིས་པས་དྭ་དབྱངས་མེད་དུ་སོང༌། དྲངས། སི་ཨམ྄། དྭ་ཡཾ། ༈ དེ་བཞིན་ 19-1-349 དུ། ཏྲི་ཏ་ཡཊ྄། ཏ་ཨར་བསྒྱུར། ཊི་ཕྱིས། དྲངས། སི་ཨམ྄་ཏྲ་ཡཾ། དོན་སྔ་མ་དང་འདྲ། ༈ དེ་ རྣམས་སྤྱི་ལ་འཇུག་ཚུལ་ཡིན་ལ། བུད་མེད་ཉིད་དང༌། ཆུ་དང༌། ཁང་པ་དང༌། སྣོད་ལ་སོགས་ པ་ལ་ཨཱཔ྄་ཀྱི་རྐྱེན་འཇུག་སྟེ། དཔེར་ན། དྭི་ཏ་ཡ་སྔར་བཞིན་བསྒྲུབས་ནས། དེ་ལ་མོ་རྟགས་ སུ་སྒྲུབ་པའི་རྐྱེན་ཨཱིཔ྄་བཞག་གོ །པ྄་རྗེས་འབྲེལ། ཨི་ཨ་ཕྱིས། དྲངས། དྭི་ཏ་ཡཱི་བ་དྷུ། བུ་ མོ་གཉིས་པ་ཞེས་པ་ལྟ་བུ་སྟེ། ༈ དེ་བཞིན་དུ། ཏྲི་ཏ་ཡཱི། ཞེས་པ་དང༌། ཨ་ཡཊ྄འི་རྗེས། དྭ་ ཡ་དང་ཏྲ་ཡ་ལ་ཨཱིཔ྄་བྱིན་པས། དྭ་ཡཱི། ཏྲ་ཡཱི། ཞེས་པ་འབྱུང་ངོ༌། ༈ །བར་འདིར་འགྲེལ་བའི་ དཔེ་འགའ་ཞིག་ལས། ཁ་འགངས་ལུང་དྲངས་པ་ཡོད་དེ། ཛཾ་གྷའི་སྒྲ་ལ་སོགས་པ་ལ་ཨི་ན་ ཨ་ལ་ལ་སོགས་པ་དག་གོ །དེ་ཡང༌། ཛཾ་གྷ་དང༌། སོགས་ཁོངས་ནས་ཛ་བ་ལྟ་བུ་ལ་རྐྱེན་ཨི་ ན་བྱིན། ཨ་ཨི་ལ་ཨེ། ཛ་གྷེ་ན། ཛ་བེ་ན། ༈ དེ་བཞིན་དུ། ཛཾ་གྷ་དང༌། ཨ་ལ་བཞག འདྲ་བའི་ ཡི་གེ་རིང་པོ། སི་རྣམ་བཅད། ཛཾགྷཱ་ལཿ། གྲུབ་བོ། ༈ །ཡང་ཛཾ་གྷཱ་ཀཱ་ར། སོགས་ཁོངས་ཀྱི་རྐྱེན། ཨིཀ྄་ཨི་ཨའི་དབྱི། སི་རྣམ་བཅད། ཛཾ་གྷཱ་ཀཱ་རི་ཀཿ། བརླ་མཛེས་པའོ། ༈ །ཡང་ཛཾ་གྷ་ལ་རྐྱེན་ ཨིཀ྄་བྱིན། ཨི་ཨ་ལ་ཕྱིས། དྲངས་སི། ཛཾ་གྷི་ཀཿ། ཛ་བ་སོགས་ལའང་དེ་དག་འགྲེའོ། ༈ ཡང་ པཱ་ཎི་པའི་ལུང་དྲངས་པ། བུད་མེད་དང་སྐྱེས་པ་དག་ལ་ནཎ྄་སྣཎ྄་དག་གོ །བུད་མེད་ཀྱི་སྐད་ དོད་སྟྲཱི་ལ་རྐྱེན་ནཎ྄་དང༌། སྐྱེས་པའི་སྐད་དོད། པུཾ་ལ་སྣཎ྄་ཞེས་པའི་རྐྱེན་སྟེར་ཏེ། སྟྲཱི་ནཎ྄། ཎ྄་ རྗེས་འབྲེལ། དང་པོར་འཕེལ་བ། ཥ་ར་རྀ་ལས་ན་ཎར་སོང༌། སི་ཨམ྄། སྟྲཻ་ཎཾ། བུད་མེད་ མཛེས་མའོ། ༈ །པུཾ་སྣཎ྄་ཎ྄་རྗེས་འབྲེལ། དང་པོར་འཕེལ་བ། རབ་སྦྱོར་མཐའ་ལ་མ྄་དབྱི་ དགོས་པ། ང་རོ་ཉིད་མ྄་ཡིག་ཡིན་པས་ཕྱིས། སི་ཨམ྄། པཽ་སྣཾ། ཞེས་པ་གྲུབ། སྐྱེས་པ་དཔའ་ བོའི་དོན་ནོ། །སྤྱིར་རབ་སྦྱོར་མཐའི་ཕྱི་མ་མི་སྣང་བར་བྱེད་པ་ཡིན་ཀྱང༌། འདིར་སྔ་མ་ཕྱིས་པ་ ཚིག་ཕྲད་ཀྱི་སྒྲུབ་པ་ཡིན། རྗེས་སུ་ང་རོ་རབ་སྦྱོར་གྱི་ཡ་གྱལ་དུ་བྱེད་པ་ནི་གཞན་དུའང་མང་ པོ་ཡོད་པས་མ་བརྗེད་པར་བྱའོ། །མདོ་གཞན་གྱི་ལུང་དྲངས་པ་འདི་གཉིས་འགྲེལ་བའི་དཔེ་ 19-1-350 གཉིས་ལ་མ་མཐོང་ངོ༌། ། ༈ ཤེ་ཥཱ་ནི་པཱ་ཏྱཱ་ཀ་ཏྱཱ་ད་ཡཿ། ལྷག་མ་ཚིག་ཕྲད་རྣམས་ནི་ཀ་ཏི་ལ་སོགས་པའོ། །འདིར་ ཚིག་ཕྲད་ཀྱི་སྒྲུབ་པ་ཟུར་ཙམ་སྨོས་པ་སྟེ། ལྷག་མ་གཞན་རྣམས་ནི། སློབ་དཔོན་གྱི་མན་ངག་ དང༌། ཀླུས་བཀོད་པའི་འབུམ་པ་སོགས་ལས་ཤེས་པར་བྱའོ། །ཞེས་པའི་དོན་ཡིན། ༈ ཀིམ྄་ ལ་རྐྱེན་ཌ་ཏི་བཞག ཌ྄་རྗེས་འབྲེལ་ཊི་མི་སྣང༌། དྲངས་པས། ཀ་ཏི་ཞེས་པ་བྱུང་སྟེ། གང་ཙམ་ མམ་ཇི་ཙམ་ཞེས་པའོ། ༈ །དེ་ལ་རྐྱེན་པ་ཡ་སྦྱར། རྣམ་འགྱུར་མེད། སི་རྣམ་བཅད། ཀ་ཏ་པ་ ཡཿ། ཇི་ཙམ་བྱུང་ཞེས་པ་སྟེ། གྲངས་འདྲི་བའོ། །དེ་ལྟར་དེ་དག་ནི་དེ་ཕན་གྱི་རྐྱེན་ཉེར་འཁོ་ཆེ་ བ་འགའ་ཞིག་གི་བྱ་བ་རགས་པ་ཙམ་བརྗོད་པའོ།། །། ༒ ད་ནི་དབྱི་བ་བི་ཀཱ་ར་ཎའི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་བྱིངས་ཨ་ད་སོགས་ལ། ལུཀ྄་བི་ཀཱ་ར་ཎ་འཇུག་སྟེ། ༈ དེ་ལ་དང་པོ། པ་རསྨེ་པ་ཏིའི་དབང་དུ་བྱས་ཏེ། ཨ་ད་ཟ་བ་ ལའོ། །ད་ཡིག་གི་ཨ་ནི་བརྗོད་དོན་ནོ། ། ཨ་དཱ་དེརླུཀ྄། ཨ་ད་ལ་སོགས་པ་རྣམས་ཀྱི་འཇིག་གོ །བྱིངས་སྡེ་ཚན་དགུ་ལས། ཨ་ད་ ལ་སོགས་པ་ལ་ཨཔ྄་བི་ཀཱ་ར་ཎ་འབྱུང་མོད་ཀྱི། དེ་མ་ཐག་ཏུ་འཇིག་པའི་ཕྱིར། ཨཔ྄་ལས་ རྫས་གཞན་དུ་མེད་ཀྱང༌། འཇིག་པ་བཱི་ཀ་ར་ཎ་ཞེས་རྣམ་གྲངས་གཞན་དུ་བརྡ་སྦྱར་བ་ཡིན་ ནོ། །འོ་ན་འཇིག་པ་ལ་སླར་བྱ་བ་མེད་པར་བཤད་ན། འདིར་དེའི་རྗེས་སུ་ཨཊ྄་ཨཱི་ལ་སོགས་ པ་འབྱུང་བ་ཅི་ཞེ་ན། དེ་ནི་ཨཔ྄་ཀྱི་ཡུལ་ཏེ་ཤུལ་ལ་ཨི་ལ་སོགས་པའི་རྐྱེན་གསར་པ་བྱིན་ ནས་དེས་རྣམ་འགྱུར་བྱེད་པ་ཡིན་གྱི། ཨཔ྄་ཉིད་ཡོད་པའི་དུས་དང༌། ཞིག་པའི་དུས་གང་ལ་ ཡང༌། ཨཔ྄་ཀྱི་ནུས་པས་བྱིངས་རྟགས་ཀྱི་མཐའ་དང༌། ཕ་རོལ་རྣམ་དབྱེ་སོགས་གང་ལའང་ རྣམ་འགྱུར་མེད་པའི་ཕྱིར། དབྱི་བ་ཙམ་མ་ཡིན་ཏེ་འཇིག་པ་ཉིད་དོ། །ཨད་སོགས་འཇིག་ པའི་སྐབས། ཨཔ྄་ཅེས་བྱུང་བ་རྣམས། ཨཔ྄་འཇིག་པ་ཁོ་ནར་གོ་བར་བྱའོ། །སྤྱིར་འཇིག་ 19-1-351 པ་ལ་ཞིག་ཟིན་ནས་རྣམ་འགྱུར་མེད་པ་ཡིན་གྱི། འཇིག་འགྱུར་ལ་ནུས་མེད་དུ་མ་ངེས་སོ། ༈ །དེ་ཡང༌། ཨ་ད་ཏི་ཞེས་པ་བཞག ད྄འི་ཨ་བརྗོད་དོན། ཨཔ྄་བྱིན་འཇིག ཁ་ས་ལ་ཛྷ་ས་ རྣམས་ཙ་པའོ། །ཞེས་པས་ད྄་ཏ྄་རུ་སོང༌། ཕ་རོལ་ཏི་ཡི་སྟེང་དུ་དྲངས། ཨཏྟི། ཟ་བར་བྱེད། ༈ ཨད྄་ཏས྄། ཨཔ྄་འཇིག ས྄་རྣམ་བཅད། གཞན་སྔ་མ་དང་འདྲ། ཨཏྟཿ། ༈ ཨད྄་ཨནྟི་ཨཔ྄། ད྄་དྲངས། ཨ་དནྟི། ༈ ཨད྄་སི་ཨཔ྄་ཏ྄་དྲངས། ཨཏྶི། ཁྱོད་ཟས་ཟ་བར་བྱེད། ༈ ཨད྄་ཐས྄་ ཨཔ྄་ད྄་ཏ྄་དྲངས། ས྄་རྣམ་བཅད། ཨཏྠཿ། ༈ ཨད྄་ཐ་ཨཔ྄་གོང་དང་འདྲ། ཨཏྠ། ༈ ཨད྄་ མིཔ྄་ཨཔ྄་ད྄་ཏ྄་དྲངས། ཨཏྨི༌། ཟས་ཟ་བར་བྱེད་དོ། ༈ །ཨད྄་བས྄་ཨཔ྄་ད་དྲངས། ས྄་རྣམ་ བཅད། ཨདྦཿ། ༈ ཨད྄་མས྄། ཨཔ྄་སྔ་མ་བཞིན། ཨདྨཿ། ༈ ཆོ་ག་འབྱུང་བ་ལ། ཨད྄་ཡཱཏ྄་ ཨཔ྄་ད྄་ཡཱ་ལ་དྲངས། ཨདྱཱ་ཏ། ༈ དེ་བཞིན་དུ་གཞན་བརྒྱད་ལའང་རིགས་འགྲེ་སྟེ། ཨད྄་ཡཱ་ ཏཱཾ། ཨཔ྄་ཨདྱཱ་ཏཱཾ། ༈ ཨད྄་ཡུས྄་ཨཔ྄་ས྄་རྣམ་བཅད། ཨདྱུཿ། ༈ ཨད྄་ཡཱས྄་ཨཔ྄། རྣམ་བཅད། ཨདྱཱཿ ༈ ཨད྄་ཡཱ་ཏཱཾ། ཨཔ྄། ཨདྱཱ་ཏཱཾ། ༈ ཨད྄་ཡཱ་ཏཱ། ཨཔ྄། ཨདྱཱ་ཏཱཾ། ༈ ཨད྄་ཡཱམ྄། ཨཔ྄་ མ྄་ང་རོ། ཨདྱཱཾ། ༈ ཨད྄་ཡཱ་བ། ཨཔ྄་ཨདྱཱ་བ། ༈ ཨད྄་ཡཱ་མ་ཨཔ྄་ཨདྱཱ་མ། ༈ ཤིས་བྱེད་ལ། ཨད྄་ཏུཔ྄། པ྄་རྗེས་འབྲེལ། ཨཔ྄་ད྄་ཏ྄་དྲངས། ཨཏྟུ། ཡང་ན། ཏུཔ྄་ཏཱ་ཏང྄་དུ་བསྒྱུར། ཏཾ་གི་ ཨང྄་ཕྱིས། ཨཏྟཱ་ཏ། ༈ ཨད྄་ཏཱཾ་ཨཔ྄། ཨཏྟཱཾ། ༈ ཨད྄་ཨནྟུ། ཨཔ྄་ད྄་ཨ་ལ་དྲངས། ཨ་དནྟུ། ༈ ཛྷ་སཱདྡྷིརྷེཿ། ཛྷ་ས་ལས་ཧི་དྷིའོ། །ཚུལ་རོལ་བྱིངས་ཀྱི་མཐའ་ཛྷ་ས་སོ་སོར་བསྡུ་བའི་ ཡི་གེ་ཡོད་ལ། དེའི་ཕ་རོལ་ཏུ་རྣམ་དབྱེ་ཧི་བྱུང་ན། ཧི་ཡིག་དེ་དྷི་ཡིག་ཏུ་འགྱུར་རོ། །ཨད྄་ཧི་ ཨཔ྄། ཧི་དྷི་རུ་སོང༌། ད྄་དྷའི་སྟེང་དུ་དྲངས། ཨདྡྷི། ཡང་ན་ཧི་ཏཱ་ཏང྄་དུ་བསྒྱུར། ཨཏྟཱཏ྄། ༈ ཨད྄་ཏཱཾ་ཨཔ྄་ཨཏྟཱཾ། ༈ ཨད྄་ཏ་ཨཔ྄་ཨཏྟ། ༈ ཨད྄་ཨཱ་ནིཔ྄། ཨཔ྄། ད྄་ཨ་ལ་དྲངས། པ྄་ རྗེས་འབྲེལ། ཨ་དཱ་ནི། ༈ ཨད྄་ཨཱ་བ། ཨཔ྄་དྲངས། ཨ་དཱ་བ། ༈ ཨད྄་ཨཱམཔ྄། ཨཔ྄་དྲངས། ཨ་དཱ་མ། ༈ ལུང་དྲངས་པ། ཨད྄་ཀྱི་དི་སི་དག་ལ་ཨཊ྄་ཨཱ་ག་མར་འགྱུར་རོ། །ཞེས་འབྱུང་ 19-1-352 བས། དིཔ྄་སོགས་ལ་སྔོན་དུ་ཨཊ྄འི་རྐྱེན་སྦྱོར་དགོས་པར་མ་ཟད། དིཔ྄་དང་སིཔ྄་གཉིས་ལ་ བྱིངས་ཀྱི་མཐར་ཡང༌། ཨཊ྄་ཨཱ་ག་མ་སྟེར་དགོས་སོ། ༈ །ཨད྄་དིཔ྄་ཞེས་པ་བཞག པ྄་རྗེས་ འབྲེལ། ཨི་བརྗོད་དོན། ད྄་དབྱངས་མེད་ལུས། ཨཔ྄། བྱིངས་ཀྱི་མཐར་ཨཊ྄། སྔོན་དུ་ཡང་ ཨཊ྄། ཊ྄་གཉིས་ཕྱིས། ཨ་ཨད྄་ཨད྄། ཅེས་པ་བྱུང༌། ཨ་དང་པོ་གཉིས་འདྲ་བ་རིང༌། ད྄་སྔ་མ་ ཨ་ལ་དྲངས། ཕྱི་མ་ཏ྄་རུ་སོང༌། ཨཱ་དཏ྄། ༈ ཨད྄་ཏཱཾ་ཨཔ྄། སྔོན་དུ་ཨཊ྄། འདྲ་རིང༌། དྲངས། ཨཱཏྟཱཾ། ༈ ཨད྄་ཨན྄་ཨཔ྄་སྔོན་དུ་ཨཊ྄། འདྲ་དྲངས། ཨཱ་དན྄། ༈ ཨད྄་སིཔ྄། པ྄་རྗེས་འབྲེལ། ཨི་བརྗོད་དོན། ཨཔ྄་བྱིངས་ལ་ཨཊ྄། སྔོན་དུ་ཨཊ྄། ཨ་ཨད྄་ཨས྄་ཞེས་བྱུང༌། འདྲ་རིང༌། ད྄་ ཨ་ལ། ས྄་རྣམ་བཅད། ཨཱ་དཿ། ༈ ཨད྄་ཏཱཾ་ཨཔ྄། ཨཊ྄་ཨཱཏྟཱཾ། ༈ ཨད྄་ཏ་ཨཔ྄། ཨཊ྄་ཨཱཏྟ། ༈ ཨད྄་ཨ་མིཔ྄། པ྄་རྗེས་འབྲེལ། ཨི་བརྗོད་དོན། ཨཔ྄་སྔོན་དུ་ཨཊ྄། ཨ་ཨད྄་ཨམ྄་བྱུང༌། འདྲ་རིང༌། ད྄་ཨ་ལ། མ྄་ང་རོ། ཨཱ་དཾ། ༈ ཨད྄་བ་ཨཔ྄་ཨཊ྄་ད྄་བའི་སྟེང་དུ་དྲངས། ཨཱདྦ། ༈ ཨད྄་མ་ཨཔ྄། ཨཊ྄། ཨཱཏྨ། ༈ ད་ནི་ཨཏྨ་ནེའི་ཚིག་ཅན་རྣམས་བཤད་ཏེ། ཤཱིང྄་ཉལ་བ་ལའོ། །ང྄་ཡིག་ནི་བདག་ དོན་གྱི་ཚིག་ཅན་མཚོན་པའི་དོན་ཡིན་པས་ཕྱིས། འདི་རྣམས་ལ་ཡང་སྔོན་མ་བཞིན་དུ་ཨཔ྄་ ནི་འཇིག་པ་ཉིད་དོ། །ཤཱིང྄ཿ། ཤཱིང྄་ལའོ། །ཤཱིང྄་ཞེས་པའི་བྱིངས་ལ། ཨཏྨ་ནེའི་རྐྱེན་དེ་ རྣམས་གང་བྱུང་ཡང༌། བྱིངས་ཀྱི་དབྱངས་ཡོན་ཏན་དུ་འགྱུར་ཏེ། ཤའི་སྲོག་གི་ཨཱི་ནི་ཡོན་ཏན་ ཨེ་རུ་འགྱུར་བས། ཤེ་ཞེས་པ་ཤ་སྟག་འབྱུང་ངོ༌། ༈ །ཤཱིང྄་ཏེ་ཞེས་པ་བཞག །ང྄་ཁྱད་དོན། ཨཔ྄་འཇིག །ཡོན་ཏན་ཨི་ཨེ་རུ་སོང༌། ཤེ་ཏེ། ༈ དེ་བཞིན་དུ། ཤཱིང྄་ཨཱ་ཏེ་ཨཔ྄། ཡོན་ཏན་ ཨེ་ཨཡ྄། དྲངས། ཤ་ཡཱ་ཏེ། ཤཱིའི་སྐབས་འདིར་ཡོན་ཏན་ཞེས་པ་བྱུང་ན། ཨི་ཨེ་ཁོ་ན་ཡིན་ལ། ཡོན་ཏན་སོགས་ཞེས་པ་རྣམས། ཨི་ཨེ་ཨེ་ཨཡ྄་སོ་སོར་འདྲེན་པ་གོ་དགོས་སོ། ། ༈ ཤཱི་ངོ་ཉ་ཏོ་རུ་ཊ྄། ཤཱིང་གི་ཨནྟ་ལ་རུཊ྄འོ། །བྱིངས་ཤཱིང྄་གི་ཕ་རོལ་ཏུ་ཨདྨ་ནེའི་རྐྱེན། 19-1-353 ཨནྟའི་རིགས་བྱུང་ན། བྱིངས་ཀྱི་མཐར་རུ་ཊ྄་ཨཱ་ག་མ་སྟེར་རོ། །ཨཱ་ཏོཾ་྅་ཏོ་ད་ན་ཏཿ། ཨཱཏ྄་ ཀྱི་ཨནྟ་ལ་ཨཱཏ྄་ཏེ་ཨ་མིན་པའོ། །འདིར་ཨཱཏ྄་ཅེས་པ་ཨཱཏྨ་ནེའི་ཚིག་ཅན་གྱི་བྱིངས་ལ་ཟེར། དེ་ལྟ་བུའི་ཕ་རོལ་ན་ཡོད་པའི་རྐྱེན་ཨནྟའི་རིགས་ནི་ཨ་ཏ་རུ་སྒྱུར་དགོས་ཏེ། ཏའི་སྲོག་གི་ དབྱངས་ནི་རང་གནས་སུ་གནས་པས་ལུས་འགྱུར་གྱི་དབང་དུ་བྱས་ན། ཨན྄་ཏའི་ན྄་ཡིག་ གམ་ཀླད་སྐོར་ཁོ་ན་སྤངས་པའོ། །འོན་ཀྱང་བྱིངས་ཀྱི་མཐའ་ན་ཨ་ཡིག་ཡོད་ན། ཨནྟ་ཨ་ ཏ་རུ་མི་འགྱུར་རོ། །འདིར་ནི་ཨཱ་ག་མའི་ར྄་ཡིག་བྱིངས་མཐར་ཡོད་ཅིང༌། ཤཱི་དང་ཤེ་གང་གི་ སྐབས་ཡིན་ཀྱང་རུང་སྟེ། བྱིངས་མཐའ་ཨ་ཡིག་མ་ཡིན་པས། ཨ་ཏ་རུ་བསྒྱུར་བ་ཁོ་ནའོ། ༈ དེ་ཡང་ཤཱིང྄་ཨནྟེ་བཞག ཨཔ྄་ཕྱིས། ཡོན་ཏན། རུཊ྄་ཨཱ་ག་མ་བྱིན། ཊྲ་རྗེས་འབྲེལ་ཨུ་བརྗོད་ དོན། །ཨནྟེ་ཨ་ཏེ་རུ་བསྒྱུར། དྲངས། ཤེ་ར་ཏེ། ༈ ཤཱིང་སེ་ཨཔ྄། ཡོན་ཏན། ཀུ་ཨི་ལ་སོགས་ ས་ཥ། ཤེ་ཥེ། ༈ ཤཱིང྄་ཨཱ་ཐེ། ཨཔ྄་ཡོན་ཏན་སོགས། ཤ་ཡཱ་ཐེ། ༈ ཤཱིང྄་དྷྭེ། ཨཔ྄་ཡོན་ཏན། ཤེ་ དྷྭེ། ༈ ཤཱིང྄་ཨེ། ཨཔ྄་ཡོན་ཏན་སོགས། ཤ་ཡེ། ༈ ཤཱིང྄་བ་ཧེ། ཨཔ྄་ཡོན་ཏན། ཤེ་བ་ཧེ། ༈ ཤཱིང྄་མ་ཧེ། །ཨཔ྄་ཡོན་ཏན། ཤེ་མ་ཧེ། ༈ ཤཱིང྄་ཨཱི་ཏ། ཨཔ྄་ཡོན་ཏན་སོགས། ཤ་ཡཱི་ཏ། ༈ ཤཱིང྄་ ཨཱི་ཡཱ་ཏཱཾ། ཨཔ྄་ཡོན་ཏན་སོགས། ཤ་ཡཱི་ཡཱ་ཏཱཾ། ༈ ཤཱིང་ཨཱི་རན྄། ཨཔ྄་ཡོན་ཏན་སོགས། ཤ་ ཡི་རན྄། ༈ ཤཱིང྄་ཨཱི་ཐས྄། ཨཔ྄་ཡོན་ཏན་སོགས། ས྄་རྣམ་བཅད། ཤ་ཡཱི་ཐཱཿ། ༈ ཤཱིང་ཨཱི་ཡཱ་ ཐཱཾ། ཨཔ྄་ཡོན་ཏན་སོགས། ཤ་ཡཱི་ཡཱ་ཐཱཿ། ༈ ཤཱིང྄་ཨཱི་དྷྭཾ། ཨཔ྄་ཡོན་ཏན་སོགས། ཤ་ཡཱི་དྷྭཾ། ༈ ཤཱིང་ཨཱི་ཡ་ཨཔ྄་ཡོན་ཏན་སོགས། ཤ་ཡཱི་ཡ། ༈ ཤཱིང྄་ཨཱི་བ་ཧི། ཨཔ྄་ཡོན་ཏན་སོགས། ཤ་ཡཱི་ བ་ཧི། ༈ ཤཱིང྄་ཨཱི་མ་ཧི། ཨཔ྄་ཡོན་ཏན་སོགས། ཤ་ཡཱི་མ་ཧི། ༈ ཤཱིང྄་ཏཱཾ་ཨཔ྄་ཡོན་ཏན་སོགས། ཤེ་ཏཱཾ། ༈ ཤཱིང྄་ཨཱ་ཏཱཾ། ཨཔ྄་ཡོན་ཏན་སོགས། ཤ་ཡཱ་ཏཱཾ། ༈ ཤཱིང྄་ཨནྟཾ། ཨཔ྄་ཡོན་ཏན། རུཊ྄་ སྟེར། ཨནྟ་ཨ་ཏར་བསྒྱུར། ཤེ་ར་ཏ། ༈ ཤཱིང྄་སྭ་ཨཔ྄་ཡོན་ཏན། ཀུ་ཨི་ལ་སོགས། ཤེ་ཥྭ། ༈ ཤཱིང྄་ཨཱ་ཐམ྄། ཨཔ྄་ཡོན་ཏན་སོགས། ཤ་ཡཱ་ཐཾ། ༈ ཤཱིང྄་དྷྭཾ། ཨཔ྄་ཡོན་ཏན། ཤེ་དྷྭཾ། ༈ ཤཱིང྄་ཨཻ་ 19-1-354 ཨཔ྄་ཡོན་ཏན་སོགས། ཤ་ཡཻ། ཤཱིང྄་ཨཱ་བ་ཧཻཔ྄། ༈ པ྄་རྗེས་འབྲེལ། ཨཔ྄། ཡོན་ཏན་སོགས། ཤ་ཡཱ་བ་ཧཻ། ༈ ཤཱིང྄་ཨཱ་མ་ཧེ་པ྄། པ྄་རྗེས་འབྲེལ། ཨཔ྄་ཡོན་ཏན་སོགས། ཤ་ཡཱ་མ་ཧཻ། ༈ དེང་ མ་ཡིན་པའི་དོན་ལ་ཏན྄་ལ་སོགས་པ་དགུ་སྟེ། སྔར་བཤད་པ་བཞིན་འདི་ཐམས་ཅད་ལ་ཐོག་ མར་ཨཊ྄་བཞག་པར་བྱའོ། །ཤིང྄་ཏན྄། ན྄་རྗེས་འབྲེལ། ཨཔ྄་ཡོན་ཏན། ཨཊ྄་ཨ་ཤེ་ཏ། ༈ ཤཱིང྄་ཨཱཏཱཾ། ཨཔ྄་ཡོན་ཏན་སོགས། ཨཊ྄་ཨ་ཤ་ཡཱ་ཏཱཾ། ༈ ཤཱིང྄་ཨནྟ། རུཊ྄་ཨཔ྄་ཡོན་ཏན། ཨནྟ་ ཨ་ཏར་བསྒྱུར། ཨཊ྄། ཨ་ཤེ་ར་ཏ། ༈ ཤཱིང྄་ཐཱས྄། ཨཔ྄་ཡོན་ཏན། ཨཊ྄་ཨ་ཤེ་ཐཱཿ། ༈ ཤིང྄་ཨ་ ཐཱམ྄། ཨཔ྄། ཡོན་ཏན་སོགས། ཨཊ྄་ཨ་ཤ་ཡཱ་ཐཱཾ། ༈ ཤཱིང྄་དྷྭམ྄། ཨཔ྄་ཡོན་ཏན། ཨཊ྄་ཨ་ཤེ་དྷྭཾ། ༈ ཤཱིང྄་ཨི་ཨཔ྄་ཡོན་ཏན་སོགས། ཨཊ྄་ཨ་ཤ་ཡི། ༈ ཤཱིང྄་བ་ཧི། ཨཔ྄་ཡོན་ཏན། ཨཊ྄་ཨ་ཤེ་ བ་ཧི། ༈ ཤཱིང྄་མ་ཧི་ཨཔ྄་ཡོན་ཏན། ཨཊ྄་ཨ་ཤེ་མ་ཧི། ཞེས་པ་རྣམས་སོ། ། ༈ གཉིས་ཀའི་ཚིག་ཅན་གྱི་དཔེར་བརྗོད་ནི། བྲུ་ཉ྄་གསལ་བར་བརྗོད་པ་ལའོ། །ཉ྄་ནི་ གཉིས་ཀའི་ཚིག་ཅན་གྱི་རྟགས་དོན་ཡིན་པས་དབྱི། ཨ་བཱ་དཱ་བཱི་བི་ཏིཏྶྨི། ཨཔ྄་ལ་སོགས་པ་ དག་གི་ཨཱི་ཏེ་པིཏ྄་ཀྱི་ཏ་ས་མའོ། །ཚུལ་རོལ་ན་བྱིངས་བྲཱུ་ཉ྄་ཡོད་ཅིང༌། ཕ་རོལ་རྣམ་དབྱེའི་ རྐྱེན་གྱི་ཐོག་མའི་ཡི་གེ་ལ། ཏ་ས་མ་རྣམས་གང་རུང་ཡོད་པ་དང༌། པིཏ྄་ཏེ་པ྄་རྗེས་འབྲེལ་ ཡིན་པ་གཞི་མཐུན་ན་ངེས་པར་ཡིན་ཅིང༌། གཞན་ངེས་པ་མེད་དེ་དེ་ལྟ་བུའི་བྱིངས་ཀྱི་མཐར། ཨཔ྄་ཞིག་པའི་ཡུལ་ལ་ཨཱི་རིང་པོ་རྐྱེན་དུ་འགྱུར་ཞིང༌། བྲཱུ་ཡི་སྲོག་ཨུ་ནི་ཡོན་ཏན་ཨོ་རུ་ འགྱུར་ཞིང༌། ཨོ་ཨ་བ྄ར་འགྱུར་བ་ཨཱི་དང་མཚམས་སྦྱོར་བ་སོགས་བྱའོ། །འདིར་ཨཔ྄་ལ་ སོགས་པ་ཞེས་འབྱུང་བ་ནི། སོགས་ཁོངས་ནས་འདོན་རྒྱུ་མེད། དང་པོའི་དོན་ཡིན་པས་སྔོན་ ཨཔ྄་བྱུང་བ་ད་ལྟར་མི་སྣང་བར་བྱས་པའོ། ༈ །བྲཱུཉ྄་ཏི་ཅེས་པ་བཞག ཉ་རྗེས་འབྲེལ། ཨཔ྄་ འཇིག རྐྱེན་ཨཱི་བྱིན། བྲཱུ་ཡི་ཡོན་ཏན་བྲོ། ཨོ་ཨབ྄། བ྄་ཨཱི་ལ་དྲངས། བྲ་བཱི་ཏི། ༈ ཏས྄་ནི་ འདིར་ཏ་རྐྱེན་ཡིན་ཡང༌། པིཏ྄་མིན་པས། ཨཱི་རྐྱེན་དང་ཡོན་ཏན་སོགས་མི་བྱེད་དེ། བྲཱུ་ཏས྄། 19-1-355 ས྄་རྣམ་བཅད། བྲཱུ་ཏཿ། ༈ ཨཱི་ཨཱུ་བྱིངས་ཀྱི་ཨིཡ྄་ཨུབ྄་དག་དབྱངས་ཕ་རོལ་ལའོ། །ཞེས་ འབྱུང་བས། སྤྱིར་བི་ཀཱ་ར་ཎའི་བྱིངས་ཀྱི་མཐའ་ལ་ཨཱི་ཡིག་དང་ཨཱུ་ཡིག་ཡོང་ལ། ཕ་རོལ་དུ་ ཏི་སོགས་ཀྱི་བྱེ་བྲག་དབྱངས་རྐྱེན་བྱུང་ན། ཨི་ཡ྄་དང་ཨུབ྄་རུ་འགྱུར་ཞེས་པ་སྤྱིར་བཏངས་ སུ་བཞག ཡང་ཨི་ཨུ་དག་གི་ཡང་ནའོ། །ཞེས་ཀྱང་འབྱུང་བས་དབྱངས་དུ་མ་ཅན་ཏེ། ཡིག་ འབྲུ་གཉིས་གསུམ་སོགས་ཡོད་པ། གསལ་བྱེད་རབ་སྦྱོར་ཏེ་གསལ་བྱེད་དུ་མ་བརྩེགས་པ་ མ་ཡིན་པ་དེ་འདྲའི་མཐའི་ཨི་ཡིག་ཡ྄་དང༌། ཨུ་ཡིག་བ྄་རུ་འགྱུར་རོ། །དེ་བཞིན་དུ་ནུ་བྱིངས་ ལའོ། །ཞེས་འོག་ནས་འབྱུང་ངོ༌། །འོན་ཀྱང་དམིགས་གསལ་འདིར། ནཱ་ན་ཕྱོརྦཿ། ཨཔ྄་མེད་ པ་ལ་ཨུཔ྄་མ་ཡིན་ནོ། །ཨཔ྄་ཕྱིས་པའི་ཤུལ་དུ་བྱིངས་ཀྱི་མཐའི་ཨུ་ཡིག་ནི་བ྄་ཡིག་ཏུ་མི་ བསྒྱུར་བར། ཨུཔ྄་ཞེས་པ་ཡི་གེ་གཉིས་སུ་བསྒྱུར་བར་བྱའོ། །གཞན་ཡང༌། བྲུ་ཞེས་པ་འདི་ ནི། བ྄་དང་ར྄་བརྩེགས་པས་གསལ་བྱེད་རབ་སྦྱོར་ཡིན། དབྱངས་དུ་མ་མ་ཡིན་ཏེ། ཨུ་ཡིག་ གཅིག་པུ་ཉིད་ཡིན་པས་ཀྱང༌། སྤྱིར་བཏངས་མི་འཇུག་པའོ། །དེས་ན། བྲཱུ་ཨནྟི་ཞེས་པ་བཞག ཨཔ྄་བྲཱུའི་སྲོག་གི་ཨཱུ་རིང་པོ་ནི། ཕྲལ་ཏེ་ཨུ་བ྄ར་བསྒྱུར། བྲ྄་ཨུ་ཐུང་ངུ་ལ་དྲངས། བ྄་ཨ་ན྄་ལ་ དྲངས་པས། བྲུ་བནྟི། ༈ ཡང་བྲུ་སིཔ྄། ཨཔ྄་ཨཱི་བྱིན། ཡོན་ཏན། ཨོ་ཨཔ྄། དྲངས། ཀུ་ཨི་ ལ་སོགས། བྲ་བཱི་ཥི། བྲཱུཉ྄ཐས྄། ས྄་རྣམ་བཅད། བྲཱུ་ཐཿ། ༈ བྲཱུ་ཐ་ཡང་དེ་དང་འདྲ། ༈ བྲཱུ་ མིཔ྄། ཨཔ྄་ཨཱི་ཡོན་ཏན་སོགས། བྲ་བཱི་མི། ༈ བྲཱུ་བས྄་ས྄་རྣམ་བཅད། བྲཱུ་བཿ། བྲཱུ་མས྄། ས྄་ རྣམ་བཅད། བྲཱུ་མཿ། ༈ ཡང་འདིར་དམིགས་གསལ་གྱི་ཁྱད་པར་ནི། བྲུ་བ་ཨཱ་ཧཤྩ་པཉྩ་ནཾ། བྲཱུ་ཨཱ་ཧ྄་ཡང་སྟེ་ལྔ་པོ་རྣམས་སོ། །བྲཱུའི་བྱིངས་ལ་ཏིཔ྄་སོགས་ཐོག་མའི་རྐྱེན་ལྔ་པོ་ནི། ཎཔ྄་ ལ་སོགས་པར་བསྒྱུར་བ་ཡང་རྣམ་འགྱུར་ལུགས་གཅིག་ཡིན་ནོ། །དེ་ཡང་ལྔ་ཅར་ལ་བྲཱུ་ནི་ ཨཱཧ྄་ཞེས་པར་བསྒྱུར། ཕ་རོལ་ཀྱི་རྐྱེན་ཏིཔ྄་ནི་ཎཔ྄་དུ་བསྒྱུར། ཏས྄་ནི་ཨ་ཏུས྄་དང༌། ཨནྟི་ ནི་ཨུས྄་དང༌། སིཔ྄་ནི་ཐཔ྄་དང༌། ཐས྄་ནི་ཨ་ཐུས྄་སུ་འགྱུར་བ་ཡིན་ནོ། ༈ །བྲཱུ་ཏིཔ྄་བཞག 19-1-356 ཨཔ྄་འཇིག བྲཱུ་ཞེས་པ་ཨཱ་ཧར྄་བསྒྱུར། ཏིཔ྄་ཞེས་པ་ཎཔ྄་དུ་བསྒྱུར། པ྄་རྗེས་འབྲེལ། ཎ྄་ བྱ་བའི་དོན། ཧ྄་དབྱངས་མེད་ཨ་ལ་དྲངས། ཨཱ་ཧ་གྲུབ། ༈ བ་ཏས྄་ཨཔ྄་བྲཱུ་ཨཱ་ཧར་བསྒྱུར། ཏས྄་ནི་ཨ་ཏུས྄་སུ་བསྒྱུར། ཧ྄་དྲངས། ས྄་རྣམ་བཅད། ཨཱ་ཧ་ཏུཿ། ༈ བྲཱུ་ཨནྟི་ཨཔ྄། བྲཱུ་ཨཱ་ཧ། ཨནྟི་ཨུས྄། ཧ྄་དྲངས། ས྄་རྣམ་བཅད། ཨ་ཧུཿ། ༈ ནུ་དྷཱ་ཏོཿ། བྱིངས་ལ་ནུའོ། །མདོ་ཚིག་འདི་སྐབས་འདི་ན་ཡོད་ཀྱང་འོག་ཏུ་འཆད་དོ། ། ༈ ཏ་ཐེ། ཐ་ལ་ཏའོ། །ཕ་རོལ་ཏུ་རྣམ་དབྱེའི་རྐྱེན་ཐ་ཡིག་བྱུང་ལ། སྔ་རོལ་ཏུ་བྲཱུ་ཡི་རྣམ་ འགྱུར་ཨཱཧ྄་ཡོད་ན། ཧ྄་དབྱངས་མེད་དེས། ཕ་རོལ་རྣམ་དབྱེ་ཐ་ཡིག་མཐོང་བས། རང་ཉིད་ ཏ྄་ཡིག་ཏུ་འགྱུར་བ་ཡིན་ནོ། ༈ །བྲཱུསིཔ྄། ཨཔ྄་ཨཱཧ། སིཔ྄་ཐཔ྄། ཧཏ྄་རུ་སོང༌། དྲངས། ཨཱཏྠ། ༈ བྲཱུཐས྄་ཨཔ྄། ཨཱཧ྄་ཐས྄་ཨ་ཐུས྄་སུ་བསྒྱུར། ཧ྄་དྲངས། ས྄་རྣམ་བཅད། ཨཱ་ཧ་ཐུཿ། ༈ ཨཏྨ་ནེའི་ཚིག་ཅན་ལ་ནི་བྲཱུ་ཏེ་བཞག ཨུབ྄་བྱེད། བྲུ་བཱ་ཏེ། ༈ ཨུབ྄་ཨནྟེ་ཨ་ཏེ། བྲུ་བ་ཏེ། ༈ ཀུ་ཨི་ལ་སོགས། བྲཱུ་ཥེ། ༈ ཨུབ྄། བྲུ་བཱ་ཐེ། ༈ བྲཱུ་དྷྭེ། ༈ ཨབ྄། བྲུ་བེ། ༈ བྲཱུ་བ་ཧེ། ༈ བྲཱུ་མ་ཧེ། ཞེས་པ་རྣམས་སོ། ༈ །ཆོག་འབྱུང་ལ། བྲཱུ་ཡཱཏ྄། བྲཱུ་ཡཱ་ཏཱཾ། ༈ བྲུ་ཡུཿ། བྲུ་ཡཱ ༈ བྲུ་ ཡཱ་ཏཱཾ། ༈ བྷྲཱུ་ཡཱ་ཏ། ༈ བྲཱུ་ཡཱཾ། ༈ བྲུ་ཡཱ་བ། ༈ བྲུ་ཡཱ་མ། དེ་རྣམས་ནི་རྐྱེན་དང་སྦྱར་བ་ཙམ་ ཡིན་གྱི་རྣམ་འགྱུར་མེད་དོ། ༈ །ཨཏྨ་ནེའི་ཚིག་ཅན་ལ། དགུ་པོ་རྣམས་ཨུབ྄་འབའ་ཞིག་གི་ རྣམ་འགྱུར་ཡིན་ཏེ། བྲུ་བཱི་ཏ། བྲུ་བཱི་ཡཱ་ཏཱཾ། བྲུ་བཱི་རན྄། ༈ བྲུ་བཱི་ཐཿ། བྲུ་བཱི་ཡཱ་ཐཱཾ། བྲུ་བཱི་དྷྭཾ། ༈ བྲུ་བཱི་ཡ། བྲུ་བཱི་བ་ཧི། བྲུ་བཱི་མ་ཧི། ༈ ཤིས་བྱེད་ལ། བྲཱུ་ཏུཔ྄་ཞེས་པ་བཞག པ྄་རྗེས་འབྲེལ། ཨཔ྄། འདི་བིཏ྄་ཡིན་པས་ཨཱི། བྲཱུ་ལ་ཡོན་ཏན། ཨོ་ཨབ྄། སོ་སོར་དྲངས་པས། བྲ་བཱི་ཏུ། ཡང་ ན། ཏུཔ྄་ཏཱ་ཏ་ང྄་རུ་བསྒྱུར་བས། བྲུ་ཏཱཏ྄། ༈ བྲཱུ་ཏཱཾ། ཨུབ྄། བྲུ་བནྟུ། འདི་ལའང་སྤྱིར་བཏངས་ ལྟར་ན་ཨ་ཏུར་བསྒྱུར་བ་ཐོབ་ཀྱང་ལག་ལེན་དུ་མི་བྱེད་པར་སྣང་ངོ༌། ༈ །བྲཱུ་ཧི། ཡང་ན། བྲཱུ་ ཏཱཏ྄། ༈ བྲཱུ་ཏཾ། ༈ བྲཱུ་ཏ། ༈ བྲཱུ་ཨཱ་ནིཔ྄་བཞག་པིཏ྄་ཡིན་པས་ཡོན་ཏན། ཨོ་ཨབ྄། བ྄་ཨཱ་ལ་ 19-1-357 དྲངས། བྲ་བཱ་ནི། ༈ དེ་དང་འདྲ་བར་ཡོན་ཏན། ཨོ་ཨབ྄། བྲཱུ་ཨཱ་བཔ྄། བྲ་བཱ་བ། ༈ བྲཱུ་ཨཱ་ མབ྄། བྲ་བཱ་མ། ༈ ཨཏྨ་ནེ་ལ། བྲཱུ་ཏཱཾ། ༈ ཨུབ྄། བྲུ་བཱ་ཏཱཾ། ༈ བྲུ་བ་ཏཱཾ། འདི་ཨ་ཏ་ར་སོང་བ་ ཡིན། ༈ ཀུ་ཨི་ལ། བྲུ་ཥྭ། ༈ ཨུབ྄། བྲཱུ་བ་ཐཾ། ༈ བྲུ་དྷྭཾ། ༈ བྲཱུ་ཨཻཔ྄། པིཏ྄་ཀྱི་ཡོན་ཏན། ཨོ་ ཨབ྄། དྲངས། བྲ་བཻ། ༈ དེ་དང་སྒྲུབ་ཚུལ་འདྲ་སྟེ། བྲཱུ་ཨཱ་བ་ཧེཔ྄། བྲ་བཱ་བ་ཧཻ། ༈ བྲཱུ་ཨཱ་མ་ ཧཻཔ྄། བྲ་བཱ་མ་ཧཻ། ཞེས་པ་རྣམས་སོ། ༈ །དེང་མིན་པ་ལ་ཐམས་ཅད་ཀྱི་སྔོན་དུ་ཨཊ྄་འཇོག་ དགོས། དང་པོར་པ་ར་སྨི་ལ། བྲཱུ་དི་པ྄་བཞག ཨཔ྄། ཨཱི་ཡོན་ཏན། ཨོ་ཨཔ྄། ཨཊ྄། པ྄་ རྗེས་འབྲེལ། ཨི་ཁྱད་དོན། ད྄་ཏ྄ར་སོང༌། ཨ་བྲ་བིཏ྄། ༈ ཨ་བྲཱུ་ཏཱཾ། ༈ ཨུབ྄། ཨ་བྲུ་བ་ན྄། ༈ བྲཱུ་སིཔ྄། པ྄་རྗེས་འབྲེལ། ཨི་བརྗོད་དོན། པིཏ྄་ཀྱི་ཡོན་ཏན། ཨོ་ཨབ྄། དྲངས། ས྄་རྣམ་ བཅད། ཨ་བྲ་བཿ། ཨ་བྲཱུ་ཏཱཾ། ཨ་བྲཱུ་ཏ། བྲཱུ་ཨ་མིཔ྄། པ྄་རྗེས་འབྲེལ། ཨི་བརྗོད་དོན། ཡོན་ ཏན། ཨོ་ཨཔ྄་དྲངས། མ་ང་རོ། ཨ་བྲ་བཾ། ༈ ཨ་བྲཱུ་གཨ་བྲཱུ་མ། ༈ ཨཏྨ་ནེ་ལ། བྲཱུ་ཏན྄། ན྄་ རྗེས་འབྲེལ། ཨ་བྲཱུ་ཏ། ༈ ཨུ་བ྄། ཨ་བྲུ་བཱ་ཏཱཾ། ༈ ཨུ་བ྄། ཨ་བྲུ་བཏ྄། ༈ ས྄་རྣམ་བཅད། ཨ་ བྲཱུ་ཐཱཿ། ༈ ཨུ་བ྄། ཨ་བྲུ་བཱ་ཐཾ། ༈ ཨ་བྲཱུ་དྷྭཾ། ༈ ཨུབ྄་ཨ་བྲུ་བི། ༈ ཨ་བྲཱུ་བ་ཧི། ༈ ཨ་བྲཱུ་མ་ཧི། ཞེས་པ་རྣམས་ཏེ། འདི་ནི་གཉིས་དོན་ཅན་ཡིན་པས་བྱིངས་ཐམས་ཅད་པའི་རྐྱེན་བདུན་ཅུ་རྩ་ གཉིས་ཀར་འཇུག་པའོ། །འདི་རྣམས་འཇིག་པ་བི་ཀ་ར་ཎའི་ཡུལ་ཡིན་པའི་ཕྱིར། བྱིངས་ལ་ རྣམ་དབྱེ་བཀོད་མ་ཐག་ཏུ་ཨཔ྄་འཇིག་པ་ཡིན་མོད། འདིར་ཡི་གེ་མང་བས་འཇིགས་པ་ཏེ་རེ་ རེ་བཞིན་མ་བྲིས་མོད་ཀྱི། ཨ་དའི་བྱིངས་ཀྱི་སྐབས་སུ་བཤད་པ་བཞིན་དུ་རིགས་བསྒྲེས་ཏེ་ གོ་བར་བྱ་ལ། ས་རིས་བྱེད་པ་རྣམས་ཀྱིས་ཀྱང་སླ་ཆོས་མི་བྱེད་པར་འབྲི་བསུབ་བྱེད་པ་གལ་ ཆེའོ། །དེ་བཞིན་དུ་འོག་མ་རྣམས་ལའང་རིག་པར་བྱའོ། ༈ །འཇིག་པ་བི་ཀ་ར་ཎའི་ཡུལ་ ཡིན་ཀྱང༌། ཧུ་ལ་སོགས་པ་རྣམས་ལ་མི་འདྲ་བའི་ཁྱད་པར་ཡོད་ཏེ། འདིར་བྱིངས་གཉིས་སུ་ འཕེལ་བའི་རིགས་ལ་ནི་གཉིས་བརྗོད་ཅེས་བྱའོ། །ཧུ་སྦྱིན་པ་དང་མཆོད་པ་དག་ལའོ། །ཞེས་ 19-1-358 བྱིངས་ཧུ་ལ་དཔེར་བརྗོད་བྱའོ། ། ཧྭཱ་དེརྡྭིཤྩ། ཧུ་ལ་སོགས་པ་ལས་གཉིས་ཀྱང་ངོ༌། །འདིར་ཐམས་ཅད་ལ་ཡང་གོང་བཞིན་ ཨཔ྄་འཇིག་གོ །དེ་ཡང་བྱིངས་ཧུ་ལ་འདིར་བསྟན་གྱི་རྣམ་དབྱེ་བྱིངས་ཐམས་ཅད་ལ་གང་ བྱིན་ཡང༌། བྱིངས་ཉིས་འགྱུར་དུ་འཕེལ་བར་འགྱུར་ཏེ། འདིར་ཧུ་ཧུ་ཞེས་གཉིས་འབྱུང་བ་ ཡིན་ནོ། ། ས་སྭ་རཱ་དི་རྡྭིར་དྭིཿ། དབྱངས་བཅས་དང་པོ་གཉིས་ཏེ་གཉིས་མ་ཡིན་པའོ། །དབྱངས་ དང་པོ་ཅན་གྱི་བྱིངས་ལ་ནི། དབྱངས་ཉིད་གཉིས་སུ་འཕེལ་བར་འགྱུར་གྱི། ཆ་ཤས་སམ་ རྗེས་འབྲང་གསལ་བྱེད་ནི་གཉིས་སུ་འཕེལ་བ་མ་ཡིན་ནོ། །མདོ་འདི་གཉིས་ཀྱང་ངོ་ཞེས་པ་ ལས་འཕྲོས་པ་སྟེ། དཔེར་བརྗོད་འོག་ཏུ་འཆད་སྐབས་འདིར་བྱ་བ་མེད་དོ། ། ཀུ་ཧོཤྩུཿ། ཀུ་དང་ཧ་ཡི་ཙུའོ། །ཐོག་མར་ཡོད་པའི་བྱིངས་དེའི་མཐའ་ལ། ཀུ་སྟེ་ཀ་སྡེ་ དང་གཞན་ཧ་ཡིག་ཡོད་ནའང༌། དེ་དག་ཙུ་སྟེ་ཙ་སྡེར་འགྱུར་རོ། །དེ་ལ་ཀ་ཁ་ག་གྷ་ང༌། རིམ་ པས། ཙ་ཚ་ཛ་ཛྷ་ཉ་རྣམས་སུ་འགྱུར་ཏེ། དཔེར་བརྗོད་འོག་ཏུ་སྟོན། ཧ་ཡིག་ནི་ཙ་སྡེའི་བཞི་པ་ ཛྷ་ཡིག་ཏུ་འགྱུར་རོ། ། ཛྷ་པཱ་ནཱཾ་ཛ་བ་ཙ་བཱཿ ཛྷ་པ་རྣམས་ཛ་བ་དང་ཙ་པ་རྣམས་སོ། །ཛྷ་པ་སོ་སོར་བསྡུ་བ་ནི། སྡེ་པ་ལྔ་པོ་རྣམས་ཀྱི་ད་སོགས་སྤངས་པའོ། །ཛ་བ་ནི་སྡེ་པའི་གསུམ་པ་རྣམས་སོ། །ཙ་པ་ནི་ དང་པོ་ལྔའོ། །རྣམས་ཀྱི་ཞེས་པའི་ཚིག་ཟུར་ནི་ཁ་པ་སོ་སོར་བསྡུ་བ་སྟེ། སྡེ་པ་རྣམས་ཀྱི་དང་ པོ་རྣམས་དང་གཉིས་པ་རྣམས་སོ། །དེས་ན་བྱིངས་གཉིས་སུ་འཕེལ་བའི་ཐོག་མ་དེ་ནི། ཛྷ་ པའི་ཡི་གེ་གང་ཡིན་ཀྱང༌། སྡེ་པའི་ནང་སེལ་གྱི་གྲངས་དང་མཐུན་པའི་ཛ་བར་འགྱུར་ལ། རྣམས་ཀྱི་སྒྲས་ཁ་པ་ཡིན་ན། ཀ་པར་ཡང་འགྱུར་རོ། །ཞེས་པའི་དོན་ཡིན་མོད་ཀྱི། དེ་ཡང་ ཛྷ་པ་ཐམས་ཅད་ཛ་བར་འགྱུར་བ་ནི་སྤྱིར་བཏངས་དང༌། ཛ་བའི་ནང་སེལ་ཁ་པ་ནི་ཛ་བར་མི་ 19-1-359 འགྱུར་བར། ཙ་པར་བསྒྱུར་བ་དམིགས་གསལ་ཡིན་ནོ། །འདིར་ནི་བཞི་པ་ཛྷ་སོགས། གསུམ་ པ་ཛ་སོགས་སུ་འགྱུར་བ་འདི་དགོས་སོ། ། ༈ དེ་ཡང་ཧུ་ཏི་ཞེས་པ་བཞག ཨཔ྄་ཕྱིས། ཧུ་ལ་སོགས་པའི་གཉིས་ཀྱང་ངོ༌། །ཞེས་པས་ ཧུ་ལས་ཧུ་གཅིག་གྲལ་འགོར་འཕེལ། ཀུ་ཧ་དག་གི་ཙུའོ། །ཞེས་པས་ཧུ་གྲལ་འགོ་མ་ཛྷུ་ཞེས་ པར་སོང༌། ཛྷ་པ་རྣམས་ཀྱི་ཛ་བ་དང་ཙ་པའོ། །ཞེས་པས། ཛྷུ་དེ་ཡང་ཛུ་རུ་སོང༌། ཛུ་ཧུ་སྒྲུབ་ ཚུལ་འདི་འོག་མ་ཐམས་ཅད་ལ་སྦྱར་བར་བྱའོ། །པིཏ྄་ལ་ཡོན་ཏན་ཏེ། ཧུ་ཧོ་རུ་སོང་། ཛུ་ཧོ་ཏི། ༈ ཛ་ཧུ་ཏས྄། ས྄་རྣམ་བཅད། ཛུ་ཧུ་ཏཿ། དྭེཿ། གཉིས་ལས་སོ། །གཉིས་སུ་བརྗོད་པའི་ཐ་མའི་ ཨནྟི་ཨ་ཏར་བསྒྱུར་དགོས་ཏེ། ཛུ་ཧུ་ཨནྟི་ཨཔ྄། ཛུ་ཧུ་ཨ་ཏི། ཧུའི་ཨུ་བ྄ར་སོང༌། དྲངས། ཛུ་ཧྭ་ ཏི། ༈ ཨཔ྄་ལ་ཡོན་ཏན། ཛུ་ཧོ་ཥི། ༈ ས྄་རྣམས་བཅད། ཛུ་ཧུ་ཐཿ། ༈ ཡང་ཛུ་ཧུ་ཐ། ༈ མིཔ྄་ ནི་པིཏ྄་ཏེ་ཡོན་ཏན་ནོ། །ཛུ་ཧོ་མི། ༈ ཨོརྦ་མོརྦཱ་ལོ་པཿ། བ་མ་ལ་ཨུ་དབྱི་བ་ཡང་ནའོ། །ཕ་རོལ་རྣམ་དབྱེ་ཝ་མ་གང་རུང་བྱུང་ ན། ཚུ་རོལ་བྱིངས་ཀྱི་མཐའ་ཡི་ཨུ་ཡིག་ནི་ཡང་ན་དབྱི་བར་བྱ་སྟེ། འདིར་འགྲེལ་པ་ལས་རྐྱེན་ ལ་གནས་པའི་ཨུ་དབྱི་བར་དངོས་སུ་བསྟན་ཅིང༌། ཤུགས་ལ་གཞན་ཡང་ཡོད་པར་བཤད་པ་ ལས། རྐྱེན་གྱི་ཨུ་ཡིག་དབྱི་བ་སྐབས་གཞན་དུ་འབྱུང༌། འདིར་གཞན་དབྱི་བར་བཤད་པ་དེ་ ཡིན་ཏེ། བྱིངས་ས་ལ་ཡོད་པའི་ཨུ་ཡིག་ཡིན་པས་སོ། ༈ །དེས་ན་མི་འཕྱིད་པའི་ཕྱོགས་ལ་ཛུ་ ཧུ་བཿ། ༈ ཛུ་ཧུ་མཿ། འདི་ལ་ས྄་རྣམ་བཅད་མ་གཏོགས་པའི་རྣམ་འགྱུར་མེད། ༈ དབྱི་བའི་ ཕྱོགས་ལ་ཧའི་སྲོག་གི་ཨུ་ཕྱིས། ཧ྄་བའམ་མ་ལ་དྲངས། རྣམ་བཅད་བྱས་པས། ཛུ་ཧྭཿ། ༈ ཛུ་ ཧྨཿ། ༈ དེ་བཞིན་དུ་ལིང྄་ལ། ཛུ་ཧུ་ཡཱ་ཏཱ། ཛུ་ཧུ་ཡཱ་ཏཱཾ། ཛུ་ཧུ་ཡུཿ། ཛུ་ཧུ་ཡཱ། ཛུ་ཧུ་ཡཱ་ཏཾ། ༈ ཛུ་ ཧུ་ཡཱ་ཏ། ཛུ་ཧུ་ཡཱཾ། ཛུ་ཧུ་ཡཱ་བ། ཛུ་ཧུ་ཡཱ་མ། ༈ དེ་བཞིན་དུ་ལོཊ྄་ལ་ཡོན་ཏན། ཛུ་ཧོ་ཏུ། ཡང་ན་ ཛུ་ཧུ་ཏཱཏ྄། ཛུ་ཧུ་ཏཱཾ། ཨནྟུ་ལ་ཨ་ཏར་བསྒྱུར། ཧུ་ཡི་ཨུཔ྄། ཛུ་ཧྭ་ཏུ། ༈ ཧེརྡྷིཿ། ཧི་དྷིའོ། །སྐབས་ 19-1-360 འདིར། སྐྱེས་བུ་དབུས་མའི་གཅིག་ཚིག་ཧི་ནི་དྷི་རུ་བསྒྱུར་བ་སྟེ། ཛུ་ཧུ་དྷི། ཡང་ན། ཛུ་ཧུ་ཏཱཏ྄་ ཞེས་པའོ། །ཛུ་ཧུ་ཏཾ། ཛུ་ཧུ་ཏ། ཨཱ་ནི་པ྄་ལ་པིཏ྄་ཡོན་ཏན་ནོ། །ཛུ་ཧ་བཱ་ནི། དེ་བཞིན་དུ་ཡོན་ ཏན་ཏེ། ཛུ་ཧ་བཱ་བ། ཛུ་ཧ་བཱ་མ། ཞེས་པའོ། ༈ །དེ་བཞིན་དུ་ལང྄་ཞེས་པ་ལ་ཐམས་ཅད་ཀྱི་ འགོར་ཨཊ྄་སྦྱར། ཛུ་ཧུ་དིཔ྄། པ྄་དང་ཨི་ཕྱིས། ཧུ་ཡོན་ཏན། ད྄ཏ྄། ཨ་ཛ་ཧོ་ཏ། ཨ་ཛུ་ཧུ་ཏཱཾ། ཨ་ན྄་ཨུས྄། ཨན྄་ནི་ཨུས྄་སོ། །གཉིས་སུ་བརྗོད་པའི་སྐབས་འདིར། དེང་མིན་སྐྱེས་བུ་དང་ བོའི་མིང་ཚིག ཨན྄་ནི་ཨུས྄་སུ་བསྒྱུར་བ་ཡིན་ནོ། །ཛུ་ཧུ་ཨན྄་བཞག ཨན྄་ཨུས྄་སུ་བསྒྱུར། ཛུ་ཧོ་ཨོ་ཨབ྄། དྲངས། ས྄་རྣམ་བཅད། ཨ་ཛུ་ཧ་བུཿ། ༈ སིཔ྄་ནི་བིཏ྄་ཡིན་པས། ཧུ་ལ་ཡོན་ ཏན། པ྄་དང་ཨི་ཕྱིས། ས྄་རྣམ་བཅད། ཨ་ཛུ་ཧོཿ། ཨ་ཛུ་ཧུ་ཏཾ། ཨ་ཛུ་ཧུ་ཏ། ༈ ཨ་མིཔ྄་ལ་པ྄་ དང་ཨི་ཕྱིས། ཡོན་ཏན་ཨོ་ཨབ྄། དྲངས། མ྄ང་རོ། །ཨ་ཛུ་ཧ་བཾ། བ་མ་ལ་བས྄་མས྄་བཞིན་ སྒྲུབ་སྟེ། ཧུའི་ཨུ་ཕྱིས་ན། ཨ་ཛུ་ཧྭ། ཨ་ཛུ་ཧྨ། ༈ མ་ཕྱིས་ན། ཨ་ཛུ་ཧུ་བ། ཨ་ཛུ་ཧུ་མ། དེ་ལྟར་ ན་བྱིངས་ཧུ་ལ་པ་ར་སྨཻ་པ་ཏི་སྦྱར་བའོ།། །། ༒ ད་ནི་གཉིས་བརྗོད་པའི་ཨཱཧྨ་ནེའི་དཔེར་བརྗོད་ནི། དེ་ཡང་ཌུ་བྷྲྀཏ྄་གནས་པ་དང་ རྒྱས་པ་ལའོ། །ཨོ་ཧཱང྄་འགྲོ་བ་ལའོ། །མཱང྄་མཆོད་པ་ལའོ། །ཞེས་པ་རྐྱེན་འདི་གསུམ་ནི། བྷྲྀ་ ལ་སོགས་པ་ཞེས་ཐ་སྙད་བྱེད་དོ། ༈ །དེ་ལས་སྐབས་འདིར་ཨོ་ཧཱང྄་དཔེར་བརྗོད་དུ་བཟུང་ ངོ༌། །ཧྲ་སྭཿ། ཐུང་ངུའོ། །དེ་ཡང་བྱིངས་གཉིས་འཕེལ་བའི་ཐོག་མ་སྟེ། གྲལ་འགོ་ན་ཡོད་པ་ དེ་སྔར་རིང་པོ་ལས་ཕྱིས་ཐུང་ངུར་བསྒྱུར་བར་བྱའོ། བྷྲྀ་ཡཱཾ་ལུ་ཀི། བྷྲྀཉ྄་རྣམས་ཀྱི་འཇིག་གོ ། འདིར་ཨོ་ཧཱང྄་ཡང་བྷྲྀ་ལ་སོགས་པ་སྟེ། འདི་རྣམས་ལ་བྱིངས་དང་པོའི་སྲོག་གི་ཨ་ཡིག་ནི། ཨི་ཡིག་ཏུ་བསྒྱུར་བ་དང༌། འཇིག་པ་གཉིས་ཡོད་དོ། །འགྲེལ་པར་ལུང་དྲངས་པ། གཉིས་ ཉིད་དག་ལ་མི་སྣང་བ་རྗེས་སུ་འཇུག་སྟེ། ཨཱི་ཡིག་ཡང་ངོ༌། །ཞེས་ཀྱང་འབྱུང་བས། བྱིངས་ གཉིས་སུ་བརྗོད་པའི་སྐབས་འདིར། ཕ་རོལ་དབྱངས་ཐོག་མ་ཅན་གྱི་རྐྱེན་ལ། པཏི་མ་ཡིན་ 19-1-361 པར་ངིཏ྄་དུ་ཡོད་ན་བྱིངས་ཀྱི་མཐའི་ཨ་ཡིག་དབྱི་བ་ཡིན་ཅིང༌། ཧ་ས་ཏེ་གསལ་བྱེད་ཐོག་མ་ ཅན་གྱི་རྐྱེན་དི་ཏ་བྱུང་ན། བྱིངས་ཀྱི་མཐའི་ཨཱ་ཡིག་ཨཱི་ཡིག་ཏུ་འགྱུར་བ་ཡིན་ནོ། །དེ་ཡང་ ཨོཧཱང྄་ང྄་ཁྱད་དོན། ཨོ་ནི་བྱ་བའི་དོན། ཧཱ་ཏེ་ཞེས་པ་བཞག་གོ །ཨཔ྄་ཕྱིས། བྱིངས་ཉིས་ འགྱུར་གཅིག་གོང་དུ་བཞག ཐུང་ངུའོ་ཞེས་པས་ཧཱ་སྔ་མ་ཐུང་ངུར་སོང༌། ཀུ་དང་ཧའི་ཙུའོ། །ཧ་ ཛྷ། ཛྷ་ས་རྣམས་ཀྱི་ཛ་བའོ། །ཞེས་པས་ཛྷ་ཛ་རུ་སོང༌། བྷྲྀ་ཨི་རྣམས་ཀྱི་འཇིག་གོ །ཞེས་པས་ བྱིངས་དང་པོའི་སྲོག་གི་ཨ་ནི་ཨིར་བསྒྱུར་ཏེ། ཛི་ཧཱ་ཞེས་པ་བྱུང༌། ཏེའི་ཏ་ནི་གསལ་བྱེད་ཐོག་ མ་ཅན་ཡིན་པས། བྱིངས་མཐའ་ཧཱ་ཡི་སྲོག་ཨཱ་ནི་ཨཱི་རིང་པོར་འགྱུར། ཛི་ཧཱི་ཏེ། དེ་བཞིན་ དུ། ཛི་ཧཱ་སྒྲུབ་ཚུལ་ཐམས་ཅད་ལ་འདྲ། ཛི་ཧཱ་ཨཱ་ཏེ་ཞེས་པ་བཞག ཨཱ་ཏེ་ནི་དབྱངས་ཐོག་མ་ ཅན་གྱི་རྐྱེན་ཡིན་པས། ཛི་ཧཱའི་སྲོག་ཨཱ་རིང་པོ་ཕྱིས། ཧ་ནི་ཨཱ་ཏེའི་ཨཱ་དང་སྦྱོར། ཛི་ཧཱ་ཏེ། དེ་ གཉིས་ཀར་པིཏ྄་ཀྱི་རྐྱེན་མ་ཡིན་ནོ། །དེས་གཞན་རྣམས་ལའང་རིགས་འགྲེ་སྟེ། ཨནྟེ་ཨ་ཏེར་ བསྒྱུར། ཛི་ཧ་ཏེ། ༈ ཀུ་ཨི་ལ། ཛི་ཧེ་ཥེ། ཛི་ཧཱ་ཐེ། ཛི་ཧཱི་དྷྭེ། ༈ ཛི་ཧེ། ཛི་ཧཱི་བ་ཧེ། ཛི་ཧཱི་མ་ཧེ། ༈ ལིང྄་ལ་ཛི་ཧཱི་ཏ། འདིའི་ཧཱི་རིང་པོ་ནི་གསལ་བྱེད་ཀྱི་རྐྱེན་ལས་བྱིངས་མཐའ་ཨཱིར་གྱུར་པ་ མ་ཡིན། དབྱངས་རྐྱེན་ཡིན་པས། བྱིངས་མཐའི་ཨཱ་རིང་པོ་ཕྱིས་ནས། རྐྱེན་གྱི་ཨཱི་ལ་ཧ྄་དྲངས་ པ་ཡིན་ཏེ་ཕྱི་མ་བརྒྱད་ལའང་འདི་བཞིན་དུ་ཤེས་པར་བྱའོ། །ཛི་ཧཱི་ཡཱ་ཏཱཾ། ཛི་ཧཱི་རན྄། ༈ ཛི་ ཧཱི་ཐཱཿ། ཛི་ཧཱི་ཡཱ་ཐཱཾ། ཛི་ཧཱི་དྷྭཾ། ༈ ཛི་ཧཱི་ཡ། ཛི་ཧཱི་བ་ཧི། ཛི་ཧཱི་མ་ཧི་རྣམས་སོ། ༈ །ལོཊ྄་ཀྱི་སྡེ་ རྣམས་ལ། སྔར་བཤད་པའི་དབྱངས་གསལ་ཐོག་མ་ཅན་རྣམས་དྲན་པར་བྱས་ཏེ། ཛི་ཧཱི་ཏཱཾ། ཛི་ཧཱ་ཏཾ། ཨ་ཏར་བསྒྱུར། ཛི་ཧ་ཏཱཾ། ༈ ས་ཥ་རུ་སོང༌། ཛི་ཧཱི་ཥྭ། ཛི་ཧཱ་ཐཾ། ཛི་ཧཱི་དྷྭཾ། ༈ ཛི་ཧཻ། ཛི་ ཧཱ་བ་ཧཻ། ཛི་ཧཱ་མ་ཧཻ། ༈ ལང྄་གི་རྐྱེན་ལ་ཨཊ྄་སྔོན་དུ་བཞག ཏན྄་གྱི་ན྄་ཕྱིས། ཨ་ཛི་ཧཱི་ཏ། ཨ་ ཛི་ཧཱ་ཏཱཾ། ཨ་ཏར་བསྒྱུར། ཨ་ཛི་ཧ་ཏ། ༈ ཨ་ཛི་ཧཱི་ཐཿ། ཨ་ཛི་ཧཱ་ཐཱཾ། ཨ་ཛི་ཧཱི་དྷྭཾ། ༈ ཨ་ཛི་ཧི། ཨ་ཛི་ཧཱི་བ་ཧི། ཨ་ཛི་ཧཱི་མ་ཧི། ཞེས་པའོ། ༈ །ཨོ་ཧཱཀ྄་གཏོང་བ་ལའོ། །ཀ྄་རྗེས་འབྲེལ། ཨོ་ 19-1-362 བརྗོད་དོན། དང་པོར་ལ་ཊ྄་པ་ར་སྨཻ འི་དབང་དུ་བྱས་ཏེ། ཧཱ་ཧིཔ྄་ཞེས་པ་བཞག ཨཔ྄་འཇིག ཧཱ་གཉིས་འཕེལ། ཧཱ་གོང་མ་ཐུང་ངུ་ཧ་རུ་བསྒྱུར། དེ་ཛྷ་དང༌། དེ་ཡང་ཛ་རུ་བསྒྱུར་ཏེ། ཛ་ཧཱ་ཏི། འདི་པིཏ྄་ཡིན་པས་མཐའི་ཨཱ་དབྱི་བ་དང༌། ཨཱི་རིང་བོར་བསྒྱུར་བ་གཉིས་ཀར་མེད་དོ། ༈ །ཧཱ་ ཏས྄། འདི་གསལ་བྱེད་ཐོག་མ་ཅན་ཡིན་པས་བྱིངས་མཐའ་ཨཱི་རིང་པོར་བསྒྱུར། ཛ་ཧཱི་ཏཿ། ༈ ཛ་ཧཱ་ཨིནྟ་ཨ་ཏི་ར་བསྒྱུར། ཧཱའི་སྲོག་ཨཱ་ཕྱིས། ཧ྄་ཨ་ཏིའི་ཨ་ལ་དྲངས། ཛ་ཧ་ཏི། ༈ དེ་ལྟར་ གསུམ་པོ་དེ་མཚོན་བྱེད་དུ་བྱས་ནས་རིགས་འགྲེ་སྟེ། པིཏ྄་ཡིན་མིན་གྱི་ཁྱད་དང༌། ངིཏ྄་ལ་ ཡང་གསལ་བྱེད་དང་པོ་ཅན་དང་དབྱངས་དང་པོ་ཅན་གྱི་དབྱེ་བ་སོ་སོར་ཤེས་པར་བྱ་སྟེ། ཛ་ ཧཱ་སི། ཛ་ཧཱི་ཐཿ། ཛ་ཧཱི་ཐ། ༈ ཛ་ཧཱ་མི། ཛ་ཧཱི་བཿ། ཛ་ཧཱི་མཿ། ཞེས་སོ། ༈ །འདིར་ཛ་ཧཱ་ཉིད་ཡཱ་ ཏ྄་ལ་སོགས་པ་རྣམས་ཀྱི་ཨ་དབྱིའི་ཞེས། མདོ་གཞན་ལས་བཤད་པས། བྱིངས་ཛ་ཧཱ་ལ་ཡཱཏ྄་ ལ་སོགས་པ། ལིང྄་པ་ར་སྨཻ་རྐྱེན་དགུ་པོ་གང་བྱུང་ཀྱང༌། ཧཱའི་ཨཱ་རིང་པོ་ཕྱིས་ཏེ་ཧ྄་ཡིག་ཡཱ་ཡི་ སྟེང་དུ་འདྲེན་པ་ཡིན་ནོ། །ཛ་ཧྱཏ྄། ཛ་ཧྱཱ་ཏཱཾ། ཛཧྻུཿ། ༈ ཛཧྱཱཿ། ཛཧྱཱ་ཏཱཾ། ཛ་ཧྱཱཾ་ཏ། ༈ ཛ་ཧྱཱཾ། ཛ་ ཧྱཱ་བ། ཛ་ཧྱཱ་མ། ༈ ལོཊ྄་ཡི་པ་ར་སྨཻ། ཛ་ཧཱ་ཏུ། ཡང་ན་ཛ་ཧཱི་ཏཱཏ྄། འདི་སྔར་པིཏ྄་ཡིན་པ་དེ་ཏཱཏ྄་ རུ་བསྒྱུར་ཟིན་པ་ན། འགྱུར་ནས་ངིཏ྄་གསལ་བྱེད་དང་པོ་ཅན་དུ་སོང་བས། བྱིངས་མཐའི་ཨཱ་ ཡིག་ཨཱི་ཡིག་རིང་པོར་བསྒྱུར་བ་ཡིན་ཏེ། དོན་འདི་སྔར་ཕྱི་མང་པོ་གཅིག་ཏུ་འཁྱེར་དགོས་པ་ ཡོད་དོ། ༈ །དེ་བཞིན་དུ། ཛ་ཧཱི་ཏཱཾ། ༈ ཨནྟུ། ཨ་ཏུར་བསྒྱུར། ཨཱ་ཕྱིས། ཛ་ཧ་ཏུ། ༈ ཨཱིརྦཱ་ཧཽ། ཧི་ལ་ཨི་ཨཱི་ཡང་ནའོ། །སྐབས་འདིར་རྣམ་དབྱེ་ཧི་ལ་སྔར་བཤད་པ་ལྟར་གྱི་རྣམ་འགྱུར་མེད་ པ་དང༌། ཏཱ་ཏང྄་དུ་བསྒྱུར་བ་གཉིས་ཐུན་མོང་དཀྱུས་འགྲོ་ཡིན་ལ། འདིར་ཨོ་ཧཱཀ྄་གི་བྱིངས་ ལ་བྱིངས་མཐའི་ཨཱ་ཨི་ཐུང་ངུའམ། ཨཱི་རིང་པོ་གང་རུང་དུ་བསྒྱུར་བ་འདི་ཉིད་ཀྱི་དགོས་ཆོས་ ཡིན། སྤྱི་འགྲོས་དང་དགོས་ཆོས་གདམ་ཁ་ཡིན་པས། འདི་ལ་རྣམ་འགྱུར་བཞི་འབྱུང་ངོ༌། །ཛ་ ཧཱ་ཧི། ཛ་ཧཱི་ཏཱ་ཏ྄། སྤྱིར་འགྲོས་གཉིས་སོ། །ཛ་ཧཱི་ཧི། ཛ་ཧི་ཧི། དགོས་ཆོས་གཉིས་སོ། ༈ །དེ་ 19-1-363 བཞིན་དུ། ཛ་ཧཱི་ཏཱཾ། ༈ ཛ་ཧཱི་ཏ། ༈ ཨཱ་ནིཔ྄་ལ་པ྄་དང་ཨི་ཕྱིས། པཏ྄་ཡིན་པས་བྱིངས་མཐའ་ ལ་རྣམ་འགྱུར་གཞན་མེད། རྐྱེན་གྱི་ཨཱ་མཚུངས་འདྲ་སྦྱར། ཛ་ཧཱ་ནི། དེ་དང་འདྲ་བར་མཚུངས་ འདྲ་སྦྱར་བས། ཛ་ཧཱ་བ། ༈ ཛ་ཧཱ་མ། ༈ ལ་ད་པ་ར་སྨཻ་ནི། འདི་རྣམས་ལ་ཨཊ྄་སྔོན་དུ་བཞག ཛ་ཧཱ་དིཔ྄། འདི་འདྲའི་རིགས་གསལ་བྱེད་སྔ་མ་ཅན་ཡིན་ཡང༌། པིཏ྄་ཡིན་པས། ཧཱ་ལ་རྣམ་ འགྱུར་མེད། དིཔ྄་ཀྱི་པ྄་དང་ཨི་ཕྱིས། ད྄་ཏ྄་རུ་སོང༌། ཨ་ཛ་ཧཱ་ཏ྄། ༈ དེ་བཞིན་དུ། ཨ་ཛ་ཧཱི་ ཏཱཾ། ༈ ཡང་ཨ་ཛ་ཧཱ། ཨན྄་ཨུས྄་སུ་བསྒྱུར། ཨུ་སྱཱ་ལོ་པཿ། ཨུས྄་ཀྱི་ཨཱ་དབྱིའོ། །རྐྱེན་ཨན྄་ ཞེས་པ་ཨུས྄་ཞེས་པར་བསྒྱུར་ཞིང་། ཨོ་ཧཱཀ྄་གི་སྐབས་འདིར་རྐྱེན་ཨུས྄་ཀྱི་ནུས་པས། བྱིངས་ མཐའི་ཨཱ་རིང་པོ་ཕྱིས་པར་འགྱུར། ཧ྄་ཨུ་ལ་དྲངས། ས྄་རྣམ་བཅད། ཨ་ཛ་ཧུཿ། ༈ སིཔ྄་ཀྱི་ པ྄་དང་ཨི་ཕྱིས། ས྄་རྣམ་བཅད། པིཏ྄་ཡིན་པས་གཞན་རྣམ་འགྱུར་མེད། ཨ་ཛ་ཧཱཿ། ༈ དེ་ བཞིན་དུ། ཨ་ཛ་ཧཱི་ཏཱཾ། ཨ་ཛ་ཧཱི་ཏ། ༈ ཨ་མིཔ྄་ལ་པ྄་ཨི་ཕྱིས། འདྲ་བ། མ྄་ང་རོ། ཨ་ཛ་ཧཱཾ། ཨ་ཛ་ཧཱི་བ། ཨ་ཛ་ཧཱི་མ། ཞེས་པ་རྣམས་སོ། ༈ །ཌུ་དཱཉ྄་སྦྱིན་པ་ལའོ། །ཉ྄་ཡིག་གཉིས་ཀའི་ དོན། {བྲུ་[ཌུ་]ཡིག་ཌིཏ྄་ཀྱི་བྱ་བའི་དོན། གཉིས་ཀ་ཁྱད་དོན་ཡིན་པས་ཕྱིས། དཱ་ཏིཔ྄་ཞེས་ པ་བཞག བྱིངས་ཉིས་འགྱུར། སྔ་མ་ཐུང་ངུ༌། ད་དཱ་ཏི། ༈ དཱ་དེཿ། དཱ་ལ་སོགས་པའོ། །ཌུ་དཱཉ྄་ ལ་སོགས་པའི་བྱིངས་གཉིས་སུ་བརྗོད་པ་དག་ལ། དཱ་ཕྱི་མའི་དབྱངས་ཨཱ་ཡིག་ནི་ཕ་རོལ་དུ་ པིཏ྄་མ་ཡིན་པ། ངིཏ྄་ཀྱི་རྣམ་དབྱེ་དབྱངས་གསལ་ཐོག་མ་གང་ཡིན་ཡང་འདྲ་སྟེ་དབྱི་བར་བྱ་ བ་ཡིན་ནོ། །དེ་ལྟར་ན་ད་དཱ་གྲུབ་པར་བྱས་ཏེ་ཕ་རོལ་དུ་ཏས྄་བཞག འདི་གསལ་བྱེད་དང་པོ་ ཅན་གྱི་ངིཏ྄་ཡིན་པས། དཱ་ཕྱི་མའི་སྲོག་གི་ཨཱ་རིང་པོ་ཕྱིས། ད྄་དབྱངས་མེད་ཏ྄་རུ་སོང༌། རྐྱེན་ གྱི་སྟེང་དུ་དྲངས། ས྄་རྣམ་བཅད། དཏྟཿ། ༈ ད་དཱ། ཨནྟི་ཞེས་པ་བཞག ཨ་ཏིར་བསྒྱུར། ཨཱ་ ཕྱིས། ད྄་དབྱངས་མེད་རྐྱེན་གྱི་ཨ་ལ་དྲངས། ད་ད་ཏི། ༈ འདིས་མཚོན་ནས་གསལ་བྱེད་ཐོག་ མ་ཅན་རྣམས་ལ། ད྄་སྲོག་མེད་རྐྱེན་གྱི་ཡི་གེ་དང་རྩེག་དགོས། ཡི་གེའི་གྲོགས་ཀྱི་དབང་གིས་ 19-1-364 ཏ྄་རུ་བསྒྱུར་བའམ། ད྄་ཉིད་དུ་གནས་པ་ཅི་རིགས་ཡིན། དབྱངས་ཐོག་མ་ཅན་གྱི་ངིཏ྄་རྣམས་ ལ་ད྄་སྲོག་མེད་རྐྱེན་གྱི་དབྱངས་རྣམས་ལ་འདྲེན་ནོ། །དེ་ལྟར་ན། ད་དཱ་སི། དདྠཿ། དདྠ། ༈ ད་ དཱ་མི། དདྦཿ དདྨཿའཇུག་བཞིན་པའི་པ་ར་སྨཻའོ། ༈ །ད་ནི་འདི་དག་ལ་དཱ་ཕྱི་མའི་ཨཱ་ཕྱིས་ཏེ། རྐྱེན་གྱི་ཡའི་སྟེང་དུ་འདྲེན་པ་ཁོ་ན་སྟེ། ད་དྱཱཏ྄། ད་དྱཱ་ཏཱཾ། ད་དྱུཿ། ༈ ད་དྱཱཿ། ད་དྱཱཿ་ཏཱཾ། ད་དྱཱ་ ཏ། ༈ ད་དྱཱཾ། ད་དྱ་བ། ད་དྱཱ་མ། ཆོག་འབྱུང་གི་པ་ར་སྨཻའོ། ༈ །ད་དཱ་ཏུ། ཡང་ན། དཏྟཱཏ྄། དཏྟཱཾ། ཨནྟུ་ཨ་ཏུར་བསྒྱུར། དཱའི་ཨཱ་དབྱི། ད་ད་ཏུ། ༈ དཱཾ་ཧཽ། ད་རྣམས་ཀྱི་ཧི་ལའོ། །རྐྱེན་ཧི་ཕ་རོལ་དུ་མཐོང་ན། དཱ་གཉིས་ཡོད་པའི་ཐོག་ མ་དབྱི་ཞིང༌། ཕྱི་མའི་དབྱངས་ཨཱ་རིང་པོ་ཨེ་ཡིག་ཏུ་བསྒྱུར་དགོས་པའི་དོན་ནོ། །དེ་ཡང་དཱ་ཧི་ ཞེས་པ་བཞག བྱིངས་ཉིས་འགྱུར། དཱ་དཱ་ཧི་ཞེས་པ་བྱུང༌། དཱ་དང་པོ་ཕྱིས་ཏེ། ཕྱི་མའི་དབྱངས་ ཨེ་རུ་བསྒྱུར་པས། དེ་ཧི། ༈ ཡང་ན་སྤྱི་འགྲོས་ཀྱི་ཧི་ཏཱ་ཏད྄་དུ་བསྒྱུར། དཱ་ཡི་བྱིངས་ཀྱི་དགོས་ ཆོས་ལ་ཕྱི་མའི་དབྱངས་ཕྱིས་པས། ད་ཏྟཱཏ྄། ༈ དེ་བཞིན་དུ། དཏྟཾ། ༈ དཏྟ། ༈ ཨ་ནིཔ྄་ སོགས་གསུམ་ལ་མཚུངས་པ་སྦྱར་བ་སྟེ། ད་དཱ་ནི། ད་དཱ་བ། ད་དཱ་མ། ཤིས་བྱེད་ཀྱི་པ་ར་སྨཻ་ རྣམས་སོ། ༈ །དིཔ྄་སོགས་ཀུན་ལ་ཨཊ྄་ཐོག་མར་སྦྱར། ཨ་ད་དཱ། དིཔ྄་པ྄་རྗེས་འབྲེལ། ཨི་ བརྗོད་དོན། ད྄་ཏ྄། ཨ་ད་དཱཏ྄། ༈ དེ་བཞིན་དུ། ཨ་དཏྟཱཾ། ༈ ཨན྄་ཨུས྄། ཨ་ད་དུཿ། ༈ ཨ་ ད་དཱཿ། ཨ་དཏྟཾ། ཨ་དཏྟ། ཨ་ད་དཱཾ། པ྄་རྗེས་འབྲེལ། ཨི་བརྗོད་དོན། ཨ་འདྲ་བ། མ྄་ང་རོ་ ཡིན་པར་གོ་དགོས། ༈ ཨ་དདྦ། ཨ་དདྨ། དེང་མིན་པའི་པ་ར་སྨཻ་རྣམས་སོ། ༈ །ད་ནི་ཨཱདྨ་ནེ་ ཚིག་ཅན་ལ། པིཏ྄་རྣམས་བོར་བའི་ངིཏ྄་ཀྱི་རྐྱེན་དབྱངས་ཐོག་མ་ཅན་དང་ཧ་ས་ཐོག་མ་ཅན་ གང་ཡིན་ཡང་འདྲ་སྟེ་བྱིངས་ཉིས་འགྱུར་གྱི་ཕྱིས་མའི་དབྱངས། ཨཱ་རིང་པོ་ནི་དབྱི་བར་བྱ་བ་ འབའ་ཞིག་གོ ༈ །ད་དཱ་ཏེ་ཞེས་པ་བཞག བྱིངས་ཀྱི་དཱ་ཕྱི་མའི་དབྱངས་ཨཱ་རིང་པོ་ཕྱིས། ད྄་ཏ྄་ ར྄་སོང༌། རྐྱེན་གྱི་ཏའི་སྟེང་དུ་དྲངས། དཏྟེ། ༈ ད་དཱ། ཨཱ་ཏེ་ཞེས་པ་བཞག བྱིངས་རྟིང་མའི་ཨཱ་ 19-1-365 ཕྱིས། ད྄་དབྱངས་མེད་རྐྱེན་གྱི་ཨ་ལ་དྲངས། ད་དཱ་ཏེ། ༈ ཨནྟེ་ཨ་ཏེར་བསྒྱུར། ད་ད་ཏེ། ༈ དེ་ བཞིན་ད྄་དབྱངས་མེད་ཏར་བསྒྱུར། དཏྶེ། ད་དཱ་ཐེ། ད་དྷྭེ། ༈ ད་དེ། དདྦ་ཧེ། དདྨ་ཧེ། འབྱུང་ བཞིན་པའི་ཨཏྨ་ནེའོ། ༈ །དདཱ་ཨཱི་ཏ། ཞེས་པ་བཞག དཱིའི་ཨཱ་ཕྱིས། རྐྱེན་གྱི་ཨཱི་དང་སྦྱར། ད་ དཱི་ཏ། དེས་རིགས་འགྲེ་སྟེ། ད་དཱི་ཡཱ་ཏཱཾ། ད་དཱི་རན྄། ༈ ད་དཱི་ཐཿ། ད་དཱི་ཡཱ་ཐཱ། ༈ ད་དཱི་ཏཾ། ད་ དཱི་ཡ། ད་དཱི་བ་ཧི། ད་དཱི་མ་ཧི། ཆོག་འབྱུང་གི་ཨཱཏྨ་ནེའོ། ༈ །དཀྱུས་བཞིན་དུ། དཏྟཱཾ། ད་དཱ་ ཏཱཾ། ཨ་ཏ་རུ་བསྒྱུར། ད་ད་ཏཾ། ༈ དཏྶྭ། ད་དཱ་ཐཱཾ། དདྡྷྭཾ། ༈ ད་དཱ་ཨཻཔ྄་ཞེས་པ་བཞག ཨེ་ཨཻ་ལ་ ཨཻའོ། ད་དཻ། ཕྱི་མ་འདི་གཉིས་ལ་འདྲ་བ་སྦྱར། ད་དཱ་བ་ཧཻ། ད་དཱ་མ་ཧཻ། ཤིས་བྱེད་ཀྱི་ཨཱཏྨ་ནེ་ རྣམས་སོ། ། ༈ ད་ནི་འདི་རྣམས་ལ་ཨཊ྄་སྦྱོར་ཏེ། ད་དཱ་ཏན྄་ཞེས་པ་བཞག གོང་དུ་ཨཊ྄། ན྄་རྗེས་ འབྲེལ། དཱའི་དབྱངས་ཕྱིས། ཏ྄་རུ་སོང༌། རྐྱེན་གྱི་ཏ་ལ་དྲངས། ཨ་དཏྟ། ༈ ཨ་ད་དཱ་ཏཱཾ། ༈ ཨ་ཏ་རུ་བསྒྱུར། ཨ་ད་དཏ། ༈ ཨ་ད་ཏྠཿ། ཨ་ད་དཱ་ཐཱཾ། ཨ་དདྡྷྭཾ། ༈ ཨ་ད་དི། ཨ་དདྭ་ཧི། ཨ་ དདྨ་ཧི། དེང་མིན་པའི་ཨཏྨ་ནེ་རྣམས་སོ། ༈ །ཌུ་དྷཱཉ྄་འཛིན་པ་དང་རྒྱས་པ་ལའོ། །ཞེས་པའི་ བྱིངས་ལ། ཌུ་དང་ཉ྄་ཕྱིས། དྷཱ་བཞག་གོ །དེ་ཡང་ལཊ྄་གྱི་གཞན་དོན་གྱི་རྐྱེན་ལས། ༈ དྷཱ་ ཏིཔ྄། པ྄་རྗེས་འབྲེལ། ཨཔ྄་འཇིག བྱིངས་ཉིས་འགྱུར། དྷཱ་གོང་མ་ཐུང་ངུར་བསྒྱུར། ཛྷ་པ་ རྣམས་ཛ་བའོ། །ཞེས་པས་དྷ་ཐུང་ངུ་དེ་ད་རུ་སོང༌། ད་དྷཱི་ཏ། ༈ པཱུརྦ་སྱ་ངི་ཏི་ཛྷ་སེ་དྷཿ། ངིཏ྄་ཛྷ་ས་ལ་དང་པོའི་དྷའོ། །བྱིངས་ཛ་བ་སོ་སོར་བསྡུ་བའི་ ཡི་གེ་ཅན་ཡིན་ལ། ཕ་རོལ་ཏུ་རྣམ་དབྱེ་ངིཏ྄་ཡིན་པ། ཛ་ས་སོ་སོར་བསྡུ་བའི་ཡི་གེ་ཡིན་པ་ བྱུང་ན། བྱིངས་སྔ་མ་ད་ཡིག་ནི། དྷ་ཡིག་ཏུ་བསྒྱུར་བ་ཡིན་ཏེ། སྐབས་གཞན་དུ་ནི། གདོད་ མའི་ད་ཡིག་དྷ་ཡིག་ཏུ་བསྒྱུར་བ་ལ་དགོངས་པ་ཡིན་མོད་ཀྱང༌། འདིར་ནི་དྷ་ཡིག་ད་ཡིག་ ཏུ་བསྒྱུར་བ་དེ་ཉིད། སླར་ཡང་དྷ་ཡིག་ཏུ་བསྒྱུར་དགོས་སོ། །ངེས་པ་འདི་ཡང༌། ཌུ་དྷཱ་ཉ྄་ལ་ 19-1-366 སོགས་པ་འགའ་ཞིག་ལ་ཡིན་གྱི། ཀུན་ལ་འཇུག་པར་མ་ངེས་སོ། །འདིར་ཛྷ་ས་ཞེས་པ་ཀ་ལཱ་ པར་མཐར་གནས་དང་རྗེས་སུ་སྣ་ལྡན་མ་ཡིན་པའི་གསལ་བྱེད་དྷུ་ཊ྄འོ། །ཞེས་པ་དང་ཕལ་ ཆེར་གཅིག་སྟེ། འོན་ཀྱང་འདིར་ཧ་ཡིག་བོར་བ་ནི་ཁྱད་པར་རོ། །དེའི་ཕྱིར་རྣམ་དབྱེ་འདི་ རྣམས་ཀྱི་ནང་ན། གསལ་བྱེད་དང་པོར་ཡོད་པའི་རྐྱེན་ལ། མིཔ྄། མས྄། མ་ཧཻ། མ། མ་ཧི། ཡཱཏ྄་སོགས་དགུ་རྣམས། ཛྷ་ས་སོ་སོར་བསྡུ་བ་མ་ཡིན་པ། བས྄། བ་ཧེ། བ། བ་ཧི་སྟེ་བཞི་ པོ་འདི་རྣམས་མཐར་གནས་ཡིན་པའི་དབང་དུ་བྱས་ནས། ཛྷ་སའི་ལུགས་མི་བྱེད་པ་དང༌། པ་ སྡེ་གསུམ་པ་ཡིན་པའི་དབང་དུ་བྱས་ནས། ཛྷ་སའི་ལུགས་ཀྱི་བྱ་བ་བྱེད་པར་འདོད་པ་གཉིས་ ཡོད་ཅིང༌། གཞུང་འདི་ནའང་ཅི་རིགས་པ་ལས། པ་སྡེའི་ལུགས་གཙོ་ཆེ་བར་འདོད་དོ། ༈ །དྷཱ་ ཏས྄་ཨཔ྄། གཉིས་བརྗོད། དྷཱ་གོང་མ་ད་ཐུང་ངུ་། སླར་ཡང་དྷ་རུ་ལོག་སྟེ་ཐུང་ངུ་ཉིད། དྷཱ་ཕྱི་ མའི་ཨ་ཕྱིས། དྷ་ད྄་རུ་སོང༌། དེ་ཏ྄་རུ་སོང༌། དྲངས། དྷཏྟཿ། ༈ བིཏ྄་རྣམས་དང་དབྱངས་དང་ པོ་ཅན་ལ། ད་ཡིག་དྷ་ཡིག་ཏུ་བསྒྱུར་བ་མེད། ཨནྟི་ཨ་ཏིར་བསྒྱུར། ཨ་ཕྱིས། དྲངས། ད་དྷ་ ཏི། ༈ ད་དྷཱ་སི། ༈ དྷཏྠཿ། ༈ བྷཏྠ། ད་དྷཱ་མི། ༈ པ་སྡེའི་དབང་དུ་བྱས་ན། དདྦཿ། ༈ མཐར་ གནས་ཀྱི་དབང་དུ་བྱས་ན། དདྷྭཿ། ༈ དདྷྨཿ། ༈ དདྨཿ། ༈ ལིང྄་ཀི་གཞན་དོན་ལ། གོང་དཱའི་ བྱིངས་ཀྱི་རིགས་འགྲེ་སྟེ། ད་དྷྱཱ་ཏ྄། ༈ ད་དྷྱཱ་ཏཱཾ། ༈ ད་དྷྱུཿ། ༈ ད་དྷྱཱཿ། ༈ ད་དྷྱཱ་ཏཾ། ༈ ད་དྷྱཱ་ ཏ། ༈ ད་དྷྱཱཾ། ༈ ད་དྷ་བ། ༈ ད་བྷ་མ། ༈ ལོ་ཊའི་གཞན་དོན་ལ། ད་དྷཱ་ཏུ། ཡང༌། དྷཱཏྟཱཏ྄། ༈ དྷཱཏྟཱཾ། ༈ ཨནྟུ་ཨ་ཏུར྄་བསྒྱུར། ད་དྷཱ་ཏུ། ༈ ཧིའི་སྐབས་འདིར། ད་རྣམས་ཀྱི་ཧི་ལའོ། །ཞེས་པ་ ལྟར། བྱིངས་གོང་མ་ད་ཕྱིས། ཕྱི་མའི་དབྱངས་ཨེ་རུ་བསྒྱུར་བས། དྷེ་ཧི། ཡང་ན། དྷཱཏྟཱཏ྄། ༈ དྷཏྟཾ། ༈ དྷ་ཏ། ༈ ད་དྷཱ་ནི། ༈ ད་དྷཱ་བ། ༈ ད་དཱ་མ། ༈ ལང྄་གི་གཞན་དོན་ནི། ད་དྷཱ་དིཔ྄། ཨཊ྄། ཨ་ད་དྷཱཏ྄། ༈ ཨ་དྷཱཏྟཱཾ། ༈ ཨན྄་ཨུས་སུ་བསྒྱུར། དྷཱའི་ཨཱ་ཕྱིས་ཏེ་དྲངས། ཨ་ད་དྷུཿ། ༈ ཨ་ད་དྷཱཿ། ༈ ཨ་དྷ་ཏྟཱཾ། ༈ ཨ་དྷཏྟ། ༈ ཨ་ད་དྷཱཾ། ༈ ཨ་ད་དྷྭ། ༈ ཨ་དདྷྨ། ཞེས་པ་རྣམས་སོ། 19-1-367 ༈ ད་ནི་བདག་དོན་གྱི་རྣམ་དབྱེ་ལས། ལཊ྄་ཡི་བདག་དོན་ནི། དྷཏྟེ། ༈ ད་དྷ་ཏེ། ༈ ཨནྟེ་ཨ་ཏེར་བསྒྱུར། ད་དྷ་ཏེ། ༈ དྷཏྶེ། ༈ ད་དྷཱ་ཐེ། ༈ དྷདྡྷྭེ། ༈ དདྷེ། ༈ དྷདྦ་ཧེ། ༈ དྷདྨ་ཧེ། ༈ ལིང྄་གི་བདག་དོན་ནི། ད་དྷཱི་ཏ། ད་དྷཱི་ཡཱ་ཏཱཾ། ༈ ད་དྷཱི་རན྄། ༈ ད་དྷཱི་ཐཱཿ། ༈ ད་དྷཱི་ཡཱ་ཐཾ། ༈ ད་དྷཱི་དྷཱ། ༈ ད་དྷཱི་ཡ། ༈ ད་དྷཱི་བ་ཧི། ༈ ད་དྷཱི་མ་ཧི། ༈ ལོཊ྄འི་བདག་དོན་ནི། དྷཏྟཱཾ། ༈ ད་དྷཱ་ ཏཱཾ། ༈ ཨ་ཏར་བསྒྱུར། ད་ད་ཏཱཾ། ༈ དྷཏྶྭ། ༈ ད་དྷཱ་ཐཾ། ༈ དྷདྡྷྭཾ། ༈ ཨེ་ཨཻ་ལ་ཨཻ། ད་དྷཻ་མཚུངས་ པ་སྦྱར། ད་དྷཱ་བ་ཧཻ། ༈ ད་དྷཱ་མ་ཧཻ། ༈ ལང྄་གི་བདག་དོན་ནི། ཐམས་ཅད་ལ་ཨ་ཐོག་མར་ སྦྱར། {ཨན྄་[ཏན྄་]གྱི་ན྄་རྗེས་འབྲེལ། ཨཱ་དྷཏྟ། ༈ ཨ་ད་དྷཱ་ཏཱཾ། ༈ ཨ་ད་དྷ་ཏ། ༈ ཨ་དཏྠཿ། ༈ ཨ་ད་དྷཱ་ཐཾ། ༈ ཨ་དྷདྡྷྭཾ། ༈ ཨ་ད་དྷི། ༈ ཨ་ད་དྷྭ་ཧི། ༈ ཨ་དདྷྨ་ཧི། ཞེས་པ་རྣམས་སོ། །དེ་ རྣམས་ནི་འཇིག་པ་བི་ཀ་ར་ཎའི་སྡེ་ཚན་ཏེ། ཐམས་ཅད་དུ་ཨཔ྄་འཇིག་པ་གོ་བར་བྱའོ།། །། ༒ དིཔ྄་རྩེད་མོ་དང་རྒྱལ་བར་འདོད་པ་དང༌། འདུ་འགོད་དང་གསལ་བ་དང་བསྟོད་ པ་དང༌། རྨི་ལམ་དང་དགའ་བ་དང་མྱོས་པ་དང་འགྲོ་བ་རྣམས་ལའོ། །ཞེས་པས་བྱིངས་དིཔ྄་ ཞེས་པ་བཞག་གོ །བྱིངས་མདོ་སྔར་བསྒྱུར་བ་ན། རྒྱལ་འདོད་ཀྱི་སྐད་དོད། བི་ཛི་གཱི། རྡོ་བར་ འདོད་པ་དང༌། བྱ་བ་ཧཱ་ར་ཐ་སྙད་དུ་བསྒྱུར་བ་སྤྱིར་དེ་ཡིན་མོད་ཀྱང༌། འདིར་འདུ་འགོད་ཀྱི་ དོན་ཡིན། དྱུ་ཏི། སྡུ་གུ་ཞེས་བར་བསྒྱུར་འདུག རྨི་ལམ་དགའ་མྱོས་གསུམ་མི་སྣང་ངོ༌། །དི་ བཱ་དེཪྻཿ། དིཔ྄་ལ་སོགས་པ་ལ་ཡའོ། །དིཔ྄་ལ་སོགས་པའི་བྱིངས་ཀྱི་ཚོགས་རྣམས་ལ། ཏི་ པ྄་ལ་སོགས་པའི་རྣམ་དབྱེ་སུམ་ཅུ་རྩ་དྲུག་བྱིན་པའི་ཚེ། བར་གྱི་རྐྱེན་དུ་ཡ་བི་ཀཱ་ར་ཎ་འབྱུང་ ངོ༌། །ཡའོ་ཞེས་པས། ཨཔ྄་ཀྱི་རྐྱེན་མི་འཇུག་པ་ཤུགས་ལས་འཕངས་སོ། །གོང་དུ་ཨི་ཨུཔ྄་ དག་ར་བ་ཧ་ས་ལའོ། །ཞེས་འབྱུང་བས། རྐྱེན་ལ་ར་དང་བ་དང་ཧ་ས་དག་ཡོད་ན། བྱིངས་ཀྱི་ ཐོག་མའི་དབྱངས་དེ་རིང་པོར་འགྱུར་རོ། ༈ །དེས་ན་འདིར། དིཔ྄་ཏིཔ྄་ཞེས་པ་བཞག བར་ དུ་རྐྱེན་ཡ་བྱིན། ཡ་ནི་ཧ་སའི་རྐྱེན་ཡིན་པའི་ཕྱིར། དིའི་ཨཱི་རིང་པོར་འགྱུར། པ྄་དབྱངས་མེད་ 19-1-368 ཡའི་སྟེང་དུ་དྲངས། དཱི་བྱ་ཏི། ༈ ཏས྄་ལ་སྒྲུབ་ཚུལ་དེ་ཁོ་ན་དང་འདྲ། དཱི་བྱ་ཏཿ། ༈ ཨནྟི་ལ་ རྐྱེན་ཡའི་དབྱངས་ཨ་ཕྱིས། ཡ྄་དབྱངས་མེད་ཨན྄་དང་སྦྱར། གཞན་སྔར་དང་འདྲ། དཱི་བྱནྟི། ༈ དེས་མཚོན་ཏེ་ཐམས་ཅད་ལ་རྐྱེན་ཡ་བྱིན། དཱི་རིང་པོར་སོང༌། བ྄་ཡ་ལ་དྲངས་པས། དཱི་བྱ་ ཞེས་འབྱུང་བ་གོ་བར་བྱས་ཏེ། དེ་ལ་རྣམ་དབྱེ་སྦྱར་བའི་ལུས་འགྱུར་སོ་སོར་བྱེད་དོ། །དཱི་བྱ་ སི། ༈ དཱི་བྱ་ཐཿ། ༈ དཱི་བྱ་ཐ། ༈ དཱི་བྱཱ་མི། ༈ དཱི་བྱཱ་བཿ། ༈ དཱི་བྱཱ་མཿ། དེ་གསུམ་ལ་བ་མ་དག་ ལ་ཨཱའོ། །ཞེས་པ་དྲན་པར་བྱའོ། ༈ །ཡཱཏ྄་སོགས་ལས་ཡུས྄་ཡཱམ྄་སྤངས་པའི་བདུན་པོ་ལ་ཡཱ་ རྣམས་ཨི་ཡིག་ཏུ་བསྒྱུར་ཞིང༌། དེ་ཡ་བི་ཀཱ་ར་ཎ་ལ། ཨ་ཨི་ལ་ཨེ་ཞེས་མཚམས་སྦྱོར་རྒྱུ་ཡིན། ༈ ཡུས྄་ཀྱི་སྐབས། ཡུ་ལ་རྣམ་འགྱུར་མེད། ཡ་བའི་མཐར། ཨིཊ྄་ཨཱ་ག་མ་འཇུག་སྟེ། ཡ་བི་ དང་མཚམས་སྦྱོར་བྱེད་པ་ཡིན། ༈ ཡཱམ྄་གྱི་སྐབས་སུ་ཡཱམ྄་ཨི་ཡམ྄་དུ་བསྒྱུར་ནས་མཚམས་ སྦྱོར་རོ། །དེ་ལྟར་བྱས་པས་གཟུགས་འདི་བཞིན་དུ་འབྱུང་སྟེ། དཱི་བྱེ་ཏ྄། ༈ དཱི་བྱེ་ཏཱཾ། དཱི་བྱེ་ ཡུཿ། ༈ དཱི་བྱེཿ། ༈ དཱི་བྱེ་ཏཱཾ། ༈ དཱི་བྱེཏ། ༈ དཱི་བྱེ་ཡཾ། ༈ དཱི་བྱ་བ། ༈ དཱི་བྱ་མ། ཞེས་སོ། ༈། ཏུཔ྄་སོགས་ལ། དཱི་བྱ་ཏུ། ཡང་ན། དཱི་བྱཱ་ཏཱཏ྄། ༈ དཱི་བྱཱ་ཏཱཾ། ཡ་བིའི་ཨ་ཕྱིས། བྱ་དབྱངས་ མེད་ཨན྄་དང་སྦྱར། དཱིབྱནྟུ། རྐྱེན་ཧི་ནི་ཨ་མཐའ་ལ་དབྱི་བའམ། ཡང་ན་ཏ་ཏང྄་དུ་བསྒྱུར་རོ། ། དཱི་བྱ། དཱི་བྱ་ཏཱཏ྄། ༈ དཱི་བྱ་ཏཱཾ། ༈ དི་བྱ་ཏ། ༈ དཱི་བྱཱ་ནི། དཱི་བྱཱ་བ། དཱི་བྱཱ་མ། དེ་གསུམ་ལ་ འདྲ་བ་རིང་པོའོ། ༈ །རྣམ་དབྱེ་དིཔ྄་སོགས་ནི་ཐམས་ཅད་ལ་ཨཊ྄་མགོར་སྦྱར། ཨིཔ྄་ཕྱིས་ པས། དིཔ྄་ད྄་རུ་སོང༌། དེ་ཏ྄་རུ་སོང༌། ཨ་དཱི་བྱཏ྄། ༈ ཨ་དཱི་བྱ་ཏཱཾ། ༈ ཨན྄་གྱི་སྐབས་ཡ་བིའི་ ཨ་ཕྱིས། ཡ་ཕར་དྲངས། ཨ་དཱི་བྱན྄། ༈ སིཔ྄་རྣམ་བཅད། ཨ་དཱི་བྱཿ། ༈ ཨ་དཱི་བྱ་ཏཱཾ། ༈ ཨ་ དཱི་བྱ་ཏ། ༈ ཨ་མིཔ྄་ཀྱི་སྐབས་འདིར། ཡའི་ཨ་ཕྱིས། ཕ་རོལ་ཨ་ལ་དྲངས། མ྄་ང་རོ། ཨ་དཱི་ བྱཾ། ༈ བ་མ་ལ་ཨཱ་དྲན། ཨ་དཱི་བྱཱ་བ། ༈ ཨ་དཱི་བྱཱ་མ། ཞེས་པ་རྣམས་སོ། །དིཔ྄་པ་ར་སྨཻ་པ་ ཏི་ཡིན་པས། བདག་དོན་གྱི་རྐྱེན་རྣམས་མི་འཇུག་གོ ༈ ཥུཉ྄་གཅོད་ཅིང་རྡུང་བ་ལའོ། །ཨཱ་ 19-1-369 དྱཿཥྞཿསྣཿ། དང་པོའི་ཥ་ཎ་ནི་ས་ནའོ། །བྱིངས་ཀྱི་ཐོག་མའི་ཡི་གེ་ཥ་ཡིག་ཡོད་ན། ས་ཡིག་དུ་ འགྱུར་བ་དང༌། ཊ་སྡེའི་ཎ་ཡིག་ཡོད་ན། ཏ་སྡེའི་ན་ཡིག་ཏུ་འགྱུར། ཞེས་པ་སྟེ་རྐྱེན་རྣམས་དང་ ཕྲད་པའི་ནུས་པའོ། ། སྭཱ་དེརྣུཿ། སུ་ལ་སོགས་པ་ལ་ནུའོ། །འདིར་བྱིངས་ཥུཉ྄་ནི་སུ་ཞེས་པར་འགྲོ་བ་ཡིན་པས། སུ་སྟེ་ཥུཉ྄་ལ་སོགས་པའི་བྱིངས་ཀྱི་ཚོགས་པ་ལ་ཕ་རོལ་ཏུ་བྱིངས་ཐམས་ཅད་པའི་རྐྱེན་སྡེ་ ཚན་བཞི་པོ་གང་བྱུང་ཡང༌། བར་དུ་རྐྱེན་ནུ་བི་ཀ་ར་ཎ་འཇུག་པར་བྱའོ། གལ་ཏེ་བྱིངས་ལ་ དང་པོར་ཥ་ཡིག་ཡོད་ན་ས་ཡིག་དང༌། ཎ་ཡིག་ཡོད་ན་ན་ཡིག་ཏུ་འགྱུར་བ་ཡང་སྐབས་འདིར་ ཡིན་ནོ། །པྲཱ་དྱ་ཤྩ་ཏ་ཐཱ་ཏཽ་སུ་ན་མཱཾ། སུ་དང་ན་མ་དག་པ་ལ་སོགས་པ་རྣམས་ཀྱི་དེ་ལྟར་གཉིས་ པོའོ། ཥུ་ལ་སོགས་པ་དང་ཎམ྄་ལ་སོགས་པའི་བྱིངས་ཀྱི། ཥ་ཡིག་དང་ཎ་ཡིག་དེ་དག་ཏིཔ྄་ སོགས་རྣམ་དབྱེ་ནུ་བི་དང་བཅས་པ་ཕྲད་པ་ལས་ས་དང་ནར་སོང་བ་དེ་ལ་ཉེར་སྒྱུར་མི་སྦྱོར་ ན་དེ་ཀ་གནས་མོད་དེ་དག་ལ་སྔོན་དུ་པྲ་ལ་སོགས་པའི་ཉེར་སྒྱུར་ཉི་ཤུ་པོ་གང་བཞག་ཀྱང་ འདྲ་སྟེ། ས་དང་ན་གཉིས་པོ་རང་གི་སྔོན་གྱི་གནས་ཥ་ཡིག་དང༌། ཎ་ཡིག་ཉིད་དུ་སླར་ལྡོག་སྟེ་ འགྲོ་བ་ཡིན་ནོ། ། ནཱུ་པ། ནུ་དང་ཨུ་བའོ། །ཕ་རོལ་པིཏ྄་ཀྱི་རྣམ་དབྱེ་ཡོད་ན་ནུ་བི་ཀཱ་ར་དང༌། ཨུ་བི་ཀཱ་ར་ ཎའི་རྐྱེན་ཡོད་པ་དེའི་མཐའི་དབྱངས་ལ་ཡོན་ཏན་དུ་འགྱུར་ཏེ། ཉེར་སྒྱུར་ཡོད་མེད་གཉིས་ ཀར་ལ་འདྲའོ། །དོན་དེ་ལྟར་ཡིད་ལ་བཞག་ནས། ༈ ཥུཉ྄་ཏིཔ྄། ཉ྄་དང་པ྄་ཕྱིས། བར་དུ་ ནུ་བི་བཞག་ཥ་ས་རུ་སོང༌། རྐྱེན་ནུ་ལ་ཡོན་ཏན་ཏེ་ནོ། སུ་ནོ་ཏི། ཞེས་པ་གྲུབ། ༈ ཡང་ཥ་ས་ རུ་བསྒྱུར་བའི་མཚམས་ནས། ཐོག་མར་ཨ་བྷི་བཞག ས་ཥ་རུ་ལྡོག ཥ་ར་རྀ་སོགས་ནུ་ཎུར་ སོང༌། ཡོན་ཏན་ཎོ། ཨ་བྷྀ་ཥུ་ཎོ་ཏི། མངོན་པར་གཅོད་ཅིང་རྡུང་བར་བྱེད། ཅེས་པ་སྟེ། དེའི་ དོན་ཡང༌། སོ་མཾ་སོ་མ་ཡཱ་ཛི། མཆོད་པའི་དོན་དུ་སོ་མ་རྡུང་བར་བྱེད་ཅེས་སོ། །དེ་ལ་སོ་མ་ནི་ 19-1-370 སོ་མ་བལླི་ཏེ། རྩྭ་ཞིབ་བཅད་ཅིང་བརྡུངས་ཆུ་ལ་གཉིས་ཏེ་ཁུ་བ་འཐུངས་ནས་ལྷ་མཆོད་པར་ བྱེད་དོ། ༈ །དེ་བཞིན་དུ་སྦྱར་ཏེ། ཥུཉ྄་ཏས྄། ནུ་ཥུ་ས་རུ་བསྒྱུར། འདི་ངིཏ྄་ཡིན་པས་ནུ་ལ་ ཡོན་ཏན་མེད། སུ་ནུ་ཏཿ། ༈ ཥུ་ཨནྟི་ནུ་ན་བི་ཨུ་བ། ཨན་དང་སྦྱར། སུ་ནྭནྟི། ༈ སུ་ནོ་ཥི། འདི་ལ་ཡོན་ཏན་དང་ཀུ་ཨི་ལ་བྱུང༌། ༈ སུ་ནུ་ཐཿ། ༈ སུ་ནུ་ཐ། ༈ སུ་ནོ་མི། འདི་ལ་ཏིཔ྄་ཀྱི་ ཡོན་ཏན་ཡིན། ༈ བ་མ་དག་ལ་ཡང་ན་ཨུ་དབྱི་བར་དྲན་པར་བྱས་ཏེ། དེ་ཡང་སྐབས་འདིར་ ནུ་བིའི་ཨུ་དབྱི་བ་ཡིན་ནོ། །དབྱི་བའི་ཕྱོགས་ལ། སུནྦ། སུནྨ། ༈ ཨུ་བི་མི་དབྱི་ན། སུ་ནུ་བཿ། སུ་ནུ་མཿ། ༈ ཡཱཏ྄་སོགས་ལ་རྣམ་འགྱུར་གསར་བ་མེད་ཏེ། སུ་ནུ་ཡཱ་ཏ྄། ༈ སུ་ནུ་ཡཱ་ཏཱཾ། ༈ སུ་ ནུ་ཡུཿ། ༈ སུ་ནུ་ཡཱཿ། ༈ སུ་ནུ་ཡཱ་ཏཱཾ། ༈ སུ་ནུ་ཡཱ་ཏ། ༈ སུ་ནུ་ཡཱཾཿ། ༈ སུ་ནུ་ཡཱ་བ། ༈ སུ་ནུ་ཡཱ་ མ། ༈ ཏུཔ྄་སོགས་ལ། སུ་ནོ་ཏུ། འདི་པིཏ྄་ཡིན་པས་ཡོན་ཏན་ནོ། །ཡང་ན་སུ་ནུ་ཏཱཏ྄། ༈ སུ་ ནུ་ཏཱཾ། ༈ སུ་ནྭནྟུ། འདི་ཨུབ྄ར་སོང་བ་ཡིན་ནོ། ༈ ཨོརྦཱ་ཧེཿ། ཨུ་ནི་ཧི་ལ་ཡང་ནའོ། །རྐྱེན་གྱི་མཐའི་ཨུ་ཡིག་སྟེ། སྐབས་འདིར་ནི་ནུ་ བིའི་ཨུའོ། །ཨུ་ཡིག་དེ་དག་གི་ཕ་རོལ་ཏུ་རྣམ་དབྱེ་ཧི་བྱུང་ན་སྤྱིར་བཏང་ལ་ཧི་འཇིག་པ་ཡིན་ པས། སུ་ནུ། ༈ ཡང་སྤྱིར་དགོས་ཀྱི་གདམ་ཀ་ཏཱ་ཏང྄་དུ་ཡང་བསྒྱུར་བས། སུ་ནུ་ཏཱཏ྄་འབྱུང༌། འདིར་ནི་ཡང་ནའོ་ཞེས་བཟུང་བས། བྱིངས་ཀྱི་མཐའ་ཨུ་ཡིག་ཡིན་ཀྱང༌། ཡི་གེ་རབ་སྦྱོར་ དང་འབྲེལ་ན་མི་འགྱུར་ཏེ། ཏཀྵུ་དང༌། ཏྭཀྵུ་ཕྲ་མོའི་དོན་ལའོ། །ཞེས་པ་ལྟ་བུའི་བྱིངས་ལ་ཧི་ འཇིག་པ་ཡང་མིན། རྣམ་འགྱུར་ཡང་མེད་པར་རང་གནས་ཏེ། ཀྵུའི་ཨུ་ཕྱིས། ན་ཎ། ཏཀྵྞུ་ཧི། ཞེས་པ་ལྟ་བུའོ། ༈ །ཡང་སུ་ནུ་ཏཱཾ། ༈ སུ་ནུ་ཏ། ༈ སུ་ན་བཱ་ནི། ༈ སུ་ན་བཱ་བ། ༈ སུ་ན་བཱ་མ། དེ་གསུམ་ལ་པིཏ྄་ཡོན་ཏན། ཨོ་ཨབ྄་བྱུང་བའོ། ༈ །དིཔ྄་སོགས་ལ། ཨཊ྄་གོང༌། ཡོན་ཏན། རྗེས་འབྲེལ་དང་བརྗོད་དོན་ཕྱིས། ད྄ཏ྄། ཨ་སུ་ནོ་ཏ྄། ༈ ཨུ་སུ་ནུ་ཏཱཾ། ༈ ཨན྄་གྱི་སྐབས་སུ། ནུའི་ཨུ་བར་སོང༌། སྦྱར་བས། ཨ་སུ་ནྭན྄། ༈ སིཔ྄་པིཏ྄་ཡིན་ཡོན་ཏན། ཨ་སུ་ནོཿ། ༈ ཨ་ 19-1-371 སུ་ཏཱཾ། ༈ ཨུ་སུ་ཏ། ༈ ཨ་མིཔ྄་ལ་ཨུ་ཡོན་ཏན། ཨོ་ཨ་བ྄་སྦྱར་བས། ཨ་སུ་ན་བཾ། ༈ ཨུ་ སུ་ནུ་པ། ༈ ཨ་སུ་ནུ་མ། ཞེས་སོ། ༈ །རུ་དྷིར྄་སྒྲིབས་པ་ལའོ། །རུ་དྷིར྄་ཞེས་པ་བྱིངས་སོ། ། ཨཏ྄་ལས་ཨིར྄་ཡང་ནའོ། །ཞེས་པའི་ཁྱད་པར་དང་རྗེས་འབྲེལ་ཡིན་པས་ཨི་དང་ར྄་ཕྱིས། རུ་དྷ྄་ཞེས་པ་ལུས་སོ། །རུ་དྷཱ་དེ་རྣམ྄། རུ་དྷ་ལ་སོགས་པ་ལ་ནམ྄འོ། །བྱིངས་རུ་དྷ་ལ་སོགས་ པའི་ཚོགས་པ་རྣམས་ལ་ནམ྄་བི་ཀཱ་ར་ཎ་རྐྱེན་དུ་འཇུག་སྟེ། དེ་ཡང་བྱིངས་ཀྱི་ཡི་གེ་རུ་དང་དྷ་ གཉིས་སོ་སོར་ཕྱེ་བའི་དབུས་སམ་བར་དུ་འཇུག་རྒྱུ་ཡིན། མ྄་ནི་གནས་ལ་རབ་ཏུ་བརྟེན་པའི་ དོན་ཏེ། དབྱི་བར་འགྲེལ་བ་ལས་བཤད། དེའི་གནས་ས་རབ་ཏུ་བརྟེན་པའི་སྐད་དོད། སྠཱ་ ན་བི་དྷཱ་ན་ཞེས་པ་ཡོད་པའི། སྠཱ་ན་གནས་ཏེ་དབུས་ཀྱི་དོན་ཡིན། དེ་ཡང་བྱིངས་འདིའི་ཐོག་ མཐའ་གཉིས་མ་ཡིན་དཀྱིལ་དུ་དགོས་པའོ། ། ཏ་ཐོརྡྷཿ། ཏ་དང་ཐ་ཡི་དྷའོ། །བྱིངས་ཀྱི་མཐའ་ལ་ཛྷ་བྷ་སོ་སོར་བསྡུ་བའི་ཡི་གེ་ཡོད་ལ་ ཕ་རོལ་རྣམ་དབྱེའི་ཐོག་མར་ཐ་ཡིག་དང་ཏ་ཡིག་ཡོད་ན། ཏ་དང་ཐ་དེ་དག་དྷ་ཡིག་ཏུ་བསྒྱུར་ བར་བྱ་བ་ལས། འདི་ཛྷ་བྷའི་ནང་གི་དྷ་ཡིག་གོ །ཛྷ་བ་ལ་ཛ་བའོ། །ཞེས་པས་བྱིངས་ཀྱི་དྷ་ དབྱངས་མེད་དེ་ད྄་རུ་བསྒྱུར་ནས་ཕ་རོལ་ཏུ་འདྲེན་པ་ཤས་ཆེའོ། །རྣམ་དབྱེ་ལ་ཛྷ་བ་སོ་སོར་ བསྡུ་བའི་ཡི་གེ་ཡོད་ན་དེ་བཞིན་ཡིན་ལ། རྣམ་དབྱེའི་ཐོག་མ་དབྱངས་ཡིན་ན། དྷ་དབྱངས་ མེད་དབྱངས་དང་སྦྱོར། རྐྱེན་པིཏ྄་རྣམས་ལ་ནམ྄་གྱི་ནའི་སྲོག་མ་ཕྱིས་པར་འཇོག་པས། ཥ་ར་ ར་སོགས་ཀྱིས་ན་ཎ་རུ་བསྒྱུར། རྣམ་དབྱེ་པིཏ྄་བྱུང་ན་འདི་ལྟ་སྟེ། ན་མ་སོ྅སྱ། ནམ྄་དང་ཨུ་སུ་དག་གིའོ། །ནམ྄་བི་ཀཱ་ར་ཎའི་རྐྱེན་གྱི་ནའི་སྲོག་ཨ་དང༌། བྱིངས་ཨ་སུ་ཞེས་པའི་ཨ་ནི། རྣམ་དབྱེ་ངིཏ྄་ཕ་རོལ་ལ་དབྱི་བ་ཡིན་ཏེ། དེ་ལས་འདིར་སྐབས་ དོན་ནམ྄འོ། །རུ་དྷའི་སྐབས་འདིར་པིཏ྄་ལ་ནམ྄་གྱི་ནའི་དབྱངས་མི་དབྱི་བས་ན་སྲོག་ཅན་དེ་ རུའི་ར་མཐོང་བས་ཎ་རུ་སོང་བ་ཡིན་པས་ཎ་ཡོད་ན་ང་རོ་མེད། ངིཏ྄་ལ་ནམ྄་གྱི་ནའི་ཨ་དབྱི་ 19-1-372 བས་ན྄་དབྱངས་མེད་ཎ྄་རུ་མི་འགྲོ་ང་རོར་སོང་བས་རུཾ་ཞེས་ང་རོ་བྱུང་ཚད་ནམ྄་རྣམ་འགྱུར་དུ་ ཤེས་སོ། ༈ །དེ་ཡང་རུ་དྷ་ཏིཔ྄་ཞེས་པ་བཞག རུ་དྷ་སོགས་ལ་ནམ྄འོ་ཞེས་པས། རུ་དང་དྷའི་ བར་དུ་ནམ྄། མ྄་རྗེས་འབྲེལ། རྣམ་དབྱེ་འདི་པིཏ྄་ཡིན་པས་ནའི་སྲོག་མི་འཕྱིད། ན་དབྱངས་ ལྡན་ཡིན་པས། ཥ་ར་རྀ་སོགས་ཎ་རུ་སོང༌། ཏ་དང་ཐའི་དྷའོ་ཞེས་རྣམ་དབྱེའི་ཏ་ཡིག་དྷ་རུ་ བསྒྱུར། སྲོག་རང་གནས་ཡིན་པས། ཏི་དྷི་རུ་སོང༌། བྱིངས་ཀྱི་དྷྭ་ད྄ར་བསྒྱུར། དྲངས། རུ་ཎ་དྡྷི། ཞེས་པ་གྲུབ་བོ། ༈ །དེ་བཞིན་དུ། རུདྷ་ཏས྄་ཞེས་པ་བཞག ནམ྄་མ྄་རྗེས་འབྲེལ། ནམ྄་ཨ་ སུ་དག་གིའོ་ཞེས་ཏེ། རྣམ་དབྱེ་འདི་ངིཏ྄་ཡིན་པས་ནའི་སྲོག་གི་ཨ་ཕྱིས། ན྄་དབྱངས་མེད་ང་ རོར་སོང༌། རུའི་སྟེང་དུ་བྲིས། རྣམ་དབྱེའི་ཏ་དྷ་རུ་སོང༌། བྱིངས་ཀྱི་དྷ་ད྄་རུ་སོང་བ་དེའི་སྟེང་ དུ་དྲངས། ས྄་རྣམ་བཅད། རུཾདྡྷཿ། ༈ ཡང་རུདྷ། ཨནྟི་ཞེས་པ་བཞག ནམ྄་མ྄་རྗེས་འབྲེལ། ངིཏ྄་ལ་ནའི་ཨ་ཕྱིས། རུའི་སྟེང་དུ་ང་རོ་རུ་སོང༌། བྱིངས་ཀྱི་དྷ་རྐྱེན་གྱི་ཨན྄་ལ་དྲངས། འདི་ དབྱངས་ཡིན་ཛྷ་བྷ་མ་ཡིན་པས་དྷ྄་ད྄་རུ་བསྒྱུར་མི་དགོས་སོ། །རུཾ་དྷནྟི། དེ་གསུམ་པོས་ཕལ་ ཆེར་ལ་རིགས་འགྲེ་བ་གོ་བར་བྱ། ༈ རུ་དྷ་སིཔ྄་པ྄་རྗེས་འབྲེལ། ནམ྄་ན་ཎ་ཁ་ས་ལ་སོགས་ དྷ྄་ཏ྄་རུ་སོང༌། དྲངས། རུ་ཎཏྶི། ༈ རུཾདྡྷཿ། ༈ རུཾདྡྷ། འདི་གཉིས་ངིཏ྄་ཡིན། ཐ་དྷ་རུ་བསྒྱུར་ བ་ཡིན། རྣམ་དབྱེའི་ཐོག་མ་དབྱངས་ཡིན་པ་རྣམས་དང༌། མ་དང་ཡ་རྣམས་ཛྷ་བའི་ཡི་གེ་མ་ ཡིན་པས། བྱིངས་མཐའི་དྷ྄་ད྄་རུ་མི་འགྱུར་དྷ྄་ཉིད་དུ་གནས། བས྄་བ་ཧེ་སོགས་བ་ཡིག་པ་ སྡེར་བྱེད་ན་ཛྷ་བ་ཡིན་མོད་ཀྱང༌། འདིར་མཐར་གནས་སུ་བྱེད་པ་གཙོ་ཆེ་བས་མ་དང་འདྲ། དབྱངས་རྣམས་དང་ཕྲད་ན་དྷ྄འི་སྲོག་ཏུ་འཇུག བ་མ་ཡ་རྣམས་ལ་དེ་དག་གི་སྟེང་དུ་འདྲེན། ཨནྟི་དང་ཨ་ཐཻ་ལྟ་བུ་ཏ་ཡིག་དང་ཐ་ཡིག་རྗེས་ལ་ཡོད་ཀྱང་ནུས་པ་མེད། ཏས྄་དང་ཐས྄་ལྟ་ བུའི་ཏ་ཐ་ཐོག་མར་ཡོད་པ་རྣམས་ཀྱི་གསལ་བྱེད་ཏ་དང་ཐ་གཉིས་དྷར་བསྒྱུར། དབྱངས་ དང་ང་རོ་རང་གནས་ཡིན་པས། དེ་དག་མ་བརྗེད་པར་དྲན་པར་བྱ། ཏུཔ྄་ཧི་དིཔ྄་སིཔ྄་ཕྱི་མ་ 19-1-373 རྣམས་ལ་དམིགས་གསལ་རེ་ཡོད་དོ། ༈ །དེ་ལྟར་ན། རུ་ཎདྷྨི། ༈ རུཾ་དྷྭཿ། ༈ རུཾ་དྷྨཿ། ༈ ཡཱཏ྄་ སོགས་ལ། རུཾདྷྱཱཏ྄། རུཾ་དྷྱཱ་ཏཾ། རུཾ་དྷྱུཿ། ༈ རུཾ་དྷྱཱཿ། རུཾ་དྷྱཱ་ཏཾ། རུཾ་དྷྱཱ་ཏ། ༈ རུཾ་དྷྱཱཾ། རུཾ་དྷྱཱ་བ། རུཾ་ དྷྱཱ་མ། ༈ ཏུཔ྄་སོགས་ལ། རུ་ཎདྡྷུ་ཡང་ན་ཏཱ་ཏང྄་དུ་བསྒྱུར་བས་ངིཏ྄་ཏུ་སོང༌། ནའི་ཨ་དབྱི་ དགོས། རུཾདྡྷཱཏ྄། རུཾ་དྡྷཱཾ། རུཾ་དྷཾ་ཏུ། ༈ ཛྷ་སཱདྡྷིརྷེཿ། ཛྷ་ས་ལས་ཧི་དྷིའོ། །བྱིངས་ཀྱི་ཐ་མ་ཛྷ་ས་སོ་སོར་བསྡུ་བའི་ཡི་གེ་ཡོད་པ་ ལ། རྣམ་དབྱེ་ཧི་བྱིན་ན། གཞན་གསལ་བྱེད་ཀྱི་ངིཏ྄་སྤྱི་དང་འདྲ་བ་ལས། ཧི་ཉིད་དྷི་རུ་འགྱུར་ རོ། །འདིར་བྱིངས་ཀྱི་དྷ྄་ཉིད་ཛྷ་སའི་ཡི་གེའོ། །རུཾ་དྡྷི་ཡང་ན་ཏཱ་ཏང྄་བསྒྱུར་བས། རུཾ་དྡྷཱཏ྄། རུདྡྷཱཾ། རུཾདྡྷཱ། ༈ རུ་ཎ་དྷཱ་ནི། རུ་ཎ་དྷཱ་བ། རུ་ཎ་དྷཱ་མ། དེ་གསུམ་པིཏ྄་ཡིན་པས་ནའི་ཨ་མི་དབྱི། རྐྱེན་དབྱངས་ཡིན་པས་དྷའི་སྲོག་ཏུ་བཞག་པའོ། ། ༈ དིསྱོརྷ་སཱཏ྄། དི་སི་དག་གི་ཧ་ས་ལས་སོ། །དེ་ཡང་བྱིངས་སམ་རྐྱེན་ཧ་ས་སྟེ་གསལ་ བྱེད་མཐའ་ཅན་གྱི་ཕ་རོལ་ཏུ་བྱུང་བའི་དིཔ྄་དང་སིཔ྄་ནི་དབྱི་བར་བྱའོ། །འདིར་སིཔ྄་ནི་དིཔ྄་ སོགས་ཉིད་ཀྱི་སིཔ྄་ཏེ། ཏིཔ྄་ཏས྄་སོགས་ཀྱི་སིཔ྄་གོང་དུ་བསྟན་ཟིན་ཏོ། །སིཔ྄་སྔ་མ་ནི་པ྄་ ཁོ་ན་རྗེས་འབྲེལ་ཡིན། འདིར་ནི་ཨི་དང་པ྄་གཉིས་ཀར་རྗེས་འབྲེལ་ཡིན་པས། གོང་འོག་ ཐམས་ཅད་དུ་འདི་གཉིས་ཆོ་ག་མི་འདྲའོ། ༈ །རིདྷ྄་དིཔ྄་ནམ྄་འདི་པིཏ྄་ཡིན། ན་ཎ་ཨཊ྄་གོང་ དུ་བཞག དིཔ྄་ཕྱིས། བྱིངས་ཀྱི་མཐའི་དྷ་ཡིག་ནི་ཛ་བ་ད྄འམ། ཙ་པ་ཏ་རུ་བསྒྱུར། ཨ་རུ་ཎཏ྄་ ཨ་རུ་ཎད྄། ཨ་རུཾ་དྡྷཱཾ། ཨ་རུཾདྡྷཱན྄། ༈ དཿསཿ། དའི་སའོ། །དིཔ྄་སོགས་སིཔ྄་ཀྱི་སྐབས་འདིར་སྐྱེ་བུ་དབུས་མའི་གཅིག་ཚིག་ སིཔ྄་ཉིད་མི་སྣང་བར་བྱ། འོན་ཀྱང་སིཔ྄་ཀྱི་ཡུལ་ཏེ་ཤུལ་དུ་གྱུར་པ་དེའི་ནུས་པས། བྱིངས་ ཀྱི་མཐའི་དྷ྄་ཡིག་དེ་ནི་ཕལ་ཆེར་ད྄་རུ་གྱུར་ཞིང༌། ཡང་ན་ཏ྄་རུ་འགྱུར། ཏ྄་ལ་སླར་བྱ་བ་མེད། ད྄་རུ་བསྒྱུར་ན་མདོ་འདིས་ད྄་ཡིག་ས་ཡིག་ཏུ་བསྒྱུར་ཞིང༌། དེ་ཡང་རྣམ་བཅད་དོ། །ཨ་རུ་ཎཿ། 19-1-374 ཨ་རུ་ཎཏ྄། དེ་བཞིན་དུ། ཨ་རུཾདྡྷཾ། ཨ་རུཾ་དྡྷ། ༈ ཨ་རུ་ཎ་དྷཱཾ། ཨ་རུཾ་དྷྭ། ཨ་རུཾ་དྷྨ། ༈ ཨཏྨ་ནེ་ཡི་ ཏིཔ྄་ཏས྄་སོགས་ལ། ཏེ་ཨཱདྱ་སོགས་ཏེ། རུཾ་དྡྷེ། རུཾ་དྷཱ་ཏེ། རུཾ་དྷ་ཏེ། ༈ རུཾཏྶེ། རུཾ་དྷཱ་ཐེ། རུཾ་དྷྭེ། ༈ རུཾ་དྷེ། རུཾ་དྷྭ་ཧེ། རུཾ་དྷྨ་ཧེ། ༈ ཡཱཏ྄་སོགས་ལ། རུཾ་དྷཱི་ཏ། རུཾ་དྷཱི་ཡཱ་ཏཾ། རུཾ་དྷཱི་རན྄། ༈ རུཾ་དྷཱི་ཐཿ། རུཾ་ དྷཱི་ཡཱ་ཐཱཾ། རུཾ་དྷཱི་དྷྭཾ། རུཾ་དྷཱི་ཡ། རུཾ་དྷཱཾ་བ་ཧི། རུཾ་དྷཱི་མ་ཧི། ༈ ཏུཔ྄་སོགས་ལ་རུཾདྡྷྱཱཾ། རུཾ་དྷཱ་ཏཱཾ། རུཾ་དྷཱ་ ཏཾ། དེ་ཨ་ཏར་བསྒྱུར་བ་ལས་བྱུང་བ་ཡིན། རུདྷའི་སྐབས་འདིར་ཨཾ་ཏ་ཞེས་པ་གོང་མ་གསུམ་ ལ་ཨ་ཏར་བསྒྱུར་བ་མེད། ༈ རུཏྶྭ། རུཾ་དྷཱཾ་ཐཱ། རུཾ་དྡྷྭཾ། ༈ རུ་ཎ་དྷཻ། རུ་ཎ་དྷཱ་བ་ཧཻ། རུ་ཎ་དྷཱ མ་ཧཻ། ༈ དིཔ྄་སོགས་ལ་ཏན྄་གྱི་ན྄་དབྱི། ཨཊ྄་སྦྱར་བས་ཨ་རུཾ་དྷཱ། ཨ་རུཾ་དྷཱ་ཏཱཾ་ཨ་རུཾ་དྷཱ་ཏ། འདི་ཡང་ ཨ་ཏར་བསྒྱུར་བ་ཡིན། ༈ ཨ་རུཾ་དྡྷཱཿ། དེ་ཐ་ཡིག་དྷར་བསྒྱུར་བའོ། །ཨ་རུཾ་དྷཱ་ཐཱཾ། ཨ་རུཾ་དྡྷཾ། ༈ ཨ་རུཾ་དྷི། ཨ་རུ་དྷྭ་ཧི། ཨ་རུཾ་དྷྨ་ཧི། ཞེས་པ་རྣམས་སོ། ༈ །ཏ་ནཱ་དེ་རུཔ྄། ཏན྄་ལ་སོགས་པ་ ལ་ཨུ་པ྄འོ། །ཏ་ནུ་ལ་སོགས་པའི་བྱིངས་ལ་ཨུཔ྄་བི་ཀཱ་ར་ཎ་རྐྱེན་དུ་འགྱུར་རོ། །དེ་ཡང་ཏ་ནུ་ ཡངས་པ་ལའོ། །ཞེས་པས་བྱིངས་ཏ་ནུ་བཞག ན྄་ཡིག་བརྗོད་དོན་ཡིན་པས་ཕྱིས། ཕ་རོལ་ ཏུ་རྣམ་དབྱེ་བཞག བྱིངས་ཀྱི་མཐར་བར་རྐྱེན་ཨུཔ྄་བི་བཞག པ྄་ཡིག་ནི་པིཏ྄་ཀྱི་དགོས་དོན་ ཡིན་པས་ཕྱིས། གོང་དུ་ནུ་དང་ཨུཔ྄འོ་ཞེས་པས་ནུ་ལ་ཡོན་ཏན་ནོ། །དེ་ཡང་རྣམ་དབྱེ་པིཏ྄་ཀྱི་ རྐྱེན་རྣམས་ལ་ཡིན་གྱི། ངིཏ྄་རྣམས་དབྱངས་གསལ་གང་ཡིན་ཡང་རུང་སྟེ་ཡོན་ཏན་མ་ཡིན་ ནོ། ༈ །དེས་ན་ཏ་ནུ་ཨུ་བརྗོད་དོན། ཏན྄་ཏིཔ྄་ཞེས་པ་བཞག ཨུཔ྄་པ་རྗེས་འབྲེལ། པིཏ྄་ལ་ ཡོན་ཏན་ཏེ། ནུ་ནོར་སོང༌། ཏ་ནོ་ཏི། ༈ ཏས྄་ནི་ངིཏ྄་གསལ་བྱེད་དང་པོ་ཅན་ཡིན་ཡོན་ཏན་ མེད། ཏ་ནུ་ཏཿ། ༈ ཨནྟི་ནི་ངིཏ྄་དབྱངས་དང་པོ་ཅན་ཡིན་ཡོན་ཏན་མེད་མཚམས་སྦྱོར་བྱེད། ནུའི་ཨུ་ཡིག་བ྄ར་སོང༌། ན྄་དང་བ྄་དབྱངས་མེད་ཨན྄་དང་སྦྱོར། ཏ་ནྭནྟི། ༈ དེ་གསུམ་པོས་ ཕལ་ཆེར་ལ་རིགས་འགྲེ་སྟེ། སིཔ྄་སོགས་ལ་ཏ་ནོ་ཥི། ཏ་ནུ་ཐཿ། ཏ་ནུ་ཐ། ༈ ཏ་ནོ་མི། ཏ་ནུ་ བཿ། ཏ་ནུ་མཿ། ༈ ལིང྄་ལ་ཏ་ནུ་ཡཱཏ྄། ཏ་ནུ་ཡཱ་ཏཱཾ། ཏ་ནུ་ཡུ། ༈ ཏ་ནུ་ཡཱཿ། ཏ་ནུ་ཡཱ་ཏཾ། ཏ་ནུ་ 19-1-375 ཡཱ་ཏ྄། ཏ་ནུ་ཡཱཾ། ཏ་ནུ་ཡཱ་པ། ཏ་ནུ་ཡཱ་མ། ༈ ལོ་ཊ྄་ལ་ཏ་ནོ་ཏུ་ཡང་ན་ཏ་ནུ་ཏཱ་ཏ྄། ཏ་ནུ་ཏཱཾ། ཏ་ ནྭནྟུ། ༈ ཏ་ནུ། ཧི་ཕྱིས་པ་ཡིན། ཡང་ན་ཏ་ནུ་ཏཱཏ྄། ཏ་ནུ་ཏཾ། ཏ་ནུ་ཏ ༈ ཡོན་ཏན་དང༌། ཨོ་ ཨབ྄་བྱས་པས། ཏ་ན་བཱ་ནི། ཏ་ན་བཱ་བ། ཏ་ན་བཱ་མ། ༈ ལང྄་ལ། དིཔ྄་ཀྱི་ཨིཔ྄་ཕྱིས། ཨ་ གོང་དུ་བཞག ཡོན་ཏན། ཨ་ཏ་ནོ་ཏ྄། ཨ་ཏ་ནུ་ཏཱཾ། ཨ་ཏ་ནྭན། ༈ ཨ་ཏ་ནོཿ། ཨ་ཏ་ནུ་ཏཾ། ཨ་ ཏ་ནུ་ཏ། ༈ ཨ་ཏ་ན་བཾ། བ་མ་དག་ལ་ཨུ་དབྱི་བ་ཡང་ན་བ་སྟེ། ཨ་ཏནྦ། ཨ་ཏནྨ། ཕྱིས་པའི་ ཕྱོགས་སོ། ༈ །ཨ་ཏ་ནུ་བ། ཨ་ཏ་ནུ་མ། ཞེས་པ་མི་དབྱི་བ་ཕྱོགས་སོ། ༈ །དེ་བཞིན་དུ་ཨཱཏྨ་ ནེ་རྣམས་ལ། སུ་ནུའི་ལུགས་དང་འདྲ་སྟེ། ཏ་ནུ་ཏེ། ཏ་ནྭཱ་ཏེ། ཏ་ནྭ་ཏེ། ༈ ཏ་ནུ་ཥེ། ཏ་ནྭཱ་ཐེ། ཏ་ནུ་དྷྭེ། ཏ་ནྭེ། ཏ་ནྭ་ཧེ། ཏ་ནུ་བ་ཧེ། ཏནྨ་ཧེ། ཏ་ནུ་མ་ཧེ། ༈ ཏ་ནྭཱི་ཏ། ཏ་ནྲཱི་ཡཱ་ཏཾ། ཏ་ནྭཱི་རན྄། ༈ ཏ་ནྭཱི་ཐཿ ཏ་ནྭཱི་ཡཱ་ཐཱཾ། ཏ་ནྭཱི་དྷྭཾ། ༈ ཏ་ནྭཱི་ཡ། ཏ་ནྭཱི་བ་ཧི་ཏ་ནྭཱི་མ་ཧི། ༈ ཏ་ནུ་ཏཾ། ཏ་ནྭཱ་ཏཱཾ། ད་ནྭ་ཏཾ། ༈ ཏ་ནུ་ཥྭ། ཏ་ནྭཱ་ཐཱཾ། ཏ་ནུ་དྷྭཾ། ༈ ཏ་ན་བཻ། ཏ་ནཱ་བ་ཧཻ། ཏ་ནཱ་མ་ཧཻ། ༈ ཨ་ཏ་ནུཏ྄། ཨ་ཏ་ནྭཱ་ཏཱཾ། ཨ་ཏ་ནྭ་ཏ། ༈ ཨ་ཏ་ནུ་ཐཱཿ། ཨ་ཏ་ནྭཱ་ཐཱཾ་ཨ་ཏ་ནུ་དྷཱཾ། ༈ ཨ་ཏ་ནྭི། ཨ་ཏ་ནུ་བ་ཧི། ཨ་ཏ་ནུ་མ་ཧི། ཨ་ཏནྭ་ཧི། ཨ་ཏནྨ་ཧི། ཞེས་པ་རྣམས་སོ། ༈ །ཌུ་ཀྲྀཉ྄་བྱེད་པ་ལའོ། །ཞེས་ པའི་བྱིངས་ལ། ཌུ་དང་ཉ྄་ཕྱིས། ཀྲྀ་བཞག་གོ །དེ་ལ་སྐབས་འདིར་རྣམ་དབྱེ་རྣམས་སྟེར་བ་ ཡིན་པ་ལས། བྱིངས་ཀྱི་རྀ་ཡིག་ནི་ཡོན་ཏན་ཨར྄་རུ་འགྱུར་བས། ཀར྄་ཞེས་པ་འབྱུང༌། འདི་ ལ་དགོས་སུ་མདོ་མེད་ཀྱང༌། ཏན྄་ལ་སོགས་པ་ལ་ཨུཔ྄འོ་ཞེས་པས་ཞོར་ལ་འཕངས་པ་ཡིན། ཕ་རོལ་ཏུ་རྣམ་དབྱེ་བཀོད་ནས། བར་རྐྱེན་ཨུཔ྄་བུ་ཀཱ་ར་ཎ་སྟེར། པ྄་བྱ་བའི་དོན་ཡིན་པས་ ཕྱིས། དེ་ཡན་ཆད་རྣམ་དབྱེ་ཀུན་ལ་འདྲ། པིཏ྄་ཡིན་ན་སྔར་གསུངས་པའི་ནུ་དང་ཨུཔ྄འོ་ཞེས་ པའི་མདོས། རྐྱེན་ཨུཔ྄་བི་ཉིད་ལ་ཡོན་ཏན་བྱས་པས་ཨོར་བསྒྱུར། དེ་ལ་ཀར྄་གྱི་ར྄་དྲངས་ པས་ཀ་རོ་ཞེས་འབྱུང་ངོ༌། །དིཏྱ་དུཿ། ཨཏ྄་ཨུ་ངིཏ྄་ལའོ། །རྣམ་དབྱེ་ངིཏྲ་ཡིན་ན་བྱིངས་ཀྱི་ཡི་ གེ་དང་པོ་ཀའི་སྲོག་གི་ཨ་དེ་ཨུ་ཡིག་ཏུ་བསྒྱུར་བས། ཀུ་ཨུ་ལ་ཡོན་ཏན་མི་བྱེད་པར་ཀར྄་གྱི་ 19-1-376 ར྄་ཨུ་ལ་དྲངས་པས་རུ་དེ་ན་ཀུ་རུ་ཞེས་པར་འགྱུར་རོ༌། ༈ །ཀྲྀ་ཏིཔ྄་ཨུཔ྄་བི་ཀཱ་ར་ཎ་ཀྲྀ་ཡོན་ ཏན་ཏེ་རྀ་ཨར྄་དུ་གྱུར། འདི་པིཏ྄་ཡིན་པས་ཀའི་སྲོག་ཨུ་རུ་མི་འགྱུར། རྐྱེན་གྱི་ཨུ་བི་ལ་ཡོན་ ཏན་འབྱུང་བས། ཨོར་འགྱུར། ར྄་དབྱངས་མེད་ཨོ་ལ་སྦྱར། ཀ་རོ་ཏི། ༈ ཡང་ཀྲྀ་ཏས྄་བཞག ཀྲྀ་ལ་ཡོན་ཏན། ཨུཔ྄་བི་འདི་རྣམ་དབྱེ་ངིཏྲ་ཡིན་པས་ཨུཔ྄་བི་ལ་ཡོན་ཏན་མེད། བྱིངས་ཀྱི་ དང་པོའི་ཀའི་སྲོག་ཨུ་རུ་བསྒྱུར། དྲངས་པས་ཀུ་རུ་ཏཿ། ༈ དེ་ལྟར་ན་བར་རྐྱེན་ཨུ་སྦྱིན་པ། ཀྲྀ་ ཀར྄་དུ་བསྒྱུར་བ་ཐམས་ཅད་ཀྱི་ཐོག་མར་སྦྱར་ནས། དེའི་རྗེས་སུ་ཆོ་ག་མི་འདྲ་བ་རྣམས་བྱེད་ དོ། །དེས་ན་པིཏ྄་རྣམས་ལ་ཀར྄་དང༌། ངིཏ྄་རྣམས་ལ་ཀུ་རུ་ཞེས་པ་འཇོག་སྟེ། བཤད་མ་ཐག་ པ་རྣམས་ཀྱི་དོན་ཡིད་ལ་བཞག་ཅིང༌། ཡི་གེར་བྲི་བར་བྱའོ། །ཀུ་རུ་ཨནྟི་རུའི་སྲོག་གི་ཨུ་ནི་ཕ་ རོལ་ཨ་མཐོང་བས། བ྄་དབྱངས་མེད་དུ་གྱུར། བ྄་ཡིག་དེ་ཨནྟིའི་ཨ་ལ་དྲངས། ར྄་སོགས་ མེད་དེ་དེའི་ཡང་སྟེང་དུ་དྲངས། ཀུརྦནྟི། ༈ རྣམ་དབྱེ་ངིཏ྄་དབྱངས་ཐོག་མ་ཅན་རྣམས་ལ། འདིའི་རིགས་འགྲེ་མང་ངོ༌། །ཀ་རོ་ཥི་པིཏ྄་ཡིན། ཀུ་ཨི་ལའི་རྗེས་སོ། ༈ །ཀུ་རུ་ཐཿ། ༈ ཀུ་རུ་ ཐ། དེ་གཉིས་ངིཏ྄་ཡིན། ༈ ཀ་རོ་མི་འདི་པིཏ྄་ཡིན། ཡོན་ཏན་ནོ། ༈ །འདིར་ལུང་དྲངས་པ། ཀྲྀཉ྄་ལ་བ་མ་དག་གི་ཨུ་རྟག་ཏུ་དབྱིའོ། །ཀུ་རུ་བས྄་རུའི་ཨུ་ཕྱིས། ར྄་དབྱངས་མེད་པའི་སྟེང་ དུ་དྲངས། ཀུརྦཿ། ༈ དེ་དང་འདྲ་བར་ཀུརྨཿ། ༈ ཀྲྀ་ཉོ་ཡེ། ཀྲྀ་ཉའི་ཨུ་ཡ་ལའོ། །བྱིངས་ཀྲྀའི་སྐབས་འདིར། རྣམ་དབྱེ་ཡ་ཡིག་སྟེ་ཡཱཏ྄་ སོགས་དགུ་ལ། བར་རྐྱེན་གྱི་ཨུའི་ཡི་གེ་དབྱི་བར་བྱ་བ་ཡིན་ནོ། ༈ །ཀུ་རུ་ཡཱཏ྄་བཞག རུའི་ དབྱངས་ཨུ་ཕྱིས། ར྄་སྲོག་མེད་ཡའི་སྟེང་དུ་དྲངས། ཀུཪྻཱཏ྄། ༈ དེས་མཚོན་ཏེ། ཀུརྱཱ་ཏཱཾ་ཀུཪྻུཿ། ༈ ཀུཪྻཱཿ། ཀུཪྻཱ་ཏཱཾ། ཀུཪྻཱ་ཏཿ། ༈ ཀུཪྻཱཾ། ཀུཪྻཱ་བ། ཀུཪྻཱ་མ། ཞེས་པའོ། ༈ །ཀ་རོ་ཏུ། ཡང་ན། ཀུ་ རུ་ཏཱཏ྄། ཀུ་རུ་ཏཱཾ། ཀུརྦམྟུ། ༈ ཧི་ཕྱིས། ཀུ་རུ། ཡང་ན ཀུ་རུ་ཏཱཏ྄། ཀུ་རུ་ཏཱཾ། ཀུ་རུ་ཏ། ༈ ཀ་ར་ བཱ་ཎི། ཀ་ར་བཱ་བ། ཀ་ར་བཱ་མ། དེ་གསུམ་པིཏ྄་ཡིན་པས་ཡོན་ཏན། ཨེ་ཨབ྄་དྲངས་པ་ཡིན། 19-1-377 ཀ་ར་བི་ནིའི་ནི་ནི་ཀ་རའི་ར་མཐོང་བས་ཎིར་སོང་བ་ཡིན། ༈ ཀ་རོ་དིཔ྄། ཨ་ཀ་རོ་ཏ྄། ཨ་ཀུ་ རུ་ཏཱཾ། ཨ་ཀུརྦན྄། ༈ ཨ་ཀ་རོཿ། ཨ་ཀུ་རུ་ཏཱཾ། ཨ་ཀུ་རུ་ཏ། ༈ ཨ་མིཔ྄་ནི་པིཏ྄་ཡིན་པས། ཨུ་ ཡོན་ཏན་ནོ། །ཨ་ཀ་ར་བཾ། ཨ་ཀུརྦ། ཨ་ཀུརྨ། ཞེས་པ་རྣམས་སོ། ༈ །ཨཏྨ་ནེ་རྣམས་ལ། ཀུ་ རུ་ཏེ། ཀུརྦཱ་ཏེ། ཀུརྦ་ཏེ། འདི་ཨ་ཏར་བསྒྱུར་བ་ཡིན། ༈ ཀུ་རུ་ཥེ། ཀུརྦཱ་ཐེ། ཀུ་རུ་དྷྭེ། ༈ ཀུརྦེ། ཀུརྦ་ཧེ། ཀུརྨ་ཧེ། ༈ ཀུརྦཱི་ཏ། ཀུརྦཱི་ཡཱ་ཏཱཾ། ཀུརྦཱི་རན྄། ༈ ཀུརྦཱི་ཐཿ། ཀུརྦཱི་ཡཱ་ཐཾ། ཀུ་རྦཱི་དྷྭཾ། ༈ ཀུརྦཱི་ཡ། ཀུརྦཱི་བ་ཧི། ཀུརྦཱི་མ་ཧི། ༈ ཀུ་རུ་ཏཾ། ཀུརྦཱ་ཏཱཾ། ཀུརྦ་ཏཱཾ། འདི་ཨ་ཏར་བསྒྱུར་བ་ཡིན། ༈ ཀུ་རུ་ཥྭ། ཀུརྦཱ་ཐཱཾ། ཀུ་རུ་དྷཾ། ༈ ཀ་ར་བཻ། ཀ་ར་བཱ་ཧཻ། ཀ་ར་བཱ་མ་ཧཻ། ༈ ཨ་ཀུ་རུ་ཏ྄། ཨ་ཀུརྦཱ་ ཏཱཾ། ཨ་ཀུརྦ་ཏ། ༈ ཨ་ཀུ་རུ་ཐཿ། ཨ་ཀུརྦཱ་ཐཱཾ། ཨ་ཀུ་རུ་དྷྭཾ། ༈ ཨ་ཀུརྦེ། ཨ་ཀུརྦ་ཧི། ཨ་ཀུརྨ་ ཧི་ཞེས་པ་རྣམས་སོ། ༈ །འདིར་ངིཏ྄་ལ་ཀུ་རུར་བསྒྱུར་བའི་དབང་དུ་བྱས་ནས། བས྄ མ ས྄ བ་ཧེམ་ཧེབ་མ བ་ཧིམ་ཧི་སྟེ་བརྒྱད་པོ་དེ་རྣམས་བ་མ་ལ་ཨུ་དབྱི་བ་ཁོ་ན་མཐའ་གཅིག་ཏུ་ ཡིན་གྱི། ཀྲྀའི་བྱིངས་ཀྱི་སྐབས་འདིར་ཡང་ན་བ་མི་བྱེད་དོ། །མིརྦ་ནི་རྐྱེན་མ་ཡིག་ཡིན་ཀྱང༌། པིཏ྄་ཡིན་པའི་ཕྱིར། ཨུ་བི་ཨོར་སོང་བས། བ་མ་ལ་ཨུ་དབྱི་བའི་སྡེབས་ལ་མི་ཐེའོ། ། ཏུ་དཱ་དེ་རཿ། ཏུད྄་ལ་སོགས་པ་ལ་ཨའོ། །ཏུད་གདུང་བ་ལའོ། །ཞེས་པ་ལ་སོགས་པའི་ བྱིངས་ཀྱི་ཚོགས་ལ། ཕ་རོལ་ཏུ་བྱིངས་ཐམས་ཅད་པའི་རྣམ་དབྱེ་བྱུང་ན། བར་རྐྱེན་དུ་ཨ་བི་ ཀཱ་ར་ཎ་འབྱུང་བར་འགྱུར་རོ། །ཏུད་ཞེས་པའི་དའི་སྲོག་ཨ་ནི་རྗེས་འབྲེལ་ཡིན་པས་ཕྱིས། ལན་ཅིག་ཏུད྄་ཅེས་ད྄་སྲོག་མེད་དུ་སོང་ཡང༌། དེ་མ་ཐག་ད྄་ཡིག་ཨ་བི་ལ་སྦྱར་བས་ཏུ་ད་ཞེས་ པ། ད་སྲོག་ཅན་ཉིད་དུ་འགྱུར་རོ། །དེ་ལྟར་ཏུ་ད་ཞེས་པ་གྲུབ་ནས། རྣམ་དབྱེའི་བྱ་བ་རྣམས་ བྱེད་དེ། ཕལ་ཆེར་ཐོག་མར་བཤད་པའི་བྷ་བའི་སྐབས་དང་འདྲའོ། ༈ ཏུ་ད་ཏི། ཏུ་ད་ཏཿ། ཏུ་ དནྟི། ༈ ཏུ་ད་སི། ཏུ་ད་ཐཿ། ཏུ་ད་ཐ། ༈ བ་མ་ལ་ཨཱ་དྲན། ཏུ་དཱ་མི། ཏུ་དཱ་བཿ། ༈ ཏུ་དཱ་མཿ། ༈ ཡཱཏ྄་སོགས་ཀྱི་ཡུས྄་ལ་ཨིཊ྄་དང༌། ཡཱམ྄་ཨི་ཡམ྄་དུ་བསྒྱུར། གཞན་ཡཱ་རིང་པོ་ཐམས་ཅད་ཨི་ 19-1-378 རུ་བསྒྱུར། དེ་ཐམས་ཅད་ཀྱང་མཚམས་སྦྱོར་བ་ཉིད་ཡིན་ནོ། །ཏུ་དེ་ཏ། ༈ ཏུ་དེ་ཏཱཾ། ༈ ཨིཊ྄་ བཅུག་པས་ཡུའི་ཡ་རང་གནས་སུ་གནས། ཏུ་དེ་ཡུཿ། ༈ ཏུ་དེཿ། ཏུ་དེ་ཏཱཾ། ཏུ་དེ་ཏ། ༈ ཏུ་དེ་ཡཾ། ཏུ་དེ་བ། ཏུ་དེ་མ། ༈ ཏུ་ད་ཏུ། ཡང་ན་ཏུ་ད་ཏཱཏ྄། ཏུ་དཱ་ཏཱཾ། ཏུ་དནྟུ། ༈ ཧི་འཇིག་ན་ཏུ་ད། མི་ འཇིག་ན་ཏུ་ད་ཏཱ་ཏ྄། ཏུ་ད་ཏཱཾ། ཏུ་ད་ཏ། ༈ ཏུ་དཱ་ནི། ཏུ་དཱ་བ། ཏུ་དཱ་མ། ༈ ཨ་ཏུ་དཏ྄། ཨ་ཏུ་ད་ ཏཱཾ། ཨ་ཏུ་དན྄། ༈ ཨ་ཧུ་དཿ། །ཨ་ཏུ་དཱ་ཏཱཾ། ཨ་ཏུ་དཏ། ༈ ཨ་ཏུ་དཱཾ། ཨ་ཏུ་དཱ་བ། ཨ་ཏུ་དཱ་མ༌། ༈ ཨཱཏྨ་ནེ་རྣམས་ལ་ཏུ་ད་ཏེ། ཨཱ་ཡིག་ཨི་ཡིག་ཏུ་འགྱུར་ཏེ། ཏུ་དེ་ཏེ། ཏུ་དནྟེ། ༈ ཏུ་ད་སེ། ཏུ་ དེ་ཐེ། ཏུ་ད་དྷྭེ། ༈ ཏུ་དེ། ཏུ་དཱ་བ་ཧེ། ཏུ་དཱ་མ་ཧེ། ༈ ཏུ་དེ་ཏ། ཏུ་དེ་ཡཱ་ཏཱཾ། ཏུ་དེ་རན྄། ༈ ཏུ་དེ་ ཐཿ། ཏུ་དེ་ཡཱ་ཐཱཾ། ཏུ་དེ་དྷྭཾ། ༈ ཏུ་དེ་ཡ། ཏུ་དེ་བ་ཧི། ཏུ་དེ་མ་ཧི། ༈ ཏུ་ད་ཏཱཾ། ཏུ་དེ་ཏཱཾ། ཏུ་ད་ཏཱཾ། ༈ ཏུ་ད་སྭ། ཏུ་དེ་ཐཾ། ཏུ་ད་དྷྭཾ། ༈ ཏུ་དེ། ཏུ་དཱ་བ་ཧཻ། ཏུ་དཱ་མ་ཧཻ། ༈ ཨ་ཏུ་ད་ཏ྄། ཨ་ཏུ་དེ་ཏཱཾ། ཨ་ཏུ་དནྟ། ༈ ཨ་ཏུ་དཱ་ཐཱཿ། ཨ་ཏུ་དེ་ཐཱཾ། ཨ་ཏུ་ད་དྷྭཾ། ༈ ཨ་ཏུ་དེ། ཨ་ཏུ་དཱ་བ་ཧི། ཨ་ཏུ་དཱ་མ་ ཧི་ཞེས་པ་རྣམས་སོ། ༈ །ཌུ་ཀྲཱིཉ྄་རྫས་འཚོང་བ་ལའོ། ཞེས་པས་བྱིངས་ཌུ་ཀྲཱྀ་ཉ་ཞེས་པ་བཞག ཌུ་དང་ཉ྄་རྗེས་འབྲེལ་ཡིན་པས་ཕྱིས། ནཱཀྱཱ་དེཿ ཀྲཱི་ལ་སོགས་པ་ལ་ནཱའོ། །ཌུ་ཀྲཱིཉ྄་ལ་སོགས་ པའི་བྱིངས་ཀྱི་སྡེ་རྣམས་ལ། ནཱ་བི་ཀཱ་ར་ཎ་བར་རྐྱེན་དུ་འབྱུང་སྟེ། ༈ ཀྲཱི་ཏིཔ྄་ཅེས་པ་བཞག་གོ ། བྱིངས་ཀྱི་མཐར་ནཱ་བི་ནཱ་ཎཱ། ཀྲཱི་ཎཱ་ཏི། ཞེས་པ་གྲུབ་བོ། ། ༈ ཨཱི་ཧ་སྱ། ཧ་ས་ལ་ཨཱིའོ། །ཀྲཱི་ལ་སོགས་པའི་བྱིངས་ཀྱི་སྐབས་འདིར། ངིཏ྄་ཀྱི་རྐྱེན་ གསལ་བྱེད་ཐོག་མ་ཅན་ཕ་རོལ་དུ་བྱུང་ན། ནཱ་བིའི་སྲོག་ཨཱ་རིང་པོ་ནི་ཨཱི་རིང་པོར་འགྱུར་རོ། ༈ །ཀྲཱི་ཏས྄་བཞག ནཱ་བི་ནཱ་ཎཱ ཨཱ་ཨཱི་རུ། ཀྲཱི་ཎཱི་ཏཿ། ༈ ནཱ་ཏཿ། ན་ཡི་ཨཏ྄འོ། །སྐབས་འདིར་ ངིཏ྄་གྱི་རྐྱེན་དབྱངས་དང་པོ་ཅན་བྱུང་ན། ནཱ་བི་ཀ་ར་ཎའི་དབྱངས་ཨཱ་རིང་པོ་ནི་དབྱི་བར་བྱ་ བ་ཉིད་དོ། །ཀྲཱི་ཨནྟི་བཞག ནཱ་བེ། ཥ་ར་རྀ། དབྱངས་དང་པོ་ཅན་གྱི་ངིཏ྄་ལ་མཐའི་དབྱངས་ མི་སྣང་བར་བྱེད་དེ། སྐབས་འདིར་བར་རྐྱེན་ཎཱ་ཡིག་གི་སྲོག་ཕྱིས། ཨ་ནྟིའི་ཨ་ཐུང་སྲོག་ཏུ་ 19-1-379 བཅུག ཀྲཱི་ཎནྟི། པིཏ྄་རྣམས་ཎཱའི་སྲོག་ཨཱ་རིང་པོ་དབྱི་བ་མེད་ཅིང༌། ཨཱི་རིང་པོར་བསྒྱུར་བ་ ཡང་མེད་དེ། ཀྲཱི་ཎཱ་ཞེས་པ་ཁོ་ན་གནས་སོ། ༈ །དེས་ན་ཀྲཱི་ཎཱ་སི། ཀྲཱི་ཎཱ་ཐཿ། ཀྲཱི་ཎཱ་ཐ། ༈ ཀྲཱི་ ཎཱ་མི། ཀྲཱི་ཎཱི་བཿ། ཀྲཱི་ཎཱི་མཿ། ལཊ྄་ཀྱི་ཏས྄་སོགས་སོ། ༈ །ཀྲཱི་ཎཱི་ཡཱཏ྄། ཀྲཱི་ཎཱི་ཡཱ་ཏཱཾ། ཀྲཱི་ཎཱི་ཡུཿ། ༈ ཀྲཱི་ཎཱི་ཡཱཿ། ཀྲཱི་ཎཱི་ཡཱ་ཏཱཾ། ཀྲཱི་ཎཱི་ཡཱ་ཏ། ༈ ཀྲཱི་ཎཱི་ཡཱཾ། ཀྲཱི་ཎཱི་ཡཱ་བ། ཀྲཱི་ཎཱི་ཡཱ་མ། ལིང྄་གི་ཡཱཏ྄་ སོགས་སོ། ༈ །ཀྲཱི་ཎཱ་ཏུ། ཀྲཱི་ཎཱི་ཏཱཏ྄། ཡང་ནའོ། །ཀྲཱི་ཎཱི་ཏཱཾ། ཀྲཱི་ཎནྟུ། ནའི་དབྱངས་ཕྱིས་པའི་ རྗེས་ཡིན། ༈ ཀྲཱི་ཎཱི་ཧི། ཀྲཱི་ཎཱི་ཏཾ། ཀྲཱི་ཎཱི་ཏ། ༈ ཀྲཱི་ཎཱ་ནི། ཀྲཱི་ཎཱ་བ། ཀྲཱི་ཎཱ་མ། ལོཊ྄་ཀྱི་ཏུཔ྄་ སོགས་སོ། ༈ །ཨ་ཀྲཱི་ཎཱཏ྄། ཨ་ཀྲཱི་ཎཱི་ཏཱཾ། ཨ་ཀྲཱི་ཎན྄། འདི་ཡང་ནའི་ཨཱ་ཕྱིས་པའོ། ༈ །ཨ་ ཀྲཱི་ཎཱཿ། ༈ ཨ་ཀྲཱི་ཎཱི་ཏཾ། ཨ་ཀྲཱི་ཎཱི་ཏ། ༈ ཨ་ཀྲཱི་ཎཱཾ། ཨ་ཀྲཱི་ཎཱི་བ། ཨ་ཀྲཱི་ཎཱི་མ། ལང྄་གི་དིཔ྄་ སོགས་སོ། ༈ །ཀྲཱི་ཎཱི་ཏེ། ཀྲཱི་ཎཱ་ཏེ། འདི་ནཱ་བིའི་ཨཱ་རིང་པོ་ཕྱིས་ཀྱང༌། རྣམ་དབྱེའི་ཨཱ་རིང་པོ་ བཅུག་པས་ཎཱ་རིང་པོར་སོང་བ་ཡིན་གྱི་རང་བཞིན་གྱི་ཎཱ་རིང་པོར་གནས་པ་པིཏ྄་ཀྱི་ལུགས་ མ་ཡིན་ནོ། །འདིས་མཚོན་ཏེ། ཨཱ་ཐེ། ཨཱ་ཏཱཾ། ཨཱ་ཐཱཾ་རྣམས་ལའང་གོ་བར་བྱའོ། ༈ །དེ་བཞིན་ དུ། ཨཱ་ཕྱིས། ཨཾ་ཏེ་ཨ་ཏེར་བསྒྱུར། ཀྲཱི་ཎེ་ཏེ། ༈ ཀྲཱ་ཎཱི་ཥེ། ༈ ཀྲཱི་ཎཱི་ཐེ། ཀྲཱི་ཎཱི་དྷྭེ། ༈ ཀྲཱི་ཎེ། ཀྲཱི་ ཎཱི་བ་ཧེ། ཀྲཱི་ཎཱི་མ་ཧེ། ལཊ྄་ཀྱི་ཏེ་སོགས་སོ། ༈ །ཨཱིཏ྄་ལ་སོགས་པ་དགུ་པོ་འདི་རྣམས། ངིཏ྄་ དབྱངས་དང་པོ་ཅན་ཡིན་པས། ཎཱ་རིང་པོའི་དབྱངས་དབྱི་དགོས། དེ་ལ་རྣམ་དབྱེའི་ཨཱི་རིང་ པོ་བཅུག་སྟེ། ཎཱི་རིང་པོར་སོང་བ་ཡིན་པས། གསལ་བྱེད་ཐོག་མ་ཅན་ལ་ཎཱི་རིང་པོར་སོང་ བ་དང་མ་འཁྲུལ་བར་བྱའོ། ༈ །ཀྲཱི་ཎཱི་ཏ། ཀྲཱི་ཎཱི་ཡཱ་ཏཱཾ། ཀྲཱི་ཎཱི་རན྄། ༈ ཀྲཱི་ཎཱི་ཐཱཿ། ཀྲཱི་ཎཱི་ཡཱ་ ཐཱཾ། ཀྲཱི་ཎཱི་དྷྭཾ། ༈ ཀྲཱི་ཎཱི་ཡ། ཀྲཱི་ཎཱི་བ་ཧི། ཀྲཱི་ཎཱི་མ྄་ཧི། ལིང྄་གི་ཨཱི་ཏ་སོགས་སོ། ༈ །ཀྲཱི་ཎཱི་ ཏཱཾ། ཀྲཱི་ཎཱ་ཏཱཾ། ཀྲཱི་ཎཱ་ཏཱཾ། ༈ ཀྲཱི་ཎཱི་ཥྭ། ཀྲཱི་ཎཱ་ཐཾ། ཀྲཱི་ཎཱི་དྷྭཾ། ༈ ཀྲཱི་ཎཻ། ཀྲཱི་ཎཱ་བ་ཧཻ། ཀྲཱི་ཎཱ་མ་ཧཻ། ལོཊ྄་ཀྱི་ཏཱཾ་སོགས་སོ། ༈ །ཏན྄་གྱི་ན྄་ཕྱིས། ཨ་ཀྲཱི་ཎཱི་ཏ། ཨ་ཀྲཱི་ཎཱ་ཏཱཾ། ཨ་ཀྲཱི་ཎ་ཏ། ༈ ཨ་ ཀྲཱི་ཎཱི་ཐཱཿ། ཨ་ཀྲཱི་ཎཱ་ཐཱཾ། ཨ་ཀྲཱི་ཎཱི་དྷྭཾ། ༈ ཨ་ཀྲཱི་ཎི། ཨ་ཀྲཱི་ཎཱི་བ་ཧེ། ཨ་ཀྲཱི་ཎཱི་མ་ཧི། ལང྄་གི་ 19-1-380 ཏན྄་ལ་སོགས་པའོ། ༈ །གྲཧ་ཉེ་བར་འཛིན་པ་ལའོ། །གྲ་ཧཱཾ་ཀྔི་ཏི་ཙ། གྲཧ྄་རྣམས་ཀྱི་ཀི་ངིཏ྄་ ལ་ཡང་ངོ༌། །གྲཧ྄་རྣམས་ཞེས་པ་ནི་གྲཧ྄་ལ་སོགས་པ་རྣམས་ཏེ། གྲཧ྄་དང༌། ཛྱཱ་དང༌། བྱེཉ྄་ དང༌། ཧྭེཉ་དང༌། བྱདྷ྄་དང༌། བས྄་དང༌། བཙ྄་དང༌། པྲ་ཚ྄་དང༌། བྷྲཔ྄་དང༌། བྲཱ་ཞེས་པ་སྟེ། སྐབས་འདིར་དངོས་བསྟན་ལ་བྱིངས་བཅུ་གཅིག་ཡོད་ལ། སོགས་ཁོངས་ནས་གཞན་ཡང་ སྟེ། བྱིངས་དེ་དག་ལ་ངིཏ྄་དང་ཀིཏ྄་ཀྱི་རྐྱེན་བྱུང་ན། སཾ་པྲ་སཱ་ར་ཎ་སྟེ། སླར་ཡང་དག་པར་ བསྒྱུར་བར་འགྱུར་ཏེ། བྱིངས་ཀྱི་དང་པོ་ལ་ར་ཡིག་ཡོད་ན། དབྱངས་རྀར་འགྱུར་བ་དང༌། ཡ་ ཡིག་ཡོད་ན་དབྱངས་ཨིར་འགྱུར་བ་དང༌། བ་ཡིག་ཡོད་ན་དབྱངས་ཨུ་རུ་འགྱུར་བ་དང༌། ལ་ ཡིག་ཡོད་ན་དབྱངས་ལྀ་རུ་འགྱུར་པའོ། །མཚམས་སྦྱོར་གྱི་ཡི་གེ་ཐུང་ངུར་བསྒྱུར་བ་རྣམས་ ཀྱང་དོན་ལ་འདི་འདྲའི་རིགས་ཡིན་མོད་ཀྱི། སམྤྲ་སཱ་ར་ཎ་རུ་མ་གྲགས་ལ། གཞུང་གཞན་ ལས་ཧ་ཡིག་ཨ་ཡིག་ཏུ་བསྒྱུར་བའི་སཾ་པྲ་སཱ་ར་ཎ་ནི་ཡོད་དོ། །དེ་དག་ལས་འདིར་ཐོག་མ་ གྲཧ྄་དང༌། ཕྱི་མ་གསུམ་ལ་ར་ཡིག་རྀ་ཡིག་ཏུ་བསྒྱུར་བའི་སཾ་པྲ་སཱ་ར་ཎ་བྱེད་དོ། །འདིར་རྣམ་ དབྱེ་པི་ཏ྄་རྣམས་ལ་སླར་ཡང་དག་པར་བསྒྱུར་བ་མི་འཇུག ཀིཏ྄་རྣམས་ལ་འཇུག་ཀྱང་སྐབས་ འདིར་མི་སྟོན་འོག་ཏུ་འཆད། འདིར་ནི་ངིཏ྄་རྣམས་ལ་བྱིངས་ཀྱི་དང་པོའི་ར་ཡིག་དབྱངས་ བཅས་དབྱངས་རྀ་ཡིག་ཏུ་བསྒྱུར་བ་ཡིན་ནོ། ༈ །དེ་ཡང་མཚོན་ན། གྲཧ྄་ཏིཔ྄་ཞེས་པ་བཞག་ གོ །ནཱ་བི་ནཱ་ཎཱ་རུ་སོང༌། ཧ྄་སྲོག་མེད་ཎཱའི་སྟེང་དུ་དྲངས། འདི་པིཏ྄་ཡིན་པས་སླར་བསྒྱུར་བ་ མེད། གྲྀཧྞཱ་ཏི། ༈ གྲཧ྄་ཏས྄་བཞག ནཱ་བི་ནཱ་ཎཱ་ཧ྄་དྲངས། འདི་ངིཏ྄་གསལ་བྱེད་དང་པོ་ཅན་ ཡིན། ངིཏ྄་ཡིན་པས་གྲ་ཡི་ར་སྲོག་བཅས་རྀར་སོང༌། ངིཏ྄་ཀྱི་ནང་ནས་གསལ་བྱེད་དང་པོ་ ཅན་གྱི་ཕྱིར། ཎཱའི་སྲོག་གི་ཨཱ་རིང་པོ་ཨཱི་རིང་པོར་བསྒྱུར་བས། གྲྀཧྞཱི་ཏཿ། ༈ གྲཧ྄་ཨནྟི་ཞེས་ པ་བཞག ནཱ་བི་ཎཱ་ཧ྄་དྲངས། དང་པོའི་ར་རྀ། ངིཏ྄་ཀྱི་ནང་ནས་དབྱངས་དང་པོ་ཅན་ཡིན་པས་ ཎའི་དབྱངས་ཨཱ་ཕྱིས། ཨནྟིའི་ཨ་དང་སྦྱར། གྲྀ་ཧྞནྟི། ཞེས་པའོ། ༈ །དེས་ན་ཏིཔ྄་སིཔ྄་མིཔ྄་ 19-1-381 ཏུཔ྄ ཨཱ་ནིཔ྄ ཨཱ་བཔ྄ ཨཱ་མཔ྄ ཨཻཔ྄ ཨཱ་བ་ཧཻཔ྄ ཨཱ་མ་ཧཻཔ྄ དིཔ྄་ཡང་སིཔ྄ ཨ་མིཔ྄་སྟེ་ བཅུ་གསུམ་པོ་དེ་རྣམས་པིཏ྄་ཡིན་པ་ལས། བྱིངས་འདི་པ་ར་སྨཻ འི་ཚིག་ཅན་ཡིན་པས། ཨཻཔ྄་ ལ་སོགས་པ་གསུམ་མི་འཇུག །གཞན་བཅུ་པོ་དེ་རྣམས་ལ་གྲ་གྲྀ་རུ་བསྒྱུར་བ་མེད། གཞན་ ངིཏ྄་རྣམས་ལ་གྲྀ་དུ་བསྒྱུར་དགོས། སྐབས་འདིར་ངིཏ྄་རྣམ་དབྱེ་ཉི་ཤུ་རྩ་དྲུག་ཡོད་པའི་ཧི་མ་ གཏོགས་གཞན་ཐམས་ཅད་གོང་བཤད་མ་ཐག་པའི་ཀྲཱི་ཎཱའི་སྐབས་ཀྱི། པ་རཾ་སྨཻ་དང་སྒྲུབ་ ཚུལ་འདྲའོ། ། ཧ་སཱ་དཱ་ན་ཧཽ། ཧ་ས་ལས་ཧི་ལ་ཨཱ་ནའོ། །འདིའི་ཚིག་ཀྱང་དེད་ན་བྱིངས་ཀྱི་མཐའ་ཧ་ས་ སྟེ་གསལ་བྱེད་ཀྱི་ཡི་གེ་ཡོད་པ་ལས། ཕ་རོལ་ཏུ་རྣམ་དབྱེ་ཧི་བྱུང་ན། ནཱ་བི་ཀ་ར་ཎ་མི་སྟེར་ བར། ཨཱ་ན་བི་ཀ་ར་ཎ་འཇུག་ཅིང༌། ཧི་ཡང་དབྱི་བར་བྱའོ། །ཞེས་པའི་དོན་ཡིན་ན། གསལ་ བྱེད་མཐའི་བྱིངས་ཐམས་ཅད་ལ་དེ་ལྟར་འཇུག་པ་ག་ལ་ཡིན། འགྲེལ་པ་ཉིད་ལས་བྱིངས་ ཀྲཱི་སོགས་ཀྱི་ཚོགས་པ་ལ་ཡིན་པར་གསུངས་མོད། དེ་ཡང་མི་གསལ་བར་སྦུབས་ལ་དྲངས་ པ་སྟེ། ཀྲཱི་ཉིད་ལ་མ་ཡིན་པ་གོང་དུ་གསལ། དེས་ན་ཀྲཱི་ལ་སོགས་པ་ཞེས་བྱུང་ཡང༌། ཀྲཱི་ཉིད་ སོགས་སུ་མི་སྡུད་ཏེ། ཀྲཱི་སོགས་ནང་ཚན་གྲཧ྄་ལ་སོགས་པའི་སྡེ་ཚན་ཁོ་ནའོ། ༈ །དེ་ཡང་ གྲཧ྄་ཧི་ཞེས་པ་བཞག ཨཱན྄་བི་ཀ་ར་ཎ་འཇུག ར་རྀ་ཧི་འཇིག ཧ྄་ཨཱ་ལ་དྲངས། ན་ཎ་གྲྀ་ཧཱ་ ཎ་ཞེས་པ་འབྱུང་ངོ༌། ༈ །དེ་བཞིན་དུ། པུ་ཥ་རྒྱས་པ་ལའོ། །འདི་ལ་སཾ་པྲ་སཱ་ར་ཎ་མེད། ཧི་ལ་ ཨཱན་བི་ཀཱ་ར་ཎ་འཇུག གཞན་རྣམས་ཐམས་ཅད་ལ་ནཱ་བི་ཀཱ་ར་ཎ་སྦྱར་ཏེ། སྒྲུབ་ཚུལ་ཀྲཱི་ཎཱའི་ སྐབས་དང་འདྲའོ། །འོན་ཀྱང་གཟུགས་ཀྱི་ཁྱད་པར་ནི་ཥ྄་དབྱངས་མེད་ཎཱ་ཡི་སྟེང་དུ་འདྲེན་པ་ ཉིད་ཡིན་ཏེ། པུཥྞཱ་ཏི། པུཥྞི་ཏཿ། པུཥྞནྟི་ཅེས་པ་ལ་སོགས་པ་ལཊ྄འོ། ༈ །པུཥྞཱི་ཡཱཏ྄་ལ་སོགས་ པ་ལིང྄་ངོ༌། ༈ །པུཥྞཱ་ཏུ། པུཥྞི་ཏཱ་ཏ྄་ཞེས་པ་ལ་སོགས་པ་ལོཊ྄་ཏེ། འོན་ཀྱང་ཧི་ལ་གོང་བཞིན་ ཨཱན་སྟེར། ཧི་འཇིག་པས། པུ་ཥཱ་ཎའོ། ༈ །ཨ་པུཥྞཱཏ྄་ཞེས་པ་ལ་སོགས་པ་ལང྄་རྣམས་སོ། ། 19-1-382 ༈ མུཥ་རྐུན་པོ་ལའོ། །བྱིངས་འདི་ལ་ཡང་སྒྲུབ་ཚུལ་པུཥ་ཇི་ལྟ་བ་སྟེ། མུཥྞཱ་ཏེ། མུཥྞཱིཏཿ མུཥྞནྟི། ཅེས་པ་ལ་སོགས་པ་བརྟ་མ་ནའོ། ༈ །མུཥྞཱི་ཡཱ་ཏ྄་ལ་སོགས་པ་བི་དྷི་སམྦྷ་བའོ། ༈ །མུཥྞཱ་ཏུ་ལ་ སོགས་པ། ཨ་ཤཱི་བྲེ་ར་ཎ་སྟེ། འདིར་ཡང་ཧི་ལ་ཨཱན྄་བི་ཀ་ར་ཎ་ཏེ། པུ་ཥཱ་ཎཱ་ཞེས་པའོ། ༈ །ཨ་ མུཥྞཏ྄་ཞེས་པ་ལ་སོགས་པ། ཨ་ན་དྱ་ཏ་ནའོ། ༈ །དེ་ལྟར་ན་དེ་ཡན་ཆད་ནི་བྱིངས་ཐམས་ཅད་ པའི་རྣམ་དབྱེ་ཞེས་བྱ་སྟེ། ཏི་སོགས་སྡེ་ཚན་བཞི་ལ་རྐྱེན་བདུན་ཅུ་རྩ་གཉིས་ཡོད་ཅིང༌། དང་ པོར་བྱེད་པ་པོའི་དོན་ལ། ཨཔ྄་བི་ཀ་ར་ཎ་བྱུང་བ་ནས། མཐར་ནཱ་བི་དང༌། ཨཱ་ན་བི་ཡི་བར་ དུ་བི་ཀ་ར་ཎའི་རྐྱེན་དེ་དག་བྱེད་པ་པོའི་དོན་དང་འབྲེལ་བར་སྟེར་དགོས་པས། བྱེད་པོའི་ རབ་ཏུ་བྱ་བའམ། བྱིངས་ཐམས་ཅད་པའི་རྐྱེན་གྱི་སྒྲུབ་ཚུལ་ཞེས་བྱའོ། ༈ །ལྷག་མ་འཆད་ པར་འགྱུར་བ། པ་རོ྅ཀྵ་ལ་སོགས་པའི་རྣམ་དབྱེ་སྡེ་ཚན་དྲུག་པོ་འཆད་པར་འགྱུར་བ་རྣམས་ ནི། བྱིངས་ཕྱེད་པ་ཅན་དུ་གྲགས་ཏེ། བྱིངས་ཐམས་ཅད་པ་དང༌། བྱིངས་ཕྱེད་པ་ཅན་གྱི་ཐ་ སྙད་ཀྱང་སློབ་དཔོན་པཱ་ཎི་ནའི་སློབ་མ་རྣམས་ཀྱིས་བྱས་པའོ། །དེ་ལྟར་ན་བྱིངས་ཐམས་ཅད་ པའི་སྒྲུབ་ཚུལ་ཉེར་མཁོ་རགས་པ་རྣམས་བསྟན་ཟིན་པ་ཡིན་ནོ། །དབྱངས་ཅན་བརྡ་སྤྲོད་ཀྱི་ གཞུང་ལས། ཀུན་བཤད་པར་བྱེད་པ་པོའི་རབ་ཏུ་བྱ་བའི་སྡེ་ཚན་ནོ།། །། ༒ ད་ནི་བྱིངས་ལས་ཚིག་ཏུ་སྒྲུབ་པ་ལ་ཀུན་བཤད་ཅེས་ཀྱང་བྱ་སྟེ། བྱིངས་གཅིག་ ལ་ཡང་བྱེད་པ་པོ་ལ་སོགས་པ་དང༌། དུས་སོ་སོ་ལ་སོགས་པ་དོན་མང་པོ་ཀུན་ནས་དབྱེ་ཞིང་ བཤད་པའོ། །དེ་ཡང་རྣམ་དབྱེའི་རྐྱེན་རིགས་གཉིས་པ་ཏི་སོགས་ཀྱི་བྱ་བའོ། ། ༈ དྷཱ་ཏོ། བྱིངས་ལས་སོ། །བྱིངས་ཚུལ་རོལ་ཏུ་ཡོད་པ་ལས། ༈ ཕ་རོལ་ཏུ་ཏི་སོགས་ རྣམ་དབྱེ་འབྱུང་བའོ། ༈ །བྷྭཱ་དིཿ། བྷཱུ་ལ་སོགས་པའོ། །བྱིངས་ཅི་ལྟ་བུ་ཞེ་ན། བྷཱུ་ཡོད་པ་ལའོ། ། ཞེས་པ་ལ་སོགས་པའོ། ༈ །ས་ཙ་ཏྲི་བི་དྷཿ། དེ་ཡང་དབྱེ་བ་གསུམ་མོ། །བྱིངས་དེ་ཡང་དབྱེ་ བ་གསུམ་གྱིས་དབྱེ་སྟེ། བདག་དོན་གྱི་ཚིག་ཅན་དང༌། གཞན་དོན་གྱི་ཚིག་ཅན་དང༌། གཉིས་ 19-1-383 ཀའི་ཚིག་ཅན་ནོ། ། ༈ ཨཱ་ད་ནུ་དཱནྟ་ངིཏ྄ཿ། ཨུ་ནུ་དཎྟ་དང་ངིཏ྄་དག་གི་ཨཱཏ྄འོ། །ཨ་ནུ་དཏྟ་ཨ་ཡིག་སྟེ་བྱིངས་ གང་ལ་དབྱངས་མཐོན་པོའམ། ཨ་ཡིག་དབྱི་དགོས་ཡོད་པ་དང༌། ངིཏ྄་ཞེས་པས་བྱིངས་གང་ ལ་ང྄་ཡིག་དབྱི་དགོས་ཡོད་པ་དེ་ནི། ཨཱཏ྄་ནི་ཨཏྨ་ནི་པ་ཏི་སྟེ། བདག་དོན་ཅན་ནོ། །ཉིཏྶྭ་ རི་ཏེ་ཏ་ཤྩ་ཨུ་བྷེ། ཉིཏ྄་དང་སྭ་རི་ཏའི་གཉིས་ཀའོ། །བྱིངས་གང་ལ་ཉ་ཡིག་དབྱི་བ་ཡོད་པ་ དང༌། སྭ་རི་ཏ་སྟེ་སྒྲ་ཡོད་ཀྱི་ཐ་སྙད་ཡོད་པ་སྟེ། བདག་དོན་ལ་ཡང་འཇུག་ལ། གཞན་དོན་ལ་ ཡང་འཇུག་པས་གཉིས་ཀའི་ཚིག་ཅན་ནོ། ༈ །བྱིངས་གང་ལ་བདག་གི་དོན་དང་འབྲེལ་བའི་ དངོས་པོའི་གྲུབ་འབྲས་སྟོན་པའི་ཚིག་འབྱུང་བ་དེ་ནི་རང་གི་ཚིག་དང༌། བྱིངས་གང་ལ་གཞན་ དང་འབྲེལ་བའི་སྒྲའི་གྲུབ་འབྲས་སྟོན་པ་ནི་གཞན་དོན་གྱི་ཚིག་དེ། བྱིངས་གང་ལ་དེ་དང་ དེར་བྱེད་པའི་ཚིག་འཇུག་ཏུ་རུང་བ་ནི། དེ་དང་དེའི་ཚིག་ཅན་བྱའོ། ། ༈ པ་ར་ཏོ྅ནྱཏ། ཕ་རོལ་ལས་གཞན་ནོ། །གཞན་ལས་གཞན་ནོ་ཞེས་བཏོན་ཀྱང་ཆོག་ སྟེ། གོང་དུ་བཤད་པའི། ཨནུ་དཏྟ་དང་ད྄་ཡིག་དབྱི་བྱ་དང༌། ཉ྄་ཡིག་དབྱི་བྱ་དང༌། སྭ་རིཏ་ སྟེ་སྡེ་ཚན་བཞི་པོ་དེ་ལས་ཕ་རོལ་ལམ་གཞན་པའི་བྱིངས་རྣམས་ནི། གཞན་དང་འབྲེལ་བའི་ དོན་དུ་འགྱུར་བས་གཞན་དོན་གྱི་ཚིག་ཅན་ནོ། །ཁ་ཅིག་འདི་ཨུ་དཏྟ་དབྱངས་དམའ་ཡིན་ ཟེར་རོ། ༈ །ན་བ་པ་ར་སྨཻ་བ་ད་ནི། དགུ་རྣམས་པ་ར་སྨཻ་ཚིག་རྣམས་སོ། །འདིར་རྐྱེན་རྣམ་ དབྱེ་ཏིཔ྄་སོགས་ལ་སྡེ་ཚན་བཅུ་ཡོད། སྡེ་ཚན་རེ་རེ་ལ་ཡང་རྐྱེན་དགུ་ཚན་གཉིས་དེ་གཉིས་ རེ་སྟེ། བཅོ་བརྒྱད་བཅོ་བརྒྱད་དེ་ཡོད། དེ་ལྟར་སྡེ་ཚན་བཅུ་ཀ་ལ་བཅོ་བརྒྱད་རེ་ཡོད་པའི་ ནང་ནས། དང་པོ་དགུ་ནི་པ་ར་སྨཻ་ཞེས་པའི་ཚིག་ཏུ་བརྡ་ཆད་བྱེད་ལ། ༈ པ་རཱ་ཎྱཏྨ་ནེ་བ་དཱ་ནི། ཕ་རོལ་རྣམས་ཨཏྨ་ནེའི་ཚིག་རྣམས་སོ། །ཕ་རོལ་ཏེ་ཕྱི་མ་དགུ་ནི་ཨཏྨ་ནེའི་ཚིག་ཅེས་བརྡར་ བཏགས་སོ། ༈ །དེ་དག་ཀྱང་གང་ཞེ་ན། འཇུག་བཞིན་པ་ལ། ཏིཔ྄་ཏས྄་ཨནྟི། སིཔ྄་ཐས྄་ 19-1-384 ཐ། མིཔ྄་བས྄་མས྄། ༈ ཏེ་ཨཱ་ཏེ་ཨནྟེ། སེ་ཨཱ་ཐེ་དྷྭེ། ཨེ། བ་ཧེ་མ་ཧེའོ། ༈ །དེ་ལ་སྡེ་ཚན་ དང་པོ་བརྟ་མཱ་ན་ཞེས་པ་ད་ལྟ་ཡོད་པའི་དོན་དུ་བྱེད་དེ། སྤྱིར་བརྟ་མཱ་ནའི་སྒྲ་ད་ལྟར་བ་དང༌། བྱུང་བ་བྱུང་བཞིན་པ་དང་ཡིན་པ་དང་གྱུར་པ་ལ་སོགས་པ་མང་པོ་ལ་འཇུག་པ་ལས། འདིར་ འཇུག་བཞིན་པ་ད་ལྟར་བའོ། །དེ་ཡང་རབ་ཏུ་ཐོབ་ཅིང་ཞུགས་ལ་རྫོགས་པ་མ་ཡིན་པ་ནི་ད་ ལྟར་བ་སྟེ། དེ་ནི་ལས་ཀྱི་དོན་ནམ་བྱ་བའི་དོན་དང་འབྲེལ་ཏེ། བྱ་བ་བྱེད་བཞིན་པའམ་ལས་ ལ་ཞུགས་ཤིང་མ་རྫོགས་མ་ཟིན་པའི་དོན་ནོ། །ད་ལྟར་བ་དེ་ཡང་གྲུབ་མཐས་བཞག་པའི་ད་ ལྟའི་སྐད་ཅིག་ཆ་བཅས་སཾ་ཆ་མེད་ཀྱི་དོན་མ་ཡིན་གྱི། ད་ལྟའི་རྒྱལ་པོ་འདིའི་རིང་ལ་བྱ་བ་ལྟ་ བུ་མིའི་ཚེ་ལ་བཞག་པའང་ཡོད། དེ་བཞིན་དུ། ད་ལྟའི་ལོ། ད་ལྟའི་ཟླ་བ། ད་ལྟའི་ཞག ད་ ལྟའི་ཐུན་ཚོད། ད་ལྟའི་ཆུ་ཚོད་སོགས་དང༌། ད་ལྟ་ཟས་གཡོའོ། །ད་ལྟ་གོས་འཚེམ་ཞེས། བལྟོས་ས་ལྟོས་འཇོག་དང༌། སྐབས་ཐོབ་ལས་བློ་ངོར་བཏགས་པའི་ཡུལ་དུ་ཡུལ་དང་ལས་ དང་དེ་ལ་ཞུགས་ནས་མ་རྫོགས་པ་བར་མ་ཆད་པ་ནི་ད་ལྟར་བའོ། །འདིར་འགྲེལ་པས་བྱ་བ་ ཤེས་པར་རུང་བ་ཞེས་བཤད་པ་ནི། དཔེར་ན་ཁང་པ་རྩིག་བཞིན་པ་ལྟ་བུ་ལས། ལས་དེ་ཉིན་ རེ་སོགས་ཁྲིགས་ཆགས་ཀྱི་བྱ་བ་བར་མ་ཆད་པས་ན། དེ་དངོས་སུ་བྱེད་ན་སྨོས་མ་དགོས། མི་བྱེད་ཀྱང་རྟགས་མངོན་སུམ་པ་ལས་བྱ་བ་གང་ཡིན་རིག་ཏུ་རུང་བའི་དོན་ནོ། །དེ་འདྲ་བའི་ དོན་ལ་ཏིཔ྄་ལ་སོགས་པ་རྐྱེན་བཅོ་བརྒྱད་འཇུག་གོ །པཱ་ཎི་ནིའི་སློབ་མ་རྣམས་ལ། ཅེས་ འདོད་པ། ཀླུས་བཀོད་པའི་ལུགས་ཡིན། འདིར་ནི་ལྷས་བཀོད་པའི་བསྟན་བཅོས་ལུགས་སུ་ བྱས་ཏེ་བརྟ་མཱ་ནར་བཏགས་སོ། །དེ་ཡང་སློབ་དཔོན་གྱིས་མ་ཡིན་ཏེ། བཅོམ་ལྡན་འདས་མ་ ཉིད་ཀྱིས་གསུངས་སོ། ། ༈ ནཱམྣི་ཙ་མིང་ལ་ཡུཥྨ་ཡུཥྨད྄་དི་ཙཱསྨ་ཨསྨད྄་པ་དིཙ་བྷཱ་གཻཿ། པྲ་ཐ་མ་མ་དྷྱེ་མོཏྟ་མཱ། མིང་དང་ ཡུཥྨད་དང་ཨསྨད་ཀྱི་དབྱེ་བས་སོ། །དང་པོ་དབུས་མ་ཕྱི་མ་རྣམས་སོ། ༈ །ཉེ་བའི་ཚིག་ཅེས་ 19-1-385 བྱ་བ་གང་དང་པོར་བཞག་པའི་བྱིངས་སམ་རྟགས་ཏེ། ༈ དེ་ལ་དབྱེ་ན། མིང་ཅན་དང༌། ཡུཥྨད྄་ཅན་དང༌། ཨསྨད྄་ཅན་ཏེ་གསུམ་མོ། ༈ །མིང་ཅན་ལ་སྐྱེས་བུ་དང་པོ་དང༌། ༈ ཡུཥྨད྄་ ཅན་ལ་སྐྱེས་བུ་བར་པ། ༈ ཨསྨད྄་ཅན་ལ་སྐྱེས་བུ་ཕྱི་མའོ། ༈ །ཉེ་བའི་ཚིག་ཡོད་ལ་བྱེད་པ་ ལ་སོགས་པའི་རྐྱེན་མེད་ན་རྐྱེན་བསྣན། བྱེད་པའི་རྐྱེན་སོགས་ཡོད་ལ། ཉེ་བའི་ཚིག་མེད་ན་ ཉེ་ཚིག་བསྣན་ཏེ་སྦྱོར་བར་བྱེད་དགོས། གཉིས་ཀ་ཡོད་ན་བྱ་བ་ལ་འཇུག །གཉིས་ཀ་མེད་ན་ བློས་གཉིས་ཀ་བ་གྲ་ཧ྄་ངག་གི་སྦྱོར་བས་ཡིད་ལ་བཞག་པར་བྱའོ། ། ༈ ཀརྟ་རི་པཾ་ཙ། བྱེད་པོ་ལ་པཾ་ཡང་ངོ༌། །པཾ་ཞེས་པ་ནི་པ་ར་སྨེ་མིང་ངོ༌། །བྱེད་པ་པོའི་ དོན་ལ་ཕལ་ཆེར་པ་ར་སྨཻ་རྐྱེན་ཁོ་ན་ཐོབ་སྟེ། དེ་ལ་ཡང་དངོས་པོ་དང་ལས་ཀྱི་དོན་ལ་ནི་ཨཏྨ་ ནི་འཇུག་པ་ཡང་ཡོད་དོ། ༈ །བྱིངས་བྷཱུ་སོགས་ལ་པ་རསྨཻ འི་རྐྱེན་སྟེར་ན། བྱེད་པོའི་དོན་ ལ་ཨཔ྄་བི་ཀཱ་ར་ཎ་ཡང་དགོས་སོ། ༈ །བྷཱུ་ཏིཔ྄་ཞེས་བཞག ཨཔ྄་ཀརྟ་རི། ཨཔ྄་བྱེད་པ་པོ་ ལའོ། །བྱིངས་ལ་པི་ཀ་ར་ཎའི་ཨབ་སྟེར། བྷཱུ་ཨཔ྄་ཏིཔ྄་ཏིཔ྄འི་པ྄་ཡོན་ཏན་བྱེད་པའི་དོན་ གྱིས་དབྱི། འདིར་ནི་ཨཔ྄་བྱིན་པས་ཏིཔ྄འི་པ྄་ལ་རག་མ་ལུས་ཀྱང་སྐབས་གཞན་དུ་འདིས་ ཡོན་ཏན་བྱེད་དོ། །ཨཔ྄་ཀྱི་པ྄་ཡང་རྗེས་འབྲེལ་དང་ཡོན་ཏན་གྱི་དོན་ནོ། །གུ་ཎཿ། ཡོན་ཏན་ ནོ། །བྱིངས་ལ་ཡོན་ཏན་ཐོབ། བྷོ་ཨོ་ཨབ྄ བྷ་ཨབ྄་ཨ་ཏི་དྲངས། བྷ་བ་ཏི་གྲུབ་བོ། །བྱིངས་ ལ་ཨཔ྄་ཐོབ་པ་དེ་ཡང༌། བྱེད་པོའི་དོན་ཡིན་པ། ཏིཔ྄་ནས་གཟུང་རྣམ་དབྱེ་སྡེ་ཚན་བཞི་པ། ལང྄་ཅེས་པའམ། དིཔ྄་སོགས་ཀྱི་མཐར་ཐུག་པར་ཡིན་གྱི། དེ་ཕན་ཆད་ལ་མིན་ནོ། །བརྟ་མཱ་ ནའི་ནང་ཚན་པ་ར་སྨེའི་སྐྱེས་བུ་དང་པོའི་གཅིག་ཚིག་གོ ། ༈ བྷཱུ་ཏས྄་ཨཔ྄་བྱིན་བྷཱུ་ཨཔ྄་ཏས྄་ཞེས་པ་བཞག་གོ །ཨ་པིཏྟཱ་དིརྔཏ྄། པིཏ྄་དང་ཏཱ་སོགས་ མིན་པ་ལ་ངིཏ྄འོ། །པིཏ྄་ཀྱི་དོན་པ྄་རྗེས་འབྲེལ་ཕྱིས་ནས་མེད་པ་སྟེ། དེ་འདྲ་མིན་པར་དང་པོ་ ནས་མེད་པ་དང༌། འོག་གི་ཏཱ་ཏཱ་རོ་སོགས་ཀྱི་སྡེ་ཚན་མ་ཡིན་པའི་ཏི་སོགས་ཀྱི་རྐྱེན་ལ། ངིཏ྄་ 19-1-386 ཅེས་ཐ་སྙད་བཏགས་ཏེ་བྱིངས་ཡོན་ཏན་མི་བྱེད་པའི་དོན་དུའོ། །ཀྔིཏྱ་དྱུ་སི། ཀིཏ྄་ངིཏ྄་ཨུས྄་ མིན་པ་ལའོ། །ཕ་རོལ་ངིཏ྄་ཀྱི་མིང་ཅན་དང་འོག་ནས་འབྱུང་བའི་ཀིཏ྄་ཀྱི་མིང་ཅན་གྱི་ཚུལ་ རོལ་བྱིངས་ལ་བྱིངས་ཀྱི་ཡོན་ཏན་མི་འབྱུང་སྟེ། འོན་ཀྱང་གཉིས་པ་ཨུས྄་མ་གཏོགས་པ་སྟེ། ཨུས྄་ལ་ཡོན་ཏན་འབྱུང་ངོ༌། །འོ་ན་ཏས྄་ཨནྟི་སོགས་ནི། ཏཱ་སོགས་མ་ཡིན། པ྄་རྗེས་འབྲེལ་ ཡང་མིན་ཅིང༌། ངིཏ྄་ཡིན་ལ། ཨུས྄་མིན་པས་ཡོན་ཏན་མི་འབྱུང་བ་ལས་ཡོན་ཏན་བྱེད་པ་ ཅི་ཞེ་ན། དེ་ནི་ཏས྄་སོགས་རྐྱེན་དེ་རྣམས་ཉིད་ལས་མི་འབྱུང་གི ། ཨཔ྄་བྱིན་པ་ཉིད་ཀྱི་མཐུ་ ལས་བྱུང་ངོ༌། །དེས་ན་འདིར་བྷཱུ་ལ་ཡོན་ཏན་ཐོབ་སྟེ། ཡོན་ཏན་ཨོ་ཨོ་ཨབ྄་དྲངས། ས྄་རྣམ་ བཅད། བྷ་བ་ཏཿ། གཉིས་ཚིག་གོ ༈ །མང་ཚིག་ལ། བྷཱུ། ཨཾ་ཏི། ཨཔ྄། ཡོན་ཏན། བྷ་བ་ ཨཾ་ཏི། ཨ་དེ། ཨཏ྄་ཀྱི་ཨེ་དང་ཨ་ལའོ། །ཏི་སོགས་རྐྱེན་ཕ་རོལ་ལས་ཨ་ཐོག་མའམ། ཨེ་ཐོག་ མ་ཅན་གྱི་རྐྱེན་བྱུང་བ་ལ་བྱིངས་མཐའ་འམ་རྐྱེན་གྱི་ཨ་དབྱི་སྟེ། འདིར་རྐྱེན་གྱི་ཨའོ། །བྷ་བ ཨཾ་ཏི། དྲངས། བྷ་བཾ་ཏིའཾ།བྷ་བནྟི། ༈ སྐྱེས་བུ་དབུས་མའི་གཅིག་ཚིག་ནི། བྷཱུསིཔ྄། ཨཔ྄་ བྱིན། ཡོན་ཏན་དྲངས། བྷ་བ་སི། ༈ གཉིས་ཚིག་ཀྱང་དེ་དང་འདྲ་བ་ལས། བྷཱུ་ཐས྄་ཨཔ྄་ས྄་རྣམ་བཅད། བྷ་བ་ཐཿ། ༈ མང་ཚིག་དེ་དང་འདྲ་བ་ལས། བྷཱུ་ཐ་ཨཔ྄ བྷ་བ་ཐ། ༈ སྐྱེས་བུ་ཕྱི་མའི་དབང་དུ་བྱས་ནས། བ་མོ་རཱ། བ་མ་ལ་ཨཱའོ། །ཕ་རོལ་ཏི་སོགས་ཀྱི་རྐྱེན་བ་ཡིག་དང་པོ་དང་མ་ཡིག་དང་པོ་ཅན་ ལ། བྱིངས་མཐའི་རྐྱེན་གྱི་ཨ་ཐུང་ངུ་ནི་རིང་པོ་ཨཱ་རུ་འགྱུར་རོ། ༈ །བྷཱུ་མི་ཨཔ྄་ཡོན་ཏན། ཨོ་ཨཔ྄་བྷ་བ་མི་ཞེས་སོ། །བ་མ་ལ་ཨཱའོ་ཞེས་པས། འདིར་མ་རྐྱེན་དུ་ཡོད་པས། བའི་ཨ་ རིང་པོར་སོང༌། བྷ་བཱ་མི། ཕྱི་མའི་གཅིག་ཚིག་གོ ༈ །བྷཱུ་བྷ་བར་སྒྲུབ་ཚུལ་སྐོར་བཞིན། བྷ་ བ་བས྄་ཞེས་པ་ཡོད་པའི་བས྄་ཀྱི་བ་ཡིག་མཐོང་བས། བ་མ་ལ་ཨཱའོ། །ཞེས་བྷ་བའི་ཨ་ རིང་པོར་སོང༌། ས྄་རྣམ་བཅད། བྷ་བཱ་བཿ། གཉིས་ཚིག་གོ ༈ །བྷཱུ་མས྄་བྷ་བ་མས྄་བ་མ་ལ་ 19-1-387 ཨཱའོ། །འདིར་མ་ཡོད་པས། བྷ་བཱས྄་རྣམ་བཅད། བྷ་བཱ་མཿ། མང་ཚིག་གོ ༈ །སྐྱེས་བུ་དང་ པོ་མིང་དང་སྦྱོར་བ་ནི། དཔེར་ན ས་རཱ་ཛ་དྷཱརྨི་ཀོ་བྷ་བ་ཏི། དེ་རྒྱལ་པོ་ཆོས་དང་ལྡན་པ་པོར་ ཡོད་དོ། །ཞེས་བདག་གཞན་གང་ཡང་མི་གསལ་མིང་ཙམ་དང་འགྲེལ་བའོ། ༈ །དེ་བཞིན་ དུ། ཏཽ་རཱ་ཛ་ནཽ་དྷཱརྨ་གཽ་བྷ་བ་ཏཿ། དེ་དག་རྒྱལ་པོ་དག་ཆོས་ལྡན་དག་ཡོད་ཅེས་སོ། ༈ །ཏེ་རཱ་ ཛ་དྷཱརྨི་ཀ་བྷ་བཾ་ཏི། དེ་རྣམས་རྒྱལ་པོ་རྣམས་ཆོས་ལྡན་རྣམས་ཡོད་ཅེས་ཏེ། དོན་འགྱུར་བྱས་ ན་དེ་དག་རྒྱལ་པོ་ཆོས་ལྡན་ཡིན། ཞེས་པ་ལ་སོགས་པའོ། ༈ །རང་བཞིན་སྐྱེས་བུ་གཉིས་ པ་ཡུཥྨད྄་ཅན་དང་སྦྱོར་བ་ནི། དཔེར་ན། ཏྭནྶཱ་དྷུརྦྷ་བ་སི། ཁྱོད་ལེགས་པར་གྱུར་ཅིག ༈ ཡུ་ བཾ་སཱ་དྷུ་བྷ་བ་ཐཿ། ཁྱོད་དག་ལེགས་པར་གྱུར། ༈ ཡུ་ཡཾ་སཱ་བྷུ་བྷ་བ་ཐ། ཁྱོད་རྣམས་ལེགས་ པར་གྱུར། ཅེས་ཁྱོད་ཀྱི་དོན་དང་འབྲེལ་བའོ། ༈ །སྐྱེས་བུ་གསུམ་པ་ཨསྨད྄་ཅན་དང་སྦྱོར་བ་ ནི། དཔེར་ན། ཨ་ཧ་མཱཏྨ་བིདྦྷ་བཱ་མི། ང་ནི་བདག་ཉིད་རིག་པར་གཏོགས་པའོ། ༈ །ཨཱ་ཝཾ་ ཨཏྨ་བི་དཽ་བྷ་བཱ་བཿ། ངེད་དག་བདག་རིག་པའོ། ༈ །བ་ཡཾ་ཨཏྨ་བིདཿབྷ་བཱ་མཿ། ངེད་རྣམས་ བདག་རིག་པ་ཡིན་ནོ། །ཞེས་ངེད་ཀྱི་དོན་དང་འབྲེལ་བའོ། ༈ །ཨ་བྱ་བ་དྷཱ་ནཱཙྩ་པུ་རུ་ཥ་བི་ཤེ་ ཥཿ། བར་ཆད་མེད་པ་ལས་ཀྱང་སྐྱེས་བུའི་བྱེ་བྲག་གོ །སྤྱིར་བཏང་སུ་མིང་ཅན་ལ་སྐྱེས་བུ་དང་ པོ་རབ་ཏུ་སྦྱོར་བ་དང༌། ཡུཥྨད྄་ཅན་ཏེ་ཁྱེད་ཀྱི་དོན་ལ་སྐྱེས་བུ་གཉིས་པ་སྦྱོར་བ་དང༌། ཨསྨད྄་ ཅན ཏེ་ངེད་ཀྱི་དོན་ལ་སྐྱེས་བུ་ཕྱི་མ་རབ་ཏུ་སྦྱོར་བ་རྣམས་རེ་རེ་ཁོ་ན་ལ་ནི་དེ་ལྟར་ངེས་ལ། མིང་སོགས་གཉིས་འདྲེས་གསུམ་འདྲེས་ལ་ནི། མིང་སོགས་ཨུ་པ་པ་ད་སྟེ་ཉེ་བའི་ཚིག་དང་ རྣམ་དབྱེ་བརྗོད་པ་བར་མ་ཆད་པ་དེ་ཉིད་གཙོ་བས་དེའི་ལུགས་བཞིན་བྱེད་དོ། །ཞེས་སྤྱིར་ བཤད་པ་ཡིན་ན། བར་མ་ཆད་པ་ཞེས་པའི་དོན་གང་ལ་འཇོག་ཅེ་ན། འགྲེལ་བར་ས་ཙ་ཏྭན྄་ ཙ་སཱ་དྷུ་བྷ་བ་ཐཿ། ཞེས་པ་བསྒྱུར་ན། དེ་དང་ཁྱེད་ཀྱང་ལེགས་པ་དག་ཡིན། ཞེས་འབྱུང་བས་ ཅུང་ཟད་གསལ་ལ། ཊཱི་ཀ་གཞན་ལས་གསལ་བར་བཀྲལ་ཞེས་ཐོས་ཏེ། ༈ དཔེར་ན། མིང་ 19-1-388 དང་ཡུཥྨད྄་དང་ཨསྨད྄་གྲལ་སྒྲིགས་ཀྱི་རྗེས་སུ་སྐྱེས་བུ་ཕྱི་མ་ཁོ་ན་འབྱུང༌། མིང་ཁྱེད་ངེད་ གསུམ། ཁྱེད་མིང་ངེད་གསུམ། ངེད་མིང་ཁྱེད་གསུམ། མིང་ངེད་ཁྱེད་གསུམ། ངེད་ཁྱེད་མིང་ གསུམ་སྟེ་གསུམ་འདུས་པ་ལ་རིམ་པ་ཇི་ལྟར་བྱུང་ཡང་ཁྱད་མེད། ངེད་ཀྱི་དོན་ཨསྨད྄་ཡོད་ ཕྱིར། སྐྱེས་བུ་ཕྱི་མ་གསུམ་ཁོ་ན་འབྱུང་སྟེ། ཨསྨད྄་ཅན་གཙོ་བོ་ཡིན་པས་སོ། ༈ །གཉིས་ འདུས་ཀྱི་རིགས་ལ། མིང་ཁྱེད་དམ། ཁྱེད་མིང་དུ་ཡོད་ན། སྐྱེས་བུ་དབུས་མ་དང༌། ༈ ཁྱེད་ ངེད་དང༌། མིང་ངེད་དང༌། ངེད་མིང་དུ་ཡོད་ན། སྐྱེས་བུ་ཕྱི་མ་འབྱུང་བས། མདོར་ན་ཨསྨད྄་ ཅན་གྱི་གཉིས་ཚོགས་གསུམ་ཚོགས་ཀྱི་ནང་ན་ཨསྨད྄་ཡོད་ཕྱིན་ཆད། དེ་གཙོ་བོ་སྟེ། སྐྱེས་བུ་ ཕྱི་མ་ཁོ་ན་འཇུག ༈ གཉིས་ཚོགས་ལ་ཨསྨད྄་མེད། ཡུཥྨད྄་ཡོད་ན། མིང་ཅན་མི་གཙོ་ཡུཥྨད྄་ གཙོ་བས། སྐྱེས་བུ་དབུས་མ་ཁོ་ན་འཇུག ༈ མིང་རྐྱང་པ་ལ་སྐྱེས་བུ་དང་པོ་ཁོ་ན་འཇུག་སྟེ། འགྲེལ་པར། ས་ཙ་ཏྭཾ་ཙ་སཱ་དྷུཿ། ཞེས་པ་ལ་ས་ལས་ཏྭཾ་དབང་ཆེ་བར་བྱས་ཏེ། བྷ་བ་ཏཿ། མི་ འབྱུང་བར་བྷ་བ་ཐཿ། ཞེས་སྐྱེས་བུ་དབུས་མ་བྱུང་བས། གཞན་དེ་རྣམས་ཀྱང་ཤུགས་ལ་གོའོ། ༈ །འོ་ན་དེ་ལྟར་ན་གཉིས་ཚོགས་གསུམ་ཚོགས་སྐབས་སུ། གོ་རིམ་སོ་སོ་ལ་སྐྱེས་བུ་སོ་སོ་མི་ སྦྱོར་ན། རྐྱེན་དང་བར་མ་ཆད་པ་ལས། རྐྱེན་སྐྱེས་བུ་གསུམ་གྱི་དབྱེ་བའི་བྱེ་བྲག་ཕྱེད་པར་མ་ སོང་སྟེ། གསུམ་པོའི་ཐ་མར་གང་བྱུང་དེ་རྐྱེན་དང་བར་མ་ཆད་པ་ཡིན་ལ། ཚིག་སྦྱོར་གཞན་ མང་པོའི་རིགས་བསྒྲེས་ཀྱང་དེའི་དབང་དུ་བྱེད་དགོས་སོ་སྙམ་ན། འདིར་བར་མ་ཆད་པ་ཞེས་ པ་རྟགས་བྱིངས་རྐྱེན་གསུམ་སྒྲིག་པའི་དུས་ཀྱི་དབང་དུ་མ་བྱས་ཀྱི། གཞུང་མདོ་ཉིད་ལས་ གསུངས་པའི་གོ་རིམ་གྱི་དབང་བྱས་པ་ཡིན་ཏེ། མིང་དང་ཡུཥྨད྄་དང་ཨསྨད྄་ཀྱི་དབྱེ་བས། ཞེས་འབྱུང་བ་ཨསྨད྄་ཅེས་པའི་རྗེས་སུ་ཉེ་བའི་ཚིག་གཞན་མ་སྨོས་པས། གསུམ་ཚོགས་ཀྱི་ སྐབས་ཨསྨད྄་ཀྱི་ལུགས་སུ་སྒྲུབ་དགོས་ཞེས་པ་སྟེ། དེ་ཡང་རིམ་པ་ལ་མ་རག་གསུམ་ཚོགས་ ཀུན་ལ་འཇུག །ཨསྨད྄་སྤངས་པའི་གཉིས་ཚོགས་ལ་ཡང༌། དེས་རིགས་འགྲེ་སྟེ། ཡུཥྨད྄་ཅེས་ 19-1-389 གཞུང་དུ་འབྲི་བརྗོད་ཉེ་བས། ཡུཥྨད྄་ཀྱི་ལུགས་སུ་སྒྲུབ། དེས་ཤུགས་ལ་མིང་དང་ཨསྨད྄་ལ་ ཨསྨད྄་ཁོ་ནའི་ལུགས་དང༌། ཡུཥྨད྄་ཨསྨད྄་གཉིས་ཚོགས་ལའང་ཨསྨད྄་ཁོ་ན་དང་འདྲ་བར་ སྒྲུབ་པ་བསྟན་ནོ། ། ༈ བི་དྷི་སཾ་བྷཱ་བ་ན་ཡོཿ། ཆོ་ག་དང་འབྱུང་བའི་གནས་དག་ལས་སོ། །ཆོ་ག་ནི་བྱ་སྤྱོད་ ཕུན་སུམ་ཚོགས་པ་བླ་མས་སློབ་མ་ལ་ཡང་དག་པར་འདོམས་པ་ལ་ཟེར། འབྱུང་བའི་གནས། རྟགས་ལས་དོན་ཤེས་པ་འབྱུང་བས་ན། རྟགས་དེ་ནི་ཤེས་པ་དེ་འབྱུང་བའི་རྒྱུའམ་གནས་ ཡིན་པས་འབྱུང་གནས་ཤེས་བྱའོ། །དཔེར་ན། ངག་གཙང་པ་ལས་གཞུང་བཀླགས་པར་ཤེས་ ན་གཞུང་བཀླགས་པར་གོ་བའི་ཤེས་པ་དེ་དག་གཙང་བ་ཐོས་པ་ལས་ཐོས་པ་དེ་དག་གཙང་ བ་ལས་བྱུང་བས་ངག་དེ་ཤེས་པ་དེའི་སྐྱེད་པ་པོ་ཡིན་པས་འབྱུང་གནས་ཞེས་བྱའོ། །འགྲེལ་ པར་ཆོ་ག་ནི་བྱ་བའི་དོན་ལ་ཉེ་བར་སྟོན་པའོ། །འབྱུང་གནས་ནི་རྟོག་པས་ཤེས་པའོ། །ཞེས་ འབྱུང༌། འདིར་ཨུ་ཧ་ཟེར་བ་ཡོད་དེ་ཤེས་པའམ་རིག་པའི་སྐད་དོད་དོ། ༈ །དེ་ལྟ་བུའི་ཆོ་གའི་ དོན་དང་འབྱུང་བ་ཅན་གྱི་དོན་དུ། ཡཱཏ྄་སོགས་སྟེར་ཏེ། ཆོ་ག་འབྱུང་བ་ཞེས་འདིར་ཐ་སྙད་ བྱེད་ལ། པཱ་ཎི་ནི་རྗེས་འབྲང་དང་བཅས་པ་ལིཊ྄་ཀྱི་བརྡ་ཆད་སྦྱོར་རོ། །དེ་དག་ཀྱང་འདི་ལྟ་ སྟེ། ཡཱཏ྄། ཡཱ་ཏམ྄་ཡུས྄། ༈ ཡཱས྄་ཡཱ་ཏཱམ྄་ཡཱཏ། ༈ ཡཱཾ་ཡཱབ་ཡཱམ། ༈ ཨཱི་ཏཾ་ཨཱི་ཡཱ་ཏཱཾ་ཨཱི་རན྄། ༈ ཨཱི་ཐས྄་ཨཱི་ཡཱ་ཐཱམ྄། ཨཱི་དྷྭཾ། ༈ ཨཱི་ཡ ཨཱི་བ་ཧི་ཨཱི་མ་ཧི། ཞེས་པ་འདི་རྣམས་སོ། ༈ །ཡཱ ཡའི་ཨ། བྷྱཱ་ཡཱཏ྄། གོང་བཞིན་བྷ་བ་རུ་བསྒྱུར། བྷ་བ་ཡཱཏ྄ རྐྱེན་གྱི་ཡཱ་ཨིརུ་བསྒྱུར། ཨ་ཨི་ལ་ ཨེ་བྷ་བེཏ྄། ཅེས་པ་སྟེ། བྱིངས་མཐའ་ཨ་ཡིག་ཕ་རོལ་གྱི་རྐྱེན་རྣམ་དབྱེའི་ཡཱ་རིང་པོ་ནི་ཨི་རུ་ བསྒྱུར་བའི་དོན་ནོ། །དེས་རིགས་འགྲེ་སྟེ། ཆོ་ག་འབྱུང་བའི་སྐབས་འདིར། ཡུས྄་དང་ཡཱམ྄་ མ་གཏོགས་པ་ཡཱ ཐོག་མ་ཅན་བདུན་ཀ་གོའོ། །བྷ་བ་ཡཱ་ཏཱཾ་ཡཱ་ཨི་བྷ་བེ་ཏཱཾ། ༈ བྷ་བ་ཡུས྄། ཡུས྄་ཨིཊ྄། ཡུས྄་ཀྱི་ཨིཊ྄འོ། །ཀྱི་དྲུག་སྒྲ་དངོས་ལྟར་ན་ཡུས྄་རང་ཨིཊ྄་རུ་བསྒྱུར་བ་འདྲ་རུང་ 19-1-390 ཅིག་ཡོད་ཀྱང༌། མིན་ཏེ་རྐྱེན་ཨིཊ྄་དེ་ཡུས྄་ལ་སྟེར་བས་རྐྱེན་དེ་ཡུས྄་ཀྱི་རྐྱེན་ཡིན་པའི་དོན་ལ་ བདག་པོའི་སྒྲའོ། །དེས་ན་ཨིཊ྄་དེ་ཡུས྄་ཀྱི་གོང་དུ་འཇོག བྷ་བ་ཨིཊ྄་ཡུས྄། ཊ྄་རྗེས་འབྲེལ ཨ་ཨི་ལ་ཨེ། རྣམ་བཅད། བྷ་བེ་ཡུཿ། ༈ བྷ་བ ཡཱས྄ ཡཱ་ཨི་བྷ་བེཿ། ༈ བྷ་བ་ཡཱ་ཏཱམ྄། ཡཱ་ཨི བྷ་བེ་ཏཱཾ། ༈ བྷ་བ ཡཱཏ྄ ཡཱ་ཨི་བྷ་བེ་ཏ། ༈ ཡཱམ྄་ཨི་ཡམ྄། ཡཱཾ་ཨི་ཡམ྄་མོ། །བྱིངས་ཨ་མཐའི་ཕ་རོལ་གྱི་རྣམ་དབྱེ་ཡཱཾ་ཨི་ཡམ྄་དུ་ བསྒྱུར་རོ། །བྷ་བ ཡཱམ྄ ཡཱཾ་ཨི་ཡམ྄་བསྒྱུར། མཚམས་སྦྱར་བས། བྷ་བེ་ཡཾ། ༈ བྷ་བ ཡཱ་བ ཡཱ་ ཨི་བྷ་བེ་བ། ༈ བྷ་བ ཡཱམ ཡཱ་ཨི་བྷ་བེ་མ། ༈ ཤི་ཥྱོ་གུ་རུ་ཤུ་ཤྲུ་ཥ་ཀོ་བྷ་བེ་ཏ། སློབ་མས་བླ་ མ་བསྟེན་པའི་བྱ་བ་བྱེད་ཅེས་པ་ཆོ་གའི་དོན་དང༌། བྷ་བེ་ད་སཽ་བ་ད་པཱ་ར་གོ་བྲཧྨ་ཎ་ཏྭཱ་དི་ཏི་ སཾ་བྷཱ་བ་ནཾ། འདི་ལྟར། ཁྱོད་རིག་བྱེད་ཀྱི་ཕ་རོལ་ཏུ་སོན་ན་བྲམ་ཟེའོ། །ཞེས་པ་ལྟ་བུ་འབྱུང་ བ་པོའི་དོན་ནོ། ༈ ཨཱ་ཤཱིཿཔྲེ་ར་ཎ་ཡོཿ། ཨཱ་ཤཱི་དང་བྱེད་དུ་འཇུག་པ་དག་ལའོ། །མ་ཐོབ་པ་ཐོབ་པར་བྱེད་ པའི་དོན་ནི་ཨ་ཤཱི་སྟེ། བཀྲ་ཤིས་པའོ། །དེ་ཡང་བདེན་པ་གྲུབ་པས་ཤིས་པ་བརྗོད་ན་བདེ་བ་ མ་ཐོབ་པ་ཐོབ་པར་འགྱུར་བ་དང༌། ཐོབ་ཟིན་ཡིན་ནའང་འཕེལ་བརྟན་ཐོབ་པར་འགྱུར་རོ། ༈ །བྱེད་དུ་འཇུག་པ་ནི། ཤཾ་ས་ནཾ་ཞེས་པ་འདོད་པ་དང་མཐུན་པར་བསྐུལ་བ་སྟེ། ལེགས་པར་ བསྟན་པའོ། ༈ །དེ་ཡང་རྫ་མཁན་བུམ་པ་བཟོ་བར་སྤྲོ་བ་ལ། གྷ་ཊཾ་བྷནྟུ། བུམ་པ་གྱིས་ཤིག་ ཅེས་པ་ལྟ་བུ། ལས་ལ་བྱ་བ་བྱེད་དུ་གཞུག་པའི་ཚིག་སྟེ། ཤིས་བརྗོད་དང༌། ལས་ཀ་བྱེད་པར་ སྐུལ་བ་ལ་ཤིས་བརྗོད་བྱེད་འཇུག་ཅེས་བྱ་ལ། དེའི་དོན་ལ། ཏུཔ྄་ལ་སོགས་པའི་རྐྱེན་འདི་ རྣམས་འཇུག་གོ །འདིར་ཤིས་བྱེད་ཀྱི་རྐྱེན་ཟེར་ལ། གཞན་ལས་ལོཊ྄་ཅེས་བརྡ་ཆད་བྱས་སོ། ༈ །དེ་དག་ཀྱང༌། ཏུཔ྄ ཏཱམ྄ ཨནྟུ། ༈ ཧི། ཏམ྄ཏ། ༈ ཨཱི་ནིཔ྄ ཨཱ་བཔ྄་ཨཱ་མཔ྄། ༈ ཏཱཾ། ཨཱ་ཏཱམ྄་ཨནྟམ྄། ༈ སྭ ཨཱ་ཐཱམ྄་དྷྭམ྄། ༈ ཨཻཔ྄ ཨཱ་བ་ཧཻས྄ ཨཱ་མ་ཧཻབ྄ ཅེས་པ་རྣམས་སོ། 19-1-391 ༈ །ལུང་དྲངས་པ་ཏུ་ཧི་དག་གི་ཏཱ་ཏཏ྄་ཤིས་བརྗོད་ལ་ཡང་ནའོ་ཞེས་བཤད་པས། ཤིས་བྱེད་ ཀྱི་དོན་གྱི་སྐྱེས་བུ་དང་པོའི་གཅིག་ཚིག ཏུཔ྄་དང༌། སྐྱེས་བུ་གཉིས་པའི་གཅིག་ཚིག་ཧི་དག་ བྱེད་འཇུག་གི་དོན་མ་ཡིན་པ། ཤིས་བརྗོད་ཀྱི་དོན་དུ་སྟེར་ན། རྐྱེན་ཏཱ་ཏང྄་དུ་བསྒྱུར་བ་ཡང་ གདམ་ངའི་ཚུལ་དུ་རེས་འགའ་བྱའོ། ༈ །ཤིས་བྱེད་གཉིས་ཀ་ལ་སོ་སོར་འཇུག་པའི་དབང་དུ་ བྱས་ན། བྷཱུ་བྷ་བར་གོང་བཞིན་བསྒྱུར་ནས། བྷ་བ ཏུཔ྄ པ྄་རྗེས་འབྲེལ་རྣམ་འགྱུར་གཞན་ མེད་དེ་ཙམ་གྱིས་གྲུབ་སྟེ། བྷ་བ་ཏུ། ཡང་ན་ཤིས་བརྗོད་ཀྱི་དོན་ལ། ཏུ་ཏཱ་ཏང྄་དུ་བསྒྱུར་ ཏེ། ང྄་ནི་ད་རེས་འདིར་མི་དགོས་ཀྱང་སྤྱིར་ཡོན་ཏན་མི་བྱེད་པའི་རྟགས་དོན་ཡིན་པས་དབྱི། ཏའི་ཨ་བརྗོད་དོན། དྷ་བ་ཏཱཏ྄་གྲུབ་སྟེ་ཤིས་བརྗོད་ལ། བྷ་བ་ཏུ་དང་བྷ་བ་ཏཱཏ྄ ཅེས་པ་གདམ་ ངའོ། ༈ །བྷ་བ ཏཱམ྄ བྷ་བ་ཏཱཾ། ༈ བྷ་བ ཨནྟུ ཨཏ་ཀྱི་ཨེ་དང་ཨ་ལའོ། །ཞེས་པས་བའི་ཨ་ ཕྱིས་ཨན྄་ལ་དྲངས བྷ་བནྟུ། ༈ ཨ་ཏཿ། ཨ་ལས་སོ། །བྱིངས་མཐའི་ཨ་ལས་ཕ་རོལ་ཏུ་ཡོད་ པའི་ཏི་སོགས་རྐྱེན་གྱི་ནང་ནས་ཧི་ནི་ལུཀ྄་སྟེ་འཇིག་པ་ཡིན་ལ། འདམ་ཀ་ལ་ཤིས་བརྗོད་ལ་ ཏཱ་ཏང྄་དུ་ཡང་བསྒྱུར་ཏེ། བྷ་བ་ཧི་ཨ་ལས་སོ། །ཧི་འཇིག བྷ་བ་ཞེས་སོ། །ཡང་ན་བྷ་བ་ ཧི་ཏཱ་ཏང྄་ང྄་དང་ཨ་ཕྱིས བྷ་བ་ཏཱཏ྄། ༈ བྷ་བ་དང་ཏཱམ྄ བྷ་བ་ཏཱཾ། བྷ་བ་དང་ཏ། བྷ་བ་ཏ། ༈ བྷ་བ་ཨཱ་ནྀཔ྄ པ྄་རྗེས་འབྲེལ་བའི་དབྱངས་དང་རྐྱེན་གྱི་ཨ་འདྲ་བ་རིང་པོ་ཕ་རོལ་དབྱི་བྷ་ བཱ་ནི། ༈ བྷ་བ་ཨཱ་བཔ྄་འདྲ་བ་རིང་པོ་ཕ་རོལ་དབྱི་དྲངས་བྷ་བཱ་བ། ༈ བྷ་བ ཨཱམཔ྄་འདྲ་བ་ རིང་པོ། ཕ་རོལ་དབྱི། བྷ་བཱ་མ། ༈ དེ་ལ་ཨཱ་ཡུཥྨཱནྦྷ་བ་ཏུ་བྷ་བཱཏ྄། ཚེ་དང་ལྡན་པར་འགྱུར་ ཅིག་ཁྱེད་ལའོ། །ཞེས་ཤིས་བརྗོད་དང༌། ༈ ཨ་དྷྱ་ཡ་ར྄་ཡོར་དྱ་ཏེ་བྷ་བ་སཽ་མྱ།<ཡོར་ཨ་རྒྱ་ཟེར་བ་ མཚམས་སྦྱར།> ཀློག་ཅིང་འདོན་པར་དེང་ཉིད་མཛོད་ཅིག་དགེ་བ་པོ། ཞེས་ལས་བྱེད་དུ་འཇུག་ པར་སྐུལ་བའོ། ། ༈ ཨ་ན་དྱ་ཏ་ནེ་ཨ་དྭི་ཏེ། དེང་མིན་པའི་འདས་པ་ལའོ། །སྔ་རོལ་གྱི་མཚན་མོའི་ཕྱེད་ 19-1-392 ཐུན་ཐ་མ་གཉིས་དང༌། ཉིན་མོ་ཐུན་བཞི་དང༌། རྗེས་མའི་མཚན་མོའི་ཕྱེད་ཐུན་སྔ་མ་གཉིས་ ནི་དེ་རིང་སྟེ། དེའི་སྔ་ཕྱི་གཞན་ནི་དེང་མ་ཡིན་པ་སྟེ། དེ་ལ་ཡང་སྔར་སོང་བ་དང་ད་འབྱུང་ འགྱུར་གཉིས་ལས། འབྱུང་འགྱུར་མ་ཡིན་ཏེ། སྔར་སོང་གི་དོན་ལ། དིཔ྄་སོགས་སྦྱོར་བ་ཡིན་ པས་འདས་ནས་ཡུན་རིང་ལོན་པ་མ་ཡིན་པ། འདས་པ་ཉེ་བའི་དོན་ལ་གོ་བར་བྱའོ། །དོན་ གཅིག་ལ་ཨ་དཱི་ཏེ་ནི་དེ་རིང་ལས་ཞེས་པར་འགྱུར་ན། དེ་རིང་ལས་གཞན་པས་སོ་ཞེས་པའི་ དོན་ཡིན་ལ། ༈ དེང་མིན་པ་ལས་ཞེས་པ་ནི། དེང་མ་ཡིན་པའི་དོན་ཅན་དུ་སྒྲུབ་ན་བྱིངས་ ལས་ཕ་རོལ་དུ་ཞེས་པ་སྟེ། རྐྱེན་སྦྱོར་བ་སྟོན་པའོ། ༈ །དེ་ལྟར་ན། དེང་མིན་ཏེ་ཅུང་ཟད་ འདས་དུས་ཀྱི་དོན་ལ་འདི་དག་རྐྱེན་དུ་འགྱུར་ཏེ། དིཔ྄ ཏཱཾ ཨན྄། ༈ སི་པ་ཏཾ་ཏ། ༈ ཨ་མིཔ྄་ བཱ། མ། ༈ ཏན྄ ཨཱཏཱམ྄ ཨཾ་ཏ། ༈ ཐས྄། ཨཱ་ཐཱམ྄། དྷྭམ྄། ༈ ཨི། བ་ཧི། ཧི། ༈ སྐྱེས་བུ་དང་ པོའི་གཅིག་ཚིག དིཔ྄ སྐྱེས་བུ་དབུས་མའི་གཅིག་ཚིག་སིཔ྄། སྐྱེས་བུ་ཕྱི་མའི་གཅིག་ཚིག་ཨ་ མིཔ྄་རྣམས་ལ་པ྄་རྗེས་འབྲེལ། ཨི་བརྗོད་དོན། ཨཱཏྨ་ན་པཱ་ཏིའི་ཏན྄་གྱི་ན྄་ནི་བྱེད་པ་ལ་ཨིན྄་ ལ་ཏའོ། །ཞེས་པའི་ཁྱད་དོན་ཡིན་པས་དབྱིའོ། ༈ དི་བཱ་དཱ་བཊ྄། དིཔ྄་སོགས་ལ་ཨཊ྄འོ། །དིཔ྄་ལ་སོགས་པའི་རྣམ་དབྱེ་ཕ་རོལ་ཏུ་ཡོད་ པ་ལ། བྱིངས་ལ་ཨཊ྄་ཨཱ་ག་མ་སྟེར། དེ་ཡང་ཌིཏ྄་ཡིན་པས་བྱིངས་ཀྱི་དང་པོར་སྟེར་ཏེ། བྷ་ བ་དིཔ྄་ཨཊ྄་སྟེར་བ་རྗེས་འབྲེལ་ཨི་བརྗོད་དོན། ཊ྄་རྗེས་འབྲེལ། ཨ་བྷ་བད྄་གནས་མེད་པ་ ཞེས་པས་ད྄་ཏ྄་རུ་བསྒྱུར་ཀྱང་ཆོག ཨ་བྷ་བཏ྄་ཨ་བྷ་བ་ད྄། ༈ བྷ་བ་ཏཱམ྄་ཨཊ྄་ཨ་བྷ་བ་ཏཱཾ། ༈ བྷ་བ་ཨན྄་ཨཊ྄་ཀྱི་ཨ་དང་ཨེ་དྲངས། ཨ་བྷ་བན྄། ༈ བྷ་བ་སིཔ྄་པ྄་རྗེས་འབྲེལ་ཨི་བརྗོད་ དོན། ཨཊ྄་ས་རྣམ་བཅད་ཨ་བྷ་བཿ། ༈ བྷ་བ་ཏམ྄་ཨཊ྄་ཨ་བྷ་བ་ཏཾ། ༈ བྷ་བ་ཏ་ཨཊ྄་ཨ་ བྷ་བ་ཏ། ༈ བྷ་བ་ཨ་མིཔ྄་པ྄་རྗེས་འབྲེལ་ཨི་བརྗོད་དོན་ཨཊ྄་འདྲ་བ་རིང་པོ། མ྄་ང་རོ་ཨ་བྷ་ བཱཾ། ༈ བྷ་བ་བ་ཨཊ྄་བ་མ་ལ་ཨཱའོ་ཞེས་པས་བ་གོང་མ་རིང་པོ་སྟེ། བྷ་བཱ་ཨ་བྷ་བཱ་བ། ༈ བྷ་ 19-1-393 བ་མ་ཨཊ྄་བ་མ་ལ་ཨཱའོ་བ་རིང་ཨ་བྷ་བཱ་མ། ༈ དཔེར་བརྗོད་ན། ཧྱོ་བྷ་བ་ཏ྄་ཏཱེཏྤུ་ཏྲ། ཁ་སང་ བྱུང་ངོ་ཁྱོད་ཀྱི་བུ། ཞེས་པ་ལྟ་བུའོ། ༈ །ད་ནི་བརྟ་མཱ་ན་ལ་སོགས་པ་ད་རྣམས་ཀྱི་ཨཱཏྨ་ནི་པ་ དིའི་སྦྱོར་བ་བཤད་དེ། ཨེ་དྷ་འཕེལ་བ་ལའོ། །ཞེས་པའི་བྱིངས་བཞག དྷ྄འི་ཨ་ཡིག་བདག་ དོན་ཡིན་པས་ཕྱིས། ཨེ་དྷ་ལུས་དེའི་ཕ་རོལ་དུ་ཨཱཏྨ་ནི་ཚིག་རྐྱེན་རྣམས་སྟེར་བ་ལས། གོང་པ་ ར་སྨཻ་ཚིག་རྐྱེན་དང་ཕལ་ཆེར་མཚུངས་སོ། ༈ །ད་ལྟར་བའི་དོན་ལ། ཨེ་དྷ་ཏེ་ཨཔ྄་ཡོན་ཏན་ ཐོབ་ཀྱང་འདིར་རང་གྲུབ་ཏུ་ཡོད། །དྲངས། ཨེ་དྷ་ཞེས་པ་འབྱུང་སྟེ་འོག་མ་ཀུན་ལ་དེ་ཡན་ ཆད་འདྲ་སྟེ། ཨེ་དྷ་ཞེས་པ་རྣམས་དེ་བཞིན་དུ་གོ་བར་བྱའོ། །ཨེ་དྷ་ཨ་ཏེ་ཅེས་པ་ལ་དྲངས། ཨེ་དྷ་ཏེ། ༈ ཨཱ་དཱ་ཐ་ཨི། ཨཱ་ཏ྄་ཨཱ་ཐའི་ཨེའོ། །ཨེ་དྷེ་ཨཱ་ཏེ་བཞག ཨ་ཡིག་མཐའི་བྱིངས་ལས་ ཕ་རོལ་དུ་ཨཱཏ྄་དང་ཨཱ་ཐའི་རྐྱེན་བྱུང་ན་རྐྱེན་དེ་གཉིས་ཀྱི་ཨཱ་ཡིག་ཨི་ཡིག་ཏུ་འགྱུར་རོ། ༈། འགྲེལ་པར་ཨཱཏ྄་ཨཱ་ཐ་སཾ་བནྡྷིནཿ། ཞེས་ཨཱཏ྄་ཨཱ་ཐ་ཡང་དག་པར་འབྲེལ་བ་ཞེས་པར་འབྱུང་ བ་ནི། ཨཱི་ཉིད་ཏ྄་དང་ཐ་ལ་འབྲེལ་བའི་དོན་ནོ། །ཨེ་དྷ྄་ཨ་ཨ་ཏེ་ཞེས་པ་ལ་ཨཱ་ཏེའི་ཨཱ་ཨི་རུ་ བསྒྱུར། ཨ་ཨི་ལ་ཨེ་དྲངས། ཨེ་དྷེ་ཏེ། ༈ ཨེ་དྷ་ཨཾ་ཏེ། ཞེས་པ་བཞག ཨཏ྄་ཀྱི་ཨ་དང་ཨེ་ དྷའི་ཨ་ཕྱིས། དྲངས། ཨེ་དྷཾ་ཏེ། ༈ ཨེ་དྷ་དང་སཾ། ཨེ་དྷ་སེ། ཨེ་དྷ་དང་ཨཱ་ཐེ། ཨཱ་ཐའི་ཨི་ ཞེས་པས། ཨི་ཐེ་སྦྱར་བས། ཨེ་དྷེ་ཐེ། ༈ ཨེ་དྷ་དང་དྷྭེ་ཨེ་དྷ་དྷྭེ། ༈ ཨེ་དྷ་ཨཏ྄་ཀྱི་ཨ་དང་ཨེ་ ཞེས་པས། དྷའི་ཨ་ཕྱིས། དྲངས། ཨེ་དྷེ། ༈ ཨེ་དྷ་བ་ཧི། བ་མ་ལ་ཨཱའོ། །དྷ་རིང་པོ་ཨེ་དྷཱ་བ་ ཧི། ༈ ཨེ་དྷ་མ་ཧི། བ་མ་ལ་ཨཱའོ། །དྷ་རིང་པོ་ཨེ་དྷཱ་མ་ཧི། ༈ དཔེར་བརྗོད་ནི་དྷརྨཱ་དེ་དྷ་ཏེ་ཨོ་ ད་རཱ་ཛྱཾ། ཆོས་ཀྱིས་མཐོ་གྱུར་ད་ལྟ་རྒྱལ་པོའོ། །ཞེས་པ་ཆོས་ཀྱིས་ཞེས་པ། ཆོས་ཀྱི་རྒྱུ་ལས་ཏེ་ ད་ལྟར་བ་སྟོན་པ་ཉིད་དོ། ། ༈ ད་ནི་ཆོ་ག་དང་འབྱུང་པ་པོའི་དོན་དུ། ལིང྄་ཡི་ཨཏྨ་ནི་སྟེར་ན། ཨེ་དྷ་ཨཱི་ཏ་ཨ་ཨི་ལ་ 19-1-394 ཨེ་ཨེ་དྷི་ཏ། ༈ ཨེ་དྷྭ་ཨཱི་ཡཱ་ཏཱཾ། ཨ་ཨི་ལ་ཨེར། ཨེ་དྷ་ཡཱ་ཏཱཾ། ༈ དེས་ཐམས་ཅད་རིགས་འགྲེ་ སྟེ། ཨེ་དྷ་ཨཱི་རན྄། ཨེ་དྷེ་རན྄། ༈ ཨེ་དྷ་ཨཱི་ཐས྄་ས྄་རྣམ་བཅད་ཨེ་དྷེ་ཐཿ། ༈ ཨེ་དྷ་ཨཱི་ཡཱ་ཐཱ་ མ྄། ཨེ་དྷེ་ཡཱ་ཐཱཾ། ༈ ཨེ་དྷ་ཨཱི་དྷྭམ྄། ཨེ་དྷེ་དྷྭཾ། ༈ ཨེ་དྷ་ཨཱི་ཡ་ཨེ་དྷེ་ཡ། ༈ ཨེ་དྷ་ཨཱི་བ་ཧི། ཨེ་ དྷེ་བ་ཧི། ཨེ་དྷེ་བ་ཏི། ༈ ཨེ་དྷ་ཨི་མ་ཧི་ཨེ་དྷེ་མ་ཧི། ༈ དཔེར་བརྗོད་ན། དྷརྨ་ཏཿསཱ་དྷུ་རེ་དྷེ་ཏ། ཆོས་དང་ལྡན་པ་ལས་ལེགས་པ་འཕེལ་ལོ། །ཆོས་ནི་ཆོ་ག་དང༌། དེ་ལས་འཕེལ་བར་རིག་པ་ ནི་འབྱུང་བ་པོའི་དཔེར་བརྗོད་དོ། ༈ །ཤིས་བྱེད་ཀྱི་དོན་ལ། ཏཱ་མ྄་ལ་སོགས་པ་སྟེ། ཨེ་དྷ་ དབྱངས་ལྡན་གྲུབ་པར་བྱས་ཏེ། ཨེ་དྷ་ཏཱམ྄་ཨེ་དྷ་ཏཱཾ། ༈ ཨེ་དྷ་ཨཱ་ཏཱམ྄། ཨཱཏ྄་ཨ་ཐའི་ཨི། ཨེ་ དྷ་ཨི་ཏཱམ྄་མཚམས་སྦྱར། ཨེ་དྷེ་ཏཱཾ། ༈ ཨེ་དྷ་ཨཾ་ཏཱཾ་ཨཏ྄་ཀྱི་ཨ་དང་ཨེ་དྷའི་དབྱངས་ཕྱིས། ཨེ་ དྷཾ་ཏཱ། ༈ ཨེ་དྷ་དང་སྭ་ཨེ་དྷ་སྭ། ༈ ཨེ་དྷ་ཨཱ་ཐཾ་ཨཱ་ཨི་རུ་ཨེ་དྷ་ཐཱཾ། ༈ ཨེ་དྷ་དང་དྷྭམ྄་ཨེ་དྷ་དྷྭཾ། ༈ ཨེ་དྷ་ཨཻཔ྄་དྷའི་ཨ་ནི་ཨེ་ཨཻ་ལ་ཨཻ་རུ་སོང༌། ཨེ་དྷཻ། ༈ ཨེ་དྷ་ཨཱ་བ་ཧཻ་འདྲ་བ་རིང་པོ་ཨེ་དྷཱ་བ་ ཧཻ། ༈ ཨེ་དྷ་ཨཱ་མ་ཧཻཔ྄་འདྲ་བ་རིང་པོ་ཨེ་དྷཱ་མ་ཧཻ། ༈ དེང་མིན་པའི་དོན་ལ། ཏན྄་ལ་སོགས་ པ་སྟེར་ཏེ། ཨེ་དྷ་ཏན྄་ན྄་རྗེས་འབྲེལ་ཨེ་དྷ་ཏ། ཨེ་དྷ་ཨ་ཏཱཾ། ཨཱ་ཨི་རུ ཨེ་དྷེ་ཏཱཾ ཨེ་དྷེ་ཨ་ནྟ ཨ་ ཏ྄་ལ་སོགས དྷའི་ཨ་ཕྱིས། དྲངས། ཨེ་དྷ་ཏཱ། ༈ ཨེ་དྷ་ཐཱས ས྄་རྣམ་བཅད ཨ་དྷ་ཐཱཿ ཨེ་དྷ་ ཨཱ་ཐཱམ྄ ཨཱ་ཨི་རུ ཨ་དྷེ་ཐཱཾ ཨེ་དྷ་དྷྭམ྄ ཨེ་དྷ་དྷྭཾ ཨེ་དྷ་ཨིཿ ཨ་ཨི་ལ་ཨེ་ཨེ་སྟེ་ཨེ་དྷེ་བ་ཧིབ་ ས་ལ་སོགས། དྷཱ་ཏེ་རིང་པོར་སོང༌། ཨེ་དྷཱ་བ་ཧི། ༈ ཨེ་དྷ་མ་ཧི། དྷཱ་རིང་པོ་ཨེ་དྷཱ་མ་ཧི། ༈ སྭ་རཱ་དེཿ། དབྱངས་དང་པོའིའོ། །དབྱངས་ཡིག་དང་པོ་ཅན་གྱི་བྱིངས་ཞེས་བྱ་བ་ བྱིངས་གང་གི་ཐོག་མའི་ཡི་གེ་དབྱངས་ཡིན་པ་དེ་ལ་ཨཊ྄་ཨཱ་ག་མ་སྟེར་ཞེས་པའོ། །འོ་ན་ཨེ་ དྷ་སྔ་མ་རྣམས་ལ་ཅི་ཕྱིར་མི་སྟེར་སྙམ་ན། དིཔ྄་སོགས་ལ་ཨཊ྄འོ། །ཞེས་དིཔ྄་སོགས་ལ་ ཡིན་གྱི་གཞན་ལ་མིན་ནོ། །འོ་ན་མདོ་དེས་ཆོག་གིས་དབྱངས་དང་པོའིའོ། །ཞེས་སྨོས་པས་ ཅི་བྱེད་སྙམ་ན། ཨཊ྄་གཉིས་པ་སྦྱིན་པའི་དོན་དུ་སྨོས་པ་ཡིན་ཞེས་འགྲེལ་པར་བཤད་དོ། ། 19-1-395 ༈ དེ་ལྟར་ཨེ་དྷ་ཏ་ནས་ཨེ་དྷཱ་མ་ཧིའི་བར་དེ་ཐམས་ཅད་ཀྱི་ཐོག་མར་དིཔ྄་སོགས་ཀྱི་ ཨཊ྄་དང༌། དེའི་ཡང་སྔོན་དུ་དབྱངས་དང་པོའི་དོན་གྱི་ཨཊ྄་བཞག ཨཊ྄་ཕྱི་མ་ཨེ་དང་འཕྲད་ པས་ཨཻ་ཨ་དང་པོ་དང་དེ་འཕྲད་པས་ཨཻ་རུ་སོང་ཡང་ན་ཨཱ་ཡིག་དེ་ཨེ་དྷའི་ཨཻ་དང་འཕྲད་པས་ ཨཻ། དེ་ལྟར་ན་རིམ་པས། ཨཻ་དྷ་ཏ ཨཻ་དྷ་ཏཱཾ ཨཻ་དྷཾ་ཏ། ༈ ཨཻ་དྷ་ཐཱཿ། ཨཻ་དྷེ་ཐཱཾ ཨཻ་དྷ་དྷྭཾ། ཨཻ་དྷེ ༈ ཨཻ་དྷཱ་བ་ཧི། ཨཻ་དྷཱ་མ་ཧི། ༈ ཨཱིཀྵ་ལ་ཡང་དེ་ལྟར་དུ་བྱ་ན། ཀྵའི་དབྱངས་ཨཏྨ་ནིའི་ཚིག་ཅན་ མཚོན་པའི་དོན་ཡིན་པས་ཕྱིས། དེ་བཞིན་དུ། ཨཱི་ཀྵ་ལ་ཨཏྨ་ནི་པ་ཏི་སྦྱར་ན། ཨཱིཀྵ་ཏེ་ཨཱི་ཀྵེ་ ཏེ། ཨཱེཀྵནྟེ། ༈ ཨཱིཀྵ་སེཨཱིཀྵ་ཐེཨཱིཀྵདྷྭེ། ༈ ཨཱིཀྵེཨཱིཀྵ་བ་ཧེ་ཨཱིཀྵཱ་མ་ཧེ། ༈ ཨཱིཀྵ་ཏ ཨཱིཀྵེ་ཡཱ་ ཏཱཾ ཨཱིཀྵེ་རན྄། ༈ ཨཱིཀྵེ་ཐཱཿ། ཨཱིཀྵེ་ཡཱ་ཐཱཾ། ཨཱིཀྵེ་དྷྭཾ། ༈ ཨཱིཀྵེ་ཡ ཨཱིཀྵེ་བ་ཧི་ཨཱིཀྵེ་མ་ཧི། ༈ ཨཱིཀྵ་ ཏཱཾ ཨཱིཀྵེ་ཏཱཾ ཨཱིཀྵཾ་ཏཾ། ༈ ཨཱིཀྵ་སྭ ཨཱིཀྵེ་ཐཱཾ ཨཱིཀྵ་དྷྭ། ༈ ཨཱིཀྵཻ ཨཱིཀྵཱ་བ་ཧཻ ཨཱིཀྵཱ་མ་ཧཻ། ༈ ཨཻཀྵ་ཏ ཨཻཀྵ་ཏཱཾ ཨཻཀྵནྟ། ༈ ཨཻཀྵ་ཐཱཿ། ཨཻཀྵེ་ཐཱཾ ཨཻཀྵ་དྷྭཾ། ༈ ཨཻཀྵེ་ཨཻཀྵཱ་བ་ཧི། ཨཻཀྵཱ་མ་ཧི། ཞེས་པའོ། ། དེ་དག་ལ་སོགས་པ་མང་པོ་དག་གོ ༈ །ཨུ་བྷ་ཡ་པ་ཏིའི་བྱིངས་ལ་པ་ར་སྨཻ འི་རྐྱེན་དང་ཨཏྨ་ ནའི་རྐྱེན་གཉིས་ཀ་འཇུག་སྟེ། དེའི་ཕྱིར་ཨུ་བྷ་ཡ་སྟེ་གཉིས་ཅན་གྱི་བྱིངས་སུ་མིང་བཏགས་ སོ། ༈ །དཔེར་མཚོན་ན། ཌུཔ་ཙཥ྄་འཚེད་པ་ལའོ། །ཌུ་དང་ཥ྄་ཡིག་རྗེས་འབྲེལ། ཙའི་ཨ་ ནི་སྭ་རི་ཏ་དབྱི་བ་གཉིས་ཀའི་ཚིག་ཅན་གྱི་རྟགས་དོན་ནོ། །དེ་ལ་ཏིཔ྄་སོགས་ཀུན་བཤད་ཀྱི་ རྣམ་དབྱེ་ཐམས་ཅད་སྟེར་དགོས་ན། སྔ་མ་དང་མཚུངས་ཏེ་པ་ར་སྨཻ་ལས། ༈ བརྟ་མ་ན་ལཊ྄་ ཀྱི་དང་པོ་ནི། པཙ྄་ཏིཔ྄་ཨཔ྄། པ་ཙ་ཨ་ཏི་དྲངས། པ་ཙ་ཏི། དེ་བཞིན་དུ་བརྟ་མཱ་ན་ལཊ྄་ལྷག་ མ་ལ། པ་ཙ་ཏཿ། པ་ཙཾ་ཏི། ༈ པ་ཙ་སི། པ་ཙ་ཐཱཿ། པ་ཙ་ཐ། ༈ པ་ཙ་མི། པ་ཙཱ་བཿ། པ་ཙཱ་མ། ༈ ཆོ་ག་འབྱུང་བ་ལིང྄་ལ་པ་ཙེཏ྄ པ་ཙེ་ཏཱཾ པ་ཙེ་ཡུཿ། ༈ པ་ཙེཿ། ༈ པ་ཙེ་ཏཱཾ པ་ཙེཏ། ༈ པ་ཙེ་ ཡཾ པ་ཙེ་བ པ་ཙེ་མ། ༈ ཤིས་བྱེད་ལོཊ྄་ལ། པ་ཙ་ཏུ། པ་ཙ་ཏཱཏ྄ གདམ་ང་ཡིན། པ་ཙ་ཏཱཾ། པ་ ཙཾ་ཏུ། ༈ པ་ཙ། པཙ་ཏཱ་ཏ གདམ་ཀ་ཡིན། པ་ཙ་ཏཱཾ། པ་ཙ་ཏ། ༈ པ་ཙཱ་ནི། པ་ཙཱ་བ། པ་ཙཱ་མ 19-1-396 ༈ དེང྄་མིན་ལང྄་ལ། ཨ་པ་ཙ་ཏ྄། ཨ་པ་ཙ་ཏཱཾ། ཨ་པ་ཙན྄། ༈ ཨ་པ་ཙཿ། ཨ་པ་ཙ་ཏཾ། ཨ་པ་ ཙ་ཏ། ༈ ཨ་པ་ཙཾ། ཨ་པ་ཙཱ་བ། ཨ་པ་ཙཱ་མ། ༈ ཨཱཏྨ་ནི་ཚིག་དང་སྦྱར་ན། པ་ཙ་ཏེ། པ་ཙེ་ཏེ པ་ཙཾ་ཏེ། ༈ པ་ཙ་སེ། པ་ཙེ་ཐེ། པ་ཙ་དྷྭེ། ༈ པ་ཙེ། པ་ཙཱ་བ་ཧི། པ་ཙཱ་མ་ཧི། ༈ ཆོ་ག་འབྱུང་བ་ལིང྄་ལ། པ་ཙེ་ཏ། པ་ཙེ་ཡཱ་ཏཱཾ། པ་ཙེ་རཱན྄། ༈ པ་ཙེ་ཐཱཿ། པ་ཙེ་ཡཱ་ཐཱཾ། པ་ཙེ་དྷྭཾ། ༈ པ་ཙེ་ཡ། པ་ཙེ་བ་ཧི། པ་ཙེ་མ་ཧི། ༈ ཤིས་བྱེད་ལོཊ྄་ལ། པ་ཙ་ཏཱཾ། པ་ཙེ་ཏཱཾ། པ་ཙཾ་ ཏཱཾ། ༈ པ་ཙ་སྭ། པ་ཙེ་ཐཱཾ། པ་ཙ་དྷྭཾ། ༈ པ་ཙཻ། པ་ཙཱ་བ་ཧཻ། པ་ཙཱ་མ་ཧཻ། ༈ དེང་མིན་ལང྄་ལ་ཨ་པ་ཙ་ཏ། ཨ་པ་ཙེ་ཏཱཾ། ཨ་པ་ཙཾ་ཏ། ༈ ཨ་པ་ཙཾ་ཐཱཿ ༈ ཨ་པ་ཙེ་ ཐཱཾ། ཨ་པ་ཙ་དྷྭཾ། ༈ ཨ་པ་ཙཻ། ཨ་པ་ཙཱ་བ་ཧི། ཨ་པ་ཙཱ་མ་ཧི། ཞེས་པ་དེ་ལྟར་ན་ལཊ྄་ལིང྄་ ལོཊ྄་ལང྄་རྣམས་ཀྱི་རྐྱེན་བདུན་ཅུ་དོན་གཉིས་པོ་ལས་པ་རསྨཻ་པ་ཏིའི་བྱིངས་ལ། པ་ར་སྨཻ་ པ་ད་སུམ་ཅུ་སོ་དྲུག ཨཏྨ་ནི་པ་ཏི་བྱིངས་ལ། ཨཏྨ་ནི་པ་ད་སུམ་ཅུ་སོ་དྲུག ཨུ་བྷ་ཡ་པ་ཏིའི་ བྱིངས་ལ། བདུན་ཅུ་དོན་གཉིས་མཐའ་དག་འཇུག་ཚུལ་དཔེར་བརྗོད་གཅིག་རེའི་སྟེངས་ ནས་བཤད་ཟིན་ཏོ། ། ༈ དེ་རྣམས་རྣམ་འགྱུར་འབྱུང་ལུགས་དོན་གྱི་མདོ་འདི་དག་བློ་ལ་ངེས་པར་བྱ་སྟེ། ཡཱཏ྄་ སོགས་དགུ་ལས་བདུན་ལ་སྲོག་བཅས་ཀྱང༌༡། ཨི་རུ་བསྒྱུར་བས་བྱིངས་མཐར་མཚམས་ སྦྱར་ཨེ༢། ༈ །ཡུས྄་ལ་ཨིཊ྄་སྟེར་ཡཱཾ་ནི་ཨི་ཡཾ་བསྒྱུར༣། ༈ །ཨཱཏ྄་སོགས་དགུ་ཨི་ལ་བྱིངས་ མཐའ་ཨེ༤། ༈ ཨནྟི་༥ཨནྟུ་༦ཨནྟེ་༧ཨཾ་ཏམ྄་ཨེ༨། ༈ །ཨནྟ་ཨན྄་ལ་བྱིངས་མཐའི་ཨ་ཕྱིས་ སྦྱོར༢། །བས྄་མས྄་བ་མ་མིཔ྄་དང་བ་ཧེ་དང་༢། །མ་ཧེ་བ་ཧི་མ་ཧི་བྱིངས་མཐའ་ཨཱ༡། ༈ །དིཔ྄་ བཅོ་བརྒྱད་ཀུན་ལ་ཐོག་མར་ཨ༢། །བྱིངས་ཀྱི་དང་པོར་དབྱངས་ཡོད་སླར་ཡང་ཨ༢། ༈ །ཨཱ་ ཏེ་ཨཱ་ཐེ་ཨཱ་ཏཱཾ་ཨཱ་ཏཾ་དང༌༣། །ཨཱ་ཐཱམ྄་གཉིས་ལ་བྱིངས་མཐའི་ཨ་ནི་ཨི། ༈ །གཞན་ཡང་ཨཱ་ ནིཔ྄་ཨཱ་བཔ྄་ཨཱ་མཔ྄་དང༌། ༈ །ཨ་མིཔ྄་དང་ནི་ཨཱ་བ་ཧཻཔ྄་དང་ཡང༌༢། །ཨཱ་མ་ཧེཔ྄་རྣམས་ 19-1-397 འདྲ་བར་རིང་པོར་སྦྱོར༣། ༈ །ཨཻཔ྄་ལ་བྱིངས་མཐའ་ཨཻ་སྟེ་ཨཻཔ྄་ཉིད་དབྱི། ༈ །ཏུཔ྄་ནི་རང་ གནས་ཧི་ནི་འཇིག་པའམ། །སྣོནཔའི་དོན་ལ་གཉིས་ཀ་ཏཱ་ཏཾ་ཏེ། །དེ་ནས་ཏཾ་གྱི་ཨཾ་ཕྱིས་ཏཱཏ྄་ ཞེས་འགྲོ། ༈ །རྐྱེན་མཐའ་ཏན྄་གྱི་ན྄་དང་པ྄་རྣམས་ཕྱིས། །དེང་མིན་སིཔ྄་དང་ས྄་མཐའ་རྣམ་ བཅད་དོ། ༈ །བྷཱུ་སོགས་ཨ་ཐུང་མཐའ་ལ་ཏིཔ྄་ལ་སོགས། །བྱིངས་ཐམས་ཅད་པའི་རྐྱེན་གྱི་ རྣམ་འགྱུར་རྣམས། །རྣམ་འགྱུར་ཀུན་གྱི་རྩ་བ་ཐོག་མར་ངེས།། །། ༒ ད་ནི་བྱིངས་ཐམས་ཅད་པའི་སྐབས་སུ་དགོས་པའི་དངོས་པོ་དང་ལས་ཀྱི་དོན་ ལ། ཡཀ྄་གི་བྱ་བ་འཇུག་པ་དག་བཤད་པར་བྱ་སྟེ། ཨཱདྦྷུ་བི་ཀརྨྨ་ཎི། དངོས་པོ་དང་ལས་ལ་ ཨཱཏ྄འོ། །བྷུ་བི་ཞེས་དངོས་པོ་ལ་ཞེས་པའི་སྐད་དོད་ཡོད་ཀྱང༌། བོད་སྐད་ལ་མི་བདེ་སྟེ། དང་ ཞེས་པ་བསྣན་ནོ། །ཨཱཏ྄་ཅེས་པ་ཨཏྨ་ནའི་རྐྱེན་གྱི་མིང་སྟེ། དངོས་པོའི་དོན་དང་ལས་ཀྱི་དོན་ ལ་ཨཏྨ་ནའི་ཚིག་རྐྱེན་སྟེར་ཞེས་པ་སྟེ། བྷ་བ་ཀརྨྨ་ཞེས་པ་ནི་དངོས་པོ་དང་ལས་ཞེས་པ་ཡིན་ ནོ། །དེ་ཡང་བྱིངས་ལས་མེད་པ་རྣམས་ལ། དངོས་པོའི་དོན་དུ་ཨཏྨ་ནའི་ཚིག་རྐྱེན་སྟེར་ལ། ལས་བཅས་ཀྱི་བྱིངས་ལ་ལས་ཀྱི་དོན་སྒྲུབ་པའི་ཕྱིར་ཡང་ཨཏྨ་ནི་སྟེར་རོ། །དེ་ལས་གང་ཡང་ བྱིངས་གང་ཞིག་བྱེད་པའི་ཀྲི་ཡ་པཱ་ད་ཚིག་ཁོ་ན་ལ་བརྗོད་པ་དེ་ནི་ལས་མེད་ཀྱི་བྱིངས་ཞེས་བྱ་ ལ། བྱིངས་གང་ཞིག་ལས་དང་བྱེད་ཚིག་གཉིས་ཀ་ལ་བརྗོད་པ་དེ་ནི། ལས་དང་བཅས་པའི་ བྱིངས་ཞེས་བྱའོ། ༈ །མཚན་གཞི་ནི། ༈ བྷཱུ་དང་ཨེ་དྷ་དང་ཨཱས྄་དང་ཤཱིང྄་ལ་སོགས་པ་སྟེར། དེ་ལྟར་ཡང་ལཛྫཱ་སཏྟཱ་སྠི་ཏི་ཛཱ་ག་ར་ཎཾ་བྲྀདྡྷི་ཀྵ་ཡ་བྷ་ཡ་ཛཱི་བི་ཏ་མ་ནཾ། ཤ་ཡ་ན་ཀྲི་ཌཱ་རུ་ཙི་དཱི་ བདྱ་རྠཾ་དྷཱ་ཏུ་ག་ཎཾ་ཏ་མ་ཀརྨ་ཀ་མཱ་ཧུཿ། དེའི་དོན་ནི། ངོ་ཚ་དངོས་ཡོད་གནས་པ་མེལ་ཚེ་དང༌། ། རྒྱས་འཕེལ་ཟད་པ་འཇིགས་པ་འཚོ་བ་དང༌། །ཉལ་དང་རྩེད་མོ་འདོད་དང་འབར་གསལ་ དོན། །བྱིངས་ཀྱི་ཚོགས་རྣམས་ལས་མེད་པར་བཤད་དོ། །དོན་བཅུ་གཉིས་པོ་དེ་དག་ཉེར་ བསྒྱུར་ལ་མ་ལྟོས་པར་སྟོན་པའི་བྱིངས་ནི་ལས་མེད་ཡིན་ལ། ༈ ལྷག་མ་རྣམས་ལས་བཅས་ 19-1-398 སོ། ༈ །སནྨཱ་ཏྲཾ་བྷཱ་བ་ལིངྒཾ་སྱཱ་ད་སྤྲྀཥྚཾ་ཡཙྪ་ཀཱ་ར་ཀཻཿ། དྷཱ་ཏྭརྠཿཀེ་བ་ལཾ་ཤུདྡྷོ་བྷ་བ་ཨིཏྱ་བྷོ་དྷཱི་ཡ་ ཏེ། ཡོད་ཙམ་དངོས་པོའི་རྟགས་སུ་འགྱུར། །གང་ཡང་བྱེད་ཅན་རྣམས་མ་རེག །བྱིངས་དོན་ རྐྱང་པ་དག་པ་པ། །འདི་ནི་དངོས་པོར་མངོན་པར་བརྗོད། །བྱེད་ཅན་དྲུག་པོ་གང་དང་ཡང་ མ་སྦྱར་བ། དངོས་པོ་ཡོད་ཙམ་སྟོན་པ་ནི། དངོས་པོའི་དོན་གྱི་རྟགས་ཏེ་མཚན་ཉིད་ཡིན་ལ། དེ་ནི་བྱེད་ཚིག་དང་བར་རྐྱེན་སོགས་སྦྱར་དུ་ཆུག་ཀྱང༌། རྐྱེན་གྱི་དོན་མི་སྟོན། བྱིངས་ཀྱི་དོན་ ཙམ་སྟོན་པ་ཡིན་ཏེ། མཚན་ཉིད་དེ་དང་ལྡན་པ་ནི་དངོས་པོའི་དོན་དུ་བསྒྲུབས་པའོ། ། ༈ ཡཀྩ་ཏུཪྵུ། ཡཀ྄་བཞི་པོ་ལའོ། །དངོས་པོ་དང་ལས་གང་ཡིན་ཡང༌། བར་རྐྱེན་ཡཀ྄་ སྟེར་དགོས་ལ། དེ་ཡང་གོང་དུ་བཤད་པའི། ཏི་སོགས་བྱེད་ཚིག་གི་རྐྱེན་ཕ་རོལ་ཡོད་པ་ཁོ་ ན་ཡིན་ཅིང༌། ཁྱད་པར་དུ་ཡང༌། དངོས་པོའི་དོན་ལ། ཨཏྨ་ནིའི་གཅིག་ཚིག་ཁོ་ན་སྟེ་གཉིས་ ཚིག་དང་མང་ཚིག་མ་ཡིན་ནོ། །དེའི་རྒྱུ་མཚན་ཡུལ་དངོས་པོ་ནི་གཅིག་ཉིད་ལས་གཉིས་པ་ མེད་པས་ཡུལ་ཅན་ཚིག་ལའང་གཅིག་ཚིག་ཁོ་ནའོ་ཞེས་པ་སྤྱིར་བཏང་ངེས་པའོ། །བཞི་པོ་ལ་ ཅེས་པ་ནི། ལཊ྄་ལིང྄་ལོཊ྄་ལང྄་བཞི་པོ་ལའོ། །དེར་ཡཀ྄་ཞེས་པའི་ཀ྄་ནི་བྱིངས་ལ་ཡོན་ཏན་ དགག་པའི་རྟགས་དོན་ནོ། །དེ་ཡང་སྐྱེས་བུ་དབུས་མའི་གསུམ་དང༌། ཕྱི་མའི་གསུམ་དང༌། དང་པོའི་ཡང་གཉིས་ཚིག་མང་ཚིག་མི་འཇུག་པས། སྐྱེས་བུ་དང་པོ་ཁོ་ནའི་དབང་དུ་བྱས་ཏེ། གཅིག་ཚིག་ཏེ་ཨཱི་ཏ་ཏཱམ྄་ཏན྄་རྣམས་སོ། ༈ །བྷཱུ་ཏེ་ཡཀ྄་སྟེར་ཀ྄་ཕྱིས། བྷཱུ་ཡ་ཏེ། ༈ བྷཱུ་ཨཱིཏ྄ ཡཀ྄ བྷཱུ་ཡེ་ཏ྄། ༈ བྷཱུ་ཏམ྄ ཡཀ྄། བྷཱུ་ཡ་ཏཱཾ ༈ བྷཱུ་ཏན྄ ཡཀ྄ དིཔ྄་སོགས་ཨཊ྄་དང༌། དབྱངས་ དང་པོའིའོ། །ཞེས་པས་ཀྱང་ཨཊ྄་སྟེ། ཨ་ཨ་བྷཱ་ཡ་ཏན྄། ཨ་བྷཱུ་ཡ་ཏན྄། ༈ དཔེར་བརྗོད། བྷཱུ་ ཡ་ཏེ་བྷ་བ་ཏཱ། ཁྱོད་ཡིན་ཞེས་པའོ། ༈ །ཨེ་དྷ་ཏཻ་ཡཀ྄ ཨེ་དྷ་ཡ་ཏེ། དྷ྄་དབྱངས་མེད་ཡ་ལ་ དྲངས། ཨེ་དྷྱ་ཏེ། ༈ དེ་བཞིན་དུ། ཨེ་དྷྱེ་ཏ། ༈ ཨེ་དྷྱ་ཏཱཾ། ༈ ཨེ་དྷྱ་ཏན྄། ༈ དཔེར་བརྗོད། ཨེ་དྷྱ་ཏེ་དྷཱརྨི་ཀཻཿ། ཆོས་དང་ལྡན་པ་འཕེལ་ལོ། །ཞེས་པའོ། །འདི་ནི་སྐྱེས་བུ་བརྗོད་པས་རྒྱུ་ 19-1-399 ཡང་ཁོང་ནས་བརྗོད་པ་ཡིན་ལ། ལྷ་སྦྱིན་འཕེལ་ལོ་ཞེས་པ་ལྟ་བུ་སྐྱེས་བུ་འབའ་ཞིག་བརྗོད་ པའོ། ༈ །ཨཱ་སུ་ཉེ་བར་གནས་པ་ལའོ་བྱིངས། སུའི་ཨུ་བརྗོད་དོན། ཨཱས྄་ཏེ་ཡཀ྄་ས྄་དབྱངས་ མེད་ཡ་ལ་དྲངས་ཨཱ་སྱ་ཏེ། ༈ ཨཱ་སྱ་ཏ། ༈ ཨཱ་སྱ་ཏམ྄། ༈ ཨཊ྄་གཉིས་འདྲ་རིང༌། ཨཱ་སྱ་ དང་ཡང་འདྲ་བ་རིང་པོ་ཡིན་པས་ལུས་འགྱུར་བ་མི་ཤེས་སོ། །ཨཱསྱ་ཏན྄། ༈ ཤཱིང྄་ཉལ་བ་ ལའོ་བྱིངས། ཤཱིང྄་གི་ཡཀ྄་ལ་ཨ་ཡང྄་ངོ་ཞེས་བཤད་པས། ཤཱིང྄་ཨ་ཡང྄་དུ་ཨཱ་དེ་ཤ་བྱེད་པ་ ལ་ཤཱིང྄་གི་ང྄་ནི་རྗེས་འབྲེལ། ཨ་ཡང྄་གི་ང྄་ནི་ཐ་མ་ཁོ་ན་བསྒྱུར་བའི་རྟགས་དོན་ཡིན་པས། ཐ་མ་ཨཱི་ཨ་ཡང྄་དུ་འགྲོ། ཤཱིང྄་ཏེ་ཡཀ྄་ཨ་ཡང྄་ང྄་ཕྱིས། ཡའི་ཨ་བརྗོད་དོན། ཤ྄་ཨཡ྄་ཡ་ ཏེ་དྲངས་པས། ཤ་ཡྻ་ཏེ། ༈ ཤ་ཡྻེ་ཏ། ༈ ཤ་ཡྻ་ཏཱཾ། ༈ ཨཱ་ཤ་ཡྻ་ཏན྄། ༈ དཔེར་བརྗོད་ནི། ཤ་ཡྻ་ཏེ་ཤཱུ་དྲེ་ཎ། ཞེས་ཉལ་བར་བྱེད་དོ་དམངས་རིགས་ཀྱིས་སོ། །ཞེས་པའོ། །ལས་མེད་ པའི་བྱིངས་ལ་ཡང༌། རེས་འགའ་ལས་དང་བཅས་པ་དང་འདྲ་བར་ཨཏྨ་ནིའི་རྐྱེན་ཐམས་ཅད་ སྟེར་བའང་ཡོད་དེ། དེ་ཡང་ཕལ་ཆེར་ཉེར་བསྒྱུར་དང་འབྲེལ་བ་ལས་འབྱུང་སྟེ། ཉེར་བསྒྱུར་ གྱིས་བྱིངས་ཀྱི་དོན་གཞན་དུ་བསྒྱུར་བ་དང༌། བྱིངས་ཀྱི་དོན་ཉིད་དུ་གནས་པ་དང༌། བྱིངས་ ཀྱི་དོན་ལྷག་པར་བྱེད་པ་སྟེ་གསུམ་འབྱུང་བ་ལས། གལ་ཏེ་གཞན་དུ་བྱེད་ན་བྱིངས་པས་ཉེར་ བསྒྱུར་སྟོབས་ཆེ་བས། དཔེར་ཧཱ་ར་འཕྲོག་པ་ལ་འཇུག་ཀྱང༌། བི་ཧཱ་ར། གནས་པ་ལ་འགྲོ་བ་ དང༌། ཨཱ་ཧཱ་ར་ཟས་སོགས་དང༌། སཾ་ཧཱ་ར་ཁོངས་སུ་བསྡུ་བ་དང༌། པྲ་ཧི་ཧཱ་ར་སྲུང་བ་པོ། པྲ་ཧཱ་ ར་འཛོམས་པ་ལ་འཇུག་པ་སོགས་བཤད་པ་ལྟར་འདིར་བྱིངས་ངོ་བོ་ལས་མེད་ཡིན་ཡང་ཉེར་ བསྒྱུར་བ་དང་འཕྲད་པས་ལས་ཅན་ནོ། ༈ །ཨ་ནུ་བྷཱུ་ཡ་ཏེ། ཨ་ནུ་བྷཱུ་ཡེ་ཏེ། ཨ་ནུ་བྷཱུ་ཡཾ་ཏེ། ༈ ཨ་ནུ་བྷཱུ་ཡ་སེ། ཨ་ནུ་བྷཱུ་ཡེ་ཐེ། ཨ་ནུ་བྷཱུ་ཡ་དྷྭེ། ༈ ཨ་ནུ་བྷཱུ་ཡེ། ཨ་ནུ་བྷཱུ་ཡཱ་བ་ཧེ། ཨ་ནུ་བྷཱུ་ཡ་ མ་ཧེ།༩ ༈ ཨ་ནུ་བྷཱུ་ཡེ་ཏ། ཨ་ནུ་བྷཱུ་ཡེ་ཡཱ་ཏཱཾ། ཨ་ནུ་བྷཱུ་ཡེ་རན྄། ༈ ཨ་ནུ་བྷཱུ་ཡེ་ཐཱཿ། ཨ་ནུ་བྷཱུ་ ཡེ་ཡཱ་ཐཾ། ཨ་ནུ་བྷཱུ་ཡེ་ཡཱ་དྷྭཾ། ༈ ཨ་ནུ་བྷཱུ་ཡེ་ཡ། ཨ་ནུ་བྷཱུ་ཡེ་བ་ཧི། ཨ་ནུ་བྷཱུ་ཡེ་མ་ཧི།༩ ༈ ཨ་ 19-1-400 ནུ་བྷཱུ་ཡ་ཏཱཾ། ཨ་ནུ་བྷཱུ་ཡེ་ཏཱཾ། ཨ་ནུ་བྷཱུ་ཡཾ་ཏཾ། ༈ ཨ་ནུ་བྷཱུ་ཡ་སྭ། ཨ་ནུ་བྷཱུ་ཡེ་ཐཱཾ། ཨ་ནུ་བྷཱུ་ཡ་དྷྭི། ༈ ཨ་ནུ་བྷཱུ་ཡཻ། ཨ་ནུ་བྷཱུ་ཡཱ་བ་ཧཻ། ཨ་ནུ་བྷཱུ་ཡཱ་མ་ཧཻ།༩ ༈ ཨ་ནུ་བྷཱུ་ཡ་ཏ། ཨ་ནྭ་བྷཱུ་ཡེ་ཏཱཾ། ཨ་ ནྭ་བྷཱུ་ཡཾ་ཏེ། ༈ ཨ་ནྭ་བྷཱུ་ཡ་ཐཱཿ ཨ་ནྭ་བྷཱུ་ཡེ་ཐཱཾ། ཨ་ནྭ་བྷཱུ་ཡ་དྷྭཾ། ༈ ཨ་ནྭ་བྷཱུ་ཡེ་ཨ་ནྭ་བྷཱུ་ཡཱ་བ་ ཧི། ཨ་ནྭ་བྷཱུ་ཡཱ་མ་ཧི། ༈ དཔེར་བརྗོད་ནི། སུ་ཁ་མ་ནུ་བྷཱུ་ཡ་ཏེ་སྭཱ་མི་ནཱ། རྗེ་བོས་རང་གིས་བདེ་ བ་རྗེས་སུ་མྱོང་བར་བྱེད་ཅེས་པ་གང་ལས་ཁྱད་པར་ཕྱེ་ན། བྱེད་པ་དང་ལས་ལྷན་ཅིག་བརྗོད་ པ་ནི་ལས་བཅས་ཏེ། ཌུ་ཀྲྀཉ྄་བྱེད་པའོ། །ཌུ་ནི་བྱ་བའི་དོན་ཉ྄་རྗེས་འབྲེལ་ཀྲྀ་ལ་ཡཀ྄་ཏེ་ཡ་ཕ་ རོལ་ལས་རྀ་ཨི་རུ་སོང་ཀྲི་ཡ་ཏེ། ༈ ཀ་ཊཿཀྲི་ཡ་ཏེ་ཀཱ་རུ་ཀེ་ཎ། ལས་མིས་རྩྭའི་ལྷས་བཾ་བྱེད་ དོ། ༈ །ཏྭཾ་དུ་ཁཱི་ཀྲི་ཡ་སེ། ཁྱེད་དཀའ་བས་བྱེད་དོ། ༈ །རཱ་གཽ་བི་རཱ་གཻཿསུ་ཁྱ་ཧཾ་ཀྲི་ཡེ། ཆགས་ པ་དག་ལས་ཆགས་པ་བྲལ་བས་ངེད་བདེ་བར་བྱེད་དོ། །ཞེས་པ་ལྟ་བུའོ། ། ༈ ཨ་ཡ་ཀི། ཨ་ཡཀ྄་ལའོ། །རྐྱེན་ལ་ཡཀ྄་དང་ཨ་ཕ་རོལ་ཏུ་བྱུང་ན་ཚུར་རོལ་གྱི་རྀ་ཡིག་ ནི་རིང྄་ཏུ་འགྱུར་རོ། །རིང྄འི་ང྄་ནི་བྱ་བ་དྷཱ་ན་ཏེ་བར་མཚམས་གཅོད་པའི་རྟགས་དོན་ནོ། ། མྲྀང྄་སྲོག་འདོར་བ་ལའོ། །ཡཀ྄་ཏེ་ང྄་རྗེས་འབྲེལ་ཨ་ཡཀ྄་ལའོ། །མྲྀ་མྲི་རུ་སོང༌། མྲི་ཡ་ཏེ། དེ་སོགས་ཀུན་ལ་སྦྱོར། ༈ དྲྀ་འགྲོ་བ་ལའོ། །སྒྲུབ་ཚུལ་དེ་དང་འདྲ། དྲི་ཡ་ཏེ། བྲཱཧྨ་ཎེ་ན་དཱ་ ན་མཱ་དྲི་ཡ་ཏེ། བྲམ་ཟེས་སྦྱིན་པ་ལོངས་ཤིག ཅེས་པའོ། ༈ །ཧྲྀཉ྄་འཕྲོག་པའོ། །དེ་ཡང་གོང་ དང་འདྲ། ཧྲི་ཡ་ཏེ། ཧྲི་ཡ་ཏེ་དྷ་ན་ཏསྐ་རེ་ཎ། འཕྲོག་པར་བྱེད་དོ་ནོར་ཆོམ་པོས་ཞེས་པའོ། ༈། ཏྲཱྀ་མཆོང་བ་དང་རྐྱལ་བ་ལའོ། །རཱིཏ྄་ཨིར། རིཏ྄་ལ་ཨིར྄འོ། །ཡ་ཡིག་ཕ་རོལ་གྱི་རྐྱེན་ལ་ རཱི་རིང་པོ་ཨིར྄་དུ་བསྒྱུར་ཏེ། ཏྲཱྀ་ཡཀ྄་ཏེ་ཏིར྄་དྲངས་ཏིཪྻ་ཏེ། ཡེ། ཡ་ལའོ། །ཡ་ཡིག་གི་རྐྱེན་ ཕ་རོལ་ལ་གོང་མའི་དབྱངས་ཐོག་མ་རིང་པོར་འགྲོའོ། །ཏཱིཪྻ་ཏེ། དེ་སོགས་ཀུན་ལ་སྦྱོར། ༈ ཙིཉ྄་གསོག་པ་ལའོ། །ཉ྄་རྗེས་འབྲེལ་ཙི་ཡཀ྄་ཏེ་ཡ་ལའོ། །ཙི་རིང་པོ་ཙཱི་ཡ་ཏེ། ཨིཥྚི་ཀཱ་ཤྩཱི་ཡཾ་ ཏེ། སོ་ཕག་རྣམས་གསོག་པར་བྱེད། ཅེས་སོ། ༈ །ཧུ་སྦྱིན་པ་དང༌། ཟ་བ་ལའོ། །ཧུ་ཡཀ྄་ཏེ། 19-1-401 ཡ་ལའོ། །ཧཱུ་ཡ་ཏེ། ཧཱུ་ཡ་ཏེ་ཨགྣཾ་བཧྨཽ། མེ་ལ་ཟས་སྦྱིན་སྲེག་བྱེད་དོ། །ཞེས་པའོ། ། ༈ ཌུ་དཱཉ྄་སྦྱིན་པ་ལའོ། །དཱ་དེ་རིཿ། དཱ་སོགས་ཀྱི་ཨིའོ། །བྱིངས་དཱ་སོགས་ཀྱི་ཨཱ་ཡིག་ནི། ཀིཏ྄་དང་ངིཏ྄་ཀྱི་རྐྱེན་ཕ་རོལ་ན་ཡོད་པ་ལས་ཨི་རུ་འགྱུར་རོ། །ཌུ་དཱཉ྄འི་ཉ྄་ཨཏྨ་ནིའི་རྟགས་ དོན། ཌུ་བྱ་བའི་དོན། དཱ་ཡཀ྄་ཏེ་དཱ་སོགས་ཀྱི་ཨིའོ། །དཱ་དི་རུ་སོང༌། དི་ཡ་ལའོ། །དཱ་དཱི་རུ། དཱི་ཡ་ཏེ། བེ་ད་བི་དེ་ཨཱ་དོ་དཱི་ཡ་ཏཱཾ་དྷ་ནཾ། རིག་བྱེད་རིག་པ་པོ་ལ་ནོར་འདི་བྱིན་ཅིག་ཅེས་པའོ། ༈ །ཌུ་དྷཱཉ྄་འཛིན་ཅིང་གསོ་བ་ལའོ། །ཌཉ྄་གོང་བཞིན། དྷཱ་ཡཀ྄་ཏེ་དཱ་སོགས་ཀྱི་ཨིའོ། །དྷི་ཡ་ ལའོ། །དྷཱི། དྷཱི་ཡ་ཏེ། ཉེར་བསྒྱུར་ནི་གོང་དུ་བཞག ནི་དྷཱི་ཡ་ཏེ་དྷཱ་ནྱཾ་བྷཱུ་མཽ། གཏེར་དུ་སྦོས་ཤིག་ འབྲུ་རྣམས་ས་ལའོ། །ཞེས་སོ། ༈ །མཱང྄་འཇལ་བ་ལའོ། །ང྄་ཨཏྨ་ནི་རྟགས་དོན། དཱ་སོགས་ ཨི། ཡ་ལ་སོགས་མཱི། མཱི་ཡ་ཏེ།(འཇལ་བར་གྱིས།) ༈ ཀཻ་གཻ་རཻ་སྒྲ་ལའོ། །སནྡྷྱཀྵ་རཱ་ཎཱ་མཱ། མཚམས་སྦྱོར་གྱི་ཡི་གེ་རྣམས་ཀྱི་ཨཱའོ། །ཨཱཏྨ་ནི་པ་ དིའི་སྐབས་འདིར། བྱིངས་ཀྱི་བྱུང་བའི་མཚམས་སྦྱོར་གྱི་ཡི་གེ་རྣམས་ཨཱ་ཡིག་ཏུ་བསྒྱུར། བྱེད་ པོའི་དོན་གྱི་ཨཔ྄འི་རྐྱེན་མེད་པའི་ཡུལ་ལ་སྟེ། དངོས་པོ་དང་ལས་ཀྱི་སྐབས་འདིར་རོ། ༈ ཀཻ་ ཡཀ྄་ཏེ་བཞག མཚམས་སྦྱོར་གྱི་ཡི་གེ་རྣམས་ཀྱི་ཨཱའོ། །ཞེས་པས། ཨཻ་ཨཱ་རུ་སོང་དཱ་སོགས་ ཀྱི་ཨཱ་ཨི་ཡ་ལའོ། །ཨི་ཨཱི་རུ་སོང༌། ཀཱི་ཡ་ཏེ། དེ་བཞིན་དུ། ཀཱི་ཡ་ཏེ། རཱི་ཡ་ཏེ། ༈ ཤོ་ཕྲ་མོར་ བྱེད་པ་ལའོ། །ཤོ་ཡཀ྄་ཏེ་མཚམས་སྦྱོར་ཡི་གེ་ཨོ། ཨཱ་རུ་སོང༌། དཱ་སོགས་ཀྱི་ཨི་གཞན་འདྲ། ཤཱི་ཡ་ཏེ། ༈ ཨོ་ཧཱཀ྄་འདོར་བ་ལའོ། །ཨོ་བྱ་བའི་དོན་ཀ྄་རྗེས་འབྲེལ་ཧཱ་ཡཀ྄་ཏེ་ཧཱི་ཧཱི་ཡ་ཏེ། ༈ པཱ་བཏུང་བ་ལའོ། །པཱ་ཡཀ྄་ཏེ། པི་པཱི་པཱི་ཡ་ཏེ། དེ་དག་གོང་དང་འདྲའོ། ༈ ཥྛཱ་འགྲོ་བ་འགོག་ པ་ལའོ། ཥྛཱ་ཡཀ྄་ཏེ་དང་པོ་ལ་ཥ་ཎིའི་ས་ནའོ། །ཞེས་པས། བྱིངས་ཀྱི་དང་པོའི་ཥ྄་ས྄་རུ་སོང༌། ཁྲིམས་ཅན་ལོག་ན་ཁྲིམས་ཀྱང་ལོག་སྟེ། ཋ་རུ་བསྒྱུར་བ་པོ་ཥ྄་ས྄་རུ་ལོག་པས་ཋ་ཡིག་ཀྱང་ཐ་ ཡིག་ཏུ་སོང༌། སྠཱ་ཞེས་སོ། །དེ་ནས་གོང་དང་འདྲ་སྟེ། སྠཱི་སྠཱི་སྠཱི་ཡ་ཏེ། འདི་ལས་མེད་ཡིན་ 19-1-402 པས་ཨཱཏྨ་ནེ་སྐྱེས་བུ་དང་པོའི་གཅིག་ཚིག་རྣམས་ཁོ་ན་འཇུག་གོ ། ༈ ཏ་ནོ་ཏེ་རྣཱ་བཱ་(ཡ་ཀི་ཞེས་མེད་པའང་མང་ངོ་)ཡ་ཀི། ཡ་ཀི་ཞེས་པ་ནི་མེད་པའམ་མང་པོ། ཏན྄་ གྱི་ན྄་ཨཱ་ཡང་ནའོ། ཏན྄་གྱི་ན་ཨཱ་ཡང་ན་སྟེ་ཡཀ྄་ལའོ། །ཟེར་བའང་ཡོད་ཏེ། ཏན྄་ཞེས་པའི་ བྱིངས་ལ། ཀིཏ྄་ཕ་རོལ་ལ་ན྄་ཨཱ་ཞེས་པར་བསྒྱུར་བ་སྟེ། ཡང་ན་མ་ཡིན་ནོ། །ཏན྄་ཡཀ྄་ཏེ་ ན྄་ཨཱ་རུ་བསྒྱུར་ཏེ་ཨཱ་ཡ་ཏེ་འདྲ་རིང་ཏཱ་ཡ་ཏེ། ཨཱ་རུ་མ་བསྒྱུར་ན་ཏན྄་ཡ་ཏེའི་ན྄་ཡ་ལ་དྲངས། ཏན྄་ནྱ་ཏེ། ༈ རྀ་འགྲོ་བ་ལའོ། །གུ་ཎོརྟི་སཾ་ཡོ་གཱ་དྱོ། རྀ་རབ་སྦྱོར་ལ་སོགས་པ་ལ་ཡོན་ཏན་ ནོ། །རྀ་ཡཀ྄་ཏེ་འགྲོ་བའི་དོན་གྱི་རྀ་དང༌། ཡཀ྄་སོགས་དངོས་ལས་ཀྱི་རབ་ཏུ་སྦྱོར་བ་སོགས་ ལ་རྀ་ནི་ཡོན་ཏན་ཨར྄་དུ༌། འགྱུར་རོ། །ཨརྟི་ཅེས་པ་བྱིངས་རྀ་ཡིག་གི་དོན་ཡིན་ལ། སོགས་ ཁོངས་ནས། འདི་དང་ཛ་གརྟ་ལ་སོགས་པའི་བྱིངས་རྣམས་ལས་ཡཀ྄་ཡད྄་ན་དཱི་ལ་ཀིཏ྄་བྱིན་ པ་དང༌། ཨཱ་ཤིཪྻ་ལ་སོགས་པ་ཕ་རོལ་ལའོ། །རྀ་ཨར྄་དུ་སོང༌། དྲངས་ཨརྱ་ཏེ། ༈ སྨྲྀ་སེམས་ པ་ལའོ། །སྨྲྀ་ཡཀ྄་ཏེ་རྀ་ཨར྄་དྲངས་སྨརྱ་ཏེ། ༈ ཡཏྐརྨྨ་གུ་ཎ་སཾ་ཡོ་གཱཏྐ་རྟྲམ་ཏྭེ་ན་བི་བཀྵྱ་ཏེ་ས་ ཀརྨྨ་ཀརྟཱ། ཀྲི་ཡ་མཱ་ཎཾ་ཏུ་ཡཏྐ་རྨྨ་སྭ་ཡ་མེ་བ་པྲ་སིདྡྷྱ་ཏི། སུ་ཀ་རཻཿསྦེརྒུ་ཎིཪྻ་སྨཱཏྐརྨ་གརྟྟེ་ཧི་ཧདྦི་ དུཿ། ལས་གང་ཡོན་ཏན་རབ་སྦྱོར་བྱེད་པོ་ཉིད། །བྱེད་པོར་བཅས་པའི་ལས་སུ་རབ་འདོད་ དོ། །ལས་གང་བྱེད་པས་འཇུག་པར་ལྡན་པ་དང༌། །རང་ཤུགས་ཉིད་ཀྱིས་འདི་རབ་གྲུབ་པའོ། ། སྙི་བ་རྣམས་དང་རང་གི་ཡོན་ཏན་རྣམས། །གང་ལས་བྱེད་པ་པོ་དེ་ལས་ལས་རིག །ཅེས་ཏེ་ ལས་ཀྱི་དངོས་པོ་གང་ལ་བྱེད་པོ་སྐྱེས་བུའི་འདོད་དོན་དེ་སྤྱིར་སྐྱེས་བུ་རྩོལ་བས་བྱེད་པ་ཙམ་ ནི་ཡིན་མོད་ཀྱང༌། རྩོལ་བ་སྟོབས་ཆེན་པོ་མི་དགོས་པར། ལས་ཀྱི་དངོས་པོ་ཉིད་ལ་རང་ བཅས་སུ་ཡོད་པའི་ཡོན་ཏན་གྱིས་འགྲུབ་པ་དེ་ནི་ལས་ཉིད་ལ་ཡང་བྱེད་པོའི་དོན་ཚང་བས། དེ་ལ་བྱེད་པོ་དང་བཅས་པའི་ལས་ཞེས་མཁས་པ་རྣམས་འདོད་དོ། །དེ་ལ་ཡོན་ཏན་རབ་སྦྱོར་ ཞེས་པ་ནི་དངོས་པོ་དེ་ལ་ཡོན་ཏན་རབ་སྦྱོར་ཏེ་རྟག་ཏུ་ལྡན་པའི་དོན་མེ་དང་སྲེག་པ་བཞིན་ 19-1-403 ནོ། ། ༈ དེ་ཡང་དཔེར་ན། མར་གྱི་གོང་བུ་འཇུ་བར་བྱེད་ན། སྣོད་དུ་བཅུག་སྟེ་མེ་ལ་འཇོག་ པ་སོགས་སྐྱེས་བུའི་རྩོལ་བ་ཡང་དགོས་མོད། མར་ཉིད་ལ་ཞུ་བ་ཡོན་ཏན་ཡོད་དེ་སྙི་བ་སྟེ་ འཇམ་ཞིང་སྙི་ལ་སྣུམ་པ་ཉིད་ཀྱི་ཕྱིར། སྐྱེས་བུའི་རྩོལ་བ་དྲག་པོ་ལ་རག་ལུས་པ་མ་ཡིན་པར་ ཞུ་སྟེ་འགྲོ་བ་ནི་མར་ཉིད་ཀྱི་ཡོན་ཏན་སྙི་བས་བྱེད་པའི་ཕྱིར་མར་གྱི་གོང་བུ་ཉིད་ལས་ཀྱང་ ཡིན་ལ། ཞུ་བར་བྱེད་པའི་བྱེད་པོ་དོན་ཡང་ཚང་སྟེ། མེ་ལ་བཞག་པ་ཙམ་གྱིས་མར་ཉིད་རང་ ཞུ་ལ་འགྲོ་ཞེས་གྲགས་པ་ལྟ་བུའོ། ། ༈ ཟངས་ལ་སོགས་འཇུ་དཀའ་བ་ནི་རང་ཞུ་ལ་མི་འགྲོ་སྟེ་འབད་པས་བཞུ་དགོས་སོ་ ཞེས་པ་ལྟ་བུ་ལ། ཟངས་དེ་ལས་ཡིན་གྱི་བྱེད་པོ་མ་ཡིན་ནོ། ༈ །འདི་དག་འཇིག་རྟེན་གྲགས་ པ་ལྟར་བརྡ་སྦྱོར་བ་ཡིན་གྱི། རིག་པས་དཔྱད་པ་ནི་མ་ཡིན་ནོ། །དེ་བས་ཟངས་ཞུ་བ་ཡང་རང་ གི་ཡོན་ཏན་གྱིས་ཡིན་མོད། འཇིག་རྟེན་ཁྱེའུ་དང་བུ་མོ་གནག་རྫི་སོགས་ཀྱིས་དེར་མི་ཤེས་ སོ། །དེ་བས་ན་བླུན་ངོར་རང་ཤུགས་ཀྱིས་གྲུབ་པར་རློམ་པ་དང༌། སྐྱེས་བུའི་བྱེད་པས་འདོད་ དོན་ལ་འཇུག་ཅིང་འགྲུབ་པར་འདོད་པ་གཉིས་ཡོད་དོ། །སྙི་བ་རྣམས་དང་ཞེས་སོགས་ཀྱི་ དོན་ནི། སྙི་བ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་མང་པོ་རྣམས་དང་བཅས་པའི་དངོས་ པོ་རང་གི་ཡོན་ཏན་རྣམས་ཞེས་སྦྱོར་རྒྱུའོ། །གང་ལས་ཞུ་བ་ལ་སོགས་པའི་ཡོན་ཏན་དེ་ཉིད་ འབྱུང་བའི་བྱེད་པོ་དེ་ནི་མར་ལ་སོགས་པའི་དངོས་པོ་ལས་སུ་གྱུར་པ་དེ་ལས་རིག་སྟེ། ཞུ་བ་ སོགས་དངོས་པོ་དེ་ལས་བྱུང་བས་དངོས་པོ་ལས་ཡིན་པ་དེ་ཉིད་བྱེད་པོར་ཡང་རིག་གོ་ཞེས་ པའོ། ༈ །དེའི་དཔེར་བརྗོད་ནི།(ཨཱ་དཱ་ཧ་ར་ཎཾ།) གོང་དུ་བརྗོད་པ་བཞིན། པཙྱ་ཏེ་སྒྲུབས་ཏེ་ཨོ་ ད་ནཿཔ་ཙྱ་ཏེ་སྭ་ཡ་མེ་བ། འབྲས་ཆན་ཚོས་ཏེ་རང་ཤུགས་ཀྱིའོ། །ཞེས་པ་སྟེ་འབྲས་ཕལ་པ་ རྣམས་འབད་པས་ཚོས་པར་འགྱུར་ལ། འབྲས་ཕྲ་མོ་མཆོག་དག་རྩོལ་བ་ཆུང་ངུས་ཚོས་ན། དེ་ 19-1-404 ལ་སྐྱེས་བུའི་བྱེད་པོ་དང་རྩོལ་བ་མེད་པ་མ་ཡིན་ཀྱང༌། རྩོལ་བ་ཆུང་བས་རེ་ཞིག་དེ་མ་བརྗོད་ པར། འབྲས་ཉིད་ཀྱི་ཆེ་བ་བརྗོད་པའི་ཕྱིར། ལས་སུ་གྱུར་པ་འབྲས་ཉིད་བྱེད་པོར་ཡང་བརྗོད་ དེ། ལས་དང་བྱེད་པོ་གཞི་མཐུན་པའོ། ༈ །བྷི་དིར྄་གཉིས་སུ་འབྱེད་པ་ལའོ། ཨིར྄་རྗེས་ འབྲེལ་དང་བརྗོད་དོན། བྷི་ད྄་ཡཀ྄་ཏེ་དྲངས་བྷི་དྱ་ཏེ། བྷི་དྱ་ཏེ་ཀཥྛཾ་སྭ་ཡ་མེ་བ། དུམ་བུར་ བྱེད་དོ་ཤིང་རང་ཤུགས་ལའོ། །ཀེ་ལ་ལྟ་བུ་ཤིང་ཤིན་དུ་མཉེན་པ་སྟ་རེས་ཤུགས་ཆུང་ངུས་ ཆོད་པ་ན། ཤིང་ཉིད་བྱེད་པོར་ཡང་འཇོག་པ་ལྟ་བུའོ། ༈ །ལཱུཉ྄་གཅོད་པ་ལའོ། །ཉ྄་ནི་གཉིས་ ཀ་བའི་བྱིངས་དོན། ལཱུ་ཡཀ྄་ཏེ་ལཱུ་ཡ་ཏེ་ཀེ་དཱ་རཿསྭ་ཡ་མེ་བ། རྔ་བར་བྱེད་དོ་ཞིང་རང་ཤུགས་ ཀྱིའོ། །ཞེས་པ་ལྟ་བུ་ལོ་ཏོག་རྔ་བར་སླ་བ་རྣམས་སོ། ༈ །དོན་གཅིག་ལ་ལས་ཀྱི་ཚིག་གཉིས་ བརྗོད་དགོས་པའང་ཡོད་དོ། །དེ་ལ་[ཎཱི྅་]དུ་ཧི། ཡཱ་ཙི རུ་དྷི རུ་ཙི པྲཙྪི བྷིཀྵི ཙིཉ྄་གསོག་ པའི་བྱིངས་ལ་ལས་གཉིས་པོ་ཅན་གྱི་ཚིག་དགོས་ལ། ༈ དེ་ཡང་ཎཱིཉ྄་ཐོབ་པ་ལའོ། །ཉ྄་ཨུ་བྷ་ ཡའི་དོན། ཎཱི་ཡཀ྄་ཏེ་དང་པོ་ལ་ཥ་ཎའི་ས་ནའོ། །ཞེས་པས་ཎ་ན་རུ་སོང༌། ནཱི་ཡ་ཏེ། ན་ག་རཾ་ནཱི་ ཡ་ཏེ་ནཱ་ག་རི་ཀཻརྦ་ནེ་ཙ་རཿ། གྲོང་ཁྱེར་དུ་(བླངས་སོ་)ཐོབ་པོ་གྲོང་ཁྱེར་པས་ནགས་སྤྱོད་དོ། །དེ་ ལ་ནགས་སུ་སྤྱོད་པ་ནི་སྤྲེའུའི་མིང་ངོ༌། །ནགས་སྤྱོད་ལས་ཡིན་གྲོང་ཁྱེར་པ་བྱེད་པོ། བླངས་ སོ་བྱེད་པ། གྲོང་ཁྱེར་དུ་ཞེས་པ་བོད་སྐད་ལ་བདེ་པའི་ཕྱིར་དུ་བྱས་ཏེ། གཞན་གཉིས་པའི་ གཅིག་ཚིག་གྲོང་ཁྱེར་ལ་ཞེས་པ་སྟེ་འདི་ཡང་ལས་སོ། །དེ་ལྟར་ན་ལས་ཀྱི་སྒྲ་དོན་གཉིས་པོ་ ལས་གང་གཙོ་བོ་ཡིན་ཅེ་ན། བྱེད་པ་དང་འབྲེལ་བ་བྱེད་པ་ལ་སྨྲ་ཞིང་བརྗོད་པ་དེ་ཉིད་གཙོ་ བོ་ཡིན་ཏེ། གྲོང་ཁྱེར་ལ་བླངས་སོ་ཞེས་པ་ཙམ་གྱིས་དོན་ངེས་པར་མི་བྱེད་ལ། སྤྲེའུ་བླངས་ སོ་ཞེས་བརྗོད་པ་ཙམ་གྱིས་དོན་ངེས་པའི་ཕྱིར། འདི་གཙོ་བོའོ། ༈ །ཊུ་ཡཱ་ཙྼྀ་སློང་བ་ལའོ། ། ཊུ་དགོས་དོན་ར་བརྗོད་དོན་ཡང་ཡིན། སྭ་རི་ཏའི་དོན་ཡང་ཡིན། ཡཱཙ྄་ཡཀ྄་ཏེ་དྲངས་ཡཱ་ཙྱ་ ཏེ། བྷོ་ཛ་ནཾ་ཡཱ་ཙྱ་ཏེ་ཡ་ཛ་མཱ་ནོ་ཡཱ་ཙ་ཀེ་ན། ལྟོ་ཟས་སློང་བར་བྱེད་དོ་སློང་སྟོན་གྱི་སར་སློང་མོ་ 19-1-405 བས་སོ། །ཞེས་པ་སྟེ་འདི་ལའང་སློང་བར་བྱེད་ཅེས་བྱེད་པ། སློང་མོ་བ་བྱེད་པོ། ལྟོ་ཟས་ནི་ ལས། སློང་སྟོན་སའམ་འགྱེད་ས་ཡང་ལས་ཏེ། བྱེད་པ་དང་དངོས་སུ་འབྲེལ་བ་ལྟོ་ཟས་ལས་ ཀྱི་གཙོ་བོ་ཡིན་ནོ། ༈ །པྲཙྪ་ཤེས་པར་འདོད་པ་ལའོ། །ཚའི་ཨ་ནི་བརྗོད་དོན། པྲཙྪ་ཡཀ྄་ཏེ་ གྲ་ཧ་ལ་ཀིཏ྄་ངིཏ྄་ལ་སཾ་པྲ་སཱ་ར་ཎའོ་ཞེས་འདི་གྲ་ཧ་ལ་སོགས་པའི་སྡེ་ཚན་ཡིན་པས། ཀིཏ྄་ ནང་ཚན་ཡཀ྄་ཕ་རོལ་ལ། སཾ་པྲ་སཱ་ར་ཎ་སྟེ། སླར་ཡང་དག་པར་བསྒྱུར་བ་ཐོབ་པོ། །དེ་ལས་ འདིར་པྲའི་ར་བཏགས་ནི་དབྱངས་རྀ་ཡིག་ཏུ་འགྱུར། པྲྀཙྪ་ཡ་ཏེ་དྲངས་པྲྀཙྪྱ་ཏེ། པྲྀཙྪྱ་ཏེ་སནྠཱ་ ནཾ་པ་ཐི་ཀེ་ན་པཱཾ་ཐཿ། འདྲི་བར་བྱེད་དོ་ལམ་རྣམས་ལམ་ཞུགས་ཀྱིས་འགྲུལ་པ་ལའོ། །འདྲི་ བར་བྱེད་ནི་བྱེད་པ། ལམ་རྣམས་ཞེས་ལམ་རྒྱུས་ཏེ་ལས། ལམ་ཞུགས་པ་ནི་འགྲོ་མཁན་ཏེ་ དྲི་བ་བྱེད་པ་པོ། །འགྲུལ་པ་ལ་ཞེས་པ་ཚུར་འོང་གི་ལམ་ཞུགས་མཁན་ཏེ་འདི་ཡང་ལས་སོ། ། དེ་ལ་ཚུར་འོང་ལ་འདྲིའོ་ཞེས་པས་དོན་མི་ངེས་ལ། ལམ་རྣམས་ཀྱི་རྒྱུས་འདྲིའོ། །ཞེས་པས་ ངེས་ཏེ་འདི་གཙོ་བོའོ། ༈ །དེ་བཞིན་དུ། ཤིཥྱེཎཱཙཱཪྻ་སྟ་ཏྭ་པྲྀཙྪྱ་ཏེ། སློབ་མས་སློབ་དཔོན་ལ་ དེ་ཁོ་ན་ཉིད་འདྲི་བར་བྱེད་ཅེས་པ་སྟེ། བྱེད་པོ་སློབ་མས་ལས་སུ་བྱ་བ་སློབ་དཔོན་དང་དེ་ཁོ་ ན་ཉིད་ལ་བྱེད་པ་དོགས་གཅོད་སོགས་འདྲི་བར་བྱེད་པའོ། །དེ་སློབ་དཔོན་ལ་འདྲི་ཞེས་པ་ ཙམ་གྱིས་གང་ཡིན་ངེས་པ་མི་སྟེར། དེ་ཁོ་ན་ཉིད་ལ་འདྲིའོ་ཞེས་པ་ཁོ་ནས་ངེས་པ་སྟེར་བས། ལས་ཀྱི་གཙོ་བོ་དེ་ཁོ་ན་ཉིད་དོ། ༈ །སྐབས་འདིར་འདི་ངེས་དགོས་ཏེ། བྱེད་པོ་ལས་དང་བྱེད་ པ་གསུམ་གྱི་སྒྲ་ལ་མཁས་ན་སྒྲའི་དོན་གྱི་མདོ་དོན་བྱུང་བའོ། །བྱེད་པ་པོའི་སྒྲ་ལ་གསུམ་པའི་ མཐའ་ཅན་དང༌། དང་པོའི་མཐའ་ཅན་གཉིས་སོ། །ལས་ཀྱི་སྒྲ་ལ་གཉིས་པའི་མཐའ་ཅན་ དང༌། དང་པོའི་མཐའ་ཅན་ནོ། །བྱེད་པ་པོ་གསུམ་པའི་མཐའ་ཅན་ནི། ཨ་ནུཀྟའི་བྱེད་པོའི་ སྒྲ་དང༌། ལས་གཉིས་པའི་མཐའ་ཅན་ནི། ཨ་ནུཀྟའི་ལས་སྒྲའོ། །དང་པོའི་མཐའ་ཅན་གྱི་ བྱེད་པོའི་སྒྲ་བྱེད་པོ་ཨུཀྟ་དང༌། དང་པོའི་མཐའ་ཅན་གྱི་ལས་ནི་ལས་སྒྲ་ཨུཀྟའོ། །དེ་དག་ཀྱང་ 19-1-406 སྤྱིར་བཏང་དུ་བྱེད་པོའི་གཙོ་བོ་གསུམ་པའི་མཐའ་ཅན་དང༌། ལས་ཀྱི་གཙོ་བོ་གཉིས་པའི་ མཐའ་ཅན་ཡིན་ལ། དང་པོའི་མཐའ་ཅན་གྱི་ལས་དང་བྱེད་པོ་ནི་ཕལ་པའི་སྒྲ་ཡིན་ནོ། །འོན་ ཀྱང་ངེས་པ་མེད་དེ། གོང་དུ་ན་ག་ར་ནི་གྲོང་ཁྱེར་ལ་ཞེས་བདུན་པའི་དོན་གྱི་གཉིས་པའི་རྣམ་ དབྱེ་ཡིན་ཡང་ཕལ་པ་དང༌། བ་ནེ་ཙ་རཿ། དང་པོའི་རྣམ་དབྱེ་ཡིན་ཡང་གཙོ་བོར་འཇོག་པ་ ལྟ་བུའང་མང་ངོ༌། །སྤྱིར་བཏང་ལ་བྱེད་པོ་གསུམ་པའི་མཐའ་ལ། ལས་དང་པོའི་མཐའ་དང༌། བྱེད་པོ་དང་པོའི་མཐའ་ལ། ལས་གཉིས་པའི་མཐའ་འབྱུང་ངོ༌། །ཀུ་ལཱ་ལེ་ན་གྷ་ཊ་ཀྲི་ཡ་ཏེ། རྫ་མཁན་གྱིས་བུམ་པ་བྱེད་དོ། ཞེས་པའི་རྫ་མཁན་གྱིས་ཞེས་པ་བྱེད་པོ་གསུམ་པའི་མཐའ་ བུམ་པ་ཞེས་པ་ལས་ཏེ་དང་པོའི་མཐའ། ཀྲི་ཡ་ཏེ་བྱེད་པའི་ཚིག་གོ །ཀུ་ལཱ་ལ་གྷ་ཊཾ་ཀ་རོ་ཏི། རྫ་མཁན་བུམ་པ་ལ་བྱེད་དོ། །ཞེས་པའི་རྫ་མཁན་ཞེས་པ་དང་པོའི་མཐའ་ཅན་བྱེད་པོ། བུམ་ པ་ལ་ཞེས་པ་གཉིས་པའི་མཐའ་ཅན་གྱི་ལས། བྱེད་དོ། །བྱེད་པོའི་དོན་ཅན་གྱི་བྱེད་ཚིག་གོ ། ༈ ད་ནི་སྡེ་ཚན་ཕྱི་མ་དྲུག བཤད་པར་བྱ་སྟེ། པ་རོ་(ལྐོག་གྱུར་ལ་)྅ཀྵེཎཔ྄ ཨ་ཏུས྄ ཨུས྄། ༈ ཐཔ྄ ཨ་ཐུས྄ ཨ། ༈ ཎཔ྄་བ་མ། ༈ ཨེ་ཨཱ་ཏེ་ཨི་རེ། ༈ སེཨཱ་ཐེ་དྷྭེ། ༈ ཨེ་བ་ཧེ་མ་ཧེ། ལྐོག་གྱུར་ནི་ལྐོག་ཏུ་གྱུར་པའི་དུས་ཏེ། དེ་ལ་ཡང་འདས་པ་དང་མ་འོངས་པ་གཉིས་སུ་ཡོད་ ཀྱང༌། འདིར་སྤྱི་སྒྲ་བྱེ་བྲག་ལ་སྦྱར་ཏེ་འདས་པ་ཡིན་ལ། དེའི་ནང་ནས་ཀྱང་ཡུན་རིང་ལོན་ པའོ། །འདས་པ་ཡུན་རིང་མ་ལོན་པ་ནི་ཆེས་ལྐོག་ཏུ་གྱུར་པའང་མིན་པ་དང༌། གོང་དུ་སྨོས་ པའི་དེང་ཉིད་མིན་པ་ཁོ་ནར་བས་ཏེ། འདིར་ནི་དེ་ལྟར་ལྐོག་གྱུར་ཡིན་པའི་དོན་ལ་ཎཔ྄་ལ་ སོགས་པ་སྟེར་རོ། །འདི་ལ་ལིཊ྄་ཀྱི་བརྡ་ཆད་ཀྱང་བྱས་སོ། །དྭིཤྩ། གཉིས་ཀྱང་ངོ༌། །ཎཔ྄་ ལ་སོགས་པའི་རྐྱེན་བཅོ་བརྒྱད་དང་ཕྲད་ན། དང་པོར་བཞག་པའི་བྱིངས་དེ་གཉིས་སུ་འགྱུར་ རོ། །ཨཱ་བོ་ཧྭརྞཱ་དཽ། བྷཱུ་ཨ་དག་གི་ཎ་སོགས་ལ་ཨཱའོ། །ཎཔ྄་སོགས་ཕ་རོལ་ལ་བྱིངས་ལན་ གཉིས་སུ་སོང་བའི་དུས་ཀྱི་བྱིངས་དེ་བྷཱུའམ་ཨ་ཐུང་གི་མཐའ་ཡིན་ན། བྷཱུའི་ཨཱུ་ཨཱ་དང་ཨ་ཐུང་ 19-1-407 ཡང་ཨཱ་རུ་འགྱུར་རོ། །ཧྲ་སྭཿ། ཐུང་ངུའོ། །བྷཱུ་སྲོག་ཨཱར་སོང་བ་དེ་སླར་ཐུང་ངུ་དང༌། ཨའི་ ཨཱ་ཡང་སླར་ཐུང་ངུའོ། །ཛྷ་བ་བྷ་རྣམས་ཀྱི་ཛ་བ་དང་ཙ་པའོ། །དེའི་དུས་ཀྱི་བྱིངས་དང་པོ་སྟེ་ གྲལ་ཐོག་མར་ཡོད་པ་དེ། ཛྷ་པ་སོ་སོར་བསྡུ་བ་ཡིན་ན། དེ་ཛ་བའམ་ཙ་པར་འགྱུར་ཞེས་པ་ སྟེ། དེའི་དོན། ཛྷ་བྷ་ནི་ཛ་བར་འགྱུར་ལ། ཚ་ཕ་ནི་ཙ་པར་འགྱུར་ཏེ། དེ་ཡང་སོ་སོར་བསྡུ་བའི་ གྲངས་འདྲ་བ་དང༌། སྡེ་བ་འདྲ་བར་འགྱུར་རོ། །བྷུ་པོ་བུཀ྄ བྷུ་བའི་བུཀ྄འོ། །བྷཱུའི་བྱིངས་ལ་ བར་རྐྱེན། བུཀ྄་ཨཱ་ག་མ་སྟེར། བུཀ྄་གི་ཨུ་བརྗོད་དོ། ཀ྄་ཡོན་ཏན་དགག་པའི་དོན་ནོ། ༈ །དེ་ ཡང་དཔེར་བརྗོད་ཀྱི་སྟེང་དུ་ངེས་པར་བྱེད་དེ། བྷཱུ་ཎཔ྄་ཞེས་པ་བཞག གཉིས་ཀྱང་ངོ༌། །ཞེས་ པས་བྷཱུ་ལྷག་པོ་གཅིག་འཕེལ་བ་གོང་དུ་འབྲི་བྷཱུ་གཉིས་སུ་སོང༌། བྷཱུ་ཨ་དག་གི་ཎ་སོགས་ལ་ ཨཱ་ཞེས་པས། བྷཱུ་གོང་མ་བྷཱ་རིང་པོར་སོང༌། ཐུང་ངུའོ་ཞེས་ཐུང་ངུར་བསྒྱུར་བྷ་ཛྷ་པ་རྣམས་ཀྱི་ ཛ་བ་དང་ཙ་པའོ། །ཞེས་པས་འདི་ཛྷ་བྷ་ཡིན་པས། ཛ་བར་འགྱུར་བ་ལས། བྷ་ཡིག་གོང་མ་དེ་ བྷ་ཡིག་དང་གྲངས་སྡེ་ཚན་འདྲ་བའི་ཛ་བ་བ་རུ་སོང༌། བ་བྷཱུ་ཎཔ྄ པ྄་རྗེས་འབྲེལ། ཎ྄་རྟགས་ དོན་སྲོག་ཨ་བཞག བ་བྷཱུ་ཨ་རྐྱེན་བྷཱུ་ལ་བུཀ྄་བྱིན། ཀ྄་རྗེས་འབྲེལ། ཨུ་བརྗོད་དོན། བ་བྷཱུ་བ་ ཨ་དྲངས། བ་བྷཱུ་བ་གྲུབ་བོ། ༈ །གཞན་རྣམས་དེས་རིགས་བསྒྲེ་སྟེ། བ་བྷཱུ་བ྄་ཨ་ཏུས྄་དྲངས་ རྣམ་བཅད་བ་བྷཱུ་བ་ཏུཿ། ༈ བ་བྷཱུ་བ྄་ཨུས྄་དྲངས་རྣམ་བཅད་བ་བྷཱུ་བུཿ། ༈ ཀྲཱ་དེརྞཱ་དེཿ། ཀྲི་སོགས་ལ་ཎ་སོགས་ཀྱིའོ། །ཀྲྀ་སོགས་ནི་ཀྲྀ་སྲྀ་བྷྲྀ་བྲི་དྲུ་སྟྲུ་ཤྲུ་སུ་ཞེས་ པའི་བྱིངས་བརྒྱད་པོའོ། །བརྒྱད་པོ་དེའི་ཕ་རོལ་ཏུ་ཎ་སོགས་བྱུང་ན། ཨིཊ྄་ཨཱ་ག་མ་མི་སྟེར་ ཞེས་འབྱུང༌། དེའི་ཤུགས་ལ་བརྒྱད་པོ་མ་ཡིན་པ་ལ་སྟེར་དགོས་པར་བསྟན་པས། འདིར་བྷཱུ་ ལ་སྟེར་རོ། །བ་བྷཱུ་བ྄་ཐཔ྄་པ྄་སོང་ཨིཊ྄་སྟེར་ཊ྄་སོང༌། བ་བྷཱུ་བ་ཨི་ཐ་ཞེས་པར་གྱུར་དྲངས་བ་ བྷཱུ་བི་ཐ། ༈ མདོའི་དངོས་བསྟན་ལྟར་ན་ཨིཊ྄་འདི་བྱིངས་བརྒྱད་པོ་མ་ཡིན་ཕྱིན་ཆད། ཎཔ྄་ སོགས་བཅོ་བརྒྱད་པོ་ཐམས་ཅད་ལ་འཇུག་པ་འདྲ་བ་གཅིག་འདུག་ཀྱང༌། སྐབས་སུ་བབ་ 19-1-408 པ་ཇི་ལྟར་འོས་པ་ལ་ཡིན་གྱི་ཆོ་ག་གཞན་འཇུག་པ་ལ་མིན་ནོ། །དེས་ན་པ་ར་སྨཻ་དགུ་པོ་དག་ ལས། ཐཔ྄་དང་བ་དང་མ་རྣམས་ཁོ་ན་ལ་སྟེ། རྐྱེན་རྣམ་དབྱེ་ལ་ཐོག་མའི་ཡི་གེ་ཝ་ས་སོ་སོར་ བསྡུ་བ་ཡོད་པ་དགོས་ཞེས་འགྲེལ་པར་བཤད་དོ། ༈ །བ་བྷཱུབ྄་ཨ་ཐུས྄་དྲངས་རྣམ་བཅད། བ་ བྷཱུ་བ་ཐཿ། ༈ བ་བྷཱུ་བ྄་ཨ་དྲངས་བ་བྷཱུ་བ། བྷཱུ་ཎཔ྄། གོང་དང་པོའི་གཅིག་ཚིག་དང་འདྲ། བ་ བྷཱུ་བ྄་ཨ་དྲངས། བ་བྷཱུ་བ། ༈ བ་བྷཱུ་བ྄་བ། ཨིཊ྄་བ་བྷཱུ་བི་བ། ༈ བ་བྷཱུ་བ྄་མ། ༈ ཨིཊ྄་བ་ བྷཱུ་བི་མ། དེ་དག་ནི་པ་ར་སྨཻ འི་ཚིག་ཅན་ལ་པ་ར་སྨཻ་རྐྱེན་འཇུག་ཚུལ་ཡིན་ལ། ༈ ཨུ་བྷ་ཡ་ པི་ཏིའི་བྱིངས་ལ། པ་ར་སྨཻ འི་ཚིག་དང༌། ཨཏྨ་ནིའི་ཚིག་གཉིས་ཀ་འཇུག་ཚུལ་ནི། ཌུ་པ་ཙཥ྄་ འཚེད་པ་ལའོ། །ཌུ་ཥ྄་ཕྱིས་ཙའི་ཨ་ཡང་ཨུ་བྷ་ཡའི་དོན་ནོ། །པཙ྄་ལ་ཎཔ྄་པ྄་དང་ཎ་ཕྱིས། གཉིས་ཀ་ཀྱང་ངོ་བྱིངས་གཉིས་སུ་འགྲོ།འདི་ལ་སྒྲུབ་ཚུལ་མི་འདྲ་བ་གཉིས་ཡོད་དེ། ཇི་སྐད་ དུ། དབྱངས་བཅས་དང་པོའོ་ཞེས་པས། བྱིངས་ལ་ཡི་གེ་གཉིས་སོགས་ལ་གང་འཕེལ་བར་ འགྱུར་ཅེ་ན། དབྱངས་མེད་མིན་གྱི་དབྱངས་དང་བཅས་པ་དེ་གཉིས་སུ་བྱའོ། །དབྱངས་ཡོད་ མཉམ་ལ་གྲལ་དང་པོ་པ་གཉིས་སུ་འགྱུར་རོ། །པ་པཙ྄་ཨ་ཞེས་བྱུང་ངོ༌། །ཡང་ན་སྐབས་ འདིར་འདི་བྱེད་དོ། བྱིངས་ཉིད་གཉིས་སུ་འཕེལ་བར་བཤད་པས། པ་ཙ྄་པ་ཙ྄་ཨ་ཞེས་སོ། ། ཐོག་མའི་ཧ་ས་དང་པོ་ལྷག་མར་རོ་ཞེས་འོག་ནས་འབྱུང་བས་དབྱངས་མེད་ཐོག་མ་ཙ྄་སྔ་མ་ ཕྱིས་པས། པ་པཙ྄་ཨ་བྱུང༌། ཨཏ྄་ཨུ་པ་དྷཱ་ཡཱཿ། ཨུ་པ་དྷཱའི་ཨཏ྄་ཀྱིའོ། །ཎཔ྄་སོགས་བྱུང་ན་ བྱིངས་ཀྱི་ཨུ་པ་དྷཱ་ཨ་ཡོད་ན་འཕེལ་བར་འགྱུར། ཨའི་འཕེལ་བ་ནི་རིང་པོ་ཨཱའོ། །དེ་ཡང་ཕ་ རོལ་ཉིཏ྄་དང་ཎིཏ྄་ཀྱི་རྐྱེན་གང་བྱུང་ཡང༌། ཨུ་པ་དྷཱའི་ཨ་ལ་འཕེལ་བའོ། །འདིར་ས་འོག་མའི་ སྲོག་ཨ་ནི་ཨུ་པ་དྷཱ་ཡིན་པས་འཕེལ་བ་འབྱུང་བ་ཡིན་ནོ། །པ་པཱཙ྄་ཨ་དྲངས། པ་པཱ་ཙ། ༈ ཎཱ་ དིཿཀིཏ། ཎ་སོགས་ཀི་ཏའོ། །ཎ་ལ་སོགས་པ་པིཏ྄་མ་ཡིན་པ་ནི་ཀིཏ྄་དོ། །ཞེས་པའི་འགྲེལ་ ཚིག་གི་དོན་ཡིན་ཏེ། ཎཔ྄་སོགས་རྐྱེན་ལ་པིཏ྄་དང་ཀིཏ྄་ཅེས་བརྗོད་དེ། པ྄འི་མཐའ་ཅན་པི་ 19-1-409 ཏ་དང་གཞན་རྣམས་ཀིཏ྄་དོ། །ལོ་པཿཔ་ཙཱཾ་ཀི་ཏྱེ་ཙཱ་སྱ། པ་ཙ་རྣམས་ཀྱི་ཀིཏ྄་ལ་དབྱེ་སྟེ་ཨའི་ ཨེ་ཡང་ངོ༌། །པཙ྄་ལ་སོགས་པའི་བྱིངས་མང་པོ་ཡོད་པ་རྣམས་ལ། བྷཱུ་ཡིག་བ་རུ་བསྒྱུར་བ་ ལྟ་བུའི་རིགས་ཀྱི་ཨཱ་དེ་ཤ་མ་བྱས་པ་ལ་ཕ་རོལ་ཏུ་ཎཔ྄་སོགས་ཀྱི་ཀིཏ྄་རྐྱེན་བྱུང་ན་བྱིངས་ཀྱི་ དང་པོ་གཉིས་སུ་གྱུར་པའི་གྲལ་ཐོག་མ་པོ་དེ་དབྱི་ཞིང༌། འོག་མའི་སྲོག་གི་དབྱངས་ཨེ་རུ་ འགྱུར་རོ། །པ་པཙ྄་ཨ་ཏུས྄་ཡོད་པ་ལ། མདོ་འདིས་པ་ཐོག་མ་ཕྱིས། པ་རྟིང་མ་སྲོག་ཨ་ཡིག་ དེ་ཨེ་ཡིག་ཏུ་འགྱུར། དྲངས་རྣམ་བཅད། པེ་ཙ་ཏུཿ། ༈ པ་པཙ྄་ཨུས྄་སྒྲུབ་ལུགས་དེ་མ་ཐག་ པ་དང་འདྲ། པེ་ཙུཿ། ༈ བེཊ྄་ཐཔ྄། ཐཔ྄འི་ཨིཊ་ཡང་ནའོ། །སེཊ྄་ཅེས་པ་ཨིཊ྄་བཅས་དང༌། ཨ་ནིཊ྄་ཞེས་ ཨིཊ྄་མེད་ཅེས་སྟེ། གང་ཨིཊ྄་བྱིན་པ་དེ་ཨིཊ྄་བཅས་སུ་མིང་བཏགས་ཏེ། བྱིངས་ལ་ཐཔ྄་བྱིན་ པ་སྔར་ཨིཊ྄་མེད་པ་ལ་སླར་ཨིཊ྄་སྟེར་རོ། །ཐཔ྄་ནི་རྐྱང་པ་པིཏ྄་ཡིན་ཀྱང༌། ཇི་སྐད་དུ། ཨིཊ྄་ བཅས་ཐཔ྄་ནི་ཀིཏ྄་ཉིད་དེ་ཡང་ནའོ་ཞེས་བཤད་པས། ཨིཊ྄་བྱིན་ན་པིཏ྄་མིན་ནོ། །པ་པ་ ཙ྄་ཐཔ྄་པ྄་རྗེས་འབྲེལ། པཙ྄་རྣམས་ཀྱི་ཏིཊ྄་ལ་དབྱི་སྟེ། ཨ་ཡི་ཨེ། ཞེས་པས་པེཙ྄་ཐ་ཨིཊ྄་ བྱིན། ཊ྄་རྗེས་འབྲེལ་དྲངས་པེ་ཙི་ཐ། ༈ ཨཊ྄་མ་བྱིན་ན། པ་པཙ྄་ཐཔ྄། ཙ྄་ཡི་ཀའོ་ཞེས་ཙ྄་ ཀ་རུ་སོང༌། དྲངས པ་པཀྠ། ༈ པ་པཙ྄་ཨ་ཐུས྄་པེ་ཙ་ཐུཿ། ༈ པ་པཙ྄་ཨ། པེ་ཙ། ༈ པ་ པཱ་ཙ྄་ཎཔ྄། གོང་སྐྱེས་བུ་དང་པོ་དང་འདྲ་བ་ལས་འདིར་གདམ་ཁ་སྟེ། ཎཔ྄་ཕྱི་མ་ཎི་ཏ྄་ཡང་ ནའོ་ཞེས་བཤད་པས། པ྄་ཕྱི་མའི་འཕེལ་བ་རིང་པོ་དེ་ཐུང་ངུར་བྱེད་པ་དང༌། རིང་པོ་ཉིད་དུ་ གནས་པའི་དབྱེ་བ་གདམ་ང་སྟེ། ཕྱི་མ་ཞེས་པ་སྐྱེས་བུ་ཕྱི་མའོ། །པ་པཱ་ཙ། པ་པ་ཙཿ། པ་པཱ་ཙ་ བ྄། ཨིཊ྄། ཀི་ཏ྄་ཡིན་པས་ཐོག་མ་དབྱི། ཨ་ཨེ་རུ། པེ་ཙི་བ། ༈ དེ་དང་སྒྲུབ་ཚུལ་འདྲ་སྟེ། པ་ པ་ཙ྄་ཨི་མ། པེ་ཙི་མ། ༈ ཨཏྨ་ནི་ལ་ཕལ་ཆེར་འདྲ་སྟེ། ཀིཏ྄་ཁོ་ན་ཡིན་པས་པ་དང་པོ་ཕྱིས། ཕྱི་མའི་སྲོག་ཨ་རིང་པོ་ཨེ་རུ་བྱེད་པ་ཐམས་ཅད་ལ་འདྲ། སེ་དྷྭེ་བ་ཧི་མ་ཧི་རྣམས་མ་གཏོགས་ 19-1-410 པ་གཞན་རྣམས་ལ། དབྱངས་མེད་དབྱངས་དང་སྦྱར་བ་ཁོ་ནས་ཆོག བཞི་པོ་དེ་རྣམས་ལ་ རྐྱེན་ཨིཊ྄་སྟེར་རོ། ༈ །པ་པཙ྄་ཨེ་པེ་ཙེ། ༈ པ་པཙ྄་ཨཱ་ཏེ་སེ་ཙཱ་ཏེ། པ་པཙ྄་ཨི་ཏེ་པེ་ཙི་ཏེ། ༈ པ་པཙ྄་སེ་ཨིཊ པེཙ྄་ཨི་སེ་དྲངས ཀུ་ཨི་ལ་ལས་ས་ཥ་རུ་འགྱུར། པེ་ཙེ་ཥེ༈ པ་པཙ྄་ཨཱ་ ཐེ། ༈ པེ་ཙཱ་ཐཱེ༈ པ་པཙ྄ དྷྭེ་ཨིཊ྄ པེ་ཙི་དྷྭེ། ༈ པ་པཙ྄་ཨེ་པེ་ཙེ༈ པ་པཙ྄་བ་ཧི་ཨིཊ྄ པེ་ ཙི་བ་ཧི། ༈ པ་པཙ྄ མ་ཧེ་ཨ྄ིཊ པེ་ཙི་མ་ཧི་ཞེས་པ་རྣམས་སོ། ༈ །ཌུ་ཀྲྀཉ྄་བྱེད་པ་ལའོ། །ཀྲྀ་ ཞེས་པ་བཞག ཕ་རོལ་ཏུ་ཎཔ྄་བཀོད། པ྄་རྗེས་འབྲེལ་ཎ྄་བརྗོད་དོན ཨ་ཡིག་ལུས་སོ། །ཀྲྀ་ ཨ་ཞེས་པ་བྱུང༌། གཉིས་ཀྱང་ངོ་ཞེས་པས་བྱིངས་ཀྲྀ་གཅིག་གོང་དུ་འཕེལ། རཿ། རྀ་ཨའོ། ། བྱིངས་གཉིས་སུ་སོང་བའི་དང་པོའི་སྲོག་རྀ་ཡིག་དེ་ཨ་ཡིག་ཏུ་བསྒྱུར། གསལ་བྱེད་ཀྱི་ཡི་གེ་ མི་འགྱུར་བས། ཀ་ཞེས་པར་སོང༌། ཀ་ཀྲྀ་ཀུ་ཧ་ཡི་ཙུའོ་ཞེས་པས་ཀ་དེ་ཙ་རུ་བསྒྱུར། ཙ་ཀྲྀ་ཨ་ ཞེས་པ་བྱུང༌། དྷཱ་ཏོ་རྣཱ་མི་ནཿ། ནཱ་མིན་གྱི་བྱིངས་ལའོ། །བྱིངས་ཀྱི་མཐའ་ལ་ནཱ་མིའི་ཡི་གེ་ཡོད་ ན། ནཱ་མི་དེ་ཉིད་འཕེལ་བའི་ཡི་གེར་འགྱུར་རོ། །དེའི་ཕྱིར་སྐབས་འདིར་བྱིངས་ཀྱི་མཐའ་ཀྲྀ་ གྱི་རྀ་ཡིག་དེ་ནཱ་མི་ཡིན་ཅིང༌། དེས་ཕ་རོལ་དུ་ཎཔ྄་ཀྱི་ཨ་མཐོང་བས། རྀ་ཡིག་གི་འཕེལ་པ་ ཨཱར྄་རིང་པོར་འགྱུར་རོ། །ཨཱར྄་གྱི་ཨཱ་ཀ་ལ྄་དྲངས། ཎཔ྄་ཀྱི་ཨ་ལ་ར྄་དྲངས། ཙ་ཀཱ་ར་གྲུབ་ བོ། །སྔོན་བྱས་སོ། །ཞེས་འདས་པའི་དུས་རིང་པོ་བསྟན་པ་ཡིན་ནོ། །དེ་ནི་ཎིཏ྄་དང་པིཏ྄་ཡིན་ ནོ། ༈ །ཀྲྀ་ཨ་ཏུས྄་ཞེས་པ་བཞག་གོ །གཉིས་བརྗོད། རྀ་ཨ། ཀ྄་ཙ྄་འདི་ཀིཏ྄་ཡིན་པས་ཡོན་ ཏན་དང་འཕེལ་བ་མེད། རྀ་ར྄འོ་ཞེས་པས་ཀའི་ཁོང་གི་རྀ་ར྄་དབྱངས་མེད་དུ་བསྒྱུར། ཙ་ཀ྄་ ར྄་ཨ་ཏུས྄་ཞེས་པ་བྱུང་ར྄་རྐྱེན་གྱི་ཨ་ལ་དྲངས། ཀ྄་ཡང་ར་ལ་དྲངས། ས྄་རྣམ་བཅད། ཙ་ཀྲ་ ཏུཿ། ༈ ཀྲྀ་ཨུས྄་ཞེས་པ་བཞག་གཉིས་བརྗོད། རི་ཨ་ཀ྄་ཙ྄་རྀ་ར྄་དྲངས་ས྄་རྣམ་བཅད། ཙ་ ཀྲུཿ། ༈ ཀྲྀ་ཐཔ྄་ཞེས་པ་བཞག པ྄་རྗེས་འབྲེལ། གཉིས་བརྗོད། རྀ་ཨ་ཀ྄་ཙ྄་བྱིངས་ཕྱི་མའི་ རྀ་ཡིག་ནི་ཡོན་ཏན་ཨར྄་ཐུང་ངུར་སོང༌། ཀ་ཨ་ལ་དྲངས། ར྄་ཐ་ལ྄་དྲངས་པས། ཙ་ཀརྠ། ཁ་ 19-1-411 ཅིག་འདི་ལ་ཡང་ཨིཊ྄་འདོད་དེ་ཐལ་ཆེས་སོ། ༈ །དེ་བཞིན་དུ། འོག་མ་རྣམས་ལ་རིགས་ འགྲེ་སྟེ། ཙ་ཀྲྀ་ཞེས་པ་འདི་ཐོག་མར་གྲུབ་པར་བྱས་ནས། དེ་རྗེས་ཅུང་ཟད་མི་འདྲ་བ་རྣམས་ སྒྲུབ་བོ། །ཙ་ཀྲྀ་ཨ་ཐུས྄་རྀར྄་དྲངས། ས྄་རྣམ་བཅད། ཙ་ཀྲ་ཐུཿ། ༈ ཙ་ཀྲྀ་ཨ་རྀ་ར྄་དྲངས། ཙ་ ཀྲ། ༈ ཙ་ཀྲྀ་ཎཔ྄་པ྄་དང་ཎ྄་ཕྱིས། ཨ་བཞག་རྀ་ལ་འཕེལ་བ། ཙ་ཀཱ་ར་སྟེ་ཎིཏ྄་ཀྱི་ལུགས་ཡིན་ གོང་དང་འདྲ། ཡང་ན་པིཏ྄་ཀྱི་ལུགས་ཡིན་པས་འཕེལ་བའི་ཚབ་ཏུ་ཡོན་ཏན་བྱས་པས། ཙ་ཀ་ ར། ༈ ཀྲྀ་ལ་ཨི་ཊ྄་མི་འཇུག་པས་རྣམ་དབྱེ་བ་དང་མ་ལ་རྣམ་འགྱུར་མེད། ཙ་ཀྲ་བ། ༈ ཙ་ཀྲྀ་ མ་ཞེས་པ་ཁོ་ནའོ། ༈ །ཁ་ཅིག་དམིགས་གསལ་ལ་ཨིཊ྄་འཇུག་པར་འདོད་དེ། ཙ་ཀྲྀ་བ་ཨིཊ྄་ ཊ྄་རྗེས་འབྲེལ་རྀ་ར྄་དྲངས། ཙ་ཀྲྀ་བ། རྣམ་དབྱེ་མ་ཡང་དེ་དང་འདྲ་ཞེས་ཟེར་རོ། །གོང་དུ་ཀྲྀ་ སོགས་ལ་ཨིཊ྄་བཀག་ཅིང༌། འདིར་ཡང་དམིགས་གསལ་གྱི་མདོ་གསལ་པོ་མེད་པས་ཨིཊ྄་ མི་འཇུག་པ་ཉིད་འཐད་དོ། ༈ །དང་པོའི་དཔེར་བརྗོད་ནི། རཱ་མོ་རཱ་ཛྱཾ་ཙ་ཀཱ་ར། དགའ་བྱེད་ ཀྱི་རྒྱལ་སྲིད་སྔོན་བྱས་སོ། ༈ །ཨཏྨ་ནི་པ་ཏི་ལ་ཡང་སྔར་གྱི་རིགས་འགྲེ་སྟེ། ཙ་ཀྲེ་ཨེ་རྀ་ར྄་ ཙ་ཀྲེ། ༈ ཙ་ཀྲྀ། ཨཱ་ཏེ་རྀ་ར྄ ཙ་ཀྲཱ་ཏེ། ༈ ཙཀྲི། ཨི་ཏེ་རྀ་ར྄ ཙ་ཀྲི་ཏེ། ༈ ཙ་ཀྲྀ་སེ། ཀུ་ཨི་ས་ཥ། གཞན་རྣམ་འགྱུར་མེད། ཙ་ཀྲྀ་ཥེ། ཁ་ཅིག་ཨིཊ྄་འདོད་དེ། ཙ་ཀྲི་ཥེ་ཟེར། ༈ ཙ་ཀྲྀ་ཨཱ་ཐེ། རྀ་ར྄་ དྲངས ཙ་ཀྲཱ་ཐེ། ༈ ནཱ་མི་ནོ་྅ཙ་ཏུརྞཱཾ་དྷོ་ཌྷཿ། ནཱ་མི་ལས་བཞི་པོ་རྣམས་ཀྱི་མ་ཡིན་པའི་དྷ་ཡི་ཌྷའོ། །འདིར་ ཨ་ཙ་ཏུརྞཱཾ་ཞེས་པ་བསྒྱུར་ན། བཞི་པོ་རྣམས་ཀྱི་མ་ཡིན་པ་ཞེས་པ་སྟེ། བྱིངས་ཐམས་ཅད་པའི་ སྡེ་ཚན་བཞི་པོའི་སྐབས་སུ་རྣམ་དབྱེའི་དྷ་ཡིག་ཌྷ་ཡིག་ཏུ་བསྒྱུར་བ་མེད། ཅེས་པའི་དོན་ཡིན་ མོད་ཀྱང༌། མདོ་ཉུང་ངུ་འདིར་དེ་ཙམ་བརྗོད་མི་ལང་པ་ལྟར་འདུག་ཅིང༌། དཔེ་རྙིང་པ་འགའ་ ལ་མི་སྣང་ངོ༌། །དེས་ན་སྐབས་འདིར་རྣམ་དབྱེ་ལ་དྷྭེ་ཞེས་ཡོད་པའི་བ་དང་དབྱངས་ཨེ་རང་ གནས་ཡིན་པས། གསལ་བྱེད་དྷ་ཁོ་ན་ཌྷ་རུ་བསྒྱུར་བ་ཡིན་ནོ། །ཙ་ཀྲ་ཌྷེ། ཁ་ཅིག་འདི་ལ་ཨིཊ྄་ 19-1-412 འདོད་དོ། ༈ །ཙ་ཀྲྀ་ཨེ། རི་ར྄ ཙ་ཀྲེ། ༈ དེ་བཞིན་དུ། ཙ་ཀྲྀ་བ་ཧེ། ༈ ཙ་ཀྲྀ་མ་ཧེ། རྣམ་འགྱུར་ མེད་དོ། ༈ །ཁ་ཅིག་འདི་གཉིས་ལ་ཨིཊ྄་འདོད་དོ། །ཀྲྀ་སོགས་ཀྱི་ཎཔ྄་སོགས་ལ་བ་ས་ཡིན་ ཀྱང་ཨིཊ྄་མི་འཇུག་པར་གོང་དུ་བཤད་ན། ཐཔ྄་བ་མ་སེ་དྷྭེ་བ་ཧེ་མ་ཧེ་རྣམས་ལ་ཨིཊ྄་འཇུག་ པར་བྱས་ན་དམིགས་གསལ་ལ་ཨིཊ྄་འཇུག་པར་མི་འགྲོ།ཀྲྀའི་བྱིངས་ལ་ཨིཊ྄་སྤྱིར་བཏང་ དུ་འཇུག་པར་འགྱུར་བས། ཚིག་ཕྲད་དང་རིག་བྱེད་ཀྱི་ལུགས་ཡིན་ན་མ་གཏོགས་སྤྱིར་བཏང་ འགལ་བར་འགྱུར་རོ། །དེའི་རྒྱུ་མཚན་ཡང་རྐྱེན་ཝ་ས་སོ་སོར་བསྡུ་བ་ཐམས་ཅད་ལ་ཨིཊ྄་ སྦྱར་འདུག་པའི་ཕྱིར་ཏེ། བར་རྐྱེན་དང་ཨཱ་དེ་ཤ་དང༌། ཉེར་བསྒྱུར་ལ་སོགས་པའི་དམིགས་ གསལ་དུ་བྱེད་ཆོས་གང་ཡང་མེད་ཀྱང༌། ཨིཊ྄འི་འཇུག་སྒོ་ཡོད་ཚད་ལ་སྦྱར་འདུག་པའི་ཕྱིར་ རོ། །ཚིག་ཕྲད་དང་སྡེབ་སྦྱོར་དང༌། རིག་བྱེད་ཀྱི་གསང་ཚིག་ཀྱང་མ་ཡིན་ཏེ་ལུང་མེད་པའི་ ཕྱིར་རོ། །དེས་ན་སྤྱིར་བཏང་དམིགས་གསལ་མ་ཡིན་པའི་ཕྱིར། ཊཱིཀ྄་བྱེད་པ་འགའ་ཞིག་དེ་ སྐད་འདོད་ནི་པ་མི་འཐད་དོ། ༈ །ཨ་སུ་འབྱུང་བ་ལའོ། །ཞེས་པས་བྱིངས་ཨ་སུ་བཞག ཨུ་ བརྗོད་དོན། ཎཔ྄་བྱིན། སྔོན་དང་འདྲ་བར་གཉིས་བརྗོད། ཨས྄་ཨས྄་ཞེས་པའོ། །ཐོག་མའི་ ཧ་ས་དང་པོ་ལྷག་མར་རོ། །ཞེས་པའི་རིག་པ་མཚུངས་པས་ས྄་སྔ་མ་ཕྱིས། ཨ་གཉིས་པོ་འདྲ་ བ་རིང་པོར་བསྒྱུར། བྱིངས་ཀྱི་ས྄་དབྱངས་མེད་རྐྱེན་གྱི་ཨ་ལ་དྲངས། ཨཱ་ས། སྔོན་ཡོད་པའམ་ སྔོན་བྱུང་བའི་དོན་ནོ། ༈ །འོག་མ་འདི་རྣམས་ལའང་དེ་དང་འདྲ་བར་ཨཱས྄་ཞེས་པ་གྲུབ་པར་ བྱས་ནས་སྒྲུབ་སྟེ། ཨཱས྄་ཨ་ཏུ་ས྄་དྲངས། ས྄་རྣམ་བཅད་ཨཱ་ས་ཏུཿ། ༈ ཨཱས྄་ཨུས྄་དྲངས་རྣམ་ བཅད་ཨཱ་སུཿ། ༈ ཨཱས྄་ཐཔ྄་ཨིཊ྄་དྲངས། ཨཱ་སི་ཐ། ༈ ཨཱས྄ ཨ་ཐུས྄་དྲངས་རྣམ་བཅད་ཨཱ་ ས་ཐུཿ། ཨཱ་ས྄་ཨ་ཨཱས། ༈ ཨཱས྄་ཎཔ྄་པ་རྗེས་འབྲེལ་ཎ྄་ཁྱད་དོན་དྲངས་ཨཱས། ༈ ཨཱ་ས྄་བ་ ཨི་ཊ྄་ཨཱ་སི་བ། ༈ དེ་དང་འདྲ་སྟེ་ཨཱ་སི་མ། འདིར་ཨཱས྄་ཀྲྀ་སོགས་མ་ཡིན་པས་ཨིཊ྄་སྟེར་པ་ ཡོད་དེ་ཀྲ་དང་མི་འདྲའོ། ། 19-1-413 ༈ ཀཱ་སཱ་དི་པྲ་ཏྱ་ཡཱནྟཱ་དཱམ྄། ཀཱ་ས་ལ་སོགས་པ་རྐྱེན་མཐའ་ལ་ཨཱམ྄འོ། །མདོ་ཚིག་འདི་ ལ་ཀྲསྦྷུ་པ་རཿ། ཞེས་འཇུག་ཏུ་སྦྱར་ཡོད་པ། བོད་སྐད་དུ། ཀྲྀ་ས྄་བྷཱུ་ཕ་རོལ་ལོ། །ཞེས་པ་ སྟེ་ཁ་ཅིག་དབྱངས་ཅན་གྱི་མདོ་ཚིག་དངོས་ཡིན་ཟེར། གཞན་དག་ཡིག་ཆུང་ཡིན་པར་ཡང་ འདོད་དོ། །ཀཱ་ས་ཞེས་པ་ནི། ཀཱ་སྲྀ་ཏེ་དེ་དག་ལ་སོགས་པའི་བྱིངས་ལ་ཕ་རོལ་ན་ཎཔ྄་ལ་ སོགས་པའི་མཐའ་ཅན་གྱི་བྱིངས་ཚིག་ཏུ་གྱུར་པ་ཡོད་ན། བར་རྐྱེན་དུ་ཨཱམ྄་རིང་པོ་སྦྱིན་པར་ བྱ། ཞེས་པ་མདོའི་ཚིག་དོན་ཡིན་ལ། འོན་ཀྱང་བྱིངས་ལ་ཎཔ྄་སོགས་སྦྱར་བའི་ཚིག་མཐའ་ དག་ལ་ངེས་པ་མེད། བྱིངས་ཀྲྀ་དང་ཨཱས྄་དང་བྷཱུ་ཏེ་གསུམ་པོ་དང་འབྲེལ་བ་ཐམས་ཅད་ལ་ ངེས་པར་སྦྱར་བར་བྱའོ། ༈ །ཀཱ་སྲྀ་ངན་དུ་སྨྲ་བའི་སྒྲ་ལའོ། །ཞེས་པས་བྱིངས་ཀཱ་སྲྀ་བཞག རྀ་ ཡིག་ནི་བྱ་བའི་དོན། ཀཱས྄་དང་ཕ་རོལ་ཏུ་ཙཀྲེ་ཞེས་པ་བཞག འདིའི་ཙ་ཀྲྀ་ནི་གོང་དུ་བཤད་ པའི་ཀྲྀ་ལ་ཎཔ྄་སོགས་ཀྱི་ཨེ་བྱིན་པ་དེ་ཁོ་ན་ཡིན་པས་རྐྱེན་ཀྲྀ་ལ་ཎཔ྄་སོགས་སྦྱར་བའི་ དཔེར་བརྗོད་ཡིན། བཅོ་བརྒྱད་པོ་ཐམས་ཅད་ལ་རིགས་འགྲེ། དེ་ལྟར་ན་ཐོག་མ་ན་ཀཱས྄འི་ བྱིངས་ཡོད་ཕ་རོལ་ན་ཀྲྀའི་བྱིངས་ལ་རྣམ་དབྱེ་ཎཔ྄་སོགས་སྦྱར་བ་ཡོད་པས། དེ་གཉིས་ཀྱི་ བར་དུ་ཨཱམ྄་རྐྱེན་དུ་སྦྱིན་པར་བྱའོ། ༈ །ཀཱས྄་ཨཱམ྄་ཙ་ཀྲེ་ཅེས་པ་བྱུང༌། ས྄་རྐྱེན་གྱི་ཨཱ་ལ་ དྲངས མ྄་ང་རོ་ཀཱ་སཱཾ་ཙ་ཀྲེ། དེ་ནི་ཀྲྀའི་དཔེར་བརྗོད་དོ། ༈ །དེ་བཞིན་དུ་ཀཱས྄་ཨཱ་སེ་ཞེས་ པ་བཞག ཨཱ་སེ་ནི་བྱིངས་ཨཱས྄་ལ་ཎཔ྄་སོགས་ཀྱི་ཨེ་བྱིན་པ་ཡིན་པར་རྐྱེན་ཨཱམ྄་དྲངས་པས། ཀཱ་ས྄་མཱ་སེ། འདི་ནི་ཨཱས྄་ཀྱི་དཔེར་བརྗོད་དོ། ༈ །ཀཱ་ས྄་བ་བྷཱུ་བེ་བཞག ཨཱམ྄་དྲངས་ཀཱ་སཱཾ་ བ་བྷཱུ་བེ། འདི་ནི་བྷུའི་དཔེར་བརྗོད་དོ། ༈ །དེས་གཞན་ལའང་གོ་བར་བྱ་སྟེ། ཙ་{ཀྲ་[ཀཱ་]སྲྀ་ སྣང་བྱེད་ལའོ། །ཙ་ཀཱ་སྲྀ་ར་བརྗོད་དོན། ཙ་ཀཱས྄་ཙ་ཀཱ་ར་ཨཱམ྄་དྲངས་ཙ་ཀཱ་སཱཾ་ཙ་ཀཱ་ར། ༈ ཨཱས྄། སྦྱར་བས་ཙ་ཀཱ་སཱ་མཱ་ས། ༈ བ་བྷཱུ་བ་དང་སྦྱར་བས། ཀཱ་སཱཾ་བ་བྷཱུ་བ། ༈ ཛཱ་གྲྀ་གཉིད་ ཟད་པ་ལའོ། །ཀྲྀ་ལ་ཎཔ྄་སོགས་སྦྱར་ཙ་ཀཱ་ར་སོགས་གྲུབ། ཛཱ་གྲྀ་གྱི་མཐར་བཀོད། ཛཱ་གྲྀ་ཙ་ 19-1-414 ཀཱ་ར་ཨཱམ྄་འདི་ལ་བར་རྐྱེན་ཨཱམ྄་མཐོང་བས་བྱིངས་མཐའི་རྀ་ཡིག་ཡོན་ཏན་ཨར྄་དུ་འགྱུར་ དྲངས་ཛཱ་ག་རཱཾ་ཙ་ཀཱ་ར། ༈ དེ་བཞིན་དུ། ཛཱ་ག་རཱཾ་ཙ་ཀྲྀ་ཏུཿ། དེ་དག་ལ་སོགས་པ་བཅོ་བརྒྱད་ ཀུན་ལ་སྦྱར། ༈ ཡང་ཨཱས྄་ལ་ཎཔ྄་སོགས་སྦྱར། ཛཱ་གྲྀ་གྱི་མཐར་བཀོད། ཨཱམ྄་ཡོན་ཏན་ ཛཱ་ག་རཱ་མཱ་ས། ༈ ཛཱ་ག་རཱ་མཱ་ས་ཏུཿ། ༈ ཛཱ་ག་རཱ་མཱ་སུཿ། དེ་ལྟར་ཎཔ྄་སོགས་བཅོ་བརྒྱད་པོ་ ཐམས་ཅད་ལ་སྦྱར། ༈ ཛཱ་གྲྀ་བ་བྷཱུ་བ་ཨཱམ྄་ཡོན་ཏན་དྲངས། ཛཱ་ག་རཱཾ་བ་བྷཱུ་བ། ༈ ཛཱ་ག་རཱཾ་བ་ བྷཱུ་བ་ཏུཿ། ༈ ཛཱ་ག་རཾ་བ་བྷཱུ་བུཿ། ཞེས་སོགས་བཅོ་བརྒྱད་ལ་སྦྱོར། ༈ ཨེ་དྷ་འཕེལ་བ་ལའོ། ། ཨེ་དྷ་ཙ་ཀྲེ་ཨཱམ྄ ཨེ་དྷཱཾ་ཙ་ཀྲེ། ༈ ཨེ་དྷ ཨཱ་སེ། ཨཱམ྄ ཨེ་དྷཱ་མཱ་སེ། ༈ ཨེ་དྷ྄་བ་བྷཱུ་བེ། ཨཱམ྄ ཨེ་དྷཱཾ་བ་བྷཱུ་བེ། ༈ ཀ་ལ་ཆ་ཤས་ལའོ། །བྱིངས་ཀ་ལ་ཞེས་པ་ལ། ཙུ་ར་ལ་སོགས་བའི་ཉིའོ། ། ཞེས་པས་རྐྱེན་ཉི་བྱིན། ཉ྄་རྟགས་དོན་ཡིན་པས་ཕྱིས། ཨི་བཞག་ལ྄་སྲོག་མེད་ཨི་ལ་དྲངས་ ཀ་ལི་ཞེས་པ་འབྱུང་ཕ་རོལ་ཏུ་ཙ་ཀཱ་ར་བཞག བར་དུ་ཨཱམ྄་ཉིའི་ནུས་པ་ཨཱམ྄་དང་ཕྲད་པས་ ཀ་ལི་ཞེས་པའི་ཨི་ཨེ། ཨ་ཡ྄། ཡ྄། ཨཱམ྄་ལ་དྲངས་ཀ་ལ་ཡཱཾ་ཙ་ཀཱ་ར། ཞེས་འབྱུང་སྟེ་འདི་ གཉིས་ཀའི་ཚིག་ཅན་ཡིན་པས། ཀ་ལ་ཡཱཾ་ཙ་ཀྲྀ་མ་ཧེའི་བར་དུ་བཅོ་བརྒྱད་པོ་ཀུན་ལ་སྦྱར། ༈ དེ་བཞིན་དུ། ཨཱ་ས་ལ ཀ་ལ་ཡཱ་མཱ་སེ་དང༌། བྷཱུ་ལ ཀ་ལ་ཡཱཾ་བ་བྷཱུ་བེབཅོ་བརྒྱད་བཅོ་བརྒྱད་ ཀུན་ལ་སྦྱར་རོ། ༈ །བི་ད་ཤེས་པ་ལའོ། །དའི་ཨ་ཡིག་ནི་བརྗོད་དོན་ནོ། །ཨཱ་མི་བི་དེརྣ་གུ་ ཎཿ། བིད྄་ཀྱི་ཨཱམ྄་ལ་ཡོན་ཏན་མ་ཡིན་ནོ། །བྱིངས་བིད྄་ལ་ཕ་རོལ་ཏུ་ཀྲྀ་ཨཱས྄་བྷཱུ་གསུམ་གྱི་ བྱིངས་ལིཊ྄འི་རྐྱེན་མཐའ་ཅན་ཡོད་ན། བར་དུ་ཨཱམ྄་སྟེར་དགོས་ལ་འདི་ཙུ་ར་སོགས་དང༌། ཀ་ལ་སོགས་ཀྱི་ནང་ཚན་ཡིན་ཡང་རྐྱེན་ཉི་སྤངས་པའི་ཕྱིར་ཡོན་ཏན་མི་བྱེད་དོ། ༈ བིད྄ ཙ་ བཱ་ར ཨཱམ བི་དཱཾ་ཙ་ཀཱ་ར། ཞེས་པ་ལ་སོགས་པ་གཞན་དོན་གྱི་རྐྱེན་དགུ་དང་སྦྱར། ༈ ཨཱས་ དང་སྦྱར་བས་བི་དཱ་མཱ་ས་ལ་སོགས་པ་དགུ་དང༌། ༈ བྷཱུ་སྦྱར་བས་བི་དཱཾ་བ་བྷཱུ་བ་སོགས་དགུའོ། ༈ །ཨིཀྵ་ལྟ་བ་དང་མཚན་མ་ལའོ། །འདིར་མཚན་མ་ནི་རྒྱའམ་ཡི་གེ་ལ་ཟེར། འདི་བདག་ 19-1-415 དོན་ཅན་ཡིན་པས། ལྐོག་གྱུར་གྱི་ནང་ནས་ཕྱི་མ་ཨེ་སོགས་དགུ་དང་སྦྱོར། ཨིཀྵ ཙཀྲེ ཨཱམ྄ ཨིཀྵཱཾ་ཙ་ཀྲི། ༈ ཨིཀྵ ཨཱ་ས ཨཱམ྄ ཨིཀྵཱ་མཱ་ས། ༈ ཨིཀྵ བ་བྷུ་བེ། ཨཱམ྄ ཨིཀྵཱཾ་བ་བྷཱུ་བ། ༈ ཨཱུཧ྄་ རྣམ་པར་བཏགས་པ་ལའོ། །ཨུཧ྄་ཙ་ཀྲེ། ཨཱམ྄ ཨུ་ཧཱཾ་ཙ་ཀྲེ། ༈ ཨཱུཧ྄་ཨཱ་ས ཨཱམ྄ ཨཱུ་ཧཱ་མཱ་ས། ༈ ཨཱུ་ཧཱཾ་བ་བྷཱུ་བ། ཨཱམ྄ ཨཱུ་ཧཱཾ་བ་བྷཱུ་བ ཞེས་པ་ལ་སོགས་པའོ། ༈ །ཨིཧ྄་རྩེད་མོ་རྣམས་ལའོ། །ཨི་ ཧ྄་ཙ་ཀྲེ། ཨཱམ྄ ཨི་ཧཱཾ་ཙ་ཀྲེ། ༈ ཨི་ཧ྄ ཨཱ་ས ཨཱམ྄ ཨི་ཧཱ་མཱ་ས། ༈ ཨི་ཧ྄་བ་བྷཱུ་བ ཨཱམ྄ ཨི་ཧཱཾ་ བ་བྷཱུ་བ། དེ་དག་གིས་ཀ་ས་ལ་སོགས་པའི་སྒྲུབ་ཚུལ་སོང་ནས། ༈ ད་ནི་ས་ཡིག་དང་བཅས་ པའི་ཨཱམ྄་གྱི་བྱ་བ་བཤད་དེ། ཌུ་ཀྲྀཉ྄་བྱེད་པ་ལའོ། ། ཨིཙྪ་ཡཱ་མཱཏྨ་ནཿསཿ། བདག་གི་འདོད་པ་ལས་སའོ། །ཀྲྀ་ཞེས་པའི་བྱིངས་གཉིས་བཞག་ སྟེ། སྔ་མ་ལ་ས་དང་རྟིང་མ་ལ་ཎཔ྄་བྱིན། རེ་ཞིག་སྔ་མ་སྒྲུབ་སྟེ་རྀ་ཨིར྄འོ། །ཀིར྄་གཉིས་ཀྱང་ ངོ༌། །བྱིངས་གཉིས་སུ་འཕེལ་ཏེ་ཀིར྄་ཀིར྄་དང་པོའི་ཧ་ས་ཐོག་མ་ལྷག་མར་རོ། །སྔ་མའི་ར྄་ ཕྱིས་ཀུ་ཧ་ལས་ཙུའོ། །ཀི་དང་པོ་ཀ་ཙར་བསྒྱུར་བས་ཙི་རུ་སོང༌། ཙི་ཀི་ར྄་ས་ཞེས་པ་བྱུང༌། ཨི་ ཨུ་ར་བ་དང་ཧ་ས་ལས་རིང་པོར་འགྱུར་ཏེ། ཀཱི་རིང་པོར་སོང་། ཀུ་ཨི་ལ་སོགས་རྐྱེན་གྱི་ས་ཥ་ ཡིག་ཏུ་སོང༌། དེ་ལ་ར྄་དྲངས་པས་ཙི་ཀཱིཪྵ་ཅེས་པ་གྲུབ། ༈ ཀྲྀ་ཕྱི་མ་གོང་བཞིན་ཙ་ཀཱ་ར་ཞེས་ པར་སྒྲུབས། བར་དུ་ཨཱམ྄་བྱིན་འདྲ་བ་རིང་པོ་མ྄་ང་རོ་ཙི་ཀཱིཪྵཱཾ་ཙ་ཀཱ་ར་ཞེས་པ་གྲུབ་སྟེ། བདག་གི་འདོད་པས་བྱེད་ཏེ་སྔོན་བྱས་སོ། །ཞེས་པའི་དོན་ནོ། ༈ །དེས་རིགས་བསྒྲེས་ཏེ། ཙེ་ ཀཱིཪྵཱ། ཙ་ཀྲྀ་མ། ཞེས་པའི་བར་དུ་སྦྱར། ༈ དེ་བཞིན་དུ། ཨཱ་ས་དང་སྦྱར་བས་ཙི་ཀཱིཪྵཱ་མཱ་ས། ༈ བྷཱུ། དང་སྦྱར་བས་ཙི་ཀཱིཪྵཱཾ་བ་བྷཱུ་བ། དེ་དག་ཀྱང་གཞན་དོན་གྱི་ཚིག་ཅན་ཏེ་དགུ་དགུའོ། ༈ བྷཱུ་ ཛ་སྐྱོང་བ་དང་ཟས་གཡོ་བ་ལའོ། །བྱིངས་བྷུ་ཛ་བཞག ཛ་ཡིག་གི་ཨ་ནི་བརྗོད་དོན་ནོ། །ཕ་ རོལ་ཏུ་ཎཔ྄་གྱི་མཐའ་ཅན། ཙ་ཀཱ་རའམ། ཨཱ་སའམ། བ་བྷཱུ་བ། གསུམ་པོ་གང་བཞག་ཀྱང་ འདྲ། བྷུཛ྄་ལ་བདག་ཉིད་ཀྱི་འདོད་པས་སའོ། །ཞེས་པ་པ་ཏྱ་ཡ་བྱིན། བྷུ་ཛ྄་བྷུ་ཛ྄་ཞེས་གཉིས་ 19-1-416 བརྗོད་བྱ། ཛ྄་སྔ་མ་ཕྱིས་བྷུ་བྷུ་ཛ྄་ཞེས་པ་བྱུང༌། ཛྷ་པ་རྣམས་ཛ་བར་འགྱུར་བས། བྷ་དང་པོ་བ་ ཡིག་གོ །ཨི་ཨུ་དགར་བ་དང་ཧ་ས་ལ་རིང་པོ་སྟེ། བྷུ་ཕྱི་མ་བུ་རིང་པོ་སོང༌། བུ་བྷུ་ཛ྄་ས་ཞེས་ པ་བྱུང༌། {དེ་རྗེས་ཛ྄་ཀར྄་བསྒྱུར་[ཙུའི་ཀུའོས་ཛ྄་ག྄ ཁ་ས་སོགས་ཀྱིས་ག྄་ཀ྄།] རྐྱེན་གྱིས་ནི་ ཀུ་ཨི་ལ་ལས་ཥ་དེ་ཡང་ཀ་ནི་ས་ལ་ཥ་ཌྷའོ། །ཞེས་པས་སོ། །ཀ྄་ཥ་འདུས་པ་ལས་ཀྵ། བུ་བྷཱུཀྵ་ ཞེས་པ་གྲུབ། བར་དུ་ཨཱམ྄་བྱིན་འདྲ་བ་རིང་པོ་མ྄་ང་རོ། བུ་བྷཱུཀྵཱཾ་ཙ་ཀཱ་ར། ༈ བུ་བྷཱུཀྵཱ་མཱ་ས། ༈ བུ་བྷཱུཀྵཱཾ་བ་བྷཱུ་བ། ཞེས་སོགས་པར་སྨཻ་བ་ཏི་ཐམས་ཅད་ལ་སྦྱར་རོ། ༈ །པུ་ཏྲ་ཞེས་པ་ལ་ཕ་ རོལ་ཏུ་བ་བྷཱུ་བ་ཞེས་པ་བཞག ནཱམྣོ་ཡ་ཨཱི་ཙཱ་སྱ། མིང་ལ་ཡ་ཏེ་ཨ་ཡི་ཨཱིའོ། །ཀྲྀ ཨཱ་ས་བྷུ་ གསུམ་དང་གཞན་ཡང་དེ་དང་མཐུན་པའི་བྱིངས་ལ་ཎཔ྄་སོགས་བྱིན་པའི་མཐའ་ཅན་བ་བྷུ་ བ་ལྟ་བུ་ཡོད་ན། དེ་ལ་ཡ་ཡིག་རྐྱེན་དུ་འགྱུར་ཞིང༌། དེའི་ཚེ་རྟགས་མཐའ་ལ་ཨ་ཐུང་ཡོད་ན་ ཨ་དེ་ཨཱི་རིང་པོར་འགྱུར་རོ། ༈ །དེས་ན་སྐབས་འདིར་པུ་ཏྲ་ལ་ཡ་རྐྱེན་དུ་བྱིན་ཏ྄འི་སྲོག་གི་ ཨ་ཐུང་དེ་ཨཱི་རིང་པོར་བསྒྱུར་བས། པུ་ཏྲཱི་ཡ་ཞེས་པ་བྱུང༌། ཕ་རོལ་ཏུ་བ་བྷཱུ་བ། བར་དུ་ཨཱམ྄་ བཞག འདྲ་རིང་མ྄་ང་རོ། པུ་ཏྲཱི་ཡཱཾ་བ་བྷཱུ་བ། སྔོན་བྱུང་བའི་བུའོ། ༈ །དེ་བཞིན་དུ། པུ་ཏྲཱི་ཡཱཾ་བ་ བྷཱུ་བ་ཏུཿ། ༈ པུ་ཏྲཱི་ཡཱཾ་བ་བྷཱུ་བུཿ། དེས་རིགས་འགྲེ། པ་ར་སྨཻ་པ་ཏིའོ། ༈ །ཌུ་པ་ཙཥ྄་འཚེད་པ་ ལའོ། །བྱིངས་པ་ཙ྄་ས་རྐྱེན་དུ་བྱིན་གཉིས་བརྗོད་ཙ྄་སྔ་མ་ཡ་ལ། ཡཿསེ། ཨ་ཨི་ས་ལའོ། །པ་ ཙ྄་སོགས་ཀྱི་བྱིངས་ལ་རྐྱེན་ས་བྱིན་ཏེ་བྱིངས་གཉིས་སུ་སོང༌། ཐོག་མའི་ཨ་ནི་ཨི་ཐུང་ངུ་ འགྱུར་བ་ཡིན་པས། པི་ཞེས་པ་བྱུང༌། ཙ་ཡི་ཀུའོ་ཞེས་པས་ཙ་ཀར་སོང༌། ཀུ་ཨི་ལ་སོགས་ས་ ཥ་ཀ་ཥ། འདུས་པ་ཀྵ། པི་པཀྵ་ཨཱ་ས་བཞག ཨཱམ྄་དྲངས། པི་པཀྵཱ་མཱ་ས། ཞེས་པ་ལ་སོགས་ པ་སྟེ་གོང་གི་རིགས་འགྲེ། ༈ བརྞ་རིགས་བརྗོད་པ་ལའོ། །ཙུ་ར་ལ་སོགས་པ་ལའོ་ཞེས་པས་ ཉིའོ། །བརྞ་ཨི་ཞེས་སོ། །ཨ་ཨི་ལ་ཨེ། ཨེ་ཨཡ྄། བརྞཡ྄་ཕ་རོལ་ཏུ་བ་བྷཱུ་བ་བཞག བར་དུ་ ཨཱམ྄། དྲངས། བརྞ་ཡཱཾ་བ་བྷཱུ་བ། ༈ དེ་བཞིན་དུ། བརྞ་ཡཱཾ་བ་བྷཱུ་བ་ཏུཿ ༈ བརྞ་ཡཱཾ་བ་བྷཱུ་བུཿ། ༈ 19-1-417 བརྞ་ཡཱ་མཱས། ༈ བརྞ་ཡཱཾ་ཙ་ཀཱ་ར་ལ་སོགས་པའོ། །བདྷ་སྐྱོན་བརྗོད་པ་ལའོ། །བདྷ་དྷའི་ཨ་ བརྗོད་དོན། ཕ་རོལ་ཏུ་ཙ་ཀྲེ་བཞག ཨཱམ྄་དྲངས་པས། བ་དྷཱཾ་ཙ་ཀྲེ། ༈ ཡང་ན་བདྷ་ལ་རྐྱེན་ཉི་ བྱིན་ཉ་རྟགས་དོན། དྷ་ཨི་ལ་དྲངས། ཡོན་ཏན་ཨེ། ཨེ་ཨཡ྄་ཙ་ཀྲེ་བཞག ཨཱམ྄་བ་དྷ་ཡཱཾ་ཙ་ཀྲེ། ཡང་བ་དྷ་ལ་རྐྱེན་ས་བྱིན། གཉིས་བརྗོད་དང་པོའི་ཧ་ས་དྷ་སྔ་མ་མི་སྣང༌། དང་པོའི་ཨ་ཨི་རུ་ སོང༌། བ་ཕྱི་མ་བྷ། དྷ་ད྄་རུ་སོང༌། དེ་ཡང་ཏ྄་རུ་བསྒྱུར་ཏེ་སའི་སྟེང་ལ་དྲངས་པས། བི་བྷཏྶ་ ཨཱམ྄་ཙ་ཀྲེ་བཀོད། འདྲ་བ་རིང༌། མ྄་ང་རོ། བི་བྷཏྶཱཾ་ཙ་ཀྲེ། དེ་ཨཱཏྨ་ནི་ཐམས་ཅད་ལ་རིགས་ འགྲེ། འདིར་ལུང་དྲངས་པ་བྷཱི་ཧུ་བྷྲཱྀ་ཧྲཱི་རྣམས་ཀྱི་གཉིས་བརྗོད་རྣམས་ལ་ཨཱམ྄་ཡང་ནའོ། ། ཞེས་བཤད་ཏེ་བྱིངས་བཞི་པོ་འདི་རྣམས་ཕ་རོལ་ཏུ་བྱིངས་མཐར་ལིཊ྄འི་རྐྱེན་སྦྱར་ན། ཐོག་ མར་གཉིས་བརྗོད་དུ་འགྱུར་ཞིང༌། དེ་ལ་ཨཱམ྄་བར་རྐྱེན་དུ་འགྱུར་རོ། །ཡང་ནའོ་ཞེས་པས་ ཨཱམ྄་མེད་པའི་ཕྱོགས་ལ་ཡང་གཉིས་བརྗོད་དུ་གྱུར་པ་ལ་ཎཔ྄་སོགས་ཉིད་སྟེར་བ་ཡིན་གྱི། ཀྲྀ་ཨཱས་བྷཱུ་སོགས་ཀྱི་བྱ་བ་མི་དགོས་པའོ། །འདི་ལ་ཁ་ཅིག་བྷཱི་དང་བྷྲྀ་གཉིས་ཀའི་ཚིག་ཅན་ ཡིན་པས། ཎཔ྄་སོགས་བཅོ་བརྒྱད་པོ་ཐམས་ཅད་འཇུག ༈ ཧུ་དང་ཧྲཱི་བདག་དོན་གྱི་ཚིག་ ཅན་ཡིན་པས། དང་པོ་དགུ་པོ་ཁོ་ན་འཇུག་ཟེར་རོ། ༈ །དེ་ལྟར་བྱིངས་བཞི་ལས་དང་པོ་ནི། ཉི་བྷཱི་འཇིགས་པ་ལའོ། །ཉ྄་རྟགས་དོན་ཨི་བརྗོད་དོན། བྱིངས་བྷཱི་ཞེས་པ་དང༌། ཕ་རོལ་ཏུ་ཙ་ ཀཱ་ར་བཞག གཉིས་བརྗོད་དང་པོ་ཐུང་ངུ༌། ཛྷ་པ་རྣམས་ཀྱི་ཛ་བ་སྟེ་བི་རུ་སོང༌། བྷི་འོག་མ་ལ་ ཡོན་ཏན་ཨེ། ཨེ་ཨཡ྄། ཨཱམ྄་ཨཱ་ག་མ་བར་དུ་བྱིན། བི་བྷ་ཡཱཾ་ཙ་ཀཱ་ར། ༈ དེ་བཞིན་དུ་བི་བྷ་ ཡཱ་མཱ་ས། ༈ བི་བྷ་ཡཱཾ་བ་བྷཱུ་བ། ཞེས་པ་ལ་སོགས་པ་ཀྲྀ་ཨཱ་ས་བྷཱུའི་བྱིངས་རྣམས་ལ་རྐྱེན་ཎཔ྄་ སོགས་སྦྱོར་བའི་དང་པོ་དགུ་ངེས་པ་ཅན་ཡིན་ལ། གཉིས་ཀའི་ཚིག་ཅན་དུ་འདོད་པ་ལྟར་ན། ཙ་ཀྲེ་ལ་སོགས་པ་བཅོ་བརྒྱད་ཀྱང་ངོ༌། ༈ །ཨཱམ྄་མི་འཇུག་པ་ལྟར་ན་བི་བྷཱི་ཞེས་པ་ཀུན་ལ་ གྲུབ་པར་བྱས། ཎཔ྄་པ྄་དང་ཎ྄་ཡལ་ཨ་ཞེས་པ་བཞག པིཏ྄་ཡིན་པས་ཨཱི་ལ་འཕེལ་བ་ཨཻ་བི་ 19-1-418 བྷཻ་བྱུང་ཨཱ་ཡ྄་སོ་སོར་དྲངས་པས། བིབྷཱི་ཡ། ཨ་ཏུས྄། བྷཱིའི་ཨི་ཡ྄ར་སོང༌། བི་བྷྲ་ཡ྄་ཨ་ཏུས྄་ བྱུང༌། ཡ྄་བྷ་གཉིས་ཀ་ཨ་ལ་དྲངས། བིབྷྱ་ཏུཿ ༈ ཨུས྄་ལའང་དེ་དང་འདྲ་སྟེ། བིབྷྱུཿ། ༈ ཐཔ྄་ ལ་ཨིཊ྄་བྱིན་ན་བྷཱི་ཡོན་ཏན་ཨེ་ཨཡ྄་དྲངས བི་བྷ་ཡི་ཐ། ༈ མ་བྱིན་ན། བྷཱི་ཡོན་ཏན་རྐྱེན་ལ་ དབྱངས་མེད་པས་ཨ་ཡ྄ར་མི་འགྱུར། བི་བྷེ་ཐ། ༈ ཨ་ཐུས྄་ལ་བྷཱིའི་ཨཱི་ནི་ཡ྄་དབྱངས་མེད་དུ་ བསྒྱུར་དྲངས་བི་བྷྱ་ཐུཿ། ༈ ཨ་ལ་ཡང་དེ་དང་འདྲ། བི་བྷྱ། ༈ ཎཔ྄་རྟིང་མ་ལ་པིཏ྄་ཀྱི་དབང་ དུ་བྱས་ན་གོང་དང་འདྲ། ཎིཏ྄་ཀྱི་དབང་དུ་བྱས་ན་ཡོན་ཏན། ཨེ་ཨཡ྄་བྱས་པས་བི་བྷ་ཡ། ༈ བ་མ་གཉིས་ལ་ཨིཊ྄་སྟེར། བྷཱིའི་ཨཱི་ནི་ཡ྄ར་བསྒྱུར་བིབྷྱི་བ། ༈ བི་བྷྱི་མ། ཞེས་པའོ། །དེ་ལྟར་ བྱིངས་བྷཱིའི་སྐབས་འདིར། ཎཔ྄་དང་པོ་ལ་འཕེལ་བ། ཎཔ྄་ཕྱི་མ་ལ་འཕེལ་བ་དང་ཡོན་ཏན་ གདམ་ཁ། ཐཔ྄་ལ་ཡོན་ཏན་ངེས་པར་བྱེད། ཨིཊ྄་དམ་ཁ་བ་དང་མ་ལ་ཨིཊ྄། ཨ་ཏུས྄། ཨུས྄། ཨ་ཐུས྄། ཨ་སྟེ་བཞི་གདོད་ནས་དབྱངས་རྐྱེན་ཡིན། བ་དང་མ་གཉིས་ལའང་ཨིཊ྄་འཇུག་ པས། བཅོས་མའི་དབྱངས་རྐྱེན་དུ་སོང༌། དེ་ལྟར་དྲུག་པོ་དེ་ལ་བྱིངས་མཐའི་ཨཱི་རིང་པོ་ཡ྄་ དབྱངས་མེད་དུ་བསྒྱུར་པ་ཡིན་ནོ། །གཉིས་ཀའི་ཚིག་ཅན་གྱི་དབང་དུ་བྱས་ན་བི་བྷྱེ་ལ་ སོགས་པ་སྟེ། གསལ་བྱེད་དང་པོ་ཅན་བཞི་ལ་ཨིཊ྄་ཡང་འཇུག་གོ ༈ །བྱིངས་གཉིས་བ་ཧུ་ སྦྱིན་པ་དང་ཟ་བ་ལའོ། །ཧུ་ཞེས་པ་བཞག ཕ་རོལ་ཙ་ཀཱ་ར་ལ་སོགས་པའོ། །གཉིས་བརྗོད་ཧུ་ ཐོག་མ་ནི་ཀུ་ཧ་ཞེས་པས་ཧ་ཛྷ་དེ་ཛ་རུ་བསྒྱུར་བས་ཛུ་ཛུ་ཏུ་བྱུང༌། བར་དུ་ཨཱམ྄། ཧུ་རྟིང་མ་ལ་ ཡོན་ཏན། ཨོ་ཨབ྄་ཛུ་ཧ་བཱཾ་ཙ་ཀཱ་ར། ༈ དེ་བཞིན་དུ་ཛུ་ཧ་བཱ་མཱ་ས། ༈ ཛུ་ཧ་བཱཾ་བ་བྷཱུ་བ་ཞེས་ པ་ལ་སོགས་པའོ། ༈ །ཡང་ཨཱམ྄་མེད་པའི་ཕྱོགས་ལ་ཧུ་ཞེས་བྱིངས་མཐའ་ལ་ཨུ་ཡོད་པ་དེ་ བ྄་རྐྱང་པར་མི་བསྒྱུར་ཨུབ྄་རུ་བསྒྱུར་གཞན་རྣམས་སྔ་མས་རིགས་འགྲེའོ། །ཛུ་ཧཱ་བ། ཛུ་ཧུ་བ་ ཏུཿ། ཛུ་ཧུ་བུཿ། ༈ ཛུ་ཧི་ཐ། ཡང་ན་ཛུ་ཧོ་ཐ། ཛུ་ཧུ་བ་ཐུཿ། ཛུ་ཧུ་བ། ༈ ཛུ་ཧཱ་བ། ཡང་ན་ཛུ་ཧ་ བ། ཛུ་ཧུ་བི་བ། ཛུ་ཧུ་བི་མ་འདི་དག་ལས་ཎཔ྄་དང་པོ་ལ་འཕེལ་བ་ཡོད། གཉིས་པ་ལ་ཡོན་ 19-1-419 ཏན་དང་འཕེལ་པ་གདམ་ང་ཡོད། གཞན་ཐམས་ཅད་ལ་ཨུ་ཡིག་ཨུ་བ྄ར་བསྒྱུར་བ་ཁྱད་པར་ རོ། ༈ །བྱིངས་གསུམ་པ་ནི། ཌུ་བྷྲྀ་ཉ་འཛིན་པ་དང་གསོ་བ་ལའོ། །བྱིངས་བྷྲྀ་བཞག ཕ་རོལ་ དུ་ཙ་ཀཱ་ར་སོགས་བཀོད། གཉིས་བརྗོད་རྀ་ཨ་ཞེས་པས་ཨ་རུ་སོང༌། བྷ་བྷྲྀ་བྱུང༌། བྷྲྀ་ཨི་ཞིག་ པ་ལའོ། །ཞེས་པས་ཨ་དེ་ཨི་རུ་སོང༌། བྷི་བྷྲི་ཛྷ་པ་ཛ་བར་འགྲོ་བས་བྷི་བི་རུ་སོང༌། བི་བྷྲྀ་བར་ རྐྱེན་ཨཱམ྄་བྷྲྀ་ཕྱི་མ་ཡོན་ཏན་ཨར྄་དྲངས། བི་བྷ་རཱཾ་ཙ་ཀཱ་ར། ཞེས་པ་ལ་སོགས་པ་རྣམས་སོ། ༈ །ཨཱམ྄་མི་འཇུག་པའི་ཕྱོགས་ལ་གོང་དུ་བཤད་པས་རིགས་འགྲེ་སྟེ། འཕེལ་བ་ཨཱར྄་དང་ ཡོན་ཏན་ཨར྄་དང༌། ཀུན་ནས་བསྒྱུར་བ་རྀ་ར྄ར་འགྲོ་བ་རྣམས་མ་བརྗེད་པར་བྱ་ཞིང༌། བྱིངས་འདི་ལ་གོང་དུ་ཨིཊ྄་བཀག་པའི་ཕྱིར། བ་མ་གཉིས་ལ་བྱིངས་ཀྱི་མཐའི་རྀ་ཡིག་ལ་ རྣམ་འགྱུར་མེད་དོ། བ་བྷཱ་ར། བ་བྷྲ་ཏུཿ། བ་བྷྲུཿ། ༈ བབྷ་རྠ། བབྷྲ་ཐུཿ། བབྷྲ། ༈ བ་བྷཱ་ར། ཡང་ན་བ་བྷ་ར། བ་བྷྲྀ་བ། བ་བྷྲྀ་མ་ཞེས་པ་རྣམས་ཡིན་ལ། ཅི་སྟེ་གཉིས་ཀའི་ཚིག་ཅན་དུ་ འདོད་པ་ལྟར་ན་བྷྲེ་ཞེས་པ་ལ་སོགས་པ་སྟེ། གསལ་བྱེད་དང་པོ་ཅན་བཞི་ལ་ཡང་ཨིཊ྄་མེད་ པའོ། ༈ །བྱིངས་བཞི་པ་ནི། ཧྲཱི་ངོ་ཚ་ལའོ། །ཧྲཱི་ཙ་ཀཱ་ར་ཞེས་པ་བཞག གཉིས་བརྗོད་དང་པོའི་ ཧ་ས་ཞེས་པས་ཧྲཱི་གོང་མའི་ར་བཏགས་ཕྱིས་ཀུ་ཧ་སོགས་ཀྱི་ཧཱི་ཛྷཱི་ཐུང་ངུའོ། །ཛ་བར་འགྱུར་ བས་ཛི་ཛི་ཧྲཱི་ཞེས་པ་བྱུང༌། བར་དུ་ཨཱམ྄་ཧྲཱི་ཡོན་ཏན་ཨེ་ཨ་ཡ྄་ཛི་ཧྲ་ཡཱཾ་ཙ་ཀཱ་ར་སོགས་དང༌། ༈ ཛི་ཧྲ་ཡཱ་མཱ་ས། ༈ ཛི་ཧ་ར་ཡཱཾ་བབྷཱུ་བ་སོགས་སོ། ༈ ཨཱམ྄་མེད་པའི་ཕྱོགས་ལ་གོང་ཧུའི་ སྐབས་དང་མཚུངས་ཏེ། དེར་ཨུ་བར྄་བསྒྱུར་བ་ལྟར། འདིར་ཡང་ཧྲཱིའི་ཨཱི་རིང་པོ་ཡ྄་རྐྱང་པར་ མི་འགྲོ། ཨི་ཡ྄ར་བསྒྱུར་བ་ཡིན་ནོ། །ཛི་ཧྲཱ་ཡ། ཛི་ཧྲི་ཡ་ཏུཿ། ཛི་ཧྲི་ཡུཿ། ༈ ཛི་ཧྲི་ཡི་ཐ། ཡང་ན་ ཛི་ཧྲེ་ཐ། ཛི་ཧྲི་ཡ་ཐུཿ། ཛི་ཧྲི་ཡ། ༈ ཛི་ཧྲཱ་ཡ་ཡང་ན་ཛི་ཧྲི་ཡི་བ། ཛི་ཧྲི་ཡི་མ་ཞེས་པ་རྣམས་སོ། ། དེ་ལྟར་ན་པར་ཏི་ཀའི་ལུང་དྲངས་པའི་དོན་བྷཱི་སོགས་བྱིངས་བཞི་པོ་དེ་རྣམས་བསྒྲུབས་ཟིན་ ཏོ། ༈ །ཛི་རྒྱལ་བ་ལའོ་ཞེས་པའི་བྱིངས་བཞག ས་པ་རོ྅ཀྵ་ཡོ་རྫེ་རྒིཿ། ས་དང་ལྐོག་གྱུར་ 19-1-420 དག་ལ་ཛི་གིའོ། །ཛི་ཎཔ྄་ཞེས་པ་བཞག ལིཊ྄འི་རྣམ་དབྱེ་མཐོང་བས་ཛི་གི་རུ་བསྒྱུར་གི་ གཉིས་བརྗོད་གི་དང་པོ་སླར་ཡང་ཛིར་ལྡོག ཕྱི་མ་རྐྱེན་གྱི་ཨ་མཐོང་བས་འཕེལ་བ་ཨཻ་ཀེ་ཤ་ ཅན་དུ་སོང༌། ཨཱཡ྄་སོ་སོར་དྲངས། ཛི་གཱ་ཡ། འདི་དག་ཀྱང་གོང་བྷྲི་སོགས་ཀྱིས་རིགས་འགྲེ་ སྟེ། ཛི་གྱ་ཏུ། ཛི་གྱུཿ། ༈ ཛི་ག་ཡི་ཐ། ཡང་ན་ཛི་གེ་ཐ། ཛི་གྱ་ཐུཿ། ཛི་གྱ། ༈ ཛི་གཱ་ཡ། ཡང་ན་ ཛི་ག་ཡ། ཛི་གྱི་བ། ཛི་གྱི་མ། ཞེས་པའོ། ༈ །ལུང་དྲངས་པ། སེམས་མེད་དྲན་ཉམས་དང་རྫུན་ པ་དང་དུས་ཐུང་ངུ་དག་ལ་ཡང་ཎཔ྄་ལ་སོགས་པའོ། །ཞེས་འབྱུང་སྟེ་བརྒྱལ་བ་དང༌། མྱོས་པ་ དང༌། གཉིད་ཀྱི་བླ་བརྡོལ་ལ་སོགས་པ་སེམས་མེད་ཀྱི་སྨྲ་བ་དང༌། བདེན་པ་མ་ཡིན་པའི་དོན་ ཅན་གྱི་ཚིག་དང༌། དུས་ཡུན་ཐུང་ངུ་རྣམས་བཟླས་དུས་དང་ལྐོག་གྱུར་མ་ཡིན་ཀྱང༌། ལིཊ྄འི་ རྣམ་དབྱེ་རྣམས་འཇུག་པའོ། ༈ །ལཔ྄་ང་རོ་འདོན་པ་ལའོ། །ཞེས་པས་བྱིངས་ལཔ྄་བཞག ༈ ཕ་རོལ་དུ་ཎབ྄་སྟེ་ཨ། གཉིས་བརྗོད་པ྄་གོང་མ་ཕྱིས། ཨའི་ཨུ་པ་དྷཱའིའོ་ཞེས་པས། ལ་ཡིག་ ཕྱི་མའི་དབྱངས་ཨ་ཐུང་ཨཱ་རིང་དུ་སོང༌། པ྄་ཕྱི་མ་རྐྱེན་གྱི་ཨ་ལ་དྲངས། སྔོན་དུ་བི་བཞག བི་ ལ་ལཱ་པ་གྲུབ། བི་མེད་ཀྱང་ཆོག་སྟེ་ལ་ལཱ་པ་ཞེས་སོ། །སུ་སྟོ྅ཧཾ་ཀི་ལ་བི་ལ་ལཱ་པ། བདག་ ཉིད་ཉལ་བ་བས་ཅ་ཅོའི་སྒྲ་འབྱིན་ནོ། །ཎཔ྄་གཉིས་པ་ལ་ཡང་འདི་དང་འདྲ་བ་ལས། ཨུ་པ་ དྷཱ་རིང་པོར་བྱེད་མི་བྱེད་གདམ་ཁ་ཡིན། གཞན་རྣམས་ལ་གཉིས་བརྗོད་ཀྱི་རྗེས་ལ་ལཔ྄་ ལཔ྄་ཞེས་པ་གཉིས་ཀྱི་ཐོག་མར་པ྄་དང་པོ་ཕྱིས། དེ་ནས་ལ་དང་པོ་ཡང་ཕྱིས་ཤིང་ལ་ཕྱི་མའི་ དབྱངས་ཨ་ཡིག་དེ་ཨེ་ཡིག་ཏུ་བསྒྱུར་བ་ཡིན། ཐཔ྄་བ་མ་རྣམས་ལ་ཨིཊ྄་ཡང་འཇུག་གོ །བི་ ལེ་པ་ཏུཿ། བི་ལེ་པུཿ། ༈ བི་ལེ་པི་ཐ། བི་ལེ་པ་ཐུཿ། བི་ལེ་བ། ༈ བི་ལ་ལཱ་བ། ཡང་ན་བི་ལ་ ལ་པ། བི་ལེ་པི་བ། བི་ལེ་པི་མ། ཞེས་པའོ། ༈ །གམླྀ་འགྲོ་བ་ལའོ། །ཞེས་པས་བྱིངས་གམླྀ་ བཞག ཕ་རོལ་དུ་ཎཔ྄་སྟེ་ཨའོ། །ལྀ་བྱ་བའི་དོན་གམ྄་བཞག་གཉིས་བརྗོད་དང་པོའི་ཧ་ས་ ཐོག་མ་ཡལ། ག་གམ྄་ཀུ་ཧ་སོགས་ཀྱིས་ག་དང་པོ་ཛ་རུ་བསྒྱུར། ག་ཕྱི་མ་ཨའི་ཨུ་པ་དྷཱ་རིང་པོ། 19-1-421 ཛ་གཱ་མ྄་དྲངས་པས། ཛ་གཱ་མ། ནཱ་ཧཾ་ཀ་ལིཾ་གཾ་ཛ་གཱ་མ། བདག་ནི་ཀ་ལིང་ཀར་མ་བྱིན་ནོ། ། ཞེས་པ་ལྟ་བུའོ། ༈ དེ་བཞིན་དུ་འོག་མ་རྣམས་ལའང་ཛ་གམ྄་ཞེས་པ་གྲུབ་པར་བྱས་ནས། རྣམ་འགྱུར་རྣམས་བྱེད་དོ། །ག་མཱཾ་སྭ་རེ། གམ྄་རྣམས་ཀྱི་དབྱངས་ལའོ། །གམ྄་ལ་སོགས་པ་ ནི་གམ྄་ཧན྄། ཛན྄་ཁན྄། གྷས྄་ཏེ་འདིར་ལྔ་བཤད་ཏེ་གཞན་ཡང་ཅི་རིགས་པའོ། །འདི་རྣམས་ ཀྱི་ཕ་རོལ་དུ་ཐཔ྄་དང༌། ཎཔ྄་མ་གཏོགས་པའི་ཨ་ཏུས྄་སོགས་དྲུག་པོ་རྣམས་ལ། ཨུ་པདྷཱ་མི་ སྣང་བར་བྱེད་དགོས་ཏེ། སྐབས་འདིར་གའི་སྲོག་གི་ཨ་སྦེད་པ་ཡིན། ག྄་དང་མ྄་སྲོག་མེད་ ལྷན་ཅིག་ཕ་རོལ་གྱི་དབྱངས་ལ་འདྲེན་དགོས་པས། །ཐཔ྄་ལ་ཕྱོགས་གསུམ་ཡོད་པའི་ ཕྱོགས་གཅིག་དང༌། བ་དང་མ་རྣམས་ལ་ཨིཊ྄་འདྲེན། ཡང་ན་ཐཔ྄་ལ་ཨ་དབྱི་བ་མི་དགོས་ཏེ་ པིཏ྄་ཀྱི་ཆོ་ག་བྱེད་པའི་ཕྱིར་རོ། །ཎཔ྄་ལའང་དེ་དང་འདྲ། དེས་ན་གའི་ཨ་མི་དབྱི་བ་རིགས་ ལའང་གཉིས་ཏེ། ཨིཊ྄་ཡོད་པའི་ཕྱོགས་ལ། གམ྄་གྱི་མ྄་ཨི་ལ་འདྲེན། མེད་པའི་ཕྱོགས་ལ་ མ྄་ང་རོར་བྱེད། ཎཔ྄་གཉིས་པ་ལ་ཨུ་པ་དྷཱ་རིང་པོར་མི་བྱེད་པའང་གདམ་ཁ་ཡིན་ནོ། །ཛ་གྨ་ ཏུཿ། ཛ་གྨུཿ། ༈ ཛགྨི་ཐ། ཛ་ག་མི་ཐ། ཛ་གཾ་ཐ། ཛགྨ་ཐུཿ། ཛགྨ། ༈ ཛ་གཱ་མ། ཛ་ག་མ། ཛགྨི་ བ། ཛིགྨི་མ། ཞེས་པ་རྣམས་སོ། །ཛ་གཱ་མཱ་ག་སྟྱོད་ཀྵཱི་ཎཱཾ་དི་ཤཾ། ཡུལ་ལྷོ་ཕྱོགས་རྣམས་ལ་རི་བྱི་ འགྲོ་བར་བྱེད་དོ། །ཞེས་པ་ལྟ་བུའོ། ༈ །ཧ་ན་འཚེ་བ་དང་འགྲོ་བ་དག་ལའོ། །ཞེས་པས་ བྱིངས་ཧ་ན་བཞག ན་ཡིག་གི་ཨ་ཡིག་བརྗོད་དོན། ཧ་ན྄འི་གྷ་ནའོ་ཞེས་པས་བྱིངས་ཧའི་ཧ་ ཡིག་ནི། ན྄་མཐའ་དང་རྣམ་དབྱེའི་ངིཏ྄་ཕ་རོལ་དུ་ཡོད་ན། གྷ་ཡིག་ཏུ་འགྱུར་རོ། །འདི་ཡང་ གཉིས་བརྗོད་ཡིན་པས། ཛ་གྷཱ་ནར་འགྱུར་ཏེ། དེའི་དཔེར་བརྗོད་པའི་ཚིགས་བཅད་ནི་ འགྲེལ་པར་ལུང་དྲངས་པ། མུ་རཱཾ་ག་ནཱ་ཀཛྫ་ལ་ལོ་པ་ལོ་ལོ། ལཀྵྨི་མུ་ཁཱཾ་བྷོ་ཛ་བི་ལཱ་པ་བྷཱིདྒཿ། ཛ་ ག་ཏྲ་པ་ཏྲཱ ་ཎ་ཏ་ནུ་ཏྲ་བྷུ་ཏོ། །ཛ་གྷཱ་ན་ཀཾངྶཾ་ཀི་ལ་བཱ་སུ་དེ་བཿ། གཅོད་བྱེད་ལྷ་མིན་ཡན་ལག་མ་ ཡི་མིག་སྨན་བྱི། །དཔལ་མོའི་གདོང་གི་པད་ཚལ་རྣམ་རོལ་བུང་བ་ནི། །འགྲོ་བའི་སྐྱབས་དང་ 19-1-422 སྐྱོབ་པ་ཕྲ་བར་འཇུག་པ་ཅན། །མཁར་བ་ངེས་པར་བཅོམ་པ་ནོར་ལྷའི་བུ་འདིའོ། །ཞེས་པའི་ ཛ་གྷཱ་ན་ཞེས་པ་འདི་དཔེར་བརྗོད་དུ་འགྱུར་བར་དགོངས་པ་སྟེ། འདིར་འཇོམས་པའམ་ གསོད་པའི་དོན་ཡིན་ལ། གཞན་དུ་འགྲོ་བར་བྱེད་པའི་ཡང་དོན་ཏེ། འདས་པའི་དུས་ཅན་ལ་ གཙོ་བོར་འཇུག་གོ ༈ །དེ་ཡང་ཧན྄་ཎཔ྄་ཞེས་པ་སྟེ་ཨ་བཞག གཉིས་བརྗོད་ན྄་སྔ་མ་ཕྱིས། ཀུ་ཧ་སོགས་ཀྱི་ཧ་ཛྷར་སོང༌། དེ་ཡང་ཛ་བ་ཛ་རུ་སོང༌། ཧ་ཕྱི་མ་ཧན྄་རྣམས་ཀྱི་གྷྣའོ། །ཞེས་གྷ་ རུ་བསྒྱུར། ན྄འི་ཨུ་པ་དྷཱ་རིང་པོ། ན྄་རྐྱེན་གྱི་ཨ་ལ་དྲངས། ཛ་གྷཱ་ན་གྲུབ། ༈ ཨ་ཏུས྄་སོགས་ལ་ ཕལ་ཆེར་སྔ་མ་རྣམས་དང་ཁྱད་པར་དུ་གམ྄་གྱིས་རིགས་འགྲེ་སྟེ། དབྱངས་རྣམས་ལ་ཨུ་པ་དྷཱ་ ཕྱིས། ན྄་དང་ཧ྄་དབྱངས་མེད་བརྩེགས་ཏེ་རྣམ་དབྱེའི་དབྱངས་ལ་འདྲེན། ཐཔ྄་ལ་ཨིཊ྄་ཡོད་ མེད་དབྱེ་བ་གསུམ་གོང་དུ་འདྲ། ཎཔ྄་ཕྱི་མ་ལ་ཨ་ཨི་ཕྱེད་འཕེལ་བ་བྱེད་དམ་མི་བྱེད་གདམ་ ཁ། བ་མ་རྣམས་ལ་ཨིཊ྄་སྟེར་བ་ཁོ་ན་ཡིན། དེ་ཡང་གོང་དུ་གམ྄་ལ་སོགས་པ་ཞེས་གསུངས་ ཏེ། གམ྄་གྱི་བྱ་བ་དེ་ལ་འདིར་ཧན྄་ལའང་སྦྱོར་ཞིང༌། གྷས྄འི་བར་ལའང་འདྲ་བར་དགོངས་ སོ། །ཧ་གྷར་བསྒྱུར་བ་ནི་འདི་ཁོ་ནའི་དགོས་ཆོས་ཡིན་ནོ། །ཛ་གྷྣཱ་ཏུཿ། ༈ ཛགྷྣུཿ། ༈ ཛ་གྷྣི་ཐ། ཡང་ན་ཛ་གྷ་ནི་ཐ། ཡང་ན་ཛ་གྷཾ་ཐ། ཛ་གྷྣ་ཐུཿ། ཛ་གྷྣ། ༈ ཛ་གྷཱ་ན། ཛ་གྷ་ན། ཛ་གྷྣི་བ། ཛ་གྷྣི་ མ། ཞེས་པའོ། ༈ །ཛི་ནཱི་སྐྱེད་པ་ལའོ། །ཞེས་པས་བྱིངས། ཛ་ནཱི། ཨཱི་རིང་པོ་བྱ་བའི་དོན། འདི་ བདག་དོན་གྱི་ཚིག་ཅན་ཡིན་པས་རྣམ་དབྱེ་ཨེ་ལ་སོགས་པ་ཨཏྨ་ནེ་དགུ་པོ་ཁོ་ན་འཇུག་གོ ། ཛན྄་ཨེ་ཞེས་པ་བཞག གཉིས་བརྗོད་ན྄་སྔ་མ་ཕྱིས། ཛ་ཕྱི་མའི་ཨུ་པ་དྷཱ་མི་སྣང་བར་སོང༌། ཛ་ཛ྄ན྄་ཞེས་པ་བྱུང༌། ཛ྄་ཕྱི་མ་དང་ན྄་དབྱངས་བྲལ་ཡིན། ས་ཏུ་ནི་ཤ་ཙུ་རྣམས་ལས་ཤ་ཙུའོ། ། ཞེས་པས་ཕ་རོལ་ས་ཏུའི་ན྄་ནུ་ཚུར་རོལ་ཤ་ཙུའི་ཛ་མཐོང་བས་ཤ་ཙུའི་ཉ྄་ཡིག་ཏུ་སོང༌། ཛ྄་ ཉ྄་འདུས་པ་ཛྷ་དེ་རྐྱེན་གྱི་ཨེ་ལ་དྲངས། ཛ་ཛྙེ་ཞེས་པ་གྲུབ། ཛ་ཛྙེ་ཛ་གཛྫ་ནཱརྡ་ནཱཏ྄། འགྲོ་བས་ མཆོད་ལས་འགྲོ་བ་རྣམས་སྐྱེས་སོ། །ཞེས་པ་སྟེ་ངག་ཏུ་བཀོད་པའི་དཔེར་བརྗོད་དོ། ༈ །དེ་ 19-1-423 ཁོ་ན་ལྟར་ཛན྄་ཛ་ཛྙར་བསྒྱུར་བ་ཡན་ཆད་ཀུན་ལ་འདྲ། ཛན྄་ཨཱ་ཏེ། ཛ་ཛྙཱ་ཏེ། ༈ ཛན྄་ཨི་ཏེ། ཛ་ཛྙི་ཏེ། ༈ ཛན྄་སེ་ཨིཊ྄། ཀུ་ཨི་ལ་ཛ་ཛྙི་ཥི། ༈ ཛན྄་ཨཱ་ཐེ། ཛ་ཛྙཱ་ཐེ། ༈ ཛན྄་དྷྭེ། ཨིཊ྄། ཛ་ ཛྙི་དྷྭེ། ༈ ཛན྄། ཨེ། ཛ་ཛྙེ། ཛན྄་བ་ཧེ། ཨིཊ྄། ཛ་ཛྙེ་བ་ཧེ། ཛན྄་མ་ཧི། ༈ ཨིཊ྄་ཛ་ཛྙི་མ་ཧེ། ཞེས་པ་རྣམས་སོ། ༈། ཁ་ན་ས་བརྐོ་བ་ལའོ་ཞེས་པས་བྱིངས་ཁ་ན་བཞག ནའི་ཨ་བརྗོད་དོན། ཁན྄་ཎཔ྄་གཉིས་བརྗོད་ན྄་དང་པོ་ཕྱིས། ཁ་ཚ་རུ་བསྒྱུར། དེ་ཙ་རུ་བསྒྱུར། ན྄འི་ཨུ་པ་དྷཱ་རིང་ ན། དྲངས། ཙ་ཁཱ་ན། ས་བརྐོ་བའོ། །ངག་ཏུ་བཀོད་པའི་དཔེར་བརྗོད་ནི། ཀཱུ་པཾ་ཙ་ཁཱ་ན་པཱུརྟ་ ཀྲྀཏ྄། ཁྲོན་པ་འདྲུའོ་ཁྲོན་པ་མཁན་གྱིས་སོ། ༈ །ཕྱི་མ་དབྱངས་རྣམས་ལ་ཨུ་པ་དྷཱ་ཕྱིས། ན྄་ དང་ཁ྄་དབྱངས་ལ་འདྲེན། ཙ་ཁྣ་ཏུཿ། ཙ་ཁྣུཿ། ཙ་ཁྣི་ཐཿཙ་ཁཾ་ཐ། ཙ་ཁྣ་ཐུཿ། ༈ ཙ་ཁྣ། ཙ་ཁཱ་ ན། ཙ་ཁ་ན། ཙ་ཁྣི་བ། ཙ་ཁྣི་མ། ༈ གྷསླི་ཟ་བ་ལའོ། །ཞེས་པས་གྷསླི་ལི་བྱ་བའི་དོན། གཉིས་ བརྗོད་གྷས྄་གྷས྄་ཞེས་པ་བྱུང༌། ས྄་དང་པོ་ཕྱིས་གྷ་དང་པོ་ཛྷར་སོང༌། དེ་ཛ་རུ་སོང༌། ཨུ་པ་དྷཱ་ རིང་པོ། ས྄་ཨ་ལ་དྲངས་ཛ་གྷཱས། ཟོས་ཟིན་ནོ་ཞེས་པའོ། །ངག་ཏུ་བཀོད་པའི་དཔེར་བརྗོད་ ནི་གྷཱ་ས་གྲཱ་སཾ་ཛ་གྷཱས་གོ །རྩྭ་མིད་ཅིང་ཟ་བར་བྱེད་དོ་བ་ལང་ངོ༌། །ཞེས་སོ། ༈ །ཨ་ཏུས྄་ སོགས་ལ་སྤྱི་རྣམས་གོང་དང་འདྲ་བ་ལས་འདིར་ཨུ་པ་དྷཱ་ཕྱིས་པའི་མཚམས་སུ། ཁ་ས་ཙ་པ་ རྣམས་ལས་ཛྷ་ས་རྣམས་སོ། །ཞེས་པས་གྷ྄་ཡིག་ཀ྄་ཡིག་ཏུ་བསྒྱུར་བར་བྱའོ། །གྷ་སཱ་དེཿཥཿ། གྷས྄་སོགས་ཀྱིས་ཥའོ། །བྱིངས་གྷ་ས྄་ལ་སོགས་པ་མང་པོ་ཞིག་ལ། གྷས྄་ཞེས་པའི་ས྄་ཡིག་ ལྟ་བུ་བྱིངས་མཐའི་ས྄་དབྱངས་བྲལ་ནི། ཥ྄་ཡིག་ཏུ་བསྒྱུར་བ་ཡིན་ལ། སྔར་གྷ྄་དབྱངས་མེད་ ཀ྄་དབྱངས་མེད་དུ་གྱུར་པ་དེ་དང༌། མཐའ་རྟེན་ས྄་དབྱངས་མེད་ཥ྄་ཡིག་ཏུ་གྱུར་པ་བརྩེགས་ པས་ཀྵ་སྟེ་དེ་དག་ཕ་རོལ་རྣམ་དབྱེ་དབྱངས་ལ་འདྲེན་ནོ། །འདི་འདྲའི་རིགས་ཅན་ཀ྄ཥ྄་ འདུས་པ་ཀྵ་སྟེ་ཡི་གེ་གཞན་དུ་གྱུར་པ་དང༌། ཛ྄ཉ྄་འདུས་པ་ཛྙ྄་སྟེ་ཡི་གེ་གཞན་དུ་གྱུར་པ་ཡིན་ ལ། གཞན་ཡི་གེ་གཞན་དུ་མ་གྱུར་ཀྱང༌། ཨུ་པ་དྷཱ་ཕྱིས་པ་ལ་སོགས་པས། དབྱངས་རྐྱེན་ལ་ 19-1-424 ཡི་གེ་གཉིས་འདྲེན་པ་འདི་རྣམས་གསལ་བྱེད་ཕྱི་མ་དེ་ཉིད་ཐོག་མར་དབྱངས་ལ་དྲངས་པས་ དབྱངས་བཅས་སུ་སོང༌། དེ་ལ་གསལ་བྱེད་གོང་མ་དེ་འདྲེན་པ་ཡིན། གསལ་བྱེད་དབྱངས་ མེད་དུ་མ་ཅིག་ཅར་འདྲེན་པ་མ་ཡིན་པའི་གོ་བ་བློ་ལ་འཇོག་དགོས། ས་རིས་འབྲི་བ་རང་ལ་ གྲུབ་གཟུགས་མ་ནོར་ན། ཡི་གེ་འབྲི་བའི་རིམ་པ་ལ་མཐའ་གཅིག་ཏུ་ངེས་པ་མི་སྣང་ངོ༌། ། ཛཀྵ་ཏུཿ། ཛཀྵུཿ། ༈ ཛཀྵི་ཐ། ཛ་གྷ་སི་ཐ། ཛ་གྷ་སྠ། ཛཀྵ་ཐུཿ། ཛ་ཀྵ། ༈ ཛ་གྷཱ་ས། ཛ་གྷ་ས། ཛ་ཀྵི་བ། ཛ་ཀྵི་མ་རྣམས་སོ། ༈ །ཌུ་དཱཉ྄་སྦྱིན་པ་ལའོ། །ཞེས་པས་དཱ་བཞག ཨཱ་ཏཽ་ཎཔ་ཌཽ། ཨཱཏ྄་ཀྱི་ཎཔ྄་ཌཽའོ། །བྱིངས་ཨཱཏ྄་ཏེ་ཨཱ་རིང་གི་མཐའ་ཅན་ལ། རྣམ་དབྱེ་ཎཔ྄་ནི་ཌཽ་བསྒྱུར། ཌ྄་ བྱ་བའི་དོན། ཨཽ་བཞག་དེ་ཌི་ཏ྄་ཡིན་པས་ཊི་མི་སྣང་བར་བྱེད་དོ། །དེ་ལ་བྱིངས་དང་པོ་དཱ་ སྦྱིན་པའི་དོན་ཡིན། གཉིས་པ་ནི་པཱ་བཏུང་བ་ལའོ་ཞེས་པ་དང༌། གསུམ་པ་ནི་ཥྛཱ་འགྲོ་བ་ འགོག་པ་ལའོ། །བཞི་པ་ནི་ཡཱ་ཐོབ་པར་བྱེད་པ་ལའོ། །ཞེས་པ་སྟེ། བཞི་པོ་འདི་ལ་ཎཔ྄་ཌཽ་རུ་ བསྒྱུར་པ་ཡིན། སྔར་གཞན་རྣམས་ལ་ནི་ཎཔ྄་རྗེས་འབྲེལ་དབྱི་བ་ཙམ་ཡིན། དེ་ཉིད་པིཏ྄་ ཡིན་པས་ཨུ་པ་དྷཱ་འཕེལ་བའམ་རང་གནས་སུ་བྱེད་ཀྱང༌། འདི་རྣམས་ལ་ཎཔ྄་ཨཱ་དེ་ཤ་བྱས་ པས་བྱིངས་ཀྱི་མཐའི་དབྱངས་དབྱི་བ་ཡིན་ནོ། ༈ །དཱ་ཎཔ྄་བཞག གཉིས་བརྗོད། དང་པོ་ ཐུང་ངུ་རྣམ་དབྱེ་ཌཽ་ཌ྄་ཕྱིས་ཊི་ཡ་ལ་དྲངས་ད་དཽ། ༈ པཱ་ཎཔ྄་གཉིས་བརྗོད་ཐུང་ངུ་ཌཽ་ཌ྄་ཕྱིས་ ཊི་མི་སྣང་དྲངས་པ་པཽ། ༈ ཥྛཱ་ཎཔ྄་ཥ྄ས྄་རུ་བསྒྱུར་ལུགས་བསྒྱུར་པས་ལུགས་ཅན་ཡང་འགྱུར། ཋཱ་ཡང་ཐཱ་རུ་སོང་བས་སྠཱ་རུ་བསྒྱུར། གཉིས་བརྗོད་གཞན་རྣམས་ལ་གཉིས་བརྗོད་དང་པོ་ཡི་ གེ་གཉིས་ཡོད་ན། མཐའ་བརྟེན་ནམ་བརྩེགས་པའི་འོག་མ་དེ་ཀ་ཕྱི་མ་ཡིན་པས་དབྱི་བ་ཡིན་ ཀྱང༌། འདིར་བརྩེགས་པའི་དང་པོ་ས྄་དབྱིའོ། །ཐུང་ངུར་བསྒྱུར། ཐ་སྠཱ་ཞེས་པ་བྱུང༌། ཐོག་ མའི་ཐ་ཏ་རུ་བསྒྱུར། ཌཽ་ཊི་ཕྱིས་དྲངས་ཏསྠཽ། ༈ ཡཱ་ཎཔ྄་གཉིས་བརྗོད་དང་པོ་ཐུང་ངུ་ཌཽ་ཊི་ དབྱི། ཡ་ཡཽ། ཞེས་པ་རྣམས་གྲུབ་བོ། །ད་དཽ་དཱ་ནཾ་ཏ་དཱ་དཱ་ཏ། པ་པཽ་བེ་ཡཾ་མུ་དཱ་པུ་ནཿ། ཏསྠཽ་པྲཱི་ 19-1-425 ཏསྟ་དཱསྠཱ་ནེ། དྷ་ནཾ་ཧི་ཏྭ་བ་ནཾ་ཡ་ཡཽ། སྦྱིན་པ་པོ་དེས་སྦྱིན་པ་སྟེར་བྱེད། །དགའ་བས་སླར་ཡང་ བཏུང་བ་འཐུངས་སོ། །གནས་དེར་མཆོད་པའི་ཕྱིར་དུ་ངེས་སྡོད། །ནོར་རྣམས་སྤངས་ནས་ ནགས་སུ་ཐོབ་གྱུར། །ཞེས་པ་སྟེ། ཚིག་རྐང་གསུམ་པོའི་འགོ་ན། ད་དཽ་པ་པཽ་ཏསྠཽ་དང་བཞི་ པའི་ཐ་མར་ཡ་ཡཽ་རྣམས་ཡོད་ཏེ། ཚིག་ཏུ་སྦྱར་བའི་དཔེར་བརྗོད་དོ། །དེ་ཡང་ད་དཽ་ལ་སོགས་ པ་འདི་རྣམས་བྱ་བའི་ཚིག་ཡིན། སྦྱིན་པ་དང་བཏུང་བ་དང་གནས་དང་མཆོད་པ་ལ་སོགས་པ་ ལས་ཚིག་ཡིན། སྦྱིན་བདག་དང་དགའ་བས་ཞེས་སོགས་བྱེད་པ་པོའོ། །ནགས་སུ་ཞེས་པ་ ལས་ཡིན་ལ། ནོར་རྣམས་སྤངས་པ་ཞེས་པ་ནི་བྱེད་པའི་ཚིག་གོ ༈ །ཨཱ་ཏོ྅ན་པི། ཨཱཏ྄་ཀྱི་ ཨཔ྄་མེད་པ་ལའོ། །བྱིངས་ཨཱ་རིང་མཐའ་ཅན་ཨཔ྄་ཀྱི་རྐྱེན་མེད་པ་འདི་དག་ལ། ཀིཏ྄་དང་ ངིཏ྄་ཀྱི་རྐྱེན་དབྱངས་ཡིན་པ་རྣམས་ཕ་རོལ་ཏུ་བྱུང་ན། བྱིངས་ཀྱི་མཐའི་ཨཱ་ཡིག་རིང་པོ་ནི་ དབྱི་བར་འགྱུར་རོ། །དེ་ཡང་ཎཔ྄་ཀྱི་བྱ་བ་གོང་དུ་བཤད་ཟིན་དེ་ནི་དང་པོར་པིཏ྄་ཡིན་པའི་ ཕྱིར། ཀིཏ྄་དང་ངིཏ྄་ལ་ཡང་མི་ཐེ་བས་ལོགས་སུ་བཅད་ལ། ཕྱི་མ་འདི་དག་ལ་སྔར་བཤད་ གཞན་རྣམས་ལའང་ཨུ་པ་དྷཱ་དབྱི་བ་ཡོད་པའི་ཕྱིར། དམིགས་གསལ་གྱི་མདོ་འདི་མི་དགོས་ སོ་སྙམ་ན། བྱིངས་ཨཱ་རིང་མཐའ་ཅན་ལ་སྔར་མ་བཤད་པས། དམིགས་གསལ་མཛད་པ་ ཡིན་ཅིང༌། ཆོ་ག་ཐ་དད་པའི་ཕྱིར། དབྱི་བ་ཙམ་དུ་འདྲ་ཡང་ཎཔ྄་དང་ཆབས་ཅིག་ཏུ་མ་བསྟན་ པའོ།༈ །དེ་ལྟར་ན ད་ད་ཏུཿ། ད་དུཿ། ༈ ད་དི་ཐ། ད་དེ་ཐ། ད་དཱ་ཐ། ད་ད་ཐུཿ། ད་ད། ༈ ད་ དཽ། ད་དི་བ། ད་དི་མ་རྣམས་སོ། ༈ །པ་པ་ཏུཿ། པ་པུཿ། ༈ པ་པི་ཐ། པ་པེ་ཐ། པ་པཱ་ཐ། པ་པ་ ཐུཿ། པ་པ། ༈ པ་པཽ། པ་པི་བ། པ་པི་མ་ཞེས་པ་རྣམས་སོ། ། ༈ ན་ཤ་སཱཏྑ་པཱཿ། ཤ་ས་ལས་ཏེ་མ་ཡིན་ཀྱང་ཁ་པའོ། །གོང་དུ་བཤད་པ་ལྟར་ཥྛཱ་དང་ རྣམ་དབྱེ་བཀོད་ནས་ཥྛཱ་སྠཱ་རུ་བསྒྱུར། གཉིས་སུ་འཕེལ། སྔོན་དུ་ཤ་སའི་ཡི་གེ་ཡོད་ལ། ཕྱི་ མར་ཁ་པ་ཡོད་ན། ཁ་པའི་ཡི་གེ་དེ་ཉིད་ལྷག་མར་གནས་ཀྱི། ཤ་སའི་ཡི་གེ་ནི་འཇིག་པར་ 19-1-426 འགྱུར་ཞེས་པ་སྟེ། འདིར་ཡང་ཤ་ས་སོ་སོར་བསྡུ་བའི་ས྄་སྟེང་མ་དང༌། ཁ་པ་སོ་སོར་བསྡུ་ བའི་ཐ་དེའི་འོག་ན་ཡོད་པས་འོག་མ་དེ་ཕྱི་མ་ཡིན་པའི་ཕྱིར། ས྄་འཇིག་ཅིང་ཐཱ་གནས་སོ། ། གཉིས་བརྗོད་སྤྱི་འགྲོས་ཀྱི་དང་པོ་ཐུང་ངུར་ཡང་བསྒྱུར་ཏེ། ཐ་ཡིག་ཁ་པ་ཡིན་པ་དེ་རང་གི་ སྡེ་པའི་དང་པོ་ཀ་པ་ཏ་ཡིག་ཏུ་བསྒྱུར། ཏསྠཱ་ཞེས་སྒྲུབ་པ་དེ་མདོ་ཚིག་འདིའི་དོན་ཡིན་ཡང༌། གོང་དུ་འབྲེལ་ཆགས་པས་བསྒྲུབས་སོ། །ཏསྠ་ཏུཿ། ཏསྠུཿ། ༈ ཏསྠི་ཏ། ཏསྠེ་ཐ། ཏསྠཱ་ཐ། ཏསྠ་ཐུ། ཏསྠ། ༈ ཏསྠཽ། ཏསྠི་བ། ཏསྠི་མ་ཞེས་པ་རྣམས་སོ། ༈ །ཡ་ཡ་ཏུཿ། ཡ་ཡུཿ། ༈ ཡ་ཡི་ཐ། ཡ་ཡེ་ཐ། ཡ་ཡཱ་ཐ། ཡ་ཡ་ཡུ་ཡུཿ། ཡ་ཡ། ༈ ཡ་ཡཽ། ཡ་ཡི་བ། ཡ་ཡི་མ། ཞེས་ པ་རྣམས་སོ། ༈ ཥྞཱ་དག་པར་བྱེད་པ་ལའོ། །ཞེས་པས་ཥྞཱ་བཞག ཕ་རོལ་ཏུ་ཎཔ྄་ཥྞཱ་སྣཱ་རུ་ བསྒྱུར། གཉིས་བརྗོད་དང་པོའི་ཧ་ས་སོགས་ཏེ་གོང་མའི་ན་ཕྱིས། ཐུང་ངུའོ། །ས་སྣཱ་ཎཔ྄་ཌཽ་ སོང་ཌ྄་ཡལ་ཊི་ཕྱིས་དྲངས། ས་སྣཽ། དེ་བཞིན་དུ། ཨཱ་དབྱི་བས་ས་སྣ་ཏུཿ། ས་སྣུཿ། ༈ ས་སྣི་ ཐ། ས་སྣེ་ཐ། ས་སྣཱ་ཐ། ས་སྣ་ཐུཿ། ས་སྣ། ༈ ས་སྣཽ། ས་སྣི་བ། ས་སྣི་མ། ཞེས་པ་རྣམས་ སོ། ༈ ཥྚུཉ྄་བསྟོད་པ་དག་ལའོ། །ཞེས་པས་བྱིངས་ཥྚུཉ྄་བཞག ཉ྄་རྗེས་འབྲེལ་ཕ་རོལ་དུ་ ཡང་ཎཔ྄་བཞག རྐྱེན་དང་ཕྲད་ཙམ་ལ་ཥྚུ་སྟར་བསྒྱུར་བ་སྟུར་སོང་གཉིས་བརྗོད་ཤ་ས་ལས་ ཏེ་མ་ཡིན་ཁ་པའོ། །ཞེས་པས་སྟུ་གོང་མའི་ས྄་ཕྱིས། ཀུ་ཨི་ལ་སོགས་ཀྱི་སྟུ་འོག་མའི་ས་ཥ་ རུ་ལོག དེའི་ནུས་པས་ཏ་ཡང་ཊ་རུ་ལོག མཚམས་དེ་ནས་པིཏྲ་རྐྱེན་དང་ཕྲད་པའི་འཕེལ་བ་ བྱུང༌། ཥྚཽ་ཨཱཔ྄་སོ་སོར་དྲངས་ཏུཥྚཱ་བ། ༈ ཎཔ྄་མ་གཏོགས་དབྱངས་རྐྱེན་ཕ་རོལ་ན་ཡོད་པ་ རྣམས་ལ། ཥྚུའི་ཨུ་ལ་ཡོན་ཏན་དང་འཕེལ་བ་མི་བྱེད། ཨུབ྄་ཅེས་པར་བསྒྱུར་བ་ཡིན། ཏུཥྚུ་ བ་ཏུཿ། ཏུཥྚུ་བུཿ། ༈ ཏུཥྚུ་བི་ཐ། ཡོན་ཏན་བྱེད། ཏུཥྚ་བ་ཐུཿ། ཏུཥྚུ་བ། ཏུཥྚཱ་བ། ཏུཥྚུ་བ། ཏུཥྚུ་བི་ བ། ཏུཥྚུ་བི་མ། ཞེས་པ་རྣམས་སོ། ༈ །ཡང་བྱིངས་འདི་ཨུ་བྷ་ཡ་པ་ཏི་ཡིན་པར་འདོད་པ་ལྟར་ ན། ཏུཥྚུ་བེ་ལ་སོགས་པ་ཡང་སྦྱོར་ཏེ། དྷྭེ་ལ། ཏུཥྚུ་བིདྷྭེའོ། ༈ །ཡ་ཛ་ལྷ་མཆོད་པ་དང༌། འཚོག་ 19-1-427 འདུ་དང་བྱེད་པ་དང་སྦྱིན་པ་རྣམས་ལའོ། །ཞེས་པས་བྱིངས་ཡ་ཛ་ཛའི་ཨ་ཁྱད་དོན། ཡཛ྄་ ཎཔ྄་ཏེ་ཨ་གཉིས་བརྗོད་དང་པོའི་ཧ་ས། ཡ་ཡཛ྄ ཨ་ཞེས་པ་བྱུང༌། ཎ་བཱ་དཽ་པཱུརྦ་སྱ། ཎཔ྄་ སོགས་ལ་དང་པོའི་འོ། །ཡ་ཛ་ལ་སོགས་པ་དང༌། གྲ་ཧ་ལ་སོགས་པའི་བྱིངས་རྣམས་ཕ་རོལ་ དུ་ཎཔ྄་ལ་སོགས་པ་ལིཊ྄་རྐྱེན་བྱུང་བའི་སྐབས་འདིར་བྱིངས་གཉིས་བརྗོད་ཀྱི་ཐོག་མ་དེ། ཡ་ བ་ར་ལ་ཡིན་ན་སམྤྲ་སཱ་ར་ཎ་སྟེ། སླར་ཡང་དག་པར་བསྒྱུར་བ་ཞེས་པར་འགྱུར་རོ། །སྐབས་ འདིར་ཡ་ཡིག་ཨི་ཡིག་ཏུ་བསྒྱུར་རོ། །ཨི་ཡཛ྄་ཞེས་པ་བྱུང༌། ཨུ་པདྷཱ་རིང་པོ། ཛ྄་རྐྱེན་གྱི་ཨ་ ལ་དྲངས། ཨི་ཡཱ་ཛ་སྟེ་གྲུབ། མཆོད་པ་བྱས་སོ། །ས་ཨི་ཡཱ་ཛ་ཛ་ནཱརྡྡ་ནཾ། དེ་མཆོད་པ་བྱེད་ དོ་འགྲོ་བས་མཆོད་པ་ལའོ། །དེ་ཞེས་པ་བྱེད་པོའི་ཚིག མཆོད་བྱེད་ནི་བྱ་བའི་ཚིག འགྲོ་བས་ མཆོད་པ་ནི་ལས་ཀྱི་ཚིག་གོ ༈ །ཡ་ཛཱཾ་ཡ་བ་ར་ཎཱཾ་ཡྦྲྀ་ཏཿསམྤྲ་ས་ར་ཎཾ་ཀི་ཏི། ཡ་ཛ་རྣམས་ཀྱི་ ཡ་བ་ར་རྣམས་ལ་ཨི་ཨུ་རྀཏ྄་རྣམས། སླར་ཡང་དག་པར་བསྒྱུར་ཏེ་ཀིཏ྄་ལའོ། །དེ་ཡང་ཡཛ྄ བཙ྄ སྭ བ྄ བ ཧ྄ བེ་ཉ྄ བྱེཉ྄ ཧྭེཉ྄ བ པ྄ བ ད྄ བ ས྄། ཞེས་པ་བྱིངས་འདི་རྣམས་ནི། ཡཛ྄་ ལ་སོགས་པ་རྣམས་ཏེ། འདི་རྣམས་རྣམ་དབྱེ་པ་རོ་ཀྵ་རྣམས་དང་ཕྲད་པའི་ཚེ། བྱིངས་གཉིས་ སུ་འཕེལ་བའི་སྐབས། ཡ་བ་རི་ཡོད་ན་སྔ་མར་མ་ཟད་གཉིས་ཀར་ལ། སམྤྲ་ས་ར་ཎ་བྱེད་ དོ། །སམྤྲ་ས་ར་ཎ་སྟེ་སླར་ཡང་དག་པར་བསྒྱུར་བ་ཞེས་པའི་དོན་ནི། དང་པོ་ཨི་ཡ྄་དང༌། ཨུ་ བ྄་དང༌། རྀ་ར྄་དང༌། ལྀ་ལ྄་རྣམས་སུ་བསྒྱུར་བ་ལས་ཡང་ཕྱིས་སླར་ལོག་སྟེ། ཡ྄་ཨི་དང་བ྄་ ཨུ་དང་ར྄་རྀ་དང་ལ྄་ལྀ་རྣམས་སུ་འགྱུར་བས་ན་སླར་ཡང་དག་པར་བསྒྱུར་བའོ། །ལྀའི་རྣམ་ འགྱུར་མཁོ་ཆུང་བས་འདིར་དངོས་སུ་མ་སྨོས། ཡ་བ་ར་གསུམ་རིམ་པས་ཨི་ཨུ་རྀ་གསུམ་དུ་ བསྒྱུར་ཏེ། ཕ་རོལ་དུ་ཀིཏ྄་དང་དིཏ྄་ཀྱི་རྣམ་དབྱེ་ཡོད་ནའོ། །དེ་ཡང་ཀི་ངིཏ྄་རྒྱ་ཡན་ལ་གོ་བར་ མི་བྱ་སྟེ། ཎཔ྄་སོགས་ཀྱི་དབང་དུ་བྱས་པའོ། །ཀིཏ྄་ངིཏ྄་ཞེས་ངེས་བཟུང་བྱེད་དགོས་པའི་རྒྱུ་ མཚན། པིཏ྄་ལ་སྐབས་འདིར་གཉིས་བརྗོད་ཀྱི་དང་པོ་ཁོ་ན་ལ། སམྤྲ་ས་ར་ཎ་བྱེད་ཀྱི་གཉིས་ 19-1-428 ཀ་ལ་མ་ཡིན་ཅིང༌། ཀིཏ྄་རྣམས་ལ་གཉིས་ཀ་བྱེད་པས་སོ། །སླར་ཡང་དག་པར་བསྒྱུར་བ་ འདི་ལ་དངོས་སུ་ཡ་ཨིར་བསྒྱུར་ཟེར་བ་སོགས་ལས་མེད་ཀྱང༌། ཡ་སོགས་དབྱངས་དང་ བཅས་པ་ཨི་སོགས་སུ་བསྒྱུར་བ་ཡིན། དེ་ཡང་ཡཱ་སོགས་རིང་པོ་ཨཱི་སོགས་རིང་པོ་དང༌། ཡ་ སོགས་ཐུང་ངུ་ཨི་སོགས་ཐུང་ངུར་བསྒྱུར། ༈ དེས་ན་ཐཔ྄་ཀྱི་ཕྱོགས་གཅིག་དང་ཎཔ྄་གཉིས་ པ་མ་གཏོགས། གཞན་རྣམས་ལ་འདྲ་སྟེ། ཡ་ཛ྄འི་ཕ་རོལ་དུ་ཨ་ཏུས྄་སོགས་རྣམ་དབྱེ་བཞག ཡཛ྄་ཡཛ྄ ཛ྄་གོང་མ་དབྱི། ཡ་གཉིས་ཀ་ཨི་རུ་བསྒྱུར། ཨི་གཉིས་འདྲ་བ་རིང་པོར་མཚམས་ སྦྱར། ཨཱིཛ྄་ཞེས་འབྱུང་བ་གྲུབ་པར་བྱས་ནས་སོ་སོར་བསྒྲུབ་སྟེ། ཨཱི་ཛ་ཏུཿ། ཨཱི་ཛུཿ། ༈ ཨཱི་ ཛི་ཐ། པིཏ྄་ཨིཏ྄་ཡོད་པའི་ཕྱོགས་ལ། ཨི་ཡ་ཛི་ཐ། ཨིཊ྄་མེད་པ་ལ་བྱིངས་ཀྱི་ཛ྄་ཥ྄་རུ་སོང༌། རྐྱེན་གྱི་ཐ་ཋ་རུ་སོང༌། ཨི་ཡཥྛ། ཨཱི་ཛ་ཐུཿ། ཨཱི་ཛ། ༈ ཨི་ཡཱ་ཛ། ཡང་ན་ཨི་ཡ་ཛ། ཨཱི་ཛི་བ། ཨཱི་ ཛི་མ། པ་རསྨཻ་རྣམས་སོ། ༈ །ཨཱི་ཛེ། ཨཱི་ཛཱ་ཏེ་ཨཱི་ཛི་རེ། ༈ ཨཱི་ཛི་ཥེ། ཨཱི་ཛཱ་ཐེ། ཨཱི་ཛི་དྷྭེ། ༈ ཨཱི་ཛི་བ་ཧེ། ཨཱི་ཛི་མ་ཧེ། ཞེས་པ་ཨཏྨ་ནེ་རྣམས་སོ། ༈ །བཙ྄་ཡོངས་སུ་བརྗོད་པ་ལའོ། །ཞེས་ པས་བྱིངས་བ་ཙ྄་ཕ་རོལ་དུ་ཎཔ྄་ཨ་གཉིས་བརྗོད། ཙ྄་སྔ་མ་ཡལ། བ་དང་པོ་སཾ་པ྄་ར་ས་ཎ་ སྟེ་ཨུར་སོང༌། ཨུ་པ་དྷཱ་རིང་པོ། ཙ྄་དྲངས། ཨུ་བཱ་ཙ། ༈ བཙ྄ ཨ་ཏུས྄་གཉིས་བརྗོད། ཙ྄་གོང་ ཡལ་བ་གཉིས་ཨུ། འདྲ་བ་རིང་། ཨཱུ་ཙ྄་དྲངས་པས ཨཱུ་ཙ་ཏུཿ། ༈ དེ་དང་འདྲ་བར། ཎཔ྄་མི་ ཐེ་བའི་དབྱངས་དང་བ་མ་ཐཔ྄་ཀྱི་ཕྱོགས་གཅིག་རྣམས་ལ་ཨཱུ་ཙུཿ། ཨཱུ་ཙི་ཐ། ༈ ཨཱུ་ཙ་ཐུཿ། ༈ ཨཱུ་ཙ། ༈ ཨཱུ་ཙི་བ། ༈ ཨཱུ་ཙི་མ། ༈ ཐཔ྄་ཀྱི་སྒྲུབ་ཚུལ་གཞན་ལ་ཨུ་བ་ཙི་ཐ་ཞེས་པའམ། ཙ་ ཡི་ཀུའོ་ཞེས་པས་ཙ་ཀ་རུ་བསྒྱུར་བ་ཐ་ལ་དྲངས་ཨུ་བཀྠ། ༈ ཎཔ྄་ཕྱི་མ་ལ་ཨུ་བཱ་ཙའམ། ཨུ་ བ་ཙའོ། ༈ བྲཱུཉ྄་གསལ་བར་བརྗོད་པ་ལའོ། །ཞེས་པས་བྱིངས་བྲཱུཉ྄་བཞག བྲཱུ་ཉོ་བ་ཙི། བྲཱུ་ ཉའི་བ་ཙའོ། །བྱིངས་བྲཱུཉ྄་ལ་རྐྱེན་ལྐོག་གྱུར་གྱི་རྣམ་དབྱེ་བྱིན་ན། བྲཱུཉ྄་བ་ཙ྄ར་བསྒྱུར་དགོས་ ཏེ། ཨཔ྄་བྱིན་པའི་ཤུལ་མ་ཡིན་པའི་དབང་དུ་བྱས་པའོ། ། 19-1-429 ༈ བྲཱུ་ཎཔ྄་བཞག བ་ཙ྄ར་བསྒྱུར། གཉིས་བརྗོད། ཙ་དང་པོ་ཕྱིས། བ་དང་པོ་ཨུ། ཨུ་ པ་དྷཱ་དྲངས། ཨུ་པཱ་ཙ། ༈ གཞན་དེ་དང་འདྲ་བ་ལས་བ་གཉིས་ཀ་ཨུ་རུ་བསྒྱུར། འདྲ་རིང་ཨཱུ་ ཙ་ཏུཿ། ཨཱུ་ཙུཿ། ༈ ཨཱུ་ཙི་ཐ། ཨུ་ཙ་བི་ཐ། ཨུ་བཀྠ། ཨཱུ་ཙ་ཐུཿ། ཨཱུ་ཙ། ༈ ཨུ་བཱ་ཙ། ཨཱུ་བ་ ཙ། ཨཱུ་ཙི་བ། ཨཱུ་ཙི་མ། ༈ ཨཱུ་ཙེ། ཨཱུ་ཙཱ་ཏེ། ཨཱུ་ཙི་རེ། ༈ ཨཱུ་ཙི་ཥེ། ཨཱུ་ཙཱ་ཐེ། ཨཱུ་ཙི་དྷྭེ། ༈ ཨཱུ་ ཙེ། ཨཱུ་ཙི་བ་ཧེ། ཨཱུ་ཙི་མ་ཧེ། ཞེས་པ་རྣམས་སོ། །འདི་དང་གོང་མ་གཉིས་བྱིངས་མི་གཅིག་ ཀྱང༌། ཕྱི་མ་བ་ཙ྄ར་བསྒྱུར་བས། དང་པོ་དགུ་ལ་གཟུགས་འདྲའོ། ༈ །ཉི་ཥྭཔ྄་ཉལ་བ་ལའོ་ ཞེས་པས་བྱིངས་ཉི་ཥྭཔ྄་བཞག ཉི་རྗེས་འབྲེལ། ཥྭ་པ྄་ཎཔ྄་བཞག ཥྭ་སྭ་རུ་བསྒྱུར། གཉིས་ བརྗོད། སྭཔ྄་སྭཔ྄། པ྄་གོང་མ་ཕྱིས། སྭ་གོང་མའི་བ་ཡིག་ཨུ་རུ་བསྒྱུར་བས་སུ་ཞེས་པ་བྱུང༌། སུ་ཨི་ལའི་མཐའ་ཡིན་པས། ཀུ་ཨི་ལ་སྭ་ཞེས་པ་དེ་ཥྭ་རུ་སླར་ལོག ཨུ་པ་དྷཱ་རིང་པོའོ། །དྲངས སུ་ཥྭཱ་པ། ༈ ལྷག་མ་རྣམས་ལའང་གཞན་དེ་དང་འདྲ་བ་ལས། སྭ་སྭ་ཞེས་པའི་བ་ཟུར་གཉིས་ ཀར་ཨུ་རུ་བསྒྱུར། སུ་སུ་དེ་རྗེས་སུ་ཥུ་ཞེས་པ་འབྱུང༌། ཨུ་པ་དྷཱ་རིང་པ་མི་བྱེད་པ་ཁྱད་པར་རོ། ། སུ་ཥུ་པ་ཏུཿ། སུ་ཥུ་པུཿ། ༈ སུ་ཥུ་པི་ཐ། སུ་ཥྭ་པི་ཐ། སུ་ཥྭ་པྠ། སུ་ཥུ་པ་ཐུཿ། སུ་ཥུ་བ། ༈ སུ་ ཥྭཱ་པ། སུ་ཥྭ་པ། སུ་ཥུ་པི་བ། སུ་ཥུ་པི་མ། སུ་ཥྭཱ་པ། སུ་ཁཾ་ས་ཁཱ། ཉོལ་ཞིག་བདེ་བར་གྲོགས་ པོའོ། །ཞེས་སོ། །ཉོལ་ཞིག་ནི་བྱ་བ། བདེ་བར་ནི་ལས་ཡིན་ཟེར་ཡང་བྱེད་པ་ཡིན། གྲོགས་ པོ་ནི་བྱེད་པ་པོའོ། ། ༈ ནུ་ག་ཤཱཾ། ནུཀ྄་ཨ་ཤ་རྣམས་ལའོ། །ཨ་ཤ་ཞེས་པ་ནི། བྱིངས་ཨ་ཤུད྄་སྟེ། དེ་ལ་སོགས་ པ་བྱིངས་མང་པོ་ཞིག་ལ་ཎཔ྄་སོགས་ཕ་རོལ་དུ་བྱུང་བ་ན། བྱིངས་གཉིས་སུ་བརྗོད་པའི་དང་ པོའི་མཐར་ནུཀ྄་ཨཱ་ག་མ་སྟེར་རོ། །ཀ྄་དགོས་དོན། ཨུ་བརྗོད་དོན། རྐྱེན་ན྄་ཉིད་དོ། །ཨ་ཤཱུད྄་ ཁྱབ་པར་བྱེད་པ་ལའོ། །ད྄་ནི་ཨཱཏྨ་ནེ་པ་ཏིའི་ཁྱད་དོན་ནོ། །འདི་ལ་ཎཔ྄་སོགས་ཀྱི་ཨཏྨ་ནེའི་ རྐྱེན་ཁོ་ན་འཇུག་སྟེ། ཕ་རོལ་དུ་ཨེ་སོགས་དགུ་པོ་དག་ལས་གཅིག་བཞག བྷུ་ཨ་དག་གི་ 19-1-430 ཎཔ྄་སོགས་ལ་ཨཱའོ། །ཞེས་གཉིས་བརྗོད་ཀྱི་དང་པོ་རིང་པོར་བསྒྱུར་བ་དང༌། སྔོན་དུ་ཉེར་ བསྒྱུར་བ྄ི་དང་ཨཱང྄་གཉིས་འཇོག་པ་ཁྱད་པར་ཏེ། དེ་ཡང་ཨ་ཤ྄་ཨེ་ཞེས་པ་བཞག བྱིངས་ གཉིས་བརྗོད། དང་པོའི་ཧ་ས་སོགས་ཐོག་མའི་ཤ྄་ཕྱིས། བྷཱུ་ཨ་སོགས་ཨ་དང་པོ་ཐུང་ངུ་དེ་ ཨཱ་རིང་པོར་སོང༌། བར་དེར་ནུཀ྄་ཨཱ་ག་མ་བྱིན། ཐོག་མར་བི་དང་ཨཱང྄་བཞག ང྄་སོང་ཨཱ་ གཉིས་འདྲ་བ་མཚམས་སྦྱར་བི་ཞེས་པའི་ཨི་ནི་ཡ྄་རུ་སོང༌། བ྄ཡ྄་དབྱངས་མེད་ཨཱ་ལ་དྲངས། ན྄་དབྱངས་མེད་འོག་གི་ཨ་ཐུང་ལ་དྲངས། ཤ྄་དབྱངས་མེད་ཨེ་ལ་དྲངས། བྱཱ་ན་ཤེ། ཞེས་པ་ གྲུབ་བོ། །དཔེར་བརྗོད་ངག་ཏུ་བཀོད་པ་ནི། བྱཱ་ན་ཤེ་བི་ཤྭཾ་བྷ་ག་ཝཱན྄། སྣ་ཚོགས་རྣམས་ལ་ ཁྱབ་བྱེད་བཅོམ་ལྡན་ནོ། ༈ །དེ་བཞིན་དུ་ཕྱི་མ་རྣམས་ལ་བྱཱ་ན་ཤཱ་ཏེ། བྱཱ་ན་ཤི་རེ། ༈ བྱཱ་ན་ ཤི་ཥེ། བ་བྱཱ་ན་ཤཱ་ཐེ། བྱཱ་ན་ཤི་དྷྭེ། ༈ བྱཱ་ན་ཤེ། བྱཱ་ན་ཤི་བ་ཧེ། བྱཱ་ན་ཤི་མ་ཧེ་ཞེས་པ་རྣམས་ སོ། ༈ །ཨཉྫུ་གསལ་བ་དང༌། མི་སྨན་དང༌། མཛེས་པ་དང་འགྲོ་བ་རྣམས་ལའོ། །ཞེས་པས་ བྱིངས་ཨཉྫུ་བཞག ཨཱུ་བྱ་དོན་རེ་ཞིག་ཉ྄་ཛ྄་དང་ཕྲལ་བས་ན྄་རུ་སོང་ན྄་ཀླད་སྐོར་དུ་བསྒྱུར་ ནའང་ཆོག་བྱེད་བླ་བས་ལེགས། ཕ་རོལ་ཏུ་ཎཔ྄་སྟེ་ཨ་བཞག གཉིས་བརྗོད། དང་པོའི་ཧ་ ས་དབྱི་བ་ལ་ཛ྄་སྔ་མ་དང༌། ཨའི་མཐའ་བརྟེན་དུ་ན྄་ཉ྄་ང་རོ་གང་ཡོད་ཀྱང་ཕྱིས། ཨ་གོང་མ་ རིང་པོ། ཨ་གཉིས་ཀྱི་བར་དུ་ནུཀ྄་ཨཱ་ན྄་ཨཾ་ཛ྄་ཨ་ཞེས་པ་རྣམས་བྱུང༌། ན྄་དང་ཛ྄་སོ་སོར་ཨ་ ལ་དྲངས་པས། ཨཱ་ནཾ་ཛ་ཞེས་པ་གྲུབ། དེའི་དོན་ནི་གསལ་བར་བྱས་སོ། །མིག་སྨན་བྱུགས་ སོ། །མཛེས་པར་གྲགས་སོ། །ཕྱིན་ནོ། །ཞེས་པ་རྣམས་ལ་འཇུག །ཨཱ་ནཾ་ཛཱ་ཀྵི་ཎཱི་ཀཛྫ་ལེ་ན་ཀཱ་ ཙི་ཏ྄། མིག་སྨན་གྱིས་མིག་ལ་བྱུགས་སོ་ཁ་ཅིག་གོ །ཞེས་པ་ངག་ཏུ་སྦྱར་བའོ། ༈ །དེ་བཞིན་ དུ་ཨཱ་ནཾ་ཛ་ཏུཿ། ཨཱ་ནཾ་ཛུཿ། ༈ ཨཱ་ནཾ་ཛི་ཐ། ཨཱ་ནཾ་ཛ་ཐུཿ། ཨཱ་ནཾ་ཛ། ༈ ཨཱ་ནཾ་ཛ། ཨཱ་ནཾ་ཛི་བ། ཨཱ་ནཾ་ཛི་མ། པ་ར་སྨཻ་རྣམས་སོ། །ཨཱ་ནཾ་ཛེ། ཨཱ་ནཾ་ཛཱ་ཏེ། ཨཱ་ནཾ་ཛི་ཏེ། ༈ ཨཱ་ནཾ་ཛི་ཥེ། ཨཱ་ནཾ་ཛཱ་ ཐེ། ཨཱ་ནཾ་ཛི་དྷྭེ། ༈ ཨཱ་ནཾ་ཛེ། ཨཱ་ནཾ་ཛི་བ་ཧེ། ཨཱ་ནཾ་ཛི་མ་ཧེ། ཨཏྨ་ནེ་རྣམས་སོ། །ཨ་རྩ་མཆོད་ 19-1-431 པ་བྱེད་པ་ལའོ། །ཙའི་དབྱངས་ཨ་ནི་གཉིས་དོན་ནོ། །ཨརྩ྄ ཎཔ྄་གཉིས་བརྗོད། དང་པོའི་ ཧ་ས་ར྄་དང་ཙ྄་གཉིས་ཀར་དབྱི་ནུས྄་ཐོག་མ་རིང་། ཨཱན྄་ཨརྩ྄་ཨ་ཞེས་པ་བྱུང༌། དྲངས་ཨཱ་ན་ རྩ། མཆོད་པ་བྱས་སོ། །དེ་བཞིན་དུ། ཨཱ་ན་རྩ་ཏུཿ། ཨཱ་ན་རྩུཿ། ༈ ཨཱ་ན་རྩི་ཐ། ཨཱ་ན་རྩ་ཐུཿ། ༈ ཨཱ་ན་རྩ། ༈ ཨཱ་ན་རྩ། ཨཱ་ན་རྩི་བ། ཨཱ་ན་རྩི་མ་རྣམས་སོ། ༈ །ཡང་ཨཱ་ན་རྩེ། ཨཱ་ནཱ་རྩཱ་ཏེ། ཨཱ་ན་རྩི་ཏེ། ཞེས་པ་ལ་སོགས་པ་རྣམས་ཀྱང་གོ་སླའོ། ༈ །ཙིཉ྄་གསོག་པ་ལའོ། །ཞེས་པས་ བྱིངས་ཙི་ཉ྄ ཉ྄་རྗེས་འབྲེལ། བཱ་རྟི་ཀ་ལས། ཙིཉ྄་ཡི་ས་དང་ཎ་སོགས་དག་གི་ཀི་ཉིད་ཡང་ ནའོ། །ཞེས་འགྲེལ་པར་ལུང་དྲངས་ཏེ། ཙི་ནི་ཀི་རུ་བསྒྱུར་བ་ཡིན་ནོ། །འདི་ལ་ཉེར་བསྒྱུར་ནི་ ར྄་སྔོན་དུ་འཇོག་པ་ཡང་ཁྱད་པར་རོ། །ཙི་ཎཔ྄་བཞག ཙི་ཀི་རུ་བསྒྱུར། གཉིས་བརྗོད ཀི་ དང་པོ་སླར་ཡང་ཙི་རུ་ལོག སྔོན་དུ་ནིར྄་བཞག ར྄་རྣམས་བཅད། དེ་ས྄ དེ་ཡང་ཤ྄ར་གྱུར་ པ་ཙ་ལ་དྲངས། ཀི་ཕྱི་མ་ལ་འཕེལ་བ་བྱུང་། ཨཱཡ྄ དྲངས། ནི་ཤྩི་ཀཱ་ཡ། ངག་ཏུ་བཀོད་པའི་ དཔེར་བརྗོད་ནི། ནི་ཤྩི་ཀཱ་ཡ་ཙི་རཾ་རཱ་ཛཱ། རིང་དུ་གནས་པར་གྱུར་ཅིག་རྒྱལ་པོའོ། ༈ །དེ་ བཞིན་དུ། ཨ་ཏུས྄་སོགས་དབྱངས་དང་པོ་ཅན་དང༌། ཨིཊ྄་ཡོད་པ་རྣམས་ལ་བྱིངས་མཐའ་ ཀི་ཡི་ཨེ་དེ་ཡར་བསྒྱུར་ཞིང་མཚམས་སྦྱར་བས། ཀྱ་ཡིག་ཏུ་འགྲོ་བ་ཡིན། དེ་ལ་སྲོག་ཏུ་གང་ བཅུག་པའི་རྣམ་འགྱུར་འབྱུང་བ་ཤེས་དགོས། ཐཔ྄་ལ་ཨིཊ྄་མེད་ན་ཡོན་ཏན་ཙམ་དང༌། ཡོད་ པའི་ལུགས་རྣམ་གྲངས་ཅིག་ལ་ཡོན་ཏན་ཨ་ཡ྄ར་བསྒྱུར་བ་དང༌། ཎཔ྄་ཕྱི་མ་ལ་ཡོན་ཏན་ དང་འཕེལ་བ་གདམ་ཁའོ། །ནི་ཤྩི་ཀྱ་ཏུཿ། ནི་ཤྩི་ཀྱུཿ། ༈ ནི་ཤྩི་ཀྱི་ཐ། ནི་ཤྩི་ཀ་ཡི་ཐ། ནི་ཤྩི་ ཀེ་ཐ། ནི་ཤྩི་ཀྱ་ཐུཿ། ནི་ཤྩི་ཀྱ། ༈ ནི་ཤྩི་ཀཱ་ཡ། ནི་ཤྩི་ཀ་ཡ། ནི་ཤྩི་ཀྱི་བ། ནི་ཤྩི་ཀྱི་མ་ཞེས་ པ་རྣམས་ཏེ་ཁ་ཅིག་འདི་ཡང་གཉིས་དོན་གྱི་ཚིག་ཅན་དུ་འདོད་པས། ནི་ཤྩི་ཀྱེ་ལ་སོགས་པ་ ཡང་སྦྱོར་ཏེ། དེའི་ཚེ་དྷ་ཡང་ཌྷའོ་གཞུང་ལས་ནི་པ་ར་སྨཻའི་རྐྱེན་ཁོ་ན་བཤད་དོ། ༈ །བྱིངས་ འདི་ལ་ཙི་ཞེས་པ་ཀི་རུ་མ་བསྒྱུར་ན། ནིར྄་ཡང་མི་བྱེད། ཏེ་ཙི་ཙེ་ཅེས་པ་དང༌། ཙི་ཕྱི་མ་ལ་ཨི་ 19-1-432 ཡོན་ཏན་དང་འཕེལ་བ་དང༌། ཡ྄ར་བསྒྱུར་པའི་ཁྱད་པར་སྤྱི་དང་འདྲ་བ་ཉིད་དེ། ཙི་ཙཱ་ཡ་ཙི་ ཙྱ་ཏུཿ། ཙི་ཙྻུཿ། ༈ ཙི་ཙྱི༌། ཙི་ཙེ༌། ཙི་ཙྱ་ཐུཿ། ཙི་ཙྱ། ༈ ཙི་ཙཱ་ཡ། ཙི་ཙ་ཡ། ཙི་ཙི་བ། ཙི་ཙི་ མ་ཞེས་པ་ལ་སོགས་པའོ། ༈ གྲ་ཧ྄་ཉེ་བར་འཛིན་པ་ལའོ། །ཞེས་པས་གྲ་ཧཱ། ཎཔ྄་ཞེས་པ་ བཞག གཉིས་བརྗོད་ཧ྄་སྔ་མ་ཕྱིས་གྲ་གོང་མའི་ག་ཡིག་ཛ་ཡིག་ཏུ་བསྒྱུར། ཛ྄་ག྄་ཧ྄ ཛ་ཡི་ར་ བཏགས་ར་རུ་ལོག་སྟེ། སསྨྤྲ་ས་ར་ཎ་ཡིན་པས་དབྱངས་ཨ་དང་བཅས་པ་བསྒྱུར་བའོ། །སླར་ ཡང་རྀ་ཨ། ཨུ་པ་དྷཱ་རིང༌། དྲངས། ཛ་གྲཱཧ྄། ཞེས་པ་གྲུབ། ཕྱི་མ་རྣམས་ལ་ཛ྄་དང་གྲ་གཉིས་ ཀའི་ར་ལ་སམྤྲ་སཱ་ར་ཎ་བྱེད། གཞན་སྔ་མ་བཞིན་ཏེ། ཛ་གྲྀ་ཧ་ཏུཿ། ཛ་གྲྀ་ཧུཿ། ༈ ཛ་གྲྀ་ཧི་ཐ། ཛ་གྲ་ཧི་ཐ། ཛ་གྲྀ་ཧ་ཐུཿ། ཛ་གྲྀ་ཧ། ༈ ཛ་གྲཱ་ཧ། ཛ་གྲ་ཧ། ཛ་གྲྀ་ཧི་བ། ཛ་གྲྀ་ཧི་མ། ཞེས་ པ་རྣམས་སོ། །འདི་ལའང་ཁ་ཅིག་ཨེ་སོགས་སྦྱོར་ཟེར། ༈ བྱེཉ྄་གནོན་པ་ལའོ། །ཞེས་པས་ བྱིངས་བེཉ྄་བཞག ཉ྄་རྗེས་འབྲེལ། ཕ་རོལ་ཏུ་ཎཔ྄། གཉིས་བརྗོད་ཧ་ས་དབྱི། ཉེར་བསྒྱུར་ སཾ་སྔོན་དུ་བཞག སླར་ཡང་དག་པར་བསྒྱུར་བས་བྱེ་དང་པོའི་ཡ་ཨེ་དང་བཅས་པ་ཨི་རུ་སོང་ སྟེ་བི་རུ་གྱུར། བྱེ་ཕྱི་མ་ལ་འཕེལ་བ། ཨཱ་ཡ། སཾ་བི་བྱཱ་ཡ། ཞེས་པ་གྲུབ། སཾ་བི་བྱཱ་ཡ་སྭཱ་ཛྙུཾ་ནཾ་ སུ་ཛྙཿ། ལེགས་པར་ཤེས་པས་ཡང་དག་པར་གནོན་པར་བྱེད་དོ། །རང་གི་མི་ཤེས་པ་རྣམས། ཞེས་པའོ། །ཕྱི་མ་རྣམས་ལ་བྱེ་ཕྱི་མ་ཡང༌། སླར་ཡང་དག་པར་བསྒྱུར་བས་བི་རུ་བསྒྱུར། བི་ ཕྱི་མའི་ཨི་ནི་ཡ་དབྱངས་མེད་དུ་བསྒྱུར་བ་སོགས་སྔར་བཤད་པ་རྣམས་ཀྱིས་རིགས་འགྲེ་སྟེ། སཾ་བི་བྱཱ་ཏུཿ། སཾ་བི་བྱུཿ། སཾ་བི་བྱི་ཐ། སཾ་བི་ཡི་ཐ། སཾ་བི་བྱེ་ཐ། སཾ་བི་བྱ་ཐུཿ། སཾ་བི་བྱ། ༈ སཾ་བི་བྱཱ་ཡ། སཾ་བི་བྱ་ཡ། སཾ་བི་བྱི་བ། སཾ་བི་བྱི་མ། ༈ སཾ་བི་བྱེ། སཾ་བི་བྱཱ་ཏེ། སཾ་བི་བྱི་ཏེ། ༈ སཾ་བི་བྱི་ཥེ། སཾ་བི་བྱི་ཐེ། སཾ་བི་བྱ་དྷྭེ། ༈ སཾ་བེ་བྱེ། སཾ་བི་བྱི་བ་ཧེ། སཾ་བི་བྱི་མ་ཧེ་ཞེས་པ་ རྣམས་སོ། ༈ །བེཉ྄་ཐགས་ཀྱི་སྤུན་བསྒྱུར་བ་ལའོ། །ཞེས་པས། བེ་བཞག ཎཔ྄་ཕ་རོལ། བེ་ ཉོ་བ་ཡ་ན་བི། བེཉ྄འི་བ་ཡ྄་ཨཔ྄་མེད་པ་ལའོ། །ཨཔ྄་བི་ཀཱ་ར་ཎའི་ཡུལ་མ་ཡིན་པའི་བེཉ྄འི་ 19-1-433 བྱིངས་ནི་བ་ཡ྄ར་བསྒྱུར་བ་སྟེ། དེ་ཡང་ཉ྄་རྗེས་འབྲེལ་ཕྱིས་པས། བེ་ཁོ་ན་བ་ཡ྄འོ། །གཉིས་ བརྗོད། ཐོག་མའི་ཧ་ས་ཡལ། བ་དང་པོ་སླར་ཡང་དག་པར་བསྒྱུར་བས་ཨུ་སྟེ། ཨུ་བ་ཡ྄་ཨ་ ཞེས་པ་བྱུང༌། ཨུ་པ་དྷཱ་རིང༌། དྲངས། ཨུ་བཱ་ཡ། ཕྱི་མ་རྣམས་ལ་བ་འོག་མ་ཡང་ཨུར་བསྒྱུར། འདྲ་བ་རིང་ཨུ་ཡ་ཏུཿ། ཨཱུ་ཡུཿ། ༈ ཨཱུ་ཡི་ཐ། ཨུ་བ་ཡི་ཐ། ཨཱུ་ཡ་ཐུཿ། ཨཱུ་ཡ། ༈ ཨུ་བཱ་ཡ ཨུ་བ་ ཡ ཨཱུ་ཡི་བ ཨཱུ་ཡི་མ་ཞེས་པ་རྣམས་སོ། །འདི་ལའང་ཁ་ཅིག་ཨཱུ་ཡེ་སོགས་དང་དྷ་ཌྷ་སྦྱོར་བར་ འདོད་དོ། ༈ །བྱཱ་དྷ་རྡུང་བཏགས་ལའོ། །ཞེས་པས་བྱིངས་བྱཱ་དྷ། དྷའི་དབྱངས་ཨ་ཡིག་བརྗོད་ དོན། ཕ་རོལ་ཏུ་ཎཔ྄་བཞག བྱིངས་གཉིས་བརྗོད། ཐོག་མའི་ཧ་ས་ཕྱིས། བྱ་གྱི་ཡ་བཏགས་ སླར་ཡང་དག་པར་བསྒྱུར་བས་ཨི་རུ་སོང་བས་བི་བྱུང༌། ཨུ་པ་དྷཱ་རིང༌། དྷྲ་ཨ་ལ་དྲངས། བི་བྱཱ་ དྷ། ཨཱ་ཏུས྄་སོགས་ལ་བྱ་གཉིས་ཀར་ལ་སཾ་པྲ་ས་ར་ཎ་བྱེད་པ་ཤས་ཆེ་སྟེ། བི་བིདྷ྄་ཞེས་འབྱུང་ བ་བློ་ལ་བཞག་སྟེ། བི་བི་དྷ་ཏུཿ། བི་བི་དྷུཿ། ༈ བི་བི་དྷི་ཐ། བི་བྱ་དྷི་ཐ་ཡང་ནའོ། །བི་བི་དྷ་ ཐུཿ། བི་བི་དྷ། ༈ བི་བྱཱ་དྷ། བི་བི་དྷི་བ། བི་བི་དྷི་མ་རྣམས་སོ། ༈ །པྲ་ཚ྄་ཤེས་པར་འདོད་ པ་ལའོ། །ཞེས་པས་བྱིངས་པྲ་ཚ྄་ཎཔ྄་བཞག གཉིས་བརྗོད་དང་པོའི་ཧ་ས་སོགས་ཚ྄་གོང་མ་ དང༌། པ྄་ཐོག་མའི་ར་བཏགས་ཕྱིས། ཚ྄་ཕྱི་མ་ཨ་ལ་དྲངས། པ་པྲ་ཙྪ། པ་པྲ་ཙྪ་ཏུཿ། པ་པྲ་ཙྪུཿ། ༈ པ་པྲཙྠི་ཐ། ཡང་ན། ཚ྄་ཥ྄ ཐ་ཋ་བྱིངས་ཀྱི་ཥ྄་རྣམ་དབྱེའི་ཋ་ལ་དྲངས། པ་པྲ་ཥྛ། པ་པྲ་ཙྪ་ ཐུཿ། པ་པྲ་ཙྪ། པ་པྲ་ཙྪ། ༈ པ་པྲ་ཙྪི་བ། པ་པྲ་ཙྪི་མ། ཞེས་པ་རྣམས་སོ། །སཾ་ཡོ་གཱནྣ་ཀི་ཏྭ། རབ་སྦྱོར་མཐའ་ལས་ ཀིཏ྄་མ་ཡིན་ནོ། །པ་རོ་྅་ཀྵའི་རྐྱེན་གྱི་སྐབས་འདིར། གསལ་བྱེད་རབ་སྦྱོར་གྱི་མཐའ་ལས། ཕ་རོལ་ཕྱི་མར་བྱུང་བའི་ཎཔ྄་སོགས་རྐྱེན་བཅོ་བརྒྱད་ནི། ཀིཏ྄་ཀྱི་ཐ་སྙད་མི་བྱེད་ཏེ། སམྤྲ་ ས་ར་ཎ་ཡང་མེད་འཕེལ་བ་དང་ཡོན་ཏན་གྱི་རྣམ་འགྱུར་གང་ཡང་མི་བྱེད་པའོ། །དེའི་དཔེར་ བརྗོད་ནི་བཤད་མ་ཐག་པའི་པྲ་ཚ྄་ཉིད་ཡིན་ཏེ། པྲ་ནི་གསལ་བྱེད་རབ་སྦྱོར་ཡིན་ཅིང༌། སླར་ 19-1-434 ཡང་དག་པ་བསྒྱུར་བ་དང༌། ཡོན་ཏན་དང་འཕེལ་བ་མི་བྱེད་པའི་{ཆོ་ག་[ཚོགས་]སྔར་ བཤད་པ་ཡིན་པས་སོ། ༈ །ཡང་པརྟི་ཀའི་ལུང་དྲངས་པ། མཐོ་མཚམ་དང་ཡང་ཡང་དག་གི་ དོན་ལ་ལོཊ྄་གྱི་སྐྱེས་བུ་དབུས་མའི་གཅིག་ཚིག་གི་མཐའ་ཚིག་ཕྲད་ཉིད་དོ། །ཞེས་འབྱུང་བའི་ མཐོ་མཚམ་པའི་གནོད་པ་ནི། དབང་ཆེ་རྔན་ཅན་གྱི་དོན་ཏེ། དེ་དང་ཡང་ཡང་གི་དོན་ལ། པ་ རོ྅ཀྵའི་རྐྱེན་ཎཔ྄་བྱིན་པ་ནི་ཚིག་ཕྲད་ཀྱི་སྒྲུབ་པས་ལོཊ྄་ཏེ་ཤིས་བྱེད་ཀྱི་སྐྱེས་བུ་དབུས་མའི་ གཅིག་ཚིག་ཧི་ཞེས་པར་ཨཱ་དེ་ཤ་བྱེད་ཏེ། དེ་ནས་གཅིག་ཚིག་དེའི་མཐའ་ཅན་དུ་འགྱུར་རོ། ། དཔེར་བརྗོད་ནི། སྐམ་དྷིར྄་འགྲོ་བ་དང་མྱ་ངན་དག་ལའོ། །ལཱུཉ྄་གཅོད་པ་ལའོ། །མུཥ྄་རྐུན་ པོ་ལའོ། །ཧྲྀཉ྄་འཕྲོག་པ་ལའོ། །ཞེས་པ་སྟེ་བྱིངས་བཞི་པོ་འདི་དག་ལ་འཇུག ༈ དེ་ཡང་སྐཾ་ དྷིར྄་ཎཔ྄་དྷའི་ཨིར྄་རྗེས་འབྲེལ། ཎཔ྄་ཧི་རུ་བསྒྱུར། བྱེད་པ་པོ་ལ་ཨཔ྄འོ། །སྐཾ་དྷ྄་ཨ་ཧི་ ཞེས་བྱུང༌། ཉེར་བསྒྱུར་ཨ་བ་སྔོན་དུ་བཞག ཧི་འཇིག ཨ་བ་སྐནྡྷ་ཞེས་པ་གྲུབ། ༈ ལཱུཉ྄་ཎཔ྄་ ཉ྄་རྗེས་འབྲེལ་ཎཔ྄་ཧི་རུ་བསྒྱུར། ནཱ་བི་ཀ་ར་ཎ་བྱུང༌། ནའི་དབྱངས་ཨཱ་རིང་པོ་ནི་ཨཱི་རིང་པོར་ བསྒྱུར། ལཱུ་ནཱི་ཧི། ཞེས་སོ། ༈ །མུ་ཥ྄་ཎ་པྲ་ཧི་རུ་བསྒྱུར། བར་རྐྱེན་ཨཱ་ན་བི་ཀཱ་ར་ཎའོ། ༈ ཥ྄་ ཨ་ལ་དྲངས། ན་ཎ་རུ་སོང༌། ཧི་འཇིག མུ་ཥཱ་ཎ། ༈ ཧྲྀ་ཎཔ྄ ཧི་རུ་བསྒྱུར། ཨཔ྄ ཧྲྀ་ཡི་རྀ་ཡིག་ ཡོན་ཏན་ཧར྄་དྲངས། ཧི་འཇིག ཧ་ར་ཞེས་སོ། ༈ །བཞི་པོ་དེ་དཔེར་བརྗོད་ཀྱི་ངག་མ་གྷའི་ སྙན་ངག་གི་གཞུང་ལས་ལུང་དྲངས་པ་ནི། པཱུ་རཱི་མ་བ་སྐནྡྷ་ལཱུ་ནཱི་ཧི་ནནྡ་ནཾ། མུ་ཥཱ་ཎ་རཏྣཱ་ནི་ཧ་ རཱ་མ་རཱཾ་ག་ནཱཿ། བི་གྲྀ་ཧྱ་ཙ་ཀྲེ་ཎ་མུ་ཙི་དྭི་ཥཱ་བཱ་ཤཱི་ཡ། ཨིཏྠ་མཤྩཱ་སྠ་ཡ་མ་ཧརྣི་ཤཾ་དི་བཿ། གྲོང་ ཁྱེར་དུད་མོ་ཅན་དང་དགའ་བའི་ཚལ་རྣམས་གཅོད། །རིན་ཆེན་རྣམས་བརྐུས་འཆི་མེད་ཡན་ ལག་མ་རྣམས་ཕྲོགས། །མཐོ་མིན་སྡང་བྱེད་མཁའ་ལ་ཉིན་དང་མཚན་མོར་ནི། །དབང་གི་ གནོད་པ་འདི་འདྲ་བྱེད་དེ་ངལ་གསོ་མེད། །ཅེས་པ་ལྟ་བུ་སྟེ། ཚིག་རྐང་དང་པོའི་ཨ་བ་སྐནྡྷ་ དུད་མོ་ཅན་དང༌། ལཱུ་ནཱི་ཧི་གཅོད་པར་བྱེད་པ་དང༌། ཚིག་རྐང་གཉིས་པའི་མུ་ཥཱ་ཎ་རྐུ་བར་ 19-1-435 བྱེད་པ་དང༌། ཧ་ར་འཕྲོག་པར་བྱེད་ཅེས་པ་རྣམས་སོ། །དེ་ཡང་ལྷ་མིན་མང་པོས་ལྷའི་གྲོང་ ཁྱེར་ཞིག་ལ་རྔན་ཅན་དུ་སྤྱོད་པ་ཡང་ཡང་བྱས་པའི་དོན་ལ། ཚིགས་བཅད་གཅིག་གིས་དབང་ ཆེའི་གནོད་པ་དང༌། ཡང་ཡང་གི་དོན་གཉིས་ཀར་སྟོན་པའི་དཔེར་བརྗོད་དོ། །དེ་དག་ནི་གཙོ་ བོར་འདས་དུས་ཡུན་རིང་པོ་ལོན་པའི་དོན་ལ་འཇུག་ཅིང༌། གཞན་ཡང་དོན་སྣ་ཚོགས་པ་ལ་ འཇུག་པར་འགྱུར་བ་ལིཊ྄འི་རྐྱེན་ནམ་པ་རོ྅ཀྵ་སྟེ་ལྐོག་གྱུར་རྐྱེན་ཎཔ྄་ལ་སོགས་པའི་སྡེ་ ཚན་གྱི་བྱ་བ་རགས་པ་ཙམ་བརྗོད་པའོ།། །། ༒ ཨཱ་ཤི་ཥི། སྨོན་པར་བྱེད་པ་ལའོ། །ཡཱཏ྄ ཡཱ་སྟཱཾ། ཡཱ་སུས྄། ༈ ཡཱས྄། ཡཱ་སྟཾ། ཡཱསྟ། ༈ ཡཱ་སཾ། ཡཱ་སྭ། ཡཱསྨ། ༈ སཱི་ཥྚ། སཱི་ཡསྟཱཾ སཱི་རན྄། ༈ སཱིཥྛཱ ས། སཱི་ཡཱསྠཾ། སཱི་དྷྭཾ། ༈ སཱཾ་ཡ། སཱི་ བ་ཧི། སཱི་མ་ཧི། ཞེས་པ་རྣམས་སོ། ༈ །དེ་ལྟར་ན་སྨོན་པའི་དོན་གྱི་ཡཱཏ྄་སོགས་བཅོ་བརྒྱད་ པོ་ལའང་ཡཱཏ྄་ནས་ཡཱསྨའི་བར་དགུ་ནི་པ་ར་སྨཻ་དང༌། ༈ སཱིཥྚ་ནས སཱི་མ་ཧེའི་བར་དགུ་ནི་ཨཱཏྨ་ ནེ་ཡིན་ཏེ། སྡེ་ཚན་སྐབས་འདིར་པ་ར་སྨཻ་དགུ་ལ་ཀིཏ྄་ཀྱི་མིང་དང༌། ༈ ཨཱཏྨ་ནེ་དགུ་ལ་པིཏ྄་ ཀྱི་ཐ་སྙད་བཏགས་ཤིང༌། ༈ འགྲེལ་པར་ལུང་དྲངས་པ་ན། ཨཱ་ཤིཪྻཱ་དཱ་དེ་པཾ་ཀི་ཏི་དི་བཀྟ་བྱཾ། ཞེས་འབྱུང་སྟེ། དེ་བོད་སྐད་དུ་བསྒྱུར་ན། སྨོན་པ་བརྗོད་པ་ལ་ཡཱཏ྄་སོགས་པཾ་ཀིཏ྄་དོ། །ཞེས་ བཤད་དོ། །ཞེས་པའོ། ༈ །ཡཱཏ྄་སོགས་ཕྱི་མའི་སྐབས་འདིར། པཾ་གྱི་མིང་ཅན་གྱི་རྐྱེན་ནི་པ་ར་ སྨཻ་དགུ་སྟེ། དེ་དག་ཀིཏ྄་དངོས་མིན་ཡང་དེ་དག་ལ་ཀིཏ྄་ཀྱི་བརྡ་ཆད་སྦྱོར་རོ་ཞེས་པའོ། །སྨོན་ པའི་སྡེ་ཚན་འདི་ལ་ཡང་ལིང྄་གི་ཐ་སྙད་སྦྱོར་བར་མཛད་དེ། བྱིངས་ཕྱེད་པ་སྡེ་ཚན་དྲུག་ལས་ འདི་ནི་གཉིས་པའོ། ༈ །དེ་ལ་པ་ར་སྨཻ འི་དབང་དུ་བྱས་ཏེ། བྷཱུ་ཞེས་པ་ལ་ཡཱཏ྄་སོགས་དགུ་ སྦྱོར་ན། བྱིངས་ལ་རྐྱེན་སྦྱར་བ་ཁོ་ན་ལས་གཞན་རྣམ་འགྱུར་ཆེན་པོ་མེད་དེ། བྷཱུ་ཡཱཏ྄། བྷཱུ་ཡ་ སྟཱཾ། བྷཱུ་ཡཱ་སུཿ། ༈ བྷཱུ་ཡཱཿ། བྷཱུ་ཡཱ་སྟཾ། བྷཱུ་ཡཱ་སྟ། ༈ བྷཱུ་ཡཱ་སཾ། བྷཱུ་ཡཱ་སྭ། འདི་སྒྲུབས་མ་ཟིན་པར་ ས྄་དང་བ་བརྩེགས་པ་ཙམ་ཡིན། ཡཱས྄་བ་ཞེས་ས྄་དང་བ་སྒྲ་མ་འདྲེས་པར་ཀློག་པའི་བརྡ་ལ་ 19-1-436 བ་ཡིག་ཡོངས་རྫོགས་འབྲི། བསྒྲུབས་གྲུབ་མཚམས་སུ་སོ་བ་ཞེས་སྒྲ་འདྲེས་པར་ཀློག དེའི་ བརྡ་ལ་ཝ་ཟུར་འབྲིའོ། །དེ་ནས་བྷཱུ་ཡཱསྨ། ཞེས་པ་སྟེ། ཡཱ་སུས྄་དང༌། ཡཱས྄་ཀྱི་མཐའ་བརྟན་ ས྄་ཡིག་དབྱངས་མེད་རྣམ་བཅད་དོ། །སཿཤྲཱི་མཱན྄་བྷཱུ་ཡཱཏ། དེ་དཔལ་དང་ལྡན་པར་གྱུར་ཅིག ༈ ཛཱི་བ་སྲོག་འཛིན་པ་ལའོ། །ཛཱི་བའི་བ་ཡིག་གི་ཨ་ནི་བརྗོད་དོན་ནོ། ༈ །ཛཱིབ྄་ཡཱཏ྄་ཅེས་པ་ བཞག བ྄་དབྱངས་མེད་ཡཱཏ྄་ཀྱི་ཡཱ་ལ་དྲངས། ཛཱི་བྱཱ་ཏ། དེ་ཁོ་ན་ལྟར། ཛཱི་བྱཱ་སྟཱཾ། ཛཱི་བྱཱ་སུཿ། ༈ ཛཱི་བྱཱཿ ཛཱི་བྱཱ་སྟཾ། ཛཱི་བྱཱསྟ། ༈ ཛཱི་བྱཱ་སཾ། ཛཱི་བྱཱ་སྭ། ཛཱི་བྱཱསྨ། ཞེས་པའོ། །དཔེར་བརྗོད་པ། ཤ་ཏཾ་ ཤ་ར་དེ་ཛཱི་བྱཱ་ཏྦྷ་བན྄། ཁྱོད་སྟོན་བརྒྱ་འཚོ་བར་ཤོག ཅེས་པའོ། ༈ །བ་ཙ྄་སྨྲ་བ་ལའོ། །བ་ཙ྄། ཡཱཏ྄་ཅེས་པ་བཞག ངིཏ྄་ལ་སཾ་པྲ་ས་ར་ཎ་བྱེད་དེ། བ་ཙ྄འི་བ་དབྱངས་བཅས་ཨུ་རུ་བསྒྱུར། ཡཱ་ ལ་ཙ྄་དྲངས། ཨུ་ཙྱཱཏ྄། དེ་བཞིན་དུ། ཨུ་ཙྱཱ་སྟཱཾ ཨུ་ཙྱཱ་སུཿ། ༈ །ཨུ་ཙྱཱཿ། ཨུ་ཙྱཱ་སྟཾ ཨུ་ཙྱཱསྟ། ༈ ཨུ་ ཙྱཱ་སཾ ཨུ་ཙྱ་སྭ ཨུ་ཙྱསྨ། ༈ དཱ་དེ་རེ། དཱ་སོགས་ཀྱི་ཨེའོ། །བྱིངས་དཱ་སོགས་ལ་སྨོན་པའི་རྐྱེན་གྱི་པ་ར་སྨཻ་བྱིན་ ན་བྱིངས་མཐའི་ཨཱ་ཡིག་ནི་ཨེ་ཡིག་ཏུ་འགྱུར་ཏེ། དེ་ཡང་ཌུ་དཱཉ྄་བྱིན་པ་ལའོ། །དཱ་ཡཱཏ྄་དཱ་ སོགས་ཀྱི་ཨེའོ། །ཞེས་པས་དཱའི་དབྱངས་ཨེ་རུ་སོང༌། དེ་ཡཱཏ྄ དེ་ཡཱ་སྟཱཾ དེ་ཡཱ་སུཿ། ༈ དེ་ཡཱཿ། དེ་ཡཱ་སྟཾ། དེ་ཡཱ་སྟ། ༈ དེ་ཡཱ་སཾ དེ་ཡཱ་སྭ དེ་ཡཱསྨ། ཞེས་སོ། ༈ །ཌུ་དྷཱཉ྄་འཛིན་པ་ལའོ། །དྷཱ་ཡཱཏ྄་ འདི་དག་དཱ་སོགས་ཞེས་པའི་སོགས་ཁོངས་ཀྱི་དཔེར་བརྗོད་དེ། དེ་ཡང་དཱ་སོགས་ཀྱི་ཨེ། དྷེ་ ཡཱཏ྄ དྷེ་ཡཱསྟཱཾ དྷེ་ཡཱ་སུཿ། ༈ དྷེ་ཡཱཿ། དྷེ་ཡཱ་སྟཾ དྷེ་ཡཱསྟ། ༈ དྷེ་ཡཱ་སཾདྷེ་ཡཱ་སྭདྷེ་ཡཱསྨ། ༈ པཱ་བཏུང་ བ་ལའོ། །པཱ་ཡཱཏ྄། དཱ་སོགས་ཀྱི་ཨེ། པེ་ཡཱཏ྄། པེ་ཡཱ་སྟཱཾ། པེ་ཡཱ་སུཿ། ༈ པེ་ཡཱཿ། པེ་ཡཱསྟཾ པེ་ ཡཱསྟ། ༈ པེ་ཡཱ་སཾ། པེ་ཡ་སྭ། པེ་ཡསྨ། ༈ གཻ་སྒྲ་ལའོ། །གཻ་ཡཱཏ྄་མཚམས་སྦྱོར་ཡི་གེའི་ཨཱའོ། ། ཞེས་པས་གའི་དབྱངས་མཚམས་སྦྱོར་གྱི་ཡི་གེ་ཨཻ་དེ་ཨཱ་ཞེས་པར་བསྒྱུར། གཱ་ཡཱཏ྄་བྱུང༌། དཱ་ སོགས་ལ་ཨེ ཨཱ་ཞེས་པ་ཨེགེ་ཡཱཏ྄ གེ་ཡཱ་སྟཱཾ་གེ་ཡཱ་སུཿ། ༈ གེ་ཡཱཿ། གེ་ཡཱསྟཾ གེ་ཡཱ་སྟ། ༈ གེ་ 19-1-437 ཡཱ་སཾ། གེ་ཡཱ་སྭ། གེ་ཡཱསྨ། ༈ ཥྛཱ་འགྲོ་བ་འགོག་པ་ལའོ། ཥྛཱ་ཡཱཏ྄་དང་པོའི་ཥ་ཎ་ས་ན་ཞེས་ པས་བྱིངས་ཀྱི་ཐོག་མའི་ཥ་ཡིག་ས་ཡིག་ཏུ་བསྒྱུར་ཁྱད་པར་འགྱུར་བས་ཁྱད་པར་ཅན་ཡང་ འགྱུར། ཋ་ཡང་ཐ་རུ་སོང༌། སྠཱ་ཡཱཏ྄་དཱ་སོགས་ལ་ཨེ། སྠེ་ཡཱཏ྄་སྠེ་ཡཱ་སྟཱཾ སྠེ་ཡཱ་སུཿ། ༈ སྠེ་ཡཱཿ། སྠེ་ཡཱ་སྟཾ། སྠེ་ཡཱསྟ། ༈ སྠེ་ཡཱ་སཾ སྠེ་ཡཱ་སྭ་སྠེ་ཡཱ་སྨ། ༈ མཱ་མཆོད་པ་ལའོ། །ཞེས་པ་པ་ར་སྨཻ་བ་ ཏི་དང༌། མཱང྄་མཆོད་པ་ལའོ་ཞེས་པ་ཨཱཏྨ་ནེ་པ་ཏི་ཡིན་པའི་དབང་དུ་བྱེད་མོད། ང྄་ཡིག་རྗེས་ འབྲེལ་དབྱི་བར་བྱས་པས། མཱ་ཞེས་པ་ལ་ཁྱད་མེད་པས། ཨུ་བྷ་ཡ་བ་ཏི་ར་བྱེད་དེ། མཱ་ཡཱ་ཏ྄་ དཱ་སོགས་ཨེ། མེ་ཡཱཏ྄། མེ་ཡཱསྟཱཾ། མེ་ཡཱ་སུཿ། ༈ མེ་ཡཱཿ། མེ་ཡཱསྟཾ། མེ་ཡཱསྟ། ༈ མེ་ཡཱ་སཾ། མེ་ཡཱ་ སྭ། མེ་ཡཱསྨ། ཞེས་པར་སྨཻ་རྐྱེན་དགུ་དང་སྦྱར་བའོ། ༈ །སཱིཥྚ་སོགས་ལ་བྱིངས་མཐའ་ཨ་ཡིག་ ཏུ་མི་འགྱུར་ཏེ། མཱ་སཱིཥྚ། མཱ་སཱ་ཡཱ་སྟྲཱཾ། མཱ་སཱིརན྄། ༈ མཱ་སཱིཥྛཱཿ། མཱ་སཱི་ཡཱ་སྠཱཾ། མཱ་སཱི་དྷྭཾ། ༈ མཱ་སི་ ཡ། མཱ་སཱི་བ་ཧི། མཱ་སཱི་མ་ཧི། ཞེས་པ་ཨཱཏྨ་ནེ་རྣམས་དང་སྦྱར་བའོ། ༈ །ཨོ་ཧཱཀ྄་གཏོང་བ་ལའོ། ། ཧཱ་ཡཱཏ྄་དཱ་སོགས་ཀྱི་ཨེཧེ་ཡཱཏ྄། ཧེ་ཡཱ་སྟཱཾ་ཧེ་ཡཱ་སུཿ། ༈ ཧེ་ཡཱཿ། ཧེ་ཡཱ་སྟཾ། ཧེ་ཡཱསྟ། ༈ ཧེ་ཡཱ་ སཾ། ཧེ་ཡཱ་སྭ། ཧེ་ཡང་སྨ། ༈ ཤོ་ཕྲ་མོར་བྱེད་པ་ལའོ། །ཤོ་ཡཱཏ྄་མཚམས་སྦྱོར་གྱི་ཡི་གེ་ལ་ཨཱའོ། ། ཤ྄་ཨོ་ཞེས་པ་དེ་ཤ྄་ཨཱ་ཞེས་པར་སོང༌། དཱ་སོགས་ལ་ཨེ་ཤ་ཨེ་རུ་སོང༌། དྲངས། ཉེར་བསྒྱུར་ ཨ་བ་སྔོན་དུ་བཞག ཤ྄་ཡིག་ས྄་ཡིག་ཏུ་སོང༌། ཨ་བ་སེ་ཡཱཏ྄། ཞེས་པ་བྱུང༌། ཥོ་མཐའི་ལས་ རྣམས་ལའོ། །འདིར་མཐའི་ལས་ནི་ཁང་པ་རྩིག་པ་ལ་སོགས་པ་རིང་དུ་ཐོགས་པ་རྣམས་ཀྱི་ མཐར་གང་གི་ཉིན་མོ་གྲུབ་པར་བྱས་པ་དེའི་ལས་ཀྱི་མིང་ངོ༌། ༈ ཥོ་ཡཱཏ྄་མཚམས་སྦྱོར་ཡི་ གེ་ཨཱ། ཥཱ་ཡཱཏ྄། དཱ་སོགས་ཀྱི་ཨེ་ཥེ། ཥ་ས་ནར་འགྲོ། སེ་ཨ་བ་སྔོན་དུ་བཞག ཨ་བ་སེ་ཡཱཏ྄་ ཅེས་འབྱུང་ཤོ་དང་ཥོ་བྱིངས་དོན་མི་འདྲ་ཡང་ཆོ་ག་གཅིག་པས་གཟུགས་གཅིག་པར་བྱུང༌། དེ་ བཞིན་དུ་རིགས་བསྒྲེས་ཏེ། ཨབ་སེ་ཡཱསྟཱཾ། ཨ་བ་སེ་ཡཱ་སུཿ། ༈ ཨ་བ་སེ་ཡཱཿ། ཨ་བ་སེ་ཡཱ་སྟཾ། ཨ་བ་སེ་ཡཱ་སྟ། ༈ ཨ་བ་སེ་ཡཱ་སཾ། ཨ་བ་སེ་ཡཱ་སྭ། ཨ་བ་སེ་ཡཱསྨ། ཞེས་པའོ། །དེ་དག་གིས་དཱ་ 19-1-438 སོགས་ཀྱི་སྒྲུབ་ཚུལ་བཤད་ཟིན་ཏོ། ། ༈ ཡཱ་དཱ་དཽ། ཡཱཏ྄་ལ་སོགས་པ་ལའོ། །སྨོན་པའི་དོན་གྱི་རྐྱེན་ཡཱཏ྄་ལ་སོགས་པའི་སྐབས་ འདིར་བྱིངས་རྀ་ཡིག་མཐའ་ཅན་གྱི་ཕ་རོལ་ཏུ། ཡཱཏ྄་སོགས་ཡ་ཡིག་དང་པོ་ཅན་གྱི་རྣམ་དབྱེ་ པ་ར་སྨཻ་དགུ་པོ་དག་བྱུང་ན། བྱིངས་མཐའི་རྀ་ཡིག་ནི་རིང྄་ཞེས་པར་བསྒྱུར་པའོ། །ཌུ་ཀྲྀཉ྄་ བྱེད་པ་ལའོ། །ཞེས་པས་བྱིངས་ཀྲྀ་རྣམ་དབྱེ་ཡཱཏ྄་ཀྲྀའི་ར་ཡིག་རིང྄་ཞེས་པར་ཨཱ་དེ་ཤ་བྱས། ང྄་རྗེས་འབྲེལ། ཀ྄་རི་ཡཱཏ྄་དྲངས་ཀྲི་ཡཱ་ཏ྄། དེ་བཞིན་དུ། ཀྲི་ཡཱསྟྲཱཾ། ཀྲི་ཡཱ་སུཿ། ༈ ཀྲི་ཡཱཿ། ཀྲི་ ཡཱ་སྟཾ། ཀྲྀ་ཡཱ་སྟ། ༈ ཀྲི་ཡཱ་སཾ། ཀྲི་ཡཱ་སྭ། ཀྲི་ཡཱསྨ། །ཞེས་པའོ། ། ༈ ཨཱཏྨ་ནེ་ལ་འདི་ལྟར། ཨུཿ། རྀ་གྱིའོ། །ཨུཿཞེས་པ་རྀ་གྱི་ཞེས་པར་ཇི་ལྟར་འགྱུར་སྙམ་ ན། འདི་མཚར་ཆེ་སྟེ། རྀ་ཡིག་ལ་ངས྄་བྱིན། ངསི་ངས྄་དག་གི་ཨ་ཨུའོ། །རྀ་ཨུས྄་ཞེས་པ་ བྱུང་སྟེ། རྀ་གྱི་ཞེས་པ་ཡིན། ཨུ་དེ་ཌིཏ྄་ཡིན་ཏེ་རྣམ་དབྱེ་རྣམས་ཨཱ་དེ་ཤས་གཟུགས་བསྒྱུར་ བ་ལ་ཌིཏ྄་ཟེར་བས་སོ། །ཌིཏ྄་ལ་ཊི་དབྱེ་སྟེ། འདིར་གསལ་བྱེད་ཀྱི་ཡི་གེ་མེད་པས་རྀ་ཡིག་ རང་ཉིད་ཊི་ཡིན་པས་རྀ་དབྱིའོ། །ཨུའི་ས྄་རྣམ་བཅད། དེས་ན་ངས྄་ཀྱི་རྣམ་འགྱུར་ཨུ་ཡིག་ དེ་ལ་རྀ་ཡིག་གི་ནུས་པ་ཡོད་པས། ངས྄་ཞེས་པ་དྲུག་སྒྲ་གཅིག་པུ་མ་ཡིན་ནོ། །རྀ་ནུས་མེད་ པར་དྲུག་སྒྲ་གཅིག་པོ་ཡིན་ན༌། ཨུ་ལ་མི་སྡོད་པར་ངས྄་སུ་ལྡོག་འགྲོ་དགོས་པ་ལས། འདིར་ མ་ལྡོག་པར་ཨུ་ཡིག་ཏུ་སྡོད་པ་ནི། རྀ་བག་ལ་ཞ་བ་ཡོད་པའི་རྟགས་ཡིན་པས། རྀ་གྱི་ཞེས་པ་ འབྱུང་བ་ཡིན་ནོ། །གཞུང་སྒྲ་སྒྲུབ་ཐམས་ཅད་དཀྱུས་ལ་འབྲིར་མི་ལང་ཡང༌། འདིའི་རིགས་ ཡ་མཚན་པས་བློ་གྲོས་འཕེལ་བའི་དགོས་པས་བཀོད་དོ། ༈ །དེ་ཡང་བྱིངས་མཐའ་རི་ཡིག་ གི་ཕ་རོལ་ཏུ་རྣམ་དབྱེའི་རྐྱེན། སུ་དང་སཱི་ཡོད་པ་ལ་ཨིཊ྄་མེད་པ་ཡིན་ན་ཡོན་ཏན་ཏུ་མི་ འགྱུར་བས་འདིར་ཨ་ནིཊ྄་ཏེ་ཨིཏ྄་མེད་ཀྱི་རྐྱེན་སཱི་རིང་པོ་ཡིན་པས་ཡོན་ཏན་མེད་དེ། ཀྲྀ་སཱིཥྚ་ ཀུ་ཨི་ལ་སོགས་ས྄་ཥ྄་རུ་འགྲོ་ཀྲྀ་ཥཱི་ཥྚ་དེ་བཞིན་དུ། ཀྲི་ཥཱི་ཡཱ་སྲཱཾ་ཀྲྀ་ཥཱི་རན྄། ༈ ཀྲྀ་ཥཱི་ཥྵཱཿ། ཀྲྀ་ཥཱི་ 19-1-439 ཡ་སྠཱཾ། ནཱ་མི་ལས་དྷ་ཌྷ། ཀྲྀ་ཥཱི་ཌྷཾ། ༈ ཀྲི་ཥཱི་ཡ། ཀྲྀ་ཥཱི་བ་ཧི། ཀྲྀ་ཥཱི་མ་ཧི། བུདྡྷ་སྟེ་མངྒ་ལ་དྲྀ་ཥཱིཥྚ། སངས་རྒྱས་ཀྱིས་ཁྱོད་བཀྲ་ཤིས་པར་མཛོད་ཅིག ཏེ་མཾ་ག་ལཾ་ནི་ལས་ཀྲྀ་ཥཱིཥྚ་བྱ་ཚིག་བུདྡྷཿབྱེད་ པ་པོའོ། ༈ །ཙིཉ྄་གསོག་པ་ལའོ། །ཙི་ཡཱཏ྄་བཞག ཡ་ལའོ་ཞེས་པ་བྱིངས་མཐའ་རིང་པོར་ སོང༌། ཙཱི་ཡཱཏ྄། དེ་བཞིན་དུ། ཙཱི་ཡཱཏ྄། དེ་བཞིན་དུ། ཙི་ཡཱ་སྟཱཾ་ཙཱི་ཡཱ་སུཿ། ༈ ཙཱི་ཡཱཿ། ཙི་ཡཱ་སྟཾ། ཙི་ཡཱ་སྟ། ༈ ཙཱི་ཡཱ་སཾ། ཙི་ཡཱ་སྭ། ཙཱི་ཡསྨ། པ་ར་སྨཻའོ། ༈ །ཨཱཏྨ་ནེ་འདི་རྣམས་ཨཱ་ཤིཥ་ཡིན་ ཀྱང༌། ཡཱ་ཡིག་གི་རྐྱེན་མིན་པས་རིང་པོ་མི་བྱེད། སཱི་ཡིན་ཀྱང་བྱིངས་མཐའ་རྀ་ཡིག་མ་ཡིན་ པས་ཡོན་ཏན་བྱེད་དེ། ཙེ་ཥཱིཥྚ། ཙེ་ཥཱི་ཡ་སྟཱཾ། ཙེ་ཥཱི་རན྄། ༈ ཙེ་ཥཱིཥྛཿ། ཙེ་ཥཱི་ཡཱསྠཱཾ། ཙེ་ཥཱི་དྷྭཾ། ༈ ཙེ་ ཥཱི་ཡ། ཙེ་ཥཱི་བ་ཧི། ཙེ་ཥཱི་མ་ཧི་ཞེས་པའོ། ༈ ཥྚུ་བསྟོད་པ་ལའོ། ཥྚུ་ཡཱཏ྄་དང་པོའི་ཥ་ཎ་སོགས་ ཥ྄་ས྄་རུ་སོང༌། དེས་ཊ་ཡང་ཏ་རུ་སོང༌། ཡ་ལའོ། །རིང་པོའོ། །སྟུ་ཡཱཏ྄། སྟཱུ་ཡཱ་སྟཾ། སྟཱུ་ཡཱ་སུཿ། ༈ སྟཱུ་ཡཱཿ། སྟཱུ་ཡཱ་སྟཾ སྟཱུ་ཡཱསྟ། ༈ སྟཱུ་ཡཱ་སཾ། སྟཱུ་ཡཱ་སྭ། སྟཱུ་ཡཱ་སྨ། ༈ སཱིཥྚ་སོགས་ལ་ཡོན་ཏན་ཏེ། སྟོ་ཥཱིཥྚ་སྟོཥཱི་ཡཱསྟྭཾ་སྟོ་ཥཱི་རན྄། ༈ སྟོ་ཥཱིཥྛེཿ སྟོཥཱི་ཡཱསྠཾ། སྟོཥཱིཌྷཾ། ༈ སྟོཥཱི་ཡ། སྟོ་ཥཱི་བ་ཧི་སྟོ་ཥཱི་མ་ཧི། ཞེས་སོ།། །། ༒ ཤྭ་སྟ་ནེ། ནང་བར་ལའོ། །ཏཱ་ཏཱ་རཽ། ཏཱ་རས྄། ༈ ཏཱ་སི། ཏཱི་སྠས྄། ཏཱ་སྠ། ༈ ཏཱསྨི། ཏཱ་སྦས྄། ཏཱ་སྨས྄། ༈ ཏཱ་ཏཱ་རཽ་ཏཱ་རས྄། ༈ ཏཱ་སི། ཏཱ་སཱ་ཐེ། ཏཱ་དྷེ། ༈ ཏཱ་ཧེ་ཏཱསྦ་ཧེ། ཏཱསྨ་ཧེའོ། ། འདི་རྣམས་ལ་གཞུང་གཞན་དུ་ལུཊ྄་ཅེས་ཟེར་རོ། །དེ་མ་འོངས་པའི་དུས་ལས་སང་ཉིན་ལྟ་ བུ་ལ་ཏཱ་སོགས་རྣམ་དབྱེ་འདི་རྣམས་འཇུག དེར་མ་ཟད་ལྟོས་ས་ལྟོས་འཇོག་ལ་བརྟེན་ནས་ ལོ་ཤས་ཚུན་ལ་འཇུག་པ་ཡིན། མ་འོངས་པ་ཤིན་དུ་དུས་ཐག་རིང་བ་ལ་མི་འཇུག དཔེར་ན་ བོད་སྐད་ལ་ཡང༌། སང་ཞེས་པ་སང་ཉིན་ལ་གཙོ་བོར་འཇུག་ཀྱང༌། སང་ཕོད་སོགས་སང་ གནངས་སྐབས་ཅིག་ཅེས་དུས་ངེས་མེད་ལོ་ཤས་ལ་འཇུག་པའང་ཡོད་ཀྱི། ཤིན་དུ་རང་དུས་ ཐག་རིང་བ་ལ་མི་འཇུག་པ་བཞིན་ནོ། །སི་ས་ཏཱ་སཱི་སྱ་པཱ་མིཊ྄། སི་ས་ཏཱ་སཱི་སྱཔ྄་རྣམས་ལ་ 19-1-440 ཨིཊ྄འོ། །དེ་ལ་སི་ནི་སྡེ་ཚན་ལ་ཀཱར་བཅུ་པར་འབྱུང་བར་འགྱུར། ས་ནི་གོང་དུ་བཤད་པའི་ འདོད་པའི་རྐྱེན་ནོ། །ཏཱ་ནི་བཤད་མ་ཐག་པ་འདི་སྟེ། འདིར་བཅོ་བརྒྱད་པོ་ཀུན་ལ་ཐོག་མར་ ཏཱ་ཡིག་གོ །སཱི་ནི་ཨཱ་ཤི་ཥའི་བདག་དོན་གྱི་རྐྱེན། སཱིཥྚ་ལ་སོགས་པ་སཱི་དགུའོ། །སྱཔ྄་ནི་མྱུར་ དུ་འཆད་པར་འགྱུར་བའི་བྷ་བིཥྱ་ཏི་ལ་སོགས་པར་འབྱུང་སྟེ། འདི་རྣམས་ལ་ཨིཊ྄་ཨཱ་ག་མ་ རྐྱེན་དུ་འབྱུང་སྟེ་དེ་ཡང་བྱིངས་ལ་མི་སྟེར་རྣམ་དབྱེ་ལ་སྟེར་བ་ཡིན་མོད། རྣམ་དབྱེའི་ཐ་མར་ མི་སྟེར་ཐོག་མར་སྟེར་རོ། །བྷཱུ་ཡོད་པ་ལའོ། །བྷཱུ་ཏཱ་ཞེས་པ་བཞག ཨིཊ྄་ཊ྄་རྗེས་འབྲེལ་བྷཱུ་ ཡོན་ཏན་བྷོ་ཨོ་ཨབ྄་དྲངས། བྷ་བི་ཏཱ། བྷ་བི་སྒྲུབ་ཚུལ་ངེས་ན། གཞན་རྣམ་འགྱུར་ཙམ་མེད་ དེ། བྷ་བི་ཏཱ་རཽ། བྷ་བི་ཏཱ་ར་ས྄། ༈ བྷ་བི་ཏཱ་སི། བྷ་བི་ཏསྠཿ། བྷ་བི་ཏཱ་སྠ། ༈ བྷ་བི་ཏཱ་སྨི་ བྷ་བི་ཏསྦཿ། བྷ་བི་ཏ་སྨཿ། ཤྭོ་བྷ་བི་ཏཱ་རཱ་ཛྱ་བྷཱརཿཀུ་མཱ་ར་སྱ། གཞོན་ནུ་ནང་པར་རྒྱལ་སྲིད་ ལ་འཇོག་པར་འགྱུར་རོ། །ཤྭོ་བྷ་བི་ཏཱ་བྱ་བ་རྒྱལ་སྲིད་ལ་འཇོག་བྱེད་པོ། ཀུ་མཱ་ར་ནི་བྱ་བྱེད་ ཀྱི་འབྲེལ་པའི་ཚིག་གོ །ནཻ་ག་སྭ་རཱ་ནུ་དཱཏྟཱ། དབྱངས་གཅིག་པའི་ཨ་ནུ་དཱཏྟ་ལས་མ་ཡིན་ནོ། ། འདི་ནི་ཏཱ་སོགས་ལ་ཨིཊ྄་འཇུག་པར་བཤད་པའི་དམིགས་གསལ་ཏེ་ཨིཊ྄་འགོག་པའོ། །དེ་ ཡང་བྱིངས་དབྱངས་གཅིག་པ་ཡང་ཡིན། ཨ་ནུ་དཱཏྟ་ཏེ་སྐད་གསངས་དམའ་བར་ཀློག་པའང་ ཡིན་པ་དེ་ལ་ཨིཊ྄་མི་འཇུག་པ་སྟེ། ཏཱ་ལ་སོགས་པ་ནང་བར་གྱི་རྐྱེན་རྣམ་དབྱེ་རྣམས་ཕ་རོལ་ ཏུ་ཡོད་པའི་དབང་དུ་བྱས་པའོ། །དབྱངས་གཅིག་པ་ཞེས་པའི་དོན་བྱིངས་གང་ལ་དབྱངས་ རྐྱང་པའམ། དབྱངས་ལ་གསལ་བྱེད་མཐའ་རྟེན་ཏུ་འབྱར་བའམ། གསལ་བྱེད་དབྱངས་ ཞུགས་པ་མཐའ་བརྟེན་མེད་པ་དང༌། དེ་ལ་མཐའ་བརྟེན་ཡོད་ཀྱང་རུང་སྟེ། དབྱངས་ཀྱི་ཡི་ གེ་གཅིག་ལས་མེད་པའོ། །དེ་ལའང་ཨཱ་ཡིག་རིང་པོ་དང༌། ཨཱུ་ཡིག་རིང་པོ་དང༌། རཱྀ་ཡིག་གི་ མཐའ་སྤངས་པ་སྟེ། ཨིཏ྄་མཐའ་དང༌། ཨཱིཏ྄་མཐའ་དང༌། ཨུཏ྄་མཐའ་དང༌། རྀཏ྄་མཐའ་ཅན་ རྣམས་སོ། །དེ་ལའང་རགས་པར་ན་གྲགས་ཆེ་བའི་དབང་དུ་བྱས་ན། ཨི་ཡིག་མཐའ་ཅན་ 19-1-441 ལས། ཤྭི་དང་ཤྲཱི་གཉིས། ཨཱི་ཡིག་མཐའ་ཅན་ལས་ཌཱི་དང་ཤྲཱི་གཉིས། ཨུ་ཡིག་མཐའ་ཅན་ ལས། རུ་སྣུཀྵྞུ་ནུ་ཀྵུ་ཡུ་སྟེ་དྲུག རྀཏ྄་མཐའ་ཅན་ལས་བྲྀང྄་དང་བྲྀཉ྄་གཉིས་ཏེ་བཅུ་གཉིས་ པོ་དབྱངས་གཅིག་པ་ཡིན་ཡང་ཨ་ནུ་དཱཏྟ་མིན་པས་ཨིཊ྄་བཅས་སོ། །ཨི་ཨཱི་ཨུ་རྀ་མཐའ་ཅན་ བྱིངས་གཞན་རྣམས་ཨིཊ྄་མེད་ཤས་ཆེའོ། ༈ །ཡང་བྷཱུ་ཡོད་པ་ལའོ། །བྷཱུ་ཐོབ་པ་ལའོ། །ཞེས་ སོགས་བྷཱུའི་ཚོགས་པ་རྣམས་དང༌། ལཱུ་ཉ྄་གཅོད་པ་ལའོ། །པཱུཉ྄་དག་པ་ལའོ། །བྷྲུཉ྄་སྐྱོང་པ་ ལའོ། །ཏཱུད྄་པེ་ཥུཏ྄་སྲོག་ཆགས་མངལ་ནས་གྲོལ་བ་ལའོ། ཥཱུཉ྄་འབྱིན་པ་ལའོ། །དེ་དག་ལ་ སོགས་པ་ཨཱུ་རིང་མཐའ་ཅན་དང༌། ཀྲཱྀ་འཕངས་པ་ལའོ། །ཏྲཱ་མཆོང་པ་དང་རྐྱལ་བ་ལའོ། །ནྲཱྀ་ ན་པེ། བྲཱ་སྐྱོང་བ་དང་འགེངས་པ་ལའོ། །དྲཱྀ་རྣམ་པར་འཇོམས་པའོ། །ཞེས་སོགས་ཀྱི་རཱྀཏ྄་ མཐའ་རྣམས་ཨིཊ྄་བཅས་ཡིན། ལྷག་མ་ཨིཊ྄་མེད་ཡིན་ཞེས་གཙོ་ཆེ་བའི་དབང་ལས་སོ། ༈། དེས་སྐབས་འདིར་བྷཱུ་ནས་དྲཱ་བར་སྤངས་པའི་ཨཱ་ཨཱུ་རཱྀའི་མཐའ་དང༌། ཤྭི་སོགས་བཅུ་གཉིས་ སྤངས་པའི་ཨི་ཨཱི་ཨུ་རྀའི་མཐའ་ཅན་དབྱངས་གཅིག་པའི་བྱིངས་རྣམས་བཟུང་བར་བྱའོ། ། ཌུ་པ་ཙཥ྄་འཚེད་པ་ལའོ། །ཌུ་དང་ཥ྄་ཕྱིས། པ་ཙ྄་ཏཱ་བཞག ཙུའི་ཀུའོ། ཙ྄་ཀ྄་རུ་སོང༌། པཀྟཱ། པཀྟཱ་རཽ། པཀྟཱརཿ། ༈ པཏྐཱ་སེ། པཀྟཱ་ཐེ། པཀྟཱ་དྷྭེ། ༈ པཀྟཱ་ཧེ་པཀྟཱ་སྦ་ཧེ་པཀྟཱསྨ་ཧེ། ཞེས་པའོ། ༈ །ཌུ་དཱཉ྄་སྦྱིན་པ་ལའོ། །དཱ་ཏཱ། དཱ་ཏཱ་རཽ། དཱ་ཏཱརཿ། སོགས་བཅོ་བརྒྱད་ཐམས་ཅད་དོ། ༈། པཱ་བཏུང་བ་ལའོ། །པཱ་ཏཱ། པཱ་ཏཱ་རཽ། པཱ་ཏཱ་རཿལ་སོགས་པ་དང་པོ་དགུའོ། ༈ །ཙིཉ྄་གསོག་པ་ ལའོ། །ཙི་ཏཱ་ཐམས་ཅད་ལ་བྱིངས་ཀྱི་ཡོན་ཏན་ཏེ། ཙི་ཞེས་པ་ཙེ་ཞེས་པར་འགྲོ།ཙེ་ཏཱ། ཙེ་ཏཱ་ རཽ། ཙེ་ཏཱ་རཿ། ཞེས་སོགས་བཅོ་བརྒྱད་དོ། ༈ །ཎཱིཉ྄་ཐོབ་པ་ལའོ། ཎཱི་ཏཱ། བྱིངས་ཀྱི་དང་པོའི་ ཥ྄་ཡིག་ས྄་དང་ཎ྄་ཡིག་ན྄་རུ་བསྒྱུར་དགོས་པས་ནཱི་ཏཱ་ཡོན་ཏན་གྱི་ཕྱིར་ནེ་ཏཱ། དེ་བཞིན་དུ། ནེ་ ཏཱ་རཽ། ནེ་ཏཱ་རཿསོགས་བཅོ་བརྒྱད་དོ། ༈ །ཧུ་སྦྱིན་པ་དང་མཆོད་པ་ལའོ། །ཧུ་ཧཱ་ཏཱ་ཡོན་ཏན་ནོ། ། ཧོ་ཏཱ། ཧོ་ཏཱ་རཽ། ཧོ་ཏཱ་རཿསོགས་པ་དགུའོ། ༈ །ཌུ་ཀྲྀཉ྄་ཀྲྀ་ཏཱ། ཡོན་ཏན་ནོ། །ཀརྟཱ། ཀརྟཱ་རཽ། 19-1-442 ཀརྟཱ་རཿལ་སོགས་པའོ། ༈ །ཧྲྀཉ྄་ཧྲྀ་ཏཱ་ཡོན་ཏན་ནོ། །ཧ་རྟཱ། ཧ་རྟཱ་རཽ། ཧ་རྟཱ་རཿལ་སོགས་པ་ བཅོ་བརྒྱད་དོ། ༈ །ཡཱ་ཐོབ་པ་ལའོ། །ཡཱ་ཏཱ། ཡཱ་ཏཱ་རཽ། ཡཱ་ཏཱ་རཿལ་སོགས་པ་དགུའོ། ༈ །གམླྀ་ འགྲོ་བ་ལའོ། །གམ྄་ཏཱ་བཞག མ྄་ང་རོ། གཾ་ཏཱ། གཾ་ཏཱ་རཽ། གཾ་ཏཱ་རཿསོགས་དགུའོ། །དེ་དག་ནི་ ནང་བར་གྱི་རྐྱེན་ཤྭསྟནའོ།། །། ༒ ད་ནི་བྷ་བི་ཥྱ་ཏི་བཤད་པར་བྱའོ། །ཏྱཱ་དཽ་བྷ་བི་ཥྱ་ཏི་སྱཔ྄། འབྱུང་འགྱུར་ལ་ཏི་ སོགས་ལ་སྱཔ྄འོ། །རྒྱ་སྐད་བྷ་བི་ཥྱ་ཏི། ཞེས་པ་བོད་སྐད་དུ། འབྱུང་འགྱུར་ཏེ་སྤྱིར་མ་འོངས་ པ་དང་ཁྱད་པར་དུས་རིང་པོའི་མ་འོངས་པའི་དོན་ལ་རྣམ་དབྱེ་ཏིཔ྄་སོགས་བཅོ་བརྒྱད་ འཇུག་པ་ལ་བར་དུ་རྐྱེན་སྱཔ྄་ཁོ་ན་ཐམས་ཅད་དུ་འཇུག་གོ །འདི་ལ་ཀླུས་བཀོད་དུ་ལྀཊ྄་ ཅེས་མིང་བཏགས་སོ། ༈ །བྷཱུ་ཏིཔ྄་གོང་དུ་སྱཔ྄་པ྄་རྗེས་འབྲེལ། ཨིཊ྄་སྟེར་བ་དེ་རྣམ་དབྱེ་ ལ་སྟེར་བ་ཡིན་མོད། འོན་ཀྱང་སྱ་ཀྱི་གོང་དུ་བཞག བྷཱུ་ཨི་སྱ་ཏི་ཞེས་པ་བྱུང་བྷཱུ་ཡོན་ཏན་བྷོ་ ཨོ་ཨབ྄་བྷ་བ྄་བ྄་ཨི་ལ་དྲངས་ས་ཥ་བྷ་བི་ཥྱ་ཏི། ༈ བྷཱུ་བྷ་བི་དང་སྱ་ཥྱ་གཞན་འདྲ་སྟེ། བྷ་བིཥྱ་ ཏཿ། བྷ་བི་ཥྱནྟི། ༈ བྷ་བི་ཥྱ་སི། བྷ་བི་ཥྱ་ཐཿ། བྷ་བི་ཥྱ་ཐ། ༈ བྷ་བི་ཥྱ་མི། བྷ་བི་ཥྱཱ་བཿ། བྷ་བི་ ཥྱཱ་མཿ། ཞེས་པའོ། ༈ །ཡཛ྄་ལྷ་མཆོད་པ་ལའོ། །དེ་ལའང་ཨིཊ྄་མེད། སྔ་མས་རིགས་འགྲེ་སྟེ། ཡཛ྄་སྱ་ཏི་ཚ་ཤ་ཥ་ར་ཛ་སོགས་ཛ྄་ཥ་རུ་སོང༌། ཡཥ྄་སྱ་ཏི། ཥ་ཌྷོཿཀཿསེ། ཥ་ཌྷ་དག་གི་ས་ལ་ ཀའོ། །བྱིངས་ཀྱི་མཐའི་ཥ྄་ཡིག་ཌྷ་ཡིག་དབྱངས་བྲལ་ནི། རྣམ་དབྱེ་ས་ཡིག་ཐོག་མ་ཅན་གྱི་ ས་ཡིག་མཐོང་བ་ལས་ཥ་འམ་ཌྷ་ཡིག་ཀ྄་ཡིག་ཏུ་འགྱུར་རོ། །ཞེས་པ་སྟེ། ས་ཡིག་ཡིན་ནོ་ཅོག་ ག་ལ་ཡིན། བྷ་བི་ཥྱ་ཏི་འབྱུང་འགྱུར་གྱི་རྐྱེན་བཅོ་བརྒྱད་པོ་ཁོ་ནའི་དབང་དུ་བྱས་པའོ། །ཡཀ྄་ སྱ་ཏི་ཀུ་ཨི་ལ་སྱ་ཥྱ་ཀ྄་ཥྱ་ལ་དྲངས། ཡཀྵྱ་ཏི་གྲུབ་བོ། ༈ །དེ་བཞིན་དུ། ཡཀྵ་ཅེས་པ་ཀུན་ལ་ འགྲུབ་པར་བྱས་ཏེ། ཡཀྵྱ་ཏཿ། ཡཀྵྱ་ཏཿ། ཡཀྵྱནྟི་ཅེས་པ་ལ་སོགས་པ་དགུའོ། ། ༈ ཧ་ནྲྀ་ཏ་ཐསྱཔ྄། ཧན྄་དང་རྀཏ྄་རྣམས་ལ་སྱཔ྄་ཀྱིའོ། །ལྀར་ར་བཏགས་ཡིན། ཊའི་ 19-1-443 སྐབས་འདིར་བྱིངས་ཧན྄་དང་རིཏ྄་མཐའ་ཅན་དང༌། གམླྀ་རྣམས་ལ་སྱཔ྄་ཡོད་ན་ཨིཊ྄་སྟེར་ དགོས་ཏེ་སྱཔ྄་ཀྱིའོ། །ཞེས་སྱཔ྄་ཡོད་ན་དེའི་སྔོན་དུ་ཅིག་ཅིག་དགོས་སོ་ཞེས་པ་ཡིན་པ་ ལས། སུ་ཞིག་ཅེ་ན་ཨིཊ྄་དགོས་སོ། །ཧན྄་སྱ་ཏི་ཞེས་འབྲི་ཨཊ྄་ཊ྄་ཕྱིས་ན྄་ཨི་ལ་དྲངས་ཀུ་ ཨི་ལ་ཧ་ནིཥྱ་ཏི། གཞན་ཡང་ཧ་ནིཥྱ་ཏཿ། ཧ་ནི་ཥྱ་ནྟི་ལ་སོགས་པ་དགུའོ། ༈ །ཀྲྀ་ཏིཔ྄་སྱཔ྄་ སྔོན་ཨིཊ྄་རྀ་ཨར྄་དྲངས་ཀུ་ཨི་ལ་ཀྭ་རི་ཥྱ་ཏི་ལ་སོགས་པ་བཅོ་བརྒྱད་དོ། ༈ །གམ྄་ཏི་སྱ་ ཨིཊ྄་དྲངས་ཀུ་ཨི་ལ་ག་མི་ཥྱ་ཏི་ལ་སོགས་པ་དགུའོ། ༈ །བས྄་འདུག་གནས་ལའོ། །བས྄་ ཏི་སྱ་ས་སྟོ྅ན་པི། ཨཔ྄་མེད་པ་ལས་ནི་ཏའོ། །ཨཔ྄་ཀྱི་ཡུལ་མ་ཡིན་པ་བྷ་བིཥྱ་ཏིའི་སྐབས་ འདིར་བྱིངས་མཐའི་ས྄་ཡིག་ནི་ཏ྄་ཡིག་ཏུ་འགྱུར་ཏེ། ཕ་རོལ་རྐྱེན་ས་ཡིག་མཐོང་བ་ལ་ཡིན་ ན། འདིར་ཀུན་ལ་སྱ་སྦྱོར་བས་ས་ཡིག་ཁོ་ནའོ། །བས྄་སྱ་ཏི་ཞེས་པ་ལས་ས྄་ཡིག་ཏ྄་ཡིག་ཏུ་ བསྒྱུར། དྲངས་བ་ཏྶྱ་ཏི་དེ་བཞིན་དུ། བཏྶྱ་ཏཿ། བཏྶྱནྟི་ཞེས་སོགས་དགུའོ། ༈ །དཧ་ཐལ་ བར་བྱེད་པ་ལའོ། །ཧའི་དབྱངས་ཨ་ཕྱིས། དཧ་སྱ་ཏི། དཱ་སོགས་ཀྱི་གྷའོ་ཞེས་པས་ཧ྄་གྷ྄་དང་ པོའི་ཛབ྄་སོགས། ད་དྷ་རུ་སོང༌། ཁ་ས་ལ་ཙ་པ་སོགས་གྷ་ཀ྄་རུ་སོང༌། ཀུ་ཨི་ལ་ཀ྄་ཥ་འདུས་ པ་ཀྵ་དྷ་ཀྵྱ་ཏི། གྲུབ། དྷ་ཀྵྱ་ཏཿ། དྷ་ཀྵྱནྟི་ལ་སོགས་པ་དགུའོ། ༈ །དུ་ཧ་རབ་ཏུ་འགོངས་པ་ ལའོ། །ཨ་ཕྱིས། ༈ དུ་ཧ་སྱ་ཏི། ཧ྄་གྷ྄། ད྄་དྷ྄། དྷུ་དྷུ་གྷ྄་སྱ་ཏི་ཨུ་པ་དྷཱ་ལ་གྷོཿ། ཨུ་པ་དྷ་ཐུང་ངུ་ དག་ལའོ། །ལྼྀ་ཊའི་སྐབས་འདིར་བྱིངས་ཀྱི་ཨུ་པ་དྷ་ཐུང་ངུ་ལ་ཡོན་ཏན་འབྱུང་བས། འདིར་ དྷུ་ཞེས་པའི་ཨུ་ཡིག་ནི་ཨུ་པ་དྷཱ་ཐུང་ངུ་ཡིན་པས་ཡོན་ཏན་དྷོ་ཞེས་སོ། །ཀུ་ཨི་ལ་ཀ྄་ཥ་ཀྵ། དྷོ་ ཀྵྱ་ཏི། དྷོཀྵྱ་ཏཿ དྷོ་ཀྵྱནྟི་ལ་སོགས་པ་དགུའོ། ༈ །བྷི་དིར྄་རྣམ་པར་འཇོམས་པ་ལའོ། །ར྄་ རྗེས་འབྲེལ་ཨི་བརྗོད་དོན་བྷིད྄་སྱ་ཏི་ཨུ་པ་དྷཱ་ཐུང་ངུ་ལ་ཡོན་ཏན་ཏེ། བྷེ་ཛ་པ་ཙ་པར་འགྲོ་ བས་ད྄་ཏ྄་རུ་སོང༌། བྷེཏྶྱ་ཏི། བྷེཏྶྱ་ཏཿ། བྷེ་ཏྶྱ་ནྟི་སོགས་དང༌། བྷེཏྶྱ་ཏེ། བྷེཏྶྱེ་ཏེ་སོགས་བཅོ་ བརྒྱད་དོ། ༈ །ཚི་དིར྄་གཉིས་སུ་བྱེད་པ་ལའོ། །ཨི་དང་ར྄་དབྱི་ཚི་ད྄་སྱཏི་ཡོན་ཏན་ད྄་ཏ྄་རུ་ 19-1-444 སོང་ཚེཏྶྱ་ཏི། ཚེཏྶྱ་ཏཿ། ཚེ་ཏྶྱ་ནྟི་ཞེས་སོགས་བཅོ་བརྒྱད་དོ། །འདི་ལ་ཡང་ན་ཚ་གཉིས། དང་ པོ་ཙ྄་དྲངས་པས་ཙྪོ་རུ་སོང་བར་བྱེད། ཡང་ན་བྱིངས་རང་དུས་ན། ཙྪི་དིར྄་དུ་འདོད། ཡང་ན་ ཚ་རྐྱང་དུ་བྱེད་དེ་གསུམ་པོ་གདམ་ཀའོ། ༈ ཏུཥ་དགའ་བ་ལའོ། ཥའི་ཨ་ཡལ། ཏུཥ྄་ཏིརྤྱ་སྱ། ཥཌྷ་དག་གི་ས་ལ་ཀའོ། ཥ྄་ཀ྄་ཡོན་ཏན། ཀ྄ཥ་ཀྵ། ཏོཀྵྱ་ཏི། དེ་སོགས་ པར་སྨེ་དགུའོ། ༈ །ཏུད྄་གདུང་བ་ལའོ། །ཏུད྄་སྱ་ཏི་ཡོན་ཏན། ད྄་ཏ྄་ཏེ་ཏྶྱ་ཏི་དེ་སོགས་དང་པོ་ དགུའོ། ༈ །ཨཱཏྨ་ནེའི་ཚིག་ཅན་གྱི་དཔེར་བརྗོད་ནི། ཨེ་དྷ་འཕེལ་བ་ལའོ། །ཨ་ཕྱིས ཨེ་དྷ྄ ཏེ་ སྱ ཨིཊ྄ ཨེ་དྷ྄ ཨི་སྱཏ དྲངས ཀུ་ཨི་ལ ཨེ་དྷི་ཥྱ་ཏེ དེ་བཞིན་དུ། ཨེ་དྷི་ཥྱེ་ཏེ ཨེ་དྷི་ཥྱནྟེ། ༈ ཨེ་དྷི་ཥྱ་སེ ཨེ་དྷི་ཥྱེ་ཐེ ཨེ་དྷི་ཥྱ་དྷྭེ། ༈ ཨེ་དྷི་ཥྱེ། ཨེ་དྷི་ཥྱེ་བ་ཧེ ཨེ་དྷི་ཥྱཱ་མ་ཧེའོ། ༈ །ཤཱིང྄་ཉལ་ བ་ལའོ། །ཤཱིང྄་ཏེ་སྱ་པ྄་ད྄་དང་པ྄་ཡལ། ཤཱིང྄་ལ་ཐམས་ཅད་དུ་ཡོན་ཏན་ནོ། །ཞེས་པས་ཤེ་ སི་ས་ཏཱ་སི་སྱཔ྄་རྣམས་ལ་ཨིཊ྄འོ། ཞེས་པས་ཨིཊ྄་སྟེར ཤེ་ཨི་སྱ་ཏེ་བྱུང༌། ཨེ་ཨཡ྄་དྲངས། ཀུ་ཨི་ལ། ཤ་ཡི་ཥྱ་ཏེ། དེ་བཞིན་དུ། ཤ་ཡི་ཥྱེ་ཏེ ཤ་ཡི་ཥྱནྟེ། ༈ ཤ་ཡི་ཥྱ་སེཤ་ཡི་ཥྱེ་ཐེ ཤ་ཡི་ཥྱ་ དྷྭེ། ༈ ཤ་ཡི་ཥྱེ། ཤ་ཡི་ཥྱཱ་བ་ཧེ། ཤ་ཡི་ཥྱཱ་མ་ཧེ་ཞེས་སོ། ༈ །ཨོ་ཧཱཀ྄་གཏོང་བ་ལའོ། །ཧཱ་ཏིཔ྄་ སྱ་པ྄་རྣམ་འགྱུར་མེད། ཧཱ་སྱ་ཏི་ལ་སོགས་པ་དགུའོ། ༈ །ཌུ་དཱཉ྄་སྦྱིན་པ་ལའོ། །དཱ་ཏིཔ྄་སྱཔ྄་ རྣམ་འགྱུར་མེད། དཱ་སྱ་ཏི་ལ་སོགས་པ་དགུ་དང༌། དཱ་སྱ་ཏེ་ལ་སོགས་དགུའོ། ༈ ཥྚུ་བསྟོད་ པ་ལའོ། ཥྚུ་ཏིཔ྄་སྱཔ྄་དང་པོའི་ཥ་ཎ་སོགས ཥ་ས྄་ཊ྄་ཏ྄ དྲངས སྟུ་སྱཏི་ཡོན་ཏན། ཀུ་ཨི་ལ། སྟོ་ཥྱ་ཏི་སོགས་དང༌། སྟོ་ཥྱ་ཏེ་སོགས་བཅོ་བརྒྱད་དོ། ༈ ཥུཉ྄་སྦེད་བསྣན་ལའོ། ཥུཉ྄་སྱ་ཏི་ཉ྄་ སོང༌། ཥ྄་ས྄་རུ་སོང་ཡོན་ཏན། སྱ་ཥྱ་རུ་འགྱུར། སོ་ཥྱ་ཏི་སོགས་དང༌། སོཥྱ་ཏེ་སོགས་སོ། ༈ ། བྷུ་ཛ་སྐྱོང་བ་དང་ཟ་བ་ལའོ། །ཨ་དབྱི བྷུ་ཛ྄་སྱ་ཏི ཙུ་ཡི་ཀུའོ། ཛ྄ག྄་རུ་སོང༌། ག྄་ཀ྄་རུ་སོང༌། ཡོན་ཏན་ནོ། །ཀུ་ཨི་ལ ཀ྄་ཥ྄་ཀྵ བྷོཀྵྱ་ཏི། དེ་བཞིན་དུ། བྷོཀྵྱ་ཏཿ། བྷོཀྵྱནྟི། ༈ བྷོཀྵྱ་སི། བྷོཀྵྱ་ ཐཱཿ། བྷོ་ཀྵྱ་ཐ། ༈ བྷོཀྵྱ་མི། བྷོཀྵྱ་བཿ བྷོཀྵྱཱ་མཿ། ༈ བྷོཀྵྱཱ་ཏེ། བྷོ་ཀྵྱཱེ་ཏེ། བྷོཀྵྱནྟེ། ༈ བྷོཀྵྱསེ། 19-1-445 བྷོཀྵྱེ་ཐེ། བྷོཀྵྱདྷྭེ། ༈ བྷོཀྵྱེ། བྷོཀྵྱཱ་བ་ཧེ། བྷོཀྵྱ་མ་ཧེ་ཞེས་པ་རྣམས་སོ། །དེ་ལྟར་བྷའི་ཥྱ་ཏིའི་ རྐྱེན་འདི་རྣམས་ལ། ཐུན་མོང་མ་ཡིན་པའི་རྣམ་འགྱུར་རྣམས་བྱིངས་ཁོ་ན་ལ་འབྱུང་བ་ཡིན། བྱིངས་མཐའ་མི་འདྲ་བ་མང་པོ་ཡོད་ཀྱང༌། སྱ་རང་དང་རྣམ་འགྱུར་ཥྱ་གང་ཡིན་ཀྱང་རུང་སྟེ། སྱ་ཨ་ཐུང་མཐའ་ཅན་ཡིན་པས། ཏེ་དང་ཏི་སོགས་ཀྱི་བར་གྱི་རྣམ་འགྱུར་ཕྲན་ཚེགས་རྣམས་ བྷ་བ་དང་ཨེ་དྷ་ཨཔ྄་བི་ཀ་ར་ཎའི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་ནོ། །ཀ་ལཱ་པར་སྱ་དང་ ལྷན་ཅིག་པའི་ཏི་སོགས་ཞེས་སྱ་ཏི་སྱ་ཏས྄་སོགས། སྱ་རྣམ་དབྱེ་ཉིད་དུ་བྱས། འདིར་བར་ རྐྱེན་དུ་མཛད་མོད་དོན་གཅིག་གོ །ལྼྀཊ྄་བྷ་བི་ཥྱ་ཏིའི་བྱ་བ་མདོ་ཙམ་བསྟན་ཟིན་ཏོ།། །། ༒ ད་ནི་སྡེ་ཚན་དགུ་པ་བྱ་བ་ཤོར་བའམ་རྗེས་ཀྱི་རིམ་པ་བཤད་དེ། སྱཔ྄་ཀྲི་ཡཱ་ཏི་ ཀྲ་མེ། བྱ་བ་ལུས་པ་ལ་སྱཔ྄འོ། །འདིར་ཀྲི་ཡཱ་ཏི་ཀྲ་མ། ཞེས་པ་ནི། ལོ་ཙཱ་བ་ཤོང་དཔངས་ སོགས་ཀྱིས་བྱ་བ་ཤོར་བར་བསྒྱུར་རོ། །དེ་ནི་དུས་ལ་མ་འཁེལ་བའམ་རྒྱུ་ཚོགས་མ་འཛོམ་ པས་དོན་མ་གྲུབ་པའི་མིང་ཡིན་ལ། ཡང་འདིར་འགྲེལ་པར་ཀྲི་ཡཱ་ཏི་ཀ྄་མའི་དོན། ཨ་ནིཥྦཏྟ་ ལ་བཤད་པས་ཕྱིས་འཕྲོ་ལ་འཇུག་གམ་མི་འཇུག་ཀྱང་རུང་སྟེ། ད་ལྟ་བྱ་བ་མ་རྫོགས་པར་ འཕྲོ་ལུས་པའི་དོན་ཡིན། དེར་མ་ཟད་བྱ་བ་ཟིན་མ་ཐག་པའི་གྲུབ་པ་གསར་པ་ལ་ཡང་འཇུག་ པར་བཤད་དོ། །དེ་ལྟ་བུའི་དོན་ལ་དིཔ྄་སོགས་རྣམ་དབྱེའི་རྐྱེན་བཅོ་བརྒྱད་འཇུག་རྐྱེན་གྱི་ ངོ་བོ་དེང་མིན་དང་འདྲ་ཡང་འདིར་ཐོག་མར་སྱཔ྄་སྦྱར་བས། བྱིངས་དང་དེ་དག་ཚོགས་ པའི་རྣམ་འགྱུར་ལ་མི་འདྲ་བ་ཡོད་དོ། །འདི་ལ་པཱ་ཎི་ནི་པ་རྣམས་ལྀང྄་ཞེས་ཐ་སྙད་བྱེད་དོ། ། བྷཱུ་དིཔ྄་ཞེས་པ་བཞག སྱཔ྄་ཨིཊ྄་དིཔ྄་སོགས་ལ་ཨཊ྄་ཅེས་གོང་དུ་ཨཊ྄ ཨ་བྷཱུ་ཨིསྱ་དིཔ྄་ ཞེས་བྱུང༌། རྐྱེན་གྱི་པ྄་དང་ཨི་མི་སྣང༌། བྷཱུ་ཡོན་ཏན། ཨོ་ཨབ྄ ཨ་བྷབ྄་ཨིསྱད྄་བྱུང བ྄་ཨི་ ལ་དྲངས ཀུ་ཨི་ལ་སོགས ད྄་ཏ྄་རུ་བསྒྱུར། ཨབྷ་བི་ཥྱཏ྄། ཞེས་པ་གྲུབ། ངག་ཏུ་བཀོད་པའི་ དཔེར་བརྗོད་ནི། ཡཱ་དཱ་སུ་བྲྀཥྚིཿསུ་རཱ་ཛྱཾ་ཙཱ་བྷ་བིཥྱ་ཏ། ཏ་དཱ་སུ་བྷི་ཀྵ་མ་བྷ་བི་ཥྱུཏ྄། གང་དག་ 19-1-446 ཏུ་ཆར་བབས་ཤིང་རྒྱལ་པོ་བདེ་བར་གྱུར་པ། དེ་དག་ཏུ་སློང་མོ་བཟང་པོ་ཐོབ་པར་འགྱུར་རོ། ། ཞེས་པ་སྟེ། ཆར་བབས་རྒྱལ་པོ་བདེ་བ་ནི་གྲུབ་པ་གསར་བའི་དཔེ་དང༌། སློང་མོ་ཐོབ་པར་ འགྱུར་ཅེས་བསམས་པ་ནི། ད་ལྟ་ཐོབ་མ་ཟིན་པས་བྱ་བ་མ་རྫོགས་པའི་དཔེའོ། ༈ །དེ་བཞིན་ དུ། ཨ་བྷ་བིཥྱ་ཏཱཾ ཨ་བྷ་བིཥྱཾ། ༈ ཨ་བྷ་བི་ཥྱཿ། ཨ་བྷ་བི་ཥྱ་ཏཾ། ཨ་བྷ་བི་ཥྱ་ཏ། ༈ ཨ་བྷ་བིཥྱཾ ཨ་བྷ་བི་ཥྱཱ་བ ཨ་བྷ་བི་ཥྱཱ་མ། ༈ བྷུ་ཛ་སྐྱོང་བ་ལའོ། །བྷུཛ྄་སྱ་དིཔ྄ ཙུའི་ཀུ་ཛ྄་ག྄་རུ་སོང༌། ཁ་ ས་ལ་ཙ་པ་སོགས་ག྄་ཀ྄་རུ་སོང༌། ཨཊ྄་བཞག ཀུ་ཨི་ལ་སོགས་ས་ཥ་རུ་སོང༌། ཀ྄་ཥ྄་འདུས་པ་ ཀྵ ཨ་བྷོཀྵྱཏ྄། དེས་མཚོན། ཨ་བྷོ་ཀྵྱ་ཏཱཾ ཨ་བྷོཀྵྱན྄། ༈ ཨ་བྷོཀྵཿ། ཨ་བྷོ་ཀྵྱ་ཏཾ། ཨ་བྷོཀྵྱ་ཏ། ༈ ཨ་བྷོཀྵྱཾ ཨ་བྷོཀྵྱཱ་བ། ཨ་བྷོཀྵྱཱ་མ། ཞེས་པ་དང༌། ཨ་བྷོཀྵྱ་ཏ ཨ་བྷོཀྵྱེ་ཏཱཾ། ཨ་བྷོཀྵྱནྟ། ཨཾ་ ཏ ཨ་ཏ་རུ་བསྒྱུར་ན། ཨ་བྷོཀྵྱ་ཏ། ༈ ཨ་བྷོཀྵྱ་ཐཱཿ། ཨ་བྷོཀྵྱ་ཐཱཾ། ཨ་བྷོཀྵྱ་དྷྭཾ། ༈ ཨ་བྷོཀྵྱེཨ་ བྷོཀྵྱ་བ་ཧི ཨ་བྷོཀྵྱཱ་མ་ཧིའོ། ཞེས་པའོ། ༈ །གམླྀ་འགྲོ་བ་ལའོ། །གམ྄་དིཔ྄་སྱཔ྄་ཨིཊ྄་ཨཊ྄་ ཨ་གམ྄་ཨ་སྱད྄་ཞེས་པ་བྱུང༌། མ྄་ཨི་ལ་དྲངས ཀུ་ཨི་ལ ཨ་ག་མི་ཥྱཏ྄། དེ་བཞིན་དུ། ཨ་ག་ མྀཥྱ་ཏཱཾ། ཨ་ག་མི་ཥྱ་ན྄་ལ་སོགས་པ་དགུའོ། །ཨ་བྷོཀྵྱ་དྦྷ་བཱནྻ་དྱ་ག་མི་ཥྱཏ྄། གང་ཁྱོད་ནི་ཟས་ ལ་འོངས་སོ། །འོངས་པ་ནི་བྱ་བ་ཟིན་པ་ཡིན། ཟས་ནི་ད་ལྟ་མ་ཐོབ་པས་བྱ་བ་ལུས་པའོ། ༈ ཌུ་པ་ཙ་ཥ་འཚེད་པ་ལའོ། །པཙ྄ དིཔ྄་སྱཔ྄་སྔོན་དུ་ཨཊ྄་ཙ྄་ཀ྄་རུ་བསྒྱུར། ས྄་ཥ྄ ཀ྄་ཥ྄་ཀྵ ཨ་ པ་ཀྵྱཏ྄་དེ་བཞིན་དུ། ཨ་པཀྵྱ་ཏཾ་སོགས་དང༌། ཨ་པཀྵྱ་ཏ་ལ་སོགས་པ་བཅོ་བརྒྱད་དོ། ༈ །ཛྭ་ ལ་འབར་བ་ལའོ། །ཨཛྭལ྄་ཨིསྱ་དིཔ྄་གོང་དུ་ཉེར་བསྒྱུར་པྲ་བཞག འདྲ་རིང་ པྲཱ་ཛྭ་ལི་ཥྱཏ྄་ ཅེས་པ་གྲུབ། དེ་བཞིན་དུ། ཨ་ཛྭ་ལི་ཥྱ་ཏཾ་ལ་སོགས་པ་དགུའོ། །ཨ་པཀྵྱདྦྷ་བཱཪྻ དྱ་གྣིཿཔྲཱ་ ཛྭ་ལི་ཥྱཏ྄། ཁྱོད་ཀྱིས་ཚོས་ཤིག་གང་དུ་མེ་རབ་དུ་འབར་བར་རོ། །ཞེས་པ་སྟེ། འབར་བ་ནི་ གྲུབ་པ་དང༌། ཚོས་ཤིག་ནི་མ་གྲུབ་པའོ། ༈ །ཧན྄་འཚོ་བ་ལའོ། །ཧན྄ ཨེ་ཧན྄་ཨིསྱ་དང༌། སྔར་བཞིན་སྒྲུབས། ཨ་ཧ་ནི་ཥྱ་ཏ྄་ལ་སོགས་པ་དགུའོ། ༈ །ཤཀླྀ་ནུས་པ་ལའོ། །ཤཀླྀ་ལྀ་རྗེས་ 19-1-447 འབྲེལ། དིཔ྄ སྱཔ྄ ཨཊ྄ ཨ་ཤཀ྄་སྱ་ད྄་བྱུང༌། སྔར་བཞིན་སྒྲུབས་པས་ཨ་ཤཀྵྱ་ཏ ཨ་ཤཀྵྱ་ ཏཾ་ལ་སོགས་པ་དགུའོ། །ཨ་ཧ་ནི་ཥྱ་དྦྷ་བཱནྻ་དྱ་ཤ་ཀྵྱཏ྄། ཁྱོད་རང་ནུས་པ་ཇི་ཙམ་པས་ཆོམས་ ཤིག ནུས་པ་ནི་སྔར་ཡོད་ཉིད་དང༌། འཇོམས་པ་ནི་སྔར་མ་ཟིན་པས་ད་ལྟ་འཕྲོ་ཅན་བྱ་བའོ། ། དེ་དག་གིས་ནི་ཀྲི་ཡཱ་ཏི་ཀྲ་མའི་རྐྱེན་གྱི་བྱ་བའམ། ལྼྀང་གི་ཆོ་ག་རགས་པ་ཙམ་བཤད་ཟིན་ ཏོ།། །། ༒ ད་ནི་རྒྱ་སྐད་དུ། བྷཱུ་ཏ་སྟེ་བོད་སྐད་དུ་འདས་པའམ་སྔོན་བྱུང་བའམ་བྱུང་ཟིན་ ཞེས་བྱ་སྟེ། འགྲེལ་པར་འདས་པ་ཙམ་ཞེས་འབྱུང་བས་འདས་པ་ཐམས་ཅད་ལ་འཇུག་པར་ གསལ་ལ། གཙོ་བོར་འདས་ནས་དུས་ཡུན་རིང་ལོན་པའི་དོན་ལ། དིཔ྄་སོགས་བཅོ་བརྒྱད་ འཇུག་ཚུལ་བཤད་པར་བྱའོ། །བྷཱུ་ཏེ་སི། བྱུང་ཟིན་པ་ལ་སིའོ། །བྱིངས་གང་ལ་སྔོན་བྱུང་ བའི་དོན་ལ། དི་པ྄་སོགས་ཀྱི་སྔོན་དུ་སི་རྐྱེན་དུ་སྟེར། སི་དང་ལྷན་ཅིག་པའི་དིཔ྄་སོགས་ ལ། འདིར་བྱུང་བའི་རྣམ་དབྱེ་ཞེས་བྱ། པྲ་ཀྲི་ཡའི་གཞུང་ལ་ལུང྄་ཞེས་གྲགས་སོ། །དེ་ལྟར་ རྐྱེན་སི་ཞེས་པ་ལས་ཨི་ནི་བརྗོད་དོན་ཏེ་རྐྱེན་ནི་ས྄་དབྱངས་མེད་ཁོ་ནའོ། །རྣམ་དབྱེའི་ངོ་བོ་ དིཔ྄་སོགས་ཡིན་པའི་དི་པ྄་སོགས་ལ་ཨཊ྄འོ། །ཞེས་ཨཊ྄་སྔོན་དུ་འཇོག་གོ ༈ །བྷཱུ་དིཔ྄་པ྄་ རྗེས་འབྲེལ། ཨི་བརྗོད་དོན། བར་དུ་སི་ཐོག་མར་ཨཊ྄་ཨ་བྷཱུ་ས྄ད྄་ཞེས་པ་བྱུང༌། དཱ་དེ་པེ། དཱ་ སོགས་ཀྱི་པ་ལའོ། །པཱ་ཞེས་པ་པར་སྨཻ་རྐྱེན་གྱི་མིང་ཡིན། །བྱིངས་དཱ་སོགས་ཞེས་པ་ནི། དཱ་དྷཱ་ སྠཱ ཨིཎ྄་བྷཱུ་པཱ་ཞེས་པ་རྣམས་ལ་ཕ་རོལ་དུ་དིཔ྄་སོགས་པ་ར་སྨཻ་རྣམ་དབྱེ་དགུ་པོ་བྱུང་ན། བར་ གྱི་སི་ནི་དབྱི་བར་བྱའོ། །འདི་རྣམས་ལ་ཨིཊ྄་དང་ཡོན་ཏན་དང་འཕེལ་བ་རྣམས་མི་འབྱུང་ངོ༌། ། དེས་ན་འདིར་ཡང་ས྄་ཡིག་དབྱངས་མེད་ཡལ་ཏེ། ད྄་དབྱངས་མེད་ཏ྄་རུ་སོང༌། ཨ་བྷཱུཏ྄། ཕ་ རོལ་ཏུ་པྲྀཥྚི་བཞག་ན་ཏ྄་སླར་ཡང་ད྄་དྲངས་ཨ་བྷཱུདྤྲྀཥྚིཿ། སྔོན་ཆར་བ་བབས་པའི་དོན་ནོ། ༈། དེ་བཞིན་དུ། ཨ་བྷཱུ་ཏཱཾ། ཇི་སྐད་དུ། བྷཱུ་ལ་སི་དབྱི་སྟེ་དབྱངས་ལ་བུཀ྄འོ། །ཞེས་འབྱུང་བས། 19-1-448 འདི་རྣམས་ནང་ནས་དབྱངས་ཀྱི་རྐྱེན་ཨན྄་དང་ཨ་མིཔ྄་ལ་བུཀ྄་རྐྱེན་དུ་སྟེར་ཏེ། ས྄་མི་སྣང་ བའི་ཤུལ་དུ་བུཀ྄་སྟེར། དེ་ཡང་བྱིངས་བྷཱུ་ལ་ཡིན་གྱི་གཞན་ལ་མ་ཡིན་ནོ། །བུཀ྄་གི་ཀ྄་རྗེས་ འབྲེལ། ཨུ་བརྗོད་དོན་རྐྱེན་པ྄་ཁོ་ནའོ། །བྷཱུ་ཨན྄་སི་ཕྱིས བུཀ྄་ཨཊ། ཨ་བྷུབ྄་ཨན྄་བྱུང་ དྲངས ཨ་བྷཱུ་བན྄། ༈ ཨ་བྷཱུཿ། ཨ་བྷཱུ་ཏཱཾ ཨ་བྷཱུ་ཏ། ༈ ཨ་མིཔ྄་ལ་བུཀ྄། ཨ་བྷཱུ་བཾ ཨ་བྷཱུ་བ། ཨ་བྷཱུ་མ་ཞེས་སོ། ༈ །ཌུ་དཱཏ྄་དཱ་དིབ྄་སི་ད྄ས྄་ད། ས་དབྱི་ཨཊ྄་ཨ་དཱཏ྄ ༈ ཨ་དཱ་ཏཱཾ། ༈ སྱ་བ་དཿ། ཨཱ་དང་བིད྄་ཀྱི་སི་ལའོ། །བྱིངས་ཨཱ་རིང་མཐའ་ཅན་དང་བྱིངས་བིད྄་ལ། བྱུང་པའི་དོན་གྱི་རྣམ་དབྱེ་ཕ་རོལ་ན་ཡོད་པའི་བར་དུ་སི་ཕྱིས་པའི་རྗེས་ལ་རྣམ་དབྱེ་ཨན྄་ ཡིན་ན་ཨན྄་ཅེས་པ་དེ་ཨུས྄་ཞེས་པར་འགྱུར་རོ། ། ཨུ་སྱཱ་ལོ་པཿ། ཨུས྄་ཀྱི་ཨཱ་དབྱིའོ། །ཨན྄་གྱི་རྣམ་འགྱུར་ཨུས྄་ཞེས་པ་དེ་བྱུང་ན། བྱིངས་ མཐའི་ཨཱ་རིང་པོ་དབྱི་བར་འགྱུར་རོ། །དཱས྄་ཨ་ནཨཊ྄་ས྄ཡལ་ཨན྄་ཨུས྄། དཱ་ཡི་ཨཱ་རིང་པོ་ ཕྱིས་ཨུ་ལ་དྲངས། ས྄་རྣམ་བཅད། ཨ་དུཿ། ༈ ཨ་དཱཿ། ཨ་དཱ་ཏཾ། ཨ་དཱ་ཏ། ༈ ཨ་དཱཾ་ཨ་དཱ་བ་ ཨ་དཱཾ་མ་པ་ར་སྨཻ་རྣམས་སོ། ༈ །དཱ་ཏན྄་ན྄་ཡལ་སི་ཨཊ྄། ཨ་དཱ་སཏ྄་བྱུང༌། དཱ་དབྱངས། ཨཱ་ རིང་པོ་ཨི་རུ་སོང༌། དི་ཀུ་ཨི་ལ། ཥ྄་ཏ྄་ཊ྄་རུ་སོང༌། དྲངས་ཨ་དིཥྚ་གྲུབ། ༈ ཨ་དི་ཥཱ་ཏཱཾ། ༈ ཨཾ་ཏ་ཨ་ཏར་བསྒྱུར། ཨ་དི་ཥ་ཏ། ༈ ས྄་ཥ྄་རུ་སོང་ན། ཐཱ་ཋཱ་རུ་འགྲོ། ཨ་དི་ཥྛྜཿ ཨ་དི་ཥཱ་ཐཱཾ། དྷ་ལ་ས྄་ཕྱིས། ཨ་དི་དྷྭཾ། ༈ ཨ་དི་ཥི། ཨ་དི་ཥྭ་ཧི། ཨ་དི་ཥྨ་ཧི། ཞེས་པ་སྟེ་ཨཏྨ་ནེའོ། །འོན་ ཀྱང་ཁ་ཅིག་པ་ར་སྨཻ་ཁོ་ནར་འདོད་དོ། ༈ །ཌུ་དྷཱཉ྄་དྷཱ་ལ་ཡང་དེས་འགྲེ་སྟེ། ཨ་དྷཱ་ཏ྄། ཨ་དྷཱ་ཏཾ། ཨན྄་ཨུས྄། ཨུས྄་ལ། ཨཱ་ཡ་ལ། ཨ་དྷུཿ། ༈ ཨདྷཱཿ ཨདྷཱ་ཏཱཾ། ཨ་དྷཱ་ཏ། ༈ ཨ་དྷྭཾ། ཨ་དྷཱ་བ། ཨ་དྷཱ་མ། ༈ དེ་བཞིན་དུ་ཨཱཏྨ་ནེ་སྦྱོར་ན། ཨི་དྷཥྚི་ལ་སོགས་པ་དཱའི་ས་སྐབས་ཀྱིས་ཤེས་སོ། ༈ ཥྛཱ་འགྲོ་བ་འགོག་པ་ལའོ། ཥྛཱ་དིཔ྄་སི། དང་པོའི་ཥ་ཎ་སོགས་སྠཱ་རུ་བསྒྱུར་ཨཊ྄་ཨསྠཱ་ ས྄ད྄་ཅེས་སོ། །ས྄་མི་སྣང༌། ད྄་ཏ། ཨསྠཱཏ྄། ཨ་སྠཱ་ཏཱཾ། ཨསྠུཿ། ༈ ཨསྠཱཿ། ཨསྠཱ་ཏཾ། ཨ་སྠཱ་ 19-1-449 ཏ། ཨསྠཾ། ཨསྠཱ་བ་ཨསྠཱ་མ། ༈ ཨིཎ྄་བགྲོད་པ་ལའོ། །ཨིཎ྄་དིཔ྄་སི་ཇི་སྐད་དུ། ཨིཎ྄་གྱི་སི་ དབྱི་བ་ལ་གཱའོ། །ཞེས་འབྱུང་བས་སི་ཕྱིས་པའི་རྗེས་སུ་ཨིཎ྄་ཞེས་པ་གཱ་ཞེས་པར་འགྲོ།ཨཊ྄་ ཨ་གཱ་ཏ྄། ཨ་གཱ་ཏཱཾ། ཨ་གུཿ། ༈ ཨ་གཱཿ། ཨ་གཱ་ཏཾ། ཨ་གཱ་ཏ། ༈ ཨ་གཱཾ། ཨ་གཱ་བ། ཨ་གཱ་ མ། ཞེས་སོ། །འདི་ཡང་ཨུ་བྷ་ཡ་པ་ཏིའི་དབང་དུ་བྱས་ན། ཏན྄་སོགས་སྦྱོར་བར་འདོད་པ་ ལྟར། ཨ་རེ་མཱ་གཱཿསཱ་དྷྭ་སཾ་མཱ་གཱཾ་གརྦི་ཏ་མནྟི་རཾ། །ཀྱེ་འཇིགས་སར་མ་འགྲོ་ཁང་བཟང་དབྱེན་ པར་མ་འགྲོ་ཤིག ཅེས་པའོ། ༈ །པཱ་བཏུང་བ་ལའོ། །པཱ་དིཔ྄་སི་ཕྱིས་ཨཊ྄་ཨ་བཱཏ྄། ཞེས་ སོགས་སི་ཕྱིས། ཨིཎ྄་གཱ་རུ་བསྒྱུར་བ་སོགས་འདྲའོ། །འདས་པའི་དོན་གྱི་རྐྱེན་རྣམས་ཨཱཏྨ་ནེ་ པ་ཏི་བྱིངས་ལ་སྦྱོར་ན། གྷཊ྄་རྩེད་མོ་ལའོ། །གྷཊ྄་ཏན྄་བཞག ན་ཁྱད་དོན་སི་ཨཊ྄། མེཊཿ། མཱ་ལས་ཨཊ྄འོ། དགག་པའི་དོན་གྱི་མཱ་ཞེས་པ་སྔོན་དུ་བཞག་ན། ཨཊ྄་མི་སྣང་བར་འགྱུར་ རོ། །ས྄་གོང་དུ་ཨིཊ྄་མཱ་གྷཊ྄་ཨིས྄་ཏ་ཞེས་པ་བྱུང་དྲངས། ས྄་ཥ྄། ཏ་ཊ ཥ྄་ཊ་ལ་དྲངས། མཱ་ གྷ་ཊིཥྚེ། ༈ དབྱངས་ལ་ཥ྄་འདྲེན། མཱ་གྷ་ཊི་ཥཱ་ཏཱཾ། མཱ་གྷ་ཊི་ཥ་ཏ། ༈ མཱ་གྷ་ཊི་ཥྭ་ཏཿ། ༈ མཱ་ གྷ་ཊིཥྛཱཿ། མཱ་གྷ་ཊིཥཱ་ཐཱཾ། དྷེ་ཙ་སེ་རློ་བོ། དྷ་ལའང་སི་དབྱིའོ། །ལུང྄་རྣམ་དབྱེའི་སྐབས་འདིར་ སྤྱིར་བཏང་ཨཱཏྨ་ནེའི་རྐྱེན་སི་དབྱི་བ་མིན་ཀྱང༌། དམིགས་གསལ་དྷའི་རྐྱེན་ལ་སི་དབྱིའོ། །མཱ་ གྷ་ཊི་དྷྭཾ། ༈ མཱ་གྷ་ཊི་ཥི། མཱ་གྷ་ཊི་ཥྭ་ཧི། མཱ་གྷ་ཊི་མ་ཧི། ཞེས་པ་རྣམས་སོ། །འགྲེལ་བར་སྨ་སྦྱར་ བ་ལ་ཡང་ཨཊ྄་དབྱི་བར་འདོད་དོ། །ཞེས་བཤད་དེ། བྷཱུ་དིཔ྄་སི་ཡལ་ཨཊ྄་ཨ་བྷཱུཏ྄་སྨ་གོང་དུ་ བཞག་ན། ཨཊ྄་མི་སྣང༌། སྨ་བྷཱུཏ྄་བྱུང་ཟིན་ཏོ། །ཞེས་པའོ། ༈ །ཡང་ལུང་དྲངས་པ་ཇི་སྐད་ དུ། འཇུག་བཞིན་པའི་དོན་ལ་སྨ་སྦྱར་བས་བྱུང་བའི་དོན་ཉིད་དོ། །ཞེས་བཤད་པས། དཔེར་ ན། སྨྲྀ་ཏིཿཨཱ་ཧསྨ་ཧཱ་རཱི་ཏཱཿ། དྲན་པ་བཤད་དོ་ལྗང་སྔོའི་བུ། །ཞེས་སོ། །ཡ་ཛ་ཏི་སྨ་ཡུ་དྷེཥྛི་ར། གཡུལ་ངོར་བརྟན་པས་ལྷ་ལ་མཆོད་དོ། ། ༈ ཎིཏྤེ། པ་ལ་ཎིཏ྄འོ། །པ་ཞེས་པ་ནི། པ་ར་སྨཻ་རྣམ་དབྱེ་སྟེ་དེ་ལ་སི་སྟེར་ཞིང༌། སི་དེས་ 19-1-450 བྱིངས་ལ་འཕེལ་བ་སྐྱེད་པའི་སྐབས་དེར། ཎིཏ྄་ཀྱི་ཐ་སྙད་སི་དེ་ལ་འདོགས་ཏེ། འཕེལ་བ་ བྱེད་དོ་བར་ཤེས་པའི་ཕྱིར་ཡིན་ནོ། །དེ་ཡང་བར་རྐྱེན་སི་ཐམས་ཅད་ལ་མ་ཡིན་མོད་ཀྱང༌། རྀ་ མཐའ་ཅན་ཐམས་ཅད་ལ་སོགས་པ་མང་པོ་ལའོ། །སེཿ། སི་ལའོ། །སིའི་ཕ་རོལ་དུ་དིཔ྄་དང་ སིཔ྄་ཡོད་ན་ཨཱིཊ྄་ཨཱག་མ་སྟེར་དགོས་ཏེ་དེ་ཡང་གོང་དུ་སྟེར། སྔོན་དུ་ཉེར་སྒྱུར་ཡང་འཇོག་པ་ ཡིན་ནོ། ༈ །དཔེར་བརྗོད་ནི། ཌུ་ཀྲྀཉ྄་ཀྲྀ་ལ་དིཔ྄་སི་ཨཊ྄་ཨ་ཀྲྀས་ཏ྄་བྱུང༌། ས྄་དེཎི་ཏ྄་ཞེས་བྱ་ བས་ཀྲྀའི་རི་ཨཱར྄་དུ་འཕེལ་བར་བྱ། དིཔ྄་ལ་ཨཱིཊ྄་རིང་པོ་སྔོན་དུ་སྦྱར། ཨཀ྄། ཨཱར྄ས྄་ཨཱིད྄་ ཅེས་པ་བྱུང༌། ཉེར་སྒྱུར་ཨཱང྄་ང྄་རྗེས་འགྲེལ་མཚུངས་འདྲ་ཀ྄་ཨཱ་ལ་དྲངས། ས྄་ཥ་ཥ྄་ཨཱི་དང་ ར྄་ཥའི་སྟེང་དུ་སྦྱར། ཨཱ་ཀཱཪྵཱི་ཏ྄་ཀུན་དུ་བྱེད་དོ། ༈ །ཉེར་སྒྱུར་ཨཱ་བིར྄་སྦྱར་ན། ཨཱ་བིར྄་ཨཀ྄། ཨཱར྄ས྄་ཨཱིཏ྄་ས྄་ཥ྄་སོ་སོར་དྲངས་ཨཱ་བིར་ཀཱསཪྵཱིཏ྄། ༈ ཉེར་སྒྱུར་ནིར྄་དང་སྦྱར་ན་ནིར྄་ ཨཀ྄་ཨཱར྄ས྄་ཨཱིཏ྄་ནི་ར་ཀཱཪྵཱིཏ྄། སྭ་ཛྙཱ་ནཾ་ཡོ་གཱི་ནི་ར་ཀཱཪྵཱིཏ྄་རང་གི་ཡེ་ཤེས་རྣལ་འབྱོར་རྣམ་ པར་གྲོལ་བ་སྒོམ་མོ། ༈ །དེ་བཞིན་དུ་ཀྲྀ་སིཔ྄་སི་ཨཱིཊ྄་ཨཊ྄་འཕེལ་བ་ཨཀ྄་ཨཱར྄ས྄་ཨཱིས྄་ཀུ་ ཨི་ལ་སོ་སོར་དྲངས་ས྄་རྣམ་བཅད། ཨ་ཀཱཪྵཱིཿ། ༈ གཞན་རྣམས་ལ་ཨཱིཊ྄་མི་འཇུག ཀྲྀཏཱཾ་སི་ འཕེལ་བ་ཨཊ྄་ཨཀ྄་ཨཱར྄ས྄ཏཱཾ་ས་ཥ྄། ཏཱ་ཊཱ། ར྄་དྲངས་ཨ་ཀཱཪྵཾཊཱ། ༈ ཨན྄་ཨུས྄་གཞན་འདྲ་ ཨ་ཀཱཪྵཱུཿ། ༈ དེ་བཞིན་དུ། ཨ་ཀཱརཾཥཊ། ཨ་ཀཱཪྵྚཾ། ༈ ཨ་ཀཱཪྵཾ། ཨ་ཀཱཪྵྨ། ཨ་ཀཱཪྵྨ་ཅེས་སོ། ༈ །ཧྲྀཉ྄་ཧྲྀ་དི་པ྄་སི་ཨཱིཊ྄། ཨ་ཊ྄་འཕེལ་བ་ཨ་ཧ྄་ཨཱ་ར྄ས྄་ཨཱིད྄་ཅེས་སོ། །ཉེར་སྒྱུར་པ་རི་སྔོན་ དུའོ། །ས྄་ཥ྄་ར྄་དྲངས་ཨི་ཡ྄་པཪྻ་ཧཱཪྵཱི་ཏ྄། ཡོངས་སུ་དགའ་བའམ། དགའ་བའི་རྣམ་གྲངས་ སོ། །དེ་བཞིན་དུ། པཪྻ་ཧཱ་རཾཥྚ། པཪྻ་ཧཱཪྵུཿ། ༈ པཪྻ་ཧཱཪྵཱིཿ། པཪྻ་ཧཱརཾཥྚ། པཪྻ་ཧཱཪྵྚ། ༈ པཪྻ་ ཧཱཪྵཾ། པཪྻ་ཧཪྵྭ། པཪྻ་ཧཱརྨ། ༈ ཨིཊཿཨཱིཊི། ཨིཊ྄་དང་ཨཱིཊ྄་ལའོ། །ཐོག་མར་ཨིཊ྄་ཐུང་ངུ་དང་ཕ་རོལ་དུ་ཨཱིཊ྄་རིང་ པོ་ཡོད་པའི་བར་གྱི་སི་དབྱིའོ། །གཞུང་དོན་ནི། སྔོན་བཞིན་ཨཱིཊ྄་རིང་པོ་གཞན་པའི་རྗེས་སུ་ 19-1-451 ཨིཊ྄་ཐུང་ངུའང་དགོས་ཨིཊ྄་གཉིས་ཀྱི་བར་དུ་སི་ཡལ་ལོ་ཞེས་པའི་དོན་ནོ། ༈ །བད་གསལ་ པོ་སྨྲ་བ་ལའོ། །བད྄་དིཔ྄་སི་ཨཊ྄་དིཔ྄་ལ་ཨིཊ྄་ས྄་ལ་ཨིཊ྄་བ་ལ་འཕེལ་བའོ། །ཨ་བཱད྄་ཨིས྄་ ཨཱིད྄་ཅེས་པ་བྱུང་། ཨི་གཉིས་བར་གྱི་ས྄་དབྱི། འདྲ་བ་རིང་པོ་སོ་སོར་དྲངས་ཨ་བཱ་དཱིཏ྄། དེ་ བཞིན་སིཔ྄་ལ་ཨཱིཊ྄་རིང་པོ་དགོས། གཞན་རྣམས་ཨིཊ྄་ཐུང་ངུ་གཅིག་པོས་ཆོག ཨ་བཱ་དིཤྟཱཾ། ཨ་པཱ་དིཥུཿ། ༈ ཨ་བཱ་དཱིཿ། ཨ་བཱ་དིཥྚཾ། ཨ་བཱ་དིཥྚ། ༈ ཨ་བཱ་དི་ཥཾ། པཱ་དི་ཥྭ། ཨ་དཱ་དིཤྨ། ༈ བྲཛ྄་རྐུ་བ་ལའོ། །བྲཛ྄་ཛའི་ཨ་དབྱི་དིཔ྄་བཞག་སི་ཨཊ྄་དིཔ྄་ལ་ཨཱིཊ྄་ས྄་ལ་ཨིཊ྄་འཕེལ་ བ་ཉེར་སྒྱུར་པྲྀ་ཨ་པྲཱཛ྄་ཨིས྄་ཨཱི་ཏ་ས྄་མི་སྣང་འདྲ་རིང༌། སོ་སོར་དྲངས་པྲཱ་བྲཱ་ཛཱིཏ྄། སིཔ྄་ལ་ སྒྲུབ་ལུགས་དེ་དང་འདྲ། གཞན་ལ་ཨཱིཊ྄་རིང་པོ་མེད་ཨཥ྄་པྲཱ་བྲཱ་ཛིཥྚཱཾ། པྲཱ་བྲཱ་ཛཱི་ཥུཿ། ༈ པྲཱ་བྲཱ་ ཛཱིཿ། པྲཱ་བྲཱ་ཛིཥྚཱཾ། པྲཱ་བྲཱ་ཛིཥྚ། ༈ པྲཱ་བྲཱ་ཛི་ཥཾ། པྲཱ་བྲཱ་ཛི་ཥྭ། པྲཱ་བྲཱ་ཛིཥྨ། ༈ ལུང་དྲངས་པ་ཧ་མ་ ཡའི་མཐའ་དང༌། ཀྵཎ་ཤྭས྄་ཛཱ་གྲྀ་ཧས྄་ལ་སོགས་ལ་འཕེལ་བ་བོར་བའོ། །ཞེས་འབྱུང་བས། དེ་རྣམས་ཀྲྀ་སོགས་ཀྱི་སྡེ་ཡིན་ཀྱང་འཕེལ་བ་མི་བྱེད་ཏེ། དེ་ཡང་ཧ྄་མཐའ་ཅན་དང༌། མ྄་ མཐའ་ཅན་དང༌། ཡ྄་མཐའ་ཅན་དང༌། ཀྵཎ་ཤྭས྄་ཛཱ་གྲྀ་ཧ་ས྄་ལ་སོགས་པའོ། །ཡང་ཨི་ཊོ་གྲ་ ཧཾ། གྲཧ྄་རྣམས་ལ་ཨིཊ྄འོ། །ཞེས་པ་དཔེ་འགའ་ཞིག་ལས་གཞུང་འདི་མདོ་ཡིན་པའི་དབང་ དུ་བྱས་ནས། འགྲེལ་པ་ཡང་བྱས་འགའ་ཞིག་ལས་ལུང་འདྲེན་དུ་བྱས་ནས་འགྲེལ་པ་མེད། དཔེ་ལ་ལ་ན་ལར་གྱིས་མི་འདུག་མོད། དོན་ལ་དེ་ལྟར་ཁ་འགེངས་དགོས་སོ། །དེའི་དོན་ནི་ ཨིཊ྄་ཐུང་ངུ་རིང་པོར་བསྒྱུར་པའི་དོན་ཡིན་མོད། གྲ་ཧ྄་སོགས་ཁོ་ན་ལ་ཡིན་གྱི། ཧ྄་མཐའ་ ཅན་ཧ་སའི་བར་ཀུན་ལ་མ་ཡིན་ནོ། ༈ །དཔེར་བརྗོད་གྲཧ྄་དིཔ྄་སི་ཨཊ྄་ཨཱིཊ྄་འདི་ཧ྄་མཐའ་ ཡིན་འཕེལ་བ་མེད། གཞན་འདྲ་ཨ་གྲ་ཧཱི་ཏ྄། གྲ་ཧ྄་ཏཱཾ། སི་ཨཊ྄་ཨིཊ྄་འཕེལ་བ་མེད། ཨ་གྲཧ྄་ ས྄་ཨི་ཏཱཾ་ཡོད། ཨིཊ྄་ཐུང་ངུ་ཨཱིཊ྄་རིང་པོར་བསྒྱུར་ས྄་ཥ྄་ཏཱ་ཊཱ་སོ་སོར་དྲངས་ཨགྲ་ཧཱིཥྚཱཾ། ཨ་གྲ་ ཧཱི་ཥུཿ། ༈ དིཔ྄་དང་འདྲ། ཨ་གྲ་ཧཱིཿ ཨ་གྲ་ཧཱཥྚཾ། ཨ་གྲ་ཧཱི་ཥྚ། ༈ ཨ་གྲ་ཧཱི་ཥཾ། ཨ་གྲ་ཧཱི་ཥྭ། ཨ་ 19-1-452 གྲ་ཧཱི་ཥྨ། དཔེ་འགའ་ཞིག་ལས་མདོ་འདི་མི་འདོན་པས། འཕེལ་བ་སྤངས་པ་ཁོ་ན་ལས་དིཔ྄་ སིཔ྄་སླངས་པའི་བདུན་པོ་ལ་ཧི་ཐུང་ངུ་ཡིན་ཟེར་ཏེ་གདམ་ཁར་བྱའོ། ༈ ཥ་ཧ་ཡིད་དགའ་བ་ ལའོ། ཥཧ྄་དིཔ྄་སི་ཨིཊ྄་ཨཱིཊ྄་ཨཊ྄་ཥ་ས་རུ་སོང༌། སིའི་ས྄་དབྱི་ད྄་ཏ྄་དྲངས་ཨ་ས་ཧཱིཏ྄། ༈ སིཔ྄་ལ་ཡང་དེ་དང་འདྲ། ཨ་ས་ཧཱིཿ། ༈ གཞན་རྣམས་ལ་ཨཱིཊ྄་རིང་པོ་མེད། ཐ་རྣམས་ཋ་རུ་ འགྱུར། ཨན྄་ཨུས྄། བ་དང་མ་ཥྭ་དང་ཥྨར་འགྱུར་པ་རྣམས་མ་རྗེད་པར་བྱའོ། ༈ །ཨ་ས་ཧིཥྚཾ་ སོགས་པ་ར་སྨཻ་དང༌། ༈ ཨ་ས་ཧི་ཥྚ་སོགས་ཨཱཏྨ་ནེ་རྣམས་སོ། ༈ །ཤམ྄་དམ྄་ཉེ་བར་ཞི་བ་ ལའོ། །ཤམ྄་དིཔ྄་སི་ཨིཊ྄་ཨཱིཊ྄་ཨཊ྄་ཤ་ས་རུ་སོང༌། ཨས྄་མཱིཊ྄། ཨཱི་ཊ྄་མེད། ཨ་ས་མིཥྚཱཾ་ལ་ སོགས་པའོ། ༈ །དམ྄་དིཔ྄་སི་ཨིཊ྄་ཨཱིཊ྄་ཨཊ྄་ཨང་མཱིཏ྄། ཨཱིཊ྄་མེད། ཨ་ད་མིཥྚཱཾ་ལ་སོགས་ པའོ། ༈ །དཡ྄་བགྲོད་པ་ལའོ། །དཡ྄་དིཔ྄ས྄་ཨིཊ྄་ཨཱིཊ྄ ཨཊ྄་ཨད་ཡཱིཏ྄། སྔ་མ་རྣམས་ཀྱིས་ འགྲེ། ཨ་ད་ཡིཥྚཱཾ་ལ་སོགས་པའོ། ༈ །ཀྵིཎ་འཚེ་བ་རྣམས་ལའོ། །ཀྵི་ཎ྄་དིཔ྄་ཨཀྵི་ཎཱི་ཏ྄། ཨཀྵི་ ཎཱི་ཥྚཱཾ། ཨཀྵི་ཎི་ཥུཿ ཨཀྵི་ཎཱིཿལ་སོགས་པའོ། ༈ །ཤྭས྄་པྲཱ་ཎ་དྷ་ར་ཎེ། ཤྭས་སྲོག་འཛིན་པ་ ལའོ། །ཨ་ཤྭ་སཱིཏ྄། ཨ་ཤྭ་སིཥྚཱཾ། ༈ ཨ་ཤྭ་སི་ཥུཿལ་སོགས་པའོ། ༈ །ཛཱགྲྀ་གཉིད་སངས་པ་ ལའོ། །ཛཱགྲྀ་དིཔ྄་སི་ཨིཊ྄་ཨཱིཊ྄་ཨཊ྄། ཨ་ཛཱ་གྲྀ་ཨིས྄་ཨཱིད྄་གྲྀའི་སྲོག་ཡོན་ཏན་ཨར྄་དུ་སོང༌། ག྄་ཨར྄་དྲངས་ཨ་ཛཱ་ག་རཱི་ཏ྄། དེ་བཞིན་དུ། ཨ་ཛཱ་ག་རི་ཥྚཱཾ་ལ་སོགས་པའོ། ༈ །ཧ་སེ་རྒོད་པ་ ལའོ། །ཧ་སེ་ཨེ་རྗེས་འབྲེལ། དིཔ྄་ཨཧ་སཱིཏ྄། ཨ་ཧ་སིཥྚཱཾ་ལ་སོགས་པའོ། །ཨ་གི ལ་གི མ་ ཐི། བ་གི མ་གི སྭ་གི རི་གི ལ་གྷི་འགྲོ་བ་ལའོ། །བྱིངས་མཐའི་ཨི་ཡིག་རྣམས་བརྗོད་དོན་ནོ། ། བྱིངས་བརྒྱད་པོ་དེ་གཅིག་གིས་རིགས་འགྲེ། ལ་གི་ཨི་བརྗོད་དོན་ལག྄་ས་དིཔ྄་སི་ཨིཊ྄་ཨཱི་ ཊ྄་སི་ཡལ། ཨ་ལ་གཱི་ཏ྄། ཨ་ལ་གིཥྚཱཾ། ཨ་ལ་གི་ཥུཿ། ཨ་ལ་གཱིཿལ་སོགས་པའོ། ། ༈ ལོ་པོ་ཧྲ་སྭཱ་ཏ྄་ཛྷ་སི། ཐུང་ངུ་ལས་ཛྷ་ས་ལ་དབྱིའོ། །བྱུང་བའི་དོན་གྱི་རྣམ་དབྱེ་ལུང་གི་ སྐབས་འདིར། བྱིངས་གསལ་བྱེད་མཐའ་དང༌། དབྱངས་རིང་མཐའ་མ་ཡིན་པར་དབྱངས་ 19-1-453 ཐུང་གི་མཐའ་ཡིན་ན། རྣམ་དབྱེ་ཛྷ་ས་ཕ་རོལ་ལ་བར་དུ་བྱུང་བའི་སི་ནི་དབྱིའོ། །ཛྷ་ས་མ་ ཡིན་པ་དབྱངས་དང་མཐར་གནས་དང་ཧ་དང་སྡེ་པ་ལྔའི་ལྔ་པ་རྣམས་ལ་མ་ཡིན་ཅིང༌། འདི་ ལ་ཨིཊ྄་མེད་ས྄་མི་དབྱི་བ་རྣམས་ལ་ཀུ་ཨི་ལ་ཥ྄་རུ་བསྒྱུར། དབྱངས་ལ་ཥ྄་ཡིག་འདྲེན་ནོ། ༈། ཌུ་ཀྲྀཉ྄་ཀྲྀཏ་བཞག སི་ཐུང་ངུ་དང༌། ཕ་རོལ་ཛྷ་ས་ལ་སི་དབྱི་ཨཊ྄། ཨ་ཀྲྀ་ཏ། ཨ་ཀྲྀ་ཥཱ་ཏཱཾ། ཨཾ་ ཏ། ཨ་ཏ་རུ་བསྒྱུར། ཨ་ཀྲྀ་ཥ་ཏ། ༈ ཨ་ཀྲྀ་ཐཱཿ། ཨ་ཀྲྀ་ཥཱ་ཐཾ། ནཱ་མི་ལ་དྷ་ཌྷ། ཨ་ཀྲྀ་ཌཾཧྭ། ༈ ཨ་ ཀྲྀ་ཥི། ཨ་ཀྲྀ་ཥྭ་ཧི། ཨ་ཀྲྀཥྨ་ཧི། བྱིངས་འདི་ཨཱཏྨ་ནེ་ཚིག་ཅན་ཡིན་པས། པ་ར་སྨཻ་རྐྱེན་རྣམས་མི་ འཇུག་གོ ༈ །ཌུ་དཱཉ྄། དཱ་ཏ་སི་ཨཊ྄་དཱ་སོགས་ཨིའོ། །ཨདིས྄་ཏ་དཱ་རིང་པོ་དི་ཐུང་ངུར་སོང༌། ཐུང་ངུ་ལས་ཛྷ་ས་ལ་དབྱིའོ། །ཏ་ནི་ཛྷ་ས་ཡིན། ས྄་དབྱི་ཨ་དི་ཏ། ཨ་དིཥཱ་ཏཱཾ། ཨི་དི་ཥ་ཏ། ༈ ཨ་དི་ཐཱཿ། ཨ་དི་ཥཱ་ཐཱཾ། ཨ་དི་དྷྭཾ། ༈ ཨ་དི་ཥི། ཨི་དི་ཥྭ་ཧི། ཨ་དིཥྨ་ཧི། ༈ ཌུ་དྷཱཉ྄། དྷཱཏ། སི་དཱ་ སོགས་ཡིན་པས། ཨཱི་ཏེ། དྷི། ཛྷ་ས་ལ་དབྱི། ཨ་དྷི་ཏ། ཨ་དྷི་ཥཱ་ཏཱཾ་ལ་སོགས་པའོ། ༈ །ཨིང྄་ ཁ་ཏོན་བྱེད་པའོ། །ང྄་ཉིད་རྗེས་འབྲེལ། ངའི་དབྱངས་ཨ་ཡལ། ཨི་ངོ་བཱ་གཱི་སཽ། ཨིང྄་སི་ལ་ གི་ཡང་ནའོ། །བྱིངས་ཨིང྄་ནི་ལུང྄་གྱི་རྣམ་དབྱེའི་སྐབས་འདིར། བར་རྐྱེན་སི་དང་འདུས་པ་ ལས། ཨིང྄་ཉིད་གཱི་ཞེས་པར་ཨཱ་དེ་ཤ྄་བྱེད་དོ། །འདི་ལ་ཉེར་བསྒྱུར་སྔོན་དུ་བཞག་དགོས། ཨིང྄་ཏན྄་ན྄་དབྱི་སི་ཨཊ྄། ཨ་དྷྲི་སྔོན་དུ་བཞག ཨ་དྷི། ཨ་གྷི་ས྄ཏ྄་བྱུང༌། ཀུ་ཨི་ལ་ས྄ཥ྄་ཏ་ ཊ་རུ་སོང༌། མཚམས་སྦྱར། དྲངས། ཨ་དྷྱ་གཱིཥྚ། ཨ་དྷྱ་གཱི་ཥཱ་ཏཱཾ། ཨ་དྷྱ་གཱི་ཥྚ། ༈ ཨ་དྷྱ་གཱིཥྛཾཿ ཨ་དྷྱ་གཱི་ཥཱ་ཐཱཾ། ཨ་དྷྱ་གཱི་དྷྭཾ། ༈ ཨ་དྷྱ་གཱི་ཥི། ཨ་དྷྱ་གཱི་ཥྭ་ཧི། ཨདྷྱ་གཱིཥྨ་ཧི། ཡང་ནའོ་ཞེས་པས། ཨིད྄་ཨ་བརྗོད་དོན། ང྄་རྗེས་འབྲེལ་ཏན྄་བཞག་ཨཊ྄་བྱིངས་དབྱངས་དང་པོ་ཅན་ལ་ཨཊ྄་ ལྷག་པོ་གོང་དུ་བཞག ཨ་ཨི་ལ་ཨེ་ཨེ་ཨཻ་ལ་ཨཻ་ཉེར་བསྒྱུར་ཨ་དྷི་སྔོན་དུ་བཞག ས྄ཥ྄་ཏ་ཊ་ ཨ་དྷྱཻཥྚ་ཨ་དྷྱཻཥཱ་ཏཱཾ་ཨ་དྷྱཻཥྚ། ༈ ཨ་དྷྱཻཥྛཿ ཨ་དྷྱཻཥཱ་ཐཱཾ། ཨ་དྷྱཻཌྷཾ། ༈ ཨ་དྷྱཻ་ཥི། ཨ་དྷྱཻ་ཥྭ་ཧི། ཨ་དྷྱཻཥྨ་ ཧི། ཞེས་པའོ། ༈ །རུ་སྒྲ་ལའོ། །རུ་དིཔ྄་སི་ཨིཊ྄་ཨཱིཊ྄་ཨཊ྄་རུ་འཕེལ། ཨོ་ཨཱབ྄་སི་ཡལ། འདྲ་ 19-1-454 བ་རིང༌། ཨ་རཱ་བཱིཏ྄། ཨ་རཱ་བིཥྚཾལ་སོགས་པའོ། ། ༈ ཌུ་པ་ཙཥ྄། པ་ཙ྄་ཏན྄། ཛྷ་སཱཏ྄། ཛྷ་ས་ལས་སོ། །པ་ཙ྄་སོགས་ལ་ལུང་གི་སྐབས་འདིར་ རྣམ་དབྱེ་ཛྷ་ས་ཕ་རོལ་དུ་བྱུང་ན་སི་དབྱེ་སྟེ། གཞན་ཨཱཏྨ་ནེ་སི་དབྱི་བ་མིན་ཀྱང༌། པཙ྄་སོགས་ ལ་ཛྷ་ས་ཕ་རོལ་དུ་ཡོད་ན་ཡིན་ཏེ། དབྱངས་ཕ་རོལ་ལ་མ་ཡིན་ནོ། །པཙ྄་ཏ་སི་ཨཊ྄་ཙ྄ཀ྄་རུ་ སོང༌། ཨ་པཀྟ། ཨ་པཀྵཱ་ཏཱཾ། ཨ་པཀྵ་ཏ། ༈ ཨ་པཀྠཱཿཨ་པཀྵཱ་ཐཱཾ། ཨ་པཀྵ་དྷྭཾ། ༈ ཨ་པཀྵི། ཨ་པཀྵྭ་ཧི། ཨ་བཀྵྨ་ཧི། ༈ པ་ར་སྨཻ་ལ་བྱིངས་ཀྱི་ཨུ་པ་དྷཱ་ལ་འཕེལ་བ་སྟེ་ཨཱ་རིང་པོའོ། །དིཔ྄་ དང་སིཔ྄་ལ་ཨཱིཊ྄་རིང་པོ་འཇུག ཨ་པཱཀྵཱིཏ྄། ཨ་པཱཀྵཏཱཾ། ཨ་པཱཀྵུཿ། ༈ ཨ་པཱཀྵཱིཿ། ཨ་པཱཀྟཾ། ཨ་ པཀྟ། ༈ ཨ་པཱཀྵཾ། ཨ་པཱཀྵྭ། ཨ་པཱཀྵྨ། ༈ པྲཙྪི་ཤེས་པར་འདོད་པ་ལའོ། །པྲཚ྄་དིཔ྄་སི་ཨཱིཊ྄་ ཨིཊ྄་ཨཊ྄། ཨུ་པ་དྷཱ་རིང་པོའམ་བྱིངས་ཀྱི་འཕེལ་ཞེས་བྱ། སི་མི་སྣང༌། འདྲ་རིང༌། ཨ་པྲཱཙྪིཏ྄། ཡང་ཨིཊ྄་ཐུང་ངུ་མེད་པར། ཨ་པྲཱཚ྄་ས྄་ཨཱིད྄་བྱུང༌། ཚ྄་ཥ྄། ཥ྄་ཀ྄། ས྄་ཥ྄། ཨ་པྲཱཀྵཱིཏ྄། འདི་ ཚ྄་དབྱངས་མེད་ཀྱིས་ས྄་མཐོང་བའི་ནུས་པ་ཡིན། སྔ་མ་དབྱངས་དང་ཕྲད་པའི་ནུས་པའོ། ༈། ཨན྄་ཨུས྄་དང་སིཔ྄་ལ་ཨཱིཊ྄་སྟེར་བ་དང༌། ཨ་མིཔ྄་རྣམས་ལ་ཚ྄་ཡིག་དེ་སི་མཐོང་བས་ཥ྄་ དེ། ཀ྄། ས྄་ཁོ་རང་ཥ། ཀ྄ཥ྄་ཀྵ྄་རུ་འགྲོ་དེ་དབྱངས་ལ་འདྲེན། ཏཱཾ་ཏཾ་ཏ་རྣམས་ལ་སི་དབྱི། ཚ྄་ ཥ྄། ཏ་ཊ་ཨ་པྲཱཥྚཱཾ། ཨ་པྲཱཀྵུཿ། ༈ ཨ་པྲཱཀྵཱིཿ། ཡང་ན་ཨ་པྲཱ་ཚཱིཿ། ཨ་པྲཱཥྚཾ་ཨཱ་པྲཱཥྚ། ༈ ཨ་པྲཱཀྵཾ། ཨ་པྲཥྚྭ། ཨ་པྲཱཥྨ། ༈ ཛྷ་སའི་ཕ་རོལ་མིན་ན་སི་མི་དབྱི་སྟེ། ཨེ་དྷ་འཕེལ་བ་ལའོ། །ཨེ་དྷ྄་ར་ སི་ཨིཊ྄་ཨཊ྄། ཨ་ཨེ་དྷ། ཨིཊ་ས྄ཏ། ཀུ་ཨི་ལ་ཏ་ཊ། ཨཻ་དྷིཥྚ། ཨཻ་དྷི་ཥཱ་ཏཱཾ། ཨཻ་དྷི་ཥ་ཏ། ཨཻ་ དྷིཥྚཱཿ། ཨཻ་དྷི་ཥཱ་ཐཱཾ། དྷ་ལ་སི་དབྱི་ཨེ་དྷི་དྷྭཾ། ༈ ཨ་དྷི་ཥི། ཨཻ་དྷི་ཥྭ་ཧི། ཨཻ་དྷིཥྨ་ཧི། ༈ ཤཱིང྄་ཉལ་ བའོ། །ཤཱིང྄་ཏན྄་ང྄་ན྄་ཡལ། སི་ཨིཊ྄་ཡོན་ཏན་ཨཊ྄། ཨེ་ཨཡ྄། ས྄་ཥ྄། ཏཊ། ཨ་ཤ་ཡིཥྚ། ཨ་ཤ་ཡི་ཥཱ་ཏཱཾ་ལ་སོགས་པ་སྔར་བཞིན་ཏེ། དྷ་ལ་སི་དབྱིའོ། ༈ །རུ་དྷིར྄་སྒྲིབ་པ་ལའོ། །ཨི་རི་ ཏོ་བཱ། ཨིར྄་ལ་ཡང་ནའོ། །རུ་དྷིར྄་ལ་སོགས་པ་ཨིར྄་རྗེས་འབྲེལ་ཅན་གྱི་བྱིངས་ལ་ང྄་ཡིག་ 19-1-455 རྐྱེན་དུ་འགྱུར་ཏེ། ཡང་ན་མ་ཡིན་ནོ། །དེ་ཡང་འདས་པའི་དོན་གྱི་དིཔ྄་སོགས་ཕ་རོལ་ན་ཡོད་ ན་ཡིན་ལ། འདི་ལ་སི་རྐྱེན་མི་འཇུག་གོ །ང྄་ཁྱད་དོན་ཨ་བཞག རུ་དྷ྄་དིཔ྄་ང྄་ཨཊ྄། ཨརུ་ དྷ། ཨང྄་བྱུང་དྲངས་ད྄་ཏ྄། ཨ་རུ་དྷཏ྄། རྣམ་དབྱེ་ཨ་ཐུང་ལ་བྱིངས་མཐའ་སྦྱར་བའི་རྐྱེན་གྱི་ ཨ་ཡལ་ནས་རྣམ་དབྱེ་དབྱངས་དང་སྦྱོར། བ་མ་ལ་རིང་པོ་སོགས་བྱིངས་ཐམས་ཅད་པའི་ཨ་ ཐུང་མཐའ་ཅན་དང་འདྲ། བྱིངས་དངོས་གསལ་བྱེད་དྷའི་མཐའ་ཅན་ཡིན་ཡང༌། བར་རྐྱེན་ ང྄འི་ཨ་བཅུག་པས་ཨ་ཐུང་མཐའ་ཅན་དུ་སོང་བའི་རྒྱུ་ལས་སོ། ཨ་རུ་དྷ་ཏཱཾ་ལ་སོགས་པའོ། ། ༈ ཨ་ནི་ཊོ་ནཱ་མི་བ་ཏཿ། ཨིཊ྄་མེད་པའི་ནཱ་མི་ལས་འཕེལ་བའོ། །ལུང་གི་སྐབས་འདིར་ བྱིངས་ཨིཊ྄་མེད་ལ་སི་སྟེར་ཞིང༌། ཕ་རོལ་སི་ཡོད་ན་བྱིངས་ཀྱི་དབྱངས་དང་པོ་འཕེལ་བ་བྱེད་ དོ། །བཤད་མ་ཐག་པ་རུ་དྷྲ་ལ་ཡང་ན་ང྄་རྐྱེན་ཡོད། དེ་ལ་སི་སྤངས་ཡང་ན་སི་འོང༌། དེ་ལ་ ང྄་རྐྱེན་སྤངས་ཞེས་པ་ལས། འདིར་ཕྱི་མ་སྟེ་སི་སྟེར་དགོས་ཀྱང་ཛྷ་ས་ཕ་རོལ་འཕེལ་བ་བྱས་ མ་ཐག་སི་དབྱི་བར་བྱ་ལ། བྱིངས་ཀྱི་དྷ྄་ཏ྄་རུ་བསྒྱུར། རྣམ་དབྱེ་ཏ་དང་ཐ་དྷར་འགྲོ་བ་ལས་ འདིར་ཏ་ཡིན། བྱིངས་མཐའི་ཏ་ནི་དྷ་ལ་ད྄་རུ་འགྲོ། ཨན྄་ཨུས྄་དང༌། དིཔ྄་སིཔ྄ལ་ཨཱིཊ྄་ རིང་པོ་སྟེ། ༈ དེ་ཡང་རུ་དྷ྄་དིཔ྄་སི་ཨཱིཊ྄་ཨཊ྄་འཕེལ་བ། ཨ་རཽ་དྷ྄ར྄་ཨཱིད྄་དྷ྄་ཏ྄་དྲངས། ད྄་ ཏ྄། ཨ་རཽཏྶཱི་ཏ྄། ༈ རུ་དྷ྄་ཏཱཾ་སི་ཨཊ྄་འཕེལ་བ། ཨ་རཽ་དྷ྄་ས྄་ཏཱཾ་བྱུང་ཛྷ་སའི་བར་དུ་ས྄་ཕྱིས། དྷ྄་ ཏ྄། ཏ་ཐ་དག་གི་དྷའོ་ཞེས་རྣམ་དབྱེ་ཏཾ་དྷྭཾ་དུ་སོང༌། བྱིངས་མཐའ་ཏ྄་ད྄་རུ་བསྒྱུར། ཨ་རཽ་དྡྷྭཾ། ༈ དེ་བཞིན་དུ། ཨ་རཽ་ཏྶུཿ། ༈ ཨ་རཽ་ཏྶཱིཿ། ཨ་རཽ་དྷྭཾ། ཨ་རཽ་དྡྷ། ༈ ཨ་རཽ་ཏྶཾ། ཨ་རཽ་ཏྶྭ། ཨ་ རཽཏྶྨ། ཞེས་པའོ། ༈ །ཚི་དིར྄་ཨིར྄་རྗེས་འབྲེལ། ཚིད྄་དིཔ྄་ང་ཨཊ྄་ཨ་ཚིད྄་ཨད྄་བྱུང༌། ཨ་ཚི་ དད྄། ཨ་ཚིད་ཏཱཾ་ལ་སོགས་པ་ཏེ་བྱིངས་ཨ་ཐུང་མཐའ་ཅན་གྱི་བྱ་བའོ། ༈ །ཡང་ན་ཚིད྄་དིཔ྄་ སི་ཨཱིཊ྄་ཨཊ྄་ཨ་ཚིད྄་ས྄་ཨཱིད྄་བྱིངས་ལ་འཕེལ་བ་དང༌། ད྄་ཏ྄། ཨ་ཙྪཻ་སཱིད྄། བྱིངས་མཐའ་ ད྄་ཡིག་ཡིན། རྣམ་དབྱེ་ཏ་ཡོད་ན་ཛྷ་སའི་བར་ཡིན་པས་སི་དབྱི། སིཔ྄་ཛྷ་ས་ཡིན་ཡང་སྔོན་ 19-1-456 དུ་ཨཱིཊ྄་འཇུག་པས་སི་དབྱི་བ་མི་རུང༌། དབྱངས༌ཐོག་མ་གཞན་དང་ཝ་མ་ལ་ལྟ་ཅི་སྨོས། ཨ་ ཚཻཏྟཾ། ཨ་ཚཻཏྶུཿཨ་ཚཻ་སཱིཿཞེས་སོགས། ཨ་ཙྪཻ་ཏྶྨ། ཞེས་པའི་བར་རོ། ༈ །སི་བུ་རྩེད་མོ་ལའོ། ། དིབ྄་དིཔ྄་སི་ཨིཊ྄་ཨཱིཊ྄་ཨཊ྄་ཨ་དིཔ྄་ཨིས྄་ཨཱིད྄་བྱིངས་ལ་ཡོན་ཏན་ཨེས྄་ཡལ། འདྲ་རིང༌། ཨ་དེ་བཱིཏ྄། ཨ་དེ་བིཥྚཱཾ། ཨ་དེ་བི་ཥུཿ། ཨ་དེ་བཱིཿ། ལ་སོགས་པའོ། ༈ །སི་བུ་བསྙེན་པར་བྱེད་ པ་ལའོ། །སི་བུ་ཨུ་བརྗོད་དོན། སིབ྄་དིཔ྄་སི་ཨིཊ྄་ཨཱིཊ྄་ཨཊ྄་ཨུ་པ་དྷཱ་ལ་ཡོན་ཏན། ཨ་སེབ྄་ ཨཱིད྄་ཅེས་སོ། །ས྄་དབྱི་འདྲ་རིང༌། ཨ་སེ་བཱིཏ྄། ༈ ཨཱིཊ྄་རིང་པོ་མེད། ས྄་ཥ྄། ཏ་ཊ། ཨ་སེ་ བིཥྚཱཾ། ༈ ཨ་སེ་བིཥུཿནས་ཨ་སེ་བིཥྭ། ཨ་སེ་བིཥྨ། ཞེས་སོ། །འདི་འདྲའི་བྱིངས་འགའ་ཞིག་ ལ་མི་རྟག་པར་མི་སྨྲའོ། །ཞེས་འགྲེལ་པར་གསུང་པ་ནི་ཨིཊ྄་རྟག་ཏུ་འཇུག་ཅེས་པ་ཡིན། ཁ་ ཅིག་ཏུ་ཨིཊ྄་མི་འཇུག་ན་རེས་འགའ་འཇུག་ཀྱང་ཨིཊ྄་རྟག་པ་མིན་པའོ། །ཞེས་པའི་དོན་ ནོ། ༈ །དྲྀ་ཤིར྄་མཐོང་བ་ལའོ། །ཨིར྄་རྗེས་འབྲེལ་དྲྀ་ཤ྄་དིཔ྄་ད་རྐྱེན་ཨུ་པ་དྷཱ་ཡོན་ཏན་ཨཊ྄་ ཨད྄་ཨར྄་ཤ྄་ཨད྄་ཅེས་བྱུང་ཨ་དཪྴ་ཏ྄། ཨ་དཪྴ་ཏཱཾ། ཨ་དཪྴ་ན྄་ལ་སོགས་པའོ། ༈ །ཡང་ན་ སྒྲུབ་ཚུལ་གཞན་ཏེ། རཱ་རོ་ཛྷ་སི་དྲྀ་ཤཱཾ། དྲྀ་ཤ་རྣམས་ཀྱི་ཛྷ་ས་ལ་ཨར྄་རའོ། ༈ །ལུང྄་གི་སྐབས་ འདིར་དྲྀ་ཤ྄་ལ་སོགས་པ་བྱིངས་མང་པོ་རྣམས་ཀྱི་ཕ་རོལ་དུ་རྣམ་དབྱེ་ཛྷ་ས་བྱུང་ན། བྱིངས་ཀྱི་ ཡོན་ཏན་ཨ་ར྄་ནི་ར་དབྱངས་བཅས་སུ་འགྱུར་རོ། ༈ །དྲྀཤ྄་དིཔ྄་སི་ཨཱིཊ྄་ཨཊ྄། ཨུ་པ་དྷཱ་ཡོན་ ཏན། ཨ་ད྄་ཨ་ར྄་ཤ྄་ས྄་ཨཱིད྄་ཅེས་པའོ། །ཨར྄་ར། ཤ྄་ཥ྄། ཥ྄་ཀ྄། ས྄་ཥ྄། བྱིངས་ཀྱི་ད྄་ར་ལ་ དྲངས། ཨུ་པ་དྷཱ་རིང་པོ་ཀ྄་ཥ྄་ཀྵ྄། ཨཱི་ལ་དྲངས་ཨ་དྲཱ་ཀྵཱིཏ྄། ༈ ཐོག་མ་ཨ་དྲ་གྲུབ་པར་བྱེད། ཏཱཾ་ ཨཱིཊ྄་མེད། སི་ཕྱིས་ཤ྄་ཥ྄། ཏ་ཊ། ཨ་དྲཱཥྚཱཾ། ༈ ཨན྄་ཨུས྄་ས྄་མི་འཕྱིད། ཤ྄་ཥ྄། ཀ྄་ས྄ཥ྄། ཨ་ དྲཱཀྵུཿ། ༈ ཨ་དྲཱ་ཀྵཱིཿ། ཨ་དྲཱཥྚཾ། ཨ་དྲཱ་ཥྚ། ༈ ཨ་དྲཱ་ཀྵཾ། ཨ་དྲཱ་ཀྵྭ། ཨ་དྲཱ་ཀྵྨ་ཞེས་སོ། ༈ །སྤྲྀ་ཤ྄་ རེག་པ་ལའོ། །སྤྲྀ་ཤ྄་དིཔ྄་སི་ཨཱིཊ྄་ཨཊ྄། ཨ་སྤྲྀཤ྄་ས྄་ཨཱིད྄་བཀོད། སྤྲྀ་གྱི་རྀ་ཡོན་ཏན་ཨར྄་ནི་ ར་དབྱངས་བཅས་སུ་སོང༌། ཨུ་པ་དྷཱ་རིང༌། ཤ྄ཥ྄། ཥ྄་ཀ྄། སི་ས྄་ཥ྄། ཨ་སྤྲ་ར། ཀ྄ཥ྄་ཨཱིད྄་ཅེས་ 19-1-457 བྱུང་དྲངས་པས་ཨ་སྤྲཱཀྵཱིཏ྄། ༈ སྤྲྀཤ྄་ཏཱཾ། སི་ཨཊ྄། ཨ་སྤྲྀཤ྄ས྄་ཏཱཾ་ཛྷ་སའི་བར་གྱི་ས྄་དབྱི། ཡོན་ ཏན། ར་ཨུ་བ་དྷཱ་རིང༌། ཤ྄་ཥ྄། ཏ་ཊ། ཨ་སྤྲཱཥྚཱཾ། ༈ ཨན྄་ཨུས྄། སི་མི་དབྱི། ཨཱི་མེད། ཤ྄་ཥ྄། ཥ྄་ ཀ྄། སི་ཥ྄། ཨ་སྤྲཱཀྵུཿ། སིཔ྄་དིཔ྄་འདྲ་རུང༌། ཨ་སྤྲཱ་ཀྵཱིཿསོགས། ཨ་སྤྲཱཀྵྨ་ཞེས་པའི་བར་རོ། ༈། མྲྀ་ཛུཥ྄་དག་པ་ལའོ། །མྲྀ་ཛུཥ྄་ཥ྄་རྗེས་འབྲེལ་ཨུ་བརྗོད་དོན་མྲྀཛ྄་དིཔ྄་ས྄་ཨཱི་ཨཊ྄་སྔོན་དུ་པ་ ར་བཞག །འདྲ་རིང༌། རྀ་ཨར྄་དེ་རྀ་ཨུ་པ་དྷཱ་རིང༌། པ་རཱ་མྲཱཛ྄ས྄་ཨཱིད྄་ཅེས་པ་བྱུང་ཛ྄ཥ྄་ཥ྄ཀ྄་ ས྄་ཥ྄་དྲངས། པ་རཱ་མྲཱཀྵཱིཏ྄། ༈ ཏ་རྣམས་ལ་ས྄་དབྱི་དབྱངས་ལ་མ་ཡིན། བ་མ་ལའང་མིན་ནོ། ། ༈ པ་རཱ་མྲཱཥྚཱཾ། ༈ པ་རཱ་མྲཱ་ཀྵུཿ ནས་པ་རཱ་མྲཱཀྵྨའི་བར་རོ། ། ༈ བྷི་དིར྄་འཇོམས་པ་ལའོ། །ཨིར྄་དགོས་དོན་ནོ། །སི་སྱོཿ། སི་དང་སཱི་ལའོ། །བྷིད྄་ ལ་སོགས་པ་བྱིངས་ཨིཊ྄་མེད་ལ། འདིར་སི་དང་གོང་གི་སཱིཥྚ་སོགས་སི་རིང་པོའི་རྐྱེན་བྱིན་ ན། ཨུ་པ་དྷཱ་ལ་ཡོན་ཏན་མེད་དེ། འདིར་བྷིད྄་ཨིཊ྄་མེད་ཡིན། བྷི་བྷེ་རུ་མི་འགྲོ། བྷི་ཉིད་དུ་ གནས་སོ། །བྷིད྄་ཏན྄་སི་ཨཊ྄། ཨ་བྷིད྄་ས྄་ཏ྄། ཨ་བྷིཏྟ། ༈ ས྄་མི་དབྱི། རྐྱེན་གྱི་ཨཱ་ལ་འདྲེན། གཞན་དེ་དང་འདྲ། ཨ་བྷིཏྶཱ་ཏཱཾ། ༈ ཨ་བྷིཏྶ ཏ། ༈ ཐཱ་ས་ལ་སི་དབྱི། ཨ་བྷི་ཏྠཱཿ ལ་སོགས་པ་ སྟེ་དྷྭཾ་ལ་ས྄་ཡལ། ཨ་བྷི་ཏྶྨ་ཧིའི་བར་རོ། ༈ །པ་ར་སྨཻ་སྟེར་ན། ཨ་བྷི་དཏ྄། ཨ་བྷཻཏྶཱིཏ྄་སོགས་ འབྱུང་བར་འདོད་དོ། ༈ །བྲྀ་ཏུ་འཇུག་པ་ལའོ། །ཨུ་བརྗོད་དོན། བྲྀཏ་ཏན྄་སི་ཨིཊ྄་ཨཊ྄་ཨ་བྲྀཏ྄་ ཨིས྄ཏ་ཅེས་པ་བྱུང༌། བྲྀ་ཡོན་ཏན། ཨར྄་ས྄་ཥ྄། ཏཊ། ཏ྄་ཨི་ལ་དྲངས། ཨ་བརྟིཥྚ། ཨ་བརྟི་ ཥཱ་ཏཱཾ། ཨ་བརྟི་ཥ་ཏ། ༈ ཨ་བརྟིཥྵཱཿ། དྷྭཾ་ལ་སི་དབྱི། ཨ་བརྟིཥྨ་ཧི། ཞེས་པའོ། ༈ །གམླྀ་སྲྀ་པླྀ་ འགྲོ་བའོ། །ལིཏྤུ་ཥཱ་དེ་ངཿ། ལྀཏ྄་པུཥ྄་སོགས་ལ་ང྄འོ། །ལྀ་རྗེས་འབྲེལ་ཅན་གྱི་བྱིངས་དང༌། པུཥ྄་ལ་སོགས་པའི་བྱིངས་ལ་ང྄་ཡིག་གི་རྐྱེན་འབྱུང་སྟེ། འདས་པའི་དོན་གྱི་དིཔ྄་སོགས་ ལའོ། །ང྄་རྐྱེན་ཡོད་པས་སི་བཅད་པའོ། །ང྄་ཡིག་ནི་ཡོན་ཏན་འགོག་པའི་ཁྱད་དོན་ཏེ་རྐྱེན་ ཨ་ཉིད་དོ། ༈ །གམླྀ་ལྀ་རྗེས་འབྲེལ་གམ྄་དིཔ྄་ང྄་ང྄་ཡལ། ཨ་བཞག་དྲངས། ཨ་གམ་ཏ྄། 19-1-458 ཨ་ག་མ་ཏཱཾ། ཨ་ག་མན྄། ༈ ཨ་ག་མཿ ཨ་ག་མ་ཏཾ། ག་མ་ཏ། ༈ ཨ་ག་མཾ། ཨ་ག་མཱ་བ། ཨ་ག་ མཱ་མ། ༈ སྒྲུབ་ཚུལ་ག་མ྄་འདྲ་བར་བྱ་སྟེ། སྲྀ་གླྀ་ལ་ཡང་ཨ་སྲྀབ྄་ཏ྄། ཨ་སྲྀ་པ་ཏཱཾ། ཨ་སྲྀ་པན྄། ཞེས་པ་ལ་སོགས་པའོ། ༈ །མུཙམླ་གྲོལ་བ་ལའོ། །ལྀ་ཁྱད་དོན། མུཙ྄་དིཔ྄་ང྄་ཨཊ྄་ཨམུཙ྄་ ཨད྄་དྲངས་ད྄་ཏ྄། ཨ་མུ་ཙཏ྄། ལ་སོགས་པའོ། ༈ །པུཥ྄་རྒྱས་པ་ལའོ། །པུཥ྄་དིཔ྄་ང྄་ཨཊ྄་ ཨ་པུཥ྄་ཨད྄་ཏ྄་རུ་སོང་དྲངས། ཨ་པུ་ཥཏ྄། ཨ་པུ་ཥ་ཏཱཾ། ཨ་པུ་ཥན྄། ཞེས་པ་ལ་སོགས་པའོ། ༈ དྱུཏ྄་སྣང་བར་བྱེད་པ་ལའོ། །དྱུ་ཏ྄་དིཔ྄་ང་ཨཊ྄། ཨ་དྱུ་ཏཏ྄། ཨ་དྱུ་ཏ་ཏཱཾ། ཨ་དྱུ་ཏ྄ན྄། ༈ བཙ྄་ཡོངས་སུ་བརྗོད་པ་ལའོ། །ཇི་སྐད་དུ། བ་ཙའི་ང྄་ལ་སཀ྄་ཨཱ་ག་མའོ། །ཞེས་བཤད་པས་ ལུང྄་གི་སྐབས་འདིར་པུཥ྄་སོགས་ཀྱི་ནང་ཚན་བཙ྄་ལ་སཀ྄་ཨཱ་ག་མ་སྟེར་ཏེ། དེ་ཡང་བྱིངས་ ཀྱི་དབྱངས་མཐར་སྟེར་བས་བ་དང་ཙ྄འི་བར་དུ་སཀ྄་སྟེར་རོ། །ཨ་དང་ཀ྄་རྗེས་འབྲེལ། བཙ྄ དིཔ྄ ང྄་ཨཊ྄ སཀ྄ ཨ་བས྄ཙ྄་ཨད྄ ཅེས་པ་བྱུང༌། ས྄་རྣམ་བཅད། དེ་ཨུ་ཨུ་ལ་ཨོ། ཙ྄ཨ་ལ་ དྲངས་ད྄ཏ྄། ཨ་བོ་ཙ་ཏ྄། ཨ་བོ་ཙ་ཏཱཾ། ཨ་བོ་ཙན྄། ༈ ཨ་བོ་ཙཿ། ཨ་བོ་ཙ་ཏཾ། ཨ་བོ་ཙ་ཏ། ༈ ཨ་བོ་ཙཾ། ཨ་བོ་ཙ་བ། ཨ་བོ་ཙཱ་མ། ཞེས་པའོ། ། ༈ ཧ་ཤ་ཥཱཾ་ཏཱཏྶཀ྄ ཧ་ཤ་ཥའི་མཐའ་ལས་སཀ྄འོ། ལུང྄་གི་སྐབས་འདིར་བྱིངས་ཧ་མཐའ་ དང༌། ཤ྄་མཐའ་དང༌། ཥ྄་མཐའི་རིགས་ཀྱི་ཕ་རོལ་དུ་སཀ྄་ཨཱ་ག་མ་སྦྱིན་དགོས་པ་མཐའ་ལས་ ཞེས་པའི་དོན་ནོ། །བཙ྄་སྐབས་ལྟར་གསལ་བྱེད་མཐའ་ཅན་གྱི་བྱིངས་ཀྱི་དཀྱིལ་དབྱངས་ མཐའ་རུ་བྱེད་པ་དེ་འདྲ་མིན། བྱིངས་རྫོགས་པའི་མཐར་འབྱུང་ངོ་ཞེས་པའོ། ༈ དུ། ཧ་རབ་ ཏུ་གང་བར་བྱེད་པ་ལའོ། །ཧ྄འི་ཨ་ཡལ། དུཧ྄་དིཔ྄་སཀ྄་ང྄་ཨཊ྄ ཨ་དུ་ཧ྄་ས྄ཨད྄་ཧ྄འི་ཌྷའོ་ ཞེས་པས། ཧ྄་ཌྷ྄། དེ་ཡང་ཀ྄་རུ་སོང༌། ས྄་ཥ྄། དུ་དྷུ། ད྄་ཏ྄། ཨ་དྷུཀྵུཏ྄། ༈ ཨ་དྷུཀྵ། དེ་དང་ འདྲ་བར་སྒྲུབས་ནས། ཨ་དྷུཀྵ་ཏཱཾ། ཨ་དྷུཀྵན྄་ལ་སོགས་པའོ། ༈ །ལི་ཧཱ་རོ་མྱང་བ་ལའོ། །ཨཱ་ ཕྱིས ལིཧ྄ དིཔ྄ ས ཀ྄ ང་ཨཊ྄ ཨ་ལིཧ྄ས྄་ཨད྄་ཧ྄་ཌྷ྄ ཌྷ྄ཀ྄ ས྄་ཥ྄ ཨ་ལིཀྵཏ྄། ཨ་ལིཀྵ་ཏཱཾ་ 19-1-459 ལ་སོགས་པའོ། ༈ །བི་ཤ་འཇུག་པ་ལའོ། བིཤ྄ དི་པ྄ སཀ྄ ང྄་ཨཊ྄་ཡང་ན་པྲ་ཡང་སྔོན་ དུ་བཞག ཨ་བིཤ྄ས྄་ཨད྄། ཡང་ན། པྲ་ཨ་བིཤ྄ས྄་ཨད྄་ཅེས་པའོ། །ཤ྄་ཥ྄། ཥ྄་ཀ྄ ས྄་ཥ྄ ཀྵ ཨ་བིཀྵཏ྄། ཨ་བིཀྵ་ཏཱཾ། ཨ་བིཀྵན྄། ཅེས་པ་ལ་སོགས་པའོ། ༈ ཀྲྀཥ་བཤོར་བཏོད་པ་ལའོ། ། བི་ལེ་ཁ་ན། ཞེས་བཤོར་བཏོད་པས་རྐོ་བའམ་འབྲི་བའི་དོན་ཡིན། སྤྱིར་ཀྲྀཥ་འགུགས་པའི་ བྱིངས་ཀྱང་ཡིན་ནོ། ༈ །ཀྲྀཥ྄ དིཔ྄ སཀ྄ ང྄་ཨཊ྄ ཨཀྲྀཥ྄ས྄་ཨང྄་ཥ྄་ཀ྄ ས྄་ཥ྄་ཀྵ། ཨ་ཀྲྀ་ ཀྵད྄། ཨ་ཀྲྀཀྵ་ཏཱཾ། ཨ་ཀྲྀཀྵན྄། ༈ ཨ་ཀྲྀཀྵཿ། ཨ་ཀྲྀཀྵ་ཏཾ། ཨ་ཀྲྀཀྵ་ཏ། ཨ་ཀྲྀཀྵཾ། ཨ་ཀྲྀཀྵྭ། ཨ་ ཀྲྀཀྵྨ། ཞེས་པ་རྣམས་སོ། །དེ་ལྟར་ན། ཏིཔ྄་སོགས་རྣམ་དབྱེ་བརྒྱ་དང་བརྒྱད་ཅུ་རྣམས་ཀྱིས་ བྱིངས་ལས་ཚིག་ཏུ་སྒྲུབ་ཚུལ་རགས་པ་རྣམས་བརྗོད་ཟིན་ཏོ།། །། ༒ དེ་ལྟར་རྣམ་དབྱེ་བརྒྱ་དང་བརྒྱད་ཅུ་འམ། ལ་ཡིག་སྡེ་ཚན་བཅུ་པོས་བྱིངས་རྣམས་ ལ་བྱ་བ་བྱེད་ཚུལ་གྱི་རྣམ་འགྱུར་རགས་པ་བཤད་ཟིན་ནས། ད་ནི་ཟུར་དུ་བཀོལ་བའི་དོན་ གྱི་རྣམ་གྲངས་རྣམས་བཤད་པར་བྱ་སྟེ། དེ་ལས་དང་པོར་དངོས་པོ་དང་ལས་ཀྱི་དོན་ལ་ཨཱཏྨ་ ནེའི་ཚིག་ཅན་ཆོ་ག་རབ་ཏུ་སྦྱོར་བའོ། ༈ །དེ་ཡང་སྔར་བཤད་ཟིན་པའི་བྷ་བ་ཀརྨའི་རྐྱེན་གྱི་ འཇུག་པ་ནི། ལཊ྄་ལིང྄་ལོཊ྄་ལང྄་རྣམས་ཀྱི་ལས་དངོས་ཡིན། ༈ འདིར་ནི་པ་རོ྅ཀྵ་སྟེ་ ལྐོག་གྱུར་རམ་ལིཊ྄་དང༌། ༈ ཨ་ཤཱི་ཥ་སྟེ་སྨོན་པའམ་ལིང྄་ཕྱི་མ་དང༌། ༈ ཤྭ་སྟ་ནི་ཏེ་ནང་པར་ རམ་ལྲྀཊ྄་དང༌། ༈ བྷ་བི་ཥྱ་ཏི་སྟེ་འབྱུང་འགྱུར་རམ་ལྀཊ྄་དང༌། ༈ ཀྲྀ་ཡཱ་ཏི་ཀྲ་མ་སྟེ་བྱ་བ་ལུས་ པའམ་ལྲྀང྄་དང༌། ༈ བྷཱུ་ཏ་སྟེ་བྱུང་ཟིན་ནམ་ལུང྄་ཅེས་པའོ། །སྡེ་ཚན་དྲུག་པོ་དེའི་བྷ་བ་ཀརྨ་ སྟེ་ལས་དངོས་རྣམ་འགྱུར་རྣམས་འདིར་འཆད་དོ། ༈ །བྷཱུ་ཞེས་པ་ལ་ལིཊ྄འི་ཨཏྨ་ནེ་སྟེར་ཏེ། བྷཱུ་ཨེ་ཞེས་པ་བཞག གཉིས་བརྗོད་བྷུ་ཨ་དག་གི་ཎ་སོགས་ལ་ཨཱའོ་ཞེས་པས་བྷཱུ་དང་པོའི་ དབྱངས་ཨཱ་རིང་པོར་གྱུར། ཐུང་ངུའོ་ཞེས་པས་ཨཱ་རིང་པོ་ཨ་ཐུང་ངུ་སོང༌། ཛྷ་པ་རྣམས་ཀྱི་ཛ་ བ་དང་ཙ་བའོ། །ཞེས་བྷ་བར་སོང༌། བྷཱུ་བའི་བུ་ཀ྄འོ་ཞེས་པས་བུཀ྄་ཨཱ་ག་མ་སྟེར་ཨ་ནུ་སྔོན་ 19-1-460 དུ་བཞག ཨ་ནུ་བ་བྷཱུ་བ྄་ཨེ་དྲངས། ཨ་ནུ་བ་བྷཱུ་བེ། སུ་ཁ་མ་ནུ་བ་བྷཱུ་བེ་དེ་བ་དཏྟེན། བདེ་བ་ རྗེས་སུ་མྱོང་བར་གྱུར་ཅིག་ལྷ་སྦྱིན་གྱིས། ཞེས་སོ། །དེ་བ་དཏྟེ་ན། ལྷ་སྦྱིན་གྱིས་ཏེ་བྱེད་པོ། སུ་ཁཾ་ནི་བདེ་བ་སྟེ་ལས་ཨ་ནུ་བ་བྷཱུ་བ་ནི་རྗེས་སུ་མྱོང་གྱུར་ཏེ་བྱ་བའི་ཚིག་གོ ༈ །དེ་བཞིན་དུ། ཨ་ནུ་བ་བྷཱུ་བཱཾ་ཏེ། ༈ ཨ་ནུ་བ་བྷཱུ་བི་རེ། ༈ བུཀ྄་གི་རྗེས་སུ་ཨིཊ྄་སྟེར། ཀུ་ཨི་ལ་ཨ་ནུ་བ་བྷཱུ་བི་ ཥེ། ༈ ཨ་ནུ་བ་བྷཱུ་བཱ་ཐེ། ༈ ཨིཊ྄་འཇུག དྷ་ཌྷ། ཨ་ནུ་བ་བྷཱུ་བི་ཌེཧྭ། ༈ ཨ་ནུ་བ་བྷཱུ་བེ། ཨིཊ྄་ འཇུག ཨ་ནུ་བ་བྷཱུ་བི་བ་ཧེ། ༈ ཨ་ནུ་བ་བྷཱུ་བི་མ་ཧེ། ཞེས་པ་སྟེ་གསལ་བྱེད་ཐོག་མ་ཅན་ལ་ ཨིཊ྄་འཇུག དབྱངས་ཐོག་མ་ཅན་ལ་ཕར་དྲངས་པའོ། ༈ །ཌུ་པ་ཙཥ྄་འཚེད་པ་ལའོ། །པཙ྄་ ཨེ་བཞག གཉིས་བརྗོད་དང་པོ་ཧ་ས་སོགས་ཙ྄་དང་པོ་ཕྱིས། པཙ་རྣམས་ཀྱི་ཀིཏ྄་ལ་དབྱི་སྟེ། ཨའི་ཨེ་ཡང་ངོ༌། །ཞེས་པས་པ་ཐོག་མ་ཕྱིས། ཕྱི་མའི་སྲོག་ཨེ་རུ་བསྒྱུར་རོ། །དྲངས་པེ་ཙེ། དེ་ བཞིན་དུ། པེ་ཙཱ་ཏེ། པེ་ཙི་རེ། ༈ པེ་ཙི་ཥེ། པེ་ཙཱ་ཐེ། པེ་ཙི་དྷྭེ། ༈ པེ་ཙེ། པེ་ཙི་བ་ཧེ། པེ་ཙི་ མ་ཧེ། ཞེས་སོ། ༈ །ཏ་ནུ་སྤངས་པ་ལའོ། །ཏན྄་ཨེ་གཉིས་བརྗོད་ན྄་དང་ཏ་ཕྱིས་ཏ་ཏེ་ཏེ་ནེ། ཏེ་ནཱ་ཏེ། ཏེ་ནི་རེ་ལ་སོགས་པའོ། ༈ །དེ་བཞིན་དུ། མེ་ནེམེ་ནཱ་ཏེམེ་ནི་རེ་ལ་སོགས་པའོ། ༈ །ད་ཏི། ད་དཱ་ཏེ། ད་དི་རེ། ལྟ་བུ་པཙ་སོགས་མིན་པ་ལ་ཕྱི་མའི་ཨ་ཨེར་མི་འགྲོ་བའི་ཚུལ་ ཤེས་པར་བྱའོ། །ཡང་ན་ཡི་གེ་དང་པོ་ཁོ་ན་འཕེལ་བས་ཀྱང་རུང་ངོ༌། ༈ ཥྞཱ་གཙང་བྱེད་ལའོ། ། ཥྞཱ་ཨེ་གཉིས་ཎ་ཕྱིས་སཱ་ཐུང་ངུ༌། པཾ་པཱ་ས་ར་སི་རཱ་མེ་ཎ་ཡཏྐྲྀ་ཏི་ཤཱི་ཏ་ཡཱ་ས་ཧ། ཡ་དི་ཛཱ་ནཱ་སི་ ཏ་ཏྭ་ང་ས་སྣེ་ཧཾ་ས་བི་ལཱ་ས་ཡཱ། པདྨའི་མཚོ་ལ་དགའ་བྱེད་དང༌། །གང་དུ་ཤཱི་ཏ་ལྷན་ཅིག་རྩེ། ། གཙང་བྱེད་གང་དང་གང་ཡིན་པ། །དེ་དེར་ངང་པ་རྣམ་པར་རོལ། །ཞེས་སོ། །འདིར་དཔེར་ བརྗོད་ནི་རྐང་པ་གསུམ་པར་ས་སྣེ་དག་བྱེད་ཅེས་པ་དེའོ། །གླཻ་མླཻ་སྤྲོ་བ་ཟད་པ་ལའོ། །གླཻ་ཨེ་ གཉིས་བརྗོད་ལ་དང་པོ་དབྱི། མཚམས་སྦྱོར་གྱི་ཡི་གེ་ལ་ཨཱ། གཱགླཱ་ཨེ་ཐུང་ངུའོ། །ཀུཧ་ལ་ཙུ་ ཞེས་པས་ག་ཡིག་ཛ་ཡིག་ཏུ་སོང༌། ཨཱ་ཏ་མཐའ་ནི་ཨི་པ྄་མིན་པ་དབྱི་བས། གླཱའི་ཨ་ཕྱིས། ཨེ་ 19-1-461 ལ་དྲངས་ཛ་གླེ། ཛ་གླཱ་ཏེ། ཛ་གླི་རེ་ལ་སོགས་པའོ། ༈ །དེ་བཞིན་དུ། མླཻ་ཨེ་མ་ནི་ཀུ་ཧ་མིན་ པས་ཙུ་རུ་བསྒྱུར་དུ་མེད། གཞན་འདྲ་བ་མམླེ། མམླཱ་ཏེ། མ་མླི་རེ། ༈ མམླིཥེ། མམླཱ་ཐེ། མམླི་ ཌྷྭེ། ༈ མམླེ། མམླེ་བ་ཧེ། མ་མླི་མ་ཧེ། ཞེས་པའོ། ༈ །ལུང་དྲངས་པ་དབྱངས་མཐའི་དབྱངས་ རྣམས་དང༌། ཧན྄་གྲཧ྄་དྲི་ཤ་རྣམས་ཀྱི་ཡང་དངོས་པོ་དང་ལས་དག་གོ་ཞེས་དང༌། སི་ས་ཏཱ་སཱི་ སྱཔ྄་རྣམས་ཀྱི་ཎིཏ྄་ཡང་ན་སྟེ་ཨིཊ྄འོ། །ཞེས་འབྱུང་བ་བྱིངས་མཐའ་དབྱངས་ཡིན་པ་རྣམས་ དང༌། དབྱངས་མཐའ་མིན་ཡང་དྲྀ་ཤ྄་ལ་སོགས་པའི་ཚོགས་དང༌། ཧན྄་གྲཧ྄་རྣམས་ལ་བྱེད་ པོའི་རྐྱེན་མ་ཡིན། དངོས་པོ་དང་ལས་ཏེ། དངོས་ལས་ཀྱི་དོན་ལ། འདས་པའི་སི་དང༌། འདོད་ པའི་དོན་ས་དང༌། ནང་པར་གྱི་ཏཱ་དང༌། སྨོན་པའི་སཱི་སྟེ། སཱིཥྚ་སོགས་དང༌། ཀྲི་ཡཱ་ཏི་ཀ྄མའི་ སྱཔ྄་རྣམས་སྦྱར་བའི་ཚེ། ཨིཊ྄་སྤྱིར་བཏང་འཇུག་པ་ཁོ་ན་དང༌། རྐྱེན་དེ་རྣམས་ཎིཏ྄་ཀྱི་བརྡ་ ཆད་འཇུག་པ་དང་མི་འཇུག་པ་གདམ་ང་སྟེ། འཇུག་པའི་ཕྱོགས་ལ་བྱིངས་ཀྱི་དང་པོ་འཕེལ་ བ་དང༌། མི་འཇུག་པའི་ཕྱོགས་ལ་ཡོན་ཏན་ཏེ། སྐབས་འདི་དག་ཏུ་ཨིཊ྄་ཡོད་ཕྱིན་འཕེལ་ བ་དང་ཡོན་ཏན་གང་རིགས་གཅིག་ངེས་པར་འོང་བའོ། ༈ །སྨོན་པའི་རྐྱེན་ནམ་ཨ་ཤཱི་ཥ་ལ། བྷཱུ་སཱིཥྚ། བར་དུ་ཨིཊ྄་ཎིཏ྄་ལ་འཕེལ་བ་བྷཽ། ཨཽ་ཨཱ་བ྄། བྷཱ་པ྄་ཨི་སཱིཥྚ། ཨ་ནུ་གོང་དུ་བཞག དྲངས། ཀུ་ཨི་ལ། ནུ་བྷཱ་བི་ཥཱིཥྚ། སུ་ཁ་མ་ནུ་བྷཱ་བི་ཥཱིཥྚ་བྷ་བ་ཏཱ། བདེ་བ་རྗེས་སུ་མྱོང་བར་གྱུར་ ཞིག་ཁྱོད་ཉིད་དོ། ༈ །དེ་བཞིན་དུ། ཨ་ནུ་བྷཱུ་བི་ཥཱི་ཡཱསྟཱཾ། ཨ་ནུ་ནི་མཚོན་བྱེད་ཉེར་སྒྱུར་འཕྲོད་ མཐུན་པ་གང་ཡང་རུང་བའོ། ༈ །འདིར་ཀུན་ལ་ཨ་ནུ་སྦྱར་ཏེ། བྷཱུ་བི་ཥཱི་རན྄། ༈ བྷཱ་བི་ཥཱི་ཥྛཱཿ། བྷཱ་བི་ཥཱི་ཡཱ་སྠཱི། བྷཱ་བི་ཥཱི་ཌྷྭཾ། ༈ བྷཱ་བི་ཥཱི་ཡ། བྷཱ་བི་ཥཱི་བ་ཧི། ཨ་ནུ་བྷཱ་བི་ཥཱི་མ་ཧི། ༈ ཎི་ཏ྄་མ་ཡིན་ པའི་ཕྱོགས་ལ་བྷཱུ་ཨིཊ྄། སཱིཥྚ། བྷཱུ་ཡོན་ཏན། ཨ་ནུ་གོང༌། ཀུ་ཨི་ལ། ཨ་ནུ་བྷ་བིཥཱི་ཥྚ། བྷ་བི་ ཥཱི་ཡཱ་སྟཱཾ་ལ་སོགས་པ་བྷ་ཐུང་ངུའི་ཁྱད་མ་གཏོགས་གོང་བཞིན་ནོ། ༈ །ཤཱིང྄་ཉལ་བ་ལའོ། །ཤཱི་ སཱིཥྚ་ཨིཊ྄་ཤཱི་འཕེལ་བ་ཤཻ། ཨཻ་ཨཱཡ྄། ཀུ་ཨི་ལ། ཤཱ་ཡི་ཥཱི་ཥྚ། ཤཱ་ཡི་ཥཱི་ཡཱ་སྟཱཾ་ལ་སོགས་པ་དང༌། 19-1-462 ༈ ཎིཏ྄་མིན་པ་ལ་ཡོན་ཏན་ཏེ། ཤ་ཡི་ཥཱིཥྚ་ལ་སོགས་པ་གོང་བཞིན་ནོ། ༈ །ཌུ་ཀྲྀཉ྄། ཀྲྀ་སཱིཥྚ་ ཨིཊ྄་འཕེལ་པ་སྟེ་ཨཱར྄། ཀཱ་རི་ཥཱིཥྚ། ཀཱ་རི་ཥཱི་ཡཱ་སྟཱཾ། ཀཱ་རི་ཥཱི་རན྄་སོགས་དང༌། ༈ ཎིཏ྄་མིན་ པ་ལ་སྐབས་འདིར་དམིགས་གསལ་ཡིན་པས་ཨིཊ྄་མེད། ཡོན་ཏན་དང་འཕེལ་བ་གང་ཡང་ མེད། ཀྲྀ་ཉིད་ལ་གནས། ཀྲྀ་ཥཱིཥྚ། ཀྲྀ་ཥཱི་ཡཱ་སྟཱཾ། ཀྲྀ་ཥཱི་རན྄་ཞེས་པ་ལ་སོགས་པའོ། ༈ །ནང་ བར་གྱི་དོན་ལ་ཏཱ་ཏཱ་རཽ་ཏ་རས྄་ཕྱི་མ་མན་ཆད་ཏེ། བྷཱུཏཱ་ཨིཊ྄་འཕེལ་བ། ཨུ་ནུ་གོང་ཨ་ནུ་བྷཱ་བི་ ཏཱ། དེ་བཞིན་དུ་ཨ་ནུ་ཐམས་ཅད་ལ་སྦྱོར་བར་གོ་ནས། ཨ་ནུ་བྷཱ་བི་ཏཱ་རཽ། བྷཱ་བི་ཏཱ་རཿ། ༈ བྷཱ་ བི་ཏཱ་སེ་བྷཱ་བི་ཏཱ་སཱ་ཐེ་བྷཱ་བི་ཏཱ་དྷྭེ། ༈ བྷཱ་བི་ཏཱ་ཧེ། ཨ་ནུ་བྷཱ་བི་ཏཱ་སྭ་ཧེ། ཨ་ནུ་བྷཱ་བི་ཏཱ་མ་ཧེའོ། ༈ ། ཎིཏ྄་མ་ཡིན་པ་ལ་ཡོན་ཏན་ཏེ་བྷ་ཐུང་ངུ་ཁྱད་ཙམ་མ་གཏོགས་གཞན་འདྲ། ཨ་ནུ་བྷ་བི་ཏཱ། བྷ་བི་ཏཱ་རཽ། བྷ་བི་ཏཱརཿ། ལ་སོགས་པའོ། ༈ །བྷ་བི་ཥྱ་ཏེ་དོན་ལ་བྷུ་ཏེ་སྱཔ྄་ཨིཊ྄་འཕེལ་བ་ ཨཽ་ཨཱབ྄་ཀུ་ཨི་ལ་ཨ་ནུ་གོང་ཨ་ནུ་བྷཱ་བི་ཥྱ་ཏེ། ༈ གོང་ཨ་ཐུང་མཐའི་སྐབས་དང་འདྲ། རྐྱེན་ གྱི་ཨཱ་རིང་ཨི་རུ་བསྒྱུར། ཨེ་དང་ཨ་ཐུང་ལ་གོང་མའི་མཐའི་ཨ་ཡལ། བ་མ་ལ་ཨཱ་རིང་པོའོ། ། ཨ་ནུ་བྷཱ་བིཥྱེ་ཏེ། ཨ་ནུ་བྷཱ་བིཥྱནྟེ། ༈ བྷཱ་བིཥྱ་སེ། བྷཱ་བིཥྱེ་ཐེ། བྷཱ་བིཥྱ་དྷྭེ། ༈ བྷཱ་བིཥྱེ། བྷཱ་བི་ ཥྱཱ་བ་ཧེ། ཨ་ནུ་བྷཱ་བིཥྱཱ་མ་ཧེའོ། ༈ །ཎིཏ྄་མ་ཡིན་པའི་ཕྱོགས་ལ་ཡོན་ཏན་ཏེ། ཨ་ནུ་བྷ་བཥྱི་ ཏེ་ལ་སོགས་པ་སྟེ། བྷ་ཐུང་ངུའི་ཁྱད་པར་ཏེ་གཞན་འདྲའོ། ༈ །བྱ་བ་ལུས་པའི་དོན་སྱཔ྄་ དང་བཅས་པའི་དིཔ྄་སོགས་ཏེ་བྷཱུ་དིཔ྄་སྱཔ྄་ཨིཊ྄་དིཔ྄་སོགས་ཨཊ྄་འཕེལ་བ། ཨཽ་ཨཱབ྄། ཨ་ ནུ་གོང༌། ཨ་ནུ་ཨ་བྷྲ་ཨཱབ྄་ཨི་སྱད྄་ཅེས་བྱུང༌། ནུའི་ཨུབ྄་དབྱངས་མེད་གསུམ་དབྱངས་དང་ སྦྱར། ཀུ་ཨི་ལ། ད྄་ཏ྄་ཨ་ནྭ་དྷཱ་བི་ཥྱཏ྄་ཅེས་སོ། །ཨ་ནྭ་བྷཱ་བིཥྱ་ཏ་ཏྭ་ཡ་ཏ་ཏྭཾ་ཡ་དྱ་ཤྲོ་ཥྱཏ྄། རྗེས་ སུ་ཞུགས་ཤིག་གང་དུ་ཁྱོད་དེ་ཁོ་ན་ཉིད་ཉན་པ་ལའོ། །ཞེས་སོ། ཨ་ནྭ་བྷཱ་བི་ཥྱེ་ཏཱཾ། ཨ་ནྭ་བྷཱ་བི་ ཥྱ་ཏ། ༈ ཨ་ནྭ་བྷཱ་བི་ཥྱ་ཐཱཿ། ཨ་ནྭ་བྷཱ་བི་ཥྱེ་ཐཱཾ། ཨ་ནྭ་བྷཱ་བི་ཥྱ་དྷྭཾ། ༈ ཨ་ནྭ་བྷཱ་བི་ཥྱཻ། ཨ་ནྭ་བྷཱ་བི་ ཥྱཱ་བ་ཧཻ། ཨ་ནྭ་བྷཱ་བི་ཥྱཱ་མ་ཧཻ། ༈ ཎིཏ྄་མིན་ལ་ཡོན་ཏན་དང་ཨབ྄་སྟེ། ཨ་ནྭ་བྷ་བིཥྱ་ཏ྄་ཞེས་པ་ 19-1-463 ལ་སོགས་པའོ། ། ༈ ད་ནི་བྷཱུ་ཏ་ཏེ་བྱུང་ཟིན་གྱི་དོན་ལ། ཨིཎ྄་ཏ་ནྱ་ཀརྟི་རི། ཏན྄་ལ་བྱེད་པ་པོ་མིན་པ་ལ་ ཨིཎ྄འོ། །བྱེད་པོའི་དོན་མ་ཡིན་པ་སྟེ། དངོས་པོ་དང་ལས་ལ་ཕ་རོལ་དུ་བྱུང་ཟིན་གྱི་རྣམ་དབྱེ་ ཐོག་མ་ཏན྄་ཞེས་པ་ལ་བར་རྐྱེན་ཨིཎ྄་འཇུག་གོ །ཨིཎ྄་ཡོད་ན་སི་སྤངས་པ་ཡིན་ནོ། །ཏན྄་ མ་ཡིན་པ་གཉིས་ཚིག་ཨཱ་ཏཾ་ལ་སོགས་པ་ལ་ཨིཎ྄་མི་འཇུག་སི་ཉིད་སྦྱིན་དགོས། ཎི་ཏ྄་ལ་ འཕེལ། ཎི་ཏ྄་མིན་ཡོན་ཏན་གོང་དང་འདྲའོ། །ལོ་པཿ། དབྱི་བའོ། །ཨིཎ྄་དང་རབ་སྦྱོར་རྣམ་ དབྱེ་ཏན྄་དབྱེ་སྟེ། ན྄་རྟག་ཏུ་མི་སྣང་བར་བྱེད་མོད། ཏ་ཡང་ཕྱིས་འགོག་པའོ། ༈ །བྷཱུ་ཏན྄ ན྄་ ཡལ། བར་དུ་ཨི་ཎ྄། ཎ྄་སྤངས། ཨཊ྄་འཕེལ་བ། ཨཽ་ཨཱབ྄ ཨ་ནུ་གོང་། ཨ་ནུ་ཨ་བྷ་ཨཱབ྄་ཨིཏ་ ཞེས་པ་བྱུང་དབྱི་བའོ། །ཞེས་པས་ཏ་མི་སྣང༌། མཚམས་སྦྱར། ཨ་ནྭ་བྷཱ་བི། ཞེས་སོ། །ཨ་ནྭ་ བྷཱ་བི་བྷ་བོ་བྷ་བ་ཏཱ། ནོར་འགོག་པར་བྱུང་ངོ་ཁྱེད་ལའོ། །བྷཱུ་ཨཱ་ཏཱཾ་སི་ཨིཊ྄་འཕེལ་བ། ཀུ་ཨི་ ལ། ཨཊ྄། ཨ་ནུ་གོང༌། ཨ་ནྭ་བྷཱ་བི་ཥཱ་ཏཱཾ། ཨ་ནྭ་བྷཱ་བི་ཥཏ། ༈ ཨ་ནྭ་བྷཱ་བིཥྛཿ ཨ་ནྭ་བྷཱ་བི་ཥཱ་ ཐཱཾ། དྷྭཾ་ལ་སི་དབྱི། ཨ་ནྭ་བྷཱ་བི་དྷྭཾ། ཌྷཱཾ་དུ་བྱེད་པའང་ཡོད། ༈ ཨ་ནྭ་བྷཱ་བི་ཥི། ཨ་ནྭ་བྷཱ་བི་ཥྭ་ ཧི། ཨ་ནྭ་བྷཱ་བིཥྨ་ཧི། ༈ གལ་ཏེ་ཨཱ་ཏཱཾ་མན་ཆད་ཎིཏ྄་མིན་ལ་ཡོན་ཏན་ཏེ། ཨ་ནྭ་བྷ་བི་ཥཱ་ཏཱཾ་ལ་ སོགས་པའོ། །ཏན྄་ལ་ཎི་ཏ྄་ཡིན་མིན་གྱི་དབྱེ་བ་མེད་པར་ཤེས་སོ། ༈ །ཌུ་ཀྲྀཉ྄་ཀྲྀ་ཏན་ཨིཎ྄་ འཕེལ་བ། ཨཱར྄་ཨཊ྄་ཏན྄་འཇིག ཨ་ཀཱ་རི། ཞེས་སོ། །ཕྱི་མ་རྣམས་ལ་ཨིཎ྄་མེད། སི་དང་ ཨིཊ྄་འབྱུང་བས། ཨ་ཀཱ་རི་ཥཱ་ཏཱཾ་དང༌། ཨ་ཀཱ་རིཥྛ་དང༌། སི་ཕྱིས། ཨ་ཀཱ་རི་ཌྷྭཾ་དང༌། ཨ་ཀཱ་རི་ ཥྭ་ཧི། ལ་སོགས་པའོ། ༈ །ཎིཏ྄་མིན་པ་ལ་ཨཱ་ཏཱཾ་སོགས་ལ་ཡོན་འཕེལ་མེད། ཨ་ཀྲྀ་ཥཱ་ཏཱཾ་ལ་ སོགས་པའོ། །དེ་བཞིན་དུ། ཧྲྀཉ྄་ལ་ཡང་འགྲེ། ཨ་ཧཱ་རི། ཨ་ཧཱ་རི་ཥཱ་ཏཱཾ་ལ་སོགས་པའོ། ༈ །ཀྲྀ་ སྔར་བཞིན་ལ་ནིར྄་དང་ཨཱང྄་སྔོན་དུ་བཞག ང྄་རྗེས་འབྲེལ་ནི་རཱ་དང་ཨཊ྄་མཚམས་སྦྱར། ནི་རཱ་ཀཱ་རི། ནི་རཱ་ཀཱ་རི་ཥཱ་ཏཱཾ་ལ་སོགས་པའོ། ༈ །དྷྲྀཉ྄་ཡང་དེ་དང་འདྲ། ནིར྄་ཨཱང྄་སྦྱར་ན། 19-1-464 ནི་རཱ་དྷ་རི། ནི་རཱ་དྷ་རི་ཥཱ་ཏཱཾ་ལ་སོགས་པའོ། ༈ །ཌུཔ་ཙཥ྄། པཙ་ཏན྄། ཨིཎ྄་འཕེལ་བ། ཨཊ྄་ དྲངས། ཏན྄་འཇིག ཨ་པཱ་ཙི། པཙ྄་ཨཱ་ཏཱཾ་སི་འཕེལ་བ་ཙའི་ཀའོ།ས྄་ཥ྄་ཀྵ། ཨ་པཀྵཱ་ཏཱཾ། ཛྷ་ ས་ལས་སོ། །ཀ་དང་ཐཱ་གཉིས་ཀ་ཛྷ་ས་ཡིན་པས་སི་འཇིག་གོ །ཨ་པཀྠཱཿ། དྷྭཾ་ལའང་དེ་དང་ འདྲ་བ་ལ་ཀ་ག་རུ་འགྲོ།ཨ་པགྔྷྭཾ། གཞན་སྔར་དང་འདྲའོ། ༈ །བྷུ་ཛ་སྐྱོང་བ་ལའོ། །ཨུ་པ་དྷཱ་ ཐུང་ངུའོ། །ཞེས་འབྱུང་སྟེ་འཕེལ་བ་བཀག་ཡོན་ཏན་བྱེད་དོ། །བྷུ་ཛ྄་ཏན྄་ཨིཎ྄་ཡོན་ཏན། བྷེ་ འཁྲིས་ན་དབྱངས་མེད་པས་ཨོ་ཨབ྄ར་མི་འགྲོ། ཨཊ྄་ཨ་བྷི་ཛི། ༈ བྷུཛ྄ཨཱ་ཏཱཾ་སི་ཨིཊ྄་མེད་ པས་འདི་ལ་ཡོན་ཏན་འཕེལ་བ་མེད། ཨཊ྄་ཨ་བྷུཛ྄་ས྄་ཨཱ་ཏཱཾ་བྱུང༌། ཛ྄་ཥ྄ ཥ྄་ཀ྄ ས྄ཥ྄ ཀྵ྄། ཨ་ བྷུཀྵཱ་ཏཱཾ། ཨབྷུཀྵ་ཏ། ཛ྄་ཥ྄་སི་ཡལ ཨ་བྷུཥྛཱཿལ་སོགས་པའོ། ༈ །པ་ད་འགྲོ་བ་ལའོ། །དའི་ཨ་ ཡལ། པད྄་ཏན྄་ཨིཎ྄་འཕེལ་བ། པཱ་ཨཊ྄་ཉེར་བསྒྱུར་པྲ་ཏི། པྲ་ཏི་ཨ་པཱད྄་ཨིཊ྄་མཚམས་སྦྱར། ཏན྄་འཇིག་པཏྱ་པཱ་དི། ༈ པད྄་ཨཱ་ཏཱཾ་སི་ཨིཊ྄་མེད་པས་ཡོན་འཕེལ་སྤངས། ད྄་ཏ྄་དྲངས། མཚམས་སྦྱར། པྲ་ཏྱ་པཏྶཱ་ཏཱཾ་དང༌། ༈ ཐཱ་ས྄་ལ་སི་འཇིག་པྲ་ཏྱ་པ་ཏྠཱཿདང་དྷྭཾ་ལའང་པྲ་ཏྱ་པདྡྷྭཾ། པྲ་ཏྱ། པཏྶྭ་ཧི་དང་པྲ་ཏྱ་པཏྶྨ་ཧིའི་བར་དུའོ། ༈ །བྷཎ྄་སྒྲ་ལའོ། །བྷཎ྄་ཏན྄ཨིཎ྄་འཕེལ་བ་ཨཊ྄་ ཏ་ཡལ་ཨ་བྷཱུ་ཎི། ༈ སི་དང་ཨིཊ྄་བྱུང༌། ཨ་བྷ་ཎི་ཥཱ་ཏཱཾ་ལ་སོགས་པའོ། ༈ །བཙ྄་ཏན྄་ཨིཎ྄་ འཕེལ་བ་ཨཊ྄་ཨ་བཱ་ཙི། ༈ ཨཱཏཱཾ་ལ་ཨིཎ྄་དང་ཨིཊ྄་མེད་སི་འཇིག་ཙ྄་ཀ྄། ས྄་ཥ྄། ཀྵ྄་ཨ་བཀྵཱ་ ཏཱཾ་ལ་སོགས་པའོ། ༈ །གྲཧ྄་ཏན྄་ཨིཎ྄་འཕེལ་བ། ཨཊ྄་ཨ་གྲཱ་ཧི། ༈ ཨཱ་ཏཾ་སོགས་ལ་སི་ཨིཊ྄་ འཕེལ་བ་ཡོན་ཏན། ཎིཏ྄་ཡིན་མིན་གྱི་ཁྱད་པར་ཡིན། ཨཊ྄་ས྄་ཥ྄། ཨ་གྲཱ་ཧི་ཥཱ་ཏཱཾ། ཞེས་སམ། ཨ་གྲ་ཧི་ཥཱ་ཏཱཾ། ཞེས་སོ། ༈ །ཐཱས྄་ལ་སི་མི་དབྱི། དྲངས་པས་ཥྛཱཿཡོང༌། དྷྭཾ་ལ་སི་དབྱི་གཞན་ འདྲའོ། ༈ །ཎིཉ྄་ཏན྄་ཉ྄་ན྄་ཡལ་ཨིཎ྄་འཕེལ་བ་ཨཻ། ཨཻ་ཨཱཡ྄་ནིར྄་སྔོན་དུ་བཞག་ཨཊ྄་ནིར྄་ ཨན྄་ཨཱཡ྄་ཨིཎ྄་ཅེས་པ་བྱུང༌། དྲངས། ཏ་མི་སྣང༌། ནི་ར་ཎཱ་ཡི། ༈ ཨཱ་ཏཾ་ལ་སི་ཨིཊ྄་འཕེལ་བ། ནིར་ཎཱ་ཡི་ཥཱ་ཏཱཾ་སོགས་འགྲེའོ། ། 19-1-465 ༈ ཨཱ་ཏོ་ཡུཀ྄། ཨཱཏ྄་ཀྱི་ཡུཀ྄འོ། །ལུང་གི་དངོས་ལས་ཀྱི་སྐབས་འདིར་བྱིངས་ཨཱ་རིང་ མཐའ་ཅན་ལ་ཡུཀ྄་ཨཱ་ག་མ་སྟེར་ཏེ། ཉིཏ྄་དང་ཎིཏ྄་ཕ་རོལ་ལའོ། །ཞེས་འབྱུང་འདིར་ཎིཏ྄་ ཀྱི་མིང་ཅན་ནོ། ༈ །པཱ་བཏུང་བ་ལའོ། །པཱ་ཏན྄་ཨིཎ྄་ཡུཀ྄་ཀ྄་རྗེས་འབྲེལ་ཨུ་བརྗོད་དོན་ཨཊ྄་ ཨ་པཱ་ཡ྄་ཨིཏ྄་ཏ་ཡལ། ཨ་པཱ་ཡི། ཨཱ་ཏཱཾ་སོགས་སི་དང་ཨིཊ྄་ཨ་པཱ་ཡིཥཱ་ཏཱཾ་ལ་སོགས་པའོ། ༈། ཥྞཱ་གཙང་བྱེད་ལའོ། ཥྞཱ་ཏན྄་སྣཱ་ཨིཎ྄་ཡུཀ྄་ཨཊ྄་ཨ་སྣཱ་ཡི། ཨིཊ྄་སི་ཨ་སྣཱ་ཡི་ཥཱ་ཏཱཾ་ཞེས་པ་ལ་ སོགས་པའོ། ༈ །ཌུདྷཱ་ཉ྄། དྷཱ་དན྄་ཨིཎ྄་ཡུཀ྄་ཨ྄ཊ྄་ཉེར་བསྒྱུར་ནི་གོང་དུ་བཞག ནི་ཨདྷཱ་ཡ྄་ཨི་ ཏ྄་ཏ་དབྱི་མཚམས་སྦྱར། དྲངས། ནྱ་དྷཱ་ཡི། སི་ཨིཊ྄་ཡུཀ྄་ས྄་ཥ྄་ནྱ་དྷཱ་ཡི་ཥཱ་ཏཱཾ་ལ་སོགས་པའོ། ༈ །པ་ད་འགྲོ་བ་ལའོ། །པ་ད་སོགས་ཀྱི་བྱེད་པ་པོ་ལ་ཨིཎ྄འོ། །ཞེས་གཞན་ལས་བཤད། འདི་ ལ་ཉེར་བསྒྱུར་ཨུཏ྄་སྔོན་དུ་འཇོག པད྄་ཏན྄་ཨིཎ྄་ཨཊ྄་ཨུཏ྄་ཨུཏ྄་ཨ་པད྄་ཨིཏ྄་ཅེས་པ་བྱུང་ འཕེལ་བ་ཏ྄་ད྄་ཏ་ཡལ་དྲངས། ཨུ་ད་པཱ་དི། ཨཱ་ཏཱཾ་ལ་ཨིཊ྄་མེད་སི་ཡོད་འཕེལ་བ་མིན། ཨིཊ྄་ ཡོད་ན་ཥ་རུ་འགྲོ་ཡང་དེ་འདིར་ཨིཊ྄་མེད་པས་སའོ། །གཞན་འདྲ། ཨུ་ད་བཏྶཱ་ཏཱཾ་ཞེས་སོགས་ སོ། ༈ །བུ་དྷ་བྱང་བ་ལའོ། །བུདྷ་ཏན྄་ཨིཎ྄་ཡོན་ཏན་ཨཊ྄་ཨ་བོ་དྷི། ཨཱ་ཏཱཾ་སོགས་སི་ཨིཊ྄་ མེད་པས་ཡོན་ཏན་འཕེལ་བ་མེད་དྷ྄་ད྄། དེ་ཏ྄། ཨ་བྷུཏྶཱ་ཏཱཾ། ཞེས་པ་ལ་སོགས་པའོ། །ཡང་ ལུང་དྲངས་པ་ཛ་ནི་དང་བདྷི་དག་ལ་འཕེལ་བ་མ་ཡིན་ནོ། ༈ །ཛ་ནི་ཏན྄་ཨི་སངས། ཨིཎ྄། ཨཊ྄། འཕེལ་མེད་ཏན྄་མི་སྣང༌། ཨ་ཛ་ནི། སི་ཨིཊ྄་ཡོད་ཀྱང་ཡོན་འཕེལ་མེད་དེ་དམིགས་ གསལ་ཡིན། ཨ་ཛ་ནི་ཥཱ་ཏཱཾ་ཞེས་སོགས་ཏེ། ༈ བདྷི་ཡང་དེ་དང་མཚུངས་སོ། །ཞེས་པ་ནི་ལ་ ཡིག་སྡེ་ཚན་ཕྱི་མ་དྲུག་ལས་དང་དངོས་པོའི་དོན་ཅན་གྱི་རབ་ཏུ་བྱ་བ་རྣམས་སོ། ། ༈ ད་ནི་རྐྱེན་མཐའ་ཅན་གྱི་བྱ་བ་རྣམས་བཤད་དེ། བྱིངས་ཀྱི་མཐར་རྐྱེན་སྦྱར་ཡང་མིང་ ངམ་ཚིག་ཏུ་མ་གྲུབ་པ་ལ་སླར་བསྒྲུབ་པའི་ཕྱིར་ཕ་རོལ་ཏི་སོགས་ཀྱི་རྣམ་དབྱེ་བྱུང་ན། རྐྱེན་ མཐའི་རྣམ་འགྱུར་འབྱུང་ཚུལ་རྣམས་བཤད་པར་བྱའོ། ། 19-1-466 ཨ་ཏི་ཤ་ཡེ་ན་ཧ་སཱ་དེཪྻང྄་དྭིཤྩ། ཕུལ་དུ་བྱུང་བ་ལ་ཧ་ས་དང་པོའི་ཡང྄་ཏེ་གཉིས་ཀྱང་ ངོ༌། །བྱ་བ་དང་འབྲེལ་བ་གང་ཡིན་ཡང་བྱ་བའམ་བྱ་བ་ཅན་དེ་ཕུལ་དུ་བྱུང་བའི་དོན་ཅན་དུ་ སྒྲུབ་པར་བྱེད་པ་ལ་ཡང྄་ཞེས་པའི་རྐྱེན་སྦྱར་ནས་བྱིངས་དེ་རྐྱེན་མཐའ་ཅན་དུ་བྱས་ནས་རྣམ་ དབྱེ་སྒྲུབ་པ་ཡིན་ལ། ཡང྄་གི་རྐྱེན་བྱིན་ན་བྱིངས་གཉིས་སུ་འགྱུར་ལ། དེ་ནི་རྐྱེན་གྱི་རྣམ་ འགྱུར་ཡིན་པའི་ཚིག་གི་རིགས་སུ་གཏོགས་པའམ་ཚིག་རྗེས་མཐུན་པ་ཉིད་ཀྱི་ཕྱིར། ཚིག་ གཉིས་པ་ཅན་ཞེས་ཀྱང་མིང་འདོགས་སོ། ། ༈ ཡ་ངི་། ཡང྄་ལའོ། །བྱིངས་ཀྱི་ཐོག་མའི་དབྱངས་དེ་ནཱ་མིའི་ཡི་གེ་ཡིན་ལ། དེ་ལ་ རྐྱེན་ཡང྄་ཡིག་བྱུང་ན། ནཱ་མི་དེ་ཡོན་ཏན་དུ་འགྱུར་རོ། །བྷཱུ་ཡང྄་ཏེ་ཞེས་པ་བཞག་ང྄་ཁྱད་ དོན། གཉིས་བརྗོད། ཛྷ་པ་རྣམས་ལས་ཛ་བ་ཙ་པའོ། །བྷཱུ་དང་པོ་བཱུར་སོང༌། དེ་ཡོན་ཏན་ བོ་བྷཱུ་ཡ། ས་དྷཱ་ཏུཿ། དེ་བྱིངས་སོ། །དེ་བྱིངས་རྐྱེན་མཐའ་ཅན་དུ་སོང་བ་ཡིན། མཐའི་ཡ་དེ་ རྐྱེན་ཡིན་ཡང་རྐྱེན་གྱི་མིང་བོར་ཏེ་བྱིངས་ཉིད་ཀྱི་བརྡ་ཆད་བྱའོ། །ཏི་སོགས་ཀྱི་རྣམ་དབྱེ་ཡང་ རྐྱེན་གྱི་གཙོ་བོ་ཡིན་མོད། རྣམ་དབྱེའི་མཐའ་ཅན་ནི་བྱིངས་ཚིག་ཏུ་གྲུབ་པས་ཚིག་ཅེས་བྱ་ ཡི་དབྱངས་རྐྱེན་མཐའ་ཅན་མི་ཟེར་རོ། །གོང་དུ་བཤད་པའི་བྷ་བ་ཞེས་པ་ལྟ་བུ་ཚིག་ཏུ་གྲུབ་ མ་ཟིན་ལ་ཨཔ྄་བི་ཀཱ་ར་ཎའི་རྐྱེན་གྱི་མཐའ་ཅན་ཡིན་མོད་ཀྱང༌། བི་ཀཱ་ར་ཎའི་ཁྱད་པར་གྱི་ མིང་ཡོད་པ་རྐྱེན་མཐའ་ཅན་ཞེས་རྐྱེན་མཐའ་ཙམ་གྱི་མིང་ནས་མི་འབོད་དོ། ༈ །བི་ཀཱ་ར་ཎ་ སོགས་བར་རྐྱེན་ཞེས་ངེས་པར་བྱིངས་དང་རྣམ་དབྱེའི་བར་དུ་འགོད་དེ་རྣམ་དབྱེ་མེད་ཐབས་ མེད་ལ། ཡང྄་ལ་སོགས་པ་འདི་དག་ནི་ཚིག་ཏུ་སྒྲུབ་ན་རྣམ་དབྱེ་དགོས་ཀྱང༌། སྤྱིར་རྣམ་དབྱེ་ མ་བཀོད་པའི་སྔ་རོལ་ཏུ། བྱིངས་ལ་རྐྱེན་འདི་དག་སྦྱར་ཏེ་བཞག་པས་ཆོག་པའི་ཕྱིར་འདིའི་ མིང་ནི་བྱིངས་ཞེས་ཏེ། བྱིངས་ནི་བྱ་བ་མི་བྱེད་ཀྱང་བྱིངས་ལ་བཞག་ཆོག་པ་དང་འདྲ། དོན་ ལ་རྐྱེན་སྦྱར་བ་ཡིན་ཡང་རྐྱེན་མི་ཟེར་ཏེ། རྐྱེན་ཞེས་བྱ་བ་ལས་ཀ་ཚུགས་པ་ལྟ་བུའི་དོན་ཡིན་ 19-1-467 ཏེ། གཡོས་དང་ཚོས་ལ་སོགས་པ་ལས་དེ་ལ་ཞུགས་ནས་རྫོགས་པར་བྱེད་དགོས། འཕྲོ་ བཞག་ཏུ་མི་རུང་བ་དང་འདྲ་བར་མིང་ཚིག་ཏུ་སྒྲུབ་པ་དང༌། དེ་ཕན་སོགས་ཕྱེད་ཙམ་སྒྲུབས་ ནས་བཞག་ཏུ་མི་རུང་སྟེ། དཔེར་སི་སོགས་ལ་བྲྀཀྵ་ལ་དེ་བྱིན་ན། བྲྀཀྵ་ཨེ་ཨ་ཞེས་པ་ཙམ་ལ་ བཞག་ཏུ་མི་རུང་ལ། ཏི་སོགས་ལ་བྷཱུ་ཨ་ཏི་ཞེས་པ་ཙམ་ལ་བཞག་ཏུ་མི་རུང་བ་དང༌། དེ་ཕན་ ལ་བི་ཤྲ་མ་ཨཎ྄་ཞེས་པ་ཙམ་ལ་བཞག་ཏུ་མི་རུང་སྟེ། བྱིངས་དང་མིང་ལ་མ་གནས་ཚིག་ཏུ་མ་ གྲུབ་པའི་བར་དུ་ལུས་པའི་རྣམ་པ་བྱ་བ་སྡེ་ཚན་ཅིག་བརྩམས་ལ་མ་གྲུབ་པའི་རྣམ་པར་སོང་ བའི་རྒྱུད་ལས་སོ། །སྤྱིར་རྐྱེན་ལ་བྱིངས་མིང་ཚིག་ཏུ་སྒྲུབ་དོན་གཞན་སྒྲུབ་པ་དང༌། བྱིངས་ མིང་དུ་སྒྲུབ་པ་དང༌། བྱིངས་བྱིངས་སུ་སྒྲུབ་པ་རྣམས་སོ་སོར་ཡོད་དོ། །འདིར་ཡང་ས་སོགས་ རྐྱེན་འདི་དག་བྱིངས་མཐར་སྦྱར་ནས། བི་ཀཱ་ར་ཎ་དང་རྣམ་དབྱེ་མ་བྱིན་པར་འཇོག་པས་ཀྱང་ དོན་སྟོན་དུ་རུང་བའི་ཕྱིར་དང༌། འདི་ལ་དེ་དག་བྱེད་པ་ནི་ལས་ཀ་གཞན་གསར་པ་ལྟ་བུ་ཡིན་ པའི་ཕྱིར་དང༌། བྱིངས་ལ་རྐྱེན་གྱི་བྱ་བ་བྱེད་པ་ལྟར་རྐྱེན་འདི་དག་ལ་ཡང་བྱ་བ་བྱེད་པས་སོ། ། ༈ དེ་ལྟར་གོ་ནས། ཡ་རྐྱེན་ལ་ཨཔ྄་བི་ཀཱ་ར་ཎ་སྟེར་པ྄་ཡལ། ཡའི་སྲོག་ཨ་མི་སྣང༌། བི་ ཀཱ་ར་ཎའི་ཨ་ལ་དྲངས། བོ་བྷཱུ་ཡ་ཏེ། གྲུབ་བོ། །བོ་བྷུ་ཡ། ཨཔ྄་དང་བཅས་པ་སྔར་བཞིན་ སྒྲུབས་པ་ནི། བྷ་བ་དང་འདྲ་བར་ཨ་ཐུང་མཐའ་ཅན་དུ་གྲུབ་པས། ཨ་མཐའི་སྐབས་ལྟར་ སྒྲུབ་པ་སྟེ། བོ་བྷཱུ་ཡེ་ཏེ། བོ་བྷཱུ་ཡཾ་ཏེ། ལ་སོགས་པ་བརྟ་མ་ནེ་དང༌། ༈ བོ་བྷཱུ་ཡེཏ྄་ལ་སོགས་ པ་ཆོག་འབྱུང་དང༌། ༈ བོ་བྷཱུ་ཡ་ཏཱཾ་ལ་སོགས་པ་ཨཱ་ཤི་ཥི་དང༌། ༈ ཨ་བོ་བྷཱུ་ཡ་ཏ྄་ལ་སོགས་ པ་ཨན་དྱ་ཏ་ན་ཏེ་ཨཱཏྨ་ནེ་རྐྱེན་ཁོ་ནས་སྒྲུབ་བོ། ༈ །བྷུཛ྄་སྐྱོང་པ་ལའོ། །བྷུཛ྄་ཨཔ྄་ཡང྄་ ཏེ། གཉིས་བརྗོད་ཐོག་མའི་ཧ་ས་ཛ་དང་པོ་ཕྱིས་བྷ་དང་པོ་བ། ཡོན་ཏན། ཛ྄་ཕྱི་མ་ཡ་སྟེངས་ དྲངས། བོ་བྷཱུ་ཛྱ་ཏེ། བོ་བྷཱུ་ཛྱེ་ཏེ། བོ་བྷཱུ་ཛྱནྟེ་སོགས་ལཊ྄་དང༌། ༈ བོ་བྷཱུཛྱི་ཏ་ལ་སོགས་པ་ལིང྄་ 19-1-468 དང༌། ༈ བོ་བྷཱུ་ཛྱ་ཏཱཾ་སོགས་ལོཊ྄་དང༌། ༈ ཨ་བོ་བྷཱུ་ཛྱ་ཏ་ལ་སོགས་ལང྄་སྟེ་ཨཱཏྨ་ནེ་རྣམས་སོ། ༈ བྷཱུཥ྄་རྒྱན་ལའོ། །བྷུཥ྄་ཡང྄༌། ཨཔ྄། ཏེ། གཉིས་བརྗོད། ཐོག་མའི་ཧ་ས་ཡོན་ཏན་ཥ་ཡ་ལ། བོ་བྷཱུཥྱ་ཏེ། བོ་བྷཱུཥྱེ་ཏེབོ་བྷཱུ་ཥྱཾ་ཏེ། སོགས་ད་ལྟར་བ་དང༌། ༈ བོ་བྷཱུཥྱེ་ཏ་སོགས་བི་དྷི་སམྦྷ་བ་ དང༌། ༈ བོ་བྷཱུཥྱ་ཏཱཾ་སོགས་ཨཱ་ཤི་ཥི་དང༌། ༈ ཨ་བོ་བྷཱུ་ཥྱ་ཏ་སོགས་ཧ་སྟ་ནའོ། ༈ །མུ་ཧ་སེམས་ པ་ཉམས་པ་ལའོ། །མུ་ཧ་ཡང྄་ཨཔ྄། ཏེ། མུ་ཧ྄་མུ་ཧ྄་ཡ་ཨ་ཏེ་ཐོག་མའི་ཧ་ས་ཡོན་ཏན། ཧ྄་ ཡ་ལ་དྲངས། མོ་མུ་ཧྱ་ཏེ་སོགས། ༈ མོ་མུ་ཧྱེ་ཏ྄་སོགས། ༈ མོ་མུ་ཧྱ་ཏཱཾ་སོགས། ༈ ཨ་མོ་མུ་ ཧྱཏ྄་སོགས། ༈ ལི་ཧ་རོ་མྱང་བ་ལའོ། །ལིཧ྄་ཡ་ཨཔ྄་ཏེ་གཉིས་ཧ྄་ཡལ་ལི་ལེ། ལེ་ལི་ཧྱ་ ཏེ། ༈ ལེ་ལི་ཧྱེཏ། ༈ ལེ་ལི་ཧྱ་ཏཱཾ། ༈ ཨ་ལེ་ལི་ཧྱ་ཏ་ལ་སོགས་པའོ། ༈ །ཧུ་སྦྱིན་པ་དང་ལྷ་ མཆོད་པ་ལའོ། །ཧུ་ཡང྄་ཨཔ྄་ཏེཧུ་ཧུ། ཧུ་དང་པོ་ཛྷུ། དེ་ཛུ། དེ་ཡོན་ཏན། ཛོ་ཧུ་ཡ་ཏེ་སོགས་ དང༌། ༈ ཛོ་ཧུ་ཡེ་ཏ་སོགས་དང༌། ༈ ཛོ་ཧུ་ཡ་ཏཱཾ་སོགས་དང༌། ༈ ཨ་ཛོ་ཧུ་ཡཏ྄་སོགས་སོ། ༈ ། བིད྄་ཤེས་པ་ལའོ། །བིད྄་ཡང྄་ཨཔ྄་ཏེ། གཉིས། དབྱི། ཡོན་ཏན་དྲངས། བེ་བིདྱ་ཏེ། ༈ བེ་ བི་དྱེ་ཏ། ༈ བེ་བི་དྱེ་ཏཾ། ༈ བེ་བིདྱ་ཏ྄། ཞེས་པ་ལ་སོགས་པའོ། ། ༈ ཨཱཏཿ། ཨཏ྄འོ། །ཡང྄་གི་རྐྱེན་ཕ་རོལ་དུ་ཡོད་པའི་བྱིངས་ཀྱི་ཐོག་མའི་སྲོག་ཨ་ཐུང་ ཡོད་ན་ཨཱ་རིང་དུ་འགྱུར་རོ། །ཨཱཏ྄་ཅེས་པ་ཨཱ་རིང་པོའི་མིང་ངོ༌། ༈ །ཌུཔ་ཙཥ྄། པཙ྄་ཡང྄་ ཨཔ྄་ཏེ། གཉིས། ཙ྄་ཡལ། ཨཱཏའ྄ོ། །པ་ཐོག་མ་རིང་པོའོ། །དྲངས། པཱ་པ་ཙྱ་ཏེ་སོགས། པཱ་ པ་ཙྱེ་ཏ། ༈ པཱ་པ་ཙྱ་ཏ། ༈ པཱ་པ་ཙྱཏཱཾ། ༈ ཨ་པཱ་པ་ཙྱཏ྄་སོགས་སོ། ༈ །པ་ཋ་གསལ་བར་སྨྲ་ བ་ལའོ། །པ་ཋ྄་ཡང྄་ཨཔ྄་ཏེ། གཉིས། དབྱི། ཨཱཏ྄འོ། །དྲངས། པཱ་པ་ཥྱ་ཏེ་སོགས། ༈ པཱ་པ་ ཥྱེ་ཏ་སོགས། པཱ་པ་ཥྱ་ཏཾ་སོགས། ༈ ཨ་པཱ་པ་ཥྱ་ཏ་སོགས་སོ། ༈ །སྭ་རཱ་དེཿཔ་རཿ། དབྱངས་ དང་པོའི་ཕ་རོལ་ལོ། བྱིངས་ཀྱི་དང་པོའི་ཡི་གེ་ཐོག་མ་དེ་དབྱངས་སུ་ཡོད་པ་ལ། ཚིག་གཉིས་ པ་ཅན་གྱི་ཕ་རོལ་ཏེ། འོག་མ་ལ་ཡང་གཉིས་བརྗོད་འབྱུང་ན། དབྱངས་ལ་གཉིས་བརྗོད་ 19-1-469 འབྱུང༌། ཆ་ཤས་ཡན་ལག་སྟེ་གསལ་བྱེད་ལ་མི་འབྱུང་ངོ༌། །དེ་ཡང་གཉིས་བརྗོད་ལན་གཅིག་ གྲུབ། སླར་ཡང་ཕྱི་མ་དེའི་དབྱངས་ལ་གཉིས་བརྗོད་འབྱུང་བའོ། ༈ །ཨཊ྄་འགྲོ་བ་ལའོ། ། ལུང་དྲངས་པ། ཨཊ྄་ལ་སོགས་པ་རྣམས་ལ་ཡང྄་དབྱངས་དང་པོ་དག་གོ །ཞེས་འབྱུང་ཨཊ྄་ སོགས་ནི་ཨཊ྄་དང་ཨ་ཤ྄་དང་ཨཱུརྞཉ་དང་རྀ་ཞེས་པ་འདི་རྣམས་སོ། །ཨཊ྄་ཡང྄་ཨཔ྄་ཏེ། ཨཊ྄་ཨཊ྄། ཨ་ཕྱི་མ་ལས་ཨ་གཅིག་གོང་དུ་བྱུང་ཨཊ྄། ཨ་ཨཊ྄་ཐོག་མའི་ཧ་ས་མི་དབྱི་སྟེ་ འདྲ་རིང༌། དྲངས། ཨ་ཊཱཊ྄་ཞེས་སོ། །ཊ྄་ཡ་ལ་དྲངས་ཨ་ཊཱ་ཊྱ་ཏེ། ༈ ཨ་ཊཱ་ཊྱེ་ཏ། ༈ ཨ་ཊཱཊྱ་ ཏཱཾ་སོགས་སོ། ༈ །དེང་མིན་ལ་ཨཊ྄་དང་དབྱངས་དང་པོ་ལ་ཨཊ྄་གཉིས་པ་སྦྱར་ཨཊ྄་གཉིས་ དང་བྱིངས་ཀྱི་ཨ་སྟེ་གསུམ་འདྲ་རིང་ཨཱ་ཊཱཊྱ་ཏ་ཞེས་སོ། །ཨ་ཊཱཌྱ་ཏེ་བྷྲྀཥྚཿ། ཕུལ་དུ་བྱུང་བའི་ ཅི་རྟོལ་ལོ། ༈ །ཨཤ྄་ཡང྄་ཨཔ྄་ཏེ། ཨཤ྄། ཨ་ཨཤ྄་གོང་བཞིན་ཨཤཱ་ཤྱ་ཏེ། ༈ ཨ་ཤཱ་ཤྱེཏ྄། ༈ ཨ་ཤཱ་ཤྱ་ཏཱཾ། ཨཨཨཤཱཤྱ ཏ། འདྲ་རིང་ཨཱ་ཤཱ་ཤྱ་ཏ་སོགས་སོ། །ཨ་ཏི་ཤ་ཡེ་ནཱ་ཤྟཱ་ཏི༌། ལྷག་ པར་ཟའོ། ༈ །རྀ་འགྲོ་བ་ལའོ། །རྀ་ཡང྄་ཨཔ྄་ཏེ་རྀ་ཡོན་ཏན། ཨར྄་གཉིས་བརྗོད། ཡང྄་ ཨ་ཨར྄་ཨ་ཨར྄་གོང་བཞིན་དྲངས་ཨརཱཪྻྻ་ཏེ། ༈ ཨ་རཱརྱེཏ། ༈ ཨ་རཱཪྻ་ཏཱཾ། ཨཨཨར། ཨཨར྄། ཡཨཏ྄་སྦྱར་བས་ཨཱརཱཪྻ་ཏ། ཨ་ཏི་ཤ་ཡཻ་ན་ཨི་ཡནྟི། ཐག་རིང་པོར་རྩོལ་བས་འགྲོ་ བའི་དོན་ནོ། ༈ །ཨཱུརྞུཉ྄་གཡོགས་པ་ལའོ། །ཨཱུརྞུཡ། ཨ་ཏེ། གཉིས་བརྗོད། དབྱངས་གཉིས་ ཨཱུརྞུ་ཨཱུ་རྞུ། འདྲ་བ་སྦྱར། ཨཱུརྞཱུ་ནཱུ་བྱིངས་མཐའ་རིང༌། ཉེར་བསྒྱུར་པྲ་གོང༌། མཚམས་སྦྱར། པྲོརྞོནཱུ་ཡ་ཏེ། ༈ པྲོརྞཱུ་རྞཱུ་ཡེ་ཏ། ༈ པྲོ་རྞཱུརྞཱུ་ཡ་ཏཱཾ། ༈ ཨཊ྄་ཨཊ྄། ཨཱུརྞུ། པྲ་གོང༌། པྲཱ་ཨཱུ་རྞུ། པྲོ་ རྞུ་རུ། ཀ་འགྲོ། པྲོརྞོ་རྞཱུ་ཡ་ཏ། ༈ ཉ་མ་ཛྷ་པཱཾ་ནུཀ྄ ཉ་མ་དང་ཛྷ་པ་རྣམས་ལ་ནུཀ྄འོ། །བྱིངས་ ཀྱི་མཐའ་ལ་ཉ་མ་སོ་སོར་བསྡུ་བ་ཡོད་པ་དང༌། ཉ་མ་མེད་ཀྱང་བྱིངས་ཛ་པ་སོགས་གཉིས་ བརྗོད་ཀྱི་ཐོག་མ་ལ་ནུཀ྄་ཨཱ་ག་མ་སྟེར་རོ། ༈ །གམླྀ་འགྲོ་བ་ལའོ། །གམ྄་ཡང྄་ཏེ། ཐོག་མའི་ ཧ་ས་ཛྷ་པ་རྣམས་ཀྱི་སོགས། ག྄་ཛ྄་རུ་སོང༌། ནུཀ྄ ཛ ན྄་གམ྄་ཡ་ཏེ་བྱུང་ན྄་ང་རོ། མ྄་ཡ་ལ་ 19-1-470 དྲངས། ཛཾ་ག་མྱ་ཏེ། ཞེས་སོ། །ཛཾ་ག་མྱ་ཏེ་ཏུ་རངྒཿ། རྟ་འགྲོས་ཕུལ་དུ་བྱུང་བའོ། ༈ །ཛཾ་ག་ མྱེཏ། ༈ ཛཾ་གམྱ་ཏཱཾ། ༈ ཨ་ཛཾ་ག་མྱ་ཏ། ༈ བྷྲ་མུ་གཡོ་བ་ལའོ། །ཨུ་ཡལ། བྷྲམ྄ ཡང྄་ཏེ། ནུཀ྄་ གོང་བཞིན། བཾ་བྷྲ་མྱ་ཏེ། ༈ བཾབྷྲ་མྱཏ྄། ༈ བཾ་བྷྲ་མྱ་ཏཱ། ༈ ཨ་བཾ་བྷྲ་མྱ། ༈ ཧན྄་འཚོ་བ་ལའོ། ། ཧན྄། ཡང྄་ཏེ། གཉིས་བརྗོད། ཧ་ཕྱི་མ་གྷ་དང་། སྔ་མ་ཛྷ་དེ་ཛ་བྱེད། ནུཀ྄ ཛན྄་གྷ་ན྄་ཡ་ཏེ་ གོང་བཞིན། ཛཾ་གྷ་ནྱ་ཏེ། ༈ ཛཾ་གྷ་ནྱེ་ཏ། ༈ ཛཾ་གྷ་ནྱ་ཏཱཾ། ༈ ཨ་ཛཾ་གྷ་ནྱཏ྄། ཞེས་སོ། ༈ །འདི་ལ་ ཡང་ན་བཱརྟི་ཀ་ལས། ཧན྄་ཉིད་འཚོ་བ་རྣམས་ལ་ཡང྄་ཏེ་གྷྣཱི་ར་འགྱུར་རོ། །ཞེས་བཤད་པས། ཧན྄་གྷྣ་ཞེས་པས་ཀུན་དུ་བསྒྱུར་བས་འགྱུར་ལ། དམིགས་གསལ་དུ་ནུཀ྄་བཀག་པའོ། །ཧན྄་ ཡང྄་ཏེ། གྷྣཱི་རུ་བསྒྱུ། གྷྣཱིགྷྣཱི་ཡ་ཏེ་ན་སྔ་མ་ཡལ། ཀུ་ཧ་ལ་ཙུའི་གྷ་ཛྷ། ཛྷ་ཛ་ཡང྄་ལ་ཡོན་ཏན་ ཏེ། ཛེ་ཛེ་གྷྣཱ་ཡ་ཏེ། ༈ ཛེ་གྷྣཱི་ཡེ་ཏ། ༈ ཛེ་གྷྣཱི་ཡ་ཏཱཾ། ༈ ཨ་ཛེ་གྷྣཱི་ཡཏ྄། ༈ ཛ་བ་དང་ཛལྤ་ ལྷག་པར་སྨྲ་བ་ལའོ། །ཛཔ྄ ཡང྄་ཏེ་ནུཀ྄ གམླྀ་སྐབས་དང་འདྲ། ཛཾ་ཛ་པྱ་ཏེ་ལ་སོགས་པའོ། ༈ །དེ་བཞིན་དུ། ཛཾ་ཛལྤྱ་ཏེ་ལ་སོགས་པའོ། ༈ །དཧ྄་ལ་དཾ་དཧྱ་ཏེ་ལ་སོགས་པའོ། ༈ །ཡ་ བྷ་འཁྲིག་པའི་བྱ་བ་ལའོ། །ཡ་བྷ྄་གོང་བཞིན། ཡཾ་ཡ་བྷྱ་ཏེ་ལ་སོགས་པའོ། ༈ །དཾ་ཤ་སྣུན་ པ་ལའོ། །ཞེས་པ་བྱིངས་དཾ་ཤའོ། །ནོ་ལོ་པ། ན་ནི་དབྱིའོ། །ཡང྄་རྐྱེན་གྱི་ཕ་རོལ་ཀིཏ྄་ངིཏ྄་ ཡོད་པའི་བྱིངས་དཾཤ྄་ལ། ཨུ་པ་དྷཱའི་ན྄་ཡིག་སྟེ་ཀླད་སྐོར་དབྱི། ནུཀ྄་སྟེར་བས་དེ་ནི་ང་རོར་ འགྲོ་བས་གྲུབ་གཟུགས་ནི་འདྲའོ། །དཾཤ྄་ཡང྄་ཏེ་ཀླད་སྐོར་ཕྱིས་དཤ྄་དཤ྄་ཡཏེ། ཐོག་མའི་ཧ་ ས་མི་སྣང༌། ནུཀ྄ དཾ་ད་ཤྱ་ཏེ། ཞེས་པ་སྟེ་དཾ་ད་ཤྱ་ཏེ་མ་ཤ་ཀཿ། ཤ་སྦྲང་གིས་སྨུགས་སོ། ༈། བྷཾ་ཛུ་འཇོམས་པ་ལའོ། །ཨུ་བརྗོད་དོན། གཉིས། ནུཀ྄ བྷ་དང་པོ་བ། སྔར་བཞིན། བཾ་བྷ་ ཛྱ་ཏེ། བཾ་བྷ་ཛྱ་ཏེ་མརྟོ། ད་ནྟཱི་ཏ་རུཾ། སོ་ལྡན་མྱོས་པས་ཤིང་སྡོང་འཇོམས་པར་བྱེད་དོ། ༈ །ནྟྀ་ ཏཱི་ལུས་རྣམ་པར་འགྱུར་བ་ལའོ། །ཨཱི་བྱ་བའི་དོན་ནྲྀཏ྄་ཡང྄་ཏེ། རཱི་གྲྀ་དུ་པ་དྷཱ་སྱ། རྀཏ྄་ཀྱི་ཨུ་ པ་དྷཱའི་རཱིཏ྄་འོ། །ནྲྀཏ྄་ལྟ་བུ་བྱིངས་ཀྱི་ཨུ་པ་དྷཱ་ལ་དབྱངས་རྀ་ཡིག་ཡོད་པའི་གཉིས་བརྗོད་ཀྱི་ 19-1-471 ཐོག་མའི་འོག་ཏུ་རཱིཀ྄་ཨཱ་ག་མ་འབྱུང་ངོ༌། །བྱིངས་ཐོག་མ་རྀ་ཡིག་ཨ་རུ་བསྒྱུར་བའོ། །ནྲྀཏ྄་ ཡང྄་ཏེ་གཉིས་བརྗོད། ཐོག་མའི་ཧ་ས། རྀ་ཨ། རཱིཀ྄་ཨཱ་ག་མ། ཀ྄་རྗེས་འབྲེལ། ཏ྄་ཡ་ལ། ན་ རཱི་ནྲྀ་ཏྱ་ཏེ། ཞེས་སོགས་སོ། །ན་རཱི་ནྲྀ་ཏྱ་ཏེ་ན་ཊཿ། གར་མཁན་ལྷག་པར་གར་བསྒྱུར་རོ། ༈། པྲྀ་ཏུ་འཇུག་པ་ལའོ། །ཨུ་ཕྱིས། པྲྀཏ྄ ཡང྄་ཏེ། རཱིཀ྄ པྲྀ་རཱི་བྲྀ་ཏ་ཡ་ཏེ། རྀ་ཨ། བ་རཱི་བྲྀ་ཏྱ་ཏེ་ ལ་སོགས་པ་སྟེ། བ་རཱི་བྲྀ་ཧྱ་ཏེ་བཱརྟཱ་སུ་ཙིནྟ། སེམས་དགའ་བའི་གཏམ་ལ་ཆེས་འཇུག་གོ ། ༈ ཡང་ལུང་དྲངས་པ་པད྄། སྲཾ་ས྄། དྷྭཾས྄། བཾཙ྄། བྷྲཾཤ྄། ཀཤ྄། པཏ། སྐཾད྄་རྣམས་ཀྱི་ ཡང྄་ཏེ་ཐོག་མར་ནཱིཀ྄་ཨཱག་མའོ། །ཞེས། པ་ད་ལ་སོགས་པའི་བྱིངས་བརྒྱད་པོ་དེ་དག་ལ། ཚིག་གཉིས་འཕེལ་བའི་ཐོག་མ་ལ། ནཱིཀ྄་ཨཱ་ག་མ་སྦྱོར་རོ། ༈ །པ་ད་འགྲོ་བ་ལའོ། །པད྄་ ཡང྄་ཏེ། གཉིས་བརྗོད། ཐོག་མའི་ཧ་ས། ནཱིཀ྄། སྔོན་དུ་ཉེར་སྒྱུར་ཨུ་པ་དང༌། དེའི་ཡང་སྔོན་ དུ་དགག་པའི་ན་བཞག ན་ཨུ་པ་པ་ནི་པད྄་ཡ་ཏེ། ཨ་ཨུ་ལ་ཨོ། ད྄་ཡ་ལ། ནོ་པ་པ་ནཱི་པ་ཏྱ་ ཏེ། ཉེ་བར་ཡང་མ་འགྲོ་ཤིག ཅེས་པ་ལ་སོགས་པའོ། །འོན་ཀྱང་དེང་མིན་ཨཊ྄་མགོར་སྦྱོར་ དགོས་པ་དེ། ཨུ་པ་དང་པ་ནཱི་གཉིས་ཀྱི་བར་དུ་དགོས་པས་ནོ་པཱ་པ་ནཱི་པ་དྱ་ཏ་ལ་སོགས་པའོ། ༈ སྲཾས྄། དྷྭཾས྄ བྷྲཾ་ས྄་འོག་ཏུ་ལྷུང་བ་ལའོ། །སྲཾས྄་ཡ་ཏེ། ན་ནི་དབྱིའོ། །ཀླད་སྐོར་བསལ། གཉིས་བརྗོད། ཐོག་མ་ཧ་ས་ཞེས་པས། ས྄་དང་ར྄་བཏགས་དང་པོ་ཡལ། ནཱིཀ྄ ས་ནཱི་སྲ་སྱ་ ཏེ། ཞེས་པ་ལ་སོགས་པའོ། ༈ །དྷྭཾས྄་ཡ་ཏེ། ཀླད་སྐོར། དབྱི་གཉིས་བརྗོད། ཐོག་མའི་ཧ་ ས། ས྄་དང་ཝ྄་ཟུར་ཕྱིས། ཛྷ་པ་རྣམས་ཞེས་པས་དྷ྄་ད྄་རུ་སོང་ནཱིཀ྄་ད་ནཱི་དྷྭཾ་སྱ་ཏེ། ཞེས་སོགས་ སོ། ༈ །སྲཾས྄། དྷྭཾས྄་ཞེས་པ་དེ་གཉིས་དང་འདྲ་བར། བཾཙ྄་ཡ་ཏེ། ང་རོ་ཕྱིས། གཉིས་བརྗོད། དབྱི། ནཱིཀ྄། བ་ནཱི་བཙྱ་ཏེ་སོགས་དང༌། ༈ བྷྲཾས྄་ཡ་ཏེ། ང་རོ་ཡལ། གཉིས་བརྗོད། ས྄་དང་ ར྄་བཏགས་སྦས། བྷ་ནི་བ་རུ་སོང༌། ནཱིཀ྄། པ་ནཱི་བྷྲ་ཤྱ་ཏེ། ༈ ཀ་ཤ་རྡེག་པ་ལའོ། །ཀ་ཤ྄་ཡ་ ཏེ་གཉིས། ཀ་ཡི་ཙའོ། །ནཱིཀ྄། ཙ་ནཱི་ཀ་ཤྱ་ཏེ། ཞེས་སོགས་དང༌། ༈ སྐཾ་དིར྄་ཨིར྄་ཕྱིས་སྐཾད྄་ 19-1-472 ཡ་ཏེ་ཐིག་ལེ་བསལ། གཉིས། ཐོག་མའི་ས་མགོ་དབྱི། ནཱིཀ྄། ཀཙ། ཙ་ནཱི་སྐ་དྱ་ཏེ། ཞེས་པ་ ལ་སོགས་པའོ། ། ༈ ཙ་ར་ཕ་ལོ་རུ་ཙྩཱ་སྱ། ཙ་ར་དང་ཕ་ལའི་ཨ་ནི་ཨུའོ། །བྱིངས་ཙ་ར་དང་ཕ་ལ་ཞེས་པ་ གཉིས་པོའི་ཉིས་འགྱུར་གྱི་ཐོག་མ་ལ་ནུམ྄་ཨཱ་ག་མ་དགོས་ལ། ཕྱི་མའི་ཨ་ཡིག་ནི་ཨུ་ཡིག་ཏུ་ འགྱུར་རོ། །ཙར྄་ཡ་ཏེ། གཉིས་བརྗོད ར྄་སྔ་མ་ཡལ། ཙ་སྔ་མ་ལ་ནུམ྄། ཨུམ྄་ཕྱིས། ན་ང་ རོ། ཙ་ཕྱི་མ་ཙུ། ཙཾ་ཙུཪྻ་ཏེ། ཞེས་དང༌། ༈ ཕལ྄་ཡ་ཏེ། ཁ་ས་ཙ་པ་སོགས་ཕ྄་པ྄་རུ་བསྒྱུར། གཞན་ཐམས་ཅད་ཙ་ར྄་དང་འདྲ། པཾ་ཕུ་ལྱ་ཏེ། ཞེས་པ་ལ་སོགས་པའོ། ། ༈ རྀ་ཏོ་རིཿ། རྀ་ཏ྄་ཀྱི་རིའོ། །བྱིངས་གང་ཞིག་དབྱངས་གཅིག་པ་རྀ་ཏ྄་མཐའ་ཡིན་པ་དེ་ ནི། ཡང྄་གི་རྐྱེན་ལར་གི་གུ་ཅན་གྱི་རི་རུ་བསྒྱུར་ཏེ། དེ་ནས་གཉིས་བརྗོད་དོ། །ཀྲྀ་ཡང྄་ཏེ། ཀྲྀ་ཀྲི་རུ་བསྒྱུར། གཉིས་བརྗོད། ཐོག་མའི་ཧ་ས། ཀྲི་ཐོག་མའི་ར་བཏགས་ཕྱིས་ཀི་ཙི། ཡོན་ ཏན། ཙེ་ཡ་ལའོ་ཞེས་པས་ཀྲ་ཕྱི་མ་རིང་པོའོ། །ཙེ་ཀྲཱི་ཡ་ཏེ། ཙེ་ཀྲཱི་ཡེ་ཏེ། ཙེ་ཀྲཱི་ཡནྟེ་ལ་སོགས་ པའོ། ༈ །ཙེ་ཀྲཱི་ཡེ་ཏ་སོགས་དང༌། ༈ ཙེ་ཀྲཱི་ཡ་ཏཱཾ་ལ་སོགས་པ་དང༌། ༈ ཨ་ཙེ་ཀྲཱི་ཡཏ྄་ལ་ སོགས་པའོ། །ཨ་ཏི་ཤ་ཡེ་ན་ཀ་རོ་ཏཱི་ཏི། ཕུལ་དུ་བྱུང་བའི་ལས་བྱེད་དོ། །ཞེས་པའོ། ༈ །དེ་ དང་འདྲ་བར་ཧྲྀཉ྄་ལ་སྟེ། ཧྲྀ་ཡ། ཧྲི། གཉིས་བརྗོད། ཧ་དང་པོ་ཛྷ། ཛར྄་ཡལ། ཡོན་ཏན་རིང་ པོ། ཛེ་ཧྲཱི་ཡཏེ། ༈ ཛེ་ཧྲཱི་ཡེ་ཏ། ༈ ཛེ་ཧྲཱི་ཡ་ཏཱཾ། ༈ ཨ་ཛེ་ཧྲཱི་ཡ་ཏ྄། ༈ བྲྀ་ཉ྄་མཆོག་གྱུར་ལའོ། ། བྲྀ་ཡང྄་བྲྀ་བྲི་རུ་སོང༌། གོང་བཞིན་བེ་བྲཱི་ཡ་ཏེ། ཞེས་པ་ལ་སོགས་པའོ། །དོན་ནི་ཨ་ཏི་ཤ་ཡེ་ ན་བྲྀ་ཎོ་ཏཱི་ཏི། ཕུལ་དུ་བྱུང་བར་གང་བའོ། ༈ །མྲྀང྄༌། མྲྀ། ཡང྄༌། མྲི་མྲི། གོང་བཞིན། ཨ་ཏི་ མེ་མྲཱི་ཡ་ཏེ། དོན་ནི། ཨ་ཏི་ཤ་ཡེ་ན་མྲཱི་ཡ་ཏེ། ཤིན་དུ་ཤི་བའོ། ༈ །དཱ། ཡང྄༌། ཏེ། གཉིས། ཧ་ ས་དབྱི་རྒྱུ་མེད། དཱ་སོགས་ཀྱི་ཨི། དཱ་ཕྱི་མ་ཨི་དི། དང་པོ་ཡོན་ཏན་དེ། ཡ་ལའོ་ཕྱི་མ་རིང་པོ་ དཱི། དེ་དཱི་ཡ་ཏེ་སོགས་དང༌། ༈ དེ་དཱི་ཡེ་ཏ་སོགས། ༈ དེ་དཱི་ཡ་ཏཱཾ་སོགས་དང༌། ༈ ཨ་དེ་དཱི་ 19-1-473 ཡཏ྄་ལ་སོགས་པའོ། ༈ །དེ་བཞིན་དུ། པཱ་ཡང྄་ཏེ། དཱ་སོགས་ཀྱི་ཨི་པི་གོང་བཞིན། ནཾ། པེ་པཱི་ ཡ་ཏེ་ལ་སོགས་པའོ། །དེ་ཡན་ཆད་ཡང྄་རྐྱེན་གྱི་མཐའ་ཅན་ནོ།། །། ༒ ད་ནི་ཡང྄་རྐྱེན་འཇིག་པའི་མཐའ་ཅན་བཤད་པར་བྱ་སྟེ། བཱ་ནྱཏ྄་ལུ་ག་ནུ་བརྟ་ཏེ། གཞན་དུ་འཇིག་པ་རྗེས་སུ་འགྲོ་སྟེ་ཡང་ནའོ། །སྔར་བཤད་པ་དེ་ལས་གཞན་དུ་སྒྲུབ་ཚུལ་ནི། ཡང྄་རྐྱེན་འཇིག་པའི་ཆོ་ག་འཇུག་སྟེ། འཆད་འགྱུར་ཀྲྀ་ཏནྟའི་རྐྱེན་ཨུཀ྄་དང་རབ་ཏུ་སྦྱོར་བ་ ཡོད་ན་ནི། ཡང྄་རྐྱེན་དབྱི་བ་མི་འབྱུང་ངོ༌། །ཨ་ན་པི་ཙ་ཧ་སཱཏ྄། ཨཔ྄་མེད་པའི་ཧ་ས་ལས་སོ། ། བྱིངས་ཧ་སའི་མཐའ་ཅན་ཡིན་ལ། ཨཔ྄་བྱིན་པ་མ་ཡིན་བྱིན་ཤུལ་ཡང་མ་ཡིན་ན། བྱིངས་དེ་ འདྲའི་མཐའ་ལ་ཡད྄་རྐྱེན་ཡོད་ན། ཡ་རྐྱེན་དབྱི་བའོ། །ལུང་དྲངས་པ། ཞིག་པར་ཡོད་པ་ལ་ པིཏ྄་ཏ་ས་མའི་ཨཱིའི་ཡི་གེ་ཡང་ནའོ། །ཞེས་འབྱུང་བས། རྣམ་དབྱེ་པིཏ྄་དང་ཏ་ས་མའི་ཡི་གེ་ དང་པོར་ཡོད་པ་ལ་ཨཱི་རྐྱེན་འཇུག་གོ །དྭེཿསྭ་རེ྅ན་པི་ནོ་བ་དྷཱ་ཡཱ་གུ་ཎཿ། དབྱངས་ལ་གཉིས་ ཅན་ཨཔ྄་མེད་པའི་ཨུ་པ་དྷཱ་ཡོན་ཏན་ནོ། །བྱིངས་གཉིས་བརྗོད་སྔོན་མ་ཅན་གྱི་ཕྱི་མར་ཨཔ྄་ མ་བྱུང་ཞིང༌། ཡ་རྐྱེན་ཕྱིས་པ་རྣམ་དབྱེ་དབྱངས་ཕ་རོལ་ཅན་གྱི་བྱིངས་དེའི་ཨུ་པ་དྷཱ་ལ་ཡོན་ ཏན་ནོ། །སྐབས་འདིར་ཡང྄་རྐྱེན་འཇིག་པའི་མཐའ་ཅན་རྣམ་དབྱེ་ནི་བྱིངས་ཐམས་ཅད་པའི་ པ་ར་སྨཻ་པ་ཏི་ཁོ་ན་འཇུག་གོ ། ༈ དོན་དེ་འདྲའི་དཔེར་བརྗོད་ནི། བྷུཛ྄་ཡ་ཏིཔ྄་ཅེས་པ་བཞག བྷུ་ཛ྄་བྷུ་ཛ྄། ཛ྄་སྔ་མ་ ཡལ། བྷུ་བུ་རུ་སོང༌། ཡོན་ཏན། ཡ་འཇིག པིཏ྄་དང་ཏ་ས་མ་ལ་ཨཱི་ཡང་ན་བར་འཇུག བོ་བྷུ་ ཛ྄ཨཱི་ཏི། བོ་བྷུ་ཛཱི་ཏི། ཞེས་སོ། ༈ །ཨཱི་མི་འཇུག་ན། ཛ྄་ཥ྄། ཥཀ྄། བྷུ་ཕྱི་མ་ལ་ཡང༌། ཡོན་ ཏན། བོ་བྷོ་ཀྟི། ཞེས་སོ། ༈ །ཏ་ས྄་ལ་བོ་བྷོ་ཀྟཿ། ༈ ཨནྟི་ལ། ཛ྄་ཨ་ལ་དྲངས། ང་རོ་ཕྱིས། བོ་བྷུ་ཛ་ཏི། ༈ སིཔ྄་པིཏ྄་ཡིན། ཨཱི་འཇུག བོ་བྷུ་ཛཱི་ཥི། ༈ ཨཱི་མེད་ན། ཛ྄ཀ྄། རྐྱེན་གྱི་ས་ཥ། བོ་བྷོཀྵི། ཞེས་པ་ལ་སོགས་པའོ། ༈ །པཙ྄་ཡ་ཏིཔ྄ པཙ྄་པཙ྄་གོང་མའི་ཙ྄་དབྱི་ཨཱཏ྄འོ། །པ་ 19-1-474 སྔ་མ་རིང་པོ་ཡ་མི་སྣང༌། ཨཱི་པཱ་པ་ཙཱི་ཏི། ༈ ཨཱི་མེད་ན་ཙ྄་ཀ྄། པཱ་པཀྟི། ༈ དབྱངས་ལ་ཨནྟི་ ལ། པཱ་པ་ཙ་ཏི། ༈ སིཔ྄་ལ་པཱ་པ་ཙཱི་ཥི། པཱ་པ་ཀྵི། པཱ་པཀྠཱཿ། པཱ་པ་ཙཱི་མི། ༈ པཱ་པ་ཙ་མི། པཱ་པ་ ཙྭཿ པཱ་པ་ཙ་མ་སོགས་དང༌། ༈ པཱ་པཙྱཱཏ་སོགས་དང༌། ༈ ཏུཔ྄་ལ། པཱ་པ་ཙཱི་ཏུ། པཱ་པཀྟུ་དང༌། པཱ་པཀྟཱཏ྄་གསུམ་མོ། །ཧི་ནི་དྷི། པཱ་པགྡྷི། ཡང་ན། པཱ་པཀྟཱཏ྄། ཨ་ནི་པ྄། པཱ་པ་ཙཱ་ནི། བ་མ་ལ་ ཨཱ་དྲན་པར་བྱ། ༈ དིཔ྄་སོགས་ཨཊ྄་དིཔ྄་ཕྱིས་ན་ཙ྄ཀ྄་ཨཔཱ་པཀ྄། ཨཱི་བྱུང་ན། ཨ་པཱ་པ་ཙཱིཏ྄། ཨན྄་ཨུས྄། ཨ་པཱ་པ་ཙུཿ། སིཔ྄། ཨཔཱ་པ་ཙཱིཿ། ཨ་མིཔ྄། ཨ་པཱ་པ་ཙཾ། ཨ་པཱ་པ་ཙྭ་ལ་སོགས་ པའོ། ༈ །བ་ད་གསལ་པོར་བརྗོད་པ་ལའོ། །ཨ་ཏི་ཤ་ཡེ་ན་པ་ད་ཏཱི་ཏི། ཤིན་དུ་སྐྱེན་པར་སྨྲ་ བར་བྱེད་དོ། །ཞེས་པའི་དོན་ལ། པཱ་པ་ད་དཱི་ཏི། བད྄་ཡ྄་ཏིཔ། བད྄་བད྄་ཕྱིས། ཨ་ཐོག་མ་ རིང་པོ། ཡ་མི་སྣང༌། ཨཱི་པཱ་པ་དཱི་ཏི། ཨཱི་མེད་ན་ད྄་ཏ྄་དྲངས པཱ་པཏྟི། སིཔ྄། པཱ་པ་དཱི་ཥི། པཱ་ པཏྶི། ཐས྄། པཱ་པཏྠཿ། མིཔ྄་ལ། པཱ་པ་དཱི་མི། པཱ་པཏྨི། པཱ་པཏྭཿ། ལ་སོགས་པའོ། ༈ །བཱ་བ་དྱཱ་ ཏ་ལ་སོགས་པའོ། ༈ །ཏུ་པ྄་ལ་ཨཱི་ཡོད་མེད་ཀྱི་ཁྱད་ལ། བཱ་བཏྟུ། བཱ་བ་དཱི་ཏུ། བཱ་བཏྟཱཏ྄་ཅེས་ གསུམ་མོ། །ཧི་དྷི་བཱ་བདྡྷི། བཱ་བཏྟཱཏ྄། ཨ་ནིཔ྄། བཱ་བ་དཱ་ནི་སོགས་སོ། ༈ །དིཔ྄་ལ་དིཔ྄་དབྱི་ ན། ཨ་བཱ་བ་ཏ྄། ཨཱི་བྱིན་ན། ཨ་བཱ་པ་དཱིཏ྄། ཨན྄་ཨུས྄། ཨབཱ་བ་དུཿ། ཧི་ཕྱིས། ཨ་བཱ་བཏ྄། སིཔ྄། ཨ་བཱ་བ་དཱིཿ། ཨ་མིཔ྄། ཨ་བཱ་བ་དཾ། ཨ་བཱ་བ་དྭ་ཞེས་པ་ལ་སོགས་པའོ། ༈ །གྷཊ྄་ རྩེད་མོ་ལའོ། །འདི་ལ་སཾ་སྔོན་དུ་བཞག་དགོས། གྷཊ྄་ཡང྄་ཏི། གཉིས་སོགས་གོང་བཞིན་ཛྷ་ པ་རྣམས་སོགས་གྷ་ཛྷ། དེ་ཛ་རིང་པོ། སཾ་གོང༌། ཡ་ཕྱི། ཨཱི། སཾ་ཛཱ། གྷ་ཊཱི། ཏི། ཨཱི་མེད། སཾ་ཛཱ་ གྷཊྚི། སཾ་ཛཱ་གྷཊྚཿ སཾ་ཛཱགྷ་ཊ་ཏི། སིཔ྄་ཨཱི་གདམ་ང༌། གོང་བཞིན་ཐས྄་ལ། སཾ་ཛཱ་གྷ་ཊཱ་མིཔ྄། སཾ་ཛཱ་གྷ་ནཱི་མི། སཾ་ཛཱ་གྷཊྨི། སཾ་ཛཱ་གྷ་ཊྭ། ལ་སོགས་པའོ། ༈ །ཏུཔ྄་ལ། སཾ་ཛཱགྷ་ཊཱི་ཏུ། སཾ་ཛཱ་གྷ་ ཊྚུ། སཾ་ཛཱ་གྷ་ཊྚཱཏ྄། ཧི་དྷི་དྷི་ཌྷི། སཾ་ཛཱ་གྷཊྜྷི། ཡང༌། སཾ་ཛཱ་གྷཊྚཱ་ཊ྄་སོགས་སོ། ༈ །ཨཊ྄་སྔོན་དུ་སཾ་ བཞག ཨཱི་ས་མ་ཛཱ་གྷ་ཊཱིཏ྄། ཨཱི་མེད། ས་མ་ཛཱ་གྷཊ྄། སཾ་ཛཱ་གྷ་ཊྚཾ། ཨན྄་ཨུས྄། སམཛཱགྷཊུཿ སི་ 19-1-475 ཕྱིས་ན། ས་མ་ཛཱ་གྷཊ྄། མ་ཕྱིས་ན། ས་མ་ཛཱ་གྷ་ཊཱིཿ། ཞེས་པ་ལ་སོགས་པའོ། ༈ །བྷཱུ་ལ་ཡང༌། སཾ་བོ་བྷ་བཱི་ཏི། སཾ་བོ་བྷོ་ཏི། ཞེས་དང༌། སཾ་བོ་བྷ་ཏཿ། སཾ་བོ་བྷ྄་བ་ཏི། སཾ་བོ་བྷ་བི་ཥི། སཾ་བོ་ བྷོ་ཥི་སོགས། མིཔ྄། སཾ་བོ་བྷ་བཱི་མི། སཾ་བོ་བྷུ་བ་ལ་སོགས་པའོ། ༈ །སཾ་བོ་བྷུ་ཡཱཏ྄་སོགས་ དང༌། ༈ ཏུཔ྄་ལ། སཾ་བོ་བྷ་བཱི་ཏུ། སཾ་བོ་བྷུ་ཏཱ་ཏ྄། ཧི་ལ། སཾ་བོ་བྷཱུ་ཧི། ཡང་ན། སཾ་བི་བྷཱུ་ཏཱཏ྄། ཨཱི་ནིཔ྄། སཾ་བོ་བྷ་བཱ་ནི་ལ་སོགས་པའོ། ༈ །དིཔ྄་སོགས་ལ་ཨཊ྄་དགོས། གོང་དུ་ཉེར་སྒྱུར་ སཾ་བཞག མཚམས་སྦྱར་བས་ས་མ་བྱུང༌། ཨཱི་ས་མ་བོ་བྷ་བཱིཏ྄། མེད་ན། ས་མ་བོ་བྷོཊ྄། ཨན྄་ ཨུས྄་དྲན། སི་པ྄་ཕྱི་མ་ལ་ཨཱི་ཡོད་མེད་ཀྱིས། ས་མ་བོ་བྷ་བཱིཿ ས་མ་བོ་བྷོཿ། ཨ་མིཔ྄། ས་མ་ བོ་བྷ་བཾ། བ། ས་མ་བོ་བྷཱུ་བ་ལ་སོགས་པའོ། ༈ །ཌུ་ཀྲྀཉ྄་བྱིངས། རྀཏ྄་མཐའ་ཅན་ཡང་ཡིན། ཨུ་པ་དྷཱ་ཡིན་ཡང྄་རྐྱེན་མི་སྣང་པའང་ཡིན་ན། བྱིངས་གཉིས་བརྗོད་ཀྱི་བར་དུ་རུཀ྄་ཨཱ་ག་མ་ དང༌། རིཀ྄་ཨཱ་ག་མ་དང༌། རཱིཀ྄་ཨཱ་ག་མ་སྟེ་གསུམ་པོ་གང་རུང་གཅིག་འཇུག་གོ །ཇི་སྐད་དུ། རྀ་ཡིག་མཐའ་ཅན་རྣམས་ཀྱི་རྀཏ྄་ཨུ་པ་དྷཱའི་དང་པོ་ལ་རུཀ྄་རིཀ྄་རཱིཀ྄་ཨཱ་ག་མ་སྟེ་ཡང྄་ཞིག་ པར་གྱུར་པ་ལའོ། །ཞེས་སོ། །ཀྲྀ་ཡང྄་ཏིཔ྄་ཀྲྀ་ཀྲྀ། རྀ་ཨ། ཀ་ཀྲྀ། ཀུའི་ཙུའོ། །ཙ་ཀྲྀ། ཡ་ འཇིག ཙ་ཀྲྀ་ཏི་ཞེས་པ་དྲུག་ཚན་གཅིག་བཀོད། དང་པོ་གསུམ་ལ་རུཀ྄་རཱིཀ་རྣམས་རིམ་ཅན་ དུ་ཙ་དང་ཀྲྀའི་བར་དུ་བྲིའོ། །ཀ྄་གསུམ་ཀ་རྗེས་འབྲེལ། རུའི་ཨུ་བརྗོད་དོན། ར྄་རྐྱང་ལུས་སོ། ། ཕྱི་མ་གསུམ་ལའང་དེ་ལྟར་བྱས་པས་ཙ་རྐྲྀ། ཙ་རི་ཀྲྀ ཙ་རཱི་ཀྲྀ་ཞེས་པ་ལན་གཉིས་བྱུང༌། དང་ པོ་གསུམ་ལ་ཡའི་ཤུལ་དུ་ཨཱི། ཕྱི་མ་གསུམ་ལ་ཨཱི་མེད། ཀྲྀ་དྲུག་པོ་ཐམས་ཅད་ལ་ཡོན་ཏན་ ཏེ། ཀ་ར྄་ཞེས་པ་དྲུག་གོ །དང་པོ་གསུམ་ར྄་ཨཱི་ལ་དྲངས ཕྱི་མ་གསུམ་ར྄་ཏའི་སྟེང་དུ་དྲངས ཙརྐ་རཱི་ཏི་ཙ་རི་ཀ་རཱི་ཏེ་ཙ་རཱི་ཀ་རཱི་ཏེ་ཙརྐརྟི་ཙ་རི་ཀརྟི་ཙ་རཱི་ཀརྟི། ཞེས་པ་རྣམ་འགྱུར་ དྲུག་བྱུང་ངོ༌། །དེ་ལྟར་པིཏ྄་ལ་ཨཱི་འཇུག་མི་འཇུག་གདམ་ཀ་ཅན། འོག་མ་རྣམས་ལའང་དྲུག་ དྲུག་ངེས་པར་འབྱུང༌། ཏིཔ྄་ནི་པིཏ྄་ཡིན་པས་དྲུག ༈ སིཔ྄་དང་མི་པ྄་ཀྱང་དེ་དང་འདྲ་ཞིང༌། 19-1-476 ༈ ཏུཔ྄་ལ་པིཏ྄་ཀྱི་དྲུག་པོ་དེ་དང༌། པིཏ྄་མ་ཡིན་པའི་གསུམ་སྟེ་དགུ། ༈ ཨཱི་མི་འཇུག་པར་ ངེས་པ། གཞན་གསལ་བྱེད་ཐོག་མ་ཅན་ལ་ཀྲྀ་མ་འགྱུར་བར་གནས་ལ། ཨཱ་ག་མའི་རྣམ་ འགྱུར་གསུམ་གསུམ་དང༌། དབྱངས་ཐོག་མ་ཅན་རྣམས་ལ། ཀྲྀའི་སྲོག་རྀ་ར྄་ཏེ་ར་བཏགས་ སུ་འགྱུར་ལ། ཨཱ་ག་མའི་དབྱེ་བས་རྣམ་འགྱུར་གསུམ་གསུམ་མོ། ཏས྄་ཙརྐྲམ་ཏཿ། ཙ་རི་ཀྲྀ་ ཏཿ། ཙ་རཱི་ཀྲྀ་ཏཿ། ཞེས་པ་གསུམ་སྟེ། ཨཱི་མེད། གསལ་བྱེད་ཐོག་མ་རྣམས་ལ་འདིས་འགྲེ། ༈ ཨནྟི། ཙརྐྲམ་ཏི། ཙ་རི་ཀྲྀ་ཏི། ཙ་རཱི་ཀྲྀ་ཏི་ཞེས་པ་སྟེ་འདིས་དབྱངས་ཐོག་མ་ཅན་ཀུན་ལ་འགྲེ་ སྟེ། ༈ རྀར྄་ཀ྄་ར྄་སྲོག་མེད་རྣམ་དབྱེའི་དབྱངས་ལ་དྲངས་པའོ། ༈ །སིཔ྄་ཙརྐ་རཱི་ཥི་སོགས་ དང༌། ཙརྐཪྵི་ལ་སོགས་པ་དྲུག་གོ ༈ །ཐས྄་ཙརྐྲམ་ཐཿལ་སོགས་པའོ། ༈ །མིཔ྄་ལ། ཙརྐ་རཱི་ མི་དང༌། ཙརྐརྨི་ལ་སོགས་པའོ། ༈ །ཙརྐྲམ་བཿ། ཙརྐྲམ་མཿལ་སོགས་པའོ། ༈ །ཡཱཏ྄་སོགས་ ལ། ཙརྐྲམ་ཡཱཏ྄་ལ་སོགས་པ་གསུམ་གསུམ་མོ། ༈ །ཏུཔ྄་ལ། ཙརྐ་རཱི་ཏུ་སོགས་གསུམ་ཙརྐརྟུ་ སོགས་གསུམ་ཏཱ་ཏད྄་དུ་བསྒྱུར་ཙརྐྲམ་ཏཱཏ྄་ལ་སོགས་པ་གསུམ་སྟེ་དགུའོ། ༈ །དིཔ྄་ལ་ཨཱི་ཡོད་ ན། ཨ་ཙརྐརཱིཏ྄་སོགས་གསུམ་དང༌། མེད་ན ཨཙརྐྲྀཏ྄་སོགས་གསུམ། ༈ བྲྀ་ཏུ་འཇུག་པ་ ལའོ། །ཨུ་བརྗོད་དོན། བྲིཏ྄་ཏིཔ྄་ཕུལ་དུ་བྱུང་བ་ལ་ཧ་ས་དང་པོའི་ཡ་ད྄་དོ། །གཉིས་ཀྱང་ངོ༌། ། ཡང྄་གཉིས་བརྗོད། ཐོག་མའི་ཧ་ས་སོགས་རྀ་ཨའོ། །བྲྀ་ཐོག་མ་བ་རུ་སོང༌། རུཀ྄་ཨཱི་བརྦྲམ་ཏཱི་ ཏི། རིཀ྄ བ་རི་བྲྀ་ཏཱི་ཏི། རཱིཀ྄། བ་རཱི་བྲྀ་ཏཱི་ཏི། ཨཱི་མེད་ན། རྀ་འོག་མ་ཡོན་ཏན་ཨར྄། བརྦ་རྟི། བ་རི་བརྟི། བ་རཱི་བརྟི། ༈ དེས་རིགས་འགྲེ་སྟེ་བརྦྲམ་ཏྟཿསོགས་དང༌། ༈ བརྦྲམ་ཏ་ཏི་སོགས། ༈ ཨཱི། བརྦྲམ་ཏཱི་ཥི་སོགས་པིཏ྄་ཡོན་ཏན། བརྦ་རྟི་ས་སོགས་དང༌། བརྦྲྀཏྠཿསོགས། ༈ བརྦྲམ་ ཏཐ་སོགས། ༈ ཨཱི། བརྦྲམ་ཏཱི་མི་སོགས། ཡོན་ཏན་བརྦརྟྨི་སོགས། ༈ བརྦྲྀ་ཏབཿསོགས། ༈ བརྦྲམདྨཿསོགས་དང༌། པ་རི་བྲྀཏྨཿ། པ་རཱི་བྲྀཏྨཿཞེས་སོ། ༈ །བརྦྲྀ་ཏྱཱཏ྄་པ་རི་བྲྀ་དྱཱཏ྄་སོགས། པ་ རཱི་བྲྀ་དྱཱ་མའི་བར་དུ་གསུམ་གསུམ་ཉེར་བདུན་ནོ། ༈ །ཨཱི་བརྦྲམ་ཏཱི་ཏུ་སོགས་དང༌། ཨཱི་མེད་ན་ 19-1-477 བརྦྲམཏྟུ། པ་རི་བྲྀཏྟུ་སོགས། ཡང་ན་ཏཱ་ཏད྄། བརྦྲམཏྟཱཏ྄་སོགས་ཏེ་དགུའོ། ༈ །བརྦྲྀཏྟཱཾ་སོགས། ༈ བརྦྲམ་ཏ་ཏུ་སོགས། ༈ ཧི་དྷི། བརྦྲམ་དྡྷི་སོགས་དང༌། ཏཱ་ཏ་ང྄ དྲན། བརྦྲམཏྟཱཏ྄་སོགས་དྲུག་ གོ ༈ །བརྦྲམ་ཏཾ་སོགས། ༈ བརྦྲམ་ཏཱ་ནི་སོགས་དང༌། ༈ བརྦྲམ་ཏཱ་བ་སོགས་དང༌། ༈ བརྦྲམ་ཏ྄་ མ་སོགས་སོ། ༈ ཨཱི། ཨ་བརྦྲམ་ཏཱི། ཨ་བ་རི་བྲྀ་ཏཱིཏ྄་སོགས། ཨཱི་མེད་ན། ཨ་བརྦྲྀཏ྄་དིཔ྄་ཕྱིས་ པའོ། ༈ །ཨ་བརྦྲྀཏྟཱཾ་སོགས། ༈ ཨཎ྄་ཨུས྄། ཨ་བརྦྲམ་ཏུཿསོགས། ༈ ཨཱི་རྣམ་བཅད་ཨ་བརྦྲམ་ ཏཱིཿསོགས། ༈ ཨ་བརྦྲྀཏྟཾ་སོགས། ༈ ཨ་བརྦྲྀཏྟ་སོགས། ༈ ཨ་བརྦྲམ་ཏཾ་སོགས། ༈ ཨ་བརྦྲམ་ ཏྭ་སོགས། ༈ ཨ་བརྦྲམཏྨ། ཨ་བ་རི་བྲྀཏྨ། ཨ་བ་རཱི་བྲྀཏྨ་ཞེས་པའི་བར་རོ། །དེ་དག་ནི་ཡང྄་ལུ་ གནྟ་ཏེ། ཡང྄་འཇིག་པའི་མཐའི་བྱ་བའོ། ། ༈ ཀརྟུ་ཡང྄། ཡང྄་བྱེད་པ་པོ་ལའོ། །ངན་པ་ལ་བཟང་པོར་རློམ་པ་ཉེ་བའི་ང་རྒྱལ་ཀུན་ དུ་སྤྱོད་པ་སོགས་ཀྱི་བྱེད་པ་པོའི་དོན་ལ། ཡང྄་ཞེས་པའི་རྐྱེན་འཇུག་གོ །ཡ་ལའོ་ཞེས་པས་ བྱིངས་ཀྱི་མཐའ་རིང་པོ་སྟེ། ཤྱེན་ཞེས་པ་ལྟ་བུ་མིང་ཡིན་པས་བྱིངས་དང་མིང་གཞི་མཐུན་པ་ སྟེ་མིང་གི་བྱིངས་ཞེས་བྱའོ། །ཤྱེན ཡང྄་ཏེཡ྄་ལའོ། །བྱིངས་མཐའ་རིང༌། ཤྱེནཱ་ཡ་ཏེ། ཤྱེ་ ནཱ་ཡཱ་ཏེ། ཤྱེ་ནཱ་ཡ་ཏེ་ལ་སོགས་པའོ། །ཤྱེ་ན་ཨི་བ་ཨཱ་ཙ་ར་ཏཱི་ཀཱ་ཀཿ། ཧོར་པ་དང་འདྲ་བར་ རློམ་སྟེ་བྱ་རོག་གོ །པཎྜི་ཏཱ་ཡ་ཏེ་མུརྑཿ། མཁས་པར་རློམ་སྟེ་བླུན་པོའོ། ༈ །ཇི་སྐད་དུ། ཡང྄་ ལ་ས་དབྱིའོ། །ཞེས་འབྱུང་པས་ས྄་མཐའ་ཅན་གྱི་ས྄་ཡིག་དབྱི་སྟེ། ཨཔྶ་རས྄་ཡད྄་ཏེ་མིང་གི་ བྱིངས་མཐའ་རིང༌། ས྄་ཡལ ཨཔྶ་རཱ་ཡ་ཏེ། ཞེས་པ་ལ་སོགས་པའོ། །ཨཔྶ་རཱ་ཡ་ཏེ་ཀུ་རཱུ་པཱ། ཆུ་བྱུང་མར་རློམ་སྟེ་གཞུགས་ངན་མའོ། ༈ །ཨོ་ཛས྄ ཡ ང྄་ཏེ་ཛ་རིང༌། ས་དབྱི་ཨོ་ཛཱ་ཡ་ཏེ། སོགས་སོ། །ཨོ་ཛཱ་ཡ་ཏེ་དུརྦ་ལཿ། ཤུགས་ཅན་དུ་རློམ་སྟེ་རྗུད་པོས་སོ། ༈ །ཁཉྫཱ་ཡ་ཏེ་པངྒུཿ། གྱོལ་པོར་རློམ་སྟེ་གོང་པོས་སོ། ༈ །པ་ཡས྄་ལ་སོགས་པའི་སྒྲ་ལ་ས྄་དབྱི་བ་དང་མི་དབྱི་བ་ གདམ་ཀ་སྟེ། ཕྱིས་ན་པ་ཡཱ་ཡ་ཏེ་སོགས་དང༌། མ་ཕྱིས་ན་ཡ་རིང་པོ་མེད། པ་ཡ་སྱ་ཏེ་ཞེས་ 19-1-478 པ་ལ་སོགས་པའོ། །པ་ཡ་སྱ་ཏེ་ཏ་ཀྲཾ། འོ་མ་དང་འདྲ་བར་དར་བའོ། །དེས་ཡང྄་རྐྱེན་ཕྱི་མའི་ བྱ་བ་བཤད་ཟིན་ཏོ། ། ༈ ཨཱ་ཙཱ་རེ་ཨུ་པ་མཱ་ནཱཏ྄་ཡཿ། ཉེ་བའི་ང་རྒྱལ་ཀུན་དུ་སྤྱོད་པ་ལ་ས་ཡའོ། །ཀུན་དུ་སྤྱོད་ པ་ནི་རློམ་སེམས་སོ། །དོན་དེ་ལ་ཡ་ཡིག་གི་རྐྱེན་འཇུག་སྟེ། བྱིངས་མཐའི་ཨ་ཡིག་ནི་ཨཱི་ཡིག་ ཏུ་འགྱུར་རོ། །འདིར་རློམ་སེམས་ནི་ལས་ཀྱི་ཚིག་ཏུ་འབྱུང་གསུང་ངོ༌། །འདི་ནི་པ་ར་སྨཻ་ཚིག་ ཅན་ནོ། །པཏ྄་ཡ་ཏི། བྱིངས་མཐའི་ཨ་ནི་ཨཱི་རུ་བསྒྱུར། པུ་ཏྲཱི་ཡ་ཏི། ཞེས་སོ། །པུ་ཏྲཱི་ཡ་ཏི་ཤི་ ཥྱ་མི་པ་དྷྱཱ་ཡ། མཁན་པོས་སློབ་མ་བུ་དང་འདྲ་བར་བྱེད་དོ། །ཞེས་པ་ལྟ་བུའོ། །པུ་ཏྲཱི་ཡ་ཞེས་ པ་ཀུན་ལ་འཇུག ཧི་འཇིག གཞན་ཨཔ྄་མཐའི་སྐབས་བཞིན། ༈ པྲཱ་སཱ་ད་ཡ་ཏིཔ྄་དེ་དང་ འདྲ་པྲཱ་སཱ་དཱི་ཡ་ཏི། ཞེས་སོ། །པྲཱ་སཱ་དཱི་ཡ་ཏི་ཀུཊྱཱཾ་བིཀྵུཿ། ཁང་བཟངས་སུ་རློམ་མོ་ཁང་མིག་ ལ་སློང་མོ་བས་སོ། །ཤྱེ་ན་ནས་པྲཱ་སཱ་དའི་བར་དེ་དག་མིང་གི་བྱིངས་སོ། །དེ་དག་གིས་ནི་ཡ་ རྐྱེན་གྱི་བྱ་བ་བཤད་ཟིན་ནོ། ། ༈ ཨིཙྪཱ་ཡཱ་མཱཏྨ་ནཿསཿ། བདག་ཉིད་འདོད་པ་ལ་སའོ། །ད་ནི་ས་རྐྱེན་གྱི་བྱ་བ་བཤད་དེ། འདི་ལ་ཚིག་གཉིས་པ་ཅན་འབྱུང་སྟེ། བྷཱུ་ས་ཏིཔ྄་གཉིས་བརྗོད། དང་པོ་ཐུང༌། བྷ་བ་རུ་སོང༌། ས་ཥ། བུ་བྷཱུ་ཥ་ཏི། བུ་བྷཱུ་ཥ་ཏཿ། བུ་བྷཱུ་ཥནྟི་ལ་སོགས་པ་སྟེ། ཨ་བུབྷཱུཥྨའི་བར་རོ། ། ༈ བུཿསེ། ཨུ་རྀ་ས་ལའོ། །བུཿཞེས་པ་ནི་ཨུ་རྀ་ངས྄ ང ས྄་ཨུས྄་སུ་བསྒྱུར། ཨུབ྄ རྀ་ཊི་ ཡིན་པས་དབྱི། ཨུ་དང་སྦྱར། ས྄་རྣམ་བཅད་དོ། །དེ་ལ་ཨུ་ཡིག་དང་ར་ཡིག་དང་གྲ་ཧ་དང༌། གུ་ཧའི་ཕ་རོལ་ཏུ་ས་རྐྱེན་ཡོད་ན། ཨིཊ྄་མི་འབྱུང་ངོ༌། །ནཱ་ནི་ཊི་སེ། ཨིཊ྄་མེད་ཀྱི་ས་ལ་མ་ ཡིན་ནོ། །ཨིཊ྄་མེད་པའི་སྐབས་ས་རྐྱེན་ཕ་རོལ་ལ་བྱིངས་ཡོན་ཏན་མེད་པའོ། །སེ་དཱིརྒྷཿ། ས་ ལ་རིང་པོའོ། །ཕ་རོལ་ས་རྐྱེན་བྱུང་ན་བྱིངས་མཐའ་རིང་པོར་འགྲོ་སྟེ། ༈ དེ་ཡང་། ཙི་ཉ྄ས྄་ཏིཔ྄་བཞག ཙ་ནི་ཀ་ཞེས་སོ། །ཨཱ་དེ་ཤ་བྱས། ཀི་ཀི་ཀི་དང་པོ་སླར་ 19-1-479 ཡང་ཙ་ཡིག་ཏུ་ལོག ཀི་ཕྱི་མ་རིང༌། ས་ཥ ཙི་ཀཱི་ཥ་ཏི། ཞེས་པ་ལ་སོགས་པའོ། །ཙི་ཀི་རུ་མི་ བསྒྱུར་ན། ཡང་གཞན་འདྲ་སྟེ། ཙི་ཙཱི་ཥ་ཏེ་ཅེས་པ་ལ་སོགས་པའོ། ། ༈ ས་དང་པ་རོ྅ཀྵ་ལ་ཛི་གིའོ་ཞེས་འབྱུང་སྟེ། དེ་ཡང་ཛི་རྒྱལ་བ་ལའོ། །ཛི་ས་ཏི། ཛི་གི་ རུ་བསྒྱུར། གཉིས་བརྗོད། གི་གི་ཡང་དང་པོ་སླར་ཛ་རུ་ལོག ཕྱི་མ་ས་ལ་རིང་པོ་ཀུ་ཨི་ལ་ སོགས ས྄་ཥ྄ ཛི་གཱི་ཥ་ཏི། ཛི་གཱི་ཥ་ཏཿ། ཇི་གཱི་ཥནྟི་ལ་སོགས་པའོ། ༈ །ཛི་གཱི་ཥེ་ཏ྄་སོགས་ དང༌། ༈ ཛི་གཱི་ཥ་ཏུ་སོགས་དང༌། ༈ ཨ་ཛི་གཱི་ཥཏ྄་ལ་སོགས་པའོ། ༈ །ཡུ་འདྲེས་པ་ལའོ། ། ཡུས྄་ཏི་གཉིས་བརྗོད། ཕྱི་མ་རིང༌། ས་ཥ། ཡུ་ཡཱུ་ཥ་ཏི་སོགས་དང༌། ཡུ་ཡཱུ་ཥེ་ཏ྄་སོགས་དང༌། ༈ ཡུ་ཡཱུ་ཥ་ཏུ་སོགས་དང༌། ༈ ཨ་ཡུ་ཡཱུ་ཥཏ྄་ལ་སོགས་པའོ། ༈ །ཧུ་སྦྱིན་མཆོད་ལའོ། །ཧ་ཛྷ་ཛྷ་ ཛ་ཛུ་ཧཱུ་ཥ་ཏི་ལ་སོགས་པའོ། ༈ །རུ་སྒྲ་ལའོ། །རུ་ས་ཏི། གཉིས་ཕྱི་མ་རིང་ས་ཥ་རུ་རཱུ་ཥ་ཏི་ སོགས། ༈ །རུ་རཱུ་ཥེཏ྄་སོགས། ༈ རུ་རཱུ་ཥ་ཏུ་སོགས། ༈ ཨ་རུ་རཱུ་ཥ྄ཏ྄་སོགས་སོ། ། ༈ ཡཿསེ། ས་ལ་ཨ་ཨིའོ། །བྱིངས་མཐའ་ལ་ས་རྐྱེན་དུ་བྱུང་བའི་སྐབས་འདིར་བྱིངས་ ཀྱི་དང་པོའི་ཨ་ཡིག་ནི་ཨི་ཡིག་ཏུ་འགྱུར་རོ། །འདིར་དཔེ་འགའ་ལས། གུ་ཎཿ། ཡོན་ཏན་ནོ། ། ཞེས་ཀྱང་འབྱུང དོན་ལ་དེ་ཡང་དགོས་ཏེ། རང་བཞིན་དུ་གནས་པའི་དོན་ལ་ཡོན་ཏན་འབྱུང་ ལ། རང་བཞིན་དུ་གནས་པ་མ་ཡིན་པའི་དོན་ལ་ས་རྐྱེན་འབྱུང་སྟེ་ཡོན་ཏན་མི་བྱེད་དོ། ། ༈ བཙ྄་ས་ཏི་གཉིས་བརྗོད། ཙ྄་ཡ་ལ ས་ཡ་ཨ་ཨིའི་ཞེས་པས། པ་ཐོག་པི། ཙུ་ཀུ ས་ ཥ་པི་པཀྵ་ཏི་སོགས། ༈ པི་པཀྵེཏ྄་སོགས། ༈ པི་པཀྵ་ཏུ་སོགས། ༈ པི་པཀྵཏ྄་སོགས་སོ། ༈། པཱ་ས་ཏི་གཉིས་བརྗོད། ཐུང་ངུའོ། །ས་ལ་ཨ་ཨིའོ། །པི་པཱ་ས་ཏི། པི་པཱ་སེ་ཏ྄། ༈ པི་པཱ་ས་ ཏུ། པི་པཱ་སཏ྄། ༈ ཏྱ་ཛ྄་ལང་ཚོ་ཡོལ་བ་ལའོ། །ཏྱ་ཛ྄་ས་ཏི། ཏྱཛ྄་ཏྱཛ྄ ཛ྄་དང་ཡ་བཏགས་སྔ་ མ་མི་སྣང༌། ས་ལ་ཨ་ཨིཛ྄་ཕྱི་མ་ཥ ཥ྄་ཀ྄ ས་ཥ ཏེཏྱཀྵ་ཏི། ༈ ཏི་ཏྱཀྵེཏ྄། ༈ ཏི་ཏྱཀྵེ་ཏུ། ༈ ཨ་ཏི་ཏྱ་ཀྵ་ཏ྄་ལ་སོགས་པའོ། ༈ །པྲྀ་ཙཱི་མཆོད་ཡོན་སྦྱིན་པ་ལའོ། །པྲྀ་ཙཱི་ཨཱི་བརྗོད་དོན། པྲྀ་ 19-1-480 ཙ྄ས་ཏི། གཉིས་བརྗོད། དང་པོའི་ཧ་ས དང་པོའི་རྀ་ཨ། པ་ས་ལ་ཨ་ཨིཔི་ཙཀ྄ ས་ཥ པི་པྲྀ་ ཀྵ་ཏི། ༈ པི་པྲྀཀྵེཏ྄། ༈ པི་པྲྀཀྵ་ཏུ། ༈ ཨ་པི་པྲྀཀྵཏ྄་ལ་སོགས་པའོ། ༈ །གྲཧ྄་ས་ཏི་བཞག གྲཧ྄་རྣམས་ཀྱི་ཀིཏ྄་ངིཏ྄་ཀྱང་ངོ་ཞེས་པས། སླར་ཡང་དག་པར་བསྒྱུར་བ་བྱེད་དགོས་སོ། །གྲྀ་ ཧ྄་བྱུང༌། གཉིས་བརྗོད། དང་པོའི་ཧ་ས་སོགས། རྀ་ཨ། ག་ས་ལ་ཨ་ཨིའོ། །གི་དང་པོའི་ཛ་ བ་རྣམས་སོ། །ཞེས་པ། ག་ཛ་རུ་སོང༌། ཧའི་ཌྷའོ། །ཧ་ཌྷ། ཌྷ་ཀ། ག༌གྷ། ཛི་གྷྲྀ་ཀྵ་ཏི། ༈ ཛི་གྷྲྀ་ ཀྵེཏ། ༈ ཛི་གྷྲྀ་ཀྵ་ཏུ། ༈ ཨ་ཛི་གྷྲྀཀྵ་ཏ྄། ༈ ཧ་ན་འཚེ་བ་དང་བགྲོད་པ་ལའོ། །ཧནྟེཿསེ་ཎིཏ྄། ཧན྄་གྱི་ས་ཎི་ཏ྄འོ། །བྱིངས་ཧན྄་གྱི་མཐའ་ལ་བྱུང་བའི་བར་རྐྱེན་ས་ཡིག་ལ་ཎིཏ྄་ཞེས་བྱ་སྟེ། མིང་དེ་ལྟར་བཏགས་པའི་དགོས་པ་ནི་འཕེལ་བའི་དོན་གྱི་ཕྱིར་རོ། །ཧན྄་ས་ཏི་གཉིས་བརྗོད ཧན྄་ཧན྄་ན྄་དང་པོ་དབྱི། ཧ་དང་པོ་ཛྷ་ཛྷ་ཛ། ས་ལ་ཨ་ཨི། ཛི་ཧན྄་གྱིས་ཎིཏ྄་ཡིན་པས་ཧ་ཕྱི་ མ་ལ་འཕེལ་པ་ཧཱ་ཧ་ན྄འི་གྷྣའོ་ཞེས་པས། ཧཱ་གྷྣ་ན྄་དབྱངས་མེད་ང་རོ། ཛི་གྷཱཾ་ས་ཏི། ཛི་གྷཱཾ་ས་ ཏཿ། །ཛི་གྷཱཾ་སནྟི། སོགས་དང༌། ༈ ཛིགྷཱཾ་སེཏ྄། ༈ ཛི་གྷཱཾ་ས་ཏུ། ༈ ཨ་ཛི་གྷཱཾ་སཏ྄། ཞེས་པ་ལ་ སོགས་པའོ། ༈ །ཌུ་ཀྲྀཉ྄། ཀྲྀ་ས་ཏི། རྀཏ྄་ཨིར྄། རྀཏ྄་ཨིར྄འོ། །ས་རྐྱེན་གྱི་ཕ་རོལ་ཀིཏ྄་དིཏ྄་ ཀྱི་རྐྱེན་ཡོད་ལ། བྱིངས་རྀ་ཡིག་གི་མཐའ་ཅན་ནི་ཐོག་མ་རང་ནས་རྀ་ཡིག་དེ་ཨིར྄་ཞེས་པར་ འགྱུར་རོ། །ཀིར྄་ཀིར྄་ས་ཏི་ཞེས་བྱུང༌། དང་པོའི་ཧ་ས་སོགས་ཀུ་ཧའི་ཙུའོ། །ཀ་ཐོག་མ་ཙ་ཙི་ ཨི་ཨུ་དག་ར་བ་ཧ་ས་ལ་སོགས་ཕྱི་མ་རིང་པོ་ས་ཥ་དྲངས། ཙི་ཀཱིཪྵ་ཏི་ཙི་ཀཱིཪྵ་ཏཿ། ཙི་ཀཱིཪྵནྟི་ལ་ སོགས་པའོ། ༈ །ཧྲྀ་ཉ྄ ཧྲྀ་ས་ཏི་རྀ་ཨིར྄། གཉིས་བརྗོད་ཧིར྄་ཧིར྄་ར྄་དང་པོ་ཕྱིས། ཧི་དང་ པོ་ཛི་ཕྱི་མ་རིང་པོ་ས་ཥ་དྲངས་ཛི་ཧཱིཪྵ་ཏི། པ་རི་སྔོན་དུ་བཞག་ན་པ་རི་ཛི་ཧཱིཪྵ་ཏི་ཞེས་པ་ལ་ སོགས་པ་སྟེ། ༈ དིཔ྄་སོགས་ལ་ཨཊ྄་སྔོན། པཪྻ་ཛི་ཧཱིཪྵ་ཏ྄་སོགས་སོ། ༈ །ཏྲཱྀ་བྱིངས་ཏྲཱྀ་ས་ཏི་ རྀ་ཨིར྄་གཉིས་བརྗོད་ར྄་དང་པོ་ཡལ་ཏི་ཕྱི་མ་རིང་པོ། ཏི་ཏཱིཪྵ་ཏི། ༈ ཏི་ཏཱིཪྵ་ཏ། ༈ ཏ་ཏཱིཪྵེ་ཏུ། ༈ ཨ་ཏི་ཏཱིཪྵཏ྄ལ་སོགས་སོ། ༈ །ཀྲྀ་ས་ཏེ་ཨིཊ྄་གཉིས་བརྗོད་ཐོག་མའི་ཧ་ས་ཀུ་ཧ་ལ་ས་ཙུ་ 19-1-481 ཨི་ཨུ་ར་བ་ཧ་ས་སོགས་རིང་པོ་ཡཀ྄་བཞི་པོ་རྣམས་ལའོ། །ཙི་ཀཱིར྄་ས་ཡཀ྄་ཏེ་ཞེས་བྱུང༌། ཀ྄་ ཕྱིས། ཡ྄་ཏཿ། ཡང་དང་པོ། འདི་ནི་རྐྱེན་མཐའ་ལ་ལས་དངོས་ཀྱི་རྐྱེན་འབྱུང་བའི་དཔེ་སྟེ། དེ་ ཡང་བྱིངས་མཐར་རྐྱེན་ས་དང་ཡཀ྄་གཉིས་འཛོམ་པ་ན། རྐྱེན་གྱི་ཡའི་སྲོག་གི་ཨ་མི་སྣང་བར་ བྱེད་པའམ། ཡང་ན་ཨཔ྄་མེད་པའི་ཡུལ་ལ་དངོས་པོ་དང་ལས་རྣམས་ཀྱང་ངོ༌། །ཞེས་པ་རྐྱེན་ ས་ཡིག་གི་དབྱངས་ཨ་དབྱི་བར་བྱ་བ་ལས་སྐབས་འདིར་སའི་ཨ་ཕྱིས། ཀུ་ཨི་ལ། ཙི་ཀཱིཪྵྱ་ཏེ། ཞེས་པ་གྲུབ། ཙི་ཀཱིར་ཪྵྱ་ཏེ་དེ་བ་དཏྟེ་ན། ལྷ་སྦྱིན་གྱིས་འགྲུས་པར་བྱས་སོ། །ཙི་ཀཱིཪྵྱེ་ཏེ། ཙི་ ཀཱིཪྵྱ་ནྟེ་ཨཏྨ་ནཾ་པ་ད་ཏེ་དངོས་པོའི་དབང་དུ་བྱས་ན་གཅིག་ཚིག་ཁོ་ནའོ། ༈ །པཙ྄་འདི་ལ་ཤྭ་ སྟ་ན་སྟེ། ཁར་སང་ཞེས་པའི་དོན་གྱི་རྣམ་དབྱེ་ཏཱ་ཏཱ་རཽ་ཏ྄་རས྄་སོགས་སྟེར་ས་རྐྱེན་མེད། པ་ཙ྄་ ཏཱ། ཕུལ་དུ་བྱུང་བ་ལ་ཧ་ས་དང་པོའི་ཡང྄་ངོ་ཞེས་པས་ཡང་གཉིས་བརྗོད་ཨཱཏ྄འོ། །ཞེས་པས་ བྱིངས་ཀྱི་ཐོག་མའི་དབྱངས་ཨ་ཐུང་ཨཱ་རིང་དུ་སོང༌། དབྱངས་མེད་ཐོག་མ་དབྱི། པཱ་པཙ྄་ཡ་ ཏཱ་བྱུང༌། སི་ས་ཏཱ་སཱི་སྱཔ྄་ལ་ཨིཊ྄འོ། །གཞན་དུ་འཇིག་པ་འཇུག་སྟེ་ཡང་ནའོ། །ཞེས་པས་ ཡང་ན་ཡ་དབྱི་སྟེ། ཡ་དང་ཏཱ་བར་དུ་ཨིཊ྄་དེ་ནས་ཡ་དབྱི་བའམ། ཡ་ཕྱིས་པའི་ཡུལ་ལ་ཨིཊ྄་ འཇུག་གོ །པཱ་པ་ཙི་ཏཱ། པཱ་པ་ཙི་ཏཱ་རཽ། པཱ་པ་ཙི་ཏ་རཿ། སོགས་སོ། །ཡ་མི་འཕྱིད་ན་ཨིཊ྄་མི་ འབྱུང་སྟེ། པཱ་པ་ཙྱ་ཏཱ། པཱ་པ་ཙྱ་ཏཱ་རཽ་པཱ་པ་ཙྱ་ཏཱ་རཿ། ལ་སོགས་པའོ། ༈ །དཱ་སྦྱིན་པ་ལའོ། །དཱ་ ཏིཔ྄་ས་རྐྱེན་གཉིས་བརྗོད། ཨིསྶེ། ས་ལ་ཨིས྄འོ། །བྱིངས་དཱ་སོགས་ལ་ས་ཕ་རོལ་དུ་བྱུང་ བ་བྱིངས་མཐའི་དབྱངས་ཨ་ནི་ཨིས྄་སུ་བསྒྱུར། །སྔར་གཉིས་བརྗོད་ལས། དང་པོ་དབྱིའོ། ། ཨཔ྄་མེད་པའི་ས་ཏའོ། །ཞེས་པས་ཨིས྄་ཀྱི་ས྄་དབྱངས་མེད་ཏ྄་དབྱངས་མེད་དུ་སོང༌། ཏ྄་ རྐྱེན་ས་ལ་དྲངས། དིཏྶ་ཏི་སོགས། ༈ དིཏྶེ་ཏི་སོགས། ༈ དིཏྶེ་ཏ་སོགས། །དིཏྶ་ཏུ་སོགས། ༈ ཨ་དིཏྶཏ྄་སོགས་སོ། ༈ །ཌུདྷཱཉ྄། དྷཱ་ས་ཏི་ཨིས྄་གཉིས། དང་པོ་ཡལ། ས྄ཏ྄། དྷིཏྶ་ཏི། དྷིཏྶ་ཏཿ། སོགས་དང༌། ༈ དྷི་ཏྶེཏ྄་སོགས། ༈ དྷི་ཏྶཏ྄་སོགས། ༈ ཨ་དྷི་ཏྶཏ྄་སོགས་སོ། ༈ །མཱང྄་གུས་ 19-1-482 པ་ལའོ། །པྲ་གོང་དུ་འཇོག གཞན་དཱ་དང་འདྲ། པྲཏྶ་ཏེ་སོགས་སོ། །ཨཊ྄་འཇུག་ན་པྲ་དང་ མ་འབར་དུ་འོང༌། མཚུངས་འདྲ། པྲཱ་མིཏྶ་ཏ་སོགས་ཏེ། ཨཏྨ་ནེ་པ་ཏིའོ། ༈ །ཌུ་ལ་བྷཥ྄་ཐོབ་ པ་ལའོ། །ཌུ་དང་ཥ྄་བྱ་བའི་དོན་ནོ། །བྷའི་ཨ་གཉིས་ཀའི་ཚིག་ཅན་གྱི་དོན་ནོ། །ལ་བྷ྄་ས་ཏེ་ བཞག གཉིས་བརྗོད། ལ་བྷ྄་ལ་བྷ྄་ས་ཏེ་བྱུང༌། ཐོག་མ་ནི་དབྱིའོ་ཞེས་པས་ལ་བྷ྄་དང་པོ་ཕྱིས། ཁ་ས་ལ་ཙ་པ་དང་ཛྷ་ས་རྣམས་སོ། །བྷ྄་ཡིག་པ྄་ཡིག་དབྱངས་མེད་དོ། །ས་ལ་ཨི་ས྄འོ། །ལའི་ ཨིས྄་སུ་བསྒྱུར་ལིས྄་པ྄ས་ཏེ་བྱུང་ས྄་ཀ྄འི་དང་པོ་ཡང་ངོ༌། །ཞེས་པས་ས྄་དང་པ྄་དབྱངས་ མེད་རབ་སྦྱོར་གྱི་དང་པོ་ཨིས྄་ཀྱི་ས྄་དབྱི། ལི་པྶ་ཏེ། ལིཔྶེ་ཏེ། ལིཔྶ་ཏེ་ལ་སོགས་པའོ། ༈ །ར་ བྷ་དགའ་རྩེད་ལའོ། །རབྷ྄་ས་ཏེ། ར་བྷ྄ར་བྷ྄། ས་ཏེ། ཕྱིས། ཨིས྄་རིས྄་བྷས྄་ཏེ། ས྄་ཡལ། བྷ྄་པ྄་ཏེ་སོགས་སོ། ༈ །པཏླྀ་ལྟུང་བ་ལའོ། །ལྀ་རྗེས་འབྲེལ། ས་ཏོ་བེཊ྄། པ་ཏ་ལ་ཨིཊ྄་ཡང་ ནའོ། །པཏ྄་ཞེས་པའི་བྱིངས་ལ་ཨིཊ྄་འཇུག་མི་འཇུག་ཡང་ན་བ་སྟེ་འཇུག་པ་ལྟར་ན་པཏ྄་ས་ ཏིཔ྄་པཏ྄་པཏ྄་ཏ྄་ས་ཏིཏ྄། དང་པོ་མི་སྣང༌། ཨིཊ྄་དབྱངས་ཐོག་མའི་ཨ་ཨི། ས་ཥ། པི་པ་ཏི་ཥ་ ཏི་སོགས་དང༌། ཡང་ན་ཨིཊ྄་མི་འཇུག་སྟེ། པཏ྄་པཏ྄ས་ཏི་པཏ྄། དང་པོ་ཕྱིས། ཨིས྄་པིས྄ཏ྄་ ས་ཏི་ས྄་ཞིག པིཏྶ་ཏི་སོགས་སོ། ༈ །ཨཱ་པླྀ་ཁྱབ་བྱེད་ལའོ། །ལ་རྗེས་འབྲེལ་ཨཱཔ྄་བྱིངས་སོ། ། ཨཱཔྣོ་ཏེ་རཱི། ཨཱ་པ྄་དག་གི་ཨཱིའོ། །ཨཱཔ྄། ཨཱ་པླྀ་གྱི་བྱིངས་ལ། རྣམ་དབྱེ་ཕ་རོལ་ཅན་གྱི་ས྄་བྱུང་ ན་བྱིངས་ཀྱི་ཐོག་མའི་དབྱངས་ཨཱ་རིང་པོ་ནི་ཨཱི་ཡིག་རིང་པོར་འགྱུར་རོ། །ཨཱཔ྄་ས་ཏི། ཨཱཔ྄་ ཨཱཔ྄་ས་ཏི། ཨཱཔ྄་དང་པོ་ཕྱིས། ཕྱི་མའི་ཨཱ་ཨཱི་དྲངས། ཨཱིཔྶ་ཏི་སོགས། ༈ ཨཱིཔྶེཏ྄་སོགས། ༈ ཨཱིཔྶ་ཏུ་སོགས། ༈ དིཔ྄་སོགས་ལ་ཨཊ྄་ལན་གཉིས། ཨ་ཨ་ཨཱིཔྶ་ད྄། ཨ་ཨི་ཨཱིཔྶ་ད྄། ཨ་ཨི་ ཨེ། ཨེ་ཨཻ་ལ་ཨཻའོ། །ཨཻཔྶཏ྄་ལ་སོགས་པའོ། ། ༈ ཨ་ཤ་ཟ་བ་ལའོ། །ཨ་ཤེ་ར་ནཱ་ཡོཿ། ཨཤ྄་ལ་ཨ་ནཱ་ཡ་ཡང་ནའོ། །བྱིངས་ཨ་ཤ་ལ་ རྐྱེན་ཨ་ནཱ་ཡ་འབྱུང་བའམ་ཡང་ན་ཨིཊ྄་འབྱུང་སྟེ། གཉིས་ཀ་མ་ཡིན་ཏེ་རེ་རེའོ། །ཨཤ྄་ཏིཔ྄་ 19-1-483 བར་དུ་ཨ་ནཱ་ཡ་སྦྱིན། ཤ྄་ཨ་ལ་དྲངས། ཨ་ཤ་ནཱ་ཡ་ཏི་སོགས། ༈ ཨ་ཤ་ནཱ་ཡེཏ྄་སོགས། ༈ ཨ་ཤ་ནཱ་ཡ་ཏུ། ༈ ཨཊ྄་ཨཊ྄། ཨཤ྄་ཨ་ནཱ་ཡ་དིཔ྄། ཨཱ་ཤ་ནཱ་ཡཏ྄་ལ་སོགས་པའོ། ༈ །ཡང་ ན་ཨ་ནཱ་ཡ་སྤངས་ཏེ་ས་དང་ཨིཊ྄་འཇུག་གོ ༈ །ཨཤ྄་ཨིས྄་ཏིཔ྄་ཞེས་པ་བྱུང༌། གཉིས་བརྗོད། ཨཤ྄་ཕྱི་མའི་ཨ་དེ་ནི་ཨིས྄་སུ་བསྒྱུར། ཨཤ྄་ཨིས྄་ཤ྄་ཨིས྄་ཏི། ས྄་དབྱངས་མེད་ཡལ། ཤ྄་ གཉིས་ཨི་གཉིས་ལ་དྲངས། སཥ། ཨ་ཤི་ཤི་ཥ་ཏི་ཞེས་སོགས་སོ། །ཨ་ཤི་ཏུ་མིཙྪ་ཏི། ཟས་ བཟའ་བར་འདོད་དོ། །ཞེས་པའི་དོན་ནོ། ། ༈ གུ་པུ་སྦེད་པ་དང་ངན་ཚིག་ལའོ། །ཨུ་རྗེས་འབྲེལ། གུབྦྷྱཿ། གུ་པ྄་རྣམས་(ལས་སོ་) ཀྱི་ཆེད་དུའོ། །གུཔ྄་རྣམས་ཞེས་པ་གུཔ྄་ཀྱི་སྡེ་ཚན་རྣམས་ཏེ། གུཔ྄་ཏིཛ྄་ཀིཏ྄་མཱན྄་བདྷ་དཱན྄་ ཤཱན྄་རྣམས་ལས་སོ། །བྱིངས་གུཔ྄་ལ་སོགས་པ་ལས་ཕ་རོལ་དུ་རང་གི་དོན་ཆེད་དུ་ས་རྐྱེན་དུ་ འགྱུར་རོ། །གུཔ྄་ས་ཏི། གཉིས་བརྗོད། པ྄་ཐོག་མ་ཡལ། གུ་ཐོག་མ་ཛུ། ཛུ་གུཔྶ་ཏི། ༈ ཛུ་ གུཔྶ་ཏཿསོགས་དང༌། ༈ ཛུ་གུ་པྶ་ཏེ་ལ་སོགས་པ་སྟེ། འདི་གཉིས་ཀའི་ཚིག་ཅན་ནོ། ། ༈ ཏིཛ྄་བཟོད་པ་ལའོ། ཏིཛ྄་ས་ཏི། གཉིས་བརྗོད། ཛ྄་ཕྱིས། ཛ྄་ཀ྄་ས་ཥ་ཀྵ་ཏི་ཏི་ཀྵ་ ཏི་སོགས་གཞན་དོན་ཅན་དང༌། ༈ ཏི་ཏི་ཀྵས་ཏེ། ཏི་ཏིཀྵེ་ཏེ་ལ་སོགས་པ་བདག་དོན་ཅན་ ནོ། ༈ །ཀིཏ྄་ནད་སངས་པ་དང་ཐེ་ཚོམ་ལའོ(ཡང་ངོ༌)། །ཀིཏ྄་ས་ཏེ་གཉིས་བརྗོད། ཀུ་ཧ་ལ་ཙུ་ ཀི་དང་པོ་ཙི། ཏ་དེ་ཡལ་ཙི་ཀིཏྶ་ཏེ། ནད་གསོ་པའི་དོན་ཏེ། གསོ་བར་བྱེད་དོ། །ཞེས་སོ། །བི་ ཙི་ཀིཏྶ་ཏི་སོགས་ཉེར་བསྒྱུར་སྦྱར་བ་ཡང་བྱེད་དོ། ༈ །མཱན྄་རྣམ་པར་དཔྱོད་པ་ལའོ། །ཇི་སྐད་ དུ། མཱན྄་ལ་ཡང་ངོ་སོགས་པ་རྣམས་ཀྱི་ས་ལ་དང་པོ་ནི་རིང་པོའོ། །ཞེས་འབྱུང་བས། མཱན྄་ ས་ཏེ་གཉིས་བརྗོད། ཐོག་མའི་ཧ་ས་སོགས། མཱ་ཐོག་མའི་ཨཱ་ཨི་དང༌། མཱན྄་ལ་སོགས་པའི་ ས་ལ་ཨི་ཨཱིན྄་ཕྱི་མ་ང་རོ། མཱི་མཱཾ་ས་ཏེ། དཔྱོད་པ་པོ་ཡིན་ནོ། །བདག་དོན་ནོ། ༈ །མཱི་མཱཾ་ས་ཏི་ གཞན་དོན་ཅན་ནོ། ༈ །བདྷ་སྨད་ར་ལའོ། །བདྷ྄་ས་ཏེ་གཉིས་བརྗོད། ཐོག་མའི་ཧ་ས། ས་ 19-1-484 ལ་ཨ་ཨིའོ། །མཱན྄་ལ་སོགས་པ་རྣམས་ཀྱི་ཞེས་པས། ཨཱི་རིང་པོའོ། །བཱི་དང་པོའི་ཛ་བ་རྣམས་ བ་བྷ་རུ་སོང༌། ཁ་ས་ལ་ཙ་པ་ཛྷ་ས་རྣམས་ཞེས་པས་དྷ྄་ད྄་དེ་ཡང་ཏ྄་བཱི་བྷཏྶ་ཏེ་ལ་སོགས་པའོ། ། དཱན྄་ཤཱན྄་གཟི་བརྗིད་ལའོ། །དཱན྄་ས་ཏེ་གཉིས་བརྗོད་ས་ལ་ཨ་ཨི། མཱན྄་ལ་སོགས་པའི་ས་ ལ་རིང་པོ་ན྄་སྔ་མ་ཐིམ་ཕྱི་མ་ང་རོ། །དཱི་དཱཾ་ས་ཏེ། གཟི་བརྗིད་འདོད་པའོ། །ཞེས་སོགས་སོ། ༈ །ཤཱན྄་ས་ཏེ་གཉིས་བརྗོད། ན྄་མི་སྣང༌། ཨི་ཨཱི། ན྄་ཀླད་སྐོར་ཤཱི་ཤཱཾ་ས་ཏེ། ཞེས་སོགས་ཏེ་ བདྷ྄་དཱན྄་ཤཱན྄་འདི་རྣམས་བདག་དོན་ཅན་ཉིད་གཙོ་ཆེའོ། ། ༈ གུཔ྄་ལ་རྣམ་གྲངས་གཞན་གྱི་དམིགས་གསལ་ནི། གུཔུ་བསྲུང་བ་ལའོ། །ཨཱ་ཡཿ། ཨཱ་ཡའོ། །གུཔ྄་ལ་སོགས་པ་ལ་རྐྱེན་ཨཱ་ཡ་འཇུག་སྟེ། དངོས་པོ་རང་རང་གི་ངོ་བོའི་དོན་ལ་ འཇུག་པའོ། །གུཔ྄་སོགས་ནི་གུཔ྄་དྷུཔ྄་བིཀྵ་པཎ྄་པན྄་ཞེས་པ་རྣམས་སོ། །ཇི་སྐད་དུ། ཨཔ྄་ མིན་པ་ལ་ཨཱ་ཡ་ལ་སོགས་པ་དག་གོ་ཞེས་འབྱུང༌། བྱིངས་ཀྱི་དང་པོ་ལ་ཡོན་ཏན་ནོ། །གུ་པུ་ ཨུ་བརྗོད་དོན། གུཔ྄་ཏི། བར་དུ་རྐྱེན་ཨཱ་ཡ་བྱིན། པ྄་ཨཱ་ལ་དྲངས། ཡོན་ཏན། གོ་པཱ་ཡ་ཏི། སོགས་བྱིངས་ཐམས་ཅད་པའི་རྣམ་དབྱེ་རྣམས་སོ། ༈ །ཏཔ྄་དང་དྷཱུཔ྄་ཆེས་གདུང་བ་ལའོ། ། འདིར་དྷཱུ་པ྄འོ། །དྷཱུཔ྄་ཨཱ་ཡ་ཏི། དྲངས། དྷཱུ་པཱ་ཡ་ཏེ་[སོགས་དང༌། དྷཱུ་པཱ་ཡེ་ཏ྄་]ལ་སོགས་པ་ སྟེ་གཉིས་ཀའི་ཚིག་ཅན་ནོ། །པཎ྄་འདུ་འགོད་དང་བསྟོད་པ་དག་ལའོ། །པཎ྄་ཨཱ་ཡ་ཏེ་བཞག ། ཇི་སྐད་དུ། པ་ན་ཡང་ངོ་ཞེས་འབྱུང༌། པཎ་ཞེས་པ་ཁོ་ན་མཚམས་སྦྱོར་བའམ། པཎ་ཞེས་ པ་པན྄་དུ་བསྒྱུར་ཏེ་སྦྱོར་བ་གདམ་ཀ་བྱེད་དེ། ཎ྄འམ་ན྄་ཨཱ་ལ་འདྲེན་པ་ཁོ་ནའོ། །པ་ཎཱ་ཡ་ཏེ་ སོགས་དང༌། པ་ནཱ་ཡེ་ཏ་ལ་སོགས་པའོ། ། ༈ ནཱམྣོ་ཡ་ཨཱི་ཙཱ་སྱ། མིང་ལ་ཡ་སྟེ་ཨཱ་ཨཱིའང་ངོ༌། །མིང་གི་བྱིངས་ལ་འདོད་པའམ་རེ་ སྨོན་གྱི་དོན་དུ་ཡ་རྐྱེན་འབྱུང་སྟེ། དེའི་ཚེ་མིང་མཐའ་འམ། བྱིངས་མཐའི་ཨཱ་ཡིག་ནི་ཨཱི་ཡིག་ ཏུ་འགྱུར་རོ། །པུ་ཏ྄་དང་དྷ་ན་ལ་ཏི་བཞག ར་དུ་ཡ་བྱིངས། ཨཱི་པུ་ཏྲཱི་ཡ་ཏི། དྷ་ནཱི་ཡ་ཏི། བུ་ 19-1-485 འདོད།(དྷུ་ཐཱ་ཡ་ཏེ་སོགས་དང་།) ནོར་འདོད་ཅེས་པའོ། ། ༈ ཇི་སྐད་དུ། ཨུ་ད་ཀ་ནི་ཨུ་དན་ཏུ་ཀུན་དུ་བསྒྱུར་རོ། །ཞེས་བཤད། ཨུད་ཀ་མིཙྪ་ཏི། ཆུ་ འདོད་པའོ། །ཨུ་ད་ཀ་ཡ་ཏི། ཨུ་དན྄་ཞེས་པ་ན྄་ཡིག་མཐའ་ཅན་དུ་བསྒྱུར། ན྄་ཡ་ལ་དྲངས༌། ཨུ་ར་ནྱ་ཏི། ཞེས་པ་ལ་སོགས་པའོ། ༈ །བུཏ྄་ཏི་ཇི་སྐད་དུ་འདོད་པ་རྣམས་ཀྱི་དོན་དུ། མིང་ རྣམས་ལ་ཀཱམྱ་རྐྱེན་དུ་འདོད་དོ་ཞེས་འབྱུང༌། བར་དུ་ཀཱམྱ་རྐྱེན་ནོ། །པུ་ཏྲ་ཀཱ་མྱ་ཏི་བུ་འདོད་པ་ ཡིན་ནོ། །ཞེས་པ་ལ་སོགས་པའོ། ། ༈ ཀ་ར་ཎེ་ཙ་ཡཿ། བྱེད་པ་ལ་ཡའང་ངོ༌། །ཀཎྜུ་ཞེས་པའི་བྱིངས་སོགས་ལ་བྱེད་པའི་དོན་ སྟོན་པའི་ཕྱིར་རྐྱེན་ཡ་ཉིད་འཇུག་གོ །ཀཾཌུ། ཏི། ཡ་བྱིན། ཀཎྜུ་ཡ་ཏི། ཟ་ཕྲུག་བྱུང་ཞེས་པ་ལ་ སོགས་པའོ། །པར་སྨཻའོ། ། ༈ ཉིརྜིཏྐ་ཏ་ཎེ། བྱེད་པ་ལ་ཉི་ཌི་ཏ྄འོ། །མིང་གི་བྱིངས་གྷཊ་ལ་སོགས་པ་མང་པོ་སྟེ། དེ་ བྱིངས་སོ་ཞེས་འབྱུང་བ། མིང་ཉིད་བྱིངས་ཞེས་གཞི་མཐུན་པའོ། །དེ་ལ་བྱེད་པའི་དོན་སྟོན་ པའི་ཕྱིར་ཉི་རྐྱེན་དུ་འཇུག ཉི་དེ་ལ་ཌིཏ྄་ཀྱི་མིང་འདོགས་པ་ཊི་དབྱི་བའི་དགོས་པ་ཡིན། ཉ་ ཡིག་འཕེལ་བའི་ཁྱད་དོན་ཨི་འཇོག ཉི་ཏཱཾ་ཧྲ་སྭེ། ཉི་ཉིད་ལ་ཐུང་ངུའོ། །བྱིངས་ཀྱི་གཞུང་རྒྱས་ པ་ལས་ཉིའོ་ཞེས་ཀློག་པས། སྤྱིར་བཏང་རྐྱེན་གང་ལ་ཉ་རྗེས་འབྲེལ་དེ་འཕེལ་བའི་དོན་ཡིན་ ཡང་ཉི་རང་ཉིད་ཁོ་ན་ལ་སྔོན་གྱི་བྱིངས་ཐུང་ངུ་ཉིད་ལ་གནས་ཀྱི་རིང་པོར་མི་འགྱུར་ལ། ཅི་ སྟེ་རིང་པོ་ཡིན་ཡང་ཐུང་ངུར་འགྱུར་རོ། །འདི་ལ་ཨཔ྄་བྱེད་པ་པོ་ལོའི་ཞེས་ཨཔ྄་འབྱུང་ངོ༌། ། རྐྱེན་གྱི་ཨི་ཉིད་ཡོན་ཏན་ཨེ་ཨཡ྄་བར་དུའོ། ༈ །གྷཊ་ཏིཔ྄་ཉི་ཉ྄་རྗེས་འབྲེལ་དེ་ཌིཏ྄་ལ་ཊི། དབྱི། དྲངས། གྷ་ཊི་ཏི། ཨའི་ཨུ་པདྷཱའོ། །ཞེས་ཨུ་པ་དྷཱ་རིང་པོ། གྷཱ་ཞེས་པ་ཐོབ་པ་ལྟར་སྣང་ ཡང༌། ཉི་ཉིད་ལ་ཐུང་ངུའོ་ཞེས་སྤྱིར་བཏང་བཀག་ནས། དམིགས་གསལ་ལ་ཨུ་པ་དྷཱ་འཕེལ་ བ་དང་རིང་པོ་ཉི་རྐྱེན་བཞག་གོ །བར་དུ་ཨཔ྄་བྱིན། གྷ་ཊི་ཨ་ཏི་ཞེས་འབྱུང༌། ཡོན་ཏན། 19-1-486 གྷཊེ། ཨེ་ཨཡ྄། གྷ་ཊཱ་ཨཡ྄་ཨ་ཏི་བྱུང༌། དྲངས། གྷ་ཊ་ཡ་ཏི། ཞེས་སོགས་སོ། །གྷ་ཊཾ་ཀ་རོ་ ཏི། བུམ་པ་བྱེད་དོ། །ཞེས་པའི་དོན་ནོ། ༈ །མ་ཧན྄་ཏིཔ྄་ཉི་ཨི་ཊི་ཕྱིས། མཧ྄་ཨི་ཏི། ཨི་ཨེ། ཨཡ྄། མ་ཧ་ཡ་ཏི་ལ་སོགས་པའོ། ༈ །བཧ྄་ཐོབ་པ་ལའོ། །བཧ྄་ཏིཔ྄་བ་ཨཱུ་རུ་བསྒྱུར། ཧ྄་ནི་ ཌྷ྄་དང༌། ཨ་ནི་ཨི་རུ། ཨཱ་དེ་ཤ་བྱེད་དེ། བ་ཧ་ནི་ཨཱུ་ཌྷ྄་རུ་བསྒྱུར་བའོ། །ཨཱུཌྷ་ཉི་ཨཔ྄་ཏི། ཨི་ ཡོན་ཏན། ཨེ་ཨཡ྄། ཨཱུ་ཌྷ་ཡ་ཏི། ཞེས་སོགས་ཏེ། ༈ དི་པ྄་སོགས་ལ་ཨཊ྄་ཨཊ྄་ཨཱུ་ཨུ་ལ་ཨོ། ཨོ་ལ་ཨཽ་ཨཽ་ཌྷ་ཡཏ྄་ལ་སོགས་པའོ། །གོང་བྷ་བ་ཏི་དང་འདྲ་བའི་ལུགས་སོ། ། ༈ [པྲྀ་ཐཱ་དེ་རཿ] པྲྀ་ཐ་སོགས་ལ་རའོ། །བྱིངས་པྲྀ་ཐ་སོགས་ལ་རྀ་ཡིག་ར་རུ་བསྒྱུར་བ་ ཁྱད་པར་རོ། །པྲྀ་ཐ་ཡངས་པ་ལའོ། །པྲྀཐ྄་ཉི་ཨཔ྄་ཏི་པ྄་པྲ་ཐ་སོགས་ལ་རའོ། །པྲྀ་པ྄་རུ་སོང༌། གོང་བཞིན་སྒྲུབས་པྲ་ཐ་ཡ་ཏི་སོགས་སོ། །དྲྀ་ཌྷ་ཉི། ཨཔ྄། ཏི། རྀ་ར། དྲ་ཌྷ་ཡ་ཏི་སོགས་སོ། ། དེ་དག་གིས་ནི་བྱེད་པའི་རྐྱེན་རྣམས་བཤད་ཟིན་ཏོ།། །། ༈ བྱིངས་ལ་བྱེད་དུ་འཇུག་པ་ལའོ། །བྱེད་དུ་འཇུག་པའི་དོན་ལ་ཤིས་བྱེད་ཀྱི་རྣམ་དབྱེ་ ཁོ་ན་ལ་རག་མ་ལུས་ཏེ། ཉི་རྐྱེན་གྱིས་བསྐུལ་བའམ། བཀའ་སྦྱིན་པ་དང༌། ཕོ་ཉ་བཏང་བ་ སོགས་རང་གི་དགོས་དོན་གྱི་བྱ་བའམ། གཞན་གྱི་བྱ་བ་ཡིན་ཡང་རུང་རང་གི་དངོས་སུ་མི་ བྱེད་པར་གཞན་བྱེད་དུ་འཇུག་པ་སྟེ། འདིའི་འགྲེལ་པ་འདུ་འགོད་ཀྱི་དགོས་པའི་དོན་ལ་ བྱེད་དུ་འཇུག་པ་ཞེས་གསུངས་དོན་འདུ་འགོད་ནི་གཏོང་ལེན་དང༌། གསོག་ཟད་དང་འཕེལ་ འགྲིབ་དང༌། འདུ་བྲལ་བྱེད་པས་འདོད་དོན་སྒྲུབ་པའོ། ། ༈ ཀྲྀ་ཉི་ཨཔ྄་ཏི་རྀ། ཡོན་ཏན། ཨར྄། ཨི་ཨེ་རུ་སོང༌། དེ་ཨཡ྄་དྲངས། ཀ་ར་ཡ་ཏི་ སོགས་པའོ། ༈ །དེ་བཞིན་དུ། པཱ་ཙ་ཡ་ཏི་དང༌། ༈ པྲེ་ར་ཡ་ཏི་སོགས་མང་པོའོ། ༈ ཤཱ་སུ་ རྗེས་སུ་སྐྱོང་བ་ལའོ། །ཤཱ་སུ་ཏིཔ྄་ཉི་ཨཔ྄་སུའི་ཨུ་ཨོ། སོ། ཨོ་ཨབ྄་ཤཱ་སཔ྄་ཨི་ཨ་ཏི་བྱུང༌། ཨི་ཨེ། ཨེ་ཨཡ྄། ཡ྄་ཨ་ལ་དྲངས། ཨ་ནུ་གོང་ཨ་ནུ་ཤཱ་ས་བ། ཡ་ཏི་སོགས་ལཊ྄་ལིང྄་ལོཊ྄་ 19-1-487 རྣམས་དང༌། ཨ་ནྭ་ཤཱ་ས་བ་ཡ་ཏི། སོགས་ལང྄་རྣམས་སོ། ། ༈ ཧ་ནོ་གྷཏ྄། ཧ་ན྄འི་གྷཏའོ། ཁམས་ཧན྄་ནི་ཨིན྄་དང་ཨཔ྄་ཀྱི་རྐྱེན་མེད་པའི་སྐབས་ ཉིཏ྄་ཎིཏ྄་ཀྱི་རྐྱེན་དང་དབྱངས་ཕ་རོལ་ལ་ཁམས་ཉིད་གྷཏ྄་ཞེས་པར་བསྒྱུར་རོ། །ཧན྄་ཉི་ཨཔ྄་ ཏི་ཧན྄་གྷཏ྄་དུ་བསྒྱུར། ཨུ་པ་དྷཱ་རིང་པོ། ཡོན་ཏན། ཨ་ཡ྄། གྷཱ་ཏ་ཡ་ཏི། ༈ གྷཱ་ཏ་ཡེཏ྄། ༈ གྷཱ་ ཏ་ཡ་ཏུ། ༈ ཨ་གྷཱ་ཏ་ཡཏ྄། ཞེས་པ་ལ་སོགས་པའོ། ། ༈ ཤ་དེཿཤཏ྄། ཤ་དའི་ཤཏ྄འོ། །ཤ་དླ་སྡིགས་པ་ལའོ། །ལྀ་རྗེས་འབྲེལ། ཤད྄། ཏིཔ྄། ཉི། ཨཔ྄་ཉ་སོང༌། ཨི། ཤད྄་ཤཏ྄་རུ་བསྒྱུར། ཨུ་པ་དྷཱ་རིང༌། ཤཱཏ྄་ཨི་ཨ་ཏི། ཡོན་ཏན། ཨཡ྄་ དྲངས། ཤཱ་ཏ་ཡ་ཏི་སོགས། ཨ་ཤཱ་ཏ་ཡཏ྄་སོགས་སོ། ༈ རཱ་ཏོ་ཉཽ་བུཀ྄། རྀ་ཨཱཏ྄་དག་གི་ཉི་ལ་བུཀ྄འོ། །དབྱངས་རྀ་ཉིད་དང་ཨཱ་མཐའ་ཅན་ལ་ ཉི་རྐྱེན་ཕ་རོལ་དུ་བཀོད་ན། པུཀ྄་ཨཱ་ག་མ་འབྱུང་ངོ༌། ༈ །ཌུ་དཱཉ྄་དཱ་རིཔ྄་ཉི་པུཀ྄་ཨཔ྄་རྣམས་ རིམ་པས་སྟེར། ཀ྄་རྗེས་འབྲེལ་ཨུ་བརྗོད་དོན། དཱབ་ཨི་ཨ་ཏི་ཞེས་བྱུང་ཨི་ཨེ། ཨེ་ཨཡ྄། དྲངས། དཱ་པ་ཡ་ཏེ་སོགས། ཨ་དཱ་བ་ཡཏ྄་ལ་སོགས་པའོ། ༈། ཥྛཱ་འགྲོ་བ་འགོག་པ་ལའོ། ཥྛཱ་ ཏིཔ྄། ཥྛཱ་སྠཱ་རུ་སོང༌། ཉི་བུཀ྄་ཨཔ྄་གོང་བཞིན་སྒྲུབས་སྠཱ་བ་ཡ་ཏི། སོགས། ཡཱ་ཐོབ་པ་ལའོ། ། ཡཱ་བ་ཡ་ཏི་སོགས་གོང་བཞིན་ནོ། ༈ །ཇི་སྐད་དུ། རྀ་ཨཏ྄་དག་གི་བུཀ྄་མཐའི་ཡོན་ཏན་ནོ། ཞེས་བཤད་པས་ར་འགྲོ་བ་ལའོ། །རྀཉི་བུཀ྄། ཨཔ྄། ཏིཔ྄། རྀ་ཡོན་ཏན། ཨར྄། བ྄ཨི། ཨ་ཏི་བྱུང༌། བ྄་ཨི་ལ་དྲངས། དེ་ལ་ར྄་དྲངས་ཡོན་ཏན་ཨཡ྄་ཨརྦ་ཡ་ཏི། ཨཊ། ཨཱརྦ་ཡ་ཏི། ཨཊ྄་ཨཱརྦ་ཡཏ྄་ལ་སོགས་པའོ། ༈ །ཇི་སྐད་དུ། ཨིང྄་སོགས་ཀྱི་ཉི་ལ་པུཀ྄འོ། །ཞེས་འབྱུང་ བས་ཨིད྄་སྨྲང་འདོན་ན་ལའོ། ཨིཀ྄་དྲན་པ་ལའོ། །ཨིང྄་དང་ཨིཀ྄་གི་ང྄་དང་ཀ྄་ཕྱིས། ཨི་ཨི་ ཞེས་ལུས་སྒྲུབ་ལུགས་གཅིག གྲུབ་གཟུགས་གཅིག དོན་ཐ་དད་དོ། ༈ །ཨིང྄་དང་ཨིཀ྄འི་ བྱིངས་ལ་བི་དང་ཨ་བྷི་མི་འཇུག་གཞན་ཉེར་སྒྱུར་ཅི་རིགས་པ་འཇུག་པ་ལས་ཨ་བ་དང་ཨ་དྷི་ 19-1-488 གཉིས་ལྷག་པར་འཇུག་པ་མང་ངོ༌། །ཨི་བུཀ྄། ཉི། ཨཔ྄། ཏི་ཞེས་པ་བཞག བ྄་ཨི་ཨ་ཏི་ལ། པ྄་ཡ་ཏི་གོང་བཞིན། ཨ་དྷི་སྔོན་དུ་བཞག་ཨི་དང་འདྲ་རིང་འཕེལ་བ་དྷཻ་ཨཱ་ཡ྄་ཡ྄་དབྱི། ཨ་དྷཱ་ བ་ཡ་ཏི་སོགས་སོ། ༈ །ཇི་སྐད་དུ། ཧྲཱི་ཀླཱི་རཱི་ཨི་དི་ཀྲཱི་ཛི་ལཱི་ཞེས་པ་འདི་རྣམས་ཨི་ཡིག་མཐའ་ སྟེ། ཉི་ཕ་རོལ་ཡུཀ྄འོ། །ཞེས་བཤད་པས་གོང་གི་ཨིང྄་སོགས་ནི་དེ་དག་གོ ། ༈ ཨེཿ ཨིའི་ཨཱའོ། །བྱིངས་དེ་རྣམས་ལས་ཧྲཱི་ཡོན་ཏན་བྱེད་ཨི་ཨཱ་རུ་མི་འགྲོ།གཞན་ དེ་རྣམས་ལ་བྱིངས་མཐའི་ཨི་ཡིག་ཨཱ་རིང་པོར་འགྲོ། ཡོན་ཏན་མི་བྱེད་དོ། ༈ །ཧྲཱི་བུཀ྄། ཉི། ཨཔ྄། ཏི། ཞེས་བཀོད། ཡོན་ཏན། ཨེཧྲེ། གཞན་འདྲ། ཧྲེ་པ་ཡ་ཏེ། ༈ ལཱིང྄་རྣམ་པར་ འཁྱམས་པ་ལའོ། །ང྄་རྗེས་འབྲེལ། ལཱི། བུཀ྄། ཉི། ཨཔ྄། ཏིཔ྄། བཞག་ཨིའི་ཨཱའོ། །ལཱིའི་ ཨཱི་ཨཱ་རུ་སོང༌། ལཱ་གཞན་འདྲ། ཉེར་སྒྱུར་བི་སྔོན་དུ་བཞག བི་ལཱ་པ་ཡ་ཏི། དིཔ྄་ལ་བྱ་ལཱ་བ་ ཡཏ྄་ལ་སོགས་པའོ། ༈ །ཇི་སྐད་དུ། པ་ད་སོགས་ལ་ཡུཀ྄འོ། །ཞེས་འབྱུང་སྟེ། བུཀ྄་གི་དོད་དུ་ ཡུཀ྄་སྟེར་ཀ྄་རྗེས་འབྲེལ་ཨུ་བརྗོད་དོན་ཡ྄་ལུས་སོ། །པཱ་ཞེས་པའི་ཁམས་ལ་ཡུཀ྄། ཉི། ཨཔ྄། ཏི་རྣམས་སྦྱར། ཡ྄་ཨི་ལ་དྲངས་གཞན་འདྲ། པཱ་ཡ་ཡ་ཏི་ལ་སོགས་པའོ། ༈ །ཤཱིང྄་ཉལ་བ་ ལའོ། །ཤོ་ཕྲ་མོར་བྱེད་པ་ལའོ། །ཞེས་པའི་ཤཱིང྄་ང྄་རྗེས་འབྲེལ། ཤཱི་དེ་ལ་རྣམ་དབྱེ་སྦྱར་བ་ ཙམ་གྱི་ཡོན་ཏན་ཏེ། ཤེ་མཚམས་སྦྱོར་གྱི་ཡི་གེ་བྱུང༌། ཤེ་དང་ཤོ་ལ་ཡུཀ྄་ཉི། ཨཔ྄། རིཔ྄། སྦྱར། མཚམས་སྦྱོར་ཡི་གེ་རྣམས་ལ་ཨཱའོ། །ཞེས་པས་ཤེ་དང་ཤོ་གཉིས་ཀ། ཤཱ་ཞེས་པར་ སོང༌། གཞན་འདྲ། ཤཱ་ཡ་ཡ་ཏི་སོགས་སོ། ༈ །ཇི་སྐད་དུ། བྲཱིཉ྄་དྷཱུཉ྄་དང་ལ་ནུཀ྄་ཡང་ནའོ། ། ཞེས་ཏེ་བྲཱིཉ྄་ཁྱོར་ཆུ་སྦྱིན་པ་ལའོ། །དྷཱུཉ྄་སྐྱོད་པ་ལའོ། །བུཀ྄་དང་ཡུཀ྄་དོད་དུ་ནུཀ྄་སྟེར་རོ། ། བྲཱིནུ་ཀ྄། ཉི། ཨཔ྄། ཏི། ཀ྄་དང་ཨུ་ཡལ་ན྄་ཨི་ལ་དྲངས། ཥ་རི་ར་སོགས་ནི་ཎིརུ་སོང༌། ཡོན་ ཏན་སོགས་བྲཱི་ཎ་ཡ་ཏི་སོགས་སོ། ༈ །དེ་བཞིན་དུ། དྷཱུ་ན་ཡ་ཏི་ལ་སོགས་པའོ། ༈ །ཛཱན྄་ལ་ སོགས་པ་རྣམས་ལ་ཉི་རྐྱེན་གྱི་སྐབས་འདིར་ཡང་ན་ཐུང་ངུར་བསྒྱུར་བའང་ཡིན་ཏེ། །ཛཱ་ན་ 19-1-489 ཡོད་བའི་དཔེར་བརྗོད་ནི། ཛྙཱ་ཁོང་དུ་ཆུད་པ་ལའོ། །ཛྙཱ་བུཀ྄། ཨ། ཏིཔ྄་ཞེས་པ་བཞག ཡང་ ན་ཐུང་ངུར་བསྒྱུར་ཏེ། ཛྙ་པ་ཡ་ཏི་སོགས། གཞན་ཛྙཱ་པ་ཡ་ཏི་སོགས་སོ། ༈ །ཇི་སྐད་དུ། ས་ ལ་རིང་པོ་སྟེ། ཨིཊ྄་ཨིས྄་ཡང་ནའོ། །ཞེས་བཤད་པས་ཛན྄་ཡོད་པའི་བྱིངས་བུཀ྄་རྐྱེན་དང་ འབྲེལ་བྱེད། འཇུག་གི་སྐབས་འདིར་བྱིངས་གཉིས་བརྗོད་ཀྱི་དང་པོ་རིང་པོར་འགྱུར་བ་དང༌། ཕྱི་མའི་དབྱངས་ཨིས྄་སུ་འགྱུར་བ་དང༌། ཨིཊ྄་ཡོད་མེད་གདམ་ཀ་སྟེ། ཨིས྄་སུ་འགྱུར་ན་དང་ པོ་ཡལ། ཉི་མེད། ཨིཊ྄་སྤངས་པའོ། །ཨིས྄་མི་བྱེད་ན། དང་པོའི་ཨཱ་ཨི་རུ་འགྲོ། ཉི་དང་ཨིཊ྄་ འཇུག་གོ ། ༈ །ཛྙཱ་ཏིཔ྄་ས་བུཀ྄་ཛྙཱབ྄་ས་ཏི་བྱུང༌། གཉིས་བརྗོད། ཕྱི་མའི་ཨཱ་ཨིས྄། དང་པོ་དབྱི། ཛྙིས྄་བས་ཏི་བྱུང༌། ས྄་དབྱངས་མེད་ཡལ། ཨཱི་རིང་པོར་སོང༌། བ྄་ས་ལ་དྲངས། ཛྙཱིཔྶ་ཏི། ཞེས་ སོགས་སོ། ༈ །ཡང་ན། ཛྙཱ་བུཀ྄། ཉི། ཨིཊ྄ས་ཏི་ཞེས་པ་བཞག གཉིས་བརྗོད། དང་པོ་ཐུང་ ངུ༌། དེ་ཨི་རུ་སོང༌། ཐོག་མའི་ཧ་ས་སོགས་ཛྙཱའི་ཉ་མི་སྣང་ཛི་རུ་སོང་བ྄་ཨི་བ྄་ཡ྄། ཡ྄་དབྱི། དང་སྦྱར། ཡི། ཀུ་ཨི་ལ་སོགས། ས་ཥ། ཛི་ཛྙཱ་བ་ཡི་ཥ་ཏི། ཞེས་པ་ལ་སོགས་པའོ།། །། ༈ ཙུ་རཱ་དེརྙིཿ། ཙུ་ར་སོགས་ལ་ཉིའོ། །བྱིངས་ཙུ་ར་ལ་སོགས་པའི་སྡེ་ལ། རང་གི་བྱ་བའི་ ཚིག་འབྱུང་བའི་དོན་ལ་ཉི་རྐྱེན་དུ་སྟེར་རོ། །ཙུ་ར་རྐུན་པོ་ལའོ། །ཙུར྄། ཉི། ཨཔ྄། ཏིཔ྄། བྱིངས་དང་པོ་ལ་ཡོན་ཏན། དྲངས། ཡོན་ཏན་ཨཡ྄་སོགས་གོང་བཞིན། ཙོ་ར་ཡ་ཏི། ༈ པཱ་ ལ་སྲུང་བ་ལའོ། །པཱལ྄་ཉི། ཨཔ྄། ཏི། ཡོན་ཏན་མེད། བྱིངས་འཕེལ་བ་དང་གྲུབ། པཱ་ལ་ཡ྄་ ཏི། ༈ ཙི་ཏཱི་སཉྫྙཱ་ནེ། ཙི་ཏཱི་འདུ་ཤེས་ལའོ། །ཙི་ཏཱི། ཉི། ཨཔ྄། ཏི། ཨཱི་བརྗོད་དོན། ཡོན་ཏན། ཙེ་གཞན་སྔར་བཞིན། ཙེ་ཏ་ཡ་ཏི། ༈ ཙི་ཏི་དྲན་པ་ལའོ། །ཨི་བརྗོད་དོན། ཙིཏ྄ཉི། ཨཔ྄། ཏི། ཙི་དང་ཏ྄འི་བར་དུ་མུམ྄་ཨཱ་ག་མའི་ཨུམ྄་ཡལ། མ྄ང་རོ་གཞན་སྔ་མ་བཞིན། ཙིནྟ་ཡ་ཏ། ཨརྩ་མཆོད་པ་ལའོ། །ཨརྩ། ཉི་ཨཔ྄་ཏི་པ་རྣམ་འགྱུར་གསར་པ་མེད། ཨརྩྩ་ཡ་ཏི། ༈ ཡང༌། ཙུ་ར྄་ལ་ནི་ཨཏྨ་ནེའི་རྐྱེན་བྱེད་ཀྱང་རུང་སྟེ། དེའི་ཚེ་ཉི་ཡང་བདག་དོན་དུ་སྟེར། ཉ྄་ན྄་རྗེས་ 19-1-490 འབྲེལ། བདག་དོན་གྱི་དོན་རྟགས་སུ་བྱེད་དོ། །དེས་ན་ཙུར྄་སོགས་ལ་སྤྱིར་བཏང་གཞན་ དོན་གྱི་ཚིག་ཅན་ཡང་དམིགས་གསལ་ལ་གཉིས་དོན་གྱི་ཚིག་ཅན་དུ་ཡང་བྱེད་ཅེས་པའི་དོན་ ཏེ། ཙོ་ར་ཡ་ཏེ་ལ་སོགས་པའོ། ། ༈ ཉེ་ར་ངོ་དྭི་ཙ། ཉི་དང་ཨང྄་ལ་གཉིས་ཀྱང་ངོ༌། །ཉི་ཁོ་ན་དང་ཨང྄་ཁོ་ན་མ་ཡིན་པར་ ཉི་དང་ཨང྄་གཉིས་སྡེབས་ཀྱི་མཐའ་ཅན་གྱི་བྱིངས་ཏེ། འདས་པ་ཙམ་གྱི་དོན་སྒྲུབ་པ་ལ་ ཉི་རུ་མ་ཟད་ཨང྄་ཡང་རྐྱེན་དུ་སྟེར་ཏེ། དིཔ྄་སོགས་པ་ར་སྨཻ་ཕ་རོལ་དུ་ཡོད་པའོ། །ས་རྐྱེན་ སྤངས་ཀྱང་བྱིངས་གཉིས་བརྗོད་དོ། །ཨང྄་གི་ང྄་ནི་ཡོན་ཏན་སྤངས། ཁྱད་དོན་ནོ། ༈ །ཙུར྄་ ཙུར྄། ཉི། ཨང྄། དིཔ྄། དང་པོའི་ཧ་ས། ཉེ། ཉའོ། །ཨིཊ྄་དང་ཨཔ྄་མེད་པའི་ཡུལ་ལ་འདས་ པའི་དོན་གྱི་སྐབས་འདིར་རྐྱེན་ཉི་དབྱི་སྟེ། ཉ྄་རྟགས་དོན་སྔ་ནས་ཡལ་བར་མ་ཟད་ཨི་ཡང་མི་ སྣང་བར་བྱེད་དོ། །དེ་ཡང་ཉི་རྐྱང་པ་དབྱི་བ་མིན་ཀྱང་ཨ་བྱུང་བས་ཉི་དབྱིའོ། ། ལ་གྷོ་དཱིརྒྷཿ། ཐུང་ངུ་རིང་པོར་རོ། །ཨང྄་ཕ་རོལ་ཡོད་པའོ། །བྱིངས་ཀྱི་ཐོག་མ་ན་ཐུང་ངུ་ ཡོད་ན་རིང་པོར་བྱེད་དོ། །ཙཱུ་ཙུར྄་བྱུང་ཉི་ཡལ་གཞན་སྔ་མ་བཞིན་ཙཱུ་ཙུ་རཏ྄། ཨཊ྄་གོང་ཨ་ ཙཱུ་ཙུ་རཏ྄། ཅེས་པ་ལ་སོགས་པའོ། ༈ །བིད་ཤེས་པ་ལའོ། །ཨཊ྄་བིད྄་བིད྄་ཨད྄་དིཔ྄་ཐོག་ མའིཧ་ས་ཐུང་ངུ་རིང་པོར་རོ། །ཨ་པཱི་བི་དཏ྄་ལ་སོགས་པའོ། ༈ དུཧ྄་ཡོངས་སུ་གང་བ་ལའོ། ། ཨཊ྄་དུཧ྄་དུ་ཧ྄་ཨང྄་དིཔ྄། སྔ་མ་བཞིན་ཨ་དཱུ་དུ་ཧཏ྄་ཅེས་པ་ལ་སོགས་པའོ། ། ༈ ཨ་ངི་ལ་གྷཽཧ྄་སྭ་ཨུ་པ་དྷཱ་ཡ། ཨང྄་དང་ཐུང་ངུ་ལ་ཨུ་པ་དྷཱ་ཐུང་ངུའོ། །པཙ྄་པཙ྄། ཉི། ཨང྄དིཔ྄། དང་པོ་ཧ་ས་ཨཨཱི་རིང་པོ། ཉི་དབྱི། ཨཊ྄་གོང་ཨ་པཱི་པ་ཙཏ྄། ༈ པཱ་ལ་པཱ་ལ་ཉི་ ཨང྄་དིཔ྄། དང་པོ་རིང་པོ། གདོད་ནས་གྲུབ་མོད་ཨཱི་རུ་སོང༌། པཱ་ཕྱི་མ་ཨུ་པ་དྷཱ་ཐུང་ངུར་སོང༌། ཨ་ཊ྄་ཨ་བཱི་པ་ལཏ྄། ༈ ཨ་པ་ཋ྄་པ་ཋ། ཉི་ཨང྄་དིཔ྄། སྔ་མ་དང་འདྲ། ཨ་པཱི་པ་ཐཏ྄།༈ པ་ ད་ལ་པྲ་ཏི་སྔོན་དུ་བཞག པྲ་ཏི་ཨཊ྄་པད྄་པད྄། ཉི་ཨང྄་དིཔ྄། སྔར་བཞིན་སྒྲུབས་པས། པྲ་ 19-1-491 ཏྱ་པཱི་པ་དཏ྄། སོགས་སོ། ༈ །གྷཊ྄་སྒྱུ་འཕྲུལ་ལའོ། །གྷཊ྄། ཉི། ཨང྄༌། དིཔ྄ གཉིས་བརྗོད། ཊ྄་དང་པོ་དང་ཉི་ཡལ། གྷ་དང་པོ་ཛྷ་དེ་ཛ། དེ་ཛི། རིང་པོ། ཨཊ྄། ཨ་ཛཱི་གྷཊཏ྄། ཞེས་པ་ལ་ སོགས་པའོ། ། ༈ ན་རྀཏཿ རྀཏ྄་ཀྱི་མ་ཡིན་ནོ། །རྀ་ཡིག་རྗེས་འབྲེལ་ཅན་གྱི་བྱིངས་ཕ་རོལ་དུ་ཨང྄་ བརྗོད་པ་ཅན་ཡིན་མོད་ཀྱང༌། ཨུ་པ་དྷཱ་སྔར་ནས་ཐུང་ངུ་ཅན་ཡིན་ན་དེར་ཟད། སྔར་རིང་པོ་ ཡིན་ན་ཐུང་ངུར་མི་བསྒྱུར་རོ། ༈ །ཌྷཽ་ཀྲྀ་འགྲོ་བ་ལའོ། །ཌྷཽཀྲྀ། རྀ་རྗེས་འབྲེལ། ཌྷཽཀ྄་ཉི་ཨ་ ང྄་དིཔ྄་གཉིས་བརྗོད་ཀ྄་ཐོག་མ་དབྱི། ཐོག་མའི་དབྱངས་ཐུང་ངུ་ཨུ་སྟེ་ཌྷུ། ཛྷཔ་ལས་ཛ་བ་སྟེ་ ཌུ། ཉི་ཡལ། ཨཊ྄་ཨ་ཌུ་ཌྷཽ་ཀཏ྄། ཌྷཽ་ཀ་ཏི་ཏཾ་ཨནྱ་པྲེ་ར་ཡེཏ྄། གཞན་དག་འགྲོ་རུ་འཇུག་གོ ༈ །དེ་དང་འདྲ་བར་ཡཱཙ྄་ཉི། ཨ་དིཔ྄་གཉིས་བརྗོད། ཐོག་མའི་ཧ་ས། ཉི་ཡལ། ཨཊ྄། ཨ་ ཡ་ཡཱ་ཙཏ྄། ཞེས་སོགས་སོ། ༈ །ཡཱ་ཙ་ཡ་ཏི་ཏི་ཨ་ནྱ་པྲེར་ཡེཏ྄། གཞན་དག་སློང་མོ་བྱེད་དུ་ བཅུག་གོ ༈ །ཇི་སྐད་དུ། རབ་སྦྱོར་ལ་ར་གཉིས་མ་ཡིན་ནོ། །ཞེས་བཤད་པས་གཉིས་བརྗོད་ སྐབས་གསལ་བྱེད་རབ་སྦྱོར་ལ་ར་ཡིག་ཡོད་ན་གཉིས་སུ་མི་འགྲོ་སྟེ། རྐྱེན་མཐའ་འདས་དོན་ གྱི་སྐབས་འདིར་ངེས་པའོ། །ཨརྩི་ཨི། བརྗོད་དོན་ཨརྩ྄་ཉིཨང྄་དིཔ྄་གཉིས་བརྗོད་ཡིན་ཡང་ ར྄་ཡིག་མི་འཕེལ་བས་ཨཙ྄་ཨརྩ྄་བྱུང༌། ཙ྄་སྔ་མ་དབྱི། ཉ྄་ཡལ། ཨི་བུཀ྄་ཨཱ་ག་མ་སྟེར་ཨུཀ྄་ ཕྱིས་ཨཊ྄་ཨ་ཨ། ཨརྩ྄་ཨི་བ྄་ཨང྄་ཅེས་པ་བྱུང༌། མཚམས་སྦྱར། དྲངས། ཨཱརྩི་བཏ྄། ཞེས་པ་ ལ་སོགས་པའོ། ། ༈ བཏ྄་ཐོབ་པ་ལའོ། །བ་ཧེཿཀྟི། བ་ཧ་ལ་ཀྟིའོ། །བྱིངས་བ་ཧ་ལ་རྐྱེན་ཀྟི་སྟེར་རོ། །བཧ྄་ ཀྟི་ཉི་ཨང྄་དིཔ྄། ཞེས་པ་བཞག་སམྤྲ་ས་ར་ཎ་བྱ་སྟེ་བ་ཨུ་ཧའི་ཌྷ། ཀ྄་ཡལ་ཏི་དྷི། དྷི་ཌྷི་ཨཊ྄་ དབྱངས་དང་པོ་ཡང་ཨཊ྄། ཨཨེ། ཨུཌྷ྄་ཌྷི། ཨི་ཨང྄་ཅེས་པ་བྱུང༌། ཌྷིའི་ཨི་ཊི་ཡིན་ཉིའི་ཨི་ ཌིཏ྄་མཐོང་བས་ཡལ། ཉི་ཨི་ཡང་ཨང྄་གི་ཨ་མཐོང་བས་ཐིམ། ཌྷ་གོང་མ་བསུབས། ཕྱི་མ་ 19-1-492 ཨ་ལ་དྲངས། ཉི་དང་ཨང྄་ལ་གཉིས་ཀྱང་ངོ༌། །ཞེས་གཉིས་བརྗོད་བྱེད་ཌྷ་ཌྷ། ཨངི་པཱུརྦ་ སྱ་ཌྷ་སྱ་ཛཿ། ཨང྄་གི་སྔ་རོལ་གྱི་ཌྷ་ནི་ཛའོ། །བར་རྐྱེན་ཨང྄་ཕ་རོལ་དུ་ཡོད་པའི་ཌྷ་དང་པོ་ ཛ་ཡིག་ཏུ་འགྱུར་རོ། །ཨ་ཨུ་ཨོ། ཨོ་ཨཽ་ཨཽ། གནས་མེད་པ་ལ་ཡང་ནའོ། །ད྄་ཏ྄་ཨཽ་ཛ་ཌྷཏ྄། ཞེས་པ་ལ་སོགས་པ་དིཔ྄་སོགས་དགུའོ། ༈ ཥྛཱ་འགྲོ་བ་[ལས་ལྡོག་པ་]ལའོ། ཥྛཱ་ཉི་ཨང྄་ དིཔ྄། ཥ྄ས྄། ཋཱཐཱ། སྠཱ་ད་སོགས་ཀྱི་ཨིའོ། །སྠི་གཉིས་བརྗོད། སྠི་སྠི། ས྄་དང་པོ་དབྱི། ཐ་ཏ་ ཏིའི་ནུས་པས། ས྄ཥ྄། ཐཋ། ཏིཥྛ་ཨཊ྄་པྲ་ཏི་སྔོན་པྲ་ཏྱ་ཏིཥྛ། ཁ་ཅིག་ཉི་ཨང྄་བྱིན་པས། པྲ་ ཏྱི་ཏིཥྛ་ཡཏ྄་འབྱུང་བར་འདོད། གཞན་དག་ཉི་སྤངས་ཨང྄་བྱིན། ཨི་ཨེ། ཨེཡ྄། པྲ་ཏྱ་ཏི་ཥྛ་ ཡཏ྄། ཞེས་འབྱུང་བར་འདོད་པ་འཐད་དོ། ༈ །པཱ་དིཔ྄་བཞག་ཉིའི་ཨིང྄་དེ་ན། ཨང྄་པཱ་པཱི་རུ་ བསྒྱུར་གོང་བཞིན་གཉིས་བརྗོད། ཨཊ྄། ཨ་པི་པི་ཨི་ཨང྄་དང་པོ་རིང༌། ཉིའམ་ཨིང྄་ཡལ། པི་པི་ཨིཡ྄་པ྄་ཡ་ཨ་ལ་དྲངས། ཨ་པཱི་པྱཏ྄། གྲུབ། ༈ ཡང་ན་ཉིའམ་ཨིང྄་ཕྱིས་ཡུཀ྄་བྱིན། ཡ་ ཉིད་དོ་ཞེས་པས། པཱིཔ྄ཡ྄་ཞེས་པར་སོང་བའི་ཡ྄་དབྱི་པ྄ཡུཀ྄་གི་ཡ་ལ་དྲངས་པས་ཨ་པི་པྱཏ྄་ འབྱུང་ཟེར་བའང་ཡོད་དོ། ། ༈ ཀྲ་པུ་རྒྱགས་པ་ལའོ། །ཨུ་བརྗོད་དོན། ཀྲྀ་པོ་རོ་ལཿ། ཀྲྀ་པའི་ར་ལའོ། །ཀྲྀཔ྄་ཞེས་ པའི་བྱིངས་ཀྱི་ར་ཡིག་ནི་ལ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཀྲྀཔ྄ཉི། ཨཔ྄། ཏི། ཀྲྀའི་རྀ་ཡིག་ ནི་ཡོན་ཏན་ཨར྄། ཀར྄་པ྄་ཨི་ཨ་ཏི། པ྄ཨི་ལ་ར྄་པ་ལ་ཀལྤི་ཨ་ཏི་ཨི་ཨེ་ཨཡ྄་དྲངས་ཀལྤ་ཡ་ ཏི་སོགས། ༈ ཀལྤ་ཡེཏུ་སོགས། ༈ ཀལྤ་ཡ་ཏུ་སོགས། ༈ ཨ་ཀལྤ་ཡཏ྄་སོགས་སོ། ༈ །ཡང་ ཀྲྀཔ྄་ལ་སྒྲུབ་ཚུལ་གཞན་ནི་ཀྲྀཔ྄་དིཔ྄་བཞག ཉི་ཨང྄༌། གཉིས་བརྗོད། ཐོག་མའི་ཧ་ས་ སོགས་པ྄་ཡལ་ཨཊ྄་ཉེར་སྒྱུར་བི་བི་ཨ་ཀྲྀ་ཀྲྀ་པ྄་ཨི་ཨང྄ ཅེས་བྱུང༌། ཉིའོ་ཞེས་པས་ཨི་ཡལ། རྀ་ཨའོ། །ཞེས་པས་ཀྲྀ་ཐོག་མ་ཀ་ཨང྄་ཐུང་ངུ་ལ་ཨུ་བ་དྷཱ་ཐུང་ངུའོ། །ཞེས་པའི་ཁོག་དོན་ལ་ ཨ་ཐུང་ཨི་ཐུང་ངུ་སོང༌། ཐུང་ངུ་རིང་པོའོ་ཞེས་པས་ཨི་ཐུང་ཨཱི་རིང་པོར་སོང༌། ཀུ་དང་ཧའི་ཙུ་ 19-1-493 ཞེས་པས་ཀཱི་ཙཱི་རུ་སོང༌། ཀྲྀ་འོག་མའི་རྀ་ལྀ་རུ་སོང༌། བི་ཨ་ཙཱི་ཀླྀ་པ྄ཨང྄་མཚམས་སྦྱར། བྱ་ ཙཱི་ཀླྀ་པཏ྄། བྱ་ཙཱ་ཀླྀ་པ་ཏཱཾ། བྱ་ཙཱི་ཀླྀ་བན྄། ༈ བྱ་ཙཱི་ཀླྀ་པཿ། བྱ་ཙཱི་ཀླྀ་པ་ཏཾ། བྱ་ཙཱི་ཀླྀ་པཏ྄། ༈ བྱ་ཙཱི་ཀླྀ་པཾ། བྱ་ཙཱིཀླྀ་པཱ་བ། བྱ་ཙཱི་ཀླྀ་པཱ་མ། ཞེས་པ་རྣམས་སོ། །དེ་དག་ནི་བྱིངས་རྐྱེན་མཐའ་ ཅན་ལ་ཏི་སོགས་འཇུག་ཚུལ་གྱི་རྣམ་འགྱུར་རགས་རིམ་དུ་བསྟན་པའོ།། །། ༒ ད་ནི་ཀུན་ནས་བསྒྱུར་བའི་ཁྱད་པར་གྱི་ཆོ་ག་དག་བཤད་པར་བྱའོ། །ཌྀ་ཤཱ་དེཿབཤྱཱ་ དིཿ། དྲྀ་ཤྱ་ལ་སོགས་པ་རྣམས་ཀྱི་པཤྱ་ལ་སོགས་པའོ། །དྲྀ་ཤ་ར་སྲྀ་ཤ་ད་དང༌། །སད་པཱ་གྷྲཱ་དྷྨཱ་ དང༌། །སྠཱ་མྣཱ་དཱ་ཎ་འོ། །དྲྀཤ྄་སོགས་སོ། ༈ །པ་ཤྱ་ར་ཙྪ་དྷཱ་བ་དང༌། །སཱི་ཡ་སཱི་ད་བ྄་དང༌། །ཛི་ གྷྲཱ་དྷཱ་མ་ཏིཥྛ་དང༌། །མ་ན་ཡཙྪ་ཞེས་པའོ། །པ་ཤྱ་སོགས་སོ། ༈ །དྲྀ་ཤ་ཞེས་པ་པ་ཤྱའོ། །རྀ་ནི་ རྀཙྪར་བསྒྱུར་བར་བྱ། །ཤ་ད་ཤཱི་ཡ་སྲྀ་དྷཱ་བ། །ས་ད་སཱི་ད་པཱ་པི་བ། །གྷྲཱ་ནི་ཛི་གྷྲ་དྷྨ་དྷ་མ། །སྠཱ་ ནི་ཏིཥྛ་མྣཱ་མ་ན། །དཱ་ཎ་ཡ་ཙྪར་བསྒྱུར་བར་བྱ། ༈ །དེ་ཡང་དྲྀ་ཤིར྄་མཐོང་བ་ལའོ། །རྀ་འགྲོ་ བ་ལའོ། །སྲྀ་འགྲོ་བ་པོ་ལའོ། །ཤངྀལ་སྡིགས་པ་ལའོ། ཥངིལ་གྱེས་པ་དང་འགྲོ་བ་དང་རྡུལ་ འབབ་པ་ལའོ། །པཱ་བཏུང་བ་ལའོ། །གྷྲཱ་དྲི་སྣོམ་པ་ལའོ། །དྷྨ་སྒྲ་དང་མེ་སྦྱོར་བ་ལའོ། ཥྛཱ་འགྲོ་ བ་འགོག་པ་ལའོ། །མྣཱ་བྱང་པོ་ལའོ། །དཱ་ཎ་སྦྱིན་པ་ལའོ། །ཞེས་པ་བྱིངས་བཅུ་གཅིག་པོ་དེ་ནི་ དྲྀ་ཤ྄་ལ་སོགས་པའི་མིང་ཅན་ནོ། ༈ །དེ་རྣམས་པ་ཤྱ་ལ་སོགས་པར་བསྒྱུར་བ་ནི་རྣམ་འགྱུར་ དང་བྱིངས་ཀྱི་གཞི་མཐུན་པའོ། ༈ །དྲྀ་ཤིར྄་ཨིར྄་ཡལ། དྲྀ་ཤ྄་ཏིཔ྄། དྲྀཤ྄་པཤྱ་རུ་བསྒྱུར་ ཨཔ྄་བྱུང༌། ཕྱིས་དྲངས། པ་ཤྱ་ཏི། བྱིངས་ཐམས་ཅད་པའི་པར་སྨཻ་སོ་དྲུག་པོ་སྦྱོར་ཏེ། ཨ་ཐུང་ མཐའ་ཅན་བྷ་བ་སྐབས་ཀྱི་ལུགས་བཞིན་སྒྲུབ་པ་ཁོ་ན་ཏེ་གོ་བླའོ། ། ༈ རྀ་ཏིཔ྄་ཨཔ྄་བྱུང༌། རི་ཙྪ་རུ་བསྒྱུར་རྀཙྪ་ཏི་སོགས། སྲྀ་ཏིཔ྄་ཨཔ྄་བྱུང་དྷཱ་པར་བསྒྱུར་ དྷཱ་བ་ཏི་སོགས། ༈ ཤངྀལ་ཏིཔ྄། ལྀ་རྗེས་འབྲེལ། ཨཔ྄་བྱུང༌། ཕྱིས། ཤང྄་ཤཱི་ཡ་ཏི་སོགས་ སོ། ༈ །ཤཱི་ཡ་ཏེ་ལ་སོགས་པ་ཨ་ཏྨ་ནེ་སུམ་ཅུ་སོ་དྲུག་ཨེ་དྷ་ལ་སོགས་པའི་སྐབས་བཞིན་ནོ། 19-1-494 ༈ ཥངྀལ་ཨ་པ྄་ཏིཔ྄། ལྀ་རྗེས་འབྲེལ། ཥད྄། ཥ་ས། སད྄་སཱིད་རུ་བསྒྱུར། སཱི་ད་ཏི་སོགས་ སོ། ༈ །པཱ། ཨཔ྄། ཏིཔ྄། པི་བ་ཏུ་བསྒྱུར་པི་བ་ཏི་སོགས་སོ། །གྷྲཱ། ཨཔ྄། ཏིཔ྄། ཛི་གྷྲ་རུ་ བསྒྱུར། ཛིགྷྲ་ཏ་སོགས་སོ། ༈ །དྷྨཱ་ཏིཔ྄་བཞག ཨཔ྄། དྷ་མ་རུ་བསྒྱུར། དྷ་མ་ཏི་སོགས་སོ། ༈ ཥྛཱ་ཨཔ྄་ཏིཔ྄་ཥ྄་ས྄་ཥཱ་ཐཱ་སྠཱ། ཏི་ཥྛ་རུ་བསྒྱུར་ཏིཥྛ་ཏི་སོགས་སོ། ༈ །མྣཱཨཔ྄་ཏིཔ྄། མ་ན་རུ་ བསྒྱུར་མ་ན་ཏི་སོགས་སོ། ༈ །དཱཎ྄་ཨཔ྄་ཏིཔ྄། ཎ྄། དཱ་ན྄། ཡཙྪ་རུ་བསྒྱུར། ཡཙྪི་ཏི་ལ་སོགས་ པའོ། །བསྒྱུར་ཟིན་པའི་བྱིངས་ཐམས་ཅད་ཨ་ཐུང་ཡིན་པ་ཨ་དེ་མི་སྣང་བར་བྱས་ཨཔ྄་གྱི་ཨ་ སྲོག་ཏུ་བཅུག་པ་འབའ་ཞིག་ཡིན་ནོ། ། ༈ ག་མཱཾ་ཚཿ། གམ྄་རྣམས་ཀྱི་ཚའོ། །གམ྄་ལ་སོགས་པ་རྣམས་ཀྱི་མཐར་རྟེན་དབྱངས་ བྲལ་རྣམས་ཚ྄་ཡིག་ཏུ་འགྱུར་རོ། །ག་མ྄་སོགས་ནི་གམ྄། ཨིཥུ། ཡམ྄་གསུམ་མོ། ༈ །གམླྀ་ ལྀ་རྗེས་འབྲེལ་གམ྄་ཨཔ྄་ཏིཔ྄་ཅེས་བཞག མ྄་ཚ྄་རུ་བསྒྱུར། ཚ྄་གཉིས་སུ་སོང༌། དང་པོ་ཙ྄། དྲངས། གཙྪ་ཏི་སོགས་སོ་དྲུག་གོ ༈ །ཨི་ཥུ་འདོད་པ་ལའོ། །ཨུ་རྗེས་འབྲེལ། ཨིཥ྄་ཨཔ྄་ ཏིཔ྄། ཥ྄་ཚ྄ར་འགྲོ་བ་ནི་མདོ་འདིར་མ་ཟད་གོང་ནའང་ཡོད། སྒྲུབ་ཚུལ་གམ྄་དང་འདྲ། ཨིཙྪ་ ཏི་སོགས་སོ་དྲུག་གོ ༈ །ཡ་མ་མཚམས་གཅོད་པ་ལའོ། །མའི་ཨ་དབྱི། ཡམ྄་ཨཔ྄། ཏིཔ྄། ཡཙྪ་ཏི་ལ་སོགས་པ་ལ་ཡིག་བཞི་པོ་རྣམས་སོ། ། ༈ ཛྙཱ་ཛ་ནོརྫཱ། ཛྙཱ་ཛ་ནཱི་དག་གི་ཛཱའོ། །ཛ་ནཱི་བསྐྱེད་པ་ལའོ། །ཛྙཱ་ཁོང་དུ་ཆུད་པ་ལའོ། །ཛྙཱ་ ཞེས་པའི་བྱིངས་ཛཱ་རུ་བསྒྱུར་བ་དང༌། ཛ་ནཱི་ཞེས་པའི་བྱིངས་ཀྱང་ཛཱ་རུ་བསྒྱུར་བ་ཡིན། བར་ རྐྱེན་ཡ་དང་ན་གདམ་ཀ་ཡིན། གཉིས་ཀ་ཨཔ྄་ཕྱིས་པའི་ཡུལ་ཏེ་ཤུལ་དུ་སྟེར་རོ། ༈ །ཛྙཱ་ཨཔ྄་ ཏིཔ྄་བཞག ཨ་པ྄་ཕྱིས། ཡ་སྟེར་ཏེ་དིཔ྄་སོགས་པ་ཡའོ། །ཞེས། ཛ་ནཱི་དང་ཛྙཱ་ནི་བྱིངས་དི་བུ་ སོགས་ལ་གཏོགས་པའོ། །ཛྙཱ་ཛཱ་རུ་བསྒྱུར། ཛཱ་ཡ་ཏི་ལ་སོགས་པ་པ་ར་སྨཻ་བྱིངས་ཐམས་ཅད་ པ་རྣམས་སོ། ༈ །ཡང་ཀྲྀ་སོགས་ལ་ནཱའོ། །ཞེས་པས་ཡ་རྐྱེན་གྱི་དོད་དུ་ནཱ་རྐྱེན་དུ་སྟེར། ཛྙཱ་ 19-1-495 ཨཔ྄་ཏེ། ཨ་ཕྱིས། ནཱ་ཛཱ་རུ་བསྒྱུར། ཧ་ས་ལ་ཨཱིའོ། །ཎཱི་ཛཱ་ནཱི་ཏེ། ཞེས་སོགས་བྱིངས་ཐམས་ ཅད་པའི་ཨཱཏྨ་ནེ་རྣམས་སོ། ༈ །ཛ་ནཱི་ལ་ཡང་དེ་དང་འདྲ་སྟེ། ཛ་ནཱི་ཨཔ྄་ཏེ། ཨཔ྄་ཡལ། ཡ་ ཛཱ་རུ་བསྒྱུར། ཛཱ་ཡ་ཏི། ཞེས་སོགས་སོ། ༈ །ཛ་ནཱི་ཨཔ྄། ཏི་ཨ་ཡ་ལ་ནཱ། ཛཱ་རུ་བསྒྱུར། ཛཱ་ནཱ་ ཏི་སོགས་པ་ར་སྨཻ་དང༌། ༈ དེ་དང་འདྲ་བ་ལ་ཧ་ས་ལ་ཨཱིའོ་ཞེས། ནཱི་ཏེ་ཛཱ་ནཱི་ཏེ། ཞེས་སོགས་ ཨཱཏྨ་ནེ་རྣམས་སོ། ། ༈ ཤྲུ་བཿཤྲྀཿ ཤྲུ་ཉིད་ནི་ཤྲྀའོ། །ཤྲུ་ཐོས་པ་ལའོ། །བྱིངས་ཤྲུ་ནི་ཤྲི་ཏུ་བསྒྱུར། དབྱངས་ སོགས་ལ་ནུའོ། །ཞེས་པས་འདི་ལ་ཨཔ྄་མེད་དེ་ནུ་འཇོག་གོ །ཤྲུ་ནུ་ཏིཔ྄། ཤྲུ་ཤྲྀ་རུ་བསྒྱུར། ཥ་ར་རྀ་སོགས་ན་ཎ། པིཏ྄་ལ་ཡོན་ཏན། ཎུ་ཎོ་ཤྲྀ་ཎོ་ཏི། ༈ པཱཝ་དེ་ཧྲ་སྭཿ། པཱུ་ལ་སོགས་པ་ ལ་ཐུང་ངུའོ། །པུ་ཉ྄་གྱ་ནོམ་པའོ། །ཉ྄་རྗེས་འབྲེལ་པུ་ཏི་པ྄་ནཱ་རྐྱེན་པཱུ་ལ་སོགས་པ་ལ་རིང་པོ་ ཐུང་ངུར་བསྒྱུར་བས་པུ་ནཱ་ཏི་ལ་སོགས་པའོ། །དེ་དག་གི་ཀུན་ནས་བསྒྱུར་བའི་ཁྱད་པར་རམ་ བྱེ་བྲག་ཏུ་བསྒྱུར་བའི་རྣམ་གྲངས་ཆེ་ལོང་ཙམ་མོ། ། ༈ ནི་བི་ཤཱ་དེཿ བི་ཤ་སོགས་ལ་ནིའོ། །བི་ཤ་སོགས་ཀྱི་བྱིངས་ལ་སྔོན་དུ་ཉེར་སྒྱུར་ནི་ བཞག་གོ །དེ་ཡང་བདག་དོན་གྱི་ཚིག་ཅན་ཏེ། ཨཱ་ཏེ་ལ་སོགས་པ་རྣམས་སྦྱར། བི་ཤ་རབ་ཏུ་ འཇུག་པ་ལའོ། །བིཤ྄ཨཔ྄། ཏེ། ནི་སྔོན་དུ་བཞག ནི་བི་ཤ་ཏེ། ཞེས་སོ། ། ༈ བི་པརྭ་བྷྱཱཾ་ཛེཿ བི་པ་ར་དག་ཛི་ལའོ། །ཛི་རྒྱལ་བ་ལའོ། །འདི་ལ་བྱིངས་ཀྱི་ཡོན་ཏན་ དང༌། ཨེ་ཨཡ྄་བྱེད། ཛི་ཨཔ྄་ཏི། བི་སྔོན། ཡོན་ཏན། ཛེ་ཨེ་ཨཡ྄་དྲངས། བི་ཛ་ཡ་ཏེ། ༈ ཡང་ན་པ་རཱ་བཞག པ་རཱ་ཛ་ཡ་ཏེ། ༈ ཉེར་སྒྱུར་མེད་ན་པ་ར་སྨཻ་ཏི་ཛ་ཡ་ཏི། ༈ རྩ་བས་མ་ཟིན་ པའི་འཕྲོས་དོན་ལ། ཥྛཱ་ཨཔ྄་ཏེ་སྠཱ་ཨ་ཏེ་ཏིཥྛ་རུ་བསྒྱུར། ཨ་བ་གོང་དེའི་ཡང་སྔོན་པྲ་ཏི་ཋའི་ཨ་ ཡལ། བི་ཀ་ར་ཎའི་ཨ་ལ་དྲངས་ཉེར་སྒྱུར་གཉིས་མཚམས་སྦྱར། པྲ་ཏྱ་བ་ཏིཥྛ་ཏེ། ༈ དྲྀ་ཤིར྄་ ཨཔ྄། ཏེ། ཨིར྄་སོང་པཤྱ་རུ་བསྒྱུར་སམ་གོང་སམྤ་ཤྱ་ཏེ། ༈ གམ྄་ཨཔ྄་ཏེ་ཚ྄་རུ་སོང༌། སཾ། 19-1-496 སཾ་གཙྪ་ཏེ། ༈ ཤྲུ་ནུ་ཏེ། ཤྲྀ་རུ་བསྒྱུར། ཥ་ར་རྀ་ན་ཎ། ཤྲྀ་ཎུ་ཏེ། སཾ་གོང༌། སཾ་ཤྲྀ་ཎུ་ཏེ། ༈ བིད྄་ ཨཔ྄་ཏེ་ཨ་དབྱི། ད྄་ཏ྄། སཾ་སྔོན། སཾ་ནིཏྟེ། ༈ བྲྀཚ྄་ཨཔ྄་ཏེ་སཾ་གོང༌། སཾ་པྲྀཙྪ་ཏེ། ༈ ཨཱང྄་ གོང་བྱས་ན། ཨཱ་པྲྀཙྪཏི། ༈ ཏན྄་ཏེ་བར་རྐྱེན་ཨུ་ཏན྄། ཨུ་ཏེ། ཨཱང྄་གོང༌། ཨཱ་ཏནུ་ཏེ། ༈ ཨཱ་ད་དོ྅་ནཱ་སྱ་བི་ཧ་ར་ཎེ། དཱ་ལ་ཨཱང྄་སྟེ་རྣམ་པར་ཕྱེ་བ་མ་ཡིན་པ་འདི་ལའོ། །བྱིངས་ དཱ་སོགས་ལ་ཁ་གདངས་པ་སོགས་རྣམ་པར་ཕྱེ་བའི་དོན། པ་ར་སྨཻ་ཐོབ་ཀྱི། ཨཱཏྨ་ན་མི་འབྱུང༌། རྣམ་པར་ཕྱེ་བ་མ་ཡིན་པའི་དོན་ཏེ། རྣམ་ཕྱེ་ལས་གཞན་པའམ་ལྷག་མ་ལ་ཨཱཏྨ་ནཻའི་ལུགས་ དང་བྱ་བྱེད་འཇུག་གོ ༈ །དཱ་ཨཔ྄་ཏེ། ཨ་འཇིག གཉིས་བརྗོད། དང་པོ་ཐུང༌། ཨཱང྄་སྔོན། དཱ་ཕྱི་མའི་སྲོག་མི་སྣང་ཏ྄་རུ་སོང༌། ཨཱད་ཏྟེ། ཨཱང྄་དོན་མང་ཡང་སྐབས་འདིར། ལུགས་དང་ ཁྲིམས་དང༌། མཚམས་བཅད་པ་དང༌། དབྱེ་འབྱེད་ཀྱི་དོན་ལ་འཇུག་པས། སྦྱིན་ཡུལ་ངན་པ་ ལ་མི་སྟེར། བཟང་པོ་ལ་སྟེར་བའི་དོན་དུ་འགྱུར་རོ། །འདི་ལ་རྣམ་པར་ཕྱེ་བ་དང༌། གདངས་ པའི་དོན་མེད་པས་ཨཱཏྨ་ནེའོ། ༈ །ཡང་དཱ་ཨཔ྄་ཏིཔ྄། ཨཔ྄་ཡལ། གཉིས་བརྗོད། དང་པོ་ ཐུང་ངུ་ཨཱང྄་གོང་དེའི་སྔོན་བི་ཨིཡ྄། བྱཱ་ད་དཱ་ཏི། ཞེས་སོ། །བྱཱ་ད་དཱ་ཏི་ཙ་ཊ་ཀཿམུ་ཁ། བྱེའུ་ཙ་ ཏ་ཀ་ཁ་གདངས་པའོ། ། ༈ ཀྲཱྀ་ཌོ྅ནུ་སཾ་པ་རི་བྷྱཤྩ། ཀྲཱྀ་ཌ་ལ་ཨ་ནུ་སཾ་པ་རི་རྣམས་ཀྱང་ངོ༌། །ཀྲཱྀ་ཌའི་བྱིངས་ལ་ ཉེར་སྒྱུར་ཨ་ནུ་དང་སཾ་དང་པ་རི་རྣམས་ཐོག་མར་འཇུག་སྟེ། ཨཔ྄་བི་ཅན་ནོ། །ཀྲཱྀ ཌ྄། ཨཔ྄། ཏེ། ཨ་ནུ་གོང༌། ཨ་ནུ་ཀྲཱི་ཌ་ཏེ། ༈ དེ་བཞིན་དུ་སཾ་ཀྲཱི་ཌ་ཏེ། ༈ པ་རི་ཀྲཱི་ཌ་ཏེ། ཞེས་སོ། ། ༈ ས་མ་པ་པྲོ་པ་བི་བྷྱཿསྠཱཿ། སཾ་ཨ་བ་པྲ་ཨུ་པ་བི་རྣམས་ལས་སྠཱའོ། ཥྛཱ། ཨཔ྄། ཏེ། ཥྛཱ་ སྠཱ་རུ་བསྒྱུར། དེ་ཏིཥྛ་རུ་ཀུན་ནས་བསྒྱུར། སཾ་གོང་དུ་བཞག་སཾ་ཏིཥྛ་ཏེ། དེ་བཞིན་དུ་ཨ་བ་ཏིཥྛ་ ཏེ། པ྄ཏི་ཥྛཏེ། ཨུ་པ་ཏིཥྛ་ཏེ། བི་ཏིཥྛ་ཏེ། ༈ ཨུཏྦི་བྷྱཱཾ་ཏ་བཿ། ཨུཏ྄་བི་དག་ཏ་བ་ལའོ། །ཏ་བའི་བྱིངས་ལ་ཉེར་སྒྱུར་ཨུཏ྄་དང་བི་ 19-1-497 དག་མགོར་སྦྱར་རོ། །ཏ་པ། ཨཔ྄། ཏེ། ཨུཏ྄། གོང་ཨུཏྟ་པ་ཏེ། ༈ བི་གོང༌། བིཏ་པ་ཏེ། ༈ ཨཱ་དོ་ཡ་མ་ཧ་ནཿ། ཡ་མ་དང་ཧ་ན་ལཨཱང྄འོ། །བྱིངས་ཡ་མ་དང་ཧ་ན་ལ་ཉེར་སྒྱུར་ ཨཱང྄་ཐོག་མར་འོང་ངོ༌། །ལོ་བསྟྭ་ནུ་དཏྟ་ནཱཾ། ཨ་ནུ་དཏྟ་རྣམས་དབྱི་བ་ཉིད་དོ། །ཨ་ནུ་དཏྟ་ སྟེ་སྐད་གསངས་དམའ་བའི་ཡི་གེའི་ནང་ཚན་ཉ་མ་སོ་སོར་བསྡུ་བ་སྟེ། ཉ་ང་ཎ་ན་མ་བྱིངས་ ཀྱི་མཐའ་ལ་ཡོད་ན། ཉ་མ་ཡི་གེ་དེ་དབྱི་བར་བྱའོ། །དེ་ཡང་ཉེར་སྒྱུར་ཨཱང྄་སྦྱར་བ་ལ་ཡིན་ གྱི། གཞན་ལ་མིན་ཅིང༌། རྣམ་དབྱེ་ངིཏ྄་ཡིན་ཞིང་ཛྷ་ས་ཕ་རོལ་ཅན་ལའོ། ༈ །འོན་ཀྱང་ཡམ྄་ གྱི་མ྄་ཉ་མའི་ཡི་གེ་ཡིན། གོང་དུ་ཚ྄་ཨ་དེ་ཤ་བཤད་པ་ལྟར་ཡང་ཡིན་པས་གདམ་ཀ་བྱའོ། ། ཡམ྄་ཨཔ྄་ཏེ། གཉིས་བཞག མ྄་ཚ྄་དྲངས། ཚ་གཉིས་སྟེང་མ་ཙ་ཨཱང྄་གོང༌། ཨཱ་ཡ་ཙྪ་ཏི། ༈ མ྄་ཚ྄་རུ་མ་སོང་ན་དབྱི། ཡའི་ཨ་ཕྱིས་ཨཔ྄་ལ་དྲངས་གཞན་འདྲ། ཨཱ་ཡ་ཏེ། ༈ ཧན྄་ཨཔ྄་ཏེ། ཨཱང྄་གོང་ན྄་ཡལ་ཧའི་ཨ་མི་སྣང༌། ཨཔ྄་ལ་དྲངས། ཨཱ་ཧ་ཏེ། ༈ ཨཱ་ཏེ་ཨནྟེ་ཨཱ་ཐེ་ཨེ་རྣམས་ ལ་ཨུ་པ་དྷཱ་ཡལ། ཧ྄་དབྱངས་མེད་གྷ྄་ཡིག་དབྱངས་མེད་དུ་སོང༌། ན྄་དང་གྷ྄་གཉིས་ཨཱ་དང་ ཨ་དང་ཨེ་ལ་དྲངས་ཨནྟིའི་ན྄་དབྱི། ༈ སེ་དང་དྷྭེ་ལ་ཛྷ་ས་ཡིན་པའི་རྒྱུས། ན྄་ཡལ། ༈ བ་ཧེ་ མ་ཧེ་ལ་ན྄་དབྱི་བ་དང་མི་དབྱི་བ་ང་རོ་བྱེད་པ་དང༌། བ་མའི་སྟེང་དུ་སྦྱོར་བ་གདམ་ཀ་ཡིན་ནོ། ༈ །ཨཱ་གྷྣཱ་ཏེ། ཨ་གྷྣ་ཏེ། ༈ ཨཱ་ཧ་སེ། ཨཱ་གྷྣ་ཐེ། ཨཱ་ཧ་དྷྭེ། ༈ ཨཱགྷྣེ། ཨཱ་ཧ་བ་ཧེ། ཨཱ་ཧཾ་བ་ཧེ། ཨཱ་ཧ་ནྭ་ཧེ། ཨཱ་ཧ་མ་ཧེ། ཨཱ་ཧཾ་མ་ཧེ། ཨཱ་ཧནྨ་ཏེ། ཞེས་པ་རྣམས་སོ། ། ༈ ཨུ་ཏཤྩ་ར་སྟྱཱ་གེ། སྤྱོད་པ་དང་འདོན་པ་ལ་ཨུཏ྄འོ། །སྤྱོད་པའམ་སྐད་གཏོང་བའི་དོན་ ཅན། ཙར་གྱི་བྱིངས་ལ་ཨུ་ཏ྄་སྦྱོར་ཏེ། ཙར྄་ཨཔ྄། ཏེ། ཨུཏ྄་གོང༌། ཏ྄་ཙ྄་དྲངས། ཨུཙྪ་ར་ཏེ་སཱུ་ ཏྲཾ། མདོ་སྐད་མཐོན་པོར་འདོན་ནོ། ༈ །ཇི་སྐད་དུ། སམ྄་གསུམ་པ་ལ་སྦྱོར་བ་ཡང་ངོ༌། །ཞེས་ བཤད་པས་སི་སོགས་རྣམ་དབྱེ་གསུམ་པ་དང་སྦྱོར་བའི་སཾ་དང་བཅས་པའི་ཙ་ར་ཨཱཏྨ་ནེར་ འགྱུར། རྣམ་དབྱེ་གསུམ་ཅན་དང་མི་སྦྱོར། པ་ར་སྨཻའོ། ༈ །ཙར྄་ཨཱ་ཏེ་སཾ་གོང༌། ཨཤྭ་ཊཱ་ཨིན། 19-1-498 ཨ་ཤྭེ་ན། ར་ཐ་ཊཱ་ཨིན། ར་ཐེ་ན། སཾ་ཙ་རཱ་ཏེ་ཨ་ཤྭེ་ན། སཉྩ་རཱ་ཏེར་ཐེ་ན། ༈ བྱཱ་བ་པ་རི་བྷྱཿཀྲི་ ཡ། ཀྲཱི་དངོས་ལ་བི་ཨབ་པ་རིའོ། །ཀྲཱི་ཏེ་བཞག་བར་རྐྱེན་ནཱ་བཞག བི་སྔོན་ནཱའི་ཨཱ་རིང་པོ་ཨཱི་ རིང་པོར་སོང༌། ཥ་ར་རྀའི་ན་ཎ། བི་ཀྲཱི་ཎཱི་ཏེ། དེ་བཞིན་དུ། ཨ་བ་ཀྲཱི་ཎཱི་ཏེ། པ་རི་ཀྲཱི་ཎཱི་ཏེ། དེ་ ཡན་ཆད་ནི་བྱིངས་ཉེར་སྒྱུར་སྦྱོར་ཚུལ་བྱེ་བྲག་ཏུ་བསྟན་པ་མདོ་ཙམ་མོ།། །། ༒ ཤ་པ་ཁས་མི་ལེན་པ་ལའོ། །འདི་ལ་རྒྱ་སྐད་དུ། ཨུ་པ་ལམྦྷེ་ཞེས་པ་གཅིག་གིས་ གང་ལ་གནོད་པ་བྱས་པ་ལ། ཁྲིམས་པས་རྩད་བཅད་པ་ན་དེས་ངས་མ་བྱས་ཞེས་ཁས་མི་ ལེན་པའི་དོན་ཡིན། ཤ་པ་ནི། ཤ་པ་ཐ་ཀརྞོ་ཏི། རྩད་གཅོད་པ་རང་ལ་ཟེར་བས། ཤ་བའི་ བྱིངས་ནི་དོན་གཉིས་པོ་དེ་ལ་ཅི་རིགས་སུ་འཇུག་གོ །འདི་ཨཱཏྨ་ནེ་པ་ཏིའི་བྱིངས་སོ། །ཤ་ཡ་ ཨཔ྄། ཏེ། ཤ་ཡ་ཏེ། ཞེས་པའོ། ། ༈ ཛྙཱ་ཤྲུ་སྨྲྀ་དྲྀ་ཤཱཾ་སཱནྟ་ནཱ་མཱཏ྄། ཛྙཱ་ཤྲུ་སྨྲྀ་དྲྀ་ཤ་རྣམས་ཀྱི་ཨཱཏ྄འོ། །ཛྙཱ་ལ་སོགས་པ་བྱིངས་ བཞི་པོ་ས་རྐྱེན་གྱི་མཐའ་ཅན་ལ་ཨཱཏྨ་ནེའི་རྣམ་དབྱེ་འཇུག་གོ ༈ །ཛྙཱ། ས། ཏེ། གཉིས་བརྗོད། དང་པོ་ཐུང་ངུ༌། ཐོག་མའི་ཧ་ས། ཉ་ཕྱིས། ཛ་ཛི་རུ་སོང༌། ཛི་ཛྙཱ་ས་ཏེ། ༈ ཤྲུས་ཏེ། གཉིས་ བརྗོད་ཐོག་མའི་ར྄་ཕྱིས་ཕྱི་མ་རིང་པོ། ཀུ་ཨི་ལ། ཤུ་ཤྲུ་ཥཱ་ཏེ། ༈ སྨྲྀས། ཏེ། ས་ལ་རྀ་ཨུར྄། སྨུར྄་རིང་པོར་སོང༌། སྨྲཱར྄། གཉིས་བརྗོད། ཐོག་མའི་མ་དང་ར྄་ཕྱིས་སུ་ལུས། ས་ཥ། སུ་སྨྲཱ་ ཪྵ་ཏེ། ༈ དྲྀཤ྄་ས་ཏེ་གཉིས་བརྗོད། ཤ྄་དང་པོ་ཡལ། རྀ་ཨ་རུ། ཨ་ཨི། ཤ྄་ཀ྄། ས་ཥ། ཀྵ། དི་དྲྀཀྵ་ཏེ། ༈ ཀརྨ་བྱ་ཏི་ཧཱ་རེ་ཨ་ནྱཏ྄་ཧིདྷཱ་དེ་རཱིཏ྄། གཅིག་ལ་འཇུག་པའི་ལས་ཧིང྄་ས་སོགས་ལས་ གཞན་པ་ལ་ཨཱཏ྄འོ། །བྱེད་པོ་དང་བྱ་བ་དུ་མ་ལས་གཅིག་ལ་བྱེད་པ་གཅིག་གིས་འཇུག་པའི་ དོན་ལ། ཨཱཏྨ་ནེ་རྐྱེན་འཇུག་གོ ༈ །དེ་ཡང་འཚེ་བ་དང་འགྲོ་བའི་དོན་དང་། པ་ཋ་དང༌། ཧ་ སའི་བྱིངས་ལ་མ་ཡིན་ཏེ་འདི་རྣམས་ལ་པ་ར་སྨཻའོ། །ཧན྄་འཚེ་བའོ། །ཧན྄་ཨནྟི། ཨུ་པ་དྷཱ་ 19-1-499 ཕྱིས། ཧ྄་གྷ྄། བི་དང་ཨ་ཏི་སྔོན། དྲངས། བྱ་ཏི་གྷནྟི། ༈ གམླྀ་འགྲོ་བ་ལའོ། །གམ྄ ཨནྟི་མ྄་ ཚ྄། བི་ཨ་ཏི་བཞག བྱ་ཏི་ག་ཙྪནྟི། ༈ བི་ཨ་ཏིཔ྄། ཥ྄། ཨཾཏི། བྱ་ཏི་པ་ཋནྟི། ༈ བི་ཨ་ཏི་ཧས྄་ ཨཾ་ཏི། བྱ་ཏི་ཧ་སནྟི། པ་ར་སྨཻའོ། ༈ །བད྄་ཨཔ྄་ཨཾ་ཏེ། ཨཔ྄་ཡལ། བི་སྔོན། མཐར། བ་དི་ ནཿ། བི་བ་དནྟེ། བ་དི་ནཿ། རྩོད་པར་བྱེད་དོ། །རྩོད་པ་མཁན་ནོ། །ཨཱཏྨ་ནེའི་དཔེ་སྟེ། སྐྱེས་ བུ་སྔར་རྒོལ་ཕྱི་རྒོལ་གཉིས་བྱེད་པ་དམ་བཅའ་བ་དང༌། སུན་འབྱིན་ཐ་དད་པས་ལས་རྩོད་པ་ གཅིག་ལ་འཇུག་པའོ། ༈ །བི་ཨ་ཏི་བྷ་བ་ཏེ། སྔོན་དུ་ལས་ཀྱི་དོན་ཤྲདྡྷ་བཞག ཤྲདྡྷཱ་བྱ་ཏི་བྷ་ བ་ཏེ། མང་པོས་དད་པ་བྱེད་དོ། །ཞེས་པའང་གོང་དང་འདྲའོ། ༈ །ཀྲ་མཿགོམ་པ་གནོན་པ་ ལའོ། །ཇི་སྐད་དུ། ཀྲ་མའི་པ་ལ་རིང་པོ་ཡང་སྟེ། དེ་ཉེ་བར་བསྒྱུར་བའིའོ། །ཞེས་བཤད་པས། པ་ཞེས་པ་པ་ར་སྨཻ་ཏེ། ཀ྄་མའི་བྱིངས་ལ་མགོར་ཉེར་སྒྱུར་དང༌། ཕ་རོལ་པ་ར་སྨཻ་ཡོད། བྱིངས་ ཀྱི་དབྱངས་དང་པོ་རིང་པོར་འགྱུར་ཏེ། སཾཀྲམ་ཨཔ྄་ཏི། ཀྲ་རིང་པོ། སངྐྲཱ་མ་ཏི། དེ་བཞིན་ དུ། ཨུ་བ་ཀྲཱ་མཏི། ༈ བྱཱད྄་བཪྻུ་པེ་བྷྱོ་ར་མཿ། བི་ཨཱང྄་པ་རི་ཨུ་པ་རྣམ་ལས་ར་མ་ལ་པའོ། །ར་མའི་བྱིངས་ལ་ ཉེར་སྒྱུར་བཞི་པོ་སྔོན་དུ་བྱུང་ན། པ་ར་སྨཻ་ཕ་རོལ་དུ་འཇོག ཨཔ྄་འབྱུང་ངོ༌། །བི་ར་མ་ཏི། ཨཱ་ ར་མ་ཏི། ཨུ་པ་ར་མ་ཏི། ༈ བྲིདྦྷྱཿསྱས་ཡོརྦཱ། བྲྀཏ྄་རྣམས་ལས་སྱ་དང་ས་དག་ལ་ཡང་ནའོ། ། བྲྀཏ྄་རྣམས་ནི་བྲྀ་ཏ྄་སོགས་ཏེ། བྲྀ་ཏུ། བྲྀདྷུ། ཤྲྀདྷུ། སྱཾ་དཱུ། ཀ་པུ་རྣམས་སོ། །འདི་རྣམས་ ལ་བར་རྐྱེན་སྱ་དང་ས་གང་བྱུང་ཡང་ཉེར་སྒྱུར་འཇུག་མི་འཇུག་གདམ་ང་སྟེ། ཨིའི་རྐྱེན་བྱེད་ མི་བྱེད་ཀྱང་གདམ་ངའོ། །བྲྀ་ཏུ་ཨུ་བརྗོད་དོན་བྲྀཏ྄་སྱ་ཏེ་ཨི་བྲྀཏ྄། ཨི་སྱ་ཏེ་ཡོན་ཏན་བར྄་ཏ྄། ཨིསྱ་ཏེ། བརྟི་ཥྱ་ཏེ། བི་བརྟི་ཥྱ་ཏེ། ཨཱཏྨ་ནེའོ། ༈ །ཏིཔ྄་སྦྱར། ཨི་བོར། གཞན་འདྲ་བ། ར྄་ ཏ྄་སྱ་ཏི་ཏ྄་དང་ར྄་སྱ་གྱི་སྟེང་དུ་དྲངས། བརྟ་སྱ་ཏི། བི་བརྟ་སྱ་ཏི། ༈ དེ་བཞིན་དུ། ས་རྐྱེན་ལ་ བརྟི་ཥ་ཏེ། ༈ བརྟྶ་ཏི། བི་ད་སྦྱར་གོང་བཞིན་ནོ། ། 19-1-500 ༈ མུ་ཙཱ་དེརྨུམ྄། མུ་ཙ྄་སོགས་ལ་མུམ྄འོ། །མུཙ྄། ལུཙ྄། བིད྄། ལིཔ྄། སིཙ྄། ཀྲྀཏ྄། ཁིད྄། ཤིཤ྄། ཞེས་པ་བྱིངས་བརྒྱད་པོ་དེ་ནི་མུ་ཙ་སོགས་སོ། །དེ་རྣམས་ལ་མུམ྄་ཨཱ་ག་མ་སྟེ། མུ་དང་ ཙའི་བར་སོགས་བྱིངས་ཀྱི་དབུས་སུ་འཇུག་གོ ༈ །མུཏླྀ་གྲོལ་བ་ལའོ། །ལྀ་རྗེས་འབྲེལ། མུཏ྄་ ཏི། ཏ྄་ཙ྄་རུ་སོང༌། ཙ྄་དང་ཏིའི་བར་དུ་ཨཔ྄་མུ་དང་ཙ྄འི་བར་དུ་མུམ྄། མ྄་དང་ཨུ་སྦས་མ྄། ཅིག་ཤོས་ང་རོ། མུཾ་ཙ་ཏི། མུཉྩ་ཏི། ༈ བིདླྀ་ཐོབ་པ་ལའོ། །བིད྄་ཨཔ྄་ཏི། བི་དང་ད྄འི་བར་དུ་ མུམ྄་གོང་བཞིན། བིནྡ་ཏི། བིཾ་ད་ཏི། ༈ ཨི་དི་ཏཿམུམ྄། ཨི་ཨི་ཏ྄་ལ་མུམ྄འོ། །འདིར་དཔེ་ཁ་ཅིག་ལ་ཨི་ཨིཏ྄་ལའོ་ཞེས་པ་ཁོ་ ན་ལས་མུམ྄འོ་ཞེས་པ་མི་འདོན་མོད་དོན་གཅིག་གོ །དེ་ཡང་ཨི་དི་ཏཿཞེས་པ་ཡོད། ཨིཏ྄་ ཞེས་པ་དང་ཨིཏཿམཚམས་སྦྱར། ཨི་ཏཿཞེས་ཨི་ཉིད་ཅེས་ཨི་ཡིག་རང་ཡིན། དེ་ལ་ཨིཏ྄་ ཅེས་པ་ནི་དབྱངས་གང་ཕྱིས་པ་དེ་ལ་ཨིཏ྄་ཀྱི་བརྡ་ཆད་བྱེད་པས། ཨི་ཡིག་ཨཱིཏ྄་དུ་བྱས་ཞེས་ བྱིངས་མཐའ་སྔར་ཨི་ཡིག་ཏུ་ཡོད་པའི་ཨི་རང་ཉིད་ཕྱིས་པའི་དོན་ནོ། །འདི་ལ་ཡང་བྱིངས་ཀྱི་ ཁྲོད་དུ་མུམ྄་ཨཱ་ག་མ་སྟེར་རོ། ༈ །ཊུཎ་དི་ཡོངས་སུ་འཛིན་པའོ། །འདིར་ས་མྲྀདྡྷི་ཅེས་པ་ཡོངས་ སུ་འཛིན་པ་སྟེ། དེ་ནི་ནོར་དང་ཏིང་ངེ་འཛིན་གཉིས་ལ་འཇུག་གོ །ཊུ་དང་ཨི་ཕྱིས་ཎད྄་ལུས་ སོ། །བྷཱུ་སོགས་ལས་ཨཔ྄་པོ་ཞེས་ཨཔ྄་བི་འཇུག་སྟེ། ཎ྄དཨཔ྄་ཏེ། ཎ་ན་རུ་སོང༌། ན་དང་ ད྄འི་བར་དུ་མུམ྄་ཨམ྄་ཡལ། མ྄་ལུས་དེ་ང་རོ་དྲངས་ནཾ་ད་ཏེ། ༈ བ་དི་འདུད་པ་དང་བསྟོད་ པ་ལའོ། །ཨི་ཕྱིས་བད྄་ཨ་བ྄་ཏེ། མུམ྄། བམ྄། ད྄ཨཏེ། བཾ་ད་ཏེ། ༈ ཤ་ཀི་ངོ་ཞུམ་པ་ལའོ། ། ཨི་ཕྱིས་ཨཔ྄་མུམ྄། ཤམ྄་ཀྲ་ཨ་ཏེ། ཤངྐ་ཏེ། ༈ ཤཾ་ཀ་ཏེ་ཤ་མཱཾ་དཱིརྒྷཿ། ཤ་མ་རྣམས་ཀྱི་རིང་པོའོ། །ཤ་མ་ལ་སོགས་པ་རྣམས་ཞེས་པ་ ཤམ྄་དམ྄་ཏམ྄་བྷྲམ྄་ཤ྄མ྄་ཀྵམ྄་ཀླམ྄་མཌ྄་རྣམས་སོ། །འདི་དག་ལ་ཨཔ྄་དང་ཡ་གང་རིགས་ གཅིག་སྟེར། དེའི་ཚེ་བྱིངས་ཀྱི་དབྱངས་དང་པོ་རིང་པོར་འགྱུར་རོ། །ཡ་སྟེར་ནའང་སྔོན་ཨཔ྄་ 19-1-501 སྟེར་དགོས་པས་དེ་ཕྱིས་པའི་ཡུལ་ལའོ། ༈ །ཤམ྄་དམ྄་ཉེ་བར་ཞི་བ་ལའོ། །ཤམ྄་ཨཔ྄། ཏི་ ཨཔ྄་ཕྱིས། དི་བུ་སོགས་ལ་ཡའོ་ཞེས་ཡ་བཞག ཤ་མ་སོགས་ལ་རིང་པོར་བྱ། ཤཱ་མྱ་ཏི། ༈ དེ་བཞིན་དུ། དཱམྱ་ཏི། ༈ བྷྲ་མུ་གཡོ་བ་ལའོ། །ཨུ་ཡལ། བྷྲམ྄་བཞག ཇི་སྐད་དུ། བྷྲ་མུ་ཀྲ་མུ་ ཀླམུ། ཏ྄སི་ཏྲུ་ཊི་ལ་ཥ྄་བྷྲཱཤ་ཤླཱཤ྄་དག་ལ་ཡའི་རྐྱེན་ཡང་ནའོ། །ཞེས་བཤད་པས་ཤམ྄་སོགས་ ཀྱི་ནང་ཚན་བྷམ྄་ལ་སོགས་བརྒྱད་ཀྱི་ཁྱད་ཆོས་རྐྱེན་ཡ་ཡིག་ཡང་ན་བར་བྱེད་པའོ། ༈ །བྷྲམ྄་ ཨཔ྄་ཧི་ཡང་ན། ཨཔ྄་ཡལ། ཡ་བྱུང༌། ཤ་མ་སོགས་ཀྱི་རིང་པོ་བྷྲཱམ྄་བྷྲཱ་མྱ་ཏི། ༈ ཡ་མི་བྱེད་ན་ ཨཔ྄་དབྱི་བ་མིན་ཏེ་བྷྲམ྄་ཨ་ཏི་ཤ་མ་སོགས་ཀྱི་རིང་པོའོ། །བྷྲཱ་མ་ཏི། ༈ ཏ་མུ་དང་ཀླ་མུ་ངན་ སེམས་ལའོ། །ཏམ྄་དང་ཀླམ྄་ལ་ཏིཔ྄་དང་ཨཔ྄། ཨཔ྄་ཀྱི་ཡུལ་ལ་ཡ་རིང་པོའོ། །ཏཱ་མྱ་ཏི། ༈ ཀླཱ་མྱ་ཏི། ༈ དུཥ་ལོག་པར་སྤྱོད་པ་ལའོ། །ཇི་སྐད་དུ། དུཥ་ལ་ཡང་ཉི་དེར་འཇུག་སྟེ་ཁ་ཅིག་ ཏུའོ། །ཞེས་བཤད་པས་དུ་ཥ་ཉི། ཨཔ྄་ཏི། ཉ྄་དང་པ྄་ཕྱིས། ཨི་ཨེ་དེ་ཨཡ྄། དྲངས། དང་པོ་ རིང༌། དཱུ་ཥ་ཡ་ཏི། ༈ ཡྻོཿ། ཡ་ལ་ཨོའོ། །འདི་ནི་ཡ྄་དི་ཨོས྄་ཡ྄་ཨི་ཨོས྄། ཨིཡ྄། རུ་སོང༌། ཡ྄ཡ྄་ཨོ་ལ་ དྲངས་ས྄་རྣམ་བཅད། ཡྻོཿ། ཞེས་པ་བྱུང་སྟེ་བར་རྐྱེན་ཡ་ཡིག་ཕ་རོལ་དུ་ཡོད་པའི་བྱིངས་ཀྱི་ དང་པོའི་དབྱངས་ཨོ་ཡོད་ན་དབྱི་བ་ཉིད་དོ། ༈ །དོ་དུམ་བུར་བྱེད་པ་ལའོ། །ཤོ་ཕྲ་མོར་བྱེད་ པ་ལའོ། ༈ །དོ་ཏིཔ྄་ཡ་དང་པོའི་ཨོ་ཕྱིས་ད྄་ཡ་ཏི་ད྄་ཡ་ལ་དྲངས་དྱ་ཏི། ༈ ཤོ་ཡ་ཏི། ཨོ་ཡ་ལ་ དྲངས་ཤྱ་ཏི། ཞེས་པ་གྲུབ་བོ། ༈ ཥོ་མཐའི་ལས་ལའོ། ཥོ་ཡ་ཏི་ཨོ་མི་སྣང༌། ཥ྄ས྄། དྲངས། སྱ་ཏི། ༈ པོ་རུ་ར྄། པུ་ཡི་རྀ་ཨུར྄འོ། །རུ་ཞེས་པའི་ར྄་ནི་ར་ཡིན་མོད་ཁ་ཅིག་རྣམ་བཅད་ཡིན་ པར་འདོད་ནས་པུའི་ཨུར྄འོ་ཞེས་པར་སྨྲ་ནའང་དོན་འདྲའོ། །ཕ་རོལ་ཀིཏ྄། ངིཏ྄་ཀྱི་རྣམ་དབྱེ་ ཡོད་ལ་ཚུར་རོལ་བྱིངས་པ་སྡེའི་ཡི་གེ་ཡིན། པ་སྡེ་དེའི་ཡི་གེ་ཕྱི་མ་དབྱངས་རྀ་ཡིག་ཡོད། རྀ་ 19-1-502 ཡིག་ཨུར྄་ཞེས་པར་འགྱུར་རོ། ༈ །མྲྀང྄་སྲོག་འདོར་བ་ལའོ། །མྲྀ་ཏིཔ྄་ས་རྐྱེན། པུའི་རྀ་ཨུར྄། མུར྄་ས་ཏི་གཉིས་བརྗོད། མུར྄་མུར྄། ར྄་དང་པོ་ཡལ། ས་ལ་རིང་པོའོ། །ཨུ་ཕྱི་མ་རིང་པོའོ། ། ས་ཥ་མུ་མཱུཪྵ་ཏེ། ཇི་སྐད་དུ་ས་དང་ལྐོག་གྱུར་སོགས་ལ་པ་ར་སྨཻ འི་ཚིག་གོ །ཞེས་འབྱུང་བས་ ས་རྐྱེན་བཤད་མ་ཐག་པ་དེ་ཡིན། ༈ ལྐོག་གྱུར་གྱི་རྐྱེན་ལ་མཚོན་ན། མྲྀ་ཎཔ྄། ཎ྄་དང་པ྄་ཡལ་ ཨ་བཞག་གཉིས་བརྗོད། མྲྀ་མྲྀ། དང་པོའི་རྀ་ཨ། ཕྱི་མ་འཕེལ། ཨཱར྄། མ་མ྄་ཨཱར྄་ཨ་དྲངས། མ་མཱ་ར། ཞེས་སོ། ༈ །ཡང་གལ་ཏེ་ས་ཡང་མེད་ཎཔ྄་མི་བྱེད་ན་ཡ་ག་སྟེར། ཨཏྨ་ནེ་བྱེད་ཏེ། སྨྲྀ་ཡཀ྄་ཏེ་བཞག་རྀ་ཨི་རུ་བསྒྱུར། མི་ཡ་ཏེ། ༈ རུ་དཱ་དེ་ཙ་ཏུརྞཾ་ཏྭ་སཱ་དེཿ། རུ་ད་སོགས་ཀྱི་ཧ་ དང་བ་ས་དང་པོ་ལ་སྟེ་བཞི་པོ་རྣམས་ལའོ། །རུ་ད་སོགས་ཀྱི་བྱིངས་ལ་ཕ་རོལ་ཏིཔ྄་སོགས་ བྱིངས་ཐམས་ཅད་པ་བཞིའི་རྣམ་དབྱེ་ཡོད་ཅིང༌། ཧ་ཡིག་དང་བ་ས་སོ་སོར་བསྡུ་བའི་ཡི་གེ་ རྐྱེན་དུ་ཡོད་ན། ཨིཊ྄་ཨཱ་ག་མ་སྟེར་རོ། །ཨད྄་སོག་ལ་འཇིག་གོ །ཞེས་པས་ཨཔ྄་སྟེར་ཏེ་ འཇིག་གོ ༈ །རུ་དིར་མཆི་མ་འབྱིན་པ་ལའོ། །ཨིར྄་ཡལ་རུད྄། ཨཔ྄། ཏིཔ྄། པིཏ྄་ལ་ཡོན་ ཏན། ཨཔ྄་འཇིག ཨིཊ྄་རོད྄་ཨི་ཏི། རོ་དི་ཏི། ༈ བྱིངས་ཥྭཔ྄་ཥྭཔ། ཨཔ྄ཏི། ཨ་འཇིག་ཨིཊ྄་ ཥྭ་སྭ་སྭ་པི་ཏི། ༈ བྱིངས་སྭཔ྄་སྭཔ྄་ཨཔ྄་ཏིཔ྄་ཨ་འཇིག་ཨིཊ྄སྭ་པི་ཏི། ༈ བྱིངས་ཨན྄་ཨན྄་ ཨཔ྄་ཏི་པ྄་ན྄་ཎ྄་ཨ་པ྄་འཇིག་ཨིཊ྄་པྲ་གོང་འདྲ་བ་རིང༌། པྲཱ་ཎི་ཏི། ༈ དེ་བཞིན་དུ་པིཏ྄་མིན་ པ་ལ་ཡོན་ཏན་མེད། རྣམ་དབྱེ་དབྱངས་ལ་ཨིཊ྄་མེད། རུ་དི་ཏཿ། རུ་ད་ནྟི། ༈ རོ་དི་ཥི། རུ་དི་ ཐཿ། རུ་དི་ཐ། ༈ རོ་དི་མི། རུ་དི་བཿ། རུ་དི་མཿ། ༈ ཇི་སྐད་དུ། རུ་ད་སོགས་ཀྱི་ངི་དང་སི་དག་ ལ་ཨིཊ྄་དང་ཨཊ྄འོ། །ཞེས་བཤད་པས་དིཔ྄་སིཔ྄་ཕྱི་མ་ལ། ཨིཊ྄་དང་ཨཊ྄་གདམ་ཁར་བྱེད། གཉིས་ཀ་བིཏ྄་ཡིན་པས་བྱིངས་ལ་ཡོན་ཏན་ནོ། །རུ་ད྄་ཨཱིཊ྄་དིཔ྄་ཡོན་ཏན་ནོ། །ཨཊ྄་གོང་ཨ་ རོད྄་ཨཱིད྄། ཨ་རོ་དཱིཏ྄། ཨཊ྄་བྱིན་ཨ་རོ་དཏ྄། གཞན་འདྲ། ༈ རུད྄་ཨཱིཊ྄་སིཔ྄་ཡོན་ཏན་ཨཊ྄་ གོང་ཨ་རོད྄་ཨཱིས྄། ཨ་རོ་དཱིཿགྲུབ། ཨ་བྱིན། ཨ་རོ་དཿ། ཞེས་སོ། ༈ །རུ་དའི་སོགས་ཁོངས་ 19-1-503 གསུམ་པོའང་དེས་རིགས་འགྲེ། ཨ་སྭ་པཱིཏ྄། ཨ་སྭ་བཏ྄། ༈ ཨ་སྭ་པཱིཿ། ཨ་སྭ་བཿ། ཞེས་དང༌། ༈ ཨ་སྭ་སཱིཏ྄། ཨ་སྭ་སད྄། ཨ་སྭ་སཱིཿ། ཨ་སྭ་སཿ། ཞེས་དང༌། ༈ ཨན྄་པྲ་སྔོན་ཨཊ྄་ཀྱི་སྔོན་ དུ་འཇོག པ྄་ཨ། ཨན྄། ཨཱིད྄་མཚམས་སྦྱར། པཱ་ཎིཏ྄། པྲཱ་ཎཏ྄། ༈ པྲཱ་ཎཱིཿ། པྲཱ་ཎཿ། ཞེས་པའོ། ༈ །འགྲེལ་པའི་དཔེ་ཁ་ཅིག་ལས་སྭ་པི་ཏི་ཙཻ་བ་སྭ་སི་ཏིཿ པྲཱ་ཎི་ཏིསྟ་ཐཱ། ཛཀྵི་ཏི་ཙཻ་བ་བི་ཛྙ་ཡོ་ རུ་དིཿཔཉྩ་ཀོ་ག་ཎཿ། འདི་འདྲ་བ་ནི་སྭ་པི་ཏི་ཡང་སྟེ། སྭ་སི་ཏི་དང་དེ་བཞིན་པྲཱ་ཎི་ཏི། ཛཀྵ་ཏི་ ཡང་འདི་དང་འདྲར་ཤེས་བྱ། རུ་ད་ལ་སོགས་ལྔ་པོ་ཚོགས་པའོ། །ཞེས་ལུང་དྲངས་ཏེ། ༈ ཤྭ་ ས་སྲོག་ལའོ། །ཤྭ་སི་ཏི། ༈ ཉི་ཥྭཔ྄་ཉལ་ལའོ། ཥྛ་སྭ་དུ་བསྒྱུར། སྭ་སི་ཏི། ལོཊ྄འི་ཧི་དང་སྦྱར་ ན་སྭ་པི་ཧི། ༈ ཡང་ན་ཨན྄་མ་ཡིན་པར་བྱིངས་རང་ལ་པྲཱཎ་རྩེད་མོ་ལའོ། །པྲཱ་ཎི་ཏི། ཨིཊ྄་ ཁོ་ན་ལས་ཨཊ྄་མེད་པའང་གཞུང་འདིའི་དགོངས་པའོ། །ཛཀྵ་དང་བྷ་ཀྵ་རྒོད་པ་ལའོ། །སྔར་ བཞིན་ཏེ། ཛཀྵ྄་ཨིཊ྄། ཏིཔ྄། དྲངས། ཛཀྵིཏི། ཛིཀྵ་ཏཿ། ཛཀྵ་དེ་རཾ་ཏོ་྅ད་ན་ཨུས྄ཿ། ཛཀྵ་ལ་ སོགས་པའི་ཨནྟ་དང་ཨཏ་དང་ཨན྄་ཨུས྄་སོ། །འདི་ཁ་སྐོང་གི་གཞུང་དུ་འདོད་པ་དང་ལུང་ འདྲེན་དུ་འདོད་པ་གཉིས་ཡོད། གང་ལྟར་ཡང༌། ཛཀྵ་སོགས་ཀྱི་བྱིངས་ལ་རྣམ་དབྱེ་ཨནྟ་ཨཏ་ དང་ཨན྄་ཨུས྄་སུ་བསྒྱུར་རོ། །ཛཀྵ་ཛཱ་གྲྀ་ད་རྀ་དྲཱ་ཤཱ་ས། དི་དྷི་བ་ཙཱི་ཙ་ཀཱ་སྲྀ་སྟེ་བྱིངས་བདུན་ ཛཀྵ་ལ་སོགས་པ་སྟེ། དྲང་སྲོང་ཐུབ་པ་ཁ་ཅིག་གི་འདི་རྣམས་ལ་ཨ་བྷྱ་རྟའི་མིང་བཞག་གོ ༈། འདིར་ཨཾ་ཏི་ཨ་ཏི་བསྒྱུར། ཛཀྵ་ཏི། ཨན྄་ཨུས྄་སུ་བསྒྱུར་བས། ཛཀྵུཿཡོང་ངོ༌། ༈ །ཙ་ཀཱ་སྲྀ་ མདངས་བཀྲག་ལའོ། །ཙ་ཀཱ་སྲྀ། རྀ་རྗེས་འབྲེལ། ཏིཔ྄་བཞག བིཏ྄་ལ་བྱ་བ་མེད། ས྄་ཏ་ ལ་དྲངས། ཙ་ཀཱ་སྟི། ཙ་ཀཱ་སྟཿ། ༈ ཨཾ་ཏིའི་ང་རོ་ཕྱིས་ས྄་ཨ་ལ་དྲངས་ཙ་ཀཱ་ས་ཏི། ༈ ཛཱ་གྲྀ་ གཉིད་སངས་པ་ལའོ། །ཛཱ་གྲྀ་ཏིཔ྄་ལ་ཡོན་ཏན། ཛཱ་གརྟི། ༈ ཏས྄་ངིཏ྄་ཧ་ས་ཡིན་རྣམ་འགྱུར་ མེད་ཛཱ་གྲྀ་ཏཿ ༈ ཛཱ་གྲྀ་ཨཾ་ཏི། ཨ་ཏིར་བསྒྱུར་ངིཏ྄་དབྱངས་ཡིན། རྀ་ར྄་ཛཱ། ག྄ར྄ཨ་ཏི་དྲངས་ ཛཱ་གྲ་ཏི། ཞེས་སོ། ༈ །ད་རི་དྲཱ་དེ་རི་དཱ་ལོ་པཤྩ་དི་ཏི། དཱ་རི་དྲ་སོགས་ཀྱི་ངིཏ྄་ལ་ཨི་ཏེ་ཨ་དབྱི་ 19-1-504 བའོ། །བྱིངས་ད་རི་དྲཱ་སོགས་ལ་ཕ་རོལ་རྣམ་དབྱེ་ངིཏ྄་དབྱངས་དང་པོ་ཅན་བྱུང་ན། བྱིངས་ མཐའ་ཨཱ་དབྱི་བར་འགྱུར་ཞིང༌། ངིཏ྄་ཧ་ས་དང་པོ་ཅན་བྱུང་ན། བྱིངས་མཐའ་ཨཱ་རིང་པོ་ཨི་ ཐུང་ངུ་འགྱུར་རོ། ༈ །ད་རི་དྲཱ་ངན་པར་འགྲོ་བ་ལའོ། །ད་རི་དྲཱ་ཏིཔ྄། རྣམ་འགྱུར་མེད། ད་རི་ དྲཱ་ཏི། ༈ ཏས྄་ནི་ངིཏ྄་ཧ་ས་ཡིན་ཏེ། ད་རི་དྲཱ་ཏས྄། བྱིངས་མཐའི་ཨཱ་ཨི་རུ་སོང༌། ད་རི་དྲི་ཏཿ། ༈ ད་རིདྲཱ་ཨཾ་ཏི། བྱིངས་མཐའི་ཨཱ་ཕྱིས། ད྄་ཨ་ལ་དྲངས་ད་རི་དྲ་ཏི། ཞེས་སོགས་སོ། །ཤཱས་ རྗེས་སུ་འཐོར་བ་ལའོ། །ཤཱས྄་ཞེས་པའི་བྱིངས་འདི་ད་རི་དྲཱ་སོགས་ཞེས་པའི་སོགས་ཁོངས་ མཚོན་བྱེད་ཡིན། ནུས་པ་དང་ཆོ་ག་གཅིག་ཀྱང་རྣམ་འགྱུར་མི་འདྲ་བ་འབྱུང་བས་ངེས་པ་སྐྱེད་ པའི་དོན་དུ་བཤད་དོ། །དེ་ཡང་ཅིས་ཞེ་ན། ད་རི་དྲཱ་ཞེས་པ་དབྱངས་ཨཱ་རིང་པོའི་མཐའ་ཡིན། ཤཱས྄་གསལ་བྱེད་མཐའ་ཅན་ཡིན་པས་མི་འདྲ་སྟེ། ཨཱ་མཐའི་ཨི་རུ་འགྱུར་ཡང་ས྄་མཐའ་ ཨི་རུ་མི་འགྱུར་བའི་ཕྱིར་རོ། །འོན་ཀྱང་ནུས་པ་དང་ཆོ་གའི་བྱ་བ་འདྲ་བ་ནི། །སྔ་མར་ངིཏ྄་ གསལ་བྱེད་མཐོང་ན་དབྱངས་ཨི་རུ་འགྱུར་བའི་དོད་ཨུ་པ་དྷཱ་ཨི་རུ་འགྱུར་བ་ཡིན་ནོ། །ཤཱས྄་ ཏིཔ྄་པིཏ྄་ལ་རྣམ་འགྱུར་མེད། ས྄་ཏ་ལ་དྲངས། ཤཱསྟི། ༈ ཤཱས྄་ཏས྄་གསལ་བྱེད་ཨུ་པ་དྷཱ་ཨི་ ཤི། ཀུ་ཨི་ལ། ས྄་ཥ྄། ཥ་མཐོང་ཏ་ཊ་ཤིཥྚཿ། ༈ ཤཱས྄་ཨཾ་ཏི་ང་རོ་ཕྱིས། ཨཱ་མཐའ་ཡིན་ན་ཡལ་ བར་བྱེད་ཀྱང༌། ས྄་མཐའ་ལ་དབྱངས་མེད་པས་མི་དབྱི་སྟེ། ཨ་ལ་དྲངས། ཤཱ་ས་ཏི། ༈ ཤཱ་ ས྄་ཡཱཏ྄། ཨུ་བ་དྷཱ་ཨི། ས྄་ཥ་དྲངས། ཤིཥྱཱཏ྄་ལ་སོགས་པའོ། ༈ །ཨཱི་ཌཱི་ཤོཿ། ཨཱིཌ་དང་ཨཱི་ཤ་ དག་གིའོ། །དཔེ་ཁ་ཅིག་ལས་ནི། ཨཱིཌ་དང་ཨཱི་ཤ་དག་གིས་དང་དྷྭེ་ལ་ཨིཊ྄འོ། །ཞེས་བཤད་ དོ། །ཞེས་འདི་གཞན་གྱི་ལུང་དུ་བྱས་པའང་སྣང་སྟེ་དོན་ལ་འདྲའོ། །བྱིངས་ཨཱིཌ་དང་ཨཱི་ཤ་ལ་ སྦྱོར་བའི་སེ་དྷྭེའི་རྣམ་དབྱེའི་སྔོན་དུ་ཨིཊ྄་ཨཱ་ག་མ་སྟེར་རོ། ༈ །ཨཱིཌ྄་བསྟོད་པ་ལའོ། །ཨཱིཤ྄་ དབང་ཕྱུག་སྤྱོད་པ་ལའོ། །ཨཱིཌ། ཏེ། ཨཱི་ཤ་ཏེ་བཞག ཁ་ས་ལ་ཙ་པ་སོགས་ཏེ་ཌེ་ཌ྄་ཡང་ཊ྄་ དྲངས། ཨིཊྚེ། ཤ྄་ཥ྄་རུ་སོང༌། ཏེ་ཊེ་རུ་སོང་དྲངས། ཨིཥྚེ། ༈ ཨཱི་ཌཱ་ཏེ། ཨཱི་ཤཱ་ཏེ། ༈ ཨཾ་ཏ་ཨ་ 19-1-505 ཏ། ཨཱིཌཏེ། ཨཱི་ཤ་ཏེ། ༈ དེས་མཚོན་ཨིཊ། ཨཱི་ཌི་ཥེ། ཨཱི་ཥི་ཥེ། ༈ ཨཱི་ཌཱ་ཐེ། ཨཱི་ཤཱ་ཐེ། ཨིཊ྄། ཨཱིཌི་དྷྭེ། ཨཱི་ཤི་དྷྭེ། ༈ ཨཱི་ཌེ། ཨཱི་ཤེ། ༈ ཨཱི་ཌཱ་ཧེ་ཨཱི་ཤྭ་ཧེ། ༈ ཨཱིཌྨ་ཧེ། ཨཱིཤྨ་ཧེ། ༈ ཨོ་རཽ། ཨུའི་ཨཽའོ། །ད་ལྟ་འཆད་འགྱུར་ཡུ་སོགས་བྱིངས་བཞི་ལ་སོགས་པ་མང་པོ་ ཞིག་རྣམ་དབྱེ་མཐོང་ན་བྱིངས་ཀྱི་ཨུ་ཡིག་ཨཽ་རུ་འགྱུར་ཏེ་དེ་ཡང་ཏི་སོགས་ཐམས་ཅད་ལ་མ་ ཡིན་པིཏ྄་ཀྱི་མིང་ཅན་ལ་ཏ་ས་པ་རྣམས་ཐོག་མར་ཡོད་པ་ལའོ། །ཡུ་ནུ་རུ་སྟུ་བྷྱ་ཨཱིརྦཱ། ཡུ་ནུ་ རུ་སྟུ་རྣམས་ལས་ཨཱི་ར྄་ཡང་ནའོ། །ཡུ་སོགས་བཞི་ལ་ཡང་ཨུ་འཕེལ་བ་ཨཽར་འགྲོ།ཡང་ན་ ཡོན་ཏན་ཨོ་རུ་སོང་བ་ཨཱིར྄་རྐྱེན་དུ་སྟེར། ར྄་རྗེས་འབྲེལ་ལོ། ༈ །ཡུ་ཏིཔ྄། ཨུ་ཨཽ་རུ་སོང༌། ཡཽ་ཏི། ༈ ཡུ་ཨཱིར྄་ཏིཔ྄། ཡུ་ཡོན་ཏན། ཨོ་ཨབ྄་ཡ་ཨཔ྄་ཨཱི་ཏི། ཡ་བཱི་ཏི། ༈ དེས་མཚོན་རུ་ ཏིཔ྄། རཽ་ཏི། ར་བཱི་ཏི། ༈ ནུ་ཏིཔ྄། ནཽཏི། ན་བཱི་ཏི། ༈ སྟུ་ཏིཔ྄། སྟཽ་ཏི། སྟ་བཱི་ཏི། ༈ ངིཏ྄ལ་ ཆོ་ག་གཞན་ཏེ། སྟུ་ཏས྄། སྟུ་ཏཿ། ༈ ནུ་བྱིངས་ལའོ་ཞེས་པས་ཨུ་ནི་ཨུརྦ་རུ་བསྒྱུར་བ་དབྱངས་ རྐྱེན་ལ་ཡིན་ཏེ། སྟུ་ཨཾ་ཏི། ཨུ་ནི། ཨུབ྄་རུ་བསྒྱུར། སྟུ་བནྟི། ༈ སྟུ་སིཔ྄། སྟཽ་ཥི། ཡང་ན་ཡོན་ ཏན་ཨཱིར྄། སྟ་བཱི་ཥི་ལ་སོགས་པའོ། །ལོ་པ་སྟ་ནུ་དཏྟ་ཏ་ནཱཾ། ཏན་རྣམས་ཨ་ནུ་དཏྟ་ལ་དབྱིའོ། ། ཏན྄་སོགས་ཀྱི་བྱིངས་ལ་ཨ་ནུ་དཏྟ་ཉ་མ་སོ་སོར་བསྡུ་བའི་ཡི་གེ་སྟེ་སྡེ་པའི་ལྔ་པ་རྣམས་ཡོད་ ན་དབྱི་སྟེ། ཀིཏ྄་དང་ངིཏ྄་ཛྷ་སའི་ཡི་གེ་ཐོག་མ་ཅན་ཕ་རོལ་དུ་ཡོད་པ་ལའོ། ༈ །ཧན྄་ཏིཔ྄། འདི་ངིཏ྄་མིན། པིཏ྄་ཡིན་པ་དབྱི་བ་མིན། ན྄་ང་རོ། ཧཾ་ཏི། ༈ ཏན྄་ཏས྄། ངིཏ྄་ཛྷ་ས་ཕ་རོལ་ ཅན་ཡིན་པས་ཉ་མའི་ཡི་གེ་ན྄་དབྱི། ཧ་ཧཿ། ཨ་ཏི་དབྱངས་ཡིན། ཛྷ་ས་མིན། ཧན྄་ཨཾ་ཏི་གམ྄་ རྣམས་ཀྱི་དབྱངས་ལའོ་ཞེས་པས་ཨུ་པ་དྷཱ་ཨ་ཡིག་ཡལ། ཧ྄་དབྱངས་མེད། གྷ྄་གྷ྄ན྄་ཨཾ་ཏི་ དྲངས། གྷྣནྟི། ༈ ནམཿ། ནམ྄་ལའོ། །བར་རྐྱེན་ནམ྄་བྱུང་ནའང༌། ཉ་མའི་ཡི་གེ་བྱིངས་ལ་ཡོད་པ་དེ་ དབྱིའོ་ཁྱད་པར་དུ་ན་ཡིག་ངེས་པར་དབྱིའོ། །ཧིང྄་སི་འཚེ་བ་ལའོ། །ཨི་བརྗོད་དོན་ཧི་ངས྄་ 19-1-506 ཏིཔ྄། རུ་སོགས་ལ་ནམ྄འོ། །ཧིང྄་དང་ས྄འི་བར་དུ་ནམ྄། མ྄་རྗེས་འབྲེལ། ཧིང྄་ནས྄་ཏི་བྱུང༌། ཧའི་ མཐར་བརྟེན་ང྄འམ་ཀླད་སྐོར་ན྄་ཉིད་ཡིན་པས་དབྱི། ས྄་དྲངས། ཧི་ན་སྟི། ༈ ཧིང྄ས྄་ཏས྄་ནམ྄་ ཧིང྄་ནས྄། ཏས྄་ཧིང྄་གི་ང་རོ་སྔ་མ་ཡལ། ནའི་ཨ་ཕྱིས། ན྄་ང་རོ་དྲངས། ཧི་སྟཾཿ། ༈ དེ་དང་འདྲ་ ས྄་ཨ་ལ་དྲངས་ཧིདྶནྟི། ༈ བྷཛ྄་བསྙེད་པ་ལའོ། །བྷཛ྄། ཏིཔ྄། ནམ྄། བྷན྄། ཛ྄ཏི། ཛ྄་ཥ྄་རུ་སོང༌། ཥ྄ཀ྄་བྷ་ནཀྟི། ༈ ན྄་ང་རོ། ཛ྄་ཥ྄་ཀ྄། བྷཾ་ཀྟཿ། ༈ དབྱངས་དང་ཕྲད་དྲངས། བྷཾ་ཛནྟི། ༈ ཨ་པི་རཾ་ཛ་དཾ་ཤ་ཥཾ་ཛ་ཥྭཾ་ཛཱཾ། རཾ་ཛ྄་དཾཤ྄་ཥཾཛ་ཥྭཾཛ྄་རྣམས་ཨཔ྄་ཀྱིའོ། །རཾཛ྄་ལ་སོགས་ པ་འདི་རྣམས་ཨཔ྄་དང་བཅས་པའི་རྣམ་དབྱེ་ཕ་རོལ་ཨུ་པ་དྷཱའི་ན྄་དབྱིའོ། །དེ་རཾཛ྄་ཞེས་ཀླད་ སྐོར་དང༌། རན་ཛ྄་ཞེས་ན྄་དངོས་དང༌། རཉྫ་ཞེས་ཉ྄་ཡིག་བྱུང་ཀྱང་རུང་སྟེ་ལུས་འགྱུར་མི་ འདྲ་བ་ཡིན་གྱི།དོན་ལ་སྐབས་འདིར་ན྄་ཞེས་པ་དེ་ཡིན་ཏེ། དབྱི་བ་གོ་དགོས་ཏེ་སྔ་ཕྱི་ཕལ་ ཆེར་ལ་རིགས་འགྲེ་དེ་ལྟར་གོ་དགོས་སོ། ༈ །རཾཛ྄་ཨཔ྄། ཏིཔ྄། ང་རོ། ན྄་ཡིན་པས་དབྱི། ར་ཛ་ཏི། ༈ རཾཛ྄། ཨཔ྄། ཏས྄། ར་ཛ་ཏཿ། ༈ འདི་ལ་ཨཔ྄་མེད། ར་ཛནྟི། ༈ དཾཤ྄་ཨཔ྄་ཏིཔ྄་ ང་རོ་ཡལ། ད་ཤ་ཏི། ད་ཤ་ཏཿ། ད་ཤ་ཏི། ༈ སཾཛ྄། ཨཔ྄། ཏིཔ྄། ས་ཛ་ཏི། ས་ཛ་ཏཿ། ས་ ཛནྟི། ༈ ཥཾཛ྄འི། ཥ་ས་རུ་བསྒྱུར་ནས་ན྄་ཡལ་བར་བྱེད་པ་ཡིན། ཥྭཾ་ཛ་ལ་དེ་དང་འདྲ་སྟེ། ཥཾ་ ཛ྄་ཨཔ྄། ཏིཔ྄། སྭ་ཛ་ཏི། སྭ་ཛ་ཏཿ། སྭ་ཛནྟི། ཨནྟི་ཀུ་ན་ལ་ཨཔ྄་མེད་དོ། ༈ །བི་དོ་ན་པཱ་ནཱཾ་ ཏྱཱ་དཱི་ནཱཾ་ཎ་བཱ་དིརྦཱ། བི་དའི་ཏི་སོགས་དགུ་རྣམས་ཎཔ྄་སོགས་སུ་ཡང་ནའོ། །བྱིངས་བི་དའི་ཕ་ རོལ་དུ་བྱུང་བ་ཏིཔ྄་དགུ། ཎཔ྄་སོགས་དགུ་རུ་རིམ་པས་གྲངས་བཞིན་བསྒྱུར་ནས་བྱ་བ་བྱེད་ དོ། །ཡང་ནའོ་ཞེས་གདམ་ཀ་སྟེ། ཡང་ན་མི་བསྒྱུར་བར་ཏིཔ྄་སོགས་རང་གི་སྒྲུབ་ཚུལ་བྱེད་ ཅེས་པ་སྟེ། ༈ དེ་ཡང་ཏིཔ྄་ཎཔ྄་དུ་བསྒྱུར། ཏས྄་ཨ་ཐུས྄་སུའོ། །ཨནྟི་ཨུས྄་སུའོ། །སིཔ྄་ཐཔ྄་ དུའོ། །ཐས྄་ནི་ཨ་ཐུས྄་སུའོ། །མི་པ྄་ནི་ཎཔ྄་ཏུའོ། །བས྄་བ་རུ་བསྒྱུར། མས྄་མ་རུ་བསྒྱུར་ བའོ། །ཎཔ྄་གཉིས་ལ་པ྄་དང་ཎ྄་ཕྱིས། ཨ་བཞག དེ་གཉིས་དང༌། ཐཔ྄་ལ་ཡོན་ཏན། བི་ 19-1-507 བེ་དུ་འགྲོ། དབྱངས་རྣམས་དའི་སྲོག་ཏུ་བཅུག ཐ་ལ་ད྄་ཏ྄་རུ་སོང་བ་དྲངས། བ་མ་ལ་ད྄་རང་ ཉིད་འདྲེན། ༈ བེ་ད་བི་ད་ཏུཿ། བི་དུཿ། ༈ བེཏྠ། བི་ད་ཐུཿ། བི་ད། ༈ བེ་ད་བིདྦ། བིདྨ། ༈ མི་བསྒྱུར་བའི་ཕྱོགས་ལ། ཏི་ལ་ཡོན་ཏན་ཏི། ཏས྄་ལ་ད྄་ཏ྄་དྲངས་ཨནྟི་ཨ་ལ་ད྄་འདྲེན་པ་ཁོ་ ནའོ། །བེཏྟི། བི་ཏྟཿ། བི་དནྟི། ༈ བེཏྶི། བིཏྠཿ བིཏྠ། ༈ བེདྨི། བིདྦཿ བིདྨཿ། ཞེས་པའོ། ༈། བེཏྟ་རཾ་ཏོ་བཱ་རུཊ྄། བི་དའི་མཐའ་ལ་རུཊ྄་ཡང་ནའོ། །འདི་ཁ་སྐོང་གི་མདོ་ཡིན་ཟེར། བི་དའི་ བྱིངས་ལ་ཡང་ན་རུཊ྄་ཨཱག་མ་སྟེར་རོ། །བིད྄་ཨཔ྄། ཏེ། རུཊ྄། ཊ྄་རྗེས་འབྲེལ། ཨུ་བརྗོད་ དོན། བིད྄ར྄་ཨ་ཏེ་དྲངས། བིད྄་ཏེ། ༈ རུཊ྄་མེ་ད་ན། བིད྄་ཨཔ྄་ཏེ། བིད་ཏེ། ཞེས་སོགས་ཨཱཏྨ་ ནེ་པ་ཏི་ཡང་སྦྱོར་བ་དམིགས་གསལ་ལོ། ༈ །དེ་བཞིན་དུ། བི་དྱཱ་ཏ྄་ལ་སོགས་པའོ། ༈ །བེཏྟུ། བིཏྟཱཏ྄། ཏུཔ྄་ལ་གཉིས་སོ། །བིཏྟཱཾ། བི་དནྟུ། ༈ བིདྡྷི། བིཏྟཱཏ྄། ཧི་ལ་གཉིས་སོ། །བིཏྟཾ། བིཏྟ། ༈ བེ་དཱ་ནི། བེ་དཱ་བ། བེ་དཱ་མ། ༈ ཨ་བེཏ྄། ཨ་བེད྄། དིཔ྄་ཡལ། ཏ་རུ་བསྒྱུར་མ་བསྒྱུར་གྱི་ ཁྱད་ཡིན། ཨ་བིཏྱཾ། ཨན྄་ཨུས྄། ཨ་བི་ཏུཿ། ༈ ད་སའོ་ཞེས་པས་སིཔ྄་ལ་ད྄་ས྄་རུ་བསྒྱུར་ན་ ཨ་བིད྄་སིཔ྄་ཡོན་ཏན། ད྄་ས྄་སིཔ྄་ཕྱིས་ས྄་རྣམ་བཅད། ཨ་བེཿ། ༈ མ་བསྒྱུར་ན་སིཔ྄་ཕྱིས་ པ་ཙམ་ཏེ། ཨ་བེད྄་ད྄་ཏ྄་རུ་སོང་ན། ཨ་བི་ཏ྄། ཨ་བིཏྟཾ། ཨ་བིཏྟ། ༈ ཨ་བེ་དཾ། ཨ་བིདྦ། ཨ་ བིདྨ། ༈ ཨས྄་ཡོད་པ་ལའོ། །ཨས྄་ཏིཔ྄་པིཏ྄་ཡིན་རྣམ་འགྱུར་ཙམ་མེད་དེ། ཨ་སྟི། ༈ ནམ྄་ ཨས྄་ལའོ། །ཞེས་པས་ངིཏ྄་ཕ་རོལ་ལ་ཨས྄འི་ཨ་དབྱིའོ། །ཨས྄་ཏས྄་ཨ་དབྱི་ས྄་དྲངས་སྟཿ། ༈ དེ་དང་འདྲ་ཨཾ་ཏི་སནྟི། ༈ སི་སཿ། སིའི་སའོ། །སིཔ྄་ལ་ཨས྄་ཀྱི་ཨ་མི་དབྱི་ས྄་དབྱིའོ། ། ཨས྄་སིཔ྄་ས྄་ཡལ། ཨ་སི། ༈ པིཏ྄་མ་ཡིན་པའི་རིགས་གཞན་ཀུན་ཨ་ཡལ་བ་སྟེ་ས྄་དྲངས་ པའོ། །སྠཿསྠ། ༈ ཨསྨིསྭཿ སྨཿ། ༈ སྱཱཏ྄། སྱཱ་ཏཱཾ། སྱུཿསོགས་སོ། ༈ །ཨས྄་ཏ྄པ྄་པིཏ྄་ཡིན། ཨསྟུ། ཏཱ་ཏང྄་དུ་བསྒྱུར་ན་པིཏ྄་མིན་པར་སོང་བས་ཨ་ཡལ། སྟཱཏ྄། སྟཱཾ། སནྟུ། ༈ ཛ་ཧྱེ་དྷི་ཤཱ་དྷིཿ། ཛ་ཧི་ཨེ་དྷི་ཤཱ་དྷིའོ། །བྱིངས་ཧན྄་ནི་ཛ་ཧི་རུ་ཨཱ་དེ་ཤ་བྱེད། དེ་བཞིན་ 19-1-508 དུ། ཨས྄་ནི་ཨེ་དྷི་ཞེས་བསྒྱུར་བ་དང༌། ཤཱས྄་ནི་ཤཱ་དྷི་ཞེས་པར་ཚིག་ཕྲད་ཀྱིས་བསྒྱུར་བ་ཡིན་ ཏེ། དེ་ཡང་བྱིངས་གསུམ་པོ་དེ་ལ་ཧི་བྱིན་པ་ཧི་ཕྱིས་ཏེ་བསྒྱུར་བའམ། བྱིངས་ཧི་དང་བཅས་ པ་བསྒྱུར་རོ། ༈ །ཛ་ཧི། ཨེ་དྷི། ཤཱདྷི། ཞེས་པ་ཁོ་ནའོ། །སྟཾ། སྟ། ༈ པིཏ྄་དྲན། ཨ་སཱ་ནི། ཨ་སཱ་བ། ༈ ཨ་སཱ་མ། ༈ ཨསྟེ་རཱིཊ྄། ཨས྄་ཉིད་ལ་ཨཱིཊ྄འོ། །ཨས྄་ཀྱི་ཕ་རོལ་དུ་དིཔ྄་དང་ སིཔ྄་བྱུང་ན་ཨཱིཊ྄་ཨཱ་ག་མར་འགྱུར་རོ། །ཨས྄་དིཔ྄་འདི་པིཏ྄་ཡིན་ཨཊ྄་ཨཊ྄་བཞག ཨིཊ྄་ བྱིན། ཨཨཨས྄ཨཱིང྄་བྱུང་རིམ་པས་མཚམས་སྦྱར། ཨཱ་སཱིཏ྄། ༈ ཡང་སིཔ྄་དང་ཨ་མིཔ྄་མ་ གཏོགས་པ་ལ་ཨས྄་ཀྱི་ཨ་ཡལ། ཨཊ྄་ཨཊ྄་སྦྱར་བའི་ཨཱ་ཡོད། ཨཱསྟཱཾ། ཨཱསན྄། ༈ སིཔ྄་ལ་ ཨས྄འི་ཨ་འཇོག ཨིཊ྄་སྟེར་ཨིཔ྄་ཕྱིས་ས྄་རྣམ་བཅད་ཨཱ་སཱིཿ ཨ་སྟཾ། ཨཱསྟ། ༈ ཨ་མིཔ྄་ཨ་ སྡོད། ཨིཔ྄་ཡལ། ཨཱ་སཾ། ཨསྦ། ཨསྨ། ཞེས་པ་རྣམས་སོ། ༈ །ལིཧ྄་རོ་མྱང་བ་ལའོ། །ལིཧ྄་ ཏིཔ྄་བཞག ཧ྄འི་ཌྷའོ། །ཧ྄་ཌྷ྄་རུ་སོང༌། ཏ་ཐ་དག་གི་དྷའོ། །ཏི་དྷི་རུ་སོང༌། ཥྚུ་ལས་ཥྚུའོ། །དྷི་ ཌྷི་རུ་འགྱུར། པིཏ྄་རྣམས་ལ་ཨུ་པདྷཱ་ཐུང་ངུའོ་ཞེས་པས་ལི་ཡོན་ཏན་ལེ་རུ་འགྲོ། ལེ་ཌྷ་ཊི་ཞེས་ བྱུང༌། ཌྷ྄་ལ་ཊི་དབྱི་སྟེ་རིང་པོ་ཡང་ངོ༌། །ཞེས་ཌྷིའི་ཌྷེ་མཐོང་བ་ཊི་ཏེ་ཌྷ྄་སྔ་མ་མི་སྣང་བར་འགྲོ་ ལ། པིཏ྄་མིན། ཏ་ཐོག་མ་རྣམས་ལ་ཡོན་ཏན་མི་བྱེད་པར་ཨུ་པ་དྷཱ་རིང་པོར་བྱེད་དོ། ༈ །ཏིཔ྄་ ཀྱིས་སྐབས་སུ་ལེཌྷི་ཞེས་པའོ། །ཏ་རྐྱེན་རྣམས་དང་ཐ་རྐྱེན་རྣམས་ལ་དྷ་དང་ཌྷར་བསྒྱུར་བ་ དང༌། དབྱངས་མཐའ་མ་ཡིན། སིཔ྄་དང་ཝ་མ་སྤངས་པ་རྣམས་ལ་ཧ་ཌྷ་རུ་བསྒྱུར་ནས་དབྱི་ བ་ཡིན་མོད། སིཔ྄་དང་བ་མ་རྣམས་ལ་མ་ཡིན་ནོ། །སིཔ྄་དང་པོ། སི་སྡོད་པས་ཧ་ཌྷ་རུ་སོང་ བ་ཡང་ཀ་རུ་སོང༌། སི་ཥི་རུ་སོང་བ་ཀ྄་དང་འགྲོགས་ཀྵ་རུ་འགྲོ། ཕྱི་མ་སྐབས་འདིར་འཇིག ཧ་ཌྷ་རུ་བསྒྱུར་བ་སྟེ་ཛ་བ་ཌའམ་ཙ་པ་ཊ་རུ་བྱེད་དོ། །བ་མ་དང་དབྱངས་ངིཏ྄་ཡཏ྄་སོགས་ལ་ ཡོན་ཏན་དང་རིང་པོ་ཡང་མི་བྱེད། ཧ་ཉིད་མ་བསྒྱུར་པར་འདྲེན་ནོ། ༈ །ཏས྄་སོགས་ལ་ལཱི་ ཌྷཿ། ལིཧནྟི། ༈ ལེཀྵི། ལཱི་ཌྷཿ། ལཱི་ཌྷ། ༈ ལེཧྨི། ལིཧྨཿ། ལིཧྨཿ། ཞེས་སོ། ༈ །ཡང་ལི་ཧྱཱཏ྄་ 19-1-509 སོགས་དགུའོ། ༈ །ལེཌྷུ ལཱི་ཌྷཏ྄། ལཱི་ཌྷཱཾ། ལི་ཧནྟུ། ༈ ཛྷ་ས་ལས་ཧི་དྷིའོ། །ཞེས་ཧི་དྷི་རུ་འགྲོ་ བ་དང༌། དྷི་ཌྷིའོ། །ཡང་ཨིཊ྄་འབྱུང་བས་ལིཧའི་ཧ྄་དང་སྦྱོར། ཧི་ཧི་རང་ལ་གནས། ཡང་ཏཱ་ཏཾ་ རུ་བསྒྱུར་བ། པིཏ྄་མིན་པའི་ཏ་རྐྱེན་སྤྱི་དང་འདྲའོ། །ལཱི་ཌྷི། ལི་ཧི་ཧི། ༈ ལིཧ྄འི་ཨིཊ྄འོ་ཞེས་ བཤད་དོ། །ལཱི་ཌྷཱ་ཏ྄། ༈ ལཱི་ཌྷཾ། ལི་ཌྷ། ༈ ལེ་ཧཱ་ནི། ལེ་ཧཱ་བ། ལེ་ཧཱ་མ། ཞེས་སོ། ༈ །དིཔ྄་ དབྱི། ཛ་བ་ཌ་དང་ཙ་པ་ཊ་འདམ་ཀ་དང་པིཏ྄་དྲན་ཨཊ་ཨ་ལེཊ྄། ཨ་ལེཌ་གདམ་ཀའོ། །ཨཱ་ ལཱི་ཌྷཱཾ། ཨ་ལི་ཧན྄། ༈ སིཔ྄་ཡལ། ཨ་ལེཊ྄། ཨ་ལེཌ། གདམ་ངའོ། །ཨ་ལཱི་ཌྷཱཾ། ཨ་ལཱི་ཌྷ། ༈ ཨ་ལེ་ཧཾ། ཨ་ལིཧཱ། ཨ་ལིཧྨ། ཞེས་པ་རྣམས་སོ། ༈ །ཙཀྵིང྄་གསལ་བར་བརྗོད་པ་ལའོ། ། ཨིང྄་རྗེས་འབྲེལ་དགོས་དོན་ནོ། །སྐོ་རཱ་དྱཤྩ། ས་དང་ཀ་དང་པོ་ཡང་ངོ༌། །བྱིངས་ཀྱི་མཐའ་ ལ་གསལ་བྱེད་རབ་སྦྱོར་ཡོད་པའི་ནང་ན། ས་དང་ཀ་ཡིག་ཡོད་ན་དབྱིའོ། །དེ་ཡང་ཕ་རོལ་ཛྷ་ ས་སོ་སོར་བསྡུ་བ་ཡོད་པ་ལ་ཡིན་ནོ། ༈ །ཙཀྵ་ཏེ་ཞེས་པ་བཞག ཀྵ྄་དབྱངས་མེད་ཀྱི་ཀ྄་དང་ ཥ྄་སོ་སོར་ཕྲལ་བས་ཀ྄་ནི་དང་པོའི་རྒྱུ་ཥ་ཡིག་ཡིན་པས་ཥ྄་རུ་ལོག ཥ་ནི་དང་པོ་ས་ཡིན་པས་ ས྄་རུ་ལོག ཙཥ྄ས྄་ཏེ་བྱུང་གསལ་བྱེད་སྲོག་མེད་གཉིས་ཕན་ཆད་འཛོམ་ན་གསལ་བྱེད་རབ་ སྦྱོར་ཟེར་བ་དྲན་པར་བྱ། སྐབས་འདིར་རབ་སྦྱོར་གྱི་ས྄་དབྱི། ཚུ་རོལ་ཥ་མཐོང་བས་ཕ་རོལ་ ཏེ་ཊེ་རུ་སོང༌། དྲངས། ཙཥྚེ། བི་དང་ཨཱང྄་སྔོན་དུ་བཞག་ན། བིཨཱཙཥྚེ། བྱཱ་ཙཥྚེ། ༈ དབྱངས་ ལཀྵ྄་རང་འདྲེན་ཙཀྵཱ་ཏེ། བི་ཨཱང྄་སྦྱོར་བ་ཀུན་ལ་འགྲེ། ཨཾ་ཏེ་ལ་ཙཀྵ་ཏེ། ༈ ཥའི་ས་ལ་ཀའོ། ། ཞེས་པས་ཥ྄་ས྄་ཥ྄ཀ྄ར་སོང་ས྄་དབྱི་རྣམ་དབྱེ་སེ་ཥེ་རུ་སོང་ཀ྄་དྲངས་ཙཀྵེ། ༈ ཙཀྵཱ་ཐེ། ༈ ས྄་ ཡལ་ཥ྄་ཀ྄་དེ་ག་ཙགྡྷཱེ། ཡང་ན། ཙགྡྷཱེ། ༈ ཙཀྵེ། ༈ ཇི་སྐད་དུ། སྡེ་པར་མ་བྱུང་བ་ཕ་རོལ་ གྱི་གཟུགས་ལའོ། །ཞེས་འབྱུང་བ་མ་ཡིག་སྡེ་པ་ཡིན་ཡང་ཛྷ་སའི་ཡི་གེ་མ་ཡིན་ལ། བ་ཡིག་ ནི་པ་སྡེའི་བ་ཡིན་ན། ཛྷ་ས་ཡིན་པས་ས྄་དབྱི་དགོས་ཀྱང་མཐར་གནས་ཡིན། སྡེ་བ་མིན་ཅིང་ ཛྷ་ས་མིན་པས་ས྄་མི་དབྱི་སྟེ། ཀྵ྄་ཡོངས་རྫོགས་ཕ་རོལ་བའི་གཟུགས་ལ་འདྲེན་ནོ། །ཙཀྵ་བ་ 19-1-510 ཧེ། ཙཀྵྨ་ཧེ། ཞེས་པའོ། ༈ །ཆོག་འབྱུང་ལ། ཙཀྵཱི་ཏ། ཙཀྵཱི་ཡཱ་ཏཱཾ། ཙཀྵཱི་རན྄་ལ་སོགས་པའོ། ༈ ། ཤིས་བྱེད་ལ། ཏཱཾ་སོགས་ཏེ་ས྄་ཕྱིས། ཏཱ་ཊཱ་ཙཥྚཱཾ། ཙཀྵཱ་ཏཱཾ། ཨ་ཏཾ། ཨ་ཏཾ་ངོ༌། ཙཀྵ་ཏཾ། ༈ ཙཀྵྭ་ ཙཀྵཱ་ཐཾ་ཙཀྔཾཧྭ་དེ་གཉིས་ས྄་ཡལ་ཥ྄་ཡང་ཀ་རུ་སླར་ལོག་པའོ། ༈ །ཙཀྵཻ། ཙཀྵཱ་བ་ཧཻ། ཙཀྵཱ་མ་ ཧཻ། ཞེས་སོ། ༈ །དེང་མིན་ལ་ཏན྄་གྱི་ན྄་ཡལ། ས྄་དབྱི། ཏ་ཊ། ཙཥྚ། ཙཀྵཱ་ཏཱཾ། ཙཀྵ་ཏ། ༈ ཐཱས྄་ལ་ས྄་ཡལ། ཥ྄་ཀ྄། ཙཀྠཿ། ཙཀྵཱ་ཐཱཾ། ཙཀྔཾཧྭ། ༈ ཙཀྵི། ཙཀྵཱི་ཙཀྵི་ཧ་ཧི། བྱཱ་ཙཀྵྨ་ཧི། ཞེས་ སོ། ༈ །ཨ་ནྱ་ཏྲ་སོ་ཛཿ། གཞན་དུ་ས་ཛའོ། །ཨོ་ལསྫཱི་ངོ་ཚར་བྱེད་པ་ལའོ། །ཨོ་ཁྱད་དོན་ཨཱི་ བརྗོད་དོན། ལ་སྒྲ་ཏེ་བཞག ཨཔ྄་འདིར་ས྄་ཛ྄་རབ་སྦྱོར་ཡིན་ཡང་ས྄་མི་དབྱི་སྟེ། ས྄་ཉིད་ཛ྄་ རུ་བསྒྱུར་ལ་ཛ྄་ཛ྄་ཨ་ཏེ་བྱུང་དྲངས། ལཛྫ་ཏེ། ཞེས་པ་ལ་སོགས་པའོ། ། ༈ དི་པི་ས་སྱ་ཏཿསི་པི་བཱ། དིཔ྄་ཀྱི་སའི་ཏ྄་སྟེ་སིཔ྄་ལ་ཡང་ནའོ། །ས྄་མཐའ་ཅན་གྱི་ བྱིངས་ལ་དི་པ྄་བྱིན་ན་བྱིངས་མཐའི་ས྄་ཧ྄་རུ་འགྲོ་ལ་སིཔ྄་བྱིན་ན་ཧ྄་བྱེད་དམ་རྣམ་བཅད་ བྱེད་གདམ་ཀ་ཡིན། དིཔ྄་སིཔ྄་གཉིས་པོ་རང་དབྱི་བར་བྱའོ། ༈ །ཙ་ཀཱ་སྲྀ་གསལ་བ་ལའོ། ། རྀ་བརྗོད་དོན་ཙཀཱས྄་དིཔ྄་ས྄་ཏ྄་དིཔ྄་ཡལ། ཨཊ྄། ཨ་ཙཀཱཏ྄། ཙ་ཀཱས྄་སིཔ྄་ཡང་ས྄་ཏ྄་སིཔ྄་ ཨ་ཙ་ཀཱཏ྄་ཡང་ན་སིཔ྄་ཡལ། ས྄་རྣམ་བཅད། ཨ་ཙ་ཀཿ། ཞེས་སོ། ༈ །གཞན་ཧི་དྷི་རུ་བསྒྱུར། ཨན྄་ཨུས྄་ལྷག་མ་རྣམས་ས྄་ཕ་རོལ་དུ་དྲང་ངོ༌། །འདི་པ་ར་སྨཻའོ། ༈ །ཁྱཱ་གཏམ་གྱི་སྦྱོར་བ་ ལའོ། ༈།ཁྱཱ་ཏིཔ྄་ཨཱང྄་སྔོན་དུ་བཞག ཨཱ་ཁྱཱ་ཏི། ཞེས་དང༌། ༈ ཨཱ་ཁྱཱ་ཡཱཏ྄་སོགས་དང༌། ༈ ཨཱ་ ཁྱཱ་ཏུ། ༈ ཨཊ྄། འདྲ་བ། ཨཱ་ཁྱཱཏ྄། ཅེས་སོགས་སོ། ༈ །མྲྀ་ཛུ་ཥ་གཙང་མ་ལའོ། །མྲ་ཛེ་རྦྲ་རྡི་ བི་ཏི། མྲྀ་ཛ་ལ་འཕེལ་བ་སྟེ་བིཏ྄ལའོ། །མྲྀ་ཛའི་བྱིངས་ལ་བིཏ྄་ཕ་རོལ་དུ་བྱུང་ན་མྲྀ་ལ་འཕེལ་ བར་འགྱུར་ངེས་པ་དིཏ྄་དང་བོ་དབྱངས་ཡིན་པ་ལ་གདམ་ངའོ། །མྲྀ་ཛ྄་ཏི་པ྄། མྲྀ་འཕེལ་བ་མཱ་ ར྄་ཛ྄ཥ྄ ཏ་ཊ་དྲངས། མཱ་རིཥྚ། ༈ ཏས྄་ལ་འཕེལ་བ་མེད། མྲྀཥྚཿ། ༈ དབྱངས་ལ་རྣམ་རྟོག་སྟེ། མཱརྫཾ་ཏི། མྲྀ་ཛནྟི། ༈ མྲྀ་ཛྱཱཏ྄། མྲྀ་ཛྱཱ་ཏཱཾ། མྲྀ་ཛྱུཿ། ༈ མཱནྚུ། མྲྀཥྚཱཏ྄། མྲྀ་ཥྚཱཾ། མྲྀ་ཛནྟུ། མཱརྫནྟུ། ༈ 19-1-511 ཨམཱརྚ། ཡང་ན། ཨ་མཱརྜ། ཨ་མྲྀཥྚཱཾ། ཨ་མྲྀ་ཛ་ནྲ་ཞེས་པ་ལ་སོགས་པ་སྟེ། འདིར་མཱ་རི་ཥྭ་ཞེས་ པ་ལ། མཱ་ར་ས྄་ཋི་ཟེར་བལྟ་བུར་ཀློག ཙཀྵའི་ཀྵ་ལྟ་བུ་སྒྲ་འགྱུར་བ་ཡིན་ཀྱང༌། དབྱངས་མེད་ ན། ཙ་ཀ་ཁ་ཟེར་བ་འདྲ་རུང་འདོན། སྒྲ་མི་འགྱུར་བ། ཨ་མ་རྚ་བརྩེགས་པ་སྲོག་མེད་ལ། ཨ་ མ་ར་ཊྲ་ཟེར་བ་ལྟ་བུ་དགོས་ཀྱི། བླུན་པོའི་མུན་སྤྲུལ་དང་མཁས་སུ་རེ་བ་འདྲའི་ཚོད་རྒྱག་ལ་ སྙིང་པོ་མེད་དོ། ། ༈ ནི་ཛཱཾ་གུ་ཎཿ། ནི་ཛ་རྣམས་ཀྱི་ཡོན་ཏན་ནོ། །ནི་ཛ་ལ་སོགས་པའི་བྱིངས་ཀྱི་ཐོག་མའི་ ཡི་གེ་ལ་ཡོན་ཏན་དུ་འགྱུར་ཏེ་ཨཔ྄་ཞིག་པའི་ཡུལ་ལའོ། །ཎི་ཛིར྄་དག་བྱེད་དང་སོ་སོར་བྱེད་ པ་ལའོ། །ཨིར྄་རྗེས་འབྲེལ། ཎི་ཛ྄་ཏིཔ྄་ཞེས་པ་བཞག ཎི་ནི་རུ་བསྒྱུར་གཉིས་བརྗོད་ཐོག་ མ་ཧ་སོགས་ཛ྄་སྔ་མ་ཕྱིས། ནི་ཛ་རྣམས་ཀྱི་ཡོན་ཏན་ནོ། །ཞེས་པས་ནི་སྔ་མ་ལ་ཡོན་ཏན་ནོ། ། ཡོན་ཏན་འདི་ནི་ཛའི་སྐབས་འདིར་རྟག་ཏུ་འཇུག་གོ །ནེ་ནི་ཛ྄་ཏི་བྱུང་། ཏིཔ྄་པིཏ྄་ཡིན་པས་ དེའི་ཡོན་ཏན་ནི་གཉིས་བརྗོད་ཕྱི་མ་ལའང་འབྱུང་སྟེ། ནེ་ནེ་ཛ྄་ཏི་བྱུང་། ཛ྄་ག྄་ག྄་ཀ྄། ནེ་ནེཀྟི། ཞེས་པ་གྲུབ། ཉེར་སྒྱུར་ནིར྄་སྔོན་དུ་བཞག ཥ་ར་རྀ་སོགས་ནེ་དང་པོ་ཎེ་ར྄་དྲངས། ནི་རྞེ་ནེ་ ཀྟི། ༈ ཏས྄་པིཏ྄་མིན་པས་ཡོན་ཏན་ཕྱི་མ་མེད། ནིརྞེ་ནིཀྟཿ། ༈ གཉིས་ལའོ། །ཞེས་པས། ཨནྟ་ཨ་ཏ་རུ་བསྒྱུར། ནིརྞེ་ནེ་ཛ་ཏི། ༈ ཛ྄ཀ྄་སིཔ྄་ཥི། ནིརྞེ་ནིཀྵི། ཛ྄་ཀ྄་དྲངས ནིརྞེ་ནིཀྠཿ། ནིརྞེ་ནིཀྠ། ༈ ནིརྞེ་ནིཛྨི། ནིརྞེ་ནི་ཛྭཿ། ནིརྞེ་ནིཛྨ། ༈ ཡང་ཨཏྨ་ནེ་ལ་མཚོན་ན། ཨ་བ་སྔོན་དུ་ བཞག ཨ་བ་ནེ་ནི་ཀྟ། ཨ་བ་ནེ་ནི་ཛཱ་ཏེ། ཨ་བ་ནེ་ནི་ཛ་ཏེ། ༈ ཨ་བ་ནེ་ནིཀྟཱཾ། ཨ་བ་ནེ་ནི་ཛཱ་ ཏཱཾ། ཨ་བ་ནེ་ནི་ཛ་ཏཾ། ཨ་བ་ནེ་ནི་ཛ་ཀྵྭ། ཞེས་པ་ལ་སོགས་ཕལ་ཆེར་སྔ་མ་རྣམས་དང་འདྲའོ། ༈ །བི་ཛིར྄་ཐ་དད་དུ་གནས་པ་ལའོ། །ཨིར྄་ཡལ། བིཛ྄་ཏིཔ྄་ཨཔ྄་དབྱི་གཉིས་བརྗོད། ཐོག་ མའི་ཧ་ས་ནི་ཛ་རྣམས་ཀྱི་ཡོན་ཏན་ནོ། །ཞེས་པས་བི་དང་པོ་བེ་ཡོན་ཏན་འདི་སྐབས་འདིར་ ཀུན་ལའོ། །པིཏ྄་ཡོན་ཏན་ཏེ་བི་ཕྱི་མ་བེའོ། །ཙུ་ཡི་ཀུའོ། །དྲངས་བེ་བེཀྟི། ༈ དེ་དང་འདྲ་བ་ 19-1-512 ལས་པིཏ྄་མ་ཡིན་པས་ཡོན་ཏན་ཕྱི་མ་མེད། ཛ྄་དྲངས། བེ་བི་ཛྱཱཏ྄། ༈ ཏུཔ྄་པིཏ྄་ཡིན། ཛ྄ཀ྄་ དང་ཥ་རུ་འགྲོ། བེ་བེཥྚུ། བེ་བེཀྟུ། ༈ དིཔ྄་དབྱི། པིཏ྄་ཨཊ྄་ཛ྄ཀ྄འམ་གྲ། ཨ་བེ་བེཀ྄ ཨ་བེ་ བེག྄། པིཥླྀ་ཁྱབ་པ་ལའོ། །པིཥ྄་ཏིཔ྄་གཉིས་བརྗོད ཥ྄་ཡལ། ཡོན་ཏན་ཡང་ཡོན་ཏན། ཏི་ཊི་བེ་ བེཥྚི། ༈ སྔ་མས་འགྲེ། བེ་བིཥྱཱཏ྄། ༈ བེབེཥྚུ། ༈ ཥ྄་ཌྷ྄། ཨ་བེ་བེ་ཌྷ྄། ཨ་བེ་བེཊ྄་ཞེས་སོགས་ སོ། ༈ །པྲྀ་སྲུང་བ་དང་གང་བ་ལའོ། །པྲྀ་ཏིཔ྄་གཉིས་བརྗོད། ཨཔ྄་དབྱི། རྀ་བྲོ་རིཿབཱུརྦ་སྱ། རྀ་དང་པྲྀ་དག་ཐོག་མའི་ཨིའོ། །བྱིངས་རྀ་དང་པྲྀ་དག་ལ་གཉིས་བརྗོད། ཐོག་མའི་རྀ་ཡིག་དེ་ ཨི་ཡིག་ཏུ་འགྱུར་རོ། །བི་ཨཱང྄་སྔོན་དུ་བཞག རྀ་པྲྀ་སྒྲུབ་པ་ལ་བི་ཨཱང྄་དགོས་པ་མིན་ཀྱང་ ཉེར་སྒྱུར་སྦྱོར་བ་ལ་ངེས་པ་སྟེར་བའི་དགོས་དོན་ནོ། །པྲྀ་པྲྀ་ཨཔ྄་ཏིཔ྄་ཨཔ྄་ཡལ། རྀ་དང་པོ་ ཨི། ཕྱི་མ་ཨར྄། པི་པ྄་ཨར྄་ཏི། པི་པརྟི། བི་ཨཱང྄་བྱཱ་པི་པརྟི། ༈ ཏིཔ྄་མིན་ལ་ཡོན་ཏན་ཕྱི་མ་ མེད། པྲྀ་པྲི་ཨཔ྄་ཏས྄་ཨཔ྄་ཡལ། པིཔྲྀ་ཏཿ། ༈ དབྱངས་ལ་རི་ར྄་རུ་གཞན་འདྲ། པིཔ྄ར྄་ཨ་ ཏི། པི་པྲ་ཏི། ཞེས་སོ། ༈ །དེ་བཞིན་དུ་ཡཱཏ྄་སོགས། བྱཱ་པི་པྲྀ་ཡཱཏ྄། ༈ ཏུཔ྄་པིཏ྄་དྲན། བྱཱ་པི་ པརྟུ། ༈ ཇི་སྐད་དུ། རྀ་དང་པྲྀ་དག་གི་དི་དང་སི་དག་ལ་ཡང་ན་ཨཊ྄་ཨཱ་ག་མར་འགྱུར་རོ། །པྲྀ་ པྲྀ་དིཔ་ཨཊ྄་བི་ཨཱང྄་ཨཊ྄་དིཔ྄་དང༌། ཊ྄་ཡལ བྱཱ་པི་པརཏ྄། ཡང་ན་བི་ཨཱ་པི་པ྄་ཨར྄་དིཔ྄་ ཡལ། ར྄་རྣམ་བཅད། བྱཱ་པི་པཿ བྱཱ་པུ་བཔཿབྱཱ་པི་པྲ་ཏཱཾ། ཨན྄་ཨུས྄་ཡོན་ཏན་བྱཱ་པི་པ་རུཿ། ༈ རྀ་འགྲོ་བ་ལའོ། །ཇི་སྐད་དུ། མཚུངས་པའི་ཡི་གེ་མ་ཡིན་དབྱངས་ཀྱི་ཐོག་མའི་ཨ་ཡིག་ནི་ཨི་ ཡ྄ར་ཀུན་ནས་བསྒྱུར་བའོ། །ཞེས་བཤད་དོ། །རྀ་ཏིཔ྄་ཨཔ྄་ཕྱིས། གཉིས་བརྗོད། རྀ་ཐོག་མ་ ཨི། ཕྱི་མ་ཨར྄། ཨི་དང་རྀ་མི་མཚུངས་ཨ་དང་ཡང་མི་མཚུངས་པས་ཨི་ནི་ཨིཡ྄་རུ་འགྱུར་རོ། ། ཡ྄་ཨར྄་གྱི་ཨ་ལ་དྲངས་ཨི་ཡརྟི། ༈ པིཏ྄་མིན་ལ་ཨར྄་མེད། ཨཡྲ་ཡཱཏ྄། ༈ ཏུཔ྄་ལ་ཨར྄། ཨི་ཡརྟུ། ༈ དབྱངས་དང་པོ་ལ་གཉིས་པའོ། །ཞེས་པས་གོང་དུ་ཨཊ྄་གཉིས་འཇོག་གོ །རྀ་ དིཔ྄་ཨཔ྄་དབྱི། ཨཊ྄་བྱིན། རྀ་རྀ་ཨཊ྄་དང་པོ། ཨི་ཨ། ཨ་ཨི། རྀང྄་བྱུང་ཨི་ནི་ཨི་ཡ྄་ཞེས་ 19-1-513 པར་སོང༌། རི་ཕྱི་མ་ཡོན་ཏན། ཨ་ཨི་ཨེ། ཨེ་ལ་ཨཻ། ཨི་ཡ྄་སོང༌། དུས་ཀྱི་ཡ྄་ཨར྄་གྱི་ཨ་ ལ་དྲངས། ཨར྄་གྱི་ར྄་ཨཊ྄་གྱི་ཨ་ལ་དྲངས ད྄་ཏ྄་རུ། ཨཻ་ཡ་ར་ཏྭ། ༈ ཡང་ན། རྀ་རྀ་དིཔ྄་ ཨཔ྄་དབྱི། དང་པོ་ཨི། ཨི་ནི་ཨིཡ྄། གོང་དུ་ཨཊ྄་གཉིས། ཨཨཨིཡ྄ཨར྄དིཔ྄། ཨཨིཨེ། ཨཻ་ཨཻཡ྄་རིཡ྄་ཨར྄་ཨ་ལ་དྲངས། དིཔ྄་ཡལ། ར྄་རྣམ་བཅད། ཨཻ་ཡཿ། རྀརྀཏཱམ྄། ཨ་ཨ་རྀ་ རཏཱམ྄། རྀ་གོང་མ་ཨི་ཨི་དེ་ཨིཡ྄་རུ་སོང༌། ཨ་ཨི་ལ་ཨེ་ཨཻ་ཡ྄་རྀ་ལ་དྲངས ཨཻ་ཡྲ་ཏཱཾ། ༈ རྀ་ རྀ། ཨན྄་ཨུས྄་སུ་བསྒྱུར། ཨ་ཨ་རྀ་རྀ་ཨུས྄། ཨ་ཨ་ཨིཡ྄་ཨར྄། ཨུས྄། ཨཻ་ཡ་རུཿ། ཞེས་སོ། ༈ །ཨིཎ྄་འགྲོ་བ་ལའོ། །ཎ྄་རྗེས་འབྲེལ། ཨི་ཏིཔ྄་པིཏ྄་ལ་ཡོན་ཏན་ཨེ། ཨེ་ཏི། ཨི་ཏས྄ ཨི་ ཏཿ། ཨི་ཨནྟི་ཨིཡ྄་དབྱངས་མེད་དུ་སོང་དྲངས། ཡནྟི། ༈ ཨི་ཡཱཏ྄། དེ་ལ་རྣམ་འགྱུར་མེད། ༈ ཨི་ཏུཔ྄་ཡོན་ཏན། ཨེ་ཏུ། ཨི་ཧི། རྣམ་འགྱུར་མེད། ཨི་ཨ་ནི་པ྄་ཡོན་ཏན། ཨི་ཨེ། ཨེ་ ཨཡ྄། ཡ྄་དྲངས། ཨ་ཡཱ་ནི། ༈ ཨ་ཨ་ཨི་དིཔ྄་ཨཻཏ྄། ཨ་ཨ་ཨིཏཱཾ། ཨཻ་ཏཱཾ། ༈ ཨཨཨིཨན྄། ཨཻ་ཨན྄། ཨཻ་ཨཱཡ྄ ཨཱ་ཡན྄། ༈ འདི་མན་ཆད་ལ་ཨིཡ྄་མི་བྱེད་ཀྱང་ཡཀ྄་རྐྱེན་སྟེར་ཡཀ྄་བཞི་ པོ་ལའོ། །ཞེས་པས་སོ། །ཨི་ཏེ་ཡཀ྄་སྟེར། ཨཱི་རིང་པོ། ཨཱི་ཡ་ཏེ། ཨཏྨ་ནེའོ། ༈ །ཨིཎཔ྄་ གཉིས་བརྗོད། ཡང་གསུམ་པ་འཕེལ། ཨི་ཨི་ཨི་ཨ་བྱུང༌། ཨི་བར་བ་ཡ྄་རུ་སོང༌། ཕྱི་མ་ལ་ དྲངས་པས་ཡི། དེ་ལ་འཕེལ་བ་ཡཻ་བྱུང་། ཨཻཨཱཡ། ཨིཡ྄། ཨཱཡ྄། ཡ྄་གཉིས་དྲངས། ཨི་ཡཱ་ ཡ། གྲུབ་བོ། ༈ །ཨི་ཨ་ཏུས྄་ཨི་ཨི་ཨི་ཨ་ཏུས྄། ཨི་དང་པོ་གཉིས་འདྲ་རིང་ཕྱི་མ་ཡ྄་དབྱངས་ བྲལ། དེ་ཨ་ལ་དྲངས་རྣམ་བཅད་ཨཱི་ཡ་ཏུཿ། ༈ ཨི་ཨུས྄། ཨི་ཨི་ཨི་ཨུས྄་གོང་དང་མཚུངས། འདྲ་རིང༌། ཕྱི་མ་ཡ྄་རྣམ་བཅད། ཨཱི་ཡུཿ། ཞེས་པ་ལ་སོགས་པའོ། ༈ །ཨི་ཥུ་འདོད་པ་ལའོ། ། ཨུ་ཡལ་ཨིཥ྄་ཎཔ྄་གཉིས་བརྗོད། གསུམ་པ་དབྱངས་འཕེལ་གྱི་ཡན་ལག་མི་འཕེལ། ཨི་ ཨིཥ྄་ཨིཥ྄་ཨ་བྱུང༌། ཐོག་མའི་ཧ་ས་སོགས་ཥ྄་མི་སྣང༌། ཨིཨིཨིཥ྄་ཨ་བྱུང༌། ཨི་བར་བ་ཡ྄། ཕྱི་མ་ལ་ཡོན་ཏན། ཡ྄་དང་ཥ྄་དྲངས ཨི་ཡེ་ཥ། ཞེས་སོ། ༈ །ཨིཥ྄་ཨཏུས྄། གཉིས་བརྗོད། 19-1-514 ཥ྄་དང་པོ་ཡལ། མཚུངས་འདྲ་རིང༌། དྲངས། རྣམ་བཅད ཨཱི་ཥ་ཏུཿ། ༈ ཨིཥ྄་ཨུས྄། ཨིཥ྄་ཨིཥ྄་ ཨུས྄་གོང་དང་འདྲ་བར་སྒྲུབས། ཨཱི་ཥུཿ། ཞེས་པ་ལ་སོགས་པའོ། ༈ །བྱིངས་རྣམས་ཀྱང་ནི་ མཐའ་ཡས་ཉིད། །སྣ་ཚོགས་དོན་ཉིད་ཐམས་ཅད་དུའོ། །ཁམས་རྣམས་མངོན་གསལ་ནུས་ ཇི་བཞིན། །ཀུན་བཤད་རྫོགས་པར་བཤད་པའོ། །ཞེས་འགྲེལ་བར་འབྱུང་སྟེ། བྱིངས་མང་པོ་ དང་རེ་རེ་ཡང་དོན་མང་པོ་དང༌། དེ་དག་གི་བྱིངས་ཀྱི་དོན་གསལ་བར་བརྗོད་དགོས་པ། རང་ གི་ནུས་པ་དང་འཚམ་པ་ཀུན་ནས་བཤད་པའི་དོན་ཚང་བར་བཤད་ཟིན་ཞེས་པ་སྟེ། རྒྱ་སྐད་ དུ། ཤཀྱ་མིཏྱ་ལཾ། ཞེས་འབྱུང་བའི་ཨ་ལཾ་གང་བའི་དོན་ཡིན་དེ་ནི་རྫོགས་པ་དང་ཆ་ཚང་བའི་ དོན་ནོ། །ཀུན་ནས་བཤད་པར་མིང་བཏགས་པ་ཏིཔ྄་སོགས་རྣམ་དབྱེའི་རབ་ཏུ་བྱ་བ་རེ་ཞིག་ བཤད་ཟིན་ཏོ།། །། ༒ ད་ནི་བྱིངས་ལས་མིང་དུ་སྒྲུབ་པ་ཀྲྀཏ྄་རྐྱེན་ནམ་བྱེད་པོའི་རྐྱེན་གྱི་སྒྲུབ་ཚུལ་རྣམས་ བཤད་པར་བྱའོ། །དེ་ཡང་ཀྲྀཏ྄་ཞེས་པ་བྱེད་པ་པོ་དང་བྱེད་པ་གཉིས་ཀ་ལ་འཇུག བྱེད་པ་ ཡང་བྱེད་པོའི་ཆ་ཤས་ཡིན་པས་བྱེད་པོའི་རྐྱེན་ཞེས་བྱས་མོད། འདིར་ཐུན་མོང་དུ་གོ་བའི་ ཕྱིར་བྱེད་རྐྱེན་ཞེས་བྱའོ། །ཀྲྀཏྐ་རྟ་རི། བྱེད་པ་པོ་ལ་ཀྲྀཏ྄འོ། །འཆད་པར་འགྱུར་བ་ཏྲ་དང་ བུཎལ྄་སོགས་པའི་རྐྱེན་རྣམས་ལ་ཀྲྀཏ྄་རྐྱེན་ཞེས་བྱ་སྟེ། གཙོ་བོར་བྱེད་པ་པོའི་དོན་ལ་སྟེར་བ་ ཡིན་ནོ། །དེ་ཡང་སི་སོགས་ཏི་སོགས་དེ་དག་ཚིག་ཏུ་སྒྲུབ་པའི་རྐྱེན་ཡིན་ལ། འདི་ནི་མིང་དུ་ སྒྲུབ་པའི་རྐྱེན་མིང་རྐྱེན་ཞེས་ཀྱང་བྱའོ། །སི་སོགས་ནི་ངོ་བོ་དང་བྱ་བ་དང་བྱེད་པོ་མིང་གཅིག་ ལ་བརྟེན་པའི་དོན་གྱི་དབྱེ་བ་མང་པོ་སྟོན་པ་དང༌། ཏིཔ྄་སོགས་ནི་དུས་དང་བྱ་བའི་རབ་དབྱེ་ མང་པོ་ཞིག་སྟོན་ཅིང༌། གཉིས་ཀས་ཀྱང་གཅིག་གཉིས་མང་པོ་དབྱེ་བ་མཐའ་ཡས་སྟོན་པའི་ ཕྱིར་རྣམ་དབྱེ་ཞེས་ཟེར་ལ། འདིར་མིང་ཙམ་དུ་སྒྲུབ་པ་དངོས་པོ་དང༌། བྱེད་པ་སོ་སོའི་དོན་ ཙམ་ཞིག་གཙོ་བོར་སྟོན་གྱི། དོན་གྱི་ལྡོག་ཆ་མཐའ་ཡས་པ་མི་སྒྲུབ་པས། ཀྲྀཏ྄་རྐྱེན་ལ་རྣམ་ 19-1-515 དབྱེ་མི་ཟེར་རོ། ། ཏྲྀ་བུ་ཎཽ། ཏྲྀ་དང་བུཎ྄་དག་གོ །རྐྱེན་མང་པོ་དག་ལས་ཐོག་མར་ཏྲ་རྐྱེན་དང་བུ་པཎ྄འི་རྐྱེན་ གྱི་བྱ་བ་བཤད་པར་བྱའོ། ༈ །ཌུ་པཙ྄ཥ྄་འཚེད་པ་ལའོ། །པཙ྄་ཏྲྀ་བཞག ཙུའི་ཀུའོ། །ཙ྄ཀ྄་ པཀ྄་ཏྲྀ་དྲངས་པཀྟྲམ། སོ་རཱ། སིའི་ཨཱའོ། །མིང་གི་བརྡ་ཆད་ཅན་དུ་སི་སོགས་རྣམ་དབྱེའོ་ ཞེས་འབྱུང་སྟེ། མིང་དུ་གྲུབ་པ་མཚོན་བྱེད་དུ་སི་སོགས་རྣམ་དབྱེ་སྟེར་དགོས་པ་ལས་སྐབས་ འདིར་རྐྱེན་རྀ་ཡིག་མཐར་སི་བྱིན་ན་སི་དེ་ཨཱ་རིང་པོར་བསྒྱུར་དགོས་ལ། དེ་ཌིཏ྄་ཡིན། ཌིཏ྄་ ལ་ཊི་ཡལ། ལྷག་མའི་ཡི་གེ་ཨཱ་རིང་པོ་ལ་འདྲེན་ནོ། །པཀྟྲམ་སི་བཞག་སི་ཨཱ། ཊི་དབྱི། ཀྟ་ཨཱ་ ལ་དྲངས། པཀྟཱ། གྲུབ། ༈ པཀྟྲམ་ཨཽ་འདི་མི་འགྱུར་བས་ཌིཏ྄་མིན། དེས་ན། ཊི་མི་བསུབ་ འདིར་ཊི་རྀ་འཕེལ། ཨཱར྄་དུ་འགྱུར་ར྄་ཨཽ་ལ་དྲངས། པཀྟཱ་རཽ། ༈ དེ་དང་འདྲ་བ་ལ་པཀྟྲྀ་ཛས྄་ ཛ྄་ཡལ་ས྄་རྣམ་བཅད། པཀྟཱ་རཿ། ༈ ཌུ་ཀྲྀཉ྄་བྱེད་པ་ལའོ། །ཀྲྀ་ཏྲྀ་བཞག་ཀྲྀ་ཡོན་ཏན་ཀརྟྲམ་སི་ སི་ཨཱ་ཊི་མི་སྣང༌། དྲངས། ཀརྟཱ། ༈ ཀརྟྲམ་ཨཽ། རྀ་ཨཱར྄་པཀྟཱ་རཽ། ༈ གོང་དང་འདྲ། ཀརྟཱརཿ། ༈ ཧྲྀཉ྄་འཕྲོག་པ་ལའོ། །ཧྲྀ་ཏྲི་ཧྲྀ་ཡོན་ཏན་ཧརྟྲམ་སི་ཨཱ། ཊི་ཡལ། ཧརྟཱ། ༈ ཧརྟྲམ་ཨཽ་འཕེལ་བ་ དྲངས། ཧརྟཱ་རཽ། ༈ ཧརྟྲམ་ཛས྄་ཨས྄་འཕེལ། ཧ་རྟཱ་རཿ། ༈ ཀྲྀ་ཏཿ། ཀྲྀཏ྄་ལའོ། །བྱིངས་བྷཱུ་སོགས་གསལ་བྱེད་མཐའ་ཚུ་རོལ་ན་ཡོད། ཕ་རོལ་ པས་སོ་སོར་བསྡུ་བའི་ཡི་གེ་དང་པོ་ཅན་གྱི་ཀྲྀཏ྄་རྐྱེན་ཡོད་ན། ཨིཊ྄་ཨཱ་ག་མ་སྟེར་རོ། །བྷཱུ་ཏྲི་ བཞག བྱིངས་ལ་ཡོན་ཏན་བྷ་ཨོ། ཨབ྄། བྷ་བ྄་ཏྲྀ། བ྄་དང་ཏྲྀ་བར་དུ་ཨིཊ྄་ཊ྄་ཡལ། བྷ་བི་ཏྲྀ་ སི་ཨཱ་རྀ་ཕྱིས། བྷ་བི་ཏྲཱ། ༈ བྷ་བི་ཏྲྀ་ཨཽ་འཕེལ་བ་དྲངས། བྷ་བི་ཏཱ་རཽ། ༈ ཛས྄་ལ་གོང་བཞིན། བྷ་བི་ཏཱ་རཿ། ༈ ཨེ་དྷ་འཕེལ་བ་ལའོ། །ཨེ་དྷི་ཏྲྀ་ཨིཊ྄། ཨེ་དྷི་ཏྲྀ། སི་ཨཱ། ཊི་མི་སྣང༌། ཨེ་དྷི་ཏཱ། ༈ ཨཽ་རྀ་ཨཱར྄། ཨེ་དྷི་ཏཱ་རཽ། ༈ ཛས྄་ལ་ཨེ་དྷི་ཏཱ་རཿ། ༈ ཨཱུ་དི་ཏོ་བཱ། ཨཱུཏ྄་ཨིཏ྄་ཡང་ནའོ། །ཨུཏ྄་ཅེས་པ་ཨུ་ཡིག་གི་མིང་ཡིན། ཨིཏ྄་ཅེས་ཕྱིས་ 19-1-516 པའི་ཡུལ་གྱི་མིང་ཡིན། དེས་ན་ཡང་བྱིངས་གསལ་བྱེད་མཐའ་ཅན་ཡིན་ཡང༌། ཨུ་ཡིག་ཕྱིས་ པ་ལ་ཡང་ན་བ་སྟེ། གུ་བུ་སྲུང་བ་ལའོ། །པ྄འི་དབྱངས་ཨུ་དགོས་དོན་ཡིན་པས་ཕྱིས། གུཔ྄་ཏྲྀ་ ཞེས་པ་གཉིས་བཞག གུ་ཡོན་ཏན་གོ །ཡང་ན་ཨིཊ྄་གོ་བོ་ཏྲ་ཞེས་པ་བྱུང་ཡང༌། ཨིཊ྄་མེད། གོཔྟྲམ་བྱུང༌། གོ་པི་ཏྲྀ་སི་ཨཱ། ཊི་ཕྱིས། གོ་པི་ཏཱ། ཡང་ན་གཔྟྲམ་སི་ཨཱ་སོགས་གོ་པྟྲ། བ་ལང་འཚོ་རུ་ ཆུག་ཅེས་པའི་དོན་ནོ། ༈ །ཨཽ་ལ། གོ་བི་ཏཱ་རཽ། གོ་པྟཱ་རཽ། ༈ ཛས྄་ལ་གོ་པི་ཏཱ་རཿ། གོཔྟཱ་རཿ། ༈ ཥ་ཧ་བཟོད་པ་ལའོ། ཥཧ྄་ཏྲྀ། དང་པོའི་ཥ྄་ཎ྄་ནི་ས྄་ན྄འོ། །ཞེས་པས་ཥ་ཡིག་ས་ཡིག་སྟེ། སང྄་ཏྲྀ། ས་ཧ་བ་ཧོ་རཽ་ད་བརྞ་སྱ། སཧ྄་བཧ྄་དག་གི་ཨ་ཡིག་ཨོའོ། །བྱིངས་སཧ྄་དང་བཧ྄་ལ་ ཏྲྀ་རྐྱེན་བྱུང་ན། དབྱངས་ཀྱི་ཨ་ཡིག་རིང་ཐུང་གང་ཡིན་ཀྱང་ཨོ་ཡིག་ཏུ་འགྱུར་རོ། །སཧ྄་སོཧ྄་ བཧ྄་བོཧ྄་རུ་འགྱུར། ཧ་ཡི་ཌྷའོ། །ཧ་ཌྷ། ཏ་ཐ་དག་གི་དྷའོ། །ཏྲི་དྷྲྀ་ཥ་ཊུ་རྣམས་ལས་ཥྚུའོ། །དྷྲྀ་ ཌྷྲྀ་ཌྷ་སྔ་མ་དབྱི། རིང་པོར་ཡོད་ཡོད་པའོ། ༈ །སོཌྷྲི་སི་ཨཱཿཊི་ཡལ། སོ་ཌྷཱ། བཟོད་པར་བྱེད་ དུ་ཆུག སོ་ཌྷཱ་རཽ། སོ་ཌྷཱ་རཿ། ༈ བོ་ཌྷྀ་ཏྲྀ། ཧ྄་བྷ྄། ཏ྄་བྷ། དྷ་ཌྷ། ཌྷ྄་སྔ་མ་ཡལ། དང་པོ་རིང་པོར་ གདོད་ནས་གྲུབ། བོ་ཌྷྲྀསི་ཨཱ་ཊི་ཡལ། ཐོབ་པར་བྱེད་དོའི་དོན་ལ། བོ་ཌྷཱ། བོ་ཌྷཱ་རཽ། བོ་ཌྷཱ་རཿ། དེ་དག་ཏྲྀའི་བྱ་བའོ།། །། ༈ ད་ནི་བུ་ཉ྄འི་བྱ་བ་བཤད་དེ། ཡུ་བོ་ར་ནཱ་ཀཽ ཡུ་བུ་དག་ཨ་ན་ཨ་ཀའོ། །ཡུ་ཞེས་ཡུ་ རྐྱེན་བུ་ཞེས་བུཉ྄འི་རྐྱེན་ཏེ། དེ་དག་ལ་ཡུ་ཞེས་པ་ཨན་དང༌། བུཉ྄འི་ཉ྄་ཕྱིས་ནས་བུ་ཞེས་པ་ ཨ་ཀ་རུ་བསྒྱུར་བ་ཡིན། ༈ དེ་གཉིས་ལས་ཐོག་མར་བུཉ྄འི་བྱ་བ་ནི། ཙིཏ྄་ཉིད་ལ་ཨཏ྄་ཀྱི་ ཨུ་པ་དྷཱའོ་ཞེས་པས། ཨ་ཀ་རུ་བསྒྱུར་ཟིན་པའི་ཨུ་པདྷཱ་ཨ་ལ་འཕེལ་བ་ཨཱ་འབྱུང་ངོ༌། །འཚེད་ པར་བྱེད་དོ། །ཞེས་པའི་དོན་ལ། བཙ྄་བུཉ྄་ཞེས་པ་བཞག ཉ྄་ཡལ། བུ་ཨ་ཀ། བུཎ྄་ཎིཏ྄་ཡིན་ པས་བྱིངས་ཀྱི་ཨུ་པ་དྷཱ་ཨཱ་རིང་པོར་སོང༌། ཙ྄་དྲངས། པཱ་ཙ་ཀ་རྣམ་དབྱེ་དང་པོ་སི་བྱིན། དེ་ རྣམས་བཅད། པཱ་ཙ་ཀཿ། ཞེས་པ་གྲུབ། པཱ་ཙ་ཀ་ཞེས་པའི་མིང་དེ་ལྟར་སྒྲུབས། རྣམ་དབྱེ་ཨཽ་ 19-1-517 སོགས་ལྷག་མ་རྣམས་དེ་བའི་སྒྲ་དང་སྒྲུབ་ཚུལ་འདྲའོ། ༈ །པཋ྄་གསལ་པོར་བརྗོད་པ་ལའོ། ། པཋ྄་བུཉ྄་ཨ་ཀ་རུ་སོང་དྲངས། པ་ཋ་ཀ། སི། རྣམ་བཅད ཀློགས་ཤིག་པའི་དོན་ལ། པཱ་ཋ་ ཀཿ། པཱ་ཐ་ཡ་ཏི། ཀློག་ཏུ་ཆུག་ཅིག་པའི་དོན་ཡང་ཡིན། ལྷག་མ་འདྲ། ༈ ཌུ་ཀྲྀཉ྄་བྱེད་པ་ལའོ། ། བྱེད་དོ་ཞེས་དང༌། བྱེད་དུ་ཆུག་ཅེས་པའི་དོན་ལ། ཀྲྀ་བུཉ྄་ཨ་ཀ་རྀ། ཨཱར྄་རིང་པོ་དྲངས། ཀཱ་ ར་ཀ་སི་རྣམ་བཅད། ཀཱ་ར་ཀཿ། ཀཱ་ར་ཀཽ འདྲ་རིང༌། ཀཱ་ར་ཀཱཿ། ༈ བྷཱུ་བུཎ྄་ཎ྄་འཕེལ་བའི་དོན་ ཏེ་ཡལ། བུ་ཨ་ཀ་རུ་བསྒྱུར། བྷཱུ་འཕེལ་བ་བྷཽ་ཨཽ་ཨབ྄་བ྄་ཨ་ཀའི་ཨ་ལ་དྲངས། སི་རྣམ་བཅད། བྷཱ་བ་ཀཿ། བྷཱ་བ་ཀཽ། བྷཱ་བ་ཀཱཿ། ༈ ཡང་བྱིངས་ལཱུཉ྄། ཉ྄་མི་སྣང༌། ལུ་ནཱ་ཏི། གཅོད་པར་བྱེད་ དོ། །ལཱ་བ་ཡ་ཏེ། གཅོད་དུ་འཇུག་གོ །ཞེས་པའི་དོན་ལ། ལཱུ་བུཎ྄་ཨ་ཀ་འཕེལ་བ། ལཽ་ཨཽ་ ཨཱབ྄། སི་རྣམས་བཅད། ལཱ་བ་ཀཿ། ལཱ་བ་ཀཽ་ལཱ་བ་ཀཱཿ། ༈ ཡུ་འདྲེས་པ་ལའོ། །ཡཽ་ཏི། བསྲེས་ སོ། །ཡཱ་བ་ཡ་ཏི། སྲེ་བར་བྱེད་འཇུག་གོ །དེའི་དོན་ལ་ཡུ་བུ་ཎ྄་ཨཀ་འཕེལ་བ། ཨཱབ྄་དྲངས སི་ཡཱ་བ་ཀཿ། ཡཱ་བ་ཀཽ། ཡཱ་བ་ཀཱཿ། ༈ པཱུཉ྄་རྣམ་པར་དག་པ་ལའོ། །པཱུ་པུཎ྄་ཨ་ཀ་འཕེལ་བ ཨཱབ྄་དྲངས སི་པཱ་བ་ཀཿ། པཱ་བ་ཀཽ །པཱ་བ་ཀཱཿ། ལ་སོགས་པའོ། །དེས་བུ་ཉའི་བྱ་བ་བཤད་ ཟིན་ཏོ།། །། ༈ ནཱ་མྱུ་པ་དྷཱཏྐཿ། ནཱ་མིའི་ཨུ་པ་དྷཱ་ལས་ཀའོ། །བྱིངས་ཀྱི་ཨུ་པ་དྷཱ་ནཱ་མིའི་ཡི་གེ་ཡིན་པ་ དེ་ལ། ཀྲྀཏ྄་རྐྱེན་ཀ་ཡིག་འཇུག་སྟེ། ཀ྄་ཡིག་ཡོན་ཏན་དགག་པའི་དོན་ཡིན་པས་ཕྱིས་ཏེ་ཨ་ འཇོག་གོ །ཀ་རྐྱེན་བྱུང་ཡང་ནཱ་མི་ཨུ་པ་དྷཱ་ཅན་གྱི་གསལ་བྱེད་མཐའ་མི་དབྱིའོ། ༈ །ཀྵིཔ྄་ བྱེད་དུ་འཇུག་པ་ལའོ། །ཀྵི་པ་ཏི། བྱེད་དུ་ཆུག་ཅིག་ཅེས་པའི་དོན་ལ་ཀྵིཔ྄་ཀ་ཀ྄་རྗེས་འབྲེལ་ ཏེ་ཡོན་ཏན་དགག་པའོ། །ཨ་བཞག་པ྄་ཨ་ལ་དྲངས། ཀྵིཔ་སི་རྣམ་བཅད། ཀྵི་པཿ། ཀྵི་བཽ། ཀྵི་པཱཿ། ༈ བྷི་དི་ར྄་རྣམ་པར་འཇོམས་པ་ལའོ། །བྷི་ནནྟི་འཇོམས་པར་བྱེད་དོའི་དོན་ལ། བྷི་ དིར྄་ཨིར྄་སོང༌། ཀ་ཨ་བཞག དྲངས། སི་བྷི་དཿ ལ་སོགས་པའོ། ༈ །ཛྙཱ་ཁོང་དུ་ཆུད་པ་ལའོ། ། 19-1-518 ཨཱ་ཡིག་མཐའ་ཅན་གྱི་བྱིངས་ཕ་རོལ་ཨཔ྄་མེད་པ་ལ་བྱིངས་མཐའི་ཨཱ་ཡིག་དབྱི་བར་འགྱུར་ རོ། །ཇི་སྐད་དུ། ཛཱ་ན་ལ་ཡང་ཀའོ། །ཞེས་འབྱུང་བས་ཨཱ་མཐའ་དབྱི་བ་དེ་ཡང་ཀྲྀཏ྄་རྐྱེན་ཀ་ བྱུང་ན་ཡིན་གྱི། གཞན་མ་ཡིན་ནོ། །ཛ་ནཱ་ཏི། ཤེས་པར་བྱེད་དོའི་དོན་ལ། ཛྙཱ་ཀ་ཨ། ཊི་ཡལ། ཨ་ཐུང་ལ་དྲངས། སི་ཛྙཿ། ཛྙཽ། ཛྙཱཿ། སོགས་སོ། ། ༈ པཙི་ནཾ་དི་གྲ་ཧཱ་དེ་ར་ཡུ་ཎི་ནི། པ་ཙི་ནནྡི་གྲ་ཧཱ་སོགས་ལ་ཨ་ཡུ་ཎིནིའོ། །བྱིངས་པ་ཙ་ སོགས་ལ་རྐྱེན་ཨ་དང༌། ནཾ་དི་སོགས་ལ་རྐྱེན་ཡུ་དང༌། གྲཧ྄་སོགས་ལ་ཀྲྀཏ྄་རྐྱེན་ཎི་ནི་སྟེར་ཏེ། ཡུ་རྐྱེན་གྱི་ཨུ་དང་། རྐྱེན་ཎི་ནི་ཞེས་པའི་ཎ྄་འཕེལ་བའི་དོན་དང༌། ནིའི་ཨི་བརྗོད་དོན་ཡིན་ པས་དབྱིའོ། ༈ །དེ་ཡང་འདི་ལྟར་པཙ྄་ཨ་དྲངས། སི་པ་ཙཿ། འཚོད་པར་བྱེད་དོ་ཞེས་སོགས་ སོ། ༈ །བེརྟི་རིག་པར་བྱེད་དོ་ཞེས་པ་ལ་བིད྄་ཨ་ཡོན་ཏན་བེ་དྲངས། སི་བེ་དཿ སོགས་སོ། ༈ །སྨྲ་བར་བྱེད་དོའི་དོན་ལ། བིད྄། ཨ། སི། གོང་བཞིན་སྒྲུབས་བ་དཿསོགས། ༈ དི་བུ་ རྩེ་བ་ལའོ། །དིཔ྄་ཨ་ཡོན་ཏན་དྲངས། སི་དེ་བཿ། དཱི་བྱ་ཏི། རྩེད་མོ་བྱེད་དོ་ཞེས་པའི་དོན་ ནོ། ༈ །ཀྵིབུ་བསྙེན་པ་ལའོ། །ཨུ་བརྗོད་དོན ཀྵིཔ྄་ཨ་བཞག་ཀྵ་ས་རུ་བསྒྱུར་སིཔ྄་ཨ་བྱུང་ ཡོན་ཏན། སེ་དྲངས། སི་སེ་བཿ། སེ་བ་ཏི་ཞེས་ཉེ་བར་བསྙེན་ནོའི་དོན་ཏོ། །བ་ཙ་སོགས་སོང་ ངོ༌། ༈ །ཊུན་དི་ནོར་གྱི་ཚོགས་ལའོ། །ཊུ་དང་ཨི་ཕྱིས། ཎད྄་བྱིངས་སོ། །ཨིཏ྄་ཨཏ྄་ལ་ནུམ྄འོ། ། ཞེས་པས། བྱིངས་ཀྱི་དཀྱིལ་དུ་ནུམ྄་ཨཱ་ག་མ་སྟེར་ཏེ། ཨིཏ྄་སྟེ་ཨི་ཡིག་ནི། ཨིཏ྄་ཀྱི་ཐ་སྙད་ འཇུག་པ་ནི་ཕྱིས་པ་དེ། འདིར་དི་ཞེས་པའི་ཨི་ཕྱིས་པ་ལྟ་བུའོ། །ཎད྄་ཡུ་བྱིངས་ཀྱི་དང་པོ་ཎ་ ནའོ། །ནད྄་ཡུ། ཡུ་ཨ་ན་རུ་བསྒྱུར་ན་དང་ད྄འི་བར་དུ་ནུམ྄། ན་ནུམ྄་ད྄་ཨན་ཞེས་པ་བྱུང༌། མ྄་ དང་ཨུ་ཡལ། ན྄་ང་རོ་ད྄་ཨ་ལ་དྲངས། སི་ནཾ་ད་ན། ཕྱུག་པོར་བྱས་སོ། །ནནྡ་ཏི། ༈ ར་མ་ དགའ་རྩེད་ལའོ། །རམ྄་ཡུ། ཡུ་ཨན། ཨི་ཕྱིས་པའི་ཡུལ་མིན་པས་ནུམ྄་མེད། དྲངས། ཥ་ར་ ར་སོགས་ན་ཎ་སི། ར་མ་ཎཿ། ༈ བཱ་མ་དང་ཀྲ་མ་དགའ་བ་ལའོ། །བཱམ྄་ཡུ་ཨན་དྲངས། སི་ 19-1-519 བཱ་མ་ཎཿ། ༈ ཀྲམ྄་ལ་ཡང་དེ་དང་འདྲ། ཀྲ་མ་ཎཿ། དགའ་བར་བྱེད་དོ། །ཞེས་སོ། ༈ །ཨརྡྡ་ དང་མརྡྡ་འཛོམས་པ་ལའོ། །ཨརྡ྄། ཡུ། ཨན། ཛན་གོང༌། ཛན྄་ཨརྡ། ཨན྄། འདྲ་བ་རིང་པོ་ དྲངས་སི། ཛ་ནཱརྡ་ནཿ། འགྲོ་བ་འཇོམས་བྱེད་དམ་འགྲོ་བས་མཆོད་པའོ། ༈ །མརྡ་ནཿ། ཡང་ དེ་དང་འདྲའོ། ༈ །རུ་སྒྲ་ལའོ། །འདིར་ཡུ་རྐྱེན་གྱི་ཁྱད་པརཡུཎ྄འི་བྱ་བ་ནི། རོཪྻུ་ཎ྄། རུའི་ ཡུཎ྄འོ། །རུ་ཞེས་པའི་བྱིངས་ལ་རྐྱེན་ཡུཎ྄་སྟེར། ཎ྄་ཡིག་འཕེལ་བའི་དོན་ཏེ་དབྱི། རཽ་ཏི། སྒྲ་ བྱས་སོ། །རྭ་པ་ཡ་ཏི། སྐད་ཆེན་པོ་བྱེད་དུ་འཇུག་གོ །དོན་འདི་ལ་རུ་ཡུཎ྄་ཎ྄་སོང༌། ཡུ་ཨ་ན། འཕེལ། རཽ་ཨཱཔ྄་དྲངས སི་རཱ་བ་ཎཿ། ནཾ་དི་སོགས་ལ་ཡུ་བཤད་ཟིན་ཏོ།། །། ༈ གྲཧ྄་སོགས་ནི་འདི་ལྟ་སྟེ། གྲཧ྄་ཎི་ནི་བཞག ཎ྄་དང་ཨི་འོག་མ་ཕྱིས། གྲཧ྄་ཨིན྄་ བྱུང༌། ཎ྄་འཕེལ་བའི་དོན་ཏེ་གྲཱ་དྲངས། ཥ་ར་རྀ་ཐོབ། གྲཱ་ཧིན྄་གྲུབ་སི་ཨིན྄་གྱི་སི་དང་ཤའོ་ ཞེས་པས་སི་ཡལ། ནཱ་མི་ལ་ན྄་སོང༌། གྲཱ་ཧཱི་ཞེས་སོགས་སོ། ༈ །དེ་བཞིན་དུ། ཙར྄་ཎི་ནི་ཙར྄་ ཨིན྄་འཕེལ་བ་དྲངས། སི་དབྱི། ཨིན྄འི་ན྄་སོང་བི་སྔོན་དུ་བཞག བི་ཙཱ་རཱི། དཔྱོད་ལྡན་ནོ། ། ༈ དྲྀ་ཤཱ་དེཿཤཿ། དྲྀཤ྄་ལ་སོགས་པའི་ཤའོ། །དྲྀཤ྄་ལ་སོགས་པའི་བྱིངས་ལ་ཀྲྀཏ྄་རྐྱེན་ ཤ་ཞེས་པ་སྟེར་རོ། །རྐྱེན་ཤ྄་ཡིག་ནི་བྱ་བའི་དོན་ཏེ་དབྱིའོ། །ཤི་ཏི་ཙ་ཏུརྦཏ྄། ཤིཏ྄་བཞི་པོ་ དང་འདྲའོ། །ཤིཏ྄་ཅེས་པ་ཕྱིས། དབྱི་བར་བྱ་རྒྱུའི་ཤ྄་ཡིག་དང་བཅས་པའི་རྐྱེན་ཏེ། ཤ྄་ཕྱིས་ པའི་ཨ་ཡིག་གོ །བཞི་པོ་རྣམས་ཞེས་པ་བྱིངས་ཐམས་ཅད་པའི་སྡེ་ཚན་བཞི་པོའི་སྐབས་སུ་ བཤད་པ་བཞིན་ནོ་ཞེས་པ་སྟེ། ཀུན་ནས་བསྒྱུར་བའི་ཁྱད་པར་བཤད་པ་སོགས་ཀྱི་སྐབས་ལ་ དགོངས་པའོ། ༈ །དྲྀཤ྄་ཤཤ྄་ཡལ། ཨ་བཞག དྲྀཤ྄་པ་ཤྱ་རུ་བསྒྱུར་རོ། །དྲངས། ཨུཏ྄་སྔོན་དུ་ བཞག སི་ཨུཏྤ་ཤྱཿ། སོགས་སོ། ༈ །དྷེ་ཌྷ྄་འཐུང་བ་ལའོ། །དྷེ་ཌྷྲཤ་ཌྷ྄་དབྱི། ཤ་ཨ། ཨེ་ཨཡ྄་ ཨུཏ྄་སྔོན་དྲངས་སི་ཨུདྡྷ་ཡཿ། ཡང་ན་ཨུཏ྄་སྤངས། དྷ་ཡཿསོགས། ༈ དྷྨཱ་སྒྲ་དང་མེ་རབ་ཏུ་སྦྱོར་ བ་ལའོ། །དྷྨཱ་ཤ་ཤ྄་སོང་ཨ་དྷྨཱ་ནི་དྷ་མ྄་རུ་བསྒྱུར། ཨུཏ྄་སྔོན་གཞན་སྔ་མ་རྣམས་དང་འདྲ། ཨུདྡྷ་ 19-1-520 མཿ། ༈ པཱ་བཏུང་བ་ལའོ། །པཱ་ཤ་ཨ། པཱ་པིབ྄་རུ་སོང༌། གཞན་འདྲ། པི་བཿ། ཨུཏ྄་སྦྱར་ན། ཨུཏྤི་པཿ། ༈ གྷྲ་དྲི་སྣོམ་པ་ལའོ། །གྷྲཤ་ཨ་གྷྲཱ་ཞེས་པ། ཛི་གྷྲ་རུ་བསྒྱུར། དྲངས། ཛིགྷྲཿ། ཞེས་ སོ། །ཨུཏ྄་སྔོན་དུ་བཞག ཏ྄་ཛ྄་འགྲོ། དྲངས། ཨུཛྫི་གྷྲཿ། ༈ ཧན྄་འཚེ་བ་ལའོ། །ཧན྄་ཤ། ཨ་དབྱངས་ལ་ཨུ་པ་དྷཱ་དབྱི། ཧ྄་གྷ྄ གྷ྄ན྄་ཨ་ལ་དྲངས སི་གྷྣཿ། གོ་ཞེས་པ་ལྟ་བུ་མིང་གོང་དུ་ བཞག གོགྷྣཿ། བ་ལང་གསོད་པའོ། ༈ །བིད྄་ཤ་ཨ། མུཾ་ཨཱ་ག་མ་བི་དང་ད྄འི་བར་དུ་བཞག མ྄་ཨུ་ཕྱིས མ྄་ང་རོ། བིནྡ་སི་གོ་གོང་དུ་བཞག གོ་བིནྡཿ། ཏུད྄་སོགས་ལ་ཨའོ་ཞེས། ཨཱ་ལྷག་ པོ་སྦྱིན་པའི་ལུགས་གཅིག་ཡོད་ཀྱང་མི་དགོས་སོ། ། ༈ ཛྭ་ལཱ་དེརྞཿ། ཛྭ་ལ་སོགས་ལ་ཎའོ། །བྱིངས་ཛྭ་ལ་སོགས་ལ་རྐྱེན་ཎ་འབྱུང་བར་འགྱུར་ རོ། །ཎ་འཕེལ་དོན་ཏེ་དབྱི། ཨ་བཞག ཛྭ་ལ་འབར་བ་ལའོ། །ཛྭ་ལ྄་ཎ྄་ཨ་འཕེལ་བ་ཛྭཱ་དྲངས་ སི་ཛྭཱ་ལཿ། ༈ ཏ་པ྄འི་བྱིངས་ཀྱང་དེ་དང་འདྲ། ཏཱ་པཿ། ༈ པ་ཐི་འགྲོ་བ་ལའོ། །པ་ཐ྄་ཎ྄་ཨ་ཨུ་ པ་དྷཱ་རིང༌། མུམ྄ པཱ་དང་ཐའི་བར་དུའོ། །ཨུམ྄་ཕྱིས། ང་རོ་དྲངས། སི། པཱནྠཿ ༈ ཀཪྻེ་ཨཎ྄། ལས་ཀ་ལ་ཨཎ྄འོ། །ལས་དང་བྱ་བ་གཉིས་སྡོམས་ནི། ཀཪྻ་སྟེ་ལས་ཀའོ། །དོན་དེ་དང་སྦྱོར་ བའི་ཕྱིར་དུ། ཨཎ྄་གྱི་ཀྲྀཏ྄་རྐྱེན་སྟེར་རོ། །མིང་གཞན་ཐོག་མ་བཞག་པའི་བྱིངས་ལ། འཕེལ་ བ་སྟེ་འདིར་ཎ་དང་བཅས་པས་ཀྱང་ངོ༌། ༈ །ཀྲྀ་ཨཎ྄ ཎ྄་ཡལ། ཨ། མིང་ཀུམྦྷ་གོང༌། འཕེལ་ བ། ཀཱ་ར྄། ཀུམྦྷ་ཀཱརཿ། ༈ ཀྲྀ་ཨཎ྄་ཎ྄་ཡལ། གྲཾ་ཐ་གོང་འཕེལ་བ། ཨཱར྄་དྲངས། སི་གྲནྠ་ཀཱ་ རཿ། ༈ ཨཱ་ཏོ་ཌཿ། ཨཱཏ྄་ཀྱི་ཌའོ། །ཨཱ་ཡིག་མཐའི་བྱིངས་ལ། ལས་ཀའི་དོན་དུ་ཌ་རྐྱེན་སྟེར་ཏེ། ནཱམྣི་ཙ། མིང་ཅན་ཡང་ངོ༌། །མིང་ཐོག་མའི་བྱིངས་སུ་འགྱུར་བ་ལ་ཡང་ཌའི་རྐྱེན་ནོ། །དཔེར་ ན་དཱ་ཌ། ཌ་རྗེས་འབྲེལ། ཨ་ཌིཏ྄་ལ་ཊི་དབྱི། བྱིངས་ད྄་དབྱངས་བྲལ། ཨ་ལ་དྲངས། གོ་ གོང་དུ་བཞག དྷ་ན་གོང་དུ་བཞག གོ་དཿ། བ་ལང་སྦྱིན་པ། དྷ་ན་དཿ། ནོར་སྟེར་རོ། ༈ །པཱ་ 19-1-521 བཏུང་བ་ལའོ། །པཱཌ། ཌ྄་སོང༌། ཨ་ཊི་ཡལ། པ྄་དྲངས དྭི་གོང་སི་དྭི་པཿ། གཉིས་འཐུང་ ངོ༌། །གཉིས་སུ་འཐུང་བར་བྱེད་པས་སོ། ༈ །ཛན྄། ཌ྄་ཌ྄་སོང༌། ཛན྄། ཨ་ཊི་མི་སྣང༌། ཛ྄་ ཨ་དྭི་སྔོན སི་དྭི་ཛཿ། ༈ ཥྛཌ། སྠར་བསྒྱུར ཌ྄་ཡལ། ཨ་ཊི་མི་སྣང༌། གྲྀ་ཧ་གོང༌། དྲངས། སི་གྲྀ་ཧསྠཿ། ༈ དྲུ་འགྲོ་བ་ལའོ། །དྲུཌ། ཨ་ཊི་མི་སྣང༌། དྲ་ཨ་དྲངས། དྲྀ་ཤུཙ྄་སྔོན་དུ་བཞག ཤུ་ཙཿཤཱུ་དྲེ། ཤུ་ཙ་ནི་དྲ་ལ་ཤཱུའོ། །ཤུཙ྄་ནི་ཤཱུ་ཞེས་པས་བསྒྱུར། སི་རྣམ་བཅད། ཤཱུ་དྲཿ། གཙང་ སྦྲ་སོང་བ་སྟེ་དམངས་རིས་སོ། ། ༈ ཨུར་སཿས་ལོ་པོ་མུམྦཱ། ཨུ་ར་སའི་ས་ཕྱིས་པ་ལ་མུམ྄་ཡང་ནའོ། །ཨུརས྄། རྐྱེན་ཌ་ཕ་ རོལ་ཏུ་ཡོད་པ། བར་དུ་འགྲོ་བའི་བྱིངས་ཡོད་ན། ས་ཡིག་མི་སྣང་བ་དང༌། དེའི་ཤུལ་དུ་མུམ྄་ ཨཱ་ག་མའོ། །ཨུ་རས། གམླ ཌ། ལ་རྗེས་འབྲེལ། ཌ་ཨ། ཊི་ཨམ྄་ཡལ། ག྄་དྲངས། ས྄་དབྱི མུམ྄་ང་རོ། སི་ཨུ་རཾ་གཿ། མུམ྄་མི་བྱེད་ན། ཨུ་ར་གཿ། ༈ བི་ཧཱ་ཡ་སོ་བིཏ་ཙ། བི་ཧ་ཡ་སའི་བི་ཧ་ཡང་ངོ༌། །བི་ཧ་ཡས྄། ཞེས་པ་མིང་གི་བྱིངས་ཏེ་ འདི་དང་ཨུ་རས་སྒྲུབ་ཚུལ་སྤྱི་འདྲ་བ་ལས། ས་རུ་མ་ཟད། ཡ་ཡང་དབྱིའོ། །བི་ཧ་ཡས། གམ྄་ ཌ། ཌ྄་སོང༌། ཨཊི་ཡལ། ག྄་ལུས་དྲངས། ཨཱ་བི་ཧ་ཡས྄། བི་ཧ་ཞེས་པར་སོང༌། དེའི་ཤུལ་དུ་ མུམ྄། དེ་ང་རོ། སི། བི་ཧ་ཡ་སཱ་གཙྪ་ཏི། ནམ་མཁའ་ལ་འགྲོའོ། །ཞེས་པའི་དོན་ལ་བི་ཧཾ་གཿ། ཡང་ན་མུམ྄་སྤངས་པས། བི་ཧ་གཿ། ༈ ཨ་ཊཽ། ཨ་དང་ཊ་དག་གོ །མིང་ཡོད་ཅིང་མིང་དེ་དང་འབྲེལ་བའི་ལས་ཀའི་དོན་ལ་ རྐྱེན་ཨ་དང་ཊ་ཞེས་པ་དག་འབྱུང༌། དེའི་ཊ་ཡིག་ནི་ཨཱིཊཱ་ཀྱི་དོན་ཡིན་པས་ཕྱིས་ཏེ་ཨ་ཉིད་དོ། ། ཧྲ་ཨ ཡོན་ཏན། ཧྲ་ཨར྄་སོ་སོར། དྲངས་ཨསྠི་གོང༌། མིང་ཡིན། སི་རྣམ་བཅད མཐར། ཤྭཱ་སྦྱར། ཨསྠི་ཧ་རཿཤྭཱ། རུས་པ་ཁྱེར་རོ་ཁྱིས། ཞེས་སོ། ༈ །ཨསྠིའི་ཚབ་ཏུ། ཀ་བ་ཙ་བཞག ཤྭའི་ཚབ་ཏུ། ཀྵཏྟྲི་ཡཿ། ཀ་བ་ཙ་ཧ་རཿཀྵཏྟྲི་ཡཿ། གོ་ཆ་ཕྲོགས་སོ་རྒྱལ་རིགས་ཀྱིས། ༈ བྷཱ་ར་ 19-1-522 ཧ་རཿ། ཁུར་པོ་ཕྲོགས་སོ། །མུམ྄་བྱུང་ན་བྷཱ་རཾ་ཧ་རཿལ་སོགས་པའོ། ༈ དྷྲྀཉ྄་འཛིན་པ་ལའོ། ། དྷྲྀཨ། ཡོན་ཏན་དྷར྄་ཨ་དྲངས། དྷ་ནུ་གོང་། སི་དྷ་ནུ་དྷ་རཿཀུ་མཱ་རཿ། གཞུང་འཛིན་ནོ་གཞོན་ ནུས་སོ། །དེ་དག་ལ་ཨ་རྐྱེན་ནོ། ༈ །ཙར྄་ཊ ཊ྄་ཕྱིས་ཨ་བཞག དྲངས། ཙ་ར ཀུ་རུ་གོང་ སི་ཀུ་རུ་ཙ་རཿ། སྒྲ་མི་སྙན་དུ་སྤྱོད་པའོ། ༈ །ཡང་ན་ཨཱིཔ྄་འབྱུང་སྟེ། བུད་མེད་ཀྱི་རྟགས་སོ། ། གོང་ལྟར། ཀུ་རུ་ཙ་ར་སྒྲུབས། ཨཱིཔ྄་བཞག་པ྄་སོང༌། བྱིངས་མཐའ་ཡལ། དྲངས། ཀུ་རུ་ཙ་ རཱི། སྒྲ་མི་སྙན་དུ་སྤྱོད་པ་མོའོ་ཞེས་སོ། །ཨ་རྐྱེན་གྱི་མཐའ་མ་བྱིངས་ཐམས་ཅད་པའི་སྐབས་ དང་འདྲ། ཊ་ཨ་ཀྲི་མཐའ་རྣམས་ཙ་ར་སོགས་དང་འདྲ། ཞེས་འགྲེལ་བར་བཤད་དེ་རྣམ་དབྱེ་ སྦྱོར་ཚུལ་ལོ། ༈ །ཀྲྀཊ྄་ཨ། ཡོན་ཏན་དྲངས། ཤོ་ཀ་གོང་ཤོ་ཀ་ཀ་ར་བྱུང་། ཨཱིཔ྄ མཐར། ཀ་ ནྱཱ་ཞེས་བཞག ཤོ་ཀ་ཀ་རཱི་ཀནྱཱ། བུ་མོ་མྱ་ངན་བྱེད་དོ། །ཞེས་སོ། ༈ །ཡ་ཤཿཀ་རོ་ཏི། སྙན་ གྲགས་སྒྲོག་གོ །ཞེས་པའི་དོན་ལ། ཀཱ་རཱི་གོང་བཞིན་ཐོག་མཐར་མིང་བསྣན་པས། ཡ་ཤསྐ་ རཱི་བིདྱཱ། སྙན་གྲགས་བྱེད་དོ་རིག་པ་མོ། །ཞེས་སོ། ༈ །དེ་བཞིན་དུ། དྲྀ་རྣམ་པར་འཇོམས་ པ་ལའོ། །དྲྀཊ་ཨ་ཡོན་ཏན་དྲངས། ད་ར། པུར་མུམ྄་པུ་རཾ་གོང་སི། པུ་རཾ་ད་རཿ། པུ་རཾ་ད་ ར་ཡ་ཏི། གྲོང་སྡེ་བཅོམ་དུ་བཅུག་གོ ༈ །ད་ར་ལ་བྷ་ག་གོང་མུམ྄་སི་བྷ་གཾ་ད་རཿ། སྐལ་བ་ འཇོམས་པའོ། ༈ ཡམ྄་ཊ་དྲངས་བཱ་ཙ་གོང་མུམ྄། སི། བཱ་ཙི་ཡ་མཿ། ངག་འགོག་ཅེས་པའོ། ། ༈ ཨི་ཁ་ཁི། ཨི་ཁ་ཁིའོ། །གང་ཡང་མིང་དང་བཅས་པའི་བྱིངས་ཁ་དང་ཁི་དང་ཨི་སྟེ་ རྐྱེན་གསུམ་འཇུག་སྟེ་བྱིངས་ཉིད་ཀྲ་ཨི་ཡོན་ཏན། སྟམྦ་སྔོན་དང༌། བྲྀ་ཧི་འཇུག་ཏུ་སྦྱར། སི་ རྣམ་བཅད་བྲྀ་ཧི་སྟམྤཾ་ཀ་རོ་ཏི། འབྲུ་འདེབས་པར་བྱེད་དོ་ཞེས་པའི་དོན་ལ། སྟཾ་བ་ཀ་རི་བྲྀ་ཧི། ༈ ཨབླྀ་ཁྱབ་བྱེད་ལའོ། །ལྀ་རྗེས་འབྲེལ། ཨཔ྄་ཨི་དེ་བ་གོང༌། འདྲ་རིང༌། དྲངས་སི་རྣམ་ བཅད། དེ་བཱ་ནཱ་བྷོ་ཏི། ལྷས་ཁྱབ་བོ་ཞེས་པའི་དོན་ལ། དེ་བཱ་པིཿ། དེ་དག་ཨི་རྐྱེན་གྱི་དཔེའོ། ། ༈ ཁི་ཏི་པ་ད་སྱ། ཁ྄་ཨིཏ྄་ཚིག་གིའོ། །ཁ་རྐྱེན་བྱིན་རྗེས། ཨིཏ྄་ཀྱི་མིང་ཅན་ཏེ་གསལ་ 19-1-523 བྱེད་ཁ་ཉིད་ཕྱིས་པ་ལ་བྱིངས་ཀྱི་ཐོག་མར་སྦྱར་བའི་ཚིག་གི་མཐར་མུམ྄་ཨཱ་ག་མ་སྟེར་དགོས་ སོ། །ཀྲྀ་ཁ་ཀྵེ་མ་གོང་ཁ྄་ཕྱིས་ཨ་བཞག མ་དང་ཀྲྀ་བར་དུ་མུམ྄་ཨུམ྄་ཕྱིས་མ྄་ང་རོ། ཀྲྀ་ཡོན་ ཏན། ར྄་དྲངས། ཀྵེ་མཾ་ཀ་རཿ། བདེ་བར་བྱེད་དོ། ༈ །བད྄་ཁ། པྲྀ་ཡ་གོང༌། ཁ྄་ཡལ། ཨ་ མུམ྄་པྲྀ་ཡཾ་བ་དཿ། དེ་དག་ཁ་རྐྱེན་གྱི་དཔེ་ཡིན་ནོ། །དེ་བཞིན་དུ། བྷྲྀ་ཁི་ཨཱཏྨ་གོང་ཕྱིས། ཨི་བྷྲི་ ཡོན་ཏན་མུམ྄། ཨཏྨཾ་བྷ་རིཿ། བདག་རྒྱས་སོ། །འབྱོར་བ་ཐོབ་པའི་དོན་ནོ། ༈ །ཨུ་དར་བྷྲྀ་ཁི་ ཨི་ཡོན་ཏན། མུམ྄། ཨུ་ད་རཾ་བྷ་རིཿ། ལྟོ་བ་ཁེངས་སོ། །ཨུ་ད་རཾ་བི་བྷ་རྟི། ཞེས་སོ། །དེ་དག་ ཁི་རྐྱེན་གྱི་དཔེའོ། ༈ ཨེཛཱཾ་ཁ་ཤ྄། ཨེཛ྄་རྣམས་ཀྱི་ཁ་ཤ྄འོ། །ཨེ་ཛྲྀ་ཀམྤ་ནེ། ཨེ་ཛྲྀ་འདར་བ་ལའོ། །ཞེས་པའི་ བྱིངས་ཨེ་ཛྲྀ་སོགས་ལ། ཁཤ྄་ཞེས་པའི་རྐྱེན་འཇུག་གོ །རྐྱེན་གྱི་ཁ་ཡིག་ནི་གོང་བཞིན་ཐོག་ མའི་ཚིག་ལ་མུམ྄་སྟེར་བར་གོ་ཕྱིར་དང༌། ཤ྄་ཡིག་ནི་ལ་ཡིག་བཞི་པོ་བྱ་བ་མཚུངས་སོ་བའི་ བརྡ་ཡིན་པས་ཁ྄་གསལ་བྱེད་ཤ྄་གསལ་བྱེད་མི་སྣང༌། ཨ་བཞག་གོ །དཔེར་མཚོན་ན་ཨེ་ཛྲྀ་ རྀ་རྗེས་འབྲེལ། ཨེ་ཛྲ་ཁ་ཤ་བཞག ཁ྄་དང་ཤ྄་ཡལ་ཨ་གནས། ཉི་སྟེར། ཙུ་ར་སོགས་ལ་ཉིའོ། ཉ་ཐིམ། ཛ་ན་གོང༌། མུམ྄། ང་རོ། ཛ་ནཾ་ཨེ་ཛ྄་ཨི་ཨ་བྱུང༌། ཨི་ཡོན་ཏན། ཨེ་ཨཡ྄། ང་རོ་ཨེ་ ལ་དྲངས། ཛ྄་དང་ཡ྄་ཨ་སོ་སོར་དྲངས། སི་རྣམ་བཅད། ཛ་ན་མེ་ཛ་ཡ། གྲུབ། ཛ་ནཾ་ཨེ་ཛ་ཡ་ ཏི། སྐྱེ་བོ་རྣམས་འདར་བར་བྱེད་དོ། །ཞེས་པའི་དོན་ནོ། ༈ །འདིར་ཤ་ཡིག་ནི་ལ་ཡིག་བཞི་ བྱ་བ་མཚུངས་པར་འགྲེལ་པས་བཤད་ལ། དཔེ་ཁ་ཅིག་ལས་ཨཔ྄་བྱེད་པ་ལའོ། །ཞེས་པའང་ དྲངས་ཡོད་པས། ཨེཛ྄་ཨ་ཞེས་པའི་སྐབས་དེར། ཨཔ྄་བྱིན་དེ་ཕྱིས་པའི་ཡུལ་ལ་ཉི་སྟེར་ བ་དགོས་པར་མངོན་མོད། ཨཔ྄་བྱིན་མ་ཐག་དབྱི་དགོས་ཕྱིན་བླ་བཅོས་སུ་བྱས་ཀྱང་དོན་ འགྲུབ་པར་བསམས་ནས་མི་འགོད་པ་མང་ངོ༌། །འདིར་རིགས་ཅན་གོང་འོག་ཐམས་ཅད་དུ་ མང་མོད། འབྲི་བ་རང་ལེགས་སོ། །མ་ནུ་ཤེས་རིག་ལའོ། །ཨུ་བརྗོད་དོན་མན྄་ཁ་ཤ྄་ཨ་དིཔ྄་ 19-1-524 སོགས་ལ་ཨའོ། །ཞེས་རྐྱེན་ཡ་སྟེར་མན྄་ཡ་ཨ་སྔོན་དུ་པཎྜི་ཏ་བཞག མུམ྄་ང་རོ། ཡའི་ཨ་ཡཱ། ཡ྄་ཨ་ལ་དྲངས། ན྄་ཡ་ལ་དྲངས། མཐར་སི་རྣམ་བཅས་པཎྜི་ཏམྨ་ནྱ། དེ་ཡང་པཎྜི་ཏ་མཱཏྨཱ་ནཾ་ མ་ནྱ་ཏེ། མཁས་པ་ནི་བདག་རང་གིས་ཤེས་སོ། ། ༈ ཁྱུཊ྄་ཀ་ར་ཎེ། བྱེད་པ་ལ་ཁྱུཊ྄འོ། བྱིངས་གང་ལ་བྱེད་པའི་དོན་སྒྲུབ་པ་ཁྱུཊ྄་རྐྱེན་དུ་ འབྱུང༌། རྐྱེན་དེའི་ཁ྄་ཡིག་ནི་མུམ྄་ཨཱ་ག་མ་སྟེར་བའི་དོན་ཡིན། ཊ྄་ཡིག་ཊའི་བྱ་བའི་དོན་ ཏེ་ཕྱིས་ནས་རྐྱེན་དངོས་ཡུ་ཡིག་ལས་སོ། །ཡུ་ཨ་ནའོ། །ནགྣ་ཀྲྀ་ཁྱུཊ྄། ཁ྄་དང་ཊ྄་ཡལ། ཀྲྀ་ ཡུ་བྱུང༌། ཡུ་ཨེ་ནར་བསྒྱུར། རྀ་ཨར྄། གོང་མ་ལ་མུམ྄། ནགྣ་མུམ྄་ཀ྄་ཨ་ར྄་ཨན་སི་ཞེས་པ་ བྱུང༌། མུམ྄་ང་རོ། ཀ྄་དང་ར྄་ཨ་གཉིས་ལ་དྲངས། སི་ཨམ྄་དུ་གྱུར་དྲངས་ནགྣཾ་ཀ་ར་ཎཾ་གྲུབ། ཨ་ནགྣཿ ནགྣཿ ཀྲི་ཡ་ཏེ་ཨ་ནེ་ན། འདིས་གཅེར་བུ་མིན་པ་སྒྲེན་མོར་བཏང་ངོ༌། ༈ །དེའི་དོན་ གཅིག་ལ་དྷྱཱུ་ཏཾ། མཐོང་བར་བྱས་སོ་ཏེ། སྦ་བར་བྱ་བ་རྣམས་མཐོང་བའོ། །དེ་དང་འདྲ་བ་སྠུ་ ལཾ་ཀ་ར་རྞཾ་ད་དྷི། ཞེས་པའི་དོན་ནི། ཨ་སྠུ་ལ་སྠུ་ལ་ཀྲི་ཡ་ཏེ། སྐ་བ་མ་ཡིན་པ་སྐ་བར་བྱེད་དོ། ། འོ་མ་སླ་བའི་དངོས་པོ་དེ་ཞོ་བསྐ་བའི་དངོས་པོར་བྱེད་པ་ལྟ་བུའོ། ༈ །བྷ་ཛཱཾ་བ་ཎི། བྷཛ྄་ རྣམས་ཀྱི་བིཎ྄འོ། བྷཛ྄་ལ་སོགས་པའི་བྱིངས་ལ་བྱེད་པ་པོའི་དོན་དུ་བིཎ྄་རྐྱེན་དུ་སྦྱོར་རོ། ། བེཿ། བི་ཉིད་ཀྱིའོ། །རྐྱེན་བིཎ྄་ཞེས་པའི་རྗེས་འབྲེལ་ཎ྄་ཡིག་ནི། དང་པོར་འཕེལ་བའི་དོན་ ཡིན། རྐྱེན་དངོས་བི་ཡིན་ན་དེ་ཡང་དབྱེ་བ་ཉིད་དོ། །བྷ་ཛ྄་ཉེ་བ་ལའོ། །བྷ་ཛ྄་བིཎ྄། ཎ྄་ཡལ། བྷ་ལ་འཕེལ་བ་བྷཱ། བི་དབྱི་ཛ྄་ག྄། ག྄་ཀ྄། ཨརྡྷ་གོང༌། སི་མི་སྣང༌། ཨརྡྷ་བྷཀ྄་གྲུབ། ཨརྡྷ་བྷ་ ཛ་ཏི། ཕྱེད་མར་བྱས་ཀྱི་དོན་ནོ། ༈ །པྲ་ཚ྄་བི་ཎ྄། ཎ྄་ཡལ། འཕེལ་བ། པྲཱ། བི་ནུབ། ཚ྄་ཥ྄། ཥ྄་ཌ྄། ཏ་ཏྭ་གོང༌། སི་མི་སྣང༌། ཏ་ཏྭ་པྲཱཊ། ཏ་ཏྭ་པྲཱ་ཊ྄། ཞེས་ཏེ། ཏ་ཏྭ་བྲྀཙྪ་ཏི། དེ་ཁོ་ན་ཉིད་ འདྲི་བར་བྱེད་དོ། ༈ །བཧ྄་ཕྱིན་པ་ལའོ། །བཧ་བི་ཎ྄། ཎ྄་བསུབས་བཱ་འཕེལ། བི་སོང༌། ཧ྄ཌྷ྄། ཌྷ྄ཊ྄། བྷཱར་གོང༌། སི་ཡལ། བྷཱར་བཱཊ྄། ཡང་ན། བྷཱ་ར་བཱཌ྄། ཁུར་སྐྱེད་དོ། ། 19-1-525 ༈ བཱ་ཧོ་རྦཽ་ཤ་སཱ་དཽ་སྭ་རེ། བ་ཧའི་བ་ཨཽ་ཏེ་ཤས྄་སོགས་དབྱངས་ལའོ། །སྔ་རོལ་ན་ མིང་ངམ་བྱིངས་ཚིག་ཏུ་གྱུར་པ་ཨ་མཐའ་ཅན་ཡོད་ལ། བར་དེར་བཧ྄འི་བྱིངས་གནས་པའི་ ཕ་རོལ་དུ་ཤས྄་སོགས་དབྱངས་དང་པོའི་རྣམ་དབྱེ་བྱུང་ན། བཧ྄འི་བ་ཨཽ་རུ་བསྒྱུར་ཏེ་ཨཽ་ཧ་ རུ་འགྲོའོ། །བྷཱར྄་བཧ྄་ཞེས་པ་ཡན་ཆད་གོང་བཞིན། སི་མི་བྱེད་པར་ཤས྄་བཞག ཤ྄་ཡ྄ལ། ཨས྄་བྷཱར་བཧ྄་ཨས྄་བྱུང༌། བཧ྄འི་བ་ཨཽ་བྷཱ། རའི་རའི་དབྱངས་ཨ་དང་འདུས་པ་ཨཽ་ཧ྄་ཤས྄་ ཀྱི་ཨ་ལ་དྲངས། ས྄་རྣམ་བཅད་བྷཱ་རཽ་ཧཿ། ༈ ཊཱ་ལ་ཡང་འདྲ། བྷཱ་རཽ་ཧཱ། ༈ བྷྱཱམ྄་དབྱངས་དང་ པོ་མ་ཡིན་པས་བ་ཨཽ་རུ་མི་འགྲོ། ཧ྄་ཌྷ྄་རུ་འགྲོ། ཌྷ྄་ཌ྄་དྲངས། བྷཱ་ར་བཌྦྷྱཱཾ། ཞེས་སོགས་སོ། ། ༈ སཧ྄་ལྷན་དུ་འགྲོགས་པ་ལའོ། །ས་ཧེཿཥཿསཱཌྷི། སཧ྄་སཱ་ཌྷ་ཏེ་ཥའོ། །བིཎ྄འི་རྐྱེན་ལ་ བྱིངས་སཧ྄་ནི་ས྄ཌྷ྄་རུ་བསྒྱུར། ས་ཡིག་ཥ་ཡིག་བྱེད་དོ། ༈ །སཧ྄་བིཎ྄། ཎ྄་སྣང་མེད། ས་རིང༌། ཧ྄་ཌྷ྄། སཱ་ཥཱ། ཌྷ྄་ཌ྄འམ་ཊ྄་རུ་སོང༌། ཏུ་རཱ་གོང༌། སི་ཡལ། ཏུ་རཱ་ཥཱ་ཊ྄། ཏུ་རཱ་ཥཱ་ཌ྄། དོན་ནི་ཏུ་རཱ་ ས་ཧ་ཏེ། ལྷན་ཅིག་མགྱོགས་པར་རོ། ༈ །ཨཽ་དང་ཛས྄་ཧ྄་ཉིད་འདྲེན། ཏུ་རཱ་སཱ་ཧཽ། ཏུ་རཱ་ས་ཧཿ ༈ མོ་ནོ་དྷཱ་ཏཽ། བྱིངས་ལ་མའི་ནའོ། །བྱིངས་མ་ཡིག་མཐའ་ཅན་ཡིན་ན། ཕ་རོལ་བི་ཎ྄་ ལ། མ྄་མཐའ་ན྄་ཡིག་ཏུ་བསྒྱུར་རོ། །བི་ཎ྄འི་ཡང་ཕ་རོལ་ར་ས་སོ་སོར་བསྡུ་བའི་རྣམ་དབྱེ་ དགོས་སོ། ༈ །ཤམ྄་དང་དམ྄་ཉེ་བར་ཞི་བ་ལའོ། །ཤམ྄་བི་ཎ྄་ཎ྄་ཡལ། ཤ་འཕེལ་བི་སོང༌། ཉེར་བསྒྱུར་བ྄་གོང༌། མ྄ན྄་རུ་བསྒྱུར། སི་མི་སྣང༌། པྲ་ཤཱ་ན྄། དོན་ནི་པྲ་ཤ་མྱ་ཏི། རབ་ཏུ་ཞི་ བར་བྱས་སོ། ༈ །ར་ས་མ་ཡིན་པར་དབྱངས་ཕ་རོལ་ལ། པྲ་ཤཱ་མཽ། པྲ་ཤཱ་མཿ ཨཽ་དང་ཛས྄་ ལའོ། །ཨཱ་བྷཱུ་ཏདྦྷ་བེ་ཀྲྀ་བ་ཧྭ་སྟི་ཡོ་གེ་ཙྭི། འདས་པ་མིན་པར་གྱུར་པ་ལ། ཀྲྀ་བྷུ་ཨས྄་སྦྱོར་བ་ ལ་ཙྭིའོ། འདས་ནས་རིང་དུ་ལོན་པ་མ་ཡིན་པའི་དོན་དུ་བྱིངས་ཀྲ་དང་སྦྱོར་བ་སྟེ་ཀྲྀའི་རྣམ་ འགྱུར་དང༌། བྷཱུ་དང་སྦྱོར་བ་དང་། ཨས྄་དང་སྦྱོར་བ་ལ་ཡང་སྟེ། ཙྭི་རྐྱེན་དུ་འགྱུར་རོ། །ཙྭཽ་ དཱིརྒྷ་ཨཱི་ཤྩཱ་སྱཱ། ཙྭི་ལ་རིང་པོ་དང་ཨའི་ཨཱི་ཡང་ངོ༌། །རྐྱེན་ཙྭི་ཕ་རོལ་ལ་བྱིངས་མིང་གི་མཐའི་ 19-1-526 དབྱངས་གང་ཡང་རིང་པོར་འགྱུར་ཞིང༌། ཨ་མཐའ་ནི་ཨཱི་རིང་པོར་འགྱུར་རོ། །བི་ཉིད་ཀྱིའོ། ། ཞེས་པ་ཙྭིའི་བི་དབྱི། ཙ྄་ཡིག་ཀྱང་དབྱི་སྟེ་རྐྱེན་གྱི་དབྱེ་བ་ཤེས་པའི་དོན་ཙམ་མོ། །དཔེར་ན་ ཨ་མི་ཐུ་ནཾ་མེ་ཐུ་ནཾ་ཀྲྀ་ཡ་ཏེ་ཨ་ནེ་ན། འདི་མི་འཁྲིག་པ་ལས་འཁྲིག་པར་བྱེད་དོ། །ཞེས་པའི་ དོན་ལ། མི་ཐུ་ན་སྔོན་དུ་བཞག ཀྲྀ་ལས་ཀ་ར་ཎ་གོང་བཞིན་སྒྲུབས། རྐྱེན་ཙྭི་སྟེར། མི་ཐུ་ན་ ཙི་ཀ་ར་ཎ་བྱུང༌། ནའི་སྲོག་ཨ་ནི་ཨཱི་རིང་པོར་སོང༌། བི་ཕྱིས་དེ་རྗེས། ཙ྄་ཡལ། སི་ཨམ྄། མི་ ཐུ་ནཱི་ཀ་ར་ཎཾ། ཞེས་ཏེ་འདི་ནི་ཀྲྀའི་སྦྱོར་བའོ། །བྷཱུ་འགྱུར་བ་བྷཱ་བ་ཤུཀླ་སྔོན་དུ་བཞག བར་དུ་ ཙྭི་ཤུཀླ། ཙྭི་བྷཱ་བ་བྱུང༌། ཡའི་ཨ་ནི་ཨཱི་རུ་སོང་རྐྱེན་སྔར་བཞིན་ཕྱིས། སི་རྣམ་བཅད། ཤུཀླཱི་བྷཱ་ བཿ། དོན་ནི། ཨ་ཤུཀླཿཤུཀླཿབྷ་བ་ཏི། དཀར་པོ་མིན་པ་དཀར་པོར་སོང༌། ཞེས་སོ། །བྷཱུའི་ སྦྱོར་བའི། དཔེར་བརྗོད་དོ། ༈ །བྱིངས་ཨས྄་སུ་དང༌། ཆོག་འབྱུང་གི ། ཡཱཏ྄་སྦྱར་དུས་ཨ་དབྱི་ བས་འདིར་སྱཱཏ྄་ཞེས་འབྱུང༌། ས་ཧཱ་ཡ་སྔོན་དུ་བཞག བར་དུ་ཙྭི་ཡ་ཡཱི། བི་དང་ཙ྄་ཡལ། ས་ཧ་ ཡཱི་སྱཱཏ྄། དོན་ནི་ཨ་ས་ཧཱ་ཡཿས་ཧཱ་ཡོ་བྷ་བ་ཏི། ལྷན་ཅིག་པ་མེད་པ་ལས་ལྷན་ཅིག་པ་ཅན་དུ་ གྱུར་ཏོ། །ཞེས་སོ། །ཨས྄་ཀྱི་སྦྱོར་བའི་དཔེར་བཤད་དོ། ། ༈ ཀྲྀ་བྷཱུ་ཨས྄་གསུམ་དང་སྦྱོར་བ་མིན་ཡང༌། ཙྭི་ལ་སྔ་མའི་མཐའ་རིང་པོར་འགྱུར་བའི་ དཔེ་ནི། པཱ་ཎི་ཙྭི་ག྄་ཧ་ཎ། ཎཱི་རིང་པོ། ཙྭི་ཕྱིས་སི་ཨམ྄། པཱ་ཎཱི་གྲི་ཧ་ཎཾ། ལག་པ་ནས་བཟུང་ ངོ༌། །ཞེས་སོ། དེ་བཞིན་དུ། ཀྲྀ་གཟུགས་མ་གྱུར་པ་ལ་ཡང་སྟེ། ཧེ་ཏུ་ཙྭི་ཀྲྀཏ྄་ཞེས་པ་ལ་ཏ྄འི་ སྲོག་ཨཱུ་རིང་པོ། ཙྭི་ཡལ། སི་ཨམ྄། ཧེ་ཏཱུ་ཀྲྀ་ཏཾ། དོན་ནི་ཨ་ཧེ་ཏུཿཧེ་ཏུཿཀྲྀ་ཏ། གཏན་ཚིགས་ མི་ཤེས་པ་ལ་གཏན་ཚིགས་སྟོན་ནོ། ༈ །ཙྭཽ་ས་ལོ་པཤྩ། ཙྭི་ལ་ས་དབྱི་བ་ཡང་ངོ༌། །བྱིངས་ མན་ས྄་དང་ཙེ་ཏས྄་དང༌། མ་ཧཱ་ས྄་དང༌། ར་ཛས྄་ཞེས་པ་འདི་རྣམས་ལ་ཕ་རོལ་དུ་ཙྭི་བྱུང་ན། བྱིངས་མཐའི་ས་ཡིག་དབྱིའོ། ༈ །མ་ནས྄་ཙྭི་བྷཱ་བ་ས་དབྱི་ནའི་ཨ་ནི་ཨཱི་རུ་སོང༌། བི་དང་ཙ྄་ ཡང་མི་སྣང༌། ཨུཏ྄་སྔོན། ཏ྄་ནི་ལྔ་པ་ན྄་རུ་སོང༌། སི་རྣམ་བཅད། ཨནྨ་ནཱི་བྷཱ་བ། སྐྱོ་བར་གྱུར་ 19-1-527 ཏོ། །ཇི་སྐད་དུ། ཁ་ཅིག་ཏུ་ཌཱ་ཡང་ངོ་ཞེས་འབྱུང་བས། དུཿཁཱི་དང་ཀ་རོ་ཏིའི་བར་ལ་ཌཱ་རྐྱེན་ བཞག ཊ྄་ཕྱིས་ཨཱ་ཊི་ཕྱིས། ཨཱ་ལ་དྲངས། དུཿཁཱ་ཀ་རོ་ཏི། སྡུག་བསྔལ་བར་བྱེད་དོ། ༈ །བྷད྄་ དང་ཀ་རོ་ཏི་བར་དུ་ཌཱ་ཨ་བཞག ཊི་དབྱི། དྲངས། བྷ་དྲཱ་ཀ་རོ་ཏི། དོན་ནི་ཨ་བྷ་དྲཿ བྷ་དྲཱ་ཀྲྀ་ ཡ་ཏེ། ལེགས་པ་མ་ཡིན་པ་རྣམས་ལེགས་པར་བྱེད་དོ། ། ༈ ཨཱ་ཏོ་མ་ནི་པ྄་ཀྭ་ནི་པ྄་བ་ནི་པཿ ཨཱཏ྄་ལ྄་མ་ནིཔ྄་ཀྭ་ནིཔ྄་བ་ནིཔ྄འོ། བྱིངས་མཐའ་ ཨཱ་ཡིག་རིང་པོ་ཅན་གྱི་ཕ་རོལ་དུ། རྐྱེན་མ་ནིཔ྄་དང༌། ཀྭ་ནི་པ་དང༌། བ་ནིཔ྄་གསུམ་པོ་ལས་ གཅིག་འབྱུང་བ་མང་ངོ༌། །རྐྱེན་གསུམ་པོ་དེའི་པ྄་རྣམས་རྗེས་འབྲེལ། ན་རྣམས་ཀྱི་དབྱངས་ ཨི་ཡིག་རྣམས་བརྗོད་དོན་ནོ། ། ༈ དཱ་སྦྱིན་པའི་བྱིངས། དཱ་མ་ནིཔ྄་པ྄་རྗེས་འབྲེལ། ཨི་བརྗོད་དོན་དཱ་མན྄་སི། ཨུ་པ་དྷཱ་ རིང༌། མཱ་སུ་གོང༌། སྔར་རྟགས་དྲུག་ར་ཛན྄་གྱི་སྐབས་སུ་བཤད་པ་བཞིན། སི་དང་ན྄་འཇིག་ གོ །སུཥྚ་ད་དཱ་ཏི། ལེགས་པའི་སྦྱིན་པ་སྦྱིན་ནོ། །ཞེས་པའི་དོན་ལ། སུ་དཱ་མཱ། ༈ ཥྛཱ་མ་ནིཔ྄་ པ྄་ཨི་ཡལ། ཥྛཱ་སྠཱ་རུ། ཨ་ཤྭ་ཐ྄་གོང༌། ས྄་མགོ་མི་སྣང༌། ཐ྄་ཏ྄། སི་དབྱི། ན྄་ཡལ། ཏ྄་དྲངས། ཨ་ཤྭ་ཏ་ཨི་བ་ཏིཥྛ་ཏི། འདི་ནི་རྟ་ལ་ཚུགས་པའོ། །ཞེས་པ་ལ་ཨ་ཤྭཏྠཱ་མཱ། སྔར་གཞན་རྣམས་ ཀྱིས་རྟ་ཤུགས་སུ་བསྒྱུར་རོ། །ཁ་ཅིག་འདི་ལ་ཨ་ཤྭཏྠ་སྔོན་དུ་བཞག་ནས་ཐ་དབྱི་བའི་ཆོ་ག་ བྱས་ནས། ཤིང་ཨ་ཤྭཏྠ་ལ་བསྣུན་བརྡེགས་ཀྱང་མི་འབྲོས་པ་བཞིན་གཡུལ་ངོར་མི་འབྲོས་པ་ ལ་འཆད་པའང་ཡོད་དོ། ། ༈ སྠཱ་མཱི། སྠཱ་རྣམས་ལ་ཨཱིའོ། །བྱིངས་སྠཱ་དང་པཱ་དང་གཱ་རྣམས་ལ་བྱིངས་མཐའི་ཨཱ་ཡིག་ རིང་པོ་ཨཱི་ཡིག་རིང་པོར་འགྱུར་ཏེ། ཀིཏ྄་ཕ་རོལ་ལ་ཡིན་ཀྱང་ནང་ཚན་ཀྭིཔ྄་རྐྱེན་བྱུང་ན་ཨཱི་ རུ་མི་འགྱུར་རོ། ༈ །དེ་ཡང་པཱ་ཀྭ་ནིཔ྄་པ྄་ཨི་ཡལ། ཀ྄་ཡང་དབྱི། བན྄་ལུས་སྠཱ་རྣམས་ལ་ ཨཱིའོ། །ཞེས་པས་པཱ་པཱི་ཞེས་པར་བསྒྱུར། སུ་གོང༌། སི། ཨུ་པ་དྷཱ་རིང༌། པཱ། སི་ན྄་འཇིགསུ་པཱི་ 19-1-528 བཱ། སུཥྚ་པི་བ་ཏི། རབ་ཏུ་འཐུངས་སོ། །ཞེས་པའོ། ༈ །དཱ་བ་ནིཔ྄། ཨིཔ྄་ཕྱིས་དཱ་བན྄་བྷཱུ་རི་ གོང༌། སི། ཨུ་པ་དྷཱ་རིང༌། ན྄་སི་གཉིས་སྦས་སོ། །བྷུ་རི་དཱ་བཱ། ༈ ཇི་སྐད་དུ། གཞན་འགའ་ ཞིག་དག་ལས་ཀྱང་མཐོང་ངོ༌། །ཞེས་འབྱུང་བས་སྠཱ་དང་བཱ་དང་དཱ་སོགས་ཨཱ་མཐའ་རུ་མ་ཟད་ ཨཱ་མཐའ་མ་ཡིན་པ་ལ་ཡང༌། མ་ནིཔ྄་སོགས་འཇུག་གོ ༈ །ཀྲྀ་མ་ནིཔ྄། གོང་བཞིན་རྀ་ཨར྄། སུ་གོང༌། སི། ཨུ་པ་དྷཱ་རིང༌། གཉིས་པོ་ཡལ། སུ་ཀརྨཱ། ལེགས་པའི་ལས་བྱས་སོ། ༈ །སུ་ཥྚུ་ ཀ་རོ་ཏི། ཞེས་པའི་དོན་ནོ། ༈ །ཤྲྀ་མ་ནིཔ྄་ཀྲྀ་དང་འདྲ་བར་སྒྲུབས། སུཥྚ་ཤྲྀ་ནོ་ཏི། ལེགས་ པར་ཐོས་སོ། །ཞེས་པ་ལ། སུ་ཤརྨཱ། ཞེས་པའོ། ། ༈ ཀྭི་པཿ། ཀྭིཔ྄འོ། །བྱིངས་ཐམས་ཅད་ཀྱི་ཕ་རོལ་དུ་ཀྭིཔ྄་རྐྱེན་སྐབས་སུ་བབ་ན་ འབྱུང་དུ་རུང་ངོ༌། །ཧ྄་སྭ་སྱ་པི་ཏི་ཀྲྀ་ཏི་ཏུཀ྄། ཐུང་ངུའི་ཀྲྀཏ྄་ཀྱི་པིཏ྄་ལ་ཏུཀ྄འོ། །བྱིངས་ཐུང་ ངུའི་མཐའ་ལ་ཀྲྀཏ྄་རྐྱེན་གྱི་ནང་དུ་གཏོགས་པའི་པིཏ྄་ཀྱི་མིང་ཅན་ཕ་རོལ་བྱུང་ན་ཏུཀ྄་ཨཱ་ག་ མ་སྟེར་རོ། །ཀྲྀཏ་ཀྱི་པིཏ྄་ཅེས་སྨོས་པས་རྣམ་དབྱེ་སི་སོགས་ཏི་སོགས་ཀྱི་པི་ཏ྄་མ་ཡིན་ཞེས་ པའོ། །ཀྭིཔ྄། ཀྭིཔ྄་ཡང་ངོ༌། །ཀྭིཔ྄་ཀྱི་རྐྱེན་ནི་ཀ྄་བ྄་ཨིཔ྄་སྟེ་ཡི་གེ་བཞི་འདུས་པ་ཡིན་རུང་ ཐམས་ཅད་དབྱི་སྟེ། དབྱི་ལུགས་འདི་ལ་ཨ་པ་ཧ་ཏི་ཀུན་ཏུ་འཇོམས་ཞེས་བྱའོ། ༈ །དེ་ཡང་ ཀྲྀ་ཀྭིཔ྄་ཀྭིཔ྄་ནི་དུས་གཅིག་ཏུ་དབྱིའོ། །ཀ་ལཱ་པའི་ལུགས་ལ་ཀྭིཔ྄་ཀྱི་ཡི་གེ་བཞི་པོ་ལ་མདོ་ ཚིག་རེ་རེས་དབྱི་མོད། འདིར་ཀྭེཔ྄་ཡང་ངོ་ཞེས་པ་གཅིག་པུས་སོ། །ཀྲྀ་ཏུཀ྄། ཀརྨ་སྔོན། ཏུ། ཀ྄་གིཀ྄་རྗེས་འབྲེལ། ཨུ་བརྗོད་དོན། སི་ཕྱིས། ཀརྨ་ཀྲྀཏ྄ ཀརྨ་ཀེ་རོ་ཏི། ལས་བྱེད་དོ། །ཞེས་ སོ། ༈ །དེ་བཞིན་དུ། ཨགྣི་ཙིཉ྄། ཀྭིཔ྄་དབྱི། ཏུཀ྄་ཨུཀ྄་ཡལ། ཏ྄་ལུས། སི་འཇིག ཨགྣི་ ཙིཏ྄། ཨགྣི་ཙི་ནོ་ཏེ། མེ་ཤིང་གསོག་གོ །ཞེས་སོ། ༈ །སྟུ་ཀྭིཔ྄་མི་སྣང་ཏུཀ྄་ཨུཀ྄་དབྱི། དེ་བ་ སྔོན། སི་འཇིག དེ་བསྟུ་ཏ། དེ་བཾ་སྟཽ་ཏི། ལྷ་ལ་བསྟོད་པ་བྱེད་དོ། །ཞེས་སོ། ༈ །ཀྭིཔ྄་ཡོད་ ཀྱང་ཏུཀ྄་རྐྱེན་མེད་པའི་དཔེར་བརྗོད་ནི། །དེ་བཞིན་དུ། ༈ པཱ་ཀྭི་པ྄་ཏུཀ྄་མེད། སོ་མ་གོང༌། 19-1-529 སི་རྣམ་བཅད། སོ་མ་པཱཿ། ༈ དེ་བཞིན་དུ། དྲྀཤ྄་ཀྭིཔ྄་ཡལ། སི་དབྱི་ཤ྄་ཀ྄་སརྦ་གོང༌། སརྦ་ དྲྀཀ྄། ཐམས་ཅད་མཐོང་ངོ༌། །སརྦ་པ་ཤྱ་ཏི། ༈ ཤྲྀཉ྄་ངག་བཞིན་ཉན་པ་ལའོ། །ཤྲྀ་ཀྭིཔ྄། ཇི་ སྐད་དུ། པྲཙྪ་སོགས་ལ་རིང་པོ་ཡང་ངོ༌། །ཞེས་འབྱུང་བས་ཤྲཱ་སུ་གོང་སི་ཡལ་སུ་ཤྲཱྀ། བདེ་བའི་ གྲོགས་སོ། ༈ །ཏ་ཏྭ་སྔོན། བྱིངས་པྲཙྪ། ཀྭིཔ྄་འཇིག སི་ཚ་ཤ་ཥ་ར་ཛ་སོགས་ཚ་ཥ་རུ་སོང༌། ཥ྄འི་ཌ྄འོ། ཌ྄་ཡང་ན་ཊ྄་རུ་སོང༌། པྲ་ཙ་སོགས་ལ་རིང་པོའོ། །ཏ་ཏྭ་པྲཱ་ཊ྄། ཏ་ཏྭ་པྲཱཌ྄། དེ་ཁོ་ན་ ཉིད་ལ་འདྲིའོ། ༈ །དེ་བཞིན་དུ། བ་ཙ྄་ཀྭིཔ྄་ཡལ། ཙུའི་ཀུའོ། །ཙ྄་ཀ྄། ཡང་ན་ཀ྄་ག྄ སི་འཇིག་ བཱག྄། བཱཀ྄། གདམ་ཀའོ། །ཨཽ་དང་ཛས྄་ལ་བཱ་ཙཽ། བཱ་ཙཿ། ༈ ཇི་སྐད་དུ། ཀྭིཔ྄་ཕ་རོལ་ལ་ཉེར་ བསྒྱུར་གྱི་རིང་པོ་ན་ཧ྄་ལའོ། །ཞེས་བཤད་པ྄ས་ན་ཧ྄་འཆིང་བ་ལའོ། །ནཧ྄་ཀྭིཔ྄་འཇིག་ཨུ་པ་ གོང༌། ཉེར་སྒྱུར་གྱི་རིང་པོ། ན་ཧ྄་ལའོ་ཞེས་པས་པཱ་རིང་པོ། སི་ན། ཧའི་དྷའོ། ༈ །ཧ྄་དྷ྄། དྷ྄་ ཏ྄། སི་འཇིག ཨུ་བཱ་ན་ཏ་གྲུབ། དེ་ནི་ལྷམ་གྱི་མིང་ཡང་ཡིན། ཨུ་བ་ས་མཱི་པེ་ན་ཧྱ་ཏེ། ཉེ་བར་ ཕྱིན་ནས་བཏོད་དོ༌། །ཞེས་པར་ཡང་འགྱུར་རོ། ༈ །ཡང་ཀྲྀ་ཀྭིཔ྄་ཡལ། ས་རྐྱེན་བྱིན་རྀཏ྄་ཀྱི་ ཨིར྄འོ། །རི་ཨིར྄་དུ་བསྒྱུར། བྱིངས་གཉིས་བརྗོད། སི་བྱིན་ཀི་ར྄ཀི་ར྄ས་སི་བྱུང་ཐོག་མའི་ ཧ་ས་སོགས་ར྄་སྔོན་མ་ཡལ་ཨི་ཨུ་ར་བ་སོགས་ཀྱིས་ཀི་ཕྱི་མ་རིང་པོའོ། །ཡ་ལས་སོ་ཞེས་ པས་སའི་དབྱངས་ཨ་ཕྱིས། ས྄་དབྱངས་མེད། ཀ྄་གོང་མ་ཙ྄། སི་དང་རབ་སྦྱོར་མཐའི་ས྄་དབྱི ར྄་རྣམ་བཅད། ཀ་ཊ་གོང༌། ཀ་ཊ་ཙི་ཀཱིཿ། རྩ་ལྷས་བྱས་སོ། །དོན་ནི་ཀ་ཊཾ་ཙི་ཀཱིཪྵ་ཏི། ཞེས་སོ། ༈ ཨཽ་དང་ཛས྄་སོགས་ལ་ས྄་མི་དབྱི་སྟེ། ས྄་ཥ྄་ཨཽ་དང་ཨས྄་ལ་འདྲེན་ཀ་ཊ་ཙི་ཀཱིཪྵཽ ། ཀ་ཊ་ཙི་ ཀཱིཪྵཿ། ཞེས་སོ། ༈ །དྷྱཻ་སེམས་པ་ལའོ། །ཇི་སྐད་དུ། དྷྱཻ་རྣམས་ཀྱི་ཀྭིཔ྄་ལ་སླར་ཡང་དག་པར་ བསྒྱུར་བ་རིང་པོ་ཉིད་ཀྱང་ངོ་ཞེས་འབྱུང་བས། དྷྱཻ་ལ་སོགས་པའི་བྱིངས་ལ། ཀྭིཔ྄་བྱུང་ན་སཾ་ པྲ་ས་ར་ཎ་འབྱུང་ལ། དེ་ཡང་ཐུང་ངུ་མ་ཡིན་རིང་པོ་སྟེ། དྷྱཻ་ཀྭིཔ྄་དེ་ཐམས་ཅད་དབྱི། དྷ྄་ཡཻ་ སོ་སོར་ཕྲལ། སཾ་པྲ་ས་ར་ཎ་སྤྱི་ཁྱབ་ལ། ཡ྄་ཉིད་ཨི་ཐུང་ངུར་བསྒྱུར་བ་ཡིན་ཀྱང༌། འདིར་ཡ྄་ 19-1-530 དང་སྲོག་ཨེ་གཉིས་པོ་སྡོམས་ནས་ཨཱི་རིང་པོར་བསྒྱུར་བས། དྷ྄་ཨཱི་བྱུང་དྲངས། སུ་གོང༌། སི་ རྣམ་བཅད། སུ་དྷཱིཿ། རབ་ཏུ་སེམས་པའམ། ལེགས་པར་སེམས་པའོ། ། ༈ དྲྀ་ཤེཥྚ་ཀ྄་ས་ཀཽ་ཙཽ་པ་མཱ་ནེ་ཀཪྻེ། དྲྀཤ྄་ལ་ཊཀ྄་སཀ྄་དག་ཀྱང་སྟེ་དཔེའི་བྱ་བ་ལའོ། ། བྱིངས་དྲིཤ྄་སོགས་ལ། སརྦ་སོགས་ཀྱི་སྒྲ་རྟགས་སྔོན་དུ་བཞག་ན། རྐྱེན་ཊཀ྄་དང་སཀ྄་ གང་རུང་འབྱུང་ཞིང༌། ཀྱང་ཞེས་པའི་སྒྲས་ཀྭིཔ྄་ཀྱང་འབྱུང་ངོ༌། །དེ་ལྟ་བུའི་རྐྱེན་གསུམ་པོ་ གང་བྱིན་ཀྱང་འདྲ་སྟེ། དོན་ནི་དཔེ་ཉེ་བར་མཚོན་པ་སྟེ། གསེར་མ་མཐོང་བའི་མི་ལ་དཔེ་ནི། གསེར་ལས་གཞན་པ་ར་གན་ལྟ་བུ་སྟེ། གསེར་ཅི་འདྲ་ཟེར། ར་གན་འདྲ་བར་མཐོང་ཞེས་པ་ ལྟ་བུའོ། །དྲྀཤ྄་ཊཀ྄་ཅེས་པ་བཞག སརྦ་སོགས་ཀྱི་ནང་ནས་ཨནྱ་གོང༌། ཀ྄་ཊ྄་ཕྱིས་ཨ་བཞག ཤ྄་ཨ་ལ་དྲངས། ཨ་སརྦཱ་དེ། སརྦ་སོགས་ལ་ཨཱའོ། །ཊཀ྄་སཀ྄་ཀྭིཔ྄་སྟེ་རྐྱེན་འདི་རྣམས་ཕ་ རོལ་དུ་བྱུང་ན། སྔོན་དུ་བཞག་པའི་སརྦ་སོགས་ཀྱི་རྟགས་མཐའ་ནི་ཨཱ་རིང་པོ་ཉིད་དུ་འགྱུར་ རོ། །འདིར་ཨ་ནྱ་ཞེས་པའི་ནྱ་རིང་པོར་སོང༌། སི་རྣམ་བཅད། ཨ་ནྱ་ཨི་བ་དྲྀ་ཤྱ་ཏེ། གཞན་ དང་འདྲ་བར་ལྟོས་ཤིག ཅེས་པའི་དོན་ལ། ཨ་ནྱཱ་དྲྀ་ཤཿ ༈ ཡང་དྲྀ་ཤ྄་ས་ཀ྄་ཀ྄་ཡལ། ཨ་ ནྱ་གོང༌། སརྦ་སོགས་ལ་ཨཱའོ། །ཞེས་པས་ནྱཱ་རིང་པོ། ཚ་ཤ་ཥ་ར་ཛ་སོགས། ཤ྄་ཥ྄། ཀུ་ཧ་ སོགས་ཥ་ཀ྄་རྐྱེན་གྱི་ས་ཥ་ཀ྄་ཥ་ཀྵ སི་རྣམ་བཅད་ཨ་ནྱ་དྲྀཀྵཿ། ༈ ཨ་ནྱ་དྲྀ་ཤ྄་ཀྭི་པ྄་དེ་ཡལ་ནྱཱ་ རིང༌། ཤ྄་ཀ། སི་ཕྱིས་ཨ་ནྱཱ་དྲྀཀ། ༈ ཏཏ྄་དང་ལྡན་པའི་དྲྀ་ཤ྄་ལས་སོ། །ཞེས་པས་དྲྀ་ཤ྄་ཊཀ྄་ ཀ྄་དང་ཊ྄་ཡལ་ཨ་སརྦ་སོགས་ཀྱི་ནང་ནས་ཏཏ྄་གོང༌། འདི་ལ་ཏཏ྄་ཀྱི་དབྱངས་ཨ་ཐུང་དང༌། མཐར་བརྟེན་ཏ྄་དབྱངས་མེད་སྦྲགས་ནས་ཨཱ་རིང་པོར་འགྲོ་ཏ྄་ཨཱ་ལ་དྲངས་ཤ྄་དྲངས་སི་རྣམ་ བཅད། ཏཱ་དྲི་ཤཿ། དེས་རིགས་འགྲེ། ༈ ཏཏ྄་དྲྀ་ཤ྄ས་ཀ྄སི་ཞེས་པ་ལ་ཀ྄་ཡལ། ཤ྄་ཀ྄། ས་ ཥ། ཨཏ྄་ཨཱ། སི་རྣམ་བཅད་ཏཱ་དྲིཀྵཿ། ༈ ཏཏ྄་དྲྀ་ཤ྄་ཀྭིཔ྄་སི་ཞེས་པ་ལ་ཀྭིཔ྄་འཇིག ཨཏ྄་ཨཱ། ཨཤ྄་ཀ྄། ཧ་ས་ལ་སི་ཡལ། ཏཱ་དྲྀག྄། ཞེས་པའོ། ༈ །སྒྲུབ་ཚུལ་བྱིངས་དེ་ཁོ་ན་བཞིན་དྲི་ཤ྄འི་ 19-1-531 གོང་དུ་ཨཱསྨད྄་བཞག ཨཱསྨད྄་ནི་མཏ྄་ཅེས་པར་བསྒྱུར། སརྦ་སོགས་ཀྱི་ཐོག་མའི་ཨཱ་སྟེ། མ་ཏ་ ཞེས་པ། མཱ་ཞེས་པར་འགྲོ་བ་ཁྱད་པར་རོ། །མཱ་དྲྀ་ཤཿ། མཱ་དྲྀཀྵཿ། མཱ་དྲྀཀ྄ ཞེས་སོ། ༈ །རྐྱེན་ ཊཀ྄་ཞེས་པའི་ཊ་རྗེས་འབྲེལ་ནི་ཨཱིཔ྄་བུད་མེད་ཀྱི་རྐྱེན་སྦྱིན་དུ་རུང་བའི་དོན་ཏེ། དྲྀ་ཤ྄་ཊཀ྄་ ཀ྄་དང་ཊྲ་ཡལ། ཨ་བཞག དེ་ལ་ཤ྄་དྲངས་ཏ་ཏ྄་གོང་ཞེས་ཏེ། ཏཱ་དྲྀཤ྄་ལ་ཨཱིཔ྄་བྱིན་པ྄་ཐིམ་ཨ་ ཨི་ལ་དབྱི། ཤའི་དབྱངས་ཨ་མི་སྣང༌། ཨཱི་ལ་དྲངས། སི་འཇིག ཏཱ་དྲྀ་ཤཱི། ༈ དེ་བཞིན་དུ། ཨ་ སྨད྄་མཏ྄་རུ་བསྒྱུར། དེ་མཱ་ཊཀ྄་ཨཱིབ྄། མཱ་དྲྀ་ཤཱི། ༈ ཨ་ནྱ་རིང་པོ་ཨཱ། ཊ་ཀ྄་ཨཱིཔ྄། ཨ་ནྱཱ་དྲྀ་ཤཱི། ༈ ཀི་མི་ད་མཿཀཱིཤཽ། ཀིམ྄་དང་ཨི་དམ྄་ནི་ཀཱི་དང་ཨཱི་ཤ྄འོ། །ཊེཀ྄་སོགས་རྐྱེན་གསུམ་ པོའི་སྐབས་འདིར། བྱིངས་དྲྀ་ཤ྄འི་གོང་དུ་སརྦ་སོགས་ནང་ཚན་རྟགས་སམ་སྒྲ་ཀིམ྄་ཡོད་ན་ ཀཱི་རིང་པོ་དང༌། ཨི་དམ྄་ཡོད་ན་ཨཱི་ཤ྄་རུ་བསྒྱུར་རོ། །ཀ་ཨི་བ་དྲྀ་ཤྱ་ཏི། གང་དང་འདྲ་བར་ མཐོང༌། ཞེས་པ་ལ་འདི་ལྟར་སྒྲུབ། ༈ ཀིམ྄་དྲྀཤ྄་ཊཀ྄ ཀིམ྄་དང་ཞེས་པའི་མདོ་འདིས། ཀིམ྄་ ནི་ཀཱི་ཞེས་པར་བསྒྱུར། ཀཱི་དྲྀཤ྄་ཨ་དྲངས། སི་རྣམ་བཅད། ཀཱི་དྲྀ་ཤཿ། ཀཱི་དྲྀ་ཀྵཿ། ཀཱི་དྲྀཀ྄ དྲྀཤ྄་ཊཀ྄ ཨི་དམ྄་གོང༌། ཨི་དམ྄་ཨཱི་ཤ྄་རུ་བསྒྱུར། ཤ྄་ཡིག་ཁྱད་དོན་གཞན་འདྲ། ཨ་ཡ་མི་ བ་དྲྀ་ཤྱ་ཏེ། འདི་དང་འདྲ་བར་མཐོང་ངོ༌། །ཞེས་པ་ལ། ཨཱི་དྲྀ་ཤཿ། ཨཱི་དྲྀཀྵཿ། ཨཱི་དྲྀ་ཀྲ་ཞེས་པ་ རྣམས་གོང་བཞིན། ཨཱི་དྲྀཤ྄་ཊཀ྄་དང་ཨཱིཔ྄་བྱིན་ན་གོང་བཞིན་ཏེ། ཨཱི་དྲྀ་ཤཱི་བཱརྟཱ། གཏམ་འདི་ དང་འདྲ་བར་ཤེས་སོ། །ཞེས་པའོ། །ཇི་སྐད་དུ། བྷ་བ་ཏ྄་སོགས་རྣམས་ལ། དྲྀ་ཤ྄འི་རྣམ་པར་ གནས་པའི་དོན་ལ་ཊཀ྄་ལ་སོགས་པའི་ཐོག་མའི་ཊི་རིང་པོ་ཉིད་དོ་ཞེས་འབྱུང་བས། དྲྀ་ཤ྄་ ཊཀ྄། ཨ་བཏ྄་ཀྱི་ཊི་ནི། ཨཏ྄་ཏེ། དེ་ནི་ཨཱ་རུ་བསྒྱུར། བྷ་བཱཤ྄་ཨ་ལ་སྦྱར། སི་རྣམ་བཅད་བྷ་ བཱ་དྲྀ་ཤཿ། བྷ་བཱ་དྲྀ་ཀྵཿ། བྷ་བཱ་དྲྀ་ཀ྄། བྷ་བཱ་ནི་བ་དྲྀ་ཤྱ་ཏེ། ཁྱོད་དང་འདྲ་བར་ཤེས་སོ། ། ༈ ཎི་ནི་ར་ཏཱི་ཏེ། འདས་པ་ལ་ཎི་ནིའོ། །བྱིངས་གང་ལ་འདས་པའི་དུས་ཀྱི་དོན་དང༌། ཚུལ་ཁྲིམས་ཀྱི་དོན་དུ་ཎི་ནི་ཞེས་པའི་རྐྱེན་སྟེར་རོ། །ཎ྄་ནི་འཕེལ་བའི་དོན་ན྄འི་ཨི་རྗེས་ 19-1-532 འབྲེལ་རྐྱེན་དངོས་ནི་ཨིན྄་ཞེས་པའོ། ༈ །དེ་ཡང་འདི་ལྟར་ཡཛ྄་ཎི་ནི་ཞེས་པ་བཞག ཨི་ཕྱི་ མ་དང་ཎ྄་ཡལ། ཡཛ྄་ཨིན྄། དང་པོར་འཕེལ། བ་ཨཱ་ཏེ་ཡཱཛ྄་བྱུང༌། དྲངས། ཡཱ་ཛིན྄་ཨགྣིཥྚོ། མ་སྔོན་དུ་བཞག སི་ཨིན྄་རྣམས་ཀྱི་སི་ལའོ་ཞེས་པས་རིང༌། ཨུ་པ་དྷཱའི་རིགས་ཛཱི་རིང་པོར་ སོང༌། སི་དབྱི་ན྄་ཡ་ང་དབྱི། མེའི་ལས་ཀྱིས་ལྷ་མཆོད་དོ། །ཨགྣིཥྚོ་མ་ཡཱ་ཛཱི། ཞེས་མཆོད་ཟིན་ འདས་པའི་དུས་སོ། ༈ །པྲ་ཛ྄་ཎི་ནི་ཨིན྄། དང་པོར་འཕེལ། དྲངས། པྲ་གོང༌། སི། ཛཱི་རིང་ སི་དང་ན྄་འཇིག པ྄་བྲཱ་ཛཱི། རབ་ཏུ་སྤོང་བའོ། །ཚུལ་ཁྲིམས་ཀྱི་དོན་ནོ། ༈ །བྷུཛ྄་ཎི་ནི། བྷུཛ྄་ ཨིན྄་འཕེལ་བ་ཐོབ་ཀྱང་འདིར་ཡོན་ཏན་ནོ། །དྲངས་བྷོ་ཛིན྄་ཨུཥྨ་གོང་སི་ཨུ་པ་དྷཱ་རིང༌། སི་ དང་ན྄་ཡལ། ཨུཥྞཾ་བྷུཀྟ་བན྄། ཟས་དྲོན་མོ་ཟོས་སོ། །ཞེས་པའི་དོན་ལ། ཨུཥྨ་བྷོ་ཛཱི། ༈ ཀྭིཔ྄་བ་ནིཔ྄་ཌཱཿ། ཀྭིཔ྄་དང་བ་ནིཔ྄་དང་ཌ་རྣམས་སོ། །འདས་དུས་ཚུལ་ཁྲིམས་ཀྱི་ དོན་ལ། རྐྱེན་ཀྭིཔ྄་དང་བ་ནིཔ྄་དང༌། ཌ་ཞེས་པ་རྣམས་འཇུག་སྟེ། ཀྭིཔ྄་ནི་པིཏ྄་ཡིན་ཀྱང་ ཐམས་ཅད་དུས་གཅིག་ཏུ་དབྱི་བ་དགོས་ཆོས་ཡིན། བ་ནིཔ྄་ནི་པིཏ྄་གྱི་བྱ་བ་བྱེད་དོ། ༈། ཧན྄་ཀྭིཔ྄་འཇིག བྲྀཏ྄་གོང༌། སི། ཨུ་པ་དྷཱ་རིང༌། སི་དང་ན྄་ཡལ་བྲྀ་ཏཱ་ཧཱ། གྲུབ། བྲྀ་ཏཱ་ཧ་ཏ་ པཱན྄། ལྷ་མིན་འཇོམས་པ་དང་ལྡན་པའོ་སྟེ་བརྒྱ་བྱིན་ནོ། ༈ ཥཱཉ྄་སྲོག་མཆེད་པ་ལའོ། ཥུ་ཉ྄་ ཉ྄་དབྱི། བ་ནིཔ྄་སྟེར། པ྄་དང་ཨི་མི་སྣང༌། ཥུ་བན྄་པིཏ྄་ལ་ཏུཀ྄་སྟེ་ཀ྄་དང་ཨུ་ཡལ། ཏ྄་ལུས། ཥུཏ྄་བན྄། ཥ་ས། ཏ྄་བ་ལ་དྲངས་སུ་ཏྭ་ན྄། སི། ཨུ་པ་དྷཱ་རིང་སི་དང་ན྄་ཡལ་སུ་ཏྭཱ་གྲུབ། འཚོ་ བ་རྒྱས་པའི་དོན་ནོ། །ཏུཀ྄་ནི་ཀིཏ྄་ཡིན་པས་ཡོན་ཏན་མི་འབྱུང་སྟེ། སོ་ཏྭ་ཞེས་པར་མི་འགྲོའོ། ༈ །ཛན྄་ཌ་ཞེས་བཞག ཌ྄་ཕྱིས་ཨ། ཌིཏ྄་ཊི་ཡལ་བ་ཨན྄་མེད། ཛ྄་དབྱངས་མེད་ལུས། དེ་ རྐྱེན་གྱི་ཨ་ལ་དྲངས། ས་ར། སི་གོང༌། སི་ཨམ྄། ཌའི་ཨ་ཛ་ལ་ཡོད་པ་ཕྱིས་ནས་ཨཾ་ལ་དྲངས། ས་ར་སི་ཛཾ། ཞེས་ཏེ། ས་ར་སི་ཛཱ་ཏཾ། མཚོ་ལས་སྐྱེས་པའོ། ༈ །དེ་བཞིན་དུ། གམ྄་ཌ་ཨ་དྲངས། སརྦ་གོང༌། སི་རྣམ་བཅད། སརྦ་གཿ། སརྦ་ཏ྄་གཙྪ་ཏི། ཐམས་ཅད་དུ་འགྲོའོ། ༈ །གཻཌ། ཨ་ 19-1-533 ཊི་ཡལ། ག྄་དབྱངས་མེད་རྐྱེན་ལ་དྲངས་སཱ་མ་གོང་སི་རྣམ་བཅད། སཱ་མ་ག་ཡ་ཏི། སྙན་ཚིག་ འདོན་ནོ་ཞེས་པའི་དོན་ཏེ། སཱ་མ་གཿ། ༈ ཀྟ་ཀྟ་བ་ཏུ། ཀྟ་དང་ཀྟ་བ་ཏུའོ། །བྱིངས་གང་ལ་འདས་དུས་སྟོན་པའི་དོན་ལ་རྐྱེན་ཀྟ་ དང་ཀྟ་བ་ཏུ་གཉིས་ཀྱང་འབྱུང་སྟེ། འདས་དུས་ཀྱི་དངོས་པོའི་བྱ་བྱེད་ལ་ཀྟ་དང༌། འདས་དུས་ ཀྱི་བྱེད་པ་པོའི་དོན་ལ་ཀྟ་བ་ཏུའོ། །བྱིངས་ཀྲྀ་ལ། རྐྱེན་ཀྟ་བཞག ཀ྄་འཇིག་ཏ་ལུས། སི་རྣམ་ བཅད་ཀྲྀ་ཏཿ། དེ་ཡང་ཀྲྀ་ཏཿཀ་ཊཿ། རྩྭ་ལྷས་བྱེད་རྒྱུ་སྔར་ཡོད་པའོ། ༈ །ཡང་བྱིངས་ཀྲ་ལ་རྐྱེན་ ཀྟ་བ་ཏུ་སྟེར་ཀ྄་འཇིག ཨུ་ནི་ནུམ྄་སྟེར་བའི་ཁྱད་དོན་ནོ། །སི་ཀྲྀཏ་བཏ྄་སི། བ་དང་ཏའི་བར་ དུ་ནུམ྄་མ྄་དང་ཨུ་ཡལ། ཀྲྀཏ་བན྄་ཏ་སི། ཨུ་པ་དྷཱ་རིང་པོ། མ་ནིང་ལ་སི་འཇིག རབ་སྦྱོར་ མཐའི་ཏ྄་ཡལ། ཀྲྀ་ཏ་བཱ་ན྄། དེ་ལ་ཀྲྀ་ཏ་བཱན་ཀ྄་ཊཾ་རྩྭ་ལྷས་བྱས་ཟིན་པའོ། ༈ །ཡང་གམ྄་ཀྟ་ ཀ྄་ཡལ། ཨ་ནུ་དཏྟ་དབྱི་བ་ཉིད་དོ། །ཞེས་མ྄་དང་ཨཱང྄་གོང་ང྄་དབྱི་སི་ཨམ྄། ཏའི་སྲོག་ཡལ་ བ་ཨམ྄་ལ་དྲངས། ཨཱ་ག་ཏཾ། ཚུར་ཤོག ༈ ཥྛཱཀྟ་ཀ྄་སོང་སྠཱ་རུ་བསྒྱུར་ཨིཊ྄་ཨཱ་ཕྱིས་ནས་ཨིཊ྄་ ལ་དྲངས་སྠཱི་སེ་ཨམ྄་གོང་བཞིན། སྠི་ཏཾ། འདུག་ཤིག ༈ ག་ཏྱ་རྠཱ་ད་ཀརྨ་ཀཱཙྪཀརྟ་རིཀྟ། འགྲོ་བའི་དོན་དང་ལས་མེད་པ་དང་བྱེད་པོ་ལ་ཀྟའོ། ། བྱིངས་གང་ལ་འགྲོ་བའི་དོན་ཡོད་པ་དང་བྱེད་པོའི་དོན་དང༌། བྱིངས་ལས་མེད་པ་ལ་ཡང་ རྐྱེན་ཀྟ་འཇུག་པ་ཡིན་ནོ། ༈ །ཨཊ྄་འགྲོ་བ་ལའོ། །ཡཊ྄་ཀྟ་བཞག བྱིངས་རྐྱེན་བར་དུ་ཨིཊ྄་ ཨཊ྄་ཨིཏ་སི་བྱུང༌། དྲངས། རྣམ་བཅད། ཨི་ཊི་ཏཿ། འཁོར་བར་གྱུར་ཏོ། །ཨ་ཊ་ཏི། ཞེས་སོ། ༈ ཥྛཱ་ཀྟ་ཨིཊ྄་སྠཱ་རུ་སོང༌། ཨི་མཐོང༌། ཨཱ་ཡལ། དྲངས། སི་སྠི་ཏཿ། གནས་པའོ། །ཞེས་སོ། ༈ །ཤམ྄་ཀྟ་ཨིཊ྄་མེད། ཤམ྄་རྣམས་ཀྱི་རིང་པོའོ། །ཞེས་པས་བྱིངས་ཀྱི་དབྱངས་རིང་པོ་སྟེ། ཤཱམ྄་ང་རོ། །སི་རྣམ་བཅད་ཤཱཾ་ཏཿགྲུབ་ཤཱནྟཿལུས་འགྱུར་གྱི་ཁྱད་ཙམ་ཡིན། ཤཱིནྟཾ་པྲཱབྷཿ། ཞི་བ་ ཐོབ་བོ། །ཤཱ་མྱ་ཏི། ཞི་བར་བྱེད་ཅེས་པའི་དོན་ནོ། ༈ །སྒྲུབ་ཚུལ་དེ་ཁོ་ནས་དམ྄་ཀྟ་ཅེས་པ་ 19-1-534 ལ། དཱནྟཿ། དཱ་མྱཏ། དུལ་བར་བྱེད་དོ། ། ༈ ཀྟོ་བཱ་སེ་ཊ྄། ཨིཊ྄་བཅས་ཀྟ་ལ་ཡང་ནའོ། །གོང་དུ་བཤད་པའི་ཨ་ཊི་ཏཿདང༌། སྠི་ ཏཿསོགས་དམིགས་གསལ་རྣམས་མ་ཡིན་པའི་ཨིཊ྄་ཡང་ཡོད་པའི་ཀྟ་བྱུང་ན། བྱིངས་ལ་ཡོན་ ཏན་བྱེད་མི་བྱེད་གདམ་ང་སྟེ། རྐྱེན་ཀིཏ྄་ཀྱི་མིང་ཅན་དུ་བྱེད་ན། ཡོན་ཏན་སྤངས་པས་རང་ གནས་ཡིན། ཀིཏ྄་མིན་ལ་ཡོན་ཏན་ནོ། ༈ །དྱུ་ཏ྄་ཨིཊ྄་ཀྟ་ཞེས་བཞག ཀ྄་དང་ཊ྄་སོང༌། ཉེར་ སྒྱུར་པྲ་གོང་ཀིཏ྄་དུ་བསམས་ན་ཡོན་ཏན་མེད། པྲ་དྱུ་ཏི་ཏཿ། ཀིཏ྄་མིན་དུ་བསམས་ན་ཡོན་ ཏན་ཏེ། པྲདྱོ་ཏི་ཏཿ། པྲ་དྱོ་ཏ་ཏེསྨ། རབ་ཏུ་གསལ་བར་འདུག་གོ །དྱུ་ཏམྤྲཔྟཿ། སྣང་བ་ཐོབ་ པའོ། ༈ །བད྄་ཀྟ་ཨིཊ྄ སམྤྲ་ས་ར་ཎ་བྱས་པས་བ་ཡིག་ཨུ་ཡིག་ཏུ་བསྒྱུར། ཨུད྄་ཨིཏ྄་སི་བྱུང་ གོང་བཞིན། ཨུ་ཏི་ཏཿ། ཨུ་ད་ཡཾ་པྲཱ་པྟ། སྨྲ་བའི་སྐབས་བྱུང་ངོ༌། །ཞེས་པའོ། ༈ །དེ་བཞིན་ དུ། རུད྄་ཨིཊ྄་ཀྟ་ཞེས་པ་ལ། རུ་དི་ཏཿ། ཡང་ན། རོ་དི་ཏཿ། རོད་ནཾ་པྲ་བྷཿ། ༈ མུཥ྄་ཨིཊ྄་ ཀྟ། ཞེས་པ་ལ་མོ་ཥི་ཏཿ། ཡང་ན་མུ་ཥི་ཏཿ། མུ་ཥྱ་ཏེ་སྨ། རྐུན་པོ་འདུག་གོ །ཞེས་པའི་དོན་ ནོ། ༈ །གྲཧ྄་ཨིཊ྄་ཀྟ་བཞག གྲཧ྄་རྣམས་ཀྱི་ཨིཊ྄་ལའོ། །ཞེས་པ་ཨིཊ྄འི་ཨཱི་རིང་པོའོ། །ཀིཏ྄་ ལ་སླར་ཡང་དག་པར་བསྒྱུར་ཏེ། གྲ་གྲྀ་རུ་འགྲོ། ཀིཏ྄་མིན་ལ་མི་འགྲོ། གྲྀ་ཧཱི་ཏཿ། གྲ་ཧཱི་ཏཿ། དོན་ནི་གྲྀཧྱ་ཏེསྨ། བཟུང་བར་གྱུར་ཏོ། ༈ །ནུད྄་བྱེད་དུ་འཇུག་པ་ལའོ། །ནུད྄་ཨིཊ྄་ཀྟ། ནོ་དེ་ ཏཿ། ནུ་དི་ཏཿ། གོང་བཞིན་ནོ། །ནུ་དྱ་སྟེ་སྨ། བྱེད་དུ་བཅུག་པའོ། ༈ །བིད྄་ཨིཊ྄་ཀྟ། བེ་དི་ ཏཿ། བི་དྱ་ཏེ་སྨ། རིག་པར་བྱེད་པའོ། །ཀི་ཏཿ། ཀིཏ྄་ལའོ། །བྱིངས་ཨུ་ཡིག་མཐའ་ཅན་དང༌། རྀ་ཡིག་མཐའ་ཅན་དང་ཤྲཱི་ཞེས་པའི་བྱིངས་ལས་ཕ་རོལ་རྐྱེན་ཀིཏ྄་ཀྱི་མིང་ཅན་ཀྟ་ལྟ་བུ་བྱུང་ ན། ཨིཊ྄་ཨཱ་ག་མའི་རྐྱེན་མི་སྟེར་ཏེ། རྀ་མཐའི་དཔེར་བརྗོད། པྲིཏ྄་ཀྟ་སི་ཞེས་པ་ལ། པྲྀཏྟཿ། ཞེས་པར་འགྲོ་བས་རྣམ་འགྱུར་གཞན་མེད། ༈ ཨུ་མཐའི་དཔེར་བརྗོད་ནི། བྷཱུ་ཀྟ་ཞེས་པ་ལ་ སི་བྱིན། བྷཱུཏཿཞེས་པ་ཁོ་ནའོ། ༈ །ཤྲཱི་ལ་ཤྲཱིཀྟ་སི་བཞག ཤྲཱི་ཏཿ། ཞེས་པ་ཁོ་ནའོ། ༈ །བྲྀ་ཏྱཾ་ 19-1-535 པྲཱཔྟཿསྒྲིབས་པར་གྱུར་ཏེ། བྷ་བ་ཏི། བྱུང་བར་གྱུར་ཏོ། །ཤྲཱི་ཡ་ཏེ་སྨ། འབྱོར་བར་གྱུར་ཏོ། །དེ་ དག་ནི་ཀྟའི་རྐྱེན་གྱི་བྱ་བ་སྟེ། ཀ྄་ནི་རྣམ་པ་ཀུན་དུ་དབྱིའོ། ། ༈ ཨཱི་དཱི་དི་ཏཿ། ཨཱཏ྄་དང་ཨཱིཏ྄་ཨིཏ྄་ཉིད་དོ། །ཨཱཏ྄་ཅེས་པ་ཨཱ་རིང་པོའི་མིང་ཡིན། ཨཱིཏ྄་ ཅེས་པའང་ཨཱི་རིང་པོའི་མིང་ཡིན། ཨིཏ྄་རྟིང་མ་ནི་སྔར་ཡོད་ཕྱིས་པའི་ཡུལ་གྱི་མིང་ངོ༌། །དེས་ ན་ཨཱཏ྄་ཀྱི་མཐའ་ཨིཏ྄་དུ་གྱུར་པ་སྟེ་ཕྱིས་པ་དང༌། ཨཱཏ྄་ཀྱི་མཐའ་ཨིཏ྄་ཀྱི་མིང་ཅན་ཏེ་ཕྱིས་པ་ ལ་ནི་ཨིཊ྄་མི་འཇུག་གོ །ཉཱི་ཏཱཾ་ཏཀ྄་བརྟ་མཱ་ནེ་པི། ཉ་དང་ཨི་ཨིཏ྄་ལ་ཏཀ྄་ཏེ་འཇུག་བཞིན་ པ་ལ་ཡང་ངོ༌། །བྱིངས་གང་ལ་ཉ྄་རྗེས་འབྲེལ་ཡལ་བ་དང༌། ཨི་ཕྱིས་པ་ལ་ཏཀ྄་ཞེས་པའི་ རྐྱེན་འཇུག་སྟེ། ཨིཊ྄་མེད་པའོ། །ད་སྟ་སྱ་ནོ་ད་ཤྩ། ད྄་ལས་ཏའི་ན་ཏེ་ད་ཡང་ངོ༌། །བྱིངས་ཀྱི་ མཐའི་ད྄་ཡིག་གི་ཕ་རོལ་དུ་རྐྱེན་ཀིཏ྄་ཡིན་པའི་ཏ་ཡིག་བྱུང་ན་ཏ་ཡིག་དེ་ན་ཡིག་ཏུ་འགྱུར་ལ། ད྄་ཡིག་རང་ཉིད་ཀྱང་ན྄་ཡིག་ཏུ་འགྱུར་རོ། ༈ །དེ་ཡང་ཉི་མི་དཱ་སྣུམ་པའམ་འཕྲོད་པ་ལའོ། ། ཉི་མ་དཱ། ཉི་རྗེས་འབྲེལ། ད་ཡི་དབྱངས་ཨཱ་བརྗོད་དོན། མིད྄་ལུས། མིད྄་ཏ་ཀ྄། ཀ྄་རྗེས་ འབྲེལ་ད་ལས་ཏའི་ན་ཏེ་ཞེས་པས། བྱིངས་ཀྱི་མཐའི་ད྄་ཡིག་གི་ཕ་རོལ་རྐྱེན་ཏཀ྄་ཞེས་པའི་ ཏ་ཡིག་དབྱངས་བཅས་ན་ཡིག་སྲོག་ཅན་དུ་འགྱུར་རོ། །མིད྄་ན་ཞེས་སོ། །ད྄་ཡང་ངོ་ཞེས་ པས་བྱིངས་མཐའི་ད྄་ཡིག་དབྱངས་མེད་མིད྄་ཞེས་པའི་ད྄་རང་ཉིད་ཀྱང་ན྄་དབྱངས་བྲལ་དུ་ འགྱུར་རོ། །མིན྄་བྱུང༌། དྲངས། མིནྣ་སི་ཨམ྄། ན྄འི་ཨ་ཡལ། དྲངས། མིནྣཾ་གྲུབ། བསྲེས་ པའམ་སྦགས་པའི་དོན་ཏེ། མིནྣི་མནྣཾ་ཏཻ་ལེ་ན་བརྟ་ཏེ། ཟས་ལ་ཏིལ་མར་འདྲེས་པར་བླུགས་ སོ། །ཞེས་པའོ། ༈ །ཉིཥྭི་དཱ་ལུས་གཤེར་བ་ལའོ། །ཉི་དང་ཨཱ་ཡལ། ཥྭི་ད྄་ཏཀ྄་ཨིཊ྄་མེད། ཏན་ད྄་ན྄། སྭི། སི་རྣམ་བཅད། པྲ་གོང༌། པྲ་སྭིནྣཿ། རྡུལ་ནག་གིས་གཤེར་བའོ། །ཨཱ་ཡཱ་སེ་ན་ པྲ་སྭི་དྱ་ཏི། རང་ལས་བྱུང་བས་རབ་ཏུ་གཤེར་རོ། །ཞེས་པའོ། ༈ །ཉི་ཀྵྭ་དཱ་ཕྱི་མར་འཐག་པ་ ལའོ། །ཉི་དང་ཨཱ་ཕྱིས། ཀྵྭིད྄་ཏཀ྄་བཞག་ཨིཊ྄་མེད་ཏ་ན། ད྄་ན྄་སི་རྣམ་བཅད། ཀྵྭནྣཿ། ཀྵྭི་དྱ་ 19-1-536 ཏི། ཕྱེ་མར་འཐག་གོ ། ༈ ཨ་དོ་ཛ་གྷུཿཀི་ཏི། ཨད྄་ཛགྷ྄་ཀིཏ྄་ལ྄འོ། །ཨད྄་ཅེས་པའི་བྱིངས་ནི་ཕ་རོལ་དུ་ཀིཏ྄་ ཡིན་པའི་རྐྱེན་བྱུང་ན། ཛ་གྷྲ་ཞེས་པར་ཀུན་ནས་བསྒྱུར་ཏེ། དེ་ཡང་ཨད྄་ཏཀ྄་ཀ྄་སོང༌། ཨད྄་ ཅེས་པ་ཛ་གྷ་རུ་སོང༌། ཛ་གྷ་ཏ་བྱུང༌། གྷ་ག྄་རུ་འགྲོ། ཏ་ཐའི་དྷ་ཞེས་པས་ཏ་དྷ་རུ་འགྱུར། ཛག྄་ དྷ་བྱུང༌། དྲངས། སི་ཨམ྄་སྔར་བཞིན། ཛགྔྷཾ། བཟའ་བྱ་ཐོབ་བོ། །ཞེས་པ་ལ། ཨ་ད་ནཾ་བྲཱ་བྷཾ། འོན་ཀྱང་ཛགྡྷཾ། ཤའི་བཟའ་བ་ལ་བྱེ་བྲག་ཏུ་འཇུག་གོ ། ༈ རཿ། ར་ལས་སོ། །བྱིངས་ཀྱི་མཐའ་གདོད་མའམ་རྣམ་འགྱུར་གྱི་རེ་ཕ་ཡིན་ན་ཡང༌། ཕ་རོལ་ཀྱི་རྐྱེན་གྱི་ཏ་ཡིག་ན་ཡིག་ཏུ་འགྱུར་ཏེ། དེ་ཡང་བྱིངས་མཐའ་རང་དགོས་ཀྱི་བྱིངས་ མཐའ་རྐྱེན་གྱི་རེ་ཕའི་མཐའ་ཙམ་ལ་མ་ཡིན་ནོ། །ཀྲྀཉ྄་འཚེ་བ་ལའོ། །ཉ྄་ཡལ། ཀྲྀ་ཏཀ྄་ བཞག་རྀཏ྄་ཨིར྄་འོ་ཞེས་པས། ཀ྄་ཨིར྄། དྲངས། ཀིར྄། ཨི་ཨུར་བ་ཧ་ས་ལ་ཞེས་པས་རེ་ ཕའི་གོང་གི་ཨཱི་རིང་པོ། ཏ་ན། ཥ་ར་རྀ་སོགས་ཎ། ཆུ་ལ་ཀུ་བ་སོགས། བི་སྔོན་སི་ཨམ྄། གོང་ བཞིན། བི་ཀཱིརྞཾ། རབ་ཏུ་བཅོམ་མོ། །བི་ཀི་རྱ་ཏེ། ༈ ཀྲཱྀ་རྣམ་པར་བསྐྱོད་པ་ལའོ། །ཀྲྀཏ་ཀ྄་ ཨིར྄་ཐུང་ངུ་སོགས་སྔར་དང་འདྲ། བི་ཀཱིརྞཾ་རྣམ་པར་མྱོས་སོ། ༈ །ཛྲཱྀ་ཥུ་ཛྷཱྀཥུ་ལང་ཚོ་བཅོམ་པ་ ལའོ། ༈ །ཛྲཱིཥ྄་ཥ྄་ཡལ། ཛྲཱྀཀྟ། རྀ་ཨིར྄། ཨི་རིང་ཏ་ན། ན་ཎ། སི་ཨམ྄། ཛཱི་ཡ་ཏེསྨ། རྒས་སོ་ དང་འགྱུར་སོང་དང་རྙིངས་པའོ། །ཞེས་པའོ། །དེ་ལ་ཛཱིརྞཾ། ༈ ཛྷྲཱམ་ཀྟ་གོང་ལྟར་སྒྲུབས་ཛྷཱིརྞཾ། ཛྷཱི་ ཪྻ་ཏེསྨ། རྙིངས་སོ། །ཛྷཱི་རྞཾ་ཤ་རཱི་རཾ། ལུས་རྒས་སོ། ། ༈ ལྭཱ་དྱོ་དི་ཏཿ། ལཱུ་སོགས་དང་ཨོཏ྄་ཨིཏ྄་ལའོ། །ལཱུ་ཉ྄་གཅོད་པ་ལའོ། །ཞེས་སོགས་ཀྱི་ བྱིངས་དང༌། ཨོཏ྄་ཅེས་པ་ཨོ་ཡིག་གོ །ཨིཏ྄་ཏེ་ཨོ་དེ་འདྲ། ཕྱིས་པའི་བྱིངས་ལ་ཡང༌། ཧ྄་ཡིག་ ནི་ན་ཡིག་ཏུ་འགྱུར་ཞིང༌། བྱིངས་ལ་ཨི་ཐུང་ཡོད་ན་ཨཱི་རིང་པོར་ཡང་འགྱུར་རོ། ༈ །ལཱུཀྟ། ཏ་ ན། སི་རྣམ་བཅད། ལཱུ་ནཿགྲུབ། ལཱུ་ཡ་ཏེ་སྨ། གཅོད་པར་བྱེད་པ་ཉིད་དོ། ༈ །ལཱུ་སོགས་ཞེས་ 19-1-537 པའི་སོགས་ཁོངས་དཔེར་བརྗོད་ནི། ཀྵི་ཟད་པ་ལའོ། །ཀྵི་ཀྟ་ཞེས་པ་བཞག ཇི་སྐད་དུ། ཡང་ ན་ཀྵི་ལ་རིང་པོ་སྟེ། ངེས་པར་རྟོགས་པ་ལ་ནའོ། །ཞེས་འབྱུང་བ་བྱིངས་ཀྵི་གཅིག་བུ་ཡིན་ཡང་ ཟད་པའི་དོན་དང་ངེས་པར་རྟོགས་པ་གཉིས་སུ་འགྲོ་བས། ༈ ངེས་པར་རྟོགས་པའི་དོན་དུ་ སྒྲུབ་ན། ཀྵིའི་ཨི་ཐུང་ཨཱི་རིང་དུ་འགྱུར། རྐྱེན་གྱི་ཏ་ཡིག་ན་ཡིག་གོ །ཀྵྭིན་ཥ་ར་རྀ་སོགས་ཎ། སི་ཨམ྄་ཀྵྞི་ཎཾ། དོན་ནི་ཀྵཱི་ཡ་ཏེ་སྨ་ཏེ་ངེས་པ་རྙེད་པའོ། ༈ །ཟད་པའི་དོན་དུ་བྱེད་ན། ཀྵིཏྲ། སི་ རྣམ་བཅད། ཀྵིཏཿ། གཞན་རྣམ་འགྱུར་མེད། ༈ མླཻ་ཀྟ། མཚམས་སྦྱོར་གྱི་ཡི་གེ་ཨཱ་རིང་པོར་ འགྲོ། མླཱ་ཏ་ན་སི་རྣམ་བཅད། མླཱ་ནཿ། མླཱ་ཡ་ཏི་སྨ། མི་དགའ་བར་གནས་སོ། ༈ །དེ་བཞིན་དུ། གླཻ་ཀྟ། གླཱ་ན། གླཱ་ཡ་ཏེསྨ། དོན་སྔ་མ་དང་འདྲ། ༈ ཨོ་ཧཱཀ྄་བཏང་བ་ལའོ། །ཨོ་དང་ཀ྄་ཡལ། ཨོཏ྄་ཕྱིས་པའི་དཔེར་བརྗོད་དེ། ཨོ་ཡིག་བྱིངས་མཐར་ཡོད་མི་དགོས་སོ། །དེས་ན་ཐོག་མའི་ ཁྱད་དོན་ཨོ་ཡིག་ཕྱིས་པ་ཉིད་ཨོ་ཨིཏ྄་ཡིན་ནོ། །ཧཱ་ཀྟ་ཧཱའི་དབྱངས་ཨཱ་རིང་ཉིད་ཨཱི་རིང་དུ་ འགྱུར། ཏ་ན། སི་རྣམ་བཅད་ཧཱི་ནཿ། ཧཱི་ཡ་ཏེ་སྨ། ཉམས་པའོ། ༈ །དེ་བཞིན་དུ། དཱཀྟ་ཨཱ་ཨཱི་ རུ། ཏ་ན། སི། དཱི་ནཿགྲུབ། དི་ཡ་ཏེ་སྨ། སྦྱིན་པར་གནས་སོ། །ཨཱ་ཨཱི་རུ་འགྲོ་བ་ནི། སྠཱ་རྣམས་ ཀྱི་ཨཱིའོ་ཞེས་པའི་གཞུང་ལས་སོ། ༈ །ཨོ་བྱཱ་ཡི་རྒན་པ་ལའོ། །ཨོ་དང་ཨི་ཕྱིས་བྱཱ་བཱི། བྱཱ་ཡ་ པཱིའོ། །བྱཱཡ྄་ཞེས་པའི་བྱིངས་པཱི་ཞེས་པར་བསྒྱུར་བ་སྟེ། ཏའི་རྐྱེན་ཕ་རོལ་དུ་བྱུང་ནའོ། །བྱཱ་ཡ་ ཀྟ། པཱི་ཞེས་པར་བསྒྱུར། ཏ་ན་སི་རྣམ་བཅད་པཱི་ནཿ། རྒན་པོའོ། །རྩུབ་པོའོ། ། ༈ དོ་དཏྟི། དཱའི་དད྄་འོ། །བྱིངས་དཱ་ནི། ཀིཏ྄་རྐྱེན་ཀྟ་ལྟ་བུ་ལ་དད྄་ཅེས་པར་བསྒྱུར་རོ། ། དཱཀྟ། ཀ྄་འཇིག་དཱ་ཞེས་པ་དད྄་དཏ྄་དྲངས་སི་དཏྟཿ། དཱི་ཡ་ཏེསྨ། སྦྱིན་པ་གདའོ། ༈ །དཱ་ ཀྟབ྄་ཏུ། ཀ་དང་ཨུ་ཡལ། དཱ་ཏ་བཏ྄་བྱུང༌། ད་དད྄། དཏ྄། སི། བ་དང་ཏ྄འི་བར་དུ་ནུམ྄་ཨཱ་ག་ མ། དད྄་ཏ་བན྄་ཏ྄་སི་ཞེས་བྱུང༌། ཨུ་པ་དྷཱ་རིང༌། བཱ་སི་འཇིག རབ་སྦྱོར་མཐའ་ཏ྄་དབྱི། དཏྟ་ བཱ་ན྄་གྲུབ། ད་དཱ་ཏིསྨ། སྦྱིན་པ་འདུག་གོ ༈ །དཱུ་ཧ྄་ཉེ་བར་གདུང་བ་ལའོ། །དཱུ་ཀྟ་ཏ་ན། སི། 19-1-538 དཱུ་ནཿགྲུབ། ཚ་བས་གདུངས་སོ། ། ༈ སྭ་རཱཏྟོ་བཱ། དབྱངས་ལས་ཏ་ཡང་ནའོ། །དཱ་ཞེས་པའི་བྱིངས་ནི། ཕ་རོལ་རྐྱེན་ཀྟ་ བྱུང་ལ་བྱིངས་རང་གི་ཐོག་མར་མིང་ཚིག་གཞན་དབྱངས་མཐའ་བྱུང་ན། ཏ་དབྱངས་མེད་ དུ་འགྱུར་བའམ། ཡང་ན་སྔར་བཞིན་དད྄་དུ་བསྒྱུར་རོ། ༈ །དཱཀྟ་ཉེར་སྒྱུར་པྲ་གོང༌། དེའི་ཚེ་ དབྱངས་མཐའ་ཐོག་མར་བྱུང༌། དཱ་དབྱངས་བཅས་ཏ྄་དབྱངས་བྲལ་དུ་བསྒྱུར། རྐྱེན་གྱི་ཏ྄་ ཡིག་ན་རུ་མི་འགྲོའོ། །པྲཏ྄། ཏ་སི། པྲཏྟཿ། ཡང་ན་པྲ་དཏ་སི་པྲ་དཏྟཿ། ༈ ཡང་པྲའི་དོད་དུ་ཨ་ བ་བཞག་ན། སི་ཨམ྄། གཞན་འདྲ། ཨ་བཏྟཾ་ཨ་བ་དཏྟཾ། ཆེས་སྦྱིན་པ་ཉིད་དོ། ༈ །ཡཛ྄་ལྷ་ མཆོད་པ་ལའོ། །ཡ་ཛ྄་ཀྟ། ཡཛ྄་རྣམས་ཀྱི་ཡ་བ་ར་རྣམས་སོ་ཞེས། སམྤྲ་ས་ར་ཎ་བྱེད་པས་ ཡ་ཨི་རུ་སོང་ཨི། ཛ྄་ཚ་ཤ་ཥ་ར་ཛ་སོགས་ཛ྄་ཥ྄། ཏ་ནི་ཥ་མཐོང་བས་ཊ། སི། ཨམ྄། ཨིཥྚཾ། ༈ ཀྟ་བ་ཏུ་སྟེར་ནའང་གོང་བཞིན་ཐམས་ཅད་ཏེ། ཨིཥ྄་ཊ་བན྄། ཏ྄། སི། ཨུ་པ་དྷཱ་རིང༌། སི་ དང་ཏ྄་ཡལ། ཨིཥྚ་བཱན྄། འདོད་པའི་ལྷ་མཆོད་དོ། ༈ །ཊུབ་པ྄་ས་བོན་དང་ཐགས་སྐྱེད་པ་ ལའོ། །ཊུ་དབྱིའོ། །བཔ྄་ཀྟ། བ་ཨུ་རུ། མྤྲ་ས་ར་ཎ་བྱེད། དྲངས། སི་ཨམ྄། ཨུཔྟཾ། གྲུབ། ཨུབྱ་ཏེ་སྨ། ས་བོན་ལས་མྱུ་གུ་སྐྱེས་སོ། །ཡང་ན་ཐགས་བཏགས་སོ། ༈ །བཧ྄་ཐོབ་པ་ལའོ། ། བཧ྄་ཀྟ། བ་སམྤྲ་ས་ར་ཎ་བྱས། ཨུ། ཧ྄་ཧའི་ཌྷའོ་ཞེས་པས། ཧ྄་ཌྷ་ཏ་ཐའི་དྷའོ། །རྐྱེན་དྷ་ དྷ་ཌྷ་རུ་སོང༌། ཌྷ་ལ་ཌྷ་དབྱི་སྟེ་རིང་པོའོ། །ཞེས་པས་ཨུ་རིང་པོར་སོང༌། ཌྷ྄་དབྱངས་བྲལ་མི་ སྣང༌། ཨཱུ་ཌྷ་སི། ཨཱུ་ཌྷཿ ཨཱུ་ཌྷོ྅ན་ཌུ་ཧཱ་སཾ་གུཿ། ཁྱུ་མཆོག་འཐེང་པོ་ལ་ཞོན་པའོ། ༈ །ཧྭེ་ཉ྄་ འབོད་པར་བྱེད་པ་ལའོ། །ཉ྄་རྗེས་འབྲེལ་ཧྭེ་ཀྟ་བཞག ཧ྄་བེཏ་བྱུང༌། སམྤྲས་ར་ཎར་བྱས། ཨཱུ་རིང་པོར་སོང༌། རྒྱུ་མཚན་པ་ཙམ་ལ་ཨུ་ཐུང་ཡིན་ཀྱང༌། སྲོག་ཨེ་ཡོད་པས་རྒྱུ་དེ་ལས་རིང་ པོའོ། །ཉེར་སྒྱུར་ཨཱང྄་སྔོན། སི་རྣམ་བཅད། ཨཱ་ཧཱུ་ཡ་ཏེསྨ། མགྲོན་དུ་བོས་སོ་ཞེས་པ་ལ། ཨཱ་ ཧཱུ་ཏཿ། ༈ བྱེ་ཉ་གཡོགས་པ་ལའོ། །བྱེ་ཀྟ་བ྄་ཨེཏ་བྱུང༌། སཾ་པྲ་ས་ར་ཎས། ཡེ། ཨཱི་རུ་བསྒྱུར་ 19-1-539 རྒྱུ་མཚན། ཡ་རང་ཉིད་ཨི་ཐུང་དུ་འགྱུར་དགོས་ནའང༌། སྲོག་ཨེ་ཡ་བསྒྱུར་བའི་ནུས་པས་ཨཱི་ རིང་པོའོ། །གོང་དུ་ཧ྄་ལ་རྣམ་འགྱུར་མེད། བེ་ལ་སམྤྲ་ས་ར་ཎ་བྱེད་པ་ལྟར། འདིར་ཐོག་མའི་ ཡི་གེ་བྲལ། རྣམ་འགྱུར་མེད། ཡེ་སམྤྲས་ར་ཎ་བྱེད་པའོ། །ཉེར་སྒྱུར་སམ྄་གོང༌། དྲངས། སི་ རྣམ་བཅད། ཡང་ན་སི་ཨམ྄་སཾ་བཱི་ཡ་ཏེསྨ། སམྦཱིཏཿ། སམྦཱི་ཏཾ། ཡང་དག་པར་གཡོགས་པའོ། ། ཡང་ན་མང་པོས་མཆོད་དོ། ༈ །ཡང་བྱིངས་བད྄་ཀྟ་ཀ྄་ཡལ། བ་དབྱངས་བཅས་ཨུ་ཨིཊ྄་ སྟེར། ཨུད྄་ཨིཏ྄་དྲངས། སི་ཨམ྄། ཨམ྄་ཤས྄་ལ་ཨ་ཕྱིས། དྲངས། ཨུ་དི་ཏཾ། ༈ བཙ྄ཀྟ། བ་ ཨུ། ཙ་ཡི་ཀུའོ། །ཙ྄ཀ྄་རུ་སོང༌། དྲངས། སི་ཨམ྄། ཨུཀྟཾ། ཨུ་དི་ཏཾ་དང༌། ཨུཀྟཾ་དོན་གཅིག ཨུ་ དྱ་ཏེ་སྨ། སྨྲ་བ་ཉིད་དོ། ། ༈ བ་སི་ཀྵུ་དྷོ་རིཊ྄། བས྄་དང་ཀྵུ་དྷ྄་དག་ལ་ཨིཊ྄འོ། །བྱིངས་བས྄་དང་ཀྵུ་དྷ྄་ལ་རྐྱེན་ཀྟ་ ཕ་རོལ་ལ་ཨིཊ྄་སྟེར་རོ། །བས྄་ཀྟ་ཨིཊ྄། སམྤྲ་ས་ར་ཎ། ཨུས྄་ཨིཏ། སི་ཨམ྄། ཨུཥྱ་ཏེ་སྨ། ཨུ་ཥི་ཏཾ། གནས་ཆོས་ཤིག ཅེས་པའོ། ༈ །ཀྵུ་དྷ྄་བཀྲེས་པ་ལའོ། །ཀྵུ་དྷ྄་ཀྟ་ཨིཊ྄་ཀྵུ་དྷ྄་ཨིཏ། སི། ཀྵུ་དྷི་ཏཿ། ༈ གྷ་སཱ་དེཿཥཿ གྷས྄་སོགས་ལ་ཥའོ། །བྱིངས་གྷས྄་སོགས་ལ་ཀྟ་བྱུང་ན། བྱིངས་མཐའི་ ས྄་ཥ྄་ཡིག་ཏུ་འགྱུར་རོ། །གྷསླ་ཟ་བ་ལའོ། །ལ་རྗེས་འབྲེལ། གྷས྄་ཀྟ། ས྄་ཥ྄། ཏ་ཊ་སི་རྣམ་ བཅད། གྷཥྚཿ། ཟས་ལ་སྤྱོད་དོ། ༈ །ཏྲཻང྄་སྲུང་བ་ལའོ། །ང྄་རྗེས་འབྲེལ། ཏྲཻ་ཀྟ་བཞག ཏྲཱ་ ཎཱ་དྱཱ་བཱ་ནི་བཱ་ཏཱནྟེ། ཏྲཱ་ཎ་སོགས་ལ་ནི་པཱ་ཏ་ཡང་ནའོ། །ཇི་སྐད་དུ། ཏ་ཡིག་ན་ཡིག་ཚིག་ཕྲད་ དོ། །ཞེས་ཀྱང་བཤད་པས་ཏྲཻ་ང྄་ལ་སོགས་པ་ལ་ཀྟའི་རྐྱེན་གྱི་སྐབས་འདིར་སྲུང་བའི་དོན་ལ་ སོགས་པ་དོན་གྱི་ཁྱད་པར་སྣ་ཚོགས་པ་ཡིན་ཀྱང་ཀྟའི་ཏ་ཡིག་ན་ཡིག་ཏུ་བསྒྱུར་བའི་ནི་པཱ་ དའི་སྒྲུབ་པ་བྱེད་དོ། །འོན་ཀྱང་མཐའ་གཅིག་ཏུ་ནི་མ་ཡིན་ཏེ། ཡང་ན། ཏ་ཉིད་དུ་གནས་སོ། ། ཏ་ན་རུ་བསྒྱུར་བར་མ་ཟད། ཏྲཻ་ནི་ཏྲཱ་རིང་པོར་བསྒྱུར་རོ། །ཨཻ་ཨཱ་རུ་བསྒྱུར་བ་ཏྲཻ་ཁོ་ན་ལ་ཡིན་ 19-1-540 གྱི་གཞན་ལ་མ་ཡིན་ནོ། ༈ །དེས་ན་ཏ྄་ཨཻ་ཏ་ཏན། ན་ཎ། ཨཻ་ཨཱ། སི་རྣམ་བཅད་ཏྲཱཎཿ། ཡང་ཏྲཻ་ ཏ་སི། ཏྲཻ་ཏྲཱ་རུ་བསྒྱུར་བ་ལས་གཞན་མི་དགོས། ཏྲཱ་ཏཿ། ༈ སོགས་ཁོངས་དཔེར་བརྗོད་ཧྲཱིཀྟ། ཀ྄་ཡལ་ཏན་དེ་ཎ། སི། ཧྲཱི་ཎཿ། ཏ་རང་གནས་ཧྲཱི་ཏཿ། ངོ་ཚའོ། །ཞེས་སོ། ༈ །གྷྲཱ་ཀྟ། ཏན། དེ་ ཎ། སི། གྷྲཱ་ཎཿ། གྷྲཱ་ཏཿ། སྣོམ་བྱེད་དེ་སྣའོ། ༈ །བིད྄་ཀྟ་ཏ་ན་ད྄་ཡང་ན྄། སི། བིནྣཿ། ཡང་ན་ ཏ་རང་གནས། ད྄་ཏ། བཏྟིཿརིག་པའོ། ༈ །དེ་བཞིན་དུ། ནུད྄་ཀྟ་ན། ད྄་ན྄་སི། ནུནྣཿ། ཡང་ ན། ཏ་རང་གནས། ད་ཏ། ནུཏྟཿ། བྱེད་འཇུག་གོའམ་གྱིས་ཤིག་གོ ༈ །བཱ་འགྲོ་བ་དང་དྲི་དག་ ལ་ཡང་ངོ༌། །བཱཀྟ་ཏ་ན། ནིར྄་གོང༌། སི་རྣམ་བཅད། ནིརྦཱ་ཎཿ། ཡང་ན་ཏ་མི་འགྱུར། ནིརྦཱ་ཏཿ། ཀུན་སྤངས་སམ། མྱང་འདས་སོ། ། ༈ སམྤཪྻུ་པེ་བྷྱཿཀ་རོ་ཏི་བྷཱུ་ཥ་ཎེ་སུ་ཊ྄། ས་མ྄་བ་རི་ཨུ་བ་རྣམས་ལས་ཀྲྀ་ལ་རྒྱན་གྱི་དོན་ དུ་སུ་ཊ྄འོ། །མཛེས་བྱེད་དང་གཞན་ན་ལས་ཁྱད་འཕགས་ཀྱི་ཡོན་ཏན་བརྗོད་པའི་དོན་དུ། ཀྲྀའི་བྱིངས་ལ་ཐོག་མར་སཾ་དང་པ་རི་དང་ཨུ་པ་ཞེས་པ་ཉེར་སྒྱུར་གསུམ་གང་རུང་སྦྱར་ན་སུ་ ཊ྄་ཨཱ་ག་མ་སྟེར་ཏེ། དེ་ཡང་བྱིངས་ཀྱི་ཐོག་མར་རོ། ༈ །ཀྲྀ་ཀྟ་སུཊ྄་ཨཱ་ག་མ་བྱིངས་ཀྱི་གོང་དུ་ བཞག ཊ྄་དང་ཨུ་ཡལ། ས྄་དབྱངས་མེད་ཕར་དྲངས། སམ྄་གོང༌། སི་རྣམ་བཅད། སཾ་སྐྲྀ་ཏཿ། སཾ་སྐྲྀ་ཏེ་སྨ། ལེགས་བྱས་སམ་ལེགས་སྦྱར་རོ། ༈ །པ་རི་སྦྱར་ན། པ་རི་སྐྲྀ་ཡ་ཏེ་སྨ། ཡོངས་ སུ་བྱེད་པའོ། །ཞེས་པའི་དོན་ལ། པ་རི་སྐྲྀ་ཏཿ། ཨུ་པ་སྦྱར་ན། ཨུ་པ་སྐྲྀ་ཡ་ཏེ། ཉེ་བར་སྦྱོར་ བར་བྱེད་ཅེས་པའི་དོན་ལ། ཨུ་པ་སྐྲྀཏཿ། ༈ བྷ་བེ་གྷཉ྄། དངོས་པོ་ལགྷཉ྄འོ། །དངོས་པོའི་ དོན་དུ་ཀྲྀའི་བྱིངས་ལ་གྷ་ཉ྄འི་རྐྱེན་སྟེར་ཏེ་ཉ྄་རྗེས་འབྲེལ་ལོ། །ཀྲྀ་གྷཉ྄་གྷ྄་ཡང་ཁྱད་དོན་ནོ། ། སུཊ྄་གོང༌། ས྄ཀྲྀ་ཨ། སམ྄་གོང༌། རྀ་འཕེལ་བ་ཨཱར྄། སི། སཾ་ས྄ཀ྄་ཨཱར྄་ཨ་སི། རིམ་པས་ དྲངས་རྣམས་བཅད་སཾ་སྐཱ་རཿ། འདུ་བྱེད་ཅེས་པའོ། །དེ་ཡང་སཾ་སྐྲྀ་ཡ་ཏེ། ཤིན་དུ་བྱེད་པའོ། ༈ །གཞན་དེ་དང་འདྲ་བ་ལས། སུཊ྄་མེད། ཨ་ལཾ་སྔོན་དུ་བཞག ཨ་ལཾ་ཀྲྀ་ཡ་ཏེ། མཛེས་པར་ 19-1-541 བྱེད་དོ། །ཞེས་པའི་དོན་ལ། ཨ་ལཾ་ཀཱ་རཿ། རྒྱན་ནོ། ། ༈ ཛན྄་གྷ། ཛ་ནེརྫཱཿཛཱའོ། །ཛ་ན྄་ཛཱ་རུ་བསྒྱུར། སི། ཛཱ་ཏཿ། ཛ་ཏེསྨ། སྐྱེས་སོ། །ཞེས་ པའོ། ༈ །པ་ཙེ་རྦཿ། པ་ཙ྄་ལ་བའོ། །པ་ཙ྄འི་བྱིངས་ལ་བ་རྐྱེན་ཏེ། ཀྟ་བ་རུ་བསྒྱུར་པ་ཡིན་ནོ། ། པ་ཙ྄་ཀྟ། ཀ྄་ཡལ། ཏ་བ་རུ་བསྒྱུར། ཙུའི་ཀུའོ་ཞེས་པས་ཙ྄ཀ྄་དྲངས་སི། པཀྭཿ། བཙོས་པའོ། ༈ །པཀྭ་སྒྲུབ་ཚུལ་དེ་ལྟར་བྱས་ནས། སླ་ཡང་བཏ྄་རྐྱེན་བྱིན། སི་ནུམ྄་ཨཱ་ག་མ་འཇོག་སྟེ། བ་ དང་ཏ྄འི་བར་དུའོ། །བཀྭབན྄་ཏ྄་སི། ཨུ་པ་དྷཱ་རིང་པོ། སི་འཇིག རབ་སྦྱོར་ལ་ཏ྄་ཡལ། བཀྭ་ བཱན྄། ༈ ཤུཥ྄་སྐམས་པ་ལའོ། ། ༈ ཤུ་ཥེཿཀཿ། ཤུཥ྄་ལ་ཀའོ། །བྱིངས་ཤུཥ྄འི་ཕ་རོལ་དུ་རྐྱེན་ཀྟ་བྱུང་ན་ཏ་ནི་ཀ་ཞེས་པར་ འགྱུར་རོ། །ཤུཥ྄་ཀྟ་ཏ་ཀ། ཥ྄་ས྄་དྲངས། སི་ཤུ་ཥྱ་ཏེ་སྨ། སྐམས་པའོ། །ཞེས་པ་ལ་ཤུསྐཿ། ༈ ཀྵཻ་ཟད་བྱེད་པའོ། །ཀྵཻཀྟ་ཀ་རུ་སོང་མཚམས་སྦྱོར་གྱི་ཡི་གེ་ཨཱའོ། །ཞེས་པས་ཀྵཱ་བྱུང༌། ཀྵ་ དེརྨཿ། ཀྵ་ལས་མའོ། །ཀྵཱ་སོགས་ཀྱི་བྱིངས་ཀྱི་ཕ་རོལ་རྐྱེན་ཀྟ་ནི་མ་རྐྱེན་དུ་འགྱུར་རོ། །ཀྵཱཻ་ཡ་ ཏེ་སྨ། ཟད་བྱེད་དོ་ཟད་བྱེད་ཀྱི་ནད་ལྟ་བུའོ། །དོན་དེ་ལ་ཀྵཱ་མཿ། ༈ སྥཱ་ཡི་དང་ཨོ་བྱ་ཡི་རྒན་ པོ་ལའོ། །སྥཱ་ཡཿསྥཱིཿ། སྥཱི་ནི་སྥཱིའོ། །བྱིངས་སྥཱ་ནི་རྐྱེན་ཀྟ་མཐོང་ན་སྥཱི་རུ་འགྱུར་རོ། ༈ །སྥཱ་ཀྟ་ སྥཱི་རུ་བསྒྱུར། སི། སྥཱི་ཏཿ། ༈ ཨོབྱཱ་ཡ་ཀྟ། ཨོ་དབྱི་པྱཱ་ཡ་ཞེས་པ་པཱི་རུ་སོང་པཱི་ཏཿ། རྒན་པོའོ། ། ༈ ཀྭ་སུ་ཀཱ་ནཽ་ཎ་བེ་བཏ྄། ཀྭ་སུ་དང་ཀ་ཎ་དག་ཎཔ྄་བེ་དང་འདྲའོ། །བྱིངས་ལ་ཀ྄་སུའི་ རྐྱེན་བྱུང་ན་འདས་དུས་ལྐོག་གྱུར་གྱི་རྐྱེན་ཎཔ྄་སོགས། པ་ར་སྨཻ་དང་འདྲ་བའི་ཆོ་ག་དང༌། ཀ་ཎཱི་རྐྱེན་བྱུང་ན། ལྐོག་གྱུར་གྱི་ཨེ་སོགས་ཨཱཏྨ་ནེའི་བྱ་བ་དང་འདྲའོ་ཞེས་པའི་དོན་ནོ། ༈། བྷི་དིར྄་གཉིས་སུ་འབྱེད་པ་ལའོ། །ཨིར྄་མི་སྣང༌། བྷེད྄་ཀྭ་སུ་ཀཱ་ནི་ཡོན་ཏན་དགག་པ་དང༌། ཨུ་ནི་ནུམ྄་གྱི་ཆོ་ག་འཇུག་པའི་དོན་ཡིན་དབྱི། བྷི་ད྄་བས྄་བྱུང༌། ཎཔ྄་མཚུངས་པའི་དོན་ གཉིས་བརྗོད་ཡིན་པས། བྷིད྄་བྷིད྄་ཐོག་མའི་ཧ་ས་སོགས་ད྄་སྔ་མ་ཡལ། བྷི་བི་རུ་སོང༌། སི་ 19-1-542 དང་ནུམ྄། བི་བྷིད྄་བ་ན྄ས་སི་ཞེས་བྱུང༌། ཨུ་པ་དྷཱ་རིང་སི་དང་ས་འཇིག་ད྄་དྲངས་བི་བྷི་དྭཱན྄། གྲུབ་བོ། །བི་བྷེ་ཏེ་ཏི། འཇོམས་པར་བྱེད་བའམ་བསེད་པར་བྱེད་པའོ། ༈ །ཀྲྀ་ཀྭ་སུཀ྄་དང་ཨུ་ ཐིམ། ཀྲྀ་བས྄་གཉིས་བརྗོད་ཀྲྀ་ཀ྄རུ་བསྒྱུར། ཀ་ཙ། སི། ནུམ྄། ཨུ་པ་དྷཱ་རིང༌། ཙ་ཀྲྀ་བཱ་ན྄ས྄་ སི། སི་དང་ས྄་དབྱི་ཙཀྲྀ་བཱན྄། བྱེད་པ་པོའོ། །ཙ་ཀཱ་ར་དང་དོན་གཅིག་གོ ༈ །ཀྲྀ་ཀཱ་ཎ་ཀ྄་ཡོན་ ཏན་སྤངས་པའི་དོན། ཀྲྀ་ཨཱན་གཉིས་བརྗོད་རྀ་དང་པོ་ཨ་ཐུང་དེ་ཙ་རྀ་ཕྱི་མ་ར྄་རུ་སོང༌། ཙཀྲ་ ར྄་ཨཱ་ན་སི་ར྄་དང་ཀ྄་ཨཱ་ལ་དྲངས། ནཎ་སི་རྣམ་བཅད། ཙཀྲཱ་ཎཿ། ༈ །ཧན྄་ཀྭ་སུ། ཀ྄་དང་ ཨུ་ཡལ། གཉིས་བརྗོད། ཐོག་མའི་ཧ་ས་སོགས། ཧ་ཛྷ་དེ་ཛ་ཧ་ཕྱི་མའི་དབྱངས་ཕྱིས་ཧ྄གྷྲ་རུ་ སོང༌། སི་ནུམ྄། ན྄་དང་བའི་བར་དུ་ཨིཊ྄། ཨུ་པ་དྷཱ་རིང༌། ཛ་གྷན྄་ཨི་བཱན྄ས྄་སི་ཞེས་པ་བྱུང༌། ན྄གྷ྄་ཨི་ལ་དྲངས་སི་སུ་ཡལ། ཛ་གྷི་བཱན྄། ཞེས་གྲུབ། ཛ་གྷཱ་ན། འཚེ་ལྡན་ནོ། ༈ །ཤ་ཏྲྀ་ཤཱ་ ཥཽ་ཏིཔ྄་ཏེ་བཏ྄་ཀྲི་ཡཱ་ཡཱམ྄། ཤ་ཏྲྀ་དང་ཤཱ་ན་དག་ཏིཔ྄་ཏེ་དང་འདྲ་སྟེ་བྱ་བ་ལའོ། །བྱ་བ་ཞེས་པ་ བྱ་བའི་ཚིག་སྟེ། ག་མྱ་མ་ན་ཞེས་བྱིངས་དང་རྐྱེན་འདུ་བར་རུང་བའོ། །དེ་ལ་རྐྱེན་ཤཏྲྀ་བྱིན་ན་ པ་ར་སྨཻའི་ཏིཔ྄་དང་སྒྲུབ་ཚུལ་འདྲ་ལ་ཤཱན་བྱིན་ན། ཨཱཏྨ་ནེ་ཏེ་དང་སྒྲུབ་ཚུལ་འདྲའོ། ༈ །བ་ ཙ྄་ཤ་ཤྲྀ་ཤ྄་ཡལ་རྀ་ནུམ྄་གྱི་བྱ་བའི་དོན་ནོ། །པཙ྄་ཨཏ྄་སི་ནུམ྄་པཙ྄་ཨན྄་ཏ྄སི། དྲངས། སི་ དང་ཏ྄་འཇིག་པ་པ་ཙ་ན། ཞེས་པ་གྲུབ་པོ། །པཙན྄་ཨ་སྟི་བཞག ཐུང་ངུ་མཐའི་ད྄་ཎ྄་ན་རྣ྄མས་ ཕ་རོལ་དབྱངས་མཐོང་ན་གཉིས་སུ་འགྱུར་བས། ཨ་ཐུང་གི་མཐའི་ན྄་ཡིག་ཕ་རོལ་ཨ་ཡིག་ མཐོང་བས། ན྄་ཉིས་འགྱུར་དུ་སོང་བ་ཨ་སྟིའི་ཨ་ལ་དྲངས། པ་ཙནྣ་སྟི། ཚོས་ནས་སྡོད་ཅིག ཅེས་སོ། ༈ །དེ་བཞིན་དུ། པཋ྄ ཤ་ཏྲྀ་བཞག པཋ྄་ན་རུ་བསྒྱུར་ལུགས། པ་ཙན྄་དང་འདྲ། ཕ་རོལ་དུ་ཏིཥྛ་ཏི་བཞག བར་དུ་སཀ྄་རྐྱེན་བྱིན། ཨཀ྄་སོང༌། ས྄་དབྱངས་བྲལ་གནས། པཋ་ ནས྄། ཏིཥྛ་ཏི། ཞེས་པ་བྱུང༌། ན྄་ང་རོ་ས྄་ཏི་ལ་དྲངས་པ་ཋཾ་སྟིཥྛ་ཏི། ཀློག་ནས་འདུག་ཅིག ༈ གཻ་ཤ་ཏྲི་ཨཻ་ཨཱ་ཡ། སི་ནུམ྄ ག྄་ཨཱ་ཡ྄་ཨཱནཏ྄་སི། སིཏ྄་ཡལ། སོ་སོར་དྲངས། གཱ་ཡཱན་གྲུབ། 19-1-543 གཙྪ་ཏི་དང་སྦྱར། གཱ་ཡངྒ་ཙྪ་ཏི། སྨོས་ལ་སོང་ཞིག ༈ མུ་གཱ་ནེ྅་ཏཿ། ཨཏ྄་ལས་ཨཱ་ན་ལ་མུཀ྄འོ། །བྱིངས་ཨ་མཐའ་ཅན་གྱི་ཕ་རོལ་རྐྱེན་ ཨཱ་ན་བྱུང་ན་བར་དུ་མུཀ྄་ཨཱ་ག་མ་སྟེར་རོ། །པཙ་ཤཱན། ཤ་སོང༌། པཙ་ཨཱན་འདིར་པ་ཙའི་ཙ་ དབྱངས་ལྡན་ནོ། །བྱིངས་རྐྱེན་བར་དུ་མུཀ྄་ཀ྄་དང་ཨུ་སོང༌། པ་ཙམ྄་ཨཱན་མ྄་དྲངས་སི་རྣམ་ བཅད་པ་ཙ་མཱ་ནཿ། འཚེད་པ་པོའོ། །པ་ཙ་ཏི། ༈ དེ་བཞིན་དུ། པི་པ་ཤཱན་ཞེས་པ་མུཀ྄་པི་པ་ མཱ་ནཿ པི་པ་ཏི། འཐུང་བ་པོའོ། །ཡཛ་ཤཱན། མུཀ྄། ཡཛ་མཱནཿ ཡ་ཛ་ཏེ། མཆོད་སྦྱིན་བྱེད་ མཁན་ནོ། །ཡ་ཛ་མཱ་ན་སྟཽ་ཏི། མཆོད་སྦྱིན་པོས་བསྟོད་དོ། ༈ །མ་ནུ་ཨ་པ་བོ་དྷེ་ནེ། མ་ནུ་ཤཱ་ ན་བཞག་འདི་རྐྱེན་ཨཱ་ན་ཡིན་ཡང་བྱིངས་ཨ་མཐའ་མིན་བས་མུཀ྄་མི་སྟེར། ཨུ་པ྄་དྲངས། སི་ རྣམ་བཅད། མ་ནྭཱ་ནཿ། གྲུབ། མ་ནྱ་ཏེ། གུས་པ་པོའོ། ། ༈ ཨཱ་སེ་རཱ་ན་ཨཱི། ཨཱས྄་ལ་ཨཱ་ནའི་ཨཱིའོ། །བྱིངས་ཨཱས྄་རྐྱེན་ཨཱ་ན་བྱུང་ན་ཨཱ་ན་ཨཱི་རུ་ འགྱུར་རོ། །ཨཱས་གནས་པ་ལའོ། །ཨཱས྄་ཨཱན་སི། ཨཱ་ན་ཨཱི་ན་རུ་བསྒྱུར། སི་རྣམ་བཅད་ཨཱ་ སཱིནཿ། ཨཱ་སྟེ། གནས་པར་གྱིས་ཤིག ༈ བཱ་དཱི་པོཿཤ་ཏུཿ། ཨཏ྄་ལ་ཤ་ཏུ་ཏེ་ཨཱིཔ྄་ལ་ཡང་ནའོ། །ཨཏ྄་མཐའ་ལ་རྐྱེན་ཤ་ཏུ་ སྟེར་བ་ནི་རྟག་ཏུ་ཡིན་ལ། དེའི་སྟེང་དུ་བུད་མེད་ཀྱི་ཨཱི་པ྄་སྟེར་ན་ནུམ྄་ཨཱ་ག་མ་སྟེར་མི་སྟེར་ གདམ་ངའོ། ༈ །ཏུད྄་ཤ་ཏུ། ཤ་དང་ཨུ་ཡལ། ཏུད྄་ཨ་ཏ྄་དྲངས་སི་ཡལ་ཏུ་དཏ྄། ཡང་ན་ཏུ་ དཏ྄། གདུང་བ་པོའོ། ༈ །ཨཱིཔ྄་སྟེར་ན། ཏུད྄། ཨཏ྄། ཏུ། དཏ྄། ཨཱིཔ྄། སི། དབྱངས་མཐར་ ནུམ྄། ཏུ་ད་ན྄ཏ྄་ཨཱི་སི་བྱུང་ན྄་ང་རོ་ཏ྄་ཨཱི་ལ་བུད་མེད་ལ་སི་དབྱི། ཏུ་དནྟཱི། ༈ ནུམ྄་སྤངས་ན་ ཏུད྄་ཨཏ྄་ཨཱིཔ྄་སི་དྲངས། སི་ཡལ་ཏུ་ད་དཱི། ཞེས་སོ། ༈ །ཏུ་དནྟཱི་ཨཽ། ཏུ་ད་ནྟྱཽ། ༈ ཏུ་དནྟཱི་ཛས྄། ཛ྄་དབྱི། ཨས྄། ཏུ་དནྟྱཿ། ༈ ཨཱིཔ྄་ལ་ནུམ྄་མེད་ན། ཏུ་ད་ཏྱཽ། ཏུ་ད་ཏྱཿ། ༈ ཨཱི་པ྄་མེད་ན་སི་ གོང་དུ་སོང༌། ཏུད་ཏ྄་ཨཽ་བཞག ཨཽ་ཨཱི། ཏུ་ད་ཏཱི། ༈ ཏུད་ཏ྄། ཛས྄། ཛས྄་ཤས྄་ཤི། སྟེ། ཏུ་ད་ 19-1-544 ཏི། ཞེས་པའོ། ༈ །རུང྄་ཤ་ཏུ་རུང྄་ཨཏ྄། བར་དུ་ནུམ྄། མཐར་ཨཱི་པ྄་སི་བཞག རུད྄་ཨ་ན྄ཏ྄་ ཨཱི་སི་བྱུང༌། ན྄་ང་རོ་དྲངས། སི་དབྱི་རུ་དཾ་ཏཱི། གྲུབ། སྟྲཱི་རུ་ད་ཏཱི་བརྟ་ཏེ། བུད་མེད་ངུ་བར་བྱེད་ བཞིན་པ་ཞེས་སོ། ། ༈ ཨ་བྱ་ཡོ་རཱནྣི་ཏྱཾ། ༈ ཨཏ྄་ལ་ཨཔ྄་ཀྱི་ཨའི་རྟག་ཏུའོ། །འདིར་མདོ་འདི་ལྟར་སྒྲུབས་ ཏེ། ཨ་བི་ཞེས་པ་ཨབ྄་ཀྱིའོ། །ཨ་ཨོས྄། ཨ་ལ་དྲུག་པའི་ཨོས྄་སྦྱར། ཨའི་ཞེས་པའི་དོན་ ནོ། །བི་དང་སྦྱར། བྱ་རུ་སོང༌། འདི་ཨ་ཨེར་སོང༌། ཨེ་ཨཡ྄། བྱ྄་ཨ་ལ་དྲངས། ཡ྄་ཨོ་ལ་ དྲངས། ས྄་རྣམ་བཅད། ཨ་བྱ་ཡོཿ ཨཔ྄་གྱི་ཨའི་ཞེས་པའོ། །དེ་རྗེས་ཨཱཏ྄་ཅེས་ཨ་ཡིག་གི་ དོན་དང༌། ནི་ཏྱཾ་ཞེས་པ་ནི་རྟག་ཏུ་ཞེས་སོ། །ཨཱ་ཏ྄་ལ་ངི་ཡོད་ཀྱང་ཚིག་ཕྲད་ཀྱིས་ཞིག་པའོ། ། དེས་ན་ཨཱཏ྄་ལས་ཞེས་བྱའོ། །ནཱ་མིའི་ཕ་རོལ་རྣམ་བཅད་ར྄་དབྱངས་མེད་དུ་སོང་བ་དེ་ཨཱ་ ལ་དྲངས། ཏ྄་ན྄་དེ་ནི་ལ་དྲངས་པའོ། །དེ་ལྟར་ཨཱ་མཐའ་ཅན་གྱི་ཕ་རོལ་ཞེས་པ་ནི། ཨཔ྄་བི་ ཀ་ར་ཎའི་རྐྱེན་དང་སྦྲེལ་བའི། ཨ་ཡིག་གི་མཐའི་ཕ་རོལ་དུ་རྐྱེན་ཤ་ཏུ་བྱུང་ན་ནུམ྄་ཨཱ་ག་མ་ རྟག་ཏུ་འབྱུང་སྟེ། ཨི་ཡིག་དང་ཨཱིཔ྄་ཀྱང་ཕ་རོལ་དུ་སྦྱོར་ཞེས་བྱ་སྟེ། འོན་ཀྱང་རེ་ཞིག་ཨཱིཔ྄་ ལས་གཞན་པའི་ཨི་ཡིག་ངོས་འཛིན་རྒྱུ་མེད་དོ། ༈ །བྷཱུ་ལ་ཨཔ྄་ཡོན་ཏན་ཨབ྄་སྟེ་བྷ་བ་སྔར་ བཞིན་སྒྲུབས། བྷ་བ་ཤ་ཏུ་བཞག བའི་དབྱངས་ཨཔ྄་ཀྱི་ཨ་དེ་ཡལ། ཤ་ཏུ་ཨཏ྄་དུ་སོང་བའི་ ཨ་ལ་དྲངས་ཨཱིཔ྄་སི་བ་དང་ཏ྄འི་བར་དུ་ནུམ྄། བྷ་བན྄་ཏ྄་ཨཱི་སི། ན྄་ང་རོ། ཏ྄་ཨཱི་ལ་དྲངས། སི་འཇིག་བྷ་བནྟཱི། ༈ དེས་མཚོན་པ། པ་ཙ་དང་པ་ཋ་དང་ཧ་ས་ལ་དེ་བཞིན་དུ་སྒྲུབས་པས། པ་ཙཾ་ཏཱི་དང་པ་ཋཾ་ཏཱི། ཧ་ས་ནྟི། ༈ དཱི་བྱ་དང་ཤླིཥྱ་ལ་ཨ་པ྄་མེད། དི་བུ་རྩེད་མོ་དང༌། ཤླིཥ྄་ དགའ་བའི་བྱིངས་ལ་སྔར་བཤད་ལྟར་ཡ་རྐྱེན་བྱུང་བ་ཡིན། དེ་དག་ཨཱིཔ྄་སི་ནུམ྄་རྣམས་བྱིན་ པས། དཱི་བྱནྟཱི། ཤླི་ཥྱཾ་ཏཱི། གྲུབ་བོ། །ཇི་སྐད་དུ། གཉིས་བརྗོད་པ་རྣམས་ཀྱི་ཛཀྵ་སོགས་ལ་ཡང་ ཤ་ཏུ་རྟག་པར་ཏེ་ནུམ྄་དགག་པའོ། །ཞེས་འབྱུང་བས། དཱ་དང་ཡ་ཛ་ཀྵ་སོགས་ཀྱང་ཡིན་པའི་ 19-1-545 བྱིངས་གཉིས་བརྗོད་ཅན་ལ། ཤ་ཏུ་རྟག་པར་འཇུག་ཀྱང་ནུམ྄་མེད་ཅེས་པ་སྟེ། ཤ་ཏུ་རྟག་པར་ འཇུག་ཅེས་པའི་དོན་འཆད་ཚུལ་གཅིག་ལ། བྱིངས་དེ་དག་མིང་དུ་སྒྲུབ་ཚད་རྐྱེན་ཤ་ཏུ་མེད་ དུ་མི་རུང་བའི་གོ་བ་མ་ཡིན་མོད། ཤ་ཏུ་རྐྱེན་ནམ་སྦྱོར་ཀྱང་འདྲ། ནུམ྄་མི་འབྱུང་ཞེས་པའི་གོ་ དོན་ནོ། །དེས་དུས་ངེས་མེད་དུ་འཇུག་པར་འབྲེལ་བ་ལ་ཡང་རྟག་པར་མིང་འདོགས་པའང་ ཡོད། དོན་གཞན་གཉིས་སོགས་དུ་མ་ལ་ཐུན་མོང་དུ་འཇུག་པ་ལ་ཡང་རྟག་པའི་སྒྲ་ཡོད་པ་ ཤེས་པར་བྱའོ། །དཔེར་ན་ལོ་གཅིག་ལ་འཇིགས་པ་ཞིག་དུས་ལན་གཅིག་གམ་འགའ་རེ་ ལས་མི་འབྱུང་ཡང་དུས་ངེས་པ་མེད་ན། རྟག་ཏུ་ཟོན་དགོས་ཟེར་བ་དང༌། མི་ཆེ་གེ་མོ་དུས་ སྟོན་གཉིས་ཀ་ལ་འོང་བ་ལ། ཆེ་གེ་མོ་དེ་རྟག་པར་འོང་ཟེར་བ་ལྟ་བུའོ། །ཡང་བཤད་ལུགས་ གཅིག་ལ་འདིར་ཤ་ཏུ་རྐྱེན་མང་དུ་འཇུག་པ་ཡོད་པ་ལ་ནུམ྄་དགག་པའི་དོན་ཏེ། ཡང་ན་རྟག་ པར་ཞེས་པ་ནུམ྄་ལ་སྦྱར་ཏེ། རྟག་པར་ནུམ྄་དགག་པའོ་ཞེས་བཏོན་ན་རིག་པ་མི་ཤེས་པ་ལ་ གོ་བདེའོ། ། ༈ དཱ་ཤཏུ་ཨཏ྄་དུ་སོང༌། གཉིས་བརྗོད། དང་པོ་ཐུང་ངུ༌། ཨ་མཐོང་བས་དཱའི་ཨཱ་ཡལ། དྲངས། སི་ཡལ། དད྄་ཏ྄་ཨཽ་ཨཱི། ད་ད་ཏཱི། ཛས྄་ཨི། ད་ད་ཏི། ༈ ཛཀྵ་གད་མོ་ལའོ། །ཛཀྵ་ ཨཏ྄་ཨ་ཡ་ལ་དྲངས། སི་མི་སྣང༌། ཛཀྵཏ྄། ཨཽ་ལ་ཛཀྵ་ཏཱི། ཛས྄་ལ་ནུམ྄་བྱུང་ན། ཛཀྵནྟི། ནུམ྄་མེད་ན་ཛཀྵ་ཏི། ༈ ཛཱགྲྀ་ཤཏུ། རྀ་ཡོན་ཏན་ཛཱགར྄་ཨཏ྄། དྲངས། སི་ཡལ། ཛ་ག་ར་ཏ྄། ཡང་ན་རྀ་ར྄། ཛཱ་གྲྀ་ཏ྄། ཀུ་ལཱ་ནི་ཛགརྟི། རིགས་ཅན་མེལ་ཚེ་བྱེད་དོ། ། ༈ ད་རི་དྲཱ་ཤ་ཏུ། ད་རི་དྲཱའི་ཨཱ་དབྱིའོ། །ཞེས་བཤད་པས། ད་རི་ད྄་ཨཏ྄་དྲངས་སི་ཡལ། ད་རི་དྲ་ཏ྄། ༈ ཙ་ཀཱ་སྲྀ་རྀ་རྗེས་འབྲེལ། ཙ་ཀཱས྄་ཨཏ྄་དྲངས། སི་ཡལ་ཙ་ཀཱ་སཏ྄། འོད་ཅན་ ནོ། ༈ །ཤཱས྄་ཨཏ྄་དྲངས། སི་མི་སྣང༌། ཤཱ་སཏ྄། ཨ་ནུ་ཤཱ་ས་ཏི། ཆད་པས་བཅད་དོ། །ཞེས་ པའོ། ༈ །བི་དཱ་དེརྦཱ་བ་སུཿ། བིད྄་ལ་ངེས་པར་བ་སུའོ། །བིད྄་ཀྱི་བྱིངས་ལ་རྐྱེན་ཤ་ཏྲྀའི་གནས་ 19-1-546 སུ་བ་སུ་སྟེར་རོ། །དེ་ལ་རྒྱ་སྐད་བཱ་ཞེས་ཡང་ན་བ་ལ་འཇུག་པ་མང་ཡང༌། འདི་མི་ཟད་པ་ཡིན་ པས་རེས་འགའ་ཡང་ན་བ་བཀག་པའི་ངེས་པ་ལ་ཡང་འཇུག རེས་འགའ་གཉིས་ཀ་མ་ཡིན་ པའི་ཚིག་རྒྱན་ནམ་ཚིག་གི་ཁ་སྐོངས་ཙམ་ཡང་ཡོད་པ་ལས། འདིའི་འགྲེལ་བཤད་ལ་ལས་ ངེས་པར་འཆད། ལ་ལས་གདམ་ཁར་འཆད་དོ། །འགྲེལ་པར་ཤ་ཏྲིའི་ཡུལ་ལ་བ་སུ་རྐྱེན་དུ་ འགྱུར་རོ་ཞེས་པའི་དོན་ལ་ཡང་ཁ་ཅིག ཤ་ཏྲྀའི་ཡུལ་ཏེ་གནས་སུ་འཆད་ཅིང༌། བིད྄་ལ་ཡང་ན་ རྐྱེན་ཤ་ཏྲྀ་སྟེ་བ་ཡང་ཡོད། ཤ་ཏྲྀའི་ཚབ་ཏུ་བ་སུ་སྟེར་བའང་ཡོད་ཅེས་འཆད། ངེས་པར་འདོད་ པ་འགའ་ཞིག་ཡུལ་གྱི་དོན་སྔར་བྱུང་ཞིག་པའི་ཤུལ་ཏེ་ཤ་ཏྲྀ་ཕྱིས་ནས་བ་སུ་སྟེར་ཟེར། ལ་ལ་ ཤ་ཏྲྀ་བ་སུ་རུ་བསྒྱུར་བ་ཡིན་ཡང་ཟེར་རོ། ༈ །བིད྄་བ་སུ་ཨུ་བརྗོད་དོན་བས྄། སི། ནུམ྄། ཨུ་ པ་དྷཱ་རིང་པོའོ། །བིད྄་བཱ་ན྄ས྄་སི་བྱུང༌། སི་དང་ས་ཡལ། ད྄་བཱ་ལ་དྲངས་བི་དྭཱན྄། རིག་པ་ཅན་ ཏེ་མཁས་པའོ། ༈ །ཡང་ན་བར་འདོད་ན། བ་སུ་བཤད་ཟིན། བིད྄་ཤ་ཏྲྀ་རི་དང་ཤ྄་མ྄ི་སྣང༌། ཨཏ྄་ལུས། སི། ནུམ྄། ཨུ་པ་དྷཱ་རིང་པོ་མེད། གཞན་འདྲ། བི་དན྄་ཞེས་སོ། ༈ །ཡང་ཇི་སྐད་དུ། ཨཏ྄་བྷ་བ་ཏ་དང་ཏཏ྄་བྷ་བ་ཏ་ཀྱི་སྒྲ་དག་མཆོད་པའི་དོན་ལ་ནི་པཱ་དའོ། །ཞེས་འབྱུང་པ་ཨཏ྄་ བྷ་བ་ཏ་སི་རྣམ་བཅད། བྷཊྚ་མིཤྲཱ། རྣམ་བཅད་ཨུ་དེ་ཨོ། འདི་རྐྱེན་སོགས་གང་ཡང་མེད། བ་ ལ་ང་རོ་བཾ་ཚིག་ཕྲད་དོ། །ཨཏ྄་བྷ་བནྟོ་བྷཊྚ་མི་ཤྲཱ། འདིར་ཡོད་པ་ནི་རྗེ་བོ་གསལ་པའོ། །ཞེས་ སོ། །འདི་དོན་ལ་བྷཊྚ་ནི་རྗེ་ཞེས་བྱ་མོད། གཙོ་བོ་ཡིན་ཚད་ལ་མི་ཟེར། རྒྱུན་བཞག་གི་མེ་ ལ་ར་སྐྱེས་ཀྱི་མཆོད་སྦྱིན་བྱས་པའི་བྲམ་ཟེ་མཁས་པ་ལ་ཟེར་བས་མཆོད་པའི་དོན་དང་ལྡན་ པའོ། ༈ །དེ་བཞིན་དུ། ཏཏ྄་བྷ་བ་ལ་བྷིས྄་བྱིན། ཏཏ྄་བྷ་བབྷིཿ ཕ་རོལ་དུ་བྷ་ག་བཏྭཱ་དཽརྦྷ་ཎི་ ཏཾ། རྣམ་བཅད། ར྄་དྲངས། ཚིག་ཕྲད་ཀྱིས་བ་ལ་ང་རོའོ། །ང་རོ་ན྄། ན྄་ད྄། ཏཏ྄་བྷ་བདྦྷིརྦྷ་ག་ བཏྤཱ་དཽརྦྷ་ཎི་ཏཾ། དེར་གནས་པས་བཅོམ་ལྡན་གྱི་ཞབས་ལ་བསྔགས་སོ། །དེ་ཡང་བཅོམ་ལྡན་ ལ་མཆོད་པའི་དོན་ནོ། ༈ །ཤཱི་ལེ་ཏྲྀན྄། ཚུལ་ཁྲིམས་ལ་ཏྲྀ་ན྄འོ། །ཁྲིམས་དང་ངང་ཚུལ་བཟང་ 19-1-547 ངན་གྱི་དོན་དང་འབྲེལ་བ་ལ་རྐྱེན་དུ་ཏྲྀན྄་འཇུག་གོ །ན྄་ཡིག་ནི་རྐྱེན་གྱི་དབྱེ་བ་ཤེས་པའི་དོན་ ནོ། །ཀྲྀ་ཏྲྀན྄་ན྄་ཁྱད་དོན་ཀྲྀ་ཡོན་ཏན། སི། ཨཱ་རུ་བསྒྱུར། ཌིཏ྄་ལ་ཊི་དབྱི། དྲངས། ཀརྟཱ། ཀ་ རོ་ཏཱི་ཏྱེ་བཾ་ཤཱི་ལཿ། ཚུལ་ཁྲིམས་འདི་ལྟར་བྱེད་པ་འདིའོ། །ཞེས་པའི་དོན་ནོ། ༈ དྷྲྀ་ཏྲྀ་ཡོན་ ཏན། སི། ཨཱ་ཊི་ཕྱིས། དྷརྟཱ། དྷ་ར་ཏཱི་ཏྱེ་བངྴཱི་ལཿ། ཚུལ་ཁྲིམས་འདིར་འཛིན་པའོ། ༈ །ཧྲྀ་ཏྲྀ་ སི། གོང་བཞིན་ཧརྟཱ། ཧ་ར་ཏཱི་ཏྱེ་བཾ་ཤཱི་ལཿ། འཕྲོག་པར་བྱེད་དེ་འདི་ལྟར་ཁྲིམས་སོ། ༈ །མྲྀ་ ཏྲྀ་སི་མརྟཱ། མྲྀ་ཡ་ཏེ་ཨི་ཏྱེ་བཾ་ཤཱི་ལཿ། འདི་ལྟར་འདི་སྲོལ་ལུགས་ཀྱིས་འཆི་བའོ། ༈ །བྷྲྀ་ཏྲྀ་སི་ བྷརྟཱ། བི་བྷརྟཱ་ཏྱེ་བངྴཱ་ལཿ། འདི་འདི་ལྟར་ཁྲིམས་འཇུག་བྱེད་དོ། །བྷྲྀ་རྒྱས་པའི་དོན་ནི་འདིར་ འཇུག་པའོ། ༈ །བཙྼྀ་ཏྲྀ། ན྄་ཨིཊ྄་སྟེར། ཙྼྀ་ཡོན་ཏན། བི་ཙ྄། ཨར྄། ཨི་ཏྲྀ་སི་ཞེས་བྱུང༌། སི་ཨཱ་ཊི་ཕྱིས། དྲངས། བི་ཙ་རི་ཏཱ། བི་ཙ་རི་ཏཱི་ཏྱེ་བཾ་ཤཱི་ལཿ། འདི་ནི་ཚུལ་ཁྲིམས་འདི་འདྲར་ རིག་པར་བྱེད་དོ། ༈ །ཤཱི་ང྄་ཏྲྀ་ཨིཊ྄་ཤཱི་ཡོན་ཏན། ཤེ་ཤ་ཡ྄། ཤ་ཡ྄་ཨི་ཏྲྀ། སི་ཨཱ་སོགས། ཤ་ ཡི་ཏཱ། གྲུབ་པ་སོགས་ཤིན་དུ་མང་པོའོ། ། ༈ ཨིཥྞུ་སྣུ་ཀྞུ། ཨིཥྞུ་དང་སྣུ་དང་ཀྞུའོ། །འདིར་ཚུལ་ཁྲིམས་ཞེས་པ་རང་བཞིན་གྱི་ངོ་ ཚ་ཁྲེལ་ཡོད་ཀྱི་ངང་ཚུལ་ལ་ཡང་འཇུག བཅའ་ཁྲིམས་སྒྲིགས་བཀོད་ལ་ཡང་འཇུག བརྟུལ་ ཞུགས་དང་སྡོམ་པ་ལ་འཇུག་པ་ཀུན་ལ་གྲགས་པའོ། །དོན་དེ་ལ་ཏྲྀན྄་དུ་མ་ཟད། ཨིཥྞུ་སོགས་ རྐྱེན་གསུམ་པོ་འདི་ཡང་འཇུག་གོ ༈ །ཇི་སྐད་དུ། ཀྲྀཉ྄་བྷྲྀ་ཛྲྀ་བྷཱུ་ས་ཧི་བིཥ་ཛཱི་ཛ་ནི་པྲྀ་ཏི་གྲ་སི་ ཙ་རི་བྲ་ཛ་བཀྵ་ཨ་བ་ཏྲ་བཱ་རྣམས་ལ། ཨིཥྞུ་ཡང་ངོ༌། །ཞེས་འབྱུང་བས། ཀྲྀ་ཉ྄་ཉ྄་རྗེས་འབྲེལ། ཀྲྀ་ཨིཥྞུ་ཀྲྀ་ཡོན་ཏན། ཨ་ལམ྄་གོང༌། སི་རྣམ་བཅད། ཨ་ལཾ་ཀ་རིཥྞུཿ། ཟབ་པའི་ངང་ཚུལ་ལོ། ༈ །ཡང་ན། ཨ་ལཾ་ཀ་རོ་ཏཱི་ཏྱེ་བཾ་ཤཱི་ལཿ། འདི་འདི་ལྟར་ཚུལ་ཁྲིམས་ཀྱིས་བརྒྱན་པའོ། །ཞེས་ སོ། ༈ །ཀྲྀ་ཨིཥྞུ། རྀ་ཨར྄། ཨཱང྄་སྔོན། ནིར྄་ཐོག་མར་བཞག ནིར྄་ཨཱཀ྄་ཨར྄་ཨིཥྞུ་རིམ་ པས་དྲངས། ནི་རཱ་ཀ་རིཥྞུཿསི་རྣམ་བཅད་ནི་རཱ་ཀ་ར་ཏཱི་ཏྱེ་བཾ་ཤཱི་ལཿ། འདི་ནི་འདི་འདྲར་གཅིག་ 19-1-548 ཚུལ་ཁྲིམས་སོ། །ཡང་ན་ནིར྄་དགག་ཚིག་སྟེ། འདི་འདི་ལྟར་ཚུལ་ཁྲིམས་མེད་པའོ། ༈ །བྷྲཱ་ ཛ྄་ཨིཥྞུ། སི་དྲངས། རྣམ་བཅད་བྷྲ་ཛིཥྞུཿ། བྷྲཱ་ཛ་ཏེ་ཨི་ཏྱེ་བཾ་ཤཱི་ལ། འདི་ཁྲིམས་གསལ་བར་ བྱེད་པ་འདི་སྐད་དོ། ༈ །གྲས྄་ཨིཥྞུ་སི་དྲངས་རྣམ་བཅད། གྲ་སིཥྞུཿ། གྲ་ས་ཏི་ཤཱི་ལཿ། ཟས་ བཟའ་བའི་བཀོད་ཁྲིགས་སོ། ༈ །བྷུ་ཨིཥྞུ་བྷུ་ཡོན་ཏན། ཨབ྄། བྷབ྄། ཨིཥྞུ་སི་དྲངས། རྣམ་ བཅད། པྲ་གོང་པྲ་བྷ་བིཥྞུཿ། པྲ་བྷ་བ་ཏཱི་ཏྱེ་བཾ་ཤཱི་ལཿ། ཁྲིམས་འདི་བཀྲག་དང་ལྡན་པ་འདི་ འདྲའོ། ཥ་ཧྲ་བཟོད་པ་ལའོ། ཥའི་སའོ། །ས་ཧ྄་ཨིཥྞུ། སི་གོང་བཞིན། ས་ཧི་ཥྞུཿ། ས་ཧ་ཏེ་ཨེ་ ཏྱེ་བཾ་ཤཱི་ལཿ། འདི་ལྟར་བཟོད་པའི་ངང་ཚུལ་འདི་ཞེས་སོ། །ཇི་སྐད་དུ། ༈ ཛི་བྷུ་དག་གི་ཡོན་ ཏན་མི་འབྱུང་ངོ༌། །ཞེས་བཤད་པས། ཛི་རྒྱལ་བ་ལའོ། །ཛིསྣུ་བཞག ས྄་ཥ྄། ན་ཎ། སི་རྣམ་ བཅད། ཛིཥྞུཿ། ཡང་ན་ཛི་སྣུཿ། ཛ་ཡ་ཏཱི་ཏྱེ་བཾ་ཤཱི་ལཿ། འདི་ལྟར་ཁྲིམས་ཀྱིས་རྒྱལ་བ་འདིའོ། ། བྷཱུ་སྣུ་བཞག ས྄་ཥ྄། ན་ཎ། སི། བྷཱུཥྞུཿ། ཡང་ན། བྷཱུ་སྣུཿ། པྲ་བྷཱུཥྞུཿ པྲ་བྷཱུ་སྣུཿ། བྷ་བ་ཏཱི་ཏྱེ་ བཾ་ཤཱི་ལཿ། འདི་ཚུལ་ཁྲིམས་བདེན་པ་འདི་འདྲའོ། ༈ །གྲྀ་དྷུ་མངོན་པར་རེ་འདོད་ལའོ། །གྲྀ་ དྷྲ་ཀ་ནུ་བཞག་ཀ྄་ཡལ་དྷ་ནུ་ལ་དྲངས་སི་རྣམ་བཅད་གྲྀ་དྷྣུཿ། གྲྀ་དྷྱ་ཏཱི་ཏྱེ་བཾ་ཤཱི་ལཿ། འདི་འདྲའི་ ཚུལ་ཁྲིམས་འདོད་པའོ། ༈ །ཨ་པཏ྄་བཱ་ཨིཥྞུ་བཞག པཱའི་ཨཱ་རིང་དབྱངས་ལ་ཕྱིས་ནས་ཨི་ ལ་དྲངས། སི་རྣམ་བཅད་ཨ་པ་ཏྲ་བིཥྚུཿ། ཨ་བ་ཏྲ་བ་ཏེ་ཨི་ཏྱེ་བཾ་ཤཱི་ལཿ། འདི་བདག་ཉིད་སྲུང་ བའི་ངང་ཚུལ་འདི་འདྲའོ། །ཞེས་པའོ། ། ༈ ཥཱ་ཀོ་ཀ་ཎཿ། ཥཱ་ཀ་ཨུ་ཨུ་ཀཎ྄འོ། །གཞན་ཡང་ཚུལ་ཁྲིམས་ཀྱི་དོན་དུ་བྱིངས་གང་དོན་ འབྲེལ་དུ་རུང་བ་ལ་ཥཱ་ཀ་དང༌། ཨུ་དང་ཨུ་ཀཎ྄་རྣམས་ཀྱང་འཇུག་གོ ༈ །བར྄་སྨོད་པ་ལའོ། ། བར྄་བར་མི་ལའོ། །བར྄་ཥཱ་ཀ་བཞག ཥ྄་ཁྱད་དོན་ཨཱ་ཀ་དྲངས་སི་རྣམ་བཅད། བ་རཱ་ཀཿ། གྲུབ། བར་ཎ་ཤཱི་ལཿ། སྨད་པའི་ཁྲིམས་སོ། །ཁྲིམས་ཀྱི་བར་མི། ཞེས་སོ། ༈ ཥཱ་ཀའི་ཥ྄་ཡིག་ ཨཱིཔ྄་ཀྱི་དོན་ཞེས་འགྲེལ་པར་བྱུང་སྟེ། དེ་ལྟར་ན་བུད་མེད་ཀྱི་དོན་ལ། བ་རཱ་ཀ་གོང་ལྟར་ 19-1-549 སྒྲུབས་ནས་ཨཱིཔ྄་བཞག རྐྱེན་མཐའི་ཨ་ཕྱིས། དྲངས། སི་འཇིག་བ་རཱ་ཀཱི་ཏེ། རང་རིགས་ཀྱི་ ཁྲིམས་དང་ལྡན་པའི་བུད་མེད་དོ། ༈ །བྷིཀྵུ་སློང་བ་ལའོ། །ཨུ་བརྗོད་དོན། བྷིཀྵ་ཥཱ་ཀ། ཥ྄་ ཕྱིས། དྲངས་སི། བྷི་ཀྵཱ་ཀཿ། ༈ དེ་བཞིན་དུ། བྷི་ཀྵ྄་ཨུ་བཞག དྲངས་སི་བྷི་ཀྵུཿ། ༈ ཡང༌། བྷི་ཀྵ྄་ཨུ་ཀཎ྄། ཎ྄་ཡལ། དྲངས། སི། ཎ྄་རྗེས་འབྲེལ་ལ་འཕེལ་བ་ལྟར་ན། བྷཻ ཀྵུ་ཀཿ། འདིར་ འཕེལ་བ་ཐོབ་ཀྱང་འགོག་སྟེ། བྷིཀྵུ་ཀཿ། སློང་བའི་ཚུལ་ཁྲིམས་ཅན་ཏེ། དགེ་སློང་ངོ༌། ། ༈ སཱཾ་ཏཱ་ཤཾ་ས་ཡོཤྩ། ས་མཐའ་དང་ཤཾ་ས་ལ་ཨུ་ཡང་ངོ༌། །འདིས་མཐའ་ནི་རྐྱེན་ས་བྱིན་ པའི་ས་མཐའ་སྟེ་དེ་དང༌། ཉེར་སྒྱུར་ཨཱང྄་སྔོན་དུ་བཞག་པའི་བྱིངས་ཤཾ་ས་ལའང་ཨུ་རྐྱེན་དུ་ འཇུག་གོ །འདིར་ཨུ་རྐྱེན་ཡིན་ཡང་ཚུལ་ཁྲིམས་ཀྱིས་དོན་མ་ཡིན་པས་ཨུ་རྐྱེན་སྔ་མ་ལས་ ཐ་དད་པར་བགྲོང་ངོ༌། ༈ །དཔེར་བརྗོད། པ་ཙ྄ས་བཞག གཉིས་བརྗོད། ཐོག་མའི་ཧ་ས་ སོགས་ཙ྄་གོང་མ་ཡལ། ཨ་ཨི་རུ་སོང་བས། བ་གོང་མ། བི། ཙ྄་ཕྱི་མ་ཀ྄། ས་ཥ་ཀ྄། ཀྵ་ཨུ་ རྐྱེན་སྟེར་སི། བི་བཀྵ་ཨུ་སི་བྱུང་། ཀྵའི་ཨ་ཡལ། ཨུ་ལ་དྲངས། རྣམ་བཅད། བི་བཀྵུཿ། ཡིད་ འདོད་བྱེད་པ་ཞེས་སོ། ༈ །ཀྲྀ་ས་བཞག་རྀ་ཨིར྄་དུ་བསྒྱུར་ཀིར྄་གཉིས་བརྗོད། ར྄་ཐོག་མ་ དབྱི། ཀི་དང་པོ་ཙི། ཨི་ཨུ་ར་བ་སོགས་ཀྱིས་ཨི་ཕྱི་མ་རིང་པོ། ས་ཥ་ར྄་དེ་ལ་དྲངས། ཙ་ཀཱིཪྵ་ བྱུང་། ཨུ། སི། ཥའི་ཨ་ཡལ། ཨུ་ལ་དྲངས་རྣམ་བཅད་ཙ་ཀཱིཪྵུཿ། ༈ ཤཾ་སུ་བསྟོད་པ་ལའོ། ༈། ཤཾས྄་ཨུ་སི་ཨཱང྄་སྔོན་དུ་བཞག ས་རྣམ་བཅད། ཨཱ་ཤཾ་སུཿ། ༈ གྲཧ྄་ཉེ་བར་འཛིན་པ་ལའོ། ། གྲཧ྄་ས་བཞག སམྤྲ་ས་ར་ན་སྟེ། གྲྀཧ྄་གཉིས་བརྗོད། ཧ྄་ཡལ། རྀ་ཨ་ག་དེ་ཛ། ཡང༌། དེ་ཛི་ ཧ྄་འོག་མ་ཌྷ་ཌྷ་མཐོང་བས། གྲྀ་གྷྲྀ་དུ་སོང༌། ཌྷ྄་ཀ྄། ས྄ཥ྄། ཛིགྷྲྀ། ཀ྄་ཥ་དེ་ལ་ཨུ་དང་སི། ཀ྄་ ཥ་ཀྵ། ཀྵའི་ཨ་ཡལ། ཨུ་ལ་དྲངས། སི་རྣམ་བཅད། ཛི་གྷྲྀ་ཀྵུཿ། གྲུབ། ཛི་གྷྲྀ་ཀྵ་ཏི། ཁྱིམ་པ་ པོའམ། འཛིན་པར་བྱེད་པ་ཞེས་སོ། ༈ །ཀ་མུ་མཛེས་པ་ལའོ། །ཀམ྄་ཨུ་ཀ་ཎ྄། ཎ྄་ཡལ། ཨུ་ པ་དྷཱ་འཕེལ་བ། དྲངས། སི་ཀཱ་མུ་ཀཿ གྲུབ། ཀཱ་མ་ཡ་ཏེ། མཛེས་བྱེད། འདོད་པ་བྱེད། ཅེས་ 19-1-550 སོ། ༈ །བྷུ་ཡོད་པ་ལའོ། །བྷཱུ་ཨུ་ཀཎ྄་བཞག ཎ྄་ཡལ་བྱིངས་འཕེལ། ཨཽ་ཨཱབ྄། སི་རྣམ་བཅད། བྷཱ་བུ་ཀཿགྲུབ། བྷ་བ་ཏི་ཏྱེ་བཾ་ཤཱི་ལཿ། འདི་འདི་ལྟར་བདེན་པའི་ངང་ཚུལ་ལོ། ༈ །ནམ྄་རབ་ ཏུ་འདུད་པ་ལའོ། །ཎམ྄་ཎའི་ནའོ། །ན་མཱ་དེ་རཿ ན་མ་སོགས་ལ་རའོ། །ན་མ་ལ་སོགས་པའི་ བྱིངས་ནི་སོགས་ཁོངས་ནས་དིཔ྄་སོགས་ཏེ། ཇི་སྐད་དུ། དིཔ྄་ཀམྤི་ཡ་སི། ཧི་ངྶི་ཀ་མི་སྨིད྄་ ཏེ། ན་མ་རྣམས་ལ་རའོ། །ཞེས་པ་ལྟར་རོ། །ནམ྄་ལ་རྐྱེན་དུ་འཇུག མ྄་ར་ལ་དྲངས། སི་རྣམ་ བཅད། ན་མ྄ཿ། ཕྱག་འཚལ་བའོ། ༈ །ཧིང྄་ས྄ར་བཞག དྲངས་སི་ཧིངྶརཿ། ཧི་ན་སྟི་ཏྱེ་བཾ་ཤཱི་ ལཿ། འདི་འདི་ལྟར་འཚེ་བ་ཅན་གྱི་ཁྲིམས་སོ། ༈ །ཡ་ཤ྄་ར་དྲངས། སི་ཡ་ཤ྄ཿ། ཡ་ཤ་ཏི་ཏྱེ་བཾ་ ཤཱི་ལཿ། འདི་འདི་ལྟར་ཁྲིམས་ཀྱི་གྲགས་པའོ། ༈ །ཀམ྄་ར་དྲངས་སི་ཀམ྄ཿ། ཀཱ་མ་ཡ་ཏེ་ཨི་ ཏྱི་བཾ་ཤཱི་ལཿ། འདི་མཛེས་པའི་ཁྲིམས་འདི་འདྲའོ། །གྷ་སླ་ཟ་བ་ལའོ། །ལ་རྗེས་འབྲེལ། གྷ་ སཱ་དེཿཀྨ་རཿ། གྷས྄་སོགས་ལ་ཀྨ་རའོ། །བྱིངས་གྷས྄་སོགས་ལ་རྐྱེན་ཀྨ་ར་འབྱུང་སྟེ། ཀ྄་ཡིག་ ཡོན་ཏན་དགག་པའི་དོན་ཙམ་སྟེ་དབྱིའོ། ༈ །གྷས྄་ཀྨར་ཞེས་བཞག ཀ྄་ཡལ་ས྄་མ་ལ་དྲངས། སི་རྣམ་བཅད། གྷ་སྨརཿ། གྲུབ། གྷ་ས་ཏི་ཏྱེ་བཾ་ཤཱི་ལཿ། འདི་འདི་ལྟར་ཟ་བའི་ངང་ཚུལ་ལོ། ། སྡིག་པའི་ངང་ཚུལ་ལོ། ༈ །ཨང྄་ཀྨར་བཞག ཀ྄་ཡལ་དྲངས། སི། ཨ་སྨ་རཿ གྲུབ། ཨཏྟཱི་ཏྱེ་ བཾ་ཤཱི་ལཿ། འདི་འདི་ལྟར་ཟ་བའི་ངང་ཚུལ་ལོ། ༈ །སྲྀ་སྐྱབས་སུ་འོངས་བ་ལའོ། །སྲྀཀྨར། རྀ་ ཡལ་དྲངས། སྨ་རཿ། སྲྀ་ས྄་ཀྨར། ཀ྄་ཡལ། དྲངས། སྲྀ་སྨ་རཿ། སྐྱོབས་པའི་དོན་ནོ། ། ༈ ཚི་དི་བྷི་དི་བི་དཱཾ་ཀུ་རཿ། ཚི་དི་བྷི་དི་བི་ད་རྣམས་ལ་ཀུ་རའོ། །ཚིད྄་ཀུར་ཀ྄་ཡལ། ཨུ་ ར་རྐྱེན་ནོ། །དྲངས། སི་ཨ་མ྄་ཚི་དུ་རཾ། ༈ བྷིད྄་ཀུ་རྀ་ཨུ་ར་སི་ཨམ྄། བྷི་དུ་རཾ། ༈ བིད྄་ཀུར། ཨུར། སི་ཨམ྄། བི་དུ་རཾ། ༈ བྷཱ་སཱ་དེ་གྷུ་རཿ། བྷཱས྄་ལ་སོགས་པ་རྣམས་ལ་གྷུ་རའོ། །བྱིངས་བྷཱས྄་ལ་སོགས་པ་ལ་ རྐྱེན་གྷུ་ར་སྟེར། གྷ྄་ནི་གྷིཏ྄་གྱི་ཐ་སྙད་ཀྱི་ཕྱིར་ཏེ་དབྱི། རྐྱེན་{ཨུར་[མཐའ་]ཉིད་དོ། །བྷཱས྄་ 19-1-551 གྷུར་བཞག གྷ་དབྱི། བྷཱས྄་ཨུར་དྲངས་སི་བྷཱ་སུ་རཿ། གྲུབ། བྷཱ་ས་ན་ཤཱི་ལཿ། འོད་ཟེར་གྱི་ངང་ ཚུལ་ལོ། ༈ །བྷཾ་ཛུ་འཇོམས་པ་ལའོ། །ཨུ་བརྗོད་དོན། བྷཾཛ྄་བྱིངས་སོ། །ཙ་ཛོཿཀ་གཽ་གྷི་ཏི། ཙ་ ཛ་དག་ཀ་ག་དག་སྟེ། གྷིཏ྄་ལའོ། །བྱིངས་མཐའི་ཙ་ལ་གྷི་ཏ྄་བྱུང་ན་ཛ྄་རུ་འགྲོ། བྱིངས་མཐའི་ ཛ྄་ལ་གྷིཏ྄་བྱུང་ན་ག྄་རུ་འགྲོ་བ་ལས། འདིར་རྐྱེན་གྷུ་རའི་གྷ་ཕྱིས་པའི། ཨུར་ནི་གྷིཏ྄་ཡིན་ནོ། ། བྷཾཛ྄་གྷུར༌གྷ྄་སོང༌། ཨུར། ཛ྄་ག྄་རུ་སོང༌། སི་བྷངྒུ་རཿ། བྷ་ན་ཀྟི་ཏྱེ་བཾ་ཤཱི་ལཿ། འདི་འདི་ལྟར་ ཞིག་པའི་ངང་ཚུལ་ལོ། ༈ །ཡཛ྄་ལྷ་མཆོད་དང་མཉམ་པ་འགྲོགས་པ་དང་བྱེད་པ་དང་སྦྱིན་པ་ རྣམས་ལའོ། །འདིར་འཕྲོས་དོན་ཡཛ྄་ལ་རྐྱེན་གྷུ་ར། ཨུ་ར། ཛ྄་ག྄་རུ་སོང༌། ཡ་སམྤྲ་ས་ར་བ་ ཎ་ཨི་ཏེ། ཨི་གུ་རཿ། ཡ་གུ་རཿ། མཆོད་པ་པོ། གྲོགས་དང༌། བྱེད་པོ་དང༌། སྦྱིན་པ་པོ་ཞེས་ པའོ། ། ༈ ཡང྄་ཨཱུ་ཀཿ། ཡང྄་ལ་ཨཱུ་ཀའོ། །རྐྱེན་ཡང྄འི་མཐའ་ཅན་གྱི་བྱིངས་ལ་ཨཱུ་ཀ་རྐྱེན་དུ་ འགྱུར་རོ། །འགྲེལ་པར་ཨཱུ་ཀའི་རྐྱེན་ཡང་ཚུལ་ཁྲིམས་ཀྱི་དོན་དུ་སྟེར་བར་བཤད་དོ། །ཕུལ་ དུ་བྱུང་བ་ལ་ཧ་ས་སོགས་ལ་ཡང྄འོ། །ཡཛ྄་ཡང྄་ཞེས་པ་བཞག་ང྄་རྗེས་འབྲེལ། གཉིས་ བརྗོད། དང་པོ་ཧ་ས་སོགས་ཛ྄་སྔ་མ་ཕྱིས། ཡ་མཐོང་བས་ཡ་དང་པོ་རིང་པོར་སོང༌། ཛ྄་ཕྱི་མ་ ཡང་རྐྱེན་ལ་དྲངས། ཡཱ་ཡ་ཛྱ་ཨཱུ་ཀ་ཞེས་པ་བཞག ཛྱ་གྱི་ཡ་ཕ་རོལ་ཨ་དང་ཕྲད་པས་ཕྱིས། ཛ྄་ ཨཱུར་དྲངས། སི་རྣམ་བཅད། ཡཱ་ཡ་ཛཱུ་ཀཿ། གྲུབ། ཨ་ཏི་ཤ་ཡེ་ན་ཡ་ཛ་ཏཱི་ཏྱེ་བཾ་ཤཱི་ལཿ། འདི་ འདི་ལྟར་མཆོད་པ་ཕུལ་དུ་བྱུང་བའི་ཚུལ་ཁྲིམས་སོ། ༈ །དཾ་ཤ྄་ཡང྄་བཞག གཉིས་བརྗོད། ཤ྄་ སྔོན་མ་ཕྱིས། ད་འོག་མའི་ང་རོ་བསལ། ཨཱུ་ཀ་བཞག དད་ཤ྄་ཡ་ཨཱུ་ཀ་སི་ཞེས་བྱུང༌། ཨཱུ་དང་ ཕྲད་པས་ཡ་མི་སྣང༌། ཤ་ཨཱུ་ལ་དྲངས། དནྡ་ཤཱུ་ཀཿ། དཾ་ད་ཤྱ་ཏེ་ཨི་ཏྱེ་བཾ་ཤཱི་ལཿ། འདི་འདི་ལྟར་ སོས་ཤིན་དུ་གཅོད་པའི་ངང་ཚུལ་ལོ། །ཞེས་པའོ། ༈ །དེ་བཞིན་དུ། ཛ་པ྄་ཡང྄་ཨཱུ་ཀ་གཉིས་ བརྗོད། པ྄་དང་པོ་ཡལ། ཡ་ལས་ཛ་དང་པོ་རིང༌། ཡ་མི་སྣང༌། པ་ཨུ་ལ་དྲངས། སི་ཛཱ་ཛ་པཱུ་ 19-1-552 ཀཿ། ཛཾ་ཛ་བྱ་ཏེ་ཨི་ཏྱེ་བཾ་ཤཱི་ལཿ། འདི་འདི་ལྟར་བཟླས་པ་ཕུལ་དུ་བྱུང་བའི་ལུགས་ཁྲིམས་སོ། ༈ །ཡང་བད྄་ཡང྄་ཨཱུཀ་སི་བཞག བཱ་བ་ད྄་ཡ་ཨཱུཀ་སི་རུ་འགྲོ། བཱ་བ་དཱུ་ཀཿགྲུབ། བཱ་བ་ཏྱ་ཏེ་ ཨི་ཏྱེ་བཾ་ཤཱི་ལཿ། འདི་ལྟར་སྐད་གསངས་ཆེན་པོའི་ལུགས་སོ། །བཱ་བ་དཱུ་ཀཿ། བཱ་ཊའི་མི་ལ་ རྒྱ་གར་གྲགས། ༈ ཨཱ་དྲྀ་ཏཿ ཀིརྡྭིཤྩ་བྷཱུ་ཏེ། ཨཱ་ཏ྄་དང་རྀཏ྄་ལ་ཀི་ཏེ་གཉིས་བྱུང་ཟིན་པ་ལའོ། ། བྱིངས་ཨཱ་རིང་མཐའ་དང༌། རྀ་མཐའ་ཅན་ལ་འདས་དུས་སྟོན་པའི་ཕྱིར་ཀི་རྐྱེན་དུ་འབྱུང་ སྟེ། ཨཱཏ྄མཐའི་བྱིངས་ཨཔ྄་མེད་པ་ལ་སྟེ། བྱིངས་གཉིས་བརྗོད་ཀྱང་འབྱུང་བའོ། །རཱ་མཿསོ་ མམྤ་བིཪྻ་ཛྙེ་ད་དིརྒཱཾ་ཤྩ་ཀྲི་རདྦྷུ་ཏཾ། ཡཱ་ཛ་ཀཱནྤ་པྲི་རཱ་ཛ་ཧྲིཿཔུནྜ་རི་ཀ་མཧཱ་དྭི་ཛྙ་ན། ཞེས་པ་ནི། དགའ་བྱེད་མཆོད་སྦྱིན་ལ་ནི་ཞི་བ་འཐུངས། །བ་ཡི་སྦྱིན་པ་རྨད་དུ་བྱུང་བ་བྱས། །བཀའ་ཡི་ མཆོད་སྦྱིན་བྱེད་པོ་བོས་ཏེ་འོངས། །གཉིས་སྐྱེས་ཆེན་པོས་པད་དཀར་དུས་སྟོན་ནོ། །འདིར་ བ་བྲིཿནི་ཕོ་ཉ་ལ་བཀའ་བྱིན་པ། ཨཱ་ཛ་ཧྲིཿནི་ཁྲིད་ནས་འོངས་བའོ། །པ་བིཿདང་ད་དིཿདང་ཙ་ ཀྲིཿདང་བ་བྲིཿདང་ཨཱ་ཛ་ཧྲིཿཞེས་པ་རྣམས་དཔེར་བརྗོད་ཏེ། རྐྱེན་ཀི་སྟེར་བ་ཡིན། འདས་པའི་ དོན་ཡིན། གཉིས་བརྗོད། བྱིངས་པཱ་དང་དཱ་གཉིས་ཨཱཏ྄་མཐའ་རིང་པོ། ཀྲྀ་བྲྀ་ཧྲྀ་རྣམས་རྀཏ྄་ མཐའི་དཔེའོ། ༈ །པཱ་ཀི་བཞག གཉིས་བརྗོད། པཱ་པཱ་ཀི། པཱ་དང་པོ་ཐུང་ངུར་སོང༌། ཀ྄་ཕྱིས། ཨི་བཞག པཱ་ཕྱི་མའི་ཨཱ་ཡལ། པ་པ྄་ཨི་བྱུང༌། དྲངས། སི། པ་པིཿ འཐུངས་པའོ། ༈ །དཱ་ ཀི་བཞག གཉིས་བརྗོད། དང་པོ་ཐུང༌། ཀ྄་ཡལ་གཉིས་པའི་ཨཱ་ཡལ། ད་ད྄། ཨི་སི། ད་དིཿ། བྱིན་ནོ་ཞེས་པའོ། ༈ །ཀྲྀ་ཀི་བཞག གཉིས་བརྗོད་དང་པོ་ཀ ཕྱི་མའི་རྀ་ར྄། ཀ་ཙ། ཙཀྲར྄་ཨི་ སི་བྱུང༌། ཙཀྲིཿ། བྱས་སོ། །ཞེས་པའོ། ༈ །བྲི་ཀི་བཞག བྲྀ་བྲྀ་ཨ་དེ་ནས་བ་བ྄ར྄། ཨི། སི། བབྲིཿསྨྲས་ཏེ་བཏང་བའོ། ༈ །ཧྲྀ་ཀི་བཞག ཀ྄་ཡལ། གཉིས་བརྗོད། ཧྲྀ་དང་པོ་རྀ་ཨ་ཧ་རུ་སོང་ ཧ་ཛྷ། ཛྷ་ཛ། ཧྲྀ་ཕྱི་མ། རྀ་ར྄། ཧ྄་ར྄་རུ་སོང༌། ཛཧ྄ར྄་ཨི་ཨཱང྄་སྔོན་ཨཱ་ཛཧ྄ར྄ཨི་སི། ད྄ངས་རྣམ་ བཅད། ཨཱ་ཛ་ཧྲིཿ། བོས་ནས་ཁྲིད་པའོ། ། 19-1-553 ༈ སཱ་དོ་ཎཱ་ད་ཡཿ། ཨུ་ཎ྄་ལ་སོགས་པ་ནི་རྟག་ཏུའོ། །རྟག་ཏུ་ཞེས་སྔོན་ནས་ཕྱི་མཐའི་བར་ དུ་རྟག་པར་འབྱུང་བ་སྟེ། དུས་གསུམ་སོ་སོ་བའི་དངོས་པོ་དང་གཉིས་གཉིས་པ་དང་གསུམ་ ཀ་ལྡན་པའི་དངོས་པོའི་དོན་གང་ལ་ཡང༌། ཨུ་ཎ྄་ལ་སོགས་པའི་རྐྱེན་འཇུག་ཏུ་རུང་བའོ། ༈། ཌུ་ཀྲྀཉ྄་ཀྲྀ་ཨུ་ཎ྄་ཞེས་པ་བཞག ཎ྄་འཕེལ་བའི་དོན་ནོ། །རྀ་འཕེལ་བ། ཨཱར྄་རིང་པོ། ཀ྄ཨཱར྄་ ཨུ་སི་དྲངས། རྣམ་བཅད། ཀཱརུཿ། ཡང་ན་སི་འཇིག་པའི་ལུགས་ཀྱང་ཡོད། ཀཱ་རུ། བྱེད་པའོ་ ཞེས་ཏེ་དུས་གསུམ་ཀའོ། །ཀ྄་ཨཱར྄། ཨུ་དྲངས། ཀཱ་རུ་ཨཽ་བཞག ཨཽ་ཨུ་རུ་བསྒྱུར། འདྲ་བ་རིང་ ཀཱརཱུ། ༈ ཀཱར྄་ཛས྄་ཨས། ཨུ་ཨོ་རུ་སོང༌། ཨོ་ཨབ྄། ཀཱར྄། ཨབ྄་ཨས྄་བྱུང༌། དྲངས། རྣམ་ བཅད། ཀཱ་ར་བཿ། གཉིས་བྱེད་པ་མང་པོ་བྱེད་པ། བྱེད་པ་དག་བྱེད་པ་རྣམས་ཞེས་སོ། ༈ །བཱ་ འགྲོ་བ་དྲི་དག་ལའོ། །བཱ་ཨུ་ཎ྄་བཞག ཨཱཏ྄་ལ་ཡུཀ྄འོ། །ཞེས་པས་བཱ་དང་ཨུའི་བར་དུ་ཡུཀ྄་ ཀ྄་རྗེས་འབྲེལ། ཨུ་བརྗོད་དོན། པཱ་ཡ྄ ཨུ་སི་བྱུང༌། དྲངས། རྣམ་བཅད། པཱ་ཡུཿ། རླུང་ངོ༌། ༈། ད་ནི་ཨུཎ྄་ལ་སོགས་པ་ཞེས་པའི་སོགས་ཁོངས་བཤད་དེ། ཀྲུཤ྄་སྐད་གདངས་ལའོ། །ཀྲུཤ྄་ ཏྲྀ་ཞེས་པ་བཞག འདི་ལ་འཕེལ་བ་མིན་ཡོན་ཏན་ཏེ། ཀྲོ། ཚ་ཤ་ཥ་ར་ཛ་སོགས་ཤ྄ཥ྄ ཏ྄ཊ྄་ དྲངས། ཀྲོཥྚྲྀ། སི། སི་ཨཱ། ཌིཏ྄། ཊི་དབྱི། ཀྲོ་ཥ྄ཊ྄་ཨཱ་བྱུང༌། དྲངས། ཀྲོཥྚཱ། དོན་འགྱུར་ལྕེ་སྤྱང་ ངོ༌། །ཀྲོ་ཤ་ཏི། སྐད་ཆེན་ནོ། །ཞེས་པའི་དོན་ནོ། ༈ །དེ་ཁོ་ན་ལྟར་ཀྲོཥྚ་ཨཽ་རྀ་ཨཱར྄། དྲངས་ ཀྲོཥྚཱ་རཽ། ༈ ཀྲོཥྚི། ཛས྄་ཨས྄་རྀ་ཨཱར྄་དྲངས་ཀྲོཥྚཱ་རཿ། ༈ ཡང་ཀྲོ་ཤ྄་ལ་རྐྱེན་ཏྲ་ན་བྱིན་ན྄་དབྱི། གཞན་དེ་དང་ཁྱད་མེད། རྐྱེན་དུ་ན་བྱིན་ན་ན྄་ཡལ། ཌིཏ྄་ལྀཊ྄་དབྱི་སྐབས། ཏྲྀའི་རྀ་ཡིག་གི་ དོད་དུ་ཏུ་ཡིག་གི་ཨུ་ཕྱིས། གཞན་ཁྱད་མེད་པས། གཟུགས་འདྲ་བ་ཁོ་ནའོ། ༈ །འདིར་ཨབ་ རཀྵ་བཱ་ལ་ནེ་ཞེས་པ་བོད་སྐད་དུ། ཨ་བ་ར་ཀྵ་སྲུང་བ་ལའོ། །ཞེས་བོད་སྔ་མ་རྣམས་འདོན། ཨ་བ་སྲུང་ཞིང་སྐྱོང་བ་ལའོ། །ཞེས་པཎྜི་ཏ་གསུང༌། བྱིངས་ཨ་བ་དང་བྱིངས་རཀྵ་གཉིས་མི་ ཟེར། པཱ་ལ་སྲུང་བར་བསྒྱུར་པའང་བག་ཙམ་མི་འགྲིག་ཟེར། དེས་ན་བྱིངས་ཨ་བ་གཅིག་པུ་ 19-1-554 དང༌། རཀྵ་པཱ་ལ་སྲུང་སྐྱོབ་གི་དོན་ཡིན་གསུང་པ་འཐད་དམ་སྙམ་མོ། །མུཀ྄་གི་རྐྱེན་སྟེར་ཏེ། ཀ྄་ནི་རྐྱེན་ཀིཏ྄་ཀྱི་མིང་ཅན་གནས་ཐ་མར་འབྱུང་བའི་དོན་ཡིན། ཨུ་བརྗོད་དོན་ནོ། །རྐྱེན་ནི་ མ྄་དབྱངས་མེད་དོ། ༈ །ཨ་བ་མུཀ྄་བཞག ཀ྄་དང་ཨུ་ཡལ། བ་ས་མྤྲ་ས་ར་ཎ་བྱས་པས་ཨུ་ རུ་སོང༌། ཨ་ཨུམ྄་ཨུ་ལ་ཨོམ྄་ང་རོ། ༀ་ཞེས་པའི་སྔགས་གྲུབ་བོ། ༈ །མ་ནི་ཎ྄་ཞེས་པའི་རྐྱེན་ ཡོད་དེ། ཎ྄་འཕེལ་དོན་ནའི་དབྱངས་ཨི་བརྗོད་དོན། མཎ྄་ཁོ་ན་རྐྱེན་དངོས་སོ། །མ་ནྱུ་པ་དྷཱ་ ཡཱ་ར་རཿ མ་ནིའི་ཨུ་པ་དྷཱའི་རྀ་རའོ། །རྀཏ྄་མཐའི་བྱིངས་ལ། མ་ནི་ཎ྄འི་རྐྱེན་བྱུང་ན། ཨུ་པ་དྷཱ་ རྀ་ཡིག་ནི་ར། དབྱངས་བཅས་སུ་འགྲོའོ། །བྲྀ་ཧི་བྲྀ་དྷི་འཕེལ་བ་ལའོ། །བྲྀ་ཧི་མ་ནི་ཎ྄་བཞག ཧིའི་ཨི་དང་། ཎ྄་དང༌། ནའི་ཨི་རྣམས་བསུབས། བྲྀཧ྄་མན྄་པའི་རྀ་ཕུལ། རྀ་ར་རུ་སོང༌། ཧ྄་ མ་ལ་དྲངས་བྲཧྨན྄་བྱུང༌། སི་དབྱི། ན་མིའི་མཐའ་ཡལ། བྲཧྨ་ཞེས་པ་གྲུབ། དེ་ནི་ཆེན་པོ་དང་ འཕེལ་བ་གྲགས་ཤིང་གྲུབ་པ་དང༌། ལྷ་ཚངས་པ་དང༌། སྲོག་ཅན་རྣམས་ལ་འཇུག་གོ །བྲྀ་ ཧདྦ་དྤིཾ་ཧ་ན་ཏྤཏ྄། ཆེན་པོ་དང་ལྡན་ཞིང་འཕེལ་བ་དང་ལྡན་ཞེས་པའོ། ༈ །ཨཏ྄་བདེན་པར་ འགྲོ་བ་ལའོ། །ཨཏ྄་མ་ནི་ཎ྄། ཨི་དང་ཎ྄་ཡལ། ཨཏ྄་མན྄་ཎའི་འཕེལ་བ་ཨཱ་རིང་པོར་སོང༌། སི་ཨུ་པ་དྷཱ་རིང༌། མཱ་སི་ཡལ། ན྄་ཡང་དབྱི། ཨཱཏྨཱ། གྲུབ། བདག་སྟེ་རྟག་པས་འགྲོ་བའམ། བདེན་པས་འཇུག་པའི་དོན་ནོ། ༈ །དྷྲྀཉ྄་འཛིན་པ་དང་གསོ་བ་ལའོ། །དེ་ལ་མ་རྐྱེན་དུ་སྟེར། དྷྲྀམ་བྱིངས། ཡོན་ཏན། དྷ་ཨར྄། མ་དྲངས། སི་རྣམ་བཅད། དྷཱ་ར་ཎ་ཏ྄། འཆད་པར་བྱེད་དོ་ ཞེས་པ་ལ། དྷརྨཿ། ༈ དྷུ་ཉ་གཡོ་བ་ལའོ། །དྷྭཱ་དེ་རུ་ལིཿ། དྷུ་སོགས་ལ་ཨུ་ལིའོ། །བྱིངས་དྷུ་ སོགས་ལ་རྐྱེན་ཨུ་ལི་འཇུག་སྟེ། དྷུ་ཨུ་ལི། སི། འདྲ་རིང༌། སི་རྣམ་བཅད། དྷཱུ་ལིཿ། དྷུན་ཏི་ སྐྱོད་པར་བྱེད་དེ། ཞེས་པའི་དོན་ནོ། ༈ །ཨ་གི་ར་གི་ལ་གི་འགྲོ་བའི་དོན་ལའོ། །བྱིངས་ཨ་གི་ སོགས་གསུམ་པོ་འདིའི་ཨི་ཡིག་ནི་བརྗོད་དོན་ནོ། །དེའི་ཕྱིར་ཨིཏ྄་ཨིཏ྄་ཀྱི་ཐ་སྙད་འཇུག ཨི་ ཕྱིས་པ་ཉིད་ཀྱི་ཕྱིར་རོ། །ཨག྄་ཨུ་ལི་ཞེས་པ་བཞག ཨིཏ྄་ཨིཏ྄་ལའོ་ཞེས་པས། ཨ་དང་ག྄འི་ 19-1-555 བར་དུ་ནུམ྄་ཨཱ་ག་མ་སྟེར། མ྄་དང་ཨུ་ཡལ། ན྄་ང་རོ། ག྄་ཨུ་ལ་དྲངས། སི་རྣམ་བཅད། ཨཾ་གུ་ ལིཿགྲུབ། ཨཾ་ག་ཏི། ཆ་ཤས་སོ། ༈ །དེས་འགྲེ་སྟེ། རག྄་ཨུལི་སི་ནུམ྄། རཾ་གུ་ལིཿ། ༈ ལག྄་ ཨུ་ལི་སི། ནུམ྄། ལངྒུལིཿ། ཞེས་སོ། ༈ །ཇི་སྐད་དུ། ཤས྄་སོགས་ལ་རང་བཞིན་གྱི་བྱ་བ་ལ་ ཏ྄འོ། །ཞེས་འབྱུང་བས། ཤས྄་གནོད་པ་ལའོ། །ཤས྄་ཏ྄་བཞག ས྄་དྲངས། སི་ཨམ྄། ཤ་སྟྲཾ། མཚོན་ཆས་སྣུན་ནོ། །ཤ་ས་ཏི། ཞེས་སོ། ༈ །ཨ་སུ་འཕེན་པ་ལའོ། །ཨས྄་ཏ྄་བཞག དྲངས། སི་ཨམ྄། ཨསྟཾ། ཨ་ས་ཏི། ལག་ཆས་སྣུན་ནོ། །ཞེས་སོ། །ཤསྟྲ། ཨསྟྲ། གཉིས་ཀ་ལག་ཆ་ ལ་སྤྱིར་ཡང་འཇུག་ལ། ཡང་ཤསྟྲ་ནི་ལག་ཏུ་བཟུང་ན་ས་རྡེག་པ་རལ་གྲི་ལྟ་བུ་དང་། ཨསྟྲ་ ནི་མདའ་དང་འུར་རྡོ་ལ་སོགས་པ་རྒྱང་དུ་འཕེན་པ་ལ་བྱེ་བྲག་ཏུ་ཡང་འགྲོའོ། ༈ །པཱ་སྲུང་བ་ ལའོ། །པཱཏ྄་བཞག སི། པཱ་ཏྲཾ་སྣོད་དོ། ༈ །ཎི་གསལ་བ་ལའོ། །ཎིཏ྄། ཎའི་ན། ཎིཏ྄་ཡོན་ཏན། སི་ཨམ྄། ནེ་ཏྲཾ། ༈ དཱརྡ་བ་ལའོ། །དཱཏ྄་སི། དཱ་ཏྲཾ། ༈ གམླྀ་འགྲོ་བ་ལའོ། །གམ྄་འགྲེལ་པར་ ཎི་ནི་རྐྱེན་ནོ་ཞེས་པས། ཎི་ནི་རྐྱེན་དུ་སྟེར། ཎ་ཡིག་འཕེལ་དོན། ནའི་ཨི་བརྗོད་དོན། རྐྱེན་ དངོས་ཨྀན྄འོ། །ཨཱང྄་སྔོན། ཨཱ་གམ྄་ཨིན྄་སི་བྱུང༌། གལ་ཎའི་འཕེལ་བ་བྱུང༌། སིའི་ནུས་ པས་ཨུ་་པདྷཱ་ཨཱི་རིང་པོར་སོང༌། ག྄་དེ་ལ་དྲངས། སི་ཡལ། ན྄་ཡང་ཕྱིས། ཨཱ་གཱ་མཱི། ཨཱ་གནྟུཾ་ ཤཱི་ལ་མ་སྱ། འདི་ནི་ཚུར་འོང་བའི་ལུགས་སོ། ༈ །བྷཱུ་ཎི་ནི་ཨིན྄། བྷཱུ་འཕེལ། ཨཽ་ཨཱབ྄་དྲངས། སི། ཨི་རིང་པོ་སི་དང་ན྄་ཡལ། བྷ་བཱི་ཤཱི་ལ་མ་སྱ། འདི་ནི་བདེན་པའི་ཁྲིམས་སོ། །ཞེས་པ་ ལ་བྷཱ་བཱི། ༈ ཨཱིཤ྄་དབང་ཕྱུག་ལའོ། །ཨཱི་ཤཱ་དེརྦ་རཿ། ཨི་ཤ྄་སོགས་ལ་བ་རའོ། །བྱིངས་ཨཱི་ཤ྄་ སོགས་ལ་རྐྱེན་བ྄ར་སྟེར་ཏེ། ཨཱིཤ྄་བ྄ར་བཞག ཤ྄་བ་ལ་དྲངས། སི་ཨཱི་ཤྭརཿ། ཨིཥྚེ་འདོད་ པའི་དབང་ཅན་ནོ། ༈ ཥཥྚ་འགྲོ་བ་འགོག་པ་ལའོ། ཥྛ་བར྄་བཞག སྠཱ་ཞེས་བསྒྱུར། སི་སྠཱ་བ་ རཿ། བརྟན་པའི་དངོས་པོའོ། ། ༈ རཱ་ཛཱ་དེར་ན྄། རཱ་ཛཱ་སོགས་ལ་ཨན྄འོ། །རཱ་ཛྲྀ་གསལ་བ་ལའོ། །རྀ་རྗེས་འབྲེལ། རཱཛ྄་ 19-1-556 ཨན྄་བཞག སི་ཨུ་པ་དྷཱ་རིང་པོ། དྲངས། སི་དང་ན྄་ཐིམ། རཱ་ཛཱ། གསལ་བ་པོ་སྟེ་རྒྱལ་པོའོ། ༈ །ཡུ་འདྲེས་པ་ལའོ། །ཡུ་ཨན྄་བཞག ཡུའི་ཨུ་ནི་འཕྲལ་ཏེ། ཨུབ྄་རུ་སོང༌། དྲངས། སི། ཨུ་ པ་དྷཱ་རིང༌། སི་ན྄་ཡལ། ཡུ་བཱ། ཡཽ་ཏི། ལང་ཚོ་ཅན་ནོ། །བྱིས་པ་དང་དར་མ་འདྲེས་པ་ལང་ ཚོ་ཅན་ཡིན་པས་འདྲེས་པའི་བྱིངས་དོན་མ་འགྱུར་བའོ། ༈ །ཨི་མ་ན་ཏྲཱ་སྐཱཿ ཨི་མན྄་ཏ྄་ཨ་ སུཀ྄་གོ །བྱིངས་གང་ཡང་རུང་བ་ཐམས་ཅད་ལ་རྐྱེན་ཨི་མན྄་དང་ཏ྄་དང་ཨ་སུཀ྄་རྣམས་ཀྱང་ འཇུག་ཏེ། པཙ྄་ཨི་མན྄་བཞག ཡང་ན། མན྄་ཐོག་མ་ཕྱིས། དྲངས། སི། པ་ཙིཿ། ཡང་ན་ པཙ྄་ཨི་མན྄་ལ་སི་བཞག་དྲངས། ཨུ་པ་དྷཱ་མ་རིང་པོ། སི་དང་ན྄་ཕྱིས། པ་ཙི་མཱ། ༈ ཏ྄་རྐྱེན་ གོང་བཞིན། པཱ་ཏྲཾ་ཀརྨ་སྔོན། ཀརྨ་པཱ་ཏྲཾ། ལས་ཀྱི་སྣོད་དོ། ༈ །ཏེ་ཛ྄་ཨ་སུཀ྄་ཀ྄་དང་ཨུ་སོང༌། ཨས྄་རྐྱེན་ནོ། །ཡོན་ཏན་ཛ྄་ཨ་ལ་དྲངས། སི། ཏེ་ཛཿ། ༈ བྷུ་ཛ྄་ཨས྄། ཡོན་ཏན། ཛ྄་ག྄། ག྄་ ཀ། དྲངས། སི། བྷོ་ཀཿ། ༈ པཙ྄་དེ་རས྄། བ་ཙ྄་སོགས་ལ་ཨས྄འོ། །བྱིངས་པཙ྄་སོགས་ལ་རྐྱེན་ཨས྄་འཇུག་གོ ། པཙ྄་ཨས྄་བཞག དྲངས། སི་འཇིག ས྄་རྣམ་བཅད། པ་ཙཿ། ༈ མཧ྄་ཨས྄་དྲངས་སི་སྤངས་ ས྄་རྣམ་བཅད། མ་ཧཿ། མཆོད་པའོ། ། ༈ ཏཔ྄་ཨས྄་དྲངས་སི་སྦས་ས྄་རྣམ་བཅད། ཏ་བཿ། ༈ སཽ་ཀཪྻྻེ་ཀེ་ལི་མཿ། མཆོག་མིན་གྱི་ ལས་ཀ་ལ་ཀེ་ལི་མའོ། །འདིར་སཽ་ཀཪྻ་ནི་ལས་ཀ་ངན་པ་བྲུལ་མ་ཐུབ་ཀྱི་མིང་ངོ༌། །དེ་འདྲའི་ དོན་ལ་རྐྱེན་ཀེ་ལི་མ་སྟེར་རོ། །བྷིད྄་ཀེ་ལི་མ་བཞག ཀ་ཡོན་ཏན་མེད་པའི་དོན། ཨེ་ལུས། ད྄་ དྲངས། སི་ཨམ྄། བྷི་དེ་ལི་མཾ་ཀཥྛཾ། གཤོག་མ་ལེགས་པའི་ཤིང་ཞེས་པའོ། ༈ །པཙ྄་ཨེ་ལི་མ་ བཞག སྔ་མ་ལྟར་སྒྲུབས། སི་ཨཱ་རུ་བསྒྱུར་བ་ཁྱད་པར་རོ། །པ་ཙེ་ལི་མཱ་ཨཱ་ཌྷ་ཀྱཱཿ། ཉུང་ཟད་ བཅོས་ཏེ་གཞལ། ཞེས་པའོ། །ཟས་བཙོས་ཏེ་འགྲངས་ཚད་རེ་སྲང་ལ་གཞལ་ཏེ་བྱིན་པའི་ དོན་ཡིན། དེ་ནི་ཁ་ཕྱིད་ཙམ་མ་གཏོགས་གཞན་མེད་པས་མཆོག་མིན་ནོ། ༈ །ཡུ་བ་ཧ་གི་བྷྱོ་ 19-1-557 ནིཔ྄། ཡི་བཧ྄་ཨ་གི་རྣམས་ལས་ནིཔ྄འོ། །བྱིངས་ཡུ་དང་བ་ཧི་དང་ཨ་གི་རྣམས་ལ་རྐྱེན་ནི་པ྄་ འབྱུང་ངོ༌། །པ྄་རྗེས་འབྲེལ་ལོ། །ཡུ་ནིཔ྄། པ྄་ཡལ། ཡོན་ཏན། ཡོ། སི་རྣམ་བཅད། ཡོ་ནི་ཿ། ཡཽ་ཏི། སྐྱེ་བའི་ལམ་མོ། ༈ །བ་ཧི་ནིཔ྄ ཧའི་ཨི་ཡལ། ཧ྄་ནི་ལ་དྲངས། སིབ་ཧྣིཿ། བ་ཧ་ཏི། འཚེད་ཅིང་འགྲོ་བའོ། ༈ །ཨག྄་ནིཔ྄་དྲངས། སི། ཨགྣིཿ། ཨཾ་ག་ཏི། ཡན་ལག་མེད་པར་འགྲོ་ བའི་དོན་ནོ། ། ༈ ཨི་དི་ཙ་དི་ཤ་ཀི་རུ་དི་བྷྱོ་རཿ། ཨི་དི་ཙ་དི་ཤ་ཀི་རུ་དི་རྣམས་ལས་རའོ། །བྱིངས་འདི་ རྣམས་ཀྱི་ཨི་ཡིག་སྦས་པར་འགྱུར་བས། ཨིད྄་ཙད྄་ཤཀ྄་རུང྄་ཞེས་པ་སྟེ། དེ་རྣམས་ལ་ར་ཡིག་ རྐྱེན་དུ་འགྱུར་རོ། །ཨིད྄་ར་ཞེས་པ་བཞག ཨི་དང་ད྄འི་བར་དུ་ནུམ྄་བཞག ན་ང྄་རོ། ཨིཾད྄་ ར་ལ་དྲངས། ང་རོ་ན྄་རུ་འབྲི་སི་རྣམ་བཅད་ཨིནྡྲཿ། ཙ་དི་བསིལ་བ་སྣང་བྱེད་ལའོ། །ཙད྄ར་ བཞག་ཙ་དང་ད྄འི་བར་དུ་ནུམ྄་ན྄་ང་རོ། སི། ཙནྡྲཿ། ༈ ཤཀ྄ར་བཞག སི། ནུམ྄་ང་རོ་དྲངས་ རྣམ་བཅད། ཤཾ་ཀྲཿ། ༈ རུད྄་ར་བཞག སི་དྲངས་རུ་དཿ། དེ་དག་ནི་ཨུཎ྄་སོགས་དངོས་ཡིན་ ལ། ༈ རྗེས་འབྲང་འཕྲོས་དོན་ནི། པུཥ་ལ་པ་རྐྱེན་དུ་སྦྱར་བས་ཥ་པ་ལ་དྲངས། སི། ཨམ྄། པུཥྤཾ། མེ་ཏོག་ཡིན། ༈ ཡ་རྐྱེན་བྱིན་ན། པུཥྱཾ། ༈ ཕལ་དང༌། མཱུལ྄་ལ་ཨ་རྐྱེན་དུ་བྱིན། སི། ཨ་ མ྄། ཕ་ལཾ། མཱུ་ལཾ། ཞེས་སོ། ། ༈ ཨུ་ཎཱ་ད་ཡོ་྅་པ་རི་མི་ཏཱཿ། ཨུཎ྄་ལ་སོགས་པ་གཞན་དཔག་ཏུ་མེད་པའོ། །ཏུམ྄་ཏ་དརྠཱ་ ཡཱཾ་བྷ་བི་ཥྱ་ཏི། འབྱུང་འགྱུར་ལ་དེའི་དོན་དུ་ཏུམ྄འོ། །བྱིངས་ལ་མ་འོངས་པའི་དུས་སྟོན་པའི་ ཕྱིར་ཏུམ྄་གྱི་རྐྱེན་དུ་འགྱུར་རོ། །དེའི་དོན་ཞེས་པའི་དེའི་སྒྲ་ནི་ཅུང་ཟད་ལྐོག་ཏུ་གྱུར་པ་སྟེ། འདས་པ་དང་མ་འོངས་པ་མི་རིང་བའོ། ༈ །དེ་ལས་འདིར་མ་འོངས་པ་སྟེ། བྷུཛ྄་སྐྱོང་བ་དང་ ཟས་བཟའ་བ་ལའོ། །བྷུཛ྄་ཏུམ྄། ཛ྄ག྄། ག྄་ཀ྄། བྷུ་བྷོ། དྲངས་བྷོ་ཀྟུཾ་བྲ་ཛ་ཏི། ཟས་ཟོས་ནས་ འགྲོ། ༈ །པ་ཋ྄་ཏུ་མ྄། ཨིཊྲ། པཋ། ཨི་ཏུམ྄་པཋི་ཏུ་མིཥྚེ། འདོད་པ་ལྟར་ཀློག་དགོས། ༈ ཥྞཱ་ 19-1-558 སྣཱ་རུ་བསྒྱུར། སྣཱ་ཏུམ྄་སྣཱ་ཏུ་མི་ཧ་ཏ། ཁྲུས་བྱས་ནས་རྩེའོ། ། ༈ གྷ་ཉ྄་བྷཱ་བེ། དངོས་པོ་ལ་གྷཉ྄འོ། །དངོས་པོའི་དོན་ལ་གྷཉ྄འི་རྐྱེན་སྟེར་ཏེ། དཔེར་ བརྗོད་ནི། པཙ྄་གྷཉ྄་བཞག ཉ྄་རྗེས་འབྲེལ། གྷ་ཁྱད་དོན། ཨ་བཞག ཙ་ཛ་དག་ཀ་ག་དག་ཏུ་ སྟེ་གྷི་ཏ྄་ལའོ། །ཞེས་པས་ཙ྄་ཀ྄་དང་པོར་འཕེལ་བ། ཀ྄་ཨ་ལ་དྲངས། སི་རྣམ་བཅད། པཱ་ཀཿ། པ་ཙྱ་ཏ། སྨིན་པ་ཉིད་དོ། ༈ །དྱ་ཛས྄་གྷཉ྄། ཨས྄་ཕྱིས་གྷཉ྄་ཨ ཛ྄་ག྄་ཏྱེ་ལ་འཕེལ་བ། སི། ཏྱཱ་ གཿ། བྱིན་ཅན་ནོ། ༈ །ཡཛ྄་གྷཉ྄་ཨ་འཕེལ་བ། དྲངས། སི། ཡཱ་གཿ། མཆོད་པ་པོའོ། ༈ །བྷཛ྄ གྷཉ྄། ཨ་འཕེལ་བ ཛ྄་ག྄་དྲངས་བི་གོང༌། སི། བི་བྷཱ་གཿ། རྣམ་པར་འབྱེད་དོ། ༈ །ཡུ་ཛིར྄་སྦྱོར་ བ་ལའོ། །ཨིར྄་ཡལ། ཡུཛ྄་གྷཉ྄་ཨ་ཡུ་ཡོན་ཏན་ཡོ་དྲངས། སི། ཡོ་གཿ། ༈ ཡཛ྄་གྷཉ྄་ཨ་དང་ པོར་འཕེལ་བ། ཛ྄་ག྄། དྲངས། སི། ཡཱ་གཿ ཨ་ནུ་ཨི་ཛྱ་ཏེ། རྗེས་སུ་མཆོད་པའོ། །སླར་ཡང་ བསྐྱར་ཏེ་མཆོད་པའོ། ༈ །བཙ྄་གྷཉ྄་ཨ་བཛྲ་ཨ། སི། འཕེལ། ཙ྄ཀ྄། དྲངས། རྣམ་བཅད་ཨ་ ནུ་གོང༌། ཨ་ནུ་བཱ་ཀཿ། ༈ འགྲེལ་བར་འདིར་གྷིཏ྄་མ་ཡིན་ནོ་ཞེས་འབྱུང་བས། ཡང་ན་གྷཉ྄་ མེད། བཙ྄་ལ་སི་བྱིན། དང་པོར་འཕེལ་བ། ཨ་ནུ་གོང༌། སི་ཡལ། ཙ྄་ཀ྄། ཨནུ་བཱཀ྄། རྗེས་སུ་ སྨྲ་བའོ། །ཨ་ནཱུ་ཙྱ་ཏི། རྗེས་སུ་བརྗོད་པའོ། །ཞེས་སོ། ༈ །ཨིཎ྄་འགྲོ་བ་ལའོ། །ཨིཎ྄་ཎ྄་དབྱི་ ནཾ་དི་སོགས་ལ་ཡུའོ། །ཞེས་འབྱུང་བ་ཡུ་རྐྱེན་དུ་སྟེར། ཨི་ཡུ་ཡུ་ཞེས་པ་ཨ་ན་རུ་བསྒྱུར། ཨི་ཨ་ ན་ཨི་ཨཡ྄་དྲངས། སི་ཨམ྄། ཨ་ཡ་ནཾ། ༈ ཡང་ན་གྷཉ྄་སྟེར། ཨི་ཨ་སི། ཎ྄་ཏི་ཉིད་ལ་བའོ། ། ཞེས་པས་འཕེལ་བ། ཨཱཡ྄་ཨཱ་ཡ་ཨ་སི་བྱུང༌། དྲངས། རྣམ་བཅད། ཨཱ་ཡཿ། ༈ དེ་བཞིན་དུ༌། བྷུ་ཡུ་བཞག་ཡོན་ཏན་ཨབ྄་ཨན་སི་ཨམ྄་བྷ་བ་ནཾ། ༈ བྷཱུ་གྷཉ྄་ཨཱུ་འཕེལ་བ་ཨཱབ྄། དྲངས་སི་ རྣམ་བཅད། བྷཱ་བཿ། བདེན་དངོས་སོ། ༈ །བཱ་དང་དཱ་ལ་ཡུ་བྱུང༌། ཨ་ན་འདྲ་བ་རིང་པོ་གདོད་ ནས་ཡོད། སི་ཨམ྄་དཱ་ནཾ། པཱ་ནཾ། ༈ དེ་གཉིས་ལ་གྷཉ྄་བྱུང་ན་ཨཱཏ྄་ལ་ཡུཀ྄འོ། །ཞེས་པས་ བར་དུ་ཡུཀ྄། ཨུ་དང་ཀ྄་ཡལ་པཱཡ྄་ཨ་བྱུང༌། སི་རྣམ་བཅད། དྲངས་པཱ་ཡཿ། པཱི་ཡ་ཏ། འཐུང་ 19-1-559 བྱའོ། །དཱ་ཡཿ། དཱི་ཡ་ཏེ་སྦྱིན་བྱའོ། །སྐབས་འདིར་ཡུ་ཨ་ན་ལ་སི་ཨམ྄་གྷཉ྄་ལ་སི་རྣམ་བཅད་ ཡིན་ནོ། ༈ །སྟྲྀ་ཙ྄་ཀུན་ནས་འགེབས་པ་ལའོ། །ཙ྄་རྗེས་འབྲེལ་ར་བརྗོད་དོན། རྐྱེན་ཨརྐ་ སྟེར། སྟ྄་ཨརྐ། དྲངས། སི་རྣམ་བཅད། སྟརྒཿ། སྒྲིབས་པའམ་འགེགས་པ་སྟེ་གབ་ཚིག་གོ ༈། ཨཉྩུ་འགྲོ་བ་དང་མཆོད་པ་དག་ལའོ། །ཨཾཙུ། ཙུ་དབྱི་ང་རོ་ཡལ། རྐྱེན་ཨཀ྄་བྱིན། པྲ་སྔོན། པྲ་ཨ་ཨཀ། སི་འདྲ་བ་རིང་པོ་སྟེ། ཨ་གཉིས། པྲ་ལ་ཐིམ། རྣམ་བཅད། པྲཱ་ཀཿ། པ་རི་ཏོ་ཨཉྩ་ ཏི། ཡོངས་སུ་མཆོད་པ། ཡོངས་སུ་འགྲོ་བ་ཞེས་པའམ། ཕྱོགས་ཤར་རོ། ༈ །ཨཉྫུ་ཡང་དང་ འདྲ་བ་ལ་ཛ྄ག྄་ག྄་ཀ྄་བྱེད། ཨཀ྄་མི་བྱེད་པར་གྷཉ྄་སྟེར། པྲཱ་ཀཿ། ཡང༌། པྲ་ཨཛ྄་ཨ་ཀ་སི་བྱུང་ བ་ལ་ཛ྄་ཡལ། པྲ་ལ་ཨ་གཉིས་པོ་འདྲ་བ་རིང༌། པྲཱཀཿ། ཞེས་པའང་འབྱུང་། ཨཾ་ཙུ་དང་ཨཾ་ཛུ་ ལ་སྒྲུབ་ལུགས་གསུམ་བྱུང་ཡང་གཟུགས་གཅིག་དོན་ཡང་གཅིག་གོ ། ༈ སཾ་ཛྙཱ་ཡཱ་མ་ཀརྟ་རི་ཙ། མིང་ལ་བྱེད་པོ་མ་ཡིན་པ་ལ་ཡང་ངོ༌། །བྱེད་པོའི་དོན་མ་ཡིན་ པའི་མིང་གི་ཡུལ་ཞེས་པ། མིང་གི་དོན་ལའམ། བརྡ་ཆད་སོ་སོའི་དོན་ལ་ཡང་གྷཉ྄་འཇུག་གོ ། ༈ ཧྲྀཉ྄་ཉ྄་ཡལ། གྷཉ྄་བཞག ཧྲྀ་ཨ། རྀ་འཕེལ་བ། ཨཱར྄། སྔོན། དེའི་ཡང་སྔོན་དུ་པྲ་ཏི་ བཞག པྲ་ཏི་ཨཱཧ྄་ཨཱར྄་ཨསི་ཨིཡ྄། རིམ་པས་དྲངས། རྣམ་བཅད་པྲཏྱཱ་ཧཱ་རཿ། པྲ་ཏི་པྲ་ཏི་ཀརྱཾ་ ཨཱ་ཧྲི་ཡ་ཏེ། སོ་སོ་སོ་སོར་བྱ་ལས་ལ་ཀུན་ནས་སྡུད་པའོ། ། ༈ སྭ་རཱ་དཿ། བྱངས་ལས་ཨའོ། །དངོས་པོའི་དོན་ལ་འཇུག་ཅིང༌། བྱེད་པོའི་དོན་སྤངས་ པའི་སྐབས་སུ་བྱིངས་དབྱངས་མཐའ་ཅན་ལ། རྐྱེན་ཨ་ཡིག་འཇུག་གོ ༈ །ཙི་ཞེས་པའི་བྱིངས་ ལ་རྐྱེན་ཨ་སྟེར། ཡོན་ཏན་ཙེ་ཨེ་ཨཡ྄། སཾ་སྔོན་དུ་བཞག སི་རྣམ་བཅད། སཉྩ་ཡཿ། སཾ་ཙི་ ཡཏ྄། སྡུད་པའོ། །བདེ་བའོ། །ཞེས་སོ། ༈ །ཎི་ཐོབ་པ་ལའོ། །ཎི་ཎའི་ནའོ། །ནི་ཨ་ཡོན་ཏན། ནེ་ཨཡ྄། སི། རྣམ་བཅད་ན་ཡཿ། ནཱི་ཡ་ཏེ། ཐོབ་པའོ། ༈ །ན་ཡཿདེ་ཁོ་ན་ལྟར་སྒྲུབས། ཨུཏ་ 19-1-560 གོང་སྡེ་པའི་དང་པོའི་མཐའ་ནི། རང་གི་ལྔ་པ་ཕ་རོལ་ལ་ལྔ་པ་དེར་འགྲོ་བས། ཏ྄་ན྄་དྲངས། ཨུནྣ་ཡཿ། མཐོན་པོའོ། ༈ །སྟུ་ཨ་ཡོན་ཏན། སྟོ་ཨབ྄་སི་སྟ་བཿ། ༈ ནྲྀ་རྣམ་པར་གཡོ་བ་ལའོ། ། ནྲྀ་ཨ་ཡོན་ཏན་ཨར྄་དྲངས་སི། ན་རཿ། ༈ ན་ར་སྟེ། མི་ཞེས་པའི་དོན་ནི། ནྲྀ་ཡ་ཏེ་གཡོ་བར་ བྱེད་པའོ། །དེའི་ཡང་དོན་ནོ། །བི་ཀྵེ་བྱ་ཏེ་ཀཱ་མཱ་བྷིཿ། ཞེས་འདོད་ཆགས་ལ་སོགས་པ་རྣམས་ གཡོ་བའོ། ། ༈ མ་དཱཾ། མ་ད་རྣམས་ལའོ། །བྱིངས་མད྄་ལ་སོགས་པ་རྣམས་ལ་ཡང་ཨ་རྐྱེན་དུ་འགྱུར་ རོ། །དེ་ཡང་དངོས་པོའི་དོན་བྱེད་པོ་མིན་པ་ཁོ་ན་ལའོ། །མ་དཱི་རངས་པ་ལའོ། །ཨཱི་བརྗོད་ དོན། མད྄་ཨ་དྲངས་སི། མ་དཿགྲུབ། པྲ་མཱ་ཏྱ་ཏེ་྅ནེ་ན། འདི་རབ་ཏུ་ཡི་རངས་པའོ། །པྲ་སྔོན། པྲ་མ་ད། རབ་མྱོས་སོ། །ཨ་ན་ཡ་པཱ་པྲ་མཱ་དཱ། འདི་ནི་ཀུན་དུ་དྲེགས་པའོ། །ཞེས་པ་ལ། གྷཉ྄་ བྱིན་ན་མ་འཕེལ་བ་སྟེ། མཱ་སི་ཨཱ་མཱ་དཱ་པྲ་མཱ་དཱ། ༈ པཱ་ཎ་གྷ་ཉ྄་ཨ། དང་པོ་ཐུང་ངུ༌། པཎ་ཨ། སི། པ་ཎཿ། བ་ནྱ་ཏ྄་ཚོང་བྱེད་པའོ། ༈ །ཤམ྄་ཨ་དྲངས། སི། ཤ་མཿ། དམ྄་ཨ་སི། ད་མཿ། ཡམ྄་ཨ་དྲངས་སི། ཡ་མཿ། དི་པ྄་ཨ་ཡོན་ཏན་དེ་དྲངས། སི། དེ་བཿ། དཱི་བྱ་ཏེ་བི་ཤྭ་མ་ནི་ན། འདི་ནི་སྣ་ཚོགས་པས་རྩེ་བར་བྱེད་དོ། །ཞེས་པའོ། ༈ ཥི་ཉ྄་འཆིང་བ་ལའོ། ཥི་ཨ་ཡོན་ཏན། ཥེ། ཨཡ྄། བི་སྔོན། བི་ཥ྄ ཨ་ཡ྄་སི། དྲངས། བི་ཥ་ཡཿ། བི་ཤེ་ཥེ། ཎ། སི། ཡ་ཏ། ཁྱད་པར་ གྱིས་འཆིང་བ། ཞེས་ཏེ། ཡུལ་གཟུགས་སྒྲ་སོགས་ཁྱད་པར་སྣ་ཚོགས་པའི་འཆིང་བའོ། ། ༈ མཱུ་ཀྟཽ་གྷ་ནཿ། མཱུ་ཀྟ་དག་གི་གྷ་ན་ལའོ། །དེ་ཡང་མཱུ་ཀྟ་ཞེས་པ་ནི། སྲ་བ་དང་ཡོངས་ སུ་གཅོག་པ་དང་འདྲེས་པ་ལ་ཡང་འཇུག་པ་ལས་འདིར་དང་པོ་གཉིས་སོ། །དོན་དེ་གཉིས་ འབྲེལ་བའི་བྱིངས་གྷན྄་ལ་ཡང་རྐྱེན་ཨ་འཇུག་གོ །གྷན྄་ནི་ཧན྄་གྷན྄་དུ་བསྒྱུར་བའི་མིང་ངོ༌། ། འདི་ཡང་དངོས་པོའི་དོན་ལའོ། །ཧན྄་ཨ་ཧན྄་གྷན྄། དུ་སོང༌། དྲངས ད་དྷི་གོང་སི་ད་དྷི་གྷ་ ནཿ། ག་ཋི་ནཾ་ད་དྷི། ཞོ་གར་པོ་སྟེ་སྲ་བའི་དོན་ཅན་ནོ། ༈ །ཧན྄་ཨ་གྷན྄་སཻནྡྷ། པ། གོང༌། 19-1-561 དྲངས། རྣམ་བཅད། སཻནྡྷ་བ་གྷ་ནཿ། པ་རི་ཙེ་ད་ནཾ་སཻནྡྷ་བཾ། ལན་ཚྭ་གཅོག་པའོ། །ཞེས་སོ། ། ༈ བརྣ་བི་པཪྻ་ཡཤྩ། ཡི་གེ་བསྒྱུར་བ་ལ་ཡང་ངོ༌། །ཧིང྄་སི་འཚེ་བ་ལའོ། །ཧིང྄་སི་ཨི་ བརྗོད་དོན། ཧིཾས྄་ཨ་དྲངས་ཧིཾས྄་རིམ་པས་ཕྲལ། ཧ྄་ཨིཾ་ས྄་ཨ ས྄་དང་ཧ྄་གོང་འོག་བསྒྱུར། ས྄ཨིཾ་ ཧ྄་ཨ་ལ་དྲངས སི། སིདྷཿ། སེང་གེ་སྟེ། ཧི་ན་སྟི། ཆེས་འཚེ་བའོ། ༈ །ཊྭི་ཏོ་ཐུཿ། ཊུ་ཨིཏ྄་ ལ་ཨ་ཐུའོ། །ཨིཏ྄་ཞེས་པ་ཕྱིས་པའི་དོན་དུ་དྲན་ཏེ། བྱིངས་གང་ཊུ་དབྱི་བ་དེ་ལ་རྐྱེན་ཨ་ཐུ་ འཇུག་སྟེ། དངོས་པོའི་དོན་ལའོ། ༈ །དཔེར་བརྗོད། པ་ཊུ་བེ་པྲྀ་གཡོས་པ་ལའོ། །ཊུ་དང་རྀ་ མི་སྣང་བར་བྱ། བེ་པ྄ ཨ་ཐུ་བཞག དྲངས སི། བེ་པ་ཐུཿ། བེ་པྱ་ཏེ་ཨ་ནི་ན། འདི་ལུས་འདར་ བའོ། ༈ །ཊུཀྵེ་པྲྀ་ལག་གིས་འཕེན་པ་ལའོ། །ཊུ་དང་རྀ་ཡལ། ཀྵེ་པ྄་ཨ་ཐུ་བཞག དྲངས སི། ཀྵེ་བ་ཐུཿ། ཀྵེ་པྱ་ཏེ་ཨ་ནེ་ན། འདིས་འཕེན་པའོ། ༈ །དྭི་ད་སྟྲི་མཀ྄་ཏཏྐྲ་ཏེ། ཌུ་ཨིཏ྄་ལ་ཏྲྀ་མཀ྄་ དེའི་བྱེད་པ་ལའོ། །བྱིངས་གང་དུ་ཌུ་ཡིག་ཕྱིས་པའི་རིགས་ལ་ཏ྄་མཀ྄་རྐྱེན་དུ་སྟེར་ཏེ་འདས་ པ་དེའི་དོན་དུའོ། །ཌུ་ཀྲི་ཉ྄། ཉ྄་དང་ཌུ་ཕྱིས། ཀྲྀ་བཞག་ཌུ་ཨི་ཏ྄་ཞེས་པ་ཐོག་མ་ཌུ་དང་པོར་ ཡོད་ཀྱང་རྗེས་སུ་ཕྱིས་ཟིན་པ་དེ་ལ་ཟེར། ཀྲྀ་ཏྲི་མཀ྄་བཞག ཀ྄་སོང༌། སི་རྣམ་བཅད། ཀྲྀ་ཏྲི་ མཿ། ཀྲྀ་ཏྲི་མཿགྷ་ཊཿ། ཞེས་པ་ལ་རྣམ་བཅད་ཨུ། ཨུ་ལ་ཨོ། ཀྲྀ་ཏྲི་མོ་གྷ་ཊཿ། བུམ་པའི་བྱ་བ་ ཟིན་ཏོ། །ཀྲི་ཡཱ་ཡཱ་ནི་བྲྀཏྟཱ་གྷ་ཊ། བྱ་བ་རྣམས་འགགས་པའི་བུམ་པའོ། ༈ །ཌུ་བྷྲྀཉ྄་ཌུ་ཉ྄་སོང༌། བྷྲྀ་ཏྲི་མཀ྄། ཀ྄་ཡལ སམ྄་གོང༌། སི་ཨམ྄། སཾ་བྷྲྀ་ཏྲི་མཾ ཡུདྡྷཾ། གཡུལ་འཐབ་པ། སཾ་བྷཱ་རེ་ཎ་སཾ་བྷྲྀ་ ཏཾ། དམག་ཚོགས་འཁྲུགས་པའོ། ༈ །ཡཱ་ཙྲྀ་སློང་བ་ལའོ། །ར་སོང༌། ཡཱཙ྄་ཏྲིམ་ཀ྄་བཞག ཀ྄་ སོང་ཨིཊ྄། ཡཱཙ྄་ཨི་ཏྲིམ། སི་ཨམ྄་ས་གོང༌། ས་ཡཱ་ཙི་ཏྲི་མཾ། དེ་སློང་མོ་བྱས་པའི་བི་པྲ་དྷ་ནཾ་བྲམ་ ཟེའི་ནོར། ཞེས་སོ། །ཡཱ་ཙ་ནེ་ན། སཾ་བྲྀཏྟཾ། འདི་སློང་མོ་ལ་རྒྱུས་ཟིན་ནོ། །ཞེས་སོ། ། ༈ ན་ཌ་ཀཱི། ན་ཊ྄་དང་ཀི་དག་གོ །བྱིངས་ལ་དངོས་པོའི་དོན་དུ་རྐྱེན་ན་ཊ྄་དང་ཀི་གང་ ཡང་རུང་བ་སྟེར་ཏེ། ཡ་ཏཱི་མཆོག་ལའོ། །ཨཱི་སོང༌། ཡཏ྄ ན་ཊ྄་བཞག ཊ྄་སོང༌། དྲངས། ཡཏྣཿ 19-1-562 ཡ་ཏ་ནཾ། སྡོམ་བརྩོན་ནོ། ༈ །པྲཙྪ། བིཙྪོཿཤ་ནེ། པྲཚ་དང་བི་ཚ་དག་ན་ལ་ཤའོ། །བྱིངས་པྲ་ ཚ་དང་བི་ཚ་སོགས་ལ། རྐྱེན་ན་ཊ྄་བྱུང་ན་ཚ྄་ཡིག་ནི་ཤ྄་ཡིག་ཏུ་འགྱུར་རོ་ཏེ་འདི་ཡང་དངོས་ པོའི་དོན་ལའོ། ༈ །པྲཚ྄་ན་ཊ྄་ཊ྄་སོང༌། ཚ྄་ས། ས྄་ཤ྄ །དྲངས་སི། པྲཤྣཿ། པྲྀཙྪ་ཏ། འདྲི་བའོ། ༈ །བི་ཚ྄་འགྲོ་བ་ལའོ། །བི་ཚ྄ ན་ཊ྄ ཚ྄་ས། ས྄་ཤ྄ །དྲངས་སི། བི་ཥ་ནཿ། ཁྱབ་པར་འགྲོ་བའོ། ། འདིར་པྲ་དང་བི་ལ་ཡོན་ཏན་ཐོབ་པ་ལྟར་སྣང་ཡང་མི་ཐོབ་བོ། ༈ །ཡ་ཛ྄་ན་ཊ྄། ཊ྄་སོང༌། ས་ ཏུ་ནི་ཤ་ཙུ་རྣམས་ལ་ཤ་ཙུའོ། །ཞེས་པས་ཛ྄་མཐོང་བས་ཕ་རོལ་ན་ཡིག་ཉ་ཡིག་ཏུ་སོང༌། ཛ྄་ དྲངས། ཛྙ་སི། ཡཛྙཿ། ཨིཛྱ་ཏེ། མཆོད་པའོ། །དེ་ལྟར་ན་ཊ྄་བཤད་ཟིན། ༈ ད་ནི་ཀི་བཤད་དེ། བྱིངས་དྷཱ་ལ་རྐྱེན་ཀི་སྟེར། ཀ྄་ཕྱིས་ཨི་བཞག ཨ་པ྄་མེད་པའི་ཨཱ་ཏ྄་ ཀྱི་ཨཱ་ཡིག་དབྱིའོ། །ཞེས་པས་དྷཱ་ཡི་སྲོག་ཨཱ་རིང་ཡལ། རྐྱེན་གྱི་ཨི་ལ་དྲངས། དྷི་བྱུང༌། བི་སྔོན སི་རྣམ་བཅད། བི་དྷིཿ། བི་དྷ་ཡཏ། ཆོ་གའམ་སེམས་ལ་འཛིན་པའོ། ༈ །གཞན་དེ་དང་འདྲ། བིའི་དོད་དུ་སཾ། སཾ་དྷེ་སཾ་དྷི་ཡ་ཏེ། མཚམས་འབྱོར་བར་བྱེད། གཉིས་སྦྲེལ་བར་བྱེད། ཅེས་ པའོ། ༈ །དེ་ཀ་འདྲ་བ་ལ་བིའི་ཚབ་ཏུ་ཨཱང྄། ཨཱ་དྷིཿ། ཨ་དྷི་ཡཏ྄། ཡུལ་སྲོལ་ལམ། མཚམས་ བཟུང་བའོ། ༈ །ཡང་དྷི་སྒྲུབ་ལུགས་གཅིག་ལ། ནི་སྔོན། ནི་དྷི། དེའི་ཡང་སྔོན་དུ་ཨམ྄་བྷས྄་ བཞག ས་རྣམ་བཅད། དེ་ཨུ་ཨོ། ཨམྦྷོ་ནི་དྷིཿ། ཨམྦྷོ་ནི་དྷཱི་ཡ་ཏེ་ཡཏ྄། གང་དུ་ཆུ་ལས་སྐྱེས་ པའོ། །ཞེས་ཏེ། འོན་ཀྱང་ཆུ་གཏེར་ལ་གྲགས་ཆེའོ། །དཔེ་གཅིག་ན། སོ྅་མྦྷོ་ནི་དྷི་ཟེར་བ་ ཡོད་པ། ས་ཨམྦྷོ་ཟེར་བ་སྣང་དེ། ཆུ་སྐྱེས་སོ། ། ༈ བྷཱ་བོ་ཡུཊ྄། དངོས་པོ་ལ་ཡུཊ྄འོ། །བྱིངས་རྣམས་ལ་དངོས་པོའི་དོན་དུའང་རྐྱེན་ཡུཊ྄་ སྟེར་བ་སྟེ། ཀྲ་ཡུཊ྄་བཞག ཊ྄་ཕྱིས། ཡུ་ཨ་ན་རུ་བསྒྱུར། རྀ་ཨཏ྄་དྲངས། ན་ཎ་སི་ཨམ྄་ཀ་ར་ ཎཾ། ཀྲི་ཡ་ཏེ་ཨ་ནེ་ན། འདི་ནི་བྱ་བ་བྱེད་པའོ། ༈ །ཀྲྀ་ཞེས་པའི་དོད་དུ་ཧྲི་ཉ྄་ཧ་ར་ཎི། ཧྲི་ཡ་ ཏེ་ཨ་ནེ་ན། འདི་ནི་འཕྲོག་པ་པོའོ། ༈ །ཧུ་སྦྱིན་པའི་བྱིངས་ཡུཊ྄་ཨ་ན། ཡོན་ཏན། ཨོ་ཨབ྄། 19-1-563 ཧབ྄་ཨ་ན་སི་ཧ་བ་ནཾ། ཧཱུ་ཡ་ཏེ་ཨ་ནེ་ན། འདི་ནི་སྦྱིན་སྲེག་བྱེད་པའོ། ༈ །བྷཱུཥ྄ ཡུཊ྄་ཨ་ན་ དྲངས། ཥ་ར་རྀ་སོགས། སི་ཨམ྄། བྷཱུ་ཥ་ཎཾ། བྷཱུཥྱ་ཏི་ཨ་ནེ་ན། འདི་རྒྱན་པར་བྱེད་པོའོ། ༈། བཧ྄་ཨན་སི་དྲངས་པ་ཧ་ནཾ། ཨུ་ཧྱ་ཏེ་ཨ་ནེ་ན། ཐོབ་པར་གྱུར་པ་ནི་འདིའོ། ༈ །དཱ་ཡུཊ྄་ཨ་ན་ འདྲ་རིང༌། སི་ཨམ྄། ཧ་ནཾ། ༈ དུཥ྄་ཡུཊ྄་ཨ་ན་ཤམ྄་རྣམས་ཀྱི་རིང་པོའོ། །ཞེས་པས་བྱིངས་ཀྱི་ དབྱངས་རིང་པོའོ། །དྲངས་ཥ་ར་རྀ་སོགས་སི་ཨམ྄། དཱུ་ཥ་ཎཾ། དཱུཥྱ་ཏེ་ཨ་ནེ་ན། སྡུག་བསྔལ་ འབྱུང་འགྱུར་ནི་འདིའོ། ། ༈ ཨུད྄་སྠཱ་དེཿས་ལོ་པཿ། ཨུཏ྄་སྠཱ་སོགས་ལ་ས་དབྱིའོ། །བྱིངས་སྠཱ་སོགས་ལ་ཡུཊ྄་བྱིན་ དུས་ཨུཏ྄་སྔོན་དུ་བྱུང་ནས་མགོ་དབྱིའོ། ༈ ཥྛཱ་ཡུཊ྄་ཨན྄་སྠཱ་རུ་བསྒྱུར། ཨུཏ྄་གོང་སྠཱ་ཞེས་ པའི་ས྄་མགོ་དབྱི། ཨ་ན་འདྲ་བ་རིང༌། སི་ཨམ྄། ཨུཏྠཱ་ནཾ། སྟེང་གི་གནས་ཏེ་བྱ་ཚང་ལྟ་བུའོ། ༈ །སྟཾ་བྷྲ་ཡུཊ྄་ཨ་ན །ཨུཏ྄་གོང་ས྄་ཡལ། སི་ཨམ྄། ཨུཏྟ་མྦྷ་ནཾ། སྟེང་གི་ཀ་བའོ། ། ༈ །ས་དྷ་ནཱཾ་དྷཱ་ར་ཡོཤྩ། སྒྲུབ་པའི་ཐབས་དང་རྟེན་གྱི་དག་ལ་ཡང་ངོ༌། །སྒྲུབ་ཐབས་ ཀྱི་དོན་དང་རྟེན་གྱི་དོན་དུ་བྱིངས་ལ་ཡུཊ྄འི་རྐྱེན་འཇུག་གོ །པཙྱ་ཏེ་ཨ་ནེ་ན། འདིས་འཚེད་ པའི་བྱ་བ་པོའོ། །ཞེས་པའི་དོན་ལ། ༈ པཙ྄་ཡུཊ྄་ཨ་ན། དྲངས། སི། པ་ཙ་ནཿ། གྲུབ། པ་ ཙནཿཨགྣི། པཙ་ནོ྅གྣིཿ། མེ་ནི་འཚེད་པའི་སྒྲུབ་ཐབས་སོ། ༈ །པཙྱ་ཏེ྅པ་སྱཱཾ། འདིའི་འཚེད་ པ་ཟེར་ཏེ། འདིར་འཚེད་པ་པོའོ། ༈ །པ་ཙནཿཐཱ་ལཱི། རྣམ་བཅད་ས྄་དྲངས་པ་ཙ་ན་སྠཱ་ལཱི། གཞོང་བར་བཙོས་སོ། །ཞེས་པའོ། ༈ །ཨཱིཥ་དུཿསུཥུ་ཁལྻུཊ྄། ཨཱིཥ་དུཿསུ་རྣམས་ལ་ཁལ྄་དང་ ཡུཊ྄འོ། །བྱིངས་ཨཱི་ཥཏ྄་དང་དུཿདང་སུ་ཞེས་པ་རྣམས་ལ་རྐྱེན་ཁལ྄་དང་ཡུཊ྄་འཇུག་གོ །རྐྱེན་ ཁལ྄་ཞེས་པའི་ལ་ནི་རྐྱེན་གྱི་དབྱེ་བ་ཤེས་པའི་དོན་དང༌། ཁ་ནི་ཡོན་ཏན་གྱི་དོན་དང༌། མུཀ྄་ ཨཱ་ག་མ་སྟེར་བའི་དོན་ཡང་སྟེ། ༈ དེ་ཡང་ཨཱི་ཥ་ཏ྄་ཨཱཌྷྱ་ཞེས་པ་བཞག ཏ྄་ད྄། ཨ་ལ་དྲངས། ཨཱི་ཥ་དཱ་ཌྷྱ། ཞེས་པ་ལ་ནུམ྄་བྱིན་ཨུ་དང་མ྄་སོང༌། ན྄་ང་རོ། ཨཱི་ཥ་དཱ་ཌྷྱཾ་བྱུང༌། བྷཱུ ཁལ྄་བཞག 19-1-564 ཁ྄་དང་ལ྄་སོང༌། ཨ་བཞག བྷཱུ་བྷོ། ཨོ་ཨབ྄། དྲངས་པས། བྷ་བ། སི་རྣམ་བཅད། ཨཱི་ཥ་དཱ་ ཌྷྱཾ་བྷ་བཿ། བདེན་པ་ཉུང་ངོ༌། །ཞེས་ཏེ། ཨཱི་ཥ་དཱཌྷྱཾ་བྷཱུ་ཡ་ཏེ་ཨ་ནེ་ན། འདི་ནི་ཉུང་ཟད་ཙམ་བྱུང་ བའོ་ཞེས་པའང་ཡིན་ནོ། །ཨཱི་ཥཏ྄་དང༌། ཨལྤ་དང༌། སུལ་པ་རྣམས་ཅུང་ཟད་ཀྱི་མིང་ཡིན་ནོ། ༈ དུཿཨཱཌྷྱ་ནུམ྄། བྷཱུཁལ྄་རྣམས་བཞག རྣམ་བཅད། ར྄་ནུམ྄་ང་རོ། ཁལ྄་ཨ་ཡོན་ཏན་ཨབ྄་ སོ་སོར་དྲངས། སི་རྣམ་བཅད། དུ་རཱ་ཌྷྱཾ་བྷ་བཿ། གྲུབ། དུ་ཁེ་ན་ཨཌྷྱཾ་བྷུ་ཡ་ཏེ་ཨ་ནེ་ན། འདི་ནི་ སྡུག་བསྔལ་ལྡན་པར་གྱུར་ཏོ། ༈ །ཀྲྀ་ཁལ྄་ཨ་རྀ་ཨར྄། དྲངས། སི། ཀ་རཿ། ཨཱིཥ་དཱ་ཌྷྱཾ་གོང་དུ་ བཞག ཨཱིཥ་དཱ་ཌྷྱཾ་ཀ་རཿ། ཅུང་ཟད་ཙམ་བྱེད་པའོ། ༈ །ཡང་ན་ཀ་རཿགྲུབ་པ་ལ། ཨཱི་ཥཏ྄་གོང༌། ཨཱི་ཥཏྐརཿ། ༈ ཡང་ཀྲི་ཁལ྄་ཀ་རཿགོང་བཞིན་དུ་སྔོན་དུ་བཞག རྣམ་བཅད་ས྄། ས྄ཥ྄། ཀ་ལ་ དྲངས། དུཥྐ་རཿ། དུཿཁེ་ན་ཀྲེ་ཡ་ཏེ། སྡུག་བསྔལ་བར་བྱེད་པ་པོའོ། ༈ །ཀ་རཿགོང་བཞིན། སུ་ སྔོན། སུ་ཀ་ར། སུ་ཁེ་ན་ཀྲི་ཡ་ཏེ། བདེ་བར་བྱེད་པ་པོའོ། ༈ །ཡུདྷ྄་སཾ་པ྄ཧཱ་རཻ། ཡུདྷ྄་ཆེས་རྡེག་ པ་ལའོ། །ཡུདྷཱ་ཡུཊ྄་བཞག ཊ྄་ཡལ། ཡུ་ཨ་ནར་བསྒྱུར། ཡོན་ཏན། ཡོདྷ྄་དྲངས། དུཿགོང་རྣམ་ བཅད། ར྄་དྲངས། སི། དུཪྻྻོ་དྷ་ནཿ། འཐབ་དཀའ་སྟེ། དུཿཁེ་ན་ཡོ་དྷ་ཡི་ཏུ་ཤཀྱཿ། གཡུལ་དུ་ སྡུག་བསྔལ་བར་ནུས་པའོ། ༈ །དུཿཞེས་པའི་དོད་དུ་སུ་གོང་དུ་བཞག་ན། སུ་ཡོ་དྷ་ནཿ། བདེ་ བར་འཐབ་པའོ། །སུ་ཁེ་ན་ཡོ་དྷ་ན་ཡི་ཏུངྴ་ཀྱཿ། འཐབ་མོ་རྣམས་བདེ་བར་ནུས་པའོ། ། ༈ ཏ་བྱཱ་ནཱི་ཡཽ། ཏ་བྱ་དང་ཨཱ་ནཱི་ཡ་དག་གོ །མ་འོངས་པའི་དུས་སྟོན་པའི་དོན་ལ། བྱིངས་ བྷཱུ་སོགས་ལ་རྐྱེན་ཏ་བྱ་དང༌། ཨཱ་ནཱི་ཡ་གང་རུང་འཇུག་གོ ༈ །བྷཱུ་ཏ་བྱ་ཞེས་པ་བཞག བར་དུ་ ཨིཊ྄་བྱུང༌། ཡོན་ཏན་ཨོ་ཨབ྄། བྷ྄ཨབ྄་ཨི་ཏ་བྱ་སི་བྱུང༌། རིམ་པས་དྲངས། སི་ཨམ྄། བྷ་བི་ཏ་ བྱཾ། ༈ ཡང་ན། བྷཱུ་ཨཱ་ནཱི་ཡ་བཞག ཡོན་ཏན་ཨབ྄། བྷ྄ཨབ྄་ཨཱ་ནཱི་ཡ་སི་དྲངས། རྣམ་བཅད། བྷ་ བཱ་ནཱི་ཡཿ། འབྱུང་བར་འགྱུར་རོ། །བདེན་པར་འགྱུར་རོ། །ཞེས་པའོ། །བྷཱུ་ཡཱཏ྄། འབྱུང་བའོ། ། ཞེས་ཀྱང་ངོ༌། ༈ །ཨཱས྄་སྡོད་པ་ལའོ། །ཨཱས྄་ཏ་བྱ་བར་དུ་ཨིཊ྄། ཨཱས྄་ཨིཏ྄་བྱ་སི་དྲངས། 19-1-565 ཨམ྄། ཨཱ་སི་ཏ་བྱཾ། གནས་འཆའ་བར་འགྱུར། ཞེས་པའོ། ༈ །ཀྲྀ་ཏ་བྱ་བཞག་རྀ་ཨར྄་དྲངས། སི་ཨམ྄། ཀརྟ་བྱཾ། ཀྲྀ་ཡ་ཏེ། བྱེད་པར་འགྱུར། ཞེས་སོ། ༈ །ཀྲྀ་ཨཱ་ནཱི་ཡ། ཨར྄་དྲངས། ན་ ཎ། སི་ཨམ྄། ཀ་ར་ཎཱི་ཡཾ། དོན་སྔ་མ་དང་འདྲའོ། ༈ །གྲཧ྄་རྣམས་ཀྱི་ཨིཊ྄་ལའོ། །ཞེས་ཨིཊ྄་ ཀྱི་ཨཱི་རིང་པོར་འགྲོ། གྲཧ྄་ཏ་བྱ་བཞག བར་དུ་ཨིཊ྄་ཨཱི་རིང་པོར་འགྲོ།གྲཧ྄་ཨཱིཏ་བྱ་སི་བྱུང༌། དྲངས། གྲ་ཧཱི་ཏ་བྱཾ། གྲྀ་ཧྱ་ཏ། འཛིན་པར་འགྱུར་རོ། ༈ །པྲྀཉ྄་ཡང་དག་སྦེད་པ་ལའོ། །བྲྀཏ྄་ བྱ་བར་དུ་ཨིཊ྄་ཨཱི་རིང་པོ། རྀ་ཨར྄་བར྄་ཨཱིཏ་བྱ་བྱུང༌། སི་ཨམ྄། བ་རཱི་ཏ་བྱཾ། བ་རི་ཏུཾ་ཡོ་གྱཾ། སྦེད་པར་འགྱུར་བའི་སྦྱོར་བའོ། ། ༈ སྭ་རཱ་དྱཿ། དབྱངས་ལས་ཡའོ། །བྱིངས་དབྱངས་མཐའ་ཅན་ལ་ཡ་ཡིག་རྐྱེན་དུ་འགྱུར་ རོ། །ཀྵེ་འཆིང་བ་ལའོ། །ཀྵེ་ཡ་བཞག སི་ཨམ྄། ཀྵེ་ཡཾ། ཀྵེ་ཏུངྻོགྱཾ། ཕྲད་པས་འཆིང་བའོ། ༈། ཛི་ཡ་བཞག ཡོན་ཏན་སི་ཨམ྄། ཛེ་ཡཾ། ཛེ་ཏུཾ་ཡོ་གྱཾ། རྒྱལ་བའི་ཚོགས་པ། ༈ ཙི་ཡ་བཞག ཡོན་ཏན་སི། ཙེ་ཡཾ། ཙེ་ཏུཾ་ཡོ་གྱཾ་ཚོགས་པའམ། གྲབས་སམ། བསགས་པའམ་བདེ་བ་ལ་ འཇུག་གོ །ཎ ཉ྄་ཡ ཎའི་ནའོ། །ཡོན་ཏན། སི། ནེ་ཡཾ། ནེ་ཏུཾ་ཡོ་གྱཾ། མ་ཐོབ་པའི་སྦྱོར་བའོ། ། ནེ་ཡཾ་ཞེས་པ་རང་བཞིན་སྐད་ལ། ཨ་ག་བ་ནི་ཟེར་ཏེ་རྫོང་ཧབ་ཐོབ་ཏུ་བྱུང་བའི་མིང་ལའང་ ཟེར་རོ། ༈ །ཇི་སྐད་དུ། ཀྵ་ཡྻ་དང་ཛ་ཡྻ་དག་ཀྱང་ནུས་པའི་དོན་ལ་ངེས་པའི་ཚིག་གོ །ཞེས་ བཤད་དོ། །སྟོབས་དང་ལྡན་པས་བྱ་བ་བྱེད་ནུས་ཀྱི་དོན་ལ། ཀྵི་དང་ཛི་རྐྱེན་ཡ་བྱུང་ན་བྱིངས་ ཀྱི་ཨི་ཡིག་ནི་ཨཡ྄་རུ་བསྒྱུར་བའམ། དབྱངས་ཨི་ཡིག་ཡ྄་རུ་བསྒྱུར། ཀྵ་དང་ཛ་སྲོག་ཅན་དུ་ བྱ་སྟེ་གཟུགས་འདྲ། འདི་ལ་ཡོན་ཏན་ཨེ་མེད་པས་ཨེ་ཨཡ྄་དང་མི་གཅིག་པས། ནི་པཱ་དའི་ སྒྲུབ་པའོ། ༈ །ཀྵི་ཡ་བཞག ཀྵ་ཡ྄་རུ་བསྒྱུར། དྲངས། སི། ཀྵ་ཡྻཾ། ཀྵེ་ཏུཾ་ཤཀྱཾ། ཟད་པར་ནུས་ སོ། །དེའི་དོན་ཡང༌། འཇོམས་པར་རྩོལ་ཕོད་པའོ། ༈ །ཛི་ཡ་ཛཡ྄་ཨཱ་དེ་ཤ། དྲངས། སི། ཛ་ ཡྱཾ། ཛེ་ཏུཾ་ཤཀྱཾ། རྒྱལ་ཐུབ་པའོ། ༈ །གཞོན་ནུས་ལྡན་མ་ཡིན་པའི་དོན་ལ་གོང་དུ་བཤད་པ་ 19-1-566 ལྟར། ཀྵེ་ཡཾ་ཛེ་ཡཾ་ཏེ། འདི་ལ་བཏང་སྙོམས་པ་དང༌། །ལོག་པ་གཉིས་སོ། །བཱ་པཾ་ཛེ་ཡཾ་མནཿ། ཡིད་སྡིག་པ་ལ་མ་རྒྱལ་ལོ། །ཞེས་པ་ལྟ་བུ༌། ཀྵཡྻ་དང་ཛཡྻ་དག་ཀྱང་ཞེས་པའི་ཀྱང་གི་སྐད་ དོད་ཙ་ཡིག་ནི་ཛེ་ཡཾ་ཞེས་པ་ཡང་འབྱུང་སྟེ། ཚིག་ཕྲད་དུ་མ་ཟད་ཅེས་པའོ། ༈ །ཛྲྀ་ཡ་བཞག རྀ་ཨར྄། དགག་པའི་ཨ་གོང༌། ཨ་ཛཪྻ། དེ་ལ། སཾ་ག་ཏཾ་སྦྱར། མི་རྒྱལ་བའི་རྒྱུ་ཚོགས། ན་ ཛཱིཪྻ་ཏེ། རྒྱལ་བར་མི་འགྱུར་བའོ། ༈ །པུ་ཤ་ཀཱནྟཱ་དྱཿ། པུ་དང་ཤཀ྄་མཐའ་ལ་ཡའོ། །པུ་སྟེ་ པ་སྡེ་མཐའ་ཅན་གྱི་བྱིངས་དང༌། བྱིངས་ཤཀ྄་གི་མཐར་ཡང་རྐྱེན་ཡ་སྦྱོར་ཏེ། བྱིངས་ཛཔ྄་ཡ་ བཞག དྲངས་སི། ཛ་བྱཾ། ཛ་བཱུ་ཡོ་གྱཾ བཟླས་པའི་སྦྱོར་བའོ། ༈ །ཌུ་ལ་བྷཥ྄། ཐོབ་པ་ལའོ། ། ཌུ་དང་ཥ྄་དང་བྷཱའི་སྲོག་སོང༌། ལབྷ྄་ཡ་བཞག དྲངས། སི། ལ་བྷྱཾ། ལ་བྦྷུ་ཡོ་གྱཾ། ལ་བྟུཾ་ཡོ་གྱཾ། ཐོབ་པའི་སྦྱོར་བའོ། ༈ །ཡ་བྷ་འཁྲིག་པ་ལའོ། ༈ །ཡབྷ྄་ཡ་བཞག དྲངས། སི། ཡ་བྷྱཾ། ཡ་བྡྷུཾ་ ཡོ་གྱཾ། ཡ་བྟུཾ་ཡོ་གྱཾ། འཁྲིག་པའི་སྦྱོར་བའོ། །འདི་གཉིས་ལ་བྷ྄བ྄ཏ྄་དྷ྄་ཅེས་པའམ། བྷ྄་བ྄་བ྄་ པ྄་བྱས་པས་བྡྷུཾ་བྟུཾ་དེ་རྣམས་ཡང་ངོ༌། །དེ་རྣམས་པ྄་སྡེ་མཐའི་དཔེར་བརྗོད་ཡིན། ༈ ཤཀ྄་གི་ དོན་ནི། ཤཀླྀ་ཡ་བཞག ལ་རྗེས་འབྲེལ། དྲངས། སི། ཤཀྱཾ། ཤཀྟུཾ་ཡོ་གྱཾ། ཤཀྱཾ། སྟོབས་ཀྱི་ སྦྱོར་བ་ནུས་པའོ། ༈ །པུ་དང་ཤཀྱ་མིན་པའང་ཡོད་དེ། ཥཧ྄་ངོ་མཚར་ལའོ། ཥའི་སའོ། །ས་ ཧ྄་ཡ་བཞག དྲངས། སི། ས་ཧྱཾ། སོ་ཌྷུཾ་ཤཀྱཾ། དགའ་བར་ནུས་པའོ། ༈ །སོ་ཌྷུཾ་སྒྲུབ་ན། སཧ྄་ ཏུམ྄་བཞག ཧའི་ཌྷའོ། །ཏ་ཐ་དག་གི་དྷཱའོ། །དྷ་ཌྷ་རུ་སོང༌། སཌྷ྄། ཌྷུམ྄་བྱུང༌། ཌྷ྄་སྔ་མ་ཡལ། སའི་ཨ་རིང་པོར་སོང༌། ཨཱ་རིང་པོ་ཨོ་རུ་སོང༌། སོ་ཌྷུཾ་གྲུབ་བོ། ༈ །རུ་ཙ་ཡ་བཞག དྲངས། སི། རུ་ཙྱཾ། རོ་ཙ་པི་ཏུཾ་ཤཀྱཾ། དང་བར་ནུས་པའོ། །འདོད་པར་ནུས་པའོ། །མཛེས་པར་ནུས་པའོ། ། ༈ ཨཱི་ཙཱ་ཏཿ། ཨཱཏ྄་ལ་ཨཱི་ཡང་ངོ༌། ཨཱ་ཡིག་མཐའ་ཅན་གྱི་བྱིངས་ལ་རྐྱེན་ཡ་བྱུང་ན། བྱིངས་མཐའི་ཨཱ་ཡིག་ནི་ཨཱི་ཡིག་ཏུ་འགྱུར་རོ། ༈ །དཱ་ཡ་བཞག དཱའི་ཨཱ་རིང་པོ་ཨཱི་རུ་འགྱུར། ཡོན་ཏན་ཨེ། སི། དེ་ཡཾ། དཱ་ཏུཾ་ཡོ་གྱཾ། སྦྱིན་པའི་ཚོགས་པའོ། ༈ །ཛྙཱ་ཡ་བཞག ཨཱ་ཨཱི། ཨཱི་ཨེ། 19-1-567 སི། ཛྙེ་ཡཾ། ཛྙཱ་ཏུཾ་ཡོ་གྱཾ ཤེས་པའི་སྦྱོར་བའོ། ༈ །པཱ་ཡ་བཞག ཨཱ་ཨཱི་ཨེ་སི། པེ་ཡཾ། པཱ་ཏུཾ་ཡོ་ གྱཾ། བཏུང་བའི་སྦྱོར་བའོ། ༈ །རྀ་ཧ་སཱནྟཱངྒྷྱཎ྄། རྀ་དང་ཧ་སའི་མཐའ་ལས་གྷྱཎ྄འོ། །བྱིངས་ རྀ་མཐའ་དང་ཧ་ས་སྟེ་གསལ་བྱེད་མཐའ་ལ་རྐྱེན་གྷྱཎ྄་འཇུག་སྟེ། དངོས་པོའི་དོན་སོགས་ ལའོ། ༈ །ཀྲྀ་གྷྱཎ྄་ཞེས་པ་བཞག ཎ྄་འཕེལ་བའི་དོན། གྷ྄་བརྡ་ཆད་ཀྱི་དོན། ཡ་ཉིད་རྐྱེན་ནོ། ། རྀ་ཨཱར྄་འཕེལ་བའོ། །དྲངས། སི། ཀཱརྱཾ། ཀརྟུཾ་ཡོ་གྱཾ། བྱ་རྒྱུའི་ཚོགས་པ་སྟེ་ལས་ཀའོ། ༈། བྲྀཉ྄་སྒྲིབ་པ་ལའོ། །བྲ་གྷྱཎ྄་ཡ་བཞག འཕེལ་བ་སྟེ། རྀ་ཨཱར྄་དྲངས་སི། བཱཪྻཾ། བཱ་ར་ཡི་ཏུཾ་ ཡོ་གྱཾ། སྒྲིབ་པའམ་འགེགས་པའི་སྦྱོར་བའོ། ༈ །བཙ྄་གྷྱ་ཎ྄་ཡ། འཕེལ། གོང་བཞིན། བཱ་ ཙྱཾ། བཀྟུཾ་ཡོ་གྱཾ། ངག་གི་སྦྱོར་བའོ། ༈ །བདྷ྄་གྷྱཎ྄། ཡ་འཕེལ། བཱ་དྷྱཾ། བཱདྷི་ཏུཾ་ཡོ་གྱཾ། གསོང་ པོར་སྨྲ་བའི་སྦྱོར་བའོ། ༈ །བྷཱུ་གྷྱཎ྄་ཡ། འཕེལ་བ། ཨཱབ྄། གོང་བཞིན། བྷཱ་བྱཾ། བྷ་བི་ཏུཾ་ཡོ་ གྱཾ། ཡོད་པ་བདེན་པ་འབྱུང་བ་ནོར་སྐལ་བ་ལེགས་པ་རྣམས་ཀྱི་ཚོགས་པའོ། ༈ །ཧ་སེ་རྒོད་ པ་ལའོ། །ཧས྄་གྷྱཎ྄་ཡ། འཕེལ། དྲངས། སི། ཧཱ་སྱཾ། ཧ་སི་ཏུཾ་ཡོ་གྱཾ། གད་མོའི་སྦྱོར་པའམ་ ཚོགས་པའོ། །པཙ྄་གྷྱཎ྄་ཡ། འཕེལ། དྲངས། སི། པཱ་ཙྱཾ། ཡང་ན་གྷིཏ྄་ཉིད་ལ་ཀ་ཡི་ཀྱང་ཅེས། ཙཀ྄ གཞན་འདྲ། པཱ་ཀྱཾ། དེ་གཉིས་དོན་གཅིག་སྟེ། པ་ཀྟུཾ་ཡོ་གྱཾ། འཚོད་པའི་སྦྱོར་བའོ། ༈ །ཇི་ སྐད་དུ༌། གང་འདིར་དངོས་པོའི་བྱ་བ་དག་ལ་རབ་ཏུ་འདྲེས་པའི་ཏ་བྱ་ལ་སོགས་པ་དེ་མཆོད་ པའི་ཆོ་ག་ལ་ཡང་ངོ༌། །ཞེས་བཤད་པས། དངོས་པོའི་དོན་གྱི་སྐབས་འདིར་མཆོད་པའི་བྱ་ བའི་དོན་ལ་ཡང༌། ཏ་བྱ་ལ་སོགས་པ་འཇུག་གོ །ཏ་བྱ་ལ་སོགས་པ་ནི། ཏ་བྱ་ཨི་ནཱི་ཡ་ཀྱཔ྄་ གྷྱཎ྄་ཡ་སྟེ། རྐྱེན་འདི་རྣམས་ཡིན་ལ། འདི་དག་ལ་ཀྲྀཏ྄་ཀྱི་མིང་འཇུག་གོ །འདིར་ལྔ་དངོས་སུ་ སྨོས་གཞན་ཡང་ཡོད་དོ། ༈ །དཔེར་བརྗོད་ནི། དྲྀཤ྄་ཏ་བྱ་བཞག ཤ྄ཥ྄། ཏ་ཊ། རྀ་ཡོན་ཏན་ ཨར྄། དྲྀ་ཤ྄་རྣམས་ཀྱི་ཛྷས་ལ་ཨར྄་རའོ། །ཞེས་པས་ཨར྄་ར་དབྱངས་བཅས་སུ་སོང༌། ད་ར་ ལ་དྲངས་ཥ་ཊ་ལ་དྲངས། དྲྀ་ཤྟ་བྱཿ། དྲཥྚུཾ་ཡོ་གྱཾ། བལྟས་ནས་མཆོད་པའི་བྱ་བ་བྱེད་ཅེས་པའོ། 19-1-568 ༈ །ཡང༌། དྲྀཤ྄་ཨ་ནཱི་ཡ་རྀ་ཨར྄། དྲངས། སི། དཪྴ་ནཱི་ཡཿ། ༈ དྲི་ཤ྄་ཡ་བཞག དྲངས་སི། དྲི་ ཤྱཿ། དེ་རྣམས་དོན་གཅིག དཪྴ་ན་དྷོ། བལྟས་ནས་མཆོད་དོ་ཞེས་པའོ། །དྷྱཻ་སེམས་པ་ལའོ། ། དྷྱཻ་ཡ་བཞག མཚམས་སྦྱོར་གྱི་ཡི་གེ་ཨཱ་རུ་འགྲོ་བས། དྷྱཱ་སུ་དང་ཨཱད྄། སི་རྣམ་བཅད། སྭཱ་དྷྱཱ་ ཡཿ། ཀུན་ཏུ་ལེགས་པར་སེམས་པའོ། ༈ །དྷྱཻ་ཏ་བྱ་བཞག ཨཻ་ཨཱ། སི། དྷྱཱཏ་བྱཿ། ཡང་ན་ མཚམས་སྦྱོར་ཡི་གེ། ཨཻ་ཨཱ་རུ་བསྒྱུར། ཨཱ་ཏ྄་ལ་ཨཱི། ཨཱི་ཨེ། དྷྱེ་ཏ་བྱཿ། ཞེས་པའང་འབྱུང་སྟེ། དྷྱཱ་ཏུཾ་ཡོ་གྱཾ། སེམས་པའི་སྦྱོར་བའོ། ༈ །ཤྲུ་ཐོས་པ་ལའོ། །ཤྲུཏ་བྱ་བཞག ཡོན་ཏན། ཤྲོ། སི་ རྣམ་བཅད། ཤྲོ་ཏ་བྱཿ། ཤྲོ་ཏུཾ་ཡོ་གྱཾ། ཐོས་སྦྱོར་ཏེ་ཐོས་པའི་ཐབས་སོ། ༈ །ཤྲུ་ཨ་ནཱི་ཡ་ཡོན་ ཏན། ཨོ་ཨབ྄་དྲངས་ཤྲ་བ་ཎཱི་ཡཿ། ༈ མན་ཤེས་པ་ལའོ། །མན྄་ཏ་བྱ། ན྄་ང་རོ། །སི་རྣམ་ བཅད། མཾ་ཏ་བྱཿ། མནྟུ་ངྻོ་གྱཾ། ཡིད་ལ་བྱེད་སྦྱོར་རོ། །ཇི་སྐད་དུ། ས་རྐྱེན་གྱི་མཐའ་ལས་ཀྱང་ ངོ༌། །ཞེས་འབྱུང༌། བྱིངས་ས་རྐྱེན་གྱི་མཐའ་ཅན་ལ་ཡང༌། ཏ་བྱ་སོགས་འཇུག་གོ ༈ །དི་དྷྱ་ས་ ཞེས་པའི་བྱིངས་ལ་ཏ་བྱ་བཞག བར་དུ་ཨིཊ྄། ཨི་ལ་སའི་ཨ་ཕྱིས། དྲངས་ནི་སྔོན་དུ་བཞག་ སི་ནི་དི་དྷྱཱ་སི་ཏ་བྱཿ། ནི་ཏ་རཱཾ་དྷྱཱ་ཏུ་མེཥྚ་བྱཿ། བར་མ་ཆད་པར་བསམ་གཏན་འདོད་པའོ། ༈། ཛི་ཛྙཱ་ས་ཏ་བྱ་བཞག ཨིཊ྄་སའི་ཨ་ཡལ། དྲངས། བི་སྔོན། སི། བི་ཛི་ཛྙཱ་སི་ཏ་བྱཿ། ཛྙཱ་ཏུ་མིཥྚཿ། བྱེ་བྲག་ཏུ་ཤེས་པར་འདོད་ཅེས་སོ། ། ༈ ཨོ་རཱ་བ་ཤྱ་ཀེ། ཨུ་ཡི་ལྷག་པར་ལའོ། །ཨུ་ཡིག་མཐའི་བྱིངས་ལ་ལྷག་པའི་དོན་ཤིན་ དུའམ་ངེས་པར་རམ་ཅིས་ཀྱང་ལོས་ཀྱང་ཞེས་པ་ལྟ་བུ་ལ་གྷྱཎ྄་རྐྱེན་དུ་འཇུག་གོ །ཇི་སྐད་དུ། ཨོཏ྄་དག་ལ་ཡའི་རྐྱེན་ནི་དབྱངས་དང་འདྲའོ་ཞེས་འབྱུང་བས། ཨོ་ཡིག་དབྱངས་ལ་ཨབ྄་རུ་ འགྲོ་བ་ལྟར། དབྱངས་མ་ཡིན་ཀྱང་དབྱངས་དང་འདྲ་བར་ཡ་རྐྱེན་ལ་ཡང་ཨབ྄་རུ་འགྲོ་བ་ དང༌། ཨོཏ྄་ཅེས་གཉིས་ཚིག་ནི་ཨོ་ཨབ྄་དང༌། ཨཽ་ཨཱབ྄་གཉིས་ཀའི་དོན་ཡིན། ༈ བྷཱུ་གྷྱཎ྄་ཡ་ ཨ་བ་ཤྱམ྄་གོང༌། བྷཱུ་བྷཽ། ཨཽ་ཨཱབ྄། དྲངས། སི། བྷཱ་བྱཾ། ཨ་བ་ཤྱཾ་བྷཱ་བྱཾ། ལོས་ཀྱང་བདེན་ཞེས་ 19-1-569 པ་ལྟ་བུའོ། ༈ །ལཱུཉ྄་གཅོད་པ་ལའོ། །ལཱུ་གྷྱཎ྄་ཡ་འཕེལ་བ། ལཽ་ཨཱ་བ྄་དྲངས། སི་ཨ་བ་ཤྱམ྄་ གོང་ཨབ་ཤྱཾ་ལཱ་བྱཾ། ཅིས་ཀྱང་གཅོད་དོ། །ཞེས་པའོ། ༈ །འདི་ལ་ཚིག་སྡུད་ཀྱི་སྐབས་སུ་ཨབ་ ཤྱ་ལ་སོགས་པའི་ཤྱཾ་གྱི་མ྄་ཡིག་ལ་སོགས་པ་མ྄་ཡིག་རྣམས་དབྱི་བར་བྱ་སྟེ། ཨབ་ཤྱ་བྷཱ་བྱཾ། ཞེས་པ་ལྟ་བུའོ། །ཇི་སྐད་དུ། ཚིག་སྡུད་ལ། ཨ་བ་ཤྱམ྄་སོགས་ཀྱི་མ྄་དབྱི་བར་འདོད་དོ་ཞེས་ འབྱུང་ངོ༌། །འདིར་ཚིགས་བཅད་ནི། ལུམྤ་དེ་བ་ཤྱ་མཿཀྲྀ་ཏྱེ། ཏུཾ་ཀཱ་མ་མ་ན་སོ་ར་བི། ས་མོ་བཱ་ཧི་ ཏ་ཏ་ཏ་ཡོརྨཱཾ། ས་སྱ་པ་ཙི་ཡུཌྒྷ་ཉོཿ། །དེ་ཉིད་བོད་སྐད་ལྟར་ན། ཀྲྀཏ྄་ལ་ཨ་བ་ཤྱ་གྱི་མ྄་དབྱི་སྟེ། ཀཱ་མ་མ་ནས྄་ལ་ནི་ཏུམ྄་གྱི་ཡང༌། ཧི་ཏ་ཏཏ྄་ལ་སམ྄་གྱི་ཡང་ན་སྟེ། །མཱཾ་སའི་ཨ་ནི་པ་ཙ་ཡུཊ྄༌། ཉ྄ལ། ཞེས་གསུངས་ཏེ། བྱིངས་ཀྱི་སྔོན་དུ་ཨ་བཤྱམ྄་ཡོད་ལ། ཕ་རོལ་ཀྲྀཏ྄་མིང་ཅན་གྱི་རྐྱེན་ ཡོད་ན། ཨབ་ཤྱམ྄་གྱི་མ྄་དབྱིའོ། །ཚིག་སྡུད་ལ་ངེས་པར་དབྱི་བ་ཡིན་གཞན་མ་ངེས་སོ། ༈། དཔེར་ན། ཨ་བ་ཤྱམ྄་བྷཱ་བྱཾ་གྱི་མ྄་ཡལ། ཨ་བཤྱ་བྷཱ་བྱཾ། ཨ་བ་ཤྱམ྄་སཱ་བྱཾ་ལ་མ྄་ཡལ། ཨ་ བ་ཤྱ་ལཱ་བྱཾ། འབྱུང་ངོ༌། །ཀྲྀཏ་མིང་ཅན་གྱི་རྐྱེན་ནི། ཏ་བྱ་སོགས་ལ་ཟེར་རོ། ༈ །བྱིངས་ལ་ ཏུམ྄་གྱི་རྐྱེན་སྦྱར་བའི་ཕ་རོལ་དུ། ཀཱ་མ་ཞེས་སམ། མ་ནས྄་ཞེས་པའི་མིང་ཡོད་ན། ཏུམ྄་གྱི་ མ྄་དབྱ འོ། །བྱིངས་བྷུཛ྄་ཕ་རོལ་དུ་མིང་ཀཱ་མ་བཞག་བར་དུ་རྐྱེན་ཏུམ྄། བྷུ་ལ་ཡོན་ཏན། ཛ྄་ ག྄། ག྄་ཀ། སི། བྷོཀ྄་ཏུམ྄་ཀཱ་མ་སི། དྲངས། བྷོ་ཀྟུམ྄་ཀཱམཿ། ཏུམ྄་གྱི་མ྄་ཡལ། བྷོཀྟུ་ཀཱ་མཿ། ལོངས་སྤྱོད་འདོད་པ་ཞེས་སོ། ༈ །ཡང་ཐོག་མར། མ་ནས྄། མ་ནཱཿརུ་སྒྲུབ་ན། མ་ན་ས྄་ལ་སི་ བྱིན། ཨུ་པ་དྷཱ་རིང་པོ། སི་ཡལ། ས྄་རྣམ་བཅད། མ་ནཱཿགྲུབ། བྱིངས་ཤྲུ། མནཱཿཞེས་པ་བཞག བར་དུ་ཏུམ྄་བྱིངས་ཡོན་ཏན། ཤྲོ་ཏུམ྄་མ་ནཱཿ། ཏུམ྄་གྱི་མ྄་ཐིམ། ཤྲོ་ཏུ་མ་ནཱཿ། ཐོས་པ་ཡིད་ ལ་བྱེད་པའོ། ༈ །སམ྄་གོང་དུ་ཡོང༌། ཕ་རོལ་ཏུ་ཧི་ཏ྄་དང༌། ཏཏ྄་གང་རུང་བྱུང་ན། སམ྄་གྱི་ མ྄་དབྱི་བ་དང་མི་དབྱི་བ་ཡང་ནའོ། །སམ྄་ཧིཏ྄་མ྄་ང་རོ། སི་ཨམ྄། སཾ་ཧི་ཏཾ། ཡང་ན་ས་མ྄་ གྱི་མ྄་སོང༌། ས་ཧི་ཏཾ། གྲོགས་བཟང་བའམ། ལྷན་ཅིག་པའི་དོན་ཡིན། ༈ ཡང་སམ྄་ཏཏ྄་མ྄་ 19-1-570 སོང༌། སི་ཨམ྄། ས་ཏ་ཏཾ། ཡང་ན། སམ྄་རང་གནས། སཾ་ཏ་ཏཾ། ༈ དེ་བཞིན་དུ། མཱཾ་སའི་སྒྲའི་ ཕ་རོལ་དུ། བྱིངས་པཙ྄་ངེས་པར་ཡོད། པཙ྄འི་ཕ་རོལ་ཏུ་རྐྱེན་ཡུཊ྄་དང་གྷ་ཉ྄་གང་རུང་གཅིག་ བྱུང་ན་ཡང༌། མཱཾ་ས་ཞེས་པའི་ས་ཡིག་གི་དབྱངས་ཨ་དབྱི་བ་སྟེ། འོན་ཀྱང་ཡང་ན་བའོ། །མཱཾ་ ས་པཙ྄་ཡུཊ྄་བཞག །ཊ྄་སོང༌། ཡུ་ཨ་ན་རུ་བསྒྱུར། སི། མཱཾ་ས་པཙ྄་ཨ་ན། སི། ཙ྄་དྲངས་སི་ ཨམ྄། མཱཾ་ས་པ་ཙ་ནཾ། ཞེས་པ་གྲུབ། ཡང་ན་སའི་དབྱངས་ཕྱིས། ས྄་དབྱངས་མེད་ཕ་རོལ་དུ་ དྲངས། མཱཾ་སྤ་ཙ་ནཾ་གྲུབ། མཱཾ་ས་སྱ་པ་ཙ་ནཾ། ཤ་བཙོས་པའོ། ༈ །དོན་དེ་དང་གཅིག་པ་ལ། མཱཾ་ ས་སྱ་པཱ་ཀཿ། དེ་ནི་རྐྱེན་གྷ་ཉ྄་བྱུང་བ་སྟེ། མཱཾས་པཙ྄་གྷ་ཉ྄་བཞག ཉ྄་ཡལ་གྷ྄་སོང༌། ཨ་ལུས་པ་ ལ་འཕེལ་བ་བཱ། ཙ྄ཀ྄་མཱཾ་ས་པཱཀ྄་ཨ་སི་བྱུང༌། དྲངས་རྣམ་བཅད། མཱཾ་ས་པཱ་ཀཿ། ཡང་ན་སའི་ ཨ་ཕྱིས། དྲངས། མཱཾ་སྤཱ་ཀཿ། ཞེས་པའོ། ༈ རྀ་དུ་པ་དྷཱ་ངྐྱཔ྄། རྀ་ཨུ་པ་དྷཱ་ལས་ཀྱཔ྄འོ། །བྱིངས་གང་ལ་ཨུ་པདྷཱ་རྀ་ར་ཡིག་ཏུ་ཡོད་ པ་དེའི་ཕ་རོལ་དུ་རྐྱེན་ཀྲྀ་ཏ྄་མིང་ཅན་གྱི་ནང་ཚན་ཀྱཔ྄་སྟེར་རོ་ཏེ་དངོས་པོ་དང་ལས་སོགས་ ལའོ། ༈ །ཀྲྀ་ཏཱི་གཏུབ་པ་ལའོ། །ཨཱི་བརྗོད་དོན་ནོ། །ཀྲྀཏ྄་ཀྱཔ྄་བཞག ཀ྄་ཡོན་ཏན་མེད་པའི་ དོན། པ་པིཏ྄་ཀྱི་བརྡ་ཆད་དོན། རྐྱེན་དངོས་ཡ་ཉིད་དོ། །ཏ྄་ཡ་ལ་དྲངས། སི་ཨམ྄། ཀྲྀ་ ཏྱཾ། ཀརྟྲཾ་ཡོ་གྱཾ། གཏུབས་པའི་སྦྱོར་བའོ། །ནི་སྔོན་དུ་བཞག་ན། ཎི་ཀྲྀ་ཏྱཾ། ནི་ཏ་རཱཾ། ཀརྟུཾ་ཡོ་ གྱཾ། རྒྱུན་དུ་གཅོད་པའི་སྦྱོར་བའོ། ༈ །དེས་མཚོན་ནས་ཉེར་སྒྱུར་གཞན་དང་སྦྱོར་རོ། །བྱིངས་ མཐའ་ཐུང་ངུ་ཅན་སྟུ་ལ་རྐྱེན་པིཏ྄་བྱིན་ན། རྐྱེན་ཏུཀ྄་བར་དུ་སྦྱིན་ནོ། །འདིར་རྐྱེན་ཀྱཔ྄་ནི་ པིཏ྄་ཡིན་ནོ། །ཇི་སྐད་དུ། ཥྚུཉ྄། གུབཱུ། ཤཱསུ། གུཧ྄་རྣམས་ལ་ཀྱ་པ྄འོ། །ཞེས་ཀྱང་བཤད་ པ་ལས་ཥྚུ་ཐུང་ངུའི་མཐའ་ཅན་ཡིན་པས་ཏུཀ྄་བར་རྐྱེན་དུ་འཇུག གཞན་གསལ་བྱེད་མཐའ་ ཅན་ཡིན་སྐབས་འདིར་ཏུཀ྄་རྐྱེན་མི་འཇུག་གོ ༈ ཥྚུ་ཉ྄་སྟུ་ཀྱཔ྄་བཞག་རྐྱེན་ཡ། ཏུཀ྄་ཀ྄་དང་ ཨུ་སོང༌། སྟུཏ྄་ཡ་སི་དྲངས། ཨམ྄། སྟུ་ཏྱཾ། སྟོ་ཏུཾ་ཡོ་གྱཾ། བསྟོད་པ་ལ་སྦྱོར་རོ། ༈ །གུཔ྄་ཀྱཔ྄་ 19-1-571 བཞག ཡ་དྲངས་སི། གུ་བྱཾ། གོ་བྟུཾ་ཡོ་གྱཾ། སྦེད་པའི་ཐབས་སོ། ༈ །ཤཱ་སུ་བསྟན་པ་ལའོ། །ཤཱ་སུ་ ཤིཤ྄་རུ་བསྒྱུར། ཀྱཔ྄་བཞག ཤ྄་ཥ། ཤིཥ། ཡ་སི་དྲངས་ཨམ྄། ཤིཥྱཾ། སློབ་མ་སྟེ། ཤཱ་སི་ཏུངྻོ་ གྱཾ། བསྟན་པ་ལྟར་བྱེད་པའོ། ༈ །གུཧ྄་ཀྱཔ྄་ཡ། དྲངས། སི་གུ་ཧྱཾ། གུ་ཧི་ཏུཾ་ཡོ་གྱཾ། གསང་ བའི་ཚོགས་པའོ། ། ༈ བ་དེ། བད྄་ལའོ། །བ་དའི་བྱིངས་ལ་ཡང་ཀྱཔ྄་འཇུག་སྟེ་དངོས་པོ་ལ་སོགས་པའི་དོན་ ལའོ། །བད྄་ཀྱཔ྄་བཞག་ཡ། སམྤྲ་ས་ར་ཎ། བ྄་ཨུ། མྲྀཥ་སྔོན་དུ་བཞག ༈ ཨུ་དང་མཚམས་ སྦྱར། དྲངས། སི། མྲྀ་ཥོ་དྱཾ། མྲྀ་ཥཱ་ཨུ་དྱ་ཏེ། རྫུན་སྨྲས་པའོ། ༈ །བད྄་ཀྱཔ྄། ཨུདྱ། སོང༌། ལུགས་དེ་དང་འདྲ། བྲཧྨ་གོང༌། ཨུ་དང་མཚམས་སྦྱར། སི། བྲཧྨོ་དྱཾ། བྲཧྨ་ཨུ་དྱ་ཏེ་ཡཱ་ཀ་ཐཱ་སཱ། གང་གཏམ་དེ་ཚངས་པས་སྨྲས་པའོ། ༈ །བད྄་བཞིན་དུ་གྲཧ྄་ལ་ཡང་སྟེ། གྲཧ྄་ཀྱཔ྄་ཡ་སམྤྲ་ ས་ར་ཎ། ར྄་རྀ་རུ་སོང༌། གྲྀ་དྲངས། སི། གྲྀ་ཧྱཿ། ཨརྫུ་ན་གྲྀ་ཧྱཱ་སེ་ན། སྲིད་སྒྲུབ་དམག་དཔོན་ འཛིན་ཞེས་ཏེ། མཚན་ཉིད་འཛིན་པའི་དོན་ནོ། ། ༈ སྟྲི་ཡཱཾ་ཡ་ཛཱཾ་བྷཱ་བེ། ཡཛ྄་རྣམས་ཀྱི་དངོས་པོ་ལ་བུད་མེད་དོ། །བྱིངས་ཡཛ྄་ལ་སོགས་ པ་རྣམས་ལ། བུད་མེད་ཀྱི་རྐྱེན་ཨཱཔ྄་ལྟ་བུ་སྟེར་བ་ལ། སྔོན་ལ་དངོས་པོའི་དོན་དུ་ཀྱཔ྄་སྟེར་ རོ། །ཀྱཔ྄་ནི་པིཏ྄་ཡིན་པས། པིཏ྄་ལ་བྱིངས་ཀྱི་སམྤྲ་ས་ར་ཎ་སྐབས་འདིར་འཇུག་གོ ༈ ཡཛ྄་ཀྱཔ྄་བཞག ཡ། སམྤྲ་ས་ར་ཎ། ཨི་རུ་སོང༌། ཛ྄་དྲངས་ཨིཛྱ་བྱུང༌། པྲ་གོང༌། ཨ་ཨི། ཨེ་ བུད་མེད་ལ་ཨཱཔ྄། འདྲ་རིང༌། སི་དབྱི་པྲེཛྱཱ། ༈ པྲཛ྄། ཀྱཔ྄། ཡ། སམྤྲ་མེད པྲ་གོང་ཨཱཔ྄་སི་ ཡལ། པྲ་པྲཛྱཱ། པྲཀཪྵེ་ཎ་པྲཛྱ་ཏེ་ཨསྱཱཾ། འདི་ནི་ཕུལ་དུ་བྱུང་བར་སྤངས་པའོ། ། ༈ ཧ་ནྟེསྟཿ། ཧ་ནའི་ཏའོ། །ཧན྄་ཀྱི་བྱིངས་ལ་ཀྱཔ྄་བྱུང་ན། ཧན྄་གྱི་ན྄་ཡིག་ཏ་ཡིག་ཏུ་ འགྱུར་རོ། །ཧན྄་ཀྱཔ྄་བཞག ན྄་ཏ྄་རུ་སོང༌། ཡ་ལ་དྲངས། ཨཱཔ྄་རིང་པོ། སི་ཡལ ཧ་ཏྱཱ་གྲུབ་ བྲཧྨ་སྔོན། བྲཧྨ་ཧ་ཏྱཱ། བྲཧྨ་ཧནྱ་ཏ། ཚངས་པ་གསོད་པའོ། །ཚངས་པ་ནི་སྲོག་ཅན་གྱི་མིང་ངོ༌། 19-1-572 ༈ །ཨཛ྄་འགྲོ་བ་དང་འཕེན་པ་ལའོ། །ཨཛ྄་ཀྱཔ྄་བཞག །ཡ་སམ྄་གོང༌། ཨཱཔ྄་སམ྄་ཨཛ྄་ ཡ། ཨཱསི། གཉིས་དྲངས། འདྲ་རིང༌། སི་སོང༌། ས་མཛྱཱ་གྲུབ། ས་མྱཀ྄་ཨ་ཛྱ་ཏེ། ཡང་དག་པར་ འགྲོ་བའོ། ། ༈ ཀྟིཿ། ཀྟིའོ། །བྱིངས་ཀྟི་རྐྱེན་དུ་སྦྱར་བ་ལ་ཡང༌། བུད་མེད་ཀྱི་རྐྱེན་འབྱུང་ངོ༌། །དཔེར་ ན། བྷཱུཀྟི། ཀ྄་ཡལ། ཨ་ནུ་གོང་སི་རྣམ་བཅད། ཨ་ནུ་བྷཱུ་ཏིཿཨ་ནུ་བྷ་བ་ནཾ། རྗེས་སུ་འབྱོར་ བའོ། །འབྱོར་བ་ནི་ཡོན་ཏན་ཕན་ཡོན་ཏེ། བློ་གྲོས་ལ་སོགས་པའོ། ༈ །བྷཱུཀྟི་བྷཱུ་ཏི་སི། བི་ གོང༌། བི་བྷཱུ་ཏིཿ། བི་ཤིཥྚཱ་བྷཱུ་ཏི། ཁྱད་འཕགས་ཀྱི་འབྱོར་བའོ། །བྷ་བ་ན་བྷུ་ཏིཿ། ལེགས་པའི་ འབྱོར་བའོ། ༈ །ཤུབྷ་ཀྟི་ཏི། ཏ་ཐའི་དྷཱའོ། །དྷ྄་གོང་མ་ད྄། དྲངས། སི། ཤུདྡྷིཿ། ཤོ་དྷ་ནཾ། དག་ པའོ། ༈ །པཙི་ཡངས་པ་ལའོ། །པ་ཙི་ཀྟི་བཞག ཏི་ཙའི་ཨི་ཕྱིས། ཨིཏ྄་ལ་ནུམ྄་མོ། །པ་དང་ ཙའི་བར་དུ་ནུམ྄་ཨཱ་ག་མའོ། །བན྄་ཙ྄ཏི་སི་བྱུང༌། ན྄་ང་རོ། ཙ྄ཀ྄་དྲངས། པཾ་ཀྟིཿ། གྲུབ། པ་ཙ་ ནཾ། གྲལ་རིངས་སམ་ཡིག་འཕྲེང་ལྟ་བུ། འཕྲེང་སྒྲིགས་རིང་པོའི་མིང་ངོ༌། ༈ །བཧ྄་ཀྟི་ཏི། ཏ་ ཌྷ་དྷ་ཌྷ་ཧའི་ཌྷའོ། །ཧ྄་ཌྷ་པ་སཾ་པྲ་ཨུ། ཌྷ་ཕ་རོལ་དུ་མཐོང་བས། ཌྷ་དེ་ཡལ། ཨུ་པ་དྷཱ་རིང༌། སི་ རྣམ་བཅད་ཨཱུ་ཌྷིཿ། བིད྄་ཀྟི་ཏི་ད྄་ཏ྄་དྲངས་སམ྄་གོང་སི་རྣམ་བཅད་སཾ་བི་ཏྟིཿ། ཡང་དག་པར་ རིག་པའོ། ༈ །གླཻ་ཀྟི་ཏི་མཚམས་སྦྱོར་གྱི་ཡི་གེ་ཨཱ་སྟེ། གླཱ་ཏི་ནི་རུ་སོང༌། སི། གླཱ་ནིཿ། མླཻ་མླཱ་ ནིཿ། དེ་དང་འདྲ། གཉིས་པོ་དོན་གཅིག་མ་མགུ་བའམ་མ་དད་པའོ། ། ༈ ཨཱི་ཤ་ཤཱི་དོརྦར་ཀྟི་ནེ་ཊ་གུ་ན་ཤྩ། ཨཱི་ཤྲ་དང་ཤཱི་ད྄་ལ་པ་ར་དང་ཀྟིའི་ཨིཊ྄་དང་ཡོན་ ཏན་ཡང་མ་ཡིན་ནོ། །ཚིག་འདི་མདོ་གཞན་གྱི་ལུང་འདྲེན་ནོ་ཞེས་ཊཱི་ཀ་ཁ་ཅིག་ལས་སོ། ། དམིགས་གསལ་བྱིངས་ཨཱི་ཤ྄་རྐྱེན་བར་དང༌། བྱིངས་ཤཱིང྄་ལ་རྐྱེན་ཀྟི་བྱིན། ཨིཊ྄་རྣམ་པ་ ཀུན་དུ་མི་འབྱུང་ལ། སྤྱིར་བཏང་ཤཱིང྄་རྣམ་པ་ཀུན་དུ་ཡོན་ཏན་བཤད་ཀྱང་ཀྟི་བྱིན་པའི་ སྐབས། འདིར་ཡོན་ཏན་ཡང་མི་བྱེད་དོ། ༈ །ཤཱིང྄་ཀྟི་ང྄་ཡལ་ས་མ྄་སྔོན། སི་རྣམ་བཅད། སཾ་ 19-1-573 ཤཱི་ཏིཿ། གྲུབ། སཾ་ཤ་ཡ་ནཾ། ཐེ་ཚོམ་ཅན་ནོ། ༈ །ཨཱིཤ྄་བར྄་དྲངས སི། ཨཱི་ཤྭ་རཿ། ༈ ཧྲཱི་འགྲོ་ བ་ལའོ། །ཧྲཱི་ཀྟི་ཏི་སི། ཧྲཱི་ཏིཿ། ༈ ཛཱ་གྲྀ་ཀྟི་རྣམ་འགྱུར་མེད། ཛཱ་གྲྀ་ཏིཿགྲུབ་ཛཱ་ག་ར་ནཾ། མེལ་ ཚེ་བའོ། ༈ །ཀརྟ་རིཀྟིཤྩཿ། བྱེད་པ་པོ་ཡང་ཀྟིའོ། །སྔར་དངོས་པོའི་དོན་ལ་ཀྟི་འཇུག་པར་མ་ ཟད། བྱེད་པ་པོའི་དོན་ལ་ཡང་ཀྟི་འཇུག་གོ ༈ །ཌུ་ཀྲྀཉ྄་བྱེད་པ་ལའོ། །ཀྲྀ་ཀྟི་ཀ྄་ཡལ། པྲ་ གོང༌། སི་རྣམ་བཅད། པྲ་ཀྲྀ་ཏིཿགྲུབ། པྲ་ཀུ་རུ་ཏ། དང་པོའི་བྱེད་ཅན་ཏེ་རང་བཞིན་ནོ། ༈ །དྷྲྀ་ ཉ྄་འཛིན་པ་ལའོ། །དྷྲྀཀྟི་ཏི། བི་གོང༌། སི། བིདྷཱ་ར་ནཾ། ཁྱད་པར་འཛིན་པ་སྟེ། བྱེ་བྲག་ཕྱེད་ པར་བློས་འཛིན་པའོ། །ཞེས་པའི་དོན་ལ། འདིར་བི་དྷྲྀཏིཿ། ཌུཔ་ཙཤ་འཚེད་པ་ལའོ། །ཨིཀ྄་ ཤྟི་པཽ་དྷཱ་ཏུ་ནིརྡེ་ཤཿ ཨིཀ྄་དང་ཤྟཱིཔ྄་དག་བྱིངས་མི་བསྒྱུར་བའོ། ༈ །རྐྱེན་ཨིཀ྄་དང་ཤྟིཔྲ་དག་ བྱིངས་ལ་བྱིན་ན་བྱིངས་ལ་རྣམ་འགྱུར་མེད་ཅེས་པ་སྟེ། དབྱངས་མེད་དབྱངས་དང་སྦྱར་བ་ནི། སྤྱིར་རྣམ་འགྱུར་དུ་གཏོགས་པ་ཙམ་ཡིན་དུ་རུང་ཡང་བྱིངས་ཀྱི་རྣམ་འགྱུར་མིན་ནོ། ༈ །བ་ཙ་ ཨིཀ྄་བཞག ཀ྄་དབྱི། ཙ྄་ཨི་ལ་དྲངས། སི། བཙིཿ། ༈ བཙ྄་ཤྟིཔ྄་བཞག་ན པ྄་ཡ་ལ་ཤ྄་ཡིག་ ནི་ཤིཏ྄་ཀྱི་བྱ་བའི་དོན་ནོ། །བྱེད་པ་པོ་ལ་ཨ་པ྄་པ་ཙ྄་ཨ་ཏི་སི་དྲངས རྣམ་བཅད། པ་ཙ་ཏིཿ། ༈ ཥིདྦྷི་དཱ་མད྄། བྷིད྄་རྣམས་ཀྱི་ཥིཏ྄་ལ་ཨང྄འོ། །བྷིད྄་ལ་སོགས་པའི་བྱིངས་ལ་ཥི་ཏ྄་ ཀྱི་མིང་ཅན་ཡིན་ན། ཨང྄་རྐྱེན་སྟེར་རོ། ཥིཏ྄་ཞེས་པཥ྄་ཡིག་ཕྱིས་པ་སྟེ། བྱིངས་ཥ྄་ཡིག་ དབྱངས་མེད་ཕྱིས་པའི་དོན་ཡིན། འོག་བྷི་ད྄་སོགས་ལ་བྷིད་རང་ཉིད་ལྟ་བུ་ཥིཏ྄་མ་ཡིན་པ་ ལའང་ཨང྄་འཇུག་པ་ཡོད་མོད་ཥི་ཏ་ངེས་པའོ། །མོ་རྐྱེན་ཨཱཔ྄་ཀྱང་འཇུག་གོ ༈ །མྲྀ་ཛཱུཥ྄་ གཙང་བྱེད་ལའོ། ཥ྄་སོང༌། ཨུ་བརྗོད་དོན། མྲྀཛ྄་ཨང྄་ང྄་དབྱི་དྲངས། མྲྀཛ་ཨཱཔ྄་འདྲ་རིང་ སི་ཡལ། མྲྀ་ཛཱ། ༈ བྷིད྄་ཨང྄་དྲངས་ཨཱཔ྄་འདྲ་རིང༌། སི་མི་སྣང་བྷི་དཱ། ༈ ཚིད྄་ཀྵིད྄་སོགས་ ལའང་དེ་དང་འདྲ། ཚི་དཱ། ཀྵི་དཱ། ཛྲྀཥ྄། ཛྷྀཥ་ལང་ཚོ་ཡོལ་བ་ལའོ། །ཛྲྀཥ྄་ཨང྄་ཡོན་ཏན་ ཨར྄་དྲངས་ཨཱཔ྄་འདྲ་རིང༌། སི་ཕྱིས ཛ་རཱ། ༈ ཇི་སྐད་དུ། ཛ་ར་ལ་སོགས་པ་ཞེས་པ་འདིར་ 19-1-574 ང྄་རྗེས་འབྲེལ་བཞག་སྟེ། ཨ་རྐྱེན་ནོ། །ཞེས་འབྱུང་པས། ཡང་ན་ཐོག་མ་ཉིད་ནས་ཨ་རྐྱེན་ དུ་སྟེར། ཨང྄་ཅེས། ང྄་རྗེས་འབྲེལ་མི་བྱེད་དོ། །ཞེས་པ་སྟེ། ཨང྄་གི་ང྄་དབྱི་བའི་སྤྲོས་པ་ སྤངས་ཏེ། ཨ་རྐྱང་བ་སྟེར་བ་སྟེ་གཞན་གཟུགས་ལ་ཁྱད་མེད་དོ། །ཛི་རྫཏྱ་ན་ཡ། རྒས་ཁོགས་ པའོ། ༈ །ལི་ཁ་ཨ་བཞག དྲངས་ཡོན་ཏན་ཨཱཔ྄་རིང་པོ། སི་བསུབ། ལེ་ཁཱ། ལེ་ཁ་ནཾ། སྨྱུག་ གུའོ། ༈ །གུདྷྲ་ཨ་དྲངས། ཡོན་ཏན། ཨཱཔ྄་རིང༌། སི་མི་སྣང༌། གོ་དྷཱ། གུ། དྷྱ་ཏེ། ཕུ་ག་ཅན་ ཏེ། སྲོག་ཆགས་གོ་ཧ་རུ་གྲགས་པ་སྦལ་པ་ཆེན་པོ་འབུར་ཅན་ནོ། ༈ །མིདྷ྄། ཨ་དྲངས༌། ཡོན་ ཏན། ཨཱཔ྄་སི། མེདྷཱ། མེ་དྷྱ་ཏ། རྟོགས་པ་པའོ། ༈ །སུདྷ་བསངས་གཏོར་ལའོ། །སུ་དྷ྄་ཨ་ དྲངས། ཡོན་ཏན་ཨཱཔ྄། སི། སོ་དྷཱ། སུཥྚུ་དྷཱི་ཡ་ཏེ། རབ་ཏུ་བསངས་སོ། ༈ །ཤྲདྡྷ་ཨ་བཞག དྲངས། ཨཱཔ྄་སི། ཤུདྡྷཱ། འདི་ཛ་ར་སོགས་མ་ཡིན་ཀྱང༌། ང྄་རྗེས་འབྲེལ་མི་བྱེད་པར་ཨ་རྐྱང་ པ་སྟེ་བ་ནི་ངེས་ཚིག་གི་སྒྲུབ་པའོ། ༈ །གུ་རོརྟ་སཱ་ཏ྄། ལྕིད་ཅན་གྱི་ཧ་ས་ལས་སོ། །ཡི་གེ་ ལྕི་དང་ལྡན་པ་སྟེ་ལྕི་བའི་ཡི་གེ་ཡོད་ལ་ལྕི་བའི་ཡི་གེ་དེ་ཉིད་ཀྱི་མཐའ་ཧ་ས་སྟེ་གསལ་བྱེད་ མཐའ་ཡིན་ཅིང༌། བུད་མེད་ཀྱི་རྐྱེན་འབྱུང་འགྱུར་ཡང་ཡིན་ན་དེའི་ཕ་རོལ་དུ་ཡང་ཨང྄་རྐྱེན་ དུ་འགྱུར་རོ། །ཡི་གེ་ལྕི་བའི་ངོས་འཛིན་སྐབས་འདིར་དབྱངས་རིང་པོ་ལ་བྱེད་དོ། ༈ །ཨཱིཧ྄་ རྩེད་མོ་རྣམས་ལའོ། །ཨཱིཧ྄་ཨ་ད྄་བཞག་དྲངས། ཨཔ྄། སི་ཨཱི་ཧཱ། ༈ ཨཱུཧ྄་རྣམ་པར་རྟོག་པ་ ལའོ། །ཨཱུཧ྄་ཨང྄་ཨཱཔ྄་སི། གོང་བཞིན། ཨཱུ་ཧཱ། ཨུ་ཧྱ་ཏ། རྟོག་པར་བྱེད་པའོ། ༈ །ཨཱིཀྵ་ལྟ་ བ་དང་མཚན་མ་འདེབས་པའོ། །ཨཱིཀྵ་ཨ་ཨཱཔ྄་སི། གོང་བཞིན། ཨཱིཀྵཱ། ཨིཀྵ་ནཾ། འདོད་པར་ བྱེད་པའོ། ༈ །ཨིཥ་འདོད་པ་ལའོ། །ཨུ་བརྗོད་དོན་ཨིཥ྄་ཨང྄་ཨཱ་པ྄་གཞན་གོང་དང་འདྲ་བ་ ལས། བྱིངས་ལ་རྣམ་འགྱུར་བྱེད་པ་ངེས་ཚིག་གི་སྒྲུབ་པ་སྟེ། ཨི་ཐུང་ངུ་རིང་པོར་བསྒྱུར། ཥ྄་ ཚ྄་རུ་བསྒྱུར། ཚ་གཉིས། གོང་མ་ཙའོ། །ཨཱིཙྪཱ། ཡང་ན་རྣམ་འགྱུར་མེད་དོ། །ཨིཥཱ། ༈ ཨིཥཱ་དེ་ར་བརྠེ་ཡུས྄་སོ། །ཨིཥཱ་སོགས་ལ་ཨང྄་གི་དོན་དུ་ཡུས྄འོ། །ཡང་ན་ཨིཥཱ་སོགས་ 19-1-575 ཀྱི་བྱིངས་ལ་ཨང྄་སྟེར་བ་ཐོབ་ཐང་ཡོད་ཀྱང༌། ཨང྄་མི་བྱེད་པར་དེའི་ཚབ་ཏུ་ཡུས྄་སྟེར་རོ། ༈ །ཨིཥ྄་ཡུས྄་བཞག ས྄་ཡལ་ཡུ་ཨ་ན་རུ་བསྒྱུར། ཡོན་ཏན་ཨི་ཨེ། དྲངས་ན་ཎ། ཨཱཔ྄། རིང་ པོ། ཨེ་ཥ་ཎཱ་གྲུབ། ཨེ་ཥ་ཎཾ། འདོད་པ་ཅན་ནོ། ༈ །གྲནྠ྄་ཡུས྄་ཨ་ན་དྲངས་ཨཱཔ྄་སི། གྲནྠ་ནཱ། གྲནྠ་ནཾ། འདུད་པའོ། ༈ །ཨ་སི་ཡུས་ཨ་ན་དྲངས་ཨཱཔ྄་སི་ཨུ་པ། སྔོན་འདྲ་རིང༌། ཨུ་པཱ་ས་ནཱ། ཨུ་པཱ་ས་ནཾ། ལྷ་ལ་བསྙེན་པའོ། ༈ །ཞེས་སོ། །བིད྄་ཡུས྄་ཨ་ན་ཡོན་ཏན་བེ་དྲངས་ཨཱཔ྄། སི། བེད་ནཱ། བེ་ད་ནཾ། རིག་པ་པའོ། ༈ །གྷཊ྄་ཡུས྄་ཨ་ན། ཨཱཔ྄། སི། གྷ་ཊ་ནཱ། གྷ་ཊ་ནཾ། རྩེད་མོ་ རྩེ་བའོ་ཞེས་སམ། ས་ལ་སྐུངས་པའོ། །ཞེས་པའོ། ། ༈ པྲཏྱ་ཡཱནྟཱཏ྄། རྐྱེན་མཐའ་ལས་ཀྱང་ངོ༌། །བྱིངས་རྐྱེན་མཐའ་ལ་དངོས་པོའི་དོན་དུ་ཨ་ རྐྱེན་འཇུག་སྟེ། བུད་མེད་ཀྱི་རྐྱེན་འབྱུང་འགྱུར་ལའོ། །ཙི་ཀཱིཪྵ། ཨ། བཞག ཥའི་དབྱངས་ སོང༌། རྐྱེན་གྱི་ཨ་ལ་དྲངས། ཨཱཔ྄་སི། ཙི་ཀཱིཪྵཱ། ཀརྟུ་མིཙྪ། བྱེད་པར་འདོད་པའོ། ༈ །པུ་ཏྲཱི་ཡ་ ཨ་བཞག སྲོག་ཨ་ཡལ། ཨ་ལ་དྲངས། ཨཱཔ྄། སི། པུ་ཏྲཱི་ཡཱ། ཨཱཏྨནཿཔུ་ཏྲེ་ཙྪཱ། བདག་གི་བུ་ འདོད་པའོ། ༈ །ཨ་ཤ་ན་ཨ་ཨཱཔ྄། སི་གོང་བཞིན། ཨ་ཤ་ནཱ་ཡ། ཨ་ཤ་ནཱ་ཏུ་མི་ཙྪ། ༈ པུརྦ་ཀཱ་ལེ་ཀྟྭཱ། སྔོན་གྱི་དུས་ལ་ཀྟྭཱའོ། །སྔོན་གྱི་དུས་ནི་འདས་པ་སྟེ་འདིར་འདས་མ་ ཐག་པ་ད་ལྟར་གྱི་བྱ་བ་དེ་དང་དེ་མཉམ་པ་སྟེ་འབྲེལ་མར་བྱུང་བའི་དོན་ལ་ཀྟྭཱ་རྐྱེན་དུ་སྦྱོར་རོ། ༈ ཥྞཱ་གཙང་བྱེད་ལའོ། ཥྞཱ་ཀྟྭཱ་བཞག སྣཱ་རུ་བསྒྱུར། ཀ྄་ཡལ་སྣཱ་ཏྭཱ་གྲུབ། སྣཱ་ཏྭཱ་བྷུཾ་ཀྟེ། ཁྲུས་ བྱས་ནས་ཟས་བཟའ་འོ། །ཞེས་སོ། ། ༈ བྷུཛ྄ཀྟྭ། ཀ྄་ཡལ། ཛ྄ག྄། ག྄ཀ྄། བྷུཀྟྭ་གྲུབ། བྷུཀབྟྭ྄་ཛ་ཏི། ཟོས་ནས་འགྲོའོ། །ཀྟྭ་ ནུས་པའི་བྱས་ནས་ཞེས་པ་ལྟ་བུ། ནས་ཞེས་མཚམས་སྦྱོར་བྱེད་ཀྱི་ཚིག་འབྱུང་ངོ༌། ༈ །ཀྟྭ་ སེཊ྄་ཀིདྦཱ། ཀྟྭ་ཨིཊ྄་བཅས་ཀྱི་ཀི་ཏ྄་ཡང་ནའོ། །ཀིཏ྄་དིཏ྄་ཀྱི་མིང་ཅན་ལ་ཡོན་ཏན་བཀག་ པས། ཀྟྭ་གྱི་ཀ྄་དབྱི་བས། དོན་ལ་ཀི་ཏ྄་ཁོ་ན་ཡིན་ཡང༌། ཆོ་ག་མི་འདྲ་བ་བྱེད་དགོས། ཀིཏ྄་ 19-1-576 ཀྱི་མིང་འདོགས་པ་དང་མི་འདོགས་པའི་གནས་སྐབས་གཉིས་བྱེད་དེ། དེ་ཡང་བར་དུ་རྐྱེན་ ཨི་ཊ་ཡོད་ན་གདམ་ཁ་ཡིན་གྱི། མེད་ན་ཀིཏ྄་མིང་ཅན་ཁོ་ན་ཡིན་པས་ཡོན་ཏན་མེད་པ་ཁོ་ ནའོ། །དེ་ཡང་ཀྟྭཱ་གྱི་འཇུག་ཡུལ་བྱིངས་བྲྀང྄་ལ་སོགས་ལ་དབྱི་བ་འདི་བྱུང་གི་ཀུན་ལ་མིན་ ཟེར་རོ། ༈ །བྲྀ་ཏུ་འཇུག་པ་རྒྱས་པ་ལའོ། །ཨུ་རྗེས་འབྲེལ། བྲྀཏ྄ཀྟྭ་བཞག ཀ྄་ཡལ་ཨིཊ྄་བྲྀ་ ཡོན་ཏན། བ྄་ཨར྄་ཏྲ། ཨིཏྭཱ་ཨཱཔ྄། སི། རིམ་པས་མཚམས་སྦྱར། བརྟི་ཏྭཱ་གྲུབ། ཀིཏ྄་མིན་ ཨིཊ྄་བཅས་ཀྱི་ལུགས་སོ། ༈ །བྲྀ་ཡོན་ཏན་མ་བྱས་ན་ཡང་གཞན་འདྲ། བྲྀ་ཏི་ཏྭཱ་གྲུབ། ཀི་ཏ྄་ ཨིཊ྄་བཅས་སོ། ༈ །བྲྀཏ྄་ཀྟྭ་བཞག ཀ྄་སོང་ཏ྄་ཏྭཱ་ལ་དྲངས། ཨཱཔ྄་སི་བྲྀ་ཏྭཱ། འཕེལ་བའོ། ༈། བིད྄་ཀྟྭཱ་ཨིཊ྄་ཨཱཔ྄། སི་བི་དི་ཏྭཱ། ཀི་ཏ྄་ཨིཊ྄་བཅས་སོ། །ཡོན་ཏན། བི་བེ། བེ་དི་ཏྭཱ། ཀིཏ྄་ མིན་ཨིཊ྄་བཅས་སོ། ༈ །ཨིཊ྄་སྤངས་ད྄་ཏ྄་བིཏྟྭཱ། ཨིཊ྄་མེད་དོ། ༈ །བད྄་གསལ་པོ་བརྗོད་པ་ ལའོ། །བད྄་ཀྟྭ་བཞག ཀིཏ྄་ཀྱི་མིང་ཅན་ལུགས་བྱེད་ན། སམྤྲ་ས་རཾ་ཎ་བྱེད། ཀིཏ྄་མིན་ལ་མི་ བྱེད་དེ། དེ་ཡང་ཨིཊ྄་བཞག བ་ཨུ། ད྄་དྲངས། ཨཱཔ྄་སི། ཨུ་དི་ཏྭཱ། ༈ ཀིཏ྄་མིན་ལ་བ་དི་ཏྭཱ། ༈ ཨ་ལཾ་ཁ་ལྭོཿཔ྄་ཏི་ཥེ་དྷེཀྟྭཱ། ཨ་ལཾ་དང་ཁ་ལུ་དག་དགག་པ་ལ་ཀྟྭཱའོ། །མི་ཟད་པའི་རྟགས་ ཨ་ལཾ་དང་ཁ་ལུ་གང་རུང་སྔོན་དུ་སྦྱར་ཞིང༌། དེ་ཡང་སྔར་བྱུང་གི་རྒྱུན་དགག་པའི་དོན་དུ་སྦྱོར་ ན། བྱིངས་ལ་ཀྟྭཱའི་རྐྱེན་སྦྱོར་རོ། །བྷུ་ཛྲཱི་བྱིངས་ལ་གོང་དུ་ཨ་ལཾ་བཞག ཀྟྭཱ་བྱིན་ནས། གོང་ བཞིན། བྷུཀྟྭཱ་དུ་བསྒྱུར་བ་སོགས་བྱ། ཨ་ལམྦྷུཀྟྭཱ། ཟས་ཀྱི་འགྲངས་ཟིན་ནས་མི་བཟའ་འོ་ ཞེས་པའོ། ༈ །ཁ་ལུ་གོང་དུ་འབྲི། བཛྲ་ཀྟྭཱ་བཞག བ་ཨུ་ལུ་དང་འདྲ་རིང༌། ཛ྄་ག྄་ག྄་ཀ྄་དྲངས། སི། ཥ་ལཱུ་ཀྟྭཱ། སྨྲ་འཕྲོ་ཆོད་ཅིག་པའོ། ། ༈ ཨུ་དི་ཏཿཀྟྭཱ་བེཊ྄། ཨུཏ྄་ཨིཏ྄་ལ་ཀྟྭཱ་སྟེ་ཨིཊ྄་ཡང་ནའོ། །ཨུཏ྄་ཏེ་ཨུ་ཡིག་ཨིཊ྄་ཏེ་ཕྱིས་ པའི་བྱིངས་ལ་ཡང་རྐྱེན་ཀྟྭཱ་འཇུག་ལ། ཀྟྭཱ་བྱུང་བ་ལ་བར་དུ་ཨིཊ྄་ནི་གདམ་ངའོ། ༈ །ཨིཥུ་ འདོད་པ་ལའོ། །ཨུ་ཡལ། དེ་ཀ་ལ༌། ཨུཏ྄་ཨིཏ྄་ཟེར། ཨི་ཥ྄་ཀྟྭཱ་བཞག ཀ྄་ཡལ། ཏ་ཊ། ཨིཥྚཱ། 19-1-577 ༈ ཡང་ན་ཨིཊ྄་ཏེ། ཨིཥ྄ཀྟྭཱ། བར་དུ་ཨིཊ྄། ཨི་ཡོན་ཏན་ཨེཥ྄་ཨིཏྭཱ་བྱུང༌། ཨེ་ཥི་ཏྭཱ། འདོད་པ་ ཉིད་དོ། །འདོད་པའི་ཕྱིར་ཞེས་སོ། ༈ །བསུ་ངེས་པར་གནས་པ་ལའོ། །ཨུ་བརྗོད་དོན། བས྄་ ཀྟྭཱ་བཞག ཨིཊ྄། བ། སམྤྲ་ས་ར་ཎ། ཨུ། ས྄ཥ་ཨུཥ྄་ཨིཏྭཱ། དྲངས། ཨུ་ཥིཏྭཱ། ༈ ཡང་ན་ ཨིཊ྄་མེད། བས྄་ཀྟྭཱ། བ་ཨུ༌། ས྄་ཥ། ཏ་ཊ། དྲངས། ཨུཥྚྭ། ཊ྄ས་མཱ་སེ་ཀྱཔ྄། བསྡུ་བ་ལ་ཀྱ་ པ྄འོ། །ཚིག་སྡུད་ལ་ཡོད་ཅིང་སྔོན་གྱི་དུས་སྟེན་པ་ལ་ཀྱཔ྄་རྐྱེན་དུ་འགྱུར་རོ། ༈ །དེ་ཡང་བྱེད་ པའི་དོན་ཅན་གྱི་བྱིངས་ལ་སྦྱོར་བ་སྟེ། བྷྲྀཉ྄་ཉ྄་སོང་བྷྲྀ་ཀྱཔ྄་བཞག ཐུང་ངུའི་པིཏ྄་བྱེད་པ་ལ་ ཏུཀ྄འོ། །ཨུ་དང་ཀ྄་ཕྱིས། ཏ྄་ལུས། བྷྲྀཏ྄་ཡ། སཾ་གོང༌། སཾ་བྷྲྀ་ཏྱཾ། སི་ཨམ྄། སཾ་བྷྲྀ་ཏྱཾ། ཡང་ དག་པར་འཛིན་པའོ། །སཾ་བྷྲྀ་ཏྱ་ཀཾ་ཀ་རོ་ཏི། ཡང་དག་པར་འཛིན་པར་བྱེད་པའོ། ༈ །ཎ྄མ་ རབ་ཏུ་འདུད་པ་ལའོ། །ཎ་མ྄་ཀྱཔ྄་བཞག ཎ་ཡི་ནའོ། །ཎ་ནམ྄་རྐྱེན་གྱི་ཡ་ལ་དྲངས། པྲ་ཎ་མྱ་ གྲུབ། པྲ་ཀཪྵེ་ཎ་ན་ཏྭཱ། ཕུལ་དུ་བྱུང་བའམ། དགའ་བས་ཕྱག་འཚལ་ཞེས་སོ། ༈ །ནཏྭཱ་ཞེས་ པ་ནི་ནམ྄་ཀྟྭཱ་ཀ྄་དང་མ྄་ཡལ་བས། ན་ཏྭཱ་ཞེས་པའོ། །པྲ་ཎ་མྱ་གཙྪ་ཏི། ཕྱག་བཙལ་ནས་སོང་ ངོ༌། ༈ །འགྲེལ་པར་ཨ་ནཉ྄་སྔོན་དུའོ། །ཞེས་ཁ་ཅིག་གོ །ཞེས་བྱིངས་ཀྟྭཱ་ཅན་ལ་དགག་པའི་ ཨན་ཉ྄་སྔོན་དུ་འབྱུང་ངོ༌། །ཨ་ཛི་ཏྭཱ་ཤཱ་ཏ྄་བཱཏྶ་རྦ་རྦཱ་ན་ཨ་ཀྲྀ་ཏྭཱ་བི་མ་ལཾ་ཡ་ཤཿ། ཨ་ད་ཏྟྭ་བིཏྟ་ མརྠིདྷྱཿ། ཀ་ཐཾ་ཛཱི་བནྟི་བྷཱུ་བྷ྄ིཏཿ། དགྲ་རྣམས་ཀུན་ལས་མ་ཕམ་པའི། །དྲི་མེད་གྲགས་ལྡན་མི་ བྱེད་ལ། །སྦྱིན་པ་མིན་དང་ནོར་ཟད་ལས། ས་འཛིན་འཚོ་བའི་གཏམ་ཡང་མེད། །ཨ་ཛི་ཏྭཱ། ཨ་ཀྲྀ་ཏྭཱ། ཨ་དཏྟྭ་ཞེས་པ་དཔེར་བརྗོད་དོ། ༈ །ཛིཀྟྭཱ་དགག་པའི་ཨ་སྔོན། ཨ་ཛི་ཏྭ་མ་རྒྱལ་ ནས་ཞེས་བྱའོ། ༈ །འོན་ཀྱང་རང་ལས་ཕ་རོལ་པོ་རྒྱལ་བར་བྱེད་མི་ཐུབ་པ་ལའང༌། ཨ་ཛི་ཏ་ ཟེར་བའང་ཡོད་དོ། ༈ །ཡང༌། དཱ་ཀྟྭཱ་དགག་པའི་ཨ་སྔོན། དཱ་ཞེས་པ་དཏ྄་ཞེས་བསྒྱུར། ཨ་ ད་ཏྟྭཱ་མ་བྱིན་པས་ཞེས་པའོ། ༈ །ཀྲྀཀྟྭཱ་དགག་པའི་ཨ་སྔོན། ཨ་ཀྲྀ་ཏྭཱ། མི་བྱེད་པ་ནས་ཞེས་ པའོ། ༈ །ཡང་ཇི་སྐད་དུ། ཀྱཔ྄་ཀྱི་ཉི་ལ་ཡོན་ཏན་ཡང་སྟེ། ཐུང་ངུ་སྔོན་གྱིའོ། །ཞེས་བཤད་ 19-1-578 པས། བྱིངས་ཐུང་ངུ་ཅན་དང་པོར་ཡོད་ལ་ཀྱཔ྄་ཕ་རོལ་དུ་ཡོད་པ་བར་རྐྱེན་ཉི་ཞུགས་ན། ཉི་ རང་ལ་ཡོན་ཏན་འབྱུང་ཞེས་པ་སྟེ། ཉིའི་ཨི་ལ་ཡོན་ཏན་ནོ། ༈ །ཎམ྄་ཀྱ་པ྄་བཞག ཎ་ན་ ཡ་ཉི་བར་དུ་བྱུང༌། ཉ྄་སོང༌། ཨི་པ་རི་སྔོན། ཥ་ར་རྀ་སོགས་ན་ཎ་རུ་ལོག པ་རི་ཎམ྄་ཨི་ཡ་ བྱུང༌། ཨི་ཡོན་ཏན་ཨེ། འདིར་ཡ་དབྱངས་དང་འདྲ་བས། ཨེ་ཨཡ྄་ཡ྄་ཨ་ལ་དྲངས། པ་རི་ ཎ་མཡྻོ་བྷུཀྟེ། ཡོངས་སུ་འདུད་ནས་ཟས་ཟ་ཞེས་པའོ། ༈ །ཇི་སྐད་དུ། དེ་དུས་ལ་ཡང་ཀྱཔ྄་ རབ་ཏུ་མཐོང་ངོ༌། །ཞེས་འབྱུང་བས། མཱི་ལ་འབྱེད་འཛུམ་ལའོ། །མཱིལ྄་ཀྱཔ྄། ཡ་དྲངས། མཱིལྱ་ གྲུབ། ཙཀྵུ་ཎཱི་སམྨཱི་ལྱ་ཧ་ས་ཏི། མིག་དག་རབ་ཏུ་བཙུམ་ནས་རྒོད་དོ། །མཱི་ལ། མིག་འཛུམ་ མོ། ༈ ། དཱ་ཀྱཔ྄་བཞག་ཡ་བི་ཨཱང྄་སྔོན། ཨིཡ྄་རུ། བྱཱ་དཱ་ཡ། གདངས་པའོ། །མུ་ཁཾ་བྱཱ་དཱ་ཡ་ སྭ་པི་ཏི། ཁ་གདངས་ནས་ཉལ་ལོ། ༈ །ཀྱཔ྄་དང༌། ཀྟྭཱ་འདི་དག་དུས་ཅན་གྱི་དངོས་པོ་དང་ བྱེད་པ་གཉིས་མཚམས་སྦྱོར་བར་སྟོན་པ་ལས། ཕྱག་བཙལ་ནས་ཟས་ཟ་ཞེས་པ་ལྟ་བུ་དུས་ སྔ་ཕྱི་ཅན་ཡིན་པས། ཟ་བའི་དུས་ན་ཕྱག་འཚལ་བ་འདས་པས་ནས་ཞེས་སྔོན་དུས་ཀྱི་དོན་ ཡིན། ཁ་གདངས་ནས་ཉལ་ཞེས་པ་ཐོག་མར་ཁ་གདངས་ནས་ཕྱིས་ཉལ་བས་དོན་མ་ཡིན། ཁ་གདངས་བཞིན་དུ་ཉལ་བ་སྟེ། དེ་དུས་ཀྱི་དོན་ནོ། །འདིར་ཀྱཔ྄་དེ་དུས་དངོས་སུ་བཤད་ པས། ཀྟྭཱ་ལ་ཡང་ངོ༌། །ཐུང་ངུ་མ་ཡིན་པ་དང་པོའི་ཉི་དབྱི་བར་འགྱུར་རོ། །ཞེས་བཤད་པས། གོང་དུ་ཐུང་ངུའི་ཉི་ལ་ཡོན་ཏན་བྱེད། འདིར་རིང་པོའི་ཕ་རོལ་ཀྱི་ཉི་དབྱི་བར་བསྟན་ཏོ། །ཙྲཱྀ་ ཀྱཔ྄་བཞག ཉི་སྦྱིན་ཙྲཱ་ཨི་ཡ་བྱུང༌། འདི་བྱིངས་རིང་པོའོ། །འཕེལ་བ་སྟེ་ཨཱར྄། ཨཱར྄་དྲངས་ ཡ་གཉིས། བི་སྔོན་བི་ཙཱཪྻྻ་ཀ་རོ་ཏི། སྤྱང་པོར་གྱིས་ཤིག་པའམ། རྣམ་པར་དཔྱོད་པ་པོའོ། ཥྛཱ་ ཀྱཔ྄་སྠཱ་ཡ་ཨུ་པ་སྔོན། ཨུ་པ་སྠཱ་ཡ་གྲུབ། ཨུ་པ་ས་མཱི་པེ་སྠི་ཏྭཱ། ཉེ་བར་འཁྲིས་སུ་འདུག་ཅིག སྠཱ་རྣམས་ཀྱི་ཀྱཔ྄འོ། །ཞེས་གསུངས་པས། སྠཱ་ཨི་མི་བྱེད་དེ། སྠི་རུ་མི་འགྱུར་རོ། ༈ །མཱང྄་ གུས་པ་ལའོ། །ང྄་སོང་མཱ་ཀྱཔ྄་ཡ་པྲ་སྔོན། པྲ་མཱ་ཡ། གུས་པར་བསྟེན་པའོ། ༈ །པི་བ་ཏེརྦཱ། 19-1-579 འཐུང་བ་ལ་ཡང་ནའོ། །པཱ་འཐུང་བ་ལའོ། །པཱཀྱཔ྄་ཡ་པ྄སྔོན། པྲ་པཱ་ཡ། ཨཱིཊ྄་སྟེར་ན། པཱ་ ཀྱཔ྄་ཡ་ཨཱིཊ྄་པྲ་སྔོན། པྲ་པཱ་ཨཱི་ཡ་བྱུང༌། པཱ་གྱིས་ཨཱ་ཕྱིས། ཨཱི་ལ་དྲངས། པྲ་པཱི་ཡ། མང་དུ་ འཐུངས་ནས་སོ། ༈ །ཨ་ནུ་དཏྟ་རྣམས་དབྱི་བ་ཉིད་དོ། །ཞེས་འབྱུང་བས། རྐྱེན་ཀྱཔ྄་བྱུང་ ན་བྱིངས་མཐའི་ཉ་དང་མ྄་ཡང་ན་དབྱི་བ་ཉིད་དོ། །ཎམ྄་ཀྱཔ྄་ཡ་པྲ་གོང༌། མ྄་ཡ་ལ་དྲངས། པྲ་ཎ་མྱ། ༈ ཡང༌། ཎ་མའི་མ྄་དབྱི་སྟེ། ཎམ྄་ཀྱཔ྄་ཡ་མ྄་དབྱི་རྐྱེན་དུ་ཀ྄་བྱིན། ཏ྄། པྲ་གོང་ ཏ྄་ཡལ་དྲངས། པྲ་ཎ་ཏྱ། དེ་གཉིས་དོན་གཅིག་སྟེ། པྲ་ཀཪྵེ་ཎ་ན་ཏྭཱ། ཆེས་ཆེར་འདུད་པའོ། ། འདི་དག་ལ་ཐོག་མར་བྱིངས་ཀྱི་དང་པོ་ཎ་ན་དང་རྗེས་སུ་ཥ་ར་རྀ་ལས་སླར་ཎ་ཉིད་དུ་ཤེས་ དགོས་སོ། ༈ །གམླཱྀ་འགྲོ་བ་ལའོ། །གམ྄་ཀྱཔ྄་ཡ། ཨཱང྄་སྔོན། དྲངས་ཨཱ་ག་མྱ། ༈ ཡང་ན་ གམ྄་ཀྱཔ྄་ཡ། མ྄་དབྱི། ཏུ་ཀ྄་ཨཱ་ང྄་སྔོན། ཨཱ་ག་ཏ྄་ཡ་བྱུང༌། དྲངས། ཨཱ་ག་ཏྱ། ཨཱ་ས་མནྟཱ་ཏྒཱ་ མེ། ཀུན་དུ་ཀུན་ནས་འགྲོ་བའམ། དལ་བུར་ཤོག་ཅིག་པའོ། །ཨཱ་དཪྴ་ན་བྷ་བེ་ཡང་ཟེར་ཏེ་ དལ་བུས་ཤོག་ཅིག་གོ ། ༈ པཽནཿཔུནྱེ་ཎ་མ་པ་དཾ་དྭི་ཤྩ། ཡང་ཡང་ལ་ཎམ྄་སྟེ་ཚིག་གཉིས་ཀྱང་ངོ༌། །ཆེས་ཆེ་བ་ དང་ཤིན་དུ་ཆུང་བ་ལྟ་བུའམ། བཟང་ངན་དང་གསལ་མི་གསལ་ལ་སོགས་པ་ཤིན་དུ་བའི་ དོན་མ་ཡིན་པར་བར་མ་མཉམ་པར་གནས་པའི་དོན་དང༌། འདས་དུས་ཀྱི་དབང་དུ་བྱས་ནས་ ཡང་ཡང་བསྐྱར་བའི་དོན་ལ་རྐྱེན་ཎམ྄་འཇུག་ཅིང༌། བྱིངས་དང་རྐྱེན་འབྲེལ་བའི་ཚིག་ཏུ་གྱུར་ དེ་ཉིད་ཚར་གཉིས་སུ་འགྱུར་རོ། ༈ །པཱ་བཏུང་བ་ལའོ། །པཱ་ཎམ྄་བཞག ཎ་འཕེལ་དོན། ཨ་ བཞག བར་དུ་ཡུ་ཀ྄་བྱིན། ཀ྄་དང་ཨུ་དབྱི། པ྄ཡ྄་ཨམ྄་དྲངས། མ྄་ང་རོ། དེ་ལྟར་ཚིག་ཏུ་གྲུབ་ པར་འདོད་པས། ཚིག་དེ་ཚར་གཉིས་སུ་འགྱུར། མཇུག་ཏུ་གཙྪ་ཏི་སྦྱར། པཱ་ཡཾ་པཱ་ཡཾ་གཙྪ་ཏི། མདོ་འདིས་དོན་དེ་ལྟར་སྒྲུབ། དེའི་དོན་རྒྱ་སྐད་ལ་གོ་བདེ་བ་ནི། པཱ་ཀྟྭཱ་བཞག ཀ྄་སོང༌། པཱ་པཱི་ རུ་བསྒྱུར། གཉིས་པཱི་ཏྭཱ་པཱི་ཏྭཱ་གཙྪ་ཏི། འཐུངས་ཤིང་འཐུངས་ནས་སོང་ངོ༌། ཕལ་ཆེར་གྲགས་ 19-1-580 སོ། ༈ །གེ་ཎམ྄། ཨམ྄་ཨཻ་ཨཱཡ྄་དྲངས། མ྄་ང་རོ། གཉིས། གཱ་ཡཾ་གཱ་ཡཾ་གཙྪ་ཏི། སྨྲས་ཤིང་སྨྲས་ ནས་འགྲོའོ། །གླུ་ལེན་བཞིན་ལེན་བཞིན་འགྲོའོ། ༈ །བྷུཛ྄་ཎམ྄་ཨམ྄་འཕེལ་བ་ཐོབ་ཀྱང་ ཡོན་ཏན། མ྄་ང་རོ། གཉིས། བྷོ་ཛཾ་བྷོ་ཛཾ་བྲ་ཛ་ཏེ། ཟོས་ཤིང་ཡང་ཟོས་ནས་འགྲོའོ། །བྷོ་ཛཾ་ རྒྱ་སྐད་དུ། ཅུང་ཟད་གོ་དཀའ། བྷུ་ཀྟཾ་བྷུ་ཀྟཾ། གོ་བླའོ། །དེ་ནི་མདོ་འདིས་མ་ཡིན་སྔར་སྒྲུབས་ སོ། ༈ །བྷུཛ྄་ཀྟྭཱ། ཛ྄་ག྄། ག྄་ཀ྄། དྲངས་པས་འབྱུང་ངོ༌། །ཀ་ཐ་མཱ་དི་ཥུ་སྭཱརྠེ་ཎམ྄་ཀྲ་ཉཿ། ཀ་ ཐཾ་ལ་སོགས་པ་རྣམས་ལ་རང་དོན་དུ་ཎམ྄་ཀྲ་ཉ྄་ལའོ། །དང་པོར་ཀ་ཐཾ་ལ་སོགས་པའི་ཚིག་ ཡོད། བྱིངས་ཀྲྀཉ྄་ལ་ཡང་རྐྱེན་ཎམ྄་སྟེར་རོ། ༈ །ཀྲྀཉ྄་ཉ྄་སོང༌། ཀ་ཐཾ་གོང༌། ཎམ྄་བཞག ཎ྄་ སོང་ཀྲྀ་འཕེལ་བ། ཀ་ཐཾཀ྄་ཨཱར་ཨམ྄་བྱུང༌། དྲངས་ང་རོ། ཀ་ཐངྐཱ་རཿ། གང་ལྟར་བྱེད། ༈ ཀ་ ཐཾ་གི་དོད་དུ། ཨྀཏྠཾ་ཨིཏྠངྐཱ་རཿ། འདི་ལྟར་བྱེད་ཅེས་སོ། ༈ །བྷཱུ་བོ་བྷཱུ་བེ་ཀྱཔ྄། བྷཱུ་དངོས་པོ་ ལ་ཀྱཔ྄འོ། །བྷཱུའི་བྱིངས་དངོས་པོ་ཁོ་ནའི་དོན་དུ་སྒྲུབ་པ་ལ་ཡང་ཀྱཔ྄་རྐྱེན་དུ་འགྱུར་རོ། །བྷཱུ་ ཀྱཔ྄་ཡ་བྲཧྨ་གོང་སི་ཨམ྄་ཡའི་ཨ་སོང༌། དྲངས་ག་ཏཿ། མཇུག་ཏུ་སྦྱར། བྲཧྨ་བྷུ་ཡཾ་ག་ཏཿ། སྲོག་ཅན་དུ་འགྱུར་བའི་འགྲོའོ། །ཡང་ན་ཚངས་པར་སོང་ནས་འགྲོའོ། །ཞེས་བྲམ་ཟེ་སྒྲུབས་ པ་ལ་ཡང་འཇུག་གོ ། ༈ ལཀྵེ་རཱི་མུཊ྄་ཙ། མཚན་ཉིད་ལ་ཨཱི་སྟེ་མུཊ྄་ཀྱང་ངོ༌། །མཚན་ཉིད་ཏེ་ལ་ཀྵིའི་བྱིངས་ལ་ རྐྱེན་ཨཱི་སྟེར་བར་དུ་མུཊ྄་ཨཱ་ག་མའོ། །ལཀྵ་ཨཱི་བཞག བར་དུ་མུཊ྄་ཨཱ་ག་མ། ཊ྄་དང་ཨུ་ཡལ། ལཀྵམ྄་ཨཱི། མ྄ཨཱི་ལ་དྲངས། ཀྵ་མ་ལ་དྲངས། སི་རྣམ་བཅད། ལཀྵྨཱིཿ། མཚན་ཉིད་དོན་དུ་མ་ དང་ལྡན་པའི་འབྱོར་པ་སྟེ་དཔལ་ཞེས་བྱ། ཨཱི་ནི་ཨཱིཔ྄་ཀྱི་དོན་དུ་བྱེད་ན་དཔལ་མོའོ། ། ༈ སྟྱ་ཡ་ཏེཿསྟྲཱིཏྭེ་ཌ་ཊ྄། སྟྱཻ་ལ་ཌ྄ཊ྄་བུད་མེད་ཉིད་ལའོ། །བྱིངས་སྟྱཻ་སོགས་ལ་བུད་མེད་ ཀྱི་དོན་དུ་སྒྲུབ་ན། ཌ྄ཊ྄་ཅེས་པ་རྐྱེན་དུ་བྱེད་དོ། །སྟྱཻ་ཥཻནྱ་སྒྲ་དང་མཉམ་པར་འདྲེས་པ་ལའོ། ། བྱིངས་སྟྱཻ་རང་དང༌། བྱིངས་ཥཻནྱ་ཡང་ཥའི་སའོ། །ཊ྄་ཡང་ཏ་རུ་བསྒྱུར་བས་སྟྱཻ་རུ་འགྲོ་བས། ། 19-1-581 འདིར་སྒྲུབ་ཚུལ་དང་གཟུགས་དོན་ལ་ཁྱད་མེད་དོ། ༈ །སྟྱཻཌ྄་ཊ྄་བཞག ཊ྄་སོང་ཌ྄་ཕྱིས། ཌིཏ྄་ལ་ཊི་དབྱི་བས། ཨཻ་ཡལ། གསལ་བྱེད་ཐ་མ་ཡ྄་ཡང་སོང༌། སྟ་ལུས། དེ་ར་ལ་དྲངས། སྟྲ་ མོ་རྐྱེན་ཨཱིཔ྄། པ྄་སོང༌། སྟྲའི་དབྱངས་ཨ་ཡལ། ཨཱི་ལ་དྲངས། སྟྲཱི། གྲུབ་བོ། །སྟྱ་ཡ་ཏི། སྒྲ་ ལྡན་ནམ་བདེ་བར་ཚོགས་པ་ཅན་ཏེ། བུད་མེད་དོ། ། ༈ བརྞཱ་ཏྐཱ་རཿ། ཡི་གེ་ལས་ཀཱ་རའོ། །ཡི་གེ་སོ་སོའི་མཐའ་ལས་ཕ་རོལ་དུ་རྐྱེན་ཀཱ་ར་བྱིན་ ན། དེ་དང་དེའི་རང་བཞིན་གྱི་ཡི་གེ་ཞེས་སོ། །འདི་ལ་རྣམ་འགྱུར་མེད་ཡི་གེ་ཉིད་ལ་རྐྱེན་ སྦྱར་བ་ཙམ་གྱིས་འགྲུབ་བོ། །ཀཱ་ར་ཤེས་པའི་མཐར་སི་སོགས་རྣམ་དབྱེ་ནི་སྦྱོར་དགོས་སོ། ། ཀ་ཡིག་ལ་རྐྱེན་ཀཱ་ར་བཞག སི་རྣམ་བཅད། ཀ་ཀཱ་རཿ དེ་བཞིན་དུ། ཊ་ཀཱ་རཿཙ་ཀཱ་རཿ། ཏ་ ཀ་ར། པ་ཀཱ་རཿ། ཡ་ཀཱ་རཿ། ཤ་ཀཱ་རཿ། ཨཱ་ཀ་རཿལ་སོགས་པའོ། ། ༈ རཱ་དི་ཕོ་བཱ། ར་ལས་ཨི་ཕ་ཡང་ནའོ། །ར་ཡིག་མིང་དུ་བྱེད་པ་ལ་ནི་རྐྱེན་ཨི་ཕ་དང་ཀཱ་ ར་ཡང་ན་བའོ། །ར་ཨི་ཕ་བཞག ཨ་ཨི་ལ་ཨེ། རེ་ཕཿ། ཡང་ན་ར་ཀཱ་རཿ། འདིར་ཀཱ་ར་ཞེས་ པ་རྐྱེན་ཡིན། ཡི་གེ་རེ་རེ་བ་བྱིངས་མ་ཡིན་ཀྱང་བྱིངས་ཀྱི་དོད་ཐུབ་བྱས། བྱིངས་ལས་རྐྱེན་ གྱིས་མིང་དུ་གྲུབ་པ་ཡིན། ཡང་ཨ་བརྞ་ཞེས་པ་ལྟ་བུ། བརྞ་ནི་རྐྱེན་མ་ཡིན་མིང་དུ་གྲུབ་ཟིན་ ཡིན་མོད། ཡི་གེ་རེ་རེ་དང་སྦྱར་ན། དེ་ཁོ་ནས་མིང་དུ་འགྲུབ། དེས་ན་ཀཱ་ར་དང་། བརྞ་གཉིས་ ཀ་བོད་སྐད་དུ་ཡི་གེའི་དོན་ལ་འཇུག་པར་འདྲ་ཡང༌། ཀཱ་ར་ནི་དབྱངས་གསལ་ཐམས་ཅད་ལ་ ཤས་ཆེ་ཆུང་མེད་པར་འཇུག བརྞ་གཙོ་བོར་དབྱངས་ལ་བརྗོད་དགོས་པ་མང་ངོ་། །སྐབས་ འགར་དབྱངས་ཀྱི་སྐབས་སུ་རྐྱང་པ་ལ་ཀཱ་ར་དང་འདྲ་མཚུངས་སོགས་རིགས་མཐུན་ལ་བརྞ་ འཇུག་པའང་ཡོད་དོ། ། ༈ ལོ་ཀཱ་ཙྪེ་ཥ་སྱ་སིདྡྷིཿ། ལྷག་མ་འཇིག་རྟེན་ལས་གྲུབ་པའོ། །ཞེས་པ་ནི་ཐོག་མར་ བཤད་པ་བཞིན་ཏེ་བརྡ་སྤྲོད་ཀྱི་ཆོ་ག་ཉེ་བར་མཁོ་བ་ཐམས་ཅད་བཤད་ཟིན་མོད། འདིར་མ་ 19-1-582 བཤད་པའི་ལྷག་མ་གང༌། འཇིག་རྟེན་བསྟན་བཅོས་གཉིས་ཀ་ལ་ཐུན་མོང་དུ་གྲགས་པ་དང༌། བསྟན་བཅོས་ཉིད་ལ་གྲགས་པ་རྣམས་ནི། དེ་དང་དེ་ལས་རྟོགས་པར་བྱའོ། ། ༈ འགྲེལ་བའི་མཇུག་ན། སྭ་རཱུཔཱ་ནྟོ་྅ནུ་བྷཱུ་ཏྱ་དིཿཤབྡོ྅བྷཱུ་དྱ་ཏྲ་སཱརྠ་ཀཿས་མ་སྐ་རཱི་ཤུབྷཱཾ་ ཙཀྲི་པྲ་ཀྲི་ཡཱཾ་ཙ་ཏུ་རོ་ཙི་ཙྱཏཱཾ། བོད་སྐད་དུ། ཐོག་མར་རྗེས་འབྱོར་མཐར་ནི་རང་བཞིན་བཟང༌། ། དོན་བཅས་སྒྲ་ལ་འདིར་ནི་འཇུག་བྱས་ཏེ། །མཉམ་པར་སྤྱོད་ལྡན་དགེ་བར་བྱེད་པ་ཡིས། ། རབ་ཏུ་བྱ་བ་གསལ་ལྡན་རྣམས་ལ་བཤད། །ཚིག་རྐང་དང་པོ་འགྲེལ་མཛད་ཉིད་ཀྱི་མིང་ སྟོན་པའོ། །དོན་དང་བཅས་པ་ནི་སྐྱེ་བོ་མང་པོ་ལ་ཕན་པར་འགྱུར་བའོ། །སྒྲ་ལ་འཇུག་བྱས་ ཞེས་འདས་པའི་ཚིག་ནི་བསྟན་བཅོས་བརྩམས་ཟིན་པའོ། །མཉམ་པར་སྤྱོད་པ་ནི་གཅིག་ལ་ ཆགས་པ་མེད་པ་དང༌། གཅིག་ཤོས་ལ་སྡང་བ་མེད་པ་སྟེ། འདོད་པའི་ཁམས་ཀྱི་ཆགས་སྡང་ མངོན་དུ་རྒྱུ་བ་བསྡམས་པའོ། །དགེ་བར་བྱེད་པ་ནི་ཚངས་པར་སྤྱོད་པ་བསྟེན་པའོ། །རབ་ཏུ་ བྱ་བ་ནི་སྒྲའི་སྒྲུབ་ཚུལ་ཆོ་ག་སྟེ། གསལ་བ་དང་ལྡན་པ་ནི་བློ་གསལ་བ་རིག་པ་ཤེས་སུ་རུང་ བ་རྣམས་སོ། །ཚིགས་བཅད་འདི་སློབ་མས་སྦྱར་བར་འདོད་པའང་ཡོད་དོ། ། ༈ ཨ་བ་ཏཱཏྤོ་ཧ་ཡ་གྲཱི་བཿ། །ཀ་མ་ལཱ་ཀ་ར་ཨཱི་ཤྭ་རཿ། །སུ་རཱ་སུ་ར་ན་རཱ་ཀཱ་ར། །མ་དྷུ་པཱ་ པཱི་ཏ་པངྐ་ཛཿ །བདག་ལ་སྲུང་བར་མཛོད་ཅིག་རྟ་མགྲིན་ཀྱེ། །པདྨའི་ཕྱག་ཅན་དབང་གིས་ མངའ་བསྒྱུར་བ། །ལྷ་དང་ལྷ་མིན་མི་ལ་ཕན་པ་ནི། །སྦྲང་རྩི་འཐུང་བས་ཆུ་སྐྱེས་ལ་འཐུང་ བཞིན། །ཞེས་པ་ནི། ཨ་ཤྭེ་པ་ད་སྟེ་བཀྲ་ཤིས་པའི་ཚིག་གོ །ཧ་ཡ་གྲཱི་བ་ནི། མུ་སྟེགས་ཅན་ དག་ལྷ་འཇུག་སེལ་གྱི་ཁྱད་པར་རོ་ཟེར་བ་ནི་རང་གི་འདོད་པ་ཙམ་སྟེ། ལྷ་དེའི་མིང་སྟོང་གི་ བསྟོད་པའི་ནང་ན་ཡང༌། ཧ་ཡ་གྲཱི་བ་མེད་དོ། །དེས་ན་ནང་པ་རྣམས་བཅོམ་ལྡན་འདས་ཁྲོ་ རྒྱལ་རྟ་མགྲིན་ལ་བཞེད་པ་ཉིད་དོན་ལ་གནས་སོ། །ལྷ་དེའི་ཁྱད་ཆོས་ནི། ཕྱག་ན་པདྨ་འཛིན་ པ་དང༌། དབང་ཐང་ཆེ་བ་དང༌། བུང་བ་ལ་པདྨས་ཉེར་འཚོ་མཛད་པ་ལྟར། འགྲོ་བ་ཐམས་ 19-1-583 ཅད་ལ་ཕན་པར་མཛད་པའོ། །དེ་ལྟར་ན་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་དང་དེའི་འགྲེལ་ པ་སློབ་དཔོན་ཨ་ནུ་བྷཱུ་ཏ་སྭ་རཱུ་པ་སྟེ། རྗེས་སུ་འབྱོར་པ་ཀུན་ནས་རང་བཞིན་བཟང་པོ་ཞེས་བྱ་ བས་མཛད་པའི་དོན་ཉུང་ངུ་རྣམ་གསལ་ཡང་དག་རྫོགས་པའི་ཚུལ་དུ་བཤད་ཟིན་ཏོ།། །། གཞུང་འདི་ལ་ཡང་སི་སོགས་ཀྱི་མཐའ་གཅོད། ཏིཔ྄་སོགས་ཀྱི་མཐའ་གཅོད་དང༌། མི་ ཟད་པའི་སྡེ་རྒྱས་པ་དང༌། དེའི་ཡན་ལག་ཉེར་སྒྱུར་གྱི་འགྲེལ་པ་དང༌། དེ་ཕན་གྱི་ཟུར་བཀོལ་ དང༌། མིང་སྒྲུབ་ཀྱི་ཟུར་བཀོལ་དང༌། དེའི་ཡན་ལག་ཨུཎ྄་ལ་སོགས་པ་དང༌། ཡི་གེ་མིང་ཚིག་ རྣམ་པར་བཞག་པ་དང༌། སྡེབ་སྦྱོར་ཉེར་བསྡུས་ཏེ་ཆ་ལག་དགུ་ཡོད་པར་གྲགས་ལ། བྱིངས་ ཀྱི་ཚོགས་པ་ནི་མེད་དུ་མི་རུང་བའི་གཞུང་ཡིན་མོད། དྲང་སྲོང་པཱ་ནི་ནིས་མཛད་པ་ཁོ་ན་ལས་ གཞན་དུ་མེད་དོ། །ད་ལྟ་ཀ་ལཱ་པའི་བྱིངས་མདོ་ཞེས་སོགས་སོ་སོར་ཡོད་པ་ལྟར་བྱེད་ཀྱང་ གོ་རིམ་ཕྲན་ཚེགས་བརྗེས་པ་ཡོད་སྲིད་གཞན་སྒྲ་མདོ་སོ་སོ་ལ་བྱིངས་མདོ་སོ་སོ་མི་འཚལ་ ལ། སྤྱིར་པཱ་ཎི་བས་མཛད་པའི་བྱིངས་ཀྱི་ཚོགས་པ་ཆེ་ཆུང་གཉིས་ཡོད་ཟེར། ཆུང་བ་ཤློ་ཀ་ ལྔ་བརྒྱ་པ་འདི་གྲགས་ཆེའོ། །འདི་ལའང་འགྲེལ་ཆེན་ཡོད། གཞུང་དུ་སྒྲུབ་ཚུལ་སྤྱི་འདོམས་ སུ་བཤད་པ་དེ། བྱིངས་འགྲེལ་དུ་བྱིངས་ཐམས་ཅད་ལ་སྒྲུབ་ཚུལ་སོ་སོའི་དཔེར་བརྗོད་རེ་ རེ་སྦྱར་བར་སྣང་ངོ༌། །ཆ་ལག་རྣམས་འདིའི་དགོས་གཞུང་མ་རྙེད་ན་གཞན་ནས་ཁ་བསྐང་ བས་རུང༌། འདིའི་ཆ་ལག་རྣམས་ཀྱང་བྱེད་པ་པོ་རྣམས་ཕྱིས་རིམ་པས་བྱུང་བ་ཡིན་གྱི། སློབ་ དཔོན་ཆེན་པོ་ཨ་ནུ་བྷཱུ་ཏི་ཉིད་ཀྱིས་སྦྱར་བ་མ་ཡིན་ནོ། ད་ནི་འདི་ལྟ་སྟེ། མིག་དམར་གྱི་ལོ་ལ། གཞུང་འགྲེལ་འདིའི་བུད་མེད་ཀྱི་རྟགས་སྒྲུབ་ཡན་ཆད་བསྒྱུར་བའི་སྐབས། པཎྜི་ཏ་ཀྲྀཥྞ་པས་ བདག་ལ་ཤིས་པ་བརྗོད་པ་ནི། ཨཱདྱ་བ་ཏ་ར་བཽདྡྷ་ཤྩ། སྲྀཥྚི་ཀརྟ་སྭ་ཡཾ་བུདྡྷཿ །རཀྵེ་ཙྩ་བྷ་བ་ཏཾ་ དེ་ཧ། བཽ་དྦྷཱདེ་ག་ཎ་དེ་པ་ཏཱཿ །དེ་བ་ནཾ་བྷཻ་ར་པོ་དེ་པོ། སརྦ་བྱཱ་དྷི་བི་ནཱ་ཤ་ནཿ །ཏྲི་ཤྲཱ་ལཱི་ཙ་མ་ཧཱ་ ཀྲཱནྟཿ །ས་མི་ཏྲེ་ཎ་པཱ་ཡཱཏྶ་བཿ །ཞེས་སོ། །བོད་སྐད་དུ། གདོད་མ་ནས་འཇུག་སངས་རྒྱས་པ། ། 19-1-584 རང་བྱུང་བློ་གྲོས་སྤྲོ་བ་པོ། །སངས་རྒྱས་ལ་སོགས་ལྷ་ཚོགས་ཀྱིས། །ཁྱོད་ཀྱིས་ལུས་ལ་སྲུང་ བར་མཛོད། །འཇིགས་བྱེད་ལྷ་རྣམས་ཀུན་གྱི་ལྷ། །གནོད་པ་ཐམས་ཅད་རྣམ་པར་འཇོམས། ། རྩེ་གསུམ་འཛིན་པ་འབར་བ་ཆེ། །དེས་ཁྱེད་བཤེས་དང་བཅས་སྲུངས་ཤིག །ཅེས་པའོ། ། བོདྡྷ་ཤྲ་ཞེས་པའི་སི་བྱུང་བ་དང༌། ཀྲཱ་ནྟ་འོད་འབར་བའོ། །ས་ཞེས་དེས་དང༌། བཿཞེས་ཁྱོད་ དོ། །ཚིགས་བཅད་དང་པོ་སངས་རྒྱས་བཅོམ་ལྡན་འདས་དང༌། གཉིས་པ་དཔལ་མགོན་པོའི་ སྒོ་ནས་ཤིས་པ་བརྗོད་པའོ། །དེང་སྐྱེས་བདག་གི་ལོ་ལ། བྱེད་ཅན་མན་ཆད་བྱེད་ཅན་ནས་ བརྩམས་ཏེ་ཡོངས་སུ་རྫོགས་པར་བསྒྱུར་ཟིན་པ་ན། པཎྜི་ཏ་བ་ལ་བྷ་དྲས་ཤིས་པ་བརྗོད་པ་ ནི། ཡཽ་ཏཽ་ཤཾ་ཁ་ཀ་པཱ་ལ་བྷཱུ་ཥི་ཏ་ཀ་རཽ་མཱ་ལ་སྠི་མཱ་ལཱ་དྷ་རཽ། དེ་བཽ་དྭཱ་ར་བ་ཏཱི་ཤྨ་ཤཱ་ན་ནི་ལ་ཡཽ་ནཱ་ གཱ་རི་གོ་བ་ཧ་ནཽ། དྭི་ཏྱ་ཀྵཽ་བ་ལི་དཀྵ་ཡ་ཛྙ་མ་ཐ་ནཽ་ཤྲཱི་ཤཻ་ལ་ཛ་བ་ལླ་བྷཽ། པཱ་བ་མྦོ་ས་དཱ་ཧ་ར་ཏཱཾ་ ཧ་རི་ཧ་རཽ་ཤྲཱི་བཏྶ་གཾ་ག་དྷ་རཽ། དེ་བོད་སྐད་དུ་བརྗོད་ན། གང་དག་དུང་དང་ཐོད་པས་བརྒྱན་ པའི་ཕྱག་ལྡན་དེ་དག་ཕྲེང་བ་རུ་ཕྲེང་འཛིན་པ་དག །སྒོ་ལྡན་དང་ནི་དུར་ཁྲོད་གནས་བཞུགས་ ཀྱི་ལྷ་དག་ཀླུ་ཡི་གཤེད་དང་བ་ལང་ཆིབས་པ་དག །གཉིས་དང་གསུམ་མིག་སྟོབས་ལྡན་མྱུར་ བའི་མཆོད་སྦྱིན་འཇོམས་བྱེད་དཔལ་མོ་རི་སྐྱེས་ལ་དགའ་བ། །ཁྱོད་ཀྱི་སྡིག་པ་རྟག་པར་ འཕྲོག་གྱུར་འཕྲོག་བྱེད་འཕྲོག་པོ་དག་ནི་དཔལ་བེའུ་གངྒ་འཛིན། །ཅེས་ནོར་ལྷའི་སྲས་དང༌། ལྷ་ཆེན་པོ་དྲག་པོ་དག་གི་སྒོ་ནས་བཀྲ་ཤིས་པར་བརྗོད་པའོ། །ནི་ལ་ཡཽ་ཞེས་པ་ཁང་པ་དག་ གམ་བཞུགས་ས་དག་ལ་གོ །པཱ་པཾ་པོ་ཞེས་པའི་པོ་ནི་ཁྱོད་ལའོ། །དཀྵ་ནི་སྐྱེ་དགུའི་བདག་ པོ་མྱུར་བའོ། །གཞན་རྣམས་སྐད་དོད་སྦྱོར་ཚུལ་གོ་སླའོ། །བཅོམ་ལྡན་འདས་སངས་རྒྱས་ནི། སྲིད་ཞི་ཀུན་ན་དཔལ་དང་གཡང་དང་བཀྲ་ཤིས་པ་མཐའ་དག་གི་མཐར་ཐུག་པ་དང༌། གཙོ་ བོ་དང༌། རབ་དང་མཆོག་གྱ་ནོམ་པ། དཔེ་ཟླ་བྲལ་བའི་དགེ་ལེགས་དང༌། ཡེ་ཤེས་མགོན་ པོ་ཡང༌། དེ་ཉིད་ཀྱི་རྣམ་འཕྲུལ་དང༌། བསྟན་པ་སྐྱོང་བ་པོ་ཐམས་ཅད་ཀྱི་གཙོ་བོར་ཕུལ་དུ་ 19-1-585 བྱུང་བ་ཡིན་པའི་དགེ་ལེགས་དང༌། ཁྱབ་འཇུག་ཞི་བ་གཉིས་པོ་འདི་དག་ཀྱང༌། ལྷ་ཀླུ་མི་ དང་འབྱུང་པོའི་ཡུལ་ན་ཆེར་ཆེར་གྲགས་པ་འཕྲུལ་དང་གཟི་བརྗིད་དཔག་པར་དཀའ་བ་ཉིད་ ཀྱིས་བཀྲ་ཤིས་དམ་པ་འདིས་སྲིད་པ་ཐམས་ཅད་དུ་བདེ་ལེགས་ཕུན་སུམ་ཚོགས་པ་རྒྱས་ པར་འགྱུར་རོ། ། ཕན་པར་བཞེད་པ་གང་གི་བློ་མཚོ་ལས། །ལེགས་པར་བཤད་པའི་དབྱར་སྐྱེས་བྱེ་བ་ བསྐྲུན། །སྲིད་འདིར་མ་རིག་གདུང་བས་ངལ་བ་ལ། །རིག་པ་བདུད་རྩིའི་ཆར་རྒྱུན་ཅི་ཡང་ བབས། །དབྱངས་ཅན་གསུང་གི་འོད་དཀར་འབུམ་ཕྲག་དག །གངས་རིའི་ཁྲོད་འདིར་ལན་ བརྒྱར་ཤར་བ་ཡི། །རབ་ཏུ་དཀར་བའི་འདུ་བྱེད་རབ་དགའ་དེས། །བདེ་བ་བླ་མེད་མཁའ་ དང་མཉམ་པར་ཤོག ། ཅེས་པ་འཕགས་མ་དབྱངས་ཅན་གྱིས་གསུངས་པའི་སྒྲ་མདོ་འགྲེལ་པ་དང་བཅས་པའི་ བཤད་སྦྱར་མཆོག་ཏུ་གསལ་བ་ཞེས་པ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐའམ་མིང་གཞན་ ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོས། དུས་གསུམ་སངས་རྒྱས་ ཐམས་ཅད་ཀྱི་ངོ་བོ། ཀུན་མཁྱེན་ཆེན་པོ་དོལ་པོ་པ་མཚན་བརྗོད་པར་དཀའ་བ་ཤེས་རབ་ རྒྱལ་མཚན་དཔལ་བཟང་པོའི་དུས་མཆོད་ཆེན་མོའི་ཉིན་པར་སྦྱར་བའོ།། །།ཤུ་བྷ་མཱ་སྟུ། གཅིག་ཞུས། {ༀ་སྭཱ་སྟི། དབྱངས་ཅན་བརྡ་སྤྲོད་བཤད་སྦྱར་པདྨའི་གཉེན། །མ་འདྲེས་འོད་ཀྱི་ཕྲེང་ བ་རབ་གསལ་ཞིང་། །བློ་གྲོས་འདབ་བརྒྱ་གསར་དུ་འབྱེད་ནུས་པ། །མཁས་ཀུན་དགའ་ བའི་དགའ་སྟོན་འདི་ན་གོ །བརྡ་སྤྲོད་གསལ་བྱེད་མང་ན་ཡང་། །ལ་ལ་ཚིག་ཉུང་དོན་མི་ གསལ། །ལ་ལ་ཧ་ཅང་སྤྲོས་པར་འཕྱན། །ལ་ལ་ཚིག་ཚོགས་ཙམ་དུ་བས། །རློམ་པ་ཆེ་ཡང་ འཕྱང་མོ་ཡུག །མཁས་འདོད་ཙམ་ལ་སྙིང་པོ་ཅི། །དེ་བས་རྨོངས་པ་ཀུན་སེལ་བའི། །བཤད་ 19-1-586 སྦྱར་མཆོག་འདིར་ཀུན་འཇུག་རིགས། །དེ་སྐད་ཡིག་རིགས་འདི་བྱེད་པས། །འདི་ཉིད་ཡི་གེ་ འགོད་པའི་དུས། །རྣམ་མང་ངོ་ཚ་མཐོང་བའི་མོད། །ཀུན་ལ་ཕན་པའི་གྲོས་སུ་བཏབ། །འདི་ བྲིས་རྣམ་དཀར་དགེ་བ་དེས། །དུས་འདི་ནས་བཟུང་བྱང་ཆུབ་བར། །རྗེ་བཙུན་བཀའ་ཡི་སྣང་ བ་ལ། །བརྟེན་ནས་བློ་གྲོས་མཆོག་ཐོབ་ཤོག །འབྲི་བརྐོ་ཞུས་དག་དང་བཅས་པར། །བདག་ ཅག་རྣམས་ཀྱི་མི་ཤེས་དབང་། །བྲིས་ནོར་ལྷག་ཆད་འཁྲུལ་བའི་ཆ། །བླ་མ་ལྷ་དང་མཁས་ ལ་བཤགས། །ངོ་མཚར་སྤེལ་ཕྱིར་ངོ་མཚར་མཆོག་འདི་ངོ་མཚར་ཕུན་ཚོགས་གླིང་ཆེན་ པོར། །བསོད་ལེགས་པར་དུ་ལེགས་པར་བསྒྲུབས་པས་ལེགས་བཤད་གཏེར་མཛོད་ཆེན་པོ་ འདི། །རྣམ་མང་མཁས་ཀུན་རྣམ་དག་མཁྱེན་པར་རྣམ་ཀུན་ཤར་ནས་དར་ཞིང་རྒྱས། །འདིར་ བཤད་ཀུན་ཀྱང་འབད་པ་དོན་ཡོད་འབད་རྩོལ་མེད་པར་ལྷུན་གྲུབ་ཤོག །དགེ་ལེགས་འཕེལ།} [འདིར་སྨྲས་པ། རྒྱལ་ཀུན་བརྩེ་ཆེན་གཅིག་བསྡུས་པད་དཀར་འཛིན། །ངུར་སྨྲིག་ཟོལ་ འཆང་མཚུངས་བྲལ་དགེ་བའི་བཤེས། །ངེས་གསང་བསྟན་པའི་མེ་རོ་གསོ་བས་སླད། །ཞིང་ འདིར་བྱོན་པ་ཡོན་ཏན་བཟང་པོ་ཡི། །གང་ཐུགས་གསེར་ལྡན་འཛིན་མར་ཡོངས་འཁྱིལ་ བའི། །རྒྱལ་བསྟན་སླར་གསོས་ལྷག་བསམ་ཆུ་གཏེར་ལས། །འཕོས་པའི་མཛད་འཕྲིན་ཡིད་ བཞིན་དབང་གི་ནོར། །གང་འདོད་སྟེར་བའི་ཟབ་ཆོས་གྲངས་མེད་ཀྱི། །པར་བསྐྲུན་བྱེད་པའི་ མཛད་ཆེན་རྟ་བདུན་དབང་། །གདུལ་བྱ་བསོད་ནམས་མཁའ་རུ་ལྷམ་མེར་གསལ། །གནས་ མཆོག་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་། །ཅིག་སྟོང་གོ་ལྔ་ནས་བཟུང་གོ་དགུའི་བར། ། རྗེ་བཙུན་བླ་མ་རྣམ་གསུམ་བཀའ་འབུམ་དང་། །ཆ་ལག་གྲངས་མེད་པར་དུ་བསྐྲུན་པའི་ སྐབས། །བརྡ་སྤྲོད་དབྱངས་ཅན་སྒྲ་འགྲེལ་མཆོག་གསལ་གྱི། །སྔོན་མེད་པར་བསྐྲུན་དགེ་ མཚན་དཀའ་པོའི་ཆོས། །འགྲོ་བའི་སྨག་ཆེན་དྲུང་ནས་འབྱིན་མཛད་དེ། །ཟུང་འཇུག་ནོར་ བུའི་གླིང་དུ་བགྲོད་པར་ཤོག །ཁྱད་པར་རྒྱལ་བསྟན་སྙིང་པོ་རང་ལུགས་ཆེ། །སླར་ཡང་ཉི་མ་ 19-1-587 བཞིན་དུ་རབ་གསལ་ནས། །ཡངས་པའི་འཇིག་རྟེན་ཀུན་ཏུ་རྒུད་པའི་ཚོགས། །ལྷག་མེད་ཞི་ ནས་རྫོགས་ལྡན་དཔལ་དར་ཤོག །པར་བྱང་སྨོན་ཚིག་འདི་ཀུན་དགའ་རྒྱལ་མཚན་གྱིས་བྲིས།] 19-1-588 ༄༅། །རྒྱ་སྐད་དུ་བྲིས་པའི་ཡི་གེའི་ཀློག་ཐབས་འཕགས་ཡུལ་མཁས་ པའི་ལུགས་བཞུགས་སོ། ། ༄༅། །ༀ་སྭ་སྟི། རྒྱ་སྐད་དུ་བྲིས་པའི་ཡི་གེ་ཀློག་ཐབས། འཕགས་ཡུལ་མཁས་པའི་ ལུགས་ཞེས་བྱ་བ། གཉིས་སུ་མེད་པར་གསུང་བ་སངས་རྒྱས་ལ་ཕྱག་འཚལ་ལོ། །ངག་ གི་དབང་ཕྱུག་རབ་དགྱེས་ལྷ་མོར་བཅས། །དེ་ལ་གུས་པས་བཏུད་ནས་འདིར་བཤད་བྱ། ། རགས་ལས་ཆེས་རགས་འདི་ལྟ་བུ་ཡང་ནི། །བྱིས་པ་རྣམས་ལ་ཉེར་མཁོ་ཡིན་ཕྱིར་རོ། །འདི་ ན་བོད་ཀློག་བསླབ་པའི་རིགས་འགྲེ་དང༌། །སྔགས་བསྡུ་སོགས་དང་སྔགས་ཀློག་སྦྲེལ་བ་ ལས། །ངེས་མེད་འཁྲུལ་གཞི་བྱུང་བའང་མང་པོ་མཐོང༌། །གཞན་དག་ཕལ་ཆེར་མུན་སྤྲུལ་ བྱ་བ་བྱེད། །སྔགས་ཀློག་ཡི་གེ་སྔོན་ཆད་བྱུང་བ་རྣམས། །ཕལ་ཆེར་གཅིག་གཅིག་ཕན་ཚུན་ བྲིས་བཤུས་ཉིད། །དེ་དག་ཇི་བཞིན་ཡིན་པར་མ་མཐོང་ནས། །འཕགས་ཡུལ་སྒྲ་མཁན་ མཁས་པའི་ངག་བཞིན་འདྲི། །དང་པོར་ཡི་གེའི་རྩ་བ་དབྱངས་གསལ་ལ། །རྒྱ་ཀློག་ལུགས་ བཞིན་ཤེས་པ་གལ་རེ་ཆེ། །ༀ་དང་ན་མཿསིདྡྷཾ་སྔོན་འགྲོ་བའི། །དབྱངས་དང་གསལ་བྱེད་ རྫོགས་པར་བྲིས་བྱས་ལ། །དང་པོ་དྲུག་ལ་རིང་ཐུང་འབྱེད་པ་གཅེས། །དབྱངས་ར་རིར་དང་ དབྲི་ལ་འདྲ་མིན་དང༌། །དབྱངས་ལ་ལིལ་དང་ལིར་ཞེས་བྱ་བ་སྟེ། །ཨེ་དང་ཨོ་ནི་ཨེའི་ཨོའོ་ ཞེས་པ་དང༌། །གཉིས་བརྩེགས་ཨ་ཡོ་ཞེས་དང་ཨ་འུར་འབོད། ཐ་མ་ཟུང་མི་ཨང་དང་ཨ་ ཧ་ཏེ། །གསལ་བྱེད་སྡེ་པ་ལྔ་ཡི་གསུམ་པ་རྣམས། །འས་འཕུལ་བཞིན་དུ་ཀློག་པར་གྲགས་ པ་ཉིད། །ཅུད་ཟད་འཐུག་དང་སྡེ་བའི་བཞི་པ་རྣམས། ཕལ་ཆེར་གསུམ་པ་ར་མགོ་ཅན་དང་ མཚུངས། །དཔེར་ན་དང་པོའི་བཞི་པ་ཧ་ཡི་སྒྲ། །ཅུང་ཟད་ཡོད་པའི་ས་དང་རྒ་འདྲའི་འཐུས། ། 19-1-589 ཉ་ནི་སྣ་ནས་ལྷག་པར་འདོན་པ་དང༌། །ང་ནི་རྐན་གྱི་སྦུགས་ནས་ཅུང་ཟད་སྒྲོག །མཐར་ གནས་དང་པོའི་ཛ་དང་ཕལ་ཆེར་འདྲ། །ཕྱེད་ནི་ཡར་འབོད་བཞི་པ་འབབ་ཞེས་ཀློག །དེ་ཡི་ ཕྱེད་ནི་ཝ་སྐྱེས་ཐོག་མའི་ཡིན། །ཝ་ཆེན་བྲིས་ཀྱང་འབའ་རུ་འབོད་པ་མང༌། །ཐ་དང་བྱ་བས་ མཐར་གནས་སྡེ་བར་དབྱེ། །དྲོ་བའི་གཉིས་པ་ཁ་མཚུངས་རྐན་ནས་སྒྱུར། །མཐར་ཟད་ཁྱ་ དང་འདྲ་རུང་སོ་རྩ་ནས། །ལྕེ་རྩ་ཅན་ནི་ཀ་ཀ་དང་ཨ་ག་ཀ་སྟེ། །མཆུ་ཅན་པ་ཡིག་དྲག་པོའམ་ ཨབ་པའོ། །བོད་རྣམས་ཀོ་བ་པོ་བ་ཞེས་སུ་འབོད། །དེ་ཡི་རིགས་པ་ཁ་དང་པ་ལའང་བྱ། ། ཀ་ལ་དབྱངས་རྣམས་ཞུགས་གྱུར་ཤེས་ན་ནི། །གཞན་རྣམས་རིགས་འགྲེ་བདེ་བླག་རྟོགས་ པར་འགྱུར། །ཀ་ཀའ་ཀི་ཀིའི་ཀུ་ཀུའུ་ཀིར་ཀི་རིར། །ཀི་ལ་ཀི་ཡུལ་ཀའི་ཀའ་ཀོའོ་ཀའུ་གང་ བ་ཧ། །ལ་ཞུགས་པ་ལས་ཡང་ན་ཀི་ལིར་ཞེས་པའོ། །གོང་མཐར་མི་འབྱོར་རང་སྐྱ་ཐུབ་པ་ ཡི། །གསལ་བྱེད་འདྲ་དང་མི་འདྲ་གང་བརྩེགས་ཀྱང༌། །ཕལ་ཆེར་སྟེང་རྣམས་སྒྲ་ཐོན་མྱུར་ བར་ཀླག །རིག་བྱེད་ལས་བྱུང་ཡི་གེའི་རྣམ་གྲངས་དང༌། །ལྷ་ཡི་ས་བོན་རིགས་ལ་དེར་མ་ ངེས། །སྒྲ་འདྲེས་ལ་ནི་དབྱངས་རྣམས་གཉིས་ཀ་དབང༌། །ཡ་ར་ཝ་རྣམས་བཏགས་ན་སྒྲ་ འདྲེས་ཏེ། མི་འདྲེན་ནི་འོག་མ་དབང་བའང་ཡོད། །སྟོ་ལ་ས་ཏོཥྚུཾ་ལ་ཥ་ཊུ་བཞིན། །འོག་མ་ དབང་ན་གོང་མ་རིང་པོར་འདོན། །ཚིག་མཚམས་མིན་ན་གོང་གི་མཐར་འབྱོར་བ། །ཕལ་ ཆེར་མཐའ་བརྟེན་ཚུལ་དུ་སྦྱོར་བ་མང༌། །ཛྙ་དང་མཐར་ཟད་བརྗོད་ཚུལ་འགྱུར་ཆེས་པས། ། གཉིས་ཀ་བྱེད་མོད་མིང་གཞན་ལ་མི་སྦྱོར། །ཛ་ལ་ཉ་དང་ཎ་བཏགས་འགྱ་ཡིན་ནོ། །མཐར་ བརྟེན་ཚུལ་གྱི་སྲོག་མེད་ཡི་གེ་ལས། །ཉ་ཎ་ན་འདྲ་སྣ་སྒྲ་ཕྲ་བའི་ཁྱད། །ཀ་ནི་ག་དང་པ་ནི་བ་ འདྲ་གྲིམ། །ཙ་ཚ་ཛ་དང་ཊ་ཌ་ཏ་རྣམས་ནི། །ད་མཚུངས་ཤ་ཥ་གཉིས་ནི་ས་འདྲ་ལས། །དེ་ ཀུན་རང་རང་སྒྲ་ཐོན་ཙམ་དུ་བྱ། །ཁ་ཐ་ཕ་སྡེ་བའི་བཞི་པ་དང༌། །ཡ་ཝ་ཧ་སྤངས་མཐར་རྟེན་ ཡི་གེར་འབྱུང་། །ཚ་ནི་ཙར་འགྱུར་ཌ་ཡང་ཉུང་བ་ཡིན། །མཐའ་བརྟེན་ཕལ་ཆེར་བོད་ལས་ 19-1-590 ཤུགས་ཆེར་བྱ། །མིང་གི་དབུས་མཐའི་གསུམ་པ་བོད་བཞིན་ཏེ། །འདི་ལ་ཉེར་སྒྱུར་རྐང་ ཚུགས་མིང་དང་མཉམ། །འོན་ཀྱང་སྐད་དོད་མ་ཤེས་འདི་མི་གོ །ཀ་ཁ་ག་གསུམ་ཡ་བཏགས་ བོད་དང་མཚུངས། །གཞན་རྣམས་འགྲེང་བུ་ཅན་འདྲ་ཡ་སྒྲ་ལྡན། །ཝ་བཏགས་ཝ་སྒྲ་ལྡན་ པའི་རྣ་རུར་མཚུངས། །བརྩེགས་པའི་ང་རོ་འོག་མ་དབང་བ་སྟེ། །རང་དབང་ཅན་ལ་སྡེ་པ་ རང་རང་གི །ལྔ་པ་ཉིད་དེ་ཡ་སོགས་བརྒྱད་ལ་ང༌། །ཕ་རོལ་གསལ་བྱེད་དང་འབྲེལ་ཕ་རོལ་ དབང༌། །དབྱངས་རྐྱང་ལ་ནི་ཕལ་ཆེར་ང་རུ་འབོད། །གཟུངས་དང་སྙིང་པོ་ས་བོན་མན་ངག་ བཞིན། །ཕྱག་འཚལ་བསྟོད་པའི་ༀ་ཡིག་ཚིག་གྲོགས་གཙོ། །རྣམ་བཅད་ཨ་མཐར་དྲག་པོ་ཧ་ སྒྲ་ཅན། །ཨིར་ལ་ལ་ཧི་དང་ཨུ་ལ་ཧུ། །ལྷག་མ་ཧེ་ཧི་ཧོ་ཧུ་ཕྱོགས་མཚུངས་ལ། །སྐྱུར་ཐབས་ དྲག་པོར་འཕང་བ་བཅད་པའི་དོན། །ང་རོ་རྣམ་བཅད་ཡོད་ཀྱང་ཤ་ཥ་ས། །སྲོག་མེད་ཡི་གེ་སྔ་ མའི་མཐར་སྦྱོར་ཡོད། །ཤར་ནུབ་ས་མགོ་ཨ་ཡིག་ཟླ་ཐབས་སྣོན། །དབུས་དང་ལྷོ་བ་སོ་སོར་ ཕྲལ་ཏེ་ཀློག །མཐར་གནས་ཐོག་མཐའ་མིང་ཐོག་འཛ་འབའ་དང༌། མཐའ་མ་ཡ་ཝ་མང་སྟེ་ ངེས་བྲལ་དབུས། །རྣམ་བཅད་ང་རོ་འཛོམ་ན་ཧྱ་གི་སྒྲ། བྲྀཿལ་པྲི་ཧྱཾ་འདྲ་རུང་བརྗོད་པ་ཡིན། ། ཨ་ཨི་ཨུ་རྀ་ལྀ་དང་ཨེ་སོགས་བཞི། དབྱངས་ཀྱི་རྩ་བ་དགུ་ཡིན་གསལ་བྱེད་ལ། །ང་རོ་རྣམ་ བཅད་ལྕེ་རྩ་མཆུ་ཅན་བཞི། །བསྣན་པས་སུམ་ཅུ་བདུན་དུའང་འགྱུར་བར་བཤད། །དང་པོའི་ དབྱངས་བཞི་ཐུང་རིང་ཤིན་ཏུ་རིང༌། །ལིར་ལ་རིང་དང་ཨེ་སོགས་ཐུང་ངུ་མེད། །བོད་སྐད་ཨེ་ སོགས་ཐུང་ངུར་མངོན་པས་ནས། །ༀ་སོགས་རྣ་རུ་བརྩེགས་མ་ཅན་མིན་ཏེ། །ཀེ་ཤ་ཅན་དུ་གོ་ བྱེད་མ་ཡིན་ནོ། །འ་འདགས་མི་འགལ་ཨ་སོགས་དང་མཚུངས་ཕྱིར། །དེ་ལྟར་དབྱངས་ཡིག་ ཉི་ཤུ་རྩ་གཉིས་ལ། སྐད་གདངས་མཐོ་དམའ་བར་གསུམ་དབྱེ་བ་དང༌། །དེ་ཡང་སྣ་ལྡན་སྣ་ མེད་དབྱེ་བ་ཡིས། །བརྒྱ་དང་སོ་གཉིས་དབྱངས་ཀྱི་དབྱེ་བ་སྟེ། །གསལ་བྱེད་སུམ་ཅུ་གསུམ་ ལ་དབྱངས་དེ་རྣམས། །ཞུགས་པས་བཞི་སྟོང་སུམ་བརྒྱ་ང་དྲུག་གོ །ཡི་གེ་བརྩེགས་དང་ངོ་རོ་ 19-1-591 སོགས་དབྱེ་བ། །ཡི་གེའི་རབ་དབྱེ་མཐའ་ཡས་སུས་བརྗོད་ནུས། །ཀླུས་བཀོད་གཞུང་ལས་ དེ་ལྟར་འབྱུང་བ་ཡིན། །ལི་ལ་དུ་ཀློག་ནས་ལི་ལའང་རིང་པོ་བྱེད། ང་རོ་ལ་སོགས་དབྱངས་ མིན་གསལ་བྱེད་མིན། །ལྷ་ཡི་གཞུང་ལ་དེ་ལྟར་འབྱུང་བར་མངོན། །ཨ་ཀུ་ཧ་ྈྐ་མགྲིན་འབྱུང་ ནམ་མཁའི་ཁམས། །ཨི་ཙུ་ཡ་ཤ་རླུང་ཁམས་ཀུན་ལས་བྱུང༌། རི་ཊུ་ར་ཥ་མེ་ཁམས་སྤྱི་བོ་སྐྱེས། ཨུ་པུ་ཝ་ྉྤ་མཆུ་ལས་སྐྱེས་པ་ཆུ། །ལ་ཏུ་ལ་ས་ས་ཁམས་སོ་སྐྱེ་ཏེ། །མཐར་གནས་ཧར་ཙས་ དབྱངས་སྐྱེས་ཡ་ཎར་བསྐྱུར། །ང་རོ་རྣམ་བཅད་གསལ་བྱེད་ལས་བྱུང་དང༌། །ལྕེ་རྩ་མཆུ་ཅན་ རྣམ་བཅད་ལས་བྱུང་ཟེར། །དབྱངས་དགུའི་དང་པོ་ལྔ་པོ་རྩ་བ་དང༌། །ཡོན་ཏན་ཨ་ཨེ་ཨོ་ ཨར་ཨལ་ཡིན་ཏེ། །ཨཱ་དང་ཨཻ་སོགས་འཕེལ་བ་ཡིན་པར་འདོད། །རིང་པོ་ཆེས་རིང་འགྲེང་ བུ་རྣ་རུ་དང༌། །རྣམ་བཅད་ང་རོ་ཅན་དང་མཐར་ཅན་སོགས། །རང་དབང་བརྩེགས་མ་ལྕི་སྟེ་ གཞན་རྣམས་ཡང༌། །སྡེ་པའི་བཞི་པ་འཐུག་དང་གསུམ་པ་སྲབ། །བརྡ་སྤྲོད་པ་དག་ཡི་གེ་བྱེད་ པོ་ཞེས། །ལྟ་བའི་ཐིབས་པོར་ཆུད་པ་རབ་སྤངས་ཏེ། །རྣམ་འདྲེན་ལུགས་ལ་རྟེན་འབྲེལ་ཁོ་ན་ ཉིད། །དེ་ནི་སྒྲ་སྤྱི་སྣང་བའི་ཤེས་པ་སྟེ། །སྒྲ་རྟོག་འཇུག་པ་གཅིག་པའི་འབྲེལ་བ་ལས། །བདེ་ སྡུག་དགེ་དང་མི་དགེ་ལས་བྱེད་པ། །འདི་ཙམ་ཞིག་ནི་དཔག་པར་བྱ་བ་ཡིན། །ཐུན་མོང་རིག་ གནས་ཕྲ་མོ་འཆད་པའི་སྐབས། །སྔགས་ཀྱི་ཐེག་པར་རློམ་པའི་ཅལ་ཅོལ་གཏམ། །སྨྲ་བ་དེ་ ནི་གསང་སྒྲོགས་སྤུས་ཀྱིས་ཉོ། །མཁས་འདོད་ཐལ་བས་བླུན་པོའི་རང་རྟགས་བསྟན། །ཡི་ གེའི་རྣམ་པར་བཞག་པ་གཞན་གར་ཞིག །རྒྱ་བོད་མཁས་ལ་གྲགས་པ་ཆེས་མང་མོད། །རྒྱ་ སྐད་ཡི་གེ་ཀློག་ཐབས་ཙམ་ཞིག་འདིར། །བྲིས་པ་འདི་ཡང་གཞན་ལ་ཕན་ཕྱིར་ཡིན། །ཞེས་ པ་རྒྱ་སྐད་དུ་བྲིས་པའི་ཡི་གེ་ཀློག་ཐབས་འཕགས་ཡུལ་མཁས་པའི་ལུགས་འདི་ཡང་ཏཱ་ར་ནཱ་ ཐས་སྨྲས་པའོ།། །།དར་རྒྱས་འཕེལ་བརྟན། གཅིག་ཞུས་དག 19-1-592 གསལ་བཤད། དཔེ་བསྡུར་མའི་རྟགས། སྔོན་མ་རྟག་བརྟན་པར་མ་དང་ཕྱི་མ་འཛམ་ཐང་པར་མ་ཡིན།{ [ ] རྟག་བརྟན་པར་མ་ཁོ་ནར་ཡོད།{ } འཛམ་ཐང་པར་མ་ཁོ་ནར་ཡོད།[ ] འཛམ་པར་དང་རྟག་པར་ཉིས་ཆར་ཡོད་པའི་མཆན། ( ) རྟག་བརྟན་པར་མ་ཁོ་ནར་ཡོད་པའི་མཆན། < >