Works of Tāranāthaརྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། Works of Tāranātha 多羅那他大師全集བདཀར་ཆག 15-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། ༼བ༽ 15-1-2 15-1-3 15-1-4 15-1-5 དཀར་ཆག ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་པོད་དང་པོ། ༣༧༡ ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་པོད་གཉིས་པའི་སྟོད་ཆ། ༡༦༦ ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་པོད་གཉིས་པའི་སྨད་ཆ། ༤༩ སྒྲུབ་ཐབས་བརྒྱ་རྩའི་ལག་ལེན་གསལ་བྱེད། ༣༢ 15-1-6 15-1-7 ༄༅། །ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཞེས་བྱ་བ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད་དང༌། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་ འཚལ་ལོ། །རྒྱལ་བ་རྣམ་འདྲེན་ཤཱཀྱ་སེང་གེ་དང༌། །བླ་མ་རྡོ་རྗེ་འཛིན་པ་དབྱེར་མེད་སྐུ། །ཐར་ པའི་ལམ་སྟོན་དེ་ལ་གུས་པའི་ཡིད། །རབ་ཏུ་རྒྱས་པས་དངོས་པོ་ཀུན་གྱིས་འདུད། །དཔལ་ ལྡན་བདེ་ཆེན་སྐུ་ནི་ཡེ་ཤེས་ལང་ཚོའི་ཉམས་འགྱུར་བྱེ་བས་འཁྱུད། །ཀུན་རྟོག་སྡེར་བཅས་ དབྱིངས་སུ་ཞི་བས་དྲི་བྲལ་འོད་ཀྱིས་ཕྱོགས་ཆ་འགེངས། །མཐའ་ཡས་ཡོན་ཏན་གསེར་གྱི་ དྲ་བས་མངོན་པར་ཁེབས་འདི་སྲིད་ཞིའི་དཔྱིད། །དཔལ་ལྡན་རྡོ་རྗེ་འཛིན་པ་གང་དེས་མཐའ་ ཡས་འགྲོ་ལ་དགེ་བར་མཛོད། །ཐ་མལ་རྟོག་པའི་ཡིད་ཀྱི་ཆོམ་རྐུན་ནི། །མི་བཟད་སྲིད་པའི་ ལམ་དུ་རྟག་པར་རྒྱུ། །རང་ཡིད་མགྲོན་པོ་རང་གནས་འཚོལ་འདོད་ཀྱང༌། །སྲིད་ཞིའི་ལོངས་ སྤྱོད་འཇོམས་པར་བྱེད་མཐོང་ནས། །གང་ཞིག་སྟོབས་ལྡན་ཡེ་ཤེས་དཔུང་གི་ཚོགས། །སྣང་ སྟོང་ལྷ་སྐུའི་གོ་ཆ་ཆུ་ཁུར་འཕྲེང༌། །རབ་འབྱམས་འཕྲིན་ལས་མཚོན་ཆར་དཀྲིགས་པ་དེས། ། རབ་བསྲུང་བདེ་བའི་གནས་སུ་ཕྱིན་བྱེད་འགྱུར། །བར་ཆད་ས་རྡུལ་མི་བཟད་ཞི་བྱེད་ཅིང༌། ། གྲུབ་པའི་ལོ་ཏོག་རྣམ་པར་རྒྱས་འདོད་ལ། །སྒྲུབ་ཐབས་བདུད་རྩིའི་ཆར་ཆེན་འདི་ཕབ་ཀྱི། ། སྐལ་ལྡན་ཞིང་པའི་ཚོགས་ཀུན་དགའ་བར་གྱིས། །དཔལ་ལྡན་རྡོ་རྗེ་འཆང་ཆེན་པོའི་རྒྱུད་ སྡེ་རྣམས་ལས་ཡང་དག་པར་བསྟན་ཅིང་གསུངས་པ་སྒྲུབ་པའི་ཐབས་བདུད་རྩིའི་རྒྱ་མཚོ་ལྟ་ 15-1-8 བུ་དག་ལས་གྲུབ་པའི་སློབ་དཔོན་སོ་སོའི་ཡུལ་དུས་གནས་སྐབས་ཐ་དད་པར་སེམས་ཅན་ སོ་སོའི་བསམ་པ་དང་མཐུན་པར། ལྷའི་རྣལ་འབྱོར་དང་རྗེས་སུ་འབྲེལ་བའི་སྒྲུབ་ཐབས་སྣ་ ཚོགས་པ་མཛད་པ་རྣམས་དེང་འདིར་ཆབས་ཅིག་ཏུ་འགོད་པར་བྱ་སྟེ། ཇི་ལྟར་རྒྱ་མཚོ་ལས་ ཆར་སྤྲིན་གྱི་ཕུང་པོ་དག་བྱུང་ལ། དེ་དག་ལས་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་ཆར་དག་ ཡུལ་སོ་སོར་བབས་སོ། །དེ་དག་ཀྱང་སའི་བྱེ་བྲག་ཐ་དད་པ་དང་འབྲེལ་བས། ཆུ་མིག་དང༌། ལྡེང་ཀ་དང༌། ལུ་མ་དང༌། མཚེའུ་དང༌། མཚོ་རྫིང་སྣ་ཚོགས་པར་གྱུར་ནས། ཡུལ་དང་ཡུལ་ དག་ཏུ་ཆུ་ཕྲན་རྣམ་པ་མང་པོ་དག་འབབས་པ་དེ་དག་ཀྱང་མཐར་གྱི་ཡོངས་སུ་འདུ་བའི་རྒྱ་ མཚོ་ཆེན་པོ་ཟད་མི་ཤེས་པ་རིན་པོ་ཆེ་དུ་མས་གང་བར་འགྱུར་བ་བཞིན་ནོ། །དེང་འདིར་རྡོ་རྗེ་ འཆང་ཆེན་པོ་ནས་བརྩམས་ཏེ། སྐྱེས་བུ་དམ་པ་གཅིག་ནས་གཅིག་ཏུ་ཡོངས་སུ་བརྒྱུད་པ། བླ་ མ་དམ་པའི་བྱིན་རླབས་ཀྱི་བཀའ་མ་ཉམས་པ་རྣམས་བདག་གིས་ཡོངས་སུ་མནོས་པ་ལས། སློབ་མ་རྗེས་བཟུང་གི་བྱ་བ། དབང་བཞིའི་དོན་ཚང་ཡང་དབང་གི་ཆོ་ག་དངོས་མ་ཡིན་ཞིང༌། བྱ་བའི་རིམ་པ་ཡང་ཤིན་ཏུ་ཟོར་ཡང་བ་རྣམས་ལ་བྱིན་རླབས་ཀྱི་ཆོ་ག་ཞེས་རྡོ་རྗེའི་སློབ་ དཔོན་རྣམས་ལ་རབ་ཏུ་གྲགས་ཏེ། དེ་ལྟར་ན། བྱིན་རླབས་དང༌། རྗེས་གནང་དང༌། རིག་ གཏད་དང༌། བཟླས་ལུང་དང་ཁ་ཅིག་ལུང་ཙམ་གྱིས་འགྲུབ་པ་སྟེ། དེ་ཐམས་ཅད་ཀྱང་དང་ པོར་དབང་བསྐུར་བ་རྣམ་པར་དག་པ་ཞིག་ཡང་དག་པར་ཐོབ་པས། སྔགས་ཀྱི་དམ་ཚིག་དང་ ལྡན་པ་དག་རྗེས་སུ་བཟུང་བར་བྱ་བ་ཡིན་གྱི། གཞན་དུ་ན་ཡི་དམ་ལྷའི་སྒྲུབ་ཐབས་རྣམས་ ཀྱང་འབྲས་བུ་མཆོག་དང་བྲལ་བའོ། ཁྱད་པར་འདི་ན་རྣལ་འབྱོར་བླ་མེད་ལས་འབྱུང་བའི་ སྒྲུབ་ཐབས་མཆོག་ཏུ་ཟབ་པ་མང་དུ་ཡོད་པའི་ཕྱིར། འདུས་པ་ལ་སོགས་པའི་གང་ཡང་རུང་ བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནོད་པ་ལ་འདི་དག་སྦྱིན་པར་བྱའོ། །སློབ་དཔོན་ཡང་ འདི་དག་ཐོབ་པ་ཙམ་གྱིས་ཆོག་པ་མ་ཡིན་ཏེ། རབ་ཏུ་ན་དཀྱིལ་འཁོར་གྱི་བདག་པོ། འདིར་ 15-1-9 བཤད་ཀྱི་ལྷ་རིགས་གཙོ་བོ་གཙོ་མོ་རྣམས་ཀྱི་བསྙེན་པ་སོང་བ་ཞིག་དགོས་ཤིང༌། མིན་ནའང་ དམ་ཚིག་ཅན་ཐེག་པ་བླ་ན་མེད་པར་དཀྱིལ་འཁོར་ཆེན་པོ་གཅིག་གི་བསྙེན་པ་མཐར་ཕྱིན་ པ། འདིའི་རྗེས་གནང་གི་བྱ་བ་ཐམས་ཅད་ཤེས་པ། དཀྱིལ་འཁོར་ཆེན་པོ་གཅིག་གི་ལས་ ལ་མཁས་པ་ཞིག་ངེས་པར་དགོས་སོ། །དེ་ལ་སྒྲུབ་པའི་ཐབས་གྲགས་ཆེ་བ་རྣམས་ཉེ་བར་ མཁོ་བའི་དོན་དང༌། ཤིན་ཏུ་དཀོན་པ་ཁ་ཅིག་ནི་བརྒྱུད་པ་མི་འཆད་པར་བྱ་བའི་ཕྱིར་དང༌། གཞན་ཡང་བདག་གིས་ཐོབ་པ་རྣམས་ཆེ་ལོང་དུ་བསྡུས་པ་ནི། འདི་ལྟར་ཐོག་མ་ཁོ་ནར་སྒྲོལ་ དཀར་ཡིད་བཞིན་འཁོར་ལོ་དང༌། འཕགས་མ་དབྱངས་ཅན་མ་དཀར་མོ་དང༌། འཕགས་མ་ སྒྲོལ་མ་ལྗང་ཁུ་ལས་གཉན་སྒྲོལ་དུ་གྲགས་པ་དང༌། རྗེ་བཙུན་མ་རིག་བྱེད་མ། ཁྲོ་བོ་འདོད་ པའི་རྒྱལ་པོ། ཚོགས་བདག་དམར་ཆེན། རྡོ་རྗེ་སེམས་དཔའ་སེར་པོ། ༧ བདུན་པོ་དེ་དག་ ཅུང་ཟད་ཚིག་སྣ་རིང་བར་བྱས་ཏེ། བཀྲ་ཤིས་པའི་དོན་དུ། ཐོག་མར་བློ་ཡུལ་དུ་འཇེབས་ པའི་ཕྱིར་བརྗོད་དོ། །དེ་ནས་དེ་བཞིན་གཤེགས་པ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་གྱི་སྒྲུབ་ ཐབས་ལ། སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་གི་ཆིངས་ཤེས་པའི་དོན་དུ་བརྒྱ་རྩའི་ནང་གི་ ཐུབ་པ་རྡོ་རྗེ་གདན་གྱི་སྒྲུབ་ཐབས་དང༌། སྒྲུབ་ཐབས་རྒྱ་མཚོའི་ཆིངས་ཤེས་པའི་དོན་དུ། དེའི་ ནང་གི་དམ་ཚིག་གསུམ་བཀོད་ལྷ་ལྔའི་སྒྲུབ་ཐབས་དང༌། ཟུར་བཀའ་ལ་ཐུབ་ཆེན་གནས་ བརྟན་བཅུ་དྲུག་གིས་བསྐོར་བ་དང༌། བཀའ་གདམས་ལྷ་བཞིའི་ནང་གི་ཐུབ་པ་ཆེན་པོ་དང༌། བཅོམ་ལྡན་འདས་སྨན་བླ་དང༌། སངས་རྒྱས་ཀླུ་དབང་རྒྱལ་པོ་སྟེ། ༡༣ སྐབས་འདིར་དྲུག་ གོ །རྣལ་འབྱོར་བླ་མེད་ལས་འབྱུང་བ་དཀྱིལ་འཁོར་གྱི་གཙོ་བོའི་སྒྲུབ་ཐབས་ལས། གསང་ བ་འདུས་པ་འཇམ་པའི་རྡོ་རྗེ་གཙོ་རྐྱང༌། མི་བསྐྱོད་རྡོ་རྗེ་ལྷན་སྐྱེས་མཧཱ་མཱ་ཡ། ༡༦ འཁོར་ལོ་ བདེ་མཆོག་ལྷན་སྐྱེས། གོ་ཆའི་དཔའ་བོ་དྲུག་གོ་ཆའི་དཔལ་མོ་དྲུག བདེ་མཆོག་དཀར་པོ་ བྱང་ཆུབ་སྒྲུབ་ལམ། བདེ་མཆོག་དཀར་པོའི་ཚེ་སྒྲུབ། མི་ཏྲ་ཛོ་གིའི་ལུགས་ཀྱི་བདེ་མཆོག་ 15-1-10 སྤྱན་རས་གཟིགས། ཀྱཻ་རྡོར་ལྷན་སྐྱེས། དུས་འཁོར་ལྷན་སྐྱེས། ཁྲོ་རྒྱལ་རྡོ་རྗེ་ཤུགས། གཤེད་ དམར་ལྷན་སྐྱེས། རྡོ་རྗེ་འཇིགས་བྱེད་བསྡུས་པ་སྟེ། [༢༨] འདིར་བཅུ་བཞིའོ།། །། དེ་ནས་རྡོ་རྗེ་རྣལ་འབྱོར་མའི་ཕྱོགས་ལ། ནཱ་རོ་མཁའ་སྤྱོད། ཞལ་གཉིས་མ་དཔྱལ་ ལུགས། མཻ་ཏྲི་མཁའ་སྤྱོད། ཨིནྡྲ་མཁའ་སྤྱོད། ཕག་མོ་དོན་གྲུབ་མ། ཕག་མོ་དབུ་བཅད་མ། ཕག་མོ་གནམ་ཞབས་མ། ཕག་མོ་ཀུརྨ་པ་དཱི། ཕག་མོ་བྲམ་ཟེ་དཔལ་འཛིན་ལུགས། གོ་ཟློག་ ལྷན་ཅིག་སྐྱེས་མ། ཕག་མོ་ཁྲོས་ནག་ལྷ་དགུ། ཕག་དཀར་ཤེས་རབ་གསལ་བྱེད་དེ། སྐབས་ འདིར་བཅུ་གཉིས་སོ། ། ༈ དེ་ནས་སྤྱན་རས་གཟིགས་ཀྱི་སྐོར་ལ། འཕགས་པ་ཡི་གེ་དྲུག་པ་ཇོ་བོ་ལུགས་རྒྱས་ པ། བཀའ་གདམས་ལྷ་བཞིའི་ནང་གི་སྤྱན་རས་གཟིགས། བཅུ་གཅིག་ཞལ་དཔལ་མོ་ ལུགས། དོན་ཞགས་ལྷ་ལྔ་བ་རི་ལུགས། དོན་ཞགས་ཁ་ཆེ་པཎ་ཆེན་ལུགས། ཁ་སར་པ་ཎ་ལྷ་ ལྔ། ཡིད་བཞིན་ནོར་བུ་ལྷ་ལྔ། སེམས་ཉིད་ངལ་གསོ། གསང་སྒྲུབ་མི་ཏྲ་ཛོ་གིའི་ལུགས། སྤྱན་ རས་གཟིགས་ནམ་མཁའ་རྒྱལ་པོ། འཕགས་པ་ཡིད་བཞིན་ནོར་བུ་འཁོར་ལོས་བསྒྱུར་བ། བཅུ་གཅིག་ཞལ་འཇིགས་པ་བརྒྱད་སྐྱོབ། སྤྱན་རས་གཟིགས་རྡོ་རྗེ་སྙིང་པོ། འཕགས་པ་སེང་ གེ་སྒྲ། འཕགས་པ་རྒྱལ་བ་རྒྱ་མཚོ་སྟེ། སྐབས་འདིར་བཅོ་ལྔའོ། ། ༈ སྒྲོལ་མའི་སྐོར་ལ། བཀའ་གདམས་ལྷ་བཞིའི་ནང་གི་སྒྲོལ་མ། ཁ་ཆེ་པཎ་ཆེན་ལུགས་ ཀྱི་སྒྲོལ་ལྗང་དང༌། སྒྲོལ་དཀར། སྒྲོལ་མ་ཉིན་ཞི་མཚན་ཁྲོ། ཨུ་རྒྱན་སྒྲོལ་མ། སྒྲོལ་མ་ཡིད་ བཞིན་ནོར་བུ། སྒྲོལ་མ་དམར་མོ་ས་ལུགས། སྒྲོལ་མ་ནོར་སྦྱིན་མ། སྒྲོལ་སེར་གཙོ་འཁོར་ གསུམ་པ། རྨི་ལམ་སྒྲོལ་མ། སྒྲོལ་མ་ལྷ་ལྔ། ཕྱག་བརྒྱད་སྒྲོལ་མ། ཀ་པ་ལི་ཏཱ་ར། ཙནྡ་ཏཱ་ར་ སྟེ། སྐབས་འདིར་བཅུ་བཞིའོ། ། ༈ ཕྱག་རྡོར་གྱི་སྐོར་ལ་འཕགས་པ་ཨུ་ཙཪྻ། གོས་སྔོན་ཅན་ཇོ་བོ་ལུགས། གོས་སྔོན་ 15-1-11 ཅན་བ་རི་ལུགས། རས་ཆུང་ལུགས་ཀྱི་གཏུམ་ཆེན་བསྲུང་བའི་མཁར་དང༌། གཏུང་ཆུང་ཁྲ་ ཐོགས། གཏུམ་པོ་དམར་པོ། གོས་སྔོན་ཅན་འགྲོ་བཟང་ལུགས། གསང་བདག་ཁང་བརྩེགས་ མ། དཔལ་ཆེན་འབྱུང་པོ་འདུལ་བྱེད་དེ། སྐབས་འདིར་དགུའོ། ། ༈ རྟ་མགྲིན་གྱི་སྐོར་ལ། རྟ་མགྲིན་དཔའ་གཅིག་ལྷན་སྐྱེས་སུ་གྲགས་པ་དང༌། རྟ་མགྲིན་ ཁྱུང་གཤོག་ཅན་དང༌། རྟ་མགྲིན་ཤྭ་ན་བཞི་སྐོར་ཏེ། ཇོ་བོ་ལུགས་གསུམ་དང༌། རྟ་མགྲིན་ཁ་ ཆེ་པཎ་ཆེན་ལུགས། སྐྱེར་སྒང་ལུགས། ལྕགས་རལ་ཅན་ཏེ། སྐབས་འདིར་དྲུག་གོ ། ༈ མི་གཡོ་བའི་རིགས་ལ། མི་གཡོ་སྔོན་པོ་པུས་བཙུགས་མ། སྔོན་པོ་ཇོ་ལུགས་འདི་ བཀའ་གདམས་ལྷ་བཞིར་བགྲོང་རྒྱུ་ཡིན། མི་གཡོ་དཀར་པོ། མི་གཡོ་ཕྱག་བཞི་པ། མི་གཡོ་ ཞབས་བཞི་པ། མི་གཡོ་སྤྲེའུ་བརྒྱད་མ་སྟེ། སྐབས་འདིར་དྲུག་གོ ། ༈ ཚེ་སྒྲུབ་ཀྱི་རིགས་ལ། ཚེ་དཔག་མེད་སྤྲུལ་སྐུ། ཚེ་དཔག་མེད་བ་རི་ལུགས། ཚེ་དཔག་ མེད་དཀར་པོ་མི་ཏྲ་ལུགས། དཀར་པོ་ཕྱག་བཞི་པ། གཙུག་གཏོར་རྣམ་རྒྱལ་ལྷ་དགུ། འཆི་ མེད་རྡོ་རྗེ་ལྷ་མོ་སྟེ། སྐབས་འདིར་དྲུག་གོ ། ༈ ཤེས་རབ་ཀྱི་ལྷའི་རིགས་ལ། འཇམ་དཀར་ཁ་ཆེ་པཎ་ཆེན་ལུགས། ཨ་ར་པ་ཙ་ན་ དམར་སེར། གང་བློ་མའི་བསྟོད་སྒྲུབ། འཇམ་དཔལ་སྨྲ་སེང༌། འཇམ་དཀར་ཤེས་རབ་འཁོར་ ལོ་སྟེ། འཇམ་དབྱངས་ཀྱི་རིགས་ལྔ་དང༌། བྱམས་པའི་སྒྲུབ་ཐབས་ནི་རི་ཏི་བའི་ལུགས། ཤེར་ ཕྱིན་སེར་མོ། ཤེར་ཕྱིན་དཀར་མོ། དབྱངས་ཅན་མ་དཀར་མོ་ཕྱག་བཞི་མ། དབྱངས་ཅན་མ་ དམར་མོ་སྟེ། སྐབས་འདིར་བཅུའོ། ། ༈ རྡོ་རྗེ་གདན་པ་ལྷ་དྲུག་ཏུ་གྲགས་པ་ལས། མི་གཡོ་བ་གོང་དུ་སོང༌། འོད་ཟེར་ཅན་ མ། ཐུབ་པ་མི་རུ་ཤི་ཥ་དང༌། སྤྱན་རས་གཟིགས་ཡི་གེ་ཕྱེད་དང་བཞི་པ། སངས་རྒྱས་སྤྱན་མ། དམ་ཚིག་གསུམ་བཀོད་གཙོ་རྐྱང་སྟེ། འདིར་ལྔའོ། 15-1-12 ༈ དབང་བསྡུད་ཀྱི་ལྷའི་རིགས་ལ། ཀུ་རུ་ཀུལླེ་གསང་སྒྲུབ། དམར་ཆུང་སྐོར་གསུམ་ དུ་གྲགས་པའི་དཔལ་མོ་གསེར་གྱི་སྙིང་ཐིག་ཅན། ནོར་རྒྱུན་མ་དམར་མོ། ལྷ་མོ་ཏེ་ནུ་རྣམས་ དང༌། མཁའ་འགྲོ་མ་ཐོད་རྒྱན། མཁའ་འགྲོ་མ་གསང་བ་ཡེ་ཤེས་ཏེ། སྐབས་འདིར་དྲུག་གོ ། ༈ དེ་ནས་སྣ་ཚོགས་པའི་སྡེ་ལ། རྣམ་འཇོམས་ལྗང་ཁུ། རྣམ་འཇོམས་དཀར་པོ། གསང་ འདུས་ལས་འབྱུང་བའི་ཁྲོ་བོ་བགེགས་མཐར་བྱེད། སྣ་ཚོགས་ཡུམ་དཀར་མོ། སོ་སོར་འབྲང་ མ། གཙུག་ཏོར་གདུགས་དཀར། རི་ཁྲོད་མ་ལོ་མ་གྱོན་མ་སེར་མོ། རི་ཁྲོད་མ་རིགས་བཞི་ལ་ ལེ་ཚན་གཅིག གཟའ་ཡུམ། རྨེ་བརྩེགས་དུད་ཁ། རྨེ་བརྩེགས་ལྗང་ཁུ། ཁྲོ་མོ་རྨེ་བརྩེགས། ཁྲོ་བོ་རེག་ཚིག བདེ་མཆོག་བྱ་ཁྱུང༌། དུས་འཁོར་ཁྱུང་ཁྲ་རྒྱུད་ལུགས་དང༌། མན་ངག་ལུགས། ཁྱུང་སེར། འཇམ་དབྱངས་ནག་པོ། ལྷ་མོ་ཤྲ་མ་ཎ། མཁའ་འགྲོ་སེང་གདོང་མ་སྔོན་མོ་དང༌། དམར་མོ། འཇམ་དཔལ་ན་ག་རཀྵ་སྟེ། ཉི་ཤུ་རྩ་གཉིས་སོ། ། ༈ དེ་ནས་རྒྱ་གར་གྱི་སློབ་དཔོན་པུརྞ་བཛྲ་ལས་མནོས་པའི་སྒྲུབ་ཐབས་འདི་རྣམས་ ལ། རྒྱུད་སྡེ་གོང་འོག་དང་ལྷ་རིགས་མི་འདྲ་བ་སྣ་ཚོགས་ཡོད་ནའང༌། ལག་ལེན་མཐུན་ཅིང་ བརྒྱུད་པ་གཅིག་པའི་ཕྱིར་ཕྱོགས་གཅིག་ཏུ་བརྗོད་ན། སངས་རྒྱས་དཔའ་བོ་བདུན་གྱི་སྒྲུབ་ ཐབས། འོད་དཔག་མེད། བྱམས་པ། ཀུན་ཏུ་བཟང་པོ། ནམ་མཁའི་སྙིང་པོ། སའི་སྙིང་པོ། སྒྲིབ་པ་རྣམ་སེལ། འཕགས་པ་སྤྱན་རས་གཟིགས་ཀྱི་རིགས་ལ། འཇིགས་པ་བརྒྱད་སྐྱོབ། སྣ་ཚོགས་དབང་པོ། པད་མའི་ཕྱག སུ་ཁ་ཝ་ཏི། དོན་ཡོད་ལྕགས་ཀྱུ། དོན་ཡོད་མཆོད་པའི་ ནོར་བུ་རྣམས་དང༌། གསང་བའི་བདག་པོ་ལྷན་སྐྱེས། ལྷ་མོ་མཱ་མ་ཀཱི། ལྷ་མོ་གོས་དཀར་མོ། གཙུག་གཏོར་རྣམ་རྒྱལ་ཕྱག་གཉིས་མ། ལྷ་མོ་ཙུནྡ་ཕྱག་མང༌། ཁྲོ་བོ་གཞན་གྱིས་མི་ཐུབ་པ། རྟ་མགྲིན་དཀར་པོ། མི་གཡོ་བ་དམར་པོ། འོད་ཟེར་ཅན་མ་རྟ་ལྗང་ཅན། རྒྱལ་མཚན་རྩེ་མོའི་ དཔུང་རྒྱན། ལྷ་མོ་རོ་ལངས་མ། གནོད་སྦྱིན་མོ་འཕྲོག་མ། ཚོགས་བདག་སེར་པོ་སྟེ། ཉི་ཤུ་རྩ་ 15-1-13 དྲུག་གོ ། ༈ དེ་ནས་ཉི་མ་སྦས་པའི་ལུགས་སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་སྔར་སྦྱར་བ་འདིར་ གཞུག་པར་བྱའོ། ། ༈ དེ་ནས་ནོར་ལྷའི་རིགས་ལ། རྣམ་ཐོས་སྲས་སེར་ཆེན། མདུང་དམར་ཅན་རྟ་སྔོན་མ། ལྗང་སེར་བེ་ཅོན་ཅན་མ། དམར་པོ་གར་མཁན་མཆོག གསུང་མཆོག་ལུས་ངག་གཡོ། དྲག་ བྱེད་ནག་པོ་རྟ་སྔོན་ཅན། དཀར་པོ་ཚེ་འཛིན་ཏེ། རྣམ་སྲས་རིགས་ཆེན་བརྒྱད་དུ་གྲགས་པ་ དང༌། རྣམ་སྲས་ལྗང་ཁུ་ཛྙཱ་ན་ལུགས། ཡང་གསང་ཕྱག་མཚན་བཞི་པ་སྟེ་བཅུ་དང༌། ཛཾ་བྷ་ལ་ སེར་པོ་གཙོ་རྐྱང༌། གསང་འདུས་ལས་འབྱུང་བའི་ཛཾ་སེར། དཔའ་བོ་ཆིག་གྲུབ་ལས་འབྱུང་ བའི་ལྷ་མང༌། ཛཾ་བྷ་ལ་ནག་པོ་ཁ་ཆེ་པཎ་ཆེན་ལུགས། ཛཾ་ལ་དཀར་པོ་ལྷ་ལྔ། ཛཾ་ལ་དམར་པོ་ སྲོག་སྒྲུབ། དམར་པོ་གྲྭ་པ་མངོན་ཤེས་ཀྱི་ལུགས། ཛཾ་ལ་ལྗང་ཁུ་དུས་འཁོར་ལུགས་ཏེ་བརྒྱད་ དང༌། གནོད་སྦྱིན་ནོར་བུ་བཟང་པོ། སྲས་གར་མཁན་མཆོག སྲས་རྒྱལ་བ་ཁྱུ་མཆོག ལྷ་མོ་ དཔལ་ཆེན་མོ། གཟུངས་ལས་འབྱུང་བའི་ནོར་རྒྱུན་མ། ནོར་རྒྱུན་མ་ཡ་མཱ་རིའི་ལུགས། ནོར་ རྒྱུན་མ་བ་ལང་རྫི། ཡིད་འཕྲོག་ནོར་རྒྱུན་མ། གནོད་སྦྱིན་ཞ་འོན་རྡོ་རྗེ་བདུད་འདུལ། གནོད་ སྦྱིན་ཨ་པ་ར་ཛི་ཏ། ཚོགས་བདག་ཆགས་པ་རྡོ་རྗེ། ཚོགས་བདག་དཀར་པོ་ཕྱག་བཞི་པ། དམར་པོ་ཕྱག་བཞི་པ། ༡༧༤ ཀླུ་རྒྱལ་སོག་མ་མེད། དབྱུག་གུ་མ་སྤུན་གསུམ། ཁོལ་པོ་ཀུནྡྷ་ ལི་སྟེ་སུམ་ཅུ་སོ་བཞིའོ། ། ༈ བསྟན་སྲུང་མགོན་པོ་ལྕམ་དྲལ་གྱི་རིགས་སྣ་ཚོགས་པའི་སྐོར་ལ། མྱུར་མཛད་ཡེ་ ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ནག་པོ་བར་ཆད་ཀུན་སེལ། མགོན་དཀར་ཡིད་བཞིན་ནོར་བུ། ༢༠༠ མགོན་སེར་ནོར་སྲུང་བློ་འཕེལ། མགོན་དམར་དབང་གི་རྒྱལ་པོ། མགོན་ལྗང་ཚེ་བདག་ སྟེ། སྤྱིར་བྱིན་རླབས་ཀྱི་མགོན་པོ་འདི་ལ་སྒྲུབ་ཐབས་མི་འདྲ་བ་ཁུངས་མ་ཤིན་ཏུ་མང་ཡང་ 15-1-14 འདིར་ལྔ་པོ་དེ་ཙམ་ཞིག་བཀོད་དོ། །དེ་ནས་ཡེ་ཤེས་མགོན་པོ་ཕྱག་བཞི་པ་གྲུབ་ཆེན་ཞི་བ་ སྦས་པའི་ལུགས། ཕྱག་བཞི་པ་ནགས་རིན་ལུགས། ཀུན་ཁྱབ་ཡོངས་གྲགས་རྒ་ལོའི་ལུགས། མགོན་དམར་རྐང་གླིང་མ། ལྷ་མོ་ཙཎྜི་ཀ །ལས་མགོན་བྱ་རོག་གདོང་ཅན་ཏེ། ཕྱག་བཞི་པ་ དང་འབྲེལ་བ་དྲུག གུར་གྱི་མགོན་པོ་ལྕམ་དྲལ། གུར་ལྷ་བརྒྱད་གུར་མགོན་ཕུར་ཞབས་ཁྱུང་ གཤོག་ཅན། གུར་ཡུམ་ཅན་ཀླུ་སྒྲུབ་ལུགས། གུར་རྐྱང་རྔོག་ལུགས་ཏེ་ལྔ་དང༌། ལེགས་ལྡན་ ནག་པོ་མགོན་པོ་སྡེ་ལྔའི་སྐོར་ནི། སྐུའི་རིགས་ལ་མགོན་པོ་སྟག་ཞོན། གསུང་གི་རིགས་ལ་ བེང་བཀའ་མ། གཏེར་མ། ལེགས་ལྡན་མཆེད་གསུམ། ཨཾ་གྷོ་ར། ལྷ་ཆེན་དཔལ་འབར་ཇོ་བོ་ ལུགས། ཐུགས་ཀྱི་རིགས་ལ། གྲི་གུག་དཔའ་གཅིག ལྷོ་ནུབ་མགོན་པོ། མགོན་པོ་བཞི་སྦྲག གྲི་གུག་ཁ་ཆེ་པཎ་ཆེན་ལུགས། གྱི་ལྗང་ལུགས་ཀྱི་མགོན་པོ་ལྷ་བཅུ་བདུན་མ། འདི་གུར་གྱི་ རིགས་སུ་གྲགས་ནའང་གུར་དང་གྲི་གུག་མ་ངོ་བོ་གཅིག་པ་ལ་བསམ་ན་རུང་གི །ངོ་བོ་ནི་གྲི་ གུག་ཉིད་ཡིན་ནོ། །གྲི་གུག་ལྷ་དགུ་ཛྙཱ་ན་ལུགས། བེར་ནག་ཟངས་གྲི་ཅན། གཅེར་བུ་ཟངས་ གྲི་ཅན། ཡོན་ཏན་གྱི་རིགས་ལ། ཚོགས་བདག་མགོན་པོ་སེང་གེའི་གདན་ཅན། འཕྲིན་ལས་ ཀྱི་རིགས་ལ། མགོན་པོ་ཏྲཀྴད་གཉོས་ལུགས། ཏྲཀྴད་སེང་ཞོན་ཇོ་བོ་ལུགས། ཏྲཀྴད་གྲི་གུག་ མ། རྐང་ཐང་མ། མ་ནིང་མ། འབྲོང་ཞལ་ཅན། ཤྭ་ནའི་ཞལ་ཅན་རྣམས་སོ། །སྐུའི་རིགས་དང་ མཐུན་པ་ལ། དཔལ་མགོན་ཞལ་བཞི་པ་བསྙེན་དུས་དེ་དང་ལས་སྒྲུབ་ཀྱི་ཁྱད་པར། ལས་ བཞི་མགོན་པོ་ལ་ལེ་ཚན་གཅི་ག །ཞལ་བཞི་གདོང་བརྙན་ཅན། ཤ་ཟ་ཅེ་སྤྱང་གདོང་རྣམས་ སོ། ། ༈ ལྷ་མོའི་སྐོར་ལ། དཔལ་ལྡན་ལྷ་མོ་དུད་སོལ་མ། དམག་ཟོར་རྒྱལ་མོ། རང་བྱུང་རྒྱལ་ མོ། ལྷ་མོ་དུང་སྐྱོང་མ། བདུད་མོ་རེ་མ་ཏཱི། ཀླུ་མོ་ཕྱག་བཞི་མ། གནོད་སྦྱིན་རེ་མ་ཏཱི། རྡོ་རྗེ་ གཤོག་རྒོད་མ། ལྷ་མོ་ཨེ་ཀ་ཛ་ཊཱི། ལྷ་མོ་ནམ་མཁའི་གོས་ཅན་རྣམས་སོ། །ཆོས་རྒྱལ་ལས་ཀྱི་ 15-1-15 གཤིན་རྗེ། དམར་མོ་མ་རུ་རྩེ་བཞི་སྐོར། དམར་པོ་ཁྲག་མདོག་སྟེ་གསུམ། དུར་ཁྲོད་བདག་ པོ་ལྕམ་དྲལ། པུ་ཏྲ་མིང་སྲིང་བྲན་བདུད། དཀར་མོ་ཉི་ཟླ་ལྕམ་དྲལ་ཏེ། སྐབས་འདིར་དྲུག་ཅུ་ རེ་གཅིག་གོ ། ༈ དེ་ལྟར་དེ་རྣམས་ཀྱི་མཐར་བཀྲ་ཤིས་ཤིང་དགེ་མཚན་དང་ལྡན་པའི་དོན་དུ་ཆོས་སྐྱོང་ བ་པོའི་སྒྲུབ་ཐབས་གསུམ་དགོད་པ་ནི། རྒྱལ་ཆེན་སྡེ་བཞི། མཁའ་འགྲོ་སྡེ་ལྔ། བཀྲ་ཤིས་ཚེ་ རིང་མ་མཆེད་ལྔ་རྣམས་སོ། ༢༠༢ །དེ་དག་ལས་སྒྲོལ་དཀར་དང༌། དབྱངས་ཅན་མ་དཀར་མོ་ དང༌། ཐུབ་པ་རྡོ་རྗེ་གདན་དང༌། དམ་ཚིག་གསུམ་བཀོད་དང༌། ཕྱག་རྡོར་ཨུ་ཙ་དང༌། འཇམ་ དཀར་དང༌། ནཱ་རོ་མཁའ་སྤྱོད་དང༌། ཕག་མོ་དཔྱལ་ལུགས་དང༌། གུར་མགོན། ཕྱག་བཞི་པ། ཕྱག་དྲུག་པ་རྣམས་ཀྱི་རྩ་བའི་སྒྲུབ་ཐབས་རེ་རེ་ཙམ་རེ་ཐོག་མར་བྱང་པོར་བཟུང་བར་བྱའོ། ། དེ་ལྟར་ལེ་ཚན་ཉིས་བརྒྱ་དྲུག་ཅུ་རེ་གཉིས་པོ་རྣམས་ལས་སྒྲོལ་དཀར་ལ་ནང་ཚན་སྒྲུབ་ ཐབས་བཞིར་དབྱེ་བ་དང༌། དེ་བཞིན་དུ་ཕག་དཀར་ལ་གཉིས། དོན་ཞགས་ལ་གཉིས། རི་ ཁྲོད་མ་རིགས་བཞི་ལ་བཞི། རྣམ་འཇོམས་ཀྱི་སྒྲུབ་ཐབས་སྔ་མ་ལ་གཉིས། ཕྱག་རྡོར་འབྱུང་ འདུལ་ལ་གཉིས། མགོན་པོ་ཕྱག་བཞི་པ་རྒ་ལོ་ལུགས་ལ་གསུམ། མགོན་པོ་ཞལ་བཞི་པ་ལ་ སྒྲུབ་དུས་ལས་སྦྱོར་གཉིས་སོ་སོར་ཕྱེ། ལས་བཞི་མགོན་པོ་ལ་སོ་སོར་ཕྱེ་བས་བཞི་སྟེ། དེ་ རྣམས་སྒྲུབ་ཐབས་ཀྱང་མི་འདྲ་ཞིང༌། སློབ་མ་རྗེས་འཛིན་གྱི་བྱ་བ་ཡང་སོ་སོར་དགོས་པས། སྒྲུབ་ཐབས་སོ་སོ་རེ་རེ་བར་བྱེད་དགོས་ཤིང༌། དེ་བཞིན་དུ་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་ མའི་སྒྲུབ་ཐབས་ཀྱི་ལེ་ཚན་ལ། སྤྱིའི་སྒྲུབ་ཐབས་སུ་གྲགས་པ་རྩ་བའི་སྒྲོལ་མ་དང༌། ལས་ ཚོགས་ཀྱི་སྒྲོལ་མ་ཉེར་གཅིག སྒྲུབ་ཐབས་དང༌། བསྟོད་པ་རྣམ་དག་གཙུག་ནོར་མ་ལ་མི་ འདྲ་བའི་ཁྱད་པར་གྱི་སྒྲོལ་མ་ཉེར་གཅིག་གི་དགུ་པ་བསྟོད་པ་ལས་སེང་ལྡེང་ནགས་སྒྲོལ་ དུ་བཤད། དེ་དང་ཕྱོགས་མཐུན་སེང་ལྡེང་ནགས་སྒྲོལ་གཙོ་འཁོར་གསུམ་པ་འཕྲོས་དོན་དུ་ 15-1-16 བཤད་པས། རྗེས་གནང་ཉེར་གསུམ་མམ། ཉེར་བཞི་འབྱུང༌། དེ་རྣམས་ཀྱི་ནང་ནས་རེ་རེ་ ཉིས་བརྒྱ་དྲུག་ཅུ་རེ་གཉིས་དཀྱུས་ཀྱི་གྲངས་ལ་བཅུག ལྷ་པོར་སྒྲོལ་དཀར་གསུམ། ཕག་ དཀར་གཅིག དོན་ཞགས་གཅིག འབྱུང་འདུལ་གཅིག རྣམ་འཇོམས་གཅིག རི་ཁྲོད་མ་ གསུམ། མགོན་པོ་ཕྱག་བཞི་པ་ལ་གཉིས། ཞལ་བཞི་པ་ལ་བཞི་སྟེ་བཅུ་དྲུག་དང༌། ཉི་མ་སྦས་ པའི་ལུགས་ཀྱི་སྒྲོལ་མ་ལ་ཉི་ཤུ་རྩ་གསུམ་སྟེ་བསྡོམས་པས་སུམ་ཅུ་སོ་དགུ་ཡིན་ལ། དེ་དང་ སྔར་གྱི་ཉིས་བརྒྱ་དྲུག་ཅུ་རེ་གཉིས་བསྡོམས་པས་གཅིག་གིས་ལྷག་པའི་སུམ་བརྒྱའོ། ། ༈ དེ་རྣམས་ལས། རྒྱ་གར་གྱི་སློབ་དཔོན་ལས་དངོས་སུ་ཐོབ་པའི་སྒྲུབ་ཐབས་ཉི་ཤུ་རྩ་ བརྒྱད་ཡོད་པ་ལ། མཧཱ་མཱ་ཡ་དང༌། ནག་པོ་ཆེན་པོ་གྲུབ་ཆེན་ཞི་བའི་ལུགས། ཕྱག་རྡོར་དང་མཱ་ མ་ཀཱི་འགྲོ་ལྡིང་བའི་ལུགས། ལྷག་མ་ཉེར་བཞི་ཤཱཀྱ་རཀྵི་ཏ་ནས་བརྒྱུད་པ་ཡིན་ནོ། །གཞན་ ཡང་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་གཉན་ལུགས་དང་བ་རི་ལུགས། གཉན་སྒྲོལ། དམར་ པོ་སྐོར་གསུམ། ཐུབ་པ་རྡོ་རྗེ་གདན། བདེ་ཀྱེ་ལྷན་སྐྱེས། གོ་ཆ་གཉིས། སེང་གེ་སྒྲ། སྒྲོལ་མ་ ཉིན་ཞི་མཚན་ཁྲོ། སྒྲོལ་མ་དམར་མོ། ཕྱག་རྡོར་བ་རི་ལུགས། འབྱུང་འདུལ་རིང་བརྒྱུད། མི་ གཡོ་སྔོན་པོ་སོགས་རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག མི་གཡོ་ཕྱག་བཞི། མི་གཡོ་ཞབས་ བཞི། ཚེ་དཔག་མེད་བ་རི་ལུགས། རྣམ་རྒྱལ་རྡོ་རྗེ་ལྷ་མོ། ཨ་ར་པ་ཙ་ན་སེར་པོ། ཤེར་ཕྱིན་ དཀར་མོ། ཀུ་རུ་ཀུལླེ་གསང་སྒྲུབ། དམར་མོ་སྐོར་གསུམ། དམར་ཆུང་སྐོར་གསུམ། རྣམ་ འཇོམས་ལྗང་ཁུ། བགེགས་མཐར་བྱེད། སོ་སོར་འབྲང་མ། གདུགས་དཀར། རི་ཁྲོད་མ་ རིགས་ལྔ། གཟའ་ཡུམ། རྨེ་བརྩེགས་དུད་ཁ། ཁྱུང་ཁྲ་མན་ངག་ལུགས། འཇམ་ནག སེང་ གདོང་མ་གཉིས། ཛཾ་དམར་སྲོག་སྒྲུབ། མགོན་པོ་གུར་རིགས་གསུམ། ཟངས་གྲི་རིགས་ གཉིས། དུར་ཁྲོད་བདག་པོ། པུ་ཏྲ། བྲན་བདུད། དཀར་བདུད་ལྕམ་དྲལ་ཏེ། ཟུར་བཀའ་དེ་ རྣམས། དཔལ་ལྡན་ས་སྐྱ་པ་ཡབ་སྲས་ཀྱི་ཆོས་སོ། །དོན་ཞགས་སེར་པོ་དང༌། ཡིད་བཞིན་ 15-1-17 ནོར་བུ་ལྷ་ལྔ་ཡང་རེ་ཞིག་བརྒྱུད་པ་འདི་ཕྱོགས་སུ་འདེད་མོད་ཀྱི། དེ་གཉིས་ལ་རྗེ་བཙུན་གོང་ མ་ལྔའི་ཡིག་རིགས་དང་མན་ངག་མེད་ཅིང༌། ཕྱི་མ་ནི་ཇོ་བོ་རྗེ་ནས་ངེས་པར་བརྒྱུད་དགོས་ པས། བ་རི་ལོཙྪ་བ་མན་ཆད་བརྒྱུད་པ་འདི་ལ་ཕྱོགས་གཅིག་ཏུ་བཞུགས་ཀྱང༌། ཇོ་བོའི་ གདམས་པ་ཡིན་ནོ། །སྒྲོལ་དཀར་ཇོ་བོ་ལུགས། རྡོ་རྗེ་སེམས་དཔའ། ཐུབ་པ་གནས་བཅུ། བཀའ་གདམས་ལྷ་བཞི། སྨན་བླ། ཀླུ་དབང་རྒྱལ་པོ་སྤྱན་རས་གཟིགས་ཡི་གེ་དྲུག་པ། ཡིད་ བཞིན་ནོར་བུ་ལྷ་ལྔ། ཡིད་བཞིན་འཁོར་ལོ། འཇིགས་པ་བརྒྱད་སྐྱོབ། སྒྲོལ་མ་ལྷ་ལྔ། ཕྱག་ བརྒྱད་སྒྲོལ་མ། གཟུངས་ལས་འབྱུང་བའི་ཕྱག་རྡོར། རྟ་མགྲིན་རིགས་གསུམ། རྨེ་བརྩེགས་ ལྗང་ཁུ། ཁྱུང་སེར། ཤྲ་མ་ཎ། ཛཾ་སེར་ལྷ་མང༌། ཛཾ་ལ་དཀར་པོ། ཨ་པ་ར་ཛི་ཏ། ཚོགས་བདག་ དཀར་པོ་རིགས་གཉིས། སྔགས་བདག་སོག་མ་མེད། དབྱུག་གུ་མ། ཀུནྡ་ལི། རྩིས་མགོན། གྲི་གུག་ལྷན་སྐྱེས། ལྷོ་ནུབ་པ། བཞི་སྦྲག ཚོགས་བདག་མགོན་པོ། དྲཀྴད་སེང་ཞོན། ལྷ་ མོ་ནམ་མཁའི་གོས་ཅན་མ་རྣམས་ཕལ་ཆེར་ཇོ་བོ་རྗེ་ལས་བརྒྱུད་པ་དང༌། བཀའ་གདམས་ ལུགས་སོ། །བདེ་མཆོག་དཀར་པོ་གཉིས། གོ་ཟློག་ལྷན་ཅིག་སྐྱེས་མ། དོན་ཡོད་ཞགས་པ། སྒྲོལ་ལྗང༌། སྒྲོལ་དཀར། སྒྲོལ་མ་ནོར་སྦྱིན། སྒྲོལ་སེར་གཙོ་འཁོར་གསུམ་མ། རྨི་ལམ་སྒྲོལ་ མ། རྟ་མགྲིན་རིགས་གཅིག མི་གཡོ་བ་དཀར་པོ། འཇམ་དཀར་རིགས་གཉིས། བྱམས་པ་ནི་ རི་ཏི་པའི་ལུགས། ཛཾ་ནག མགོན་པོ་གྲི་གུག་རིགས་གཅིག་སྟེ། པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་ པ་བཅུ་དྲུག་ཡོད་པ་རྣམས་ཤས་ཆེ་བ་ཞིག་ཁྲོ་ཕུ་བ་དང་འབྲེལ། གསང་འདུས་མི་བསྐྱོད་པ། བདེ་མཆོག་སྤྱན་རས་གཟིགས། དུས་འཁོར་ལྷན་སྐྱེས། ཕག་མོ་ཁྲོ་མོ། སྤྱན་རས་གཟིགས་ གསང་སྒྲུབ། སེམས་ཉིད་ངལ་གསོ། སྤྱན་རས་གཟིགས་རྡོ་རྗེ་སྙིང་པོ། ཤེར་ཕྱིན་སེར་མོ། དབྱངས་ཅན་དཀར་མོ་ཕྱག་བཞི་མ། རྣམ་སྲས་སེར་ཆེན་གྱི་བརྒྱུད་པའི་ལུགས་གཅིག །ནོར་ རྒྱུན་མ་རིགས་གསུམ། གར་མཁན་མཆོག རྒྱལ་བ་ཁྱུ་མཆོག ལྷ་མོ་དཔལ་ཆེན་མོ་རྣམས་ཀྱང་ 15-1-18 ཁྲོ་ཕུ་བའི་གདམས་པའོ། །གཞན་ཡང་ཕག་དཀར། སྒྲོལ་མ་ཡིད་བཞིན་ནོར་བུ། ཛཾ་སེར་ ཕྱག་གཉིས་གཙོ་རྐྱང༌། གཟུངས་ལས་བྱུང་བའི་ནོར་རྒྱུན་མ་རྣམས་རཏྣ་རཀྵི་ཏའི་མན་ངག་ དང༌། རྡོ་རྗེ་ཤུགས། སྣ་ཚོགས་ཡུམ་དཀར་མོ། ཁྱུང་ཁྲ་རྒྱུད་ལུགས། ཛཾ་བྷ་ལ་ལྗང་ཁུ་རྣམས་ དུས་འཁོར་ལས་འབྱུང་ཞིང༌། ཇོ་ནང་པའི་མན་ངག་གཙོ་བོར་གྱུར་པ་དང༌། སྒྲོལ་དཀར་ དང༌། ཕག་དཀར་དང༌། ཁ་སརྤ་ཎ། མགོན་པོ་ཕྱག་བཞི་པ་དང༌། གུར་རྣམས་ཀྱི་རིགས་རེ་ རེ་ནགས་རིན་ནས་བརྒྱུད་པ་སོགས་སྒྲུབ་ཐབས་ལྷག་མ་རྣམས་བརྒྱུད་པའི་བཀའ་བབས་སྣ་ ཚོགས་ལས་འབྱུང་བའི་ཚུལ་ནི་འཆད་འགྱུར་བརྒྱུད་ཡིག་ལ་བརྟགས་པས་ཤེས་པར་འགྱུར་ རོ། །ཕྱིས་གང་ལས་བཀའ་བབས་པ་ནི། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཇོ་བོ་ལུགས། བ་ རི་ལུགས། ནགས་རིན་ལུགས་ཏེ་གསུམ་དང༌། དབྱངས་ཅན་དཀར་མོ་དང་དམར་མོ། དམར་ པོ་སྐོར་གསུམ། མཁའ་སྤྱོད་མ་སྐོར་གསུམ། རྡོ་རྗེ་གདན། དམ་ཚིག་གསུམ་བཀོད། ཀླུ་ དབང་རྒྱལ་པོ། ཡིད་བཞིན་ནོར་བུ་ལྷ་ལྔ། ཕྱག་རྡོར་འགྲོ་བཟང༌། འབྱུང་འདུལ་ཉེ་བརྒྱུད། རྟ་མགྲིན་ལྕགས་རལ་ཅན། རྣམ་རྒྱལ། རྣམ་འཇོམས་ལྗང་ཁུ། གང་བློ་མའི་བསྟོད་སྒྲུབ། ཤེར་ཕྱིན་དཀར་མོ། རྨེ་བརྩེགས་ལྗང་ཁུ། རྣམ་ཐོས་སྲས་རིགས་ཆེན་བརྒྱད། ཛཾ་ལ་དཀར་ པོ། ཕྱག་དྲུག་པ་ནག་པོ། གུར་ལྕམ་དྲལ་དང་ལྷ་བརྒྱད། ཞལ་བསྙེན་སྒྲུབ་ལས་གསུམ། པུ་ ཏྲ༌། ཚེ་རིང་མ་རྣམས་དང༌། གོང་དུ་བཤད་པའི་ཁ་ཆེ་པཎ་ཆེན་དང༌། ཁྲོ་ཕུ་བ་ལས་བརྒྱུད་པ་ དེ་རྣམས་ལས་གོ་ཟློག་ལྷན་ཅིག་སྐྱེས་མ། དོན་ཞགས། སྒྲོལ་དཀར། སེམས་ཉིད་ངལ་གསོ། སྤྱན་རས་གཟིགས་གསང་སྒྲུབ་རྣམས་མ་གཏོགས་གཞན་ཐམས་ཅད་དེ། ཟུར་བཀའ་དྲུག་ཅུ་ ལྷག་བཅས་དང༌། ཉི་མ་སྦས་པའི་ལུགས་སྒྲོལ་མའི་སྐོར་ཉི་ཤུ་རྩ་བཞི་རྣམས་པཎྜི་ཏ་ཆེན་པོ་ རྒྱལ་བ་ཤཱཀྱ་མཆོག་ལྡན་ནས་བརྒྱུད་པ་ཡིན་ལ། ཕག་མོ་ནག་མོ། སྤྱན་གཟིགས་གསང་སྒྲུབ། ཨུ་རྒྱན་སྒྲོལ་མ། སྒྲོལ་མ་དམར་མོ། ཀཱ་པ་ལི་ཏཱ་ར། ཙུནྡ་ཏཱ་ར། ཕྱག་རྡོར་གཏུམ་པོ་ཆེ་ཆུང༌། 15-1-19 ཤྭ་ན་བཞི་སྐོར། མི་གཡོ་ཕྱག་བཞི་པ། ཞབས་བཞི་པ། སྤྲེའུ་བརྒྱད་མ། ཚེ་དཔག་མེད་བ་རི་ ལུགས། རས་ཆུང་ལུགས་གཉིས། གསང་བ་ཡེ་ཤེས། རྣམ་སྲས་ལྗང་ཁུ། གསང་འདུས་ཀྱི་ཛཾ་ ལ། ཨ་པ་ར་ཛི་ཏ། ཚོགས་བདག་དཀར་པོ་གཉིས། གྲི་གུག་ལྷ་དགུ། ཅེ་སྤྱང་གདོང༌། ཏྲཀྴད་ དྭགས་པོ་ལུགས། མ་ནིང་མ། འབྲོང་ཞལ། དཔལ་ལྷ་མོ་རྡོ་རྗེ་གཤོག་རྒོད་མ་རྣམས་དཔལ་ སྟག་ལུང་གི་བཀའ་བརྒྱུད་རི་བོ་ཆེ་བ་ལས་བརྒྱུད་པར་ཤེས་པར་བྱའོ། །དེ་བཞིན་དུ་གཞན་ དང་གཞན་ལས་བརྒྱུད་པའི་རིམ་པ་རྣམས་ཀྱང་བརྒྱུད་ཡིག་ལ་ཞིབ་མོར་བརྟགས་པས་ཤེས་ ལ། ཁོ་བོས་བླ་མ་དམ་པ་བཅུ་གསུམ་ཙམ་ལས་རྙེད་པ་ཡིན་ནོ། །སྒྲུབ་ཐབས་བརྒྱ་རྩ་དང༌། རྒྱ་མཚོ་གཉིས་ཆིངས་ཐ་དད་ཡིན་ཅིང༌། ཐུན་མོང་གི་བྱ་བ་དེ་གཉིས་ལ་ཁ་འཕངས་ཀྱི་རིགས་ མང་དུ་ཡོད་པས། འདིར་ཐུབ་པ་རྡོ་རྗེ་གདན་དང༌། དམ་ཚིག་གསུམ་བཀོད་ལས་ཤེས་དགོས་ པས། དེ་དག་ངེས་པར་སློབ། དེ་ལྟར་སྒྲུབ་ཐབས་སུམ་བརྒྱ་ལྷག་བཅས་དེ་རྣམས་ལས་ཤིན་ ཏུ་ཉེ་བར་མཁོ་བ་གཙོ་བོ་གཙོ་བོ་དག་བསྡུ་བར་སྤྲོ་ན་འདི་ལྟར་བྱ་སྟེ། སྒྲོལ་དཀར་ཇོ་བོ་ ལུགས། དབྱངས་ཅན་མ་དཀར་མོ། གཉན་སྒྲོལ། དམར་པོ་སྐོར་གསུམ། ཐུབ་པ་རྡོ་རྗེ་གདན། དམ་ཚིག་གསུམ་བཀོད། སྨན་བླ། གནས་བརྟན་བཅུ་དྲུག ཀླུ་དབང་རྒྱལ་པོ། བདེ་མཆོག་ཀྱཻ་ རྡོར། དུས་འཁོར་གསང་འདུས་ཏེ་ལྷན་སྐྱེས་བཞི། ནཱ་རོ་མཁའ་སྤྱོད་ཞལ་གཉིས་མ་དཔྱལ་ ལུགས། ཡི་གེ་དྲུག་པ་ཇོ་བོ་ལུགས་རྒྱས་པ། བཅུ་གཅིག་ཞལ་དཔལ་མོ་ལུགས། དོན་ཞགས་ དཀར་པོ་བ་རི་ལུགས། ཁ་སརྤ་ཎ་ལྷ་ལྔ། ཕྱག་རྡོར་ཨུ་ཙ། གཏུམ་ཆེན། འགྲོ་བཟང༌། འབྱུང་ འདུལ། རྟ་མགྲིན་དཔའ་གཅིག སྐྱེར་སྒང་ལུགས། ལྕགས་རལ་ཅན། མི་གཡོ་སྔོན་པོ་པུས་ བཙུགས་མ་དང་དཀར་པོ། ཚེ་དཔག་མེད་དཀར་པོ་མི་ཏྲ་ལུགས། རྣམ་རྒྱལ་ལྷ་དགུ། འཇམ་ དཀར་ཁ་ཆེ་པཎ་ཆེན་ལུགས། ཨ་ར་པ་ཙ་ན་དམར་སེར། རྣམ་འཇོམས་ལྗང་ཁུ། བྱམས་པ། ཤེར་ཕྱིན་དཀར་མོ། སྣ་ཚོགས་ཡུམ། སོ་སོར་འབྲང་མ། གཙུག་གཏོར་གདུགས་དཀར། འོད་ 15-1-20 ཟེར་ཅན་མ། རི་ཁྲོད་མ་སེར་མོ། གཟའ་ཡུམ། རྨེ་བརྩེགས་དུད་ཁ། ཁྱུང་ཁྲ་མན་ངག་ལུགས། འཇམ་དབྱངས་ནག་པོ། སེང་གདོང་མ་སྔོན་མོ། རྣམ་ཐོས་སྲས་སེར་ཆེན། ཛཾ་སེར་གཙོ་རྐྱང༌། ཛཾ་ནག་ཁ་ཆེ་ལུགས། གཟུངས་ལས་འབྱུང་བའི་ནོར་རྒྱུན་མ། ཚོགས་བདག་དཀར་པོ་ཕྱག་ བཞི་པ། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དཀར་ནག་གཉིས། ཕྱག་བཞི་པ་རྒ་ལོ་ལུགས་ལས་ འགྲོ་མགོན་ཕག་གྲུའི་ཕྱག་བཞེས། གུར་ལྕམ་དྲལ་དང་ལྷ་བརྒྱད། སྟག་ཞོན། བེར་བཀའ་མ། གྲི་གུག་དཔའ་གཅིག ཏྲཀྴད་གཉོས་ལུགས། ཞལ་བཞི་པ་བསྙེན་དུས། དུད་སོལ་མ། དམག་ ཟོར་མ། ལས་གཤིན་མཐིང་ཁ། དུར་ཁྲོད་བདག་པོ། རྒྱལ་ཆེན་སྡེ་བཞི་རྣམས་སོ། །ལྷའི་ངོ་ བོ། ཤཱཀ་ཐུབ། སྨན་བླ། ཚེ་དཔག་མེད། ཀླུ་དབང་རྒྱལ་པོ། བདེ་ཀྱཻ་གསང་གསུམ། དུས་ འཁོར། མཱ་ཡ། གཤིན་རྗེ་གཤེད། རྣལ་འབྱོར་མ། འཇམ་དབྱངས། སྤྱན་རས་གཟིགས། ཕྱག་ རྡོར་ཞི་ཁྲོ། རྟ་མགྲིན་མི་གཡོ་བ། རྣམ་རྒྱལ། བྱམས་པ། དབྱངས་ཅན་མ། ཤེར་ཕྱིན་མ། འོད་ ཟེར་ཅན་མ། ཀུ་རུ་ཀུལླེ་འདོད་རྒྱལ། ཏེ་ནུ། རྣམ་འཇོམས། རྨེ་བརྩེགས་ཕོ་མོ། བདུད་རྩི་ འཁྱིལ་བ། སྣ་ཚོགས་ཡུམ། སོར་འབྲང༌། གདུགས་དཀར། རི་ཁྲོད་མ། གཟའ་ཡུམ། ཁྱུང༌། ཤྲ་མ་ཎ། སེང་གདོང་མ། ནཱ་ག་རཀྵ། ཡང་ཀུན་ཏུ་བཟང་པོ། ནམ་སྙིང༌། ས་སྙིང༌། སྒྲིབ་སེལ། ལྷ་མོ་བཞི། ཙུནྡ། ཁྲོ་བོ་གཞན་གྱིས་མི་ཐུབ་པ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། འཕྲོག་མ། རྣམ་སྲས། ཛཾ་བྷ་ལ། ནོར་རྒྱུན་མ། ནོར་བཟང༌། སྲས་གཉིས། ཨ་པ་ར། ཚོགས་བདག སོག་ མ་མེད། དབྱུག་གུ་མ། ཀུནྡ་ལི། ཡེ་ཤེས་མགོན་པོ། ལེགས་ལྡན་མགོན་པོ། འདོད་ཁམས་མ་ དཔོན་གཡོག རལ་གཅིག་མ། གཤིན་རྗེ། དུར་ཁྲོད་བདག་པོ། པུ་ཏྲ། དཀར་བདུད། རྒྱལ་ ཆེན། མཁའ་འགྲོ་སྡེ་ལྔ། ཚེ་རིང་མ་རྣམས་སུ་འདུས་ལ། དེ་དག་ལ་ཡང་དཔེར་ན། སྤྱན་རས་ གཟིགས་ཀྱི་ཁོངས་སུ་སྒྲོལ་མ། ཀུལླེ། རྟ་མགྲིན་སོགས་འདུས་པ་རེ་རེ་ལ། ནང་ཚན་ཡང་ ཅུང་ཟད་མི་འདྲ་བ་ཡོད་པ་སོགས་ཀྱིས་མཚོན་ཏེ། གཞན་ཡང་ལྷ་རིགས་སོ་སོའི་དབྱེ་བ་དང༌། 15-1-21 རྒྱུད་སྡེ་གོང་འོག་གི་རིམ་པ་དང༌། མཆོག་སྒྲུབ་དང་ལས་སྒྲུབ་ཀྱི་དབྱེ་བ་དང༌། གསང་སྔགས་ གསར་རྙིང་གང་དུ་གཏོགས་པ་དང༌། རྒྱུད་གཞུང་གི་དངོས་བསྟན་དང༌། མན་ངག་གི་དབྱེ་བ་ དང༌། གོང་དུ་བཤད་པ་ལྟར། སློབ་མ་རྗེས་བཟུང་གི་བྱ་བའི་ཁྱད་པར་བཞི་པོ་དེ་རྣམས་ཀྱི་ དབྱེ་བ་སོགས་ཞིབ་མོར་ངེས་ཤིང༌། བློ་གྲོས་ཐོགས་པ་མེད་པར་བྱའོ། །དེ་ལྟར་སྒྲུབ་ཐབས་ ཐབས་ཚུལ་རྣམ་མང་གི །སྤྱིའི་རྣམ་གཞག་ཅུང་ཟད་རིགས་བྱས་ནས། །སོ་སོའི་ཉམས་ལེན་ མན་ངག་ཁྱད་པར་དག །རྒྱས་པར་འཆད་འགྱུར་འདི་ལ་དགའ་བར་གྱིས། །ཡི་དམ་རྒྱ་མཚོའི་ སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཞེས་བྱ་བ་ལས་སྤྱི་ཆིངས་བཤད་པའི་སྐབས་ཏེ་དང་པོའོ།། །། ཞུས་དག །བཀྲ་ཤིས། ། 15-1-22 ༄༅། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ ལོའི་བསྙེན་སྒྲུབ་ཀྱི་ལག་ལེན་མཆོག་ཏུ་གསལ་བ་བདུད་རྩིའི་ བུམ་བཟང་ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་ཨཱཪྻ་ཏཱ་རེ། རབ་དཀར་ལྷུན་སྡུག་རི་དབང་ཀེ་ལ་ཤར། །རབ་མཛེས་ཟླ་ཞུན་འཁྱིལ་བའི་དཔལ་ མངའ་བ། །འཆི་མེད་བདུད་རྩིའི་འབྱུང་གནས་བདུད་རྩིའི་འོད། །འཆི་བདག་གཡུལ་ངོ་བཟློག་མཛད་མྱུར་ཞིང་དཔའ། །འཕགས་ མ་སྒྲོལ་མ་དེ་ལ་ནི། །མཆོག་ཏུ་དང་བས་ཕྱག་བགྱིས་ཏེ། །དེའི་སྒྲུབ་ཐབས་ཡན་ལག་བཅས། །གོ་བདེ་གསལ་བའི་ཚིག་གིས་ བརྗོད། ། འདིར་འཆི་མེད་ལྷ་མོ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཉམས་སུ་ལེན་པ་ལ་གཉིས་ཏེ། མཉམ་པར་བཞག་པའི་རྣལ་ འབྱོར་དང༌། ཐུན་མཚམས་ཀྱི་བྱ་བའོ། ། དང་པོ་ལ། ལྷའི་རྣལ་འབྱོར་དང༌། བཟླས་པའི་རྣལ་འབྱོར་དང༌། རྗེས་ཀྱི་བྱ་བའོ། །དང་པོ་ལ། སྔོན་འགྲོ་དང་དངོས་གཞི་ གཉིས་ལས། སྔོན་འགྲོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་དེ། བདག་ དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་ སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་ སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ རྫོགས་པའི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ ལན་ གསུམ་ལ་སོགས་པས་སྐྱབས་སུ་འགྲོའོ། །སེམས་ཅད་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་ 15-1-23 པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་རྗེ་བཙུན་མ་འཕགས་མ་སྒྲོལ་ མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྒོམ་བཟླས་ལ་འཇུག་པར་བགྱིའོ། །ལན་གསུམ་གྱིས་སེམས་ བསྐྱེད། སྔར་ཡང་སྐྱབས་འགྲོ་སེམས་བསྐྱེད་མདོར་བསྡུས་སུ་བཟུང་བ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་ བཅས་ལ། །ཞེས་སོགས་ལན་གསུམ་བརྗོད། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། བསོད་ནམས་ཚོགས་གསོག་དང༌། ཡེ་ཤེས་ཚོགས་གསོག་གོ །དང་པོ་ ནི། རང་གི་སྙིང་གར་ཟླ་བའི་སྟེང་དུ་ཏཱཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས། མདུན་གྱི་ནམ་ མཁའི་སྟེང་གི་ཆ་ལ་རྩ་བའི་བླ་མ་འོད་དཔག་ཏུ་མེད་པའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མའི་ ཚོགས་ཀྱིས་བསྐོར་བ། འོག་གི་ཆ་ལ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་སངས་རྒྱས་ བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡ་ སྟྭཾ། ན་མོ་གུ་རུ་བྷྱཿ ན་མ་ཨཱརྱ་ཏཱ་རེ་ས་པཱ་རི་ཝ་ར་མཎྜལ་བྷྱཿ གང་གི་དྲིན་གྱིས་བདེ་ཆེན་ཉིད། ། ཞེས་པ་ནས། པད་ལ་འདུད། །དང༌། དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །འཆི་མེད་ཚེ་ཡི་ དཔལ་སྦྱིན་མ། །འདོད་པ་ཐམས་ཅད་རབ་སྩོལ་བའི། །སྒྲོལ་མ་ལྷ་ཚོགས་བཅས་ལ་འདུད། ། ༀ་ཨཱརྱ་ཏཱ་རེ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཨརྒྷཾ་གྱི་སར་པཱདྱཾ་སྦྱར། ༀ་ཨཱརྱ་ཏཱ་རེ་ས་པཱ་རི་ཝ་ ར་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝེ་ཏེ། ཤཔྟ་ཨཱཿཧཱུཾ། དོན་ཡིད་ལ་དྲན་བཞིན་ པའི་སྒོ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ནས། སངས་རྒྱས་འགྲུབ་པར་ ཤོག །ལན་གསུམ། ༀ་བཛྲ་མུཿ ཞེས་གཤེགས་སུ་གསོལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་ བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་ བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་བརྗོད། གཉིས་པ་ཡེ་ཤེས་ཀྱི་ཚོགས་གསོག་པ་ནི། ཆོས་ཐམས་ཅད་རང་གི་སེམས་ཙམ་དང༌། སེམས་ཉིད་གསལ་སྟོང་ཟུང་འཇུག་ 15-1-24 ཆུ་ཟླ་ལྟ་བུ་ལ་མཉམ་པར་བཞག་སྟེ། ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། གཉིས་པ་དངོས་གཞི་ལ་ལྔ་སྟེ། དམ་ཚིག་པ་བསྐྱེད་པ། ཡི་གེ་བཀོད་པ། ཡེ་ཤེས་པ་བསྟིམ་པ། དབང་བསྐུར་རྒྱས་བཏབ། མཆོད་ཅིང་བསྟོད་པའོ། །དང་པོ་ནི། སྟོང་པའི་ངང་ལས་མ་བཅོས་པའི་སེམས་སྣང་ཧཱུཾ་གི་སྒྲ་གདངས་ ནམ་མཁའ་གང་བ། ཧཱུཾ་ལས་རྡོ་རྗེའི་ས་གཞི། རྭ་གུར། བླ་བྲེ། མེ་དཔུང་འབར་བ་དང་བཅས་ པའི་བསྲུང་བའི་འཁོར་ལོར་གྱུར། དེའི་དབུས་སུ་བྷྲུཾ་ལས་སྣོད་ཀྱི་འཇིག་རྟེན་ཟླ་བ་ཆུ་ཤེལ་ གྱི་གཞལ་ཡས་ཁང༌། དབུས་སུ་པཾ་ལས་པདྨ་དཀར་པོ་འདབ་མ་སྟོང་ལྡན་ཡལ་ག་ལོ་འདབ་ རབ་ཏུ་རྒྱས་པའི་སྡོང་པོ་དང་བཅས་པ། པདྨའི་ལྟེ་བར་ཨ་ལས་ཟླ་བ་ཉ་གང་ཞིང༌། རྙོག་པའི་ དྲི་མ་དང་བྲལ་བ། དེའི་སྟེང་དུ་རང་གི་སེམས་ཉིད་ཏཱཾ་ཡིག་དཀར་པོ་ལས་ཨུཏྤལ་དཀར་པོའི་ སྡོང་པོ་ཟེའུ་འབྲུ་ལ་ཏཱཾ་ཡིག་དཀར་པོས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། འཕགས་ པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སླར་འདུས་ཤིང་ཐིམ་པ་ཡོངས་སུ་གྱུར་པ་ ལས། རང་ཉིད་ལྷ་མོ་སྒྲོལ་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་ཟླ་བ་ལྟར་དཀར་བ། ནོར་བུ་ཆུ་ ཤེལ་ལྟར་དྭངས་ལ་དྲི་མ་མེད་པ་འོད་ཟེར་ལྔ་ལྡན་དུ་འཕྲོ་བ། རབ་ཏུ་ཞི་བ་ཆེན་པོའི་འཛུམ་ ཞལ་ཅན། ཨུཏྤལའི་འདབ་མ་ལྟར་རབ་ཏུ་རྒྱས་པའི་སྤྱན་བདུན་དང་ལྡན་མ། ཕྱག་གཡས་ མཆོག་སྦྱིན་དང༌། གཡོན་པའི་འཐེབ་སྲིན་གྱིས་ཨུཏྤལ་དཀར་པོའི་སྡོང་བུའི་རྩ་བ་ཐུགས་ ཀར་འཛིན་ཅིང༌། རབ་ཏུ་རྒྱས་པའི་སྙན་གྱི་ཐད་ཀར་ཁ་ཕྱེ་བ་བསྣམས་པ། སྒེག་ཅིང་ཆགས་ པའི་ཉམས་ལྡན་ནུ་འབུར་ཟུང་གིས་མཛེས་པ། མུ་ཏིག་དཀར་པོ་གཙོ་བོར་གྱུར་པའི་རིན་པོ་ ཆེ་སྣ་ཚོགས་ཀྱི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དོ་ཤལ། སེ་མོ་དོ། དཔུང་རྒྱན། ཕྱག་ གདུབ། སྐེད་རྒྱན། ཞབས་གདུབ། གཡེར་ཁའི་ཕྲེང་བ་དང་བཅས་པ་དང༌། ལྷ་རྫས་ཀྱི་མེ་ ཏོག་དུ་མས་མཛེས་པ། དར་དཀར་པོའི་སྟོད་གཡོགས་དང༌། སྣ་ཚོགས་དར་གྱི་སྨད་དཀྲིས་ གསོལ་བ། དབུ་སྐྲ་ལི་བ་ལྟག་པར་བཅིངས་པའི་ཟུར་ཕུད་རྣམ་པར་གཡོ་ཞིང༌། གཞོན་ནུའི་ 15-1-25 ལུས་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་འགྱིང་ཚུལ་དུ་བཞུགས་ཤིང༌། རི་བོང་འཛིན་པའི་རྒྱབ་ཡོལ་ ཅན་དུ་གྱུར། གཉིས་པ་ནི། དཔྲལ་བར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་ པོ། ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ། ཧཱུཾ་གི་སྟོད་ཙམ་དུ་པད་དཀར་དང་ཟླ་བ་ལ་ཏཱཾ་ཡིག་དཀར་ པོ། གསུམ་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་མ་ འཕགས་མ་སྒྲོལ་མ་དཀར་མོའི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ ༀ་བཛྲ་ཨརྒྷཾ་སྭཱཧཱ། ༀ་ བཛྲ་པཱདྱཾ་སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ༀ་བཛྲ་ཤཔྟ་ཨཱཿཧཱུཾ། ཞེས་པའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོ། གཉིས་སུ་མེད་པར་ཐིམ། དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་པའི་ངོ་བོར་གྱུར། བཞི་པ་ནི། སླར་ཡང་རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྒྱལ་བ་རིགས་ལྔ་འཁོར་ དང་བཅས་པ་བཛྲ་ས་མཱ་ཛཿ ༀ་པཉྩ་ཀུ་ལ་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་གོང་བཞིན་ མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་ གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་ གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་ གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུངས་ཤིང་ བུམ་པའི་ཆུས་དབང་བསྐུར། སྐུ་ལུས་ཐམས་ཅད་གང༌། སྒྲིབ་གཉིས་ཀྱི་དྲི་མ་ཐམས་ཅད་དག ཆུའི་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ལྔ་པ་ནི། ༀ་ཨཱརྱ་ཏཱ་རེ་ ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟའི་བར་གོང་བཞིན། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པད་མ་ ལ་བཏུད་དེ། །འཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། ། གཉིས་པ་བཟླས་པའི་རྣལ་འབྱོར་ནི། རང་གི་སྙིང་གར་པད་ཟླའི་གདན་ལ། འཁོར་ལོ་དཀར་པོ་ རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་ཟླ་བ་ལ་ཏཱཾ་ཡིག་དཀར་པོ། མཐའ་བསྐོར་དུ་ༀ་ བདག་མིང་འདི་ཞེས་བགྱི་བའི་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་མཛོད་ཅིག་ཧཱ། ཞེས་པ་ 15-1-26 རྣམས་གཡས་བསྐོར་དང༌། རྩིབས་བརྒྱད་ལ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། ཞེས་ཡི་གེ་བརྒྱད་ཀྱིས་བསྐོར་བ་གསལ་བཏབ། ས་ བོན་སྔགས་འཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་ རྒྱས་བྱང་སེམས་ཐམས་ཅད་ལ་མཆོད། སེམས་ཅན་ཐམས་ཅད་ཀྱི་ཚེ་སྤེལ་བ་ལ་སོགས་པའི་ དོན་བྱས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེས་བྱིན་རླབས་རྣམས་ཚུར་བསྡུས། འོད་ཟེར་ རྣམས་ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པས། བཀྲགས་མདངས་གཟི་བརྗིད་རབ་ ཏུ་འབར་བའི་རྣམ་པར་གྱུར། སྤྲོ་བསྡུའི་དམིགས་པ་དེ་ཉིད་ལ་གནས་བཞིན་པའི་སྒོ་ནས། ༀ་ཏཱ་རེ་ཏུཏྟཱ་རེ་ ཏུ་རེ་སྭཱཧཱ། ཞེས་པ་ཡི་གེ་བཅུ་པ་སྟེ་སྙིང་པོའོ། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ སྭཱཧཱ། ཞེས་སྤེལ་ཚིག་དང་བཅས་པ་འདི་ནི་ལས་སྔགས་སོ། །བསྙེན་པ་སོགས་ཐུན་བཞིའི་རྣལ་འབྱོར་ལ་འཇུག་པ་ན། བཟླས་ པའི་ངོ་བོ་ཡི་གེ་བཅུ་པ་ལ་བྱེད་ཅིང༌། ཐུན་སོ་སོ་རྫོགས་མཚམས་སུ་སྤེལ་ཚིག་དང་བཅས་པ་ཡང་བརྒྱ་རྩ་བརྒྱད་རེ་བཟླ་བར་བྱའོ། ། རྒྱུན་གྱི་བཟླས་པ་ལ་ནི། སྤེལ་ཚིག་དང་བཅས་པ་ཁོ་ན་བཟླ་བ་ཡིན་ནོ། ། གསུམ་པ་རྗེས་ཀྱི་བྱ་བ་ནི། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་རྗེ་བཙུན་མ་ འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་དཀྱིལ་འཁོར་དུ་གྱུར། དེ་ཐམས་ཅད་ བདག་ཉིད་ཀྱིས་བསྒོམས་པའི་བསྲུང་འཁོར་ལ་ཐིམ། རང་ཉིད་རྟེན་དང་བརྟེན་པར་བཅས་ པ་ཡང་ཐུགས་ཀའི་ཏཱཾ་ཡིག་ལ་ཐིམ། དེ་ཉིད་ཀྱང་ཁོག་པ། མགོ་བོ། ཟླ་ཕྱེད། ཐིག་ལེ། ནཱ་ད་ རྣམས་གཅིག་ལ་གཅིག་ཐིམ། ནཱ་ད་ཡང་འོད་གསལ་གྱི་ངང་དུ་ཞུགས་པར་གྱུར། སླར་ཡང་ རང་ཉིད་འཕགས་མ་སྒྲོལ་མའི་སྐུར་གྱུར་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ ཧཱུཾ། སྣང་གྲགས་ཀྱི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པ། སྣང་ཆ་སྒྱུ་མ་ལྟ་བུ། ཡེ་ཤེས་ལྷའི་ངོ་བོར་རྣམ་པར་དག་གོ །དགེ་བ་འདི་ཡིས་མྱུར་དུ་བདག །སྒྲོལ་མ་དཀར་མོ་ འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དགེ་བ་ འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌། །བསོད་ནམས་ཡེ་ཤེས་ 15-1-27 ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག ། བདག་བསྐྱེད་བསྡུས་པ་ལ་མོས་ན། སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ་བྱས་ལ། ཚད་མེད་བཞི་བསྒོམས་ཏེ། ༀ་ཤཱུ་ནྱ་ ཏ་ཞེས་པ་མན་ཆད་ཀྱིས་ཆོག་ཅིང༌། ཤིན་ཏུ་བསྡུ་ན། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་བསྲུང་འཁོར་གྱི་ དབུས་སུ། པད་ཟླའི་གདན་ལ། ཏཱཾ་ལས་རང་ཉིད་ལྷ་མོ་སྒྲོལ་མ་ཞེས་སོགས་དང༌། རི་བོང་འཛིན་ པའི་རྒྱབ་ཡོལ་ཅན། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པ། དཔྲལ་བར་ཟླ་བ་ལ་ནས། ཛཿཧཱུཾ་བཾ་ཧོའི་བར་བྱ། དེ་ནས་བཟླས་པ་ལ་འཇུག་གོ ། གཉིས་པ་ཐུན་མཚམས་ཀྱི་བྱ་བ་ནི། བྲིས་སྐུ་བཀྲམས། མཎྜལ་ལ་རྡུལ་ཚོན་དཀར་པོས་པད་མ་འདབ་བརྒྱད་བྲིས། ལྟེ་ བ་ལ་རྡུལ་ཚོན་དཀར་པོའམ། འབྲུ་དཀར་པོའི་ཚོམ་བུ་བཀོད། དཀར་གཏོར་གཅིག་དང་མཆོད་པ་བཤམས། རང་གི་མདུན་དུ་ རྡོ་རྗེ་དྲིལ་བུ། མེ་ཏོག་གིས་གང་བའི་སྣོད། དུང་ཆོས་དྲི་བཟང་གི་ཆུས་གང་བ། ཀུ་ཤའི་འཐོར་ཡབ་དང་བཅས་པ་འདུས་བྱས་ ལ། རང་སྐད་ཅིག་གིས་སྒྲོལ་མ་དཀར་མོར་གྱུར། ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ལན་ཉེར་གཅིག་གམ། བརྒྱ་ རྩ་ཙམ་བཟླ་ཞིང༌། སེམས་མ་རྡོ་རྗེ་མའི་ཕྱག་རྒྱས་ཀུ་ཤའི་འཐོར་ཡབ་བཟུང་ངོ༌། །དེ་ནི་བསང་ཆུ་སྒྲུབ་པ་ཡིན་ནོ། །བསང་ཆུ་དེ་ ཉིད་གནས་ཁང་དང་མཆོད་རྫས་སོགས་ལ་གཏོར། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་བསངས། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲུཾ་ལས་ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ ཡོངས་སུ་རྫོགས་པའི་དབུས་སུ། ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ ཤིང་རྒྱ་ཆེ་བའི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་[མཆོད་ཡོན། ཞབས་ བསིལ།] མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་ རྫས་རྣམས་ཡེ་ཤེས་ཀྱི་རང་བཞིན། མཆོད་པའི་རྣམ་པ། ཟག་མེད་བདེ་ཆེན་གྱི་རྒྱུ་བླ་ན་མེད་ པའི་མཁའ་དབྱིངས་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར། ༀ་བཛྲ་ཨརྒྷཾ་སྭཱཧཱ། ༀ་བཛྲ་པཱདྱཾ་ སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ༀ་བཛྲ་དྷུ་པེ་ཨཱཿཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ༀ་བཛྲ་གནྡྷེ་ཨཱཿཧཱུཾ། 15-1-28 ༀ་བཛྲ་ནཻ་ཝེ་ཏེ་ཨཱཿཧཱུཾ། ༀ་བཛྲ་ཤཔྟ་ཨཱཿཧཱུཾ། ༀ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲཛྙཱ་པ་ར་མི་ཏ་ན་ད་སམྦྷ་ཝེ་ཏེ། བཛྲ་དྷརྨ་ཧྲི་ད་ཡ་ནི། སནྟོ་ཥ་ནི་ ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱཧཱ། ལན་གསུམ་གྱིས་བྱིན་དབབ། མདུད་བསྐྱེད་ཀྱི་དཀྱིལ་འཁོར་ཨ་མྲྀ་ཏས་བསངས། སྭ་ བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་གི་སྒྲ་གདངས་ནམ་མཁའ་གང་བ་ཞེས་པ་ནས། རྙོག་པའི་དྲི་ མ་དང་བྲལ་བ། དེའི་སྟེང་དུ་ཏཱཾ་དཀར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ ཅན་གྱི་དོན་བྱས། སླར་འདུས་ཤིང་ཐིམ་པ་ཡོངས་སུ་གྱུར་པ་ལས། ལྷ་མོ་སྒྲོལ་མ་ཡིད་བཞིན་ འཁོར་ལོ་ཞེས་པ་ནས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཞེས་པའི་བར་བདག་བསྐྱེད་དང་འདྲ། གལ་ ཏེ་ཅུང་ཟད་སྤྲོས་པ་ལ་མོས་ན། ཡེ་ཤེས་པ་སྤྱན་འདྲེན་པའི་སྐབས། ཚིགས་བཅད་དང༌། མཆོད་ཡོན་གདན་འབུལ་སོགས་རྒྱས་ པར་བྱས་ཀྱང་རུང་ངོ༌། །སླར་ཡང་རང་གི་སྙིང་གའི་འོད་ཟེར་གྱིས། བླ་མ་ཡི་དམ་སངས་རྒྱས་བྱང་ སེམས་འཕགས་པ་ཉན་རང་གི་ཚོགས་ཐམས་ཅད་མཆོད་པའི་ཡུལ་དུ་བཛྲ་ས་མཱ་ཛཿ མ་ ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་པ་ནས། ཡོངས་དག་འཁོར་དང་བཅས་ཏེ་ གཤེགས་སུ་གསོལ། །ཞེས་གསོལ་བ་བཏབ། ༀ་ཨ་མྲྀ་ཏའི་སྔགས་ཀྱིས་ཕྱིས་འབྲང་གི་བགེགས་བསྐྲད། ༀ་ པདྨ་ཀ་མ་ལ་ཡེ་སྟྭཾ། རིན་པོ་ཆེའི་ཁྲི་དང༌། པད་ཟླ་ལ་སོགས་པའི་གདན་ཕུལ་བར་བསམ། དེ་ནས་མཆོད་པ་འབུལ་བ་ ནི། སྔགས་ཀྱི་འགོར་པད་སྐོར་དང༌། འཇུག་ཏུ་སེ་གོལ་གཏོགས་ཤིང༌། ཨརྒྷཾ་ཞེས་སོགས་སོ་སོའི་མིང་གི་སྐབས། མཆོད་ཡོན་ སོགས་སོ་སོའི་ཕྱག་རྒྱ་བཅའ་བ་ཕྱག་ལེན་ཡིན་ནོ། །ༀ་ཨཱརྱ་ཏཱ་རེ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་མཎྜལ་ བྷྱཿ ཨརྒྷཾ་པྲ་ཏཱིཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ། ཨརྒྷཾ་གྱི་གནས་སུ། པཱདྱཾ་ལ་ ཡང་སྦྱར་བས། ཞབས་བསིལ་འབུལ། མེ་ཏོག་ལ། ༀ་ཨཱརྱ་ཏཱ་རེ་ས་པཱ་རི་ཝ་ར་བྷྱཿ བཛྲ་པུཥྤེ་པྲ་ཏཱིཙྪ་ན་མཿ ཞེས་བརྗོད། དེ་བཞིན་དུ། དྷུ་པེ། བདུག་སྤོས་དང༌། ཨཱ་ལོ་ཀེ། མར་མེ་དང༌། གནྡྷེ། དྲི་ཆབ་དང༌། ནཻ་ཝེ་ ཏེ། ཞལ་ཟས་དང་། ཤཔྟ། རོལ་མོ་རྣམས་འབུལ་ལོ། །དེ་ནས་བསྟོད་པ་ནི། འཁོར་བ་ལས་སྒྲོལ་ཏཱ་རེ་མ། ། ཏུཏྟཱ་ར་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་ཀུན་ལས་སྐྱོབ། སྒྲོལ་མ་ལ་ནི་ཕྱག་འཚལ་ 15-1-29 བསྟོད། །པདྨ་དཀར་པོའི་དབུས་གནས་པ། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ ཀྲུང་བཅས་མཛད་མ། །མཆོག་སྦྱིན་སྒྲོལ་མ་ལ་ཕྱག་འཚལ། །སྟོན་ཀའི་ཟླ་བའི་གདངས་ འདྲ་ཞིང༌། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡང་དག་རྫོགས། །ཨུཏྤལ་ བསྣམས་ལ་ཕྱག་འཚལ་བསྟོད། །བཅུ་དྲུག་ལོ་ལོན་ལུས་ཅན་མ། །རྫོགས་སངས་རྒྱས་རྣམས་ ཁྱོད་ཀྱི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མ་ཕྱག་འཚལ་བསྟོད། ། འཁོར་ལོ་དཀར་པོ་འོད་ཟེར་འབར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་ བའི་རྣམ་པ་ཅན། །ཡིད་བཞིན་འཁོར་ལོར་ཕྱག་འཚལ་བསྟོད། །གཏོར་མ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེ་ལས་གྲུབ་ པའི་ནང་དུ། ༀ་ཨཱཿཧཱུཾ། ཞུ་བ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོ་ཁ་དོག་ དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ་མམ་ལན་བདུན་གྱིས་བྱིན་གྱིས་བརླབས། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་རྗེ་བཙུན་མ་དང༌། ཨཱ་ཀ་རོ་ ལན་གསུམ་གྱིས་འཁོར་ཚོགས་ཐམས་ཅད་ལ་ཕུལ་བར་མོས། ཚོགས་ཞིང་གི་སྐབས་ལྟར་མཆོད། དགེ་བ་ཅན་མ་གཟི་ བརྗིད་ལྡན། །དབྱངས་ཅན་མ་དང་ནོར་གྱི་བདག །དཔལ་མོ་ལ་སོགས་སྤྲུལ་པ་མཛད། །ལྷ་ མོ་སྒྲོལ་མ་ལ་ཕྱག་འཚལ། །གང་གི་ཐུགས་རྗེའི་འོད་དཀར་གྱིས། །མ་ལུས་འགྲོ་བའི་དོན་ མཛད་ཅིང༌། །མགོན་མེད་རྣམས་ཀྱི་མགོན་དང་སྐྱབས། །རྒྱལ་བ་སྲས་དང་བཅས་ལ་འདུད། ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་སོགས་ནས། ཡིད་ ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་བརྗོད་ཅིང༌། ཁྱད་པར་ཡིད་ལ་འདོད་པའི་དོན་གང་ཡིན་པ་དེ་ཉིད་འགྲུབ་པར་ གསོལ་བ་དྲག་ཏུ་བཏབ་བོ། །ཡི་གེ་བརྒྱ་པ་ལན་གསུམ་མམ་བདུན་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་ཉམས་ པ་དང༌། །ཞེས་སོགས་ཀྱིས་བཟོད་པར་གསོལ། སུ་པྲ་ཏིཥྛས་རྟེན་རྣམས་ལ་མེ་ཏོག་དོར་ཞིང་བརྟན་བཞུགས་བྱ། མཆོད་ གཏོར་གྱི་མགྲོན་རྣམས་གཤེགས་སུ་གསོལ་བར་མོས་ཏེ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཞེས་པ་ 15-1-30 ནས། ༀ་བཛྲ་མུཿ ཞེས་བརྗོད། སྨོན་ལམ་དང་བཀྲ་ཤིས་རྒྱས་བསྡུས་གང་འོས་བྱའོ། །འདི་དག་ལ་རྒྱུན་གྱི་ཉམས་ལེན་ ལ། མཆོད་ཆོག་སོགས་རྒྱས་པ་མི་ལྕོགས་ན། བདག་བསྐྱེད་རྒྱས་བསྡུས་གསུམ་པོ་གང་རུང་ཞིག་བླངས་ལ། ཡེ་ཤེས་ལྷའི་ ངོ་བོར་རྣམ་པར་དག་གོ །ཞེས་པ་ཡན་ཆད་བྱ། དེ་ནས་གཏོར་ཆོག་ཙམ་བྱ་བ་ཡིན་ཏེ། གོང་བཞིན་གཏོར་མ་བྱིན་ གྱིས་བརླབས། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་པོ་ཊ་ལའི་རི་བོ་ནས། རྗེ་བཙུན་མ་སྒྲོལ་མ་དཀར་མོ་ལ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡ་སྟྭཾ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་ སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ༀ་ཏཱ་རེ་ཞེས་པ་ནས། བཀྲ་ཤིས་ཀྱི་བར་གཏོར་མ་འབུལ་ ཚུལ་གོང་བཞིན་བྱའོ། །དེ་ཡང་སྔ་དྲོ་ལྟ་བུ་བདག་བསྐྱེད་ཀྱི་ཐུན་མཇུག་དེ་ཉིད་དུ་གཏོར་མ་ཕུལ་ཀྱང་རུང༌། བདག་བསྐྱེད་སྔ་དྲོ་ བླངས་ནས། སྲོད་ཐུན་སོགས་ལ་གཏོར་མ་ཕུལ་ཀྱང་རུང་ངོ༌། །འདིའི་བསྙེན་པའི་ལག་ལེན་ནི། བྲིས་སྐུ་མཎྜལ་མཆོད་གཏོར་ སོགས་ཞལ་ལྷོར་བསྟན་ལ་གོང་ལྟར་བཤམས། བདག་ཉིད་གདོང་བྱང་དུ་ཕྱོགས་པས། གོང་མཆོད་ཆོག་གི་སྐབས་སུ་བཤད་ པ་ལྟར། མཆོད་པ་བྱིན་རླབས་ཡན་ཆད་བྱས་པའི་རྗེས་ལ། སྐྱབས་འགྲོ་ནས་བརྩམས་ཏེ། བདག་བསྐྱེད་ཡོངས་སུ་རྫོགས་པ་ བྱེད་ལ། བཟླས་པའི་གཙོ་བོ་ཡང་། བདག་བསྐྱེད་ཀྱི་སྐབས་འདི་ཉིད་རང་ཡིན་ཅིང༌། བདག་བསྐྱེད་ཀྱི་ཐུན་རྫོགས་པ་ན། རབ་ ཏུ་ཐུན་བཞི་ཆར་གྱི་མཐར། གོང་དུ་བཤད་པའི་མཆོད་གཏོར་གྱི་ཆོ་ག་ཡོངས་རྫོགས་ཚར་རེ་བྱ་ཞིང༌། འབྲིང་དུ་ན་སྔ་ཐུན་དང༌། སྲོད་ཐུན་ལ་བདག་མདུན་མཆོད་གཏོར་ཡོངས་རྫོགས་དང་བཅས་པ་རེ་བྱ་ལ། ཐུན་བར་པ་གཉིས་ལ་སྐྱབས་འགྲོ་ནས་དགེ་བ་ བསྔོ་བའི་བར་བདག་བསྐྱེད་ཁོ་ན་བྱའོ། །ཐ་མས་དེ་ཡང་མ་གྲུབ་ན། སྔ་ཐུན་གྱི་མཐར་མཆོད་གཏོར་འབུལ་བ་རྒྱས་པའི་ལས་ལ་ བསྔགས་པ་ཡིན་ནོ། །ཡང་། ཤིན་ཏུ་རྩོལ་བ་ཆུང་བས་དེ་ཡང་མ་འགྲུབ་ན། སྔ་ཐུན་གྱི་མཐར། གོང་དུ་བསྟན་པ་ལྟར་གྱི་དུས་རྒྱུན་ གྱི་ལག་ལེན་གྱི་གཏོར་ཆོག་དེ་བྱ་ཞིང༌། ཚེས་བཅོ་ལྔ་སོགས་དུས་བཟང་རྣམས་ལ། མདུན་བསྐྱེད་གཏོར་མ་དང་བཅས་པ་རྒྱས་ པ་དེ་བྱས་པས་ཀྱང་འགྲུབ་པ་ཡིན་ནོ། །སྤྱིར་བསྙེན་པའི་ཚད་ནི། སྔགས་སྤེལ་ཚིག་ཅན་དེ་མི་ཐེ་བའི་ཡི་གེ་བཅུ་པ་ཉིད་ལ་འབུམ་ ཕྲག་བཅུ་གྲངས་བསྙེན་ཡིན་ལ། བྱེ་བ་སོང་ན་ལས་དང་དངོས་གྲུབ་རྣམས་སྒྲུབ་པ་ལ་དབང་བ་ཡིན་ནོ། །འོན་ཀྱང་ཞག་བདུན་ ཙམ་ལ་བཟླས་པ་གང་སོང་བྱས་པས་ཀྱང་ཕན་ཡོན་དཔག་ཏུ་མེད་པ་ཡོད་པས་དེ་ཡང་ནན་ཏན་དུ་བྱ་བ་ཁོ་ནའོ། །སྤྱིར་ཁ་བ་ཅན་ 15-1-31 གྱི་ཕྱོགས་འདིར་སྒྲོལ་དཀར་གྱི་ཆོས་སྐོར་ལུགས་ལྔ་ཙམ་བྱོན་པར་གྲགས་ཏེ། ཇོ་བོ་རྗེའི་ལུགས་དང༌། གཉན་ལོཙྪ་བའི་ལུགས་ དང༌། བ་རི་ལོཙྪ་བའི་ལུགས་དང༌། ཉེ་བརྒྱུད་པཎ་ཆེན་ནགས་རིན་གྱི་ལུགས་ཏེ། བཞི་པོ་དེ་སློབ་དཔོན་ངག་དབང་གྲགས་པའི་ གདམས་པ་དང་འབྲེལ་བ་ཡིན་ལ། ལྔ་པ་ནི་པཎ་ཆེན་ཤཱཀྱ་ཤྲཱི་ལུགས་ཏེ། ལྷ་སྔགས་ཀྱང་རྣམ་པ་གཞན་དུ་གནས་པ་ཡིན་ནོ། །དེ་ དག་ལས་འདི་ནི་སྔ་འགྱུར་ཇོ་བོ་ལུགས་གཙོ་བོར་བྱས་པ་སྟེ། ཕྱིས་ཇོ་བོ་ལུགས་ཀྱི་སྒྲོལ་དཀར་གྱི་སྒྲུབ་མཆོད་དུ་གྲགས་པའི་ ཡིག་ཆ་གསར་པ་རྣམས་ན་རང་ལུགས་ཀྱི་ཐོབ་ཐང་མ་ཚང་ཞིང༌། ཏིང་ངེ་འཛིན་གྱི་དབང་གི་བདག་འཇུག་སོགས་གཞན་གྱི་བསྲེ་ ལྷད་དང༌། རང་བཟོ་དུ་མ་བྱས་པ་དག་ཀྱང་མཐོང་ངོ༌། །འདིར་སྐྱོན་དེ་དག་ཐམས་ཅད་འབད་པས་སྤངས་ཤིང༌། རང་ལུགས་ཀྱི་ སྙིང་པོ་ཚང་ལ་མ་འཁྲུགས་པ་ལེགས་པར་བརྗོད་པའོ། ། བསམ་གྱིས་མི་ཁྱབ་ཟབ་མོའི་ཕྱོགས་གྲོལ་ལ། །བློ་དམན་{བྱུང་དུས་དོར་བྱིར་[སྤྲང་བུས་འོལ་བྱིར་]མི་ནུས་མོད། །མན་ ངག་ལ་བརྟེན་ཅུང་ཟད་སྦྱར་བ་འདི། །བློ་ལྡན་ལམ་འདིར་མོས་ལ་ཡིད་བདེའི་གནས། །འདི་བྲིས་རྣམ་པར་དཀར་བ་དེས། །འགྲོ་ ཀུན་འཆི་མེད་རྡོ་རྗེའི་གནས། །རྒྱལ་བའི་ཡུམ་གྱུར་སྒྲོལ་མ་ཡི། །གོ་འཕང་མྱུང་དུ་ཐོབ་པར་ཤོག །ཅེས་པ་སྒྲོལ་དཀར་ཇོ་བོ་ ལུགས། བརྒྱུད་པའི་བཀའ་སྲོལ་གཉིས་ལ་བརྟེན་པའི་མན་ངག་བསྙེན་བསྒྲུབ་ཀྱི་ལག་ལེན་གསལ་བར་བཀོད་པ་བདུད་རྩིའི་ བུམ་བཟང་ཞེས་བྱ་བ་འདི་ཡང༌། འཇིག་རྟེན་མགོན་པོ་སྟག་ལུང་ཐང་པའི་བྱིན་རླབས་ཀྱིས་འཚོ་ཞིང་གཞེས་པ། དབང་ཕྱུག་ དམ་པའི་མངའ་བདག་མི་དབང་ཚེ་བརྟན་རྡོ་རྗེའི་གསུང་གིས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐའམ། མིང་གཞན་ཀུན་ དགའ་སྙིང་པོ་ཞེས་བྱ་བས་གཉན་ཐོག་གི་གཙུག་ལག་ཁང་དུ་སྦྱར་བའོ།། །།བཀྲ་ཤིས། ༄༅། །ༀ་སྭཱ་སྟི། འཕྲིན་ལས་ལྷུན་གྲུབ་ལྷ་མོའི་སྐུ། །སྒྲོལ་མའི་ཚོགས་ལ་གུས་བཏུད་དེ། ཡིད་བཞིན་འཁོར་ལོའི་ རྗེས་གནང་གི །རིམ་པ་ཅུང་ཟད་བྲི་བར་བྱ། །འདི་ལ་སློབ་དཔོན་གྱི་བྱ་བའི་རིམ་པ་བདག་བསྐྱེད། མདུད་བསྐྱེད་མཐའ་དག་སྒྲོལ་ དཀར་གྱི་བསྙེན་སྒྲུབ་གྱི་ལག་ལེན་གསལ་བར་བཀོད་པ་བདུད་རྩིའི་བུམ་བཟང་བཞིན་བྱ་བ་ལས། རྡུལ་ཚོན་གྱི་པདྨ་འདབ་ བརྒྱད་འབྲི་བ་མ་ལྕོགས་ན། མཎྜལ་ལ་ཚོམ་བུ་བཀོད་པ་ཙམ་གྱིས་ཆོག་ཅིང༌། མདུད་བསྐྱེད་ཀྱི་བསྟོད་པའི་རྗེས། གཏོར་ཆོག་གི་ སྔོན་དུ་བཟླས་པ་ཅི་འགྲུབ་བྱ། གཏོར་ཆོག་སོང་བའི་མཚམས་སུ། སློབ་མ་རྗེས་འཛིན་བྱ་སྟེ། སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱ་བ་ 15-1-32 མ་འགྲུབ་ན། ཁ་བཤལ་བའི་ཆབ་བཏང༌། གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱ་སྟེ། སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད། སེམས་ཅད་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་ གོ་འཕང་ཐོབ་པར་བྱ། དེ་མ་ཐོབ་ཀྱི་བར་དུ་ཡང་ཕྱི་ནང་གི་འཇིགས་པ་བར་ཆད་ཐམས་ཅད་ ཞི་བ་དང༌། བསམ་པའི་དོན་ཐམས་ཅད་གེགས་མེད་པར་འགྲུབ་ཅིང༌། ཁྱད་པར་དུ་ཚེའི་ འགལ་རྐྱེན་ཐམས་ཅད་ཞི་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བྱ། དེའི་ཕྱིར་དུ་རྗེ་བཙུན་ མ་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་རྗེས་གནང་ཟབ་མོ་ཞུ་སྙམ་པའི་བྱང་ ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་མདོ་རྒྱུད་རིན་ པོ་ཆེ་ནས་ཇི་སྐད་བཀའ་སྩལ་བ་ལྟར་ལེགས་པར་གསལ་བཏབ་ཏེ་གསན་པར་མཛད་པ་ཞུ། འདིར་གྲུབ་པའི་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་ཞེས་བྱ་བ་རྗེ་བཙུན་མ་འཕགས་མ་ སྒྲོལ་མའི་ཞལ་རྟག་ཏུ་གཟིགས་པ་དེས། རྒྱུད་སྡེ་མང་པོ་ནས་གསུངས་པའི་ཚེ་བསྒྲུབ་ཕྱོགས་ གཅིག་ཏུ་བསྒྲིགས་པའི་འཆི་བསླུ་བླུ་ཆེན་མོ་ཞེས་བྱ་བ་ཤླཽ་ཀ་བཞི་བརྒྱ་ལྔ་བཅུ་པ་ཞིག་མཛད། དེའི་ནང་ན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་གསལ་བར་བཞུགས། སློབ་ དཔོན་དེའི་སློབ་མ་པཎྜི་ཏ་ཐུ་བོ་ཞེས་བྱ་བས་དེ་ལོགས་སུ་ཕྱུང་བའི་སྒྲུབ་ཐབས་ཀྱང་མཛད། དེ་ཆོས་འདིའི་གཞུང་གི་རྩ་བ་ཡིན་ཅིང༌། དེ་ཉིད་ཁ་བ་ཅན་གྱི་ཕྱོགས་འདིར་སྔ་འགྱུར་ཇོ་བོ་རྗེ་ དཔལ་ལྡན་ཨ་ཏི་ཤའི་ལུགས་དང༌། བར་འགྱུར་གཉན་ལུགས་དང༌། བ་རི་ལུགས། ཕྱི་འགྱུར་ ནགས་རིན་ལུགས་ཀྱི་ཉེ་བརྒྱུད་དེ་ལུགས་བཞི་ཡོད་པ་ལས། འདི་སྔ་འགྱུར་ཡིན། དེ་ཡང་ སློབ་དཔོན་ངག་དབང་གྲགས་པ་ལ་གསེར་གླིང་པས་གསན། དེ་ལ་ཇོ་བོ་རྗེས་གསན། ཇོ་ བོས་བོད་དུ་མང་དུ་གནང་ནའང༌། འདི་འབྲོམ་སྟོན་ལས་བརྒྱུད་པ་ཡིན་ཅིང༌། བར་སྐབས་སུ་ སྒམ་པོ་ལུགས་དང༌། བཀའ་གདམས་ལུགས་ཞེས་བརྒྱུད་པ་ཐ་དད་དུ་གྱེས་པ་ཡོད་ནའང༌། མན་ངག་གི་ངོ་བོ་ལ་དབྱེ་བ་མེད་ཅིང༌། འདིར་དེ་གཉིས་ཀར་བརྒྱུད་པ་གཅིག་ཏུ་འདུས་པ་ 15-1-33 ཡིན་ལ། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང༌། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ ལ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྗོད། སློབ་མས་ཀྱང་མཎྜལ་ཕུལ། དེ་ ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་བཟློས་མཛོད། རྡོ་རྗེ་འཛིན་པ་ དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱེད་ལ་གསོལ་འདེབས་ཀྱི། ། མ་ལུས་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། དེ་ནས་རྒྱུན་བཤགས་སྔོན་དུ་འགྲོ་བའི་ སེམས་བསྐྱེད་པ་ནི། སློབ་དཔོན་དང་མདུན་བསྐྱེད་གཉིས་ཀར་འཕགས་མ་སྒྲོལ་མ་ཡིད་ བཞིན་འཁོར་ལོའི་སྐུར་གསལ་བ། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་བཞུགས་པར་བསམས་ལ། སྐྱབས་འགྲོ་ སེམས་བསྐྱེད་ཀྱི་འདུན་པ་དང་བཅས་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཆོས་དང་ སོགས་ལན་གསུམ། སྡིག་པ་བཤགས་པ་དང༌། དགེ་བ་ལ་ཡིད་རང་བ། སྐྱབས་འགྲོ་དང་སྨོན་པ་ སེམས་བསྐྱེད་དང་འཇུག་སྡོམ་ལེན་པ་དང༌། དགེ་བ་བསྔོ་བ་རྣམས་བགྱིད་སྙམ་པས་འདིའི་ རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། རྗེས་གནང་ དངོས་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ ཀྱི་ལུས་ལ་ཕོག་པས་རྣམ་སྨིན་ཤ་ཁྲག་རྡོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ ཐམས་ཅད་མི་དམིགས་ཏེ་སྟོང་བར་སྦྱངས། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ནས། རྒྱབ་ ཡོལ་ཅན་དུ་གྱུར། དཔྲལ་བར་ཟླ་བ་ཞེས་པ་ནས། ཏཱཾ་དཀར་པོ། དེ་ནས་སློབ་དཔོན་ལ་མོས་གུས་ དུང་བ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ ཐམས་ཅད་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ ལུས་ལ་ཐིམ། ལྷོ་ཕྱོགས་རི་བོ་པོ་ཊ་ལ་ནས། རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་ལ། 15-1-34 བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས། ཁྱེད་རང་རྣམས་ལ་ ཐིམ། སློབ་དཔོན་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཐུགས་ཀ་ནས། སྒྲོལ་དཀར་ཡིད་ བཞིན་འཁོར་ལོའི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ། ཡང་ཆུང་རྡུལ་ཕྲན་ཙམ་ བསམ་གྱིས་མི་ཁྱབ་པ་ཁ་བ་བུ་ཡུག་འཚུབ་པ་བཞིན་དུ་ཁྱེད་རང་རྣམས་ཀྱི་ལུས་ལ་གཉིས་སུ་ མེད་པར་སིབ་སིབ་ཐིམ་པར་མོས་པ་མཛོད། བྱས་ལ། དྲི་ཞིམ་པོའི་སྤོས་དུད་དང༌། རོལ་མོ་འཇམ་རོལ་རྒྱུན་ རིང་བས་བྱིན་དབབ། སློབ་དཔོན་གྱིས་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བཞིན་པས། ༀ་ཨཱརྱ་ཏཱ་རེ་བཛྲ་ཨ་བེ་ཤ་ཨ་ ཨ། ཞེས་ལན་ཉེར་གཅིག་ནས་བརྒྱ་རྩའི་བར་གང་འོས་པ་བརྗོད་དོ། །དེས་སྐུའི་རྗེས་གནང་གྲུབ་པ་ལགས། ཡང་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་སྙིང་གར་པད་ཟླ་ལ་འཁོར་ལོ་ དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ཡིག་དཀར་པོ། མཐའ་སྐོར་དུ་ༀ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཧཱ། རྩིབས་བརྒྱད་ལ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། ཞེས་པའི་སྔགས་ཀྱི་ཡིག་འབྲུ་རྣམས་ཁ་དོག་དཀར་པོ་མགོ་གྱེན་བསྟན། ཁ་ནང་དུ་ཕྱོགས་པ་ འོད་ཟེར་དཀར་པོ་འབར་བའི་རྣམ་པ་ཅན་དུ་བཞུགས་པར་མོས། སློབ་དཔོན་གྱི་ཐུགས་ཀ་ ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་སྔགས་འཕྲེང་ལས་ སྔགས་འཕྲེང་གཉིས་པ་ཆད། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཁ་སྒོ་ནས་ཞུགས། སྙིང་ གའི་འཁོར་ལོའི་ལྟེ་བ་དང༌། རྩིབས་རྣམས་ལ་སྤར་བཏབ་པ་བཞིན་དུ་འཁོར་བར་མོས་ལ། འདིའི་རྗེས་བཟློས་མཛོད། ཡི་གེ་བཅུ་པ་ལན་བདུན་དང༌། སྔགས་སྤེལ་ཚིག་ཅན་ལན་གསུམ་རྗེས་ཟློས་བྱེད་གཞུག དེས་སྔགས་ཀྱི་བཟླས་ལུང་ཐོབ། འོན་ཀྱང་བཟླས་བརྗོད་མ་བྱས་ན། ལུང་ཕོག་པ་ཙམ་གྱིས་ དངོས་གྲུབ་མི་ཐོབ་པས། བཟླས་བརྗོད་ཀྱི་དོན་དུ་དམ་བཅའ་བའི་ལུང་ནི། དུས་འདི་ནས་ བཟུང་སྟེ། ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ། རྗེ་བཙུན་མ་འཕགས་མ་སྒྲོལ་དཀར་ཡིད་བཞིན་ འཁོར་ལོ་ཡི་དམ་གྱི་ལྷར་བཟུང་ནས། དེའི་གཟུངས་སྔགས་ཉིན་རེ་ལ་རང་གི་བློ་དང་ 15-1-35 འཚམས་པ་འདི་ཙམ་རེ་མ་ཆག་པར་བཟླ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་ བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སློབ་དཔོན་བདག་ ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཡི་དམ་གྱི་ལྷར་བཟུང་ ནས། དེའི་གཟུངས་སྔགས་ཉིན་རེ་ལ་ཅི་ནུས་རེ་བཟླ་བར་དམ་འཆའ་ལགས་སོ། །ལན་གསུམ། དེ་ལྟར་སྔགས་བཟླས་པས་ཀྱང་དངོས་གྲུབ་ཙམ་ཐོབ་པར་འགྱུར་བ་ཡིན་མོད་ཀྱི། ལོ་དང་ཟླ་ བ་མང་པོར་བསྒྲུབས་པས་མཐར་གྱི་དངོས་གྲུབ་འཐོབ་པ་ཞིག་ཀྱང༌། བླ་མ་དང་ལྷའི་བྱིན་ རླབས་ཀྱི་སྟོབས་ཀྱིས་ཉིན་ཞག་འགའ་ཞིག་ཙམ་གྱིས་{ཁྱད་[ཀྱང་]འགྲུབ་པའི་ཕྱིར། བྱིན་ གྱིས་བརླབས་པའི་ལུང་བྱ་དགོས་པས། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། ། ཅེས་ལན་གསུམ། དེ་ལྟར་ཕུལ་བས་མེ་ཏོག་དེ་ཉིད་སྔགས་འཕྲེང་དུ་བྱིན་གྱིས་བརླབས་ཏེ། ཁྱེད་ རང་རྣམས་ཀྱི་སྤྱི་བོ་ནས་གཏོར་བས། སྤྱི་གཙུག་གི་སྒོ་ནས་ཞུགས་ཏེ། སྙིང་གར་སྔགས་ འཕྲེང་ལ་ཐིམ་ཞིང༌། བྱིན་གྱིས་བརླབས་པར་མོས་མཛོད། མེ་ཏོག་སྤྱི་བོར་གཏོར་ཏེ། བཅོམ་ ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཅེས་ལན་གསུམ་སྙིང་གར་གཏོར་ ཏེ། སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་ རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་མ་འཕགས་མ་སྒྲོལ་{མའི་ཟབ་[མ་དཀར་]མོའི་ གསུང་རིག་སྔགས་ཀྱི་ནུས་མཐུ་ཐམས་ཅད་ཐོགས་མེད་དུ་འཇུག་པར་གྱུར་ཅིག དེས་གསུང་ གི་རྗེས་གནང་ཐོབ་པ་ལགས། ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་ བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཐམས་ཅད་ཕྱག་མཚན་ཨུཏྤལ་དཀར་པོ་དྲི་མ་མེད་པའི་ 15-1-36 འོད་ཟེར་འཕྲོ་བས་རྣམ་པར་སྤྱན་དྲངས། མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ། མདུན་བསྐྱེད་ ལ་མོས་གུས་དུང་བ་བྱས། དེ་ཉིད་རང་གི་སྤྱི་བོར་བྱོན། འོད་ཀྱི་གོང་བུར་ཞུ་བ་སྤྱི་བོ་ནས་ ཞུགས་ཏེ་སྙིང་གར་ཐིམ། དེའི་ངང་དེར་སེམས་དུས་གསུམ་གྱི་རྣམ་པར་རྟོག་པའི་སྤྲོས་པ་ ཐམས་ཅད་སྤངས་ཏེ། ཅུང་ཟད་མཉམ་པར་ཞོག་མཛོད། ཅེས་བརྗོད་ལ་ཅུང་ཟད་མི་རྟོག་པ་ སྒོམ་དུ་གཞུག དེས་ཐུགས་ཀྱི་རྗེས་གནང་ཐོབ་པ་ལགས། དེ་དག་གི་གནས་སྐབས་སུ་ཐོབ་ པའི་དམ་ཚིག་དང་སྡོམ་པ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་ བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། ལན་གསུམ། བཀའ་དྲིན་གཏང་རག་གི་ དོན་དུ་མཎྜལ་ཕུལ་མཛོད་ཅེས་བརྗོད་ལ། སློབ་མས་ཀྱང་མཎྜལ་འབུལ། རང་གི་ལུས་དང་ལོངས་སྤྱོད་ དུས་གསུམ་གྱི་དགེ་བའི་དངོས་པོ་ཐམས་ཅད་ལྷ་དང་བླ་མ་ལ་འབུལ། ཆ་ཤས་ཀྱང་ལོངས་ སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱོད་ ལ་བདག་ནི་འབུལ་ལགས་ཀྱི། ཁྱོད་ཀྱིས་སློབ་མ་བཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་ གསོལ། །ལན་གསུམ། བསོད་ནམས་འདི་ཡིས་སོགས་དང༌། སྨོན་ལམ་དང་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་ པ་བརྗོད། དེས་སློབ་མ་རྗེས་སུ་འཛིན་པའི་བྱ་བ་རྫོགས་པ་ཡིན། རྗེས་ཆོག་ནི་མཆོད་པ་རྣམས་ཁ་གསོས་ལ། ཨ་མྲྀ་ཏས་ བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ༀ་ལས་བྱུང་བའི་ནས། ཨ་ཁཾ་སྭཱཧཱའི་བར་ཀྱི་བྱིན་གྱིས་ བརླབས། ༀ་ཨཱརྱ་ཏཱ་རེ་གུ་རུ་བུདྡྷ་ནས། སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད་ཀྱི་བར་སྒྲུབ་ཐབས་བཞིན། རྗེ་ བཙུན་མ་འཕགས་མ་སྒྲོལ་མས་བདག་དང་སློབ་མར་བཅས་པ་ལ་དངོས་གྲུབ་ཐམས་ཅད་ སྩལ་དུ་གསོལ། ཡིག་བརྒྱ་ལན་གསུམ་ནས། བཀྲ་ཤིས་ཀྱི་བར་ཡང་སྒྲུབ་ཐབས་ཀྱི་མཆོད་ཆོག་བཞིན་བྱའོ། །འདི་ནི་སྒྲོལ་ དཀར་ཇོ་བོ་ལུགས་ཀྱི་དབང་དུ་བྱས་པ་སྟེ། ལུགས་བཞིའི་ནང་ནས་རྩ་བའམ། མ་ལྟ་བུར་གྱུར་པ་ཡིན་ལ། ལུགས་འདི་ལ་ཚེ་ཁྲིད་ ཟབ་མོའང་བཞུགས་ཤིང༌། ལས་ཚོགས་ཀྱང་མང་རབ་ཡོད་དོ། །ལུགས་གཞན་རྣམས་ཀྱི་ཁྱད་པར་ཅུང་ཟད་ཙམ་བརྗོད་ན། བ་རི་ ལུགས་དང༌། གཉན་ལུགས་ལ་སྒྲུབ་ཐབས་ཀྱི་སྐབས་གནས་གསུམ་བྱིན་རླབས་མེད། རིགས་བདག་འོད་དཔག་མེད་ཡིན། རྗེས་ 15-1-37 གནང་གི་ངོ་བོ་སྒྲུབ་ཐབས་བརྒྱ་རྩ་དང་འདྲ། གཉན་ལུགས་ལ་བུམ་ཆོག་སྤྱི་དང་མཐུན་པའི་བུམ་པ་ཞིག་བཅས་ལ། ཐུགས་ཀྱི་ རྗེས་གནང་གི་མཐར་བཀྲུ་བྱབས་བསྲུང་གསུམ་མཛད། སྙིང་གའི་སྔགས་འཁོར་ལ་འཁོར་ལོའི་མུ་ཁྱུད་ལ་ༀ་ཡིག་གི་འཕྲེང་བ་ བསྒོམ། བ་རི་ལུགས་ལ་སྐུའི་རྣམ་པའང་སྤྱན་གཉིས་མ་གཙོ་བོར་མཛད། སྐུ་འགྱིང་བག་མེད་པའི་དྲང་པོ། གཡོན་གྱི་ཨུཏྤལ་དུས་ གསུམ་གྱི་སངས་རྒྱས་མཚོན་པའི་མེ་ཏོག་ཁ་ཟུམ་ཞིང་ཡལ་བ་དང༌། འབུས་པ་དང༌། རྒྱས་པ་གསུམ་ཡོད། ལུགས་འདི་ལ་ལས་ ཚོགས་ཤིན་ཏུ་མང༌། པཎ་ཆེན་ནགས་རིན་གྱི་ལུགས་ལ། སྔོན་འགྲོ་སྐྱབས་སེམས་ཁོ་ན་ཡིན། སྟོང་པའི་ངང་ལས་ཧཱུཾ་ ལས་བསྲུང་འཁོར་དང༌། བྷྲུཾ་ལས་ཆུ་ཤེལ་གྱི་གཞལ་མེད་ཁང༌། དེར་ཏཱཾ་ལས་སྒྲོལ་དཀར་འོད་ དཔག་མེད་ཀྱི་དབུ་བརྒྱན་རང་ཆས་སུ་ཡོད་པ་ཞིག་བསྒོམ། གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་དྲངས། དབང་བསྐུར་རྒྱས་བཏབ། མཆོད་བསྟོད་རྣམས་བདག་བསྐྱེད་ལ་མི་མཛད། རྗེས་གནང་ལ་ཕལ་ཆེར་ཇོ་བོ་ལུགས་དང་འདྲ་བ་ ལས། སྔོན་འགྲོའི་སྐབས་སངས་རྒྱས་ཆོས་དང་མ་མི་དགོས། གསུང་གི་རྗེས་གནང་གི་སྐབས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ ཐུགས་ཀའི་འཁོར་ལོ་སྔགས་འཕྲེང་དང་བཅས་པ་ཡོངས་རྫོགས་སློབ་མའི་སྙིང་གའི་སྔགས་འཁོར་ལ་བསྟིམ། ཐུགས་ཀྱི་རྗེས་ གནང་གི་སྐབས། སློབ་དཔོན་གྱི་སྙིང་གའི་སྔགས་འཁོར་གྱི་འོད་ཀྱིས་རིགས་བདག་བསྐུལ། ཕྱག་གི་ལྷུང་བཟེད་ཀྱི་འོད་ཀྱིས་ སྣོད་བཅུད་ཐམས་ཅད་ཀྱི་བཅུད་བསྡུས་ནས་སློབ་མའི་སྤྱི་བོ་ནས་ཞུགས་ཏེ། སྙིང་གའི་སྔགས་འཁོར་ལ་བསྟིམ། འདི་དང་བ་རི་ ལུགས་གཉིས་མཐུན་པར་ལས་སྔགས་ཁོ་ན་ལ་བཟླས་པ་བྱེད་ཅིང༌། འཁོར་ལོ་ལ་མུ་ཁྱུད་རིམ་པ་གསུམ་གྱི་ནང་མ་ལ་ཨཱ་ལི་ གཡོན་བསྐོར། བར་པ་ལ་ཀཱ་ལི་གཡས་བསྐོར། ཕྱི་མ་ལ་རྟེན་འབྲེལ་སྙིང་པོ་གཡས་བསྐོར་དུ་བསྒོམ། པཎ་ཆེན་ཤཱཀྱ་ཤྲཱིས་ཀྱང་ ངག་དབང་གྲགས་པའི་ལུགས་འདི་ཅུང་ཟད་གསུངས་ཤིང་བསྒྱུར་བར་ཡང་མཛད་མོད་ཀྱི། དེང་སང་དེ་ནས་བརྒྱུད་པའི་བཀའ་ མེད་པར་མངོན་ལ། པཎ་ཆེན་ཉིད་ཀྱི་ཞལ་གཟིགས་ནི་ལྷ་དགུ་མ་ཡིན་ལ། སྔགས་ཀྱང་གཞན་ཡིན་པའི་ཕྱིར་ངག་དབང་གྲགས་ པའི་ལུགས་དང་མ་འབྲེལ་བས། ལུགས་འདི་དག་དང་བསྲེ་བར་མི་བྱ་སྟེ། སྒྲུབ་ཐབས་ཀྱང་ལོགས་སུ་སྟོན་ནོ། །འདི་ཤེས་ཆོས་ འདིའི་ལུགས་སྲོལ་ཀུན༷། །མ་འདྲེས་སོ་སོའི་འབྱེད་ལ་དག༷འ། །ཡིག་ཚོགས་ཆེ་བ་མི་ངོམ་པར། །སྙིང༷་པོ༷འི་གནད་ལ་མཁས་པར་ འགྱུར། །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཀྱི་ཡན་ལག་རྗེས་གནང་གི་ལེ་ཚན་ནོ།། །།དགེའོ། ། 15-1-38 ༄༅། །འཕགས་མ་དབྱངས་ཅན་མའི་སྒྲུབ་ཐབས་ཡེ་ཤེས་འཆར་བ་ ཞེས་བྱ་བ་བཞུགས་སོ། ། ༈ ༀ་སྭཱ་སྟི། འཕགས་མ་དབྱངས་ཅན་མའི་སྒྲུབ་ཐབས་ཡེ་ཤེས་འཆར་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཔལ་ལྡན་འཇིག་རྟེན་མགོན་པོ་ཡིས། །གདུལ་བྱའི་བློ་མུན་བསལ་བའི་ཕྱིར། །ཐབས་ མཁས་ལྷ་མོའི་སྐུར་སྤྲུལ་པ། །དཔལ་མོ་དབྱངས་ཅན་མ་ལ་འདུད། །སྒྲུབ་ཐབས་མཆོད་པའི་ཆོ་ག་ནི། །མན་ངག་བཅས་པ་མདོར་ བསྡུས་ཏེ། །བློ་ལྡན་གཞན་ལ་ཕན་དོན་དུ། །ཅུང་ཟད་ཡི་གེའི་ལམ་དུ་སྤེལ། །འདི་ལ་བསྙེན་པའི་མན་ངག་དང༌། མཆོད་པའི་ཆོ་ག་ དང༌། ཉེར་མཁོའི་མན་ངག་སྟེ་གསུམ་ལས། དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྤྱི་དང་མཐུན། བླ་མ་ ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་མདུན་དུ་བཞུགས་པར་གྱུར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ཡན་ལག་བདུན་པ་ཚར་གསུམ་བྱ། ༀ་སྭ་བྷཱ་ཝ་ཤུདྡྷ་ སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་བྷྲུཾ་ལས་སྣོད་ཀྱི་འཇིག་རྟེན་ལྷ་དང་དྲང་སྲོང་ དྲི་ཟ་གྲུབ་པའི་ཚོགས་ཀྱིས་བསྟེན་པའི་གནས། རི་བོ་ནགས་ཚལ་སྨན་ལྗོངས་ཉམས་དགའ་ བའི་དབུས། འོ་མའི་རྒྱ་མཚོ་དཀར་ལ་དྭངས་པའི་ནང་དུ། པཾ་ལས་པདྨ་དཀར་པོ་འདབ་མ་ འབུམ་ཕྲག་རྒྱས་པའི་སྡོང་པོ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རང་ སེམས་ཧྲཱིཾཿདཀར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་སྐུ་ མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས། སྐྱིལ་ཀྲུང་ཕྱེད་པ་ཙོག་པུའི་འདུག་སྟངས་ཅན། 15-1-39 ཞལ་རས་ཟླ་བ་ཉ་གང་བ་ལྟ་བུ། ཨུཏྤལ་ལྟར་བཀྲ་བའི་སྤྱན་ཟུང་གཡོ་བས་མཛེས་པ། ཕྱག་ གཡོན་པས་བཻཌཱུརྱའི་རྒྱུད་མང་འཛིན་ཞིང༌། གཡས་པའི་ཕྱག་སོར་གྱི་འདུ་བྱེད་ཀྱིས་བསྐུལ་ བས་སྒྲ་དབྱངས་རྒྱ་མཚོ་མངོན་པར་སྒྲུབ་པ། བུང་བ་ལྟར་གནག་པའི་སྐྲ་ཚོགས་ཕྱེད་སྟག་ པར་བཅིངས་ཤིང༌། ཕྱེད་གསིལ་བུར་གྲོལ་བས་སྐུ་སྟོད་ཁྱབ་པ། པདྨ་དཀར་པོའི་ཕྲེང་བའི་ ཐོད་བཅིངས་དང༌། རིན་པོ་ཆེའི་སྣ་ཚོགས་པས་སྐྲའི་ཟར་བུ་མཛེས་པ། བཅུ་དྲུག་ལོན་པའི་ ལང་ཚོ་ཅན། ནུ་འབུར་མཐོ་ལ་རྒྱས་པ། སྐེད་སྐབས་ཕྲ་ཞིང་སྒེག་ལ་འཛུམ་པའི་ཉམས་ཅན། ལྷ་རྫས་ཀྱི་སྟོད་གཡོགས་དཀར་པོ་དང༌། སྨད་གཡོགས་དབང་པོའི་གཞུ་ལྟར་བཀྲ་བའི་ལྷབ་ ལྷུབ་གཡོ་བ། ནོར་བུ་རིན་པོ་ཆེའི་རྒྱན་དུ་མས་རྣམ་པར་བརྒྱན་པ་ནི། གཙུག་གི་ནོར་བུ། སྙན་ རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སོར་གདུབ། སྐ་རགས། དོ་ཤལ། སེ་མོ་ དོ། གཡེར་ཁའི་ཕྲེང་ལ་སོགས་པས་བརྒྱན་པའོ། །རང་གི་སྙིང་ཆུ་ཤིང་གི་མེ་ཏོག་ལྟར་ཁ་ཐུར་ དུ་ལྟ་བ་དེ་ཉིད་གྱེན་དུ་ལངས་པས་ཨུཏྤལ་དམར་པོ་ཁ་འབུས་པའི་རྣམ་པ་ཅན་དུ་གྱུར་པའི་ ནང་དུ། ༀ་དཀར་པོ། རླུང་ཅུང་ཟད་ཕྱིར་བསལ། ༀ་གྱི་ནཱ་ད་ལས་འོད་ཟེར་དཀར་པོ་འཕྲོས། སྣ་བུག་གཡས་ནས་ཐོན། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་འཛིན་དགའ་བའི་ཚལ་ན་ལྷ་མོ་ དབྱངས་ཅན་མ་བཞུགས་པའི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀ་ནས་ངོ་བོ་ཡེ་ཤེས་ སེམས་དཔའ། རྣམ་པ་དབྱངས་ཅན་གྱི་འཁོར་ལོ་འོད་ཟེར་འབར་བ་སྤྱན་དྲངས་ཏེ། ཤངས་ བུག་གཡས་ནས་ཐོན། སྐད་ཅིག་གིས་བྱོན་ཏེ། རང་གི་མདུན་གྱི་ནམ་མཁར་བཞུགས་པ་ལ་ གློ་བུར་དུ་བྱུང་བའི་མཆོད་པ་ནམ་མཁའ་གང་བས་མཆོད་པར་གྱུར། ༀ་པྲི་ཏི་དེ་ཝཱི་དཱི་བྱ་པུཥྤེ་ ཧཱུཾ། དེ་བཞིན་དུ་སྦྱར་ཏེ། དྷཱུ་པེ། གནྡྷེ། ནཻ་ཝེ་ཏེ། ཨཱ་ལོ་ཀེ། ༀ་པྲི་ཏི་དེ་ཝཱི་དཱི་བྱ་བི་ལེ་པ་ནི་ཧཱུཾ། ཞེས་ པས་མཆོད། ༀ་པྲི་ཏི་དེ་ཝཱི་མེ་ཧྲཱིཾཿཥྛི་ཏིཥྛ་ཧྲཱིཾཿ ཞེས་ཤུབ་བུར་བརྗོད་ནས། དབུགས་ནང་དུ་རྔུབས། འཁོར་ ལོ་སྣ་བུག་གཡོན་ནས་ཞུགས། འོད་དུ་ཞུ་སྟེ། ༀ་གྱི་ནཱ་ད་ལ་ཐིམ། ༀ་ཡོངས་སུ་གྱུར་པ་ 15-1-40 ལས། དབྱངས་ཅན་གྱི་འཁོར་ལོ་པདྨ་དཀར་པོ་འདབ་བརྒྱད་ཤིན་ཏུ་རྒྱས་པ། ལྟེ་བ་ལྗང་ཁུ་ ཟེའུ་དམར་སེར། དེའི་སྟེང་དུ་ཟླ་བ་རྙོག་བྲལ་གྱི་དབུས་སུ་ཧྲཱིཾཿདཀར་པོ་ནཱ་ད་དང་བཅས་པ། འདབ་མ་བརྒྱད་ལ་དབྱངས་ཀྱི་ཡི་གེ་གཉིས་གཉིས་ཏེ་གཡས་བསྐོར་དུ་འཁོར་བ། མར་མེ་ དཀར་པོའི་ཕྲེང་བ་ལྟ་བུའོ། །འཁོར་ལོ་ཡིག་འབྲུ་དང་བཅས་པའི་འོད་ཟེར་གྱིས། ལུས་ཀྱི་ཕྱི་ ནང་ཐམས་ཅད་ཁྱབ། མི་ཤེས་པའི་མུན་པ་དག །ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་ པའི་བློ་གྲོས་ཀྱི་སྣང་བ་རྒྱས་པར་གྱུར། ཞེས་བརྗོད་ཅིང་བསྒོམ། དབྱངས་ཅན་དགའ་བའི་ཞབས་ཀྱི་སྒྲུབ་ཐབས་ ན། ཡན་ལག་བཞི་བསྐྱེད་མཛད་པ་ལྟར་སྤྲོ་ན་བྱ་བར་{ལྟ་[ཡང་]རུང་མོད་ཀྱི། འོན་ཀྱང་འདི་ནི་མན་ངག་ཐུན་མོང་མ་ཡིན་པའོ། ། བསྡུས་པ་ལ་དགའ་ན། སྐྱབས་འགྲོ་སེམས་བསྐྱེད། སྭ་བྷཱ་ཝ་སོགས་དང༌། སྟོང་པའི་ངང་ལས་རང་ཉིད་ སྐད་ཅིག་ཙམ་གྱིས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་ཞེས་པ་མན་ཆད་ཀྱིས་ཆོག་ གོ །བཟླས་པ་ནི་འཁོར་ལོ་དེ་ཉིད་ལྟེ་བར་བཀོད་ཀྱང་རུང་སྟེ། ཧྲཱིཾཿ ཞེས་བཟླས་པས། འཁོར་ལོའི་དབུས་ཀྱི་ཧྲཱིཾཿགི་ ནཱ་ད་ལས་ཧྲཱིཾཿཆད། ཞལ་ནས་ཐོན། དེའི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་ རྣམས་ཀྱི་བྱིན་རླབས་དང་ལྷན་ཅིག་ལྟེ་བའི་དཀྱིལ་འཁོར་ནས་ཞུགས་ཏེ་འཁོར་ལོའི་དབུས་ ཀྱི་ཧྲཱིཾཿལ་ཐིམ། འཁོར་ལོ་ལྟར་ཟླུམ་པོ་དང༌། མུ་ཏིག་དོ་ཤལ་ལྟར་འཆང་བ་གང་བསྒོམས་ཀྱང་རུང་ངོ༌། །ཐུན་འཇོག་ཁར་ འོག་ནས་འབྱུང་བ་ལྟར་གཏོར་མ་ཕུལ་ལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཤེས་རབ་སྩལ་ དུ་གསོལ། ཞེས་ལན་མང་དུ་གསོལ་བ་བཏབ། ཡི་གེ་བརྒྱ་པ་སོགས་རྗེས་ཀྱི་བྱ་བ་རྣམས་བྱས་ལ། གནས་གསུམ་བྱིན་གྱིས་ བརླབས་ཏེ། ཐུན་མཚམས་ཀྱི་བྱ་བ་ལ་འཇུག ཛམྦྷ་ལའི་ཆུ་སྦྱིན་ཡང་མ་ཆག་པར་བྱ། དེ་དག་ནི་རྒྱུན་གྱི་རྣལ་འབྱོར་ཏེ། དེ་ལྟར་ ཐུན་བཞིར་བརྩོན་པ་ལ་གནས་ཤིང༌། མི་ཚིག་གིས་བར་མ་ཆོད་པར་བཟླས་པ་འབུམ་ཕྲག་གཅིག་དང༌། ཉི་ཁྲི་ལྔ་སྟོང་བཟླ་བར་ བཤད་པ་ད་ལྟ་བཞི་འགྱུར་དུ་བྱེད་དགོས་པས། འབུམ་ཕྲག་ལྔ་བཟླ་ཞིང༌། དེ་ཉིད་ལན་གསུམ་དུ་བརྩམས་པ་ནི། འབུམ་ཕྲག་ བཅོ་ལྔ་སྟེ། དེ་ཙམ་གྱིས་གྲངས་ཀྱི་བསྙེན་པ་ཚར་གཅིག་རྫོགས་པ་ཡིན་ནོ། ། གཉིས་པ་མཆོད་པས་ཆོ་ག་ནི་ས་སྟེགས་གྲུ་བཞི་ཁྲུ་དོ་པ་ཤིན་ཏུ་མཉམ་པའམ། དབུས་དང༌། ལྷོ་དང༌། ནུབ་ཅུང་ཟད་མཐོ་ 15-1-41 ཞིང༌། ཤར་དང་བྱང་ཅུང་ཟད་དམའ་བ་ལ། བ་བྱུང་ལྔས་ཆག་ཆག་བཏབ། ཚངས་ཟུར་གྱིས་ཐིག་གདབ། ལྟེ་བ་སོར་བཞིར་བསྐོར་ བ་དང༌། འདབ་མ་ལ་ཁྲུ་ཕྱེད་བསྐོར་བ། དེ་ལ་རྡུལ་ཚོན་ནམ་ཆུ་ཚོན་གྱིས་པདྨ་འདབ་བརྒྱད་བྲི། ཡང་ན་དར་རམ་རས་གཞི་ལ་ བྲིས་པ་སྟེགས་བུའི་སྟེང་དུ་བཀྲམ་ཡང་རུང་ངོ༌། །དེའི་དབུས་དང་འདབ་མ་བརྒྱད་ལ་མར་གྱི་མར་མེ་རེ་རེ་བཞག་པའམ། ཏིང་ ལོ་ཆུང་ངུ་དགུ་དབུས་སུ་བཞག་ཀྱང་རུང་ངོ༌། །ཡང་ན་ལྟེ་བ་དང་འདབ་མ་རྣམས་ལ་བཞི་མཉམ་གྱིས་སྙིང་གའི་འཁོར་ལོ་དང་འདྲ་ བའི་ཡི་གེ་རྣམས་བྲིའོ། །བཞི་མཉམ་ནི། ཙན་དན། གླ་རྩི། གུར་གུམ། གི་ཧཾ་སྟེ་བཞི་པོ་སྦྱར་བའི་ལྡེ་གུ་ཡིན་ནོ། །དཀྱིལ་འཁོར་ དེའི་དབུས་སུ་སྐུ་གཟུགས་ལུགས་མ་ལྟ་བུ་བཞུགས་སུ་གསོལ། དེ་མེད་ན་དཀྱིལ་འཁོར་གྱི་རྒྱབ་ཏུ་བྲིས་སྐུ་བཀྲམས་པས་ཀྱང་ དེའི་དོད་དུ་འགྱུར། མ་འབྱོར་ན་བྲིས་འབུར་གྱི་སྐུ་གཟུགས་མེད་ཀྱང་རུང༌། མདུན་དུ་དཀར་གཏོར་ཆེ་ཆུང་གཉིས་དང༌། མཆོད་ པ་གཙང་ཞིང་བཟང་བ་འབྱོར་ཚད་བཤམ། ཆང་བུའི་གཏོར་མའང་བཤམ། དེ་ནས་ཨ་མྲྀ་ཏའི་སྔགས་ཀྱིས་བགེགས་བསྐྲད། བདག་བསྐྱེད་བཟླས་པ་དང་བཅས་པ་ཚར་གཅིག་བསྒོམས་ཏེ། མདུན་གྱི་དཀྱིལ་འཁོར་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་ སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་བསྲུང་བའི་འཁོར་ལོའི་དབུས་སུ་ༀ་ཡོངས་ སུ་གྱུར་པ་ལས་དབྱངས་ཅན་གྱི་འཁོར་ལོ་ཞེས་པ་ནས། ལྟ་བུའི་བར་བདག་བསྐྱེད་བཞིན། འཁོར་ལོ་ ཡིག་འབྲུ་དང་བཅས་པའི་འོད་ཟེར་རིང་དུ་འཕྲོས་པས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་ འཛིན་དགའ་བའི་ཞེས་པ་ནས། བི་ལི་པ་ནི་ཧཱུཾ་གི་བར་གོང་བཞིན། ཛཿཧཱུཾ་བཾ་ཧོཿ འཁོར་ལོ་དམ་ཚིག་ པ་དང་གཉིས་སུ་མེད་པར་གྱུར། ༀ་པྲི་ཏི་དེ་ཝཱི་ཧྲཱིཾཿ ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ ཨཽ་ཨཾ་ཨཿ ཞེས་བརྒྱ་རྩ་བརྒྱད་བཟླས། འཁོར་ལོ་དེ་ཉིད་གཞལ་མེད་ཁང་དང་བཅས་པ་ལྷ་མོའི་ སྐུར་གྱུར། མཆོད་པ་རྣམས་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ༀ་ལས་བྱུང་ བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་བའི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་རྣམས་ནམ་མཁའི་ ཁམས་ཐམས་ཅད་ཁྱབ་པར་གྱུར། ༀ་བཛྲ་ཨརྒྷཾ་སྭཱཧཱ་ནས། ཤབྟ་ཨཱཿཧཱུཾ་གི་བར་གྱིས་བྱིན་གྱིས་ བརླབས། ཡེ་ཤེས་བདེ་བ་ཆེན་པོའི་དངོས། །མཆོད་ཡོན་བདུད་རྩིའི་རྒྱ་མཚོ་འདི། །དཔལ་གྱི་ 15-1-42 ལྷ་མོ་དབྱངས་ཅན་མ། །རྒྱལ་བ་སྲས་བཅས་རྣམས་ལ་འབུལ། །ༀ་སྭ་ར་སྭ་སྟི་དེ་ཝཱི་ས་པ་རི་ ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་འདོན་པ་སྤོས་ཏེ། ཞབས་བསིལ་བདུད་རྩིའི་ཆུ་རྒྱུན་འདི། །པཱདྱཾ། ལྷའི་མེ་ཏོག་སྣ་ཚོགས་པ། །ཡོངས་འདུ་མནྡ་ར་བ་དང་། །འདབ་བརྒྱ་ཨུཏྤལ་ཀུ་མུད་སོགས། ། འབུལ་གྱི་བདག་ལ་དགྱེས་པར་མཛོད། །པུཥྤེ། སྣ་ཚོགས་དྲི་ཞིམ་སྤོས་ཀྱི་མཆོག །ཞིང་ཀུན་ ཁྱབ་པར་བྱེད་པ་འདི། །ངག་དབང་ལྷ་མོ་ལ་འབུལ་གྱི། །དངོས་གྲུབ་སྩོལ་ཕྱིར་བཞེས་སུ་ གསོལ། །དྷཱུ་པེ། སྣ་ཚོགས་ནོར་བུའི་སྣང་གསལ་དང༌། །བགེགས་འཇོམས་མར་མེའི་ཕྲེང་བ་ འདི། །མཆོག་ཏུ་དགེས་པས་བཞེས་སུ་གསོལ། །བློ་དང་མཆོག་གི་དངོས་གྲུབ་སྩོལ། །ཨཱ་ལོ་ ཀེ།བཞི་མཉམ་སྦྱར་བའི་དྲི་མཆོག་འདི། །ལྷའི་དྲི་བཟང་ཕྱེ་མ་དང༌། །བྱུགས་པ་ཡིས་ཀྱང་ བྱུག་པར་བྱ། །རྫུ་འཕྲུལ་དངོས་གྲུབ་བདག་ལ་སྩོལ། །གནྡྷེ། བཟའ་བ་བཅའ་བའི་ཁྱད་པར་ དང༌། །སྣ་ཚོགས་བདུད་རྩིའི་ཞལ་ཟས་ནི། །བཏུང་བའི་བྱེ་བྲག་འབུམ་དང་སྦྱར། །བཞེས་ ནས་བྱིན་གྱིས་བརླབ་པར་མཛོད། །ནཻ་ཝེ་ཏེ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་ མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་ཚིམ་བྱེད་པའི། །སྤྲིན་རྣམས་སོ་ སོར་གནས་གྱུར་ཅིག །ཤཔྟ། དེ་ནས་སྤྲོ་ན་རྒྱལ་སྲིད་སྣ་བདུན། འདོད་ཡོན་ལྔ། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད་ ལ་སོགས་པ་རྣམས་ཀྱིས་མཆོད། བསྟོད་པ་ནི། སྤྱན་རས་གཟིགས་དབང་མཆེ་བའི་རྩེ་མོ་ལས་ནི་མངོན་ སྤྲུལ་ཞིང༌། །ཐོགས་མེད་རྣམ་འཕྲུལ་མཐའ་ཡས་རོལ་པས་རྗེས་སུ་བཟུང་བའི་ཕྱིར། །ཚངས་ པའི་བུ་མོ་ཁྱོད་སྐུ་རབ་ཏུ་གསལ་བའི་རྣམ་འགྱུར་ཅན། །བིཥྞུའི་གཟུགས་བརྙན་གཏུམ་པོ་ རབ་དགའ་བསྐྱེད་པའི་ཚུལ་འཛིན་མ། །རྗེས་སུ་ཆགས་བཅས་རོལ་པའི་ལོ་ནི་བརྒྱད་གཉིས་ ལོན་པའི་ཉམས། །ཆུ་གཏེར་འགྲམ་ངོགས་སྦུ་བའི་ཕྲེང་བས་རྩེ་བའི་དགའ་བ་ཅན། །དྲི་ཟའི་ བུ་མོས་མངོན་བསྟོད་ཉིད་ཀྱི་རྣམ་ཐར་ཕུལ་བྱུང་རྣམས། །གང་གིས་ཡིད་ལ་དྲན་བྱེད་དེ་ལ་ ངག་གི་དངོས་གྲུབ་མྱུར་དུ་སྩོལ། ཁོ་བོས་ཁྱོད་དྲན་བ་སྤུ་ཤས་ཆེར་གཡོས་པའི་ལག་པ་ཡིས། ། 15-1-43 ཐལ་སྦྱར་མེ་ཏོག་གཞོན་ནུ་ཁ་འབུས་ལྟ་བུ་སྤྱི་བོའི་སྟེང༌། །རབ་བཞག་སྙིང་ནས་གུས་པ་ ལྷུར་བྱེད་ཁྱོད་ཀྱི་ཡོན་ཏན་ཆེ། །མཐའ་དག་རྟོགས་མིན་འདིར་ནི་སྡེབ་སྦྱོར་ལེགས་པའི་ཕྲེང་ བས་མཆོད། །དེ་ལྟར་ཁྱོད་བསྟོད་ལྷུར་ལེན་གང་ཡིན་དེ་ནི་ཡོན་ཏན་གྱིས། །དབུས་འགྱུར་སྣ་ ཚོགས་རིག་པའི་གཞུང་ལས་རབ་སྐྱེས་ཆོས་ཀྱི་དོན། །མྱུར་རྟོགས་ས་གསུམ་སྐྱེ་དགུའི་གཞུང་ སྒྲོན་གཏི་མུག་མུན་པ་རྣམས། །རབ་བསལ་སྐྱེ་བོས་རྒྱལ་བའི་དབང་པོ་འོད་དཔག་མེད་འདྲ་ ཐོབ་པར་ཤོག །ཅེས་པ་དང་གཞན་ཡང་ཚིག་དོན་ཕུན་སུམ་ཚོགས་པའི་བསྟོད་པ་ཅི་ཤེས་ཀྱིས་བསྟོད་དོ། ། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་གཏོར་སྣོད་རིན་པོ་ཆེ་ལས་ གྲུབ་པ་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་དང་ཁྱོན་མཉམ་པའི་ནང་དུ། ༀ་ཨཱཿཧཱུཾ་ཞུ་བ་ལས་ བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ་ཉེར་གཅིག་བརྗོད་པས་བྱིན་གྱིས་བརླབས། ༀ་སྭ་ར་སྭ་སྟི་ས་པ་རི་ཝཱ་རེ་བྷྱཿ ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭ་ཏ་ༀ་ཨཱཿཧཱུཾ་ཕཊ་ སྭཱཧཱ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ་ཞེས་ལན་བདུན་གྱིས་ལྷ་མོ་དབྱངས་ཅན་ མ་ལ་ཕུལ། ཆུ་གཉིས་སྔོན་དུ་འགྲོ་བའི་མེ་ཏོག་ལ་སོགས་པས་མཆོད། མཁྱེན་བཟང་རབ་ཏུ་རྒྱས་པའི་པདྨ་དང༌། ། ཐུགས་རྗེས་དྲི་མེད་ཟླ་བའི་གདན་ལ་འགྱིང༌། །སྒྲ་དབྱངས་རྒྱ་མཚོ་པི་ཝཾ་གསུང་སྙན་གྱིས། ཁམས་གསུམ་དབུགས་འབྱིན་ལྷ་མོ་ཁྱོད་ལ་འདུད། །མཆོད་སྦྱིན་གཏོར་མ་འདི་བཞེས་ ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག ། འཕགས་མ་དབྱངས་ཅན་མ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བདག་ལ་ཐུགས་བརྩེ་ བར་མཛད་དུ་གསོལ། བདག་ལ་དངོས་གྲུབ་སྩལ་དུ་གསོལ། ཕུན་སུམ་ཚོགས་པའི་ཤེས་ རབ། ཆགས་ཐོགས་མེད་པའི་སྤོབས་པ། གཞན་དྲིང་མི་འཇོག་པའི་བློ་གྲོས། ཚངས་པའི་ དབྱངས་ཀྱི་ངག་རྣམས་སྩལ་དུ་གསོལ། རིག་པ་རང་གྲོལ་བའི་སྨྲ་བ་ཕུན་སུམ་ཚོགས་པ་དང༌། སྡེ་སྣོད་མ་ལུས་པའི་དོན་རྟོགས་པ་དང༌། རིག་པའི་གནས་མཐའ་དག་ཁོང་དུ་ཆུད་ཅིང༌། རིག་ 15-1-44 པ་དྲི་མ་མེད་པའི་རྟོག་གེ་དང༌། ཚིག་རྒྱན་ཕུལ་དུ་བྱུང་བའི་སྙན་ངག་སོགས་འཆད་རྩོད་རྩོམ་ པ་ལ་ཐོགས་པ་མེད་པའི་བློ་གྲོས་བསྐྱེད་དུ་གསོལ། གཞན་ཡང་ཕྱི་ནང་གི་བར་ཆད་ཐམས་ ཅད་ཞི་བ་དང༌། དངོས་གྲུབ་མ་ལུས་པ་ཡིད་བཞིན་དུ་སྩལ་དུ་གསོལ། གཏོར་མ་གཉིས་པ་ཡང་གོང་བཞིན་བྱིན་གྱིས་བརླབས་ཏེ། ནོར་རྒྱུན་མ་འཁོར་དང་བཅས་པ་ༀ་བཛྲ་ས་ མཱ་ཛཿ ཞེས་སྤྱན་དྲངས། ༀ་བཱ་སུ་དྷ་ར་ཧཱུཾ་སྭཱཧཱ། ༀ་པྲ་{བྷ[ཀ་]ར་ཛ་མེ་སྭཱཧཱ། ཞེས་ལན་བདུན་ནམ་ཉི་ ཤུ་རྩ་གཅིག་གིས་འབུལ། བདག་མིང་འདི་ཞེས་བགྱི་བར་དཔལ་ལྷ་མོ་དབྱངས་ཅན་མ་སྒྲུབ་པ་ལ་ ཕྲག་དོག་དང་བར་ཆད་མ་མཛད་པར་ནོར་འཕེལ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། ཆང་བུའི་གཏོར་མ་གོང་བཞིན་བྱིན་གྱིས་བརླབས། ཁ་འབར་མའི་སྔགས་ལན་བདུན་གྱིས་འབྱུང་པོ་ཐམས་ཅད་ལ་བསྔོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །གཟུགས་མཛེས་ དམ་པ་ལ༴ སྐུ་འབྱམས་ཀླས་ལ༴ འཇིགས་པ་ཐམས་ཅད་དང་བྲལ་བ་ལ༴ སྲིད་པ་གསུམ་གྱི་ འབྱུང་པོའི་ཚོགས་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སྒྲུབ་པ་ལ་བར་ དུ་གཅོད་པ་མ་མཛད་ཅིག དཀར་ཕྱོགས་སྐྱོང་བ་མཐུ་ལྡན་རྣམས་ཀྱིས་བར་ཆད་བསྲུང་ཞིང༌། དངོས་གྲུབ་སྩོལ་བའི་མཐུན་རྐྱེན་མཛོད་ཅིག ཅེས་དང་ཡི་གེ་བརྒྱ་པ་ལན་མང་དུ་བརྗོད་ཅིང༌། ༀ་བཛྲ་སཏྭ་ ཧཱུཾ། བརྒྱ་རྩ་བཟླའོ། །མ་འབྱོར་པ་དང་ཉམས་པ་སོགས་ཀྱིས་བཟོད་པར་གསོལ། ཨརྒྷཾ་ལ་སོགས་པའི་མཆོད། ལྷ་ མོ་འོད་དུ་ཞུ། འཁོར་ལོར་གྱུར། སླར་ཡང་གོང་ལྟར། ༀ་པྲི་ཏི་སོགས་ཀྱིས་མཆོད། བྲིས་སྐུ་སོགས་ལ་བརྟན་ བཞུགས་བྱ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་བར། ༀ་བཛྲ་མུཿ ཞེས་མགྲོན་རྣམས་ གཤེགས་སུ་གསོལ། །སྨོན་ལམ་དང་བཀྲ་ཤིས་ཇི་ལྟར་རིགས་པ་བྱའོ། ། གསུམ་པ་མན་ངག་ནི། སློབ་མ་རྗེས་བཟུང་དང༌། སྦྱིན་བསྲེག་དང༌། འདོད་ཆགས་ཀྱི་གེགས་བསལ་བ། ནོར་གྱི་གེགས་ བསལ་བ། {ཞེས་པ་འབྱུང་[ཤེས་པ་འགྱུར་]བའི་གེགས་བསལ་བ། གསུམ་ལ། ཐུན་མོང་དང་ཁྱད་པར་བ་གཉིས་གཉིས་ཏེ་ དྲུག དངོས་གྲུབ་ཀྱི་གེགས་སེལ་ལ། དམིགས་པ་དང་རྗེས་སུ་མཐུན་པའི་གདམས་ངག་དང༌། རླུང་གནད་དང་རྗེས་སུ་འབྲེལ་ 15-1-45 བའི་གདམས་ངག་གཉིས། ལས་སྦྱོར་ཀྱི་སྐབས་རྩོད་པ་ལས་རྒྱལ་བ་དང༌། དུག་ཞི་བ་དང༌། དབང་བསྡུད་དེ་གསུམ་ཡོད་ལ། དེ་ ལྟར་ཀུན་དྲིལ་བས། སློབ་དཔོན་བྲམ་ཟེ་ཕུར་བུ་ནས་བརྒྱུད་པའི་གདམས་པ་བཅུ་གསུམ་མཐོང་ངོ༌། །དབྱངས་ཅན་དགའ་བའི་ ཞབས་ཀྱི་ཉེ་བརྒྱུད་ཀྱི་མན་ངག་ཏུ་གྲགས་པ་གེགས་སེལ་བོགས་འདོན་མང་དུ་ཡོད་པ་ནི། དེ་ཉིད་ཀྱིས་མཛད་པའི་སྒྲུབ་ཐབས་ དང༌། དེའི་ལྷན་ཐབས་རྣམས་སུ་གསལ་བར་བཞུགས་པའི་ཕྱིར། དེ་དག་ཏུ་བལྟ་བར་བྱའོ། །སྔར་བཤད་པའི་མན་ངག་དེ་དག་ ལས། གཞན་རྣམས་ནི་ཡིག་རྙིང་དང་བླ་མའི་མན་ངག་ལས་རྟོགས་པར་བྱའོ། །བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་ཉེར་བར་ མཁོ་ཞིང༌། སྒྲུབ་པ་པོའི་སྡིག་སྒྲིབ་སྦྱང་བ་དང༌། བར་ཆད་སེལ་བ་དང༌། ཚོགས་རྫོགས་པ་དང༌། ལྷ་དགེས་པའི་ཐབས་བླ་ན་མེད་ པ་ཡིན་ཅིང༌། ཁྱད་པར་སྒྲུབ་ཐབས་འདི་ལ་བརྟེན་ཏེ་ཤེས་རབ་བསྐྱེད་པ་ལ་མེད་ཐབས་མེད་པ་ཡིན་པའི་ཕྱིར། སྦྱིན་བསྲེག་གི་ཆོ་ ག་མདོ་ཙམ་བཤད་ན། བསྐོས་ཐབ་བམ། བརྩིགས་ཐབ་ཞི་བའི་ཐབ་ཁུང་སྤྱི་དང་མཐུན་པའམ། ཡང་ན་བྲིས་པའི་ཐབ། ཚངས་ ཐིག་ཟུར་ཐིག་ལེགས་བཏབ་ནས། ཁྲུ་ཕྱེད་བསྐོར་བ་ཐབ་ཀྱི་ནང༌། །དེ་ནས་སོར་བཞི་ལན་གསུམ་བསྐོར། །ཕྱི་རོལ་ལོགས་ བཞིར་གྲུ་བཞི་གདབ། །ཐབ་དང་ཁ་ཁྱེར་མུ་རན་དང༌། །སྟེགས་བུ་རྣམས་ཀྱི་ཐིག་ཡིན་ནོ། །དེ་རྣམས་རྡུལ་ཚོན་དཀར་པོས་བཀང་ ཞིང༌། དམར་པོ་གཅད་གདབ། དབུས་སུ་པདྨ་འདབ་བརྒྱད་ལ། ས་བོན་དང་དབྱངས་ཡིག་འགོད་ཚུལ་སྙིང་གའི་འཁོར་ལོ་བཞིན་ དུ་འབྲི། ཐབ་ཀྱི་སྟེང་དུ་ཤིང་བཟང་པོའི་ཤིང་ལེབ་བམ། བ་དམར་གསལ་གྱི་ལྕི་བས་བརྩིགས། ཁ་ཁྱེར་ལ་པད་འདབ་མུ་རན་ལ་ རྡོ་རྗེའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རྣམས་རྡུལ་ཚོན་སེར་པོ་ལ་བཞི་མཉམ་བསྲེས་པས་བྲིས། ཡང་ན་རི་མོ་ཐམས་ཅད་དཀར་ པོས་འབྲི་ཞིང༌། བར་རྣམས་སེར་པོས་བཀང་ཡང་རུང༌། ནང་བུད་ཤིང་དྲི་ཞིམ་པོས་ཤིང་སེར་པོར་ཁ་བསྒྱུར་ནས། གྲུ་བཞི་བསྣོལ་ མར་འགོད། མེ་ཚང་བྱ་ལུགས་སྤྱི་དང་མཐུན། མཆོད་གཏོར་གོང་མཆོད་ཆོག་གི་སྐབས་ལྟར་བཤམ། བ་བྱུང་གི་མཎྜལ་དུ་བསྲེག་ རྫས་ཙན་དན་སོགས་སྤོས་སྣ་ཚོགས་དང༌། མེ་ཏོག་སེར་པོ་དང༌། ཏིང་ལོ་མང་པོ་དང༌། བཞི་མཉམ་སོགས་ལྡེ་གུ་དང་ཕྱེ་མ་དང༌། ཕྱེ་མར་ཀྱི་ཟས་མཆོག་ཆུང་ངུ་མང་པོ་དང༌། ཀུ་ཤའི་མྱུ་གུ་མངར་གསུམ་དང་བཞི་མཉམ་གྱིས་སྦགས་པ་དང༌། ནས། གྲོ། སྲན། འབྲས། ཏིལ་དཀར་ནག་ལ་སོགས་པ་འབྲུ་སྣ་སྣ་ཚོགས་བསྲེས་པ་དང༌། མར་ཁུ་དང༌། མེ་ལྷའི་བསྲེག་རྫས་དང༌། དུང་ཆོས་སུ་ བསངས་ཆུ་ཀུ་ཤའི་འཐོར་ཡབ་དང་བཅས་པ་བཤམ། སྐྱབས་འགྲོ་ནས་བརྩམས་ཏེ་བཟླས་པའི་བར་བདག་བསྐྱེད་རྫོགས་པར་ བསྒོམ། བཟླས་པ་ཅི་འགྲུབ་བྱས་ཏེ། བསངས་ཆུ་ལ་དམིགས་ནས། ༀ་ཨ་མྲྀ་ཏ་བརྒྱ་རྩ་བརྒྱད་བཟླས། མཆོད་རྫས་དང་ 15-1-46 བསྲེག་རྫས་རྣམས་ལ་བསངས་ཆུ་གཏོར་ཞིང༌། གོང་དུ་བསྟན་པ་ལྟར་མཆོད་པ་བྱིན་རླབས་བྱ། ཐབ་བསངས་སྦྱངས། སྟོང་ པའི་ངང་ལས་བྷྲུཾ་ལས་བྱུང་བའི་ཐབ་ཁུང་ཟླུམ་པོ་གསེར་བཙོ་མ་ལྟ་བུར་འབར་བ། ཁ་ཁྱེར་ མུ་རན་སྟེགས་བུ་དང་བཅས་པ་དྭངས་ཤིང་ཐོགས་པ་མེད་པ། ནང་ལྷ་རྫས་ཀྱི་བུད་ཤིང་གིས་ གང་བར་གྱུར། ༀ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་དགེ་འདུན་གྱི་རུང་ཁང་ངམ། རྒྱལ་པོའི་ཕོ་བྲང་ནས་བླངས་པའི་མེ་སྦར། རཾ་ལས་བྱུང་བའི་དྲང་སྲོང་ཆེན་པོ་མེ་ལྷའི་ངོ་བོ་མེ་འབར་བའི་རྣམ་པ་ཅན་དུ་གྱུར། རང་གི་ སྙིང་ག་ནས་འོད་ཟེར་འཕྲོས། མེ་ལྷ་འཁོར་བཅས་བཛྲ་ས་མཱ་ཛཿ དབྱུག་གུ་རྩེ་གསུམ་གྱི་ཕྱག་རྒྱས་རྣ་ བར་གཡོབ་ཅིང༌། ༀ་ཨགྣ་ཡེ་མཧཱ་བྷུ་ཏ་དེ་ཝ་རི་ཥི་དྭི་ཛ་སཏྭ་མ་གྲ་ཧི་ཏྭ་ཨ་ཧུ་ཏི། མཧཱ་ར་ཨསྨིན་ས་ ནི་ཧི་ཏྭ་བྷ་བ། ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ འབར་བའི་རྣམ་པ་དང་གཉིས་སུ་མེད་པར་གྱུར། ༀ་ ཨགྣ་ཡེ་ཨ་དཱི་བྱ་ཨ་དཱི་བྱ། ཨཱ་བི་ཤ་ཨཱ་བི་ཤ ཧ་བྱ་ཀ་བྱ་བཱ་ཧ་ན་ཡ་སྭཱཧཱ། ཞེས་པ་དང༌། ༀ་ཨགྣ་ ཡེ་སྭཱཧཱ། ལན་བདུན་གྱིས་དགང་བླུགས་ཕུལ། སྭ་ཨརྠནྩཻ་ཝ་པ་ར་ཨརྠནྩ་ས་དྷི་སྟྭཾ་གཙྪ། ཧ་བྱ་བྷུ་ཀ་ཨ་ག་ མི་ཥྱ། སི་ཡ་ཐ་ཀ་ལེ། སརྦ་སིདྡྷི་ཀུ་རུ་ཥཱ་མེ། ཞེས་བརྗོད་པས་མེ་ལྷ་དགེས་པར་བསམ། བསྲེག་རྫས་ཐམས་ཅད་ གཅིག་ཏུ་བསྲེས་པའི་སྣོད་ལས་བླངས་ཏེ། ༀ་ཨགྣ་ཡེ་སྭཱཧཱ། ཞེས་པས་ལན་ཉི་ཤུ་རྩ་གཅིག་ཙམ་ཕུལ། རང་གི་སྙིང་ གའི་ཧྲཱིཾཿཡིག་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་འཛིན་དགའ་བའི་ཚལ་ ཞེས་པ་ནས། གཉིས་སུ་མེད་པར་གྱུར་གྱི་བར་མདུན་བསྐྱེད་བཞིན། འཁོར་ལོའི་འོད་ལས་ལྷ་མོའི་སྐུ་ བྱུང་བར་མོས་ལ། ༀ་པྲི་ཏི་དེ་ཝཱི་ཧྲཱིཾཿཨ་ཨཱ་སོགས་ལན་བདུན་བཟླས། གོང་མཆོད་ཆོག་གི་སྐབས་སུ་བཤད་པ་ ལྟར་མཆོད་བསྟོད་བྱ། ༀ་པྲི་ཏི་དེ་ཝཱི་ཧྲིཾཿདི་བྱ་དྷུ་པེ་ཧཱུཾ། མེ་པྲཛྙཱ་ཝརྡྷ་མ་ན་ཡ་ༀ། ཞེས་པས་བདུག་སྤོས་དང༌། ༀ་པྲི་ཏི་དེ་ཝཱི་དི་བྱ་པུཥྤེ་ཧཱུཾ། མེ་པྲཛྙཱ་ཝརྡྷ་མ་ན་ཡ་ༀ། ཞེས་པས་མེ་ཏོག་སེར་པོ་དང༌། དེ་བཞིན་དུ་འདོན་པ་ སྤོས་ཏེ། དཱི་པེ་ཞེས་པས་ཏིང་ལོ་དང༌། བི་ལི་པ་ནི་ཞེས་པས་ལྡེ་གུ་དང༌། ནཻ་ཝེ་ཏྱ་ཟས་མཆོག་དང༌། ཨགྣ་ཡེས་མར་ ཁུ་དང༌། ཨ་པྲ་ཏི་ཧ་ད་ཞེས་པས་ཀུ་ཤ་དང༌། བི་ཛ་ཡེ་ཞེས་པས་འབྲུ་སྣ་ཚོགས། ཤྲཱི་ཕ་ལ་ཡིས་ཤིང་ཏོག་སྣ་ཚོགས་ སོ། །གཞན་མང་ཉུང་གང་འོས་འབུལ་ལ། ཟས་མཆོག་ལ་གྲངས་བཟུང་ཞིང་འབུལ་ལོ། །ཐུན་རེར་བརྒྱ་རྩ་ལ་སོགས་པ་འབུལ་ 15-1-47 ལོ། །སླར་གཏོར་མ་འབུལ་བ་ནས། བཛྲ་མུཿཞེས་མགྲོན་རྣམས་གཤེགས་སུ་གསོལ་བའི་བར་གོང་བཞིན། ༀ་པྲི་ཏི་དེ་ ཝཱི་མེ་ཧྲཱིཾཿ{ཥྛཱི[ཥྚི]ཏིཥྛ་ཧྲཱིཾཿ ཞེས་བཟླས་པས། འཁོར་ལོ་རང་གི་སྙིང་གའི་འཁོར་ལོ་ལ་ཐིམ། སླར་ཡང་ མེ་ལ་མར་ཁུ་དང་བསྲེག་རྫས་གོང་བཞིན་འབུལ་ལོ། །ༀ་ཨགྣ་ཡེ་གཙྪ་ཞེས་པས་སྔར་གྱི་ཕྱག་རྒྱ་ཕྱིར་བསྟན་ལ་གཤེགས་ སུ་གསོལ། སྨོན་ལམ་དང་བཀྲ་ཤིས་ཅི་ཤེས་བྱའོ། །རྒྱས་པའོ། །དེ་ལས་མེ་ལྷ་མཆོད་པའི་སྐོར་རྣམས་བོར་བ་འབྲིང་པོའོ། ཁ་ ཁྱེར་མུ་རན་སྟེགས་བུ་སོགས་མི་འབྲི་བ་དང༌། བསྲེག་རྫས་འབུལ་བའི་ཚེ་ཧྲཱིཾཿམེ་པྲཛྙཱ་ཝརྡྷ་མ་ན་ཡ་ༀ། ཞེས་པ་ཁོ་ནས་ འབུལ་བ་ནི་བསྡུས་པ་ཡིན་ཅིང༌། གཞན་གོང་དང་འདྲའོ། །ཧྲཱིཾཿཞེས་པ་གཅིག་པུས་བསྲེག་རྫས་འབུལ་བ་ནི་ཤིན་ཏུ་བསྡུས་པའོ། ། འདིའི་བསྙེན་པ་དང་སྒྲུབ་པ་ལ་གནས་པའི་ཚེ། དམ་ཚིག་ནི་སྤྱིར་རང་གིས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་གནས་ཤིང༌། ཁྱད་པར་སྡིག་པ་སྤངས། ཚངས་པར་སྤྱོད་པ་ལ་གནས། རྫུན་མི་སྨྲ་བ་ཤ་ཆང་སྒོག་ཙོང་ལ་ཕུག་ལ་སོགས་པའི་ཁ་ཟས་སྤངས། གོས་གཙང་མ་གྱོན། ཁྲུས་དང་གཙང་སྦྲ་ལ་འབད། གདན་དང་སྒ་རྔས་སུ་མི་འཇུག ལྷམ་དང་གོས་རྙིང་སྐྲར་རྙིང་སོགས་ཀྱི་འོག་ ཏུ་མི་ཉལ་བ་རྣམས་ལ་འབད་པར་བྱའོ། །མ་ལུས་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་པའི་བདག་ཉིད་འཇམ་པའི་དབྱངས། །དགེས་ མཛད་རྡོ་རྗེ་ལྷ་མོ་ཆེ། །གང་དེའི་སྒྲུབ་ཐབས་རྨད་བྱུང་འདི། །འགྲོ་ལ་ཕན་པའི་ཉེར་འཚོ་དང༌། །དེ་ལས་དཔག་ཡས་སེམས་ཅན་ རྣམས། །བླ་མེད་དུས་གསུམ་རྒྱལ་བ་ཡི། །མཁྱེན་པའི་གསང་མཛོད་འཛིན་པར་ཤོག །དཔལ་ལྡན་དེ་བཞིན་གཤེགས་ཀུན༷་གྱི། ། ལྷན་སྐྱེས་དག༷འ་བའི་རྟེན་གྱུར་པ། །མཚོ་བྱུང་ལྷ་མོ་སྒྲུབ་པའི་ཐབས། །ཀུན་གྱི་སྙིང༷་པོ༷་ངོ་མཚར་རྨད།། །།ཅེས་འཕགས་མ་ དབྱངས་ཅན་མའི་སྒྲུབ་ཐབས་ཡེ་ཤེས་འཆར་བ་ཞེས་བྱ་བ། དོན་གཉེར་དུ་མས་སྔ་ཕྱིར་ཡང་ཡང་བསྐུལ་བའི་ངོར། རྒྱལ་ཁམས་ པ་ཏཱ་ར་ནཱ་ཐས་ཡར་འབྲོག་སྣ་དཀར་རྩེར་སྦྱར་བའོ། །མངྒ་ལཾ། ༈ ༀ་སྭཱ་སྟི། མ་རིག་མུན་སེལ་འཇམ་པའི་དབྱངས། །སྒྲ་དབྱངས་ལྷ་མོའི་ཚུལ་སྟོན་པ། །དེ་ལ་བཏུད་ནས་རྗེས་གནང་ གི །ཆོ་ག་མདོ་ཙམ་བཤད་པར་བྱ། །འདིར་སྒྲུབ་ཐབས་ནི་ཡེ་ཤེས་འཆར་བར་བཤད་ཟིན་ཏོ། །སློབ་མ་རྗེས་བཟུང་གི་བྱ་བ་ལ། ཡིག་རྙིང་ན་མདོར་བསྡུས་ཙམ་ཞིག་ལས་མེད་ནའང༌། ཕྱོགས་ལས་རྣམ་པར་རྒྱལ་བ་དབྱངས་ཅན་དགའ་བའི་རྗེས་གནང་གི་ཐོ་ ཡིག་ལྟར་ཕྱག་ལ་ལེན་མཛད་པས་དུས་ཚེས་བཟང་པོ་ལ། ས་སྟེགས་གྲུ་བཞི་ཁྲུ་དོ་བ་ཤིན་ཏུ་མཉམ་པ་ལ་ཐིག་ཆེན་བརྒྱད་བཏབ། པདྨ་འདབ་བརྒྱད་བྲི། ལྟེ་བ་དང་འདབ་མ་བརྒྱད་ལ་ཏིང་ལོ་རེ་རེ་འཇོག་པའམ། དབུས་སུ་ཏིང་ལོ་གཅིག་ལ་སློབ་མའི་གྲངས་ 15-1-48 ཚད་དང་མཉམ་པའི་ཏིང་ལོས་བསྐོར་བ་བྱས་ཀྱང་རུང༌། དེའི་སྟེང་དུ་མཉྫི་ལ་མཎྜལ་མེ་ལོང་ལ། བ་དཀར་དམར་གང་རུང་ལས་ བྱུང་བའི་དཀར་གསུམ་དང་སྦྲང་རྩི་སྦྱར་བ་ལ་དྲི་བཟང་བཞི་མཉམ་བཏབ་སྟེ། དེས་པདྨ་འདབ་བརྒྱད་ཡི་གེ་དང་བཅས་པ་སྙིང་ གའི་འཁོར་ལོ་ལྟ་བུ་འབྲི། དེ་ལ་འབྲུ་དཀར་པོ་སྦྱར་ཏེ་འཁོར་ལོའི་རྣམ་པ་གསལ་པོར་བྱས་པ་བཞག སློབ་མ་ལ་སྦྱིན་རྒྱུའི་ཏིང་ ལོ་ཡང་དཀར་གསུམ་དངར་གསུམ་བཞི་མཉམ་སྦྱར་བའི་རྒྱུ་ལས་བྱ། འོག་གཞིའི་དཀྱིལ་འཁོར་མ་འགྲུབ་ན་ཚོམ་བུ་ཙམ་གྱིས་ ཀྱང་རུང་ངོ༌། །སྒྲུབ་ཐབས་ཀྱི་མཆོད་ཆོག་ཏུ་བཤད་པ་ལྟར་མཆོད་གཏོར་གཙང་མས་མཐའ་བསྐོར། ཨ་མྲྀ་ཏའི་སྔགས་ཀྱིས་ བགེགས་བསྐྲད་པ་ནས། དངོས་གྲུབ་སྩོལ་བའི་མཐུན་རྐྱེན་མཛོད་ཅིག །ཅེས་པའི་བར་སྒྲུབ་ཐབས་སུ་བཤད་ པའི་མདུད་བསྐྱེད་མཆོད་ཆོག་ཇི་ལྟ་བ་བཞིན་དུ་བྱ། སློབ་མའི་རྒྱུད་བྱིན་གྱིས་བརླབ་པའི་དོན་དུ་བཟླས་པ་ཅི་འགྲུབ་བྱ། བུམ་པ་ གཙང་མ་བུམ་རྫས་དང་བཅས་པའི་ཆུས་བཀང་བ་ལ། བ་དམར་སེར་གྱི་དཀར་གསུམ་དང༌། དངར་གསུམ་ཅུང་ཟད་བླུག མེ་ཏོག་ གི་ཕྲེང་བ་གཟུངས་ཐག་ལ་བཏགས་ཏེ་སྣེ་མོ་ནས་བཟུང་ལ། ༀ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ ཨཿསྭཱཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས། སློབ་མས་མཎྜལ་སྔོན་དུ་འགྲོ་བས། སློབ་དཔོན་བདག་ལ་དགོངས་སུ་ གསོལ། །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །རྗེས་ སུ་གནང་བ་བདག་ལ་སྩོལ། །ཅེས་ལན་གསུམ་གསོལ་བ་བཏབ། འགྲོ་རྣམས་བསྒྲལ་འདོད་བསམ་ པ་ཡི། །སོགས་ལན་གསུམ་གྱིས་ཐུན་མོང་གི་སྐྱབས་འགྲོ་སེམས་བསྐྱེད་བྱ། དཀོན་མཆོག་གསུམ་ལ་བདག་ སྐྱབས་མཆི། །སོགས་རྒྱུན་བཤགས་ལན་གསུམ། སློབ་དཔོན་དང་མདུན་བསྐྱེད་དབྱངས་ཅན་མའི་ སྐུར་གསལ་བའི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་འཕྲོས། སློབ་མའི་སྤྱི་བོ་ནས་རྐང་མཐིལ་གྱི་ བར་གང་བས། སྡིག་སྒྲིབ་ཐམས་ཅད་དག་སྟེ། མ་དག་པའི་སྣང་བ་ཐམས་ཅད་སྟོང་པ་ཉིད་ ཀྱི་ངང་དུ་ཐིམ་པར་མོས་སུ་བཅུག་ལ། ༀ་སྭ་བྷཱ་ཝ་ནས། ༀ་དཀར་པོའི་བར་བདག་བསྐྱེད་བཞིན་བྱ། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་དཀར་པོ་འཕྲོས། སྣ་བུག་གཡས་ནས་ཐོན། ལྷོ་ ཕྱོགས། ཞེས་པ་ནས། བི་ལེ་པ་ནི། ཞེས་པའི་བར་མངོན་རྟོགས་བཞིན། ཡང་ན་སྐུ་བསྐྱེད་བསྟིམ་སྤྱི་དང་མཐུན་པར་བྱས་ ཀྱང་རུང་ངོ༌། །ༀ་པྲི་ཏི་དེ་ཝཱི་མེ་ཧྲཱིཾཿཥྚཱིཿཏིཥྛ་ཧྲཱིཾཿ ཞེས་དྲག་ཏུ་བཟླས་ཤིང་རོལ་མོ་བྱ། འཁོར་ལོ་སློབ་མའི་སྙིང་ 15-1-49 གའི་ༀ་ལ་བསྟིམ། སྐུའི་རྗེས་གནང་ངོ༌། །མགྲིན་པར་འཁོར་ལོ་དཀར་པོ་རྩིབས་བཅུ་དྲུག་ པའི་ལྟེ་བར་ཧྲཱིཾཿདཀར་པོ་རྩིབས་རྣམས་ལ་ཨཱ་ལི་བཅུ་དྲུག དེ་ལས་དེ་འདྲ་བ་རང་སྒྲ་སྒྲོག་པ་ ཞིག་ཆད། འོད་ཟེར་གྱིས་སློབ་མའི་ལུས་ཐམས་ཅད་གང༌། འཁོར་ལོ་མགྲིན་པར་ཐིམ། ཧྲཱིཾཿ ཉེར་གཅིག་དང་དབྱངས་ཡིག་གི་སྔགས་ལན་གསུམ་རྗེས་བཟློས་བྱེད་དུ་བཅུག་སྟེ། གསུང་གི་རྗེས་གནང་ངོ༌། །བླ་ མའི་སྙིང་གའི་ཧྲཱིཾཿལས་འོད་འཕྲོས། སློབ་མའི་སྙིང་གའི་ས་བོན་ལ་ཐིམ་པར་མོས་ཏེ། ཏིང་ལོ་ སྦར་ཏེ་མིང་དུ་གཞུག ཐུགས་ཀྱི་རྗེས་གནང་ངོ༌། །མདུན་གྱི་མཎྜལ་བླངས་ལ། དབྱངས་ཡིག་བཟླ་བཞིན་དུ། བུམ་པའི་ ཆུས་བཀྲུས་པའི་ཁུ་བ་སློབ་མ་འཐུང་དུ་བཅུག་ལ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཤེས་རབ་ཀྱི་སྣང་བ་རྒྱས་པར་མོས་སུ་ བཅུག ཡོན་ཏན་འཕྲིན་ལས་ཀྱི་རྗེས་གནང་ངོ༌། །གཙོ་བོས་ཇི་ལྟར་སོགས་མཎྜལ་འབུལ། དེང་ནས་ བརྩམས་ཏེ་སོགས་བྱ། མདུན་བསྐྱེད་མཆོད་པ་ཁ་གསོ། ཡིག་བརྒྱ་ལན་མང་དུ་བརྗོད་པ་ནས། བཀྲ་ཤིས་ཀྱི་བར་ཡང་སྒྲུབ་ ཐབས་ཀྱི་མཆོད་ཆོག་གི་སྐབས་སུ་བཤད་པ་ལྟར་བྱ་སྟེ། རྗེས་ཀྱི་ཆོ་གའོ། །ཀུན༷་ཏུ་ཟབ་ཅིང་དག༷འ་བར་བསྔགས། །སྙིང༷་ནས་བློ་ གྲོས་མཆོག་འདོད་ན། །ལྷག་པའི་ལྷ་འདི་ཏེ་པོ༷ར་སྒྲུབས། །མྱུར་དུ་མཁས་པའི་གནས་ཐོབ་འགྱུར། །དབྱངས་ཅན་མ་དཀར་མོའི་ སྒྲུབ་པའི་ཐབས་སྔར་གཞན་དུ་རྒྱས་པར་བཤད་ཟིན་པས། རྗེས་གནང་བྱ་བའི་ལེ་ཚན་ནོ། །མངྒ་ལཾ། ། ༄༅། །གཉན་སྒྲོལ་ཡན་ལག་དྲུག་པའི་མངོན་རྟོགས་ བཞུགས་སོ། ། ༀ་སྭཱ་སྟི། ཡུམ་གྱུར་འཕགས་མ་སྒྲོལ་མ་ལ། །བཏུད་ནས་སྒྲུབ་ཐབས་ཀླུ་སྒྲུབ་ལུགས། །གཉན་ལོའི་མན་ངག་ཆེས་ ཟབ་པ། །རྗེ་བཙུན་ཆེན་པོའི་གསུང་བཞིན་བསྡུ། །བླ་མ་དང་དཀོན་མཆོག་ལ་སྐྱབས་འགྲོ་ཅི་ནུས་བྱས་པའི་མཐར། སེམས་ ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་ བཙུན་མ་སྒྲོལ་མའི་སྒོམ་བཟླས་ལ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་བརྗོད། རང་སྐད་ 15-1-50 ཅིག་གིས་རྗེ་བཙུན་མར་གསལ་བའི་ཐུགས་ཀར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་དུ་ཡི་གེ་ཏཱཾ་ལྗང་ཁུ། དེ་ལས་འོད་ཟེར་འཕྲོས་པས། བླ་མ་དང་རྗེ་བཙུན་མ་ལ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཞེས་པས་ སྤྱན་དྲངས། དེ་ནས་ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་སོགས་ནས། ༀ་བཛྲ་ཤབྟ་ཨཱཿཧཱུཾ། ཞེས་པ་རྣམས་ཕྱག་རྒྱ་དང་ བཅས་པས་མཆོད། ཐལ་མོ་སྦྱར་ཏེ་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་ བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཞེས་སོགས་ཚད་ མེད་བཞི་བསྒོམ། ༀ་ཤཱུ་ནྱ་ཏ་སོགས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཏཱཾ་ལས་ཨུཏྤལ་ལྗང་ཁུ་ཏཱཾ་གིས་མཚན་པ་དེ་ལས་འོད་ ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཏཱཾ་ཡིག་ཨུཏྤལ་དང་ བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་ཁུ་ ཞལ་གཅིག་ཕྱག་གཉིས་པ། གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང༌། གཡོན་པའི་ མཐེབ་སྲིན་གྱིས་ཨུཏྤལ་སྔོན་པོའི་རྩ་བ་ཐུགས་ཀར་བཟུང་སྟེ། མེ་ཏོག་སྙན་གྱི་ཐད་ཀར་ཁ་བྱེ་ བ། ཞལ་འཛུམ་ཞིང་རབ་ཏུ་ཞི་བ། དབུ་སྐྲ་ལི་བ་གཡོན་ཕྱོགས་སུ་བཅིངས་ནས་གཡས་ངོས་ སུ་འཁྱིལ་ཞིང་འཕྱང་བ། ལོ་བཅུ་དྲུག་ལོན་པ་ལྟ་བུའི་ཆ་ལུགས་ཅན། ཟླ་བ་ལ་སྐུ་རྒྱབ་བརྟེན་ པ། དར་སྲབ་མོའི་སྟོད་གཡོགས་ཀྱིས་ནུ་མ་བཀབ་ཅིང༌། དར་སྣ་ཚོགས་ཀྱི་ཤམ་ཐབས་ གསོལ་བ། ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པའི་རོལ་སྟབས་ཀྱིས་བཞུགས་ པ། དེའི་ཐུགས་ཀར་པཾ་ལས་པདྨ་དང་ཨཱ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ཡིག་ལྗང་ ཁུ། དེ་ལས་འོད་ཟེར་འཕྲོས་པས་པོ་ཏཱ་ལ་ནས་རྗེ་བཙུན་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། གོང་ལྟར་མཆོད། ༀ་ ཨ་བྷི་ཥིཉྩནྟུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་ 15-1-51 རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་བུམ་པ་བདུད་རྩིས་ གང་བས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་ དབུ་བརྒྱན། དབང་གི་ལྷ་དེ་རྣམས་རྗེ་བཙུན་མ་སྒྲོལ་མའི་སྐུར་གྱུར་ཏེ་རང་ལ་ཐིམ། ཛཿཧཱུཾ་བཾ་ ཧོཿ ཐལ་མོ་སྦྱར་བའི་མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྦྱར། སྲིན་མཛུབ་གཉིས་བཀུག་སྟེ། མཛུམ་མོ་མནན་པ་ཨུཏྤ་ལའི་ཕྱག་རྒྱ་དཔྲལ་མགྲིན་སྙིང་ག་དཔུང་པ་རྣམས་སུ་རེག་ཅིང་ཡི་གེ་ བཅུ་པ་ཚར་རེ་བརྗོད་པས་བྱིན་གྱིས་བརླབས་ཏེ། སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་ ཡུན་རིང་དུ་གཏད། སྐྱོ་ན་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱཾ་ཡིག་གི་མཐར་ཡི་གེ་བཅུ་པ་ཁ་དོག་ དཀར་པོ་མགོ་བོ་གྱེན་དུ་བལྟ་བས་བསྐོར་བར་བསམས་ལ། དེ་ལ་ཀློག་པའི་ཚུལ་དུ། ༀ་ཏཱ་རེ་ཏུཏྟཱ་ རེ་ཏུ་རེ་སྭཱཧཱ། ཞེས་པའི་ཡི་གེ་བཅུ་པ་གཙོ་བོར་བཟླ། སྤྲོ་ན། ན་མོ་རཏྣ་ཏྲཱ་ཡཱ་ཡ། ན་མ་ཨཱཪྻ་ཨ་ཝ་ལོ་ཀི་ཏི་ ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏཏྱ་ཐཱ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ ཀྲི་ཏེ་སརྦ་དུཥྚཱཾ། པྲ་དུཥྚཱཾ། ཛཾ་བྷ་ཡ། སྟཾ་བྷ་ཡ། མོ་ཧཱ་ཡ། བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། སརྦ་ དུཥྚཱཾ་སྟཾ་བྷ་ནི་ཏཱ་རེ་སྭཱཧཱ། ཞེས་གཟུངས་རིང་ཡང་ཅི་ནུས་བཟླ། མཐར་འདོད་དོན་ཞུས་ལ། བསྔོ་བ་དང་སྨོན་ལམ་བྱ་ ཞིང༌། སྤྲོ་ན་ཐུན་མཚམས་སུ་མཚན་བརྒྱ་རྩ་བརྒྱད་པ་དང༌། གཟུངས་རིང་ཅི་ནུས་ཀྱི་མཐར་ཕྱག་འཚལ་ཉེར་གཅིག་གིས་བསྟོད་ ལ། གཏོར་མ་འབུལ་བར་འདོད་ན། དཀར་གཏོར་མཆོད་པ་སྤྱི་མཐུན་དང་བཅས་པ་བཤམས། མཆོད་པ་བྱིན་རླབས་ཀྱང་སྤྱི་དང་ མཐུན། གཏོར་མ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ ཡངས་ཤིང་རྒྱ་ཆེ་བར་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ། རང་གི་སྙིང་ ག་ནས་འོད་ཟེར་འཕྲོས། འཕགས་མ་སྒྲོལ་མ་འཁོར་བཅས་ༀ་བཛྲ་ས་མཱ་ཛཿ པོ་ཊ་ལ་ཡི་ གནས་མཆོག་ན། །ཞེས་སོགས་བརྗོད། པདྨ་ཀ་མ་ལ་ཡ་སྟྭཾ། གཏོར་མ་གསོལ་བར་བསམས་ལ། ན་མཿས་ མནྟ། བུདྡྷ་བོ་དྷི་སཏྭཱ་ནཾ། ཨ་པྲ་ཏི་ཧ་ཏ་ཤ་ས་ནཱཾ་ཧེ་ཧེ་བྷ་ག་ཝ་ཏི་མཧཱ་སཏྭ་སརྦ་བུདྡྷ་ཨ་བ་ལོ་ 15-1-52 ཀི་ཏེ། མཱ་བི་ལམྦ་མཱ་བི་ལམྦ། ཨི་མཾ་བ་ལིང་གྲྀཧྞ་པཱ་ཡ། གྲིཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཛ་ཛ་སརྦ་བི་སཉྩ་རེ་ སྭཱཧཱ། ལན་ལྔས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད། མཆོད་སྦྱིན་ གཏོར་མ་འདི་བཞེས་སོགས་དང༌། རྗེ་བཙུན་མ་འཕགས་མ་སྒྲོལ་མས་བདག་ལ་མཆོག་དང་ཐུན་ མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་ སོགས་པ་གནོད་བྱེད་ཐམས་ཅད་ལས་སྐྱོབ་ཏུ་གསོལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་ པོ་ལས་བསྒྲལ་དུ་གསོལ། སྡུག་བསྔལ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཅེས་འདོད་དོན་ གསོལ་བ་གདབ། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ་རྣམས་དང༌། སྨོན་ལམ་གདབ། བཀྲ་ཤིས་བརྗོད། མདུན་བསྐྱེད་ དང་འབྲེལ་བའི་ཚེ། གཏོར་ཆོག་སྐབས། སྤྱན་འདྲེན་དང་གདན་འབུལ་སྒོས་སུ་བྱེད་མི་འཚལ། དེ་ལྟ་བུའི་སྒོ་ནས་ཡི་གེ་བཅུ་པ་ འབུམ་ཕྲག་བཅུ་གསུམ་མམ། འབུམ་ཕྲག་བརྒྱད་ཅུའི་གྲངས་ཀྱིས་བསྙེན་པ་རྫོགས་པ་ཡིན་ནོ། ། འདིའི་རྗེས་གནང་ནི། ཐུན་མོང་བ་སྤྱི་དང༌། ཁྱད་པར་བ་ལུང་འབོགས་ཚུལ། སློབ་མ་མཆོག་ལ་སྟེ། དེ་ཡང་མཎྜལ་དང་ མཆོད་གཏོར་བཤམས་ལ། སློབ་དཔོན་གྱིས་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། མདུན་དུ་མཎྜལ་གྱི་སྟེང་དུ་རྗེ་བཙུན་མ་ སྒྲུབ་ཐབས་ལྟར་བསྐྱེད། མཆོད་པ་རྣམས་བྱིན་གྱིས་བརླབས་ལ་ཕུལ། བསྟོད་པ་བྱ། གཏོར་མ་གོང་ལྟར་ཕུལ་ལ། མདུན་བསྐྱེད་ ལ་དམིགས་པའི་བཟླས་པ་ཅུང་ཟད་བྱ། སློབ་མ་རྣམས་ཁྲུས་བྱས་མཎྜལ་ཕུལ། དུས་གསུམ་སངས་རྒྱས་ཐམས་ཅད་ དང༌། །སོགས་ཀྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱིས་རྒྱུན་ བཤགས་བྱ། དེ་ནས་རྗེས་གནང་གི་གཞི་དགོད་པའི་སླད་དུ་སློབ་དཔོན་ལ་རྗེ་བཙུན་མ་དངོས་ ཡིན་སྙམ་པའི་མོས་པ་བྱས་པས་དེའི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ཐུགས་ བརྒྱུད་བསྐུལ། ཐུགས་ཀ་ནས་འོད་ཟེར་ལྗང་ཁུ་དཔག་ཏུ་མེད་པ་འཕྲོས་ཏེ། སློབ་མའི་ལུས་ ལ་ཕོག་པས་སྡིག་སྒྲིབ་དང་བར་དུ་གཅོད་པ་ཐམས་ཅད་སྦྱངས། ལུས་འོད་ཀྱི་རང་བཞིན་ དུ་གྱུར་པར་བསམ། དེའི་སྐད་ཅིག་ལ་པཾ་ལས་པད་མ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་ གྱི་སྟེང་དུ། ཏཱཾ་ལས་ཨུཏྤལ་ཏཱཾ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས། ཚུར་ 15-1-53 འདུས་ཡོངས་སུ་གྱུར་པ་ལས། སློབ་མ་རྣམས་སྒྲུབ་ཐབས་ལྟར་རྗེ་བཙུན་མར་བསྐྱེད། སླར་སློབ་དཔོན་ ལ་མོས་གུས་བྱས་པས། དེའི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་དང་ཕྱོགས་བཅུའི་ སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀ་ནས་རྗེ་བཙུན་མའི་སྐུ་བསམ་གྱིས་མི་ཁྱབ་ པ་སྤྱན་དྲངས་ཏེ། སློབ་མ་ལ་ཐིམ་པར་བསམས་ལ། སྔགས་བཟླས་ཤིང་དྲིལ་སིལ་བྱ་བ་ནི་གཞི་དགོད་པའོ། ། དངོས་ལ་གསུམ་ལས། དང་པོ་རྗེས་སུ་བཟླས་པའི་ལུང་ནི། སློབ་དཔོན་གྱིས་བདག་ལ། རྗེ་བཙུན་མ་ སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པའི་ལུང་དང་གསང་སྔགས་ཀྱི་རྗེས་སུ་གནང་བ་མ་ལུས་པ་ སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་སློབ་དཔོན་གྱི་ཐུགས་ཀའི་སྔགས་ འཕྲེང་ས་བོན་དང་བཅས་པ་ལས་དེ་འདྲ་བ་དུ་མ་བྱུང་ནས་ཞལ་ནས་ཐོན། སློབ་མའི་ཞལ་དུ་ ཞུགས། ཐུགས་ཀར་ཟླ་བ་ལ་ཏཱཾ་ཡིག་གི་མཐར་འཁོད་པར་མོས་པ་བྱས་ལ། སྙིང་པོ་དང་གཟུངས་ ཀྱི་རྗེས་བཟློས་ལན་གསུམ་བྱ། མཚན་བརྒྱ་རྩ་བརྒྱད་པའི་མགོ་བོའི་དཔལ་ལྡན་ཡིད་འོང་ཞེས་པ་ནས། གྱུར་ལ་ བསྟོད་ཅེས་པའི་བར་སློབ་དཔོན་གྱིས་ཚར་གཅིག་ཀློག ༀ་དགེ་བ་ཅན་ནི་ནས། སྭཱཧཱའི་བར་གྱི་རྗེས་ཟློས་ལན་ གསུམ་བྱེད་དུ་གཞུག ༀ་གྱི་རྣམ་པར་འདོད་གཟུགས་མ། །ཞེས་པ་ནས། དཔལ་ལྡན་འཇིག་རྟེན་ དབང་ཕྱུག་སྐྱེས། །ཀྱི་བར་ལན་གཅིག་རྗེས་ཟློས་བྱེད། དེ་མན་ཆད་ཀྱི་ཕན་ཡོན་རྣམས་སློབ་དཔོན་གྱིས་ལན་གཅིག་ཀློག་ གོ །དེ་ནས་སློབ་མས་བཅོམ་ལྡན་བདག་གིས་སོགས་བརྗོད་ཅིང་མེ་ཏོག་གཏོར། སློབ་དཔོན་གྱིས་བཅོམ་ལྡན་ འདི་ལ་སོགས་བརྗོད་ཅིང་མེ་ཏོག་མགོ་བོར་བཞག་གོ ། གཉིས་པ་དམ་བཅའ་བའི་ལུང་ནི། བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེ་བཙུན་མ་ཡི་དམ་དུ་བཟུང་སྙམ་ པའི་བསམ་པས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་ད་ ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྗེ་བཙུན་མ་སྒྲོལ་མ་ཡི་དམ་གྱི་ ལྷར་བཟུང་བར་བགྱིའོ། །ཞེས་ལན་གསུམ། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་མ་སྒྲོལ་ 15-1-54 མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད་ཅིང་མེ་ཏོག་དོར། གསུམ་པ་བྱིན་གྱིས་བརླབ་པའི་ལུང་ནི། མདུན་བསྐྱེད་ཀྱི་རྗེ་བཙུན་མ་ལ་གུས་འདུད་དྲག་པོ་བྱས་ པའི་རྐྱེན་གྱིས་ཐུགས་ཀ་ནས་དེ་འདྲ་བའི་རྗེ་བཙུན་མ་མཐེ་བོང་ཙམ་ཅིག་བྱོན་ཏེ་སློབ་མའི་ སྤྱི་གཙུག་ནས་ཞུགས། ཐུགས་ཀའི་ཏཱཾ་ཡིག་དང་དབྱེར་མེད་དུ་འདྲེས་པས་རྒྱུད་བྱིན་གྱིས་ བརླབས་པར་བསམ། སློབ་དཔོན་གྱིས་མེ་ཏོག་གཏོར་ཏེ། རྗེ་བཙུན་མ་འཕགས་མ་སྒྲོལ་མས་རྡོ་རྗེ་ སློབ་མ་འདི་རྣམས་གནས་སྐབས་སུ་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབས་ ཏེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་དུ་གསོལ། མཐར་ཐུག་མངོན་པར་ རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། རྗེས་ཀྱི་བྱ་བ་སྤྱི་དང་མཐུན་ནོ། །རྗེས་ གནང་ཐུན་མོང་བ་ནི། སྐྱེ་བོ་མང་པོ་ལ་བྱེད་ན་གཞན་རྣམས་འདྲ་བ་ལས། གཟུངས་རིང་དང་མཚན་བརྒྱ་རྩ་བརྒྱད་པའི་ལུང་དོར་ བས་རུང་ངོ༌། །སྤྱིར་འདི་ལ། བསྙེན་པ་དང༌། དབང་བསྡུད་ཀྱི་སྒྲུབ་པ་དང༌། གཏོར་ཆོག་དང༌། བྲིས་པའི་བསྲུང་འཁོར། ཆོམ་རྐུན་ འཆིང་བ། རྗེས་གནང་བྱེད་ཐབས། མཚན་བརྒྱ་འདོན་ཐབས་ཏེ་བདུན་ལས། རྩ་བ་ནི་བསྙེན་པ་ཡིན་ལ། ཡན་ལག་ནི་ལྷག་མ་ དྲུག་པོ་ཡིན་པས། གཉན་སྒྲོལ་ཡན་ལག་དྲུག་པར་གྲགས་སོ། །ལས་ཚོགས་བཞི་པོ་དེ་རྗེ་བཙུན་གྲགས་པའི་ཡིག་ཆར་གསལ་ལོ། ། སྒྲོལ་མའི་སྒྲུབ་ཐབས་ཆེས་མང་བ། །ཀུན༷་གྱི་ཏོག་ལྟར་དག༷འ་བའི་ཆོས། །གོང་མའི་ཡི་གེ་རྒྱས་པ་ལས། །ཉེར་འཁོ་སྙིང༷་པོ༷ར་ དྲིལ་བ་ཡིན། །གཉན་སྒྲོལ་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒལཾ། ། ༄༅། །རིག་བྱེད་མའི་མངོན་རྟོགས་ཉམས་སུ་ལེན་ཚུལ་ཐུན་ མོང་མ་ཡིན་པ་བཞུགས་སོ། ། ༀ་སྭཱ་སྟི། འཕགས་མ་འཁོར་བ་ཀུན་སྒྲོལ་མ། །དེ་ལ་བཏུད་ནས་རིག་བྱེད་མའི། །སྒྲུབ་ཐབས་དགེས་རྡོར་ལས་ བྱུང་བ། །ལྷན་སྐྱེས་རོལ་བའི་ལུགས་བཤད་བྱ། །དམར་པོ་སྐོར་གསུམ་དུ་གྲགས་པའི་ནང་གི་ཀུ་རུ་ཀུལླེ་སྒོམ་པར་འདོད་ན། 15-1-55 སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་སྐད་ཅིག་གིས་ཀུ་རུ་ཀུལླེར་གསལ་བའི་ཐུགས་ཀར་རཾ་ལས་ ཉི་མའི་སྟེང་དུ་ཧྲཱིཾཿདམར་པོ་དེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་རྗེ་བཙུན་མ་ཀུ་རུ་ཀུལླེ་ མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མཿཀུ་རུ་ཀུལླེ་བྷྱཿ ༀ་ཀུ་རུ་ཀུལླེ་ བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་སོགས་ནས་ཤཔྟའི་བར་གྱིས་མཆོད། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ་བྱ། ཚད་ མེད་བཞི་བསྒོམ། ཤཱུ་ནྱ་ཏའི་སྔགས་བརྗོད། སྟོང་པའི་ངང་ལས་དུར་ཁྲོད་བརྒྱད་ཀྱི་དབུས་སུ་པཾ་ལས་ པདྨ་དམར་པོ་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཾཿཡིག་དམར་པོ་རིང་ཆ་ཚེག་ དྲེག་དང་བཅས་པ་དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་འཕྲོས་པས་འཕགས་པ་ མཆོད། སེམས་ཅད་ཐམས་ཅད་རྗེ་བཙུན་མའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཾཿཡིག་ལ་ ཐིམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྗེ་བཙུན་མ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་ གཅིག་ཕྱག་བཞི་མ། དང་པོ་གཉིས་ཀྱིས་ཨུཏྤལ་དམར་པོའི་མདེའུ་ཅན་གྱི་མདའ་དང་མེ་ ཏོག་གི་གཞུ་སྙན་གྱི་བར་དུ་འགེངས་པ། གཡས་འོག་མས་འགུགས་བྱེད་ལྕགས་ཀྱུ་དང༌། གཡོན་འོག་མས་རྩ་བ་ཞགས་པར་བྱས་པའི་ཨུཏྤལ་འཛིན་པ། མཆེ་བ་ཅུང་ཟད་གཙིགས་ ཤིང༌། སྤྱན་གསུམ་དང་ལྡན་པ། ནུ་འབུར་རྒྱས་པ། ལོ་བཅུ་དྲུག་ལོན་པ་ལྟ་བུ་དབུ་སྐྲ་དམར་ སེར་གྱེན་དུ་བརྫེས་པ། ཐོད་སྐམ་ལྔས་དབུ་བརྒྱན་ཞིང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་ པའི་རྒྱན་ལྔས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གསོལ་བ། མི་རོ་མགོ་བོ་གཡོན་དུ་ བསྟན་པའི་སྟེང་དུ་ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་འོད་ཟེར་ དམར་པོ་དང་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་སྤྱི་བོར་ༀ། མགྲིན་པར་ ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཨུཏྤལ་དམར་པོའི་ལྟེ་བར་ཉི་མ་ལ་ཧྲཱིཾཿདམར་པོ། དེ་ལས་འོད་ཟེར་འཕྲོས་པས་རིག་བྱེད་ཀྱི་ཕུག་ནས་རྗེ་བཙུན་མ་ཀུ་རུ་ཀུལླེ་ལ་སངས་རྒྱས་ བྱང་སེམས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། ཛཿཧཱུཾ་ 15-1-56 བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་འཕྲོས་ པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ༀ་པཉྩ་ཀུ་ལ་ས་པ་རི་ཝཱ་ ར་བཛྲ་པུཥྤེ་ལ་སོགས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་ དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་བཛྲི་བྷཱ་བ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་ གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ ལུད་པ་ལས། འོད་དཔག་ཏུ་མེད་པས་དབུ་བརྒྱན། ཨརྒྷཾ་ནས་ཤཔྟའི་བར་གྱི་མཆོད། བརྩེ་བས་ རྗེས་ཆགས་སོགས་ཀྱིས་བསྟོད། བདུད་རྩི་ཀྱཻ་རྡོར་ལྟར་བྱིན་གྱིས་བརླབས་པའམ། སྤྱི་དང་མཐུན་པར་བྱིན་གྱིས་བརླབས། འབྲུ་གསུམ་བརྗོད་ཅིང་མྱངས་ཏེ་བདེ་བས་མཉེས་པར་བསམས་ལ། ༀ་ཀུ་རུ་ཀུལླེ་ཧྲཱིཾཿསྭཱཧཱ། ཞེས་མ་ཡེངས་པར་ཙན་ དན་དམར་པོའི་ཕྲེང་བ་མིང་མེད་ཀྱི་སྟེང་ནས་དྲངས་ཤིང་བགྲང་བར་བྱའོ། །ཐུན་འཇོག་པ་ན། བཅོམ་ལྡན་འདས་མ་ བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་ གསོལ། ཞེས་གསོལ་བ་གདབ་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཏེ། སྣང་བ་ཐམས་ཅད་འོད་ ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ། གཏོར་མ་འབུལ་ན། ནང་མཆོད་ལྟར་བྱིན་གྱིས་བརླབས་ཏེ། སྙིང་ག་ ནས་འོད་ཟེར་འཕྲོས་པས། རྗེ་བཙུན་མ་མདུན་གྱི་ནམ་མཁར་བྱོན། ལྗགས་རྡོ་རྗེའི་སྦུ་གུ་ཅན་ གྱིས་གསོལ་བར་བསམ་ཞིང༌། སྔགས་ཀྱི་མཐར། ༀ་ཨ་ཀཱ་རོ་བཏགས་ལ་ཕུལ། བརྩེ་བས་རྗེས་ཆགས་ པད་མ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །མདའ་གཞུ་ ཨུཏྤལ་དབང་གི་ལྕགས་ཀྱུ་འཛིན། །བཅོམ་ལྡན་རིག་བྱེད་མ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཅི་ ཤེས་པས་བསྟོད། འདོད་དོན་ཞུ། ལྷག་ཆད་ཁ་བསྐང༌། བཟོད་པར་གསོལ། བྲིས་སྐུ་སོགས་རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ ན་གཤེགས་སུ་གསོལ་ལ་བསྔོ་བ་སྨོན་ལམ་ཅི་ཤེས་བྱ། འདིའི་རྗེས་གནང་བྱ་བའི་ཚུལ་ནི། ཐུན་མོང་བ་སྤྱི་དང་འདྲ་བ་ལས་གཏོར་དབང་ཙམ་བྱེད་པ་ཡིན་ལ། ཐུན་མོང་མ་ཡིན་ པ་ནི། གཞི་དམར་པོའི་སྟེང་དུ་ཙན་དན་དམར་པོས་བྱུགས་པའི་མཎྜལ་ལ། མེ་ཏོག་དམར་པོས་ཚོམ་བུ་བཀོད། དེའི་སྟེང་དུ་མཉྫི་ 15-1-57 ལ་རྟེན་གྱི་གཏོར་མ་བྲག་སྐྱིབས་ཀྱི་དབྱིབས་ཅན་དམར་པོ་རྒྱན་དང་ལྡན་པ་བཀོད། བྲིས་སྐུ་ཡོད་ན་དགྲམ། ཆུ་བཞི་སྔོན་དུ་འགྲོ་ བའི་ཉེར་སྤྱོད་དང༌། སྨུག་རྩིས་བྱུགས་པའི་འབུལ་གཏོར་གཅིག སློབ་དཔོན་གྱི་མདུན་དུ་ནང་མཆོད་རྡོ་རྗེ་དྲིལ་བུ་མེ་ཏོག་རྣམས་ བཤམ། མཆོད་པ་བྱིན་རླབས་ཀྱཻ་རྡོ་རྗེ་བཞིན་ནམ་སྤྱི་དང་མཐུན་པ་དང་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། མདུན་བསྐྱེད་ སྟོང་པར་སྦྱང་བ་ནས་བཟུང༌། མངོན་རྟོགས་འདོན་པ་སྤོ་བ་ཙམ་མ་གཏོགས་འདྲ། མཆོད་བསྟོད་གཏོར་མ་ཕུལ་ལ། ཐུགས་རྒྱུད་ བསྐུལ་བའི་བཟླས་པ་བྱ། སློབ་མ་ཁྲུས་བྱས། ཕྱག་དང་ཡོན་ཕུལ་ནས། གྲལ་ལ་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ། འདིར་དཔལ་ཀྱཻ་རྡོ་རྗེའི་རྩ་བཤད་ཀྱི་རྒྱུད་རྣམས་ནས་བཤད་པའི་རྗེ་བཙུན་མའི་རྗེས་སུ་ གནང་བ་སྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་གྲུབ། སློབ་མའི་བྱ་བ་ ལ་རྗེས་གནང་གི་སྔོན་དུ་འགྲོ་བ་སློབ་དཔོན་ལ་རྗེ་བཙུན་མ་དངོས་ཡིན་པའི་མོས་གུས་དང་ ལྡན་པས་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ་བྱས་ལ། སློབ་མས་ཀྱང་མཎྜལ་འབུལ། མེ་ཏོག་ དང་བཅས་པས་ཐལ་མོ་སྦྱར་ཏེ། གསོལ་བ་བཏབ་པའི་རྗེས་ཟློས་ལན་གསུམ་མཛོད། ཀུན་ མཁྱེན་ཡེ་ཤེས་སོགས་ནས་གནང་བར་མཛོད། ཅེས་གསོལ་བ་བཏབ་ནས། རྒྱུད་དག་པའི་སླད་ དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པའི་རྩ་ བརྒྱུད་ཀྱི་བླ་མ་རྣམས་སྟེང་གི་ཆ་ལ་བཞུགས་པའི་རྗེ་བཙུན་མ་ཀུ་རུ་ཀུལླེ་ལ་སངས་རྒྱས་དང་ བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པའི་བསྐོར་བ་མདུན་གྱི་ནམ་མཁར་ༀ་བཛྲ་ ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། ཕྱག་དང་མཆོད་པ་ཕུལ་བར་མོས་པ་བྱས་ཏེ། ཐལ་མོ་ སྦྱར་ནས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ན་མོ་གུ་རུ་བྷྱཿ ན་མ་ཀུ་རུ་ཀུལླེ་བྷྱཿ ཞེས་པས་ཕྱག་ བྱས་ནས་ཚོགས་ཞིང་སྐབས་ལྟར་མཆོད་ལ། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་བཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས་ནས་འགྲུབ་པར་ཤོག །ཅེས་པས་རྒྱུད་དག་པར་བྱས་ནས། ཚོགས་ཞིང་ རྣམས་མདུན་བསྐྱེད་ཀྱི་ལྷ་མོ་ལ་ཐིམ་པར་མོས་པ་མཛོད། དེ་རྣམས་རྗེས་གནང་གི་སྔོན་འགྲོ་ 15-1-58 ཡིན། དངོས་གཞི་ལ། སྐུའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་ བསྐྱེད་ཀྱི་ལྷ་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རང་གི་ལུས་ལ་ཞུགས་པའི་ཚེ་ ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དང་ཀུན་ རྫོབ་རྣམ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པར་སྦྱངས། ༀ་ཤཱུ་ནྱ་ཏ་སོགས་ནས་ བཞུགས་པའོ། །ཞེས་པས་བར་སྒྲུབ་ཐབས་བཞིན་བརྗོད། དེ་ནས་སློབ་དཔོན་དང་ཁྱེད་རང་གི་ཐུགས་ཀའི་ ཧྲཱིཾཿལས་འོད་ཟེར་འཕྲོས་པ། ལྷོ་ཕྱོགས་རིག་བྱེད་ཀྱི་ཕུག་ན་བཞུགས་པའི་རྗེ་བཙུན་མའི་ ཐུགས་ཀར་ཕོག་པས་དེའི་ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀ་ནས་འོད་ཟེར་དམར་པོའི་ཕྲེང་ བ་བསམ་གྱིས་མི་ཁྱབ་པ་དམར་ཁྲིག་ཁྲིག་བྱོན་ཏེ་ཁྱེད་རང་གི་ལུས་ལ་ཐིམ་པས་ལུས་འོད་ ཀྱི་རང་བཞིན་དུ་གྱུར། ཡང་འོད་ཟེར་འཕྲོས་པས་བརྟན་གཡོ་སྣོད་བཅུད་ཐམས་ཅད་ལ་ ཕོག་པས་སྣོད་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་རྗེ་བཙུན་མའི་སྐུར་གྱུར་ ཏེ་སླར་ཚུར་འདུས་ནས་ཁྱེད་རང་ལ་ཐིམ། ཡང་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ ནས་ཀྱང་རིག་བྱེད་མ་དཔག་ཏུ་མེད་པ་བྱུང་ཁྱེད་རང་ལ་ཐིམ། ཡང་འོད་ཟེར་འཕྲོས་པས། ལྷོ་ཕྱོགས་རིག་བྱེད་ཀྱི་ཕུག་ན་བཞུགས་པའི་རྗེ་བཙུན་མའི་སྐུ་ལ་ཕོག་པས། དེ་ལས་དེ་འདྲ་ བའི་རྗེ་བཙུན་མའི་སྐུ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པས། རྒྱུད་ བྱིན་གྱིས་བརླབས་པར་མོས་པ་མཛོད། ཅེས་དང༌། སྔགས་ཀྱི་མཐར། ཛཿཧཱུཾ་བཾ་ཧོཿ ཞེས་ཡང་ཡང་བརྗོད་ དེ། དྲིལ་བུ་སིལ་ཞིང་གུ་གུལ་གྱིས་བདུག དེས་རྗེ་བཙུན་མའི་སྐུའི་རྗེས་གནང་ཐོབ། རྗེ་བཙུན་མའི་སྐུ་ དང་རང་གི་ལུས་དབྱེར་མེད་དུ་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། གསུང་གི་རྗེས་ གནང་གི་སླད་དུ། ཁྱེད་རང་རྗེ་བཙུན་མར་གསལ་བའི་ཐུགས་ཀར་ཨུཏྤལ་དང་ཉི་མའི་སྟེང་དུ་ ཧྲཱིཾཿཡིག་གཅིག་བསམས་ཏེ་སློབ་དཔོན་དང་མདུན་བསྐྱེད་ཀྱི་རྗེ་བཙུན་མ་ལ་གུས་འདུད་དྲག་ པོ་དུངས་པ་བྱས་པས། དེ་གཉིས་ཀའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང༌། ཞལ་ནས་ཐོན། 15-1-59 ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀའི་ཧྲཱིཾཿཡིག་གི་མཐར་གཡས་སྐོར་དུ་འཁོད་པར་མོས་ པ་བྱས། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་སྔགས་འདིའི་རྗེས་ཟློས་མཛོད། ༀ་ནས་ སྭཱཧཱ་ལན་གསུམ། ཞེས་བཟླས་པའི་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་ དུ་བྱས། གསུམ་པས་བརྟན་པར་མོས་ཏེ། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་གཏོར་ ནས་འདིའི་རྗེས་ཟློས་མཛོད། བཅོས་ལྡན་བདག་གིས་སོགས་ལན་གསུམ་བརྗོད་ནས། སློབ་དཔོན་ གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱིན་གྱིས་བརླབས་ཏེ། ཁྱེད་རང་གི་སྤྱི་བོར་བཏག་ཅིང་ བྱིན་གྱིས་བརླབས་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས་གསུམ་གྱི་མཐར། རྡོ་རྗེ་སློབ་ མ་འདིའི་རྒྱུད་ལ་རྗེ་བཙུན་མ་ཀུ་རུ་ཀུལླེའི་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ ཅིག དེས་རྗེ་བཙུན་མའི་གསུང་གི་རྗེས་གནང་ཐོབ། རྗེ་བཙུན་མའི་གསུང་དང་རང་གི་ངག་ དབྱེར་མེད་དུ་བྱིན་གྱིས་བརླབས་སྙམ་དུ་མོས་པར་མཛོད། ཐུགས་ཀྱི་རྗེས་གནང་གི་སླད་དུ་ དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་འཕྲོས་པས་ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམ་དཔའ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་ པའི་ཡེ་ཤེས་དང༌། སྟོབས་དང་མི་འཇིགས་པ་དང་མ་འདྲེས་པའི་ཆོས་ལ་སོགས་པ་སངས་ རྒྱས་ཀྱི་ཡོན་ཏན་ཐམས་ཅད་འོད་ཟེར་ཁ་དོག་དམར་པོའི་རྣམ་པར་སྤྱན་དྲངས་ཏེ། ཁྱེད་རང་ གི་ཐུགས་ཀར་ཐིམ་པས། དེ་རྣམས་ཀྱི་བྱིན་རླབས་ཐམས་ཅད་རྒྱུད་ལ་ཞུགས་པར་མོས་པ་ མཛོད། སླར་ཡང་ཧྲཱིཾཿལས་འོད་ཟེར་འཕྲོས་པས་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ རྣམས་ཀྱི་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ཐམས་ཅད་སོགས་འགྲེ། སླར་ཡང་དེ་ལས་ འོད་ཟེར་འཕྲོས་པས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་པའི་ཆེན་པོ་རྣམས་ཀྱི་ ཚེ་དང་བསོད་ནམས་དང་དབང་ཐང་ཐམས་ཅད་གོང་ལྟར་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ ལ་ཐིམ་པས་ཚེ་དང་བསོད་ནམས་དང་དབང་ཐང་ཐམས་ཅད་རྒྱས་པར་མོས་པ་མཛོད། སླར་ 15-1-60 ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང༌། པཎྜི་ཏ་དང༌། སྐྱེ་འགྲོ་བསོད་ནམས་ཅན་རྣམས་ཀྱི་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་དང༌། ཚེ་དང་ བསོད་ནམས་དང་དཔལ་འབྱོར་ཐམས་ཅད་ཀྱང་གོང་ལྟར་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ ལ་ཐིམ་པས། ཚེ་དང་བསོད་ནམས་དང་དཔལ་འབྱོར་ཐམས་ཅད་རྒྱས་པར་བྱས་པ་ཡིན་སྙམ་ དུ་མོས་པར་མཛོད། ༀ་ཀུ་རུ་ཀུལླེ་ཧྲཱིཿཧྲཱིཿཧྲཱིཿ ཨ་བེ་ཤ་ཡ་ཧྲཱིཿཧྲཱིཿཧྲཱིཿ ཞེས་ཡང་ཡང་བརྗོད་ཅིང༌། གུ་གུལ་ གྱིས་བདུག དྲིལ་བུའི་སྒྲ་རེས་འཇོག་ཏུ་བྱ། དེས་རྗེ་བཙུན་མའི་ཐུགས་ཀྱི་རྗེས་གནང་ཐོབ། རྗེ་བཙུན་ མའི་ཐུགས་དང་རང་གི་སེམས་དབྱེར་མེད་དུ་བྱིན་གྱིས་བརླབས་སྙམ་དུ་མོས་པར་མཛོད། དེ་ ནས་གཏོར་དབང་སྤྱི་དང་མཐུན་པར་བྱ་བའམ། གཏོར་དབང་མ་བྱས་ཀྱང་རུང་ལ། དེ་ལྟ་ན་རྟེན་གཏོར་ཡང་མི་དགོས་སོ། །རྗེས་ གཙོ་བོ༴ མཎྜལ་ཕུལ། དེང་ནས་སོགས་འདྲ། ཚོམ་བུ་ལ་མཆོད་བསྟོད། དངོས་གྲུབ་བླངས་ལ་གཤེགས་སུ་གསོལ། དམ་ ཚིག་པ་བསྡུས་ཏེ་གནས་གསུམ་བསྲུང་དགེ་བ་བསྔོའོ། །སངས་རྒྱས་པ་ཡི་སྔགས་རྒྱུད་ལ། །དབང་བསྡུད་ཀུན༷་གྱི་རྩ་བར་གྲགས། ། དག༷འ་ཆེན་ལྷ་མོ་རིག་བྱེད་མའི། །ལག་ལེན་སྙིང༷་པོ༷་ངོ་མཚར་རྨད། །རྗེ་བཙུན་ས་སྐྱ་པའི་གདམས་ངག་དང་འབྲེལ་བའི་ཟབ་ ཆོས་དམར་པོ་སྐོར་གསུམ་དུ་གྲགས་པ་ལས། རྗེ་བཙུན་མ་ཀུ་རུ་ཀུལླེའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།ཞུས་དག ༄༅། །དཔལ་འདོད་པའི་རྒྱལ་པོའི་སྒྲུབ་ཐབས་བཞུགས་སོ། ། ༀ་སྭཱ་སྟི། འདོད་ཆགས་རྡོ་རྗེ་ལ་བཏུད་ནས། །དབང་སྡུད་རྣོ་ལ་སྟོབས་ཆེ་བ། །འགྲན་ཟླ་མེད་པའི་རིག་སྔགས་རྒྱལ། ། འདོད་རྒྱལ་སྒྲུབ་ཐབས་བཤད་པར་བྱ། །སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་སྐད་ཅིག་གིས་འདོད་པའི་རྒྱལ་ པོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་དམར་པོ་དེ་ལས་འོད་ཟེར་ འཕྲོས་པས། རང་བཞིན་གྱིས་གནས་ནས་བླ་མ་འོད་དཔག་མེད་ཀྱི་རྣམ་པ་ཅན་གྱིས་དབུ་ བརྒྱན་པའི་འདོད་པའི་རྒྱལ་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ 15-1-61 ༀ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མཿཊཀྐི་རཱ་ཛ་བྷྱཿ ༀ་བཛྲ་པུཥྤེ་སོགས་ཀྱིས་མཆོད། གུར་ ནས་འབྱུང་བའི་རྒྱུན་བཤགས་བྱ། ཚད་མེད་བཞི་བསྒོམ། ༀ་སྭ་བྷཱ་ཝ་སོགས་བརྗོད་དེ། སྟོང་པའི་ངང་ལས་པཾ་ ལས་པདྨ་དམར་པོ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་ སྟེང་དུ་བྷྲུཾ་དམར་པོ་ལས་བྱུང་བའི་རིན་པོ་ཆེ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་ཟླ་ གམ་སྒོ་གཅིག་པ། དབུས་སུ་པཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་རཾ་ལས་ཉི་ མའི་དཀྱིལ་འཁོར་གྱི་སྟེང་དུ། རང་སེམས་ཧཱུཾ་ཡིག་དམར་པོ། དེ་ལས་འོད་ཟེར་ལྕགས་ཀྱུ་ དང་ཞགས་པ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས། འཕགས་པ་མཆོད། སྣོད་བཅུད་ཐམས་ ཅད་དབང་དུ་བསྡུས་ནས། འོད་ཟེར་དམར་པོའི་རྣམ་པར་ཚུར་འདུས་ཏེ་ཧཱུཾ་ལ་ཐིམ། དེ་འོད་ དུ་ཞུ་བ་ལས་རང་ཉིད་འདོད་པའི་རྒྱལ་པོ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་འོད་འབར་ བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། གཡས་ཁམས་གསུམ་འགུགས་པའི་ ལྕགས་ཀྱུ་འཕྱར་སྟབས་སུ་འཛིན་ཅིང༌། གཡོན་སྡིགས་མཛུབ་དང་བཅས་པས་ཞགས་པ་ ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་ པ། དབུ་སྐྲ་རལ་པའི་ཐོར་ཙུགས་ཅན། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། དར་དམར་ པོའི་སྟོད་གཡོགས་དང༌། དར་སྣ་ཚོགས་ཀྱི་ཤམ་ཐབས་གསོལ་བ། དེའི་པང་དུ་ཡུམ་བདེ་ བ་རྒྱས་བྱེད་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་ལྕགས་ ཀྱུ་འཕྱར་སྟབས་སུ་འཛིན་ཞིང༌། གཡོན་བདུད་རྩིས་གང་བའི་བུམ་པ་འཛིན་པས་ཡབ་ལ་ འཁྱུད་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཡབ་ཀྱི་ཐུགས་ཀར་ ཧཱུཾ་ཡིག་དམར་པོའི་མཐར་བཟླས་བྱའི་སྔགས་ཁ་དོག་དམར་པོས་གཡས་བསྐོར་དུ་བསྐོར་ བ། དེ་ལས་འོད་ཟེར་འཕྲོས་པས་བདེ་བ་ཅན་ནས་འདོད་པའི་རྒྱལ་པོ་སངས་རྒྱས་བྱང་ཆུབ་ 15-1-62 སེམས་དཔའི་ཚོགས་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ༀ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ཛཿཧཱུཾ་བཾ་ ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་ རྒྱས་རྣམས་ཀྱིས་ༀ་བཛྲི་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་ བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས། འོད་དཔག་ཏུ་མེད་པས་དབུ་བརྒྱན། དེའི་དཔྲལ་བར་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་དམར་པོ་ བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། མགྲིན་པར་ཨཱཿལས་པདྨ་ཨཱཿཡིས་མཚན་པ་ལས་འོད་ དཔག་མེད་དམར་པོ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་ མཚན་པ་ལས་མི་བསྐྱོད་པ་དམར་པོ་གཡས་ས་གནོན། གཡོན་མཉམ་བཞག་གི་ཕྱག་རྒྱ་ མཛད་པ། དེ་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཐམས་ཅད་དེ་བཞིན་གཤེགས་པ་རིགས་གསུམ་གྱི་རྣམ་པར་ༀ་བཛྲ་ ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ལྷ་གསུམ་ལ་སོ་སོར་ཐིམ་ཞིང༌། དེ་གསུམ་འོད་ཟེར་ཁ་དོག་དམར་ པོའི་རྣམ་པར་ཞུ་ནས་རང་གི་ལུས་ངག་ཡིད་གསུམ་དང་དབྱེར་མེད་དུ་གྱུར། པདྨའི་ཕྲེང་བ་ སྲིན་ལག་གི་སྟེང་ནས་དྲངས་ཏེ། ༀ་ཝཱ་ཤཾ་ཀུ་རུ་ཧོཿ ༀ་ཀུ་སུ་མ། མཱ་ལི་བྷི་ཧཱུཾ་ཛཿ ༀ་བཛྲ་ཀུ་ས་ ཛི་ཀཾ་བྷེཿ ཋ་ཋ་ཋ། ༀ་གྲོ་གེ་མ་ཀྲི་ཏེ། འགྲོ་བ་མང་པོ་ཝ་ཤཾ་ཀུ་རུ་ཧོཿ ཀ་ཀ་དྷ་ཡ་ཀ་དྷ་ཡ། ཁ་ ཁཱ་ཧི་ཁཱ་ཧི། ག་གརྫ་ཡ་གརྫ་ཡ། གྷ་གྷ་ཏ་ཡ་གྷ་ཏ་ཡ། ཙ་ཙ་ལ་ཡ་ཙ་ལ་ཡ། ཚ་ཚ་ཏ་ཡ་ཚ་ཏ་ཡ། ཛ་ཛཾ་བྷ་ཡ་ཛཾ་བྷ་ཡ། ཛྷ་ཛྷ་ཏ་ཡ་ཛྷ་ཏ་ཡ། ཊ་ཊ་ལ་ཡ་ཊ་ལ་ཡ། ཋ་ཋ་ཀ་ཡ་ཋ་ཀ་ཡ། ཌ་ཌ་བྷ་ཡ་ ཌ་བྷ་ཡ། ཌྷ་ཌྷ་ཀ་ཡ་ཌྷ་ཀ་ཡ། ཎ་ཎ་ཤ་ཡ་ཎ་ཤ་ཡ། ཏ་ཏཾ་བྷ་ཡ་ཏཾ་བྷ་ཡ། ཐ་ཐོ་བྷ་ཡ་ཐོ་བྷ་ཡ། ད་ད་ར་ཡ་ད་ར་ཡ། དྷ་དྷ་ར་ཡ་དྷ་ར་ཡ། ན་ནཱ་ཤ་ཡ་ནཱ་ཤ་ཡ། པ་པ་ཏ་ཡ་པ་ཏ་ཡ། ཕ་ཕ་ཏ་ཡ་ 15-1-63 ཕ་ཏ་ཡ། བ་བནྡྷ་ཡ་བནྡྷ་ཡ། བྷ་བྷེ་ཏ་ཡ་བྷེ་ཏ་ཡ། མ་མཱ་ར་ཡ་མཱ་ར་ཡ། ཡ་ཡོ་ཧ་ཡ་ཡོ་ཧ་ཡ། ར་རོ་ཧ་ཡ་རོ་ཧ་ཡ། ལ་ལོ་བ་ཡ་ལོ་བ་ཡ། ཝ་ཝ་ཧ་ཡ་ཝ་ཧ་ཡ། ཤ་ཤོ་ཥ་ཡ་ཤོ་ཥ་ཡ། ཥ་ཥུཥྚི་ ཡ་ཥུཥྚི་ཡ། ས་ས་དྷ་ཡ་ས་དྷ་ཡ། ཧ་ཧ་ན་ཡ་ཧ་ན་ཡ། ཀྵ་ཀྵོ་བྷ་ཡ་ཀྵོ་བྷ་ཡ། འགྲོ་བ་མང་པོ་ཝ་ ཤཾ་ཀྲི་ཏི། ཝ་ཤཾ་ཀུ་རུ་ཧོཿ ཤནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། ཀྵ་ཡཾ་ཀུ་རུ། ཀྵོ་བྷཾ་ཀུ་རུ། མ་རཾ་ཀུ་རུ་སྭཱཧཱ། ༀ་སིདྡྷི་སརྦ་སིདྡྷི་མཧཱ་སིདྡྷི། པཱུ་ཛ་ཨགྞི་ཏཾ། བྷ་ན་ཏེ་མཱ་ར་ཎཾ། འགྲོ་བ་མང་པོ་ཝ་ཤཾ་རུ་ཧོཿ ཞེས་ ཐུན་རེ་ལ་ཉེར་ལྔ་རེ་བཟླ། ཐུན་འཇོག་པ་ན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། གཞལ་ཡང་ཁང་ གདན་དང་བཅས་པ་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ། གཏོར་མ་འབུལ་ན་རིན་པོ་ཆེའི་ སྣོད་དུ་ཟན་ལེབ་ཟླུམ་པོ་གྲུ་བཞི་གྲུ་གསུམ་ཟླ་གམ་རྣམས་བརྩེགས་པའི་སྟེང་དུ་གཏོར་མའི་སྙིང་པོ་བཞག་ལ་སྨུག་རྩིས་བསྒྱུར། མཐའ་མཐེབ་ཀྱུ་དང་ཁ་ཟས་སྣ་ཚོགས་ཀྱིས་བསྐོར་བ་ཞིག་གམ། མ་གྲུབ་ན་གཞན་གང་རིགས་དང༌། མཁའ་འགྲོ་མ་རྣམས་ ལ་གཏོར་མ་བཤམ། ཡི་དམ་གང་བྱེད་ཀྱི་ནང་མཆོད་བྱིན་གྱིས་བརླབས། མདུན་བསྐྱེད་དང་མ་འབྲེལ་ན། རང་གི་སྙིང་ ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས། ༀ་ཊཀྐི་རཱ་ཛ་ཧཱུཾ་ ཛཿ ཞེས་པས་སྤྱན་དྲངས། བྲིས་སྐུ་སོགས་ཡོད་ན་བསྟིམ། སླར་ཡང་སྙིང་ག་ནས་འཕྲོས་པས་འོད་ཟེར་གྱིས་ གཏོར་མ་བཏེག་སྟེ། འདོད་རྒྱལ་གྱི་ཕྱག་ཏུ་ཕུལ་བ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ ཁ་ཕྱེ་སྟེ། ༀ་ཊཀྐི་རཱ་ཛཿཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་ཧཱུཾ། ཞེས་པ་ལན་གསུམ་ མཾ་ལྔས་ཕུལ། མེ་ཏོག་ལ་སོགས་པས་མཆོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །དབང་བསྐུར་ ཕོ་ཉའི་ལས་མཛད་པ། ཁྲོ་བོ་འདོད་པའི་རྒྱལ་པོ་ནི། ཁམས་གསུམ་འགུགས་པ་ཁྱོད་ལ་ འདུད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་འཕྲིན་ལས་གཞོལ། རང་གི་སྙིང་ག་ ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གནས་ཀྱི་མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་འཁོར་ དང་བཅས་པ་ༀ་སརྦ་ཌཱ་ཀི་ནི་ཧཱུཾ་ཛཿ ཞེས་པས་སྤྱན་དྲངས། གཙོ་མོ་རྣམས་སྐུ་མདོག་དམར་མོ་ཌ་ མ་རུ་དང་ཐོད་པ་རུས་པའི་རྒྱན་དང༌། དར་དམར་པོའི་ན་བཟའ་ཅན། ཉི་མའི་གདན་ལ་གར་ 15-1-64 སྟབས་ཀྱིས་བཞུགས་ཤིང་འཁོར་རྣམས་སྐུ་མདོག་སྣ་ཚོགས་པ་ཕྱག་མཚན་སྣ་ཚོགས་འཛིན་ པར་བསམ། རང་གི་སྙིང་ག་ནས་སྤྲུལ་པའི་ལྷ་མོ་ཐོད་པ་ཐོགས་པ་མང་པོས་བདུད་རྩི་བཅུས་ ཏེ། དེ་རྣམས་ཀྱི་ཕྱག་གི་ཐོད་པར་བླུག་པ་གསོལ་བར་བསམ་ཞིང༌། ༀ་སརྦ་ཌཱ་ཀི་ནི་བ་ལིཾ་ཏ་ ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་ལ་སོགས་པས་ཕུལ། ཞིང་སྐྱེས་ཡུལ་གྱི་དུར་ཁྲོད་ནས། །མཁའ་འགྲོ་ ཆེན་མོ་རྣམས་བཞུགས་པ། །སྐུ་ཡི་གར་སྟབས་གློག་ལྟར་འཁྱུག །གསུང་གི་གསང་སྔགས་ ཕྱོགས་བཅུར་སྒྲོག །ཐུགས་ནི་ཐུགས་རྗེའི་ངང་ལ་བཞུགས། །སྒྲུབ་པོའི་འཕྲིན་ལས་ཅི་ཡང་ མཛད། །མཐུ་དང་ནུས་པ་བསམ་མི་ཁྱབ། །སྟོབས་ཆེན་ཁྱོད་ལ་གུས་པས་བསྟོད། །མཆོད་ སྦྱིན་གཏོར་མ་སོགས་གོང་ལྟར་བརྗོད་པས། དེ་ལྟར་བགྱིའོ། །ཞེས་ཁས་བླངས་པར་བསམ། ཡིག་བརྒྱས་ལྷག་ཆད་ཁ་ བསྐང༌། བཟོད་པར་གསོལ་ལ། བྲིས་སྐུ་ཡོད་ན་བརྟན་བཞུགས་བྱ། མེད་ན་གཤེགས་སུ་གསོལ། རང་གི་གནས་གསུམ་བསྲུངས་ ལ་བསྔོ་བ་དང་བཀྲ་ཤིས་བྱའོ། ། འདོད་རྒྱལ་འདི་ལ་རྗེས་གནང་ནི། མི་ཟབ་པའི་ལུགས་དང༌། ཟབ་མོའི་ལུགས་དང༌། སྐག་ཆོལ་གྱི་རྗེས་གནང་གསུམ་ ཡོད་པ་ལས། དང་པོ་ནི་སྒྲུབ་ཐབས་བརྒྱ་རྩའི་ཆིངས་བཞིན་ཡིན་པ་ལས། གཏོར་དབང་ཙམ་བྱ་བ་ཡིན་ལ། གསུམ་པ་ནི། འཁོར་ ལོའི་ལས་ཚོགས་ལ་ཉེ་བར་མཁོ་བའི་བྱིན་རླབས་ཙམ་ཡིན་ཅིང༌། ཤིན་ཏུ་བཀའ་དོག་པར་མཛད་པས་འདིར་མི་འབྲིའོ། །གཉིས་ པ་ནི། མཎྜལ་ཟླ་གམ་དམར་པོའི་ནང་དུ་པདྨ་འདབ་བརྒྱད་ཚོམ་བུ་ཅན་ཞིག་བཀོད། དེའི་སྟེང་དུ་མཉྫི་ལ། གོང་དུ་བཤད་པའི་ དབྱིབས་ཁྱད་པར་ཅན་གྱི་གཏོར་མ་དེ་རྟེན་གཏོར་དུ་བཀོད། མདུན་དུ་འབུལ་གཏོར་དང་མཆོད་པ་རྒྱ་ཆེར་བཤམ། སྔོན་འགྲོ་ གཏོར་མ་དང་བགེགས་གཏོར་བཏང་ཞིང་བགེགས་བསྐྲད། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱ། བདག་བསྐྱེད་འདོད་ རྒྱལ་ཉིད་དམ་ཡི་དམ་གང་ཡང་རུང་བ་ཞིག་བསྒོམ་པ་ལས། དང་པོ་ལྟར་ན། གོང་དུ་བཤད་པ་བཞིན་ནོ། །མདུན་བསྐྱེད་སངས་ སྦྱངས། སྟོང་པའི་ངང་ལས། ནས། དབུ་རྒྱན་གྱི་བར་བདག་བསྐྱེད་བཞིན་བསྐྱེད། དཔྲལ་བར་ༀ། མགྲིན་ པར་ཨཱཿ ཐུགས་ཀར་ཧཱུཾ། ཞེས་པ་ཙམ་བརྗོད། བཟླས་པ་ཅི་འགྲུབ་བྱས། གོང་བཞིན་གཏོར་མ་ཕུལ། སླར་ཡང་མཆོད་ བསྟོད་བྱས་ལ། སློབ་མ་རྗེས་སུ་འཛིན་པར་གསོལ་བ་གདབ་པའོ། །སློབ་མ་རྣམས་ཀྱིས་ཁྲུས་བྱས། ཡོན་དང་མཎྜལ་ཕུལ། རྡོ་ 15-1-65 རྗེ་རྣལ་འབྱོར་དབང་ཕྱུག་གཙོ། །གསང་བའི་ཆོ་ག་བླ་ན་མེད། །དབང་དུ་བྱེད་པའི་རིགས་ སྔགས་མཆོག །བདག་ལ་ངེས་པར་སྩལ་དུ་གསོལ། །ཞེས་པས་གསོལ་བ་བཏབ། དཀོན་མཆོག་ གསུམ་ལ་བདག་སྐྱབས་མཆི། །སོགས་རྒྱུན་བཤགས་བྱ། ༀ་ཤཱུ་ནྱ་ཏ་ནས། གསུམ་དང་དབྱེར་མེད་ དུ་གྱུར་གྱི་བར་མངོན་རྟོགས་བཞིན་དམིགས་པ་ཕོག ཡེ་ཤེས་སྤྱན་འདྲེན་གྱི་སྐབས་རོལ་ཆེན་བྱ། སྐུའི་རྗེས་གནང་ངོ༌། ། སློབ་མའི་སྙིང་གར་པད་ཉི་ལ་ཧཱུཾ་དང༌། སྔར་སློབ་དཔོན་ཉིད་ཀྱིས་བདག་བསྐྱེད་འདོད་རྒྱལ་ལ་བྱས་ན། སློབ་ དཔོན་གྱི་ཐུགས་ཀ་དང༌། ཡི་དམ་གཞན་ལ་བྱས་ན། མདུན་བསྐྱེད་ཀྱི་ཐུགས་ཀར་པད་ཉི་ལ། ས་ བོན་སྔགས་འཕྲེང་ཨཱ་ལི་ཀཱ་ལིས་བསྐོར་བ་བཀོད། སློབ་མའང་དེ་བཞིན་གསལ་འདེབས་སུ་ བཅུག མཎྜལ་ཙནྡན་དམར་པོས་བྱུགས་པ་ལ། མེ་ཏོག་དམར་པོས་ཚོམ་བུ་བཀོད་པ། སྐབས་འདི་སློབ་དཔོན་གྱི་ཕྱག་ཏུ་ཕུལ་ ཏེ། ས་གཞི་སྤོས་ཀྱིས་ཞེས་སོགས་བརྗོད། འདི་ཕྱིས་ཀྱི་ཕྱག་ལེན་ལ་མི་བྱེད་པར་སྣང་ནའང༌། སྒོས་ཆོས་ཡིན་པས་འགྲུབ་ ན་ལེགས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དམིགས་མེད་ཐུགས་རྗེ་ལས་འཁྲུངས་ པའི། །འཕྲིན་ལས་དངོས་གྲུབ་འབྱུང་བའི་ཕྱིར། །འདི་ནི་རྗེས་སུ་གནང་བར་མཛོད། །ཅེས་ལན་ གསུམ་རྗེས་ཟློས་ཀྱིས་གསོལ་བ་བཏབ། ཚིག་དང་པོ་གཉིས་འདྲ་བ་ལས། ཐབས་ཀྱི་འཕྲིན་ལས་ཟབ་མོའི་དོན། ། གསང་བ་ཆེ་འདིར་ཁྱེད་དད་དམ། ཞེས་སློབ་དཔོན་གྱིས་འདྲི། ཚིག་དེ་ཉིད་ལ་གསང་བ་ཆེ་འདི་བདག་ དད་དོ། །ཞེས་བསྒྱུར་ལ་རྗེས་ཟློས་བྱེད་དུ་གཞུག དེ་ནས་བཟླས་ལུང་སྤྱི་དང་མཐུན་པར་འབོག བཅོམ་ལྡན་བདག་གི་ བཟུང་ལགས་ཀྱི། །སོགས་ཀྱང་སྤྱི་དང་མཐུན། གསུང་གི་རྗེས་གནང་ངོ༌། །ཐུགས་ཀྱི་རྗེས་གནང་ནི། གཏོར་མ་མགོ་བོར་བཞག་པས། ཁྲོ་བོ་འདོད་པའི་རྒྱལ་པོ་གནས་སུམ་ཅུ་རྩ་གཉིས་ཀྱི་མཁའ་འགྲོ་མ་ གཙོ་མོ་རེ་རེ་ལ་འཁོར་འབུམ་འབུམ་གྱི་ཚོགས་དང་བཅས་པས་བསྐོར་བ། སྔགས་དང་རོལ་ མོའི་སྒྲ་ཆེན་པོ་དང་བཅས་འུར་འུར་བྱོན་ཏེ། འདོད་རྒྱལ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞུགས། འཁོར་རྣམས་སྟེང་འོག་ཕྱོགས་འཚམས་ནམ་མཁའ་ཐམས་ཅད་ཁྱབ་པར་བཞུགས་པར་མོས། དེ་རྣམས་ལ་བླ་མས་བཀའ་བསྒོས་པས་འཕྲིན་ལས་རྣམ་བཞི་སོགས་རང་གི་འདོད་དོན་ 15-1-66 ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་པར་མོས་པ་མཛོད། དེ་ནས་རོལ་ཆེན་གྱི་སྒྲ་དང་སྦྱར་ཏེ། དུས་ གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཞི་བས་འཕྲིན་ལས་ཆེན་པོ་ཡིས། །ནད་དང་གནོད་པ་ ཞི་བར་མཛོད། །ཚེ་དང་བསོད་ནམས་རྒྱས་པར་གྱིས། །གདུལ་བྱ་དབང་དུ་འགྱུར་བར་གྱིས། ། བསྟན་ལ་གནོད་པ་བསད་པར་གྱིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་ གྱིས་བརླབས་པའི་ཁྲོ་བོ་ནི། །དབང་བསྐུར་ཕོ་ཉའི་ལས་མཛད་པ། ཁྲོ་བོ་འདོད་པའི་རྒྱལ་པོ་ ཡིས། །འདི་ཡི་བསྒྲུབ་བྱ་འགྲུབ་པར་གྱིས། །མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱིས། །འདི་ཡིས་ བསྒྲུབ་བྱ་འགྲུབ་པར་མཛོད། །ཅེས་པའི་མཐར་རྩ་སྔགས་དྲག་ཏུ་བཟླའོ། །དེ་ནས་གོང་གི་དུས་གསུམ་སངས་ རྒྱས་སོགས་ལ། གསང་བ་ཆེ་འདི་སྒྲུབ་པར་གྱིས། །ཞེས་འདོན་པ་སྤོས་ལ་གནང་བ་བྱིན། འདིའི་སྒྲུབ་པ་ ལ་བརྩོན་པ་དང༌། སྣོད་མིན་ལ་གསང་ཞིང༌། སྐལ་ལྡན་རེ་རེ་ཙམ་ལ་སྤེལ་བར་བྱའོ། །ཞེས་ གདམས་སོ། །རྗེས་གཙོ་བོས་ཇི་ལྟར་སོགས་དང༌། མཎྜལ་འབུལ། དེང་ནས་བརྩམས་ཏེ་སོགས་བྱ། ཚོགས་ མཆོད་བྱ། སླར་ཡང་ལས་དང་མཐུན་པའི་ཡོན་འབུལ། མཆོད་པ་ཁ་གསོས་ལ། མཆོད་བསྟོད་བྱ། གསོལ་བ་དྲག་ཏུ་གདབ། ཡིག་ བརྒྱས་ལྷག་ཆད་ཁ་བསྐང་བ་མན་ཆད། གོང་བཞིན་བྱའོ། །མཁའ་འགྲོ་ཀུན༷་གྱི་བཀའ་བགྲོས་པ། །དབང་སྡུད་རབ་དག༷འ་རྒྱུད་ ཆུང་དང༌། །མན་ངག་རྒྱ་མཚོའི་སྙིང༷་པོ༷་ལས། །ལག་ལེན་ཉེར་མཁོ་ཅུང་ཟད་སྡེབས། །དམར་པོ་སྐོར་གསུམ་ལས། འདོད་པའི་ རྒྱལ་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །དཔལ་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་བཞུགས་སོ། ། ༀ་སྭཱ་སྟི། གསང་བའི་བདག་པོ་ཧེ་རུ་ཀ །འབྱུང་པོ་འདུལ་དང་ཚོགས་བདག་གི །སྒྲུབ་ཐབས་རྨད་བྱུང་ངོ་མཚར་ཅན། ། ཀུན་གྱི་མཆོག་གྱུར་བཤད་པར་བྱ། །ཚོགས་བདག་གི་སྒྲུབ་ཐབས་ཐམས་ཅད་ཀྱི་རྒྱལ་པོ་ཚོགས་བདག་དམར་ཆེན་འདི་ཡིན་ནོ། ། དབེན་པའི་གནས་སུ་མཎྜལ་ལ་པདྨ་འདབ་བརྒྱད་དམར་པོ་བྲིས། དེའི་དབུས་སུ་ཟླ་གམ་དམར་པོ་ལ་ཚོམ་བུ་དམར་པོ་དགོད། 15-1-67 དེའི་སྟེང་དུ་རྟེན་གཏོར་ནོར་བུའི་དབྱིབས་ཅན་བྲིས་སྐུ་ཙ་ཀ་ལི་བཙུགས་པ་གཅིག དེའི་གཡས་ངོས་སུ་འདས་གཏོར། མདུན་དུ་ རྒྱུན་གཏོར། དཀར་གསུམ། དངར་གསུམ། ལ་དུ། ལ་ཕུག སྤོས་སྣ་ཚོགས་བཏབ་པའི་རིལ་བུ་མར་དུ་བཙོས་པ། མཆོད་མགོ་ གཡས་ནས་བརྩམས་པའི་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཚར་གཉིས་དང༌། རང་གི་མདུན་དུ་ནང་མཆོད་རྡོ་རྗེ་དྲིལ་བུ་རྣམས་ བཤམས། མཆོད་པ་བྱིན་རླབས་བདེ་མཆོག་ལྟར་རམ། བླ་མེད་གང་འོས་དང་མཐུན་པར་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་ སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་འབྱུང་པོ་འདུལ་བྱེད་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་ འོད་ཟེར་འཕྲོས། བླ་མ་དང་འབྱུང་པོ་འདུལ་བྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ༀ་བྷུ་ཏ་ཌཱ་མ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་སོགས་ཆུ་གཉིས་ སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། ཚད་མེད་བཞི་བསྒོམ། ༀ་ཤཱུ་ནྱ་ཏ་སོགས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེའི་ས་གཞི། རྭ་བ་དྲྭ་བ་གུར་བླ་བྲེ། ཡེ་ཤེས་ཀྱི་ མེ་དཔུང་རབ་ཏུ་འབར་བ་དང་བཅས་པའི་བསྲུང་བའི་འཁོར་ལོའི་ནང་དུ། པཾ་ལས་པདྨ་དང་ རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་མཐིང་ནག་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ལས་ འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་ སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ་གཡས་དང་པོས་བ་དན་རྩེ་གསུམ་དང་བཅས་པའི་ རྡོ་རྗེ། གཡོན་དང་པོས་བྷན་{ཛ་[དྷ་]ཁྲག་གང་ཐུགས་ཀར་འཛིན་པ། འོག་མ་གཉིས་མདའ་ གཞུ་རྒྱབ་ནས་འགེངས་པ། ཞལ་མཆེ་བ་གཙིགས་ཤིང༌། སྤྱན་གསུམ་དང་ལྡན་པ། ཧ་ཧའི་ གད་རྒྱངས་ཀྱིས་སུམ་ཅུ་རྩ་གསུམ་ལ་སོགས་པའང་འཇིག་པར་མཛད་པ། སྨ་ར་དང་སྨིན་ མ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་ དོ་ཤལ་ཅན། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གསོལ་ བ། མི་རོའི་སྟེང་ན་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་ འབར་བའི་དབུས་ན་བཞུགས་པའོ། །དེའི་དཔྲལ་བར་ༀ་དཀར་པོ། མགྲིན་པ་ཨཱཿདམར་པོ། 15-1-68 ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་ཀྱི་རྣམ་པར་ༀ་ བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པ་ཐིམ། སླར་ཡང་ཐུགས་ཀ་ ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ཞེས་ པས་སྤྱན་དྲངས། ༀ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། ༀ་བཛྲ་བྷ་བ་ཨ་བྷི་ཥིཉྩ་ ཧཱུཾ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཚོགས་ཞིང་གི་སྐབས་ལྟར་མཆོད། འབར་བའི་སྐུ་ཅན་ ཉི་མ་འབུམ་གྱི་གཟི། །དཔའ་བོའི་སྟང་སྟབས་ཞབས་ཀྱིས་ས་འོག་གཡོ། །རབ་ཏུ་ཁྲོས་པའི་ ཁྲོ་གཉེར་གློག་སྟོང་འཁྱུག །དཔལ་ཆེན་འབྱུང་པོའི་དགྲ་ལ་ཕྱག་འཚལ་ལོ། །བཞད་པའི་ང་ རོས་སུམ་ཅུ་རྩ་གསུམ་འཇིག །ཀུན་ཏུ་ཐོགས་མེད་གདུག་པའི་མཚོན་ཆ་བསྣམས། །སྙིང་ རྗེའི་དབང་གིས་ཞི་ཞིང་འགྲོ་ལ་བརྩེ། །དངོས་གྲུབ་སྩོལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ པས་བསྟོད། ནང་མཆོད་བདེ་མཆོག་ལྟར་རམ། སྤྱི་ལྟར་བྱིན་གྱིས་བརླབས། ༀ་ཨཱཿཧཱུཾ་གིས་ཕུལ། ༀ་སུམྦྷ་ནི་སུམྦྷ་ ཧཱུཾ་ཧཱུཾ་ཕཊ། ༀ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ༀ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་ཨཱ་ན་ཡ་ཧོ་བྷ་ག་ ཝཱན་བཛྲ་[རཱ་ཛ་]ཧཱུཾ་ཧཱུཾ་ཕཊ། ཅེས་པ་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་པའི་མཐར། སྣོད་བཅུད་ཐམས་ཅད་ རང་ལ་ཐིམ་པར་བསམ། དེ་ནས་མདུན་གྱི་ནམ་མཁར་ཁྲོ་བོ་ཆེན་པོ་སྐད་ཅིག་གིས་གྲུབ་པ་ ནི། འབྱུང་པོ་འདུལ་བྱེད་ནས། དབུས་ན་བཞུགས་པའོ། །དེ་ནས་མཆོད་བསྟོད་གོང་བཞིན་བྱ། འདས་གཏོར་ ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། བྷུ་ཏ་ཌཱ་མ་རའི་མཐར། ཨཱ་ཀ་རོ་བཏགས་པས་ཕུལ། རྟེན་གཏོར་ནམ་མཁའ་ མཛོད་ཀྱི་ཕྱག་རྒྱས་ཟད་མི་ཤེས་པས་ལོངས་སྤྱོད་ཆེན་པོར་བྱིན་གྱིས་བརླབས། བྲིས་སྐུ་བསངས་སྦྱངས། སྟོང་པའི་ངང་ ལས་རང་ཉིད་ཁྲོ་བོ་ཆེན་པོར་གསལ་བའི་མདུན་དུ་བཻཌཱུརྱའི་བྲག་རིའི་ཁྲོད་དུ་པདྨ་དམར་ པོ་འདབ་མ་བརྒྱད་པའི་ལྟེ་བར་ནོར་བདག་བྱི་བ་སྔོན་པོ་རིན་པོ་ཆེ་སྣ་ཚོགས་སྐྱུག་པའི་སྟེང་ 15-1-69 དུ་གཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་དཔལ་ཚོགས་ཀྱི་བདག་པོ་སྐུ་མདོག་དམར་པོ་ གླང་པོ་ཆེའི་གདོང་པ་ཅན་རྣོ་ཞིང་དཀར་བའི་མཆེ་བ་རབ་ཏུ་གཙིགས་ཤིང་སྤྱན་གསུམ་དང་ ལྡན་པ། དབུ་སྐྲ་ནག་པོ་སྤྱི་བོར་བཅིངས་པའི་རྩེ་མོར་ཡིད་བཞིན་གྱི་ནོར་བུའི་མཚན་ཞིང་ དར་དམར་པོའི་ཅོན་པན་ཅན། ཕྱག་བཅུ་གཉིས་ཀྱི་གཡས་པ་དྲུག་ན། དགྲ་སྟ། མདའ་ ཆེན། ལྕགས་ཀྱུ། རྡོ་རྗེ། རལ་གྲི། འཕང་མདུང་རྣམས་འཛིན་པ། གཡོན་པ་དྲུག་ན་གཏུན་ ཤིང༌། གཞུ། ཁ་ཊྭཱཾ་ག ཁྲག་གིས་གང་བའི་ཐོད་པ། ཐོད་པ་ཤ་ཆེན་གྱིས་གང་བ། ཕུབ་དང་ ལྷན་ཅིག་མདུང་ལ་བ་དན་བཏགས་པ་རྣམས་འཛིན་པ། རྡོ་རྗེ་དང་ཐོད་ཁྲག་ཐུགས་ཀར་ འཛིན་ཞིང༌། ལྷག་མ་རྣམས་འཕྱར་བ། དར་སྣ་ཚོགས་གྱི་ཤམ་ཐབས་གསོལ་ཞིང༌། རིན་ པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་ སྟབས་ཀྱིས་འོད་ཟེར་དམར་པོ་རབ་ཏུ་འཁྲུག་པའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་གཿཡིག་དམར་པོ། དེ་ནས་རང་ ཉིད་ཁྲོ་བོ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སུམ་ཅུ་རྩ་གསུམ་གྱི་ གནས་རྡོ་ཆེན་ཨ་མོ་ལིང་ག་ནས་དཔལ་ཚོགས་ཀྱི་བདག་པོའི་སྐུའི་ཚོགས་བསམ་གྱིས་མི་ ཁྱབ་པ་སྤྱན་དྲངས་ཏེ་མདུན་གྱི་ཚོགས་ཀྱིས་བདག་པོ་ལ་ཐིམ་པར་མོས་ཤིང༌། དྲིལ་བུ་སིལ་ཞིང༌། ༀ་གཿགཿསིདྡྷི་སིདྡྷི་སརྦ་ཨཱརྠ་མེ་པྲ་སཱ་ངྷ་ཡ་ཧཱུཾ་ཧཱུཾ་ཛཿཛཿསྭཱཧཱ། ཞེས་བརྒྱ་རྩ་ལ་སོགས་པ་མང་དུ་བརྗོད་པས་ བཀུག་ལ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར་བར་བསམ་སྟེ། དེ་ལ་ༀ་པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་ པས་གདན་ཕུལ་ནས། ས་མ་ཡ་ཧོ་ཞེས་པས་དམ་ལ་བཞག སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ དབང་ལྷ་སྤྱན་དྲངས་བ་སོགས་གོང་བཞིན་བྱས་ནས། ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ ཀྱིས་དབུ་བརྒྱན་པར་མོས་ལ། བྱིན་གྱིས་བརླབས་པའི་མཆོད་པ་རྣམས། ༀ་ག་ན་པ་ཏི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ཞེས་ སོགས་ཀྱིས་དབུལ། རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཚོགས་ 15-1-70 རྗེ་ཚོགས་དབང་ཚོགས་ཀྱི་བད་ག །བགེགས་ཀྱི་གཙོ་ལ་མཆོད་ཅིང་བསྟོད། །རྒྱུན་གཏོར་བསངས་ སྦྱངས། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་མཁའ་འགྲོ་སྤྱི་གཏོར་ལྟར་བྱིན་གྱིས་བརླབས་ༀ་ག་ན་པ་ཏི་ཞེས་པ་ལ་ཨ་ཀཱ་ རོའམ། ནམ་མཁའ་མཛོད་ཀྱི་སྔགས་བཏགས་པ་ལན་གསུམ་གྱིས་འབུལ། མཆོད་བསྟོད་འདོད་དོན་ཞུས་ལ། སུམྦྷ་ནི་བརྒྱ་ ཕྲག་ལ་སོགས་པས་མགོ་དྲངས་པའི་ༀ་ཨཱཿགཿཧཱུཾ་སྭཱཧཱ། ཞེས་པ་འབུམ་ཕྲག་གཅིག་གམ། འབྲུ་འབུམ་བཟླ། ༀ་ཝཱ་ར་ ཀཱ་ཏཱ་ཡ་སྭཱཧཱ། ༀ་ཝ་ཀ་ཏེ་ཀ་དཾཥྚ་བིནྡྷ་ཧཱུཾ་ཕཊ་སྭཱཧཱ། ༀ་བྷྲཱུཾ་ག་ན་པ་ཏ་ཡེ་སྭཱཧཱ། ཞེས་ཚོགས་བདག་ དཀར་པོའི་སྔགས་རྣམས་ཀྱང་བཟླའོ། །མཎྜལ་དང་མཆོད་རྫས་རྣམས་ལ་དམིགས་ལ། མེ་ཏོག་ཕྲེང་བ་ལ་སོགས་ རིན་ཆེན་དབྱིག །ལ་དུ་ལ་ཕུག་འབྲས་བུ་ཡིད་འོང་ཟས། །ཕྱོགས་བཅུའི་ཆུ་སྐྱེས་ཐང་སྐྱེས་ ལོངས་སྤྱོད་རྐྱེན། །རིས་མ་བཅད་པའི་མཆོད་སྤྲིན་རྒྱས་པར་འབུལ། །མཎྜལ་དམ་པ་རབ་ཏུ་ མཛེས་པ་དང༌། །བཤོས་བཙང་མར་མེ་ཡོན་ཆབ་སྣ་ཚོགས་དང༌། །འབྲང་ཆང་རྒུན་ཆང་ལ་ སོགས་བཏུང་བའི་མཆོག །སྦྲང་རྩི་བུ་རམ་ལ་སོགས་མངར་བའི་རོ། །ལྷན་ཅིག་སྐྱེས་དང་ རབ་ཏུ་སྦྱར་བ་ཡི། །སྣ་ཚོགས་མཆོད་པ་དམ་པ་འདི་དག་བཞེས། །ཏིང་འཛིན་སྔགས་དང་ ཕྱག་རྒྱས་རྣམ་འཕྲུལ་ལས། །བྱུང་བའི་བླ་མེད་མཆོད་པ་འདི་དག་འབུལ། །གཟུགས་སྒྲ་དྲི་རོ་ རེག་སོགས་ཀུན་ལྡན་པའི། །འདོད་ཡོན་ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །བདག་ཉིད་ དང་བས་བཤམས་ཤིང་སྤྲུལ་བ་ཡི། །མཆོད་པའི་ཚོགས་ཀྱིས་ལྷ་ཆེན་མཉེས་གྱུར་ཅི་ག །མཆོད་ བསྟོད་འདོད་དོན་ཞུས་ཏེ། ཁྲོ་བོ་ཆེན་པོ་མི་དམིགས་པར་སྦྱངས། བྲིས་སྐུ་ལ་བརྟན་བཞུགས་བྱས་ལ། རྟེན་གཏོར་དང་བཅས་པ་ གཞན་གྱིས་མི་མཐོང་བའི་སར་བཞུགས་སུ་གསོལ། རང་གི་གནས་གསུམ་བསྲུང༌། དགེ་བ་བསྔོ་ཞིང་བཀྲ་ཤིས་དང་དགའ་སྟོན་ རྒྱས་པར་བྱའོ། ། རྗེས་གནང་བྱ་བའི་ཚུལ་ནི། རྒྱལ་ཕུར་འཇོམས་པའི་ཚེ་དབེན་པའི་གནས་སུ་མཎྜལ་དང༌། བྲིས་སྐུ་དང༌། མཆོད་གཏོར་ ལ་སོགས་པ་གོང་ལྟར་དང༌། མཎྜལ་གཅིག་ལ་ཁྲོ་བོ་ཆེན་པོའི་ཚོམ་བུའང་བཤམས། སློབ་དཔོན་གྱིས་མཆོད་པ་བྱིན་རླབས་ ནས་བརྩམས་ཏེ། བདག་བསྐྱེད་འབྱུང་འདུལ་གྱི་སྒོམ་བཟླས། མདུན་བསྐྱེད་འབྱུང་འདུལ་བསྐྱེད་དེ། མཆོད་གཏོར་འབུལ་བ། 15-1-71 བྲིས་སྐུ་ཚོགས་བདག་ཏུ་བསྐྱེད་པ་ལ་མཆོད་བསྟོད་གཏོར་མ་འབུལ་བ། བཟླས་པའི་བར་སྒྲུབ་ཐབས་བཞིན་བྱས་ལ། ཕྱག་དང་ ཡོན་ཕུལ་ཏེ་འཁོད་པ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ ཐོབ་པར་བྱ་བ་དང༌། གནས་སྐབས་སུ་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཞི་ཞིང༌། མཐུན་ རྐྱེན་ཕུན་སུམ་ཚོགས་པར་བྱ་བའི་ཆེད་དུ། ཁྲོ་བོ་འབྱུང་པོ་འདུལ་བྱེད་དང་དཔལ་ཚོགས་ཀྱི་ བདག་པོ་{བསྔགས་[སྦྲགས་]ཏེ་སྒྲུབ་པའི་རྗེས་སུ་གནང་བ་གསན་ལ་དོན་ཉམས་སུ་བླང་ བར་བགྱིའོ། །སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་པར་ ཞུ། དེ་ལ་འདིར་རྗེས་སུ་གནང་བ་སྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་ གྲུབ། སློབ་མས་བྱ་བ་ལ་རྗེས་གནང་གི་སྔོན་དུ་འགྲོ་བ། སློབ་དཔོན་ལ་ཁྲོ་བོ་འབྱུང་པོ་འདུལ་ བྱེད་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ ཞེས་བརྗོད། སློབ་མས་མཎྜལ་འབུལ། གསོལ་བ་འདེབས་པའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ སོགས་ནས། གནང་བར་མཛོད་ཅེས་གསོལ་བ་བཏབ་ནས། དེ་ནས་རྒྱུན་བཤགས་འདིའི་རྗེས་ཟློས་ མཛོད། དཀོན་མཆོག་གསུམ་ལ་སོགས་ནས། འགྲུབ་པར་ཤོག །དེ་རྣམས་ཀྱིས་རྗེས་གནང་གི་ སྔོན་འགྲོ་ཡིན། དངོས་གཞི་ལ་སྐུའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཁྲོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ། ཁྱེད་རང་གི་ ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ ཐམས་ཅད་སྦྱངས་ཏེ། ལུས་དྲི་མ་དང་བྲལ་བའི་རང་བཞིན་དུ་གྱུར་པར་མོས་པ་མཛོད། དེ་ལ་ དམིགས་ཏེ་སློབ་དཔོན་གྱིས་ༀ་ཤཱུ་ནྱ་ཏ་སོགས། མི་བསྐྱོད་པའི་དབུ་རྒྱན་ཅེས་པའི་བར། དེ་ལྟར་ཁྱེད་རང་ ཁྲོ་བོ་ཆེན་པོར་གསལ་བའི་མདུན་དུ་བཻཌཱུརྱའི་བྲག་རིའི་ཁྲོད་དུ་ནས། འོད་དཔག་མེད་ཀྱིས་ དབུ་རྒྱན་ཞེས་པའི་བར་བརྗོད་དེ། ཚོགས་བདག་སྤྱན་འདྲེན་སྐབས་རོལ་ཆེན་བྱའོ། །དེ་སྐུའི་རྗེས་གནང་ཡིན། གསུང་གི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀའི་ 15-1-72 ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་ལས་སྔགས་ཀྱི་ཕྲེང་བ་བྱུང༌། ཞལ་ནས་ཐོན། ཁྱེད་རང་ གི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུཾ་ཡིག་གི་མཐར་གཡས་བསྐོར་དུ་འཁོད་པར་མོས་པ་བྱས་ ནས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། འདིའི་རྗེས་ཟློས་ལན་གསུམ་མཛོད། ༀ་ སུམྦྷ་སོགས་ནས། ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་ནས། ཁྱེད་རང་གི་མདུན་གྱི་དཔལ་ཚོགས་ཀྱི་བདག་པོའི་ ཐུགས་ཀའི་གཿཡིག་ལས་སྔགས་ཕྲེང་བྱུང་བ་ཁྱེད་རང་ཁྲོ་བོ་ཆེན་པོར་གསལ་བའི་ལྟེ་བའི་ གནས་སུ་ཐིམ་པར་མོས་ནས། སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་གསུམ་མཛོད། ༀ་ཨཱཿགཱཿཧཱུཾ། ཞེས་སོགས་སྔགས་ཚན་བཞི་པོ་ལན་གསུམ་བཟློས་པས། དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་ཏེ། སློབ་དཔོན་ ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་གཏོར་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་ སོགས་ནས། མཛད་དུ་གསོལ་ཞེས་གསོལ་བ་བཏབ། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་ སྔགས་སུ་བྱས་ནས། ཁྱེད་རང་གི་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས་ནས། བརྟུལ་བཞུགས་བརྟན་པར་མཛད་དུ་གསོལ། ཞེས་བརྗོད་པས་ ལྷ་གཉིས་ཀྱི་གསུང་གི་རྗེས་གནང་ཐོབ་པ་ཡིན་སྙམ་པའི་མོས་པ་མཛོད། ཐུགས་ཀྱི་རྗེས་ གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ལས་འོད་ འཕྲོས་པ་མདུན་གྱི་ཚོགས་གྱི་བདག་པོའི་ཐུགས་ཀའི་གཿཡིག་ལ་ཕོག་པས་སྲོག་རྒྱུད་བསྐུལ་ ཏེ། གཿལས་འོད་ཟེར་དམར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་པས། སུམ་ཅུ་རྩ་གསུམ་གྱི་ གནས་ནས་ཚོགས་བདག་དང༌། གཏེར་བདག་དང་ནོར་བདག་དང༌། གཞན་ཡང་འཇིག་ རྟེན་གྱི་ཁམས་གྱི་དྲེགས་པ་ཅན་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ནས། དེ་རྣམས་ཀྱིས་སྐྱེ་ འགྲོ་བསོད་ནམས་ཅན་རྣམས་ཀྱི་ལུང་དང་རྟོགས་པའི་ཡོན་ཏན་དང་ཚེ་དང་བསོད་ནམས་ དང༌། དཔལ་དང་འབྱོར་པ་དང༌། ནོར་དང་འབྲུ་དང་གཡང་དང་མདངས་དང༌། གཟི་བརྗིད་ 15-1-73 དང༌། འབྱུང་བ་བཞིའི་བཅུད་ཐམས་ཅད་བསྡུས་ནས། ཁྱེད་རང་ལ་བྱིན་པས། རང་གི་གནས་ ཁང་དང༌། བང་མཛོད་དང༌། ཡུལ་ཕྱོགས་ཐམས་ཅད་ཁེངས། ལོངས་སྤྱོད་འདོད་དགུ་ཕུན་ སུམ་ཚོགས་པ་ལ་དབང་བར་བྱས་པ་ཡིན་སྙམ་དུ་མོས་པ་མཛོད། ཁྱད་པར་དུ་ཚོགས་ཀྱི་ བདག་པོའི་ཞབས་གཡོན་པའི་རྟིང་པས་ཞབས་འོག་གི་བྱི་བ་ལ་བརྡབས་པས་དེས་མ་བཟོད་ དེ། འཇིག་རྟེན་ཁམས་ཀྱི་ཟས་ནོར་ཐམས་ཅད་བསྡུས་ནས་ཁྱེད་ལ་ཕུལ་ཞིང༌། བྱི་བའི་ཁ་ ནས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པས་ཁྱེད་རང་གི་གནས་ཁང་དང་བང་མཛོད་ཅེས་སོགས་གོང་ བཞིན་བརྗོད་པའི་མཐར་དྲིལ་བུ་སིལ་ཞིང༌། ༀ་གཿགཿསིདྡྷི་སིདྡྷི་སོགས་ནས་སྭཱཧཱ། ཞེས་མང་དུ་བརྗོད། ཐུགས་ རྒྱུད་བསྐུལ་ནས་བཀའ་བསྒོ་བ་ནི། རོལ་ཆེན་དང་བཅས་རྟེན་གཏོར་སློབ་མའི་ལག་ཏུ་གཏད་དེ། སྔགས་རྣམས་ ཀྱི་མཐར། དཔལ་ཚོགས་ཀྱི་བདག་པོས་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་ འགྲོགས་ནས། དུས་ད་ནས་གཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། འགལ་རྐྱེན་བར་ཆད་མི་ མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང༌། བསྲུང་བ་དང་བསྐྱབ་པ་དང༌། སྦ་བའི་འཕྲིན་ལས་ མཛོད་ཅིག མཐུན་རྐྱེན་ཚེ་དང་བསོད་ནམས་དང་དཔལ་འབྱོར་དང་དབང་ཕྱུག་ཐམས་ཅད་ གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་འཕྲིན་ལས་མཛོད་ཅིག ལྷ་འདྲེ་མི་གསུམ་གྱི་འགྲོ་བ་ མང་པོ་དབང་དུ་བསྡུས་ནས། ཟས་གོས་ལོངས་སྤྱོད་ཐམས་ཅད་ཀྱིས་འཕོངས་པ་མེད་པར་ ཡིད་བཞིན་དུ་འབྱོར་བ་དང༌། དེ་དག་གིས་ཀྱང་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་ མང་པོ་ལ་ཕན་པ་དང་བདེ་བ་བསམ་གྱིས་མི་ཁྱབ་པ་འབྱུང་བ་དང༌། མཐར་ཐུག་རྫོགས་པའི་ སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་འཕྲིན་ལས་མཛོད་ཅིག ཅེས་བཀའ་བསྒོས་པས་ཚོགས་ ཀྱི་བདག་པོས་དེ་ལྟར་ཞལ་གྱིས་བཞེས་ཏེ་ཁྱེད་རང་གི་ཕྱི་བཞིན་དུ་འབྲངས་པའི་མོས་པ་ མཛོད། དེ་ནས་མདུན་བསྐྱེད་ཀྱི་ནམ་མཁའ་ན་བཞུགས་པའི་ཁྲོ་བོ་ཆེན་པོའི་ཐུགས་ཀ་ནས་ ཁྲོ་བོ་ཆེན་པོའི་སྐུ་དེ་འདྲ་བ་ཞིག་བྱོན་པ་ཁྱེད་རང་གི་སྤྱི་གཙུག་ནས་ཞུགས་ཏེ། སྙིང་གར་པདྨ་ 15-1-74 དང་ཉི་མའི་གདན་ལ་བཞུགས་ནས་རྒྱུད་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། དེ་རྣམས་ཀྱིས་ཁྲོ་བོ་ཆེན་པོ་དང་དཔལ་ཚོགས་ཀྱི་བདག་པོའི་རྗེས་སུ་གནང་བ་གྲུབ་པ་ཡིན། དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་ལ་བསྲུང་སྡོམ་བགྱི་སྙམ་པས་འདིའི་རྗེས་ ཟློས་ཀྱིས། གཙོ་བོས༴ མཎྜལ། དེང་ནས༴ སོགས་སྤྱི་དང་འདྲ། ལྷ་གཉིས་ལ་མཆོད་དེ་ཚོམ་བུའི་ལྷ་གཤེགས་སུ་ གསོལ། བྲིས་སྐུ་བརྟན་བཞུགས་བྱ། ལྷག་མ་གོང་དང་འདྲའོ། །ཀུན༷་ལས་ཁུངས་ཆེ་རྒྱུད་ལས་གསལ། །ལས་ཚོགས་ཤིན་ཏུ་མང་ ལ་དག༷འ། །མན་ངག་ཤེས་ནས་སྙིང༷་ཐག་པར། །སྒྲུབས་ན་མྱུར་པོ༷ར་མངོན་རྟོགས་འབྱུང༌། །དམར་པོ་སྐོར་གསུམ་ལས་ཚོགས་ བདག་དམར་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། མཆོག་གྱུར་དཔལ་ལྡན་བླ་མ་དང༌། །དཀྱིལ་འཁོར་གཙོ་ལ་གུས་བཏུད་ནས། །རྡོར་སེམས་སྒྲུབ་ ཐབས་ངོ་མཚར་བ། །ཇོ་བོའི་མན་ངག་བཞིན་དུ་བྲིས། །སྐྱབས་སེམས་སྔོན་དུ་སོང་ནས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། རང་ གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་སེར་པོ། དེ་ལས་འོད་འཕྲོས། ལས་དང་ཉོན་མོངས་ པ་དང་སྡིག་སྒྲིབ་ཐམས་ཅད་སྦྱངས། རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་སེར་པོ་འོད་ཟེར་ དཀར་པོ་འཕྲོ་བ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་དྲིལ་བུ་དཀུར་བསྟེན་ པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ ཀྱིས་བརྒྱན་པ། པད་ཟླ་ལ་གནས་ཤིང་ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན། ཐུགས་ཀར་ཟླ་བ་ལ་ གནས་པའི་ཧཱུཾ་སེར་པོ། དེའི་འོད་ཀྱིས་ཡེ་ཤེས་སེམས་དཔའ་དང༌། བླ་མ་དང༌། སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་ཕྱག་མཆོད་ ཡན་ལག་བདུན་པ་ཅི་འགྲུབ་བྱ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། བཟླས་པའི་དམིགས་པ་གསལ་བཏབ་ ལ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་མ་ཡེངས་པར་འདོན། བདག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་ པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ། དགེ་བ་བསྔོ། འདི་ནི་བཟླས་ལུང་ཁོ་ནས་འགྲུབ་པ་ཡིན་ཏེ། སློབ་མས་ དཀོན་མཆོག་ལ་མཆོད་པ་དང༌། སློབ་དཔོན་ལ་མཎྜལ་ཕུལ། སློབ་དཔོན་གྱིས་འདིའི་སྒོམ་ཚུལ་བཤད། སློབ་དཔོན་གྱི་འཕྲེང་ 15-1-75 བ་ལ་འཇུས་ཏེ། ཡིག་བརྒྱའི་རྗེས་ཟློས་ལན་གསུམ་བྱ། མཐར་སློབ་དཔོན་གྱི་འཕྲེང་བ་སློབ་མའི་མགོ་བོར་བཞག་སྟེ། བཅོམ་ ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་བརྗོད་དོ། །དེ་ནས་སློབ་ མས་མཎྜལ་འབུལ། དམ་ཚིག་ཉམས་ཆགས་བཅས་ཀུན༷་ལ། །སྒྲུབ་ཐབས་ཟབ་ཀྱང་ཕན་མི་ཐོགས། །དངོས་གྲུབ་སྒྲུབ་པར་ དག༷འ་བ་རྣམས། །སྙིང༷་པོ༷་ཡིག་བརྒྱར་ནན་ཏན་མཛོད། །རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །སྒྲུབ་པའི་ཐབས་རིན་ ཆེན་འབྱུང་གནས་ལས་ཐོག་མར་དགེ་བའི་དོན་དུ་ཉེར་མཁོ་སྒྲུབ་ཐབས་འགའ་ཞིག་བཤད་པའི་སྐབས་ཏེ་གཉིས་པའོ།། །།ཞུས་ དག ༄༅། །ༀ་སྭཱ་སྟི། ན་མོ་བུདྡྷ་ཡ། རྒྱལ་བ་སྟོན་པ་ཤཱཀྱའི་ཏོག །དེ་ལ་དད་པས་རབ་བཏུད་ནས། །སྒྲུབ་ཐབས་ཆུ་ གཏེར་ཡོན་ཏན་གྱི། །རིན་ཆེན་འབྱུང་གནས་འདིར་འཇུག་བྱ། །དེ་ལ་ཐོག་མ་སྒྲུབ་ཐབས་བརྒྱ་རྩའི་ཆིངས་ཤེས་པའི་དོན་དུ། དེའི་ ཐོག་མ་ཐུབ་པ་རྡོ་རྗེ་གདན་གྱི་མངོན་རྟོགས་དང༌། རྗེས་གནང་གི་ཆོ་ག་བཤད་པར་བྱ་ཞིང༌། བརྒྱ་རྩའི་རྗེས་གནང་གཞན་དང་ སྦྲེལ་ཚུལ་ཡང་བརྗོད་ན། དུས་བཟང་པོ་ལ་སློབ་དཔོན་བཟང་པོས་སློབ་མ་བཟང་པོ་ལ་བྱིན་ཏེ། དེ་ཡང་སྟེགས་བུ་གྲུ་བཞི་པ་རས་ བཟང་པོས་གཡོགས་པའི་དབུས་སུ་མཎྜལ་གུར་གུམ་གྱིས་བྱུགས་པར་རྡོ་རྗེ་གདན་གཙོ་འཁོར་གསུམ་གྱི་ཚོམ་བུ་དབུས་མ་ཆེ་བ། གཡས་གཡོན་དུ་ཆུང་བ་རེ་རེ་ལྷོ་བྱང་དུ་མཚར་དུ་བསྒྲིགས། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །ཤར་དུ་མཆོད་ཡོན། ཤར་ ལྷོར་ཞབས་བསིལ། ལྷོར་མེ་ཏོག ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། བྱང་ནུབ་ཏུ་དྲི་ཆབ། བྱང་དུ་ལྷ་བཤོས། དྲི་ཆབ་དང་ལྷ་ བཤོས་ཀྱི་བར་དུ་གཏོར་མ་བཤམས། རྗེས་གནང་དུ་མ་ཞིག་རྗེས་ལ་སྦྲེལ་ནས་བྱེད་ན་ཇི་ཙམ་བྱེད་པའི་ལྷ་བཤོས་ཀྱི་གྲངས་དང༌། གཏོར་གསོས་ཀྱི་མཐེབ་ཀྱུ། མེ་ཏོག་གསོ་ཆས། སྤོས་འབུལ་རྒྱུ། མཆོད་ཡོན་ཞབས་བསིལ། དྲི་ཆབ་གསོ་བ་དང༌། གཏོར་མ་ སྦྱངས་ཆས་ཀྱི་ཆུ་རྣམས་སྟ་གོན་བྱ། སློབ་དཔོན་གྱི་མདུན་དུ་ལྕོག་རྩེའི་སྟེང་དུ་ཏིང་ཤགས་དང་རྡོར་དྲིལ་གང་འོས། སློབ་མ་རྣམས་ ལ་འཐོར་རྒྱུའི་མེ་ཏོག་ཏིང་ཕོར། སློབ་མ་རྣམས་ལ་འགྱེད་རྒྱུའི་མེ་ཏོག་{གཏོར་[ཀ་ཏོར་]བ་རེ། ལས་ཀྱི་རྡོ་རྗེའི་མདུན་དུ་མཎྜལ་ དང༌། དེ་ལ་བྱུག་པའི་ཆུ་དང་བཅས་པ་བཤམས། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས། ནམ་མཁའ་དང་མཉམ་པའི་ སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ ལ༴ ལན་བདུན་མཛད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་བར་དུ་ 15-1-76 བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་བདེ་ བའི་རྒྱུ་དང་ལྡན་པ་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་ བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །རང་སྐད་ཅིག་གིས་ཐུབ་པ་རྡོ་རྗེ་ གདན་དུ་གསལ་བའི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་གསེར་གྱི་ མདོག་ཅན་དེ་ལས་འོད་འཕྲོས། མདུན་གྱི་ནམ་མཁར་ཐུབ་པ་ཆེན་པོ་གཙོ་འཁོར་གསུམ་ལ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ༀ་ཤཱཀྱ་མུ་ནི་ ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ༀ་བཛྲ་དྷུ་པེ་ཨཱཿཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ ཨཱཿཧཱུཾ། ༀ་བཛྲ་གནྡྷེ་ཨཱཿཧཱུཾ། ༀ་བཛྲ་ནཻ་ཝེ་ཏེ་ཨཱཿཧཱུཾ། ༀ་བཛྲ་ཤཔྟ་ཨཱཿཧཱུཾ། དཀོན་མཆོག་གསུམ་ ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་ རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། ། བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་ བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲི་ཕྱོགས་བཞིར་བདུད་བཞི་མཚམས་བཞིར་སེང་གེ་བཞིས་ བཏེག་པའི་སྟེང་དུ། པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ལས་རྡོ་རྗེ་སེར་པོ་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཐུབ་པ་རྡོ་རྗེ་གདན་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་ གཅིག་ཕྱག་གཉིས་པ་གཡས་ས་གནོན། གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་ 15-1-77 སྐྱིལ་ཀྲུང་གིས་བཞུགས་ཤིང༌། ན་བཟའ་ཆོས་གོས་ངུར་སྨྲིག་གསོལ་བ། དབུ་གཙུག་ཏོར་ དང་བཅས་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། དེའི་གཡས་སུ་བྱམས་པ་སེར་པོ། གཡས་རིན་པོ་ཆེའི་རྔ་ཡབ། གཡོན་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པ། གཡོན་ན་སྤྱན་རས་གཟིགས་དཀར་པོ། གཡས་རིན་པོ་ཆེའི་རྔ་ཡབ། གཡོན་པདྨ་བསྣམས་ པ། གཉིས་ཀའང་རིན་པོ་ཆེའི་རྒྱན་དང༌། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། བཅོམ་ལྡན་ འདས་ཀྱི་ཞལ་ལ་ལྟ་བའོ། །དེ་རྣམས་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད། ཐུབ་པ་རྡོ་རྗེ་གདན་གཙོ་འཁོར་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་ བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་ཨ་བེ་ཤ་ཨཱཿ གཉིས་སུ་མེད་པར་ཐིམ། དེ་དག་གི་ཕྱག་རྒྱ་ སྤྱི་འགྲོ་ལྟར་མཛད། ཡང་སྙིང་གའི་ཧཱུཾ་ལས་འོད་འཕྲོས། དེ་བཞིན་གཤེགས་པ་རིགས་ལྔ་འཁོར་ དང་བཅས་པ་བཛྲ་ས་མཱ་ཛཿ ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་ གསོལ། ཞེས་གསོལ་བ་བཏབ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་ གསུངས་ཤིང་དབང་བསྐུར་བས། བཅོམ་ལྡན་འདས་ལ་མི་བསྐྱོད་པ། བྱམས་པ་ལ་རྣམ་ སྣང༌། སྤྱན་རས་གཟིགས་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན། ༀ་ཨཱཿབཛྲ་ཧཱུཾ་སྭཱཧཱ། ཞེས་བཟླས་ ལ་མཐར་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་ བྱིན་གྱིས་བརླབ་ཏུ་གསོལ། ཛཿཧཱུཾ་བཾ་ཧོཿ འཁོར་གཉིས་རང་ལ་ཐིམ། ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ༀ་ སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ ཆེ་བ་རྣམས་ཀྱི་ནང་དུ། ༀ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་ སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ། འཕགས་པ་ ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་དཔག་ཏུ་ 15-1-78 མེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ༀ་པཱདྱཾ་ཨཱཿཧཱུཾ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ཤཔྟ་ཨཱཿཧཱུཾ། ༀ་བཛྲ་ སྥ་ར་ཎ་ཁཾ། ༀ་སྭ་བྷཱ་ཝ་ཤུདྡྷ་སོགས། སྟོང་པའི་ངང་ལས་དྲིའི་མཎྜལ་གྱི་དབུས་སུ་རིན་པོ་ཆེའི་ ཁྲི་ཞེས་པ་ནས་མདུན་བསྐྱེད་ཡིན་པས་བདག་ཉིད་མི་ཟེར། ཁྱེད་ཀྱིས་འདི་ལ་དབང་བསྐུར་ཟེར་ནས་འདོན་པ་སྤོ། གཞན་དབུ་ བརྒྱན་པའི་བར་གོང་གི་བདག་བསྐྱེད་དང་འདྲ་བར་མཛད་ནས། ༀ་ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས། ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཤཔྟ་ཨཱཿཧཱུཾ་གི་བར་དང༌། ན་མ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ༀ་སརྦ་བིད། པུ་ར་པུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་བྷྱཿསྭཱཧཱ། མཆོད་ཡོན་སོགས་ཀྱི་ཕྱག་རྒྱ་བཅིང་དགྲོལ། སརྦ་བིད་ལ་གང་ བའི་ཕྱག་རྒྱ་མཛད། ཐབས་མཁས་ཐུགས་རྗེ་སོགས་དང༌། བྱམས་ཆེན་མེ་སོགས་དང༌། སྐྱོན་གྱི་མ་གོས་ སོགས་ཀྱིས་བསྟོད། བཟླས་པ་བདུན་ཙམ་གྱི་མཉེས་པར་བྱས། ༀ་ཨཱཿཧཱུཾ་གིས་གཏོར་མ་བྱིན་གྱིས་བརླབས། ༀ་ཤཱཀྱ་མུ་ ནི་ས་པ་རི་ཝཱ་ར་ཨ་ཀཱ་རོ་ལན་གསུམ་གྱིས་འབུལ། བཅོམ་ལྡན་འདས་བདག་དང་སེམས་ཅད་ ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད། དེ་ནས་མཆོད་གཡོག་པ་གཅིག་གིས་ ཐམས་ཅད་ལ་ཁྲུས་ཀྱི་ཕྱིར་ཆབ་བཏང༌། ནང་གི་མཆོད་གཡོག་པས་མེ་ཏོག་འགྱེད་བསྡུད་སྐབས་ཆ་གཉིས་བྱས་ལ། མེ་ཏོག་ཕྱེད་ ཕྱེད་སློབ་མ་སོ་སོ་རང་གིས་ཚགས་བྱེད་དུ་གཞུག གསོལ་བཏབ་ཀྱི་དུས་སུ་ཐལ་མོ་སྟོང་པར་མ་སོང་བ་བྱེད། ཕྱེད་བསྡུས་ལ་ མཎྜལ་ཕུལ། གྲལ་དང་མེ་ཏོག་བཀྲམ་བསྡུ་ཟིན་པ་དང༌། འདི་སྐད་ཅེས། འོ་ནམ་མཁའ་དང་མཉམ་པའི་སེམས་ ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་དམ་པའི་ཆོས་ ཟབ་མོ་གསན་དགོངས་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་ པར་ཞུ། འདིར་རྒྱུད་སྡེ་བཞི་ལས་སྒྲུབ་ཐབས་དུ་མ་གསུངས་པ་རྣམས་ལ། རྒྱ་གར་གྱི་སློབ་ དཔོན་སོ་སོས་སྒྲུབ་ཐབས་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་སྒྲུབ་ཐབས་རྒྱས་ འབྲིང་བསྡུས་གསུམ་བཞུགས་པ་ཡིན་ལ། བསྡུས་པ་བ་རི་བས་བསྒྱུར་བ་འདི་ལ་སྒྲུབ་ཐབས་ གཟུངས་དང་བཅས་པ་དཔེ་སྣ་དགུ་བཅུ་གོ་དྲུག་ཡོད། ས་སྐྱ་པ་གོང་མ་རྣམས་ལས་བརྒྱུད་ ཅིང་ཐུགས་རྩིས་སུ་མཛད་པ་ཡིན་ལ། འདི་ནི་རྒྱ་གཞུང་རྣམས་ལས་གཅོད་དང་དཀའ་གནས་ 15-1-79 གཅོད་པའི་མཆན་བུ་དང་ཊཱིཀྐ་རྣམས་ཡོད་པས་གཞུང་ཡང་ལེགས་པར་བཤད་ནུས་ཤིང༌། ཤིན་ཏུ་ཡིད་ཆེས་པའི་གནས་ཡིན་པས། དེའི་ལུགས་ཀྱི་རྗེས་གནང་གི་ཆོ་ག་སྒྲུབ་པར་བགྱིད་ པ་ལས། དང་པོ་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་གནང་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱིས་ བདག་བསྐྱེད་བཟླས་པ་དང་བཅས་པ། མདུན་དུ་དྲིའི་མཎྜལ་གྱི་དབུས་སུ་བཅོམ་ལྡན་འདས་ བསྐྱེད་པ་ལ་མཆོད་བསྟོད། བཟླས་པས་མཉེས་པར་བྱ་བ་དང༌། གཏོར་མ་རྣམས་སྔོན་དུ་སོང་ ནས། ད་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། སློབ་མས་འདིར་མཎྜལ་ཕུལ། ཡང་བླ་མས་ མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གསུངས་ཤིག དུས་གསུམ་སངས་ རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། ། བདག་ལ་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར། མདུན་བསྐྱེད་ ཀྱི་ལྷ་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་རྒྱུན་བཤགས་དང་སྐྱབས་གསུམ་སྔོན་དུ་ འགྲོ་བའི་བྱང་ཆུབ་ཀྱི་སེམས་བཟུང་བ་ལ་སོགས་པ་བགྱིད་སྙམ་པའི་བསམ་པས་འདིའི་རྗེས་ ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་གསུམ་དང༌། ཁྱད་པར་དུ་ཐུབ་པ་ རྡོ་རྗེ་གདན་གྱི་རྗེས་གནང་སྩལ་དུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་ཀྱང་ གསུངས་ཤིག སློབ་དཔོན་དགོངས་སུ་གསོལ། བདག་ལ་བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་ གདན་གྱི་རྗེས་གནང་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། ད་སྦྱོར་བ་ རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་པ་ཞུ། ༀ་ཤཱུ་ནྱ་ཏ་ཛྙཱ་ ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཕྱི་ནང་གི་དངོས་པོ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་ གྱུར་པའི་ངང་ལས། རིན་པོ་ཆེའི་ཁྲི་སོགས་དང་ཁྱེད་རང་རྣམས་བཅོམ་ལྡན་འདས་ཐུབ་པ་ཞེས་ སོགས་ནས་ལྟ་བའོ། །ཞེས་པའི་བར་གཙོ་འཁོར་གསུམ་བདག་བསྐྱེད་བཞིན་གསལ་བཏབ་བོ། །དེ་ནས་སློབ་དཔོན་ ཡང་རང་གིས་བསྒོམ་པ་དང་འདྲ་བའི་ཐུབ་པ་རྡོ་རྗེ་གདན་དངོས་ཡིན་སྙམ་པའི་མོས་གུས་ 15-1-80 བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་ བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་ དང༌། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུབ་པ་ རྡོ་རྗེ་གདན་འཁོར་དང་བཅས་པའི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་ རྣམས་ཀྱི་སྤྱི་གཙུག་ལ་སོགས་པ་དང་བ་སྤུའི་བུ་ག་རྣམས་ནས་ཆར་བབས་པ་བཞིན་དུ་སིབ་ སིབ་ཐིམ་པར་མོས་མཛོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་དག་ནི་རྗེས་གནང་གི་ གཞི་དགོད་པའོ། །རྗེས་གནང་དངོས་ལ། ལུང་གསུམ་ལས། དང་པོ་རྗེས་སུ་བཟླས་པའི་ལུང་ བླང་བའི་ཕྱིར། སློབ་དཔོན་གྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སེར་པོ། དེ་ལས་ སྔགས་ཀྱི་ཕྲེང་བ་བྱུང་སློབ་དཔོན་གྱི་ཁ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ ཀར་ཟླ་བའི་སྟེང་དུ་ཧཱུཾ་སེར་པོ་གནས་པ་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་ འཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་ཧཱུཾ་ལ་ཐིམ་པའི་མོས་པ་མཛོད་ལ། སྔགས་ འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག ༀ་ཨཱཿབཛྲ་ཧཱུཾ་སྭཱཧཱ། དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། གཉིས་ པ་བྱིན་གྱིས་བརླབ་པའི་ལུང་ནི། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་ མཛོད་ཅིག བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། ། ཅེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ། ཁྱེད་རང་གི་ སྤྱི་བོར་ཕུལ་བར་མོས་པ་མཛོད་ཅིག སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང༌། བཅོམ་ལྡན་འདི་ལ་སྩལ་ ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། ། 15-1-81 སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ་བཅོམ་ལྡན་འདས་ ཐུབ་པ་རྡོ་རྗེ་གདན་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་ པར་གྱུར་ཅིག གསུམ་པ་དམ་བཅའ་བའི་ལུང་གི་ཕྱིར། བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་ གདན་འདི་ཉིད་ཇི་སྲིད་བྱང་ཆུབ་མ་ཐོབ་བར་ཀྱི་ཡི་དམ་དུ་བཟུང་ངོ༌། །བདག་ཐུགས་ཀྱིས་མ་ བཏང་ཞིག་སྙམ་པའི་བསམ་པས་འདིའི་རྗེས་ཟློས་གསུངས་ཤིག སློབ་དཔོན་དགོངས་སུ་ གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་སྟེ། ཇི་སྲིད་བྱང་ ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་འཁོར་དང་བཅས་ པ་ཡི་དམ་གྱི་ལྷར་བཟུང་ནས། འདིའི་གསང་སྔགས་ཉི་མ་རེ་རེ་བཞིན་འདི་ཙམ་རེ་འདོན་ པར་དམ་བཅའ་ལགས་སོ། །ཞེས་ལན་གསུམ་བརྗོད། དེས་དངོས་གཞི་ལུང་གསུམ་སོང༌། ད་ནི་རྗེས་བྱིན་གྱིས་བརླབས་པའི་ཕྱིར། མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་དུང་པ་ དང་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སྙམ་པ་མཛད་པས། མདུན་བསྐྱེད་ཀྱི་ལྷའི་ ཐུགས་ཀ་ནས་ཐུབ་པ་རྡོ་རྗེ་གདན་གྱི་སྐུ་སོར་ཚད་ཙམ་ཞིག་རྒྱངས་ཏེ་བྱོན། ཁྱེད་རང་རྣམས་ ཀྱི་སྙིང་གའི་ས་བོན་དང་དབྱེར་མེད་དུ་འདྲེས། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། འདི་ཡིག་རྙིང་ན་མེད་ནའང་ཕྱག་ལེན་ལ་མཛད། དེ་ནས་འདིའི་རྒྱ་གཞུང་སྒྲུབ་ཐབས་ཀྱི་ལུང་ཡང་སྤྲོ་ན་བྱའོ། །དེ་དག་ནི་ ཐུབ་པ་རྡོ་རྗེ་གདན་གྱི་རྗེས་གནང་ལུང་དང་བཅས་པའོ། །འདི་གཅིག་པུ་ཡིན་ན། གཙོ་བོས་ཇི་ ལྟར་སོགས་འོག་བཞིན་བྱ། གཞན་དང་སྦྲེལ་ནས་བྱེད་ན་སློབ་མ་རྣམས་ཀྱིས། སློབ་དཔོན་ཆོ་ག་སྒྲུབ་པའི་བར་ལ་མདོ་འདོན་ པ་སོགས་བྱེད་དོ། །སློབ་དཔོན་གྱིས་ༀ་བཛྲ་མུཿ ཚོམ་བུའི་ཡེ་ཤེས་པ་གཤེགས། ཛཿཧཱུཾ་བཾ་ཧོཿ དམ་ ཚིག་པ་རང་ལ་ཐིམ། ཆོས་ཐུན་རེ་ལ་རྗེས་གནང་མང་པོ་སྦྲེལ་ནས་མཛད་ན། སྤྱིར་སློབ་དཔོན་གྱི་བྱ་བ་ལ་སྐྱབས་འགྲོ་ སེམས་བསྐྱེད་ཀུན་ལ་འདྲ། ཚོགས་ཞིང་དང༌། ཚད་མེད་རྟིང་མ་རྣམས་ལ་མི་མཛད་པར་སྟོང་ཉིད་ལས་དམ་ཚིག་པ་བསྐྱེད་པ་སོ་ སོར་འགྲེ། གནས་གསུམ་བྱིན་རླབས་འདྲ། ཡེ་ཤེས་པ་ལྷ་དེ་དང་དེའི་རྣམ་པར་སྤྱན་འདྲེན་དབང་བསྐུར་འདྲ། རིགས་བདག་སོ་ 15-1-82 སོར་ཡོད་དེ་འགྲེ། བཟླས་པ་སོ་སོ། འདོད་དོན་གསོལ་བཏབ་འདྲ། འཁོར་ཡོད་ན་གཙོ་བོ་ལ་བསྡུད་པའང་འདྲ། མཆོད་པ་བྱིན་ རླབས་མཎྜལ་བསངས་སྦྱངས་འདྲ། སྟོང་པའི་ངང་ལས་དྲིའི་མཎྜལ་གྱི་དབུས་སུ། དམ་ཚིག་པ་བསྐྱེད་པ་ལས། བདག་ཉིད་ཞེས་པ་འཇོག གཞན་སོ་སོའི་བསྐྱེད་ཆོག་བཞིན་བསྐྱེད་རྗེས། སོ་སོའི་ཡེ་ཤེས་པ་སྤྱན་འདྲེན་ཏེ་གཞན་འགྲེ། བཟླས་ལུང་སོ་སོར་འབྱུང༌། དམ་བཅའི་ལུང་ལ་འདོན་པ་སྤོ། བྱིན་གྱིས་བརླབས་པ་ལ་སོ་སོའི་ལྷ་བྱོན་པའི་དམིགས་པ་སྤོ། སྔ་ མ་ཚོ་ལ་ལུང་གསུམ་ཚར་རྗེས་དེ་དག་གིས་ནི་ལྷ་འདི་ཞེས་བྱ་བའི་རྗེས་གནང་གི་ཆོ་གའོ་ཞེས་བརྗོད། མདུན་བསྐྱེད་ཀྱི་ཡི་དམ་ གཤེགས་སྡུད་ཀྱང་འདྲ། རྗེས་ལུང་ཚར་ཚར་བཞུགས་སུ་བཅུག་སྟེ་མཆོད་པ་འབུལ། ཉིན་གཅིག་གི་རྗེས་གནང་རྟིང་མ་ལ། དེ་ ནས་གཙོ་བོས་ཇི་ལྟར་སོགས་གསུམ་གྱིས་དམ་ཚིག་བཟུང༌། གཏང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་ ཚར་གསུམ་བྱ། འདིར་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་ལས་བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་ གནང་ཞེས་སམ། རྡོ་རྗེ་གདན་ལ་སོགས་པ་ལྷ་ཁྱད་པར་དུ་འཕགས་པ་འགའ་ཞིག་གི་རྗེས་གནང་གསན་པ་ཡིན་པས་དེས་ རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། ཅེས་བྱས་ནས། བླ་མས་རྗེས་གནང་རྟིང་མའི་ལྷ་ཚོགས་སངས་རྒྱས་བྱང་སེམས་རྣམས་ལ་ མཆོད་པ་གོང་མདུན་བསྐྱེད་སྒྲུབ་པའི་སྐབས་ཀྱིས་འགྲེ་ཞིང༌། འདིར་སྐབས་རྔ་བརྡུང༌། བསྟོད་པ་མཉམ་ཉིད་མི་གཡོ་མ་ བྱེད། དགོས་འདོད་ཀྱི་དངོས་གྲུབ་བླང༌། ཡིག་བརྒྱ་བརྗོད། བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་ བསྡུ། བཀྲ་ཤིས་བརྗོད་པའི་ཚིག་སྟོན་མཆོག་དམ་པ་སོགས་ཏེ། རོལ་མོ་རྒྱ་ཆེར་མཛད་དོ། །བསྟན་པ་འདི་ལ་ལྷག་པའི་ ལྷ། ཀུན༷་གྱི་རྩ་བ་འདི་ཡིན་པས། རབ་དག༷འ་སེམས་ཀྱིས་བསྒྲུབས་གྱུར་ན། སྙིང༷་པོ༷་མཆོག་གི་དངོས་གྲུབ་ཐོབ། །ཐུབ་པ་རྡོ་རྗེ་ གདན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། བཅོམ་ལྡན་དམ་ཚིག་གསུམ་བཀོད་ལ། །བཏུད་ནས་སྒྲུབ་ཐབས་རྒྱ་མཚོ་ཡི། །རྗེས་གནང་ལག་ ལེན་ཆིངས་ཤེས་ཕྱིར། །གང་འདིའི་སྒྲུབ་ཐབས་བཤད་པར་བྱ། །དེ་ཡང་སྟེགས་བུ་གྲུ་བཞི་པ་རས་བཟང་པོས་གཡོགས་པའི་ སྟེང་དུ་མཎྜལ་རྡུལ་ཚོན་གྱི་པད་འདབ་བརྒྱད། ལྷ་གྲངས་དང་མཉམ་པ་སྐུ་མདོག་དང་མཚུངས་པའི་ཚོམ་བུ་ཅན་ནམ། བསྡུ་ན་ མཎྜལ་ལ་འབྲུའི་ཚོམ་བུ་བཀོད། ཆུ་གཉིས་དང་ཉེར་སྤྱོད་ལྔ། གཏོར་མ་རྣམས་ཅི་བདེར་བསྒྲིགས། སློབ་དཔོན་གྱི་མདུན་དུ། ཏིང་ ཤགས་དང༌། རྡོར་དྲིལ་གང་འོས། སློབ་མ་རྣམས་ལ་འཐོར་རྒྱུའི་མེ་ཏོག་ཏིང་ཕོར། འགྱེད་རྒྱུའི་མེ་ཏོག་ཀ་ཏོར་བ་རེ། ལས་ཀྱི་རྡོ་ 15-1-83 རྗེ་མདུན་དུ་མཎྜལ། ཆུ་དང་བཅས་པ་བཤམ། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས། ནམ་མཁའ་དང་མཉམ་པའི་ སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ ལ༴ ལན་བདུན་མཛད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་བར་དུ་ བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་ བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུད་དང་བྲལ་བར་ གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་ དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །རང་སྐད་ཅིག་གིས་ཐུབ་ པ་དམ་ཚིག་གསུམ་བཀོད་དུ་གསལ་བའི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ དུ། {ཧྲི་[ཏྲཾ་]ཡིག་གསེར་གྱི་མདོག་ཅན་དེ་ལས་འོད་འཕྲོས། མདུན་གྱི་ནམ་མཁར་ཐུབ་པ་ ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ༀ་ སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ༀ་བཛྲ་དྷུ་པེ་ཨཱཿཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ༀ་བཛྲ་གནྡྷེ་ཨཱཿཧཱུཾ། ༀ་བཛྲ་ནཻ་ཝེ་ཏེ་ཨཱཿཧཱུཾ། ༀ་བཛྲ་ཤཔྟ་ཨཿཧཱུཾ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་ བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་བཞིན་དོན་ནི་རབ་སྒྲུབ་ཕྱིར། ། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱིས། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། ། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་ པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་ དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པཾ་ལྗང་ཁུ་ལས་སྣ་ཚོགས་པདྨ་པཾ་གྱིས་མཚན་པ་ 15-1-84 དང༌། ཨ་ལས་ཟླ་བའི་གདན་ལ་{ཧྲི་[ཏྲཾ་]ཡིག་གསེར་གྱི་མདོག་ཅན། དེ་ལས་འོད་འཕྲོས་ འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་རྒྱལ་པོ་ སྐུ་མདོག་གསེར་ལྟར་འབར་བ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། མཚན་དང་དཔེ་བྱད་ ཡོངས་སུ་རྫོགས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ ཀྱི་ཕྱག་རྒྱ་མཛད་པ། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་བའོ། །སྐུའི་གཡས་སུ་རྡོ་རྗེ་ འཛིན་སེར་པོ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བས་རྡོ་རྗེ་སེར་པོ་འཛིན་པ། གཡོན་དུ་ རྡོ་རྗེ་འཛིན་མ་སེར་མོ་གཡས་ནོར་བུ་དང༌། གཡོན་རྡོ་རྗེ་འཛིན་པ། གཡོན་གྱི་མདུན་དུ་བུ་མོ་ མཐའ་ཡས་མ་ལྗང་ཁུ་གཡས་ཕྱག་འཚལ་ཚུལ་དང༌། གཡོན་པདྨ་འཛིན་པ། འཁོར་དེ་གསུམ་ ཞི་བ། དར་དང་རིན་པོ་ཆེས་བརྒྱན་ཅིང་བཞུགས་པའོ། །གཡས་ཀྱི་མདུན་དུ་ཁྱེའུ་མཐའ་ཡས་ པ་དམར་པོ་གཡས་གྲི་གུག་དང༌། གཡོན་ཐོད་པ་མེ་ཏོག་གིས་གང་བ་འཛིན་པ། ཁྲོ་བོའི་ཆ་ བྱད་རྫོགས་ཤིང༌། སྟག་ལྤགས་དང༌། སྦྲུལ་གྱིས་བརྒྱན་པ། གཡོན་བརྐྱང་པའི། དེ་རྣམས་ ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས། ཕྱོགས་ བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐུབ་པ་དམ་ཚིག་གསུམ་བཀོད་ གཙོ་འཁོར་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ༀ་བཛྲ་ཨངྐུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ ཊ་བཾ། ༀ་བཛྲ་ཨ་བེ་ཤ་ཨཱཿ གཉིས་སུ་མེད་པར་ཐིམ། ཡང་སྙིང་གའི་ཧཱུཾ་ལས་འོད་འཕྲོས། དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཁྱེད་རྣམས་ཀྱིས་བདག་ ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་སརྦ་ཏ་ཐཱ་ ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་བའི་བཅོམ་ལྡན་འདས་ ལ་རྣམ་སྣང༌། འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན། ན་མཿསྟྲཻ་ཡ་དྷི་ཀཱ་ནཱཾ། ཏ་ཐཱ་ག་ཏ་ཀཱ་ ནཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་བཱསྟི། དྷརྨ་ཏཱ་བཱ་ལིཾ་ནཾ། ཨཾ་ཨ་ས་མ། ས་མནྟ་ཏོ། ཨ་ནནྟ་བཱསྟེ་ཤཱ་ས་ 15-1-85 ནཱཾ། ཧ་ར་ཧ་ར། སྨ་ར་སྨ་ར་ཎ། བི་ག་ཏཱ་རཱ་ག བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བཱ་ལ། ཧ་ས་ཧ་ ས། ཏྲ་ཡ་ཏྲ་ཡ། ག་ག་ན་མཧཱ་ཝ་ར་ཎ། ལཀྵ་ཎེ། ཛྭ་ལ་ཛྭ་ལ། ན་སཱ་ག་རེ་སྭཱཧཱ། ཞེས་བཟླས་ལ། མཐར་སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིས། བདག་དང་སེམས་ཅན་ཐམས་ཅད་ ལ་བྱིན་གྱིས་བརླབ་ཏུ་གསོལ། ཛཿཧཱུཾ་བཾ་ཧོཿ འཁོར་བཞི་པོ་རང་ལ་ཐིམ། ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་ རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་ སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ། འཕགས་པ་ ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་དཔག་ཏུ་ མེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། པཱདྱཾ་ཨཱཿཧཱུཾ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ་ནས། ཤཔྟ་ཨཱཿཧཱུཾ། ༀ་བཛྲ་སྥ་ ར་ཎཱ་ཁཾ། ༀ་སྭ་བྷཱ་ཝ་ཤུདྡྷ་སོགས། སྟོང་པའི་ངང་ལས་དྲིའི་མཎྜལ་གྱི་དབུས་སུ་པཾ་ལྗང་ཁུ་ཞེས་པ་ ནས། མདུན་བསྐྱེད་ཡིན་པས་བདག་ཉིད་མི་ཟེར། ཁྱེད་ཀྱིས་འདི་ལ་དབང་བསྐུར་ཟེར་ནས་འདོན་པ་སྤོ། གཞན་དབུ་བརྒྱན་ པའི་བར་བདག་བསྐྱེད་དང་འདྲ་བར་མཛད། ༀ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས། ༀ་ སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་ཤཔྟ་ཨཱཿཧཱུཾ་གིས་བར་དང༌། མགོན་པོ་ཐུགས་རྗེ་ཆེ་ལྡན་པ་སོགས་དང༌། གསང་སྔགས་བདག་དང་གཟུངས་སྔགས་རྒྱལ། །རིག་རྒྱལ་རིགས་ཀྱི་ལྷ་མོ་སྟེ། །བཅོམ་ལྡན་ དམ་ཚིག་གསུམ་བཀོད་རྒྱལ། །མཉེས་པར་མཛད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཟླས་པ་ བདུན་ཙམ་གྱིས་མཉེས་པར་བྱས། ༀ་ཨཱཿཧཱུཾ་གིས་གཏོར་མ་བྱིན་གྱིས་བརླབས། ༀ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་ ཨ་ཀཱ་རོ་གསུམ་གྱིས་ཕུལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད། དེ་ནས་མཆོད་གཡོག་པ་གཅིག་གིས་[ལས་]ཐམས་ཅད་ལ་ཁྲུས་ཀྱིས་ཕྱིར་ ཆབ་བཏང༌། ནང་གི་མཆོད་གཡོག་པས་མེ་ཏོག་འགྱེད་བསྡུད་སྐབས་ཆ་གཉིས་བྱས་ལ། ཕྱེད་སློབ་མ་སོ་སོས་བཟུང་སྟེ། གསོལ་ བཏབ་ཀྱི་དུས་སུ་ཐལ་མོ་སྟོང་པར་མ་སོང་བ་བྱེད། ཕྱེད་བསྡུས་ལ་མཎྜལ་ལ་ཕུལ། གྲལ་དང་མེ་ཏོག་བཀྲམ་བསྡུ་ཟིན་པ་དང༌། 15-1-86 འདི་སྐད་ཅེས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གྱི་དོན་དུ་སངས་རྒྱས་ཀྱི་ གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་དགོངས་པ་བྱང་ཆུབ་ཀྱི་ མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། འདིར་རྒྱུད་སྡེ་བཞི་ལས་སྒྲུབ་ ཐབས་དུ་མ་གསུངས་པ་རྣམས་ལས་རྒྱ་གར་གྱི་སློབ་དཔོན་སོ་སོས་སྒྲུབ་ཐབས་མཛད་པ་ རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་བཞུགས་པ་ཡིན་ ལ། དེ་ལས་རྒྱས་པ་སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་རས་བསྡུས་པ་སྒྲུབ་ཐབས་ཀུན་ལས་ བཏུས་སམ། སྒྲུབ་ཐབས་རྒྱ་མཚོར་གྲགས་པ་འདི་ལ། ཆོས་ཚན་ཉིས་བརྒྱ་བཞི་བཅུ་ལྷག་ བཅས་ཡོད་པ་ལས། ཐོག་མར་གྱུར་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་གནང་ལ་ངེད་ཀྱིས་བྱ་ བ་རྣམས་སྔོན་དུ་སོང་བས། རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། སློབ་མས་འདིར་མཎྜལ་ ཕུལ། ཡང་བླ་མས་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གསུངས་ཤིག རྡོ་ རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱེད་ལ་གསོལ་ འདེབས་ཀྱི། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར་ མདུན་བསྐྱེད་ཀྱི་ལྷ་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་སྐྱབས་གསུམ་སྔོན་དུ་འགྲོ་ བས་བྱང་ཆུབ་ཀྱི་སེམས་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་ བདག་སྐྱབས་མཆི། །སོགས་གསུམ་དང༌། ཁྱད་པར་དུ་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་ གནང་སྩལ་དུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་ཀྱང་གསུངས་ཤིག སློབ་དཔོན་ དགོངས་སུ་གསོལ། བདག་ལ་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་གནང་མ་ལུས་པ་ སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། ད་རྗེས་གནང་གི་གཞི་དགོད་པའི་སླད་དུ་ དམིགས་པ་འདི་བཞིན་མཛད་པ་ཞུ། ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཕྱི་ནང་གི་ དངོས་པོ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། པཾ་ལྗང་ཁུ་ལ་སོགས་དང༌། 15-1-87 ཁྱེད་རང་རྣམས་བཅོམ་ལྡན་འདས་ཐུབ་པ་ཞེས་སོགས་ནས། ཐུགས་ཀར་ཧཱུཾ་ཞེས་པའི་བར་གཙོ་འཁོར་ལྔ་ བདག་བསྐྱེད་བཞིན་གསལ་བཏབ་བོ། ། ད་རྗེས་གནང་དངོས་གཞི་ལ་གསུམ་ལས། དང་པོའི་སྐུའི་རྗེས་གནང་ནི། དེ་ནས་སློབ་ དཔོན་ཡང་རང་གིས་བསྒོམ་པ་དང་འདྲ་བའི་ཐུབ་པ་དམ་ཚིག་གསུམ་བཀོད་དངོས་ཡིན་སྙམ་ པའི་མོས་གུས་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ ལྷའི་ཐུགས་བརྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་དང་ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུབ་པ་ དམ་ཚིག་གསུམ་བཀོད་འཁོར་དང་བཅས་པའི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་བྱོན། ཁྱོད་རང་རྣམས་ཀྱི་སྤྱི་གཙུག་ལ་སོགས་པ་དང་བ་སྤུའི་བུ་ག་རྣམས་ནས་ཆར་བབས་པ་བཞིན་ དུ་སིབ་སིབ་ཐིམ་པར་མོས་པ་མཛོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དྲིལ་བུ་དང་ཏིང་ ཤག་འཁྲོལ། རོལ་མོ་བྱ། མངོན་རྟོགས་ཀྱི་དབང་བསྐུར་བའི་དམིགས་པ་དེ་ཕོག་ལ། དབུ་རྒྱན་གྱི་བར་བརྗོད་དོ། ། གཉིས་པ་གསུང་གི་རྗེས་གནང་ནི། སློབ་དཔོན་གྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་ སྟེང་དུ་ཧཱུཾ་སེར་པོ། དེ་ལས་སྔགས་ཀྱི་ཕྲེང་བ་བྱུང༌། སློབ་དཔོན་གྱི་ཁ་ནས་ཐོན། ཁྱེད་རང་ རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་སེར་པོ་གནས་པ་ལ་ཐིམ། དེའི་དུས་ སུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་ཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་ཧཱུཾ་ལ་ ཐིམ་པས་མོས་པ་མཛོད་ལ། སྔགས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག ན་མཿསྟྲཻ་ སོགས་བརྗོད། དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་ བརྟན་པར་བྱས་པའི་མོས་པ་མཛོད། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ 15-1-88 ཟློས་མཛོད་ཅིག བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛོད་ དུ་གསོལ། །ཅེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ། ཁྱེད་རང་གི་སྤྱི་བོར་ཕུལ་བས་མོས་པ་མཛོད་ཅིག སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང༌། བཅོམ་ལྡན་ འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་ དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ། ། བཅོམ་ལྡན་འདས་ཐུབ་པ་དམ་ཚིག་གསུམ་བཀོད་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག ། གསུམ་པ་ཐུགས་ཀྱི་རྗེས་གནང་ནི། མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་དུང་པ་དང༌། བདག་གི་རྒྱུད་བྱིན་གྱིས་རློབ་ཏུ་གསོལ་སྙམ་པ་མཛད་པས། མདུན་གྱི་ལྷའི་ཐུགས་ཀ་ནས། ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་རྒྱངས་ཏེ་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་ དང་དབྱེར་མེད་དུ་འདྲེས། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེ་ནས་འདིའི་རྒྱ་གཞུང་ སྒྲུབ་ཐབས་ཀྱི་ལུང་ཡང་སྤྲོ་ན་བྱའོ། །དེ་དག་ནི་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་གནང་ལུང་དང་ བཅས་པའོ། །དེ་ནས། གཙོ་བོས་ཇི་ལྟར་སོགས་གསུམ་གྱིས་དམ་ཚིག་བཟུང༌། གཏང་རག་གི་མཎྜལ་དང༌། དེང་ ནས་བརྩམས་ཏེ་ཚར་གསུམ་བྱ། འདི་ཉིད་གཅིག་པུ་བྱེད་པ་དང༌། རྗེས་གནང་གཞན་དང་སྦྲེལ་ཚུལ་སོགས་ནི། སྒྲུབ་ ཐབས་བརྒྱ་རྩའི་སྐབས་དང་འདྲ་བ་ཡིན་པས། ཐུབ་པ་རྡོ་རྗེ་གདན་གྱི་སྐབས་སུ་བཤད་པ་ལས་འདིར་རིགས་བསྒྲེས་ཏེ་ཤེས་ པར་བྱའོ། །རྗེས་ཆོག་ལ། མཆོད་བསྟོད་མདུན་བསྐྱེད་བསྒྲུབ་པའི་སྐབས་ཀྱིས་འགྲེ་ཞིང༌། འདི་སྐབས་རྔ་བརྡུང༌། བསྟོད་པ་ མཉམ་ཉིད་མི་གཡོ་མ་བྱེད། དགོས་འདོད་ཀྱི་དངོས་གྲུབ་བླང༌། ཡིག་བརྒྱ་བརྗོད། བཟོད་པར་གསོལ། ཡེ་ཤེས་པ་ གཤེགས་དམ་ཚིག་པ་བསྡུ། བཀྲ་ཤིས་བརྗོད་པའི་ཚིག་སྟོན་མཆོག་དམ་པ་སོགས་ཏེ། རོལ་མོ་རྒྱ་ཆེར་མཛོད། དཀྱིལ་འཁོར་ཀུན༷་ཏུ་དབང་ཐོབ་ཅིང༌། །ཅི་དག༷འ་སྤྱོད་པས་འགྲུབ་འགྱུར་སོགས། །སྙིང༷་པོ༷་ཡིག་བརྒྱ་འདིའི་ཕན་ཡོན། །མཐའ་ ཡས་རྒྱུད་ལས་གསུངས་པ་ལགས། །དམ་ཚིག་གསུམ་བཀོད་ལྷ་ལྔའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། 15-1-89 ༄༅། །ༀ་སྭཱ་སྟི། སྟོན་པ་གཽ་ཏམ་ལྷག་པའི་ལྷ། །འཁོར་དང་བཅས་པ་ལ་བཏུད་ནས། །སངས་རྒྱས་བསྟན་པ་ སྤེལ་བྱེད་ཀྱི། །ཐབས་མཆོག་སྒྲུབ་ཐབས་བྲི་བར་བྱ། །སྒོམ་དོན་དང་མཐུན་པའི་དཀྱིལ་འཁོར་རམ། དྲི་བཟང་གི་མཎྜལ་ཚོམ་ བུ་ཅན་བཀོད་ཀྱང་རུང་སྟེ། མཆོད་པ་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་པའམ། མཆོད་པའི་སྤྲིན་གྱི་གཟུངས་ཀྱིས་ བྱིན་གྱིས་བརླབས། བདག་བསྐྱེད་ཡི་དམ་གང་ཡང་རུང་བ་ཞིག་གི་རྣལ་འབྱོར་ལ་གནས་པའམ། འདིའི་རང་ལུགས་ལ་བདག་ བསྐྱེད་མེད་ཀྱང་ཆོག་སྟེ། མདུན་བསྐྱེད་ཀྱི་གཞི་སྟོང་པའི་ངང་ལས། ཞིང་ཁམས་རྣམ་པར་དག་ པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རིན་པོ་ཆེ་སྣ་ཚོགས་པའི་ཁམས་ལས་གྲུབ་ཅིང༌། ཡོ་ བྱད་སྣ་ཚོགས་པས་ཡོངས་སུ་གང་བ། དེའི་དབུས་སུ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ དང་བཅས་པ། མཐའ་སྐོར་དུ་པདྨའི་གདན་བཅུ་དྲུག །ཤར་སྒོའི་ནང་དང་སྒོ་བཞིར་རིན་པོ་ ཆེའི་གདན་དང་བཅས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་དང་མཚུངས་པའི་ མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་དང་བཅས་པ་འབྱུང་བར་གྱུར་ཅིག ཅེས་ལན་གསུམ་བརྗོད། སྤོས་ བཏུལ་ཤིང༌། རོལ་མོས་སྒྲ་དང་བཅས་ཏེ། མ་ལུས་སེམས་ཅན་སོགས་ཀྱི་མཐར། འགྲོ་བའི་མགོན་པོ་ཤཱཀྱ་ སེངྒེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་ འབྱེད་པ། །ཆོས་{སྐྱོང་[ཀྱི་]དགྲ་བཅོམ་ཆེན་པོ་བཞུགས་སུ་འཚལ། །དམ་ཆོས་སྤེལ་བའི་ སླད་དུ་སྤྱན་འདྲེན་གྱི། །འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ། །སྤངས་དང་ཡེ་ ཤེས་ཕུན་ཚོགས་སངས་རྒྱས་ཏེ། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་ཞིང༌། ཁྱད་ པར་ཅན་གྱི་འཕྲིན་ལས་ཆོས་སྐྱོང་བའི། །གནས་བརྟན་བཅུ་དྲུག་འདིར་བྱོན་གདན་ལ་ བཞུགས། །ཞེས་བརྗོད་པས་རང་བཞིན་གྱི་གནས་ནས། ཐུབ་པ་གནས་བརྟན་ཆེན་པོ་བཅུ་ དྲུག་གི་འཁོར་དང་བཅས་པ་ཕྱི་བཞིན་འབྲང་བ་དགེ་བསྙེན་དྷརྨཱ་པཱ་ལ། རྒྱལ་པོ་ཆེན་པོ་སྡེ་ བཞིའི་ཚོགས་དང་བཅས་པ་རང་རང་གི་གདན་ལ་བཞུགས་པར་གྱུར། དབུས་སུ་བཅོམ་ལྡན་ 15-1-90 འདས་དེ་བཞིན་གཤེགས་པ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་གསེར་མདོག་གཡས་ས་གནོན་ དང༌། གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱི་བསྐོར་གྱི་པདྨ་རྣམས་ལ་ཤར་ནས་རིམ་པ་བཞིན་དུ་གཡས་སྐོར་གྱིས། ཡན་ལག་འབྱུང་ སྤོས་ཕོར་དང་རྔ་ཡབ། མ་ཕམ་པ་མཉམ་བཞག །ནགས་ན་གནས་སྡིགས་མཛུབ་དང་རྔ་ཡབ། དུས་ལྡན་གསེར་གྱི་རྣ་བསྐོར། རྡོ་རྗེ་མོའི་བུ་སྡིགས་མཛུབ་དང་རྔ་ཡབ། བཟང་པོ་ཆོས་འཆད་ མཉམ་གཞག གསེར་བེའུ་རིན་པོ་ཆེའི་ཞགས་པ། བྷ་ར་དྷྭ་ཛ་གསེར་ཅན་མཉམ་གཞག བ་ ཀུ་ལ་ནེའུ་ལེ། སྒྲ་གཅན་འཛིན་རིན་པོ་ཆེའི་དཔྲོག་ཞུ། ལམ་ཕྲན་བརྟན་མཉམ་གཞག བྷ་ར་ དྷྭ་ཛ་བསོད་སྙོམས་ལེན་གླེགས་བམ་ལྷུང་བཟེད། ལམ་བརྟན་ཆོས་འཆད་གླེགས་བམ། ཀླུའི་ སྡེ་བུམ་པ་མཁར་བསིལ། སྦེད་བྱེད་གླེགས་བམ། མི་ཕྱེད་པ་བྱང་ཆུབ་མཆོད་རྟེན་འཛིན་པ་ རྣམས་དགྲ་བཅོམ་གནས་བརྟན་དབང་པོ་དུལ་བའི་ཆ་ལུགས་ཅན། ཤར་སྒོའི་ནང་དུ་དགེ་ བསྙེན་ཆེན་པོ་ཆོས་ཉིད་རྔ་ཡབ་དང་བུམ་པ་འཛིན་ཞིང༌། དབུ་སྐྲ་ཐོར་ཅོག་ཅན། གླེགས་བམ་ གྱི་ཁུར་པོ་བསྣམས་པ། སངས་རྒྱས་སྣང་བ་མཐའ་ཡས་ལ་གཟིགས་ཤིང༌། པུས་མོ་གཡས་པ་ ལས་སྟག་སྤྲུལ་བ། ཤར་སྒོར་ཡུལ་འཁོར་སྲུང་དཀར་པོ་པི་ཝང་འཛིན་པ། ལྷོ་སྒོར་འཕགས་ སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་སྒོར་མིག་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་ རྟེན་འཛིན་པ། བྱང་སྒོར་རྣམ་ཐོས་སྲས་སེར་པོ་ཡིད་བཞིན་གྱི་རྒྱལ་མཚན་དང་ནེའུ་ལེ་འཛིན་ པ་རྣམས་རང་རང་གི་འཁོར་བསམ་གྱིས་མི་ཁྱབ་པ་དང༌། བཅས་ཏེ་བཞུགས་པར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མཚུངས་མེད་ལྟ་བས་མི་ངོམས་ཞིང༌། །ཞེས་སོགས་ཀྱི་བསྟོད་པས་བསྟོད། ༀ་མུ་ནེ་མུ་ནེ་མཧཱ་མུ་ན་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ། སྤྲོ་ན་རེ་རེ་ཞིང་མཆོད་པ་དང་བསྟོད་པ་དང༌། ཚིག་ལྷུག་པའི་ གསོལ་འདེབས་བྱ་ཞིང༌། གཙོ་བོའི་སྔགས་ཉིད་བཟླ་བ་ཡིན་ནོ། །ཐུན་གྱི་མཐར། རྒྱལ་ཆེན་བཞི་ལ་གཏོར་མ་སྤྱི་དང་མཐུན་པར་ བསྔོ། ཆ་གསུམ་དང་གཞི་བདག་གཏོར་མ་ཡང་སྤྲོ་ན་བྱ། རྒྱས་པ་ལ་མོས་ཤིང་ཤེས་ན། གནས་བརྟན་སྒྲུབ་ཡིག་ལས་འབྱུང་བའི་ 15-1-91 ཡན་ལག་བདུན་པ་རྒྱས་པ་རྣམས་ཀྱང་བྱ་ཞིང༌། བསྡུ་ན་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ཉིད་ཚར་གསུམ་ལ་སོགས་པ་བྱའོ། ། འདིའི་རིག་གཏད་བྱེད་པར་འདོད་པས་གཏོར་འབུལ་ཡན་ཆད་སོང་བའི་མཚམས་སུ་སློབ་མས་མཎྜལ་ཕུལ། ཐུབ་ པ་མཆོག་དང་འཕགས་པའི་ཚོགས། །འགྲོ་བའི་མུན་སེལ་དགྲ་བཅོམ་གྱི། །ཚོགས་ལའང་ བདག་ནི་སྐྱབས་སུ་མཆི། །རྗེས་སུ་གནང་བ་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། མདུན་ བསྐྱེད་གསལ་བཏབ་ལ་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ཚར་གསུམ་བྱ། སྐྱབས་སེམས་རྒྱས་བསྡུས་གང་རུང་དང༌། གསོལ་ འདེབས་ཚིག་ལྷུག་པས་གསོལ་བ་འདེབས་སུ་བཅུག སློབ་མ་ཐུབ་པའི་དབང་པོར་སྐད་ཅིག་གིས་བསྐྱེད་ལ། ལྷ་ཚོགས་ཐམས་ ཅད་ཀྱི་ཐུགས་ཀ་ནས་སྔགས་འཕྲེང་སྤྲོ་བའི་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། དེ་ཙམ་གྱིས་དོན་འགྲུབ་པ་ཡིན་ཏེ། རྗེས་ཀྱི་ བྱ་བ་རྣམས་སྤྱི་དང་འདྲ་བ་ལས། སངས་རྒྱས་སྤྲུལ་པ་དགྲ་བཅོམ་འཕགས་པའི་ཚོགས། །ཞེས་པ་ནས། གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག་གི་བར་ངེས་པར་འདོན་ནོ། །ཀུན༷་ཏུ་བྱིན་རླབས་ཆེར་གྲགས་ པ། །མཆོག་ཏུ་དག༷འ་བས་རབ་ཞུས་ཏེ། །གསོལ་འདེབས་སྙིང༷་པོ༷ར་བྱས་ན་ནི། བྱིན་རླབས་རྒྱ་ཆེར་འཕེལ་བར་འགྱུར། །ཐུབ་པ་ གནས་བརྟན་བཅུ་དྲུག་དང་བཅས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། སངས་རྒྱས་ཀུན་ལས་ཆེས་ལྷག་པའི། །ལྷག་བསམ་སྨོན་ལམ་དགེ་བ་ཅན། །ཤཱཀྱ་སེངྒེ་ལ་བཏུད་ ནས། །དེའི་སྒྲུབ་ཐབས་བྲི་བར་བྱ། །ཡན་ལག་བདུན་པ་དང༌། སྐྱབས་འགྲོ་སེམས་བསྐྱེད་རྣམས་སྔོན་དུ་བཏང༌། སྟོང་པའི་ ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་སེར་པོའི་འོད་ཀྱིས་ལུས་གང༌། རང་ཉིད་ ཐུབ་པའི་དབང་པོའི་སྐུར་གྱུར་པ་ནི། སྐུ་མདོག་གསེར་བཙོ་མ་ལྟ་བུ་ཕྱག་གཡས་ས་གནོན་ དང༌། གཡོན་མཉམ་བཞག་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རབ་ཏུ་ བྱུང་པའི་ཆ་ལུགས་ཅན། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང༌། ཆོས་གོས་རྣམ་གསུམ་ གསོལ་བ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་ཞིང༌། ཐུགས་མཉམ་པར་བཞག་པའི་བདག་ཉིད་ དུ་གྱུར། ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུཾ། དེ་ལས་འོད་འཕྲོས་ཐུབ་པ་ཡེ་ཤེས་སེམས་ དཔའི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཡིད་ཀྱིས་ཕྱག་མཆོད་བྱ། ཛཿཧཱུཾ་བཾ་ཧོཿ སྤྱི་བོར་ༀ་དཀར་པོ། མགྲིན་ 15-1-92 པར་ཨཱཿདམར་པོ། ཐུགས་དཀར་ཧཱུཾ་སྔོན་པོ། ས་བོན་གྱི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་ བར་བསྒོམས་ལ། ༀ་མུ་ནེ་མུ་ནེ་མཧཱ་མུ་ན་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ། ཐུན་འཇོག་ཁར་ཡེ་ཤེས་པ་མདུན་ དུ་བཞུགས་པ་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འདོད་དོན་གསོལ་པ་གདབ། དགེ་བ་བསྔོ། ༀ་མུཿ ཞེས་གཤེགས་ སུ་གསོལ། རང་དམ་ཚིག་པའི་ང་རྒྱལ་གྱིས་སྤྱོད་ལམ་བྱ། འདིའི་ལུང་འབོགས་ཚུལ་ནི། ཐུབ་པའི་སྐུ་གཟུགས་བྲིས་འབུར་གང་རུང་ཞིག་གི་མདུན་དུ་མཎྜལ་ལ་མེ་ཏོག་གིས་ཚོམ་ བུ་བཀོད། མཆོད་པ་རྒྱ་ཆེར་བཤམས། ༀ་ལས་བྱུང་བའི་མཆོད་པར་མོས། ༀ་ན་མོ་བྷ་ག་ཝ་ཏེ། བཛྲ་ སཱ་ར་པྲ་མརྡ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མཧཱ་བཛྲེ། མ་ཧཱ་བིདྱེ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བོ་དྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མནྡྲོ་པ་སཾ་ཀྲ་མ་ཎེ་སརྦ་ཀརྨ་ ཨ་བ་ར་ཎེ་བི་ཤོ་དྷ་ནི་སྭཱཧཱ། ཞེས་མཆོད་སྤྲིན་གྱིས་གཟུངས་བཟླས། བདག་བསྐྱེད་མདུན་བསྐྱེད་མཆོད་བསྟོད་རྣམས་ བྱ། སློབ་མས་མཎྜལ་འབུལ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་བྱ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། སྒྲུབ་ཐབས་ ལྟར་སྒོམ་ལུང་དང་བཟླས་ལུང་འབོགས་པ་ཉིད་ཡིན་ན། ལྷ་བཞིའི་མི་གཡོ་བ་ལ་བཟླས་ལུང་འབོགས་པ་དང༌། རྗེས་གནང་ གཉིས་ཀ་ཡོད་ཅིང༌། གཞན་གསུམ་ལ་ཐུན་མོང་མ་ཡིན་པའི་བཟླས་ལུང་འབོགས་ཚུལ་ཙམ་ལས་མེད་ཀྱང༌། ཕྱིས་སྒྲུབ་ཐབས་ བརྒྱ་རྩ་རྒྱ་མཚོ་སོགས་དང་མཐུན་པའི་རྗེས་གནང་བྱེད་པ་ནི། སྙིང་པོས་དབེན་པར་ཤེས་སོ། །ཐུབ་པ་སངས་རྒྱས་ཀུན༷་འདུས་ཀྱི། ། སྒྲུབ་ཐབས་ཉམས་ལེན་རབ་དག༷འ་བ། །སྙིང༷་ནས་བཀའ་གདམས་ལ་མོས་ན། །ནན་ཏན་ཆེན་པོ༷ས་འདི་སྒྲུབས་ཤིག །བཀའ་ གདམས་ལྷ་བཞི་ལས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། རྒྱལ་བ་སྨན་གྱི་དབང་པོ་ལ། །བཏུད་ནས་དེའི་སྒྲུབ་ཐབས་ནི། །ཨ་ཏི་ཤ་ཡི་མན་ངག་བཞིན། ། མདོར་བསྡུས་ཙམ་ཞིག་གསལ་པོར་བྲི། །སྐྱབས་སེམས་སྔོན་དུ་སོང་ནས། རང་གི་སྙིང་གར་ཨ་ལས་ཟླ་བའི་ སྟེང་དུ་ༀ་སྔོན་པོའི་འོད་ཀྱི་འཕྲོ་འདུ་ལས། རང་སྐད་ཅིག་གིས་བཅོམ་ལྡན་འདས་སྨན་གྱི་ བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་སྐུ་མདོག་མཐིང་ག་རབ་ཏུ་བྱུང་བའི་ཆ་ལུགས་ཅན། ཕྱག་གཡས་ མཆོག་སྦྱིན་གྱི་མཐིལ་ན་ཨ་རུ་ར་རྒྱས་པ་འཛིན་པ། གཡོན་མཉམ་བཞག་གི་སྟེང་ན་བཻཌཱུརྱའི་ 15-1-93 ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། དར་དམར་པོས་ཆོས་གོས་རྣམ་གསུམ་གསོལ་ བ། པད་ཟླ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དཔེ་ཡོངས་སུ་རྫོགས་པའི་སྐུར་ གྱུར། ཐུགས་ཀར་ཟླ་བ་ༀ་སྔོན་པོ། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་སྤྲོས། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཡས་སུ་ཨ་ལས་བྱང་སེམས་ཟླ་བ་ལྟར་སྣང་བྱེད་ དཀར་པོ། གཡོན་དུ་མཾ་ལས་ཉི་མ་ལྟར་སྣང་བྱེད་དམར་སེར། གཉིས་ཀའང་ཐལ་མོ་སྦྱར་བ་ རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །རང་གི་སྤྱི་བོར་ༀ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུཾ། ན་མོ་ བྷ་ག་ཝ་ཏེ། བྷཻ་ཥ་ཛྱེ་གུ་རུ་བཻཌཱུརྱ། པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ ཐཱ། ༀ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མཧཱ་བྷཻ་ཥ་ཛྱེ། ས་མུད་ག་ཏེ་སྭཱཧཱ། ཞེས་པ་དང༌། ༀ་མན་ཆད་ཁོ་ན་བཟླ་བའི་ ལུགས་ཀྱང་ཡོད་དེ། འབུམ་བཟླས་པས་བསྙེན་པའོ། །འཇུག་ཏུ་ཡེ་ཤེས་པ་མདུན་དུ་བཞུགས་པར་མོས་ལ། བཟང་སྤྱོད་ནས་ འབྱུང་བའི་ཡན་ལག་བདུན་པ་བྱ། འདོད་དོན་གསོལ་བཏབ་དགེ་བ་བསྔོ། ཡིག་བརྒྱ་གཤེགས་གསོལ་རྣམས་སྤྱི་དང་མཐུན་པར་ བྱ། འདིའི་རྗེས་གནང་བྱ་ཐབས་ནི། མཎྜལ་གཅིག་ལ་ཚོམ་བུ་བདུན་གྲལ་རིམ་དུ་བཀོད། མཆོད་པ་རྒྱ་ཆེར་བཤམས། བྱིན་ རླབས་མདོ་ཆོག་བཞིན་བྱས་ཀྱང་རུང་མོད་ཀྱི། སྤྱི་དང་མཐུན་པར་བྱ། བདག་བསྐྱེད་གོང་བཞིན་སྔོན་དུ་བཏང་ནས། མཎྜལ་ བྷྲུཾ་ལས་བྱུང་བའི་གཞལ་ཡས་ཁང་གི་དབུས་སུ། ཚོམ་བུ་རྣམས་པད་ཟླའི་གདན་རེ་རེར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། བདེ་བར་གཤེགས་པ་བདུན་འཁོར་དང་བཅས་པ་ བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་མ་ཚར་གཅིག་བརྗོད། པདྨ་ཀ་མ་ལ་ཡེ་སྟྭཾ་ལན་བདུན། དབུས་སུ་ བཅོམ་ལྡན་འདས་སྨན་གྱི་བླ་ཞེས་པ་ནས། བརྒྱན་པའོ། །གཡས་ཀྱི་གདན་གསུམ་ལ་རིམ་པས། དེ་བཞིན་གཤེགས་པ་མངོན་མཁྱེན་རྒྱལ་པོ་སྐུ་མདོག་དམར་པོ་གཡས་མཆོག་སྦྱིན་དང༌། གཡོན་མཉམ་བཞག ཆོས་སྒྲགས་རྒྱ་མཚོའི་དབྱངས་སྐུ་མདོག་དམར་པོ་གཡས་མཆོག་སྦྱིན་ དང་གཡོན་མཉམ་བཞག མྱ་ངན་མེད་མཆོག་དཔལ་སྐུ་མདོག་དམར་སྐྱ་ཕྱག་གཉིས་མཉམ་ 15-1-94 བཞག གཡོན་གྱི་གདན་གསུམ་ལ་རིམ་པས། གསེར་བཟང་དྲི་མེད་སྐུ་མདོག་དཀར་སེར་ གཡས་ཆོས་འཆད། གཡོན་མཉམ་བཞག རིན་ཆེན་ཟླ་བ་སྐུ་མདོག་དམར་སེར་གཡས་ཆོས་ འཆད། གཡོན་མཉམ་བཞག མཚན་ལེགས་སྐུ་མདོག་སེར་པོ། གཡས་ཆོས་འཆད། གཡོན་ མཉམ་བཞག་མཛད་པའོ། །ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རྒྱལ་སྲིད་སྣ་བདུན། འདོད་ཡོན་སྣ་ལྔ། བཀྲ་ ཤིས་རྟགས་བརྒྱད། རྫས་བརྒྱད་སོགས་ཀྱིས་མཆོད་པའང་སྤྲོ་ན་བྱ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ཚར་གསུམ། དེ་ནས་ བཟླས་པ་ཅི་འགྲུབ་བྱའོ། །གལ་ཏེ་མདོ་ཆོག་ཡོངས་རྫོགས་ལ་བརྟེན་ནས་བསྒྲུབས་ན། བདག་བསྐྱེད་སྔོན་དུ་བཏང་ནས། རྗེས་ ཆོག་མ་གཏོགས་ཆོ་ག་ཚར་བ་ན་བཟླས་པ་གང་འགྲུབ་བྱའོ། །སློབ་མའི་བྱ་བ་ནི་ཁྲུས་བྱས་མཎྜལ་ཕུལ་ཞིང༌། བླ་མ་རྡོ་རྗེ་ འཛིན་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་གཟུང་སྟེ། སྙིང་ པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུཪྻ་འོད་ཀྱི་རྒྱལ་པོ་ཡི་ དམ་དུ་འཚལ་གྱི། སློབ་དཔོན་གྱིས་བདག་ལ་ལུང་སྩལ་དུ་གསོལ། ལན་གསུམ། བཟང་སྤྱོད་ཀྱི་ཡན་ ལག་བདུན་པ་ལན་གསུམ། སྐྱབས་སེམས་རྒྱས་པར་འབོགས་པའམ། སངས་རྒྱས་ཆོས་དང་མ་ལན་གསུམ། དེ་ནས་ འདི་སྐད་ཅེས། ཁྱེད་རང་རྣམས་ཐ་མལ་བར་གནས་པའི་སྤྱི་བོར་བཅོམ་ལྡན་འདས་སྨན་གྱི་བླ་ཞེས་ པ་ནས། བརྒྱན་པའོ། །དབུ་གཙུག་ཏུ་བླ་མའི་ངོ་བོའི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དང༌། དེའི་དབུ་གཙུག་ཏུ་མངོན་མཁྱེན་རྒྱལ་པོ་སྐུ་མདོག་དམར་པོ་ཞེས་སོགས་གཅིག་གི་དབུ་གཙུག་ཏུ་གཅིག་ རིམ་པས་གསལ་འདེབས། དེ་རྣམས་ལ་མོས་གུས་དུང་པ་བྱས་པས། དེ་བཞིན་གཤེགས་པ་མཚན་ ལེགས་འོད་དུ་ཞུ་ནས། རིན་ཆེན་ཟླ་བའི་སྐུ་ལ་ཐིམ། དེ་བཞིན་དུ་རིམ་པས་སྦྱར་ཏེ། མངོན་མཁྱེན་ རྒྱལ་པོ་འོད་དུ་ཞུ་ནས། སྨན་པའི་རྒྱལ་པོ་ལ་ཐིམ། དེའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་ བྱུང་སྟེ། སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་ སྦྱངས། ལུས་ཤེལ་གོང་གཡའ་དག་པ་བཞིན་དུ་གྱུར་པར་མོས། ཡང་སྨན་པའི་རྒྱལ་པོའི་དབུ་ 15-1-95 གཙུག་ཏུ་མངོན་མཁྱེན་རྒྱལ་པོ་གསལ་འདེབས་པ་ནས། སྡིག་སྒྲིབ་བཀྲུས་པའི་བར་གོང་བཞིན་ལན་ གཉིས་ཏེ། ཡོངས་དྲིལ་ལན་གསུམ་གྱི་མཐར། སྨན་པའི་རྒྱལ་པོ་འོད་དུ་ཞུ་ནས་ཐིམ་པ་ལས། ཁྱེད་རང་ རྣམས་བཅོམ་ལྡན་འདས་སྨན་གྱི་བླ་ཞེས་པ་ནས། བརྒྱན་པའོ། །སློབ་དཔོན་གྱི་ཐུགས་ཀའི་འོད་ ཟེར་གྱིས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་སངས་རྒྱས་སྨན་གྱི་བླའི་རྣམ་ པར་སྤྱན་དྲངས། སློབ་མའི་སྤྱི་བོ་ནས་ཞུགས། སྙིང་གའི་ༀ་སྔོན་པོ་ལ་ཐིམ། དཔྲལ་བར་ༀ་ སོགས་འབྲུ་གསུམ་བཀོད། ༀ་ཨཱཿཧཱུཾ་ཞེས་བརྗོད་བཞིན་དུ། མེ་ཏོག་སྤྱི་བོར་བཞག སྔགས་ཀྱི་བཟླས་ལུང༌། དམ་བཅའི་ལུང་ སྤྱི་དང་མཐུན་པར་སྦྱིན། སླར་ཡང་མཆོད་པ་གསར་པ་ཞིག་བཤམས་ལ། དཔོན་སློབ་རྣམས་ལྷན་ཅིག་པས་བྱིན་གྱིས་བརླབས། རབ་འབྱམས་རྒྱ་མཚོ་མའི་ཚིགས་བཅད་ཀྱིས་འབུལ། མཐར་རོལ་ཆེན་དང༌། མཆོད་པའི་སྤྲིན་གྱི་གཟུངས་བརྗོད་ནས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི་སོགས་ཀྱི་བྱིན་གྱིས་བརླབས་པའི་ལུང་བྱའོ། །སློབ་མའི་རྗེས་ཀྱི་བྱ་བ་སྤྱི་ དང་འདྲ་ཞིང༌། ཆོས་སྐྱོང་གི་གཏོར་མ་བཏང༌། ཆ་གསུམ་གྱི་གཏོར་མ་སོགས་དང༌། མདུན་བསྐྱེད་ཀྱི་རྗེས་ཀྱི་བྱ་བ་ཡང་སྤྱི་དང་ འདྲའོ། །སྨན་བླའི་སྒྲུབ་ཐབས་ཡི་གེ་ནི། །ཀུན༷་ལས་དག༷འ་ཞིང་གསལ་བ་འདི། །ཤོག་གྲངས་མང་བ་མི་ངོམ་ཀྱང༌། །སྙིང༷་པོ༷འི་ དོན་བཟང་ངོམ་དུ་རུང༌། །བཅོམ་ལྡན་འདས་སྨན་བླའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། ཀླུ་རྣམས་ཀྱི་ནི་སྟོན་པ་མཆོག །ཀླུའི་ནད་རྣམས་ཞི་མཛད་པ། །ཀླུ་དབང་རྒྱལ་པོ་ལ་བཏུད་ནས། ། ཀླུ་རྣམས་འདུལ་བའི་ཐབས་ལ་འཇུག ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཨཱདྱ་ནུཏྤནྣ་ཏྭད། ༀ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་བདུན་གྱིས་སྔོན་འགྲོ་གཏོར་མ་བཏང༌། ༀ་ཨཱཿབིགྷྣན་ཏ་ཀྲྀཏ་ཧཱུཾ་ཕཊ། ལན་བདུན་གྱིས་བགེགས་བསྐྲད། སྐྱབས་ སེམས་ཚད་མེད་བཞི་རྣམས་སྤྱི་དང་མཐུན། སྤྲོ་ན་བར་འདི་ཚོགས་ཞིང་སྤྱན་དྲངས་ནས། ཕྱག་མཆོད་ཡན་ལག་བདུན་པ་རྣམས་ བྱ་སྟེ། མདོར་བསྡུས་པའི་ཚེ། མ་བྱས་ཀྱང་རུང་ངོ༌། །ༀ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་ པདྨ། ཨ་ལས་ཟླ་བ། དེའི་སྟེང་དུ་ཧཱུཾ་སྔོན་པོའི་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་དེ་བཞིན་ གཤེགས་པ་ཀླུ་དབང་རྒྱལ་པོ་རིན་པོ་ཆེ་མི་པོགས་པའི་ཁ་དོག་ལྟ་བུ། ཞལ་རས་དཀར་ཞིང་ སྐུ་སྔོ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། ཕྱག་གཉིས་ཐུགས་ཀར་སེམས་ཅན་ 15-1-96 རྣམས་ངན་འགྲོའི་སྐྱེ་གནས་ལས་འདོན་པར་མཛད་པའི་ཕྱག་རྒྱ་མཛད་པ། མཚན་དང་དཔེ་ བྱད་ཡོངས་སུ་རྫོགས་ཤིང༌། ན་བཟའ་ཆོས་གོས་ངུར་སྨྲིག་རྣམ་གསུམ་གསོལ་བ། ཚངས་ པར་སྤྱོད་པའི་ཆ་ལུགས་ཅན། མེ་ཏོག་སྣ་ཚོགས་པའི་རྒྱབ་ཡོལ་དང༌། སྦྲུལ་མགོའི་གདེངས་ ཀ་བདུན་དང་ལྡན་པ། དེའི་མདུན་དུ་སྒྲིབ་པ་རྣམ་སེལ་དཀར་པོ་ཕྱག་གཡས་ན་རིན་པོ་ཆེའི་ མྱུ་གུ་དང༌། གཡོན་ནུ་བུམ་པ་བསྣམས་པ། གཡས་སུ་བྱམས་པ་དམར་པོ་ཀླུ་ཤིང་གི་མེ་ཏོག་ དང༌། སྤྱི་བླུགས་འཛིན་པ། རྒྱབ་ཏུ་འཇམ་དཔལ་སེར་པོ་ཨུཏྤལ་བསྣམས་པ། གཡོན་དུ་ སྤྱན་རས་གཟིགས་དཀར་པོ་པདྨ་བསྣམས་པ། དེ་ཐམས་ཅད་པད་ཟླའི་གདན་ལ་བཞུགས་ ཤིང༌། བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟ་བའོ། །གཞན་ཡང་གཡས་ཕྱོགས་སུ་བྱང་ཆུབ་ སེམས་དཔའི་དགེ་འདུན་དང༌། གཡོན་ཕྱོགས་སུ་དགྲ་བཅོམ་པའི་ཚོགས་དང༌། འོག་ཕྱོགས་ སུ་ཀླུའི་ཚོགས་དཔག་ཏུ་མེད་པ་དང་བཅས་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ པུཥྤེ་ནས། ནཻ་ཝེ་ཏེའི་བར་གྱིས་མཆོད། བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་ཀླུ་དབང་རྒྱལ་པོའི་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ བཏབ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཏདྱ་ཐཱ། ཏ་ཐཱ་ག་ཏེ་བྷ་ག་ཝན་ནཱ་ག་རཱ་ཛེ་ ཤྭ་ར་ཨ་དྷི་ཥྛ་ན་ཨ་དྷི་ཥྛ་ཏེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ། ཐུན་འཇོག་ཁར་ལྷ་སྐུ་སྟོང་པར་སྦྱངས་ཤིང་དགེ་བ་བྱང་ཆུབ་ ཏུ་བསྔོ། འདིའི་བཟླས་པ་འབུམ་ཙམ་སོང་ནས། བྲིས་སྐུ་རབ་གནས་ཅན་གྱི་དྲུང་དུ། མཆོད་པ་ལ་བརྩོན་པས་མདུན་བསྐྱེད་སྒྲུབ་ ཚུལ་གྱིས་བསྒྲུབས་ན། མཆོག་ཏུ་བྱིན་རླབས་ཆེའོ། །ཐུན་མཚམས་སུ་མདོ་སྡེ་མེ་ཏོག་བཀོད་པ་ནས་གསུངས་པའི་གཟུངས་འདོན་ ནོ། །གཏོར་མ་འབུལ་བར་འདོད་ནའང༌། འོག་ནས་འབྱུང་བ་བཞིན་བྱ། འདིའི་རྗེས་གནང་བྱ་བར་འདོད་ན། མཎྜལ་ལ་མེ་ཏོག་གིས་ཚོམ་བུ་ལྔ་བཀོད། དཀར་གཏོར་ཆ་གཉིས་བཤམས། ཆུང་བ་ དེ་ལ་ཀླུ་སྨན་བསྲེ། མཆོད་པ་རྒྱ་ཆེར་བཤམས། གོང་དུ་བསྟན་པ་ལྟར་བདག་བསྐྱེད་བཟླས་པའི་བར་སྔོན་དུ་འགྲོ་བས། མཆོད་ པ་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། མདུན་བསྐྱེད་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝ་ནས། ཛཿཧཱུཾ་བཾ་ཧོཿའི་ 15-1-97 བར་བདག་བསྐྱེད་འདྲ། ཨརྒྷཾ་ནས་ནཻ་ཝེ་ཏེའི་བར་སྤྱི་དང་མཐུན་པས་མཆོད། རོལ་མོ་སོགས་མཆོད་པ་ཐམས་ཅད་བསྔོ་ བའི་ཚེ། ༀ་སརྦ་བི་ཤྭ་དྷ་ར་པཱུ་ཛ་མེ་གྷ་སྥ་ར་ཎ་ས་མུད་དྲེ་ཧཱུཾ། ཞེས་བརྗོད། ཆོས་དབྱིངས་སྐྱེ་མེད་ ངང་ལས་ཆོས་སྐུར་བཞེངས། །གཟི་བརྗིད་རྒྱལ་པོ་ཉི་མ་འབུམ་ཤར་འདྲ། །མཚན་དང་དཔེ་ བྱད་འབར་བ་དཔལ་གྱི་སྐུ། །འགྲོ་བའི་སྡུག་བསྔལ་དུག་སེལ་མཆོག་ལ་འདུད། །ཅེས་བསྟོད། བཟླས་པ་ཅུང་ཟད་བྱ། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། གཏོར་མ་དང་པོ་ༀ་ལས་བྱུང་བའི་རིན་ པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ ཨཱཿཧཱུཾ། ལན་བདུན་གྱིས་བྱིན་གྱིས་བརླབས། སྙིང་པོ་ལན་གསུམ་གྱིས་བཅོམ་ལྡན་འདས་དང༌། ཡང་ཨ་ཀཱ་རོ་དང༌། ཁ་ འབར་མའི་སྔགས་ལན་བདུན་བརྗོད་པས་བརྟན་པར་བྱིན་གྱིས་བརླབས་ནས། ༀ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ ལན་གསུམ་གྱིས་འཁོར་ཐམས་ཅད་ལ་ཕུལ་ནས། བླ་མ་དཀོན་མཆོག་གསུམ་པོ་དང༌། །ཡི་དམ་མཁའ་ འགྲོ་རིག་པ་འཛིན། །བཅོམ་ལྡན་ཀླུ་རྒྱལ་དཀྱིལ་འཁོར་ཚོགས། །ལྷན་ཅིག་སྐྱེས་དང་བསྲུང་ བྱེད་པའི། །འཇིག་རྟེན་སྐྱོང་བ་ཐམས་ཅད་དང༌། །ལན་ཆགས་སྙིང་རྗེར་བཅས་པ་རྣམས། ། མཆོག་སྦྱིན་འདི་ཡིས་མཉེས་ཚིམ་ནས། །ཚོགས་བསོགས་བར་ཆད་ཞི་གྱུར་ཅིག །ཅེས་སོགས་ འདོད་དོན་གསོལ་བ་བཏབ། གཏོར་མ་གཙང་སར་བཏང༌། གཏོར་མ་གཉིས་པ་ལ་དམིགས་ནས། གཏོར་སྣོད་པཾ་སེར་ པོ་ལས་པདྨའི་སྣོད་དུ་ཧྲཱིཿཡིག་དཔག་ཏུ་མེད་པ་གནས་པ་སྟེང་དུ་སྤྲིན་འཁྲིགས་ནས། བདུད་ རྩིའི་ཆར་ཆེན་པོ་བབས་ནས་འདོད་དགུའི་རྒྱ་མཚོར་གྱུར། རང་གི་སྙིང་ག་ནས་འོད་འཕྲོས། ནོར་རྒྱས་སེར་པོ་སྙིང་གར་ཐལ་མོ་སྦྱར་བས། རིན་པོ་ཆེའི་སྒྲོམ་བུ་འཛིན་པ་ལ་སོགས་པ་ཀླུ་ ཐམས་ཅད་བཛྲ་ས་མཱ་ཛཿ ༀ་དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོ་ལ་ཕྱག་འཚལ་ལོ། །ནཱ་ ག་རཱ་ཛ་ས་པ་རི་ཝཱ་རེ་བྷྱཿ ཞེས་པ་ལ་ཁ་འབར་མའི་སྔགས་བཏགས་པ་ལན་བདུན་གྱིས་བསྔོས་ནས། ཡེ་དྷར་གྱི་ མཐར། སྡིག་པ་ཅི་ཡང་མི་བྱ་ཞིང༌། །ཞེས་སོགས་ཆོས་བཤད། ༀ་བཛྲ་མུཿ ཞེས་གཤེགས་སུ་གསོལ། གཏོར་མ་ དེ་ཀླུ་གནས་སར་བཏང་ངོ༌། ། 15-1-98 སློབ་མའི་བྱ་བ་ནི། སྔོན་འགྲོ་རྒྱས་པར་ནི། བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དང༌། སྐྱབས་འགྲོ་སེམས་ བསྐྱེད་རྒྱས་པར་ཕོག་པའི་རྗེས་སུ། འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་མདོར་བསྡུས་སུ་ལེན་པ་རྣམས་བྱ། བསྡུ་ན། སངས་ རྒྱས་ཆོས་དང་མ་དང༌། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། དངོས་གཞི་ལ། སློབ་དཔོན་བདག་ལ་དགོངས་ སུ་གསོལ། །བདག་ནི་ཀླུ་དབང་རྒྱལ་པོ་ཡི། །དམ་ཚིག་དངོས་གྲུབ་འཚལ་བ་སྟེ། །བདག་ལ་ གཟུངས་སྔགས་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། སྐུའི་རྗེས་གནང་དང༌། གསུང་གི་རྗེས་གནང་ སྤྱི་དང་འདྲ། ཐུགས་ཀྱི་རྗེས་གནང༌། སློབ་མའི་སྙིང་གའི་འོད་ཀྱིས་ཁམས་གསུམ་སྣོད་བཅུད་ལྷ་ལ་ བསྡུ། ལྷ་ཡང་ཧཱུཾ་ལ། དེ་ཡང་སྟོང་པར་བསྡུའོ། །སློབ་མ་དང་མདུན་བསྐྱེད་ཀྱི་རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །ཀུན༷་ ལས་ཟབ་ཅིང་ཨ་ཏི་ཤས། །དག༷འ་བར་བསྔགས་པའི་སྒྲུབ་ཐབས་འདི། །དེང་སང་སྒྲུབ་པ་དཀོན་པའི་ཕྱིར། །གཞན་ལ་ཕན་ཕྱིར་ སྙིང༷་པོ༷ར་དྲིལ། །ཀླུ་དབང་རྒྱལ་པོ་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། དེ་བཞིན་གཤེགས་པ་ཆགས་བྲལ་གྱི་རྣམ་པ་ཅན་གྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་གསུམ་པའོ། །ཞུས་དག ། ༄༅། །ༀ་སྭཱ་སྟི། འཇམ་པའི་རྡོ་རྗེ་ལ་འདུད་དེ། །དཔལ་ལྡན་འདུས་པའི་རྗེས་འབྲང་བ། །ཉུང་ངུར་མོས་པ་རྣམས་ ཀྱི་ངོར། །སྒྲུབ་ཐབས་རིམ་པ་མདོ་ཙམ་བྲི། །སྐྱབས་སེམས་སྔོན་དུ་སོང་ནས། རང་གི་སྙིང་གའི་མཾ་ལས་འོད་ཟེར་ འཕྲོས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། ན་མོ་གུ་རུ་ མཎྜ་ལེ་བྷྱཿ ཞེས་ཕྱག་བྱ། ཨརྒྷཾ་སོགས་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་ཤླཽ་ཀ་ གཅིག་གིས་རྒྱུན་བཤགས་བྱ། རྣམ་ཐར་སྒོ་གསུམ་དྲན་བཞིན་པས། ཤཱུ་ནྱ་ཏའི་སྔགས་བརྗོད། ནམ་མཁར་ༀ་ཨཱཿཧཱུཾ་ ཧོཿ དམར་པོ་གཉིས་ཀྱི་མཐའ་བརྟེན་པ་བར་དོའི་རྣམ་ཤེས་སོ། །འོག་ཏུ་རྡོ་རྗེའི་རྭ་གུར་གྱི་ དབུས་སུ། སྣ་ཚོགས་ཆུ་སྐྱེས་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང༌། དེའི་ ནང་དུ་པད་ཟླའི་གདན་ལ་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་དཀར་པོ་དཀར་ནག་དམར་ པའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་ གཡས་གཉིས་ཀྱིས་རྡོ་རྗེ་དང༌། རལ་གྲི། གཡོན་གཉིས་ཀྱིས་པདྨ་དང་འཁོར་ལོ་འཛིན་པའོ། ། 15-1-99 འདི་ནི་ཤིན་ཏུ་བསྡུས་པ་ལ་དགའ་བའི་དབང་དུ་བྱས་ཀྱི། ཤེས་ཤིང་སྤྲོ་ན་ལུགས་འདིའི་མངོན་བྱང་ལྔ་བསྐྱེད་ཉིད་བསྒོམས་ན་ ངེས་པར་ལེགས་པ་ཡིན་ནོ། །ཡབ་ཡུམ་རྗེས་སུ་ཆགས་པ་སྙོམས་པར་ཞུགས་པས། ནམ་མཁའི་ཡི་གེ་ ལྔ་པོ་ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། ཡུམ་གྱི་མཁར་བབས། ཡི་གེ་ལྔའི་འོད་ ཟེར་གྱིས་ཡབ་ཡུམ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་ཞུ། ཐིག་ལེ་ལས་ལྷ་མོ་བཞི་སྤྲོས། སེམས་ ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་ འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆི་ ཞེ་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེའི་ སྐུ་ཁྱོད་བཀའི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་ རྗེས་སུ་ཕན་འདོད་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆི་ཞེ་ན། །འདོད་ ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། ཁྱོད་ནི་རྡོ་རྗེའི་གསུང་ སྟེ་ཀུན་ལ་ཕན་ཅིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་ བརྩོན། །མགོན་པོ༴ རབ་དགའི་སྤྱོད་པ་ཀུན་ཏུ་བཟང་པོས་བདག་ལ༴ ཁྱོད་ནི་རྡོ་རྗེ་འདོད་ པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ པ་ཉིད་གཟིགས་པ། །མགོན་པོ༴ ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་ པར་མཛོད། །ཅེས་བསྐུལ་ནས་ཐིམ་པ་ལས། ཐིག་ལེ་དེ་ཉིད་མཾ་ལས་རལ་གྲི་མཾ་གྱིས་མཚན་ པར་གྱུར། དེ་ལས་དཀྱིལ་འཁོར་སྤྲོས། སེམས་ཅན་གྱི་དོན་བྱས། །སངས་རྒྱས་ཐམས་ཅད་ ཚུར་འདུས། ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འཇམ་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་ པ། རྩ་ཞལ་དང་སྐུ་ལུས་གུར་གུམ་གཞོན་ནུ་ལྟར་དམར་སེར། གཡས་སྔོ། གཡོན་དཀར་བའི་ ཞལ། ཕྱག་དང་པོ་གཉིས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རལ་གྲི་དང་ མདའ། གཡོན་གཉིས་ཨུཏྤལ་སྔོན་པོའི་སྡོང་བུ་དང༌། གཞུ་འཛིན་པ། པད་ཟླའི་གདན་ལ་རྡོ་ 15-1-100 རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང༌། ཉི་མའི་འོད་ཟེར་ འཕྲོ་བ། དར་དང་རིན་པོ་ཆེས་སྤྲས་པའོ། །ཡུམ་ཡང་ཡབ་དང་མཚུངས་པ་ལས། ལྷ་མོའི་ཆ་ བྱད་རྫོགས་ཤིང༌། པདྨའི་སྐྱིལ་ཀྲུང་གིས་འཁྱུད་པ། ཟླ་འོད་འཕྲོ་བའོ། །ༀ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ ཨཱཏྨ་ཀོ྅ཧཾ། མིག་ཏུ་ཀྵ་ལས་ས་སྙིང༌། རྣ་བར་ཛྲིཾ་ལས་ཕྱག་རྡོར། སྣར་ཁཾ་ལས་ནམ་སྙིང༌། ལྕེར་ གཾ་ལས་སྤྱན་རས་གཟིགས། དཔྲལ་བར་སྐཾ་ལས་སྒྲིབ་སེལ། ལྟེ་བར་སཾ་ལས་ཀུན་བཟང༌། དཔྲལ་བར་ༀ་ལས་སྐུ་རྡོ་རྗེ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ། སྙིང་གར་ཧཱུཾ་ལས་ཐུགས་རྡོ་ རྗེ། དེ་རྣམས་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་ སྤྱན་དྲངས། གནས་གསུམ་གྱི་རྡོ་རྗེ་གསུམ་ལ་ཐིམ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ ཨཱཏྨ་ཀོ྅ཧཾ། ༀ༴ ཝཀ༴ ༀ༴ ཙིཏྟ༴ ཧཾ། རང་གི་སྙིང་གར་རང་དང་འདྲ་བའི་ཡེ་ཤེས་སེམས་ དཔའ། དེའི་ཐུགས་ཀར་རལ་གྲིའི་ཡུ་བར་མཾ་གྱིས་མཚན་པ་ནི་ཏིང་ངེ་འཛིན་སེམས་དཔའོ། ། དེའི་འོད་ཟེར་གྱིས་དབང་གི་ལྷ་སྤྱན་དྲངས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས་ཀྱིས་ གསོལ་བ་བཏབ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། སོགས་ཀྱིས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན། དམིགས་པ་གསལ་ན་སྐྱེ་མཆེད་དང་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ལའང་རང་རང་གི་རིགས་བདག་གིས་དབུ་བརྒྱན་པར་མོས། ཡུམ་གྱི་སྤྱི་བོར་ༀ་དཀར་པོ། སྙིང་གར་ཧཱུཾ་སྔོན་པོ། ལྟེ་བར་སྭཱ་སེར་པོ། གསང་བ་ཨཱཿདམར་ པོ། བརླ་གཉིས་ལ་ཧ་ལྗང་ཁུ་རྣམས་དེ་བཞིན་གཤེགས་པ་ལྔའི་ངོ་བོ་གྱུར། དེ་རྣམས་ཀྱི་འོད་ ཟེར་གྱིས་ཡུམ་གྱི་སྐུ་གང༌། ཧཱུཾ་ལས་བྱུང་བའི་རྡོ་རྗེ་དང༌། ཨ་ལས་བྱུང་བའི་པདྨ། ༀ་སརྦ་ཏ་ ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་རྗེས་སུ་ཆགས་པས་སྙོམས་པར་ཞུགས། ཡང་སངས་རྒྱས་ཐམས་ཅད་འདོད་པའི་ཡོན་ཏན་དང་བཅས་པ་ཡབ་ཀྱི་སྐུ་ལ་བཅུག མཁའ་ ནང་དུ་སྤྲོས་པ་ལྷ་མོ་བཅུར་གྱུར། ཕྱིར་སྤྲོས་ནས་བདག་ཉིད་ལ་མཆོད་པར་གྱུར། ༀ་སརྦ་ཏ་ ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མཆོག་སྦྱིན་རྡོ་རྗེ་མཆོད་ཁྱོད་འདུད། །སོགས་འདུད་ཉི་ཤུ་ 15-1-101 རྩ་གཅིག་གིས་བསྟོད། ནང་མཆོད། ༀ་ཨཱ་བིགྷ་ནནྟཱ་ཀྲྀ་ཏ་ཧཱུཾ་གིས་བསངས། སྭ་བྷཱ་ཝས་སྦྱངས། ཨ་ལས་ཀ་པཱ་ ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བི་ར་མ་མུ་ཤུ་ལས་བདུད་རྩི་ལྔ། གོ་ཀུ་ད་ཧ་ན་ལས་ཤ་ལྔ་ རྣམས་བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་གིས་མཚན་པ། སྦྱངས་རྟོགས་སྦར་བས་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ ཨཱཿཧཱུཾ་སླར་ཡང་འབྲུ་གསུམ་གྱིས་མྱངས་ཏེ། ཕྱི་ནང་གི་ལྷ་རྣམས་མཉེས་པར་བསམ། དེ་ནས་བཟླས་པའི་དམིགས་པ་གསལ་ བཏབ་ལ། ༀ་ཨཱ་མཾ་ཧཱུཾ་ཞེས་ཅི་ནུས་སུ་བཟླས། མཐར་ལྷ་སྐུ་འོད་གསལ་དུ་བསྡུས་ཏེ་ཅུང་ཟད་མཉམ་པར་གཞག དེ་ལས་ ཕྱག་གཉིས་པའི་སྐུར་ལངས། གནས་གསུམ་དང་སྐྱེ་མཆེད་བྱིན་གྱིས་བརླབ་པ་དྲན་ཙམ་བྱས་ཏེ། དགེ་བ་བསྔོ། གཏོར་མ་འབུལ་ བར་འདོད་ན། ནང་མཆོད་ལྟར་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། འཇམ་པའི་རྡོ་རྗེ་ འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་གྱིས་མཆོད་ཡོན་ཕུལ། ༀ་ཨཱཿམཉྫུ་བཛྲ་པཉྩ་ཨ་མྲྀ་ཏ་ཧཱུཾ་ ཞེས་ལན་ལྔའམ་བདུན་གྱིས་ཕུལ། ཨ་ཀཱ་རོ་ལན་གསུམ་གྱིས་ཕྱོགས་སྐྱོང་སོགས་ལ་ཕུལ་བར་མོས། ཉེར་སྤྱོད་ལྔས་མཆོད། གོང་བཞིན་བསྟོད། འདོད་དོན་གསོལ་བ་གདབ་པ་སོགས་སྤྱི་དང་འདྲ། སྒྲུབ་པའི་ཐབས་འདི་ལག་ལེན་གྱི་ཁྱད་མ་གཏོགས། སྒྲུབ་ཐབས་རྒྱ་མཚོའི་ཀུན་ལས་བཏུས་པའི་ནང་ན་བཞུགས་པ་ཉིད་ཡིན་ལ། དེའི་ཕྱིར་རྗེས་གནང་ཡང་དེ་ཉིད་ཁོ་ནས་ཆོག་གོ ། འོན་ཀྱང་གལ་ཆེ་ཞིང་ཉེ་བར་མཁོ་བའི་ཕྱིར་དང༌། སྒྲུབ་ཐབས་རྒྱ་མཚོའི་ལག་ལེན་དུ་གྲགས་པའི་བོད་ཀྱི་ཡིག་ཆ་རྣམས་ན། སྐུའི་རྣམ་པ་དང༌། སྙིང་པོའི་སྔགས་ཀྱི་ཁྱད་པར་ཙམ་བཀོད་པ་མ་གཏོགས། མངོན་རྟོགས་ཀྱི་ཆིངས་རྒྱ་གཞུང་དང་མཐུན་པར་ སྦྱར་བ་མེད་པས། འདིར་རང་གཞུང་དང་མཐུན་པར་བཀོད་པ་ཡིན་ནོ། །ཀུན༷་ཏུ་བཟང་མོ་ལས་བཏུས་པའི། །རབ་དག༷འ་སྒྲུབ་ ཐབས་བཞིན་དུ་བཀོད། །འདིར་ནི་སྙིང༷་པོ༷་ཙམ་བསྡུས་ཀྱི། །རྒྱས་པར་སྤྲོ་ན་གཞན་དུ་ལྟོས། །གསང་བ་འདུས་པ་ལས་འབྱུང་བ་ འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། ། ༄༅། །ༀ་སྭཱ་སྟི། དཔལ་ལྡན་བདེ་ཆེན་མགོན་པོ་ལ། །གུས་པས་བཏུད་ནས་དེའི་སྒྲུབ་ཐབས། །སྒེག་པའི་རྡོ་རྗེའི་ གཞུང་བཞིན་དུ། །མདོ་ཙམ་བདག་གིས་བཤད་པར་བྱ། །སྐྱབས་སེམས་བསོད་ནམས་ཚོགས་བསོག་སོགས་སྤྱི་དང་མཐུན། བསྲུང་འཁོར་ཆོས་འབྱུང༌། པད་ཉི། སྣ་ཚོགས་རྡོ་རྗེ་གཞལ་ཡས་ཁང་དང་བཅས་པའི་དབུས་ སུ་དབྱངས་བཅུ་དྲུག་ཉིས་འགྱུར་ལས་ཟླ་བ། གསལ་བྱེད་སོ་བཞི་ཉིས་འགྱུར། དབྱངས་བཅུ་ 15-1-102 གཉིས་དང་བཅས་པ་ལས་ཉི་མ། དབུས་སུ་ཧཱུཾ་ཡིག་དང་བཅས་པའི་འཕྲོ་འདུ་གཅིག་ཏུ་གྱུར་ པ་ལས་རྡོ་རྗེ་འཆང་ཆེན་པོ་མཐིང་ག །ནག་དཀར་དམར་བའི་ཞལ་གསུམ། དང་པོ་གཉིས་ རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རང་དང་འདྲ་བ་ལ་འཁྱུད་ པ། ལྷག་མ་གཡས་གཉིས་འཁོར་ལོ་དང་པདྨ། གཡོན་གཉིས་རིན་པོ་ཆེ་དང་རལ་གྲི་འཛིན་ པ། རྡོ་རྗེ་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེས་བརྒྱན་པ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱིས། ༀ་ཨཱཿཧཱུཾ་ཞེས་གསུངས་ཤིང༌། དབང་བསྐུར་རྡོ་རྗེ་ཆེན་པོ་ནས། དབུ་བརྒྱན། རྗེས་སུ་ཆགས་ པ་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རང་བཞིན་གྱི་གནས་ན་བཞུགས་པའི་ལྷ་མོ་སྤྱན་མ་ ལ་སོགས་པ་རྣམས་ཀྱིས་སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག ཞེས་སོགས་ཤླཽ་ཀ་བཞིའམ། ༀ་མཧཱ་སུ་ཁཾ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ སུ་ར་ཏ་སྟྭཾ་དྲྀ་ཤྱ་ཧོཿ ཞེས་བསྐུལ་བས། སྔོན་བཞིན་དུ་ བཞུགས་པར་གྱུར། སྙིང་གར་ཟླ་བ་ལ་ཧཱུཾ། མགྲིན་པར་པདྨ་ལ་ཨཱཿ སྤྱི་བོར་འཁོར་ལོ་ལ་ༀ་ རྣམས་ཐུགས་གསུང་སྐུ་རྡོ་རྗེའི་རང་བཞིན། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སྤྱན་དྲངས། གནས་གསུམ་དུ་ཐིམ། ༀ་སརྦ་ ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་དུ་ཝཀ་ཀཱ་ཡ་ཞེས་འདོན་པ་སྤོ། ཕྱོགས་བཅུར་ བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་ གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་གསུང་སྐུར་མཛད་གསོལ། །ཅེས་བསྐུལ། རྗེས་ཆགས་ཀྱི་བདེ་བ་ བསྒོམ་ཞིང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་བཟླས་པའི་དམིགས་པ་ གསལ་བཏབ་ལ། ༀ་ཨཱཿབཛྲ་དྷྲིཀ་ཧཱུཾ་ཧཱུཾ་སྭཱཧཱ། ཞེས་པ་གཙོ་བོར་བཟླ་ཞིང༌། དེའི་བཅུ་ཆ། ༀ་ཨཱཿབཛྲ་དྷ་ཏྭཱི་ཤྭ་ རི་ཧཱུཾ་སྭཱཧཱ། ཞེས་པ་བཟླའོ། །ཐུན་གྱི་མཐར། སྣོད་བཅུད་ཐམས་ཅད་འོད་གསལ་དུ་བསྡུས་ནས། མཉམ་ པར་བཞག །གཏོར་མའང་བླ་མེད་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ནས་སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་འབུལ་ 15-1-103 ལོ། ། འདིའི་སློབ་མ་རྗེས་འཛིན་ནི། རྗེས་གནང་སྤྱི་དང་འདྲ་བ་ཁོ་ན་ཡིན་ནོ། །ཀུན༷་ནས་རྙེད་དཀའ་ཆེས་ཐོབ་པ། །དག༷འ་ཆེན་ གསང་བ་འདུས་པའི་ལམ། །བསྐྱེད་རིམ་སྙིང༷་པོ༷འི་སྒྲུབ་ཐབས་འདི། །ཉེར་མཁོར་མཐོང་ནས་གསལ་བར་བྲིས། །འདི་འཕགས་ སྐོར་དང་མཐུན་ཤས་ཆེ་ཡང༌། སྒེག་པའི་རྡོ་རྗེའི་ལུགས་ཡིན་པར་ཤེས་པར་བྱའོ། །གསང་བ་འདུས་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། དཔལ་ལྡན་བདེ་ཆེན་མགོན་པོ་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་འདུད། །སྒྱུ་འཕྲུལ་ཆེན་པོའི་ རིམ་ལས་འོངས། །དྲན་པ་གཅིག་པ་བཤད་པར་བྱ། །གྲུབ་པའི་སློབ་དཔོན་བྱ་ད་ལིས་མཛད་པའི་མཧཱ་མཱ་ཡའི་སྒྲུབ་ཐབས་དྲན་ པ་གཅིག་པ་སྒོམ་པར་འདོད་ན། རང་གི་སྙིང་གའི་ཧྲཱིཿའི་འོད་ཀྱིས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ ལོ་མདུན་གྱི་ནམ་མཁར་ཕེཾ། ཞེས་སྤྱན་དྲངས། ཡིད་ཀྱི་སྤྲུལ་པའི་ཕྱི་ནང་གསང་བའི་མཆོད་པས་མཆོད་པར་གྱུར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པ་ཚར་གསུམ་བྱ། ཤཱུ་ནྱ་ཏའི་སྔགས་ དོན་བསམ། ཧཱུཾ་ཡིག་ལས་རང་གི་མདུན་དུ་སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པ་པདྨ་དང༌། ཟླ་བ་ དམར་སྐྱའི་གདན་ལ། ཧྲཱིཿལས་དཔལ་སྒྱུ་འཕྲུལ་ཆེན་མོ་སྐུ་མདོག་སྔོན་མོ་ཞལ་བཞི་སྔོ་སེར་ དམར་ལྗང་བ། ཕྱག་དང་པོ་གཉིས་ཀྱིས་ཐོད་པ་དང༌། ཁ་ཊྭཱཾ་ག་འཛིན་པས་ཡུམ་ལ་འཁྱུད་ པ། འོག་མ་གཉིས་ཀྱིས་མདའ་གཞུ་འཕྱར་བ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་ པའི་གར་སྟབས་ཀྱིས་བཞུགས་པ། མི་ལྤགས་ཀྱི་སྟོད་གཡོགས་འཕྱར་བ། ཡུམ་སངས་རྒྱས་ མཁའ་འགྲོ་མ་དམར་མོ་རང་མཚུངས་དང་མཉམ་པར་སྦྱོར་བ། ཐོད་སྐམ་གྱི་དབུ་རྒྱན། མགོ་ ཕྲེང་ཕྱག་རྒྱ་ལྔའི་རྒྱན་དང་བཅས་པ། དེ་ལ་ཡིད་ཀྱིས་མཆོད་པ་ཕུལ། དེ་ཉིད་རང་གི་སྙིང་ ནང་དུ་ཐིམ་པས། རང་ཉིད་ཧེ་རུ་ཀའི་སྐུ་སྔ་མ་བཞིན་དུ་གྱུར་པ་ལ། སྤྲོ་ན་གོ་ཆའི་ཡི་གེ་རྣམས་དགོད་དེ། མགྲིན་པར་ཨཱཿ རྣ་བ་གཉིས་ལ་ཨ། མིག་ལ་ༀ་རྣམས་དམར་པོ། སྣ་ལ་ཁ་དཀར་པོ། དཔྲལ་ བར་ཙི་སེར་པོ། སྙིང་གར་ར་དམར་པོའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། 15-1-104 ༀ་ཨཱཿཧྲཱིཿཧཱུཾ། ༀ་ཨཱཿཨཾ་ཧཱུཾ། ཞེས་བཟླས་པ་ཅི་ནུས་བྱའོ། །རྫོགས་པའི་རིམ་པ་ཡང་ཅི་ནུས་སུ་བསྒོམ་སྟེ་བདེ་ཆེན་མྱུར་ སྒྲུབ་ཏུ་བཤད་ཟིན་ཏོ། ། གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཡེ་ཤེས་པ་སྐད་ཅིག་གིས་མདུན་དུ་བྱོན་པ་ལ། ༀ་ ཨ་གུ་ཧྱ་ཨཱ་བྷ་ཀྵ་བྷཀྵཻ་ཧཱུཾ། ཞེས་ལན་བདུན་གྱིས་ཕུལ། དེ་རང་ལ་བསྟིམ། བྱིན་རླབས་ནི། ཆོས་འབྱུང་དམར་པོ། གྲུ་ གསུམ་གྱི་དབུས་སུ། ཐིག་ལེ་དཀར་པོ་ཡོད་པ་ཞིག་བྲི། མཆོད་པ་དང་གཏོར་མ་བཤམས། མངོན་རྟོགས་བསྒོམས་ནས་གཏོར་ མ་གོང་བཞིན་འབུལ། མཆོད་པའང་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཡིད་ཀྱིས་འབུལ། སློབ་མས་མཎྜལ་བྱས་ནས། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆང་རབ་ ཏུ་གསོལ་མཛད་པའི། །ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད། །བདག་ལ་བྱིན་གྱིས་བརླབ་ཏུ་ གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། སྒྲུབ་ཐབས་ཀྱི་དམིགས་པ་ཕོག་ནས། སྔགས་བཟླར་བཅུག །བུམ་དབང་ ངོ༌། ཞེས་བརྡ་སྤྲད། སྙིང་གར་ཉི་ཟླ་ཁ་སྦྱོར་རྒྱ་སྲན་ཙམ་པའི་དབུས་སུ། ཐིག་ལེ་ཡུངས་འབྲུ་ཙམ་ ལ་སེམས་གཏོད་དུ་གཞུག བརྗོད་བྲལ་གྱི་ཉམས་མྱོང་ངོ་སྤྲད་ལ་གསང་དབང་ངོ༌། །ཞེས་བརྗོད། ལྟེ་བའི་ཨ་ཡིག་འབར་བའི། སྤྱི་བོའི་ཧཾ་ཞུ་བར་དམིགས་ལ་རླུང་བཟུང་དུ་བཅུག ཐུར་སེལ་ བསྡམས་པས་བདེ་སྟོང་གི་ཉམས་སྐྱེས་པར་བསམ། ཤེར་དབང་ངོ༌། །ཆོས་འབྱུང་ནི་དབྱིངས་ སྤྲོས་བྲལ། ཐིག་ལེ་ནི་རིག་པ་བདེ་བ་ཆེན་པོའི་བརྡའོ་ཞེས་དབང་བཞི་པའོ། །འདི་ལ་རྗེས་ཆོག་མི་ དགོས། རབ་ཟབ་མཧཱ་མཱ་ཡའི་གཞུང༌། །ཀུན༷་གྱི་ཟབ་དོན་དག༷འ་བས་ཞུས། ཡང་སྙིང༷་ལེན་ཚུལ་འདི་འདྲ་བ། །གཞན་ལ་ཡོད་ མེད་གསལ་པོ༷ར་སྨྲོས། །མཧཱ་མཱ་ཡ་གཙོ་རྐྱང་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ན་མོ་བཛྲ་དྷ་རཱ་ཡ། གང་ཞིག་ཚུལ་འདིར་འཇུག་བྱེད་པ། །དེ་ལ་ལྷན་སྐྱེས་བདེ་ཆེན་པོ། །ཅི་ཡང་ འབར་བར་འགྱུར་བས་ཏེ། །དེ་ཕྱིར་ལྷན་སྐྱེས་སྒྲུབ་ཐབས་སོ། །འདིར་བདེ་མཆོག་ལྷན་སྐྱེས་སྒོམ་པར་འདོད་པས། སྐྱབས་ སེམས་ཚད་མེད་སྔོན་དུ་འགྲོ་བར་བྱ། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་རང་ སེམས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རང་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ 15-1-105 ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་ གཡོན་བསྐུམས་པས་འཇིགས་བྱེད་དང༌། གཡས་བརྐྱང་བས་དུས་མཚན་མ་མནན་པ། རལ་ པའི་ཐོར་ཚུགས་དང༌། ཡིད་བཞིན་གྱི་ནོར་བུ་དང༌། ཟླ་བ་ཕྱེད་པ་དང༌། སྣ་ཚོགས་རྡོ་རྗེས་ བརྒྱན་པ། ཕྱག་རྒྱ་དྲུག་དང༌། མགོ་འཕྲེང་དང༌། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གར་གྱི་ ཉམས་དགུ་དང་ལྡན་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ། གྲི་གུག་དང་ཐོད་པ་འཛིན་པ། སྐྲ་ གྲོལ་ཞིང་ཕྱག་རྒྱ་ལྔ་དང༌། ཐོད་པ་སྐམ་པོའི་འཕྲེང་བ་ཅན། ཞབས་གཡོན་བརྐྱང་བའི་སྟབས་ ཅན་གྱི་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཡབ་ལ་མི་བསྐྱོད་པ་དང༌། ཡུམ་ལ་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་གི་འོད་ཀྱིས་སངས་རྒྱས་ཐམས་ཅད་བདེ་མཆོག་ཡབ་ ཡུམ་གྱི་རྣམ་པར་ཕཻཾ། ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ༀ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། བཟླས་ པས་དམིགས་པ་གསལ་བཏབ་ལ། ༀ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་བཟླའོ། །གལ་ཏེ་ཤིན་ཏུ་བསྡུས་པ་ཉམས་སུ་ལེན་པར་ འདོད་ན། སྐད་ཅིག་གིས་བསྐྱེད་ཅིང་གནས་གསུམ་བྱིན་རླབས་མན་ཆད་མི་དགོས་ལ། བཟླས་པའི་མཐར་རྗེས་གཞིག་གི་རིམ་ པས་འོད་གསལ་དུ་བསྡུའོ། །ཐུན་མཚམས་སུ་དགེ་བའི་རྩ་བ་བྱང་ཆུབ་དུ་བསྔོ། གཏོར་མ་སུམ་བྷས་བསངས། སྭ་བྷཱ་ཝས་ སྦྱངས། ཨ་ལས་ཀ་པཱ་ལའི་ནང་དུ་འབྲུ་གསུམ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། ཡེ་ཤེས་ཀྱི་འཁོར་ལོ་ཕཻཾ། ཞེས་མདུན་གྱི་ནམ་མཁར་ སྤྱན་དྲངས། ༀ་ཨ་རལླི་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ༀ་ཨཱཿཧཱུཾ། ཞེས་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་འདོད་དོན་གསོལ་བ་གདབ། ཧེ་རུ་ ཀའི་ཡིག་བརྒྱ་ལན་གསུམ་བརྗོད། མ་འབྱོར་བ་དང་སོགས་ཀྱི་མཐར། བཛྲ་མུཿ ཞེས་གཤེགས་སུ་གསོལ་བའམ། ཡོ་ 15-1-106 ག་ཤུདྡྷོའི་སྔགས་ཀྱིས་རང་ཉིད་ལ་བསྟིམ་པ་གང་རུང་བྱས། སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བརྗོད་དོ། ། འདིའི་བྱིན་བརླབ་ནི། ཚེས་བཅུ་ལ་མཎྜལ་པདྨ་འདབ་བཞི་ཉི་གདན་ལ་ཚོམ་བུ་སྔོན་པོ་ཅན། མདུན་དུ་མཆོད་གཏོར་ བཟང་བ་དང་བཅས་པ། སློབ་དཔོན་གྱི་མདུན་དུ་བུམ་པ་བཅའ། ཚོགས་འཁོར་སོགས་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་ བྱས། མཁའ་འགྲོ་སྤྱི་གཏོར་གྱི་སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་བྱ། བདག་བསྐྱེད་བཟླས་པའི་བར་གོང་བཞིན་ བསྒོམས་ནས། མདུན་བསྐྱེད་དང་བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་མཎྜལ་གྱི་དབུས་དང་བུམ་པའི་ ནང་དུ། པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཞེས་པ་ནས། བཟླས་པའི་བར་བདག་བསྐྱེད་བཞིན་གཉིས་ཀ་ལ་དམིགས་ ནས་བཟླས་པ་ཅི་འགྲུབ་བྱ། གོང་བཞིན་གཏོར་མ་ཕུལ། འཇིག་རྟེན་པ་ལ་མཁའ་འགྲོ་སྤྱི་གཏོར་གྱི་གཏོར་མ་བཏང༌། བར་འདིར་ ལྷག་གཏོར་ལ་ཐུག་གི་བར་ཚོགས་མཆོད་རྣམས་རྒྱས་པར་བྱ། ཚོགས་མཆོད་ཡེ་མ་གྲུབ་ན་ཡིད་ཀྱིས་ཀྱང་རུང༌། སློབ་མས་མཎྜལ་ ཕུལ། ཀུན་མཁྱེན་ཡེ་ཤེས་སོགས་ཀྱིས་གསོལ་བཏབ་དང༌། དཀོན་མཆོག་གསུམ་ལ་སོགས་རྒྱུན་བཤགས་བྱ། མདུན་བསྐྱེད་དང་སློབ་དཔོན་དབྱེར་མ་མཆིས་པ་འཁོར་ལོ་བདེ་མཆོག་ནས། དབུ་རྒྱན་གྱིས་ བར་བདག་བསྐྱེད་བཞིན་གསལ་འདེབས་སུ་འཇུག །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །ལུས་ཀྱི་དྲི་མ་སྦྱང་བ་དང༌། །དེ་ཉིད་བདེ་ཆེན་ བདག་ལ་སྩོལ། །ཞེས་རྗེས་ཟློས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་སློབ་དཔོན་གྱི་གནས་གསུམ་དང༌། སློབ་ མའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་སྒོམ་དུ་བཅུག་ལ། བླ་མའི་དཔྲལ་བའི་ༀ་ལས་སངས་རྒྱས་ཐམས་ ཅད་ཀྱི་སྐུའི་ངོ་བོ་ༀ་དཀར་པོ་དཔག་ཏུ་མེད་པ་བྱུང༌། སློབ་མའི་དཔྲལ་བའི་ༀ་ལ་ཐིམ་པས། བུམ་དབང་ཐོབ། ལུས་ཀྱི་དྲི་མ་དག་པར་མོས་ཤིག ཅེས་བརྗོད་ལ། བུམ་པ་སྤྱི་བོར་བཞག བུམ་ཆུ་ཀུ་ ཤས་དཔྲལ་བར་གཏོར་རོ། །ༀ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱི་མགྲིན་པ་ཡན་ཆད་གང་བར་མོས། སངས་རྒྱས་ཀུན་གྱི་རང་བཞིན་གསུང་ཞེས་དང༌། ངག་གི་དྲི་མ་སྦྱངས་བ་དང་ཞེས་འདོན་པ་སྤོས་ལ་ གསོལ་བ་བཏབ། སློབ་དཔོན་གྱི་མགྲིན་པའི་ཨཱཿལས། ཨཱཿསྤྲོས་ཏེ། སློབ་མའི་མགྲིན་པའི་ཨཱཿལ་ བསྟིམ། གསང་དབང་ཐོབ། ངག་གི་དྲི་མ་དག བུམ་ཆུ་མགྲིན་པར་གཏོར། སྙིང་ཁ་ཡན་ཆད་ 15-1-107 གང་བར་མོས། དེ་བཞིན་དུ། རང་བཞིན་ཐུགས་དང་ཡིད་ཀྱིས་དྲི་མ་ཞེས་འདོད་པ་སྤོས། སློབ་དཔོན་ གྱི་ཐུགས་ཀའི་ཧཱུཾ་ལས་ཧཱུཾ་སྤྲོས་ཏེ། སློབ་མའི་སྙིང་གའི་ཧཱུཾ་ལ་བསྟིམ། ཤེར་དབང༌། ཡིད་ཀྱི་ དྲི་མ་དག བུམ་ཆུ་སྙིང་གར་གཏོར། ལྟེ་བ་ཡན་ཆད་གང་བར་མོས། སངས་རྒྱས་ཀུན་གྱི་སྐུ་ གསུང་ཐུགས་ཞེས་དང༌། སྒོ་གསུམ་དྲི་མ་ཞེས་འདོད་པ་སྤོས་ལ་གསོལ་བཏབ། སློབ་དཔོན་གྱི་ཡི་གེ་འབྲུ་ གསུམ་ལས། འབྲུ་གསུམ་ཆར་བྱུང༌། སློབ་མའི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །བུམ་ཆུ་གནས་གསུམ་ཆར་དུ་གཏོར་ལ་ འཐུང་དུ་གཞུག རྐང་མཐིལ་ཡན་ཆད་གང་བར་མོས། མངོན་རྟོགས་ཀྱི་དམིགས་པ་ཕོག སྔགས་ཀྱི་བཟླས་ ལུང་སྤྱི་དང་མཐུན་པར་སྦྱིན་ནོ། །རྗེས་གཙོ་བོས་ཇི་ལྟར་སོགས་དང༌། མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས་ སློབ་མའི་རྗེས་ཀྱི་བྱ་བ་དང༌། མཆོད་པ་ཁ་གསོས། བྱིན་གྱིས་བརླབས། མཆོད་བསྟོད། དངོས་གྲུབ་བླངས། ཡིག་བརྒྱ། བཟོད་ གསོལ། གཤེགས་གསོལ། སྨོན་ལམ་བཀྲ་ཤིས་རྣམས་ཏེ་རྗེས་ཀྱི་བྱ་བ་ཡང་སྤྱི་དང་འདྲ་བ་ཡིན་ནོ། །ཡི་དམ་ཀུན༷་ལས་ཆེས་ལྷག་ པའི། །སྒྲུབ་ཐབས་ལྷན་སྐྱེས་དག༷འ་བསྐྱེད་པ། །སྔོན་བྱོན་རྣམས་ཀྱིས་རྒྱས་བཤད་མོད། །འདིར་ནི་ངག་འདོན་སྙིང༷་པོ༷ར་བཀོལ། ། འདིའི་ཉམས་ལེན་བསྡུས་པ་སྐད་ཅིག་གིས་བསྐྱེད་པ་ནི། དྲིལ་བུ་གཞུང་ཆུང་དང༌། ཨ་བྷྱ་ཀ་ར་སོགས་ཀྱིས་དགོངས་པ་ཡིན་ ལ། ཡན་ལག་བཞི་བསྐྱེད་ནི་དགའ་རབ་རྡོ་རྗེའི་ལུགས་ཡིན་གསུང་ཞིང༌། སློབ་དཔོན་གཞན་མང་པོ་ཞིག་གི་གཞུང་ལ་ཡང་འདི་ བཞིན་དུ་སྣང་ངོ༌། །ཞེས་པ་འཁོར་ལོ་བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བསྟན་པའི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། ཧེ་རུ་ཀ་དཔལ་ལ་བཏུད་ནས། །ཆོ་གའི་དཔའ་བོ་དྲུག་པོ་ཡི། །བྱིན་རླབས་བྱེད་ཚུལ་སྙིང་པོ་ ཙམ། །བརྩེ་བའི་སེམས་ཀྱིས་བྲི་བར་བྱ། །མཎྜལ་པདྨ་འདབ་ལྔ་ལ། ལྷའི་སྐུ་མདོག་དང་མཐུན་པའི་ཚོམ་བུ་བཀོད། མཉྫིའི་ སྟེང་དུ། ཐོད་པ་ནང་མཆོད་དང་བཅས་པ་བཤམ། མཐའ་མཆོད་གཏོར་གྱིས་བསྐོར་བར་བདེ་མཆོག་བཞིན་སྔོན་འགྲོ་གཏོར་མ་ བཏང༌། གནས་དང་ཡོ་བྱད་བྱིན་གྱིས་བརླབས། ལཱུ་ནག་ལྟ་བུ་བདེ་མཆོག་གི་མངོན་རྟོགས་མཚན་ཉིད་ཚང་བ་ཞིག་རྫོགས་པར་ བསྒོམ། མདུན་བསྐྱེད་སུམ་བྷས་བསངས། སྭ་བྷཱ་ཝས་སྦྱངས། ཐོད་པ་དང་མཎྜལ་གྱི་གནས་སུ་སྟོང་པའི་ ངང་ལས། ཧཱུཾ་ལས་བྱུང་བའི་བསྲུང་འཁོར་གྱི་དབུས་སུ། པཾ་ལས་པདྨ་འདབ་ལྔ་ལྟེ་བ་ལ། ༀ་ 15-1-108 ཧ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་ གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ལྷག་མ་གཡོན་གཉིས་ཀྱིས་ཐོད་པ་ བདུད་རྩིས་གང་བ་དང་ཁ་ཊྭཱཾ་ག གཡས་གཉིས་ཀྱིས་ཅང་ཏེའུ་དང་ཚངས་པའི་མགོ་བོ་འཛིན་ པ། མི་ལྤགས་ཀྱི་སྟོད་གཡོགས་ཅན་ཟླ་བ་ལ་གནས་པ། མདུན་ནས་བརྩམས་ཏེ་འདབ་མ་ རྣམས་ལ་གཡོན་བསྐོར་གྱིས། ན་མ་ཧི་ལས་རྣམ་པར་སྣང་མཛད་སེར་པོ། འཁོར་ལོ་འཛིན་ པ། སྭཱཧཱ་ཧུ་ལས་པདྨ་གར་དབང་དམར་པོ་པདྨ། བཽ་ཥཊ་ཧེ་ལས་དཔལ་ཧེ་རུ་ཀ་ནག་པོ་རྡོ་རྗེ། ཧཱུཾ་ཧཱུཾ་ཧོ་ལས་རྡོ་རྗེ་ཉི་མ་དམར་སེར་རིན་པོ་ཆེ། ཕཊ་ཧཾ་ལས་རྟ་མཆོག་ལྗང་ཁུ་རལ་གྲི་འཛིན་ པ། དེ་རྣམས་ཕྱག་དང་པོ་གཉིས་ཀྱིས་རང་རྟགས་དང༌། དྲིལ་བུ་ཐུགས་ཀར་བསྣོལ་བ། འོག་ མ་གཉིས་ཀྱིས་གཡས་ཌ་མ་རུ་དང༌། གཡོན་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཉི་མའི་གདན་ལ་ གནས་པ། གཙོ་འཁོར་ཐམས་ཅད་ཀྱང་གཡས་བརྐྱང་གི་སྟབས་ཀྱིས་ཡི་དྭགས་ཀྱི་གདན་ལ་ བཞུགས་ཤིང༌། སྟག་ལྤགས་དང༌། རལ་པའི་ཐོར་ཚུགས་དང༌། ཕྱག་དྲུག་སོགས་དཔལ་ཧེ་ རུ་ཀ་ཉིད་དང་མཚུངས་པའོ། །གནས་གསུམ་བྱིན་གྱིས་བརླབས། ཕཻཾ། ཞེས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ ཧོཿས་བསྟིམ། ཡོ་ག་ཤུདྡྷོས་ང་རྒྱལ་བཟུང༌། དབང་བསྐུར་རྒྱས་བཏབ་མི་དགོས། ཕྱི་མཆོད། ནང་མཆོད། གསང་མཆོད། ཡིད་མཆོད་རྣམས་ཕུལ། རྡོ་རྗེ་སེམས་དཔའ་ཧེ་རུ་ཀ །སྣང་མཛད་རྡོ་རྗེ་ཉི་མ་དང༌། །གར་དབང་རྡོ་ རྗེ་རྟ་རྒྱལ་པོ། །རིགས་དྲུག་འཁོར་ལོས་བསྒྱུར་བ་ནི། །ཀུན་ཏུ་བསྲུང་དང་བྱིན་རླབས་དང༌། ། རྒྱལ་བ་སྲས་དང་བཅས་རྣམས་ཀྱི། །སྐུ་ལ་ཞུགས་ནས་ཕྲིན་ལས་མཛད། །གོ་ཆའི་ལྷ་ཚོགས་ རྣམས་ལ་འདུད། །ཅེས་པས་བསྟོད། ༀ་ཧ། ན་མ་ཧི། སྭཱཧཱ་ཧུ། བཽ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ་ཧཾ། ཞེས་ ཅི་ནུས་བྱ། གཏོར་མ་མངོན་རྟོགས་ལྟར་བྱིན་གྱིས་བརླབས། ཕཻཾ་ནས་དྲྀ་ཤྱ་ཧོཿལ་གོ་ཆའི་སྔགས་བཏགས་ནས་འབུལ། གོང་ བཞིན་མཆོད་བསྟོད་དང༌། སྲིད་དང་ཞི་བ་མཉམ་དང་སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ཁ་ཁ་སོགས་ཀྱིས་ མཁའ་འགྲོ་སྤྱི་ལ་འབུལ་ཚུལ་སྤྱི་དང་འདྲ། 15-1-109 དེ་ནས་སློབ་མས་མཎྜལ་ཕུལ། གང་གི་དྲིན་གྱིས་སོགས་དང༌། སངས་རྒྱས་ཀུན་གྱི་སོགས་དང༌། དོན་ དམ་སྨྲ་བའི་སོགས་ཀྱིས་གསོལ་བ་བཏབ། རྒྱུན་བཤགས། རིགས་ལྔའི་སྡོམ་བཟུང༌། དམ་ཚིག་ཉེར་གཉིས་བཟུང་བ་རྣམས་ བྱ། སློབ་དཔོན་དང་མདུན་བསྐྱེད་ལ་མོས་གུས་དུང་བྱས་པས་སྐུ་ལས་བདུད་རྩིའི་རྒྱུན་བྱུང་སྟེ། ལུས་ཐམས་ཅད་བཀྲུས་པའི་དམིགས་པ་ལན་གསུམ་འབོགས། སློབ་མ་བདེ་མཆོག་ཏུ་སྐད་ ཅིག་གིས་བསྐྱེད་པའི་ལུས་ལ་གོ་ཆའི་ལྷ་རྣམས་བཀོད། སངས་རྒྱས་ཐམས་ཅད་གོ་ཆའི་ལྷའི་ རྣམ་པར་བསྟིམ་པ་དང༌། སྔགས་འབྲུའི་རྣམ་པ་བསྟིམ་པ་དང༌། ཕྱག་མཚན་བསྟིམ་པ་རྣམས་ ལ་སྤོས་དང་རོལ་མོ་རེ་རེ་མཛད། མཎྜལ་གནས་རྣམས་སུ་རེག་པས། མདུན་བསྐྱེད་ཀྱི་ལྷ་ཚོགས་དེ་ དང་དེ་སློབ་མའི་གནས་རྣམས་སུ་ཐིམ་པར་མོས། བདུད་རྩིས་ཀྱང་གནས་རྣམས་སུ་ཐིག་ལེ་བྱེད་ཅིང༌། ལུས་ ཐམས་ཅད་ལ་གཏོར། ཅུང་ཟད་འཐུང་དུ་བཅུག་པས་ཀྱང་དེ་བཞིན་དུ་བསྒོམ། དེ་ནས་སྔགས་ཀྱི་བཟླས་ལུང་སྦྱིན། དེང་ ཕྱིན་ཆན་ལྷའི་སྐུ་ལ་གོ་ཆ་བཀོད་པ་དང༌། གོ་ཆའི་ལྷ་རེ་རེ་བསྒོམ་པ་དང༌། དཔའ་བོ་དྲུག་གི་ དཀྱིལ་འཁོར་བསྒོམ་ཡང་རུང་སྟེ། གོ་ཆའི་ལས་ཚོགས་རྣམས་སྒྲུབ་པ་ལ་ནུས་མཐུ་དང་ལྡན་ པར་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲའོ། །ཀུན༷་ཏུ་རྙེད་དཀའ་རབ་དག༷འི་ཆོས། །སོ་ སོའི་སྒྲུབ་ཐབས་ཉམས་ལེན་ལ། །ཉེར་མཁོ་བྱིན་རླབས་ཆོ་ག་ཡི། །སྙིང༷་པོ༷་མདོ་ཙམ་སྤེལ་བ་ཡིན། །དཔལ་འཁོར་ལོ་བདེ་མཆོག་ དང་འབྲེལ་བའི་གོ་ཆའི་དཔའ་བོ་དྲུག་གི་བྱིན་རླབས་ཀྱི་ཆོ་གའི་ལེ་ཚན་ནོ།། །།ཞུས་དག ། ༄༅། །ༀ་སྭཱ་སྟི། རྣལ་འབྱོར་མ་དཔལ་ལ་བཏུད་ནས། །གོ་ཆའི་རྣལ་འབྱོར་མ་དྲུག་གི །བྱིན་རླབས་བྱ་ཚུལ་རབ་ གསལ་བ། །མདོ་ཙམ་བདག་གིས་བཤད་པར་བྱ། །དེ་ལ་གོ་ཆའི་དཔའ་བོ་དྲུག་པོའི་བྱིན་རླབས་ཀྱི་ཆོ་ག་བྱ་ཚུལ་བཤད་མ་ཐག་ པ་དེ་ཉིད་བློ་ཡུལ་དུ་ངེས་པར་བྱས་ནས། མི་འདྲ་བའི་ཁྱད་པར་ཅུང་ཟད་ཙམ་གྱི་ངེས་པར་བྱ་སྟེ། པདྨའི་ལྟེ་བར་ༀ་བཾ་ ལས་རྡོ་རྗེ་ཕག་མོ་དམར་མོ་དམར་སྔོ་ལྗང་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྱིས་ གྲི་གུག་ཚངས་མགོ། ལྕགས་ཀྱུ། གཡོན་གསུམ་གྱིས་ཐོད་པ། ཁ་ཊྭཱཾ། ཞགས་པ་བསྣམས་པ། མདུན་ནས་བརྩམས་ཏེ་འདབ་མ་རྣམས་ལ་གཡས་བསྐོར་གྱི་རིམ་པས། ཧཾ་ཡོཾ་ལས་གཤིན་ 15-1-110 རྗེ་མ་སྔོན་མོ། ཧྲིཾ་མོཾ་ལས་རྨོངས་བྱེད་མ་དཀར་མོ། ཧྲིཾ་ཧྲིཾ་ལས་བསྐྱོད་བྱེད་མ་སེར་མོ། ཧཱུཾ་ཧཱུཾ་ ལས་སྐྲག་བྱེད་མ་ལྗང་ཁུ། ཕཊ་ཕཊ་ལས་ཙཎྜི་ཀ་དུད་ཁ། རྨོངས་བྱེད་མ་ཟླ་བ་དང་གཞན་ རྣམས་ཉི་མའི་དཀྱིལ་འཁོར་ལ་གནས་པ། དེ་རྣམས་ཞལ་གཅིག་ཕྱག་བཞི་གཡས་གཉིས་གྲི་ གུག་དང་ཌ་མ་རུ། གཡོན་གཉིས་ཐོད་པ་དང་ཁ་ཊྭཱཾ་འཛིན་པ། གཙོ་འཁོར་ཐམས་ཅད་ཀྱང་ཡི་ དྭགས་ཀྱི་གདན་ལ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། མི་མགོ་སྐམ་པོ་ལྔའི་དབུ་ རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཁྱད་པར་གཞན་རྣམས་བཅོམ་ལྡན་འདས་མ་དང་ མཚུངས་པའོ། །སྔགས་ནི། ༀ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། བསྟོད་པ་ནི། རིགས་ དྲུག་གི་ནི་རྣལ་འབྱོར་མ། །བར་ཆད་བསྲུང་བའི་ལས་མཛོད་ཅིག །འཕྲིན་ལས་རྣམ་བཞི་ ཐོགས་མེད་པས། །དབང་བསྒྱུར་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའོ། །གཏོར་སྔགས་དང༌། བྱིན་རླབས་ ཀྱི་{འདིའི་[གོ་ཆའི་]སྐབས་ནི་ལྷ་དང༌། སྔགས་བརྗེས་པ་མ་གཏོགས་དཔའ་བོ་དྲུག་གི་སྐབས་དང་ཁྱད་པར་མེད་དོ། །ཤིན་ ཏུ་དཀོན་ཅིང་རྣམ་ཀུན༷་ཏུ། །དག༷འ་བར་བསྔགས་པའི་སྒྲུབ་ཐབས་ནི། །རབ་གསལ་གོ་བདེའི་རིམ་པས་ཏེ། །སྙིང༷་པོ༷་ཙམ་དུ་ གསལ་བར་བྱས། །གོ་ཆའི་དཔའ་བོ་དྲུག་གི་བྱིན་རླབས་ཀྱི་ཆོ་གའི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། ཧེ་རུ་ཀ་དཔལ་འགྲོ་བའི་མགོན། །བླ་མ་རྗེ་ལ་གུས་བཏུད་ནས། །བྱང་ཆུབ་སྒྲུབ་ལམ་བདེ་མཆོག་ གི །སྒྲུབ་ཐབས་ཤིན་ཏུ་གསལ་བར་བྲི། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྔོན་དུ་བཏང་ནས། སྟོང་པ་ཉིད་ལ་ཅུང་ ཟད་མཉམ་པར་བཞག ཤྲཱི་ཧེ་རུ་ཀོ྅ཧཾ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། རུ་ནི་ཚོགས་དང་ བྲལ་བ་སྟེ། ཀ་ནི་གང་དུ་མི་གནས་པའོ། །བདག་ཉིད་ལྷན་ཅིག་སྐྱེས་པའི་དཔལ་ཧེ་རུ་ཀ་སྐུ་མདོག་སྟོན་ ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་ལ་འཁྱུད་ པ། ཞབས་གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་དང༌། གཡས་བརྐྱང་བའི་དུས་མཚན་ མ་དམར་མོ་མནན་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། རལ་པའི་ཐོར་ཚུགས་ ཀྱི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་དང༌། ངོས་ལ་སྣ་ཚོགས་རྡོ་རྗེས་བརྒྱན་པ། དེ་ལ་འཁྱུད་པའི་ 15-1-111 ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་གྲོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔ་དང་ལྡན་པ། གཡས་ གྲི་གུག་དང༌། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་ཞིང༌། ཞབས་གཡས་བསྐུམ་གཡོན་ བརྐྱང་བའི་ཡབ་ལ་འཁྱུད་པ། གཉིས་ཀའང་ཁྲོ་སྒེག་ལང་ཚོ་ལ་བབ་ཅིང༌། བདེ་བ་རྒྱས་པའི་ སྐུ་སྣང་སྟོང་སྒྱུ་མ་ལྟ་བུ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །འཁོར་འདས་སྣོད་ བཅུད་ཐམས་ཅད་ཀྱང་རང་དང་འདྲ་བར་བལྟས་ལ། ཅུང་ཟད་མཉམ་པར་བཞག བཟླས་པའི་དམིགས་པ་གསལ་བཏབ་ ལ། ༀ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླའོ། །མཐར་ལཱུ་ཡི་པའི་རྣལ་འབྱོར་ཆེན་པོའི་འོད་གསལ་ལྡང་འཇུག་ལ་ བསླབ་པར་བྱའོ། །གཏོར་མ་སུམ་བྷས་བསངས། སྭ་བྷཱས་སྦྱངས། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ཕཻཾ་ཞེས་ གཏོར་མགྲོན་ཐམས་ཅད་སྤྱན་དྲངས། བཛྲ་ཨ་རལླི་ཧོཿ ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཞེས་ལན་བདུན་གྱིས་འཇིག་རྟེན་ འདས་པའི་ལྷ་ལ་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ་ དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཅེས་བསྟོད། ༀ་ཁ་ཁ་སོགས་མཁའ་འགྲོ་སྤྱི་གཏོར་འབུལ་བ་སྤྱི་དང་འདྲ་ཞིང༌། རྗེས་ཀྱི་བྱ་བ་རྣམས་ཀྱང་ངོ༌། །འདི་ཉིད་ཀྱི་རྫོགས་པའི་རིམ་ པ་ཡང་ཅི་ནུས་སུ་བསྒོམ་མོ། ། དེ་ལྟར་བསྐྱེད་རིམ་ཉམས་སུ་ལེན་ཚུལ་འདི་ནི། དཔྱལ་ཨ་མོ་གྷའི་ཁྲིད་ཡིག་དང༌། མཁན་ཆེན་བྱང་ཆུབ་པའི་ཡིག་སྣ་དང༌། གཡག་སྡེ་ལོཙྪ་བ་དང༌། མཁན་ཆེན་རྡོ་རྗེ་པ་ནས་བརྒྱུད་པ་ཐོག་སྟོན་ཤེས་རབ་རྡོ་རྗེས་བྱས་པ་ཐམས་ཅད་དོན་གྱི་ཆ་ལ་ཞུས་ དག་ཕེར་བ་ལྟར་ཡོད་པས། ཡིད་ཆེས་སྐྱེས་ནས་ལུགས་རྙིང་པ་ལྟར་བཀོད་དོ། །གང་དག་འདི་ལ་ཤཱུནྱའི་སྔགས་ཀྱིས་སྟོང་པར་ སྦྱངས་ནས། བསྲུང་འཁོར་གྱི་དབུས་སུ་ཧེ་རུ་ཀའི་སྔགས་དོན་དྲན་པས། ལྷ་སེམས་དཔའ་གསུམ་བརྩེགས་སུ་བསྐྱེད་པ་ནི་འདི་ ཉིད་ཀྱི་མན་ངག་ཁུངས་མ་གང་ན་ཡང་མེད་ཅིང༌། རང་གིས་ཀྱང་སྔགས་ཀྱི་བསྐྱེད་ཚུལ་མེད་ཅིང༌། ཡེ་ཤེས་ཀྱི་བསྐྱེད་ཚུལ་ཡིན་ནོ་ ཞེས་བརྗོད་པ་དང་ཡང་འགལ་སྟེ། ཡེ་ཤེས་ཀྱི་བསྐྱེད་ཚུལ་ཡིན་ན། ལུས་དབེན་དང༌། སྒྱུ་ལུས་དང༌། ཟུང་འཇུག་གསུམ་གྱི་བསྐྱེད་ ཚུལ་ལས་མ་འདས་པས་སོ། །བཟླས་བྱའི་སྔགས་ཀྱང་ཡིག་བདུན་བོར་ནས། འཁོར་ལོ་བསྒྱུར་དྲུག་གི་ནང་གི་རྡོ་རྗེ་སེམས་དཔའི་ 15-1-112 སྔགས་བཟླ་བ་ནི། མན་ངག་རྙིང་པ་སུན་བྱུང་ནས་ཆོས་ལ་དབང་ཟ་བར་བྱེད་པ་སྟེ། སྤྱིར་བདེ་མཆོག་སྐུ་མདོག་དཀར་པོ་ཡིན་པ་ ཙམ་ལ་དེ་བཞིན་འབྱུང་དུ་རུང་ཡང༌། ཁ་ཆེ་པཎ་ཆེན་གྱི་མན་ངག་འདིའི་དབང་དུ་བྱས་ནས། འདི་ཉིད་ལཱུ་ཡི་པའི་མན་ངག་ཡིན་ པར་རང་ཉིད་ཁས་ལེན་བཞིན་དུ་ལཱུ་ཡི་པའི་སྒྲུབ་ཐབས་ན་གཏན་མེད་པའི་སྔགས་{དེ་ཟློས་[འདི་བཟློས་]པའི་ཕྱིར་རོ། །དེས་ན་ འདི་ནི་ལྭ་ཝ་པ་དང་བི་བྷཱུ་ཏི་དང༌། པྲཛྙཱ་རཀྵི་ཏ་རྣམས་ཀྱིས་བཤད་པ་ལྟར་གྱི་རྣལ་འབྱོར་ཆེན་པོའི་སྐབས་སུ་འབྱུང་བའི་ཡེ་ཤེས་ སེམས་དཔའ་དེ་ཉིད་ལོགས་སུ་ཕྱུང་བའི་སྒྲུབ་ཐབས་ཡིན་པར་མན་ངག་རིག་པ་དག་གསུང་ཞིང༌། དོན་ལ་ཡང་གནས་སོ། །དེའི་ ཕྱིར་སེམས་དཔའ་སུམ་བརྩེགས་བྱེད་པ་དང༌། སྣོད་བཅུད་འོད་གསལ་དུ་བསྡུ་ལུགས་སྤྱི་འགྲོ་ཙམ་དུ་སྦྱོར་པ་ཡང་མི་ལེགས་ ཤིང༌། བི་བྷཱུ་ཏི་དང༌། པྲཛྙཱ་རཀྵི་ཏའི་ལུགས་དང་ཡང་མི་མཐུན་ནོ་ཞེས་པ་ཅལ་ཅོལ་ཙམ་མོ། །འདིའི་རྫོགས་རིམ་གྱི་རྣམ་གཞག་ ཀྱང་བི་བྷཱུ་ཏིས་མཛད་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཀྱི་བཤད་པའི་རྣམ་གྲངས་རྟིང་མ་དང་ཤིན་ཏུ་མཐུན་པར་ཡོད་ལ། ཨ་ བྷ་ཡཱ་ཀཱ་རས་བཤད་པའི་ཁ་བསྐང་བ་ཡིན་ནོ་ཞེས་ཟེར་ན་ཡང༌། སློབ་དཔོན་དེས་མཛད་པ་ལ། འདི་དང་འབྲེལ་བའི་བསྟན་ བཅོས་ཡེ་མེད་པའི་ཕྱིར་རོ། །འཁོར་ལོ་བསྒྱུར་དྲུག་གི་དཀྱིལ་འཁོར་གྱི་གཙོ་བོ་ཙམ་ལ་བསམ་པ་སྲིད་ན་ཡང༌། ཤིན་ཏུ་མི་འདྲ་བ་ ཆེ་བའི་ཕྱིར་ཕྱོགས་སུ་འགྲོ་བ་ཙམ་ཡང་མ་ཡིན་ནོ། །ཞེས་པ་དེ་ཙམ་ཞིག་ལུགས་སྔ་ཕྱི་གཉིས་ཀྱི་ཁྱད་པར་ཤེས་ཤིང་སྒྲུབ་ཐབས་ གསར་པའི་རང་མཚང་གོ་བའི་ཕྱིར་མགོ་སྨོས་ཙམ་དུ་ཟད་ཀྱི། མང་དུ་སྨྲས་པས་ཅི་ཞིག་བྱ། འདིའི་བྱིན་རླབས་བྱེད་པར་འདོད་ པས། མཎྜལ་པདྨ་འདབ་བརྒྱད་ཚོམ་བུ་དཀར་པོ་ཅན་མཐའ་མཆོད་གཏོར་གྱིས་བསྐོར། སྔོན་འགྲོ་གཏོར་མ་བཏང༌། མཆོད་པ་ བྱིན་རླབས་བདེ་མཆོག་སྤྱི་དང་མཐུན་པར་བྱ། གོང་བཞིན་བདག་བསྐྱེད་སོང་བ་ན། མདུན་བསྐྱེད་ཀྱང་བདག་བསྐྱེད་བཞིན་དུ་ བསྐྱེད་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་ཕྱི་མཆོད་དང༌། འབྲུ་གསུམ་གྱིས་ནང་མཆོད་དང༌། གསང་བའི་མཆོད་པ་ཡིད་ཀྱིས་ ཕུལ་ནས་བསྟོད་པ་རྒྱས་བསྡུས་གང་རུང་བྱ། གཏོར་མ་ཕུལ། བཟླས་པ་ཅི་འགྲུབ་བྱ། སློབ་མ་ལ་བྱེད་པ་ལྟར་ཏིང་ངེ་འཛིན་གྱི་ དབང་བཞི་བླང༌། སློབ་མས་མཎྜལ་ཕུལ། གང་གི་དྲིན་གྱིས་སོགས་དང༌། སངས་རྒྱས་ཀུན་གྱི་སོགས་དང༌། དོན་ དམ་སྨྲ་བའི་སེངྒེ་སོགས་ཀྱིས་གསོལ་བ་བཏབ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡི། །སོགས་སྐྱབས་ འགྲོ་སེམས་བསྐྱེད་བྱ། རྒྱུན་བཤགས་དང་རིགས་ལྔའི་སྡོམ་བཟུང་རྣམས་སོང་བ་ན། དམ་ཚིག་ཉེར་གཉིས་བཟུང་བ་ཡི་གེ་སྔ་ མ་རྣམས་ན་མེད་པས་མ་བྱས་ཀྱང་ཆོག་ལ། བྱས་ཀྱང་འགལ་བ་མེད་པར་མངོན། དེ་ནས་སློབ་དཔོན་དང་མདུན་བསྐྱེད་དབྱེར་ 15-1-113 མ་མཆིས་པ་མངོན་རྟོགས་བཞིན་བསྐྱེད། དེའི་ཐུགས་ཀ་ནས་འོད་འཕྲོས། སློབ་མའི་ལུས་ལ་ཕོག་པས་ སྡིག་སྒྲིབ་མཐའ་དག་སྦྱངས་ནས་སྔར་བཞིན་བསྐྱེད་པ་ལ་ཡེ་ཤེས་པ་བསྟིམ། རོལ་མོའི་སྒྲ་བྱ། སློབ་དཔོན་དང་ སློབ་མ་གཉིས་ཀའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་གསལ་བཏབ་ལ། སློབ་དཔོན་གྱི་ དཔྲལ་བའི་ༀ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་མ་ལུས་པ་ ཐམས་ཅད་ༀ་དཀར་པོའི་རྣམ་པར་སྤྱན་དྲངས། སློབ་དཔོན་གྱི་དཔྲལ་བའི་ༀ་ལ་ཐིམ། ཡང་ སློབ་དཔོན་གྱི་དཔྲལ་བ་ནས་སྐུའི་བྱིན་རླབས་མ་ལུས་པ་ཐམས་ཅད་ༀ་དཀར་པོ་དཔག་ཏུ་ མེད་པའི་རྣམ་པར་བྱོན། སློབ་མའི་དཔྲལ་བའི་ༀ་ལ་ཐིམ། རོལ་མོའི་སྒྲ་བྱ་སྟེ། བུམ་དབང་ངོ༌། །དེ་ བཞིན་དུ་མགྲིན་པའི་ཨཱཿལས་གསང་དབང༌། ཐུགས་ཀའི་ཧཱུཾ་ལས་ཤེར་དབང༌། གསུམ་ཀ་ལས་ དབང་བཞི་པ་ཐོབ་པར་བསམ་སྟེ། གོང་མས་རིགས་འགྲེ། རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །རབ་ཟབ་རྫོགས་རིམ་ དང་འབྲེལ་བའི། །མན་ངག་མཁས་ཀུན༷་དག༷འ་བའི་ཕུལ། །སྙིང༷་པོ༷་ལྷན་སྐྱེས་སྒྲུབ་ཐབས་འདི། །ཟབ་ཅིང་ཡིད་ཆེས་གནས་ཀྱི་ མཆོག །བདེ་མཆོག་དཀར་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། བདེ་ཆེན་ཧེ་རུ་ཀ་དཔལ་ནི། །སྟོང་ཉིད་རྣལ་འབྱོར་མ་དང་སྦྱོར། །དེ་ལ་གུས་པས་བཏུད་བྱས་ ནས། །ཚེ་སྒྲུབ་ཅུང་ཟད་བཤད་པར་བྱ། །འདི་ལ་སྒྲུབ་ཐབས་ཀྱི་ཁྱད་པར་ནི། བྱང་ཆུབ་སྒྲུབ་ལམ་ཉིད་དང་འདྲ་བ་ལས། རང་ ཉིད་རུས་པའི་རྒྱན་དྲུག་དང༌། སྟག་ལྤགས་ཀྱིས་བརྒྱན་པ་དང༌། ཡུམ་ལ་ཐོད་སྐམ་གྱི་དོ་ཤལ་བྱེད། བཟླས་པའི་སྐབས་ཚེ་སྒྲུབ་ཀྱི་ དམིགས་པ་དང་བཅས། ༀ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་མ་མ་ཨཱ་ཡུར་པུཥྚིཾ་ཀུ་རུ་ༀ། ཞེས་ཅི་ནུས་སུ་བཟླའོ། །འདི་ལ་ ཡིག་རྙིང་འགའ་ན་ཞབས་སྐྱིལ་ཀྲུང་གིས་བཞུགས་པར་བྱས་པའང་ཡོད་པས་གང་མོས་སུ་བྱའོ། །དེ་ནས་རླུང་བུམ་ཅན་བཟུང༌། རང་ཡབ་རྐྱང་དུ་གསལ་བའི་ཐུགས་ཀ་ནས་ལྷ་མོ་ལྔ་ཐོད་པ་ཐོགས་པ་སྤྲོས། ཁམས་གསུམ་ གྱི་བཅུད་རྣམས་ཐོད་པར་བསྡུས་ཏེ། རང་གི་སྣ་བུག་གཡོན་ནས་བླུགས་པས་ལུས་གང༌། ལྷ་ མོ་རྣམས་གཅིག་ཏུ་འདྲེས་རང་ལ་འཁྱུད་སྦྱོར་གྱིས་ཞུགས་པར་བསམ། ཡང་སྤྱི་བོར་ཁ་ཊྭཱཾ་ག་ དཀར་པོ་ཧཱུཾ་གིས་མཚན་པ་མགོ་ཐུར་བསྟན། དེའི་འོད་ཀྱིས་འཁོར་འདས་ཀྱི་བཅུད་བསྡུས། 15-1-114 ཁ་ཊྭཱཾ་ག་ནས་བརྒྱུད་སྤྱི་བོ་ནས་ཞུགས། འཁོར་ལོ་བཞིར་དགའ་བཞི་ཉམས་སུ་མྱོང༌། ལུས་ ཐམས་ཅད་བདུད་རྩི་རླན་དྲོད་ཅན་གྱིས་གང་བར་བསམ། འདིའི་བྱིན་རླབས་ནི། མཎྜལ་གྱི་སྟེང་དུ་བུམ་ ཐོད་བརྩེགས་པ་བཤམས། སྡོམ་བཟུང་ཡན་ཆད་བདེ་མཆོག་དཀར་པོ་བྱང་ཆུབ་སྒྲུབ་པ་དང་འདྲ། དངོས་གཞི་སློབ་མ་ལྷར་ བསྐྱེད། བཟླས་ལུང་སྦྱིན། ལྷ་དབང་བསྐུར་བའི་དམིགས་པ་སྤྱི་དང་འདྲ་བའི་སྒོ་ནས་བུམ་པའི་ཆུས་དབང་བསྐུར་བུམ་དབང་ངོ༌། ། ཐོད་པ་ལ་བརྟེན་ནས་ཚེ་བསྲིང་བའི་དམིགས་པ་ཕོག ནང་མཆོད་སྦྱིན། གསང་དབང་ངོ༌། ཁ་ཊྭཱཾ་ག་ལ་བརྟེན་པའི་དམིགས་ པ་ཕོག ཤེར་དབང་ངོ༌། །གནས་ལུགས་ཀྱི་ལྟ་བ་སྐྱོང་དུ་བཅུག་སྟེ། དབང་བཞི་པའོ་ཞེས་བརྡ་སྤྲད། རྗེས་སྤྱི་དང་འདྲའོ། །ཚེ་ སྒྲུབ་ཀུན༷་ནས་ཟབ་པའི་ཕུལ། །རྒྱུད་དོན་ཡིད་ཆེས་ཆེས་དག༷འ་བ། །མི་ལུས་སྙིང་པོ་ལེན་འདོད་ན། །འདིའམ་འདི་འདྲའི་རིགས་ སྒོམས་ཤིག །བདེ་མཆོག་དཀར་པོའི་ཚེ་སྒྲུབ་ཀྱི་ལེན་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། དཔའ་བོ་བདེ་མཆོག་ཧེ་རུ་ཀ །སྤྱན་རས་གཟིགས་དང་གཉིས་མེད་པ། །དེ་ལ་བཏུད་ནས་སྒྲུབ་ ཐབས་ནི། །མདོ་ཙམ་བདག་གིས་བྲི་བར་བྱ། །བསོད་ནམས་ཚོགས་བསོག་སྤྱི་དང་མཐུན། ཤཱུ་ནྱ་ཏའི་སྔགས་དོན་བསམ། ཡཾ་ རཾ་བཾ་ལཾ་སུཾ་ལས་འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར་ཧཱུཾ་ལས་བསྲུང་བའི་འཁོར་ལོར་ གྱུར། ༀ་མེ་དྷི་ནི་སོགས་སྔགས་དྲུག་བདེ་མཆོག་བཞིན་བརྗོད། དབུས་སུ་འཁོར་ལོ་རྩིབས་དྲུག་པ་ལྟེ་ བར་པད་ཉིའི་གདན་ལ། ཨཱ་ལི་ལས་ཟླ་བ་དཀར་པོ། ཀཱ་ལི་ལས་ཟླ་བ་དམར་པོ། དེའི་དབུས་ སུ་ཧཱུཾ། འོད་ཟེར་འཕྲོ་འདུ་ལས་རང་ཉིད་དཔལ་ཆེན་སྤྱན་གཟིགས་སྐུ་མདོག་མཐིང་ཀ་ནག་ དཀར་དམར་བའི་ཞལ་གསུམ། ཕྱག་དང་པོ་གཉིས་ཀྱིས་རྡོར་དྲིལ་འཛིན་པས་ཡུམ་སྒེག་མོ་ དམར་མོ་མདའ་གཞུ་འཛིན་པ་ལ་འཁྱུད་པ། གཉིས་པ་གཉིས་ཀྱིས་མི་ལྤགས་སྟོད་གཡོགས་ སུ་འཕྱར་བ། ཐ་མ་གཉིས་ཌ་མ་རུ་དང་ཐོད་ཁྲག་འཛིན་ཅིང༌། མཆན་ཁུང་ན་ཁ་ཊྭཱཾ་ག །རུས་ དུམ་གྱི་དོ་ཤལ་དང༌། མེ་ཏོག་དང་རིན་པོ་ཆེས་ཀྱང་བརྒྱན་པ། ཞབས་གཡོན་བསྐུམས་པས་ དབང་ཕྱུག་དང༌། གཡས་བརྐྱང་བས་དཀར་མོ་མནན་པ། དབུ་སྐྲ་དམར་སེར་འཁྱིལ་བ་ལ་ཨུ་ དུམ་བ་རའི་མེ་ཏོག་ཅན། ཧེ་རུ་ཀའི་ཆ་བྱད་རྫོགས་པའོ། །རྩིབས་དྲུག་ལ་མདུན་ནས་གཡོན་ 15-1-115 བསྐོར་གྱིས། ཕཊ་ཧཱུཾ་ཧ་ཧ་ཧྲཱིཿༀ་ལས་ཧེ་རུ་ཀ་མ་སྔོན་མོ། འཇིགས་མ་སེར་མོ། དྲག་མོ་དམར་ མོ། དབང་བྱེད་མ་ལྗང་ཁུ། རྣམ་ལྟས་མ་དུད་ཁ། རྡོ་རྗེ་མཁའ་འགྲོ་མ་དཀར་མོ། ཐམས་ཅད་ ཞལ་གཅིག་ཕྱག་བཞི་ཌ་མ་རུ་དང་དྲིལ་བུ་མི་ལྤགས་བསྣམས་པ། ཉི་མ་དང་རོ་གདན་ལ་ བཞུགས་ཤིང༌། རྣམ་པ་གཙོ་བོ་དང་མཚུངས་པའོ། །ཡེ་ཤེས་པ་བསྲེས། ལཾ་མཾ་པཾ་ཏཾ་ཁཾ་ཁམས་ལྔ་ ཡུམ་ལྔར་གྱུར། ༀ་ཨཾ་ཧྲཱིཿཧོ་ཧཱུཾ་ཕུང་པོ་ལྔ་རིགས་ལྔར་གྱུར། བྷྲུཾ་ཧཱུཾ་ཨཾ་ཁཾ་ཧཾ་ཧཾ། སྐྱེ་མཆེད་དྲུག་ ལ་གནས་པ་སེམས་དཔའ་དྲུག་གི་བདག་ཉིད་དུ་གྱུར། ཡབ་ཀྱི་གནས་རྣམས་སུ། ༀ་ཧ། ན་ མ་ཧི། སྭཱཧཱ་ཧཱུཾ། བཽ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ་ཧཾ། ཡུམ་གྱི་གནས་རྣམས་སུ། ༀ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། གནས་གསུམ་དུ། ༀ་ཨཱཿཧཱུཾ། དབང་གི་ལྷ་རྣམས་ཀྱིས། ༀ་བཛྲི་བྷ་ཝ་ ཨ་བྷི་ཥིཉྩ་ཧཱུཾ་ཞེས་དབང་བསྐུར། གཙོ་འཁོར་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན། ༀ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླའོ། །ཐུན་གྱི་མཐར། དཀྱིལ་འཁོར་རང་ལ་བསྡུས། རང་ཉིད་ཀྱང་ནམ་ མཁའ་ལ་འཇའ་ཡལ་བ་བཞིན་དུ་གྱུར། དབྱིངས་དེར་མཉམ་པར་བཞག གཏོར་ཆོག་ནི། གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཡེ་ཤེས་པ་དང་འཇིག་རྟེན་པ་ལྷན་ ཅིག་ཏུ་འབུལ་བའི་ལུགས་ཡིན་པས། མཁའ་འགྲོ་སྤྱི་གཏོར་ཁོ་ནས་ཆོག་གོ ། འདིའི་བྱིན་རླབས་བྱེད་ཚུལ་ནི། མཎྜལ་ལ་འཁོར་ལོ་སེར་པོ་རྩིབས་དྲུག་ལྟེ་བ་ཉི་གདན་དུ་བྱ། རྩིབས་རྣམས་ལའང་ཉི་ གདན་ཆུང་ངུ་རེ་འགོད། གདན་དེ་རྣམས་ཀྱི་སྟེང་དུ་ལྷ་རྣམས་ཀྱི་ཁ་དོག་དང་མཐུན་པའི་རྡུལ་ཚོན་གྱི་ཚོམ་བུ་དང༌། འཁོར་ལོའི་ ཕྱི་རོལ། པད་རྭ། རྡོ་རྭ། མེ་རིས་བསྐོར། ནང་དུ་གཏོར་མ་གཉིས་དང་མཆོད་པ་བཟང་དུ་བཤམས། ཡོལ་བས་མཚམས་བཅད། སྔོན་འགྲོ་གཏོར་མ་བགེགས་གཏོར་གྱི་ཚུལ་དུ་བཏང༌། གནས་ཡོ་བྱིན་རླབས་སྤྱི་དང་མཐུན། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་ སོང་ནས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསངས་སྦྱངས། དེའི་དབུས་སུ་རང་ཉིད་འདུག་པར་བསམས་ལ། གོང་བཞིན་བཟླས་ པ་ཡན་ཆད་མངོན་རྟོགས་རྫོགས་པར་བསྒོམ། གཏོར་མ་དང་པོ་དེ་བསྔོས་ལ་གཙང་སར་བཏང༌། སློབ་མས་མཎྜལ་ཕུལ། མིག་ དར། མེ་ཏོག དགའ་ཆེན་ཁྱོད་སོགས་གསོལ་བཏབ། རྒྱུན་བཤགས། རིགས་ལྔའི་སྡོམ་བཟུང༌། ཟླ་བ་རྡོ་རྗེའི་སེམས་ 15-1-116 བསྐྱེད་མནའ་ཆུ་བླུད་པ་རྣམས་བྱ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ལྷ་ཚོགས་དཔག་ཏུ་མེད་པ་འཕྲོས་ ནས། སློབ་མ་ལ་བསྟིམ། ཡིག་བདུན་གྱི་མཐར་ཨ་བེ་ཤ་ཡ་བཏགས་པ་མང་དུ་བཟླ། ཧེ་རུ་ཀ་དཔལ་དེང་ ཁྱོད་ཀྱི་སོགས་ཀྱིས་གདོང་གཡོགས་བཀྲོལ། ༀ་པྲ་ཏཱིཙྪ་བཛྲ་ཧོས་གཙོ་བོ་ལ་མེ་ཏོག་གཏོར། མདུན་བསྐྱེད་ལྷ་ངོ་བསྟན། དངོས་གཞིའི་དོན་དུ་མཎྜལ་ཕུལ། སློབ་མ་མངོན་རྟོགས་བཞིན་གཙོ་བོར་བསྐྱེད། ཡེ་ཤེས་པ་བསྟིམ། མངོན་རྟོགས་བཞིན་དབང་ བསྐུར། རིགས་བདག་གི་རྒྱས་འདེབས་བུམ་དབང༌། ཡི་གེ་བདུན་པས་ནང་མཆོད་སྦྱིན། གསང་དབང༌། ལྟེ་བའི་གཏུམ་མོ་ འབར་ཏེ་སྤྱི་བོའི་ཧཾ་ཡིག་ཞུ་བའི་དགའ་བ་བཞིའི་དོན་ལ་ངོ་སྤྲད། ཤེར་དབང༌། སེམས་ཕྱག་ རྒྱ་ཆེན་པོར་ངོ་སྤྲད་པ་དབང་བཞི་པ། དེ་ནས་བཟླས་ལུང་སྦྱིན། སློབ་མ་དང་མདུན་བསྐྱེད་ཀྱི་རྗེས་ནི་སྤྱི་དང་འདྲ་ བ་ལས། མཆོད་བསྟོད་སོང་བའི་རྗེས་སུ་གཏོར་མ་གཉིས་པ་དེ་བསྔོ་བ་ཡིན་ནོ། །ཀུན༷་ནས་ཟབ་པ་མི་ཏྲའི་གསུང༌། །ལོ་ཙྪ་བ་ལ་ རྗེས་གནང་ཚེ། །མཆོག་ཏུ་དག༷འ་བས་ཡི་གེར་བཀོད། །དེའི་སྙིང༷་པོ༷་འདི་ཙམ་ལགས། འཇིག་རྟེན་དབང་ཕྱུག་ཡི་གེ་བདུན་པར་ གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །དར་རྒྱས་འཕེལ།། །། ༄༅། །ན་མོ་བཛྲ་དྷ་ར་ཡ། དཔལ་ལྡན་རྡོ་རྗེ་སྙིང་རྗེའི་སྟོབས། །གདུལ་དཀའ་འདུལ་མཛད་ལ་བཏུད་དེ། ། ཤིན་ཏུ་གུས་ཤིང་བརྩོན་ལྡན་ལ། །སྒྲུབ་ཐབས་མདོར་བསྡུས་བཤད་པར་བྱ། དགྱེས་པའི་རྡོ་རྗེ་ལྷན་སྐྱེས་སྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་སྟེ། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཤཱུ་ནྱ་ནས་སྟོང་བར་སྦྱངས། སྟོང་ པའི་ངང་ལས་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། བསྲུང་བའི་འཁོར་ལོར་གྱུར། ༀ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ སྭཱཧཱ། རང་གི་སྙིང་ནང་དུ་ཉི་མའི་སྟེང་དུ་ཟླ་བ། དེ་གཉིས་ཀྱི་བར་དུ་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་ མཚན་པ། དེ་ལས་འོད་འཕྲོས་ལུས་ཐམས་ཅད་གང༌། སྡིག་སྒྲིབ་ཐམས་ཅད་དག རང་ཉིད་ ཧེ་རུ་ཀའི་སྐུར་གྱུར་པ་ནི། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ བ་མི་བསྐྱོད་པས་སྤྱི་བོ་མཚན་པ། ཧཱུཾ་གིས་སྒྲས་འཇིགས་པའང་འཇིགས་པར་མཛད་པ། སྐྲ་ སེར་གྱེན་དུ་བརྫེས་པ། ཕྱག་གཡས་རྡོ་རྗེ་རྩེ་དགུ་པ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀའི་ 15-1-117 ཐད་དུ་འཛིན་པ། མཆན་ཁུང་དུ་ཁ་ཊྭཱཾ་ག་དཀར་པོ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་ བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔ་དང་ཐལ་པས་བརྒྱན་པ། གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་ པའི་གར་སྟབས་སམ། གཡས་བརྐྱང་གི་སྟབས་ཀྱིས་པད་ཉི་དབུགས་བྲལ་དང་བཅས་པའི་ གདན་ལ་བཞུགས་པ། ཡུམ་རྡོ་རྗེ་བདག་མེད་མ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་ མཉམ་པར་སྦྱོར་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པའོ། །གལ་ཏེ་ ཡབ་རྐྱང་དུ་བྱེད་ན་སྟག་ལྤགས་ཀྱི་ཤམ་ཐབས་ཅན་དུ་བྱའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ ཧཱུཾ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་ནས་ལྷའི་ སྐུ་ལ་ཡུན་རིང་དུ་སེམས་འཛིན། སྤྲོ་ན་འཁོར་ལོའི་བཟླས་དམིགས་གསལ་བཏབ་ལ། ༀ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ སྭཱཧཱ། ཞེས་ཅི་ནུས་བཟླ། གལ་ཏེ་རྫོགས་པའི་རིམ་པ་སྒོམ་པར་འདོད་ན། སྙིང་གར་མར་མེ་མཐེ་བོང་ཙམ་གྱི་རྩེ་ ལ་འོད་ཟེར་ཕྲ་མོ་རྟ་རྔ་ཙམ་སོར་གཉིས་ཀྱི་ཚད་དུ་འབར་བའི་རྩེ་ལ་ནོར་བུ་ལྗང་ཁུ་གྲུ་གསུམ་ སྲན་མ་ཙམ་ལ་སེམས་གཏད། ཉིན་མོ་དེ་ཀླད་རྒྱའི་སྟེང་དུ་བསྒོམ། བྱིང་ན་སྤྱི་བོའི་སྟེང་དང༌། རྒོད་ན་ལྟེ་བར་བསྒོམ། ཐུན་མཚམས་ལ་འཇུག་པའི་ཚེ། ལྷ་སྐུ་འོད་གསལ་དུ་བསྡུས་ཏེ། སླར་ཡང་ལྷ་སྐུར་ལངས་ལ། དགེ་བ་བསྔོ། གཏོར་མ་ཨ་མྲྀ་ ཏས་བསངས། སྭ་བྷཱ་ཝས་སྦྱངས། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ ནས་འོད་ཟེར་འཕྲོས། བཅོམ་ལྡན་འདས་དཔལ་ཀྱཻ་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། ཕྱོགས་སྐྱོང་བའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་ བསྐོར་བ་བཛྲ་ས་མཱ་ཛཿ ༀ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་བདུན་གྱིས་གཏོར་མ་ཕུལ། ཨརྒྷཾ་ནས་ཤཔྟའི་བར་ གྱིས་མཆོད། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་འཕྲེང་བས་བརྒྱན། །ཤ་ ཆེན་རབ་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་ འདི་བཞེས་ལ། །ཞེས་སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ། གཤེགས་སུ་གསོལ་བ་སོགས་ གཞན་རྣམས་དང་མཐུན་པར་བྱ། རྣལ་འབྱོར་གཞན་རྣམས་ཀྱང་སྤྱི་དང་མཐུན་པ་ཡིན་པས་རིག་འཛིན་པ་རྣམས་ཀྱིས་རྟོགས་ 15-1-118 པར་བྱའོ། ། འདིའི་བྱིན་རླབས་ཀྱི་ཆོ་ག་ནི། མཎྜལ་པདྨ་འདབ་བཞི་ལྟེ་བར་ཉི་གདན་ཚོམ་བུ་དང་བཅས་པ། མཐའ་མཆོད་གཏོར་གྱིས་ བསྐོར། ནང་མཆོད་ཞིག་ཀྱང་བཤམས་ལ། མཁའ་འགྲོ་སྤྱི་གཏོར་རམ། ཀྱཻ་རྡོར་གྱི་མངོན་རྟོགས་ལྟར་སྔོན་འགྲོ་གཏོར་མ་བཏང༌། མཆོད་པ་བྱིན་རླབས་བྱ། བདག་བསྐྱེད་བཟླས་པའི་བར་དུ་སོང་ནས། མདུན་བསྐྱེད་བསངས་སྦྱངས། བདག་བསྐྱེད་བཞིན་བསྐྱེད་ ལ། ཡེ་ཤེས་པ་བསྟིམ་པའི་བར་བྱ། གཏོར་མ་གོང་བཞིན་འབུལ་བ་ལས། བཅོམ་ལྡན་འདས་དཔལ་ཀྱཻ་རྡོ་རྗེ་ལ། ཞེས་པའི་ཚིག་བོར། འདོད་དོན་གསོལ་བཏབ་ཀྱི་བར། བཟླས་པ་ཅི་ནུས་བྱ། དེ་ནས་མཆོད་བསྟོད་བྱས་ལ། ཀ་པཱ་ལའི་བདུད་ རྩི་ལ་དམིགས་ནས་བཟླས་པ་ཅི་ནུས་ཞིག་བྱའོ། །མཐར་འབྲུ་གསུམ་ལན་ཉེར་གཅིག་ཙམ་བརྗོད། བདུད་རྩིར་མོས་པ་ཙམ་ལས་ དམིགས་པ་གཞན་མི་དགོས། སློབ་མས་མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་སོགས་ཤླཽ་ཀ་གཉིས་དང༌། རྒྱུན་བཤགས་ དང༌། རིགས་ལྔའི་སྡོམ་བཟུང་སྤྱི་དང་མཐུན། ཡེ་ཤེས་འཕོ་བ་སྐུའི་རྗེས་གནང་སྤྱི་དང་འདྲ་བ་ཞིག་བྱས་ལ། སློབ་དཔོན་ཀྱཻ་ རྡོ་རྗེར་གསལ་བས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །ཞེས་སོགས་བརྗོད་ཅིང༌། ནང་མཆོག་ཐོད་ པ་སྤྱི་བོར་བཞག བདུད་རྩི་སྲིན་ལག་གིས་གཏོར་བས། ལུས་གང་བས་བུམ་དབང་ཐོབ་པར་མོས་སུ་གཞུག ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། སོགས་བརྗོད། བདུད་རྩི་བྱིན་ལ་ཇི་ལྟར་བཟླས་པའི་སོགས་བརྗོད་པ་གསང་དབང༌། སློབ་ དཔོན་གྱི་ཐུགས་ཀ་ནས་རྡོ་རྗེ་བདག་མེད་མ་སྤྲོས་ཏེ། སློབ་མའི་ལུས་ལ་འཁྱུད་པས་བདེ་སྟོང་ སྐྱེས་པར་མོས་སུ་འཇུག དགའ་སྟེར་གནས་དེར་སོགས་བརྗོད། ཤེས་རབ་ཡེ་ཤེས་སོ། །སྟོང་ ཉིད་ལ་མཉམ་པར་འཇོག་ཏུ་བཅུག་ལ། ཡེ་ཤེས་འདི་ནི་སོགས་བརྗོད་དེ་དབང་བཞི་པའོ། །དེ་ནས་བཟླས་ ལུང་སྦྱིན། དབང་གི་མཐའ་བརྟེན་རྣམས་ཐོབ་པར་མོས། རྗེས་ཀྱི་བྱ་བ་རྣམས་སྤྱི་དང་འདྲའོ། །ཀུན༷་ཏུ་ཟབ་ཅིང་ ཚིག་ཉུང་བ། །རྣལ་འབྱོར་ཅན་རྣམས་དག༷འ་བའི་གནས། །སྤྲོས་པ་ཀུན་སྤངས་སྙིང༷་པོ༷འི་དོན། །སྒྲུབ་ཐབས་འདི་ནི་ངོ་མཚར་ རྨད། །ཅེས་པ་དཔལ་ཀྱཻ་རྡོ་རྗེའི་སྙིང་པོའི་ཧེ་རུ་ཀ་ལྷན་སྐྱེས་ཀྱི་སྒྲུབ་པའི་ཐབས་བསྟན་པའི་ལེ་ཚན་ནོ།། །། ༄༅། །བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། གང་འདིར་ གཉིས་མེད་ཡེ་ཤེས་ཀྱི། །རིགས་བརྒྱ་རྣམ་དག་དམ་པའི་དངོས། །རྒྱལ་བ་དྲུག་འདུས་རྡོ་རྗེ་སེམས། །དུས་ཀྱི་འཁོར་ལོ་ལ་འདུད་ 15-1-119 དོ། །འདིར་དུས་འཁོར་ལྷན་སྐྱེས་སྒོམ་པར་འདོད་པས། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བར་བྱ། ཤཱུ་ནྱ་ཏས་སྟོང་པར་ སྦྱངས། སྟོང་པའི་ངང་ལས་རང་སྐད་ཅིག་གིས་དུར་འཁོར་ལྷན་སྐྱེས་སུ་གྱུར་པ་ནི། རླུང་མེ་ཆུ་ དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་དང་ནི་བདུད་ ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷའི་དབང་ པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་པ་དཀར་པོ་བསྐུམས་པས་ དབང་ཕྱུག་དཀར་པོ་དང༌། གཡས་པ་དམར་པོ་བརྐྱང་བའི་འདོད་ལྷ་དམར་པོའི་སྙིང་གར་ མནན་པ། རལ་པའི་ཐོར་ཚུགས་དང༌། ཡིད་བཞིན་གྱི་ནོར་བུ་དང༌། ཟླ་བ་ཕྱེད་པས་དབུ་ལ་ བརྒྱན་པ། །རྡོ་རྗེའི་རྒྱན་དང་སྟག་གི་པགས་པའི་ཤམ་ཐབས་ཅན། མཐེ་བོང་སེར་པོ། མཛུབ་ མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེ་ཆུང་ལྗང་ཁུ། ཕྱག་སོར་རྣམས་ཀྱི་ ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོའོ། །རྡོ་རྗེ་སེམས་ དཔས་དབུ་བརྒྱན་ཅིང༌། མེ་རི་ཁ་དོག་སྣ་ལྔ་པའི་དབུས་ན་བཞུགས་པའོ། །དེ་ལ་འཁྱུད་པའི་ སྣ་ཚོགས་ཡུམ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གྲི་གུག་དང་ཐོད་ པ་འཛིན་པས་ཡབ་ལ་འཁྱུད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཡབ་དང་སྦྱོར་བ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང༌། དབུ་སྐྲ་ཕྱེད་གྲོལ་བའོ། །གཉིས་ཀའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿསེར་པོ། གཙུག་གཏོར་དུ་ཧཾ་ལྗང་ཁུ། གསང་བར་ ཀྵ་སྔོན་པོ་རྣམས་སུ་གྱུར། ༀ་ཨཱཿཧཱུཾ་ཧོ་ཧཾ་ཀྵཿ ཞེས་པའོ། །སྙིང་གར་རྣམ་བཅུ་དབང་ལྡན་བརྩེགས་པར་བསམས་ ནས། ༀ་ཧྐྵྨླྺྼྻ྆་སྭཱཧཱ། ཞེས་པ་ཅི་ནུས་བཟླ། ཐུན་མཚམས་སུ་དགེ་བ་བསྔོ། འདི་ལ་གཏོར་བསྔོ་སོགས་མེད་ཀྱང་རུང་ལ། སྤྲོ་ན། ༀ་ཨཱཿཧཱུཾ་ཧྲཱ་ཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། ༀ་ཨཱཿཧཱུཾ་ཧོ། ཞེས་བྱིན་གྱིས་བརླབས། སངས་ རྒྱས་ཡབ་ཡུམ་སྲས་དང་བཅས་པ་གཡོག་འཁོར་དང༌། །གྲོགས་བཅས་གཉེན་རྣམས་ 15-1-120 དག་གིས་བསྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌། ། མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །ཞེས་མདུན་དུ་སྤྱན་དྲངས། སྙིང་པོར་མཐར་ ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ལ། སྟོང་ཉིད་སྙིང་རྗེའི་ བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིགས་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་ སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ ཀྱིས་གསོལ་བ་བཏབ། རྗེས་སྤྱི་དང་མཐུན། གཏོར་མ་རྒྱས་པ་ལ་དགའ་ན། སྒྲུབ་ཐབས་ཆེན་མོ་རྣམས་སུ་ཤེས་པར་བྱའོ། །འདིའི་ རྗེས་གནང་སྤྱི་དང་འདྲ་ལ། ཐུགས་ཀྱི་རྗེས་གནང་ཕྱག་མཚན་བསྟིམ་པ་ཉིད་ཡིན་ནོ། །སྒྲུབ་ཐབས་ཀུན༷་ལས་ཆེས་བསྡུས་པ། །བློ་ དམན་དག༷འ་བ་བསྐྱེད་པའི་གཞི། །བསྐྱེད་རིམ་སྙིང༷་པོ༷་ཉུང་ངུའི་ངག །འདི་ཡང་འགྲོ་ལ་ཕན་ཕྱིར་བརྩམས། །དུས་འཁོར་ལྷན་ སྐྱེས་ཀྱི་སྒྲུབ་ཐབས་བསྟན་པའི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། དུས་གསུམ་ཁྲོ་རྒྱལ་ཧེ་རུ་ཀ །ཀུན་འདུས་ཁྲོ་བོའི་དབང་པོ་ནི། །འཇིགས་བྱེད་སྣ་ཚོགས་གཟུགས་ འཆང་བ། །དུས་འཁོར་ཁྲོས་པ་ལ་ཕྱག་འཚལ། །འདི་ལ་རྒྱས་པར་ན་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་རྫོགས་ ཀྱི་བསྲུང་འཁོར་གྱི་སྐབས་བཞིན་བསྒོམ་པ་ཡིན་མོད་ཀྱི། འདིར་བླ་མའི་མན་ངག་གིས་མདོ་ཙམ་དུ་བྱ་བ་ནི། སྐྱབས་སེམས་ སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་རྡོ་རྗེ་རྭ་བའི་དབུས་ན། ༀ་པཾ་བི་ཤྭ་བཛྲ་པདྨཾ་ཀུ་རུ་ཀུ་རུ་ སྭཱཧཱ། དེའི་ལྟེ་བར་ཉི་མའི་གདན། ༀ་ར་བཛྲ་སཱུརྱ་བཛྲ་སཱུརྱ་ཨ་ས་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། དེའི་ སྟེང་དུ་ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་ཁྲོ་བོའི་དབང་པོ་རྡོ་ རྗེ་ཤུགས་སྐུ་མདོག་དུས་མཐའི་སྤྲིན་དང་མཚུངས་པ་ཞལ་བཞི་པ། ཕྲག་པ་དྲུག་པ། དཔུང་ པ་བཅུ་གཉིས་པ། ཕྱག་ཉི་ཤུ་རྩ་དྲུག་པ། གཡས་དང་གཡོན་དང་དབུས་ཀྱི་མགྲིན་པ་དམར་ པོ་དང་དཀར་པོ་དང་ནག་པོའི་མདོག་ཅན། མདུན་ཞལ་ནག་པོ། གཡས་ཞལ་དམར་པོ། གཡོན་ཞལ་དཀར་པོ། རྒྱབ་ཞལ་སེར་པོ། ཞལ་རེ་རེ་ཞིང་སྤྱན་དམར་པོ་གསུམ་གསུམ་དང་ ལྡན་ཞིང༌། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། གཡས་དང་གཡོན་གྱི་ཕྲག་པ་དང་པོ་ནག་ 15-1-121 པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ། དཔུང་པ་གཉིས་ནག་པོ། གཉིས་དམར་པོ། གཉིས་དཀར་པོ། ཕྱག་ངར་བཞི་ནག་པོ། བཞི་དམར་པོ། བཞི་དཀར་པོ། དེ་རྣམས་རེ་རེ་ལ་ ཡང་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ ཆུང་ལྗང་ཁུའོ། །དེ་རྣམས་རེ་རེ་ལ་ཡང་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ། དེ་ལྟ་བུའི་གཡས་ཀྱི་ཕྱག་བཅུ་གཉིས་རྣམས་ན། ཁྲོ་བོའི་རྡོ་རྗེ། རལ་གྲི། རྩེ་གསུམ། གྲི་ཁུག །མདའ། རྡོ་རྗེ་ལྕགས་ཀྱུ། ཌ་མ་རུ། ཐོ་བ། འཁོར་ལོ། མདུང༌། དབྱུག་ པ་དགྲ་སྟ་རྣམས་འཛིན་པ། གཡོན་གྱི་ཕྱག་བཅུ་གཉིས་རྣམས་ན། རྡོ་རྗེའི་དྲིལ་བུ། ཕུབ། ཁ་ ཊྭཱཾ་ག ཁྲག་གིས་གང་བའི་ཐོད་པ། གཞུ། ཞགས་པ། རིན་པོ་ཆེ། པདྨ། དུང༌། མེ་ལོང༌། རྡོ་རྗེའི་ལྕགས་སྒྲོག ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། ལྷག་པའི་ཕྱག་གཉིས་ གཡས་པ་ནག་པོ་དང༌། གཡོན་པ་སེར་པོའི་སྡིགས་མཛུབ་དང་བཅས་ཏེ་གླང་པོ་ཆེའི་པགས་ པ་སྟོད་གཡོགས་སུ་གྱོན་པ། བདུད་ཀྱི་མགོ་བོ་དང་ཁྲག་གིས་གང་བའི་ཐོད་པ་བསྣམས་པ། ཞབས་གཡོན་བསྐུམས། གཡས་བརྐྱང་པའི་སྟབས་ཀྱིས་བདུད་དང་ཉོན་མོངས་པ་དང༌། ཡི་ དྭགས་ཀྱི་རྒྱལ་པོ་རྣམས་ཀྱི་སྙིང་གར་མནན་པ། ཀླུའི་དབང་པོ་རྒྱལ་བ་རལ་བའི་ཅོད་པན་ ལ་བཅིངས་ཤིང༌། རྣམ་པར་རྒྱལ་བ་དར་དཔྱངས་ལ་བཅིངས་ཏེ་གནས་པ། སྟོབས་ཀྱི་རྒྱུ་ དང་པདྨ་རྣ་རྒྱན་ལ་གནས་པ། ནོར་རྒྱས་དང་དུང་སྐྱོང་ཕྱག་གདུབ་ལ་གནས་པ། མཐའ་ཡས་ དང་རིགས་ལྡན་འོག་པག་དང་མགུལ་རྒྱན་ལ་གནས་པ། འཇོག་པོ་དང་པདྨ་ཆེན་པོ་ཞབས་ གདུབ་ལ་གནས་པ། ཕྲག་པར་བདུད་རིགས་བརྒྱའི་མགོ་བོའི་ཕྲེང་བ་འཆང་བ། སྤྱི་བོར་ཐོད་ པ་ལྔའི་ཕྲེང་བས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཐུགས་ཀར་ཉི་ མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས། རང་དང་འདྲ་བའི་ཡེ་ཤེས་ སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿཧི། དཔྲལ་བར་ༀ། མགྲིན་པ་ཨཱཿ ཐུགས་ཀར་ 15-1-122 ཧཱུཾ། ལྟེ་བར་ཧོཿ གསང་བར་ཧཾ། གཙུག་གཏོར་དུ་ཀྵཿ དེ་ནས་སྤྲོ་ཞིང་ནུས་ན། བྱིས་པ་འཇུག་པའི་དབང་ བདུན་སྔགས་དབང་དུ་བླང་ཞིང༌། རྒྱན་བཀོད་རྣམས་ཀྱང་རྒྱས་པར་བྱ། བསྡུ་ན། ༀ་ཨ་ཨི་ར་ཨུ་ལ་པཉྩ་དྷཱ་ཏུ་བི་ཤྭ་ དྷ་ནི་སྭཱཧཱ། ཞེས་དབང་གི་ལྷ་རྣམས་ཀྱིས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ༀ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མ། ཞེས་པ་ལ་སོགས་པས་མཆོད། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། ། དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། ཁམས་གསུམ་རྣམ་ རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། ཁྲོ་བོའི་དབང་པོ་ཀུན་གྱི་གཙོ། །དུས་ མཐའི་སྤྲིན་མཚུངས་ཧེ་རུ་ཀ །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ལོ། །དེ་ནས་རྐང་པ་བཅུ་དྲུག་པ་དང༌། རྐང་ པ་བདུན་ཅུ་རྩ་གཉིས་པའི་རིགས་སྔགས་ཅི་ནུས་སུ་བཟླ་ཞིང་དེ་དག་མི་ཤེས་པའམ། མི་ནུས་ན། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿབཛྲ་ བེ་ག་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ཅི་ནུས་སུ་བཟླ། ༀ་ཧཱུཾ་ཀྲོ་དྷ་ཨིན་དྲོ྅ཧཾ། ཀྲོ་དྷ་ནཾ། ཨ་ཛྙཱ་དཱ་ཡ་ཀ་སྭཱཧཱ། ཞེས་ པའང་ཁྲོ་བོ་རྣམས་བསྐུལ་བའི་དོན་དུ་བཟླ་ཞིང༌། ༀ་ཨ་ར་ར་ར་ར། ལ་ལ་ལ་ལ། བཛྲ་ཨ་བེ་ཤ་ཡ་ཧཱུཾ་ཞེས་ པའང་ཡེ་ཤེས་དབབ་པའི་དོན་དུ་བཟླའོ། །བཟླ་ཚུལ་གཞན་ཡང༌། ༀ་ཧྭེ་ཕཊ། ཅེས་འབུམ་གྱིས་བསྣུན་པ་དང༌། ༀ་ཡྭེ་ཧཱུཾ། འབུམ་གྱིས་དབབ་པ་དང༌། ༀ་ཏྭཻ་བཽ་ཥཊ། འབུམ་གྱིས་བསྲེག་པ་དང༌། ༀ་ཝྭེ་ན་མཿ འབུམ་གྱིས་བསླང་བ་དང༌། ༀ་ ལྭེ་སྭཱཧཱ། འབུམ་གྱིས་རྒྱས་པ་དང༌། ༀ་བེ་ཝཾ་ཕཊ། འབུམ་གྱིས་མཉེས་པར་བྱ་བ་རྣམས་ཐུགས་ཀྱི་བཟླས་པ་དང༌། ༀ་ བཛྲ་བེ་ག་སྭཱཧཱ། འབུམ་ཕྲག་བཅུ་གསུང་གི་བཟླས་པ་དང༌། གོང་དུ་བཤད་པའི་སྙིང་པོ་བྱེ་བ་སྐུའི་བཟླས་པའོ། །རྫོགས་ པའི་རིམ་པ་ཡང་ཅི་རིགས་པར་སྒོམ་ཞིང༌། ཐུན་མཚམས་སུ་ཡང་ལྷའི་ང་རྒྱལ་ལ་གནས་པར་བྱའོ། ། འདིའི་རྗེས་གནང་བྱ་བར་འདོད་པས། མཎྜལ་པདྨ་ལྗང་ཁུའི་ལྟེ་བར་ཉི་ཟླ་སྒྲ་གཅན་མཚོན་བྱེད་ཀྱི་གདན་དམར་དཀར་ ནག་གསུམ་བརྩེགས་པ་ལ། ཚོམ་བུ་ལྗང་ཁུ་གཅིག་བཀོད། མཆོད་པ་བཅུ་གཉིས་པོ་འཕྲེང་ལ་བསྒྲིགས་པའམ། ཕྱོགས་ཕྱོགས་སུ་ འགོད་ན། སྟེང་གི་གཉིས་ཤར་དང༌། འོག་གི་གཉིས་ནུབ་ཀྱི་གྲལ་ལ་འགོད། དེ་ལ་ཤར་དུ་དྲི་ཆབ་དང་མེ་ཏོག ལྷོ་རུ་སྤོས་དང་ མར་མེ། བྱང་དུ་ཞལ་ཟས་དང་ཤིང་ཏོག ནུབ་ཏུ་སྒེག་མོ་དང་བཞད་མ་མཚོན་པའི་ན་བཟའ་དང་མེ་ལོང༌། སྟེང་གི་སྒྲ་མའི་ཏིང་ ཤགས་སོགས་རོལ་མོ་གང་རུང་དང༌། གར་མའི་རྡོར་དྲིལ་ལྟ་བུ། འོག་གི་འདོད་མའི་ཆོས་འབྱུང་དང༌། གླུ་མ་མཚོན་བྱེད་ཀྱི་པི་ཝཾ་ 15-1-123 རྣམས་བཤམས། དབུས་སུ་གཏོར་མ་ཟླུམ་གཏོར་དབལ་ཅན་འགོད། འབུལ་གཏོར་གཙོ་འཁོར་བདུན་པའི་ཟུར་དྲུག་པ་བཤམས། སྒྲུབ་པ་པོའི་མདུན་དུ་ནང་མཆོད། རྡོར་དྲིལ་ཅང་ཏེའུ་སོགས་ཚང་བར་བྱས་ལ། ནང་མཆོད་ༀ་ཨཱཿཧཱུཾ་ཧོཿ ཞེས་བྱིན་གྱིས་ བརླབས། མཆོད་པ་རྣམས་ༀ་ཨཱཿཧཱུཾ་ཧྲ་ཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཤེལ་གྱི་ སྣོད་སོར་བཅུ་གཉིས་པ་རྣམས་ཀྱི་ནང་དུ། ༀ་ཨཱཿཧཱུཾ་ཧོཿརྣམས་ལས་བྱུང་བའི་ཆུ་དང་མཆོད་ ཡོན་དང༌། དྲི་དང་མེ་ཏོག་ལ་སོགས་པའི་མཆོད་རྫས་རྣམས་དང༌། ཨིནྡྲ་ནཱི་ལ་ལ་སོགས་པའི་ རྣམ་པ་མང་པོའི་རིན་པོ་ཆེ་དང༌། ནང་གི་དམ་ཚིག་དང༌། དམ་ཚིག་རྣམ་པ་བཞིའི་རྫས་ལ་ སོགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་མཆོད་པའི་སྤྲིན་རབ་འབྱམས་ཀྱི་ ངོ་བོར་གྱུར། ༀ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ ༀ་བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ དེ་བཞིན་དུ། དྷཱུ་པཾ། དཱི་པཾ། ནཻ་ཝི་ཏྱཾ། ཨཀྵ་ཏྱཾ། ལཱ་སྱཾ། ཧ་སྱཾ། ཝཏྱཾ། ནིརྟྱཾ། གིརྟྱཾ། ༀ་བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ རོལ་མོ་བྱིན་ འབེབས་སྤྱི་དང་མཐུན་པས་བྱིན་དབབ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ནས། མཆོད་ བསྟོད་ཀྱི་བར་བདག་བསྐྱེད་ཉིད་འདོན་པ་སྤོས་པས་ཆོག་པ་ལས། གཙོ་བོ་བསྐྱེད་ཟིན་པའི་མཚམས། ཧ་ཧཱ། ཡི་ཡཱི། ཪྼྀ་ཪྼཱྀ། ཝུ་ཝཱུ་ལླྀ་ལླཱྀ་རྣམས་ལས་བྱུང་བའི་ཁྲོ་བོ་བཅུ་དང༌། ང་ངཱ་། ཉི་ཉཱི། ཎྼྀ་ཎྼཱྀ། མུ་མཱུ། ནླྀ་ནླཱྀ་རྣམས་ ལས་བྱུང་བའི་ཟད་པར་བཅུ་དང༌། གྷ་གྷཱ། {ཛྷི་ཛྷཱི། ཌྷྲཱམ་ཌྷཱྀ།[ཌྷྲྀ་ཌྷྲཱྀ། ཛྙ་ཛྙཱ] བྷུ་བྷཱུ། དྷླྀ་དྷླཱམ་རྣམས་ ལས་བྱུང་བའི་ཕྱོགས་སྐྱོང་བཅུ་དང་། ག་གཱ། ཛི་ཛཱི། ཌྼྀ་ཌྼཱྀ། བུ་བཱུ། དླྀ་དླཱྀ་རྣམས་ལས་བྱུང་བའི་ གཟའ་བཅུ་དང༌། ཁ་ཁཱ། ཚི་ཚཱི། ཋྼྀ་ཋྼཱྀ། ཕུ་ཕཱུ། ཐླྀ་ཐླཱྀ་རྣམས་ལས་བྱུང་བའི་ཀླུ་བཅུ་དང༌། ཀ་ཀཱ། ཙི་ཙཱི། ཊྼྀ་ཊྼཱྀ། པུ་པཱུ། ཏླྀ་ཏླཱྀ་རྣམས་ལས་བྱུང་བའི་འབྱུང་པོ་བཅུ་རྣམས་ཀྱང་འཁོད་པར་གྱུར། ཅེས་དང༌། ཡེ་ཤེས་སྤྱན་འདྲེན་གྱི་སྐབས། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་སྡེ་དྲུག་སྲུང་མ་དྲུག་ཅུའི་ཚོགས་ དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་དང༌། བསྟོད་པའི་མཐར། ཁྲོ་བོ་བཅུ་དང་ཟད་པར་བཅུ། །ཕྱོགས་ སྐྱོང་བཅུ་དང་གཟའ་མཆོག་བཅུ། །ཀླུ་རྒྱལ་བཅུ་དང་འབྱུང་པོ་བཅུ། །སྲུང་མ་དྲུག་ཅུའི་ཚོགས་ ལ་འདུད། །ཅེས་བསྟོད། དེ་ནས་གཏོར་མ་འབུལ་བ་ནི། གཏོར་མ་བསངས་སྦྱངས། སྔགས་ཚན་བཞིའི་བྱིན་གྱིས་བརླབ་ 15-1-124 པ་རྒྱས་པའམ། མི་ཤེས་སམ། མི་ལྕོགས་ན། ༀ་ཕྲེཾ་བཛྲ་ཌཱ་ཀི་ནཱི་བཛྲ་དྷ་ཏཱི་ཤྭ་རཱི་ག་ག་ན་སྭ་བྷཱ་ཝ་སརྦ་དྲ་ བྱ་བི་ཤྭ་དྷ་ནི་སརྦ་དྲ་བྱ་ཎི་བི་ཤྭ་དྷ་ཡ་ཧཱུཾ་ཕྲེཾ་ཕཊ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས། ༀ་ཨཱཿཧཱུཾ་ཧོཿ ཞེས་ལན་མང་དུ་བརྗོད། སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་གཡོག་འཁོར་དང༌། གྲོགས་ བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་ བྱེད་རྣམས་དང༌། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །ཞེས་སྤྱན་དྲངས། ༀ་ཨཱཿཧཱུཾ་ཧོཿ བཛྲ་བྷཻ་ར་ཝ་ཡ་བྷིས་ཀ་ར་ཡ། ༀ་ཨཱཿཧཱུཾ་ཧོཿ ཨུཥྞི་ཥ། སུམྦྷ་ནི་སུམྦྷ། བིགྷནཱནྟ་ ཀ་ནཱི་ལ་དནྜ་པྲཛྙཱནྟ་ཀ ཊཱཀྐི་རཱ་ཛ་ཡ་པདྨཱནྟ་ཀ ཨ་ཙ་ལ་ཡ་མཱནྟ་ཀ མཧཱ་བཱ་ལེ་བྷྱཿ ཞེས་རྡོ་རྗེ་རྩེ་ ལྔའི་ཕྱག་རྒྱ་བསྟན། ༀ་ཨཱཿཧཱུཾ་ཧོཿ ཨཱ་ཀ་ཤ བཱ་ཡུ། ཏེ་ཛ། ཨུ་ད་ཀ པྲི་ཐི་བི། ས་དྷི་ཏེ་བྷྱཿ ཞེས་གྲི་ གུག་གི་ཕྱག་རྒྱ་དང༌། ༀ་ཨཱཿཧཱུཾ་ཧོཿ བྲཧྨ། བིཥྞུ་ནི་རི་ཏྱ། ཝཱ་ཡུ། ཡཱ་མ། ཨགྣི། ས་མུ་དྲ། ཨཱི་ཤྭ་ར། ཨིནྡྲ། ཡཀྵེ་བྷྱཿ ཞེས་རལ་གྲིའི་ཕྱག་རྒྱ་དང༌། ༀ་ཨཱཿཧཱུཾ་ཧོཿ ར་ཧཱུ་ཀཱ་ལཱགྣི། ཙནྡྲ། སུརྱ། བུདྷ་མངྒ་ལ། ཤུ་ཀྲ་པྲཱ་ཧས་པ་ཏི། ཀེ་ཏུ་ཤ་ནི་བྷྱཿ ཞེས་རིན་པོ་ཆེའི་ཕྱག་རྒྱ་དང༌། ༀ་ཨཱཿཧཱུཾ་ཧོཿ ཛ་ཡ་བི་ཛ་ཡ། པདྨ་ ཀརྐོ་ཊ། བ་སུ་ཀི ཤངྐ་པ་ལ། ཀུ་ལེ་ཀ་ཨཱ་ནནྡ། ཏཀྵ་ཀ་མཧཱ་པདྨེ་བྷྱཿ ཞེས་པདྨའི་ཕྱག་རྒྱ་དང༌། ༀ་ ཨཱཿཧཱུཾ་ཧོཿ བེ་ཏ་ཊ། བི་ཀྲྀ་ཏ་མུ་ཁ། ཤྭ་ཀཱ་ཀ སུ་ཀཱ་ར། གྲྀ་དྷ། བྱ་གྷྲ། ཨཱུ་ལུ་ཀ ཛཾ་བུ་ག ག་རུ་ ཌ་མུ་ཁེ་བྷྱཿ ཞེས་འཁོར་ལོའི་ཕྱག་རྒྱ་རྣམས་ཀྱི་སོ་སོར་སྤྱན་དྲངས་ཤིང་བཞུགས་སུ་གསོལ་ལ། རེ་རེའི་མཐའ་འམ་བསྡུ་ ན། ཨི་དཾ་བཱ་ལིང༌། གནྡྷཾ། པུཥྤཾ། དཱི་པཾ། ཨཀྵ་ཏཾ། དྷ་དཱ་མ་ཧེ། ཏེ་ཛ་ཨཱ་ག་ཏྱ་ས་པ་རི་ཝཱ་ར་ཤྲཱི་ གྷྲཾ་ཨི་དཾ་བ་ལིང་གྲྀཧྣནྟུ། ཁ་དནྟུ། པི་ཝནྟུ། ཛཿཧཱུཾ་བཾ་ཧོཿ སཾ་ཏྲིབྟ། སརྦ་སཏྭ་ནཾ། ཤནྟིཾ། པུཥྚིཾ་ རཀྵཾ་ཨ་ཝ་ར་ཎ། གུཔྟ་ཀུཪྺནྟུ་ཧཱུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་ཐུན་མོང་དུ་ལན་གསུམ་ ཕུལ། སྤྲོ་ན། མཁའ་འགྲོ་མ་རྣམས་དང༌། ཡུལ་བདག་གྲོང་བདག་རྣམས་ལའང་སྦྱིན། འདི་ནི་མཆོད་གཏོར་ལྷན་ཅིག་ཏུ་འབུལ་ བའི་ཚུལ་ཡིན་པས། གཏོར་མའི་རྗེས་ལ་མཆོད་པ་བཅུ་གཉིས་འབུལ་བ་མེད་ཀྱང་ཆོག དེང་སང་གི་ལག་ལེན་ལྟར་ན། མཆོད་ པ་བཅུ་གཉིས་ཕུལ། ༀ་ཨཱཿཧཱུཾ་ཧོཿ བཛྲ་བྷཻ་ར་ཝ། ཧ་ཡ་ར་ཝ་ལ། ང་ཉ་ཎ་མ་ན། གྷ་ཛྷ་ཌྷ་བྷ་དྷ། ག་ 15-1-125 ཛ་ཌ་བ་ད། ཁ་ཚ་ཋ་ཕ་ཐ། ཀ་ཙ་ཊ་པ་ཏ། ༀ་ཨཱཿཧཱུཾ་ཧོཿ ཞེས་ནང་མཆོད་ཕུལ། བསྟོད་པ་རྒྱས་བསྡུས་གང་ རུང་གིས་བསྟོད། འདོད་དོན་གསོལ་བ་བཏབ། མདུན་བསྐྱེད་ལ་དམིགས་ནས་བཟླས་པ་ཅུང་ཟད་བྱ། དེ་ནས་སློབ་མས་མཎྜལ་ ཕུལ། མི་བཟད་འཁོར་བས་འཇིགས་པ་དག་ནི་དེ་རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ ལྷག་པར་མཆི། ཁྱོད་ཀྱིས་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ ངག་སེམས་ནི་དག་པས་སོ། །ཞེས་ལན་གསུམ། སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། ཤིན་ཏུ་ མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་ དེ་ཀུན་སོ་སོར་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་དག་མཐའ་དག་ལ་ནི་ སྡིག་པ་རྣམ་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པའི་རྗེས་ཡི་རང༌། །སངས་རྒྱས་དང་ཆོས་ དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། དག་པ་གསུམ་གྱིས་བདག་གི་དངོས་འབུལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མྱ་ངན་མི་འདའ་ བཞུགས་སུ་གསོལ། རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ ཅན་དོན་གྱི་སླད་དུ་བདག་བགྱིད་དོ། །ཞེས་ལན་གསུམ་གྱིས་རྒྱུན་བཤགས་བྱ། འདོད་པའི་རྡོ་རྗེ་ལ་ནི་ རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་གྱི་ འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། རལ་གྲི་ལ་ནི་མཆོད་པ་བགྱི་ སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་དག་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ཞེས་ ལན་གསུམ་གྱིས་རིགས་དྲུག་གི་སྡོམ་པ་བཟུང༌། འབྲུ་གསུམ་གྱིས་སློབ་མ་ལ་བདུད་རྩི་སྦྱིན། གནས་དྲུག་བྱིན་གྱིས་བརླབས། སློབ་དཔོན་དང་མདུན་བསྐྱེད་རྡོ་རྗེ་ཤུགས་གཙོ་རྐྱང་དེ། སྡེ་དྲུག་སྲུང་མ་དྲུག་ཅུའི་ཚོགས་དང་ བཅས་པར་མོས་སུ་བཅུག སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་སློབ་མའི་ལུས་སྦྱངས། སྒྲུབ་ 15-1-126 ཐབས་བཞིན་སློབ་མ་གཙོ་བོར་བསྐྱེད་དེ། ཡེ་ཤེས་པ་སྤྱན་དྲངས། གནས་བཞི་བྱིན་རླབས། དབང་བསྐུར་བསྡུས་པ་རྣམས་ཀྱང་ སྒྲུབ་ཐབས་བཞིན་བྱ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པའི་དཔྲལ་བ་ནས། ཀླུ་བཅུ་ དང༌། འབྱུང་པོ་བཅུ་དཔག་ཏུ་མེད་པ་སྤྲོས་ནས་སློབ་མའི་དཔྲལ་བར་ཐིམ། རོལ་མོའི་སྒྲ་བྱ། སྐུའི་རྗེས་གནང་ངོ༌། །མགྲིན་པ་ནས་ཕྱོགས་སྐྱོང་དང་གཟའ་བཅུ་སྤྲོས་ཏེ། སློབ་མའི་མགྲིན་ པར་ཐིམ། གསུང་གི་རྗེས་གནང་ངོ༌། །ཐུགས་ཀ་ནས་ཟད་པར་བཅུ་དང་ཁྲོ་བོ་བཅུ་སྤྲོས་ཏེ་ སྙིང་གར་བསྟིམ། ཐུགས་ཀྱི་རྗེས་གནང་ངོ༌། །ལྟེ་བ་ནས། ཁྲོ་བོ་རྡོ་རྗེ་ཤུགས་ཉིད་དཔག་ཏུ་ མེད་པ་སྤྲོས་ཏེ། ལྟེ་བར་ཐིམ། ཡེ་ཤེས་ཀྱི་རྗེས་གནང་ངོ༌། །དེ་ནས་འཕྲིན་ལས་གཏོར་མའི་བཀའ་བསྒོ་སྤྱི་ དང་འདྲ་བར་བྱ། རྗེས་གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་བདག་ བྲན་དུ་སོགས་ཡོན་ཕུལ། དགེ་བ་བསྔོ། མདུན་བསྐྱེད་ཀྱི་མཆོད་པ་ཁ་གསོས། གོང་བཞིན་མཆོད་པ་བྱིན་གྱིས་བརླབས་ནས་ ཕུལ། བསྟོད་པ་བྱ། དངོས་གྲུབ་སྩོལ་བར་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཏོར་མགྲོན་རྣམས་གཤེགས་སུ་ གསོལ། གསང་བར་ཧཾ་ཡིག་ལ་ཁྲོ་བོའི་འཁོར་ལོ་རྣམས་གཤེགས་སུ་གསོལ། གཙུག་ཏོར་དུ་ ཨཾ་ཡིག་ལ་ཟད་པར་གྱི་འཁོར་ལོ་རྣམས་གཤེགས་སུ་གསོལ། དཔྲལ་བར་ཨི་ཡིག་ལ་ཕྱོགས་ སྐྱོང་གི་འཁོར་ལོ་རྣམས་གཤེགས་སུ་གསོལ། མགྲིན་པར་ར་ཡིག་ལ་གཟའི་འཁོར་ལོ་རྣམས་ གཤེགས་སུ་གསོལ། སྙིང་གར་ཨཱུ་ཡིག་ལ་ཀླུའི་འཁོར་ལོ་རྣམས་གཤེགས་སུ་གསོལ། ལྟེ་ བར་ལ་ཡིག་ལ་འབྱུང་པོའི་འཁོར་ལོ་རྣམས་གཤེགས་སུ་གསོལ། མཇུག་ཏུ་སྨོན་ལམ་དང་བཀྲ་ཤིས་ ཅི་འགྲུབ་བྱའོ། །རབ་ཟབ་སྒྲུབ་ཐབས་འདི་བཤད་བདག །ཀུན༷་ལ་ཕན་ཕྱིར་དག༷འ་བས་ཏེ། །སྙིང༷་ནས་ཆོས་བརྒྱད་ཁུར་གྱིས་ མིན། །དྲང་པོ༷ར་བརྗོད་ལ་རང་ཡང་མགུ། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། ། ༄༅། །ༀ་སྭཱ་སྟི། གང་འདིར་བདུད་བཞི་ལས་རྒྱལ་བར། །འདོད་དེས་དྲག་ཤུལ་བླ་ན་མེད། །ཤིན་ཏུ་མཆོག་ གྱུར་གཤིན་རྗེ་གཤེད། །སྒོམ་པའི་ཚུལ་ལ་འབད་པར་བྱོས། །འདིར་གཤེད་དམར་ལྷན་སྐྱེས་སྒོམ་པར་འདོད་པས། སྐྱབས་ སེམས་སྔོན་དུ་འགྲོ་བས། སྙིང་གར་ཨ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་དབྱུག་པ་ཧཱུཾ་གིས་མཚན་པའི་ 15-1-127 འོད་ཀྱིས། བླ་མ་དང་གཤིན་རྗེ་གཤེད་དམར་པོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨརྒྷཾ་ ནས་ཤཔྟའི་བར་གྱིས་མཆོད། གུར་ནས་འབྱུང་བའི་ཡན་ལག་བདུན་པ་བྱ། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཤཱུ་ ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་བསྲུང་འཁོར་གཞལ་ཡས་ཁང་དང་ བཅས་པའི་དབུས་སུ། པཾ་ལས་པདྨའི་ལྟེ་བར་ཉི་མ། དེའི་སྟེང་དུ་ཧཱུཾ་ལས་དབྱུག་པ་ཧཱུཾ་གིས་ མཚན་པ། དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་ གཤིན་རྗེ་གཤེད་དམར་པོ་ཉི་མ་བྱེ་བའི་གཟི་ཅན། མཆེ་བ་རྣོན་པོ་གཙིགས་ཞིང་བཞད་པ་ ཕྱག་གཡས་པས་རྡོ་རྗེ་དབྱུག་པ་དཀར་པོ་མི་མགོ་རློན་པས་མཚན་པ་འཕྱར་བས་འཇིག་རྟེན་ གསུམ་འདུལ་བ། གཡོན་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་ པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་མ་ཧེའི་སྟེང་དུ་ལས་ཀྱི་གཤིན་རྗེ་བསྒྱེལ་ནས་ བརྫིས་པ། སྟག་ལྤགས་ཀྱི་ཤམ་ཐབས། ཐོད་སྐམ་གྱི་དབུ་རྒྱན། མགོ་རློན་གྱི་དོ་ཤལ། ཀླུ་ བརྒྱད་ཀྱི་རྒྱན་དང་བཅས་པ། སྤྱན་གསུམ་སྐྲ་སེར་གྱེན་དུ་འབར་བ། རང་མཚུངས་ཀྱི་ཡུམ་རྡོ་ རྗེ་རོ་ལངས་མ། ཐོད་སྐམ་གྱི་འཕྲེང་བ་ཅན་གྱིས་{འབྱུང་བ[འཁྱུད་པ]། བདུད་དང་གཤིན་ རྗེ་མཐའ་དག་རླག་པར་མཛད་ཅིང༌། སྐུ་ལ་འབར་བའི་ཕྲེང་བའི་འཁྲུགས་པའོ། །སྙིང་གར་ པད་ཉི་ལ་ཧཱུཾ་ལས་དབྱུག་པ་དཀར་པོ་ཧཱུཾ་གིས་མཚན་པ། ཧཱུཾ་ལས་ཡབ་ཀྱི་རྡོ་རྗེ། ཨ་ལས་ཡུམ་ གྱི་པདྨ། ཡབ་ཡུམ་སྙོམས་པར་ཞུགས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ ཀོ྅ཧཾ། ལྷ་མོའི་ལྟེ་བའི་འོག་ཏུ་པདྨ་དམར་པོའི་ལྟེ་བར་ཧྲཱིཿདམར་པོ། སྤྱི་བོའི་ཧཾ་ལས་བྱུང་ བའི་རེ་ག་དམར་པོ་འབབ་བཞིན་པར་གྱུར། རང་གི་སྙིང་གའི་འོད་ཀྱིས་གཤིན་རྗེ་གཤེད་ རིགས་ལྔ་བཛྲ་ས་མཱ་ཛཿ ༀ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། ༀ་ བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར་ཏེ་རྡོ་རྗེ་སེམས་དཔའི་དབུ་བརྒྱན། ཛཿཧཱུཾ་བཾ་ཧོཿ ཞེས་རང་ལ་གཉིས་སུ་མེད་པར་ཐིམ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ནང་མཆོད་གཏོར་མ་ལྟར་བྱིན་ 15-1-128 གྱིས་བརླབས་ལ། སྙིང་པོའི་མཐར་འབྲུ་གསུམ་གྱིས་ཕུལ། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་ རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་ གཙོ་ལ་ཕྱག་འཚལ་བསྟོད། །དེ་ནས་ཡིད་ཀྱིས་སྟོང་པར་བསྡུས་ལ། སླར་ཡང་ལྷ་སྐུར་ལངས་ལ། ༀ་ཧྲཱིཿཥྚཱི་བི་ ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ཅི་ནུས་བཟླས། མཇུག་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། གཏོར་མ་ཡང་ཨ་མྲྀ་ ཏས་བསངས། སྭ་བྷཱ་ཝས་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེ། ཧཱུཾ་ལས་ཐོད་པའི་ནང་དུ། ༀ་ཨཱཿཧཱུཾ། ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས། ཕྱོགས་སྐྱོང་བ་ལ་སོགས་པའི་གཏོར་མ་རྒྱས་པར་སྦྱིན་པར་འདོད་ན། མངོན་རྟོགས་ རྒྱས་པར་ཤེས་པར་བྱ་ལ། འདིར་ནི་གཙོ་རྐྱང་ལ་འབུལ་བའམ། བསྡུས་པའི་དབང་དུ་བྱས་ནས། རང་གི་སྙིང་གའི་འོད་ ཟེར་གྱིས་བཅོམ་ལྡན་འདས་གཤིན་རྗེ་གཤེད་འཁོར་བཅས་བཛྲ་ས་མཱ་ཛཿ ༀ་ཧྲཱིཿཥྚཱི་བི་ཀྲི་ཏཱ་ ན་ན་རཀྟ་ཡ་མཱ་རི་ཨི་དཾ་བ་ལིཾ་གྲྀཧྣ་གྲྀཧྣ་མ་མ་བིགྷྣན་ཧ་ར་ཧ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པའམ། ཧྲཱིཿཥྚཱིའི་མཐར་ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གོང་བཞིན་བསྟོད་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་སུ་ གསོལ་བ་རྣམས་སྤྱི་དང་མཐུན། ལྷན་སྐྱེས་ཀྱི་སྒྲུབ་ཐབས་ཅུང་ཟད་རྒྱས་པར་སྒོམ་པར་འདོད་ན། སྔར་སྦྱར་ཟིན་པའི་སྒྲུབ་ཐབས་ སུ་ཤེས་པར་བྱའོ། ། འདིའི་བྱིན་རླབས་ནི་མདུན་དུ་མཎྜལ་ཚོམ་བུ་གཅིག་པ་དང༌། མཆོད་པ་རྒྱས་བསྡུས་གང་རུང་ཞིག་བཤམས། བདག་ མདུན་དབྱེར་མེད་དུ་མངོན་རྟོགས་སྒོམ། ཆོས་སྐྱོང་སོ་སོ་དང་མཁའ་འགྲོ་སྤྱི་གཏོར་གཅིག་འབུལ། བུམ་པ་གཅིག་བཅས་པ། ཧྲཱིཿཥྚཱི་མང་དུ་བཟླ། སྒོམ་རྒྱུ་ནི་མེད། མདུན་བསྐྱེད་རང་ལ། གཏོར་མ་འབུལ་མི་དགོས། སློབ་མ་རྣམས་ལ་ཆོས་བཤད། མཎྜལ། ཀུན་མཁྱེན་ཡེ་ཤེས་སོགས་གསོལ་བཏབ་རྒྱུན་བཤགས་རིགས་ལྔའི་སྡོམ་བཟུང་བྱ། སློབ་དཔོན་གྱི་ཐུགས་ཀ་ ནས་འོད་འཕྲོས། སློབ་མ་རྣམས་ཞལ་དུ་བཅུག ཡུམ་གྱི་མཁའ་ནང་དུ་སློབ་མ་གཤེད་མར་ ཡབ་ཡུམ་དུ་བསྐྱེད། སངས་རྒྱས་རྣམས་སྤྱན་དྲངས་ནས་དབང་བསྐུར། མཁའ་ནང་ནས་ཕྱིར་ 15-1-129 སྤྲོས་པ་ལ་སྐུའི་རྗེས་གནང་བཞིན་ཡེ་ཤེས་པ་བསྟིམ་རོལ་མོ་བྱ། བཅོམ་ལྡན་དེ་བཞིན་གཤེགས་ པ་ཀུན། །སོགས་གསོལ་བ་བཏབ། སངས་རྒྱས་རྣམས་ནི་སོགས་ཀྱིས་བུམ་པས་དབང་བསྐུར། མི་བསྐྱོད་པས་ དབུ་བརྒྱན་ཏེ་བུམ་དབང་ངོ༌། །ནང་མཆོད་བྱིན་རླབས་བསྡུས་པ་ཅིག་བྱ། གཤིན་རྗེ་གཤེད་ཡབ་ཡུམ་དེའི་སྟེང་དུ་ གསལ་བཏབ། བྱང་སེམས་སུ་ཞུ་ནས་བདུད་རྩི་དང་འདྲེས། ཧྲཱིཿཥྚཱི་འབྲུ་གསུམ་དང་བཅས་བཟླས་ཀྱིན་སློབ་ མ་ལ་སྦྱིན་ཏེ། གསང་དབང་ངོ༌། །ཡང་སློབ་མ་ལྷ་སྐུ་གསལ་དྭངས་བདུད་རྩིའི་རོ་མྱོང་བ་བརྗོད་ བྲལ་ལ་ཅུང་ཟད་མཉམ་པར་བཞག ཤེས་རབ་ཡེ་ཤེས་སོ། །སྤྲོས་མེད་ལྟར་སེམས་འཛིན་ མེད་དུ་བཞག་ཏུ་བཅུག སྐྱེ་མེད་དུ་ངོ་སྤྲད། དབང་བཞི་པའོ། །བཟླས་ལུང་དམ་བཅའ་བའི་ ལུང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །སོགས་བྱིན་གྱིས་བརླབས་པའི་ལུང་བྱ། སངས་རྒྱས་ ཀུན་གྱི་རལ་གྲི་ཆེ། །སོགས་རལ་གྲིའི་རྗེས་གནང༌། ཨེ་མ་ཧོ་བསོད་པ་འདི་ནི་བཟང༌། སོགས་ཀྱིས་གྲི་ གུག་དང་ཐོད་པ་སྦྱིན། མངོན་སྤྱོད་ཀྱི་རྗེས་གནང་ངོ༌། །སློབ་མ་གཤེད་དམར་དུ་བསྒོམ་པའི་ལག་ཏུ་དབྱུག་པ་དང་ཐོད་པ་གཏད། གཤིན་རྗེ་གཤེད་པོའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །རྡོ་རྗེ་དབྱུག་པ་ཀ་པཱ་ ལ། །དཔའ་བོས་ཡང་དག་བཟུང་བར་བགྱི། །ཞེས་པས་གཏད། མདུན་བསྐྱེད་སློབ་མ་ལ་ཐིམ་ པར་མོས། སུ་པྲ་ཏིཥྛ་སོགས་རོལ་ཆེན་བྱ། མཆོད་པ་དང་བཀྲ་ཤིས་ཅི་འགྲུབ་བྱ། མཎྜལ་ཕུལ། རྗེས་ཆོག་སྤྱི་དང་འདྲའོ། ། གཤེད་སྐོར་ཀུན༷་ལས་ཟབ་པའི་ཕུལ། །ལྷན་སྐྱེས་སྒྲུབ་ཐབས་ཆེས་དག༷འ་བ། །གཞུང་དང་མན་ངག་ལ་བརྟེན་ནས། །རང་གིས་ སྦྱར་བའི་སྙིང༷་པོ༷འོ། །ཞེས་པ་གཤེད་དམར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བསྟན་པའི་ལེ་ཚན་ནོ།། །། ༄༅། །ན་མོ་གུ་རུ། བསྡུས་པའི་སྒྲུབ་ཐབས་འདིར་ཞུགས་ན། །དྲག་ཤུལ་སྤྱོད་པ་མཐའ་དག་ནི། །སྐད་ཅིག་ གཅིག་གིས་འགྲུབ་འགྱུར་ཞེས། །དུས་གཞན་ཞིག་ན་བླ་མ་གསུང༌། །སཾ་བུ་ཊི་ནས་བཤད་པའི་འཇིགས་བྱེད་བསྡུས་པ་སྒོམ་པར་ འདོད་པས། སྐྱབས་སེམས་ཚད་མེད་བཞི་རྣམས་སྔོན་དུ་བཏང་ནས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ སྐད་ཅིག་ཙམ་གྱིས་བསྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ། པད་ཉི་ལ་ཧཱུཾ་ལས་རྡོ་ རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་རྡོ་རྗེ་འཇིགས་བྱེད་དུས་མཐའི་སྤྲིན་ 15-1-130 ལྟར་གནག་པ། ཞལ་བཞི་ཕྱག་བརྒྱད་ཞབས་བཞི་པ། རྩ་བའི་ཞལ་མ་ཧེའི་གདོང་མཐིང་ནག གཡས་དཀར་གཡོན་དམར། སྟེང་ཞལ་འཇམ་པའི་དབྱངས་ཀྱི་ཞལ་སེར་པོའོ། །ཕྱག་གཡས་ པ་རྣམས་ཀྱིས་རྡོ་རྗེས་མཚན་པའི་གཏུན་ཤིང་དང༌། རལ་གྲི་དང༌། འཁོར་ལོ་དང༌། ཅང་ཏེའུ་ འཛིན་པ། གཡོན་པ་རྣམས་ཀྱིས་ཁ་ཊྭཱཾ་ག་དང༌། ཐོད་པ་དང༌། མདའ་གཞུ་དང༌། ཞགས་པ་ བསྣམས་པ། ཞབས་བཞི་གཡོན་བརྐྱང་དང་གར་སྟབས་ཀྱིས་བདུད་བཞི་མནན་པ། ཐོད་ སྐམ་གྱི་དབུ་རྒྱན་དང༌། མགོ་བོའི་ཕྲེང་བ་དང༌། རུས་པའི་རྒྱན་དྲུག་ལ་སོགས་པ་རྒྱན་རྣམས་ རྫོགས་པ། ལིང་ག་གྱེན་དུ་བསྒྲེང་བ། སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་འགྱེད་པ། མེ་དཔུང་ འབར་བའི་དབུས་ན་བཞུགས་པའོ། །མིག་ཏུ་ཀྵིཾ། རྣ་བར་ཛྲིཾ། སྣ་ལ་ཁཾ། ལྕེ་ལ་གཾ དཔྲལ་བར་ སྐཾ། ལྟེ་བར་སཾ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རྡོ་རྗེ་འཇིགས་བྱེད་མདུན་ གྱི་ནམ་མཁར་སྤྱན་དྲངས། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རང་ལ་དབང་བསྐུར། ཛཿཧཱུཾ་ བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། རང་གི་མདུན་དུ་རཾ་ལས་རྡོ་རྗེ་སྲིན་པོ་རལ་གྲི་དང་ ཐོད་པ་འཛིན་པ་ཁྱིའི་གདོང་ཅན། དེའི་གཡས་སུ་ཡ་ལས་གཤིན་རྗེ་ནག་པོ་བེ་ཅོན་ཐོགས་ པ། གཡོན་དུ་མ་ལས་དུས་མཚན་མ་ནག་མོ་རྩེ་གསུམ་འཛིན་པ་རྣམས་བཀའ་ཉན་གྱི་ཚུལ་དུ་ བསྒོམ་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ནང་མཆོད་བྱིན་གྱིས་བརླབས་ཏེ། སྙིང་པོའི་མཐར་འབྲུ་གསུམ་བཏགས་ ལ་མྱང༌། ཧཱུཾ། དུར་ཁྲོད་རྒྱན་གྱིས་སོགས་ཀྱིས་བསྟོད། སྙིང་གར་རྒྱུའི་འཇམ་དཔལ་དང༌། ཏིང་ངེ་འཛིན་སེམས་དཔའ་ བསྒོམ། བཟླས་པའི་དམིགས་པ་གསལ་བཏབ་ནས། ཡི་གེ་བཅུ་པ་གཙོ་བོར་གྱུར་པའི་སྔགས་གསུམ་ཀའང་བཟླའོ། ཁྱད་པར་ ༀ་བཛྲ་རཀྵ་ས་བྷ་ཀྵ་ས། ཨི་ཏི་ཕཊ། ཅེས་པ་དང༌། ༀ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། བྷྱོཿཁཱ་ལ་རཱ་ཏྲི་བྷྱོཿ ཞེས་པ་རྣམས་ཀྱང་ཅི་འགྲུབ་བཟླ། གཙོ་བོའི་སྔགས་ཧྲཱིཿཥྚཱིའི་ཡི་གེ་བཅུ་བཞི་པ་བཟླ་བར་ཡང་རྒྱུད་ནས་གསུངས་སོ། །འཁོར་ མ་གཤིན་གཉིས་བསྒོམ་པ་ནི། རྒྱུད་ན་མི་གསལ་ཡང་བླ་མའི་མན་ངག་ཡིན་ནོ། །རྒྱུད་ཀྱི་དངོས་བསྟན་ལྟར་ན། འཁོར་རྡོ་རྗེ་སྲིན་ པོ་གཅིག་པུའོ། །མཇུག་ཏུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། གཏོར་མའི་ཆོ་ག་ནི་གཤེད་དམར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བཞིན་ཏེ། 15-1-131 འཁོར་རྣམས་ལ་རང་སྔགས་ཀྱིས་དབུལ་བར་བྱའོ། ། འདིའི་བྱིན་རླབས་ཀྱི་ཆོ་ག་ནི། སྟེགས་བུ་ཡངས་པ་ལ་རྡུལ་ཚོན་ནག་པོས་ཆོས་འབྱུང་མཐིང་ག་བྲི་ཞིང༌། མེ་རིས་བསྐོར། ཕྱི་རོལ་ཟླུམ་སྐོར་ཡང་རྡོ་རྭ་དང་མེ་རིས་བསྐོར་ཞིང༌། གྲུ་བཅད་ཁ་དོག་དམར་པོས་བྱ། དབུས་སུ་ཉི་གདན་ལ་ཚོམ་བུ་ནག་པོ་ལྔ་ དགོད། སྟེང་དུ་མཉྫི་ལྔ་ཚོམ་ལ། དབུས་སུ་ཐོད་པ་དམ་རྫས་དང་བཅས་པའི་དཀྱིལ་དུ་འཁྲུལ་འཁོར་དང༌། རལ་གྲི་གཙུགས། ཕྱོགས་བཞིར་དམར་གཏོར་རེ་འགོད། མདུན་དུ་འབུལ་གཏོར་གཉིས། ཕྱི་མཆོད་ནང་མཆོད། ཁྲག་གི་ཨརྒྷཾ་དང༌། ཤ་ཆེན་གྱི་ བདུག་སྤོས། ཤ་རུས་ཀྱི་ཞལ་ཟས་རྣམས་ཁྱད་པར་དུ་བཤམས། སྔོན་འགྲོ་གཏོར་མ་དང་གནས་ཡོ་བྱིན་རླབས་སྔོན་དུ་འགྲོ་ བས། བདག་བསྐྱེད་ལྷ་བཞི་གོང་བཞིན་བྱས་ལ། བཟླས་པ་ཅི་འགྲུབ་ཞིག་བྱའོ། །མདུན་བསྐྱེད་བསངས་སྦྱངས། ཚོམ་བུ་དང་ དམ་རྫས་རྣམས་གཉིས་སུ་མེད་པར་དམིགས་ལ། གོང་བཞིན་གཙོ་བོ་བསྐྱེད་པའི་རྗེས་སུ། རང་གི་མདུན་དུ་ནས། རྩེ་ གསུམ་འཛིན་པ། རྒྱབ་ཏུ་ཧཱུཾ་ལས་ནག་པོ་ཆེན་པོ་སྲིན་པོའི་གཟུགས་ཅན། གཡས་གྲི་གུག་ དང༌། གཡོན་ཐོད་ཁྲག་འཛིན་པ། ཞེས་བསྐྱེད། མིག་ཏུ་ཀྵིཾ་ནས། ཛཿཧཱུཾ་བཾ་ཧོཿའི་བར་གོང་དང་འདྲ་བ་ལས། འཁོར་དང་བཅས་པ་སྤྱན་འདྲེན་པ་དང༌། གཙོ་འཁོར་ཐམས་ཅད་ལ་མི་བསྐྱོད་པས་དབུ་བརྒྱན་པ་ནི་ཁྱད་ པར་རོ། །ཕྱི་མཆོད་ནང་མཆོད་བསྟོད་པ་རྣམས་བྱས་ལ། བཟླས་པ་ཅུང་ཟད་བྱ། ཡི་དམ་གྱི་གཏོར་མ་ཕུལ་ལ། དེའི་ལྷག་མ་ རྡོ་རྗེ་སྲིན་པོ་སོགས་འཁོར་གསུམ་ལ་རང་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པས་ཕུལ། གཏོར་མ་གཉིས་པ། ༀ་མཧཱ་ཀཱ་ ལ་རཱུ་པ་ཤ་ཧཱུཾ་ཕཊ། ཅེས་པ་ལ། ཤཱ་ས་ན་བཏགས་ལ། ནག་པོ་ཆེན་པོ་ལ་འབུལ་ཞིང༌། དེའི་ལྷག་ཕྱོགས་སྐྱོང་བཅུ་ལ་ འབུལ། ཐམས་ཅད་ལ་སྤྱི་མཐུན་དུ། མཆོད་བསྟོད་འདོད་དོན་གསོལ་བ་བཏབ། རྫའི་བུམ་པ་ཞིག་ཁྲག་དང་ཆང་བསྲེས་པའི་ སྤོས་ཆུས་བཀང༌། ནག་པོར་བྱུག ཁ་རྒྱན་མི་དགོས། ཐོད་པ་ཆང་གིས་བཀང་བའི་ཁ་བཅད། དེའི་དབུས་སུ་ལྷ་ལྔ་པོ་སྐད་ཅིག་ གིས་གསལ་བཏབ་ནས་སྔགས་བརྒྱ་བརྒྱ་བཟླའོ། །ཀ་པཱ་ལའི་མྱོས་བྱེད་སོ་སོའི་སྔགས་ཀྱི་མཐར། འབྲུ་གསུམ་བཏགས་པས་ ཕུལ། རྡོ་རྗེ་ཕྲེང་བ་ཞིག་ལ་གཙོ་བོའི་སྔགས་ལན་བརྒྱ་བཟླ་ཞིང༌། ཧཱུཾ་ལས་བྱུང་བ་རྒྱལ་བ་མི་བསྐྱོད་པའི་བདག་ ཉིད་དུ་མོས། ༀ་ཨཱཿབཛྲ་དྷྲིཀ་ཧཱུཾ་སྭཱཧཱ། ཞེས་པའང་བརྒྱ་བརྒྱ་བཟླའོ། །དེ་ནས་སློབ་མ་རྣམས་ལ་བགེགས་སྦྱང་བ་ དང༌། སྡིག་པ་སྦྱང་བ་དང༌། ཁྲུས་རྣམས་སྔོན་དུ་སོང་ནས། སེམས་བསྐྱེད་གསལ་བཏབ་ནས་ཆོས་བཤད་བྱ། སློབ་མས་མཎྜལ་ 15-1-132 ཕུལ། དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་བཏབ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ་སོགས་ཀྱིས་དམ་ ལ་བཞག དཀྱིལ་ཆོག་ལས་འབྱུང་བ་ལྟར་ཡེ་ཤེས་དབབ་པ་བྱ། ལྷ་ངོ་བསྟན། ཨེ་མ་ཧོ་སངས་རྒྱས་སློབ་དཔོན་ཆེ། ། ཨེ་མ་ཧོ་ཆོས་དང་ཚོགས་ཀྱི་མཆོག །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ ཀྱང་བདག་ལ་སྩོལ། །ཅེས་ལན་གསུམ། དེ་ནས་སློབ་མ་གཙོ་བོར་བསྐྱེད། སྙིང་གར་གཙོ་བོ་དང༌། ལྟེ་བར་འཇིག་རྟེན་པ་ བཞི་བསྒོམ། རེ་རེ་བཞིན་བཟླས་ལུང་ཕོག རེ་རེ་བཞིན་སྔགས་བཟླས་པའི་བུམ་པའི་ཆུས་དབང་ལན་ལྔ་བསྐུར། གཙོ་བོའི་དམ་ རྫས་དང༌། འཁོར་རྣམས་ཀྱི་གཏོར་དབང་ཡང་རིམ་པ་བཞིན་དུ་བྱ། རྡོ་རྗེ་འཕྲེང་བ་ལ་མེ་ཏོག་སྣ་ཚོགས་བཅིངས་ཏེ། སློབ་མའི་ མགོ་བོར་དབང་བསྐུར་ཏེ། ཨུ་དུམ་ཝ་ར་མནྡ་ར། །ཞེས་སོགས་བརྗོད། ཐོད་པའི་དབུས་ཀྱི་རལ་གྲི་ལག་ཏུ་གཏད་ལ། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །སོགས་རྡོར་དྲིལ་གཏད་ལ། ཤེས་རབ་ཐབས་ཀྱི་རང་བཞིན་བདག ། སོགས། བདུད་རྩི་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་པའི་ནང་མཆོད་སྦྱིན་ལ། བཏུང་བ་རིན་ཆེན་སོགས་བརྗོད། གཤིན་རྗེའི་འཁོར་ལོ་ལག་ཏུ་གཏད་ལ། ཨེ་མ་ཧོ་གསོད་པ་འདི་ནི་བཟང༌། །སོགས་བརྗོད་དོ། །སློབ་མའི་རྗེས་ཀྱི་ བྱ་བ་སྤྱི་དང་འདྲ་ཞིང༌། ཚོགས་འཁོར་གྱི་ཆོ་གས་ཚོགས་བཏང༌། དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བའང་གཞན་གྱིས་འགྲེའོ། །ཀུན༷་ལ་ ཡོངས་སུ་མ་གྲགས་ཀྱང༌། །རྒྱུད་དོན་ཤེས་པ་རྣམས་དག༷འ་བ། །མཁས་པའི་སྙིང༷་ལ་ཞེན་པ་ལྟར། །གསལ་པོ༷ར་བཀོད་པ་འདི་ ཉིད་དོ། །རྡོ་རྗེ་འཇིགས་བྱེད་བསྡུས་པའི་སྒྲུབ་ཐབས་བསྟན་པའི་ལེ་ཚན་ནོ། །སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་དཀྱིལ་འཁོར་གྱི་གཙོ་བོ་རྣམས་ཀྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཞི་པའོ།། །།མངྒ་ལཾ། ། ༄༅། །ༀ་སྭཱ་སྟི། དཔལ་ལྡན་རྡོ་རྗེ་ཟླ་བར་རབ་ཆགས་ཀུན་རྟོག་རབ་སྤངས་ཕྱོགས་ཀྱི་གོས་ཅན་མ། །བདེན་ གཉིས་ཟུང་འཇུག་མཆོག་ཏུ་སྦྱོར་བས་ཁྲོ་ཞིང་འདོད་ཆགས་ཉམས་བརྒྱའི་རོས་སྒེག་མ། །བདེ་ཆེན་མྱོས་བྱེད་ཟློས་གར་བསྒྱུར་ མཁས་ཧེ་རུ་ཀ་དཔལ་དགྱེས་པའི་ནཱ་ཊ་ཀཱ །བདེ་གཤེགས་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ་དཔལ་བཏུད་ནས་དཔལ་མོ་དེ་ཡི་སྒྲུབ་ ཐབས་བཤད། །འདི་ཡི་བསྙེན་པ་ཙམ་ལ་ཡང༌། །མན་ངག་གཞན་ལས་རྟོགས་བྱའི་ཕྱིར། །སློབ་མ་རྗེས་འཛིན་དང་འབྲེལ་བའི། ། ལག་ལེན་མདོ་ཙམ་བྲི་བར་བྱ། །གནས་དུས་བཟང་པོར་མཎྜལ་ཆོས་འབྱུང་ཉིས་བརྩེགས་རྡུལ་ཚོན་གྱིས་བྲིས་ལ། དེར་མཉྫི་ལ་ ཀ་པཱ་ལ་ཆང་ལ་བདུད་རྩི་སྦྱར་བས་བཀང༌། མེ་ལོང་ལ་སིནྡྷུ་ར་བཀྲམ། གསེར་གྱི་ཐུར་མས་ཆོས་འབྱུང་སོགས་རང་གི་སྙིང་གའི་ 15-1-133 སྔགས་འཁོར་ལྟར་འབྲི། སྟེང་ནས་དར་དམར་པོས་བཀབ། ནང་གི་གཏོར་མ་གཉིས་དང༌། དཀྱིལ་འཁོར་གྱི་མཆོད་པ་རྣམས་ གཡོན་བསྐོར་དུ་བཤམ། ཚོགས་ཀྱི་ཡོ་བྱད་དང༌། སྔོན་འགྲོ་གཏོར་མ། རོལ་མོ་དང་རྡོར་དྲིལ། ཌཱ་མ་རུ། ནང་མཆོད་གོས་ཟུང་ སོགས་སྒྲུབ་མཆོད་ཀྱི་ཡོ་བྱད་དང༌། བུམ་པ། དུང་ཆོས། ཟུངས་ཐག ཆུ་གཉིས་ཉེར་སྤྱོད་ལྔ་སྟེ་བུམ་སྒྲུབ་ལ་དགོས་པ་དང༌། མིག་ དར། མེ་ཏོག ཏིང་ལོ། མཎྜལ། འབྲུ་ནས་སོགས་སློབ་མ་ལ་དགོས་པ་རྣམས་ཚང་བར་བྱས་ལ། སྔོན་འགྲོ་གཏོར་མ་མཁའ་ འགྲོ་སྤྱི་གཏོར་གྱི་ཆོ་གས་བདེ་མཆོག་ལྟར་བཏང་ལ་མཚམས་བཅད། དེ་ནས་བསྲུང་བ་ནི། རང་སྐད་ཅིག་གིས་རྡོ་རྗེ་ རྣལ་འབྱོར་མར་གསལ་བའི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ༀ་བཾ། ཧཾ་ ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ཅེས་བདག་དང་རྣལ་འབྱོར་བསྲུང་བ་དང༌། ༀ་སུམ་བྷ་ ནི་སུམ་བྷ་ཧཱུཾ་ཧཱུཾ་ཕཊ། ༀ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ༀ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་ཨཱ་ན་ཡ་ ཧོ་བྷ་ག་ཝཱན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་ལན་གཉིས་བརྗོད། སེ་གོལ་ཕྱོགས་བཅུར་བརྡབ་པའི་ཚམ་ངམ་ལག་ལེན་ བཞིན་བྱས་ལ། བསྲུང་འཁོར་དུ་གྱུར་པར་མོས་པ་ནི་གནས་བསྲུང་བའོ། །ནང་མཆོད་སུམ་བྷ་ནིས་བསངས། སྭ་བྷཱ་ཝས་ སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་དང༌། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ཡེ་ ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ འདིར་ལག་པ་བྱིན་རླབས་སྔོན་དུ་འགྲོ་ བའི་ཕྱི་རོལ་མཆོད་པ་སྤྲོ་ན་བྱས་ཀྱང་ལེགས་མོད། ཆོ་གའི་རིམ་པ་ལ་མི་དགོས་སོ། །དེ་ནས་སྤྲོ་ན་ཞུ་འབུལ་དང༌། སྐྱབས་འགྲོ་ སེམས་བསྐྱེད། རྡོར་སེམས་སྒོམ་བཟླས་རྣམས་ཀྱང་བདེ་མཆོག་གི་ཆོ་ག་བཞིན་བྱ། བསྡུ་ན་མ་བྱས་ཀྱང་ཆོག་སྟེ། སྐྱབས་འགྲོ་ནི་ བླ་མ་བསྒོམ་པར་འདུས། སེམས་བསྐྱེད་ཚད་མེད་དུ་འདུས། ཡིག་བརྒྱ་མཐའ་གཅིག་ཏུ་དགོས་པའི་ཡན་ལག་རང་མ་ཡིན་པས་ སོ། །དེ་ནས་བདུད་རྩི་མྱངས་ལ། ༀ་ཨཱཿཧཱུཾ། ཞེས་བརྗོད། ཚད་མེད་ནི། སེམས་ཅན་ཐམས་ཅད་འཁོར་བ་སྡུག་ བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ། དེའི་ཆེད་དུ་རྡོ་ རྗེ་རྣལ་འབྱོར་མ་བསྒོམ་པར་བགྱིའོ། །ལན་གསུམ་བྱ། དེ་ནས་བླ་མ་སྒོམ་པ་ནི། རང་གི་མདུན་གྱི་ནམ་ 15-1-134 མཁར་རིན་པོ་ཆེའི་ཁྲིའི་སྟེང་དུ། རྩ་བའི་བླ་མ་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་སྐུ་མདོག་དམར་པོ་ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཌཱ་མ་རུ་དང་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ། རུས་ པའི་རྒྱུན་དྲུག་གིས་བརྒྱན་པ། རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པ། བླ་མ་སངས་རྒྱས་བླ་མ་ ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །ཀུན་གྱི་བྱེད་པོ་བླ་ མ་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་ སུ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། བླ་མ་འོད་དུ་ ཞུ་ནས་རང་ལ་ཐིམ། དེ་ནས་བདག་ཉིད་ལྷར་བསྐྱེད་པ་ནི། རང་གི་སྙིང་གར་ཨེ་ཨེ་ཡོངས་སུ་གྱུར་པ་ ལས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་དབུས་སུ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ ཡིག་དམར་པོ། དེའི་མཐར་གཡོན་བསྐོར་དུ། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞཱ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་པས་བསྐོར་བ་ལས་འོད་འཕྲོས་པས། རང་གི་ལུས་ཐམས་ཅད་གང་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ ཐམས་ཅད་བསྲེགས་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར་པའི་སྐད་ཅིག་ལས། རང་ཉིད་རྡོ་ རྗེ་རྣལ་འབྱོར་མ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཞབས་གཡས་བརྐྱང་པས་དུས་མཚན་ མ་དམར་མོ་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མནན་པ། སྐུ་མདོག་དམར་མོ་ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་པས་རྡོ་རྗེས་མཚན་པའི་གྲི་གུག་གམ་ རྡོ་རྗེ་ལ་ཌཱ་མ་རུ་དཔྱངས་པ་ཐུར་དུ་སྡིགས་པ། གཡོན་པས་ཐོད་པ་ཁྲག་གིས་གང་བ་སྟེང་གི་ ཕྱོགས་སུ་བཟུང་ནས་གདོང་གྱེན་དུ་ཕྱོགས་པས་གསོལ་བ། མཆན་ཁུང་ངམ་ཕྲག་པ་གཡོན་ པར་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ལ་དྲིལ་བུ་གཡེར་ཀ་དང༌། འཕན་ལྕེ་གསུམ་པ་རྣམས་འཕྱང་ བཞིན་དུ་བསྣམས་པ། ཁྲོ་ཆགས་འདྲེས་པ། བདེ་བ་རྒྱས་པའི་ཉམས་ཅན། བཞད་ཅིང་མཆེ་ བ་གཙིགས་པ། སྒེག་ཅིང་མཛེས་ལ་ནུ་འབུར་རྒྱས་ཤིང༌། སྐེད་སྐབས་ཕྲ་བ། ཀླུ་ཤིང་གི་མེ་ 15-1-135 ཏོག་སྣ་ལྔས་བརྒྱན་པའི་དབུ་སྐྲ། ནག་པོ་སིལ་བུར་གྲོལ་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་ དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་རུས་པའི་རྒྱན་ལྔས་བརྒྱན་པ། ཡེ་ཤེས་ཀྱི་ མེ་འབར་བའི་དབུས་ན་བཞུགས་པའི་གནས་རྣམས་སུ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལྟེ་ བར་ༀ་བཾ་དམར་མོ་རྡོ་རྗེ་ཕག་མོ། །སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་ མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་ བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀཱའི་རང་བཞིན་ནོ། །དེ་ནས་དཔའ་བོ་ དཔའ་མོས་བྱིན་གྱིས་བརླབས་པ་ནི། འབར་བའི་ཕྱག་རྒྱས་བསྐོར་ལ། ཕཻཾ། རང་གི་སྙིང་གའི་བཾ་ལས་འོད་འཕྲོས་ པས། འོག་མིན་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ། དཔའ་བོ་ རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པ་ཐིམ། ༀ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། དེ་ནས་འགྲོ་བ་དག་པ་ནི་སྙིང་ གའི་ས་བོན་སྔགས་འཕྲེང་དང་བཅས་པ་ལས་འོད་འཕྲོས། བ་སྤུའི་བུ་ག་ནས་བྱུང༌། སེམས་ ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། ཡང་འོད་འཕྲོས་དེ་ རྣམས་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་རྡོ་རྗེ་རྣལ་ འབྱོར་མར་གྱུར་པ་མཉེས་པར་བྱས། འོད་ཟེར་ཚུར་འདུས་རང་ལ་ཐིམ་པར་བསམ། དེ་ནས་ དང་པོར་ངག་བཟླས་དང༌། ཕྱི་ནས་ཡིད་བཟླས་བྱ་སྟེ། སྙིང་གའི་སྔགས་འཁོར་རམ་གསང་བའམ་ལྟེ་བར་བསྒོམས་ནས་བཟླས་ པ་བྱའོ། །མཐར་བསམ་མི་ཁྱབ་ནི། སྙིང་གའི་སྔགས་འཕྲེང་ལས་འོད་འཕྲོས། ཁམས་གསུམ་འོད་ཀྱི་ རྣམ་པར་གྱུར། ཚུར་འདུས་གཟུགས་མེད་ཁམས་པ་ཐམས་ཅད་རང་ལུས་སྟོད་ཀྱི་ཆ་ལ་ཐིམ། གཟུགས་ཁམས་པ་ཐམས་ཅད་བར་གྱི་ཆ་ལ་ཐིམ། འདོད་ཁམས་པ་ཐམས་ཅད་སྨད་ཀྱི་ཆ་ལ་ ཐིམ། རང་ཡང་སྙིང་གའི་ཟླ་བ་ལ། དེ་སྔགས་འཕྲེང་ལ། དེ་ཡང་བཾ་ལ། དེ་ཡང་ཐིག་ལེ་ལ། དེ་ཡང་ནཱ་དར་གྱུར། ནཱ་ད་ཡང་མི་དམིགས་པར་གྱུར། དེ་ལ་བློ་བཞག་སླར་ཡང་རང་ཉིད་རྡོ་རྗེ་རྣལ་ 15-1-136 འབྱོར་མའི་སྐུར་གྱུར། ཅེས་བརྗོད། སྤྲོ་ན་མཆོད་བསྟོད་ཅུང་ཟད་བྱས་ལ། མཐར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་ མས་བདག་མཁའ་སྤྱོད་དག་པའི་གནས་སུ་འཁྲིད་པ་དང༌། མཐར་ཐུག་ཟུང་འཇུག་རྡོ་རྗེ་ འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་བཏབ་ཏེ་བདག་བསྐྱེད་ དོ། ། དེ་ནས་མདུན་བསྐྱེད་སུམ་བྷས་བསངས། སྭ་བྷཱ་ཝས་སྦྱངས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་མི་ དམིགས་ཏེ་སྟོང་པའི་ངང་ལས་ཆོས་འབྱུང་ཉིས་བརྩེགས་ཀྱི་དབུས་སུ། ཀཾ་ལས་ཐོད་པ་ དཀར་པོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བ་ནང་བདུད་རྩི་ ལྔས་ཡོངས་སུ་གང་བའི་སྤྲིས་མ་སྣ་ཚོགས་རྡོ་རྗེའི་ཚུལ་དུ་གནས་པའི་ལྟེ་བའི་ཧཱུཾ་ལས་འོད་ ཟེར་ཕྱོགས་བཅུར་འཕྲོས་པས། རྡོ་རྗེའི་ས་གཞི་རྭ་བ། དྲྭ་བ་གུར། བླ་བྲེ་ཡེ་ཤེས་ཀྱི་མེ་འབར་ བའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་ སུ་བསྐོར་བའི་དབུས་སུ། ཨེ་ཨེ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བའི་མདུན་རྒྱབ་སྤངས་པའི་གྲྭ་བཞིར་དགའ་ བ་འཁྱིལ་བ་བཞི་གཡོན་དུ་འཁོར་བ། དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ ཡིག་དམར་པོ། དེའི་མཐར་གཡོན་བསྐོར་དུ་ༀ་ༀ་ༀ་ནས། སྭཱཧཱ། ཞེས་པས་བསྐོར་བ་ལས་ ས་གསུམ་ཁྱབ་པའི་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་ འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྣལ་འབྱོར་མ་ཞེས་པ་ནས། ཙཎྜི་ཀཱའི་ངོ་བོ། དཔྲལ་བར་ ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཕཻཾ་ནས་ཡོ་ག་ཤུདྡྷོ྅འི་བར་སྔར་བཞིན་བྱེད། ཐུགས་ཀའི་བཾ་ ཡིག་ཟླ་བ་སྔགས་འཕྲེང་དང་བཅས་པ་ལས་ས་གསུམ་ཁྱབ་པའི་འོད་ཟེར་འཕྲོས། འཕགས་ པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ལ་ བཀོད། སླར་འདུས་སྙིང་གའི་ཆོས་ཀྱི་ཡི་གེ་ལ་ཐིམ། དེ་ནས་བཟླས་པ་བྱེད། རྟེན་དང་བརྟེན་པར་ 15-1-137 བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་ པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་གསོལ་བ་བཏབ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། སངས་རྒྱས་བྱང་ཆུབ་སེམས་ དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པ་ༀ་བཛྲ་ས་མཱ་ཛཿ ཞེས་ མགྲོན་སྤྱན་དྲངས། སུམ་བྷ་ནིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ༀ་ཨཱཿཧཱུཾ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་ མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ རྣམས་བཟང་ཞིང་རྒྱ་ཆེ་བ། དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་ བར་གྱུར། ༀ་བཛྲ་ཨརྒྷཾ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏྱེ། ཤཔྟ་ཨཱཿཧཱུཾ། ཞེས་མཆོད་ པ་བྱིན་གྱིས་བརླབས། དེ་ནས་མཆོད་པ་འབུལ་བ་ནི། རྒྱས་པར་ན། འཁོར་ལོ་སྡོམ་པའི་མཆོད་འཕྲེང་ཉིད་འདོན་པ་སྤོ། མདོར་ བསྡུ་ན་འདི་ལྟར་བྱ་སྟེ། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པཱདྱཾ། ༀ་ལྷ་ཡི་མེ་ཏོག་ཤིན་ཏུ་དམར། །དྲི་ཞིམ་ཤིན་ཏུ་མཛེས་པ་ཡི། །མེ་ཏོག་དེ་རིང་བཞེས་ནས་ སུ། །འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པ་རི་ཝཱ་ར་བཛྲ་ པུཥྤེ་པྲ་ཏཱིཙྪ་ཨཱཿཧཱུཾ་སྭཱཧཱ། ༀ་ཙནྡ་ག་བུར་དང་བཅས་པས། །དྲི་ཞིམ་སྤོས་མེ་དགེ་བ་ཡི། །མཐུ་ དང་ལྡན་པར་བྱ་བ་འདི། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོ། །དྷུ་པཾ། ༀ་མར་མེ་འོད་ཟེར་ འབར་བ་འདི། །ངན་འགྲོའི་མུན་པ་འཇོམས་པར་བྱེད། །ཨ་ཡི་མིག་འབྱེད་བཀྲ་ཤིས་པའི། ། མར་མེ་ཁྱོད་ཀྱིས་བཞེངས་སུ་གསོལ། །དཱི་པཾ། ༀ་སྣ་ཚོགས་ལྷ་ཡི་དྲི་ཞིམ་པ། །སྣ་ཚོགས་ ག་བུར་རྣམ་བརྒྱན་པ། །སྣ་ཚོགས་ཡི་གེ་ཧཱུཾ་ལས་བྱུང༌། །དྲི་འདི་འབུལ་གྱི་བཞེས་སུ་གསོལ། ། གནྡྷཾ། ༀ་ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་ 15-1-138 སྦྱར་བའི་བཤོས་འདི་དག །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ནཻ་ཝི་དྱེ། ༀ་སརྦ་ ནས་བཛྲ་ཤཔྟ་པྲ་ཏཱིཙྪ་ཨཱཿཧཱུཾ་སྭཱཧཱ། ཞེས་པ་རྣམས་དང༌། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པ་རི་ཝཱ་ ར་བཛྲ་ཝསྟྲ་སྱཿཨཱཿཧཱུཾ་སྭཱཧཱ། ཞེས་གོས་ཟུང་དང༌། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པཱ་རི་ཝཱ་ར་ཝཱི་ ནི་བཛྲི་ནི་པཱུ་ཛི་ཏེ་ཨཱཿཧཱུཾ། དེ་བཞིན་དུ། བཱང་སེ༴ མྲྀ་ཏངྒེ༴ མུ་ར་ཛེ༴ ཧ་སྱེ༴ ལཱ་སྱེ༴ གྲིརྟི༴ ནིརྟི༴ པུཥྤེ༴ དྷུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ རཱུ་པ༴ ར་ས༴ སྤཪྴེ༴ ནང་མཆོད་ནི། སྤྲོ་ན་བླ་མ་རྣམས་ཀྱི་མཚན་གྱི་མཐར་འབྲུ་ གསུམ་བཏགས་ལ་འབུལ། སྙིང་པོའི་ༀ་གསུམ་གྱི་མཐར་འབྲུ་གསུམ་བཏགས་ལ་ཕུལ་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ ཏ་སྭཱ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། བདུད་རྩི་མྱངས། མཉེས་མཆོད་ནི། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནི་ཡེ། བཛྲ་བཻ་རོ་ཙ་ན་ཡེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ལན་ལྔ་ཙམ་བྱེད། ༀ་སརྦ་ཏ་ཐཱ་ ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་འཁྱུད་རྒྱ་བྱ། དེ་ནས་བསྟོད་པ་ནི། དཔལ་ལྡན་རྡོ་རྗེ་ མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་ བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ༀ་ན་མོ་བྷ་ག་ ཝ་ཏེ་བཛྲ་ཝཱ་རཱ་ཧཱི་ཝཾ་ཧཱུཾ་ཧཱུཾ་ཕཊ། ༀ་ན་མོ་ཨཱརྱ་ཨ་པ་ར་ཛི་ཏེ་ཏྲཻ་ལོ་ཀྱ་མ་ཏེ་མཧཱ་བིདྱ་ཤྭ་རི་ཡེ་ཧཱུཾ་ ཧཱུཾ་ཕཊ། ༀ་ན་མོ་སརྦ་བྷུ་ཏ་བྷ་ཡ་ཝ་ཧེ་མཧཱ་བཛྲི་ཧཱུཾ་ཧཱུཾ་ཕཊ། ༀ་ན་མོ་བཛྲ་ཨཱ་ས་ནེ་ཨ་ཛི་ཏེ་ཨ་ པ་ར་ཛི་ཏ་ཝ་ཤཾ་ཀ་རི་ནི་ཏྲ་བྷྲ་མ་ནི་ཧཱུཾ་ཧཱུཾ་ཕཊ། ༀ་ན་མ་ཤོ་ཥ་ནི་རོ་ཥ་ནི་ཀྲོ་དྷ་ཀ་ར་ལི་ནེ་ཧཱུཾ་ཧཱུཾ་ ཕཊ། ༀ་ན་མཿསྟྲ་ས་ནི་སཱར་ནི་པྲ་བེ་དེ་ནི་ཨ་པ་རཱ་ཛ་ཡེ་ཧཱུཾ་ཧཱུཾ་ཕཊ། ༀ་ན་མོ་བི་ཛ་ཡེ་ཛམྦྷ་ནི་ སྟམྦྷ་ནི་མོ་ཧཱ་ནི་ཧཱུཾ་ཧཱུཾ་ཕཊ། ༀ་ན་མོ་བཛྲ་ཝཱ་རཱ་ཧཱི་མཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུཾ་ཧཱུཾ་ཕཊ། དེ་ནས་གཏོར་མ་ནི། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་མ་རྣམས་ཀྱི་ འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དང༌། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ ཐོད་པ་དཀར་པོ་དུམ་བུ་གསུམ་པ། དཔྲལ་བ་ནང་ལ་བསྟན་པ། ཕྱི་དཀར་ལ་ནང་དམར་བ་ 15-1-139 ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ན་གོ་ཧ་ད་ཀུ་ལས་ཤ་ལྔ། མུ་བི་མ་ར་ཤུ་ར་ལས་བདུད་རྩི་ལྔ་ རྣམས་ཧཱུཾ་བྲུཾ་ཁཾ་ཛྲིཾ་ཨཾ་ཡེ་ཤེས་ལྔའི་ངོ་བོས་མཚན་པ། རླུང་གཡོས་མེ་སྦར་ཞུ་ཞིང་ཁོལ། རང་ གི་སྙིང་གའི་འོད་ཀྱིས་ཡེ་ཤེས་ཀྱི་བདུན་རྩི་སྤྱན་དྲངས་ཏེ་བསྟིམ་པས། གཏོར་མ་ཟག་པ་མེད་ པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ༀ་གསུམ་མའི་མཐར། ཨ་ཀཱ་ རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱ་ནུཏྤནྣ་ཏྭ་ཏ། ༀ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་ལྔས་དབུལ། བཛྲ་ཡོ་གི་ནི་ཨརྒྷཾ་ ནས་ཤཔྟའི་བར་གྱིས་མཆོད། ༀ་གསུམ་མ་ཚར་གཅིག་བརྗོད་ནས། རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་མཆོད་པར་ འབུལ་ལོ། །ༀ་ཨཱཿཧཱུཾ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ཞེས་པ་ནས། དེ་སྙེད་རྣམས་ལ་ཕྱག་ འཚལ་ལོ། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ ཡིན་ཏེ། །བདེན་པ་འདི་ཡིས་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ ཅིག །འཇིག་རྟེན་འདས་པའི་གཏོར་ཆོག་གོ །ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཕཻཾ། ༀ་བཛྲ་ཨ་རལླི་ཧོ་ཞེས་པ་ནས། ཡིད་ ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་མཁའ་འགྲོ་སྤྱི་གཏོར་བྱ་སྟེ། འཇིག་རྟེན་པའི་གཏོར་ཆོག་གོ ། བུམ་པའི་མཆོད་པ་གོང་ལྟར་བྱིན་གྱིས་བརླབས། བུམ་པ་སུམ་བྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ་ལས་བུམ་པ་ཡངས་ ཤིང་རྒྱ་ཆེ་བ། ལྷ་རྫས་ཀྱི་གོས་ཀྱི་མགུལ་ཆིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་ པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་སུ། ཨེ་ཨེ་ཡོངས་སུ་གྱུར་ པ་ལས། ཞེས་པ་ནས། ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་པའི་བར་མདུན་བསྐྱེད་བཞིན་བྱེད། ༀ་ སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་ག་ནི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་ནས། ཤཔྟའི་བར་བརྗོད། ༀ་ བཛྲ་གཎྜེ་ར་ཎི་ཏ་ནས། ཨ་ཁཾ་སྭཱཧཱ། ཞེས་པས་མཆོད། ༀ་གསུམ་མའི་རྗེས་སུ། རྡོ་རྗེ་རྣལ་འབྱོར་མའི་ ཞལ་དུ་མཆོད་པར་འབུལ་ལོ། །ༀ་ཨཱཿཧཱུཾ། ཞེས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ ནས། དེ་རྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རང་གི་སྙིང་ག་ནས་སྔགས་ཀྱི་འཕྲེང་བ་ 15-1-140 གཟུངས་ཐག་ལ་ཞོན་ནས་སོང་བས། བུམ་ནང་གི་རྗེ་བཙུན་མའི་ཐུགས་རྒྱུད་བསྐུལ། དེའི་བ་ སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། དེ་ ནས་བཟླས་པ་བྱེད། མཐར་ༀ་{མུ་མྲ་[སུམྦྷ་]སོགས་དང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ ཡེ་ཧཱུཾ། ཞེས་པའང་བཟླས། མཆོད་བསྟོད་རྣམས་གོང་བཞིན་བྱའོ། །མ་འབྱོར་པ་དང་ཉམས་པ་དང༌། །གང་ ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་ པར་གསོལ། །དུང་ཆོས་ཀྱི་ཆུ་བུམ་པར་བླུགས། ༀ་ཨཱཿཧཱུཾ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ནང་ གི་རྗེ་བཙུན་མ་འོད་དུ་ཞུ་ནས་བུམ་པའི་ཆུ་ནུས་པ་ཀུན་དང་ལྡན་པར་གྱུར། དུང་ཆོས་ཀྱི་ཆུ་བླངས་ ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་ པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ ཡེ་ཧཱུཾ། ཞེས་ཁྲུས་བྱས་ལ། སློབ་མ་ལ་བྱ་བ་ལྟར་བདག་འཇུག་རྫོགས་པར་བླངས། དེ་ནས་སློབ་མ་རྣམས་ལ་ཆབ་བཏང༌། མེ་ ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས་ཆོས་བཤད། མཎྜལ་འབུལ་བར་བསྐུལ། སློབ་མས་ཀྱང་ཚོམ་བུ་གཡོན་བསྐོར་དུ་བཀོད་ལ། འཇུག་པའི་ཆོས་འཁོར་བཅས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། ། སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་ འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ནས། འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །སངས་ རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཔལ་ལྡན་རྡོ་རྗེ་རྣལ་ འབྱོར་མས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ། དཀོན་ མཆོག་གསུམ་ལ་བདག་སྐྱབས་མཆི་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ། ཅེས་རྒྱུན་བཤགས་ལན་གསུམ་བརྗོད། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ཞེས་པ་ནས། སེམས་ ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་གྱིས་སྡོམ་པ་བཟུང༌། སངས་རྒྱས་ཆོས་དང་དགེ་འདུན་ ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ 15-1-141 ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་བདག་ནི་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་ བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་ སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་ སུ་གསོལ། །བདག་ནི་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང༌། །ཞེས་ལན་གསུམ་གྱིས་ཐུན་མོང་མ་ ཡིན་པའི་སྡོམ་པ་བཟུང༌། ༀ་ཙཀྵུ་བན་དྷ་ཝ་རཱ་མ་ན་ཡེ་ཧཱུཾ། ཞེས་མིག་དར་བཏང༌། ཨ་ཁཾ་ཝི་ར་ཧཱུཾ་གིས་མེ་ཏོག་ གཏད། བུམ་ཆུས་སློབ་མ་ལ་གཏོར་ལ་སུམ་བྷ་ནིས་བསངས། ༀ་ཨཱཿཧཱུཾ། བདུད་རྩི་སྦྱིན། བུ་ཁྱོད་སུ་ཡིན་ཅི་ལ་ དགའ། །ཞེས་འདྲི། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་རྗེས་ཟློས་བྱ། དེ་ཡིས་བུ་ལ་ཅི་ ཞིག་བྱ། །ཞེས་འདྲི། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་རྗེས་ཟློས་བྱ། སློབ་མའི་སྙིང་ གར་ཟླ་བ་ལ་རྡོ་རྗེ་དཀར་པོ་བསྒོམ་དུ་བཅུག་ནས། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། ཞེས་རྗེས་ ཟློས་བྱར་བཅུག རྡོ་རྗེ་སྙིང་གར་གཏུགས་པས་བརྟན་པར་བྱས་པར་སྒོམས་ཤིག་བྱས་ལ། སློབ་ མའི་སྙིང་གར་རྡོ་རྗེས་གཏུགས་ལ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། རྡོ་རྗེ་སྤྱི་ བོར་བཞག་ལ། དེང་ཁྱོད་རྡོ་རྗེ་རྣལ་འབྱོར་མའི་རིགས་སུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་ འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་ གསང་བར་གདམས། ཛཿཧཱུཾ་བཾ་ཧོཿ ཞེས་པས་ཡོལ་བའི་ནང་དུ་བཅུག ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་ མཎྜལ་འབུལ། ཡེ་ཤེས་དབབ་པའི་དོན་དུ་མོས་པ་འདི་བཞིན་མཛོད་བྱས་ལ། མདུན་བསྐྱེད་ བཅོམ་ལྡན་འདས་མའི་ཐུགས་ཀའི་བཾ་ཡིག་ལས་འོད་བྱུང༌། ཁྱེད་རང་གི་ལྟེ་བར་ཐིམ། འོད་ འདུས་པ་ལས་ཆོས་འབྱུང་ཉིས་བརྩེགས་བཾ་ཡིག་ཟླ་བ་སྔགས་འཕྲེང་དང་བཅས་པ་ལས་འོད་ 15-1-142 འཕྲོས། ཁྱེད་རང་གི་ལུས་ཐམས་ཅད་གང༌། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ སྡིག་སྒྲིབ་ཐམས་ཅད་བསྲེགས་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར་པའི་སྐད་ཅིག་ལས། རང་ ཉིད་རྡོ་རྗེ་རྣལ་འབྱོར་མ་སྣ་ཚོགས་པདྨ་ཉི་མ་འཇིགས་བྱེད་དུས་མཚན་མའི་གདན་ལ་གཡས་ བརྐྱང་པས་བཞུགས་པ། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གྲི་ གུག་དང་ཐོད་པ་ཁ་ཊྭཱཾ་ག་བསྣམས་པ། རུས་པ་དང་མི་མགོའི་འཕྲེང་བས་བརྒྱན་པ། ཡེ་ཤེས་ ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་གནས་རྣམས་སུ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ༀ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ་རྣམས་གསལ་བཏབ་ལ། རྗེས་ཟློས་མཛོད། བླ་མ་དང་ རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མ་མཆིས་པས་བདག་ལ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་དངོས་ གྲུབ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་ཞིང་ བརྟན་པར་མཛད་དུ་གསོལ། ལན་གསུམ། དེ་ནས་ཏིང་ལོ་སློབ་མའི་ཁར་སྦྱིན་ལ། མདུན་བསྐྱེད་བཅོམ་ ལྡམ་འདས་མའི་ཐུགས་ཀའི་བཾ་ཡིག་ལས་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་རྣམ་པ་མུན་སེལ་གྱི་ཏིང་ ལོ་འོད་གསལ་བ་བྱུང༌། ཁྱེད་རང་གི་ཁ་སྒོ་ནས་ཞུགས། དབུ་མའི་ལམ་ནས་བརྒྱུད། ལྟེ་བའི་ བཾ་ཡིག་དང་རོ་གཅིག་ཏུ་འདྲེས་པ་ལས། ནང་གི་རྣལ་འབྱོར་མ་ཚོན་གང་བར་གྱུར། དེས་བདེ་ བ་ཆེན་པོའི་གར་མཛད། ཆོས་འབྱུང་གི་གྲྭ་བཞིར་ཡང་དགའ་བ་འཁྱིལ་བ་བཞི་གཡོན་དུ་ འཁོར། སྨིན་མཚམས་དང་གསང་སྒོར་ཡང་དགའ་བ་འཁྱིལ་བ་གཡོན་དུ་འཁོར། ཕྱོགས་ བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་བྱོན་ ནས་ཁྱེད་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ ཐུགས་ཀྱི་ངོ་བོ་དམ་པར་བྱིན་གྱིས་བརླབས། རོལ་ཆེན་བྱ། ༀ་གསུམ་མ་བརྗོད། ༀ་བཛྲ་ཨ་བེ་ཤ་ཨ། ཡེ་ཤེས་དབབ་པའི་རྒྱུན་དེ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་བརྟན་པར་མོས་མཛོད། ཏིཥྛ་ 15-1-143 བཛྲ་ལན་གཉིས། མདུན་བསྐྱེད་རྡོ་རྗེ་རྣལ་འབྱོར་མའི་སྐུ་ལ་མེ་ཏོག་ཕུལ་བར་མོས་ལ། མེ་ཏོག་ འཐོར་བཞིན་དུ་འདིའི་རྗེས་ཟློས་ཀྱིས་བྱས་ལ། ༀ་པྲ་ཏཱིཙྪ་བཛྲ་ཧོ། སླར་ཡང་མེ་ཏོག་དེ་ཉིད་ རང་གི་སྤྱི་བོར་བཅིངས་པར་མོས་ཤིག་བྱས་ལ། ༀ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མཧཱ་བ་ལ། རྣལ་ འབྱོར་མ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བའི་ཐམས་ཅད་ མཐོང་བ་ཡང༌། རྡོ་རྗེ་མིག་ནི་བླ་ན་མེད། །ༀ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲིཾ་ཏྲཾ། རྟེན་དང་ བརྟེན་པར་བཅས་པའི་དཀྱིལ་འཁོར་བ་ཐམས་ཅད་མངོན་སུམ་བཞིན་དུ་གསལ་བར་གྱུར། དབང་གི་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་དབུལ། རྣལ་འབྱོར་མ་དཔལ་དབང་བསྐུར་བ། ། འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་གཙོ། །དེ་བཞིན་བདག་ ལ་དེང་སྩོལ་ཅིག །ཅེས་ལན་གསུམ་རྗེས་ཟློས་ཀྱིས་གསོལ་བ་བཏབ། རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་ དབུས་སུ། ཁྱེད་རང་རྣམས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྟེང་དུ། གདུགས་དཀར་པོ་ མཐའ་སྐོར་དུ་མཆོད་པའི་སྤྲིན་གྱིས་ཕུང་པོ་ས་དང་བར་སྣང་ཐམས་ཅད་གང་བར་གྱུར། མདུན་བསྐྱེད་བཅོམ་ལྡན་འདས་མའི་ཐུགས་ཀ་ནས་དབང་གི་ལྷ་སྤྲུལ་ཏེ་དབང་བསྐུར་བའི་ ལས་མཛད་པར་མོས་ཤིག་བྱས་ལ། བུམ་པ་བཟུང༌། མེ་ཏོག་འཐོར་ཞིང༌། ཧེ་རུ་ཀ་དཔལ་འབར་བའི་ སྐུ་མངའ་བ། །ཧ་ཧའི་གད་མོས་ས་གསུམ་གཡོ་བར་མཛད། །ཧཱུཾ་ཧཱུཾ་ཕཊ་ཀྱིས་བདུད་ཀྱི་ཀླད་ པ་འགེམས། །བདེ་མཆོག་འཁོར་ལོས་བཀྲ་ཤིས་དེང་འདིར་སྩོལ། །ཨེ་ཝཾ་མཉམ་པར་སྦྱར་ བ་བདེ་བའི་སྐུ། །ཨཱ་ལི་ཀཱ་ལི་རོལ་པའི་གསུང་མངའ་ཞིང༌། །ཨཾ་གི་ངོ་བོར་སོན་པའི་ཐུགས་ མངའ་བ། །ཤེས་རབ་ཕག་མོའི་བཀྲ་ཤིས་དེང་འདིར་སྩོལ། །ཞེས་ཤིས་པ་བརྗོད། དབང་ལྷ་ལ་ གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་བྱས་ལ། དེ་བཞིན་གཤེགས་པ་ཁྱེད་རྣམས་ ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། དེ་ནས་དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནས། དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ༀ་སརྦ་ཏ་ཐཱ་ག་ཨ་ 15-1-144 བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ༀ་ཙཀྲ་ཝཱི་ར་སྟྭཾ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་ཆུ་དབང་བསྐུར། ༀ་སརྦ་བུདྡྷ་ཌཱ་ ཀི་ནཱི་ཡེ། བཛྲ་ཝརྞྞ་ནཱི་ཡེ། མཧཱ་མུ་ཀུ་ཊ་ཧོ། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་ པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། རང་ གི་སྤྱི་བོའི་གཙུག་ཏུ་རྣམ་པར་སྣང་མཛ། དཔྲལ་བར་མི་བསྐྱོད་པ། རྣ་བ་གཡས་པར་རིན་ཆེན་ འབྱུང་ལྡན། ལྟག་པར་འོད་དཔག་མེད། རྣ་བ་གཡོན་པར་དོན་ཡོན་གྲུབ་པ་རྣམས་ཀྱིས་དབུ་ བརྒྱན། དེ་ནས་བརྟན་བཞུགས་སུ་གསོལ་བའི་མོས་པ་གྱིས་བྱས་ལ། རོལ་ཆེན་དང་བཅས་སློབ་མ་ལ་ མེ་ཏོག་གཏོར་ལ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྗོད་དེ་ནས་བཟླས་ལུང་ནི། མདུན་བསྐྱེད་བཅོམ་ལྡན་ འདས་མའི་ཐུགས་ཀའི་བཾ་ཡིག་ལས་སྔགས་རྣམས་ཀྱི་འཕྲེང་བ་བྱུང༌། ཁྱེད་རང་གི་ཁ་སྒོ་ནས་ ཞུགས། སྙིང་གའི་གཟུངས་སྔགས་ལ་ཐིམ་པས་སྔགས་ནུས་པ་མཐུ་དང་ལྡན་པར་བྱིན་གྱིས་ བརླབ་པར་མོས་ལ། འདིའི་རྗེས་ཟློས་མཛོད་བྱས་ལ། ༀ་གསུམ་མ་ལན་གསུམ་བརྗོད། དམ་བཅའ་ བའི་ལུང་འདིའི་རྗེས་ཟློས་མཛོད་བྱས་ལ། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མ་མཆིས་ པ་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་ སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྡོ་རྗེ་རྣལ་འབྱོར་མ་ཡི་དམ་གྱི་ལྷར་བཟུང་ནས། དེའི་གཟུངས་སྔགས་ཉིན་རེ་ལ་ཅི་ནུས་རེ་བཟླ་བར་དམ་བཅའ་ལགས་སོ། །སློབ་དཔོན་ལ་ མེ་ཏོག་གཏོར་ལ། འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུངས་ལགས་ཀྱི། ། བདག་ལ་འགོ་བར་མཛད་དུ་གསོལ། །མེ་ཏོག་དེ་ཉིད་སླར་ཡང་ཁྱེད་རང་རྣམ་པའི་སྤྱི་བོར་ གཏོར་བས་སྔགས་འཕྲེང་གི་རྣམ་པས་སྙིང་གར་ཐིམ་སྟེ། རྒྱུད་བྱིན་གྱིས་བརླབ་པར་མོས་ མཛོད་བྱས་ལ། མེ་ཏོག་སློབ་མའི་སྤྱི་བོ་དང་སྙིང་གར་གཏོར་ཏེ། སྔགས་ཀྱི་དངོས་གྲུབ་སྩལ་ དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་ཁྱེད་ཀྱི་རྒྱུད་ལ་རྡོ་ རྗེ་རྣལ་འབྱོར་མའི་གསུང་རིགས་སྔགས་ཀྱི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་ཡོངས་སུ་ 15-1-145 འཇུག་པར་གྱུར་ཅིག ཅེས་བརྗོད་དོ། །དེས་བུམ་དབང་ཐོབ་པས་བསྐྱེད་རིམ་བསྒོམ་པ་ལ་དབང་ བར་བྱས་སོ། །མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ སྤྱན་དྲངས། ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ། གསང་བ་ནས་ཐོན། ཀ་པཱ་ལ་བདུད་ རྩི་དང་འདྲེས། དེ་ཉིད་ལྕེ་ཐོག་ཏུ་བཞག་པར་མོས་ཤིག ཅེས་ༀ་གསུམ་མའི་མཐར་འབྲུ་གསུམ་བརྗོད་ ཅིང༌། དཀྱིལ་འཁོར་གྱི་ནང་མཆོད་ནས་བླང་ལ་སློབ་མ་ལ་སྦྱིན་དེས་གསང་དབང་ཐོབ་པས། ལམ་རང་ལུས་ལ་བརྟེན་ནས་རྩ་དབུ་མ་ཁ་དབྱེ་བའི་ཐབས་སྒོམ་པ་ལ་དབང་ངོ༌། །དེ་ནས་ སིན་དྷུ་རའི་དཀྱིལ་འཁོར་ལས། སིནྡྷུ་ར་སློབ་དཔོན་གྱི་མཐེབ་སྲིན་གཡོན་པས་བླངས་ལ། སློབ་མའི་དཔྲལ་བ། མགྲིན་པ། སྙིང་ག་ལྟེ་བ་རྣམས་སུ་བྱུག འབྲུ་གསུམ་བརྗོད། དེ་ལྟར་གནས་ བཞི་བྱིན་གྱིས་བརླབས་པའི་རྐྱེན་གྱིས་ལྟེ་བའི་གཏུར་མོ་འབར། སྤྱི་བོའི་ཧཾ་ཡིག་ཞུ་བའི་ དགའ་བ་བཞིའི་ཡེ་ཤེས་བསྐྱེད་པར་མོས་ལ། སྔགས་དང་ཕྱག་རྒྱ་འདིའི་རྗེས་ཟློས་ཀྱིས། ཞེས་ བརྗོད་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པ་དང༌། འཁྱུད་རྒྱ་བྱར་བཅུག དེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས། ཕོ་ཉའི་ལམ་སྒོམ་པ་ལ་དབང་བ་ཡིན་ ནོ། །དེ་ལྟ་བུའི་ཞུ་བདེ་དེ་ཉིད་དཔེར་བྱས་ཏེ། དོན་རང་སེམས་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་ པའི་དོན་སྒོམ་པ་ནི་བཞི་པའི་ཡེ་ཤེས་ཏེ། དངོས་པོ་མེད་པའི་ཆོས་ཉིད་ཆོས། །ནམ་མཁའ་ལྟ་ བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །སྟོང་པ་ཉིད་ནི་རྣམ་པར་སྒོམ། །ཞེས་པ་ཡིན་ པས་སྤྲོས་བྲལ་བདེ་སྟོང་ལ་ཅུང་ཟད་མཉམ་པར་ཞོག་མཛོད། དེ་ནི་དབང་བཞི་པ་སྟེ། ལམ་ དེ་ཁོ་ན་ཉིད་དངོས་སུ་སྒོམ་པར་བྱེད་པ་ལ་དབང་བ་ཡིན་ནོ། །དེ་ནས་རྗེས་ནི། སློབ་མས། གཙོ་བོས་ ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་དང༌། བཀའ་དྲིན་ གཏང་རག་གི་དོན་དུ། ༀ་བཛྲ་བྷུ་མི་ཨཱཿཧཱུཾ་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མ་ མཆིས་པ་ལ་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་ 15-1-146 དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་ བརླབ་ཏུ་གསོལ། །ཞེས་མཎྜལ་འབུལ། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་ འབུལ་ལགས་ཀྱི། ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། ། ཅེས་ཡོན་དབུལ་ལོ། ། ཚོགས་འཁོར་གྱི་བྱ་བ་ནི། བདག་འཇུག་གི་སྔ་ཕྱི་གཉིས་དང༌། སྐབས་འདི་གསུམ་གང་ལ་བྱས་ཀྱང་རུང་བ་ལས། དང་པོ་ གཉིས་ལྟར་གཙོ་ཆེ་ནའང༌། དེང་སང་ཕྱི་མ་ལྟར་མཛད་དེ། ལྷག་གཏོར་དང་འཇིག་རྟེན་པའི་གཏོར་མ་དུས་གཅིག་ལ་གཏོང༌། དེ་ ནས་རྗེས་ཆོག་ནི། མཆོད་པ་རྣམས་ཁ་གསོས་ལ། ༀ་སུམྦྷ་ནིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཞེས་པ་ནས། དེ་ཉིད་རྣམས་ལ་ཕྱག་ འཚལ་ལོ། །ཞེས་པའི་བར་བུམ་བསྐྱེད་ལྟར་མཆོད་བསྟོད་རྣམས་བྱེད། བཅོམ་ལྡན་འདས་མའི་བདག་གི་ སྡིག་པ་དང་སྒྲིབ་པ་དམ་ཚིག་ཉམས་ཆགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་མཛད་ དུ་གསོལ། ཚེ་དང་བསོད་ནམས་དང་འབྱོར་བ་དང༌། དབང་ཕྱུག་ཕུན་སུམ་ཚོགས་པར་བྱིན་ གྱིས་བརླབ་ཏུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་ ཚེ་འདི་ཉིད་ལ་སྩལ་དུ་གསོལ། གལ་ཏེ་ཚེ་འདིར་འགྲུབ་པའི་སྐལ་བ་མེད་ན། འཆི་ཚེ་མཁའ་ སྤྱོད་ཀྱི་གནས་སུ་འཁྲིད་པ་དང༌། མཐར་ཐུག་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་ པར་བྱིན་གྱིས་རློབས། ཞེས་འདོད་དོན་ཞུ། ༀ་ཤྲཱི་བཛྲ་ཧེ་རུ་ཀ ཞེས་སོགས་ཧེ་རུ་ཀའི་ཡི་གེ་བརྒྱ་པ་ལན་ གསུམ་བརྗོད་ལ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་ པ་དང་ནི་བགྱིད་སྩལ་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །བདག་ཅག་ལས་དང་པོ་ པའི་རྟེན་གྱི་གང་ཟག་ཏུ་གྱུར་པས། སེམས་སྒྲིབ་པ་དང་ལྡན་པ་དང༌། ཡོ་བྱད་མ་ཚང་བ་དང༌། ཏིང་ངེ་འཛིན་མི་གསལ་བ་དང༌། སྔགས་མ་དག་པ་དང༌། ཆོ་ག་ལྷག་པ་དང་ཆད་པ་ཐམས་ ཅད་ལྷག་ཆད་ཁ་བསྐང་ཞིང༌། བདག་ཅག་གི་ལམ་དང་དངོས་གྲུབ་ཀྱི་བར་ཆད་དུ་མི་འགྱུར་ 15-1-147 བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བཟོད་པར་གསོལ། ཕྱོགས་བཅུ་ན་བཞུགས་པའི་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་ མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་ མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་ཞུགས་སུ་གསོལ། བྱེ་བྲག་ཏུ་རྡོ་རྗེ་རྣལ་འབྱོར་མའི་རྟེན་སྐུ་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ ཐམས་ཅད་འབྱུང་བ་བཞིའི་གནོད་པ་མ་བྱུང་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་ དཔུང་གཉེར་དམ་པ་མཛད་དུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྟན་བཞུགས་བྱ། ཁྱོད་ ཀྱིས་སེམས་ཅན་དོན་ཀུན་སོགས་སིནྡྷུ་རའི་ཡེ་ཤེས་པ་གཤེགས། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་ གསལ་བའི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ༀ་བཾ་ཧཾ་ཡོཾ་ཧྲིཾ་མོཾ་ཧྲེཾ་ཧྲིཾ་ཧཱུཾ་ཧཱུཾ། ཕཊ་ཕཊ། སུམ་བྷ་ནི་ལན་གཉིས་ཀྱི་ཚམ་ངམ་སྔགས་ཀྱིས་བསྲུང་བ་བྱེད་དོ། །དེ་ནས་སྤྱོད་ལམ་གྱི་རྣལ་འབྱོར་ནི། བདག་དང་སྣང་བའི་དངོས་པོ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་སྐུའི་རང་བཞིན། ༀ་གསུམ་མ་ ཚར་གཅིག་བརྗོད་ནས། བརྗོད་པ་དང་གྲགས་པའི་སྒྲ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་གསུང་གི་ རང་བཞིན། དྲན་རིག་རྣམ་རྟོག་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཡེ་ཤེས་ཆེན་པོའི་ ཆོ་འཕྲུལ་དུ་རྣམ་པར་དག་པ་ཡིན་ནོ། །དེ་ནས་སྨོན་ལམ་ནི། བདག་གིས་དུས་གསུམ་དགེ་བ་ཅི་ སྤྱད་པས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་ སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་པ་ཉིད་གྱུར་ཅིག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་ དུ། །བློ་ལྡན་རིགས་བཟང་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་བརྟན། །རྡོ་རྗེ་ ཕག་མོའི་དམ་ཚིག་ལ་གནས་ཤོག །རྡོ་རྗེ་དྲིལ་བུ་ལ་སོགས་རྟག་ཏུ་འཆང༌། །ཟབ་ཅིང་རྒྱ་ཆེ་ ཆོས་དོན་རྟོགས་པ་དང༌། །གོ་ཀུ་ཤུ་ཀྲ་ལ་སོགས་རྟགས་བཟའ་ཞིང༌། །མཐར་ཐུག་བདེ་ཆེན་ 15-1-148 སྒྲུབ་པའི་སྐལ་ལྡན་ཤོག །བདེ་གཤེགས་སྤྱན་སྔར་གནས་གསུམ་མཁའ་འགྲོ་ཡི། །དམ་ བཅའ་བསྲུང་ཞིང་དངོས་གྲུབ་མཆོག་སྩོལ་བར། །ཐུགས་དམ་བཅས་ཤིང་རྟག་བསྲུང་དངོས་ གྲུབ་ནི། །རྣམ་གསུམ་ཚེ་འདི་ཉིད་ལ་ཐོབ་པར་ཤོག །དེ་ནས་བཀྲ་ཤིས་ནི། ༀ་ཕུན་སུམ་ཚོགས་ པ་མངའ་བ། སོགས་ཀྱི་མཐར། སྤྲོ་ན། བཀྲ་ཤིས་གང་ཞིང་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་བའི། ། ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨོར་རྡོ་རྗེ་རོལ་ པར་མཛད། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ ཞིག་ཆོས་ཀྱི་འབྱུང་གནས་ཉམས་དགའ་བར། །སྣ་ཚོགས་ཆུ་སྐྱེས་ཉིན་བྱེད་གདན་ལ་བདེ་ བར་བཞུགས། །རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ་མཆོག་རྣལ་འབྱོར་མ། །བདེན་པ་དེས་ཀྱང་༴ བཀྲ་ཤིས་གང་ཞིག་གསང་ཆེན་ཟབ་མོའི་དོན་སྟོན་པའི། །མཁའ་འགྲོ་གྲངས་མེད་གསུང་ གི་སྙིང་པོ་སུམ་ཅུ་གཉིས། །ས་གསུམ་ཁྱབ་པའི་འོད་ཟེར་བྱེ་བའི་འཕྲོ་འདུ་ཅན། །བདེན་པ་ དེས་ཀྱང་༴ བཀྲ་ཤིས་གང་ཞིག་འགྱུར་མེད་ལྷུན་གྱིས་གྲུབ་པའི་དབྱིངས། ཁམས་གསུམ་ ཀུན་ལ་བདེ་བ་ཆེན་པོས་ཁྱབ་པའི་ཐུགས། །ཚད་མེད་ཡོན་ཏན་འཕྲིན་ལས་སོགས་ཀྱི་ཉེར་ འབར་མ། །བདེན་པ་དེས་ཀྱང་༴ བཀྲ་ཤིས་གང་ཞིག་ཞིང་སྐྱོང་མ་མོའི་ཚོགས་རྣམས་ཀྱིས། ། བདུད་དང་བགེགས་འཇོམས་ཞི་རྒྱས་དབང་གི་ལས་མཛད་ཅིང༌། །བསྲུང་བའི་འཁོར་ལོ་རྒྱ་ ཆེན་རྟག་ཏུ་བརྟན་གྱུར་པ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །དུས་ རྒྱུན་གྱི་རྣལ་འབྱོར་ལ་གོང་དུ་བསྟན་པ་རྣམས་དང༌། ཉལ་བ་དང༌། ལྡང་བ་སྟེ་རྣལ་འབྱོར་བཅུ་གཅིག་གིས་ཆོག་གོ །བྱིན་རླབས་ ཀྱི་ཆོ་ག་རྙིང་མ་ཡིག་རྙིང་དང༌། མན་ངག་ལས་ཤེས་པར་བྱའོ། །རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ནི། ཀུན་གྱིས་རྩ་བར་རབ་གྲགས་པ། ། ལྷན་ཅིག་སྐྱེས་དགའ་ཐོབ་པའི་ཐབས། །སྙིང༷་པོ༷འི་ཡི་གེ་བླ་ན་མེད། །ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེ་ ལེགས་འཕེལ། 15-1-149 ༄༅ །ༀ་སྭཱ་སྟི། ཡེ་ཤེས་བསྐལ་པའི་མེ་ཡི་གཟི་འོད་འབར། །སྒེག་འཆར་དུ་མས་རྣམ་བརྒྱན་མཚར་སྡུག་སྐུ། །མི་ ཕྱེད་སྔགས་ཀྱི་དེ་ཉིད་ལེགས་འཆར་བ། །རྡོ་རྗེ་བཙུན་མོས་བདག་ལ་ཐུགས་བརྩེར་མཛོད། །དཔག་ཡས་སྒྲུབ་པའི་ཐབས་ཚུལ་རྒྱ་ མཚོ་ལས། །ནམ་མཁའི་ནོར་བུ་དང་མཚུངས་སྙིང་པོ་ནི། །ཨོ་རྒྱན་ལས་བྱུང་གསང་བའི་མན་ངག་སྟེ། །བདེན་གཉིས་ཞལ་ཅན་ སྒྲུབ་པའི་ཐབས་འདི་བརྩམས། དབང་བཞི་ཡོངས་སུ་རྫོགས་ནས། འདི་ཉིད་ཀྱི་བྱིན་རླབས་ཐོབ་པའི་རྣལ་འབྱོར་བས་ཚུལ་འདི་ ལ་འཇུག་པར་བྱའོ། །དེ་ལ་སྟོང་པ་ཉིད་དུ་ཤེས་པའི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྤྱི་དང་མཐུན་པར་ བྱ། གདོང་ནུབ་ཏུ་ཕྱོགས་བཞིན་པས་འདི་སྐད་ཅེས་བྱ་སྟེ། བདག་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་ཆོས་ཀྱི་དབྱིངས་ ཆོས་ཀྱི་འབྱུང་གནས་ཨོ་ཌི་ཡ་ན་རྡོ་རྗེའི་གནས་སུ་གྱུར། རང་གི་སྤྱི་བོར་རྩ་བའི་བླ་མ་ཧེ་རུ་ཀ་དང་གཉིས་སུ་ མེད་པ་འཛུམ་བག་དང་བཅས་ཤིང་རུས་པའི་རྒྱན་གྱིས་སྤྲས་པ། སྐྱབས་གནས་ཐམས་ཅད་ ཀྱི་ངོ་བོར་བཞུགས། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་ རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་ བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །གསོལ་བ་འདེབས་སོ་བྱིན་ གྱིས་རློབས། །ཞེས་ལན་གསུམ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་འགྲོའི་ ཚོགས་དང་བཅས་པ་རྣམས་ཀྱང་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། ༀ་བཛྲ་ཨརྒྷཾ་པྲ་ ཏཱིཙྪ་སྭཱཧཱ། ༀ་བཛྲ་པཱདྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏེ། ༀ་ བཛྲ་ཤཔྟ་ཨཱཿཧཱུཾ། ཐལ་མོ་སྙིང་གར་སྦྱོར་བཞིན་པས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ། སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ ཆུབ་ཡིད་ཀྱིས་བཟུང༌། །ཐེག་ཆེན་བདུད་རྩི་རབ་བཤད་པར། །འཁོར་ལོ་བསྐོར་བར་གསོལ་ བ་འདེབས། །ཇི་སྲིད་འཁོར་བ་གནས་ཀྱི་བར། །མྱ་ངན་མི་འདའ་གསོལ་བར་འཚལ། ། སངས་རྒྱས་ཆོས་དང་ཚོགས་རྣམས་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་ དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་ཏུ་སེམས་ནི་ 15-1-150 བསྐྱེད་བགྱིད་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་ མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་འགྲོའི་ཚོགས་དང་བཅས་པ་འོད་དུ་ ཞུ་ནས་བདག་ཉིད་ལ་ཐིམ། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ༀ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ནང་མཆོད་བྱིན་རླབས་རྒྱས་པ་སྐབས་འདིར་བྱས་ཀྱང་རུང་ལ། བསྡུ་ན། སྟོང་པའི་ངང་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། གཡོན་ པའི་མཐེབ་སྲིན་གྱིས་མདུན་ནས་བརྩམས་ཏེ་ཆོས་འབྱུང་གཡོན་བསྐོར་དུ་བྲི་ཚུལ་བྱ་ཞིང༌། ༀ་གསུམ་མ་ཚར་གཅིག་བརྗོད། མཐེ་བོང་གི་རྩེར་ༀ། མཐེ་ཆུང་གི་རྩེར་ཨཱཿ འཁྲིག་མའི་ངོས་ལ་ཧཱུཾ། ལམ་མཐིལ་དུ་བཾ། དེ་ ཉིད་ཀྱི་གཟུགས་བརྙན་ཤར་བ་ལྟར། ཆོས་འབྱུང་གི་ནང་དུ་ཡི་གེ་བཞི་འཁོད་པར་གྱུར་པ་ ལས། འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། ཡེ་ ཤེས་ཀྱི་བདུད་རྩི་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྣམ་པ་ཅན་སྦྱོར་མཚམས་ནས་སྤྱན་ དྲངས་ལ། ཐོད་པའི་ནང་གི་བདུད་རྩི་ལ་ཐིམ། ༀ་ཨཱཿཧཱུཾ། ལན་གསུམ་གཡས་པའི་མཐེབ་སྲིན་གྱིས་བདུད་ རྩི་བླངས་ལ། གཡོན་པའི་མཐེ་ཆུང་ནས་མཐེ་བོའི་བར་སོར་མོ་ལྔ་དང༌། ཐམས་ཅད་འདུས་པའི་སེན་མོའི་ངོས་ལ་བདུད་རྩིའི་ ཐིག་ལེ་བྱ་ཞིང༌། ༀ་བཾ་ནས། ཕཊ་ཕཊ་ཀྱི་བར་བརྗོད། ཡི་གེ་འབྲུ་གསུམ་བརྗོད་ཅིང༌། དེ་རྣམས་ལ་བདུད་རྩི་གཏོར། ཡང་ འབྲུ་གསུམ་བརྗོད་ཅིང་ལུས་ཐམས་ཅད་ལ་བྱུགས་པས། གོ་ཆ་དྲུག་པོ་རང་ལུས་ལ་ཐིམ་པར་བསམ། གཡོན་པའི་མཐེབ་སྲིན་ གྱིས་གནས་དང༌། རྫས་ལ་ཕྱོགས་ཀུན་ཏུ་གཏོར། ༀ་ཨཱཿཧཱུཾ། ༀ་ཧྲིཿགྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚཾ་ཧཱུཾ་ཕཊ། ལན་གསུམ། བགེགས་ཐམས་ཅད་བསྐྲད། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་ས་ གཞི། རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པའི་བསྲུང་བའི་འཁོར་ ལོར་གྱུར། དེ་ནས་སྒོ་གསུམ་སྦྱངས་ཞིང༌། གཞི་ལམ་འབྲས་གསུམ་རྣམ་པར་དག་པའི་སྟོང་པ་ཉིད་ཀྱི་དོན་དྲན་བཞིན་པས། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ༀ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ། ༀ་ཡོ་ག་ 15-1-151 ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། ཞེས་པས་དག་པ་གསུམ་གྱི་སྔགས་བརྗོད། སྟོང་པའི་ངང་ལས་རང་ལུས་ གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་བསྲུང་བའི་ འཁོར་ལོ་དང་བཅས་པས་ཡོངས་སུ་བསྐོར་བའི་དབུས་སུ། ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ ལ་ནང་དམར་བ་རྩ་བ་ཕྲ་ཞིང་གདེངས་ཀ་རྒྱས་པའི་སྟེང་རུས་སྦལ་གྱི་རྒྱབ་ལྟར་མཐོ་བ། དེའི་ ནང་དུ་ངག་སྔགས་ཀྱི་ཡིག་འབྲུ་དང༌། སེམས་ལྷ་སྐུའི་རྣམ་པར་གྱུར་པ་ནི། པཾ་ལས་སྣ་ཚོགས་ པདྨ་འདབ་མ་བརྒྱད་པའི་ལྟེ་བར་མི་རོ་སེར་པོ་མགོ་གཡོན་དུ་བསྟན་པའི་སྙིང་གར་ༀ་ལས་ ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་བཾ་དམར་པོ་ལས་འོད་འཕྲོས། ས་གསུམ་གྱི་དྲི་མ་སྦྱངས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་བསྡུས་ཤིང་ཐིམ་པ་ལས། བདག་ཉིད་རྡོ་རྗེ་རྣལ་འབྱོར་མ་ སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་ཡིད་ཙམ་སྨུག་པ་ཉི་མ་བྱེ་བའི་འོད་དང་མཚུངས་པའི་ གཟི་བརྗིད་ཅན། རྩ་ཞལ་ལྷ་མོའི་རྣམ་པ་འཛུམ་ཁྲོ་ཆགས་པའི་ཉམས་ཅན་མཆེ་བ་གཙིགས་ ཤིང་བཞད་པ། གཡས་ཞལ་ཕག་གདོང་ཁྲོ་ཞིང་གྱེན་དུ་ཕྱོགས་པས་གཟིགས་པ། ཕྱག་གཡས་ རྡོ་རྗེའི་གྲི་གུག་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། མཆན་ཁུང་གཡོན་དུ་རྡོ་ རྗེའི་ཁ་ཊྭཱཾ་ག་དཀར་པོ་གྱེན་དུ་བསྒྲེང་པ། དབུ་སྐྲ་ནག་པོ་ཅུང་ཟད་ལི་བ་སིལ་བུར་གྲོལ་ཞིང་ ཐུར་དུ་འཕྱང་བ། དམར་ཞིང་བཀྲ་ལ་ཟླུམ་པོར་གཡོ་བའི་སྤྱན་གསུམ་དང་ལྡན་པ། རྡོ་རྗེ་ནག་ པོའི་འཕྲེང་བ་ལ་བརྒྱུས་པའི་ཐོད་སྐམ་ལྔའི་འཕྲེང་བ་ཅན། སྒྱུ་མའི་སྦྲེལ་བའི་ཁྲག་འཛག་མི་ མགོ་ལྔ་བཅུའི་དོ་ཤལ་འཕྱང་བ། འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་སྟེ་ མི་རུས་ཀྱི་ཕྱག་རྒྱ་ལྔས་བརྒྱན་པ། གཅེར་བུ་ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་ལ་བབ་ཅིང༌། ནུ་མ་རྒྱས་པ། ཞབས་གཡོན་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ་མ་ ལུས་པའི་སྤྲུལ་པ་འཆང་བའི་སྐུ་ཅན། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ 15-1-152 ན་སྒེག་ཅིང་རོལ་བའོ། །ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་དམར་པོ་དེ་ལས་འོད་ འཕྲོས། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མ་ལ་དཔའ་བོ་དང་རྣལ་འབྱོར་མའི་ ཚོགས་ཐམས་ཅད་ཀྱིས་བསྐོར་བར་སྤྱན་དྲངས། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ བཞིན་པས། ཕཻཾ་ཞེས་བརྗོད། ཛཿཧཱུཾ་བཾ་ཧོཿ གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ལྟེ་ བར་ༀ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་ རྨོངས་བྱེད་མ། དཔྲལ་བར་ཧྲེཾ་ཧྲིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་ མ། ཚིགས་ཆེན་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀཱའི་ངོ་བོ་རྣམས་སུ་གྱུར། སླར་ཡང་བཾ་ ལས་འོད་ཟེར་འཕྲོས། དབང་གི་ལྷ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་ཕཻཾ། བདུད་རྩིས་གང་བའི་སྣོད་ཐོགས་ཏེ། མདུན་གྱི་ནམ་མཁར་བཞུགས་པ་ལ། བདག་ལ་དབང་ བསྐུར་དུ་གསོལ། ཅེས་གསོལ་བ་བཏབ་པས། རང་སྔགས་གསུང་བཞིན་པས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པའི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་ པས་དབུ་བརྒྱན། དབང་གི་ལྷ་རྣམས་ཀྱང་རང་ལ་ཐིམ། དེ་ནས་དག་པ་དྲན་པ་ནི། ངག་ཏུ་མ་བརྗོད་ཀྱང་ རུང་མོད་ཀྱི། དེ་ནི་འདི་ལྟར་དྲན་དགོས་སོ། །པདྨའི་གདན་ནི་ཉོན་མོངས་པའི་མ་གོས་པའོ། །མི་རོའི་ གདན་ནི་རྟོགས་པ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་དོ། །ཉི་མ་ནི་བདེ་བ་ཆེན་པོའི་སྣང་བ་ རྒྱས་པའོ། །སྐུ་མདོག་དམར་མོ་ནི་ཐུགས་རྗེས་སེམས་ཅན་ལ་ཆགས་པའོ། །ཞབས་གཉིས་ ནི་བདེན་གཉིས་ཟུང་དུ་འཇུག་པའོ། །གྲི་གུག་ནི་དུག་གསུམ་གཅོད་པའོ། །ཐོད་པ་ནི་བདེ་བ་ སྐྱོང་པའོ། །ཐོད་སྐམ་ལྔ་ནི་རིགས་ལྔའོ། །མགོ་རློན་གྱི་འཕྲེང་བ་ནི་ཡི་གེ་ལྔ་བཅུ་དག་པའོ། ། ཕྱག་རྒྱ་ལྔ་ནི་ཕ་རོལ་ཏུ་ཕྱིན་པ་ལྔའོ། །ཞབས་གཡས་བསྐུམས་ཤིང་གཡོན་བརྐྱང་བ་ནི་མི་ གནས་པའི་མྱ་ངན་ལས་འདས་པའོ། །སྐྲ་གྲོལ་བ་ནི་མཚན་མས་མ་བཅིངས་པའོ། ཁ་ཊྭཱཾ་ག་ནི་ ཐབས་དང་མ་བྲལ་བའོ། །སྐུ་གཅིག་པུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཅེར་བུ་ནི་ 15-1-153 སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །མེ་དཔུང་འབར་བ་ནི་ཡེ་ཤེས་ཀྱི་སྣང་བ་སྤྲོ་བའོ། །ཞེས་སོ། ། ལྟེ་བའི་བཾ་ཡིག་ལས་སྒོ་མཚམས་མ་བརྒྱད་སྐུ་མདོག་ལྗང་སྔོན་ཅང་ཏེའུ་དང་ཐོད་པ་བདུད་ རྩིས་གང་བ་ཐོགས་པ། མཆོད་རྫས་སྣ་ཚོགས་འཛིན་པའི་མཁའ་འགྲོ་མའི་ཚོགས་ཀྱིས་ བསྐོར་བ་སྤྲོས་ཏེ། མཆོད་པ་དང་བསྟོད་པའི་ལས་མཛད་པར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་ མཆོད། ༀ་ཨཱཿཧཱུཾ་གིས་ནང་མཆོད་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་ མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བར་རབ་འཇུག་མ། ། དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་ལ་འདུད་དོ། །རྣམ་པར་རྟོག་ མེད་ཡང་དག་རྟོག །ཡིད་ནི་རབ་ཏུ་མི་གནས་ཤིང༌། །ཡིད་ལ་མེད་ཅིང་དྲན་པ་མེད། ། དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། ཁམས་གསུམ་ པ་ཡི་ངོ་བོ་ཉིད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་ པས་སམ་རྐང་པ་བརྒྱད་པས་བསྟོད། ལྷ་མོ་རྣམས་ལྟེ་བའི་བཾ་ལ་ཐིམ། ཡི་གེ་འབྲུ་གསུམ་ལན་གསུམ་བརྗོད་ཅིང་ བདུད་རྩི་ལན་གསུམ་མྱངས། གསང་གནས་སུ་ཆོས་འབྱུང་ཡི་གེ་བཞི་དང་བཅས་པ། རྩ་སྔགས་འཕྲེང་གསུམ་མམ། བདུན་དུ་ བཀོད་ལ། འོད་ཟེར་སྤྲོ་བསྡུའི་དམིགས་པ་བཅས་ཏེ། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་ བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་ངག་བཟླས་དང༌། ཡིད་བཟླས་དང༌། འགོག་པའི་བཟླས་པ་རྣམས་ ཅི་རིགས་པར་བྱའོ། །ཐུན་འཇོག་པའི་ཚེ། ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ་ལ་ཅུང་ཟད་མཉམ་པར་བཞག་སྟེ། སུཾ་བྷའི་སྔགས་ཀྱིས་ བསྲུང་བ་བྱས་ལ་དགེ་བ་བསྔོས་ཏེ་འཇུག་གོ །ཐུན་མཚམས་སུ་ཡི་གེ་བརྒྱ་པ་བཟླ་བ་དང༌། མཆོད་པ་དང༌། གཏོར་མ་དང༌། ཕྱག་ དང༌། སྐོར་བ་དང༌། སཱ་ཙ་གདབ་པ་ལ་སོགས་པ་བྱ་ཞིང༌། ཁ་ཟས་དང༌། སྤྱོད་ལམ་དང༌། ཉལ་བ་དང༌། ལྡང་བའི་རྣལ་འབྱོར་ རྣམས་ལ་ཡང་ནན་ཏན་དུ་བྱའོ། །གཏོར་མའི་ཆོ་ག་ནི། ཁ་ཟས་བཟང་དགུ་ལས་བྱས་པའི་གཏོར་མ་ཤ་ཁྲག་མྱོས་བྱེད་ཀྱི་རྒྱུ་ལ་ 15-1-154 སོགས་པས་བརྒྱན་པའི་མཆོད་པ་དང་བཅས་པ་བཤམས། གཏོར་མ་གཅིག་ཏུ་བསྡུས་ཀྱང་རུང་ལ། གཉིས་སུ་བྱེད་ན། འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས། གསུམ་དུ་བྱེད་ན། ཡེ་ཤེས་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། འཇིག་ རྟེན་མཁའ་འགྲོའི་གཏོར་མ་དང་གསུམ་མོ། །གང་ལྟར་ཡང་རུང་སྟེ། སུཾ་བྷ་ནིས་བསངས། སྭ་བྷ་ཝས་སྦྱངས། ཡཾ་ལས་ རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་ དུམ་བུ་གསུམ་པ་དེའི་ཤར་དུ་གོ་ལས་བ་ལང་གི་ཤ་བྷྲུཾ་གྱིས་མཚན་པ། བྱང་དུ་ཧ་ལས་གླང་པོ་ ཆེའི་ཤ་ཁཾ་གིས་མཚན་པ། ནུབ་ཏུ་ད་ལས་རྟའི་ཤ་ཛྲིཾ་གིས་མཚན་པ། ལྷོ་རུ་ཀུ་ལས་ཁྱིའི་ཤ་ཨཾ་ གིས་མཚན་པ། དབུས་སུ་ན་ལས་མིའི་ཤ་ཧཱུཾ་གིས་མཚན་པ། ཤར་ལྷོར་བཾ་ལས་དྲི་ཆེན་ལཾ་ གྱིས་མཚན་པ། ལྷོ་ནུབ་ཏུ་{རཾ་[ད་]ལས་རཀྟ་མཾ་གྱིས་མཚན་པ། ནུབ་བྱང་དུ་མ་ལས་རྐང་ མར་པཾ་གྱིས་མཚན་པ། བྱང་ཤར་དུ་མུ་ལས་དྲི་ཆུ་ཏཾ་གིས་མཚན་པ། དབུས་སུ་ཤུ་ལས་བྱང་ སེམས་བཾ་གྱིས་མཚན་པ། དེའི་སྟེང་གི་ནམ་མཁའ་ལ་ཁ་ཊྭཱཾ་ག་དཀར་པོ་མགོ་ཐུར་དུ་བལྟ་ བའི་སྟེང་དུ་བཾ་དམར་པོ། དེ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩི་ བྱང་སེམས་ཀྱི་རྣམ་པར་སྤྱན་དྲངས་སྟེ་བཾ་ལ་ཐིམ། བཾ་ཡིག་ཁ་ཊྭཱཾ་ག་དང་བཅས་པ་ཞུ་ནས་ རྫས་ལ་ཐིམ། རླུང་གི་མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ་བས་མང་པོར་སྤེལ་བས་བདུད་རྩིའི་ རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་དུ་བརྗོད་ནས། མདུན་བསྐྱེད་དང་འབྲེལ་ན་སྤྱན་འདྲེན་མི་དགོས། མ་འབྲེལ་ན་ དགོས་པས། འབར་བའི་ཕྱག་རྒྱ་དང་བཅས་ཕཻཾ། བཛྲ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་གཏོར་མ་གསོལ་བར་གྱུར། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ ཡེ་བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཨི་དཾ་པུཥྤེ། དྷུ་པེ། དཱི་པེ། གནྡྷེ། བ་ལིཾ་གྲྀཧྞ་གྲྀཧྞ་མ་མ་ རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་ཡེ་ཤེས་མཁའ་འགྲོ་ལ་འབུལ། ༀ་ཧྲིཾ་ཧཾ་ཧཾ་ཧེ་ཧེ་ ཧ་ཧ་ཧི་ཧི་ཕཻཾ་ཕཻཾ་ཞེས་པ་ལན་གསུམ་ལ་སོགས་པས་ལས་ཀྱི་མཁའ་འགྲོ་དང༌། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་ 15-1-155 རཀྵ་ས་བྷུ་ཏ་པྲེ་ཏ་པི་ཤ་ཙ། ཨུཥྨནྟ་ཨ་པཥྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་ རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ། ཡ་ཐཻ་བཾ། ཡ་ཐཻ་ཊཾ། བྷུཉྫ་ཐ། པི་པ་ཐ། ཛི་གྷ་ཐ། མ་ཏི་ ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སདྶུ་ཁཾ་བི་ཤུདྡྷ་ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ལན་ གསུམ་གྱིས་འཇིག་རྟེན་མཁའ་འགྲོའི་ཚོགས་ལ་འབུལ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ༀ་ཨཱཿཧཱུཾ་ལན་གསུམ་ གྱིས་ནང་མཆོད་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཤླཽ་ཀ་གཉིས་ཀྱིས་བསྟོད། ལྷ་ཡིའི་ཚོགས་ རྣམས་མ་ལུས་དང༌། །སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། ། སོགས་དང༌། ཡིག་བརྒྱ་ལན་གསུམ། མ་འབྱོར་བ་དང་སོགས། ༀ་བཛྲ་མུཿ ཞེས་གཤེགས་སུ་གསོལ། སྨོན་ལམ་ དང་བཀྲ་ཤིས་ཅི་རིགས་པར་བྱ་སྟེ། ཕལ་ཆེར་ནཱ་རོ་མཁའ་སྤྱོད་དང་མཐུན་པར་ཤེས་པར་བྱའོ། ། འདིའི་བྱིན་རླབས་བྱ་བར་འདོད་ན། ཡར་ངོ་དང་མར་ངོའི་ཚེས་བཅུ་གང་རུང་ལ་བྱ་སྟེ། སྟེགས་བུའི་སྟེང་དུ་མཎྜལ་པདྨ་ དམར་པོ་འདབ་བརྒྱད་ལྟེ་བར་ཆོས་འབྱུང་དམར་པོ་གྲུ་བཅད་ལྗང་ཁུ། ཕྱི་དུར་ཁྲོད་དང་རྡོ་ར་མེ་རིས་བསྐོར་བར་བྱ། དུར་ཁྲོད་ མ་བྲིས་ཀྱང་འགལ་བ་མེད། ཤིན་ཏུ་བསྡུ་ན་རྡོ་ར་དང་མེ་རིའང་བོར་རོ། །དེའི་སྟེང་དུ་མཉྫི་ལ་སོགས་པའི་ཁར་ཐོད་པ་བདུད་ རྩིས་བཀང་བ་བཞག དེའི་སྟེང་དུ་མེ་ལོང་ལ་ཆང་གིས་བརླན་ཅིང་སིནྡྷུ་ར་སྙོམས་པར་བཀྲམ། གསེར་གྱི་སྙུ་གུ་ལག་པ་གཡོན་ པ་མཐེབ་སྲིན་གྱིས་བཟུང་ལ། ཆོས་འབྱུང་གྲུ་གསུམ་ནང་དུ་རྩ་སྔགས་འཕྲེང་གསུམ་མམ་བདུན་མ་དང་ཕྱོགས་བཞིར་དགའ་ འཁྱིལ་རེ་དང་བཅས་པ་བྲི། སྟེང་ནས་དར་དམར་པོའི་གུར་ཁང་ཕུབ་སྟེ། སིནྡྷུ་རའི་དཀྱིལ་འཁོར་མི་མཐོང་བར་བྱ། ཆུ་གཉིས་ སྔོན་དུ་འགྲོ་བའི་མཆོད་པ་དང༌། གཏོར་མ་ལྔ་བཤམས། ནང་མཆོད། ཅང་ཏེའུ། རྡོ་རྗེ་དྲིལ་བུ། བསྲུང་སྐུད། མིག་དར། མེ་ཏོག་ སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་དང༌། ཁྱད་པར་བུམ་པ་མཚན་ཉིད་དང་ལྡན་པ་སྤྱི་དང་མཐུན་པར་བཤམས། སྔོན་འགྲོ་ གཏོར་མ་མཁའ་འགྲོ་སྤྱི་གཏོར་བཞིན་བཏང༌། མཆོད་པ་བྱིན་དབབ་ཀྱང་བླ་མེད་སྤྱི་དང་མཐུན། སྐྱབས་འགྲོ་ནས་བཟླས་པའི་ བར་བདག་བསྐྱེད་རྫོགས་པར་བྱས། མདུན་བསྐྱེད་ཀྱི་དཀྱིལ་འཁོར། སུམ་བྷས་བསངས། དག་པ་གསུམ་གྱི་སྔགས་བརྗོད། སྟོང་པའི་ངང་ལས་པདྨའི་ལྟེ་བར་ཆོས་འབྱུང་དམར་པོའི་དབུས་སུ། གཞལ་ཡས་ཁང་གྲུ་བཞི་ སྒོ་བཞི་ནས། བསྐོར་བའི་དབུས་སུ། མི་མགོའི་སྒྱེད་པུ་གསུམ་གྱི་སྟེང༌། ཨ་ལས་བྱུང་བའི་ཐོད་ 15-1-156 པའི་ནང་དུ། ༀ་ཨཱཿཧཱུཾ་བཾ་རྣམས་གནས་པའི་འོད་ཀྱིས། སངས་རྒྱས་ཐམས་ཅད་བྱང་ཆུབ་ཀྱི་ སེམས་ཀྱི་རྣམ་པར་སྤྱན་དྲངས་ལ། བདུད་རྩི་ལ་ཐིམ་པས་ཡེ་ཤེས་རྣམ་པ་ལྔའི་ངོ་བོར་གྱུར། ༀ་ཨཱཿཧཱུཾ་དེའི་ནང་དུ་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ཞེས་པ་ནས། རྩེ་ལྔ་པས་དབུ་བརྒྱན་གྱི་ བར་བདག་བསྐྱེད་དང་འདྲ་བ་ལས། ངག་སྔགས་ཀྱི་ཡིག་འབྲུ་དང༌། སེམས་ལྷ་སྐུའི་རྣམ་པར་གྱུར་པ་ནི་ཞེས་པ་བོར། དབང་ གི་ལྷ་ཐམས་ཅད་ཀྱང་མདུན་བསྐྱེད་ལ་ཐིམ། ཨརྒྷཾ་ནས་ཤཔྟའི་འབར་དང༌། འབྲུ་གསུམ་གྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་བསྟོད། བཟླས་པའི་དམིགས་པ་གསལ་བཏབ་ལ་བཟླས་པ་བྱ། སླར་ཡང་ མཆོད་པ་བྱིན་གྱིས་བརླབས་ཏེ། ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། ༀ་གསུམ་མའི་མཐར་འབྲུ་གསུམ་སྦྱར་བ་བཟླ་ཞིང༌། འཐོར་བའམ། བཟེད་ཞལ་དུ་འབུལ་བ་ལན་བརྒྱ་རྩ་སོགས་ཅི་རིགས་པ་ བྱེད་པ་ནི། ཁྱད་པར་གྱི་མཆོད་པ་བདུད་རྩི་འབུལ་བ་ཞེས་བྱ་བ་ཡིན་ལ། མཆོད་པའི་ཁྱད་པར་སྣ་ཚོགས་པ་རྣམས་ནམ་མཁའ་ མཛོད་ཀྱི་སྔགས་རྒྱས་འབུལ། བསྟོད་པ་ནི། རོལ་མོ་སྣ་ཚོགས་པའི་སྒྲ་དང་བཅས་པའམ། མེད་ན་ཅང་ཏེའུ་འཁྲོལ་བཞིན་དུ། རྐང་ པ་བརྒྱད་པས་ཐོག་དྲངས་ནས་བསྟོད་པ་ཅི་ཤེས་པས་བསྟོད་པར་བྱའོ། །གཏོར་མ་གོང་བཞིན་བྱིན་གྱིས་བརླབས་ནས། གཏོར་མ་ དང་པོ་གཉིས་གོང་བཞིན་འབུལ་བ་ལས། ཡེ་ཤེས་མཁའ་འགྲོ་ཡི་དམ་གྱི་ཚོགས་ལ་ཐུན་མོང་དུ་འབུལ་ན། ཕཻཾ་བཛྲ་ཨ་རལླི་ ཧོ། བཛྲ་ཌཱ་ཀི་ནཱི། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་འབུལ། གཏོར་མ་གསུམ་པ་ནག་པོ་ ཆེན་པོ་དང་ཕྱོགས་སྐྱོང་སོགས་ལ་འབུལ། བཞི་པ་གཞི་བདག་དང༌། ལྔ་པ་རིགས་དྲུག་དང༌། བགེགས་ལ་ཁ་འབར་མའི་སྔགས་ ཀྱིས་སྦྱིན། གཏོར་མ་ཕྱི་མ་གསུམ་པོ་བསྔོས་ཚར་རིམ་གྱིས་འཕྲལ་དུ་གཏོང༌། བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ། བྷྲུཾ་ ལས་བྱུང་བའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། སྣ་ཚོགས་པདྨའི་ སྟེང་དུ་མི་རོའི་སྙིང་གར་གནས་པའི་ཉི་མའི་གདན་དེའི་སྟེང་དུ་རྡོ་རྗེ་རྣལ་འབྱོར་མ་ཞེས་པ་ནས། ཙཎྜི་ཀཱའི་ངོ་བོ་རྣམས་སུ་གྱུར་གྱི་བར་བདག་བསྐྱེད་བཞིན། རང་གི་སྙིང་ག་ནས་སྔགས་ཀྱི་འཕྲེང་བ་ ཕྲེང་མ་ཆད་པར་སྤྲོས། བུམ་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་ 15-1-157 བབས་པས་བུམ་པ་གང་བར་གྱུར། བཟླས་པ་ཅི་འགྲུབ་བྱ། ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། འབྲུ་གསུམ་ གྱི་ནང་མཆོད་དང་བསྟོད་པ་བསྡུས་པ་ཙམ་བྱ། བུམ་པའི་ལྷ་བཞུ་བ་དང་། གཤེགས་སུ་གསོལ་བ་སོགས་མི་དགོས། བར་འདིར་ ཚོགས་མཆོད་བྱ། འཇིག་རྟེན་པའི་གཏོར་མའང་བཏང༌། སློབ་མ་ལ་ཇི་ལྟར་བྱ་བ་ལྟར་བདག་འཇུག་བླངས། དབང་གིས་སྨིན་པའི་སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་དང་ཆོས་བཤད་བྱ། སློབ་མས་ མཎྜལ་འབུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་ལན་གསུམ་གྱིས་གསོལ་བ་བཏབ། བགེགས་གཏོར་ སློབ་མ་ལ་ཕྱིར་བསྐོར་ལ། སརྦ་བིགྷྣན་བྷྱཿ ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་གསུམ་གྱིས་བསྔོས། བདེན་པ་ བདར་ཞིང་། གཏོར་མ་ཕྱི་རོལ་དུ་དོར་ལ་བགེགས་བསྐྲད། སུཾ་བྷ་དྲག་ཏུ་བཟླའོ། །སློབ་དཔོན་རྗེ་བཙུན་རྡོ་རྗེ་རྣལ་ འབྱོར་མར་གསལ་བའི་ལྟེ་བའི་བཾ་ལས་མེ་འོད་བྱུང༌། དབུ་མ་ནས་བརྒྱུད། སྲིན་ལག་གཡོན་ གྱི་རྩེ་ནས་ཐོན། སློབ་མའི་སྤྱི་བོ་ནས་ཞུགས། སྲོག་རྩའི་ནང་གང་བས། ནང་གིས་བགེགས་ དང་དྲི་མ་ཐམས་ཅད་བསལ་ཞིང་སྦྱངས་པར་གྱུར། སྲིན་ལག་སློབ་མའི་སྤྱི་བོར་བཞག་ལ། ༀ་ཨཱཿབིགྷྣཱནྟཱ་ ཀྲྀཏ་ཧཱུཾ། ཞེས་བདུན་བདུན་བརྗོད་ཅིང༌། སྤྱི་བོར་ཕུས་བཏབ། ཚངས་བུག་རྡོ་རྗེ་རྒྱ་གྲམ་གྱིས་བཀག་པར་ གྱུར། སློབ་མ་རྣམས་ཀྱི་གནས་རྣམས་སུ་ནས། ངོ་བོ་རྣམས་སུ་གྱུར། ༀ་བཾ་ནས། ཕཊ་ཕཊ་གྱི་བར་ བརྗོད་ཅིང༌། གནས་དེ་རྣམས་སུ་རྡོ་རྗེ་རྒྱ་གྲམ་རེག དེ་ནས་འབྲུ་གསུམ་གྱིས་ནང་མཆོད་བླུད་དོ། །དེ་ནས་རྒྱུན་བཤགས་དང༌། སྐྱབས་འགྲོ་སེམས་བསྐྱེད་རྒྱས་པ་བྱེད་པར་སྤྲོ་ན་ཡི་གེ་རྙིང་པ་རྣམས་སུ་ཤེས་པར་བྱའོ། །བསྡུ་ན། དཀོན་མཆོག་གསུམ་ ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱིས་ཆོག་གོ །ཨརྒྷཾ་ནས་ཤབྟའི་བར་གྱིས་སློབ་མ་སེམས་བསྐྱེད་པ་ ལ་མཆོད། ༀ་ཧྲཱ་བི་ཤུདྡྷ་དྷརྨ་སརྦ་པཱ་པཾ་ནི་ཙ་ཨ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤན་ཨ་པ་ན་ཡ་ཧཱུཾ། ཞེས་ཁྱོར་ ཆུ་སྦྱིན། སྡོམ་བཟུང་གི་དོན་དུ་སློབ་མས་མཎྜལ་ཕུལ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མའི་སྐུ་ལ་ སྐྱབས་སུ་མཆི། །གསུང་དང་ཐུགས་ལའང་དེས་འགྲེ། སངས་རྒྱས་གྲོང་ཁྱེར་ཉམས་དགའ་བར། །རྣལ་ འབྱོར་མ་མཆོག་འཁོར་ལོ་ཡི། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །མགོན་པོས་བདག་ནི་ འཇུག་པར་མཛོད། །ལན་གསུམ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ནས། མྱ་ངན་འདས་ལ་ 15-1-158 འགོད་ཀྱི་བར་ལན་གསུམ་གྱི་རིགས་ལྔའི་སྡོམ་པ་བཟུང༌། སངས་རྒྱས་ཆོས་དང་དགེ་འདུན་ལ་ནས། ཉི་ཤུ་ རྩ་གཉིས་ལེགས་པར་བསྲུང་གི་བར་བདེ་མཆོག་གི་ཐུན་མོང་མ་ཡིན་པའི་སྡོམ་བཟུང་བྱ། ༀ་ཙཀྵུ་བནྡྷ་ཝ་ར་ མ་ན་ཡེ་ཧཱུཾ་གིས་མིག་དར། ཨ་ཁཾ་ཝཱི་ར་ཧཱུཾ་གིས་མེ་ཏོག་བཟུང༌། སློབ་མའི་གནས་གསུམ་དུ་འབྲུ་གསུམ་བཀོད་ལ། རྡོ་རྗེ་ དང་བཅས་པའི་ནང་མཆོད་ཀྱིས་ཐིག་ལེ་བྱ། ཟླ་བ་རྡོ་རྗེའི་དམིགས་པ་ཕོག་ལ། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡ་མི། བརྗོད་དུ་བཅུག སྙིང་གར་རྡོ་རྗེ་གཏུགས་ཏེ། སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ་ཞེས་བརྗོད། ཛཿཧཱུཾ་ བཾ་ཧོཿ ཞེས་དཀྱིལ་འཁོར་དུ་བཅུག་པར་མོས་ལ། ཡོལ་བ་བསལ། སྤྱི་བོར་རྡོ་རྗེ་བཞག་ལ། དེང་ཁྱོད་དེ་བཞིན་ གཤེགས་པ་ཐམས་ཅད་དང༌། རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་ཀྱི། དེ་བས་ན་ངས་ ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དཔལ་ཧེ་རུ་ཀ་དང༌། རྡོ་རྗེ་ རྣལ་འབྱོར་མའི་དངོས་གྲུབ་ཀྱང་ཐོབ་པར་གྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་ དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱིས་མདུན་དུ་སྨྲ་བར་མ་ བྱེད་ཅིག སྨྲས་ན་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་བརྗོད། སྙིང་གར་གཏུགས་ཏེ། རྣལ་འབྱོར་མ་ དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་ མ་ཐག་ཏུ་དྲལ་ཏེ་གཤེགས། ཡང་སྤྱི་བོར་བཞག་ལ། དེང་ཕྱིན་ཆད་བུ་ཁྱོད་ཀྱི་རྡོ་རྗེ་རྣལ་ འབྱོར་མ་ནས་འགྱུར་ཏ་རེ། འབྲུ་གསུམ་བརྗོད་ཅིང་བདུད་རྩི་བླུད་ལ། འདི་ནི་ཁྱོད་ཀྱིས་ནས་ཨུ་ད་ཀ་ཋ་ཋ་ ཧཱུཾ། ཡེ་ཤེས་དབབ་པ་ནི། སློབ་མ་སྐྱིལ་ཀྲུང་བཅས་ཤིང་རླུང་བཟུང་དུ་བཅུག སློབ་མ་རྣམས་ཀྱི་སྤྱི་བོར་བླ་མ་ཧེ་ རུ་ཀའི་རྣམ་པ་ཅན། ལྟེ་བར་ཆོས་འབྱུང་གི་ནང་དུ་རྡོ་རྗེ་ཕག་མོ་མར་མེ་ལྟར་འབར་བ་མཚོན་ གང་བ་གར་བསྒྱུར་བ་ཅིག་བཞུགས་པར་གྱུར། སློབ་དཔོན་གྱི་ལྟེ་བའི་བཾ་ལས་འོད་འཕྲོས། སློབ་མའི་ལྟེ་བར་གནས་པའི་རྡོ་རྗེ་ཕག་མོའི་སྐུ་ལ་ཕོག་པས། ཡེ་ཤེས་ཀྱི་མེ་ལྕེའི་ཚོགས་ དཔག་ཏུ་མེད་པ་འཕྲོས་ཤིང་འབར་ཏེ། ལུས་ཀྱི་ཕྱི་ནང་ཐམས་ཅད་གང་བས། སྡིག་སྒྲིབ་ ཐམས་ཅད་བསྲེག་པར་མོས་མཛོད། ཅེས་བརྗོད་ལ་རོལ་མོའི་སྒྲ་བྱ་ཞིང༌། རྡུལ་གྱི་རས་དང༌། བྱི་ལ་ནག་པོའི་བྲུན་ 15-1-159 དང༌། གུ་གུལ་སྦྱར་བའི་དུད་པས་བདུག་ཅིང༌། ༀ་བཛྲ་ཝཱ་རཱ་ཧཱི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་{ཨ་}ཧྲཱི་ཧྲི་སྭཱཧཱ། གཉིས་ པ་སྤོག་པའི་ཆོ་ག་ནི། སློབ་མ་རྣམས་ལངས་ཏེ་རྐང་པ་གཉིས་གཤིབས་བྲང་བ་ལ་བརྗིད་བསྐུར། ལག་པ་ཐལ་མོ་སྦྱར་བརྐྱང༌། སྣ་རྩེ་ནས་སོར་བརྒྱད་གཞལ་པའི་བར་སྣང་ལ། གཡུང་དྲུང་ རིས་དཀར་པོ་མེ་སྟག་འབར་བ་གཅིག་བསམས་ལ། རླུང་ཕྱིར་སོང་བས་གཡུང་དྲུང་རིས་ལ་ ཕོག །གཡོན་བསྐོར་དུ་དྲག་ཏུ་འཁོར་བ་ལ་ཤེས་པ་གཏད་ལ། རླུང་ཕྱིར་ཐུབ་ཚད་ཟུངས་ཤིག སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་ མཁའ་འགྲོ་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས། སློབ་མའི་སྤྱི་བོར་བྱོན། སྦྱོར་མཚམས་ ནས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ཆུ་རྒྱུན་ལྟར་བབས་པས། སྤྱི་བོ་ནས་ཞུགས། ལུས་ཐམས་ ཅད་གང༌། བདེ་མེར་རེ་རེ་འདུག་པ་ལ་སེམས་གཏོད་ཅིག {བྱ་ཏེ་ལ།[བྱས་ལ།] རྩ་སྔགས་ཀྱི་མཐར་ཕཻཾ་ ཕཻཾ་ཧྲི་ཧྲི་ཞེས་བཏགས་ཏེ། ལན་བརྒྱ་རྩ་ལ་སོགས་པས་དབབ་པར་བྱའོ། །གལ་ཏེ་ཡེ་ཤེས་ཕེབས་ན། དེའི་ཉམས་མྱོང་སྐྱོང་དུ་ བཅུག་ལ། འོག་ནས་འབྱུང་བ་ལྟར། ལྟོས་ཤིག་རང་གི་སེམས་ལ་ལྟོས་སོགས་ཀྱིས་ངོ་སྤྲོད་པ་ཡིན་ལ། མ་ཕེབས་ན་ དེ་བརྗོད་མི་དགོས་སོ། །དེ་ནས་ཏིཥྛ་བཛྲ་གྱིས་བརྟན་པར་བྱིན་གྱིས་བརླབས། ཡང་དག་པ་ཡི་དཀྱིལ་འཁོར་ འདིར། །བདག་གིས་སློབ་མ་གཞུག་པར་བགྱིས། །ལྷའི་རིགས་ཀྱི་རིམ་པ་དང༌། །བསོད་ ནམས་རིམ་པའང་དེ་བཞིན་ཤོག །ཅེས་སློབ་དཔོན་གྱིས་ལྷ་ལ་གསོལ་བ་བཏབ་ལ། ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་སློབ་མ་མེ་ཏོག་འབུལ་དུ་བཅུག པྲ་ཏཱི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མཧཱ་བཱ་ལ། ཞེས་པས་མེ་ཏོག་སློབ་མའི་མགོ་བོར་ བཅིངས། མིག་འབྲས་གཉིས་ༀ་འོད་དུ་འབར་བར་གྱུར། རྣལ་འབྱོར་མ་དཔལ་དེང་ཁྱོད་ཀྱི་ནས། བླ་ན་མེད། ཧེ་བཛྲ་པ་ཤྱ། ཞེས་པས་མིག་དར་ཕྱེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་ པ་རབ་ཏུ་སྐྱེས། ཁྱོད་ནི་རྣལ་འབྱོར་མ་རིག་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། ། འགྲོ་བ་ཕུན་སུམ་དངོས་གྲུབ་ཀུན། །ཁྱོད་ལ་མྱུར་དུ་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་ བསྐྱང་བ་དང༌། །གསང་སྔགས་སྒྲུབ་ལ་བརྩོན་པར་གྱིས། །ཞེས་བལྟ་བར་བསྐུལ། དཀྱིལ་འཁོར་ 15-1-160 གྱི་རྣམ་པ་བསྟན་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཆོས་འབྱུང་ནི་དུས་གསུམ་གྱི་ཆོས་ཉིད། བདུད་རྩིའི་ནང་གི་ཆོས་འབྱུང་ནི་ཁམས་གསུམ་གྱི་དེ་བཞིན་ཉིད། མེ་ལོང་གི་ཆོས་འབྱུང་ནི་ སྐུ་གསུམ་གྱི་ཡེ་ཤེས་མཚོན་ནོ། །གཡུང་དྲུང་རིས་ནི་ཆོས་ཉིད་མི་འགྱུར་བ། བཞི་ནི་དགའ་བ་ བཞི། ཡིག་འབྲུ་རྣམས་སྐུ་གསུང་ཐུགས་གཅིག་ཏུ་འདུས་པ། ཟུར་གསུམ་ནི་རྣམ་ཐར་གསུམ། ནང་སྟོང་པ་ཉིད་སྤྲོས་བྲལ། དམར་བ་ནི་སྙིང་རྗེ། རྩ་བ་ཕྲ་བ་ནི་ཉོན་མོངས་སྤངས་པ། གདེང་ ཀ་ཆེ་བ་ནི་ཡེ་ཤེས་དང༌། ཡོན་ཏན་རྒྱས་པ་མཚོན་ནོ། །ཞེས་པ་ཙམ་མམ་རྒྱས་པར་སྤྲོ་ནའང་རྒྱས་པར་ བརྗོད། སློབ་དཔོན་རྡོ་རྗེ་ཕག་མོར་བསྒོམས་ལ་མོས་གུས་དུང་བ་བྱོས་ཤིག ཅེས་དང༌། མདུན་བསྐྱེད་ ཀྱི་ལྷའི་རྣམ་པ་མངོན་རྟོགས་ལྟར་བཤད་ལ། ཕག་ཞལ་དོན་དམ་རྟོག་མེད་མཚོན། གྲི་གུག་ཤེས་རབ་ སྟོང་ཉིད། ཐོད་པ་ཐབས་བདེ་ཆེན། ཞབས་གཡོན་བརྐྱང་བ། སྙིང་རྗེ་མྱང་འདས་ལ་མི་གནས་ པ། གཡས་བསྐུམ་པ་ཤེས་པས་འཁོར་བ་ལ་མི་གནས་པ་སྟེ། མདོར་ན་ཐམས་ཅད་ཀྱང་ཟུང་ དུ་འཇུག་པའི་བདག་ཉིད་ཡིན་ནོ། །ཞེས་བཤད་དེ། དཀྱིལ་འཁོར་དང་བླ་མ་དང༌། ལྷའི་དེ་ཁོ་ན་ ཉིད་བསྟན་པའོ། །དེ་ནས་དབང་གི་དངོས་གཞིའི་དོན་དུ་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་ སངས་རྒྱས་ལ། །སོགས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་དབྱེར་ མ་མཆིས་པས་བུམ་པའི་ཆུས་དབང་བསྐུར་བར་མོས་ཤིག དབང་བསྐུར་རྡོ་རྗེ་ཆེན་པོ་ནས། སྦྱིན་པར་བྱ། ༀ་གསུམ་མའི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་བརྗོད་ལ་ བུམ་པ་སྤྱི་བོར་བཞག བུམ་ཆུ་བླུད། བུམ་པའི་ལྷ་སློབ་མ་ལ་ཐིམ་པར་གྱུར། ཡེ་ཤེས་ཀྱི་ཆུས་སློབ་མའི་ ལུས་ཐམས་ཅད་གང༌། སྤྱི་བོར་ལུད་པ་ལས་རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་གྱུར། དབང་བསྐུར་རྡོ་རྗེ་སོགས་དང༌། ༀ་གསུམ་མའི་མཐར། ༀ་རཏྣ་མུ་ཀ་ཊ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ཅིང༌། དབུ་རྒྱན་དར་དཔྱངས་དང་བཅས་པ་བཅིང་ངོ༌། །བུམ་དབང་ངོ༌། །ཡང་མཎྜལ་ཕུལ་ལ། ཁྱོད་ ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །ངག་གི་དྲི་མ་སྦྱོང་མཛད་ 15-1-161 པའི། །གསང་བའི་དབང་བསྐུར་བདག་ལ་སྩོལ། །ཞེས་གསོལ་གསུམ་གདབ། མེ་ལོང་གི་འོག་གི་ཐོད་པ་ནས་ བདུད་རྩི་བླངས་ལ། ༀ་གསུམ་མ་བཟླས་བཞིན་དུ་སློབ་མ་ལ་སྦྱིན། དེ་ལྟར་བདུད་རྩི་མྱངས་པས་རྩ་ཐམས་ ཅད་བདུད་རྩིས་གང༌། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་མོས་ ཤིག ཅེས་བརྗོད་དེ་གསང་དབང་ངོ༌། །ཡང་མཎྜལ་ཕུལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ལ། །གསང་བའི་དེ་ཉིད་བསྟན་པ་ལྟར། དབང་བསྐུར་བ་ནི་བདག་ ལ་སྩོལ། ཞེས་གསོལ་གསུམ་གདབ། སིནྡྷུ་རའི་ཡིག་འབྲུའམ། དགའ་འཁྱིལ་ལས་སློབ་དཔོན་གྱི་སྲིན་ལག་གིས་བླངས་ནས། སློབ་མའི་ལྟེ་བར་བྱུགས་པས་སིནྡྷུ་རའི་དཀྱིལ་འཁོར་གྱི་ཡེ་ཤེས་པ་ལས་ཡེ་ཤེས་པ་གཉིས་ པ་ཞིག་རྒྱང་གིས་ཆད་དེ། སློབ་མའི་ལྟེ་བའི་བཾ་ལ་ཐིམ་པས་དེ་ཉིད་རྡོ་རྗེ་རྣལ་འབྱོར་མའི་ སྐུར་ཁྲོང་གིས་གྱུར་པར་བསམ། ད་ཕྱིན་ཆད་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཡི་དམ་ལྷ་རྡོ་ རྗེ་རྣལ་འབྱོར་མ་སྒོམ་པ་དང་མ་འབྲལ་བར་གྱིས་ཤིག ཅེས་བརྗོད་ལ་སྤྱི་བོར་བྱུགས་ཤིང༌། སྤྱི་བོར་རྡོ་ རྗེ་སློབ་དཔོན་བསྒོམ་པ་དང་མ་བྲལ་བར་གྱིས་ཤིག ཅེས་དང༌། དཔྲལ་མགྲིན་སྙིང་ག་གསུམ་ དུ་རེག་ལ། ལུས་ངག་ཡིད་གསུམ་བདེ་སྟོང་ཟུང་འཇུག་ཏུ་སྒོམས་ཤིག ཅེས་བརྗོད། དེ་ནི་ཤེས་ རབ་ཡེ་ཤེས་ཀྱི་དབང་ངོ༌། །ཡིག་རྙིང་ཕལ་ཆེ་བ་ན་འོག་ནས་འབྱུང་བའི་རྗེས་གནང་དྲུག་གི་དབང་བཞི་པའི་དོད་ཐུབ་ པར་བཞེད་ཀྱང༌། འགའ་ཞིག་ལས་བཞི་པ་ལོགས་སུ་བྱེད་པ་ཉིད་ལེགས་པས། ཡང་མཎྜལ་ཕུལ་ཏེ། ཁྱོད་ཞབས་པདྨོའི་ བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། ། བདག་ལ་བཀའ་དྲིན་སྐྱོབ་ཏུ་གསོལ། །ཅེས་གསོལ་གསུམ་གདབ། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་ བརྗོད་དེ། ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད། །གྲུབ་པ་མེད་ པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །སྣང་ཙམ་ཉིད་ཀྱང་སེམས་སུ་འདུག ། སྣང་བ་སེམས་ཀྱི་དེ་ཉིད་ནི། །བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །རྣམ་པར་མི་རྟོག་བསམ་མི་ ཁྱབ། །གསལ་བ་དེ་ཡི་ངོ་བོར་སྣང༌། །མོས་པ་དུ་མའི་སེམས་ཅན་ལ། །ཐབས་རྣམས་སྣ་ 15-1-162 ཚོགས་ཀུན་ཏུ་སྟོན། །སྣ་ཚོགས་སྒྱུ་མའི་སྦྱོར་བ་ཡིས། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། ། བསམ་གྱིས་མི་ཁྱབ་གོ་འཕང་ཐོབ། །འདི་ནི་རྗེ་བཙུན་བྱིན་རླབས་ཏེ། །སྣ་ཚོགས་ནོར་བུ་ཇི་ བཞིན་དུ། །སྐལ་ལྡན་རྣམས་ཀྱིས་སྤྱོད་ཡུལ་ཡིན། །ཅེས་བརྗོད་ཅིང་དེའི་དོན་བཤད། ཚིག་འདི་ནི་གྲུབ་ཐོབ་ བརྒྱུད་པའི་གསུང་རྒྱུན་ཡིན་གྱི། རྒྱུད་ཚིག་མིན་པས་མཐའ་གཅིག་ཏུ་འདི་ཁོ་ན་བརྗོད་དགོས་པའི་ངེས་པ་མེད་དེ། དབང་བཞི་ པའི་དོན་སྟོན་པའི་རྡོ་རྗེའི་ཚིག་གང་ཡང་རུང་བ་ཞིག་བརྗོད་ནའང་ལེགས་པ་ཡིན་ནོ། །དེ་ལྟར་ན་དབང་བཞི་པའོ། ། དེས་བྱིན་རླབས་ཀྱི་དངོས་གཞི་སོང་ནས། རྗེས་ལ་རྗེས་སུ་གནང་བ་དྲུག་ལས། དང་པོ་སྐུའི་རྗེས་གནང་ནི། ༀ་སྭ་བྷཱ་ ཝ་ནས། རྩེ་ལྔ་པས་དབུ་རྒྱན་གྱི་བར་མངོན་རྟོགས་བཞིན་དམིགས་པ་ཕོག དེས་ལྷ་བསྒོམས་པའི་ལུང་ ཐོབ་པ་ཡིན་པས་ཐུན་བཞིར་སྒོམས་ཤིག གཉིས་པ་གསུང་བཟླས་པའི་རྗེས་གནང་ནི། སློབ་དཔོན་གྱི་ ཐུགས་ཀར་ཆོས་འབྱུང་སྔགས་འཕྲེང་དང་བཅས་པ་དང༌། སློབ་མའི་སྙིང་གར་ཆོས་འབྱུང་ ཙམ་གསལ་བཏབ་ལ། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ ཀའི་སྔགས་འཕྲེང་ལས་སྔགས་འཕྲེང་གཉིས་པ་ཞིག་ཆད། ཞལ་ནས་ཐོན། སློབ་མའི་ཁ་ སྒོ་ནས་ཞུགས། སྙིང་གའི་ཆོས་འབྱུང་དུ་སྤར་བཏབ་པ་བཞིན་བྱུང་བར་མོས་ལ། ༀ་གསུམ་མ་ ལན་གསུམ་རྗེས་ཟློས་བྱ། བཅོམ་ལྡན་བདག་ལ་རྩལ་ལགས་ཏེ། །སོགས་ལན་གསུམ། མེ་ཏོག་འཐོར་བཞིན་ དུ། རྗེས་ཟློས་བྱས་པ་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །སོགས་བརྗོད་ཅིང༌། སློབ་མའི་སྤྱི་བོར་མེ་ཏོག་ གཏོར། དེང་ཕྱིན་སྔགས་བཟླས་པ་ལ་བརྩོན་པར་གྱིས་ཤིག གསུམ་པ་ལྷ་མཆོད་པའི་རྗེས་གནང་ནི། སློབ་ མས། སློབ་དཔོན་དཀྱིལ་འཁོར་དང་བཅས་པ་ལ་མཆོད་པ་སྣ་ལྔ་སྔགས་དང་ཕྱག་རྒྱས་འབུལ་དུ་བཅུག་ལ། བདག་ཉིད་ དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་ཀུན་གྱི་གནས། །དེ་ཕྱིར་བདག་གིས་ཐམས་ ཅད་བྱ། །བདག་ཉིད་རྣལ་འབྱོར་མ་དཔལ་མཆོད། །དེང་ཕྱིན་ཆད་ལྷ་དང་བླ་མ་མཆོད་པ་ལ་ བརྩོན་པར་གྱིས་ཤིག བཞི་པ་སྤྱོད་པའི་རྗེས་གནང་ནི། དེ་ཉིད་རིག་པའི་རྣལ་འབྱོར་པས། མི་བྱ་ བ་ནི་ཅི་ཡང་མེད། །དེ་ཉིད་ཤེས་ནས་དེ་ནས་ནི། །དཔའ་བོ་འདོད་པ་ལྔ་སྤྱོད་དོ། །དེང་ཁྱོད་ 15-1-163 ཀྱི་ལས་དང་པོ་པའི་སྤྱོད་པ་དང༌། བརྟན་པ་ཐོབ་པའི་སྤྱོད་པ་དང༌། བརྟན་པ་ཆེར་ཐོབ་པའི་ རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་རྣམས་སོ་སོའི་དུས་དང་འཚམས་པར་མ་འཁྲུལ་པའི་སྤྱོད་པ་ གྱིས་ཤིག ལྔ་པ་ཆོས་བཤད་པ་ལ་སོགས་པ་གཞན་དོན་གྱི་རྗེས་གནང་ནི། རྟེན་ཅིང་འབྲེལ་བར་འབྱུང་བཅས་ ཤིང༌། །སེམས་ཅན་སྒྱུ་མའི་རང་བཞིན་ནོ། ཁམས་གསུམ་དེ་ལྟར་ཤེས་ནས་ནི། །འགྲོ་བའི་ དོན་ནི་མཉམ་མེད་བྱོས། །དེང་ཕྱིན་ཆད་རང་གི་ནུས་པ་དང་འཚམས་པར་སྐལ་བར་ལྡན་པ་ གཞན་དག་ལ་འགྲོ་བའི་དོན་ཅི་ནུས་པར་སྒྲུབས་ཤིག དྲུག་པ་བསྲུང་བའི་རྗེས་གནང་ནི། གོང་བཞིན་སློབ་ མའི་ལུས་ལ་གོ་ཆ་བཀོད་ནས། རྡོ་རྗེས་རེག་པར་བྱ། གོ་ཆའི་སྔགས་བརྗོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ༀ་གསུམ་མ་ དང༌། སུམྦྷ། ཚར་གཅིག་བརྗོད། མན་ངག་ལས་འབྱུང་བ་བཞིན་བསྲུང་བའི་འཁོར་ལོ་ཡོད་ན་གདགས་ཤིང་མེད་ན་བསྲུང་ སྐུད་དམར་པོ་གཡོན་པར་སྤྱི་དང་མཐུན་པར་བཅིངས། བསྲུང་བའི་སྔགས་བཟླ་ཞིང༌། བསྲུང་བར་བྱའོ། །འདིའི་གཞན་དོན་རྗེས་ གནང་གི་སྐབས་སུ་འཁོར་ལོ་དུང་པོ་ཏི་རྣམས་གཏད་ཅིང༌། ཆོས་བཤད་ཀྱི་རྗེས་གནང་སྤྱི་དང་མཐུན་པ་ལྟར་བྱེད་པའི་ལུགས་ ཀྱང་ཡོད་པས་སྤྲོ་ན་དེ་ལྟར་བྱའོ། །དེ་ནས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་དང༌། མཎྜལ་དང༌། དེང་ ནས་བརྩམས་ཏེ་བདག་བྲན་དུ། །སོགས་བྱ་སྟེ། སྤྱི་དང་མཐུན་ནོ། །གོང་དུ་ཚོགས་མཆོད་མ་བཏང་ན། སྐབས་འདིར་ བཏང་ངོ༌། ། རྗེས་ཀྱི་བྱ་བ་ནི། མཆོད་པ་ཁ་གསོས། བྱིན་གྱིས་རླབས། མཆོད་བསྟོད་གསོལ་བཏབ་ཡིག་བརྒྱ་བཟོད་གསོལ་གཤེགས་ གསོལ། བདག་བསྲུང་ཚམ་ངམ་སྨོན་ལམ་བཀྲ་ཤིས་རྣམས་བྱ་སྟེ། རྗེ་བཙུན་མའི་ཆོས་སྐོར་སྤྱི་དང་མཐུན་པ་ཡིན་ནོ། །དེའི་མཆོད་ འཕྲེང་ལ་སོགས་པ་རྒྱས་པ་སྤྲོ་ན་དཔལ་འཁོར་ལོ་སྡོམ་པའི་ཆོ་ག་བཞིན་བྱའོ། །དེ་ལྟར་ན་ཞལ་གཉིས་མའི་སྒྲུབ་ཐབས་བྱིན་ རླབས་དང་བཅས་པ་ལེགས་པར་བཤད་ཟིན་ཏོ། ། དབུ་བཅད་མ་དང་དོན་གྲུབ་ཀྱི་བྱིན་རླབས་ཀྱི་ཆོ་ག་ལ། འདི་ན་མི་འདྲ་བའི་ཁྱད་པར་ནི། དབུ་བཅད་མ་ལ། རྡུལ་ཚོན་གྱི་ དཀྱིལ་འཁོར་ལ་སྣ་ཚོགས་པདྨ་བྲི། མེ་ལོང་ལ་ལྷ་མོ་གསུམ་གྱི་སྔགས་བརྩེགས་ནས་འབྲི་བ་དང༌། ལྷག་མ་ལྷ་སྔགས་ས་བོན་ སོགས་ཀྱི་སྐབས་སོ་སོའི་མངོན་རྟོགས་བཞིན་འདོན་པ་བསྒྱུར་བའི་ཆོག ལྷའི་དེ་ཉིད་བསྟན་པའི་སྐབས། དབུ་བཅད་ 15-1-164 མའི་རྩ་གསུམ་བཅད་དེ་དུག་གསུམ་བཅད་པ་མཚོན། ལྷ་གསུམ་ནི་སྐུ་གསུམ་མཚོན་པ་ཡིན་ ནོ། །ཞེས་བརྗོད། དོན་གྲུབ་མ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྣ་ཚོགས་པདྨ་འདབ་བཞི་བྲི། མེ་ལོང་ལ་ཆོས་འབྱུང་གི་དབུས་སུ་སྔགས་ གཅིག་པུ་དང་དགའ་འཁྱིལ་གྱི་ཚབ་ལ་སྣ་ཚོགས་རྡོ་རྗེ་བྲི། མདུན་བསྐྱེད་དང༌། བྱིན་རླབས་ཀྱི་སྐབས་འདོན་པ་སྤོ། ཁྱད་པར་ དཀྱིལ་འཁོར་གྱི་དེ་ཉིད་བསྟན་པའི་སྐབས། རྡོ་རྗེ་རྒྱ་གྲམ་བཞི་ནི་འཕྲིན་ལས་རྣམ་པར་བཞིས་སེམས་ ཅན་གྱི་དོན་མཛད་པ་མཚོན་ཞེས་པ་དང༌། ལྷའི་དེ་ཉིད་ཀྱི་སྐབས། ཕག་ཞལ་ནི། རྟོག་མེད་དེ་བཞིན་ ཉིད་དུ་ཆོས་ཐམས་ཅད་རོ་གཅིག་པ་དང༌། ཕྱག་བཞི་ལས་བཞི་སྒྲུབ་ཅིང༌། སྐུ་བཞི་འགྲུབ་ པར་མཚོན་ཞེས་འདོན་པ་སྤོ། བླ་མ་དཔྱལ་པ་རྣམས་ཀྱི་ཕྱག་ལེན་ལ། ཞལ་གཉིས་མའི་བྱིན་རླབས་མ་ཐོབ་པ་ལ་དབུ་བཅད་ མ་དང༌། དོན་གྲུབ་མའི་བྱིན་རླབས་མི་མཛད་མོད། བླ་མེད་ཀྱི་དབང་བཞི་རྫོགས་པར་ཐོབ་ཕྱིན་ཆད། ཞལ་གཉིས་མའི་བྱིན་ རླབས་སྔོན་དུ་མ་སོང་ཀྱང༌། དེ་དག་བྱིན་དུ་རུང་བ་ཁོ་ནའོ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཆོས་སྐོར་ལ། གྲུབ་ཐོབ་ཀྱི་གཞུང་ གི་ཁུངས་དང༌། བླ་མ་དམ་པའི་མན་ངག་དང་མཁས་པ་པཎྜི་ཏའི་ལེགས་བཤད་དང༌། བྱིན་རླབས་ཀྱི་བཀའ་མ་ཉམས་པ་དང༌། རྫོགས་རིམ་དང༌། ལས་ཚོགས་སུ་འཛོམས་པ་སོགས་སྒོ་ཐམས་ཅད་ནས། གཞལ་ན་འདི་ཉིད་ཁོ་ན་བཟང་བ་ཡིན་ནོ། །དབུ་ བཅད་མ་དང༌། དོན་གྲུབ་མའི་སྒྲུབ་ཐབས་ནི་ལོགས་སུ་ཤེས་པར་བྱའོ། །མཆོག་གྱུར་སྒྲུབ་ཐབས་མཆོག་འདི་བཤད་པ་ལས། ། མཁའ་སྤྱོད་ཆེན་པོ་མཁའ་ཁམས་ཆོས་ཀྱི་དབྱིངས། །བདེ་ཆེན་དཀྱིལ་འཁོར་བདེ་བའི་ལམ་གྱིས་ཐོབ། །བླ་མེད་བྱང་ཆུབ་བླ་ མའི་དྲིན་ཐོབ་ཤོག །ཀུན༷་ལས་ངོ་མཚར་ཆེ་བས་ཆོས། །ལྷན་ཅིག་སྐྱེས་དག༷འ་འབྱུང་གནས་འདི། །སྙིང༷་པོ༷་དོན་གཉེར་བདག་ འདྲས་བླངས། །སྐལ་བཟང་ཡོད་ན་ད་དུང་ལོང༌། །ཕག་མོ་ཞལ་གཉིས་མ་དཔྱལ་ལུགས་སུ་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ ནོ།། །། ༄༅། །ན་མོ་བིདྱ་དྷ་ར་བི་ཀི་ལི་བཛྲ་ཡོ་གཱི་ནི་མཎྜ་ལེ་བྷྱཿ ལྟེ་བའི་དཀྱིལ་འཁོར་ནས་བཞེངས་ གློག་འཕྲེང་གི །རི་བོང་འཛིན་བཞུ་བདེ་བ་རྒྱས་གང་མ། །ཡིད་འོང་འདི་ཡི་རྣམ་པར་བརྩེན་གྱུར་པ། །ནང་གི་རྡོ་རྗེ་རྣལ་འབྱོར་ 15-1-165 མ་འདིས་བསྲུང༌། །རིག་པ་འཛིན་མ་རྩེན་མ་ཞེས་བྱ་བ་རྡོ་རྗེ་ཕག་མོ་སྒྲུབ་པར་འདོད་པས། གདོང་ནུབ་ཏུ་ཕྱོགས་པའི་མདུན་ དུ་ནང་མཆོད་བཤམས། ཐུན་མོང་དུ་བྱེད་ན། ཐུན་ཐ་མ་མ་གཏོགས་པ་ལ་གཏོར་མ་ཡིད་ཀྱིས་ཕུལ་བས་ཆོག ཐུན་ཐ་མ་དང་ ཐུན་གཅིག་ཁོ་ན་བྱེད་པའི་ཚེ། ལས་དང་པོ་པའི་གནས་སྐབས་སུ་གཏོར་མ་དངོས་སུ་གཤོམས་པ་གལ་ཆེ་ཞིང༌། གང་ལྟར་ཡང་ བཟླས་པའི་མཐར་གཏོར་ཆོག་རེ་ངེས་པར་བྱེད་དགོས་སོ། །སྐྱབས་སེམས་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་རྡོ་རྗེ་ རྣལ་འབྱོར་མར་གྱུར། སྲིན་ལག་གཡོན་པས་ནང་མཆོད་ལ་ཆོས་འབྱུང་གྲུ་གསུམ་འབྲི་ཚུལ་དུ་བྱེད་ཅིང༌། ༀ་ཨཱཿཧཱུཾ། དབུས་སུ་བཾ་བདུད་རྩིའི་རྒྱ་མཚོར་གྱུར། གཡས་པའི་སྲིན་ལག་གིས་གཡོན་པའི་ལག་མཐིལ་དང༌། མཐེ་ཆུང་ ལ་སོགས་པའི་སོ་སོའི་རྩེ་མོར་བདུད་རྩི་གཏོར་ཞིང༌། ༀ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ལག་ པ་ཕན་ཚུན་མཉམ་ཞིང་ཡིག་འབྲུ་རྣམས་རང་གནས་སུ་འོད་དུ་ཞུ་ཞིང་ཐིམ། ༀ་ཨཱཿཧཱུཾ་ཞེས་ བདུད་རྩི་མྱང༌། ༀ་ཨཱཿཧཱུཾ་ཞེས་གནས་གསུམ་དུ་ཐིག་ལེ་བྱ། དེ་ནས་སྟོང་པར་སྦྱང་བ་ནི་གོང་བུ་བསྡུ་བ་དང༌། རྗེས་སུ་གཞིག་ པ་གང་རུང་ལས་དང་པོ་ལྟར་ན། རང་ལུས་སུམ་ཅུ་རྩ་དྲུག་ཁམས་ཀྱི་ཚོགས། །མིག་རྣ་སྣ་ལྕེ་ལུས་ཏེ་ དབང་པོ་ལྔ། །ངག་དང་རྐང་ལག་བཤང་གཅི་ལས་དབང་ལྔ། །རང་བཞིན་དག་ཀྱང་དེ་ལྟར་ མ་གཏོགས་པའི། །མ་ལུས་འགྲོ་དྲུག་སེམས་ཅན་ཚོགས། ལས་དང་ཉོན་མོངས་སྡུག་བསྔལ་ གྱི། །འཁོར་ལོ་བསྐོར་བ་འདི་དག་ནི། །ངེས་པར་བྱང་ཆུབ་ལ་གཞུག་བྱ། །སྙིང་གའི་བཾ་ལས་ འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་འོད་དུ་ཞུ། །རང་ལུས་ལ་ཐིམ། རང་གི་རྐང་པ་ གཉིས་ནི་བརླ་གཉིས་ལ། དེ་ལྟོ་བ་ལ། དེ་སྐེད་པ་ལ། དེ་ཡང་སྙིང་ག་ལ། ལག་པ་གཉིས་ནི་ དཔུང་པ་ལ་ཐིམ། དེ་ཡང་སྙིང་ག་ལ། དེ་མགྲིན་པ་ལ། དེ་མགོ་བོ་ལ་ཐིམ། དེ་ཡང་སེམས་ལ་ ཐིམ། སེམས་ཉིད་ཀྱང་ནམ་མཁའ་ལ་ཐིམ། ནམ་མཁའ་ཡང་རང་བཞིན་གྱི་འོད་གསལ་བ་ ལ་ཐིམ། སྟོང་པའི་ངང་ལས་སྐད་ཅིག་གིས། བསྐྱེད་པའམ། ཆོས་འབྱུང་ནམ་མཁའི་ཁམས་ ཀྱི་ནང་དུ་པད་ཉི་ལ་གནས་པའི་བཾ་ཡིག་ལས། རང་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ རིག་པ་འཛིན་པ་རྩེན་མའི་སྐུར་གྱུར་པ་ནི། ཛ་བའི་མེ་ཏོག་ལྟར་རབ་ཏུ་དམར་བའི་མདངས་ 15-1-166 ཅན། ཞལ་གཅིག་ཕྱག་གཉིས་མཆེ་བ་གཙིགས་ཤིང༌། ཁྲོ་གཉེར་དང་བཅས་པའི་གདོང་སྟེང་ དུ་ཕྱོགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྟེང་དུ་གཟིགས་པ། དབུ་སྐྲ་ནག་པོ་སིལ་བུར་ གྲོལ་ཞིང་ཐུར་དུ་འཕྱང་བ། ཕྱག་གཡོན་པས་ཐོད་པ་བདུད་རྩིས་གང་བ་བཟུང་ནས་ཞབས་ གཡོན་པའི་སྒྱིད་ཁུང་ནས་འཁྱུད་དེ་སྟེང་དུ་བཏེགས་ནས། བདུད་རྩིའི་རྒྱུན་ཞལ་དུ་འབབ་ པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་འཛིན་པས། ཞབས་གཡས་ཀྱི་རྟིང་པའི་ཕྱོགས་སུ་བསྣུན་ པ། ཞབས་གཡས་འཕུར་སྟངས་སུ་ཅུང་ཟད་བརྐྱང་བ། ཀླུ་ཤིང་གི་མེ་ཏོག་གི་འཕྲེང་བ་ཕྱག་ གཡོན་པ་ན་བསྣམས་པ། གཅེར་བུ་རྒྱན་སྤངས་ཤིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ ན་བཞུགས་པའོ། །གནས་རྣམས་སུ་ཟླ་བའི་གདན་ལ། ལྟེ་བར་ༀ་བཾ་དམར་མོ་རྡོ་རྗེ་ཕག་མོ་ ནས། ཙཎྜི་ཀཱའི་ངོ་བོའི་བར་གྱིས་གོ་ཆ་བཅིངས། རང་བཞིན་གྱི་གནས་ནས་རྡོ་རྗེ་ཕག་མོའི་ལྷ་ཚོགས་ ཐམས་ཅད་ཕཻཾ། ཛཿཧཱུཾ་བཾ་ཧོཿ སྙིང་གའི་བཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་ མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་ པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་བུམ་ པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་ དབུ་བརྒྱན། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཤླཽ་ཀ་གཉིས་ ཀྱིས་བསྟོད། བསྡུ་ན་དཀྱུས་ཀྱི་ཉམས་ལེན་ལ་ལག་པ་བྱིན་རླབས་མེད་ཀྱང་ཆོག དབུ་རྒྱན་རང་ཆས་སུ་སྒོམ། མཆོད་བསྟོད་ཀྱང་ བོར་བས་ཆོག་གོ ། རྫོགས་རིམ་ནི། ལྟེ་བར་ཆོས་འབྱུང་ཟུར་དྲུག་པའི་ནང་དུ་ཟླ་བ་ལ་བཾ་ཡིག་སྔགས་འཕྲེང་གྲྭ་བཞིར་དགའ་བ་འཁྱིལ་བ་ བཞི་དང་བཅས་པ་གསལ་བཏབ་ལ། གཡོན་བསྐོར་དུ་དྲག་ཏུ་འཁོར་བར་དམིགས་པ་དང༌། སྨིན་མཚམས་སུ་དགའ་འཁྱིལ་ རྐྱང་པ་དང༌། གསང་གནས་སུ་ཆོས་འབྱུང་ཁོ་ན་འཁོར་བ་ལ་དམིགས་ཀྱང་རུང༌། རླུང་ཁ་སྦྱོར་དུ་བཟུང་བས་རིམ་པ་བཞིན་དུ་ དྲོད་དང༌། མི་རྟོག་པ་དང༌། བདེ་བ་སྐྱེ་བ་ལ་བསྔགས་སོ། །དེ་ནས་སྤྱོད་ཡུལ་དུ་རྒྱུ་བ་ནི། མཁའ་འགྲོ་དུ་མའི་སྤྲོ་བསྡུ་དང་བཅས་ 15-1-167 མཁའ་ལ་འཕུར་ཞིང་བྱོན་ནས། མ་ན་བྷཾ་ག་དང༌། དཔལ་གྱི་རིའི་རྩེ་མོར་མནྡྷ་ར་ཝ་ར་དང༌། མྱ་ངན་མེད་པ་དང་ཡོངས་འདུའི་ ཤིང་གིས་བརྒྱན་པའི་ལྡུམ་ར་དང༌། རིན་པོ་ཆེའི་རང་བཞིན་གྱི་ཁང་པ་བརྩེགས་པ་རྩེ་མོ་བརྒྱད་པ་ཕན་ཚུན་དུ་རྒྱུ་ཞིང་འཇུག་པར་ གྱུར། ཞབས་གཡས་གཡོན་གྱི་མཐིལ་ས་ལ་བརྡབས་པས་བརྟན་གཡོ་ཐམས་ཅད་བསྐྱོད་ཅིང༌། སེམས་ཅད་ཐམས་ཅད་དངུལ་ཆུ་ ལྟར་བདུད་རྩིའི་རང་བཞིན་དུ་ཞུ་སྟེ། རླུང་ནང་དུ་འོང་བའི་ཚེ་གཡོན་གྱི་ཐོད་པར་བསྡུས། རླུང་ཁ་སྦྱོར་དུ་བཟུང་བའི་ཚེ། སྣ་བུག་ གཡོན་ནས་བརྔུབས་པས་ལུས་སེམས་ཟག་མེད་ཀྱི་བདེ་བས་གང༌། རླུང་ཕྱིར་བསལ་བའི་ཚེ། ཆོས་ཐམས་ཅད་སྒྱུ་མ་ལྟར་ཡོངས་ སུ་ཤེས་བཞིན་པས། དཔའ་བོ་དང་རྣལ་འབྱོར་མའི་དཀྱིལ་འཁོར་སྤྲོ་བར་བྱའོ། །སྤྱོད་པ་ལ་རྒྱུ་བ་འདི་དམིགས་པ་ཁོ་ནས་ཆོག་ ཀྱང༌། ལན་ཅིག་དོན་བསམ་བཞིན་དུ་ངག་ཏུ་བརྗོད་ན། དམིགས་པའི་གནད་ཆད་མི་འགྲོ་བའི་དགོས་པ་ཡོད་ལ། དེ་རྗེས་རླུང་ གི་གནད་དང་སྦྱོར་བཞིན་དུ། རི་གཉིས་ཀྱི་རྩེ་མོར་དམིགས་པ་ཕར་སྤོ་ཚུར་སྤོ་བྱའོ། །གཞན་ཡང་ཡེ་ཤེས་དབབ་པའི་སྐབས་ནས་ འབྱུང་བའི་དམིགས་པ་རྣམས་ལས་གང་ཡང་རུང་བ་ཞིག་སྒོམ་མོ། ། དེ་ནས་བཟླས་པ་ནི། ཐོག་མའི་གནས་སུ་བྱོན་པར་མོས་ལ། སྙིང་གར་ཆོས་འབྱུང་དང་སྔགས་འཁོར་གསལ་བཏབ། འདིའི་རྒྱུད་གཞུང་ལ་སྔགས་ཚན་གསུམ་ལ་ༀ་རེ་རེ་སྦྱར་བ་ཡོད་ནའང༌། ལག་ལེན་དང་མན་ངག་ལ། ༀ་གསུམ་མ་ཁོ་ན་བཟླ་ བར་མཛད་དེ། སྤྲོ་བསྡུའི་དམིགས་པ་དང་བཅས་བཞིན་པས། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་བཟླའོ། །ཐུན་གྱི་མཐར། གཏོར་མ་བསངས་སྦྱངས་ འབྲུ་གསུམ་ལན་མང་དུ་བརྗོད་པས་བྱིན་གྱིས་བརླབས། མདུན་གྱི་ནམ་མཁར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ མཁའ་འགྲོ་ལྔའི་ཚོགས་དང་བཅས་པ་སྤྱན་དྲངས། ཕཻཾ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། ༀ་ཤྲཱི་ཧེ་ རུ་ཀ་མཧཱ་བཛྲ་ཨ་ཀཌྜྷྱ་ཨ་ཀཌྜྷྱ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཾ་ཧྲི་ད་ཡ་ཡཾ་ཧཱུཾ་ཕཊ། ཅེས་ལས་སྔགས་ཀྱིས་ཐུགས་རྒྱུད་བསྐུལ་ལ། ༀ་བུདྡྷ་ཌཱ་ཀི་ ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིཾ་ཧཱུཾ་ༀ། ༀ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིཾ་ཧཱུཾ་ཧཱུཾ། ༀ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ ཨི་མཾ་བཱ་ལིཾ་ཧཱུཾ་ཏྲཾ། ༀ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིཾ་ཧཱུཾ་ཧྲི། ༀ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ ལིཾ་ཧཱུཾ་ཨ། ཞེས་སོ་སོར་འབུལ། ༀ་སརྦ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིང་ཧཱུཾ་ཧཱུཾ། ཧ་ཧ་ཧི་ཧི། ཛཿཧཱུཾ་བཾ་ཧོཿ 15-1-168 སརྦ་བཛྲ་ཡོ་གི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་རཀྵ་རཀྵ་ཧོ། ཞེས་རེ་བསྟབ་པའི་སྔགས་ཏེ། གཏོར་མ་གཅིག་ཁོ་ན་ཡོད་ ན། ཐམས་ཅད་སྦྲེལ་བ་ལན་གསུམ་གྱིས་འབུལ། ལྔ་ཡོད་ན། ལས་སྔགས་དང་མཁའ་འགྲོ་རེའི་སྔགས་དང༌། སྤྱིར་བསྟབ་པའི་ སྔགས་གསུམ་སྦྲེལ་ནས་སོ་སོར་ལན་གསུམ་གསུམ་འབུལ། མཐར་ཨརྒྷཾ་སོགས་ཕྱི་མཆོད་དང༌། འབྲུ་གསུམ་གྱིས་ནང་མཆོད་ དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་ སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ་རྣམས་སྤྱི་དང་འདྲ། གཏོར་མ་བྱིན་རླབས་ རྒྱས་པར་སྤྲོ་ན། ནཱ་རོ་མཁའ་སྤྱོད་བཞིན་མཛད་པའི་ལུགས་ཡོད་ནའང༌། རྒྱ་གཞུང་དང་ཡིག་རྙིང་གི་དགོངས་དོན་བསྡུས་པ་འདི་ ཁོ་ནར་མངོན་ནོ། །ཅུང་ཟད་དམིགས་པ་ལ་བརྟན་པ་ཐོབ་ནས་ནི་དམིགས་པ་ཁོ་ནས་གཏོར་མ་འབུལ་ལོ། ། འདིའི་བྱིན་རླབས་ཀྱི་སྒོ་ནས་སློབ་མ་རྗེས་སུ་བཟུང་བར་འདོད་པས་བྲིས་སྐུ་ལ་སོགས་པའི་དྲུང་དུ། མཎྜལ་ཆོས་འབྱུང་ དམར་པོ་གྲུ་གསུམ་རེ་ཁ་དཀར་པོའི་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་མཉྫི་ལ་ཐོད་པ་བདུད་རྩིས་གང་བ། དེའི་སྟེང་དུ་མེ་ ལོང་ལ་ཆོས་འབྱུང་གི་དབུས་སུ་རྗེ་བཙུན་མའི་སྐུ་བརྙན་མེ་རིས་དང་བཅས་པ། རི་གཉིས་དང༌། ཤིང་དང༌། ཁང་བཟང་སོགས་ ཀྱང་འབྲི། ཕྱོགས་བཞིར་དགའ་འཁྱིལ་བཞི་ཡང་བཀོད། སྟེང་ནས་དར་དམར་བོའི་གུར་ཕུབ། ཆུ་གཉིས་ཉེར་སྤྱོད་ལྔ་ཤ་ཁྲག་ གི་བརྒྱན་པའི་གཏོར་མ་བརྒྱད། ཀ་པཱ་ལའམ་གང་ཡང་རུང་བའི་སྣོད་བཅུ་ལས་ལྔ་ཤ་དང་ལྔ་ཆང་གིས་བཀང༌། བུམ་པ་སྤྱི་དང་ མཐུན་པར་བཅས་པ་ཞིག་གི་ཕྱོགས་བཞིར་ཐོད་གཟུགས་སམ། དུང་ཆོས་བདུད་རྩི་ཆུས་གང་བ་བཞི་བཞག རང་གི་མདུན་དུ་ རྡོར་དྲིལ་ནང་མཆོད་ཌཱ་རུ། སྔོན་འགྲོ་གཏོར་མ་རྣམས་དང༌། དེ་དག་ལ་དགོས་པའི་ཡོ་བྱད་རྣམས་ཀྱང་ཚང་བར་བྱས་ལ། བདེ་ མཆོག་གི་ཆོ་ག་ལྟར། སྔོན་འགྲོ་གཏོར་མ་གནས་ཡོ་བྱིན་རླབས། ཞུ་འབུལ། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྣམས་བྱ། བདུད་ རྩི་བྱིན་རླབས་ནས་བཟླས་པའི། བར་དུ་གོང་དུ་བསྟན་པ་བཞིན། བདག་བསྐྱེད་དང་མདུན་བསྐྱེད་བསངས་སྦྱངས། སྟོང་ པའི་ངང་ལས་ནས། མི་བསྐྱོད་པས་དབུ་བརྒྱན་གྱི་བར་བདག་བསྐྱེད་ཉིད་འདོད་པ་སྤོས་ལ། ལྟེ་བའི་སྔགས་ འཁོར་འོད་ཟེར་སྤྲོ་བསྡུ་ལ་སེམས་གཏད་དེ། བཟླས་པ་བྱ། མཆོད་པ་བྱིན་རླབས་དང༌། མཆོད་བསྟོད་ནཱ་རོ་མཁའ་སྤྱོད་ཀྱི་སྐབས་ སུ་བཤད་པ་བཞིན་སོང་བ་ན། གཏོར་མ་རྣམས་བྱིན་རླབས་ཀྱི་ཆོ་ག་རྒྱས་པས་བྱིན་གྱིས་བརླབས་ནས་གཏོར་མ་རེ་རེ་བཞིན། ༀ་ཨཱཿཧཱུཾ་ལན་གསུམ་གསུམ་བརྗོད། གཏོར་མ་དང་པོ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་གཉིས་སུ་མེད་པར་མོས་ལ། ༀ་ 15-1-169 གསུམ་མ་ལ། ༀ་བཛྲ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། ཞེས་བཏགས་པ་ལན་ བདུན་གྱིས་ཕུལ། མཆོད་བསྟོད་དང༌། ལྷ་མོ་ཚད་མ་སོགས་ཀྱིས་གསོལ་བ་བཏབ། གཏོར་མ་གཉིས་པ་ནག་པོ་ཆེན་པོ་ སོགས་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་རྣམས་ལ་འབུལ། དེ་ནས་གཏོར་མ་ལྔ་གོང་དུ་བསྟན་པ་ལྟར་མཁའ་འགྲོ་སྡེ་ལྔ་ལ་ འབུལ་ཏེ། མཐར་ཨརྒྷཾ་ལ་སོགས་པས་ཕྱི་མཆོད་དང༌། འབྲུ་གསུམ་གྱིས་ནང་མཆོད་དང༌། དེ་ཉིད་ལྔ་པས་བསྟོད། མཆོད་ སྦྱིན་གཏོར་མ་སོགས་འདོད་དོན་གསོལ་བ་བཏབ། གཏོར་མ་ཐ་མ་དང་པོར་གཞི་བདག་ལ་འབུལ་ཞིང་ལྷག་མ་ཨ་ཀཱ་ རོས་རིགས་དྲུག་སྤྱི་ལ་བསྔོ། སྤྲོ་ན་ཕྱི་རོལ་ཏུ་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་འབྱུང་པོའི་ཚོགས་ལའང་གཏོར་མ་སྦྱིན། དེ་ནས་ སྤོས་དང་བཅས་པས་རྡོར་དྲིལ་འཛིན་པས། བཅོམ་ལྡན་ཡེ་ཤེས་རྒྱལ་མོ་མཆོག །རིག་འཛིན་རྒྱལ་མོ་ ལ་ཕྱག་འཚལ། །སྙིང་རྗེ་བདག་ཉིད་དཀྱིལ་འཁོར་དུ། །སློབ་མ་འཇུག་པར་འཚལ་ལགས་ ན། །ཇི་ལྟར་རྒྱལ་བ་ཀུན་གྱིས་ཁྱོད། །ཡེ་ཤེས་རྒྱ་མཚོར་བྱིན་རླབས་པ། །དེ་བཞིན་དུ་ནི་ཡེ་ ཤེས་རོལ། །སེམས་ཅན་འདི་ལ་བྱིན་རླབས་རིགས། །ཞེས་ལན་གསུམ་གྱིས་སློབ་མའི་དོན་དུ་གསོལ་བ་ བཏབ། དེ་ནས་བུམ་བསྐྱེད་ནི། ནཱ་རོ་མཁའ་སྤྱོད་ཀྱི་སྐབས་སུ་བཤད་པའི་ཆོ་ག་རྣམས་འདི་ལ་འདོན་པ་སྤོས་པས་ཆོག །སྐབས་ འདིར་ཚོགས་མཆོད་བྱ་ཞིང༌། ལྷག་གཏོར་དང་ལྷན་ཅིག་འཇིག་རྟེན་པའི་གཏོར་མ་བཏང༌། འཇིག་རྟེན་ལས་འདས་པའི་གཏོར་ མ་བསྲུང་བའི་དོན་དུ་བཞག་གོ །དེ་ནས་སློབ་མ་ལ་ཇི་ལྟར་བྱ་བའི་རིམ་པ་རྣམས། སློབ་དཔོན་ཉིད་ཀྱིས་བདག་འཇུག་གི་ཚུལ་ དུ་བླངས། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་སེམས་བསྐྱེད་གསལ་བཏབ་ལ། ཆོས་བཤད་བྱ། མཎྜལ་ཕུལ། མིག་དར་ བཏང༌། མེ་ཏོག་གཏད། སུམ་བྷས་བགེགས་བསྐྲད། ཟླ་བ་རྡོ་རྗེ་སེམས་བསྐྱེད་དང༌། གསང་གདམས་ནཱ་རོ་མཁའ་སྤྱོད་བཞིན་ བྱ། ཛཿཧཱུཾ་བཾ་ཧོཿ ཞེས་ཡོལ་བའི་ནང་དུ་བཅུག དེ་ནས་སློབ་མས་བླ་མ་ལ་མཎྜལ་ལན་གསུམ་ཕུལ་ཏེ། གསོལ་བ་བཏབ་ པ་ནི། ཇི་ལྟར་རྡོ་རྗེ་སེམས་དཔའ་ཡིས། །འགྲོ་བ་བྱང་ཆུབ་སྒྲུབ་པའི་ཐབས། །ཡེ་ཤེས་དཔལ་ རྡོར་རྣལ་འབྱོར་མ། །ཐམས་ཅད་རིག་པ་རང་གིས་སྦྱིན། །དེ་བཞིན་བདག་ལའང་མགོན་པོ་ ཀྱཻ། །ད་ལྟར་ཉིད་དུ་སྦྱིན་པར་རིགས། །ཞེས་ལན་གསུམ། སློབ་མ་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་མཎྜལ་ རེ་རེ་དང༌། གསོལ་བ་རེ་གདབ་ཏུ་འཇུག་སྟེ། ལྷ་མོ་ལུས་ངག་ཡིད་ཀྱིས་སུ། །ཡེ་ཤེས་རྒྱ་མཚོ་ཁྱོད་ཕྱག་ 15-1-170 འཚལ། ཇི་ལྟར་སངས་རྒྱས་སྟོབས་ཆེན་གྱིས། །ཐམས་ཅད་ཡེ་ཤེས་བྱིན་རླབས་པ། །དེ་ བཞིན་བདག་རྒྱུད་དག་པ་ལ། །ཡེ་ཤེས་རྒྱུན་གྱིས་མཛད་དུ་གསོལ། །ཞེས་སོ། །དེ་ནས་མདུན་བསྐྱེད་ ཀྱི་བཞུགས་ཚུལ་རྣམས་ལྷ་ངོ་བསྟན་ལ། མེ་ཏོག་འབུལ་གནང་དང༌། མིག་དར་བཀྲོལ་བ་ནཱ་རོ་མཁའ་སྤྱོད་ཀྱི་སྐབས་བཞིན་བྱ། དེ་ནས་སློབ་མ་ལ་ཡུངས་ཀར་བྲབ། གུ་གུལ་བདུག བུམ་ཆུ་གཏོར་ཞིང༌། སུམ་བྷ་བཟླས་པས་བགེགས་བསྐྲད། ཆོས་ཐམས་ ཅད་མི་དམིགས་པར་སྦྱངས་ཏེ། སྟོང་པའི་ངང་ལས་མངོན་རྟོགས་བཞིན་གཙོ་མོར་བསྐྱེད་ལ། གོ་ཆ་བགོ ། གནས་གསུམ་ བྱིན་རླབས་བྱ། མིག་སོགས་བུ་ག་ཐམས་ཅད་ལ་ཧཱུཾ་རེ་རེ་གསལ་བཏབ་ལ། མངོན་རྟོགས་ལྟར་དབང་ བསྐུར་རྒྱས་བཏབ་ཀྱི་དམིགས་པ་ཕོག་ལ། དངོས་སུ་བུམ་པའི་ཆུས་དབང་བསྐུར། དེ་ནས་མཆོད་པ་ལྔས་མཆོད། དེ་ནི་བུམ་ དབང་གི་དོད་ཡིན། ཤ་ཆེན་ནམ་མ་རྙེད་ན་ཤ་ཕལ་པ་མར་དུ་བཙོས་པ་ལག་པ་གཡས་སུ་གཏད། ཆང་ལ་བདུད་རྩི་སྦྱར་བ་གཡོན་ དུ་གཏད་དེ། ༀ་གསུམ་མའི་མཐར། འབྲུ་གསུམ་གཏགས་པས་བྱིན་གྱིས་བརླབས་ནས། ཟ་ཞིང་འཐུང་དུ་བཅུག གསང་དབང་ གི་དོད་ཡིན། བྱིན་རླབས་ཀྱི་དངོས་གཞི་ནི། སློབ་མ་དཀྱིལ་འཁོར་གྱི་ནུབ་ནས་ཤར་དུ་བལྟས་པ་འདུག་ལ། སྙིང་གའི་བཾ་ ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་འོད་དུ་ཞུ། ཞེས་པ་ནས། བཞུགས་པ་པོའི་བར་ སྒྲུབ་ཐབས་བཞིན་དམིགས་པ་ཕོག སློབ་དཔོན་གྱིས་ལག་པ་གཡོན་པ་སློབ་མའི་མགོ་བོར་བཞག་སྟེ་སེ་གོལ་གཏོགས་ལ་རྐང་ བརྒྱད་ཚར་གཅིག་བརྗོད་པས་བྱིན་གྱིས་བརླབས། མདུན་བསྐྱེད་ཀྱི་ཐོད་པའི་བདུད་རྩི་ནས་མཐེབ་སྲིན་གྱིས་བླངས་ཏེ། སློབ་ མའི་ལུས་ལ་གཏོར། ལུས་ཐམས་ཅད་གང་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པར་བསམ། དེ་ནས་རིམ་པ་ལྔས་ བྱིན་གྱིས་བརླབས་པར་བྱ་བ་ལས། ཐམས་ཅད་ཀྱང་སློབ་དཔོན་རིག་མ་དང་བཅས་པ་ཡིན་ན། སློབ་དཔོན་ཡབ་ཡུམ་གཉིས་ཀར་ རྡོ་རྗེ་རྣལ་འབྱོར་མ་དངོས་ཡིན་སྙམ་དུ་མོས་གུས་བསྐྱེད། མིན་ན་སློབ་དཔོན་ཉིད་དཔལ་ཧེ་རུ་ཀའི་ཡུམ་དུ་མོས་ལ་མོས་གུས་ དུང་དུང་བྱེད་པ་དང༌། ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པ་རེ་རེ་བཞིན་སྦྱར་ནས། དང་པོ་ནི་གོང་བུ་བསྡུ་བ་སྟེ། གོང་དུ་བཤད་ པ་ལྟར། རང་ལུས་སུམ་ཅུ་རྩ་དྲུག་སོགས་ཚིགས་བཅད་ཀྱི་དོན་བཤད་ནས། རང་བཞིན་གྱི་འོད་གསལ་ བ་ཐིམ་པའི་བར་དམིགས་པ་སྒོམ་དུ་བཅུག་ལ་མཐར་འཛིན་མེད་དུ་འཇོག་གོ །གཉིས་པ་ནི་རྗེས་སུ་གཞིག་པ་སྟེ། སྟོང་ པའི་ངང་ལས་རང་ཉིད་བཾ་ཡིག་ཆེན་པོ་གཅིག་ཏུ་གྱུར་པ་བསམ། དེ་ཇེ་ཆེ་ཇེ་ཆེ་ལ་མཐར་ནམ་ 15-1-171 མཁའ་དང་འདྲེས་པའི་སྟོང་པ་ལ་སེམས་འཇོག་གོ །གསུམ་པ་ནི། གཏུམ་མོ་སྟེ། ལྟེ་བར་ཆོས་འབྱུང་ ཟུར་དྲུག་པའི་དབུས་སུ་འཁོར་ལོ་སྔགས་འཕྲེང་དང་བཅས་པ། ཆོས་འབྱུང་གཡོན་སྐོར་དུ་ དྲག་ཏུ་འཁོར་བ་ལ་སེམས་གཏོད་དུ་བཅུག་དར་ཅིག་བཞག ཡང་སྔགས་འཁོར་ཨཾ་དུ་གྱུར། དེ་ལས་གཏུམ་མོ་འབར། སྤྱི་བོའི་ཧཾ་ཡིག་ཞུ་བའི་འབར་འཛག་ལ་སེམས་གཏད་ནས་རླུང་ འཛིན་དུ་འཇུག་པའོ། །བཞི་པ་ནི་མི་རྟོག་པ་སྟེ། སྣ་སྒོར་དགའ་བ་འཁྱིལ་བ་དྲག་ཏུ་འཁོར་བ་ལ་ སེམས་གཏོད་དུ་གཞུག ལྔ་པ་ནི་བདེ་བ་སྟེ། གསང་གནས་སུ་དགའ་འཁྱིལ་དྲག་ཏུ་འཁོར་བ་ལ་ སེམས་གཏོད་པའོ། །དེ་རྣམས་རེ་རེའི་མཐར་སློབ་དཔོན་གྱིས་རྩ་སྔགས་དྲག་ཏུ་བཟླས་ཤིང༌། རོལ་མོའི་སྒྲ་རྫས་ ཀྱི་དུད་པ་དང་བཅས་པས་བྱིན་དབབ་པའོ། །དེ་རྣམས་ཤེས་རབ་ཡེ་ཤེས་བཞི་པར་བཅས་ པའི་དོད་ཡིན་ནོ། །དེ་ལས་ཡེ་ཤེས་ཕེབས་པའི་རྟགས་གང་ཡང་རུང་བ་བྱུང་བ་དང༌། ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ། ། རྗེས་ལ་གསུམ་ལས། དང་པོ་སྤྱོད་པའི་རྗེས་གནང་ནི། དམིགས་པ་གསུམ་ལས། དང་པོ་ནི། བདག་ཉིད་ཁང་བཟང་ དང་ལྡུམ་ར་རྩེ་མོ་བརྒྱད་པའི་དབུས་ན་གནས་པ་ལས། དེའི་མདུན་ན་རིན་པོ་ཆེའི་བྲག་རི་ ཤིན་ཏུ་མཐོ་བ། རྩེ་མོ་མིག་གིས་ཀྱང་བལྟར་མི་བཟོད་པ་གསུམ་ཡོད་པར་བསམ། རང་ཉིད་ ཇེ་མཐོ་ཇེ་མཐོར་འཕུར་བས། རིའི་སྟེང་གི་ནམ་མཁར་སླེབ་ནས། རི་གསུམ་གྱི་རྩེ་མོ་ལ་རྐང་ པ་རེག་ཙམ་རེག་ཙམ་འདུག་པ་ལ་སེམས་གཏོད་དུ་བཞུག གཉིས་པ་ནི་ཡང་དེ་བས་ཀྱང་ མཐོ་བར་ཕྱིན་ཏེ། རང་གི་ལུས་ལས་རིགས་ལྔ་དང༌། རྣལ་འབྱོར་མ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་གྱི་དོན་བྱས། འཁོར་འདས་སྣོད་བཅུད་ཀྱི་དྭངས་མ་རྣམས་དངུལ་ཆུ་ལྟར་བསྡུས་ ཏེ་རང་ལ་ཐིམ་པས་རྒྱུད་བདེ་བས་གང༌། ཡང་སྤྲོས་ཡང་ཐིམ་པ་ལན་མང་དུ་བྱ། མཐར་དེ་ནས་ཀྱང་ཇེ་ མཐོ་ཇེ་མཐོར་འཕུར་ཏེ། མཁའ་དབྱིངས་སུ་ཐིམ་པ་སྙམ་བྱེད། ཡང་ལྷ་སྐུར་ཤར་བ་སྙམ་བྱེད་ པ་ལ་སེམས་གཏོད་དུ་བཅུག དེ་གཉིས་ལའང་རོལ་མོའི་སྒྲ་བྱ། གསུམ་པ་ནི། སློབ་མ་ལྷ་མོའི་འདུག་སྟངས་ བྱར་བཅུག ལག་གཡས་སུ་ཧཱུཾ་ཞེས་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་རྩེ་ལྔ་གཏད། གཡོན་དུ་ 15-1-172 དཀྱིལ་འཁོར་གྱི་ཀ་པཱ་ལ་གཏད་ལ། ནང་མཆོད་ཅུང་ཟད་འཐུང་དུ་བཅུག་ལ། མངོན་རྟོགས་སུ་བཤད་པའི་འཁོར་ འདས་ཀྱི་བཅུད་བསྡུ་བའི་དམིགས་པ་འབོགས། གཉིས་པ་མན་ངག་སྦྱིན་པ་ནི། བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་འཆད་པ་ ཡིན་ནའང༌། ལག་ལེན་ལ་མི་མཛད། དེང་ཁྱོད་ཀྱིས་བྱིན་རླབས་ལེགས་པར་ཐོབ་པ་ཡིན་པས། བསྙེན་ པ་དང༌། བསྒྲུབ་པ་དང༌། མཁའ་སྤྱོད་ཀྱི་དངོས་གྲུབ་དང༌། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ དང༌། འཕྲིན་ལས་རྣམ་པ་བཞི་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག ཅེས་ བརྗོད་ནས། རྗེ་བཙུན་མའི་གནས་གསུམ་ནས་སློབ་མའི་གནས་གསུམ་དུ་ཐིག་ལེ་བྱ། གསུམ་པ་མཉེས་པར་བྱ་བ་ནི། དམ་ཚིག་ ཁས་བླང་བ་དང༌། མཎྜལ་འབུལ་བ་དང་ཡོན་འབུལ་བ་སྟེ་སྤྱི་དང་འདྲ་ལ། འགྲུབ་ན་སླར་ཡང་གཏོར་མ་དང༌། འཁོར་ལོའི་མཆོད་ པ་རྒྱ་ཆེར་བྱ་ཞིང༌། རྗེས་ཆོག་ནི་ནཱ་རོ་མཁའ་སྤྱོད་ཀྱི་སྐབས་དང་འདྲའོ། །རིམ་པ་དེ་དག་ནི་རྒྱ་གཞུང་དང༌། ཡིག་རྙིང་ཇི་ལྟ་བ་ བཞིན་བཀོད་པ་ཡིན་ལ། མིག་དར་མེ་ཏོག་གི་བྱ་བ་མེད་ཀྱང་ཆོག་ཅེས་བླ་མ་གསུང་ཞིང༌། སྤྲུ་ལུང་པའི་ཡི་གེ་ལྟར་ན་ཆོ་གའི་གཞི་ རྣམས་ནཱ་རོ་མཁའ་སྤྱོད་དང་འདྲ་བར་མཛད་ནས། གསོལ་བཏབ་ཐུན་མོང་མ་ཡིན་པ་རྣམས་དང༌། དངོས་གཞིའི་གསོལ་བཏབ་ བྱང་ཆུབ་རྡོ་རྗེ་སོགས་དང༌། ཡེ་ཤེས་དབབ་པའི་སྐབས་གཏུམ་མོའི་རིམ་པ་གསུམ་པོ་ཁོ་ན་དང༌། སྤྱོད་པའི་རྗེས་གནང་ གསུམ་པ་ཁོ་ན་དང༌། ཤ་ཆེན་སྦྱིན་པ་གསང་དབང་དང༌། དབང་བཞི་པའི་མཐར་སྒྲུབ་ཐབས་ཀྱི་ལུང་སྦྱིན་པ་སོགས་མཛད་ཅིང༌། དེང་སང་ཕལ་ཆེར་ལག་ལེན་དེ་མཛད་ཀྱང་གཞུང་དང་མི་མཐུན་ལ། ཁོ་བོའི་རྣམ་རྟོག་ལྟར་ན་བུམ་ཆོག་ཀྱང་མི་དགོས་པར་ མངོན་མོད། བྱིན་རླབས་ཅན་གྱི་ལག་ལེན་ཡིན་པས་དཀྱུས་ཉིད་བྱའོ། །ཀུན༷་ལས་ངོ་མཚར་ཆེ་བ་ཡི། །བྱིན་རླབས་ཆོ་ག་ཆེས་ དག༷འ་བ། །སྙིང༷་པོ༷འི་ལག་ལེན་ཆོ་ག་ཙམ། །འདི་ཡང་བདག་གི་ཡིད་བདེའི་གནས། །མཻ་ཏྲི་མཁའ་སྤྱོད་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། རྒྱུད་སྡེ་ཀུན་གྱི་ངེས་གསང་ཕྱག་རྒྱ་ཡི། །དངོས་གྲུབ་དམ་པ་འགྱུར་མེད་སྒྲུབ་བྱེད་ནི། །རྡོ་རྗེ་ འཆང་གིས་རིམ་གཉིས་ལམ་དུ་གསུངས། །དེ་དག་ལས་ཀྱང་སྙིང་པོ་ཅུང་ཟད་བརྗོད། །འདིར་ཕག་མོ་ཞལ་གཉིས་མ་ཨིནྡྲ་མཁའ་ སྤྱོད་དུ་གྲགས་པའི་སྒྲུབ་ཐབས་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་སྔོན་དུ་བཏང༌། ནང་མཆོད་བདུད་རྩིར་བྱིན་གྱིས་ རླབས་པར་མོས་སྟེ། ༀ་ཨཱཿཧཱུཾ། དེར་ཆོས་འབྱུང་འབྲི་ཚུལ་བྱེད་ཅིང༌། དབུས་ཀྱི་བཾ་ལས་འོད་འཕྲོས། དཔའ་ 15-1-173 བོ་དཔའ་མོ་རྣམས་ཀྱིས་བདུད་རྩིའི་ཆར་ཕབ་པས་ཐོད་པ་གང༌། གནས་གསུམ་དུ་ཐིག་ལེ་བྱ་ཞིང༌། ༀ་ ཨཱཿཧཱུཾ་ལག་པ་གཡོན་པའི་མཐིལ་དང༌། མཐེའུ་ཆུང་ནས་བརྩམས་པའི་སོར་མོ་རྣམས་ལ་བདུད་རྩིས་གཏོར་ཞིང༌། ༀ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ཅེས་ལག་པ་བྱིན་གྱིས་བརླབས། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ ཝ་ཤུདྡྷོ྅ཧཾ། ༀ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ། ༀ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། སྟོང་ པའི་ངང་ལས་རང་ལུས་དང་ཁམས་གསུམ་རྣམ་པར་དག་པ་གཞལ་ཡས་ཁང་གི་ངོ་བོ་ཆོས་ འབྱུང༌། དེའི་དབུས་སུ་ཟླ་བའི་སྟེང་དུ་ཨཾ་ཡིག་ཡོངས་སུ་གྱུར་པ་ལས་བཾ། རང་སེམས་དང་ལྟེ་ བའི་གཏུམ་མོ་འབར་བའི་ངོ་བོ། དེ་ཉིད་ཡོངས་སུ་གྱུར་པ་ལས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་ མ། བསྐྱེད་པ་ན་དཔྱལ་ལུགས་ཞལ་གཉིས་མའི་སྒྲུབ་ཐབས་སུ་བཤད་པ་ལྟར་བསྒོམ། སྐུ་མདོག་དམར་སེར་རམ་དམར་བ་ཁོ་ ན་ལས། སེ་འབྲུའི་མེ་ཏོག་ལྟར་དམར་སྨུག་ཏུ་མི་བཞེད་དེ་ནས་གོ་ཆ་དགོད་པ་དང༌། ཡེ་ཤེས་པ་བསྟིམ་པ་དང༌། མཆོད་བསྟོད་ རྣམས་ཀྱང་དེ་དང་འདྲ་བ་ལས། བསྟོད་པའི་སྐབས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཤླཽ་ཀ་གཉིས་ཁོ་ ན་མཛད། ཡིག་རྙིང་རྣམས་ལས་འབྱུང་བ་ལྟར་རྫོགས་རིམ་ཀྱང་ཅུང་ཟད་བསྒོམ། ༀ་གསུམ་མའི་བཟླས་པའང་ཅི་འགྲུབ་བྱ། མཐར་ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་སུ་བཤད་པ་ལྟར་གྱི་གསོལ་བཏབ། དག་པ་གསུམ་དྲན་པ་སྨོན་ལམ་རྣམས་བྱ། གཏོར་ ཆོག་ནི་གཏོར་མ་གཉིས་ནཱ་རོ་མཁའ་སྤྱོད་ལྟར་བྱིན་གྱིས་བརླབས་ནས། ཕཻཾ། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣལ་ འབྱོར་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ ཅད་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ ཤྱ་ཧོ། ཞེས་ལན་ལྔའམ་བདུན་གྱིས་ཕུལ། ནཱ་རོ་མཁའ་སྤྱོད་ཀྱི་སྐབས་ནས་འབྱུང་བ་ལྟར། མཆོད་བསྟོད་གསོལ་བཏབ་གསུམ་ བྱ། ཡང་ཨ་རལླི་སྔགས་ཀྱིས་འཇིག་རྟེན་པ་རྣམས་སྤྱན་དྲངས་ལ། ༀ་ཁ་ཁ་སོགས་མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ལན་ གསུམ་གྱིས་ཕུལ། མཆོད་བསྟོད་གསོལ་བཏབ་བཟོད་གསོལ། གཤེགས་སུ་གསོལ་བ་རྣམས་ཀྱང་སྤྱི་དང་འདྲའོ། ། སློབ་མ་རྗེས་བཟུང་གི་བྱ་བ་ལ། ཤོམས་དང་ཡོ་བྱད་ཐམས་ཅད་ནཱ་རོ་མཁའ་སྤྱོད་ཀྱི་སྐབས་དང་འདྲ་བ་ལས། འོག་གཞིའི་ དཀྱིལ་འཁོར་ལ་{ཆོས་ལ་}ཆོས་འབྱུང་གི་ལྟེ་བར་ཚོམ་བུ་དཀར་པོ། རྩིབས་དྲུག་ལ་གོ་ཆའི་སྔགས་དྲུག དེའི་ཕྱི་སྐོར་ལ་ཚོམ་ 15-1-174 བུ་ལྗང་ཁུ་བརྒྱད་བཀོད། སིནྡྷུ་རའི་དཀྱིལ་འཁོར་ལ་ཆོས་འབྱུང་ཉིས་བརྩེགས་ཀྱི་ནང་དུ། ལག་ལེན་བཞིན་ༀ་གསུམ་མ་འཕྲེང་ བདུན་ལ་ཚང་བ་བཀོད། ཟུར་དྲུག་ལ་གོ་ཆའི་སྔགས་དྲུག་བཀོད། ཕྱོགས་བཞིར་དགའ་འཁྱིལ་བྲི། སློབ་མའི་སྐབས་ཏིང་ལོ་མི་ དགོས། དེ་ནས་སྔོན་འགྲོ་གཏོར་མ་ནས་བརྩམས་ཏེ། བདག་བསྐྱེད་མདུན་བསྐྱེད་མཆོད་གཏོར་བུམ་བསྐྱེད་རྣམས་ནཱ་རོ་མཁའ་ སྤྱོད་ཀྱི་སྐབས་ཉིད་ལ་གོང་དུ་བཤད་པ་རྣམས་འདོན་པ་སྤོས་པས་ཆོག་པ་ལས། མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་མོ་གྲུབ་ཙམ་ ན། འཁོར་གོ་ཆའི་དཔའ་མོ་དྲུག་དང༌། སྒོ་མཚམས་མ་བརྒྱད་ཀྱང་སྐད་ཅིག་གིས་གྲུབ་པར་ གྱུར། ཞེས་པ་ཙམ་བརྗོད། གོ་ཆ་མི་འགོད། མདུན་བསྐྱེད་ལ་བྲིས་པ་ཁོ་ན་བཞིན་བསྐྱེད་པ་ཅིག་བཤད་ཀྱང༌། ལག་ལེན་ལྷར་ བསྐྱེད་པ་ཁོ་ན་མཛད་དོ། །དེ་ནས་འོག་ནས་འབྱུང་བ་ལྟར་བདག་འཇུག་ཀྱང་བླང༌། སློབ་མ་རྣམས་ཀྱིས་མཎྜལ་འབུལ། ཨ་ཁཾ་ ཝཱི་ར་ཧཱུཾ་གིས་མིག་དར་བཅིངས་ཤིང༌། མེ་ཏོག་གཏད། ནཱ་རོ་མཁའ་སྤྱོད་ཀྱི་སྐབས་ནས་བྱུང་བ་ལྟར། གསོལ་བཏབ་དང་ཡན་ ལག་བདུན་པ་བྱེད། དེ་ནས་སློབ་མ་རྣམས་ལག་སྦྲེལ། སློབ་མའི་གཙོ་བོའི་ལག་པའི་མཐེ་བོང་ནས་སློབ་དཔོན་གྱིས་བཟུང་སྟེ། རྟོག་པས་གཡོགས་པའི་སེམས་ཀྱིས་ནི། །ལེགས་པའི་སངས་རྒྱས་ཕྱིར་བཟློག་སྟེ། །དྭངས་ པའི་ཆུ་ཡིས་བཀྲུས་པའི་སེམས། །ཕན་པའི་སེམས་ཀྱིས་འདིར་འཇུག་བྱ། །དད་པ་མེད་པའི་ སེམས་ཅན་ལ། །དཀར་པོའི་ཆོས་ནས་མི་འགྱུར་ཏེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་ པོ་སྐྱེ་མི་སྲིད། ཁྱོད་རྣམས་རྣམ་རྟོག་ཐམས་ཅད་སྤོངས་ལ་ལྷ་དང་བླ་མ་ལ་མོས་གུས་དྲག་པོ་ བསྐྱེད་ཅིག ཅེས་བརྗོད་ལ། བུམ་ཆུ་དང༌། སུམ་བྷས་བསངས། ཡང་ཚམ་ངམ་གྱི་ཕྱག་རྒྱ་དང༌། སུཾ་བྷས་བསྲུང་བ་བྱ། གུ་གུལ་སོགས་ཀྱི་དུད་པས་བདུག་ཅིང༌། རྐང་མཐིལ་གྱི་རླུང་གིས་སུམ་མདོའི་མེ་སྦར། ཕུང་ཁམས་སྐྱེ་ མཆེད་ཐམས་ཅད་བསྲེགས་ཏེ་སྟོང་པར་སྦྱངས་བར་མོས་ལ། དག་པ་གསུམ་གྱི་སྔགས་བརྗོད། སྐད་ ཅིག་གིས་སློབ་མ་རྗེ་བཙུན་མར་བསྐྱེད། ལྟེ་བར་སྔགས་འཁོར་གསལ་བཏབ། དེ་ལས་འོད་ ཟེར་འཕྲོས་གཡས་རོ་མ་ནས་སོང༌། སྤྱི་བོ་ནས་ཐོན། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ ཐམས་ཅད་སྤྱན་དྲངས་སྤྱི་བོར་ཐིམ། ཧཾ་ཡིག་ཞུ་བའི་རྒྱུན་དབུ་མ་ནས་བྱུང༌། ལྟེ་བར་བབས་ པ་ལ་སེམས་གཏོད་དུ་བཅུག་ལ། ༀ་གསུམ་མ་འདོན་ཅིང་རོལ་མོའི་སྒྲ་བྱ། ཡང་ལྟེ་བ་ནས་འོད་འཕྲོས། 15-1-175 རོ་མའི་ལམ་རྒྱུད། ཕག་གདོང་གི་སྨིན་མཚམས་ཐོན། གཡུང་དྲུང་གཡོན་སྐོར་དུ་དྲག་ཏུ་ འཁོར་བ་ལ་སེམས་གཏོད་དུ་བཅུག་ལ། རོལ་ཆེན་དང་སྔགས་བཟླ། ཡང་ལྟེ་བའི་སྔགས་འཁོར་དེ་ ཉིད་གསང་གནས་སུ་ཕབ་ལ། གཡོན་བསྐོར་དུ་འཁོར་བ་ལ་སེམས་གཏོད་དུ་བཅུག་ལ། རོལ་ ཆེན་དང་སྔགས་བཟླས། དེ་ནས་ཡེ་ཤེས་ཕབ་པ་བརྟན་བྱེད་དང༌། མེ་ཏོག་འབུལ་བ། མིག་དར་འགྲོལ་བ། ལྷ་ངོ་བསྟན་པ་རྣམས་ ཀྱང་ནཱ་རོ་མཁའ་སྤྱོད་བཞིན། དེ་ནས་དངོས་གཞིའི་དོན་དུ་མཎྜལ་འབུལ་བ་ནས། རིགས་བདག་གིས་རྒྱས་འདེབས་པའི་བར་ནཱ་ རོ་མཁའ་སྤྱོད་དང་འདྲ་བ་ལས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས་ཀྱིས་གསོལ་བ་འདེབས། ༀ་ཕུན་སུམ་ ཚོགས་པ་མངའ་བ་སོགས་ཀྱིས་བཀྲ་ཤིས་བརྗོད། མི་བསྐྱོད་པ་ཁོ་ནས་དབུ་རྒྱན། དེ་ནི་བུམ་དབང་ཡིན་ལ། གསང་དབང་ ཡང་ནཱ་རོ་མཁའ་སྤྱོད་དང་འདྲ་བ་ལས། དམིགས་པའི་གསལ་ཁ་མེད། ཤེས་རབ་ཡེ་ཤེས་ཀྱི་དབང་ལ། སྔགས་འཕྲེང་ནས་སིནྡྷུ་ ར་བླངས་ཏེ་ལྟེ་བར་བྱུགས། ༀ་གསུམ་མ་བཟླས། སྔགས་རྣམས་ལྟེ་བར་ཐིམ། དགའ་འཁྱིལ་ལས་བླངས་ ཏེ་དཔྲལ་བར་བྱུགས། སྔགས་བཟླས། དགའ་འཁྱིལ་དཔྲལ་བར་ཐིམ། ཟུར་དྲུག་ལས་བླངས་སྟེ། སྤྱི་གཙུག་ཏུ་གཏུགས། གོ་ཆའི་ལྷ་ཚོགས་མང་པོ་བྱོན་ཏེ། སྤྱི་གཙུག་ཏུ་ཐིམ་པར་བསམ། དབང་ བཞི་པ་ཡང་ནཱ་རོ་མཁའ་སྤྱོད་དང་འདྲ། འདི་ལ་དབང་བཞིའི་རྟོགས་པ་བསྐྱེད་པ་མི་མཛད། སློབ་མ་དང་མདུན་བསྐྱེད་ཀྱི་རྗེས་ ཀྱི་བྱ་བ་ཡང་ནཱ་རོ་མཁའ་སྤྱོད་ཀྱི་སྐབས་སུ་བསྟན་པ་བཞིན་བྱའོ། །དཔྱལ་ལུགས་ཀྱི་ཞལ་གཉིས་མའི་རྩ་བའི་སྒྲུབ་ཐབས་དང༌། འདིའི་སྒྲུབ་ཐབས་ཀྱི་ངོ་བོ་གཅིག་ཅིང༌། བལ་པོ་ཕན་ཆད་ཀྱི་བརྒྱུད་པའི་བཀའ་བབས་ཀྱང་གཅིག་པས་དེ་ཐོབ་ན་འདི་ཡང་དོན་ གྱིས་ཐོབ་པ་ཡིན་མོད། ལོཙྪ་བའི་མན་ངག་རྒྱས་བསྡུས་དང༌། ཕྱག་ལེན་མི་འདྲ་བ་ལ་བརྟེན་པའི་སྒྲུབ་ཐབས་རྒྱས་བསྡུས་ཀྱི་ཁྱད་ པར་དང༌། སློབ་མ་རྗེས་བཟུང་གི་ཆོ་ག་ལ། མི་འདྲ་བ་ཆེར་ཡོད་པ་དང༌། བརྒྱུད་པ་ཐ་དད་ཀྱི་མོས་ཞེན་ཅན་རྣམས་མགུ་བའི་དོན་ དང༌། ས་ལུགས་ཀྱི་མཁའ་སྤྱོད་སྐོར་གསུམ་ཞེས་ཡོངས་སུ་གྲགས་པའི་རྐང་གྲངས་ཚང་བའི་དོན་དུ། ཁྱད་པར་འབྱེད་པའི་ཡི་གེ་ གསལ་པོ་བཀོད་པ་ཡིན་ནོ། །འདིའི་སྔོན་དུ་ས་ལུགས་ཀྱི་ནཱ་རོ་མཁའ་སྤྱོད་དང༌། དཔྱལ་ལུགས་ཀྱི་ཞལ་གཉིས་མའི་ཆོ་ག་ཤེས་ པ་ཤིན་ཏུ་གལ་ཆེའོ། ཕག་མོའོ་ཆོས་སྐོར་ཀུན༷་ལས་ཀྱང༌། མཆོག་ཏུ་དག༷འ་ཞེས་རབ་བསྔགས་པ། མི་དབང་གཞུང་གསུམ་ལག་ ལེན་གྱི། སྙིང༷་པོ༷་དྲིལ་བ་འདི་ཙམ་ལགས། །ཨིནྡྲ་མཁའ་སྤྱོད་དུ་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།བཀྲ་ཤིས། ། 15-1-176 ༈ ༀ་སྭཱ་སྟི། གང་གི་ཞལ་གྱི་བཀའ་དྲིན་གྱིས། །འཁོར་བ་མྱ་ངན་འདས་པར་མཛད། །བླ་མ་དམ་པའི་ཞབས་བཏུད་ ནས། །སངས་རྒྱས་ཀུན་གྱི་གཏེར་གྱུར་པ། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །ཤེས་རབ་ཕ་རོལ་ཕྱིན་རང་བཞིན། །རྡོ་རྗེ་ རྣལ་འབྱོར་མ་དཔལ་མཆོག །སྒྲུབ་པའི་ཐབས་ནི་བདག་གིས་བཤད། །དེ་ལ་འདིར་རྣལ་འབྱོར་པ་དབང་བསྐུར་བ་ཐོབ་ཅིང་ དམ་ཚིག་དང་ལྡན་པས་ཡིད་དང་རྗེས་སུ་མཐུན་པའི་གནས་སུ། འདི་ཉིད་ཀྱི་གསང་བའི་རས་བྲིས་བཀྲམ་སྟེ། དེའི་སྤྱན་སྔར་རྗེ་ བཙུན་རྡོ་རྗེ་རྣལ་འབྱོར་མ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སྒྲུབ་པ་བརྩམས་ཏེ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་ པར་བྱས་ལ། དམ་ཚིག་གིས་བཀང་བའི་ཀ་པཱ་ལ། སུམ་བྷའམ། ཁཎྜ་རོ་ཧའི་སྔགས་ཀྱིས་བསངས། སྭ་བྷཱ་ཝས་ སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་ པའི་ནང་དུ། ཧཱུཾ་བྷྲཾ་ཨཾ་ཛྲིཾ་ཁཾ་ལས་ཤ་ལྔ། པཾ་བཾ་ལཾ་མཾ་ཏཾ་ལས་བདུད་རྩི་ལྔ། དེ་རྣམས་འོད་དུ་ ཞུ། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པའི་དབུས་སུ། ཆོས་འབྱུང་གི་ལྟེ་བར་ཧྲཱིཿཟུར་གསུམ་ ལ་གཡོན་བསྐོར་གྱི། ༀ་ཧཱུཾ་ཧ། དེའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་དང་ཁྱད་པར་རྒྱལ་བ་ སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདུད་རྩི་བྱང་ཆུབ་སེམས་སུ་སྤྱན་དྲངས་ནས་ ཐིམ། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ བདུད་རྩི་བདག་དང་གནས་ལ་གཏོར་ཏེ། ༀ་ཧྲཱིཿགྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་ དུཥྚཾ་ཧཱུཾ་ཕཊ་སྭཱཧཱ། ཁྲོ་མོ་རྣམས་ཀྱིས་བགེགས་རྣམས་ཚར་བཅད། བསྲུང་བའི་འཁོར་ལོར་ གྲུབ་པར་གྱུར། རང་གི་གནས་རྣམས་སུ། ༀ་བཾ་སོགས་གོ་ཆ་དྲུག་དགོད། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ༀ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ། ༀ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཆོས་འབྱུང་གི་དབུས་སུ། པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་འོད་ སྟོང་བདག་པོའི་དཀྱིལ་འཁོར་ལ་གནས་པའི་དབུགས་བྲལ་གྱི་སྙིང་གར་རང་སེམས་ཧྲཱིཿཡིག་ དམར་པོ་བསྐལ་པའི་མེ་ལྟར་སྣང་བ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཕག་མོ་ ལི་ཁྲིའི་མདངས་ལྟར་དམར་བའི་མདོག་ཅན་པདྨ་དང་ཉི་མ་ཡི་དྭགས་ཀྱི་གདན་ལ་གཡས་ བརྐྱང་བའི་གྱད་ཀྱི་དོར་སྟབས་ཀྱིས་ས་གསུམ་གནོན་པ། ཞལ་གཅིག་པ་སྤྱན་གསུམ་པ་ཁྲོ་ 15-1-177 གཉེར་བསྡུས་པ། དྲག་མོ་ཆེན་མོ། འཇིགས་སུ་རུང་བའི་ཞལ་ཕག་གི་གདོང་ཅན་ཤིན་ཏུ་ཁྲོས་ པ་རྡོ་རྗེའི་མེ་འོད་འབར་ཞིང་ལྗགས་བསྐྱོད་པ། དབུ་སྐྲ་ཁམ་པ་གྱེན་དུ་འཁྱིལ་བ། བ་སྤུ་དང༌། གསང་བའི་སྤུ་གྱེན་དུ་འཕྲེང་བ། ཐུང་ཞིང་གསུས་པ་འཕྱང་བ། ཐོད་སྐམ་ལྔས་དཔྲལ་བར་ བརྒྱན་པ། ཁྲག་འཛག་མགོ་བོའི་འཕྲེང་བས་སྐུ་ལ་བརྒྱན་པ། ཕྱག་རྒྱ་ལྔས་མཛེས་པ། གཅེར་ བུ་ཕྱག་བཞི་པ། གཡས་ན་རྡོ་རྗེ་དང་རྡོ་རྗེ་ལྕགས་ཀྱུ། གཡོན་ན་ཐོད་ཁྲག་དང་སྡིགས་མཛུབ་ དང་བཅས་པའི་ཞགས་པ་འཛིན་པ། མཆན་ཁུང་དུ་ཁ་ཊྭཱཾ་ག གདུག་པ་ཅན་ཐམས་ཅད་ཀྱིས་ བཟོད་པར་དཀའ་བའི་གད་མོ་རྒོད་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པ། འབར་བའི་ ཕྱག་རྒྱ་དང་བཅས། ཕཻཾ། ཞེས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ༀ་ཡོ་ག་ཤུདྡྷ་སོགས། ལྟེ་བ་ༀ་ བཾ་དམར་མོ་རྡོ་རྗེ་ཕག་མོ་སོགས་གོ་ཆ་བཀོད། ལྟེ་བའི་ཧྲཱིཿལས་འོད་ཟེར་འཕྲོས། དབང་གི་ལྷ་ཧེ་ རུ་ཀ་ཡབ་ཡུམ་འཁོར་བཅས་སྤྱན་དྲངས། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར་བ་ ལས་རིགས་ལྔའི་ངོ་བོ་སྣ་ཚོགས་རྡོ་རྗེས་དབུ་བརྒྱན། ཨརྒྷཾ་སོགས་ཀྱི་མཆོད་པ་རྣལ་འབྱོར་མ་སྤྱི་དང་ མཐུན་པར་བྱས་ལ། འབྲུ་གསུམ་གྱིས་བདུད་རྩི་མྱངས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། ཁམས་གསུམ་པ་ ཡི་ངོ་བོ་ཉིད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་ བསྟོད། གསང་བར་རྒྱལ་བའི་ཕོ་བྲང་དམར་པོ་ཟུར་གསུམ་པའི་ནང་དུ། ༀ་ཧྲཱིཿཧཱུཾ་ཧ། སྔགས་ཀྱི་ འཕྲེང་བ་སྤྲོ་བསྡུ་དང་བཅས་པར་ཡིད་གཏད་ནས། ༀ་བཛྲ་ཝཱ་རཱ་ཧཱི་ཨ་བེ་ཤ་ཡ་སརྦ་དུཥྚཾ་ཧྲཱིཿསྭཱཧཱ། ཞེས་བཟླས་ པར་བྱའོ། །ཐུན་བསྡུ་བ་ནི་སྤྱི་དང་འདྲའོ། །གཏོར་མ་འབུལ་བར་འདོད་ན། ནང་མཆོད་ལྟར་བྱིན་གྱིས་བརླབས་ཤིང༌། ཕཻཾ། ཞེས་ སྤྱན་དྲངས། ༀ་ཧྲཱིཿཧཾ་ཧཾ་ཧེ་ཧེ་ཧ་ཧ་ཧི་ཧི། ཕཻཾ་ཕཻཾ་ཕཻཾ། ཞེས་ལན་བདུན་གྱིས་ཕུལ་ནས། མཆོད་བསྟོད་སོགས་སྤྱི་དང་ མཐུན་པ་ལས། ཤ་ཆེན་གྱི་བདུག་པ་འབུལ་བའི་སྔགས་ནི། ༀ་ཨཱཿཧྲི་ཧཱུཾ་ཧ་ཧ། ཞེས་ལན་ཉི་ཤུ་རྩ་གཅིག་གིས་འབུལ་ ལོ། །དོན་ཀུན་གྲུབ་པའི་སྒྲུབ་ཐབས་ནི། །འབད་པས་སྦྱར་ལ་ལྷ་མོ་ཡིས། །རྗེས་སུ་བརྩེ་བས་ ཉེར་བཟུང་ནས། །ཧེ་རུ་ཀ་ཉིད་འགྲུབ་པར་མཛོད། །འདིའི་བྱིན་རླབས་ཀྱི་ཆོ་ག་ནི། ཕག་མོ་ཞལ་གཉིས་མ་ 15-1-178 དཔྱལ་ལུགས་ཀྱི་ཆོ་ག་ཉིད་འདོན་པ་སྤོས་པས་ཆོག་གོ །ལས་རྣམས་ཀུན༷་ལ་མཐུ་ལྡན་པ། །རབ་དག༷འི་སྒྲུབ་ཐབས་ཡིད་ཆེས་ ཅན། །གྲགས་པ་ཆེ་ཡང་དེང་དུས་ནི། །ནུབ་ལ་ཉེ་བས་སྙིང༷་པོ༷ར་དྲིལ། །རྡོ་རྗེ་ཕག་མོ་དོན་གྲུབ་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། དགེ་ལེགས་འཕེལ། ། ༄༅། །ན་མོ་བཛྲ་ཡོ་གི་ནཱི་ས་པ་རི་ཝ་རེ་བྷྱཿ ཡེ་ཤེས་བསྐལ་པའི་མེ་འོད་ཀྱིས། །གཟུང་འཛིན་འཇིག་ རྟེན་གསུམ་ཡང་བསྲེག །སླར་ཡང་ཡེ་ཤེས་རླུང་བསྐྱོད་ནས། །བདེ་ཆེན་བདུད་རྩིའི་ཆར་ཕབ་སྟེ། །ཟུང་འཇུག་ཁམས་གསུམ་ གྲུབ་མཛད་མ། །སྲིད་ཞི་རྒྱུ་དང་མི་རྒྱུར་བཅས། །བསྐྱེད་དང་བསྡུ་མཛད་མ་ལ་འདུད། །བདག་ལ་ཐུགས་བརྩེར་མཛད་དུ་ གསོལ། །འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དབུ་བཅད་མ་སྒྲུབ་པར་འདོད་པས། དབེན་པའི་གནས་སུ་ཙན་དན་དམར་པོས་ བྱུགས་པའི་མཎྜལ་ཚོམ་བུ་གསུམ་པ་མཆོད་པ་དང་བཅས་པ་འདུས་བྱས་ལ། གདོང་ལྷོའམ་ནུབ་ཏུ་ཕྱོགས་པས་སྐྱབས་འགྲོ་ནས་ བཟུང་སྟེ། དག་པ་གསུམ་དྲན་པའི་བར་དོན་གྲུབ་མ་དང་འདྲ་བ་ལས། ནང་མཆོད་བྱིན་རླབས་ཀྱི་སྐབས། ཆོས་འབྱུང་གི་ དབུས་སུ་ཧྲཱིཿཟུར་གསུམ་ལ་གཡོན་སྐོར་གྱི་ༀ་ཨཱཿཧཱུཾ། ཞེས་པ་ནི་ཁྱད་པར་རོ། །སྟོང་པའི་ངང་ལས་ རང་གི་ལྟེ་བར་རཾ་ལས་འོད་འཕྲོས་པས། རང་གི་ལུས་ཆོས་འབྱུང་དམར་པོ་གྲུ་གསུམ་དུ་ གྱུར་པའི་དབུས་སུ། ཆུ་སྐྱེས་དཀར་པོ་འདབ་མ་བཞི་པ་ལས། རང་སེམས་ཟླ་བའི་སྟེང་དུ་ ཉི་མ། ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧྲཱིཿགསུམ་ལས་གྲི་གུག་ཧྲཱིཿས་མཚན་པ་གསུམ། དེ་ཐམས་ ཅད་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། དབུས་སུ་སངས་རྒྱས་མཁའ་འགྲོ་མ་དམར་ སེར། ཞབས་གཡས་བརྐྱང་གིས་འཇིགས་བྱེད་དང་དུས་མཚན་མ་མནན་པ། ཕྱག་གཡས་ གྲི་གུག་ཐུར་དུ་བརྐྱང་ནས་འཛིན་པ། གཡོན་ཐོད་ཁྲག་སྟེང་ཕྱོགས་སུ་འཛིན་པ། མཆན་ཁུང་ གཡོན་དུ་ཐབས་ཀྱི་རང་བཞིན་གྱི་ཁ་ཊྭཱཾ་ག་དཀར་པོ། གཡོན་དུ་རྡོ་རྗེ་རབས་བསྔགས་མ་ ལྗང་ཁུ་ཞབས་གཡོན་བརྐྱང༌། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། གཡས་སུ་རྣམ་ སྣང་མ་སེར་མོ་ཞབས་གཡས་བརྐྱང༌། ཕྱག་གཡས་གྲི་གུག་གཡོན་ཐོད་པ་འཛིན་པ། གསུམ་ ཀའང་ཐོད་སྐམ་ལྔའི་དབུ་བརྒྱན་དང༌། རློན་པ་ལྔ་བཅུའི་འཕྲེང་བ་འཕྱང་བ། ཕྱག་རྒྱ་ལྔ་དང་ 15-1-179 ལྡན་པ། གཅེར་མོ་སྤྱན་གསུམ་དབུ་སྐྲ་ནག་པོ་སིལ་བུར་གྲོལ་བ། མི་ཟད་པའི་ཞལ་ཁྲོ་ཞིང་ འཛུམ་པ། འཇིགས་པའང་འཇིགས་པར་མཛད་ཅིང་མེ་དཔུང་འབར་བའི་དབུས་ན་གནས་ པ་རྣམས་ཀྱི་གསང་གནས་སུ་ཆོས་འབྱུང་རེ་རེ། དབུས་ཀྱི་ནང་དུ། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཧཱུཾ་ ཕཊ་སྭཱཧཱ། གཡོན་གྱི་ལ། ༀ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཕཊ། གཡས་ཀྱི་ལ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ ཕཊ། ཡི་གེ་རྣམས་ཡོངས་སུ་བརྩེགས་པ་གཙོ་མོའི་ཕྱག་གཡས་ཀྱི་གྲི་གུག་གིས་ཉིད་ཀྱི་དབུ་ བཅད་ནས། ཐོད་པ་འཛིན་པའི་ཕྱག་གིས་དབུ་སྐྲའི་ཕྱེད་བཟུང་སྤྱན་གསུམ་ཐུར་དུ་གཟིགས། རྩ་གསུམ་བཅད་མཚམས་ནས་དབུས་ནས་བྱང་སེམས་དཀར་དམར་འདྲེས་པའི་རྒྱུན་བྱུང་ བ་རང་ཉིད་ཀྱི་ཞལ་དུ་འབབ་པར་གྱུར། གཡོན་བརྐྱང་མ་ནས་མི་བསྐྱོད་པ་དང་འདྲེས་པའི་ ཀུན་དའི་རྒྱུན་གཡོན་གྱི་ཞལ་དུ་བབས། གཡས་རོ་མ་ནས་ཁྲག་ཕལ་བ་དང་འདྲེས་པའི་རྡུལ་ གཡས་ཀྱི་ཞལ་དུ་བབས། ཡུན་ཅི་རིགས་པར་གསལ་ལ་དྲག་པར་བསྒོམ། དེ་ནས་ཐུར་སེལ་ གྱེན་དུ་དྲངས་པས། གསང་གནས་ཀྱི་སྔགས་ལས་འོད་ཟེར་སྟེང་དུ་འཕྲོས། ལམ་གསུམ་ ནས་བྱུང༌། གཡས་གཡོན་གྱི་ལྷ་མོ་གཉིས་འོད་ཟེར་གྱིས་དྲངས། རོ་རྐྱང་གི་ལམ་བརྒྱུད། ལྷ་ མོ་གཉིས་ཆོས་འབྱུང་དང་བཅས་པ་བདག་ཉིད་ཆོས་འབྱུང་དང་བཅས་པ་དང་དབྱེར་མེད་ དུ་གྱུར། སྔགས་གཉིས་ཆོས་འབྱུང་གི་ནང་གཡས་གཡོན་དུ་བརྩེགས་ཏེ་གནས་པའི་གསུམ་ བསྒྲིགས་སུ་གནས་པར་བསམ། མཎྜལ་མི་དམིགས་ཏེ། སྟོང་པའི་ངང་ལས་ཆོས་འབྱུང་ དམར་པོ་གྲུ་གསུམ། ཞེས་པ་ནས། ཡི་གེ་རྣམས་ཡོངས་སུ་བརྩེགས། ཞེས་པས་བར་བདག་བསྐྱེད་བཞིན་ ལས་རང་སེམས་ཞེས་དོར། སྤྱི་དང་མཐུན་པར་གོ་ཆ་བཀོད་ལ། ཕཻཾ། ཞེས་པས་སྤྱན་འདྲེན་པ་ནས། ཡོ་ག་ཤུདྡྷོའི་ བར་སྤྱི་དང་མཐུན། རང་རང་གི་སྔགས་གསུམ་གྱིས་མཐར་ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་བཏགས་ལ་མེ་ཏོག་འབུལ། དེ་ནས་ ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རྣམས་སྔགས་ཀྱི་འབུལ་ཞིང༌། འབྲུ་གསུམ་གྱིས་ནང་མཆོད་དང༌། ཨོ་ཌི་ཡ། པུལླི་ ར་མ་ལ་གི་རི་ཀ་མ་ཀྵི་ཤཱི་ཧནྚ་ཞེས་ལམ་དང༌། དྷརྨ་སམྦྷོ་ག་ནིརྨ་ཎ་མཧཱ་སུ་ཁ་ཀ་ཡ། ཞེས་འབྲས་བུའི་ 15-1-180 སྒོ་ནས་བསྟོད། སྤྲོ་ན་སྐབས་འདིར་གཏོར་མ་ཕུལ་ཀྱང་རུང༌། དེ་ནས་བཟླས་པ་ནི། རླུང་ཕྱིར་འགྲོ་བའི་ཚེ། མདུན་ བསྐྱེད་ཀྱི་གསང་བར་བཀོད་པའི་སྔགས་གསུམ་དང༌། ནང་དུ་འོང་བ་དང་བསྟུན་ནས་རང་གི་ གསང་བའི་སྔགས་གསུམ་སླར་ཡང་གསལ་བཏབ་ཐུར་སེལ་བསྐྱོད་པས་སྔགས་གསུམ་གྱི་ དབུ་མའི་ལམ་བརྒྱུད། སྣ་བུག་གཡས་ནས་ཐོན། མདུན་བསྐྱེད་ལྷ་མོ་གསུམ་གྱི་ཤངས་ཀྱི་བུ་ ག་གཡོན་པ་ནས་ཞུགས། གསང་བའི་སྔགས་ལས་འོད་ཟེར་གྱི་ཚོགས་རྣམས་སྤྱན་དྲངས་ཏེ། རང་རང་གི་ཤངས་བུག་གཡས་ནས་ཐོན། རང་གི་སྣ་བུག་གཡོན་ནས་ཞུགས། དྷཱུ་ཏཱིའི་ལམ་ བརྒྱུད། གསང་བའི་སྔགས་ལ་ཐིམ། དེ་ནས་སྔགས་བཟླ་བའི་ཚེ། དམིགས་པ་དེ་ཉིད་དང་འདྲ་བ་ལས། འོད་ ཟེར་ཕྱིར་འཕྲོས་པ་ལས་སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་པར་བསམ་ཞིང༌། ༀ་ སརྦ་བུདྡྷ་ཌཱ་ཀི་ནཱི། ༀ་བཛྲ་ཝརྞ་ནཱི། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་ཅི་ ནུས་བཟླ་ཞིང༌། རྡོ་རྗེའི་བཟླས་པ་དང༌། འགོག་པའི་བཟླས་པ་ཅི་འགྲུབ་བྱ། བཟླས་པ་དང་དམིགས་པ་ལྷ་མོ་གསུམ་རིམ་ཅན་ དུ་བྱེད་པའང་སྣང་ངོ༌། །བསྡུ་བའི་དམིགས་པ་ནི་སྤྱི་དང་འདྲ། གཏོར་མ་འབུལ་བར་འདོད་ན། གཞན་ཀུན་རྣལ་འབྱོར་མ་སྤྱི་དང་ འདྲ་བ་ལས། ༀ་བཛྲ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ་ཞེས་ལན་གཅིག་ དང་རྩ་སྔགས་ཀྱི་ཧཱུཾ་གསུམ་གྱི་སྔོན་དུ། པུཥྤེ། དྷུ་པེ། དཱི་པེ། གནྡྷེ། བཱ་ལིང་གྲྀཧྞ་གྲྀཧྞ་མ་མ་རཀྴ་རཀྴ་ཞེས་ པ་བཅུག་པའི་སྔགས་ལན་བདུན་གྱིས་འབུལ། ཕྱི་མཆོད་དགོས་སུ་འབུལ་མི་དགོས་ནང་མཆོད་དང་བསྟོད་པ་སྔར་བཞིན། འདི་ ལ་མངོན་བྱང་ལྔ་བསྐྱེད་དང༌། ས་བོན་ལས་བསྐྱེད་པ་དང༌། ས་བོན་ཡང་ཧྲཱིཿདང་བཾ་སྒྲུབ་ཐབས་ཐ་དད་ནས་འབྱུང་བའི་གདམ་ང་ ཅན་ནོ། །དེ་བཞིན་དུ་ལྟེ་བར་ཆོས་འབྱུང་དང་ལུས་ཆོས་འབྱུང་སྒོམ་པ་ཡང་གདམ་ང་ཅན་ནོ། །ལྟེ་བའི་དབུས་ནས་ཉིན་བྱེད་འོད་ བརྒྱ་ཡིས། །རབ་གསལ་འཇིག་རྟེན་གསུམ་པོ་བདེ་ཆེན་གྱི། །དཔྱིད་ཀའི་དགའ་སྟོན་ནམ་ཡང་སྤེལ་བ་ལས། །ཟུང་འཇུག་རྒྱལ་ སྲིད་ཐོབ་པ་གང་འདི་མཚར། །འདིའི་བྱིན་རླབས་བྱེད་ཚུལ་ཞལ་གཉིས་མའི་སྐབས་དང་འདྲའོ། །ཀུན༷་ཏུ་དཔལ་མོར་གྲགས་པའི་ གཞུང༌། བིརྺ་ཆུང་ངུས་ཀྱང་མཛད་པའི། གཞུང་དང་རབ་དག༷འི་སྡེབས་ནས་ནི། ཟབ་མོའི་སྒྲུབ་ཐབས་སྙིང༷་པོ༷ར་བཀོད། །རྡོ་རྗེ་ ཕག་མོ་དབུ་བཅད་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། 15-1-181 ༈ ༀ་སྭཱ་སྟི། རྒྱལ་བ་ཐམས་ཅད་བསྐྱེད་བྱེད་ཡུམ། །ཤེས་རབ་ཕ་རོལ་ཕྱིན་པ་ཉིད། །མཁའ་འགྲོའི་གཙོ་མོར་སྐུ་བསྟན་ པ། །རྡོ་རྗེ་རྣལ་འབྱོར་མ་ལ་འདུད། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྔགས་ དང༌། ཤཱུ་ནྱ་ཏས་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨེ་ཝཾ་གྱི་ཡི་གེ་ཤིན་ཏུ་ཡངས་ཤིང་རྒྱ་ ཆེ་བའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་དང༌། ཨཾ་དཀར་པོ་ལས་ཉི་མའི་དཀྱིལ་འཁོར་དེའི་ སྟེང་དུ་རང་སེམས་ཧཱུཾ་དཀར་པོ། དེ་ཐམས་ཅད་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ ལས། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས། བནྡྷུ་ལྟར་དམར་བའི་སྤྱན་གསུམ་དང་ལྡན་པ། ཁྲོ་གཉེར་བསྡུས་ཤིང་མཆེ་བ་གཙིགས་པ། ཤིན་ཏུ་གཏུམ་པའི་ཚུལ་ཅན། གཅེར་བུ་སྐྲ་གྲོལ་བ། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་ གམ། རྡོ་རྗེ་བསྡིགས་པས་ལྷ་མིན་གྱི་གདོན་ཐམས་ཅད་སྐྲག་པར་མཛད་པ། གཡོན་ཞབས་ གཡོན་པ་ལ་ཡོངས་སུ་འཁྲིལ་ཞིང༌། ཀ་པཱ་ལ་བདུད་རྩིས་གང་བ་སྟེང་གི་ཕྱོགས་སུ་བཟུང་ བ་ལ་ཞལ་གྱེན་དུ་ཕྱོགས་པས་བདུད་རྩི་གསོལ་བ། ནམ་མཁའ་ལ་དེ་བཞིན་གཤེགས་པའི་ ཚོགས་རྣམས་ཡབ་ཡུམ་རྗེས་སུ་ཆགས་པ་སྙོམས་པ་ཞུགས་པའི་བདུད་རྩི་དཀར་དམར་ ཐོད་པར་འབེབས་ཤིང་བུམ་པའི་དབང་བསྐུར་བ། ཕྲག་པ་ལ་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ བཀལ་བ། ཞབས་གཡས་པ་ས་འོག་བདུན་གྱི་འཇིག་རྟེན་དུ་བརྐྱང་བས་འཇིགས་བྱེད་དང་ དུས་མཚན་མ་མནན་པ། གཡོན་སྟེང་ཕྱོགས་ཚངས་པའི་འཇིག་རྟེན་དུ་བརྐྱང་བས་ཚངས་པ་ དང་བརྒྱ་བྱིན་སྟེང་ཕྱོགས་ཀྱི་འཇིག་རྟེན་ལ་མནན་པ། རྒྱན་སྤངས་པ། ཞལ་ནས་བདུད་རྩི་ འབབ་པ། སྐུ་ལས་རང་མཚུངས་ཀྱི་རྡོ་རྗེ་རྣལ་འབྱོར་མ་དང༌། སངས་རྒྱས་བྱང་ཆུབ་སེམས་ དཔའ་དང༌། ཁྲོ་བོ་ཁྲོ་མོ་དཔག་ཏུ་མེད་པ་འགྱེད་པ། མེ་དཔུང་རབ་ཏུ་འབར་བའི་དབུས་ན་ བཞུགས་ཤིང༌། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ། ཕྱི་རོལ་བསྲུང་བའི་འཁོར་ ལོ་དང་བཅས་པའོ། །རང་གི་ལྟེ་བ་ནས་ཧཱུཾ་གཅིག་སྤྲོས་པས་མདུན་དུ་སྤྲུལ་པའི་ཕོ་ཉ་ཕྱག་ན་ 15-1-182 རྡོ་རྗེ་ཧེ་རུ་ཀའི་ཆ་བྱད་ཅན། གཡས་རྡོ་རྗེ་དང་གཡོན་ཕུར་བུ་ཐོགས་པ། ཡང་སྤྲུལ་ལྕགས་ཀྱུ་ དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། ཁྱབ་འཇུག་ཆེན་པོ་མི་ཡི་སེང་གེ་ལ་སོགས་ པ་བགེགས་ཐམས་ཅད་བཀུག ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ཁྲོན་པར་བཅུག ཕུར་བུས་བཏབ་ ཅིང་རྡོ་རྗེས་རྡུལ་ཙམ་དུ་བརླག་པར་བྱས། ༀ་ཧྲཱིཿགྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཧཱུཾ་ཕཊ། ཞེས་ཉེར་གཅིག་ ཙམ་དྲག་ཏུ་བཟླ། ལྟེ་བར་ༀ་བཾ་དམར་མོ་རྡོ་རྗེ་ཕག་མོ་ནས། ཙཎྜི་ཀཱའི་ངོ་བོའི་བར་སྤྱི་དང་འདྲ། ༀ་བཛྲ་ ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅་ཧཾ། ཡེ་ཤེས་འཁོར་ལོ་ཕཻཾ་ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་ མེད་པར་ཐིམ། ༀ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པའི་ སྒོ་ནས་རང་བཞིན་མཉམ་པ་ཉིད་ལ་མཉམ་པར་བཞག་སྟེ། ༀ་པྲ་ཀྲྀ་ཏ་པ་རི་ཤུདྡྷཿསརྦ་དྷརྨ་ པྲ་ཀྲྀ་ཏ་པ་རི་ཤུདྡྷོ྅ཧཾ། ལྟེ་བར་ཆོས་འབྱུང་གཡོན་དུ་འཁོར་བའི་དབུས་སུ་ཉི་མ་ལ་ཧཱུཾ་ཡིག་ སྔགས་འཕྲེང་དང་བཅས་པ་གསལ་བཏབ། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་ བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། རྩ་སྔགས་སོ། །ༀ་བཛྲ་ཌཱ་ཀི་ནཱི་ཧྲཱི་ཧཱུཾ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོའོ། །ༀ་ བཛྲ་ཡོ་གི་ནཱི་ཧཱུཾ་ཕཊ་སྭཱཧཱ། སྙིང་པོའོ། །ༀ་བཾ་ཧཱུཾ། ས་བོན་གྱི་སྔགས་སོ། །དེ་ལྟར་ཡིད་རྩེ་གཅིག་པས་ཅི་ནུས་སུ་ བཟླའོ། །བདག་བསྐྱེད་ཀྱི་ལྷ་ལ་མཆོད་པར་མོས་ནས། ཨཉྩ་མ་ནཾ་པྲ་ཏཱིཙྪ་ན་མཿ དེ་བཞིན་དུ། པྲོ་ཀྵ་ནཾ། པཱདྱཾ་ ཨརྒྷཾ་སྟེ་ཆུ་བཞི་དང༌། པུཥྤེ། ནས། ཤཔྟའི་བར་གྱིས་མཆོད། རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད། ཐོད་པའི་ནང་དུ་ གཏོར་མ་ཁ་ཟས་བཟང་དགུ་ལས་བྱས་པ་ཤ་ཆང་གིས་བརྒྱན་པ་ཅིག་དང༌། ཉ་ཁྲག་ཤ་ཆང་ལ་ཕུག་འབྲུ་སྣ་དང༌། ཁ་ཟས་སྣ་ ཚོགས་ཀྱི་གཏོར་མ་ཁམ་ཕོར་གང་བཤམས། གཏོར་མ་བྱིན་རླབས་རྒྱས་པ་པྲཛྙཱ་རཀྵི་ཏའི་གཏོར་ཆོག་ལྟར་བྱ་བར་བཞེད་ནའང་ བདེ་མཆོག་གང་རུང་གཅིག་དང་བསྟུན་པས་ཆོག བསྡུ་ན་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། ཐོད་པ་ཤ་ལྔ་བདུད་ རྩི་ལྔས་གང་བར་གྱུར། ༀ་ཨཱཿཧཱུཾ། ལན་བཅུ་བརྗོད། ༀ་ཧ་ཧོ་ཧྲཱིཿསྭཱཧཱ། ལན་གསུམ་གྱིས་བྱིན་གྱིས་བརླབས། འབར་བའི་ཕྱག་རྒྱ་དང་བཅས་ཏེ་ཕཻཾ། རྡོ་རྗེ་རྣལ་འབྱོར་མ་སྤྱན་དྲངས། གཏོར་མ་གསོལ་བར་བསམས་ ལ། ༀ་བཛྲ་ཡོ་གི་ནཱི་ཨི་མཾ་བྷ་ལིང་གྲྀཧྞ་གྲྀཧྞ་རུ་རུ། ཁ་ཁ་ཁ་ཁ། ཕཻཾ་ཕཻཾ་ཕཻཾ་ཕཻཾ། ཨ་ཨ་ཨ་ཨ། མ་ 15-1-183 མ་སརྦ་སིདྡྷི་པྲ་ཡཙྪ་ཧཱུཾ་ཕཊ་སྭཱཧཱ། ལན་བདུན་ལ་སོགས་པས་ཕུལ། གཏོར་མ་གཉིས་པ་ལ་དམིགས་ཏེ། མཁའ་འགྲོ་ སྤྱི་གཏོར་སྤྱི་དང་མཐུན་པར་བཏང༌། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ་རྣམས་སྤྱི་དང་འདྲ་བར་བྱ། དེ་ནས་སླར་ ཡང་སྙིང་ག་ནས་འོད་ཟེར་འཕྲོས། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག སྡིག་ སྒྲིབ་སྦྱངས། རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། དེ་ནས་ལྷ་གསུམ་ལ་སོགས་པ་སྲིད་པ་གསུམ་ གྱི་གདོན་རྣམས་ལ་གསུངས་པ། ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །གང་ཞིག་གནོན་ཅིང་གང་གིས་ གནོན། །གང་ཞིང་གསོད་ཅིང་གང་གིས་གསོད། །ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཡིན། ། བཅིང་བ་མེད་ཅིང་བསད་པ་མེད། །རང་གི་སེམས་ཀྱི་རྣམ་འཕྲུལ་ལ། །བདག་དང་གཞན་ དུ་སྣང་བ་དང༌། །འཇོམས་བྱ་འཇོམས་བྱེད་སྣང་བར་གྱུར། །བདག་དང་ཁྱོད་དག་རང་བཞིན་ གཅིག །གཅིག་མིན་དུ་མ་རྣམས་ལས་གྲོལ། །རང་བཞིན་དག་པའི་ངང་དུ་ལྟོས། །ཀྱེ་ལགས་ དབང་པོ་ལྟོས་ཤིག་དང༌། །{དེས་[ངས་]ནི་ཅི་ཡང་མ་མཐོང་ངོ༌། །བསམ་དུ་མེད་ཅིང་བརྗོད་ དུ་མེད། །སྤྲོས་པའི་མཚན་མ་ཀུན་དང་བྲལ། །ཞེས་པའི་དོན་བསམ་ཞིང་མཉམ་པར་བཞག་གོ །ལྷ་སྐུར་ སྣང་བ་ཡང་དམིགས་པ་མེད་པའི་ངང་དུ་སྟོང་ཉིད་དུ་བསྒོམ། དེ་ནས་གོ་ཆ་བཀོད་ནས་དགེ་བ་བསྔོ། ཐུན་མཚམས་ལ་འཇུག་གོ ། ཐུན་མང་དུ་ཉམས་སུ་ལེན་ན། སྲོད་ཐུན་མ་གཏོགས་གཏོར་ཆོག་དེ་མི་དགོས་སོ། །ཉིན་རེ་བཞིན་བྱ་བ་མ་འགྲུབ་ན། ཚེས་བཅུ་ རྣམ་པ་གཉིས་དང༌། བརྒྱད་དང་བཅུ་བཞི་རྣམས་ལ་བྱ། འགྲུབ་ན་ཚེས་དེ་རྣམས་ལ་ཕྱི་རོལ་མཆོད་པ་དང༌། གཏོར་ཚོགས་གལ་ ཆེའོ། །འདིའི་བྱིན་རླབས་བྱེད་ཐབས་ནི། ཚེས་བརྒྱད་དང་བཅུ་གཅིག་གང་རིགས་ལ་ཉིན་ཕྱེད་མན་ཆད་ནས། ཐོ་རངས་ཚུན་ཆོད་ ཀྱི་དུས་ལ་བྱ་སྟེ། སྟེགས་བུ་ལ་ཆང་གིས་ཆོས་འབྱུང་ཞིག་བྲིས། དེའི་སྟེང་དུ་མེ་ཏོག་དམར་པོ་བཀྲམ། དབུས་སུ་ཕྱེ་མར་གྱི་ཏིང་ལོ་ ཅིག་བཞག དེ་སྟེང་མཉྫི་ལ་ཐོད་པ་བདུད་རྩིས་གང་བ། སྟེང་དུ་མེ་ལོང་ལ་སིན་དྷུ་ར་བརྡལ་ལ། ཆོས་འབྱུང་སྔགས་བཞི་དགའ་ འཁྱིལ་དང་བཅས་པ་ཞིག་བྲིས། ལོགས་གཅིག་ཏུ་སྣོད་ཆུང་ངུ་གཉིས་སུ་ཤ་ཆེན་མར་ལ་བཙོས་པ་དང༌། ཆང་ལ་རཀྟ་ཅུང་ཟད་ བསྲེས་པ་ཞིག་བཞག མཆོད་གཏོར་བཤམས། སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་བྱ། གཏོར་ཆོག་མ་གཏོགས་ བདག་བསྐྱེད་གོང་བཞིན། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཨེ་ཝཾ་གི། ཞེས་པ་ནས་བཟླས་པའི་བར་ 15-1-184 གོང་བཞིན་བྱ། མཆོད་བསྟོད་རྒྱས་པ་བྱེད་པར་སྤྲོ་ནའང་བྱེད། བསྡུ་ན། ཕྱི་མཆོད་ཀྱི་མཐར་འབྲུ་གསུམ་གྱིས་ནང་མཆོད་འབུལ། ཨ་ནུ་རཱ་གས་གསང་མཆོད་ཕུལ་ལ་བསྟོད་པ་བྱའོ། །གོང་གི་གཏོར་ཆོག་གིས་གཏོར་མ་ཆ་གཅིག་ཕུལ། སིནྡྷུ་རའི་དཀྱིལ་ འཁོར་ལ་དམིགས་ནས་རྩ་སྔགས་དང་བདུད་རྩི་ལ་དམིགས་ནས་ཉེ་སྙིང་དང༌། ཏིང་ལོ་ལ་དམིགས་ནས་སྙིང་པོ་དང༌། ཤ་ཆང་ལ་ དམིགས་ནས་ས་བོན་རྣམས་བརྒྱ་རྩ་རེ་བཟླའོ། ། བར་འདིར་གཞོན་ནུ་མའི་སྟོན་མོ་དང་ཚོགས་འཁོར་བྱ། སློབ་མས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། སོགས་ཀྱིས་གསོལ་པ་གདབ། རྒྱུན་བཤགས་དང་རིགས་ལྔའི་སྡོམ་བཟུང་བྱ། ལྟེ་བའི་ཆོས་འབྱུང་འཁོར་བ་དང༌། ཐ་མལ་གྱི་ལུས་འོད་དུ་ཞུ་བ་དང༌། སངས་རྒྱས་ཐམས་ཅད་རྣལ་འབྱོར་མའི་རྣམ་པར་སྤྱན་ དྲངས་ཏེ། ལྟེ་བའི་ཡིག་འབྲུ་ལ་བསྟིམ་པའི་དམིགས་པ་རྣམས་ཕོག་ལ་རེ་རེ་བཞིན་དུ་རོལ་མོའི་སྒྲ་བྱ། ཡེ་ཤེས་ དབབ། ཡོལ་བ་བསལ། མདུན་བསྐྱེད་ཀྱི་ལྷ་ངོ་བསྟན། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་བ་བཏབ། མེ་ལོང་སྤྱི་བོར་བཞག་ ལ། རྐང་པ་བརྒྱད་པའི་སྔགས་བརྗོད། དཔྲལ་བར་སིནྡྷུ་ར་བྱུགས། རྩ་སྔགས་བརྗོད། མེ་ལོང་གི་ལྷ་བསྟིམ། ལྷ་སྐུར་གྱུར། བུམ་ དབང་ངོ༌། །ནང་མཆོད་སྦྱིན་ཉེ་སྙིང་བརྗོད་པས་གསང་དབང་ངོ༌། །སྙིང་པོས་ཏིང་ལོ་སྦྱིན་ལ། གཏུམ་མོ་འབར་ཧཾ་ཡིག་ ཞུ་བའི་བདེ་སྟོང་བསྒོམ། ཤེར་དབང་ངོ༌། །ས་བོན་གྱི་སྔགས་ཀྱིས་ཤ་ཆང་ལག་པ་གཡས་གཡོན་དུ་སྦྱིན། ཟུང་འཇུག་གི་ བརྡའོ། །ཞེས་བྱས་ལ་མིང་དུ་གཞུག དབང་བཞི་པའོ། །སློབ་དཔོན་གྱིས་སློབ་མའི་ལག་ཏུ་མེ་ཏོག་དམར་པོ་གཏད། སློབ་མས་ གཞོན་ནུ་མ་ཆུང་ངུ་ཞིག་གི་ལག་ཏུ་གཏད་ནས། དཀྱིལ་འཁོར་ལ་འབུལ་དུ་གཞུག རྩ་སྔགས་ཀྱི་མཐར་པུཥྤཾ་པྲ་ཏཱིཙྪ་ན་མཿ ཞེས་བརྗོད། དེ་ནས་སྒྲུབ་ཐབས་ཉམས་སུ་ལེན་ཚུལ་རྫོགས་པར་བཤད་ལ། སྔགས་ལ་བཟླས་ལུང་བྱའོ། །རྗེས་ཀྱི་བྱ་བ་ནི་ཕག་ མོ་སྤྱི་དང་འདྲའོ། །རིན་ཆེན་ལྷར་བསྐྱེད་མཆོད་པ་འབུལ། །བུམ་དབང་འཛིན་བྱེད་གསང་དབང་ ཆང༌། །སྙིང་ག་ཤེས་རབ་བཞི་པ་ནི། །སྒོ་གཉིས་བཅིང་བ་ཡིན་ནོ་ཞེས། །ཞེས་པ་ལྟར་གྱི་དབང་ནི་ ཞལ་ལས་ཤེས་སོ། །འདིའི་བྲིས་སྐུ་འབྲི་ན་རྒྱན་རྣལ་འབྱོར་མ་སྤྱི་དང་མཐུན་པར་འབྲིའོ། །གསུང་ངོ༌། །འདི་དུས་མ་ཡིན་པ་ དང༌། སློབ་མ་གཉིས་ལ་དུས་གཅིག་ཏུ་མི་བྱ། འདིའི་གདམས་པ། བསྐྱེད་རིམ་རྫོགས་རིམ་ཕྱི་རོལ་མཆོད། །གཏོར་མ་གཞོན་ནུ་ མ་མཆོད་དང༌། །སློབ་མ་རྗེས་འཛིན་སྦྱིན་བསྲེག་དང༌། །བསམ་གྱིས་མི་ཁྱབ་བདུད་གཅོད་དེ། །མཆོག་ཏུ་གྱུར་པའི་མན་ངག་དགུ། ། 15-1-185 དྲག་པོའི་ལས་སྦྱོར་ཆུང་ངུ་གཉིས། །དེ་ལྟར་ན་མན་ངག་བཅུ་གཅིག་པོ་དེ་དག་ལས། འདིར་མ་བསྟན་པ་རྣམས་ཡི་གེ་རྙིང་པ་ན་ གསལ་ཞིང༌། འགའ་ཞིག་ཕག་མོ་སྤྱི་དང་ཡང་མཚུངས་སོ། །ཨིནྡྲ་བྷཱུ་དྷིའི་བཞེད་གཞུང་སྟེ། །དཔལ་ལྡན་རྭ་ལོའི་གདམས་པ་ཡིན། ། ཀུན༷་ལས་ཁྱད་འཕགས་དག༷འ་བསྐྱེད་འདི། །སྙིང༷་པོ༷འི་དོན་སྟོན་རྣམས་ཀྱི་ཆོས། །རྡོ་རྗེ་ཕག་མོ་གནམ་ཞབས་མར་གྲགས་པ། ། ཕས་རྒོལ་འཛོམས་པའི་ཨིནྡྲ་མཁའ་སྤྱོད་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། དུས་གསུམ་རྒྱལ་བ་མ་ལུས་པ། །གང་གི་ཡེ་ཤེས་མཐུ་ལས་སྤྲུལ། །འཁོར་ལོའི་དབང་ཕྱུག་མར་ བཏུད་ནས། །སྒྲུབ་ཐབས་མདོ་ཙམ་བྲི་བར་བྱ། །སྐྱབས་འགྲོ་སེམས་བསྐྱེད། གུར་ནས་འབྱུང་བའི་ཡན་ལག་བདུན་པ་རྣམས་ སོང་རྗེས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་ལྟེ་བར་བཾ་ཡིག་འོད་ཀྱི་འཕྲོ་འདུ་ ལས། རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་ གཉིས་སྤྱན་གསུམ་མ། གཡས་གྲི་གུག་ཐུར་དུ་བརྐྱང་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་ པ། དབུ་སྐྲ་ནག་པོ་སིལ་བུར་གྲོལ་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་ དོ་ཤལ་ཅན་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཉིས་རུས་སྦལ་གྱི་འདུག་སྟངས་ཀྱིས་ པདྨ་དཀར་པོ་དང་ཉི་མ་ལ་བྷཻ་ར་བ་ནག་པོ་གྲི་ཐོད་ཅན། སྟག་ཤམ་དང༌། མི་ལྤགས་གྱོན་ པ་ཁ་བུབ་ཏུ་མནན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའི་ལྟེ་བར་ཆོས་འབྱུང་གི་ དབུས་སུ། བཾ་ཕཻཾ་ཞེས་འབར་བའི་ཕྱག་རྒྱ་བཅའ། ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ བཟླས་པའི་དམིགས་ པ་གསལ་བཏབ་ལ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། གཏོར་མ་འབུལ་ན། ཐོད་པའི་ནང་དུ་གཏོར་མ་བཤམས། འབྲུ་གསུམ་ལན་མང་དུ་བརྗོད་པས་བྱིན་གྱིས་བརླབས། རྗེ་བཙུན་མ་མདུན་དུ་དམིགས་ལ། སྙིང་པོའི་མཐར་ཁ་ ཁ་ཧཱུཾ་བཏགས་པ་ལན་བདུན་གྱིས་འབུལ། ༀ་ཨཱཿཧྲཱི་ཧཱུཾ་ཧ་ཧ་ལན་བདུན་གྱི་ཤ་ཆེན་བཏགས་པའི་སྤོས་འབུལ། གཏོར་ མའི་ལྷག་མ་དེ་མཁའ་འགྲོ་སྤྱི་གཏོར་དུ་བཏང༌། འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ་རྣམས་ བྱ། ཚུལ་འདི་ཉིད་ཀྱི་སྙིང་པོ་འབུམ་ཕྲག་ཉི་ཤུ་རྩ་བཞི་བཟླའོ། །དེས་བསྙེན་པ་རྫོགས་པ་ཡིན་ལ། དེ་ཕྱིན་ཆད་འདིའི་འཁྲིད་ཚུལ་ ཁོ་ན་བསྒོམ། བཟླས་པ་དང་གཏོར་མའང་ཅི་རིགས་པར་བྱའོ། ། 15-1-186 འདིའི་རྗེས་གནང་ནི་འོག་གཞིའི་ཆོས་འབྱུང་དང༌། མཉྫའི་སྟེང་དུ་ཐོད་པ་དང་སིནྡྷུ་རའི་དཀྱིལ་འཁོར་སོགས་ཕག་མོ་སྤྱི་ དང་མཚུངས་པ་ལས། ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་བཾ་ཡིག་སྙིང་པོས་བསྐོར་བ། ཕྱོགས་བཞིར་རྡོ་རྗེ་རྒྱ་གྲམ་རེ་རེ་དང་ བཅས་པ་བྲི། མདུན་དུ་ཐོད་པའི་སྣོད་དུ་དམར་གཏོར་དང༌། ཤ་ཆེན་གྱི་སྤོས་སོགས་མཆོད་པ་རྣམས་ཅི་བདེར་བཤམས། སྔོན་ འགྲོ་གཏོར་མ་དང་གནས་ཡོ་བྱིན་རླབས་བྱ། བདག་བསྐྱེད་གོང་བཞིན་བྱས་ནས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་བསྲུང་འཁོར་གྱི་ནང་དུ། དུར་ཁྲོད་ཀྱི་ས་གཞི་ལ་པདྨ་དཀར་ པོ་དང་ཉི་མའི་གདན། དེའི་སྟེང་དུ། ཆོས་འབྱུང་དཀར་པོའི་ནང་དུ་བཾ་སེར་པོ་སྔགས་འཕྲེང་ དང་བཅས་པ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་རྡོ་རྗེ་ནས་བཞུགས་པའོའི་བར་གོང་བཞིན། ཕཻཾ་ཞེས་ པ་ནས་མཁའ་འགྲོ་སྤྱི་གཏོར་བཏང་པ་ཡན་ཆད་ཀྱང་གོང་བཞིན། བུམ་པ་ཞིག་བཅས་ལ་སྙིང་པོ་བརྒྱ་ཙམ་བཟླས། དམིགས་ པ་སོགས་གང་ཡང་མི་དགོས། དེ་ནས་སློབ་མས་མཎྜལ་ཕུལ། དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་ བ། སོགས་ཀྱིས་གསོལ་བཏབ། རྒྱུན་བཤགས་དང་རིགས་ལྔའི་སྡོམ་བཟུང་དང་དམ་ཚིག་ཉེར་གཉིས་བཟུང་བར་བྱ། སློབ་ དཔོན་དང་མདུན་བསྐྱེད་ལྷར་སྒོམ་དུ་གཞུག བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས་ཀྱིས་གསོལ་བ་ལན་གསུམ་ བཏབ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི་ནས། བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར་བས་ སྡིག་སྒྲིབ་དག རྣམ་སྨིན་གྱི་ལུས་སྦྱངས་བར་མོས། ཤཱུ་ནྱ་ཏ་ནས། ཛཿཧཱུཾ་བཾ་ཧོཿའི་བར་བདག་བསྐྱེད་ བཞིན་དམིགས་པ་ཕོག ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་ རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་རྗེ་བཙུན་མའི་རྣམ་པར་སྤྱན་དྲངས། སྟེང་ ཕྱོགས་ནས་ཆར་བཞིན་བབས། ལྟེ་བར་བཾ་ཡིག་ལ་ཐིམ་པར་མོས་སུ་བཅུག་ལ། སྙིང་པོའི་མཐར་ ཨ་བེ་ཤ་ཡ་ཨ་ཞེས་བཏགས་པས་ཡེ་ཤེས་པ་དབབ་ཅིང་། ཅང་ཏེའུའི་སྒྲ་བྱ། བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། ཐོད་པའི་ ནང་གི་བདུད་རྩི་སྦྱིན། སྙིང་པོའི་མཐར་འབྲུ་གསུམ་བཏགས་པ་ལན་གསུམ་བརྗོད་དེ། ཐུགས་ཀྱི་རྗེས་གནང་གི་དོན་ཡིན། ཆོས་ འབྱུང་གི་ཟུར་གསུམ་ནས་སིནྡྷུ་ར་བླངས་ཏེ། སློབ་མའི་གནས་གསུམ་དུ་བྱུགས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ བརྟན་པར་མོས། འོག་གཞི་ཆོས་འབྱུང་གི་དཀྱིལ་འཁོར་རམ། བྲིས་སྐུ་ཡོད་ན་སློབ་མའི་སྤྱི་བོར་བཞག་ལ། ཀུན་རྟོག་ 15-1-187 འཇིག་པར་བྱེད་ཅིང་རླུང་བཅོམ་ནས། །ཡེ་ཤེས་མེ་ལྕེ་འབར་བའི་ལུས་ཅན་མ། །ལྟེ་བའི་ དཀྱིལ་འཁོར་མཆོག་གི་གནས་ནས་བཞེངས། ལྷ་མོ་མཆོག་གིས་འདི་ལ་དགེས་པར་མཛོད། ། ཅེས་བརྗོད་པས། མདུན་བསྐྱེད་ཀྱི་རྗེ་བཙུན་མ་འོད་དུ་ཞུ། སྤྱི་བོ་ནས་ཞུགས་ལྟེ་བའི་ས་བོན་ལ་ ཐིམ་པར་མོས། རྗེས་ཀྱི་བྱ་བ་སྤྱི་དང་འདྲ་ཞིང༌། ཚོགས་ཀྱི་འཁོར་ལོའི་བྱ་བ་ཡང་གལ་ཆེའོ། །ཀུན༷་ནས་ཟབ་པར་བསྔགས་ པ་ཡི། །ཕག་མོའི་སྒྲུབ་ཐབས་དག༷འ་བའི་ཏོག །དཔྱལ་དང་ཕྱག་ལོའི་བཞེད་པ་འདི། །སྙིང༷་པོ༷་བསྡུས་ཏེ་བཀོལ་བ་ལགས། ། ཕག་མོ་ཀུརྨ་བཱ་ཏཱིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༈ ༀ་སྭཱ་སྟི། རྡོ་རྗེ་རྣལ་འབྱོར་མ་དཔལ་ལ། །བཏུད་ནས་འཇིགས་ཁྲོས་ཕག་མོ་ཡིས། །སྒྲུབ་ཐབས་དཔལ་འཛིན་ གཞུང་བཞིན་དུ། །སྙིང་པོ་ལས་ཀྱང་སྙིང་པོར་བྲི། །སྐྱབས་སེམས་སྔོན་དུ་འགྲོ་བས། ༀ་ཨཱཿཧཱུཾ། ལུས་ངག་ཡིད་ གསུམ་དག་པར་གྱུར། ལྟེ་བར་པདྨ་དཀར་པོའི་སྟེང་དུ་ཆོས་འབྱུང་དམར་པོའི་ནང་དུ་རང་ སེམས་ཧྲཱིཿཡིག་གི་འཕྲོ་འདུ་ལས་གྲི་གུག་ཧྲཱིཿས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་ མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས། རང་ཉིད་རྡོ་རྗེ་ཕག་མོ་དམར་མོ་ཕག་ ཞལ་ཅན་ཤིན་ཏུ་ཁྲོས་པ། གཡས་སུ་སྙན་གྲགས་མ་སྔོན་མོ་སྒེག་ཅིང་ཁྲོས་པ། གཡོན་དུ་རྣམ་ སྣང་མ་སེར་མོ་ཅུང་ཟད་ཞི་བ། དེ་གཉིས་ལྷ་ཞལ་ཅན་གསུམ་ཀར་ཞལ་གཅིག་ཕྱག་གཉིས་ གྲི་གུག་དང་ཐོད་པ་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་རོ་གདན་གཅིག་ལ་བཞུགས་ པ། ཕྱག་རྒྱ་ལྔ་དང༌། མི་མགོའི་དོ་ཤལ་ཅན། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། ། ཕཻཾ་ཞེས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ༀ་བཛྲི་བྷ་ཝ་ཨ་བྷི་ ཥིཉྩ་ཧཱུཾ། ཞེས་དབང་གི་ལྷ་རྣམས་ཀྱིས་དབང་བསྐུར་བར་གྱུར། རིགས་བདག་རྒྱས་འདེབས་ནི་མེད་དོ། ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ནང་མཆོད་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་མྱངས། བདེ་ཆེན་དཀྱིལ་ འཁོར་དབུས་མ་ཉིད། །གཙོ་བོ་འཇིག་རྟེན་གསུམ་གྱི་མགོན། །སྟོང་ཉིད་སྙིང་རྗེ་ཐིག་ལེ་ མཆོག །རྡོ་རྗེ་རྣལ་འབྱོར་མ་དཔལ་བསྟོད། །སྙིང་གར་པདྨ་ལ་ས་བོན་སྔགས་འཕྲེང་གསལ་ 15-1-188 བཏབ། དེ་ལས་མེ་འབར་བས་སྡིག་སྒྲིབ་བསྲེག་པར་བསམས་ལ། ༀ་{སརྦ་[ཀྲོ་]དྷཱ་བུདྡྷ་ཌཱ་ ཀི་ནཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། ༀ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཞེས་ ཅི་ནུས་སུ་བཟླས་ལ་མཐར་ལྷ་སྐུ་མི་དམིགས་པར་སྦྱངས་ལ་དགེ་བ་བསྔོ། འདིར་གཏོར་ཆོག་ནི། ཐོད་པའི་ནང་དུ་ཟླུམ་གཏོར་ ཤས་བརྒྱན་པ་ལ་ཆང་བླུགས་ཏེ། ཐོད་པ་ཁེངས་པ་ཙམ་བྱ། བདེ་མཆོག་གི་མངོན་རྟོགས་གང་རུང་ཞིག་དང་བསྟུན་ནས་བྱིན་གྱིས་ བརླབས། ཕཻཾ་ཞེས་འཇིག་རྟེན་འཇིག་རྟེན་འདས་པའི་གཏོར་མགྲོན་ཐམས་ཅད་སྤྱན་དྲངས་ཏེ། མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ཡོངས་རྫོགས་ལན་གསུམ་གྱིས་འབུལ། བྱ་བ་ལྷག་མ་ཡང་མཁའ་འགྲོ་སྤྱི་གཏོར་ཉིད་ཡིན་ནོ། ། འདིའི་རྗེས་གནང་བྱེད་ན་མདུན་བསྐྱེད་མི་དགོས་པས། མངོན་རྟོགས་ཚར་གཅིག་བླངས། གཏོར་མ་གཉིས་བཅས་ལ་ གཅིག་གཙང་སར་བཏང༌། དོན་དམ་སྨྲ་བའི་སེང་གེ་སོགས་ཀྱིས་གསོལ་བཏབ་དང་། ཐུགས་ཀྱི་རྗེས་གནང་ལ། ལྟེ་ བ་ལ་པདྨ་འདབ་གསུམ་ཧྲཱིཿའབར་བ་དང་བཅས་པ་ལ་སེམས་གཏད་དེ། རླུང་བཟུང་དུ་བཅུག་ པས། དེ་ལས་གཏུམ་མོ་འབར། སྤྱི་བོའི་ཐིག་ལེ་ཞུ་བས་བདེ་སྟོང་སྒོམ་དུ་བཅུག གཞན་མདུན་ བསྐྱེད་དང་འབྲེལ་བའི་དམིགས་པ་རྣམས་བོར་ནས་རྗེས་གནང་སྤྱི་དང་འདྲ། སློབ་མའི་རྗེས་ཀྱི་བྱ་བའང་འདྲ་ཞིང༌། རྗེས་ཆོག་ནི་ མི་དགོས། གཏོར་མ་གཉིས་པ་དེ་གཏོར་ཆོག་གིས་བཏང་ངོ༌། །བུདྡྷ་ཤྲཱི་ཐུགས་དམ་གྱི། །ལྷ་རྣམས་ཀུན༷་གྱི་སྙིང་པོ་འདི། །བྱམས་ པའི་དཔལ་ལ་དག༷འ་བས་སྣང༌། སྙིང༷་པོ༷་གཞུང་དོན་ཙམ་ཞིག་བྲིས། །བྲམ་ཟེ་དཔལ་འཛིན་གྱི་མཛད་པའི་སྒྲུབ་ཐབས་དང་ འབྲེལ་བ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༈ ༀ་སྭཱ་སྟི། བདེ་ཆེན་རྡོ་རྗེ་ཕག་མོ་ནི། ཧེ་རུ་ཀ་དང་གཉིས་མེད་ལ། །བཏུད་ནས་དེའི་སྒྲུབ་ཐབས་ནི། །མདའ་བསྣུན་ ཆེན་པོའི་གཞུང་བཞིན་བཤད། །སྐྱབས་སེམས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་སྔོན་དུ་འགྲོ་བས། བསོད་ནམས་ཚོགས་བསོག་ སྤྱི་དང་མཐུན་པར་བྱ། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བསྲུང་འཁོར། བྷྲུཾ་ལས་ གཞལ་ཡས་ཁང༌། དབུས་སུ་པདྨ་ཉི་ཟླའི་གདན་ལ། བཾ་དང་ཧཱུཾ་གི་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དཀར་མོ་ཕྱག་གཉིས་རྡོ་རྗེ་དྲིལ་བུས་མཚན་པའི་ པདྨའི་སྡོང་བུ་འཛིན་པས་ཡབ་ལ་འཁྱུད་པ། ཀྲྀཥྞ་ས་རའི་པགས་པའི་གདན་ལ་རྡོ་རྗེའི་སྐྱིལ་ 15-1-189 ཀྲུང་གིས་བཞུགས་པ། པང་ན་བདེ་མཆོག་དཀར་པོ་གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་ ཁྲག་འཁྱུད་པའི་ཚུལ་གྱིས་སྟོབ་པ། པདྨའི་སྐྱིལ་ཀྲུང༌། གཉིས་ཀའང་རལ་པའི་ཐོར་ཚུགས་ ཅན། མེ་དཔུང་དང་འོད་ཕུང་འཁྲིགས་ཤིང༌། རྒྱན་དང་ན་བཟའ་སྤངས་པའོ། །ༀ་བཛྲ་བཻ་རོ་ ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ༀ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་ཅི་འགྲུབ་ཟླ། གཏོར་མ་བསངས་སྦྱངས། ཡཾ་ལས་རླུང༌། རཾ་ ལས་མེ། ཀཾ་ལས་སྒྱེད་པུ་ཨ་ལས་ཐོད་པ། དེའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་ མུ་ལས་བདུད་རྩི་ལྔ། བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ཡེ་ཤེས་ལྔ། དམ་རྫས་ཞུ་ཡེ་ཤེས་བདུད་རྩི་སྤྱན་དྲངས་ཏེ་ བསྟིམ། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལྷག་པའི་ལྷ་མདུན་གྱི་ནམ་མཁར་བཞུགས་པར་མོས། སྔགས་ཀྱི་ མཐར་འབྲུ་གསུམ་སྦྱར་བ་ལན་གསུམ་གྱིས་ཕུལ། མཆོད་བསྟོད་འདོད་དོན་གསོལ་བ་བཏབ། གཏོར་མགྲོན་མི་དམིགས་པར་ སྦྱངས། ཁ་ཟས་བྱིན་རླབས་ཀྱང་དེ་དང་འདྲའོ། ། འདིའི་སློབ་མ་རྗེས་འཛིན་ནི། མདུན་དུ་མཆོད་གཏོར་བཤམས། བདག་བསྐྱེད་གཏོར་བསྔོ་དང་བཅས་པ་གོང་བཞིན་ བྱ། བདུད་རྩི་གཏོར་མ་ལྟར་བྱིན་གྱིས་བརླབས་ནས་མྱངས། ཚོགས་འཁོར་གྱི་ཡོ་བྱད་ཀྱང་གཏོར་མ་ལྟར་བྱིན་གྱིས་བརླབས་ལ་ བཞག །སློབ་མས་མཎྜལ་ཕུལ། ཀྱཻ་སྟོན་པ་འགྲོ་བའི་བླ། །བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར། ། ཧེ་རུ་ཀ་དཔལ་གོ་འཕང་མཆོག །དཔའ་བོ་ཆེན་པོས་དེང་འདིར་སྩོལ། །ལན་གསུམ་གྱིས་གསོལ་ བ་བཏབ། དམ་ཚིག་ཐམས་ཅད་བསྐྱང་བ་དང༌། བླ་མེད་མཆོག་ལ་ཁྱོད་དགའ་འམ། ཞེས་དྲིས། བདག་དགའོ། །ཞེས་ལན་གདབ། ཡིག་བརྒྱ་ལན་གསུམ་བཟླ་རུ་གཞུག རྒྱུན་བཤགས་དང་རིགས་ལྔའི་སྡོམ་བཟུང་བྱ། སློབ་མ་གོང་བཞིན་ལྷར་བསྐྱེད། དཔོན་སློབ་གཉིས་ཀའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་བཀོད། ཡེ་ཤེས་པ་བསྟིམ། ཡེ་ཤེས་པ་དབབ་པའོ། །སློབ་དཔོན་གྱི་གནས་གསུམ་ནས་ཡི་གེ་འབྲུ་ གསུམ་དཀར་དམར་མཐིང་གསུམ་རིམ་པས་བསྟིམ་པ་དབང་གསུམ། གསུམ་ཀར་ཅིག་ཅར་ བསྟིམ་པས། བཞི་པ་ཐོབ་པར་མོས། འཇུག་ཏུ་རང་སེམས་སྤྲོས་བྲལ་ལྷན་ཅིག་སྐྱེས་པར་ངོ་ སྤྲད། རྗེས་ཚོགས་ལ་ལོངས་སྤྱད། མདུན་བསྐྱེད་མེད་པའི་ཕྱིར་རྗེས་ཆོག་ལ་སོགས་པ་མི་དགོས་སོ། །ཀུན༷་ལས་གོ་བཟློག་ 15-1-190 ཡབ་ཡུམ་སྐུ། །ལྷན་ཅིག་སྐྱེས་དག༷འ་ལྷ་མོ་ཡི། །སྒྲུབ་ཐབས་སྙིང༷་པོ༷་ཤཱཀྱ་ཤྲཱིས། །མཚུར་ཕུར་བ་ལ་གནང་བར་གྲགས། །གོ་ཟློག་ ལྷན་ཅིག་སྐྱེས་མར་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༈ ༀ་སྭཱ་སྟི། ཤེས་རབ་ཕ་རོལ་ཕྱིན་མའི་དངོས། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །ལྷ་མོ་དེ་ལ་གུས་བཏུད་ནས། ། སྒྲུབ་ཐབས་མདོ་ཙམ་བྲི་བར་བྱ། །འདི་ལ་བསྙེན་པ་ཉམས་སུ་བླང་ཚུལ་དང༌། སློབ་མ་རྗེས་འཛིན་གྱི་བྱ་བ་གཉིས་ལས། དང་པོ་ ལ་མཎྜལ་ཐོད་པ། སིནྡྷུ་རའི་དཀྱིལ་འཁོར་རྣམས་བརྩེགས་མར་བཤམས། མཐའ་མཆོད་གཏོད་གྱིས་བསྐོར། སྐྱབས་སེམས་སྔོན་ དུ་འགྲོ་བས། དམ་རྫས་འབར་བའི་སྣོད་དུ་སྲིན་ལག་གཡོན་པའི་ཆོས་འབྱུང་འབྲི་ཚུལ་བྱས་ལ། དབུས་སུ་པདྨ་འདབ་བཞི་ལ་ཨ་ ཧ་རི་ནི་ས་ཞེས་པ་ཡིད་ཀྱིས་བཀོད། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་བདུད་རྩི་བཀུག་སྟེ། དེ་ ལ་བསྟིམས་པས་ཞུ་ཞིང་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ། ཞེས་བྱིན་གྱིས་བརླབས། དེ་ནས་ལག་ པ་གཡོན་པར་བླུག །ལུས་ཐམས་ཅད་ལ་གཏོར་ཁྲུས་བྱ་ཞིང་འབྲུ་གསུམ་མང་དུ་བརྗོད། ཕྱོགས་མཚམས་རྣམས་སུ་གཏོར་ཞིང་ སྙིང་པོ་བརྗོད་པས་བགེགས་ཐམས་ཅད་བསྐྲད་པར་བསམ། ཤཱུ་ནྱ་ཏའི་སྔགས་བརྗོད་ཅིང་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་ བཞག སྟོང་པའི་ངང་ལས་རང་ལུས་བསྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་གཞལ་ཡས་ཁང་ གི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བཞིའི་གདན་དང་བཅས་པར་གྱུར། རང་སེམས་ལྷའི་ འཁོར་ལོ་རྫོགས་པ་ནི། དབུས་ཀྱི་པདྨའི་ལྟེ་བ་ལ་བཅོམ་ལྡན་འདས་མ་དུས་ཀྱི་མུན་པའི་སྐུ་ ཅན་ཆེར་ཁྲོས་ཤིང་འཁྲིགས་པ་མཆན་ཁུང་དུ་ཐབས་ཀྱི་རང་བཞིན་གྱི་ཁ་ཊྭཱཾ་ག་འཆང་བ། རྩ་ ཞལ་ཀུན་རྫོབ་རྣམ་པར་དག་པ་རབ་ཁྲོས་ལྷ་མོའི་ཞལ། སྟེང་ཞལ་དོན་དམ་རྣམ་པར་དག་པ་ ཕག་གདོང་གཡས་ཕྱོགས་ནས་གྱེན་དུ་ཕྱོགས་པ། སྤྱན་གསུམ་སྟག་ལྤགས་ཀྱི་ཤམ་ཐབས་ དང༌། སྤྲུལ་དང་རུས་པས་བརྒྱན་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང༌། མི་མགོ་སྐམ་པོ་ ལྔས་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་གཡས་གྲི་གུག་འཕྱར་ཞིང༌། གཡོན་ ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ ཀྱི་མི་རོའི་སྙིང་གར་ཉི་མ་ལ་གནས་པ། ལང་ཚོ་ལ་བབ་ཅིང༌། མེ་དཔུང་འབར་བའི་དབུས་ 15-1-191 ན་བཞུགས་པའོ། །ཡང་མི་ལྤགས་ཀྱི་སྟོད་གཡོགས་བྱེད་པའི་ལུགས་ཀྱང་ཡོད་དོ། །འདབ་མ་བཞི་ལ་བུམ་པ་ བདུད་རྩིས་གང་བ་ཀ་པཱ་ལ་ཁྲག་གིས་གང་བའི་ཁ་གཅོད་ཅན་སྒོ་འཚམས་བརྒྱད་ལ། ཤར་ དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། ལྷོ་རུ་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་ འགྲོ་མ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་ཁུ། ཤར་ལྷོ་དམ་ཚིག་མཁའ་འགྲོ་མ་ གཡས་དཀར། གཡོར་སེར། ལྷོ་ནུབ་ཏུ་སྣ་ཚོགས་མཁའ་འགྲོ་མ་གཡས་སེར་གཡོན་དམར་ བ། ནུབ་བྱང་དུ་ཐམས་ཅད་མཁའ་འགྲོ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་འཇིག་ རྟེན་མཁའ་འགྲོ་མ་གཡས་ལྗང་གཡོན་དཀར་བ། དེ་རྣམས་ཞལ་གཅིག་མ་ཉི་གདན་སྤངས་ ཤིང༌། རྣམ་པ་གཞན་རྣམས་གཙོ་མོ་དང་མཚུངས་པའོ། །སྤྱི་བོར་བླ་མ་ཧེ་རུ་ཀ སྙིང་གར་ཡེ་ ཤེས་སེམས་དཔའ་ཞལ་གཅིག་པ། གསུས་པར་དཔའ་བོ་སྡེ་བཞི། ལྟེ་བར་འཁོར་ལོ་རྩིབས་ བཞི་པ་ལ་འཁོར་ལོའི་ལྟེ་བར་བཅོམ་ལྡན་འདས་མ། རྩིབས་བཞི་པ་ལ་མཁའ་འགྲོ་སྡེ་བཞི། སྤྱི་བོར་ཨཱཿ དཔུང་པ་གཡས་པ་ལ་ཧ། གཡས་ཀྱི་བོལ་གོང་ལ་རི། གཡོན་གྱི་བོལ་གོང་ལ་ ནི། དཔུང་པ་གཡོན་པ་ལ་ས། སྙིང་གའི་འཁོར་ལོ་ལ་ཨ། སྤྱི་བོར་ཧ། མགྲིན་པར་ནི། ལྟེ་ བར་{རི[རཾ]། གསང་བར་ས་ཡིག་རྣམས་ཀྱིས་རྒྱས་བཏབ། སྙིང་གར་ཡང་པདྨ་དང་ས་བོན་ ལྔ་གསལ་བཏབ་ལ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་ཀྲོ་དྷཱ་ཀཱ་ལཱི་ཨ་ཧ་རི་ནི་ས་ཨ་བེ་ཤ་ཡ། སརྦ་ཀརྨ་ཧྲིཾ་ཧཱུཾ་ ཕཊ་སྭཱཧཱ། ཞེས་པ་ཉིད་ཅི་འགྲུབ་ཏུ་བཟླ་ཞིང༌། འཁོར་རྣམས་ལ། ༀ་བཛྲ་ཌཱ་ཀི་ནཱི་ཧཱུཾ་ཕཊ་སྭཱཧཱ། ཅེས་པ་ལ་སོགས་ པ་མཚན་སྔགས་ཉིད་གང་འགྲུབ་ཏུ་བཟླ་བ་ཡིན་ནོ། །ཉེ་སྙིང་བཟླ་ན། ས་བོན་ལྔ་དང༌། སརྦ་ཀརྨ་བོར་བས་ཆོག ཐུན་བསྡུ་བའི་ ཚེ། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་སྙིང་གར་བསྡུ། རང་ཉིད་ལྷ་སྐུ་སྣང་སྟོང་ལ་མཉམ་པར་ བཞག་ལ། དགེ་བ་བསྔོ། འདི་བདག་མདུན་དབྱེར་མེད་དུ་བསྒྲུབ་པའི་ལུགས་ཡིན་པས་མདུན་གྱི་མཎྜལ་སོགས་ལ་བསྐྱེད་ ཆོག་ལ་སོགས་པ་མི་དགོས་སོ། །གཏོར་ཆོག་ནི་གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ ལས་མེའི་སྟེང་དུ་ཨ་ལས་ཐོད་པ་ཤ་ལྔ་བདུད་རྩི་ལྔས་གང་བ། སྟེང་དུ་ཟླ་ཕྱེད་རྡོ་རྗེས་བརྒྱན་ 15-1-192 པ། རླུང་གཡོས་མེ་སྦར་རྫས་རྣམས་ཞུ། ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཐིམ། ༀ་ཨཱཿཧཱུཾ། ཕཻཾ་ ཞེས་སྤྱན་དྲངས་པ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧཱི་མཧཱ་ཡོ་གི་ནཱི་ཨི་དམ་བཱ་ལིང་ཏ་གྲྀཧྞ་གྲྀཧྞ་བྷུ་ཛ་ཧོ་པི་པ་ ཧོ། མ་ཏི་ཀྲ་མ་ཐ། ས་མ་ཡེ། ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་གཙོ་མོ་དང༌། ༀ་བཛྲ་ཌཱ་ཀི་ནཱི་ ཕཻཾ། བུདྡྷ་ཌཱ་ཀི་ནཱི་ཕཻཾ། པདྨ་ཌཱ་ཀི་ནཱི་ཕཻཾ། ཀརྨ་ཌཱ་ཀི་ནཱི་ཕཻཾ། ས་མ་ཡ་ཌཱ་ཀི་ནཱི་ཕཻཾ། བི་ཤྭ་ཌཱ་ཀི་ནཱི་ཕཻཾ། སརྦ་ཌཱ་ཀི་ནཱི་ཕཻཾ། ལོ་ཀ་ཌཱ་ཀི་ནཱི་ཕཻཾ། ཨི་དཾ་བཱ་ལིང་སོགས་བཏགས་པས་འཁོར་རྣམས་ལ་འབུལ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། བཅོམ་ལྡན་རྡོ་རྗེ་ཕག་མོ་ཆེན་མོ་ནི། །འཇིག་ རྟེན་གསུམ་ཡུམ་ཕྱོགས་གཞན་རྒོལ་བ་འཇོམས། །རྨོངས་བྱེད་སྐྲག་བྱེད་རེངས་པར་བྱེད་ པ་མོ། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །མཐུ་ཆེན་སྡེ་བརྒྱད་མཁའ་འགྲོའི་ཚོགས། ། བུད་མེད་སྟོང་ཕྲག་ཉི་ཤུ་གཅིག །སུམ་ཅུ་རྩ་བདུན་རིགས་བདག་ཉིད། །མདོར་བསྡུས་རྡོ་ རྗེ་ཕག་མོའི་རིགས། །མངོན་ཤེས་རྫུ་འཕྲུལ་མཐུ་དང་ལྡན། །རེ་རེ་བྱེ་བའི་འཁོར་བཅས་ལ། ། ཕྱག་འཚལ་བསྟོད་ཅིང་གུས་པས་མཆོད། །རྨད་དུ་བྱུང་བའི་གཏོར་མ་འབུལ། །མཆོད་སྦྱིན་ གཏོར་མ་འདི་བཞེས་ལ། །སོགས་སྤྱི་དང་མཐུན་པར་འདོད་དོན་གསོལ་བ་བཏབ། མཐར་ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ་རྣམས་སྤྱི་དང་འདྲ། གཉིས་པ་ནི། སྟེགས་བུ་གྲུ་བཞི་པར་ཆོས་འབྱུང་དམར་པོ་ནང་དུ་པདྨ་འདབ་བརྒྱད་དང་བཅས་པ་ལ་ལྷ་གྲངས་དང་མཉམ་ པའི་ཚོམ་བུ་བཀོད། དེའི་སྟེང་དུ་བུམ་པ་ལ་གཏོར་མ་ནག་པོ་ཟུར་གསུམ་པ་བཀོད། ཤར་དུ་{ཐོད་[ཐང་]སྐུའམ་མ་འབྱོར་ན་ ཙ་ཀ་ལི། ལྷོ་རུ་བདུད་རྩིས་གང་བའི་ཐོད་པ། ནུབ་ཏུ་མེ་ལོང་ལ་སིནྡྷུ་ར་བཀྲམ་སྟེ། ཆོས་འབྱུང་གི་ནང་དུ་ས་བོན་ལྔ་རྩ་སྔགས་ ཀྱིས་བསྐོར་བ་ཞིག་བྲི། བྱང་དུ་སྔགས་བྱང་རྣམས་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། སྔོན་འགྲོ་གཏོར་མ་མཁའ་འགྲོ་ སྤྱི་གཏོར་གྱི་{ཚོགས་[ཆོ་གས་]བཏང༌། མཆོད་པ་བྱིན་རླབས་སྤྱི་དང་མཐུན། བདག་མདུན་དབྱེར་མེད་ཀྱི་ཚུལ་གྱི་བཟླས་པ་ ཡན་ཆད་སོང་བ་ན། སྤྲོ་ན་མཆོད་བསྟོད་རྒྱས་པ་དང༌། བསྡུ་ན་ཨརྒྷཾ་ནས་ཤཔྟའི་བར་གྱིས་ཕྱི་མཆོད་དང༌། སྔགས་རྣམས་ ཀྱི་མཐར་འབྲུ་གསུམ་བཏགས་པ། ནང་མཆོད་དང༌། རྡོ་རྗེ་ཕག་མོའི་རྐང་བརྒྱད་ཀྱིས་བསྟོད་པ་བྱ། གཏོར་ཆོག་ལྟར་གཏོར་མ་ 15-1-193 ཕུལ། འོག་གི་སློབ་མའི་བྱ་བ་རྣམས་བདག་འཇུག་ཏིང་ངེ་འཛིན་དབང་བསྐུར་གྱི་ཚུལ་དུ་བླངས། སློབ་མའི་བྱ་བ་ནི་མཎྜལ་ཕུལ་ ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་ཀྱིས་གསོལ་བ་བཏབ། རྒྱུན་བཤགས་དང་སྡོམ་པ་བཟུང༌། ཨ་ ཁཾ་ཝཱི་ར་ཧཱུཾ། ལན་གཉིས་ཀྱིས་མེ་ཏོག་དང༌། མིག་དར་བཏང༌། ཟླ་བ་རྡོ་རྗེའི་སེམས་བསྐྱེད་བྱ། གསང་བར་ གདམས་ཏེ་ཛཿཧཱུཾ་བཾ་ཧོཿས་ཡོལ་བའི་ནང་དུ་བཅུག འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །སོགས་ཀྱིས་དམ་ལ་ བཞག ཨུ་རྒྱན་མཁའ་འགྲོའི་གནས་ནས་ཡེ་ཤེས་མཁའ་འགྲོ་མ་དཔག་ཏུ་མེད་པ་སྤྱན་དྲངས་ ནས་སློབ་མ་ལ་བསྟིམ་པར་མོས་ཤིང༌། སྙིང་པོའི་མཐར་ཨ་བེ་ཤ་ཡ་ཨཿ ཞེས་པས་ཡེ་ཤེས་དབབ། རྡོ་ རྗེ་ཕག་མོ་དེང་ཁྱོད་ཀྱི་མཐར། ༀ་ཛྙཱ་ན་ཙཀྵུ་མཎྜ་ལ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ། ཅེས་པས་མིག་དར་ཕྱེ། མེ་ ཏོག་འབུལ། {ཐོད་[ཐང་]སྐུ་ལག་ཏུ་ཐོགས་ཏེ་ལྷ་ངོ་བསྟན་ལ། ལུས་འདི་ལྟ་བུ་སྒོམས་ཤིག་ཅེས་པ་ནི་བུམ་དབང་ངོ༌། ། བདུད་རྩི་ཡེ་ཤེས་རྣམ་པ་ལྔའི་ངོ་བོར་མོས་ལ། འབྲུ་གསུམ་གྱིས་མྱང་དུ་བཅུག་ལ་གསང་དབང་ངོ༌། །སིནྡྷུ་ རའི་དཀྱིལ་འཁོར་དཔྲལ་མགྲིན་སྙིང་ག་སྤྱི་བོ་རྣམས་སུ་གཏུགས་ལ། སྙིང་པོ་བརྗོད་ཅིང་གནས་བཞིར་ཐིག་ལེ་བྱ་སྟེ། ཤེར་ དབང་ངོ༌། །སེམས་སྤྲོས་བྲལ་དུ་ངོ་སྤྲད་དེ། དབང་བཞི་པའོ། །དེ་རྣམས་བརྡའི་དབང་བཞིའོ། །མངོན་རྟོགས་ལྟར་བསྒོམ་ལུང་ རྒྱས་བསྡུས་གང་རུང་འབོགས་ཏེ། བུམ་དབང་སྔགས་བྱང་གཏད། སྔགས་ཀྱི་བཟླས་ལུང་སྦྱིན་ཏེ་གསང་དབང༌། གཏོར་མ་གནས་ བཞིར་གཏུགས་ལ། ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ཞིང༌། གནས་བཞིར་ཐིམ་པར་བསམས་ལ་སྙིང་པོ་ཚར་རེ་རེ་བརྗོད་པ་ཤེར་ དབང༌། ལྟེ་བར་སྔགས་ཀྱི་འཁོར་ལོ་འཁོར་བ་ལ་སེམས་གཏོད་དུ་འཇུག་པ་ནི་བཞི་པ་སྟེ། འཕྲིན་ལས་བསྒྲུབ་པའི་དབང་བཞིའོ། ། ཇི་ལྟར་བལྟམས་པ་སོགས་བུམ་པའི་ཆུས་དབང་བསྐུར་བ་ནི་བུམ་དབང་དང༌། ཇི་ལྟར་འདས་པའི་སོགས། བྱང་ ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བ་ནི། གསང་དབང་དང༌། ཧེ་རུ་ཀ་ཡབ་ཡུམ་ཀྱི་རྗེས་ཆགས་བསྒོམ་དུ་གཞུག་པ་ནི་ཤེར་དབང་ངོ༌། ། སེམས་སྤྲོས་བྲལ་ལ་སླར་ཡང་ངོ་སྤྲད་པ་ནི། བཞི་པ་སྟེ་ཡེ་ཤེས་བསྐྱེད་པའི་དབང་བཞིའོ། །སློབ་མའི་རྗེས་ཀྱི་བྱ་བ་དང༌། དཀྱིལ་ འཁོར་གྱི་རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲའོ། །འདི་ཤིན་ཏུ་བཀའ་གཉན་པས། བཀའ་ལུང་སྦྱིན་པའི་ཚོགས་དང་གཏོར་མ་བཟང་དུ་ བྱེད་དགོས་ཞེས་གསུང་ལ། ཁྲོས་མ་ནག་མོའི་གཏེར་ཆོས་སུ་གྲགས་པ་ཤིན་ཏུ་མང་པས། དམ་པ་སངས་རྒྱས་ཀྱི་ལུགས་འདི་ལ་ ཡང༌། ཁྲོས་ནག་གི་ལས་བྱང་དང༌། ཚོགས་ཀྱི་མིང་ཅན་རྙིང་མའི་རྒྱས་བཀབ་ཤིན་ཏུ་མང་བ་ཞིག་དང༌། བྱིན་རླབས་ཀྱི་ཆོ་ག་ཡང༌། 15-1-194 དེ་དག་དང་བསྲེས་པའི་ཡིག་ཚོགས་ཆེན་པོ་མང་དུ་ཡོད་ལ། དེའི་ཕྱིར་ཆོས་སྐོར་འདི་ལ་གསར་མ་ལྷད་མེད་ཅུང་ཟད་དཀོན་པ་ ཙམ་སྣང་ཞིང༌། འདི་ནི་ཉང་སྒོམ་རྒོད་པོ་ནས་བརྒྱུད་པ་བཅོས་མེད་ཁུངས་ཅན་དུ་སྣང༌། ཆོས་སྐོར་ཡང༌། ཞལ་གདམས་དགུ་དང༌། གནད་ཀྱི་གདམས་པ་ཆེན་མོ་དང༌། རྡེའུ་སྐོར་རེ་བཞི་དང༌། གནད་བཞི་དང༌། རླུང་གནད་དྲུག་པ་ཞེས་བྱ་བ་རྣམས་ཡོད་ཅིང༌། དེ་ བས་ལྷག་པ་{ཚད་[ཆེར་]མེད་པར་བཤད་དོ། །ཀུན༷་ནས་དམ་པའི་ཡི་དམ་དུ། །གྲགས་ཤིང་ཤིན་ཏུ་དག༷འ་བའི་ཆོས། །ཐབ་མོ་ འདི་ཡི་ལག་ལེན་གྱིས། །སྙིང༷་པོ༷་ཁོལ་བྱུང་ཙམ་ཞིག་ལགས། །རྗེས་བཙུན་རྡོ་རྗེ་ཕག་མོ་ཁྲོས་ནག་ལྷ་དགུའི་སྒྲུབ་ཐབས་ཀྱི་ལེ་ ཚན་ནོ།། །།བཀྲ་ཤིས། ། ༈ ༀ་སྭཱ་སྟི། སྒེག་འཆང་སྒྱུ་འཕྲུལ་དྲ་བའི་སྐུ། །གཞོམ་མེད་བརྗོད་པ་བྲལ་བའི་གསུང༌། །ཟག་མེད་ལྷན་སྐྱེས་བདེ་ ཆེན་ཐུགས། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་སྙིང་གར་ཉི་མ་ལ་ གནས་པའི་ཧྲཱིཿདེ་ལས་འོད་ཟེར་འཕྲོས། མདུན་དུ་བླ་མ་ཡི་དམ་དབྱེར་མ་མཆིས་པ་ཕཻཾ། ཞེས་ སྤྱན་དྲངས། རང་གི་སྙིང་ག་ནས་སྤྲུལ་པའི་དཔའ་མོ་ཉི་ཤུ་རྩ་བཞིས་མཆོད་པར་གྱུར། ཨརྒྷཾ་ནས་ ཤཔྟའི་བར་གྱིས་མཆོད། ༀ་ཨཱཿཧཱུཾ། གིས་ནང་མཆོད་འབུལ། གུར་ནས་བྱུང་བའི་རྒྱུན་བཤགས་བྱ། ཚད་མེད་བཞི་སྤྱི་དང་ མཐུན་པར་བསྒོམ། ༀ་སྭ་བྷཱ་ཝ་སོགས་དང༌། ༀ་ཤཱུ་ནྱ་ཏ་སོགས་བརྗོད། སྟོང་པའི་ངང་ལས་སྐད་ཅིག་གིས་ བསྲུང་བའི་འཁོར་ལོའི་ནང་དུ་པཾ་ལས་པདྨ་དམར་པོ་དང༌། ཨཾ་ལས་ཉི་མའི་དཀྱིལ་འཁོར་ གྱི་སྟེང་དུ། རང་སེམས་སླར་ཡང་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཡིག་དཀར་པོ་དེ་ ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཤེས་ རབ་གསལ་བྱེད་སྐུར་གྱུར་པ་ནི་ལོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། བནྡྷུ་ལྟ་བུའི་སྤྱན་གསུམ་ དང་ལྡན་པ། མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། ཕྱག་གཡས་པས་རྡོ་རྗེ་དམར་པོ་རྩེ་ལྔ་པ་ བ་དན་གསུམ་གྱིས་མཚན་པ་འཕྱར་སྟབས་སུ་འཛིན་པ། གཡོན་པའི་ཀ་པཱ་ལ་བདུད་བཞིའི་ ཁྲག་གིས་གང་བ་ཐུགས་ཀར་བཟུང་ནས་ཞལ་དུ་གསོལ་བ། ཞབས་གཡས་བསྐུམ་གཡོན་ བརྐྱང་བས་པདྨ་ཉི་མ་དབུགས་བྲལ་གྱི་གདན་ལ་འགྱིང་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་ 15-1-195 དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ་ཡེ་ཤེས་ཀྱི་མེ་དཔུང་ འབར་བའི་དབུས་ན་བཞུགས་པའོ། །རང་གི་སྙིང་གའི་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་པས་ སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་ཕག་མོའི་ལྷ་ཚོགས་ཀྱི་རྣམ་པར་ཕཻཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ༀ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། སླར་ཡང་དབང་གི་ལྷ་རིགས་ ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ ཇི་ལྟར་བལྟམས་པ་ནས། ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་ བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། རང་གི་ མགྲིན་པར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བཅུ་དྲུག་པའི་ལྟེ་བར་ལྕེ་ཧཱུཾ་ལས་རྡོ་རྗེ་དམར་པོ་ རྩེ་ལྔ་པའི་ལྟེ་བར། ༀ་བཛྲ་ཛི་ཧཱ་རཀྵ་རཀྵ་སྭཱཧཱ། འདབ་མ་བཅུ་དྲུག་པ་ལ་དབྱངས་ཀྱི་ཡི་གེ་ རྣམས་ཀུན་ད་ལྟར་དཀར་བ། ལྕེ་ཆུང་གི་རྩེ་མོར་ཡང་ཧྲཱིཿདེ་ལས་བདུད་རྩིའི་རྒྱུན་བབས་པར་ གྱུར། ལྟེ་བར་ཆོས་འབྱུང་གི་ནང་དུ། པད་ཉི་ལ་ཧྲཱིཿཡིག་དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་དང༌། སྣོད་བཅུད་ཐམས་ཅད་ཀྱི་བཅུད་བསྡུས་ཏེ་ཧྲཱིཿལ་ ཐིམ། དོ་ལིའི་དམིགས་པ་གསལ་བཏབ་ཏེ། ཧྲཱིཿ ཞེས་ཅི་ནུས་སུ་བཟླའོ། །བར་འདིར་རྫོགས་པའི་རིམ་པ་ ཡང་ཅུང་ཟད་བསྒོམ། མཐར་ལྷ་སྐུ་འོད་གསལ་དུ་བསྡུས་ཏེ་ཅུང་ཟད་མཉམ་པར་བཞག སླར་ཡང་ཆུ་ལས་ ཉ་ལྡང་གི་ཚུལ་སྣང་སྟོང་སྒྱུ་མ་ལྟ་བུའི་ལྷ་མོར་གསལ་བཏབ་ལ་དགེ་བ་བསྔོ། ཐུན་འཚམས་སུ་གཏོར་མ་ གཏོང་བར་འདོད་ན། གཏོར་མ་སུམ་བྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ ལས་མེ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཞུ་བ་ ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་ བྱིན་གྱིས་བརླབས། ཕཻཾ་ཞེས་སྤྱན་དྲངས། ༀ་བཛྲ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི། ས་མ་ཡ་སྟྭཾ། དྲ་ ཤྱ་ཧོཿ ཞེས་ལན་བདུན་གྱིས་ཕུལ། ཨརྒྷཾ་སོགས་ཕྱི་མཆོད་དང༌། འབྲུ་གསུམ་གྱིས་ནང་མཆོད་ཕུལ། དཔལ་ལྡན་རྡོ་ རྗེ་མཁའ་འགྲོ་མ་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟོད། ལྷ་མོ་ཚད་མ་སོགས་ཀྱིས་གསོལ་བ་བཏབ། ༀ་ཁ་ཁ་ཁཱ་ 15-1-196 ཧི་ཁཱ་ཧི་སོགས་མན་ཆད་མཁའ་འགྲོ་སྤྱི་གཏོར་སྤྱི་དང་མཐུན་པར་བཏང༌། ཡིག་བརྒྱ། བཟོད་གསོལ་མགྲོན་གཤེགས་གསོལ། དམ་ཚིག་པ་རང་ལ་བསྡུ་བ། སྨོན་ལམ་དང་བཀྲ་ཤིས་སོགས་སྤྱི་དང་འདྲའོ། ། འདིའི་བྱིན་རླབས་བྱེད་ཚུལ་ནི་མཎྜལ་ཆོས་འབྱུང་གྲུ་གསུམ་དཀར་པོ། གྲུ་བཅད་ལྗང་ཁུ་ཟླུམ་བསྐོར་སྔོན་པོ་ཅན་འབྲི། དེ་སྟེང་མཉྫི་ལ་ཐོད་པ་མ་ད་ནས་གང་བའི་སྟེང་དུ། མེ་ལོང་ལ་ལི་ཁྲི་བརྡལ་ཏེ། ཆོས་འབྱུང་གྲུ་གསུམ་གྱིས་དབུས་སུ་ཧྲཱིཿ ཕྱིའི་ ཕྱོགས་བཞིར་དགའ་འཁྱིལ་བཞི་དང་བཅས་པ་འབྲི། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ། ཤ་ཆང་གིས་བརྒྱན་པའི་གཏོར་ མ་གཉིས་དང་བཅས་པ་བཤམས། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་ནང་མཆོད་ཅང་ཏེའུ་སོགས་ཚོགས་པར་བྱ། སྤྲོ་ན་སྔོན་ འགྲོ་གཏོར་མ་བཏང༌། ནང་མཆོད་དང༌། གནས་ཡོ་བྱིན་རླབས་བདེ་མཆོག་བཞིན་བྱ། བདག་བསྐྱེད་བཟླས་པའི་བར་སོང་བ་ ན། མདུན་བསྐྱེད་བསངས་སྦྱངས་སྟོང་པའི་ངང་ལས་ནས། བཟླས་པའི་བར་བདག་བསྐྱེད་ཉིད་འདོད་པ་སྤོས་པས་ཆོག མཆོད་པ་རྒྱས་པར་བདེ་མཆོག་གི་མཆོད་འཕྲེང་བཞིན་འབུལ་བའམ། བསྡུ་ན། ༀ་བཛྲ་ཝཱ་རཱ་ཧཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས། ཤཔྟ་ཨཱཿཧཱུཾ་གིས་ཕྱི་མཆོད། འབྲུ་གསུམ་གྱིས་ནང་མཆོད། ཨ་ནུ་ར་གའི་སྔགས་ཀྱིས་གསང་མཆོད་དང༌། བསྟོད་ པ་རྒྱས་བསྡུས་གང་རུང་ཞིག་གིས་བསྟོད། གོང་བཞིན་གཏོར་མ་ཕུལ། འོག་ནས་འབྱུང་བ་རྣམས་དམིགས་པའི་སྒོ་ནས་བདག་ འཇུག་བླངས། འགྲུབ་ན་ཚོགས་འཁོར་རམ་གཞོན་ནུ་མའི་མཆོད་པ་ངེས་པར་བྱ། དེ་ནས་བར་ཆད་བསྲུང་བའི་དོན་དུ་སུམྦྷ་ཅི་ རིགས་པར་བཟླའོ། །སློབ་མ་རྣམས་ལ་སྔོན་འགྲོའི་ཆོས་བཤད་སོགས་བྱས་ནས་མཎྜལ་འབུལ། ཀུན་མཁྱེན་ཡེ་ཤེས་ ཕུང་པོ་ཅན། །སོགས་ཤོ་ལོ་ཀ་གཉིས་ཀྱིས་གསོལ་བ་བཏབ། རྒྱུན་བཤགས་དང་རིགས་ལྔའི་སྡོམ་བཟུང་བྱ། སློབ་ དཔོན་གྱིས་ཐུགས་ཀ་ནས་འོད་འཕྲོས། སློབ་མ་ལ་ཕོག་པའི་རྐྱེན་གྱིས་འོད་གསལ་དུ་སྦྱངས། སྭ་བྷཱ་ཝ་ནས་དབུ་བརྒྱན་གྱི་བར་གོང་ལྟར་ལས། སློབ་དཔོན་གྱི་ལྟེ་བའི་ཧྲཱིཿལས་འོད་འཕྲོས་ཞེས་དང༌། ཕཻཾ་སློབ་མའི་བ་སྤུའི་བུ་ག་རྣམས་ནས་སིབ་སིབ་ཐིམ་པར་གྱུར། རོལ་མོ་བྱ་ཞིང༌། ༀ་བཛྲ་ཝཱ་རཱ་ ཧཱི་ཨ་བེ་ཤ་ཡ་ཧྲཱིཿཧྲཱིཿཧྲཱིཿ ཞེས་བཟླ། བུམ་དབང་དང་སྐུའི་རྗེས་གནང་ངོ༌། །ཀ་པཱ་ལ་བདུད་རྩིའི་ སྟེང་ན་ཧྲཱིཿ དེ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས། ཐོད་པའི་བདུད་ རྩི་ལ་ཐིམ། ཧྲཱིཿཧྲཱིཿཧྲཱིཿༀ་ཨཱཿཧཱུཾ་ཞེས་ནང་མཆོད་སྦྱིན། སྒྲུབ་ཐབས་ཀྱི་བཟླས་པའི་དམིགས་པ་ཕོག་ལ། ཧྲཱིཿ བརྒྱ་ 15-1-197 རྩ་དང༌། དབྱངས་ཡིག་དང༌། ངག་བསྲུང་ལན་གསུམ་རྗེས་ཟློས་བྱར་གཞུག བྱིན་གྱིས་བརླབ་པའི་ལུང་སྤྱི་དང་མཐུན་པར་ སྦྱིན། གསང་དབང་དང་གསུང་གི་རྗེས་གནང་ངོ༌། །ལྟེ་བའི་ཧྲཱིཿཡིག་ལས་གཏུམ་མོ་འབར། སྤྱི་ བོའི་ཧཾ་ཡིག་ཞུ་སྟེ། དགའ་བཞི་སྐྱེས་པར་མོས་སུ་བཅུག་ལ། སློབ་དཔོན་གྱིས་འབྲུ་གསུམ་བརྗོད་ཅིང་ གནས་གསུམ་དུ་སིནྡྷུ་རའི་ཐིག་ལེ་བྱའོ། །ཤེར་དབང་དང་ཐུགས་ཀྱི་རྗེས་གནང་ངོ༌། །དེ་ནས་རྣམ་རྟོག་ གི་སྤྲོས་པ་བཅད་ལ། འཛིན་མེད་ཁྱབ་བརྡལ་གྱི་ངང་དུ་འཇོག་ཏུ་བཅུག་སྟེ། དབང་བཞི་པའོ། ། འདི་ཡོན་ཏན་གྱི་རྗེས་གནང་ཡིན་གསུང༌། ཐོད་ལེ་ཀོར་ལ་སྒྲུབ་པ་ཞག་བདུན་བྱས་ཏེ། སླར་ཡང་སྔགས་རྣམས་ ལན་བརྒྱ་བརྒྱ་བཟླས་ཏེ། སློབ་མའི་ལག་ཏུ་གཏད། ཤིང་གླེག་ལ་ཧྲཱིཿཡིག་དབྱངས་གསལ་གྱིས་བསྐོར་བ་ ལག་ལེན་ལྟར་འབྲིར་བཅུག་ལ། དེ་ལ་ཡེ་ཤེས་པ་བསྟིམ་ཞིང་མཆོད་ནས། སླར་ཡང་བཀྲུས་ ཏེ་ཐུང་དུ་གཞུག་པ་ནི་འཕྲིན་ལས་ཀྱི་རྗེས་གནང་ཡིན་མོད་ཀྱང༌། རེ་རེ་ཙམ་མ་གཏོགས་ལག་ལེན་མི་ མཛད་དོ། །དེ་བཞིན་དུ་གི་ཧང་གིས་ལྕེ་ལ་ཡི་གེ་འབྲི་བའང་དེ་དང་འདྲའོ། །རྗེས་སློབ་མས་ཁས་བླངས། མཎྜལ། ཡོན་འབུལ། སྨོན་ལམ་གདབ་པ་རྣམས་བྱ་ཞིང༌། དཀྱིལ་འཁོར་གྱི་མཆོད་པ་ཁ་གསོས། བྱིན་གྱིས་བརླབས་མཆོད་བསྟོད་དངོས་གྲུབ་བླངས་ ལ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། ཡོ་ག་ཤུདྡྷོའི་སྔགས་ཀྱིས་དམ་ཚིག་པ་བསྡུས། སྨོན་ལམ་བཀྲ་ཤིས་རྣམས་ བྱའོ། །འདིའི་སྒྲུབ་ཐབས་བསྡུས་པ་ཉམས་སུ་ལེན་པར་སྤྲོ་ན། ཤཱུ་ནྱ་ཏའི་སྔགས་ཡན་ཆད་བོར་ཏེ། གཏུམ་མོའི་མེའི་ འོད་ཀྱིས་སྣང་བ་འོད་གསལ་དུ་བསྡུས། དེ་ལས་པད་ཉིའི་གདན་སོགས་སྔར་དང་འདྲ་བ་ལས། དབུ་ རྒྱན་རང་ཆས་སུ་བསྒོམ་པས་ལྷ་དབང་བསྐུར་བ་མི་དགོས་སོ། །འདི་གཉིས་ནི་པཎྜི་ཏ་ནགས་རིན་གྱི་མན་ངག་ལྟར་ཡིན་ལ། རྙིང་ པ་ལྟར་ན་ཕལ་ཆེར་སྔར་གྱི་རྒྱས་པ་དང་འདྲ་བ་ལས། རྣལ་འབྱོར་མ་དྲུག་གི་གོ་ཆ་འགོད། རིགས་བདག་གི་རྒྱས་འདེབས་ཀྱི་ མཐར་མཆོད་བསྟོད་བདུད་རྩི་མྱང་བ་གསུམ་རྒྱས་པར་མཛད། མགྲིན་པའི་དབྱངས་ཀྱི་འཁོར་ལོ་མི་བསྒོམ། བྱིན་རླབས་ཀྱི་ཆོ་ག་ ལ་དཀྱིལ་འཁོར་སྒྲུབ་པའི་སྐབས་བུམ་པ་སྤྱི་དང་མཐུན་པར་བཅའ་ཞིང༌། བུམ་སྒྲུབ་ཀྱང་མཛད། བྱིན་རླབས་ཀྱི་དངོས་གཞི་ཡང་ ནཱ་རོ་མཁའ་སྤྱོད་དང་ཕལ་ཆེར་འདྲ་བ་ལས་ཡེ་ཤེས་དབབ་པའི་སྐབས་ཀྱི་གསོལ་བཏབ་དེ་མི་མཛད། ཏིང་ལོ་ཐིམ་པའི་ རྐྱེན་གྱིས། ལྟེ་བའི་ཧྲཱིཿཡིག་ལས་གཏུམ་མོ་འབར་ཏེ་འོད་ཀྱིས་སྣང་བ་ཐམས་ཅད་ཁྱབ་པར་ 15-1-198 བསྒོམ། ཆུ་དབང་གི་བཀྲ་ཤིས་ལ། ༀ་ཕུན་སུམ་ཚོགས་པ་སོགས་མཛད། ཅོད་པན་གྱི་སྐབས་དབུ་རྒྱན་མགོ་བོར་ འཇོག ལག་ལེན་འགའ་ཞིག་ལ་རིག་པའི་དབང་ལྔ་ཆར་བསྐུར་བ་ཡོད། དེ་ནས་བཟླས་ལུང་མན་ཆད་བྱེད་དེ། ལུགས་འདི་གཉིས་ མ་འདྲེས་པ་བྱ་ལ། རང་རེའི་བརྒྱུད་པ་འདི་ལ་སྔ་མ་བྱིན་རླབས་ཀྱི་བཀའ་བབས་མཆོག་གོ ། ཡང་གཡག་སྡེ་པཎ་ཆེན་ནས་བརྒྱུད་པ་རྗེས་གནང་གི་ལག་ལེན་གཞན་ཞིག་ཀྱང་ཐོབ་མོད་ཀྱི། འདིར་མ་བྲིས་སོ། །ཤེས་ རབ་སྒྲུབ་འདོད་སྐྱེ་བོ་ཀུན༷། དག༷འ་ཆེན་ལྷ་མོ་འདི་སྒྲུབས་ན། །སྙིང༷་ག་པདྨ་ཁ་བྱེ་ནས། །བློ་གྲོས་ཆེན་པོ༷ར་ངེས་པར་འགྱུར། །རྗེ་ བཙུན་མ་ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེ་ལེགས་འཕེལ། སྒྲུབ་ཐབས་རིན་ཆེན་འབྱུང་ གནས་ལས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་ལྔ་པའོ། །ཞུས་དག ། ༄༅། །སྤྱན་རས་གཟིགས་ཡི་གེ་དྲུག་མའི་སྒྲུབ་ཐབས་བཞུགས་སོ། ། ༀ་སྭཱ་སྟི། མ་ལུས་འཇིག་རྟེན་ཐམས་ཅད་ལ། །ཐུགས་རྗེའི་སྤྱན་གྱིས་རབ་གཟིགས་ནས། །སྡུག་བསྔལ་ཉེར་ཞི་ འཇིག་རྟེན་མགོན། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །དང་པོར། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་ བཅས་ལ། །སོགས་ལན་གསུམ། རང་སྤྱན་རས་གཟིགས་སུ་གསལ་བའི་སྙིང་གའི་ཧྲཱིཿལས་འོད་ ཟེར་འཕྲོས། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ༀ་ བཛྲ་པུཥྤེ་ཨཱཿཧཱུཾ་ནས། ནཻ་བེ་ཏེའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་ བསྐུར་དུ་གསོལ། ༀ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། ལྷ་རྣམས་ཀྱི་ ཕྱག་གཡས་པ་ལས་བདུད་རྩིའི་རྒྱུན་བྱུང༌། སྤྱི་བོ་ནས་བརྩམས་ཏེ་ལུས་ཐམས་ཅད་བཀྲུས་ པས་སྒྲིབ་གཉིས་དག་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། བུམ་པའམ་ དུང་ཆོས་ཀྱི་ཆུས་གདོང་དང་ཁ་ལན་གསུམ་དུ་བཀྲུས། གཙོ་བོ་འོད་དུ་ཞུ་རང་གི་སྤྱི་བོ་ནས་ཐིམ་བུམ་དབང་ ཐོབ། ཡི་གེ་དྲུག་མ་ཡང་ཐིམ་པས་གསང་དབང་ཐོབ། ནོར་བུ་འཛིན་པའང་ཐིམ་པས་ཤེས་ 15-1-199 རབ་ཡེ་ཤེས་བཞི་པ་བཅས་པ་ཐོབ་སྟེ། ལྷ་སྐུ་སྣང་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་དུ་ གྱུར། ལག་པ་གཡས་གཡོན་གྱི་མཐིལ་དུ་ཨ་ལས་ཟླ་བ་ལ་ཧྲཱིཿ དེ་ལ་བདུད་རྩིའི་ཆུ་བླུག་ པས་ཧྲཱིཿཡིག་བཀྲུས་ཏེ་འོ་མའི་རྒྱུན་དུ་གྱུར་ནས། ཡི་དྭགས་རྣམས་ཀྱིས་འཐུངས་པས་ཚིམ་ ཞིང༌། ཆོས་སྐུའི་བདེ་བ་དང་ལྡན་པས་རང་གི་གནས་སུ་དེངས་པར་གྱུར། ཧྲཱིཿབཟླ་ཞིང་ལག་པ་ བཀྲུ། དེ་ནས་སྐྱབས་སེམས་ཚད་མེད་བཞི་རྣམས་སྤྱི་དང་འདྲ་བར་བྱ། ༀ་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་བི་ ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་སྙིང་གའི་ཐད་ཙམ་གྱི་ནམ་མཁར་ཧྲཱིཿདཀར་པོ་ཞུ་བ་ལས་དབུས་ སུ་ཐིག་ལེ་དཀར་པོ་ཆེན་པོ། གཡས་གཡོན་དུ་ཐིག་ལེ་དཀར་པོ་ཆུང་ངུ་རེ་རེ་དང་བཅས་པར་ གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། གཙོ་འཁོར་གསུམ་དུ་གྱུར་པ་ནི། དབུས་སུ་འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ་སྟོན་ཟླ་ འབུམ་གྱི་གཟི་བརྗིད་ཅན། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦུག་ པོར་སྦྱར་བ། གཡས་འོག་མས་མུ་ཏིག་གི་འཕྲེང་བ་དང༌། གཡོན་འོག་མས་པདྨ་དཀར་པོ་ འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་སྙན་གྱི་ཐད་ཀར་ཁ་བྱེ་བ་འཛིན་པ། ཞལ་གྱི་དཀྱིལ་ འཁོར་རབ་ཏུ་ཞི་ཞིང་འཛུམ་པ། སྤྱན་གཉིས་སེམས་དཔའི་ལྟ་སྟངས་ཀྱིས་ས་ལ་འདོམ་གང་ ཙམ་དུ་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་པའི་ཕྱེད་དཔུང་པ་གཉིས་ ཀྱི་སྟེང་དུ་འཁྱིལ་ཞིང༌། རྩེ་མོ་རླུང་གིས་བསྐྱོད་པ་རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་ བཀབ་པ། དར་སྣ་ཚོགས་པའི་སྟོད་གཡོགས་དང༌། དམར་པོའི་སྨད་དཀྲིས་གསོལ་བ། རིན་ པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། འཁོར་ ལོས་བསྒྱུར་བའི་ཆ་ལུགས་ཅན། མཚན་དཔེ་ཡོངས་སུ་རྫོགས་ཤིང༌། འོད་དཔག་མེད་ཀྱིས་ དབུ་བརྒྱན་པ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་ཞིང་པད་ཟླ་རྒྱས་པའི་གདན་ལ་རོལ་ པའོ། །དེའི་གཡས་སུ་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ། 15-1-200 གཡས་གཉིས་པའི་མཐེབ་མཛུབ་སྦྱར་བས་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་ འཛིན་ཞིང༌། གཡོན་གཉིས་པས་རིན་པོ་ཆེའི་ལྕུག་ཕྲན་གྱི་ཡལ་ག་འབྲས་བུའི་སྙེ་མ་ལྷུང་བར་ འགྱུར་བའི་ངང་ཚུལ་ཅན་བསྣམས་པ། གཡོན་དུ་ཡི་གེ་དྲུག་མ་གཙོ་བོ་དང་མཚུངས་པ་ལས་ ལྷ་མོའི་ཆ་བྱད་འཇོ་སྒེག་གི་རྣམ་འགྱུར་དང་ལྡན་པ། འཁོར་གཉིས་ཀར་གཙོ་བོའི་ཞལ་རས་ ལ་ལྟ་ཞིང༌། པུས་མོ་ཕྱོགས་གཅིག་ས་ལ་བཙུགས་པའོ། །ཡང་ན་པདྨ་དཀར་པོའི་ཚབ་ཏུ་ཨུཏྤལ་ དཀར་པོ་འཛིན་པ་དང༌། གཙོ་འཁོར་གསུམ་ཆར་གདན་ཅན་ནམ། གསུམ་ཀར་གདན་མེད་བྱས་ཀྱང་རུང་ངོ༌། །རང་ གི་སྙིང་གར་ཨ་ལས་ཟླ་བ་ཉ་གང་བའི་སྟེང་དུ། ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས། ཡེ་ ཤེས་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་གཙོ་འཁོར་གསུམ་བཛྲ་ས་མཱ་ཛཿ ཨརྒྷཾ་ ནས་ཤཔྟའི་བར་གྱིས་མཆོད་པ་ལན་གསུམ་བྱ། ཐུགས་རྗེ་ཆེན་པོས་བདག་ལ་སེམས་ཅན་ཐམས་ཅད་ཀྱི་ དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་མཛད་དུ་གསོལ། ལན་གསུམ། ལྷ་ གསུམ་པོ་དམ་ཚིག་པ་སོ་སོའི་སྤྱི་བོ་ནས་གཉིས་སུ་མེད་པར་ཐིམ། ཛཿཧཱུཾ་བཾ་ཧོཿ སྙིང་གར་ ཟླ་བ་ལ་ཧྲཱིཿཡིག་སྔགས་འཕྲེང་དང་བཅས་པར་གྱུར། ༀ་མ་ཎི་པདྨེ་ཧཱུཾ། ཞེས་ཅི་ནུས་བཟླ་ཞིང༌། སྐུ་ སྣང་སྟོང༌། ངག་གྲག་སྟོང༌། སེམས་སྟོང་ཉིད་སྙིང་རྗེའི་རང་བཞིན་སྔགས་ཀྱི་སྒྲས་སེམས་ཅན་ རྣམས་ཀྱི་ཉོན་མོངས་པ་དག་པའི་འཕྲིན་ལས་རྣམས་ཡིད་ལ་བྱའོ། །ཐུན་འཇོག་ཁར། རང་གི་སྙིང་ གའི་ཧྲཱིཿཡིག་གི་འོད་ཟེར་གྱིས། སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། བཅུད་ཀྱི་སེམས་ཅན་ལ་ཐིམ། དེ་རྣམས་གཙོ་འཁོར་གསུམ་ལ་ཐིམ། འཁོར་གཉིས་ཀྱང་བདག་ཉིད་ལ་ཐིམ། རང་ཡང་སྙིང་ གའི་ཧྲཱིཿལ་ཐིམ། ཧྲཱིཿཐིག་ལེ་ཡུངས་འབྲུ་ཙམ་དུ་གྱུར། དེ་མཐའ་ནས་ཡལ་ཏེ་སྟོང་ཉིད་དུ་ གྱུར། ཅུང་ཟད་མཉམ་པར་བཞག སྟོང་པའི་ངང་ལས་ཐིག་ལེ་ལས་ཧྲཱིཿདེ་ལས་གཙོ་འཁོར་ གསུམ། དེ་ལས་བཅུད་ལྷ་དང༌། སྣོད་གཞལ་ཡས་ཁང་དུ་གྱུར་འཁོར་གཉིས་པོ་རང་ཉིད་ལ་ ཐིམ། དགེ་བ་བྱང་ཆུབ་ཏུ་བསྔོ། ཐུན་མཚམས་སུ་བྱམས་སྙིང་རྗེ་དང་མ་བྲལ་བར་བྱ་ཞིང༌། བྲུལ་གཏོར་ཅི་ནུས་གཏོར། གཏོར་ 15-1-201 ཆོག་ནི་དཀར་གཏོར་ཆ་གཉིས་དང༌། མཆོད་པ་གཙང་སྦྲ་ཅན་དུ་བཤམ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། རིན་ པོ་ཆེའི་སྣོད་དུ་གཏོར་མ་འདོད་ཡོན་གྱི་རྒྱ་མཚོ་ༀ་ཨཱཿཧཱུཾ་གིས་མཚན་པ། ཧཱུཾ་གིས་སྐྱོན་སྦྱངས། ཨཱཿས་བདུད་རྩིར་བྱས། ༀ་གྱིས་མང་པོར་སྤེལ་བར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ་རང་གི་སྙིང་ ག་ནས་འོད་ཟེར་འཕྲོས། པོ་ཊ་ལ་ནས་འཕགས་པ་སྤྱན་རས་གཟིགས་འཁོར་དང་བཅས་ པ་བཛྲ་ས་མཱ་ཛཿ ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ་ལན་བདུན་དང༌། ཡི་ གེ་འབྲུ་གསུམ་ཉི་ཤུ་རྩ་གཅིག་བརྗོད་དེ་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སངས་རྒྱས་ཀུན་གྱི་རབ་ ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་གྱི་གཞི། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། ། རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྐྱོན་གྱི་མ་གོས་སོགས་དང༌། མཚན་དཔེ་ཆ་ཤས་ཡོངས་སུ་ རྫོགས་པའི་སྐུར། །སྟོན་ཀའི་ཟླ་བ་འབུམ་ཁྲག་འཁྲིགས་པའི་གཟི། །རིན་ཆེན་བྱེ་བའི་རྒྱན་ གྱིས་རྣམ་པར་བརྒྱན། ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །གཏོར་མ་གཉིས་པའང་སྔར་བཞིན་ གྱིས་བྱིན་གྱིས་བརླབས། ཀླུ་སྨན་དང༌། འབྲུ་ཆན་བཏབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཕྱིའི་རྒྱ་མཚོ་ ཆེན་པོ་ནས། ཀླུ་རྒྱལ་ཝ་རུ་ཎ་བཛྲ་ས་མཱ་ཛཿ ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་གཏོར་ མ་གསོལ་བར་གྱུར། ༀ་ཝ་རུ་ཎ་ཡེ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་ཉེར་གཅིག་གིས་ཕུལ། ཨརྒྷཾ་ལ་སོགས་པས་ མཆོད། གདེངས་ཀ་བདུན་ནི་ཕྱིར་བསྟན་སྤྲུལ་འཇུག་ཅན། །ཐུགས་ཀར་ཐལ་སྦྱར་སངས་རྒྱས་ ཀུན་ལ་འདུད། །ལྷག་མའི་ཕྱག་གིས་རིན་ཆེན་དབང་རྒྱལ་གྱི། །ཆར་འབེབས་ཀླུ་རྒྱལ་ཁྱོད་ ལ་བསྟོད་པ་འབུལ། །གསོལ་བཏབ་ལྷན་གཅིག་ཏུ་བྱ་སྟེ། འཁོར་ལོས་བསྒྱུར་རྒྱལ་སྤྱན་རས་གཟིགས། ། སྲས་དང་བཙུན་མོར་བཅས་པ་ནི། །ཕྱུགས་བདག་ཆེན་པོས་ཞབས་བསྟེན་པ། །རྒྱ་ཆེན་ གཏོར་མས་དགྱེས་པར་མཛོད། །རྣལ་འབྱོར་བདག་ཅག་ནས། ཀུན་འགྲུབ་ཤོག་གི་བར་བརྗོད། མ་འབྱོར་པ་དང་སོགས། ཁྱོད་ཀྱི་སེམས་ཅན་སོགས། བཛྲ་མུཿ གཤེགས་སུ་གསོལ། འདིའི་རྗེས་གནང་གི་བྱ་བ་ནི། པདྨ་འདབ་བརྒྱད་སུམ་སྒྲིགས་ཤིག་རྡུལ་ཚོན་དཀར་པོས་བྲིས། དབུས་མའི་སྟེང་དུ་མཉྫི་ 15-1-202 ལ་བུམ་པ་བཅུད་དང་ཁ་རྒྱན་དང་བཅས་པ་འགོད། ཕྱིས་ཀྱི་ཕྱག་ལེན་ལྟར་ན། མཎྜལ་ཚོམ་བུ་གསུམ་པ་ཙམ་ལ་བརྟེན་ཀྱང་ རུང༌། གང་ལྟར་ཡང་མཆོད་གཏོར་རྒྱ་ཆེར་བཤམས། བདག་བསྐྱེད་གོང་བཞིན་བྱས་ནས། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་ བརླབས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་བུམ་པ་མེད་ན་ཚོམ་བུའི་སྟེང་དུ་དང༌། ཡོད་ ན་བུམ་པའི་སྟེང་དུ་ཧྲཱིཿདཀར་པོ་ཞུ་བ་ལས་ཞེས་པ་ནས། ས་ལ་བཙུགས་པའོ། །རང་གི་སྙིང་ག་ ནས་འོད་ཟེར་འཕྲོས། ཞེས་པ་ནས། ཛཿཧཱུཾ་བཾ་ཧོཿའི་བར་གོང་བཞིན་ལས། བདག་ལ་ཞེས་པ། སློབ་མ་འདི་ རྣམས་ལ་ཞེས་འདོན་པ་སྤོ། བར་འདིར་བཟླས་པ་ཅི་འགྲུབ་བྱ། གཏོར་མ་བསངས་སྦྱངས་ནས། འདོད་དོན་གསོལ་བཏབ་ ཀྱི་བར་གོང་བཞིན། དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ། ཆོས་བཤད་ལོ་རྒྱུས་ དང་བཅས་པ་བཤད་ཅིང༌། སློབ་མས་མཎྜལ་ཕུལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་ བ། དུས་འདི་ནས་བཟུང་ཇི་སྲིད་བྱང་ཆུང་སྙིང་པོ་ལ་མཆིས་ཀྱི་བར་དུ། འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་ཡི་དམ་དུ་འཚལ་གྱི། སློབ་དཔོན་གྱིས་བདག་ལ་རྗེས་སུ་གནང་བ་སྩལ་ དུ་གསོལ། ལན་གསུམ་གྱིས་གསོལ་བ་བཏབ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ཚར་གསུམ་བྱ། སྐྱབས་འགྲོ་སེམས་བསྐྱེད་ རྒྱས་པ་འབོགས་པའམ། བསྡུ་ན། སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་བྱ། རྗེས་གནང་གི་དངོས་གཞི་མངོན་རྟོགས་ བཞིན། སྐུའི་རྗེས་གནང་དང༌། གསུང་ལ་བཟླས་ལུང༌། དམ་བཅའ་བྱིན་གྱིས་བརླབས་པའི་ལུང༌། ཐུགས་ཕྱག་མཚན་འཕྲེང་བ་ དང༌། པད་དཀར་བསྟིམ་པ་རྣམས་ཏེ་སྤྱི་དང་འདྲ་ཞིང༌། བུམ་པ་བཅས་ན། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུཾ་གི་ བར་གྱི་བུམ་པ་མགོ་ཐོག་ཏུ་བཞག ཡིག་དྲུག་བརྗོད་བཞིན་འཐུང་བ་དང༌། ཁྲུས་བྱེད་དུ་འཇུག རྗེས་ཀྱི་བྱ་བ་ཡང་སྤྱི་དང་འདྲའོ། ། སྒྲུབ་ཐབས་འདི་ནི་ཨ་ཏི་ཤཱའི་བཞེད་པ། ནག་ཚོ་དང༌། ཕྱག་སོར་བ་ནས་བརྒྱུད། སྐྱེར་སྒང་པ་ལ་བཀའ་བབས་པ་ཞལ་གཟིགས་ ཁོ་ནའི་བརྒྱུད་པ་ཡིན་ལ། དེ་ལ་ཕྱི་སྒྲུབ་གསང་སྒྲུབ་གཉིས་ལས་ཕྱི་སྒྲུབ་བོ། །ཡིག་དྲུག་ཀུན༷་ལ་གྲགས་མོད་ཀྱང༌། །གཞན་པས་ དག༷འ་བའི་ཉམས་ལེན་ནི། །གྲུབ་ཐོབ་རྣམས་ཀྱི་སྙིང༷་གི་བཅུད། །ལྷད་མེད་གསལ་པོར་བཀོད་པ་ཡིན། །སྤྱན་རས་གཟིགས་ཀྱི་ ཡི་གེ་དྲུག་པ་ཇོ་བོའི་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། དཔལ་ལྡན་ཡིད་འོང་པོ་ཊ་ལ། །མཛེས་བྱེད་འཇིག་རྟེན་ཁམས་གསུམ་གྱི། །སྟོན་པ་གཉིས་པ་ 15-1-203 འཇིག་རྟེན་དབང༌། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །ཡན་ལག་བདུན་པ་དང་སྐྱབས་སེམས་སྔོན་དུ་སོང་ནས། སྟོང་ པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ། དེའི་འོད་ཀྱི་ལུས་གང༌། རང་ཉིད་སྤྱན་རས་གཟིགས་སུ་གྱུར་པ་ནི། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་ པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ་གཡས་གཉིས་པས་ཤེལ་གྱི་འཕྲེང་བ། གཡོན་གཉིས་ པས་ཨུཏྤལ་དཀར་པོའི་སྡོང་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རལ་ པའི་ཐོར་ཚུགས་ཀྱི་ངོས་ལ་འོད་དཔག་མེད་དང་བཅས་པ། དར་དང་རིན་པོ་ཆེའི་བརྒྱན་པ། བ་སྤུའི་བུ་ག་རེ་རེ་བཞིན་ཡང་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་དང་བཅས་པ། ཐུགས་ཀར་ ཟླ་བ་ལ་གནས་པའི་ཧྲཱིཿདེ་ལ་འོད་ཟེར་འཕྲོས། སྤྱན་རས་གཟིགས་ཡེ་ཤེས་སེམས་དཔའི་ ལྷ་ཚོགས་བཛྲ་ས་མཱ་ཛཿ ཡིད་ཀྱི་ཕྱག་མཆོད་བྱ། ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ༀ་དཀར་པོ། མགྲིན་པ་ ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ས་བོན་སྔགས་འཕྲེང་དང་བཅས་པ་ལ་དམིགས་ཤིང༌། སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྒོམ་བཞིན་པས། ༀ་མ་ཎི་པདྨེ་ཧཱུཾ། ཞེས་ཅི་འགྲུབ་ཏུ་བཟླའོ། ཐུན་ འཇོག་ཁར། ཡེ་ཤེས་སེམས་དཔའ་མདུན་དུ་བཞུགས་པ་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འདོད་ དོན་གསོལ་བ་བཏབ། དགེ་བ་བསྔོ། ༀ་མུཿ ཞེས་གཤེགས་སུ་གསོལ། དམ་ཚིག་པའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །འདིའི་ བཟླས་ལུང་འབོགས་ཚུལ་ཡང་སྒྲོལ་མའི་སྐབས་སུ་འཆད་པར་འགྱུར་བ་བཞིན་དུ་ཤེས་པར་བྱའོ། །སྤྱན་གཟིགས་སེམས་དཔའ་ ཀུན་འདུས་ཀྱི། །སྒྲུབ་ཐབས་ངོ་མཚར་ཡིད་དག༷འི་གནས། །བཀའ་གདམས་པ་ཡི་ཡི་དམ་ལྷ། །ཀུན་གྱི་སྙིང༷་པོ༷་ཡིན་པར་གྲགས། ། བཀའ་གདམས་ལྷ་བཞི་ལས་འཕགས་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། ཐུགས་རྗེ་ཆེན་པོའི་མངའ་བདག་ནི། །ཐུགས་རྗེ་ཆེན་པོའི་མཚན་འཆང་བ། །དེ་ལ་བཏུད་ནས་ དེའི་སྒྲུབ་ཐབས། །ཉུང་བསྡུས་ཤིན་ཏུ་གསལ་པོར་བྲི། །སྐྱབས་སེམས་སྔོན་དུ་འགྲོ་བས་ཕྱག་མཆོད་ཡན་ལག་བདུན་པ་ཅི་འགྲུབ་ ཞིག་བྱ། མདོར་བསྡུས་ཀྱི་ཚེ་མེད་ཀྱང་རུང༌། ཚད་མེད་བཞི་སྤྱི་དང་མཐུན། སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་པའི་ངང་ ལས་པཾ་ལས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿཡིག་འོད་ཀྱི་འཕྲོ་འདུ་ 15-1-204 ལས་གསེར་གྱི་པདྨའི་ལྟེ་བར་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ ལྟ་བུ་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཐིམ་པ་ཡོངས་སུ་གྱུར་ པ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས། སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞལ་བཅུ་ གཅིག་གི་རྩ་བའི་ཞལ་དཀར་བ། གཡས་ལྗང་བ་གཡོན་དམར་བ། དེའི་སྟེང་གི་ཞལ་གསུམ་ ལྗང་དམར་དཀར་བ། དེའི་སྟེང་གི་ཞལ་གསུམ་དམར་དཀར་ལྗང་བ། དེ་རྣམས་ཞི་བའི་ཞལ་ སྒེག་པའི་རྣམ་པ་ཅན། དེའི་སྟེང་དུ་ཁྲོ་བོའི་ཞལ་ནག་པོ་སྐྲ་སེར་གྱེན་དུ་བརྫེས་པ། དེའི་སྟེང་ དུ་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་དམར་པོ་གཙུག་གཏོར་དང་བཅས་པ། རྩ་བའི་ཕྱག་ དང་པོ་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་འཕྲེང་བ། གསུམ་པས་མཆོག་སྦྱིན་ གྱི་མཐིལ་ནས་བདུད་རྩིའི་རྒྱུན་འབབས་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་ འཁོར་ལོ། གཡོན་གཉིས་པས་པདྨ་དཀར་པོ་འདབ་མ་བརྒྱད་པ། གསུམ་པས་རིལ་པ་སྤྱི་ བླུགས། བཞི་པས་མདའ་གཞུ་བསྣམས་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་ མཆོག་སྦྱིན་གྱི་ཕྱག་རྒྱས་རྣམ་པར་བརྐྱང་བ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་དང་ བཅས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ཤིང༌། རས་གསར་པའི་ཤམ་ ཐབས་དང༌། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། རིན་པོ་ཆེའི་རྒྱན་ཐམས་ ཅད་ཀྱིས་རྣམ་པར་སྤྲས་པ། མཚན་དཔེ་ཡོངས་སུ་རྫོགས་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་ བའི་སྐུ་ཅན། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་ བའི་སྟེང་དུ་ཧྲཱིཿདེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་དང༌། ལྷོ་ཕྱོགས་པོ་ཊ་ལ་ནས་ འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ བསྐོར་བ་བཛྲ་ས་མཱ་ཛཿ ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཡང་འོད་འཕྲོས། དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་ 15-1-205 བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་ པས། ཇི་ལྟར་བལྟམས་ནས། ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། སྤྱི་བོར་འོད་དཔག་ མེད། དཔྲལ་བར་མི་བསྐྱོད་པ། རྣ་བ་གཡས་པར་རིན་འབྱུང༌། ལྟག་པར་འོད་དཔག་མེད། རྣ་ ལྟག་གཡོན་པར་དོན་གྲུབ་ཀྱིས་དབུ་བརྒྱན། བཟླས་པའི་དམིགས་པ་གསལ་བཏབ་ལ། ན་མོ་རཏྣ་ཏྲ་ཡཱ་ ཡ། ན་མཿཨཱཪྻ་ཛྙཱ་ན་སཱ་ག་རེ། བཻ་རོ་ཙ་ན། བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ན་མཿཨཱཪྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་ རུ་དྷུ་རུ། ཨིཊྚེ་ཝཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ་ཝ་རེ། ཨི་ལི་མི་ལི་ཙི་ ཏཱི་ཛྭ་ལ་མ་པ་ན་ཡ་སྭཱཧཱ། ཞེས་པ་གཙོ་བོར་བཟླ་བ་ཡིན་ཅིང༌། མི་ནུས་ན་གཟུངས་ཉིད་ཅུང་ཟད་བཟླས་ནས་ཡིག་དྲུག་ གཙོ་བོར་བཟླའོ། །ཐུན་འཇོག་ཁར། ཡེ་ཤེས་པ་མདུན་དུ་བཞུགས་པ་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་ གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ ཕྱག་འཚལ་ལོ། །དེ་ནས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱའི་མཐར་བཛྲ་མུཿ ཞེས་གཤེགས་སུ་གསོལ། རང་ ཕྱག་གཉིས་པར་གྱུར། དགེ་བ་བསྔོ། ཐུན་མཚམས་སུ་ཕྱག་མཆོད་སྨོན་ལམ་མདོ་བཀླགས་པ་སོགས་གང་འགྲུབ་བྱའོ། ། འདིའི་རྗེས་གནང་བྱེད་པར་འདོད་པས། མཎྜལ་པདྨ་འདབ་བརྒྱད། དབུས་དང་ཕྱོགས་བཞིར་ཟླ་གདན་ལ་དབུས་སུ་ཚོམ་ བུ་དམར་པོ། ཤར་སྔོ། ལྷོ་སེར། ནུབ་དཀར། བྱང་ལྗང་ཁུ་རྣམས་བཀོད། མཚམས་ཀྱི་འདབ་མ་བཞི་ལ་ཚོམ་བུ་སེར་པོ་རེ་བྱ། གཏོར་མ་འདས་གཏོར་གཅིག་བྱ། ཆ་གསུམ་གཏོར་མ་དང༌། ཀླུ་གཏོར་ལ་སོགས་གང་འོས་བཤམས། མཆོད་པ་ཡང་ཅི་བདེར་ བསྒྲིགས། བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་བྱིན་རླབས་སྤྱི་དང་མཐུན། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ ངང་ལས་རང་གི་སྙིང་ཁའི་ཧྲཱིཿལས་བྷྲུཾ་ཆད་དེ། མདུན་བསྐྱེད་ཀྱི་གནས་སུ་བབས་པ། གཞལ་ མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་ 15-1-206 རྫོགས་པའི་དབུས་དང་པདྨ་འདབ་མ་བརྒྱད་པའི་ཕྱོགས་བཞིར་ཟླ་བའི་གདན་རེ་རེ། དབུས་ སུ་ཧྲཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། འཕགས་པ་སྤྱན་རས་གཟིགས་སྟོན་ཀའི་ཟླ་བ་ ལྟར་དཀར་བ་ཞེས་པ་ནས། འཕྲོ་བའི་སྐུ་ཅན་ཞེས་པའི་བར་གོང་བཞིན། དེའི་དབུ་གཙུག་ཏུ་སངས་རྒྱས་ འོད་དཔག་མེད་དམར་པོ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཤར་དུ་ཧཱུཾ་ལས་མི་བསྐྱོད་པ་ སྔོན་པོ་ས་གནོན་གྱི་ཕྱག་རྒྱ་ཅན། ལྷོར་ཏྲཾ་ལས་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་གྱི་ ཕྱག་རྒྱ་ཅན། ནུབ་ཏུ་ༀ་ལས་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བྱང་དུ་ཨ་ ལས་དོན་ཡོད་གྲུབ་པ་ལྗང་ཁུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན། གཤེགས་པ་གཞན་གསུམ་གཡོན་ མཉམ་བཞག་མཛད་པ། ཐམས་ཅད་ཀྱང་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་སངས་རྒྱས་རབ་ ཏུ་བྱུང་བའི་ཆ་ལུགས་ཅན་ནོ། །མཚམས་ཀྱི་འདབ་མ་བཞིར་བུམ་པ་བཞི་གྲུབ་པར་གྱུར། ལྷ་ དེ་ཐམས་ཅད་ཀྱི་དཔྲལ་བར་ༀ་ཞེས་པ་ནས། ཤྲཱི་ཡེ་ཧཱུཾ་དབང་བསྐུར་བར་གྱུར། ཞེས་བརྗོད་ཀྱི་རིགས་ བདག་གི་རྒྱས་འདེབས་མི་དགོས་སོ། །དེ་ནས་མཆོད་པ་འབུལ་བ་ནི། སྤྲོ་ན། རབ་འབྱམས་རྒྱ་མཚོ་སོགས་ཚིགས་བཅད་ བརྗོད་ཅིང༌། བསྡུ་ན། ཨརྒྷཾ་ནས༌། ཤཔྟའི་བར་གྱི་སྔགས་དང་ཕྱག་རྒྱ་ཁོ་ནས་ཆོག་གོ །བསྟོད་པའང་སྤྲོ་ན་རྒྱས་པ་དང༌། བསྡུ་ ན་གོང་བཞིན་བསྟོད། འདས་གཏོར་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུཾ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། ༀ་ཨཱཪྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱི་ཧི་ཁཱ་ཧི། ཞེས་པ་ལན་གསུམ་གྱིས་ཕུལ། ཨརྒྷཾ་ལ་སོགས་པས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར་སོགས་ཀྱིས་ བསྟོད། མཆོད་སྦྱིན་གཏོར་མ་འདིར་བཞེས་སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ཆོས་སྐྱོང་དང་ཆ་གསུམ་ སོགས་རང་རང་གི་ཆོ་གས་བཏང༌། བུམ་པ་དྲུག་གམ་གཉིས་བཅའ། གཙོ་བུམ་གྱི་དབུས་སུ་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་དང༌། བཞིར་རྒྱལ་བ་རིགས་བཞི། ལས་བུམ་དུ་རྟ་མགྲིན་དབྱུག་པ་དང་ཞགས་པ་ཐོགས་པ་སྐད་ཅིག་གིས་བསྐྱེད། ཡང་ན་རྣམ་རྒྱལ་ བུམ་པར་མདུན་བསྐྱེད་ལྟར་ལྷ་ལྔ་དང༌། ལས་བུམ་དུ་རྟ་མགྲིན་བསྐྱེད་ནས་གཟུངས་འདོན། ༀ་ཧ་ཡ་གྲི་ཝ་ཧཱུཾ། ཞེས་གང་ 15-1-207 འོས་སུ་བཟླ། མཐར་མཆོད་བསྟོད་བྱས། དེ་འོད་དུ་ཞུ་བའི་བུམ་ཆུར་མོས། སློབ་མའི་བྱ་བ་ནི། དུས་གསུམ་སངས་རྒྱས་ ཐམས་ཅད་དང༌། །སོགས་དང༌། གུར་ནས་འབྱུང་བའི་རྒྱུན་བཤགས་དང༌། སྐུ་བསྐྱེད་བསྟིམ། གསུང་རྗེས་སུ་བཟླས་པ། དམ་བཅའ་བྱིན་གྱིས་བརླབ་པའི་ལུང་གསུམ། ཐུགས་ཕྱག་མཚན་བསྐྱེད་བསྟིམ་རྣམས་སྤྱི་དང་འདྲ་བ་ལས། ཡེ་ཤེས་པ་བསྟིམ་ པ་སོང་མཚམས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་འཕགས་པ་སྤྱན་ རས་གཟིགས་དང་རྒྱལ་བ་རིགས་ལྔ་བཛྲ་ས་མཱ་ཛཿ ཨརྒྷཾ་ལ་སོགས་པས་མཆོད། སློབ་མ་གསོལ་འདེབས་ འདིའི་རྗེས་ཟློས་བྱེད་དུ་འཇུག ཁྱེད་ནི་མགོན་པོ་ཐུགས་རྗེ་ཅན། །ཀུན་ནས་ཁྱབ་པའི་ཡེ་ཤེས་ཀྱིས། ། ཐམས་ཅད་མ་ལུས་སྒྲོལ་མཛད་པ། །བདག་སོགས་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་ལན་ གསུམ། རྟ་མགྲིན་གྱི་སྔགས་བཟླ་ཞིང༌། ལས་བུམ་གྱི་ཆུ་གཏོར་བས་བགེགས་བསྐྲད། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡེ་ ཧཱུཾ། ཞེས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོའི་གཙུག་ ཏུ་འོད་དཔག་མེད། དཔྲལ་བར་མི་བསྐྱོད་པ། རྣ་ལྟག་གཡས་སུ་རིན་འབྱུང༌། ལྟག་པར་རྣམ་ སྣང༌། རྣ་ལྟག་གཡོན་དུ་དོན་གྲུབ་རྣམས་ཀྱིས་དབུ་བརྒྱན། ཅེས་བརྗོད་པ་ནི་ཁྱད་པར་རོ། །རྗེས་ཀྱི་བྱ་བ་ ནི་སྤྱི་དང་འདྲའོ། །རྣལ་འབྱོར་མ་དཔལ་ཀུན༷་གྱི་གཙོ། །དཔའ་མོའི་བཞེད་གཞུང་རབ་དག༷འ་བ། །ཚིག་ཚོགས་མང་པོའི་ཆོ་ག་ ལས། །སྙིང༷་པོ༷ར་དྲིལ་བ་འདི་ཙམ་ལགས། །འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་དཔའ་མོའི་ལུགས་ཀྱི་སྒྲུབ་ཐབས་ ཀྱི་ལེ་ཚན་ནོ།། །།མངྒལཾ། ༄༅། །ༀ་སྭཱ་སྟི། ལས་དང་དངོས་གྲུབ་མ་ལུས་པ། །སྒྲུབ་ལ་ཐོགས་མེད་མཐུ་ཐོབ་ཅན། །དོན་ཡོད་ཞགས་པ་ རིགས་སྔགས་རྒྱལ། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་གི་སྙིང་ གར་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་འཕྲོས། བླ་མ་ དང་དོན་ཡོད་ཞགས་པའི་ལྷ་ཚོགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། གང་གིས་དྲིན་གྱིས་བདེ་ཆེན་ཉིད། །སོགས་དང༌། མགོན་པོ་སྤྱན་རས་གཟིགས་དབང་ཐུགས་རྗེ་ ཅན། དོན་ཡོད་ཞགས་པ་ཁྲོ་རྒྱལ་རྟ་མགྲིན་དང༌། །རལ་གཅིག་མ་དང་ཁྲོ་གཉེར་ཅན་མ་སྟེ། 15-1-208 འཕགས་པ་ལྷ་ལྔའི་ཚོགས་ལ་ཕྱག་འཚལ་ལོ། །ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། གུར་ནས་འབྱུང་བའི་ རྒྱུན་བཤགས་དང༌། ཚད་མེད་བཞི་སྤྱི་དང་མཐུན་པར་བྱ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་ པའི་ངང་ལས་རང་སེམས་ཧྲཱིཿཡིག་ནམ་མཁར་གནས་པ་དེ་ལས་འོག་ཏུ་ཆད་པའི་རཾ་ལས་ཉི་ མ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལ་སོགས་པའི་བསྲུང་འཁོར། བྷྲུཾ་ལས་གཞལ་ཡས་ཁང་མཚན་ ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པཾ་ལྔ་ལས་པདྨ་ལྷ་རྣམས་ཀྱི་ཁ་དོག་དང་ མཚུངས་པ་ལྔ་ཚོམ། དེ་རྣམས་ཀྱི་སྟེང་ལྷོ་དང་ནུབ་ཏུ་རཾ་ལས་ཉི་མ། གཞན་རྣམས་སུ་ཨ་ལས་ ཟླ་བ། ནམ་མཁའི་ཧྲཱིཿཡིག་དབུས་ཀྱི་གདན་གྱི་སྟེང་དུ་བབས་པ་ལས། པདྨ་དཀར་པོ་ཧྲཱིཿས་ མཚན་པ། དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་སྤྱན་རས་ གཟིགས་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་གཡས་མཆོག་ སྦྱིན་དང༌། གཡོན་པདྨ་དཀར་པོ་འཛིན་པ། ཞབས་གཡས་བརྐྱང་བའི་རོལ་པའི་སྟབས་ ཀྱིས་བཞུགས་ཤིང༌། རི་དྭགས་ཀྱི་པགས་པས་སྨད་དཀྲིས་པ། རལ་པའི་ཐོར་ཚུགས་ཅན། ཕྱུགས་བདག་གིས་ཆ་ལུགས། སངས་རྒྱས་འོད་དཔག་མེད་ཀྱིས་དབུ་ལ་བརྒྱན་པ། གཡོན་ གྱི་ལྷ་མོ་ལ་གཟིགས་པའོ། ཐུགས་ཀར་ཟླ་བའི་སྟེང་དུ་པདྨ་དཀར་པོ་ཧྲཱིཿཡིག་གིས་མཚན་ པར་གྱུར། ཤར་དུ་ཧ་ལས་ཞགས་པ་ཧས་མཚན་པ་ལས་དོན་ཡོད་ཞགས་པ་དམར་པོ་ཕྱག་ གཡས་གཉིས་ན་ཞགས་པ་དང་རྡོ་རྗེ། གཡོན་གཉིས་ན་ལྕགས་ཀྱུ་དང་བགྲང་འཕྲེང་འཛིན་ པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཉམ་པར་བཞེངས་པའོ། །ལྷོར་ཧཱུཾ་ལས་དབྱུག་པ་ ཧཱུཾ་གིས་མཚན་པ་ལས་རྟ་མགྲིན་དབུའི་སྟེང་དུ་རྟ་མགོ་ལྗང་ཁུ་ཅན། ཕྱག་གཡས་གཉིས་ན་ དབྱུག་པ་དང་སྡིགས་མཛུབ། གཡོན་གཉིས་ན་འཁོར་ལོ་སེར་པོ་དང༌། པདྨ་དམར་པོའི་སྡོང་ བུ་འཛིན་པ་གཡོན་བརྐྱང་གི་སྟབས་ཅན་ནོ། །ནུབ་ཏུ་ཕ་ལས་རལ་གྲི་ཕས་མཚན་པ་ལས། རལ་གཅིག་མ་སྔོན་མོ་ཕྱག་གཡས་པ་བཞིས་རལ་གྲི་ཞགས་པ་པདྨ་མདའ། གཡོན་པ་བཞིས་ 15-1-209 འཁོར་ལོ་དབྱུག་པ་རྩེ་གསུམ་གཞུ་རྣམས་འཛིན་པ། གཡས་བརྐྱང་གི་སྟབས་ཅན། དེ་གཉིས་ ཀ་ཡང་སྟག་ལྤགས་དང༌། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། ཤིན་ཏུ་ཁྲོས་པའོ། །བྱང་དུ་ཊ་ ལས་དབྱུག་ཐོ་ཊས་མཚན་པ་ལས་ཁྲོ་གཉེར་ཅན་མ་དཀར་ཤམ། ཕྱག་གཡས་གཉིས་ཀྱིས་ རྡོ་རྗེ་དབྱུག་པ་དང༌། པདྨ་དཀར་པོ། གཡོན་གཉིས་ཀྱིས་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ། ཞབས་གཡས་རོལ་གྱི་སྟབས་ཀྱིས་བཞེངས་པ། གཙོ་བོའི་ཞལ་ལ་བལྟ་བ། རྒྱན་ཐམས་ཅད་ ཀྱིས་བརྒྱན་པའོ། །ལྷ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་ སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས། པོ་ཊ་ལ་ནས་དོན་ཡོད་ཞགས་པ་ལྷ་ལྔའི་དཀྱིལ་འཁོར་ བཛྲ་ས་མཱ་ཛཿ ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་ པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་ བལྟམས་པ་ནས། ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར། གཙོ་བོ་ལ་འོད་དཔག་མེད། དོན་ཡོན་ཞགས་ པ་ལ་རྣམ་སྣང༌། རྟ་མགྲིན་ལ་རིན་འབྱུང༌། རལ་གཅིག་མ་ལ་མི་བསྐྱོད་པ། ཁྲོ་གཉེར་ཅན་མ་ ལ་དོན་གྲུབ་ཀྱིས་དབུ་བརྒྱན། བདག་བསྐྱེད་ཀྱི་བཟླས་པ་ཉིད་གཙོ་བོར་བྱ་བར་འདོད་ན་སྐབས་འདིར་བྱའོ། །མདུན་བསྐྱེད་བཟླས་པ་གཙོ་བོར་བྱེད་ ན། མདུན་དུ་མཎྜལ་གྲུ་བཞི་པ། དབུས་སུ་པདྨ་འདབ་བརྒྱད་ལྔ་ཚོམ་ལ། མངོན་རྟོགས་དང་མཐུན་པའི་གདན་དང་ལྷའི་ཁ་དོག་ དང་མཐུན་པའི་ཚོམ་བུ་བཀོད། བསྡུ་ན། པདྨ་འདབ་བཞིའི་ལྟེ་བ་དང་འདབ་མ་ལ་བཀོད་ཀྱང་རུང༌། གྲུ་བཅད། ཤར་དཀར། ལྷོ་ སེར། ནུབ་དམར། བྱང་ལྗང༌། མཐའ་མཆོད་གཏོར་གཙང་མས་བསྐོར། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ པའི་ངང་ལས་ཧཱུཾ་ལས་བྱུང་པའི་བསྲུང་འཁོར་གྱི་དབུས་སུ་བྷྲུཾ་ལས་གཞལ་ཡས་ཁང༌། ཞེས་པ་ ནས། དོན་གྲུབ་ཀྱིས་དབུ་བརྒྱན་གྱི་བར་གོང་བཞིན་ལ་འདོན་པ་བསྒྱུར། མཆོད་པ་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་ བརླབས། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བཅོམ་ལྡན་འཁོར་ 15-1-210 དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་ཨཱཪྻ་ཨ་ཝ་ལོ་ཀི་ཏེ་ ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་རོལ་མོ་ནས། ཤཔྟའི་བར་དུ་འདོན་པ་སྤོ། བཟང་སྤྱོད་ཀྱི་ ཡན་ལག་བདུན་པ་བྱ་ཞིང༌། བསྟོད་པ་ཅི་ཤེས་ཀྱིས་བསྟོད། དཀར་གཏོར་གཅིག་བསངས་སྦྱངས། གཏོར་སྣོད་བྷྲུཾ་ལས་ རིན་པོ་ཆེ་ལས་གྲུབ་པའི་སྣོད་ཀྱི་ནང་དུ་ༀ་ཨཱཿཧཱུཾ། ཞུ་བ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་ ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། ༀ་ལོ་ཀི་ཤྭ་ར་ཨ་མོ་གྷ་པཱ་ཤ་ཧ་ཡ་གྲ་ ཝ་ཨེ་ཀ་ཛ་ཊི་ས་པ་རི་ཝཱ་རེ་བྷྱཿ ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སོགས་ལན་གསུམ་མམ་ ལྔའམ་བདུན་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མགོན་པོ་སྤྱན་རས་གཟིགས་དབང་སོགས་ཀྱིས་ བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། དེ་ནས་བཟླས་པ་ནི། དམིགས་ པ་གསལ་བཏབ་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཀཱ་རུ་ཎ་མ་ཡ། མུརྟ་ཡེ་ཧཱུཾ་ ཛ་སྭཱཧཱ། སྤྱན་རས་གཟིགས་ཀྱིའོ། །ༀ་ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧ་ཧཱུཾ་ཕཊ་ སྭཱཧཱ། དོན་ཞགས་ཀྱིའོ། །ན་མཿས་མནྟ་བུདྡྷཱ་ནཱཾ་ཧཾ་ཁ་ཏ་བྷུཉྫ་སཏྭ་ཡ་སྭཱཧཱ། རྟ་མགྲིན་གྱིའོ། །ༀ་ཨེ་ཀ་ཛ་ ཊཱི་མཧཱ་རོ་ཥ་ཎ། ཏྲཱ་ས་ཡ་ཏྲཱ་ས་ཡ། ས་མ་ས་མ། པྲ་ཤྲ་མ་ཎ་ཡ་སྭཱཧཱ། རལ་གཅིག་མའི་འོ། །ན་མཿས་ མནྟ་བུདྡྷཱ་ནཱཾ། སརྦ་བྷ་ཝ་པཎྜ་ར་ཎཱི་ཧཱུཾ་ཧཱུཾ་ཕཊ་པ་ཏ་ཡ་སྭཱཧཱ། ཁྲོ་གཉེར་ཅན་མའི་འོ། །བཟླས་པའི་སྙིང་པོ་ དོན་ཡོད་ཞགས་པ་ཉིད་ལ་བྱ་ཞིང༌། དེ་བཅུ་ཆ་གཙོ་བོ་དང༌། དེའི་ལྔ་ཆ་ཙམ་ལྷ་གཞན་གསུམ་ལ་བཟླ་བར་བླ་མ་རྣམས་བཞེད་དོ། ། འཇུག་ཏུ་སླར་ཡང་མཆོད་བསྟོད་བྱ་ཞིང༌། འཇིག་རྟེན་པའི་གཏོར་མ་ཆ་གསུམ་མམ། ཕྱོགས་སྐྱོང་གི་གཏོར་མ་ཙམ་བྱའོ། །འདོད་ དོན་གསོལ་བ་གདབ། ཡིག་བརྒྱ། བཟོད་གསོལ། མདུན་བསྐྱེད་གཤེགས་གསོལ་རྣམས་སྤྱི་དང་འདྲ་ལ། བདག་བསྐྱེད་ ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཡང་མཆོད་བསྟོད་གཤེགས་གསོལ་རྣམས་བྱས་ལ། སྨོན་ལམ་གདབ། བཀྲ་ཤིས་རྣམས་བྱའོ། ། ༈ ཡང་དོན་ཞགས་སེར་པོ་སྒོམ་པར་འདོད་ན། ཁྱད་པར་ནི་གཙོ་བོ་སྐུ་མདོག་སེར་པོར་བསྒྱུར། ས་བོན་གྱི་མདོག་དཀར་ པོ་ཡིན། གནས་གསུམ་བྱིན་རླབས་མི་དགོས། བསྙེན་པའི་སྐབས་བདག་བསྐྱེད་ཁོ་ན་ལ་བརྟེན་ནས་བྱེད། བཟླས་པ་ཐོན་པ་དང༌། 15-1-211 བདག་བསྐྱེད་ཀྱི་ཡེ་ཤེས་པ་ལ་མཆོད་བསྟོད། འདོད་དོན་གསོལ་བཏབ། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ་རྣམས་བྱེད། གཏོར་ཆོག་མི་དགོས། འདི་རྒྱ་གཞུང་གི་དངོས་བསྟན་གྱི་ལུགས་ཡིན་ནོ། །གཉིས་ཀ་ལྟར་ཡང༌། བཟླས་པའི་སྐབས་གཟུངས་རིང་ བཟླ་ནུས་ན་ཤིན་ཏུ་ཡང་ལེགས་སོ། ། རྗེས་གནང་བྱ་བར་འདོད་ན་བདག་བསྐྱེད་མདུན་བསྐྱེད་གོང་དུ་བཤད་པ་དེ་ཁོ་ནས་འགྲུབ་ཅིང༌། སློབ་མས་འདི་ལྟར་ གསོལ་བ་གདབ་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་ལ་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་གི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ། སློབ་དཔོན་གྱིས་མདུན་ བསྐྱེད་ལ་གསོལ་བ་འདེབས་པ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སློབ་མ་འདི་ རྣམས་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་སྐྱེ་བ་དང༌། འཕེལ་བ་ དང༌། བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དུ་གསོལ། ཞེས་ལན་གསུམ་གྱིས་གནང་བ་ཐོབ་པར་ བསམ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་སྐྱབས་འགྲོ་སེམས་བསྐྱེད་རྒྱས་པར་བླང་བའམ། བསྡུ་ན་གུར་ནས་ འབྱུང་བའི་ཡན་ལག་བདུན་པ་བྱ། སྐུའི་རྗེས་གནང་གི་གསོལ་བཏབ། སློབ་དཔོན་དགོངས་སུ་གསོལ། བདག་ ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུའི་རྗེས་སུ་གནང་བ་སྩལ་དུ་གསོལ། ལུས་ གྱི་སྡིག་སྒྲིབ་སྦྱང་དུ་གསོལ། ལུས་བདེ་བ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ལན་ གསུམ། དེ་བཞིན་དུ་གསུང་གི༴ ངག་གི༴ ངག་ནུས་པ་དང་ལྡན་པར༴ ཐུགས་ཀྱི༴ སེམས་ཀྱི༴ སེམས་ཏིང་ངེ་འཛིན་དང་ལྡན་པར༴ ཞེས་འདོན་པ་སྤོས་ལ་ལན་གསུམ་གསུམ། སྐུའི་རྗེས་གནང་སྤྱི་དང་མཐུན་ པར་བྱས་ནས། ཐོག་མར། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །ཞེས་བྱིན་གྱིས་བརླབ་པའི་ལུང་བྱ། གསུང་ གི་རྗེས་གནང་ནི། རྗེས་སུ་བཟླས་པའི་ལུང་སྤྱི་དང་མཐུན་པར་བྱ། འདི་སྐབས་སྔགས་ཐུང་རྣམས་ཀྱི་བཟླས་ལུང་གྲུབ་མཚམས། དོན་ཞགས་ཀྱི་གཟུངས་མདོ་ཆུང་བ་འདི་ཉིད་ཚར་གྱིས་བཀླགས། གཟུངས་རིང་ལ་རྗེས་བཟློས་ལན་གསུམ་གྲུབ་ན་ཤིན་ཏུ་ ལེགས། བཤད་ཚོད་ཀྱང་ཡིན་མོད་ཀྱི། ཕྱིས་ལག་ལེན་ལ་མི་བྱེད་པར་སྣང་ངོ༌། །དེ་ནས་དམ་བཅའ་བའི་ལུང་ཡང་སྤྱི་དང་མཐུན་ ནོ། །ཐུགས་ཀྱི་རྗེས་གནང་ནི། སེམས་མི་རྟོག་པ་སྤྲོས་བྲལ་དུ་ངོ་སྤྲོད་པ་ཙམ་ལས་གཞན་མི་མཛད་དོ། །སློབ་མའི་རྗེས་ཀྱི་བྱ་བ་ 15-1-212 སྤྱི་དང་འདྲ་ཞིང༌། དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་གོང་དུ་བཤད་པ་ཉིད་ཡིན་ནོ། །དོན་ཞགས་སེར་པོའི་རྗེས་གནང་གི་སློབ་མའི་ བྱ་བ་རྣམས་སྒྲུབ་ཐབས་བརྒྱ་རྩའི་ལག་ལེན་ཁོ་ན་བཞིན་ཡིན་ནོ། །སྒྲིབ་ཀུན༷་སྦྱངས་དང་དངོས་གྲུབ་ཀྱི། །དག༷འ་སྟོན་འགྱེད་པའི་ ངོ་མཚར་རྒྱུད། །ཆོ་ག་ཞིབ་མོའི་སྙིང༷་པོ༷་ནི། །བསྡུས་པ་འདི་ཡིན་ཉམས་སུ་ལོང༌། །བ་རི་ལོ་ཙྪ་བའི་ལུགས་སུ་གྲགས་ཤིང༌། དོན་ ཡོད་ཞགས་པའི་གཟུངས་ལས་བྱུང་བ་འཕགས་པ་ལྷ་ལྔའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེ་ལེགས་འཕེལ། ༄༅། །དོན་ཞགས་ལྷ་ལྔའི་སྒྲུབ་ཐབས་བཞུགས་སོ། ། ༀ་སྭཱ་སྟི། བསམ་པ་ཇི་བཞིན་འདུལ་མཛད་པའི། །དོན་ཡོད་ཞགས་པ་ལ་བཏུད་ནས། །སྒྲུབ་ཐབས་ཤཱཀྱ་ཤྲཱིའི་ལུགས། ། མདོ་ཙམ་བདག་གིས་བཤད་པར་བྱ། །འདི་རྒྱས་པར་གྲགས་པ་དཔལ་བཟང་པོའི་ཡི་གེ་ལས་ཤེས་པར་བྱ་ཞིང༌། མདོར་བསྡུས་ ཙམ་ནི། སྐྱབས་སེམས་སྔོན་དུ་སོང་བས། སྙིང་གར་ཧྲཱིཿདམར་པོ་ལས་པདྨ་དམར་པོ། དེའི་སྟེང་དུ་ཨ་ ལས་ཟླ་བ་ལ་ཨ་དཀར་པོ་དེ་ལས་འོད་ཟེར་འཕྲོས། པོ་ཊ་ལ་ནས་དོན་ཞགས་ལྷ་ལྔའི་དཀྱིལ་ འཁོར་བཛྲ་ས་མཱ་ཛཿ མགོན་པོ་ཧྲཱིཿཡིག་ལས་བྱུང་ཞིང༌། །ཐུགས་ནི་བདེ་བ་ཆེས་བརླན་པ། ། དོན་ཡོད་ཞགས་པ་ཞེས་བྱ་བའི། །འཇིག་རྟེན་མགོན་ལ་བདག་ཕྱག་འཚལ། །ༀ་ཨ་མོ་གྷ་པཱ་ ཤ་ལོ་ཀེ་ཤྭ་རཱ་ཡ། ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། པདྱཱཾ། ཨཉྩ་མ་ནཾ། པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། དཀོན་ མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་བྱ། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ༀ་སྭ་བྷཱ་ཝས་ སྔགས་ཀྱི་སྒྱུ་མ་ལྟ་བུར་སྦྱངས། སྙིང་གའི་ཧྲཱིཿཡིག་གི་འོད་ཀྱིས་རྗེས་གཞིག་གིས་སྟོང་པར་བསྡུས་ལ། ཤཱུ་ནྱ་ཏའི་སྔགས་བརྗོད། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ། ཨ་ལས་ཟླ་བ། དེའི་སྟེང་དུ་ ཧྲཱིཿཡིག་འོད་ཀྱིས་འཕྲོ་འདུ་ལས་ལྷ་ལྔའི་རྣམ་པར་གྱུར་པ་ནི། རང་ཉིད་དབུས་སུ་དོན་ཡོད་ ཞགས་པ་དཀར་པོ་ཞལ་གཅིག་ཕྱག་བརྒྱད་པ། གཡས་པ་རྣམས་རིམ་པས། སྐྱབས་སྦྱིན། མཆོག་སྦྱིན། ཞགས་པ། བགྲང་འཕྲེང༌། གཡོན་རྣམས་རིམ་པས་དབྱུག་གུ་རྩེ་གསུམ། གླེགས་ 15-1-213 བམ། པདྨ། སྤྱི་བླུགས་འཛིན་པ། དར་དཀར་པོའི་ན་བཟའ་དང༌། སྟག་གི་ལྤགས་པའི་སྨད་ དཀྲིས་ཅན། དཀའ་ཐུབ་ཀྱི་ཆ་བྱད་དང་ལྡན་པ། དེའི་གཡས་སུ་ནོར་བཟང་གཞོན་ནུ་སེར་པོ་ མཆན་ཁུང་གཡོན་པར་པོ་ཏི་བཅུག་ནས་ཐལ་མོ་སྦྱར་བ། དེའི་གཡས་ཟུར་དུ་སྒྲོལ་མ་ལྗང་ཁུ། གཡོན་པས་ཨུཏྤལ་བསྣམས་ཤིང་གཡས་པས་ཁ་འབྱེད་པ། དེ་གཉིས་དར་དང་རིན་པོ་ཆེ་སྣ་ ཚོགས་པས་བརྒྱན་པ། གཙོ་བོའི་གཡོན་ངོས་སུ་རྟ་མགྲིན་དམར་པོ་མིའུ་ཐུང་གི་རྣམ་པ་ཅན། སྤྱན་གསུམ་མཆེ་གཙིགས་སྐྲ་སེར་གྱེན་དུ་བརྫེས་པ་སོགས་ཁྲོ་བོའི་མཚན་ཉིད་ཡོངས་སུ་ རྫོགས་པ། སྟག་ལྤགས་དང་སྦྲུལ་གྱིས་བརྒྱན་པ། གཡས་ཕྱག་འཚལ་བའི་ཚུལ་དང༌། གཡོན་ དབྱུག་པ་དཀར་པོ་ལ་བརྟེན་པ། དེ་ཉིད་ཀྱི་གཡོན་ངོས་སུ་ཁྲོ་གཉེར་ཅན་དམར་སེར་ཕྱག་ གཡོན་གཉིས་ན་སྤྱི་བླུག་དང་དབྱུག་གུ་རྩེ་གསུམ། གཡས་གཉིས་བགྲང་འཕྲེང་དང་ཕྱག་ བྱེད་པའི་ཚུལ། དཀའ་ཐུབ་ཀྱི་ཆ་བྱད་འཛིན་པ། འཁོར་རྣམས་གཙོ་བོའི་ཞལ་[ལ་]ལ་ལྟ་བ། གཙོ་འཁོར་ཐམས་ཅད་མཉམ་པར་བཞེངས་པ། རང་གི་སྙིང་གར་པད་ཟླའི་གདན་ལ་ཧྲཱིཿདེ་ ལས་འོད་འཕྲོས་པོ་ཊ་ལ་ནས་ལྷ་ལྔ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དེ་དང་སྟབས་གཅིག་ཏུ་བྱོན་ པའི་དབང་གི་ལྷ་རིགས་ལྔ་ཡུམ་བཞི་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས་ཀྱིས་གསོལ་བ་ བཏབ་པས། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་གསུང་ཞིང་དབང་བསྐུར། གཙོ་འཁོར་ཐམས་ཅད་ ལ་འོད་དཔག་མེད་ཀྱིས་དབུ་བརྒྱན། ༀ་ཨ་མོ་གྷ་པཱ་ཤ་ཧྲཱིཿསྭཱཧཱ། ཞེས་བཟླས་སོ། །སྤྲོ་ན་འཁོར་རྣམས་ཀྱི་ སྔགས་ཀྱང་བཟླ་སྟེ། ༀ་སུཾ་སུ་དྷ་ན་ཀུ་མ་ར་ཡ་སྭཱཧཱ། ༀ་ཏཾ་ཏ་ར་ཡེ་སྭཱཧཱ། ༀ་ཧཾ་ཧ་ཡ་གྲ་ཝ་ཡ་སྭཱཧཱ། ༀ་བྷྲིཾ་བྷི་ཀུཊྱཻ་སྭཱཧཱ། ཞེས་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། འཁོར་རྣམས་རང་ལ་ཐིམ། རང་ཉིད་ཕྱག་གཉིས་པར་གྱུར། དགེ་བ་བསྔོ། ཐུན་མཚམས་སུ་གཟུངས་ཀྱི་མདོ་བཀླག་པར་བྱའོ། ། འདིའི་རྗེས་གནང་བྱེད་པར་འདོད་པས། པདྨ་འདབ་བརྒྱད་ཟླ་གདན་ཚོམ་བུ་དཀར་པོ་དང་བཅས་པ་ཞིག་བཀོད། དེའི་ གཡས་གཡོན་དུ་དྲི་བཟང་གི་ཐིག་ལེ་གཉིས་གཉིས་ལ་ཚོམ་བུ་རེ་དགོད། ལྷ་གྲངས་དང་མཉམ་པའི་མཆོད་པ་བཤམས། སྣོད་ 15-1-214 གཙང་མར་དཀར་གཏོར་ཞིག་དང༌། འཇིག་རྟེན་པའི་གཏོར་མ་ཆ་གསུམ་ཡང་བཤམས། མཎྜལ་གྱི་སྟེང་དུ་མཉྫི་ལ་བུམ་པ་སྤྱི་ དང་མཐུན་པར་བཤམས། བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་ བརླབས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངས་ལས་ཧཱུཾ་ལས་བྱུང་བའི་བསྲུང་འཁོར་གྱི་དབུས་ སུ། བྷྲུཾ་ལས་གཞལ་ཡས་ཁང༌། དེའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་ཞེས་པ་ནས། བཞེངས་ པའོ། །ཞེས་པའི་བར་བདག་བསྐྱེད་བཞིན། གཙོ་བོའི་དབུ་ལ་འོད་དཔག་མེད། འདབ་མ་བརྒྱད་ལ་ ཤར་དུ་རྣམ་སྣང༌། ལྷོར་རིན་འབྱུང༌། ནུབ་ཏུ་མི་བསྐྱོད་པ། བྱང་དུ་དོན་ཡོད་གྲུབ་པ། ཤར་ ལྷོར་སྤྱན་མ། ལྷོ་ནུབ་ཏུ་མཱ་མ་ཀི། ནུབ་བྱང་དུ་གོས་དཀར་མོ། བྱང་ཤར་དུ་དམ་ཚིག་སྒྲོལ་མ་ རྣམས་བཞུགས་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། པོ་ཊ་ལ་ནས་ཞེས་པ་ནས་བཟླས་ པའི་བར་གོང་བཞིན། གཙོ་འཁོར་ཐམས་ཅད་ཀྱི་བཟླས་པ་ཅུད་ཟད་བྱ། དེ་ནས་ཆུ་གསུམ་གོང་ལྟར་ཕུལ། དེ་མན་ཆད་སོ་སོར་ འབུལ་ཏེ། ༀ་ཧྲཱིཿཨ་མོ་གྷ་པཱ་ཤ་བཛྲ་པུཥྤེ་ཧཱུཾ་སྭཱཧཱ། ༀ་ཧྲཱིཿཨ་མི་ཏ་བྷ་ཡ་བཛྲ་པུཥྤེ་ཧཱུཾ་སྭཱཧཱ། ༀ་སུཾ་ སུ་དྷ་ན་ཀུ་མ་རཱ་ཡ་བཛྲ་པུཥྤེ་ཧཱུཾ་སྭཱཧཱ། དེས་འཁོར་གཞན་གསུམ་ཀའང་འགྲེ། དེ་བཞིན་དུ། བྷྲུཾ་བཻ་རོ་ཙ་ན་ཡ་༴ ཏྲཾ་རཏྣ་སཾ་བྷ་ཝ་ཡ༴ ཧཱུཾ་ཨཀྵོ་བྷྱ་ཡ༴ ཁཾ་ཨ་མོ་གྷ་སིདྡྷི་ཡ༴ ལཾ་ལོ་ཙ་ན་ཡེ༴ མཾ་མཱ་མ་ཀི་ཡེ༴ པཾ་ པཎྜ་རི་ཡེ༴ ༀ་ཏཾ་ཏ་ར་ཡཻ་བཛྲ་པུཥྤེ་ཧཱུཾ་སྭཱཧཱ། དེ་བཞིན་དུ། དྷུ་པེ་ནས། ཤཔྟའི་བར་དུ་སྦྱར་རོ། །སངས་ རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །ཡོན་ཏན་དམ་པ་ཀུན་གྱིས་བརྒྱན། །སྤྱན་རས་གཟིགས་ ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །མགོན་པོ་ཧྲཱིཿཡིག་སོགས་དང༌། ནོར་ བཟང་འཕགས་མ་སྒྲོལ་མ་དང༌། །རྟ་མཆོག་ཁྲོ་གཉེར་ལྡན་མ་སྟེ། །རྒྱས་དང་དབང་དང་དྲག་ པོ་དང༌། །ཞི་བས་གཞན་དོན་མཛད་ལ་འདུད། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ ཀྱང༌། །སོགས་དང༌། སྤྱན་མ་རྡོ་རྗེ་མཱ་མ་ཀི། །གོས་དཀར་མོ་དང་སྒྲོལ་མ་ནི། །འབྱུང་བ་བཞི་པོ་ རྣམ་དག་ཅིང༌། །ཚད་མེད་བཞིའི་དངོས་ལ་འདུད། །དཀར་གཏོར། ཨ་མྲྀ་ཏས་བསངས། ༀ་ཨཱཿཧཱུཾ་ ལན་བདུན་གྱིས་བྱིན་གྱིས་བརླབས། ༀ་ཨཱ་མོ་གྷ་པཱ་ཤ་ལོ་ཀི་ཏེ་ཤྭ་ར་ཨི་དཾ་བཱ་ལིང༌། ཁ་ཁ་ཁཱ་ཧི་ཁཱ་ཧི། 15-1-215 གྲྀཧྞ་གྲྀཧྞ་མ་མ་སརྦ་བིགྷྣན་ཤནྟི་ཀུཾ་རུ་སྭཱཧཱ། ལན་ལྔས་འབུལ། གཟུངས་ཐག་ནས་བཟུང་ཞིང༌། བུམ་པའི་ནང་ སྔགས་ཀྱི་ཡིག་འབྲུས་གང་བར་དམིགས་ལ། གཙོ་བོའི་སྔགས་བརྒྱ་རྩ་ཙམ་བཟླ། གཞན་རྣམས་ཉེར་གཅིག་རེ་བཟླ། བར་འདིར་ ཆ་གསུམ་གཏོར་མ་གཏོང༌། གྲུབ་ན་གཟུངས་མདོ་འདོན་ཞིང༌། གཟུངས་རིང་ཀྱང་མང་དུ་བཟླའོ། ། སློབ་མ་རྣམས་ཀྱིས་མཎྜལ་འབུལ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །སོགས་ཀྱིས་གསོལ་བ་ བཏབ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སོགས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ། བདག་བསྐྱེད་ ལྟར་རྒྱུན་བཤགས་ཀྱང་བྱ། མདུན་བསྐྱེད་ཀྱི་ལྷ་ཚོགས་མངོན་རྟོགས་བཞིན་བསྟན་ལ། སློབ་མ་ལ་སྐུའི་རྗེས་གནང་ནི། སྟོང་པར་ སྦྱངས་པ་ནས། རིགས་བདག་གི་བར་མངོན་རྟོགས་བཞིན་འབོགས་པ་ལས། གཙོ་རྐྱང་མ་གཏོགས་འཁོར་མི་བསྐྱེད། དབང་ བསྐུར་གྱི་ཚེ་བུམ་ཆུ་སྦྱིན། ༀ་པདྨོ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་པདྨ་ཁ་འབུས་ཀྱི་ཕྱག་རྒྱ་སྤྱི་བོར་གཏུགས། གསུང་གི་རྗེས་ གནང་ལ་རྗེས་སུ་བཟླས་པའི་ལུང༌། དམ་བཅའ་བའི་ལུང༌། བྱིན་གྱིས་བརླབས་པའི་ལུང་གསུམ་སྤྱི་དང་འདྲ། སླར་ཡང་བུམ་ པའི་ཆུས་སྤྱི་བོ་ནས་བླུག་ཅིང་འཐུང་དུ་བཅུག ཡེ་ཤེས་ཀྱི་བདུད་རྩིས་ལུས་ཐམས་ཅད་གང་ཞིང་སྡིག་སྒྲིབ་ སྦྱངས། བདེ་བས་ཁྱབ་པར་མོས། དེ་ནི་ཐུགས་ཀྱི་རྗེས་གནང་གི་དོད་ཡིན་ནོ། །སློབ་མའི་རྗེས་ཀྱི་བྱ་བ་དང༌། མདུན་ བསྐྱེད་ཀྱི་རྗེས་ཀྱི་བྱ་བ། མཆོད་པ་བྱིན་རླབས། མཆོད་བསྟོད། དངོས་གྲུབ་བླང་བ། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ་ སྨོན་ལམ་བཀྲ་ཤིས་རྣམས་ཀྱང་སྤྱི་དང་མཐུན་པར་བྱའོ། །མཁས་ཀུན༷་དག༷འ་བའི་པཎྜི་ཏ། །ཤཱཀྱ་ཤྲཱིས་ཞལ་གཟིགས་ནས། ། སྒྲུབ་ཐབས་སྙིང༷་པོ༷་ཙམ་ཞིག་མཛད། །ལོཙྪ་རབ་མཆོག་དཔལ་གྱིས་བསྒྱུར། དོན་ཞགས་ཁ་ཆེ་པཎ་ཆེན་ལུགས་ཀྱི་སྒྲུབ་ཐབས་ ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ན་མོ་གུ་རུ། གང་གིས་རྒྱལ་བ་ཐམས་ཅད་ཀྱང༌། །བྱང་ཆུབ་མཆོག་སེམས་བསྐྱེད་པ་པོ། །མགོན་པོ་དེ་ལ་ གུས་བཏུད་ནས། །སྒྲུབ་ཐབས་ཅུང་ཟད་ཙམ་ཞིག་བྲི། །ཁྲུས་བྱས་སྐྱབས་སེམས་སྔོན་དུ་བཏང༌། རང་གི་སྙིང་གར་ཨ་ ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས། མདུན་གྱི་ནམ་ མཁར་རྗེ་བཙུན་སྤྱན་རས་གཟིགས་གཙོ་བོར་གྱུར་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་ སེམས་དཔའ་ཐམས་ཅད་སྤྱན་དྲངས་ཏེ་བཞུགས་པར་གྱུར། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ༀ་ 15-1-216 བཛྲ་པུཥྤེ་ཨཱཿཧཱུཾ་ནས་ཤཔྟའི་བར་དང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྣ་ཚོགས་པའི་མཆོད་པ་ཐམས་ཅད་འབུལ་བར་ བསམ། ལུས་དང་ངག་དང་ཡིད་ཀྱིས་གང་བགྱིས་པའི། །སྡིག་རྣམས་རྒྱལ་བ་རྣམས་ཀྱི་སྤྱན་ སྔར་བཤགས། །འཇིག་རྟེན་གསུམ་གྱི་དགེ་བ་ཐམས་ཅད་ལ། །རབ་ཏུ་དགའ་བས་རྟག་ཏུ་ རྗེས་ཡི་རང༌། །དཀོན་མཆོག་གསུམ་ལ་རྟག་ཏུ་བདག་སྐྱབས་མཆི། །རྒྱལ་བས་གསུངས་ལ་ སྐྱབས་ཤིང་བརྟེན་པར་བགྱི། །ཇི་སྲིད་སྲིད་པ་བརྟན་གྱུར་དེ་སྲིད་དུ། །སྐྱེ་དགུའི་ཡབ་རྣམས་ མྱ་ངན་མི་འདའ་ཞིང༌། །འདིར་ཡང་རྟག་ཏུ་སེམས་ཅན་དོན་མཛད་པས། །སངས་རྒྱས་སྲས་ བཅས་དེ་རྣམས་བཞུགས་སུ་གསོལ། །ཐེ་ཚོམ་མཐར་བྱེད་ཇི་ལྟ་བ་ཡི་ཆོས། །ཀྱེ་ཀྱེ་མཐུ་ཆེན་ ཁྱོད་ཀྱིས་བསྟན་དུ་གསོལ། །འཁོར་བའི་རྒྱ་མཚོར་འགྲོ་རྣམས་ལྷན་ཅིག་དེར། །གང་གིས་ ཕ་རོལ་འགྲོ་ཞིང་དགེ་བསགས་པ། །བསོད་ནམས་རབ་ཏུ་གང་བསགས་འདི་ཀུན་ཀྱང༌། ། རྫོགས་པའི་བྱང་ཆུབ་བདག་གིས་བསྔོ་བར་བགྱི། །རྒྱལ་བ་རྣམས་དང་དེ་ཡི་སྲས། །འགྲོ་ བའི་བླ་མ་དག་བཅས་ལ། །བདག་གིས་དངོས་པོ་ཐམས་ཅད་ནི། །ཐམས་ཅད་དུ་ནི་དབུལ་ བར་བགྱི། །ཞེས་ལན་གསུམ་རྒྱུན་བཤགས་བྱ། ༀ་ཨཱཿཧཱུཾ་མུཿ ཞེས་གཤེགས་སུ་གསོལ། ཚད་མེད་བཞི་སྤྱི་དང་མཐུན་ པར་བསྒོམ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ ཀོ྅ཧཾ། སྟོང་པའི་ངང་ལས་རང་སེམས་ཟླ་བ་ལ་གནས་པའི་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ ལས་རང་ཉིད་འཕགས་པའི་སྤྱན་རས་གཟིགས་དཔལ་ལྡན་མཁའ་སྤྱོད་ཀྱི་སྐུར་གྱུར་པ་ནི། ཟླ་བ་དྲི་མ་མེད་པའི་མདོག་ཅན། རྒྱལ་བ་འོད་དཔག་ཏུ་མེད་པས་དབུ་ལ་བརྒྱན་པ། ཕྱག་ གཡས་མཆོག་སྦྱིན་མཛད་པ། དེ་ལས་བདུད་རྩིའི་རྒྱུན་འབབ་པ་སྲིད་པ་ཅན་མཐའ་དག་ཚིམ་ པར་མཛད་པ། སྙན་གྱི་ཐད་ཀར་ཁ་འབུས་པའི་པདྨ་དཀར་པོའི་སྡོང་བུའི་རྩ་བ་ཕྱག་གཡོན་ པའི་མཐེབ་སྲིན་གྱི་ཐུགས་ཀར་འཛིན་པ། ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་ རོལ་བས་བཞུགས་པ། འཛུམ་བག་དང་བཅས་ཤིང༌། རལ་པའི་ཅོད་པན་ཅན། པདྨའི་འདབ་ 15-1-217 མ་ལྟར་རབ་ཏུ་ཡངས་བའི་སྤྱན་ཟུང་རྣམ་པར་བཀྲ་བ་ལ་སོགས་པ། མཚན་དང་དཔེ་བྱད་ ཡོངས་སུ་རྫོགས་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་ཅིང༌། དར་དཀར་གྱིས་ སྨད་དཀྲིས་པ། རྒྱན་ཐམས་ཅད་ཀྱིས་སྤྲས་ཤིང་འོད་དང་འོད་ཟེར་རབ་ཏུ་འབར་བའི་སྐུ་ཅན། ཤིང་རྟའི་འཕང་ལོ་ཙམ་གྱི་པདྨ་དཀར་པོའི་ལྟེ་བར། རི་དྭགས་ཀྱིས་རྙོག་པ་དང་བྲལ་བའི་ བསིལ་ཟེར་ཅན་གྱི་གདན་ལ་བཞུགས་པའོ། །གཡས་སུ་སྒྲོལ་མ་ལྗང་ཁུ་མཆོག་སྦྱིན་དང་ ཨུཏྤལ་འཛིན་པ། ལང་ཚོ་ལ་བབ་ཅིང༌། ནུ་མ་རྒྱས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ པ། དེའི་གཡས་སུ་ནོར་བཟང་གཞོན་ནུ་གསེར་གྱི་མདོག་ཅན་ཐལ་མོ་སྦྱར་བ། མཆན་ཁུང་ གཡོན་དུ་པོ་ཏི་བཅུག་པ། བྱིས་པའི་རྒྱན་དང་ཆ་ལུགས་ཀྱིས་སྤྲས་པ། གཙོ་བོའི་གཡོན་དུ་ ཁྲོ་གཉེར་ཅན་མ་གསེར་མདོག་རྒྱན་སྤངས་པ་རལ་བའི་ཅོད་པན་ཅན། ཕྱག་བཞིའི་གཡས་ གཉིས་ཕྱག་འཚལ་བའི་ཚུལ་དང༌། བགྲང་འཕྲེང༌། གཡོན་གཉིས་དབྱུག་གུ་རྩེ་གསུམ་དང༌། སྤྱི་བླུགས་བསྣམས་པ། ཞི་བའི་སྤྱན་གསུམ་དང་ལྡན་ཞིང༌། ན་བཟའ་དམར་པོ་གསོལ་བའོ། ། དེའི་གཡོན་དུ་རྟ་མགྲིན་དམར་པོ་བསྐལ་པའི་མེ་ལྟར་འབར་བ། ལྷོ་བ་འཕྱང་ཞིང༌། སྤྱན་ གསུམ་པ། མཆེ་བ་གཙིགས་ཤིང༌། སྨ་ར། སྨིན་མ། དབུ་སྐྲ་གྱེན་དུ་བརྫེས་པ། དབུའི་སྟེང་དུ་ རྟ་མགོ་ལྗང་ཁུ་དང་བཅས་པ། གཡས་ཕྱག་འཚལ་བའི་ཚུལ་དང༌། གཡོན་པས་རྡོ་རྗེའི་དབྱུག་ པ་དཀར་པོ་ༀ་ཚུགས་སུ་འཛིན་པ། ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པའོ། །འཁོར་བཞི་པོ་ རྣམས་བཞེངས་པ་དང་བཞུགས་པ་སོགས་ཞབས་ཀྱི་བཞུགས་སྟངས་ཅི་བདེ་བར་བསྒོམ་ པར་བྱའོ། །རང་གི་སྤྱི་བོར་ཟླ་བ་ལ་ༀ། མགྲིན་པར་ཟླ་བ་དམར་སྐྱ་ལ་ཨཱཿ སྙིང་གར་པདྨ་ དཀར་པོ་ལ་གནས་པའི་ཟླ་བ་ལ་ཧཱུཾ། དེའི་སྟེང་དུ་ཟླ་བ་ལ་གནས་པའི་ཧྲཱིཿདེ་ལས་འོད་ཟེར་ འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཇིག་རྟེན་མགོན་པོའི་གོ་འཕང་ལ་ བཀོད། གདོད་ནས་གྲུབ་པའི་འཕགས་པ་སྤྱན་རས་གཟིགས་ཡེ་ཤེས་སེམས་དཔའ་འཁོར་ 15-1-218 དང་བཅས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ གོང་བཞིན་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། ། ཞེས་སོགས་ཀྱིས་བསྟོད། ཛཿཧཱུཾ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། ཐལ་མོ་སྦུག་པོར་སྦྱར་བ་ལས་ གུང་མོ་གཉིས་རྩེ་མོར་བྱས་ཤིང༌། སོར་མོ་གཞན་རྣམས་ཀྱང་རྩེ་མོ་ཅུང་ཟད་མ་རེག་པ་པདྨ་ཁ་འབུས་པའི་ཕྱག་རྒྱ་བྱས་ལ་སྤྱན་ འདྲེན་པ་དང༌། མཉེས་པར་བྱེད་པ་དང༌། དམ་ཡེ་བསྲེ་བ་རྣམས་བྱའོ། །སླར་ཡང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། སྙིང་ གའི་ཧྲཱིཿཡིག་ལས་རྗེ་བཙུན་གྱི་སྐུ་དཔག་ཏུ་མེད་པ་སྤྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་ དུ་རིན་པོ་ཆེ་དང༌། བདུད་རྩིའི་ཆར་ཕབ། སེམས་ཅན་རྣམས་ལ་ཆོས་བསྟན་ཏེ་འཕགས་པ་ སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད། ཐམས་ཅད་ཀྱི་ཐུགས་ཀར་ཡང་ཧྲཱིཿཡིག་བསྒོམས་ ལ། ཡང་དེ་རྣམས་སྤྲུལ་པ་དང་བཅས་པ་སྙིང་གར་བསྡུ་བའི་སྤྲོ་བསྡུ་བསྒོམ་བཞིན་དུ། ༀ་ཧྲཱིཿསྭཱཧཱ། ཞེས་ཅི་ནུས་སུ་བཟླ་ བར་བྱའོ། །ཐུན་འཇོག་པའི་ཚེ། འཁོར་བཞི་པོ་རང་གི་སྙིང་གར་བསྡུ་ཞིང༌། རང་ཉིད་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་མཉམ་པར་བཞག་ནས་ དགེ་བ་བསྔོ། ཅི་སྟེ་མཚན་མ་མེད་པའི་རྣལ་འབྱོར་བསྒོམ་པར་འདོད་ན། རྫོགས་པའི་རིམ་པ་རྣལ་འབྱོར་ཡན་ལག་དྲུག་པ་ཉིད་ བསྒོམ་པར་བྱའོ། །མཆོད་གཏོར་འབུལ་བར་འདོད་པས། མཎྜལ་དྲི་བཟང་གི་ཐིག་ལེ་མེ་ཏོག་གི་ཚོམ་བུ་ལྔ་དང་བཅས་པ། མདུན་ དུ་མཆོད་ཡོན་གྱི་དུང་ཆོས། མེ་ཏོག་གི་ཕོར་བ། མཆོད་པ་སྣ་ལྔ་སོགས་མཆོད་རྫས་རྣམས་དང༌། གཙང་ཞིང་བཟང་བའི་དཀར་ གཏོར་དང་བཅས་པ་བཤམས། བདག་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས། ཨ་མྲྀ་ཏས་བསངས། མཆོད་པ་བྱིན་རླབས་སྤྱི་དང་ མཐུན་པ་ལས། བྱིན་དབབ་ཀྱི་སྔགས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲེ་ཧཱུཾ། ཞེས་ལན་ཉི་ཤུ་རྩ་ གཅིག་གིས་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས། ༀ་མ་ཎི་དྷ་རི་བཛྲི་ཎི་མཧཱ་པྲ་ཏི་ས་རེ་རཀྵ་མཾ་ ཧཱུཾ་ཕཊ་སྭཱཧཱ། ཞེས་པས་བསྲུང་བ་བྱ། ༀ་བཛྲ་རེ་གེ་ཧཱུཾ་ཞེས་བྱིན་གྱིས་བརླབས། ཞིང་ཁམས་རྣམ་པར་དག་ པའི་དབུས་སུ་སེང་གེའི་ཁྲི་པདྨ་དཀར་པོ་དང༌། ཟླ་བའི་གདན་དང་བཅས་པ། དེའི་གཡས་ གཡོན་དུ་སྣ་ཚོགས་པདྨའི་གདན་བཞི་ལ། གཡོན་གྱི་ཐ་མ་ལ་ཉི་མ། གཞན་རྣམས་ལ་ཟླ་བ་ དང་བཅས་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། འཕགས་པ་སྤྱན་རས་གཟིགས་ ལྷ་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ༀ་ཨཱཿགཙྪ་བྷ་ག་ཝན་མཎྜ་ལ་ཀ་སིངྷ་ཨ་ས་ནེ་ༀ་ 15-1-219 ཨ། ༀ་པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ་བཞུགས་པར་བསམ། ༀ་ཏཾ་སུཾ་བྷྲིཾ་ཧཾ་ཕཊ་སྭཱཧཱ། ཞེས་ས་བོན་གྱི་ སྔགས་ལན་གསུམ་གྱིས་གསོལ་བ་བཏབ་ནས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ལ་ལི་ཏ་ན་མ་མི་ཏྲེར་ན་ན་མི་བྷ་ ག་ཝན་ཏཾ། ཛཿཧཱུཾ་བཾ་ཧོཿ པྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལི་ན་ཐ་ཧོ། ཞེས་མེ་ཏོག་འཐོར་ཞིང་ཕྱག་འཚལ། ས་བོན་ གྱི་སྔགས་ཀྱི་མཐར། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ན་མཿ ལན་ལྔས་མཆོད་ཡོན་དང༌། ཡང་ས་བོན་ཀྱི་སྔགས་ཀྱི་མཐར། ༀ་ བཛྲ་པུཥྤེ་ཧཱུཾ། ༀ་བཛྲ་དྷུ་པེ་ཧཱུཾ། ༀ་བཛྲ་གནྡྷེ་ཧཱུཾ། ༀ་བཛྲ་དཱི་པེ་ཧཱུཾ། ༀ་བཛྲ་ཨ་ཧཱ་རེ་ཧཱུཾ། ནམ་མཁའ་ མཛོད་ཀྱི་སྔགས་དང༌། རོལ་མོའི་སྒྲས་མཆོད། གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ས་བོན་གྱི་སྔགས་ཀྱི་མཐར། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། གྲྀཧྞ་གྲྀཧྞ། གྲྀཧྞནྟུ། སརྦ་བྷུ་ཏི་ཀཱ། ཨི་དཾ་བཱ་ལིང་ཏ་སྭཱཧཱ། ཞེས་ལན་བདུན་གྱིས་ འབུལ། བསྟོད་པ་ཅི་ཤེས་པས་བསྟོད། འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ་གཤེགས་གསོལ་རྣམས་སྤྱི་དང་ མཐུན་པ་ལས། ༀ་མུ་སྭཱཧཱ། ཞེས་གཤེགས་སུ་གསོལ་སྔགས་སོ། ། འདིའི་སློབ་མ་རྗེས་བཟུང་ནི། བཤད་མ་ཐག་པའི་ཆོ་ག་དེ་རྣམས་ཚང་བར་བྱས་ནས། རྗེས་གནང་གི་ངོ་བོ་སྒྲུབ་ཐབས་ རྒྱ་མཚོ་དང་འདྲ། མཐར་བུམ་པ་དང༌། ཐོད་པ་དང༌། རྡོ་རྗེ་དང༌། མེ་ལོང་གི་སྟེང་དུ་སིནྡྷུ་ར་བཀྲམ་པ་ལ་ཆོས་འབྱུང་ཧྲཱིཿཡིག་དང་ བཅས་པ་བྲིས་པ་རྣམས། རྗེ་བཙུན་སྤྱན་རས་གཟིགས་ལྷ་ལྔར་དཔོན་སློབ་གཉིས་ཀར་གྱིས་བསྐྱེད། ཡི་གེ་འབྲུ་གསུམ་མང་དུ་ བཟླས། སློབ་མ་ལ་བུམ་ཆུ་སྦྱིན་ཏེ། ཁྲུས་བྱེད་དུ་གཞུག དྲི་མ་རགས་པ་འཁྲུ་བ་བུམ་དབང་གི་བརྡའོ། །ཐོད་པ་མགོ་བོར་གཏུགས་ ཤིང༌། བུ་རམ་ལ་སོགས་པའི་རོ་མངར་བ་སྦྱིན། ཐོད་པ་མི་རྟོག་པ་དང༌། རོ་ཉམས་མྱོང་མཚོན་ཏེ། གསང་དབང་གི་བརྡའོ། །རྡོ་རྗེ་ སྙིང་གར་གཏུགས། ༀ་ཨཱཿཧཱུཾ་ཞེས་བརྗོད། ཀུན་རྫོབ་ཀྱི་རྐྱེན་གྱིས་དོན་དམ་འགྱུར་བ་མེད་པའི་གནས་ ལ་འཁྲིད་པ། ཤེས་རབ་ཡེ་ཤེས་ཀྱི་བརྡའོ། །མེ་ལོང་སྙིང་གར་གཏུགས་ལ། སིནྡྷུ་རས་སྤྱི་བོར་ བྱུགས། མེ་ལོང་ལ་གཟུགས་བརྙན་འཆར་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་རྡུལ་ཕྲ་རབ་ཀྱི་ཆོས་ ལས་འདས་པ། ཆོས་འབྱུང་སྟོང་པ་ཉིད། ཧྲཱིཿཡིག་བདེ་བ་ཆེན་པོ་མཚོན་ཏེ། དབང་བཞི་པའི་བརྡའོ། ། ཞེས་སློབ་མ་ལ་ངོ་སྤྲོད་པ་ནི་ཁྱད་པར་རོ། །དཔེ་མེད་མཚོ་ཡི་གཞུང་ཀུན༷་ལས། །དག༷འ་བའི་སྙིང༷་པོ༷་ཙམ་ཞིག་བསྡུས། །བདག་ ཉིད་ཀྱི་ནི་ལྷག་པའི་ལྷར། །མོས་པས་ཅུང་ཟད་རྒྱས་པར་ཕྱེ། །སྒྲུབ་ཐབས་འདི་སྒྲུབ་ཐབས་རྒྱ་མཚོ་ནའང་བཞུགས་མོད། ཐུན་ 15-1-220 མོང་མ་ཡིན་པའི་ལག་ལེན་དང་བཅས་པ་འདི་གྲུབ་ཆེན་ཨ་ནུ་པ་མ་རཀྵི་ཏིའི་ལུགས་ཀྱི་སྦྱོར་དྲུག་དང་བརྒྱུད་པ་གཅིག་པའི་ཟུར་ བཀའ་ཁྱད་པར་ཅན་ལགས་སོ། །སྤྱན་རས་གཟིགས་ཁ་སརྤ་ཎ་ལྷ་ལྔའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༈ འཕགས་པ་སྤྱན་རས་གཟིགས་དབང་ནི། །ཡིད་བཞིན་ནོར་བུ་ལྷ་ལྔ་ཡི། །ཚོགས་བཅས་གུས་པས་བཏུད་བཅས་ཏེ། །ཨ་ ཏི་ཤ་ཡི་གཞུང་བཞིན་བྲི། །སྐྱབས་སེམས་སྔོན་དུ་འགྲོ་བས། སྤྲོ་ན་གཞུང་ནས་འབྱུང་བ་ལྟར། ཚོགས་ཞིང་སྤྱན་དྲངས་ཏེ། བདུན་ རྣམ་དག་བྱ། ཤཱུ་ནྱ་ཏས་སྟོངས་པར་སྦྱངས། ཡཾ་རཾ་བཾ་ལཾ། སུཾ་ལས་འབྱུང་བཞི་རི་རབ་དང་བཅས་པའི་རྩེ་ མོར་པཾ་ལས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨ་ལས་ཟླ་བ་དེར་ཧྲཱིཿཡིག་འོད་ཀྱི་འཕྲོ་འདུ་ལས། འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཕྱག་དང་པོ་གཉིས་པདྨ་དམར་པོའི་སྡོང་ བུ་འཛིན་ཞིང་ཁ་འབྱེད་པ། གཉིས་པ་གཉིས་ཀྱིས་བགྲང་འཕྲེང་དང༌། གྷནྡྷེ་འཛིན་པ། རྡོ་རྗེ་ སྐྱིལ་ཀྲུང་གིས་བཞུགས་པ། རི་དྭགས་ཀྱི་པགས་པ་དང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་དཔག་མེད་ཀྱིས་དབུ་བརྒྱན། ཐུགས་ཀར་ཟླ་བ་ལ་རྡོ་རྗེའི་ལྟེ་བར་པདྨ་ཧྲཱིཿས་མཚན་པ། དེ་ལས་ལྷ་མོ་བཞི་སྤྲོས་ཏེ་ཕྱོགས་ཀྱི་འདབ་མར་འཁོད་པ་ནི། ཤར་དུ་ཧ་ལས་རྡོ་རྗེ་ཞགས་ པ་མ་ཞགས་པ་དང་ནོར་བུ་འཛིན་པ། ལྷོ་རུ་ཏྲཾ་ལས་རྡོ་རྗེ་རིན་ཆེན་མ། ནོར་བུ་དང་དྲིལ་བུ་ འཛིན་པ། ནུབ་ཏུ་ཧྲཱིཿལས་རལ་གཅིག་མ་པདྨ་དང་བགྲང་འཕྲེང་འཛིན་པ། བྱང་དུ་ཊ་ལས་ཁྲོ་ གཉེར་མ་སྣ་ཚོགས་རྡོ་རྗེ་དང་། གྷནྡྷེ་བསྣམས་པ། སྐུ་མདོག་ཆ་ལུགས་གཙོ་བོ་དང་མཚུངས་ པའོ། །ཡེ་ཤེས་དགུག་གཞུག་སྤྱི་དང་འདྲ། དབང་བསྐུར་ཡང་སྤྱི་དང་འདྲ་བ་ལས། ཡུམ་བཞིའི་དབང་བསྐུར། རིགས་བདག་ རྒྱས་གདབ་མི་དགོས། གནས་གསུམ་བྱིན་རླབས་དྲན་པར་བྱས་ནས་བཟླས་པ་བྱ་སྟེ། སྙིང་གར་འཁོར་ལོ་རྩིབས་དྲུག་པའི་ལྟེ་བ་ དང་རྩིབས་ལ་ཉེ་སྙིང་བཀོད། མུ་ཁྱུད་ལ་རྩ་བའི་སྔགས་བསྒོམ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀེ་ཏེ་ ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་ས་ཏྭཱ་ཡ། མཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ༀ་ཙཀྲ་ཝརྟི་ཙིནྟ་མ་ཎི་ མཧཱ་པདྨ་རུ་རུ་ཏིཥྛ་ཛྭ་ལ། ཨ་ཀཪྵ་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་རྩ་སྔགས་དང༌། ༀ་བྷ་ར་ཏ་པདྨེ་ཧཱུཾ། ཞེས་ཉེ་ སྙིང་གང་ནུས་བཟླས་ལ། སྙིང་པོ་བཟླ་བ་ལ་མོས་ན། ༀ་པདྨ་ཙིནྟ་མ་ཎི་ཛྭ་ལ་ཧཱུཾ། ཞེས་བཟླའོ། ། 15-1-221 འདིའི་རྗེས་གནང་གི་ཆོ་ག་ནི། སྒྲུབ་ཐབས་བརྒྱ་རྩ་ཇི་ལྟ་བ་བཞིན་ཡིན་ལ། སྔོན་སྒྲུབ་ཐབས་བརྒྱ་རྩའི་ནང་ན་བཞུགས་པ། བར་སྐབས་སུ་ལོགས་སུ་གར་བ་ཡིན་གསུང༌། ས་སྟེང་ཀུན༷་ཏུ་རྙེད་དཀའ་བ། །རབ་དག༷འ་འཕགས་པའི་སྒྲུབ་ཐབས་འདི། །སྙིང༷་ ནས་གུས་པ་ཆེན་པོ༷་ཡིས། །བསྒྲུབས་ན་འཕྲལ་དུ་དོན་ཆེན་འགྲུབ། །སྤྱན་རས་གཟིགས་ཡིད་བཞིན་ནོར་བུ་ལྷ་ལྔའི་སྒྲུབ་ཐབས་ ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། འཇིག་རྟེན་མགོན་པོ་ཐུགས་རྗེའི་གཏེར། །དེ་ལ་བཏུད་ནས་དེའི་སྒྲུབ་ཐབས། །དེ་སྲས་མི་ཏྲ་ཛོ་ གིའི་བཞེད། །མདོར་བསྡུས་བྱིན་རླབས་བླ་མེད་བྲི། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། སྟོང་པའི་ངང་ལས་པད་ ཟླའི་གདན་ལ་རང་སྐད་ཅིག་གི་ཇོ་བོ་ཁ་སརྤ་ནི་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་དང༌། གཡོན་གདན་ལ་བརྟེན་པས་པདྨ་དཀར་པོ་འདབ་མ་བརྒྱད་པ་ཡུ་ བ་དང་བཅས་པ་འཛིན་པ། ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བཞུགས་ པ། དར་དང་རིན་པོ་ཆེའི་བརྒྱན་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། སྐུ་ ལས་འོད་ཟེར་སྣ་ལྔ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱིས་དོན་བྱས་པར་གྱུར། ༀ་ ཨཱཿཧྲཱིཿཧཱུཾ། ཞེས་ཅི་ནུས་བཟླ། མཇུག་ཏུ་དགེ་བ་བསྔོས་ལ། ཐུན་མཚམས་ལྷའི་ང་རྒྱལ་བྱ། གཏོར་ཆོག་ནི། མདུན་དུ་ སྐད་ཅིག་གིས་སྤྱན་རས་གཟིགས་བཞུགས་པར་གྱུར། གཏོར་སྣོད་རིན་པོ་ཆེའི་སྣོད་དུ། ༀ་ ཨཱཿཧཱུཾ་ལན་གསུམ་བརྗོད་པས་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཤྲཱི་ལོ་ཀ་ནཱ་ཐ་ས་པ་རི་ཝཱ་ར་ ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་མ་མ་རཀྵ་རཀྵ་ཧཱུཾ། ཞེས་ལན་གསུམ་གྱིས་ཕུལ། འདོད་དོན་གསོལ་བ་བཏབ་ལ། མི་ དམིགས་པར་སྦྱངས། འདིའི་རྗེས་གནང་ནི། ཙནྡན་དཀར་པོའི་ས་དཀར་གྱི་བྱུགས་པའི་མཎྜལ་གྱི་དབུས་སུ་མེ་ཏོག་དཀར་པོའི་ ཚོམ་བུ་བཀོད། གཞན་སྒྲུབ་ཚུལ་རྗེས་གནང་སྤྱི་དང་འདྲ། བསྟོད་པའང་སྤྱན་རས་གཟིགས་སྤྱིའི་རིགས་འགྲེ། རྡོ་རྗེ་འཛིན་ པ་སོགས་གསོལ་བཏབ་དང༌། རྒྱུན་བཤགས་གུར་བཞིན་བྱ། སློབ་མ་ཁ་སརྤ་ཎིར་བསྐྱེད་པ་ལ། སློབ་དཔོན་གྱི་གནས་གསུམ་ ནས། ཇོ་བོ་དཀར་དམར་མཐིང་གསུམ་རིམ་པས་སྤྲོས་ནས། སློབ་མའི་གནས་གསུམ་དུ་བསྟིམ་པ་ཉིད། སྐུ་གསུང་ཐུགས་ཀྱི་རྗེས་ གནང་ཡིན་ནོ། །དེ་ནས་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་ལ་རྗེས་ཟློས་ལན་བརྒྱ་རྩ་བྱའོ། །རྗེས་སོགས་སྤྱི་དང་འདྲ། སྒྲུབ་ 15-1-222 ཐབས་ཀུན༷་ལས་ཟབ་པ་ཡི། །སེམས་ཉིད་ངལ་གསོ་དག༷འ་བསྐྱེད་འདི། །སྙིང༷་ནས་སྤྲོ་མེད་ལ་དགའ་བའི། །ལྷའི་རྣལ་འབྱོར་ ཟབ་པོར་སྣང༌། སེམས་ཉིད་ངལ་གསོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། འཕགས་པ་སྤྱན་རས་གཟིགས་དབང་ལ། །བཏུད་ནས་གསང་བའི་སྒྲུབ་ཐབས་ནི། །མི་ཏྲ་ཛོ་ གའི་མན་ངག་བཞིན། །མདོར་བསྡུས་ཙམ་ཞིག་ཡེ་གེར་འགོད། །སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་ སྦྱངས། སྟོང་པའི་ངང་ལས་བསྲུང་འཁོར་གྱི་ནང་ཆོས་འབྱུང་གི་དབུས་སུ་འབྱུང་བཞི་རི་རབ་ དང་བཅས་པའི་རྩེ་མོར་གཞལ་ཡས་ཁང༌། དབུས་སུ་པད་ཟླའི་གདན་ལ་ཧྲཱིཿལས་པདྨ་ཧྲཱིཿས་ མཚན་པ་ཡོངས་སུ་གྱུར་པ་ལས་རང་ཉིད་འཇིག་རྟེན་མགོན་པོ་སྐུ་མདོག་དཀར་ལ་དམར་ བའི་མདངས་ཆགས་པ་ཞལ་གཅིག་ཕྱག་གཉིས་ཡིད་ཙམ་ཁྲོ་བ་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་མུ་ཏིག་གི་འཕྲེང་བ་དང༌། གཡོན་པདྨའི་སྡོང་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་གྱིས་བརྒྱན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས༌པ། དེ་ལ་འཁྱུད་པའི་ ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཌཱ་མ་རུ་དང་ཐོད་ཁྲག་འཛིན་པ་རྡོ་རྗེ་ཕག་ མོ་དང་མཚུངས་པ། རིགས་བཞི་མཁའ་འགྲོའི་འཁོར་གྱིས་བསྐོར་བ། ཕྱི་སྐོར་དུ། ཐུབ་པ་ འཇམ་དཔལ་འོད་དཔག་མེད། །ཕྱག་རྡོར་ཤེས་རབ་ཕ་རོལ་ཕྱིན། །སྒྲོལ་མ་དང་ནི་རིག་བྱེད་ མ། ཁྲོ་གཉེར་ཅན་སོགས་དཔག་ཡས་བཞུགས། །གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་དྲངས། དབང་ བསྐུར་རྒྱས་གདབ་རྣམས་སྤྱི་དང་འདྲ་བ་ལས། ཡབ་ཡུམ་གཉིས་ཀ་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན། རང་གི་ལྟེ་བ་དང༌། ཡུམ་གྱི་མཁའ་ནང་དུ་དགའ་འཁྱིལ་གྱི་ལྟེ་བར་གཙོ་བོ་ཡབ་ཡུམ། ལག་བཞི་ལ་མཁའ་འགྲོ་མ་བཞི། དེ་གཡོན་སྐོར་དུ་འཁོར་བ་ ལ་སེམས་གཏད་དེ་འགོག་པའི་བཟླས་པ་བྱའོ། །དེ་ནས་སྤྲོ་བསྡུའི་དམིགས་པ་གསལ་བཏབ་སྟེ། ༀ་མ་ཎི་པདྨེ་ཧཱུཾ། ཌཱ་ ཀི་ནཱི་ཧ་རི་ནི་ས་ཧཱུཾ། འབུམ་ཕྲག་བཅུ་བཞི་བཟླའོ། །ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྐྱོན་གྱིས་མ་གོས་ སྐུ་མདོག་དཀར། །སོགས་དང༌། བདེ་སྟོང་གཉིས་སུ་མེད་པ་ཡི། །གསང་བ་ཡེ་ཤེས་ལ་འདུད་ དོ། །འཕྲིན་ལས་རྣམ་བཞི་སྒྲུབ་མཛད་པ། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །མཐར་ 15-1-223 སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་ལ་བསྡུ། དེ་ཡང་འོད་གསལ་དུ་བསྟིམ། ཐུན་འཚམས་སུ་ལྷ་སྐུར་ལངས་ཏེ་དགེ་བ་བསྔོ། གཏོར་ཆོག་ནི། བླ་མེད་སྤྱི་དང་འདྲ་བ་ལས། སྙིང་པོའི་མཐར་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པས་འབུལ། འདི་ལ་དབང་ཆོག་རྒྱས་པ་སྦྱོར་བའི་སྲོལ་ཡང་བྱུང་ཞིང༌། རྒྱ་སྟོན་གྱིས་ཀྱང་བྱིན་རླབས་ཀྱི་ཆོ་ག་རྒྱས་པ་ཞིག་མཛད་ནའང༌། དེ་ དག་རྙིང་མ་སོགས་གཞན་ནས་བསྲེས་པར་གདའ། འདིའི་རང་ལུགས་བྱིན་རླབས་ནི། སྤྱན་རས་གཟིགས་ཡི་གེ་བདུན་པ་མི་ཏྲིའི་ ལུགས་ཉིད་འདོད་པ་སྤོས་པས་བྱ་བ་ཉིད་དོ། །ཀུན་ཏུ་ཟབ་པར་རབ་བསྔགས་ཤིང༌། །རབ་དག༷འི་དང་བ་སྐྱེད་བྱེད་པ། །འཇིག་ རྟེན་མགོན་པོའི་སྒྲུབ་ཐབས་ཀྱི། །ཡང་སྙིང༷་གསལ་པོ༷ར་བཀོད་འདི་མཚར། །རྗེ་བཙུན་མི་ཏྲ་ཛོ་གིའི་ལུགས་འཇིག་རྟེན་དབང་ ཕྱུག་གསང་བའི་སྒྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། འཁོར་ལོས་བསྒྱུར་རྒྱལ་སྟོང་རྩ་དང༌། །སངས་རྒྱས་སྟོང་གི་སྤྲུལ་པའི་གཞི། །ནམ་མཁའི་རྒྱལ་ པོར་རབ་གྲགས་པ། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་ཚར་གསུམ་ བྱ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན། སྟོང་ཉིད་བསམ་ཞིང་སྭ་བྷཱ་ཝ་བརྗོད་ཅིང༌། སྙིང་རྗེ་དུང་བ་བསྒོམ། པད་ ཟླ་ལ་ཧྲཱིཿལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་སྐུ་མདོག་དཀར་ ལ་དམར་བའི་མདངས་ཆགས་པ། རྩ་ཞལ་གསུམ་དཀར་ལ་ཞི་བ། དེའི་སྟེང་གསུམ་སེར་ ལ་བཞད་པ། དེའི་སྟེང་གཉིས་མཐིང་ནག་ཁྲོས་པ། དེའི་སྟེང་གཉིས་དམར་སྨུག་མཆེ་བ་ གཙིགས་པ། དེ་རྣམས་སྤྱན་གསུམ་གསུམ་དང་ལྡན་ཞིང༌། ཀུན་གྱི་སྟེང་ན་འོད་དཔག་མེད་ ཀྱི་ཞལ་ལོ། །ཆོས་སྐུའི་རྩ་ཕྱག་བཅུ་ལས་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཡས་ པའི་མུ་ཏིག་གི་འཕྲེང་བ། འཁོར་ལོ། མཆོག་སྦྱིན། སངས་རྒྱས་ཀྱི་སྐུ་གཟུགས། གཡོན་པས་ པདྨ་སྤྱི་བླུགས། རིན་པོ་ཆེ། མདའ་གཞུ་སྦྲགས་པའོ། །ཡན་ལག་གི་ཕྱག་སུམ་ཅུ་རྩ་བརྒྱད་ ལས། གཡས་རྣམས་རིན་ཆེན་ཞགས་པ་ལྷུང་བཟེད་རལ་གྲི་རྡོ་རྗེ་རྒྱ་གྲམ་ཆུ་ཤེལ་མེ་ཤེལ་ གཞུ་སེར་པོ། །ལྕུག་མ་རྔ་ཡབ་ཕུབ་དང་བུམ་པ་དགྲ་སྟ་འཕྲེང་བ་པད་སྔོན་གྷནྡྷེ་ཉི་མ་དཀར་ པོའོ། །གཡོན་རྣམས་སྤྲིན་དཀར་རལ་པ་པད་སེར་རལ་གྲི་དུང་དང་ཐོད་དབྱུག་འཕྲེང་བ་ 15-1-224 དྲིལ་བུ་རྡོ་རྗེ་དང༌། །ལྕགས་ཀྱུ་བསིལ་ཡབ་སྤྲུལ་སྐུ་ཁང་བཟང་གླེགས་བམ་འཁོར་ལོ་སྦྲུལ་ གཟུགས་དགུན་འབྲུ་པད་དམར་ནོར་བུའོ། །ཉིང་ལག་གི་ཕྱག་སྟོང་རྩ་གཉིས་མཆོག་སྦྱིན་ མཛད་པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་མངའ་བ། ཞབས་གཉིས་མཉམ་པར་བཞེངས་ པ། རི་དྭགས་ཀྱི་པགས་པ། ཕྲག་པ་ལ་གཟར་བ། དར་དང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་ པ། མཚན་དཔེ་ཡོངས་སུ་རྫོགས་པའོ། །གནས་གསུམ་དུ་ༀ་ཨཱཿཧཱུཾ། དེ་བཞིན་གཤེགས་པ་ རྣམས་ཀྱི་བུམ་པའི་ཆུས་དབང་བསྐུར་བར་གྱུར། ལོངས་སྐུ་དང་སྤྲུལ་སྐུའི་ཞིང་ཁམས་ཐམས་ ཅད་དུ་འགྲོ་དོན་མཛད་པར་བསམ། བཟླས་དམིགས་གསལ་བཏབ་ལ། མགྲིན་སྔོན་ཅན་གྱི་གཟུངས་ཅི་རིགས་ པར་འདོན། དེ་འཛིན་དཀའ་ན། ཕལ་ཆེར་བོད་སྐད་དུ་སྟོན་ཀྱང་རུང་ལ། དེ་ཡང་མ་གྲགས་པས་མི་ཤེས་ན། ཡིག་དྲུག་ཁོ་ནས་ ཀྱང་ཆོག་སྟེ། འདིའི་སྔགས་ཀྱི་གཙོ་བོའང་ཡིན་པས། མ་ཎི་ཉིད་ཅི་ནུས་སུ་འདོན་ནོ། །མཐར་རྩ་བྲལ་གྱི་ངང་ལ་བློ་བཞག ཐུན་ འཚམས་ཐམས་ཅད་དུ་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་དང་མ་བྲལ་བར་བྱ། མཆོད་པ་བྱེད་པར་འདོད་ན་ཁྲུས་དང་གཙང་སྦྲ་ སྔོན་དུ་འགྲོ་བས། བྲིས་སྐུའམ་ལུགས་སྐུའི་མདུན་དུ་མཆོད་གཏོར་གཙང་སྦྲ་རྒྱ་ཆེར་བཤམས། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ དང༌། མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་གྱིས་བྱིན་གྱིས་བརླབས། མ་ལུས་སེམས་ཅན་སོགས་ཀྱིས་སྤྱན་འདྲེན། བཅོམ་ལྡན་ཐུགས་རྗེས་བྱོན་པ་སོགས་མཆོད་ཡོན། ཁྲུས་གསོལ་བཞུགས་གསོལ་རྣམས་བྱ། མཆོད་ཡོན་ཕལ་ ཆེར་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་དང༌། དུས་གསུམ་བདེ་བར་སོགས་ཀྱིས་བསྟོད་ཅིང༌། གཞན་ཡང་མཚན་བརྒྱ་སོགས་ཅི་ནུས་སུ་ཀློག་གོ །གཏོར་མ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས། ༀ་མ་ ཎི་པདྨེ་ཧཱུཾ། ༀ་ཨཱཿཧཱུཾ། ཞེས་ཕུད་གཙོ་བོ་ལ་ཟུར་ཙམ་བསྔོས་ལ། ལྷག་མ་ཨ་ཀཱ་རོའི་སྔགས་ཀྱིས་འབྱུང་པོ་ཐམས་ཅད་ ལ་སྦྱིན། འདོད་དོན་གསོལ་བ་གདབ། སྐུ་གཟུགས་ལ་ཡེ་དྷརྨས་རབ་གནས་བྱ། མགྲོན་རྣམས་ཡ་ཧི་ཞེས་པས་གཤེགས་སུ་ གསོལ། འདིའི་སློབ་མ་རྗེས་འཛིན་ནི། བཤད་མ་ཐག་པའི་བདག་བསྐྱེད་མདུན་བསྐྱེད་སྔོན་དུ་སོང་ནས། སློབ་མ་རྣམས་ཁྲུས་ བྱ། བཟང་སྤྱོད་ལྟར་ཡན་ལག་བདུན་པ་དང༌། སྐྱབས་འགྲོ་སེམས་བསྐྱེད་གང་འོས་ཕོག་ནས། སྒོམ་ལུང་སྦྱིན་པ་ཁོ་ནས་ཆོག་གོ ། འདིའི་སྒྲུབ་ཐབས་རྒྱལ་པོ་བཀའ་འབུམ་ནའང་བཞུགས་མོད་ཀྱི། དེང་སང་དེའི་སྲོལ་འཛིན་པ་རྣམས་དང༌། འདིའི་ལག་ལེན་ 15-1-225 ཅུང་མི་འདྲ་བར་སྣང་ངོ༌། །འཕྲུལ་སྣང་འཕགས་པའི་ཆོས་སྐོར་འདི། །བོད་ཆོས་ཀུན༷་གྱི་ཐོག་མར་གྲགས། །འདི་ལ་དག༷འ་མགུ་ ཡི་རང་བས། །བསྒྲུབས་ན་སྙིང༷་པོ༷འི་དོན་མཆོག་འགྲུབ། །སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། དར་རྒྱས་འཕེལ། ༄༅། །ན་མོ་གུ་རུ། འཕགས་པ་འཇིག་རྟེན་དབང་ཕྱུག་གི །སྒྲུབ་ཐབས་ངོ་མཚར་དགའ་བའི་ཏོག །ཡིད་བཞིན་ ནོར་བུ་འཁོར་ལོས་བསྒྱུར། །འདོན་ཐབས་བདག་གིས་བཤད་པར་བྱ། །འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་ འཁོར་ལོས་བསྒྱུར་བའི་སྒྲུབ་ཐབས་མདོར་བསྡུས་སུ་ཉམས་སུ་ལེན་པར་འདོད་པས། སངས་རྒྱས་ཆོས་དང་སོགས་ལན་ གསུམ་བྱ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླ་ལ་རང་སེམས་ཧྲཱིཿལས་འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་རྩ་བའི་ཞལ་དཀར་བ། དེའི་སྟེང་དུ་ཁྲོ་ཞལ་སྔོན་པོ། སྟེང་ ཞལ་འོད་དཔག་མེད་ཀྱི་ཞལ་དམར་བ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ། གཡོན་གྱི་འཁོར་ ལོ་ཐུགས་ཀར་གཏོད་པ། ཞབས་མཉམ་པའི་སྟབས་ཀྱིས་བཞེངས་པ། དར་དང་རིན་པོ་ཆེའི་ རྒྱན་གྱིས་བརྒྱན་པ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདེ་ལས་འོད་འཕྲོས། རྒྱལ་ བ་འོད་དཔག་མེད་དང༌། འཕགས་པ་སྤྱན་རས་གཟིགས་གཙོ་བོར་གྱུར་པའི་སངས་རྒྱས་ བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། མ་ལུས་སེམས་ཅན་ ཀུན་གྱི་སོགས་ཤོ་ལོ་ཀ་གཅིག་བརྗོད། རང་གི་སྙིང་གའི་ཧྲཱིཿཡིག་གི་མཐར། གཟུངས་སྔགས་གསལ་ བཏབ་སྟེ། གཟུངས་བཟླས་པས་དེའི་འོད་ཟེར་གྱིས་མདུན་དུ་བཞུགས་པའི་སངས་རྒྱས་བྱང་ སེམས་ཐམས་ཅད་ཀྱི་ཐུགས་བརྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་འོད་ཟེར་ གྱི་རྣམ་པས་ཕྱིར་འཕྲོས། རང་གི་སྤྱི་བོ་ནས་ཞུགས། སྙིང་གའི་གཟུངས་ལ་ཐིམ་པར་བསམ། ༀ་ཙིནྟ་མ་ཎི་ཙཀྲ་ཝརྟི་མ་ཎི་པདྨེ་ཨ་ཧྲཱིཿཧཱུཾ་ཕཊ་སྭཱཧཱ། རྩ་སྔགས་སོ། །ༀ་པདྨ་བྷ་ར་ཏ་ཀེ་ཨཱཿཧྲཱིཿཧཱུཾ་ ཕཊ་སྭཱཧཱ། སྙིང་པོའོ། །དེ་ལྟར་ཅི་ནུས་སུ་བཟླས་ནས། སངས་རྒྱས་བྱང་སེམས་རྣམས་རང་ལ་བསྟིམ་པའམ། བཛྲ་མུཿས་ གཤེགས་སུ་གསོལ། དགེ་བ་བསྔོ། ཤིན་ཏུ་བསྡུས་པར་ན། རང་སྤྱན་རས་གཟིགས་སུ་གསལ་བཏབ་ནས། སྔགས་བཟླས་པས་ 15-1-226 ཀྱང་རུང་ངོ༌། ། འདིའི་བཟླས་ལུང་ལ་སྔོན་དུ་མཎྜལ་མཆོད་པ་གྲུབ་ན་ལེགས། མ་གྲུབ་ཀྱང་འགལ་བ་མེད་དོ། །དངོས་གཞི་ནི་མཎྜལ་ཕུལ། གོང་དུ་བཤད་པའི་མངོན་རྟོགས་ཀྱི་དམིགས་པ་རྣམས་འབོགས་པ་ཡིན་པ་ལ། སློབ་མ་སྤྱན་རས་གཟིགས་སུ་སྒོམ་དུ་བཅུག སྤྱན་ འདྲེན་གདན་འབུལ། མཆོད་བསྟོད་རྣམས་ལ་རྗེས་ཟློས་བྱེད། བཟླས་པའི་དོད་དུ་བཟླས་ལུང་སྟེར་བ་ཡིན་ནོ། །སྒྲུབ་ཐབས་ཀུན༷་ ལས་ཆེས་དཀོན་པའི། །ཡིད་བཞིན་འཁོར་ལོ་དག༷འ་བའི་ཏོག །མཆོག་གྱུར་སྙིང༷་པོ༷འི་སྒྲུབ་ཐབས་འདི། །བྱིན་རླབས་བླ་ན་མེད་ པ་ཡིན། །སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །བཅུ་གཅིག་ཞལ་འཇིགས་པ་བརྒྱད་སྐྱོབ་ཀྱི་ སྒྲུབ་ཐབས་སོ། ། ༀ་སྭཱ་སྟི། སྙིང་རྗེ་ཆེན་པོ་ཀུན་དངོས་གྲུབ། །མཐའ་དག་རྒྱལ་བའི་སྲས་ཀྱི་ཚུལ། །དེ་ལ་གུས་པས་བཏུད་བྱས་ནས། ། འཇིགས་པ་ཀུན་སེལ་སྒྲུབ་ཐབས་བཤད། །འཕགས་པ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་སྒྲུབ་ཐབས་དང་འདྲ་བ་ལས། པདྨ་འདབ་མ་བརྒྱད་པའི་དབུས་སུ། འཕགས་པ་བཅུ་གཅིག་ཞལ་དཔལ་མོ་ལུགས་བཞིན་ལས། ཞབས་སྐྱིལ་ཀྲུང་གིས་ བཞུགས་པ། འདབ་མ་བརྒྱད་ལ་ཧྲཱིཿཡིག་རེ་རེ་ལས། འཇིགས་པ་བརྒྱད་སྐྱོབ་པའི་འཕགས་ པ་སྤྱན་རས་གཟིགས་བརྒྱད་དུ་གྱུར་པ་ནི། ཤར་དུ་མེའི་འཇིགས་པ་ལས་སྐྱོབ་པ་དཀར་པོ། གཡས་སྐྱབས་སྦྱིན་དང་རྔ་ཡབ། གཡོན་པདྨ་དང་ཆུ་ཤེལ་འཛིན་པ། ལྷོ་རུ་ཆུའི་འཇིགས་སྐྱོབ་ དཀར་པོ། གཡས་སྐྱབས་སྦྱིན་དང་རིན་པོ་ཆེ། གཡོན་པདྨ་དང་འཁོར་ལོ། དེ་བཞིན་དུ་འོག་ མ་རྣམས་ལ་ཡང༌། ཕྱག་དང་པོ་གཉིས་སྐྱབས་སྦྱིན་དང་པདྨ་ཁོ་ནར་ཤེས་པ། ནུབ་ཏུ་སེངྒེ་ འཇིགས་སྐྱོབ་སེར་པོ་ནོར་བུ་དང་པོ་ཏི། བྱང་དུ་གླང་པོའི་འཇིགས་སྐྱོབ་དམར་སེར་ཨུཏྤལ་ དང་མེ་ཤེལ། ཤར་ལྷོར་ཆད་པའི་འཇིགས་སྐྱོབ་དམར་པོ་ལྕགས་ཀྱུ་དང་ཞགས་པ། ལྷོ་ནུབ་ 15-1-227 ཏུ་ཀླུའི་འཇིགས་སྐྱོབ་ལྗང་ཁུ་རྒྱལ་མཚན་དང་གྷུནྡྷེ་ཅན་ཆུ་སྲིན་ལ་གནས་པ། ནུབ་བྱང་དུ་ མཁའ་འགྲོའི་འཇིགས་སྐྱོབ་ནག་པོ་རྩེ་གསུམ་དང་བ་དན་ཅན། བྱང་ཤར་དུ་མི་རྒོད་འཇིགས་ སྐྱོབ་དམར་པོ་རྡོ་རྗེ་དང་དྲིལ་བུ། དེ་ཐམས་ཅད་ཀྱང་ཁྲོ་བོའི་ཉམས་ཅན། ཁྲོ་བོའི་རྒྱན་དང་ཆ་ ལུགས་ཡོངས་སུ་རྫོགས་པ། གཡོན་བརྐྱང་གི་སྟབས་ཅན་ནོ། །མངོན་རྟོགས་ཀྱི་ལྷག་མ་དང༌། གཟུངས་ སྔགས་ཀྱང་དཔལ་མོ་ལུགས་ཇི་ལྟ་བ་བཞིན་དུ་བྱ། འདི་ལ་གཏོར་ཆོག་མི་དགོས། རྗེས་གནང་ཡང་མི་དགོས་ཏེ་ལུང་ཙམ་གྱིས་ འགྲུབ་བོ། །སློབ་དཔོན་ཙནྡྲ་གོ་མའི་བཞེད་པར་གྲགས་པ། དཔལ་ལྡན་ཨ་ཏི་ཤའི་ལུགས་ཀྱི་མན་ངག་གོ །འཇིགས་པ་ཀུན༷་ ལས་སྐྱོབ་པ་ཡི། །སྒྲུབ་ཐབས་མཆོག་ཏུ་ཉམས་དག༷འི་གནས། །ཡིག་སྙིང་རྒྱས་པའི་ཚིགས་ཆེན་གྱིས། །སྙིང༷་པོ༷་བསྡུས་པ་འདི་ ཙམ་ལགས། །བཅུ་གཅིག་ཞལ་འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། མངྒ་ལཾ། ། ༄༅། །ༀ་སྭཱ་སྟི། གང་ཞིག་བསྒོམས་ཤིང་བཟློས་པ་ཡིས། །དཀོར་དང་སྦགས་པའི་ཉེས་པ་སོགས། །ཀུན་ འཇོམས་སྤྱན་རས་གཟིགས་ཀྱི་ནི། །སྒྲུབ་ཐབས་དམ་པ་བཤད་པར་བྱ། །ཐུན་གྱི་མགོར་སྡིག་བཤགས་གང་འགྲུབ་དང༌། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་སྐད་ཅིག་གིས་ཇོ་བོ་སྤྱན་རས་གཟིགས་སྐུ་མདོག་དཀར་ལ་ ཞལ་དབུས་མ་ལྔ་བརྩེགས་ཤིན་ཏུ་ཁྲོས་པ་སྔོན་པོ། གཡས་གསུམ་བརྩེགས་དཀར་བ་དང༌། གཡོན་གསུམ་བརྩེགས་དམར་བ་ཞི་བ། ཕྱག་དང་པོ་གཉིས་སྔོན་པོ་ཐུགས་ཀར་ཐལ་མོ་སྦྱར་ བ། གཞན་རྣམས་དཀར་བའི་གཉིས་པ་གཉིས་རྡོ་རྗེའི་འཕྲེང་བ་དང་པདྨ་དམར་པོ། གསུམ་ པ་གཉིས་འཁོར་ལོ་དང་མདའ་གཞུ། བཞི་པ་གཉིས་ལྕགས་ཀྱུ་དང་མེ་དཔུང་བསྣམས་པ་ མེ་དཔུང་འབར་བའི་དབུས་ན་མཉམ་པར་བཞེངས་པ། མཚན་ཉིད་གཞན་སྤྱི་དང་མཐུན། སྙིང་གར་ ཧྲཱིཿཡིག་ལ་སྔགས་གསུམ་རིམ་དུ་བསྐོར་བར་བསམས་ནས། ༀ་ཨཱཿཧྲཱིཿཧཱུཾ། ཞེས་པ་དང༌། ༀ་མ་ ཎི་པདྨེ་ཧཱུཾ་དང༌། ན་མོ་རཏྣ་ཏྲཱ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། མཧཱ་ཀཱ་རུ་ཎི་ཀཱ་ཡ། བཛྲ་ས་ར་པྲ་མརྡྷ་ ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་ རུ། ཨིཊྚེ། ཝཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། སརྦ་ཀླེ་ཤ སརྦ་ཀརྨ་ཨ་ཝ་ར་ཎ་ནི། ཤུདྡྷེ་ 15-1-228 ཤུདྡྷེ། བི་ཤུདྡྷེ་བི་ཤུདྡྷེ། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ་སྭཱཧཱ། ཞེས་པ་རྣམས་ཅི་འགྲུབ་ཏུ་བཟླའོ། །མཇུག་ཏུ་སྟོང་པ་ ཉིད་ཀྱི་དོན་བསྒོམ། དགེ་བ་བསྔོ། འདི་ནི་མི་ཏྲ་ཛོ་གིའི་གདམས་ངག་སྟེ། སྤྱན་རས་གཟིགས་ཀྱི་ཆོས་སྐོར་གཞན་ཐོབ་པ་ལ་ལུང་ གིས་འགྲུབ་པའོ། །སྡིག་སྒྲིབ་སྦྱང་བར་ཀུན་ཏུ་བསྔགས། །བསྲུང་བ་ཀུན༷་ལས་དག༷འ་བའི་ཏོག །འདི་ལ་ཉམས་ལེན་སྙིང༷་པོ༷ར་ བགྱིས། །བྱིན་རླབས་བླ་མེད་ཡོད་པར་ངེས། །སྤྱན་རས་གཟིགས་རྡོ་རྗེ་སྙིང་པོ་རབ་ཏུ་འཇོམས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ཐུགས་རྗེ་ཆེན་པོའི་བདག་ཉིད་ནི། །འཇིག་རྟེན་དབང་ཕྱུག་ལ་བཏུད་ནས། །ནད་ཀུན་སེལ་ མཛད་སེང་གེའི་སྒྲའི། །སྒྲུབ་ཐབས་ཅུང་ཟད་བྲི་བར་བྱ། །འདིར་སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་གཞུང་དང༌། གཟུངས་མདོ་ ཆུང་ངུ་ལ་བརྟེན་པའི་ལག་ལེན་ཟུར་བཀར་གྲགས་པ། ས་ལུགས་དང༌། དཔྱལ་ལུགས་སོ་སོར་ཐོབ་མོད་ཀྱི། དོན་གཅིག་ཏུ་འདུ་ ཞིང༌། ས་ལུགས་ལ་ཡང་ལོ་ཆེན་རིན་བཟང་ནས་བརྒྱུད་པ་ལ་ཐུན་མོང་བ་ཟེར་ཞིང༌། ཧང་དུ་དཀར་པོ་ལ་མལ་ལོས་ཞུས་པའི་ ལུགས་ཚོགས་བསགས་བཅུ་གསུམ་སོགས་བྱེད་པ་འདི་ལ་ཐུན་མོང་མ་ཡིན་པ་ཟེར་བའི་བརྡ་ཆད་མཛད་ཀྱིན་འདུག་ཅིང༌། རྗེས་ གནང་ཡང་སོ་སོར་མ་བྱས་ན་མི་རུང་བ་ལྟར་བྱེད་མོད། ལྷ་སྔགས་དང་ཆོ་གའི་དངོས་གཞི་ལ་མི་འདྲ་བ་ཅང་མེད་པས། འདིར་ གཅིག་ཏུ་བསྡོམ་སྟེ་བཤད་པར་བྱའོ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་གི་སྙིང་གར་ཟླ་བའི་སྟེང་དུ་ ཧྲཱིཿདེའི་འོད་ཀྱིས་ལུས་གང༌། ལུས་འོད་ཀྱི་གོང་བུར་གྱུར། སྡིག་སྒྲིབ་སྦྱངས། ཕྱིར་འཕྲོས་ཏེ་ རང་བཞིན་གྱི་གནས་ནས། བླ་མ་དང༌། རྗེ་བཙུན་སེང་གེ་སྒྲ་འཁོར་བཅས་བཛྲ་ས་མཱ་ཛཿ ན་ མོ་གུ་རུ་བྷྱཿ ན་མོ་བྷཊྚ་ར་ཀ་སིངྷ་ན་དེ་བྷྱཿ ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ ༀ་སིདྷ་ན་ ད་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་ སྐྱབས་སོགས་ལན་གསུམ། ཚད་མེད་བཞི་སྤྱི་དང་མཐུན། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་ དམར་པོའི་སྟེང་དུ། {མིང་[སེང་]ལས་སེང་གེ་དཀར་པོ་ཉལ་སྟབས་མགོ་གཡས་སུ་ཕྱོགས་ ཤིང༌། གདོང་པ་གྱེན་དུ་ཕྱོགས་པ་རལ་པ་དམར་སེར་ཐུར་དུ་འཕྱང་ཞིང་རིན་པོ་ཆེའི་དྲ་བས་ གཡོགས་པའི་སྟེང་དུ། ཨ་ལས་ཟླ་བ་ལ་ཧྲཱིཿདཀར་པོ་དེ་ལས་འོད་འཕྲོས། འཕགས་པ་མཆོད། 15-1-229 སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད། ཚུར་ འདུས་ཧྲཱིཿལ་ཐིམ་པ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་སེང་གེ་སྒྲ་སྐུ་མདོག་དཀར་པོ་ ཞལ་གཅིག་ཕྱག་གཉིས་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་ཀྱི་སྟེང་དུ་བརྐྱང་ ཞིང༌། གཡོན་རྒྱབ་ཀྱི་ཆར་གདན་ལ་བརྟེན་པ། སྤྱན་གསུམ་དང་ལྡན་ཞིང༌། རལ་པའི་ཐོར་ ཚུགས་ཅན། ཞབས་གཡོན་བརྐྱང་པའི་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། རྒྱན་ སྤངས་པ་དཀའ་ཐུབ་ཀྱི་ཆ་ལུགས་ཅན། ཚངས་པའི་སྐུད་པ་དང་ལྡན་པ། དར་དམར་པོའི་ ཤམ་ཐབས་དང༌། རི་དྭགས་ནག་པོའི་པགས་པས་ནུ་མ་གཡོན་པ་བཀབ་པ། སྐུའི་གཡས་ ལོགས་སུ་ཏྲི་ཤུ་ལ་ལྗང་ཁུ་ལ་སྦྲུལ་དཀར་པོས་དཀྲིས་པ་དང༌། གཡོན་ལོགས་སུ་པདྨའི་སྟེང་ དུ་ཐོད་པ་མེ་ཏོག་སྣ་ཚོགས་ཀྱིས་གང་བ་དང༌། པད་དཀར་གྱི་སྡོང་པོ་སྙན་གྱི་ཐད་ཀར་ཁ་ བྱེ་བའི་སྟེང་ན་ཤེས་རབ་ཀྱི་རལ་གྲི་མེ་འབར་བ་དང་བཅས་པའོ། །དཔྲལ་བར་ༀ། མགྲིན་ པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཧྲཱིཿདེ་ལས་འོད་འཕྲོས། རྗེ་བཙུན་ སེང་གེ་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ གོང་ལྟར་མཆོད། ཛཿཧཱུཾ་བཾ་ཧོཿ ཡང་འོད་འཕྲོས། དབང་གི་ལྷ་རྒྱལ་བ་རིགས་ལྔ་བཛྲ་ས་མཱ་ཛཿ ༀ་པཉྩ་ཀུ་ལ་ས་ པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་ དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པ་ནས། ཤྲཱི་ཡེ་ཧཱུཾ་ཞེས་གསུང་ཞིང༌། བུམ་པའི་ཆུས་དབང་ བསྐུར་སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན། སྤྱི་གཙུག་ཏུ་རྣམ་སྣང༌། དཔུང་པ་གཡས་ལ་མི་བསྐྱོད་པ། གཡོན་ལ་འོད་དཔག་མེད། དཔྱི་ གཡས་པར་རིན་འབྱུང༌། གཡོན་པར་དོན་གྲུབ་རྣམས་སྤྲུལ་པ་དཔག་ཏུ་མེད་པ་འཕྲོ་ཞིང་ བཞུགས་པར་གྱུར། བཟླས་དམིགས་གསལ་བཏབ་ལ། ༀ་ཨཱཿཧྲཱིཿསིངྷ་ན་ད་ཧཱུཾ་ཕཊ། ཅེས་སྙིང་པོ་དང༌། ན་ 15-1-230 མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་ས་ཏྭཱ་ཡ། མཧཱ་ཀཱ་རུ་ ཎི་ཀཱ་ཡ། ཏདྱ་ཐཱ། ༀ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ་ཀ་རོ་ཊེ། བིདྱེ་སྭཱཧཱ། ཞེས་པ་གཟུངས་ཏེ། ཅི་འགྲུབ་ཏུ་བཟླའོ། །མཐར་ལྷ་སྐུ་མི་དམིགས་པར་སྦྱངས་ཏེ་སྟོང་པ་ལ་མཉམ་པར་གཞག སླར་ཡང་ལྷའི་ང་ རྒྱལ་གྱིས་དགེ་བ་བསྔོས་ནས། ཐུན་འཚམས་ལ་འཇུག་གོ །འདི་ལ་བདག་བསྐྱེད་ཀྱི་ཡེ་ཤེས་པ་མཆོད་ནས་གཤེགས་གསོལ་བྱེད་ པ་ནི། གྲུབ་མཐའི་ཞེན་དུ་དམིགས་ནས་བྱས་པར་ཟད་ཀྱི། འདི་ཉིད་ཀྱི་མན་ངག་རྙིང་པ་རྣམས་ལའང་མེད་ལ། དོན་ལ་དགོས་ པའང་མ་ཡིན་ནོ། ། རྗེས་གནང་གི་ཆོ་ག་ནི། ནཱ་རོ་པའི་མན་ངག་གི་ལུགས་དེ་དང་མཐུན་པར་བྱས་ན་གཅིག་ཤོས་ཞོར་ལ་ཐོབ་པར་འགྱུར་ བ་ཡིན་པས། དེ་བཞིན་བྱ་སྟེ། མཎྜལ་པདྨ་འདབ་བརྒྱད་དཀར་པོ་ཚོམ་བུ་ཅན་ཞིག་བྱ། ཕྱོགས་གང་ཡང་རུང་བར་བུམ་པ་སྤྱི་ དང་མཐུན་པར་བཤམས། མཆོད་པ་དང་དཀར་གཏོར་གང་འོས་སྒྲིག བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་སྤྱི་དང་མཐུན་ པར་བྱིན་གྱིས་བརླབས། མདུན་བསྐྱེད་བུམ་པ་དང་བཅས་པ་བསངས་སྦྱངས། སྟོང་པའི་ངང་ལས་མཎྜལ་གྱི་སྟེང་ དང༌། བུམ་པའི་ནང་དུ་པཾ་ལས་ཞེས་པ་ནས། དབུ་བརྒྱན་གྱི་བར་གོང་བཞིན་ཨརྒྷཾ་ནས་ཤཔྟའི་བར་གྱིས་ མཆོད། མི་འཇིགས་ཐོགས་མེད་སེང་གེའི་ཁྲི་སྟེང་དུ། །རྣམ་དག་འོད་གསལ་ཟླ་བའི་དཀྱིལ་ འཁོར་མཛེས། །སྐུ་མདོག་དཀར་གསལ་གངས་རིའི་ཕུང་པོ་འདྲ། །རྗེ་བཙུན་སེང་གེ་སྒྲ་ལ་ ཕྱག་འཚལ་ལོ། །བདུད་ཀྱི་གཡུལ་བཟློག་སྤྱན་དམར་མཚན་དཔེས་སྤྲས། །ཆོས་སྐུ་སྟོང་ཉིད་ ནམ་མཁའ་ལྟ་བུ་ལ། །གཟུགས་སྐུ་འགྲོ་བའི་དོན་དུ་ཅིར་ཡང་སྤྲུལ། །དཔའ་བོ་སེང་གེ་སྒྲ་ལ༴ འགྲེ། ཕྱག་གཡས་རྩེ་གསུམ་རྒྱལ་རིགས་སྦྲུལ་གྱིས་དཀྲིས། །གཡོན་ན་ཐོད་པ་རལ་གྲི་འབར་ བ་ཡིས། །སྒྲུབ་པ་པོ་ལ་དངོས་གྲུབ་བློ་སྩོལ་བའི། །དམ་པ་སྐྱེས་མཆོག་ཁྱོད་ལ༴ སྐུ་ལས་དེ་ བཞིན་གཤེགས་པ་ལྔ་སྤྲོ་ཞིང༌། །སློབ་དཔོན་འོད་དཔག་མེད་པས་དབུ་ལ་བརྒྱན། །སྤྱན་ གསུམ་གཟིགས་པས་སྡུག་བསྔལ་ཞི་བར་མཛད། །རྗེ་བཙུན་ཐུགས་རྗེ་ཅན་ལ༴ སྐྱེ་བ་འདི་ དང་ཚེ་རབས་ཐམས་ཅད་དུ། །གྲོང་གི་ཆ་དང་ཡུལ་ལྗོངས་སྤངས་པའི་སར། །བག་མེད་ཉལ་ 15-1-231 དང་སྤྱོད་ལམ་ཐམས་ཅད་དུ། །རྗེ་བཙུན་ཁྱེད་ཀྱིས་ཐུགས་རྗེས་བཟུང་དུ་གསོལ། །ཅེས་བསྟོད་ ཅིང་གསོལ་བ་བཏབ་ནས། མཎྜལ་དང༌། བུམ་པའི་ལྷ་ལ་དམིགས་ནས་བཟླས་པ་ཅི་འགྲུབ་བྱ། དེ་གཉིས་ལ་ཐུན་མོང་དུ། གཏོར་ མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། གཟུངས་རིང་གི་སྭཱཧཱའི་གོང་དུ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ བཅུག་པ་ལན་ལྔས་མདུན་བསྐྱེད་དང་བུམ་པ་གཉིས་ཅར་ལ་དམིགས་ནས་འབུལ། ཨརྒྷཾ་ལ་སོགས་པས་མཆོད། ཆོས་སྐུ་ མཉམ་ཉིད་ངང་ལས་མ་གཡོས་ཀྱང༌། །མཐའ་ཡས་འགྲོ་བའི་སྡུག་བསྔལ་ཞི་བའི་ཕྱིར། །ཀླུ་ འདུལ་བྱམས་པའི་རང་བཞིན་གཟུགས་སྐུར་བསྟན། །འཕགས་པ་སེང་གེ་སྒྲ་ལ་ཕྱག་འཚལ་ ལོ། །ཞེས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས། འདོད་དོན་གསོལ་བ་བཏབ། མཆོད་ཡོན་ ཕུལ་བས་བུམ་ནང་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བར་བསམ། སྤྲོ་ན་ཀླུ་གཏོར། རྒྱལ་ཆེན་བཞིའི་གཏོར་མ་ཆ་གསུམ་དང་བཅས་པ་རྣམས་བཏང༌། སློབ་མའི་བྱ་བ་ནི་རྗེས་གནང་གི་ངོ་བོ་སྒྲུབ་ཐབས་རྒྱ་མཚོའི་ཆིངས་དེ་ཉིད་དང་མཐུན་པ་ལས། ཐོག་མར་བགེགས་གཏོར་ བཏང༌། བཀྲུ་བྱབས་བསྲུང་གསུམ་བྱེད། སྐུའི་རྗེས་གནང་གི་མཐར་མངོན་རྟོགས་ལྟར་དབང་བསྐུར། སློབ་དཔོན་གྱི་སྐུའི་རིགས་ ལྔ་ལས་རིགས་ལྔ་དཔག་ཏུ་མེད་པ་སྤྲོས་ཏེ་བསྟིམ། བཟླས་ལུང་གིས་སྐབས་སྙིང་གར་ས་བོན་གྱི་མཐར་སྙིང་པོ་དང༌། དེའི་མཐར་ གཟུངས་ཀྱིས་བསྐོར་བ། སློབ་དཔོན་གྱི་ཐུགས་ཀ་ནས་སློབ་མའི་སྙིང་གར་སྤྲོ་བའི་དམིགས་པ་བྱེད། ཆོ་ག་ལྷག་མ་སྤྱི་དང་འདྲ། ཐུན་མོང་བར་གྲགས་པའི་རྗེས་གནང་ནི། སྐུ་གསུང་ཐུགས་ཀྱི་རྗེས་གནང་དུ་མིང་འདོགས་བསྒྱུར་བ་མ་གཏོགས། སྒྲུབ་ཐབས་ བརྒྱ་རྩའི་ཆིངས་ཁོ་ན་བཞིན་ནོ། །ཟབ་མོར་གྲགས་ཤིང་གྲུབ་པ་ཡི། །མན་ངག་ཡི་གེ་ཀུན༷་མཐོང་ནས། །དག༷འ་བའི་ཡིད་ཀྱིས་ སྙིང༷་པོ༷་ཙམ། །བསྡུས་ལ་ཉེས་སྐྱོན་མེད་པར་སེམས། །འཕགས་པ་སྤྱན་རས་གཟིགས་སེང་གེའི་སྒྲའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། དར་རྒྱས་འཕེལ། མངྒལཾ། ། ༄༅། །ༀ་སྭཱ་སྟི། འཇིག་རྟེན་མགོན་ལ་བཏུད་བྱས་ཏེ། །རྒྱལ་བ་རྒྱ་མཚོའི་ཆོས་སྐོར་ནི། །ཤིན་ཏུ་མང་ཡང་དེའི་སྙིང་ པོ། །ཟབ་ལ་འདྲིལ་བ་ཅུང་ཟད་བཤད། །སྐྱབས་སེམས་ཡན་ལག་བདུན་པ་དང་བཅས་པ་སྔོན་དུ་བཏང༌། ཤཱུ་ནྱ་ཏཱས་སྟོང་པར་ སྦྱངས་ནས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །སྙིང་རྗེ་དུང་བ་བསྒོམ་སྟེ། ཀུན་ཏུ་སྣང་བའི་ཏིང་ 15-1-232 ངེ་འཛིན་ནོ། །པད་ཟླ་ལ་རང་སེམས་ཧྲཱིཿཡིག་བསྒོམ་སྟེ། རྒྱུའི་ཏིང་ངེ་འཛིན་ནོ། །དེ་ལས་རང་ ཉིད་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཕྱག་དང་པོ་གཉིས་ཐལ་མོ་སྦྱར་ བ། གཡས་འོག་མ་མུ་ཏིག་དམར་པོའི་འཕྲེང་བ། གཡོན་འོག་མས་པདྨ་དམར་པོ་བསྣམས་ པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། དར་དང་རིན་པོ་ཆེས་བརྒྱན་པ། སྤྱི་བོར་ སངས་རྒྱས་འོད་དཔག་མེད། ཐུགས་ཀར་རྟ་མགྲིན་རྡོ་རྗེ་འཕྱར་ཞིང་སྡིགས་མཛུབ་མཛད་ པ། ལྟེ་བར་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཕྱག་གཡས་གཉིས་ན་རལ་གྲི་དང་ ཌཱ་མ་རུ། གཡོན་གཉིས་ན་རྩེ་གསུམ་དང་ཐོད་ཁྲག་འཛིན་པ་རུས་པའི་རྒྱན་ཅན་ནོ། །ལྷ་ཐམས་ ཅད་ཀྱི་གནས་གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་འདྲེན། དབང་བསྐུར་ཙམ་བྱེད། རྒྱས་བཏབ་རང་ཆས་སུ་ཡོད་པས་བྱེད་མི་ དགོས་སོ། །ༀ་ཨཱཿཧཱུཾ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུཾ། དྷུ་མ་གྷ་ཡེ་ན་མ་ཧ་རི་ནི་ས། ར་ཙ་ཧྲཱིཿཡ། ཞེས་བཟླས་པ་ བྱ། གཏོར་མ་འབྲུ་གསུམ་གྱིས། བདུད་རྩིར་བྱིན་གྱིས་བརླབས་ལ། ཨ་ཀཱ་རོས་འབུལ། བདག་བསྐྱེད་ལ་ཡང་གཏོར་འབུལ་ དགོས་གསུང༌། འདིའི་བྱིན་བརླབ་ནི། མདུན་བསྐྱེད་ཀྱི་རྟེན་པདྨ་འདབ་བཞི་ཚོམ་བུ་ཅན་ལ་བུམ་པ་བཅུད་ལྡན་དང་ཐོད་པ་ཆང་གིས་གང་ བ། སིནྡྷུ་རའི་དཀྱིལ་འཁོར་སྔགས་ཅན། རྡོ་རྗེ་རྣམས་བརྩེགས་ཏེ་བཞག བདག་མདུན་དབྱེར་མེད་བཟླས་པ་དང་བཅས་པ་སོང་ ནས། གཏོར་མ་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མགོན་པོ་ཐུགས་རྗེ་ཆེན་པོ་ནི། །འོད་དཔག་ མེད་པས་དབུ་ལ་བརྒྱན། ཁྲོ་བོའི་མཁའ་འགྲོ་ལས་ལ་བསྐུལ། །ཕྱག་འཚལ་བྱིན་གྱིས་བརླབ་ ཏུ་གསོལ། །ཅེས་བསྟོད། མཎྜལ་འབུལ། དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་བཏབ་གུར་ནས་འབྱུང་ བའི་རྒྱུན་བཤགས་བྱ། མཎྜལ་དབུས་ཀྱི་ལྷས་བུམ་པའི་དབང་བསྐུར་བར་བསམ་ལ། ཇི་ལྟར་བལྟམས་པ་སོགས་བརྗོད། ཐོད་པའི་དབུས་ན་བཞུགས་པའི་འཕགས་པ་སྤྱན་རས་གཟིགས་ཡབ་ཡུམ་གྱིས་བྱང་ཆུབ་ སེམས་ཀྱི་དབང་བསྐུར་བར་བསམས་ལ། ༀ་ཨཱཿཧཱུཾ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུཾ། ཞེས་ནང་མཆོད་སྦྱིན། སིནྡྷུ་ རའི་ལྷས་རིག་མ་གཏད་ཅིང༌། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བསམ་ཞིང༌། ༀ་དྷུ་མ་གྷ་ཡེ་ན་མ་ 15-1-233 ཧཱུཾ་ཞེས་མེ་ལོང་སྙིང་གར་གཏུགས། ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཞེས་བརྗོད་ཅིང༌། སིནྡྷུ་ར་གནས་བཞིར་བྱུགས་རྡོ་རྗེ་བསྟན་ ཏེ། སེམས་སྣང་སྟོང་བརྗོད་བྲལ་དབང་བཞི་པའི་དོན་དུ་ངོ་སྤྲད། རྗེས་ཀྱི་བྱ་བ་སྤྱི་དང་འདྲ། བྱིན་རླབས་ཀྱི་རྗེས་སུ་བསྒོམ། ལུང་ རེ་གནང་བའི་སྲོལ་ཀྱང་གདའོ། །རྒྱལ་བ་རྒྱ་མཚོ་ལྷ་བཅུ་གསུམ་མའི་དབང་ཆོག་ཆེན་མོ་ཡང་ཐོས་མོད་ཀྱི། སྙིང་པོ་འདི་ཁོ་ན་ངོ་ མཚར་ཆེ་བ་ཡིན་གསུང༌། སྒྲུབ་ཐབས་འདིའི་ལུགས་ཐ་དད་པ་ཕལ་ཆེར་གྱི་ཡི་གེ་སྣ་རེ་རེ་སྣང་ཞིང༌། བྱིན་རླབས་ཀྱི་ཆོ་ག་ནི་བླ་ མའི་གསུང་ལས་བྱུང་བའོ། །དབང་སྡུད་ལྷ་རྣམས་ཀུན༷་གྱི་ཕུལ། །རབ་དག༷འ་སེམས་ཀྱིས་འབད་ནས་ཞུས། །གཞན་ལ་མེད་པ་ སྙིང༷་པོ༷འི་དོན། །སྒང་སྟེ་དྲིལ་ནས་གནང་བ་ཡིན། །སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་སྒྲིལ་དུ་གྲགས་པའི་ སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་བཤད་ པའི་སྐབས་ཏེ་དྲུག་པའོ། །ཞུས་དག །མངྒལཾ། ། ༄༅། །བཀའ་གདམས་ལྷ་བཞི་ལས་སྒྲོལ་མའི་ སྒྲུབ་ཐབས་སོ། ། ༀ་སྭཱ་སྟི། འཇིགས་པ་ཀུན་ལས་སྐྱོབ་མཛད་ཅིང༌། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །ཡིད་ལ་བསམ་པའི་དོན་ ཀུན་སྩོལ། །སྒྲོལ་མ་དེ་ལ་ཕྱག་འཚལ་འདུད། །བཀའ་གདམས་ལྷ་བཞིའི་ནང་ཚན་དུ་གྱུར་པ། སྒྲོལ་མའི་སྒྲུབ་ཐབས་ནི། སྐྱབས་ འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཏཱཾ་ལྗང་ ཁུ། དེའི་འོད་ཀྱིས་ལུས་གང༌། རྣམ་སྨིན་བརྡོས་བཅས་དང་སྡིག་སྒྲིབ་ལྷན་ཅིག་ཏུ་སྦྱངས། རང་ཉིད་སྒྲོལ་མའི་སྐུར་གྱུར་པ་ནི། སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་ སྦྱིན་དང་གཡོན་ཨུཏྤལ་སྔོན་པོའི་རྩ་བ་བཟུང་བ་སྙན་གྱི་ཐད་ཀར་ཁ་ཕྱེ་བ། ཞབས་གཡས་ བརྐྱང་གཡོན་བསྐུམ་པའི་སྐྱིལ་ཀྲུང་ཕྱེད་པའི་རོལ་པའི་བཞུགས་པ། དར་དང་རིན་པོ་ཆེའི་ རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པད་ཟླའི་གདན་ལ་བཞུགས་པར་གྱུར། ཐུགས་ཀར་ཟླ་བ་ 15-1-234 ལ་གནས་པའི་ཏཱཾ། དེ་ལས་འོད་ཟེར་འཕྲོས། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཡེ་ཤེས་སེམས་ དཔའི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཕྱག་དང་མཆོད་པ་ཡིད་ལ་བྱ་ཞིང་ངག་ནས་མི་བརྗོད། ཛཿཧཱུཾ་བཾ་ཧོཿ གཉིས་ སུ་མེད་པར་ཐིམ། སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྷ་སྐུ་ལ་སེམས་རྩེ་གཅིག་ཏུ་གཏད་ལ་མཉམ་པར་བཞག བཟླས་པ་ནི། ཏཱཾ་གི་མཐར་བསྐོར་དུ་ཡི་གེ་བཅུ་པས་ བསྐོར་བར་བསྒོམ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པ་དང༌། གཟུངས་སྔགས་ཀྱིས་བསྐོར་བ་གསལ་བཏབ་ ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་ རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་ཏཱ་རེ་ཏུཏྟཱ་རེ་སརྦ་དུཥྚཾ། པྲ་དུཥྚཾ། མ་མ་ཀྲྀ་ཏེ། ཛཾ་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ ཡ། བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦ་དུཥྚཾ་སྟཾ་བྷ་ནི་ཏཱ་རེ་སྭཱཧཱ། ཞེས་པའང་ཅི་འགྲུབ་ཏུ་བཟླ། ཐུན་ འཇོག་ཁར། ཡེ་ཤེས་པ་མདུན་དུ་བཞུགས་པ་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འདོད་དོན་གསོལ་བ་ བཏབ། དགེ་བ་བསྔོ། ༀ་མུཿཞེས་གཤེགས་སུ་གསོལ། རང་དམ་ཚིག་པའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །ཡང་ཕྱག་འཚལ་ཉེར་ གཅིག་འདོན་ན། དམ་ཚིག་པ་གོང་ལྟར་བསྐྱེད་པའི་ཐུགས་ཀའི་འོད་ཀྱིས་ཡེ་ཤེས་ལྷ་མོ་མདུན་དུ་སྤྱན་དྲངས་ཕྱག་མཆོད་འབུལ། སྐྱབས་སྦྱིན་གྱི་འོག་ཏུ་བདག་དང་བསྲུང་བྱ་རྣམས་ཚུད་པར་བྱས་ལ། ཕྱག་འཚལ་ཞེས་པའི་སྐབས་སུ་ཡིད་ཀྱིས་ཕྱག་འཚལ་བར་ མོས། བསྟོད་པ་གང་ནུས་འདོན། རྗེས་གོང་དང་འདྲའོ། ། འདིའི་བཟླས་ལུང་བྱེད་ཐབས་ནི། སྒྲོལ་མའི་སྐུ་གཟུགས་བྲིས་འབུར་གང་རུང་ཞིག་གི་མདུན་དུ་མཎྜལ་མེ་ཏོག་གི་ཚོམ་ བུ་བཀོད། མཆོད་པ་རྒྱ་ཆེར་བཤམས། ཆོས་སྐྱོང་དང་ཆ་གསུམ་སོགས་འཇིག་རྟེན་པའི་གཏོར་མའང་ཅི་རིགས་སུ་བཤམ་མོ། ། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱས་ཀྱང་རུང༌། སྐད་ཅིག་གིས་ༀ་ལས་བྱུང་བའི་མཆོད་པར་མོས་ པ་ཙམ་བྱས་ནས། མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་པ་ཙམ་གྱིས་ཆོ་ག །སྟོང་པར་སྦྱངས་པ་ནས། བཟླས་པ་ གྲུབ་ཀྱི་བར་བྱ། མདུན་བསྐྱེད་ཀྱང་བདག་བསྐྱེད་འདོན་པ་སྤོས་པས་ཆོག ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཕྱག་འཚལ་ ཉེར་གཅིག་སོགས་བསྟོད་པ་གང་ཤེས་ཀྱིས་བསྟོད། གསོལ་བཏབ་ཅི་ཤེས་ཀྱིས་གསོལ་བ་བཏབ། སློབ་མས་མཎྜལ་ཕུལ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་བྱ། འགྲུབ་ན་སྐྱབས་འགྲོ་སེམས་བསྐྱེད་རྒྱས་པར་འབོགས། མ་འགྲུབ་ན་སངས་རྒྱས་ 15-1-235 ཆོས་དང་མ་ལན་གསུམ་བྱ། རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །ཞེས་སོགས་ཐུན་མོང་མ་ཡིན་པའི་རྒྱུན་ བཤགས་ལན་གསུམ་བྱ། མངོན་རྟོགས་བཞིན་སྒོམ་ལུང་ཕོག སྔགས་ཀྱིས་བཟླས་ལུང་ཙམ་སྦྱིན་པ་ཉིད་ཀྱིས་འགྲུབ་པར་ཡིན་ནོ། ། འདི་ནི་བཟླས་ལུང་ལ་བརྟེན་པའི་སྒྲུབ་ཐབས་ཞེས་གསུང་ངོ༌། །སྔོན་དུས་ཀུན༷་ནས་ཆེས་དར་ཡང༌། །དེང་སང་ཕལ་ཆེར་ནུབ་པ་ དང༌། །གཞན་གྱི་རིགས་འགྲེས་སླད་མཐོང་ནས། །དག༷འ་བས་སྙིང༷་པོ༷ར་སྒྲིལ་འདིའོ། །བཀའ་གདམས་ལྷ་བཞི་ལས་སྒྲོལ་མའི་ སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། མངྒལཾ། ༄༅། །ༀ་སྭཱ་སྟི། འཕོངས་སྐྱོབ་འཕགས་མ་སྒྲོལ་མ་ལ། །གུས་པས་བཏུད་ནས་དེའི་སྒྲུབ་ཐབས། །ཐམས་ཅད་ མཁྱེན་པའི་བཤེས་གཉེན་གྱི། །གཞུང་བཞིན་མདོར་བསྡུས་བྲི་བར་བྱ། །འདི་ལ་པཎ་ཆེན་ཤཱཀྱ་ཤྲཱིའི་གསུང་རྒྱུན་གྱི་མན་ངག་ ཁྲོ་ཕུ་བས་མཛད་པ་དང༌། ས་སྐྱ་པཎྜི་ཏས་མཛད་པ་གུང་སྤྲོས་པའི་སྙིང་པོ་ནི། སྐྱབས་སེམས་སྔོན་དུ་བཏང༌། རང་གི་སྙིང་ གར་ཟླ་བ་ལ་ཏཱཾ། དེའི་འོད་ཀྱིས་འཕགས་མ་སྒྲོལ་མ་ལ། མཆོད་འོས་ཐམས་ཅད་ཀྱིས་བསྐོར་ བ་བཛྲ་ས་མཱ་ཛཿ འཕགས་མའི་དབུ་གཙུགས་ཏུ་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པ་ཅན་དུ་ བཞུགས་པར་གྱུར། ཡིད་ཀྱིས་མཆོད་པ་དཔག་ཏུ་མེད་པ་སྤྲུལ། དངོས་སུ་ཉེར་སྤྱོད་ལྔས་མཆོད། དཀོན་མཆོག་ གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། ཚད་མེད་བཞི་སྤྱི་དང་མཐུན། སྭ་བྷཱ་ཝས་སྔགས་འདོན་དང༌། ཤཱུ་ནྱ་ཏའི་སྔགས་འདོན་བསམ། པད་ཟླ་ལ་རང་སེམས་ཏཱཾ་ལས་ཨུཏྤལ་ཏཾ་གིས་མཚན་པ་ལས་འོད་ འཕྲོས། སེམས་ཅན་གྱི་དོན་བྱས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་སྒྲོལ་མ་སྐུ་མདོག་ ལྗང་ཁུ། མཆོག་སྦྱིན། ཨུཏྤལ་ཅན། གཡས་བརྐྱང་བའི་ཕྱེད་ཀྲུང་གིས་བཞུགས་པ། མཚན་ ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཏཱཾ། དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་འདྲེན་དང༌། དབང་ བསྐུར་རྒྱས་བཏབ་སྤྱི་དང་འདྲ་སྟེ། དོན་ཡོད་གྲུབ་པས་དབུ་བརྒྱན། ཡེ་ཤེས་སེམས་དཔའ་ནམ་མཁར་ བཞུགས་པ་ལ། མཆོད་བསྟོད་མ་བྱས་ན། སྐབས་འདིར་མཆོད་བསྟོད་བྱ། སྙིང་གའི་ཏཱཾ་གི་འོད་ཟེར་གྱིས་སྣོད་ བཅུད་ཐམས་ཅད་རྗེ་བཙུན་མའི་རྣམ་པར་བསྒྱུར། འོད་ཟེར་སྤྲོ་བསྡུ་དང་སྣང་སྟོང་སྒྱུ་མ་ལྟ་བུ་ལ་མཉམ་པར་ 15-1-236 བཞག ཡི་གེ་བཅུ་པ་དོ་ལིའི་བཟླས་པས་བྱའོ། །ཐུན་འཇོག་པ་ན་མཆོད་བསྟོད་ཀྱི་མཐར། བཛྲ་མུཿ ཞེས་བདག་བསྐྱེད་ཀྱི་ཡེ་ ཤེས་པ་གཤེགས། དགེ་བ་བསྔོ་ཞིང་དམ་ཚིག་པའི་ང་རྒྱལ་གྱིས་ཐུན་མཚམས་ལ་འཇུག་གོ ། འདིའི་རྗེས་གནང་ནི། ཕལ་ཆེར་སྤྱི་དང་འདྲ་བ་ལས། བུམ་པ་ཞིག་བཅའ། མདུན་བསྐྱེད་ཀྱི་མཐར། བུམ་པ་བསངས་ སྦྱངས། བདུད་རྩིའི་རྒྱ་མཚོར་གྱུར་པའི་དབུས་སུ་སྒྲོལ་མ་བདག་བསྐྱེད་ལྟར་བསྐྱེད། གཟུངས་ཐག་བཏགས་ཏེ་སྔགས་བཟླས་ པས། སྐུ་ལས་བདུད་རྩི་དང་སྔགས་ཀྱི་ཡིག་འབྲུའི་ཚོགས་བྱུང༌། བདུད་རྩིའི་རྒྱ་མཚོ་དང་ གཅིག་ཏུ་འདྲེས་པར་གྱུར་པར་བསམ། འཇུག་ཏུ་མཆོད་བསྟོད། མཆོད་ཡོན་ཕུལ་བས། སྒྲོལ་མ་སྔགས་ ཀྱི་ཡིག་འབྲུ་དང་བཅས་པ་འོད་དུ་ཞུ། དག་པ་ཡེ་ཤེས་ཀྱི་ཆུར་གྱུར་པར་བསམ། དེ་ནས་སློབ་མའི་བྱ་ བ་ནི། རྡོ་རྗེ་འཛིན་པ་སོགས་ཀྱིས་གསོལ་བཏབ་དང༌། འགྲོ་རྣམས་བསྒྲལ་འདོད་སོགས་ཀྱི་སྐྱབས་འགྲོ་སེམས་ བསྐྱེད་བྱ། སྐུའི་རྗེས་གནང་གི་གཞུག་ཏུ། བུམ་པའི་ཆུས་དབང་བསྐུར་དམིགས་པ་མངོན་རྟོགས་བཞིན་འབོགས། ཐུགས་ཀྱི་ རྗེས་གནང་གི་ཕྱག་མཚན་བསྟིམ་པའི་རྗེས་ལ། མངོན་རྟོགས་ལྟར་གཞན་དོན་སྣོད་བཅུད་སྦྱངས་པ་དང༌། འོད་ཟེར་སྤྲོ་བསྡུ་དང༌། སྣང་སྟོང་སྒྱུ་མ་ལྟ་བུ་ལ་མཉམ་པར་འཇོག་ཏུ་གཞུག་གོ །སྒྲོལ་མ་ཀུན༷་ཏུ་ཞལ་གཟིགས་པ། །ཤཱཀྱ་ཤྲཱིའི་མན་ངག་ནི། །མཆོག་ཏུ་ དག༷འ་བ་ལུགས་གཉིས་ཀྱི། །སྙིང༷་པོ༷་བསྡུས་པ་འདི་ལྟར་ལགས། །སྒྲོལ་མ་སྔོ་ལྗང་ཁ་ཆེ་པཎ་ཆེན་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། འཆི་མེད་རྡོ་རྗེ་སེམས་དཔའ་ཆེ། །གང་ལ་བརྟེན་ནས་མྱུར་འགྲུབ་པ། །སྒྲོལ་མ་དཀར་མོ་ལ་བཏུད་ དེ། །སྒྲུབ་ཐབས་མདོར་བསྡུས་བྲི་བར་བྱ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། ༀ་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་ དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་འོ་མའི་རྒྱ་མཚོའི་དབུས་སུ་པཾ་ལས་པདྨའི་སྡོང་ པོ། དབུས་སུ་པད་དཀར་འདབ་བརྒྱད་རབ་ཏུ་རྒྱས་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་དུ་ཏཱཾ་ལས་རང་ཉིད་འཕགས་མ་སྒྲོལ་མ་དཀར་མོ། འོད་དཔག་མེད་ཀྱི་དབུ་ བརྒྱན་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་མཆོག་སྦྱིན། གཡོན་ 15-1-237 ཨུཏྤལ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཅིང༌། སྙན་གྱི་ཐད་ཀར་ཁ་བྱེ་བ། བཅུ་དྲུག་ལོན་ པའི་ན་ཚོད་ཅན། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་ཟེར་དཔག་ཏུ་ མེད་པ་འཕྲོས་པའི་སྐུ་ཅན་དུ་གྱུར། འདབ་མ་བརྒྱད་ལ་ལུས་དང་གྲིབ་མའི་ཚུལ་དུ་རང་དང་ འདྲ་བའི་སྒྲོལ་མ་དཀར་མོ་བརྒྱད་ཞལ་ནང་དུ་བསྟན་པ། འཁོར་གྱི་ཚུལ་ཅན། རང་གི་ཐུགས་ ཀར་ཨ་ལས་ཟླ་བ་ལ་ཏཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་ མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བར་བསམས་ལ། ༀ་ཨ་མ་ར་ཎི་ཛི་ཝནྟཱི་ཡེ་སྭཱཧཱ། ཞེས་ཅི་འགྲུབ་ཏུ་བཟླ། འཁོར་ཐམས་ཅད་ཀྱི་སྔགས་ཀྱང་བཟློས་པར་བསམ། བཅོམ་ལྡན་འདས་མ་སྒྲོལ་མས་ བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེའི་བར་ཆད་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་མཛད་དུ་གསོལ། ཅེས་གསོལ་བ་བཏབ། མི་དམིགས་པའི་ངང་ ནས་དགེ་བ་བསྔོ། འདིའི་རྗེས་གནང་གི་ཆོ་ག་ནི། ཁ་ཆེ་པཎ་ཆེན་ཉིད་ཀྱི་ལུགས་སྒྲོལ་མ་ལྗང་ཁུའི་རྗེས་གནང་ཉིད་འདོད་པ་སྤོས་པས་ཆོག་ གོ ། །ཀུན༷་དང་ཐུན་མོང་མ་ཡིན་པ། །པཎ་ཆེན་བཞེད་ཚུལ་དག༷འ་བའི་ཏོག །སྒྲུབ་ཐབས་སྙིང༷་པོ༷་མདོར་བསྡུས་འདི། ཚེ་སྒྲུབ་ ཟབ་པའི་མཐར་ཐུག་ལགས། །སྒྲོལ་དཀར་ཁ་ཆེ་པཎ་ཆེན་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒལཾ། ། ༄༅། །འཕགས་པ་སྤྱན་རས་གཟིགས་དབང་དང༌། །སྒྲོལ་མ་ཞི་ཁྲོ་ལ་བཏུད་ནས། །ཉིན་ཞི་མཚན་ཁྲོ་སྒྲུབ་པའི་ཐབས། ། ལག་ལེན་ངག་འདོན་གསལ་བོར་བཀོད། །སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་མདུན་དུ་སྡོང་པོ་དང་བཅས་ པའི་པད་གདན་དང༌། ཟླ་བ་ལ་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ། ཕྱག་གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ། པདྨ་ཐུགས་ཀར་ཁ་ཕྱེ་ བའི་སྟེང་དུ་ཏཱཾ་ལས་རྗེ་བཙུན་མ་སྒྲོལ་མ་ཞི་བ། རང་ཉིད་ལ་དགྱེས་པའི་སྤྱན་གྱིས་གཟིགས་ པ། པུཥྤེ་ནས། ནཻ་ཝི་ཏེའི་བར་གྱིས་མཆོད། གུར་ནས་འབྱུང་བའི་རྒྱུན་བཤགས་ཚར་གསུམ། ཕྱག་འཚལ་ཉེར་གཅིག་ ཚར་གཅིག ཡིད་ཀྱིས་གསོལ་བ་དྲག་ཏུ་བཏབ་པས། རྗེ་བཙུན་མ་རང་ཉིད་ལ་ཐིམ། རང་ཉིད་སྒྲོལ་མ་ཞི་བ་ 15-1-238 ལྗང་སྔོན། གཡས་མཆོག་སྦྱིན་གཡོན་ཨུཏྤལ་སྔོན་པོ་འཛིན་པ། ཞབས་གཡས་བརྐྱང་གི་རོལ་ པས་བཞུགས་ཤིང༌། དར་དང་རིན་པོ་ཆེས་བརྒྱན་པ། དབུ་སྐྲ་ཕྱེད་གཡོན་པར་བཅིངས་ཤིང་ གཡས་ཅུང་ཟད་འཕྱང་བ། སྤྱི་བོ་ན་ཟླ་བ་ཚེས་པའི་སྟེང་དུ་འོད་དཔག་མེད་ཀྱིས་མཚན་པའོ། ། བསྟོད་པ་ཚར་གཉིས་བཏོན་ཏེ། རང་ཉིད་ལྷར་གསལ་དྲག་ཏུ་བཏབ། བསྟོད་སྒྲུབ་ཏུ་བྱེད་ན། ལྷ་ལ་དམིགས་ནས་སླར་ཚར་ལྔ་ བཏོན་པས་མདུན་དུ་འགྱུར་ལ། དེ་ཉིད་ཐུན་བཞི་ལ་སོགས་པར་སྒོམ་པ་ནི་མ་མཐའ་ཡིན་ལ། བསྟོད་པ་ཇི་ཙམ་མང་བ་དེ་བཟང་ བ་ཡིན་ནོ། །བཟླས་པ་ལ་མོས་ན་མན་ངག་ལྟར་དམིགས་པ་གསལ་བཏབ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་བཟླའོ། ། རྗེས་སྤྱན་རས་གཟིགས་ལ་མཆོད་བསྟོད་ཞིག་བྱས་ལ་དགེ་བ་བསྔོ། མཚན་མོ་གཞན་སྔ་མ་དང་འདྲ་བ་ལས། པདྨ་ཐུགས་ ཀར་ཁ་ཕྱེ་བའི་སྟེང་དུ། ཧཱུཾ་ལས་རྗེ་བཙུན་མ་སྒྲོལ་མ་ཁྲོ་མོ་ཞེས་པ་དང༌། རྗེ་བཙུན་མ་བདག་ལ་ ཐིམ་པས། རང་ཉིད་སྒྲོལ་མ་སྐུ་མདོག་དཀར་མོ་ལྷག་པར་ཁྲོས་པ་སྤྱན་གསུམ་སྐྲ་སེར་གྱེན་ དུ་བརྫེས་པ། ཕྱག་གཡས་ཀྱིས་རྡོ་རྗེ་འཕྱར་ཞིང༌། གཡོན་ས་ལ་བརྡེབ་ཅིང་ཐུགས་ཀར་ སྡིགས་མཛུབ་མཛད་པ། སྟག་ལྤགས་ཀྱི་སྟོད་གཡོགས་དང༌། གཟིགས་ལྤགས་ཀྱི་ཤ་འགག་ ཅན། རིན་པོ་ཆེའི་རྒྱན་དང་སྦྲུལ་ལྗང་ཁུའི་སེ་རལ་ཁ་འཕྱང་བ། སྤྱི་བོ་ན་ཟླ་ཚེས་ཀྱི་སྟེང་དུ་ འོད་དཔག་མེད་ཀྱིས་མཚན་པ། མེ་དཔུང་འབར་བའི་དབུས་ན་པད་ཉི་ལ། གཡས་བསྐུམ་ གཡོན་བརྐྱང་བས་བཞུགས་པའོ། །ཞེས་དང༌། བཟླས་པའི་སྐབས། ༀ་ན་མ་ཏཱ་རེ། ན་མཿཧ་རེ་ཧཱུཾ་ཧ་ རེ་སྭཱཧཱ། ཞེས་བཟླ་བ་རྣམས་ཁྱད་པར་རོ། །གཏོར་མ་ཇི་ལྟར་འབྱོར་བ་ཞིག་བསངས་སྦྱངས། ༀ་ཨཱཿཧཱུཾ་ལན་གསུམ་གྱིས་ བྱིན་གྱིས་བརླབས། མདུན་གྱི་ནམ་མཁར་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་ཏཱཾ་ལས་སྒྲོལ་མ་ ཞི་བ། ཧཱུཾ་ལས་སྒྲོལ་མ་ཁྲོ་མོ་རྣམས་སྐད་ཅིག་ཙམ་གྱིས་གསལ་བཏབ་སྟེ། ཡེ་ཤེས་པ་སྤྱན་དྲངས། ཞི་ ཁྲོའི་སྔགས་གཉིས་པོ་སྦྲེལ་བའི་མཐར། ཨ་ཀ་རོ་བཏགས་པ། ལན་བདུན་གྱིས་ཕུལ། མཆོད་བསྟོད། འདོད་དོན་གསོལ་བ་ བཏབ་སྟེ་བཛྲ་མུཿ གཤེགས་སུ་གསོལ། འདིའི་རྗེས་གནང་ནི། མཎྜལ་ཚོམ་བུ་གསུམ་མཆོད་གཏོར་དང་བཅས་པ་བཤམ། སློབ་དཔོན་གྱིས་གོང་དུ་བཤད་པ་ལྟར་ 15-1-239 ཞི་ཁྲོ་གཉིས་ཀར་གྱི་སྒྲུབ་པ་གཏོར་འབུལ་དང་བཅས་པ་བྱ། སློབ་མ་ལ་རྗེས་གནང་འབོགས་པའི་ངོ་བོ་སྒྲུབ་ཐབས་བརྒྱ་རྩའི་ རྗེས་གནང་དང་འདྲ་བ་ལས། ཐོག་མར་སྒྲོལ་མ་ཞི་བའི་མངོན་རྟོགས་གོང་ལྟར་ཕོག དེ་ནས་སྒྲོལ་མ་ཁྲོ་མོའི་མངོན་རྟོགས་ཕོག དེ་བཞིན་དུ་རྗེས་སུ་བཟླས་པའི་ལུང་གཉིས་རིམ་པས་ཕོག དམ་བཅའ་བའི་ལུང་མན་ཆད་གཅིག་གིས་ཆོག་པར་བྱའོ། །ཆོས་ སྐོར་ཀུན༷་ལ་ཆེས་བསྡུས་ཤིང༌། །མ་ཚང་མེད་པ་ཡིད་དག༷འི་གནས། །བདག་སྙིང༷་ཡ་མཚན་ཆེར་སྐྱེས་ཏེ། །གསལ་པོ༷ར་བསྒྲིགས་ པ་ཨེ་མ་ཧོ། །སྒྲོལ་མ་ཉིན་ཞི་མཚན་ཁྲོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། སྲིད་གསུམ་སྡུག་བསྔལ་ཞི་མཛད་ཅིང༌། །ཞིང་གི་དབང་ཕྱུག་དཔའ་མོའི་ཚུལ། །སྒྲོལ་མ་ལ་འདུད་ དེའི་སྒྲུབ་ཐབས། །ཨོ་རྒྱན་ལས་བྱུང་རིམ་པ་བཤད། །འདི་ལ་སྔོན་འགྲོ་རྒྱས་པར་བསྒོམ་ན། ཚོགས་བསོག་རྣམ་གཉིས་སྤྱི་དང་ མཐུན་པར་བྱ། བསྡུ་ན་སྐྱབས་སེམས་སྔོན་དུ་སོང་སྟེ། ཤཱུ་ནྱ་ཏས་སྟོང་བར་སྦྱངས། སྟོང་པའི་ངང་ལས་པད་ཉིའི་ སྟེང་དུ་ཧཱུཾ་ལས་བསྲུང་བའི་འཁོར་ལོ། དེའི་ནང་དུ་ཨེ་ལས་ཆོས་འབྱུང་གི་དབུས་སུ་པཾ་ལས་ པདྨ་དམར་པོའི་ལྟེ་བར་རཾ་ལས་ཉི་མ། དེའི་སྟེང་དུ་ཏཱཾ་ལས་ཨུཏྤལ་དམར་པོ་ཏཱཾ་གིས་མཚན་ པའི་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྐུ་མདོག་དམར་མོ་ ཞལ་བཞི་ཕྱག་བརྒྱད་མ། རྩ་བའི་ཞལ་དམར་བ། གཡས་ནག་གཡོན་ལྗང༌། སྟེང་ཞལ་སེར་ བ། སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་པ་རྣམས་ཀྱིས་ཅང་ཏེ། ཐོད་ཁྲག རལ་གྲི། རྡོ་རྗེ། གཡོན་རྣམས་ཀྱིས་ཨུཏྤལ། ནོར་བུ། ཁ་ཊྭཱཾ་ག དྲིལ་བུ་བསྣམས་པ། ཞབས་གཡོན་ བརྐྱང་བའི་གར་སྟབས་ཅན། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། ཕྱག་རྒྱ་ལྔ་རྣམས་ ཀྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། སྒེག་ཅིང་ཁྲོ་ལ་སྐྲ་སེར་གྱེན་དུ་བརྫེས་པ། མེ་དཔུང་གི་དབུས་ན་བཞུགས་པའོ། །སྤྱི་བོར་བྷྲུཾ་དཀར་པོ། མགྲིན་པར་ཧྲཱིཿདམར་པོ། སྙིང་ གར་ཧཱུཾ་སྔོན་པོ། ལྟེ་བར་ཨ་སེར་པོ། བརླ་གཉིས་ལ་ཁཾ་ལྗང་ཁུ། སྙིང་གའི་འོད་ཟེར་གྱིས་ཨུ་ རྒྱན་གྱི་གནས་ནས། རྗེ་བཙུན་མ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ནཻ་ཝེ་ཏའི་ བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་རིགས་ལྔ་བཛྲ་ས་མཱ་ཛཿ དེ་ 15-1-240 བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་ གསོལ་བ་བཏབ་པས། ༀ་བཛྲ་ཨུ་ད་ཀཿཨ་བྷི་ཥིཉྩ་ཧཱུཾ། {པུ་[སུ་]ར་ཏ་སྟྭཾ། ཞེས་གསུང་ཞིང་ དབང་བསྐུར། ནང་གི་དབང་བཞི་ཐོབ། རྒྱལ་བ་རིགས་ལྔས་དབུ་བརྒྱན། ༀ་བཛྲ་དྷ་ཏཱི་ཤྭ་རཱི་ ཨ་བྷི་ཥིཉྩ་ཧཱུཾ༌། ༀ་སཏྭ་བཛྲ་ཨ་བྷི་ཥིཉྩ་བྷྲུཾ། ༀ་རཏྣ་བཛྲ་ཨ་བྷི་ཥིཉྩ་ཏྲཾ། ༀ་དྷརྨ་བཛྲ་ཨ་བྷི་ཥིཉྩ་ ཧྲཱིཿ ༀ་ཀརྨ་བཛྲ་ཨ་བྷི་ཥིཉྩ་ཨ། དེ་ནས་བཟླས་པའི་དམིགས་པ་གསལ་བཏབ་ནས། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ ཧཱུཾ་ཕཊ་ཅེས་ཅི་འགྲུབ་བཟླ། ཐུན་མཇུག་ཏུ་ལྷ་སྐུ་འོད་གསལ་དུ་བཅུག་སྟེ་དགེ་བ་བསྔོ། གཏོར་མ་འབུལ་བ་ནི། གཏོར་མ་བདེ་ མཆོག་ལྟར་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཨུ་རྒྱན་གྱིས་གནས་ནས། རྗེ་ བཙུན་མ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡ་སྟྭཾ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ད་ཧ་ ད་ཧ་པ་ཙ་པ་ཙ་མ་ཐ་མ་ཐ་སརྦ་དུཥྚཾ་ཨི་མཾ་བཱ་ལིང་གྲྀཧྞ་གྲྀཧྞ་མ་མ་སརྦ་ཀཪྻན་སཱདྷ་ཡ་སཱདྷ་ ཡ་ཧཱུཾ་ཕཊ། ཞེས་ལན་བདུན་གྱིས་འབུལ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨོ་ཌི་ཡ་ཎར་རྣམ་འཕྲུལ་ ཞིང་། །རབ་འཕྲུལ་གཞན་དུའང་ཀུན་འཕྲུལ་ལ། །གནས་རྣམས་ཀུན་ལ་དབང་མཛད་མ། ། གནས་ཀྱི་དབང་ཕྱུག་མ་ལ་འདུད། །སྐུ་ལས་རྒྱལ་བའི་སྤྲུལ་པ་འཕྲོ། །གསུང་གི་རིག་སྔགས་ འབྲུག་ལྟར་སྒྲོག །ཀུན་ཏུ་ཁྱབ་པའི་ཐུགས་མངའ་བ། །སྣ་ཚོགས་དབང་ཕྱུག་མ་ལ་འདུད། ། མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །དོན་ཀུན་ཡིད་བཞིན་འགྲུབ་པ་དང༌། །སྐུ་གསུང་ཐུགས་ ཀྱི་དངོས་གྲུབ་ཀུན། །བདག་ལ་ཉེ་བར་སྩལ་དུ་གསོལ། །ཡིག་བརྒྱ་བཟླ། བཟོད་པར་གསོལ། བཛྲ་ མུཿགཤེགས་སུ་གསོལ། འདིའི་རྒྱ་གཞུང་རྣམས་ན། ཕྱི་དཀྱིལ་དང༌། ལུས་དཀྱིལ་གྱི་དབང་ཆོག་སོགས་སྣ་ཚོགས་པ་ཡོད་ཀྱང༌། ད་ལྟར་བཀའ་མི་བཞུགས་སོ། །དཔའ་མོ་གཅིག་པ་འདི་ལ་བརྡའི་དབང་གི་བྱིན་རླབས་ཙམ་ཡིན་ཏེ། དེ་ཡང་མཎྜལ་ཚོམ་བུ་དང་ བཅས་པ། མཆོད་གཏོར་ནང་མཆོད་སོགས་བཤམ། བུམ་པ། ཐོད་ཆང༌། ཆོས་འབྱུང༌། མེ་ལོང་སྟེ་རྫས་བཞི་པོ་དེ་སྟེགས་བུ་ གཞན་ཞིག་ལ་བཀོད། བདག་བསྐྱེད་བཟླས་པའི་བར་སོང་ནས། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། མདུན་བསྐྱེད་ བསངས་སྦྱངས། སྟོང་པའི་ངང་ལས་ཞེས་པ་ནས། ཨ་བྷི་ཥིཉྩ་ཨཱཿ གོང་བཞིན་མཆོད་བསྟོད་བྱ། བཟླས་པ་ཅི་གྲུབ་ 15-1-241 ཞིག་བྱས་ནས། གཏོར་མ་འབུལ་ཚུལ་ཡང་གོང་བཞིན་རྫས་བཞི་པོ་དེ་ལ་གཟུངས་ཐག་བཏགས་ནས། བུམ་པ་ལ་དམིགས་ནས་ སྙིང་པོ་བརྒྱ་རྩ། གཞན་གསུམ་ལ་དམིགས་ནས་འབྲུ་གསུམ་བརྒྱ་རྩ་རེ་རེ་བཟླ། དམིགས་པ་ཅང་མི་དགོས། དེ་ནས་བུམ་པ་ སོགས་རྫས་བཞི་པོ་དེ་ལ་དར་རམ་རས་དམར་པོ་བཀབ་བོ། ། སློབ་མའི་བྱ་བ་ནི། འདི་ལ་རྗེས་གནང་གི་ཐ་སྙད་ནི་མི་མཛད་ནའང༌། གསོལ་བཏབ་ཡན་ལག་བདུན་པ་རིགས་ལྔའི་སྡོམ་ བཟུང༌། སྐུ་བསྐྱེད་བསྟིམ། གསུང་བཟླས་ལུང་རྣམས་རྗེས་གནང་དཀྱུས་དང་འདྲ་བ་ཞིག་བྱ། དེ་ནས་མཎྜལ་ཕུལ་ལ་རྫས་བཞི་ པོའི་ཁེབས་བསལ་ཏེ། མངོན་རྟོགས་ཀྱི་དབང་བསྐུར་གྱི་དམིགས་པ་དེ་ཕོག་ལ། བུམ་པ་སྤྱི་བོར་བཞག་ཅིང༌། ཁྲུས་ཀྱང་བྱར་ བཅུག བུམ་དབང་ངོ༌། །ནང་མཆོད་སྦྱིན། གསང་དབང་གི་བརྡའོ། །ཆོས་འབྱུང་བསྟན། ཤེར་དབང་གི་བརྡའོ། །མེ་ལོང་བསྟན་ ཏེ། དབང་བཞི་པའི་བརྡའོ། །ལྷག་མ་རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲའོ། །ཀུན༷་ལས་ཁྱད་འཕགས་སྒྲུབ་ཐབས་འདི། །རབ་དག༷འི་ ཞིང་མཆོག་ཨུ་རྒྱན་ནས། །བྱུང་ཞིང་མཚན་ཡང་དེ་ལྟར་གྲགས། །སྙིང༷་པོ༷འི་སྒྲུབ་ཐབས་མདོ་ཙམ་སྤེལ། །ཨུ་རྒྱན་སྒྲོལ་མ་གནས་ ཀྱི་དབང་ཕྱུག་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། །སྒྲོལ་མ། མཁའ་འགྲོ་མ་རྡོ་རྗེ་ལྡན་མ། གྲུབ་ཐོབ་{པ་[ས་]ར་ཧེ་ཏ། བིན་ཏེ་བྷ་ཏྲ། སཾ་གྷ་མ་ཤྲཱི། སྒེག་པ་རྡོ་རྗེ། ཤཱཀྱ་རྡོ་རྗེ། མངོན་པ་དབང་ཕྱུག བརྩོན་འགྲུས། འཕགས་པ། ༄༅། །ༀ་སྭཱ་སྟི། གསེར་མདོག་གསེར་གྱི་འོད་འཕྲོ་བ། །ནོར་སྦྱིན་ནོར་གྱི་དབང་མོའི་ཚུལ། །སྒྲོལ་མཛད་འཕགས་ མ་སྒྲོལ་མ་ལ། །བདག་ཅག་བདག་དོན་མིན་པར་འདུད། །སྐྱབས་སེམས་སྔོན་དུ་འགྲོ་བས། རང་སྒྲོལ་མར་གསལ་ བའི་སྙིང་གར་ཏཱཾ། དེའི་འོད་ཀྱིས་རྗེ་བཙུན་མ་འཁོར་བཅས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ ཛཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། གུར་ནས་འབྱུང་བའི་རྒྱུན་བཤགས་དང༌། ཚད་མེད་བཞི་སྤྱི་དང་མཐུན་པར་ བསྒོམ། སྭ་བྷཱ་ཝ་བརྗོད་པས་དེ་ཐམས་ཅད་རང་བཞིན་མེད་པར་བསྒོམ། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། པཾ་ལས་པདྨ་ དང༌། ཨ་ལས་ཟླ་བའི་སྟེང་དུ་བྲ་ལས་དཔག་བསམ་ཤིང་གི་ཡལ་ག་བྲ་གིས་མཚན་པ་ཡོངས་ སུ་གྱུར་པ་ལས། རང་ཉིད་སྒྲོལ་མ་ཡིད་བཞིན་ནོར་བུ་སྐུ་མདོག་སེར་མོ་ལང་ཚོ་ལ་བབ་པ། གཡོན་ངོས་སུ་བརྟེན་པའི་དཔག་བསམ་ཤིང་གི་ཡལ་ག་ལས་ཕྱག་གཡོན་པས་ཡིད་བཞིན་ 15-1-242 ནོར་བུའི་འབྲས་བུ་འཐོག་པར་མཛད་ཅིང༌། གཡས་པས་སེམས་ཅན་ལ་སྦྱིན་པའི་ཚུལ་གྱིས་ བསྣམས་པ། པད་ཟླའི་གདན་ལ་སྒེག་པའི་སྟབས་ཀྱིས་བཞེངས་པ། དར་དང་རིན་པོ་ཆེའི་ རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྙིང་གར་ཟླ་བ་ལ་བྲ ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། བྲ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་དབང་གི་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱིས་ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་གསུངས་ཤིང༌། དབང་ བསྐུར། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། རང་མཚུངས་ཀྱི་སྐུ་དཔག་ཏུ་མེད་པར་སྤྲུལ་ ནས། སེམས་ཅན་རྣམས་ཀྱི་དབུལ་བའི་སྡུག་བསྔལ་ཞི་བར་བྱས་པར་བསམས་ལ། ༀ་ཏཱ་རེ་ ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་བཟླའོ། །འཇུག་ཏུ་དགེ་བ་བསྔོ་ཞིང༌། ༀ་མུཿ ཞེས་པས་ཡེ་ཤེས་པ་གཤེགས། དམ་ ཚིག་པའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །མཆོད་ཆོག་ནི། མཎྜལ་གྲུ་བཞི་པ་ཚོམ་བུ་ཅན་མཆོད་གཏོར་གཙང་མས་བསྐོར་བ་ཞིག་ བཤམ། བསངས་སྦྱངས། སྟོང་པའི་ངང་ལས་མཎྜལ་འབྱུང་བཞིའི་དཀྱིལ་འཁོར་ལ་གནས་པའི་རི་ རབ་ལྷུན་པོར་གྱུར། དེའི་སྟེང་དུ་པཾ་ལས་པདྨ་ནས་དབུ་བརྒྱན་ཀྱི་བར་བདག་བསྐྱེད་བཞིན་ ལྷ་མོ་བསྐྱེད། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨརྒྷཾ་པྲ་ ཏཱིཙྪ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་ཤཔྟའི་བར་དུ་སྦྱར་ནས་ཕུལ། སྣ་ཚོགས་ཆུ་སྐྱེས་བསིལ་ཟེར་ཅན་སྟེང་བྲ་ལས་ བྱུང་བའི་ལྷ་མོ་ནི། །དཔག་མེད་གཟི་ལྡན་གཞོན་སྒེག་ཉི་མའི་འོད་འདྲ་རྒྱན་རྣམས་ཀྱིས་སྤྲས་ པ། །ཉེས་པའི་སྐྱོན་སྤངས་སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་ཞིང་དེའི་རེ་སྐོང་ཕྱིར། །འཕགས་ མ་སྒྲོལ་མ་ཡིད་བཞིན་ནོར་བུ་ཞེས་གྲགས་དེ་ཡིས་སྒྲུབ་པོ་བདག་སྐྱོངས་ཤི་ག །གཞན་ཡང་ ཕྱག་འཚལ་ཉེར་གཅིག་སོགས་བསྟོད་པ་ཅི་ཤེས་ཀྱིས་བསྟོད། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དྷ་ནཾ་མེ་དེ་ཧི་སྭཱཧཱ། ཞེས་ གང་འོས་བཟླ་ཞིང་འདོད་དོན་གསོལ་བ་དྲག་ཏུ་བཏབ། དྷ་ནཾ་གི་གནས་སུ་དམིགས་གསལ་ཡོད་ན་དེའི་མིང་འཇུག གཏོར་མ་ བསང་སྦྱངས། སྐད་ཅིག་གིས་པདྨའི་དབྱིབས་ཅན་རིན་པོ་ཆེའི་གཏོར་སྣོད་ཡངས་པར་གཏོར་མ་ བདུད་རྩིའི་རྒྱ་མཚོར་གྱུར། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་འཕགས་མ་འཁོར་འཇིག་རྟེན་ 15-1-243 སྐྱོང་བ་དཔག་ཏུ་མེད་པ་དང་བཅས་པ་བཛྲ་ས་མཱ་ཛཿ མཆོད་ཡུལ་གྱི་གཙོ་བོ་དང་འཕགས་མ་ གཉིས་སུ་མེད་པར་ཐིམ། ཛཿཧཱུཾ་བཾ་ཧོཿ ཨ་ཀཱ་རོ་ལན་གསུམ་གྱིས་གཏོར་མ་ཕུལ། གོང་གི་སྔགས་དང་བཅས་ པས་འདོད་དོན་གསོལ་བ་བཏབ། དགེ་བའི་རྩ་བ་བསྔོ། ༀ་བཛྲ་མུཿ ཞེས་གཤེགས་སུ་གསོལ། བསྙེན་པ་སོང་ནས་གོང་གི་ ལས་སྔགས་དང་བཅས་པའི་རྒྱས་པའི་སྦྱིན་བསྲེག་ཀྱང་ཅི་འགྲུབ་བྱའོ། ། རྗེས་གནང་བྱེད་པར་འདོད་པས་སྒྲུབ་ཚུལ་ནི། གོང་དུ་བཤད་མ་ཐག་པའི་བདག་མདུན་དེ་ཉིད་ཡིན་ལ། ལས་སྔགས་ཀྱིས་ གསོལ་བ་འདེབས་པ་ལན་གཉིས་པོ་དེ་མི་དགོས། རྗེས་གནང་དངོས་གཞི་ནི་སྐུ་བསྐྱེད་བསྟིམ། གསུང་བཟླས་ལུང༌། ཐུགས་ཕྱག་ མཚན་བསྟིམ་པ་རྣམས་ཡིན་ཏེ། རྗེས་གནང་སྤྱི་དང་ཁྱད་པར་མེད་ལ། རྗེས་ཆོག་ཀྱང་སྤྱི་དང་འདྲ་བར་བྱའོ། །མི་ཀུན༷་ནོར་སྒྲུབ་ ལ་དག༷འ་ཡང༌། །ལྷག་པའི་ལྷ་མཆོག་སྒྲུབ་པ་ཉུང༌། །པཎ་ཆེན་རཏྣ་རཀྵི་ཏའི། །འཚོ་བའི་སྙིང༷་པོ༷་ཨེ་མ་ཧོ། སྒྲོལ་མ་ཡིད་བཞིན་ ནོར་བུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དེར་རྒྱས་འཕེལ། འདིའི་བརྒྱུད་པ། ཨ་བྷ་ཡཱ་ཀ་ར། སུ་ཙ་རི་ཏ། ཨཱ་ནནྡཱ་ཀ་ར་གུཔྟ། རཏྣ་ རཀྵི་ཏ། ཏི་ཀིརྟི་ཤྲཱི་བྷ་དྲ་བོད། ། ༄༅། །ༀ་སྭཱ་སྟི། རྒྱལ་བ་ཐམས་ཅད་བསྐྱེད་མཛད་ཡུམ། །ལྷ་མོ་སྒྲོལ་མ་ལ་བཏུད་ནས། །དམར་མོ་དབང་བསྡུད་ སྒྲུབ་ཐབས་ནི། །ཅུང་ཟད་བདག་གིས་བྲི་བར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་སྟེ། ཤཱུ་ནྱ་ཏས་སྟོང་བར་ སྦྱངས། སྟོང་པའི་ངང་ལས་རང་སེམས་ཨ་ལས་ཟླ་བ་དམར་པོའི་སྟེང་དུ་ཏཱཾ་ལས་ཨུཏྤལ་ཏཱཾ་ གིས་མཚན་པའི་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་སྒྲོལ་མ་དམར་མོ་བཞད་ཅིང་ཆགས་པའི་ ཉམས་ཅན། གཡས་ལྕགས་ཀྱུ་པུས་མོའི་སྟེང་དུ་འཛིན་ཞིང༌། གཡོ་ཨུཏྤལ་དམར་པོའི་སྡོང་ བུ་སྙན་གྱི་ཐད་ཀར་ཁ་བྱེ་ཞིང་རྩ་བ་ཞགས་པའི་རྣམ་པ་ཅན་ཐུགས་ཀར་འཛིན་པ། སེམས་ དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། དར་དང་རིན་པོ་ཆེས་བརྒྱན་པ། སྤྱན་གསུམ་དང་ ལྡན་པའོ། །སྙིང་གར་ཟླ་བ་ལ་ཧྲཱིཿ དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡེ་ ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱིས་ༀ་བཛྲི་བྷ་ཝ་ཨ་བྷི་ ཥིཉྩ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་ 15-1-244 འོད་དཔག་མེད་ཀྱིས་དབུ་བརྒྱན། སྙིང་གར་ཨུཏྤལ་དང་ཟླ་བ་ལ་ས་བོན་སྔགས་འཕྲེང་དང་ བཅས་པ་གསལ་བཏབ་སྟེ། ༀ་ཏཱ་རེ་ཏུཏྟཱ་རེ་སཾ་ཏཱ་རེ་ཎཱི་ཧྲིཿསྭཱ་ཧཱ། ཞེས་ཅི་འགྲུབ་བཟླ་ཞིང་འབུམ་ཕྲག་ བཅོ་ལྔས་བསྙེན་པའོ། །དེ་ནས་ༀ་ཏཱ་རེ་ཏུཏྟཱ་རེ་སཾ་ཏཱ་རེ་ཎཱི་ཡེ་ཆེ་གེ་མོ་དབང་དུ་བསྡུས་ཤིག རཏྣ་སིདྡྷི་ ཝ་ཤཾ་ཀུ་རུ་ཧྲཱིཿསྭཱཧཱ། ཞེས་ལས་སྔགས་འབུམ་ཕྲག་གཅིག་བཟླས་ཏེ། བསྙེན་པ་རྫོགས་པ་ཡིན་ནོ། །ཐུན་མཚམས་སུ་ལྷ་ སྐུ་མི་དམིགས་པར་སྦྱངས་ཏེ་དགེ་བ་བསྔོ། དཀར་གཏོར་དང་མེ་ཏོག་དམར་པོ་ལ་སོགས་པའི་མཆོད་པ་བཤམ། མཆོད་པ་བྱིན་ རླབས་སྤྱི་དང་མཐུན། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ ༀ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་ སྙིང་ག་ནས་འོད་ཟེར་འཕྲོས། སྒྲོལ་མ་འཁོར་བཅས་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། སྙིང་ པོའི་མཐར། ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་བདུན་གྱིས་འབུལ། ཨརྒྷཾ་ལ་སོགས་པའི་ མཆོད། འདོད་ཆགས་རྣམ་དག་ལྷ་མོ་ནི། །དབང་གི་ལྷ་མོ་དཔལ་ཆེན་མོ། །འཇིག་རྟེན་གསུམ་ རྣམས་གཡོ་མཛད་མ། །སྒྲོལ་མ་དེ་ལ་གུས་པས་འདུད། །ཅེས་བསྟོད། མཆོད་སྦྱིན་གཏོར་མ་འདི་ བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། རྣམས་སྤྱི་དང་འདྲ། ཚུལ་ དེའི་སྒོ་ནས་བསྙེན་པ་མཐར་ཕྱིན་ན། འཁོར་ལོ་འབའ་ཞིག་ལ་བརྟེན་པ་དང༌། མཆོད་རྟེན་བཅའ་བ་ལ་སོགས་པ་དབང་གི་ལས་ ཚོགས་སྒྲུབ་པར་བྱ་སྟེ། དབང་བསྡུད་གཞན་ལས་སྟོབས་ཆེ་ཞིང་བཀྲ་ཤིས་པ་ཡིན་ནོ། །ཡང་ལུགས་གཅིག་ལ་གཏོར་སྔགས་ གཉན་སྒྲོལ་གྱི་སྐབས་སུ་འཆད་པར་འགྱུར་བ་དང་འདྲ་བ་ལས། སརྦ་པི་སཾ་རིའི་ཚབ་ཏུ། ༀ་ཏཱ་རེ་ཏུཏྟཱ་རེ་ཆེ་གེ་མོ་ཝ་ ཤཾ་མ་ན་ཡ་སྭཱཧཱ། ཞེས་བཏགས་པའི་ལུགས་ཀྱང་ཡོད། ངག་དབང་གྲགས་པའི་མན་ངག་ལ་སྐད་ཅིག་གིས་བསྐྱེད་པ་དང༌། རྡོ་རྗེའི་སྐྱིལ་ཀྲུང་ཕྱག་གཡས་མཆོག་སྦྱིན། གཡོན་མེ་ཏོག་དམར་པོ་འོད་རྣོན་པོ་ཅན་འཛིན་ པར་བསྒོམ་པ་ནི་ཁྱད་པར་རོ། །འདི་རྡོ་རྗེ་གདན་པ་བསོད་ནམས་འབྱུང་གནས་དང༌། ངག་དབང་གྲགས་པའི་མན་ ངག་གུང་སྤྲོས་པ། གཉན་ལོཙྪ་བའི་གདམས་པའོ། ། འདིའི་རྗེས་གནང་ནི། རྗེས་གནང་གི་བྱ་བ་སྤྱི་དང་མཚུངས་ཤིང༌། ཁྱད་པར་རྗེས་གནང་གི་གཞི་འགོད་པ་དང༌། ལུང་ 15-1-245 གསུམ་སྦྱིན་པ་སྒྲུབ་ཐབས་བརྒྱ་རྩའི་ཆོ་ག་ཇི་ལྟ་བ་བཞིན་ཡིན་ལ། སྙིང་པོ་དང་ལས་སྔགས་གཉིས་ཀར་ལ་བཟླས་ལུང་བྱེད། ཐུགས་ཀྱི་རྗེས་གནང་མི་དགོས་སོ། །རྒྱུད་ཀུན༷་ལས་ནི་དབང་བསྡུད་ལྷ། །སྒྲོལ་མ་ཁོ་ན་དག༷འ་བར་བསྔགས། །རྒྱུད་ལས་འབྱུང་ བའི་སྙིང༷་པོ༷་ལས། །བསྙེན་པའི་ཆོ་ག་དེ་ཙམ་ལགས། །སྒྲོལ་མ་དམར་མོ་ས་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་ འཕེལ། ༄༅། །ༀ་སྭཱ་སྟི། རྗེ་བཙུན་སྒྲོལ་མ་སྒྲུབ་པའི་ཐབས། ཁྱད་འཕགས་ཤིན་ཏུ་རྙེད་དཀའ་བ། །ནོར་སྦྱིན་མ་ཡི་རིམ་ པ་ནི། །མདོར་བསྡུས་བདག་གིས་བཤད་པར་བྱ། །སྐྱབས་སེམས་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་བར་སྦྱངས། བསྲུང་ འཁོར་གཞལ་ཡས་ཁང་དང་བཅས་པའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཏཱཾ། དེའི་ འོད་ཀྱི་འཕྲོ་འདུ་ལས་སྒྲོལ་མ་ནོར་སྦྱིན་མ་ལྗང་ཁུ་ཕྱག་གཡས་མཆོག་སྦྱིན་དང་འཕྲེང་བ་ ཅན། གཡོན་གཉིས་ཨུཏྤལ་དང༌། པོ་ཏི་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་པ་སེམས་ དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །སྤྱི་བོ་དཔྲལ་བ་སྤྱན་དང་མགྲིན། །དཔུང་པ་སྙིང་ག་ལྟེ་ བ་གསང༌། །པུས་མོ་གཉིས་དང་ཞབས་དག་ལ། །གསང་སྔགས་རྒྱལ་པོ་ཡི་གེ་བཅུའི། །ཡི་ གེ་རེ་རེ་བཀོད་པར་བྱ། ཤར་དུ་རྡོ་རྗེ་སྒྲོལ་མ་ནག་མོ། ལྷོ་རུ་རིན་ཆེན་སྒྲོལ་མ་སེར་མོ། །ནུབ་ ཏུ་པདྨ་སྒྲོལ་མ་དམར་མོ། བྱང་དུ་སངས་རྒྱས་སྒྲོལ་མ་དཀར་མོ་རྣམས་རིགས་བཞིའི་ཕྱག་ མཚན་འཛིན་པ། མེ་སོགས་མཚམས་བཞིར་མེ་ཏོག་སྒྲོལ་མ་དཀར་མོ། བདུག་པ་སྒྲོལ་མ་ ནག་མོ། མར་མེ་སྒྲོལ་མ་སེར་མོ། དྲིའི་སྒྲོལ་མ་དམར་མོ། དེ་རྣམས་ཟླ་བ་ལ་གནས་ཤིང༌། ཞི་བའི་ཉམས་ཅན་ནོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་ནག་མོ། ལྷོ་སྒོར་ཞགས་པ་མ་སེར་མོ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་དྲིལ་བུ་མ་སེར་མོ། འདི་རྣམས་གཡས་བརྐྱང་ གི་ཉི་མ་ལ་གནས་ཤིང་ཁྲོ་མོའི་ཆ་བྱད་རྫོགས་པའོ། །ཡེ་ཤེས་པ་སྤྱན་འདྲེན་དང༌། དབང་བསྐུར་རྒྱས་བཏབ་ སྤྱི་དང་འདྲ་བ་ལས། གཙོ་མོ་ལ་དོན་གྲུབ་པས་དབུ་བརྒྱན། འཁོར་རྣམས་ལ་གཙོ་མོ་ཉིད་ཀྱི་ངོ་ བོར་གྱུར་པ་རིན་པོ་ཆེ་རེ་རེས་དབུ་བརྒྱན། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ད་ནཾ་མེ་ད་ད་སྭཱཧཱ། ཞེས་ཅི་འགྲུབ་ 15-1-246 བཟླའོ། །སྙིང་གའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་གྱུར། དེ་ རྣམས་འོད་དུ་ཞུ། དཀྱིལ་འཁོར་ལ་ཐིམ། དཀྱིལ་འཁོར་ཡང་རང་གི་སྙིང་གར་བསྡུ། གཏོར་མ་ བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། མཆོད་པ་བྱིན་རླབས་སྤྱི་དང་མཐུན། རང་གི་སྙིང་ག་ནས་འོད་ ཟེར་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཨུཏྤ་ལའི་ཕྱག་རྒྱ་བཅས་ཏེ། ཨ་ཀཱ་རོ་ལན་བཅུ་གཅིག་ གིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད། འདོད་དོན་གསོལ་བ་བཏབ། ཡིག་ བརྒྱ་བཟོད་གསོལ་སོགས་སྤྱི་དང་མཐུན་པའི་མཐར། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མུཿ ཞེས་གཤེགས་སུ་གསོལ། འདིའི་རྗེས་ གནང་གི་བྱ་བ་ཡང་ཁ་ཆེ་པཎ་ཆེན་གྱི་ལུགས་ཀྱི་སྒྲོལ་ལྗང་དཀྱུས་མ་ཉིད་ཀྱིས་རིགས་འགྲེའོ། །ཀུན༷་ནས་རྙེད་དཀའ་ཆེས་དཀོན་ པ། །ཕུན་ཚོགས་དག༷འ་སྟོན་དཔག་མེད་ཅིང༌། །ནོར་སྦྱིན་སྒྲོལ་མའི་སྒྲུབ་ཐབས་ཀྱི། །སྙིང༷་པོ༷་འདི་ཙམ་བདག་གིས་སྤེལ། ཁ་ཆེ་ པཎ་ཆེན་ནས་བརྒྱུད་པ་སྒྲོལ་མ་ནོར་སྦྱིན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། སངས་རྒྱས་ཀུན་གྱིས་བྱིན་རླབས་པའི། །དཔལ་གྱི་ལྷ་མོ་སྒྲོལ་མ་ལ། །བཏུད་ནས་དེའི་སྒྲུབ་ ཐབས་རིམ། །ཤིན་ཏུ་རྙེད་དཀའ་བྲི་བར་བྱ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་གི་སྙིང་གར་ཟླ་བ་ ལ་ཏཱཾ་སེར་པོའི་འོད་ཀྱིས་ཐ་མལ་གྱིས་ལུས་སྦྱངས་ཏེ། སྒྲོལ་མ་གཙོ་འཁོར་གསུམ་དུ་གྱུར་པ་ ནི། དབུས་སུ་རང་ཉིད་སྒྲོལ་མ་སེར་མོ། གཡས་མཆོག་སྦྱིན་དང༌། གཡོན་རིན་པོ་ཆེས་མཚན་ པའི་ཨུཏྤལ་ལ་སེར་པོ་བསྣམས་པ། པད་ཟླ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། གཡས་སུ་ཛམྦྷ་ལ་སེར་པོ། གཏེར་གྱི་བུམ་པ་ལ་གནས་པ་བི་ཛ་པུ་ར་ཀ་དང༌། ནེའུ་ལེ་འཛིན་ པ། གཡོན་དུ་རྣམ་ཐོས་སྲས་སེར་པོ་སེང་གེ་ལ་ཆིབས་པ། ནོར་བུས་མཚན་པའི་བེ་ཅོན་དང༌། ནེའུ་ལེ་འཛིན་པ། ཐུགས་ཀར་ཟླ་བ་ལ་ཏཱཾ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ ཤཔྟའི་བར་གྱིས་མཆོད། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད། ལོངས་སྤྱོད་ཕུན་སུམ་ཚོགས་པ་འགྲུབ་པར་གསོལ་བ་ བཏབ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ ཧཱུཾ། ༀ་ཛམྦྷེ་མོ་ཧེ་སྭཱཧཱ། ཞེས་འབུམ་ཕྲག་བཅུ་བཟླའོ། །ༀ་ཛཾ་བྷེ་མོ་ཧེ་བ་སུ་མ་མ་ཀུ་རུ་སྭཱཧཱ། ཞེས་འབུམ་ 15-1-247 ཕྲག་གཅིག་བཟླས་པའི་བསྙེན་པའོ། །བྲིས་སྐུ་ལ་སྟོད་གཡོགས་སེར་པོ་དང༌། མེ་ཏོག་སེར་པོས་མཆོད། གཏོར་མ་འབུལ་ཚུལ་ སྒྲོལ་མ་ནོར་སྦྱིན་དང་འདྲའོ། ། འདི་ལ་བཟླས་ལུང་ཕོག་པས་ཆོག །རྗེས་གནང་མི་དགོས་སོ། །ལོངས་སྤྱོད་སྒྲུབ་པའི་གདམས་ངག་ནི། །ཀུན༷་ལས་ཁྱད་ འཕགས་བཀྲ་ཤིས་པ། །སྒྲོལ་མའི་སྒྲུབ་ཐབས་རབ་དག༷འ་འདི། །བསྒྲུབས་ན་སྙིང༷་པོ༷འི་དོན་དང་མཇལ། །པཎ་ཆེན་ཤཱཀྱ་ཤྲཱིའི་ ལུགས་སྒྲོལ་མ་སེར་མོ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། གང་ཞིག་བསྒྲུབས་བའི་རྨི་ལམ་དུ། །ཞལ་སྟོན་ལུང་སྟོན་ཐོབ་འགྱུར་བའི། །སྒྲུབ་ཐབས་ཟླ་བའི་ བཤེས་གཉེན་གྱི། །གཞུང་བཞིན་ཅུང་ཟད་བཤད་པར་བྱ། །སུ་ག་ཏ་ཤྲཱི་ལས་བརྒྱུད་པའི་མན་ངག་འདི་ལ་གཙང་སྦྲ་དང་ལྡན་ པས། སྐྱབས་སེམས་ཡན་ལག་བདུན་པ་སྤྱི་དང་མཐུན་པར་བྱ། ༀ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་སརྦ་བིགྷྣཱ་ཏཱ་ཊ་ ཧ། སརྦ་པ་པཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་དྲག་ཏུ་བཟླས་པས་བགེགས་བསལ། ནམ་མཁའ་སྔོན་པོའི་དབུས་སུ་པཾ་ ལས་པད་དཀར་དང་ཟླ་བ་ལ་ཏཱཾ་ལས་རང་ཉིད་སྒྲོལ་མ་སྐུ་མདོག་དཀར་མོ། ཞག་གཅིག་ཕྱག་ གཉིས་གཡས་མཆོག་སྦྱིན་དང༌། གཡོན་ཨུཏྤལ་སྔོན་པོ་འཛིན་པ་ཞབས་གཡོན་བརྐྱང་བའི་ སྐྱིལ་ཀྲུང་ཕྱེད་པའི་སྟབས་ཅན། དར་མཐིང་ཀའི་སྟོད་གཡོགས་དང༌། མུ་ཏིག་གི་རྒྱན་ཅན་ དོན་ཡོད་གྲུབ་པས་དབུ་བརྒྱན་པ། ཁྱད་པར་གཞན་སྒྲོལ་མ་སྤྱི་དང་མཚུངས་པའོ། །ཡེ་ཤེས་སེམས་དཔའ་ བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མདུན་དུ་མཎྜལ་ མཆོད་པ་དང་བཅས་པ་བཤམས་ལ། མཎྜལ་གྱི་དབུས་སུ་སྒྲོལ་མ་སྐད་ཅིག་གིས་བཞུགས་པར་མོས་ལ། ཨརྒྷཾ་ནས་ཤཔྟའི་ བར་གྱིས་མཆོད། ༀ་སྭཔྣ་ཏཱ་རེ་སྭཱཧཱ། འབུམ་ཕྲག་ཉི་ཤུ་རྩ་བཞིའི་བསྙེན་པའོ། །ཐུན་འཇོག་ཁར་དགེ་བ་བསྔོ། ལས་སྦྱོར་ ནི། གཞོན་ནུ་མའི་སྟོན་མོ་སྔོན་དུ་སོང་ནས། དཀར་གསུམ་མངར་གསུམ་གྱི་ཞལ་ཟས། གུ་གུལ་མར་མེ་རྣམས་མང་དུ་བཤམས་ ལ། མཎྜལ་མཆོད་པ་གསོལ་བཏབ་དང་བཅས་པ་རྒྱས་པར་བྱས་ནས། ༀ་སྭཔྣ་ཏཱ་ར། སྭཔྣ་ཨ་ཝ་ལོ་ཀི་ནི། ཏྲཻ་ལོ་ ཀྱ་ནི། དཪྴ་ནི། ཏྲཻ་ལོ་ཀྱ་གིར་ཛ་ནི། བྷུ་ཏཾ་བྷ་ཝཾ། བྷ་ཝི་ཤཾ ཤུ་བྷ་ཤུ་བྷཾ་ཏཾ་མཾ། ས་དྱ་ཀ་ཏ་ཡ་ སྭཱཧཱ། ཞེས་བརྒྱ་རྩ་བཟླས་པས་གསལ་སྣང་སྟོན་པར་འགྱུར་རོ། །འདི་ལ་རྗེས་གནང་སོགས་ནི་མི་དགོས་སྒོམ་ལུང་ཙམ་གྱིས་ 15-1-248 ཆོག་པ་ཡིན་ནོ། ཁྲོ་ཕུའི་མན་ངག་ཀུན༷་ཏུ་དག༷འ། །རྒྱ་གཞུང་སྙིང༷་པོ༷འི་ཡིད་བརྟན་བཅས། །མངོན་ཤེས་འདོད་པས་འདི་སྒྲུབ་བྱ། ། ལྷ་འདྲེ་སྒྲུབ་རྣམས་ཤིན་ཏུ་སྨད། །རྨི་ལམ་སྒྲོལ་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། སྡུག་བསྔལ་ཐམས་ཅད་སྤངས་ནས་ནི། །མྱ་ངན་འདས་པའི་བདེ་སྟེར་མ། །སྒྲོལ་མ་འཁོར་ བཅས་ལ་བཏུད་ནས། །ལྷ་ལྔའི་སྒྲུབ་ཐབས་བྲི་བར་བྱ། །འདི་ལ་རྒྱས་པར་ཚོགས་བསོག་སོགས་བཤད་ཀྱང༌། བསྡུ་ན་སྐྱབས་ སེམས་ཚད་མེད་བཞི་སྔོན་དུ་སོང་ནས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དམར་ པོ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་ཨ་ལས་ཟླ་བ་ལ་ཏཱཾ་ཞུ་བ་ལས་ཐིག་ལེ་ དཀར་པོ། དེ་ལས་ཨུཏྤལ་ཏཱཾ་གིས་མཚན་པ་འོད་ཀྱི་འཕྲོ་འདུ་ཅན། དེ་ཡོངས་སུ་གྱུར་པ་ལས་ རང་ཉིད་སྒྲོལ་མ་ལྗང་སྔོན་ཕྱག་གཡས་སྐྱབས་སྦྱིན་དང༌། གཡོན་ཨུཏྤལ་འཛིན་པ། གཡས་ བརྐྱང་གི་ཕྱེད་ཀྲུང་གིས་བཞུགས་པ། དེའི་ཤར་དུ་སོ་སོར་འབྲང་མ་དཀར་མོ། ནོར་བུ་དང་ བུམ་པས་མཚན་པའི་པད་དཀར་འཛིན་པ། ལྷོར་འོད་ཟེར་ཅན་མ་སེར་མོ་རྡོ་རྗེ་དང་མྱ་ངན་ མེད་པའི་ཤིང་གི་ཡལ་ག་འཛིན་པ། ནུབ་ཏུ་ཕག་མོ་དམར་མོ་ཕག་གདོང་ཅན། བྱང་དུ་རལ་ གཅིག་མ་ནག་མོ་ཤིན་ཏུ་ཁྲོས་པ། དེ་གཉིས་ཀའང་སྟག་ལྤགས་དང་བཅས་ཤིང་གྲི་ཐོད་ འཛིན་པ། ཐམས་ཅད་ཀྱང་སྤྱན་གསུམ་མ། སྐྱིལ་ཀྲུང་གིས་བཞུགས་པའོ། །ཙནྡྲ་གོ་མིའི་སྒྲུབ་ ཐབས་ལྟར་ན། གཡས་སུ་འོད་ཟེར་ཅན་མ། ཕག་མོ། གཡོན་དུ་ཁྲོ་གཉེར་ཅན་མ། རལ་གཅིག་ མ་ལྟ་བུ་དང༌། ནོར་བུ་འཛིན་མ་སེར་མོ་ནོར་བུ་དང༌། པདྨ་བུམ་པས་མཚན་པ་བསྣམས་པའོ། ། དང་པོ་གཉིས་ཅུང་ཟད་ཁྲོ། ཐ་མ་ཞི་བའོ། །གང་ལྟར་ཡང་སྙིང་གར་པད་ཟླ་ལ་ཏཱཾ། ཡེ་ཤེས་པ་ སྤྱན་འདྲེན་དང་དབང་བསྐུར་རྒྱས་གདབ་སྤྱི་དང་འདྲ་བ་ལས་གཙོ་མོ་ལ་དོན་གྲུབ། འཁོར་རྣམས་ལ་རིམ་པས་ རྣམ་སྣང༌། རིན་འབྱུང༌། སྣང་མཐའ། མི་བསྐྱོད་པ་རྣམས་ཀྱིས་དབུ་བརྒྱན། རང་གི་དཔྲལ་ བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མཆོད་བསྟོད་སྒྲོལ་མ་སྤྱི་དང་མཐུན་པར་བྱ། བཟླས་པའི་དམིགས་པ་ གསལ་བཏབ་ལ། ཡི་གེ་བཅུ་པ་ཉིད་བཟླ་ཞིང༌། བསྙེན་པ་སོང་ནས་གྲུབ་པའི་ཚེ་ཡི་གེ་བརྒྱད་ལ། མ་མ་ཤཱནྟིཾ་ཀུ་རུ་སྭཱཧཱ། 15-1-249 ཞེས་ཞུ་བ་དང༌། མ་མ་པུཥྚིཾ་ཀུ་རུ་བཽ་ཥཊ། ཅེས་རྒྱས་པ་དང༌། ཝ་ཥཊ་ཏྲཻ་ལོ་ཀྱ་ཝ་ཤཾ་ཀུ་རུ་ཝ་ཥཊ། ཅེས་ དབང་དང༌། ཧཱུཾ་ཕཊ་ཤཱ་ཏྲུན་མཱ་ར་ཡ་ཕཊ། ཅེས་དྲག་པོ་སྟེ། ཤམ་བུ་དེ་རྣམས་བཏགས་པ་འབུམ་ཕྲག་རེ་རེ་བཟླའོ། ། ཐུན་འཇོག་ཁར་འཁོར་རྣམས་རང་གི་སྙིང་གར་བསྡུ། རང་ཉིད་མི་དམིགས་པར་བསམ་སྟེ་དགེ་བ་བསྔོ། འདིར་གཏོར་ཆོག་ནི་ གཉན་སྒྲོལ་གྱི་སྐབས་དང་འདྲ་ལ། རྗེས་གནང་ནི་སྒྲུབ་ཐབས་རྒྱ་མཚོ་དང་འདྲའོ། །ཀླུ་སྒྲུབ་ཞལ་ལུང་ཇོ་བོ་ལས། །བརྒྱུད་པར་ གྲགས་པ་ཀུན༷་དང་ནི། །གཞུང་(ལོ་ཙ་བ་གཡུ་མཚོ་དངོས་གྲུབ་སོགས། །)གཞན་གཞན་གྱིས་བསྒྱུར་བ་རྣམས། །མཐུན་ཕྱིར་ དག༷འ་བས་སྙིང༷་པོ༷ར་དྲིལ། །སྒྲོལ་མ་ལྷ་ལྔའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ཙནྡྲ་གོ་མིས་མཛད་པའོ། ། ༄༅། །ༀ་སྭཱ་སྟི། འཕྲིན་ལས་ལྷ་མོ་སྒྲོལ་མ་དང༌། །སྐྱབས་ཀྱི་དམ་པ་རིན་ཆེན་གསུམ། །ཀུན་འདུས་བླ་མ་ལ་བཏུད་ ནས། །ཕྱག་བརྒྱད་སྒྲོལ་མའི་སྒྲུབ་ཐབས་བཤད། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་ སྦྱངས། པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་ཏཱཾ་ལས་ཨུཏྤ་ལ་ཏཱཾ་གིས་མཚན་པ་ཡོངས་སུ་ གྱུར་པ་ལས། རང་ཉིད་སྒྲོལ་མ་སྐུ་ལུས་དང་ཞལ་བཞི་ལྗང་བ་ལ་སྤྱན་གསུམ་གསུམ་མངའ་ བ། ཕྱག་དང་པོ་གཉིས་ཨུཏྤ་ལའི་ཕྱག་རྒྱ་ཐུགས་ཀར་འཆང་བ། ལྷག་མ་གཡས་གསུམ། བགྲང་འཕྲེང༌། མདའ། འཁོར་ལོ། གཡོན་གསུམ་རྒྱལ་མཚན། གཞུ། བུམ་པ་འཛིན་པ། གཡས་བརྐྱང་གི་རོལ་པས་བཞུགས་ཤིང་དར་དང་རིན་པོ་ཆེའི་བརྒྱན་པའོ། །དེ་ནས་གནས་གསུམ་ བྱིན་རླབས། ཡེ་ཤེས་པ་གཞུག་པ་དབང་བསྐུར་རྒྱས་བཏབ་རྣམས་སྤྱི་དང་འདྲ་ཞིང༌། ཨརྒྷཾ་ལ་སོགས་པས་མཆོད། ལྷ་དང་ ལྷ་མིན་སོགས་ཀྱིས་བསྟོད། འཇིགས་པ་བརྒྱད་སྐྱོབས་ཀྱི་ལྷ་མོ་སྤྲོས་ནས། སེམས་ཅན་རྣམས་ སྐྱོབ་པར་མོས་ཤིང༌། ཡི་གེ་བཅུ་པ་ཅི་ནུས་སུ་བཟླས། རྩ་སྔགས་ཀྱང་ཉེར་གཅིག་རེ་བཟླའོ། །རྗེས་མི་དམིགས་པའི་ངང་ ནས་དགེ་བ་བསྔོ། ཐུན་མཚམས་སུ་མཚན་བརྒྱ་དང་ཕྱག་འཚལ་ཉེར་གཅིག་ཅི་ནུས་སུ་འདོན། གཏོར་ཆོག་གཉན་སྒྲོལ་གྱི་སྐབས་ དང་འདྲ་ཞིང༌། སློབ་མ་རྗེས་སུ་འཛིན་པའི་ཚུལ་ཡང་བཀའ་གདམས་ལྷ་བཞིའི་སྒྲོལ་མ་དང་འདྲའོ། །ཀླུ་སྒྲུབ་ལུགས་སུ་ཀུན༷་ནས་ གྲགས། །སྒྲོལ་མའི་སྒྲུབ་ཐབས་དག༷འ་བདེ་བསྐྱེད། །རྒྱ་བོད་གཞུང་གི་ཡང་སྙིང༷་ཙམ། །གསལ་པོ༷ར་བརྗོད་ལ་ཉེས་པ་ཅི། །ཕྱག་ བརྒྱད་སྒྲོལ་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། 15-1-250 ༄༅། །ༀ་སྭཱ་སྟི། དོན་དམ་ཤེས་རབ་ཕ་རོལ་ཕྱིན། །ལྷ་མོའི་ཚུལ་གྱི་སྐུར་བསྟན་ནས། །འགྲོ་བའི་རེ་སྐོང་བར་ ཆད་སེལ། །སྒྲོལ་མ་ལ་འདུད་སྒྲུབ་ཐབས་བྲི། །སྐྱབས་སེམས་སྔོན་དུ་བཏང་ནས། རང་གི་སྙིང་གའི་འོད་ཀྱིས་བླ་ མ་ཡི་དམ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དཀོན་མཆོག་ གསུམ་ལ་བདག་སྐྱབས་མཆི། །སོགས་དང་ཚད་མེད་བཞི་སྤྱི་དང་མཐུན། སྭ་བྷཱ་ཝས་སྟོང་པར་སྦྱངས། པད་ ཟླའི་སྟེང་དུ་རང་སེམས་ཏཱཾ་ཡིག་ལྗང་ཁུའི་འཕྲོ་འདུ་ལས་རང་ཉིད་འཕགས་མ་སྒྲོལ་མ་ལྗང་ སྔོན་ཞལ་གཅིག་ཕྱག་གཉིས་འཛུམ་བག་དང་ལྡན་ཞིང༌། སིནྡྷུ་རའི་མདོག་ཅན་གྱི་རས་བཟང་ པོས་དབུ་སྐྲ་བཅིངས་པ། གཡས་མཆོག་སྦྱིན་དང༌། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤལ་ སྔོན་པོའི་སྡོང་བུ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། མཉམ་པའི་སྟབས་ ཀྱིས་བཞེངས་པ། ལྗོན་ཤིང་རབ་ཏུ་རྒྱས་པ་ལ་རྒྱབ་བརྟེན་པའི་རྣམ་པ་ཅན་ནོ། །གནས་གསུམ་ བྱིན་རླབས་དབང་བསྐུར་རྒྱས་བཏབ་སོགས་སྤྱི་དང་མཐུན་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན། སྙིང་གར་ པད་ཟླ་ལ་ས་བོན་སྔགས་འཕྲེང་དང་བཅས་པ་གསལ་བཏབ་སྟེ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས། མཐར་སྣོད་བཅུད་ཐམས་ཅད་རང་ལ་ཐིམ། རང་ཡང་ཏཱཾ་ལ་ཐིམ། དེ་ཡང་མི་ དམིགས་པར་བསམ། སླར་ཡང་རང་གི་སྙིང་གའི་འོད་ཀྱིས་མདུན་གྱི་ནམ་མཁའ་རྗེ་བཙུན་ སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཕྱག་འཚལ་ཉེར་གཅིག་ཅི་ནུས་ སུ་འདོན། དཀར་གཏོར་ཞིག་བཤམས་ལ། བྷྲུཾ་ལས་རིན་པོ་ཆེའི་སྣོད་དུ་བཾ་ལས་གཏོར་མ་བདུད་རྩིའི་རྒྱ་ མཚོར་གྱུར། ༀ་ཨཱཿཧཱུཾ་གིས་བྱིན་གྱིས་རླབས། ཡི་གེ་བཅུ་པའི་མཐར་ༀ་ཨཱཿཧཱུཾ་ལན་བདུན་གྱིས་ཕུལ། མཆོད་བསྟོད་ བྱས་ལ་གསོལ་བ་དྲག་ཏུ་བཏབ། རྗེ་བཙུན་མ་རང་གི་སྤྱི་བོར་ཐིམ། དགེ་བ་བསྔོ། འདི་ལ་རྗེས་གནང་མེད། སྒོམ་ལུང་འབོགས་པ་ ཙམ་ཡིན་ཏེ། རིགས་བདག་གི་རྒྱས་འདེབས་ཡན་ཆད་ཀྱི་མངོན་རྟོགས་སྒོམ་དུ་བཅུག་ལ་ཡི་གེ་བཅུ་པ་བརྒྱ་རྩ་རེའི་རྗེས་བཟློས་ བྱེད་དུ་བཅུག དེ་མན་ཆད་ཀྱི་དམིགས་པ་རྣམས་ཚར་གཅིག་བཤད་པས་དོན་འགྲུབ་པ་ཉིད་དོ། །འདི་ཀཱ་པ་ལི་ཏཱ་རའི་སྒྲུབ་ཐབས་ ཡིན། ཞལ་བསྒྱུར་ཏཱ་ར་བསྒོམ་པར་འདོད་ན། གཞན་འདྲ་བ་ལས་ཞབས་སེམས་དཔའི་སྐྱིལ་ཀྲུང་མཛད་པ་ནི་ཁྱད་པར་རོ། །ཀུན༷་ 15-1-251 ལ་མཚན་ཡང་མ་གྲགས་པའི། །སྒྲུབ་ཐབས་དཱ་ན་ཤྲཱི་ལས། །ལེགས་བརྒྱུད་སྟག་ལུག་ཐང་བའི་སྲོལ། །རབ་དག༷འི་སྙིང༷་པོ༷་ངོ་ མཚར་རྨད། །རྗེ་བཙུན་མ་ཀཱ་པ་ལི་ཏཱ་རའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། གང་ཞིག་བསྒོམ་པ་ཙམ་གྱིས་ནི། ཁམས་གསུམ་དབང་དུ་བསྡུད་པ་དང༌། །ནད་རྣམས་མ་ལུས་ སེལ་འགྱུར་བ། །སྐུལ་བྱེད་སྒྲོལ་མ་དེ་ལ་འདུད། །སྐྱབས་སེམས་དང་ཚད་མེད་བཞི་སྔོན་དུ་འགྲོ་བས། སེམས་དམིགས་མེད་ དུ་མཉམ་པར་བཞག དེ་ནས་སེང་ལྡེང་གི་སྡོང་པོ་ཡལ་ག་ལོ་འདབ་རྒྱས་པའི་རྩ་བར་པད་ཟླ་ལ་ ཏཱཾ་ལས་རང་ཉིད་སྒྲོལ་མ་སྐུ་མདོག་དམར་ཞིང་དྭངས་པ། བ་སྤུའི་ཁུང་བུ་རེ་ནས་འོད་ཟེར་ དམར་པོའི་དྲ་བ་འགྱེད་པ། དབུ་སྐྲ་གྲོལ་བ་མུ་ཏིག་དམར་པོའི་ཆུན་པོ་བཅིངས་པ། ཕྱག་ གཡས་པི་ཙུ་རའི་ཤིང་གི་འབྲས་བུ་ནང་སེར་ལ་ཁ་སྔོ་བ་པུས་མོའི་སྟེང་དུ་འཛིན་ཅིང༌། གཡོན་ པོ་ཏིས་མཚན་པའི་ཨུཏྤལ་དམར་པོ་ཐུགས་ཀར་འཛིན་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། མུ་ཏིག་གཙོ་བོར་གྱུར་པའི་དར་དང་རིན་པོ་ཆེས་བརྒྱན་པའོ། །ཐུགས་ཀར་པད་ཟླ་ལ་ཏཱཾ་ཡིག་ སྔགས་འཕྲེང་དང་བཅས་པ་གསལ་བཏབ་སྟེ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་ཅི་ནུས་བཟླ། མཐར་ ལྷ་སྐུ་མི་དམིགས་པར་བསམས་ལ་དགེ་བར་བསྔོ། གཏོར་མའི་ཆོ་ག་ནི། ཀཱ་པ་ལི་ཏཱ་ར་དང་འདྲ་བ་ལ། སློབ་མ་རྣམས་ལ་བསྒོམ་ ལུང་འབོགས་པའི་ཚུལ་ནི། སྐྱབས་སེམས་ཡན་ལག་བདུན་པ་རྣམས་ཇི་ལྟར་རིགས་པ་ཞིག་བྱས་ལ། གོང་བཞིན་མངོན་རྟོགས་ སྒོམ་དུ་བཅུག་ལ། སྔགས་ཉེར་གཅིག་གི་བཟླས་ལུང་སྦྱིན་པས་འགྲུབ་པ་ཉིད་དོ། །ཀུན༷་ལས་ཉམས་ལེན་ཁྱེར་བདེ་བ། །རབ་ཏུ་ ཟབ་པ་ཡིད་དག༷འི་གནས། །རྩེ་གཅིག་བསྒོམས་ན་དངོས་གྲུབ་ཀྱི། །སྙིང༷་པོ༷་ལེན་པ་ཤིན་ཏུ་བླ། །འཕགས་མ་ཙུནྡྷ་ཏཱ་རའི་སྒྲུབ་ ཐབས་ཀྱི་ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། འཕགས་མ་སྒྲོལ་མའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་ བདུན་པའོ།། །།གཅིག་ཞུས། དར་རྒྱས་འཕེལ། དགེའོ། ། ༄༅། །ༀ་སྭཱ་སྟི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་གསང་བ་འཛིན་པ་ཡི། ཁྲོ་རྒྱལ་གནོད་སྦྱིན་ སྡེ་དཔོན་ཚུལ། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །དྲག་སྔགས་ཀྱི་ཆེ་བ་ཕྱག་ན་རྡོ་རྗེ་ཨུ་ཙརྱའི་སྒྲུབ་ཐབས་ནི། སྐྱབས་འགྲོ་ སེམས་བསྐྱེད་སྤྱི་དང་མཐུན། རང་གི་སྤྱི་བོར་བླ་མ་མི་བསྐྱོད་པའི་རྣམ་པ་ཅན། དཔལ་ལྡན་བླ་མ་དམ་ 15-1-252 པས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། བླ་མ་འོད་དུ་ཞུ། རང་ལ་ཐིམ། ཆོས་ ཐམས་ཅད་སྟོང་པར་གྱུར། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ལན་གསུམ་བརྗོད། ཧཱུཾ་ སྟོང་པའི་ངང་ལས་རང་སེམས་ཧཱུཾ་དུ་གྱུར། བཛྲ་ཧཱུཾ་ལས་གནམ་ལྕགས་ཀྱི་རྡོ་རྗེར་གྱུར། ༀ་ བཛྲ་པཱ་ཎི་ས་མ་ཡ་སྟྭཾ། ལན་གསུམ། རྡོ་རྗེ་ཡོངས་སུ་གྱུར་པ་ལས། རང་ཉིད་ཕྱག་ན་རྡོ་རྗེ་སྐུ་ མདོག་དུས་མཐའི་སྤྲིན་ལྟར་གནག་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་འཕྱར་ བ། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀའི་ཐད་ནས་གནོད་བྱེད་ལ་ སྡིགས་པ། སྤྱན་གསུམ་མེ་སྟག་ལྟར་འབར་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཀླུ་ འབུམ། གཉན་ཁྲི། ས་བདག་སྟོང་སྤུངས་པའི་སྟེང་དུ། པདྨ་ཟླ་བ་ཉི་མའི་གདན་ལ་རྣམ་པར་ འགྱིང་བ། སྟག་ལྤགས་ཀྱི་ཤམ་ཐབས་དང༌། ཐོད་སྐམ་ལྔའི་དབུ་བརྒྱན། རློན་པ་ལྔ་བཅུའི་དོ་ ཤལ་ཅན། ཁྲག་གི་ཐིག་ལེ་ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུས་བརྒྱན་པ། རིན་པོ་ཆེ་དང་ རུས་པའི་རྒྱན་དང༌། དར་གྱི་སྟོད་གཡོགས་ཅན། སྨ་ར་སྨིན་མ་དབུ་སྐྲ་ཁམ་སེར་གྱེན་དུ་ འབར་ཞིང༌། ནོར་རྒྱས་དུང་སྐྱོང་སེར་པོས་དབུ་ལ་བརྒྱན་པ། དགའ་བོ། ཉེར་དགའ་དམར་ པོའི་སྙན་ཆ། པདྨ། ཆུ་ལྷ་དཀར་པོའི་དཔུང་བརྒྱན་དང༌། འདབ་བཟང་དང་རིགས་ལྡན་ནག་ པོས་སེ་རལ་ཁ་བྱས་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འགྲིལ་གཤིན་རྗེ་ལྟར་ཁྲོས་པ། སྐུ་བོང་ཆེ་བས་ཞབས་རྒྱ་མཚོའི་གླིང་དུ་སླེབ་ཅིང༌། དབུས་ཚངས་པའི་གནས་རིགས་ཁྱབ་པ། ཞལ་ནས་དྲག་སྔགས་ཀྱི་སྒྲ་སྒྲོག་པ། ཁྱུང་ཆེན་རིགས་ལྔ་ཕོ་ཉར་འགྱེད་པ། བ་སྤུའི་བུ་ག་ནས་ ཁྲོ་བོའི་ཚོགས་སྤྲོ་ཞིང༌། ཁྲོ་བོས་གཏམས་པ། དུག་ལྔ་སྲེག་བྱེད་མེ་དཔུང་ཁ་དོག་སྣ་ལྔ་པའི་ ཀློང་ན་བཞུགས་པའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་ འཕྲོས། ཡེ་ཤེས་སེམས་དཔའ་གསང་བདག་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ༀ་སརྦ་ཏ་ ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་ཡེ་ཤེས་སེམས་དཔའི་བདག་ལ་དབང་བསྐུར། 15-1-253 སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཛཿཧཱུཾ་བཾ་ཧོཿ རང་དང་གཉིས་སུ་མེད་པར་ཐིམ། ཐུགས་ཀར་ཉི་མའི་དབུས་སུ་ཧཱུཾ། དེ་ལས་འོད་འཕྲོས། སེམས་ཅན་གྲོལ་བར་བྱས་ཏེ་བདག་ཉིད་ལ་ཐིམ་པར་གྱུར། རྡོ་རྗེ་ཁུ་ཚུར་ཁ་སྦྱོར་བཅིངས་ ལ། རང་གི་ལྕེ་རྡོ་རྗེ་རྩེ་མོ་དགུ་པ་རྭ་རེ་རེ་ལ་སྙིང་པོའི་སྔགས་དང་བཅས་པ། སྙིང་གར་ཡང་ རྡོ་རྗེ་རྩེ་དགུ་པ། ལྟེ་བར་ཁྲོ་ཆུང་ཚོན་གང་བ། དེའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་གི་ མཐའ་སྐོར་དུ་སྔགས་འཕྲེང་དམར་པོས་བསྐོར་བ། ཧཱུཾ་ལས་སྟེང་འོག་ཏུ་རཾ་གཉིས་གཉིས་ སྤྲོས། སྤྱི་བོ་དང་རྐང་མཐིལ་གཉིས་སུ་གནས་པར་གྱུར། སྔགས་ཀྱི་འཁོར་ལོ་གཡས་སུ་ བསྐོར་བ་ལས། མེའི་ཚ་ཚ་སྤྲོས་རྒྱ་ཇེ་ཆེར་སྟེང་འོག་ཏུ་ཆད་དེ། ལུས་ཀྱི་ནང་ཐམས་ཅད་གང༌། རཾ་གཉིས་པ་ལས་བྱུང་བའི་མེ་དང་ལྷན་ཅིག་ཏུ་གྱུར། སྟོད་ཀྱི་ཡེ་ཤེས་ཀྱི་མེ་ཐུར་ལ་འབར་ ཞིང་སྨད་ཀྱི་མེ་གྱེན་ལ་འབར་བས་རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་ གྱུར། མཧཱ་རོ་ཥ་ཎ་ཨེ་རཾ་ཕཊ། ལན་གསུམ་བརྗོད། བ་སྤུའི་རྩ་བར་གནས་པའི་ཁྲོ་ཆུང་རྣམས་ཀྱིས་ སྔགས་དི་རི་རི་བཟླས། དེ་རྣམས་ལས་ཁྲོ་བོ་མཚོན་ཆ་ཐོགས་པ་མེ་དཔུང་དང་བཅས་པ་ ཕྱོགས་བཅུར་སྤྲོས། གནོད་བྱེད་ཐམས་ཅད་ཚར་བཅད་ཞལ་དུ་གསོལ་སླར་ཡང་ཁྲོ་ཆུང་ རྣམས་ལ་ཐིམ། ཨུ་ཙ་ཙཪྻ་ཡཀྵ་སེ་ན་ཨངྐུ་ཤ་ཛ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་འབུམ་ཕྲག་གསུམ་བཟླ་བར་བཤད་ ཀྱང༌། འབུམ་ཕྲག་བཅུ་དྲུག་{གོ[གམ] །བཞི་བཅུ་ཞེ་བརྒྱད་བཟླའོ། །དྲག་སྔགས་བཟླ་བར་འདོད་ན། རང་ལྷ་སྐུ་སྣང་ སྟོང་དུ་བསྒོམ་པའི་ངང་ནས། སྔར་གྱི་དམིགས་པའི་སྟེང་དུ་མདུན་དུ་སྤྲུལ་པའི་ལས་མཁན་ ཁྱུང་ནག་མགོ་བོ་དགུ་པ་དང༌། དེའི་གཡས་སུ་མགོན་པོ་ནག་པོ་གྲི་གུག་ཅན་དང༌། གཡོན་དུ་ ལྷ་མོ་བོང་ཞོན་མ། སྐུའི་མཐའ་སྐོར་དུ་ཕྱོགས་སྐྱོང་བཅུ་སོགས་གཙང་རིས་བདུན་ཅུ་རྩ་ལྔ་ ཡོད་པར་བསྒོམ་སྟེ། བཀའ་བསྒོ་བའི་ཚུལ་གྱིས། ཨུ་ཙ་ཙཪྻ་ཡཀྵ་སེ་ན་ཨངྐུ་ཤ་ཛ་ཛ། པུ་པུ་ དན་དུ། ནག་པོ་བབ། ཙི་ཙི་རྒྱས། ཏྲག་ཤ་སྙིང་ལ་ཐུར། ཉམས་ཉམས་རྩ་བཞི་བསྐུམས། 15-1-254 ཤན་ཤན་སྲོག་ལ་ཤན། ཙ་ཏུར་ནག་པོ་སོད། གནོད་བྱེད་འབྱུང་པོའི་སྙིང་ལ་མཱ་ར་ཡ་རྦད། ཏིཥྛ་ཨ་བེ་ཤ་ཡ་རྦད། ནཱ་ག་གུ་ཧྱེ་རྦུད། པི་པི་པ། ལི་ལི་ཀ་དྷ་དྷ་ཧཱུཾ་ཧཱུཾ་ཕཊ། ཅེས་འབུམ་ཕྲག་གཅིག་ བཟླས་པས་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་བོ། །དུས་བཞིར་ལས་བཞི་དང་སྦྱར་བའི་དམིགས་པ་སྤྱི་དང་འདྲ། འཕྲེང་ བ་རཀྵ་དང༌། ལུང་ཏང་དང༌། ཐོད་འཕྲེང་རྣམས་ཤེས་སོ། །ཐུན་འཇོག་ཁར་འཁོར་རྣམས་རང་ལ་བསྡུ། ལྷ་སྐུ་མི་དམིགས་པ་ སྦྱངས་ཏེ། དགེ་བ་བསྔོ། ཐུན་མཚམས་སུ་ཡང་ལྷའི་ང་རྒྱལ་དང་མ་བྲལ་བར་བྱའོ། །ལས་དང་པོ་པས་ༀ་གྱི་མགོ་དྲངས་ཏེ་སྔགས་ བཟླས་ན། རྒྱུད་འཇམ་པ་ཡིན་ནོ། །ཞེས་བླ་མ་རྣམས་གསུང་ངོ༌། །གཏོར་མ་འབུལ་བ་ནི། ཐོད་པའི་ནང་དུ་དམར་གཏོར་ཞིག་ དང༌། རིན་པོ་ཆེའི་ནང་དུ་དཀར་གཏོར་ཞིག་དང༌། གཞན་རྫ་སྣོད་ལྟ་བུ་ཞིག་ཏུ་ཤོ་ལུ་ཆང་བུ་དང་མཐེབ་ཀྱུ་ཅན་གཅིག་བྱ། ཨ་ མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་མ་དང་པོ་གཉིས། ཡཾ་ལས་རླུང༌། རཾ་ ལས་མེ། ཀཾ་ལས་མི་མགོའི་སྒྱེད་བུ། ཨ་ལས་ཐོད་པ། དེའི་ནང་དུ་ཧཱུཾ་བྷྲུཾ་ཛྲིཾ་ཨཾ་ཁཾ། དེ་རྣམས་ ལས་འོད་ཟེར་ཁ་དོག་སྣ་ལྔ་པ་འཕྲོས་གནོད་བྱེད་དགྲ་བགེགས་ཐམས་ཅད་བཀུག སེམས་ ཡིག་འབྲུ་ལྔ་ལ་ཐིམ་པ་ཡེ་ཤེས་ལྔར་གྱུར། ལུས་ཤ་ལྔ་བདུད་རྩི་ལྔར་གྱུར། དེ་ཐམས་ཅད་ཞུ་ བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ་ལན་ལྔ་བརྗོད། རང་གི་སྙིང་ག་ ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སངས་ རྒྱས་བྱང་སེམས་སྤྲུལ་པ་ཡེ་ཤེས་ཁྲོ་བོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ། ནང་ གི་ལས་མཁན་གསུམ། ཕྱིའི་ལས་མཁན་དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་ བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། ནང་མཆོད་བསངས་སྦྱངས། ༀ་ཨཱཿཧཱུཾ། ལན་ལྔས་བྱིན་གྱིས་བརླབས། དེ་ནས་ༀ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་ ཤཔྟའི་བར་གྱིས་མཆོད། གཏོར་མ་དང་པོ་དེ། སྙིང་པོའི་མཐར་སརྦ་དུཥྚཱཾ་སརྦ་ཤཱ་ཏྲུན་ཐུཾ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ ཧི། བཏགས་པ་ལན་གསུམ་གྱིས་གཙོ་བོ་ལ་ཕུལ། གཏི་མུག་ཤ་ཡི་མཆོད་པ་བཞེས། །ཞེ་སྡང་རུས་པའི་ མཆོད་པ་བཞེས། །འདོད་ཆགས་ཁྲག་གི་མཆོད་པ་བཞེས། །བདག་འཛིན་ལ་སོགས་དགྲ་ 15-1-255 བགེགས་རྣམས། །བདག་མེད་དབྱིངས་སུ་བསྒྲལ་དུ་གསོལ། །དེ་ལྟར་བསྒྲལ་བའི་དགྲ་ བགེགས་དེ། །གནོད་པའི་བསམ་པ་ཞི་བ་དང༌། །གཉིས་མེད་ཡེ་ཤེས་རྟོགས་པར་ཤོག །སླར་ ཡང་གོང་བཞིན་མཆོད། སྙིང་པོའི་མཐར་ༀ་ཨཱཿཧཱུཾ་ཞེས་པས་ནང་མཆོད་ཕུལ། གཉིས་པ་དཀར་གཏོར་དེ་ལས་མཁན་རྣམས་ ལ་འབུལ་ཏེ། ཨ་ཀཱ་རོའི་མཐར་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་གསུམ་གྱིས་ཕུལ། མཆོད་སྦྱིན་ གྱི་གཏོར་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འདི་ཕྱི་ནང་གསང་བའི་ལས་མཁན་རྣམས་ལ་ འབུལ་ལོ། །བར་ཆད་ཐམས་ཅད་ཞི་བ་དང༌། དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ༀ་ བཛྲ་ཨརྒྷཾ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད། དྲིལ་བུ་སོགས་རོལ་མོའི་སྒྲ་དང་བཅས་པའི་བསྟོད་པ་ནི། གདུག་པ་ འདུལ་བྱེད་གནོད་སྦྱིན་རྒྱལ། །འདུལ་དབང་ཆེན་པོ་སྤྲུལ་པའི་སྐུ། །འཇིགས་བྱེད་ཆེན་པོ་ དྲག་པོ་ནི། །སྐུ་མདོག་མཐིང་ནག་གོས་སྔོན་ཅན། །ཕྱག་གཡས་ལྕགས་ཀྱི་རྡོ་རྗེ་བསྣམས། ། བགེགས་རིག་བརྒྱད་ཁྲི་རྡུལ་དུ་རློག །གཡོན་པ་སྡིགས་མཛུབ་སྡེ་བརྒྱད་འདུལ། །ཉི་ཟླ་པདྨ་ ལ་སོགས་དང༌། །ཀླུ་འབུམ་ཁྲི་སྟོང་གདན་ལ་བཞུགས། །སྐུ་ཞལ་ཤིན་ཏུ་རྒྱས་པ་སྟེ། །སྦྲུལ་ གྱི་ཆས་ཀྱིས་རྣམ་པར་བརྒྱན། །སྟག་ལྤགས་རློན་པའི་ཤམ་ཐབས་ཅན། །སྤྱན་གསུམ་གདུག་ པ་ཅན་ལ་གཟིར། །འཇིག་རྟེན་འདུལ་བའི་དབང་ཕྱུག་ཅན། །དྲེགས་པ་འཇོམས་པའི་སྟོབས་ པོ་ཆེ། །འཇིག་རྟེན་སྐྱོང་བའི་ཐུགས་རྗེ་ཅན། ཁྱོད་ལ་བདག་ཅག་ཕྱག་འཚལ་བསྟོད། །ལྕང་ ལོ་ཅན་གྱི་གནས་མཆོག་ན། །གསང་བདག་ཕྱག་ན་རྡོ་རྗེ་ནི། །ཡོན་ཏན་ཐམས་ཅད་སྐུ་ལ་ རྫོགས། །སྐྱོན་མེད་སྐུ་ལ་ཕྱག་འཚལ་བསྟོད། སྐུའི་བ་སྤུའི་ཁུང་བུ་ལས། །བདུན་འབུམ་སུམ་ ཁྲིའི་ཁྲོ་བོ་སྤྲུལ། །ཕོ་ཉ་ཉི་ཟེར་རྡུལ་དང་མཚུངས། །གསང་བའི་བཀའ་སྡོད་རྣམས་ལ་བསྟོད། ཁྱུང་ཆེན་ཐུགས་ལས་སྤྲུལ་པ་སྟེ། །གསུང་གི་ཕྱག་བརྙན་རེ་མ་ཏཱི། །སྐུ་ལས་མགོན་པོ་ནག་པོ་ བྱུང༌། །ནང་གི་བཀའ་སྡོད་གསུམ་ལ་འདུད། །བདེ་གཤེགས་མྱ་ངན་འདུས་གྱུར་ཀྱང༌། ། ཐུགས་རྗེས་འཁོར་བའི་ཚུལ་འཛིན་པ། །ཕྱོགས་སྐྱོང་གཙང་རིགས་བདུན་ཅུ་ལྔ། །ཕྱིའི་ལས་ 15-1-256 མཁན་རྣམས་ལ་བསྟོད། །ཅེས་བསྟོད། གཏོར་མ་གསུམ་པ། ཆང་བུ་འཐེབ་ཀྱུར་བཅས་པའི་གཏོར་མ་དེ། ཨ་ཀཱ་རོ་ ལན་གསུམ་གྱིས་བྱིན་གྱིས་བརླབས། ལྷ་སྲིན་སྡེ་བརྒྱད་གཞི་བདག་དང་བཅས་པ་བཛྲ་ས་མཱ་ཛཿ ཐམས་ཅད་ཀྱང་ཕྱག་ན་རྡོ་རྗེའི་སྐུར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་ བྷ་ར་ཧཱུཾ། ལན་བདུན་ནམ་ཉེར་གཅིག་གིས་བསྔོས། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་གནས་བདག་གཞི་ བདག་གྲོང་བདག་གཉུག་མར་གནས་པ་ཐམས་ཅད་ལ་འབུལ་ལོ། །འགལ་རྐྱེན་བར་ཆད་ཞི་ བ་དང༌། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འབྱོར་བ་དང༌། འཕྲིན་ལས་རྣམ་བཞི་ཐོགས་ པ་མེད་པར་འགྲུབ་པའི་གདོང་གྲོགས་མཛད་དུ་གསོལ། ཡི་གེ་བརྒྱ་པ་ལན་གསུམ། རྫོགས་པའི་ སངས་རྒྱས་ཐམས་ཅད་ལྷ་རྣམས་དང༌། །དེ་ཡི་སྲས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་ རྣམས་ཆོ་ག་འདི། །མ་ཚང་བ་ནི་བཟོད་པར་གསོལ། །གང་ཞིག་ནུས་པ་མ་མཆིས་པས། །མ་ ཚང་དེ་བཞིན་མ་མཉེས་དང༌། །ཉེས་པའི་དྲི་མར་གྱུར་པ་ཀུན། །དེ་ཡང་ཁྱེད་ཀྱིས་བཟོད་པར་ གསོལ། །ༀ་བཛྲ་མུཿ ཞེས་ལན་གསུམ་གྱིས་འཁོར་འཇིག་རྟེན་པ་རྣམས་གཤེགས་སུ་གསོལ། མཆོད་པ་ཁ་གསོས་ལ། ཨརྒྷཾ་ནས་ཤཔྟའི་བར་དང༌། ནང་མཆོད་ཀྱིས་སླར་ཡང་གཙོ་བོ་ལ་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་སོགས་ ཤོ་ལོ་ཀ་གཅིག་གིས་བསྟོད། ཧཱུཾ་གསང་བའི་བདག་པོ་ཨུ་ཙཪྻ། །ཡེ་ཤེས་ཁྲོ་བོ་ནང་འཁོར་བཅས། ། མཆོད་གཏོར་བཟང་པོས་མཉེས་གྱུར་ནས། །བདག་ཀྱང་ཁྱེད་དང་མཉམ་པར་མཛོད། །རྣལ་ འབྱོར་བདག་ཅག་འཁོར་བཅས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་འདོད་དོན་ གསོལ་བ་བཏབ། ༀ་བཛྲ་མུཿ ཞེས་གཤེགས་སུ་གསོལ། དཔྲལ་བར་ༀ་མགྲིན་པར་ཨཱཿ ཐུགས་ཀར་ ཧཱུཾ། སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བྱ། ཉལ་བའི་ཚེ་བསྲུང་འཁོར་བསྒོམས་ནས། འོད་གསལ་གྱི་ངང་དུ་ཉལ། ལྡང་ བའི་ཚེ་སྙིང་པོ་ལན་གསུམ་བརྗོད་ནས། ལྷ་སྐུ་སྣང་སྟོང་དུ་ལྡང༌། རྨི་ལམ་ཡང་ལོངས་སྐུའི་ལམ་ཁྱེར་དུ་བྱའོ། །སྐབས་འདིར་སྙིང་ པོ་དང་རྩ་སྔགས་དོན་གཅིག་ཅིང༌། དྲག་སྔགས་ལ་འཕྲེང་བའི་སྔགས་ཞེས་ཟེར་རོ། ། དེའི་རྗེས་གནང་བྱེད་པར་འདོད་པས། མཎྜལ་ཟླུམ་པོའི་དབུས་སུ་ཆོས་འབྱུང་གྲུ་གསུམ་མཐིང་ནག གྲུ་བཅད་དམར་པོ། 15-1-257 མཐའ་རྡོ་རྭ་མེ་རིས་བསྐོར་བ་རྡུལ་ཚོན་གྱིས་བྲི། བསྡུ་ན་མཎྜལ་ལ་ཚོམ་བུ་བཀོད་པས་ཀྱང་བཏུབ། དེའི་སྟེང་དུ་མཉྫི་ལ་གཏོར་ མ་ནག་པོ་གྲུ་གསུམ་རྟེན་གཏོར་དུ་བཀོད། མདུན་དུ་མཆོད་གཏོར་རྒྱ་ཆེར་བཤམས། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། ནང་ མཆོད། འཐོར་ནས་སོགས་ཉེར་མཁོ་ཚོགས་པར་བྱ། བུམ་ཆོག་བྱེད་པ་ལྟར་ན། བུམ་པའང་སྤྱི་དང་མཐུན་པར་བཅའ། མཆོད་ པ་བྱིན་རླབས་སྤྱི་དང་མཐུན་པར་བྱས་ལ། བཟླས་པའི་བར་བདག་བསྐྱེད་གོང་བཞིན། མདུན་བསྐྱེད་བསངས་སྦྱངས། སྟོང་ པའི་ངང་ལས་མཎྜལ་དང༌། གཏོར་མ་དང༌། བུམ་པའི་ནང་དུ་པདྨ་ཟླ་ཉིའི་གདན་ལ་ཧཱུཾ་ལས་ རྡོ་རྗེ་ཧཱུཾ་གིས་མཚན་པ་རེ་རེ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེའི་སྐུ་རེ་རེར་གྱུར་པ་ན། སྐུ་ མདོག་དུས་མཐའི་སྤྲིན་ལྟར་གནག་པ། ཞེས་པ་ནས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་སེམས་དཔའ་དང༌། ཡེ་ཤེས་སེམས་དཔའ་གཉིས་སུ་མེད་པར་ཐིམ། ཞེས་པས་བར་བདག་བསྐྱེད་བཞིན་ལས་བདག་ལ་དབང་ བསྐུར་ཞེས་པ་མདུན་བསྐྱེད་ལ་ཞེས་པར་འདོན་པ་སྤོ། གཏོར་མ་ཨ་མྲྀ་ཏས་བསངས་བ་ནས། ༀ་ཨཱཿཧཱུཾ་ལན་ལྔའི་བར་ གོང་བཞིན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་སྤྲུལ་པ་ཞེས་པ་ནས། ཐོགས་པ་མེད་པར་འགྲུབ་པའི་གཏོང་གྲོགས་མཛད་དུ་གསོལ་གྱི་བར་གོང་བཞིན། ༀ་བཛྲ་མུཿ ཞེས་སྡེ་བརྒྱད་དང་གཞི་བདག་རྣམས་རང་རང་གི་གནས་སུ་གཤེགས་སུ་གསོལ། ཞེས་བརྗོད། མཆོད་པ་ཁ་{གསོ་བ་[གསོས]ནས། འདོད་པ་ཀུན་འགྲུབ་ཤོག་གི་བར་ཀྱང་གོང་བཞིན། མདུན་བསྐྱེད་མཎྜལ་དང་ གཏོར་མ་ལ་ཆབས་གཅིག་ཏུ་དམིགས་ནས་བཟླས་པ་ཅུང་ཟད་བྱ། བུམ་ནང་གི་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་ བབས། བུམ་པ་གང་བར་གྱུར། གཟུངས་ཐག་ནས་བཟུང་སྟེ་སྙིང་པོ་བརྒྱ་ཙམ་བཟླ། སླར་ཡང་ཨརྒྷཾ་སོགས་ཀྱིས་ མཆོད། ལྕང་ལོ་ཅན་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། ༀ་ཨཱཿཧཱུཾ་ཞེས་ནང་མཆོད་ཐིག་པ་གཅིག་བུམ་ནང་དུ་བླུག བུམ་པའི་ལྷ་འོད་དུ་ཞུ་སྟེ་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གྱུར། ཡི་གེ་བརྒྱ་པ་ལན་གསུམ་བརྗོད། དེ་ནས་རྗེས་གནང་དངོས་ནི། སློབ་མ་རྣམས་ལ་ཁྲུས་ཆབ་བཏང༌། གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱ། སེམས་ བསྐྱེད་གསལ་བཏབ། ཆོས་བཤད་ཅུང་ཟད་བྱ། ཕྱག་ན་རྡོ་རྗེ་ལ་ཆེ་བ་བཞིའི་དྲུག་ཏུ་གྲགས་པ་ལས། ཨུ་ ཙཪྻ་དྲག་སྔགས་ཀྱི་ཆེ་བ་ཡིན་པས་འདིའི་རྗེས་གནང་ཞུ་བའི་དོན་དུ་མཎྜལ་ཕུལ་ཞེས་བརྡ་ 15-1-258 སྤྲད། སློབ་མས་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་བྱས་ལ། རྡོ་རྗེ་འཛིན་པ་ དགོངས་སུ་གསོལ་སོགས་ལན་གསུམ། རྒྱུན་བཤགས་ཀྱི་དམིགས་པ་བརྡ་སྤྲད་ལ། དཀོན་མཆོག་གསུམ་ལ་ བདག་སྐྱབས་མཆི་སོགས་ལན་གསུམ། སྐུའི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་ རྗེས་ཟློས་མཛོད་བྱས་ལ། སློབ་དཔོན་དགོངས་སུ་གསོལ། བདག་ལ་གསང་བའི་བདག་པོ་ ཕྱག་ན་རྡོ་རྗེ་འཕགས་པ་ཨུ་ཙརྱའི་སྐུའི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ལུས་ ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ། ལུས་བདེ་བ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་ གསུམ། སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ འཕྲོས། མདུན་བསྐྱེད་ཀྱི་ཐུགས་བརྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་ རང་རྣམས་ཀྱི་ལུས་ལ་ཕོག་པས། རྣམ་སྨིན་ཤ་ཁྲག་བརྡོས་བཅས་ཀྱི་ཕུང་པོས་མཚོན་པའི་མ་ དག་པའི་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས། ༀ་སྭ་བྷཱ་ཝ་ནས་ཐུགས་ཀར་ཧཱུཾ་གི་བར་མངོན་ རྟོགས་བཞིན་ལ་རང་སེམས་ཞེས་པ་ཁྱེད་རང་རྣམས་ཀྱི་སེམས། རང་ཉིད་ཅེས་པ་ཁྱེད་རང་རྣམས་ཀྱི་ ཞེས་འདོན་པ་སྤོ། སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་{ཀྱང་}འོད་ཟེར་འཕྲོས་ཏེ། ཕྱོགས་ བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་ པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ། ཁྱད་པར་ལྕང་ལོ་ཅན་གྱི་གནས་ནས། གསང་བདག་ཕྱག་ན་རྡོ་རྗེའི་ལྷ་ཚོགས་འཁོར་དང་བཅས་པ་སྤྱན་དྲངས། སློབ་དཔོན་དང་ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང༌། ཕྱག་ན་རྡོ་རྗེའི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་ འབྲུ་ཙམ། ཡང་ཆུང་རྡུལ་ཕྲན་ཙམ་བསམ་གྱིས་མི་ཁྱབ་པ་བྱོན། དེ་དག་ཐམས་ཅད་ཁྱེད་རང་ རྣམས་ལ་སིབ་སིབ་ཐིམ་པར་མོས་མཛོད། ཅེས་བརྗོད། རོལ་མོའི་སྒྲ་དྲག་ཏུ་བྱ་ཞིང༌། སྙིང་པོ་ལན་གསུམ་དྲག་ སྔགས་ལན་གཅིག་གི་མཐར། ༀ་བཛྲ་པཱ་ཎི་ཀཱ་ཡ་ཨ་དྷིཿཏིཥྛ་ༀ། ཞེས་བཟླས། དེ་བརྟན་པར་བྱ་བའི་ཕྱིར། 15-1-259 བུམ་པའི་ཆུས་དབང་བསྐུར་བར་ཡང་མོས་པ་གྱིས། ཞེས་བརྗོད་ལ། ཇི་ལྟར་བལྟམས་པ་ནས། ཤྲཱི་ ཡེ་ཧཱུཾ། དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་ བརྒྱན། ཅེས་བརྗོད་ཅིང་བུམ་ཆུས་དབང་བསྐུར་རོ། །དེ་ལྟར་སྐུའི་རྗེས་གནང་ཐོབ་པས། ལུས་ཀྱི་སྡིག་ སྒྲིབ་སྦྱངས། བར་ཆད་ཞི་ལུས་ལྷ་སྐུར་སྒོམས་པ་ལ་དབང༌། གསང་བའི་བདག་པོའི་སྐུ་དང༌། རང་གི་ལུས་དབྱེར་མེད་པར་གྱུར་པའི་མོས་པ་མཛོད། ཅེས་བརྗོད། དེ་ནས་གསུང་གི་རྗེས་གནང་ ལ། སློབ་དཔོན་དགོངས་སུ་གསོལ། བདག་ལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཕགས་ པ་ཨུ་ཙརྱའི་གསུང་གི་རྗེས་སུ་གནང་བ་མ་ལུས་པ་རྩལ་དུ་གསོལ། ངག་གི་སྡིག་སྒྲིབ་སྦྱང་ དུ་གསོལ། ངག་ནུས་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ། ཁྱེད་རང་ རྣམས་གསང་བའི་བདག་པོའི་སྐུར་གསལ་བའི་སྙིང་གར་གནས་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པའི་ ལྟེ་བ་སྦུབས་སྟོང་དུ་གནས་པའི་ནང་དུ་ཉི་མ་ལ་ཧཱུཾ་མཐིང་ནག ལྕེ་ཡང་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ རྩེ་དགུ་པར་གྱུར། མདུན་བསྐྱེད་ཀྱི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཉི་མའི་སྟེང་དུ། དབུས་སུ་ཧཱུཾ་ མཐའ་སྐོར་དུ་རྩ་སྔགས་གཡས་སྐོར་དུ་བསྐོར་བ་དེའི་ཕྱིར་སྐོར་དུ་འཕྲེང་བའི་སྔགས་ཀྱིས་ བསྐོར་བ་གསལ་བཏབ་ལ། སློབ་དཔོན་ལ་མོས་གུས་དུང་བ་བྱས། སློབ་དཔོན་གྱི་ཐུགས་ ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་བརྒྱུད་བསྐུལ། ཐུགས་ཀའི་སྔགས་འཕྲེང་ ལས་སྔགས་འཕྲེང་གཉིས་པ་ཞིག་ཆད། ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས། ཐུགས་ཀའི་ ཧཱུཾ་གི་མཐའ་སྐོར་དུ་ལྕེའི་རྡོ་རྗེའི་རྭ་རྣམས་ལ་སྤར་བཏབ་པ་བཞིན་དུ་འཁོད་པར་མོས་ལ། འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྤྲད་ལ། རྩ་སྔགས་ལན་གསུམ། འཕྲེང་སྔགས་ལན་གཅིག་རྗེས་ཟློས་བྱེད་དུ་འཇུག ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ནས། མདུན་བསྐྱེད་དང་སངས་རྒྱས་བྱང་ ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་རང་རང་གི་གསུང་གི་རིགས་སྔགས་ཐམས་ ཅད་གསང་བདག་ཕྱག་ན་རྡོ་རྗེའི་ཨུ་ཙརྱའི་སྔགས་ཀྱི་ཡིག་འབྲུའི་རྣམ་པར་སྤྱན་དྲངས། ཁྱེད་ 15-1-260 རང་རྣམས་ཀྱི་སྙིང་ག་དང༌། ལྕེ་སྟེང་གི་སྔགས་ཀྱི་ཡིག་འབྲུ་རྣམས་ལ་ཐིམ། ཞེས་བརྗོད་རོལ་མོའི་སྒྲ་ བྱ། སྙིང་པོ་དྲག་སྔགས་དང་བཅས་པའི་མཐར། ༀ་བཛྲ་པཱ་ཎི་ཝཱཀ་ཨ་དྷི་ཏིཥྛ་ཨཱཿ ཞེས་བཟླ། ཡང་སྔགས་ཀྱི་ དངོས་གྲུབ་མྱུར་དུ་འགྲུབ་པའི་དོན་དུ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ བཟློས་ཀྱིས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། ། ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སྔགས་འཕྲེང་དུ་བྱིན་གྱིས་བརླབས་ཏེ། ཁྱེད་རང་ རྣམས་ལ་གཏོར་བ་སྤྱི་བོ་ནས་ཞུགས་ཏེ། སྙིང་གའི་སྔགས་འཕྲེང་ལ་ཐིམ་པས་སྔགས་རྣམས་ ནུས་པ་མཐུ་ཅན་དུ་བགྱིས་པར་མོས་པར་མཛོད། ཅེས་བརྗོད་ཅིང༌། མེ་ཏོག་འཐོར་བཞིན་དུ། བཅོམ་ལྡན་ འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་ གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་ གསང་བདག་ཕྱག་ན་རྡོ་རྗེ་འཕགས་པ་ཨུ་ཙརྱའི་གསུང་རིགས་སྔགས་ཀྱི་ནུས་མཐུ་ཐམས་ ཅད་ཐོགས་མེད་དུ་འཇུག་པར་གྱུར་ཅིག སླར་ཡང་བུམ་པའི་ཆུས་སྔར་བཞིན་དབང་བསྐུར་ བ་ལས། ཆུ་ལྷག་མ་ཡར་ལུད་པ་མི་བསྐྱོད་པར་གྱུར་པ། སྔར་གྱི་རིགས་བདག་དང་གཉིས་སུ་ མེད་པར་ཐིམ། ཞེས་བརྗོད་པ་ནི་ཁྱད་པར་རོ། །དེ་ལྟར་གསུང་གི་རྗེས་སུ་གནང་བ་ཐོབ་པས་ ངག་གི་སྡིག་སྒྲིབ་སྦྱངས། བར་ཆད་ཞི། ངག་སྔགས་བཟླ་བ་ལ་དབང༌། གསང་བའི་བདག་ པོའི་གསུང་དང་རང་གི་ངག་དབྱེར་མེད་དུ་གྱུར་པར་མོས་མཛོད། དེ་ནས་ཐུགས་ཀྱི་རྗེས་ གནང་ལ་གསོལ་བཏབ་ནི། ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཡིད་ཀྱི་སྡིག་སྒྲིབ་ སྦྱང་དུ་གསོལ། ཡིད་ཏིང་ངེ་འཛིན་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོན་ པ་སྤོ། སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ འཕྲོས། མདུན་བསྐྱེད་དང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྣམས་རྡོ་རྗེ་རྩེ་དགུ་པ་དཔག་ཏུ་ 15-1-261 མེད་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུཾ་གི་ཡི་གེ་ལ་གཉིས་སུ་མེད་ པར་ཐིམ་པར་མོས་མཛོད། ཅེས་བརྗོད་ལ། རོལ་མོ་དང༌། སྔགས་ཀྱི་མཐར། ༀ་བཛྲ་པཱ་ཎི་ཙིཏྟ་ཨ་དྷི་ཏིཥྛ་ ཧཱུཾ། ཞེས་བཟླས། སླར་ཡང་བུམ་པའི་ཆུས་དབང་བསྐུར་བ་གསུང་གི་རྗེས་གནང་བཞིན། དེ་ལྟར་ཐུགས་ ཀྱི་རྗེས་སུ་གནང་བ་ཐོབ་པས་ཡིད་ཀྱི་སྡིག་སྒྲིབ་བྱང༌། བར་ཆད་ཞི། ཡིད་སྟོང་ཉིད་སྒོམ་པ་ལ་ དབང༌། གསང་བདག་གི་ཐུགས་དང་རང་གི་ཡིད་དབྱེར་མེད་དུ་གྱུར་པར་མོས་མཛོད། དེ་ནས་ གཏོར་དབང་ནི། གཏོར་མ་འདི་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཨུ་ཙརྱ་དངོས་སུ་མོས། དེ་ ལ་མོས་གུས་དུང་བ་བྱས་པས། ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། རྒྱུད་བྱིན་གྱིས་བརླབས་པ་ ཡིན་སྙམ་པ་གྱིས། གཏོར་མ་མགོ་བོར་བཞག་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ ཐུགས་ཀྱི་བྱིན་བརླབས་ཤིང༌། །དངོས་གྲུབ་རྣམ་གཉིས་འབྱུང་འགྱུར་བའི། །གཏོར་མའི་ དབང་བསྐུར་བྱིན་པར་བྱ། །རོལ་མོའི་སྒྲ་དང་བཅས་ཏེ། སྔགས་ཉིད་དྲག་ཏུ་བརྗོད། མཐར་ཕྱག་ན་རྡོ་རྗེ་འོད་ དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གསང་བདག་དངོས་སུ་གྱུར་པ་ཡིན་སྙམ་པ་གྱིས། ཞེས་ བརྗོད། སླར་ཡང་གསུང་གི་རྗེས་གནང་གི་སྐབས་ལྟར་བུམ་པའི་ཆུས་དབང་བསྐུར། དེ་ནས་སློབ་མ་ལ་མཆོད་བསྟོད། བརྟན་ བཞུགས། བཀྲ་ཤིས་རྣམས་བྱེད་པའི་ལུགས་ཀྱང་ཡོད་པས་སྤྲོ་ན་བྱ། བསྡུ་ན་བུམ་ཆོག་མི་བྱེད་པས། ཆུ་དབང་ལན་བཞི་པོ་དེ་ རྣམས་བསྐུར་མི་དགོས་སོ། །རྗེས་གཙོ་བོས་ཇི་ལྟར་སོགས་དང༌། མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས་སྤྱི་ དང་འདྲ། མཆོད་པ་ཁ་གསོས། སྤྱི་དང་མཐུན་པར་བྱིན་རླབས་བྱ། མཆོད་བསྟོད་འདོད་དོན་གསོལ་བཏབ་རྣམས་གོང་བཞིན། ཡིག་བརྒྱ་ལན་གསུམ། བཟོད་གསོལ། གཤེགས་གསོལ་བྱས་ནས། བཀྲ་ཤིས་ཀྱི་བར་གོང་བཞིན། འདི་ལ་སྒྲུབ་ཐབས་གསར་ པ་མང་ན་ཡང༌། ནོར་པ་རྒྱ་འབྱམས་བྲིས་བཤུས་ཁོ་ན་ལས། རྩ་བའི་གཞུང་དང་མཐུན་པ་ཉུང་མཐོང་ནས། རང་ལུགས་གཙང་ མར་ཅུང་ཟད་ཞིབ་པར་བྲིས། དྲག་སྔགས་ཀུན༷་ལས་སྟོབས་ཆེ་ཞིང༌། །མཆོག་ཏུ་དག༷འ་འདི་ཡིག་རྙིང་དང༌། འཕགས་པས་མཛད་ པ་གྲགས་པའི་གཞུང༌། །སྙིང༷་པོ༷ར་བསྡུས་པའི་སྙིང་ཁུ་ལགས། །དཔལ་ཕྱག་ན་རྡོ་རྗེ་ཨུ་ཙརྱའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ནཱ་གཱ་རྫུ་ན༄༅། །གོས་སྔོན་ཅན་གྱིས་གཟུངས་ལས་བྱུང་བའི་ཕྱག་རྡོར་གྱི་སྒྲུབ་ཐབས་སོ། །ན་མོ་བཛྲ་དྷ་རཱ་ཡ། 15-1-262 གང་ཞིག་བསྒོམས་ན་དངོས་གྲུབ་མཆོག་སྟེར་བའི། །སྒྲུབ་ཐབས་ཛེ་ཏཱ་རི་ལས་བརྒྱུད་པའི། །མཁའ་འགྲོ་གསེར་གླིང་པའམ་ཇོ་བོ་ རྗེ། །འགར་དགེ་གྱེད་ཕུ་བ་དང་ས་སྐྱ་པ། །དེ་ལས་བརྒྱུད་པའི་ལུགས་བཞིན་ཏེ། །གོས་སྔོན་གཟུངས་དང་བླ་མེད་རྒྱུད། །རྡོ་རྗེ་ མཁའ་འགྲོ་ལས་ཀྱང་གསུངས། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །འདིར་གསང་བའི་བདག་པོའི་གཟུངས་རིང་ལ་བརྟེན་པའི་ སྒྲུབ་ཐབས་ནི། སྔོན་འགྲོ་བསོད་ནམས་ཚོགས་བསོག་ནི། །སྐྱབས་འགྲོ་བྱམས་དང་སྙིང་རྗེ་སེམས་བསྐྱེད་བསྒོམ། །ཞེས་པ་སྟེ་སྤྱི་ དང་མཐུན། ཡེ་ཤེས་ཚོགས་བསོག་ཡན་ལག་བཞི་ནི་བསྲེགས་དང་སེམས་དང་སྒྱུ་མ་སྣང་མེད་བཞི། དེ་ཡང་རང་གི་སྙིང་གའི་ཧཱུཾ་ གིས་ཕུང་ཁམས་སྐྱེ་མཆེད་ནད་གདོན་ཉོན་མོངས་ཐམས་ཅད་བསྲེགས། ཆོས་ཐམས་ཅད་སེམས་ཙམ། ༀ་སྭ་བྷཱ་ཝ་སོགས། སེམས་དེ་ཡང་སྒྱུ་མ་ལྟ་བུའོ། །སྒྱུ་མར་སྣང་བ་ཡང་མི་དམིགས་པར་གྱུར། ༀ་ཤཱུ་ནྱ་ཏཱ་སོགས། དངོས་གཞི་ཡན་ལག་བཞི་ ནི། ལྷར་བསྐྱེད་གནས་གསུམ་བྱིན་རླབས་དགུག་གཞུག་དང༌། རྒྱས་བཏབ་རྣམས་ནི་དངོས་གཞིའི་རིམ་པ་ཡིན། ཞེས་པ་ལྟར་ཏེ། ཧཱུཾ་ཞེས་བརྗོད་པ་ཙམ་གྱིས་རང་ཉིད་དཔལ་ཕྱག་ན་རྡོ་རྗེ། སྐུ་མདོག་མཐིང་ནག་ཞལ་གཅིག་ ཕྱག་གཉིས་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། པདྨའི་གདན་ལ་ཞབས་གཡས་ བསྐུམ་པས་ཉི་མ་དང༌། གཡོན་བརྐྱང་བས་ཟླ་བ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་དང༌། སྦྲུལ་གྱི་རྒྱན་དང༌། རིན་པོ་ཆེའི་ཅོན་པན་ཅན། སྤྱན་གསུམ་མཆེ་བ་གཙིགས། སྨ་ར་དང༌། སྨིན་མ་དང༌། དབུ་སྐྲ་མེ་ལྟར་འབར་བ། མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །རྒྱས་པར་ སྤྲོ་ན། གནོད་སྦྱིན་བྱེ་བ་སྟོང་ཕྲག་བྱེ་བ་དཔག་ཏུ་མེད་པའི་ཚོགས་ཀྱིས་བསྐོར་བ། ཞེས་ཉམས་ཉི་ཤུ་ རྩ་ལྔ་པོ་དག་ཏུ་ཡང་འདོན། མ་བརྗོད་ཀྱང་ཆོག དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ ཀའི་ཧཱུཾ་ལས་འོད་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། རང་ལ་ཐིམ། ཡང་ ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་སྤྱན་དྲངས། ཡིད་ཀྱིས་མཆོད་བསྟོད་གསོལ་བ་བཏབ་པས། དབང་བསྐུར་ཏེ། མི་བསྐྱོད་པས་དབུ་བརྒྱན། བཟླས་པ་ཡན་ལག་བཞི་ནི། བྱིན་རླབས་སྔགས་བཟླས་བཟོད་གསོལ་སྨོན་ལམ་མོ། །དེ་ ཡང་སྙིང་གའི་ཧཱུཾ་ལས་འོད་འཕྲོས། སངས་རྒྱས་བྱང་སེམས་མདུན་གྱི་ནམ་མཁར་སྤྱན་དྲངས། ཡིད་ཀྱི་མཆོད་པས་སྔགས་བཟླ་བར་གནང་བ་སྩལ། སྔགས་བཟླ་གྲོགས་མཛད་པར་བསམས་ལ། བཟླས་བྱའི་སྔགས་དངོས་ 15-1-263 ནི། ཏདྱ་ཐཱ། བྷོ་བྷོ་པཾ་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དཾ་ནི་ལཱཾ་བ་ར་དྷ་ར་ཤ་རི་རཾ་བཛྲ་པཱ་ཎི་ཧྲི་ད་ཡཾ། ཡཿས་མཱ་ཏི་ཀྲ་མ་ཐཱ། ཨུཏ་པཱ་ཏ་ནཾ་བྷ་བི་ཥྱ་ཏི། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མ་ཏི་ཀྲ་མ་ ཐཱ། ཧ་ར་ཧ་ར། ནཱ་ག་ནཾ། པྲ་ཧ་ར་པྲ་ཧ་ར། ནཱ་ག་ནཱཾ། ཙྪིནྡ་ཙྪིནྡ། ནཱ་ག་ཧྲི་ད་ཡ་ནི། བྷ་ད་བྷ་ད། ནཱ་ག་མརྨ་ནི། བྷི་{ཤིནཱནྦྷུ་[ཤིཪྻནྟུ།] ནཱ་ག་ཤི་རཱི་ར་ཎི། བི་སྥོ་ཊ་ཡ་ནཱ་ག་ནཱ་ཡ་ནི། ཏདྱ་ཐཱ། ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎ་ཡ་ཕཊ། ནཱ་གོ་ཏ་པཱ་དཱ་ན་ཡ་ཕཊ། ནི་ལ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ ཏ་པཱ་ལ་པ་ཌཱ་ཀྲ་མཱ་ཡ་ཕཊ། ཀྲི་ཏྲཱཾ་ཏཱ་ཡ་ཕཊ། ཀྲི་ཏཱན་ཏ་རུ་པ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲ་པ་ ནཱ་ཡ་ཕཊ། ཀུམྦྷ་ཎྜོཏྤཱ་དཱ་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙཱ་བི་ནཱ་ཤ་ཀ་ར་ཡ་ཕཊ། ཡཀྵ་ཨ་པ་སྨཱ་ར། བི་ ནཱ་ཤཱ་ཀ་ར་ཡ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྣན། བི་ནཱ་ཤཱ་ཀ་ར་ཡ་ཕཊ། སརྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤཱ་ཀཱ་ར་ཡ་ཕཊ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་ པ་ཡ་ཏི་སྭཱཧཱ། དེ་ནས་སངས་རྒྱས་རྣམས་ལ་ཡི་གེ་བརྒྱ་པས་བཟོད་པར་གསོལ། སངས་རྒྱས་རྣམས་ཀྱིས་ཀྱང་རྗེས་སུ་ཡི་ རང་བར་མཛད་དེ། མི་དམིགས་པར་གཤེགས། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། རྗེས་ཀྱི་ཡན་ལག་བཞི་ནི། སྤྱོད་ལམ་ཁ་ཟས་ གཏོར་མ་ཉལ་བ་བཞི། དང་པོ་ནི། བདག་དང་སྣང་བ་ཐམས་ཅད་ལྷ་སྐུར་བསྒོམ་པའོ། །གཉིས་པ་ནི། ཁ་ཟས་བྱིན་གྱིས་བརླབས་ ལ་ལྷའི་ང་རྒྱལ་གྱིས་ཟའོ། །གསུམ་པ་གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། མདུན་དུ་ཧཱུཾ་ལས་བདག་བསྐྱེད་བཞིན་ བསྐྱེད། ཡེ་ཤེས་པ་སྤྱན་དྲངས། གཟུངས་རིང་ལན་གསུམ་བཟླས་ལ་ཕུལ། མཆོད་བསྟོད་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་ མཐུན་ནོ། །བཞི་པ་ནི། འོད་གསལ་གྱི་ངང་དུ་ཉལ་ཞིང་ལྷའི་སྣང་བར་ལྡང་བའོ། །དེ་ལྟར་ཡན་ལག་ཉི་ཤུ་དང་ལྡན་པས་བསྙེན་ པ་འབུམ་ཕྲག་བཞི་བྱའོ། །དེ་ནས་སྦྱིན་སྲེག་དང་མཆོད་བསྟོད་ལ་བསྟེན་ནས་ལྷ་ཉེ་བར་སྒྲུབ་པ་དང༌། བུམ་པའི་ཆོ་ག་སོགས་དང་ འབྲེལ་བའི་ལས་ཚོགས་མང་དུ་གསུངས་པ་རྣམས་བསྒྲུབ་པར་བྱའོ། ། འདིའི་རྗེས་གནང་ནི་ཀླུ་དབང་གི་རྒྱལ་པོའི་རྗེས་གནང་གི་རིགས་འགྲེ་སྟེ། བདག་ནི་ཀླུ་དབང་རྒྱལ་པོ་ཡི། ། ཞེས་པ། བདག་ནི་གསང་བའི་བདག་པོ་ཡི། །ཞེས་པར་འདོན་པ་སྤོ་བ་སོགས་བྱས་པས་འགྲུབ་བོ། །གསུང་ གི་རྗེས་གནང་གི་སྐབས། གཟུངས་མདོ་ཆུང་ཆུང་དེ་ལན་གསུམ་ཀློག་པ་ནི་ཁྱད་པར་རོ། །ཀུན༷་ནས་ཤིན་ཏུ་ཟབ་མོའི་གསང༌། ། 15-1-264 དག༷འ་ཞིང་ཡི་གེའི་ལམ་དུ་སྤེལ། །སྙིང༷་ནས་ཆོས་འདིར་མོས་པའི་དགེས། །སྒྲུབ་པོ༷་བདག་གིས་ཞལ་མཐོང་ཤོག །ཅེས་པ་ནི་ ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཟུངས་ལས་བྱུང་བའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།ཌཱ་ཀི་ནཱི། ཨཱ་ཝ་དྷཱུ་ཏི། ཇོ་བོ། འགར་དགེ གྱང་ཕུ་བ། ས་སྐྱ་བ། ། ༄༅། །ཕྱག་རྡོར་ས་ལུགས་ཀྱི་སྒྲུབ་ཐབས་སོ། ། ༄༅། །ན་མོ་གུ་རུ། དཔལ་ལྡན་རྡོ་རྗེ་དབང་ཕྱུག་གཙོ། །གདུལ་དཀའ་འདུལ་བ་ལ་བཏུད་ནས། །གསང་བདག་ སྙིང་པོའི་སྒྲུབ་ཐབས་གང༌། །མདོ་ཙམ་བདག་གིས་བྲི་བར་བྱ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། སྒྲུབ་ཐབས་ འགའ་ཞིག་གི་ལུགས་ལྟར་ན། ཤཱུ་ནྱ་ཏས་སྟོང་པར་སྦྱངས་ནས། པད་ཉི་ལ་ཧཱུཾ་ལས་བསྐྱེད་པའམ། འདི་ཉིད་ཀྱི་མན་ངག་ཐུན་ མོང་མ་ཡིན་པ་ལྟར་ན། རང་གི་སྙིང་ནང་དུ་ཉི་མའི་སྟེང་དུ་ཧཱུཾ་སྔོན་པོ་དེ་ལས་འོད་འཕྲོས། སྤྱི་གཙུག་ ནས་རྐང་མཐིལ་ཡན་ཆད་གང༌། ཐ་མལ་བའི་ལུས་དང་སྡིག་སྒྲིབ་སྦྱངས་ནས། རང་ཉིད་ཕྱག་ ན་རྡོ་རྗེར་གྱུར་པ་ནི། པདྨ་དང་ཉི་མའི་གདན་ལ་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་ བཞེངས་པ། སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྩེ་ལྔ་ནམ་མཁའ་ལ་ འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ ལྡན་ཞིང༌། སྐྲ་སེར་གྱེན་དུ་བརྫེས་པ། ཀླུ་ཆེན་པོ་བརྒྱད་དང༌། རིན་པོ་ཆེས་བརྒྱན་ཅིང༌། སྟག་ ལྤགས་ཀྱི་ཤམ་ཐབས་ཅན། མི་བསྐྱོད་པས་དབུ་བརྒྱན་ཅིང༌། ཡེ་ཤེས་ཀྱི་མེ་དཔུང་འབར་ བའི་དབུས་ན་བཞུགས་པའོ། །བཟླས་པ་བྱ་བར་འདོད་པས། སྙིང་གི་ནང་དུ་ཉི་མའི་སྟེང་དུ། ཧཱུཾ་གི་མཐའ་སྐོར་དུ་སྔགས་ཀྱི་འཕྲེང་བས་བསྐོར་བར་དམིགས་ལ། སྔགས་བཟླས་པ་དེ་ལས་ འོད་འཕྲོས། རང་གི་སྡིག་སྒྲིབ་སྦྱང༌། བགེགས་རྣམས་བཅོམ། འཕགས་པ་མཆོད། སེམས་ ཅན་གྱི་དོན་བྱས། བྱིན་རླབས་ཐམས་ཅད་ཚུར་འདུས་ཏེ། ས་བོན་སྔགས་འཕྲེང་དང་བཅས་ 15-1-265 པ་ལ་ཐིམ་པར་བསམ་ལ། ༀ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་འབུམ་ཕྲག་བཅོ་ བརྒྱད་བཟླས་སོ། །མཇུག་ཏུ་དགེ་བ་བྱང་ཆུབ་ཏུ་བསྔོ། གཏོར་མ་དཀར་གཏོར་བསངས་སྦྱངས། ༀ་ལས་རིན་པོ་ཆེའི་ སྣོད་དུ། ཨཱཿལྷའི་བདུད་རྩི། དབུས་སུ་ཧཱུཾ་ལས་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ༀ་ཨཱཿཧཱུཾ། ལན་ གསུམ་བརྗོད། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། གསང་བའི་བདག་པོ་ཕྱག་ན་ རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དང་ བཅས་པ་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། ༀ་ནཱི་ལཾ་ནས། བ་ཡ་ ཏི་ས་པཱ་རི་ཝཱ་ར་ཨི་དཾ་བཱ་ལིཾ་ཁཾ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ལན་གསུམ་གྱིས་ཕུལ། ཉེར་སྤྱོད་ལྔས་མཆོད། འཇིགས་ པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང༌། །སོགས་ཀྱིས་བསྟོད། འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་ པར་གསོལ་བ་རྣམས་སྤྱི་དང་མཐུན་པར་བྱ་ཞིང༌། རྟག་ཏུ་ལྷའི་ང་རྒྱལ་ལ་གནས་པར་བྱའོ། ། འདིའི་རྗེས་གནང་སྒྲུབ་ཐབས་བརྒྱ་རྩ་ཁོ་ན་ལྟར་ཡིན་ལ་ཕྱིས་ཀྱི་ལག་ལེན་ལྟར་ན། མཎྜལ་གྱི་སྟེང་དུ་གཏོར་མ་བཞག རྗེས་གནང་གི་འཇུག་ཏུ་གཏོར་དབང་རེ་ཡང་བྱེད་ཀྱིན་སྣང་ངོ༌། །གསང་བ་ཀུན༷་བདག་དག༷འ་ཆེན་གྱི། །སྒྲུབ་ཐབས་ཀུན་གྱི་རྩ་ བ་འདི། །སྙིང༷་པོ༷འི་དོན་ཙམ་བསྡུས་པ་སྟེ། །དགྲ་ལས་རྣམ་རྒྱལ་ལས་བརྒྱུད་པའོ། །དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ སྒྲུབ་ཐབས་ས་ལུགས་ཀྱི་ལེ་ཚན་ནོ།། །།དགེའོ། ། ༄༅། །ༀ་སྭཱ་སྟི། བདུད་ཀུན་འཇོམས་པའི་ཡེ་ཤེས་ནི། །ཐུགས་རྗེས་ཁྲོ་བོའི་སྐུར་སྟོན་པ། །རྡོ་རྗེ་གཏུམ་པོ་ལ་ བཏུད་ནས། །གསང་སྒྲུབ་ཆེན་པོའི་སྒྲུབ་ཐབས་བཤད། །དེ་ལ་སྒྲུབ་ཐབས་བསྲུང་བའི་མཁར་ཞེས་བྱ་བ་སྒོམ་པར་འདོད་པས། སྐྱབས་སེམས་སྔོན་དུ་སོང་ནས། རང་རྡོ་རྗེ་གཏུམ་པོར་གསལ་བའི་ཐུགས་ཀའི་འོད་ཀྱིས་བླ་མ་དང་ ཡི་དམ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་ གྱིས་འཇོམས་མཛད་ཅིང༌། །བླ་མེད་བྱང་ཆུབ་ཐོབ་མཛད་པ། །བླ་མའི་ཞབས་ལ་ཕྱག་འཚལ་ ལོ། །ལྕང་ལོ་ཅན་གྱིས་གནས་མཆོག་ན། །བཅོམ་ལྡན་རྡོ་རྗེ་གཏུམ་པོ་ནི། །ཡོན་ཏན་ཐམས་ ཅད་སྐུ་ལ་རྫོགས། །སྐྱོན་མེད་སྐུ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་སྟོང་པའི་ངང་ལས་མ་ 15-1-266 གཡོས་ཀྱང༌། །ཐབས་ལ་མཁས་པས་སྣ་ཚོགས་སྐུར་སྟོན་ཅིང༌། །སྡེ་བརྒྱད་དྲེགས་པ་མཐའ་ དག་ཟིལ་གནོན་པའི། །རྒྱལ་སྲས་ཁྱུང་གི་ཚོགས་ལ་ཕྱག་འཚལ་ལོ། །ནམ་མཁའ་མཛོད་ཀྱི་སྔགས་ རྒྱས་མཆོད་པ་སྤྲུལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ། ༀ་བཛྲ་ཨརྒྷཾ་ཨཱཿཧཱུཾ་ནས། ཤཔྟའི་བར་ གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཡན་ལག་བདུན་པ་བྱ། ཚོགས་ཞིང་རྣམས་ རང་ལ་ཐིམ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷ྄ོ྅ཧཾ། སྙིང་རྗེ་ཆེན་ པོར་བསྐྱེད་ལ། སྟོང་ཉིད་མ་རྟོགས་པའི་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་ འགོད་པར་བྱའོ། །ཞེས་བརྗོད། སྟོང་པའི་ངང་ལས། པད་ཉི་ལ་གནས་པའི་ཧཱུཾ་ལས་འོད་འཕྲོས་ འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པར་གྱུར། དེ་ལས་བསྲུང་བའི་འཁོར་ལོ་ སྤྲོས། རྡོ་རྗེ་ཉིད་འོད་དུ་ཞུ། ༀ་བཛྲ་པཱ་ཎི་ཧཱུཾ་ཕཊ། རང་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་ རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། སྨ་ར་སྨིན་མ་དབུ་ སྐྲ་མེ་ལྟར་འབར་ཞིང༌། མཆེ་བ་རྣོན་པོ་གཙིགས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་ གསོར་བ། གཡོན་དྲིལ་བུ་བཀུར་བསྟེན་པ། ཞབས་གཡས་བསྐུམས་པས་དབང་ཕྱུག་དང༌། གཡོན་བརྐྱང་བས་དབུ་མ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། སྦྲུལ་དཀར་པོས་དབུ་ བརྒྱན། སེར་པོས་རྣ་ཆ་དང་དཔུང་གདུབ། དམར་པོས་མགུལ་རྒྱན་དང་སྐེ་རགས། ནག་པོས་ ཞབས་གདུབ་དང་ག་ཞ། ལྗང་ཁུས་ཕྱག་གདུབ་བྱས་པའོ། །ༀ་བཛྲ་རཀྵ་རཀྵ་ཧཱུཾ། སྤྱི་བོར་རྡོ་ རྗེ་རྒྱ་གྲམ་ཧཱུཾ་གིས་མཚན་པ། དེ་ལས་སྤྲོས་པའི་རྡོ་རྗེའི་གོ་ཁྲབ་ཀྱིས་རྐང་མཐིལ་ཡན་ཆད་ གཏམས། བུདྡྷ་ག་རུ་ཌ་ༀ། སྤྱི་བོར་འཁོར་ལོའི་ཁྱུང་དཀར་པོ་འཁོར་ལོ་འཛིན་པ། པདྨ་ག་རུ་ ཌ་ཧྲཱིཿ མགྲིན་པར་པདྨའི་ཁྱུང་དམར་པོ་པདྨ། བཛྲ་ག་རུ་ཌ་ཧཱུཾ། སྙིང་གར་རྡོ་རྗེའི་ཁྱུང་སྔོན་པོ་ རྡོ་རྗེ། རཏྣ་ག་རུ་ཌ་ཏྲཾ། ལྟེ་བར་རིན་པོ་ཆེའི་ཁྱུང་སེར་པོ་རིན་པོ་ཆེ། ཀརྨ་ག་རུ་ཌ་ཨ། ལས་ཀྱི་ ཁྱུང་ལྗང་ཁུ་རལ་གྲི། ཨེ། དཔྱི་གཡས་སུ་མེ་ཏོག་གི་ཁྱུང་དམར་པོ་མེ་ཏོག བཾ། གཡོན་པར་ 15-1-267 བདུག་སྤོས་ཀྱི་ཁྱུང་སྔོན་མོ་བདུག་སྤོས། མ། དཔུང་པ་གཡས་པར་མར་མེ་ཁྱུང་དམར་པོ་མར་ མེ། ཡ། གཡོན་པར་དྲི་ཆབ་ཀྱི་ཁྱུང་ལྗང་མོ་དྲི་ཆབ། ཨ། བྲང་གཞོལ་དུ་གནོད་སྦྱིན་གདུལ་ བའི་ཁྱུང་སྔོན་པོས་རལ་གྲི། སྭ། སོག་ཕྲག་ཏུ་གཤིན་རྗེ་འདུལ་བའི་ཁྱུང་བེ་ཅོན། ཧྲཱིཿ ལྟེ་འོག་ ཏུ་ཀླུ་འདུལ་བའི་ཁྱུང་དམར་པོ་ལྕགས་སྒྲོག ཧཱུཾ། ཚང་རར་དྲི་ཟ་འདུལ་བའི་ཁྱུང་ལྗང་ཁུ་རྡོ་རྗེ། ཛཿ སྣ་ལ་ལྕགས་ཀྱུའི་ཁྱུང་དཀར་པོ། ཧཱུཾ། ཁ་ལ་ཞགས་པའི་ཁྱུང་སེར་པོ། བཾ། གསང་བར་ ལྕགས་སྒྲོག་གི་ཁྱུང་དམར་པོ། ཧོ། བཤང་སྒོར་དྲིལ་བུའི་ཁྱུང་སྔོ་སངས། ཐམས་ཅད་ཀྱང་ ཕྱག་གཡོན་པས་རང་མདོག་དང་མཚུངས་པའི་སྤྲུལ་བཟུང་ནས་ཞལ་དུ་གསོལ་བའོ། །ༀ་ ཨཱཿཧཱུཾ། ས་མ་ཡ་སྟྭཾ། སྤྱི་བོ་ནས་སྙིང་གའི་བར་སྤྲུལ་པའི་བྱ་ཁྱུང་ཞལ་གཅིག་ཕྱག་གཉིས་པ་ རྣམས་དང༌། ༀ་ཨཱཿཧཱུཾ། ས་མཱ་ཡ་ཛཿ དེ་ནས་ལྟེ་བའི་བར་ཡང་སྦྲུལ་གྱི་ཁྱུང་ཞལ་གཅིག་ཕྱག་ བཞི་པ་རྣམས་དང༌། ༀ་ཨཱཿཧཱུཾ། ས་མ་ཡ་ཨཱཿ དེ་ནས་རྐང་མཐིལ་བར་ཉིང་སྦྲུལ་གྱི་ཁྱུང་ཞལ་ གཅིག་ཕྱག་དྲུག་པ་དང༌། ༀ་ཨཱཿཧཱུཾ་ས་མ་ཡ་ཧོ། སྤྱི་བོ་ནས་རྐང་མཐིལ་གྱི་བར་ཕྱི་ནང་ཐམས་ ཅད་དུ་བསམ་གྱིས་མི་ཁྱབ་པའི་ཁྱུང་དབུ་དགུ་པ་ལ་སོགས་པ་དབུ་ཕྱག་མ་ངེས་པ་རྣམས་ ཀྱིས་གང་བར་གྱུར། རྣམ་སྤྲུལ་གྱི་ཁྱུང་དེ་རྣམས་ཐམས་ཅད་སྐུ་མདོག་དང་ཕྱག་མཚན་སྣ་ ཚོགས་པའོ། །ༀ་བཛྲ་ཛྭ་ལ་རཾ། བདག་ལུས་དང་ཁྱུང་ཐམས་ཅད་ལས་མེ་དཔུང་འབར་བར་ གྱུར། རང་གི་སྙིང་གར་པད་ཉི་ལ་ཧཱུཾ་སྔགས་ཀྱི་འཕྲེང་བས་བསྐོར་བ། དེ་ལས་འོད་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཡང་འོད་འཕྲོས་དབང་གི་ལྷ་བཛྲ་ས་མཱ་ ཛཿ པུཥྤེ་ནས། ནཻ་ཝི་ཏེའི་བར་གྱིས་མཆོད། ༀ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། མི་བསྐྱོད་ པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན། ༀ་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། སྐུའི་སྔགས། ༀ་བཛྲ་ཀྲོ་དྷ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། གསུང་གི་སྔགས་ཏེ་འབུམ་ཕྲག་རེ་རེའོ། །ༀ་ 15-1-268 བཛྲ་ཙཎྜ་མཧཱ་རོ་ཥ་ན་ཧཱུཾ་ཕཊ། ཐུགས་ཀྱི་སྔགས་ཏེ་སུམ་འབུམ་ཉི་ཤུ་རྩ་གཅིག་གོ །ཤམ་བུ་ཐུང་འདོགས་ནི། རོ་ཥ་ ཎའི་རྗེས་སུ། བཛྲ་ག་རུ་ཌ་ཧཱུཾ་ཧཱུཾ་ཕཊ་ཕཊ། ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། དུ་ཏ་མཱ་ར་ཡ་སྭཱཧཱ། རིང་ འདོགས་ནི། ཕཊ་ཕཊ་ཀྱི་རྗེས་སུ། བཛྲ་བ་ཏི་ག་རུ་ཌ་བེ་གེ་ཧཱུཾ་ཧཱུཾ་ཛ་ཛ་རི་ཛ་པྲི་ཛ་ཧཱུཾ་ཕཊ། ག་རུ་ཌ་ཙ་ ལེ་སོགས་འདྲ། དྲག་སྔགས་ནི། ཧཱུཾ་ཧྲིལ་ཧྲིལ། དཱི་མ་དཱི་མ། ཕོབ་ཕོབ། ཤར་ཤར། དི་རི་དི་རི། ཁ་ཐམ་ ཁ་ཐམ་ཐུམ། ཛ་རེ་ཛ་རེ་བྷྱོ། ཧ་ས་ཧ་ས། ཏེ་པ་ཏེ་པ། ཀྲི་ད་ཧ་ཀྲི་ད་ཧ། ཀྲི་ཁུག་ཀྲི་ཁུག ཚལ་ པ་ཚལ་པ། {སྲེག་[སྲོག་]ཚིག་ནན་རྦད། ལུས་དུལ་མཱ་ར་ཡ་རྦད། རཾ་རཾ་ཛྭ་ལ་ཛྭ་ལ། ཤི་ཤི རྡུལ་བུན་རྦད་སོད། ཅེས་འདོགས་པའོ། །ཤམ་བུ་རྣམས་ལ་བསྙེན་པའི་ཚེ་གྲངས་ཀྱི་ངེས་པ་མེད་དོ། །མཐར་མི་དམིགས་ པར་བྱས་ཏེ་དགེ་བ་བསྔོ། གཏོར་མ་བསངས་སྦྱངས། ཡཾ་ལས་རླུང་རཾ་ལས་མེ། འབྲུ་གསུམ་ལས་བྱུང་བའི་མི་ མགོ་སྒྱེད་པུ། ཨ་ལས་ཐོད་པ། དེའི་ནང་ཉི་མའི་སྟེང་དུ། ཧཱུཾ་བྷྲཱུཾ་ཨཾ་ཛྲིཾ་ཁཾ་ལས་བདུད་རྩི་ལྔ། ན་ གོ་ཀུ་གོ་ཧ་ལས་ཤ་ལྔ། སྟེང་གི་ནམ་མཁའ་ལ་ཨ་ལས་ཟླ་བ་དང་ཧཱུཾ་ལས་རྡོ་རྗེ། རླུང་གཡོས། མེ་སྦར་རྫས་རྣམས་བསྐོལ་ཞིང༌། དྲི་མ་སྦྱངས། ཟླ་བ་རྡོ་རྗེ་ཞུ་ཞིང་ཐིམ་པས་བདུད་རྩིར་གྱུར། སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་བཀུག་སྟེ་བསྟིམ་པས་རྒྱ་ཆེར་སྤེལ། ༀ་ཨཱཿཧཱུཾ། ཞེས་བྱིན་གྱིས་ བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྡོ་རྗེ་གཏུམ་པོ་བྱ་ཁྱུང་གི་ཚོགས་དང་བཅས་པ་ བཛྲ་ས་མཱ་ཛཿ མདུན་དུ་དཔག་བསམ་གྱི་ཤིང་རབ་ཏུ་རྒྱས་པའི་རྩེ་མོར་བཞུགས་པར་གྱུར། སྙིང་པོའི་མཐར། ཨ་ཀཱ་རོ་བཏགས་པས་འབུལ། ཚོགས་ཞིང་གི་སྐབས་སུ་བཤད་པ་ལྟར་མཆོད་བསྟོད་བྱ། མཆོད་སྦྱིན་ གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་ལན་གསུམ་བརྗོད། མ་འབྱོར་བ་དང་སོགས་ཀྱི་མཐར་བཛྲ་མུཿ ཞེས་གཤེགས་སུ་གསོལ། དམ་ཚིག་ཏུ་འདབ་ཆགས་ དང༌། རྨིག་གཅིག་པའི་ཤ་དང༌། སྒོ་ང་མི་ཟ། ཀླུ་གཏོར་རྒྱུན་དུ་གཏོང༌། རྟགས་བརྒྱད་ནི། ལུས་ལ་མེ་འབར་བ་དང༌། རྐང་པ་མཚོ་ ནང་དུ་སྐྱོད་པ། རི་{ཀླུང་[ཀླད་]ལ་བསྐོར་བ། རུས་པ་འཇོམས་པ། སྦྲུལ་གྱིས་བརྒྱན་བྱེད་པ། སྐུ་གཟུགས་{བཞེང་[བཞད་]པ། མེ་ཏོག་སྔོན་པོ་འཐུ་བ། གནོད་སྦྱིན་གྱི་སྡེ་དཔོན་བྱེད་པ་རྣམས་སོ། ། 15-1-269 འདིའི་བྱིན་རླབས་བྱེད་པར་འདོད་པས། མཎྜལ་པདྨ་འདབ་བརྒྱད་མེ་རིས་བསྐོར་བའི་དབུས་སུ་ཉི་གདན་ལ་ཚོམ་བུ་སྔོན་ པོ་བཀོད་སྟེང་མཉྫི་ལ་བུམ་པ་སྤྱི་དང་མཐུན་པར་བཤམས། མཆོད་གཏོར་སྤྱི་དང་མཐུན་པར་བསྐོར། སློབ་དཔོན་གྱིས་མཁའ་ འགྲོ་སྤྱི་གཏོར་གྱི་ཆོ་གས་སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་སྤྱི་དང་མཐུན། སྐྱབས་འགྲོ་ནས་ཚོགས་ཞིང་རང་ ལ་བསྟིམ་པའི་བར་གོང་བཞིན་བྱས་ལ། མདུན་བསྐྱེད་མཎྜལ་དང་བུམ་པ་བསངས། སྭ་བྷཱ་ཝ་ནས། བཟླས་པའི་བར་གོང་ བཞིན་བྱ་སྟེ། བདག་མདུན་ཕྱོགས་གཅིག་ཏུ་སྒྲུབ་པ་ཡིན་ལ། དམིགས་པ་ནི་ཐ་དད་དུ་སྒོམ་པ་ཡིན་ནོ། །བུམ་པ་རིན་པོ་ ཆེ་སྣ་ཚོགས་ལས་གྲུབ་པའི་ནང་དུ་པད་ཉི་ལ་ཧཱུཾ་ལས། ཞེས་པ་ནས། ཕྱག་གདུབ་བྱས་པའོའི་བར་ གོང་བཞིན། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡེ་ཤེས་པ་སྤྱན་འདྲེན་དང༌། དབང་བསྐུར་རྒྱས་བཏབ་བདག་བསྐྱེད་ཀྱི་རིགས་འགྲེ། གཟུངས་ཐག་ནས་ བཟུང་ལ་སྔགས་བཟླ། མཆོད་བསྟོད་བྱ། དུང་ཆོས་ཀྱི་ཆུ་ཕུལ་བས་ལྷ་ཞུ་ནས་བུམ་ཆུར་གྱུར། གཏོར་ཆོག་ ལྟར་མདུན་བསྐྱེད་ལ་གཏོར་མ་ཕུལ། མཁའ་འགྲོ་སྤྱི་གཏོར། ཀླུ་གཏོར་གཞི་བདག་གཏོར་མ་སོགས་ཀྱང་བཏང༌། སློབ་མ་རྣམས་ ཁྲུས་བྱས། གྲལ་ལ་འཁོད། མཎྜལ་ཕུལ། སློབ་དཔོན་གྱིས་བདག་ལ་རྡོ་རྗེ་གཏུམ་པོའི་རྗེས་སུ་གནང་བ་ སྩལ་དུ་གསོལ། ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ ལན་གསུམ། སྟོང་ཉིད་སྒོམ་པ་ནས། མེའི་གོ་བགོ་བའི་བར་མངོན་རྟོགས་ལྟར་དམིགས་པ་ཕོག དེ་ནས་གནས་གསུམ་བྱིན་གྱིས་ བརླབས། ཡེ་ཤེས་པ་བསྟིམ་པ་རྗེས་གནང་སྤྱི་དང་འདྲ། དབང་བསྐུར་རྒྱས་བཏབ་མངོན་རྟོགས་དང་འདྲ་བ་ལས། སློབ་དཔོན་ གྱིས་བུམ་པ་ཐོགས་ནས། ཇི་ལྟར་བལྟམས་པ་སོགས་དང༌། ༀ་ཙཎྜ་མཧཱ་རོ་ཥ་ཎ་ཨ་བྷི་ཥེ་ཀ་ཏ་ག་ཏ་ཌ་ ཙཱ་ལེ་ཙཱ་ལེ། དུནྚ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་བུམ་པས་དབང་བསྐུར་བ་ནི་ཁྱད་པར་རོ། །དེ་ནས་བཟླས་ལུང་ དང༌། བྱིན་གྱིས་བརླབས་པའི་ལུང་སྤྱི་དང་འདྲ། དེ་ཡང་ཁྱེད་ཀྱིས་རྡོ་རྗེ་གཏུམ་པོའི་སྒོ་ནས་ཕྲིན་ལས་རྣམ་ བཞིས་སེམས་ཅན་གྱི་དོན་སྒྲུབ་པར་མཛོད་ཅིག ཅེས་གནང་བར་བྱིན། སློབ་མའི་རྗེས་ཀྱི་བྱ་བ་དང༌། མདུན་ བསྐྱེད་ཀྱི་རྗེས་ཆོག་ཀྱང་སྤྱི་དང་འདྲ་བ་ལས། གཏོར་མ་གསར་བ་རེ་བཤམས་ནས། མདུན་བསྐྱེད་དང་ཆོས་སྐྱོང་རྣམས་ལ་འབུལ་ བ་ནི་ཁྱད་པར་རོ། །ཡང་གཏོར་དབང་ལ་དགའ་བ་རྣམས་ཀྱི་ངོར་མཎྜལ་གྱི་རྒྱབ་ཏུ་གཏོར་མ་ནག་པོ་གྲུ་གསུམ་ཞིག་བཤམས། 15-1-270 སྐད་ཅིག་གིས་གསང་བའི་བདག་པོར་བསྐྱེད། མཆོད་བསྟོད་ཞིག་བྱས་ལ་བཞག དབང་བསྐུར་རྒྱས་བཏབ་ཀྱི་རྗེས་སུ་གཏོར་ དབང་སྤྱི་དང་མཐུན་པར་བསྐུར། རྗེས་ཆོག་གི་སྔོན་དུ་དེའི་ཡེ་ཤེས་པ་མདུན་དུ་སྤར་ལ། གཏོར་མ་དེ་འབུལ་གཏོར་དུ་བྱེད་པའི་ ལག་ལེན་ཡང་ཁ་ཅིག་ལ་འདུག་མོད་ཀྱི། བརྒྱུད་པ་འདིའི་ལུགས་ཀྱི་ཡི་གེ་རྣམས་ལས་གཏོར་དབང་མ་བཤད་ཅིང༌། རྗེ་སྟག་ལུང་ པ་ཡབ་སྲས་ཀྱི་ཕྱག་ལེན་ལའང་མི་མཛད་ཅིང༌། དོན་ལའང་མི་དགོས་པ་ཡིན་པར་མངོན་ནོ། །ཀུན༷་ཏུ་ཟབ་པར་རབ་གྲགས་པ། ། བགེགས་འཇོམས་འདོད་རྣམས་ཡིད་དག༷འི་གནས། །རས་ཆུང་གདམས་པའི་སྙིང༷་པོ༷་ནི། །ལེགས་པར་སྙེད་གང་ངོ་མཚར་རོ། ། ཕྱག་རྡོར་གཏུམ་ཆེན་བསྲུང་བའི་མཁར་ཞེས་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། མངྒལཾ། ༄༅། །གཏུམ་པོ་ཁྲ་ཐོགས་ཀྱི་སྒྲུབ་ཐབས་སོ། ། ༄༅། །ན་མོ་བཛྲ་དྷ་རཱ་ཡ། གང་ཞིག་བསྒོམས་པས་གདུག་པ་ཀུན། །སྐད་ཅིག་གཅིག་གིས་ཉམས་འགྱུར་ལ། ། འདོད་པའི་དངོས་གྲུབ་ཀུན་ཐོབ་པ། །བདག་སྙིང་ཡ་མཚན་སྐྱེས་ནས་བྲིས། །འདིར་ཤིན་ཏུ་ཟབ་པ་ལས་ཀྱང་ཆེས་ཟབ་པར་ གྱུར་པའི་མན་ངག་སྟེ། སྒྲུབ་པོ་གང་ཞིག་འདི་ཉིད་ཀྱི་རྗེས་སུ་གནང་བ་ཡང་དག་པར་ཐོབ་པ་དག་གིས་ནན་ཏན་དུ་བྱའོ། །སྐྱབས་ འགྲོ་སེམས་བསྐྱེད་སྤྱི་དང་མཐུན། ༀ་ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས། ༀ་བཛྲ་པཱ་ ཎི་ཧཱུཾ་ཕཊ། ཅེས་པའི་སྒྲ་ལས་རང་ཉིད་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་ གཉིས་སྤྱན་གསུམ་མཆེ་བ་གཙིགས་པ། ཕྱག་གཡས་རྡོ་རྗེ་སེར་པོ་རྩེ་ལྔ་པ་ནམ་མཁའ་ལ་ འཕྱར་བ། གཡོན་སྡིགས་མཛུབ་བརྐྱང་བས་བགེགས་རྣམས་ལ་གཟིར་བ། སྣ་ཚོགས་པདྨ་ ཉི་མའི་སྟེང་དུ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། སྦྲུལ་ནག་པོས་བརྒྱན་པ། ཁྲོ་བོའི་ རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ། བ་སྤུའི་བུ་ག་ཐམས་ཅད་ཁྱུང་སྔོ་ནག་གིས་གཏམས་ ཤིང༌། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །སྡིགས་མཛུབ་ཐུགས་ཀར་གཏོད་པས་ཀྱང་རུང་ངོ༌། ། དམ་ཡེ་དབྱེར་མེད་ཀྱི་ངོ་བོར་མོས་པ་བྱ། ཀླུ་འདུལ་བ་གཙོ་བོར་འདོད་ན། སྦྲུལ་རིགས་ལྔའི་ཆུན་པོ་ཞབས་འོག་ཏུ་མནན་པ་སྒོམ་ 15-1-271 གསུང་དྲེགས་པ་རྣམས་ལྟ་ཅི་སྨོས། ཡེ་ཤེས་ཀྱི་ལྷ་རྣམས་ཀྱང་བཀའ་འོག་ཏུ་འདུས་སོ་སྙམ་པའི་ང་རྒྱལ་བསྐྱེད་ལ། སྤྱི་བོར་བླ་ མ་མི་བསྐྱོད་པ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཉི་ མ་ལ་ཧཱུཾ་མཐིང་གའི་མཐར་སྔགས་ཀྱིས་བསྐོར་བ། དེ་རྣམས་ལས་མེ་གཡས་བསྐོར་དུ་འབར་ ཞིང༌། ལུས་གང༌། སྡིག་སྒྲིབ་བསྲེགས་ཕྱིའི་མེ་དང་འདྲེས་ཏེ་ཆེར་འབར་བས་དགྲ་བགེགས་ ཐམས་ཅད་ཚར་བཅད། ཧཱུཾ་གི་འོད་ཟེར་གྱིས་རྡོ་རྗེའི་གཞལ་ཡས་ཁང་དང་བསྲུང་བའི་འཁོར་ ལོ་འགྲུབ་པར་གྱུར། ༀ་བཛྲ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་བསྙེན་པ་འབུམ་ཕྲག་བཅུ་བྱའོ། །དེ་ནས་ ཕྱག་གཡོན་གྱི་སྡིགས་མཛུམ་གྱི་རྩེ་ལ་ཁྱུང་ནག་པོ་སྦྲུལ་ནག་པོ་ཐོགས་པ་བསྐྱེད་ལ། ག་རུ་ ཌ་ཙཱ་ལེ་ཙཱ་ལེ་ཧཱུཾ་ཕཊ། ཅེས་པ་བཏགས་ལ་འབུམ་ཕྲག་གསུམ་བཟླའོ། །དེ་ནས་སྣོད་བཅུད་ཐམས་ཅད་ཕྱག་ ན་རྡོ་རྗེའི་དཀྱིལ་འཁོར་དུ་བསྒོམ་ཞིང༌། མེ་དང༌། བྱ་ཁྱུང་ནམ་མཁའ་གང་བ་སྤྲོས་ཏེ། གོང་གི་སྔགས་ཤམ་བུ་ ཅན་ལ། ཧཱུཾ་ཕཊ་ཥ་ཎ་རོ་མཧཱ་ཙཎྜ་ག་རུ་དེ་བ་ཐེན་བྱུང༌། ས་ག་ནཱ་གའི་སྙིང་ལ་གཟེར། གནོད་ བྱེད་འབྱུང་པོ་ཐུཾ་རི་ལི་ལི་རྦད། ཅེས་པ་བཏགས་ལ་བཟླའོ། །དེ་རྣམས་ཀྱི་བསྙེན་སྒྲུབ་ལེགས་པར་སོང་ནས་ལས་ སྦྱོར་ཐམས་ཅད་སྒྲུབ་ཏུ་རུང༌། ཐུན་མཚམས་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མ་བྲལ་བར་བྱའོ། །གཏོར་མ་འབུལ་བར་འདོད་ན། བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ལྕང་ལོ་ཅན་ ནས་གསང་བའི་བདག་པོ་འཁོར་དང་བཅས་པ་སྤྱན་དྲངས། ༀ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཨི་དཾ་བཱ་ ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ། ཨརྒྷཾ་ ལ་སོགས་པས་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །ཞེས་སོགས་ཀྱིས་བསྟོད། འདོད་དོན་གསོལ་ བ་བཏབ་ལ་གཤེགས་སུ་གསོལ་བ་སོགས་སྤྱི་དང་མཐུན་ནོ། ། འདིའི་རྗེས་གནང་ནི། མཎྜལ་དང༌། ཚོམ་བུའི་སྟེང་གཏོར་མ་གྲུ་གསུམ་འགོད། གཞན་སྐུའི་རྗེས་གནང་ཡན་ཆད་སྤྱི་དང་ འདྲ། དེ་ནས་བླ་མའི་གནས་ལྔ་ནས་སློབ་མའི་གནས་ལྔར་ཁྱུང་རིགས་ལྔ་བསྟིམ། བཟླས་ལུང་སྤྱི་དང་མཐུན། དེ་ནས་གཏོར་ དབང་བྱའོ། །ལྷག་མའང་སྤྱི་དང་འདྲའོ། །རྒྱུད་ཀུན༷་བདག་པོ་སྒྲུབ་པའི་ཐབས། ཡིད་དག༷འི་གསོས་འདི་བྲིས་པའི་མཐུས། །བདེ་ 15-1-272 གཤེགས་སྙིང༷་པོ༷་མངོན་གྱུར་ནས། །འཕྲོ་ཀུན་ཐར་མཆོག་ལ་འགོད་ཤོག །ཅེས་པ་ནི་སྐྱེས་མཆོག་རས་ཆུང་པའི་ཐུགས་ཀྱི་ཉིང་ཁུ་ ཕྱག་རྡོར་གོང་{ལུག་[ཁུག་]མ་གཏུམ་ཆུང་མེ་འབར་མའམ། ཁྲ་ཐོགས་ཀྱི་མངོན་རྟོགས་བླ་མའི་གསུང་ལས་བྱུང་བ་ལྟར་བཀོད་ པའི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ཕྱག་རྡོར་གཏུམ་ཆུང་དམར་པོའི་སྒྲུབ་ཐབས། ༄༅། །ༀ་སྭཱ་སྟི། སྐུ་ལས་དུ་མའི་འཕྲུལ་པ་འཆང༌། །ཡན་ལག་དྲུག་ཅུའི་གསང་བ་ཅན། །མ་རུང་ཐམས་ཅད་ མཐར་མཛད་པ། །ཕྱག་ན་རྡོ་རྗེས་བདག་སྐྱོངས་ཤི་ག །སྐྱབས་སེམས་སྔོན་དུ་འགྲོ་བས། སྟོང་པར་བསྒོམ། སྟོང་པའི་ངང་ ལས་པདྨ་དང་ཟླ་བ་ལ་རང་སེམས་ཧཱུཾ་དམར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་ཕྱག་ན་རྡོ་ རྗེ་སྐུ་མདོག་དམར་པོ། གཡས་རྡོ་རྗེ་ནག་པོ་རྩེ་ལྔ་པ་འཕྱར་བ། གཡོན་ཐུགས་ཀར་ཞགས་ པ་འཛིན་པ། སྟག་ཤམ་དང༌། དར་གྱི་ཤམ་ཐབས་ཅན། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་ པ། མི་བསྐྱོད་པས་དབུ་བརྒྱན་ཅིང༌། ཁྲོ་བོའི་རྒྱན་དང༌། ཆ་ལུགས་ཡོངས་སུ་རྫོགས་པ། མེ་ དཔུང་འབར་བའི་དབུས་ན་བཞུགས་པ། སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ་ནག་པོ་ དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ། རྡོ་རྗེའི་ལྟེ་བར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། གསང་བདག་མཐིང་གའི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ་ པས། རང་ཉིད་སྐུ་མདོག་དམར་མཐིང་དུ་གྱུར། རང་གི་ཕྲག་གོང་གཡས་སུ་བྱ་ཁྱུང་ནག་པོ་ དང༌། གཡོན་དུ་གཤོག་པ་གཡུ་མདོག་ཅན། གཉིས་ཀར་སྦྲུལ་ཟ་བར་བསྒོམས་ལ། རང་ འདྲའི་འཁོར་དཔག་ཏུ་མེད་པས་བསྐོར་བར་བསམ། ༀ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཅེས་གནམ་ས་ཐམས་ ཅད་སྔགས་ཀྱི་སྒྲས་དི་རི་རི་ཁེངས་པར་བསམ། བྲག་ཏུ་བཟླས། གཏོར་མའི་ཆོ་ག་ནི་ཕྱག་རྡོར་གཏུམ་ཆུང་དང་འདྲའོ། །འདི་ཕྱག་ རྡོར་གཏུམ་པོ་དམར་པོ་བཟླས་ལུང་དང་འབྲེལ་བའི་སྒྲུབ་ཐབས་ཡིན་ཅིང༌། སྒྲུབ་ཐབས་རྒྱས་པ་དབང་དང་འབྲེལ་བ་ནི་ཁོ་བོས་ 15-1-273 ལོགས་སུ་བཀོད་ཟིན་ཏོ། ། འདིའི་བཟླས་ལུང་སྟེར་ཚུལ་ནི། མངོན་རྟོགས་གཏོར་མ་དང་བཅས་པ་གོང་ལྟར་བྱས་ནས། སློབ་མ་ལ་སྒོམ་ལུང་སྤྱི་དང་ མཐུན་པར་སྦྱིན་ནོ། །སྒྲུབ་ཐབས་ཀུན༷་ནས་ཆེས་དཀོན་པ། །དག༷འ་ཆེན་པདྨ་འབྱུང་གནས་གསུང༌། །རྒྱ་མཚོའི་སྙིང༷་པོ༷་ཐིག་པ་ ཙམ། །བླ་མའི་གསུང་བཞིན་བཀོད་པ་ལགས། །ཕྱག་རྡོར་གཏུམ་ཆུང་དམར་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། རྒྱལ་བ་ཀུན་གྱིས་བྱིན་བརླབས་པ། །ཐུགས་ཀྱི་རྡོ་རྗེ་ཐུགས་ཀྱི་གཙོ། །གོས་སྔོན་འཛིན་པ་ཁྲོ་ བོའི་རྒྱལ། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་ ཕྱག་ན་རྡོ་རྗེར་གསལ་བའི་སྙིང་གར་ཧྲཱིཿལས་སྣ་ཚོགས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་དུ་ཧཱུཾ་མཐིང་ནག དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས། རྒྱལ་བ་མི་ བསྐྱོད་པ་ཕྱག་ན་རྡོ་རྗེ་རིགས་བརྒྱད་ཀྱིས་བསྐོར་བ་སྟེང་གི་ཆ་ལ་རྩ་བའི་བླ་མ། མཐའ་སྐོར་ དུ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། ༀ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་ བྷྱཿ བཛྲ་པཱ་ཎི་བནྡྷ་ནཾ་ཀ་རོ་མི། ཞེས་ཕྱག་བྱས། ༀ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པཱདྱཾ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱཧཱ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏེ། ཤཔྟ། ཕྱག་ན་ རྡོ་རྗེ་ཁྲོ་བོ་ཆེ། །གཏུམ་པོ་དྲག་པོ་རྡོ་རྗེའི་སྐུ། །མི་ཟད་ནམ་མཁའི་མདོག་འདྲ་བ། །འཇོམས་ མཛད་ཁྱོད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་ གསུམ། ཚོགས་ཞིང་གི་ཐུགས་ཀ་ནས་འོད་ཟེར་བྱུང༌། རང་གི་ཚངས་བུག་ནས་ཞུགས། འཁོར་ བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། རང་ཉིད་ལྷའི་སྐུ་དྭངས་ ཤིང་གསལ་བ་འོད་ཀྱི་རང་བཞིན་དུ་གྱུར། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་ཕར་འཕྲོས་ཏེ། གཙོ་བོའི་ཐུགས་ཀར་རེག འོད་ཀྱི་ལམ་དེ་ལ་བརྒྱུད་ནས། རང་ཉིད་གཙོ་བོའི་ཐུགས་ཀར་ ཐིམ། བདག་གིས་དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་མྱུར་ 15-1-274 དུ་ཐོབ་པར་གྱུར་ཅིག ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྣོད་ཀྱི་འཇིག་རྟེན་འོད་ དུ་ཞུ། བཅུད་ཀྱི་སེམས་ཅན་ལ་ཐིམ། དེ་རྣམས་ཚོགས་ཞིང་གི་ལྷ་ཚོགས་ལ་ཐིམ། དེ་རྣམས་ རང་ལ་ཐིམ། དེ་ཧཱུཾ་ལ་ཐིམ། ཧཱུཾ་ཡང་ནཱ་དའི་བར་དུ་བསྡུས་ཏེ། ནཱ་ད་ཡང་མི་དམིགས་པ་སྟོང་ པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི། རྭ་བ་ དྲ་བ། གུར་བླ་བྲེ། བསྲུང་བའི་འཁོར་ལོའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་དང༌། ཨ་ལས་ ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་མཐིང་ནག་ལས་འོད་འཕྲོས། སྣོད་ཐམས་ཅད་གཞལ་ ཡས་ཁང་དང༌། བཅུད་ཐམས་ཅད་ཕྱག་ན་རྡོ་རྗེའི་སྐུར་གྱུར། ཚུར་འདུས་ཡོངས་སུ་གྱུར་པ་ ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་ལ་ཧཱུཾ་མཐིང་ནག་གིས་མཚན་པ། དེ་ལས་ཀྱང་འོད་འཕྲོས་འདུས་ ཡོངས་སུ་གྱུར་པ་ལས་རང་ཉིད་ཕྱག་ན་རྡོ་རྗེའི་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཁྲོ་ཞིང་དྲེགས་པ་བཅུ་དྲུག་ལོན་པའི་ལང་ཚོ་ ཅན། ཞལ་མཆེ་བ་གཙིགས་ཤིང་བཞད་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། རྡོ་རྗེའི་ཅོད་ པན་ཅན། སྨ་ར་དང༌། སྨིན་མ་རབ་ཏུ་འབར་བ། སྤྱན་གཡས་ཟླ་བ། གཡོན་ཉི་མ། དབུས་ མེའི་རང་བཞིན་ཅན། ཕྱག་གཡས་རྡོ་རྗེ་རྩེ་ལྔ་འཕྱར་བའི་སྟབས་དང༌། གཡོན་ཐུགས་ཀར་ སྡིགས་མཛུབ་གནོད་བྱེད་ཐམས་ཅད་ལ་སྡིགས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་ སྟབས་ཀྱིས་བཞུགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་དང༌། དར་སྔོན་པོའི་སྟོད་གཡོགས་ ཅན། རིན་པོ་ཆེའི་ཅོད་པན་དང༌། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་ཡེ་ཤེས་ཀྱི་མེ་འབར་བའི་ དབུས་ན་བཞུགས་པའི་སྐུར་གྱུར། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་སངས་རྒྱས་བྱང་ཆུབ་སེམས་དཔའི་ འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ གོང་བཞིན་ཕྱག་འཚལ་དང༌། མཆོད་བསྟོད་བྱ། ཛཿཧཱུཾ་བཾ་ཧོཿ གཉིས་ 15-1-275 སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་བཛྲ་ས་མཱ་ཛཿ གོང་བཞིན་མཆོད་བསྟོད་བྱས་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་པ་ལྟར། ། བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་གསོལ་བ་ བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཞེས་ གསུང་ཞིང༌། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཨརྒྷཾ་ནས་ཤཔྟའི་བར་གྱིས་གོང་བཞིན་མཆོད། བཅོམ་ལྡན་ ཕྱག་ན་རྡོ་རྗེ་ནི། །སྐུ་མཆོག་འབར་བའི་འོད་ཟེར་ཅན། །གདུག་པ་ཐམས་ཅད་འདུལ་མཛད་ པ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །གསུང་མཆོག་འབར་ བའི་འོད་ཟེར་ཅན། །ངག་གི་ཉེས་པ་འཇོམས་མཛད་པ། །རིགས་སྔགས་གསུང་ལ་ཕྱག་ འཚལ་ལོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །ཐུགས་མཆོག་འབར་བའི་འོད་ཟེར་ཅན། །རྟོག་ པའི་དྲ་བ་གཅོད་མཛད་པ། །རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཟླས་པའི་དམིགས་པ་ནི། དཔྲལ་བར་ༀ་ལས་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པའི་ལྟེ་བར་ༀ། རྩིབས་ལ་ཡི་གེ་ བཅུ་གསུམ་པ། མགྲིན་པར་ཨཱཿལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿ འདབ་མ་ལ་ཡི་ གེ་བཅུ་གསུམ་པ། སྙིང་གར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་ཧཱུཾ། དེའི་མཐའ་ མར་ཡི་གེ་བཅུ་གསུམ་པས་བསྐོར་བར་གྱུར། ༀ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ། ཅེས་ཅི་ནུས་ སུ་བཟླས། སླར་ཡང་མཆོད་བསྟོད། ལྷ་སྐུ་སྟོང་པར་སྦྱངས། ཅུང་ཟད་མཉམ་པར་བཞག སླར་ཡང་ལྷ་སྐུར་ལངས་ལ། གནས་ གསུམ་བྱིན་གྱིས་བརླབས་ལ་དགེ་བ་བསྔོ། འདིའི་རྗེས་གནང་གི་ཆོ་ག་ནི། རྒྱས་བསྡུས་གཉིས་ལས། དང་པོ་ཡིག་རྙིང་རྣམས་ལས་གསལ་བར་ཤེས་ལ། དེང་སང་ ལག་ལེན་ཕྱི་མ་ལ་མཛད་པ་ལྟར་ན། མཎྜལ་པདྨ་འདབ་བརྒྱད་དབུས་སུ་ཧཱུཾ་ཡིག་དང་བཅས་པ་བྲི། མ་ལྕོགས་ན་ཚོམ་བུ་ཙམ་ 15-1-276 གྱིས་ཀྱང་ཆོག དེའི་སྟེང་དུ་མཉྫི་ལ་གཏོར་མ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། མཆོད་པ་བྱིན་རླབས་སྤྱི་དང་མཐུན། བདག་བསྐྱེད་བཟླས་པའི་བར་དུ་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ནས། བཟླས་པའི་བར་ འདོན་པ་སྤོ། འབུལ་གཏོར། ༀ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཀྱི་ནང་དུ་ཁཾ་ཞུ་བ་ལས་བྱུང་བའི་གཏོར་མ་ བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎི་ཨ་དྱ་ ནུཏྤནྣ་ཏྭ་ཏ། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་ས་དྷ་ནི་སྭཱཧཱ། ༀ་སརྦ་ཏ་ཐཱ་ག་ཏ་ བྷྱོཿབི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ལན་བདུན་བདུན་བརྗོད་པས་ བྱིན་གྱིས་བརླབས། ༀ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་{ༀ་[ཨཱ་]ཛྙཱ་པ་ཡ་ཏི་ཨི་དཾ་བ་ལིང་གྲྀཧྣནྟུ། ས་མ་ ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། སརྦ་ཀརྨ་ས་དྷཱ་ཨ་མོ་གྷཱ་ཡ་སྭཱཧཱ། ཞེས་ལན་གསུམ་མམ་བདུན་ གྱིས་ཕུལ་གོང་བཞིན་མཆོད་བསྟོད་བྱ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་འདོད་དོན་གསོལ་བ་ བཏབ། མདུན་བསྐྱེད་ཀྱི་སྐབས་སུ་བསྟོད་པ། བཅོམ་ལྡན་རྡོ་རྗེ་གོས་སྔོན་ནི། །སོགས་ལ་ལག་ལེན་ལ་མཛད་ནའང༌། བསྡུ་ན་སྔར་བཤད་པ་ཉིད་ཀྱིས་ཆོག་གོ །དེ་ནས་སློབ་མ་རྣམས་ཁྲུས་བྱས་ལ་གྲལ་དུ་འཁོད་པ་ལ། སྤྱི་དང་མཐུན་པར་བགེགས་ གཏོར་ཞིག་བཏང་ལ། དམིགས་པས་བསྲུང་བ་བྱ། སེམས་བསྐྱེད་གསལ་བཏབ། ཆོས་བཤད་བྱ། མཎྜལ་ཕུལ། སངས་རྒྱས་ ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །གཙོ་བོ་འཁོར་དང་བཅས་པ་ ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ་བྱ། སྐུ་ བསྐྱེད་བསྟིམ་དང༌། གསུང་བཟླས་ལུང་རྣམས་རྗེས་གནང་སྤྱི་དང་མཐུན། འདིའི་རང་ལུགས་ལ་ཐུགས་ཀྱི་རྗེས་གནང་གི་སྔོན་ དུ་གཏོར་དབང་མཛད་ནའང༌། དེང་སང་ལག་ལེན་ཐུགས་ཀྱི་རྗེས་གནང་གི་རྗེས་སུ་མཛད་དོ། །དེ་ལ་ཐུགས་ཀྱི་རྗེས་གནང་ནི། སློབ་དཔོན་དང་མདུན་བསྐྱེད་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་མ་ལུས་པ་རྣམས་འོད་ཟེར་སྣ་ལྔ་པའི་ 15-1-277 རྣམ་པར་བསྡུས། སློབ་མའི་སྤྱི་གཙུག་ནས་ཞུགས། སྤྱི་མགྲིན་སྙིང་ལྟེ་གསང་བ་ནས་བརྒྱུད། ལུས་ཐམས་ཅད་འཇའ་འོད་ཀྱི་གང་བས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་ སྒྲིབ་རྣམས་སང་སང་དག ལུས་སེམས་ཐམས་ཅད་བདེ་བས་གང་བར་བསམ། དེ་ལྟར་ ལན་གསུམ་བསྒོམས་པའི་རྗེས་སུ་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས། གསང་བདག་ གཙོ་བོར་གྱུར་པའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་གྱི་ བྱིན་རླབས་མ་ལུས་པ་བདུད་རྩིའི་རྣམ་པར་ཚུར་བསྡུས། སློབ་མའི་སྤྱི་བོ་ནས་ཞུགས། ལུས་ ཐམས་ཅད་གང་བར་བསམ་པའི་ངང་དུ་ཅུང་ཟད་མཉམ་པར་བཞག་གོ །དེ་ནས་གཏོར་དབང་དང་ སློབ་མའི་རྗེས་ཀྱི་བྱ་བ་དང་མདུན་བསྐྱེད་ཀྱི་རྗེས་ཆོག་རྣམས་ནི་སྤྱི་དང་འདྲའོ། །གོས་སྔོན་སྒྲུབ་ཐབས་ཆོས་སྐྱོང་གི །ཀུན༷་ནས་ཆེ་ བར་རབ་གྲགས་པའི། །སྒྲུབ་ཐབས་འཁྱེར་བདེ་རབ་དག༷འ་བ། །སྙིང༷་པོ༷་ཙམ་འདི་ངོ་མཚར་རྨད། །ཕྱག་ན་རྡོ་རྗེ་གོས་སྔོན་ཅན། ། འགྲོ་བཟང་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། གསང་བདག་དེ་ལ་གུས་བཏུད་ནས། ཁང་བུ་བརྩེགས་པ་ཞེས་བྱ་བའི། །རྒྱུད་དོན་གྲྭ་པ་མངོན་ ཤེས་ཀྱི། །གཏེར་མར་གྲགས་པའི་སྒྲུབ་ཐབས་བཤད། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་བར་ སྦྱངས། པད་ཉིའི་སྟེང་དུ་རང་སེམས་ཧཱུཾ་གི་འཕྲོ་འདུ་ལས། རང་ཉིད་ཕྱག་ན་རྡོ་རྗེ་ནམ་མཁའི་ མདོག་ཅན་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་ཐོད་ཁྲག་ ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་པད་ཉི་ལ་དབང་ ཕྱུག་ཆེན་པོ་དང་ཨུ་མ་དེ་བ་མནན་པ། སྟག་ལྤགས་དང༌། དར་སྔོན་པོའི་ན་བཟའ་ཅན། སེང་ གེའི་ལྤགས་པའི་སྟོད་གཡོགས་ཅན། རིན་པོ་ཆེ་དང༌། སྦྲུལ་དང་མི་མགོའི་འཕྲེང་བས་བརྒྱན་ པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །གནས་གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་དྲངས་ཤིང༌། དབང་བསྐུར་མི་བསྐྱོད་པས་རྒྱས་བཏབ། ཨརྒྷཾ་ལ་སོགས་པས་མཆོད། ལྕང་ལོ་ཅན་གྱི་སོགས་ཀྱིས་བསྟོད། ༀ་ནཱི་ལཾ་ བ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་ཅི་ནུས་བཟླས། འདི་ལ་དེང་སང་གསར་མ་དང་མཐུན་པའི་རྗེས་ 15-1-278 གནང་མཛད་པས། དེའི་ཚུལ་ནི། མཎྜལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་གཏོར་མ་བཞག མཐའ་མཆོད་གཏོར་གྱིས་བསྐོར། བདག་ མདུན་སྒྲུབ་ཚུལ་སྤྱི་དང་འདྲ། གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། སྙིང་པོའི་མཐར། ཨི་དཾ་བཱ་ལིང་གྲྀཧྞ་གྲ ཧྞ་ཧཱུཾ། བཏགས་པས་འབུལ། རྗེས་གནང་གི་སྐབས་རྡོ་རྗེ་འཛིན་པ། སོགས་ཀྱིས་གསོལ་བ་བཏབ། གུར་ནས་འབྱུང་བའི་རྒྱུན་ བཤགས་བྱེད། སྐུ་བསྐྱེད་བསྟིམ། གསུང་བཟླས་ལུང༌། ཐུགས་ཕྱག་མཚན་བསྟིམ་པ། འཕྲིན་ལས་གཏོར་མའི་བཀའ་བསྒོ་དང་ བཅས་པ་བྱེད། གནོད་སྦྱིན་ཞ་འོན་ལ་སོགས་ཀུན༷། །སྒྲུབ་ཚེ་འདི་ཉིད་དག༷འ་འོ་ཞེས། །རབ་གྲགས་གང་འདིའི་རྒྱུད་སོགས་ལས། ། སྙིང༷་པོ༷་ཁོལ་ཕྱུང་དེ་ཙམ་ལགས། །ཕྱག་རྡོར་ཁང་བུ་བརྩེགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། རྒྱལ་བ་ཀུན་ལ་ཕྱག་འཚལ་ནས། །ཀུན་གྱི་ཐུགས་དང་དབྱེར་མེད་པའི། །གསང་བའི་བདག་ པོའི་སྒྲུབ་ཐབས་ནི། །འབྱུང་པོ་ཀུན་འདུལ་བཤད་པར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་སོང་ནས། ཤཱུ་ནྱ་ཏཱས་སྟོང་ པར་སྦྱངས། སྟོང་པའི་ངང་ལས་ཧྲཱིཿལས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་ འཁོར་གྱི་སྟེང་དུ། རང་སེམས་ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་ཧཱུཾ་གི་མཚན་པ་ལས་འོད་འཕྲོས་ འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་སྐུ་མདོག་མིག་ སྨན་ལྟར་གནག་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང་ཞལ་གདངས་པ་ལྗགས་ འགྲིལ་བ། མཆེ་བ་གཙིགས་པ། སྨ་ར་སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་ དང་པོ་གཉིས་ཐུགས་ཀར་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་འཆིང་བར་མཛད་པ། གཡས་ འོག་མས་འབར་བའི་རྡོ་རྗེ་འཕྱར་བ། གཡོན་འོག་མས་སྡིགས་མཛུབ་ཞགས་པ་དང་བཅས་ པས་སྡིགས་པ་ཞབས་གཡས་བསྐུམ། གཡོན་བརྐྱང་བས་ཚོགས་བདག་གླང་པོ་ཆེའི་གདོང་ ཅན་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་ པ་ལྔ་བཅུའི་དོ་ཤལ་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། སངས་རྒྱས་མི་བསྐྱོད་པས་དབུ་ ལ་བརྒྱན་ཅིང༌། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དཔྲལ་བར་ༀ། མགྲིན་པར་ ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཕྱག་ན་རྡོ་རྗེའི་རྣམ་པར་ 15-1-279 བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ༀ་བྷུ་ཏ་ཌཱ་མ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས། ཤཔྟའི་བར་ གྱིས་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་སོགས་སམ། དཔལ་ཆེན་དྲི་མེད་ནམ་མཁའི་མདངས་ དང་ལྡན། །དུས་མཐའི་སྤྲིན་ལྟར་ཧཱུཾ་སྒྲ་འབྲུག་སྟོང་ཆེ། །འབར་བའི་རྡོ་རྗེས་བགེགས་ཀྱི་ཀླད་ པ་འགེམས། །ཕྱག་ན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། དེ་ནས་ཧཱུཾ་བཛྲ་ཕཊ། ཅེས་ ཅི་ནུས་བཟླ་ཞིང༌། ༀ་བྷུ་ཏ་ཌཱ་མ་ར་བྷུ་ཏ་ཨ་ཏི་པ་ཏི་ཨཀྵོ་བྷྱཿ ཀི་རི་ཊཱི་ན། སརྦ་བྷུ་ཏ་པྲེ་ཏ་པི་ཤ་ཙི་ སཱ་དྷ་ཡ་སྭཱཧཱ། ཞེས་པའང་བཟླས་ལ་ཐུན་གྱི་མཐར་སྟོང་པ་ཉིད་དུ་བསྡུས་ལ་མཉམ་པར་བཞག སླར་ཡང་ལྷ་སྐུར་ལངས་ལ་ གནས་གསུམ་བྱིན་གྱིས་བརླབས། དགེ་བ་འདི་ཡི་མྱུར་དུ་བདག་སོགས་བསྔོ་བས་རྒྱས་ཐེབས་པར་བྱ། གཏོར་ཆོག་ ནི། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ ཧཱུཾ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ། སྤྱན་དྲངས་ལ། ༀ་བྷུ་ཏ་ ཌཱ་མ་ར་ས་པ་རི་ཝཱ་རེ་བྷྱཿ ཨ་ཀཱ་རོ་སོགས་ལན་བདུན་གྱིས་འབུལ། མཆོད་བསྟོད་དང་འདོད་དོན་གསོལ་བཏབ་སྤྱི་ དང་མཐུན་པར་བྱ། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ། སྨོན་ལམ་བཀྲ་ཤིས་རྣམས་ཀྱང་བྱ། འདི་ལ་སྒྲུབ་ཐབས་རྒྱས་ པར་སྒོམ་ན། མགོར་ཚོགས་ཞིང་ཚོགས་བསག་སྦྱོར་ཞིང༌། དབང་བསྐུར་རྒྱས་བཏབ་ཀྱང་བྱ། གདན་ཟླ་གདན་དང༌། ཕྱག་དང་ པོ་གཉིས་དང༌། ཕྱི་མ་གཉིས་རྣམ་འགྱུར་བརྗེས་པ་དང༌། འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱའི་དོད་དུ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་མཛད་པ་ དང༌། དར་སྔོན་པོའི་སྟོད་གཡོགས་དང༌། ཞབས་འོག་ཏུ་འབྱུང་པོ་གཞན་གྱིས་མི་ཐུབ་པ་མིག་གསུམ་ལག་བཞི་གྲི་ཐོད་ཌཱ་མ་རུ་རྩེ་ གསུམ་རྣམས་འཛིན་པ་སྟེ། དབང་ཕྱུག་ཆེན་པོ་མནན་པ་སོགས་ནི་འདམ་ཀ་ཡིན་པས། སྒྲུབ་ཐབས་ཐ་དད་པ་ཡིན་པར་མི་བསམ་ མོ། །འབྱུང་འདུལ་གསར་མ་ལྟར་ན། སྙིང་གར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང༌། དེའི་ཐུགས་ཀར་ཏིང་ངེ་འཛིན་ སེམས་དཔའ་ཧཱུཾ་མཐིང་ནག་སྤུ་ཤད་ཙམ་གསལ་བཏབ། རྗེས་གནང་གི་བྱ་བ་ནི། ཐུན་མོང་བ་སྒྲུབ་ཐབས་རྒྱ་མཚོ་དང་འདྲ་ཞིང༌། ཁྱད་པར་ལྷག་པོར་གཏོར་དབང་བསྐུར་བའི་ ལུགས་ཀྱང་ཡོད་ཅིང༌། འབྱུང་འདུལ་གསར་མ་ལ་ནི། གནས་ལྔ་ནས་འབྱུང་འདུལ་རིགས་ལྔ་སྤྲོས་ཏེ། སློབ་མའི་གནས་ལྔ་བསྟིམ་ པས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྗེས་གནང་ཐོབ་པར་མོས་ཤིང༌། དེ་ནས་སྐུའི་རྗེས་གནང་དང༌། གསུང་གི་རྗེས་ 15-1-280 གནང་སྤྱི་དང་འདྲ་བའི་སྒོམ་བཟླས་ཀྱིས་ལུང་ཕོག་ལ། ལྷ་སྐུ་སྤྲོ་བསྡུ། ཡིག་འབྲུ་སྤྲོ་བསྡུ། ཕྱག་མཚན་སྤྲོ་བསྡུ། མེ་དཔུང་ཁོ་ན་སྤྲོ་ བསྡུ་སྟེ། འདུ་འཕྲོ་ཁྲོ་བོའི་ཏིང་ངེ་འཛིན། ཡིག་འབྲུ་སྔགས་ཀྱི་ཏིང་ངེ་འཛིན། གནམ་ལྕགས་དབུར་མོའི་ཏིང་ངེ་འཛིན། མེ་འབར་ ཀློང་ཆེན་གྱི་ཏིང་ངེ་འཛིན། མི་དམིགས་བཞིར་གྲགས་པ་རྣམས་རིམ་པ་བཞིན་ཕོག་ལ། དེ་རེ་རེ་ལའང་གསོལ་བཏབ་རེ་མཛད་ པའི་ལུགས་གདའ། གསར་མ་འདི་ལ་ཐུགས་ཀྱི་རྗེས་གནང༌། གཏོར་དབང་ཁོ་ན་ཡིན། འདི་ལ་མེ་དབང་གི་ཐ་སྙད་བྱའོ། །རྗེས་ ཀྱི་བྱ་བ་སྤྱི་དང་འདྲའོ། །ཤིན་ཏུ་བྱིན་རླབས་ཆེའོ་ཞེས། །བློ་ལྡན་ཀུན༷་གྱིས་དག༷འ་བར་བསྔགས། །སྒྲུབ་ཐབས་མི་འདྲ་སྣ་ཚོགས་ ཀྱི། །དགོངས་པ་སྙིང༷་པོ༷་ཙམ་དུ་དྲིལ། །ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བརྒྱད་པའོ།། །།གཅིག་ཞུས། ། 15-1-281 ༄༅། །ན་མོ་གུ་རུ་པདྨ་ནིརྟི་ཤྭ་རཱ་ཡ། ཡེ་ཤེས་བསྐལ་པའི་མེ་འོད་ཀྱིས། །བདུད་ཀྱི་དཀྱིལ་འཁོར་ཀུན་བསྲེགས་ནས། ཁམས་གསུམ་དབང་དུ་སྡུད་མཛད་པ། །དབང་ཆེན་སྐུ་ལ་ཕྱག་འཚལ་ལོ། །དེའི་སྒྲུབ་ཐབས་བཤད་བྱ་སྟེ། །ཀུན་གྱི་རྩ་བ་ཕྱག་ གཉིས་པ། །སྒྲུབ་འདོད་མར་མེ་མཛད་དཔལ་གྱི། །མན་ངག་བཞིན་དུ་འདིར་བཤད་བྱ། །འདིར་རྟ་མགྲིན་ཞལ་གཅིག་ཕྱག་ གཉིས་པ་བསྒོམ་པར་འདོད་པས། སྐྱབས་སེམས་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། སྭ་བྷཱ་ཝ་ལན་གསུམ་གྱིས་སྟོང་ པར་སྦྱངས། སྟོང་པའི་ངང་ལས་རང་གི་སྙིང་གར་རཾ་སེར་པོ་ལས་ཉི་མའི་སྟེང་དུ་ཧྲཱིཿདམར་པོ་དེ་ ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ དུ་གྱུར་པ་ནི། སྐུ་མདོག་པདྨ་རཱ་ག་ལྟར་འབར་བ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་སེང་ལྡེང་གི་དབྱུག་ཐོ་རྡོ་རྗེས་མཚན་པ་འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་ གཏོད་པ། དབུའི་སྟེང་དུ་རྟ་མགོ་ལྗང་ཁུས་རྟ་སྐད་འབྱིན་པ། ཞབས་གཡས་བསྐུམ་གཡོན་ བརྐྱང་བས་ཀླུ་ཕོ་མོ་མནན་པ། སྟག་ལྤགས་དང་སྦྲུལ་རྒྱན་སོགས་ཁྲོ་བོའི་རྒྱན་དང་ཆ་ལུགས་ ཐམས་ཅད་ཡོངས་སུ་རྫོགས་ཤིང་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དཔྲལ་ བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་འོད་ཟེར་གྱིས་སངས་རྒྱས་ཐམས་ ཅད་རྟ་མགྲིན་གྱི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དབང་ བསྐུར་རང་གི་སྤྱི་བོར་འོད་དཔག་ཏུ་མེད་པས་དབུ་བརྒྱན། གནས་གསུམ་བྱིན་རླབས་མན་ཆད་བོར་ཡང་ རུང་ངོ༌། །ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླ། ཐུན་མཚམས་སུ་དགེ་བ་བྱང་ཆུབ་ཏུ་ བསྔོ། གཏོར་མ་གཏོང་བར་འདོད་ན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་སྣོད་ པཾ་ལས་པདྨ་དམར་པོ་བཾ་གྱིས་མཚན་པ། དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། པདྨ་རཱ་གའི་སྣོད་ཆེན་པོར་གྱུར། དེའི་ནང་གཏོར་རྫས་ཀྱིས་གང་བ། ནམ་མཁར་ཧྲཱིཿདཀར་ དམར་མཐིང་གསུམ་བརྩེགས་པ། རང་གི་སྙིང་གའི་ཧྲཱིཿལས་འོད་འཕྲོས་གསུམ་ལ་ཕོག་པས། 15-1-282 བདུད་རྩིའི་རྒྱུན་འཛགས་གཏོར་སྣོད་གང༌། ༀ་སརྦ་ཀ་རི་ཞེས་པ་ལན་གསུམ་དང༌། ན་མཿསརྦ་ཏ་ ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ལན་ཉི་ཤུ་རྩ་གཅིག་བརྗོད་པས། བདུད་རྩིའི་རྒྱ་མཚོ་ ཆེན་པོར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྤྱན་དྲངས། གཏོར་མའི་སྟེང་གི་ནམ་མཁར་བཞུགས་པར་བསམས། སླར་ཡང་ཧྲཱིཿཡིག་གི་འོད་ཟེར་གྱིས་ སེམས་ཅན་ཐམས་ཅད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དུ་བྱས་པ་དང༌། འཇིག་རྟེན་དང་འཇིག་ རྟེན་ལས་འདས་པའི་སྲུང་མ་ཐམས་ཅད་སྤྱན་དྲངས། སྙིང་པོའི་སྔགས་ལན་གསུམ་གྱིས་གཏོར་མ་གཙོ་བོ་ ལ་ཕུལ། ༀ་ཨཱཿཧྲཱིཿཧཱུཾ། ལན་ཉི་ཤུ་རྩ་གཅིག་གིས་འཇིག་རྟེན་ལས་འདས་པའི་སྲུང་མ་དང༌། ལན་བདུན་གྱིས་འཇིག་རྟེན་ པ་རྣམས་ལ་ཕུལ། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱིས་གསོལ་བ་བཏབ་ནས། བཛྲ་མུཿ ཡེ་ཤེས་ གཤེགས་སུ་གསོལ། དགེ་བ་བསྔོའོ། ། འདིའི་རིག་གཏད་ཀྱི་དབང་བསྐུར་ནི། མཎྜལ་གྲུ་བཞི་དབུས་སུ་པདྨ་དམར་པོ་འདབ་བརྒྱད་རེ་ཁ་དཀར་པོས་བྲིས། གྲུ་ བཅད་བཞི་ཕྱོགས་མདོག་ཏུ་བཏང༌། དེའི་དབུས་སུ་མཉྫིའི་སྟེང་དུ་བུམ་པ་མཚན་ཉིད་དང་ལྡན་པ་བཤམས། མདུན་དུ་མཆོད་ གཏོར་རྒྱ་ཆེར་བཤམས་ཤིང༌། སྤྱིར་དགོས་པའི་ཡོ་བྱད་རོལ་མོ་སྣ་ཚོགས་དང༌། སྔོན་འགྲོ་གཏོར་མ། བརྩེགས་གཏོར། གློ་གཉིས་ སུ་ཆང་བུ་དང་མཐེབ་ཀྱུ་རེ། དེ་ལ་རིལ་བུ་བརྒྱ་བརྒྱད་སྤུངས་པ་ཞིག་བྱ། ཕྱོགས་གང་ཡང་རུང་བ་ཞིག་ཏུ་སྟེགས་བུ་ལ་གཏོར་མ་ དང༌། སེང་ལྡེང་གི་དབྱུག་ཐོ་ཞིག་ཀྱང་བཞག སྔོན་འགྲོ་གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཁ་ འབར་མའི་སྔགས་བརྒྱ་རྩ་གཅིག་གིས་བསྔོས་ལ། ཡེ་དྷརྨ་དང༌། སྡིག་པ་ཅི་ཡང་མི་བྱ་ཞིང་སོགས་ཀྱིས་ཆོས་བཤད། ཨ་པ་ར་སྠ་ནཾ་གཙྪ། ཞེས་པས་རང་གནས་སུ་སོང་བར་བསམ། བགེགས་དང་ལོག་འདྲེན་ལ་བདེན་པ་བདར་ཞིང༌། སྔགས་བཟླས་པས་བསྐྲད། མཆོད་པ་བྱིན་རླབས་སྤྱི་དང་མཐུན། བདག་བསྐྱེད་གོང་བཞིན་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་མཎྜལ་དང་བུམ་པ་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་ རྫོགས་པར་གྱུར་པའི་དབུས་སུ། རཾ་སེར་པོ་ལས་ཞེས་པ་ནས། དབུ་བརྒྱན་གྱི་བར་གོང་བཞིན། དབང་ རྫས་ཀྱི་གཏོར་མ་དང༌། ཕྱག་མཚན་སྐད་ཅིག་གིས་རྟ་མགྲིན་ཞལ་ཕྱག་ཡོངས་སུ་རྫོགས་པར་ 15-1-283 གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང༌། །ཆོས་རྗེ་འོད་ དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམ་ཆེན་སྐུ། །རྟ་མགྲིན་རྟ་སྐད་ བཞད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དབང་རྫས་ཀྱི་རྟ་མགྲིན་གཉིས་པོ་ཞུ་བ་ལས་གཏོར་མ་དང་དབྱུག་པར་ གྱུར། གཟུངས་ཐག་བཟུང་ཞིང་སྔགས་བཟླས་པས། བུམ་ནང་གི་ལྷའི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་ འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་བདུད་རྩིར་སྤྱན་དྲངས། བུམ་ ནང་གི་ལྷའི་ཐུགས་ཀར་ཐིམ། སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། སྙིང་པོ་ བརྒྱ་རྩ་ཙམ་བཟླ། མཎྜལ་གཏོར་མ་དབྱུག་པ་གསུམ་ལ་དམིགས་ནས་ཉེར་གཅིག་ཙམ་རེ་བཟླའོ། །གོང་བཞིན་གཏོར་མ་ཕུལ། མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་འདོད་དོན་གསོལ་བ་བཏབ། དུང་ཆོས་ཀྱི་ཆུ་བུམ་ པར་བླུག ༀ་ཨཱཿཧཱུཾ། བུམ་ནང་གི་ལྷ་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བར་གྱུར། དེ་ནས་སློབ་མས་མཎྜལ་ཕུལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་ དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་ བ། སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས། བླ་ན་མེད་ པའི་བྱང་ཆུབ་ལ་འགོད་པའི་ཕྱིར་དུ། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་ མཆིས་ཀྱི་བར་དུ་དཔལ་རྟ་མགྲིན་ཡི་དམ་དུ་འཚལ་གྱི། བདག་ལ་བྱིན་གྱིས་བརླབས་པ་སྩལ་ དུ་གསོལ། ཅེས་ལན་གསུམ། དེ་ནས་སློབ་དཔོན་གྱིས་ལེགས་སོའི་སྤྲོ་བ་བསྐྱེད་ཅིང་། སླར་ཡང་བཟླས་བརྗོད་ལ་བརྩོན་ པར་གདམས། དེ་ནས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དང༌། སྐྱབས་འགྲོ་སེམས་བསྐྱེད། རྒྱས་པར་འབོགས། བསྡུ་ན་སྐྱབས་འགྲོ་སེམས་བསྐྱེད་སངས་རྒྱས་ཆོས་དང་མས་ཆོག བུ་ཚུར་ཐེག་པ་ཆེན་པོ་ཡི། །ཞེས་སོགས་ སྔགས་ཀྱི་ཆེ་བ་བརྗོད། སློབ་མའི་སྤྱི་བོར་རྟ་མགྲིན་དང༌། སྙིང་གའི་ནང་དུ་ཧྲཱིཿཡིག་མར་མེ་འབར་ བ་ལྟ་བུ་གསལ་བཏབ། རྟ་མགྲིན་གྱི་གནས་གསུམ་ནས་འོད་ཟེར་འབར་བ། དཔག་ཏུ་མེད་ པ་བྱུང༌། སློབ་མའི་ལུས་གང༌། སྡིག་སྒྲིབ་བསྲེགས། བདེ་བ་སྐྱེས་པར་མོས། སྔགས་བཟླ་ཞིང་རོལ་ 15-1-284 མོའི་སྒྲ་བྱ། དེས་ཡེ་ཤེས་ཕེབས་པར་འགྱུར། མངོན་རྟོགས་བཞིན་ལྷ་བསྐྱེད་བསྟིམ། སྐུའི་རྗེས་གནང་སྤྱི་དང་འདྲ་བར་བྱས་ནས། དབང་ལྷ་སྤྱན་དྲངས། ཇི་ལྟར་བལྟམས་པ་ཞེས་སོགས་ཀྱི་དབང་བསྐུར། འོད་དཔག་མེད་གཙོ་བོར་གྱུར་ པའི་རིགས་ལྔས་དབུ་བརྒྱན་གྱི་བར་སྤྱི་དང་འདྲ། མེ་ཏོག་སྤྱི་བོར་བཞག སྙིང་པོ་ལན་བདུན་ཙམ་བཟླས་ཏེ་བརྟན་ པར་བསམ། བཟླས་ལུང་དང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །སོགས་བྱིན་གྱིས་བརླབ་པའི་ལུང་སྤྱི་དང་ མཐུན། འཇིག་རྟེན་འདི་ན་གདུག་ཅན་དྲེགས་པ་ཆེ། །འོག་གི་ཀླུ་དང་སྟེང་གི་ཚངས་པ་སོགས། ། འཇོམས་བྱེད་དབྱུག་པ་བཟུང་ཞིང་གདུག་པ་ཐུལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་དབང་ ཐོབ་ཤོག །ཅེས་དང༌། སྙིང་པོ་ལན་གསུམ་གྱིས་དབྱུག་པ་གཏད་དེ། ཐུགས་ཀྱི་བྱིན་རླབས་སོ། །དེ་ནས་གཏོར་དབང་སྤྱི་དང་ མཐུན་པར་བསྐུར། སློབ་མའི་རྗེས་ཀྱི་བྱ་བ་དང༌། མདུན་བསྐྱེད་ཀྱི་རྗེས་ཆོག་རྣམས་སྤྱིའི་ཆོ་གས་རིགས་འགྲེའོ། ཁྲོ་རྒྱལ་ཀུན་ གྱི་རིགས་སྔགས་རྒྱལ། །གསང་སྔགས་འཆང་ཀུན༷་དག༷འ་བསྐྱེད་པ། །རྟ་མགྲིན་སྙིང༷་པོ༷འི་སྒྲུབ་ཐབས་འདི། །མདོ་ཙམ་ཡི་གེའི་ ལམ་དུ་བྱས། །རྟ་མགྲིན་ཇོ་བོ་ལུགས་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ན་མོ་གུ་རུ། ཉིན་བྱེད་འབུམ་གྱི་འོད་ཟེར་གྱིས། །གནོད་བྱེད་འབྱུང་པོ་ཀུན་བསྲེགས་ཏེ། །འགྲོ་ལ་གསུང་ གི་སྣང་བ་འགྱེད། །གསུང་གི་མངའ་བདག་ཁྱེད་ལ་འདུད། །ཐུགས་རྗེ་ཆེན་པོ་དྲག་པོར་གྲགས་པ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་ སྒྲུབ་ཐབས་ཆེན་མོ་དཔལ་ལྡན་ཨ་ཏི་ཤའི་བཞེད་པ་བཞིན་བཤད་པར་བྱའོ། །ༀ་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ བི་ཤུདྡྷོ྅ཧཾ། རང་གི་སྙིང་གར་རཾ་སེར་པོའི་འོད་ཀྱི་འཕྲོ་འདུ་ལས་ཉི་མ་དང་དེ་ལ་གནས་པའི་ ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ ཐམས་ཅད་སྤྱན་དྲངས། གང་གི་དྲིན་གྱི་བདེ་ཆེན་ཉིད། །སོགས་དང༌། འོག་ནས་འབྱུང་བ་ལྟར་ཤོ་ལོ་ཀ་ གཅིག་གིས་བསྟོད་ཅིང་ཕྱག་འཚལ། སྙིང་ག་ནས་འོད་ཟེར་འཕྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་ གྱུར། པུཥྤེ་ནས་ནཻ་ཝི་ཏེའི་བར་གྱིས་མཆོད། གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པ་བགྱིས་ པར་གང་གྱུར་པ། །སྐྲག་པས་རྨི་ལྟར་བཤགས་བགྱིད་ཅིང༌། །དེང་ནས་བརྩམས་ཏེ་འབྱུང་མི་ བགྱིད། །དགེ་བ་རྣམས་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཐམས་ 15-1-285 ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱིད་ཅིང༌། །དམ་པའི་སྐྱབས་གསུམ་ ལ་སྐྱབས་མཆི། །ཞེས་རྒྱུན་བཤགས་དང༌། དེ་ནས་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ༀ་ཤཱུ་ནྱ་ཏཱ་སོགས་ལན་གསུམ། སྟོང་པའི་ངང་ལས་རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ནག་ པོ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་བསྲུང་བའི་འཁོར་ལོར་གྱུར། དེའི་ནང་དུ་ཉི་མ་ ལ་བྷྲུཾ་དཀར་པོ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ ཁང༌། གྲུ་བཞི་སྒོ་བཞི། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཤར་དངུལ། ལྷོ་བཻཌཱུརྱ། ནུབ་པདྨ་ རཱ་ག བྱང་གསེར་ལས་གྲུབ་པའི། ཡང་ན་བྷྲུཾ་ལས་ཐོད་རུས་འབར་བའི་གཞལ་ཡས་ཁང་ སྟོང་གསུམ་གྱི་ཁྱོན་དང་མཉམ་པ། ཤ་རུས་ཀྱི་རྒྱན་གྱིས་བརྒྱན་པར་བསྒོམ། དེའི་དབུས་ སུ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་བཅོམ་ ལྡན་འདས་རྟ་མགྲིན་དབུ་གསུམ་ཕྱག་དྲུག་པ། སྐུ་མདོག་དམར་པོ། དབུས་དམར། གཡས་ དཀར། གཡོན་གནག་པའི་ཞལ་སྤྱན་གསུམ་དང་ལྡན་པ། དབུ་གསུམ་གྱི་སྟེང་དུ་རྟ་མགོ་ ལྗང་ཁུ་གསུམ་ཡོད་པ། ཞལ་ནས་འབྲུག་སྟོང་ལྡིར་བ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེ་རྩེ་ལྔ་ པ། གཉིས་པ་ན་གསེར་གྱི་ཞགས་པ། གསུམ་པ་ན་དབྱུག་ཐོ་བསྣམས་པ། གཡོན་གྱི་དང་པོ་ ན་དུང་ཆེན་དམར་གྱིས་བཀང་བ་བསྣམས་པ། གཉིས་པ་ན་རལ་གྲི། ཐ་མ་སྤར་བ་གདངས་ པའི་མཐེ་བོང་ལས་བྱ་ཁྱུང་དཀར་པོ། མཛུབ་མོ་ལས་མཐིང་ཁ། གུང་མོ་ལས་སེར་པོ། སྲིན་ ལག་ལས་དམར་པོ། མཐེའུ་ཆུང་ལས་ལྗང་ཁུ་རྣམས། བྱེ་བ་བྱེ་བའི་སྤྲུལ་པ་འགྱེད་པ། ཞབས་ དྲུག་གིས་ཀླུ་བརྒྱད་བརྫིས་པ། རྡོ་རྗེ་གཤོག་པ་གཡས་གཡོན་ལས་བྱ་ཁྱུང་གི་སྤྲུལ་པ་འགྱེད་ པ། སྟག་ལྤགས་ཀྱི་ཤམ་ཐབས། གླང་ཆེན་གྱི་ཀོ་རློན། ཐོད་རྐམ་གྱི་དབུ་རྒྱན། ཐོད་རློན་གྱི་ སེ་རལ་ཁ། སྦྲུལ་དཀར་ནག་གིས་ཡན་ལག་རྣམས་བརྒྱན་པ། མེ་དཔུང་འབར་བའི་དབུས་ ན་བཞུགས་པའོ། །ལྕེ་རྡོ་རྗེ་རྩེ་ལྔ་པ། ༀ་སརྦ་ཀ་རི་ཞེས་པས་མཚན། སྙིང་ག་གཡོན་པར་ཉི་མ་ 15-1-286 ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ། གཡས་པར་ཟླ་བ་ལ་གནས་པའི་རྒྱ་གྲམ་ལྗང་ཁུ། སྤྱི་ བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྙིང་གའི་རྡོ་རྗེ་རྩེ་ལྔ་པ་ལས་འོད་འཕྲོས། དབང་ གི་ལྷ་རྒྱལ་བ་རིགས་ལྔ་སྤྱན་དྲངས། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨ་ཞེས་དབང་བསྐུར། རྒྱ་གྲམ་ལས་འོད་ འཕྲོས། ཡེ་ཤེས་སེམས་དཔའ་སྤྱན་དྲངས། པུཥྤེ་སོགས་ཀྱིས་མཆོད། ཧཱུཾ་སྐུ་མདོག་ཆགས་མེད་ནུབ་ ཁའི་དམར་ཐག་འདྲ། །འབར་བའི་དབུ་ལ་རལ་པ་གྱེན་དུ་བརྫེས། །མ་རིག་ཚངས་པ་ཁ་བུབ་ གནོན་པའི་ལྷ། །པདྨ་རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཧ་ཡ་གྲ་ཝ་རྟ་མཆོག་ དཔལ། །ཞལ་ནས་ཧཱུཾ་ཕཊ་འབྲུག་སྟོང་དི་རི་རི། །ཞལ་བགྲད་མཆེ་བ་གཙིགས་པའི་ཚེམས་ ནང་ན། །གདུག་པ་འདུལ་བའི་མེ་སྟག་ཁྲོམ་ཁྲོམ་འབར། ཁྲོ་རྒྱལ་དབང་གི་རྟ་སྐད་ཚེར་ཚེར་ འཚེར། །རྟ་མགྲིན་རྟ་སྐད་འཚེར་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ཛཿཧཱུཾ་བཾ་ཧོཿ ཞེས་རང་དང་ གཉིས་སུ་མེད་པར་ཐིམ། ༀ་བཛྲ་ཀྲོ་ཏ་ཧ་ཡཾ་གྲྀ་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླ། ཐུན་ བསྡུ་བའི་ཚེ། ཡེ་ཤེས་སེམས་དཔའ་རང་གི་མདུན་དུ་བཞུགས་པ་ལ། གོང་བཞིན་མཆོད་བསྟོད་བྱས་ཏེ། བདག་ལ་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད། ཡི་གེ་བརྒྱ་པའི་མཐར་བཛྲ་མུཿ གཤེགས་སུ་གསོལ་ གཏོར་མ་འབུལ་བར་འདོད་ན། རྟ་མགྲིན་ཕྱག་གཉིས་པའི་སྒྲུབ་ཐབས་དང་འདྲའོ། ། འདིའི་རྗེས་གནང་ཡང་རྟ་མགྲིན་ལྷན་སྐྱེས་སུ་གྲགས་པ་ཕྱག་གཉིས་པའི་སྐབས་དང་འདྲ་བས་དེ་ཉིད་འདོན་པ་སྤོ། ཁྱད་ པར་ཕྱག་མཚན་གསེར་མདོག་གི་ཞགས་པ་དང་རལ་གྲི། སེང་ལྡེང་དབྱུག་པའི་ཚབ་ཏུ་འཇོག ཐུགས་ཀྱི་རྗེས་གནང་སྐབས། ཐབས་དང་ཤེས་རབ་རང་བཞིན་གྱི། །ཞགས་པ་རལ་གྲི་བུ་ལ་སྦྱིན། །ཞགས་པས་ཆིངས་ལ་ རལ་གྲིས་གཏུབས། །སྟོང་ཉིད་སྙིང་རྗེ་རྟོགས་པར་ཤོག །ཅེས་བརྗོད། འདི་ལྟ་ལྟར་བྱེད་ན། དེའི་ཚོམ་བུ་ བཀོད། འཁོར་བཞི་ཁྱི་གདོང་མི་དགོས། གཞན་ཤྭ་ན་བཞི་བསྐོར་དང་འདྲའོ། །མཚན་ཡང་རྡོ་རྗེ་མཁའ་འགྲོ་མ་སོགས་སུ་སྤོའོ། མཁས་པ་ཀུན༷་གྱི་གཙུག་གི་རྒྱན། །དཱི་པཾ་ཀ་རས་ཡོལ་སྟོན་ལ། །གནང་བས་དག༷འ་སྐྱེས་དངོས་གྲུབ་ཐོབ། །དེ་གསུང་སྙིང༷་པོ༷་ ཙམ་དུ་བསྡུས། །རྟ་མགྲིན་ཇོ་ལུགས་ཆེན་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། 15-1-287 ༄༅། །ན་མོ་ཀྲོ་དྷ་རཱ་ཛཱ་ཡ། ཆེས་ཟབ་མཆོག་ཏུ་རྨད་བྱུང་བ། །རྟ་མཆོག་དཔལ་གྱི་སྒྲུབ་ཐབས་འདི། །མདོ་ ཙམ་བདག་གིས་བཤད་བྱ་ཡི། །ཡིད་ལ་དགའ་བ་བསྐྱེད་དེ་ཉོན། །མཎྜལ་དམར་པོ་ལེགས་པར་བརྒྱན་ལ། ཚོམ་བུ་ལྔ་བཀྲམ་ ལ། མཆོད་པ་དང་། གཏོར་མ་གསུམ་བཤམས། སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་སྙིང་གར་པཾ་ལས་པདྨ། རཾ་ལས་ཉི་མ། དེ་ལས་གནས་པའི་ཧཱུཾ་ལས་འོད་འཕྲོས། བླ་མ་དང་རྟ་མགྲིན་སངས་རྒྱས་དང་ བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བཟང་སྤྱོད་ནས་འབྱུང་པ་ལྟར་ཡན་ལག་བདུན་པ་བྱ། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་ གི་ལུས་ཀུན་རྟག་ཏུ་དབུལ་བར་བགྱི། །ཞེས་བརྗོད། ཡང་ན་སྐྱབས་སེམས་གོང་དུ་མ་བྱས་པར། སྐབས་འདིར་ བྱས་ཀྱང་རུང༌། དེ་ནས་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ། ཨ་ལས་ཟླ་བ། མཾ་ ལས་ཉི་མ་བརྩེགས་པའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པའི་བསྲུང་འཁོར་དང༌། རྡོ་རྗེ་ ཧཱུཾ་དང་བཅས་པ་གཞལ་ཡས་ཁང་དུ་གྱུར། དེའི་དབུས་སུ་རང་སེམས་རྡོ་རྗེ་ཧཱུཾ་གིས་མཚན་པ་ ལས་རང་ཉིད་ཁྲོ་རྒྱལ་རྟ་མཆོག་རོལ་པ་པདྨ་རཱ་ག་ལྟར་དམར་ཞིང༌། དམར་སྔོ་དཀར་བའི་ ཞལ་གསུམ་དབུས་མའི་སྟེང་དུ། རྟ་མགོ་ལྗང་ཞུར་གྱེན་དུ་བལྟས་ཏེ་རྟ་སྐད་འབྱིན་པ། ཕྱག་ བཞིའི་དང་པོ་གཉིས་རྡོ་རྗེ་དང་པདྨ། ཐ་མ་གཉིས་ཀྱིས་མདའ་གཞུ་འགེངས་པ། ཞབས་ བཞིའི་གཡོན་བརྐྱང་པའི་བརྐྱང་བསྐུམ་དང་གར་སྟབས་ཀྱིས་ཚངས་པ་ཁྱབ་འཇུག་དབང་པོ་ མཧཱ་དེ་བ་རྣམས་མནན་པ། རྒྱལ་བ་རིགས་ལྔས་དབུ་ལ་བརྒྱན་པ། སྟག་ལྤགས་སྦྲུལ་རྒྱན་ མི་མགོའི་དོ་ཤལ་ཅན། ཁྲོ་བོའི་ཆ་ལུགས་ཡོངས་སུ་རྫོགས་པ་མེ་དཔུང་འབར་བའི་དབུས་ན་ བཞུགས་པའོ། །ཤར་དུ་རྡོ་རྗེ་ལས་བྱེད་མ་མཐིང་སྐྱ། ལྷོར་གཤིན་རྗེ་ལས་བྱེད་མ་མཐིང་ནག ནུབ་ཏུ་ཀླུ་མོ་ལས་བྱེད་མ་དཀར་མོ། བྱང་དུ་གནོད་སྦྱིན་ལས་བྱེད་མ་ལྗང་ཁུ་ཐམས་ཅད་ཀྱང་ 15-1-288 ཁྱི་གདོང་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་ཁྲག་འཛིན་པའོ། །རང་གི་སྙིང་ག་ནས་ འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་ལྷ་ལྔ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ རང་གི་དཔྲལ་བར་ ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། བཟླས་པའི་དམིགས་པ་སྤྱི་དང་མཐུན་པར་བསྒོམས་ ལ། ༀ་ཧ་ཧ་ཧི་ཧི་ཧྲིཾ་ཧྲིཾ་ཧྲི་ཧྲི་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་རྩ་བའི་སྔགས་ཅི་འགྲུབ་བཟླ་ཞིང༌། བཛྲ་ཤྭ་ན་ས་མ་ཡ། ཡ་མ་ཤྭ་ན་ས་མ་ཡ། ནཱ་ག་ཤྭ་ན་ས་མ་ཡ། ཁ་ར་ཀ་ཤྭ་ན་ས་མ་ཡ། ཞེས་བཏགས་པ་བཟླ་ཞིང༌། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་པ་དང༌། ༀ་ཏ་ཀྲི་ཏ་ཙ་ཏི་བི་ཙ་ཏི་ཧཱུ་ཡ་ ཧུ་ཡ། ཧུ་ལུ་ཧུ་ལུ། པུ་རུ་ཏེ་པུ་རུ་ཏེ་སྭཱཧཱ། ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱི་སྔགས་སམ། རྩ་སྔགས་དང་ཉེ་ བའི་སྙིང་པོ་སྟེ། དེ་དག་ཀྱང་ཅི་འགྲུབ་བཟླའོ། །ལས་སྔགས་ནི་སྒྲུབ་ཐབས་རྣམས་སུ་ཤེས་པར་བྱའོ། ཐུན་བསྡུ་བར་འདོད་ན། རང་གི་སྙིང་གའི་ཧཱུཾ་དམར་པོ་ལས་གཙོ་འཁོར་ལྔ་སྤྲོས་མདུན་གྱི་ནམ་མཁར་བཞུགས་པར་ གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་ལྷ་ལྔ་བཛྲ་ས་མཱ་ཛཿ ཨརྒྷཾ་ལ་སོགས་པས་མཆོད། ཧཱུཾ་ཆགས་མེད་སོགས་ཀྱིས་བསྟོད། ཛཿཧཱུཾ་བཾ་ཧོཿ ཞེས་གཉིས་སུ་མེད་པར་ ཐིམ། རང་གི་སྙིང་གའི་འོད་ཟེར་གྱིས་དབང་གི་ལྷ་བཛྲ་ས་མཱ་ཛཿ བྱང་ཆུབ་རྡོ་རྗེ་སངས་རྒྱས་ ལ། །སོགས་ཀྱི་གསོལ་བ་བཏབ། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནས། ཤྲཱི་ ཡེ་ཧཱུཾ། ཞེས་གསུང་ཞིང༌། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་འོད་ དཔག་མེད་གཙོ་བོར་གྱུར་པའི་རིགས་ལྔ་དང༌། འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན། དེ་ནས་ མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། མཆོད་བསྟོད་གོང་བཞིན་བྱ་བའམ་གང་འགྲུབ་བྱའོ། །བར་འདིར་སྐུ་གསུང་ ཐུགས་ཀྱི་བཟླས་པ་ཅི་འགྲུབ་བྱ་ཞིང༌། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། གཙོ་བོའི་གཏོར་སྣོད་ བྷྲུཾ་ལས་རིན་པོ་ཆེའི་པད་གཞོང་ཡངས་ཤིང་རྒྱ་ཆེ་བར་གྱུར། དེའི་ནང་དུ་བཅུད་ཡི་གེ་འབྲུ་ གསུམ་ལས་བྱུང་བའི་ལྷའི་བདུད་རྩི་དཀར་དམར་དུ་གྱུར། ལས་བྱེད་མ་བཞིའི་གཏོར་མ། ཨ་ལས་བྱུང་བའི་ཐོད་པའི་སྣོད་ཀྱི་ནང་དུ་འབྲུ་གསུམ་ལས་བྱུང་བའི་བདུད་རྩིའི་ངོ་བོར་གྱུར། 15-1-289 རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ ཀྱི་བདུད་རྩི་བཀུག གཏོར་མའི་བདུད་རྩི་དང་འདྲེས་པས་ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་ པོར་གྱུར། ༀ་ཨཱཿཧཱུཾ། ལན་བདུན་གྱིས་བྱིན་གྱིས་བརླབས། སོ་སོའི་སྔགས་ཀྱི་མཐར། ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ ཧི་ཁཱ་ཧི། བཏགས་པས་ཕུལ། སླར་ཡང་མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ འདོད་དོན་གསོལ་བ་བཏབ། ཡི་གེ་བརྒྱ་པ། མ་འབྱོར་པ་དང་སོགས་དང༌། ཁྱེད་ཀྱིས་སེམས་ཅན་སོགས། བཛྲ་ མུཿཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་གི་སྙིང་གར་ཐིམ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་ དང་བཀྲ་ཤིས་སོགས་བྱའོ། །རང་ཉིད་ཕྱག་གཉིས་པའི་ང་རྒྱལ་གྱིས་དགེ་བ་བསྔོས་ནས་ཐུན་མཚམས་ལ་འཇུག མཆོད་བསྟོད་ལྷག་མ་རྣམས་གཙང་སར་དོར་རོ། ། འདིའི་རྗེས་གནང་ཡང་རྟ་མགྲིན་ལྷན་སྐྱེས་ཀྱི་དེ་ཉིད་འདོན་པ་སྤོས་པས་རུང་བ་ལས་ཚོམ་བུ་ལྔ་འགོད། ཕྱག་མཚན་རྡོ་རྗེ་ དང་པདྨ་ཉིད་འགོད། ཐུགས་ཀྱི་རྗེས་གནང་སྐབས། ཤེས་རབ་སྟོང་ཉིད་རྡོ་རྗེ་དང༌། །སྙིང་རྗེ་མ་ཆགས་པདྨ་ དམར། །ཐབས་དང་ཐབས་བྱུང་ཟུང་དུ་འཇུ་ག །ཡེ་ཤེས་ཐུགས་ཀྱི་དབང་ཐོབ་ཤོག །ཅེས་ བརྗོད་པ་ཉིད་ཁྱད་པར་རོ། །སྒྲུབ་ཐབས་ཀུན༷་ལས་ཟབ་པོ་ཞེས། །གྲགས་པའི་དག༷འ་བས་ཡོངས་ཁྱབ་པ། །ཤྭ་ན་བཞི་བསྐོར་ སྒོམ་པའི་ཐབས། སྙིང༷་པོ༷་ཙམ་ཞིག་བཀོད་འདི་མཚར། །ཞེས་པ་འདི་དཔལ་རྟ་མགྲིན་ཤྭ་ན་བཞི་བསྐོར་དུ་གྲགས་པའི་སྒྲུབ་པའི་ ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། རིགས་སྔགས་རྒྱལ་པོ་རྡོ་རྗེ་འཛིན། །འཇིག་རྟེན་འཇིགས་བྱེད་ཕྱག་བཙལ་ནས། །རྟ་མགྲིན་ དཔལ་གྱི་སྒྲུབ་པའི་ཐབས། །མདོར་བསྡུས་སྒྲུབ་པོའི་དོན་དུ་བྲི། །ཤཱུ་ནྱ་ཏའི་སྔགས་དོན་བསམ། དཀོན་མཆོག་གསུམ་ ལ་བདག་སྐྱབས་མཆི། །སོགས་ཤོ་ལོ་ཀ་གཅིག་བྱ། སྤྱི་བོར་ཟླ་བ་ལ་ༀ། སྙིང་གར་ཉི་མ་ལ་ཨཱཿ ལྟེ་ བར་པདྨ་ལ་ཧཱུཾ། དེ་རྣམས་ཀྱི་འོད་ཀྱིས་བདག་དང་ཁམས་གསུམ་གྱི་ལུས་ངག་ཡིད་གསུམ་ དག་པར་བྱས། སྟོང་པའི་ངང་ལས་སའི་དཀྱིལ་འཁོར་གྲུ་བཞི་ཉིས་བརྩེགས་བསྣོལ་མའི་ སྟེང་དུ་རི་རབ་དེའི་རྩེ་མོར་ཉི་མ་ལ་ཧཱུཾ། ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ། ༀ་ཨཱཿཧཱུཾ་དེ་ 15-1-290 ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་ཧཱུཾ་ལ་ཐིམ། ཡང་ཧཱུཾ་ཞེས་བརྗོད་པས། འོག་མིན་ནས་རྟ་མགྲིན་སྤྱན་དྲངས་ཏེ་ཐིམ་པ་ལས། རང་ཉིད་རྟ་མགྲིན་དམར་པོ་ཆེས་ཁྲོས་ ཤིང་འཇིགས་པའི་སྐུ་ཅན། ཕྱག་གཡས་པས་རྡོ་རྗེ་འཕྱར་ཞིང༌། གཡོན་པས་སྡིགས་མཛུབ་ ཐུགས་ཀར་མཛད་པས་རྡོ་རྗེས་མཚན་པས་དབྱུག་ཐོ་འཛིན་པ། ཞབས་གཡས་བསྐུམ་གཡོན་ བརྐྱང་བས་སྲིད་རྩེ་མན་གྱི་བགེགས་ཐམས་ཅད་གནོན་པ། དབུའི་སྟེང་དུ་རྟ་མགོ་ནག་པོ་ ཅན། འོད་དཔག་མེད་ཀྱིས་དབུ་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན་དང༌། སྦྲུལ་དང༌། རུས་པ་ དང་རིན་པོ་ཆེས་བརྒྱན་པ། ཡ་སོས་མ་མཆུ་མནན་ཅིང༌། ཧི་ཧིའི་སྒྲ་སྒྲོག་པ། སངས་རྒྱས་ཀུན་ གྱིས་བྱིན་གྱིས་བརླབས་ཤིང༌། ནོར་རྒྱས་ལ་སོགས་ཀླུ་རྣམས་བཀའ་ནོད་པ། འོད་ཟེར་སྣ་ལྔ་ དང༌། མེ་དཔུང་འཕྲོ་བའི་སྐུ་ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པའོ། །སྙིང་གར་སྔགས་འཁོར་གསལ་ བཏབ་ལ། ༀ་ཨཱཿཧཱུཾ་ཧ་ཡ་གྲ་ཝ་བཛྲ་ཀྲོ་དྷ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ། འཇུག་ཏུ་དགེ་ བ་བསྔོ། གཏོར་མ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ནས། སྙིང་པོའི་མཐར། ཨཱ་ཀ་རོ་བཏགས་ལ་འབུལ། འདིའི་རྗེས་གནང་ནི། པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པ་གཞན་རྣམས་དང་འདྲ་ཞིང༌། གཏོར་དབང་རེ་མཛད་པའི་ཕྱག་ལེན་ གདའོ། །རྟ་རྟོག་པ་བདུན་བརྒྱ་བ་ཞེས་པའི། །རྒྱུད་ལས་བཏུས་པའི་སྒྲུབ་ཐབས་འདི། །ཀུན༷་ཏུ་དག༷འ་བ་བསྐྱེད་པ་དང༌། །སྙིང༷་ པོ༷འི་དོན་རྟོགས་ཕན་ཡོན་ཆེ། །པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་རྟ་མགྲིན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། སྤྱན་རས་གཟིགས་དབང་ཁྲོས་པའི་སྐུ། །ཡེ་ཤེས་ཧ་ཡ་གྲ་ཝ་ལ། །གུས་པའི་ཡིད་ཀྱིས་བཏུད་ བྱས་ནས། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་རང་སེམས་ཧྲཱིཿདམར་པོ་ལས། རང་ཉིད་ཁྲོ་ བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ། ཞལ་གསུམ་ཕྱག་དྲུག རྩ་བའི་ཞལ་དམར་པོ། གཡས་ལྗང་བ། གཡོན་དཀར་བ། དབུ་གསུམ་གྱི་སྟེང་ན་རྟ་མགོ་ལྗང་ནག་གསུམ་མངོན་ པར་འཕགས་ཏེ་སྐད་འཚེར་བ། རྔོག་མའི་གསེབ་ནས་མེ་སྟག་འཕྲོས་པས་ཚངས་པའི་འཇིག་ 15-1-291 རྟེན་ནས་དམྱལ་བ་ཡན་ཆད་མེའི་དྲ་གུར་གྱིས་ཁེབས་པར་མཛད་པ། སྤྱན་གསུམ་པ། ཞལ་ གདངས་མཆེ་བ་གཙིགས་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་མདུང་རྩེ་གསུམ་ པ། ཐ་མ་ན་རལ་གྲི། གཡོན་གྱི་དང་པོ་སྡིགས་མཛུབ། བར་བ་ན་མདུང་ཐུང༌། ཐ་མ་ན་རྒྱུ་ མའི་ཞགས་པ་བསྣམས་པ། ཞབས་བརྒྱད་ཀྱིས་པད་ཉིའི་སྟེང་དུ་སྦྲུལ་བརྒྱད་མནན་པ། དབུ་ རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྟག་ལྤགས་ ཀྱི་ཤམ་ཐབས། མི་པགས་ཀྱི་གཡང་གཞི། གླང་ཆེན་གྱི་ཀོ་རློན། རུས་པའི་རྒྱན་དྲུག ཁྲག་གི་ ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། སྦྲུལ་ནག་གི་ཆུན་པོ་རྣམས་ཀྱིས་བརྒྱན་པ། བསྐལ་པའི་མེ་ལྟ་བུའི་མེ་དཔུང་ཚ་བ་རྩུབ་པའི་ཀློང་དཀྱིལ་ན་བཞུགས་པ། མགྲིན་པ་མན་ ཆད་ནས་བྱིན་པ་ཡན་ཆད་དུ་རང་དང་འདྲ་བའི་སྤྲུལ་པའི་ཁྲོ་བོ་གདུག་པ་ཅན་མ་རུང་པ་ཚར་ གཅོད་པའི་རྣམ་པ་ཅན་དཔག་ཏུ་མེད་པ། ཁྲབ་ཀྱི་བྱང་བུ་ལྟར་གཏམས་པ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་གི་སྟོད་དུ་ཉི་མ་ལ་ཧྲཱིཿཕྱི་ནང་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་ སྤྲུལ་པའི་ཕོ་ཉ་དང་བཅས་པས་ཁྱབ་པར་བསམས་ལ། ༀ་ཧྲཱིཿཔདྨ་ཏ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱ་ བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་ཅི་མང་བཟླ། འཇུག་ཏུ་སྙིང་པོའི་མཐར། ཁཾ་རཀྵ་ས་མཱ་ཡ་ཛཿ ཁཾ་རཀྵ་ས་མཱ་ཡ་ བྷྱོཿ ཁཾ་རཀྵ་ས་མཱ་ཡ་བཟློག ཁཾ་རཀྵ་ས་མཱ་ཡ་གཏུབས། ཁཾ་རཀྵ་ས་མཱ་ཡ་བྱེར། ཁཾ་རཀྵ་ས་མཱ་ ཡ་རྦད། ཁཾ་རཀྵ་ས་མཱ་ཡ་རྦུད། ཁཾ་རཀྵ་ས་མཱ་ཡ་རྦད་རྦུད་ཕཊ་ཡ་འབྱུང་པོ་མཱ་ར་ཡ་ཛ་ཛཿ ཞེས་ པ་བཏགས་པ་དང༌། ༀ་བཛྲ་དུན་བྷྱོཿཏིག་ནན་ཛཿཛཿ ས་མཱ་ཡ་སྟྭཾ། ཞེས་པའང་བཏགས་ལ་ལན་ལྔ་ཙམ་བཟླའོ། ། མཇུག་ཏུ་དགེ་བའི་རྩ་བའི་བྱང་ཆུབ་ཏུ་བསྔོའོ། །གཏོར་མ་བསྔོ་བར་འདོད་ན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་མ་ཤ་ལྔ་བདུད་རྩི་ལྔ། ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ ཆེན་པོར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་དགྲ་བགེགས་ཐམས་ཅད་བཀུག་རྡོ་རྗེ་ཁྲོ་བོ་ རྣམས་ཀྱིས་ཚར་བཅད་པའི་ཤ་ཁྲག་གི་ཕུང་པོ་གཏོར་མ་དང་གཅིག་ཏུ་འདྲེས། ༀ་ཨཱཿཧཱུཾ་ཧ་ཧོ་ 15-1-292 ཧྲཱིཿ སྙིང་པོའི་མཐར། ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷཉྫ་ཧོ། རཀྵ་པི་ཝ་ཏོ་ས་མ་ཡ་སྭཱཧཱ། ཞེས་ གསུམ་མམ་བདུན་ལ་སོགས་པས་ཕུལ། ༀ་ཧ་ཡ་གྲ་ཝ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འབྲུ་ གསུམ་གྱིས་ནང་མཆོད་ཕུལ། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་ རྗེ་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿལས་དབང་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་ འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་ཕྲིན་ལས་བཅོལ། རྗེས་ཀྱི་ཆོ་ག་གཞན་སྤྱི་དང་འདྲའོ། ། འདིའི་རྗེས་གནང་བྱེད་ཚུལ་ནི། སྟེགས་བུའི་སྟེང་དུ། ཆོས་འབྱུང་དམར་པོ་གྲུ་གསུམ། མཐའ་ཟླུམ་བསྐོར། གྲུ་བཅད་ལྗང་ ཁུ། དབུས་སུ་ཉི་གདན་ལ་ཚོམ་བུ་དམར་པོ། དེའི་སྟེང་དུ་མཉྫི་ལ། གཏོར་མ་དམར་པོ་ནོར་གཟུགས་རྩེ་མོར་རྟ་མགོས་མཚན་ པ་ཞིག་བཀོད། མདུན་དུ་མཆོད་གཏོར་སྨན་དང་རཀྟ་སོགས་བཤམས། བགེགས་གཏོར་བཏང༌། མཆོད་པ་བྱིན་རླབས་སྤྱི་དང་ མཐུན། བདག་བསྐྱེད་བཟླས་པ་དང་བཅས་པ་སོང་ནས། ༀ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋ། ཞེས་སྨན་མཆོད་བྱིན་གྱིས་ བརླབས། ༀ་མཧཱ་རཀྟ་ཛྭ་ལ་མཎྜལ་ལ་ཧཱུཾ་ཧྲཱིཿཋ། ཞེས་རཀྟ་བྱིན་གྱིས་བརླབས། སྟོང་པར་སྦྱངས་པ་ནས་ཉི་ མ་ལ་ཧྲཱིཿ ཞེས་པ་ཡན་ཆད་གོང་བཞིན་མདུན་དུ་བསྐྱེད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཁྲོ་བོའི་ རྒྱལ་པོ་རྟ་མགྲིན་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། གཏོར་མ་གོང་ལྟར་བྱིན་གྱིས་བརླབས། ཧ་ཧོ་ཧྲཱིཿ གཞུག་ཏུ། ༀ་མཧཱ་བ་ལིང་ཏ། ཏེ་ཛོ་བ་ལིང་ཏ། བ་ལ་བ་ ཏེ། གུ་ཧྱ་སིདྡྷི་ས་མ་ཡ་ཧཱུཾ་ཧྲཱིཿཋ། ཞེས་བྱིན་གྱིས་བརླབས། གཏོར་མ་བྱིན་རླབས་འདི་གོང་སྨན་རག་གི་སྔོན་དུ་བྱས་ ཀྱང་རུང༌། གོང་བཞིན་གཏོར་མ་དང་ཕྱི་མཆོད་ཕུལ། ནང་མཆོད་སྨན་གཏོར་མ་ལ་བྲན། བནྡྷ་སྣོད་བཟང་ཡངས་པ་རུ། ། རང་བྱུང་གདོད་ནས་རྣམ་དག་པ། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །ཨ་ལ་ལ་ཏེ་བཞེས་ སུ་གསོལ། །ༀ་ཨཱཿཧཱུཾ་ཞེས་བརྗོད། རཀྟ་ནས་བྲན་ལ། དུར་ཁྲོད་ཆེན་པོའི་གནས་བརྒྱད་དང༌། །ཧེ་རུ་ ཀའི་གནས་བཅུ་ནས། །དཔལ་ཆེན་འཁོར་བཅས་སྤྱན་འདྲེན་གྱིས། །ཤ་ཁྲག་དམར་གྱི་རྒྱ་ མཚོ་བཞེས། །ༀ་ཨཱཿཧཱུཾ། ཞེས་བརྗོད། དེ་ནས་བསྟོད་པ་དང་འདོད་དོན་གསོལ་བཏབ་བྱས་ལ། བཟླས་པའང་ཅི་འགྲུབ་ 15-1-293 དང༌། སློབ་མའི་བྱ་བ་རྣམས་བདག་འཇུག་གི་ཚུལ་གྱིས་བླང་ངོ༌། ། དེ་ནས་སློབ་མའི་མཎྜལ་འབུལ། རྡོ་རྗེ་འཛིན་པ་སོགས་ཀྱིས་གསོལ་བ་བཏབ། རྟོག་པ་ཐམས་ཅད་ ལེགས་པར་བསྡུས་ནས་ནི། སོགས་བརྗོད། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། སྤྲོ་ན་ཐུན་མོང་མ་ཡིན་པའི་ སྐྱབས་འགྲོ་དང༌། གསོལ་གདབ་ཀྱང་བྱེད། བསྡུ་ན་མ་བྱས་ཀྱང་རུང༌། དེ་ལྟར་སྔོན་འགྲོ་ལྔའམ་གསུམ་འདམ་ཁ་ཡིན། དངོས་ གཞི་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས། སློབ་མའི་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ ཅད་བསྲེགས། སྟོང་ཉིད་དུ་སྦྱངས། ཐུགས་ཀར་ཧཱུཾ་གི་བར་མངོན་རྟོགས་བཞིན་ཕོག །སློབ་མའི་གནས་ གསུམ་དུ་ཡི་གེ་འབྲུ་གསུམ་གསལ་བཏབ། ཡེ་ཤེས་པ་བསྟིམས་ལ་རོལ་མོའི་སྒྲ་བྱ། སློབ་དཔོན་ གྱི་དཔྲལ་བའི་ༀ་ལས་རྟ་མགྲིན་དཀར་པོ་སྤྲོས་ཏེ། སློབ་མའི་དཔྲལ་བའི་ༀ་ལ་བསྟིམ། རོལ་ མོའི་སྒྲ་བྱ། བུམ་དབང༌། དེ་བཞིན་དུ། མགྲིན་པ་ནས། དམར་པོ་བསྟིམ་སྟེ། གསང་དབང༌། སྙིང་ག་ནས་མཐིང་ ག་བསྟིམ་སྟེ། ཤེར་དབང་ལྟེ་བ་ནས། ཁ་དོག་སྣ་ཚོགས་པ་བསྟིམ། དབང་བཞི་པའོ། །དེ་ནས་བཟླས་ ལུང་སྤྱི་དང་མཐུན་པར་སྦྱིན་ཏེ། སྔགས་ཀྱི་བྱིན་གྱིས་བརླབས་པའོ། །དེ་ནས་གཏོར་དབང་སྤྱི་དང་མཐུན་པར་བྱས་ལ། མཐར་ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་འོད་དུ་ཞུ་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཏེ་ཐིམ་པས། རང་གི་ལུས་ངག་ཡིད་གསུམ། རྟ་མགྲིན་གྱི་སྐུ་གསུང་ཐུགས་སུ་ཞུ་ལུགས་སུ་བླུག་པར་གྱུར་ པའི་མོས་པ་མཛོད། ཅེས་པ་ནི་སྐུ་དངོས་ཀྱི་བྱིན་གྱིས་བརླབས་པའོ། །རྗེས་གཙོ་བོས་ཇི་ལྟར་སོགས་དམ་ཚིག་ གཟུང་བར་ཁས་བླངས། མཎྜལ་འབུལ། དེང་ནས་སོགས་ཀྱིས་ཡོན་འབུལ། དགེ་བ་བསྔོ། ཚོགས་ལ་ལོངས་སྤྱོད། མདུན་ བསྐྱེད་ཀྱི་མཆོད་པ་ཁ་གསོས་བྱིན་གྱིས་བརླབས། མཆོད་བསྟོད་དང༌། གསོལ་བཏབ་བྱ། ཡིག་བརྒྱ། བཟོད་གསོལ། གཤེགས་ གསོལ། སྨོན་ལམ། བཀྲ་ཤིས་རྣམས་བྱའོ། །རབ་མཆོག་མཁན་པོ་རྗེ་བཙུན་གྱིས། །སྒྲུབ་ཐབས་ཀྱིས་ཞེས་བཀའ་སྩལ་ནས། ། པདྨ་དབང་གི་སྒྲུབ་ཐབས་འདི། །ཏཱ་ར་ནཱ་ཐས་བྱས་པ་ཡིན། །ཞེས་པའང་དཔལ་སྟག་ལུང་ཐང་དང་ཉེ་བའི་རྣམ་རྒྱལ་རབ་བརྟན་ དུའོ། །སྒྲུབ་ཐབས་ཀུན༷་ནས་དག༷འ་བའི་ཕུལ། །རྟ་མཆོག་རོལ་བའི་སྙིང༷་པོ༷འི་དོན། །ཤིན་ཏུ་ཟབ་པ་པདྨ་ཡིས། །སྐྱེར་སྒང་པ་ལ་ དངོས་སུ་གནང༌། །རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། 15-1-294 ༄༅། །ན་མོ་གུ་རུ། གདུག་པའི་ཀླུ་སོགས་ཚར་གཅོད་དང༌། །གང་ལས་དངོས་གྲུབ་རབ་མཆོག་ཀུན། །ཐོབ་ འགྱུར་རྟ་མཆོག་དཔལ་གྱི་ནི། །སྒྲུབ་ཐབས་མན་ངག་མདོ་ཙམ་བཤད། །འདིར་རྟ་མགྲིན་ལྕགས་རལ་ཅན་དུ་གྲགས་པ་སྒོམ་ པར་འདོད་པས་སྐྱབས་སེམས་སྔོན་དུ་སོང་བས། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། བླ་མ་སངས་ རྒྱས་བྱང་སེམས་ཐམས་ཅད་དུ་མདུན་དུ་སྤྱན་དྲངས་བར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་རྒྱུན་བཤགས་དང༌། ཚད་མེད་བཞི་སྤྱི་དང་མཐུན། སྭ་བྷཱ་ཝས་ སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ། ཧྲཱིཿཡིག་དམར་ ནག་གི་འོད་ཟེར་འཕྲོ་འདུ་ལས། རང་ཉིད་བཅོམ་ལྡན་འདས་རྟ་མགྲིན་སྐུ་མདོག་མིག་སྨན་ ལྟར་གནག་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། སྤྱི་བོ་ནས་རྟ་མགོ་ལྗང་ཁུ་རྟ་སྐད་ འདོན་པས་ཁམས་གསུམ་དབང་དུ་བསྡུད་པ། ཕྱག་གཡས་པས་རལ་གྲི་འཕྱར་ཞིང༌། གཡོན་ སྡིགས་མཛུབ་ཀྱི་རྩེ་ལ་མེ་དཔུང་འབར་བ། ཀླུ་རྒྱལ་རིགས་དཀར་པོས་དབུ་བརྒྱན། བྲམ་ ཟེ་དམར་པོས་མགུལ་བརྒྱན། རྗེ་རིགས་སེར་པོས་ཕྱག་གདུབ། གདོལ་བ་ནག་པོས་ག་ཤ ། དམངས་རིགས་སེར་ཁྲས་ཞབས་གདུབ་བྱས་པ། ཐོད་སྐམ་ལྔའི་དབུ་བརྒྱན་དང༌། རློན་པ་ ལྔ་བཅུའི་དོ་ཤལ་བྱས་པ། དཔལ་གྱི་ཆས་བརྒྱད་ཡོངས་སུ་རྫོགས་པ། རུ་ཏྲ་ཕོ་མོ་བསྣོལ་བའི་ སྟེང་དུ་གཡོན་བརྐྱང་གི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །རང་གི་ སྙིང་གར་ཧྲཱིཿདེ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་ མེད་པར་ཐིམ། ཡང་འོད་འཕྲོས་དབང་གི་ལྷ་ཐམས་ཅད་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་དབང་བསྐུར། སྐུ་ གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་པས་དབུ་བརྒྱན། སྤྱི་བོར་ༀ་ མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་གི་སྟོད་དུ་ཧྲཱིཿའི་མཐར་སྔགས་ཀྱིས་འཕྲེང་བས་བསྐོར། ཧྲཱིཿཔདྨ་ཏ་ཀྲྀ་ ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་སྙིང་པོ་དང༌། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲ་ཝ་སརྦ་ཤི་ཏ་ 15-1-295 ཀ་ལ་མེ་དཔུང་གཏུབས། ཧ་ཧ་ནན། རྦད་རྦད་གཏུབས། ཤག་ཧ་ཧ་ནན། རྦད་རྦད་གཏུབས། གྲ་ཎ་རཱ་ཛ་ཡ་རྦད། མཱ་ར་ཡ་རྦད། ཅེས་དྲག་སྔགས་དང་སྦྱར་བ་གང་འགྲུབ་བཟླས། ཐུན་འཇོག་ཁར་དགེ་བའི་རྩ་བ་ བྱང་ཆུབ་ཏུ་བསྔོ། གཏོར་མ་འབུལ་བར་འདོད་ན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། འབྲུ་གསུམ་ལས་དམ་ རྫས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ གའི་ཧཱུཾ་ལས་འོད་ཟེར་འཕྲོས། རྟ་མགྲིན་འཁོར་བཅས་སྤྱན་དྲངས། ཧཱུཾ་གཉིས་མེད་རང་བྱུང་ དག་པའི་དཀྱིལ་འཁོར་ནས། །བརྗོད་མེད་ཆོས་དབྱིངས་དོན་གསལ་མ་གཡོས་ཀྱང༌། །དགྲ་ བགེགས་གདུག་པ་འདུལ་བའི་དོན་སླད་དུ། །བརྩེ་བའི་ཐུགས་ཀྱིས་གནས་འདིར་གཤེགས་ སུ་གསོལ། །བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ འཇིག་རྟེན་རྣམ་པར་དག་པའི་དཀྱིལ་འཁོར་ འདིར། །ཉི་ཟླ་པདྨ་བརྩེགས་པའི་ཁྲི་ཡི་སྟེང༌། །རུ་ཏྲ་ཞིང་ཆེན་བསྣོལ་བའི་གདན་སྟེང་དུ། ། རྔམ་བརྗིད་ངར་དང་བཅས་ནས་བཞུགས་སུ་གསོལ། །ས་མ་ཡ་སྟྭཾ། ཨ་ཏི་པུ་ཧོ། ཞེས་བཞུགས་ སུ་གསོལ་ཞིང་ཕྱག་འཚལ། ཧྲཱིཿཔདྨ་ཏ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཨི་དཾ་བ་ལིང་ཏ། ཁ་ཁ། ཁཱ་ཧི་ཁཱ་ ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་མཾ་ས་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མཧཱ་བ་སུ་ཏ་ཁཱ་ཧི། མཧཱ་གོ་རོ་ཙ་ན་ ཁཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ་གདུག་པ་འདུལ་མཛད་ཡེ་ཤེས་ ལྷའི་སྐུ། སྐུ་མདོག་མཐིང་ནག་དབྱར་གྱི་ཆར་སྤྲིན་འདྲ། ཁམས་གསུམ་དབང་དུ་བསྡུད་པའི་ རྟ་སྐད་འཚེར། །ཡེ་ཤེས་རོལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །མཆོད་སྦྱིན་གཏོར་མ་ འདི་བཞེས་ལ། །ཞེས་སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བརྗོད། མ་འབྱོར་པ་དང་སོགས། ༀ་ཁྱོད་ ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། བཛྲ་མུཿ ཞེས་གཤེགས་སུ་གསོལ། སྨོན་ལམ་བཏབ་ ཅིང་བཀྲ་ཤིས་བྱའོ། ། འདིའི་རྗེས་གནང་ནི། མཎྜལ་ནག་པོ་གྲུ་གསུམ་ཚོམ་བུ་དང་བཅས་པའི་སྟེང་དུ། མཉྫི་ལ་གཏོར་མ་དམར་ནག་ནོར་ གཟུགས་མ་ཞིག་འགོད། མཐར་མཆོད་གཏོར་གྱིས་བསྐོར། མཆོད་པ་བྱིན་རླབས་བྱ། བདག་བསྐྱེད་བཟླས་པའི་བར་དུ་སོང་ 15-1-296 ནས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཞེས་པ་ནས། ཐུགས་ཀར་ཧཱུཾ་གི་བར་བདག་བསྐྱེད་བཞིན་ ལ་འདོན་པ་སྤོ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ་གདུག་པ་འདུལ་མཛད་སོགས་ཀྱིས་བསྟོད། བཟླས་པ་ གང་འགྲུབ་བྱ། གཏོར་མ་བསངས་སྦྱངས་ནས། འདོད་འདོན་གསོལ་བཏབ་ཀྱི་བར་གཏོར་ཆོག་གོང་བཞིན་གྱིས་ཕུལ། སློབ་ མའི་མཎྜལ་ཕུལ་ཞིང༌། གུར་ནས་འབྱུང་བའི་ཡན་ལག་བདུན་པ་བྱ། སློབ་དཔོན་དགོངས་སུ་གསོལ། བདག་ མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཡི་དམ་དུ་འཚལ་གྱིས། སློབ་དཔོན་གྱིས་བདག་ ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། སློབ་མའི་སྤྱི་བོར་མེ་ཏོག་བཞག་སྟེ་སྭ་བྷཱ་ཝས་ སྟོང་པར་སྦྱངས་བ་ནས། ཐུགས་ཀར་ཧཱུཾ་གིས་བར་བདག་བསྐྱེད་བཞིན། སློབ་མའི་སྤྱི་བོར་མེ་ཏོག་གཏོར་ལ། བཅོམ་ ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །བཅོམ་ལྡན་འདི་ལ་བྱིན་ གྱིས་རློབས། །རྟ་མགྲིན་འདི་ལ་དབང་བསྐུར་ཅི་ག །དུས་འདི་ནས་ནི་བཟུང་གནས་སུ། །རྟ་ མཆོག་གོ་འཕང་མ་ཐོབ་བར། །རྟག་ཏུ་ཡི་དམ་ལྷ་ཡིན་གྱི། །ཡི་དམ་ལྷ་རུ་མཛད་དུ་གསོལ། ། ཞེས་ལན་གསུམ་བརྗོད་པས། རྟ་མགྲིན་འོད་དུ་ཞུ། སློབ་མ་ལ་ཐིམ་པས། སྐད་ཅིག་གིས་རྟ་མགྲིན་ དུ་གྱུར་པ་ནི། སྐུ་མདོག་ནས། བཞུགས་པའོའི་བར་བརྗོད། ཡེ་ཤེས་པ་བསྟིམ་ལུགས་སྤྱི་དང་འདྲ། རོལ་མོའི་སྒྲ་ དང་བཅས་ཏེ་ཙ་ཀ་ལི་སྤྱི་བོར་བཞག སྐུའི་རྗེས་གནང་ངོ༌། །སྔགས་བྱང་ལག་ཏུ་གཏད་དེ་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་པ་ ནི། གསུང་གི་རྗེས་གནང་ངོ༌། །ཕྱག་མཚན་བསྟིམ་པ་ནི། ཐུགས་ཀྱི་རྗེས་གནང་ངོ༌། །སྙིང་པོ་ལན་གསུམ་བཟླས་པའི་ཕུར་པ་ལག་ ཏུ་གཏད་དེ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་སྐུ་གསུང་ཐུགས་གསུམ་དང༌། སློབ་མ་འདིའི་ལུས་ངག་ ཡིད་གསུམ་ནུས་པ་མཉམ་པར་གྱུར་ཅི་ག །ཅེས་བརྗོད། འཕྲིན་ལས་ཀྱིས་རྗེས་གནང་ངོ༌། །གཏོར་དབང་སྤྱི་དང་ མཐུན་པར་བྱ་སྟེ། ཡོན་ཏན་གྱི་རྗེས་གནང་ངོ༌། །རྗེས་ཀྱི་བྱ་བ་སོགས་ལྷག་མ་སྤྱི་དང་འདྲའོ། །བགེགས་ཀུན༷་འཇོམས་ཤིང་སྒྲུབ་ པོ་ལ། །དག༷འ་བདེའི་དངོས་གྲུབ་སྟེར་བའི་ཕུལ། །རྟ་མགྲིན་ནག་པོ་སྒྲུབ་པའི་ཐབས། །ཟླ་རྒྱལ་དགོངས་དོན་སྙིང༷་པོ༷ར་དྲིལ། ། ཞེས་པའང་དཔལ་རྟ་མགྲིན་ལྕགས་རལ་ཅན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། རྟ་ 15-1-297 མགྲིན་གྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་དགུ་པའོ། །གཅིག་ཞུས། ། ༄༅། །ༀ་སྭཱ་སྟི། ན་མོ་བཛྲ་དྷཱ་རཱ་ཡ། ད་ནི་ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བའི་སྒྲུབས་ཐབས་ཉམས་ སུ་ལེན་བར་འདོད་པས། འདིར་འཆད་པར་འདོད་པའི་སྒྲུབ་ཐབས་རྣམས་ལ་ནན་ཏན་ཏུ་སྒྲུབ་པར་བྱ་སྟེ། གང་ལ་གང་མོས་པ་ དེ་དང་དེ་ཡིས་བྱའོ། །དཔལ་ལྡན་འགྲོ་ཀུན་སྒྲོལ་བའི་མགོན། །བླ་མ་མཆོག་དང་མི་གཡོ་བ། །དབྱེར་མེད་དེ་ལ་གུས་བཏུད་ ནས། །སྒྲུབ་ཐབས་རིམ་པ་རྣམས་བཤད་བྱ། །དང་པོར་མི་གཡོ་སྔོན་པོ་པུས་བཙུགས་བསྒོམ་པར་འདོད་པ་ལ་དེའི་སྒྲུབ་ཐབས་ བཤད་པར་བྱའོ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ལ། ༀ་སྭ་བྷཱ་ཝ་ ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ལུས་འོད་ཀྱི་ཕུང་པོ་རང་གི་སྙིང་གའི་ནང་ དུ་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་སྔོན་པོ་འོད་འབར་བ། དེ་ལས་འོད་ཟེར་འཕྲོས། ལུས་གང་ཞིང་སྡིག་སྒྲིབ་ཐམས་ཅད་སྦྱངས། ཕྱིར་འཕྲོས། སེམས་ཅན་གྱི་དོན་བྱས། སླར་ འདུས་པ་ལས་རང་ཉིད་གཏུམ་པོ་ཆེན་པོའི་སྐུར་གྱུར་པ་ནི། སྐུ་མདོག་ཟར་མའི་མེ་ཏོག་ལྟར་ སྔོ་བའམ། དུས་མཐའི་སྤྲིན་ལྟར་གནག་པ། ཞལ་གཅིག་ཕྱག་གཉིས་གཡས་ཡེ་ཤེས་ཀྱི་ རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་རྡོ་རྗེ་ཞགས་པ་སྡིགས་མཛུབ་ལ་ལན་གཉིས་སུ་ དཀྲིས་ཤིང་ཐུགས་ཀར་གཏོད་པ་ཞབས་གཡོན་གྱི་པུས་མོ་དང༌། གཡས་ཀྱི་མཐིལ་སྣ་ཚོགས་ པདྨ་དང་ཉི་མའི་གདན་ལ་བཞེངས་སྟབས་ཀྱི་ཚུལ་དུ་བཞུགས་པ། དམར་ལ་ཟླུམ་པའི་སྤྱན་ གསུམ་གྱི་གཡས་པ་སྟེང་དུ་གཟིགས་པ། ལྷའི་བུའི་བདུད་ཚར་གཅོད་ཅིང༌། གཡོན་པ་འོག་ ཏུ་གཟིགས་པས་ལྷ་མིན་དང་ཀླུའི་གདོན་འདུལ་བ་དང༌། དབུས་ཐད་ཀར་གཟིགས་པས་ས་ སྟེང་གི་བགེགས་ཐམས་ཅད་འཇོམས་པ། ཆེར་འཁྲུགས་ཤིང་ཁྲོས་པས་ཁྲོ་གཉེར་བསྡུས་ ཤིང༌། ཡ་སོས་མ་མཆུ་མནན་པས་མཆེ་བ་རྣམ་པར་གཙིགས་པ། དབུ་སྐྲ་སེར་པོ་ཐོར་ཚུགས་ སུ་བཅིངས་ཤིང་ཟུར་ཕུད་ལྔ་དང་ལྡན་པ། སངས་རྒྱས་མི་བསྐྱོད་པས་དབུ་ལ་བརྒྱན་པ་དར་ སྣ་ཚོགས་པའི་ཤམ་ཐབས་དང༌། རིན་པོ་ཆེའི་རྒྱན་དང༌། སྦྲུལ་དཀར་པོ་སེ་རལ་ཁར་བྱས་པ། 15-1-298 ཤིན་ཏུ་འཇིགས་པའི་སྐུ་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །འདི་ལ་དབུ་སྐྲ་ ནག་པོ་བྱས་ཀྱང་རུང་ཞིང༌། བྱེ་བྲག་ཏུ་ཀླུའི་གདོན་འདུལ་བར་འདོད་ན། པུས་མོ་གཡས་བཙུགས་སྟག་ལྤགས་ཀྱི་ ཤམ་ཐབས་ཅན། ཐོད་སྐམ་གྱི་དབུ་རྒྱན་དང༌། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་བྱེད་ཅེས་གསུང༌། དེ་ནས་རང་གི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ ཀར་ཏིང་ངེ་འཛིན་སེམས་དཔའ་པད་ཉི་ལ་གནས་པའི་ཧཱུཾ་ནས་འབྲུ་ཙམ། སྤྲོ་ན་གནས་གསུམ་བྱིན་ རླབས་དང༌། ཡེ་ཤེས་སེམས་དཔའ་སྤྱན་འདྲེན་པ་དང༌། དབང་བསྐུར་རྒྱས་བཏབ་རྣམས་ཀྱང་བྱ་ལ། བསྡུ་ན་ལྷའི་རྣལ་འབྱོར་ གྱི་བྱ་བ་ནི། དེ་ཉིད་ཀྱིས་འགྲུབ་པ་ཡིན་ནོ། །ཏིང་ངེ་འཛིན་སེམས་དཔའི་མཐར་སྔགས་ཀྱིས་བསྐོར་བ། དེའི་འོད་ཀྱིས་བདག་གི་སྡིག་སྒྲིབ་སྦྱངས། གདོན་བགེགས་ཐམས་ཅད་ཚར་བཅད། སངས་ རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ། བྱིན་རླབས་འོད་ཟེར་གྱི་རྣམ་པས་བདག་ལ་ཐིམ། ༀ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་ཇི་སྲིད་མི་སྐྱོའི་བར་དུ་བཟླའོ། །འབུམ་ཕྲག་བརྒྱད་ཅུ་བཟླས་པས་ལས་ཐམས་ཅད་ འགྲུབ་པར་འགྱུར་ཞིང༌། བྱང་ཆུབ་སྒྲུབ་པ་ལ་ནི་ཚད་མེད་དོ། །རྗེས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོའོ། །གཏོར་མ་དཀར་གཏོར་ ལེགས་པར་བཤམས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་ སྣོད། དེའི་ནང་དུ་ཨ་ལས་ལྷའི་བདུད་རྩིས་གང་བ། དེའི་དབུས་སུ་ཧཱུཾ་ཡེ་ཤེས་ཀྱི་བདུད་རྩིའི་ རང་བཞིན་དུ་གྱུར། ༀ་ཨཱཿཧཱུཾ་ཞེས་བརྗོད་པས་བྱིན་གྱིས་བརླབས། སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས་རང་ བཞིན་གྱི་གནས་ནས། བཅོམ་ལྡན་འདས་མི་གཡོ་བ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ ཚོགས་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། སྙིང་པོའི་མཐར། ཨཱ ཪྻ་ཨ་ཙ་ལ་ ས་པ་རི་ཝཱ་ར་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་བདུན་གྱིས་ཕུལ། བཛྲ་པུཥྤེ་ནས་ ནཻ་ཝི་ཏེའི་བར་གྱིས་མཆོད། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ཀྱང༌། །སྤྲུལ་པའི་གཟུགས་ ཀྱི་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོ་འགྲོ་བ་ཀུན་སྒྲོལ་ཞིང༌། །སྲིད་པ་ གསུམ་ན་དགྱེས་པའི་གར་མཛད་པ། །སྲིད་པའི་ཆུ་བོ་སྐེམས་ཤིང་བདུད་རྣམས་འཇོམས། ། 15-1-299 སྲིད་པའི་རླུང་གིས་མི་གཡོ་ཐུགས་རྗེའི་མགོན། །རབ་བརྗིད་མི་གཡོ་མགོན་ལ་ཕྱག་འཚལ་ བསྟོད། །བཅོམ་ལྡན་འདས་མི་གཡོ་བ་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཡི་གེ་བརྒྱ་བས་ ལྷག་ཆད་ཁ་བསྐང༌། མ་འབྱོར་བ་དང་སོགས་ཀྱིས་བཟོད་པར་གསོལ། ༀ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་ མཛད། །སོགས་ཀྱིས་མཐར། བཛྲ་མུཿ གཤེགས་སུ་གསོལ། འདིའི་རྗེས་གནང་ནི། མཎྜལ་སྣ་ཚོགས་པདྨ་འདབ་མ་ བརྒྱད་པའི་ལྟེ་བར་ཉི་མ་ལ་ཚོམ་བུ་སྔོན་པོ་ཞིག་བཀོད། མ་འགྲུབ་ན་མཎྜལ་ལ་འབྲུའི་ཚོམ་བུ་བཀོད་ཀྱང་རུང༌། དཀར་གཏོར་ཆ་ གཉིས་དང༌། མཆོད་པ་སྤྱི་དང་མཐུན་པར་བཤམ། བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། མདུན་བསྐྱེད་ཀྱང་ སྟོང་པར་སྦྱངས་བ་ནས་བརྩམས་ཏེ། བཟླས་པའི་བར་དུ་བྱས་ནས། གཏོར་མ་བྱིན་གྱིས་བརླབས་ཏེ་འབུལ་བ་ནས། འདོད་དོན་ གསོལ་བཏབ་ཀྱི་བར་དུ་བྱས། དཀར་གཏོར་གཉིས་ཕྱོགས་སྐྱོང་དང་གཞི་བདག་ལ་བསྔོ། རྗེས་གནང་དངོས་ནི། ཁྲུས་བྱ་ཆོས་ བཤད་མཎྜལ་འབུལ། །དུས་གསུམ་ཞེས་སོགས་གསོལ་བ་བཏབ། །གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། །དངོས་གཞི་ རྗེས་གནང་གཞི་འགོད་དང༌། །ལུང་གསུམ་སྦྱིན་པ་དེ་རྗེས་སུ། །ཕྱག་མཚན་བསྟིམ་པར་མཛད་པ་ཡིན། །དམ་ཚིག་ཁས་བླངས་ མཎྜལ་དང༌། །དེང་ནས་ཞེས་སོགས་ཡོན་འབུལ་ལོ། །རྗེས་ཆོག་མཆོད་པ་ཁ་གསོས་ནས། །མཆོད་བསྟོད་དངོས་གྲུབ་བླང་ བ་དང༌། །ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ་དང༌། །སྨོན་ལམ་གདབ་ཅིང་བཀྲ་ཤིས་བྱ། །ཞེས་པའི་སྡོམ་ཚིག་བློ་ལ་ངེས་ པར་བྱ་སྟེ། ཕྱག་མཚན་བསྟིམ་པ་ཙམ་མ་གཏོགས་ལག་ལེན་སྒྲུབ་ཐབས་བརྒྱ་རྩ་བཞིན་ཡིན་ནོ། །འདིའི་ཁྱད་པར་གྱི་བྱིན་རླབས་ ཆུ་སྲུང་བྱེད་ཐབས་ནི། ཐོ་རངས་སྐར་ཁོངས་གཉིས་གསུམ་ཙམ་ལ་བུམ་པ་གཙང་མར་ཆུའི་གཏིང་ནས་ཆུ་བླངས་ཏེ་ནམ་མཁའ་ མ་མཐོང་བར་བྱ། སྔར་གྱི་རྗེས་གནང་དང་འབྲེལ་བར་བྱེད་ན། ཤིན་ཏུ་ལེགས། ཐོག་མཐའ་གང་དུ་བྱས་ཀྱང་ཆོག ལོགས་སུ་ བྱེད་ན་མཎྜལ་ཕུལ། དུས་གསུམ་སངས་རྒྱས་སོགས་ཀྱིས་གསོལ་བ་བཏབ། བླ་མའི་ལག་པ་གཡས་ཀྱིས་བུམ་པའི་ཁ་ བཅད། ན་མཿཙཎྜ་མཧཱ་རོ་ཥ་ཎཱ་ཡ། ༀ་ཙཎྜ་མཧཱ་རོ་ཥ་ཎ། ཀྵཾ་ཏྲཾ། ཏྲཱ་ས་ཡ། ཏྲཱ་ས་ཡ། སཾ་ཏྲཱ་ཡ་སཾ་ ཏྲཱ་ཡ། ཧཱུཾ་ཧཱུཾ་ཧཱུཾ༌། ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་བརྒྱ་རྩ་བཟླའོ། །བླ་མ་མི་གཡོ་བར་སྒོམ་དུ་གཞུག སློབ་མས་མེ་ཏོག་ བཟུང་ལ། ཐལ་མོ་སྦྱར། སྔགས་དེའི་རྗེས་ཟློས་ལན་གསུམ་བྱ། བླ་མས་ལན་བདུན་བཟླས་ལ། སློབ་མའི་ལག་པ་གཡས་པར་ 15-1-300 བླུག་ལ་འཐུང་དུ་གཞུག རྗེས་ཟློས་དང་འཐུང་ཐེངས་ལན་གསུམ་བྱས་ལ། བཅོམ་ལྡན་བདག་གིས་བཟུང་ལགས་ ཀྱི་ནས། འཇུག་པར་གྱུར་ཅིག་གི་བར་བྱིན་གྱིས་བརླབས་པའི་ལུང་སྤྱི་དང་མཐུན་པར་བྱས་ནས་གཏང་རག་གི་ཡོན་ འབུལ་བ་སོགས་བྱའོ། །དེ་ཐོབ་ནས་རང་གིས་ཆུ་སྲུང་ཉམས་སུ་ལེན་ན། ཆུ་ལ་སྔགས་བརྒྱ་རྩ་བཟླས། དེ་ཁྲུས་བྱ། ལག་པ་ གཡས་པར་ཆུ་བླུག་ལ་གཡོན་པས་དེའི་རྒྱབ་ནས་མཉེ། སྔགས་ལན་གསུམ་བཟླས་ནས་འཐུང༌། དེ་འདྲ་ལན་གསུམ་བྱའོ། །ཀུན༷་ ནས་ཟབ་ཅིང་རྙེད་དཀའ་བ། །རབ་དག༷འ་ཁྲོ་བོ་གཏུམ་པོ་ཡི། །སྒྲུབ་ཐབས་སྙིང༷་པོ༷་བསྡུས་པ་འདི། །བདུད་བཞིའི་གཡུལ་ལས་ རྒྱལ་ཕྱིར་ཡིན། །ཅེས་པ་ནི་རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས་ནང་གི་བར་ཆད་སེལ་བ་མི་གཡོ་བ་སྔོན་པོ་ཕྱག་གཉིས་པ་ པུས་བཙུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱལ་འཕེལ། ། ༄༅། །ཨ་ཏིའི་ལུགས་ཀྱི་གཏུམ་པོའི་སྒྲུབ་ཐབས་སོ། ། ན་མོ་གུ་རུ། མཐའ་དག་འགྲོ་བ་སྒྲོལ་བའི་སླད། །མི་གཡོ་མགོན་ལ་རབ་བཏུད་ནས། །གཏུམ་པོའི་སྒྲུབ་ཐབས་བླ་ མེད་པ། །མདོ་ཙམ་བདག་གིས་བྲི་བར་བྱ། །མི་གཡོ་སྔོན་པོ་བཀའ་གདམས་ལུགས་བསྒོམ་པར་འདོད་པས། རང་གི་སྙིང་ གའི་ཧཱུཾ་ལས་འོད་འཕྲོས། ལུས་ཐམས་ཅད་གསལ་ཞིང་དག་པར་བྱས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ ཛ་བཛྲ་སྭ་བྷཱ་ཝ་ཨཏྨཱ་ཀོ྅ཧཾ། འོད་ཟེར་དེས་སངས་རྒྱས་ཐམས་ཅད་སྤྱན་དྲངས། པུཥྤེ་སོགས་ ཀྱིས་མཆོད། ༀ་སརྦ་བི་ཤྭ་པཱུ་ཛ་མེ་གྷ་ས་མུ་དྲ་ཨཱཿཧཱུཾ་སྭཱཧཱ། རྡོ་རྗེ་གུར་རམ་བཟང་སྤྱོད་ནས་འབྱུང་བ་ལྟར་ཡན་ ལག་བདུན་པ་དང༌། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་བསྒོམ། སྭ་བྷཱ་ཝ་དང༌། ཤཱུ་ནྱ་ཏས་སྟོང་བར་སྦྱངས། སྟོང་པའི་ངང་ལས་པཾ་རཾ་ལས་པད་ཉིའི་གདན་ལ་རང་སེམས་ཧཱུཾ་ལས་རྡོ་རྗེའི་ལྟེ་བར་ཉི་མ་ལ་ ཧཱུཾ་གིས་མཚན་པ། ༀ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨཱ་ཀོ྅ཧཾ། དེ་ལས་རང་ཉིད་ ཁྲོ་བོ་རྒྱལ་པོ་མི་གཡོ་བ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་དམར་ལ་ཟླུམ་པའི་ སྤྱན་གཉིས་སྟེང་འོག་ཏུ་ཡོན་པོར་གཟིགས་པ། ཕྱག་གཡས་ཡེ་ཤེས་ཀྱི་རལ་གྲི་མེ་འབར་ 15-1-301 བ་ནམ་མཁར་འཕྱར་བ། གཡོན་རྡོ་རྗེ་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་ གཏོད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཚོགས་བདག་གླང་སྣ་དང་དབང་ཕྱུག་ ཆེན་པོ་ལ་སོགས་པའི་གདོན་བགེགས་ཐམས་ཅད་བརྫེས་པ། སྨ་ར་དང་སྨིན་མ་དང་དབུ་ སྐྲ་དམར་སེར་གྱེན་དུ་བརྫེས་པ། ཡ་སོས་མ་མཆུ་མནན་ཅིང༌། མཆེ་བ་རྣོན་པོ་གཙིགས་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། སྤྲུལ་པའི་ཁྲོ་བོ་ནམ་ མཁའ་གང་བ་འཕྲོ་བ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཐུགས་ཀར་རཾ་ལས་ ཉི་མ་ལ་ཧཱུཾ་འོད་འབར་བ། དེའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། སྤྲོ་ན་གོང་ལྟར་མཆོད། ཛཿཧཱུཾ་བཾ་ ཧོཿ ཡང་འོད་ཀྱིས་དབང་ལྷ་སྤྱན་དྲངས། ༀ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་ བཏབ་པས། དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་ དབུ་བརྒྱན། གནས་གསུམ་བྱིན་གྱིས་བརླབས། སྙིང་གའི་ས་བོན་གྱི་མཐར་ཡི་གེ་བཅུ་པས་བསྐོར་ བར་བསྒོམས་ལ། ཕོ་ཉ་སྤྲོ་བ་དང་མེ་སྦར་བའི་དམིགས་པ་དང་བཅས་ཏེ། ༀ་ཙཎྜ་མཧཱ་རོ་ཥ་ ཎ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླའོ། །འཇུག་ཏུ་མི་དམིགས་བསྡུས་ལ། ཡིག་བརྒྱ་བཟླ། དགེ་བའི་རྩ་བ་བྱང་ཆུབ་དུ་བསྔོ། ༀ་ ཨཱཿཧཱུཾ་མུཿ ཞེས་ཡེ་ཤེས་པ་གཤེགས། གཏོར་མ་འབུལ་བར་འདོད་ན། དཀར་གཏོར་སྣོད་ཆུ་གཙང་གིས་བཀང་བ་བཤམས་ ལ། ༀ་ཨཱཿབིགྷྣན་ཏ་ཀྲྀ་ཏ་ཧཱུཾ་གིས་བསངས། ༀ་གྱི་སྒྲ་དང་འོད་ཀྱིས་གཏོར་མ་སྣོད་དང་བཅས་པ་ སྟོང་བར་སྦྱངས། ཨཱཿརིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བ་བདུད་རྩི་དཀར་པོས་གང་བ། ཧཱུཾ་ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་བཀུག་སྟེ་ཐིམ་པས། གཏོར་མ་བདུད་རྩིའི་རྒྱ་མཚོ་ ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡི་དམ་སངས་རྒྱས་ བྱང་སེམས་བླ་མ་ཆོས་སྐྱོང་སེམས་ཅན་ཐམས་ཅད་ཁྲོ་བོ་མི་གཡོ་བའི་རྣམ་པར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། སྙིང་པོར་མཐར་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ཞེས་པ་ལན་བདུན་གྱིས་ཡི་དམ་དང༌། ཨ་ཀཱ་ རོ་ལན་བདུན་གྱིས་གཞན་རྣམས་ལ་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཆོས་དབྱིངས་རང་བཞིན་ཨིནྡྲ་ 15-1-302 ནཱི་ལའི་མདོ་ག །ཞལ་གཅིག་ཕྱག་གཉིས་ཞབས་ཟུང་བརྗིད་པའི་སྐུ། །ཡེ་ཤེས་རལ་གྲི་རྡོ་རྗེ་ ཞགས་པ་བསྣམས། ཁྲོ་རྒྱལ་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད། འདོད་པའི་དོན་ལ་ གསོལ་བ་བཏབ་ལ། ༀ་མུཿཞེས་པས་གཤེགས་སུ་གསོལ། ཐུན་མཚམས་སུ་ཡང་ལྷའི་སྣང་བ་དང་མ་བྲལ་བར་བྱའོ། ། འདིའི་རྗེས་གནང་ནི། ཐུན་མོང་བ་བཀའ་གདམས་ལྷ་བཞི་གཞན་རྣམས་ཀྱི་བཟླས་ལུང་འབོགས་ཚུལ་དེ་ཉིད་འདོད་པ་ སྤོས་པས་ཆོག་པ་ཡིན་ཞིང༌། ཁྱད་པར་ཅན་ནི། མཎྜལ་གྲུ་བཞི། གྲུ་བཅད་སྔོན་པོ་ལ་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་ པ་དང་བཅས་པ། ལྟེ་བ་ཉི་གདན་ལ་ཚོམ་བུ་སྔོན་པོ། མེ་ཏོག་སྔོན་པོ་སིལ་མར་དགྲམ། མཆོད་གཏོར་རྒྱ་ཆེར་བཤམས། བདག་ བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། བདག་བསྐྱེད་ཀྱི་འདོད་པ་སྤོས་ལ་མདུན་བསྐྱེད་བསྒོམ། མཆོད་པ་ཅི་ནུས་བྱ། གཞི་བདག་གཏོར་མ་དང་བགེགས་གཏོར་བཏང༌། སློབ་མས་མཎྜལ་ཕུལ། བཟང་སྤྱོད་ཀྱི་ཡན་ལག་བདུན་ པ་ཚར་གསུམ་བྱ། སྐྱབས་འགྲོ་སེམས་བསྐྱེད་རྒྱས་པ་འབོགས་པའམ། བསྡུ་ན། སངས་རྒྱས་ཆོས་དང་མ་བྱ། བདག་ བསྐྱེད་ལྟར་མངོན་རྟོགས་ཕོག ལྷ་སྐུ་སྣང་སྟོང་ལ་མཉམ་པར་འཇོག་ཏུ་འཇུག སྔགས་ཀྱི་བཟླས་ལུང་ཕོག སློབ་དཔོན་གྱི་བགྲང་ འཕྲེང་མགོ་ཐོག་ཏུ་བཞག་ལ། སྙིང་པོ་བརྒྱ་རྩ་བརྒྱད་བཟླ། མན་ངག་ལྟར་མི་དམིགས་ཀྱི་སྤྲོ་བསྡུའི་དམིགས་པ་ཕོག ཆོས་ཐམས་ ཅད་སྒྱུ་མ་ལྟར་སྒོམ་དུ་བཅུག ༀ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཞེས་བརྗོད། མི་དམིགས་པར་བཞག་ལ་ཕཊ་ཅེས་བརྗོད་དུ་བཅུག འདིར་རྗེས་ཀྱི་བྱ་བ་སྤྱི་དང་འདྲ་བ་ལས། མཆོད་པ་གསར་བ་རྒྱ་ཆེར་བཤམས་ནས་བྱིན་གྱིས་བརླབས། དཔོན་སློབ་ལྷན་ཅིག་ ཏུ་འབུལ། ཡན་ལག་བདུན་པ་ལན་གསུམ་ཡང་བྱ། དཀར་གསུམ་གྱི་ཙ་རུའི་སྟོན་མོ་བྱའོ། ཁྲོ་རྒྱལ་ཀུན༷་འདུས་རབ་དག༷འི་ཏོག ། བདུད་སྡེའི་སྙིང༷་ལ་འཇིགས་སྐྱེད་པ། །ཟབ་མོའི་སྒྲུབ་ཐབས་གསོང་པོ༷ར་སྨྲས། །དགེ་དེས་གཏུམ་པོའི་གནས་ཐོབ་ཤོག །ཨ་ཏི་ ཤའི་ཞལ་གྱི་གདམས་པ་ཁྲོ་བོ་གཏུམ་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།ཞུས་དག དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། དཔལ་ལྡན་རྡོ་རྗེ་གཏུམ་པོ་ནི། །བློ་འཕེལ་དཀར་པོའི་ཚུལ་འཛིན་པ། དེ་ལ་བཏུད་ནས་དེ་སྒྲུབ་ ཐབས། །མདོར་བསྡུས་ཙམ་ཞིག་བྲི་བར་བྱ། །བཅོམ་ལྡན་འདས་གཏུམ་པོ་དཀར་པོའི་སྒྲུབ་པ་ལ། འཇུག་པ་དང་སྦྱོར་བ་གཉིས་ ལས། དང་པོ་ནི། སྒྲུབ་པ་པོས་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། འགྲོ་རྣམས་བསྒྲལ་འདོད་སོགས་སྐྱབས་ སེམས་ལན་གསུམ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ། ཨ་ལས་ཟླ་ 15-1-303 བ་རཾ་ལས་ཉི་མ་རྣམས་བརྩེགས་པའི་སྟེང་དུ། རང་གི་རྣམ་ཤེས་ཧཱུཾ་དཀར་པོ་ལས་འོད་འཕྲོས། མི་ཤེས་པའི་མུན་པ་བསལ། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་བསྡུས། སླར་ འདུས་པ་ལས་རང་ཉིད་གཏུམ་པོ་དཀར་པོ་སྐུ་མདོག་གངས་ལ་ཉི་མ་ཤར་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་པ། ཞབས་གཡོན་པའི་པུས་མོའི་ལྷ་ང་དང༌། གཡས་པའི་མཐིལ་ ཉི་མའི་གདན་ལ་བརྟེན་པ། ཕྱག་གཡས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་རལ་གྲི་འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་དེ། རྡོ་རྗེ་ཞགས་པ་ལན་གཉིས་སུ་དཀྲིས་པའི་སྣེ་ གཉིས་ཕྲག་གོང་དུ་ལྡིང་བ། དམར་ལ་ཟླུམ་པའི་སྤྱན་གསུམ་སྟེང་འོག་བར་དུ་གཟིགས་ཤིང་ བགྲད་པ། མཆེ་བ་མ་མཆུའི་སྟེང་དུ་གཙིགས་པ། དབུ་སྐྲ་སྨ་ར་སྨིན་མ་དམར་སེར་གྱེན་དུ་ འབར་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པ། སྦྲུལ་གྱི་སྐེ་རགས་བཅིངས་པ། དར་ གྱི་ཤམ་ཐབས་ཀྱིས་སྐུ་སྨད་མཛེས་པར་བྱས་ཤིང༌། སྤྱི་བོར་མི་བསྐྱོད་པ་དཀར་པོ་བཞུགས་ པའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མདུན་དུ་གྲུ་གང་ཙམ་ལ་པད་ཉིའི་ སྟེང་དུ་རང་འདྲ་བའི་བཅོམ་ལྡན་འདས་བསྐྱེད། སྤྲོ་ན་གཉིས་ཀ་ལ་ཡེ་ཤེས་དགུག་གཞུག་དབང་བསྐུར་རྒྱས་ བཏབ་ཀྱང་བྱའོ། ། གཉིས་པ་ནི། སྙིང་གར་ཉི་དཀྱིལ་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བཅུ་པ། ལྟེ་བ་མུ་ཁྱུད་ དང་བཅས་པ་གཡས་བསྐོར་དུ་འཁོར་བ། དེའི་ལྟེ་བར་ཧཱུཾ། རྩིབས་བཅུ་ལ། ༀ་ཙཎྜ་མཧཱ་རོ་ ཥ་ཎ་ཧཱུཾ་ཕཊ་བསམས་ཏེ། སྲོག་རྩོལ་ནས་གྲངས་བསྙེན་པ་ཅི་རིགས་བྱའོ། །ཕྱི་བཟླས་སོ། །ནང་བཟླས་ནི། བདག་གི་ སྙིང་གར་ཧཱུཾ་ཡི་གེ་བཅུ་པོ་ཞལ་ནས་ཐོན་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས། ཐུགས་ཀར་འཁོར་ ལོ་བཞིན་དུ་བསམ། སླར་མདུན་གྱི་ལྷའི་ལྟེ་བ་ནས་ཐོན། བདག་གི་ལྟེ་བར་ཞུགས། སྙིང་ གའི་འཁོར་ལོ་ལ་ཐིམ་པར་བསམས། སྲོག་རྩོལ་བསྡམས་ལ་བཟླའོ། །ༀ་ཨཱཪྻ་ཨ་ཙ་ལ་ཨརྒྷཾ་སོགས་ ཀྱིས་མཆོད། བསྟོད་པ་ནི། རབ་མཛེས་གངས་ཀྱི་བུ་མོ་ཉི་གཞོན་གྱིས། །འཁྱུད་པའི་སྐུ་བརྙན་འཛུམ་ 15-1-304 ཁྲོ་བརྗིད་པའི་གར། །པདྨ་གཞོན་ནུ་ཉིན་བྱེད་ལྟ་བུའི་སྟེང༌། ཁྱོད་ཞབས་པུས་བཙུགས་ལྕིད་ ཀྱིས་འགྱིང་ཞིང་བརྫིས། །རབ་ཟླུམ་སྤྱན་གསུམ་སྟེང་འོག་བར་གཡོ་ཞིང༌། །མཆེ་གཙིགས་མ་ མཆུའི་སྟེང་ན་རྗེས་རྩེན་པ། །རལ་གྲིས་འདེབས་ཤིང་ཞགས་པས་འཆིང་བའི་ཚུལ། །བདུད་ བཞིའི་དགྲ་དཔུང་མ་ལུས་འཇོམས་པར་མཛད། །རབ་བཀྲའི་སྟག་ལྤགས་དར་གྱིས་དཀྲིས་ པའི་གོས། །སྨད་གཡོགས་སྦྲུལ་ལྗང་སྐེད་ཆིངས་བརྟེན་པའི་ཚུལ། །རང་འོད་ལས་བྱུང་མེ་ འོད་འཁྱིལ་བའི་ཀློང༌། །གཡས་བསྐུམ་ཞབས་མཐིལ་འཁོར་ལོས་མནན་པའི་སྟབས། །རབ་ གུས་ལུས་ཀྱི་བ་སྤུའི་བླ་གོས་གཡོ། །ངག་ཚིག་སྨྲ་བའི་སྙན་ངག་དབྱངས་སུ་འཚེར། །ཡིད་ གཉིས་མ་མཆིས་སྙིང་ནས་སྐྱབས་མཆིས་པས། །དེང་ནས་བྱང་ཆུབ་བར་དུ་བརྩེ་བས་སྐྱོངས༌། ། རབ་བརྗིད་ཡིད་འཕྲོག་ལྷ་ཁྱོད་བདག་བསྒྲུབ་ན། །སྟོང་ཉིད་བློ་དང་རྗེས་འབྲེལ་སྙིང་རྗེ་ དང༌། །འཆད་རྩོད་རྩོམ་པའི་སྤོབས་པ་དགེ་བ་ཅན། ཁྱེད་ཀྱིས་མཐུ་ལས་གེགས་མེད་མངོན་ གྱུར་ཤོག །མདུན་གྱི་ལྷ་རྟེན་ནམ་རང་གི་སྙིང་གར་ཐིམ། དགེ་བ་བསྔོ། གཏོར་ཆོག་ནི་མི་གཡོ་བ་སྔོན་པོ་པུས་བཙུགས་ཀྱི་ སྐབས་དང་འདྲའོ། ། འདིའི་རྗེས་གནང་བྱེད་པར་འདོད་པས། ཐུན་མོང་བ་ནི་རྗེས་གནང་སྤྱི་དང་འདྲ་བ་ལས། གསུང་ལ་སྔགས་འཁོར་བསྟིམས་ པ་དང༌། ཐུགས་ལ་ཕྱག་མཚན་དཀར་པོ་བསྟིམ་པ་ཉིད་ཡིན་ཅིང༌། ཐུན་མོང་མ་ཡིན་པ་ཟབ་མོའི་ལུགས་ནི། མཎྜལ་པདྨ་འདབ་ བརྒྱད་དཀར་པོ་ཞིག་བྲི། དེའི་དབུས་སུ་ལུགས་སྐུའམ། ཙ་ཀ་ལི་བཞུགས་སུ་བཅུག གཡས་སུ་མེ་ཏོག་དཀར་པོ། གཡོན་དུ་དྲི་ བཟང་གི་ཆུ་སྣོད་བཞག མཐའ་མཆོད་གཏོར་གཙང་མས་བསྐོར། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། ཚད་མེད་ བཞི་ནས། སྙིང་གར་ཐིམ་གྱི་བར་བདག་བསྐྱེད་གོང་བཞིན། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ སྐུ་གཟུགས། མེ་ཏོག་དྲི་བཟང་གསུམ་ཀའི་གནས་སུ་པཾ་གསུམ་ལས། པདྨ་དཀར་པོ་གསུམ་ ཨ་གསུམ་ལས་ཟླ་བ་གསུམ། རཾ་གསུམ་ལས་ཉི་མ་གསུམ་རྣམས་སོ་སོར་བརྩེགས་པའི་སྟེང་ དུ་ཧཱུཾ་དཀར་པོ་རེ་རེ། དེ་རྣམས་ཡོངས་སུ་གྱུར་པ་ལས་སྐུ་ཡོངས་སུ་རྫོགས་པ་གསུམ་དུ་གྱུར་ 15-1-305 པ་ནི། གཏུམ་པོ་དཀར་པོ་ཞེས་པ་ནས། ཐུགས་ཀར་ཧཱུཾ་གི་བར་གོང་བཞིན། རང་གི་སྙིང་ག་ནས་འོད་ ཟེར་འཕྲོས། སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཡེ་ཤེས་སེམས་དཔའི་རྣམ་པར་བཛྲ་ ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱིས། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་ བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། རྟེན་གསུམ་ པོ་ལ་དམིགས་ནས་སྔགས་བརྒྱ་རྩ་རེ་རེ་བཟླའོ། །མེ་ཏོག་དང་དྲི་བཟང་གི་གནས་སུ་བཞུགས་པའི་མི་གཡོ་ བ་འོད་དུ་ཞུ་སྟེ། ཤེས་རབ་སྤེལ་བའི་རྫས་ཁྱད་པར་ཅན་དུ་གྱུར། ༀ་ཨཱཿཧཱུཾ། ལན་མང་དུ་བརྗོད། གསུམ་ཀ་ལ་དམིགས་ནས་ཡི་གེ་བརྒྱ་པ་ཚར་རེས་བརྟན་པར་བྱ། བར་འདིར་གཏོར་མ་འབུལ། བདག་བསྐྱེད་ལྟར་མཆོད་བསྟོད་ བྱ། སློབ་མས་མཎྜལ་ཕུལ། རྡོ་རྗེ་འཛིན་པ་སོགས་ཀྱིས་གསོལ་བཏབ་དང༌། རྒྱུན་བཤགས་སྤྱི་དང་མཐུན། སྐུའི་རྗེས་གནང་ སྤྱི་དང་མཐུན་པར་གྲུབ་པའི་རྗེས་སུ་སྐུ་གཟུགས་སྤྱི་བོར་བཞག་པའི་རྗེས་སུ་སྙིང་པོ་བརྒྱ་རྩ་བཟླ། མདུན་བསྐྱེད་ཡེ་ཤེས་ པའི་ཚུལ་དུ་ཐིམ་པར་མོས། བཟླས་ལུང་སྤྱི་དང་མཐུན་པར་བྱིན་པ་ལས། སློབ་དཔོན་གྱི་འཕྲེང་བ་སློབ་མའི་མགུལ་ དང་ལག་ཏུ་གཏོད་པ་ཕྱག་ལེན་ཡིན། དམ་བཅའ་བའི་ལུང་དང་བྱིན་གྱིས་བརླབས་པའི་ལུང་མི་དགོས། དེ་ནས་མེ་ཏོག་དཀར་པོ་ སྤྱི་བོར་བཞག་ནས་སྙིང་པོ་བརྒྱ་རྩ་བཟླ། སློབ་དཔོན་གྱི་མཐེབ་སྲིན་གྱིས་དྲི་བཟང་གི་ཆུ་དེ་སློབ་མའི་སྤྱི་བོ་ནས་བརྩམས་ཏེ་ལུས་ ཐམས་ཅད་ལ་ཅུང་ཟད་འཐོར་བཞིན་དུ་སྙིང་པོ་བརྒྱ་རྩ་བཟླས་པའི་མཐར་དྲི་བཟང་གི་ཆུ་མ་ལུས་པར་འཐུང་དུ་གཞུག བདུད་ རྩི་བདེ་བ་ཆེན་པོས་ལུས་ཐམས་ཅད་ལ་ཁྱབ་པ་ལ་ཤེས་པ་གཏད་ནས་མཉམ་པར་འཇོག འདི་ཐུགས་ཀྱི་རྗེས་གནང་ཡིན། རྗེས་ཀྱི་བྱ་བ་སྤྱི་དང་འདྲ། །བདུན་ཀུན༷་འཇོམས་པའི་ལྷ་མཆོག་ནི། །དག༷འ་བ་རྒྱས་བྱེད་ལྷག་ པའི་ལྷ། ཁྱོད་ཉིད་བརྟེན་པའི་མཁས་མཆོག་རྣམས། །སྙིང༷་པོ༷འི་དོན་ལ་ཤིན་ཏུ་མཁས། །མི་གཡོ་བ་དཀར་པོའི་སྒྲུབ་ཐབས་ཀྱི་ལེ་ ཚན་ནོ།། །། 15-1-306 ༄༅། །མི་གཡོ་ཕྱག་བཞི་པའི་སྒྲུབ་ཐབས་སོ། ། ན་མོ་གུ་རུ། འཇིག་རྟེན་གསུམ་རྒྱལ་དཔའ་བོ་ནི། །གར་དགུའི་ཉམས་ཀྱི་བཞད་ཅིང་རོལ། །སྲིད་ཞིའི་རླུང་གིས་ མ་གཡོས་པ། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །འདིར་མི་གཡོ་བ་ཕྱག་བཞི་པའི་མངོན་རྟོགས་བསྒོམ་པར་འདོད་པས། སྐྱབས་འགྲོ་དང་ཚད་མེད་བཞི་སེམས་བསྐྱེད་རྣམས་བསྒོམས་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང༌། རཾ་ལས་ཉི་མ་ལ་གནས་པའི་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ། དེ་ལས་ འོད་འཕྲོས། རྡོ་རྗེའི་ས་གཞིར་གྱུར། ཕྱི་རོལ་རལ་གྲིའི་རྭ་བ་མེ་དཔུང་འབར་བ་དང་བཅས་ པའི་བསྲུང་འཁོར། དེའི་ནང་དུ་པད་ཉི་དང་བདུད་བཞི་མཉམ་པར་འགྱེལ་བའི་གདན་ལ་ཧཱུཾ་ ལས་རལ་གྲི་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། གདུག་པ་ཅན་རྣམས་བཏུལ། སླར་འདུས་ པ་ལས་བདག་ཉིད་རྗེ་བཙུན་མ་མི་གཡོ་བ་མཐིང་ཁ་ཞལ་བཞི་ཀར་ནག་པ། ཞབས་བཞི་ བརྐྱང་བསྐུམ་སྣ་ཚོགས་པས་བདུད་བཞི་མནན་པའམ། གཡས་བརྐྱང་དུ་བྱ། ཕྱག་གཡས་ པ་གཉིས་ཀྱིས་རལ་གྲི་འདེབས་ཚུལ་དང༌། རྡོ་རྗེ་གསོར་བ་གཡོན་གཉིས་ཀྱིས་ཞགས་པ་ དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་གཏོད་པ་དང༌། ཁྲག་གིས་གང་བའི་ཐོད་པ་འཛིན་ པ། སྤྱན་གསུམ་དང་ལྡན་ཞིང༌། སྐྲ་སེར་པོ་གྱེན་ཏུ་བརྫེས་པ། མཆེ་བ་རྣོན་པོ་གཙིགས་ཤིང༌། སྟག་ལྤགས་ཀྱི་ཤམ་ཐབས་དང༌། མི་ལྤགས་ཀྱི་སྟོད་གཡོགས་ཅན་སྦྲུལ་དང༌། རིན་པོ་ཆེ་ དང༌། རུས་པས་བརྒྱན་པ། ཁྲོ་བོ་སྤྲུལ་པའི་སྤྲིན་སྤྲོ་བ། མེ་རི་འབར་བའི་བསྐོར་བའོ། །གནས་ གསུམ་བྱིན་རླབས་དང༌། ཡེ་ཤེས་སྤྱན་འདྲེན་དང༌། དབང་བསྐུར་རྣམས་སྤྱི་དང་འདྲ། དབུ་རྒྱན་མི་བསྐྱོད་པའོ། །བཀོད་པའི་ བཟླས་དམིགས་གསལ་བཏབ་ལ། ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཾ་ༀ་ཨ་ཙ་ལ་ཀ་ན་ཀ་ན་ཙཎྜ་ མཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཏྲཾ་མཾ་ཏཾ་བསྙེན་པའི་སྔགས་སོ། །ༀ་ཙཎྜ་མཧཱ་རོ་ཥ་ཎ་མ་མ་ཤ་ཏྲུན་ཨ་མུ་ཀ་ སྱ་ཤི་རཾ། ཀཱི་ལ་ཡ་ཧཱུཾ་ཕཊ། ཨ་ཏི་མུ་ཀ་སྟྭཾ་བྷཱ་ཡ་ཧྲི་དཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ལས་ལ་སྦྱར་བའི་སྔགས་སོ། ། 15-1-307 རྗེས་ལྷ་སྐུ་སྟོང་པར་བསྡུས་ཏེ། སླར་ཡང་ལྷའི་ང་རྒྱལ་ལ་གནས་པས་དགེ་བ་བསྔོ། གཏོར་མ་ནང་མཆོད་ཀྱིས་བྲན་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ ནང་དུ་ༀ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ ཧོ་ཧྲཱིཿ རང་གི་སྙིང་ག་ནས་འོད་ཟེར་འཕྲོས། མི་གཡོ་མགོན་པོ་འཁོར་དང་བཅས་པ་བཛྲ་ས་ མཱ་ཛཿ ༀ་ཨ་ཙ་ལ་ཏེ་ཛ་བཛྲ་པུཥྤེ། དྷུ་པེ། དཱི་པཾ། གནྡྷེ། ནཻ་ཝེ་ཏེ་ས་པ་རི་ཝཱ་རེ་བྷྱཿ ཛཿཧཱུཾ་ བཾ་ཧོཿ སཾ་ཏྲིཔྟ་སརྦ་ས་ཏྭ་ནཱན་ཨི་མཾ་བཱ་ལིང་གྲྀཧྞ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷཀྵ་བྷཀྵ་ཧཱུཾ་ཕཊ། ཅེས་ ལན་གསུམ་གྱིས་འབུལ། མཆོད་བསྟོད་སོགས་རྗེས་ཀྱི་བྱ་བ་སྤྱི་དང་མཐུན། འདིའི་རྗེས་གནང་ནི་སྤྱི་དང་འདྲ་བ་ལས། འགྲུབ་ན་མཎྜལ་ཆོས་འབྱུང་མཐིང་ཁ་དབུས་སུ་རལ་གྲིས་མཚན་པ་ཞིག་འབྲི། ཐུགས་ཀྱི་རྗེས་གནང་གི་སྐབས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ཡེ་ཤེས་འབར་བའི་རལ་གྲི་ འདི། །བཟུང་ཞིག་གདུག་པ་ཀུན་ཆོམས་ལ། །སྲིད་པ་གསུམ་ལས་རྒྱལ་བར་མཛོད། །ཅེས་ལག་ ཏུ་གཏད། མདུན་བསྐྱེད་ལ་མོས་གུས་བྱས་པས་ཐིམ་པར་མོས་སུ་འཇུག་པ་ནི་ཁྱད་པར་རོ། །ཟབ་མོ་ཀུན༷་གྱི་ཕུལ་དུ་གྱུར། །ཐོས་ པས་དག༷འ་བ་རབ་འཕེལ་བ། །བསྒོམས་ན་དངོས་གྲུབ་རྣམ་གཉིས་ཀྱི། །སྙིང༷་པོ༷་མངོན་དུ་འགྱུར་འདི་མཚར། །ཅེས་པ་ནི་མི་ གཡོ་བ་ཕྱག་བཞི་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །མི་གཡོ་བ་ཞབས་བཞི་པའི་སྒྲུབ་ཐབས་སོ། ། ན་མོ་གུ་རུ། དགྲ་བགེགས་འཇོམས་མཛད་དཔའ་བོ་ཆེ། །འཇིགས་བྱེད་མི་གཡོ་ལ་བཏུད་ནས། །དུད་ཁ་ཕྱག་གཉིས་ ཞབས་བཞི་པའི། །སྒྲུབ་ཐབས་མདོ་ཙམ་བྲི་བར་བྱ། །འདི་ལ་སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་མཐིང་ནག་ལས་འཕགས་ པ་མི་གཡོ་བ་སྐུ་མདོག་དུད་ཁ་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་འཕྱར་བ། 15-1-308 གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། སྤྱན་གསུམ་མཆེ་བཙིགས། སྐྲ་དང་ཁ་སྤུ་སེར་པོ་གྱེན་ དུ་བརྫེས་པ། ཞབས་དང་པོས་བསྒྲུབ་བྱའི་ཁ། གཉིས་པས་སྙིང་ག གསུམ་པས་པུས་བཙུགས་ ཀྱི་ལྟེ་བ། བཞི་པ་ཕྱིར་བརྐྱང་བས་རྐང་པ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་སྦྲུལ་ གྱིས་བརྒྱན་པ། མི་མགོའི་དབུ་རྒྱན་དང་དོ་ཤལ་ཅན། རྒྱལ་བ་མི་བསྐྱོད་པས་དབུ་ལ་བརྒྱན་ པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །སྙིང་གར་ཉི་མའི་སྟེང་དུ་ཧཱུཾ་མཐིང་ནག་ ལ་སྙིང་པོས་བསྐོར་བ། མིའི་རྗ་ངར་གྱི་ཕུར་བུ་སོར་བཞི་པ་རྒྱ་མདུད་ལ་ཧཱུཾ་བྲིས་པ་ལག་ཏུ་ཐོགས། ཕུར་བུ་སྟོང་ པའི་ངང་ལས་རང་དང་འདྲ་བར་བསྐྱེད། གཉིས་ཀའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་ཀ་དང་གཉིས་སུ་མེད་པར་ཐིམ། ༀ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཞེས་མདུན་བསྐྱེད་ཀྱི་སྔགས་ལས་དངོས་གྲུབ་ཞུ་བའི་ཚུལ་གྱིས་གང་ནུས་བཟླས། ཐུན་ འཇོག་པའི་ཚེ་ཕུར་བུའི་ལྷ་ལ་གསོལ་བ་བཏབ་པས། དེའི་ཐུགས་ཀའི་སྔགས་འཕྲེང༌། རང་གི་སྙིང་གའི་ སྔགས་འཕྲེང་ལ་ཐིམ། ཕུར་པའི་ལྷ་ལ་གཏོར་མ་འབུལ་ཏེ། དེའི་ཆོ་ག་ནི་གོང་དུ་མི་གཡོ་བ་སྔོན་པོ་པུས་བཙུགས་ཀྱི་ སྒྲུབ་ཐབས་སུ་བཤད་ཟིན་པ་ཉིད་དོ། །འོན་ཀྱང་ཁྱད་པར་ནི། གཏོར་མ་དམར་གཏོར་གྲུ་གསུམ་དུ་བྱ། ༀ་ལས་བྱུང་བའི་ གཏོར་སྣོད་ཐོད་པ་དཀར་པོ་ཞེས་འདོན་པ་སྤོ། མཐར་བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་ པ་ཛཿཧཱུཾ་བཾ་ཧོཿ ཞེས་རང་ལ་ཐིམ། ཕུར་པ་མགུལ་ཁུག་ཏུ་བཅུག་གོ །དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། བསྙེན་ཚད་ འབུམ་ཕྲག་བཅུ་གཉིས་སོ། ། འདིའི་ལུང་འབོགས་པ་ནི། རྗེས་གནང་སྤྱི་དང་འདྲ་བ་ལས། སྐུའི་རྗེས་གནང་གི་མཐར་བྲིས་འབུར་གྱི་སྐུ་སྤྱི་བོར་གཏུགས། གསུང་གི་མཐར་ཕུར་བུར་མགྲིན་པར་གཏུགས། ཐུགས་ཀྱི་མཐར་རལ་གྲི་སྙིང་གར་གཏུགས། བརྟན་བྱེད་ཐོད་པ་རྒུན་ཆང་གིས་ གང་བ་ལས་འཐུང་དུ་གཞུག དེ་བཞི་རེ་རེ་ལ་སྔགས་གསུམ་གསུམ་བཟླའོ། །སྙིང་རྗེས་ཀུན༷་ཏུ་རབ་འཁྲོས་པ། །དག༷འ་བའི་ ཐུགས་རྗེས་བདུད་བཞི་འཇོམས། །སྙིང༷་ནས་མགོན་པོ༷་ཁྱོད་བརྟེན་ན། །དངོས་གྲུབ་བཟང་པོ་ཅི་ཡང་ཐོབ། །མི་གཡོ་བ་ཞབས་ བཞི་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །པདྨ་བཛྲ། ཁ་ཆེ་དགེ་སློང་ཡ་མ་རི་ཞལ་གཟིགས། དགེ་ཚུལ་(སྡང་མིག་གིས་མི་འཆི་ནུས་ 15-1-309 པ།) མི་གཡོ་ཞལ་གཟིགས། དྷརྨ་ཤཱི་(མངའ་རིས་པ་)ལ། ནུ་བོ་དྷརྨ་དཱི་བྱ། དགེ་བྱས་གཙོ་བོ། ཨ་སྐྱབས། དཀར་བ་རྣམ་གསུམ། ཡར་བསྒོམ། རྒྱལ་ཚ་ལུང་མང་པོ། ཡོན་ཏན་ཁྲི། སེང་གེ་རྒྱལ། (སེང་གེ་བཟང་པོ།) འདི་དཔའ་བོ་ཆིག་སྒྲུབ་ལས་བྱུང་གསུང༌།། །། ༄༅། །མི་གཡོ་སྤྲེའུ་བརྒྱད་མར་གྲགས་པའི་སྒྲུབ་ཐབས་སོ། ། ༄༅། །ན་མོ་གུ་རུ་ཝེ། དཔལ་ལྡན་ཡེ་ཤེས་མེ་ལྕེ་ཡིས། །མ་རིག་མུན་པ་དྲུངས་འབྱིན་ཅིང༌། །བདུད་ཚོགས་ མ་ལུས་བསྲེགས་པ་པོ། །གཏུམ་པོ་ཆེ་ལ་སྤྱི་བོས་འདུད། །གང་དེའི་སྒྲུབ་ཐབས་རྨད་བྱུང་བ། །མཐའ་དག་སྲིད་པའི་ནད་སེལ་ ཞིང༌། །རི་ལུ་ལ་སོགས་གྲུབ་སྩོལ་བ། །དེ་འདྲ་གང་ཡིན་འདིར་བཤད་བྱ། །འདིར་མི་གཡོ་སྤྲེའུ་བརྒྱད་མར་གྲགས་པ། གསང་ བ་འདུས་པའི་རྒྱུད་ཀྱི་མན་ངག་ལས་འབྱུང་བ་གཏུམ་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་བསྒོམ་པར་འདོད་པས། སྐྱབས་ འགྲོ་བྱམས་སྙིང་རྗེ་སེམས་བསྐྱེད་དང་འབྲེལ་བ་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ པཾ་ལས་སྣ་ཚོགས་པདྨ་ཤིང་རྟའི་འཕང་ལོ་ཙམ་དེའི་སྟེང་དུ་རཾ་ལས་ཉི་མ་ལ་གནས་པའི་རང་ སེམས་ༀ་ཨ་ཙ་ལ་ཞེས་པ་ནས། ཚིནྡྷ་ཧཱུཾ་ཞེས་པའི་སྔགས་འཕྲེང་ཡོངས་སུ་གྱུར་པ་ལས། རལ་གྲི་ སྔགས་འཕྲེང་གི་མཚན་པ། དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་མི་གཡོ་བ་སྤྱན་ དྲངས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་མི་གཡོ་སྐུ་མདོག་ནག །དབུ་གསུམ་ཕྱག་ དྲུག་ཞབས་གཉིས་པ། །གཡས་དམར་གཡོན་དཀར་དབུས་མཐིང་ཞལ། །གཡས་གསུམ་ རྡོ་རྗེ་རལ་གྲི་དང༌། །འཁོར་ལོ་བསྣམས་ཤིང་གཡོན་དང་པོ། །ཐུགས་ཀར་ཁྲོ་བོའི་སྡིགས་ མཛུབ་ཅན། །ལྷག་མ་དགྲ་སྟྭ་ཞགས་པ་བསྣམས། །གཡས་བསྐུམ་གཡོན་བརྐྱང་གོམ་སྟབས་ ཀྱིས། །ནད་བརྒྱད་རང་བཞིན་སྤྲེའུ་བརྒྱད་གནོན། །སྟག་ལྤགས་ན་བཟའ་སྦྲུལ་རྒྱན་དང༌། ། མི་མགོའི་དབུ་རྒྱན་དོ་ཤལ་ཅན། །སྤྱན་གསུམ་མཆེ་གཙིགས་མེ་དཔུང་བཞུགས། །སྤྱི་བོར་ 15-1-310 ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ། ཧཱུཾ་ དེའི་སྟེང་དུ་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་རང་འདྲ་བའི་ཡེ་ཤེས་སེམས་ དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ། རཾ་ལས་བྱུང་བའི་ཉི་མ་ལ་གནས་པའི་ ཧཱུཾ་ལས་བྱུང་བའི་རལ་གྲི་ཧཱུཾ་གིས་མཚན་པ། ཡེ་ཤེས་སྤྱན་འདྲེན་དང་དབང་བསྐུར་སྤྱི་དང་མཐུན་པར་སྦྱར་ཡང་ རུང་སྟེ། སྤྱི་བོ་དཔྲལ་བར་ལྟག་པ་སྣ་ལྟག་གཡས་གཡོན་རྣམས་སུ་རྡོ་རྗེ་ནག་པོ་རྩེ་ལྔ་པ་རེ་རེས་ བརྒྱན་པ་སྟེ་རིགས་བདག་གི་རྒྱན་ནོ། །ཏིང་ངེ་འཛིན་སེམས་དཔའི་མཐར་ཡིག་འབྲུ་བསྐོར་ བར་བསམས་ལ། ༀ་ཨ་ཙ་ལ་ཀ་ཎ་སརྦ་རོ་གཱ་ན། བྷིནྡྷ་བྷིནྡྷ། ཚིནྡྷ་ཚིནྡྷ་ཧཱུཾ་ཞེས་བཟླས་པས། ཡིག་ འབྲུ་ལས་རལ་གྲི་འཕྲོས། བཤང་ལམ་ནས་ཐོན། སྤྲེའུ་བརྒྱད་གཟིར་བ་དང༌། གཞན་ཡང་ གདུག་པ་ཅན་ཐམས་ཅད་ཚར་བཅད། གསང་བ་ནས་ཞུགས་སྟེ་སྙིང་གར་ཐིམ་པར་བསམ། ཐུན་འཇོག་ཁར་ལྷ་སྐུ་སྟོང་པ་ཉིད་དུ་བསྡུས་ལ་ཅུང་ཟད་མཉམ་པར་བཞག སླར་ཡང་དབང་བསྐུར་གསལ་བཏབ་ལ་དགེ་བ་ བསྔོ། གཏོར་མ་བསངས་སྦྱངས། ཨ་ལས་ཐོད་པའི་ནང་དུ་ཨ་ལས་ཟླ་བ། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ གདེངས་པ་རྒྱ་གྲམ་གྱི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། སྣོད་བཅུད་ཀྱི་བདུད་ རྩི་ཐམས་ཅད་ལྷ་མོ་བདུད་རྩིའི་བུམ་པ་ཅན་གྱི་རྣམ་པར་སྤྱན་དྲངས་ཏེ་བསྟིམ། ཟླ་བ་དང་རྡོ་ རྗེ་རྒྱ་གྲམ་ཡང་འོད་དུ་ཞུ། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ གཏོར་མགྲོན་ སྤྱན་དྲངས་པ་མན་ཆད་མི་གཡོ་པུས་བཙུགས་ཀྱི་སྐབས་དང་འདྲ། བསྙེན་པའི་ཚད་ནི་འབྲུ་འབུམ་མོ། །རང་གཞན་གྱི་ནད་གདོན་ ཞི་བ་ལ་ལྷག་པར་བསྔགས་པ་ཡིན་ཅིང༌། རིལ་བུ་དང་རྨི་ལམ་བརྟག་པའི་ལས་ཚོགས་རྣམས་ཀྱང་ཇི་སྐད་བཤད་པ་བཞིན་བསྒྲུབ་ པར་བྱའོ། ། འདིའི་རྗེས་གནང་ནི་སྤྱི་དང་འདྲའོ། །ནད་ཀུན༷་འཇོམས་པའི་དཔའ་བོ་སྟེ། །ཡིད་ལ་དག༷འ་བདེ་བསྐྱེད་པའི་གནས། །ཤིན་ ཏུ་གསང་བ་སྙིང༷་པོ༷འི་དོན། །སྒྲུབ་ཐབས་མདོ་ཙམ་རྣམ་པར་སྤེལ། །ཞེས་པ་ནི་མི་གཡོ་སྤྲེའུ་བརྒྱད་མར་གྲགས་པའི་མངོན་རྟོགས་ ཀྱི་ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། མི་གཡོ་བའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་པའོ། །ཛེ་ཏཱ་རི། 15-1-311 རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་བ། གོང་མ་ལྔ། ལོ་མཆོག དཔལ་ལྡན་སེང་གེ། ཆོས་རྗེ་བླ་མ། ། ༄༅། །ༀ་སྭཱ་སྟི། གང་གི་མཚན་ཙམ་ཐོས་པས་ཀྱང༌། །འཆི་མེད་གནས་ལ་ཉེར་སྦྱོར་བ། །ཚེ་དཔག་མེད་ལ་གུས་ བཏུད་ནས། །གང་དེའི་སྒྲུབ་ཐབས་རྨད་བྱུང་བྲི། །སྐྱབས་སེམས་སྔོན་དུ་འགྲོ་བས། ཁ་ཤར་དུ་ཕྱོགས་ཏེ་རང་ཡི་དམ་གང་ཡང་རུང་ བའི་ང་རྒྱལ་ལ་གནས་པས་རང་གི་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་རྒྱལ་བ་ཚེ་དཔག་མེད་སྐུ་ མདོག་དམར་སེར་རབ་ཏུ་བྱུང་བའི་ཆ་ལུགས་ཅན། ན་བཟའ་ཆོས་གོས་ངུར་སྨྲིག་རྣམ་གསུམ་ གསོལ་བ། པད་ཟླ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། ཕྱག་གཉིས་མཉམ་བཞག་གི་ ཕྱག་རྒྱས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། མཚན་དཔེ་ ཡོངས་སུ་རྫོགས་པའི་སྐུར་གྱུར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཚར་གཅིག ༀ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤ་ར་རེ་ཧཱུཾ་ཕཊ། ཞེས་ཉེར་ཅིག་བཟླས་ལ། ཐལ་མོ་སྦྱར་ཏེ། བཅོམ་ལྡན་ འདས་ཚེ་དཔག་ཏུ་མེད་པས་བདག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པར་བྱིན་གྱིས་བརླབ་ཏུ་ གསོལ། ལན་གསུམ། རླུང་ཕྱིར་གསལ་བས་ལྷུང་བཟེད་ཁོལ། ནང་དུ་བརྔུབས་པའི་ཚེ་བདུད་རྩི་ ལུད་པ་རྣམས་སྣ་སྒོ་ནས་ཞུགས་ཏེ་ལུས་ཐམས་ཅད་དང༌། ཁྱད་པར་སྙིང་གའི་རྩ་སྦུབས་གང་ བར་བསམས་ཏེ། མཆིལ་མ་རེ་མིད་པ་ལན་བདུན་བྱ། དེ་ནས། ༀ་ཨ་མ་ར་ཎི་ཛཱི་བཱནྟཱི་ཡེ་སྭཱཧཱ། ཞེས་པ་ཅི་ནུས་ དང༌། ཚེ་གཟུངས་ༀ་གཉིས་མ་ཉེར་གཅིག་ཙམ་བཟླས་པས། ཚེ་དཔག་མེད་འོད་དུ་ཞུ། སྤྱི་བོ་ནས་ཞུགས་པས་ ལུས་ཐམས་ཅད་གང་བར་གྱུར། དགེ་བ་བསྔོ། འདིའི་བསྙེན་པ་བྱ་བར་འདོད་ན། ར་བ་བཞི་པོ་གང་རུང་གི་ཡར་ཚེས་ གཟའ་སྐར་བཟང་བའི་ཐོ་རངས་ཤིག་ནས་འགོ་བརྩམས། ཁྲུས་བྱས། ཁ་ཤར་ཕྱོགས་སུ་བལྟས་ལ་བཟླའོ། །རྒྱུན་གྱི་ཉམས་ལེན་ ལ་ཐོ་རངས་སྙིང་པོ་བརྒྱ་རྩ་རེ་བྱ། འཆི་ལྟས་བྱུང་ན་སྟོང་རྩ་རེ་བཟླས་པས་ཀྱང་དུས་མིན་གྱི་འཆི་བ་བཟློག་གོ་ཞེས་བཤད་དོ། ། འདིའི་སློབ་མ་རྗེས་འཛིན་ལ་སྒོམ་ལུང་ཙམ་འབོགས་པའི་སྲོལ་ཡོད་པ་ནི་སྤྱི་དང་མཐུན། བུམ་ཆོག་བྱེད་ན། མཎྜལ་པདྨ་ འདབ་བརྒྱད་ཚོམ་བུ་དང་བཅས་པའི་དབུས་སུ། བུམ་པ་སྤྱི་དང་མཐུན་པར་བཀོད། གུ་གུལ་གྱིས་བདུག་ལ་བགེགས་གཏོར་ བཏང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བུམ་པ་བཾ་ལས་བྱུང་བའི་བདུད་ 15-1-312 རྩིས་གང་བའི་སྟེང་དུ། ཚེ་དཔག་མེད་སྔར་ལྟར་བསྐྱེད། བཟླས་པ་ཅི་ནུས་བྱས་པའི་མཐར་མཆོད་བསྟོད་བྱ། གསོལ་བ་བཏབ་ཅིང་དངོས་གྲུབ་བླངས་ལ། ལྷ་འོད་དུ་ཞུ་ནས་བདུད་རྩིར་གྱུར། སློབ་མ་རྣམས་ཀྱིས་མཎྜལ་ཕུལ་ ལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་སོགས་ཀྱིས་གསོལ་བཏབ་དང༌། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། སློབ་ མ་ཐ་མལ་གྱི་ང་རྒྱལ་ལ། མདུན་བསྐྱེད་དང་སློབ་དཔོན་དབྱེར་མེད་པ་ཚེ་དཔག་མེད་ཀྱི་ང་རྒྱལ་ལ་དམིགས་པ་ལས་བྱིན་རླབས་ ལེན་པ་སོགས་དམིགས་པ་སྒྲུབ་ཐབས་དང་འདྲ་བར་ཕོག ཁྱད་པར་ནི་འདིར་ཡན་ལག་བདུན་པ་མི་དགོས། རླུང་བརྔུབས་པའི་ ཚེ་བུམ་ཆུ་རེ་སྦྱིན། བཟླས་པ་དཔོན་སློབ་གཉིས་ཀར་ལྷན་དུ་བྱེད། ཚེ་དཔག་མེད་སྤྱི་བོར་ཐིམ་པའི་སྐབས་སྤྱི་བོར་བུམ་པ་འཇོག་ ཅིང༌། བུམ་ཆུ་གཏོར་བ་རྣམས་ལག་ལེན་ཡིན། སློབ་མ་དང་མདུན་བསྐྱེད་ཀྱི་རྗེས་ཀྱི་བྱ་བ་དང་སྤྱི་དང་འདྲའོ། །གྲུབ་པའི་རྒྱལ་མོ་ གསུང་ཀུན༷་ནས། །རས་ཆུང་སྙན་དུ་དག༷འ་བས་བརྒྱུད། །བུར་སྒོམ་ཞལ་གདམས་སྟག་ལུང་པའི། །སྙིང༷་གི་གདམས་པ་གསལ་ པོ༷ར་བྲིས། །རས་ཆུང་པའི་ལུགས་ཚེ་དཔག་མེད་སྤྲུལ་སྐུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། རྒྱལ་བ་ཀུན་ལས་ཆེས་ལྷག་པའི། །ཐུགས་རྗེས་འགྲོ་བའི་སྡུག་བསྔལ་སེལ། །ཚེ་དཔག་མེད་ ལ་གུས་བཏུད་ནས། །རྡོ་རྗེ་གདན་པའི་མན་ངག་བྲི། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་ པར་སྦྱངས། པད་ཟླའི་གདན་ལ་རང་སེམས་བྷྲུཾ་ལས་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་ བདུད་རྩིས་གང་བའི་བུམ་པ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་ དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་དྲངས། དབང་བསྐུར་རྒྱས་ བཏབ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། ༀ་པུཎྱེ་པུཎྱེ་མཧཱ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ། ཨ་པ་ རི་མི་ཏ་པུཎྱེ། ཛྙཱ་ན་སཾ་བྷ་རོ་བྷ་ཙི་ཏེ་ཀ་རི་ཎ་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས། མདུན་བསྐྱེད། གཏོར་ཆོག་ རྗེས་གནང་རྣམས་ནི། སྒྲུབ་ཐབས་བརྒྱ་རྩའི་ཆོ་ག་ཉིད་སྦྱོར་བ་ཡིན་ལ། བུམ་ཆོག་བྱེད་ན། བུམ་པ་སྒྲུབ་ཚུལ་སྤྱི་དང་འདྲ་ཞིང༌། བུམ་པ་གཉིས་འཆའ། གཅིག་ཏུ་རྒྱལ་བ་ཚེ་དཔག་མེད་དང༌། གཉིས་པར་རྡོ་རྗེ་གནོད་སྦྱིན་གཡས་རྡོ་རྗེ་མཆེ་བ་ འཕྱར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། གཡོན་བརྐྱང་གིས་བཞུགས་པ་ཞིག་ 15-1-313 བསྐྱེད། དེ་ལ་སྔགས་ཀྱང་ༀ་བཛྲ་ཡཀྵ་ཀྲོ་དྷ་ཁཱ་ད་ཁཱ་ད་ཧཱུཾ་ཕཊ། ཅེས་བཟླ། སློབ་མའམ། ནད་པ་ལ་བུམ་མཆོག་གི་བྱིན་རླབས་བྱེད་ན། ཐོག་མར་བགེགས་སྦྱངས་པ་དང༌། སྡིག་པ་སྦྱང་བ་བྱ། དེ་ ནས་རྡོ་རྗེ་གནོད་སྦྱིན་བསྐྱེད་པའི་བུམ་པ་དེས་བཀྲུས་ཤིང་བྱབས་སྲུང་ཀྱང་བྱ། དེ་ནས་བཀྲ་ཤིས་བརྗོད་ཅིང༌། སླར་བུམ་པ་ གཉིས་པ་དེས་དབང་བསྐུར་ཞིང༌། ལྷ་དབང་བསྐུར་བའི་དམིགས་པ་ལྟར་བསྒོམ་དུ་བཅུག སྦྱིན་པའི་སྟོབས་ཀྱི་སངས་ རྒྱས་ཡང་དག་འཕགས། །སོགས་ཤོ་ལོ་ཀ་རེ་རེའི་མཐར། སྙིང་པོ་རེ་བརྗོད་ཅིང་དབང་བསྐུར། རྒྱལ་སྲིད་སྣ་བདུན་ དང༌། བཀྲ་ཤིས་རྫས་བརྒྱད་སོགས་ཀྱིས་ཤེས་པ་བརྗོད། རྗེས་གནང་དང་སྤྲགས་ཏེ་བྱེད་ན། རྒྱུན་བཤགས་སོང་མཚམས་སུ་འདི་རྣམས་བྱེད་པ་ཡིན། འདི་ལ་ཡར་ཀླུངས་པ་སེང་ གེ་རྒྱལ་མཚན་གྱིས་སློབ་རྒྱུད་འགའ་རེའི་ཡི་གེ་ན། ཚེ་དབང་ལྷ་གཅིག་བུམ་གཅིག་གི་དམིགས་པ་ཕལ་ཆེར་དཀྲུགས་ཏེ་འདི་ལ་ སྦྱར་ཡོད་ནའང༌། བསྲེ་བསླད་ཁོ་ན་ཡིན་ནོ། །སྒྲུབ་ཐབས་འདིའི་ཁུངས་ནི་ངན་སོང་སྦྱོད་རྒྱུད་ཡིན་ཞེས་བླ་མས་གསུང༌། བརྒྱུད་ པ་འདིའི་མོས་ཞེན་ཅན། །ཀུན༷་ལའང་རྒྱ་ཆེར་མ་གྲགས་མོད། །འཕགས་པས་མཛད་པའི་སྒྲུབ་ཐབས་ནི། །རབ་དག༷འ་སྙིང༷་པོ༷འི་ རྗེས་སུ་འབྲང༌། །ཚེ་དཔག་མེད་བ་རི་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། སངས་རྒྱས་ཀུན་གྱི་རྗེས་ཆགས་དངོས། །རྒྱལ་བ་ཚེ་འཛིན་དབང་པོའི་སྐུར། །སྟོན་མཛད་དེ་ལ་ རབ་དང་བས། །ཕྱག་འཚལ་ནས་ནི་སྒྲུབ་ཐབས་བཤད། །སྐྱབས་སེམས་སྔོན་དུ་སོང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། པཾ་ ལས་པདྨ་ཨ་ལས་ཟླ་བ་དེའི་སྟེང་དུ་ༀ་གྱི་འཕྲོ་འདུ་ལས། རང་ཉིད་རྒྱལ་བ་ཚེ་དཔག་མེད་ སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཞི་བའི་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་ དང་པོ་རྡོ་རྗེ་དཀར་པོ། གཡོན་དང་པོ་ཤེལ་གྱི་འཕྲེང་བ། འོག་མ་གཉིས་ཡུམ་ལ་འཁྱུད་ཚུལ་ གྱི་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་པདྨ་ཀུན་དྷ་ལི་དམར་མོ་ཕྱག་དང་པོ་གཉིས་ ཀྱིས་བྱི་རུའི་བགྲང་ཕྲེང་དང་དྲིལ་བུ་འཛིན་པ། འོག་མ་གཉིས་ཀྱིས་ཡབ་ལ་འཁྱུད་པས་པདྨ་ རཱ་གའི་བུམ་པ་བདུད་རྩི་དམར་པོས་གང་བ་འཛིན་པ། པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། 15-1-314 གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་སྤྱི་བོར་རྣམ་སྣང༌། མགྲིན་པར་སྣང་ མཐའ། སྙིང་གར་མི་བསྐྱོད་པ། ལྟེ་བར་རིན་འབྱུང༌། གསང་བར་དོན་གྲུབ་རྣམས་རང་སྣང་ གི་ཡུམ་དང་བཅས་པར་གྱུར། མི་བསྐྱོད་པའི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ༀ། ཀླད་ སྐོར་གྱི་དབུས་སུ་ཐིག་ལེ་དཀར་ལ་འཚེར་བ། ཉི་ཟླ་ཨཱ་ལི་ཀཱ་ལིའི་སྐུད་པས་བཅིངས་པ། བ་ སྤུའི་སྒོ་ཐམས་ཅད་རྟ་མགྲིན་ཕྱག་གཉིས་པའི་གོ་ཆས་གཏམས་པ། ཡེ་ཤེས་པ་བསྟིམ་པ་དང་དབང་ བསྐུར་རྒྱས་བཏབ་སྤྱི་དང་འདྲ་བ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན། དེ་ནས་བཟླས་དམིགས་གསལ་བཏབ་ ལ། ཚེ་གཟུངས་ༀ་གཉིས་མ་གང་ནུས་བཟླའོ། །རྗེས་མི་དམིགས་པར་བསམས་ལ་དགེ་བ་བྱང་ཆུབ་ཏུ་བསྔོ། གཏོར་མ་བསངས་ སྦྱངས། ཨ་ལས་བྱུང་བའི་ཀ་པཱ་ལ་བཅུད་དང་བཅས་པ་མེ་རླུང་གི་སྦྱོར་བས་སྦྱངས། ཡེ་ཤེས་ ཀྱི་བདུད་རྩི་སྤྱན་དྲངས་ལ་བསྟིམ། ༀ་ཨཱཿཧཱུཾ་ཞེས་བྱིན་གྱིས་བརླབས། རང་གི་མདུན་དུ་རྒྱལ་བ་ཚེ་ དཔག་མེད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨ་ཀཱ་རོ་ལན་བདུན་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་ གྱིས་མཆོད། ༀ་བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་ཡི་བདག །རྒྱལ་བ་ཀུན་གྱིས་རྟག་ཏུ་དགོངས་ གྱུར་པའི། །འཕགས་པའི་ཚོགས་ཀྱིས་སྐྱེ་ཤི་གཅོད་པའོ། །སྐྱེ་དགུ་རྣམས་ཀྱི་སྐྱབས་གྱུར་ བཅོམ་ལྡན་འདས། །དད་པས་བདག་ནི་རྟག་ཏུ་བསྟོད་ཕྱག་འཚལ། །ཞེས་བསྟོད། བགེགས་ དང་འཆི་ལས་རྣམ་གྲོལ་བའི། །འཆི་མེད་བདུད་རྩིའི་རྒྱ་མཚོ་དེ། །མཁའ་མཉམ་རྣམས་དང་ ལྷན་ཅིག་ཏུ། །མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཅེས་གསོལ་བ་བཏབ། ཡིག་བརྒྱས་ཁ་བསྐང༌། བཛྲ་ མུཿ གཤེགས་སུ་གསོལ། འདིའི་བྱིན་རླབས་ཀྱི་ཆོ་ག་ནི། མཎྜལ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་རྣམ་པ་ཅན་ནམ། མ་འགྲུབ་ན་པདྨ་འདབ་བརྒྱད་ ཞིག་བྲི། དེར་བུམ་པ་སྤྱི་དང་མཐུན་པར་བཤམ། མཐའ་མཆོད་གཏོར་གྱིས་བསྐོར། བདག་བསྐྱེད་སྔོན་དུ་འགྲོ་བས་བསངས་ སྦྱངས། བུམ་པ་སྤྱི་དང་མཐུན་པར་བསྐྱེད། བུམ་པའི་ནང་དུ་ལྷ་བསྐྱེད་པ་ནི། བདག་བསྐྱེད་ཀྱི་འདོན་པ་སྤོས་པས་འགྲུབ་ཅིང༌། མཐར་མཆོད་བསྟོད་གཏོར་མ་ཕུལ་ལ། འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་ལན་གསུམ་གྱིས་མཆོད་ཡོན་ཕུལ་བས་ཞུ་བར་ 15-1-315 མོས། སློབ་མ་རྣམས་ཁྲུས་བྱས། མཎྜལ་ཕུལ། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ། བྱང་ཆུབ་རྡོ་རྗེ་ལ་སོགས་ གསོལ་གདབ་ལན་གསུམ། དངོས་གཞི་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་གསང་ གནས་ཀྱི་བར་དུ་རྩ་ཨ་ཝ་དྷཱུ་ཏཱི་དཀར་ལ་དམར་བའི་མདངས་ཆགས་པ་ཞིག་ཡོད་པར་མོས་ ལ། བུམ་པ་འདི་ཉིད་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པར་གྱུར་པ། ཁྱེད་ རང་རྣམས་ཀྱི་སྤྱི་བོར་བྱོན་པར་སྒོམས་ཤིག་ཅེས་བརྗོད་ལ་བུམ་པ་སྤྱི་བོར་བཞག ཡབ་ཡུམ་སྙོམས་པ་ ཞུགས་པའི་བྱང་ཆུབ་ཀྱི་སེམས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གྱུར་པ། སྤྱི་གཙུག་ ཚངས་པའི་བུ་ག་ནས་ཞུགས། སྨིན་མཚམས་ཡན་ཆད་གང༌། བུམ་དབང་ཐོབ། མགྲིན་ པ་ཡན་ཆད་གང༌། གསང་དབང་ཐོབ། སྙིང་ག་ཡན་ཆད་གང་ཤེས་རབ་ཡེ་ཤེས་ཀྱི་དབང་ ཐོབ། ལུས་ཐམས་ཅད་གང་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་དྲི་མ་བག་ཆགས་དང་ བཅས་པ་དག་པར་མོས་མཛོད། ཅེས་བརྗོད་དེ་བུམ་ཆུ་སྦྱིན། དེ་ནས་མངོན་རྟོགས་ཀྱི་དམིགས་པ་ཚང་བར་འབོགས། དབང་བསྐུར་གྱི་སྐབས་བུམ་ཆུ་སྤྱི་བོར་གཏོར། བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། སྤྲོས་པ་ལ་དགའ་བས་ཚེ་རིལ་ཚེ་ཆང་སྟེར་ བའི་ལུགས་ཀྱང་གདའ། ཡིག་རྙིང་ན་མེད་པས་མ་བྱས་ཀྱང་ཆོག་གོ ། སློབ་མའི་རྗེས་ཀྱི་བྱ་བ་དང༌། དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །འདི་ཡང་ལོ་རོ་རས་ཆུང་པའི། །གདམས་པ་ ཟབ་མོར་ཀུན༷་དུ་གྲགས། །རི་བོ་ཆེ་བའི་ཡིག་ཚོགས་ལས། །རབ་དག༷འི་སྙིང༷་པོ༷་བྱུང་བ་ཡིན། །ཚེ་དཔག་མེད་དཀར་པོ་ཕྱག་བཞི་ པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། གང་ལས་འཆི་མེད་ཡེ་ཤེས་ཀྱི། །དངོས་གྲུབ་འབྱུང་བའི་སྒྲུབ་ཐབས་ནི། །རབ་ཟབ་འདིར་ནི་ བྲི་བར་བྱ། །སྐལ་ལྡན་རྣམས་ཀྱིས་བླང་བར་བྱོས། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་ སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་སེང་ཁྲེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་དང་ཨ་ ལས་ཟླ་བ་ལ་གནས་པའི་རང་སེམས་འཆི་མེད་སྲོག་གི་ངོ་བོ་ཨ་དཀར་པོ། དེའི་འོད་ཀྱི་འཕྲོ་ འདུས་ལས་རང་ཉིད་བཅོམ་ལྡན་འདས་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་ཟླ་ 15-1-316 བ་ཆུ་ཤེལ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷ་རྫས་ཀྱི་ན་བཟའ་དང༌། རིན་པོ་ཆེའི་ རྒྱན་ཅན། མཚན་དཔེས་སྤྲས་ཤིང་འོད་འབར་བའོ། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་ སྟེང་དུ་ཨ་དཀར་པོ། དེ་ལས་འོད་ཟེར་འཕྲོས། སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཡོན་ཏན་ དཔག་ཏུ་མེད་པ་ནས། རྒྱལ་བ་ཚེ་དཔག་མེད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ ཧོཿ དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། བཟླས་པའི་དམིགས་པ་གསལ་བཏབ་ལ། ༀ་ན་ མོ་བྷ་ག་ཝ་ཏེ། ཨ་པ་ར་མི་ཏ་ཨཱ་ཡུརྫྙཱ་ན། སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་པུཎྱེ་པུཎྱེ་མཧཱ་པུཎྱེ། ཨ་པ་ར་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ༀ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མཧཱ་ན་ཡ་པ་རི་ཝཱ་ར་ཡེ་ སྭཱཧཱ། ཞེས་ཅི་ནུས་སུ་བཟླ། མཐར་ༀ་སརྦ་ཏ་ཐཱ་ག་ཏཱ་ཨ་པ་ར་མི་ཏ་ཨཱ་ཡུར་ཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ པྲ་ཏཱིཙྪ་སྭཱཧཱ། ཞེས་སོགས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པས་མཆོད། བཅོམ་ལྡན་དེ་ བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་སྐུ་ཚེ་དང༌། །ཡེ་ཤེས་ དཔག་ཡས་ཤིན་ཏུ་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ འདས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ལ། མི་རྟོག་པའི་ངང་དུ་མཉམ་པར་བཞག ཐུན་འཚམས་སུ་སྐད་ཅིག་གིས་ལྷར་བསྐྱེད་ལ་གནས་གསུམ་བྱིན་གྱིས་བརླབས་ནས་དགེ་བ་བསྔོའོ། ། འདིའི་རྗེས་གནང་གི་བྱ་བ་ནི། སྒྲུབ་ཐབས་བརྒྱ་རྩ་དང་འདྲ་བ་ལས། མཎྜལ་པདྨ་འདབ་བརྒྱད་དཀར་པོ་འབྲི། རྡུལ་ཚོན་ དཀར་པོའི་ཚོམ་བུ་བཀོད། གཏོར་བསྔོའི་སྐབས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས། གཟུངས་རིང་གི་མཐར་ ཨ་ཀཱ་རོ་བཏགས་པས་འབུལ། རྗེས་གནང་དངོས་ཀྱི་སྐབས། རྗེས་གནང་གི་གཞི་འགོད་པ་ལ། སྐུའི་རྗེས་གནང་དང༌། ལུང་ གསུམ་ལ་གསུང་གི་རྗེས་གནང་དང༌། བྱིན་གྱིས་བརླབས་པ་ལ་ཐུགས་ཀྱི་རྗེས་གནང་གི་མིང་འདོགས་བསྒྱུར་བ་ཙམ་མཛད་དོ། 15-1-317 འདིའི་བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་པ་དང༌། རྒྱལ་ཆེན་བཞིའི་གཏོར་བསྔོ་སོགས་བྱེད་པ་ནི། རང་འདོད་ཀྱི་གྲུབ་མཐའི་ རྒྱས་བཀབ་ཙམ་ཡིན་གྱི། དེའི་རང་ལུགས་མ་ཡིན་ནོ། །མི་ཏྲའི་གདམས་པ་ཀུན༷་གྲགས་པ། །རབ་ཏུ་དག༷འ་བའི་སྒྲུབ་ཐབས་འདི། ། སྙིང༷་ནས་ཉམས་སུ་ལེན་འདོད་ན། །རང་ལུགས་དྲང་པོ༷ར་སྒོམ་པར་བྱོས། །ཚེ་དཔག་མེད་དཀར་བོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། གང་གི་མཚན་ཙམ་ཐོས་པས་ཀྱང༌། །དུས་མིན་འཆི་བ་ཉེར་ཞི་ཞིང༌། །སྡིག་སྒྲིབ་མཐའ་དག་སྦྱོང་ མཛད་པའི། །གཙུག་ཏོར་རྣམ་རྒྱལ་ལ་ཕྱག་འཚལ། །སྐྱབས་སེམས་སྔོན་དུ་འགྲོ་བས། སྤྲོ་ན་ཚོགས་ཞིང་སྤྱན་འདྲེན་དང༌། །ཡན་ ལག་བདུན་པ་རྒྱས་པར་བྱ། མདོར་བསྡུ་ན་ཚད་མེད་བཞི་བསྒོམ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་ པའི་མཆོད་རྟེན་དུ་གྱུར་པ་ནི། རིན་པོ་ཆེའི་རང་བཞིན་སེང་ཁྲིའི་སྟེང་དུ་པདྨ། དེའི་སྟེང་དུ་ཁྲི་ ཟླུམ་པོ་བང་རིམ་སུམ་བརྩེགས། དེའི་སྟེང་དུ་ཟླ་བ་ལ་གནས་པའི་བུམ་པ་ཟླུམ་པོ་ཡངས་ཤིང་ རྒྱ་ཆེ་བ་སྒོ་དང་བཅས་པ། སྟེང་དུ་རིན་པོ་ཆེའི་བྲེ། གདུགས་བཅུ་གསུམ། ཆར་ཁེབས་ཏོག་ དང་བཅས་པ། མེ་ཏོག་གི་ཕྲེང་བ་དང༌། དར་གྱི་ལྡ་ལྡི་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་ པའོ། །དེའི་བུམ་པའི་ནང་དུ་པདྨ་དང་ཟླ་བའི་གདན་ལ་བྷྲུཾ་ལས་སྣ་ཚོགས་རྡོ་རྗེ་བྷྲུཾ་གྱིས་མཚན་ པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་ གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་མ་གཙུག་གཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་ མོ་ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར་བ། གཡས་སེར་བ། གཡོན་སྔོ་ཞིང་ཡིད་ཙམ་ ཁྲོ་བ། ཞལ་རེ་རེ་ཞིང་ཞི་བའི་སྤྱན་གསུམ་གསུམ་དང་ལྡན་པ་ཕྱག་གཡས་ཀྱི་དང་པོས་སྣ་ ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་པདྨའི་སྟེང་དུ་འོད་དཔག་ཏུ་མེད་པ་བཞུགས་ པ་བསྣམས་པ། གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་དང་ པོས་ཞགས་པ་དང་བཅས་པའི་སྡིགས་མཛུབ། གཉིས་པས་གཞུ། གསུམ་པས་སྐྱབས་སྦྱིན་གྱི་ 15-1-318 ཕྱག་རྒྱ། བཞི་པས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་བདུད་རྩིའི་བུམ་པ་དང་བཅས་ པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ བརྒྱན་པའོ། །དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ། གཡས་རྔ་ཡབ་དང་གཡོན་པདྨ་ དཀར་པོའི་སྡོང་བུ་འཛིན་པ། གཡོན་དུ་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་རྔ་ཡབ་དང་གཡོན་རྡོ་རྗེ་ སྔོན་པོ་འཛིན་པ། གཙོ་འཁོར་གསུམ་གྱི་ཕྱོགས་བཞིར་ཁྲོ་བོ་བཞི་གནས་པ་ནི། ཤར་དུ་མི་ གཡོ་བ་གཡས་རལ་གྲི་འཕྱར་བ། ལྷོར་འདོད་པའི་རྒྱལ་པོ་གཡས་ལྕགས་ཀྱུ་འཕྱར་བ། ནུབ་ ཏུ་དབྱུག་སྔོན་གཡས་དབྱུག་པ་འཕྱར་བ། བྱང་དུ་སྟོབས་པོ་ཆེ་གཡས་རྡོ་རྗེ་རྩེ་གསུམ་འཕྱར་ བ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ཁ་རབ་ཏུ་ཁྲོས་པ། ཕྱག་གཡོན་སྡིགས་མཛུབ་ཐུགས་ ཀར་གཏོད་ཅིང༌། སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་ནག་པོ་ཐོར་ཚུགས་སུ་བྱས་པ། སྟག་ལྤགས་དང༌། སྦྲུལ་གྱི་རྒྱན་ཅན། མེ་དཔུང་འབར་བའི་དབུས་ན་གཡོན་བརྐྱང་གིས་ བཞུགས་པའོ། །གཙོ་མོའི་སྟེང་གི་ནམ་མཁའ་ལ་གནས་གཙང་མའི་རིགས་ཀྱི་ལྷའི་བུ་གཉིས་ བདུད་རྩིས་གང་བའི་བུམ་པ་ཐོགས་ནས། གཙོ་མོ་ལ་སྐུ་ཁྲུས་གསོལ་བ། དེ་ཐམས་ཅད་ཀྱི་ སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་སྔོན་པོ། དཔྲལ་བར་ཏྲཾ་སེར་པོ། ལྟེ་བར་ཧྲཱིཿདམར་པོ། བརླ་གཉིས་ལ་ཨཾ་ཨ་ལྗང་ཁུ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་གཙུག་གཏོར་རྣམ་པར་རྒྱལ་མ་འཁོར་དང་ བཅས་པ། ༀ་སརྦ་ཏ་ཐཱ་ག་ཏཱ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ དེ་བཞིན་དུ་སྦྱར་ཏེ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཡང་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་ རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས། ཤཔྟ་ཨཱཿཧཱུཾ་གིས་ མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་ བ་བཏབ་པས། ཇི་ལྟར་བལྟམས་པ་ནས། ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུངས་ཤིང༌། བུམ་པའི་ཆུས་ 15-1-319 དབང་བསྐུར། སྐུ་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་བོར་ལུད་པ་ ལས། གཙོ་མོ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད། ཕྱག་ན་རྡོ་ རྗེ་དང༌། ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས། བཛྲ་ཤཔྟ་ཨཱཿཧཱུཾ་ གི་བར་གྱིས་མཆོད། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་ མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ ཕྱག་འཚལ་བསྟོད། །སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲུཾ་ཡིག་བསྲུང་བྱ་སྔགས་འཕྲེང་དང་ བཅས་པ་འཁོད་པར་གྱུར། ༀ་ཧཱུཾ་ཏྲཾ་ཧྲི་ཨཾ་ཨཿ བདག་དང་བསྲུང་བྱ་ལ་རཀྵ་རཀྵ་ཀུ་རུ་སྭཱཧཱ། ཞེས་ཅུང་ཟད་བཟླས་ནས། གཙོ་བོར་གཟུངས་རིང་ཉིད་བཟླའོ། །བཟླས་པ་ཚར་ནས། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་ མཁར་བཞུགས་པ་ལ་མཆོད་བསྟོད། ཡིག་བརྒྱ། འདོད་གསོལ། གཤེགས་གསོལ་རྣམས་བྱས་ནས། དགེ་བ་བསྔོས་ལ། ཐུན་ མཚམས་ལ་འཇུག གཏོར་མ་དཀར་གཏོར་ཞིག ༀ་བཛྲ་ཡཀྵ་ཧཱུཾ་གིས་བསངས། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ ཧ་པ་ཙ་མ་ཐ་བྷཉྩ་ར་ཎ་ཧཱུཾ་ཕཊ་ཀྱིས་སྦྱངས། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭ་ཏ་གྱིས་བྱིན་ གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་རྒྱལ་ ལྷ་དགུའི་དཀྱིལ་འཁོར་སྤྱན་དྲངས། གཟུངས་རིང་ཚར་གཅིག་གི་མཐར། ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ རེ་བྷྱཿ ༀ་ཨ་ཀཱ་རོ་སོགས་ལན་བདུན་གྱིས་ཕུལ། གོང་བཞིན་མཆོད་བསྟོད་བྱ། མཆོད་སྦྱིན་གཏོར་མ་འདི་ བཞེས་ལ་སོགས། འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། སྨོན་ལམ། བཀྲ་ཤིས་རྣམས་ བྱའོ། ། འདིའི་རྗེས་གནང་གི་བྱ་བ་ནི། སྒྲུབ་ཐབས་བརྒྱ་རྩ་དང་འདྲ་བ་ལས། མིང་འདོགས་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ གི་ཐ་སྙད་དང༌། སློབ་མ་འགའ་ཞིག་གི་དོན་དུ་འགྱུར་ན། བདག་མདུན་གཉིས་ཀྱི་བར་དུ་བུམ་པ་སྒྲུབ་ཅིང་རྗེས་གནང་གི་ཐོག་ མཐའ་གང་རུང་དུ་བཀྲུ་བྱབས་སྲུང་གསུམ་བྱེད་པ་ནི་ཁྱད་པར་རོ། །བུམ་པའི་ཆོ་ག་ནི་གཞན་དུ་འབྲི་བར་འགྱུར་རོ། །གཟུངས་ 15-1-320 འདིའི་སྒྲུབ་ཐབས་མང་ན་ཡང༌། །ཀུན༷་ལ་འདི་ཉིད་གྲགས་ཆེ་བས། །གཞན་ལ་ཕན་ཕྱིར་དག༷འ་བས་བྲིས། །འདུས་གསལ་སྙིང༷་ པོ༷་ངོ་མཚར་རྨད། །རྣམ་རྒྱལ་ལྷ་དགུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ཧེ་རུ་ཀ་དཔལ་ལྷ་མོར་བཅས། །དེ་བཞིན་རྩ་རྒྱུད་བླ་མ་ལ། །མཆོག་ཏུ་གུས་པས་བཏུད་བྱས་ ནས། །ཚེ་སྒྲུབ་ཀུན་གྱི་མཆོག་གྱུར་བཤད། །སྐྱབས་སེམས་ཚད་མེད་བཞིན་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ས་གཞི། རྭ་གུར་བླ་བྲེ་མདའ་དྲ་མེ་དཔུང་དང་བཅས་པའི་ ནང་དུ་སྣ་ཚོགས་པདྨ་དང་ཟླ་བ་དཀར་པོ་འོད་ཟེར་དམར་པོ་འཕྲོ་བའི་གདན་ལ་རང་སེམས་ ཧཱུཾ་དཀར་པོའི་འཕྲོ་འདུ་ལས་ཕྱིར་བཟློག་མ་ཆེན་མོ་འཆི་མེད་རྡོ་རྗེ་ལྷ་མོའི་སྐུར་གྱུར་པ་ནི། སྐུ་ མདོག་དཀར་ཞིང་ན་བཟའ་དཀར་པོ་ཅན། ཞལ་བརྒྱད་རྩ་ཞལ་དཀར་པོ་ཁྲོ་ལ་འཛུམ་པའི་ རྣམ་པ་ཅན། གཡས་སུ་སྔོ་དམར་སེར་བའི་ཞལ་གསུམ་དྲག་ཏུ་བཞད་པ། གཡོན་དུ་དམར་ ལྗང་དུད་ཁ་ཆེར་ཁྲོས་པ། དེ་དྲུག་ཀའང་ཁྲོ་ཞལ། སྟེང་ཞལ་དཀར་པོ་ཞི་བ། ཞལ་ཐམས་ཅད་ སྤྱན་གསུམ་པ། ཕྱག་དང་པོ་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་བ། ལྷག་མ་རྣམས་ཀྱིས། ཞགས་པ་རལ་གྲི་དགྲ་སྟ་ལྕགས་ཀྱུ་དང༌། །མདའ་དང་ཐོ་བ་འཁོར་ལོ་གཡས་པ་ན། །སྡིགས་ མཛུབ་བུམ་པ་མདུང་དང་ཐོད་པ་དང༌། །གཞུ་དང་ཁ་ཊྭཱཾ་སྐྱབས་སྦྱིན་གཡོན་པས་སོ། །པད་ ཟླ་ལ་གཡས་བརྐྱང་གི་སྟབས་ཀྱིས་བདུད་དང་དབང་ཕྱུག་ལ་སོགས་པ་བགེགས་ཐམས་ཅད་ མནན་པ། ཕྱག་རྒྱ་ལྔ་དང༌། གཙུག་གི་ནོར་བུ་དང༌། ཐོད་སྐམ་དང་མགོ་འཕྲེང་དང༌། སྟག་ ལྤགས་ལ་སོགས་པས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པ། ཐུགས་ཀར་ ཟླ་བ་དམར་སྐྱ་ལ་ཧཱུཾ་དང༌། དེ་ལས་འོད་ཟེར་འཕྲོས་ཡེ་ཤེས་སེམས་དཔའ་དང་དབང་གི་ལྷ་ བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་པ་རང་ལ་ཐིམ། ཇི་ལྟར་ བལྟམས་པ་ནས་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར། མི་བསྐྱོད་པ་གཙོ་བོར་གྱུར་པའི་ རིགས་ལྔ་ཡུམ་ཅན་གྱིས་དབུ་བརྒྱན། ༀ་ཨ་མྲྀ་ཏ་སན་ཛ་ཝ་ནི། མཧཱ་ཨ་མྲྀ་ཏེ་ས་མུ་ཁེ་ཛི་ཝཾ། 15-1-321 པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། སརྦ་བཛྲ་པདྨ་ས་མ་ཡོ་གི་མ་ན་བོ་དྷི་ཙིཏྟ། པི་པ་ཐ་མུཏྟེ་ཧཱུཾ་ཧཱུཾ། ཨ་ ཨ་ༀ་ཨཱཿསྭཱཧཱ། ཞེས་ཅི་ནུས་སུ་བཟླ་ཞིང༌། ཁྲིའམ་འབུམ་ཕྲག་བཞི་བཟླས་ན་འཆི་བ་ངེས་པར་བཟློག་པ་སྟེ། ཨ་བྷི་དྷ་ ན་ལས། འདི་ནི་ཁྲི་ཙམ་བཟླས་བྱས་ན། །འཆི་བ་ངེས་པར་འཚོ་བར་གྱུར། །དུས་མིན་འཆི་ བ་ཞི་འགྱུར་ཞིང༌། །འཆི་བ་ལས་ནི་ངེས་པར་སློང༌། །ཞེས་གསུངས་སོ། །མཇུག་ཏུ་ཨརྒྷཾ་ལ་སོགས་པས་ མཆོད། ནང་མཆོད་བདེ་མཆོག་ལྟར་བྱིན་གྱིས་བརླབས་ནས་འབྲུ་གསུམ་གྱིས་མྱང༌། ཧེ་རུ་ཀའི་རིགས་བྱུང་བ། །རྡོ་ རྗེ་གཙུག་གཏོར་ཆེན་མོ་ནི། །འཆི་བདག་བཟློག་མཛད་བདུད་རྩིའི་ཞལ། །ཕྱིར་བཟློག་ཆེན་ མོ་ཁྱོད་ལ་འདུད། །ཅེས་བསྟོད། འདོད་དོན་གསོལ་བ་གདབ། ཡིག་བརྒྱ་བཟླས་ཏེ་ཕྱག་གཉིས་པའི་བར་དུ་བསྡུས་ ལ། དགེ་བ་བསྔོ། གཏོར་མ་བདེ་མཆོག་ལྟར་བྱིན་གྱིས་བརླབས། མདུན་གྱི་ནམ་མཁར་སྲུང་འཁོར་ནས་དབུ་བརྒྱན་གྱིས་བར་ གོང་བཞིན་བསྐྱེད་ལ། སྔགས་ཀྱི་མཐར་ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་ཨཱ་ཡུར་སིདྡྷི་པྲ་ཡཙྪནྟུ་ༀ་ ཨཱཿཧཱུཾ་སྭཱཧཱ། ཞེས་ལན་གསུམ་གྱིས་ཕུལ། ལྷག་མ་མཁའ་འགྲོ་སྤྱི་གཏོར་གྱིས་བསྔོས། མཆོད་བསྟོད་འདོད་དོན་གསོལ་ བཏབ་སོགས་སྤྱི་དང་འདྲའོ། ། འདིའི་རྗེས་གནང་ནི་རྟེན་གཞི་ཆོས་འབྱུང་གི་ནང་དུ་པདྨ་དཀར་པོ་ལ་མེ་ཏོག་དཀར་པོའི་ཚོམ་བུ་བཀོད། བུམ་པ་བཅའ། རྗེས་གནང་སྒྲུབ་ཐབས་སྤྱི་དང་འདྲ། བུམ་པའི་ནང་དུ་སྔགས་ཀྱི་ཡིག་འབྲུས་གང་བར་མོས་ལ་བུམ་བཟླས་བྱ། རྗེས་གནང་དངོས་ ནི། དོན་དམ་སྨྲ་བའི་སེང་གེ་སོགས་ཀྱིས་གསོལ་བ་བཏབ། རྒྱུན་བཤགས་དང་རིགས་ལྔའི་སྡོམ་བཟུང་བྱ། སྐུའི་རྗེས་ གནང་སྤྱི་དང་འདྲ་བའི་རྗེས་སུ་བུམ་ཆུས་དབང་བསྐུར་ཞིང༌། མངོན་རྟོགས་ལྟར་དབང་བསྐུར་བའི་དམིགས་པའང་འབོགས། གསུང་གི་རྗེས་གནང་སྤྱི་དང་འདྲ། ཐུགས་ཀྱི་རྗེས་གནང་ལ། སྤྱི་བོར་ཧཾ་ནམ་མཁར་ཟླ་བ་ལ་གནས་པའི་ཁ་ཊྭཱཾ་ གའི་དབྱུག་པའི་སྦོམ་སར་ཧཱུཾ། དེས་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་བཀུག་སྟེ། ཁ་ཊྭཱཾ་ག་ ནས་བརྒྱུད་ནས། སློབ་མའི་ལུས་གང་བའི་དམིགས་པ་འབོགས། གཞན་སྤྱི་དང་འདྲ། ཚེ་སྒྲུབ་ཀྱི་ཚེ་ཡང་ སྔགས་ཀྱི་འཁོར་ལོ་སྙིང་གར་བསྒོམས་ན་ཤིན་ཏུ་ཟབ་པར་འགྱུར་མོད་ཀྱི་གསལ་ཐེབས་དཀའ་བའི་ཕྱིར་འདིར་མ་བཤད་དོ། །རྡོ་ རྗེ་ལྷ་མོའི་སྒྲུབ་ཐབས་འདི། །སྔགས་འཆང་ཀུན༷་ལའང་ཆེས་དཀོན་ན། །གཞན་ལ་སྨོས་ཀྱང་ཅི་དགོས་པས། །ཐོས་ལ་དག༷འ་ 15-1-322 བས་སྙིང༷་པོ༷་ལོང༌། །བདེ་མཆོག་ལས། འབྱུང་བ་འཆི་མེད་རྡོ་རྗེ་ལྷ་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། སྒྲུབ་ ཐབས་རིན་ཆེན་འབྱུང་གནས་ལས་ཚེ་སྒྲུབ་ཀྱི་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་གཅིག་པའོ། །དགེའོ།། །། ༄༅། །ༀ་སྭཱ་སྟི། གང་གི་མཚན་ཙམ་ཐོས་པས་ཀྱང༌། །བདུད་རྣམས་ཐམས་ཅད་སྤ་སྐོང་བ། །གསུང་གི་མངའ་ བདག་འཇམ་དབྱངས་ལ། །གུས་པས་ཕྱག་འཚལ་སྒྲུབ་ཐབས་བཤད། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་ པར་བདག་ནི་སྐྱབས་སུ་མཆི། །ལན་གསུམ་གྱིས་སྐྱབས་འགྲོ། ཤེས་རབ་སྙིང་བརྩེ་དང་བཅས་པས། ། བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་ པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་བདེ་དང་ལྡན་ གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ལན་གསུམ་གྱིས་ཚད་མེད་བསྒོམ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་ བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་བཾ་ལས་འོ་མའི་རྒྱ་མཚོ་དཀར་ལ་དྭངས་པ། མཚོ་མཐའ་ ནེའུ་གསིང་མེ་ཏོག་དང་འབྲས་བུའི་ནགས་ཚལ་དུ་མས་རྣམ་པར་བརྒྱན་པ། གླང་ཆེན་ཐལ་ དཀར་གྱི་ཁྱུ་ཚོགས་ཉེ་བར་རྒྱུ་བ། ལྷ་དང་དྲང་སྲོང་རིག་འཛིན་དུ་མ་གནས་པའི་གཞི། མཚོའི་ སྟེང་ཐམས་ཅད་མེ་ཏོག་སྣ་ཚོགས་པས་རྣམ་པར་བཀྲ་བ། ཆུ་བྱ་སྣ་ཚོགས་དྲེགས་པའི་སྐད་ སྙན་སྒྲོག་པ། དེའི་དབུས་སུ་པཾ་ལས་པདྨའི་སྡོང་པོ་རབ་ཏུ་རྒྱས་པ། ཡལ་ག་གཉའ་ཤིང་ཙམ་ {པ།[ལ་]གསེར་གྱི་ལོ་འདབ་ཤིང་རྟའི་འཕང་ལོ་ཙམ་གྱིས་གཡོགས་པ། རྩེ་མོར་པདྨ་དཀར་ པོ་འདབ་མ་སྟོང་ལྡན་ཟེའུ་འབྲུ་དམར་སེར་དུ་ཡོད་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ གྱི་སྟེང་དུ་རང་སེམས་ཨ་ཡིག་དཀར་པོ། དེ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་མི་ ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཇམ་དབྱངས་སྐུ་མདོག་ཟླ་བ་ནོར་བུའི་ཕུང་པོ་ལྟར་དཀར་བ། ཞལ་ 15-1-323 གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང༌། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་སྡོང་ བུའི་རྩ་བ་ཐུགས་ཀར་བཟུང་བར་རབ་ཏུ་རྒྱས་པ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གླེགས་བམ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་ བཞུགས་ཤིང༌། དབུ་སྐྲ་རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། དར་དཀར་པོའི་སྟོད་གཡོགས་ དང་། སྣ་ཚོགས་པའི་དར་གྱི་སྨད་དཀྲིས་གསོལ་བ། བརྒྱད་གཉིས་ལོན་པའི་ལང་ཚོ་ཅན། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་ རྫོགས་པའོ། །རང་གི་སྙིང་རྩེ་མོ་གྱེན་བསྟན་པདྨ་འདབ་མ་བརྒྱད་ཁ་འབུས་ཀྱི་རྣམ་པར་ཁ་བྱེ་ བའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་པའི་རྩེ་མོ་རྣོ་བ། ལྟེ་བར་ཟླ་བ་ལ་ཨ། རྩིབས་ དྲུག་ལ། མདུན་ནས་གཡས་བསྐོར་གྱི། ༀ་ཝཱ་ཀྱཻ་དཾ་ན་མ། ཞེས་པའི་གསང་སྔགས་ཡི་གེ་དྲུག་པ་སྟེ། ཡིག་ འབྲུ་རྣམས་རེག་ལ་མ་འབྱར་བའི་ཚུལ་དུ་གནས་པ། དེ་ཉིད་འཁོར་ལོ་གཡས་སྐོར་དང་ཡིག་འབྲུ་གཡོན་བསྐོར་དུ་འཁོར་བས་ སྡིག་སྒྲིབ་མཐའ་དག་དག་པར་འགྱུར། ༀ་ཝཱ་ཀྱཻ་དཾ་ན་མ། ཞེས་པ་ཅི་ནུས་སུ་བཟླའོ། །མཐར་ༀ་སརྦ་ཏ་ཐཱ་ག་ཏ་ ཨཱཪྻ་མཉྫུ་ཤྲཱི་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏེ། ཤཔྟ་རྣམས་ཀྱིས་མཆོད། མཎྜལ་ཚོམ་བུ་བདུན་མ་བཤམས་ལ་ཕུལ། བསྟོད་པ་ནི་མཚན་བརྗོད་དམ་པཎྜི་ཏ་མ་ཏིས་མཛད་པའི་ བསྟོད་པ་ཡོངས་རྫོགས་ཀྱིས་བསྟོད། ཤིན་ཏུ་བསྡུ་ན། ངོ་བོ་མ་ནོར་ཆོས་ཉིད་རབ་མཁྱེན་ཅིང༌། །རྣམ་པ་མ་ ལུས་འཇའ་ཚོན་ལྷང་ངེར་གཟིགས། །ཐུགས་རྗེ་ཆེ་དང་ཐབས་ཚུལ་དཔག་མེད་ཀྱིས། །སྲིད་ མཚོ་མཐའ་ཡས་སྐྱོབ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་མགོན་ཁྱོད་གུས་པས་རྗེས་དྲན་ ཞིང༌། །བསྒོམས་བཟླས་ལེགས་མཆོད་མངོན་པར་བསྟོད་པ་ཡིས། །བློ་ངན་མ་རིག་འཐིབས་ པོའི་ཚོགས་རྣམས་ཀུན། །སྤྲིན་མེད་ཉི་ཤར་ཇི་བཞིན་དྭངས་པར་མཛོད། །བཅོམ་ལྡན་འདས་ འཇམ་པའི་དབྱངས་ཀྱིས་བདག་ལ་ཤེས་རབ་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཞེས་གསོལ་ བ་དྲག་ཏུ་བཏབ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། རྒྱ་སྟོན་གྱི་ཡི་གེ་ལྟར་ན། མདུན་དུ་མཎྜལ་བཤམས་པའི་སྟེང་དུ། བདག་ 15-1-324 བསྐྱེད་གྱི་ལྷ་བྱོན་པར་བསམས་ནས། རང་ཐ་མལ་བའི་ང་རྒྱལ་གྱིས་མཆོད་པ་མན་ཆད་བྱེད་པ་ཡིན་ནའང༌། བདག་བསྐྱེད་ལ་ཡེ་ ཤེས་པ་སྤྱན་འདྲེན་མེད་པས་མི་ལེགས་སོ། །དེའི་ཕྱིར་གཞུང་གི་དགོངས་པ་བདག་བསྐྱེད་ཉིད་ལ་མཆོད་པ་ཡིན་ནོ། །བསྙེན་པའི་ སྐབས་གཏོར་མ་འབུལ་བར་འདོད་ན་འོག་ནས་འཆད་པ་བཞིན་འབུལ། ཕྱིས་ཀྱི་ཡི་གེ་འགའ་ན། ཞིང་ཁམས་ཐུགས་ཀར་བསྡུ་ བ་དང༌། མཆོད་བསྟོད་སོགས་མཎྜལ་མཆོད་ཆོག་ཏུ་བྱས་གདའ་ནའང་། སྒྲུབ་ཐབས་གཞན་འགའ་ཞིག་གིས་རྒྱས་བཀབ་པར་ ཟད་ལ། མཎྜལ་གྱི་སྐབས། འཛམ་བུའི་གླིང་ངམ་གླིང་གཞན་དག་ཅེས་སོགས་བརྗོད་པའི་ཚེ། རྒྱལ་སྲིད་སྣ་བདུན་[གཉིས་]ཀར་ འབུལ་བའི་དབང་དུ་བྱས་འདུག་ནའང༌། སྤྱིར་མཆོད་པའི་རྣམ་གྲངས་མང་གིན་བཟང་བ་ཡིན་མོད། འདིའི་མན་ངག་ཏུ་ངེས་པར་ དགོས་པ་ནི་མ་ཡིན་ཏེ། རྒྱ་སྟོན་གཤིན་རྗེ་གཤེད་ཀྱི་{མཆོད་ཆོག་[ཕྱོགས་]ལ་ཐུགས་བག་ཆགས་བརྟས་པའི་རྣམ་འགྱུར་ཙམ་མོ། ། བསྙེན་པའི་སྐབས་གཏོར་ཆོག་ཀྱང་ངེས་པར་དགོས་པ་མ་ཡིན་ལ། ཐུན་མཚམས་སུ་འཕགས་པ་འཇམ་དཔལ་གྱི་སྐུ་བརྙན་ལ་ ཕྱག་མཆོད་བསྟོད་པ་སོགས་ཅི་ནུས་སུ་བྱེད་པ་ནི་གལ་ཆེའོ། ། དེ་ལ་འདིའི་རྗེས་གནང་བྱེད་པར་འདོད་པས། རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་བྲིས་ལ། དེའི་སྟེང་དུ་འཇམ་ དབྱངས་ཀྱི་སྐུ་དང་འཇམ་དཔལ་མཚན་བརྗོད་ཀྱི་གླེགས་བམ་བཞུགས་སུ་གསོལ་བའི་མཐའ་བསྐོར་དུ། བྱང་ཤར་དུ་མཚམས་ འཛིན་གྱི་མེ་ཏོག་གི་སྣོད་བཤོམས་པ་ནས་གཟུང་སྟེ། མཆོད་པ་སྤྱི་འགྲོ་ལྟར་བཤམ། ཤར་དུ་དཀར་གཏོར་གཅིག་བཤམས་ལ། དེ་ནས་སློབ་དཔོན་གྱིས་མདུན་གྱི་མཆོད་པ་རྣམས། ༀ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ ལས་ༀ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཅེས་སོགས་མཆོད་པ་སྤྱི་འགྲོ་ལྟར་དང༌། ༀ་བཛྲ་དྷརྨ་ར་ཎི་སོགས་ གསུམ་གྱིས་བྱིན་གྱིས་བརླབས། དེ་ནས་སྐྱབས་འགྲོ་ནས་བརྩམས་ཏེ་བདག་བསྐྱེད་སྒྲུབ་ཐབས་ནས་འབྱུང་བ་བཞིན་བསྒོམས་ ནས་བཟླས་པ་ཅི་ནུས་བྱ། དེ་ནས་བདག་བསྐྱེད་ལ་མཆོད་བསྟོད་བྱ། མདུན་བསྐྱེད་སྒྲུབ་པ་ནི། བསངས་སྦྱངས། སྟོང་པའི་ ངང་ལས་བཾ་ལས་ཞེས་སོགས་བདག་བསྐྱེད་ལྟར་བསྐྱེད་ལ། དེའི་དཔྲལ་བར་ༀ་དཀར་པོ་སོགས་གནས་ གསུམ་བྱིན་གྱིས་བརླབས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྗེ་བཙུན་འཇམ་པའི་དབྱངས་ ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དགུག་གཞུག་བྱ། སླར་ཡང་ཐུགས་ཀའི་སོགས་ནས། དབང་གི་ལྷ་རིགས་ 15-1-325 ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་ པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ༀ་བཛྲི་བྷ་ ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་ དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཞེས་བརྗོད་ཅིང་བསམ་མོ། ། དེ་ནས་ཕྱག་རྒྱ་དང་བཅས་པས། ༀ་སརྦ་ཏ་ཐཱ་ག་ཏ་ཨཱཪྻ་མཉྫུ་ཤྲཱི་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་ བཞིན་དུ་ཤཔྟའི་བར་དུ་ཕུལ་ལ། བསྟོད་པ་ཅི་ཤེས་པས་བསྟོད། དེ་ནས་གཏོར་མ་ལ་ཆབ་བཏང་ལ། བསངས་སྦྱངས། སྟོང་ པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཨཱཿཧཱུཾ་ཞུ་བ་ ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམས་ལ། ༀ་ཨ་ཀཱ་ རོ་མུ་ཁཾ་ཞེས་སོགས་ལན་གསུམ་གྱིས་བྱིན་གྱིས་བརླབས། ན་མཿསརྦ་ཏ་ཐཱ་ག་ཏ་ཨཱཪྻ་མཉྫུ་ཤྲཱི་ཨི་དཾ་བཱ་ལིང་ ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས་པས་ལན་གསུམ་མམ་ལྔའམ་བདུན་གྱིས་ཕུལ་ལ། མཆོད་བསྟོད་བྱས་ལ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ ཀྱི་མ་རིག་པའི་མུན་པ་བསལ་ནས། ཤེས་བྱ་ཐམས་ཅད་བདེ་བླག་ཏུ་རྟོགས་པར་མཛད་དུ་ གསོལ། དེ་ནས་སློབ་མ་རྣམས་ཁྲུས་བྱས། ཕྱག་དང་ཡོན་ཕུལ་ཏེ་གྲལ་ལ་འཁོད། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་བྱས་ནས་ འདུག་པ་ལ། སློབ་དཔོན་གྱིས་ཆོས་བཤད་ཅུང་ཟད་བྱས་ལ། འདིར་སློབ་དཔོན་གྱིས་ལས་སུ་གྱུར་པ་བདག་བསྐྱེད་སྔོན་དུ་བཏང་ ནས་མདུན་བསྐྱེད་བསྒྲུབས་ཏེ། མཆོད་བསྟོད་གཏོར་མ་འབུལ་དགོས་པ་རྣམས་ལེགས་པར་གྲུབ་པ་ཡིན། གཉིས་པ་སློབ་མའི་བྱ་བ་ལ། རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཅིག་ཕུལ་མཛོད། མཎྜལ་ འབུལ། དེ་ནས་རྡོ་རྗེ་གུར་ལས། གང་གི་སློབ་དཔོན་གསོལ་མ་བཏབ། །དེ་ཡི་རིགས་སུ་སྐྱེ་བ་མེད། ། ཅེས་དང༌། ཚུལ་ཇི་ལྟ་བུས་གསོལ་བ་འདེབས་ན། མདུན་དུ་དུལ་བར་འདུག་པ་དང༌། །གོས་ སོགས་ཚུལ་ནི་སྡོམ་པ་དང༌། །པུས་བཙུགས་ཐལ་མོ་སྦྱར་བ་ཡིས། །ཉན་སོགས་འདོད་པས་ གསོལ་གསུམ་གདབ། །ཅེས་གསུངས་པས་ན། ཁྱེད་རྣམས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་ 15-1-326 མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད་ཅིག དུས་ གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་ དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ཞེས་དང༌། མདུན་བསྐྱེད་རྗེ་བཙུན་འཇམ་ པའི་དབྱངས་ཀྱི་མཐའ་བསྐོར་དུ་བརྒྱུད་པའི་བླ་མ་རྣམས་དང༌། སངས་རྒྱས་བྱང་ཆུབ་སེམས་ དཔའ་སྤྲིན་ཕུང་འཐིབས་པ་བཞིན་དུ་བཞུགས་པར་བསམས་ནས། ཁྱེད་རང་གིས་སྔར་བྱས་ པའི་སྡིག་པ་དྲན་པ་དང་མི་དྲན་པ་ཐམས་ཅད་ལ་འགྱོད་པ་བསྐྱེད་པ་དང༌། ཕྱིན་ཆད་སྲོག་ ལ་བབ་ཀྱང་སྡིག་པ་མི་བྱེད་དོ་སྙམ་དུ་བསམ་པ་དང༌། འཁོར་འདས་ཀུན་གྱི་དུས་གསུམ་དུ་ བསགས་པའི་དགེ་བ་ལ་རྗེས་སུ་ཡི་རང་ངོ༌སྙམ་པ་དང༌། སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་ དོན་དམ་པ་བྱང་ཆུབ་ཀྱི་སེམས་ཚུལ་བཞིན་དུ་བསྒོམ་པར་བགྱིའོ་སྙམ་དུ་ཡིད་དམ་འཆའ་བ་ དང༌། རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོའོ་ སྙམ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ ཀྱང་ཐོབ་པར་བྱེད་དོ་སྙམ་པའི་སྨོན་པའི་སེམས་བསྐྱེད་པ་དང༌། སངས་རྒྱས་དེ་ཐོབ་པའི་ ཆེད་དུ་རྡོ་རྗེ་ཐེག་པའི་ལམ་ལ་བསྒྲུབ་པར་བྱའོ་སྙམ་པ་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ པ་དང༌། དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་དེས་བདག་དང་སེམས་ཅན་ཐམས་ཅད་རྫོགས་ པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་གུ་སྙམ་པའི་བསམ་པ་དང་ལྡན་པའི་སྒོ་ནས་ འདིའི་རྗེས་ཟློས་མཛོད་ཅིག དཀོན་མཆོག་གསུམ་ལ་སོགས་ལན་གསུམ་བྱ། གསུམ་པ་གཉིས་ཀའི་བྱ་བ་ལ། སྐུའི་རྗེས་གནང་དང༌། གསུང་གི་དང༌། ཐུགས་རྣམ་པར་མི་རྟོག་ པའི་དང༌། ཡོན་ཏན་འཕྲིན་ལས་ཀྱི་རྗེས་གནང་དང་བཞི་ཡོད་པ་ལས། དང་པོ་སྐུའི་རྗེས་ གནང་གི་དོན་དུ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད་ཅིག གང་ཚེ་ལྟ་བར་འདོད་ པའམ། །ཞེས་ཤོ་ལོ་ཀ་གཅིག་ལན་གསུམ་བྱ། དེ་ལྟར་གསོལ་བ་བཏབ་ནས། ཁྱེད་རང་དམིགས་པ་ 15-1-327 འདི་བཞིན་དུ་མཛོད། ངེད་ཀྱིས་ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་ ཁྱེད་རང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་མི་དམིགས་པར་སྟོང་པ་ཉིད་དུ་ སངས་ཏེ་སོང་བའི་རྗེས་སུ་བཾ་ལས། སོགས་བདག་བསྐྱེད་ལྷར་གསལ་བཏབ་ལ་བསྒོམ་དུ་བཅུག་ལ། དེ་ལྟར་ ཁྱེད་རང་འཇམ་པའི་དབྱངས་སུ་གསལ་བའི་སྤྱི་གཙུག་ཏུ་རྗེ་བཙུན་འཇམ་པའི་དབྱངས་ཅིག་ བྱོན་ནས་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད་ཅིག་བྱས་ལ། འཇམ་དབྱངས་ཀྱི་སྐུ་སློབ་མའི་ སྤྱི་བོར་བཞག་ལ། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་སྐུ་ཡིན་ཏེ། །སངས་ རྒྱས་སྐུ་ཡིས་བྱིན་བརླབས་པས། །འཇམ་པའི་དབྱངས་ཀྱི་སྐུ་ཐོབ་ཤོག །ཛཿཧཱུཾ་བཾ་ཧོཿ ཞེས་ བརྗོད་པས་ཁྱེད་རང་གི་ལུས་འཇམ་པའི་དབྱངས་ཀྱི་སྐུ་དང་དབྱེར་མེད་དུ་གྱུར་པའི་མོས་པ་ མཛོད། དེ་ལྟར་བྱས་པ་ལ་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་ནད་མེད་པ་དང༌། འགྲོ་བ་ གཞན་གྱིས་མཐོང་བ་ཙམ་གྱིས་དད་པར་འགྱུར་བ་དང༌། མཐར་ཐུག་ཏུ་མཚན་དཔེས་བརྒྱན་ པའི་འཇམ་པའི་དབྱངས་ཀྱི་སྐུ་ཐོབ་པར་འགྱུར་བ་ཡིན་ནོ། ། གཉིས་པ་གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བརྩེ་ལྡན་ཁྱོད་ཀྱིས་མཁྱེན་རབ་འོད་ཟེར་གྱིས། །སོགས་ཤོ་ལོ་ཀ་གཅིག་ལན་གསུམ། དེ་ནས་ཡང་ དམིགས་པ་འདི་བཞིན་དུ་མཛོད་ཅིག བླ་མ་འཇམ་པའི་དབྱངས་སུ་གསལ་བའི་ཐུགས་ཀའི་ འཁོར་ལོའི་སྟེང་བཾ་ཡིག་སྔགས་འཕྲེང་དང་བཅས་པ་ལས་སྔགས་ཀྱི་འཕྲེང་བ་འོད་ཟེར་འཕྲོ་ བ་དང་བཅས་པ་བླ་མའི་ཞལ་ནས་ཐོན་ཏེ། ཁྱེད་རང་འཇམ་པའི་དབྱངས་སུ་གསལ་བའི་ ཞལ་དུ་ཞུགས་ནས། སྙིང་གའི་བཾ་ཡིག་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པའི་མོས་པ་ གྱིས་ལ་འདིའི་རྗེས་ཟློས་མཛོད་ཅིག འཕྲེང་བ་ལག་ཏུ་འཛིན་དུ་བཅུག་ལ། ༀ་ཝཱ་ཀྱཻ་དཾ་ན་ མ། ཞེས་ཚར་ཁ་ཅིག་འདོན། དེ་ནས་ཁྱེད་རང་རྣམས་ཀྱིས་ངེད་ལ་མེ་ཏོག་གཏོར་ཞིང་འདིའི་རྗེས་ ཟློས་མཛོད་ཅིག བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་ 15-1-328 གྱིས་རློབས། །ཞེས་ལན་གསུམ། དེ་ནས་ཁྱེད་རང་གིས་སློབ་དཔོན་ལ་མེ་ཏོག་ཕུལ་བ་དེ་སྔགས་ སུ་བྱིན་གྱིས་བརླབས་ནས། དངོས་གྲུབ་ཀྱིས་ཚུལ་དུ་བྱིན་པའི་མོས་པ་མཛོད་ཅིག་བྱས་ལ་ མེ་ཏོག་མགོ་ཐོག་ཏུ་བཞག་ནས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ ལ་བྱིན་གྱིས་རློབས། །འདི་ལ་འགོ་བར་མཛད་དུ་གསོལ། སྔགས་ཀྱི་དངོས་གྲུབ་སྩལ་དུ་ གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེའི་སློབ་མ་འདི་རྣམས་ལ། རྗེ་ བཙུན་འཇམ་པའི་དབྱངས་ཀྱིས་གསུང་གི་བྱིན་གྱིས་བརླབས་པ་མ་ལུས་པ་འཇུག་པར་གྱུར་ ཅིག ཅེས་བརྗོད། དེ་ལྟར་བྱས་པ་ལ་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་འཆད་རྩོད་རྩོམ་ པའི་བྱ་བ་ལ་མཁས་པ་དང༌། མཐར་ཐུག་ཏུ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ འཇམ་པའི་དབྱངས་ཀྱི་གསུང་ཐོབ་པར་འགྱུར་བ་ཡིན་ནོ། ། གསུམ་པ་ཐུགས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་ ཅིག ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེ་ཞི་ལ་མི་གནས་པས། །མྱ་ངན་འདས་དང་ འཁོར་མི་གནས། །འཇམ་དབྱངས་ཐུགས་ལ་གསོལ་བ་འདེབས། །ཞེས་པ་ལན་གསུམ། དེ་ནས་ དཔོན་སློབ་གཉིས་ཀས་ལུས་གནད་བཅའ་བ་ནི། རྐང་པ་སྐྱིལ་ཀྲུང༌། ལག་པ་མཉམ་བཞག སྒལ་ཚིགས་བསྲང༌། མིག་བར་སྣང་ལ་གཏད་ནས། མདུན་གྱི་ནམ་མཁར་སྨིན་མཚམས་ཀྱི་ ཐད་ཙམ་དུ་ཡི་གེ་ཨ་གཅིག་གསལ་བཏབ་ལ། དེ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་ཨ་ཨ་ ཞེས་ཉི་ཤུ་རྩ་གཅིག་བརྗོད་པས། ཨ་དེ་འཇའ་ཡལ་བ་བཞིན་དུ་ཡལ་ནས། དམིགས་པ་མེད་པའི་སྟོང་ པ་ཉིད་རྟོག་པ་ཐམས་ཅད་དང་བྲལ་བ་ལ་གསལ་ལེ་སིང་ངེ་ཡེ་རེ་བར་སེམས་ཅི་གནས་སུ་ མཉམ་པར་བཞག་ནས། སློབ་མའི་སྤྱི་བོར་མེ་ཏོག་ཅིག་བཞག་ལ། ༀ་ཨཱཿཧཱུཾ། ཞེས་དང༌། རྡོ་རྗེའི་སློབ་མ་འདི་ རྣམས་ཀྱི་རྒྱུད་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་ པ་འཇུག་པར་གྱུར་ཅིག ཞེས་ཀྱང་བརྗོད་དེ་བརྟན་པར་བསམ་མོ། །དེ་ལྟར་ཐུགས་ཀྱི་རྗེས་ 15-1-329 གནང་ཐོབ་པ་ལ་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་ཆོས་ལ་བློ་འགྲོ་ཞིང་མཐར་ཐུག་ཏུ་ ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་ཐོབ་པར་འགྱུར་རོ། ། བཞི་པ་ཡོན་ཏན་འཕྲིན་ལས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ ཟློས་མཛོད་ཅིག དུས་འདི་ནས་ནི་གཟུང་ནས་སུ། །ཕྱི་མ་བྱང་ཆུབ་མ་ཐོབ་བར། །བཅོམ་ལྡན་ འཇམ་དབྱངས་མགོན་གྱིས་ནི། །བདག་གི་བླ་མ་མཛད་དུ་གསོལ། །ཞེས་པ་ལན་གསུམ། དེ་ནས་སློབ་ མའི་ལག་ཏུ་མཚན་བརྗོད་གཏད་ལ། འདི་ནི་འཇམ་པའི་དབྱངས་ཀྱི་རྒྱུད་མཚན་ཡང་དག་པར་བརྗོད་ པ་ཞེས་བྱ་བ་ཚིག་ཉུང་ལ་དོན་ཟབ་པ། རྒྱུད་སྡེ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པས། འདི་ལ་ཐོས་ བསམ་དང༌། འདི་ནས་བསྟན་པའི་དོན་ཉམས་སུ་བླངས་ན། རྗེ་བཙུན་འཇམ་པའི་དབྱངས་ ཀྱི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་བས། འདི་ལ་ཁྱེད་རང་རྣམས་ཐོས་བསམ་གྱིས་ལ་ ཉམས་སུ་ལོང༌། གཞན་ལ་ཡང་སྟོན་ལ་བཤད་པ་གྱིས་ལ་སེམས་ཅན་གྱི་དོན་དུ་གང་འགྱུར་ གྱིས་ཤིག ཅེས་རྗེས་སུ་གནང་བ་སྦྱིན་པ་ཡིན་ནོ། །དེ་ལྟར་བྱས་པ་ལ་ཕན་ཡོན་གཉིས་ཡོད་ དེ། གནས་སྐབས་སུ་རིག་པའི་གནས་ལྔ་ལ་མཁས་ཤིང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་ པ་དང༌། མཐར་ཐུག་ཏུ་འཇམ་པའི་དབྱངས་ལ་མངའ་བའི་ཡོན་ཏན་འཕྲིན་ལས་ཐམས་ཅད་ དང་མཉམ་པའི་གནས་ཐོབ་པར་འགྱུར་རོ། །དེ་ལྟར་ཁྱེད་རྣམས་ཀྱི་དད་པ་དང་འདུན་པའི་སྒོ་ ནས་ངེད་ལ་གསོལ་བ་བཏབ་ནས། དེ་ལ་ངེད་ཀྱིས་བརྩེ་བའི་བསམ་པས་ཅི་ཤེས་ཀྱི་སྒོ་ནས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བྱས་པ་འདི་ལ་ཕན་ཡོན་ཅི་ཡོད་པའི་དགེ་བའི་ རྩ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་བསྔོས་ནས། ལས་བྱས་པ་འབྲས་བུ་དང་ལྡན་པར་ བྱ་བའི་ཕྱིར་དུ་འདིའི་རྗེས་ཟློས་མཛོད་ཅིག འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་ བདག་གིས་གང་ཐོབ་པ། །དེ་ཡི་སྐྱེ་བོ་ཐམས་ཅད་ཀྱིས། །འཇམ་དབྱངས་ཤེས་རབ་ཐོབ་ པར་ཤོག །ཅེས་པ་ལན་གསུམ། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཐམས་ཅད་ 15-1-330 བླ་མའི་བཀའ་བཞིན་དུ་སྒྲུབ་པོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་ལན་གསུམ། རྗེས་གནང་ཟབ་མོ་ཐོབ་པའི་མཎྜལ། དེང་ནས་བརྩམས་ཏེ་སོགས་གསུམ་བྱས་ནས། དེ་ལྟར་ན་རྗེ་ བཙུན་འཇམ་དབྱངས་ཀྱི་རྗེས་གནང་ཟབ་མོ་གྲུབ་པ་ཡིན་པས། དེས་དགའ་བ་བསྒོམ་པ་དང་ སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་ པ་ཉིད། །ཅེས་སོགས་ཀྱི་སྨོན་ལམ་འདེབས་ཤིང་ཕྱག་ཕུལ་ནས་འགྲོ་བར་གཞུག་གོ །དེ་ནས་སློབ་དཔོན་གྱིས་མདུན་བསྐྱེད་ ཀྱི་མཆོད་པ་རྣམས་ཁ་གསོས་ནས། མདུན་བསྐྱེད་ལ་མཆོད་བསྟོད་སྔར་ལྟར་བྱས་ནས་འདོད་པའི་དོན་ལ་གསོལ་བ་བཏབ། རྡོ་ རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ཚར་གསུམ་དང༌། མ་འབྱོར་པ་དང་ཉམས་པ་དང༌། །ཞེས་སོགས་ཀྱིས་བཟོད་པར་ གསོལ་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་ཞེས་སོགས་དང༌། མདུན་བསྐྱེད་ལ་བརྟན་ བཞུགས་བྱའོ། །དེ་ནས་སྨོན་ལམ་བཀྲ་ཤིས་བྱའོ། །མཆོད་གཏོར་རྣམས་བསྡུའོ། །ཀུན༷་ལ་ངོ་མཚར་ཆེར་གྲགས་པའི། །འཇམ་ དཀར་སྒྲུབ་ཐབས་དག༷འ་བའི་ཏོག །སྙིང༷་གི་ཐིག་ལེ་འདིར་བཀོད་ཀྱི། །བློ་གསལ་རྣམས་ཀྱིས་མྱུར་པོ༷ར་ལོང༌། །འཇམ་དཀར་ཁ་ ཆེ་པཎ་ཆེན་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །། །མངྒལཾ་བིསྟཱ་ར་ཀུ་རུ། ། ༄༅། །ༀ་སྭཱ་སྟི། མཐའ་ཡས་རྒྱལ་བའི་མཁྱེན་པ་ཀུན། །གཅིག་བསྡུས་འཇམ་དབྱངས་གཞོན་ནུའི་སྐུ། །དེ་ལ་ བཏུད་ཅིང་གསོལ་བཏབས་ནས། །གང་དེའི་སྒྲུབ་ཐབས་བྲི་བར་བྱ། །འདིར་ཤིན་ཏུ་བྱིན་རླབས་ཀྱི་བཀའ་བབས་ཆེ་བ་འཇམ་ དབྱངས་ཨ་ར་པ་ཙ་ན་དམར་སེར་ས་ལུགས་ཀྱི་སྒྲུབ་ཐབས་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས། རང་གི་ སྙིང་འོད་ཀྱི་གུར་ཁང་ཁ་གྱེན་དུ་བསྟན་པའི་ནང་དུ། པད་ཟླའི་གདན་ལ་དྷཱིཿདམར་སེར་དེ་ ལས་འོད་འཕྲོས། རང་གི་མི་ཤེས་པའི་དྲི་མ་སྦྱངས། བ་སྤུའི་བུ་ག་ནས་སྤྲོས། འཕགས་པ་ མཆོད། སེམས་ཅད་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ལས་རང་ཉིད་འཕགས་པ་འཇམ་ དཔལ་གཞོན་ནུ་གྱུར་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་གུར་གུམ་གཞོན་ནུའི་མདངས་ཅན་ འོད་ཀྱི་དྲ་བ་འགྱེད་པ། ཞི་ཞིང་འཛུམ་ལ་སྒེག་པ་ཞལ་གཅིག་ཕྱག་གཉིས། གཡས་ཤེས་རབ་ 15-1-331 ཀྱི་རལ་གྲི་སྔོ་སངས་དཔུང་པའི་ཐད་ཀར་འཕྱར་བ། གཡོན་ཨུཏྤལ་སྔོན་པོའི་རྩ་བ་ཐུགས་ ཀར་འཛིན་ཞིང་སྙན་གྱི་ཐད་ཀར་ཁ་བྱེ་བ་རབ་ཏུ་རྒྱས་པའི་སྟེང་དུ་གསུང་རབ་ཀུན་འདུས་ པའི་པོ་ཏི་དང་བཅས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ གིས་བཞུགས་ཤིང་དབུ་སྐྲ་རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། རིགས་བདག་མི་བསྐྱོད་པས་ སྤྲས་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན་ནོ། །བསྡུ་ན་དེ་ཙམ་གྱིས་ཆོག་ལ། སྤྲོ་ན། དཔྲལ་བར་ༀ་ལས་ འཇམ་དཔལ་དཀར་པོ། མགྲིན་པར་ཨཱཿལས་འཇམ་དཔལ་དམར་པོ། སྙིང་གར་ཧཱུཾ་ལས་ འཇམ་དཔལ་སྔོན་པོ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་དྷཱིཿདེ་ལས་འོད་འཕྲོས། ཕྱོགས་བཅུའི་ སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རང་ཉིད་ལ་ཞུགས་པར་གྱུར། དྷཱིཿའི་མཐའ་མར་སྔགས་ཀྱིས་བསྐོར་ བ་དང༌། ལྕེའི་རྩ་བར་ཡང་དྷཱིཿཡིག་མགོ་ཕུག་ཏུ་གནས་པར་བསམས་ལ། ༀ་ཨཱ་ར་པ་ཙ་ན་དྷཱིཿ ཞེས་ ཅི་ནུས་སུ་བཟླས་ཤིང༌། ན་མོ་མཉྫུ་ཤྲཱི་ཡེ། ཀུ་མ་ར་བྷུ་ཏཱ་ཡ། བོ་དྷཱི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ ཎི་ཀཱ་ཡ། ཏདྱ་ཐཱ། ༀ་ཨཱ་ར་ཛེ། བི་ར་ཛེ། ཤུདྡྷེ། བི་ཤུདྡྷེ། ཤོ་དྷ་ཡ། བི་ཤོ་དྷ་ཡ། ཨ་མ་ལེ། བི་ མ་ལེ། ནིར་མ་ལེ། ཛ་ཡ་ཝ་རེ། རུ་རུ་ཙ་ལེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་ཤེས་རབ་བློ་འཕེལ་ གྱི་གཟུངས་ཉིད་ཅི་རིགས་པར་བཟླས་ནས། ཐུན་འཇོག་པའི་དུས་སུ་དབུགས་ཐོག་གཅིག་ལ་དྷཱིཿབརྒྱ་རྩ་བརྒྱད་བཟླས་པས་ལུས་ དྷཱིཿཡིག་གཅིག་ཏུ་གྱུར་པར་བསམ། ཐུན་འཇོག་མཚམས་སུ་ཡང་ལྷའི་ང་རྒྱལ་ལ་གནས་པའི་སྒོ་ནས་གཙང་སྦྲ་དང་མཆོད་པ་ལ་ བརྩོན་པར་བྱའོ། ། འདིའི་རྗེས་གནང་ནི། མཎྜལ་ཚོམ་བུ་ཅན་མཆོད་པ་ཅི་འབྱོར་དང་དཀར་གཏོར་གཉིས་དང་བཅས་པ་བཤམ། བདག་ བསྐྱེད་གོང་བཞིན་བྱས་ནས། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས། པད་ཟླ་ ལ་ཞེས་པ་ནས། གནས་གསུམ་བྱིན་རླབས་ཀྱི་བར་བདག་བསྐྱེད་བཞིན། ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་རྒྱས་བཏབ། མཆོད་ཡོན་ཕལ་ཆེར་སོགས་ཚིགས་བཅད་སྔགས་དང་བཅས་པས་མཆོད། གཞོན་ནུའི་སྐུ་ལུས་འཆང་བ་པོ་ སོགས་དང༌། རྒྱལ་སྲས་གཞོན་ནུ་མཁྱེན་པའི་དཀྱིལ་འཁོར་ཅན། །གུར་གུམ་མདོག་ཅན་འོད་ཀྱི་ 15-1-332 དྲ་བས་མཛེས། འོད་འབར་རལ་གྲི་གླེགས་བམ་ཕྱག་ན་བསྣམས། །ལྷ་ཡི་བླ་མ་ཁྱེད་ལ་ཕྱག་ འཚལ་ལོ། །རྡོ་རྗེ་རྣོན་པོ་གསང་སྔགས་ཡི་གེ་དྲུག །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ་རུ་བསྟན། ། གསུང་མཆོག་མཚུངས་མེད་རིག་སྔགས་རྒྱ་མཚོ་ཡིས། །གཏི་མུག་ཉིད་ལོག་སློང་བར་མཛད་ ལ་འདུད། །གང་ཐུགས་ནམ་མཁའི་དཀྱིལ་ལྟར་དག་པ་ལ། །ཐུགས་རྗེའི་ཆར་རྒྱུན་རྒྱུན་ཆད་ མེད་པ་ཡིས། །འགྲོ་ཀུན་སྒྲིབ་གཉིས་དྲི་མ་འཁྲུད་མཛད་པའི། །ཐུགས་རྗེའི་མངའ་བདག་ འཇམ་དབྱངས་ཁྱོད་ལ་འདུད། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མགོན་པོ་འཇམ་ དབྱངས་ཁྱོད་དང་འབྲལ་མེད་ཅིང༌། །བདག་དང་མ་ལུས་འགྲོ་བ་ཐམས་ཅད་ཀྱིས། །དོན་ རབ་རྒྱ་ཆེན་འགྲུབ་པར་མཛད་དུ་གསོལ། །ཅེས་པའམ་ཤེས་ཤིང་སྤྲོ་ན་རྒྱ་བོད་ཀྱི་བསྟོད་པ་ངོ་མཚར་ཅན་དུ་མ་ ཡོད་པ་རྣམས་ཀྱིས་བསྟོད་དོ། །གཏོར་མ་དང་པོ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། རྗེ་བཙུན་འཇམ་དབྱངས་ལ་འབུལ། གཏོར་མ་ཕྱི་མ་ཕྱོགས་སྐྱོང་བཅུ་ལ་ཆ་གསུམ་ནང་ལྟར་བཏང༌། འདིའི་འཇིག་རྟེན་འདས་གཏོར་ཡིག་རྙིང་ལས་མ་བཤད་ཀྱང་ ཕྱིས་ཀྱི་ཕྱག་ལེན་ཡིན། མདུན་བསྐྱེད་ཀྱི་བཟླས་པ་ཅི་འགྲུབ་བྱ་སྟེ། སློབ་དཔོན་གྱི་བྱ་བའི་རིམ་པའོ། ། རྗེས་གནང་གི་ངོ་བོ་ནི། ཕལ་ཆེར་སྒྲུབ་ཐབས་བརྒྱ་རྩའི་ཆིངས་དང་འདྲ། འོན་ཀྱང་མི་འདྲ་བའི་ཁྱད་པར་དང༌། གོ་རིམ་ རྣམས་བཤད་ན་སློབ་མ་རྣམས་ཁྲུས་བྱས། ཕྱག་དང་མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་སོགས། ཤོ་ལོ་ཀ་གཉིས་ ཀྱིས་གསོལ་པ་བཏབ། རྒྱུན་བཤགས་བྱ། སློབ་མ་ལྷར་བསྐྱེད་ཡེ་ཤེས་པ་བསྟིམ། བཟླས་ལུང་གི་སྐབས། དཔོན་སློབ་ གཉིས་ཀའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་ༀ་ཨ་དྷཱིཿ རྩིབས་ བཞི་ལ་ར་པ་ཙ་ན་རྣམས་བཀོད་ལ། སློབ་དཔོན་གྱི་ཐུགས་ཀའི་དེ་ལས་དེ་འདྲ་བ་གཉིས་ པ་ཆད་ནས། ཞལ་ནས་ཐོན། ཁ་སྒོར་ཞུགས། སློབ་མའི་སྙིང་གའི་འཁོར་ལོ་སྔགས་འཕྲེང་ དང་བཅས་པ་ལ་ཐིམ་པར་བསམས་ལ། སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱ། སློབ་མའི་ལྕེའི་རྩ་བར་ དྷཱིཿམགོ་ཕུག་བསྟན། དྷཱིཿའི་འོད་ཀྱིས་ངག་གི་སྐྱོན་ཐམས་ཅད་སྦྱངས། སློབ་དཔོན་ཀྱི་ཐུགས་ ཀའི་འོད་ཀྱིས་སངས་རྒྱས་བྱང་སེམས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ཏེ་དྷཱིཿཅི་ནུས་ཤིག་ 15-1-333 རྗེས་ཟློས་བྱེད། དེ་ནས་དམ་བཅའ་བའི་ལུང་དང༌། བྱིན་གྱིས་བརླབ་པའི་ལུང་བྱས་ལ་དམ་ཚིག་ཁས་བླངས། མཎྜལ་ འབུལ། དེང་ནས་བརྩམས་ཏེ་སོགས་དང༌། ཡོན་འབུལ། རྗེས་ཆོག་ནི་མཆོད་པ་ཁ་གསོས། མཆོད་པ་བྱིན་གྱིས་བརླབས། མཆོད་བསྟོད་ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །གྲུབ་བརྙེས་མཁས་པ་ཆེན་པོ་ཛེ་ ཏཱ་རིས། །ལོ་བདུན་ལོན་ཚེ་འདི་ཉིད་ཞལ་གཟིགས་པས། །བློ་གྲོས་མཆོག་གྱུར་མཁས་པའི་གྲགས་པས་ཁྱབ། །རྡོ་རྗེ་གདན་པ་ གཉིས་ཀྱིའང་འདི་གྲུབ་ཅིང༌། །བ་རི་ལོཙྪ་རིག་སྔགས་འདི་གྲུབ་ནས། །འཇམ་དབྱངས་ཞལ་གཟིགས་ཤེས་རབ་ཆེར་གྱུར་ལ། ། ས་ཆེན་མཁྱེན་པའི་བདག་པོའང་འདི་ཡིས་མཐུ། །ཞལ་གཟིགས་བརྒྱུད་པ་མང་པོར་བྱིན་ཀྱིས་བརླབས། །བློ་ཆེན་ཀུན༷་དག༷འ་ རྒྱལ་མཚན་དཔལ། ཁུ་དབོན་གསུང་གི་བཅུད་བསྡུས་ནས། །སྙིང༷་པོ༷་ཙམ་ཞིག་བཀོད་པ་ལ། །ཉེས་པ་མཆིས་ན་བཟོད་པར་ གསོལ། །རྗེ་བཙུན་འཇམ་པའི་དབྱངས་ཨ་ར་པ་ཙ་ན་དམར་སེར་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་དངོས་འཇམ་དབྱངས་ལ་བཏུད་ནས། །རྡོ་རྗེ་ མཚོན་ཆས་མཛད་པ་ཡི། །བསྟོད་པའི་སྒྲུབ་ཐབས་བཤད་པར་བྱ། །བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དང༌། སྐྱབས་ འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྔོན་དུ་བཏང་ནས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ ཟླ་ལ་འཁོར་ལོ་དམར་སེར་རྩིབས་ལྔ་པ་ལྟེ་བ་ལ་དྷཱིཿརྩིབས་རྣམས་ལ་ཨ་ར་པ་ཙ་ན་དང་ བཅས་པ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་རང་དང་མདུན་གྱི་ནམ་མཁར་ འཕགས་པ་འཇམ་དཔལ་གུར་གུམ་གྱི་མདོག་ཅན་རལ་གྲི་དང་པོ་ཏི་འཛིན་པ། ཞབས་རྡོ་ རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་བརྒྱན་པ། མཚན་དཔེ་ཡོངས་སུ་ རྫོགས་པའི་སྐུ་ཅན་རེ་རེ་གྱུར། རང་གི་སྙིང་གར་སྔགས་ཀྱི་འཁོར་ལོ། མདུན་བསྐྱེད་ཀྱི་ ཐུགས་ཀར་དྷཱིཿསངས་རྒྱས་བྱང་སེམས་ཐམས་ཅད་ཡེ་ཤེས་པའི་རྣམ་པར་སྤྱན་དྲངས། ཛཿཧཱུཾ་ བཾ་ཧོཿ སྙིང་གའི་སྔགས་འཁོར་ལས་འོད་འཕྲོས། སངས་རྒྱས་མཆོད། སེམས་ཅན་ཐམས་ ཅད་ཀྱི་དོན་བྱས་པར་བསམ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མདུན་བསྐྱེད་མཆོད། སྙིང་གའི་འོད་ཟེར་ ལས་མཆོད་པ་དཔག་ཏུ་མེད་པ་སྤྲུལ་ནས། མདུན་གྱི་འཇམ་དབྱངས་ལ་མཆོད་ཅིང་གསོལ་ 15-1-334 བ་འདེབས་པར་བསམས་ལ། གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་ གསལ་བ། །བདེན་གཉིས་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་ འཛིན། །གང་དག་སྲིད་པའི་བརྩོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི། ། འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༌། །འབྲུག་ ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་གྲོལ་མཛད་ཅིང༌། །མ་རིག་ མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་ གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། །ཅེས་ཉེར་གཅིག་ལ་སོགས་ པས་བསྟོད་ཅིང༌། མཐར་མདུན་གྱི་འཇམ་དབྱངས་འོད་དུ་ཞུ་ནས་རང་ལ་ཐིམ། སྙིང་གའི་འཁོར་ལོ་དྲག་ཏུ་འཁོར་བར་བསམས་ ལ། ཨ་ར་པ་ཙ་ན་དྷཱིཿ ཞེས་པ་བརྒྱ་རྩ་ལ་སོགས་པ་བཟླའོ། །མཐར་སྟོང་པ་ཉིད་ལ་མཉམ་པར་བཞག་སྟེ། དགེ་བ་བསྔོ། འོད་ ཟེར་དགུ་ཕྲུགས་ཀྱི་བྱིན་རླབས་བྱེད་པར་འདོད་པས། སྤྲོ་ན་འཕགས་པ་འཇམ་དཔལ་གྱི་སྐུའི་དྲུང་དུ་མཆོད་པ་བཤམས་ལ་བྱིན་ རླབས་བྱ། དེ་རྣམས་མེད་ཀྱང་རུང་སྟེ། སློབ་དཔོན་གྱིས་བསྟོད་སྒྲུབ་ཚར་གཅིག་ཉམས་སུ་ལེན། སློབ་མས་མཎྜལ་འབུལ། ཡན་ ལག་བདུན་པ་ཚར་གསུམ་བྱེད། སློབ་དཔོན་འཕགས་པ་འཇམ་དཔལ་དུ་གསལ་བའི་དཔྲལ་བ་ནས་ འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ལ་མཆོད་པ་ཕུལ། འོད་ཟེར་དཔྲལ་བར་ཕོག་པས་ ཐུགས་རྒྱུད་ཡོངས་སུ་བསྐུལ་ནས། འོད་ཟེར་གྱི་རྣམ་པས་དཔྲལ་བ་ནས་བྱུང༌། སློབ་དཔོན་ གྱི་དཔྲལ་བར་ཐིམ། སློབ་དཔོན་འཇམ་དཔལ་དུ་གསལ་བ་ལ་མོས་གུས་དུང་བས་བསྟོད་པ་ ཚར་གཅིག་གམ་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་གྱི་དཔྲལ་བ་ནས་འོད་ཟེར་བྱུང༌། སློབ་མའི་དཔྲལ་བར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་བྱང་ཞིང༌། སྐུའི་བྱིན་རླབས་ཞུགས་པར་ མོས་སུ་བཅུག དེ་བཞིན་དུ། མགྲིན་པ་ནས་འོད་ཟེར་སྤྲོ་བསྡུ་དང༌། ངག་གི་སྡིག་སྒྲིབ་དག གསུང་ གི་བྱིན་རླབས་ཞུགས་པ་དང༌། ཐུགས་ཀ་ནས་འོད་ཟེར་སྤྲོ་བསྡུ་དང༌། ཡིད་ཀྱི་སྡིག་སྒྲིབ་དག 15-1-335 ཐུགས་ཀྱི་བྱིན་རླབས་ཞུགས་པའང་རིགས་འགྲེ། རྗེས་ཀྱི་བྱ་བ་རྣམས་སྤྱི་དང་འདྲ། འདི་ལ་མདུན་བསྐྱེད་ལ་རྗེས་ ཆོག་བྱེད་པ་ནི་མེད་དོ། །མཁས་མཆོག་ཀུན༷་གྱིས་བསྔགས་པ་ཡི། །བསྟོད་སྒྲུབ་ཟབ་མོ་རབ་དག༷འ་བ། །འདི་ཡིས་རང་གཞན་ དོན་བྱེད་ཚུལ། །སྙིང༷་པོ༷་ཙམ་ཞིག་བྲིས་པ་ལགས། །འཇམ་དཔལ་ཡོན་ཏན་ཡེ་ཤེས་བཟང་པོའི་བསྟོད་སྒྲུབ་ཏུ་གྲགས་པའི་སྒྲུབ་ ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། རྒྱལ་བའི་ཡེ་ཤེས་མཁྱེན་པ་རྣམས། །གཅིག་བསྡུས་འཇམ་པའི་རྡོ་རྗེ་ལ། །གུས་པས་བཏུད་ ནས་དེའི་སྒྲུབ་ཐབས། །དམ་པའི་མན་ངག་བཤད་པར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང༌། ཤཱུ་ནྱ་ཏཱས་སྟོང་པར་ བསྒོམ། སྟོང་པའི་ངང་ལས་གཙོ་བོའི་གནས་དང་དེའི་མདུན་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་ བའི་དཀྱིལ་འཁོར་རེ་རེ། གཙོ་བོའི་གདན་པད་ཟླའི་སྟེང་དུ་སཾ་ལས་སེང་གེ་སྔོན་པོ་མགོ་བོ་ གཡས་སུ་བསྟན་ཞིང་གདོང་གྱེན་དུ་ཕྱོགས་པ། རལ་པ་དམར་སེར་གྲོལ་བ་ཉལ་སྟབས་སུ་ གནས་པའི་སྟེང་དུ། པད་ཉི་ལ་གནས་པའི་དྷཱིཿཡིག་གུར་གུམ་གཞོན་ནུའི་མདོག་ཅན་དང༌། གདན་མདུན་མའི་སྟེང་དུ་ཧྲཱིཿཡིག་སྔོ་སངས་ས་བོན་དེ་གཉིས་ཡོངས་སུ་གྱུར་པ་ལས། རང་ ཉིད་རྗེ་བཙུན་འཇམ་དབྱངས་སྐུ་མདོག་ལི་ཁྲིའི་ཕུང་པོ་ལྟ་བུ་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་ རྒྱ་མཛད་པའི་མཐེབ་མཛུབ་ཀྱི་བར་ནས་བྱུང་བ་ཨུཏྤ་ལའི་སྡོང་བུ་སྙན་གཡས་གཡོན་གྱི་ཐད་ ཀར་ཁ་བྱེ་བའི་སྟེང་གཡས་ན་རལ་གྲི་དང་གཡོན་ན་གླེགས་བམ་ཅན། བཅུ་དྲུག་ལོན་པའི་ ལང་ཚོ་དང་ལྡན་པ། དབུ་སྐྲ་ཟུར་ཕུད་ལྔ་དང་བཅས་ཤིང༌། ཞབས་གཉིས་རྒྱལ་པོ་རོལ་པའི་ སྟབས་ཀྱིས་སེང་གེ་ལ་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞི་བ་དང་འཛུམ་པ་དང་སྒེག་པའི་ཆ་ལུགས་ཅན། མདུན་དུ་འཕགས་མ་དབྱངས་ཅན་མ་སྐུ་ མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་བ་ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས་ཤིང༌། ཞབས་ཙོག་པུའི་ཕྱེད་ ཀྲུང་གིས་བཞུགས་པ། བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིང་ཞིང་མཚན་ཉིད་གཞན་ཐམས་ ཅད་ཡབ་དང་མཚུངས་པའོ། །གཉིས་ཀའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། 15-1-336 ཡེ་ཤེས་སེམས་དཔའ་དང་དབང་གི་ལྷ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཡབ་ཡུམ་གཉིས་ཀ་ལ་མི་བསྐྱོད་པས་དབུ་བརྒྱན། བཟླས་པའི་དམིགས་པ་གསལ་བཏབ་ལ། ༀ་ཧྲཱིཿདྷཱི་མ་མེ་ཏི་པ་སྭ་ར་སྭ་སྟི། མཉྫུ་ཤྲཱི་མུཾ་ཧྲཱིཿ པྲཛྙཱ་ཝརྡྷ་ནི་ཧྲཱིཿདྷཱིཿསྭཱཧཱ། ཞེས་ཅི་ནུས་སུ་བཟླ། མཇུག་ ཏུ་ལྷ་སྐུ་མི་དམིགས་པར་སྦྱངས་ཤིང་དགེ་བ་བསྔོ། ཐུན་མཚམས་སུ་འཇམ་དཔལ་གྱི་སྐུ་གཟུགས་ལ་མཆོད་བསྟོད་གང་འགྲུབ་བྱ། འོག་ནས་འབྱུང་བ་ལྟར་གཏོར་མའང་འབུལ། བསྙེན་པ་ལན་གཅིག་ཐོན་ནས། སྒྲུབ་རྫས་སུ་དཔའ་བོའི་རིལ་བུ་སྒྲུབ་སྟེ། སྤང་ རྒྱན་གླ་རྩི་མཚལ་དཀར་གསུམ། །ཡུང་བ་ཙན་དན་ཨ་ཀ་རུ། །སྤང་སྤོས་ཨ་ཀ་རུ་ཤུ་དག་གསུམ། །ཤིང་མངར་རྒྱ་སྐྱེགས་ཨ་རུ་ར། ། དཔའ་བོ་བཅུ་གཉིས་བསྡུས་པ་ནི། །ཞིབ་པར་བཏགས་ལ་སྦྲང་རྩི་དང༌། །བ་དམར་འོ་མས་རིལ་བུར་བྱ། །ཞེས་པ་ལྟར་ཡིན་ལ། དར་དཀར་ལ་རྒྱ་སྐྱེགས་དང་རང་བྱུང་གིས་ཕོ་འཁོར་བྲིས་པ་ལ་སྟེང་ནས་བཀབ། དར་དམར་ལ་བ་ལ་དང་ཡུར་བས་མོ་འཁོར་ བྲིས་ཏེ་འོག་ཏུ་བཏིང༌། གཉིས་ཀའང་རྩིབས་བརྒྱད་དམ་འདབ་བརྒྱད། མུ་ཁྱུད་གསུམ་པ། མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་ཡེ་དྷར་དང་ བཅས་པ་བྲི། རིལ་བུ་དབྱངས་ཅན་མ་བསྐྱེད་ཅིང་སྒྲུབ། ༀ་ཡ་མཱནྟ་ཀ་ཧཱུཾ་གིས་བར་ཆད་བསྲུང༌། འདིའི་རྗེས་གནང་གི་ལག་ལེན་ནི། མཎྜལ་གྲུ་བཞིའི་དབུས་སུ་པདྨ་འདབ་བརྒྱད་ལྟེ་བ་དམར་སེར་ཅན་བྲི། དེར་བུམ་པ་ ཁ་རྒྱན་ཅན། ཤར་དུ་འཇམ་དཔལ་གྱི་ཙ་ཀ་ལི། ལྷོར་དཔའ་བོའི་རིལ་བུ། ནུབ་ཏུ་མཚན་བརྗོད། བྱང་དུ་རལ་གྲི་རྣམས་བཀོད། མདུན་དུ་མཆོད་གཏོར་བསྒྲིགས། བདག་བསྐྱེད་སྔོན་བཞིན་བྱས་ལ་མཆོད་པ་བྱིན་རླབས་སྤྱི་དང་མཐུན། མདུན་བསྐྱེད་བསངས་ སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པཾ་ལས་པདྨ་ནས། དབུ་བརྒྱན་གྱི་བར་བདག་བསྐྱེད་བཞིན་བྲིས་སྐུ་དྷཱིཿལས་འཇམ་དབྱངས་ཞལ་ཕྱག་ཡོངས་སུ་རྫོགས་ པ། རིལ་བུ་ཧྲཱིཿལས་དབྱངས་ཅན་མ་པོ་ཏི་ཨཱ་ལི་ཀཱ་ལི་བྱུང་བའི་མཚན་བརྗོད་ཀྱི་གླེགས་བམ། རལ་གྲི་དྷཱིཿལས་བྱུང་བའི་ཕྱག་མཚན་ཡེ་ཤེས་ཀྱི་མེ་འབར་བ་རྣམས་སུ་གྱུར། ཨརྒྷཾ་ནས་ཤཔྟའི་ བར་གྱིས་མཆོད། གཞོན་ནུའི་སྐུ་ལུས་འཆང་བ་པོ། །སོགས་ཀྱིས་བསྟོད། མདུན་གྱི་རྟེན་ཐམས་ཅད་ལ་དམིགས་ ལ་བཟླས་པ་ཅི་འགྲུབ་བྱ། གཏོར་མ་བསངས་སྦྱངས། ཨ་ལས་བྱུང་བའི་ཀ་པཱ་ལའི་ནང་དུ་གཏོར་མ་ཤ་ལྔ་ བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་ལན་བདུན་ 15-1-337 གྱིས་བྱིན་གྱིས་བརླབས། སྙིང་པོའི་མཐར་ཨ་ཀཱ་རོ་བཏགས་ལ་ལན་གསུམ་གྱིས་ཕུལ། མཆོད་བསྟོད་འདོད་དོན་གསོལ་ བ་བཏབ། སློབ་མས་མཎྜལ་ཕུལ། རྡོ་རྗེ་འཛིན་པ་སོགས་གསོལ་བཏབ་དང༌། ཡན་ལག་བདུན་པ་སྤྱི་དང་འདྲ། སྐུའི་ རྗེས་གནང་ལ་སྐུ་བསྐྱེད་བསྟིམ་སྤྱི་དང་འདྲ་ཞིང༌། དེ་ནས། སངས་རྒྱས་ཀུན་གྱིས་བྱིན་རླབས་པ། །རྒྱུ་བཟང་ རིན་ཆེན་བུམ་པ་འདི། །འཇམ་པའི་དབྱངས་སུ་བྱིན་རླབས་ནས། །མི་བསྐྱོད་ཆུ་ཡིས་དབང་ བསྐུར་རོ། །སྙིང་པོའི་མཐར་ཨ་བྷི་ཥིཉྩ་ཞེས་བཏགས་ལ་ཆུ་དབང་བསྐུར། ཙ་ཀ་ལི་སྤྱི་བོར་བཞག ཚིག་རྐང་དང་པོ་ དང་གསུམ་པ་གཉིས་འདྲ་བ་ལས། གཉིས་པར། དབྱིབས་ལེགས་གཟུགས་སྐུ་དམ་པ་འདི། །ཞེས་དང༌། བཞི་ པར། རྣམ་སྣང་སྐུ་ཡིས་དབང་བསྐུར་རོ། །ཞེས་འདོན་པ་སྤོ་ཞིང་སྔགས་ཀྱང་འདྲ། སྐུའི་རྗེས་གནང་ངོ༌། ། དེ་བཞིན་དུ་རིལ་བུ་སྦྱིན་ལ། དཔའ་བོ་བཅུ་གཉིས་སྦྱར་བའི་བཅུད། །དབྱངས་ཅན་ལྷ་མོ་ཞེས་དང༌། རིན་འབྱུང་ཡོན་ཏན་དབང་བསྐུར་རོ། །ཞེས་འདོན་པ་སྤོ། ཡོན་ཏན་གྱི་རྗེས་གནང་ངོ༌། །པོ་ཏི་གཏད་ ལ། རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཨཱ་ལི་ཀཱ་ལིར་ཞེས་དང༌། དཔག་མེད་གསུང་གི་ཞེས་འདོན་པ་ སྤོ། བར་འདིར་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་པ་ལས། རྗེས་ཟློས་ལན་ཉེར་གཅིག་བྱེད། ཨཱ་ལི་ཀཱ་ལི་དཔག་ཏུ་ མེད་པ་མགྲིན་པར་ཐིམ་པར་བསམ། གསུང་གི་རྗེས་གནང་ངོ༌། །རལ་གྲི་གཏད་ལ། ཤེས་རབ་ རལ་གྲི་རྣོན་པོ་འདི། །ཡེ་ཤེས་སེམས་དཔར་ཞེས་དང༌། ཕྱག་མཚན་ཐུགས་ཀྱི་དབང་བསྐུར་ རོ། །ཞེས་འདོན་པ་སྤོ། ཐུགས་ཀྱི་རྗེས་གནང་ངོ༌། །ཡང་མཎྜལ་ཕུལ་ནས་གསོལ་བ་བཏབ། ཡང་སློབ་དཔོན་ དང་མདུན་བསྐྱེད་ཀྱི་དཔྲལ་བ་ནས། དབྱངས་ཅན་དཀར་མོ་དཔག་ཏུ་མེད་པ་སྤྲོས་སློབ་མའི་ དཔྲལ་བར་ཐིམ། དེ་བཞིན་དུ་མགྲིན་པ་ནས་དམར་མོ། སྙིང་ག་ནས་སྔོན་མོ། ལྟེ་བ་ནས་སེར་མོ། གསང་གནས་ནས་ལྗང་ ཁུ་རྣམས་སྤྲོས་ཏེ། སློབ་མའི་གསང་བར་ཐིམ་པའི་བར་དམིགས་པ་རྣམས་ཕོག་སྟེ་འཕྲིན་ལས་ཀྱི་རྗེས་གནང་ངོ༌། །རྗེས་ཀྱི་བྱ་ བ་ཐམས་ཅད་ནི་སྤྱི་དང་འདྲའོ། །ཡང་མངོན་རྟོགས་ཅུང་ཟད་རྒྱས་པར་བྱེད་ན། ཚོགས་ཞིང་སྤྱན་དྲངས་ནས་ཕྱག་འཚལ་མཆོད་ པ་ཡན་ལག་བདུན་པ་རྣམས་བྱེད་ཅིང༌། གཤེགས་སུ་གསོལ་བ་རྣམས་སྤྱི་དང་འདྲ། ཡེ་ཤེས་པ་དང་དབང་ལྷ་ལ་ཡང་མཆོད་པ་ འབུལ་ཞིང༌། རྒྱས་བཏབ་ཀྱི་རྗེས་སུ་མཆོད་བསྟོད་རྒྱས་པ་དང༌། བཟླས་པའི་རྗེས་སུ་ཡང་མཆོད་བསྟོད་བྱེད་པ་ལག་ལེན་ཡིན་ 15-1-338 ནོ། །མཆོག་ཏུ་ངོ་མཚར་སྒྲུབ་པའི་ཐབས། །ཀུན༷་ལས་ཟབ་ཅིང་དག༷འ་བར་བསྔགས། །གསར་རྙིང་ཡི་གེ་ཕུང་པོ་ལས། །དོན་སྟོན་ སྙིང༷་པོ༷ར་བླངས་པ་འདིའོ། །དམ་པ་སངས་རྒྱས་ཀྱི་ཐུགས་དམ་ལྷའི་གཙོ་བོ་འཇམ་དཔལ་སྨྲ་སེང་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། འཇམ་དབྱངས། དམ་པ། ཁ་ཆེ་གུ་ཧྱ་བ། གླན་སྒོམ་ཡབ་སྲས། བླ་མ་འོད་ཤཀ སློབ་དཔོན་འོད་ཟེར་མགོན། སློབ་དཔོན་ཤཀ་ གཞོན། སྤྱན་སྔ་བཀྲ་ཤིས་རྒྱལ་མཚན། འཁོན་བཟོད་པ་དཔལ། འཁོན་བསོད་ནམས་འོད་ཟེར། འཁོན་ཤེར་མགོན། ཤར་པ་ ངོར་ཆེན། དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། རྒྱལ་བ་སྲས་བཅས་མཁྱེན་པའི་དངོས། །འཇམ་པའི་དབྱངས་ལ་རབ་བཏུད་ནས། །ཟླ་འབྱུང་ སྦས་པའི་སྒྲུབ་ཐབས་བཞིན། །ཤེས་རབ་འཁོར་ལོའི་མན་ངག་བཤད། །སྐྱབས་སེམས་སྔོན་དུ་བཏང༌། སྙིང་འོད་ཀྱི་གུར་ ཁང་དུ་གྱུར་དབུས་སུ་ཟླ་བ་ལ་དྷཱིཿདེའི་འོད་ཀྱིས་མཆོད་འོས་རྒྱ་མཚོའི་ཚོགས་རྣམས་བཛྲ་ས་ མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རྡོ་རྗེ་གུར་ནས་འབྱུང་བ་ལྟར་བདུན་རྣམ་དག་དང༌། ཚད་མེད་བཞི་སྤྱི་དང་ མཐུན་པར་བསྒོམ། སྟོང་པ་ཉིད་ཀྱི་དོན་བསམ་ཞིང༌། སྭ་བྷཱ་ཝས་སྔགས་དང༌། ཤཱུ་ནྱ་ཏཱ་གཉིས་བརྗོད། སྟོང་པའི་ངང་ ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བ་ལ་དྷཱིཿལས་རལ་གྲིའི་ཡུ་བ་དང་རྩེ་མོར་རྡོ་རྗེས་མཚན་ པ་དྷཱིཿས་བརྒྱན་པ། དེའི་འོད་ཀྱིས་སྣོད་གཞལ་ཡས་ཁང་བཅུད་འཇམ་དཔལ་དུ་གྱུར། བླ་མ་ ཡི་དམ་སངས་རྒྱས་བྱང་སེམས་འཕགས་པ་མཁས་གྲུབ་ཐམས་ཅད་ཀྱི་བྱིན་རླབས་རྣམས་ འོད་ཟེར་གྱི་རྣམ་པས་ཚུར་བསྡུས་ཡོངས་སུ་གྱུར་པ་ལས་འཇམ་དབྱངས་དཀར་པོ་ཕྱག་ གཡས་རལ་གྲི་དཀར་པོ་འཕྱར་ཞིང༌། གཡོན་ཐུགས་ཀར་གཏད་པས་པོ་ཏི་དང་འཁོར་ལོས་ མཚན་པའི་ཨུཏྤལ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། འཇམ་དཔལ་ཞི་བའི་མཚན་ ཉིད་རྫོགས་པའི་ཐུགས་ཀར་ཟླ་བ་ལ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཡང་ དྷཱིཿརྩིབས་བརྒྱད་ལ་སྔགས་འབྲུ་བརྒྱད། དེ་རྣམས་ལས་འོད་ཟེར་འཕྲོས། འོག་མིན་ནས་ཡེ་ ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཨརྒྷཾ་ལ་སོགས་པས་མཆོད་ཅིང་གསོལ་བ་བཏབ། ཛཿཧཱུཾ་བཾ་ཧོཿ སྙིང་ གའི་དྷཱིཿལ་ཐིམ་པས་རང་འདྲའི་ཡེ་ཤེས་སེམས་དཔར་གྱུར། དེའི་ཐུགས་ཀར་ཡང་ཟླ་བ་ལ་ 15-1-339 དྷཱིཿཏིང་ངེ་འཛིན་སེམས་དཔའ་འོ། །དེ་ནས་འཇམ་དཔལ་གྱི་སྤྲོ་བསྡུ་དང་ལྷ་སྐུ་སྣང་སྟོང་ལ་སེམས་གཏད། བཟླས་ པའི་ཚེ་ལྟེ་བ་མི་འཁོར་རྩིབས་འཁོར་ཞིང༌། འཁོར་ལོ་ཡིག་འབྲུ་བསྣོལ་མར་འཁོར་བ་ལ་སེམས་གཏད་ལ། ༀ་ཨ་ར་པ་ཙ་ ན་དྷཱིཿཧཱུཾ་ཞེས་འབྲུ་འབུམ་བཟླའོ། །རྟགས་སྤྱི་དང་མཚུངས་པ་ལས། ཐུན་མོང་མ་ཡིན་པ་ནི་གཟའ་པ་སངས་ཤར་བ་མཐོང་ བའོ། །མཐར་རྗེས་གཞིག་གི་རིམ་པས་འོད་གསལ་དུ་བསྡུས་ནས། སྡང་བའི་ཚེ་དགེ་བ་བསྔོ། གཏོར་མ་བསངས་སྦྱངས་འབྲུ་ གསུམ་གྱིས་བྱིན་གྱིས་བརླབས། མགྲོན་སྤྱན་དྲངས། ༀ་ཨ་ར་པ་ཙ་ན་དྷཱིཿབཱ་ལིང་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ པས་ཕུལ། མཆོད་བསྟོད་སོགས་འཇམ་དབྱངས་སྤྱི་དང་འདྲའོ། ། འདིའི་རྗེས་གནང་སྦྱིན་པར་འདོད་ན། སྔོན་འགྲོ་གཏོར་མ་བཏང༌། མཎྜལ་གྱི་ཆོ་ག་རྒྱས་པ་བྱང་ཆུབ་གཞུང་ལས་སོགས་ ནས་འབྱུང་བ་འགྲུབ་ན་རབ་མིན་ནའང་མཎྜལ་བཤམས་ལ། ཞིང་ཁམས་སུ་མོས། ཚོམ་བུ་བཀོད་དེ་གདན་དུ་མོས། མཆོད་པ་སྣ་ ལྔ་བཟང་དུ་བཤམ། བཤོས་གཙང་གཏོར་མ་དང་མཆོད་པའི་མཎྜལ་ཡང་བཤམས། མཆོད་པ་བྱིན་རླབས་སྤྱི་དང་མཐུན། གོང་ ལྟར་བདག་བསྐྱེད་ཀྱི་མཐར་བཟླས་པ་ཅི་འགྲུབ་བྱ། མདུན་བསྐྱེད་ཀྱང་བདག་བསྐྱེད་ཀྱི་རིགས་འགྲེ་ཞིང༌། མཆོད་བསྟོད་གཏོར་ འབུལ་བཟླས་པ་རྣམས་བྱ། འགྲུབ་ན་ཆ་གསུམ་གཏོར་མའང་བཏང༌། སློབ་མའི་དོན་དུ་གསོལ་བ་དྲག་ཏུ་བཏབ། སློབ་མ་རྣམས་ ཁྲུས་བྱས་གྲལ་ལ་འཁོད་པ་ལ། བགེགས་སྦྱང་བ་དེའི་སྡིག་སྒྲིབ་སྦྱང་བ་སྤྱི་དང་མཐུན། མཎྜལ་ཕུལ། འགྲོ་རྣམས་བསྒྲལ་ འདོད་སོགས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་བྱ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། སོགས་ཀྱིས་གསོལ་བ་ ལན་གསུམ་བཏབ། སློབ་མ་སེམས་དཔའ་སུམ་བརྩེགས་སུ་སྐད་ཅིག་གིས་བསྐྱེད་པའི་སྙིང་གར་ སྔགས་འཁོར་ཕྱི་རོལ་དུ་ཨཱ་ལི་ཀཱ་ལིས་བསྐོར་བ་བསྒོམ། སློབ་དཔོན་གྱི་ཐུགས་ཀར་ཡང་ དེ་བཞིན་དུ་བསྒོམ་པ་མུ་ཏིག་གི་འཕྲེང་བ་ལྟར་ཞལ་ནས་འཐོན་ཏེ་སློབ་མའི་སྙིང་གའི་དེ་ལ་ བསྟིམ། རྗེས་ཟློས་ལན་གསུམ། བཅོམ་ལྡན་བདག་གི་སོགས་བྱིན་གྱིས་བརླབས་པའི་ལུང་བྱ། དེ་ཉིད་ལན་གསུམ་ བསྐྱར་ཞིང༌། མཇུག་ཏུ་ཡི་གེ་བརྒྱ་པ་ལན་གསུམ་གྱིས་བརྟན་བཞུགས་བྱ། རྗེས་སྤྱི་དང་མཐུན་ནོ། །ཤེས་རབ་སྒྲུབ་ཐབས་བླ་མེད་ པ། །ཀུན༷་ནས་དག༷འ་བའི་མན་ངག་ནི། །ཤིན་ཏུ་མང་བའི་སྙིང༷་པོ༷་ཙམ། །བཀོད་འདིའང་བློ་གསལ་ཡིད་བདེའི་གནས། ཁ་ཆེ་ པཎ་ཆེན་གྱི་མན་ངག་འཇམ་དབྱངས་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། 15-1-340 ༄༅། །ༀ་སྭཱ་སྟི། དགའ་ལྡན་གནས་ཀྱི་འཁོར་ལོས་བསྒྱུར། །ལྷ་རྒྱལ་དྲང་སྲོང་ཆེན་པོའི་ཚུལ། །རྒྱལ་ཚབ་མི་ ཕམ་ཆོས་ཀྱི་རྗེར། །བཏུད་ནས་སྒྲུབ་ཐབས་བྲི་བར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་སོང་ནས། སྭ་བྷཱ་ཝས་སྟོང་པར་ སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་ལ། རང་སེམས་མཻཾ་གསེར་མདོག་ཡོངས་སུ་གྱུར་པ་ སྤྱི་བླུགས་ཀྱི་མཚན་པའི་ཀླུ་ཤིང་གི་ཡལ་ག་མཻཾ་གིས་མཚན་པ། དེའི་འོད་ཀྱི་འཕྲོ་འདུས་ལས་ རང་ཉིད་འཕགས་པ་བྱམས་པ་གསེར་མདོག་མཚན་དཔེ་ཡོངས་སུ་རྫོགས་པ། ཕྱག་གཡས་ ཐུགས་ཀར་ཆོས་འཆད་དང༌། གཡོན་མཉམ་བཞག་གི་ཚུལ་གྱི་ཀླུ་ཤིང་གི་ཡལ་གའི་རྩ་བ་ བཟུང་ཞིང་མེ་ཏོག་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་རིལ་བ་སྤྱི་བླུགས་དང་བཅས་པ། རལ་ པའི་ཅོད་པན་གྱི་ངོས་ལ་མཆོད་རྟེན་གྱིས་སྤྲས་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་ བཀབ་ཅིང་ཚངས་སྐུད་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ ཅན། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་མཻཾ་དེ་ལས་འོད་ཟེར་འཕྲོས། དགའ་ལྡན་གྱི་ གནས་ནས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ས་བོན་གྱི་མཐར་སྔགས་ཀྱིས་འཕྲེང་བ་ བསྒོམས་ཏེ། ༀ་མཻཾ་མཻ་ཏྲི་ཡེ་སྭཱཧཱ། འབུམ་ཕྲག་བཅུ་རྩ་བའི་བསྙེན་པ་ཡིན་ལ། ༀ་མ་ཏི་མ་ཏི་སྨྲྀ་ཏི་སྭཱཧཱ། ཞེས་ བཟླས་པས་ཤེས་རབ་ཕུན་སུམ་ཚོགས་པ་བསྐྱེད་པ་དང༌། ༀ་མོ་ཧི་མོ་ཧི་མཧཱ་མོ་ཧི་སྭཱཧཱ། ཞེས་བཟླས་པས་འགྲོ་དོན་ ཆེན་པོར་འགྱུར་རོ། །རྗེས་ཚད་མེད་བཞི་ཡུན་རིང་དུ་བསྒོམས་ནས་སྨོན་ལམ་བཏབ། ཐུན་མཚམས་སུ་ཕྱག་མཆོད་དང༌། བྱམས་ པའི་མཚན་བརྒྱ་དང༌། དམ་བཅས་པའི་གཟུངས་འདོན་པའམ་ཀློག གཞན་ཡང་ཆོས་སྤྱོད་འཕེལ་ཞིང༌། ཚུལ་ཁྲིམས་དག་པ་ལ་ གཙང་སྦྲ་དང་ལྡན་པས་འགྲུབ་ན། རྟགས་རྣམས་མྱུར་དུ་འབྱུང་ཞིང༌། སྤྱིར་ནི་བྱིན་རླབས་ཤིན་ཏུ་ཆེའོ། ། འདིའི་རྗེས་གནང་ནི། སྤྱིའི་ཆོ་གས་རིགས་འགྲེ་ཞིང༌། རྡོ་རྗེ་འཛིན་པ་སོགས་ཀྱིས་གསོལ་བཏབ་དང༌། འགྲོ་ རྣམས་བསྒྲལ་འདོད་བསམ་པ་ཡིས། །སོགས་ཀྱི་སྐྱབས་སེམས་ལན་གསུམ་འཛིན། རྒྱུན་བཤགས་མི་དགོས་ ཐུགས་ཀྱི་རྗེས་གནང་ཕྱག་མཚན་བསྟིམ་པ་ཡིན། འདི་ལ་ཡི་དམ་གྱི་གཏོར་ཆོག་མི་དགོས་ཤིང༌། སྤྲོ་ན་ཆ་གསུམ་གཏོར་མ་གཏོང་ ངོ༌། །བྱམས་པའི་སྒྲུབ་ཐབས་ཀུན༷་གྱི་ཕུལ། །བྱིན་རླབས་བཀའ་བབས་དག༷འ་བའི་ཏོག །ནི་རི་ཏི་པའི་རྒྱ་གཞུང་ནི། །ཞལ་ 15-1-341 གདམས་བཅས་པའི་སྙིང༷་པོ༷་འདིའོ། །བྱམས་པའི་སྒྲུབས་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། སྤྲོས་བྲལ་ནམ་མཁའི་རྡོ་རྗེ་ནི། །རྒྱལ་བ་སྐྱེད་མཛད་ལྷ་མོའི་ཚུལ། །ཤེས་རབ་ཕ་རོལ་ཕྱིན་ བཏུད་ནས། །དེ་ཡི་སྒྲུབ་ཐབས་མདོ་ཙམ་བྲི། །སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱངས། པཾ་ལས་ པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་རང་ཉིད་སྐད་ཅིག་གིས་ཕྱོགས་བཅུ་དུས་གསུམ་གྱི་སངས་ རྒྱས་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོ་ཞབས་རྡོ་རྗེའི་སྐྱིལ་ ཀྲུང༌། ཕྱག་དང་པོ་གཉིས་ཆོས་འཆད་དང་མཉམ་བཞག འོག་མ་གཉིས་པོ་ཏི་དང་འཕྲེང་བ། ལྷ་མོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའོ། །ཐུགས་ཀར་འཁོར་ལོ་རྩིབས་དྲུག་ པའི་ལྟེ་བར་ཨ་དཀར་པོ། རྩིབས་རྣམས་ལ་གཡས་བསྐོར་གྱིས། ཏདྱ་ཐཱ། ག་ཏེ། ག་ཏེ། པ་ ར་ག་ཏེ། པ་ར་སཾ་ག་ཏེ། བོ་དྷི་སྭཱཧཱ། ཞེས་པའི་སྔགས་ཚན་དྲུག་གིས་བསྐོར་བ། ཨ་ལས་འོད་འཕྲོས། ཡེ་ ཤེས་པ་བཛྲ་ས་མཱ་ཛཿ ཡན་ལག་བདུན་པ་གང་ཡང་རུང་བ་ཞིག་བྱ་བ་ལས། བཟང་སྤྱོད་ལྟར་མཛད་པ་གཙོ་ཆེ། བདུད་ རྩིའི་ཆུ་རྒྱུན་གྱིས་དབང་བསྐུར། ཛཿཧཱུཾ་བཾ་ཧོཿརང་ལ་ཐིམ། སྐུ་སྣང་སྟོང༌། གསུང་གྲག་སྟོང༌། ཐུགས་རིག་སྟོང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེས་ཀུན་ནས་བསླངས་སྟེ། གོང་གི་སྔགས་འདི་ཉིད་དྲག་ཏུ་ བཟླས་པས། རང་དང་རིགས་དྲུག་གི་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། མཇུག་ཏུ་དགེ་བ་བསྔོ། ཐུན་མཚམས་སུ་ཤེར་ཕྱིན་གྱི་མདོ་ཀློག པོ་ཏི་ལ་ཕྱག་མཆོད་དང་མཚན་བརྒྱ་འདོན་པ་སོགས་བྱ། འདི་ལ་རྗེས་གནང་མི་དགོས། སྒོམ་ལུང་ཙམ་གྱིས་ཆོག་གོ །འདི་དང་ཕྱོགས་མཚུངས་པ་ཞིག་བཀའ་གདམས་ལུགས་ལའང་གནང་མོད་ཀྱི། འདི་ནི་བི་{ཁྱ་[བྱཱ་ ]ཏ་དེ་ཝ་དང༌། བུདྡྷ་ཤྲཱི་ནས་བརྒྱུད་པའོ། །ཀུན༷་ནས་ངོ་མཚར་ཤེར་ཕྱིན་གྱི། །སྒྲུབ་ཐབས་ཟབ་ཅིང་ཆེས་དག༷འ་བ། །འདི་ལ་སྙིང༷་ ནས་ཉམས་ལེན་བྱོས། །བློ་གྲོས་གསལ་པོ༷་སྐྱེ་བར་འགྱུར། །ཤེར་ཕྱིན་སེར་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རབ་དཀར་ཤེས་རབ་ལྷ་མོའི་ཚུལ། །ཤེས་རབ་ཕ་རོལ་ཕྱིན་ དངོས་ལ། །གུས་པར་བཏུད་ནས་སྒྲུབ་ཐབས་བཤད། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྔོན་དུ་བཏང༌། ༀ་ཤཱུ་ ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་སྡོང་བུ་དང་བཅས་པའི་པདྨ་དཀར་ 15-1-342 པོའི་སྟེང་དུ། སླར་ཡང་པདྨ་དཀར་པོ་འདབ་མ་གསུམ་པ་ལ་གནས་པའི་ཨ་ལས་ཟླ་བ། དེའི་ སྟེང་དུ་རང་སེམས་ༀ་དཀར་པོ་འོད་ཟེར་སྣ་ལྔ་འཕྲོ་བ་ལས་པདྨ་དཀར་པོ་ༀ་གྱིས་མཚན་ པ། དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། བུང་བ་ལྟར་གནག་པའི་དབུ་སྐྲ་གཡོན་ངོས་སུ་ འཁྱིལ་བ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་ཕྱག་མཐིལ་གཡས་ ལ་པདྨ་དཀར་པོ་དང་གཡོན་ལས་དམར་པོའི་རྩ་བ་སྐྱེས་ཤིང་སྙན་གཉིས་ཀྱི་ཐད་ཀར་ཁ་ བྱེ་བའི་སྟེང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་བཞུགས་པ། སྐེད་སྐབས་ཕྲ་ཞིང་ནུ་ འཕུར་རྒྱས་པ། བཅུ་དྲུག་ལོན་པའི་ལང་ཚོ་ཅན། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ བརྒྱན་པའོ། །ཐུགས་ཀར་པདྨ་དཀར་པོ་འདབ་བརྒྱད་ཀྱི་ལྟེ་བར་རང་འདྲའི་ཡེ་ཤེས་སེམས་ དཔའ། དེའི་ཐུགས་ཀར་ཡང་པད་ཟླ་ལ་ༀ་དཀར་པོ་ཏིང་ངེ་འཛིན་སེམས་དཔའོ། །དཔྲལ་ བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་ སེམས་དཔའ་དབང་གི་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དམ་ཡེ་གཉིས་སུ་མེད་ པར་གྱུར། དབང་གི་ལྷ་རྣམས་ཀྱིས། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཞིང་དབང་ བསྐུར་རོ། །འོད་དཔག་ཏུ་མེད་པས་དབུ་བརྒྱན། དབང་གི་ལྷ་རྣམས་ཀྱང་རང་ལ་ཐིམ། ཨརྒྷཾ་ ནས་ཤཔྟའི་བར་གྱིས་མཆོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཤེས་རབ་ཕ་རོལ་ ཕྱིན། །འཕགས་པ་ཐམས་ཅད་བསྐྱེད་བྱེད་ཡུམ། །དེ་ལ་གུས་པས་ཕྱག་འཚལ་ལོ། །ཞེས་བསྟོད། འཁོར་ལོའི་བཟླས་པའམ། སྤྲོ་བསྡུའི་བཟླས་པའི་དམིགས་པ་གསལ་བཏབ་ལ། ༀ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷ་ནི། ཛྭ་ལ་ ཛྭ་ལ་མེ་དྷ་ཝརྡྷ་ནི། དྷི་རི་དྷི་རི། བུདྡྷི་ཝརྡྷ་ནི་སྭཱཧཱ། ཞེས་ཅི་འགྲུབ་ཏུ་བཟླས། ཐུན་འཇོག་ཁར་ལྷ་སྐུ་སྟོང་ཉིད་ དུ་སྦྱངས། གནས་གསུམ་བྱིན་གྱིས་བརླབས་ནས་དགེ་བ་བསྔོའོ། །ཐུན་མཚམས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བཀླག་ 15-1-343 པ་དང༌། མཚན་བརྒྱ་ཅི་ནུས་སུ་འདོན་པ་སོགས་དགེ་བ་ལ་འབད། གཏོར་མ་འབུལ་བར་འདོད་ན། དྲི་བཟང་དང་བ་བྱུང་གི་ མཎྜལ་གྱི་སྟེང་དུ། བྲིས་འབུར་གྱི་སྐུ་གཟུགས་སམ། མེད་ན་ཚོམ་བུ་ཞིག་བཀོད། མདུན་དུ་མཆོད་གཏོར་བཤམས་ལ། མཆོད་ པ་བྱིན་རླབས་སྤྱི་དང་མཐུན། མཎྜལ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་མཎྜལ་གཞལ་ཡས་ཁང་ དུ་གྱུར་པའི་དབུས་སུ་ཚོམ་བུ་པདྨ་དང་ཟླ་བའི་གདན་དུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་ འཕྲོས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་འཁོར་དང་བཅས་པ་བཛྲ་ས་མཱ་ ཛཿ པདྨ་ཀ་ལ་ཡེ་སྟྭཾ། གདན་ལ་བཞུགས་པར་གྱུར། གོང་བཞིན་མཆོད་བསྟོད་བྱས་ལ། གཏོར་མ་བསངས་ སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་གཏོར་སྣོད་ཡངས་པར། ༀ་ཨཱཿཧཱུཾ་ ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ སྙིང་པོའི་མཐར་ཨཱ་ཀཱ་ རོ་བཏགས་པས་ལན་ལྔས་ཕུལ། གོང་བཞིན་མཆོད་བསྟོད་དང་འདོད་དོན་གསོལ་བཏབ་སོགས་རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། ། གྲངས་བསྙེན་བཞི་འབུམ་དུ་བཤད་ཀྱང་འབུམ་ཕྲག་བཅུ་གཉིས་དུས་ཟླ་བ་དྲུག་གི་བར་དུ་བྱ། སྒྲུབ་པ་དང་ལས་སྦྱོར་རྒྱུད་ལས་ ཤེས་པར་བྱའོ། ། འདིའི་རྗེས་གནང་ཟུར་བཀའི་ལུགས་ཡིན་མོད་ཀྱིས། རྗེས་གནང་གི་ཆོ་ག་སྐུ་བསྐྱེད་བསྟིམ། གསུང་ལུང་གསུམ། ཐུགས་ ཕྱག་མཚན་བསྟིམ་པ་རྣམས་སྤྱི་དང་འདྲ་ལ། ཁྱད་པར་ནི་བཟླས་ལུང་མཚན་བརྒྱའི་ལུང་ཀློག་པ་ཉིད་ཡིན་ནོ། །ཀུན༷་དག༷འི་ གྲགས་ལྡན་འགའ་ཞིག་གིས། །སྒྲུབ་ཐབས་འཁྲུལ་བར་སྦྱར་མཐོང་ནས། །འཁྲུལ་མེད་སྙིང༷་པོ༷་མདོར་བསྡུས་ཙམ། །བསྙེན་པའི་ བྱ་བ་འདི་ལྟར་སྨྲས། །ཤེར་ཕྱིན་དཀར་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། འཇིག་རྟེན་མགོན་པོས་རྣམ་སྤྲུལ་ཞིང༌། །འཇམ་དབྱངས་མགོན་དང་དབྱེར་མེད་པ། །དབྱངས་ ཅན་མགོན་ལ་གུས་བཏུད་ནས། །བློ་དམན་མགོན་དུ་སྒྲུབ་ཐབས་བྲི། །པཎྜི་ཏ་བུདྡྷ་ཤྲཱི་ནས་བརྒྱུད་པའི་མན་ངག་འདི་ལ། རང་ དབྱངས་ཅན་མར་གསལ་བའི་སྙིང་གར་ཧྲཱིཿལས་འོད་ཟེར་འཕྲོས། དབྱངས་ཅན་མས་ཐུགས་ ཀ་ནས་སྔགས་ཀྱི་འཁོར་ལོ་བཛྲ་ས་མཱ་ཛཿ ༀ་ཨེ་ཧྱ་ཧི། བཛྲ་དེ་བི་མཧཱ་ཙཀྲ་ས་མཱ་ཡཥྚ། ས་མ་ ཡ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བློ་གྲོས་བསྐྱེད་པར་གསོལ་བ་བཏབ་པས། རང་གི་སྙིང་གར་ཐིམ། 15-1-344 རིན་པོ་ཆེ་སྣ་བཞིའི་གཞལ་ཡས་ཁང་གི་དབུས། རང་ཉིད་དབྱངས་ཅན་མར་གྱུར་པ་ནི། སྐུ་ མདོག་དང་ཞལ་གསུམ་དཀར་བ། ཕྱག་དང་པོ་གཉིས་ཀྱིས་རལ་གྲི་དང་ཨུཏྤལ། འོག་མ་ གཉིས་ཀྱིས་པི་ཝཾ་བསྒྲེང་པ། པད་ཟླ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང༌། ལོ་བཅུ་དྲུག་ ལོན་པ་ལྟར་ལང་ཚོ་ལ་བབ་པ། དར་དང་རིན་པོ་ཆེའི་བརྒྱན་པ། ཐུགས་ཀར་པདྨ་དཀར་པོ་ འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿ འདབ་མ་བརྒྱད་ལ་དབྱངས་བཅུ་དྲུག་གཡས་སྐོར་ཡིག་ འབྲུ་རྣམས་རལ་གྲི་ཕྱེད་པའི་གདན་ལ་གནས་པར་གྱུར། ༀ་བཛྲ་དེ་ཝཱི་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷ་ ཧྲཱིཿཧཱུཾ། ཞེས་འབུམ་ཕྲག་གསུམ་བཟླ་བར་གསུངས་ནའང་བཅུ་གཉིས་བཟླའོ། །ཐུན་ཞབས་སུ་ལྷ་སྐུ་ལྟེ་བའི་འཁོར་ལོ་ལ་ བསྡུ། དེ་ཡང་ཧྲཱིཿལ་བསྡུ། བསྙེན་པ་སོང་བས་གཞུང་ལས་བཤད་པའི་ལས་ཚོགས་རྣམས་སྒྲུབ་ཏུ་རུང་བ་ཡིན། འདི་ལ་གཏོར་ ཆོག་མི་དགོས། གཞན་རྗེས་གནང་གི་བྱ་བ་སོགས་ནི་སྤྱི་དང་འདྲ། ཐུགས་ཀྱི་རྗེས་གནང་ཕྱག་མཚན་བསྟིམ་པ་ཉིད་ལ་མཛད་ དོ། །དབྱངས་ཅན་ཀུན༷་ལས་ཕྱག་བཞིའི་སྐུར། །སྟོན་མཛད་སྒྲུབ་ཐབས་རྙེད་དཀའ་བ། །བློ་གྲོས་མཆོག་གི་དག༷འ་སྟོན་ཅན། ། སྒྲུབ་ཐབས་སྙིང༷་པོ༷འི་ཡི་གེའོ། །སློབ་དཔོན་ཟླ་བ་གཞོན་ནུའི་ལུགས་དབྱངས་ཅན་མ་ཕྱག་བཞི་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། དར་རྒྱས་འཕེལ། ། ༄༅། །ན་མོ་གུ་རུ། བླ་མ་དང་ནི་ལྷ་མོ་ལ། །བཏུད་ནས་སྒྲ་དབྱངས་ལྷ་མོ་ཡི། །མངོན་རྟོགས་ཤིན་ཏུ་མདོར་བསྡུས་ པ། །མདོ་ཙམ་རྣམ་པར་བཀོད་པར་བྱ། །དབྱངས་ཅན་མ་དམར་མོ་བསྒོམ་པར་འདོད་པས། རང་གི་མདུན་དུ་བའི་ལྕི་བའི་མཎྜལ་ བྱ། རྫ་བུམ་གཙང་མར་གཞོན་ནུ་མའི་ཆུ་བླུག བུམ་རྫས་བཟང་བ་སིནྡྷུ་ར་དང་ཡོངས་གྲགས་རྣམས་མེ་ལོང་དུ་བསྲེས་ཏེ་གཞུག དར་ལེབ་རྒན་གྱིས་བཀབ་བོ། །སྐྱབས་སེམས་སྔོན་དུ་འགྲོ་བས་ཧྲཱིཿལས་རང་ཉིད་དབྱངས་ཅན་མ་དམར་མོ། ཕྱག་གཡས་ན་ནོར་བུ། གཡོན་མེ་ལོང་བསྣམས་པ། དར་དང་རིན་པོ་ཆེའི་བརྒྱན་པ། ཞབས་ གཡས་བརྐྱང་བའི་བཞུགས་པའི་ཐུགས་ཀར་ཧྲཱིཿསྔགས་ཀྱིས་བསྐོར་བ། ༀ་སྭ་ར་སྭ་སྟྱཻ་ཧྲིཾ་ ཧྲིཾ་ཧྲིཾ་སྭཱཧཱ། ཐུན་འཇོག་ཁར་བདག་བསྐྱེད་ཀྱི་ལྷ་མོ་བུམ་པའི་ནང་དུ་བཞུགས་པར་བསམ། ཨརྒྷཾ་ནས་ཤཔྟའི་བར་གྱིས་ མཆོད། དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། བྱས་པས་གཞན་ཐམས་ཅད་ཀྱི་བློ་གྲོས་ཕྲོགས་ནས་རང་ལ་ཐིམ་ 15-1-345 པར་བསམ། དཀར་གཏོར་བསངས་སྦྱངས། རིན་པོ་ཆེའི་སྣོད་དུ་འབྲུ་གསུམ་ལས་བདུད་རྩིར་གྱུར་པར་ བསམ། སྔགས་སྙིང་པོའི་མཐར་ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ཞེས་ལན་བདུན་གྱིས་ཕུལ། འདི་བློ་གྲོས་ བསྐྱེད་པ་ལ་ཆེས་མྱུར། བསྙེན་སྒྲུབ་ཐོན་ནས་བུམ་ཆུ་འཐུང་ངོ༌། །མངོན་རྟོགས་རྒྱས་པ་བསྒོམ་པར་འདོད་ན། ཡི་གེ་རྙིང་པ་འགའ་ ཞིག་ཏུ་ཤེས་པར་བྱའོ། ། འདིའི་རྗེས་གནང་བྱེད་ན། གཙང་སྦྲ་ཤིན་ཏུ་ཆེ་བའི་ངང་ནས། མཎྜལ་པད་མ་འདབ་མ་བརྒྱད་ཀྱི་སྟེང་དུ་བུམ་པ་བཅའ། སྔོན་འགྲོ་གཏོར་མ་བགེགས་གཏོར་གྱི་ཚུལ་དང༌། གཞི་བདག་གཏོར་མའང་སྤྱི་དང་མཐུན་པར་བཏང༌། མཆོད་པ་བྱིན་གྱིས་ བརླབས། བདག་བསྐྱེད་སྔར་བཞིན་བསྒོམ་ནས། མདུན་བསྐྱེད་བུམ་པ་བསྐྱེད་ཆོག་སྤྱི་དང་མཐུན། བུམ་པའི་ནང་དུ་བདག་བསྐྱེད་ བཞིན་ལྷ་མོ་བསྐྱེད་ལ་བཟླས་པ་བྱ། ཨརྒྷཾ་ལ་སོགས་པས་མཆོད། བསྟོད་པས་བསྟོད། དེ་ནས་སློབ་མའི་བྱ་བ་ནི། མཎྜལ་ཕུལ་ ལ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་དང༌། སྐྱབས་སེམས་རྒྱས་བསྡུས་ལོང་སྐབས་དང་སྦྱར། སངས་རྒྱས་ཀུན་གྱི་རང་ བཞིན་སྐུ། །སློབ་དཔོན་ཁྱོད་ཀྱིས་ལྷ་མོ་ཡི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང༌། །བྱིན་ གྱིས་བརླབ་པ་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། སློབ་མ་དམ་ཚིག་པ་འཇམ་དབྱངས་དམར་སེར་ དུ་སྐད་ཅིག་གིས་བསྐྱེད་པ་ལ། ཡེ་ཤེས་པ་དབྱངས་ཅན་ལྷ་མོར་བསྟིམ། བུམ་པའི་ཆུས་དབང་བསྐུར། སྙིང་པོའི་མཐར་ཇི་ལྟར་ བལྟམས་པ་སོགས་བརྗོད། ལྷ་མོའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་སྟེ་སྤྱི་བོར་ཐིམ། གསུང་བཟླས་ལུང་ སྤྱི་དང་འདྲ། ཐུགས་རྗེས་གཞིག་གི་རིམ་པས་སྟོང་པ་ཉིད་དུ་བསྡུ་བ་མཛད། ལྷག་མ་སྤྱི་དང་འདྲའོ། །དབྱངས་ཅན་སྒྲུབ་ཐབས་ མ་ལུས་པ། ཀུན༷་ལས་བབ་ཅིང་དག༷འ་བའི་ཏོག །སྙིང༷་པོ༷་མདོར་བསྡུས་ཡི་གེ་བཀོད། །དགེ་དེས་བློ་གྲོས་མཚུངས་མེད་ཤོག ། དབྱངས་ཅན་མ་དམར་མོ་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། ཤེས་རབ་ ཀྱི་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་གཉིས་པའོ། །ཞུས་དག ། ༄༅། །ༀ་སྭཱ་སྟི། མ་ལུས་བགེགས་རྣམས་ཉམས་པ་དང༌། །ཕྱི་ཡི་བར་ཆད་བསྲུང་བའི་མཆོག །རྡོ་རྗེ་ཕག་མོའི་ཕོ་ ཉ་མོ། །འོད་ཟེར་ཅན་མས་བདག་སྲུངས་ཤིག །འདིར་སློབ་དཔོན་རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ནི། དགྲ་སོགས་ཕྱི་ཡི་བར་ ཆད་ཞི་བའི་ཕྱིར་འོད་ཟེར་ཅན་མ་དང༌། གདོན་བགེགས་སོགས་ནང་གི་བར་ཆད་ཞི་བའི་ཕྱིར་མི་གཡོ་བ་སྔོན་པོ་པུས་བཙུགས་ 15-1-346 དང༌། ནད་ཞི་བའི་ཕྱིར་ལྷ་མོ་སངས་རྒྱས་སྤྱན་མ་དང༌། རྨི་ལམ་ངན་པ་སོགས་བར་ཆད་བཟློག་པའི་ཕྱིར། སྤྱན་རས་གཟིགས་ཡི་ གེ་ཕྱེད་དང་བཞི་པ་དང༌། ཚེ་བསྒྲུབ་པའི་ཕྱིར་ཐུབ་པ་མེ་རུ་ཤི་ཥ་དང༌། སྡིག་སྒྲིབ་སྦྱང་བའི་ཕྱིར་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་ པའི་བསྒོམ་བཟླས་ཏེ་དྲུག་ལས། དང་པོ་འོད་ཟེར་ཅན་མའི་གཟུངས་འདོན་ཐབས་ནི། སྔ་དྲོ་ཤར་དང༌། དགོང་མོ་ནུབ་ཏུ་གདོང་ ཕྱོགས་ཤིང༌། ཉིན་མོ་སྣང་བྱེད་ཉི་མའི་དཀྱིལ་འཁོར་དང༌། མཚན་མོ་སྣང་བྱེད་ཟླ་བའི་དཀྱིལ་འཁོར་གྱི་གདན་བསྒོམ་པ་བློ་ཡུལ་ ཏུ་ངེས་པར་བྱས་ནས། སྐྱབས་སེམས་སྔོན་དུ་བཏང་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས་ཏེ། རང་གི་སྙིང་གར་སྣང་བྱེད་ ཀྱི་དཀྱིལ་འཁོར་ལ་ༀ། དེ་ལས་འོད་འཕྲོས། རང་ཉིད་རྣམ་པར་སྣང་མཛད་དཀར་པོ་བྱང་ ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། སངས་རྒྱས་རབ་ཏུ་བྱུང་བའི་ཆ་ལུགས་ཅན། བ་སྤུའི་བུ་ག་ ནས་འོད་འཕྲོས། འོད་ཟེར་དཀར་པོའི་རྭ་བ་ཟླུམ་པོ་རྩེ་མོ་མཆོད་རྟེན་གྱི་རྣམ་པ་ཅན་དུ་གྱུར། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས་ལ། སྙིང་གར་སྣང་བྱེད་ཀྱི་དཀྱིལ་འཁོར་ལ་མཾ་ལས་མྱ་ ངན་མེད་ཀྱི་ཡལ་ག་མཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་འོད་ཟེར་ཅན་མ་གསེར་མདོག་ སྐེམ་པའི་ལུས་ཅན། གཡས་ཁབ་དང་གཡོན་སྐུད་པ་བསྣམས་པ། མཉམ་པར་བཞེངས་པར་ གྱུར། སྣ་བུག་གཡས་པ་ནས་ཕྱིར་སྤྲོས་མདུན་དུ་བཞུགས། རང་འདྲའི་ཕོ་ཉ་མོ་དཔག་ཏུ་མེད་ པ་སྤྲུལ། གནོད་བྱེད་རྣམས་དབང་མེད་དུ་བཀུག་སྟེ། ཁ་མིག་བཙེམས། ཡན་ལག་བཅིངས་ ནས་རྭ་བའི་ཕྱི་རོལ་འོབས་ཀྱི་ནང་དུ་འཕངས་པར་བསམ། གཟུངས་ཀྱི་མདོ་ཆུང་ཚར་གཅིག་འདོན། ལྷ་ མོ་འོད་ཟེར་ཅན་གྱི་སྙིང་པོ་བརྗོད་པར་བྱ་སྟེ་ཞེས་པ་ནས་སྭཱཧཱའི་བར་ལན་བདུན་བརྗོད། དེ་ནས་ཕྱག་རྒྱ་བཤིག་ལ་ཅི་བདེར་ བྱས། རླུང་ནང་དུ་འཇུག་པ་དང་བསྟུན་ཏེ། འོད་ཟེར་ཅན་སྣ་བུག་གཡོན་ནས་ཞུགས་ཏེ་སྙིང་གར་ཐིམ་པ་ལས། རང་ཉིད་ ལྷ་མོ་འོད་ཟེར་ཅན་གསེར་མདོག་སྒེག་ཅིང་མཛེས་པ། གཡས་མཆོག་སྦྱིན་དང༌། གཡོན་མྱ་ ངན་མེད་པའི་ཤིང་གི་སྡོང་པོ་ལས་ཡལ་ག་གཅིག་འཛིན་པ། ཡིད་ཙམ་ཁྲོ་བ། དར་དང་རིན་ པོ་ཆེས་བརྒྱན་པ། ཕག་སེར་པོ་བཞིས་དྲངས་པའི་ཤིང་རྟ་ལ་རོལ་པའི་བཞུགས་པ། རང་དང་ ཕག་ལས་འོད་བྱུང༌། ཕག་འཇིགས་རུང་དཔག་ཏུ་མེད་པ་སྤྲུལ། འོབས་ཀྱི་ནང་གི་གནོད་བྱེད་ 15-1-347 རྣམས་ཟོས་ཤིང༌། ལྷག་མ་གསེར་གྱི་ས་གཞིར་གྱུར། ཕག་རྣམས་གདོང་ཕྱིར་བསྟན་པས་རྭ་ བར་གྱུར། ༀ་མཱ་རི་ཙྱཻ་མཾ་སྭཱཧཱ། གང་འགྲུབ་བཟླ། མཐར་བདག་བསྐྱེད་ཀྱི་ལྷ་ལ་མཆོད་བསྟོད་བྱ། མི་དམིགས་པར་ བཞག་ལ་དགེ་བ་བསྔོ། གཏོར་མ་ནི་དཀར་གཏོར་བསངས་སྦྱངས། བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ། ༀ་ འོད་དུ་ཞུ་བ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པའི་འོད་ཟེར་ ཅན་མ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། ༀ་མཱ་རི་ཙྱཻ་དེ་ཝི་ས་པ་རི་ཝཱ་རེ་བྷྱཿ ཞེས་པ་ལ་ཨ་ ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གང་གིས་མཚན་ཙམ་འཛིན་ ཅིང་དྲན་པས་ཀྱང༌། །འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་བྱེད་ཅིང༌། །དྲི་མེད་བདེ་ཆེན་ཉེ་བར་ སྩོལ་བ་ཡི། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ་རྣམས་སྤྱི་དང་མཐུན། འདི་ལ་ངེས་པར་རྗེས་གནང་ དགོས་ཤིང༌། འོན་ཀྱང་རྗེས་གནང་གི་བྱ་བ་ནི་སྒྲུབ་ཐབས་བརྒྱ་རྩ་བཞིན་ནོ། །གསུང་བཟླས་ལུང་གི་མཐར་གཟུངས་མདོ་ཀློག་ དགོས་སོ། །རྒྱལ་བ་ཀུན༷་གྱི་ཕོ་ཉ་མོ། །དག༷འ་ཆེན་འོད་ཟེར་ཅན་སྒྲུབ་ཐབས། །གཟུངས་ལས་འབྱུང་བ་ངོ་མཚར་ཅན། སྙིང༷་ པོ༷འི་ཡི་གེ་འདི་ཙམ་ལགས། །འདིའི་ལམ་བསྲུང་ལ་སོགས་པ་ཁྱད་པར་གྱི་ལས་ཚོགས་ནི། ཡིག་རྙིང་ལས་ཤེས་པར་བྱའོ། །རྡོ་ རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས། ཕྱིའི་བར་ཆད་སེལ་བ་གཟུངས་ལས་འབྱུང་བ་འོད་ཟེར་ཅན་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། སྟོན་པ་གཽ་ཏཾ་ཤཱཀྱའི་ཏོག །དེ་ལ་བཏུད་ནས་དེ་སྒྲུབ་ཐབས། །རི་རྩེ་བརྩེགས་པ་འོད་ཀྱི་རྒྱལ། ། གཟུགས་སྔགས་སྒྲུབ་ཐབས་བྲི་བར་བྱ། །ནམ་ལངས་མ་ཐག་ཏུ་ཁྲུས་བྱས་ཤར་དུ་ཕྱོགས་པས། མདུན་གྱི་ནམ་མཁར་ དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་གསེར་མདོག་བྱང་ཆུབ་ཤིང་གི་རྩ་བར་སྐྱིལ་ཀྲུང་གིས་ བཞུགས་པ། གཡོན་ཆོས་གོས་ཀྱི་དྲ་ལྟེ་བའི་ཐད་ཀར་བཟུང་བ། གཡས་སྐྱབས་སྦྱིན་ནོ། ། ཨརྒྷཾ་ལ་སོགས་པས་མཆོད། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །སོགས་ཀྱིས་བསྟོད། ཕྱག་སྤྱི་བོར་ 15-1-348 བཞག་པས་འཆི་མེད་ཚེའི་དངོས་གྲུབ་སྩོལ་བར་བསམ། ན་མོ་བྷ་ག་ཝ་ཏེ། མེ་རུ་ཤི་ཥ་ར་ཀཱུ་ཊ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་མེ་རུ་མེ་རུ་མཧཱ་མེ་རུ་ཡེ་སྭཱཧཱ། ཞེས་བརྒྱ་རྩ་ བཟླས། འོད་དུ་ཞུ་རང་ལ་ཐིམ་པས་རང་ཡང་ཐུབ་པར་གྱུར། སྔགས་ཅུང་ཟད་གཅིག་བཟླ། སྟོང་པར་སྦྱངས་ ལ་དགེ་བ་བསྔོ། དམིགས་ཀྱིས་བཀར་ནས་ཚེ་སྒྲུབ་བྱེད་ན། ཉིན་མཚན་ཅི་ནུས་བཟླ་བ་ཡིན་ནོ། །དམ་ཚིག་ཏུ་གཞན་ལ་གསང༌། འདི་ལ་བཟླས་ལུང་གིས་ཆོག་པའི་ལུགས་ཀྱང་ཡོད་ལ། རྗེས་གནང་ལྟར་ན་སྒྲུབ་ཐབས་བརྒྱ་རྩ་བཞིན་ནོ། །མཁས་རྨོངས་ཀུན༷་ ལ་གྲགས་ཆུང་ཡང༌། །ཤིན་ཏུ་ཟབ་ཕྱིར་ཡིད་དག༷འི་གནས། །སྦས་ཏེ་སྙིང༷་ནས་བསྒྲུབས་གྱུར་ན། །ཚེ་ནི་མཆོག་ཏུ་རིང་པོ༷་གྱུར། ། རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས། །ཚེ་རིང་པོ་སྒྲུབ་པ་ཐུབ་པ་མེ་རུ་ཤི་ཥའི་སྒྲུབ་ཐབས་ཀྱིས་ལེ་ཚན་ནོ།། །།དར་རྒྱས་ འཕེལ། ། ༄༅། །ༀ་སྭཱ་སྟི། འཇིག་རྟེན་མགོན་ལ་རབ་བཏུད་ནས། །ནད་དང་སྡུག་བསྔལ་ཞི་བྱེད་ཕྱིར། །རྨི་ལམ་ངན་པའང་ བཟློག་གྱུར་ལ། །ཚེ་སྒྲུབ་མཆོག་གྱུར་བཤད་པར་བྱ། །སྐྱབས་སེམས་སྟོང་ཉིད་སྒོམ་པ་སྔོན་དུ་འགྲོ་བས། རང་གི་མདུན་ དུ་སྐད་ཅིག་གིས་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ན་བཟའ་སྔོན་པོ་གསོལ་བ། གཡས་ སྐྱབས་སྦྱིན་དང་གཡོན་པདྨ་དཀར་པོ་འཛིན་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། རལ་ པའི་ཐོར་ཚུགས་དང་ལྡན་པ། ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་འཕྲེང་བ་གསལ་བཏབ་ཏེ། མོས་ གུས་ཀྱི་གདུང་བ་ཆེན་པོས། ༀ་ཨ་རོ་ལིཀ །ཅེས་ལན་གཅིག་བརྗོད་ལ། ཨ་རོ་ལིཀ་ཅེས་པ་ཉིད་བརྒྱ་རྩ་བཟླའོ། །དེ་ ལྟ་བུའི་ཚུལ་གྱིས་སྔགས་ༀ་ཅན་གཅིག་གིས་འགོ་དྲངས་ནས། གཞན་བརྒྱ་བརྒྱ་བཟླ་བ་ཉིད་ཅི་ནུས་སུ་བྱའོ། །མཐར་བདག་གི་ སྡིག་སྒྲིབ་སྦྱོང་བ་དང༌། བར་ཆད་ཞི་བར་གསོལ་བ་དྲག་ཏུ་བཏབ་པས་འོད་དུ་ཞུ་ནས་རང་ལ་ཐིམ། རྣམ་སྨིན་གྱི་ལུས་སྦྱངས་ཏེ་ འོད་ཀྱི་རང་བཞིན་གྱི་ལྷ་སྐུར་གྱུར། དེ་ཡང་མི་དམིགས་པར་སྦྱངས་ཏེ་ཅུང་ཟད་མཉམ་པར་བཞག དགེ་བ་བསྔོ། རྨི་ལམ་དུ་དགེ་ སློང་ཆོས་གོས་སྔོན་པོ་གྱོན་པས་ལུང་སྟོན་པ་སོགས་འབྱུང་ངོ༌། །འདི་ལ་བཟླས་ལུང་ཙམ་མཛད་པའི་ལུགས་ཀྱང་ཡོད་མོད་ཀྱི། རྗེས་གནང་ལྟར་བྱེད་ན། སྒྲུབ་ཐབས་བརྒྱ་རྩ་དང་འདྲའོ། །ཀུན༷་ལ་མིང་ཡང་མ་གྲགས་པ། །མན་ངག་ཤིན་ཏུ་དག༷འ་བའི་ཏོག ། ཛེ་ཏཱ་རི་དང་བ་རི་བའི། ཐུགས་དམ་སྙིང༷་པོ༷་མཆོག་གྱུར་ལགས། །རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས། རྨི་ལམ་ངན་པ་ 15-1-349 བཟློག་པ་སྤྱན་རས་གཟིགས་ཡི་གེ་ཕྱེད་དང་བཞི་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ཞི་བའི་ལས་སྒྲུབ་གཙོར་གྱུར་པ། །སངས་རྒྱས་སྤྱན་ལ་གུས་བཏུད་ནས། །ནད་ཞི་རིམས་ སོགས་བཟློག་པའི་ཕྱིར། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། ཤཱུ་ནྱ་ཏཱས་སྟོང་ བར་སྦྱངས། སྟོང་པའི་ངང་ལས་པད་ཟླ་ལ་རང་སེམས་ལ་ཡོངས་སུ་གྱུར་པ་ལས། རང་ཉིད་ སངས་རྒྱས་སྤྱན་མ་སྐུ་མདོག་དཀར་མོ་ཕྱག་གཡས་པས་འཁོར་ལོ་མིག་འབྲས་ཀྱིས་མཚན་ པ་དང༌། གཡོན་པས་པདྨ་དཀར་པོ་འཛིན་པ། རྒྱན་དང་ན་བཟའ་དཀར་པོ་ཅན། ཐུགས་ཀར་ ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལཾ། དེ་ལས་འོས་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ ཛཿ ཛཿཧཱུཾ་བཾ་ཧོཿ སྙིང་ག་ཟླ་བ་ལ་སྔགས་འཕྲེང་ས་བོན་མིང་ཡིག་དང་བཅས་པ་བསྒོམ། ༀ་རུ་རུ་སྤུ་རུ། ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ། སརྦ་ཨརྠ་ས་དྷ་ནི་མ་མ་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་ཅི་ནུས་སུ་ བཟླས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྤྱན་ནི་འཁོར་ལོ་མཛེས་མ་སྟེ། །འཆི་བ་སློང་བར་བྱེད་ པའི་མཆོག །བདག་ཅག་སྡུག་བསྔལ་གྱུར་བ་ལ། །ལྷ་མོ་ཁྱོད་ཀྱིས་བསྐྱབ་པར་མཛོད། །དགེ་ བ་བྱང་ཆུབ་ཏུ་བསྔོ། འདིའི་ལས་ཚོགས་བར་ཆད་ཞི་བྱེད་མཎྜལ་ནད་འདོན་སོགས་ནི་ཡིག་རྙིང་དུ་ཤེས་པར་བྱ། རྗེས་གནང་ནི་ སྒྲུབ་ཐབས་བརྒྱ་རྩས་རིགས་འགྲེའོ། །རིགས་སྔགས་རྒྱལ་མོ་བདེ་གཤེགས་མ། །ཀུན༷་གྱི་ཐོག་མར་རབ་དག༷འ་བ། །སྤྱན་མའི་ བསྙེན་སྒྲུབ་ལས་གསུམ་ལས། བསྙེན་པ་ཙམ་ཞིག་སྙིང༷་པོ༷ར་བྲིས། །རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་ལས་ནད་ཞི་བར་བྱེད་ པ་སངས་རྒྱས་སྤྱན་མའི་སྒྲུབ་ཐབས་ཀྱིས་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། དཀྱིལ་འཁོར་ཀུན་ཏུ་ཞུགས་པ་དང༌། །རིགས་སྔགས་ཀུན་གྱི་གཞིར་གྱུར་པ། །སྡིག་སྒྲིབ་མཐའ་ དག་སྦྱོང་བའི་ཐབས། །དམ་ཚིག་གསུམ་བཀོད་སྒྲུབ་ཐབས་བཤད། །གཙང་སྦྲ་དང་བསྙེན་གནས་ཀྱི་ཆོ་ག་ལ་གནས་པའི་སྒོ་ནས་ འདི་ཉིད་ཀྱི་བྲིས་སྐུའམ། མ་འབྱོར་ན་ཐུབ་པའི་དབང་པོའི་སྐུ་གཟུགས་བྲིས་འབུར་གང་ཡང་རུང་བ་སྟེགས་བུ་ལ་བཞག གཙང་ སྦྲ་ཅན་གྱིས་མཆོད་པ་རྒྱ་ཆེར་བཤམས། སྟན་དམའ་བ་ལ་པུས་མོ་བཙུགས་པའི་ཚུལ་གྱིས་འདུག་སྟེ་མཆོད་པ་རྣམས་སྤྱི་དང་ མཐུན་པར་བྱིན་གྱིས་བརླབ་པའམ། མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་གྱིས་བྱིན་གྱིས་བརླབས། སེམས་བསྐྱེད་ཚད་མེད་ 15-1-350 བཞི་དང་སྦྲེལ་བ་སྔོན་དུ་འགྲོ་བས། མདུན་དུ་རིན་པོ་ཆེའི་ཁྲི་པདྨའི་གདན་དང་བཅས་པར་གྱུར། བདུག་ སྤོས་འཐུལ་ཞིང༌། མ་ལུས་སེམས་ཅན་མའི་མཐར་རྡོ་རྗེ་བསྡམས་པ་ལས། གུང་མོ་གཉིས་བསྒྲེང་ཞིང་རྩེ་མོ་སྦྱར། མཐེ་ བོང་གཉིས་མཉམ་པར་བརྐྱང་བ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་གཡབ་ཅིང༌། ༀ་ཏ་ཐཱ་ག་ཏོ་བྷ་ག་ཝཱན། ༀ་ཧྱེ་ཧི། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་བྱོན་ཏེ་གདན་ལ་བཞུགས་པར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མགོན་པོ་ཐུགས་རྗེ་ཆེ་སོགས་ཀྱིས་བསྟོད། བཟང་སྤྱོད་ནས་འབྱུང་བའི་ཡན་ ལག་བདུན་པ་ཚར་གཅིག་བྱ། བཅོམ་ལྡན་དམ་ཚིག་གསུམ་བཀོད་ནི། །གསེར་མདོག་རྡོ་རྗེ་སྐྱིལ་ཀྲུང་ བཞུགས། །མཚན་དང་དཔེ་བྱད་ཡོངས་སུ་རྫོགས། །ཚངས་སྤྱོད་ཆ་བྱད་ཆོས་གོས་བསྣམས། ། ཕྱག་གཡོན་ཆོས་གོས་དྲ་འཛིན་ཅིང༌། །གཉིས་ཀར་ཐུགས་ཀར་ཆོས་འཆད་མཛད། །ཐུགས་ ཀར་ཟླ་བའི་དཀྱིལ་འཁོར་ལ། །གསང་སྔགས་ཡི་གེ་བརྒྱ་པ་བཞུགས། །ན་མ་སྟྲཻ་ཡ་དྷི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་བསྟི། དྷརྨ་ཏཱ་བཱ་ལིཾ་ནཱཾ། ༀ་ཨ་ས་མ་ས་མ་ས་མནྟོ། ཨཱ་ ནནྡཱ་བསྟི་ཤ་ས་ནི་ཧ་ར་ཧ་ར། སྨ་ར་སྨ་ར་ཎ་བི་ག་ཏ་ར་ག་བུདྡྷ་དྷརྨ་ཏེ་སཱ་ར་སཱ་ར། ས་མ་བ་ལ། ཧ་ས་ཧ་ས། ཏྲཱ་ཡ་ཏྲཱ་ཡ། ག་ག་ན་མཧཱ་བ་ར་ལཀྵ་ཎེ། ཛྭ་ལ་ཛྭ་ལ་ན་ས་ག་རེ་སྭཱཧཱ། ཞེས་ཅི་ནུས་སུ་ བཟླས་པའི་མཐར་མཆོད་བསྟོད་བྱས་ཏེ། ༀ་ཁྱོད་ཀྱི་སེམས་ཅན་སོགས་ཀྱི་མཐར། ༀ་བཛྲ་མུཿ ཞེས་གཤེགས་སུ་ གསོལ། དེ་ལྟར་ན་སྔགས་འབུམ་ཙམ་བཟླས་པའི་མཐར། ཟླ་བ་ཡར་ངོ་ཞིག་ལ་ཕྱག་མཆོད་ལན་བདུན་པ་རེའི་མཐར་སྔགས་རེ་ བཟླ། ཐུན་རེ་རེ་བཞིན་ལན་ཉི་ཤུ་རྩ་གཅིག་བྱ་བ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱ་བ་ཡིན་ནོ། །དེས་རྨི་ལམ་དུ་ཞལ་སྟོན་ ཅིང་སྡིག་པ་དག་པའི་རྟགས་འབྱུང་ལ། ལན་གཅིག་ལ་མ་བྱུང་ཀྱང༌། ཟླ་སྨད་ལ་སྔར་བཞིན་བསྙེན་པ་བྱས་ལ་ལན་གསུམ་བསྐྱར་ བས་འགྲུབ་ངེས་པ་ཡིན་ནོ། །འདིའི་རྗེས་གནང་ནི་སྒྲུབ་ཐབས་བརྒྱ་རྩ་དང་འདྲ། སྡིག་སྦྱོང་ཀུན༷་ལས་ཆེས་ཟབ་པ། །ཡིག་བརྒྱའི་ མན་ངག་རབ་དག༷འ་འདི། །རྡོ་རྗེ་གདན་པའི་ཐུགས་དམ་གྱི། །སྙིང༷་པོ༷་ཡིན་ཞེས་མཁས་པ་བསྔགས། རྡོ་རྗེ་གདན་པའི་ཐུགས་ དམ་ལྷ་དྲུག་ལས། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་སྡིག་སྦྱོང་གི་ཆོ་གར་གྲགས་པ་དམ་ཚིག་གསུམ་བཀོད་གཙོ་རྐྱང་གི་ སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་རྡོ་རྗེ་གདན་པའི་ཐུགས་དམ་ལྷ་ལྔའི་སྒྲུབ་ཐབས་བཤད་ 15-1-351 པའི་སྐབས་ཏེ་བཅུ་གསུམ་པའོ། །དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། རྗེ་བཙུན་རིག་བྱེད་ལྷ་མོ་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་ཀྱི། །མཆོག་ཏུ་གྲགས་པ་ལྷ་ལྔ་དང༌། ། རྗེས་འབྲེལ་ཆོ་གའི་ཁྱད་པར་བཤད། །འདི་ལ་སྒྲུབ་ཐབས་དང་རྗེས་གནང་གི་བྱ་བ་གཉིས་ལས། དང་པོའི་སྐབས་སུ། རཾ་ ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ལྷ་ཆེན་དབང་ཕྱུག་དང་ཨུ་མ་བསྣོལ་བའི་གདན། དེའི་ སྟེང་དུ་རཱ་ཧུ་ལ་ནག་པོ་མདའ་གཞུ་འཛིན་པ་ཁ་བུབ་ཏུ་བསྒྱེལ་བ་ལ་ཧྲཱིཿལས་ཨུཏྤལ་དམར་ པོ་ཧྲཱིཿས་མཚན་པ་ལས་འོད་ཟེར་ལྕགས་ཀྱུ་སོགས་ཞེས་དང༌། མེ་དཔུང་འབར་བའི་དབུས་སུ་ བཞུགས་པའོ། །ཞེས་དང༌། ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། ལྷོ་རུ་རི་ལས་རིན་ ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་དམར་མོ། བྱང་དུ་ས་ལས་ ལས་ཀྱི་མཁའ་འགྲོ་མ་ལྗང་ཁུ་རྣམས་ཌཱ་མ་རུ་དང་ཁ་ཊྭཱཾ་ག་ཐོད་པ་འཛིན་པ་གར་སྟབས་ཀྱིས་ བཞུགས་པའོ། །སྤྱི་བོར་ཧྲཱིཿལས་ཁྲོ་བོ་རྟ་མགྲིན་དམར་པོ་དབྱུག་པ་དང་སྡིགས་མཛུབ་ཅན། དེའི་ཐུགས་ཀར་ཧྲཱིཿདང་རྟ་མགོའི་མདུན་དུ་བླ་མའི་སྐུ་གཟུགས་ཀྱིས་བརྒྱན་པ། རང་གི་སྙིང་ གར་པདྨ་འདབ་བཞི་ལ་རིག་བྱེད་མ་ལྷ་ལྔ་དང༌། ཁྲོ་རྒྱལ་རྟ་མགྲིན་བླ་མར་བཅས་པ། གཙོ་ མོའི་ཐུགས་ཀར་ཧྲཱིཿཡིག་གི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བ། རིགས་བཞི་མཁའ་ འགྲོའི་ཐུགས་ཀར་ཡང་རང་རང་གི་ས་བོན། དེ་རྣམས་ཀྱི་སྤྱི་བོར་ༀ་ཞེས་སོགས་བྱ། ལྷ་དབང་བསྐུར་ བ་མི་དགོས། བཟླས་པའི་སྔགས་ནི། ༀ་ཀུ་རུ་ཀུལླེ་ཧྲཱིཿཧཱུཾ་ཧཱུཾ་ཕཊ་ཕཊ། ༀ་ཨཱཿཧཱུཾ་ཧྲི་ཧྲི་ཧྲི་ཧ་རི་ནི་ས་ཧྲི་ ཛཿཨ་ཀཪྵ་ཡ་ཧཱུཾ་ཛཿ བ་སུ་ཝ་ཤཾ་ཀུ་རུ་ཨངྐུ་ཤ་ཧྲི་ཝ་ཤཾ་ཀུ་རུ་ཧཱུཾ་ཧཱུཾ་ཛ་ཛཿ ཞེས་དྲག་ཏུ་བཟླའོ། ། གཉིས་པའི་སྐབས་སུ་མཎྜལ་པདྨ་དམར་པོ་འདབ་བརྒྱད། ཐོད་པ་ཆང་གིས་གང་བ། སིནྡྷུ་རའི་དཀྱིལ་འཁོར། ཆོས་འབྱུང་ པདྨ་འདབ་བཞི། ས་བོན་དང་བཅས་པ་བྲིས་པ་རྣམས་བརྩེགས། མཐའ་མཆོད་གཏོར་གྱིས་བསྐོར། སྔོན་འགྲོ་གཏོར་མ་བཏང་ གནས་ཡོ་བྱིན་རླབས་བྱ། བདག་བསྐྱེད་མདུན་བསྐྱེད་གཏོར་འབུལ་ཡན་ཆད་སོང་ནས། བུམ་པ་གཉིས་བཤམས་ལ། གཅིག་ཏུ་ ཀུ་རུ་ཀུལླེ་ལྷ་ལྔ་དང༌། གཅིག་ཏུ་རྟ་མགྲིན་སྐད་ཅིག་གིས་བསྐྱེད་ལ། བཟླས་པ་ཅུང་ཟད་བྱ། མཆོད་བསྟོད་བྱ་ཞིང༌། བུམ་ནང་ 15-1-352 གི་ལྷ་འོད་དུ་ཞུ་ནས་བདུད་རྩིར་གྱུར། དཀྱིལ་འཁོར་ཡོལ་བས་བཅད། སློབ་མས་མཎྜལ་ཕུལ། རྒྱུན་བཤགས་རིགས་ལྔའི་སྡོམ་ བཟུང༌། མིག་དར་བཅིངས་མེ་ཏོག་གཏད། ལས་བུམ་གྱི་ཆུ་དང༌། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲ་ཝ་ཧཱུཾ་ཕཊ་ཀྱིས་བགེགས་ བསྐྲད། འབྲུ་གསུམ་གྱིས་བདུད་རྩི་ལྕེ་ལ་བཞག དེ་ནས་ཡོལ་བ་བསལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ བྱིན་གྱིས་རློབས་ཤིག །རྗེ་བཙུན་རིག་བྱེད་མ་བདག་ལ་དབབ་ཏུ་གསོལ། ཅེས་གསོལ་བ་བཏབ། སློབ་མའི་སྙིང་གར་པདྨ་འདབ་བཞི་ས་བོན་ལྔ་དང་བཅས་པ་བསྒོམ་དུ་བཅུག་ལ། རིག་བྱེད་ མ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་བསྟིམ། ༀ་ཀུ་རུ་ཀུལླེ་ཧྲིཿཧྲིཿཧྲིཿཨ་བེ་ཤ་ཡ་ཧྲི་ཧྲི་ཧྲི། ཞེས་དྲག་ ཏུ་བཟླས་མེ་ཏོག་ཕུལ། བཛྲ་ཙཀྵུ་ཙཀྵུ་བཛྲ། ཞེས་མིག་དར་ཕྱེ། མཎྜལ་ཕུལ། སློབ་མ་རིག་བྱེད་མ་དམ་ཚིག་ སེམས་དཔའ་གཙོ་རྐྱང་ལ་སྙིང་གའི་ལྷ་ལྔ་དང༌། སྤྱི་བོའི་རྟ་མགྲིན་ཡོངས་སུ་རྫོགས་པ་སྐད་ ཅིག་གིས་བསྐྱེད། ༀ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། ༀ་བཛྲི་ བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་ཅིང་དབང་བསྐུར། དབུ་རྒྱན་སྤྱི་བོར་གཏུགས། སྔགས་དེ་ཉིད་བརྗོད། ཕྱག་ མཚན་བཞི་པོ་གཏད་ལ། ཐབས་ཤེས་མདའ་དང་གཞུ་སྦྱར་བཀང་བྱས་ལ། །མི་ཤེས་ནད་སེལ་མ་ རིག་དབུག་པར་བྱ། །ཨུཏྤལ་མཛེས་པ་ལྷ་མོའི་ཕྱག་མཚན་ཉིད། །དེ་རིང་བུ་ཁྱོད་ལ་ནི་སྦྱིན་ པར་བྱ། །མི་ཤེས་འདམ་ནས་འདྲེན་མཛད་པ། །རྒྱལ་བའི་ཕྱག་མཚན་ལྕགས་ཀྱུ་བཟུང་ཞེས་ དང༌། རིགས་ལྔའི་ཕྱག་མཚན་གཏད་ལ། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རྡོ་རྗེ་རྒྱ་གྲམ་རྣམས། །མཁའ་ འགྲོ་རྣམས་ཀྱི་ཕྱག་མཛད་དེ། །དེ་རིང་ཁྱོད་ཀྱིས་བཟུང་བར་བྱ། མཁའ་འགྲོ་རྟག་ཏུ་བྱིན་ རློབ་འགྱུར། །ༀ་ཌཱ་ཀི་ནཱི་སརྦ་ཨ་བྷི་ཥིཉྩ་མི་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཧཱུཾ། དེ་ནས་བཟླས་ལུང་སྤྱི་དང་ མཐུན་པར་སྦྱིན། སྙིང་པོའི་མཐར་རྡོ་རྗེའི་མིང་བཏགས་ལ་མིང་དབང་བསྐུར་ཏེ། བུམ་དབང་ངོ༌། །མཎྜལ་དབུས་ཀྱི་ཀ་པཱ་ལའི་ བདུད་རྩི་སྦྱིན་ཏེ་གསང་དབང༌། གནས་གསུམ་དུ་སིནྡྷུ་རའི་ཐིག་ལེ་བྱས་ཏེ་ལྷ་རྣམས་བསྟིམ་པ་ཤེར་དབང་ངོ༌། །སྟོང་པ་ཉིད་ལ་ མཉམ་པར་འཇོག་ཏུ་བཅུག་དབང་བཞི་པའོ། །རྗེས་ཀྱི་བྱ་བ་རྣམས་སྤྱི་དང་འདྲའོ། །འདི་ལ་འཁོར་མཁའ་འགྲོ་བཞི་པ་བསྐྱེད་པ་ ནི། ཕག་མོ་ལྷ་ལྔའི་འདྲེས་ཡིན་ནོ། །ཞེས་མཁྱེན་ལྡན་དམ་པ་རྣམས་བཞེད་ཀྱང༌། ཡིག་རྙིང་ཕལ་ཆེར་ན་ཡོད་པ་དང༌། དེང་སང་ 15-1-353 ལག་ལེན་བྱེད་པའི་གྲགས་པ་དབང་བཙན་པར་བྱོས་ནས་འདིར་བཀོད་པ་ཡིན་ནོ། །དཱ་ན་ཤཱི་ལས་ཌོཾ་བི་བའི། །མན་ངག་ཀུན༷་ དག༷འ་རྒྱལ་མཚན་དཔལ། །ས་སྐྱ་པཎ་ཆེན་ལ་གནང་བའི། སྙིང༷་པོ༷་མདོ་ཙམ་བཀོད་པ་ཡིན། །ཀུ་རུ་ཀུལླེ་གསང་སྒྲུབ་ཏུ་གྲགས་ པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། ཡེ་ཤེས་ལྷ་མོ་སྒྲོལ་མ་དང༌། །ལས་ཀྱི་ལྷ་མོ་ལ་བཏུད་ནས། །ཤིན་ཏུ་ཟབ་པར་གྲགས་པ་ཡི། ། དབང་གི་ལས་ལ་ཉེར་མཁོ་བཤད། །དཔལ་མོ་སྙིང་གི་གསེར་ཐིག་ཅན་དུ་གྲགས་པའི་སྒྲུབ་པ་ལས་སྦྱོར་གྱི་རིམ་པ་ཡིག་རྙིང་ ལས་ཤེས་པར་བྱ་བ་དང༌། འདིར་བསྙེན་པ་ཙམ་དང་རྗེས་གནང་གི་ཚེ་ཉེ་བར་མཁོ་བའི་དབང་དུ་བྱས་ཏེ་ཅུང་ཟད་བརྗོད་ན། ཙན་ དན་དམར་པོས་བྱུགས་པའི་མཎྜལ་གྱི་དབུས་སུ་ཆོས་འབྱུང་གྲུ་གསུམ་རྩེ་མོ་རང་ལ་བསྟན་པ། དབུས་སུ་མེ་ཏོག་དམར་པོའི་ཚོམ་ བུ་བྱ། ལོགས་གཅིག་ཏུ་བུམ་པ་ཡང་བཤམས། མཁའ་འགྲོ་སྤྱི་གཏོར་དང་སྔོན་འགྲོའི་གཏོར་མ་དང༌། གནས་ཡོ་བྱིན་རླབས་སྤྱི་ དང་མཐུན་པར་བྱ། སྐྱབས་སེམས་ཚད་མེད་བཞི་རྣམས་སྤྱི་དང་མཐུན་པར་བྱ། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། པཾ་ལས་པདྨ་ དང་ཨ་ལས་ཟླ་བའི་སྟེང་དུ། ཏཱཾ་ལས་ཨུཏྤལ་ཏཱཾ་གིས་མཚན་པའི་འཕྲོ་འདུ་ལས། རང་ཉིད་ སྒྲོལ་མ་སྐུ་མདོག་ལྗང་ཁུ་གཡས་སྐྱབས་སྦྱིན། གཡོན་ཨུཏྤལ། ཞབས་གཡས་བརྐྱང་གི་རོལ་ པས་བཞུགས་པ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཐུགས་ཀར་པད་ཟླའི་ སྟེང་དུ་ཏཱཾ་ལ་སྔགས་འཕྲེང་གིས་བསྐོར་བ་བསྒོམས་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་ཅི་ནུས་ སུ་བཟླའོ། །མདུན་བསྐྱེས་བསངས་སྦྱངས། པད་ཟླའི་སྟེང་དུ་ཧྲཱིཿཡིག་འོད་ཀྱི་འཕྲོ་འདུ་ལས། ལྷ་མོ་ཀུ་རུ་ ཀུལླེ་དམར་མོ་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་མདའ་གཞུ། འོག་མ་གཉིས་ལྕགས་ ཀྱུ་དང་ཨུཏྤལ། གཡོན་བརྐྱང་གི་གར་སྟབས་ཅན། དེའི་ཐུགས་ཀ་རང་འདྲའི་ཡེ་ཤེས་སེམས་ དཔའ། དེའི་ཐུགས་ཀར་པད་ཟླ་ལ་ཧྲཱིཿཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ༀ་ ཀུ་རུ་ཀུལླེ་ཧྲཱིཿསྭཱཧཱ། བསྒྲུབ་བྱ་ཨ་ཀཪྵ་ཡ་ཛཿ ཞེས་ཅི་འགྲུབ་བཟླའོ། །བུམ་པ་བསངས་སྦྱངས། བུམ་པའི་ ནང་དུ་སྐད་ཅིག་གིས་རྗེ་བཙུན་མ་འཕགས་མ་སྒྲོལ་མ། དེའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་ མ། ཤར་དུ་གང་བཟང་དཀར་པོ། རིན་པོ་ཆེས་མཚན་པའི་བུམ་པ་བསྣམས་པ། ལྷོར་ཚོགས་ 15-1-354 བདག་སེར་པོ་རིན་པོ་ཆེ་དང་གསེར་གྱི་གའུ་བསྣམས་པ། ནུབ་ཏུ་རྣམ་སྲས་དམར་པོ་རིན་པོ་ ཆེ་དང་ལྗོན་ཤིང༌། བྱང་དུ་ཛམྦྷ་ལ་ནག་པོ་རིན་པོ་ཆེ་དང་ནེའུ་ལེ། ཤར་ལྷོར་དབང་གི་སྒྲོལ་ མ་ལྗང་ཁུ་རིན་པོ་ཆེ་དང་ཨུཏྤལ། ལྷོ་ནུབ་ཏུ་ཀུ་རུ་ཀུལླེ་དམར་མོ་ཨུཏྤལ་དང་ནོར་བུས་མཚན་ པའི་ལྕགས་ཀྱུ། ནུབ་བྱང་དུ་ནོར་རྒྱུན་མ་སེར་མོ་རིན་པོ་ཆེ་དང་འཕྲེང་བ། དབང་ལྡན་དུ་ གདུགས་དཀར་མོ་རིན་པོ་ཆེ་དང་དེས་མཚན་པའི་པདྨ་བསྣམས་པའོ། །སྒྲོལ་མ་དང་ཀུ་རུ་ཀུལླེའི་སྙིང་ པོ་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་འབུལ། དེ་ནས་སློབ་མས་མཎྜལ་འབུལ། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། རྗེ་བཙུན་རྗེས་ཆགས་རྣལ་འབྱོར་ མ། །ཐུགས་རྗེའི་བདག་ཉིད་འགྲོ་བ་སྐྱོབས། །རིག་བྱེད་མ་ཡི་བྱིན་བརླབ་པ། །བདག་ལ་ཉེ་ བར་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། སྒྲོལ་མའི་སྐུའི་རྗེས་གནང་སྤྱི་དང་འདྲ་བར་བྱས། མདུན་ བསྐྱེད་ཀྱི་ཐུགས་ཀ་ནས་སྤྲོས་པའི་ཀུ་རུ་ཀུལླེ་སློབ་མ་ལ་བསྟིམ་པས། སློབ་མ་ཀུ་རུ་ཀུལླེ་ གྱུར་པ་ལ་ཡེ་ཤེས་པ་བཅུག དྲིལ་བུ་དང་བཅས་པའི་རོལ་མོའི་སྒྲ་བྱ། ཀུ་རུ་ཀུལླེ་པྲ་བེ་ཤ་ཡ་ཧཱུཾ། ཝ་ཤཾ་ ཀུ་རུ་ཧོ། ཞེས་ལན་བརྒྱ་རྩ་བརྒྱད་བརྗོད། ཏིཥྛ་བཛྲ་གྱིས་བརྟན་པར་བྱ། སྔགས་ཀྱི་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། སློབ་མ་ཀུ་རུ་ཀུལླེ་སེམས་དཔའ་གསུམ་བརྩེགས། དེའི་གནས་གསུམ་ནས་འོད་ཟེར་ལྕགས་ ཀྱུ་ལྟ་བུ་འཕྲོས་ཏེ། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་ཀྱི་སྙིང་ནང་ནས་སེམས་ཀྱི་ངོ་བོ་ཨ་ དཀར་ལ་དམར་བའི་མདངས་ཆགས་པ་བཀུག་སྟེ། སློབ་མའི་གནས་གསུམ་དུ། རོལ་མོ་དང་ སྔགས་གོང་བཞིན། དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་གྱི་བཅུད་དང༌། སངས་རྒྱས་བྱང་སེམས་རྣམས་ ཀྱང་བསྡུ། རེ་རེ་བཞིན་རོལ་མོ་དང་སྔགས་གོང་བཞིན། མཐར་ལྷ་སྐུ་རྗེས་གཞིག་གི་རིམ་པས་འོད་གསལ་དུ་བསྡུ་བའི་ དམིགས་པ་འབོགས། སློབ་མ་དང་མདུན་བསྐྱེད་ཀྱི་རྗེས་ནི་སྤྱི་དང་འདྲའོ། །འགྲོ་ཀུན༷་དབང་བསྡུད་གདམས་ངག་ཅེས། །གཉན་ ལོའི་གདམས་ངག་དག༷འ་བར་གྲགས། །གོང་བསྙེན་ཙམ་དང་རྗེས་གནང་གི །སྙིང༷་པོ༷འི་ཡི་གེར་ངོ་མཚར་སྨད། །དམར་ཆུང་སྐོར་ གསུམ་དུ་གྲགས་པ་ལས། དཔལ་མོ་སྙིང་གི་གསེར་ཐིག་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། 15-1-355 ༄༅། །ༀ་སྭཱ་སྟི། རྡོ་རྗེ་ཕག་མོ་ལ་བཏུད་ནས། །དེ་ཡི་བཀའ་ཉན་ཕོ་ཉ་མོ། །ནོར་རྒྱུན་དམར་མོར་གྲགས་པ་ཡི། ། སྒྲུབ་ཐབས་རྗེས་གནང་ཅུང་ཟད་བཤད། །འདིའི་བསྙེན་པ་དང་ལས་སྦྱོར་ནི། ཡིག་རྙིང་ཇི་ལྟ་བ་བཞིན་ཡིན་ལ། འདིའི་རྗེས་ གནང་དང་འབྲེལ་བའི་སྒྲུབ་ཐབས་ནི། མཎྜལ་ཁྲུ་གང་པ་བ་བྱུང་དང་དྲི་བཟང་གིས་བྱུགས་པ་ཞིག་ལ་ར་ཁྲག་གིས་ཆོས་འབྱུང་གྲུ་ གསུམ་དུ་བྲིས། ནང་ཆག་ཆག་བཏབ། དབུས་སུ་མེ་ཏོག་དམར་པོའི་ཚོམ་བུ་གཅིག་དང༌། མཎྜལ་གྱི་ཐ་མར་མེ་ཏོག་དམར་པོའི་ ཚོམ་བུ་ཉི་ཤུ་རྩ་གཅིག་དགོད། མདུན་དུ་གཏོར་མ་ཤས་བརྒྱན་པ་དང༌། གཏོར་མར་བསེ་གྲམ་གྱི་ཁྲག་གིས་སྦྲན་པ་དང་གཞན་ ཡང་མཆོད་པ་སྤྱི་དང་མཐུན་པར་བཤམ། ཕག་མོ་གང་ཡང་རུང་བའི་བདག་བསྐྱེད་སྔོན་དུ་འགྲོ་བས། མཎྜལ་གྱི་དབུས་ཀྱི་ ཚོམ་བུ་སྐད་ཅིག་གིས་ལྷ་མོ་ནོར་རྒྱུན་མ་དམར་མོ་ཉི་མ་ལ་བརྐྱང་བསྐུམ་ཀྱིས་བཞུགས་པ། གཡས་རིན་པོ་ཆེའི་སྙེ་མ་དང་གཡོན་ཐོད་ཁྲག་འཛིན་པ། སྐྲ་སེར་གྱེན་དུ་བརྫེས་པ། འཛུམ་ ཁྲོ་སྒྲུབ་པ་པོ་ལ་དགྱེས་པས་ལྟ་བ། ལང་ཚོ་ལ་བབ་ཅིང་རིན་པོ་ཆེ་དང་རུས་པས་བརྒྱན་པའོ། ། མཐའ་སྐོར་གྱི་ཚོམ་བུ་རེ་ནས་མེ་ཏོག་རེ་བླངས་ལ་དབུས་མ་ལ་འབུལ་ཞིང་སྔགས་རེ་བརྗོད། ཚུལ་དེས་ཉེར་གཅིག་སོང་བ་ ན་སྙིང་པོའི་མཐར་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་བདུན་གྱིས་གཏོར་མ་བསྟབ། དམར་ གྱི་ཨརྒྷཾ་ནས་གཏོར་ཞིང་སྔགས་ཀྱི་མཐར་ཨརྒྷཾ་ན་མཿཞེས་བརྗོད། མཆོད་པ་གཞན་རྣམས་ཡིད་ཀྱིས་ཕུལ། སྔགས་ཉི་ཤུ་ རྩ་གཅིག་བཟླ་བ་ཉིད་བསྟོད་པ་ཡིན་ནོ། །སྔགས་ནི། ཨ་ཡ་བྷི་བྷི། བྷུ་ཊི་བྷུཊྚ། ཀ་མ་རཀྐཾ་མ། སཱ་མ་པཱ་ཏི། སརྦ་ཝི་སི་ཏི། ཀུ་རུ་ཎི་རེ། ག་རུ། ཞེས་པའོ། ། དེ་ནས་ལུང་བླང་བ་ནི། སློབ་མས་མཎྜལ་ཞིག་ཕུལ་ལ། ཡན་ལག་བདུན་པ་བྱ། མདུན་བསྐྱེད་ཀྱི་ལྷ་མོ་གསལ་བཏབ་ལ། སློབ་དཔོན་གྱིས་སྔགས་བརྗོད། སློབ་མས་མེ་ཏོག་ལན་ཉི་ཤུ་རྩ་གཅིག་འབུལ། སློབ་མ་ལྷ་མོར་བསྐྱེད། སྔགས་ཀྱི་བཟླས་ལུང་སྤྱི་ དང་མཐུན་པར་སྦྱིན། སློབ་མའི་རྗེས་ཀྱི་བྱ་བ་སྤྱི་དང་འདྲ། མདུན་བསྐྱེད་ཀྱི་མེ་ཏོག་གི་ཚོམ་བུ་ཁ་གསོས་ལ། གོང་བཞིན་མེ་ཏོག་ དང་ཨརྒྷཾ་ཕུལ། གཙྪ་གཙྪ་སྭ་བྷཱ་ཝ་ནཾ། ཞེས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། དབང་སྡུད་ཀུན༷་ལས་ མྱུར་རོ་ཞེས། །དག༷འ་བར་བསྔགས་མོད་སྙིང༷་པོ༷འི་དོན། །སྒོམ་པ་རྣམས་ལ་མི་དགོས་ཀྱང༌། །བློ་དམན་རྗེས་སུ་བཟུང་ཕྱིར་ཡིན། ། ནོར་རྒྱུན་མ་དམར་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། 15-1-356 ༄༅། །ༀ་སྭཱ་སྟི། ཤེས་རབ་མར་བཅས་ཧེ་རུ་ཀར། །བཏུད་ནས་དེ་ཡི་ཕོ་ཉ་མོ། །དུས་མཚན་དམར་མོའི་རྣམ་འཕྲུལ་ ནི། །ལྷ་མོ་ཏི་ནུའི་སྒྲུབ་ཐབས་བཤད། །བདེ་མཆོག་ཡབ་ཡུམ་གང་རུང་གི་བསྙེན་པ་སྔོན་དུ་སོང་བ་ཞིག་གིས། མདུན་དུ་སིནྡྷུ་རའི་ མཎྜལ་ལ་ལྟེ་བར་བསྒོམ་རྒྱུའི་སྔགས་འཁོར་ལྟ་བུ་ཞིག་བྲི། མེ་ཏོག་དམར་པོ་དང་ཆང་དང་མཆོད་པ་སྣ་ལྔ་བཤམ། སེམས་བསྐྱེད་ ཚད་མེད་བཞི་སྔོན་དུ་སོང་ནས། རང་སྐད་ཅིག་གིས་ལྷ་མོ་ཏི་ནུ་སྐུ་མདོག་དམར་མོ་གཡས་གྲི་གུག་ འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡོན་བརྐྱང་གི་སྐྱིལ་ཀྲུང་ཕྱེད་ པའི་གར་སྟབས་ཅན་པད་ཟླ་ལ་བཞུགས་པ། ཁྲོ་ཞིང་སྒེག་པ། རུས་པའི་རྒྱན་ཅན་ནོ། །ལྟེ་ བར་ཟླ་བ་ལ་དབུས་སུ་ཧྲཱིཿ ཤར་དུ་ས། ལྷོ་རུ་ཧི། ནུབ་ཏུ་ཀ བྱང་དུ་ལ། མདུན་དུ་མཎྜལ་གྱི་ གནས་སུ་ཡང་སྔགས་ཀྱི་འཁོར་ལོ་ཡིག་འབྲུ་རྣམས་ལྷའི་རང་བཞིན་དུ་གྲུབ་པར་གྱུར། ལྷ་མོའི་ ཐུགས་ཀ་ནས་སྔགས་འབྲུ་བཀུག་ལ་བསྟིམ་པ་ཡིད་ཀྱིས་བྱ། མདུན་གྱི་ཡི་གེ་ལྔ་ཆར་ལ་མཐེབ་སྲིན་གྱིས་ཆང་དང་མེ་ཏོག་བླངས་ ལ་གཏོར། ལྟེ་བའི་ཧྲཱིཾཿལས་སྔགས་འཕྲེང་ཐོལ་ཐོལ་འོང་བར་བསམས་ལ། ས་ཧི་ཀ་ལ་ཧྲིཿ ཞེས་ བཟླའོ། །དེ་ལྟར་སྔགས་འབུམ་ཕྲག་ཉི་ཤུས་འདིའི་བསྙེན་པ་རྫོགས་པ་ཡིན་ནོ། ། འདིའི་རྗེས་གནང་ནི། པདྨ་དམར་པོ་འདབ་བརྒྱད་པའི་སྟེང་དུ་མཉྫི་ལ་ཐོད་པ་ཆང་གིས་བཀང་བ། དེའི་སྟེང་དུ་སིནྡྷུའི་རའི་ སྔགས་འཁོར། དེའི་སྟེང་དུ་བྲིས་སྐུ་ཞིག་བཀོད། མདུན་བསྐྱེད་མི་དམིགས་ཏེ་སྟོང་པའི་ངང་ལས་བདག་བསྐྱེད་ བཞིན་ལྷ་མོར་བསྐྱེད། གོང་བཞིན་མེ་ཏོག་དང་ཆང་གིས་མཆོད། སློབ་མས་མཎྜལ་ཕུལ། གང་དྲིན་སོགས་དང༌། སངས་ རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །བདག་ལ་ལྷ་མོ་ཏི་ནུ་ ཡི། །རྗེས་སུ་གནང་བ་སྩལ་དུ་གསོལ། །ལན་གསུམ། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ། སློབ་མ་ ལྷ་མོར་བསྐྱེད། སློབ་དཔོན་གྱི་སྲིན་ལག་གཡོན་པས་མདུན་གྱི་བདུད་རྩི་ནས་བླངས། སློབ་མའི་དཔྲལ་བར་ཐིག་ལེ་ལན་གསུམ་ བྱ། སྔགས་བརྗོད་ཅིང་ནང་མཆོད་ལན་གསུམ་སྦྱིན། མདུན་གྱི་ལྷ་མོའི་བྷ་ག་ལས་རཀྟ་བྱུང་སྟེ་འཐུངས་པས་ ལུས་གང་བར་མོས་སུ་འཇུག ལྷ་མོ་ལས་ལྷ་མོ་བྱུང༌། སློབ་མའི་དཔྲལ་བར་ཐིམ། སྔགས་ཀྱི་མཐར་ ༀ་མང་དུ་བརྗོད། མཎྜལ་གྱི་ཡིག་འབྲུ་ལས་སྲིན་ལག་གཡོན་པས་སིནྡྷུ་ར་བླངས་ཏེ། སློབ་མའི་མགྲིན་པར་ཐིག་ལེ་བྱ། ལྷ་ 15-1-357 མོའི་ལྟེ་བའི་ཡི་གེ་རྣམས་ལྷ་མོའི་མགྲིན་པར་ཐིམ་པར་བསམ། སྔགས་ཀྱི་མཐར་ཨ་མང་དུ་བརྗོད། དྲིལ་བུ་དཀྲོལ། འགྲོ་ཀུན་ཆགས་པས་འོད་དུ་ཞུ། སློབ་མའི་སྙིང་གར་དཀྲོལ་བས་དེ་ཐམས་ཅད་ སློབ་མ་ལ་ཐིམ། ལྷ་མོའི་ཐུགས་ཀ་ནས་ལྷ་མོ་བྱུང་སྟེ་སྙིང་གར་ཐིམ། སྔགས་ཀྱི་མཐར་ཧཱུཾ་མང་ དུ་བཟླ་ཞིང༌། དྲིལ་བུ་དེ་སློབ་མ་འཁྲོལ་དུ་གཞུག རྗེས་སུ་བཟླས་པའི་ལུང་དང༌། བྱིན་གྱིས་བརླབས་པའི་ ལུང་སྤྱི་དང་འདྲ་བ་ལས། སྔགས་འཁོར་ལྟེ་བར་བྱེད་པ་དང༌། སློབ་དཔོན་དང་མདུན་བསྐྱེད་གཉིས་ཀའི་ཞལ་ནས་བྱུང་བ། སློབ་ མའི་ཁར་ཉིས་སྦྲག་གི་ཚུལ་གྱིས་བྱུང་བར་སྒོམ་པ་ནི་ཁྱད་པར་རོ། །རྗེས་ཀྱི་བྱ་བ་ཡང་སྤྱི་དང་འདྲའོ། །ཀུན༷་ཏུ་གབ་པའི་མན་ངག་ ནི། །གསལ་བར་བསྟན་ན་དག༷འ་སྤྲོ་སྐྱེ། །སྙིང༷་ནས་ལས་ཚོགས་སྒྲུབ་ན་ཀོ །གསོང་པོ༷ར་སྨྲ་ལ་འདུན་པ་སྐྱེ། །ལྷ་མོ་ཏི་ནུའི་སྒྲུབ་ ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། རྡོ་རྗེ་ཕག་མོའི་བདག་ཉིད་ཅན། །ཟིལ་གནོན་མཐུ་སྟོབས་དཔག་ཏུ་མེད། །ཐོད་པ་རྒྱན་ཞེས་ བྱ་བ་ཡི། །མཁའ་འགྲོ་རྒྱ་མཚོའི་གཙོ་ལ་འདུད། །འདིའི་སྒྲུབ་ཐབས་ནི། ཐོག་མར་སྟོང་ཉིད་བསྒོམ། དེ་ནས་སྙིང་རྗེ་བསྒོམ། དེ་ནས་རང་གི་སྙིང་གར་ༀ་ལས་འོད་འཕྲོས་དོན་གཉིས་བྱས། སླར་འདུས་ཏེ་ཐིམ་པ་ཡོངས་ སུ་གྱུར་པ་ལས་སྔགས་ཀྱི་སྒྲ་དང་བཅས་པ་ལྷ་མོའི་སྐུར་གྱུར་བ་ནི། རྡོ་རྗེ་རྣལ་འབྱོར་མ་སྐུ་ མདོག་དམར་མོ། ཞལ་གཅིག་ཕྱག་བཞི་སྤྱན་གསུམ་སེང་གེའི་གདོང་ཅན་རལ་པ་འཕྱར་བ། རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་ཀྱི་དང་པོ་གྲི་གུག གཉིས་པ་རལ་གྲི་འཕྱར་བ། གཡོན་གྱི་དང་པོ་ཐོད་ཁྲག་ཞལ་དུ་གསོལ་བ། གཉིས་པ་ཁ་ཊྭཱཾ་རྩེ་གསུམ་འཛིན་པ། པདྨ་ཉི་ ཟླ་བརྩེགས་པའི་སྟེང་དུ། མཁའ་འགྲོ་སྡེ་ལྔས་བཏེགས་པའི་རིན་པོ་ཆེའི་གདན་མི་རོ་བསྣོལ་ བ་དང་བཅས་པའི་སྟེང་དུ་གཡོན་བརྐྱང་བའི་ཕྱེད་ཀྲུང་ཅན། སྙིང་གི་ནང་དུ་སྔགས་ཀྱི་ཡི་གེ་ གཡས་སུ་འཁོར་བ། དེ་ལས་འོད་འཕྲོས། འདོད་ཁམས་དམར། གཟུགས་ཁམས་དཀར། གཟུགས་མེད་ཁམས་ནག་གི་སེམས་ཅན་རྣམས་ཀྱི་སྲོག་རྩ་ཞལ་དུ་བཅུག སྙིང་ཁྲག་ཞལ་དུ་ གསོལ་བས། སྒྲིབ་པ་དག་ཅིང་སྐྱེ་འཆི་རྩད་ནས་བཅད་པར་གྱུར། ༀ་དུ་ཁ་ཡེ་ན་མ། ཞེས་ཟླ་བ་ 15-1-358 ཕྱེད་དུ་བཟླའོ། །དེ་ནས་དེ་ལ་ༀ་ཧ་ར་ཎི་ས་ཨཱཿརི་ནི་ས་ཧ་ཧཱུཾ་ནི་ཧ་ས་རི། ཞེས་པ་བཏགས་ལ་ཞག་བདུན་བཟླས་ པས་མི་དང་མི་མ་ཡིན་དབང་དུ་འདུ། བདུད་ཚོགས་ཟིན་གྱིས་གནོན། མཁའ་འགྲོ་སྤྲིན་བཞིན་དུ་འདུ་བ་ཡིན་ནོ། །ཐོད་པ་མཚན་ ལྡན་དུ་དཀར་གཏོར་ཆང་གིས་བརྒྱན་པ་ཁ་རང་ལ་བསྟན་པ་ཞིག་བཤམ། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། སྙིང་པོ་ལ་ ཁཱ་ཧི་བཏགས་པ་ལན་གསུམ་གྱིས་འབུལ། ཕུད་མེ་ལ་བསྲེག་ཅིང་ལྷག་མ་ཟའོ། །དཔུང་པ་གཉིས་སུ་ སེང་གེ་རལ་པ་དཀྲུག་པ། མཁལ་ལོགས་གཉིས་སུ་སྟག་མོ་མི་རོ་ཟ་བ། བརླ་སྒང་གཉིས་སུ་ སྦྲུལ་ནག་ཁ་ནས་མེ་འབར་བ་བསྒོམས་ནས། ལས་ལ་སྦྱོར་བ་ཡིན་ནོ། །འདིའི་ཏིང་ངེ་འཛིན་གྱི་དབང་ནི་ཚོགས་ འཁོར་བཟང་བ་བཤམ། ཉོན་མོངས་དུག་གསུམ་དབང་དུ་བསྡུ། །རིག་པ་ནམ་མཁའི་དབྱིངས་དང་བསྲེ། །ལྷ་སྐུ་ཇེ་ཆེ་ཇེ་བསྟིམ་ བྱ། །འཛབ་བཟླས་བྱ་ཞིང་གཏོར་དབང་བསྐུར། །དམ་རྫས་ཚོགས་ལ་རོལ་བར་བྱ། །ཞེས་པ་ལྟར་ཏེ། བླ་མའི་མན་ངག་ལས་ ཤེས་པར་བྱའོ། །པདྨའི་མན་ངག་གཉན་སྟོན་གྱིས། །ལེགས་གྲུབ་ཀུན༷་ཏུ་ཞལ་གཟིགས་པའི། །ཟིལ་གནོན་སྒྲུབ་ཐབས་རབ་ དག༷འ་བ། སྙིང༷་པོ༷་མདོ་ཙམ་བྲིས་པ་ཡིན། །རྗེ་བཙུན་མ་ཐོད་པ་རྒྱན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། སྤྱན་རས་གཟིགས་དབང་ཐུགས་རྗེ་ལས། །མཁའ་འགྲོ་གསང་བ་ཡེ་ཤེས་སྤྲུལ། །འཕྲིན་ལས་ མྱུར་སྒྲུབ་དབང་གིས་ལས། །མཆོག་སྩོལ་མ་ལ་གུས་པས་འདུད། །ཡིག་དྲུག་གི་བསྙེན་པ་སྔོན་དུ་སོང་བ་ཞིག་གིས་སྐྱབས་ སེམས་ཚད་མེད་བཞི་སྤྱི་དང་མཐུན་པའི་རྗེས་སུ། རང་གི་སྙིང་གར་ཧྲཱིཿདམར་པོ། དེའི་འོད་ཀྱིས་ལུས་གང་ ། འོད་དུ་ཞུ་བ་ལས་རང་ཉིད་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ་ཞལ་ གཅིག་ཕྱག་བཞི། ཞབས་གཉིས་གར་སྟབས་ཀྱིས་པདྨ་ལ་བཞུགས་པ། ཁྲོ་ཆགས་འདྲེས་ པའི་ཉམས་ཅན། གཡས་དང་པོ་གྲི་གུག འོག་མ་རལ་གྲི། གཡོན་དང་པོ་ཐོད་ཁྲག འོག་ མ་རྩེ་གསུམ་གྱིས་མཚན་པའི་ཁ་ཊྭཱཾ་ག་བསྣམས་པ། གཅེར་བུ་སྐྲ་གྲོལ་མགོ་འཕྲེང་དང་རུས་ རྒྱན་ཅན། མཁའ་འགྲོ་རིགས་བཞིས་གདན་གྱི་ཕྱོགས་བཞི་ནས་འདེགས་པ། ལྷ་འདྲེ་མི་ གསུམ་དབང་དུ་སྡུད་པ། ཐུགས་ཀར་སྤྱན་རས་གཟིགས་དམར་པོ་མུ་ཏིག་གི་འཕྲེང་བ་དང་ པདྨ་འཛིན་པ་ཟླ་གདན་ལ་བཞུགས་པའོ། །ཐུགས་ཀར་ས་བོན་དང་སྔགས་འཕྲེང་གསལ་ 15-1-359 བཏབ་ལ། ༀ་མ་ཎི་པདྨེ་ཧཱུཾ། ༀ་དྷུ་མ་གྷ་ཡཻ་ན་མ་སྭཱཧཱ། ༀ་ཧ་རི་ནི་ས་ར་ཙ་ཧྲི་ཡ། ཞེས་ཅི་འགྲུབ་ བཟླ། གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། རང་གི་མདུན་དུ་སྐད་ཅིག་གིས་མཁའ་ འགྲོ་གསང་བ་ཡེ་ཤེས་འཁོར་དང་བཅས་པ་བཞུགས་པར་གྱུར། སྔགས་ཀྱི་མཐར་ཨི་དཾ་བཱ་ལིཾ་ཏཾ་ ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བཏགས་པ་ལན་ལྔས་བདག་མདུན་གྱི་ལྷ་གཉིས་ཆར་ལ་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་ མཆོད། རྡོ་རྗེ་མི་འཆི་འདོད་ཆགས་ཆེ། །མི་རྟོག་ནམ་མཁའི་རྡོ་རྗེ་འཛིན། །འདོད་ཆགས་ཕ་ རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་སྐུ་སྤྲུལ་པ། །ལྷ་ འདྲེ་མི་གསུམ་དབང་དུ་སྡུད། །མཁའ་འགྲོ་གསང་བ་ཡེ་ཤེས་ནི། །མཁའ་འགྲོའི་ཚོགས་དང་ བཅས་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། མདུན་ བསྐྱེད་རང་གི་སྙིང་གར་ཐིམ། རང་ཉིད་མི་དམིགས་པར་བྱས་ལ། དགེ་བ་བསྔོ། འདི་ལ་དབང་རྗེས་ གནང་སོགས་མི་དགོས། སྒོམ་ལུང་ཕོག་པ་ཉིད་ཀྱིས་ཆོག་གོ །ཀུན༷་ནས་ཟབ་པ་པདྨའི་གསུང༌། །འདི་ལ་བརྟེན་ནས་ལས་ཚོགས་ རྣམས། །དག༷འ་བས་བསྒྲུབས་ནས་མྱུར་འགྲུབ་སྟེ། །སྙིང༷་པོ༷འི་སྒྲུབ་ཐབས་འདི་ཙམ་ཡིན། །འདི་ནི་བསྙེན་པ་ཙམ་སྟེ། མེ་མཆོད་ ལ་སོགས་པ་ལས་ཚོགས་མང་དུ་ཡོད་དོ། །མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་ འབྱུང་གནས་ལས། དབང་སྡུད་ཀྱི་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་བཞི་པའོ། །དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། མ་ལུས་རྒྱལ་བའི་ཐུགས་རྡོ་རྗེ། །བདུད་རྩི་འཁྱིལ་བའི་སྐུར་བསྟན་ནས། །བདུད་བཞིའི་སྟོབས་ འཇོམས་ལས་བཞི་སྒྲུབ། །རྡོ་རྗེ་རྣམ་འཇོམས་ལ་འདུད་དོ། །སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་སྙིང་གར་པད་ཉི་ ལ་ཧཱུཾ་ལྗང་སྔོན་དེ་ལས་འོད་འཕྲོས། ལུས་གང༌། སྡིག་སྒྲིབ་སྦྱངས། སྣ་བུག་ནས་ཕྱིར་འཕྲོས་ རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་ དཔས་བསྐོར་བ་བཛྲ་ས་མཱ་ཛཿ ༀ་བཛྲ་བི་ད་ར་ཎ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་ མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཡན་ལག་བདུན་པ་བྱ། སེམས་ཅན་ཐམས་ ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་ 15-1-360 བར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་དེ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི་རྭ་བ་ དྲ་བ་གུར་བླ་བྲེ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་ བའི་དབུས་སུ། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། ཧཱུཾ་ལྗང་སྔོན་ལས་སྣ་ཚོགས་རྡོ་ རྗེའི་ལྟེ་བ་ལ་ཧཱུཾ་ལྗང་སྔོན་གྱིས་མཚན་པ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་རྣམ་ པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་རྡོ་རྗེ་ཐུགས་ཀར་ གཏོད་ཅིང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཞལ་ཁྲོ་མ་འཛུམ་གྱི་རྣམ་ པ་ཅན། མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། སྤྱན་གསུམ་དང་ལྡན་ཞིང་དབུ་སྐྲ་རལ་པའི་ ཐོར་ཚུགས་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་ ཐམས་ཅད་ཀྱིས་བརྒྱན་པ། གཟི་བརྗིད་མཐའ་ཡས་པ་མངའ་ཞིང༌། མ་ལུས་པའི་སྤྲུལ་པ་ འཆང་བའོ། །དཔྲལ་བར་ༀ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། རང་ བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་ ནས་ཤཔྟའི་བར་གྱིས་མཆོད། ༀ་བཛྲ་ཨངྐུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་ཨཱ་ བེ་ཤ་ཨ། སླར་ཡང་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་ བཅས་པ་བཛྲ་ས་མཱ་ཛཿ ༀ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཞེས་སྦྱར་ཏེ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ནས་ཤྲཱི་ ཡེ་ཧཱུཾ། ཞེས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷ་མ་ཡར་ལུད་པ་ལས། རྡོ་རྗེ་སེམས་ དཔས་དབུ་བརྒྱན། སླར་ཡང་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བཟླས་པའི་དམིགས་པ་གསལ་བཏབ་ལ། འདི་ སྐད་བདག་གིས་ནས་སྨྲས་སོའི་བར་གླེང་གཞི་ཚར་གཅིག་བཏོན། གཟུངས་ཀྱི་བཟླས་པ་ཅི་རིགས་པར་བྱེད་པ་ལས། 15-1-361 གཟུངས་ཡོངས་སུ་རྫོགས་པ་དང༌། ཉེ་སྙིང་ཁོ་ན་བཟླ་བ་གཉིས་འདམ་ཀ་ལས་གཞན་མེད་པར་གྲགས་ནའང༌། རྩ་སྔགས་དང་ སྙིང་པོ་ཉེ་སྙིང་གསུམ་ཇི་ལྟར་རིགས་པར་བཟླས་པས་ཆོག་གོ །མཇུག་ཏུ་ཕན་ཡོན་ཚར་གཅིག་བཏོན་པ་ལ། ཡེ་ཤེས་པ་ མདུན་གྱི་ནམ་མཁར་བཞུགས། གོང་བཞིན་མཆོད། གང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས། ། རྡོ་རྗེའི་རྭ་གུར་མེ་དཔུང་འབར་བའི་མཐུས། །བདུད་བཞིའི་སྟོབས་རྣམས་རྣམ་པར་འཇོམས་ མཛད་པའི། །རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བཅོམ་ལྡན་འདས་རྡོ་རྗེ་ རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་དངོས་གྲུབ་མ་ ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་བཟོད་པར་ གསོལ། ༀ་བཛྲ་མུཿ ཞེས་གཤེགས་སུ་གསོལ། རང་ཉིད་དམ་ཚིག་པར་གསལ་བའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་ བཀོད། སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བྱའོ། ། འདིའི་རྗེས་གནང་བྱེད་པར་འདོད་པས། རྗེས་གནང་གི་བྱ་བ་དངོས་ནི། སྒྲུབ་ཐབས་བརྒྱ་རྩ་དང་འདྲ་ལ། འོན་ཀྱང་བུམ་ ཆོག་དང་{སྤེལ་[འབྲེལ་]བར་འདོད་ན། མཎྜལ་པདྨ་འདབ་བརྒྱད་ཚོམ་བུ་དང་བཅས་པའི་སྟེང་དུ་བུམ་པ་བཤམ་པའམ། མ་ འགྲུབ་ན་བུམ་གདན་ཅི་བདེ་བ་ལ་བུམ་པ་ཁ་རྒྱན་དུང་ཆོས་ཆུར་བཅས། གཟུངས་ཐག་རྡོ་རྗེ་དང་བཅས་པ་བཀོད། སྤྲོ་ན་དེ་ཉིད་ ལ་དགོས་མཆོད་ཀྱང་བཤམ། བདག་བསྐྱེད་མདུན་བསྐྱེད་སོང་བའི་མཚམས་སམ། མདུན་བསྐྱེད་དང་བུམ་བསྐྱེད་ལྷན་ཅིག་ཏུ་ བྱས་ཀྱང་ཆོག་སྟེ། གང་ལྟར་ཡང་མཆོད་པ་བྱིན་གྱིས་བརླབས། བུམ་པ་བསངས་སྦྱངས། སྟོང་པའི་གང་ལ་པཾ་ལས་ པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་ རྒྱ་ཆེ་བ་ལྟོ་བ་ཡངས་ཤིང་མགྲིན་པ་ཕྲ་བ་མཆུ་འཕྱང་བ། ལྷའི་གོས་ཀྱི་མགུལ་ཆིངས་དང་ ལྡན་པ། དཔག་བསམ་ཀྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་ སུ་གང་བའི་དབུས་སུ། པདྨ་དང་ཉི་མའི་གདན་ཞེས་པ་ནས། དབུ་རྒྱན་གྱི་བར་བདག་བསྐྱེད་ཉིད་འདོན་ པ་སྤོས་པ་རུང་བ་ལས། ཁྱད་པར་ནི། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་པའི་རྗེས་སུ། མ་ལུས་སེམས་ ཅན་ནས་ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་ 15-1-362 ད་ར་ཎ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི། ཞེས་བརྗོད། དེ་ནས་མཆོད་བསྟོད་བྱས་ལ། གཟུངས་ཐག་ནས་བཟུང་སྟེ་དམིགས་ པ་དང་བཅས་པས་གཟུངས་མདོ་འདོན་ཅིང་བཟླས་པ་བྱེད་ཚུལ་བདག་བསྐྱེད་ཀྱིས་རིགས་འགྲེ། མཐར་བུམ་པའི་ལྷ་ལ་མཆོད་ བསྟོད་དང༌། མ་འབྱོར་པ་དང་སོགས་བཟོད་གསོལ་བྱ། བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས། དུང་ཆོས་ ཀྱི་ཆུ་བླུག མཆོད་ཡོན་ཕུལ་བས་དམ་ཚིག་པ་འོད་དུ་ཞུ་སྟེ་བུམ་པའི་ཆུར་གྱུར་ཞེས་བརྗོད། དེ་ནས་ འཇིག་རྟེན་འདས་པའི་གཏོར་འབུལ་དང༌། འཇིག་རྟེན་པའི་གཏོར་མ་ཆ་གསུམ་བཞིན་དུ་བཏང༌། སློབ་མའི་བྱ་བའི་སྐབས། རྗེས་གནང་དངོས་གཞི་སོང་མཚམས་སུ། བཀྲུ་བྱབས་བསྲུང་གསུམ་བྱ་སྟེ། འདི་སྐད་བདག་གིས་ནས། ཉེ་སྙིང་ཡན་ ཆད་རྫོགས་པར་བཏོན་མཚམས་ཉེ་སྙིང་གི་མཐར། སརྦ་པཱ་པཾ་ཤཱནྟིངྐུ་རུ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། སརྦ་བིགྷྣཱན། སརྦ་རོ་ཥ། སརྦ་དུཥྚཾ། སརྦ་ཛྭ་རེ། སརྦ་ཨུ་པ་དྲ་བེ། སརྦ་ཨ་ཀ་ལ་མྲྀ་ཏུ། སརྦ་དུར་སོབ་ནི། སརྦ་དུར་མི་ཏི། སརྦ་ཙིཏྟ་ཀུ་ལེ་བྷྱཿ ཤཱནྟི་ཀུཾ་རུ་སྭཱཧཱ། ཞེས་བུམ་པའི་ཆུས་སློབ་མ་ལ་ཁྲུས་བྱ་ཞིང༌། མཐར་ ཁ་བཤལ་ལོ། །དེ་བཞིན་དུ་རྨ་བྱའི་མདོངས་སོགས་ཀྱིས་བྱབས་ཏེ། ཤཱནྟི་ཀུཾ་རུ་སྭཱཧཱའི་དོད་དུ་ཨ་པ་ན་ཡེ་སྭཱཧཱ། ཞེས་ བརྗོད། དེ་ནས་བསྲུང་བ་བྱ་སྟེ། རེ་རེའི་མཐར་རཀྵ་རཀྵ་ཞེས་བརྗོད་ཅིང༌། སྤྱི་བོ་སྙིང་ག་སོག་ཕྲག་དཔུང་པ་གཡས་གཡོན། དཔྱི་གཡས་གཡོན་རྣམས་ལ་རྡོ་རྗེ་རྒྱ་གྲམ་དུ་བཞག་ནས། མཐར་རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་ དང༌། །རྡོ་རྗེ་རྣམ་པར་འཇོམས་པའི་མཐུ་སྟོབས་ཀྱིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ ཟིན་གྱི། །འདི་ལ་སུས་ཀྱང་གནོད་པར་མ་བྱེད་ཅིག །ཅེས་བརྗོད་ལ་མེ་ཏོག་དོར་ཞིང༌། རོལ་མོ་དང་བཅས་ པའི་བཀྲ་ཤིས་བྱའོ། །དེ་ནས་གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླངས། གཏང་རག་གི་མཎྜལ་འབུལ། དེང་ནས་ སོགས་ཡོན་དབུལ། དགེ་བ་བསྔོ། མདུན་བསྐྱེད་ཀྱི་མཆོད་པ་ཁ་གསོས་ནས་བྱིན་གྱིས་བརླབས་ཏེ། མཆོད་བསྟོད། གསོལ་ བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །འདིའི་བཟླས་ལུང་གི་སྐབས་ལོང་ སྐབས་མེད་ཅིང་མི་སྤྲོ་བ་དང༌། རྒྱུན་གྱི་ཉམས་ལེན་བདག་བསྐྱེད་སྐབས་དང་རྒྱས་པ་མི་ལྕོགས་ན། ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་ཉེ་སྙིང་གཅིག་པུ་བཟླས་པས་ ཆོག་ཅིང༌། བཀྲུ་བྱབས་བསྲུང་གསུམ་དང་བྲལ་བའི་རྗེས་གནང་ཁོ་ན་ཡང་སྐབས་སུ་བབ་པ་དག་ལ་སྦྱིན་པ་དང༌། བསྡུ་ན་སྔོན་ 15-1-363 འགྲོ་ཚོགས་ཞིང་ཚོགས་བསག་རྣམས་ཀྱང་བོར་བས་རུང་ངོ༌། །རྣམ་འཇོམས་མཐིང་ཀར་གྲགས་པའི་ལུགས་ཀྱང་ཆོ་གའི་བྱ་བ་ འདི་ཁོ་ན་ལ། བཅོམ་ལྡན་འདས་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང༌། གཡོན་ དྲིལ་བུ་དཀུར་བརྟེན་པ། སྐྲ་སེར་གྱེན་དུ་བརྫེས་པ། གཡོན་བརྐྱང་བའི་སྟབས་ཅན། སྟག་ ལྤགས་དང་སྦྲུལ་གྱི་རྒྱན་ཅན། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཕྱོགས་བཅུར་ སྐད་ཅིག་ཙམ་གྱིས་སྤྲུལ་པའི་ཁྲོ་བོ་བཅུ་རང་དང་མཚུངས་པའི་རྣམ་པ་ཅན་ནོ། །ཞེས་བསྐྱེད་པ་ནི་ ཁྱད་པར་རོ། །འདི་ལ་གཏོར་མའི་ཆོ་ག་རྣལ་འབྱོར་རྒྱུད་ལྟར་བྱེད་པའི་ལུགས་ཀྱང་ཡོད། རྣམ་པ་གཅིག་ཏུ་ན་འཇིག་རྟེན་འདས་ གཏོར་མེད་ཀྱང་ཆོག་པས་ཅི་བདེ་བར་བྱའོ། །མཁས་རྨོངས་ཀུན༷་ལ་ཆེར་གྲགས་ཤིང༌། །སྔགས་རྒྱུད་ངོ་མཚར་དག༷འ་བའི་ཏོག ། གཟུངས་སྔགས་སྙིང༷་པོ༷འི་བྱིན་རླབས་ཅན། །སྒྲུབ་ཐབས་མདོར་བསྡུས་ཨེ་མ་ཧོ། །རྡོ་རྗེ་རྣམ་པར་འཇོམས་པ་ལྗང་སྔོན་གྱི་སྒྲུབ་ ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ཁྲོ་བོ་བདུད་རྩི་འཁྱིལ་བའི་དངོས། །གསང་བའི་བདག་པོ་ཐུགས་ལས་སྤྲུལ། །དེ་ལ་བཏུད་ ནས་དེའི་སྒྲུབ་ཐབས། །མདོར་བསྡུས་ཙམ་ཞིག་བྲི་བར་བྱ། །དེ་ལ་གནས་ཡིད་དུ་འོང་བར་རས་བྲིས་དགྲམ། དབུས་དང་ཕྱོགས་ བཞིར་མཎྜལ་བྱ། དབུས་ཀྱི་མཎྜལ་དུ་བུམ་པ་སྤྱི་དང་མཐུན་པར་བཅའ། མཆོད་པ་དང་གཏོར་མ་ཆ་བཞི་དང༌། བཀྲ་ཤིས་ཀྱི་ རྫས་ཀྱང་ཚོགས་ཚད་བཤམ། མཆོད་པ་ཡང་རྒྱ་ཆེར་བཤམ། ཤར་གྱི་མཎྜལ་དུ་མཉྫི་ལ་རྡོ་རྗེ་སེམས་དཔའི་སྐུ་གཟུགས་བཞག སངས་རྒྱས་ཀྱི་རས་བྲིས་ཀྱང་དགྲམ། ཕྱོགས་གསུམ་གྱི་མཎྜལ་ལ་གཟུངས་མདོའི་གླེགས་བམ་རེ་བཞག་ཅིང༌། མཎྜལ་བཞི་པོ་ ལ་ཡང་མཆོད་པ་ཚར་རེ་བཤམ། དུང་ཆོས་སུ་སྙིང་པོའི་སྔགས་ཀྱིས་བསངས་ཆུ་བསྒྲུབས། གནས་དང་ཡོ་བྱད་ལ་བགེགས་སྦྱང་ བ་ལག་ལེན་སྤྱི་དང་མཐུན་པར་བྱས་ལ། བསངས་ཆུས་གཏོར། བསྲུང་བའི་འཁོར་ལོར་མོས། གནས་ཡོ་བྱིན་རླབས་སྤྱི་དང་ མཐུན་པར་བྱས་ལ། ཤར་གྱི་མཆོད་པ་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། བཅོམ་ལྡན་ འདས་ཤཱཀྱ་ཐུབ་པ་རྡོ་རྗེ་རྣམ་འཇོམས་ཀྱི་ཚོགས་དང་བཅས་པ་སྤྱན་དྲངས་པར་མོས་ལ། མ་ལུས་ སེམས་ཅན་མ་བརྗོད། མཆོད་ཡོན་ཕལ་ཆེར་སོགས་སྔགས་དང་ཕྱག་རྒྱས་མཆོད་པ་འབུལ། ཡན་ལག་བདུན་པ་བྱ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྤྱི་དང་མཐུན་པར་བརྗོད། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ 15-1-364 ལས་པད་ཟླ་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་རྣམ་ པར་འཇོམས་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྩེ་དགུ་པ་ཐུགས་ ཀར་གཏོད་པ། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ བཞུགས་པ། མཆེ་བ་ཅུང་ཟད་གཙིགས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ བརྒྱན་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན་ནོ། །ཐུགས་ཀར་ཟླ་བ་ལ་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ ཟླ་བའི་སྟེང་དུ་ཧཱུཾ། དེའི་མཐའ་སྐོར་དུ་སྔགས་ཀྱིས་ཡོངས་སུ་བསྐོར་བར་མོས། ཡེ་ཤེས་པ་བསྟིམ་ པ་སྤྱི་དང་འདྲ། བདག་བསྐྱེད་ལ་དབང་བསྐུར་མི་མཛད། རྩ་སྔགས་སྙིང་པོ་ཉེ་སྙིང་གསུམ་གང་ནུས་སུ་བཟླ། མདུན་བསྐྱེད་བུམ་ པ་བསངས་སྦྱངས། བུམ་པར་བསྐྱེད་ལ། དེའི་ནང་དུ་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བསྟིམ། གནས་གསུམ་བྱིན་གྱིས་བརླབས། དབང་བསྐུར་ཏེ་མི་བསྐྱོད་པས་རྒྱས་འདེབས། དབུས་ཀྱི་མཆོད་པ་བྱིན་གྱིས་བརླབས་ནས། ཨརྒྷཾ་ནས་ཤཔྟའི་བར་གྱིས་ མཆོད། རྣམ་འཇོམས་སྤྱི་དང་མཐུན་པའི་བསྟོད་པས་བསྟོད། གཞན་སྒྲུབ་པ་པོ་དམ་ཚིག་ལྡན་པ་གསུམ་གྱིས་ཕྱོགས་གསུམ་གྱི་ མཎྜལ་གྱི་སྟེང་གི་གཟུངས་མདོ་ཀློག་ཅིང༌། སློབ་དཔོན་གྱིས་གཟུངས་ཐག་ནས་བཟུང་ལ། འདི་སྐད་བདག་གིས་ཐོས་ པ་ནས། སྨྲས་སོ། །ཞེས་པའི་བར་ལན་གཅིག་བརྗོད། སྔགས་གསུམ་པོ་གང་ནུས་བཟླས་ལ། མཐར་ཕན་ཡོན་ཚར་གཅིག་ བརྗོད། ཕྱོགས་གསུམ་གྱི་ཀློག་མཁན་རྣམས་ཀྱིས་མདོ་ཡོངས་རྫོགས་སྐྱར་གྱིན་འདོན་པ་ཡིན་པ་ལ། ཉེར་གཅིག་འདོན་ན་རེ་ རེས་བདུན་བདུན་བྱ། ཡང་ན་བརྒྱད་བརྒྱད་དམ་སོ་དྲུག་སོ་དྲུག་འདོན། དེ་དག་གི་མཐར་རེ་རེས་མཆོད་པ་བྱིན་གྱིས་བརླབས། བུམ་པའི་ལྷ་ལ་དམིགས་ནས་མཆོད་བསྟོད་བྱེད། བུམ་པའི་ལྷ་ལ་འདོད་དོན་གསོལ་བ་བཏབ། སློབ་མ་རྗེས་བཟུང་བྱ་བར་འདོད་ ན་སྐབས་འདིར་བྱ་སྟེ། མཎྜལ་ཕུལ་ལ། ཡན་ལག་བདུན་པ་གང་འོས་ཞིག་བྱ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ་ སོགས་ཀྱི་གསོལ་བ་བཏབ། བགེགས་སྦྱངས་བ་དང༌། སྡིག་པ་སྦྱང་བ་བྱས་པའི་རྗེས་སུ་བཀྲུ་བྱབས་བསྲུང་གསུམ་སོགས་བྱེད་ ལུགས་རྣམ་འཇོམས་ལྗང་སྔོན་དང་འདྲ་བ་ལས། དམིགས་པའི་ཁྱད་པར་བུམ་ནང་གི་ལྷ་ལས་བདུད་རྩིའི་རྒྱུན་བྱུང་བཀྲུ་བ་སོགས་ བྱེད་ཅིང༌། ཧེ་ཕུ་ཕུ་ཞེས་པའི་སྐབས་སུ་ཁྲོ་བོ་ཕུར་བུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། བར་ཆད་དང་ བགེགས་ཐམས་ཅད་ཕུར་བུས་བཏབ་པར་བསམ། དེ་དག་གི་མཐར་ལྷ་སྐུ་བསྒོམ་པའི་རྗེས་གནང་སྤྱི་དང་ 15-1-365 འདྲ་བ་ལས། ཡེ་ཤེས་པ་བསྟིམ་པའི་མཐར། སླར་ཡང་བུམ་པའི་ཆུས་དབང་བསྐུར། དེ་དག་གི་མཐར་བཟླས་ལུང་སྦྱིན། དེ་ལ་ སློབ་མས་གང་ལ་ལུང་ལེན་པའི་མདུན་བསྐྱེད་དེ། ཤར་གྱི་རྡོ་རྗེ་སེམས་དཔའི་སྐུ་གཟུགས་ལས་བྱེད་པ་འདིའི་ཁྱད་ཆོས་ཡིན། རྗེས་གནང་གི་རྗེས་ཀྱི་བྱ་བ་སྤྱི་དང་འདྲ། སླར་མཆོད་པ་རྣམས་ཁ་གསོས་ཏེ་རྗེས་ཆོག་བྱེད་ཚུལ་སྤྱི་དང་འདྲ་བ་ལས། བུམ་པའི་ལྷ་ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། ཤར་གྱི་སྐུ་གཟུགས་ལ་རབ་གནས་བྱེད། དེ་ནས་ལས་རྗེས་མི་མངོན་པར་བྱས་ ཏེ། སྨོན་ལམ་དང་བཀྲ་ཤིས་རྒྱ་ཆེར་བྱའོ། །ཀུན༷་ནས་གྲུ་དང་དམར་གྱི་ལུགས། །ལག་ལེན་ངོ་མཚར་དག༷འ་བའི་ཕུལ། །ཤིན་ ཏུ་མང་བའི་ཡིག་ཚོགས་ལས། །སྙིང༷་པོ༷་ཙམ་ཞིག་བཀོད་པ་ལགས། །རྡོ་རྗེ་རྣམ་འཇོམས་དཀར་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། དར་རྒྱས་འཕེལ། ། ༄༅། །ན་མོ་གུ་རུ་ཝེ། བླ་མ་རྡོ་རྗེ་འཛིན་བཅས་ལ། །གུས་པས་ཡོངས་སུ་བཏུད་ནས་དེའི། །གསུང་དང་གོང་ མའི་མན་ངག་བཞིན། །ཀུན་ལ་ཉེར་མཁོའི་སྒྲུབ་ཐབས་བཤད། །གང་ཞིག་བགེགས་འཇོམས་པར་འདོད་པ་དང༌། བསྙེན་པ་ ཐམས་ཅད་ཀྱི་སྔོན་དུ་ཉེ་བར་མཁོ་བའི་ཕྱིར། དཔལ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་མན་ངག་ལྟར། བགེགས་མཐར་བྱེད་ཀྱི་མན་ ངག་བསྒོམ་པར་འདོད་པས། སྐྱབས་སེམས་སྤྱི་དང་མཐུན། རང་གི་སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ། དེའི་ འོད་ཀྱིས་བླ་མ་དང་བདུད་རྩི་འཁྱིལ་བའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །ཞེས་སོགས་རྒྱུན་བཤགས་ བྱ། གལ་ཏེ་དེ་ཙམ་མི་ལྕོག་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་བྱ། ཤཱུ་ནྱ་ཏཱས་སྟོང་ པར་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་ པ་ལས་བདག་ཉིད་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ཁུའམ། ནག་པོ་ཞལ་གསུམ་ཕྱག་དྲུག ། རྩ་ཞལ་སྐུ་ལུས་དང་མཚུངས་ཤིང༌། གཡས་དཀར་གཡོན་དམར་བ། ཕྱག་དང་པོ་གཉིས་ ཀྱིས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་རྗེ་ནག་པོ་ཁ་གྱེས་པ་དང་ རལ་གྲི། གཡོན་གཉིས་ཀྱིས་རིན་པོ་ཆེ་དང་པདྨ་འཛིན་པ། ཞབས་གཡས་བསྐུམ་པས་བདུད་ སྡིག་ཅན་ཆུང་མ་དང་བཅས་པ་དང༌། གཡོན་བརྐྱང་བས་ཚོགས་བདག་མནན་པ། སྤྱན་ 15-1-366 གསུམ། སྐྲ་སེར་སྟག་ལྤགས་ཀྱི་ཤམ་ཐབས་སོགས་ཁྲོ་བོའི་རྒྱན་དང་ཆ་ལུགས་ཡོངས་སུ་ རྫོགས་ཤིང༌། ཀླུའི་རྒྱལ་པོ་མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་ རྣ་རྒྱན་བྱས་པ། རིགས་ལྡན་ཁྲ་བོས་དཔུང་པ་བརྒྱན་ཅིང༌། དུང་སྐྱོང་སེར་པོས་ཕྱག་གདུབ་ བྱས་པ། པདྨ་དཀར་པོས་མགུལ་བ་བརྒྱན་ཞིང༌། སྟོབས་རྒྱུ་ལྗང་ཁུས་མཆོད་ཕྱིར་ཐོགས་བྱས་ པ། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུས་སྐེ་རགས་བྱས་ཤིང༌། པདྨ་ཆེན་པོ་དཀར་པོས་ ཞབས་གདུབ་བྱས་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་ པའོ། །ༀ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཞེས་བརྗོད་ཅིང་གསལ་བར་བསྐྱེད་དོ། །མིག་ཏུ་ཀྵིཾ། རྣ་བར་ཛྲིཾ། སྣ་ལ་ ཁཾ། ལྕེ་ལ་གཾ དཔྲལ་བར་སྐཾ། ལྟེ་བར་སཾ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་ཁྲོ་བོ་བདུད་རྩི་འཁྱིལ་བའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་ བཾ་ཧོཿ གཉིས་སུ་མེད་པར་ཐིམ། རང་གི་སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ། དབང་གི་ལྷ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་ པ་ལས། མི་བསྐྱོད་པས་དབུ་བརྒྱན། བཟླས་པ་ནི། ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་འཕྲོ་འདུ་ལ་སེམས་ གཏད་དེ། ༀ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ། ཅེས་པ་ཉེ་སྙིང་དང༌། ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པ་སྙིང་པོ་དང༌། ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། སརྦ་བིགྷྣན་བི་ན་ཡ་ཀ་ན་མཧཱ་ག་ ན་པ་ཏི་ཛི་ཝི་ཏཱནྟ་ཀཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་ནི། རྩ་བའི་སྔགས་ཆུང་བའོ། །ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་ བཛྲི་ཎཾ། ན་མོ་མཧཱ་བཛྲ་ཀྲོ་དྷཱ་ཡ། མཧཱ་དཾཥྚོ་ཏ་ཀ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ་པ་ར་ཤུ་པ་ཤ་ ཧསྟཱ་ཡ། ༀ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། མན་ཆད་བརྗོད་མ་ཐག་པ་སྟེ། རྩ་སྔགས་ཆེ་བའོ། ། འདི་རྣམས་རེ་རེས་བསྙེན་པ་རྫོགས་པར་བྱེད་ན། གྲངས་ནི་རིམ་པས་འབུམ་ཕྲག་སོ་གཉིས། བཅུ་དྲུག བརྒྱད། བཞི་རྣམས་ཡིན་ 15-1-367 ལ། ཐམས་ཅད་སྡོམས་པས་བྱེད་ན། འབུམ་ཕྲག་བརྒྱད། བཞི། གཉིས། གཅིག་རྣམས་སོ། །ཐུན་མཚམས་སུ་དགེ་བའི་རྩ་བ་ བྱང་ཆུབ་ཏུ་བསྔོའོ། །གཏོར་མ་ཉེ་སྙིང་གིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བདུད་རྩི་ལྔའི་ཕུང་པོ། ཧཱུཾ་བྷྲུཾ་ཨཾ་ཛྲིཾ་ཁཾ་གིས་མཚན་པ། དེ་རྣམས་འོད་དུ་ཞུ་བ་ལས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། འབྲུ་གསུམ་ལན་ལྔས་བྱིན་ གྱིས་བརླབས། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བདུད་རྩི་འཁྱིལ་བའི་ལྷ་ཚོགས་ བཛྲ་ས་མཱ་ཛཿ སྙིང་པོའི་མཐར་པཉྩ་ཨ་མྲྀ་ཏ་ཨཱཿཧཱུཾ། ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང༌། །སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་སོགས་ཀྱིས་འདོད་དོན་ གསོལ་བ་བཏབ། ཡིག་བརྒྱ་བཟླས། མ་འབྱོར་པ་དང་སོགས། ཁྱེད་ཀྱིས་སེམས་ཅན་སོགས། སྨོན་ལམ་དང་ བཀྲ་ཤིས་གང་འགྲུབ་བྱ། བསྙེན་པ་མཐར་ཕྱིན་ནས་སྒོམ་པ་དང༌། བྲིས་པའི་སྲུང་བ་དང༌། ལས་བཞིའི་སྦྱིན་བསྲེག སེར་བ་སྲུང་ བ། སྲིའུ་གསོ་བ་སོགས་གོང་མ་རྣམས་ཀྱིས་མན་ངག་ལས་འབྱུང་བའི་ལས་ཚོགས་རྣམས་དང༌། གཞན་ཡང་གསང་འདུས་སྒྱུ་དྲ་རྡོ་ རྗེ་གུར་རྣམས་ལས་འབྱུང་བའི་ལས་ཚོགས་རྣམས་དང༌། གཞན་ཡང་རྒྱུད་སྡེ་བཞི་ནས་གསུངས་པའི་བདུད་རྩི་འཁྱིལ་བའི་ལས་ ཐམས་ཅད་སྒྲུབ་པ་ལ་དབང་ངོ༌། །འདི་ཉིད་ངོ་བོ་གསང་བའི་བདག་པོ་ཡིན་པའི་ཕྱིར། གསང་བདག་གི་སྔགས་རྒྱུད་ལས་འབྱུང་ བའི་ལས་ཚོགས་མཐའ་དག་ཀྱང་སྒྲུབ་པ་ལ་དབང་བར་མངོན་ནོ། ཁྱད་པར་འདིའི་བསྙེན་པ་སྔོན་དུ་སོང་བས། ལྷ་གཞན་ཅི་ལྟ་ བུ་བསྒྲུབས་ཀྱང་དེ་དང་དེའི་བསྙེན་སྒྲུབ་ལས་གསུམ་ལ་བར་དུ་གཅོད་པ་མི་འབྱུང་ཞིང༌། རང་གཞན་གྱི་བགེགས་བསྲུང་བའི་ ཐབས་འགྲན་ཟླ་མེད་པའོ། ། འདིའི་རྗེས་གནང་ལག་ལེན་སྤྱི་དང་འདྲའོ། ཁྲོ་བོའི་ལུས་ཅན་ཀུན༷་གྱི་རྒྱལ། །གང་དེའི་སྒྲུབ་ཐབས་རིག་འཛིན་མཆོག ། དག༷འ་སྐྱེད་ཤིན་ཏུ་རྙེད་དཀའ་བ། །སྙིང༷་པོ༷ས་ཡི་གེ་ལམ་དུ་བྱས། །ཞེས་པ་ནི་ཁྲོ་བོ་བགེགས་མཐར་བྱེད་ཀྱི་སྒྲུབ་པའི་ཐབས་ཀྱི་ ལེ་ཚན་ནོ།། །།མངྒལཾ། ། ༄༅། །ༀ་སྭཱ་སྟི། ཆ་མེད་ཀུན་འགྲོ་ཆོས་ཀྱི་དབྱིངས། །བདེ་སྟོང་ཟུང་འཇུག་ལྷན་སྐྱེས་སྐུ། །དུས་ཀྱི་འཁོར་ལོ་ ལ་བཏུད་ནས། །ནད་ཀུན་ཞི་བྱེད་སྒྲུབ་ཐབས་བཤད། །སྐྱབས་སེམས་ཚད་མེད་བཞི་རྣམས་སྔོན་དུ་སོང་ནས། ཤཱུ་ནྱ་ཏཱའི་ 15-1-368 སྔགས་དོན་བསམ། རང་གི་སྙིང་གར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཕྲཻཾ་དཀར་པོའི་འོད་ ཀྱི་འཕྲོ་འདུ་ལས། རང་ཉིད་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་ཟླ་བ་ནོར་བུའི་འོད་ལྟར་ སྐུ་མདོག་དཀར་བ་ཞི་ཞིང་སྒེག་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་མཆོག་སྦྱིན་དང༌། གཡོན་པདྨ་དཀར་པོའི་རྩ་བ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་ པ། འདབ་བརྒྱ་སྙན་དྲུང་དུ་རྒྱས་པ། རིན་པོ་ཆེའི་རྒྱན་དང༌། དར་གྱི་ན་བཟའ་དཀར་པོས་ སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། ཟླ་འོད་འཕྲོ་བ། རྡོ་རྗེ་སེམས་དཔའི་ དབུ་རྒྱན་ཅན་ནོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ སངས་རྒྱས་ སྲས་དང་བཙུན་མོར་བཅས་པ་ཐམས་ཅད་ཡེ་ཤེས་སེམས་དཔའི་ཚུལ་དུ་ༀ་བཛྲ་ས་མཱ་ཛཿ ཧཱུཾ་ བཾ་ཧོཿཧི། གཉིས་སུ་མེད་པར་གྱུར། མདོར་བསྡུ་ན། རྡོ་རྗེ་བཞི་བྱིན་གྱིས་རླབས་པ་དང༌། ཡེ་ཤེས་བསྟིམ་པ་མེད་ཀྱང་ ཆོག་གོ །སྙིང་གར་ཟླ་བ་ལ་ཕྲཻཾ་གྱི་མཐར་སྔགས་ཀྱིས་འཕྲེང་བས་བསྐོར་བ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་སྣ་ཚོགས་ཡུམ་གྱི་རྣམ་པར་སྤྱན་དྲངས་ནས་སྙིང་གའི་ས་བོན་སྔགས་ འཕྲེང་དང་བཅས་པ་ལ་ཐིམ། རང་གཞན་གྱི་ནད་གདོན་སྡུག་བསྔལ་ཐམས་ཅད་ཞི་ཞིང༌། ཚེ་ དང་བསོད་ནམས་ཐམས་ཅད་རྒྱས་པར་གྱུར། ༀ་ཕྲཻཾ་བི་ཤྭ་མཱ་ཏཿ བཛྲ་ཀཎྜ་ཀཾ །ནཱ་ཤ་ཡ། ནཱ་ ཤ་ཡ། མ་མ་ཤཱནྟི་ཀུཾ་རུ་ཀུ་རུ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས་པའི་མཐར། ༀ་ཕྲཻཾ་བི་ཤྭ་མཱ་ཏཱ་བཛྲ་ཨརྒྷཾ་ ཨཱཿཧཱུཾ། ཤཔྟའི་བར་སྤྱི་དང་མཐུན་པར་མཆོད་པའམ། ཡང་ན་མཆོད་པ་བཅུ་གཉིས་བྱ། ཕྲ་རབ་རྡུལ་གྱི་ཆོས་ཉིད་ འདས། །ཞེས་སོགས་{སམ}། སངས་རྒྱས་ཀུན་གྱིས་བསྐྱེད་མཛད་མ། །སྐྱེ་བ་དང་ནི་འཇིག་པ་ སྤངས། །ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། །ཅེས་བསྟོད། དགེ་ བ་བྱང་ཆུབ་ཏུ་བསྔོ། འདིའི་རྗེས་གནང་ནི། མཎྜལ་པདྨ་དཀར་པོ་འདབ་བརྒྱད་ཚོམ་བུ་ཅན་ཞིག་བྱས་ལ། མཐའ་མཆོད་གཏོར་གྱིས་བསྐོར། སྒྲུབ་ཚུལ་སྤྱི་དང་འདྲ། གཏོར་མ་འབུལ་བ་གཅིག་དུ་དགོས་པ་མ་ཡིན་ཀྱང༌། ཕྱིས་ཀྱི་ལག་ལེན་ལྟར་བྱེད་ན། དུས་འཁོར་ཉིད་ཀྱི་ 15-1-369 གཏོར་ཆོག་ལྟར་བྱིན་གྱིས་བརླབས་པའམ། ༀ་ཨཱཿཧཱུཾ་ཧྲཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། ༀ་ཨཱཿཧཱུཾ་ཧོཿས་ བྱིན་གྱིས་བརླབས། སྙིང་པོ་མཐར། ཨ་ཀཱ་རོ་བཏགས་ཏེ་འབུལ་བར་བྱའོ། །རྗེས་གནང་གི་ངོ་བོ་ཡང༌། སྐུ་བསྐྱེད་བསྟིམ། གསུང་བཟླས་ལུང༌། ཐུགས་ཕྱག་མཚན་བསྟིམ་པ་རྣམས་ཡིན་པས་སྤྱི་དང་འདྲ་ལ། སྔོན་འགྲོ་རྡོ་རྗེ་འཛིན་པ་སོགས་ཀྱིས་གསོལ་ བཏབ་དང༌། གུར་ནས་འབྱུང་བའི་རྒྱུན་བཤགས་བྱེད་པའི་ལུགས་ཀྱང་ཡོད་མོད་ཀྱི། རྡོ་རྗེ་ཤུགས་ཀྱི་རྗེས་གནང་གི་སྐབས་དང་ མཐུན་པར་བྱས་ན་ལེགས་པ་ཡིན་ཏེ། དུས་འཁོར་ལྷན་སྐྱེས་དང༌། ཛཾ་བྷ་ལ་ལྗང་ཁུ་དང༌། དུས་འཁོར་རྒྱུད་ལུགས་ཀྱི་ཁྱུང་ཁྲ་ རྣམས་ལའང་དེ་བཞིན་དུ་གོ་དགོས་སོ། །ཤིན་ཏུ་ཟབ་པར་རབ་གྲགས་པ། །རྒྱུད་འགྲེལ་ཉིད་ལས་གསལ་བའི་ཕྱིར། །མཁས་ པ་ཀུན༷་གྱི་ཡིད་དག༷འི་གནས། །སྙིང༷་པོ༷་མདོར་བསྡུས་ཙམ་ཞིག་བྲིས། །སྣ་ཚོགས་ཡུམ་དཀར་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། བླ་མ་ཡི་དམ་ཕྱག་འོས་ལ། །དངོས་པོ་ཀུན་གྱིས་ཕྱག་བཙལ་ནས། །སོ་སོར་འབྲང་མ་སྒྲུབ་ པའི་ཐབས། །རྡོ་རྗེའི་གུར་ལས་འབྱུང་བཞིན་བཤད། །སྐྱབས་སེམས་ཚད་མེད་བཞི་རྣམས་སྔོན་དུ་སོང་ནས། ཤཱུ་ནྱ་ཏས་ སྟོང་བར་སྦྱངས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་རང་ སེམས་ཏྲཾ་ཡིག་དཀར་པོ་ལས། རང་ཉིད་སོ་སོར་འབྲང་མ་སྐུ་མདོག་དཀར་མོ། ཞལ་གཅིག་ ཕྱག་གཉིས། གཡས་རལ་གྲི་འཕྱར་ཞིང༌། གཡོན་འཁོར་ལོ་དཀར་པོ་ཐུགས་ཀར་འཛིན་པ། ཞབས་གཉིས་ཟླུམ་པོའི་སྟབས་ཀྱིས་བཞུགས་པ། སྒེགས་ཅིང་འཛུམ་པ་དར་དང་རིན་པོ་ཆེའི་ རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་ གི་སྙིང་ག་ནས་འོད་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དབང་གི་ ལྷ་རྣམས་ཀྱིས། ༀ་བཛྲི་བྷ་ཝ་ཨ་བྷཱི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། རྣམ་པར་སྣང་ མཛད་ཀྱིས་དབུ་བརྒྱན། སྤྲོས་བསྡུའི་དམིགས་པ་གསལ་བཏབ་ལ། ༀ་མ་ཎི་དྷ་རི་བཛྲི་ཎི་མཧཱ་པྲ་ཏི་སཱ་ རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས་ཤིང༌། མཐར་མཁའ་ནང་ནས། འཇམ་པའི་དབྱངས་ཀྱི་སྐུ་དཔག་ཏུ་ མེད་པ་སྤྲུལ། སེམས་ཅན་གྱི་དོན་བྱས་པར་བསམས་ལ། ཉེར་གཅིག་བཟླ། འདོད་དོན་གསོལ་བ་བཏབ། དགེ་བ་བསྔོ། ཐུན་ 15-1-370 མཚམས་སུ་མཆོད་གཏོར་བླ་མེད་སྤྱི་དང་མཐུན་པའི་བྱིན་རླབས་མདོར་བསྡུས་ཞིག་བྱ། རང་གི་སྙིང་ག་ནས་འོད་ཟེར་ འཕྲོས། བཅོམ་ལྡན་འདས་མ་སོ་སོར་འབྲང་མ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ ལ་ཡེ་སྟྭཾ། སྙིང་པོའི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་མམ་བདུན་གྱིས་ཕུལ། ཨརྒྷཾ་ལ་སོགས་པས་མཆོད། རྡོ་ རྗེ་སེམས་དཔའི་རང་བཞིན་ཅན། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །དུང་དང་ཀུནྡ་ཟླ་བའི་ འོད། །སོ་སོར་འབྲང་མ་ལ་ཕྱག་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས། འདོད་དོན་ གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ་རྣམས་སྤྱི་དང་མཐུན་པར་བྱ། འདིའི་རྗེས་གནང་གི་བྱ་བ་ཡང༌། རྗེས་གནང་སྤྱིའི་ཆོ་ག་ལས་ཟུར་ཁྱད་མེད་ཅིང༌། ཐུགས་ཀྱི་རྗེས་གནང་ལ་ཕྱག་མཚན་ བསྟིམ་པ་ཁོ་ན་ཡིན་ནོ། །ནད་པ་ལ་སོགས་པ་འགའ་ཞིག་གི་དོན་དུ་བུམ་པ་བཅའ་ཞིང༌། སྦྱང་བ་དང་བཅས་པའི་བཀྲུ་བྱབ་སྲུང་ གསུམ་བྱ་བ་ཡིན་ལ། རྗེས་གནང་གི་ཆོ་གའི་ཡན་ལག་ཏུ་སྦྱར་ནས་ཐོབ་དགོས་པ་ནི་མ་ཡིན་ནོ། །ཀུན༷་ལས་འཁྱེར་བདེ་བླ་མེད་ ལུགས། །འདུས་གསལ་མཆོག་ཏུ་དག༷འ་བ་འདི། །མན་ངག་སྙིང༷་པོ༷་ཙམ་བླངས་ནས། །རྒྱུད་དོན་ཇི་བཞིན་བརྗོད་པ་ཡིན། །རྡོ་རྗེ་ གུར་ལས་འབྱུང་བ་སོ་སོར་འབྲང་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། དེ་བཞིན་གཤེགས་པའི་གཙུག་ཏོར་ལས། །རབ་སྤྲུལ་ཕྱིར་བཟློག་ཆེན་མོའི་སྐུ། །གཞན་གྱིས་ མི་ཐུབ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། སྭཱ་བྷ་ཝས་སྟོང་ པར་སྦྱངས། པད་ཉི་ལ་གནས་པའི་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་བསྲུང་བའི་ འཁོར་ལོ་ཡངས་ཤིང་རྒྱ་ཆེ་བར་གྱུར་བའི་དབུས་སུ། བགེགས་དང་ལོག་འདྲེན་ཐམས་ཅད་ འོག་ཏུ་མནན་པའི་པད་ཉིའི་གདན་ལ་རང་སེམས་གདུགས་དཀར་པོ་ༀ་གྱིས་མཚན་པ་ ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། སངས་རྒྱས་ཐམས་ཅད་ཀྱི་གཙུག་ཏོར་ནས་ གདུགས་དཀར་ཅན་གྱི་སྔགས་ཀྱི་ཡིག་འབྲུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཐིམ་པ་ཡོངས་ སུ་གྱུར་པ་ལས་རང་ཉིད་འཕགས་མ་གཞན་གྱིས་མི་ཐུབ་མ་སྐུ་མདོག་དཀར་མོ། དབུའི་སྟེང་ དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དང་བཅས་པ། དབུས་དཀར་གཡས་སྔོ་གཡོན་ 15-1-371 དམར་བའི་ཞལ་གསུམ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་གསུམ་ན་རྡོ་རྗེ་ མདའ་ལྕགས་ཀྱུ། གཡོན་གསུམ་ན་སྡིགས་མཛུབ་ཞགས་པ་གཞུ། ལྷག་མ་ཉམས་སྣ་ཚོགས་ ཅན་གྱི་དབུ་སྟོང་མངའ་བ། ཕྱག་རྒྱ་མ་ངེས་པ་སྣ་ཚོགས་པས་རྡོ་རྗེ་འཁོར་ལོ་ནོར་བུ་པདྨ་ རལ་གྲི་མདའ་ལྕགས་ཀྱུ་གཞུ་ཐོ་བ་ཞགས་པ་ལ་སོགས་པ་མཚོན་ཆ་སྣ་ཚོགས་པ་འཛིན་པའི་ ཕྱག་སྟོང་དང༌། སྐུ་ལུས་ཀྱི་ཆ་ཐམས་ཅད་དུ་ཁྱབ་པ། རྣམ་འགྱུར་མ་ངེས་པའི་སྤྱན་བྱེ་བ་བརྒྱ་ སྟོང་ཅན། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཕོ་ཉ་དང་ཕོ་ཉ་མོ་དང་མཆོད་པའི་ སྤྲིན་གྱི་འོད་ཟེར་འཕྲོ་བ། སངས་རྒྱས་ཀུན་གྱིས་དབང་བསྐུར་བ། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་རིམ་གྲོ་བྱེད་པ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་མཆོད་ཅིང་བསྟོད་ལ་བཀའ་ སྒྲུབ་པའི་སྐུ་ཅན་དུ་གྱུར། འབྲིང་དུ་ན་རྩ་བའི་ཞལ་གསུམ་ཕྱག་དྲུག་ཙམ་དུ་གསལ་བཏབ་ཀྱང་རུང༌། ཤིན་ཏུ་བསྡུ་ ན་སྐྱབས་སྦྱིན་དང་གདུགས་དཀར་པོ་ཅན་བསྒོམ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡེ་ ཤེས་སེམས་དཔའ་དང་དབང་གི་ལྷ་རྣམས་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུཾ་བཾ་ཧོཿ དམ་ཡེ་གཉིས་སུ་མེད་པར་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསལ་བ་བཏབ་པས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། ཏདྱ་ ཐཱ། ༀ་ཨ་ན་ལེ། ཨ་ན་ལེ། ཁ་ས་མེ། ཁ་ས་མེ། བཻ་ར། བཻ་ར། སོ་མེ། སོ་མེ། སརྦ་བུདྡྷ་ཨ་ དྷིཥྛ་ན་ཨ་དྷིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་སི་ཏ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱཧཱ། ཞེས་སྙིང་པོ་ ཉིད་གང་འགྲུབ་བཟླའོ། །མཐར་ཡེ་ཤེས་པ་མདུན་དུ་བཞུགས་པ་ལ། ཨརྒྷཾ་ལ་སོགས་པས་མཆོད། ཕྱིར་བཟློག་ཆེན་ མོ་རིགས་སྔགས་རྒྱལ། །གཞན་གྱིས་མི་ཐུབ་སྟོབས་ཆེན་མ། །གདུགས་དཀར་ཆེན་མོ་སངས་ རྒྱས་དང༌། །བྱང་ཆུབ་སེམས་དཔའི་ཚོགས་བཅས་བསྟོད། །ཅེས་བསྟོད། བཟོད་པ་གསོལ་ཞིང་བཛྲ་ མུཿ ཞེས་གཤེགས་སུ་གསོལ། འདི་ལ་འཇིག་རྟེན་འདས་པའི་གཏོར་མ་ནི་མི་དགོས་སོ། །བྱེད་པར་སྤྲོ་ན། དཀར་གཏོར་ཨ་ 15-1-372 ཀཱ་རོས་འབུལ། འཇིག་རྟེན་པའི་གཏོར་མ་གཙང་མའི་ཟས་སྣ་སྣ་ཚོགས་བཏབ་པའི་དཀར་གཏོར་ཞིག་དང༌། ཤ་ཆང་སྒོག་ཙོང་ སོགས་སྣ་ཚོགས་ཀྱི་སྦགས་པའི་དམར་གཏོར་ཞིག་བཤམས། སྔགས་དྲུག ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས། ཨ་ཀཱ་རོ་ ལན་བདུན་བདུན་གྱིས་གཙང་རིགས་རྣམས་དང༌། འབྱུང་པོ་རྣམས་ལ་སྦྱིན། དེ་ནས་ཆ་གསུམ་གཏོར་མའང་གཏོང་ངོ༌། །ཐུན་ མཚམས་སུ་བྲིས་སྐུའི་མདུན་དུ་གཟུངས་མདོ་ཅི་ནུས་སུ་འདོན་པའམ་ཀློག་གོ ། འདིའི་རྗེས་གནང་ནི། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་གི་ཆོ་ག་ཉིད་སྦྱར་བར་བྱའོ། །རིགས་སྔགས་ཀུན༷་ལས་ཕྱིར་ བཟློག་པ། །ཕུན་ཚོགས་ཀུན་གྱི་དག༷འ་བསྐྱེད་འདི། །གདུགས་དཀར་སྒྲུབ་ཐབས་རྒྱ་མཚོ་ཡི། །སྙིང༷་པོ༷ར་མཁས་རྣམས་ངེས་ཤེས་ བསྐྱེད། །གཙུག་ཏོར་གདུགས་དཀར་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། རྣམ་འཕྲུལ་དུ་མ་མཐའ་ཡས་པས། །འགྲོ་བའི་ནད་གདོན་ཞི་མཛད་པ། །རི་ཁྲོད་མ་ལ་རབ་ བཏུད་ནས། །སྒྲུབ་ཐབས་མདོ་ཙམ་བྲི་བར་བྱ། །སྐྱབས་སེམས་སྔོན་དུ་འགྲོ་བས། །རང་གི་སྙིང་གར་པད་ཟླ་ལ་པཾ། དེ་ལས་འོད་འཕྲོས། བླ་མ་མི་བསྐྱོད་པའི་རྣམ་པ་ཅན་གྱི་དབུ་བརྒྱན་པའི་ལྷ་མོ་རི་ཁྲོད་མ་ལ་ སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མཿཔརྞ་ཤ་ཝ་རཱི་བུདྡྷ་བོ་དྷི་སཏྭ་ས་པཱ་རི་ཝཱ་རེ་བྷྱཿ ཞེས་ཕྱག་འཚལ། ༀ་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས་ཤཔྟ་ཨཱཿཧཱུཾ་གི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་ མཆི་སོགས་རྒྱུན་བཤགས་ལན་གསུམ། ༀ་བཛྲ་མུཿ ཞེས་གཤེགས་སུ་གསོལ། སེམས་ཅན་ཐམས་ཅད་བདེ་ བ་དང་སོགས་ཀྱི་ཚད་མེད་བཞི་བསྒོམ། ༀ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རིན་ པོ་ཆེའི་རི་བོ་མེ་ཏོག་དང་འབྲས་བུས་བརྒྱན་པའི་ནགས་ཚལ་སྣ་ཚོགས་དང་བཅས་པའི་རྩེ་ མོར་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་པཾ་སེར་པོ་ལས་ འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་བསལ། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་རི་ཁྲོད་མ་ལོ་ མ་ཅན་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གསུམ་ཕྱག་དྲུག་རྩ་ཞལ་སེར་བ་ཁྲོ་ཞིང་སྒེག་ 15-1-373 པའི་ཉམས་ཅན། གཡས་ཞལ་དཀར་ཞིང་ཞི་བ། གཡོན་ཞལ་དམར་ཞིང་ཆགས་པ། ཞལ་ རེ་རེ་ལ་སྤྱན་གསུམ་གསུམ་པ། ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་གསོར་བ། གཉིས་པས་དགྲ་སྟ། གསུམ་པས་མདའ། གཡོན་གྱི་དང་པོ་རྡོ་རྗེའི་ཞགས་པ་དཀྲིས་པའི་སྡིགས་མཛུབ། གཉིས་ པས་མེ་ཏོག་དང་འབྲས་བུར་བཅས་པའི་ཤིང་ལོ་གསར་བའི་སྦྲང་ཡབ། གསུམ་པས་གཞུ་ འཛིན་པ། ཞབས་གཡས་ཀྱི་རྟིང་པ་གསང་བར་བསྟད་ཅིང༌། དེ་ཉིད་ཀྱི་པུས་མོ་དང་གཡོན་ གྱི་མཐིལ་གདན་ལ་བརྟེན་པས་ཕྱེད་བཞེངས་ཀྱི་སྟབས་ཀྱི་འགྱིང་བག་ཅན། དར་དམར་ པོའི་སྟོད་གཡོགས་དང་ཤིང་ལོ་གསར་པ་བཤིབས་པའི་སྨད་གཡོགས་ཅན། རིན་པོ་ཆེ་དང་ མེ་ཏོག་གི་རྒྱན་གྱིས་བརྒྱན་པ། སྦྲུལ་དཀར་པོས་སེ་རལ་ཁར་བྱས་པ། དབུ་སྐྲ་ཕྱེད་བཅིངས་ སུ་བྱས་ཤིང༌། ལང་ཚོ་གསར་དུ་བདོ་བ། མཛེས་ཤིང་གྲིམ་ལ་ཅུང་ཟད་ཁྲོ་བའི་ཉམས་ཅན། འབར་བའི་འོད་དཔུང་མཐའ་ཡས་པ་དཀྲིས་པའོ། །དཔྲལ་བར་ༀ་དཀར་པོ། མགྲིན་པར་ ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། སྙིང་གི་ནང་དུ་ཉི་མ་ལ་གནས་པའི་པཾ་དེ་ལས་འོད་ འཕྲོས། རང་བཞིན་གྱི་གནས་ནས་ལྷ་མོ་རི་ཁྲོད་མ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་ བཾ་ཧོཿ ཡང་འོད་འཕྲོས་དབང་གི་ལྷ་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས། ཤཔྟ་ཨཱཿཧཱུཾ་གིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ནས། ས་ མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང༌། བུམ་པའི་ཆུས་དབང་བསྐུར། སྐུ་ལུས་ཐམས་ཅད་གང༌། དྲི་མ་དག ཆུ་ལྷག་མ་སྤྱི་བོར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཨརྒྷཾ་ནས་ཤཔྟའི་བར་གོང་ ཚོགས་ཞིང་གི་སྐབས་ལྟར་མཆོད། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་བ་ ལས་བྱུང་བ། །ལྷ་མོ་གང་གི་བསྒྲུབ་པས་ནད་གདོན་བགེགས། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་ འཚལ་ལོ། །དེ་ནས་བཟླས་པ་ནི། ༀ་པི་ཤ་ཙཱི་པརྞ་ཤ་ཝ་རཱི་ཧྲཱི་ཧཿཧཱུཾ་ཕཊ་སྭཱཧཱ། སྙིང་པོ་དང༌། ༀ་པི་ཤ་ 15-1-374 ཙཱི་པརྞ་ཤ་ཝ་རཱི་སརྦ་ཛྭ་ར་པྲ་ཤ་མ་ཎ་ཡེ་སྭཱཧཱ། ཞེས་ལས་སྔགས་ཅི་ནུས་བཟླ་ཞིང༌། ཤེས་ཤིང་སྤྲོ་ན་གཟུངས་ ཀྱང་བཟླའོ། །ཐུན་འཇོག་ཁར་བདག་བསྐྱེད་ཀྱི་ལྷ་ལ་གསོལ་བ་བཏབ་ཅིང༌། ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་པར་ བསམ་ལ། གོང་བཞིན་མཆོད་བསྟོད་བྱ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་གསུམ། མ་འབྱོར་པ་དང་སོགས་བཟོད་ པར་གསོལ། ༀ་ཁྱེད་ཀྱིས་སེམས་ཅན་ནས་མུཿ ཞེས་གཤེགས་སུ་གསོལ། རང་ཉིད་དམ་ཚིག་པའི་ང་རྒྱལ་ཙམ་གྱིས་ ཐུན་མཚམས་ཀྱི་བྱ་བའོ། །གཏོར་མ་དཀར་གཏོར་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ༀ་ཨཱཿཧཱུཾ་ལས་གཏོར་མ་ཁ་དོག་དྲི་རོ་ ནུས་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ལན་བདུན། རང་གི་ སྙིང་ག་ནས་འོད་ཟེར་འཕྲོས་ལྷ་མོ་རི་ཁྲོད་མ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་ ༀ་པི་ཤ་ཙཱི་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་ཨི་དཾ་བཱ་ལིཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ། སརྦ་ཛྭ་ར་པྲ་ཤ་མ་ཎ་ ཡེ་སྭཱཧཱ། ལན་གསུམ་གྱིས་ཕུལ། གོང་བཞིན་མཆོད་བསྟོད་དང༌། མཆོད་སྦྱིན་གཏོར་མ་ནས་ཀུན་འགྲུབ་ཤོག་ གི་བར་གྱིས་འདོད་དོན་གསོལ་བཏབ་བྱ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། སྨོན་ལམ་རྣམས་ཀྱང་གོང་དང་འདྲའོ། ། འདིའི་རྗེས་གནང་གི་ཆོ་ག་ནི་སྒྲུབ་ཐབས་བརྒྱ་རྩ་དང་འདྲ་ལ། འོན་ཀྱང་དེའི་རྗེས་གནང་གི་གཞི་འགོད་པ་ལ། འདིར་སྐུའི་ རྗེས་གནང་དང༌། དངོས་གཞི་ལུང་གསུམ་ལ་གསུང་གི་རྗེས་གནང་དང༌། རྗེས་སྙིང་གར་ལྷ་བསྟིམ་པ་ལ་ཐུགས་ཀྱི་རྗེས་གནང་གི་ ཐ་སྙད་མཛད་པ་ནི། ཟུར་བཀར་གྲགས་པ་འདིའི་ཁྱད་པར་ཡིན་ཞིང༌། བསྙེན་པའི་ཐུན་ཐུན་མཚམས་སྐབས་དང༌། རྗེས་གནང་ གི་རྗེས་ཆོག་གི་སྐབས་བདག་བསྐྱེད་ཀྱི་ཡེ་ཤེས་པ་གོང་བཞིན་གཤེགས་སུ་གསོལ་བ་ཡང་ལག་ལེན་གྱི་ཁྱད་པར་སྣང་ངོ༌། །རྗེས་ གནང་གི་རྗེས་ཆོག་གི་ཚེ། བདག་བསྐྱེད་ཀྱི་ཡེ་ཤེས་པ་སྔོན་དུ་གཤེགས་ནས། དམ་ཚིག་པའི་ང་རྒྱལ་གྱིས་རྗེས་ཆོག་བྱེད་པ་དང༌། མདུན་བསྐྱེད་ཀྱི་རྗེས་ཆོག་གྲུབ་ནས་བདག་བསྐྱེད་གཤེགས་པ་དང༌། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་ པར་གྱུར། ཞེས་བརྗོད་ནས། མཆོད་བསྟོད་མན་ཆད་ཆབས་ཅིག་ཏུ་བྱེད་པའི་ལག་ལེན་གསུམ་སྣང་བ། དང་པོ་མི་བདེ་ཞིང༌། ཕྱི་ མ་གཉིས་པོ་གང་རུང་བྱའོ། །འདི་ལྟ་བུའི་སྒྲུབ་མཆོད་བྱེད་པའི་རིགས་ལ། བདག་མདུན་གྱི་བར་དུ་བདག་བསྐྱེད་ཀྱི་ཡེ་ཤེས་པ་ གཤེགས་སུ་གསོལ་བའི་ལག་ལེན་གྱིས་དེང་སང་ས་སྟེང་ཁྱབ་མོད་ཀྱི། ཤིན་ཏུ་ནོར་བ་ཡིན་པས་མི་བྱ་ལ། སྤྱིར་ཆོ་གའི་ཡན་ལག་ 15-1-375 གཞན་ཐམས་ཅད་བླ་མེད་དང་ཆོག་སྒྲོས་ཐུན་མོང་ཡིན་པའི་ཕྱིར། བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ་བ་བྱེད་མི་ དགོས་མོད། བ་རི་ལོ་ཙྪ་བ་ཚུན་ཆད་ཀྱི་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ཡིན་ཅིང༌། འདི་ཉིད་ཐུགས་ལ་བཞག་ནས་བདག་བསྐྱེད་ སྒྲུབ་ཐབས་ཡོད་པ་ནི། རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། ཞེས་སྒྲོག་པར་མཛད་པ་ཡིན་ནོ། །འདིའི་མཚོན་ནས། འདི་ རིགས་ཀྱི་སྒྲུབ་ཐབས་གོང་འོག་ཐམས་ཅད་ལ་རིགས་བསྒྲེ་བར་བྱའོ། །རྒྱལ་བ་ཀུན༷་གྱིས་བྱིན་རླབས་པས། །རི་ཁྲོད་ལྷ་མོའི་སྒྲུབ་ ཐབས་ནི། །ཉུང་གསལ་དགའ༷་བ་འདིར་བཤད་ཀྱི། །སྙིང༷་པོ༷་ལེན་འདོད་རྣམས་ཀྱིས་ལོང༌། །རི་ཁྲོད་མ་ལོ་མ་གྱོན་མ་སེར་མོའི་ སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ན་མོ་གུ་རུ། བགེགས་དང་བར་ཆད་ཀུན་འཇོམས་པའི། །ལྷ་མོ་དེ་ལ་གུས་བཏུད་ནས། །གང་ དེའི་སྒྲུབ་ཐབས་མི་འདྲ་བའི། ཁྱད་པར་ཅུང་ཟད་བཤད་པར་བྱ། །རི་ཁྲོད་མ་ལོ་མ་གྱོན་མ་སེར་མོའི་སྒྲུབ་ཐབས་ལེགས་པར་ ཤེས་པར་བྱས་ལ། ལྷག་མ་རིགས་བཞི་པོ་རྣམས་ལ་འདོར་ལེན་ཅུང་ཟད་ཙམ་གྱིས་འགྲུབ་པར་འགྱུར་བས་སོ་སོར་བཤད་པར་བྱ་ སྟེ། དེ་ཡང་དམར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་ལ། སྔོན་འགྲོ་ཚོགས་བསག་གི་སྐབས་བླ་མ་མི་བསྐྱོད་པའི་རྣམ་པ་ ཅན་གྱིས་དབུ་བརྒྱན་པ་ཞེས་པའི་དོད་དུ། བླ་མ་འོད་དཔག་མེད་ཀྱི་རྣམ་པ་ཅན་གྱིས་དབུ་བརྒྱན་ ཞེས་འདོན་པ་སྤོ། བསྐྱེད་ཆོག་གི་སྐབས་རང་སེམས་པཾ་སེར་པོའི་དོད་པཾ་དམར་པོ། ཞལ་ཕྱག་གི་སྐབས། རང་ ཉིད་རི་ཁྲོད་མ་ལོ་མ་གྱོན་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་ བཅས་པའི་ཁུ་ཚུར་གྱིས་བགེགས་ཚོགས་ལ་བསྣུན་ཅིང༌། གཡོན་ཐུགས་ཀར་སྡིགས་མཛུབ་ མཛད་པ། གནོད་བྱེད་ཐམས་ཅད་ལ་གཟིར་བ། དམར་ལ་ཟླུམ་པོའི་སྤྱན་གསུམ་དང་ལྡན་ ཞིང༌། མཆེ་བ་གཙིགས་པ། སྐུ་ཐུང་སྦོམ་ལ་དབུ་སྐྲ་གྱེན་དུ་བརྫེས་པ། སྟག་ལྤགས་དང་རིན་ པོ་ཆེ་དང༌། རུས་པ་དང༌། སྦྲུལ་གྱིས་བརྒྱན་པ། གཡོན་བརྐྱང་གི་སྟབས་ཀྱིས་མེ་དཔུང་འབར་ བའི་དབུས་ན་བཞུགས་པའོ། །ཞེས་དང༌། རིགས་བདག་གི་སྐབས། འོད་དཔག་མེད་ཀྱིས་དབུ་བརྒྱན། ཅེས་འདོན་པ་སྤོ་བ་རྣམས་ཁྱད་པར་རོ། །དེ་བཞིན་དུ་སྔོན་མོ་ལ་བླ་མ་དོན་ཡོད་གྲུབ་པའི་རྣམ་པ་ཅན་གྱི་ ཞེས་དང༌། པཾ་སྔོན་པོ་ལས་ཞེས་དང༌། རང་ཉིད་རི་ཁྲོད་མ་ལོ་མ་གྱོན་མ་སྐུ་མདོག་ནམ་མཁའ་ལྟར་ 15-1-376 སྔོ་སངས་ཞལ་གཅིག་ཕྱག་བཞི། གཡས་ཀྱི་དང་པོས་ལྷའི་ཤིང་གི་ཡལ་ག་འབྲས་བུ་དང་ བཅས་པ་འཛིན་པས་ནད་ཞི་བར་མཛད་པ། གཉིས་པས་དགྲ་སྟ་འཛིན་པས་གདུག་པ་ཅན་ ལ་བརྡེག་པ། གཡོན་གྱི་དང་པོ་ཞགས་པས་བགེགས་རྣམས་འཆིང་བ། གཉིས་པས་རྔ་ཡབ་ ནོར་བུའི་ཡུ་བ་ཅན་འཛིན་པས་ནད་སེལ་བར་མཛད་པ། སྒེག་ཅིང་ཁྲོ་ལ་རིན་པོ་ཆེ་དང་རུས་ པ་དང་སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་དང༌། ཤིང་ལོའི་སྟོད་གཡོགས་ཅན། ཉི་མའི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཉི་མའི་འོད་ཀྱི་རྒྱབ་ཡོལ་ཅན། ཞེས་པ་དང༌། དོན་ཡོད་གྲུབ་པས་དབུ་བརྒྱན་ཞེས་པ་རྣམས་ཁྱད་པར་རོ། །རི་ཁྲོད་དྲག་མོ་{ཀངྐ་[གངྒ་]ལ་ཆིབས་ པའི་སྒྲུབས་ཐབས་ལ་སྔོན་འགྲོ་ཚོགས་བསག་མི་དགོས། སྐྱབས་སེམས་སྔོན་དུ་འགྲོ་བས། པད་ཉིའི་གདན་ལ་པཾ་ནག་ པོ་ལས་རི་ཁྲོད་མ་ལོ་མ་གྱོན་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དབུ་ སྐྲ་གྱེན་བརྫེས་ཆེར་ཁྲོས་པའི་ཉམས་ཅན། སྟག་ལྤགས་དང་། དར་དང་རིན་པོ་ཆེས་བརྒྱན་ པ། ཕྱག་གཡས་ན་གཅོད་པའི་དགྲ་སྟ་དང༌། གཡོན་ཤིང་ལོ་གསར་པའི་སྦྲང་ཡབ་འཛིན་ པ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་འདབ་ཆགས་{ཀངྐ[གངྒ]འི་སྟེང་ན་བཞུགས་པའོ། ། ཡན་ལག་ལྷག་མ་སེར་མོའི་སྐབས་དང་འདྲ་བ་ལས། རྣམ་སྣང་གིས་དབུ་རྒྱན་ཅན་ནོ། །སྔགས་ནི། ༀ་པི་ཤ་ ཙཱི་པརྞ་ཤ་ཝ་རཱི་སརྦ་རོ་ག་ཚེ་ད་ནི་ཧཱུཾ་ཕཊ། ཅེས་པ་རྣམས་ཁྱད་པར་རོ། །འདི་ཉིད་སྐུ་མདོག་དཀར་མོ་ཅུང་ཟད་ཞི་ བའི་ཉམས་ཅན་དུ་བྱེད་པའང་ཡོད་དོ། ལྗང་ཁུའི་སྒྲུབ་ཐབས་ནི། བཤད་མ་ཐག་པ་འདི་ཉིད་ལས་ས་བོན་པཾ་ལྗང་ཁུ། རང་ ཉིད་རི་ཁྲོད་མ་སྐུ་མདོག་ལྗང་ཁུ་ཞི་བའི་ཉམས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞལ་ གཅིག་ཕྱག་གཉིས་གཡས་རྨ་བྱའི་སྒྲོ་ཡབ་དང༌། གཡོན་སྨན་སྣ་ཚོགས་ཀྱིས་གང་བའི་སྣོད་ འཛིན་པ། སྐྱིལ་ཀྲུང་ཕྱེད་པའི་རོལ་པས་རྨ་བྱའི་གདན་ལ་བཞུགས་པའོ། །ཞེས་པ་དང༌། རིན་ ཆེན་འབྱུང་ལྡན་གྱིས་དབུ་རྒྱན་ཞེས་པ་དང༌། ༀ་པི་ཤ་ཙཱི་པརྞ་ཤ་ཝ་རཱི་སརྦ་ཛྭ་ར་ཤནྟི་རུཾ་སྭཱཧཱ། ཞེས་ བཟླ་བ་རྣམས་ཁྱད་པར་རོ། །ལྷག་མ་སྒྲུབ་ཐབས་དང་རྗེས་གནང་གི་བྱ་བ་ཐམས་ཅད་སེར་མོའི་སྐབས་ཇི་ལྟ་བ་བཞིན་ནོ། །ཀུན༷་ 15-1-377 ནས་མོས་པ་ཐ་དད་རྣམས། །དག༷འ་ཞིང་གུས་པའི་རྣམ་ཆ་ནི། །སྣ་ཚོགས་འདི་ཡང་ངོ་མཚར་རྨད། །འདོར་ལེན་བྱེད་ཚུལ་སྙིང༷་པོ༷་ ཙམ། །རི་ཁྲོད་མ་རིགས་བཞིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། རྒྱལ་བ་ཀུན་གྱིས་བྱིན་བརླབས་པ། །བགེགས་ཀུན་འཇོམས་པར་མཛད་པ་མོ། །རིག་པའི་ རྒྱལ་མོ་ལ་བཏུད་ནས། །དེ་ཡིས་སྒྲུབ་ཐབས་བྲི་བར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་ པར་སྦྱང༌། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རང་ཉིད་ རིག་པའི་རྒྱལ་མོ་གཟའ་ཡུམ་སྐུ་མདོག་དཀར་མོ། དཀར་སྔོ་དམར་བའི་ཞལ་རེ་རེ་ལ་སྤྱན་ གསུམ་གསུམ་དང་ལྡན་པ། ཕྱག་དྲུག་གི་དང་པོ་གཉིས་ཆོས་འཆད། བར་པ་གཉིས་རྡོ་རྗེ་དང་ པདྨ། ཐ་མ་གཉིས་མདའ་གཞུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ལྷ་རྫས་ ཀྱི་རྒྱན་དང་ན་བཟའ་ཅན་ནོ། །གནས་གསུམ་བྱིན་རླབས་ཡེ་ཤེས་དགུག་གཞུག་དབང་བསྐུར་རྒྱས་བཏབ་རྣམས་སྤྱི་ དང་འདྲ་བ་ལས། རྣམ་སྣང་གི་དབུ་རྒྱན། ༀ་སརྦ་བིདྱ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་སྙིང་པོ་དང༌། ༀ་ན་མོ་བྷ་ ག་ཝ་ཏཱི་སྭཱཧཱ། ཞེས་པ་ཉེ་སྙིང་གང་ནུས་སུ་བཟླ། བཟླས་པ་ཚར་བ་དང་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གང་གི་ མཚན་ཙམ་བཟུང་བས་ཀྱང༌། །གཟའ་དང་རྒྱུ་སྐར་གདོན་རྣམས་ཀྱི། །ཉེར་འཚེ་མཐའ་དག་ ཞི་མཛད་པ། །རིག་པའི་རྒྱལ་མོ་ཁྱོད་ལ་བསྟོད། །ཅེས་བསྟོད། ༀ་སརྦ་བིདྱ་བཛྲ་མུཿ ཞེས་ཡེ་ཤེས་ པ་གཤེགས། གཏོར་མ་འབུལ་བར་འདོད་ན། དཀར་གཏོར་མཆོད་པ་དང་བཅས་པ་བཤམ། ༀ་བཛྲ་ཡཀྴ་ཧཱུཾ་གིས་བསངས། བཛྲ་ཛྭ་ལའི་སྔགས་རྒྱས་གང་བར་བྱས། ཨ་ཀཱ་རོས་བཞེད་དོན་འགྲུབ་པར་བྱིན་གྱིས་བརླབས། རང་གི་སྙིང་ག་ ནས་འོད་ཟེར་འཕྲོས། རིག་པའི་རྒྱལ་མོ་གཟའ་ཡུམ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་ གཟའ་དང་རྒྱུ་སྐར་འབྱུང་པོའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ༀ་སརྦ་བིདྱ་སརྦ་བུདྡྷ་ བོ་དྷི་སཏྭཱ་ནཱཾ། སརྦ་གྲ་ཧ་ནཀྵ་ཏྲ། སརྦ་བྷུ་ཏི་བྷྱཿ ཨི་དཾ་བཱ་ལིང་གྲྀཧྞ་པཱ་ཡ། གྲྀཧྞ་པཱ་ཡ། ཧཱུཾ་ ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་ཕུལ། མཆོད་བསྟོད་འདོད་དོན་གསོལ་བཏབ་རྣམས་བྱས་ལ། དེ་དག་གི་རྒྱུད་ བསྐུལ་བའི་ཕྱིར་གཟུངས་མདོ་འདོན་པར་བྱ་ཞིང༌། མཐར་ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། རྣམས་བྱའོ། ། 15-1-378 འདིའི་རྗེས་གནང་གི་ཆོ་ག་ནི་སྒྲུབ་ཐབས་རྒྱ་མཚོའི་སྐབས་དང་འདྲའོ། །འགྲོ་ཀུན༷་དགེ་ལེགས་མཛད་པ་ཡི། །ལྷ་མོའི་སྒྲུབ་ ཐབས་རབ་དག༷འ་བ། །ཤིན་ཏུ་རྒྱས་པའི་སྙིང༷་པོ༷་ཉིད། །གཞན་ལ་ཕན་ཕྱིར་བཀོད་པ་ཡིན། །གཟའ་ཡུམ་རིག་པའི་རྒྱལ་མོའི་ སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ཁྲོ་རྒྱལ་འཆོལ་བ་ལ་བཏུད་ནས། །སྒྲུབ་ཐབས་ཤིན་ཏུ་རྣམ་མང་ལས། །འདི་ནི་བ་རི་ལོ་ཙྪའི་ ལུགས། །དུད་ཁར་གྲགས་པའི་སྒྲུབ་ཐབས་བཤད། །སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་སྙིང་གའི་ཧཱུཾ་ལས་འོད་ ཟེར་འཕྲོས། ཁྲོ་རྒྱལ་རྨེ་བརྩེགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ༀ་ཨུ་ཙུཥྨ་མཧཱ་ཀྲོ་དྷ་ རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་ནས། ཤཔྟའི་བར་གྱིས་མཆོད། ཁྲོ་བོའི་རྒྱལ་པོ་རྨེ་བརྩེགས་ནི། ། ཞལ་གསུམ་ཕྱག་དྲུག་ཞབས་གཉིས་བགྲད། །དུད་ཁ་མེ་རིའི་དབུས་ན་བཞུགས། །སྟོབས་ པོ་ཆེ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་རྒྱུན་བཤགས་བྱ། ཚད་མེད་ བཞི་སྤྱི་དང་མཐུན་པར་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ཧཱུཾ་ཡིག་དུད་ཁ་ལས་འོད་འཕྲོས། འཕགས་པ་ མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཁྲོ་བོའི་རྒྱལ་ པོ་རྨེ་བརྩེགས་སྟོབས་པོ་ཆེའི་སྐུར་གྱུར་པ་ནི། ཞལ་གསུམ་ཕྱག་དྲུག་རྩ་ཞལ་དང་སྐུ་མདོག་ དུད་ཁ། གཡས་དཀར་གཡོན་དམར་བའི་ཞལ་སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་ བ་བཞི་བཞི་གཙིགས་པ། ཐོད་སྐམ་ལྔ་ལྔས་དབུ་ལ་བརྒྱན་པ། དབུ་སྐྲ་ཁམ་སེར་གྱེན་དུ་ བརྫེས་པ་ལ་སྦྲུལ་སྔོན་པོ་ལྟོ་སེར་གྱིས་དཀྲིས་པ། སྨ་ར་སྨིན་མ་ཕྱག་དྲུག་གཡས་ཀྱི་དང་པོ་ ན་རྡོ་རྗེ་རྒྱ་གྲམ། གཉིས་པ་ན་རྡོ་རྗེ་རྩེ་ལྔ་པ། གསུམ་པ་ན་རྡོ་རྗེ་ལྕགས་ཀྱུ། གཡོན་གྱི་དང་ པོ་ན་རྡོ་རྗེ་དབྱུག་པ། གཉིས་པ་ན་རྡོ་རྗེ་ཞགས་པ། གསུམ་པ་རྡོ་རྗེའི་སྡིགས་མཛུབ་མཛད་ པ། ཕྱག་ཐམས་ཅད་བརྐྱང་ཞིང༌། ཐོད་སྐམ་གྱི་སེ་རལ་ཁ་དང༌། ཡན་ལག་སྦྲུལ་གྱིས་བརྒྱན་ པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཞབས་གཉིས་བགྲད་པའི་སྟབས་ཀྱིས་ཉི་མའི་གདན་ 15-1-379 ལ་བཞུགས་པ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་འགྱིང་བའོ། །དཔྲལ་བར་ༀ། མགྲིན་པར་ ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས། བླ་མ་ཡི་དམ་ སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཁྲོ་རྒྱལ་རྨེ་བརྩེགས་ཀྱི་རྣམ་པར་བཛྲ་ ས་མཱ་ཛཿ ཞེས་པ་ནས། ཁྲོ་རྒྱལ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། གོང་བཞིན་མཆོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་ གནས་ནས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ༀ་པཉྩ་ཀུ་ལ་ས་པ་རི་ ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཉེར་སྤྱོད་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་ རྣམས་ཀྱིས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང༌། བུམ་ པའི་ཆུས་དབང་བསྐུར་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་ པ་ལས་མི་བསྐྱོད་པས་དབུ་བརྒྱན། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རབ་ཞི་ཆོས་སྐུའི་ངང་ལས་ མ་གཡོས་ཀྱང༌། །གདུག་པ་འདུལ་ཕྱིར་རབ་ཏུ་ཁྲོས་པའི་སྐུ། །རྒྱལ་བ་ཀུན་གྱི་འཕྲིན་ལས་ གཅིག་བསྡུས་པ། ཁྲོ་རྒྱལ་རྨེ་བ་བརྩེགས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ༀ་བྷུཪྑུཾ་མཧཱ་པྲ་ན་ ཡེ་བྷུརྩི་བྷུཪྑི་བི་མ་ན་སེ་ཨུ་ཙུཥྨ་མཧཱ་ཀྲོ་དྷ་ཧཱུཾ་ཕཊ། ༀ་བྷུཪྑུཾ་རི་ལི་ཤུ་{བར་[ཐར་]ཤ་ཧུར་ཤི་བི་ མ་ལེ་ཨུ་ཙུཥྨ་མཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླའོ། །མངོན་རྟོགས་བསྡུས་པ་སྒོམ་པར་འདོད་ན། སྐྱབས་སེམས་ སྟོང་ཉིད་སྔོན་དུ་བཏང་ནས། སྙིང་གའི་ཧཱུཾ་གི་འོད་ཀྱིས་སྡིག་སྒྲིབ་དང༌། མི་གཙང་བ་སྦྱང་བ་ནས། རང་ཉིད་ཁྲོ་བོ་ཆེན་པོར་བསྐྱེད། ཡན་ལག་ལྷག་མ་རྣམས་མི་དགོས་པར་བཟླས་པ་འཇུག་པའོ། ། འདིའི་རྗེས་གནང་གི་བྱ་བ་ནི། མཎྜལ་པདྨ་འདབ་བརྒྱད་ཀྱི་དབུས་སུ་མེ་ཏོག་གི་ཚོམ་བུ་བཀོད། མཎྜལ་གྱི་དབུས་སམ་ གཡས་གཡོན་ཅི་བདེ་བར་བུམ་པ་བཅས་ལ་གཏོར་མ་གསུམ་དང་མཆོད་པ་བཤམ། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་ བྱ། སྐྱབས་འགྲོ་ནས་བཟླས་པའི་བར་བདག་བསྐྱེད་རྫོགས་པར་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ 15-1-380 པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ ཡོངས་སུ་རྫོགས་པའི་ནང་དང༌། མཎྜལ་གྱི་དབུས་སུ་པཾ་ལས་པདྨ་ནས། དབུ་བརྒྱན་གྱིས་བར་ བདག་བསྐྱེད་ལྟར་བསྒོམ། རང་གི་སྙིང་ག་ནས་སྔགས་ཀྱི་འཕྲེང་བ་གཟུངས་ཐག་ལ་འཁྲིལ་ནས་ སོང༌། བུམ་ནང་གི་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབས་ཏེ་བུམ་པ་གང་བར་གྱུར། བཟླས་པ་ཅི་ འགྲུབ་བྱ། མཆོད་བསྟོད་རྒྱས་པའམ། བསྡུ་ན་བདག་བསྐྱེད་བཞིན་བྱ། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཨཱཿཧཱུཾ། ཞུ་བ་ ལས་བྱུང་བའི་གཏོར་མ་བདུད་རྩིས་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ གཏོར་མ་དང་པོ་ སྙིང་པོའི་མཐར། ཨ་ཀཱ་རོ་བཏགས་པ་ལན་ལྔས་ཁྲོ་བོ་ཆེན་པོ་ལ་འབུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་ སོགས་ཀྱིས་གསོལ་བ་བཏབ། གཉིས་པ་ཆོས་སྐྱོང་ནག་པོ་ཆེན་པོ་ལ་འབུལ། གསུམ་པ་ཁ་འབར་མའི་སྔགས་ཀྱིས་རིགས་དྲུག་ ལ་བསྔོ། སླར་ཡང་བུམ་བསྐྱེད་ཀྱི་ལྷ་ལ་མཆོད་བསྟོད་བྱ། ཡིག་བརྒྱ་དང༌། མ་འབྱོར་པ་དང་སོགས་བཟོད་གསོལ་དང༌། ༀ་ཨཱཿཧཱུཾ་ཞེས་མཆོད་ཡོན་ཕུལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་ལས་བྱུང་བའི་བུམ་ པའི་ཆུ་ནུས་པ་ཀུན་དང་ལྡན་པར་གྱུར། ཞེས་བརྗོད་དེ། །སློབ་དཔོན་གྱི་བྱ་བའོ། །སློབ་མ་ལ་བྱ་བ་ནི། ཕལ་ཆེར་ སྒྲུབ་ཐབས་རྒྱ་མཚོའི་ཆིངས་དང་མཐུན་པ་ལས། རྒྱུན་བཤགས་སོང་བའི་རྗེས་སུ་སྐུའི་རྗེས་གནང་གི་གསོལ་འདེབས་འདི་སྐད་ ཅེས་བྱ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་ངོ་བོ་སློབ་དཔོན་གྱིས། །བདག་ལ་ ཁྲོ་རྒྱལ་རྨེ་བརྩེགས་ཀྱི། །སྐུ་ཡི་རྗེས་གནང་སྩལ་དུ་གསོལ། །ཅེས་ལན་གསུམ་གྱིས་གསོལ་བ་འདེབས། སྐུའི་རྗེས་གནང་གི་ཡེ་ཤེས་པ་བསྟིམ་པ་སོང་མཚམས་སུ་མངོན་རྟོགས་ལྟར་ལྷ་དབང་བསྐུར་བའི་དམིགས་པ་འབོགས། གསུང་ དང་ཐུགས་ཀྱི་རྗེས་གནང་གི་འགོར་ཡང༌། སྐུའི་ཞེས་པར་གསུང་གི་ཞེས་པ་དང༌། ཐུགས་ཀྱི་ཞེས་འདོན་པ་སྤོས་ལ་གསོལ་ བ་བཏབ། ཐུགས་ཀྱི་རྗེས་གནང་གི་མཐར་བུམ་པའི་ཆུས་བཀྲུ་བ་དང༌། བྱབས་སྲུང་བྱ་སྟེ་སྔགས་ཀྱི་ཁྱད་པར་མ་གཏོགས། རྡོ་ རྗེ་རྣམ་འཇོམས་ལྗང་ཁུའི་སྐབས་དང་འདྲའོ། །སློབ་མའི་རྗེས་ཀྱི་བྱ་བ་དང༌། མདུན་བསྐྱེད་ཀྱི་རྗེས་ཀྱི་བྱ་བ་ཡང་སྤྱི་དང་འདྲའོ། ། ཤིན་ཏུ་ཟབ་མོར་རབ་གྲགས་པ། །ཡིག་རྙིང་མན་ངག་ཀུན༷་མཐོང་ནས། །དག༷འ་བས་སྙིང༷་པོ༷་ཙམ་ཞིག་བསྡེབས། །དགོས་ 15-1-381 འདོད་སྒྲུབ་ལ་འདི་ཡིས་ཆོག །རྨེ་བརྩེགས་དུད་ཁའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། གསང་བདག་དང་ནི་དེའི་སྤྲུལ་པ། །སྟོབས་པོ་ཆེ་ལ་ཕྱག་འཚལ་ནས། །སྟོབས་ཆེན་འཆོལ་བའི་ སྒྲུབ་ཐབས་ནི། །ཇོ་བོའི་ལུགས་སུ་གྲགས་པ་བཤད། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་སོང་ནས། རང་གི་སྙིང་གའི་ ཧཱུཾ་གི་འོད་ཀྱིས་སྡིག་སྒྲིབ་དང་མ་དག་པའི་སྣང་བ་ཐམས་ཅད་བསྲེགས། སྟོང་པའི་ངང་ལས་ རང་ཉིད་ཁྲོ་རྒྱལ་རྨེ་བརྩེགས་སྐུ་མདོག་ལྗང་ཁུ། ལྗང་སྔོན་དཀར་བའི་ཞལ་གསུམ་ཕྱག་དྲུག་ གི་དང་པོ་གཉིས་ཐུགས་ཀར་སྡིགས་མཛུབ་བསྣོལ་བ། བར་པ་གཉིས་རྡོ་རྗེ་དང་དྲིལ་བུ། ཐ་ མ་གཉིས་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་ བས་བགེགས་ཀྱི་ཚོགས་ཐམས་ཅད་གནོན་པར་མཛད་པ། མི་མགོའི་དབུ་རྒྱན་དང་དོ་ཤལ། མི་ལྤགས་གླང་ལྤགས་སྟག་ལྤགས་ལ་སོགས་པ་དཔལ་གྱི་ཆས་ཡོངས་སུ་རྫོགས་པ་མེ་དཔུང་ འབར་བའི་དབུས་ན་བཞུགས་པའོ། །གནས་གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་འདྲེན། དབང་བསྐུར་རྒྱས་ བཏབ་རྣམས་བྱ་ཞིང༌། རིགས་བདག་ནི་དོན་གྲུབ་བོ། །བཟླས་པའི་སྙིང་པོ་ནི་དུད་ཁའི་སྐབས་དང་འདྲ། གྲིབ་སེལ་བའི་སྔགས། ཨི་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨི་བི་རཾ་ཤུདྡྷེ་ཤུདྡྷེ། ཨ་ཨ་ཨ་སྭཱཧཱ། ཞེས་པའང་ བཏགས་ཏེ་བཟླས། ཐུན་འཇོག་ཁར། ཨརྒྷཾ་ལ་སོགས་པས་མཆོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། བཀའ་ཡི་འཕྲིན་ལས་ཀུན་སྒྲུབ་པ། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །གདུལ་དཀའ་འདུལ་ མཛད་ཁྱོད་ལ་བསྟོད། །ཅེས་བསྟོད་དོ། །ལྷ་སྐུ་སྟོང་པ་ཉིད་དུ་སྦྱངས་ནས། ཐུན་མཚམས་ལ་འཇུག་གོ །རྗེས་གནང་ བྱེད་ཚུལ་ནི། མཎྜལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་བུམ་པ་སྤྱི་དང་མཐུན་པར་བཤམ། གཏོར་མ་གསུམ་དང༌། མཆོད་པ་ཡང་ བཤམ། བདག་བསྐྱེད་གོང་བཞིན་བྱས། མཆོད་པ་བྱིན་རླབས་སྤྱི་དང་མཐུན། མདུན་བསྐྱེད་བུམ་པ་སངས་སྦྱངས། བུམ་པའང་སྤྱི་ དང་མཐུན་པར་བསྐྱེད་ནས། བུམ་པའི་ནང་དུ་མངོན་རྟོགས་ལྟར་ལྷ་བསྐྱེད། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གོང་བཞིན་ བསྟོད། གཏོར་མ་རྣམས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ནས། གཙོ་བོ་ལ་སྙིང་ པོའི་མཐར་ཨི་དཾ་བཱ་ལིཾ་ཁཾ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པས་འབུལ། གཏོར་མ་གཉིས་པ་ཕྱོགས་སྐྱོང་བཅུ་དང༌། གསུམ་པ་ 15-1-382 བགེགས་ལ་ཁ་འབར་མའི་སྔགས་ཀྱིས་གཏོང་བའི་ལག་ལེན་ནམ་ཆ་གསུམ་གྱི་ཆོ་གས་འབུལ། སྤྲོ་ན་གཞི་བདག་གཏོར་མའང་ བྱ། བུམ་པ་ལ་དམིགས་ནས་བཟླས་པ་ཅི་འགྲུབ་བྱ་ཞིང༌། མཐར་བུམ་པའི་ལྷ་འོད་དུ་ཞུ། དེ་ནས་སློབ་མ་ཁྲུས་བྱ། མཎྜལ་འབུལ། བགེགས་གཏོར་བཏང༌། ཨ་མྲྀ་ཏས་བསྲུངས། གསོལ་བཏབ་ནི། ཇོ་བོའི་ལུགས་ཀྱི་རྗེས་གནང་གཞན་དང་འདྲ། སྐྱབས་འགྲོ་ སེམས་བསྐྱེད་རྒྱུན་བཤགས་བྱ། སློབ་མའི་སྤྱི་བོར་ཧཱུཾ་ལས་ཁྲོ་བོ་བསྐྱེད་རིགས་བདག་རྒྱས་འདེབས་ཀྱི་བར་བྱས་ཏེ། བླ་མའི་ཐུགས་ཀའི་ཧཱུཾ་གི་འོད་ཀྱིས། སློབ་མའི་ལུས་བྱིན་གྱིས་བརླབས་ནས། བཅོམ་ལྡན་ འདས་བདག་གི་ལུས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་པས། ཁྲོ་བོ་འོད་དུ་ ཞུ་ནས་སློབ་མ་ཁྲོ་བོའི་སྐུར་གྱུར། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ་སོགས་ཀྱིས་གསོལ་བ་བཏབ་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི་སོགས་ཀྱི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ཅིང༌། བུམ་པའི་ཆུས་དབང་བསྐུར། རིགས་བདག་གི་རྒྱས་གདབ་སྟེ་སྐུའི་རྗེས་གནང་ངོ༌། །གསུང་གི་ རྗེས་གནང་བཟླས་ལུང་དང་བྱིན་གྱིས་བརླབ་པའི་ལུང་སྤྱི་དང་འདྲ། ཐུགས་ཀྱི་རྗེས་གནང་སློབ་མའི་སྙིང་གའི་ སྔགས་འཁོར་ལས་འོད་འཕྲོས། ཁམས་གསུམ་འོད་དུ་ཞུ་བ་ནས་སྙིང་གའི་ཧཱུཾ་གི་ནཱ་དའི་བར་ དུ་བསྡུས་ཏེ། སྟོང་པ་ལ་མཉམ་པར་བཞག སླར་ཡང་ལྷ་སྐུར་ལྡང་ངོ༌། །རྗེས་གནང་གི་རྗེས་ཀྱི་བྱ་བ་ དང༌། མདུན་བསྐྱེད་ཀྱི་རྗེས་ཆོག་ཀྱང་སྤྱི་དང་འདྲ། འདིའི་གྲིབ་སེལ་གྱི་རིམ་པ་ནི། བུམ་པ་སྔ་མ་བཞིན་བསྒྲུབས། མཐེབ་ཀྱུ་ཉེར་ གཅིག ཆང་བུ་ཉེར་གཅིག དམར་གཏོར་གཅིག་དང་སྲད་བུ་ནག་པོ་རྣམས་བཤམས། དང་པོར་བཀྲུ་བ་དང་བྱབ་པ་གཉིས་བྱ། ཆང་བུ་རེ་དང་མཐེབ་ཀྱུ་རེ་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ༀ་སཾ་བྷ་ ར་སཾ་བྷ་ར་ཧཱུཾ། ཞེས་ལན་གསུམ་གསུམ་བཟླ་ཞིང་བསྐོར། གྲིབ་སེལ་བའི་སྔགས་ཀྱང་རེ་རེ་བཏགས། བསྒྲུབ་བྱ་ལ་གུ་གུལ་ གྱིས་བདུག དྲག་སྔགས་བཟླ་ཞིང་ཡུངས་ཀར་གྱིས་བྲབས། སྲིན་མཛུབ་བཞི་ལ་སྲད་བུ་ནག་པོ་བཏགས། བྱབས་པའི་ཚུལ་གྱིས་ གྲིབ་རྣམས་སྲད་བུ་ལ་བསྟིམ་པར་མོས། དེ་ཉིད་ཁྲོ་བོའི་སྔགས་གྲིབ་སེལ་གྱི་སྔགས་དང་སྦྲགས་པས་བཅད་ནས་གཏོར་མའི་ནང་ དུ་བོར། གཏོར་མ་གོང་གི་སྔགས་ཀྱིས་བགེགས་རྣམས་ལ་བསྔོས། བདེན་པ་བདར་ཏེ། ཁྲུས་ཁུ་དང་གཏོར་མ་སོགས་ལམ་གྱི་ བཞི་མདོར་བསྐྱལ། དེ་ནས་སྲུང་བ་དང་ཤིས་བརྗོད་བྱའོ། །གཞན་ཡང་ལམ་གཏོར་གྱིས་ཕྱོགས་སེལ་བ། ཆུ་མིག་མཚོ་རྫིང་ཡུལ་ 15-1-383 ཕྱོགས་སོགས་ཀྱི་གྲིབ་སེལ་བ་དང༌། སྲུང་སྐུད། སྲིའུ་གསོ་བ། སྦྱིན་བསྲེག་ལ་བརྟེན་ནས་ལས་བཞི་སྒྲུབ་པ་སོགས་ཀྱང་བསྙེན་ པ་སྔོན་སོང་གི་རྣལ་འབྱོར་པས་ཅི་རིགས་པར་སྒྲུབ་བོ། །འདི་ཡི་གདམས་པ་ངོ་མཚར་ཞེས། །བཀའ་གདམས་པ་ཀུན༷་སྒྲོག་ཅིང་ དག༷འ། །ཡིག་རྙིང་རྣམས་ཀྱི་སྙིང༷་པོ༷་ཙམ། འདུས་ལ་གསལ་བར་བཀོད་པ་ཡིན། ཁྲོ་བོ་རྨེ་བརྩེགས་ལྗང་ཁུའི་སྒྲུབ་ཐབས་ཀྱི་ལེ་ ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། བླ་མ་མཆོག་དང་ཁྲོ་བོའི་རྒྱལ། །དེ་བཞིན་མཁའ་འགྲོ་མར་བཅས་ལ། །བཏུད་ནས་སྒྲུབ་ཐབས་ བཟླས་ལུང་གི །བྱ་བ་ཅུང་ཟད་བཤད་པར་བྱ། །སྐྱབས་སེམས་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་རང་སེམས་ ཧཱུཾ་མཐིང་ནག་གི་འོད་ཀྱི་འཕྲོ་འདུ་ལས་མཁའ་འགྲོ་མ་རྨེ་བརྩེགས་སྐུ་མདོག་སོལ་བ་ལྟར་ གནག་པ། ཁྲོ་མོའི་ཆ་ལུགས་སྤྱན་གསུམ་པ། ཕྱག་གཉིས་ཀྱིས་དག་བྱེད་ཀྱི་བདུད་རྩིས་གང་ བས་བུམ་པ་ཐུགས་ཀར་འཛིན་པ། སྐྲ་ལྷུག་པར་གྲོལ་ཞིང་རྒྱན་སྤངས་པ། དར་ནག་གི་ན་ བཟའ་ལྷུག་པར་འཕྱང་བ། པད་ཉི་ལ་མཉམ་པའི་སྟབས་ཀྱིས་བཞེངས་པའོ། །གནས་གསུམ་བྱིན་ རླབས། ཡེ་ཤེས་དགུག་གཞུག དབང་བསྐུར་ཞིང་མི་བསྐྱོད་པས་རྒྱས་བཏབ། ཨརྒྷཾ་ལ་སོགས་པས་མཆོད། དཔལ་ལྡན་ རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། ༀ་ཨར་ཁཾ་ཙིར་ཁཾ་བི་མ་ན་སེ་ཨུ་ཙུཥྨ་མཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བཟླ། གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། ༀ་བཛྲ་ཌཱ་ཀི་ནཱི་ཨུ་ཙུཥྨ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་འབུལ། སློབ་མའི་བྱ་བ་ནི། སྒོམ་ལུང་འབོགས་པ་སྟེ། སྔགས་ཀྱི་བཟླས་ལུང་སྦྱིན་པ་ཁོ་ན་ཡིན། བུམ་ཆོག་ནི་གཞི་དཀར་པོའི་སྟེང་ དུ། འབྲུ་དཀར་གྱིས་གཡུང་དྲུང་རིས་བྲིས་ཏེ། དེར་བུམ་པ་སྤྱི་དང་མཐུན་པར་བཅས་ལ། དངོས་གཞི་བུམ་པ་སྒྲུབ་ཚུལ། བཀྲུ་ བྱབས་སྲུང་གསུམ་དང་བཅས་པ་ནི། རྨེ་བརྩེགས་དུད་ཁའི་བུམ་ཆོག་དང་འདྲ་ལ། གྲིབ་སྲུང་བའི་སྒོམ་བཟླས་ནི། རང་གི་སྤྱི་ བོར་མཁའ་འགྲོ་མ་སྐད་ཅིག་གིས་བསྐྱེད་ལ། བུམ་ཆུས་བཀྲུས་པར་བསམས་ཏེ་བཟླས་བརྗོད་བྱེད། མཐར་མཁའ་འགྲོ་མ་རང་ ལ་བསྟིམ། ཀུན༷་ཏུ་ཟབ་ཅིང་ཆེས་བླ་བ། །དོན་ཆེན་འགྲུབ་པ་ཡིད་དག༷འི་གནས། །གཞན་འགའི་སྙིང༷་ལའང་དགའ་བསྐྱེད་པའི། ། འདུས་པོ༷ར་བྲིས་འདི་ཨེ་མ་ཧོ། ཁྲོ་མོ་རྨེ་བརྩེགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། 15-1-384 ༄༅། །ༀ་སྭཱ་སྟི། ཧེ་རུ་ཀ་དཔལ་ཁྲོས་པའི་སྐུ། །འཇིགས་པ་འཇོམས་པ་ལ་བཏུད་ནས། །སྒྲུབ་ཐབས་ཤིན་ཏུ་ རྣམ་མང་ལས། །ཤིན་ཏུ་བསྡུས་པའི་ཚུལ་ལུགས་བྲི། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་ སྦྱངས། བྷྲུཾ་གསུམ་ལས་རྩེ་གསུམ། རྡོ་རྗེ་འཁོར་ལོའི་སྲུང་བའི་འཁོར་ལོ་གསུམ་སྦྲག་ཏུ་གནས་ པའི་ནང་དུ། ཆོས་འབྱུང་ལ་གནས་པའི་རླུང་མེ་ཆུ་སའི་འོག་གཞི་དང་གུར་ཁང༌། དེའི་ནང་ དུར་ཁྲོད་ཆེན་པོའི་དབུས་སུ་འཁོར་ལོ་རྩིབས་བཅུ་པ་ལྟེ་བ་ལ་ཧཱུཾ་དང་བཾ་ལས་རྡོ་རྗེ་དང་ཏྲི་ཤུ་ ལ་རྣམས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་རེག་ཚིག་སྐུ་མདོག་ནག་པོ། ཕྱག་གཡས་ རྡོ་རྗེའི་སྟེང་ན་མེའི་འཁོར་ལོ་རྩིབས་བརྒྱད་པ་དང༌། གཡོན་ཏྲི་ཤུ་ལའི་རྩེ་མོར་རླུང་གི་འཁོར་ ལོ་རྩིབས་བཞི་པ་བསྣམས་པ། སྐུ་སྦོམ་ཐུང་ཁྲོ་བོའི་ཆ་བྱད་རྫོགས་ཤིང༌། དུར་ཁྲོད་ཀྱི་ཆས་ བརྒྱད་དང་ལྡན་པ། འཁོར་ལོ་དང་སྣ་ཚོགས་རྡོ་རྗེས་སྤྱི་བོ་བརྒྱན་པ། ཞབས་གཡས་བརྐྱང་ བའི་དུས་མཚན་མ་དང༌། གཡོན་བསྐུམ་པས་འཇིགས་བྱེད་མནན་པ། ཡུམ་གཡས་གྲི་གུག་ དང༌། གཡོན་ཏྲི་ཤུ་ལ་འཛིན་པས་འཁྱུད་པ། གཉིས་ཀའང་མེ་འབར་བའི་དབུས་ན་བཞུགས་ པའི་དཔྲལ་བར་ༀ་དཀར་པོ། སྙིང་གར་ཧཱུཾ་སྔོན་པོ། ལྟེ་བར་ཨ་སེར་པོ། བོལ་དུ་ཏཾ་ལྗང་ཁུ། མིག་ལ་ཏྲཾ་དཀར་པོ། རྣ་བར་ཧཱུཾ་སེར་པོ། སྣ་ལ་ཏྲི་དུད་ཁ། ལྕེ་ལ་ཨཱཿདམར་པོ། ལུས་ལ་ཁཾ་ ལྗང་ཁུ། ཡིད་ལ་ཏུཾ་མཐིང་ཁ་རྣམས་སུ་གྱུར། ཡེ་ཤེས་པ་བསྟིམ་པ་དང༌། དབང་བསྐུར་སྤྱི་དང་འདྲ་བ་ལས་མི་ བསྐྱོད་པས་དབུ་བརྒྱན། ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ འཁོར་ལོའི་རྩིབས་རྣམས་སུ་སྤྲོས། རང་དང་འདྲ་བའི་ཁྲོ་བོ་དང་ཁྲ་གདོང་མ་ལ་སོགས་པའི་ སྒོ་མཚམས་ཀྱི་ཁྲོ་བོ་ཡབ་ཡུམ་ཞལ་སྦྱོར་རྣམས་སུ་གྱུར། སྟེང་དང་འོག་ཏུ་གཙོ་བོ་ཡབ་ཡུམ་ གྱི་སྐུ་རེ་རེ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཁྲོ་རྒྱལ་རེག་ཚིག་སྟོབས་པོ་ཆེ། །མུན་ནག་ལྟ་བུའི་ སྐུ་འཛིན་ཞིང༌། །ཕཊ་ཀྱི་སྒྲ་འབྱིན་མེ་དཔུང་འབར། །མགོན་དུ་གྱུར་ལ་ཕྱག་འཚལ་བསྟོད། ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། ཁྲོ་རྒྱལ་འཁོར་བཅས་སྡང་བའི་སྟབས་ཀྱིས་ 15-1-385 བཞུགས། །ཞལ་དུ་མ་ལུས་དགྲ་བགེགས་དོན་སྙིང་གསོལ། །གཏུམ་ཆེན་མེ་འབར་ལས་ རྣམས་གྲུབ་པར་མཛོད། །ཅེས་བསྟོད། དེ་ནས་བཟླས་པའི་དམིགས་པ་གསལ་བཏབ་ནས། ༀ་བྷ་ཡ་ནཱ་ཤ་ནི་ ཏྲཱ་ས་ནི། སརྦ་མཱ་ར། པྲ་ཏྱ་གི་ར། བི་ནཱ་ཤ་ཡ། ཡེ་ཀེ་ཙི་ཏ། དུཥྚཾ་སཏྭ་བ་ད་ཀིམ་མ་བི་རཱུ་པ། ཀུར་བྷནྟི་ཏ་ནི། སརྦ་མཱ་ར། པྲ་ཏྱ་ག་རི་ཎེ་པ་ཏ་ཏུ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཅི་འགྲུབ་ཏུ་བཟླའོ། །འབུམ་ཕྲག་ བཅོ་ལྔས་བསྙེན་པ་འགྲུབ་པར་བཤད། ཐུན་མཇུག་ཏུ་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་དགེ་བ་བསྔོ། གཏོར་མ་བྱིན་རླབས་ བླ་མེད་གང་ཡང་རུང་བ་ཞིག་དང་མཐུན་པར་བྱས་ནས། དགྲ་བགེགས་ཐམས་ཅད་བཀུག་སྟེ་གཏོར་མ་ལ་ ཐིམ་པར་མོས། ཁྲོ་བོ་ཆེན་པོ་འཁོར་བཅས་བཛྲ་ས་མཱ་ཛཿ ༀ་བྷ་ཡ་ནཱ་ཤ་ནི། ཏྲཱ་ས་ནི། བཛྲ་ ཀྲོ་དྷ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཐུམྦཱ་ཐུམྦཱ་ཁཱ་ཧི་ཁཱ་ཧི། མཧཱ་མཾ་ས་ཁ་ཁཱ་ཧི། མཧཱ་རཀྟ་ཁ་ཁཱ་ཧི། གཏི་མུག་ཤ་ཡི་མཆོད་པ་བཞེས། །ཞེས་སྡང་རུས་པའི་མཆོད་པ་བཞེས། །འདོད་ཆགས་ཁྲག་ གི་མཆོད་པ་བཞེས། །མཱ་ར་ཡ་ཙིཏྟ་སྲོག་ཐུན་ཁ་ཁཱ་ཧི། ཞེས་ལན་བཅུ་གཅིག་གིས་བསྟབ། མཆོད་བསྟོད་ ནས། གཤེགས་གསོལ་གྱི་བར་སྤྱི་དང་འདྲའོ། ། འདིའི་རྗེས་གནང་ནི་ཆོས་འབྱུང་ནག་པོ་གྲུ་གསུམ་གྱི་སྟེང་དུ་རྟེན་གཏོར་བཀོད། རྗེས་གནང་གི་བྱ་བ་སྒྲུབ་ཐབས་བརྒྱ་ རྩས་རིགས་འགྲེ་བ་ལས་མཐར་གཏོར་དབང་བྱེད་པ་ཉིད་ཡིན། མུ་སྟེགས་ངན་སྔགས་ཀུན༷་བཟློག་ཅེས། །རྡོ་རྗེ་གདན་པའི་བ་ རི་ལ། །དག༷འ་བར་བསྔགས་པའི་གསེར་ཆོས་ཀྱི། །སྙིང༷་པོ༷་མདོ་བསྡུས་འདི་བཞིན་ལགས། །སྤྱིར་འདི་ལ་དབང་བཞི་སོགས་ ཆོས་སྐོར་ཤིན་ཏུ་ཚོགས་ཆེ་བར་ཡོད་ནའང༌། བསྡུས་པ་འདི་རྗེས་གནང་ཙམ་གྱིས་འགྲུབ་པ། བདེ་མཆོག་ཁྲོ་བོ་རེག་ཚིག་གི་སྒྲུབ་ ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ཧེ་རུ་ཀ་ལ་བཏུད་བྱས་ནས། །མངོན་བརྗོད་རྒྱུད་རྒྱལ་ལས་གསུངས་པ། །མན་ངག་ཁ་བསྒྱུར་ དང་བཅས་པའི། ཁྲག་འཐུང་མཁའ་ལྡིང་སྒྲུབ་ཐབས་བཤད། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་ སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་རྒྱ་མཚོའི་དབུས་སུ་པཾ་ལས་པདྨ་འདབ་བརྒྱད་ཀྱི་ ལྟེ་བར་རཾ་ལས་ཉི་མ། དེར་རང་སེམས་ཧཱུཾ་ལས་རྡོ་རྗེ་འབར་བ་ཧཱུཾ་གིས་མཚན་པ་ཡོངས་སུ་ 15-1-386 གྱུར་པ་ལས། རང་ཉིད་དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ག་རྩ་ཞལ་གནག་པ། གཡས་ཞལ་དུད་ཁ་དང་དམར་པོ། གཡོན་ཞལ་ལྗང་ཁུ་དང་དུད་ཁ། སྟེང་ཞལ་མཁའ་ལྡིང་ གི་གདོང་དམར་པོ། ཉི་མ་བཅུ་གཉིས་ཀྱི་གཟི་བརྗིད་ཅན་ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་ བུ་འཛིན་པས། ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གྲི་གུག་དང༌། ཚངས་པའི་མགོ་ བོ་བསྣམས་པ། གཡས་གསུམ་པ་མཐའ་ཡས་དཀྲིས་པ་རྡོ་རྗེ་འབར་བ་གསོར་བ། བཞི་པ་ པདྨ་དཀྲིས་པའི་ལྕགས་ཀྱུ། ལྔ་པ་མ་དྲོས་པ་དཀྲིས་པའི་ཌ་མ་རུ། གཡོན་གསུམ་པ་ནོར་ རྒྱས་ཞགས་པའི་ཚུལ་དུ་འཛིན་པས་སྡིགས་མཛུབ། བཞི་པ་འཇོག་པོ་བ་དན་དུ་བཏགས་ པའི་ཁ་ཊྭཱཾ་ག་དང་ཐོད་པ། ལྔ་པ་པད་ཆེན་གྱིས་དཀྲིས་པའི་མདུང༌། ཐ་མ་གཉིས་དབང་པོའི་ པགས་པ་སྟོད་གཡོགས་སུ་བསྣམས་པ་ལས་གཡས་ཀྱིས་སྟོབས་རྒྱུ་དང༌། གཡོན་གྱིས་དུང་ སྐྱོང་འཛིན་པའོ། །ཆུ་ལྷ་ཕོ་མོའི་སྟེང་ན་གཡས་རྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། ཁ་དོག་ ལྔ་དང་ལྡན་པའི་རྡོ་རྗེའི་གཤོག་པ་བརྡེབ་པ། ཧེ་རུ་ཀའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་ ཤིང༌། ཡུམ་རྡོ་རྗེ་ཕག་མོ་སེར་མོ་གྲི་ཐོད་འཛིན་པས་འཁྱུད་པ། མེ་དཔུང་འབར་བའི་དབུས་ ན་བཞུགས་པའོ། །སྙིང་ཁར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ འཛིན་སེམས་དཔའ་ཧཱུཾ་ནཾ་ཧཱུཾ། སྤྱི་བོར་མཁའ་འགྲོ་མ་གསང་བར་ལཱ་མ། མགྲིན་པར་དུམ་ སྐྱེས་མ། ལྟེ་བར་གཟུགས་ཅན་མ། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་དཔའ་བོ་དཔའ་མོ་ བཞི་བཅུ་ཞེ་བརྒྱད། ཁར་ཁྭ་གདོང་མ། སྣ་བུག་གི་འདོམ་སོར་འུག་གདོང་མ། གསང་བར་ཁྱི་ གདོང་མ། གཤང་སྒོར་ཕག་གདོང་མ། མིག་གཡས་སུ་གཤིན་རྗེ་བརྟན་མ། རྣ་བ་གཡས་སུ་ གཤིན་རྗེ་ཕོ་ཉ་མ། རྣ་བ་གཡོན་དུ་གཤིན་རྗེ་མཆེ་བ་མ། མིག་གཡོན་དུ་གཤིན་རྗེ་འཇོམས་ མ། ཐམས་ཅད་ཀྱང་ཕྱག་གཉིས་པ། དཔའ་བོ་ཐམས་ཅད་རྡོ་རྗེ་དྲིལ་བུ་འཛིན་པ། རྣལ་ འབྱོར་མ་རྣམས་གྲི་གུག་དང་ཐོད་པ་བསྣམས་པ། མཁའ་ལྡིང་གི་ཞལ་དང་རྡོ་རྗེའི་གཤོག་ 15-1-387 པ་ཅན་ནོ། །དེ་ནས་གོ་ཆ་གཉིས་འགོད། གནས་གསུམ་བྱིན་རླབས། དམ་ཡེ་བསྲེ་བ། དབང་བསྐུར་རྒྱས་བཏབ་རྣམས་བྱ་ སྟེ། སྡོམ་པའི་མངོན་རྟོགས་གང་ཡང་རུང་བ་ཞིག་དང་བསྟུན་ནོ། །སྙིང་གར་ཉི་མའི་སྟེང་དུ་ཧཱུཾ་གི་མཐའ་སྐོར་དུ་ སྔགས་ཀྱི་ཕྲེང་བས་བསྐོར་བར་བསམས་ལ། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་བཛྲ་ག་རུ་ཌ་ཧཱུཾ། ཌཱ་ ཀི་ནཱི་ཛཱ་ལ་སམྦྷ་ར་ཧཱུཾ་ཕཊ། ཅེས་འབུམ་ཕྲག་ཉི་ཤུ་རྩ་གཉིས་སུ་བཟླའོ། །དེ་ནས་ༀ་ག་རུ་ཌ་ས་མ་ཡ་ཧཱུཾ་ཛཿ ཞེས་བཏགས་པ་འབུམ་བཟླ། དེ་ནས་ཏཾ་ཀ་ར་ཀཾ་ཀ་ར། ཙྪ་ཏི། ཙྪ་ཏི། ཁྱུང་ཧུར་རྦད། ཞེས་བཏགས་པ་འབུམ་ བཟླས་པས་གདོན་ཐམས་ཅད་དང༌། ཁྱད་པར་ཀླུ་ནད་ཞི་ཞིང༌། འབྱུང་པོ་ཐམས་ཅད་མངག་གཞུག་ཏུ་འགྱུར་རོ། །རང་གཞན་གྱི་ ཀླུ་གདོན་དྲག་པོ་འདུལ་ན། ནཱ་ག་སྲོག་ཚིག་ནན་རྦད་མཱ་ར་ཡ་ཧཱུཾ། ཞེས་བཏགས་པ་འབུམ་ཕྲག་བཟླས་ཏེ་ལས་ལ་སྦྱར་རོ། །རྗེས་ ལྷ་སྐུ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ལྷ་སྐུར་ལངས་ཏེ་གོ་ཆ་བཀོད་ཚམ་རྔམ་བྱས་ལ་ཐུན་མཚམས་ལ་འཇུག་གོ །གཏོར་ ཆོག་ལཱུ་ཧི་པ་དང་འདྲ། སྔགས་ཀྱི་ཤམ་བུ་བཟླ་བ་ནས་བཟུང་སྟེ། བདག་བསྐྱེད་དང་གཏོར་ཆོག་གཉིས་ཀར་ལ་ཧེ་རུ་ཀ་བྱ་ཁྱུང་ གི་འཁོར་གྱིས་བསྐོར་བ་བསྒོམ་པ་དང༌། གཏོར་ཆོག་གི་སྐབས། བཟླས་གཏོར་གྱི་རྗེས་ལ། ༀ་མཧཱ་ག་རུ་ཌ་ཨི་དམ་བཱ་ ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པས་འབུལ། འདིའི་རྗེས་གནང་ནི། མཎྜལ་པདྨ་འདབ་བརྒྱད། དབུས་སུ་བུམ་པ་བཅའ། མཆོད་གཏོར་རྒྱ་ཆེར་བཤམས། བདག་བསྐྱེད་ སྔོན་དུ་འགྲོ་བས་མཆོད་པ་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས། བུམ་པ་བསྐྱེད་ཆོག་སྤྱི་དང་མཐུན། བུམ་པའི་ནང་ དུ་བདག་བསྐྱེད་ལྟར་ལྷ་བསྐྱེད་མཆོད་པ་ཕྱི་ནང་གསང་བ་ཚང་བ་དང༌། རྐང་བརྒྱད་ཀྱིས་བསྟོད། གཏོར་མ་འབུལ། ཀླུ་གཏོར་ ཡང་བཏང་ལ་བཟླས་པ་ཅི་ནུས་ཞིག་བྱའོ། །སློབ་མས་མཎྜལ་ཕུལ། དོན་དམ་སྨྲ་བའི་སེང་གེ་སོགས་ཀྱིས་གསོལ་བ་ བཏབ། རྒྱུན་བཤགས། རིགས་ལྔའི་སྡོམ་བཟུང༌། དམ་ཚིག་ཉེར་གཉིས་བཟུང་བ་རྣམས་བྱ། ལྷའི་སྐུ་ལས་བྱུང་བའི་བདུད་རྩིས་ བཀྲུ་བར་བསམས་ཏེ། བུམ་ཆུ་སྤྱི་བོ་ནས་གཏོར་ཞིང་འཐུང་དུ་འཇུག ཚད་མེད་བཞི་ནས་རིགས་བདག་རྒྱས་འདེབས་ཀྱི་བར་ བདག་བསྐྱེད་བཞིན་དམིགས་པ་ཕོག དབང་བསྐུར་གྱི་སྐབས། བུམ་ཆུས་དངོས་སུ་དབང་བསྐུར། དེ་ནས་སྔགས་ཀྱི་བཟླས་ ལུང་བྱིན་ཏེ། ཤམ་བུ་རྣམས་བྱིན་མི་དགོས། སླར་ཡང་བུམ་པའི་ཆུས་གནས་སོ་སོར་གཏོར་ལ། ལྷ་ཐམས་ཅད་ཀྱི་སྔགས་ལ་ཨ་ བྷི་ཥིཉྩ་ཞེས་བཏགས་ལ་དབང་བསྐུར་རོ། །འདི་ལ་ཕྱག་མཚན་གཏོད་པ་དང༌། གཏོར་དབང་བྱེད་པ་ཞིག་ཀྱང་སྣང་སྟེ། བློས་ 15-1-388 བཏགས་ཡིན་ཡིན་འདྲ་བའི་མི་དགོས་པར་མངོན་ནོ། །རྗེས་ཀྱི་བྱ་བ་སྤྱི་དང་འདྲ། འདི་རྒྱུད་ལས་ཆར་འབེབས་ཀྱི་སྐབས་སུ། བསྙེན་པ་སོང་ན་ལས་དེ་ལ་ལྷག་པར་བསྔགས་ཤིང༌། འདི་ཉིད་ཀྱི་བཀའ་ཉན་སྲིན་མོ་རལ་གཅིག་མ་བསྒྲུབ་པར་བྱ་སྟེ། ལོགས་ སུ་བསྟན་པ་ཞིག་ཡིན་ནོ། །ཀུན༷་ལས་ཁྱད་འཕགས་མཁའ་ལྡིང་གི ། །སྒྲུབ་ཐབས་མཆོག་ཏུ་དག༷འ་བའི་ཏོག །རྭ་ལོའི་གདམས་ པར་གྲགས་པ་ཡི། །སྙིང༷་པོ༷་ཉུང་ངུ་ཙམ་ཞིག་བྲིས། །བདེ་མཆོག་རྡོ་རྗེ་མཁའ་ལྡིང་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། ། ༄༅། །ༀ་སྭཱ་སྟི། ཡེ་ཤེས་ལྔ་ལྡན་དུས་འཁོར་ནི། །གདུག་པ་འདུལ་མཛད་བྱ་ཁྱུང་ཚུལ། །དེ་ལ་བཏུད་ནས་སྒྲུབ་ ཐབས་ནི། །རྒྱུད་དོན་བཞིན་དུ་གསལ་བར་བྲི། །སྐྱབས་སེམས་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པར་སྦྱངས། རང་གི་སྙིང་གར་པདྨ་ཟླ་བ་ཉི་མ་བརྩེགས་པའི་གདན་ལ་ཀྵིཾ་ཁ་དོག་ལྔ་ལྡན་དུ་ཞུ་བ་ལས། རང་ཉིད་འདབ་ཆགས་ཀྱི་མགོན་པོ་ཞལ་གཅིག་ཕྱག་གཉིས་པ། རྐང་མཐིལ་ནས་དཔྱིའི་ བར་སེར་པོ། དེ་ནས་ལྟེ་བའི་བར་དཀར་བ། དེ་ནས་མགྲིན་པའི་བར་དམར་བ། དེ་ནས་སྨིན་ མའི་བར་ནག་པ། དེ་ཡན་ཆད་ལྗང་ཁུ་སྤྱན་གསུམ་དང་ལྡན་པ། རྒྱལ་བ་ལྗང་ཁུ་དང་རྣམ་ རྒྱལ་སྔོན་པོས་དབུ་སྐྲ་བཅིངས་པ། སྟོབས་རྒྱུ་དང་པདྨ་ནག་པོས་སྙན་ཆ། ནོར་རྒྱས་དང་དུང་ སྐྱོང་དམར་པོས་ཕྱག་གདུབ། འཇོག་པོ་དང་པད་ཆེན་སེར་པོས་ཞབས་གདུབ། མཐའ་ཡས་ དང་རིགས་ལྡན་དཀར་པོས་འོག་པག་དང་མགུལ་རྒྱན་བྱས་པ། གཤོག་པ་ཁ་དོག་སྣ་ཚོགས་ པ་འོད་ཟེར་སྣ་ཚོགས་འཕྲོ་བ། རིགས་ལྔས་དབུ་བརྒྱན་པ། ཀླུ་རྒྱལ་གདུག་པ་ཅན་སྦྲུལ་གྱི་ རྣམ་པ་སྐེད་པ་ནས་ཕྱག་གཉིས་ཀྱིས་བཟུང་ཞིང་མགོ་བོ་ཞལ་དུ་གསོལ་བ། མཇུག་མ་ཞབས་ འོག་ཏུ་མནན་པའོ། །ལྟེ་བར་སའི་དཀྱིལ་འཁོར་ལ་ལཾ། སྙིང་གར་ཆུ་ལ་ཨུ། མགྲིན་པར་མེ་ ལ་རཾ། དཔྲལ་བར་རླུང་ལ་ཨི། གཙུག་གཏོར་དུ་ནམ་མཁའ་ལ་ཨ། ཐུགས་ཀར་ཉི་མ་ལ་ཀྵིཾ། དེ་ལ་སྔགས་ཀྱིས་བསྐོར་བ་ལ་དམིགས་ཏེ། ༀ་པཀྵིཾ་སྭཱཧཱ། ཞེས་ཅི་འགྲུབ་ཏུ་བཟླ། མཇུག་ཏུ་དགེ་བ་བསྔོ། དེ་ལྟར་བྱེ་བ་བཟླས་ན། ཇི་སྐད་བཤད་པའི་ལས་ཐམས་ཅད་འགྲུབ་བོ། ། འདིའི་རྗེས་གནང་བྱ་བར་འདོད་ན། མཎྜལ་པདྨ་འདབ་མ་བརྒྱད་པའམ། ཡང་ན་མཎྜལ་ལ་འབྲུའི་ཚོམ་བུ་བཀོད། མཆོད་ 15-1-389 པ་བཅུ་གཉིས་ཀྱི་རྣམ་པ་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས་མཆོད་པ་བྱིན་རླབས་དུས་འཁོར་ཁྲོས་པ་རྡོ་རྗེ་ཤུགས་ དང་འདྲ། མདུན་བསྐྱེད་ༀ་ཨཱཿཧཱུཾ་ཧྲ་ཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཞེས་པ་ནས། ཉི་མ་ལ་ཀྵིཾ་གི་བར་གོང་བཞིན། དེ་ནས་སོ་སོའི་ཕྱག་རྒྱ་དང་བསྟུན་ཏེ། ༀ་པཀྵིཾ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿཞེས་པ་ལ་ སོགས་པ། པཀྵིཾ་ཞེས་པ་མགོ་བོར་སྦྱར་ནས། ༀ་པཀྵིཾ་ཀཱ་མཾ་པྲ་ཏིཙྪ་ན་མཿའི་བར་དུ་མཆོད་པ་བཅུ་གཉིས་རྡོ་རྗེ་ཤུགས་ དང་འདྲ། འདི་ལ་གཏོར་ཆོག་མི་དགོས་ཤིང༌། གལ་ཏེ་བྱེད་པར་སྤྲོ་ན་རྡོ་རྗེ་ཤུགས་ཀྱི་སྐབས་བཞིན་པས། བཛྲ་བྷེ་ར་ཝ་ བྷིསྐ་ར་ཞེས་པའི་ཚབ་ཏུ། པཀྵིཾ་ཏྲ་ཞེས་བརྗོད། སློབ་མའི་བྱ་བ་ཡང་དུས་འཁོར་ལྷན་སྐྱེས་ཀྱི་སྐབས་འདོན་པ་སྤོས་པས་རུང་ ངོ༌། །རྒྱུད་འགྲེལ་གྱི་དངོས་བསྟན་འདི་ལྟར་ན་ནམ་མཁའ་ལྡིང་ལ་རྭ་མི་དགོས་ཤིང༌། ཞལ་རས་ལྷ་ཞལ་ལ་བྱའི་མཆུ་ཡོད་པར་ བྱ། མཁའ་ལྡིང་གི་མངོན་རྟོགས་ཐམས་ཅད་ན་མཇུག་མའི་གསལ་ཁ་མེད་ཀྱང་མཇུག་སྒྲོ་དགོས་ཤིང༌། པུས་མོ་མན་ཆད་བྱའི་ རྐང་པའི་རྣམ་པ། ཕྱག་ཞབས་ཐམས་ཅད་ལ་སེན་མོ་ལྕགས་ཀྱུ་ལྟར་རྣོ་བ། དབུ་སྐྲ་ནག་པོ་ཐོར་ཚུགས་སམ། སེར་པོ་གྱེན་བརྫེས་ གང་རུང་དང༌། ཞལ་བཞིན་ཞི་ཁྲོ་སྐབས་དང་སྦྱར། རིགས་ལྔའི་དབུ་རྒྱན་གྱི་སྟེང་དུ་རིན་པོ་ཆེའི་དབུ་རྒྱན་ཡང་བྱའོ། །དེ་ལྟར་བྱས་ ན་རྒྱ་གར་ཡུལ་གྱི་མཁའ་ལྡིང་གི་བཀོད་པ་དང་ཡང་མཐུན་ཞིང༌། རྒྱུད་འགྲེལ་གྱི་དགོངས་པ་ཡང་དེ་ལས་མི་འདའོ། །བྱ་ཁྱུང་རྭ་ ཅན་ནི། བལ་པོ་དང་ལི་དང་རྒྱ་ནག་སོགས་ཡུལ་གཞན་གྱི་བཀོད་པ་ལས་འབྱུང་ཞིང་དེས་ན་དེ་དག་ལས་འབྱུང་བའི་སྒྲུབ་ཐབས་ དང༌། བོད་རྙིང་མ་དང༌། རྒྱ་གར་ལ་ཁ་འཕངས་པའི་བོད་མ་སོགས་ལ་དེ་ཉིད་ཀྱི་རང་ལུགས་ཡིན་པས་བྱ་ཡི། རྒྱ་གར་གྱི་ཡིན་ངེས་ རྣམས་ལ་དེའི་རིགས་འགྲེ་མི་སྦྱོར་ཞིང༌། བྲིས་རྒྱུད་ནོར་བ་རྒྱ་འབྱམས་པ་ལའང་སྙིང་པོ་མེད་དོ། ཁྱུང་སྒྲུབ་ཀུན༷་ལ་ཡོད་མོད་ཀྱི། ། རྒྱ་གར་ཡུལ་དང་མཐུན་ན་དག༷འ། །རྙིང་མའི་སྙིང༷་པོ༷་གསར་མ་ལ། །སྦྱོར་བ་འདི་ཡང་གད་མོའི་གནས། །ཡེ་ཤེས་ཁྱུང་ཁྲ་རྒྱུད་ ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ཡེ་ཤེས་ལྔ་ཡི་རང་བཞིན་མཆོག །རིགས་ལྔ་མཁའ་ལྡིང་ལ་བཏུད་ནས། །ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ ཐབས་ནི། །མལ་ལོའི་མན་ངག་བཞིན་དུ་བྲི། །སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ ངང་ལས་པད་ཉིའི་སྟེང་དུ་ཕུ་ཡིག་ལས་ཀླུ་རྒྱལ་སོག་མ་མེད་ཉལ་སྟབས་སུ་གནས་པའི་སྟེང་ དུ། ཀྵིཾ་མཐིང་ཁ་ལས་བདག་ཉིད་ཡེ་ཤེས་ཁྱུང་ཁྲ་ཙོག་པུའི་ཚུལ་གྱིས་བཞུགས་པ། བརླ་མན་ 15-1-390 ཆད་སའི་རང་བཞིན་སེར་པོ། ལྟོ་བ་ཆུའི་རང་བཞིན་དཀར་པོ། སྟོད་མེའི་རང་བཞིན་དམར་ པོ། མགོ་བོ་རླུང་གི་རང་བཞིན་ནག་པོ། སྤྱི་གཙུག་ཡེ་ཤེས་ཀྱི་རང་བཞིན་སྔོན་པོ། གཤོག་ པ་ནམ་མཁའི་རང་བཞིན་ཁ་དོག་སྣ་ཚོགས་པ། སྤྲིན་སྣ་ལྔ་ལ་རྒྱབ་བརྟེན་པ། ཕྱག་གཡས་ སྐྱབས་སྦྱིན་དང༌། གཡོན་སྡིགས་མཛུབ་མཛད་པ། གནམ་ལྕགས་ཀྱི་རྭ་གཉིས་ཀྱི་དབུས་ ན་ཀླུའི་རྒྱལ་པོའི་གཙུག་གི་ནོར་བུ་ཕྲོགས་པ་རྒྱན་དུ་མཛད་པ། མེ་དཔུང་དྲག་ལ་རྩུབ་པའི་ དབུས་ན་བཞུགས་པ། དེའི་མགྲིན་པར་ཁྱུང་རིགས་ལྔ་སྙིང་གར་སྙིང་པོ་ཡི་གེ་ལྔ། ཡེ་ཤེས་ པ་སྤྱན་དྲངས། དབང་བསྐུར་ནས་མི་བསྐྱོད་པས་རྒྱས་བཏབ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བརྟན་དང་གཡོ་བའི་དུག་རྣམས་ཀུན། །མེ་དང་ཆུ་བཞིན་འཇོམས་མཛད་པའི། །ཡེ་ཤེས་ ལྔ་ཡི་ངོ་བོ་ཉིད། །མཁའ་ལྡིང་ཁྱོད་ལ་ཕྱག་འཚལ་ལོ། །འབྱུང་བ་ལྔ་དང་དུག་ལྔ་འཇོམས། ། རིགས་ལྔ་ཁྱུང་ལ་ཕྱག་འཚལ་ལོ། །བརྟན་གཡོའི་དུག་རྣམས་རབ་ཞི་ནས། །དུག་ལྔ་ཡེ་ཤེས་ མངོན་འགྱུར་ཤོག །ༀ་པཀྵིཾ་སྭཱཧཱ། ཞེས་པ་ཅི་ནུས་བཟླ་ཞིང༌། བཛྲ་ག་རུ་ཌ་ཧཱུཾ་ཕཊ། རཏྣ། པདྨ། ཁཌྒ། བུདྡྷ་ག་རུ་ཌ་ཧཱུཾ་ཕཊ། ཅེས་བཏགས་པའང་ཅུང་ཟད་བཟླ། མཐའ་སྟོང་པར་སྦྱངས་ནས་དགེ་བ་བསྔོ། གཏོར་མ་བསངས་ སྦྱངས། རིན་པོ་ཆེའི་སྣོད་དུ་ༀ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་ཁྱུང་ཁྲ་འཁོར་བཅས་བཛྲ་ས་མཱ་ཛཿ སྔགས་ཚན་ དྲུག་གི་རྗེས་སུ། ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་ཕུལ། མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ ལ་སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། སྨོན་ལམ་བཀྲ་ཤིས་རྣམས་བྱའོ། ། འདིའི་རྗེས་གནང་བྱེད་པར་འདོད་པས་མཎྜལ་པདྨ་འདབ་བརྒྱད་ཚོམ་བུ་ལྔ་དང་བཅས་པ་མཐའ་མཆོད་གཏོར་གྱིས་ བསྐོར་བ། མཎྜལ་གྱི་སྟེང་དུ་མཉྫི་ལ་གཏོར་མ་ཆེ་བ་གཅིག་རྣམས་བཞག མཆོད་པ་བྱིན་རླབས་དང༌། བདག་བསྐྱེད་སྔོན་དུ་འགྲོ་ བས་མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་གཙོ་བོ་གོང་བཞིན། དེའི་ཐུགས་ཀར་ཉི་མ་ལ་ཀྵིཾ་ ལས་སངས་རྒྱས་མཁའ་ལྡིང་དཀར་པོ། གཡས་འཁོར་ལོ་དང༌། གཡོན་སྦྲུལ་དཀར་བཟུང་ 15-1-391 ནས་བཟའ་བ། ཕྱོགས་ཀྱི་འདབ་མ་བཞིར་ཉི་མ་ལ་ཀྵིཾ་རེ་རེ་ཡོངས་སུ་གྱུར་པ་ལས་ཤར་དུ་ རྡོ་རྗེ་མཁའ་ལྡིང་གཡས་རྡོ་རྗེ། ལྷོར་རིན་ཆེན་མཁའ་ལྡིང་གཡས་རིན་པོ་ཆེ། ནུབ་དུ་པདྨ་ མཁའ་ལྡིང་གཡས་པདྨ། བྱང་དུ་རལ་གྲི་མཁའ་ལྡིང་གཡས་རལ་གྲི། དེ་རྣམས་རིམ་པས་སྐུ་ མདོག་སྔོ་སེར་དམར་ལྗང་བ། ཕྱག་གཡོན་པར་རང་མདོག་དང་མཚུངས་པའི་སྦྲུལ་བཟུང་ ནས་བཟའ་ཞིང་སྐུའི་དབྱིབས་གཙོ་བོ་དང་མཚུངས་པའོ། །ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་ བཏབ། མཆོད་པ་བྱིན་རླབས། བཟླས་པ་མཆོད་བསྟོད་གཏོར་འབུལ་རྣམས་བྱས་ལ། སློབ་མས་ཕྱག་བྱས། མཎྜལ་ཕུལ། ཀུན་ མཁྱེན་ཡེ་ཤེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་གསོལ་བ་བཏབ། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། ཕྱོགས་བཅུ་ན་ བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སློབ་དཔོན་བདག་ ལ་དགོངས་སུ་གསོལ། བདག་ལ་བཅོམ་ལྡན་འདས་ཡེ་ཤེས་ཁྱུང་ཁྲའི་རྗེས་སུ་གནང་བ་མ་ ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ། རྗེས་གནང་གི་ངོ་བོ་ནི། སྐུ་བསྐྱེད་བསྟིམ། གསུང་བཟླས་ལུང༌། ཐུགས་ཕྱག་ མཚན་བསྟིམ་པ། འཕྲིན་ལས་གཏོར་མའི་བཀའ་བསྒོ་དང་བཅས་པ་ཡིན་པ་ལས། ཡེ་ཤེས་པ་བསྟིམ་པའི་སྐབས། མཁའ་སྤྱོད་ ཀྱི་གནས་ནས་ཁྱུང་རིགས་ལྔ་དཔག་ཏུ་མེད་པ་སྤྱན་དྲངས་ནས་བསྟིམ་པ་དང༌། བཟླས་ལུང་གི་སྐབས། མདུན་བསྐྱེད་ལྷ་དྲུག་ སོ་སོའི་ཐུགས་ཀར་ནས་རང་རང་གི་སྔགས་བྱུང་སྟེ། སློབ་མའི་སྙིང་གར་བསྟིམ་པ་དང༌། དེའི་རྗེས་སུ་སངས་རྒྱས་ཐམས་ཅད་ ཀྱི་ཐུགས་ཀ་ནས་སྔགས་འགུགས་ཤིང་བསྟིམ་པ་རྣམས་མཛད། དམ་བཅའ་བའི་ལུང་མི་དགོས། ལྷག་མ་རྗེས་ཀྱི་བྱ་བ་རྣམས་ སྤྱི་དང་འདྲ། འདི་ནི་དུས་ཀྱི་འཁོར་ལོའི་རྒྱུད་ལ་བརྟེན་པ་ཡིན་མོད་ཀྱི། གཙོ་བོར་ནཱ་རོ་པའི་མན་ངག་ཕམ་ཐིང་པ་ནས་བརྒྱུད་པ་ དང༌། ས་སྐྱ་པའི་ལྕགས་རི་ཁོངས་ལས་མི་འདའ་བའི་གསེར་ཆོས་ཀྱི་ནང་ཚན་ཡིན་པས་ཟབ་མོར་གྲགས་ཤིང༌། ལས་ཚོགས་ཀྱང་ ཀླུ་ནད་གསོ་བ། གག་ལྷོག་བཅོས་པ། དུག་གི་བཅུད་ལེན། བྱ་ཁྱི་གནམ་གསུམ་བཅོས་ཐབས་སོགས་མན་ངག་རྣོན་པོ་མང་དུ་ ཡོད་དོ། །རིགས་ཀུན༷་འདུས་པའི་ཡེ་ཤེས་ཀྱི། །རྣམ་ཆ་ཤིན་ཏུ་དག༷འ་བའི་ཕུལ། །ཡི་གེ་སྔ་ཕྱི་རྒྱ་མཚོ་ལས། །སྙིང༷་པོ༷་བསྡུས་པ་ ཨེ་མོ་ཧོ། ཁྱུང་ཁྲ་མན་ངག་ལུགས་སུ་གྲགས་པའི་སྒྲུབས་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། གསང་བའི་བདག་པོའི་བྱིན་བརླབས་པའི། །རྡོ་རྗེ་མཁའ་ལྡིང་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་ 15-1-392 མདོར་བསྡུས་པ། །ཅུང་ཟད་ཙམ་ཞིག་བྲི་བར་བྱ། །སྐྱབས་སེམས་ཕྱག་རྡོར་གྱི་བདག་བསྐྱེད་རྣམས་སྔོན་དུ་བཏང་ནས། སྭ་བྷཱ་ ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་སེམས་ཀྱི་སྣང་བའི་ཧཱུཾ་ཡིག་བཛྲ་བ་ཏི་ག་རུ་ཌ་ཞེས་ པའི་སྒྲ་དང་བཅས་པ་ཞིག་མདུན་དུ་ཆད་པ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་འབར་བ་ཧཱུཾ་གི་ མཚན་པ། དེའི་འོད་ཀྱི་འཕྲོ་འདུ་ལས་མཁའ་ལྡིང་གི་རྒྱལ་པོར་གྱུར། རི་ཛ་པྲི་ཛ་ཧཱུཾ། བྱ་ཁྱུང་ གསེར་གྱི་གཤོག་པ་དང་རྡོ་རྗེའི་མཆུ་ཅན། ལུས་རྡོ་རྗེའི་རང་བཞིན་མེ་འབར་བ། ཕྱག་གཡོན་ ན་ནོར་བུ་རིན་པོ་ཆེ་དང༌། གཡས་ན་ཀླུ་མགོ་བོ་གསུམ་པ་འཛིན་པ། རིན་པོ་ཆེ་དང་མུ་ཏིག་ དང་གསེར་གྱི་དབུ་རྒྱན་ཅན། སྦྲུལ་མགོ་དགུ་པས་རྒྱན་དུ་བྱས་པ། ཀླུ་བརྒྱད་ཞབས་འོག་ཏུ་ མནན་པ། འཁོར་མཁའ་ལྡིང་གི་ཚོགས་ཐམས་ཅད་ཀྱིས་བསྐོར་བར་གྱུར། མཁའ་ལྡིང་གི་ ཕྱག་རྒྱ་བཅས་ལ། ༀ་སུ་པྲ་ཏིཥྛ་བཛྲ་དུནྟི་མི་ལི་མི་ལི་སྭཱཧཱ། ཞེས་ལན་གསུམ་གྱིས་བརྟན་པར་བྱས། རང་ གི་སྙིང་ག་ནས་འོད་ཟེར་འཕྲོས། མཁའ་ལྡིང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ ཧོཿ བཟླས་པ་ན། ༀ་བཛྲ་བ་ཏི་ག་རུ་ཌ་བེ་གེ་ཏ་ཧཱུཾ་ཧཱུཾ་ཛ་ཛཿ རི་ཛ་པྲི་ཛ་ཧཱུཾ་ཕཊ། ཅེས་ཉིན་རེ་བཞིན་ སྟོང་ནས་ཁྲིའི་བར་བཟླའོ། །ཐུན་འཇོག་ཁར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དམིགས་མེད་ཐུགས་རྗེ་ཆེན་ པོའི་ངང་ཉིད་ནས། །ཐབས་ལ་མཁས་པས་གདུག་པ་འདུལ་བའི་ཕྱིར། །ཕྱག་ན་རྡོ་རྗེའི་ལས་ ཀྱི་ཕོ་ཉར་སྤྲུལ། །བདེ་གཤེགས་མཁའ་ལྡིང་ཚོགས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། གུ་གུལ་གྱི་ བདུག་སྤོས་བཏང༌། བཛྲ་མུཿ ཞེས་གཤེགས་སུ་གསོལ། དེ་ནས་ཐུན་མཚམས་སུ་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་དྲུང་དུ། ཕྱག་ མཆོད་ཡན་ལག་བདུན་པ་དང༌། སྐྱབས་འགྲོ་སེམས་བསྐྱེད་ལེན་པ་གང་ནུས་བྱ། གཙང་སྦྲའི་སྤྱོད་པ་ལ་གནས་པར་བྱའོ། །ཡང་ འདི་བདག་བསྐྱེད་དུ་བྱས་ཀྱང་རུང་བས་གོང་དུ་བཤད་པ་ལ་འདོད་པ་སྤོ་བར་བྱའོ། ། འདི་ལ་རྗེས་གནང་སོགས་བྱེད་པ་མེད་དེ། ངག་གམ་གླེགས་བམ་ལས་ལུང་ཐོབ་པས་ཆོག ཕྱག་ན་རྡོ་རྗེའི་གཟུངས་ཀྱི་ ལས་ཚོགས་ཀྱི་ལྷ་ཡིན་ནོ། །ཨ་ཏི་ཤ་ཡི་མན་ངག་ཅེས། །བཀའ་གདམས་ཀུན༷་ལ་གྲགས་པ་ལྟར། །ཐོས་ནས་དག༷འ་བས་བྲིས་ པ་ལགས། །ལེགས་པར་བསྒྲུབས་ན་སྙིང༷་པོ༷་འབྱུང༌། །རྡོ་རྗེ་མཁའ་ལྡིང་ཁྱུང་སེར་དུ་གྲགས་པ། བཀའ་གདམས་ལུགས་ཀྱི་སྒྲུབ་ 15-1-393 ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། གསུང་གི་མངའ་བདག་འཇམ་དཔལ་ནི། །ཞི་ཁྲོ་མིག་སྨན་མདོག་འཆང་བ། །དེ་ལ་བཏུད་ནས་ དེ་སྒྲུབ་ཐབས། །གསལ་ཞིང་འདུས་པ་བྲི་བར་བྱ། །སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱངས། པཾ་ལས་ པདྨ། ཨ་ལས་ཟླ་བ། རང་སེམས་དྷཱིཿམཐིང་ནག་གི་འོད་ཀྱི་འཕྲོ་འདུ་ལས་རང་ཉིད་འཇམ་ དཔལ་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་འཕྱར་ཞིང༌། གཡོན་ཨུཏྤལ་ཐུགས་ ཀར་འཛིན་པ་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན་ཤེར་ཕྱིན་གྱི་པོ་ཏི་བཞུགས་པ། ཞབས་རྡོ་ རྗེའི་སྐྱིལ་ཀྲུང་ཅན་ཡིད་ཙམ་ཁྲོ་ཞིང་དར་དང་རུས་པ་དང་རིན་པོ་ཆེས་བརྒྱན་པ། མེ་དཔུང་ འབར་བའི་དབུས་ན་བཞུགས་པའོ། །ༀ་པྲ་སོད། ཆུ་སོད། དུར་ཏ་སོད། སྙིང་མགོ་ལ་ཆོད། ཁ་ལ་ཛྲ། ཀཾ་ཤཾ་ཏྲཾ་རྦད་ཕཊ་སྭཱཧཱ། བརྒྱ་རྩ་སོགས་གང་འགྲུབ་བཟླའོ། །རྣམ་རྟོག་ཆེ་ན་སྐུ་ཁྲོ་བོའི་ཆ་ལུགས་ཅན། དབུ་ སྐྲ་བཅིངས་པ། ཕྱག་གཡོན་པོ་ཏི་ཐུགས་ཀར་བསྣམས་པ། གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཅན་དུ་བསྒོམས་ལ། སྟོང་དང་ ཉི་ཤུ་རྩ་གཅིག་རེ་བཟླའོ། །ཞལ་གདམས་བཅུ་གཅིག་གི་དོན་ནི། སྐྱ་རེངས་ཤར་བའི་དུས་ཁ་ཤར་དུ་བལྟ། སྒལ་ཚིགས་བསྲང༌། རླུང་གཡས་ནས་དྲངས་གཡོན་ལ་འབུད། བླ་མ་སྤྱི་བོར་བསྒོམ། སྔགས་ཀྱི་ཤམ་བུར། སརྦ་ཛྭ་ར་རོ་ཀ་དུཥྚ་བིགྷ་ནན་ ཨུ་པ་ཏྲ་བེ། ཤནྟི་ཀུཾ་རུ་ཡེ་སྭཱཧཱ། ཞེས་གདགས། རང་གི་རྐང་པའི་རྒྱུ་མོ་ཁུང་གཉིས་ཀྱི་དྲེག་པ་སྲིན་ལག་གཡོན་པས་ བླངས་ནས། བུ་ག་དགུ་དང་དྲུག་མདོར་བྱུག དེ་རྣམས་ཕྱི་སྒོམ་ཕྱེ་བའི་སྔོན་དུ་བྱ། བཟླས་པའི་མཐར་རྐན་སྒྲ་དྲག་པོ་ལན་གསུམ་ བྱ། རྐང་པ་གཡོན་པའི་སེན་མོས་གཡས་པའི་མཐེ་བོང་མནན། ཚངས་པའི་འཇིག་རྟེན་མན་ཆད་ཀྱི་གནོད་བྱེད་ཐམས་ཅད་མནན་ པར་བསམ། ཤིན་ཏུ་རྟོག་པ་ཆེ་ན། གོས་མགོ་མཇུག་ཏུ་ཟློག ཐལ་མོ་གདབ། རླུང་དྲག་ཏུ་འབུད། བཟླས་སྒོམ་རྒྱུན་མི་འཆད་པར་ བྱའོ། །འདི་ཡིས་ནད་གདོན་གྲིབ་སོགས་མི་ཐུབ་པ་གང་ཡང་མེད་པར་གྲགས་ཤིང༌། བྱིན་རླབས་ཀྱང་ཆེ་བ་ཡིན་ནོ། ། འདི་ལ་སྒོམ་ལུང་ཙམ་གྱིས་ཆོག །འགའ་ཞིག་གི་ལག་ལེན་ལྟར་རྗེས་གནང་བྱེད་ན། ཞི་བའི་སྐུ་ལ་བརྟེན་ནས་སྒྲུབས་ ཐབས་བརྒྱ་རྩའི་ཆིངས་སྦྱོར་བ་ཡིན་ནོ། །ཀུན༷་ལས་ཟབ་པར་བསྔགས་པ་འདི། །གསར་མ་ཉིད་དུ་དག༷འ་བས་སྒྲོག །རྙིང་མའི་ ཆོས་སུ་གསལ་བ་ལ། །བདག་སྙིང༷་ཡ་མཚན་ཆེན་པོ༷་སྐྱེས། །འཇམ་དབྱངས་ནག་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་ 15-1-394 འཕེལ། ། ༄༅། །ༀ་སྭཱ་སྟི། འཕགས་མ་སྒྲོལ་མ་ལ་བཏུད་ནས། །དཔའ་བོ་གཅིག་སྒྲུབ་ལས་བྱུང་བའི། །རྨི་ལམ་ལུང་སྟོན་ གདམས་ངག་ནི། །ཤིན་ཏུ་ཟབ་པར་གྲགས་པ་བྲི། །ཤིང་དྲུང་ངམ་བྲག་ཕུག་སོགས་ཤིན་ཏུ་དབེན་ཞིང་གཙང་བ་ཁྱི་སྒྲ་མེད་པའི་ ཕྱོགས་སུ་ས་ཕྱོགས་བྱི་དོར་བྱས་གུ་གུལ་གྱིས་བདུག གཞི་བདག་གཏོར་མ་མང་དུ་བཏང༌། ཐུན་མོང་གི་སྲུང་འཁོར་བསྒོམས་ཏེ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་རཀྵ་རཀྵ་སྭཱཧཱ། ཞེས་འབུམ་ཙམ་བཟླའོ། །དེ་ནས་ཞག་བདུན་ཙམ་དུ་རྡོ་རྗེ་སེམས་དཔའི་ཡིག་ བརྒྱ་བསྒོམ་བཟླས་ལ་འབད་པར་བྱའོ། །དེ་དག་ཏུ་ཡང་ཁྲུས་དང་གཙང་སྦྲ་གལ་ཆེའོ། །དངོས་གཞི་ནི། སྟེགས་བུ་གྲུབ་བཞིའི་ སྟེང་དུ་པདྨ་འདབ་བརྒྱད་བྲི། དེའི་སྟེང་དུ་བུམ་པ་དཀར་གསུམ་དང༌། བུམ་སྨན་སྦྱར་བའི་ཆུ་གཙང་མས་གང་བ། ཤུག་པ་ལྟ་ བུའི་ཤིང་གི་ཡལ་གས་ཁ་བརྒྱན། ཡོད་ན་དེ་ལ་ཙ་ཀ་ལི་འདོག ཙ་ཀ་ལི་མེད་ཀྱང་བཏུབ། སྟེང་ནས་དར་སྔོན་པོའི་གདུགས་ཕུབ། མཐའ་མཆོད་པས་བསྐོར། སྒྲོལ་མའི་བྲིས་སྐུ་དང༌། དཀར་གཏོར་གསུམ་ཡང་བཤམ། ཨ་མྲྀ་ཏ་བཟླ་ཞིང་བགེགས་བསྐྲད། བདག་བསྐྱེད་སྒྲོལ་དཀར་གྱི་མངོན་རྟོགས་བཟླས་པ་དང་བཅས་པ་ཅི་རིགས་བྱ། མདུན་བསྐྱེད་སྭ་བྷཱ་ཝས་སྟོང་པར་སྦྱངས། བུམ་པ་རི་རབ་ལྷུན་པོར་གྱུར་པའི་རྩེ་མོར་ཁ་རྒྱན་དཔག་བསམ་གྱི་ཤིང་ཡལ་ག་ལོ་འདབ་མེ་ ཏོག་འབྲས་བུ་རྒྱས་པ། རི་རབ་ཀྱི་སྟེང་དུ་པད་ཟླའི་གདན་ལ་ལྷ་མོ་ཤྲ་མ་ཎ་སྐུ་མདོག་སྔོན་ མོ་ཞི་ཞིང་སྒེག་པ། རི་རབ་ལ་ཁྱེལ་བཞུགས་ཀྱི་ཚུལ་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཡས་མེ་ལོང་ངམ་རྔ་ཡབ། གཡོན་དཔག་བསམ་ཤིང་གི་ཡལ་ག་འཛིན་པ། དཔྲལ་ བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་འཕྲོས། ལྷ་མོ་ཤྲ་མ་ཎ་བཛྲ་ས་མཱ་ ཛཿ ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། འདོད་དོན་གསོལ་བ་དྲག་ཏུ་བཏབ། ལྷ་མོ་ལ་ཕུལ་བར་མོས་ཏེ། མེ་ཏོག་གཙང་མ་བུམ་པའི་ནང་དུ་ཕུལ། ༀ་ཤྲ་མ་ཎ་པི་ཤ་ཙི་ནི་མུཎྜེ་སྭཱཧཱ། ཞེས་ཅི་ནུས་ བཟླའོ། །ཐུན་འཇོག་ཁར། གཏོར་མ་དང་པོ། ༀ་ཤྲ་མ་ཎ་པི་ཤ་ཙི་ཨི་དམ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ ལན་བདུན་གྱིས་ཕུལ། གཉིས་པ་ཆོས་སྐྱོང་དང༌། གསུམ་པ་གཞི་བདག་ལ་འབུལ། ཐུན་མཚམས་སུ་ཡང་བཟླས་པ་རྒྱུན་མི་འཆད་ པར་བྱ་ཞིང༌། ཁྱད་པར་ཉལ་ཁར་དྲག་ཏུ་བཟླའོ། །ཞག་བདུན་གྱིས་བསྙེན་པར་འགྲུབ་ཅིང༌། རང་གཞན་གྱི་དོན་ཕལ་ཆེར་དང་ 15-1-395 ཚེ་རིང་ཐུང་སྐྱེ་བ་སྔ་ཕྱི་སོགས་ཕལ་ཆེར་ལུང་སྟོན་པར་གྱུར་རོ། །གལ་ཏེ་མ་འགྲུབ་ན། གྲིབ་ཤས་ཆེ་བ་ཡིན་པས་ཁྲུས་ཆོག་དང༌། བཤགས་བསྡམས་བྱས་ལ། སླར་ཞག་བདུན་སྒྲུབ་བོ། །སྒྲོལ་མའི་བསྙེན་པ་སྔོན་དུ་སོང་ན། ཞག་ཉེར་གཅིག་གིས་མི་འགྲུབ་པ་ ཡེ་མི་སྲིད་པར་གྲགས་སོ། །འདི་སྒྲུབ་དུས་བྱ་རྒྱུད་ནས་བཤད་པའི་བསྲུང་བྱ་གང་ཡོད་ཀྱི་སྟེང་དུ། མི་ཁྱི་དང་མི་འཕྲད། སྔོ་རྔད་མི་ བཟའ། དཀོར་ཟས་དང༌། གྲིབ་ཟས་ལ་འཛེམ་པ་གལ་ཆེའོ། ། འདི་ལ་རྗེས་གནང་མི་དགོས། ལུང་ཙམ་གྱིས་འགྲུབ་བོ། །ཟབ་མོ་ཡིན་ཞེས་ཀུན༷་ལ་གྲགས། །རྒྱུད་ལས་གསུངས་ཕྱིར་ མཁས་རྣམས་དག༷འ། །ལུང་བསྟན་སྒྲུབ་པའི་སྙིང༷་པོ༷་འདི། །གཞན་པས་ངོ་མཚར་ཆེ་བར་འཁུམ། །ལྷ་མོ་ཤྲ་མ་ཎའི་སྒྲུབ་ཐབས་ ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །མཁའ་འགྲོ་མ་དཔལ་དྲག་ཤུལ་ཅན། །འཇིགས་མེད་ ཞལ་ཅན་ལ་བཏུད་ནས། །སྒྲུབ་ཐབས་རྗེས་གནས་མདོ་ཙམ་བྲི། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི། །གུར་ནས་འབྱུང་ བའི་རྒྱུན་བཤགས་རྣམས་སྤྱི་དང་མཐུན་པར་བྱས་ལ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ ངང་ལས་ཨེ་ལས་ཆོས་འབྱུང་གྲུ་གསུམ་མཐིང་ནག་རྒྱ་ཆེ་ཞིང་གཏིང་ཟབ་པ། འབར་བའི་ འཕྲེང་བ་འཁྲུགས་པ། དེའི་དབུས་སུ་པཾ་ལས་པདྨ་ཆེན་པོ་དང༌། རཾ་ལས་ཉི་མ་ལ་གནས་པའི་ མི་རོའི་སྙིང་གར་རང་སེམས་ཀྱི་ངོ་བོ་ཧཱུཾ་ཡིག་མཐིང་ཁ། དེ་ལས་འོད་འཕྲོས། དགྲ་བགེགས་ ལོག་འདྲེན་བྱད་མ་ཐམས་ཅད་ཚར་བཅད། མཚན་ལྟས་ངན་པ་དང༌། ཉེར་འཚེ་ཐམས་ཅད་ བསྲེགས། སླར་འདུས་ཧཱུཾ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་ མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག སྐུ་བོང་ཆེ་བས་སྲིད་གསུམ་ཁྱབ་པ། ཡན་ ལག་དང་ཉིང་ལག་མཁྲང་ཞིང་ཧྲགས་པ། རབ་ཁྲོས་སེང་གེའི་ཞལ་གདངས་ཤིང༌། ལྗགས་ འགྲིལ་ལ་མཆེ་བ་གཙིགས་པ། དུག་གི་ཁ་རླངས་ན་བུན་ལྟར་འཐིབས་ཤིང༌། དམར་ལ་ཟླུམ་ པའི་སྤྱན་གསུམ་པ། སྨ་ར་སྨིན་མ་དབུ་སྐྲ་དམར་སེར་མེ་ལྟར་འབར་ཞིང་ལ་ལ་ཐུར་དུ་འཕྱང་ བ། ཕྱག་གཡས་རྡོ་རྗེ་གྲི་གུག་ནམ་མཁའ་ལ་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་ 15-1-396 པ། གྲུ་མོ་ན་ཁ་ཊྭཱཾ་ག་ལ་ཌཱ་མ་རུ་དང་འཕན་རྩེ་གསུམ་པ་འཕྱང་བ། ཞབས་གཡོན་བརྐྱང་པའི་ སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན། སྟག་ལྤགས་ཀྱི་ཤམ་ཐབས་དང༌། མི་ལྤགས་དང་གླང་ ལྤགས་སྦྱར་བའི་སྟོད་གཡོགས་གསོལ་བ། ཐོད་པ་སྐམ་པོས་དབུ་བརྒྱན་ཞིང༌། སྦྲུལ་དང་ རུས་རྒྱན་དང༌། མི་མགོའི་དོ་ཤལ་ཅན། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་ བུས་བརྒྱན་པ། ཡེ་ཤེས་ཀྱི་མེ་འོད་འབར་བའི་དབུས་སུ་བཞུགས་ཤིང༌། མཁའ་འགྲོ་མ་བྱེ་བ་ འབུམ་སྡེའི་ཚོགས་ཐམས་ཅད་ཀྱང་ཕྱག་གཡས་པ་རྣམས་ན་སྣ་ཚོགས་པའི་མཚོན་ཆ་འཛིན་ ཞིང༌། གཡོན་གཙོ་བོ་དང་མཚུངས་པ། སེང་གེའི་ཞལ་ནས་དྲག་སྔགས་ཀྱི་སྒྲ་འུར་རུ་རུ་སྒྲོག་ པར་གྱུར། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་འཕྲོས། ཨོ་རྒྱན་ མཁའ་འགྲོའི་ཕོ་བྲང་ནས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་འཁོར་དང་བཅས་པ་ཕེཾ་ཕེཾ། ཞེས་འབར་བའི་ཕྱག་རྒྱ་བསྐོར་བས་སྤྱན་དྲངས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ༀ་ཨཱཿཧཱུཾ། ཞེས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་ སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཛཿཧཱུཾ་བཾ་ཧོཿ ཡང་འོད་འཕྲོས། དབང་ གི་ལྷ་བཛྲ་ས་མཱ་ཛཿ ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང༌། དེ་རྣམས་ཀྱིས་དབང་ བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་ བརྒྱན། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཅེས་དྲག་ཏུ་བཟླས་པས། དམིགས་པ་དང་ བཅས་ཐལ་མོ་བརྡབ་ཅིང༌། མཐར། ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་རྣམས་ནི་ ཐམས་ཅད་ཀྱི། །ལུས་ངག་ཐལ་བ་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །མཐར་ ལྷ་སྐུ་མི་དམིགས་པའི་ངང་ནས་དགེ་བ་བསྔོ། ཐུན་མཚམས་སུ་ལྷའི་ང་རྒྱལ་དང་མ་བྲལ་བར་བྱ། གཏོར་མ་ཤ་ཁྲག་གིས་བརྒྱན་ པ་བཤམས་ལ། ནང་མཆོད་བྱིན་གྱིས་བརླབས་ཏེ་བྲན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ༀ་ཨཱཿཧཱུཾ་ལས་བྱུང་བའི་གཏོར་མ་བདུད་ 15-1-397 རྩིའི་རྒྱ་མཚོ་ཆེན་པོ་འབྲུ་གསུམ་གྱིས་མཚན་པ། དེའི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ སྟེ། འབྲུ་གསུམ་ལ་ཐིམ། དེ་རྣམས་ཞུ་བ་ལས་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཟད་མི་ཤེས་པར་ གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ གོང་བཞིན་ཡེ་ཤེས་པ་སྤྱན་དྲངས། ༀ་སིངྷ་མུ་ཁ་ཌཱ་ཀི་ནཱི་ཨི་དམ་བཱ་ལིཾ་ཏཾ་ ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ༀ་ཨ་ཀཱ་རོ་མུ་ཁཾ་སོགས་བཏགས་པ་ལན་བདུན་གྱིས་ཕུལ། ༀ་སིངྷ་མུ་ཁ་ཌཱ་ཀི་ ནཱི་ས་པ་རི་ཝཱ་རེ་བྷྱཿ ཞེས་པ་འགོ་བོར་སྦྱར་ཏེ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ འབུལ། བཅོམ་ལྡན་ཡེ་ཤེས་མཁའ་འགྲོ་མ། །འཇིགས་གཟུགས་དཔའ་བོ་ཆེན་མོ་ནི། །སེང་ གེའི་གཟུགས་ཀྱིས་གདུག་པ་འདུལ། །རྔམ་པའི་ཞལ་ལ་ཕྱག་འཚལ་བསྟོད། །ཕྱག་གཡས་ གྲི་གུག་བསྣམས་པ་ཡིས། །དགྲ་བགེགས་མ་ལུས་སྲོག་རྩ་གཅོད། །མི་མཐུན་བར་ཆད་སེལ་ མཛད་མ། །མཐུ་སྟོབས་དྲག་མོ་ཕྱག་འཚལ་བསྟོད། །གཡོན་པ་ཐོད་ཁྲག་བསྣམས་པ་ཡིས། ། བདུད་བཞི་ཞིང་བཅུའི་སྙིང་ཁྲག་གསོལ། །འཁོར་བའི་ཁྲག་རྒྱུན་རྩད་ནས་གཅོད། །བྱད་ མ་སྒྲོལ་ལ་ཕྱག་འཚལ་བསྟོད། །དུག་གསུམ་སྒྲོལ་མཛད་ཁ་ཊྭཱཾ་བསྣམས། །འཇིགས་པའི་སྐུ་ ལ་ཐོད་འཕྲེང་ཅན། །ཞབས་གཉིས་ཉི་ཟླ་པད་སྟེང་དབུས། །མེ་དཔུང་ཀློང་བཞུགས་ཕྱག་ འཚལ་བསྟོད། །དུག་གསུམ་རྣམ་དག་ཆོས་འབྱུང་ནི། །རྣམ་ཐར་སྒོ་གསུམ་ཡོངས་རྫོགས་པ། ། མཐིང་ནག་གྲུ་གསུམ་མེ་རི་འབར། །ཨེ་ལས་དྲག་བྱེད་ཕྱག་འཚལ་བསྟོད། །བསྙེན་སྒྲུབ་ མཆོད་བསྟོད་བགྱིས་པ་ཡིས། །ས་ལམ་བར་ཆད་ཞི་བ་དང༌། །ཚེ་དང་ལོངས་སྤྱོད་རྒྱས་པ་ དང༌། །རྣམ་མཁྱེན་སངས་རྒྱས་མྱུར་ཐོབ་ཤོག །མཆོད་སྦྱིན་གཏོར་མ་ནས། ཀུན་འགྲུབ་ཤོག་ གི་བར་སྤྱི་དང་མཐུན། བཛྲ་མུཿ ཞེས་གཤེགས་ལ། སྨོན་ལམ་དང་བཀྲ་ཤིས་ཅི་འགྲུབ་བྱའོ། ། རྗེས་གནང་བྱེད་པར་འདོད་ན། ཆོས་འབྱུང་གྲུ་གསུམ་མཐིང་ནག་རེ་ཁ་དཀར་པོ་ཅན། དབུས་སུ་ཉི་གདན་ལ་ཚོམ་བུ་ དཀར་པོ་དགོད། མཐའ་རྡོ་རྭ་མེ་རིས་ཟླུམ་སྐོར་བྱ། ཁྱམས་ཟླ་གམ་རྡུལ་ཚོན་དམར་པོས་དགང༌། དབུས་སུ་མཉྫིའི་སྟེང་དུ་དམར་ གཏོར་གྲུ་གསུམ་རྒྱན་གྱིས་བརྒྱན་པ་བཞག མཐའ་མཆོད་གཏོར་གྱིས་བསྐོར། སྤྲོ་ན། གོ་སྐབས་ཡངས་པ་ཞིག་ཏུ་བུམ་པའང་ 15-1-398 འཆའ། མཉྫིའི་སྟེང་གི་གཏོར་མ་དང༌། བུམ་པ་བཅའ་བ་ཕྱག་ལེན་ཡིན་གྱི་ཡིག་རྙིང་ནི་མ་བཞུགས། གཏོར་དབང་བྱེད་པའང་དེ་ དང་འདྲའོ། །རྡོར་དྲིལ་ཅང་ཏེའུ་ནང་མཆོད་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། མཆོད་པ་བྱིན་རླབས་སྤྱི་དང་མཐུན་ པར་བྱ། གོང་བཞིན་མངོན་རྟོགས་བླངས་ནས་བཟླས་པ་སོང་མཚམས་སུ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ ལས་ཞེས་པ་ནས། བཟླས་པའི་བར་བདག་བསྐྱེད་ཉིད་འདོན་པ་སྤོས་པས་ཆོག དེ་ནས་མཆོད་བསྟོད་བྱས་ལ། བུམ་པ་བཅས་ ཡོད་ན། བུམ་པ་སྔགས་ཀྱི་ཡིག་འབྲུས་ཡོངས་སུ་གང་བར་གྱུར། སྔགས་ཅི་རིགས་པ་བཟླས་པའི་མཐར། ཡིག་འབྲུ་རྣམས་ ཞུ་བ་ལས་བྱུང་བའི་དབང་གི་ཆུར་གྱུར། ཞེས་བརྗོད། དེ་ནས་གཏོར་ཆོག་གོང་བཞིན་ལས། མགྲོན་སྤྱན་འདྲེན་པ་ མི་དགོས་སོ། །སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད། སློབ་དཔོན་གྱིས་སློབ་མ་རྣམས་ལ་སེམས་བསྐྱེད་གསལ་བཏབ། སྔོན་ འགྲོའི་ཆོས་རྒྱས་བསྡུས་ཅི་རིགས་པ་དང༌། འདི་ཉིད་ཀྱིས་ལོ་རྒྱུས་བཤད། མཎྜལ་འབུལ་བར་བསྐུལ། སློབ་མས་མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་སོགས་ཀྱིས་གསོལ་བ་ལན་གསུམ་འདེབས་སུ་བཅུག ཡང་ན། དགའ་ཆེན་ ཁྱོད་བདག་སྟོན་པ་སྟེ། །ཞེས་སོགས་བྱས་ཀྱང་རུང༌། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། ། ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། ། བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པ་ལྟར། སྣོད་ཀྱི་སྐྱོན་གསུམ་སྤངས་ ཏེ་གསན་པར་ཞུ། ཅེས་བརྗོད། རྒྱུན་བཤགས་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་སྤྱི་ དང་མཐུན། དངོས་གཞི་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ རྒྱུད་བསྐུལ། དེའི་འོད་ཀྱིས་སློབ་མའི་ལུས་སོགས་མ་དག་པའི་སྣང་བ་ཐམས་ཅད་སྦྱངས། ༀ་སྭ་བྷཱ་ཝ་ནས། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་གྱི་བར་མངོན་རྟོགས་ལྟར་གྱི་དམིགས་པ་སྤྲོད་པ་ཡིན་ པ་ལས། ཡེ་ཤེས་སྤྱན་འདྲེན་གྱི་སྐབས། རོལ་མོའི་བྱིན་འབེབས། བུམ་པ་བཅས་ན་དབང་བསྐུར་བའི་སྔགས་འདོན་བཞིན་དུ། བུམ་པ་སློབ་མའི་མགོ་ཐོག་ཏུ་བཞག་ཅིང་བུམ་ཆུ་སྦྱིན་ནོ། །དེ་དག་རྗེས་གནང་གི་གཞི་འགོད་པ་ཡིན། དེ་ནས་སློབ་དཔོན་ གྱི་དཔྲལ་བའི་ༀ་ལས། མཁའ་འགྲོ་སེང་གེའི་གདོང་ཅན་གྱི་སྐུ་དཔག་ཏུ་མེད་པ་བྱུང༌། ཁྱེད་ རང་རྣམས་ཀྱི་དཔྲལ་བར་ཐིམ། སྐུའི་བྱིན་རླབས་ཞུགས་པར་མོས་མཛོད། ཅེས་བརྗོད་ལ་རོལ་ཆེན་ 15-1-399 བྱ། སྐུའི་རྗེས་གནང་ངོ༌། །སློབ་དཔོན་གྱི་མགྲིན་པའི་ཨཱཿལས་ཨཱ་ལི་ཀཱ་ལི་དང་སྔགས་འཕྲེང་ དཔག་ཏུ་མེད་པ་བྱུང༌། མགྲིན་པར་ཐིམ། རོལ་ཆེན་བྱ། དེ་རྗེས་བཟླས་ལུང་དང༌། བཅོམ་ལྡན་བདག་གི་ སོགས་བྱིན་གྱིས་བརླབས་པའི་ལུང་ཡང་སྤྱི་དང་མཐུན་པར་སྦྱིན། གསུང་གི་རྗེས་གནང་ངོ༌། །སློབ་དཔོན་དང་ མདུན་བསྐྱེད་ཀྱི་ཐུགས་ཀའི་ཧཱུཾ་ལས། གྲི་གུག་རལ་གྲི་ཁ་ཊྭཱཾ་རྩེ་གསུམ་ཅང་ཏེ་ལ་སོགས་པའི་ ཕྱག་མཚན་དཔག་ཏུ་མེད་པ་བྱུང༌། སློབ་མའི་སྙིང་ཀའི་ཧཱུཾ་ལ་ཐིམ། རོལ་ཆེན། ཐུགས་ཀྱི་རྗེས་ གནང་ངོ༌། །སློབ་དཔོན་གྱི་གནས་གསུམ་ནས་ཡི་གེ་འབྲུ་གསུམ་དཔག་ཏུ་མེད་པ་སྤྲོས། སློབ་ མའི་གནས་གསུམ་དུ་བསྟིམ། རོལ་ཆེན། ཡོན་ཏན་གྱི་རྗེས་གནང་ངོ༌། །དེ་རྣམས་བུམ་དབང་ ལ་སོགས་པ་དབང་བཞིའི་དོན་ཡིན་ནོ། །ཞེས་ཀྱང་ངོ་སྤྲད། དེ་ནས་གཏོར་མའི་བཀའ་བསྒོ་བ་ནི། གཏོར་མ་འདི་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་མཁའ་འགྲོ་མ་བྱེ་བ་ འབུམ་སྡེས་བསྐོར་བར་དངོས་སུ་བསྒོམ། དེ་ལ་མོས་གུས་དུང་བ་བྱས་པས། དེ་ཉིད་འུར་འུར་ ཆེམ་ཆེམ་ཁྱེད་རང་གི་སྤྱི་བོར་བྱོན། ཕྱི་ནང་གི་བར་ཆད་ཐམས་ཅད་བསྲུང་བ་དང༌། གནོད་ བྱེད་བགེགས་དང་ལོག་འདྲེན། མཐུ་གཏད་སྦྱོར་བ་ངན་པ་བྱེད་པའི་བྱད་མ་ཐམས་ཅད་ཞལ་ དུ་ཆོམ་ཆོམ་གསོལ་བར་མོས་ཤིག་བྱས་ལ། གཏོར་མ་དེ་རྣམས་ཀྱི་སྤྱི་བོར་བཟུང༌། རོལ་ཆེན་ དང་བཅས་པར་བཀའ་བསྒོ་དྲག་ཏུ་བྱའོ། །འཕྲིན་ལས་ཀྱི་རྗེས་གནང་ངོ༌། །རྗེས་གཙོ་བོས་ཇི་ལྟར་སོགས་ དང༌། གཏང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས་དང༌། བསོད་ནམས་འདི་ཡིས་སོགས་བྱའོ། ། རྗེས་ཆོག་ནི། མདུན་བསྐྱེད་ཀྱི་མཆོད་པ་རྣམས་ཁ་གསོས། སྤྱི་དང་མཐུན་པར་བྱིན་གྱིས་བརླབས། གོང་བཞིན་མཆོད་བསྟོད་ བྱས་ལ། ཡིག་བརྒྱ། བཟོད་གསོལ། ཡེ་ཤེས་པ་གཤེགས་པ། དམ་ཚིག་པ་བསྡུ་བ། རང་གི་གནས་གསུམ་བྱིན་གྱིས་བརླབས་པ། སྨོན་ལམ་གདབ་པ། བཀྲ་ཤིས་ཀྱིས་མཐའ་བསྟེན་པ་རྣམས་རིམ་པ་བཞིན་སྤྱི་དང་མཐུན་པར་བྱའོ། །ཀུན༷་ཁྱབ་ཟབ་པར་གྲགས་ པ་ཡིས། །ཕྱིར་ཟློག་མན་ངག་རབ་དག༷འ་བ། །སྒྲུབ་ཐབས་སྔ་ཕྱི་བགྲང་ཡས་ལས། །སྙིང༷་པོ༷་ཁོལ་བྱུང་ཙམ་ཞིག་བཀོད། །མཁའ་ འགྲོ་སེང་གེའི་གདོང་ཅན་སྔོན་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། 15-1-400 ༄༅། །ༀ་སྭཱ་སྟི། དབང་དུ་བྱེད་དང་ཕྱིར་བཟློག་ལ། །མཆོག་ཏུ་རྣོ་ཞིང་མྱུར་བ་ཡི། །སེང་གདོང་མཁའ་འགྲོའི་རིག་ སྔགས་ལ། །བཏུད་ནས་དམར་མོའི་སྒྲུབ་ཐབས་བཤད། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་ སྦྱངས། སྟོང་པའི་ངང་ལ་ཨེ་ལས་ཆོས་འབྱུང་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དུར་ཁྲོད་ ཆེན་པོ་བརྒྱད། སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རང་སེམས་ཧྲཱིཿཡིག་དམར་ པོ་ཡོངས་སུ་གྱུར་པ་ལས། རང་ཉིད་ཡེ་ཤེས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་ དམར་མོ་ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག་གསེར་མདོག་ནམ་མཁའ་ལ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག་དང་བཅས་པ། སྤྱན་གསུམ། སྐྲ་ སེར་གྱེན་དུ་བརྫེས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། སྟག་ ལྤགས་ཀྱི་ཤམ་ཐབས་དང༌། ཕྱག་རྒྱ་ལྔས་བརྒྱན་པ། པད་ཉི་རུ་ཊ་ཕོ་མོ་གན་རྐྱལ་དུ་བསྣོལ་ བའི་སྟེང་དུ་ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ ནས་བཞུགས་པའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་དང་ཧྲཱིཿདེ་ལས་འོད་ འཕྲོས། ཡེ་ཤེས་སེམས་དཔའ་སྤྱན་དྲངས། ༀ་སིདྷ་མུ་ཁ་ཌཱ་ཀི་ནཱི་བཛྲ་ས་མཱ་ཛཿ ཕཻཾ། ཛ་ཧཱུཾཿབཾ་ ཧོཿ སླར་ཡང་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་བཛྲི་བྷ་ ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། རྣམ་པར་སྣང་མཛད་ཀྱིས་དབུ་རྒྱན། སྙིང་ གར་པདྨ་དམར་པོ་འདབ་མ་བཅུ་བཞི་པའི་ལྟེ་བར་ཉི་མ་ལ་ཧྲཱིཿའདབ་མ་རྣམས་ལ་སྔགས་ འཕྲེང་གཡས་སྐོར་དུ་འཁོར་བར་དམིགས་ལ། ཡི་གེ་བཅུ་བཞི་པ་ཉིད་བཟླའོ། །ཐུན་འཇོག་ཁར། ཨརྒྷཾ་ ནས། ཤཔྟའི་བར་གྱིས་མཆོད། སྐུ་མདོག་དམར་མོ་དགྱེས་པའི་ཉམས་ལྡན་མ། །བདེ་བའི་ཉམས་ ལྡན་དགྱེས་པའི་འཛུམ་ལྡན་མ། །ཐར་པའི་ལམ་སྟོན་མཆོག་གི་དངོས་གྲུབ་སྟེར། །མུ་སྟེགས་ ཚར་གཅོད་དྲག་སྔགས་འབྲུག་ལྟར་སྒྲོ་ག །སྔགས་ཀྱི་ཡིག་འབྲུས་མཁའ་འགྲོ་དབང་དུ་སྡུད། 15-1-401 སངས་རྒྱས་བསྟན་སྲུང་དྲག་པོའི་སྤྱོད་པ་མཛད། །རྣལ་འབྱོར་བར་ཆད་བཟློག་ལ་རབ་ བརྩོན་མ། །ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། གཏོར་མ་བྱིན་རླབས་བསྡུས་པ་ བླ་མེད་སྤྱི་དང་མཐུན་པ་ཞིག་བྱས་ལ། ཕཻཾ། ཞེས་འཁོར་བཅས་སྤྱན་དྲངས། ༀ་སིདྷ་མུ་ཁ་ཌཱ་ཀི་ནཱི་པཉྩ་ཨ་མྲྀ་ཏ་ཁ་ རཾ་ཁཱ་ཧི། ཨི་དཾ་བཱ་ལིཾ་ཏཾ་ཁ་རཾ་ཁཱ་ཧི། མཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་པ་ལྔའམ་བདུན་གྱིས་ཕུལ། མཆོད་བསྟོད་ འདོད་དོན་གསོལ་བ་བཏབ། བཛྲ་མུཿ ཞེས་གཤེགས་སུ་གསོལ། འདིའི་གསང་བ་ཐུན་མོང་མ་ཡིན་པའི་མན་ངག་ནི། ལྟེ་བར་ མཁའ་འགྲོ་སྡེ་ལྔའི་ས་བོན་བསྒོམ། དེའི་འགོ་དྲངས་ནས་བཟླས་པ་བྱེད་པ་ཡིན་ནོ། །དབང་སྡུད་དང་བསྲུང་བཟློག་བསད་གསུམ་ དང༌། གཞན་ཡང་ལས་ཚོགས་ཐོར་བུ་རྣམས་ནི་སྔ་ཕྱིའི་ཡི་གེ་རྣམས་ལས་ཤེས་པར་བྱའོ། ། རྗེས་གནང་གི་བྱ་བ་ནི། བཅའ་གཞི་སྔོན་མོ་དང་མཚུངས་པ་ལས། མདུན་དུ་གྲི་གུག གཡས་སུ་ཐོད་པ། རྒྱབ་ཏུ་ཌཱ་མ་རུ། གཡོན་དུ་ཕུར་པ་རྣམས་བཀོད། མདུན་བསྐྱེད་སྒྲུབ་པ་དང༌། གཏོར་དབང་གི་བར་སེང་གདོང་སྔོན་མོའི་སྐབས་དང་མཚུངས་ཤིང་ འདོན་པ་སྤོ། དེ་ནས་གྲི་གུག་གཏད་ལ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སངས་རྒྱས་ཀུན་གྱིས་བྱིན་ བརླབས་པ། །གྲི་གུག་མཚན་མའི་དབང་བསྐུར་བས། །ཞི་བའི་ལས་ཀྱི་དབང་ཐོབ་ཤོག །ༀ་ བཛྲ་ཤཱནྟི་ཀུཾ་རུ་ཨ་བྷི་ཥིཉྩ་ཧཱུཾ། ཐོད་པ་གཏད་དེ། གྲི་གུག་མཚན་མའི་ཞེས་པའི་ཚབ་ཏུ། བདུད་རྩི་ཐོད་ པའི་ཞེས་དང༌། ཞི་བའི་ཞེས་པ་ལ་རྒྱས་པའི་ཞེས་དང༌། ཤནྟིཾ་ཀུ་རུ་ལ་པུཥྚིཾ་ཀུ་རུ་ཞེས་འདོན་པ་སྤོ། དེ་བཞིན་དུ། ཌ་མ་རུ་འཁྲོལ་དུ་བཅུག་ལ། སྒྲ་སྙན་རྔེའུ་ཆུང་ཞེས་དང༌། དབང་གི་ཞེས་དང༌། ཝ་ཤཾ་ཀུ་རུ་ཞེས་འདོན་པ་སྤོ། ཕུར་ བུ་གཏད་ལ། འཕྲིན་ལས་ཕུར་བུའི་ཞེས་དང༌། དྲག་པོའི་ཞེས་དང༌། མཱ་ར་ཀུ་རུ་ཞེས་འདོན་པ་སྤོ། རྗེས་ཀྱི་བྱ་བ་ ནི་སྤྱི་དང་འདྲའོ། །གལ་ཏེ་འདིའི་གསང་བའི་དབང་བསྐུར་ན། མེ་ལོང་ལ་ཙནྡན་དམར་པོ་དང༌། གི་ཧཾ་དང་རང་བྱུང་གཙང་མ་སྦྱར་ བས་མཁའ་འགྲོ་སྡེ་ལྔའི་ས་བོན་བྲི། ས་དམར་གྱི་མཎྜལ་ཆོས་འབྱུང་ས་བོན་སྔགས་འཕྲེང་དང་བཅས་པ་བྲི། བདག་མདུན་གྱི་ སྐབས་གསང་བའི་སྔགས་བཟླ། རྗེས་གནང་སྔ་མ་བཞིན་རྫོགས་པའི་རྗེས་སུ་མེ་ལོང་གནས་ལྔར་གཏུགས། མཁའ་འགྲོ་རིགས་ ལྔ་གནས་ལྔར་བསྟིམ། མཎྜལ་གྱི་ས་དམར་ནས་སློབ་དཔོན་གྱིས་མཐེབ་སྲིན་གྱིས་བླངས་ཏེ། སྤྱི་བོར་ཐིག་ལེ་གཅིག་བྱ། རིགས་ བདག་བླ་མར་མོས། དཔྲལ་བར་ཐིག་ལེ་ཅིག་བྱ། ལུས་ལྷ་སྐུར་བསྒོམ་པའི་བརྡའ། སྙིང་གར་ཐིག་ལེ་བཅུ་བཞི་བཀོད། ཡིག་འབྲུ་ 15-1-402 བཅུ་བཞིར་མོས། ལྟེ་བར་ཐིག་ལེ་ལྔ་བཀོད། མཁའ་འགྲོ་སྡེ་ལྔར་བསྐྱེད་ཅིང་བསྟིམ། མེ་ལོང་གི་ཡི་གེ་རྣམས་ནང་མཆོད་ཀྱིས་ བཀྲུས་ལ་སྤྱི་བོར་བླུག་འཐུང་དུ་གཞུག ཁྲུས་ཀྱང་བྱར་གཞུག་གོ །འདི་བཀའ་གཉན་པར་བྱེད་པས་གང་ཐོད་ཐོད་དུ་མི་སྦྱིན་ནོ། ། མཁའ་འགྲོ་སེང་གེ་གདོང་ཅན་གྱི། །སྒྲུབ་ཐབས་ཀུན༷་ལས་དག༷འ་བའི་ཕུལ། །བསྒྲུབ་བྱ་སྙིང༷་ནས་འགུགས་པ་དང༌། །དྲག་པོ༷འི་ སྔགས་ཀྱི་ཕྱིར་བཟློག་ཡིན། །མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དམར་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། འཇམ་དཔལ་སྤྲུལ་པའི་ཁྲོ་བོ་ནི། །ཀླུའི་གཤེད་པོ་ཀླུ་སྲིན་ཚུལ། །དེ་ལ་བཏུད་ནས་དེའི་སྒྲུབ་ ཐབས། །ཀླུ་ནད་ཅན་ལ་ཕན་ཕྱིར་བྲི། །སྐྱབས་སེམས་སྔོན་དུ་འགྲོ་བས། རང་སེམས་ཕེ་ཡིག་ནག་པོ་ལས་ཕེ་ ཡིག་དཔག་ཏུ་མེད་པ་སྤྲོས། ཕེ་རཀྵ་ཀུ་རུ་ཧཱུཾ། རིན་པོ་ཆེ་བཀྲམས་པའི་རྒྱ་མཚོར་སྦྲུལ་ལས་ བྱས་པའི་གཞལ་ཡས་ཁང་གི་ནང་དུ་ས་བདག་ཀླུ་གཉན་སྟན་དུ་བཏིང་བའི་སྟེང་དུ། རང་ཉིད་ རིག་པའི་རྒྱལ་པོ་ནཱ་ག་རཀྴས་སྐུ་མདོག་ནག་པོ་དབུ་བཅུ་ཕྱག་བཅོ་བརྒྱད་པ། རྩ་ཞལ་སྲིན་ པོའི་གདོང་ཤིན་ཏུ་ཁྲོས་པའམ། ཡང་ན་དབུ་དགུ་ཁྲོ་ཞལ་དུ་བྱས་ཀྱང་ལེགས། གང་ལྟར་ཡང་ སྦྲུལ་མགོ་དགུ་བར་སྣང་ཁམས་སུ་འཕྱོ་བ། སྤྲུལ་མགོ་དབུས་མའི་སྤྱི་བོར་རྒྱལ་བ་མི་བསྐྱོད་ པ་བཞུགས་པ། ཕྱག་གཡས་བརྒྱད་གྲི་གུག་གམ་རལ་གྲི། གཡོན་བརྒྱད་སྦྲུལ་ཞགས་འཛིན་ པ། དང་པོ་གཉིས་ཐུགས་ཀར་བསྣོལ་བར་བྱས་པའང་ཡོད། སྐུ་སྟོད་སྲིན་པོའི་ལུས་རི་རབ་ ལ་རྒྱབ་བརྟེན་པ། སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་གཏིང་དུ་འཁྱིལ་བ། ཞལ་ཐམས་ཅད་ནས་ ཨིག་ཤའི་སྒྲ་སྒྲོག་པ། རལ་པ་སྤྲུགས་པ་ལས་སྲོག་ཆགས་གདུག་པའི་ཚ་ཚ་འཕྲོ་བ། ཀླུ་ཆེན་ བརྒྱད་ཀྱིས་སྐུ་ལ་བརྒྱན་པ། ཀླུ་རིགས་ཐམས་ཅད་ཟས་སུ་ཟ་བ། གདོལ་པ་ནག་པོ་འོག་ཏུ་ གནོན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །སྙིང་གར་ཡེ་ཤེས་སེམས་དཔའ་ སྦྲུལ་དཀར་པོ་འཁྱིལ་ཞིང་གདེངས་ཀ་བྱས་པའི་སྙིང་གར་ཏིང་འཛིན་སེམས་དཔའ་ཉི་མ་ལ་ གནས་པའི་ཕེ་ནག་པོ་ལ་སྔགས་ཀྱིས་བསྐོར་བ་ལ་དམིགས་ནས། ༀ་ཕེ་ལཾ་ཧཱུཾ། ཞེས་ཡིག་འབྲུ་བཞི་ པ་བཟླ་ཞིང༌། ནག་པོ་ཏི་པ་ཙ་ནཱ་ག་རཀྴ་ༀ་ཕེ་ལཾ་ཧཱུཾ། ཞེས་པའི་དྲག་སྔགས་ཀྱང་ཅུང་ཟད་བཟླ། བསྙེན་སྒྲུབ་བྱེད་ 15-1-403 ན་སྒྲུབ་ཡིག་ནས་བཤད་པ་བཞིན་ལས། བཟླས་པ་མང་ཉུང་སོགས་བློ་བཟོ་བྱར་མི་བཏུབ། གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་ བརླབས་ནས། སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་ལ་ཕུལ། རྗེས་གནང་ནི། གཏོར་མ་གྲུ་གསུམ་གྱི་མཐའ་མཆོད་གཏོར་གྱིས་བསྐོར། བདག་བསྐྱེད་མདུན་བསྐྱེད་གཏོར་འབུལ་རྣམས་ སོང་བའི་རྗེས་སུ་གཏོར་མ་ལྷ་སྐུར་གསལ་བའི་སྦྲུལ་མགོ་དབུས་མའི་རིན་པོ་ཆེའི་དཔྲོག་ཞུའི་ནང་དུ། བླ་མ་རྡོ་རྗེ་འཆང་གི་རྣམ་ པ་ཅན་བཞུགས་པར་མོས་ལ། བླ་མ་རིན་པོ་ཆེ་བདག་ལ་འཇམ་དཔལ་ནཱ་ག་རཀྴ་པའི་རྗེས་སུ་གནང་ བ་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། སློབ་དཔོན་གྱི་དཔྲལ་བའི་ༀ་ལས་ འོད་ཟེར་བྱུང༌། སློབ་མའི་དཔྲལ་བར་ཐིམ། བུམ་དབང་། དེ་བཞིན་དུ། མགྲིན་པའི་ཨཱཿལས་ གསང་དབང༌། ཐུགས་ཀའི་ཧཱུཾ་ལས་ཤེར་དབང༌། གནས་གསུམ་གྱི་འབྲུ་གསུམ་ལས་དབང་ བཞི་པ་ལེན་ཞིང༌། དེ་བཞིན་དུ་རིག་པའི་རྒྱལ་པོའི་སྐུ་ལས་ཀྱང་ལེན། དེ་རྣམས་རེ་རེའི་མཚམས་སུ་ སྤོས་དང་རོལ་མོ་བྱ། གཏོར་མ་སྤྱི་བོར་བཞག བཀའ་བསྒོ་རེ་མཛད། ལྷ་ཞི་དྲག་གཉིས་ཀ་བསྒོམ་པ་དང༌། སྔགས་བཟླས་པའི་ ལུང་འབོགས། རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲའོ། །འོག་གདོན་ཀུན་ལ་ཆེས་རྣོ་བའི། །གདམས་ངག་གུ་རུའི་གཏེར་མར་གྲགས། ། ཀུན༷་ཏུ་ཉེར་མཁོ་རབ་དག༷འ་འདིའི། །རྗེས་གནང་བྱེད་ཚུལ་སྙིང༷་པོ༷ར་བཀོད། །འཇམ་དཔལ་ནཱ་ག་རཀྴའི་སྒྲུབ་ཐབས་ཀྱི་ལེ་ ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། སྣ་ཚོགས་པའི་སྡེའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅོ་ལྔ་པའོ།། །། ཞུས་དག །དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། འདྲེན་པ་སངས་རྒྱས་རྣམས་སངས་རྒྱས། །དཔའ་བོ་བདུན་ལ་རབ་བཏུད་ནས། །གང་དེའི་སྒྲུབ་ ཐབས་རྨད་བྱུང་བ། །ཤིན་ཏུ་རྙེད་དཀའ་བཀོད་པར་བྱ། །སེམས་བསྐྱེད་ཚད་མེད་བཞི་དང་བཅས་པ་སྔོན་དུ་འགྲོ་བས། ཤཱུ་ ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་གཞལ་མེད་ཁང་གི་དབུས་སུ། རིན་པོ་ཆེ་དང་པད་ ཟླའི་གདན་དགུ་ལ་ཧཱུཾ་རེ་རེ་ཡོངས་སུ་གྱུར་པ་ལས། དབུས་སུ་རང་ཉིད་རྒྱལ་བ་ཤཱཀྱ་ཐུབ་པ་ ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཤར་དུ་རྣམ་གཟིགས་ས་གནོན་དང་མཉམ་བཞག་མཛད་ པ། བྱང་ཤར་དུ་གཙུག་ཏོར་ཅན་མཆོག་སྦྱིན་མཉམ་བཞག ཤར་ལྷོར་ཐམས་ཅད་སྐྱོབ་ 15-1-404 སྐྱབས་སྦྱིན་མཉམ་བཞག ནུབ་ཏུ་འཁོར་བ་འཇིག་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ལྷོ་ ནུབ་ཏུ་གསེར་ཐུབ་ཆོས་འཆད་མཉམ་བཞག ནུབ་བྱང་དུ་འོད་སྲུངས་གཡས་མཆོད་སྦྱིན་ དང་གཡོན་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟ་བུ་འཛིན་པ། ཐམས་ཅད་ཀྱང་གསེར་མདོག་ མཚན་དཔེས་སྤྲས་པ། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་ཞིང༌། རྡོ་རྗེའི་སྐྱིལ་ཀྲུང་གི་ རང་རང་གི་བྱང་ཆུབ་ཤིང་དྲུང་དུ་བཞུགས་པ། ལྷོ་རུ་ཁྲོ་བོ་ཆེན་པོ་སྔོན་པོ་མཆན་ཁུང་རལ་གྲི་ དང་ཞགས་པ་བཅུག་ཅིང་ཐལ་མོ་སྦྱར་བ། ཁྲོ་བོའི་ཆ་བྱད་རྫོགས་པའོ། །བྱང་དུ་ཕྱག་ན་རྡོ་ རྗེ་ཞི་བ་ལྗང་ཁུ་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་གདན་ལ་བརྟེན་པ་རོལ་པས་ བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པའོ། །སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་དང་བཅས་ པ་གསལ་བཏབ། གཙོ་བོའི་ཐུགས་ཀ་ནས་འོད་འཕྲོས། ཡེ་ཤེས་སེམས་དཔའ་འཁོར་དང་ བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ ཀར་ཧཱུཾ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །སོགས་ཀྱིས་བསྟོད། དཀར་ གཏོར་ཞིག་སྔགས་དྲུག་གིས་བྱིན་གྱིས་བརླབས། དཀར་ཕྱོགས་ཀྱི་ལྷ་རྣམས་ཡིད་ཀྱིས་བཀུག་སྟེ། ཨ་ཀཱ་རོ་ལན་བཅུ་གཅིག་ གིས་བསྔོས། སངས་རྒྱས་རྣམ་གཟིགས་མྱ་ངན་འཚང་ལ་གནས། །རྒྱལ་བ་གཙུག་ཏོར་པདྨ་ དཀར་པོའི་དྲུང༌། །ཐམས་ཅད་སྐྱོབ་པ་སཱ་ལའི་དྲུང་ན་གནས། །བྲམ་ཟེ་འཁོར་བ་འཇིག་ནི་ ཤིར་ཥིའི་དྲུང༌། །སངས་རྒྱས་གསེར་ཐུབ་ཨུ་དུམ་བ་རའི་དྲུང༌། །འོད་སྲུངས་ནྱ་གྲོ་ད་ཡི་དྲུང་ན་ གནས། །ཤཱཀྱ་ཐུབ་མཆོག་ཨ་ཤཱདྠ་དྲུང་དུ། །ཕྱིས་ནས་བྱང་ཆུབ་ཐོབ་གྱུར་གཽ་ཏ་མ། །སངས་ རྒྱས་རྫུ་འཕྲུལ་ཆེན་པོ་དེ་དག་ལ། །མངོན་པར་དད་པའི་ལྷ་གང་འཁོད་པ་དག །ལྷ་རྣམས་དེ་ དག་ཡིད་དགའ་མགུ་གྱུར་ནས། །རྟག་ཏུ་དགེ་ཞིང་ཞི་བར་འགྱུར་བར་མཛོད། །ཅེས་བརྗོད་ལ། གཏོར་མ་དོར། གཙྪ་གཙྪ་སྭ་བྷཱ་ཝ་ནཾ། ཞེས་མགྲོན་རྣམས་གཤེགས། ན་མཿསརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་ནུ་ ག་ཏེ། ༀ་ཀུ་རུཾ་གི་ནི་སྭཱཧཱ། དེ་བཞིན་གཤེགས་པ་བདུན་གྱི་སྤྱིའི་སྔགས་དང༌། སངས་རྒྱས་བདུན་པའི་གཟུངས་ལས་ 15-1-405 འབྱུང་བ་ལྟར་སོ་སོའི་གཟུངས་ཀྱང་ནུས་ན་བཟླའོ། །ཐུན་འཇོག་པའི་ཚེ། དཀྱིལ་འཁོར་གྱི་འཁོར་ལོ་རང་ལ་བསྡུ། རང་ཡང་སྙིང་ གའི་ས་བོན་ལ་བསྟིམ་ལ་ཅུང་ཟད་མཉམ་པར་བཞག དགེ་བ་བསྔོ། ཐུན་མཚམས་སུ་ལྷའི་སྣང་བ་དང་མ་བྲལ་བ་དང༌། བཅོམ་ ལྡན་འདས་ཤཱཀྱ་ཐུབ་པའི་མཚན་བརྒྱ་རྩ་བརྒྱད་པ་དང༌། སངས་རྒྱས་བདུན་པའི་གཟུངས་ཀློག་པའམ། འདོན་པ་ཅི་ནུས་སུ་བྱ་ ཞིང༌། དེ་བཞིན་གཤེགས་པ་བདུན་གྱི་སྐུ་གཟུགས་ལ་ཕྱག་མཆོད་རྒྱ་ཆེར་བྱ། འདིའི་རིགས་གཏད་བྱ་ཚུལ་ནི། བསྒོམ་བྱ་དང་མཐུན་པའི་དཀྱིལ་འཁོར་རས་བྲིས་རྡུལ་ཚོན་སོགས་འགྲུབ་ན་རབ། མིན་ ན་རྒྱ་གར་པའི་ལུགས་ཀྱི་མཎྜལ་མེ་ཏོག་གསར་བའི་ཚོམ་བུ་ཅན་བཤམ། བུམ་པ་གཙང་མ་བུམ་རྫས་ཀྱིས་གང་བ་གཉིས་བཤམ། མཆོད་གཏོད་ཡང་མང་དུ་བཞག་གོ །བདག་བསྐྱེད་སྔོན་དུ་འགྲོ་བས་མདུན་བསྐྱེད་བཟླས་པ་ལ་ཐུག་གི་བར་ཡང་བདག་བསྐྱེད་ ཀྱི་རིགས་འགྲེ། བུམ་པ་གཅིག་གི་སྟེང་དུ་དེ་བཞིན་གཤེགས་པ་བདུན། རྒྱལ་ཆེན་བཞི་དང་བཅས་པ་བསྐྱེད་ཅིག་ཤོས་སུ་ཁྲོ་བོ་ ཆེན་པོ་དང་གསང་བའི་བདག་པོར་བསྐྱེད། འདི་ལ་ༀ་བི་ཀྲྀ་ཏ་དཾཥྚེ། ཨ་མོ་གྷ་ས་མ་ཡེ། ཨ་བྷི་ཥིཉྩ་མཾ། སརྦ་ བིདྱ་ཨ་མོ་གྷ། ཨ་བི་ཥེ་ཀཻ ཧཱུཾ་མི་ལི་མི་ལི་སྭཱཧཱ། ཞེས་བཟླའོ། །དེ་དག་གི་སྐུ་ལས་བྱུང་བའི་བདུད་ རྩིས་བུམ་པ་གང་བར་མོས། ལྷ་རྣམས་མཆོད་བསྟོད་གཤེགས་གསོལ་བྱ། སློབ་མས་མཎྜལ་བྱས་ཏེ། སློབ་དཔོན་ གྱིས་བདག་ལ་རིག་སྔགས་དམ་པ་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། ཡན་ལག་བདུན་ པ་དང་སྐྱབས་འགྲོ་སེམས་བསྐྱེད་གང་ཡང་རུང་བ་ཞིག་བྱ། སྔགས་ཀྱི་ཆེ་བ་མང་དུ་བརྗོད། བགེགས་རྣམས་ལ་གཏོར་མ་བྱིན་ ཏེ་ཕྱིར་བསྐྲད། མདུན་གྱི་དཀྱིལ་འཁོར་གྱི་རྣམ་པ་སྒོམ་དུ་བཅུག དང་པོར་ཁྲོ་བོ་ཆེན་པོའི་སྔགས་ཀྱིས་དབང་བསྐུར། དེས་བཀྲུ་ བྱབས་བསྲུང་གསུམ་བྱ། དེ་ནས་གཞལ་ཡས་ཁང་གི་ཤར་སྒོའི་ནང་དུ་འདུག་པར་མོས་སུ་བཅུག་ལ། སྙིང་པོའི་མཐར་ཨ་བྷི་ ཥིཉྩ་བཏགས་ལ། བུམ་པ་གཙོ་བོ་དེས་དབང་བསྐུར་ཞིང༌། སྤྲོ་ན་སོ་སོའི་མཚན་སྔགས་ཀྱིས་ཀྱང་དབང་བསྐུར་རོ། །དེ་ནས་གོང་ གི་མངོན་རྟོགས་བཞིན་བསྒོམ་ལུང་ཕོག་ལ་སྔགས་ཀྱི་བཟླས་ལུང་ཀྱང་སྦྱིན་ནོ། །རྗེས་སྤྱི་དང་འདྲ། དེ་ལ་མཚན་སྔགས་ནི། ༀ་ ན་མོ་བི་པ་ཤྱེ་ཏ་ཐཱ་ག་ཏཱ་ཡ་སྭཱཧཱ། ༀ་ན་མཿཤི་ཁི་ནི་ཏ་ཐཱ་ག་ཏཱ་ཡ་སྭཱཧཱ། ༀ་ན་མོ་བི་ཤྭ་བྷུ་ཛེ་ཏ་ ཐཱ་ག་ཏཱ་ཡ་སྭཱཧཱ། ༀ་ན་མཿཀྲ་ཀུ་ཏ་ཚནྟེ་ཏ་ཐཱ་ག་ཏཱ་ཡ་སྭཱཧཱ། ༀ་ན་མོ་ན་ཀ་ན་ཀ་མུ་ན་ཡེ་ཏ་ཐཱ་ ག་ཏཱ་ཡ་སྭཱཧཱ། ༀ་ན་མཿཀ་ཤྱ་པ་ཏ་ཐཱ་ག་ཏཱ་ཡ་སྭཱཧཱ། ༀ་ན་མཿཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ་སྭཱཧཱ། 15-1-406 ཞེས་པ་རྣམས་ཡིན་ནོ། །ཏདྱ་ཐཱ། ༀ་མུ་ནེ་མུ་ནེ་མཧཱ་མུ་ན་ཡེ་སྭཱཧཱ། ཞེས་པའང་བཟླའོ། །སངས་རྒྱས་ཀུན༷་ལས་ དཔའ་བོའི་སྐུ། །ཆོས་འདུལ་གཅིག་ཏུ་རབ་དག༷འ་བ། །རྣམ་བདུན་སྒྲུབ་ཐབས་རྨད་བྱུང་འདི། །ཉམས་ལེན་སྙིང༷་པོ༷ར་བྱེད་ནའོ། ། པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵ་ཏའི་མན་ངག་སངས་རྒྱས་དཔའ་བོ་བདུན་གྱིས་སྒྲུབ་ཐབས་ཀྱི་ལེ་ཚན་ ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། གསུང་གི་རྡོ་རྗེའི་ངོ་བོ་ཉིད། །བདེ་བ་ཅན་གྱི་ཞིང་སྦྱངས་ཏེ། །འོད་དཔག་མེད་པར་སངས་རྒྱས་ པ། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། རང་གི་སྙིང་ གར་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱལ་བ་འོད་དཔག་མེད་སྐུ་མདོག་ དམར་པོ་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་ བཞུགས་པ། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་བ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའོ། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ ཧོཿ དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀར་ཧྲཱིཿཡིག་གི་མཐར་སྔགས་ འཕྲེང་དམིགས་ལ། ༀ་ཨ་མྲྀ་ཏ་པྲ་བྷེ་ཨ་མྲྀ་ཏ་ཧཱུཾ། ཞེས་ཅི་ནུས་བཟླ། མཇུག་ཏུ་དགེ་བ་བསྔོ། ཐུན་མཚམས་སྐུ་ གཟུགས་ཀྱི་དྲུང་དུ་མཆོད་བསྟོད། བདེ་བ་ཅན་གྱི་ཞིང་བཀོད་ཀྱི་མདོ་དང་བཟང་པོ་སྤྱོད་པ་འདོན། འདི་ལ་གཏོར་ཆོག་མི་དགོས། སློབ་མ་ལའང་བཟླས་ལུང་ཙམ་གྱིས་འགྲུབ། སློབ་དཔོན་གྱིས་བདག་ལ་རིགས་སྔགས་དམ་པ་སྩལ་དུ་ གསོལ། ཞེས་པ་གསོལ་བ་ལན་གསུམ་དུ་གདབ་དགོས་ཏེ། སློབ་དཔོན་གྱི་རྗེས་ཟློས་བྱས་པས་ཆོག་གོ །དེ་ཡང་སེམས་ བསྐྱེད་གསལ་བཏབ་ལ། ཤཱུ་ནྱ་ཏཱ་ནས། ཐུགས་ཀར་ཧཱུཾ་ཞེས་པའི་བར་མངོན་རྟོགས་བཞིན་ཕོག གསུང་གི་རྗེས་གནང་གི་ ལུང་བཞིན་རྗེས་སུ་བཟླས་པའི་ལུང་སྟེར་བ་ཡིན་ནོ། །དབང་མ་ཐོབ་པ་ལ་བཟླས་ལུང་སྦྱིན་ཡང་དོན་མེད་པས་རྒྱུད་སྡེ་བཞི་གང་ རུང་གི་དབང་བསྐུར་ཐོབ་པ་ཞིག་ལ་སྦྱིན་ནོ། །སངས་རྒྱས་ཀུན༷་ལས་ཆེས་དག༷འ་བར། །ཞིང་མཆོག་བླ་ན་མེད་སྒྲུབ་པས། །རྒྱལ་ བ་མཆོག་ལ་སྙིང༷་ནས་དད། །སྒྲུབ་ཐབས་འདུས་ཤིང་གསལ་པོ༷ར་བཀོད། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ་ཤཱཀྱ་རཀྵི་ ཏའི་མན་ངག་འོད་དཔག་ཏུ་མེད་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། 15-1-407 ༄༅། །ༀ་སྭཱ་སྟི། རྒྱལ་ཚབ་མི་ཕམ་མགོན་པོ་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་ནི། །ཤིན་ཏུ་ཟབ་ཅིང་འཁྱེར་ བདེ་བ། །འཕགས་ཡུལ་བླ་མའི་གསུང་བཞིན་བྲི། །ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། རང་གི་ སྙིང་གར་མཻཾ་དམར་སེར་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་བྱམས་པར་གྱུར། ༀ་མཻ་ ཏྲི་ཡ་ཏྲི། དེ་ཡང་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་བཤད་པའི་ཕྱག་རྒྱ་མཛད་པ། གཡོན་པས་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་སྙན་གྱི་ཐད་ཀར་ཁ་ཕྱེ་བ་དང་བཅས་པ་ འཛིན་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། དར་གྱི་སྨད་དཀྲིས་དང་རི་དྭགས་ཀྱི་པགས་ པས་ནུ་མ་གཡོན་པ་བཀབ་པ། རལ་པའི་ཐོར་ཚུགས་ཀྱི་ངོས་ལ་བྱང་ཆུབ་ཆེན་པོའི་མཆོད་ རྟེན་ཅན་མཚན་དཔེ་ཡོངས་སུ་རྫོགས་པ། ཁྲོ་བོ་གཞན་ཀྱིས་མི་ཐུབ་པ་དང་བཅས་པའོ། ། ཞབས་ཀྱི་བཞུགས་ཚུལ་རང་གང་མོས་པ་བྱ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་ བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ༀ་མཻ་ཏྲི་དྲ་ཌྷ་ཙིཏྟ་ཏིཥྛ་ཧོ། ཞེས་ལན་གསུམ་གྱིས་བརྟན་ པར་བྱིན་གྱིས་བརླབས། སྙིང་གར་ཟླ་བ་ལ་སྔགས་འཕྲེང་བཀོད་ལ། ༀ་ཨ་ཛི་ཏཉྫ་ཡ། སརྦ་སཏྭ་ས་མཱ་ཡ་མ་ནུ་ ག་ཏ་སྭཱཧཱ། ཞེས་ཅི་ནུས་སུ་བཟླའོ། །ཐུན་འཇོག་པའི་ཚེ། སྟོང་པ་ཉིད་དུ་བསྡུས་ནས། སླར་ལྷ་སྐུར་ལྡང༌། དགེ་བ་བསྔོ། ཐུན་ འཚམས་སུ་མཆོད་བསྟོད་སྤྱི་མཐུན་གང་འགྲུབ་དང༌། བྱམས་པའི་མཚན་བརྒྱ་དང་དམ་བཅས་པའི་གཟུངས་རྣམས་འདོན་ནོ། ། འདི་ལ་གཏོར་བསྔོ་མི་དགོས། འདི་བཟླས་ལུང་བླངས་པ་ཁོ་ནས་ཆོག དེ་ཡང་ལྷའི་མངོན་རྟོགས་སློབ་མ་ལ་ཕོག་ལ། སྔགས་ཉིད་ བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་ནོ། །དེ་ལའང་དབང་བསྐུར་བ་ཐོབ་པ་དགོས་སོ། །སངས་རྒྱས་ཀུན༷་དངོས་སངས་རྒྱས་སྲས། ། རབ་དག༷འ་ལ་སོགས་ས་བཅུའི་བད་ག །གསུང་རབ་སྙིང༷་པོ༷འི་དོན་སྟོན་པ། །གང་འདིའི་སྒྲུབ་ཐབས་རྨད་བྱུང་སྤེལ། །པཎྜི་ཏ་ གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་བྱམས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །སྨོན་ལམ་རྒྱ་མཚོ་ལས་འཁྲུངས་པ། །མཆོད་པའི་སྤྲིན་ ལ་དབང་བསྒྱུར་བའི། །ཀུན་ཏུ་བཟང་པོར་གུས་པའི་འདུད། །སེམས་བསྐྱེད་དང་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་ སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླ་ལ་རང་སེམས་སྟྭཾ་ཡིག་ཡོངས་སུ་གྱུར་པ་ལས་ཀུན་ 15-1-408 ཏུ་བཟང་པོ་སྐུ་མདོག་དམར་པོ། གཡས་གང་བའི་བུམ་པ་ཐུགས་ཀར་གཏོད་ཅིང༌། གཡོན་ ཉི་མ་དང་པདྨ་དཀར་པོ་བསྣམས་པ། ཁྲོ་བོ་ཊཱཀྐི་རཱ་ཛ་དང་བཅས་པ། དར་དང་རིན་པོ་ཆེའི་ རྒྱན་གྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། རྒྱལ་བ་རིགས་ལྔའི་དབུ་ རྒྱན་ཅན། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀར་ཟླ་བ་ལ་སྔགས་འཕྲེང་བཀོད་དེ། ༀ་སྭཾ་ཧྲིཿཀ་ཡ་སྭཱཧཱ། ཞེས་ཅི་ནུས་ བཟླ། མཇུག་ཏུ་སྐུ་སྟོང་པར་སྦྱངས། དགེ་བ་བྱང་ཆུབ་ཏུ་བསྔོ། ཐུན་མཚམས་སུ་ཀུན་དུ་བཟང་པོའི་མཚན་བརྒྱ་རྩ་བརྒྱད་པ་ལ་ སོགས་པ་ཅི་ནུས་སུ་འདོན་ཞིང༌། ཕལ་པོ་ཆེ་དང་གསེར་འོད་དམ་པ་ལ་སོགས་པ་བཀླག་པར་བྱའོ། །གཞན་ཡང་སྐུ་གཟུགས་ལ་ མཆོད་བསྟོད་དང་སྨོན་ལམ་མང་དུ་འདེབས། འདིའི་བཟླས་ལུང་འབོགས་པ་ནི། འོད་དཔག་མེད་ཀྱི་སྒྲུབ་ཐབས་སུ་བཤད་པ་དང་འདྲའོ། །ཀུན༷་ཏུ་བཟང་པོ་གྲགས་ཆེ་ ཡང༌། །མཁས་རྣམས་དག༷འ་བའི་སྒྲུབ་ཐབས་ནི། །སྔོན་ཆད་བོད་ཀྱི་ཕྱོགས་ན་མེད། །དེ་ཕྱིར་སྙིང༷་ལ་དམ་པོ༷ར་བཟུང༌། །པཎྜི་ ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་འཕགས་པ་ཀུན་ཏུ་བཟང་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། རྒྱལ་སྲས་ཐུགས་རྗེའི་དབང་ཕྱུག་ནི། །ནམ་མཁའི་སྙིང་པོ་ལ་བཏུད་ནས། །ནད་མཚོན་མུ་གེའི་ འཇིགས་པ་དག །ཞི་ཕྱིར་ལྷག་པའི་ལྷ་དེ་བསྒྲུབ། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། རང་གི་ སྙིང་གར་ཁཾ་ཡིག་ཡོངས་སུ་གྱུར་པ་ལས། རང་ཉིད་ནམ་མཁའི་སྙིང་པོ་སྐུ་མདོག་སྔོན་པོ་ན་ བཟའ་སྔོན་པོ་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་གཡོན་པས་ པདྨའི་རྩ་བ་འཛིན་པ། སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་རལ་གྲི་སྔོ་སངས་ཅན། ནམ་ མཁའི་རང་བཞིན་གྱི་ཁང་བཟང་འོད་ཟེར་སྔོན་པོ་འབར་བའི་དབུས་ན། ཁྲོ་བོ་དབྱུག་སྔོན་ སོགས་འཁོར་རིག་འཛིན་མཚོན་ཆ་ཐོགས་པ་མང་པོ་དང༌། རང་གི་སྤྲུལ་པ་ཁ་དོག་སྣ་ཚོགས་ ཅན་མང་པོས་བསྐོར་བ། སྤྱན་གྱི་འོད་ཀྱིས་ནམ་མཁའ་ཐམས་ཅད་འོད་དང་དྲི་ཞིམ་པོས་ ཁྱབ་པར་མཛད་པ། དར་དང་རིན་པོ་ཆེས་བརྒྱན་པ་ནས། ཐུགས་ཀར་ཧཱུཾ་གི་བར་ཀུན་ཏུ་བཟང་པོའི་ 15-1-409 སྐབས་དང་འདྲ། ༀ་སྭཱ་སྟི་ཀ་མ་ལཱཀྵི། བི་པུ་ལ། སཾ་བྷ་ཝ། དྷརྨ་དྷཱ་ཏུ། གོ་ཙ་རེ་སྭཱཧཱ། ཞེས་ཅི་ནུས་སུ་ བཟླའོ། །རྗེས་ཀྱི་བྱ་བ་དང༌། ཐུན་མཚམས་ཀྱང་ཀུན་ཏུ་བཟང་པོའི་སྐབས་དང་འདྲ་བ་ལས། ནམ་མཁའི་སྙིང་པོའི་མཚན་བརྒྱ་རྩ་ ཀློག་པ་ཉིད་ཁྱད་པར་རོ། །འདིའི་བཟླས་ལུང་འབོགས་ཚུལ་ནི། འོད་དཔག་མེད་ཀྱི་སྒྲུབ་ཐབས་སུ་བཤད་པ་དང་འདྲའོ། །ཉེས་ ལྟུང་ཀུན༷་ནས་དག་མཛད་པའི། །ཡི་དམ་འདི་འདྲ་མཆོག་ཏུ་དག༷འ། །མཚན་བརྒྱའི་མན་ངག་སྙིང༷་པོ༷་ནི། །ཟུར་དུ་བཀོལ་བ་འདི་ ཙམ་ཡིན། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་འཕགས་པ་ནམ་མཁའི་སྙིང་པོའི་སྒྲུབ་ཐབས་ ཀྱི་ལེན་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། གང་ཞིག་དྲན་པ་ཙམ་གྱིས་ནི། །ལྷ་མིན་འཇོམས་ཤིང་འབྱོར་བ་རྒྱས། །ཆོས་ལྡན་རྒྱལ་སྲིད་བརྟན་ འགྱུར་བའི། །ས་སྙིང་སྒྲུབ་ཐབས་བཤད་པར་བྱ། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། པད་ཟླ་ ལ་རང་སེམས་ཀྵིཾ་ཡིག་ཡོངས་སུ་གྱུར་པ་ལས། རང་ཉིད་སའི་སྙིང་པོ་སེར་པོ་སྟོད་གཡོགས་ སེར་པོ་ཅན། ཞི་བ་སྤྱན་རྩ་དམར་བ། མེ་ཏོག་སྔོན་པོའི་ཕྲེང་བའི་ཐོད་ཅན། ཕྱག་གཡས་ཤིང་ ཏོག་དང་གཡོན་པདྨའི་སྟེང་ན་ནོར་བུ་དང་བཅས་པ་འཛིན་པ། འོད་ཟེར་ལྗང་ཁུ་འཕྲོ་བ་རྡོ་ རྗེ་ས་འོག་ལ་སོགས་པ་འཁོར་གྱིས་བསྐོར་བ། གཞལ་ཡས་ཁང་སེར་པོ་རིན་པོ་ཆེའི་བྲག་རི་ དང་གངས་རིས་བསྐོར་བ། དར་དང་རིན་པོ་ཆེའི་བརྒྱན་པ་སོགས་མངོན་རྟོགས་ལྷག་མ་ཀུན་དུ་བཟང་ པོའི་སྐབས་དང་འདྲ། ༀ་སུཾ་བྷ་ནི་སུཾ་བྷ། ཧ་ར་ཙ་ར། མཧཱ་པ་ཤ མཱ་རུ་ཏ། ཨ་མོ་གྷ་བཛྲ་སནྟ་སྭཱཧཱ། ཞེས་བཟླ། རྗེས་དང་ཐུན་མཚམས་ཀྱང་ཀུན་བཟང་གི་སྐབས་དང་འདྲ་བ་ལས། སའི་སྙིང་པོའི་མཚན་བརྒྱ་ཉིད་ཀློག་པ་ཁྱད་པར་ རོ། །འདིའི་བཟླས་ལུང་འབོགས་ཚུལ་ཡང༌། འོད་དཔག་མེད་ཀྱི་སྐབས་སུ་བཤད་པ་དང་འདྲའོ། །ས་སྟེང་ཀུན༷་དུ་རྙེད་དཀའ་ བའི། །སྒྲུབ་ཐབས་ཐོས་པ་དག༷འ་ཆེས་ནས། །སྙིང༷་ནས་དད་པ་སྐྱེས་གྱུར་ཏེ། །མདོར་བསྡུས་ཙམ་ཞིག་གསལ་པོ༷ར་བཀོད། ། པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་འཕགས་པ་སའི་སྙིང་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། སྡིག་སྒྲིབ་ཐམས་ཅད་ཞི་བ་དང༌། །རྡོ་རྗེའི་ཚེ་འགྲུབ་ཕྱིར་བཟློག་ཆེ། །སྒྲིབ་པ་ཐམས་ཅད་རྣམ་ 15-1-410 སེལ་གྱིས། །རིག་སྔགས་ལགས་པས་དེ་ཕྱིར་བསྒྲུབ། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་ པའི་ངང་ལས་པད་ཟླའི་གདན་ལ་རང་སེམས་སྐཾ་ལས་རང་ཉིད་སྒྲིབ་པ་རྣམ་སེལ་སྐུ་མདོག་ དཀར་པོ། གཡས་བུམ་པ་བདུད་རྩིས་གང་བ་འཛིན་ཞིང༌། གཡོན་པདྨ་དཀར་པོའི་སྡོང་བུ་ འཛིན་པ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་དུ། ཟླ་བ་ཉ་གང་བ་ར་རི་མེད་ཅིང་འོད་ཟེར་འཕྲོ་ བ། ཕྱིར་བཟློག་ཆེན་པོ་གཙུག་གཏོར་འཁོར་ལོས་བསྒྱུར་བ་སོགས་རིག་པའི་ཁྲོ་བོ་མང་པོས་ ཞབས་ལ་བཏུད་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ནས། ཐུགས་ཀར་ཧཱུཾ་གི་བར་ཀུན་ ཏུ་བཟང་པོའི་སྐབས་བཞིན་ནོ། །ༀ་ཨ་མྲྀ་ཏ་བིནྡྷུ་ཛཱ་ཝཱ། མ་ཧཱ་སུ་ཁ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ། རྗེས་དང་ཐུན་ མཚམས་ཀུན་བཟང་གི་སྐབས་དང་འདྲ་བ་ལས། སྒྲིབ་པ་རྣམ་སེལ་གྱི་མཚན་བརྒྱ་ཀློག་པ་ཉིད་ཁྱད་པར་རོ། །འདིའི་བཟླས་ལུང་ འབོགས་ཚུལ་ཡང༌། འོད་དཔག་མེད་ཀྱི་སྐབས་སུ་བཤད་པ་དང་འདྲའོ། །བོད་ཡུལ་ཀུན༷་ཏུ་འདི་ཡིས་ནི། །སྒྲུབ་ཐབས་ཡོད་པར་ མ་མཐོང་ནས། །བླ་མའི་དྲུང་དུ་དག༷འ་བས་ཞུས། །གསུང་ཐོ་སྙིང༷་པོ༷་ཙམ་ཞིག་བཀོད། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་ བ། ཤཱཀྱ་རཀྵི་ཏའི་མན་ངག་འཕགས་པ་སྒྲིབ་པ་རྣམ་སེལ་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། གང་ཞིག་བསམ་པ་ཙམ་གྱིས་ནི། །འཇིགས་པ་བརྒྱད་ལས་ངེས་སྐྱོབ་པ། །སྤྱན་རས་གཟིགས་ དབང་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་མདོར་བསྡུས་བཤད། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། པཾ་ལས་བདུད་རྩིའི་རྒྱ་མཚོའི་དབུས་སུ། པད་ཟླ་ལ་རང་སེམས་ཨ་དཀར་པོ་ཡོངས་སུ་གྱུར་ པ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་དཀར་པོ་འོད་དཔག་མེད་ཀྱིས་དབུ་རྒྱན་ ཅན། ཞལ་གཅིག་ཕྱག་བརྒྱད་ཀྱི་གཡས་བཞི་ན། སེང་གེ་གླང་ཆེན་དུག་སྦྲུལ་གཟའ། གཡོན་ བཞི་ན། མེ་ཆུ་ལྕགས་སྒྲོག་མི་རྣམས་འཛིན་པ། ཞབས་གཡོན་བརྐྱང་བའི་གར་སྟབས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། མདུན་དུ་ཏཱཾ་ལས་སྒྲོལ་མ་སེར་མོ་ཕྱག་གཉིས་ཐལ་མོ་སྦྱར་ བས་ནོར་བུ་འཛིན་པས་གཙོ་བོ་ལ་འདུད་པའོ། །ༀ་ཨ་ཝ་ལོ་ཀི་ཏེ་པདྨེ་ནི། ཝ་རཱཾ་གི་ཎི། ཏུ་རུ་ ཏུ་རུ་ཧཱུཾ་སྭཱཧཱ། ཞེས་པ་དང༌། ༀ་མ་ཎི་ཧཱ་རེ་ཧཱུཾ། ཞེས་པ་ཡང་ཅི་འགྲུབ་ཏུ་བཟླའོ། །ཐུན་འཇོག་ཁར་སྒྲོལ་མ་རང་གི་སྙིང་ 15-1-411 གར་ཐིམ། ཕྱག་གཉིས་པའི་ང་རྒྱལ་གྱིས་ཐུན་མཚམས་ལ་འཇུག གཙང་སྦྲ་དང་ལྡན་པའི་སྒོ་ནས། བྲིས་སྐུ་དང་མཆོད་རྟེན་ལ་ ཕྱག་མཆོད་གང་འགྲུབ་བྱའོ། །འདིའི་བཟླས་ལུང་འབོགས་ཚུལ་ཡང་འོད་དཔག་མེད་ཀྱི་སྐབས་དང་འདྲའོ། །ཀུན༷་ལས་ངོ་མཚར་ རྨད་བྱུང་སྐུ། །འཇིགས་བརྒྱད་སྐྱོབ་པ་རབ་དག༷འི་གནས། །རྒྱུད་ཀྱི་སྙིང༷་པོ༷་ཡིན་ནོ་ཞེས། །བླ་མའི་གསུང་ལས་གསལ་བར་ཐོས། ། པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་སྤྱན་རས་གཟིགས་འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲུབ་ཐབས་ ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། གང་ལ་གང་འདུལ་སྣ་ཚོགས་སྐུ། །དོན་ཡོན་ཞགས་པ་ལ་བཏུད་ནས། །སྣ་ཚོགས་དབང་པོའི་ སྒྲུབ་ཐབས་ནི། །ཤིན་ཏུ་མདོར་བསྡུས་བྲི་བར་བྱ། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ ངང་ལས་རླུང་མེ་ཆུ་ས་རི་རབ་པདྨ་ཟླ་བ་ཉི་མ་བརྩེགས་པ་ལས་སྒྲ་གཅན་འགྱེལ་བའི་སྟེང་ དུ། རང་སེམས་ཧྲཱིཿལས་རང་ཉིད་དོན་ཡོད་ཞགས་པ་སྣ་ཚོགས་དབང་པོ་སྐུ་མདོག་དཀར་པོ། ཞལ་བཅུ་གཅིག་རྩ་ཞལ་ཞི་བ་དཀར་པོ་སྤྱན་གསུམ་པ་རལ་པའི་ཐོར་ཚུགས་ཅན། གཡས་སུ་ ལྷ་ཞི་བ་དང༌། གཤིན་རྗེ་གནོད་སྦྱིན། དྲག་པོ་ཆེན་པོ། ཟླ་བ་རྣམས་ཀྱི་ཞལ་བརྩེགས་པ་དང༌། གཡོན་དུ་ཁྱབ་འཇུག ཆུ་ལྷ། གདོང་དྲུག་ཁྲོས་པ། དྲག་པོ། ཉི་མའི་ཞལ་རྣམས་བརྩེགས་པའོ། ། ཀུན་གྱི་སྟེང་གི་དབུས་སུ་འོད་དཔག་མེད་མཆོག་སྦྱིན་མཛད་པ། གཡས་སུ་རླུང་ལྷ་དང༌། གཡོན་དུ་མེ་ལྷ་ལུས་ཕྱེད་ཕྱེད་སྣང་བ། ཕྱག་སུམ་ཅུ་རྩ་གཉིས་ཀྱི་དང་པོ་གཉིས་ནོར་བུ་དང་ པདྨ་འཛིན་པ། གཞན་རྣམས་ཀྱིས་བརྒྱ་བྱིན་གྱི་རྡོ་རྗེ་ལ་སོགས་པ་ལྷ་རྣམས་ཀྱི་མཚོན་ཆ་སྣ་ ཚོགས་པ་འཛིན་པའོ། །ཞབས་བརྒྱད་ཀྱི་འོག་ཏུ་ཀླུ་དང་ལྷ་མིན་དང་སྲིན་པོའི་ཚོགས་རྣམས་ མནན་པ། དར་དང་པགས་པའི་གོས་དང༌། རིན་པོ་ཆེ་དང༌། སྤྲུལ་དང༌། མེ་ཏོག་ལ་སོགས་ པ་ན་བཟའ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མེ་དཔུང་དང་འོད་ཟེར་སྣ་ཚོགས་འཕྲོ་བའོ། ། ཐུགས་ཀར་ཟླ་བ་ལ་ཞགས་པ་དམར་པོའི་སྟེང་དུ་ཧྲཱིཿམཐའ་མར་སྔགས་ཀྱིས་བསྐོར་བ། ༀ་ ཨ་མོ་གྷ་པཱ་ཤ ཀྲོ་དྷ་ཨ་ཀཪྵ་ཡ། པྲ་པེ་ཤ མཧཱ་པ་ཤུ་པ་ཏི། ཡ་མ། ཝཱ་རུ་ཎ། ཀུ་བེ་ར། པྲ་ 15-1-412 ཧྨ། བེ་ཥ་དྷ་ར། ཨ་མོ་གྷ་ཧྲཱིཿད་ཡ། པདྨ་ཀུ་ལ་ས་མཱ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་ པའི་སྙིང་པོ་ཉིད་ཅི་ནུས་སུ་བཟླ་ཞིང༌། དོན་ཡོད་ཞགས་པའི་གཟུངས་རིང་ཀྱང་འདོན་ནོ། །རང་ལུས་ཆ་གཉིས་སུ་གྱུར་ པ་ལས་གཡས་ཀྱི་ཆ་ནི་སྣ་ཚོགས་དབང་པོའི་སྐུ་དང༌། གཡོན་གྱི་ཆ་ལྷ་མོ་གོས་དཀར་མོ་རང་ དང་མཚུངས་པ་ལས་ལྷ་མོའི་རྣམ་པ་ཅན། ཕྱག་ན་པདྨ་འབའ་ཞིག་འཛིན་པའི་སྐུར་གྱུར། ༀ་ པདྨེ་པཎྜ་ར་ཝཱ་སི་ནི་ཀུཎྜ་ཀུཎྜ་སྭཱཧཱ། ཞེས་པ་ཅི་རིགས་པ་བཟླའོ། །ཐུན་མཚམས་ཀྱི་བྱ་བ་དང༌། ལུང་འབོགས་ཚུལ་ ནི། འོད་དཔག་མེད་ཀྱི་སྒྲུབ་ཐབས་དང་འདྲའོ། །མོས་པ་སྣ་ཚོགས་ཀུན༷་འདུད་ཅིང༌། །མུ་སྟེགས་འདུལ་བ་རབ་དག༷འི་གནས། ། སྤྱན་གཟིགས་སྒྲུབ་ཐབས་སྙིང༷་པོ༷་འདི། །ཤིན་ཏུ་ཡ་མཚན་ཆེ་ཕྱིར་བཀོད། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་ རཀྵི་ཏའི་མན་ངག་འཕགས་པ་སྤྱན་རས་གཟིགས་སྣ་ཚོགས་དབང་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། སྤྱན་རས་གཟིགས་དབང་འོད་དཔག་མེད། །བླ་མར་བཅས་ལ་གུས་བཏུད་ནས། །པདྨའི་ཕྱག་ཏུ་ མཚན་གསོལ་བ། །སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་བཤད། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་སྟེ། ཤཱུ་ནྱ་ཏཱས་སྟོང་ པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་ཐམས་ཅད་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ དུ་གྱུར། ༀ་པྲ་ཀྲྀ་ཏེ་པ་རི་ཤུདྡྷ་སརྦ་དྷརྨ་པྲ་ཀྲྀ་ཏེ་པ་རི་ཤུདྡྷོ྅ཧཾ། སྣོད་ཀྱི་འཇིག་རྟེན་གཞལ་ ཡས་ཁང་གི་དབུས་སུ། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལུས་གཅིག་ཏུ་འདྲེས་པ་ཟླ་བའི་ དཀྱིལ་འཁོར་སེམས་གཅིག་ཏུ་འདུས་པ་ནོར་བུས་མཚན་པའི་པདྨ་དཀར་པོ་དག་གཅིག་ཏུ་ འདུས་པ་དེའི་ལྟེ་བ་ལ་ཧྲཱིཿས་མཚན་པ། དེ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ ཅད་རྒྱལ་བ་འོད་དཔག་ཏུ་མེད་པའི་རྣམ་པར་སྤྱན་དྲངས། ཟླ་བ་ལ་པདྨ་ཧྲཱིཿདང་བཅས་པ་ལ་ ཐིམ། ཐམས་ཅད་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་བ་ལས། རང་ཉིད་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་ཞལ་བཅུ་གཅིག་ཕྱག་སྟོང་དང་ལྡན་པ། སྐུ་ལུས་སྟོན་ཀའི་ཟླ་བ་ལྟར་ དཀར་ཞིང་མགྲིན་པ་སྔོ་བ། རྩ་ཞལ་དཀར་པོའི་སྟེང་དུ་འཚོག་མ་དང་རྣ་ལྟག་གཡས་གཡོན་ གྱི་ཕྱོགས་ལ་ཞི་བའི་ཞལ་དྲུག་སྔོ་སེར་དཀར་དམར་ལྗང་བ་དང་རྒྱ་ཚོས་ཀྱི་ཁ་དོག་ཅན། དེའི་ 15-1-413 ནང་རིམ་ལ་ཁྲོ་བོའི་ཞལ་གསུམ་སྟེ། ནག་པོ་དམར་ནག་སྔོ་སྐྱའོ། །རལ་པའི་ཐོར་ཚུགས་ཀྱི་ རྩེ་མོར་སངས་རྒྱས་འོད་དཔག་ཏུ་མེད་པའི་ཞལ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་དམར་ པོའོ། །དབུ་བཅུ་གཅིག་པོ་ཐམས་ཅད་ཀྱང་མགུལ་པ་དང་བཅས་པ། ཕྱག་དང་པོ་གཉིས་ ཐུགས་ཀར་ཐལ་མོ་སྦྱར་བ། གཡས་པ་རྣམས་ཀྱིས་བགྲང་འཕྲེང་མདའ་འཁོར་ལོ་རལ་གྲི་རྩེ་ གསུམ། གཡོན་པ་རྣམས་ཀྱིས་གསེར་གྱི་པདྨ་གཞུ་སྤྱི་བླུགས་པོ་ཏི་ཁ་ཊྭཱཾ་ག་རྣམས་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་བརྒྱད་ཅུ་གྱ་བརྒྱད་མཆོག་སྦྱིན་གྱི་མཐིལ་ནས་བདུད་རྩིའི་ཆུ་རྒྱུན་ འབབ་པ། ཕྱག་གི་མཐིལ་ན་སྤྱན་རེ་རེ་དང་བཅས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ངམ་མཉམ་ པའི་སྟབས་ཀྱིས་བཞེངས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། གཡོན་ཕྱོགས་སུ་ལྷ་ མོ་སྒྲོལ་མ་དཀར་མོ་ཅུང་ཟད་དམར་བའི་མདངས་ཅན། ཕྱག་གཡས་པས་གཙོ་བོ་ལ་འཁྱུད་ ཅིང༌། གཡོན་པས་ཨུཏྤལ་སྔོན་པོ་འཛིན་པ། སྟེང་གི་ནམ་མཁའ་ལ་དེ་བཞིན་གཤེགས་པ་ རིགས་ལྔ་བདུད་རྩིའི་བུམ་པ་བསྣམས་པའི་ཆུ་རྒྱུན་གྱིས་རྟག་ཏུ་དབང་བསྐུར་བའོ། །དཔྲལ་ བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མིག་ཏུ་ཀྵིཾ། རྣ་བར་ཛྲིཾ། སྣ་ལ་ཁཾ། ལྕེ་ལ་གཾ དཔྲལ་ བར་སྐཾ། ལྟེ་བར་སཾ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ༀ་ཨ་མྲྀ་ཏ་ཨུ་པ་ཏ་ཡ་མི། འཁོར་འདས་ ཐམས་ཅད་ཀྱི་བཅུད་ཀྱི་བདུད་རྩི་གསོལ། ༀ་བོ་དྷི་ཙིཏྟ་ཨ་ནུ་རཱ་ག་ཡ་མི། རྗེས་ཆགས་ཀྱི་ བདེ་བས་རྒྱུད་གང༌། ལྟེ་བར་པདྨ་དམར་པོ་ལ་ཨཱཿ སྙིང་གར་སྔོན་པོ་ལ་ཧཱུཾ། སྤྱི་བོར་དཀར་ པོ་ལ་ༀ་མགོ་ཐུར་བསྟན། སྲོག་རྩོལ་བསྡམས་ཏེ་འབར་འཛག་ཅི་ནུས་སུ་བསྒོམ་མོ། །དེ་ནས་བཟླས་པ་ནི། ༀ་པདྨ་ ཧསྟ། ས་ཧ་སྲ་བཛྲ་བྷུ་ཛ་ནེསྟྲ་ནཱི་ལ་ཀཱཥྛ། ལོ་ཀེ་ཤྭ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་པདྨ་ཏཱ་རེ་ཧཱུཾ། ཞེས་ཅི་ནུས་ སུ་བཟླ་ཞིང་མཐར་དམིགས་མེད་དུ་མཉམ་པར་བཞག དགེ་བ་བསྔོ། ཐུན་མཚམས་སུ་སྣང་གྲགས་ཐམས་ཅད་ལྷ་སྔགས་སུ་ཤེས་ པར་བྱ། མཆོད་བསྟོད་ཡན་ལག་བདུན་པ་སོགས་ཅི་རིགས་པར་སྤྱད། འདི་ལ་དབང་བསྐུར་ཐོབ་པ་ལ་སྒྲུབ་ཐབས་བཤད་ནས་ སྔགས་ཀྱི་བཟླས་ལུང་སྦྱིན་པ་ཉིད་ཀྱིས་ཆོག་གོ །འདི་ནི་སྤྱན་རས་གཟིགས་ཀྱིས་གྲུབ་ཐོབ་ཆེན་པོ་ཀ་མ་ལ་ག་མའི་སྒྲུབ་ཐབས་ 15-1-414 ཀྱི་ལུགས་ཡིན་ནོ། །ཀུན༷་དག༷འི་ཡུལ་མཆོག་ལི་ཡུལ་ནས། །དགེ་བསྙེན་པདྨས་སྤྱན་དྲངས་པའི། །རྒྱུད་ལས་སྙིང༷་པོ༷་ཙམ་བསྡུས་ པའི། །སྒྲུབ་ཐབས་ངོ་མཚར་ཨེ་མ་ཧོ། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ་ལི་ཡུལ་ནས་གདན་དྲངས་པར་གྲགས་པ། ཞལ་བཅུ་གཅིག་པ་པདྨའི་ཕྱག་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ཡི་གེ་དྲུག་པའི་བདག་ཉིད་ཅན། །བདེ་ལྡན་ཇོ་བོར་མཚན་གསོལ་པ། །སུ་ཁ་དེ་བས་ཞལ་ གཟིགས་པའི། །སྒྲུབ་ཐབས་བཞིན་དུ་བསྒོམ་པར་བྱ། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྔོན་དུ་བཏང་ནས། ཤཱུ་ ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དཀར་པོ་དང་ཟླ་བའི་གདན་ལ་པདྨ་དཀར་པོའི་ སྡོང་བུ་ཡི་གེ་དྲུག་པའི་སྔགས་ཀྱིས་མཚན་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་ སྤྱན་རས་གཟིགས་ཇོ་བོ་སུ་ཁ་ཝ་ཏི་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་དྲུག་པ། གཡས་ ཀྱི་དང་པོ་བ་དན་རྩེ་གསུམ་པའི་ཕྱག་རྒྱ། གཉིས་པ་ན་བགྲང་འཕྲེང༌། གསུམ་པ་ན་ནོར་བུ་ དང་བཅས་པའི་མཆོག་སྦྱིན། གཡོན་དང་པོ་པདྨ་དཀར་པོའི་སྡོང་བུ་ནོར་བུས་མཚན་པ། གཉིས་པ་ན་དབྱུག་གུ་རྩེ་གསུམ། ཐ་མ་ན་སྤྱི་བླུགས་འཛིན་པ། ཞབས་རོལ་པའི་སྟབས་ཀྱིས་ བཞུགས་ཤིང༌། དར་དང་རིན་པོ་ཆེས་བརྒྱན་པ། རལ་པའི་ཅོད་པན་ཅན། གཡོན་ཕྱོགས་སུ་ རང་སྣང་གི་ཡུམ་ཨུཏྤལ་འཛིན་པས་འཁྱུད་པ། རྒྱལ་བ་འོད་དཔག་ཏུ་མེད་པས་དབུ་བརྒྱན་ པའོ། །མིག་ཏུ་ༀ་དཀར་པོ། རྣ་བར་མ་སྔོན་པོ། སྣར་ཎི་སེར་པོ། ལྕེ་ལ་པད་དམར་པོ། དཔྲལ་ བར་མེ་ལྗང་ཁུ། ལྟེ་བར་ཧཱུཾ་སྔོ་སྐྱ། སྤྱི་བོར་ༀ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུཾ། ཡེ་ཤེས་པ་ བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ༀ་མ་ཎི་པདྨེ་ཧཱུཾ། ཞེས་ཅི་འགྲུབ་ཏུ་བཟླའོ། །མཇུག་ཏུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ ཤེས་པའི་སྒོ་ནས་དགེ་བ་བསྔོ། ཐུན་མཚམས་སུ་ལྷའི་སྣང་བ་དང་མ་བྲལ་བར་བྱ། ཇོ་བོ་བདེ་ལྡན་དམར་པོ་བསྒོམ་པར་འདོད་ན། ཕྱག་གཡོན་གྱི་དང་པོ་པདྨ་དཀར་པོའི་སྟེང་དུ་གླེགས་བམ་དང་བཅས་པ་འཛིན་པ། སྐུ་མདོག་ དམར་པོ་ཐུགས་ཀར་སྦས་པའི་ཡུམ་སྒྲོལ་མ་ཨུཏྤལ་དམར་པོ་འཛིན་ཞིང་ཁ་འབྱེད་པ། དེའི་ ཐུགས་ཀར་ས་བོན་སྔགས་འཕྲེང་དང་བཅས་པ་བསྒོམ་པ་དང༌། བཟླས་པའི་ཚེ། ཡུམ་ལ། ༀ་པདྨ་ཏཱ་ 15-1-415 རེ་ཧཱུཾ། ཞེས་བཟླ་བ་ནི། འདི་དང་མཚུངས་པ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་མཧཱ་ཛ་ནས་མཛད་པ་ཞིག་སྔར་འགྱུར་ཡང་བཀའ་ མེད་ལ། འདི་ནི་དབང་ཐོབ་པ་ཞིག་ལ་སྒྲུབ་ཐབས་བཤད་ནས། སྔགས་ཀྱི་བཟླས་ལུང་སྦྱིན་པ་ཙམ་གྱིས་ཆོག་གོ །ཚོང་དཔོན་ རིགས་ལས་གྲུབ་བརྙེས་པ། །ཀུན༷་དག༷འ་གྲགས་ལྡན་དེ་ཡི་གཞུང༌། །སྙིང༷་པོ༷ར་བསྡུས་པའི་ཉམས་ལེན་ནི། །འདི་ལྟར་ལགས་ པས་གཅེས་པར་བཟུང༌། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། སྤྱན་རས་གཟིགས་སུ་ཁ་ཝ་ཏིའི་སྒྲུབ་ཐབས་ཀྱི་ལེ་ཚན་ ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། སྤྱན་རས་གཟིགས་དབང་ལ་བཏུད་ནས། །དོན་ཡོད་ལྕགས་ཀྱུ་སྒྲུབ་པའི་ཐབས། །མདོ་ཙམ་ བླ་མའི་གསུང་བཞིན་དུ། །གཞན་ལ་ཕན་ཕྱིར་བྲི་བར་བྱ། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་སེམས་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་དོན་ ཡོད་ལྕགས་ཀྱུ་སྐྱ་རེངས་གསར་པའི་མདོག་ཅན། རལ་པའི་ཐོར་ཚུགས་དང་ལྡན་པ། རྒྱན་ སྤངས་པ། སྤྱན་གསུམ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། རྒྱ་ནག་གི་བླ་གོས་དང༌། རི་དྭགས་ ཀྱི་པགས་པའི་སྨད་གཡོགས་ཅན་མཉམ་པར་བཞེངས་པ། ཕྱག་བརྒྱད་ཀྱི་གཡས་བཞི་ན་ ལྕགས་ཀྱུ་དང༌། གཡོན་བཞི་ན་ཞགས་པ་བསྣམས་པའོ། །སྙིང་གར་ཟླ་བ་ལ་སྔགས་འཕྲེང་ བཀོད་དེ། ༀ་ཨངྐུ་ཤ་ཨ་མོ་གྷ་ཨ་ཁཪྵ་ཡ་ཧཱུཾ། ཞེས་ཅི་འགྲུབ་ཏུ་བཟླའོ། །ཐུན་མཚམས་སུ་འཕགས་པ་སྤྱན་རས་ གཟིགས་ཀྱི་སྐུ་བརྙན་ལ་མཆོད་ཅིང་བསྟོད་པ་དང༌། མདོ་སྡེ་ཀློག་པ་ལ་ནན་དུ་བྱའོ། །འདིའི་ལུང་འབོགས་ཚུལ་ནི། འོད་དཔག་ མེད་ཀྱི་སྐབས་དང་འདྲ་བ་ཡིན་ནོ། །ཀུན༷་དུ་སྤྱན་རས་གཟིགས་ཀྱི་ཐུགས། །རབ་དག༷ས་སྐུལ་བར་བྱེད་པའི་ལྷ། །དོན་ཡོད་ ལྕགས་ཀྱུའི་སྔགས་རྒྱུད་ནི། །མཐའ་ཡས་གསུངས་པའི་སྙིང༷་པོ༷་འདིའོ། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ ཏའི་མན་ངག་དོན་ཡོད་ལྕགས་ཀྱུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། སྤྱན་རས་གཟིགས་དབང་ལ་བཏུད་ནས། །དོན་ཡོད་མཆོད་པ་སྒྲུབ་ པའི་ཐབས། །མདོ་ཙམ་བླ་མའི་གསུང་བཞིན་དུ། །གཞན་ལ་ཕན་ཕྱིར་བྲི་བར་བྱ། །སེམས་ བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླ་ལ་ཧྲཱིཿཡིག་ལས། རང་ 15-1-416 ཉིད་འཕགས་པ་དོན་ཡོད་མཆོད་པའི་ནོར་བུ་ཞེས་བྱ་བ། སྐུ་མདོག་དཀར་པོ་ཡིད་ཙམ་ཁྲོ་ ཞིང་སྤྱན་གསུམ་པ། ཕྱག་གཡས་གཉིས་ན་རལ་གྲི་དང་ཏྲི་ཤུ་ལ། གཡོན་གཉིས་ན་ཞགས་ པ་དང་པདྨ་འཛིན་པ། རལ་པའི་ཅོད་པན་ལ་འོད་དཔག་མེད་ཀྱིས་བརྒྱན་པ། ཆུའི་དབུས་ སུ་པདྨའི་སྡོང་པོ་ལ་གནས་པ། གཡས་གཡོན་ན་ཀླུ་དགའ་བོ་ཉེར་དགའ་དཀར་པོ་པུས་མོ་ བཙུགས་ཤིང༌། ཐལ་མོ་སྦྱར་བའོ། །ༀ་ཨ་མོ་གྷ་པཱུ་ཛ་མ་ཎི། པདྨ་བཛྲེ་ཏ་ཐཱ་ག་ཏཱ། བི་ལོ་ཀི་ ཏེ། ས་མནྟ་པྲ་ས་ར་ཧཱུཾ། ཞེས་ཅི་ནུས་སུ་བཟླའོ། །ཐུན་མཚམས་སུ་བྲིས་སྐུ་ལ་ཕྱག་མཆོད་ཅི་འགྲུབ་བྱ། བསྙེན་པ་འབྲུ་ འབུམ་དུ་སོང་ནས། བདག་དང་བྲིས་སྐུ་གཉིས་ཀ་ལྷར་བསྐྱེད་ལ། མཆོད་བསྟོད་ཡན་ལག་བདུན་པ་དང་བཟླས་པ་འབུམ་ཙམ་ བྱའོ། །ཕྱིས་དེ་ལ་མཆོད་ཅིང་གསོལ་བ་བཏབ་པ་ཙམ་གྱིས་ཀླུ་ནད་གསོ་བ་དང༌། ཆར་འབེབས་པ་དང༌། ལོངས་སྤྱོད་སྒྲུབ་པ་ ཐམས་ཅད་ཐོགས་པ་མེད་པ་ཡིན་ནོ། །འདིའི་ལུང་འབོགས་ཚུལ་ནི། འོད་དཔག་མེད་ཀྱི་སྐབས་དང་འདྲའོ། །རྒྱུད་ལས་གསལ་ བར་གསུངས་ན་ཡང༌། །ཀུན༷་གྱིས་མཚན་ཡང་མ་ཐོས་པ། །བདག་གིས་ཐོབ་འདི་ཡིད་དག༷འི་གནས། །ཉམས་ལེན་སྙིང༷་པོ༷་མདོ་ ཙམ་ཡིན། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་འཕགས་པ་དོན་ཡོད་མཆོད་པ་ནོར་བུའི་སྒྲུབ་ ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་བད་ག །ཐུགས་ཀྱི་རྡོ་རྗེ་ཐུགས་ཀྱི་གཙོ། །ཐུགས་གྱི་དབང་ཕྱུག་ གསང་བའི་རྒྱལ། །རྡོ་རྗེ་འཛིན་པའི་ཞབས་ལ་འདུད། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་ སྦྱངས། རང་གི་སྙིང་གར་ཧཱུཾ་ཡིག་རྡོ་རྗེ་དང་བཅས་པའི་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་གསང་ བའི་བདག་པོ་ཞི་བ་ཕྱག་གཉིས་པ། སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། ཡིད་ཙམ་ཁྲོ་བའི་ཉམས་ཅན། དར་དང་རིན་པོ་ཆེའི་རྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་པ། ཡུམ་མཱ་མ་ཀཱི་དཀར་ལ་སྔོ་བའི་མདངས་ཅན། གྲི་གུག་དང་ཐོད་པ་འཛིན་པས་སྐུའི་གཡོན་ཕྱོགས་ནས་འཁྱུད་པ། ༀ་སརྦ་མཧཱ་བཛྲ་ཨ་གྲ་ཝ་ རཾ་ཧཱུཾ། ༀ་ཀི་རི་ཀི་རི་མཱ་མ་ཀཱི་ཧཱུཾ། ཞེས་ཅུང་ཟད་བཟླས། ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་ཆུབ་ 15-1-417 སེམས་ཀྱི་ཕུང་པོར་གྱུར། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས། ས་མ་ཡ་སྟྭཾ་ཞེས་བསྐུལ་ བས། དེ་ཉིད་ཧཱུཾ་དུ་གྱུར། དེ་ལས་རང་ཉིད་གསང་བའི་བདག་པོ་སྐུ་མདོག་མཐིང་ནག་ཞལ་ གཅིག་ཕྱག་གཉིས་སྤྱན་གསུམ་ཤིན་ཏུ་ཁྲོས་པ། གཡས་རྡོ་རྗེ་འབར་བ་འཕྱར་ཞིང་གཡོན་ ཞགས་པ་འཛིན་པའི་སྡིགས་མཛུབ་ཀྱིས་ཡུམ་ལ་འཁྱུད་པ། ཞབས་གཡས་བསྐུམ་གཡོན་ བརྐྱང་པས་ཉི་མའི་དཀྱིལ་འཁོར་ལ་གནས་པ། ཉི་མའི་འོག་ཏུ་དབང་ཕྱུག་ཆེན་པོ་དང༌། ཨུ་ མ་དང༌། ནོར་བདག་དང༌། ཀླུ་དང༌། ལྷ་མ་ཡིན་ལ་སོགས་པ་དྲེགས་པ་ཐམས་ཅད་ཁ་བུབ་ཏུ་ མནན་པ། གདུག་པའི་སྦྲུལ་ཞལ་དུ་གསོལ་ཞིང་སྟག་ལྤགས་དང་སྦྲུལ་རྒྱན་དང་མི་མགོའི་དོ་ ཤལ་ཅན། ཁྲོ་བོའི་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའོ། །ཡུམ་རིག་འཛིན་མ་སྔོན་མོ་ཅུང་ ཟད་ཞི་ཞིང་སྒེག་པ། སྐྲ་གྲོལ་བ། རྡོ་རྗེ་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་ སྦྲུལ་གྱིས་བརྒྱན་པ། གཉིས་ཀའང་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང༌། མི་བསྐྱོད་ པའི་དབུ་རྒྱན་ཅན། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རི་རབ་ཀྱི་རྩེ་མོར་བྱོན་ པར་གྱུར། སྙིང་གར་སྔགས་འཕྲེང་བཀོད་ལ། ༀ་བཛྲ་ཙཎྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ༀ་ཀུ་ ལཱནྡྷ་རི་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་ཁ་སྦྱོར་གྱི་བཟླས་པ་ཅི་ནུས་སུ་བཟླའོ། ཁ་ཟས་ཀྱི་ཕུད་ཡི་གེ་འབྲུ་གསུམ་གྱིས་གཏོར་ མར་བྱིན་གྱིས་བརླབས་ལ། སྙིང་པོའི་མཐར། ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བཏགས་པས་འབུལ། །འདིའི་བྱིན་ རླབས་བྱེད་པར་འདོད་ན། མཎྜལ་གྲུ་གསུམ་ནག་པོ་ཞིག་བྱ། དེར་མཉྫིའི་སྟེང་དུ་ཐོད་པ་དམ་རྫས་ཀྱིས་བཀང་བའི་ནང་དུ་ལྕགས་ ཀྱི་རྡོ་རྗེ་ཞིག་བཞག ཤ་ཆང་གིས་བརྒྱན་པའི་གཏོར་མ་དང་མཆོད་པས་བསྐོར། ཐམས་ཅད་ཨ་མྲྀ་ཏས་བསངས། མཆོད་པ་ རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། བདག་མདུན་དབྱེར་མེད་ཀྱི་ཚུལ་དུ་བཟླས་པའི་བར་ཚར་གྱིས་བསྒོམ། ཐུགས་ ཀ་ནས་ལས་ཀྱི་རྡོ་རྗེ་ཞིག་ཆད་དེ། མཆོད་པ་འབུལ་བར་བསམས་ལ། ཨརྒྷཾ་ནས། ཤཔྟའི་བར་གྱི་ སྔགས་དང་ཕྱག་རྒྱས་མཆོད། གཏོར་མའང་གོང་བཞིན་བྱིན་གྱིས་བརླབས་ནས་འབུལ། སྟོབས་པོ་ཆེ་ལ་དྲག་ཤུལ་ ཆེ། །རིགས་སྔགས་འཆང་བ་བདེ་བ་པོ། །གདུལ་དཀའ་མ་ལུས་འདུལ་མཛད་པའི། །རྡོ་རྗེ་ 15-1-418 འཛིན་ལ་ཕྱག་འཚལ་ལོ། །ཞེས་བསྟོད། དེ་ནས་སློབ་མས། ༀ་ཧེ་བཛྲ་ཨཱ་ཙརྱ་མ་མ་ཨ་ཏིཥྛནྟུ་ཀུ་རུ་ ཧཱུཾ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཡན་ལག་བདུན་པ་བྱ། སློབ་དཔོན་གསང་བའི་བདག་པོ་དངོས་ སུ་བསྒོམ་དུ་གཞུག སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ གསང་བདག་ཡབ་ཡུམ་གྱི་སྐུའི་རྣམ་པར་སྤྱན་དྲངས། སློབ་མ་ལ་བསྟིམ། དེ་བཞིན་དུ་ཡིག་ འབྲུ་དང་ཕྱག་མཚན་གྱི་རྣམ་པར་ཡང་སྤྱན་དྲངས་ཏེ་བསྟིམ། དེ་གསུམ་ལ་རོལ་མོའི་སྒྲ་རེ་བྱ། སློབ་མ་ ཞི་བ་ཡབ་ཡུམ་དུ་སྒོམ་དུ་བཅུག་ལ་དེའི་སྔགས་ཀྱི་བཟླས་ལུང་སྦྱིན། ཁྲོ་བོ་ཡབ་ཡུམ་དུའང་སྒོམ་དུ་བཅུག་ ལ་དེའི་སྔགས་ཀྱི་བཟླས་ལུང་སྦྱིན། གཏོར་མ་ནས་ཁམ་གཅིག་སྦྱིན་ལ་འབྲུ་གསུམ་བརྗོད། བུམ་དབང་ངོ༌། །སྙིང་པོའི་ མཐར་འབྲུ་གསུམ་བཏགས་པས་ཐོད་པའི་ནང་གི་དམ་རྫས་སྦྱིན། གསང་དབང་ངོ༌། །རྡོ་རྗེ་སྙིང་གར་གཏད་ལ། བདེ་སྟོང་གི་ཡེ་ཤེས་སྒྲིབ་གཉིས་འཇོམས་བྱེད་དུ་ངོ་སྤྲད། ཤེར་དབང་ངོ༌། །མདུན་བསྐྱེད་ཀྱི་ ལྷ་ཚོགས་སློབ་མ་ལ་བསྟིམ། མི་རྟོག་པ་སྒོམ་དུ་གཞུག་སྟེ་དབང་བཞི་པའོ། །རྗེས་ཀྱི་བྱ་བ་སྤྱི་དང་ འདྲ། །སངས་རྒྱས་ཀུན༷་གྱི་ཐུགས་རྡོ་རྗེ། །ལྷན་ཅིག་སྐྱེས་དག༷འི་རང་བཞིན་དངོས། ཁྲོ་རྒྱལ་འདི་ལ་སྙིང༷་ནས་དད། །སྒྲུབ་ཐབས་ འདི་ཡང་གསལ་པོ༷ར་བཀོད། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། འགྲོ་ལྡིང་གི་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཝ་སཾ་བྷ་ཝའི་ མན་ངག་ཕྱག་རྡོར་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། རིག་སྔགས་ཀུན་གྱི་རྒྱལ་མོ་ནི། །མཐའ་དག་བགེགས་ཀྱི་གཤེད་མ་མཆོག །བཟོད་དཀའ་ གཟི་བརྗིད་ཆེན་པོ་འཆང༌། །མཱ་མ་ཀཱི་ལ་རབ་ཏུ་འདུད། །སེམས་བསྐྱེད་དང་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་ པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ ལྷ་མོ་མཱ་མ་ཀཱི་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་བ། ཕྱག་གཡས་པས་ཡེ་ཤེས་ཀྱི་རྡོ་རྗེ་སྔོན་པོ་རྩེ་ ལྔ་པ་མེ་ལྕེའི་ཟེར་འཕྲོ་བ་འཕྱར་བའི་ཚུལ་འཛིན་པ། གཡོན་པས་ཐུགས་ཀར་ཨུཏྤལ་སྔོན་ པོའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། སྡེ་བརྒྱད་ཀྱི་གཙོ་བོ་དྲེགས་པ་ཅན་ ཐམས་ཅད་ཁ་བུབ་ཏུ་བསྒྱེལ་བའི་སྟེང་དུ། པདྨ་ཉི་ཟླའི་གདན་ལ་གཡོན་བརྐྱང་གི་སྟབས་ 15-1-419 ཀྱིས་བཞུགས་པ། དར་སྔོན་པོའི་སྟོད་གཡོགས་དང༌། སྟག་ལྤགས་ཀྱི་སྨད་དཀྲིས་ཅན། སྦྲུལ་ དང་རིན་པོ་ཆེ་དང་མེ་ཏོག་གིས་བརྒྱན་པ། བཅུ་དྲུག་ལོན་པའི་ལང་ཚོ་ཅན། སྤྱན་གསུམ་ དང་ལྡན་ཞིང་མཆེ་བའི་མྱུ་གུ་གཙིགས་པ། ཁྲོ་ཆགས་འདྲེས་པའི་ཉམས་ཅན། དབུ་སྐྲ་ཕྱེད་ ལྟག་པར་བཅིངས་ཤིང་ཕྱེད་གྲོལ་བ། སངས་རྒྱས་མི་བསྐྱོད་པས་དབུ་ལ་བརྒྱན་ཞིང༌། ཚ་ ཟེར་འཁྲུགས་པའི་དབུས་ན་བཞུགས་པའོ། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ ཧོཿ དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀར་རིན་པོ་ཆེ་ལྗང་ཁུ་ཆ་དགུ་ པ་དང༌། ལྟེ་བར་པདྨ་འདབ་བརྒྱད། མགྲིན་པར་ཉི་མའི་གདན་དགུ། དེ་རྣམས་ལ་རིགས་ལྔ་ ཡུམ་བཞིའི་ཕྱག་མཚན་དང་སྐུ་དང་ས་བོན་རྣམས་འགོད། ལྟེ་འོག་སོར་བཞིའི་གནས་སུ་ཐོད་ པ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ས་བོན་སྔགས་འཕྲེང་དང་བཅས་པ་བཀོད་ལ། ༀ་ཀུ་ལཱནྡྷ་ རཱི་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་པ་དང༌། ༀ་ཤངྐ་རི་ཤནྟི་ཀ་རི། གྷུཊྚ་གྷུཊྚ། གྷུཊྚེ་ནི་གྷུཊྚེ་ནི། གྷ་གྷ་གྷཱ་ ཏ་ཡ་གྷཱ་ཏ་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཅི་འགྲུབ་ཏུ་བཟླ། སྔགས་ཀྱི་འོད་ཟེར་གོང་ནས་གོང་དུ་སྤྲོས་ཏེ་སྤྱི་བོ་ནས་ཐོན་པ་དང༌། ཡང་རིམ་པ་དེ་ཉིད་གོ་བཟློག་སྟེ་ཚུར་བསྡུ་བ་དང༌། ཡང་གསང་བའི་ལམ་ནས་སྤྲོ་ཞིང་བསྡུ་བ་ཅི་ནུས་སུ་བྱ། མཐར་ཕྱག་རྡོར་ལྷན་ སྐྱེས་ཀྱི་མངོན་རྟོགས་བཞིན་གཏོར་མ་ཕུལ་ལ་མི་དམིགས་པར་བཞག་གོ །འདིའི་བྱིན་རླབས་བྱེད་ཚུལ་ནི། ཕྱག་རྡོར་ལྷན་སྐྱེས་ ཀྱི་བྱིན་རླབས་བྱེད་ཚུལ་ཉིད་འདོན་པ་སྤོས་པས་རུང་ངོ༌། །བགེགས་འཇོམས་ཀུན༷་ལས་འདི་མཆོག་ཅེས། །རྒྱུད་ལས་དག༷འ་བར་ བསྔགས་ན་ཡང༌། །ཕྱོགས་འདིར་ཤིན་ཏུ་དཀོན་པའི་ཕྱིར། །སྙིང༷་པོ༷་འདི་ཡང་འབད་པས་ཞུས། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ ལས་བྱུང་བ། འགྲོ་ལྡིང་གི་རྡོ་རྗེའི་སློབ་དཔོན་ཆེན་པོ། དེ་ཝ་སཾ་བྷ་ཝའི་མན་ངག རྡོ་རྗེ་ལྷ་མོ་མཱ་མ་ཀཱིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། དབང་དུ་བྱེད་དང་ནད་ཞི་དང༌། །བློ་དང་ཏིང་འཛིན་ནོར་སྒྲུབ་པ། །རིག་སྔགས་འདི་ཡིས་འགྲུབ་ བོ་ཞེས། །རྒྱུད་སྡེ་ཀུན་ལས་གསལ་བར་གསུངས། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་ པའི་ངང་ལས་རང་གི་སྙིང་གར་གནས་པའི་པཾ་ཡིག་གི་འོད་ཀྱིས་སྣང་བ་ཐམས་ཅད་དཀྱིལ་ 15-1-420 འཁོར་གྱི་འཁོར་ལོར་བསྒྱུར། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་ གོས་དཀར་མོ་ཆེན་མོ་སྐུ་མདོག་དམར་མོ། ཕྱག་གཡོན་པ་པདྨའི་ཁུ་ཚུར་གྱིས་པདྨ་དམར་ པོའི་སྡོང་བུ་བརླ་གཡོན་པའི་སྟེང་དུ་འཛིན་ཅིང༌། གཡས་པས་དེ་ཉིད་ཐུགས་ཀར་ཁ་ཕྱེ་ནས་ ལྟེ་བར་གནས་པའི་ནོར་བུ་དམར་པོ་ལ་གཟིགས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ ཤིང༌། སྟོད་གཡོགས་དཀར་པོ་སོགས་དང་དར་དང་རིན་པོ་ཆེས་བརྒྱན་པ། རིག་སྔགས་ཀྱི་ འཁོར་ལོས་བསྒྱུར་བ་ཆེན་མོའི་ཆ་བྱད་རྫོགས་པའོ། །ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གནས་གསུམ་དུ་ༀ་ཨཱཿཧཱུཾ། སྙིང་གར་པདྨ་ དམར་པོ་ཁ་སྦྱོར་གྱི་དབུས་སུ་ཟླ་བ་ལ་ས་བོན་སྔགས་འཕྲེང་དང་བཅས་པ་གསལ་བཏབ་སྟེ། ༀ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླའོ། །འདིའི་བཟླས་ལུང་འབོགས་ཚུལ་ཡང་ འོད་དཔག་མེད་ཀྱི་སྐབས་དང་འདྲའོ། །ལྷ་འདི་དཀྱིལ་འཁོར་ཀུན༷་ལ་ཡོད། །ལོགས་སུ་རབ་དག༷འི་སྒྲུབ་ཐབས་མེད། །དེ་ཕྱིར་ འཕགས་ཡུལ་མཁས་པ་ལ། །ཆེད་ཀྱིས་ཞུས་པའི་སྙིང༷་པོ༷འོ། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ ངག་ལྷ་མོ་གོས་དཀར་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། གང་ལ་འཆི་མེད་ཚེ་སྒྲུབ་ཅིང༌། །སྡིག་འཕྲོག་རྒྱལ་བའི་བྱིན་རླབས་འཇུག །ཉི་མའི་བུ་ལས་རྒྱལ་ བའི་ཐབས། །མདོར་བསྡུས་ཙམ་ཞིག་བྲི་བར་བྱ། །བྱང་ཆུབ་ཏུ་སེམས་བསྐྱེད། རང་གི་མདུན་དུ་བཅོམ་ལྡན་འདས་ ཤཱཀྱ་ཐུབ་པ་ས་གནོན་མཉམ་བཞག་གི་ཕྱག་རྒྱ་མཛད་ཅིང་སེང་གེ་ལ་བཞུགས་པ། ཨརྒྷཾ་ལ་ སོགས་པས་མཆོད། གྲགས་ཆེན་སྙན་གྲགས་ཆེན་པོ་བ། །ཐུབ་ཆེན་དཔའ་བོ་ཆེན་པོ་བ། །སྲིད་ པའི་མྱ་ངན་བསྒལ་བ་པོ། །ཉོན་མོངས་བརྒལ་ལ་ཕྱག་འཚལ་འདུད། །བདག་ལ་འཆི་མེད་ ཚེའི་དངོས་གྲུབ་སྩལ་དུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་པས། བཅོམ་ལྡན་འདས་ཀྱི་དབུའི་ གཙུག་ཏོར་ལས་སྔགས་འཕྲེང་དང་བྷྲུཾ་ཡིག་བརྒྱ་རྩ་བརྒྱད་བྱུང་སྟེ། དེ་རྣམས་ཡོངས་སུ་གྱུར་ པ་ལས་བཅོམ་ལྡན་འདས་མ་དཀར་མོ་གཡས་སྣ་ཚོགས་རྡོ་རྗེ་དང༌། གཡོན་ལྷུང་བཟེད་ 15-1-421 བདུད་རྩིའི་གང་བ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར། རང་གི་སྤྱི་བོའི་ཐད་དུ་ བཞུགས། བདུད་རྩིའི་རྒྱུན་སྤྱི་བོ་ནས་བླུག་པར་བསམ་ལ། རྣམ་རྒྱལ་གཟུངས་རིང་ཉི་ཤུ་རྩ་གཅིག་བཟླས། བཅོམ་ལྡན་འདས་མ་བྷྲུཾ་ཡིག་ཏུ་གྱུར། བྷྲུཾ་བརྒྱ་རྩ་བརྒྱད་བཟླས་པས། རང་ཉིད་གཙུག་ཏོར་རྣམ་པར་ རྒྱལ་མར་གྱུར། རང་གི་སྙིང་གར་རྒྱལ་བ་འོད་དཔག་ཏུ་མེད་པ། དེའི་ཐུགས་ཀར་སྣ་ཚོགས་ རྡོ་རྗེའི་ལྟེ་བ་ལ་བྷྲུཾ། མཐའ་སྐོར་དུ་སྔགས་ཀྱིས་བསྐོར་བར་བསམས་ལ། ༀ་ཨ་མྲྀ་ཏེ་ཨ་མྲྀ་ཏོཏ་བྷ་ཝེ། ཨ་ མྲྀ་ཏ་བི་ཀྲཱནྟེ། ཨ་མྲྀ་ཏ་ག་ཏེ། ཨ་མྲྀ་ཏ་ག་མི་ནི། ཨ་མྲྀ་ཏ་ཨཱ་ཡུར་ད་ཏེ། ག་ག་ན་ཀྲཱིཏྟི་ཀ་རེ། སརྦ་ཀླེ་ཤ་ཀྵ་ཡཾ་ཀཱ་རི་ཡེ་སྭཱཧཱ། ཞེས་པའི་གཟུངས་ཐུང་འདི་ཉིད་ཅི་ནུས་སུ་བཟླའོ། །གཟུངས་རིང་ལ་མོས་ན་སྟོང་ ཕྲག་བརྒྱད། གཟུངས་ཐུང་ལ་མོས་ན་འབུམ་ཕྲག་བཞི་བཟླས་པས། བསྙེན་པའོ། །ཐུན་གྱི་མཐར། མདུན་གྱི་བཅོམ་ལྡན་འདས་ ལ་མཆོད་བསྟོད་གསོལ་བཏབ་གོང་བཞིན་བྱས་ནས། རང་གི་སྙིང་གར་ཐིམ། མཇུག་ཏུ་དགེ་བ་བྱང་ཆུབ་ཏུ་བསྔོ། འདིའི་ལུང་འབོགས་པ་ལ། ཐུབ་དབང་གི་བྲིས་སྐུའི་དྲུང་དུ། དཔོན་སློབ་གཉིས་ཀར་གྱིས་ཕྱག་མཆོད་རྒྱས་པར་བྱ། སློབ་ དཔོན་གྱིས་གོང་དུ་བཤད་པའི་བསྒོས་བཟླས་དེ་ཚར་གཅིག་བྱས་ནས། སློབ་མས་མཎྜལ་ཕུལ། འོད་དཔག་མེད་ཀྱི་སྒྲུབ་ཐབས་ ལྟར་གསོལ་བ་བཏབ། གོང་དུ་བཤད་པ་ལྟར་གྱི་མངོན་རྟོགས་སྒོམ་ཚུལ་ཚར་གཅིག་བཤད་ནས། གཟུངས་རིང་ཐུང་གཉིས་ལ་ བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་པ་ཉིད་ཡིན་ནོ། །རྣམ་རྒྱལ་སྒྲུབ་ཐབས་སྔོན་བྱུང་བ། །ཀུན༷་དང་ཐུན་མོང་མ་ཡིན་པའི། །ངོ་ མཚར་དག༷འ་བསྐྱེད་ཆོས་མང་ཅན། །སྙིང༷་པོ༷་འདི་འདྲའང་བདག་གིས་ཐོབ། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་ རཀྵི་ཏས་མན་ངག་གཙུག་ཏོར་རྣམ་རྒྱལ་ཕྱག་གཉིས་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། བར་ཆད་ཞི་ཞིང་ཡེ་ཤེས་འབེབས། །བསྲུང་ཞིང་ལྷ་སོགས་དབང་དུ་བྱེད། །སངས་རྒྱས་བསྟན་ པ་རྒྱས་མཛད་པ། །ཙུནྡའི་རིག་སྔགས་ལ་ཕྱག་འཚལ། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པས་སྦྱངས། སྟོང་ པའི་ངང་ལས་པད་ཟླ་ལ་རང་སེམས་ཙུཾ་ཡིག་དཀར་པོ་ལས། ལྷ་མོ་ཙུནྡ་དཀར་མོ་འོད་ཟེར་ དམར་པོ་འབར་བ། དབུ་ལ་རྒྱལ་བ་རིགས་ལྔ་བཞུགས་པ། དཀར་སྔོ་སེར་བའི་ཞལ་གསུམ། ཕྱག་དང་པོ་གཉིས་ཐུགས་ཀར་རང་གི་རྩ་བའི་ཕྱག་རྒྱ་འཆིང་བ། ལྷག་མ་ཉི་ཤུ་རྩ་བཞི་ཡི། 15-1-422 གཡས་རྣམས་སྐྱབས་སྦྱིན་རལ་གྲི་འཕྲེང༌། །བི་ཛ་པུ་ར་མདའ་དགྲ་སྟ། །ག་ད་ཐོ་བ་ལྕགས་ ཀྱུ་དང༌། །རྡོ་རྗེ་བ་དན་བགྲང་ཕྲེང་འཛིན། །གཡོན་རྣམས་རྒྱལ་མཚན་པདྨ་དང༌། །སྤྱི་བླུགས་ ཞགས་པ་གཞུ་ཤཀྟི། །འཁོར་ལོ་རལ་གྲི་སྡིགས་མཛུབ་བུམ། །འཕང་མདུང་ཤེར་ཕྱིན་པོ་ ཏི་འཛིན། །ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་ཡིད་ཙམ་ཁྲོ་ཞིང་ཐོར་ ཚུགས་ཅན། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །ཕྱོགས་བཞི་དང་སྟེང་འོག་དང༌། རང་གི་བ་སྤུའི་བུ་ག་རྣམས་ལ་སངས་རྒྱས་བྱེ་བ་བྱེ་བ་བཞུགས་ཤིང༌། དེ་རྣམས་ལ་མཆོད་ ཅིང་དེ་རྣམས་ཀྱིས་བསྟོད་པ། ཐུགས་ཀར་ཟླ་བ་ལ་ཙམ། དེ་ལས་འོད་ཟེར་འཕྲོས་ཡེ་ཤེས་ སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྙིང་གའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་བརྒྱད་ལ་སྔགས་ ཡི་གེ་དགུ་བཀོད་དེ། དེ་དག་ལས་བྱུང་བའི་འོད་ཀྱི་གོང་བུ་དགུའི་ནང་དུ་རིགས་ལྔ་ཡུམ་བཞི་ བཞུགས་པར་གྱུར། དེ་རྣམས་ཀྱི་འོད་ཀྱིས་འཇིག་རྟེན་སྐྱོང་བ་བརྒྱད་དང༌། ཚངས་པ་དང༌། སའི་ལྷ་མོ་རྣམས་ཀྱི་སྡིག་སྒྲིབ་སྦྱངས་བར་བསམ། ༀ་ཙ་ལེ་ཙ་ལེ་ཙུནྡེ་སྭཱཧཱ། ཞེས་ལན་དགུ་བཟླས་ སོ། །དེ་ནས་བཟླས་པ་ནི། ན་མཿས་མནྟ་བུདྡྷཱ་ནཱཾ། སམྱཀྶཾ་བུདྡྷཱ་ཀོ་ཊཱི་ནཾ། ཏདྱ་ཐཱ། ༀ་ཙ་ལེ་ཙུ་ལེ་ཙུནྡེ་ སྭཱཧཱ། ཞེས་པ་ཉིད་གང་འགྲུབ་ཏུ་བཟླའོ། །ཐུན་མཚམས་སུ་སྐུ་གཟུགས་ལ་མཆོད་བསྟོད་དང་མདོ་འདོན། མཎྜལ་མཆོད་ཆོག་ བྱེད་ན། བདག་བསྐྱེད་ལ་དཔགས་ན་སྤྱིའི་རིགས་འགྲེ་ཞིང༌། གཏོར་ཆོག་གཅིག་ཏུ་དགོས་པ་མ་ཡིན་ཀྱང༌། སྤྲོ་ན་གསང་འདུས་ ཡེ་ཤེས་ཞབས་ལུགས་ལྟར་བྱིན་གྱིས་བརླབས་ནས། སྙིང་པོའི་མཐར་ཨ་ཀཱ་རོ་བཏགས་པས་འབུལ། སློབ་མ་རྗེས་འཛིན་ནི། བཟླས་ལུང་བྱེད་པ་སྟེ་འོད་དཔག་མེད་ཀྱི་སྐབས་དང་འདྲའོ། །རྩ་བའི་ཕྱག་རྒྱ་ནི་མཛུབ་མོ་གཉིས་གུང་མོའི་ཚིགས་བར་པ་ལ་ བཙུགས། མཐེ་བོང་གཉིས་ཀྱི་རྩེ་མོ་མཛུབ་མོའི་རྩ་བ་ལ་བཞག་པའི་ཐལ་མོ་སྦྱར་བའོ། །སངས་རྒྱས་ཀུན༷་གྱིས་བསྟོད་གྱུར་པ། ། རབ་དག༷འ་ལྷ་མོ་མཐུ་ལྡན་འདིའི། །སྙིང༷་པོ༷་བཟླས་པས་པཱ་ལ་བདུན། །ཆོས་སྐྱོང་རྒྱལ་པོར་གྱུར་ཞེས་ཐོས། །པཎྜི་ཏ་གང་བའི་རྡོ་ རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་ལྷ་མོ་ཙུནྡའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། 15-1-423 ༄༅། །ༀ་སྭཱ་སྟི། མི་ཕམ་མགོན་པོའི་རྣམ་འཕྲུལ་ལས། །དེ་ཡི་རྗེས་འབྲང་ཁྲོ་རྒྱལ་ནི། །ཤེས་རབ་མཐར་བྱེད་ རྣམ་སྤྲུལ་པ། །བགེགས་ཀུན་འཇོམས་ལ་ཕྱག་འཚལ་ལོ། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཉི་ལ་རང་སེམས་ཧཱུཾ་སེར་པོ་ལས། ཁྲོ་རྒྱལ་གཞན་གྱིས་མི་ཐུབ་པ་སྐུ་ མདོག་གསེར་མདོག གཡས་རྡོ་རྗེས་མཚན་པའི་བེ་ཅོན་དཀར་པོ་འཕྱར་ཞིང༌། གཡོན་ཞགས་ པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་གཏོད་ཚུལ་གྱིས་ཡུམ་ལ་འཁྱུད་པ། ཞབས་ གཡས་བསྐུམ་གཡོན་བསྐྱང་བས་སྲིན་པོ་ཕོ་མོ་མནན་པ། སྟག་ལྤགས་དང་སྦྲུལ་དང་མགོ་ འཕྲེང་གི་རྒྱན་ཅན། དེའི་པང་དུ་ༀ་ལས་གཞན་གྱིས་མི་ཐུབ་མ་སྐུ་མདོག་སེར་མོ་གཡས་ཐལ་ མོ་སྦྱར་ཞིང༌། གཡོན་ཞགས་པ་འཛིན་པའི་སྡིགས་མཛུབ་ཀྱིས་ཡབ་ལ་འཁྱུད་པ། གཅེར་བུ་ རིན་པོ་ཆེའི་རྒྱན་དང་ལྡན་པ། ཞབས་གཡོན་བསྐུམ་པས་ཡབ་ལ་འཁྱུད་ཅིང༌། གཡས་བརྐྱང་ བས་ཚོགས་བདག་མནན་པའོ། །གཉིས་ཀར་ཡང་རྣམ་སྣང་གི་དབུ་རྒྱན་ཅན་མེ་དཔུང་འབར་ བའི་སྐུ་ཅན་གྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལག་གཡས་ཐལ་མོ་ཕྱར། གཡོན་སྡིགས་མཛུབ་བྱས་ལ་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ལྷེང་སྣ་དང༌། སོག་ཕྲག་དང༌། རྩིབས་ལོགས་གཡས་གཡོན་དང༌། སྟ་ཟུར་གཡས་གཡོན་དང༌། སྤྱི་གཙུག་ དང་ལྟེ་བ་རྣམས་སུ་རྣམ་གཟིགས་ལ་སོགས་པའི་དེ་བཞིན་གཤེགས་པ་བདུན་དང༌། བྱམས་ པ་ལ་སོགས་པ་བཞུགས་པར་བསམ། ཁྱོགས་ཀྱི་བཟླས་པའི་དམིགས་པ་གསལ་བཏབ་ལ། ན་མཿས་མནྟ་ ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཎཾ་ༀ་ཧཱུཾ་ཛི་ན་རི་ཊིཊྚ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཡབ་ཀྱི་སྔགས་དང༌། ༀ་ༀ་ཨ་པ་ ར་ཛི་ཏཱ་དྷི་ཀ་སྭཱཧཱ། ཡུམ་གྱི་སྔགས་སོ། །གཏོར་ཆོག་ཙུནྡའི་སྒྲུབ་ཐབས་ཀྱི་རིགས་འགྲེ། ལུང་འབོགས་ཚུལ་ཡང་འདྲའོ། ཁྲོ་ བཅུ་ཀུན༷་གྱི་ཞོར་ཙམ་ལས། ལོགས་སུ་སྒྲུབ་ཐབས་སྔར་མེད་པ། །དག༷འ་བས་བླ་མ་ལ་ཞུས་ཏེ། སྙིང༷་པོ༷་ཙམ་འདི་རྙེད་པ་ལགས། ། པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་ཁྲོ་བོ་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། དར་རྒྱས་འཕེལ། 15-1-424 ༄༅། ༀ་སྭཱ་སྟི། གསུང་མཆོག་བདེ་སྟོང་ལྷ་ཡི་སྐུ། །ཡེ་ཤེས་ཧ་ཡ་གྲ་ཝ་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་ནི། །ཤིན་ ཏུ་ཟབ་པའི་མན་ངག་བཤད། །སྙིང་རྗེ་ཆེན་པོ་དུང་བ་ཞིག་བསྒོམ། རང་སེམས་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ ལས། རང་ཉིད་རྟ་མཆོག་རོལ་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ཕྱག་གཡས་ པདྨས་མཚན་པའི་དབྱུག་པ་འཕྱར་བ། གཡོན་པདྨའི་ཞགས་པ་འཛིན་པས་ཡུམ་ལ་འཁྱུད་པ། པད་ཉིའི་སྟེང་དུ་གཡོན་བརྐྱང་གི་སྟབས་ཀྱིས་བགེགས་ཐམས་ཅད་གནོན་པ། དབུའི་སྟེང་དུ་ རྟ་མགོ་སྔོན་པོ་ཅན་ཁྲོ་བོའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པའོ། །ཡུམ་རལ་གཅིག་མ་ སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ ཀར་ཧཱུཾ། ལྟེ་བར་ཏྲཾ། གསང་གནས་སུ་ཨ། ནོར་བུ་གཞལ་མེད་ཁང་གི་ནང་དུ་ཧྲཱིཿལས་རྟ་ མགྲིན་རང་དང་མཚུངས་པ་ལས་སྐུ་མདོག་ལྗང་ཁུ་ཡུམ་གྱི་པདྨའི་སྣ་རྩེར་རྡོ་རྗེ་སྡེར་མོ་སྔོ་སྐྱ་ ཕག་གདོང་ཅན་ཌཱ་མ་རུ་དང་ཐོད་པ་འཛིན་པ་རྗེས་ཆགས་སྙོམས་འཇུག་གི་བདེ་བས་མཆོད་ པར་བསམ། རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་ཟློག་སྟེ་རྩེ་མོ་བསྟན་ལ་སྙིང་པོས་དམ་ལ་བཞ་ག །ༀ་ བཛྲ་ཁུ་ར་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ༀ་ཨེ་ཧྱེ་ཧི་བྷ་ག་ཝ་ཏཱི་ཡཀྵི་ཎཱི་ཡེ། ཨེ་ཀ་ཛ་ཊཱི་ཎེ། རཀྟ་ས་ཧི་ ཏེ། དེ་ཝི་བིགྷྣན་པྲ་ཤ་མ་ཎི་སྭཱཧཱ། ཕྱིའི་ཡབ་ཡུམ་གཉིས་ཀྱི་སྔགས་སོ། །གསང་བའི་ལྷ་ལ་དམིགས་ནས། ༀ་ཨ་ མྲྀ་ཏ་བྷ་ཝོཏྦྷ་ཝ་སེ་སྭཱཧཱ། ༀ་ཨེ་ཧྱེ་ཧི། བཛྲ་ན་ཁཱི། བཛྲ་མུ་ཁཱི། ཧ་ན་ཧ་ན། ཧ་ན་ཧ་ན། པ་ཙ་པ་ ཙ། རངྒ་རངྒ། ཨ་ཝ་ཨ་ཝ། ཨཱ་བི་ཤ་ཨཱ་བི་ཤ ཧ་ཡ་གྲ་ཝ་པ་ཡ་ཏི་སྭཱཧཱ། ཞེས་བཟླས། དབྱུག་པ་ སྦྲུལ་གྱིས་དཀྲིས་པ་ལ། །ཉི་ཟླ་རླུང་གི་འགྲོ་འོད་ཅན། །ཉི་ཟླ་མཆོད་ཅིང་ཉི་ཟླ་བཏུད། །འདི་ནི་ རྫོགས་པ་མཆོག་ཡིན་ནོ། །འདི་ཟབ་མོའི་སྒྲུབ་ཐབས་ཀྱི་ལུགས་ཡིན་པས་ཕྱིའི་མཆོད་གཏོར་མེད། ལྷའི་ང་རྒྱལ་ལ་གནས་པས། འདོད་ཡོན་ལྔ་ལ་རོལ་པའི་མཆོད་པ་དང༌། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས་ཁ་ཟས་བཟའ་བའི་གཏོར་མ་དང༌། དངོས་ སམ་ཡིད་ལས་བྱུང་བ་རྗེས་ཆགས་ཀྱི་ཚོགས་ཀྱི་འཁོར་ལོ་རྣམས་སོ། །འདིའི་ཏིང་ངེ་འཛིན་གྱི་དབང་བསྐུར་བྱེད་པར་འདོད་ ན། མདུན་དུ་ཐོད་པ་ཆང་གིས་བཀང་བ་དང་དབྱུག་པ་དང་ཞགས་པ་རྣམས་བཞག བདག་དང་དེ་རྣམས་རོ་གཅིག་ཏུ་བསྒོམས་ 15-1-425 ཏེ། གོང་བཞིན་མངོན་རྟོགས་བསྒོམས་ནས་བཟླས་པ་ཅི་ནུས་བྱའོ། །དེ་ནས་སློབ་མས། ༀ་ཧེ་བཛྲ་ཨཱ་ཙརྱ་མ་མ་ཨ་ ཏིཥྛནྟུ་ཀུ་རུ་ཧཱུཾ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། གུར་ནས་འབྱུང་བ་བཞིན་ཡན་ལག་བདུན་པ་བྱ། སློབ་མའི་ བློ་ངོར་སློབ་དཔོན་མངོན་རྟོགས་ལྟར་བསྒོམ་དུ་བཅུག དེ་ལས་སྐུ་གཉིས་པ་ཞིག་ཆད་ནས་སློབ་མ་ལ་བསྟིམ་པས། སློབ་མ་རྟ་ མགྲིན་དུ་གྱུར་པའང་མངོན་རྟོགས་བཞིན། བར་དེར་བཟླས་ལུང་སྤྱི་དང་མཐུན་པར་ཕོག ཡབ་ཀྱི་སྔགས་ཀྱིས་ལན་གསུམ་བྱིན་ གྱིས་བརླབས་པའི་དབྱུག་པ་ལག་པ་གཡས་སུ་སྦྱིན། རལ་གཅིག་མའི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་ཞགས་པ་གཡོན་དུ་ སྦྱིན། དབྱུག་པས་ཁམས་གསུམ་འདུལ་བ་དང༌། ཞགས་པས་ཁམས་གསུམ་དབང་དུ་བྱེད་པའི་དམིགས་པ་བསྒོམ་དུ་གཞུག བུམ་ དབང་ངོ༌། །ཡབ་ཀྱི་སྔགས་གསང་བ་བརྗོད་ཅིང༌། ཐོད་པ་ནས་མྱོས་བྱེད་ཅུང་ཟད་སྦྱིན། ཉམས་མྱོང་བརྗོད་དུ་མེད་པ་ངོ་སྤྲད་དེ་ གསང་དབང༌། རྡོ་རྗེ་སྡེར་མོའི་སྔགས་བརྗོད་ཅིང་ཐོད་པའི་ཆང་རིམ་གྱིས་བཏུང་དུ་གཞུག ཉམས་མྱོང་ཤེས་རབ་ཡེ་ཤེས་ཀྱི་དབང་ དུ་ངོ་སྤྲད། པི་ཝཾ་ངཾ་གླིང་བུའམ་དྲིལ་བུའི་སྒྲ་གྲག་སྟོད་དབང་བཞི་པར་ངོ་སྤྲད་དེ། དེ་ནས་ཡོན་འབུལ། ཚོགས་ལ་ལོངས་སྤྱོད་ དོ། །འདི་ལ་རྗེས་ཀྱི་ཆོ་གའི་བྱ་བ་ནི་མེད་དོ། །སྒྲུབ་ཐབས་ཀུན༷་ལས་ལྷག་པ་ཡི། །མཆོག་གྲུབ་རྟ་མགྲིན་ཆེས་དགའ༷་བས། །སྙིང༷་ པོ༷འི་ཡེ་ཤེས་འཆར་བ་འདི། །མཆོག་ཏུ་གསང་བ་བླ་མེད་ཡིན། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ ངག་རྟ་མགྲིན་དཀར་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། རྣམ་པར་འདྲེན་པ་ཐམས་ཅད་ཀྱིས། །བཀའ་བཞིན་སྒྲུབ་པ་མི་གཡོ་མགོན། ཁྲོ་བོའི་དབང་པོར་ རབ་བཏུད་ནས། །དེ་ཡི་སྒྲུབ་ཐབས་མདོ་ཙམ་བཤད། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས། སྭ་བྷཱ་ཝས་སྔགས་བརྗོད། རང་གི་སྙིང་གར་ཧཱུཾ་དེ་ལས་འོད་འཕྲོས། ལུས་ཐམས་ཅད་གང་འོད་ཀྱི་ གོང་བུར་གྱུར། དེ་ལས་རང་ཉིད་ཁྲོ་རྒྱལ་མི་གཡོ་བ་སྐུ་མདོག་དམར་པོ་ཕྱག་དང་པོ་གཉིས་ རལ་གྲི་དང་ཞགས་པ། བར་པ་གཉིས་ལྕགས་ཀྱུ་དང་ཐོད་པ། ཐ་མ་གཉིས་དབྱུག་པ་དང་ སྡིགས་མཛུབ། ཞབས་མདུན་མ་གཉིས་གཡས་བསྐུམ་གཡོན་བརྐྱང་བས་བདུད་དང་དགའ་ མ་མནན་པ། རྒྱབ་མ་གཉིས་གར་སྟབས་ཀྱིས་ཚངས་པ། ཁྱབ་འཇུག དབང་ཕྱུག་རྣམས་ མནན་པ། ཡུམ་གཏུམ་མོ་དགའ་བྱེད་མ། ཌཱ་མ་རུ་དང་མེ་ཏོག་གི་འཕྲེང་བ་འཛིན་པས་འཁྱུད་ 15-1-426 པ། ཐགས་བཟང་རིས་དང༌། ཀླུ་ཞབས་འོག་ཏུ་མནན་པ། ཡབ་ཡུམ་གཉིས་ཀར་ཁྲོ་བོ་དང་ ཁྲོ་མོའི་ཆ་ལུགས་ཡོངས་སུ་རྫོགས་པའོ། །རང་གི་སྤྱི་བོར་རྣམ་སྣང༌། མགྲིན་པར་འོད་དཔག་ མེད། སྙིང་གར་མི་བསྐྱོད་པ། ལྟེ་བར་རིན་ཆེན་ཏོག གསང་བར་དོན་གྲུབ། དེ་རྣམས་ལས་ མི་གཡོ་བ་རིགས་ལྔ་དཔག་ཏུ་མེད་པ་སྤྲོས་ཏེ། དགྲ་བགེགས་ཐམས་ཅད་ཚར་བཅད། ཡུམ་ གྱི་སྤྱི་བོར་སྤྱན་མ། མགྲིན་པར་གོས་དཀར་མོ། སྙིང་གར་མཱ་མ་ཀཱི། ལྟེ་བ་རིན་ཆེན་གློག་མ། གསང་བར་སྒྲོལ་མ། དེ་རྣམས་ལས་གཏུམ་མོ་དགའ་བྱེད་མ་རིགས་ལྔ་དཔག་ཏུ་མེད་པ་སྤྲོས་ ཏེ། སྐྱེ་འགྲོ་ཐམས་ཅད་དབང་དུ་བསྡུས་པར་བསམས་ལ། ༀ་ཀ་ནི་དྷུ་ནི་ཧཱུཾ་ཕཊ། ཞེས་པ་ཉིད་ གཙོ་བོར་བཟླ་ཞིང༌། ༀ་ཨ་མོ་གྷ་ཙཎྜ་མཧཱ་རོ་ཥ་ཎ་ཡ་ཕཊ་ཡ་ཧཱུཾ་ཏྲ་ས་ཡ་ཧཱུཾ། ཏྲ་ཊ་རཾ་མཾ་ཞེས་ཡབ་དང༌། ༀ་བཛྲ་ཙཎྜི་ཧ་ཧ་མ་ར་མ་ར། ཨ་ཀཱཪྵ་ཨ་ཀཱཪྵ་ཡ་ཧཱུཾ་ཕཊ། ཅེས་ཡུམ་གྱི་འཕྲེང་སྔགས་ཀྱང་ཅི་རིགས་པར་ བཟླའོ། །མཇུག་ཏུ་དགེ་བ་བསྔོ། གཏོར་མ་འབྲུ་གསུམ་ལན་བདུན་གྱིས་བྱིན་གྱིས་བརླབས། ཡབ་ཀྱི་རྩ་སྔགས་ཀྱིས་སྤྱན་དྲངས་ ཏེ། ཨ་ཀཱ་རོའི་སྔགས་ཀྱིས་འབུལ། འདིའི་བྱིན་རླབས་ནི། ཕྱག་རྡོར་ལྷན་སྐྱེས་ཀྱི་སྐབས་དང་ཕལ་ཆེར་འདྲ་བ་ལས། ཆོས་འབྱུང་དམར་པོར་བྲིས། རྡོ་རྗེའི་ ཚབ་ཏུ་རལ་གྲི་བཞག ལྷ་བསྒོམས་སྔགས་བཟླས་ཀྱི་ལུང་གི་སྐབས་མངོན་རྟོགས་བཞིན་དུ་ལྷའི་རྣལ་འབྱོར་ཕོག་ལ་བཟླས་ལུང་ སྤྱི་དང་མཐུན་པར་སྦྱིན། ཤེར་དབང་གི་སྐབས་རལ་གྲི་སྙིང་གར་བཞག བསྟོད་པའི་སྐབས་མི་གཡོ་བའི་བསྟོད་པ་གང་རུང་ཞིག་ གིས་བསྟོད། འདིའི་བསྟོད་པ་ལོགས་སུ་ཡོད་པས་ཤེས་ན་དེ་ཡང་འདོན། ལྷག་མ་འདོན་པ་སྤོས་པས་འགྲུབ་བོ། །ངོ་མཚར་དངོས་ གྲུབ་སྣང་བརྙན་ཅན། །ས་ཀུན༷་སྐྱོང་བས་བསྒྲུབས་པ་ན། །ཕུན་ཚོགས་དཔལ་ལ་དག༷འ་མགུར་སྤྱད། །དབང་བསྒྱུར་ལྷ་ཡི་སྙིང༷་ པོ༷་ལགས། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་མི་གཡོ་བ་དམར་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ ནོ།། །།དགེའོ། ། ༄༅། །ༀ་སྭཱ་སྟི། མ་ལུས་བགེགས་རྣམས་འདུལ་མཛད་པར། །སངས་རྒྱས་ཀུན་གྱིས་བྱིན་རླབས་ཤིང༌། །ཉི་ཟླའི་ འོད་དང་རྟག་རོལ་བ། །ལྷ་མོ་འོད་ཟེར་ཅན་ལ་འདུད། །སེམས་བསྐྱེད་དང་སྟོང་ཉིད་སྔོན་དུ་འགྲོ་བས། རང་སེམས་མཾ་ 15-1-427 ཡིག་ཡོངས་སུ་གྱུར་པ་ལས་རང་ཉིད་འོད་ཟེར་ཅན་མ་ལི་ཁྲིའི་མདོག་ཅན། ཞལ་གསུམ་ཕྱག་ དྲུག་གི་གཡས་རྣམས་ཀྱིས་རྡོ་རྗེ་ཁབ་སྐུད་སྦྱར་བ། མདའ། གཡོན་རྣམས་ཀྱིས་ཞགས་པ་ དང་བཅས་པའི་སྡིགས་མཛུབ། ཨ་ཤྭ་ཀ་གཞུ་རྣམས་འཛིན་པ། གཡས་བསྐུམ་གཡོན་བརྐྱང༌། དར་དང་རིན་པོ་ཆེ་དང་མེ་ཏོག་གིས་བརྒྱན་པ། ཉི་མའི་རྒྱབ་ཡོལ་ཅན་རྒྱལ་བ་རིགས་ལྔ་དབུ་ ལ་བཞུགས་པ། རྟ་བདུན་གྱིས་དྲངས་པའི་ཤིང་རྟ་ལ་གནས་པ། དཔྲལ་བར་ༀ། མགྲིན་པར་ ཨཱཿ ཐུགས་ཀར་ཧཱུཾ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ སྙིང་གའི་འོད་ཟེར་ གྱིས་རྡོ་རྗེའི་ས་གཞི་དང་ཕག་གི་རྭ་བ་དང༌། མདའ་གཞུའི་གུར་ཁབ་སྐུད་དང་ཞགས་པའི་དྲ་ བ། ཕྱི་རོལ་དུ་མྱ་ངན་མེད་པའི་ཤིང་གིས་བསྐོར་བར་གྱུར། ༀ་མཱ་རཱི་ཙྱཻ་དེ་ཝ་ཏ་ཡེ་སྭཱཧཱ། ཞེས་ ཅི་འགྲུབ་ཏུ་བཟླའོ། །ཉི་མ་དང་ཟླ་བ་འཆར་ནུབ་ཀྱི་ཚེ། མཆོད་པ་ལ་བརྩོན་པར་བྱ། གཏོར་མ་མི་དགོས། སློབ་མ་ལ་བཟླས་ལུང་ བྱེད་ཚུལ་འོད་དཔག་མེད་ཀྱི་སྐབས་དང་འདྲའོ། །རྒྱུད་ཀུན༷་བདག་པོ་སྒྱུ་དྲ་ལས། །ལེགས་གསུང་སྒྲུབ་ཐབས་དག༷འ་བའི་ཕུལ། ། མགྱོགས་འགྲོའི་ཤིང་རྟ་དང་བཅས་པའི། །མངོན་རྟོགས་སྙིང༷་པོ༷་ངོ་མཚར་རྨད། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་འོད་ཟེར་ཅན་མ་རྟ་ལྗང་ཅན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །དར་རྒྱས་འཕེལ། ། ༄༅། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་སོ། ། ༀ་སྭཱ་སྟི། ལྷ་མིན་གཡུལ་ལས་རྒྱལ་བ་དང༌། །བགེགས་རྣམས་མཐའ་དག་ཉམས་བྱེད་པའི། །རྒྱལ་མཚན་རྩེ་མོའི་ དཔུང་རྒྱན་གྱི། །རིག་སྔགས་སྒྲུབ་ཐབས་བདག་གིས་བཤད། །སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། རང་གི་སྙིང་གར་དྷྭཾ་ཡིག་གི་འོད་ཟེར་གྱིས་རང་ཉིད་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་རྡོ་རྗེ་རོ་ ལངས་མར་གྱུར་པ་ནི་མཐིང་ནག་དྲག་མོ། ཞལ་བཞི་མཐིང་ཁ། ཕྱག་བརྒྱད་གཡས་རྣམས་ རལ་གྲི། གཏུན་ཤིང༌། འཁོར་ལོ། མདའ། གཡོན་ན་རྩེ་གསུམ། ཞགས་པ། གཞུ། སྡིགས་ 15-1-428 མཛུབ། ཞབས་བཞིས་བདུད་བཞི་མནན་པ། མི་བསྐྱོད་པའི་དབུ་རྒྱན་ཅན། ཁྲོ་མོའི་ཆ་ལུགས་ དང་རྒྱན་དང་ན་བཟའ་ཡོངས་སུ་རྫོགས་པའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ ཧཱུཾ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ན་མོ་བྷ་ག་ཝ་ཏེ། དྷྭ་ཛ་ཨ་གྲ་ཀེ་ཡཱུ་རེ། པ་ར་སྱཻ་ནྱ། བིདྷྭ་ནྶ་ནཱ་ཀཱ་སྭ་སཻ་ནྱ་བ་རི་ལ་ནི། ཨུ་མུ་ཀཱ་མུ་ཁི་ཁ་ཁ་ཁཱ་ཧི་ཁཱ་ཧི། པ་ར་མ་སཻ་ནྱ་ མ། ཨ་ནནྡ་བྷུ་ཛེ། ཨ་ནནྡ་མུ་ཁེ། པྲ་ཧ་ར་པྲ་ཧ་ར་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་བཟླ་ཞིང་བ་སྤུའི་ཁུང་བུ་ རྣམས་ནས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱས་ཤིང༌། མིང་པོ་གསུམ་གྱིས་དམག་ཚོགས་བསྐུལ་ ཏེ། གདུག་པ་ཅན་ཚར་བཅད་པར་བསམ། མཆོད་པ་དང་གཏོར་མ་སྤྱི་དང་མཐུན། བཟླས་ལུང་འབོགས་ཚུལ་ཡང་འོད་དཔག་ མེད་ཀྱི་སྐབས་བཞིན་ནོ། །དགྲ་འཇོམས་གཡུལ་ལས་རྒྱལ་བའི་ལྷ། ཀུན༷་གྱི་མཆོག་གྱུར་རབ་དག༷འ་འདི། །རྒྱུད་ལས་གསུངས་ པའི་སྙིང༷་པོ༷་ཞེས། །ཟབ་མོར་ངེས་ནས་དོན་གཉེར་བྱས། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་ རྒྱ་མཚན་རྩེ་མོའི་དཔུང་བརྒྱན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ། ༄༅། །ༀ་སྭཱ་སྟི། བདེ་གཤེགས་མཐའ་དག་སྐྱེད་བྱེད་ཡུམ། །ཡེ་ཤེས་དབང་ཕྱུག་མ་ལས་སྤྲུལ། །གཏུམ་མོ་རོ་ ལངས་མ་ཞེས་གྲགས། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །རྒྱུད་ཀྱི་དངོས་བསྟན་ལས་གསུངས་པའི་དུད་གསོལ་མ་ནི། འདི་ཁོ་ན་ཡིན་ཅེས་གསུངས་ཏེ། བདག་བསྐྱེད་གཙོ་བོར་བྱས་ཏེ་སྒྲུབས་ཀྱང་རུང༌། མདུན་བསྐྱེད་ཁོ་ནས་བསྒྲུབས་ཀྱང་རུང་བ་ ལས། འདིར་ཕྱི་མ་བཤད་ན་ཡི་དམ་གྱི་བདག་བསྐྱེད་གང་ཡང་རུང་བ་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་རང་གི་ མདུན་དུ་པད་ཉི་དང་མི་རོའི་གདན་ལ། ༀ་མ་ཐ་མ་ཐ་དུཥྚ་ཧཱུཾ་ཕཊ། ཞེས་པ་ཡོངས་སུ་གྱུར་པ་ ལས་རོ་ལངས་མ་ནག་མོ་སྐྲ་དམར་སེར་གཡོན་ངོས་སུ་འཁྱིལ་བ། ཕྱག་དང་པོ་གཉིས་རལ་ གྲི་དང་ཐོད་ཁྲག འོག་མ་གཉིས་ཀྱིས་རྡོ་རྗེ་རྩེ་གཅིག་པ་དང་ཁ་ཊྭཱཾ་ག་འཛིན་པ། སྤྱན་གསུམ་ མཆེ་གཙིགས་སྦྲུལ་དང་མི་མགོས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་དང༌། གླང་ལྤགས་ ཀྱི་སྟོད་གཡོགས་གསོལ་བ། དུར་ཁྲོད་ཆེན་པོའི་གནས་མེ་རླུང་འཚུབ་མའི་དབུས་སུ་མ་མོ་ འབུམ་སྡེས་བསྐོར་བ། སྐུའི་གཡས་གཡོན་ན་གདུག་པའི་སྦྲུལ་གྱི་ཕོ་ཉ་འགྱེད་པའོ། །རང་གི་ 15-1-429 སྙིང་ག་ནས་འོད་ཟེར་འཕྲོས། དུར་ཁྲོད་ཀྱི་གནས་ཐམས་ཅད་ནས་རོ་ལངས་མ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ༀ་བྷི་ཙམྦ་ཏ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་རེ་རེས་མགོར་ཏེ། ཨརྒྷཾ་ ནས་ནཻ་ཝི་ཏྱའི་བར་གྱིས་མཆོད། དེའི་མགོ་བོར་ༀ། མིག་ཏུ་ཧཱུཾ། རྣ་བར་ཧྲི། སྣ་ལ་ཧ། ལྕེ་ལ་ཧྲ། སྙིང་ གར་ཧྲིཿ ཞེས་པ་རྣམས་ཀྱིས་རྒྱས་བཏབ། རྡོ་རྗེ་བསྡམས་པ་ལས་གྲུ་མོ་བརྐྱང་བའི་ཕྱག་རྒྱས་གནས་ ལྔར་རེག་པར་བསམ། ཕྱག་རྒྱ་དེ་ཉིད་ཀྱིས་དབང་བསྐུར་བར་མོས་ལ། ༀ་ཕུཾ་ཕེཾ་ཕཊ་ཧཱུཾ་སྭཱཧཱ། རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པར་གྱུར། མཆོད་གཏོར་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ནས། གོང་བཞིན་ མཆོད་ཡོན་ནས་རོལ་མོའི་བར་གྱིས་མཆོད་པ་ཕུལ། རྐང་པ་གཡས་བརྐྱང་གི་སྟབས་བཅའ། ལག་པ་གཡས་བརྐྱང་གིས་སེ་གོལ་ གཏོག གཡོན་སྡིགས་མཛུབ་བྱ་བ་ནི་ལྷ་མོའི་དམ་རྒྱ་སྟེ། ༀ་ཙཎྜི་བེ་ཏ་མི་ས་མཱ་ཡ་སྟྭཾ། ཞེས་ལན་བདུན་གྱིས་དམ་ཚིག་ ལ་གནས་པར་བྱ། དེ་ནས་བཟླས་པ་ནི། ༀ་ཧྲཱིཿཧ་ན་ཧ་ན་སརྦ་ཤ་ཏྲུན་མ་ཐ་མ་ཐ་བནྡྷ་བནྡྷ་ཧཱུཾ། ཨ་མུ་ཀ་ སངྒ་ཏ་ཡ། སངྒ་ཏ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཕུཿཕུཿ ཞེས་ཅི་ནུས་སུ་བཟླས། མཐར་ༀ་ཨ་ཀཱཪྵ་ཡ། ཨ་ཀཱཪྵ་ཡ། མཧཱ་པཱུ་ཛ་བྷཀྵ་བྷཀྵ། ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ། ཞེས་པ་བདུན་ནམ་ཉེར་གཅིག་གིས་གཏོར་མ་ཕུལ། འདོད་ དོན་གསོལ་བ་བཏབ། ༀ་མུཿ ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། ཚུལ་དེའི་བཟླས་པ་འབུམ་ཕྲག་བརྒྱད་ སོང་བ་ན། རའི་པགས་པ་ལ་བྲིས་སྐུ་བྱས་ཏེ། དེའི་མདུན་དུ་ར་ནག་པོའི་ཤས་བརྒྱན་པའི་གཏོར་མ་དང༌། ཁྲག་གི་ཨརྒྷཾ་སོགས་ མཆོད་པ་བཤམས། མདུན་བསྐྱེད་ཀྱི་སྔོན་དུ་ལག་པ་གཡོན་སྙིང་གར་སྡིགས་མཛུབ། གཡས་ཁུ་ཚུར་སྐེད་པར་སྦྱར་ལ། ཧཱུཾ་ཧཱུཾ་ ཧཱུཾ་ཞེས་བགེགས་བསྐྲད། གཞན་གོང་དང་འདྲ། ཚུལ་དེས་སྔགས་འབུམ་ཕྲག་བཞི་བཟླ། དེ་ནས་ར་ནག་དང་བྱ་ནག་གི་ཤ་ཁྲག་ གིས་སྦྱིན་སྲེག་བྱ། སྲེག་བླུགས་ཀྱི་ཆོ་ག་སྤྱི་དང་འདྲ་བ་ལས། གོང་གི་གཏོར་མའི་སྔགས་ཀྱིས་ཤ་བསྲེགས་པ་ལ་གྲངས་འཛིན་ པ་ཡིན། སྦྱིན་སྲེག་སྟོང་ཕྲག་བཞིའོ། །དེ་ཙམ་གྱིས་ཀྱང་ལས་ཕྲ་མོ་འགྲུབ་ཅིང༌། ཚུལ་དེས་འབུམ་ཕྲག་བཞི་བཅུ་བཟླས་ན། རྦོད་ གཏོང་ལས་ཐོགས་པ་མེད་པར་འགྲུབ་པར་ཐེ་ཚོམ་མེད་དོ། །འདི་ལ་རྗེས་གནང་གི་བྱ་བ་ནི་མི་མཛད། སློབ་དཔོན་གྱིས་མཆོད་ གཏོར་བཟླས་པ། སློབ་མའི་དོན་དུ་གསོལ་བ་གདབ་པ་རྣམས་བྱས་ལ། འདིའི་བསྙེན་སྒྲུབ་ལས་གསུམ་གྱི་ལས་སྦྱོར་རྣམས་སློབ་ མ་ལ་ཚར་གཅིག་བཤད། དེ་ཕྱིན་ཆད་ལྷ་མོ་རོ་ལངས་མ་སྒོམས་ཤིག སྔགས་ཚར་གཅིག་བཏོན་ཏེ་འདི་ཟློས་ཤིག བསྙེན་པ་ 15-1-430 གྱིས་ཤིག སྒྲུབ་པ་གྱིས་ཤིག ལས་ལ་སྦྱོར་བ་གྱིས་ཤིག གདུག་པ་ཅན་རྣམས་ཚར་ཆོད་ཅིག ཅེས་བཀའི་གནང་བ་སྦྱིན། དེ་ཙམ་ གྱིས་དོན་སྒྲུབ་པ་ཡིན་ནོ། །འདིའི་ལས་སྦྱོར་ཡང་དགྲ་བགེགས་འགུགས་འདྲེན་བྱས་སོ། །ལིངྒ་མེ་ལ་བསྲེག་པ་དང༌། གཙོ་བོར་ སྦྱིན་སྲེག་གི་ལས་སྦྱོར་ལ་བརྟེན་ནས་རྦོད་གཏོང་སྒྲུབ་པ་ཡིན་ནོ། །ཀུན༷་ལས་ཡིད་ཆེས་རབ་དག༷འ་ཡི། །སྒྲུབ་ཐབས་རྒྱུད་ལས་ གསུངས་པ་བཞིན། །མན་ངག་མཆོག་གི་སྙིང༷་པོ༷་ཅན། །མདོ་ཙམ་འདི་ཡང་ངོ་མཚར་རྨད། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་ བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་ལྷ་མོ་རོ་ལངས་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། ཐུབ་པ་ཤཱཀྱ་སེང་གེ་དང༌། །གསང་བདག་རྡོ་རྗེ་འཆང་བ་ལ། །བཏུད་ནས་འཕྲོག་མ་ཞེས་བྱ་བ། ། གནོད་སྦྱིན་མོ་ཡི་སྒྲུབ་ཐབས་བཤད། །ཆང་བུ་དང་ཤིང་ཐོག་སྣ་ཚོགས་པས་བརྒྱན་པའི་གཏོར་མ་དང་མཆོད་པ་སྣ་ཚོགས་པ་ བཤམས་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང༌། ཁ་འབར་མའི་སྔགས་རྒྱ་དང༌། ཡི་གེ་འབྲུ་གསུམ་གྱིས་མཆོད་གཏོར་རྣམས་ བྱིན་གྱིས་བརླབས། ཙནྡན་གྱི་མཎྜལ་མེ་ཏོག་སྣ་ཚོགས་བཀྲམ་པ་ཞིག་མདུན་དུ་བཞག རང་གི་སྙིང་ག་ནས་འོད་ ཟེར་འཕྲོས། རི་རབ་ཀྱི་བྱང་ཕྱོགས་ནས་གནོད་སྦྱིན་མོ་འཕྲོག་མ་བུ་ལྔ་བརྒྱ་དང་བཅས་པ་ༀ་ བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་ཏེ་མཎྜལ་གྱི་སྟེང་དུ་བཞུགས་པར་གྱུར་པ་ནི་སྐུ་མདོག་དམར་ སེར་གཡས་ལྕགས་ཀྱུ། གཡོན་ཞགས་པ་དང་བཅས་པའི་ནེའུ་འཛིན་པ། མཛེས་ཤིང་སྒེག་ པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བུ་ལྔ་བརྒྱས་བསྐོར་བ། ཐམས་ཅད་ཀྱང་སེར་སྐྱ་བེ་ཅོན་ དང་ཆང་བུས་གང་བའི་སྣོད་འཛིན་པའོ། །རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེ་གཤེད་བེ་ཅོན་ དང་ཞགས་པ་ཐོགས་པ་སྤྲོས། འཕྲོག་མའི་སྤྱི་བོར་བཞུགས། དཔྲལ་བར་ༀ། མགྲིན་པར་ ཨཱཿ ཐུགས་ཀར་ཧཱུཾ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྔགས་ཀྱི་མཐར་ཁ་ཁ་ཧཱུཾ་ཞེས་བཏགས་པ་ལན་བདུན་ གྱིས་གཏོར་མ་ཕུལ། བཟླས་པའི་དམིགས་པ་གསལ་བཏབ་ལ། ༀ་ཧ་རཱི་ཏྱཻ་མཧཱ་ཡཀྵི་ཎཱི་ཡེ་ཧ་ར་ཧ་ར་སརྦ་ཡཀྵི་ ཎི་པྲ་བེ་ཤ་ནི་སྭཱཧཱ། ཞེས་ཅི་ནུས་བཟླས། མཐར་མཆོད་བསྟོད་བྱས་ལ། བཛྲ་མུཿ གཤེགས་སུ་གསོལ། བསྙེན་པའི་ གྲངས་ནི་འབྲུ་འབུམ་མོ། །ནོར་སྒྲུབ་ཀྱི་ཚེ། གནོད་སྦྱིན་མོ་བརྒྱད་ཕོ་དགུ་དང་བཅས་ཏེ་སྒྲུབ་པ་བྱེད་པ་ཡིན། འདིའི་ལུང་སྦྱིན་པ་ ནི། གོང་བཞིན་གྱི་མཆོད་བསྟོད་བཟླས་པ་དང་བཅས་པ་སྔོན་དུ་སོང་ནས། འདིའི་སྒྲུབ་ཐབས་སློབ་མ་ལ་བཤད། སྔགས་ལ་རྗེས་ 15-1-431 ཟློས་ལན་གསུམ་བྱེད་པ་ཉིད་ཡིན་ནོ། །འདི་བསྟན་པ་སྲུང་བའི་ཆོས་སྐྱོང་མ་ཆེན་མོ་ཡིན་གསུང་ངོ༌། །ཀུན༷་ལས་འཕགས་པའི་ མཐུ་སྟོབས་ཅན། །དག༷འ་བྱེད་མ་ཞེས་རབ་གྲགས་པའི། །སྒྲུབ་ཐབས་སྙིང༷་པོ༷་ཙམ་འདི་ནི། །རྒྱ་གར་མཁས་པའི་ཞལ་ལུང་ཡིན། ། པཎྜི་ཏ་པུརྞ་བཛྲ་གསུང་ལས་བྱུང་བ། གནོད་སྦྱིན་མོ་འཕྲོག་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། དཔལ་ལྡན་བདེ་ཆེན་མགོན་པོ་ལ། །བཏུད་ནས་ཚོགས་ཀྱི་བདག་པོ་ནི། །གསེར་གྱི་མདོག་ཅན་ སྒྲུབ་པའི་ཐབས། །ཤིན་ཏུ་རྙེད་དཀའ་ཅུང་ཟད་བཤད། །ཡི་དམ་ཁྲོ་བོའི་བདག་བསྐྱེད་ཞིག་སྔོན་དུ་འགྲོ་བས། མདུན་དུ་ཚོགས་ བདག་གི་བྲིས་སྐུ་ལ་དམིགས་ཏེ་བསངས་སྦྱངས། སྟོང་པའི་ངང་ལས་པདྨ་ཟླ་བ་བྱི་བ་རྣམས་ཀྱི་གདན་ལ་ ཡི་གེ་{ག་ན་[གཿ]ལས་ཚོགས་ཀྱི་བདག་པོ་གླང་པོའི་གདོང་ཅན་སེར་པོ་གཡས་གཉིས་ན་ ཏྲི་ཤུ་ལ་དང་དགྲ་སྟ། གཡོན་གཉིས་ན་ནོར་བུས་གང་བའི་སྣོད་དང་ལ་ཕུག་འཛིན་པ། ལྟོ་བ་ འཕྱང་ཞིང་རོལ་སྟབས་ཀྱིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང༌། མདུན་དུ་ལ་དུ་ ལ་སོགས་པ་ཁ་ཟས་སྣ་ཚོགས་ཀྱིས་གང་བའི་སྣོད་ལ་གཟིགས་པ། རང་གི་སྙིང་ག་ནས་འོད་ ཟེར་འཕྲོས། ཚོགས་ཀྱི་བདག་པོ་སྤྱན་དྲངས་པར་བསམས་ལ། ༀ་གཿན་པ་ཏི་བཛྲ་ས་མཱ་ཛཿ ཨ་མྲྀ་ཏས་བགེགས་བསྐྲད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། ཡི་དམ་ཀྱི་སྔགས་ཀྱི་མཐར། གཿན་ པ་ཏི་ས་མ་ཡ་སྟྭཾ། ཞེས་སྤྱི་བོར་རྡོ་རྗེ་བཞག་ཅིང་དབང་བསྐུར། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ཏེ་འབུལ། བཟླས་པའི་དམིགས་པ་གསལ་བཏབ་ལ། ༀ་ཏྲཾ་ཋ་ཋ་ཋ་ཧཱུཾ་ཛ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ། མེ་ཏོག་གི་ཕྲེང་བ་དང༌། ལ་ དུ་ལ་ཕུག་ཤ་ཆང་རྣམས་དང་བཅས་པའི་གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཨ་ཀཱ་རོ་བདུན་ གྱིས་ཕུལ། འདོད་དོན་གསོལ་བ་བཏབ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་མཐར། བཛྲ་མུཿ ཞེས་པས་ཡེ་ཤེས་པ་གཤེགས་ པའམ། བྲིས་སྐུ་ཡོད་ན་ཡིག་བརྒྱའི་མཐར་བརྟན་བཞུགས་བྱ། དུས་བཟང་པོ་རྣམས་སུ་གཏོར་ཆོག་གི་གཞུག་ལ་སྣོད་གཙང་མ་ ཆུས་བཀང་བ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ལ་དུའི་རིལ་བུ་འབྲུ་གསུམ་བརྗོད་ཅིང་ཆུ་ནང་དུ་དོར་བས་ཅི་ནུས་འབུལ། འདི་ལའང་སློབ་མ་རྗེས་སུ་འཛིན་པ་ནི། སློབ་དཔོན་གྱིས་མཆོད་བསྟོད་བཟླས་པ། གསོལ་བཏབ་སྔོན་དུ་འགྲོ་བས། སྒྲུབ་ཐབས་ བཤད་ནས་བཀའ་གནང་སྦྱིན་པ་ཙམ་ཉིད་དོ། །སྔོན་ཆད་བོད་ཀྱི་ཡུལ་ཀུ༷ན་ན། །ཚོགས་བདག་སེར་པོའི་སྒྲུབ་ཐབས་མེད། །དེ་ 15-1-432 ཕྱིར་དག༷འ་བས་འདི་ཞུས་ནས། །སྙིང༷་པོ༷་ཙམ་རེ་བསྒྲུབ་པར་བྱ། །པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་ མན་ངག་ཚོགས་བདག་སེར་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། །སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། ཤཱཀྱ་རཀྵི་ ཏ་ལས་བརྒྱུད་པའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་དྲུག་པའོ།། །། ༄༅། །རྒྱལ་ཀུན་སྲས་ཀྱི་ཐུ་བོ་ནི། །ཀུན་གྱི་མཆོག་གྱུར་འཇམ་དཔལ་ལ། །གུས་པས་བཏུད་ནས་སྒྲུབ་པའི་ཐབས། ། ངོ་མཚར་ཆེན་པོ་འབྲི་བར་བྱ། འགྲུབ་ན་མཎྜལ་མཆོད་པ་སྔོན་དུ་བཏང༌། གང་ལྟར་ཡང་སྨོན་པ་བྱང་སེམས་དང་སྟོང་པ་ཉིད་ བསྒོམ། ཤཱུ་ནྱ་ཏཱའི་སྔགས་བརྗོད། རང་གི་སྙིང་གར་པད་ཟླ་ལ་དྷཱིཿཡིག་འོད་ཀྱི་འཕྲོ་འདུ་ལས། རང་ ཉིད་འཕགས་པ་འཇམ་དཔལ་གུར་གུམ་གཞོན་ནུའི་མདོག་ཅན། ཕྱག་གཉིས་ཐུགས་ཀར་ ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ཅིང༌། ཕྱག་གཡོན་པོ་ཏིས་མཚན་པའི་ཨུཏྤ་ལའི་སྡོང་བུ་འཛིན་ པ། རོལ་པའི་སྟབས་ཀྱིས་བཞུགས་ཤིང༌། མི་བསྐྱོད་པས་དབུ་ལ་སྤྲས་པ། ཟུར་ཕུད་ལྔ་ པའམ་རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་ཀྱི་དྲུང་དུ་ཁྲོ་བོ་ གཤིན་རྗེ་གཤེད་པོ་མཐིང་ནག་ཐོད་པའི་འཕྲེང་བ་ཅན། གཡས་འཇམ་དཔལ་གྱི་ཞབས་ལ་ བརྟེན་པའམ་ཕྱག་འཚལ་བ། གཡོན་ཐོ་བ་རྭ་ཉི་ཤུ་པ་འཛིན་ཞིང་ཁྲོ་བོའི་ཆ་བྱད་རྫོགས་པའོ། ། ཡེ་ཤེས་སྤྱན་འདྲེན་གནས་གསུམ་བྱིན་རླབས་བྱ། ན་མཿས་མནྟ་བུདྡྷཱ་ནཱཾ། ༀ་ར་ར་སྨ་ར་ཨ་པྲ་ ཏི་ཧ་ཏ་ཤཱ་ས་ནཾ། ཀུ་མཱ་ར་རཱུ་པ་དྷ་རི་ཧཱུཾ་ཕཊ་སྭཱཧཱ། ཐུན་མཚམས་སུ་འཇམ་དཔལ་གནས་པ་ཞེས་བྱ་བའི་མདོ་ཀློག་པ་དང༌། འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་འདོན་ པ་སོགས་ཆོས་སྤྱོད་ཅི་ནུས་སུ་བྱའོ། །བློ་ལྡན་ཀུན༷་ནས་དག༷འ་བ་ཡི། །སྒྲུབ་ཐབས་སྙིང༷་པོ༷་འདི་ཙམ་ཡིན། །མི་སྒོམ་ན་ནི་རྒྱས་ པས་ཅི། །སྒོམ་ན་བསྡུས་ཀྱང་དོན་མཆོག་འགྲུབ། །ཉེ་བའི་སྲས་བརྒྱད་ལས་འཇམ་དཔལ་གྱི་སྒྲུབ་ཐབས་སོ།། །། ༄༅། །དམིགས་མེད་ཐུགས་རྗེ་མཁའ་ལྟར་ཁྱབ། །རྒྱལ་སྲས་ཀུན་གྱི་ཐུ་བོ་ནི། །སྤྱན་རས་གཟིགས་དབང་ལ་བཏུད་དེ། ། སྒྲུབ་ཐབས་མདོ་ཙམ་འབྲི་བར་བྱ། །ཐུགས་རྗེ་ཆེན་པོའི་དབང་ཕྱུག་མཚན་ཐོས་པ་དང་བཟུང་བ་ཙམ་གྱིས་མི་ལྡོག་པའི་ས་ཐོབ་ པར་འགྱུར་བའི་འཕགས་མཆོག་དེ་ལ་བ་སྤུ་ལྡང་ཞིང་མཆི་མ་འཁྲུག་པའི་མོས་གུས་ཀྱི་སྒོ་ནས། ཕྱག་དང་མཆོད་པ་དང་བསྟོད་པ་ 15-1-433 དང་བསྐོར་བ་བྱས་ལ། བྱང་ཆུབ་ཀྱི་སེམས་སྒོམས། ཤཱུ་ནྱ་ཏཱའི་སྔགས་དོན་བསམ། རང་གི་སྙིང་གར་ཧྲཱིཿཡིག་འོད་ ཀྱི་འཕྲོ་འདུ་ལས། འཇིག་རྟེན་མགོན་པོ་སྟོན་ཀའི་ཟླ་བ་ལྟར་དཀར་བའི་སྐུ་ལུས་རལ་པའི་ ཐོར་ཚུགས་ཀྱི་ངོས་ལ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བཞུགས་པ། ཕྱག་གཉིས་ ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱའམ། གཡས་མཆོག་སྦྱིན་དང་གཡོན་གདན་ལ་བརྟེན་པས་ པདྨ་དཀར་པོའི་སྡོང་བུ་འཛིན་པ། རི་དྭགས་ཀྱི་པགས་པ་ཕྲག་པ་གཡོན་པ་ལ་གནས་པ། དར་དང་རིན་པོ་ཆེའི་རྒྱན་ཅན། གཡས་བརྐྱང་བའི་རོལ་པའི་སྟབས་ཀྱིས་བཞུགས་པ། དེའི་ དྲུང་དུ་ཁྲོ་རྒྱལ་རྟ་མགྲིན་དམར་པོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། དབུའི་སྟེང་ན་ རྟ་མགོ་ལྗང་ཁུ་རྟ་སྐད་འཚེར་བ། ཕྱག་གཡས་ཕྱག་འཚལ་བ་དང་གཡོན་པས་བེ་ཅོན་དཀར་ པོ་འཛིན་པའོ། །ཡེ་ཤེས་པ་སྤྱན་དྲངས། མཆོད་པས་མཆོད། རང་ལ་གཞུག ༀ་ཨཱཿཧཱུཾ་གིས་གནས་གསུམ་བྱིན་གྱིས་ བརླབས། ན་མོ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ནི་ཀཱ་ཡ། ཀཱ་རུ་ཎེ་ཀཱ་རུ་ནེ། མཧཱ་ཀཱ་རུ་ཎ། པྲ་ཏིཥྛེ་ཏི་ཀཱ་རུ་ཎཱ་ཡ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས། ལྷ་སྐུ་འོད་གསལ་ དུ་བསྡུས་ཏེ་དགེ་བ་བསྔོ། ཐུན་མཚམས་སུ་སྤྱན་རས་གཟིགས་ཀྱིས་ཞུས་པ་ཞེས་བྱ་བའི་མདོ་དང༌། ཟ་མ་ཏོག་བཀོད་པ་དང༌། འཕགས་མཆོག་འདི་ཉིད་ཀྱིས་མཚན་བརྒྱ་སོགས་འདོན་ནོ། །ཀུན༷་ལས་དག༷འ་བའི་སྒྲུབ་ཐབས་འདི། །སྙིང༷་ནས་ཉམས་ལེན་ བྱས་གྱུར་ན། །འཇིག་རྟེན་དབང་པོ༷་ཉིད་མཚུངས་པའི། །གོ་འཕང་ཐོབ་འགྱུར་ཨ་ལ་ལ། །འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ ཐབས་སོ།། །། ༄༅། །ན་མོ་གུ་རུ། སངས་རྒྱས་ཀུན་གྱི་གསང་གསུམ་ལ། །རང་བྱན་ཆུད་པ་མཐུ་སྟོབས་དབང༌། །རྡོ་རྗེ་འཆང་ བ་ལ་འདུད་དོ། །བདག་ཀྱང་ཁྱེད་དང་མཚུངས་པར་ཤོག །སྔགས་དང་རྒྱུད་ལ་མངོན་པར་དགའ་བ་རྣམས་འཕགས་པ་ཕྱག་ན་ རྡོ་རྗེ་ལ་བློ་བརྟད་འཆའ་དགོས་ཏེ། སྔགས་རྒྱུད་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །སྐྱབས་སེམས་ཚད་མེད་སྟོང་ཉིད་ སྒོམ་པ་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྔགས་བརྗོད། ཧཱུཾ་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ་ཉི་མ་ལ་ ཧཱུཾ། དེ་ལས་འོད་འཕྲོས་དོན་གཉིས་བྱས་འདུས་པ་ལས་འཕགས་མཆོག་ཕྱག་ན་རྡོ་རྗེ་ཞི་བ་ 15-1-434 ལྗང་ཁུ། རིན་པོ་ཆེའི་དཔྲོག་ཞུ་ཅན། མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་ལ་ བརྒྱན་པ། ཕྱག་གཡས་ཐུགས་ཀར་འབར་བའི་རྡོ་རྗེ་གསོར་བའི་ཚུལ་དང༌། གཡོན་གདན་ ལ་བརྟེན་པ། ན་བཟའ་མཆོག་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རབ་ཏུ་བཞད་ཅིང་རོལ་ བའི་སྟབས་ཀྱིས་བཞུགས་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན་ནོ། །ཡང་ན་སྐུ་མདོག་སྔོན་པོར་ བྱས་ཀྱང་རུང༌། དེའི་དྲུང་དུ་བདུད་རྩི་འཁྱིལ་བ་ཁྲོ་བོའི་ཆ་བྱད་རྫོགས་ཤིང༌། ལྗང་ཁུའམ་སྔོ་ སངས་དགྲ་སྟ་འཛིན་པའོ། །དེ་ནས་ཡེ་ཤེས་དགུག་གཞུག་དང༌། སྒོ་གསུམ་བྱིན་རླབས་བྱ། ན་མོ་བཛྲ་པཱ་ཎ་ཡེ། མཧཱ་བཛྲ། པྲ་ཏིཥྛི་ཏཱ་ཡ། སརྦ་ཏ་ཐཱ་ག་ཏ་ཤ་རཱི་རཱནྟ་རྒ་ཏཱ་ཡ། བཛྲ་ཤཱ་རཱི་རཾ། མེ་ཀུ་རུ་བཛྲ་ཨ་ དྷིཥྛ་ན་སྭཱཧཱ། སྙིང་པོའོ། །དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་གསང་བའི་མདོ་དང༌། གསང་བདག་ཉིད་ཀྱི་མཚན་ བརྒྱ་རྩ་བརྒྱད་པ་ཀློག མཆོད་པ་དང་གཏོར་མ་ལ་ཡང་བརྩོན་པར་བྱའོ། །བདེ་གཤེགས་ཀུན༷་གྱི་འཕྲིན་ལས་ནི། །རབ་དག༷ས་ སྒྲུབ་མཛད་སེམས་དཔའ་ཆེ། །དེ་ཡི་མངོན་རྟོགས་སྙིང༷་པོ༷་ཙམ། །ཨུ་དུམ་བ་རའི་མེ་ཏོག་འདྲ། །ཉེ་བའི་སྲས་བརྒྱད་ལས་ཕྱག་ན་ རྡོ་རྗེའི་སྒྲུབ་ཐབས་སོ། །ཞུས་དག མངྒ་ལཾ། ༄༅། །སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་ཉི་མ་སྦས་པའི་ལུགས་དང་ རྗེས་སུ་འབྲེལ་བ་འདུས་གསལ་གོ་བདེ་བ་བཞུགས། ༈ ན་མོ་གུ་རུ་ཨཱརྱ་ཏཱ་རཱ་ཡཻ། མཐའ་དག་རྒྱལ་བ་བསྐྱེད་པའི་ཡུམ། །ལྷ་མོ་དེ་ལ་གུས་བཏུད་ནས། །སྒྲུབ་པའི་ ཐབས་ཀྱི་རིམ་པ་རྣམས། །མ་འདྲེས་མཆོག་ཏུ་གསལ་བར་བཤད། །འདིར་ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་ཉམས་སུ་ ལེན་པ་ལ། ཐོག་མར་སྤྱི་སྒྲུབ་ཉམས་སུ་བླང་དགོས་པས། དེའི་ཚུལ་ནི། སྤྲོ་ན་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། རང་ གི་སྙིང་གར་ཟླ་བ་ལ་གནས་པའི་ཏཱཾ་ཡིག་ལས་འོད་ཟེར་འཕྲོས། བླ་མ་རིགས་ཀྱི་བདག་པོའི་ 15-1-435 རྣམ་པ་ཅན་གྱིས་དབུ་བརྒྱན་པའི་འཕགས་མ་སྒྲོལ་མ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ ཚོགས་ཀྱིས་བསྐོར་བ། བཛྲ་ས་མཱ་ཡ་ཛཿ ༀ་ཨཱཪྻ་ཏཱ་ར་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ནས། ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པ་བྱ། བཛྲ་ མུཿ གཤེགས་སུ་གསོལ། ཚད་མེད་བཞི་སྤྱི་དང་མཐུན་ལ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་ པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ། ཏཱཾ་ཡིག་ལྗང་ཁུ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་ འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་མ། གཡས་སྐྱབས་སྦྱིན་དང་ གཡོན་མཐེབ་སྲིན་གྱིས་ཨུཏྤ་ལའི་སྡོང་བུ་ཐུགས་ཀར་འཛིན་པ། ཞབས་གཡས་བརྐྱང་པའི་ སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན། མིག་གཉིས་ལ་ༀ་ཏཱ་རེ་སྭཱཧཱ། རྣ་བ་གཉིས་ལ་ༀ་ཏུཏྟཱ་རེ་ སྭཱཧཱ། མགྲིན་པར་ༀ་ཏུ་སྭཱཧཱ། སྙིང་གར་ༀ་རེ་སྭཱཧཱ། སྤྱི་བོར་ༀ་ཏཱ་རེ་ཎི་སྭཱཧཱ། དཔྲལ་བར་ ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ ཅད་འཕགས་མ་སྒྲོལ་མའི་རྣམ་པར་སྤྱན་དྲངས། ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དབང་གི་ ལྷ་རིགས་ལྔ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿ པུཥྤེ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱིས་བདག་ལ་[མངོན་པར་]དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་ པས། ཇི་ལྟར་བལྟམས་པ་སོགས་ཀྱིས་དབང་བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་ པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན། ཐུགས་ཀར་ཟླ་བའི་སྟེང་དུ་ཏཱཾ་གི་མཐར་སྔགས་ ཀྱིས་བསྐོར་བར་བསམ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླའོ། །གཏོར་ཆོག་ནི་ཨ་མྲྀ་ ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་ སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུཾ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་ པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ རང་གི་སྙིང་ག་ནས་འོད་ཟེར་འཕྲོས། འཕགས་མ་སྒྲོལ་མའི་ 15-1-436 ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། ཡི་གེ་བཅུ་པའི་མཐར་ཨ་ཀཱ་རོ་བཏགས་པ་ ལན་བདུན་གྱིས་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཕྱི་མཆོད། འབྲུ་གསུམ་གྱིས་ནང་མཆོད། ལྷ་དང་ལྷ་མིན་ ཅོད་པན་གྱིས་སོགས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། ཡི་ གེ་བརྒྱ་པའི་མཐར། མ་འབྱོར་པ་དང་སོགས་བཟོད་གསོལ་དང༌། བཛྲ་མུཿ གཤེགས་སུ་གསོལ། ཚུལ་འདིས་བསྙེན་ པ་ལེགས་པར་སོང་ནས། ལས་ཚོགས་ཀྱི་ལྷ་ཉི་ཤུ་རྩ་གཅིག་པོ་རྣམས་འོག་ནས་འབྱུང་བ་ལྟར། སོ་སོའི་སྒྲུབ་ཐབས་བསྒོམ་བཞིན་ པས། རབ་ཏུ་བཟླས་པ་ཁྲི་ཕྲག་བཞི་བཞིའམ། འབྲིང་དུ་ཁྲི་ཕྲག་རེ་རེ། ཐ་མ་ཡང་སྟོང་ཕྲག་བཞི་བཞི་བྱས་པས། གཞུང་ལས་ཇི་ སྐད་བཤད་པའི་ལས་ཚོགས་མཐའ་དག་སྒྲུབ་པ་ལ་དབང་བ་ཡིན་ཞིང༌། སྒྲོལ་མ་བླ་མེད་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་ བསྐུར་བའི་རྒྱུན་ཐོབ་ན། བསྙེན་པ་འདི་ཁོ་ནས་དེའི་དབང་བསྐུར་དུ་རུང་སྟེ། དེའི་དབང་བསྐུར་བའི་ཆོ་ག་ཡང་ཕྱག་འཚལ་ཉེར་ གཅིག་གི་སྒྲུབ་ཐབས་འདི་ཉིད་ཀྱི་ལས་ཚོགས་སུ་སྣང་བས་སོ། ཁྱད་པར་སྤྱི་སྒྲུབ་འདི་དང་ལས་ཚོགས་ཀྱི་ལྷ་ཉི་ཤུ་རྩ་གཅིག་ པོ་རྣམས་ཀྱི་རྗེས་གནང་གི་བཀའ་ངེས་པར་བསྒྲུབ་པར་བྱ་བ་ཡིན་ལ། སྒྲོལ་མ་ལུས་དཀྱིལ་དུ་གྲགས་པ་ཡང་འདི་ཉིད་ཀྱི་བྱིན་ རླབས་ཁོ་ནར་འགྱུར་ཞིང༌། སྔོན་དུས་སྒྲོལ་མ་ཉེར་གཅིག་དཀྱིལ་འཁོར་གཅིག་ཏུ་བསྡུས་པའི་དབང་བཀའ་ཞིག་ཀྱང་བྱུང་བར་ མངོན་ལ། བར་སྐབས་སུ་དེ་ལ་བརྟེན་ཏེ་གཙོ་བོ་གོ་འཕོ་རང་བཟོར་སྦྱར་ནས་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་གི་དབང་བསྐུར་བྱེད་ པ་བྱུང་སྣང་བ་ནི། གྲངས་མང་བ་ལ་དགའ་བ་ཙམ་སྟེ། ཚེགས་ཆེན་ལ་དོན་མེད་པའོ། །ཉི་མ་སྦས་པའི་ལུགས་སྒྲོལ་མ་ཉེར་གཅིག་ གི་ཆོས་སྐོར་འདི་རྣམས་བླ་མེད་དུ་བཀྲལ་བ་ཤིན་ཏུ་ཟབ་ཅིང་བྱིན་རླབས་ཆེ་བ་ཡིན། སྔོན་དུས་བོད་དུ་འདི་དར་རྒྱས་ཆེ་ཞིང༌། ས་ སྐྱ་བའི་རྗེས་བཙུན་དཀར་པོ་རྣམ་གསུམ་གྱི་རིང་ལ་ཆོས་སྐོར་འདིའི་ཕྱག་ལེན་ཤིན་ཏུ་དར། ལས་ཚོགས་རྣམས་མན་ངག་ཁྱད་ པར་ཅན་དུ་ཐུགས་ཡིད་ཆེས་ཀྱང༌། གཞུང་གི་རྩོམ་རྒྱ་གར་མ་ཡིན་མིན་ཅུང་ཟད་དཔྱད་གཞི་ཡོད་པའི་སྐབས། རྗེ་བཙུན་ཆེན་པོའི་ ཆོས་གྲྭར་ཁ་ཆེའི་དགེ་ཚུལ་ཞིག་བྱུང་བའི་ལག་ནས་འདིའི་རྒྱ་དཔེ་བྱུང༌། ཕྱིས་ཡུལ་ཐ་དད་ཀྱི་རྒྱ་དཔེ་གཉིས་གསུམ་འཛོམས་པས། རྒྱ་གཞུང་རྩོད་མེད་དུ་གྱུར་ཏེ། སྐྱེས་མཆོག་དམ་པ་རྣམས་ཤིན་ཏུ་ཐུགས་ཡིད་ཆེས་པར་མཛད་དོ། ། ད་ནི་སོ་སོའི་སྒྲུབ་ཐབས་བསྟེན་པར་བྱ་སྟེ། དེ་ཡང་འདི་རྣམས་ལ་སྐྱབས་སེམས་ཚད་མེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་ སྟོང་པ་ཉིད་དུ་སྦྱོང་བ་ནས་བརྩམས་ཏེ། བཟླས་པའི་བར་དུ་སྒྲུབ་ཐབས་སྤྱིའི་བྱ་བ་གོང་དང་མཚུངས་པ་ལས། མིག་བྱིན་རླབས་ 15-1-437 སོགས་མི་དགོས། ས་བོན་དང་སྐུའི་རྣམ་པ་དང་རིགས་བདག་རྣམས་རིམ་པས་འགྱུར་བའི་ཁྱད་པར་ཙམ་ཡིན་པར་ཤེས་པར་ བྱས་ཏེ། ལྷག་མ་རྣམས་མཐུན་པར་ཉམས་སུ་བླང་ངོ༌། །དེ་ལ་དང་པོ་རབ་ཏུ་དཔའ་བའི་སྒྲོལ་མ་ནི། ཆོས་འབྱུང་གི་དབུས་ སུ་པདྨ་སེར་པོ་དང་ཟླ་བའི་གདན་ལ་ༀ་ལས་སྒྲོལ་མ་རབ་ཏུ་དཔའ་མོ་སྐུ་མདོག་དམར་མོ་མེ་ དཔུང་འཕྲོ་བ། ཞལ་གཅིག་ཕྱག་བརྒྱད་ཀྱི་དང་པོ་གཉིས་སྤྱི་བོར་བསྣོལ་བའི་རྡོ་རྗེ་དང་དྲིལ་ བུ་འཛིན་པ། གཉིས་པ་གཉིས་མདའ་དང་གཞུ། གསུམ་པ་གཉིས་འཁོར་ལོ་དང་དུང༌། བཞི་ པ་གཉིས་རལ་གྲི་དང་ཞགས་པ་བསྣམས་པ། ཞི་བའི་སྐུ་ཅན་རིགས་བདག་རྣམ་སྣང་ངོ༌། ། གཉིས་པ་དཀར་མོ་ཟླ་མདངས་ཀྱི་སྒྲོལ་མ་ནི། པད་ཟླ་ལ་ཏཱ་ཡིག་ལས་སྒྲོལ་མ་དཀར་མོ་དཀར་སྔོ་ སེར་བའི་ཞལ་གསུམ་ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་མཉམ་བཞག གཡས་ལྷག་མས་ ཁ་ཊྭཱཾ་ག་འཁོར་ལོ་ནོར་བུ་རྡོ་རྗེ་མེ་ཏོག་གི་འཕྲེང་བ་འཛིན་པ། གཡོན་རྣམས་ཀྱིས་སྤྱི་བླུགས་ ཨུཏྤལ་དྲིལ་བུ། བུམ་པ་པོ་ཏི་འཛིན་པ། རིགས་བདག་ནི་འོད་དཔག་མེད་དོ། ། གསུམ་པ་གསེར་མདོག་ཅན་གྱི་སྒྲོལ་མ་ནི། པདྨ་དང་ཉི་གདན་ལ་རེ་ཡིག་ལ་སྒྲོལ་མ་སེར་མོ་ཞལ་ གཅིག་ཕྱག་བཅུ་མ་གཡས་རྣམས་ཀྱིས་འཕྲེང་བ། རལ་གྲི། མདའ། རྡོ་རྗེ། དབྱུག་གུ། གཡོན་ རྣམས་ཀྱིས་དར་དཔྱངས། ཞགས་པ། པདྨ། དྲིལ་བུ། གཞུ་བསྣམས་པའོ། །རིགས་བདག་ནི་ རིན་འབྱུང་ངོ༌། ། བཞི་པ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲོལ་མ་ནི། པདྨ་སེར་པོ་དང་ཟླ་བ་ལ་ཏུ་ཏ་ཡིག་ལས་སྒྲོལ་མ་ སེར་མོ་གཅིག་ཕྱག་བཞི། གཡས་མཆོག་སྦྱིན་དང་འཕྲེང་བ། གཡོན་སྤྱི་བླུགས་དང་དབྱུག་པ་ འཛིན་པ། སེམས་དཔའི་སྐྱིལ་ཀྲུང་ཅན་ནོ། །རིགས་བདག་ནི་དོན་གྲུབ་བོ། ། ལྔ་པ་ཧཱུཾ་སྒྲ་སྒྲོག་པའི་སྒྲོལ་མ་ནི། ཟླ་བ་ལ་ཏཱ་ཡིག་ལས་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་གཉིས། གཡས་སྐྱབས་སྦྱིན། གཡོན་པདྨ་སེར་པོ་བསྣམས་པ། རིགས་བདག་ནི་འོད་དཔག་མེད་དོ། ། དྲུག་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཉི་མའི་གདན་ལ་རེ་ 15-1-438 ཡིག་ལས་སྒྲོལ་མ་དམར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོ་རྡོ་རྗེ། གཉིས་པས་ རལ་གྲི། གཡོན་དང་པོ་སྡིགས་མཛུབ། གཉིས་པས་ཞགས་པ་བསྣམས་པ། སེམས་དཔའི་ སྐྱིལ་ཀྲུང་གིས་བཞུགས་པའོ། །རིགས་བདག་ནི་འོད་དཔག་མེད་དོ། ། བདུན་པ་རྒོལ་བ་འཇོམས་པའི་སྒྲོལ་མ་ནི། པདྨ་སེར་པོ་དང་ཉི་མ་ལ་ཏུ་ཡིག་ལས་སྒྲོལ་མ་སྐུ་མདོག་ ནག་མོ་ན་བཟའ་སེར་པོ་བསྣམས་པ། དྲག་མོ་དབུ་སྐྲ་གྱེན་དུ་བརྫེས་པ། ཞལ་གཅིག་ཕྱག་ བཞི། གཡས་ཀྱི་ཐོག་མ་འཁོར་ལོ་ཕྱི་མ་རལ་གྲི། གཡོན་གྱི་ཐོག་མ་པདྨ་ལ་གནས་པའི་རྡོ་རྗེ་ ཕྱི་མའི་སྡིགས་མཛུབ་མཛད་པ། ཞབས་གཡོན་བརྐྱང་གི་སྟབས་ཅན་ནོ། །རིགས་བདག་ནི་ རིན་འབྱུང་ངོ༌། ། བརྒྱད་པ་དབང་མཆོག་སྟེར་བའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཟླ་བ་དང་ཆུ་སྲིན་རྣམས་བརྩེགས་ པའི་གདན་ལ། དེ་ལས་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་མྱ་ངན་ མེད་པའི་ཤིང་གི་ཡལ་ག་དང་པདྨ། འོག་མ་གཉིས་ནོར་བུ་དང་བཅས་པའི་མཆོག་སྦྱིན་དང་ བུམ་པ་བསྣམས་པ། ཞབས་སྐྱིལ་ཀྲུང་ཕྱེད་པའི་རོལ་སྟབས་ཀྱིས་བཞུགས་པའོ། །རིགས་ བདག་ནི་དོན་གྲུབ་བོ། ། དགུ་པ་ནི། བསྟོད་པ་རྣམ་དག་གཙུག་གི་ནོར་བུ་ལས། སེང་ལྡེང་ནགས་ཀྱི་སྒྲོལ་མ་མཛད་དེ། དེ་ཡི་ལྟར་ན་གོང་གི་སྒྲོལ་ མ་སྤྱི་སྒྲུབ་ལྟར་ལས། ཕྱག་གཡས་མཆོག་སྦྱིན་མཛད་པ་ཙམ་ཡིན་ལ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་ལོགས་སུ་ཡོད་ པ་ལྟར་ན། གཙོ་མོ་དེ་ཉིད་དང་འདྲ་བ་ལས། གཡས་སུ་མཾ་ལས་འོད་ཟེར་ཅན་མ་སེར་མོ་རྡོ་རྗེ་དང་མྱ་ངན་ མེད་པའི་ཤིང་གི་ཡལ་ག་འཛིན་པ། ཞི་བའི་ཆ་ལུགས་ཅན། གཡོན་དུ་ཧཱུཾ་ལས་རལ་གཅིག་ མ་ནག་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ། སྤྱན་གསུམ་སྟག་ལྤགས་དང༌། གླང་ལྤགས་ཀྱི་ ན་བཟའ་ཅན། དྲག་མོའི་ཆ་ལུགས་རྫོགས་པ་གཉིས་ཀའང་རོལ་པའི་སྟབས་ཀྱིས་བཞུགས་ པའོ། །འདིའི་རྗེས་གནང་གི་རྒྱུན་ནི་ལོགས་སུ་ཡོད་པ་ལྟར་འཕྲོས་དོན་དུ་བཀོད་པ་ཡིན་གྱི། དཀྱུས་ནི་སྒྲོལ་མ་ཉེར་གཅིག་ 15-1-439 གི་སྒྲུབ་ཐབས་ལྟར་ཡིན་པས། མཆོད་སྩོལ་བའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཟླ་བ་ལ་སྭཱ་ཡིག་ལས་སྒྲོལ་མ་ དམར་མོ་ཕྱག་བཞི་དང་པོ་གཉིས། རྡོ་རྗེ་དང་དྲིལ་བུ་འཛིན་པས་དགའ་བའི་ཕྱག་རྒྱ་སྤྱི་བོར་ འཆིང་བ། གཡས་པ་གར་གྱི་ཚུལ་གྱིས་སེ་གོལ་གཏོགས་པ་དང༌། གཡོན་གཉིས་པས་ཨ་ཤྭ་ ཀའི་ཡལ་ག་འཛིན་པས་འགྲོ་བ་རྣམས་ལ་རིན་པོ་ཆེའི་ཆར་འབེབས་པའོ། །དབུ་རྒྱན་ནི་དོན་ གྲུབ་བོ། ། བཅུ་པ་མྱ་ངན་སེལ་བའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཟླ་བ་ལ་ས་ཡིག་ལས་སྒྲོལ་མ་དམར་མོ། ཕྱག་བཞིའི་དང་པོ་གཉིས་སྤྱི་བོར་ཐལ་མོ་སྦྱར་བ། འོག་མ་གཉིས་ཀྱིས་རལ་གྲི་དང་མྱ་ངན་ མེད་པའི་ཡལ་ག་མེ་ཏོག་དམར་པོ་ཅན་འཛིན་པའོ། །རིགས་བདག་ནི་དོན་གྲུབ་བོ། ། བཅུ་གཅིག་པ་འགྲོ་བ་འགུགས་པའམ། འཕོངས་པ་སེལ་བའི་སྒྲོལ་མ་ནི། པདྨ་དང་ཉི་མའི་གདན་ལ་ཧཱ་ཡིག་ ལས་སྒྲོལ་མ་ནག་མོ་དྲག་མོའི་སྐུ་ཅན། གཡས་གཟའ་བརྒྱད་འགུགས་པའི་ལྕགས་ཀྱུ་དང༌། གཡོན་འཕོངས་པ་སེལ་བའི་ལྕགས་ཀྱུ་ཞགས་པ་དང་བཅས་པ་བསྣམས་པ། གཡས་བརྐྱང་ གི་སྟབས་ཀྱིས་བཞུགས་པའོ། །རིགས་བདག་ནི་རིན་འབྱུང་ངོ༌། ། བཅུ་གཉིས་པ་བཀྲ་ཤིས་སྣང་བའི་སྒྲོལ་མ་ནི། སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་ཨ་ཡིག་ལས་སྒྲོལ་ མ་སེར་མོ་ཞལ་གཅིག་ཕྱག་བརྒྱད་ཀྱི་གཡས་རྣམས་རྩེ་གསུམ། ལྕགས་ཀྱུ་རྡོ་རྗེ་རལ་གྲི། གཡོན་རྣམས་ཐུགས་ཀར་གཏོད་པའི་རིན་པོ་ཆེ་ལྕགས་ཀྱུ། དབྱུག་གུ་བུམ་པའོ། །རིགས་ བདག་ནི་རྣམ་སྣང་ངོ༌། ། བཅུ་གསུམ་པ་ཡོངས་སུ་སྨིན་པར་མཛད་པའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཉི་མ་ལ་བྷྲུཾ་ཡིག་ལས་སྒྲོལ་ མ་དམར་མོ་དྲག་མོའི་སྐུ་ཅན། ཕྱག་གཡས་ཀྱི་དང་པོས་རལ་གྲི། གཉིས་པས་མདའ། གཡོན་ གྱི་དང་པོས་འཁོར་ལོ། གཉིས་པས་གཞུ་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ པའོ། །རིགས་བདག་ནི་འོད་དཔག་མེད་དོ། ། 15-1-440 བཅུ་བཞི་པ་ཁྲོ་གཉེར་གཡོ་བའི་སྒྲོལ་མ་ནི། པདྨ་དམར་སེར་ཉི་མ་ལ་མི་རོའི་གདན་གྱི་སྟེང་དུ། ཨཏ་ ཡིག་ལས་སྒྲོལ་མ་མཐིང་ག་ནག་དཀར་དམར་བའི་ཞལ་གསུམ་ཁྲོ་གཉེར་བསྡུས་ཤིང༌། མིའི་ རྒྱུ་མ་ཞལ་དུ་གསོལ་བ། ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རལ་གྲི། ལྕགས་ཀྱུ། དབྱུག་ པ། གཡོན་པ་རྣམས་ཀྱིས་ཐོད་པ་ཞགས་པ་ཚངས་མགོ་འཛིན་པ། མི་མགོའི་དབུ་རྒྱན་དང་ དོ་ཤལ་ཅན། སྟག་ལྤགས་དང་སྦྲུལ་གྱིས་བརྒྱན་པ་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་རིན་པོ་ ཆེའི་ཤིང་གི་མྱུ་གུ་སྐྱེས་པའོ། །རིགས་བདག་ནི་དོན་གྲུབ་བོ། ། བཅོ་ལྔ་པ་ཞི་བ་ཆེན་མོའམ་དགེ་ལེགས་སྟེར་བའི་སྒྲོལ་མ་ནི། པདྨ་དཀར་པོ་ལ་ཎི་ཡིག་ལས། སྒྲོལ་མ་ དཀར་མོ་ཕྱག་གཡས་གསུམ་ན། འཕྲེང་བ་མཆོག་སྦྱིན་དབྱུག་པ། གཡོན་གསུམ་ན་པདྨ་རིལ་ པ་པོ་ཏི་འཛིན་པའོ། །བསྟོད་པ་ལས་ནི་ཨུཏྤལ་ལ་གནས་པའི་པོ་ཏི་ཡིན་པར་བཤད་དོ། །རིགས་བདག་ནི་འོད་ དཔག་མེད་དོ། ། བཅུ་དྲུག་པ་ཆགས་པ་འཇོམས་པའི་སྒྲོལ་མ་ནི། པདྨ་དམར་སེར་དང་ཉི་མ་ལ་ཨེ་ལས་སྒྲོལ་མ་དམར་ མོ། ཕྱག་གཡས་ཐུགས་ཀར་རྩེ་གསུམ་དང༌། གཡོན་སྡིགས་མཛུབ་འཕྱར་བས་སྙིང་པོ་དང་ འབྲས་བུར་བཅས་པའི་ཤིང་འཛིན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །རིགས་ བདག་ནི་མི་བསྐྱོད་པའོ། །འདི་ལ་རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ་ཞེས་གསུངས་པའི་ཕྱིར། ཧཱུཾ་ལས་བསྐྱེད་ན་ལེགས་ པར་མངོན་ནོ། ། བཅུ་བདུན་པ་བདེ་བ་སྒྲུབ་པའི་སྒྲོལ་མ་ནི། པདྨ་དཀར་པོ་དང་ཉི་མ་ལ་ཤ་ཡིག་ལས་སྒྲོལ་མ་དམར་ སེར་ཕྱག་གཉིས་ཀྱིས་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསྣམས་པ། སེམས་དཔའི་སྐྱིལ་ ཀྲུང་གིས་བཞུགས་པའོ། །རིགས་བདག་ནི་དོན་ཡོད་གྲུབ་པའོ། །འདི་ཡང་ཧཱུཾ་ལས་བསྐྱེད་ན་ལེགས་པ་ འདྲའོ། ། བཅོ་བརྒྱད་པ་རབ་ཏུ་རྒྱས་པའི་སྒྲོལ་མ་ནི། པདྨ་དཀར་པོ་ཟླ་བ་དང་ངང་པའི་གདན་ལ་ཀི་ཡིག་ལས་ 15-1-441 སྒྲོལ་མ་དཀར་མོ་ཕྱག་བཞི་པ། དང་པོ་གཉིས་སྤྱི་བོར་བསྣོལ་བས་ལྕགས་ཀྱུ་འཛིན་པ། ལྷག་ མ་གཉིས་མཆོག་སྦྱིན་དང་གླེགས་བམ་གྱིས་མཚན་པའི་ཨུཏྤལ་བསྣམས་པ། སེམས་དཔའི་ སྐྱིལ་ཀྲུང་ཅན། རིགས་བདག་ནི་སྣང་བ་མཐའ་ཡས་སོ། ། བཅུ་དགུ་པ་སྡུག་བསྔལ་སྲེག་པའི་སྒྲོལ་མ་ནི། པད་དཀར་དང་ཉི་མ་ལ་ཛ་ཡིག་ལས་སྒྲོལ་མ་དཀར་ མོ་ཕྱག་གཉིས་ཀྱིས་ཐུགས་ཀར་མེ་ཐབ་བསྣམས་པ། ཅུང་ཟད་གཡས་བརྐྱང་བའི་སེམས་ དཔའི་སྐྱིལ་ཀྲུང་ཅན་ནོ། །རིགས་བདག་ནི་རྣམ་སྣང་ངོ༌། ། ཉི་ཤུ་པ་དངོས་གྲུབ་འབྱུང་བའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཟླ་བ་ལ་ཙེ་ཡིག་ལས་སྒྲོལ་མ་དམར་ སེར་ཕྱག་གཉིས་ཀྱིས་ཐུགས་ཀར་གསེར་གྱི་བུམ་པ་བསྣམས་པ། སེམས་དཔའི་སྐྱིལ་ཀྲུང་ གིས་བཞུགས་པའོ། །རིགས་བདག་ནི་དོན་ཡོད་གྲུབ་པའོ། ། ཉེར་གཅིག་པ་ཡོངས་རྫོགས་བྱེད་པའི་སྒྲོལ་མ་ནི། ཧ་ཡིག་ལས་བྱུང་བའི་ཁྱུ་མཆོག་གླང་དཀར་པོའི་ སྟེང་ན་པདྨ་དང་ཟླ་བའི་སྟེང་དུ་ཕོ་ཡིག་ལས་སྒྲོལ་མ་དཀར་མོ་ཅུང་ཟད་ཁྲོ་ཞིང་སྤྱན་གསུམ་ མ། ཕྱག་གཡས་མདུང་རྩེ་གསུམ་དང༌། གཡོན་མུ་ཏིག་གི་འཕྲེང་བ་འཛིན་པ། སྐྱིལ་ཀྲུང་ཕྱེད་ པས་བཞུགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་ཅན་ནོ། །རིགས་བདག་ནི་རིན་ཆེན་འབྱུང་ ལྡན་ནོ། ། དེ་དག་རྣམས་ཀྱི་ས་བོན་ནི་ཐམས་ཅད་ཏཱཾ་ཡིག་འབའ་ཞིག་གིས་རུང་ལ། ཞབས་སྟབས་མི་གསལ་བ་རྣམས་རྡོ་རྗེའི་སྐྱིལ་ ཀྲུང་ངོ༌། །དེ་ལྟར་ན་ཉི་ཤུ་རྩ་གཅིག་པོ་རྣམས་ཀྱི་ཡང་བསྙེན་པའི་དུས་དང་རྗེས་གནང་ངམ། བཟླས་ལུང་གི་གནས་སྐབས་སུ་ཡི་ གེ་བཅུ་པ་ཉིད་བཟླ་ཞིང་སྦྱིན་པར་བྱ་བ་ཡིན་ལ། སོ་སོའི་ལས་ཚོགས་སྒྲུབ་པའི་སྔགས་ནི་རྒྱ་གཞུང་ན་གསལ་ལོ། ། འདིའི་རྗེས་གནང་བྱེད་ཐབས་ནི། དང་པོར་སྤྱི་སྒྲུབ་ཀྱི་རྗེས་སུ་གནང་བ་སྦྱིན་དགོས་པས་མདུན་དུ་ཚོམ་བུ། མཆོད་གཏོར་ དང་བཅས་པར་སྤྱི་དང་མཐུན་པར་བཤམ། རྡོར་དྲིལ་ནང་མཆོད། འཐོར་ནས་སོགས་ཡོ་བྱད་རྣམས་འཇོམས་པར་བྱས་ལ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཞེས་པ་ནས། དབུ་བརྒྱན་ཞེས་པའི་བར་བདག་བསྐྱེད་དང་འདྲ་ 15-1-442 བ་ལས། རང་གི་ཟེར་བ་སོགས་དོར། དེ་ནས་མཆོད་བསྟོད་བྱས་ལ་སྙིང་པོ་ཅི་རིགས་པར་བཟླས། གོང་བཞིན་གཏོར་མ་ཕུལ། ཆོས་སྐྱོང་སོ་སོ་དང༌། མཁའ་འགྲོ་སྤྱི་གཏོར། གཞི་བདག་གཏོར་མ་སོགས་ཀྱང་སྤྲོ་ན་བྱ། དེ་ནས་བུམ་པ་ཞིག་བཅས་ལ། བུམ་པ་ བསྐྱེད་ཆོག་སྤྱི་དང་མཐུན། བུམ་པའི་ནང་དུ་མདུན་བསྐྱེད་ལྟར་སྒྲོལ་མ་བསྐྱེད་ལ་བཟླས་པ་ཅུང་ཟད་བྱའོ། །མཆོད་བསྟོད་མཆོད་ ཡོན་ཕུལ་བས་ལྷ་བདུད་རྩིར་ཞུ། སློབ་མའི་བྱ་བ་ནི། རྗེས་གནང་སྤྱིའི་གོ་བ་ཆགས་པ་ཞིག་གིས་བྱ་སྟེ། འདིར་གོ་རིམ་ནི་ཕྱག་ འཚལ་སེམས་བསྐྱེད་གསལ་བཏབ་ཆོས་བཤད་མཎྜལ་ཕུལ། དུས་གསུམ་སངས་རྒྱས་ཐམས་ཅད་དང་སོགས་ ཀྱིས་གསོལ་བ་བཏབ། གུར་ནས་འབྱུང་བ་ལྟར་གྱི་རྒྱུན་བཤགས་རྣམས་བྱ་སྟེ་སྔོན་འགྲོའོ། །བླ་མ་དང་མདུན་བསྐྱེད་ཀྱི་ ཐུགས་ཀའི་འོད་ཀྱིས་སློབ་མ་སྦྱངས་ལ། ཤཱུ་ནྱ་ཏཱའི་སྔགས་ནས་དབུ་བརྒྱན་ཞེས་པའི་བར་བདག་བསྐྱེད་ ཀྱི་དམིགས་པ་ལྟར་སློབ་མ་ལ་འབོགས་པ་ནི་སྐུའི་རྗེས་གནང་ཡིན་ལ། ཡེ་ཤེས་པ་བསྟིམ་པའི་སྐབས་དྲིལ་སིལ་དང༌། དབང་ བསྐུར་བའི་སྐབས་བུམ་ཆུ་སྦྱིན། གསུང་གི་རྗེས་གནང་ལ། རྗེས་སུ་བཟླས་པའི་ལུང་དང༌། དམ་བཅའ་བའི་ལུང་དང༌། བྱིན་གྱིས་ བརླབས་པའི་ལུང་རྣམས་སྤྱི་དང་མཐུན། ཐུགས་ཀྱི་རྗེས་གནང་ཕྱག་མཚན་ཨུཏྤལ་བསྟིམ་པ་ཡིན། སློབ་མའི་རྗེས་ཀྱི་བྱ་བ། ཁས་ བླང་མཎྜལ་འབུལ་བ་བྲན་དུ་བཟུང་བ་དགེ་བ་བསྔོ་བ་སོགས་བྱའོ། །དེ་ནས་མཆོད་པ་ཁ་གསོས་ནས་མདུན་བསྐྱེད་ལ་མཆོད་ བསྟོད་དངོས་གྲུབ་བླང༌། ཡིག་བརྒྱ་བཟླ་བཟོད་གསོལ་གཤེགས་གསོལ་སྨོན་ལམ་བཀྲ་ཤིས་སོགས་སྤྱི་དང་མཐུན་ནོ། ། ཉི་ཤུ་རྩ་གཅིག་པོ་སོ་སོའི་རྗེས་གནང་ལ། བུམ་པ་བཅའ་བ་མི་དགོས་ཤིང་སྐུའི་རྗེས་གནང་གི་སྐབས་རྣམ་སྣང་གི་ དབུ་བརྒྱན་ཅན་ཞེས་སོགས་དབུ་བརྒྱན་རང་ཆས་སུ་བསྐྱེད་པ་ཙམ་ལས་དབང་བསྐུར་བ་མི་མཛད་དོ། །གལ་ཏེ་ཐུན་རེ་ ལ་རྗེས་གནང་མང་དུ་བྱེད་པ་དང་མྱུར་བར་འདོད་ན། ཉི་མ་གཅིག་ལ་ཇི་ཙམ་བྱེད་པའི་ཚོམ་བུ་རྣམས་ཕྱོགས་གཅིག་ཏུ་བཤམས་ ཏེ། གཏོར་མའང་དེ་ཉིད་ཀྱི་གྲངས་བཤམས། དང་པོར་བདག་བསྐྱེད་རྣམས་ཀྱང་སྦྲེལ་ཏེ་བསྒོམ། མདུན་བསྐྱེད་དངོས་གཞི་ཡང་ གོ་རིམ་བཞིན་ཏུ་སྦྲེལ། མཆོད་བསྟོད་གཏོར་མ་བྱིན་རླབས་རྣམས་ཕྱོགས་གཅིག་ཏུ་བྱས་ཏེ། སོ་སོ་ལ་དམིགས་ནས་གཏོར་མ་གོ་ རིམ་བཞིན་དུ་འབུལ། ཡང་མཆོད་བསྟོད་སོགས་ཆབས་ཅིག་ཏུ་བྱ། རྗེས་གནང་གི་སྔོན་འགྲོ་རྣམས་གཅིག་གིས་ཆོག་པ་བྱ་ཞིང༌། རྗེས་ཀྱི་བྱ་བའང་གཅིག་གིས་རུང་ངོ༌། །འདི་ནི་ལག་ལེན་ཅུང་ཟད་བསྡུས་པ་ཡིན་ལ། ཅུང་ཟད་རྒྱས་པར་སྤྲོ་ན་རྗེས་གནང་དང་པོ་ དེ་ཉིད་ལེགས་པར་བསྒྲུབས་ནས། སློབ་མ་ལའང་རྗེས་གནང་དང་པོའི་ཐུགས་ཀྱི་རྗེས་གནང་ཡན་ཆད་དངོས་གཞི་རྣམས་གྲུབ་ 15-1-443 པ་ན། དེའི་མཆོད་པ་ཁ་གསོས་རྗེས་ཆོག་བྱས་ལ། སླར་ཡང་ཚོམ་བུ་གསར་པ་བཀོད། མཆོད་པ་དང་གཏོར་མ་གསར་དུ་བཤམ་ ཐུབ་ན་ལེགས་ཤིང༌། དེ་བཞིན་མིན་ན་ཁ་གསོས་ལ། རྗེས་གནང་གཉིས་པ་བསྒྲུབས། དེ་དག་གི་བར་དུ་སློབ་མ་རྣམས་ཕྱག་ འཚལ་ཉེར་གཅིག་དང་ཡན་ལག་བདུན་པ་སོགས་འདོན། སྒྲུབ་[ཐབས་]ཟིན་མཚམས་སུ་རྗེས་གནང་གཉིས་པ་དེ་ཉིད་ཀྱི་དངོས་ གཞི་སྐུ་གསུང་ཐུགས་ཀྱི་རྗེས་གནང་རྣམས་བྱ། ཡང་སྔར་བཞིན་སྒྲུབ་པ་སོགས་ཉི་མ་དེ་ཉིད་ལ་ཅི་འགྲུབ་བྱེད་པ་ཡིན་ཞིང༌། ཅི་ ཙམ་བྱེད་པ་རྣམས་རྫོགས་པ་ན། རྗེས་གནང་རྗེས་མ་དེའི་ཐུགས་ཀྱི་རྗེས་གནང་སོང་མཚམས་སུ་གཙོ་བོས་ཇི་ལྟར་སོགས་ སློབ་མས་རྗེས་ཀྱི་བྱ་བ་རྣམས་བྱས་ཏེ། དེའི་རྗེས་སུ་མདུན་བསྐྱེད་དེའི་རྗེས་ཆོག་བྱའོ། །སྤྱིར་ལག་ལེན་རྒྱས་བསྡུས་ཀྱི་རིམ་པ་ འདི་དག་གསུང་རྒྱུན་དང་མཐོང་བ་བརྒྱུད་པ་ལས་རྟོགས་པ་གལ་ཆེའོ། །ལམ་འདི་ཉིད་ལས་མཆོག་བརྙེས་པ། །གྲུབ་ཆེན་ཉི་མ་ སྦས་པའི་བཞེད། །སྒྲོལ་མ་ཉེར་གཅིག་སྒྲུབས་པའི་ཐབས། །སློབ་མ་རྗེས་འཛིན་དང་བཅས་པ། །ལག་ལེན་རྒྱུན་ནི་མ་ཆད་ཀྱང༌། ། ཉེར་མཁོ་གོ་བདེའི་ཡི་གེ་ནི། །སྔོན་ཆད་གསལ་པོ་མ་མཐོང་ཞིང༌། །བློ་ལྡན་གཞན་གྱིའང་བསྐུལ་བའི་ཕྱིར། །ཏཱ་ར་ནཱ་ཐས་སྦྱར་ བ་ཡིན། །ཞེས་པ་སྒྲོལ་མ་ཉེར་གཅིག་ཉི་མ་སྦས་པའི་ལུགས་ཀྱི་སྒྲུབ་པའི་ཐབས་མདོ་ཙམ་ཤིན་ཏུ་གསལ་བ་འདི་ནི། རིགས་དང་ ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པ་ལུགས་གཉིས་ཀྱི་ཡོན་ཏན་དུ་མས་མངོན་པར་མཐོ་བའི་དགེ་བའི་བཤེས་གཉེན་ཆོས་ཀྱི་ རྗེ་མི་ཕམ་རྡོ་རྗེ་བདུད་འཇོམས་ཞེས་བྱ་བའི་གསུང་གིས་བསྐུལ་བའི་ངོར། ཚུལ་འདི་དག་གི་ཆོས་སྐོར་ལ་ཡང་ཅུང་ཟད་སྦྱངས་ པ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་ཞེས་བྱ་བས། རང་ལོ་སུམ་ཅུ་རྩ་གཅིག་པ་ལ་སྦྱར་བའོ། །ཀུན༷་ནས་དག༷འ་བར་གྲགས་པའི་ཆོས། ། གཞུང་དང་ཡིག་སྣ་ལ་སོགས་པ། །རྒྱ་བོད་གསུང་རབ་མཐའ་ཡས་ལས། །ཡང་སྙིང༷་འདྲིལ་པོ༷ར་བྱས་འདི་མཚར། །སྒྲུབ་ཐབས་ རིན་ཆེན་འབྱུང་གནས་ལས། །ཉི་མ་སྦས་པའི་ལུགས་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་བདུན་ པའོ།། །།ཞུས་དག མངྒ་ལཾ། ༄༅། །ༀ་སྭཱ་སྟི། ཀུན་མཁྱེན་རྒྱལ་བ་ཐམས་ཅད་ཀྱི། །བཀའ་ཡི་སྲུང་མ་ཆོས་སྐྱོང་ཆེ། །རིན་ཆེན་མང་ལ་རབ་ བཏུད་དེ། །རྒྱལ་ཆེན་སེར་པོའི་སྒྲུབ་ཐབས་བཤད། །བྲིས་སྐུ་རྟེན་རྫས་མཆོད་གཏོར་སོགས་འཛོམ་པར་བྱས་ལ། བགེགས་ གཏོར་བཏང༌། མཆོད་པ་བྱིན་གྱིས་བརླབས། གསང་བདག་གོས་སྔོན་ཅན་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། སླར་ཡང་ༀ་ཨ་ མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པ་དང༌། ༀ་བཛྲ་ཡཀྵ་ཛྭ་ལ་རཾ་ཛྭ་ལ་རཾ་ཕཊ་རཾ་ཕཊ་རཾ། ཞེས་ 15-1-444 ཕྱོགས་ཀུན་ཏུ་བསངས་གཏོར་བྱ། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། བྱང་ཕྱོགས་ནས་རྒྱལ་པོ་ ཆེན་པོ་རྣམ་ཐོས་སྲས་གནོད་སྦྱིན་བྱེ་བའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ ཡེ་སྟྭཾ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །རྒྱལ་ཆེན་འཁོར་དང་ བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །ༀ་བཻ་ཤྲ་མ་ཎ་ས་པ་རི་ཝཱ་ར་ ཨརྒྷཾ་པྲ་ཏཱིཙྪ་ༀ་ཨཱཿཧཱུཾ། དེ་བཞིན་དུ་ཞབས་བསིལ་ནས་རོལ་མོའི་བར་པཱདྱཾ་ནས་ཤབྟའི་བར་དུ་སྤེལ། རྒྱལ་ཆེན་རྣམ་མང་ཐོས་སྲས་ནོར་མང་ལྡན། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་ཆགས་ཤིང༌། ། སྤྲིན་བྲལ་ཉི་འོད་སྟོང་གི་གཟི་ལྡན་པ། །འདོད་དགུའི་ཆར་འབེབས་མཛད་ལ་ཕྱག་འཚལ་ ལོ། །ཞེས་པས་བསྟོད་ཅིང༌། མཁའ་ཁྱབ་ཡིད་འོང་ལྷ་རྫས་དངོས་ཀུན་དང༌། །ཞེས་སོགས་སྤྲོ་ན་ཡན་ལག་ བདུན་པ་བྱ། བསྡུ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱིས་ཆོག །བདག་ཉིད་ཕྱག་ན་ རྡོ་རྗེར་གསལ་བའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རྒྱལ་པོ་ འཁོར་དང་བཅས་པའི་གནས་གསུམ་དུ་ཐིམ་པས་འོད་དུ་ཞུ་ནས་སྟོང་པ་ཉིད་དུ་གྱུར། ༀ་སྭ་ བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཧཱུཾ་ཨེ་ཡཾ་རཾ་བཾ་ལཾ་སུཾ་རྣམས་ལས་ སྲུང་འཁོར་འབྱུང་བཞི་བརྩེགས་པ་གླིང་བཞི་རི་རབ་དང་བཅས་པའི་སྟེང་དུ། བྷྲུཾ་ལས་རིན་པོ་ ཆེ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། ཁ་ནང་ལྟས་ ཁོར་ཡུག་ཏུ་བསྐོར་བའི་ཤར་ཤེལ། ལྷོ་བཻཌཱུཪྻ། ནུབ་པདྨ་རཱ་ག བྱང་ཛཾ་བུ་ཆུ་བོའི་གསེར་ལས་ གྲུབ་པ། ཕྱོགས་རེ་རེ་ནས་ཀ་བ་ཉིས་སྟོང་ལྔ་བརྒྱ་ལྔ་བརྒྱས་བཏེགས་པའི་གདུང་རིང་དང༌། གདུང་ཐུང་གིས་མཛེས་པར་ཕུབ་པ། ཕྱི་རོལ་དུ་དཔྱངས་པའི་དྲ་བ་དྲ་ཕྱེད། ཕ་གུ་ཤར་བུ་ མདའ་ཡབ་སོགས་རྒྱན་ཐམས་ཅད་དང་བཅས་པ། དབུས་སུ་རིན་པོ་ཆེའི་ཁང་བཟང་གསུམ་ བརྩེགས་སུ་ཡོད་པ། ས་འོག་ཏུ་གཏེར་གྱི་ཁང་པ་བཅོ་ལྔ་དང་བཅས་པ། ཕྱི་རོལ་དུ་འཁོར་ས་ རིམ་པ་གསུམ་དང་ལྡན་པ། འཁོར་ས་དང་པོ་ལ་ཕྱོགས་མཚམས་བརྒྱད་དུ་ཁང་བཟང་བརྒྱད། 15-1-445 གཞལ་ཡས་ཁང་གི་ཕྱི་རོལ་ཡོངས་སུ་བསྐོར་བའོ། །དབུས་ཀྱི་ཕོ་བྲང་གི་ནང་དུ་ཧྲཱིཿལས་སྣ་ ཚོགས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སཾ་ ལས་སེང་གེ་དཀར་པོ། དེའི་སྟེང་དུ་བཻ་སེར་པོ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་མཚན་ པའི་རྒྱལ་མཚན་བཻ་ཡིག་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་འཕོངས་ཀྱི་སྡུག་བསྔལ་བསལ། འཇིག་རྟེན་གྱི་ཁམས་ཀྱི་ དཔལ་དང་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ཏེ་བཻ་ཡིག་ལ་ཐིམ། དེ་ཡོངས་སུ་ གྱུར་པ་ལས་རྒྱལ་པོ་ཆེན་པོ་ངལ་གསོས་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་ གཉིས་པ། གཡས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་མཚན་པའི་རྒྱལ་མཚན་འཛིན་པ། གཡོན་ན་གཏེར་གྱི་ནེའུ་ལེས་ཡིད་བཞིན་གྱི་ནོར་བུའི་ཆར་འབེབས་པ་བསྣམས་པ། ནེའུ་ལེ་ ལ་མིག་མངོན་དུ་ཕྱོགས་པའི་སེང་གེ་དཀར་པོ་ལུས་ཉམས་རྩལ་དང་ལྡན་པ་ཉལ་སྟབས་སུ་ གནས་པའི་སྟེང་ན་རོལ་པའི་སྟབས་ཀྱིས་བཞུགས་པ། ཞལ་ནས་འདོད་དགུའི་ཆར་འབེབས་ པ། ཉི་མ་འབུམ་དུས་གཅིག་ཏུ་ཤར་བ་ལྟ་བུའི་གཟི་བརྗིད་ཅན། རིན་པོ་ཆེའི་ཐོར་ཚུགས་དང་ དབུ་རྒྱན་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང༌། དར་སྣ་ཚོགས་པའི་ན་བཟའ་ལྷབ་ ལྷུབ་ཏུ་གསོལ་བ། ཕྲག་པ་གཡས་ནས་ཉི་མ་དང་གཡོན་པ་ནས་ཟླ་བ་འཆར་བ། མི་ཟད་ནམ་ མཁའི་མཛོད་ལ་མངའ་བརྙེས་པའི་སྐུ་ཅན་དུ་གྱུར་པ་ལ། ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་དུ་མ་ དང༌། གནོད་སྦྱིན་བྱེ་བས་བསྐོར་བའོ། །ཕྱོགས་མཚམས་ཀྱི་ཁང་པ་བརྩེགས་པ་བརྒྱད་ལ། ཤར་དུ་ཛཾ་ལས་ཛམྦྷ་ལ་སེར་པོ་རིན་པོ་ཆེ་བསྣམས་པ། ལྷོར་པཾ་ལས་གང་བ་བཟང་པོ་སེར་པོ་ རིན་པོ་ཆེའི་བུམ་པ་གང་བ་འཛིན་པ། ནུབ་ཏུ་མཾ་ལས་ནོར་བུ་བཟང་པོ་དཀར་པོ་ནོར་བུ་ འཛིན་པ། བྱང་དུ་ཀེཾ་ལས་ཀུ་བེ་ར་ནག་པོ་རལ་གྲི་འཛིན་པ། ཤར་ལྷོར་སཾ་ལས་ཡང་དག་ ཤེས་སེར་པོ་རལ་གྲི་འཛིན་པ། ལྷོ་ནུབ་ཏུ་གཾ་ལས་འབྲོག་གནས་ནག་པོ་རིན་པོ་ཆེའི་མདུང་ 15-1-446 དམར་འཛིན་པ། ནུབ་བྱང་དུ་པཾ་ལས་ལྔ་རྩེན་སེར་སྐྱ་ཁང་བརྩེགས་འཛིན་པ། བྱང་ཤར་དུ་པཾ་ ལས་ཛཾ་པོ་འཁྱིལ་པ་དཀར་པོ་གཡས་གྲི་དང་གཡོན་ཕུབ་འཛིན་པ། ཐམས་ཅད་ཀྱང་གཡོན་ ན་གཏེར་གྱི་ནེའུ་ལེ་བསྣམས་ཤིང༌། རང་མདོག་དང་མཚུངས་པའི་རྟ་ལ་ཆིབས་པ། དར་དང་ རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། དཔའ་ཞིང་བརྗིད་ལ་མི་སྡུག་པའི་ཆ་བྱད་ཅན་ རྣམས་རང་རང་གི་འཁོར་དང་བཅས་པ། འཁོར་ས་བར་པ་ན་ཀླུ་ཆེན་བརྒྱད་འཁོར་དང་ བཅས་པ་དང༌། འཁོར་ས་ཐ་མ་ན་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཚོགས་རྣམས་སྐུ་མདོག་མ་ངེས་པ། མི་སྡུག་ཅིང་བརྗིད་ལ་རྔམ་པ། མཚོན་ཆ་སྣ་ཚོགས་པ་འཛིན་པ། འཁོར་ས་ཐ་མ་དེ་ཉིད་ཀྱི་ ནང་རིམ་ན། སྡེ་དཔོན་ཉི་ཤུ་རྩ་བརྒྱད་པོ་ཐམས་ཅད་ཀྱང་སྐུ་མདོག་དམར་ནག་རལ་གྲི་དང་ ཕུབ་འཛིན་པ་རྣམས་དང༌། ཕྱི་རིམ་ལ་སྟོབས་ཆེན་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་སྐུ་མདོག་ ལྗང་ནག་གོ་ཆ་དང་བཅས་པ། མདུང་དང་རལ་གྲི་འཛིན་པ་རྣམས་རང་རང་གི་འཁོར་ཚོགས་ དཔག་ཏུ་མེད་པ་དང་བཅས་པ། ཐམས་ཅད་ཀྱང་གཡོན་ན་གཏེར་གྱི་ནེའུ་ལེ་འཛིན་པས་སྒྲུབ་ པ་པོ་ལ་དངོས་གྲུབ་ཀྱི་ཆར་འབེབས་པའོ། །སྤོས་སྦྱོར་བསྲེག་ཅིང༌། རང་གི་ཐུགས་ཀའི་ཧཱུཾ་ལས་ འོད་ཟེར་འཕྲོས། འོད་ཟེར་གྱི་སྣེ་ལ་ཁྲོ་བོ་འདོད་པའི་རྒྱལ་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་ པ་བྱུང་སྟེ། རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། མགོན་པོ་ ཀུན་གཤེགས་ཐུགས་དམ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །ཐམས་ཅད་ཉོན་མོངས་འདམ་ བྱིང་པས། །མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང༌། །གཟིགས་ཤིང་གཤེགས་པའི་གནས་ངན་ ཡང༌། །ཤཱཀྱ་སེང་གེའི་སྤྱན་སྔར་ཁྱོད། །ཐུགས་དམ་གང་བཞེས་དེ་དགོངས་ལ། །འདྲེན་པའི་ བསྟན་པ་བསྲུང་བ་དང༌། །སེམས་ཅན་ཀུན་ལ་སྨན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་ པ་རྣམས། །སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། །ༀ་བཻ་ཤྲ་མ་ཎ་ས་པཱ་རི་ཝཱ་ར་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ༀ་བཻ་སྭཱཧཱ། ༀ་བཻ་ཤྲ་མ་ཎ་ཨ་ཀཪྵ་ཡ་ཛཿ བཻ་རིང་པོ་བརྗིད་དང་ལྡན་པ་མིག་འཛུམ་སུམ་ཅུ་སོ་ 15-1-447 གཉིས་ཀྱི་ཡུན་ཚད་དུ་བརྗོད། ཨ་མྲྀ་ཏའི་སྔགས་ཀྱིས་ཕྱི་འབྲང་གི་བགེགས་བསྐྲད། རྒྱལ་པོའི་ཐུགས་ཀར་པདྨ་ འདབ་བརྒྱད་ཀྱི་འདབ་མ་རེ་རེ་ལ་བཻ་བཞི་བཞི། བདག་མདུན་གྱི་ཐུགས་འོད་ཟེར་གྱི་ལྕགས་ ཀྱུས་སྦྲེལ་བར་གྱུར། ༀ་རཏྣ་མུ་ཀ་ཊ་ཨ་བྷི་ཥིཉྩ་མཾ། ཞེས་ཅོད་པན་གྱིས་དབང་བསྐུར། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མཆོད་པ་བྱིན་གྱིས་བརླབས། ཨརྒྷཾ་ནས། ཤཔྟའི་བར་གྱིས་གོང་བཞིན་ཕུལ། རིན་ཆེན་གདུགས་དང་གསེར་ཉ་དང༌། །གཏེར་ཆེན་བུམ་པ་པདྨ་བཟང༌། །དུང་དཀར་གཡས་ འཁྱིལ་དཔལ་བེའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་སོགས། །དངོས་གྲུབ་རྣམ་གཉིས་སྩོལ་ བའི་ཕྱིར། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །ༀ་བཻ་ཤྲ་མ་ཎ་ས་པཱ་རི་ཝཱ་ར་ཨཥྚ་མངྒ་ ལཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཕུན་ཚོགས་འཁོར་ལོ་རིན་པོ་ཆེ། །དྲི་མེད་བཙུན་ མོ་ཁྱིམ་བདག་དང༌། །ཅང་ཤེས་རྟ་དང་གླང་པོ་དང༌། །ཕས་ཀྱི་རྒོལ་བ་ཚར་གཅོད་པའི། ། དམག་དཔོན་རིན་ཆེན་སྣ་བདུན་རྣམས། །བདག་གི་བསམ་པ་ཡོངས་རྫོགས་ཕྱིར། །རྒྱལ་ ཆེན་སྲས་དང་བཙུན་མོར་བཅས། །འཁོར་དང་བཅས་པས་བཞེས་སུ་གསོལ། །སབྟ་རཏྣ། ཡིད་འོང་ནགས་ཚལ་རལ་གྲི་དང༌། ཁང་བཟང་མལ་ཆ་ལྷ་ཡི་གོས། །སྦྲུལ་གྱི་པགས་པ་ལྷམ་ ལ་སོགས། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །ཨུ་པ་སཔྟ་རཏྣ། མེ་ལོང་གི་ཧཾ་བ་ཞོ་ དང༌། །དུར་བ་བིལ་བ་ལི་ཁྲི་དང༌། །ཉུངས་ཀར་ལ་སོགས་བཀྲ་ཤིས་རྫས། །རྒྱལ་ཆེན་འཁོར་ དང་བཅས་ལ་འབུལ། །ཨཥྚ་མངྒ་ལ་དྲ་བྱ། ཡིད་འོང་གཟུགས་དང་སྙན་པའི་སྒྲ། །ཡིད་འཛིན་ དྲི་དང་རོ་བརྒྱའི་ཟས། །འཇམ་མཉེན་འཁྲིལ་ཆགས་རེག་བྱའི་མཆོག །རྒྱལ་ཆེན་འཁོར་དང་ བཅས་ལ་འབུལ། །པཉྩ་ཀ་མ་གུ་ཎ། བསྟོད་པ་ནི། ཧཱུཾ་མི་འཇིགས་སེང་གེའི་ཁྲི་སྟེང་ན། །བཻ་ལས་ བྱུང་བའི་མགོན་པོ་ནི། །ངལ་གསོས་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་ བསྟོད། །བཙུན་མོ་བཞི་དང་སྲས་བཞི་དང༌། ཁྱད་པར་ལས་སྒྲུབ་གནོད་སྦྱིན་བརྒྱད། །ནོར་ མཆོག་སྟེར་བའི་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །མཆོད་ཅིང་བསྟོད་དེ་ 15-1-448 ཕྱག་ཀྱང་འཚལ། །དགྲ་བགེགས་མ་ལུས་གཞོམ་པ་དང༌། །འབྱོར་བའི་ལོངས་སྤྱོད་ཕུན་ ཚོགས་ཤིང༌། །འདོད་དགུ་ཡིད་བཞིན་འགྲུབ་པ་དང༌། །གཞན་དོན་ལྷུན་གྱིས་གྲུབ་པར་ མཛོད། །དེ་ནས་བཟླས་པའི་དམིགས་པ་གསལ་བཏབ་ལ། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་ དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་ མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ༀ་ཨེ་ཧྱེ་ཧི། ཏིཥྛ་ཏིཥྛ་སརྦ་ཨརྠ་མེ་སཱ་དྷ་ནི། ཏདྱ་ཐཱ། སུ་དྷ་ནི། སུ་ར་སྱ། སུ་མ་ཏི། སུ་པུ་ཥི། ཧི་ལི་མི་ལི་སྭཱཧཱ། གཙོ་འཁོར་ཐམས་ཅད་ཀྱིས་སྔགས་སོ། །ༀ་བཻ་ཤྲ་མ་ཎ་ཡ་སྭཱཧཱ། གཙོ་བོའི་སྙིང་པོའོ། །ༀ་བཻ་སྭཱཧཱ། ཉེ་སྙིང་ངོ༌། །ༀ་ཛམྦྷ་ལ་ཡེ་སྭཱཧཱ། ༀ་པུརྦ་བྷ་དྲ་ཡེ་སྭཱཧཱ། ༀ་མ་ཎི་བྷ་དྲ་ ཡེ་སྭཱཧཱ། ༀ་ཀུ་བེ་ར་ཡེ་སྭཱཧཱ། ༀ་སཾ་པྲ་ཛ་ན་ཡེ་སྭཱཧཱ། ༀ་གུ་ཧྱ་ཐ་ན་ཡེ་སྭཱཧཱ། ༀ་པཉྩི་ཀ་ཡེ་ སྭཱཧཱ། ༀ་པི་ཙི་ཀུཎྜ་ལ་ཡེ་སྭཱཧཱ། འཁོར་གནོད་སྦྱིན་བརྒྱད་པོ་རྣམས་ཀྱི་སྔགས་སོ། །དེ་ལྟར་ཅི་ནུས་པར་བཟླས་ནས། ཐུན་གྱི་མཐར་གཏོར་མ་འབུལ་བ་ནི། ༀ་བཛྲ་ཡཀྵ་ཀྲོ་དྷས་བགེགས་བསྐྲད། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་ སྦྱངས། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཀྱི་ནང་དུ་ཁཾ་ཞུ་བ་ལས་བྱུང་བའི་ གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། དེ་ཉིད་ཀྱི་མཐའ་སྐོར་དུ་ཀཾ་ལས་བུམ་པ། བཾ་ལས་ཁྲུས་ ཀྱི་རྫིང་བུ། ཁཾ་ལས་དཔག་བསམ་གྱི་ཤིང་དང༌། འདོད་འཇོའི་བ་མོ་ལ་སོགས་པས་བསྐོར་བ་ དང༌། གཏོར་མའི་སྟེང་དུ། ༀ་ཨཱཿཧཱུཾ། ཞུ་བ་ལས་ཁ་དོག་དྲི་རོ་ནུས་པའི་མཐུ་ཕུན་སུམ་ཚོགས་ པར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ། ཨ་ཀཱ་རོ་སོགས་དང༌། རུ་རུ་སོགས་དང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་རྣམས་ ལན་གསུམ་མམ་བདུན་བདུན་གྱིས་རྒྱ་ཆེར་སྤེལ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ༀ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ ཕཊ། ༀ་བཻ་ཤྲ་མ་ཎ་ཨི་དཾ་བཱ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ་མ་མ་སརྦ་ ཀརྨ་སཱ་དྷ་ཨ་མོ་གྷ་ཡ་སྭཱཧཱ། ཞེས་ལན་བདུན་ལ་སོགས་པས་གཙོ་བོ་དང༌། ༀ་ཛམྦྷ་ལ་ཡེ་ཨི་དཾ་སོགས་རང་རང་ སོ་སོའི་མིང་སྔགས་སྤེལ་བས། རྟ་བདག་བརྒྱད་དང༌། ༀ་ཨཥྚ་ནཱ་ག་ཤ་ཏ་ས་ཧ་སྲ་ཀོ་ཊི་ཡཀྵ་རཀྵ་ས་ཨི་དཾ་ 15-1-449 སོགས་ཀྱིས་འཁོར་སྤྱི་ལ་འབུལ། བསྡུ་ན། ཨ་ཀཱ་རོའམ། ༀ་བཻ་ཤྲ་མ་ཎ་ཡེ་ས་པ་རི་ཝཱ་ར་སོགས་ཀྱིས་ཕུལ་ཀྱང་ ཆོག དེ་ནས་བསྟོད་པ་ནི། བསྡུས་པ་གོང་བཞིན་ནམ། ཤིན་ཏུ་བསྡུས་པར་ན། གནོད་སྦྱིན་རྒྱལ་པོ་ཆེན་པོ་རྣམ་ཐོས་ སྲས། །ནོར་ལ་དབང་བསྒྱུར་འདོད་ཡོན་ཆར་དུ་འབེབས། །དབུལ་བའི་གདུང་སེལ་མགོན་ པོ་ཐུགས་རྗེ་ཅན། །རྒྱལ་པོ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཞེས་པ་ཙམ་གྱིས་ཀྱང་ཆོག་ལ། ཅུང་ ཟད་རྒྱས་པར་སྤྲོ་ན། རིན་ཆེན་ཕོ་བྲང་དམ་པ་ན། །མི་འཇིགས་སེང་གེའི་ཁྲི་སྟེང་ན། །བཻ་ལས་བྱུང་ བའི་མགོན་པོ་ནི། །ངལ་གསོས་དགེ་བ་སྟོབས་པོ་ཆེ། །སེམས་དཔའི་སྐྱིལ་ཀྲུང་དག་གིས་ བཞུགས། །གཡས་ན་རིན་ཆེན་རྒྱལ་མཚན་འཛིན། །གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས། ། སྐུ་ནི་གསེར་གྱི་འོད་པས་མཛེས། །ཞལ་ནས་རིན་ཆེན་ཆར་པ་འབེབས། །ཐུགས་རྗེས་ ཕོངས་པ་ལས་སྒྲོལ་མཛད། །རིན་ཆེན་རྒྱན་རྣམས་ཀུན་གྱིས་བརྒྱན། །བྱང་ཕྱོགས་རྒྱལ་པོར་ སྐུ་ཡང་སྤྲུལ། །རྣམ་ཐོས་སྲས་སུ་མཚན་ཡང་གྲགས། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། ། དབུ་ལ་རིན་ཆེན་ཅོད་པན་གསོལ། །ཡོན་ཏན་རྫོགས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་བྱེ་ བའི་ཚོགས་ཀྱིས་བསྐོར། །སྡེ་པོ་ཆེ་ལ་ཕྱག་འཚལ་ལོ། །གཞན་གྱི་དཔུང་རྣམས་འཇོམས་པར་ བྱེད། །སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །བུམ་པ་བཟང་པོས་རྣམ་པར་བརྒྱན། །དཔག་བསམ་ ཤིང་དང་རིན་ཆེན་ཤིང༌། །རྫིང་བུ་བཟང་པོ་འདོད་འཇོའི་བ། །གཏེར་བདག་ཁྱོད་ལ་ཕྱག་ འཚལ་ལོ། །ཛམྦྷ་ལ་ནི་གསེར་གྱི་མདོག །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ ལེ་གཡས་པ་ན། །རིན་ཆེན་བསྣམས་ལ་ཕྱག་འཚལ་ལོ། །གང་བ་བཟང་པོ་སྐུ་མདོག་སེར། ། རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ༴ བུམ་པ་བསྣམས་ལ་ཕྱག་འཚལ་ལོ། ། ནོར་བུ་བཟང་པོ་སྐུ་མདོག་དཀར། །རྫུ་འཕྲུལ་རྟ༴ གཡོན་པ༴ ནོར་བུ་བསྣམས་ལ་ཕྱག་ འཚལ་ལོ། །ཀུ་བེ་ར་ནི་སྐུ་མདོག་ནག །རྫུ་འཕྲུལ་རྟ༴ གཡོན་པ༴ རལ་གྲི་བསྣམས་ལ་ཕྱག་ འཚལ་ལོ། །ཡང་དག་ཤེས་ནི་སྐུ་མདོག་སེར། །རྫུ་འཕྲུལ་རྟ༴ གཡོན་པ༴ གསེར་གྲི་བསྣམས་ 15-1-450 ལ་ཕྱག་འཚལ་ལོ། །འབྲོག་གནས་སྐུ་མདོག་ནག་པོ་ལ། །རྫུ་འཕྲུལ༴ གཡོན་པ༴ མདུང་ དམར་བསྣམས་ལ་ཕྱག་འཚལ་ལོ། །ལྔ་རྩེན་སྐུ་མདོག་སེར་སྐྱ་ལ། །རྫུ་འཕྲུལ༴ གཡོན་པ༴ ཁང་བརྩེགས་བསྣམས་ལ་ཕྱག་འཚལ་ལོ། །པི་ཙི་ཀུཎྜ་ལི་ནི་དཀར། །རྫུ་འཕྲུལ༴ གཡོན་པ༴ གྲི་ཕུབ་འཛིན་ལ་ཕྱག་འཚལ་ལོ། །ཀླུ་ཆེན་བརྒྱད་ནི་སྐུ་མདོག་སེར། །རིན་ཆེན་སྦྲུལ་གྱི་ གདེངས་ཀས་བརྗིད། །ཕྱག་གཉིས་འདོད་དགུའི་ཆར་འབེབས་པའི། །ནོར་བུ་འཛིན་ལ་ཕྱག་ འཚལ་ལོ། །ཤར་དུ་རིང་པོ་མིག་བཟང་དང༌། །གང་པོ་སེར་སྐྱ་ས་པ་གནས། །སེང་གེ་ཉེ་སེང་ དུང་ཅན་དང༌། །དགའ་བ་ཤིན་དུ་ས་པ་ལྷོ། །སེང་གེ་སེང་གེའི་རལ་པ་དང༌། །བླ་མ་སེར་སྐྱ་ ནག་པོ་ནུབ། །འཛིན་པ་འཛིན་དགའ་བརྩོན་སྐྱོང་དང༌། ཁྱབ་འཇུག་ཉེ་ནག་བྱང་དུའོ། །ལྔ་ སྤྱོད་ཉི་མ་བྱང་ཤར་ན། །མེ་རུ་ཚིགས་ལྔ་སེར་པོ་བཟླ། །རི་མཉམ་མེ་ནི་ལྷོ་ནུབ་ཏུའོ། །སེར་ ཅན་རླུང་ནི་ནུབ་བྱང་ན། །གནོད་སྦྱིན་སྡེ་དཔོན་ཉི་ཤུ་བརྒྱད། །ཞལ་གཅིག་ཕྱག་གཉིས་ འཇིགས་པའི་གཟུགས། །སྨུག་ནག་རིན་ཆེན་རྒྱན་གྱིས་བརྒྱན། །གྲི་ཕུབ་འཛིན་ལ་ཕྱག་ འཚལ་ལོ། །དབང་པོ་ཟླ་བ་ཆུ་ཟླ་དང༌། །སྐྱེ་བདག་གདོས་པའི་རྒྱལ་མཚན་དང༌། །དབང་ ལྡན་ཙན་དན་འདོད་པའི་གཙོ། །མགྲིན་ངན་མགུལ་ངེས་པ་ཊི་དང༌། །ནོར་བུ་ནོར་སྤྱོད་དགྲ་ རབ་དང༌། །ཉེར་ལྔ་དང་ནི་རི་མཉམ་དང༌། །གསེར་ཅན་གང་པོ་སེང་ལྡེང་དང༌། །གཡོན་ ཕྱོགས་ལྷ་དང་བ་གླང་སྐྱོང༌། །འབྲོག་གནས་མི་ཡི་རྒྱལ་པོ་དང༌། །རྒྱལ་བ་ཁྱུ་མཆོག་ཚིག་ལྔ་ སེར། །བཞིན་བཟང་དང་ནི་རིང་པོ་དང༌། །དྲི་ཟ་སྣ་ཚོགས་འབྲས་བུ་གསུམ། །མགུལ་གསུམ་ ལྕགས་མདུང་རིང་པོ་དང༌། །ལྷ་ལས་བྱུང་བའི་མ་ལྡན་ཏེ། །ས་གའི་རིགས་ལས་བྱུང་བ་ཡི། ། སྟོབས་ཆེན་སུམ་ཅུ་རྩ་གཉིས་ཡིན། །སྟེང་འོག་ཕྱོགས་མཚམས་བསྲུང་ཞིང་སྐྱོང༌། །ལྗང་ནག་ གྲི་མདུང་འཛིན་ལ་བསྟོད། །ལྷ་རྒྱལ་དཀར་པོ་རྡོ་རྗེ་འཛིན། །ཀླུ་རྒྱལ་དཀར་པོ་སྦྲུལ་ཞགས་ བསྣམས། །གནོད་སྦྱིན་སེར་པོ་ནེའུ་ལེ་བསྣམས། །དྲི་ཟ་དམར་པོ་རྒྱུད་མངས་ཅན། །ལྷ་མིན་ 15-1-451 སྔོན་པོ་གོ་མཚོན་འཛིན། །མཁའ་ལྡིང་གསེར་མདོག་གཤོག་པ་རྒྱས། །མི་ཅིའི་རྒྱལ་པོ་རྟ་ མགོ་ཅན། །ལྟོས་འཕྱེ་སྔོན་པོ་སྦྲུལ་མགོ་ཅན། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་རྣམས། །ཀུན་ ཀྱང་རང་མདོག་རྒྱན་གྱིས་བརྒྱན། །ཕྱག་གཡས་མཚོན་ཆ་སྣ་ཚོགས་དང༌། །གཡོན་པ་ནེའུ་ལེ་ འཛིན་ལ་བསྟོད། །དེ་ལྟར་བསྟོད་ཅིང་རབ་བསྔགས་པས། །བདག་ཅག་འཁོར་བཅས་བསྲུང་ བ་དང༌། །འདོད་པའི་དོན་རྣམས་འགྲུབ་པ་དང༌། །བགེགས་རྣམས་མ་ལུས་མེད་པར་མཛོད། ། ཚེ་དང་བསོད་ནམས་འཕེལ་བ་དང༌། །འཁོར་དང་ལོངས་སྤྱོད་རྒྱས་པ་དང༌། ཁམས་གསུམ་ དབང་དུ་བསྡུ་བ་དང༌། །བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། །སྤྲོ་ན། བྱང་ཕྱོགས་སྐྱོང་བ་ ནས། མྱུར་དུ་འགྲུབ་པར་མཛོད། །ཀྱི་བར་ཀྱང་བརྗོད། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། བཻ་རིང་པོ་བརྗོད་པས་ པད་འདབ་ཀྱི་བཻ་རྣམས་གཤེགས། འོད་ཀྱི་ལྕགས་ཀྱུ་བཀྲོལ་བར་བསམ། ༀ་ཁྱོད་ཀྱིས་སེམས་ཅན་སོགས་དང༌། བཛྲ་མུཿ ཡེ་ཤེས་པ་བྱང་ཕྱོགས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྨོན་ལམ་དང་བཀྲ་ཤིས་ཅི་ རིགས་པར་བརྗོད་དོ། ། འདིའི་རྗེས་གནང་བྱེད་པར་འདོད་པས། མཎྜལ་སྣ་ཚོགས་པདྨ་འདབ་བརྒྱད་མུ་ཁྱུད་དང་བཅས་པ་བྲི། དེའི་སྟེང་དུ་རྟེན་ གཏོར་ཁང་བཟང་གསུམ་བརྩེགས་འཁོར་ས་རིམ་པ་གསུམ་སོགས་སྒོམ་དོན་དང་མཐུན་པ་འགོད་པ་རྒྱས་པའི་ལུགས་དང༌། ཟླུམ་གཏོར་གཙོ་འཁོར་དགུ་པ་འགོད་པ་འབྲིང་པོའི་ལུགས་དང༌། མཎྜལ་མི་འབྲི་བར་གཏོར་མ་ཁོ་ན་བྱེད་པ་བསྡུས་པའི་ལུགས་ གསུམ་པོ་གང་གིས་ཀྱང་ཆོག་མོད། དེང་སང་ལག་ལེན་རྒྱས་པ་ལ་མཛད་ཅིང༌། དེ་ཡང་གཏོར་མ་བྱེད་པ་རྒྱ་གར་པའི་ལུགས་ དང༌། ཁང་བཟང་བྱེད་པ་རྒྱ་ནག་གི་ལུགས་ཡིན་གསུང༌། དེའི་མདུན་ནམ་གཡས་ཕྱོགས་སུ་ཡི་དམ་དང་ཆོས་སྐྱོང་གི་འབུར་གཏོར་ བཤམ། མཆོད་པ་དང་སྤྱན་གཟིགས་གཞན་རྣམས་ཀྱང་ཅི་བདེ་བར་བཀོད་ནས། བགེགས་གཏོར་བཏང༌། མཆོད་པ་བྱིན་རླབས་ བྱ། གོས་སྔོན་ཅན་གྱི་བདག་བསྐྱེད་དང༌། གཏོར་འབུལ་སྔོན་དུ་འགྲོ་བས། གོང་དུ་བསྟན་པ་ལྟར་མདུན་བསྐྱེད་ཆོས་སྐྱོང་ཆེན་པོ་ རྣམ་ཐོས་སྲས་འཁོར་བཅས་བསྐྱེད་ཅིང་མཆོད་གཏོར་འབུལ་བ་དང༌། བཟླས་པ་སོགས་རྗེས་ཆོག་མ་གཏོགས་གོང་དུ་བསྟན་པ་ རྣམས་ཚང་བར་བྱས། སློབ་མ་རྣམས་ཁྲུས་བྱས། གོས་གསར་པ་གྱོན། ཕྱག་དང་མེ་ཏོག་བཀྱེ་བསྡུ་སྔོན་དུ་འགྲོ་བས། བགེགས་ 15-1-452 གཏོར་བཏང་ལ་བགེགས་བསྐྲད། སེམས་བསྐྱེད་གསལ་བཏབ། ཆོས་བཤད་དང་འདིའི་ལོ་རྒྱུས་ཅི་རིགས་པར་བཤད། མཎྜལ་ འབུལ་དུ་བཅུག ཁྲོ་ཕུ་བའི་ལག་ལེན་ལྟར་ན། རྡོ་རྗེ་འཛིན་པ་སོགས་ཀྱི་གསོལ་བཏབ་བྱེད། དཀྱུས་ཀྱི་ལག་ལེན་ལྟར་ན། གནོད་སྦྱིན་གཏེར་སྐྱོང་རིན་ཆེན་ལྟ་བུའི་སྐུ། །ཆེ་མཆོག་བསམ་གྱིས་མི་ཁྱབ་ཡོན་ཏན་རྫོགས། ། སྒྲུབ་མཆོག་བདག་ལ་མཆོག་དང་ཐུན་མོང་གི །དངོས་གྲུབ་མ་ལུས་དུས་འདིར་སྩལ་དུ་ གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ། ཁྲོ་ཕུ་བའི་ལག་ལེན་ ལ་རྒྱུན་བཤགས་མི་མཛད་དོ། །དངོས་གཞི་ནི། ཐོག་མར་སློབ་མ་ཕྱག་རྡོར་གྱི་མངོན་རྟོགས་རིགས་བདག་གི་བར་རྫོགས་པར་ ཕོག མདུན་གྱི་གཏོར་མ་ལ་དམིགས་སུ་བཅུག་སྟེ། ༀ་སྭ་བྷཱ་ཝ་ནས། ཐུགས་ཀར་ཧཱུཾ་གི་བར་གོང་བཞིན་བསྒོམ་པ་ ལས། སྤྱན་འདྲེན་གྱི་ཚེ་རོལ་མོ་དྲག་ལ་ཡུན་རིང་བར་བྱེད། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། མི་འཇིགས་སེང་ གེའི་ཁྲི་སྟེང་ནས། ཕྱག་ཀྱང་འཚལ་གྱི་བར་གྱིས་བསྟོད། སྐུའི་རྗེས་གནང་ངོ༌། །བླ་མའི་ཐུགས་ཀ་ནས་འོད་ འཕྲོས་མདུན་བསྐྱེད་རྒྱལ་པོའི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་སྔགས་འཕྲེང་རིན་ཆེན་ འབར་བའི་འཕྲེང་བ་ལྟ་བུ་གྱུར། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ གྱི་དབུལ་འཕོངས་བསལ། འཇིག་རྟེན་ཁམས་ཀྱི་དངོས་གྲུབ་ཐམས་ཅད་བསྡུས་ཏེ་སྔགས་ འཕྲེང་ལ་ཐིམ། དེ་ཉིད་སློབ་མའི་ཁ་སྒོ་ནས་ཞུགས་ཏེ་སྙིང་གའི་ཧཱུཾ་ལ་ཐིམ། དེ་ནས་སྔགས་ འཕྲེང་འཁོར་ལོ་ལྟར་འཁོར་བ་ལ་སེམས་གཏད་དུ་བཅུག་སྟེ། གཟུངས་ཚར་གསུམ། གཙོ་བོའི་སྙིང་པོ་ བརྒྱ་རྩ་བརྒྱད། རྟ་བདག་བརྒྱད་ཀྱི་སྙིང་པོ་ཚར་བདུན་བདུན་རྗེས་བཟློས་བྱེད་པའམ། བསྡུ་ན་ཐམས་ཅད་ལན་གསུམ་རེས་ཆོག སློབ་མས་སློབ་དཔོན་ལ་མེ་ཏོག་འཐོར་ཞིང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་ མཛད་དུ་གསོལ། །ལན་གསུམ། སློབ་དཔོན་གྱི་བགྲང་འཕྲེང་སློབ་མའི་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་ སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ་གྱིས་བྱིན་གྱིས་བརླབས། གོང་བཞིན་ མདུན་བསྐྱེད་ལ་མཆོད་བསྟོད་བྱ། སློབ་མ་གསང་བདག་གི་ང་རྒྱལ་བརྟན་པོ་བསྐྱེད་དུ་བཅུག་ལ། གཏོར་མ་ལག་ཏུ་གཏད་དེ། བླ་ མ་བརྒྱུད་པའི་མཚན་ནས་བརྗོད་ཅིང༌། གཏོར་མའི་བཀའ་བསྒོ་དྲག་ཏུ་བྱ། དེ་རྗེས་ཁོ་ཕུ་བའི་ཕྱག་ལེན་ལྟར་ན་བར་ཆད་ཞི་བར་ 15-1-453 བྱ་བའི་ཕྱིར་དྲག་པོའི་རྗེས་གནང་མཛད་དེ། འདི་ལྟར་ན་གོང་སྤྱན་འདྲེན་གྱི་སྐབས་ཕྱི་འབྲང་གི་བགེགས་བསྐྲད་མི་དགོས། འོན་ ཀྱང་སློབ་མ་ཡི་དམ་གྱི་བསྙེན་སོང་ཡིན་ན་མ་གཏོགས། དྲག་པོའི་རྗེས་གནང་བཀའ་གཉན་པས་ཅི་ཐོད་ཐོད་དུ་མི་བྱའོ། །ཐུགས་ ཀྱི་རྗེས་གནང་ངོ༌། །དེ་ནས་སློབ་མ་འདིའི་རྗེས་བཟློས་བྱེད་དུ་བཅུག་སྟེ། སློབ་དཔོན་དགོངས་སུ་གསོལ། མིའི་ འཇིག་རྟེན་དུ་བདག་མིང་འདི་ཞེས་བགྱི་བ་ལ་ཆོས་དང༌། ལོངས་སྤྱོད་དང༌། རིན་པོ་ཆེའི་ ཕུང་པོ་ལ་སོགས་པ་ཤིན་ཏུ་རྒྱས་པར་གྱུར་ཅི་ག །ཅེས་ལན་གསུམ་དང༌། སྤྲོ་ན། འདོད་པའི་ཁམས་ ན་ལོངས་སྤྱོད་པའི། །དངོས་གྲུབ་བདག་གིས་ཀུན་ཐོབ་ནས། །བླ་མ་ཡི་དམ་དཀོན་མཆོག་ མཆོད། །འཕྲིན་ལས་རྣམ་བཞི་རྫོགས་པར་ཤོག །རིན་ཆེན་སྣ་བདུན་ལོངས་སྤྱད་ནས། ། གཏེར་གྱི་དངོས་གྲུབ་ཕྱུགས་རྣམས་དང༌། །གཟི་བརྗིད་དང་ལྡན་ཆོས་སྐྱོང་གིས། །རྟག་ཏུ་ བདག་ལ་སྲུང་གྱུར་ཅི་ག །བར་མཛོད་འབྲུ་དང་འདོད་འཇོའི་བ། །རྒྱལ་མཚན་འཁོར་ལོས་ བསྒྱུར་བ་དང༌། །ཐོགས་མེད་རྫུ་འཕྲུལ་གྲུབ་ནས་ནི། །ལས་མཆོག་བདེ་ལ་གནས་པར་ཤོག ། ཅེས་པའམ། བསྡུ་ན་ཚིགས་བཅད་ཐ་མ་ལན་གསུམ་བརྗོད། ཁྲོ་ཕུ་བའི་ལུགས་ལ་སྨོན་ལམ་འདི་མི་མཛད། རྗེས་ཁས་བླངས། མཎྜལ། ཡོན་འབུལ་བ་རྣམས་སྤྱི་དང་འདྲ་ཞིང༌། མདུན་བསྐྱེད་ཀྱི་རྗེས་ཆོག་གོང་དུ་བསྟན་པ་བཞིན་བྱ། དགའ་སྟོན་ཡང་རྒྱ་ཆེར་ སྤེལ་ལོ། །རྣམ་སྲས་སྒྲུབ་ཐབས་ཀུན༷་དག༷འི་ཕུལ། །སྤལ་ཏིའི་བཞེད་པ་གཞུང་བསྲང་ནས། །ལུགས་གཞན་ཁྱད་པར་གསལ་ བཀོད་པ། །སྙིང༷་པོ༷འི་ཡི་གེ་ངོ་མཚར་རྨད། །རྒྱལ་པོ་ཆེན་པོ་རྣམ་སྲས་སེར་ཆེན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། དབང་གི་ལས་ལ་ཆེར་བསྔགས་ཤིང༌། །ཕ་རོལ་གཡུལ་རྣམས་འཇོམས་ལ་དཔའ། །ངལ་གསོས་ རྒྱལ་པོའི་སྒྲུབ་ཐབས་ནི། །མདོར་བསྡུས་ཙམ་ཞིག་བྲི་བར་བྱ། །རྒྱལ་པོ་སེར་ཆེན་གྱི་སྒྲུབ་ཐབས་ཤེས་ནས་འདི་ལ་འཇུག་པར་ བྱ་སྟེ། མཆོད་གཏོར་བཤམས། མཆོད་པ་བྱིན་གྱིས་བརླབས། བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་བསྐྱེད་བསངས་སྦྱངས། ཨེ་ཡཾ་རཾ་བཾ་ལཾ་སུཾ་ལས་འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར་བྷྲུཾ་ལས་གཞལ་མེད་ཁང་ གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། རྡོ་རྗེ་ས་གཞི་ལ་གནས་ཤིང་རྡོ་རྗེ་རྭ་བས་བསྐོར་ བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ནང་གི་ལྷ་ 15-1-454 སྣམ་ཕྱོགས་ཀྱི་མདོག་ཅན་དུ་གནས་པའི་དབུས་སུ། འཁོར་ལོ་སྔོན་པོ་རྩིབས་བཞི་པའི་ལྟེ་ བ་ལ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གནས་པའི་རྟ་སྔོ་ནག་ལུས་ཉམས་རྩལ་དང་ལྡན་ པ། གསེར་གྱི་སྒ་དང༌། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་སྟེང་དུ་བཻ་དམར་པོ། དེ་ལས་ འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཁམས་གསུམ་དབང་དུ་བསྡུས། སླར་ཐིམ་པ་ཡོངས་སུ་གྱུར་པ་ལས། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་དམར་པོ་ཞལ་ གཅིག་ཕྱག་གཉིས་མཆེ་བ་གཙིགས་པ། སྤྱན་གཉིས་དམར་ལ་ཟླུམ་པ། སྨིན་མ་དང་སྨ་ར་ དམར་སེར་མེ་ལྟར་འབར་བ། ཕྱག་གཡས་མདུང་དམར་དར་ཆེན་བཅས་འཕྱར་ཞིང༌། གཡོན་ གཏེར་གྱི་ནེའུ་ལེ་འཛིན་པས་སྒྲུབ་པ་པོ་ལ་དངོས་གྲུབ་ཀྱི་ཆར་འབེབས་པ། དར་སྣ་ཚོགས་ཀྱི་ ན་བཟའ་ལྷབ་ལྷུབ་དང༌། བསེ་ཁྲབ་གསོལ་བ། གསེར་གྱི་སྐེ་རགས་ཅན། དབུ་ལ་རྨོག་ཞུ་ དང༌། ཞབས་ལ་བསེའི་ལོ་ཁྲམ་གསོལ་བ། ཁམས་གསུམ་མ་ལུས་{པ་}དབང་དུ་བསྡུ་བའི་ འོད་ཟེར་འབར་བའི་དབུས་ན་བཞུགས་པའོ། །འཁོར་ལོའི་རྩིབས་བཞི་ལ། ཤར་དུ་ཤ་ཡིག་ ལས་སྲས་གཟའ་མཆོག་ཆེན་པོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་སྐུ་སྟོད་སྲིན་པོའི་ལུས་ལ་སྐུ་སྨད་ སྦྲུལ་མཇུག་ཏུ་འཁྱིལ་བ། དབུ་དགུའི་སྟེང་ན་བྱ་རོག་གི་མགོ་ཡོད་པ། མགོ་ལུས་ཐམས་ཅད་ མིག་གིས་གང་བ། ཕྱག་གཡས་ཆུ་སྲིན་གྱི་རྒྱལ་མཚན་དང༌། གཡོན་སྦྲུལ་ཞུགས་འཛིན་པའོ། ། ལྷོ་རུ་ར་ལས་གནོད་སྦྱིན་དྷ་ན། ནུབ་ཏུ་མ་ལས་གནོད་སྦྱིན་ཀ་ལ། བྱང་དུ་ན་ལས་གནོད་ སྦྱིན་ཀུ་བེ་ར། དེའི་ཕྱི་རོལ་ལྷ་སྣམ་གྱི་ཕྱོགས་བཞིར། ཤར་དུ་ཤ་ལས་གནོད་སྦྱིན་བུམ་སྣ། ལྷོ་ རུ་ས་ལས་གནོད་སྦྱིན་དུང་སྣ། ནུབ་ཏུ་ཧ་ལས་གནོད་སྦྱིན་སྣ་གསུམ། བྱང་དུ་ཨཾ་ལས་གནོད་ སྦྱིན་སྣ་བོ་ཆེ། དེ་ལྟར་བདུན་ཀའང་ཐུང་ཞིང་གསུས་པོ་ཆེ་བ་འཇིགས་པའི་གཟུགས་ཅན་དར་ དང་རིན་པོ་ཆེས་བརྒྱན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །ཤར་སྒོར་ཛཿལས་ ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཧཱུཾ་ལས་ཞགས་པ་མ་སེར་མོ། ནུབ་སྒོར་བཾ་ལས་ལྕགས་སྒྲོག་ 15-1-455 མ་དམར་མོ། བྱང་སྒོར་ཧོཿལས་དྲིལ་བུ་མ་ལྗང་ཁུ། ཐམས་ཅད་འཛུམ་ཁྲོ་གཡས་བརྐྱང་གི་ སྟབས་ཀྱིས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པའོ། །རྒྱས་པ་ལ་སྤྲོ་ན། བསྟོད་པ་ལྟར་བསྐྱེད་ ཆོག་ཀྱང་རྒྱས་པ་བཞིན་བྱའོ། །དེ་ནས་སྤྱན་འདྲེན་ནས་དབུ་བརྒྱན་པའི་བར་གསེར་ཆེན་དང་འདྲ། མཆོད་པའང་སྤྲོ་ན་གསེར་ ཆེན་ལྟར་རྒྱས་པར་ཕུལ་བའི་རྗེས་ལ། འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཐུགས་དམ་བསྐང་བ་རྣམས་བྱ། བསྡུ་ན་ཨརྒྷཾ་ལ་ སོགས་པས་མཆོད། བསྟོད་པ་ནི། བཻ། རིན་ཆེན་མགོན་པོ་བཅོམ་ལྡན་འདས། །སངས་རྒྱས་ཀུན་བས་ སྔར་སངས་རྒྱས། །འགྲོ་བའི་བསམ་པ་རྫོགས་མཛད་པ། །ངལ་གསོས་པོ་ལ་ཕྱག་འཚལ་ ལོ། །འོག་མིན་གནས་མཆོག་བླ་མེད་ནས། །བྱང་ཆུབ་སེམས་དཔའ་རིན་ཆེན་མང༌། །འགྲོ་ བའི་རེ་འདོད་སྐོང་མཛོད་པ། །ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །དྲང་སྲོང་རྣམ་མང་ཐོས་པ་ དང༌། །བཙུན་མོ་དཔལ་ཚུལ་བཟང་མོ་ཡི། །སྲས་སུ་སྨོན་ལམ་རྫོགས་མཛད་པ། །རྣམ་ཐོས་ སྲས་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་ན། །བཟང་པོའི་ཁྲི་ལ་བཞུགས་ནས་ ནི། །གཏེར་ཆེན་བཞི་ལ་མངའ་མཛད་པ། །ཛམྦྷ་ལ་ལ་ཕྱག་འཚལ་ལོ། །ལྷ་ཆེན་ཁྱོད་ནི་ཁྲོས་ པའི་ཚེ། །སྤྱན་རྩ་དམར་པོ་བཟློག་པ་ཡིས། །དགྲ་ལ་མི་ནད་ཕྱུགས་ནད་གཏོང་། །ལུས་ངན་ པོ་ལ་ཕྱག་འཚལ་ལོ། །གཤིན་རྗེ་ཡ་མཱནྟ་ཀ་ཡིས། །གདོང་དམར་འདུལ་བར་དབང་བསྐུར་ བ། །གཤིན་རྗེ་དམར་པོ་སྲོག་གི་བདག །མ་རུ་རྩེ་ལ་ཕྱག་འཚལ་ལོ། །རྒྱ་གར་རྡོ་རྗེ་གདན་ དྲུང་དུ། །རྒྱལ་བ་ཤཱཀྱ་ཐུབ་པ་ཡིས། །ཆོས་འཁོར་སྲུང་མར་དབང་བསྐུར་བ། །སྒོ་བ་ཆེ་ལ་ ཕྱག་འཚལ་ལོ། །གྲུ་གུའི་ཡུལ་དུ་གཤེགས་པའི་ཚེ། །གྲུ་གུ་རྟ་དམག་རྒྱལ་པོ་ཡིས། །སྲུང་མ་ ཆེན་པོར་དབང་བསྐུར་བ། །ཀུ་བེ་ར་ལ་ཕྱག་འཚལ་ལོ། །རྒྱ་ནག་ཡུལ་དུ་གཤེགས་པའི་ཚེ། ། རྒྱ་རྗེ་དར་བཙན་དམར་པོ་ཡིས། །ཏེ་དེའི་སྲུང་མར་མངའ་གསོལ་བ། །མདུང་དམར་ཅན་ལ་ ཕྱག་འཚལ་ལོ། །བོད་ཡུལ་དབུས་ཀྱི་བསམ་ཡས་སུ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། ། སྲུང་མ་ཆེན་པོར་དབང་བསྐུར་བ། །ཆོས་ཀྱི་རྒྱལ་པོར་ཕྱག་འཚལ་ལོ། །ཆོས་སྐྱོང་རྒྱལ་པོ་རྫུ་ 15-1-456 འཕྲུལ་ཅན། ཁྱོད་ཀྱི་མཐུ་སྟོབས་བསམ་མི་ཁྱབ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །ད་ ལྟ་བདག་གི་མགོན་མཛོད་ཅིག །སྲས་མཆོག་དམ་པ་རཱ་ཧུ་ལ། །མགོ་དགུ་སྲིན་པོའི་ཆ་ལུགས་ ཅན། །ཆུ་སྲིན་རྒྱལ་མཚན་སྦྲུལ་ཞགས་འཛིན། །གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། ། གནོད་སྦྱིན་དྷ་ན་སྐུ་མདོག་སེར། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་པ། །རྩེ་གསུམ་ ཐོད་ཁྲག་འབར་བ་འཛིན། །གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །ཚིག་རྐང་གཉིས་པ་དང་བཞི་པ་ དེ་ཁོ་ན་བཞིན་དུ་སྦྱར་བ། གནོད་སྦྱིན་ཀ་ལ་འཇིགས་གཟུགས་སྨུག །ཞལ་གཅིག་ཕྱག་གཉིས༴ བེ་ ཅོན་ཐོད་ཁྲག་འབར་བ་འཛིན། །གདུག་པ༴ ཀུ་བེ་ར་ནི་སྐུ་མདོག་ལྗང༌། །ཞལ་གཅིག༴ དབྱུག་ ཐོ་འབར་བ་ཐོད་ཁྲག་འཛིན། །གདུག་པ༴ དྲེགས་པ་བུམ་སྣ་དམར་ལྗང་ལ། །ཞལ་གཅིག༴ རྒྱལ་མཚན་དང་ནི་ནེའུ་ལེ་འཛིན། །གདུག་པ༴ དྲེགས་པ་དུང་སྣ་སེར་ལྗང་ལ། །ཞལ་གཅིག༴ མདུང་དམར་དང་ནི་ནེའུ་ལེ་འཛིན། །གདུག་པ༴ དྲེགས་པ་སྣ་གསུམ་ལྗང་ནག་ལ། །ཞལ་ གཅིག༴ མདུང་དམར་རྩེ་གསུམ་ནེའུ་ལེ་འཛིན། །གདུག་པ༴ དྲེགས་པ་སྣ་ཆེན་དཀར་ལྗང་ལ། ། ཞལ་གཅིག༴ དབྱུག་ཐོ་འབར་བ་ནེའུ་ལེ་འཛིན། །ཞེས་འདོན་པ་སྤོ། ཤར་ཕྱོགས་སྒོ་སྲུང་ཆེན་མོ་ ནི། །དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཁྲོ་བཞད་བརྐྱང་བསྐུམ་གར་གྱིས་རོལ། །ལྕགས་ ཀྱུ་འཛིན་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་ཚིགས་རྐང་གསུམ་ལ་འདོན་པ་སྤོས་ལ། ལྷོ་ཕྱོགས་སྒོ་སྲུང༴ སེར་ མོ་ཞལ༴ ཁྲོ་བཞད༴ ཞགས་པ་འཛིན་ལ༴ ནུབ་ཕྱོགས༴ དམར་མོ༴ ཁྲོ་བཞད༴ ལྕགས་སྒྲོག༴ བྱང་ཕྱོགས༴ ལྗང་ནག༴ ཁྲོ་བཞད༴ དྲིལ་བུ༴ ཕྱི་རོལ་ཁོར་ཡུག་ལ་གནས་པའི། །གནོད་སྦྱིན་ ནོར་ལྷའི་ཚོགས་རྣམས་ཀུན། །ལྕགས་ཀྱུ་དང་ནི་ནེའུ་ལེ་འཛིན། །ལས་ཀུན་སྒྲུབ་མཛད་ཁྱོད་ ལ་བསྟོད། །དེ་ནས་བཟླས་དམིགས་གསལ་བཏབ་ལ། ༀ་མཧཱ་རཱ་ཛ་ཡཀྵ་ས་མ་ཡེ་བཻ་ཤྲ་མ་ཎ་ཡེ་སརྦ་ ཙིཏྟ་རཏྣ་ཧྲི་ཧྲི་ཛ་ཛཿ ཞེས་ཅི་ནུས་བཟླ། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ ལས་ཡཾ་ལས་རླུང་རཾ་ལས་མེ། ཨ་ལས་མི་མགོའི་སྒྱེད་པུ་གསུམ། ༀ་ལས་ཐོད་པའི་ནང་དུ་བྷྲུཾ་ 15-1-457 ཨཾ་ཛྲིཾ་ཁཾ་ཧཱུཾ་རྣམས་ལས་ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་ གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། གནོད་བྱེད་གདུག་པ་ཅན་ཐམས་ཅད་བཀུག་སྟེ་ བསྒྲལ་བའི་ཤ་ཁྲག་གི་ཕུང་པོ་ཆེན་པོ་དང་གཏོར་མ་གཅིག་ཏུ་འདྲེས་ནམ་མཁའ་དང་མཉམ་ པར་གྱུར། ༀ་ཨཱཿཧཱུཾ་སོགས་གསེར་ཆེན་གྱི་སྐབས་དང་འདྲ། ཨ་མྲྀ་ཏའི་མཐར། ༀ་བཻ་ཤྲ་མ་ཎ་ས་པ་རི་ཝཱ་ར་ ཨི་དཾ་སོགས་ཀྱིས་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རིན་ཆེན་མཛེས་པའི་ཕོ་བྲང་ན། ཁམས་ གསུམ་དབང་དུ་བྱེད་པའི་ལྷ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །མདུང་དམར་འཛིན་ལ་ཕྱག་ འཚལ་ལོ། །བཻ་བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །སྲས་དང་བློན་པོ་སྒོ་མ་དང༌། །གནོད་ སྦྱིན་བྱེ་བའི་ཚོགས་དང་བཅས། །འཁོར་བཅས་མ་ལུས་ཐམས་ཅད་ཀུན། །མཆོད་སྦྱིན་གཏོར་ མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །བུ་སྡུག་བཞིན་དུ་བསྐྱང་ བ་དང༌། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །གཞན་ཡང་བདག་ཅག་འཁོར་བཅས་ལ། ། ལོག་པར་ཞུགས་པའི་དགྲ་དང་བགེགས། །དེ་ཡི་ཕྲུ་མ་གཞོམ་པ་དང༌། །གཏན་ནས་བརླག་ པའི་འཕྲིན་ལས་མཛོད། །དེ་ལྟར་བཅོལ་བའི་ལས་འདི་ད་ག །དམ་ཚིག་ལྡན་པ་ཁྱེད་རྣམས་ ཀྱིས། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །མ་གཡེལ་ད་ལྟ་འགྲུབ་པར་མཛོད། །ཅེས་འཕྲིན་ ལས་གཞོལ། བསྐང་བ་རྒྱས་པར་བྱེད་ན་སྐབས་འདིར་བྱ། རྗེས་ཆོག་སེར་ཆེན་གྱི་སྐབས་དང་འདྲའོ། ། དེའི་རྗེས་གནང་བྱེད་པར་འདོད་ན་ལེགས་པར་འགྲུབ་ན་སྒོམ་དོན་དང་མཐུན་པའི་དཀྱིལ་འཁོར། རྡུལ་མཚོན་ནམ། རས་བྲིས་དགྲམ། བསྡུ་ན་པདྨ་དམར་པོ་འདབ་བརྒྱད་ཀྱི་སྟེང་དུ། གཏོར་མ་གྲུ་གསུམ་ལ་མདུང་དམར་སྔགས་ཅན་བཙུགས། བྲིས་སྐུ་དང་མཆོད་གཏོར་བཤམ། དུང་ཆོས་དྲི་བཟང་གིས་གང་བ་དང༌། རྡོར་དྲིལ་རོལ་མོ་སོགས་ཚང་བར་བྱས་ལ། གསང་ བདག་གི་བདག་བསྐྱེད་སྔོན་དུ་འགྲོ་བས་གོང་བཞིན་འདོད་དོན་གསོལ་བཏབ་ཀྱི་བར་དུ་མདུན་བསྐྱེད་ཀྱི་ཆོ་ག་གྲུབ་པ་ན་རྗེས་ གནང་བྱ་སྟེ། གསོལ་གདབ་ནི། ཐུགས་རྗེ་ཆེན་པོའི་གཏེར་མངའ་བ། །སློབ་དཔོན་ཁྱོད་ནི་དགོངས་ སུ་གསོལ། །བདག་སོགས་དབུལ་ཕོངས་བསྐྱབ་པའི་ཕྱིར། །གཏེར་ཆེན་གྲུབ་པ་བདག་ལ་ 15-1-458 སྩོལ། །ཞེས་སོ། །དེ་ནས། རྒྱལ་ཆེན་རྣམ་མང་ཐོས་པ་ནི། ཁྱོད་ཀྱིས་བརྩོན་པར་མཆོད་ནུས་སམ། ། འཕྲིན་ལས་བཅོལ་དང་དམ་ཚིག་རྣམས། །རྗེས་སུ་མཐུན་པར་བྱེད་ནུས་སམ། །ཞེས་སློབ་དཔོན་ གྱིས་དྲིས་པ་ལ། གཙོ་བོས་ཇི་ལྟར་སོགས་རྗེས་བཟློས་ཀྱི་ལན་གདབ། རྒྱུན་བཤགས་ནས། མཆོད་བསྟོད་ཀྱི་བར་སེར་ ཆེན་ཉིད་ཀྱིས་རིགས་འགྲེ། ལྕགས་ཀྱི་རྡོ་རྗེ་སློབ་མའི་སྤྱི་བོར་བཞག འདི་ནི་ཡེ་ཤེས་རྡོ་རྗེ་སྟེ། །སངས་རྒྱས་ ཐམས་ཅད་ཀུན་གྱི་བདག །དྲེགས་པ་སྤྱིའི་གཉེན་པོ་མཆོག །ཁྱོད་ལ་བདག་གིས་དེང་འདིར་ བསྐུར། །ༀ་མཧཱ་ཨ་བྷི་ཥིཉྩ་ཏུ་མཾ་ༀ་ཨཱཿཧཱུཾ་སྭཱཧཱ། དྲེགས་པ་སྤྱི་འདུལ་བའི་རྗེས་གནང་གཏོར་མ་ཆེན་པོ་སྙིང་ གར་གཏད་ལ། མདུན་བསྐྱེད་ལས་རྒྱལ་པོ་མདུང་དམར་ཅན་གཉིས་པ་ཆད་ནས། སློབ་མའི་སྙིང་ གར་ཐིམ་ལུས་དང་གྲིབ་མའི་ཚུལ་དུ་བཞུགས་པར་མོས། ༀ་བཻ་རཱ་ཛ་ས་མཱ་ཡ་སིདྡྷི་ཛཿཧཱུཾ་བཾ་ ཧོཿ འདི་ནི་རྒྱལ་པོ་ཆེན་པོ་སྟེ། ཁམས་གསུམ་དབང་དུ་སྡུད་པའི་ལྷ། །དངོས་གྲུབ་གཉེན་པོ་ ཆེན་པོ་འདིས། ཁྱོད་ལ་དབང་བསྐུར་ཐོབ་གྱུར་ཅི་ག །ཀཱ་ཡ་སིདྡྷི་ༀ། །ཝཱཀ་སིདྡྷི་ཨཱཿ ཙིཏྟ་ སིདྡྷི་ཧཱུཾ། ཞེས་སྐུ་དངོས་ཀྱིས་བྱིན་གྱིས་བརླབས། མདུང་དམར་ལག་ཏུ་གཏད་ལ། འདི་ནི་དབང་གི་མདུང་དམར་ ཏེ། །ཚེ་དང་བསོད་ནམས་རྒྱས་པར་བྱེད། །འགྲོ་བ་ཐམས་ཅད་དབང་དུ་སྡུད། །དབང་གི་ ལས་ཀྱིས་དབང་བསྐུར་སྦྱིན། །ༀ་བཻ་རཱ་ཛ་མ་མ་དུང་དུང་ཕཊ། དབང་གི་ལས་ཀྱི་རྗེས་གནང་ངོ༌། །དུང་ ཕོར་ནས་དྲི་བཟང་ལྕེ་ལ་བཞག གཏོར་མ་ནས་ཅུང་ཟད་བཅད་དེ་དངོས་གྲུབ་ཏུ་སྦྱིན། བདུད་རྩིའི་རོ་མཆོག་དམ་པ་ ཡིས། །ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབས། །འཇིག་རྟེན་གསུམ་གྱི་བཅུད་ཐམས་ཅད། ། བདུད་རྩིར་བསྒྱུར་ནས་གཏད་ཅིང་བསྐུར། །ༀ་པཉྩ་ཨ་མྲྀ་ཏ་སིདྡྷི་ཧཱུཾ་ཧཱུཾ། དངོས་གྲུབ་ཀྱི་རྗེས་གནང་ ངོ༌། །མཐར་གཏོར་དབང་བསྐུར་བའི་ལུགས་ཀྱང་འདུག་མོད་ཀྱི། འདི་ཉིད་ཀྱི་གཏོར་དབང་ནི་སྐུ་དངོས་ཀྱི་རྗེས་གནང་ཉིད་ཡིན་ པས། ལོགས་སུ་མི་དགོས་པར་མངོན་ནོ། །སྨོན་ལམ་གདབ་པ་མན་ཆད་ཀྱང་སེར་ཆེན་གྱི་སྐབས་དང་འདྲའོ། །རྒྱལ་ཆེན་སྒྲུབ་ ཐབས་ངོ་མཚར་རྨད། །གཏེར་མ་ཀུན༷་གྱི་རྩ་བ་སྟེ། །རབ་དག༷འི་སྙིང༷་པོ༷་མདོར་བསྡུས་ཙམ། །རྗེས་གནང་བཅས་པ་གསལ་བར་ བྲིས། །མདུང་དམར་ཅན་བྱ་རྒོད་གཤོངས་ཀྱི་གཏེར་མར་གྲགས་པ་ཕྱི་སྒྲུབ་རྟ་སྔོན་ཅན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། 15-1-459 ༄༅། །ༀ་སྭཱ་སྟི། དཔལ་ལྡན་རྒྱལ་པོ་ངལ་གསོས་པོ། །དེ་ལ་བཏུད་དེ་ཕྱག་འཚལ་ནས། །ནོར་སྒྲུབ་ཤིན་ཏུ་རྨད་ བྱུང་བ། །གསང་སྒྲུབ་ལྗང་ཁུའི་སྒྲུབ་ཐབས་བཤད། །འདིའི་ཆོ་ག་སྤྱི་རྣམས་སེར་ཆེན་གཞིར་བཞག་པ་ལ་མདུན་བསྐྱེད་བསངས་ སྦྱངས། སྟོང་པའི་ངང་ལས། ཏྲི་ལས་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། བཻ་ ཡིག་ལྗང་ཁུ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་གཡས་ཡིད་བཞིན་གྱི་ནོར་བུས་མཚན་པའི་བེ་ཅོན་ ཐུགས་ཀར་འཛིན་པ། གཡོན་པས་དངོས་གྲུབ་སྟེར་བའི་ནེའུ་ལེ་བརླ་གཡོན་པ་ལ་བརྟེན་ ཏེ་བསྣམས་པ། ཞི་འཛུམ་སྒེག་ལ་ཡན་ལག་རགས་ཤིང་གསུས་ཁྱིམ་ཆེ་བ། དར་དང་རིན་ པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༌། ཞལ་ནས་ནོར་བུའི་ཆར་འབེབས་པ། ཕྲག་གོང་ གཡས་གཡོན་ནས་ཉི་ཟླ་འཆར་བ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་གཏེར་གྱི་བུམ་པའི་སྟེང་ ན་བཞུགས་པའོ། །དེའི་གཡོན་དུ་ཕུཿཡིག་ལས་ཡུམ་པདྨ་གཙུག་ཕུད་མ་སྐུ་མདོག་དམར་མོ། གཡས་ནོར་བུ་དང་གཡོན་བུམ་པ་འཛིན་པ། སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་སྦྲུལ་མགོའི་ གདེངས་ཀ་བདུན་དང་ལྡན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །ནོར་བདག་ གཏེར་ལ་མངའ་བརྙེས་པ། །ཀླུ་རྒྱལ་ཚོགས་ལ་དབང་ཡང་བསྒྱུར། །རྒྱལ་ཆེན་ཡབ་ཡུམ་ འཁོར་བཅས་ལ། །གུས་པས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། ཡབ་ཀྱི་སྔགས་ནི་སེར་ཆེན་དང་ འདྲ། ༀ་ནཱ་ག་ནི་བ་སུ་ཏེ་ཀུ་རུ་ཡེ་སྭཱཧཱ། ཡུམ་གྱི་སྔགས་སོ། །གཏོར་འབུལ་གྱིས་སྔགས་སེར་ཆེན་གྱི་གཏོར་སྔགས་ བསྡུས་པ་དེས་མཛད། རྗེས་གནང་གི་གསོལ་བཏབ་དང༌། དྲི་བ་དྲི་ལན་མདུང་དམར་ཅན་གྱི་སྐབས་བཞིན་བྱེད། རྗེས་གནང་གི་ ངོ་བོ་སེར་ཆེན་དང་འདྲ། སྲོག་འཁོར་གའུ་བླ་རྡོར་བཅས་པ་ཡོད་ན། སྒྲུབ་པའི་སྐབས་མཎྜལ་གྱི་དབུས་སུ་དེ་འཇོག་ཅིང༌། སློབ་ མའི་སྙིང་གར་གཏུགས་ནས། རྒྱལ་ཆེན་འདི་ལ་སྩལ་ནས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། ། ཞེས་པ་ཐུགས་ཀྱི་རྗེས་གནང་གི་མཐར་མཛད། དེ་མ་འབྱོར་ན་བགྲང་འཕྲེང་སྙིང་གར་གཏུགས་ནས། རྒྱལ་ཆེན་སོགས་ 15-1-460 བརྗོད། རྟེན་གྱི་གཏོར་མ་ནོར་བུའི་གཟུགས་ཅན་ཁོ་ན་མཛད་པ་རྣམས་ཁྱད་པར་རོ། །ཟངས་དཀར་ལོཙྪའི་མན་ངག་ནི། །ཀུན༷་གྱི་ མཐར་ཐུག་ཡིན་པར་བསྔགས། །རྒྱས་པའི་ལས་སྒྲུབ་ཆེས་དག༷འ་བ། །སྒྲུབ་ཐབས་སྙིང༷་པོ༷འི་ཡི་གེའོ། །རྒྱལ་ཆེན་རྣམ་ཐོས་སྲས་ ལྗང་སེར་བེ་ཅོན་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། ༀ་སྭཱ་སྟི། སངས་རྒྱས་རིན་ཆེན་མང་པོ་ནི། །རེས་འགའ་བྱང་ཆུབ་སེམས་དཔའི་ཚུལ། །གཞན་དུ་གནོད་ སྦྱིན་བདག་པོར་སྤྲུལ། །དེ་ལ་ཕྱག་འཚལ་སྒྲུབ་ཐབས་བཤད། །འདིར་མདུང་དམར་ཅན་གསང་སྒྲུབ་གར་མཁན་མཆོག་གི་སྒྲུབ་ ཐབས་ནི། མདུང་དམར་རྟ་སྔོན་ཅན་གྱི་སྐབས་སུ་བཤད་པ་དང་སྒྲུབ་ཐབས་རྗེས་གནང་ནི་སྤྱི་འདྲ་བ་ལས། རྟེན་གཏོར་དམར་པོ་ ཟླུམ་པོ་ནོར་བུ་འབར་བའི་དབྱིབས་ཅན་གྱིས་རྩེ་མོ་མཚན་པ་ཞིག་བཤོམ། གཏོར་མ་བྱིན་རླབས་སེར་ཆེན་དང་འདྲ། བྱ་བ་ཐམས་ ཅད་དམར་སེར་གཉིས་ཀྱི་རིགས་འགྲེ་བ་ལས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལ་བྷྲུཾ་ལས་གཞལ་ ཡས་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་འདབ་ མ་དྲུག་པའི་ལྟེ་བར་གཡུ་འབྲུག་སྔོན་མོ་མེའི་ཟེ་བ་ཅན་མགོ་གཡས་སུ་བསྟན་པ། དེའི་སྟེང་ དུ་བཻ་ཡིག་དམར་སྨུག་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རྒྱལ་པོ་ཆེན་པོ་རྣམ་ ཐོས་སྲས་གར་མཁན་མཆོག་སྐུ་མདོག་དམར་སྨུག་ཞལ་གསུམ་སྐུ་ལུས་དང་མཚུངས་པའི་ མདོག་ཅན། ཕྱག་བཅོ་བརྒྱད་ཀྱི་དང་པོ་གཉིས་ནོར་བུས་གང་བའི་གཞོང་པ་འཛིན་པ། ལྷག་ མ་བཅུ་དྲུག་རིམ་པ་བཞིན་དུ། རྒྱལ་མཚན་དབྱུག་ཏོ་རལ་གྲི་མདའ། །རྩེ་གསུམ་ཐོ་བ་བི་ ཛ་པུར། །མདུང་དམར་རྣམས་ནི་གཡས་སུའོ། །ནེའུ་ལེ་པདྨ་སྒྲགས་པ་དང༌། །སྦྲུལ་ཞགས་ འཁོར་ལོ་རྡོ་རྗེའི་ཞགས། །གཞུ་དང་བུམ་པ་རི་རབ་དང༌། །ཡོངས་འདུའི་ཤིང་སྡོང་གཡོན་ ན་འཛིན། །དར་གྱི་ན་བཟའ་དང༌། གསེར་གྱི་གོ་ཁྲབ་མུ་ཏིག་གི་རྒྱན་ཅན་དང༌། སྦྲུལ་དང་ རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཁྲོ་འཛུམ་རལ་པའི་ཐོར་ཚུགས་ཅན་ནོ། །མདུན་ དུ་ཡུམ་པདྨ་གཙུག་ཕུད་མ་དམར་མོ་བུམ་པ་དང་རིན་པོ་ཆེ་བསྣམས་པ། འདབ་མ་དྲུག་ལ་ མདུན་ནས་བརྩམ་ཏེ་གཡས་བསྐོར་གྱིས། སྲས་ཉི་མ་ལ་དགའ་བ་དཀར་པོ་རིན་པོ་ཆེ་འཛིན་ 15-1-461 པ་ལྷའི་ཆ་ལུགས་ཅན། ནོར་བུ་བཟང་པོ་དཀར་པོ་ལུག་གི་མགོ་ཅན་རྒྱལ་མཚན་འཛིན་པ། གང་བ་བཟང་པོ་སེར་པོ་རྟའི་མགོ་ཅན་བུམ་པ་འཛིན་པ། ཡང་དག་ཤེས་སྔོན་པོ་ཤ་བའི་མགོ་ ཅན་ནོར་བུ་འཛིན་པ། སྲེད་སྤོང་དམར་སེར་རའི་མགོ་ཅན་གྲེ་བ་འཛིན་པ། བློན་པོ་རྒྱལ་བ་ ཁྱུ་མཆོག་ལྗང་ཁུ་གླང་པོ་ཆེའི་མགོ་ཅན་གཞོང་པ་འཛིན་པ། ཁྱམས་སུ་གནོད་སྦྱིན་དང་ཀླུའི་ ཚོགས་དཔག་ཏུ་མེད་པའོ། །སྔགས་ནི། ན་མོ་བཻ་ཤྲ་མ་ཎ་ཡེ། ན་ད་ཀུ་བེ་ར་མཧཱ་བྷ་ག་བྷྱ་ཀྲིཏྟ་ བྷི་ན་དྷྱ་མ་ན་སིདྡྷི་སྭཱཧཱ། ཞེས་པའོ། །བསྟོད་པའི་སྐབས་སུ། དཔལ་ལྡན་རྒྱལ་པོ་རྣམ་ཐོས་སྲས། །གར་ མཁན་མཆོག་གི་གཟུགས་འཛིན་པ། །བཙུན་མོ་སྲས་དང་བློན་པོ་དང༌། །རྒྱལ་ཕྲན་འཁོར་ དང་བཅས་ལ་བསྟོད། །ཅེས་དང༌། གཏོར་སྔགས་ཀྱི་སྐབས། ༀ་བཻ་ཤྲ་ཝ་ཎ་ན་ད་ཀུ་བེ་ར་ས་པ་རི་ཝཱ་ ར་ཞེས་བརྗོད། རྗེས་གནང་མདུང་དམར་ཅན་དང་འདྲ་བ་ལས། མདུང་དམར་ལག་ཏུ་གཏོད་པའི་ཚབ་ཏུ། ཟངས་གཞོང་འབྲུ་སྣ་ སྨན་སྣ་ནོར་སྣ་ཟས་སྣས་གང་བ་གཏད་ལ། འདི་ནི་རྒྱས་པའི་གཏོར་གཞོང་སྟེ། ཁྱད་པར་རིགས་བརྒྱུད་ ཕུན་སུམ་ཚོགས། །འཕེལ་ཞིང་རྒྱས་པར་བྱེད་པ་ཡི། །རྒྱས་པའི་དབང་བསྐུར་སྦྱིན་པར་བྱ། ། ༀ་བཻ་རཱ་ཛ་པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་པ་ཁྱད་པར་རོ། །ཀུན༷་ནས་གར་མཁན་མཆོག་གོ་ཞེས། །དག༷འ་ བར་བསྔགས་པའི་རྣམ་ཐོས་བུ། །འཁོར་བཅས་སྒྲུབ་ཐབས་རྨད་བྱུང་གི །ཡི་གེ་སྙིང༷་པོ༷་ཙམ་ཞིག་སྤེལ། །རྣམ་སྲས་གསང་སྒྲུབ་ དམར་པོ་གར་མཁན་མཆོག་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ཤིན་ཏུ་ཟབ་པའི་མན་ངག་ནི། །ཤོག་རིལ་དྲུག་པ་ལས་བྱུང་བའི། །སྙན་གྲགས་རྒྱ་ཆེར་སྒྲུབ་པའི་ ཐབས། །དམར་པོ་ཆོས་དུང་ཅན་དེ་ཡིན། །སྒྲུབ་ཐབས་ཀྱི་ཡན་ལག་སེར་ཆེན་ཇི་ལྟ་བ་བཞིན་ལས། རྟེན་གཏོར་ཟླུམ་པོ་དམར་ པོར་བྱེད། མདུན་བསྐྱེད་བསངས་སྦྱངས། རིན་པོ་ཆེའི་རི་བོའི་སྟེང་དུ་རིན་པོ་ཆེའི་ཁང་བཟང་དེའི་ནང་ དུ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། བཻ་ཡིག་དམར་ པོ་ལས་དུང་དཀར་བཻས་མཚན་པ་ཡོངས་སུ་གྱུར་པ་ལས། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་ མདོག་དམར་པོ་འོད་ཟེར་འཕྲོ་བ་ཞི་ཞིང་འཛུམ་ལ་སྒེག་ཅིང་ཤ་ཉམས་རྒྱས་པ། ཕྱག་གཉིས་ 15-1-462 ཀྱི་དུང་དཀར་པོ་གཡས་སུ་འཁྱིལ་བ་འབུད་ཅིང༌། སྒྲུབ་པ་པོ་ལ་སྙན་པའི་གྲགས་པས་སྟོང་ གསུམ་ཁྱབ་པར་མཛད་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཁོར་ གནོད་སྦྱིན་བརྒྱད་དང༌། གནོད་སྦྱིན་མོ་བརྒྱད་པོ་ཐམས་ཅད་ཀྱང་ཁམས་གསུམ་དབང་དུ་ བསྡུ་བའི་ཆ་ལུགས་ཅན་དུང་དཀར་འབུད་པའོ། །བསྟོད་པ་ནི། རྡོ་རྗེ་འཇིགས་བྱེད་ལུས་ངན་པོ། ། དཔལ་དང་གྲགས་པ་རབ་འཕེལ་བ། །གསུང་མཆོག་རྒྱལ་པོ་རྣམ་ཐོས་སྲས། །དེ་ལ་བསྟོད་ དེ་ཕྱག་ཀྱང་འཚལ། །ཅེས་བསྟོད། སྔགས་ནི། ༀ་བཻ་ཤྲ་མ་ཎ་མ་མ་ཀཱིརྟི་པུཥྚིཾ་ཀུ་རུ་སྭཱཧཱ། ལྷག་མ་གཏོར་ ཆོག་དང༌། རྗེས་གནང་གི་ངོ་བོ་ཐམས་ཅད་སེར་ཆེན་ཉིད་འདོན་པ་སྤོས་པས་ཆོག ཀུན༷་ལ་མ་གྲགས་ཆེས་དཀོན་ཡང་། ཁུངས་ མའི་མན་ངག་རབ་དག༷འ་བ། །ཡིག་རྙིང་དོན་གྱི་སྙིང༷་པོ༷་ཙམ། །གསལ་བར་བྲིས་པ་ཨེ་མ་ཧོ། །རྒྱལ་ཆེན་རྣམ་ཐོས་སྲས་གསུང་ མཆོག་ལུས་ངན་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། གསང་བདག་ཐུགས་ལས་སྤྲུལ་པ་ནི། །མངོན་སྤྱོད་ལས་ཀྱི་བདག་པོར་བསྔགས། །རྡོ་རྗེ་དྲག་བྱེད་ ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །ཆོ་ག་སྤྱི་ཕལ་ཆེར་སེར་ཆེན་དང་འདྲ་བ་ལས། རྟེན་གཏོར་ནག་པོ་གྲུ་གསུམ་ སྙིང་གི་གཟུགས་ལྟ་བུ་བཤམ། འབུལ་གཏོར་མདུང་དམར་ཅན་བཞིན་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ ལས་བྷྲུཾ་ལས་གཞལ་ཡས་ཁང་དྲག་པོ་འབར་བའི་རྒྱན་གྱིས་བརྒྱན་པའི་དབུས་སུ། གནམ་ ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་དུ། བཻ་ཡིག་ནག་པོ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་ དུས་མཐའི་སྤྲིན་ལྟར་རབ་ཏུ་གནག་ལ་འཇིགས་པ། ཞལ་གཅིག་ཕྱག་གཉིས་གཡས་ཀ་ ཤིའི་རས་ཀྱི་བ་དན་དཔྱངས་པའི་རྡོ་རྗེའི་དབྱུག་ཐོ་ནམ་མཁའ་ལ་འཕྱར་བ། གཡོན་མཆོད་ རྟེན་ནག་པོ་ཐུགས་ཀར་འཛིན་པ། སྤྱན་གསུམ་དམར་ལ་ཟླུམ་ཞིང་མཆེ་བ་གཙིགས་པ། ཁྲོ་ གཉེར་བསྡུས་ཤིང་སྨ་ར་སྨིན་མ་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། སྟག་ལྤགས་ཀྱི་ཤམ་ 15-1-463 ཐབས་དང་དར་གྱི་སྟོད་གཡོགས་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། རིན་པོ་ཆེའི་དབུ་ རྒྱན་ཅན། ཕྲག་གོང་གཡས་གཡོན་ནས་ཉི་ཟླ་འཆར་བ། སྐུ་སྟོད་ནས་བྱ་གཅན་གདུག་པའི་ ཚོགས་དང༌། སྐུ་སྐེད་ནས་གནོད་སྦྱིན་སྲིན་པོའི་ཚོགས་དང༌། སྐུ་སྨད་ནས་སེང་གེ་སོགས་ གཅན་ཟན་གདུག་པའི་ཚོགས་དཔག་ཏུ་མེད་པ་སྤྲོ་བ། མེ་དཔུང་འབར་བའི་དབུས་ན་གཡོན་ བརྐྱང་བའི་སྟབས་ཀྱིས་བཞུགས་པའོ། །འདམ་མ་བརྒྱད་ལ་ཕུཿཡིག་ནག་པོ་བརྒྱད་ཡོངས་ སུ་གྱུར་པ་ལས། ཀླུ་ཆེན་བརྒྱད་པོ་ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག་ཁྲོ་ཞིང་མཆེ་བ་ཅུང་ ཟད་གཙིགས་པ། ཕྱག་ཐུགས་ཀར་ཐལ་མོ་སྦྱར་བས་ནོར་བུ་འཛིན་པ། སྦྲུལ་མགོའི་གདེངས་ ཀ་བདུན་བདུན་དང་ལྡན་ཞིང༌། སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། གཙུག་གི་ནོར་བུ་ལས་འོད་ འཕྲོ་ཞིང་ཞལ་ནས་ཕུཊ་ཀྱི་སྒྲ་སྒྲོག་པ། ཕྱི་རོལ་དུ་གནོད་སྦྱིན་བྱེ་བའི་ཚོགས་དང༌། ལྷ་སྲིན་ སྡེ་བརྒྱད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ། །སྔགས་ནི། ༀ་ནི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་མཧཱ་ ཡཀྵ་རཱ་ཛ་ཀུ་བེ་ར། བཻ་རུ་དྷ་ཀ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ་ཧཱུཾ་ཕཊ། ཅེས་པའོ། །གཏོར་མའི་ཆོ་ག་མདུང་དམར་ཅན་ དང་འདྲ། བསྟོད་པ་ནི། སྟོབས་ཆེན་མི་སྡུག་འཇིགས་པའི་གཟུགས། །གཏུམ་པོ་མ་རུང་ཚར་གཅོད་ པ། །རྒྱལ་ཆེན་འཁོར་དང་བཅས་རྣམས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཅེས་ བརྗོད། རྗེས་གནང་གི་སྐབས། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། སོགས་ཀྱིས་གསོལ་བ་བཏབ། རྗེས་གནང་ གི་ངོ་བོ་སེར་ཆེན་ཉིད་འདོན་པ་སྤོས་པས་ཆོག་པ་ལ། གཞུག་གི་སྨོན་ལམ་གདབ་མི་དགོས། སློབ་མ་ཡི་དམ་གྱི་བསྙེན་སོང་ཡིན་ ན་གནད་ལ་དབབ་པའི་དྲག་པོའི་རྗེས་གནང་དེ་ཡང་ངེས་པར་མཛད། དྲེགས་བྱེད་འདི་ལ་སེང་གེའི་གདན་བྱེད་པ་དང༌། ཤིང་རྟ་ ལ་བཞུགས་པ་དང༌། ན་བཟའ་འཇོལ་བེར་གསོལ་བ་དང༌། གོ་ཁྲབ་སོགས་གསོལ་བ་བྱེད་པའི་ལུགས་ཀྱང་ཡོད་པ་གང་མོས་སུ་ བྱའོ། །ཀུན༷་ནས་རབ་དག༷འ་རྒྱུད་གཞུང་དང༌། །འབྲེལ་བའི་སྒྲུབ་ཐབས་ཡིད་ཆེས་ཅན། །ཡིག་སྣ་ཤིན་ཏུ་མང་པོ་ཡི། །ཉེར་མཁོ་ སྙིང༷་པོ༷་མདོ་ཙམ་མོ། །རྣམ་ཐོས་སྲས་དྲག་བྱེད་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། ། ༄༅། །ༀ་སྭཱ་སྟི། དུས་གསུམ་རྒྱལ་བའི་སྲུང་མ་མཆོག །རྣམ་སྲས་སྒྲུབ་ཐབས་འབྲོག་གནས་ཀྱི། །སྔགས་རྒྱུད་ 15-1-464 ལས་དང་རྗེས་མཐུན་པའི། །དྲག་པོའི་སྒྲུབ་ཐབས་བཤད་པར་བྱ། །འདིའི་སྒྲུབ་ཐབས་དང༌། གཏོར་མའི་བཤོམ་དང༌། བྱིན་ རླབས་སོགས་སྤྱི་རྣམས་མདུང་དམར་ཅན་དང་མཐུན་པ་ལས། རྟེན་གཏོར་ཁ་དོག་ནག་པོ་དང༌། དམ་རྫས་རྣམས་ཀྱང་མགོན་པོ་ ནག་པོ་བཞིན་བྱེད། མདུན་བསྐྱེད་བསངས་སྦྱངས། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་མདུན་ གྱི་ནམ་མཁར་གནམ་ལྕགས་འབར་བའི་ཚ་ཚ་འཁྲུག་པའི་ས་གཞི་ལ་རྭ་གུར་གྱི་དབུས་སུ། སྤྲིན་ནག་འཁྲུག་པའི་རླུང་གི་དཀྱིལ་འཁོར་གྱི་གཞི་ལ་ཐོད་རིལ་བརྩིགས་པའི་གཞལ་ཡས་ ཁང་ཟླུམ་པོ་སྒོ་གཅིག་པ། ཕྱི་རོལ་དུ་དུར་ཁྲོད་ཀྱིས་ཡོངས་སུ་བསྐོར་བ། དེའི་དབུས་སུ་ བྷྲུཾ་ལས་འཁོར་ལོ་སྔོན་པོ་རྩིབས་བཞི་པ་ལྟེ་བ་མུ་ཁྱུད་དང་བཅས་པ། རལ་གྲིའི་ཕྲེང་བས་ བསྐོར་བའི་དབུས་སུ། ཆོས་འབྱུང་གྲུ་གསུམ་མཐིང་ནག་གི་ལྟེ་བར། རུ་ཊ་ཕོ་མོ་བསྒྲལ་བའི་ གདན། ཕྱོགས་ཀྱི་རྩིབས་བཞི་ལ། ཤར་དུ་ཞེ་སྡང་འོ་མའི་མཚོ། །ལྷོར་ང་རྒྱལ་མར་ཁུའི་མཚོ། ། ནུབ་ཏུ་འདོད་ཆགས་ཁྲག་གི་མཚོ། །བྱང་དུ་ཕྲག་ཏོག་གསེར་གྱི་མཚོ། །དབུས་ཀྱི་གདན་ གྱི་སྟེང་དུ། ཧཱུཾ་མཐིང་ནག་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་ བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ ཕྱག་གཉིས། དམར་ལ་ཟླུམ་པའི་སྤྱན་གཉིས་དགྲ་བགེགས་ལ་སྡང་མིག་ཏུ་ལྟ་བ། མཆེ་ བ་གཙིགས་ཤིང་ཁྲོ་གཉེར་བསྡུས་པ། ཕྱག་གཡས་རལ་གྲི་མེ་འབར་བ་འཕྱར་བ། གཡོན་ མདའ་དར་ལེབ་རྒན་གྱི་མདོག་ཅན་ཕྲག་པ་ལ་བཀལ་བ། སྐུ་ལ་དར་ནག་གི་བེར་ཆེན་བསེ་ ཁྲབ་སྨུག་པོ་དང་བཅས་པ་གསོལ་བ། དབུ་ལ་ལྕགས་ཀྱི་རྨོག་ཞུ་གསེར་གྱི་ཐིག་ལེ་ཅན་ བསྣམས་པ། སྨ་ར་སྨིན་མ་མེ་ལྟར་འབར་བ། ཞབས་ལ་སག་ལྷམ་གཡུ་རིས་ཅན་གསོལ་བ། བཻཌཱུཪྻའི་མདོག་ཅན་གྱི་རྟ་མཆོག་ལུས་ཉམས་རྩལ་དང་ལྡན་པ། གསེར་གྱི་སྒ་དང་ཕྲ་མེན་ གྱི་ཡོབ་ཅན་ཆིབས་པ། ཤིན་ཏུ་འཇིགས་སུ་རུང་བ་སྲིན་པོའི་ཆ་ལུགས་ཅན། མེ་རླུང་འཚུབ་ མའི་དབུས་ན་བཞུགས་པའོ། །ཐུགས་ཀར་ཉི་མ་ལ་གནས་པའི་བཻ་ཡིག་མཐིང་ནག་ཕྱོགས་ 15-1-465 ཀྱི་མཚོ་བཞིའི་དབུས་སུ། ཤར་དུ་དྲག་ལས་བདུད་མོ་གཤིན་རྗེ་མགོ་དགུ་མ་ནག་མོ་ཕྱག་ གཡས་དུང་གི་སྤུ་གྲི་དང༌། གཡོན་ཐོད་ཁྲག་འཛིན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། རིན་པོ་ ཆེས་བརྒྱན་པ། བེར་དཀར་གསོལ་ཞིང་བ་མེན་རུ་ཡོན་ལ་ཆིབས་པ། ལྷོ་རུ་རཀ་ལས་བདུད་ མོ་གཤིན་རྗེ་ལག་བརྒྱ་མ་སེར་མོ་གཡས་ལྔ་བཅུ་རལ་གྲི་དང༌། གཡོན་ལྔ་བཅུ་བདུད་ཞགས་ འཕྱར་བ། སྐུ་སྟོད་ལ་མི་ལྤགས་དང༌། སྐུ་སྨད་ལ་སྟག་ལྤགས་གསོལ་བ། མ་ཧེ་ལ་ཆིབས་ པ། ནུབ་ཏུ་ཤ་ལས་བདུད་མོ་ཕུང་ཁྲོལ་མ་དམར་ནག་གཡས་ལྕགས་ཀྱུ་དང་གཡོན་དགྲ་སྙིང་ འཛིན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་ཞལ་ནས་ཁྲག་གི་ཟོར་འཕེན་པ། གཡག་རྒོད་ ནག་པོ་ལ་ཆིབས་པ། བྱང་དུ་བྷྱོཿལས་བདུད་མོ་གསོད་བྱེད་མ་ལྗང་ནག་གཡས་ལྔ་ན་ཁྲམ་ ཤིང༌། གཡོན་ལྔ་ན་བདུད་ཞགས་གློ་སྙིང་དང་བཅས་པ་འཛིན་པ། སྐུ་སྟོད་ལ་མི་ལྤགས་དང་ སྐུ་སྨད་ལ་དྲེད་ལྤགས་གསོལ་བ། རྐྱང་བུ་ཁ་དཀར་ལ་ཆིབས་པ། ཐམས་ཅད་ཀྱང་མི་མགོའི་ དོ་ཤལ་དང་རིན་པོ་ཆེས་བརྒྱན་པ། རང་མདོག་དང་མཚུངས་པའི་བུད་མེད་འབུམ་འབུམ་ གྱིས་བསྐོར་བ། འཁོར་ལོའི་རྩིབས་ཆེན་བཞི་ལ། ཤར་ལྷོར་ཌྷྲ་ལས་ཡུལ་འཁོར་སྲུང་དཀར་ པོ་པི་ཝང་འཛིན་པ་གླང་པོ་ཆེ་ལ་ཞོན་པ། ལྷོ་ནུབ་ཏུ་བེ་ལས་འཕགས་སྐྱེས་པོ་སྔོན་པོ་རལ་ གྲི་འཛིན་པ་མ་ཧེ་ལ་ཞོན་པ། ནུབ་བྱང་དུ་བི་ལས་མིག་མི་བཟང་དམར་པོ་སྦྲུལ་ཞགས་དང་ མཆོད་རྟེན་འཛིན་པ་ཆུ་སྲིན་ལ་ཞོན་པ། བྱང་ཤར་དུ་བེ་ལས་ངལ་གསོས་པོ་ལྗང་ནག་དབྱུག་ ཐོ་དང་ནེའུ་ལེ་འཛིན་པ་སེང་གེ་ལ་ཞོན་པ། ཐམས་ཅད་ཀྱང་གོ་ཆ་གསོལ་ཞིང་ཆེས་ཁྲོས་ པའོ། །སྔགས་ནི་དྲག་སྔགས་མང་དུ་ཡོད་ཀྱང་སྙིང་པོ། ༀ་བེ་ཏྲ་ཀ་རཀྵ་བྷྱོ།ཞེས་པ་ཡིན་ལ། བསྟོད་པ་བསྡུས་པ་ནི། ལྷ་ཚོགས་དབུགས་འབྱིན་ལྷ་མིན་འཇོམས་ལ་དཔའ། །མི་བཟད་བདུད་ཀྱི་ཆ་ལུགས་བསྟན་ པ་སྐྱོང༌། །བྱང་ཕྱོགས་རྒྱལ་པོ་བདུད་རྒྱལ་རྣམ་ཐོས་སྲས། །འཁོར་བཅས་སྤྲུལ་པ་ཡང་སྤྲུལ་ ཚོགས་ལ་བསྟོད། །གཏོར་ཆོག་ཀྱང་སྙིང་པོས་མགོ་དྲངས་ནས་འབུལ་བའི་ཁྱད་མ་གཏོགས་མདུང་དམར་ཅན་གྱི་སྐབས་ 15-1-466 དང་འདྲའོ། ། རྗེས་གནང་གི་བྱ་བ་ནི། པདྨ་སྔོན་པོ་འདབ་བརྒྱད་ཀྱི་ཁྱད་མ་གཏོགས་བཤོམ་དང་བདག་མདུན་མདུང་དམར་ཅན་དང་ འདྲ། གསོལ་བཏབ་ནས་དབུ་བརྒྱན་པའི་བར་སེར་ཆེན་བཞིན་མདུང་དམར་ཅན་བཞིན་དྲེགས་པ་སྤྱིའི་དབང་བསྐུར། སྐུ་དངོས་ ཀྱི་རྗེས་གནང་ཡང་མདུང་དམར་ཅན་དང་ཕལ་ཆེར་འདྲ་བ་ལས། འདི་ནི་རྒྱལ་པོ་ཆེན་པོ་སྟེ། །སངས་རྒྱས་ བསྟན་པ་བསྲུང་བ་དང༌། །དགྲ་བགེགས་འདུལ་ཞིང་བརླག་མཛད་པ། །ལས་ཀུན་སྒྲུབ་པའི་ དབང་བསྐུར་སྦྱིན། །ཀཱ་ཡ་སིདྡྷི་སོགས་འདོན་པ་སྤོ། ཙ་ཀ་ལིའམ་གཏོར་མ་ལག་ཏུ་གཏད་ལ་བཀའ་བསྒོ་དྲག་ཏུ་ བྱ་བ། རལ་གྲི་ལག་ཏུ་གཏད་ལ། ཆོས་སྐྱོང་རྒྱལ་པོ་འཁོར་བཅས་རྣམས། །གདུལ་དཀའ་སྣ་ཚོགས་ འདུལ་མཛད་པ། །ཤིན་ཏུ་གཏུམ་པའི་ཁྲོ་ཚུལ་གྱིས། །མ་རུངས་དགྲ་བགེགས་ཚར་གཅོད་ ཅིག །ༀ་མཧཱ་ཨ་བྷི་ཥིཉྩ་ཧཱུཾ། ༀ་ཨཱཿཧཱུཾ་སྭཱཧཱ། རྡོ་རྗེ་དང་རལ་གྲི་ལྷན་ཅིག་འཕྱར་དུ་བཅུག་སྟེ། ཡི་དམ་སྤྲོ་བ་ལྔའམ་ དྲུག ཆོས་སྐྱོང་གི་སྤྲོ་བ་གསུམ་གྱིས་དགྲ་བགེགས་ཚར་གཅོད་པའི་མོས་པ་བྱེད་དུ་བཅུག བགྲང་འཕྲེང་སློབ་མའི་སྙིང་གར་ གཏུགས་ལ་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། རྗེས་སྨོན་ལམ་གདབ་པ་མན་ཆད་སེར་ཆེན་གྱི་སྐབས་དང་འདྲའོ། །ཀུན༷་ཏུ་ དྲག་ཤུལ་ཆེ་བ་འདི། །སྣུབས་ཀྱི་མན་ངག་ཡིན་པར་གྲགས། །སྒྲུབ་སྐོར་རྒྱས་ཤིང་རབ་དག༷འ་བའི། །སྙིང༷་པོ༷་ཉེར་མཁོ་ཙམ་ཞིག་ བྲིས། །རྣམ་སྲས་ནག་པོ་རྟ་སྔོན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེ་ལེགས་འཕེལ། ། ༄༅། །ༀ་སྭཱ་སྟི། བླ་མ་དང་ནི་གསང་བའི་བདག །རྒྱལ་ཆེན་འཁོར་བཅས་ལ་བཏུད་ནས། །དཀར་པོ་ཚེ་འཛིན་ སྒྲུབ་པའི་ཐབས། །མདོ་ཙམ་བདག་གིས་བཤད་པར་བྱ། །རྟེན་གཏོར་ཟླུམ་གཏོར་དཀར་པོ་གཙོ་འཁོར་དགུ་པའམ་ཁང་བཟང་ མ་གང་རུང་བྱ། ཆོ་གའི་སྤྱི་རྣམས་སེར་ཆེན་གྱི་རིགས་འགྲེ་བ་ལས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལ་བྷྲཱུཾ་ ལས་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སྟེང་ཐོག་རིམ་པ་གསུམ་ དུ་ཕུབ་པ། འཁོར་ས་རིམ་པ་གསུམ་དང་བཅས་པའི་གཞལ་ཡས་ཁང་གི་དབུས་སུ། པཾ་ ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བ་དང་རཾ་ལས་ཉི་མའི་དཀྱིལ་ འཁོར་ལ་སཾ་ལས་སེང་གེ་དཀར་པོ་རིན་པོ་ཆེས་བརྒྱན་པ། དེའི་སྟེང་དུ་བཻ་དཀར་པོ་ལས་འོད་ 15-1-467 འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཁམས་གསུམ་སྣོད་བཅུད་ཀྱི་བཅུད་ དང་བཀྲག་མདངས་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་ཚུར་འདུས་ཡོངས་ སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ གཡས་དངོས་གྲུབ་དགུག་པའི་ལྕགས་ཀྱུ་དང༌། གཡོན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་ བའི་ཆུ་ཤེལ་གྱི་བུམ་པ་གསེར་གྱི་རྡོ་རྗེས་ཁ་བརྒྱན་པ་འཛིན་པ། ཞི་ཞིང་སྒེག་ལ་བརྗིད་པའི་ ཉམས་ཅན། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འདབ་མ་བརྒྱད་ལ་ཀྵ་ ཡིག་དཀར་པོ་བརྒྱད་ཡོངས་སུ་གྱུར་པ་ལས། ཤར་དུ་ཛཾ་བྷ་ལ། ལྷོ་རུ་གང་བ་བཟང་པོ། ནུབ་ ཏུ་ནོར་བུ་བཟང་པོ། བྱང་དུ་ཀུ་བེ་ར། ཤར་ལྷོར་ཡང་དག་ཤེས། ལྷོ་ནུབ་ཏུ་འབྲོག་གནས། ནུབ་བྱང་དུ་ལྔ་རྩེན། བྱང་ཤར་དུ་པི་ཙི་ཀུཎྜ་ལི་རྣམས་ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་ གཡས་ན་ལྕགས་ཀྱུ་དང༌། གཡོན་བུམ་པ་འཛིན་པ། དར་དཀར་པོ་དང་རིན་པོ་ཆེས་བརྒྱན་ པ། རྟ་དཀར་པོ་ལ་ཆིབས་པའོ། །འཁོར་ས་དང་པོ་ལ་ཀླུ་བརྒྱད། བར་པ་ལ་གནོད་སྦྱིན་བྱེ་ བ། ཐ་མ་ལ་སྡེ་དཔོན་ཉེར་བརྒྱད་དང༌། སྟོབས་ཆེན་སོ་གཉིས་ཐམས་ཅད་ཀྱང་དཀར་པོ་ ཚེ་འཛིན་གྱི་རྣམ་པ་ཅན་ནོ། །ཞེས་དང༌། སྔགས་ནི། ༀ་བྷྲུཾ་ཎི་ཨཱ་ཡུ་ཥེ་ཧཱུཾ་ཛཿ བསྟོད་པ་ནི། གདོང་ལྔ་ ཉི་ཟླའི་གདན་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ཀཻ་ལ་ཤ་ལྟར་སྐུ་མདོག་དཀར། ། གཡས་པ་ཚེ་འགུགས་ལྕགས་ཀྱུ་འཛིན། །གཡོན་པ་ཚེ་ཡི་ཤེལ་བུམ་བསྣམས། །སྐུ་ལ་རིན་ ཆེན་སྣ་ཚོགས་སྤྲས། །ལྷ་ཡི་ནོར་སྟེར་ཁྱོད་ལ་འདུད། །ཚེ་དང་ནོར་གྱི་དངོས་གྲུབ་སྩོལ། །ཞེས་ པའོ། །གཏོར་ཆོག་ཀྱང་སེར་ཆེན་ཁོ་ན་དང་འདྲ་བ་ལས་གཏོར་སྔགས་བསྡུས་པས་ཆོག རྗེས་གནང་གི་ཆོ་ག་ནི། པདྨ་དཀར་པོ་ འདབ་བརྒྱད་ཚོམ་བུ་དགུ་དང་བཅས་པ་ལ། བུམ་པ་སྤྱི་དང་མཐུན་པར་བཤམས། རྟེན་གཏོར་འཆའ་བ་དང༌། མི་འཆའ་བའི་ ལུགས་གཉིས་ཡོད་པ་ལས། འཆའ་བའི་ཚེ་བུམ་པའི་གཡས་སུ་བཤམས། མདུན་བསྐྱེད་སྒྲུབ་ཚུལ་སེར་ཆེན་དང་འདྲ་བ་ལས། ཐོག་མར་བུམ་པ་སྒྲུབ་པ་དང་སྟེ། བུམ་པའི་ནང་དུ་ལྷ་དགུ་བསྐྱེད། །སྒྲུབ་ཚུལ་སྤྱི་དང་འདྲ། དེ་ནས་རྟེན་གཏོར་རམ་བྲིས་སྐུ་ཡོད་ 15-1-468 ན་དེ་ལ་དམིགས། མེད་ན་མདུན་བསྐྱེད་ཀྱི་ནམ་མཁར་བསྐྱེད་པ་ཡིན། བུམ་པ་ལ་དམིགས་ནས། ༀ་བཻ་ཤྲ་མ་ཎ་ཡེ། ཨཱ་ ཡུ་ཥེ། ཨཱ་ཡུརྫྙཱ་ན་སིདྡྷི་ཨ་པ་ར་མི་ཏ་ཚེ་བྷྲུཾ། ཞེས་པ་བརྒྱ་རྩ་སོགས་བཟླ། རྗེས་གནང་ལ་ཡང་ཆོ་གའི་གཞི་སེར་ ཆེན་དང་འདྲ་བ་ལས། གསོལ་བཏབ། སྒྲུབ་མཆོག་བདག་ལ་ཚེ་དང་ཡེ་ཤེས་ཀྱི། །ཞེས་འདོན་པ་སྤོ། སྐུའི་རྗེས་ གནང་ལ་སློབ་མ་ཉིད་ལྷ་ཚོགས་སུ་བསྐྱེད་ཅིང༌། ཡེ་ཤེས་པ་བསྟིམ་པའི་སྐབས། སྙིང་པོའི་མཐར་ཨ་བེ་ཤ་ཡ་ཨ་བཏགས་ པ་མང་དུ་བཟླས། དེ་རྗེས་སློབ་དཔོན་གསང་བདག་དང༌། མདུན་བསྐྱེད་རྒྱལ་ཆེན་འཁོར་བཅས་ཀྱི་དབང་བསྐུར་བར་མོས་སུ་ བཅུག་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །སོགས་ཀྱི་མཐར། བུམ་བཟླས་ཀྱི་སྔགས་བརྗོད་ཅིང༌། བུམ་པ་སྤྱི་བོར་ བཞག བུམ་ཆུ་འཐུང་དུ་བཅུག་པས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ། དེ་རྗེས་རིན་པོ་ཆེའི་དབུ་རྒྱན་བཅིང་བ་སོགས་ བྱེད་ཅིང༌། རྟེན་གཏོར་མེད་ན། ཐུགས་ཀྱི་རྗེས་གནང་གི་སྐབས། བྲིས་སྐུའམ་བུམ་པ་མགོ་ཐོག་ཏུ་བཞག་ནས་བཀའ་བསྒོ་བྱེད། ཡོད་ན་རྟེན་གཏོར་སྤྱི་བོར་བཞག་ལ་གཏོར་དབང་བཀའ་བསྒོ་བྱེད་པ་ཡིན་ཏེ། སེར་ཆེན་དང་མི་འདྲ་བའི་ཁྱད་པར་དེ་རྣམས་ སོ། །འདི་ལ་འཁོར་ས་མི་བྱེད་པ་དང༌། འཁོར་ས་གསུམ་ལ། ནང་རིམ་གྱི་སྡེ་དཔོན་ཉེར་བརྒྱད། སྟོབས་ཆེན་སོ་གཉིས། གནོད་ སྦྱིན་བྱེ་བ་རྣམས་འགོད་པའི་ལུགས་ཀྱང་ཡོད་པ་གང་བདེར་བྱའོ། །ཀུན༷་ཏུ་ཟབ་ཅིང་དག༷འ་བར་གྲགས། །ཡིད་ལ་ངོ་མཚར་ཆེར་ བསྐྱེད་པའི། །སྒྲུབ་ཡིག་སྔ་ཕྱི་མང་པོ་ལས། །སྙིང༷་པོ༷་བསྡུས་པ་དེ་ཙམ་ལགས། །རྣམ་སྲས་དཀར་པོ་ཚེ་འཛིན་གྱི་སྒྲུབ་ཐབས་ཀྱི་ ལེ་ཚན་ནོ།། །།དགེའོ། ། ༄༅། ༀ་སྭཱ་སྟི། ནམ་མཁའ་མཛོད་ལ་གུས་བཏུད་ནས། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་པ། །ནོར་གྱི་དབང་ཕྱུག་ སྒྲུབ་པའི་ཐབས། །ནོར་བུ་ལྟ་བུ་བཤད་པར་བྱ། །དཔལ་ཧེ་རུ་ཀའམ་གསང་བདག་གི་བདག་བསྐྱེད་སྔོན་དུ་འགྲོ་བས། གཏོར་མ་ རི་རབ་གླིང་བཞིའི་རྣམ་པ་ཅན་མཎྜལ་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ནོར་སྣ་སྣ་ཚོགས་ཀྱིས་གང་བའི་སྣོད་དུ་བཞག མཆོད་གཏོར་ སྣ་ཚོགས་ཀྱིས་ཀྱང་བསྐོར་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཡཾ་རཾ་བཾ་ལཾ་སུཾ་ལས་འབྱུང་བཞི་རི་ རབ་དང་བཅས་པའི་རྩེ་མོར་བྷྲུཾ་ལས་གཞལ་ཡས་ཁང༌། དེའི་དབུས་སུ་སེང་གེ་ལ་གནས་པའི་ ཟླ་བའི་སྟེང་དུ་བཻ་ཡིག་འོད་ཀྱི་འཕྲོ་འདུ་ལས། རྒྱལ་པོ་རྣམ་ཐོས་སྲས་སྐུ་མདོག་ལྗང་ཁུ་ཞལ་ གཅིག་སྤྱན་གསུམ་པ། མཆེ་བ་ཅུང་ཟད་གཙིགས་པ། ཕྱག་གཡས་རིན་ཆེན་ཕྲེང་བས་མཚན་ 15-1-469 པའི་དབྱུག་ཐོ་དང༌། གཡོན་པས་གཏེར་གྱི་ནེའུ་ལེ་དཀུ་ལ་བརྟེན་པའི་ཚུལ་གྱིས་འཛིན་པ། དར་གྱི་ན་བཟའ་དང་གསེར་གྱི་གོ་ཆ་གསོལ་བ། རིན་པོ་ཆེའི་རྒྱན་ཀྱིས་བརྒྱན་ཅིང༌། སེམས་ དཔའི་ཕྱེད་སྐྱིལ་གྱིས་སེང་གེའི་གདན་ལ་བཞུགས་པ། གཟི་བརྗིད་ཉི་མ་སྟོང་དང་འདྲ་བའོ། ། གཙོ་བོ་ཉིད་གྲུབ་པ་ན། ལུས་དང་གྲིབ་མའི་ཚུལ་གྱིས་ཛམྦྷ་ལ་ལ་སོགས་པ་རྟ་བདག་ཆེན་ པོ་བརྒྱད་སྐུ་མདོག་ཕྱག་མཚན་སྤྱི་དང་མཐུན། ཐམས་ཅད་ཀྱང་རྟ་སྔོན་པོ་ལ་ཆིབས་པ་ གནོད་སྦྱིན་བྱེ་བའི་ཚོགས་ཀྱིས་བསྐོར་བའོ། །ཕྱི་རོལ་དུ་ཀླུ་ཆེན་བརྒྱད་ཀར་སྐུ་མདོག་སེར་ པོ་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་ན་རིན་པོ་ཆེ་བསྣམས་པའོ། །རང་གི་སྙིང་ག་ནས་འོད་ ཟེར་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ༀ། མགྲིན་པར་ ཨཱཿ ཐུགས་ཀར་ཧཱུཾ། ༀ་རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་དབང་བསྐུར། རིན་ཆེན་འབྱུང་ལྡན་གྱིས་ དབུ་བརྒྱན། མཆོད་བསྟོད་གཞན་དང་མཐུན། བཟླས་པའི་དམིགས་པ་རྣམས་མན་ངག་བཞིན་ཤེས་པར་བྱས་ལ། ༀ་བཻ་ ཤྲ་མ་ཎ་ཧཱུཾ་སྭཱཧཱ། བསྙེན་པའི་སྔགས་སོ། །ༀ་བཻ་ཤྲ་མ་ཎ་རཏྣ་གུ་ཧྱེ་སིདྡྷི་ཨ་བེ་ཤ་ཡ་ཛཿ སྒྲུབ་པའི་སྔགས་ སོ། །ༀ་བཻ་ཤྲ་མ་ཎ་རཏྣ་གུ་ཧྱེ་ཨ་བྷི་ཥིཉྩ་མཾ། ཨ་པ་ཡ། རཏྣ་སིདྡྷི་ཧཱུཾ་ཧཱུཾ། ལས་སྦྱོར་གྱི་སྔགས་སོ། །ༀ་ བཻ་ཤྲ་མ་ཎ་ཡེ་ཧཱུཾ། སྲོག་ས་མཱ་ཡ་ཧྲིཾ་ཧྲིཾ་ཛ་ཛཿ སྤོགས་ཆོག་གི་སྔགས་སོ། །གཏོར་མ་ཨ་མྲྀ་ཏས་བསངས། སྭ་ བྷཱ་ཝས་སྦྱངས། བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ༀ་ལས་བྱུང་བའི་གཏོར་མ་འདོད་དགུའི་ རྒྱ་མཚོར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱི་བྱིན་གྱིས་བརླབས། སྙིང་པོའི་མཐར་ཨ་ཀཱ་རོ་བཏགས་ པས་གཙོ་བོ་ལ་འབུལ། འཁོར་གྱི་གནོད་སྦྱིན་སྤྱི་ལ། ༀ་པཱུ་ཛ་བཱ་ལིཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་དང༌། འབྱུང་པོ་ སྤྱི་ལ་ཁ་འབར་མའི་སྔགས་ཀྱིས་སྦྱིན། ཡིག་བརྒྱ་བཟོད་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ་པ་རྣམས་བྱའོ། ། འདི་ཉིད་ཀྱི་བསྙེན་སྒྲུབ་ལས་གསུམ་དང༌། གཏོར་མའི་མན་ངག་ཆེ་ཆུང༌། གཅེས་པའི་གདམས་ངག་བཅུ་བཞི་ལ་སོགས་པ་ནི་ ཡིག་རྙིང་དུ་ཤེས་པར་བྱའོ། ། འདིའི་རྗེས་གནང་ནི། མཎྜལ། གསོལ་བཏབ། རྒྱུན་བཤགས་རྣམས་སྤྱི་དང་འདྲ། སློབ་དཔོན་ཡི་དམ་དུ་གསལ་བ་གནས་ 15-1-470 གྱུར་ཏེ། རྒྱལ་པོ་རྣམ་ཐོས་སྲས་སུ་གྱུར་པར་མོས་ལ། སློབ་མའང་མངོན་རྟོགས་བཞིན་རྣམ་ཐོས་སྲས་སུ་བསྐྱེད་ཅིང་ཡེ་ཤེས་པ་ སྤྱན་དྲངས་ཏེ་བསྟིམ། རིགས་བདག་གིས་རྒྱས་གདབ་པའི་བར་བྱ། རིན་པོ་ཆེའི་གོ་ཆ་དང་གཟུགས་བརྙན་སློབ་མ་ལ་གཏད། ཐང་ཀ་སྤྱི་བོར་བཞག་ལ། མདུན་བསྐྱེད་ལས་སྐུ་གཉིས་པ་ཆད་དེ་ཐིམ་པར་བསམ། སྐུའི་རྗེས་གནང་ངོ༌། །བཟླས་ལུང་སྤྱི་དང་ མཐུན་པར་སྦྱིན་པ་ལས་འཕྲེང་བ་ལག་ཏུ་གཏད། གསུང་གི་རྗེས་གནང་ངོ༌། །སྙིང་གར་ས་བོན་སྔགས་འཕྲེང་འོད་འབར་བར་ བསྒོམ། སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་ལས་བསལ་བར་བྱའོ་སྙམ་དུ་བཞུགས་པ་ནི། ཐུགས་ཀྱི་རྗེས་གནང་ངོ༌། ། རིན་པོ་ཆེ་དང་ནེའུ་ལེ་གཟུགས་བརྙན་གཏད་ལ། ལས་སྦྱོར་གྱི་སྔགས་བརྗོད། ཡོན་ཏན་གྱི་རྗེས་གནང་ངོ༌། །གཏོར་མའི་བཀའ་ བསྒོ་བྱས་ལ་མཐེབ་ཀྱུ་ནས་ཅུང་ཟད་ཅིག་སྦྱིན། འཕྲིན་ལས་ཀྱི་རྗེས་གནང་ངོ༌། །རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །ཤིན་ཏུ་ཟབ་པར་ རབ་གྲགས་པ། །རྟགས་ལས་ཀུན༷་ཏུ་ཡིད་ཆེས་ཤིང༌། །བླ་མ་ལས་ཐོབ་དག༷འ་བ་སྐྱེས། །སྙིང༷་པོ༷་ཉེར་མཁོ་ཙམ་ཞིག་བྲིས། །རྣམ་ སྲས་ལྗང་གུ་སེང་ཞོག་ཛྙཱ་ན་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། ནོར་སྦྱིན་དབང་པོ་ལ་བཏུད་ནས། །གསང་སྒྲུབ་ཤིན་དུ་རྙེད་དཀའ་བ། །ཡང་གསང་ཕྱག་ མཚན་བཞི་པ་ཡི། ཁྱད་པར་ཅུང་ཟད་བཤད་པ་བྱ། །གོང་དུ་བཤད་པ་ལྟར་རྒྱལ་ཆེན་དམར་པོ་རྟ་སྔོན་ཅན་གྱི་སྒྲུབ་ཐབས་སྤྱི་ དང་མཚུངས་པ་ལས། གཞལ་ཡས་ཁང་སེར་ཆེན་བཞིན་བསྐྱེད། དབུས་སུ་སེང་གེའི་གདན་བསྐྱེད་པའི་ས་བོན་ཙ་ཡིག་ལ་བྱེད་ པ་དང༌། གཙོ་བོའི་ས་བོན་བཻའམ་ཏྲཾ་གང་རུང་དང༌། རྒྱལ་པོ་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་ གཉིས་གཡས་སྟག་གི་རྒྱལ་མཚན་དང་མདུང་དམར། གཡོན་གྱིས་ནེའུ་ལེ་དང་ལྕགས་ཀྱུ་ འཛིན་པ། སྤྱན་གསུམ་ཟླུམ་ཞིང་དམར་ལ་མཆེ་བ་གཙིགས་པ། དར་དམར་པོའི་ཅོད་པན་ ཅན་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཆ་ལུགས་གཞན་རྣམས་རྟ་སྔོན་ཅན་དང་འདྲ། ཕྱོགས་ བཞིར་ཏྲག་དམར་པོ་བཞི་ལས། ཤར་དུ་ནོར་རྒྱུན་མ། ལྷོ་རུ་དབྱངས་ཅན་མ། ནུབ་ཏུ་ནོར་ སྐྱོང་མ། བྱང་དུ་བྷ་ར་ལི་རྣམས་དམར་མོ་ཞི་མ་ཁྲོ། རུས་པའི་རྒྱན་གྱིས་བརྒྱན་པ། གཡས་ ལྕགས་ཀྱུ་དང༌། གཡོན་རྔ་ཡབ་བསྣམས་པ། ཕྱིའི་ཁང་བཟང་བརྒྱད་དུ། སྐད་ཅིག་གིས་ རྟ་བདག་བརྒྱད་ནི། སེར་ཆེན་བཞིན་ལས། གཡས་ན་རང་རང་གི་ཕྱག་མཚན་དང་མདུང་ 15-1-471 དམར། གཡོན་ན་ལྕགས་ཀྱུ་དང་ནེའུ་ལེ་འཛིན་པའོ། ། རྗེས་གནང་གི་བྱ་བ་ནི། རྟ་སྔོན་ཅན་དང་འདྲ་བ་ལས་གསང་རྟེན་གྲི་སྙིང་ཡོད་ན། དེ་ཉིད་སྤྱི་བོར་བཞག་སྟེ། འཕྲིན་ལས་ གཏོར་མའི་བཀའ་བསྒོ་བཞིན་བཀའ་བསྒོ་དྲག་ཏུ་བྱ། དེ་མེད་ན་སྔགས་ཀྱི་འཁོར་ལོ་གཏོར་མའི་ནང་དུ་བཅུག་པ་ཞིག་བྱས་ལ་ བཀའ་བསྒོ་དྲག་ཏུ་མཛད་པ་ཕྱག་ལེན་ཡིན། སྔགས་ཀྱི་བཟླ་ཚུལ་སོགས་ཤམ་བུ་མི་འདྲ་བ་མང་དུ་ཡོད་ནའང༌། རྗེས་གནང་ཙམ་ ལ་མི་དགོས་ལ། ཕྱི་སྒྲུབ་རྟ་སྔོན་ཅན་ཉིད་ཀྱི་རྗེས་གནང་ཐོབ་པས་ནང་སྒྲུབ་གསང་སྒྲུབ་ཡང་གསང་ཐམས་ཅད་ཀྱི་ཉམས་ལེན་ བྱས་པས་ཆོག་པར་མངོན་ཡང༌། སོ་སོའི་རྗེས་གནང་མཛད་པའི་ཕྱག་ལེན་ཀྱང་འདུག་ཅིང༌། ཁྱད་པར་ཡང་གསང་འདི་ལ་གལ་ པོ་ཆེར་མཛད་དོ། །ཤིན་ཏུ་ཟབ་པར་ཀུན༷་ནས་གྲགས། །སྣ་ཚོགས་སྤྱོད་རྣམས་ཡིད་དག༷འི་གནས། །ལས་ཚོགས་སྒྲུབ་སྐོར་ཆེས་ མང་ཡང༌། །རྗེས་གནང་སྙིང༷་པོ༷་ཙམ་འདིས་ཆོག །ཡང་གསང་ཕྱག་མཚན་བཞི་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། རྒྱལ་བ་ཐུགས་རྗེའི་མངའ་བདག་ནི། །གཏེར་གྱི་བདག་པོར་སྐུ་སྤྲུལ་པ། །དེ་ལ་བཏུད་ནས་ དེའི་སྒྲུབ་ཐབས། །ཆ་ཙམ་གསལ་བར་བཤད་པར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་ པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ། པཾ་ལས་པདྨ་ དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་སེམས་ཛཾ་ཡིག་སེར་པོ་ཡོངས་སུ་གྱུར་ པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དབུལ་བའི་སྡུག་བསྔལ་ཞི་བར་ བྱས། འདོད་དགུའི་ཆར་ཕབ། སླར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་ཛམྦྷ་ ལ་གསེར་བཙོ་མ་ལྟར་འབར་བ། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་མཐིལ་ ན་ཤིང་ཐོག་བི་ཛ་པུ་ར་ཀ་བསྣམས་པ། གཡོན་གཏེར་གྱི་ནེའུ་ལེ་འཛིན་པས་ཡིད་བཞིན་གྱི་ ནོར་བུ་རིན་པོ་ཆེའི་ཆར་འབེབས་པ། ཞི་ཞིང་སྒེག་པ་ཤ་ཉམས་རྒྱས་པའི་ཧུར་བག་ཆགས་པ། རབ་ཏུ་དགྱེས་པའི་སྤྱན་གདངས་ཤིང་དབུ་སྐྲ་ནག་པོའི་ཐོར་ཅོག་ཅན། རིན་པོ་ཆེའི་དབུ་རྒྱན་ དང་བཅས་པ། ཞབས་གཡས་བརྐྱང་བའི་རོལ་པའི་སྟབས་ཀྱིས་དུང་གི་མགོ་དང༌། པདྨའི་ མགོ་ཞེས་བྱ་བ་ལ་སོགས་པ་གཏེར་ཆེན་པོ་རྣམས་ལ་ཞབས་བརྟེན་པ། དར་སྣ་ཚོགས་ཀྱི་ 15-1-472 ལྷབ་ལྷུབ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཨུཏྤལ་སྔོན་པོའི་དོ་ཤལ་ཅན། འོད་ཟེར་རབ་ཏུ་འབར་བའི་སྐུ་ཅན་དུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་ སེམས་དཔའ་འཕགས་པ་ཛཾ་བྷ་ལ་འཁོར་བཅས་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ ཛཿ ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་ བཏབ་པས། དབང་གི་ལྷ་རྣམས་ཀྱིས། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་དབང་ བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་ བརྒྱན། ༀ་ཨཱརྱ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པུཥྤེ་ནས། ཤཔྟའི་བར་གྱིས་མཆོད། ནོར་ གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༌། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ ཕྱོགས་སྐྱོང་བའི་མགོན་བོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ པས་བསྟོད། ༀ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ། ཞེས་ཅི་ནུས་བཟླ། མཐར་ལྷ་སྐུ་མི་དམིགས་པར་སྦྱངས་ཏེ་མཉམ་པར་བཞག སླར་ཡང་ལྷ་སྐུར་ལངས་ཏེ་དགེ་བ་བསྔོ། ཐུན་མཚམས་སུ་ཇི་སྐད་བཤད་པའི་ཆུ་སྦྱིན་ལ་སོགས་པ་ལ་ནན་ཏན་དུ་བྱ་ཞིང༌། མཆོད་ གཏོར་ལ་ཡང་ནན་ཏན་དུ་བྱའོ། ། འདིའི་རྗེས་གནང་བྱེད་པར་འདོད་པས། མཎྜལ་པདྨ་འདབ་བརྒྱད་ཚོམ་བུ་ཅན་ནམ། མ་འགྲུབ་ན་རྗེས་གནང་སྤྱི་དང་ མཐུན་པར་བྱ། དཀར་གཏོར་མཆོད་པ་ཛཾ་བཤོས་ཟངས་གཞོང་ཟངས་བུམ་ཆུས་གང་བ་སོགས་ཡོ་བྱད་རྣམས་ཚང་བར་བྱ། མཆོད་ པ་བྱིན་བརླབས་སྤྱི་དང་མཐུན། གོང་བཞིན་བདག་བསྐྱེད་བྱས་ལ། མདུན་བསྐྱེད་ཀྱང་བདག་བསྐྱེད་འདོན་པ་སྤོས་པས་ཆོག་ ཅིང༌། བཟླས་པའི་མཐར་གཏོར་མ་ལ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་ བྱུང་པའི་རིན་པོ་ཆེའི་སྣོད་དུ་ༀ་ཞུ་བ་ལས་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ ཨཱཿཧཱུཾ། སྙིང་པོ་མཐར་ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་ལན་གསུམ་མམ་ལྔས་ཕུལ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། གོང་བཞིན་བསྟོད་ལ། སེར་སྣའི་ལས་ཀྱི་མེ་ཡིས་གདུངས་པ་དག །སྐྱེ་བ་སྐྱེ་ 15-1-473 བར་ཁྱོད་ལ་སྐྱབས་སུ་མཆི། །རིན་ཆེན་གཏེར་གྱི་བདུད་རྩིའི་ཆར་རྒྱུན་གྱིས། །སེམས་ཅན་ དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །ཅེས་གསོལ་བ་བཏབ། སྐབས་འདིར་ཡང་ཆུ་སྦྱིན་སྤྲོ་ན་བྱ། རྗེས་ གནང་གི་ངོ་བོ་སྒྲུབ་ཐབས་རྒྱ་མཚོ་དང་འདྲ། ཐུགས་ཀྱི་རྗེས་གནང་གི་མཐར། སློབ་མས་ཕུལ་བར་མོས་ཏེ། ཆུ་སྦྱིན་འབུལ་བ་ ནི། ཟངས་གཞོང་གི་དབུས་སུ། སྟོང་པའི་ངང་ལས་འཕགས་པ་ཛཾ་བྷ་ལ་གོང་བཞིན་བསྐྱེད། ཡེ་ཤེས་པ་བསྟིམ། གནས་གསུམ་བྱིན་རླབས་དང༌། དབང་བསྐུར་བྱེད་མི་དགོས། རང་གི་ལག་པ་གཡས་ཀྱི་མཐིལ་དུ་ཟླ་བ་ལ་ གནས་པའི་ༀ་ཧཱུཾ་ཏྲཾ་ཧྲི་ཨ། དེ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་བྱིན་ རླབས་རྣམས་བདུད་རྩིའི་རྣམ་པར་བཀུག་སྟེ་ཐིམ། ༀ་ཨཱཿཧཱུཾ། ཞེས་ཆུ་བྱིན་གྱིས་བརླབས་ཏེ། སྙིང་པོའི་ སྔགས་བརྒྱ་རྩ་བརྒྱད་ཀྱིས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་དམ། བུམ་པའི་ཆུ་རྒྱུན་མི་འཆད་པར་དབུལ་བར་བྱའོ། །མཐར་ཛཾ་བཤོས་ ཆུ་ནང་དུ་བཅུག་ལ། གོང་གཏོར་མ་འབུལ་བའི་སྔགས་ཀྱིས་ཕུལ། གོང་བཞིན་མཆོད་བསྟོད་གསོལ་བཏབ་ལན་གསུམ་བྱ། དེ་ ནས་འཕགས་པ་ཛམྦྷ་ལ་དགྱེས་ཏེ། སློབ་མ་ལ་ཡིད་བཞིན་གྱི་ནོར་བུ་དང༌། བདུད་རྩིའི་དངོས་གྲུབ་བྱིན་པར་མོས་ལ། ཛཾ་བཤོས་ ནས་ཅུང་ཟད་བཅད་ཅིང་སྟེར་བ་དང༌། ཆུ་ཅི་དགར་འཐུང་དུ་གཞུག་གོ །རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲའོ། །ཀུན༷་ནས་གྲགས་ཆེ་ ཆེས་ཟབ་པ། །ནོར་གྱི་སྒྲུབ་ཐབས་རབ་དག༷འ་ནི། །སྔ་ཕྱིའི་ཡིག་ཚོགས་དཔག་མེད་ལས། །སྙིང༷་པོ༷་ཙམ་ཞིག་ཉེར་མཁོར་བཀོད། ། འཕགས་པ་ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། རྒྱུད་རྒྱལ་ཀུན་གྱི་རྩེར་སོན་པ། །དཔལ་ལྡན་གསང་བ་འདུས་ལས་བྱུང༌། །ཡེ་ཤེས་ཞབས་ཀྱི་ མན་ངག་སྟེ། །གནོད་གནས་སྒྲུབ་ཐབས་བསྡུས་པ་འདིའོ། །འདི་ལ་རྒྱུ་རྡོ་རྗེ་འཛིན་པ་ཞུ་བ་གླུས་བསྐུལ་ཡན་ཆད་གསང་འདུས་ འཇམ་པའི་རྡོ་རྗེ་ལྷན་སྐྱེས་གྱི་སྐབས་བཞིན་ཉམས་སུ་བླངས་ནས། གླུས་བསྐུལ་བ། ཛཾ་ལས་བི་ཛ་པུ་ར་ཛཾ་གྱིས་ མཚན་པ་དང༌། བཾ་ལས་སྙེ་མ་བཾ་གྱིས་མཚན་པའི་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་ཛཾ་བྷ་ལ་ སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རང་འདྲའི་ཡུམ་ནོར་རྒྱུན་མ་ལ་ འཁྱུད་པ། ལྷག་མ་གཡས་གཉིས་བི་ཛ་པུ་ར་དང་རལ་གྲི། གཡོན་གཉིས་གཏེར་གྱི་ནེའུ་ལེ་ དང་པདྨ་འཛིན་པ། ཆ་ལུགས་རྣམས་ཛམྦྷ་ལ་སྤྱི་དང་མཐུན་པའོ། །སྐྱེ་མཆེད་བྱིན་རླབས། གནས་གསུམ་བྱིན་རླབས། 15-1-474 སེམས་དཔའ་གསུམ་བརྩེགས། དབང་བསྐུར་རྒྱས་བཏབ་རྣམས་ཀྱང་འཇམ་རྡོར་དང་འདྲ་བ་ལས། མི་བསྐྱོད་པས་དབུ་ བརྒྱན། སྤྱི་བོར་ༀ། སྙིང་གར་ཧཱུཾ། གསང་བར་ཨཱཿ བརླ་གཉིས་ལ་སྭཱ། བྱིན་པ་གཉིས་ལ་ཧཱ་ རྣམས་ཀྱིས་རྒྱས་བཏབ། བདག་བསྐྱེད་ལ་མཆོད་བསྟོད་བདུད་རྩི་མྱང་བ་རྣམས་བྱས་ཏེ། རང་གི་སྙིང་ག་ནས་ ཛཾ་སྤྲོས་མདུན་དུ་རང་དང་འདྲ་བར་བསྐྱེད། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་རླབས། རང་ གི་སྙིང་གའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས། བྱང་ཆུབ་ཀྱི་ སེམས་སུ་ཞུ་བ་མཁའ་ནང་དུ་ཛཾ་བྷ་ལར་གྱུར། མཁའ་ནང་ནས་ཕྱིར་སྤྲོས། མཆོད་པ་ཕུལ་ཏེ་ མདུན་བསྐྱེད་ལ་ཐིམ། དབང་བསྐུར་རྒྱས་བཏབ་བྱ། རང་གི་ལག་མཐིལ་དུ་པད་ཟླ་ལ་ཧཱུཾ་ལས་རྡོ་རྗེ་ རྩེ་ལྔ་པ། དེའི་ལྟེ་བར་མི་བསྐྱོད་པ་ལྷ་བཅུ་དགུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་མོས་ ཏེ། ལྷ་རྣམས་རྗེས་ཆགས་ཀྱི་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་བདུད་རྩིའི་ཆུ་རྒྱུན་ དུ་གྱུར་པ། མདུན་བསྐྱེད་ཛཾ་བྷ་ལའི་ལྗགས་ལ་ཛ་ཡིག་གིས་མཚན་པའི་སྟེང་དུ་བབ་པས་ གསོལ་བར་བསམས་ལ། ཆུ་སྦྱིན་བརྒྱ་རྩ་བརྒྱད་འབུལ། གཏོར་འབུལ་མཆོད་བསྟོད་འདོད་དོན་གསོལ་བཏབ་རྣམས་ སྤྱི་དང་མཐུན་པར་བྱས་ལ། རང་གི་སྙིང་གར་བསྡུ། བདག་ཉིད་ལྷའི་ང་རྒྱལ་གྱིས། ༀ་ཨཱཿཛ་ཧཱུཾ། ཞེས་པ་དང༌། ཡི་གེ་བཅུ་པ་ཅི་འགྲུབ་ཏུ་བཟླས། བང་མཛོད་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུའི་ཆར་འབེབས་པར་བསམ། མཇུག་ཏུ་དགེ་བ་ བསྔོ་ཞིང༌། ཐུན་མཚམས་སུ་ལྷའི་ང་རྒྱལ་ལ་གནས་པར་བྱ། འདི་ལ་ཡང་སྒོམ་ལུང་གིས་ཆོག་གོ །གནོད་གནས་སྒྲུབ་ཐབས་རྣམ་ གསུམ་ལས། །འབྲིང་པོའི་ལུགས་སུ་ཀུན༷་ནས་གྲགས། །སྔགས་ཤེས་དག༷འ་ཞིང་ཡིད་ཆེས་གནས། །རྒྱུན་བཤད་ལས་བྱུང་སྙིང༷་ པོ༷ར་དྲིལ། །གསང་འདུས་ལས་བྱུང་བ་ཆུ་སྦྱིན་དབང་པོ་འབྲིང་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། ནོར་བུའི་རིགས་ཀྱི་སྔགས་གཙོ་བོ། །ཆོས་ལྡན་ཀུན་གྱི་ནོར་སྒྲུབ་པ། །འཕགས་པ་ཛཾ་བྷ་ལར་ བཏུད་ནས། །དཔའ་བོ་གྲུབ་པའི་མན་ངག་བཤད། །འདི་ཉིད་ཀྱི་རྟེན་ནམ་འཁོར་ལོ་མདུན་དུ་བཞག་ལ། མཆོད་གཏོར་བཟང་ པོས་མཐའ་སྐོར། ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་རྣམས་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ། པཾ་ལས་གསེར་གྱི་པདྨ་ 15-1-475 འདབ་མ་བརྒྱད་པ། དེའི་ལྟེ་བ་དང་འདབ་མ་རྣམས་ལ་ཛཾ་དགུ་དང་བཾ་དགུ་ཡོངས་སུ་གྱུར་པ་ ལས། དབུས་སུ་འཕགས་པ་ཛཾ་བྷ་ལ་ནོར་རྒྱུན་མས་ཡང་དག་པར་འཁྱུད་པ། ཤར་དུ་ནོར་ བུ་བཟང་པོ་དང་ཟླ་ཤེལ་མ། ལྷོ་རུ་གང་བ་བཟང་པོ་དང་སྦྱིན་མ། ནུབ་ཏུ་ནོར་སྦྱིན་དང་སྦྱིན་ བཟང་མ། བྱང་དུ་རྣམ་ཐོས་ཀྱི་བུ་དང་འཕགས་མ། ཤར་ལྷོར་ཀི་ལི་མི་ལི་དང་རབ་བཟང་མ། ལྷོ་ནུབ་ཏུ་འཇམ་པོ་འཁྱིལ་པ་དང་རབ་སྦས་མ། ནུབ་བྱང་དུ་ཞལ་གྱི་དབང་པོ་དང་ལྷའི་བུད་ མེད། བྱང་ཤར་དུ་སྤྱོད་པའི་དབང་པོ་དང་དབྱངས་ཅན་མ། ཐམས་ཅད་ཀྱང་སྐུ་མདོག་གསེར་ བཙོ་མ་ལྟར་རབ་ཏུ་འབར་བ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཡབ་ རྣམས་རོལ་པའི་སྟབས་ཀྱིས་བཞུགས་ཤིང་ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་བི་ཛ་པུ་ར་ དང༌། གཡོན་པས་གཏེར་གྱི་ནེའུ་ལེ་འཛིན་པ། ཡུམ་རྣམས་གཡས་མཆོག་སྦྱིན་དང་གཡོན་ འབྲས་ཀྱི་སྙེ་མ་བསྣམས་པའོ། །གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ་རྣམས་ སྤྱི་དང་མཐུན། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འགྲོ་ལ་དམིགས་མེད་ཐུགས་རྗེ་ཡི། །ཐབས་མཁས་ རང་བཞིན་སྐུ་སྤྲུལ་པ། །གནོད་སྦྱིན་ཕོ་མོའི་ཚོགས་རྣམས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ ཀྱང་འཚལ། །སྤྲོ་ན། ཛཾ་བྷ་ལའི་མཚན་བརྒྱ་དང༌། བསྟོད་པ་རྒྱས་པ་དང༌། ནོར་རྒྱུན་མའི་བསྟོད་པ་རྣམས་ཀྱིས་ཀྱང་བསྟོད་ དོ། །ༀ་ཛཾ་བྷ་ལ་ཛ་ལནྡྲེ་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས་ཤིང༌། ༀ་མ་ཎི་བྷ་དྲ་ཡ་སྭཱཧཱ། ༀ་པུརྞ་བྷ་དྲ་ཡ་ སྭཱཧཱ། ༀ་བྷ་ན་ད་ཡ་སྭཱཧཱ། ༀ་བཻ་ཤྲ་ཝ་ཎ་ཡ་སྭཱཧཱ། ༀ་ཀཱི་ལི་མཱ་ལི་ནི་ཡེ་སྭཱཧཱ། ༀ་པི་ཙི་ཀུཎྜ་ལི་ ནི་སྭཱཧཱ། ༀ་མུ་ཁེནྡྲཱ་ཡ་སྭཱཧཱ། ༀ་ཙ་རེནྡྲ་ཡ་སྭཱཧཱ། ༀ་བ་སུ་དྷ་ར་ཎི་སྭཱཧཱ། ༀ་ཙནྡྲ་ཀནྡྱཻ་སྭཱཧཱ། ༀ་ དཏྟ་ཡེ་སྭཱཧཱ། ༀ་སུ་དཏྟ་ཡེ་སྭཱཧཱ། ༀ་ཨཱརྱ་ཡེ་སྭཱཧཱ། ༀ་སུ་བྷ་དྲ་ཡེ་སྭཱཧཱ། ༀ་སུ་གུཔྟ་ཡེ་སྭཱཧཱ། ༀ་དི་བྱཻ་སྭཱཧཱ། ༀ་སྭ་ར་སྭ་སྟྱཻ་སྭཱཧཱ། ཞེས་པ་རྣམས་ཀྱང་ཅི་རིགས་སུ་བཟླས་ལ། མཐར་ཆུ་སྦྱིན་སྤྱི་དང་མཐུན་པར་ ཕུལ། གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། གཙོ་འཁོར་སོ་ སོའི་སྔགས་ཀྱིས་མཐར། ཨ་ཀཱ་རོ་བཏགས་པས་འབུལ་ཏེ། གཙོ་བོ་ལ་ལན་བདུན་དང༌། གཞན་རྣམས་ལ་གསུམ་གསུམ་མོ། 15-1-476 མཆོད་བསྟོད། འདོད་དོན་གསོལ་བཏབ་སོགས་སྤྱི་དང་འདྲ་བར་བྱ། འདིའི་རྗེས་གནང་སྦྱིན་པར་འདོད་ན། མདུན་བསྐྱེད་ཀྱི་ རྟེན་ཕོ་རྐྱང་མོ་རྐྱང་ཕོ་མོ་སྦྲགས་པ་སྟེ་གསུམ་མམ། འཁོར་ལོ་གསུམ་འགོད། མ་འགྲུབ་ན། མཎྜལ་གསུམ་ལ་དེའི་རིམ་པས་ཚོམ་ བུ་བཀོད། མཐར་མཆོད་གཏོར་གྱིས་བསྐོར། དབུས་སུ་གོང་བཞིན་བསྐྱེད། གཡས་སུ་གནོད་སྦྱིན་ཕོ་དགུའི་དཀྱིལ་འཁོར་བསྐྱེད། གཡོན་དུ་མོ་དགུའི་བསྐྱེད། གནས་གསུམ་བྱིན་རླབས་མན་ཆད་ཆབས་ཅིག་ཏུ་བྱ། སློབ་མ་རྣམས་ཀྱིས་གསོལ་བཏབ་ཡན་ལག་ བདུན་པ་སྒྲུབ་ཐབས་བརྒྱ་རྩ་དང་འདྲ་བར་བྱས། ཡི་དམ་གྱི་ང་རྒྱལ་འཛིན་དུ་བཅུག མདུན་བསྐྱེད་རྣམས་བློ་ཡུལ་དུ་ངེས་པར་ བསྐྱེད་ནས། ཆུ་སྦྱིན་གཏོར་འབུལ་མཆོད་བསྟོད་རྣམས་བྱ། དེ་ནས་སྔགས་ཀྱི་བཟླས་ལུང་སྦྱིན་ཏེ། དེ་ཉིད་ཀྱིས་སློབ་མའི་བྱ་བ་ འགྲུབ་པ་ཡིན་ནོ། །འཁོར་ལོ་ཀུན༷་ལ་གྲགས་མོད་ཀྱང༌། །རབ་དག༷འི་བཀའ་གཏད་ཤིན་ཏུ་དཀོན། །སྙིང༷་ནས་ཚུལ་འདིར་འཇུག་ འདོད་ན། །དང་པོ༷ར་རིག་གཏད་ཞུ་བ་གཅེས། །ཛཾ་བྷ་ལ་ལྷ་མང་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། མི་བསྐྱོད་རྡོ་རྗེས་བྱིན་རླབས་པ། ཁྲོ་བོ་འཆོལ་བའི་ཆ་ལུགས་ཅན། །སྨུག་འཛིན་དེ་ལ་བཏུད་ བྱས་ནས། །སྒྲུབ་ཐབས་རྗེས་གནང་བཅས་པ་བཤད། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། བསྲུང་འཁོར་གང་འོས་ ཤིག་བསྒོམས་ནས། རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་རྭ་དགུ་པ། ཕྱི་སེར་ལ་ ནང་ནག་པ། དེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པར་གྱུར། ༀ་ཨ་ཞེས་པའི་སྒྲ་དང་བཅས་འོད་ཟེར་ འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པ་ཛཾ་བྷ་ལ་ནག་པོའི་རྣམ་ པར་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས། ན་མ་ཨུ་ཙུཥྨ་ཨཱརྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར་བྷྱཿ ཞེས་ཕྱག་བྱ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ ཡན་ལག་བདུན་པ་བྱ། ཚད་མེད་བཞི་སྤྱི་དང་མཐུན། ཟླ་བ་རྡོ་རྗེ་ཧཱུཾ་དང་བཅས་པ་ལས་འོད་འཕྲོས། ཁམས་ གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ། རང་ཉིད་ལ་ཐིམ། མདུན་གྱི་འཕགས་པ་ཛམྦྷ་ལའི་ ཚོགས་ཀྱང་ༀ་ཨ་ཞེས་པས་སྤྱན་དྲངས་ནས་ཧཱུཾ་ལ་ཐིམ། རང་ལུས་ཀྱང་ཟླ་བ་རྡོ་རྗེ་དང་བཅས་ པ་ལ་ཐིམ། དེ་ཉིད་ཀྱང་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཞེས་བརྗོད་ལ་ཅུང་ཟད་མཉམ་པར་བཞག ཟླ་བ་རྡོ་རྗེ་ ཧཱུཾ་ཡིག་དང་བཅས་པ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་ 15-1-477 པ་ཛཾ་བྷ་ལ་སྐུ་མདོག་བུང་བ་ལྟར་གནག་པ། གཅེར་བུ་རིགས་ངན་གྱི་ཆ་ལུགས་རྣ་བ་མ་ཕུག་ པ་མིའི་ཐུང་གི་རྣམ་པ་ཅན། མཚན་མ་གྱེན་དུ་བསྒྲེང་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ ལྡན་ཞིང་མཆེ་བ་གཙིགས་པ། ལྗགས་འདྲིལ་ལ་ཁྲོ་གཉེར་བསྡུས་པ། ཕྱག་གཡས་པས་ཀ་པཱ་ ལ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། གཡོན་པས་ནོར་བུ་སྣ་ཚོགས་སྐྱུག་པའི་ནེའུ་ལེ་ བརླ་གཡོན་པ་ལ་བརྟེན་པའི་ཚུལ་གྱིས་འཛིན་པ་ཞབས་གཡས་བསྐུམ། གཡོན་བརྐྱང་བས་ པདྨ་དང༌། ཟླ་བའི་གདན་ལ་ནོར་བདག་རྣམ་ཐོས་བུའི་གཟུགས་ཅན་ནོར་བུ་སྐྱུག་པ་མནན་ པ། བྱིས་པའི་གཟུགས་ཅན་སྐྲ་ཁམ་པ་གྱེན་དུ་བརྫེས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཅིང༌། སྤྱི་བོར་རྒྱལ་བ་མི་བསྐྱོད་པ་བཞུགས་པ། མེ་དཔུང་འབར་བའི་དབུས་ན་འགྱིང་བའི་ཐུགས་ ཀར་ཟླ་བ་ལ་རྡོ་རྗེ་རྭ་དགུ་པ་ཧཱུཾ་ཡིག་དང་བཅས་པ། ཕྱོགས་ཀྱི་རྭ་རྣམས་རབ་ཏུ་གདེངས་ ཤིང༌། དབུས་ཀྱི་རྭ་རྣམ་པར་དཀར་བ་ནོར་བུའི་ཏོག་གིས་བརྒྱན་པ། དེའི་ལྟེ་བར་ཟླ་བ་ལ་ཧཱུཾ། དཔྲལ་བར་ༀ། ལྕེ་ལ་ཛཾ། དཔུང་པ་གཡས་ལ་བྷ། གཡོན་ལ་ལ། ཐུགས་ཀར་ཛ། ལྟེ་བར་ ལེན། ངར་གདོང་གཡས་ལ་དྲ། གཡོན་ལ་ཡེ། བོལ་གོང་གཡས་ལ་སྭཱ། གཡོན་ལ་ཧཱ་རྣམས་ ཟླ་གདན་ལ་གནས་པ། ཡི་གེ་ཐམས་ཅད་ཀྱང་མདོག་ནག་པོ་འོད་ཟེར་སེར་པོ་འཕྲོ་བའོ། །དེ་ ཐམས་ཅད་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་ཛཾ་བྷ་ལར་གྱུར་ནས་རང་ གི་སྙིང་གའི་ཧཱུཾ་ལ་ཐིམ། ཡང་འོད་འཕྲོས་ཕྱོགས་བཅུའི་རིན་པོ་ཆེའི་ཐམས་ཅད་བསྡུས། རླུང་ ནང་དུ་བརྔུབས་པའི་ཚེ། ཀླུ་ཆེན་བརྒྱད་དང་ནོར་བདག་རྣམས་ཀྱི་ཁ་ནང་དུ་སོང༌། རླུང་ཕྱིར་ རྒྱུ་བའི་ཚེ་སྐྱུགས་པས་རིན་པོ་ཆེའི་ཕུང་པོར་གྱུར། རང་གི་ལག་པ་གཡས་པའི་མཐིལ་དུ་བཾ་ ལས་བྱུང་བའི་བུམ་པ་བཟང་པོ། ལག་པའི་འཁྲིག་མ་ལ་ༀ། བུམ་ནང་དུ་ཛཾ། མཛུབ་མོ་ལ་ བྷ། གུང་མོ་ལ་ལ། སྲིན་ལག་ལ་ཛ། མཐེའུ་ཆུང་ལ་ལེན། མཐེ་བོང་ལ་དྲ། ལག་མཐིལ་གྱི་རྩ་ བའི་དབུས་སུ་ཡེ། གཡོན་དུ་སྭཱ། གཡས་སུ་ཧཱ་རྣམས་ཟླ་བ་ལ་གནས་པར་གྱུར། ཛཾ་ཡིག་ལས་ 15-1-478 བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་གང༌། མདུན་དུ་ཟངས་གཞོང་གི་ནང་དུ་སྐུ་གཟུགས་སམ་ ལིང་ག་བཞུགས་སུ་གསོལ། དེ་ཉིད་སྐད་ཅིག་གིས་གོང་བཞིན་བསྐྱེད། རང་གི་ཐུགས་ཀ་ནས་ཛཾ་ བྷ་ལ་གཅིག་སྤྲོས་ནས་དེ་ལ་བསྟིམ། ༀ་ཨིནྡྲ་ཡ་ཎི་མུ་ཁཾ་བྷྲ་མ་རི་སྭཱཧཱ། ཞེས་ལན་བདུན་གྱིས་བྱིན་ གྱིས་བརླབས། རང་གི་ཁྱོར་བས་ཆུ་བླུག་སྟེ་བདུད་རྩིའི་རང་བཞིན་དུ་གྱུར་པ་རང་གི་ཁ་སྒོ་ནས་ ཞུགས། ཛཾ་གྱི་འོད་ཀྱིས་སེར་པོར་གྱུར། ཧཱུཾ་ལ་སོགས་པའི་འོད་ཟེར་གྱིས་ནུས་མཐུ་ཆེན་པོར་ བྱས་ཏེ། ཐུགས་ཀ་ནས་གྱེན་དུ་ལོག ཞལ་ནས་ཐོན། ལག་མཐིལ་དུ་བྱུང་བ་ཕུལ་བར་མོས་ པའམ། རྡོ་རྗེའི་ལམ་ནས་ཁྱོར་བར་ཕུལ་བར་བསམ་པ་གང་རུང་གི་དམིགས་པ་དང་བཅས། ༀ་ཛླུཾ་སྭཱཧཱ། ཞེས་བརྒྱ་རྩ་བརྒྱད་ཀྱིས་ཆུ་སྦྱིན་ལག་ལེན་བཞིན་འབུལ་ལོ། །དེ་ནས་གཏོར་སྔགས་ལན་བདུན་གྱིས་ཆུ་ཁྱོར་བ་ བདུན་ཕུལ། གཏོར་མ་ཛཾ་བཤོས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ ཡ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། ༀ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ། ཞེས་ལན་བདུན་གྱིས་ཕུལ། ཨརྒྷཾ་ ནས་ཤཔྟའི་བར་གྱིས་མཆོད། དཔལ་གྱི་དབང་ཕྱུག་དཔལ་ཆེན་བཅུ་གནས་རིན་ཆེན་རྣམ་པ་མང་ ལྡན་པ། །ཐབས་མང་སྟོབས་ཆེན་དྲི་མེད་ཐུགས་རྗེ་དྲང་སྲོང་ལྷ་མོའི་སྲས་གྱུར་དེའི། །སྲས་ ཅིག་མཚུངས་མེད་མ་ལུས་སྲིད་དང་ཞི་བའི་ནོར་བདག་གཏེར་ཆེན་ནི། །མིའུ་ཐུང་ཆ་བྱད་ཐོད་ ཁྲག་ནེའུ་ལེ་འཛིན་མཛད་ཁྱོད་ལ་བདག་ཕྱག་འཚལ། །མགོན་པོ་ནམ་མཁའི་མཛོད་ཅན་ ནོར་གྱི་ཆར་འབེབས་པ། །མ་སྐྱེས་རང་བཞིན་དག་པས་སྐུ་མདོག་སྔོན་པོར་བཞུགས། ཁྱོད་ ནི་རྡོ་རྗེ་སེམས་དཔའ་ཉིད་དུ་བདག་མཆོད་ན། །རྟག་ཏུ་ཡིད་ལ་རེ་བའི་འབྲས་བུ་མཆིས་པར་ མཛོད། །ཅེས་བསྟོད་ཅིང་གསོལ་བ་བཏབ། རྟེན་ཆུ་ནང་དུ་དབྱུང་ངོ༌། །རྟེན་མེད་ན་རང་གི་སྙིང་གར་བསྡུ་བའམ། གཤེགས་པ་ གང་རུང་བྱ། གཏོར་མ་གཙང་སར་བཏང་ངོ༌། །ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས་པར་བྱའོ། །མཐར་ ལྷ་སྐུ་མི་དམིགས་པར་སྦྱངས་ཏེ་དགེ་བ་བསྔོ། ཐུན་མཚམས་སུ་ཡང་ལྷའི་ང་རྒྱལ་དང་མ་བྲལ་བ་བྱེད། འདིའི་རྗེས་གནང་བྱེད་པར་འདོད་ན། མཎྜལ་ཚོམ་བུ་མཆོད་གཏོར་རྣམས་སྤྱི་དང་མཐུན་པར་བཤམ། བགེགས་གཏོར་ 15-1-479 བཏང༌། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱེད། སྐྱབས་འགྲོ་ནས་བརྩམས་བཟླས་པའི་བར་གོང་བཞིན་བྱས་ལ། མདུན་ བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་པད་ཉི་ལ་ཧཱུཾ་ལས་ནས། བསྐྱེད་ཅིང་ཡི་གེ་འགོད་པ་བཞིན་བྱ། ཡེ་ཤེས་ པ་སྤྱན་དྲངས་ནས་བསྟིམ། གཏོར་འབུལ་མཆོད་བསྟོད་བཟླས་པ་རྣམས་བདག་བསྐྱེད་བཞིན་བྱས་ལ། སློབ་མའི་བྱ་བ་ནི་སྒྲུབ་ ཐབས་རྒྱ་མཚོ་དང་འདྲ་བ་ལས། གུར་ནས་འབྱུང་བའི་རྒྱུན་བཤགས་ཀྱི་དོད། འགྲོ་རྣམས་བསྒྲལ་འདོད་བསམ་ པ་ཡི་སོགས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་བྱེད། སྐུའི་རྗེས་གནང་གི་མཐར་ཡི་གེ་རྣམས་འགོད། སྣོད་བཅུད་ལྷར་བསྒྱུར་ནས་ བསྟིམ། ཐུགས་ཀྱི་རྗེས་གནང་གི་མཐར་ལག་པ་བྱིན་རླབས་ནས་མཆོད་བསྟོད་ཀྱི་བར། སློབ་མ་ཉིད་ཆུ་སྦྱིན་རྒྱས་པར་འབུལ་དུ་ འཇུག་པའམ། མི་ལྕོག་ན། སློབ་མའི་དོན་དུ་དམིགས་ནས་སློབ་དཔོན་གྱིས་བྱ། དེའི་མཐར་མདུན་བསྐྱེད་ཀྱི་ཀླུ་བརྒྱད་སོགས་ ཀྱིས་རིན་པོ་ཆེ་ཟོས་ཤིང་སྐྱུགས་པས་སློབ་མ་ལ་དངོས་གྲུབ་སྩོལ་བའི་དམིགས་པ་གོང་བཞིན་ཕོག་ལ་ཛཾ་བཤོས་དང་ཆུ་ནས་ཅུང་ ཟད་སྦྱིན། རྗེས་ཀྱི་བྱ་བ་ཐམས་ཅད་སྤྱི་དང་འདྲ། འདི་ཐུན་མོང་མ་ཡིན་པ་པཎ་ཆེན་ཤཱཀྱ་ཤྲཱིའི་མན་ངག་གི་ལུགས་ཡིན། ཐུན་མོང་ ཙམ་སྦྱིན་པར་འདོད་ན་སྒྲུབ་ཐབས་བརྒྱ་རྩ་དང༌། རྒྱ་མཚོའི་ནང་ནས་འབྱུང་བ་ཁོ་ནས་ཆོག་གོ །ཀུན༷་ནས་ངོ་མཚར་མཆོག་གྱུར་ པའི། །མན་ངག་བཞི་ཞེས་དག༷འ་བར་བསྔགས། །གཞུང་དང་མན་ངག་མཐའ་ཡས་ལས། །ཉེར་མཁོ་སྙིང༷་པོ༷་ཙམ་ཞིག་བསྡུས། ། འཕགས་པ་ཛཾ་བྷ་ལ་ནག་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། འཇིག་རྟེན་མགོན་པོ་ལ་བཏུད་ནས། །དེ་ཡི་རྣམ་འཕྲུལ་ནོར་ལྷའི་གཙོ། །གནོད་གནས་ལྷ་ལྔ་ ལ་བཏུད་ནས། །སྒྲུབ་ཐབས་རྗེས་གནང་བཅས་པ་བཤད། །མདུན་དུ་བྲིས་སྐུའམ་མཎྜལ་ཚོམ་བུ་དང་བཅས་པའི་རྟེན་བཤམས་ ལ། མཐའ་མཆོད་གཏོར་གྱིས་བསྐོར། སྤྱན་རས་གཟིགས་ཀྱི་བདག་བསྐྱེད་གང་ཡང་རུང་བ་སྔོན་དུ་འགྲོ་བས། མདུན་བསྐྱེད་ཨ་ མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་གཞལ་མེད་ཁང་པའི་དབུས་ སུ། ཛཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་འཕགས་པ་ཛཾ་བྷ་ལ་སྐུ་མདོག་དཀར་པོ་ཞལ་ གཅིག་ཕྱག་གཉིས་པ། སྤྱན་གསུམ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཁྲོ་བོའི་ཆ་ལུགས་ ཅན། ཕྱག་གཡས་པས་མདུང་རྩེ་གསུམ་པ་འཕྱར་བ། གཡོན་པས་ནོར་བུས་མཚན་པའི་བེ་ ཅོན་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། པདྨ་དང་ཉི་མའི་གདན་ལ་གཡུ་ 15-1-480 འབྲུག་སྔོན་མོ་ལ་ཆིབས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་སངས་རྒྱས་དཔའ་ བོའི་ངོ་བོར་གྱུར། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་གཡས་རྡོ་རྗེ་དང་གཡོན་རྟེན་འབྲེལ་གྱི་ རྫས་སྣ་ཚོགས་ཀྱིས་གང་བའི་སྣོད་འཛིན་པ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་གཡས་ རིན་པོ་ཆེ་སྤུངས་པ་དང་གཡོན་ལྕགས་ཀྱུ་བསྣམས་པ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ་ གཡས་པདྨ་དང་གཡོན་ནོར་བུས་མཚན་པའི་རྒྱལ་མཚན་འཛིན་པ། བྱང་དུ་ལས་ཀྱི་མཁའ་ འགྲོ་མ་ལྗང་ཁུ་གཡས་རྡོ་རྗེ་རྒྱ་གྲམ་དང་གཡོན་གཏེར་གྱི་ནེའུ་ལེ་འཛིན་པ། ཐམས་ཅད་ ཀྱང་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །རང་གི་སྙིང་ག་ ནས་འོད་ཟེར་འཕྲོས། པོ་ཊ་ལ་ནས་ཛཾ་བྷ་ལ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་གསུངས་ཤིང་དབང་གི་ལྷ་རྣམས་ ཀྱིས་དབང་བསྐུར། གཙོ་བོ་ལ་དེ་བཞིན་གཤེགས་པ་རིགས་ལྔ་དང༌། འཁོར་རྣམས་ལ་གཙོ་ བོས་དབུ་བརྒྱན། ༀ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླས། ཐུན་འཇོག་ཁར། ཟངས་གཞོང་གི་སྣོད་དུ་ལྡུགས་སྐུ་བཞག་པའམ། སྐུ་གཟུགས་མེད་ཀྱང་རུང༌། རང་འཕགས་པ་སྤྱན་རས་གཟིགས་ སུ་གསལ་བའི་ལག་མཐིལ་གཡས་སུ་བྷྲུཾ་ལས་བྱུང་བའི་བུམ་པ་བཟང་པོའི་ནང་དུ། ༀ་ཨཱཿཧཱུཾ་ ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། མདུན་གྱི་ཛཾ་བྷ་ལ་འཁོར་བཅས་ཟངས་ གཞོང་གི་ནང་དུ་བྱོན་པར་བསམས་ལ། སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་ཆུ་སྦྱིན་འབུལ། མཐར་ཐིག་པ་གཅིག་ལྕེ་ཐོག་ ཏུ་བཞག་ལ། ལྷག་མ་ཕྱོགས་བཞིར་གཏོར། མཆོད་པ་བྱིན་རླབས་སྤྱི་དང་མཐུན། གཏོར་མ་བསངས་སྦྱངས། ༀ་ཨཱཿཧཱུཾ། ལན་ བདུན་གྱིས་བྱིན་གྱིས་བརླབས། ༀ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ཧྲི་ད་ཡ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་ལྔས་ ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྤྱན་རས་གཟིགས་དབང་སྐུ་ལས་མངོན་སྤྲུལ་པ། །རིགས་ ལྔས་བྱིན་རླབས་བདུད་རྩི་ཆར་ལྟར་འབེབས། །པདྨ་ཁྲོ་བོ་ཨཱརྱ་ཛཾ་བྷ་ལ། །རིགས་བཞི་ མཁའ་འགྲོ་མ་དང་བཅས་ལ་འདུད། །ཅེས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ་སོགས་བྱས་ལ། 15-1-481 གོང་དུ་བཤད་པ་བཞིན་རྟེན་ཡོད་ན་བརྟན་བཞུགས་དང༌། ཚོམ་བུ་ལ་ཡང་བསྙེན་པ་མ་ཐོན་གྱི་བར་དུ་བརྟན་བཞུགས་བྱེད། རྒྱུན་ གྱི་བཟླས་པའི་སྐབས་ལྟ་བུ་རྟེན་དང་ཚོམ་བུ་གཉིས་ཀ་མེད་ན། བཛྲ་མུཿ གཤེགས་སུ་གསོལ། མཁའ་འགྲོ་རིགས་བཞིས་ སྔགས་ཀྱང་སྒྲུབ་པ་དང་ལས་སྦྱོར་གྱི་སྐབས་མ་གཏོགས་མི་དགོས་སོ། །དེ་ལྟར་ན་སྔགས་འབྲུ་འབུམ་དུ་བཟླས་པས་བསྙེན་པ་ {འགྲུབ་[གྲུབ་]པ་ཡིན་པས་གའུའི་སྒྲུབ་པ་ལས་སྦྱོར་དང་བཅས་པ་སོགས་འདི་ཉིད་ཀྱི་ལས་ཚོགས་རྣམས་སྒྲུབ་པས་རྟགས་ འཕྲལ་དུ་ཐོན་པར་འགྱུར་བ་ཡིན་ནོ། ། འདིའི་རྗེས་གནང་བྱ་བར་འདོད་ན། མཎྜལ་སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་དཀར་པོ་ཞིག་བྲི། ལྟེ་བ་དང་ཕྱོགས་བཞིའི་ འདབ་མ་ལ་འབྲུའི་ཚོམ་བུ་བཀོད། བུམ་པ་བཅུད་དང་ལྡན་པ་ཁ་རྒྱན་ཅན་དང༌། གཏོར་མ་དཀར་གཏོར་གཙོ་འཁོར་ལྔ་པ་ཞིག་ དང༌། གཞན་ཡང་འབུལ་གཏོར་མཆོད་པ་ཙཱ་རུའི་བཟའ་བ་རྣམས་ཅི་བདེར་བཤམས། རྩེ་གསུམ་བེ་ཅོན་རྡོ་རྗེ་རྫས་གཞོང་ནོར་ བུ་ལྕགས་ཀྱུ་པདྨ་རྒྱལ་མཚན། སྣ་ཚོགས་རྡོ་རྗེ་ནེའུ་ལེའི་རྐྱལ་པ་རྣམས་དངོས་སམ་ཙ་ཀ་ལི་ཚང་བར་བཤམ། དབུ་རྒྱན་དང་རིན་ པོ་ཆེའི་འཕྲེང་བ་ཞིག་ཀྱང་བཞག འཕགས་པ་སྤྱན་རས་གཟིགས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་བསྐྱེད་འདོད་དོན་ གསོལ་བཏབ་ཡན་ཆད་གོང་དང་འདྲ་བ་ལས། མཎྜལ་གཏོར་མ་བུམ་པ་གསུམ་གྱི་གནས་སུ་རིན་པོ་ཆེའི་གཞལ་མེད་ ཁང་པ་ཞེས་སོགས་བརྗོད་པ་ནི་ཁྱད་པར་རོ། །དེ་གསུམ་ལ་སོ་སོར་དམིགས་ནས་བཟླས་པ་བརྒྱ་ཕྲག་རེ་རེ་བྱའོ། །དེ་ནས་ སློབ་མ་རྣམས་ཁྲུས་བྱས། མཎྜལ་ཕུལ་ནས་འདུག་པ་ལ། བགེགས་གཏོར་སྤྱི་དང་མཐུན་པར་བཏང༌། ཡིད་ཆེས་པའི་ལོ་རྒྱུས་ བཤད། སླར་ཡང་མཎྜལ་ཕུལ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སོགས་གསོལ་བ་བཏབ། རྟོག་པ་ཐམས་ ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་ བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་ཉན་ པར་གདམས། སངས་རྒྱས་ཆོས་དང་མ་ལན་གསུམ་གྱིས་སེམས་བསྐྱེད། དཀོན་མཆོག་གསུམ་ལ་བདག་ སྐྱབས་མཆི་སོགས་ལན་གསུམ་གྱིས་སྡོམ་པ་བཟུང༌། སྐུའི་རྗེས་གནང་ལ་སྤྱི་དང་མཐུན་པར་བྱས་པའི་རྗེས་སུ། ཇི་ལྟར་ བལྟམས་པ་ནས། ཤྲཱི་ཡེ་ཧཱུཾ། སློབ་དཔོན་འཕགས་པ་སྤྱན་རས་གཟིགས་སུ་གསལ་བ་དང༌། མདུན་བསྐྱེད་ཛཾ་བྷ་ལ་རིགས་ལྔས་དབང་བསྐུར། ལུས་ཐམས་ཅད་གང༌། སྡིག་པ་དག་པར་ 15-1-482 མོས། དབུ་བརྒྱན་ཞིང༌། ༀ་རཏྣ་མུ་ཀ་ཊ་ཨ་བྷི་ཥིཉྩ་ཧཱུཾ། རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་ བསམ། རིན་པོ་ཆེའི་འཕྲེང་བ་མགོ་ལ་བསྐོན། ༀ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ། གསུང་གི་རྗེས་གནང་དང་ ཐུགས་ཕྱག་མཚན་བསྟིམ་པ་སྤྱི་དང་འདྲ། མདུན་བསྐྱེད་ཀྱི་གནས་གསུམ་ནས། ཛཾ་བྷ་ལ་དཀར་དམར་ མཐིང་གསུམ་སྤྲོས་ནས། སློབ་མའི་གནས་གསུམ་དུ་བསྟིམ་པ་ཡོན་ཏན་གྱི་རྗེས་གནང་ངོ༌། ། གཙོ་བོའི་ཕྱག་མཚན་ལག་ཏུ་གཏད། རྗེ་བཙུན་འཕགས་པ་ཛཾ་བྷ་ལའི། །སྐུ་གསུང་ཐུགས་ཀྱི་དངོས་ གྲུབ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །བུ་ཡིས་མྱུར་དུ་ཐོབ་པར་ཤོག །ༀ་པདྨ་ ཀྲོ་དྷ་སོགས། བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མའི་སྐུ་གསུང་ཐུགས་ཀྱི་སོགས་གོང་ལྟར་བརྗོད་བཞིན་དུ། རྡོ་རྗེ་མཁའ་འགྲོ་མའི་ཕྱག་མཚན་གཏད་ལ། ༀ་བཛྲ་ཌཱ་ཀི་ནཱི་པི་ཤི་ནི་སྟེང་ལྷའི་སྣང་སྲིད་ཐམས་ཅད་སློབ་ མ་འདིས་དབང་དུ་གྱུར་ཅིག འོག་ཀླུའི་སྣང་སྲིད་ཐམས་ཅད༴ བར་མིའི་སྣང་སྲིད་ཐམས་ ཅད༴ སྭཱཧཱ། དེ་བཞིན་དུ། རིན་ཆེན་མཁའ་འགྲོ་མའི་ཕྱག་མཚན་གཏད་ལ། བཅོམ་ལྡན་རིན་ཆེན་མཁའ་འགྲོ་ མའི་སོགས་དང༌། ༀ་རཏྣ་ཌཱ་ཀི་ནཱི་པི་ཤི་ནི། འཇིག་རྟེན་ཁམས་ཀྱི་ནོར་རྫས་བང་མཛོད་ཐམས་ ཅད་སློབ་མ་འདིས་དབང་དུ་བསྡུས་ཤིག་སྭཱཧཱ། པདྨ་མཁའ་འགྲོ་མའི་ཕྱག་མཚན་གཏད་ལ། བཅོམ་ལྡན་ པདྨ་སོགས་དང༌། ༀ་པདྨ་ཌཱ་ཀི་ནཱི་པི་ཤི་ནི། རྒྱལ་པོ་དང་བློན་པོ་དང་ཡུལ་མི་དབང་ཆེན་པོ་དང་ ནོར་བུའི་བདག་པོ་ཀླུ་ཆེན་པོ་རྣམས་སློབ་མ་འདིས་དབང་དུ་བསྡུས་ཤིག་སྭཱཧཱ། ལས་ཀྱི་མཁའ་ འགྲོ་མའི་ཕྱག་མཚན་གཏད་ལ། བཅོམ་ལྡན་ལས་ཀྱི་སོགས་དང༌། ༀ་ཀརྨ་ཌཱ་ཀི་ནཱི་པི་ཤི་ནི། ཡུལ་མི་ཕྱུག་ པོ་དང༌། རྐང་འགྲོས་དང༌། ཟས་ནོར་སྣ་ཚོགས་པ་སློབ་མ་འདིས་དབང་དུ་བསྡུས་ཤིག་སྭཱཧཱ། ཞེས་པ་ནི་འཕྲིན་ལས་ཀྱི་རྗེས་གནང་ངོ༌། །དེ་ནས་གཏོར་མའི་བཀའ་བསྒོ་སྤྱི་དང་མཐུན་པར་བྱས་ལ། གཏོར་མའི་ལྷ་ལྔ་སློབ་ མ་ལ་བསྟིམ། སུ་པྲ་ཏིཥྛས་བརྟན་བཞུགས་བྱ། གཏོར་མ་ནས་བག་ཙམ་དངོས་གྲུབ་ཀྱི་དོན་དུ་སློབ་མ་ལ་སྦྱིན། རྗེས་རྣམས་ སྤྱི་དང་འདྲ་ཞིང༌། ཙཱ་རུའི་བཟའ་བ་ལོངས་སྤྱད་པར་བྱའོ། །འདིའི་སྒྲུབ་ཐབས་བདག་བསྐྱེད་དུ་བྱེད་པའི་ལུགས་ཀྱང་ཡོད་མོད་ ཀྱི། གོང་དུ་བཤད་པ་ཉིད་ལེགས་སོ། །ནོར་སྒྲུབ་ཀུན༷་ལས་ཁྱད་འཕགས་པ། །རིན་ཆེན་ཕུང་པོར་སྤུངས་པ་དང༌། །མཚུངས་ཤིང་ 15-1-483 དག༷འ་བར་རྗེས་བསྔགས་པའི། །སྙིང༷་པོ༷་མདོ་ཙམ་བཀོད་པ་ཡིན། །ཛཾ་བྷ་ལ་དཀར་པོ་ཇོ་བོ་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། དཔལ་ལྡན་སྡོམ་པ་ཧེ་རུ་ཀའི། །རྣམ་འཕྲུལ་ལས་བྱུང་ཛཾ་བྷ་ལ། །དམར་པོ་སྲོག་སྒྲུབ་ཅེས་བྱ་བའི། ། སྒྲུབ་ཐབས་མདོ་ཙམ་བྲི་བར་བྱ། །འདིའི་བསྙེན་སྒྲུབ་ལས་གསུམ་གྱི་བྱ་བ་ཡིག་རྙིང་ལས་ཤེས་པར་བྱའོ། །འདིར་མདོ་ཙམ་སྨོས་ ན། བདེ་མཆོག་ལྷན་སྐྱེས་སམ། བདེ་མཆོག་གི་དཀྱིལ་འཁོར་དང་འབྲེལ་བའི་སྒྲུབ་ཐབས་ཀྱང་རུང་སྟེ། གང་ལྟར་ཡང་བདེ་མཆོག་ གི་བདག་བསྐྱེད་སྔོན་དུ་འགྲོ་བས་བྲིས་སྐུའི་མདུན་དུ་མཆོད་གཏོར་བཟང་དུ་བཤམས། ནང་མཆོད་དང་ཕྱི་མཆོད་བདག་བསྐྱེད་ ལྟར་བྱིན་གྱིས་བརླབས། མདུན་བསྐྱེད་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་ པདྨ་དམར་པོ་འདབ་བརྒྱད་དང༌། ཨ་ལས་ཟླ་བའི་སྟེང་དུ་བྷྲུཾ་ལས་གཏེར་གྱི་བུམ་པ་གཉིས་ ཞབས་སྤྲད་ཅིང་ཁ་གཡས་གཡོན་དུ་བསྟན་པ་ལས་རིན་པོ་ཆེའི་ཆར་འབེབས་པ། དེའི་སྟེང་ དུ་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཛཾ་དང་བཾ་ལས་འོད་འཕྲོས་འདུས་ཡོངས་སུ་ གྱུར་པ་ལས། འཕགས་པ་ཛཾ་བྷ་ལ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ ནོར་བུ་འབར་བའི་ཐོར་ཚུགས་ཅན། ཕྱག་གཡས་རིན་པོ་ཆེ་དབང་གི་རྒྱལ་པོ་ཐུགས་ཀའི་ ཐད་ཙམ་དུ་འཛིན་ཅིང༌། གཡོན་པ་གཏེར་གྱི་ནེའུ་ལེ་རིན་པོ་ཆེ་སྐྱུག་བཞིན་པ་ཡུམ་གྱི་སྟ་ཟུར་ གཡོན་གྱི་ཐད་ཙམ་དུ་འཛིན་པ། ཞབས་གཡས་བརྐྱང་གི་སྟབས་ཅན་དང་རིན་པོ་ཆེས་བརྒྱན་ པ། བརྗིད་[བག་]ཆགས་ལ་བདེ་བ་རྒྱས་པའི་ཉམས་ཅན་ཡིད་ཙམ་ཁྲོ་བའི་ངང་ཚུལ་ཅན་ ནོ། །ཡུམ་བདེ་བ་རྒྱས་བྱེད་མ་ཡབ་དང་རྣམ་པ་མཚུངས་པ་ལས། ཕྱག་གཡོན་པས་ཐོད་པ་ བདུད་རྩིས་གང་བ་འཛིན་པ། སྐྲ་གྲོལ་བ། ཞབས་གཡོན་བརྐྱང་བས་ཡབ་ལ་འཁྱུད་པ། ལྷ་ མོའི་ཆ་བྱད་རྫོགས་པའོ། །ཡབ་ཡུམ་གཉིས་ཀའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་ བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་བྱོན་པའི་དབང་གི་ལྷ་ 15-1-484 རྣམས་ཀྱིས། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་གསུང་ཞིང་དབང་བསྐུར་རྡོ་རྗེ་སེམས་དཔས་ དབུ་བརྒྱན། རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨརྒྷཾ་ནས་ ཤཔྟའི་བར་དང༌། བཟླས་སྔགས་ལ་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། རྗེས་ཆགས་དཔའ་བོ་མཆོག་ཏུ་ བདེ་བའི་རང་བཞིན་ཅན། །ཟག་པ་དང་བྲལ་མཁའ་འགྲོའི་དབང་ཕྱུག་དཔའ་བོ་ཆེ། །གཉིས་ མེད་རྣམ་རོལ་དགོས་འདོད་ཀུན་འབྱུང་མཆོག་གི་ལྷ། །མགོན་པོ་ཁྱོད་ལ་མངོན་པར་འདུད་ དོ་མངོན་ཕྱག་འཚལ། །ཅེས་བསྟོད། རང་གི་ཐུགས་ཀར་ཡི་དམ་གྱི་སྔགས་འཕྲེང་གི་དབུས་སུ། ཛམྦྷ་ལ་ཡབ་ཡུམ། དེའི་ཐུགས་ཀར་དེ་ཉིད་ཀྱི་སྔགས་འཕྲེང་དང་ས་བོན་བསྒོམ། དེའི་འོད་ ཟེར་གྱིས་མདུན་བསྐྱེད་བསྐུལ་བ་སོགས་དམིགས་པ་གསལ་བཏབ་ལ། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ ཡེ་དྷ་ན་མེ་དྷི་ཧྲཱིཿཌཱ་ཀི་ནཱི་ཛ་ལ་སམྦྷ་རཾ་སྭཱཧཱ། ཞེས་ཅི་ནུས་སུ་བཟླའོ། །མཐར་གཏོར་མ་འབུལ་བ་ནི། ཡི་དམ་ གྱི་མངོན་རྟོགས་ལྟར་བྱིན་གྱིས་བརླབས་ནས། སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་འབུལ། གོང་བཞིན་ མཆོད་བསྟོད་དང༌། མཆོད་སྦྱིན་གཏོར་མ་ནས། ཀུན་འགྲུབ་ཤོག་གི་བར་གྱིས་འདོད་དོན་གསོལ་བ་བཏབ། ཡིག་ བརྒྱ་བཟོད་གསོལ་བརྟན་བཞུགས་རྣམས་སྤྱི་དང་མཐུན་ཞིང་། རྟེན་མེད་ན་གཤེགས་གསོལ་བྱའོ། ། འདིའི་རྗེས་གནང་བྱེད་པར་འདོད་ན། སྐར་མ་རྒྱལ་གྱི་ཉིན་མོ། སྟེགས་བུ་གྲུ་བཞི་པ་བཙག་གིས་བྱུགས་པ་ཞིག་ལ་བཅད་ དམར་སྐྱས་པདྨ་འདབ་བརྒྱད་འབྲི། དབུས་སུ་ཚོམ་བུ་དམར་པོ་བཀོད། དེར་མཉྫི་བཀོད་པའི་སྟེང་དུ་ནང་མཆོད་དང༌། དེའི་སྟེང་ དུ་མཎྜལ་ལ་སིནྡྷུ་རས་བྱུགས། དེ་ལ་ཆོས་འབྱུང་གི་དབུང་སུ་ཛཾ་དང་བཾ། མཐའ་མ་སྔགས་ཀྱིས་བསྐོར་བ་བྲི། མཐའ་མཆོད་གཏོར་ གྱིས་བསྐོར། སྔོན་འགྲོ་གཏོར་མ་དང་མཆོད་པ་བྱིན་རླབས་རྣམས་སྔོན་དུ་འགྲོ་བས། འདོད་དོན་གསོལ་བཏབ་ཡན་ཆད་བདག་ མདུན་གོང་བཞིན་བྱས་ནས། སློབ་མས་མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་སོགས་ལན་གསུམ་གྱིས་ གསོལ་བ་བཏབ། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ་བྱ། སྐུའི་རྗེས་གནང་སྤྱི་དང་མཐུན་པར་བྱས་པའི་རྗེས་སུ། སྤྱི་ བོར་རྡོ་རྗེ་བཞག་ལ་ཏིཥྛ་བཛྲ་ཞེས་བརྗོད། མཎྜལ་གྱི་སིནྡྷུ་ར་མཐེབ་སྲིན་གྱིས་བླངས་ལ། སློབ་མའི་དཔྲལ་བར་ལན་གསུམ་དུ་ བྱུག སྙིང་པོའི་མཐར་འབྲུ་གསུམ་བཏགས་པ་ལན་གསུམ་བརྗོད། དེ་ནས་རྗེས་སུ་བཟླས་པའི་ལུང༌། དམ་བཅའ་བའི་ལུང༌། བྱིན་ 15-1-485 གྱིས་བརླབས་པའི་ལུང་སྤྱི་དང་མཐུན་པར་སྦྱིན་པ་ལས། སློབ་མའི་སྙིང་གར་ཛཾ་དང་བཾ་གཉིས་ཀར་བཀོད་ཅིང༌། མདུན་བསྐྱེད་ ཀྱི་ཐུགས་ཀ་ནས་ཡི་དམ་གྱི་སྔགས་ཀྱིས་མགོ་དྲངས་ནས། སྔགས་འཕྲེང་སྤྲོ་བ་ནི། ཁྱད་པར་རོ། །མཐར་ནང་མཆོད་འབྲུ་གསུམ་ གྱིས་སྦྱིན། ལུས་ཐམས་ཅད་བདུད་རྩིས་གང༌། བདེ་བས་ཁྱབ་པར་མོས་སུ་གཞུག རྗེས་ཀྱི་བྱ་བ་སྤྱི་དང་འདྲ་ཞིང་ཙཱ་རུའི་སྟོན་མོ་ རྒྱ་ཆེར་བྱའོ། །འདི་སློབ་དཔོན་བིརྺ་པས་མན་ངག་ཏུ་འདོད་པ་དང༌། ཁྱད་པར་འབྲོག་མི་ནས་བརྒྱུད་པར་འདོད་པ་ནི་བརྒྱུད་ ཡིག་ཤིན་ཏུ་འཁྲུལ་བ་ཡིན་པ་སྒྲུབ་ཐབས་རྗེས་གནང་གི་ཆིངས་སོགས་ལ་བརྟགས་པས་ཀྱང་ཤེས་པར་ཡོད་ཅིང༌། ཡི་གེ་འགའ་ ཞིག་ལས་འབྱུང་བ་ལྟར། བླ་མ་ས་སྐྱ་པ་ཆེ་པོས་བ་རི་ལོ་ཙཱ་བ་ལ་གསན་པར་བྱས་པ་ཉིད་འཐད་པས། བརྒྱུད་པའང་དེ་ཡན་ཆད་ བདེ་མཆོག་ལྷན་སྐྱེས་ཀྱི་བྱིན་རླབས་དང་འདྲ་བར་ཤེས་པར་བྱའོ། །གནོད་གནས་དམར་པོའི་སྒྲུབ་ཐབས་ནི། །ཀུན༷་ལས་ཁྱད་ པར་འཕགས་པ་ཡི། །དག༷འ་ཆེན་ཧེ་རུ་ཀ་མཚུངས་པ། །སྒྲུབ་ཐབས་སྙིང༷་པོ༷་མདོ་ཙམ་བྲིས། །ཛཾ་བྷ་ལ་དམར་པོ་ས་ལུགས་ཀྱི་ སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། པདྨ་གར་དབང་རྣམ་འཕྲུལ་ལས། །ནོར་ལྷའི་རྒྱལ་པོར་སྐུ་སྤྲུལ་པ། །དེ་ལ་བཏུད་ནས་དེའི་སྒྲུབ་ ཐབས། །མདོ་ཙམ་བདག་གིས་བརྗོད་པར་བྱ། །ཛཾ་བྷ་ལ་དམར་པོ་གྲྭ་བ་མངོན་ཤེས་ལུགས་ཀྱི་སྒྲུབ་ཐབས་དང༌། རྗེས་གནང་གི་ རིམ་པ་ནི། མཎྜལ་ལ་བ་བྱུང་དང་དྲི་བཟང་གིས་བྱུགས་པའི་དབུས་སུ་པདྨ་འདབ་བརྒྱད་དམར་པོ་བྲིས་པའི་ལྟེ་བར་བདུད་རྩི་རིལ་ བུ་དང་ལྡན་པའི་མྱོས་བྱེད་བཟང་པོ་ཀ་པཱ་ལ་གང་བ་བུ་རམ་སྦྱར་བ་དང༌། དེའི་མདུན་དུ་གཏོར་མ་རིན་པོ་ཆེ་འབར་བའི་དབྱིབས་ ཅན་འབྲི་མོག་པས་དམར་པོར་བསྒྱུར་བ་ལ་བུ་རམ་དང་ཤ་ལ་སོགས་པས་བརྒྱན་པ་དང༌། འབུལ་གཏོར་གཅིག་གམ། འཇིག་ རྟེན་པའི་གཏོར་མ་གཅིག་སྟེ་གཉིས་ཀྱང་བཤམ། གཡས་སུ་བུམ་པ་དམར་པོ་མཚན་ཉིད་དང་ལྡན་པ་ཁ་རྒྱན་དང༌། མགུལ་ཆིངས་ ཀྱིས་མཛེས་པའི་ནང་དུ་ཆུ་གཙང་མ་དང༌། ལྔ་ཚན་ལྔའི་རྫས་ཚང་བར་བླུག་པ་བཀོད། གཡོན་དུ་མཆོད་སྦྱིན་གྱི་སྣོད་ཟངས་གཞོང་ དུ་སྐུ་བཞུགས་སུ་གསོལ། མཐའ་མཆོད་པས་བསྐོར་ཏེ། ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་སྔོན་དུ་འགྲོ་བས། དམིགས་རྟེན་རྣམས་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་པཾ་ལས་པདྨ། མ་ལས་ཉི་མ། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། ཛཾ་ཡིག་དམར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་དབུལ་འཕོངས་ཀྱི་སྡུག་བསྔལ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཨཱརྱ་ 15-1-486 ཛཾ་བྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། སྐུ་མདོག་པདྨ་རཱ་གའི་ཕུང་པོ་ལྟར་ དམར་ཞིང་འོད་འབར་བ། ཆགས་པ་དང་སྒེག་པའི་ཉམས་དང་ལྡན་ཞིང་ཅུང་ཟད་ཁྲོ་ལ་ འཛུམ་པ། རྩ་ཞལ་དམར་ལ་བཞད་པ། གཡས་དཀར་གཡོན་སྔོ་བ། ཕྱག་གཡས་ཀྱི་དང་པོ་ ན་རིན་པོ་ཆེ་དང༌། བར་པ་ན་ལྕགས་ཀྱུ། གཡོན་གྱི་དང་པོ་ན་ཐོད་པ་རིན་པོ་ཆེས་གང་བ། བར་པ་ན་ཞགས་པ། ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་བསྣམས་ནས་བཙིར་བས་ནོར་བུ་རིན་ པོ་ཆེ་སྣ་ཚོགས་སྐྱུག་པ། ཞབས་གཡས་པ་གཉིས་ཅུང་ཟད་བསྐུམ་ཞིང་གཡོན་པ་གཉིས་ཅུང་ ཟད་བརྐྱང་བའི་འདོར་སྟབས་ཀྱིས་གནོད་སྦྱིན་ནོར་བུ་སྐྱུག་པ་གཉིས་མནན་པ། ཀླུ་ཆེན་པོ་ བརྒྱད་དང་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་ཞིང༌། མེ་ཏོག་ཕྲེང་བ་དང་དར་གྱི་ཅོད་ པན་གྱིས་མཛེས་པ། དེའི་ཐུགས་ཀར་ཧྲཱིཿཡིག་དམར་པོ་ལས་གསང་བའི་ལྷ་མོ་ཀུ་རུ་ཀུལླེ་ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་ཀྱིས་ཨུཏྤ་ལའི་མདའ་གཞུ་རྣ་ བའི་དྲུང་དུ་འགེངས་ཤིང༌། འོག་མ་གཉིས་ཀྱིས་ཨུཏྤ་ལས་མཚན་པའི་ལྕགས་ཀྱུ་དང་ཞགས་ པ་བསྣམས་པ། ཞབས་གཡས་བསྐུམ་པའི་བྲང་བ་གཡོན་པའི་བརླ་ལ་བསྟད་པའི་སྐྱིལ་ཀྲུང་ ཕྱེད་པས་བཞེངས་པ། མི་རུས་ཀྱི་འཕྲེང་བའི་ཕྱག་རྒྱ་ལྔ་དང༌། རིན་པོ་ཆེའི་རྒྱན་དཔག་ཏུ་ མེད་པས་བརྒྱན་པ། ཁྲོ་ཞིང་འཛུམ་ལ་སྒེག་པའི་ཉམས་ལྡན་གསལ་བར་བསྒོམས་ཏེ། ཡབ་ ཡུམ་གཉིས་ཀའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཐུགས་ཀའི་ དབུས་སུ་རང་གི་ས་བོན་བཀོད་པ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་ སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ཛཾ་བྷ་ལ་ཤྲཱི་ཀུ་རུ་ཀུལླེ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ མཧཱ་ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པདྨ་ཀ་མ་ལ་ཡེ་སྟྭཾ། ཛཿཧཱུཾ་བཾ་ཧོ་གཉིས་སུ་མེད་པར་བསམ། ཡང་འོད་ འཕྲོས་དབང་ལྷ་སྤྱན་དྲངས་མཆོད་དེ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་ བཏབ་པས། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་བའི་ཆུ་རྒྱུན་གྱིས་སྐུ་ 15-1-487 གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་མཉམ་བཞག་གི་ཕྱག་རྒྱས་རིན་ པོ་ཆེ་འཛིན་པས་དབུ་བརྒྱན། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མི་དྷི་ཧྲཱིཿསྭཱཧཱ། ཞེས་པའི་སྔགས་ཅི་ནུས་སུ་ བགྲངས་བས་མཉེས་ནས་ནོར་གྱི་དངོས་གྲུབ་སྦྱིན་པར་བསམ་མོ། །གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། སྙིང་པོའི་ མཐར་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧཱི། བཏགས་པ་དང༌། གཏོར་མ་ཕྱི་མ་ཨ་ཀཱ་རོས་འབུལ། མཆོད་པ་བྱིན་ གྱིས་བརླབས། སོ་སོའི་ཕྱག་རྒྱ་དང་བཅས་པས། ན་མཿསརྦ་ཏ་ཐཱ་ག་ཏ་ཨཱརྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུཾ་དང༌། དེ་བཞིན་དུ་ཐོག་མཐའ་འདྲ་བ་ལས། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝེ་ཏྱ། ཤཔྟ་ཞེས་སོགས་རྒྱས་བསྡུས་ཅི་རིགས་པས་མཆོད། བདེ་གཤེགས་ཀུན་ གྱི་གསུང་ལས་ལེགས་སྤྲུལ་ཞིང༌། །ཐུགས་རྗེས་ཆགས་པའི་སྐུ་མདོག་དམར་པོར་བཞུགས། ། དབང་གི་འཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཁྱོད་ཕྱག་འཚལ། ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་བརྗོད། དེ་ནས་བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་ ཟླ་བའི་གདན་ལ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ། དམར་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་ རྫོགས་པ་དྭངས་ཤིང་ཐོགས་པ་མེད་པའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ དང་ཕྱོགས་བཞིར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ལས་བྱུང་བའི་རིགས་ལྔ་ ཐམས་ཅད་ཀྱང་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་གཡས་རིན་པོ་ཆེ་དང༌། གཡོན་ གཏེར་གྱི་བུམ་པ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་བརྒྱན་པའི་གནས་ གསུམ་བྱིན་གྱིས་བརླབས་ཏེ། ཐུགས་ཀ་ནས་སྤྲོས་པའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། དགུག་གཞུག་བཅིངས་མཉེས་བྱས། དབང་ལྷ་སྤྱན་དྲངས་པ་ལ་མཆོད་དེ་དབང་བསྐུར་བས། རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ་ལ་མཆོད་ཅིང་བསྟོད་དེ། རང་གི་ཐུགས་ཀ་ ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་བ་རིགས་ལྔས་ཐུགས་ཀར་ཐིམ་པས་ཐུགས་ རྒྱུད་བསྐུལ་ཏེ། སྐུའི་ཆ་ཐམས་ཅད་ནས་བབས་པའི་བདུད་རྩིས་བུམ་པ་གང་བར་བསམས་ 15-1-488 ནས། ༀ་ཧཱུཾ་ཏྲཾ་ཧྲཱིཿཨ། ཞེས་པ་ཅི་ནུས་སུ་བཟླས་ཏེ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། རིགས་ལྔ་འོད་དུ་ཞུ་ བ་ལས་བྱུང་བའི་ཛཾ་བྷ་ལ་དམར་པོ་སྔར་བཞིན་ཡན་ལག་བཞི་རྫོགས་སུ་བསྐྱེད་དེ། མཆོད་བསྟོད་དང་བཟླས་པ་ སོགས་སྔར་བཞིན་བྱས། ལྷག་ཆད་ཁ་བསྐང༌། འདོད་དོན་གསོལ་བ་བཏབ། ལྷ་ཞུ་བ་ལས་བྱུང་བའི་བུམ་པའི་ ཆུར་གྱུར་པར་བསམ། ཐུན་མཚམས་སུ་ཆུ་སྦྱིན་དང་གཏོར་མ་འབུལ་བར་འདོད་པས་ཟངས་གཞོང་དུ་སྔར་ལྟར་བསྐྱེད་ ནས། ཨརྒྷཾ་སོགས་ཀྱིས་མཆོད། དེའི་ཐུགས་ཀར་རཾ་དམར་པོ་མེའི་རང་བཞིན་ཅན་གཅིག་བསམས་ ནས། རཾ་ཞེས་བརྗོད་པས་རྗེས་སུ་ཆགས་པའི་མེ་འབར་ཏེ། ཞལ་ནས་མེ་ལྕེ་ཅུང་ཟད་བྱུང་ བས་ཤིན་ཏུ་སྐོམ་པའི་གདུང་བ་ལ་མཆོད་པ་འབུལ་བར་བསམ། རང་གི་ལག་མཐིལ་དུ་ཟླ་ བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་ཟླ་བའི་དཀྱིལ་ འཁོར་གང་བ་སོར་མོའི་རྩེ་ལས་འཛགས། སྔགས་ཀྱིས་ཕུལ་བས་སྐོམ་པའི་གདུང་བ་ཞི་སྟེ་ མཉེས་ནས་ཞལ་དང་ནེའུ་ལེ་དང་ནོར་བདག་རྣམས་ཀྱི་ཁ་ནས་རིན་པོ་ཆེ་སྣ་ཚོགས་བྱུང་བས་ རང་གི་དགོས་འདོད་ཐམས་ཅད་ཡོངས་སུ་རྫོགས་པར་བསམས་ལ། ཆུ་སྦྱིན་ཞིང་སྔགས་ཉེར་གཅིག་ ལས་མི་ཉུང་བར་བཟླས། གཏོར་མ་ༀ་ཨཱཿཧཱུཾ་གིས་བདུད་རྩིར་བྱིན་གྱིས་བརླབས་ནས། སྔགས་ཀྱི་མཐར། ཨི་དཾ་བཱ་ལིཾ་ཏཾ་ ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་གསུམ་མམ་ལྔ་ལ་སོགས་པས་ཕུལ་བས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བས། མཉེས་ ནས་འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ་བར་བསམ། ཨརྒྷཾ་ལ་སོགས་པས་མཆོད། རྒྱལ་བ་རིན་ཆེན་མང་གི་ ཐུགས་རྗེ་ལས། །མངོན་པར་སྤྲུལ་པ་ནོར་བདག་ཀུན་གྱི་རྗེ། །གསུང་གི་དབང་ཕྱུག་ཨཱརྱ་ ཛཾ་བྷ་ལ། །འདོད་དགུའི་ཆར་འབེབས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། འདོད་པའི་དོན་ལ་ གསོལ་བ་བཏབ། ཛཾ་བྷ་ལའི་ཞལ་དང་། ནོར་སྐྱུག་པ་དང༌། ནེའུ་ལེ་ལ་རེག་པར་བསམས་ནས། ཆུ་སྦྱིན་ཕུལ་པའི་ཆུ་ལས་ཐིགས་ པ་གཅིག་མཐེབ་སྲིན་གྱིས་བླངས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ལྕེ་ལ་བཞག་པར་བསམ། ༀ་ཨཱཿཧཱུཾ་ཞེས་བརྗོད་ཅིང་དངོས་གྲུབ་ བླངས། གཏོར་ཆུ་དང་བཅས་པ་རང་གི་ལོངས་སྤྱོད་པའམ། ཆུ་བོ་ཆེན་པོར་གནས་པ་རྣམས་ལ་སྦྱིན་པར་བྱའོ། ། དེ་ནས་སློབ་མ་རྣམས་རྗེས་སུ་བཟུང་བར་བྱ་སྟེ། དེ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སློབ་མ་རྣམས་ཁྲུས་ཕྱག་ 15-1-489 མཎྜལ་སྔོན་དུ་འགྲོ་བས་གྲལ་དུ་འཁོད་པ་ལ་གསོལ་བ་བཏབ་པའི་རྗེས་ཟློས་གྱིས་ཞེས་བརྡ་སྦྱར་ནས། ཀུན་མཁྱེན་ཡེ་ ཤེས་ཕུང་པོ་ཅན་ནས། བློ་མཆོག་བདག་ལ་གནང་བར་མཛོད། །ཀྱི་བར་ལན་གསུམ་བརྗོད་དུ་གཞུག གུར་ ནས་འབྱུང་པའི་རྒྱུན་བཤགས་སམ་གང་ཡང་རུང་བའི་སྒོ་ནས། སེམས་བསྐྱེད་པའི་སྡོམ་པ་ཕོག་སྟེ། མདུན་བསྐྱེད་ཀྱི་དམིགས་པ་ སྒྲུབ་ཐབས་ནས་འབྱུང་བ་ལྟར་ཕོག བླ་མ་ལ་སངས་རྒྱས་དངོས་ཀྱི་མོས་འདུན་བྱེད་དུ་བཅུག་ལ། བླ་ མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། མདུན་ བསྐྱེད་ཀྱི་སྐུ་ལས་འོད་ཟེར་འཕྲོས། སློབ་མ་ལ་ཕོག སློབ་མའི་ནད་གདོན་སྡིག་སྒྲིབ་སྦྱངས། ལུས་འོད་དམར་པོའི་གོང་བུར་གྱུར་པར་བསམ་དུ་གཞུག་གོ ། གཉིས་པ་ནི། སློབ་མ་བསངས་སྦྱངས། སྟོང་པའི་ངང་ལས་མདུན་བསྐྱེད་ཀྱི་སྐབས་སུ་བརྗོད་པ་དེ་ ཉིད་འདོན་པ་སྤོས་ཏེ། སློབ་མ་ཛཾ་དམར་དུ་བསྒོམས་པའི་གནས་གསུམ་བྱིན་གྱིས་བརླབས། བླ་ མ་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་དང་བཅས་པ་ཐམས་ཅད་ཛཾ་བྷ་ལ་དམར་པོའི་ རྣམ་པར་སྤྱན་དྲངས། སློབ་མ་ལ་ཐིམ་པས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་ བསམ་དུ་གཞུག སྔགས་ཀྱི་གཤམ་ལ་ཨ་བེ་ཤ་ཡ་ཨཿ ཞེས་བཏགས་པ་བརྗོད་ཅིང་། གུ་གུལ་གྱིས་བདུག རོལ་མོའི་ སྒྲ་དང་བཅས་པས་ཡེ་ཤེས་པ་དབབ་བོ། །རྡོ་རྗེ་སྤྱི་བོར་བཞག་སྟེ། ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ། །སླར་ཡང་སློབ་དཔོན་ གྱི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་དབང་ལྷ་སྤྱན་དྲངས་པ་ལ། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་འདེབས་སུ་བཅུག སློབ་དཔོན་གྱིས་འདི་ལ་ཞེས་འདོན་པ་སྤོས་ལ་བརྗོད། ལྷས་རང་རང་གིས་དབང་བསྐུར་བའི་བྱ་བ་རྣམས་ མཛད་པར་བསམ་དུ་བཅུག་ནས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས་ཞེས་སོགས་དང༌། ཇི་ལྟར་ བལྟམས་པ་སོགས་ཀྱི་མཐར། ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་བའི་ ཆུ་རྒྱུན་གྱིས་སྨིན་མཚམས་ཡན་ཆད་གང༌། ལུས་ཀྱི་སྒྲིབ་པ་དག བུམ་དབང་ཐོབ། མགྲིན་པ་ 15-1-490 ཡན༴ ངག་གི༴ གསང་དབང་༴ སྙིང་ག་ཡན༴ ཡིད་ཀྱི༴ ཤེས་རབ་ཡེ་ཤེས་ཀྱི༴ ལུས་ཐམས་ ཅད༴ སྒོ་གསུམ་གྱི༴ དབང་བཞི་པ་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་མཉམ་ བཞག་གི་ཕྱག་ན་རིན་པོ་ཆེ་བསྣམས་པས་དབུ་བརྒྱན་པར་བསམ་དུ་བཅུག སླར་ཡང་སློབ་ མས་བླ་མ་ལ་མེ་ཏོག་གི་འཕྲེང་བ་རེ་ཕུལ་བར་བསམས་ཏེ། སྙིམ་པ་མེ་ཏོག་དང་བཅས་པས་ ཐལ་མོ་སྦྱར་ནས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་ གསོལ། །ཞེས་ལན་གསུམ་བརྗོད་དུ་བཅུག སློབ་དཔོན་གྱིས་འདི་གསན་པས་ཁྱབ་རྗེས་ཟློས་བྱ་མི་འཚལ་ཞེས་བརྡའ་སྦྱར། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་དང་ ། སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །འཕྲིན་ལས་རྫོགས་པར་མཛད་དུ་གསོལ། །ཛཾ་ལ་ དམར་པོའི་བྱིན་རླབས་ཀྱིས། །བདེ་ཆེན་གནས་སུ་རུང་དུ་གསོལ། །ཞེས་བརྗོད་ཅིང༌། སྤྱི་བོར་མེ་ཏོག་ བཞག་པར་བྱའོ། ། གསུམ་པ་ནི། དེ་ལྟར་དབང་བསྐུར་བ་དེ་དག་བརྟན་པར་བྱ་བའི་ཕྱིར་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། ཐོད་ཆང་ལག་ཏུ་ བཞག་ལ། ཁམས་གསུམ་སྙིང་ཁྲག་བསྡུས་པའི་བཅུད། །བྱང་ཆུབ་སེམས་ནི་དམར་ལ་དྭངས། ། སྲིད་གསུམ་དབང་དུ་བྱེད་པའི་རྫས། །བུ་ཡིས་བླངས་པས་དངོས་གྲུབ་ཐོབ། །ཅེས་བརྗོད། བདུད་ རྩི་ལྕེ་ལ་བཞག་ཅིང༌། སྔགས་ཀྱི་མཐར་ཨ་བྷི་ཥིཉྩ་ཨཿ ཞེས་བརྗོད། གཏོར་མ་རིན་ཆེན་འབར་བ་ལག་པར་བཞག་ལ། ཡིད་བཞིན་རིན་ཆེན་འབར་བ་ཡིས། ཁམས་གསུམ་ཀུན་གྱི་ནོར་བསྡུས་པས། །འདོད་དགུ་ ཆར་འབེབས་དབང་གི་རྒྱལ། །བུ་ལ་སྦྱིན་པས་དངོས་གྲུབ་ཐོབ། །ཅེས་དང༌། གཏོར་ཟན་བྱིན་ཞིང་ སྔགས་སྔར་བཞིན་བརྗོད། དེ་ནས་ཆུ་སྦྱིན་པའི་རྗེས་སུ་གནང་པ་ཡང་བྱ་སྟེ། ཆུ་སྦྱིན་གྱི་དམིགས་པ་སྔགས་གཏོར་བསྔོ། བསྟོད་པ་ འདོད་དོན་གསོལ་བའི་བར་ལག་ལེན་ལྟར་བྱེད་ཅིང༌། སློབ་མ་ཡང་བྱེད་དུ་བཅུག ། དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས། ཛཾ་བྷ་ལ་དམར་པོའི་རྗེས་སུ་གནང་བ་ལེགས་པར་ཐོབ་པ་ཡིན་པས། ཛཾ་བྷ་ ལ་དམར་པོ་ནོར་ལྷར་བསྟེན་མཆོད་གཏོར་དང་བསྙེན་སྒྲུབ་ཅི་ནུས་སུ་བྱ་སྙམ་པའི་རྗེས་ཟློས་ཀྱིས་བྱ། གཙོ་བོས་ཇི་ལྟར་ 15-1-491 སོགས་གསུམ་བརྗོད། གཏང་རག་གི་མཎྜལ་འབུལ་དུ་བཅུག་ནས། དེང་ནས་བརྩམས་ཏེ་སོགས་གསུམ་བརྗོད། བསྔོ་བ་ སྨོན་ལམ་རྒྱས་བསྡུས་ཅི་རིགས་པ་བྱས་ནས། རྗེས་ཀྱི་ཆོ་ག་རྣམས་ཀྱང་ཆ་ཚང་ལ་མ་ནོར་བར་བྱའོ། །ཀུན༷་ལ་ཟབ་པར་གྲགས་པ་ ཡི། །སྒྲུབ་ཐབས་ཡི་གེ་ཆེས་དག༷འ་བ། །རྒྱས་བསྡུས་གཉིས་ཀའི་སྐྱོན་སྤངས་ནས། །སྙིང༷་པོ༷་ཙམ་ཞིག་བསྡུས་པ་ཡིན། །ཛཾ་བྷ་ལ་ དམར་པོ་གཏེར་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། ། ༄༅། །ༀ་སྭཱ་སྟི། ཆུ་དབང་སྙིང་རྗེ་ཆེན་པོ་ལ། །བཏུད་ནས་ངོ་མཚར་སྒྲུབ་ཐབས་ནི། །ནོར་སྒྲུབ་བཅུད་ལེན་བསྲུང་ སོགས་ལ། །ལྷག་པར་བསྔགས་པ་འདིར་བརྗོད་བྱ། །རྒྱུད་འགྲེལ་ལས་ཇི་སྐད་བཤད་པའི་རྟེན་ཚང་བའམ། མིན་ནའང་ཤིང་ ལས་བྱས་པའམ། རི་མོར་བྲིས་པས་ཀྱང་རུང་སྟེ། ཆུ་སྦྱིན་གྱི་ཆས་དང༌། མཆོད་གཏོར་མདུན་དུ་བཤམས། ཡི་དམ་གྱི་བདག་ བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་དུས་འཁོར་གྱི་ལུགས་བཞིན་ནམ། སྤྱི་དང་མཐུན་པར་བྱིན་གྱིས་རླབས་ཀྱང་རུང༌། གཏོར་མ་ བསངས་སྦྱངས། ༀ་བཛྲ་ཌཱ་ཀི་ནཱི། བཛྲ་དྷཱ་ཏཱི་ཤྭ་རི་ག་ག་ན་སྭ་བྷཱ་ཝ་སརྦ་ད་ར་བྱ་བི་ཤྭ་དྷ་ནི། སརྦ་ དྲ་བྱ་ཎི། བི་ཤྭ་དྷ་ཡ་ཧཱུཾ་ཕྲེཾ་ཕཊ། ཅེས་ལན་གསུམ་གྱིས་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས། སྟོང་ པའི་ངང་ལས་པཾ་ལས་པདྨའི་སྡོང་པོའི་རྩེ་མོར་པདྨ་འདབ་བརྒྱད། འདབ་མ་རྣམས་ཕྱོགས་ཀྱི་ མདོག་ཅན། ལྟེ་བར་ཧཾ་ལས་འཕགས་པ་ཛཾ་བྷ་ལ་ལྗང་ཁུའམ་ལྗང་སེར་ཕྱག་མཚན་སོགས་ ཛཾ་བྷ་ལ་སེར་པོ་སྤྱི་དང་མཐུན་པར་བསྐྱེད། དེའི་བརླ་གཡོན་པའི་སྟེང་དུ་ཧཱཿལས་ལྷ་མོ་ནོར་ རྒྱུན་མ་སྔོན་མོ་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་ལྷན་ཅིག་ཡབ་ལ་འཁྱུད་པ། འདབ་ མ་བརྒྱད་ལ་ཤར་དུ་ཧིཾ་ལས་ཟླ་ཤེལ་མ། མེར་ཧཱིཿལས་རབ་བཟང་མ་གཉིས་ནག་མོ། ལྷོ་རུ་ཧྲྀཾ་ ལས་སྦྱིན་མ། བདེན་བྲལ་དུ་ཧྲཱྀཾཿལས་རབ་སྦས་མ་གཉིས་དམར་མོ། བྱང་དུ་ཧུཾ་ལས་འཕགས་ མ། བྱང་ཤར་དུ་ཧཱུཿལས་དབྱངས་ཅན་མ་གཉིས་དཀར་མོ། ནུབ་ཏུ་ཧླྀཾ་ལས་སྦྱིན་བཟང་མ། ནུབ་བྱང་དུ་ཧླཱྀཾ་ལས་ལྷ་མོ་དཔལ་གཉིས་སེར་མོ། དེ་ལྟར་གནོད་སྦྱིན་མོ་དགུ་ཆར་ཡང་གཡས་ མཆོག་སྦྱིན་གྱི་མཐིལ་ནས་འདོད་དགུའི་ཆར་འབེབས་ཤིང༌། གཡོན་པས་རང་མདོག་དང་ མཚུངས་པའི་པདྨའི་སྡོང་བུ་འཛིན་པ། རོལ་པའི་སྟབས་སུ་བཞུགས་པ་རྣམས་སུ་གྱུར། ཡེ་ 15-1-492 ཤེས་པ་སྤྱན་དྲངས་ཏེ། ཛཿཧཱུཾ་བཾ་ཧོཿཧིཿཞེས་བསྲེ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ ཀར་ཧཱུཾ། ལྟེ་བར་ཧོཿ གཙུག་གཏོར་དུ་ཧཾ། གསང་བར་ཀྵཿརྣམས་ཀྱིས་རྒྱས་བཏབ། ལྷ་དབང་ བསྐུར་བ་ནི་མི་མཛད། གལ་ཏེ་བྱེད་པར་སྤྲོ་ན་ཆུ་དབང་བསྐུར་ཏེ། རིགས་དྲུག་གིས་སོ་སོར་རྒྱས་བཏབ། ལག་མཐིལ་དུ་ ཨ་ཨི་ར་ཨུ་ལ འི་འོད་ཀྱིས་འཁོར་འདས་སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་བསྡུས། ཞལ་དུ་ ཕུལ་བར་བསམས་ལ། ཆུ་སྦྱིན་སྤྱི་དང་མཐུན་པར་ཕུལ། གཏོར་མ་ཡང་གསོལ་བར་མོས་ལ། ༀ་ཨཱཿཧཱུཾ་ཧོཿཨཱརྱ་ ཛཾ་བྷ་ལ་ས་པ་རི་ཝཱ་རེ་བྷྱཿ ཨི་དཾ་བཱ་ལིཾ་གནྡྷཾ་པུཥྤཾ་སོགས་ལན་གསུམ་གྱིས་ཕུལ། དཔལ་ལྡན་རྡོ་རྗེ་ དབྱིངས་དབང་ཕྱུག །སྒྲོལ་མ་རེག་བྱ་རྡོ་རྗེ་མ། །གོས་དཀར་རོ་མ་མཱ་མ་ཀཱི།གཟུགས་མ་སྤྱན་ མ་དྲི་རྡོ་རྗེ། །གནོད་སྦྱིན་མོ་དགུའི་ཚུལ་བསྟན་པས། །རབ་བསྐོར་འཕགས་པ་རྨུག་འཛིན་ནི། ། དཔལ་ལྡན་མི་བསྐྱོད་རྡོ་རྗེ་སྟེ། །ཐབས་མཁས་ཚུལ་གྱིས་ལོངས་སྤྱོད་སྟེར། །དེ་དག་རྣམས་ ལ་གུས་པས་འདུད། །ཅེས་སོགས་དང་ཕྱོགས་མཐུན་གྱིས་བསྟོད་པ་ཅི་ཤེས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་ འདི་བཞེས་ལ་སོགས་ཀྱིས་གསོལ་བཏབ། ཡི་གེ་བཅུ་པའི་བཟླས་པ་ཅི་འགྲུབ་བྱ། གནོད་སྦྱིན་མོ་དགུའི་མཚན་སྔགས་ཀྱང་ ཅི་རིགས་པར་བཟླས་ལ། དེ་ནས་ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཨཱརྱ་ཛཾ་བྷ་ལ་སིདྡྷི་མེ་པྲ་ཡཙྪནྟུ། མ་མ་དྷ་ནཾ། ད་ད་ ཏུ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་ལས་སྒྲུབ་པའི་སྔགས་ཀྱང་ཅུང་ཟད་བཟླའོ། །མཐར་དངོས་གྲུབ་བླང་བ་དང༌། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། རྟེན་ལ་བརྟན་བཞུགས་སོགས་བྱས་ལ། ཐུན་མཚམས་ལ་འཇུག་གོ ། འདིའི་རྗེས་གནང་ནི། རྟེན་དངོས་སམ་ཚོམ་བུ་ལ་བརྟེན་ཀྱང་རུང་སྟེ། བཟླས་པ་ཡན་ཆད་གོང་བཞིན་སོང་བ་ན། རྡོ་རྗེ་ ཤུགས་ཀྱི་སྐབས་བཞིན་གསོལ་བཏབ་ཡན་ལག་བདུན་པ། རིགས་དྲུག་གི་སྡོམ་བཟུང་རྣམས་བྱ། མདུན་བསྐྱེད་གསལ་འདེབས་ སུ་བཅུག སློབ་མ་ཛཾ་བྷ་ལར་བསྒོམ་པ་ལ་ཡེ་ཤེས་པ་བསྟིམ། སྔགས་ཀྱི་བཟླས་ལུང་བྱ། སློབ་མ་ཆུ་སྦྱིན་འབུལ་དུ་གཞུག དེ་ཙམ་ གྱིས་ཆོག་གོ །ཀུན༷་ཏུ་ཁུངས་ཆེ་རབ་ཟབ་ཀྱང༌། །རྒྱུད་འདིར་ཡིད་དག༷འ་ཅན་ཀུན་གྱིས། །མ་ཐོས་དབུལ་ཞིང་འཕོངས་བ་ལ། ། བརྩེ་བས་སྙིང༷་པོ༷་ཙམ་ཞིག་བྲིས། །དཔལ་དུས་ཀྱི་འཁོར་ལོ་ལས་བྱུང་བ་ཛམྦྷ་ལ་ལྗང་ཁུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། དཔལ་ལྡན་གསང་བའི་བདག་པོ་ལ། །གུས་པས་ཕྱག་འཚལ་ཅི་ནུས་མཆོད། །གནོད་སྦྱིན་ནོར་ 15-1-493 བུ་བཟང་པོ་ཡི། །སྒྲུབ་ཐབས་བཟླས་ལུང་མདོ་ཙམ་བྲི། །མདུན་དུ་རིན་པོ་ཆེའི་སྣོད་དུ་གཏོར་མ་ཞིག་བཤམ། དེ་ལ་ནོར་བུ་བཟང་ པོའི་ཙ་ཀ་ལི་འཛུགས། མཐའ་མཆོད་པས་བསྐོར། ཕྱག་ན་རྡོ་རྗེའི་བདག་བསྐྱེད་དང༌། རང་གི་མདུན་དུ་རྣམ་ཐོས་སྲས་སྐད་ཅིག་ གིས་བསྐྱེད། ཙ་ཀ་ལི་བསངས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་གནོད་སྦྱིན་ནོར་བུ་བཟང་པོ་ སྐུ་མདོག་སེར་པོ་རྟ་སྔོན་ལ་ཆིབས་ཤིང་རྒྱུག་པ། ཕྱག་གཡས་ནོར་བུ་འབར་བ་དང་གཡོན་ པས་གཏེར་གྱི་ནེའུ་ལེ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། སྙིང་གར་ཟླ་བ་ལ་མཾ། རང་ གི་སྙིང་ག་ནས་འོད་ཟེར་འཕྲོས། གནོད་སྦྱིན་འཁོར་བཅས་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ༀ་ བཛྲི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རྡོ་རྗེའི་ཕྱག་རྒྱ་བསྟན་པས་དམ་ལ་བཞག་ཅིང་དབང་བསྐུར། ཧཾ་ས་མཾ་ས་བཾ་ས། ཞེས་པ་ ནི་བརྡའི་དབང་སྟེ། མི་བསྐྱོད་པ་དང༌། འཇམ་པའི་རྡོ་རྗེ། རྡོ་རྗེ་ལྕགས་ཀྱུའི་ས་བོན་ནོ། །གཏོར་མ་རྣམ་སྲས་ལྗང་ཁུ་སེང་ཞོན་ ལྟར་བྱིན་གྱིས་བརླབས། སྙིང་པོ་ལ་ཨ་ཀཱ་རོ་བཏགས་ཏེ་འབུལ། ཨརྒྷཾ་ལ་སོགས་པས་མཆོད། ནོར་བུའི་རིགས་ཀྱི་ གསང་སྔགས་ནི། །ཀུན་གྱི་བདག་པོར་དབང་བསྐུར་བ། །ལྷ་རྣམས་ཀུན་གྱིའང་ནོར་གྱི་བད་ ག །ནོར་བུ་བཟང་པོ་ཁྱོད་ལ་བསྟོད། །འདོད་དོན་གསོལ་བཏབ་སྤྱི་དང་མཐུན། སློབ་མས་མཎྜལ་ཕུལ། རྡོ་རྗེ་ འཛིན་པ་ཞེས་སོགས་གསོལ་བཏབ་དང༌། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། སློབ་མ་ཉིད་རྣམ་ཐོས་སྲས་སུ་སྐད་ཅིག་ གིས་བསྐྱེད། སློབ་དཔོན་ཕྱག་རྡོར་དུ་གསལ་བས། གཏོར་མ་སློབ་མའི་ལག་ཏུ་སྤྲད་ལ་བཀའ་བསྒོ་དྲག་ཏུ་བྱ། མཐའ་བཟླས་ལུང་ སྤྱི་དང་མཐུན་པར་སྦྱིན་ཏེ། རྗེས་ཀྱི་བྱ་བ་ཐམས་ཅད་སྤྱི་དང་འདྲའོ། །བྲམ་ཟེ་མིག་སེར་ལས་བརྒྱུད་ཅིང༌། །བྷ་རོ་ཙ་ཀུ་ནི་ཞེས་ དང༌། །{ཛཱ་[རཱ]མ་པཱ་ལས་ཀུན༷་གྲུབ་པ། །རབ་དག༷འི་རིགས་གཏད་སྙིང༷་པོ༷་ཙམ། །འདིའི་བསྙེན་གྲུབ་ནི་ཡིག་རྙིང་ལས་ཤེས་ པར་བྱའོ། །ནོར་སྦྱིན་ནོར་བུ་བཟང་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། རབ་ཟབ་སྒྲུབ་ཐབས་རྙེད་དཀའ་བ། །གང་གི་རྟོག་པ་ལས་བསྡུས་ནས། །བླ་མའི་ཞལ་གྱི་མན་ ངག་བཞིན། །རྗེས་གནང་བཅས་པ་ཅུང་ཟད་བརྗོད། །མཆོད་གཏོར་གཙང་སྦྲ་ཅན་བཤམས་ལ། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་ བདག་བསྐྱེད་དང༌། རྣམ་ཐོས་སྲས་སེར་ཆེན་ལྟ་བུ་རྣམ་ཐོས་སྲས་གང་རིགས་ཀྱི་མདུན་བསྐྱེད་སྔོན་དུ་སོང་ནས། དེའི་མདུན་དུ་ བཀའ་ཉན་གྱི་ཚུལ་དུ་བསྐྱེད་པར་བྱ་བ་ཡིན་ཏེ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨའི་གདན་ 15-1-494 ལ་ཀྵ་ཡིག་གུར་གུམ་གཞོན་ནུའི་མདོག་ཅན་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། སྲས་གར་མཁན་མཆོག་སྐུ་མདོག་དམར་སེར་སྔོ་དཀར་བའི་ཞལ་གསུམ་ཁྲོ་ཞིང་བཞད་ལ་ སྐྲ་གྱེན་དུ་བརྫེས་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་ རལ་གྲི་ཞགས་པ་མདའ་བོ་ཆེ་དགྲ་སྟ་རྣམས་དང༌། གཡོན་པ་བརྒྱད་ཀྱིས་དྲིལ་བུ་རྩེ་གསུམ་ ནེའུ་ལེ་མེ་ཏོག་གི་ཕུར་མ་བ་དན་ཐོད་པ་གཞུ་རྔ་ཡབ་རྣམས་འཛིན་པ། གཡོན་བརྐྱང་གི་ སྟབས་ཀྱིས་བཞུགས་ཤིང༌། སྟག་ལྤགས་དང༌། དར་གྱི་ན་བཟའ་དང༌། སྦྲུལ་དང་རིན་པོ་ ཆེས་བརྒྱན་པ། འོད་ཟེར་རབ་ཏུ་འབར་བའི་ཕྲེང་བ་འཁྲུག་པ། དེའི་གཡས་སུ་ཚངས་པ་དང་ ཁྱབ་འཇུག གཡོན་དུ་དབང་ཕྱུག་དང་ལུས་ངན། ཕྱོགས་བཞིར་གནོད་སྦྱིན་གཏེར་བདག་ཕོ་ བཞི། མཚམས་བཞིར་མོ་བཞི་དང་བཅས་པ་གྲུབ་པར་གྱུར། གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་ འདྲེན། དབང་བསྐུར་རྒྱས་བཏབ་རྣམས་སྤྱི་དང་འདྲ་བ་ལས། སྤྱན་འདྲེན་གྱི་ཚེ། དམ་ཚིག་གི་ཕྱག་རྒྱ་བཅའ་སྟེ། གུང་མོ་ཟླུམ་པོར་ བཀུག་པ་ལ་མཛུབ་མོ་དཀྲིས། སོར་མོ་ལྷག་མ་རྣམས་སོ་སོར་གཤིབས་ཏེ་རྩེ་སྦྱར་བ་ལས་མཐེ་བོང་དང་མཐེའུ་ཆུང་སྟེང་འོག་ཏུ་ བསྐྱོད་པའོ། །དེ་ཉིད་གཡབ་ཅིང༌། ༀ་ཊཱཀྐི་ཀུ་པ་ར་སྭཱཧཱ། ཞེས་སྤྱན་དྲངས། སོར་མོ་གཞན་རྣམས་བསྣོལ། གུང་མོ་བསྒྲེང་ བ་སྤྱི་བོར་བཞག་སྟེ། ༀ་ཙི་ཏི་ཙི་ཏི་བི་ཙི་ཏི་མུདྒ་ར་ཧཱུཾ་ཧཱུཾ་ཞེས་དམ་ལ་བཞག་སྟེ་ལས་ལ་བསྐུལ། རིགས་བདག་ནི་མི་ བསྐྱོད་པའོ། །སྔགས་ནི་རྣམ་སྲས་གར་མཁན་མཆོག་དང་འདྲ་བ་ཞིག་ལག་ལེན་ལ་མཛད་ན། དེ་ཡང་བྱ་མོད་ཀྱི། ན་མོ་རཏྣ་ དྲ་ཡཱ་ཡ། ན་མོ་བཻ་ཤྲ་མ་ཎ་ཡ། ན་ཊ་ཀུ་པ་ར་སྱཻ། གུ་ཧྱ་ཀཱ། ནརྟ་པ་ཏི། མ་བྷ་ར་ཏ་ཡི་ཥྱཾ། ཨ་ནུ་ རཱུ་པ་སུ་རཱུ་པ་ན་ཊ་ཀུ་པ་ར། ཙནྡྲ་ཁཾ། ན་ཙ་ཀཾ། ཧེ་མཧཱ་སྐཾ། ན་ཌ་ཀུ་པ་ར། ཧེ་མ་ཀཾ ཀུ་ཧ་ཀཾ ཙ་ ལ་ཙ་ལ། པ་ཙ་པ་ཙ། ཕུ་ལུ་ཕུ་ལུ་ཀུ་པ་ར། ཞེས་རྒྱུད་ལས་འབྱུང་བའང་བཟླའོ། །གཏོར་ཆོག་ཀྱང་རྣམ་སྲས་དང་ འདྲ་བ་ལས། ན་མོ་ན་ཌ་ཀུ་པ་ར། བི་ཛ་ཡ། པྲ་བྷཱ་ར། ཀུ་པ་ར་ཡ། ཨི་དཾ་བཱ་ལིཾ་ཏཾ་སོགས་སྦྱར་བས་ཕུལ། གཤེགས་གསོལ་གྱི་སྔགས་ནི། ན་མོ་བཻ་ཤྲ་ཝ་ཎ་སུ་ཏ་ཡ། ན་ཌ་ཀུ་པ་ར་ཡ། ༀ་པ་ར་པ་ར། ནཊྚ་ནཊྚ། གཙྪེ་སྭ་བྷཱ་ཝན། ཡ་ཐཱ་སུ། ཨ་ཏྭཾ་ཡཀྵེནྟྲ་སྭཱཧཱ། ཞེས་པའོ། ། 15-1-495 རྗེས་གནང་གི་བྱ་བ་ནི། སྒྲུབ་ཐབས་རྒྱ་མཚོ་དང་འདྲའོ། །ངལ་གསོས་པོ་ཡི་སྲས་ཀུན༷་གྱི། །མཆོག་གྱུར་ཡིན་ཞེས་དག༷འ་ བར་བསྔགས། །གང་དེའི་སྒྲུབ་ཐབས་ཆེས་དཀོན་པའི། །ཡི་གེའི་སྙིང༷་པོ༷་སྤེལ་འདི་མཚར། །སྲས་གར་མཁན་མཆོག་གི་སྒྲུབ་ ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། ། ༄༅། །ༀ་སྭཱ་སྟི། དཔལ་ལྡན་རྒྱལ་པོ་རྣམ་ཐོས་བུ། །དེ་སྲས་བཅས་ལ་བཏུད་བྱས་ནས། །གཟུངས་ལས་འབྱུང་ བའི་སྒྲུབ་ཐབས་ཞིག །ཤིན་ཏུ་རྙེད་པར་དཀའ་ཕྱིར་བཤད། །རྒྱལ་པོ་སེར་ཆེན་གཙོ་འཁོར་ཡོངས་རྫོགས་སམ། གཙོ་རྐྱང་གི་ སྒྲུབ་ཐབས་བཞིན་ཉམས་སུ་བླངས་ནས། གཙོ་བོའི་མདུན་དུ་པདྨ་དང་ཟླ་བའི་གདན་ལ་ཀྵ་ཡིག་སེར་པོ་ ལས་གནོད་སྦྱིན་རྒྱལ་བ་ཁྱུ་མཆོག་སྐུ་མདོག་གསེར་བཙོ་མ་ལྟར་རབ་ཏུ་འབར་བའི་འོད་ཟེར་ འཕྲོ་བ། ཕྱག་དང་པོ་གཉིས་ཀྱིས་ནོར་བུས་གང་བའི་སྒྲོམ་བུ་འཛིན་པ། འོག་མ་གཉིས་ཀྱིས་ ཡིད་བཞིན་གྱི་ནོར་བུས་མཚན་པའི་བེ་ཅོན་དང་ནེའུ་ལེ་བསྣམས་པ། གཞོན་ནུའི་ལུས་ཅན་ དར་དང་རིན་པོ་ཆེས་བརྒྱན་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྒྱལ་བ་ཁྱུ་མཆོག་ གནོད་སྦྱིན་བྱེ་བའི་ཚོགས་དང་བཅས་པ་ཨཱ་ཀཪྵ་ཡ་ཛཿ ན་མོ་བཻ་ཤྲ་བ་ཎ་ཡ། མཧཱ་དྷ་ན་དཱ་ཡ། ཙཎྜེ་ཤྭ་རཱ་ཡ། ཨཱ་ཀཪྵ་ཡ། ཨ་པ་ར་བི་ཏ་ཙཎྜེ་ཤྭ་ར། པ་ར་མ་ཀཱ་རུ་ཎི་ཀཱ སརྦ་སཏྭ། ཧི་ཏ་ཙིནྟ། མ་མ་དྷ་ན་ཝ་ར་དོ་པ་ཏྱེ་ཤ སྭ་ཡ་མ་ཨཱ་ཀཪྵ་ཡ་སྭཱཧཱ། ཞེས་སྤྱན་དྲངས། བགེགས་བསྐྲད། དབང་བསྐུར་དབུ་ བརྒྱན། མཆོད་པ་རྣམས་རྣམ་སྲས་དང་འདྲ། རྒྱལ་པོའི་སྲས་ནི་འཕྲུལ་ཆེ་བ། །ནོར་གྱི་བདག་པོ་མཐུ་བོ་ ཆེ། །རྒྱལ་བ་ཁྱུ་མཆོག་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། ན་མོ་བཻ་ཤྲ་ཝ་ཎ་ཡ། ཏདྱ་ཐཱ། སི་མི་སི་མི། སུ་མུ་སུ་མུ། ཙཎྜ་ཙཎྜ། ཙ་ར་ཙ་ར། ས་ར་ས་ར། ཀ་ར་ཀ་ར། ཀི་རི་ཀི་རི། ཀི་ལི་ཀི་ལི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སནྡ་ཡ། ཨཏྨ་ནཾ་ ནིཪྻནྟ། ཨནྡར་དྷཱ་ཏུ་སྭཱཧཱ། ན་མོ་བཻ་ཤྲ་ཝ་ཎ་ཡ་སྭཱཧཱ། དྷ་ན་ད་ཡ་སྭཱཧཱ། མོ་ནོ་ར་ཐ་པ་རི་པུ་ར་ ཡ་སྭཱཧཱ། ཞེས་བཟླས། གཏོར་མ་ནི་རྣམ་ཐོས་སྲས་ལ་ཕུལ་བའི་རྗེས་སུ། ༀ་ཛི་ནརྒ་བྷ་ས་པ་རི་ཝཱ་ར་ཨི་དཾ་སོགས་ ཀྱིས་འབུལ། བསྙེན་པ་སོང་ནས་སྦྱིན་བསྲེག་ལ་འབད་ན་དངོས་གྲུབ་སྩོལ་བར་བཤད། འདི་ལ་རྗེས་གནང་མེད་བཟླས་ལུང་ཙམ་ 15-1-496 མཛད་དོ། །རྒྱ་ནག་ལུགས་ཀྱི་རྣམ་སྲས་སུ། །གྲགས་པའང་འདི་དང་རྗེས་སུ་མཐུན། །ཀུན༷་ཏུ་བཙལ་ཡང་རྙེད་དཀའ་སྟེ། །དག༷འ་ བས་སྙིང༷་པོ༷་ཙམ་ཞིག་བསྡུས། །གསེར་འོད་ལས་བྱུང་བ་རྒྱལ་བ་ཁྱུ་མཆོག་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེ་ལེགས་འཕེལ། ༄༅། །ༀ་སྭཱ་སྟི། རྒྱལ་བ་སྟོན་པ་ལ་བཏུད་ནས། །རྣམ་ཐོས་སྲས་ཀྱི་བཙུན་མོར་གྲགས། །ལྷ་མོ་དཔལ་གྱི་སྒྲུབ་ ཐབས་ནི། །ཤིན་ཏུ་རྙེད་པར་དཀའ་ཕྱིར་བཤད། །གཙང་སྦྲ་ཅན་གྱི་མཆོད་གཏོར་རྒྱ་ཆེར་བཤམ། བསངས་སྦྱངས། སྟོང་པའི་ ངང་ལས། གཏེར་གྱི་བུམ་པ་དགུའི་སྟེང་དུ་པད་ཟླ་ལ་སེང་གེའི་གདན། དེའི་སྟེང་ཏུ་ཤྲིཾ་ཡིག་ ཡོངས་སུ་གྱུར་པ་ལས། ལྷ་མོ་དཔལ་ཆེན་མོ་ལྗང་ཁུ། སྒེག་ཅིང་བཞད་ལ་སྤྱན་གདངས་པ། དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཡས་ནོར་བུས་མཚན་པའི་པདྨ་དང༌། གཡོན་སྐྱབས་ སྦྱིན་མཛད་པ། འཁོར་གནོད་སྦྱིན་མ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ། །གནས་གསུམ་བྱིན་ བརླབས། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ་རྣམས་སྤྱི་དང་མཐུན་པ་ལས། རིགས་བདག་ནི་གཤིན་རྗེ་གཤེད་དོ། ། ཨརྒྷཾ་ལ་སོགས་པས་མཆོད། ཤེས་རབ་ཕ་རོལ་ཕྱིན་པ་མོ། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལས། ། སྒྲུབ་ལ་དངོས་གྲུབ་སྩོལ་བའི་ཚུལ། །དཔལ་གྱི་ལྷ་མོ་དེ་ལ་བསྟོད། །ༀ་ཀ་མ་ལ་ཝ་སི་ནི། ཀ་ མ་ལེ། མཧཱ་ལཀྵི་མ་ར་ཛྱ་མེ། དེ་ཧི་དེ་ཧི་བ་ར་དེ་སྭཱཧཱ། ཞེས་ཅི་འགྲུབ་ཏུ་བཟླས། གཏོར་མ་འབྲུ་གསུམ་གྱིས་ བྱིན་གྱིས་བརླབས་ནས། ༀ་ཤྲཱི་དེ་ཝཱི་ས་པ་རི་ཝཱ་ར་བྷྱཿ ལ་ཨ་ཀཱ་རོ་བཏགས་པས་འབུལ། མཆོད་བསྟོད། འདོན་ དོན་གསོལ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ་རྣམས་སྤྱི་དང་འདྲའོ། །འདི་ལ་བསྒོམ་ལུང་འབོགས་པ་ལས་ གཞན་པའི་རྗེས་གནང་མི་དགོས། དཔའ་བོ་ཆིག་སྒྲུབ་ཀྱི་རྒྱུད་ལ་བརྟེན་པར་མངོན་ཅིང༌། ཇོ་བོའི་མན་ངག་བཀའ་གདམས་པ་ རྣམས་ལས་བརྒྱུད་པའི་གདམས་པ་ངོ་མཚར་ཅན་ཡིན་ནོ། །ཀུན༷་ལ་མ་གྲགས་རྙེད་དཀའ་བ། །ཐོས་པ་ཉུང་བའི་སྐྱོན་ཡིན་ཏེ། ། སྔགས་རྒྱུད་ཤེས་རྣམས་ཡིད་དག༷འི་གནས། །སྙིང༷་ནས་ཡིད་ཆེས་གསལ་པོ༷ར་བཀོད། །ལྷ་མོ་དཔལ་ཆེན་མོའི་སྒྲུབ་ཐབས་ཀྱི་ ལེ་ཚན་ནོ།། །།དགེའོ། ། ༄༅། །ༀ་སྭཱ་སྟི། དཔལ་མོ་དབྱིག་གི་ཆར་འབེབས་མ། །ནོར་སྒྲུབ་ཀུན་གྱི་རིག་སྔགས་རྒྱལ། །དེ་ལ་བཏུད་དེ་ ཕྱག་འཚལ་ནས། །སྒྲུབ་ཐབས་གསལ་བར་བརྗོད་པར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་ 15-1-497 པར་སྦྱངས། སྟོང་པའི་ངང་ལས་གཏེར་ཆེན་པོའི་ས་གཞི་ལ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ ཁང་བཟང་གི་དབུས་སུ། གསེར་གྱི་བུམ་པ་ནོར་བུས་གང་བའི་ཁྲི་ལ་པཾ་ལས་པདྨ་དང༌། ཨ་ ལས་ཟླ་བའི་སྟེང་དུ། བཾ་ལས་རང་ཉིད་ལྷ་མོ་ནོར་རྒྱུན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་ གཉིས་གཡས་མཆོག་སྦྱིན་གྱི་མཐིལ་ནས་ནོར་བུའི་ཆར་འབེབས་པ། གཡོན་འབྲས་ཀྱི་སྙེ་མ་ རབ་ཏུ་རྒྱས་པ་དང་རིན་པོ་ཆེའི་འཕྲེང་བ་འཛིན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ བཞུགས་ཤིང༌། སྒེག་ཅིང་ལང་ཚོ་ལ་བབ་པ། དར་དང་རིན་པོ་ཆེས་བརྒྱན་པའོ། །མཐའ་ སྐོར་དུ་ནོར་དཔལ་མོ་ལ་སོགས་པ་གཏེར་གྱི་བདག་མོའི་ཚོགས་ཐམས་ཅད་དང༌། སྟེང་གི་ ཆ་ལ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པར་གྱུར། གནས་གསུམ་ བྱིན་རླབས། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ་རྣམས་སྤྱི་དང་འདྲ་བ་ལས་རིགས་བདག་ནི་རིན་ཆེན་འབྱུང་ལྡན་ནོ། ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་ དང་མཐུའི་དཔལ་བརྙེས་ཤིང༌། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །དཔལ་མོ་ནོར་ རྒྱུན་མ་ལ་ཕྱག་འཚལ་ལོ། །ཅེས་བསྟོད། ༀ་བཱ་སུ་དྷ་རི་ནི་སྭཱཧཱ། ཞེས་སྙིང་པོ་ཅི་ནུས་དང༌། ཇི་ལྟར་རིགས་ པར་ནོར་རྒྱུན་མའི་གཟུངས་འདོན་པའམ། ཀློག་པར་བྱའོ། མདུན་བསྐྱེད་ནི། བའི་ལྕི་བའི་མཎྜལ་གྲུ་བཞི་པ་བྱས་ལ། དེར་མེ་ ཏོག་གི་ཚོམ་བུ་བཀོད། མཆོད་གཏོར་གཙང་མ་སྤྱི་དང་མཐུན་པ་དང༌། ཁྱད་པར་མེ་ཏོག་སྣ་ཚོགས་ཀྱིས་གང་བའི་སྣོད་བཞག མཆོད་པ་བྱིན་རླབས་སྤྱི་དང་མཐུན། བདག་བསྐྱེད་བཞིན་བསྐྱེད་ལ། མཆོད་བསྟོད་བཟླས་པ་རྣམས་ཚར་བའི་རྗེས་ལ། སྙིང་པོའི་ མཐར། པུཥྤེ་ཏཱིཙྪ་ན་མ་བཏགས་པས་ལན་བརྒྱ་རྩ་བརྒྱད་མེ་ཏོག་ཕུལ་ལ། གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཕུལ། མཆོད་བསྟོད་འདོད་དོན་གསོལ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། སྨོན་ལམ། བཀྲ་ཤིས་རྣམས་བྱ། རྗེས་གནང་གི་བྱ་བ་ནི་སྒྲུབ་ཐབས་རྒྱ་མཚོའི་སྐབས་དང་འདྲ་བ་ལས། གསུང་གི་རྗེས་གནང་ སོང་བའི་སྐབས་སུ། ནོར་རྒྱུན་མའི་མདོ་བཀླགས་ཏེ། གཟུངས་དངོས་གཞི་ལ་རྗེས་ཟློས་ལན་གཅིག་བྱར་གཞུག་གོ །སངས་ རྒྱས་པ་ཡི་སྔགས་རྒྱུད་ལ། །ནོར་སྒྲུབ་ཀུན༷་གྱི་རྩ་བར་གྲགས། །ཟུར་བཀའི་སྒྲུབ་ཐབས་རབ་དག༷འ་བ། །སྙིང༷་རྗེའི་སེམས་ཀྱིས་ 15-1-498 གསལ་པོ༷ར་བྲིས། །ལྷ་མོ་ནོར་རྒྱུན་མའི་རྩ་བའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། ། ༄༅། །ༀ་སྭཱ་སྟི། གང་ལ་ལོངས་སྤྱོད་ཕུན་སུམ་ཚོགས། །དཀའ་བ་མེད་པར་ཐོབ་འགྱུར་པ། །གནོད་སྦྱིན་མོའི་ རིགས་སྔགས་མཆོག །ཤིན་ཏུ་ཟབ་གྱུར་མདོ་ཙམ་བྲི། །མཎྜལ་ཁྲུ་གང་བ་ལ་ཙནྡན་གྱི་ཆུས་ཕྱིར་གྲུ་བཞིར་བྱུགས། དབུས་སུ་ཟླུམ་ སྐོར་ལ་ཐུག་པར་བྱུགས། མེ་ཏོག་གི་ཚོམ་བུ་བཞི་བཀོད། མེ་ཏོག་དཀར་པོའི་ཕུང་པོ་དང༌། ཤིང་པི་ཙུ་རའི་འབྲས་བུ་དགོས་པར་ བཤད་ཀྱང༌། མ་རྙེད་ན་བིལ་བའི་དོད་བྱས་བདག་བསྐྱེད་ཁྲོ་བོ་གང་རུང་ཞིག་སྔོན་དུ་འགྲོ་བས། མཎྜལ་གྱི་དབུས་སུ་ ནོར་རྒྱུན་མ་གསེར་བཙོ་མ་ལྟ་བུ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང༌། ལང་ཚོ་ཕུན་ སུམ་ཚོགས་པ། ཕྱག་གཡས་པི་ཙུ་རའི་འབྲས་བུ་སྔོ་དམར་བསྣམས་པ། གཡོན་འབྲས་ཀྱི་སྙེ་ མ་འཛིན་པ། རིན་པོ་ཆེའི་བུམ་པ་ཞབས་སྤྲད་ཅིང༌། ཁ་གཉིས་ནས་རིན་པོ་ཆེའི་རྒྱུན་འབབ་ བཞིན་པའི་སྟེང་ན་མཉམ་པར་བཞེངས་པ། སྔགས་རེ་རེ་བརྗོད་ཅིང༌། མེ་ཏོག་རེ་འབུལ་བ་ལན་ཉི་ཤུ་རྩ་གཅིག་ བྱས་པས། གདུགས་དཀར་པོ་རེ་རེ་དབུ་ཐོག་ཏུ་བྱུང་བར་བསམ། བདག་དང་མཐའ་ཡས་པའི་སེམས་ཅན་ལ་ དངོས་གྲུབ་སྩལ་དུ་གསོལ། ཞེས་ལན་བདུན་གསོལ་བ་བཏབ། སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་གྷ་ཏཾ་ཛྷི་ བྷ་སཾ་རཀྵ་ཎི། ཕ་ལ་ཧཥྚི་བཱ་སུ་བྷ་རི་ཏེ། ཤི་ཝཾ་ཀ་རི་ཤནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། བྷ་ཡ་ནཱ་ས་ནི། སརྦ་དུཥྚཾ། བྷཉྩ། བྷཉྩ། ཛཾ་བྷ་ཛཾ་བྷ། སྟཾ་བྷ་སྟཾ་བྷ། ཨ་མྲྀ་ཏེ། ཨུཏྦྷ་ཝེ། ཀུ་རུ་ཀུ་རུ། མ་མ་ཀ་ཛྱེ་ སྭཱཧཱ། ཞེས་པའོ། །གཤེགས་གསོལ་མི་དགོས། དགེ་བ་བསྔོ། འདི་རྒྱུན་གྱི་ཉམས་ལེན་ཡིན་ལ། བསྙེན་པའི་ཚེ། སྔགས་དང་ བཅས་ཏེ་མེ་ཏོག་ཅི་ནུས་སུ་འབུལ་བ་ཡིན་ལ། འབུམ་ཕྲག་བཞིའམ། ཟླ་བ་གསུམ་གྱི་བསྙེན་པ་རྫོགས་པར་བཞེད་དོ། ། འདིའི་རིག་གཏད་ནི། རྒྱུན་གྱི་ཉམས་ལེན་དེ་ཉིད་སློབ་དཔོན་གྱིས་ཚང་བར་བྱས་པའི་རྗེས་ལ། སློབ་མས་ཡོན་དང་མཎྜལ་ ཕུལ། མེ་ཏོག་དཀར་པོ་བཞི་བཅུ་ཞེ་གཉིས་ལས་མི་ཉུང་བ་སློབ་དཔོན་གྱི་ཕྱག་ཏུ་གཏད། སློབ་དཔོན་གྱི་མེ་ཏོག་དེ། མདུན་བསྐྱེད་ ལ་ཕུལ། མེ་ཏོག་རེ་སློབ་མའི་སྤྱི་བོར་སྤུངས། སློབ་མ་འདི་ལ་དངོས་གྲུབ་སྩལ་དུ་གསོལ། ཞེས་བརྗོད། དེ་ལྟར་ ལན་ཉེར་གཅིག་བྱས་ལ། སྒྲུབ་ཐབས་བཤད་པ་ཉིད་ཀྱིས་དོན་འགྲུབ་པ་ཡིན་ནོ། །མདུན་བསྐྱེད་མི་དམིགས་པར་བཞག་པ་ཉིད་ ཀྱིས་ཆོག །རྗེས་ཆོག་མི་དགོས་སོ། །ནོར་རྒྱུན་སྒྲུབ་ཐབས་ཆེས་ཟབ་པ། །ཀུན༷་ལ་མ་གྲགས་རབ་དག༷འི་ཏོག །འཛིམ་ལོའི་མན་ 15-1-499 ངག་སྙིང༷་པོ༷་འདི། །གསལ་བར་བཀོད་པའང་རྨད་དུ་བྱུང༌། །ཛ་མ་རིའི་ལུགས་ནོར་རྒྱུན་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་ རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། གནོད་སྦྱིན་བདག་པོ་ངལ་གསོས་པོའི། །སླས་ཀྱི་གཙོ་མོར་རབ་གྲགས་པའི། །གཉིས་ལས་ བ་ལང་རྫི་ཡི་ནི། །སྒྲུབ་ཐབས་སྙིང་པོ་བྲི་བར་བྱ། །རང་ཡི་དམ་དུ་གསལ་བའི་སྨིན་མཚམས་ནས་འོད་ འཕྲོས། ལྕང་ལོ་ཅན་ནས་ནོར་རྒྱུན་མ་བཛྲ་ས་མཱ་ཛཿ མདུན་དུ་འཁོད་པ་ནི། སྐུ་མདོག་སེར་ མོ་སྒེག་ཅིང་མཛེས་པ། ཕྱག་གཡས་པ་པི་ཙུ་རའི་འབྲས་བུ་དང༌། གཡོན་པས་རིན་པོ་ཆེའི་སྙེ་ མ་འཛིན་པ། གཏེར་གྱི་བུམ་པ་ཞབས་སྤྲད་པ། རིན་པོ་ཆེའི་ཆར་འབེབས་པའི་སྟེང་ན་མཉམ་ པར་བཞེངས་པ། བྱང་ཆུབ་ཀྱི་ཤིང་ལ་རྒྱབ་བསྟེན་པ། འདོད་འཇོའི་བ་མོའི་ཁྱུས་བསྐོར་བ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །མཆོད་བསྟོད་གཏོར་མ་འབུལ་བ་རྣམས་ནོར་རྒྱུན་ མ་རྩ་བའི་སྒྲུབ་ཐབས་བཞིན་བྱས། ༀ་ཛཾ་དྷི་ཀ་ཐ་མ་ནོ་ཧ་ར་སརྦ་བྷ་ན་པཊྚ་རཏྣོ་ཧཱུཾ་ཛྲུཾ་ཧཱུཾ་ཧཱུཾ་སྭཱཧཱ། ཞེས་ བཟླ། མཐར་གཤེགས་སུ་གསོལ། འདི་ལ་མཎྜལ་གྱི་ཚོམ་བུ་བཤམས་ནས། སློབ་དཔོན་ཉིད་ཀྱིས་གོང་བཞིན་ཉམས་སུ་བླངས་ ནས། སློབ་མ་ལ་བསྒོམ་ལུང་འབོགས་པ་ནི། སློབ་མ་རྗེས་འཛིན་གྱི་བྱ་བའོ། །གློ་བུར་དགོས་པའི་ལས་ཀུན༷་ལ། །རབ་ཏུ་དག༷འ་ བར་བསྔགས་པ་ཡི། །ནོར་རྒྱུན་བྲན་མོའི་སྒྲུབ་ཐབས་ཀྱི། །སྙིང༷་པོ༷་འདི་ཡང་ངོ་མཚར་ཆེ། །བ་ལང་རྫིའི་ནོར་རྒྱུན་མའི་སྒྲུབ་ ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། དབང་བྱེད་པདྨ་མཁའ་འགྲོ་མ། །ཕོ་ཉའི་ལས་བྱེད་གནོད་སྦྱིན་མོ། །དེ་ལ་བརྟེན་ནས་དེའི་སྒྲུབ་ ཐབས། །ཅུང་ཟད་ཙམ་ཞིག་བྲི་བར་བྱ། །སྐྱབས་སེམས་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་རང་ཉིད་ནོར་རྒྱུན་ མ་དམར་མོ་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་དང་བཀྲག་མདངས་ འབར་བ། ལྕགས་ཀྱུ་དང་ནེའུ་ལེ་བསྣམས་པ། རོལ་པའི་སྟབས་ཀྱིས་བཞུགས་པའོ། ༀ་མ་ ནོ་ཧ་ར་ཧ་ར། ༀ་ཨངྐུ་ཤ ཨངྐུ་ཤ ཧྲི་ཧྲི་ཧྲི། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས། མདུན་བསྐྱེད་དང༌། མཆོད་བསྟོད་བྱེད་ཚུལ་དང༌། སློབ་མ་ལ་ལུང་འབོགས་ཚུལ་རྣམས་བ་ལང་རྫིའི་ནོར་རྒྱུན་མའི་སྐབས་དང་འདྲའོ། །འདི་ཡང་ཀུན༷་ 15-1-500 དུ་ཟབ་པོ་ཞེས། །བསྔགས་ཤིང་རབ་དག༷འ་ལས་ཚོགས་ཅན། །སྙིང༷་ནས་སྒྲུབ་པར་འདོད་ན་ནི། །ཡིག་རྙིང་རྣམས་ལ་ཏེ་པོ༷ར་ གཟིགས། །ཡིད་འཕྲོག་ནོར་རྒྱུན་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། ། ༄༅། །ༀ་སྭཱ་སྟི། ཐུགས་ཀྱི་རྡོ་རྗེ་གསང་བའི་བདག །ཕྱག་ན་རྡོ་རྗེ་ལ་བཏུད་ནས། །གནོད་སྦྱིན་ཆེན་པོ་ཞང་འོན་ གྱི། །ཕྱི་ནང་གསང་གསུམ་སྒྲུབ་ཐབས་བཤད། །བྲིས་སྐུའི་མདུན་དུ་མཆོད་གཏོར་བཤམས་ལ། ཕྱག་ན་རྡོ་རྗེའི་ཁང་བུ་བརྩེགས་ པའི་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་བསྲུང་འཁོར་གཞལ་ ཡས་ཁང་དང་བཅས་པའི་ནང་དུ། འཁོར་ལོ་རྩིབས་བཞི་པ་དེའི་ལྟེ་བར་པདྨ་ཉི་མ་སྲིན་པོ་ ཕོ་མོ་བསྣོལ་བའི་གདན་ལ། ཧཱུཾ་མཐིང་ནག་ལས་གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་ཕྱག་ གཡས་ནོར་བུ་རིན་པོ་ཆེ་དང༌། གཡོན་གསེར་གྱི་བུམ་པ་རིན་པོ་ཆེས་གང་བ་འཛིན་པ། སྐུ་ མདོག་ནག་པོ་ཁྲོ་ཞིང་བརྗིད་པ། སྤྱན་གསུམ། མཆེ་བ་གཙིགས་ཤིང་ལྗགས་འགྲིལ་བ། སྨ་ ར་སྨིན་མ་དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། དར་ནག་གི་འཇོལ་བེར་གསོལ་ཞིང༌། སག་ ཏིའི་ལྷམ་གྱོན་པ། རིན་པོ་ཆེའི་དབུ་རྒྱན་དང༌། གསེར་གྱི་སྐེ་རགས་བཅིངས་པ། མི་མགོའི་དོ་ ཤལ་དང་བཅས་ཤིང༌། རྒྱན་སྣ་ཚོགས་ཀྱིས་བརྒྱན་ཞིང༌། མེ་དཔུང་འབར་བའི་དབུས་ན་རོལ་ པའི་སྟབས་ཀྱིས་བཞུགས་པའོ། །གཡོན་དུ་བྷྱོཿལས་ཡུམ་རྡོ་རྗེ་ཀུན་འགྲུབ་མ་སྐུ་མདོག་སྔོན་ མོ་ཕྱག་གཡས་པས་ཞལ་ཟས་གཙོ་ལ་སྟོབས་ཅིང༌། གཡོན་པས་ནད་རྐྱལ་འཛིན་པ། དར་ དཀར་གྱི་ན་བཟའ་དང༌། མགོ་བོའི་དོ་ཤལ་ཅན། སྐྲ་དམར་སེར་ཐུར་དུ་འཕྱང་བའོ། །རྩིབས་ བཞི་ལ་ཤར་དུ་ནོར་ལྷ་དཀར་པོ་དར་དཀར་གྱི་ན་བཟའ་དང༌། རིན་པོ་ཆེའི་རྒྱན་ཅན། གཡས་ ནོར་བུ་དང༌། གཡོན་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། བརྐྱང་བསྐུམ་གྱི་སྟབས་ཀྱིས་དྲི་ཟ་ཕོ་མོ་ བསྣོལ་བའི་གདན་ལ་བཞུགས་པ། ཞི་བའི་ཉམས་ཅན་ནོ། །ལྷོ་རུ་མགོན་པོ་ནག་པོ་ཤིན་ཏུ་ ཁྲོས་ཤིང་དར་ནག་མཐའ་ལྗང་ཅན་གསོལ་བ། སྦྲུལ་དང་མི་མགོས་བརྒྱན་པ། གཡས་ཙནྡན་ གྱི་བིང་ཆེན་དང༌། གཡོན་ལྕགས་པར་འཛིན་པར་བརྐྱང་བསྐུམ་གྱི་སྟབས་ཀྱིས་གཤིན་རྗེ་ཕོ་ 15-1-501 མོ་བསྣོལ་བའི་གདན་ལ་བཞུགས་པ། ནུབ་ཏུ་འབྲོག་གནས་དམར་པོ་ཞལ་ལྔ་སྟེ། དབུས་ སེང་གེ། གཡས་རྟ་དང་ལུག གཡོན་ར་དང་སྤྲེའུ། ཕྱག་དྲུག་དང་པོ་གཉིས་ཀྱིས་རིན་པོ་ཆེའི་ སྒྲོམ་བུ་འཛིན་པ། བར་པ་གཉིས་ཀྱིས་གསེར་གྱི་འཁོར་ལོ་དང་ཤིང་འབྲས་འཛིན་པ། ཐ་མ་ གཉིས་ཀྱིས་འབྲས་དང་སྨན་སྣ་ཚོགས་ཀྱིས་གང་བའི་སྣོད་འཛིན་པ། དར་དང་རིན་པོ་ཆེས་ བརྒྱན་པ། བརྐྱང་བསྐུམ་སྟབས་ཀྱིས་ཀླུ་ཕོ་མོ་བསྣོལ་པའི་གདན་ལ་བཞུགས་པ། བྱང་དུ་རྣམ་ སྲས་ལྗང་ཁུ་སྐུ་སྦོམ་ཞིང་བརྗིད་པ། དར་དང་རིན་པོ་ཆེའི་རྒྱན་དང་བསེའི་ཁྲབ་དང་རྨོག་ཞུ་ གསོལ་བ། གསེར་གྱི་རྟ་ལྕགས་དང༌། སྨན་སྣ་ནོར་བུས་གང་བའི་གཞོང་བ་བསྣམས་པ། རྟ་ ངང་སེར་ལ་ཆིབས་ཤིང༌། གནོད་སྦྱིན་ཕོ་མོ་བརྫིས་པའོ། །གལ་ཏེ་དེ་དག་ས་བོན་ལས་བསྐྱེད་ན། ཛཾཿཧཱུཾ་ ཀྵཾ་བེཾ་ཞེས་པ་རྣམས་ལས་བསྐྱེད་དོ། །གནས་གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་རྒྱས་བཏབ། གཙོ་ བོ་ལ་ཕྱག་ན་རྡོ་རྗེ་དང༌། འཁོར་རྣམས་ལ་རྡོ་རྗེ་རྩེ་ལྔ་པ་རེས་དབུ་བརྒྱན། ཨརྒྷཾ་ནས་ཤཔྟའི་བར་ གྱིས་མཆོད། དཔལ་ཆེན་རྡོ་རྗེ་བདུད་འདུལ་ནི། །གདུག་པ་འདུལ་ཞིང་བར་ཆད་སེལ། ཁྱོད་ཀྱིས་ འཕྲིན་ལས་ཀུན་སྒྲུབ་པ། །གནོད་སྦྱིན་འཁོར་དང་བཅས་ལ་བསྟོད། །དེ་ནས་བཟླས་པ་ནི། ཡི་དམ་གྱི་ སྔགས་ཀྱིས་ཅུང་ཟད་ཐོགས་དྲངས་ནས། ༀ་བཛྲ་རཏྣ་ཙིཏྟ་ར་ག་ར་གེ་ཧཱུཾ་ཕཊ། གཙོ་བོའི་སྔགས་སོ། །ༀ་བཛྲ་ རཏྣ་ཙིཏྟ་བནྡྷ་བདུད་མ་ཏིང་སྐྱོལ་ཏིང་ཏིང་ཛ་ཛཿ ཡུམ་གྱིའོ། །ༀ་བཛྲ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ཧྲི་ད་ཡ་ སྭཱཧཱ། ༀ་མཧཱ་ཀ་ལ་ཧ་ན་ཧ་ན་བཛྲེ་ཎ་སྭཱཧཱ། ༀ་མཧཱ་ཡཀྵ་པཉྩ་དེ་བ་རཱ་ཛ་ཡ་སྭཱཧཱ། ༀ་བཻ་ཤྲ་མ་ ཎ་ཡེ་སྭཱཧཱ། ཞེས་བཟླས་ཞིང༌། གཏོར་ཆོག་ནི་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ལ། སྙིང་པོའི་མཐར་ཨི་དཾ་བཱ་ལིང་ ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། ས་མ་ཡ་སྭཱཧཱ། ཞེས་བཏགས་ཤིང༌། འཁོར་རྣམས་ལ་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཅིག་པུ་བཏགས་པས་འབུལ། མཆོད་བསྟོད། མཆོད་སྦྱིན་ གཏོར་མ་འདི་བཞེས་ལ་སོགས་ཀྱི་འདོད་དོན་ཞུ། རྗེས་ཀྱི་བྱ་བ་སྤྱི་དང་འདྲ། འདི་དཀྱུས་ཀྱི་ཉམས་ལེན་ལྟར་ཡིན། ཕྱི་ སྒྲུབ་ཁོ་ན་ལྟར་ན། ཡུམ་མི་བསྐྱེད་པར་གཙོ་འཁོར་ལྔས་ཆོག་གོ །གཙོ་བོའི་ཕྱག་གཡས་ཀྱི་ཕྱག་མཚན་ནོར་བུས་མཚན་པའི་བེ་ 15-1-502 ཅོན་བྱེད་པའང་ཡོད་དོ། །ནང་སྒྲུབ་ནི་གཞན་འདྲ་བ་ལས། འཁོར་བཞི་མི་བསྐྱེད་པར་རྡོ་རྗེ་བདུད་འདུལ་སྐུ་ མདོག་མཐིང་ནག་རབ་ཏུ་ཁྲོས་པ་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་དང༌། གཡོན་ཐོད་པ་ཁྲག་གང་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་སྲིན་པོ་ཕོ་མོ་ མནན་པ། ཆ་ལུགས་གོང་དང་འདྲ། ཡུམ་ཡང་སྔ་མ་བཞིན་བསྐྱེད་དེ་ལྕམ་དྲལ་གཉིས་སུ་སྒྲུབ་པ་ཡིན་ནོ། །གསང་སྒྲུབ་ལྟར་ ན། སྐུ་མདོག་མཐིང་ནག ནག་དཀར་དམར་བའི་ཞལ་གསུམ་མཆེ་བ་གཙིགས་ཤིང་དབུ་སྐྲ་ གྱེན་དུ་བརྫེས་པ། ཕྱག་དྲུག་གཡས་གསུམ་ན་རྩེ་གསུམ། དབྱུག་པ་རལ་གྲི། གཡོན་གསུམ་ ན་ཐོད་པ་ཞགས་པ་ལྕགས་ཀྱུ་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་དགྲ་བགེགས་ཐམས་ ཅད་མནན་པ། རྒྱན་ཆ་ལུགས་གོང་དང་འདྲ། ཕྱོགས་བཞིར། ཀྵ་ལས་གནོད་སྦྱིན་བཞི་སྟེ། གཡས་ སུ་རྣོན་པོ་ནག་པོ་དགྲ་སྟ་རལ་གྲི་ནད་རྐྱལ་ཞགས་པ་རྣམས་འཛིན་པ། གཡོན་དུ་ཀུན་གྱིས་ འཇིགས་བྱེད་དམར་སེར་དར་ནག་རལ་གྲི་ནད་རྐྱལ་ཞགས་པ་འཛིན་པ། རྒྱབ་ཏུ་ཉི་མ་མིག་ དམར་ནག་གྲི་གུག་ཞགས་པ་ནད་རྐྱལ་ཐོད་ཁྲག་འཛིན་པ། མདུན་དུ་ཡུམ་རྡོ་རྗེ་ཀུན་འགྲུབ་ མ། གོང་བཞིན། དེ་རྣམས་མེ་ལྷ། སྲིན་པོ། རླུང་ལྷ། དབང་ལྡན་རྣམས་བསྒྱེལ་བའི་གདན་ལ་ བཞུགས་པ། གནོད་སྦྱིན་ཕོ་གསུམ་ཆར་ཡང་ཕྱག་བཞི་པ། ཐམས་ཅད་ཀྱང་ཞི་མ་ཁྲོ་སྦྲུལ་ དང་རིན་པོ་ཆེས་བརྒྱན་པའོ། །གནོད་སྦྱིན་དེ་གསུམ་གྱི་རིགས་སྔགས་ནི་རིམ་པས། ༀ་བཛྲ་མཧཱ་ཡཀྵ་ཡ་ཨ་ ཀ་ཏྲི་སྐྱོལ་ཛ་ཛཿ ༀ་བཛྲ་ཡཀྵ་ཙཀྲ་དུན་དུན་ཛ་ཛཿ ༀ་མཧཱ་ཛྙཱ་ན་ནཱ་ག་རཱ་ཛ་ཧ་ཧ་རྦད་རྦད་ས་ མ་ཡ་ཛ་ཛཿ ཞེས་སོ། ། རྗེས་གནང་གི་བྱ་བ་ནི། ཡི་གེ་རྙིང་མ་རྣམས་ན། རྙིང་མའི་ལུགས་ཀྱི་བྱིན་རླབས་དབང་གི་ཚུལ་ཅན་འདྲ་མིན་སྣ་ཚོགས་ ཞིག་འདུག་ནའང༌། དེང་སང་ལག་ལེན་གྱི་རྒྱུན་མེད་ལ། ད་ལྟར་གསར་མ་དང་མཐུན་པའི་རྗེས་གནང་ལ་ཕྱག་ལེན་མཛད་དེ། སྒོམ་དོན་དང་མཐུན་པའི་དཀྱིལ་འཁོར་རམ། པདྨ་འདབ་བརྒྱད་ཙམ། བསྡུ་ན་ཚོམ་བུས་ཀྱང་རུང་སྟེ། སྟེང་དུ་གཏོར་མ་རྡོ་རྗེ་ཕྱེད་ པའི་རྣམ་པ་ཅན་བཀོད། མཐའ་མཆོད་གཏོད་གྱིས་བསྐོར། བདག་བསྐྱེད་མདུན་བསྐྱེད་གཏོར་ཆོག་ཡན་སོང་མཚམས། སློབ་ 15-1-503 མས་མཎྜལ་ཕུལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །དཔལ་ཆེན་རྡོ་རྗེ་བདུད་འདུལ་གྱི། ། སྐུ་གསུང་ཐུགས་ཀྱི་རྗེས་གནང་དང༌། །བྱིན་གྱིས་བརླབ་པ་སྩལ་དུ་གསོལ། །ཞེས་ལན་གསུམ་ གསོལ་བ་བཏབ། སློབ་དཔོན་ཕྱག་རྡོར་དང༌། མདུན་བསྐྱེད་གནོད་སྦྱིན་འཁོར་བཅས་གསལ་བཏབ་ནས་རྒྱུན་བཤགས་བྱ། སློབ་མ་གནོད་སྦྱིན་འཁོར་བཅས་སུ་བསྐྱེད་ལ། གནས་གསུམ་བྱིན་གྱིས་བརླབས། ལྕང་ལོ་ཅན་ནས་འཁོར་བཅས་སྤྱན་དྲངས་ ལ་བསྟིམ། རོལ་མོ་བྱ། སྐུའི་རྗེས་གནང་ངོ༌། །བཟླས་ལུང་བྱིན་རླབས་ཀྱི་ལུང་དང་བཅས་པ་སྤྱི་དང་མཐུན་པར་སྦྱིན། གསུང་གི་ རྗེས་གནང་སྟེ། དེ་གཉིས་ལ་ཕྱིའི་རྗེས་གནང་ཞེས་བྱ། ཕྱག་མཚན་བསྟིམ་པ་ཐུགས་ཀྱི་རྗེས་གནང་ཞེས་བྱ། གཏོར་མ་མགོ་ཐོག་ ཏུ་བཞག་ལ། བཀའ་བསྒོ་དྲག་ཏུ་བྱ། མཐར། ཧཱུཾ་མགོན་པོ་རྡོ་རྗེ་བདུད་འདུལ་ནི། །ཐུགས་རྗེའི་སྟོབས་ ཀྱིས་གདུག་པ་འདུལ། །གཞོན་ནུ་དཔའ་བོ་ཁྲོས་པའི་སྐུ། ཁྲོ་བོའི་རྒྱལ་པོས་དབང་བསྐུར་ རོ། །ལྷ་ཐམས་ཅད་ཀྱི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལས་འོད་ཟེར་འཕྲོས། སློབ་མའི་ གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལ་ཐིམ། ལུས་ཐམས་ཅད་འོད་ཟེར་དཀར་དམར་མཐིང་ གསུམ་གྱིས་གང་བས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ། གསང་བའི་རྗེས་ གནང་ངོ༌། །སྙིང་གའི་འོད་ཟེར་གྱིས་སྣོད་བཅུད་བསྡུ་བའི་དམིགས་པ་ཕོག་སྟེ། དེ་ཁོ་ན་ཉིད་ཀྱི་ རྗེས་གནང་ངོ༌། །རྗེས་ཀྱི་བྱ་བ་སྤྱི་དང་འདྲ། ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་གསུམ་སོ་སོར་དོན་དུ་གཉེར་བ་ལ་དེ་དང་དེ་སྦྱིན་ཞིང་ ཐམས་ཅད་དོན་དུ་གཉེར་ན། མདུན་བསྐྱེད་ཀྱི་སྐབས་ཕྱི་ནང་གསང་གསུམ་གྱི་གཙོ་བོ་རྣམས་གསུམ་སྒྲིགས་སུ་བསྐྱེད། ཕྱི་སྒྲུབ་ ཀྱི་འཁོར་བཞི་དཀྱུས་ལྟར་དང༌། གསང་སྒྲུབ་ཀྱི་འཁོར་བཞི་དེའི་ཕྱི་རིམ་ལ་འགོད། ཐུན་མོང་དུ་མཆོད་གཏོར་སོགས་ཕུལ་ནས། སློབ་མའི་བྱ་བའི་སྐབས། སློབ་མ་ཡང་མདུན་བསྐྱེད་བཞིན་དུ་བསྐྱེད། བཟླས་ལུང་གི་སྐབས་ཕྱི་སྒྲུབ་ལྷ་ལྔའི་སྔགས་སོང་བའི་ རྗེས་ལ། གསང་སྒྲུབ་ཀྱི་འཁོར་བཞིའི་སྔགས་སྦྲེལ་ནས་བཟླས་ལུང་བྱེད། མཎྜལ་ལ་ཚོམ་བུ་སོ་སོར་འགོད། གཏོར་མ་གཅིག་ གིས་ཆོག་པས་གཏོར་དབང་ཡང་གཅིག་གིས་ཆོག་གོ །གནོད་སྦྱིན་རྡོ་རྗེ་བདུད་འདུལ་གྱི། །སྒྲུབ་ཐབས་ཀུན༷་ཏུ་དགའ་བ་འདི། ། སྙིང༷་པོ༷་ལེན་པ་ལ་མོས་ཤིང༌། །ཚིག་ཚོགས་གཙོར་མི་བྱེད་ལ་འོས། །གནོད་སྦྱིན་རྡོ་རྗེ་བདུད་འདུལ་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ ནོ།། །།དར་རྒྱས་འཕེལ། ། 15-1-504 ༄༅། །ༀ་སྭཱ་སྟི། གནོད་སྦྱིན་ནོར་གྱི་དབང་ཕྱུག་གི །ཐུགས་ཀྱི་རྣམ་འཕྲུལ་ལས་མཁན་མཆོག །གཞན་གྱིས་མི་ ཐུབ་སྒྲུབ་ཐབས་ནི། །རྗེས་གནང་དང་འབྲེལ་མདོ་ཙམ་བྲི། །མདུན་དུ་མཎྜལ་དཀར་པོ་པདྨ་འདབ་བརྒྱད་ལ་ཚོམ་བུ་གཅིག་ བཀོད། མཐའ་མཆོད་གཏོར་གཙང་མས་བསྐོར། ཕྱག་ན་རྡོ་རྗེའི་བདག་བསྐྱེད་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་ པའི་ངང་ལས་བྷྲུཾ་ལས་བྱུང་བའི་གཞལ་ཡས་ཁང་སྒོ་གཅིག་པ། དེའི་དབུས་སུ་པཾ་ལས་པདྨ་ ཨ་ལས་ཟླ་བ་ལ་ཧྲཱིཿཡིག་འོད་ཀྱི་འཕྲོ་འདུ་ལས། གནོད་སྦྱིན་ཆེན་པོ་གངས་རིའི་མདོག་ཅན། གཞོན་ནུའི་ལུས་ལ་སྡང་མིག་དམར་བ། ཕྱག་གཡས་ལྕགས་ཀྱུ་དང༌། གཡོན་གཏེར་གྱི་བུམ་ པ་འཛིན་པ། དར་དཀར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཕྱག་རྒྱ་བཅས་ལ། རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། རི་རབ་ཀྱི་བྱང་ཤར་ནས། གནོད་སྦྱིན་ གཞན་གྱི་མི་ཐུབ་པ་འཁོར་བཅས་བཛྲ་ས་མཱ་ཛཿ དབང་བསྐུར་སྤྱི་དང་མཐུན་པ་ལས། མི་བསྐྱོད་པས་ དབུ་བརྒྱན། ༀ་ཧྲིཾ་ཛ་ཨ་པ་ར་ཛི་ཏ་ཛ་ཛཿ ཞེས་ཅི་ནུས་བཟླས། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པ་ལས། འབྲུ་ གསུམ་མང་དུ་བརྗོད། གཏོར་མ་བྱིན་རླབས་རྣམ་སྲས་ལྗང་ཁུ་སེང་ཞོན་གྱི་སྐབས་བཞིན་བྱ། སྙིང་པོ་ལ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ ཁཱ་ཧི་སྭཱཧཱ། ཞེས་བཏགས་པ་ལན་བདུན་གྱིས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། དཔལ་ལྡན་རྒྱལ་པོ་རྣམ་ཐོས་ སྲས། །དེའི་བང་མཛོད་ལྡེ་མིག་འཛིན། །ནོར་བདག་ཆེན་པོ་རིན་ཆེན་སྦྱིན། །འབྱོར་པ་སྤེལ་ བྱེད་ཁྱོད་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་སྤྱི་དང་འདྲ། །སློབ་མ་ཁྲུས་བྱས་མཎྜལ་ འབུལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། བླ་མ་རྗེ་བཙུན་བདག་ལ་དགོངས་སུ་གསོལ་བདག་ མིང་འདི་ཞེས་བགྱི་བ་ལ། གནོད་སྦྱིན་གཞན་གྱིས་མི་ཐུབ་པའི་དངོས་གྲུབ་ཀྱི་རྗེས་སུ་གནང་ བ་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་མ་ལ་དར་དཀར་གྱིས་གོས་བསྐོན། སྟོང་པར་སྦྱངས་ པ་ནས་རིགས་བདག་གི་བར་སྒྲུབ་པའི་ཐབས་ལྟར་དམིགས་པ་ཕོག སློབ་མའི་ལག་ཏུ་རིན་པོ་ཆེའི་འཕྲེང་བ་གཏད་དེ། བཟླས་ ལུང་སྤྱི་དང་མཐུན་པར་སྦྱིན། གཏོར་མ་སྤྱི་བོར་བཞག་སྟེ། བཀའ་བསྒོ་དྲག་ཏུ་བྱ། སློབ་མ་དེ་འདིའི་བསྙེན་སྒྲུབ་བྱེད་ངེས་ཡིན་ ན། དམ་ཚིག་བསྲེ་ཞིང་བྲོ་དགག་པའི་ཕྱག་ལེན་ཀྱང་ཡོད། རྗེས་ཀྱི་བྱ་བ་རྣམས་སྤྱི་དང་འདྲ་བ་ལ། སློབ་མས་དར་དཀར་པོའམ་ 15-1-505 སེར་པོའི་ཡོན་དབུལ་བར་བྱའོ། །འདིའི་སྒྲུབ་ཚུལ་ནི། རྒྱུད་དང་མན་ངག་རྒྱས་པ་རྣམས་སུ་ཤེས་པར་བྱའོ། །རབ་ཟབ་སྟག་ལུང་ ཐང་པ་ཡི། །ཐུགས་དམ་ལྷ་དྲུག་ནང་ནའང་བཞུགས། །ཀུན༷་ཏུ་རྒྱས་པའི་ཡིག་ཆ་ལས། །རབ་དག༷འི་སྙིང༷་པོ༷་མདོ་ཙམ་བསྡུས། ། གནོད་སྦྱིན་ཨ་པ་ར་ཛི་ཏའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། འཇིག་རྟེན་མགོན་དང་ཧེ་རུ་ཀ །རཱ་ཧུ་ལ་དང་མར་མེ་མཛད། །བླ་མ་ཡི་དམ་ལ་བཏུད་ནས། ། ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་བཤད། །ཚོགས་བདག་ཆགས་པ་རྡོ་རྗེ་སྒྲུབ་པར་འདོད་པས། མདུན་དུ་མཎྜལ་དཀར་པོ་ཟླུམ་ པོ། དབུས་སུ་པདྨ་འདབ་བརྒྱད་ཀྱིས་མཚན་པ། སྟེགས་བུ་གྲུ་བཞི་ལ་ཙནྡན་དཀར་པོ་དང༌། གི་ཧཾ་བསྲེས་པས་བྱུགས། མཎྜལ་ གྱི་དབུས་སུ་བུམ་པ་དཀར་པོ་ནང་རྫས་ཅན་བཤམ། མཐར་མཆོད་གཏོར་གྱིས་བསྐོར། ཙ་ཀ་ལི་དང་ལ་དུ་ལ་ཕུག་སོགས་ཀྱང་ བཤམ། བདག་བསྐྱེད་སྤྱན་རས་གཟིགས་སམ། དགྱེས་རྡོར་གང་རུང་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ ལས་རང་གི་མདུན་དུ་གཾ་དཀར་པོ་ལས་ཚོགས་ཀྱི་བདག་པོ་རྩ་ཞལ་གླང་པོ་ཆེའི་གདོང་པ་ ཅན། གཡས་བྱི་ལའི་གདོང༌། གཡོན་སྤྲེའུའི་གདོང་པ་ཅན། ཕྱག་གཡས་གསུམ་ལ་ཕུག་ནོར་ བུ་རལ་གྲི། གཡོན་ལ་དུ་ཆང་སྣོད་དགྲ་སྟ་འཛིན་པ། ཞབས་མདུན་མ་གཉིས་བསྣོལ་ཞིང༌། རྒྱབ་མ་གཉིས་གཡས་བསྐུམ་གཡོན་བརྐྱང་པའི་སྟབས་ཅན། གཅེར་བུ་རིན་པོ་ཆེའི་རྒྱན་ དང༌། པདྨའི་ཚངས་སྐུད་ཅན། འོག་ཏུ་ཡུམ་དཀར་ལ་དམར་བའི་མདངས་ཅན་གཅེར་བུ་རིན་ པོ་ཆེས་བརྒྱན་པ། སྤྲེའུའི་གདོང་ཅན་ཨུཏྤལ་སྔོན་པོའི་ཚངས་སྐུད་ཅན། ཕྱག་གཉིས་ཀྱིས་ གཙོ་བོའི་ཞབས་གཉིས་བརྟེན་ཞིང༌། ཞལ་གྱིས་གསང་བའི་རྡོ་རྗེ་འཇིབ་པ། ཞབས་གཉིས་ བགྲད་པ། ཕོ་ཉ་དང་ཕྱག་བརྙེན་མོ་སྤྲེའུའི་ལུས་ཅན་གྱིས་བརྟེན་པ། སྐུའི་འོག་དང་གཡས་ གཡོན་དུ་གཏེར་གྱི་བུམ་པ་ཅན། མཐའ་བསྐོར་དུ་བཀྲ་ཤིས་རྟགས་བརྒྱད་དང༌། རྫས་བརྒྱད་ དང༌། རྒྱལ་སྲིད་རིན་པོ་ཆེའི་སྣ་བདུན་གྱིས་བསྐོར་བ། ཐུགས་ཀར་སྔགས་འཕྲེང་ས་བོན་དང་ བཅས་པ། དཔྲལ་བར་ༀ། མགྲིན་པར་ཨཱཿ ལྟེ་བར་ཧཱུཾ། ཐུགས་ཀའི་སྔགས་འཕྲེང་ས་བོན་ ལས་ཡིད་བཞིན་གྱི་ནོར་བུའི་རྒྱུན་བབས། གསང་བ་ནས་བརྒྱུད། ཡུམ་གྱི་ཞལ་དུ་ཞུགས། 15-1-506 སྐུའི་དབྱིབས་བརྒྱུད་གསང་བ་ནས་བབས། བུམ་པ་གང༌། དེ་ལས་ལུད་དེ་གནས་ཁང་གང་ བར་གྱུར། མཆོད་པ་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ཏེ་སྤྱི་དང་མཐུན་པར་འབུལ། ཤེལ་གྱི་རི་བོ་ལྟ་ བུའི་སྐུ། །འཕོངས་སེལ་འབྱོར་བ་ཀུན་གྱི་བདག །ཚོགས་རྗེ་ཚོགས་བདག་བགེགས་ཀྱི་གཙོ། འཁོར་བཅས་རྣམས་ལ་བསྟོད་པ་འབུལ། །ༀ་ག་ག་ན་པ་ཏི་མ་མ་རཏྣ་སིདྡྷི་ག་ག་ག་ག་ག་ག་ ག་ག །ག་ན་པ་ཏི་སྭཱཧཱ། ཞེས་བཟླ། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ བྷྲཱུཾ་ལས་གཏོར་སྣོད་དུ་གཏོར་མ་བདུད་རྩིར་བསྐྱེད། ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། ༀ་ག་ན་པ་ ཏི་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་ཕུལ། གོང་བཞིན་མཆོད་བསྟོད་དང༌། མཆོད་སྦྱིན་གཏོར་མ་ འདི་བཞེས་ལ། །སོགས་འདོད་དོན་གསོལ་བ་བཏབ། སློབ་མའི་བྱ་བ་ནི། སྐྱབས་སེམས་ཡན་ལག་བདུན་པ་རྣམས་བྱས་ལ། སློབ་མ་ཚོགས་བདག་ཏུ་བསྐྱེད། སྔགས་ཀྱི་བཟླས་ ལུང་སྤྱི་དང་མཐུན་པར་སྦྱིན། ལ་ཕུག་ལག་པ་གཡས་པ་དང༌། ལ་དུ་ལག་པ་གཡོན་དུ་གཏད། མཎྜལ་སྤྱི་བོར་བཞག་ལ་བཀའ་ བསྒོ་དྲག་ཏུ་བྱ། རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲའོ། །རྒྱུན་གཏོར་ཙམ་དང་ཉེར་འབྲེལ་བའི། །སྒྲུབ་ཐབས་རྗེས་གནང་དང་བཅས་འདི། ། ཀུན༷་ནས་མཁོ་བའི་ཡིད་དག༷འི་གནས། །ཡི་གེ་བྱས་པའི་སྙིང༷་པོ༷་ཡིན། །འཇུར་འགེགས་སེལ་བའི་ཚོགས་བདག་གི་སྒྲུབ་ཐབས་ ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། འཇིག་རྟེན་དབང་ལ་གུས་བཏུད་ནས། །ཚོགས་བདག་དཀར་པོ་སྒྲུབ་པའི་ཐབས། །ཇོ་བོ་རྗེ་ཡི་ མན་ངག་བཞིན། །མདོ་ཙམ་བདག་གིས་བྲི་བར་བྱ། །བག་ཕྱེ་ལ་མར་དང་སྤོས་དང་སྦྲང་རྩི་བཏབ་པ་ལ། ལ་དུའི་ཚུལ་གྱི་རིལ་བུ་ མང་དུ་བཤམ། སྣོད་གཙང་མ་གཞན་ཞིག་ཆུ་གཙང་གི་གསུམ་གཉིས་ཙམ་བཀང༌། མེ་ཏོག་ལ་སོགས་པ་མཆོད་པ་སྤྱི་མཐུན་དུ་ བཤམ་ཞིང༌། རྟེན་ཡོད་ན་དགྲམ། ཡི་དམ་ཀྱི་མངོན་རྟོགས་སྔོན་དུ་སོང་བས། རང་གི་མདུན་དུ་པད་ཟླའི་གདན་ལ་ ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། ཕྱག་གཡས་གཉིས་ན་ལ་ཕུག་དང་འཕྲེང་ བ་ཅན། གཡོན་གཉིས་ན་ནེའུ་ལེ་དང་དགྲ་སྟ་འཛིན་པ། གསུས་པ་འཕྱང་བ་རིན་པོ་ཆེའི་རྒྱན་ དང༌། སྟག་ལྤགས་ཀྱི་སྟོད་གཡོགས་སྨད་གཡོགས་གསོལ་བ། རལ་པའི་ཐོར་ཚུགས་ཅན། 15-1-507 སྣ་ཤལ་དམར་བ་གཡས་བརྐྱང་གི་རོལ་པས་བཞུགས་པ། བྱི་བ་ལ་གནས་པའམ། རྒྱབ་ བརྟེན་པའོ། །རིལ་བུ་རྣམས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ༀ་ཨཱཿཧཱུཾ། ཞེས་མཐེབ་སྲིན་གཡས་པས་རིལ་བུ་ རྣམས་རིམ་པས་ཆུ་ནང་དུ་བསྐྱུར་བས་རྣ་ཤལ་གྱིས་བླངས་ཤིང་གསོལ་བར་བསམས་ལ། ཉེར་གཅིག་སོགས་གང་ནུས་སུ་ཕུལ། དེ་ནས་བཟླས་པ་ནི། ༀ་བྷྲུཾ་ག་ཎ་པ་ཏི་སྭཱཧཱ། ཞེས་དང༌། ༀ་བྷ་ར་ཀ་ཏ་ཡེ་སྭཱཧཱ། ཞེས་པ་དང༌། ༀ་ཝ་ཀ་ཏེ་ དཾཥྚཾ་བྷིན་ད་ཧཱུཾ་ཕཊ། ཞེས་པ་རྣམས་གང་རུང་ཅི་ནུས་བཟླས་པའི་མཐར། ༀ་བྷྲུཾ་ག་ཎ་པ་ཏི་རཏྣ་སིདྡྷི་སྭཱཧཱ། ཞེས་པའང་ཅུང་ཟད་བཟླའོ། །མཐར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ལྷ་ཡི་རྒྱལ་པོ་ལྷ་མིན་འཇོམས། ། མཐའ་དག་བགེགས་ལ་དབང་བསྒྱུར་བ། །གངས་རིའི་མདོག་ལྟར་རབ་ཏུ་དཀར། །ཚོགས་ རྗེ་གཟི་བརྗིད་འབར་ལ་བསྟོད། །བདག་གི་མཐུན་རྐྱེན་སྒྲུབ་པའི་ཡོན་བདག་མཛོད་ཅིག ཅེས་ དྲག་ཏུ་གསོལ་བ་བཏབ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་མི་དམིགས་པར་སྦྱངས། ལུང་འབོགས་ཚུལ་ནི། རྗེས་གནང་ སྤྱི་དང་འདྲ་བར་བྱེད་པའང་ཡོད་ལ། ཡང་སློབ་མའི་མཆོད་པའི་ཡོ་བྱད་རྣམས་བཤམས། གསོལ་བཏབ་ཡན་ཆད་ཚར་བའི་རྗེས་ ལ། སློབ་མ་ལ་བསྒོམ་ལུང་ཕོག་ནས། སྔགས་ལ་རྗེས་ཟློས་བྱེད་པ་ཉིད་ཡིན་ནོ། ཁྱུང་པོ་རྣལ་འབྱོར་གྱི་ཞལ་ནས། མི་ཡི་ཡོན་ བདག་ངོ་བསྲུང་དཀའ། །ལྷ་ཡི་ཡོན་བདག་བསྒྲུབ་པར་བྱའོ། །ཞེས་དགེ་བཤེས་དཀོན་མཆོག་མཁར་ལ་གནང༌། དེ་ནས་ཕག་གྲུ་ ལས་བརྒྱུད་པའི་གསུང་བསྒྲོས་ལས་འབྱུང་ངོ༌། །དཀའ་ཚེགས་ཆུང་ཞིང་ཀུན༷་ནས་ཟབ། །གོང་མའི་ཕྱག་ལེན་བརྒྱུད་བཅས་འདི། ། དག༷འ་བར་མཐོང་ནས་འབད་དེ་ཞུས། །སྙིང༷་པོ༷་ཙམ་ཞིག་ཡི་གེར་བྱས། །ཚོགས་བདག་ཇོ་བོ་ལུགས་བསྡུས་པའི་སྒྲུབ་ཐབས་ཀྱི་ ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། གསང་བདག་ལ་སོགས་ཡེ་ཤེས་ཀྱི། ཁྲོ་བོ་ཀུན་ལ་བཏུད་བྱས་ནས། །ཚོགས་ཀྱི་བདག་པོ་སྒྲུབ་ ཐབས་ནི། །མདོ་ཙམ་རབ་ཏུ་བཤད་པར་བྱ། །བདེ་མཆོག་གམ་ཕྱག་ན་རྡོ་རྗེའི་བདག་བསྐྱེད་སྔོན་དུ་སོང་ནས། བྲིས་སྐུའི་མདུན་ དུ་དམ་རྫས་རྣམས་ཚོགས་པར་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་གཞལ་མེད་ཁང་ འཁོར་ལོ་རྩིབས་བརྒྱད་པའི་གདན་དང་བཅས་པ། ལྟེ་བར་གཾ་ལས་ཚོགས་བདག་དམར་པོ། ཕྱག་བཞིའི་གཡས་ལ་ཕུག་དང་དགྲ་སྟ། གཡོན་ལ་དུ་དང་འཕྲེང་བ་འཛིན་པ། བྱི་བ་སྔོན་པོ་ 15-1-508 ལ་ཆིབས་ཤིང༌། གཏེར་གྱི་བུམ་པ་ལ་ཞབས་བརྟེན་པ། ཐུགས་ཀར་གཾ །རྩིབས་བརྒྱད་ལ་ རང་དང་འདྲ་བའི་སྤྲུལ་པ་རེ་རེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རི་རབ་ཀྱི་རྩེ་མོ་ནས་ ཚོགས་བདག་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ༀ་ག་ན་པ་ཏི་ས་མ་ཡ་སྟྭཾ། སྤྱི་བོར་རྡོ་རྗེ་བཞག ཨ་ མྲྀ་ཏས་ཕྱི་འབྲང་གི་བགེགས་བསྐྲད། ༀ་རཏྣ་རཏྣ་རཏྣོ་རཏྣོ། ག་ཎ་པ་ཏི། ག་ག་ག་ག་ག་ག་ག་ག །ག་ ན་པ་ཏི། ཙུ་རུ་ཙུ་རུ། མ་ནུ་པ་ཏྲ། རུ་རུ་རུ་རུ། ག་ག་ཏ་ཡ། ག་ཎ་པ་ཏི་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་ བཟླས། གཏོར་མ་དང་མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། སྙིང་པོའི་མཐར་ཨ་ཀཱ་རོ་བཏགས་པས་གཏོར་མ་ ཕུལ། མཆོད་བསྟོད་འདོད་དོན་གསོལ་བཏབ་སོགས་ཚོགས་བདག་གཞན་དང་མཐུན་ནོ། །འདི་ནི་དཔལ་ཆེན་རྒ་ལོ་ནས་བརྒྱུད་ པ་སྟེ། སྐུ་མདོག་དཀར་པོ་བྱས་ཀྱང་རུང༌། གཙོ་བོར་དབང་གི་ལས་ཀྱི་ཁ་དོག་ཏུ་བྱའོ། །འདི་བསྒོམ་ལུང་ཁོ་ནས་འགྲུབ་བོ། །ནམ་ མཁའ་མཉམ་པའི་རྒྱུད་ཆུང་ལས། །ཀུན༷་ཏུ་གསལ་བར་བསྟན་པ་ཡི། །རབ་དག༷འ་སྒྲུབ་ཐབས་སྙིང༷་པོ༷་འདི། །ཕག་གྲུའི་གསུང་ དང་མཐུན་པར་འདོད། །ཚོགས་བདག་དམར་པོ་ཕྱག་བཞི་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །སོག་མ་མེད་ཀྱི་སྒྲུབ་ཐབས་སོ། ། ༄༅། །ༀ་སྭཱ་སྟི། འཇིག་རྟེན་མགོན་པོ་སངས་རྒྱས་དང༌། །ཕྱག་ན་རྡོ་རྗེའི་ཞབས་པད་ལ། །བཏུད་ནས་སོག་མ་ མེད་ཅེས་པ། །སྔགས་བདག་སྒྲུབ་ཐབས་བྲི་བར་བྱ། །ཕྱག་ན་རྡོ་རྗེའི་བདག་བསྐྱེད་སྔོན་དུ་འགྲོ་བས། དཀར་གཏོར་དང་མཆོད་ པ་བཤམ། རང་གི་མདུན་དུ་པད་ཟླ་ལ་ཕུཿཡིག་ལས། ཀླུ་རྒྱལ་སོག་མ་མེད་གསེར་མདོག་སྦྲུལ་ མགོའི་གདེངས་ཀ་བདུན་དང་ལྡན་པ། ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་བདུད་རྩིས་གང་ བ་ཐུགས་ཀར་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང་ལྟེ་བ་མན་ཆད་སྦྲུལ་འཇུག་ཏུ་ འཁྱིལ་བ། བུ་དང་ཆུང་མ་ལ་སོགས་པའི་གཉེན་འདུན་དང་འཁོར་གཡོག་དྲུག་ཁྲི་དང་བཅས་ པ་བཞུགས་པར་གྱུར། རང་གི་སྙིང་ག་ནས་འོད་འཕྲོས། བྱང་ཕྱོགས་ནས་ཀླུ་རྒྱལ་སོག་མ་ 15-1-509 མེད་འཁོར་དང་བཅས་པ་ༀ་ནཱ་ག་རཱ་ཛ་ས་པཱ་རི་ཝཱ་ར་ཛཿ ཛཿཧཱུཾ་བཾ་ཧོཿ ༀ་ནཱ་ག་རཱ་ཛ་ས་མཱ་ ཡ་སྟྭཾ། སྤྱི་བོར་རྡོ་རྗེ་བཞག་པར་མོས། ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་བསྟན་ལ། ༀ་ཧི་ལི་ཧི་ལི་མཧཱ་ཧི་ལི་ཕྲུཾ་ཕུ་ སྭཱཧཱ། ཞེས་ལན་གསུམ། ༀ་ཕུཿཕུཿཕུ་ཏ་ཕུ་ཏ་མཧཱ་ཀྲོ་དྷ་ཧཱུཾ། སིདྡྷི་སིདྡྷི་སྥོ་ཊ་ཡ་ཧཱུཾ་ཕཊ་སྭཱཧཱ་ཞེས་ཅི་ནུས་ སུ་བཟླས། མཐར་ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས་སུ་བཤད་པ་ལྟར་གཏོར་མ་བྱིན་གྱིས་བརླབས་ནས་སྔགས་ཀྱི་མཐར། ཨི་ དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གཙོ་བོ་དང༌། ༀ་བྷཀྵ་ཡ། བྷཀྵ་ཡ། ས་མཱ་ཡ་ཏིཥྛ། ཛྲུཾ་ཕྲུཾ་ཕུ་ཧཱུཾ་ སྭཱཧཱ། ཞེས་པས་འཁོར་ལ་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཀླུ་ཡི་རྒྱལ་པོ་སོག་མ་མེད། །སངས་ རྒྱས་སྟོང་གི་འཕྲིན་ལས་པ། །གཞོན་ནུ་གཏུམ་པོ་སྦྲུལ་མགོ་ཅན། །སྔགས་བདག་སྐུ་ལ་ཕྱག་ འཚལ་བསྟོད། །འདོད་དོན་གསོལ་བ་བཏབ་ལ། ༀ་མུཿ ཞེས་སྤྱན་དྲངས་པ་རང་གནས་སུ་གཤེགས། བསྐྱེད་གཞི་མི་ དམིགས་པར་སྦྱངས། བྲིས་སྐུ་ཡོད་ན་རབ་གནས་བྱའོ། །འདི་ལ་རིག་གཏད་བྱེད་པའི་ལག་ལེན་ཡོད་པར་གདའ་ནའང༌། སྒོམ་ ལུང་ཐོབ་པ་ཙམ་གྱིས་ཆོག་གོ །ཀུན༷་ལ་སོག་མ་མེད་ཅེས་གྲགས། །འགའ་ཞིག་ཏུ་ནི་སྔགས་བདག་ཅེས། །རབ་ཏུ་དག༷འ་བས་ མཚན་གསོལ་བའི། །སྒྲུབ་ཐབས་སྙིང༷་པོ༷་ཙམ་འདི་ཡིན། །ཇོ་བོ་རྗེ་ལས་བརྒྱུད་པ། བཀའ་གདམས་པའི་མན་ངག་ཀླུ་རྒྱལ་སོག་ མ་མེད་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །དབྱུག་གུ་མ་སྤུན་གསུམ་གྱི་སྒྲུབ་ཐབས་བཞུགས། ༄༅། །ༀ་སྭཱ་སྟི། འཇིག་རྟེན་མགོན་ལ་རབ་བཏུད་ནས། ཁ་ན་མ་ཐོ་དང་བྲལ་བའི། །ལོངས་སྤྱོད་ཕུན་ཚོགས་སྒྲུབ་པའི་ ཐབས། །ཅུང་ཟད་ཙམ་ཞིག་བྲི་བར་བྱ། །སྣོད་གཙང་མར་དཀར་གཏོར་གསུམ་དང༌། ཆང་བུ་གསུམ་བཤམ། རང་སེམས་ སྐད་ཅིག་གིས་མདུན་དུ་གནོད་སྦྱིན་མོ་ཀུནྡ་ལི་སྐུ་མདོག་མཐིང་ཁ། སྤྱན་རྩ་དམར་བ། ཕྱག་ གཉིས་ཀྱི་བར་ན་རིན་པོ་ཆེ་བསྣམས་པའོ། །སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེའི་ སྣོད་དུ་ༀ་ཨཱཿཧཱུཾ་ཞུ་བ་ལས་གཏོར་མར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། གཏོར་མའི་སྟེང་གི་ནམ་ 15-1-510 མཁར་མེ་ཏོག་མཉྫུ་ཤ་ཀ་ཁ་བྱེ་བའི་སྟེར་དུ། དབུས་སུ་ནོར་སྟེར་མ་སྔོན་མོ། གཡས་སུ་གོས་ སྟེར་མ་དཀར་མོ། གཡོན་དུ་ཟས་སྟེར་མ་དམར་མོ། གསུམ་ཀའང་ཕྱག་གཡས་ནོར་བུ་དང༌། གཡོན་པས་བདུད་རྩིས་གང་བའི་བུམ་པ་བསྣམས་པ་དར་དཀར་གྱི་སྟོད་གཡོགས་དང༌། སྣ་ ཚོགས་དར་གྱི་ན་བཟའ་ཅན། རིན་པོ་ཆེའི་བརྒྱན་པ། རོལ་པས་བཞུགས་ཤིང་འཛུམ་པས་ བདག་ལ་གཟིགས་པ། སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་འཕྲོས། དབྱུག་གུ་མ་སྤུན་གསུམ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨརྒྷཾ་ལ་སོགས་པས་མཆོད། བཟླས་པ་ནི། ༀ་ ཨ་ན་ལེ་ཀུཎྜ་ལེ་མཧཱ་པི་ཤ་ཙི་ནི་ཡེ་སྭཱཧཱ། ༀ་གྲྀཧྞ་མཧཱ་བྷནྜ་པི་ཤ་ཙི་ནི་ཡེ་སྭཱཧཱ། ༀ་ཤུ་དྲ་མུ་ཁེ་ མཧཱ་པི་ཤ་ཙི་ནི་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས་ལ། དཀར་གཏོར་གསུམ་པོ་རང་གི་སྙིང་པོ་ལན་གསུམ་གྱིས་ཕུལ། ཧཱུཾ་ མཁའ་འགྲོ་ཆེན་མོ་ཁྱེད་གསུམ་ལ། །མཆོད་སྦྱིན་གཏོར་མ་འདི་ཕུལ་བས། །བདག་ལ་ནོར་ གོས་ཟས་གསུམ་གྱིས། །མི་འཕོངས་འབྱོར་བ་དེ་ཉིད་ཀྱང༌། །ཆོས་ཀྱི་གྲོགས་སུ་འགྲོ་བར་ མཛོད། །བདག་ལ་སྐལ་པ་མེད་མོད་ཀྱང༌། །ལོག་འཚོ་མེད་པའི་འཚོ་བ་སྩོལ། །ཞེས་བརྗོད་ལ་ གཙང་སར་དོར། ཆང་བུ་ཐོག་མཐའ་གཉིས་ལ་རང་སྔགས་དང༌། བར་པ་ལ། ༀ་མི་ལི་གི་པི་ལི་གི་སྭཱཧཱ། ཞེས་པ་ལན་ བདུན་བདུན་གྱིས་སྔགས་གྲུབ་པའི་ཚེ་འབུལ་ལོ། །ཞེས་བརྡའ་གཏོར་དུ་བྱ། དེ་ལྟར་རབ་ཞག་གསུམ་འབྲིང་བརྒྱད། ཐ་མ་ཉེར་ གཅིག་གིས་འགྲུབ་བོ། །དེ་ནས་ཡིག་རྙིང་ལས་བཤད་པ་ལྟར་གྱི། བྱི་བ་ཁ་སྤྲད་ཀྱི་རྟེན་བཅས། གཞན་རྣམས་སྔར་དང་འདྲ་བ་ལ། ཏདྱ་ཐཱ། ༀ་ཙ་མེ་ཨུ་མེ་ནི་དུ་ཁ་ཐ་ན་སྭཱཧཱ། ཞེས་བཞི་བརྒྱ་ཙམ་དུ་བཟླ་བར་བཤད་དོ། །དམ་ཚིག་ཚུལ་ཁྲིམས་ དང༌། གཙང་སྦྲ་ལ་གནས་ཤིང༌། བྱི་བ་ལ་མི་སྡང་བར་བྱའོ། །འདི་ལུང་ཙམ་གྱིས་འགྲུབ་ཅིང༌། འདིའི་བརྒྱུད་ཡིག་འགའ་ཞིག་ན། རྡོ་རྗེ་གདན་པ་བརྒྱུད་པར་བྱས་པའང་འདུག་མོད་ཀྱི། ཇོ་བོ་རྗེ་ནས། བཀའ་གདམས་པ་ལས་བརྒྱུད་པ་ཁོ་ན་ཡིན་པར་ཤེས་པར་ བྱའོ། །དེང་སང་ཀུན༷་ལ་མ་གྲགས་པའི། །སྒྲུབ་ཐབས་རབ་ཏུ་དག༷འ་བ་འདི། །ཚུལ་ལྡན་རྣམས་ཀྱི་སྙིང༷་ནོར་ཡིན། །རྒྱུན་གྱི་ལག་ ལེན་གསལ་པོ༷ར་བཀོད། །དབྱུག་གུ་མ་སྤུན་གསུམ་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། 15-1-511 ༄༅། ཁོལ་པོ་ཀུནྡྷ་ལི་སྒྲུབ་ཐབས་སོ། ། ༄༅། །ༀ་སྭཱ་སྟི། འཕགས་པ་སྤྱན་རས་གཟིགས་དབང་ལ། །དངོས་པོ་ཀུན་གྱིས་ཕྱག་འཚལ་ནས། །ཚོགས་ཀྱི་ བདག་པོའི་ཁོལ་པོ་ནི། །ཀུནྡྷ་ལི་ཡི་སྒྲུབ་ཐབས་བཤད། །རས་ལ་གླང་པོ་ཆེ་དཀར་པོ་རིན་པོ་ཆེའི་རྒྱན་དང༌། སྣ་ཐག་ཅན་རིན་པོ་ ཆེའི་སྣོད་བཀལ་བ་ཞིག་བྲིས་ལ་མདུན་དུ་དགྲམ། འབྲས་དང་དཀར་གསུམ་སོགས་བཟའ་བ་གཙང་མའི་སྤུངས་གཏོར་བཤམ། བདག་བསྐྱེད་ཁྲོ་བོ་གང་རིགས་དང༌། མདུན་དུ་ཚོགས་བདག་དཀར་པོ་སྐད་ཅིག་གིས་བསྐྱེད་ནས། དེའི་མདུན་དུ་ཐད་ཀ་ སྐད་ཅིག་གིས་གནོད་སྦྱིན་ཀུནྡྷ་ལི་དཀར་པོ་གཡས་ལྕགས་ཀྱུ་དང༌། གཡོན་གླང་པོ་ཆེའི་སྣ་ ནས་འཁྲིད་པ། ཐུན་མཚམས་རེ་ལ་སྟོང་གསུམ་བསྐོར་བར་ནུས་པ་མདུན་དུ་བཞུགས་པར་ གྱུར། ༀ་པི་ཤ་ཙི་ཀུནྡྷ་ལི་ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་ཉི་ཤུ་རྩ་གཅིག་བརྗོད་ཅིང༌། གཏོར་ མ་ནས་ཕུད་གཏོར་བྱ། སྤོས་དཀར་དང་ཙནྡན་ལ་སོགས་པའི་བདུག་པས་བདུག བདག་དང་ཚོགས་བདག་ལ་ནོར་བུ་དང་འབྲུའི་ མཆོད་པ་འབུལ་ཞིང༌། སྟོང་གསུམ་བསྐོར་བར་བསམ། ༀ་པི་ཤ་ཙི་ཀུནྡྷ་ལི་མཧཱ་བུདྡྷ་ཤྭ་ར། དྷི་རི་དྷི་རི། ཕོབ་ ཕོབ། སིདྡྷི་ཧཱུཾ་སྭཱཧཱ། ཞེས་ཉེར་གཅིག་ལས་མི་ཉུང་བར་བཟླའོ། །ལྷ་ཡོན་བདག་ཏུ་སྒྲུབ་པ་ཞེས་བྱ་སྟེ། འཚོ་བ་ཚེགས་མེད་ པར་འགྲུབ་བོ། །འདི་ལ་ལུང་མ་གཏོགས་རྗེས་གནང་མི་དགོས། འདི་ལས་གཞན་པའི་མན་ངག་ཀྱང་མེད་དོ། །འདི་ཡང་ཇོ་བོ་ རྗེ་ནས་བརྒྱུད་པ་བཀའ་གདམས་པའི་གདམས་པའོ། །ཀུན༷་ལ་གྲགས་པ་མི་ཆེ་ཡང༌། །ཚུལ་ཁྲིམས་ལྡན་པ་རབ་ཏུ་དག༷འ། །མི་ རྣམས་སྙིང༷་ནི་མགུ་དཀའ་བས། །ལྷ་སྒྲུབ་པ་ལ་བརྩོན་པོ༷ར་བྱ། ཁོལ་པོ་ཀུནྡྷ་ལིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་ འཕེལ། སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། ནོར་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ། བཅོ་བརྒྱད་པའོ།། །།ཞུ་དག ། འདིར་འབད་རྣམ་པར་དཀར་བའི་དགེ་བ་ཡིས། །བླ་མ་ཡི་དམ་ལྷ་ཚོགས་དབྱེར་མ་མཆིས། །རྟག་ཏུ་ཞལ་མཐོང་གསུང་གི་བདུད་ རྩི་ལ། །བརྟེན་ནས་མཆོག་གི་གོ་འཕང་མྱུར་ཐོབ་ཤོག །ཤུ་བྷཾ། མངྒ་ལཾ། 15-1-512 ༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་ གཏོར་མའི་ཆོ་ག་དང་བཅས་པ་འཕྲིན་ལས་ གཏེར་མཛོད་ཅེས་བྱ་བ་ བཞུགས་སོ། ། 15-1-513 ༄༅། །ༀ་སྭཱ་སྟི། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་གཏོར་མའི་ཆོ་ག་དང་བཅས་པ་འཕྲིན་ ལས་གཏེར་མཛོད་ཅེས་བྱ་བ། བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྤྱན་རས་གཟིགས་དབང་ ཐུགས་རྗེ་ཁྲོས་པའི་སྐུ། །མ་རུང་བདུད་དཔུང་ཕྱེ་མར་འཐག་མཛད་པ། །བླ་མ་མགོན་པོ་དབྱེར་མེད་ཞབས་པད་ལ། །གུས་པས་ བཏུད་ནས་སྒྲུབ་ཐབས་མདོ་ཙམ་བྲི། །རྣལ་འབྱོར་པ་དམ་ཚིག་དང་ལྡན་པ། འདི་ཉིད་ཀྱི་བྱིན་བརླབས་ལེགས་པར་མནོས་པ་ ཞིག་གིས། བྲིས་སྐུ་མཆོད་གཏོར་ཙ་ཀ་ལི་སོགས་མཚན་ཉིད་ཚང་བ་བཤམས་ལ། མཆོད་པ་བྱིན་རླབས་དང་ནང་མཆོད་བྱིན་ རླབས་བྱས་ལ། བདག་ཉིད་ཡི་དམ་གྱི་རྣལ་འབྱོར་ལ་གནས་པས། འདི་སྐད་ཅེས་བྱ་སྟེ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་ བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་མདུན་དུ་ཧཱུཾ་ཡིག་ལས་བྱུང་བའི་བསྲུང་འཁོར་གྱི་ནང་མི་ བཟད་པའི་དུར་ཁྲོད་ཆེན་པོའི་དབུས་སུ། པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ། གཾ་ དཀར་པོ་འོད་དུ་ཞུ་བ་ལས། དཔལ་ཚོགས་ཀྱི་བདག་པོ་སྐུ་མདོག་དཀར་པོ་གླང་པོ་ཆེའི་དབུ་ ལ་སྤྱན་གསུམ་པ་ཕྱག་གཡས་སའི་སྙིང་པོ་ལ་ཕུག་ལོ་མ་དང་བཅས་པ་ཞལ་དུ་གསོལ་བ། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ཉལ་སྟབས་ སུ་གནས་པ། དེའི་སྟེང་དུ་ཧཱུཾ་མཐིང་ནག་ལས་གྲི་གུག་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་ འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། འཕགས་པ་མཆོད། སེམས་ ཅན་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། མྱུར་མཛད་ཡེ་ཤེས་ཀྱི་ མགོན་པོ་ཕྱག་དྲུག་པ། སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བ། སྐུ་མདོག་དུས་མཐའི་སྤྲིན་ ལྟར་རབ་ཏུ་གནག་པ། ཞལ་གཅིག་ཕྱག་དྲུག་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ ཏུ་གཟིགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འགྲིལ་བ། རབ་ཏུ་བཞད་ པ། སྨ་ར་དང་སྨིན་མ་དང༌། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། དཔྲལ་བར་སིནྡྷུ་རའི་ 15-1-514 ཐིག་ལེས་བྱུགས་པ། སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་པ་ཕྱག་གཡས་དང་པོས་རྡོ་རྗེ་ གྲི་གུག་དང༌། གཡོན་དང་པོས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་བར་པས་ཐོད་སྐམ་གྱི་འཕྲེང་བ། ཐ་མས་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གཉིས་པ་ ན་མདུང་རྩེ་གསུམ་པ། ཐ་མ་ན་རྡོ་རྗེ་ཞགས་པ་བསྣམས་པ། ཞབས་གཉིས་སྲིད་གསུམ་རྣམ་ པར་གནོན་པའི་ཤུགས་ཅན་མཉམ་པའི་སྟབས་ཀྲིག་ཀྲིག་ཞབས་ཀྱིས་བགེགས་ཀྱི་རྒྱལ་པོ་ མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་ལ། དར་ལྗང་ཁུའི་སྐེ་རགས་བཅིངས་པ། སྦྲུལ་སྔོན་ པོས་དབུ་སྐྲ་བཅིངས་ཤིང༌། དམར་པོའི་སྙན་ཆ། ཁྲ་བོའི་དཔུང་རྒྱན། དཀར་པོའི་མགུལ་ རྒྱན། སེར་པོའི་ལག་གདུབ། ལྗང་ཁུའི་དོ་ཤལ། དཀར་པོའི་རྐང་གདུབ་དང་སྐ་རགས་ཅན་ ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་འཕྲེང་བ་དང་ལྡན་པ། སྦོམ་ཐུང་ཡན་ལག་ ཧྲགས་པ། གཟི་བརྗིད་མཐའ་ཡས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་རིན་པོ་ཆེའི་རྩེ་ཕྲན་ ཅན་དང་རློན་པ་ཁྲག་འཛག་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་མཛེས་པ། འཇིགས་པའི་ང་རོ་འབྲུག་ལྟར་སྒྲོགས་པས། བདུད་དང་བགེགས་ཐམས་ཅད་བརླག་པར་ མཛད་པ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང༌། ཙནྡན་གྱི་སྡོང་པོ་ལ་རྒྱབ་བརྟེན་པའོ། །དེའི་གཡོན་དུ་ཁྲག་ཞག་འཁྲུག་པའི་རྒྱ་མཚོའི་དབུས་ སུ། བྷྱོཿལས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། སྐུ་མདོག་ནག་མོ་ཕྱག་ གཡས་བདུད་ཀྱི་ཁྲམ་ཤིང་ནག་པོ་འཕྱར་ཞིང༌། གཡོན་ནད་ཀྱི་རྐྱལ་པ་འཛིན་པ། མེ་རླུང་ འཚུབ་མའི་དབུས་ན་བཞུགས་ཤིང༌། དྲིའུ་རྟ་རྐང་གསུམ་ལ་ཆིབས་པ། འཁོར་ཤ་ཟ་དང་མ་མོ་ མཁའ་འགྲོ་འབུམ་སྡེས་བསྐོར་བའོ། །གཙོ་བོའི་མདུན་དུ་ཧཱུཾ་ལས་གནོད་སྦྱིན་ཀྵེ་ཏྲ་པཱ་ལ། སྐུ་ མདོག་མཐིང་ནག་ཁ་གདངས་ཤིང་མཆེ་བ་གཙིགས་ནས། དགྲ་ལ་འོ་དོད་འབོད་པ། ཤངས་ ནས་དུས་མཐའི་རླུང་ལྡང་བ། ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བས་ལྷ་དང་ལྷ་མ་ 15-1-515 ཡིན་ཐམས་ཅད་སྐྲག་པར་བྱེད་པ། གཡོན་ཐོད་ཁྲག་དགྲ་བགེགས་ཀྱི་སྙིང་དང་བཅས་པ་ གཙོ་བོའི་ཞལ་དུ་སྟོབ་པ། དོམ་ནག་སྨྱོན་པ་ལ་ཆིབས་པ། གཡས་སུ་བྷྱོཿལས་དབང་ཕྱུག་ཛི་ ན་མི་ཏྲ་སྐུ་མདོག་དམར་ནགགཡས་ཌཱ་མ་རུ་འཁྲོལ་ཞིང༌། གཡོན་ཐོད་ཁྲག་འཛིན་པ། རྒྱབ་ ཏུ་ཛཿལས་གཤིན་རྗེ་ཊཱཀྐི་རཱ་ཛ་སྐུ་མདོག་དམར་ནག ཕྱག་གཡས་ཞགས་པ་དགྲ་ལ་འཕེན་ ཞིང༌། གཡོན་སྡིགས་མཛུབ་གནོད་བྱེད་ལ་སྡིགས་པ། གཡོན་དུ་དུ་ལས་བདུད་མགོན་ཆེན་པོ་ ཏྲཀྴད་སྐུ་མདོག་ནག་པོ་ཕྱག་གཡས་རུ་མཚོན་མདུང་དམར་རྩེ་གསུམ་པ་དགྲ་བོའི་སྙིང་གར་ བསྣུན་པ། གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་པ། ཡ་སོས་མ་མཆུ་མནན་པ། དར་ ནག་གི་འཇོལ་བེར་དང༌། སག་ཏིའི་ལྷམ་ཡུ་རིང་གསོལ་བ། གསེར་གྱི་སྐེ་རགས་བཅིངས་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། བཞི་ཀའང་ཁྲོ་བོ་ལས་མཁན་གྱི་ཆ་བྱད་ཡོངས་སུ་ རྫོགས་པའོ། །དེའི་ཕྱི་རོལ་དུ་ཤར་དུ་བརྒྱ་བྱིན། ཤར་ལྷོར་མེ་ལྷ། ལྷོར་གཤིན་རྗེ། ལྷོ་ནུབ་ཏུ་ སྲིན་པོ། ནུབ་ཏུ་ཆུ་ལྷ། ནུབ་བྱང་དུ་རླུང་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་འབྱུང་པོ། སྟེང་ དུ་ཚངས་པ། འོག་ཏུ་ས་བདག་སྟེ་ཕྱོགས་སྐྱོང་བཅུ། གཞན་ཡང་ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་ བརྒྱད། གཟའ་ཆེན་པོ་བརྒྱད། འཇིགས་བྱེད་ཆེན་པོ་དགུ། སྒྱུ་སྐར་ཉི་ཤུ་རྩ་བརྒྱད། རྒྱལ་པོ་ ཆེན་པོ་བཞི་སྟེ། གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་པོ་ཐམས་ཅད་ཀྱང་འཁོར་བྱེ་བ་བྱེ་ བའི་ཚོགས་ཀྱིས་བསྐོར་བ། དེའི་ཕྱི་རོལ་དུ་དམ་ཅན་རྒྱ་མཚོའི་དམག་ཚོགས་ཤ་ལ་དགའ་ བ། ཁྲག་ལ་རོལ་བ། སྙིང་རྗེ་མེད་པ། ཁ་གདངས་པ། མིག་རྩ་དམར་བ། ལག་ན་གདུག་ པའི་མཚོན་ཆ་སྣ་ཚོགས་པ་ཐོགས་པ་སྐད་ཅིག་ལ་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་སྡུད་ པ། གནོད་སྦྱིན་དང༌། སྲིན་པོ་དང༌། གཤིན་རྗེ་དང༌། བདུད་དང་མ་མོའི་ཆ་ལུགས་ཅན། ས་ གཞི་བར་སྣང་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་བ། ཐམས་ཅད་ཀྱང་སྒྲུབ་པ་ པོའི་རེ་འདོད་ཚུལ་བཞིན་དུ་སྐོང་བར་མཛད་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ༀ་དཀར་ 15-1-516 པོ། མགྲིན་པ་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཙནྡན་གྱི་ཤིང་རྐང་གཅིག་པའི་དྲུང་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྟེང་ན་རྩ་བརྒྱུད་ཀྱི་བླ་མ། གཡས་ན་དཔའ་ བོ་ངར་དང་བཅས་ཤིང༌། གཡོན་ན་དཔའ་མོ་འཛུམ་དང་བཅས་པ། བཀའ་སྡོད་ཞིང་སྐྱོང་ཕོ་ ཉ། དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ་ཐམས་ཅད་སྐད་ཅིག་ཉིད་ལ། ཌཱ་མ་རུ་ དང་དྲིལ་བུ་གཡེར་ཀའི་སྒྲ་སི་ལི་ལི། ཁྲོ་ལོ་ལོ། འུར་འུར། ཆེམ་ཆེམ། བྱོན་པར་གྱུར། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མཧཱ་ཀཱ་ལ་ཆེ། །དཔལ་ལྡན་མགོན་པོ་འཁོར་ དང་བཅས། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ཀྵེ་ཏྲ་པཱ་ལ་ལ་སོགས་པ། ། འཁོར་གྱི་བཀའ་ཉན་གནོད་སྦྱིན་ཚོགས། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དམ་ ཅན་རྒྱ་མཚོ་གཤེགས་སུ་གསོལ། །དཀྱིལ་འཁོར་གནས་འདིར་གཤེགས་ནས་ཀྱང༌། །རྒྱན་ གྱི་གཏོར་མ་འདི་བཞེས་ལ། །རྟགས་དང་མཚན་མ་སྟོན་པ་དང༌། །བཅོལ་བའི་འཕྲིན་ལས་ སྒྲུབ་པར་མཛོད། །ༀ་བཛྲ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཞེས་པའི་རྗེས་སུ་ཀྵིཾ་རིང་པོ་ཉི་ཤུ་རྩ་གཅིག་བརྗོད། དེ་ ནས་ཀྵིཾ་གི་གནས་སུ་ཨེ་ཧྱེ་ཧི་བཅུག་པ་དང༌། བཛྲ་ས་མཱ་ཛཿ བཅུག་པ་རྣམས་ལན་གསུམ་གསུམ་བརྗོད་པས། མྱུར་ མཛད་འཁོར་བཅས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཧཱུཾ། བདུད་འདུལ་ དམག་དཔོན་ནག་པོ་ཆེ། །རབ་བརྗིད་འཁོར་གྱི་ཚོགས་དང་བཅས། །དགྲ་བགེགས་མ་ལུས་ འདུལ་བའི་ཕྱིར། །ནག་པོ་ཆེན་པོ་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭཾ། ༀ་ཤྲཱི་མཧཱ་ཀཱ་ ལ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ ཝེ་ཏེ། ཤཔྟ་ཞེས་སྦྱར་རོ། །སྙིང་པོའི་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་འབུལ། ཆོས་དབྱིངས་ངང་ལས་ མ་གཡོས་ཀྱང༌། །གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །བསྟན་པའི་རུ་ཏྲ་འཇོམས་མཛད་པའི། ། ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། ། 15-1-517 དེ་ནས་གསོལ་འདེབས་ནི། ན་མོ་བུདྡྷ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རེ་ཎེ། ཤྲཱི་ཌཱ་ཀ་ཌཱ་ཀི་ ནཱི། ཛོ་ག་ཛོ་གི་ནི། སརྦ་བུདྡྷ་བོ་དྷི་སཏྭ་ཡ་ཤ་ར་ཎཾ་གཙྪ་མི། ཀྱེ་ཀྱེ་ཕྱོགས་བཅུ་དུས་གསུམ་ ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་ བྱིན་གྱིས་རློབས་ཤིག ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ ཤིག དཔའ་བོ་དང་དཔའ་མོར་བཅས་པ་རྣམས་ཀྱིས་བྱིན༴ སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་ཀྱིས༴ དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས། ཡེ་ཤེས་ལ་ སྒྲིབ་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོགས་པ་མི་ མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ། ཁྱེད་རྣམས་ཀྱི་སྐུའི་སྒོ་ནས་བྱིན་གྱིས་ རློབས་ཤིག གསུང་གི་སྒོ་ནས༴ ཐུགས་ཀྱི་སྒོ་ནས༴ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ མི་ཟད་པའི་སྒོ་ནས༴ ད་ལྟ་ཉིད་དུ༴ མྱུར་བ་ཉིད་དུ༴ འདུག་ས་འདི་ཉིད་དུ་བྱིན་གྱིས་བརླབ་ ཏུ་གསོལ། བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་དད་པས་གསོལ་འདེབས་ཀྱི། །བདག་ དང་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་བསལ་བ་དང༌། །དངོས་གྲུབ་མ་ལུས་ སྩལ་དུ་གསོལ། །དེ་ནས་བཤགས་པ་ནི། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་ཉི་ཤུ་རྩ་གཅིག་བཟླས་པའི་མཐར། རྡོ་ རྗེ་འཆང་དང་དཔལ་ལྡན་ཤཱ་ཝཱ་རི། །རྒྱལ་བ་མཻ་ཏྲི་གྲུབ་ཆེན་རཱ་ཧུ་ལ། །ཨ་མི་དེ་བ་ལོ་ཀེ་ཤྭ་ ར་དང༌། །ཧ་ཡ་གྲ་ཝ་པདྨ་འབྱུང་གནས་དཔལ། ཁྱུང་པོ་ཛོ་ཀུ་རཏྣ་བིཪྻ་དང༌། །དྷརྨ་སིདྷ་དྷརྨ་ པྲཛྙཱ་དང༌། །བིཪྻ་སིདྷ་མཁས་གྲུབ་ཆོས་རྗེ་སོགས། །རིན་ཆེན་བརྒྱུད་པའི་བླ་མ་དགོངས་སུ་ གསོལ། །འགྲོ་བའི་རེ་སྐོང་ཡོན་ཏན་རབ་རྫོགས་པའི། །བརྒྱུད་ལྡན་བླ་མ་དུས་གསུམ་སངས་ རྒྱས་ལ། །དག་པ་གཉིས་ལྡན་ཆོས་སྐུར་མ་རྟོགས་པར། །འཇིག་རྟེན་རྟོགས་བཅད་དབང་ གྱུར་འཐོལ་ལོ་བཤགས། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་དང༌། །ཕྱི་ནང་གསང་ བའི་ལྷ་རྣམས་དགོངས་སུ་གསོལ། །བདག་ཅག་ཐེག་མཆོག་སྔགས་ཀྱི་སྒོར་ཞུགས་ནས། 15-1-518 རྩ་བ་ཡན་ལག་འགལ་ཉམས་འཐོལ་ལོ་བཤགས། །མཐུ་སྟོབས་ནུས་པ་འཕྲིན་ལས་ཕུན་ ཚོགས་ཤིང༌། །སྐད་ཅིག་དྲན་པས་བར་ཆད་ཐམས་ཅད་སོལ། །འདུ་འབྲལ་མེད་པར་དངོས་ གྲུབ་སྟེར་མཛད་པའི། །ཡེ་ཤེས་མགོན་པོ་ཕྱག་དྲུག་དགོངས་སུ་གསོལ། །དུར་ཁྲོད་ནགས་ འདབས་ཆུ་གླིང་བས་མཐར་རུ། །ཕྱི་ནང་རྟེན་དང་དམ་རྫས་ཚོགས་གྱུར་ནས། །བསྙེན་ སྒྲུབ་བསྐང་བཤགས་ཚུལ་བཞིན་མ་གྲུབ་པར། །ལེ་ལོ་གཡེང་བའི་དབང་གྱུར་མཐོལ་ལོ་ བཤགས། ཁྱད་པར་གསང་བའི་རྟེན་མཆོག་བླ་ན་མེད། །བླ་མ་མགོན་པོ་དབྱེར་མེད་བདེ་ཆེན་ སྐུ། ཁྱོད་ལ་ཡིད་ཆེས་མོས་གུས་འབྲལ་མེད་ཀྱིས། །རྣམ་དག་ཆོས་སྐུར་མ་རྟོགས་འཐོལ་ལོ་ བཤགས། །བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་ཏེ། །བླ་མ་མགོན་པོ་འཁོར་དང་བཅས་ རྣམས་ཀྱི། །སྐུ་གསུང་ཐུགས་དང་འགལ་བ་ཅི་མཆིས་པ། །གནོད་ཞིང་འགྱོད་པའི་སེམས་ དང་བཅས་ནས་ཀྱང༌། །ལྷ་མཆོག་ཁྱེད་གྱི་སྤྱན་སྔར་འཐོལ་ལོ་བཤགས། །ཡེ་ཤེས་བཀའ་ སྒྲུབ་ལས་ཀྱི་ཕོ་ཉ་མཛད། །ཀྵེ་ཏྲ་པཱ་ལ་ཛི་ན་མི་ཏྲ་དང༌། །ཊཱཀྐི་རཱ་ཛ་ཏྲཀྴད་རེ་མ་ཏཱི། །ཕྱོགས་ སྐྱོང་བཅུ་དང་གཙང་རིགས་དགོངས་སུ་གསོལ། །ཇི་ལྟར་ཁྱེད་ཀྱིས་ཁས་བླངས་དམ་བཅས་ བཞིན། །བདག་གི་འཕྲིན་ལས་ཡེངས་མེད་སྒྲུབ་པ་ལ། །ཡི་ཆད་བགྱིས་ཤིང་ཤ་ཁྲག་གཏོར་ ཚོགས་ཀྱིས། །གཏང་རག་དུས་སུ་མ་ཐེངས་འཐོལ་ལོ་བཤགས། །མངོན་ཤེས་མེད་པས་ ཉེས་སྐྱོན་མ་རྟོགས་པར། །བསྟན་པ་འཇིག་དང་བླ་མའི་སྐུ་དགྲ་ལ། །དྲག་པོའི་ལས་ཀྱིས་ ཚར་གཅོད་མ་བགྱིས་པར། །གསང་བ་སྒྲགས་ཤིང་བྱམས་བགྱིས་འཐོལ་ལོ་བཤགས། །དམ་ ཉམས་གཏམ་འདྲེས་གྲིབ་ཕོག་ཟས་ཟོས་དང༌། །རྒྱུ་ཆུང་ཕུད་ཉམས་འགལ་འཁྲུལ་ནོར་ལ་ སོགས། །ཉེས་སྐྱོན་འཁྲུལ་བའི་ཚོགས་རྣམས་ཅི་མཆིས་པ། །གནོད་ཞིང་འགྱོད་པའི་སྒོ་ནས་ འཐོལ་ལོ་བཤགས། །སྐུ་ཡི་དམ་ཚིག་ཉམས་པ་འཐོལ་ལོ་བཤགས། །གསུང་གི་དམ་ཚིག་ ཉམས་པ༴ ཐུགས་ཀྱི་དམ་ཚིག༴ རྩ་བའི་དམ་ཚིག༴ ཡན་ལག་དམ་ཚིག༴ ཚོར་ཏེ་དམ་ཚིག༴ 15-1-519 མ་ཚོར་དམ་ཚིག༴ ཉམས་གྲིབ་དག་ཕྱིར་བཤགས་པ་འདི་བྱས་པས། །དཔལ་ལྡན་མགོན་པོ་ འཁོར་དང་བཅས་རྣམས་ཀྱིས། །ཕ་མ་བུ་ཚ་བཞིན་དུ་བཟོད་བཞེས་ལ། །དངོས་གྲུབ་ཐམས་ ཅད་བདག་ལ་དུས་འདིར་སྩོལ། །བཤགས་དང་བཤགས་པར་བྱ་བ་མི་དམིགས་ཀྱང༌། །རྣམ་ པར་རྟོག་པའི་བག་ཆགས་དག་བྱའི་ཕྱིར། །རྗེ་བཙུན་དམ་པ་ཡུལ་གྱི་མཆོག་རྣམས་ལ། །རབ་ ཏུ་བཤགས་པས་བདེ་ཆེན་ཐོབ་གྱུར་ཅིག །གསོལ་འདེབས་དང་བཤགས་པའང་མི་སྤྲོ་ན་བོར་བས་ཀྱང་རུང་ངོ༌། ། དེ་ནས་བཟླས་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་སྔགས་ཀྱི་འཕྲེང་བ་རྣམས་ཁ་དོག་ནག་པོ་ འོད་ཟེར་དམར་པོ་འཕྲོ་བ་འཕྲེང་རྡོག་ལྟར་གནས་པ་ལ། འོད་ཟེར་སྣ་ལྔ་འཕྲེང་ཐག་གི་ཚུལ་ དུ་བརྒྱུས་པ་རང་གི་ཞལ་ནས་འཐོན། མགོན་པོའི་ཞལ་དུ་ཞུགས། མགོན་པོའི་ཐུགས་ཀའི་ཧཱུཾ་ ལ་ཐིམ། ཡང་ཧཱུཾ་ལས་བྱུང༌། མགོན་པོའི་ལྟེ་བ་ནས་འཐོན། བདག་གི་ལྟེ་བར་ཞུགས། སྙིང་ གའི་ཧཱུཾ་ལ་ཐིམ། དེ་ལྟར་རྟག་ཏུ་འཁོར་ལོ་ལྟར་འཁོར་བར་བསམས་ལ། ༀ་བཛྲ་མཧཱ་ཀཱ་ལ་ ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ན་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་སྙིང་པོ་ཅི་འགྲུབ་བཟླས། དྲག་པོའི་བཟླས་པ་དམིགས་པ་ གསལ་བཏབ་སྟེ། ༀ་ཤྲཱི་མཧཱ་ཀཱ་ལ། ཤཱ་ས་ན། ཨུ་པ་ཧ་རི་ཎི། ཨེ་ཥོ྅་པཥྩི་མ། ཀཱ་ལོ྅ཨ་ཡཾ་ཨི་དཾ། རཏྣ་ཏྲཱ་ཡ། ཨ་པ་ཀ་རཱི་ཎཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏཱ་དཱ། ཨི་དཾ་དུཥྚཾ། ཁ་ཁ། ཁཱ་ཧི་ཁཱ་ཧི། མཱ་ ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན་མཱ་ར་ཡ་ཧཱུཾ་ ཕཊ། ཞེས་པ་ནི་དྲག་སྔགས་ཏེ་བོད་རྦད་བསད་གསུམ་ཡང་འདི་ལ་ཚང་བར་བཞེད་དོ། །ༀ་ཤྲཱི་དེ་ཝཱི་ཧཱུཾ་ཕཊ། ལྷ་མོའི་ མཚན་སྔགས་སོ། །ༀ་ཀྵེ་ཏྲ་པཱ་ལ་བིགྷྣན་ཧཱུཾ་ཕཊ། ༀ་ཛི་ན་མི་ཏྲ་པཱ་ཤཾ་ཀུ་རུ་ཧཱུཾ་ཕཊ། ༀ་ཊཱཀྐི་རཱ་ཛཱ་ས་ མ་ཡ་བྷྱོཿདུ་ཛ་ཧཱུཾ་ཕཊ། ༀ་དུ་ཡག་ཛཾ་མཧཱ་ཀཱ་ལ་ཏྲཀྴད་ཧཱུཾ་ཕཊ། ལས་མཁན་བཞིའི་སྙིང་པོའོ། །དེ་ལྟར་ བཟླས་པ་ཅི་འགྲུབ་བྱས་ནས། མཐར་གཏོར་མ་ཡི་དམ་ལྟར་བྱིན་གྱིས་བརླབས་ནས། མགོན་པོ་འཁོར་དང་བཅས་ པའི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དམར་པོའི་འོད་ཀྱི་སྤུ་གུས་གཏོར་མ་དྲངས་ཏེ་གསོལ་ 15-1-520 བས་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་ཚིམས་ནས་དགྱེས་པར་གྱུར། སྙིང་པོའི་མཐར། ཨི་དཾ་བཱ་ ལིང་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི། ༀ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཏྲཀ་རག་མོ་བཱ་ལིང་ ཏ་མཾ་ས་རཀྟ་རུ་ཏི་ར་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་བཞིན་དུ་འཁོར་རྣམས་ལ་སྙིང་པོའི་མཐར། ཨི་དཾ་བཱ་ལིང་ཏ་ཁ་ ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བཏགས་ལ་ལན་གསུམ་གསུམ་གྱིས་ཕུལ། ༀ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ ཀྱིས་མཆོད། ནང་མཆོད་སྔར་བཞིན་ཕུལ་ལ། དེ་ནས་མཆོད་སྦྱིན་གྱི་གཏོར་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་ པ་ཁ་དོག་དྲི་རོ་རེག་བྱ་ནུས་མཐུ་དམ་པ་ཕུན་སུམ་ཚོགས་པ་དང་ལྡན་པ་འདི་ཉིད། དཔལ་ ཡེ་ཤེས་ཀྱི་མགོན་པོ་མཧཱ་ཀཱ་ལ་ལེགས་ལྡན་ནག་པོ། བདུད་གཅོད་ཀྱི་སྐྱེས་བུ། སྲོག་གཅོད་ ཀྱི་ཤན་པ། བདུད་འདུལ་གྱི་དམག་དཔོན། སྲིན་པོ་ལང་ཀ་པུ་རིའི་གྲོང་ཁྱེར་སུམ་བརྩེགས་ བརླག་པར་བྱེད་པ། རྣལ་འབྱོར་གྱི་དགྲ་ལྷ། རིག་འཛིན་གྱི་སྲུང་མ། བསྟན་པའི་སྲོག་ཤིང༌། དམ་ཉམས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་མ། འཁོར་ནག་པོ་འབུམ་གྱི་ཚོགས་དང་ བཅས་པ་དང༌། མ་མོ་ཤ་ཟ། ཕོ་རྒྱུད། མོ་རྒྱུད་ཀྱི་ཚོགས་དང་བཅས་པ་དང༌། སྤྲུལ་པའི་ལས་ མཁན་བཞི། ཕྱོགས་སྐྱོང་བཅུ། གཙང་རིགས་བདུན་ཅུ། དམ་ཅན་རྒྱ་མཚོའི་ཚོགས་དང་ བཅས་པ་རྣམས་ལ་འབུལ་ལོ། ཁྱེད་ལ་ཞུ་ཞིང་གསོལ་བ་ནི། སངས་རྒྱས་ཀྱི་བསྟན་པ་བསྲུང་ བ་དང༌། དཀོན་མཆོག་གི་དབུ་འཕང་བསྟོད་པ་དང༌། དགེ་འདུན་གྱི་ཆོས་འཁོར་སྐྱོང་པར་ མཛད་དུ་གསོལ། ཁྱད་པར་སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་ སྨོད་པ། བླ་མ་དང་སློབ་དཔོན་དང་ཕ་མ་ལ་སོགས་པའི་སྐུ་ལ་བདོ་བ། མཚམས་མེད་པ་ལྔ་ བྱེད་པ། སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བར་བྱེད་པ་རྣམས་དང༌། བདག་ཅག་དཔོན་ སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བ་དང༌། གདུག་པའི་སེམས་དང་ལྡན་པའི་དགྲ་ བགེགས་ཐམས་ཅད་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདུལ་བར་ མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་འདུལ་བར་མི་འཚལ་ན་བསད་པ་དང་བསྐྲད་ 15-1-521 པ་དང་དབྱེ་བ་དང༌། རེངས་པ་དང༌། རྨུགས་པ་དང༌། མནན་པ་དང༌། སྡིགས་ཤིང་དཔའ་སྐོང་ བར་མཛད་དུ་གསོལ། གཞན་ཡང་སྔོན་གྱི་ལས་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་བར་ ཆད་ཐམས་ཅད་ཞི་བ་དང༌། འཕྲིན་ལས་དང་དངོས་གྲུབ་ཐམས་ཅད་ཀྱི་གདོང་གྲོགས་དང༌། བསམ་པའི་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། །དཔལ་ལྡན་མགོན་པོ་འཁོར་ བཅས་ལ། །བདག་གིས་མཆོད་གཏོར་ཕུལ་བ་ཡིས། །དཀོན་མཆོག་དབུ་འཕང་སྨོད་པ་དང༌། ། ཐེག་པ་ཆེན་པོ་སུན་འབྱིན་དང༌། །བསྟན་པ་འཇིག་དང་དབྱེན་བྱེད་དང༌། །བླ་མའི་སྐུ་ལ་བདོ་ བ་དང༌། །རྣལ་འབྱོར་བདག་ལ་སྡང་བ་རྣམས། །དེ་དག་ནག་པོ་ཆེན་པོས་སྒྲོལ། །ཤཱ་ཏྲུན་མཱ་ ར་ཡ་ཕཊ། ཞེས་བརྗོད། ཧཱུཾ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་ དང་བཅས་བི་ནཱ་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་ གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པ་གྲི་གུག་བར་པ་འཕྲེང་བ་འཛིན། །ཐ་མ་ཌཱ་མ་རུ་ ནི་དྲག་ཏུ་འཁྲོལ། །གཡོན་པ་ཐོད་ཁྲག་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པ་བཟུང་ ནས་འཆིང་བར་བྱེད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་ དྲག་པོ་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིན་དྷུ་ར་ཡི་ཐིག་ལེས་བྱུགས། །སྤྱི་བོར་མི་ བསྐྱོད་རྒྱལ་པོས་རྒྱས་བཏབ་བརྟན། ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པའི། །དཔལ་ ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད། །བྷྱོཿ ཁྲག་མཚོ་ཆིལ་ཆིལ་ཁོལ་བའི་ཀློང་དཀྱིལ་ ན། །མཚོ་ཆེན་དྲེའུའི་སྟེང་ན་གཟི་བརྗིད་འབར། །མཐིང་ནག་སྐུ་ལ་ཞལ་གཅིག་ཕྱག་གཉིས་ མ། །བདུད་ཀྱི་ཁྲམ་ཤིང་ནད་ཀྱི་རྐྱལ་བ་བསྣམས། །སྐུ་ཡི་སྤྲུལ་པས་སངས་རྒྱས་བསྟན་པ་ སྲུང༌། །གསུང་གི་སྤྲུལ་པས་ཁམས་གསུམ་གཡོ་བར་བྱེད། །ཐུགས་ནི་མི་འགྱུར་འགྲོ་བའི་ དོན་མཛད་མ། །མ་ཅིག་རེ་མ་ཏཱི་ལ་ཕྱག་འཚལ་ལོ། །ཧཱུཾ། དཔལ་ལྡན་མགོན་པོའི་ཕྱོགས་ 15-1-522 བཞིའི་བཀའ་གཉན་པ། །ཡེ་ཤེས་བཀའ་སྒྲུབ་ལས་ཀྱི་ཕོ་ཉ་མཛད། །མ་རུངས་ཀུན་འདུས་ སྤྲུལ་པ་སྣ་ཚོགས་འགྱེད། །ལས་བྱེད་ཕོ་ཉ་བཞི་ལ་བདག་ཅག་བསྟོད། །དབང་པོ་གཤིན་རྗེ་ ཆུ་ལྷ་གནོད་སྦྱིན་དང༌། །མེ་ལྷ་སྲིན་པོ་རླུང་ལྷ་འབྱུང་པོ་དང༌། །སྟེང་གི་ཚངས་པ་སའི་ལྷ་མོ་ སྟེ། །སྤྲུལ་པའི་ཕྱོགས་སྐྱོང་བཅུ་ལ་ཕྱག་འཚལ་བསྟོད། །དཔལ་མགོན་བདུན་ཅུ་རྩ་ལྔ་དང༌། ། དམ་ཅན་རྒྱ་མཚོའི་དམག་ཚོགས་རྣམས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་ བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་དངོས་གྲུབ་ སྩོལ་བ་དང༌། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཐུན་གཏོར་ཡོད་ན། སྒྲོན་མེ་བཙུགས་ཏེ་ཁང་ སྟེང་ལ་སོགས་པར་འབུལ་ཞིང༌། དཔལ་ལྡན་མགོན་པོ་མཧཱ་ཀཱ་ལ་དང༌། །མ་གཅིག་འདོད་ཁམས་ དབང་ཕྱུག་རེ་མ་ཏཱི། །ལྕམ་དྲལ་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །ཀྵེ་ཏྲ་པཱ་ལ་ཛི་ན་མི་ཏྲ་ དང༌། །ཊཱཀྐི་རཱ་ཛཱ་བདུད་མགོན་ཏྲཀྴད་དང༌། །ཕྱོགས་སྐྱོང་གཙང་རིགས་མགོན་པོ་འཁོར་དང་ བཅས། །དམ་ཅན་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས། །དཔལ་ལྡན་ནག་པོ་ཆེན་པོ་ འཁོར་བཅས་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །ཤ་ཁྲག་དམར་གྱི་ གཏོར་མ་འདི་བཞེས་ཤིག །ཛམྦུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །ཛ་གད་དཔའ་བོའི་སྨན་ ཕུད་འདི་བཞེས་ཤིག །སྔར་བཅོལ་ལེགས་པའི་གཏང་རག་གཉན་པོར་འབུལ། །ད་བཅོལ་ ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་ པ་དང༌། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་ རྣམས་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་རླག་པར་མཛོད། །བསྟན་པ་རྒྱས་པའི་ལས་ འདི་མྱུར་དུ་སྒྲུབས། །རྣལ་འབྱོར་བཅོལ་པའི་འཕྲིན་ལས་སྒྲུབ་པར་མཛོད། །ཐུན་གཏོར་མེད་ན། རྒྱུན་གྱི་བསྙེན་པའི་སྐབས་སྤྱི་སྟབ་འདི་བྱ་མི་དགོས་སོ། །ཡིག་བརྒྱ་མང་དུ་བཟླས། མ་འབྱོར་བ་དང་ཉམས་པ་དང༌། ། ཞེས་སོགས་དང༌། མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་ 15-1-523 བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་པར་རིགས། །བླ་མ་མགོན་པོ་དབྱེར་མེད་ལ། ། བདག་ནི་གུས་པས་སྐྱབས་སུ་མཆི། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ ལུས་སེལ་བར་ཤོག །ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་ གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། ། བཛྲ་མུཿ གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་ པ་རང་གི་སྙིང་གར་ཐིམ་པར་གྱུར། རྟེན་ཡོད་ན་བརྟན་བཞུགས་བྱ། སྨོན་ལམ་གདབ་བོ། །ཡོན་ཏན་རབ་ རྫོགས་གངས་ཀྱི་རི་བོ་བཞིན། །བྱིན་རླབས་ཆུ་བོས་སྐལ་ལྡན་ཚིམ་མཛད་ཅིང༌། །རང་སེམས་ ལྷན་ཅིག་སྐྱེས་པ་སྟོན་མཛད་པའི། །ཆོས་རྗེ་བླ་མ་མཆོག་གི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བུ་ བཞིན་གཟིགས་མཛད་ཅིང༌། །མི་འབྲལ་ལུས་དང་གྲིབ་མ་ཇི་བཞིན་དུ། །དམ་ཚིག་ཅན་ལ་ དངོས་གྲུབ་སྟེར་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དམ་ཅན་སྒྲུབ་པ་ པོ་ཡི་རྗེས་འབྲང་ཞིང༌། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས། །སྣ་ཚོགས་འཕྲིན་ ལས་ཚུལ་བཞིན་སྒྲུབ་མཛད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ ལམ་བཞིན། །བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་ཉམས། །ཡིད་ལ་བྱར་མེད་སྟོང་གསལ་ནམ་ མཁའི་ངང༌། །བདེ་ཆེན་ཕྱག་རྒྱ་ཆེན་པོའི༴ སྒྲུབ་པ་པོ་ལ་བརྟེན་ཞིང་མཆོད་པ་དང༌། །སྐུར་ བ་འདེབས་པའི་སྐྱེ་འགྲོ་གང་ཡིན་པ། །ཐམས་ཅད་བྱང་ཆུབ་ལམ་ལ་འགོད་མཛད་པའི། ། མཉམ་མེད་བྱང་ཆུབ་སེམས་ཀྱི༴ འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །བཀྲ་ཤིས་གོ་ འཕང་ཇི་རྙེད་ཡོད་པ་རྣམས། །ཕུན་སུམ་ཚོགས་པ་ཆུ་བོའི་གཞུང་བཞིན་དུ། །སྐྱེ་འགྲོ་ཡོངས་ ལ་རྟག་ཏུ༴ བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་ནམ་མཁའ་ བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །ཡོན་ཏན་རྒྱ་མཚོ་མཆོག་གི་ བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བཀའ་རྒྱ་མ་བརྗོད་དོ། །འདིར་སྨྲས་པ། དེ་ལྟར་བླ་མ་མགོན་པོ་དབྱེར་མེད་ཀྱི། །སྒྲུབ་ 15-1-524 ཐབས་མདོར་བསྡུས་ཙམ་ཞིག་བརྗོད་པ་འདི། །དམ་པ་དུ་མས་ཡང་ཡང་གསལ་མཛད་ཀྱང༌། །གཞན་གྱིས་ནན་ཏན་བསྐུལ་བའི་ ངོར་བྱས་སོ། །དགེ་དེས་བྱང་ཆུབ་སྒྲུབ་པ་ལ། །གེགས་མེད་མཐུན་རྐྱེན་ཀུན་འགྲུབ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། ། མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅི་ག །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །སྐད་ཅིག་ཙམ་གྱིས་ཚར་བཅད་དེ། །ཞི་རྒྱས་དབང་ དང་དྲག་པོ་ཡི། །འཕྲིན་ལས་ཕྱོགས་བཅུར་སྤེལ་བར་ཤོག །ཅེས་པའང་མཆོག་ཏུ་གྱུར་པའི་དགེ་བའི་བཤེས་གཉེན་མང་པོས་ བསྐུལ་བའི་ངོར་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་བདུན་ལ་སྦྱར་བ་ལས། སླར་ཡང་དོན་གཉེར་མང་པོའི་དོན་དུ་རང་ལོ་སོ་ གཉིས་པ་ལ་ཅུང་ཟད་འཁྱེར་བདེ་བར་བྱས་པའོ། །མངྒ་ལཾ། ༄༅། །ༀ་སྭཱ་སྟི། སྤྱན་རས་གཟིགས་དབང་སྒྲོལ་མ་དང༌། །རྡོ་རྗེ་ཕག་མོས་ལེགས་བརྒྱན་པ། །བྱིན་རླབས་མགོན་ པོ་ཆེར་བཏུད་ནས། །ཏིང་འཛིན་དབང་བསྐུར་ཆོ་ག་བཤད། །བར་ཆད་ཀུན་སེལ་གྱི་བཀའ་བྱེད་པར་འདོད་པས། གནས་དབེན་ པར་ཉེར་དགུ་ལ་སོགས་པའི་དུས་བཟང་པོར་མཎྜལ་ཟླུམ་པོའི་དབུས་སུ་ཆོས་འབྱུང་གྲུ་གསུམ་མཐིང་ཁ་མེ་རི་ཅན་རྩེ་མོ་ཚུར་ བསྟན་པ། དབུས་སུ་ཉི་གདན་དྲུག་ལ་ཚོམ་བུ་སྐུ་མདོག་དང་མཐུན་པར་འགོད། ཕྱི་རོལ་གྲུ་བཅད་དམར་པོ། ཟླུམ་སྐོར་གྱི་ཕྱི་ ལའང་རྡོ་རྭ་མེ་རི་བྱ། དེར་མཉྫིའི་སྟེང་དུ། ཐོད་པའི་སྣོད་གང་ཡང་རུང་བའི་ནང་དུ། བདུད་རྩི་ལྔས་སྦགས་པའི་གཏོར་མ་ནོར་ གཟུགས་མ་ཆེ་བ་རེ་འགོད་ཅིང༌། འཁོར་གྱི་གཏོར་མ་བཞེངས་ན། སྣོད་དེ་ཉིད་དུ་གནོད་སྦྱིན་ལ་རྩེ་མོ་གཡས་སུ་བཅུས་པ་གྲུ་ གསུམ། ལས་མགོན་ལ་གྲུ་གསུམ་ཕྲ་མོ། གཞན་གསུམ་ལ་ཟླུམ་པོ་ཕྲ་མོ་རེ་བྱ། གཏོར་མ་ཆེན་པོ་ལ་མདའ་དར་དང༌། ཙ་ཀ་ལི་ བཙུགས། འབུལ་གཏོར་རྒྱས་པ་བཤོམ་ན་གཏོར་སྒྲུབ་ཡིན་ལ། བསྡུ་ན་ཟླུམ་གཏོར་ཆེ་བ་ཞིག་མདུན་དུ་བཤམ། ནང་མཆོད་ དང༌། མཆོད་པ་གཞན་རྣམས་ཅི་བདེ་བར་བསྒྲིགས། དེ་ནས་སློབ་དཔོན་གྱི་བྱ་བ་ནི། སྤྲོ་ན་བགེགས་གཏོར་བཏང་ལ་བགེགས་ བསྐྲད། མཆོད་པ་བྱིན་རླབས། ནང་མཆོད་བྱིན་རླབས། ཡི་དམ་གྱི་བདག་བསྐྱེད་རྣམས་ཡི་དམ་ཉིད་ཀྱི་རང་གཞུང་ལྟར་བྱས་ ནས། མདུན་བསྐྱེད་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝཱས་སྦྱངས། སྟོང་པའི་ངང་ལས། ཞེས་པ་ནས། བཅོལ་པའི་ འཕྲིན་ལས་གྲུབ་པར་མཛོད་ཀྱི་བར་གཏོར་ཆོག་འཕྲིན་ལས་གཏེར་མཛོད་ཀྱི་གཞུང་བསྲང༌། འོག་ནས་འབྱུང་བའི་ ཏིང་ངེ་འཛིན་གྱི་དབང་བསྐུར་ཉིད་དམིགས་པས་བདག་འཇུག་ཏུ་བླངས། སློབ་མའི་རྒྱུད་བྱིན་གྱིས་བརླབ་པའི་དོན་དུ་འདིར་ཡང་ བཟླས་པ་ཅུང་ཟད་བྱ། སློབ་མ་རྣམས་ཁྲུས་བྱ། གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས་སློབ་མ་རྣམས་སེམས་ 15-1-525 བསྐྱེད་གསལ་འདེབས་སུ་བཅུག ཆོས་འདིའི་ཆེ་བ་ཅུང་ཟད་བརྗོད། སྤྲོ་ན་མགོན་པོས་ཐུགས་བསྐྱེད་པའི་ལོ་རྒྱུས་དང༌། གྲུབ་ ཆེན་ཁྱུང་པོས་ཇི་ལྟར་གསན་ཚུལ་དང༌། བརྒྱུད་པའི་བླ་མ་རྣམས་ཀྱིས་ཇི་ལྟར་ནུས་པ་ཐོན་པའི་ཚུལ་རྣམས་ཅི་རིགས་པར་བཤད་ ནས། མཐར་ཡེ་ཤེས་ཀྱི་མགོན་པོ་འདི་ལ་སྒྲུབ་ཐབས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་ཞིག་ བཞུགས་ནའང༌། རྩ་བར་གྱུར་པ་ནི། དྲག་པོ་མཐུ་སྒྲུབ་དང༌། ཞི་བ་ནོར་སྒྲུབ་གཉིས་ལགས། དེ་གཉིས་ཀྱི་ཡང་གཙོ་བོ་དྲག་པོ་མཐུ་སྒྲུབ་ཡིན་ཅིང༌། འདི་ལ་ཡང་བཀའ་རིགས་མི་གཅིག་ པ་མང་དུ་ཡོད་ནའང༌། དེ་རྣམས་ཀྱི་རྩ་བའི་དབང་བཀའ་ནི། བར་ཆད་ཀུན་སེལ་གྱི་བཀའ་ འདི་ཉིད་ཡིན་པས་འདི་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱིས་བྱ་བ་རྣམས་སྔོན་དུ་སོང༌། སློབ་མའི་ངོས་སྐལ་དུ་གྱུར་པ་ལ་ཡང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལ་ཡང༌། མཎྜལ་འབུལ་བ། གསོལ་བ་འདེབས་པ། རྟོག་པ་བསྡུ་བ། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ སེམས་བསྐྱེད་པ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་སྟེ་དྲུག་ཡོད་པ་ལས། དང་པོ་ བླ་མ་དང་མགོན་པོ་དབྱེར་མེད་པའི་སྤྱན་སྔར་ཏིང་ངེ་འཛིན་གྱི་དབང་བསྐུར་ཞུ་བའི་དོན་དུ་ མཎྜལ་ཕུལ་མཛོད། ཅེས་བརྗོད་ལ། སློབ་མས་ཀྱང་མཎྜལ་བཀའ་རྒྱ་མའམ། དེ་མི་ཤེས་ན་སྤྱི་འགྲོ་ཞིག་འབུལ། གཉིས་ པ་ནི། འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་སོགས་ལན་གསུམ། གསུམ་པ་ནི། རྟོག་པ་ཐམས་ཅད་ ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དེ་ལྟར་ན་ སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ་གསན་འཚལ། བཞི་པ་ནི། ཁྱད་པར་ཅན་གྱི་སྐྱབས་འགྲོའི་དོན། བླ་མ་མགོན་པོ་དབྱེར་མེད་ལ་སྐྱབས་སུ་འགྲོ་བ་ཡིན་པས། འདིའི་རྗེས་ཟློས། ཕྱོགས་བཅུ་ན་ བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སློབ་དཔོན་དགོངས་ སུ་གསོལ། བདག་མིང་འདི་ཞེས་བགྱི་བ། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ལ་སྐྱབས་སུ་ མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ༴ ཕྱོགས་བཅུ་ན་བཞུགས་པའི་ཆོས་ 15-1-526 ལ༴ ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་ལ༴ ཡི་དམ་ལྷ་ཚོགས་དང་ཡེ་ཤེས་ཀྱི་མགོན་ པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ། ལན་གསུམ། ལྔ་པ་ནི། འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ སམ། བདག་གིས་སྡིག་པ་བགྱིས་པ་དང༌། །ཞེས་སོགས་རྒྱུན་བཤགས་ཡན་ལག་ལྔ་པ་རྒྱས་བསྡུས་གཉིས་པོ་ གང་བྱས་ཀྱང་འདྲ་སྟེ། ལན་གསུམ་བྱའོ། །དྲུག་པ་ནི། ཡིད་ཀྱིས་སྤྲུལ་པའི་མཆོད་པས་མཆོད་པར་མོས་ལ། འདིའི་རྗེས་ཟློས་བླ་མ་དང་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དབྱེར་མ་མཆིས་པ་ལ། ཕྱི་མེ་ ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལ། བཞེས་ནས་བདག་ལ་དབང་བཞི་རྫོགས་པར་ བསྐུར་དུ་གསོལ། ཞེས་ལན་གསུམ། གཉིས་པ་དངོས་གཞི་ལ་ཡེ་ཤེས་དབབ་པ། སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ པ། སྐུ་དངོས་ཀྱིས་བྱིན་གྱིས་བརླབ་པ། སྔགས་གཏད་པའི་རྗེས་གནང་སྟེ་བཞི་ལས། དང་ པོ་ལ་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་པའི་དོད་དཀྱིལ་འཁོར་གསལ་འདེབས་པ་ དང༌། ཡེ་ཤེས་འཕོ་བ་དངོས་གཉིས་ལས། དང་པོ་ནི། སློབ་དཔོན་དང་མདུན་བསྐྱེད་དབྱེར་ མ་མཆིས་པ་མགོན་པོ་འཁོར་བཅས་གསལ་འདེབས་པ་ཡིན་ཏེ། ཁྱེད་རང་རྣམས་ཀྱི་མདུན་ གྱི་ནམ་མཁར་བསྲུང་བའི་འཁོར་ལོའི་ནང༌། ཞེས་པ་ནས། ཚུལ་བཞིན་དུ་སྐོང་བར་མཛད་པའི་ བར་སྒྲུབ་ཐབས་བཞིན་ལས། ས་བོན་ལས་བསྐྱེད་པའི་ཚིག་རྣམས་དོར། དེ་ལྟ་བུའི་བླ་མ་དང་མགོན་པོ་དབྱེར་ མེད་པ་ལ་མོས་གུས་དུང་བ་བྱས་པས་ཐུགས་ཀ་ནས་འོད་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ ལ་ཕོག སྡིག་སྒྲིབ་ཐམས་ཅད་བསྲེགས། མ་དག་པའི་སྣང་བ་ཐམས་ཅད་སྦྱངས། ༀ་སྭ་བྷཱ་ཝ་ སོགས། སྟོང་པའི་ངང་ལས་པཾ་ལས་པདྨ་ནས་དེའི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧཱུཾ་ མཐིང་ནག་ལས་གྲི་གུག་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་ནས། ཙནྡན་གྱི་སྡོང་པོ་ལ་རྒྱབ་ 15-1-527 བརྟེན་པའོ། །དེ་ལྟར་གསལ་བའི་དཔྲལ་པར་ༀ་ནས། ཧཱུཾ་སྔོན་པོ་སློབ་དཔོན་གྱི་ཐུགས་ཀའི་ ཧཱུཾ་ལས་འོད་ཟེར་འཕྲོས་ནས། འུར་འུར་ཆེམ་ཆེམ་བྱོན་ཏེ་ཁྱེད་རང་རྣམས་ཀྱི་ལུས་ལ་གཉིས་ སུ་མེད་པར་ཐིམ་ཞེས་བརྗོད་ཅིང༌། རོལ་མོའི་སྒྲ་བྱ། དམ་རྫས་སྤོས་ཀྱི་དུད་པ་བཏུལ། ༀ་བཛྲ་མཧཱ་ཀཱ་ལ་ས་པ་ རི་ཝཱ་ར་ཀྵིཾ་ནས། ཛཿཧཱུཾ་བཾ་ཧོཿའི་བར་བརྗོད། གཉིས་པ་ནི། བླ་མ་དང་མདུན་བསྐྱེད་མགོན་པོ་དབྱེར་ མ་མཆིས་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པ་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་མཐིང་ག་གསལ་ བཏབ་ལ། དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཁྱད་པར་དུ་བུམ་པའི་དབང་བསྐུར་དུ་ གསོལ་སྙམ་པས་ཡིད་ཀྱིས་གསོལ་བ་དུང་དུང་བཏབ་པས། བླ་མ་མགོན་པོ་དབྱེར་མེད་ཀྱི་ དཔྲལ་བའི་ༀ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐམས་ཅད་འོད་ ཟེར་དཀར་པོའི་རྣམ་པས་ཚུར་བསྡུས་ཏེ་ༀ་ལ་བསྟིམ། ༀ་ལས་འོད་ཟེར་དཀར་པོ་དཔག་ཏུ་ མེད་པ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་དཔྲལ་བའི་ༀ་ལ་ཐིམ་པས། བུམ་དབང་ཐོབ་པའི་མོས་ པ་མཛོད། ཅེས་བརྗོད་ལ་རོལ་མོ་བྱ། དེས་རིགས་བསྒྲེས་ཏེ། གསང་དབང་བསྐུར་དུ་གསོལ། མགྲིན་པའི་ ཨཱཿ གསུང་གི་བྱིན་རླབས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ། ཁྱེད་རང་རྣམས་ཀྱི་ མགྲིན་པའི་ཨཱཿལ་ཐིམ་པས། གསང་དབང་ཐོབ། རོལ་མོ་བྱ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ དུ་གསོལ། ཐུགས་ཀའི་ཧཱུཾ། ཐུགས་ཀྱི་བྱིན་རླབས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་མཐིང་ག ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུཾ་ལ་ཐིམ་པས། ཤེར་དབང་ཐོབ། རོལ་མོ། དབང་བཞི་པ་བསྐུར་ དུ་གསོལ། ཡང་བླ་མ་མགོན་པོ་དབྱེར་མེད་ལ་མོས་གུས་དུང་བ་བྱས་པས། གནས་གསུམ་ གྱི་ཡི་གེ་འབྲུ་གསུམ་པོ་དེ་ཉིད་རྒྱངས་ཀྱིས་ཆད་ནས་བྱོན། ཁྱེད་རང་རྣམས་ཀྱི་གནས་གསུམ་ གྱི་ཡི་གེ་འབྲུ་གསུམ་ལ་ཐིམ། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུཾ་མགྲིན་པའི་ཨཱཿལ་ཐིམ། དེ་ ཡང་སྤྱི་བོའི་ༀ་ལ་ཐིམ། ༀ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་གྱུར། དེས་ལུས་ངག་ ཡིད་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག་ནས་དབང་བཞི་པ་ཐོབ་པ་ཡིན་པས། སེམས་ 15-1-528 སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ལ་ཞོག་ཅིག་ཅེས་བརྗོད་ལ། རོལ་མོ། གསུམ་པ་ནི། གཏོར་མ་སློབ་མའི་སྤྱི་བོར་བཟུང་ ལ། གཏོར་མ་འདི་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་སུ་གསལ་བ་ལ་མོས་ གུས་དུང་བ་བྱས་པས། འུར་འུར་ཆེམ་ཆེམ་རང་གི་སྤྱི་བོར་བྱོན། བླ་མས་ཁྱེད་རང་རྣམས་ཀྱི་ བར་ཆད་བསྲུང་བ་དང༌། མཐུན་རྐྱེན་སྒྲུབ་པར་བཀའ་བསྒོས་པའི་ཚེ། ཁྱེད་རང་རྣམས་ཀྱི་ ནད་གདོན་དགྲ་བགེགས་ཐམས་ཅད་མགོན་པོའི་ཞལ་དུ་ཤ་ཆོམ་རུས་ཆོམ་དུ་གསོལ་ཞིང༌། རིགས་ཀྱི་བུ་ཁྱོད་ཀྱི་བར་ཆད་བསྲུང་བ་དང༌། མཐུན་རྐྱེན་སྒྲུབ་པར་ངེས་བྱའོ། །ཞེས་གསུང་ ལྷང་ལྷང་བྱོན་པར་སྒོམ་མཛོད། ཅེས་བརྗོད་ལ་རོལ་མོའི་སྒྲ་དང་བཅས་པས་བཀའ་བསྒོ་དྲག་ཏུ་བྱའོ། །བཞི་པ་ ནི། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཅེས་སློབ་ མའི་དོན་དུ་སློབ་དཔོན་གྱིས་མདུན་བསྐྱེད་ལ་གསོལ་བ་ལན་གསུམ་བཏབ། ཡང་འདི་སྐད་ ཅེས་བརྗོད་དེ། བླ་མ་དང་མགོན་པོ་དབྱེར་མེད་པའི་ཐུགས་ཀར་པད་ཉི་ལ་ཧཱུཾ་ལ་སྙིང་པོ་དང་ རྩ་སྔགས་ཀྱིས་བསྐོར་བར་བསྒོམས་ལ། མོས་གུས་དུང་བ་དང་བཅས་པས་མེ་ཏོག་འཐོར་ བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་ བར་མཛད་དུ་གསོལ། །ལན་གསུམ། བཟླས་ལུང་དངོས་གཞི་སྤྱི་དང་མཐུན་པ་ལ། རྗེས་ཟློས་ལན་གསུམ་གྱི་མཐར། སློབ་དཔོན་གྱི་ཐུགས་ཀའི་སྔགས་འཕྲེང་དེ་ཉིད་རྒྱངས་ཀྱིས་ཆད་ནས་བྱུང༌། ཁྱེད་རང་རྣམས་ ཀྱི་སྙིང་གའི་ཧཱུཾ་ལ་ཐིམ་པས། བླ་མ་མགོན་པོའི་བྱིན་རླབས་མཐའ་དག་གིས་རྒྱུད་བརླན་པར་ མོས་མཛོད། གསུམ་པ་རྗེས་ལ། དམ་ཚིག་བཟུང་བ། ཡོན་དབུལ་བ། སྨོན་ལམ་གདབ་པ་ སྟེ་གསུམ་ལས་དང་པོ་ནི་དེང་ཕྱིན་ཆད་ཁྱེད་རྣམས་ཀྱིས་ཡོངས་སུ་བླངས་པའི་བསླབ་པ་ ཐམས་ཅད་རྣམ་པར་དག་པ་དང༌། ཁྱད་པར་སེམས་བསྐྱེད་ཀྱི་བསླབ་བྱ་དང༌། སྔགས་ཀྱི་ དམ་ཚིག་མཐའ་དག་མ་ཉམས་པ་གལ་ཆེ། ཡང་དགོས་མགོན་པོ་ཉིད་ཀྱི་དམ་ཚིག་འབྲུ་ ནག་རྗེན་བཏགས་ཀྱི་གཏོར་མ་དང༌། དམ་རྫས་ཀྱི་སྤོས་སྦྱར་མ་མཆོད་པར་གྱིས། བྱ་ནག་ 15-1-529 དང༌། ཁྱི་ནག་ལ་རྡོ་མི་བརྡེག ཡིད་ཆེས་པར་གྱིས་ལ་བླ་མ་དང་དབྱེར་མེད་དུ་ལྟོས། འབྱུང་ པོ་གཞན་ལ་ཟས་ཕུད་མི་འབུལ། སྡིག་ཅན་གཏུམ་པོ་གྲོགས་སུ་མི་བསྟེན། ཁྱད་པ་ཆོས་སྐྱོང་ འདི་ཉིད་གསང་བ་དང༌། སྔགས་དང་མན་ངག་གསང་བ་དང༌། དུས་རྒྱུན་དང་ཁྱད་པར་གྱི་ མཆོད་གཏོར་ལ་བརྩོན་པ་གལ་ཆེ་བ་ལགས་སོ། །དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ ཚིག་དང་སྡོམ་པ་སྲུང་སྙམ་པས། འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཉིས་པ་ནི། གཏང་ རག་གི་མཎྜལ་ཕུལ། དེང་ནས་བརྩམས་ཏེ་སོགས་ལན་གསུམ། གསུམ་པ་ནི། བསོད་ནམས་འདི་ཡིས་ སོགས། བདག་གིས་དགེ་བའི་སོགས་སྨོན་ལམ་ཅི་རིགས་པར་བརྗོད་དོ། །བར་འདིར་ཚོགས་མཆོད་གཏོང་ངོ༌། །དེ་ནས་ རྗེས་ཀྱི་མཆོད་པ་བཤམ། སྤྱི་དང་མཐུན་པར་བྱིན་གྱིས་བརླབས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་ མཆོད་ཕུལ། ཆོས་དབྱིངས་ངང་ལས་སོགས་ཀྱིས་བསྟོད། ཡིག་བརྒྱ་མང་དུ་བཟླ་བ་ནས། སླར་ཡང་འབྱོན་པར་ མཛད་དུ་གསོལ། གཏོར་མའི་ཡེ་ཤེས་པ་བྲིས་སྐུའི་ཐུགས་ཀར་ཐིམ། ༀ་བཛྲ་མུཿ གཏོར་ མགྲོན་རྣམས་རང་བཞིན་གྱིས་གནས་སུ་གཤེགས། དམ་ཚིག་པ་རང་གི་སྙིང་གར་ཐིམ། གཏོར་ མ་བྱིན་གྱིས་བརླབས་ཏེ། བྲིས་སྐུའི་ལྷ་ལ་གཏོར་ཆོག་བཞིན་ཕུལ་ནས། བྲིས་སྐུ་ལ་བརྟན་བཞུགས་བྱ། སྨོན་ལམ་བཏབ། བཀྲ་ ཤིས་བཀའ་རྒྱ་མ་བྱའོ། །ཡང་འདི་དག་ལ་ལག་ལེན་མི་འདྲ་བའི་ཁྱད་པར་ནི། སྔོན་འགྲོའི་སྐབས་ཐུན་མོང་མ་ཡིན་པའི་གསོལ་ གདབ་མི་བྱེད། དངོས་གཞིའི་སྐབས་མདུན་བསྐྱེད་ལ་ཡེ་ཤེས་པ་སྤྱན་འདྲེན་པ་ཙམ་ལས། སློབ་མ་ལ་མགོན་པོ་བསྐྱེད་བསྟིམ་མི་ བྱེད། དབང་བཞི་པའི་སྐབས་སློབ་དཔོན་གྱི་གནས་གསུམ་ནས། ཡིག་འབྲུ་གཉིས་པ་ཆད་དེ་བསྟིམ། སློབ་མའི་ཡིག་འབྲུ་གསུམ་ འོད་གསལ་དུ་བསྡུ་བ་མི་བྱེད། གཏོར་མའི་བཀའ་བསྒོ་དང༌། དམིགས་པ་ལ་ཡང་ཁྱད་པར་ཡོད། སྔགས་ཀྱི་བཟླས་ལུང་མི་བྱེད་ པའམ། བྱེད་ཀྱང་དཀྱུས་མཐུན་ཙམ་བྱེད་པ་ནི། གཏོར་དབང་བར་ཆད་ཀུན་སེལ་བསྡུས་པའམ། ཐུན་མོང་བ་དཀྱུས་མ་ཡིན་ནོ། ། ཡང་བླ་མའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་མགོན་པོ་དཀར་དམར་མཐིང་གསུམ་སྤྲོ་བ་དང༌། བཞི་པ་ལ་སྐུའི་སྟོད་སྨད་ ཐམས་ཅད་ནས་དཔའ་བོ་མཁའ་འགྲོའི་ཚོགས་སྤྲོ་བ་ཡང་ལུགས་ཤིག་ཡིན། ཡང་ཡི་གེ་འབྲུ་གསུམ་སྤྲོ་བས་དབང་གསུམ་བྱེད་ པའང་ཡོད་ཅིང༌། སྐུ་སྤྲོ་བའི་དབང་བཞི། གསུང་ཡིག་འབྲུའི་དབང་བཞི། ཐུགས་འོད་ཟེར་ཀྱི་དབང་བཞི། ཡོན་ཏན་གཏོར་མའི་ 15-1-530 དབང་བཞི། འཕྲིན་ལས་ཕྱག་མཚན་གྱི་དབང་བཞི། ཞེས་ཏིང་ངེ་འཛིན་གྱི་དབང་ཉི་ཤུ་བསྐུར་བ་ནི། ཞང་སྒོམ་ཆེན་པོའི་ཐུན་མོང་ མ་ཡིན་པའི་ལུགས་ཡིན་ལ། ཚུལ་དེ་བཞིན་མ་ཤེས་པར་གཏོར་དབང་དཀྱུས་འགྲོ་ཞིག་གི་གཞུག་ཏུ་ཕྱག་མཚན་དྲུག་གི་རྗེས་ གནང་ཙམ་བྱེད་པ་ནི་སྙིང་པོ་མེད་དོ། ཁྱད་པར་ཆོས་བརྒྱུད་སེལ་ཡོད་པ་དང༌། ཆོས་སྒོར་མ་ཞུགས་པའི་ཁྱིམ་པ་ལ། གཏོར་དབང་ ཟབ་མོའི་ལུགས་སུ་བསྐུར་བ་ནི། ཚེ་འདིར་ཡང་བསྐུར་བར་བྱ་བའི་ཡུལ་ལ་མི་ཕན་ཞིང༌། རང་ལ་བཀའ་ཆད་རིན་གྱིས་ཉོ་བ་ཡིན་ པས། རྙེད་བཀུར་ལ་སོགས་པའི་དོན་དུ་གཏོར་དབང་ཙམ་བྱེད་ནའང༌། མི་ཟབ་པའི་ལུགས་དེ་ཉིད་ལ་ཚིག་ཚོགས་ཀྱི་སྤྲོས་པ་ དང་བཅས་པ་བྱས་ནས་ཁུ་ལྡོག་ཆུང་བ་ཡིན། སྤྱིར་གསང་སྒྲོགས་ཀྱི་ཉེས་པ་ལ་ནི་ཁྱད་ཆེར་མེད་དོ། །གཙོ་རྐྱང་འཇམ་ཞིང་འཁོར་ ཅན་བཀའ་གཉན་པ་ཡིན་པས་གཙོ་རྐྱང་ལ་བརྟེན་ནས་གཏོར་དབང་བྱེད་ནའང་དེའི་འདོར་ལེན་ཤེས་དགོས་ལ། མགོན་པོ་སྟོད་ ལུགས་ལྷ་དགུ་མ་ལ། གནས་རྙིང་བ་ཕྱི་མ་འགས་གསར་རྙིང་གི་ཆོ་ག་ཅི་རིགས་ལ་བརྟེན་ནས་དབང་ཆོག་རྒྱས་པ་སྦྱར་བ་ནི་རང་ བཟོར་བྱས་ལ། དེའི་ཡིག་རྙིང་ཁུངས་མ་རྣམས་ཕལ་ཆེར་འདི་ཉིད་དང་མཐུན་པས། ཏིང་ངེ་འཛིན་གྱི་དབང་གི་ཆོ་ག་འདི་ཁོ་ནས་ བྱའོ། །རྗེས་ཆོག་གི་སྐབས་བྲིས་འབུར་སོགས་རྟེན་ཡེ་མེད་ན། གཏོར་མའི་ལྷ་དམ་ཡེ་མ་ཕྱེ་བར་ནམ་མཁར་སྤར་ལ། གཏོར་མ་ བྱིན་གྱིས་བརླབས་ཏེ་ཕུལ་ནས། ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ། གཏོར་མ་ལྷར་བསྐྱེད་ཚུལ་ལ་ཡང་གཏོར་མའི་སྟེང་དུ་ མགོན་པོ་བསྐྱེད་པ་དང༌། གཏོར་མ་ཉིད་བསྐྱེད་པ་གཉིས་ཡོད་པ། གཏོར་དབང་གི་ཚེ་ཟབ་མི་ཟབ་ཁྱད་པར་ཆེན་པོ་ཡོད་པ་འདོར་ ལེན་གལ་ཆེའོ། །གཏོར་མ་འདིས་དཔེར་མཚོན་ནས། སློབ་མའི་ཁྱད་པར་ཤེས་པའང་གལ་ཆེའོ། །བསྟན་སྲུང་ཀུན༷་ལས་ཆེས་ ལྷག་པའི། །ཕྱག་དྲུག་མགོན་པོའི་བྱིན་རླབས་ཀྱི། །ལག་ལེན་རབ་ཏུ་དག༷འ་བའི་ཏོག །སྙིང༷་པོ༷་ཙམ་ཞིག་གསལ་བར་བཀོད། ། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་བར་ཆད་ཀུན་སེལ་གྱི་བྱིན་རླབས་ཀྱི་ལག་ལེན་གསལ་བར་བཤད་པའི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ༀ་སྭཱ་སྟི། བླ་མ་མགོན་པོ་དབྱེར་མེད་ནི། །དབང་གི་རྒྱལ་པོ་ཞེས་གྲགས་པ། །མཁའ་འགྲོའི་ཚོགས་བཅས་ ལ་བཏུད་དེ། །ཡིད་བཞིན་ནོར་བུའི་སྒྲུབ་ཐབས་བྲི། །མགོན་བཀའ་གཉིས་པ་མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ དང༌། རྗེས་གནང་བྱེད་ཚུལ་ཡང་སྙིང་དུ་དྲིལ་བ་ནི། མདུན་དུ་སྟེགས་བུའི་སྟེང་དུ། རྡུལ་ཚོན་གྱི་མཎྜལ་ཟླུམ་པོ་མུ་ཁྱུད་དཀར་པོ། དབུས་སུ་ཆོས་འབྱུང་དཀར་པོ། རེ་ཁ་དམར། གྲུ་བཅད་ལྗང་ཁུ། ཆོས་འབྱུང་གི་དབུས་སུ་ཉི་གདན་ལ་ཚོམ་བུ་དཀར་པོ་ཞིག་ 15-1-531 བཀོད། དེའི་སྟེང་དུ་མཉྫི་ལ་རྟེན་གྱི་གཏོར་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་བཀོད་དེ། དབྱིབས་གྲུ་གསུམ་དུ་བྱེད་པའམ། ནོར་བུའི་དབྱིབས་སུ་བྱེད་ན། ཟན་ཟླུམ་པོའི་སྟེང་དུ། ཟན་རིལ་གསུམ་འཛོམ། དེའི་སྟེང་དུ་ཛཾ་བཤོས་འདྲ་བ་ཞིག་བཀོད་པས། ཕྱོགས་གང་ནས་བལྟས་ཀྱང་ནོར་བུ་མིག་གསུམ་འདྲ་བ་ཞིག་ཡོད་པས་དེ་ལྟར་བྱས་ཀྱང་རུང༌། གང་ལྟར་ནའང་རྒྱུ་ཕྱེ་མར་ལ་རིན་ པོ་ཆེ་བརྡར་བ་སོགས་ལས་བྱས། མཎྜལ་གྱི་མདུན་དུ་འབུལ་གཏོར་ཟླུམ་པོ་ཟས་བཟང་དགུས་བརྒྱན་པ་དང༌། མཆོད་པ་རྣམས་ སྤྱི་དང་མཐུན་པར་བཤམ། རྟེན་གཏོར་ལ་ཙ་ཀ་ལི་ཡོད་ན་འཛུགས་ཤིང་མེད་ཀྱང་ཆོག དེ་ནས་མཆོད་པ་བྱིན་རླབས་སྤྱི་དང་ མཐུན་པར་བྱས་ལ། དངོས་གཞི་ཉམས་ལེན་ནི། བདག་བསྐྱེད་ཡི་དམ་ལ་བྱ་བའི་ལུགས་ཀྱང་ཡོད་མོད་ཀྱི་འདི་ལ་བདག་མདུན་ དབྱེར་མེད་གཙོ་ཆེ་ཞིང༌། ཕྱག་ལེན་ཡང་བདག་མདུན་དབྱེར་མེད་ལ་མཛད་དེ། དེ་ལྟར་ན་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་ བཞི་སྔོན་དུ་འགྲོ་བའི་སྒོ་ནས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་བསྲུང་ འཁོར་གྱི་དབུས་སུ། པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ། གཾ་ལས་ཚོགས་བདག་ དཀར་པོ་གླང་པོ་ཆེའི་གདོང་པ་ཅན། ལ་ཕུག་དང༌། ནེའུ་ལེ་འཛིན་པ་གཉིས་ཁ་བུབ་ཏུ་བསྒྱེལ་ བའི་སྟེང་དུ། རང་སེམས་ཆོས་ཉིད་ཀྱི་ཐིག་ལེ་དཀར་དམར་རྒྱ་སྲན་ཙམ། དེའི་དབུས་སུ་ཧཱུཾ་ དངུལ་ཆུའི་མདོག་ལྟ་བུ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་ སྡུག་བསྔལ་བསལ། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་དང་མདུན་བསྐྱེད་ དབྱེར་མ་མཆིས་པ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་ པོའི་སྐུར་གྱུར་པ་ནི། སྐུ་མདོག་དཀར་ཞིང་བརྗིད་པ། ཞལ་ཁྲོ་ལ་འཛུམ་གྱི་རྣམ་པ་ཅན་རབ་ ཏུ་བཞད་པ། སྤྱན་གསུམ་དང་ལྡན་ཞིང༌། སྨ་ར་སྨིན་མ། དབུ་སྐྲ་ཁམ་སེར་བརྫེས་པ། དཔྲལ་ བར་སིན་དྷུ་རའི་ཐིག་ལེས་བྱུགས་པ། སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་པ། ཕྱག་ གཡས་ཀྱི་དང་པོས་གྲི་གུག་ནམ་མཁའ་ལ་འཕྱར་བ། བར་པས་ནོར་བུ་དབང་གི་རྒྱལ་པོ་ ཐུགས་ཀར་གཏོད་པ། ཐ་མས་སེང་ལྡེང་གི་ཌཱ་མ་རུ་འཁྲོལ་བ། གཡོན་གྱི་དང་པོས་བུམ་པ་ ནོར་བུས་གང་བ་ཀ་པཱ་ལ་བདུད་རྩིས་གང་བའི་ནང་དུ་བཅུག་སྟེ་བརླ་གཡོན་པ་ལ་བརྟེན་པ། 15-1-532 གཉིས་པ་ན་རྩེ་གསུམ། ཐ་མ་ན་ཞགས་པ་འཛིན་པ། ཞབས་འགྲོ་འཆོམ་གྱི་སྟབས་ཀྱིས་པད་ ཉི་ཚོགས་བདག་གི་གདན་ལ་བཞུགས་པ། དར་སྣ་ཚོགས་ཀྱི་ལྷབ་ལྷུབ་དང༌། སྟག་ལྤགས་ཀྱི་ ཤམ་ཐབས་ཅན། གླང་པོ་ཆེའི་ལྤགས་པའི་སྟོད་གཡོགས་གསོལ་བ། ཐོད་སྐམ་ལྔའི་དབུ་ རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རིན་པོ་ཆེའི་རྒྱན་དང་སིལ་ཁྲོལ་དང༌། ཆུན་འཕྱང་ སྣ་ཚོགས་པས་མཛེས་པ། འཁོར་དབང་སྡུད་ཀྱི་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་ཀྱིས་ བསྐོར་ཏེ་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེ་ནས་དཔྲལ་བར་ༀ། མགྲིན་པར་ ཨཱཿ ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་མོ་ལྕགས་ཀྱུ་དང་ཐོད་ཁྲག་འཛིན་པ། དེའི་ཐུགས་ཀར་ཆོས་ཉིད་ཀྱི་ཐིག་ལེ། དེའི་དབུས་སུ་ཧཱུཾ་དཀར་པོའོ། །རང་གི་སྙིང་ག་ནས་ འོད་ཟེར་འཕྲོས། ཤར་ལྷོར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས། མྱུར་མཛད་ཡེ་ཤེས་ཀྱི་ མགོན་པོ་ཡིད་བཞིན་གྱི་ནོར་བུ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། མགོན་པོ་ཡིད་བཞིན་ནོར་ བུ་ཐུགས་རྗེ་ཅན། །སྐུ་མདོག་གངས་རི་ལྟར་དཀར་འོད་ཟེར་འཕྲོ། །འགྲོ་བའི་དབུལ་འཕོངས་ མ་ལུས་ཞི་མཛད་པ། །འདོད་དགུའི་དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོད། །སྙིང་གའི་ཐིག་ ལེའི་མཐའ་བསྐོར་དུ་སྔགས་ཀྱིས་བསྐོར་བར་བསམས་ལ། གུ་རུ་མཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ ཛཿ ཞེས་ཅི་ནུས་སུ་བཟླ། གཏོར་མ་བསངས་སྦྱངས་ནག་པོའི་མངོན་རྟོགས་སུ་བཤད་པ་ལྟར་བྱིན་གྱིས་བརླབས་ལ། ཡེ་ ཤེས་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ནས་གསོལ་ བར་གྱུར། སྙིང་པོའི་མཐར་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་བདུན་གྱིས་འབུལ་ཞིང༌། ཤཱ་ས་ན་ལན་གསུམ་གྱིས་དམ་ཅན་སྤྱི་ལ་འབུལ་བ་ཕྱག་ལེན་ལ་མཛད། དེ་ནས་གོང་བཞིན་མཆོད་བསྟོད། མཆོད་སྦྱིན་ གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་ལ་གསོལ་བ་བཏབ། རང་ཉིད་སྒྲུབ་པ་ཉམས་ལེན་ཙམ་ཡིན་ན། སྐབས་འདིར་རྗེས་ཆོག་བྱ། སློབ་མ་རྗེས་བཟུང་ནི། རྗེས་ཆོག་གི་སྔོན་དུ་བྱ་བ་ཡིན་ཏེ། སློབ་མ་རྣམས་ལ་ཆབ་བཏང༌། མེ་ཏོག་ 15-1-533 བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་བཏབ། རྒྱས་པར་སྤྲོ་ན་ཆོས་བཤད། མགོན་པོའི་ཐུགས་བསྐྱེད་པའི་ལོ་རྒྱུས་སོགས་བཤད། བསྡུ་ན་སེམས་བསྐྱེད་གསལ་བཏབ་པ་ཙམ་གྱིས་ཆོག མཎྜལ་འབུལ་དུ་གཞུག་ཅིང༌། གསོལ་བ་འདེབས་པ་འདིའི་ རྗེས་ཟློས་མཛོད། བྱས་ལ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །ཞེས་སོགས་ལན་གསུམ། རྟོག་པ་བསྡུ་བ། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ། རྒྱུན་བཤགས་ཡན་ལག་ལྔ་པ། ཐུན་མོང་མ་ཡིན་པའི་གསོལ་གདབ་རྣམས་ཕྱག་ལེན་རྒྱས་ པའི་ཚེ་མཛད་ཅིང༌། མདོར་བསྡུས་པ་ལ་དགའ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་རྒྱུན་ བཤགས་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག རྗེས་གནང་དངོས་གཞི་ལ་དམིགས་པ་འདི་བཞིན་དུ་ མཛོད། ཅེས་བརྡ་སྤྲད་ལ། མདུན་གྱི་གཏོར་མ་དང་སློབ་དཔོན་དབྱེར་མ་མཆིས་པ་མགོན་པོ་ཡིད་ བཞིན་གྱི་ནོར་བུ་གསལ་གདབ་དགོས་པ་ཡིན་པས། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ ཀོ྅ཧཾ། སྟོང་པའི་ངང་ལས་ཞེས་པ་ནས། བཞུགས་པའོའི་བར་གོང་བཞིན། དེ་ལྟ་བུའི་སློབ་དཔོན་ དང་མདུན་བསྐྱེད་དབྱེར་མ་མཆིས་པ་ལ་མོས་གུས་དུང་བ་བྱས་པས། ༀ་ཤཱུ་ནྱ་ནས། ཀོ྅ཧཾ། ཞེས་གསུངས་པའི་རྐྱེན་གྱིས་ཀུན་རྫོབ་རྣམ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་ དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཐིག་ལེ་ ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་གྱི་ནོར་བུ་ དབང་གི་རྒྱལ་པོའི་སྐུར་ཁྲོང་གིས་གྱུར་པར་མོས་མཛོད། ཁྱེད་རང་རྣམས་ཀྱི་དཔྲལ་བར་ༀ། ཞེས་པ་ནས། ཧཱུཾ་དཀར་པོའོ། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཤར་ལྷོ་དུར་ཁྲོད་ ཆེན་པོ་བསིལ་བའི་ཚལ་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡིན་བཞིན་གྱི་ནོར་བུ་མཁའ་ འགྲོའི་ཚོགས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ། སྐད་ཅིག་དེ་ཉིད་ལ་ཌཱ་མ་རུ་དང༌། དྲིལ་བུ་གཡེར་ཁ་སིལ་སིལ། ཁྲོལ་ཁྲོལ། འུར་འུར། ཆེམ་ཆེམ་བྱོན་ཏེ། ཁྱེད་རང་ལ་གཉིས་ སུ་མེད་པར་ཐིམ། ཞེས་བརྗོད་ལ་རོལ་མོ་དྲག་ཏུ་བྱ། སྙིང་པོའི་མཐར་ཨ་བེ་ཤ་ཡ་ཨཿ ཞེས་དྲག་ཏུ་བཟླ། རོལ་མོ་ དང་སྔགས་བཟླས་ནི་འོག་མ་རྣམས་ལ་ཡང་རིགས་འགྲེ། དེ་སྐུའི་རྗེས་གནང་བུམ་དབང་གི་དོད་ཡིན་ནོ། 15-1-534 སློབ་དཔོན་གྱི་ཐུགས་ཀའི་ཆོས་ཉིད་ཀྱི་ཐིག་ལེའི་ནང་ཧཱུཾ་གི་མཐའ་སྐོར་དུ་སྔགས་ཀྱིས་ བསྐོར་བར་མོས། སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། ཐུགས་ཀའི་སྔགས་འཕྲེང་ ལས་སྔགས་འཕྲེང་གཉིས་པ་ཞིག་ཆད། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ སྙིང་གའི་ཆོས་ཉིད་ཀྱི་ཐིག་ལེའི་ནང་དུ་སྤར་བཏབ་པ་བཞིན་དུ་འཁོད་པར་མོས་ལ། འདིའི་ རྗེས་ཟློས་མཛོད། སྙིང་པོ་ལན་བཅུ་གསུམ་བཟླ་བ་ཕྱག་ལེན་ལ་མཛད། དེ་གསུང་གི་རྗེས་གནང་གསང་ དབང་ཡིན་ནོ། །ཡང་སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། ཐུགས་ཀ་ནས་འོད་ཟེར་ འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་མ་ ལུས་པ་ཚུར་བསྡུས་ཏེ་ཐུགས་ཀར་ཐིམ། བླ་མ་མགོན་པོ་དབྱེར་མེད་ཀྱི་ཐུགས་ཀའི་ཧཱུཾ་ལས་ གྲི་གུག ཐོད་པ། བུམ་པ། ནོར་བུ། ལྕགས་ཀྱུ་ལ་སོགས་པའི་ཕྱག་མཚན་དཔག་ཏུ་མེད་པ་ བྱུང༌། ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། རོལ་མོ། དེ་ཐུགས་ཀྱི་ རྗེས་གནང་ཤེས་རབ་ཡེ་ཤེས་ཀྱི་དོད་ཡིན། ཡང་སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ལས། མཁའ་འགྲོ་སྡེ་ལྔ་སྐུ་མདོག་དམར་མོ་ཌཱ་མ་རུ་དང་ཐོད་པ་ ཐོགས་པ་དཔག་ཏུ་མེད་པ་སྤྲོས། ཤངས་ཀྱི་བུ་ག་གཡོན་པ་ནས་འཐོན། ཕྱོགས་བཅུའི་འཇིག་ རྟེན་གྱི་ཁམས་ཐམས་ཅད་གང༌། འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་ བཅུད། དྭངས་མ། ཚེ་སྲོག ལོངས་སྤྱོད། དབང་ཐང་ཐམས་ཅད་བདུད་རྩིའི་རྣམ་པར་ཚུར་ འདུས། ཁྱེད་རང་རྣམས་ཀྱི་སྣ་བུག་གཡོན་པ་ནས་ཞུགས། སྲོག་རྩའི་ལམ་ནས་བརྒྱུད་དེ། སྙིང་གའི་ཆོས་ཉིད་ཀྱི་ཐིག་ལེ་ལ་གཉིས་སུ་མེད་པ་ཐིམ། རོལ་མོ། དེ་ཡོན་ཏན་གྱི་རྗེས་གནང༌། དབང་བཞི་པའི་དོད་ཡིན་ནོ། །ཡང་སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། བླ་མ་མགོན་ པོ་དབྱེར་མེད་ཀྱི་ཞབས་འོག་གི་ཚོགས་བདག་བསྐུལ་བས། ཚོགས་བདག་ལས་རང་དང་ འདྲ་བའི་ཚོགས་བདག་དཔག་ཏུ་མེད་པ་སྤྲུལ། འབྱུང་པོ་མི་དང་མི་མ་ཡིན་དྲེགས་ལྡན་ཆེ་ 15-1-535 དགུ་ཐམས་ཅད་དབང་དུ་བསྡུས། ཁྱེད་རང་རྣམས་ཀྱི་བྲན་དུ་ཕུལ་བའི་མོས་པ་མཛོད། ཁྱེད་ རང་རྣམས་ཀྱི་རྐང་འོག་གི་ཚོགས་ཀྱི་བདག་པོའི་ཁ་དང་བཤང་ལམ་བ་སྤུའི་བུ་ག་ཐམས་ ཅད་ནས། ཡིད་བཞིན་གྱི་ནོར་བུའི་ཆར་ཆེན་པོ་བབས་པས། རང་གི་བང་མཛོད་གནས་ཁང་ ཡུལ་ཕྱོགས་ཐམས་ཅད་ཟས་ནོར་ལོངས་སྤྱོད། འདོད་དགུ་སྣ་ཚོགས་པས་ཕྱུར་བུར་གང་བར་ གྱུར། རོལ་མོ། དེ་འཕྲིན་ལས་ཀྱི་རྗེས་གནང་དབང་གི་མཐའ་རྟེན་གྱི་དོད་ཡིན་ནོ། །འཕྲིན་ ལས་གཏོར་མའི་བཀའ་བསྒོ་བ་ནི། མོས་པ་འདི་བཞིན་དུ་མཛོད། གཏོར་མ་འདི་ཉིད་བླ་མ་ མགོན་པོ་དབྱེར་མེད། མགོན་དཀར་ཡིད་བཞིན་གྱི་ནོར་བུ་མཁའ་འགྲོ་མའི་ཚོགས་དང་ བཅས་པར་གསལ་བཏབ། དེ་རྣམས་ལ་མོས་གུས་དུང་པ་བྱས་པས། འུར་འུར། ཆེམ་ཆེམ། རང་གི་སྤྱི་བོར་བྱོན། རང་གི་ཡིད་ལ་ཇི་ལྟར་འདོད་པའི་དོན་ཐམས་ཅད་བསྒྲུབ་པར་བྱའོ། ། ཞེས་གསུང་ལྷང་ལྷང་བྱོན་པར་བསམ་ཞིང༌། བྱིན་གྱིས་རློབ་རློབ་ལྟར་བཞུགས་པར་གྱུར། རོལ་མོའི་སྒྲ་དང་བཅས་ཏེ། རྩ་བརྒྱུད་ཀྱི་བླ་མའི་མཚན་ནས་བརྗོད་ཅིང༌། བཀའ་བསྒོ་དྲག་ཏུ་བྱ། མཐར་བླ་མ་མགོན་པོ་དབྱེར་མེད་འོད་དུ་ཞུ་ནས། ཁྱེད་རང་རྣམས་ལ་ཐིམ་པར་མོས་པ་ མཛོད་བྱས་ལ། དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང༌། ཞེས་པ་ནས། སྦྱར་དུ་ གསོལ་ཞེས་པའི་བར་ནག་པོའི་རྗེས་གནང་གི་སྐབས་དང་འདྲ། རྗེས་ཀྱི་ཆོ་ག་རྣམས་ཀྱང་མགོན་པོ་ནག་པོ་དང་འདྲ་ཞིང༌། འདི་ཉིད་ཀྱི་རྗེས་ཆོག་གི་སྐབས་གཏོར་མའི་ཡེ་ཤེས་པ་ནམ་མཁར་བཏེགས་ནས། གཏོར་མ་དེ་ཉིད་དབུལ་བའི་ལག་ལེན་ཡང་ འདུག་མོད་ཀྱི་མགོན་དཀར་གྱི་ཕྱག་ལེན་དཀྱུས་ལ་མི་མཛད་པར་སྣང་ངོ༌། །ནོར་སྒྲུབ་ཀུ༷ན་ལས་ཆེས་ལྷག་པ། །དག༷འ་བར་ བསྔགས་པའི་གཡེར་པོ་ཆེ། །མཁའ་འགྲོའི་སྙིང༷་ནས་བསྐུལ་བའི་ཐབས། །གསལ་པོ༷ར་བརྗོད་འདི་ཨེ་མ་མཚར། །མགོན་དཀར་ ཡིད་བཞིན་གྱི་ནོར་བུའི་སྒྲུབ་ཐབས་ཀྱི་ལེ་མཚན་ནོ།། །།མངྒལཾ། ༄༅། །ན་མོ་གུ་རུ། རྒྱལ་བ་ཀུན་གྱི་བླ་མ་ནི། །རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་པ། །འཇིག་རྟེན་མགོན་ལ་ 15-1-536 རབ་བཏུད་ནས། །མགོན་སེར་སྒྲུབ་ཐབས་བཤད་པར་བྱ། །མགོན་བཀའ་གསུམ་པ་མགོན་སེར་ཞལ་གསུམ་ཕྱག་དྲུག་པའི་ སྒྲུབ་ཐབས་དང༌། རྗེས་གནང་ལག་ཏུ་བླང་བའི་རིམ་པ་ནི། གཏོར་མ་གྲུ་གསུམ་སེར་པོའམ། ནོར་བུ་འབར་བའི་གཟུགས་ཅན་ ཞིག་བྱ། ཆོས་འབྱུང་སེར་པོ་གྲུ་གསུམ་གྱི་སྟེང་དུ་མཉྫི་ལ་འགོད་པ་སོགས་བཤོམ་གཞན་དང་འདྲ། མཆོད་པ་བྱིན་རླབས་དང༌། སྐྱབས་སེམས་ཚད་མེད་བཞི་རྣམས་སྤྱི་དང་འདྲ། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལ་ཧཱུཾ་ཡིག་ལས་བྱུང་ བའི་བསྲུང་འཁོར་གྱི་དབུས་སུ་པད་ཉི་ལ་ཚོགས་བདག་ཕོ་མོ་བསྒྱེལ་བའི་སྟེང་དུ། ཧཱུཾ་སེར་ པོ་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་སེར་ལ་ཅུང་ཟད་ དམར་བའི་མདངས་ཅན། ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་སེར་བ། གཡས་ཞལ་དཀར་ བ། གཡོན་ཞལ་དམར་བ། སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། དབུ་སྐྲ་ སེར་པོ་གྱེན་དུ་འཁྱིལ་བ། ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་ ཐུགས་ཀར་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྒྱལ་མཚན། གསུམ་པ་ན་ཨུཏྤལ། གཡོན་གྱི་གཉིས་པ་ན་ནེའུ་ལེ་དང༌། གསུམ་པ་ཞགས་པ་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་ཚོགས་བདག་ཕོ་མོ་མནན་པ། སྐུ་ལ་དུར་ ཁྲོད་ཆས་བརྒྱད་རྫོགས་པ། ཡུམ་ལྷ་མོ་དྲག་མོ་སྐུ་མདོག་དུད་ཁ་གྲི་ཐོད་འཛིན་པས་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དཔྲལ་བར་ༀ། མགྲིན་པ་ ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་དང་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས། མྱུར་མཛད་འཁོར་དང་ བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ རང་དང་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ ཀ་ནས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ༀ་བཛྲི་བྷ་ ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཞིང་དབང་བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ ལས་མི་བསྐྱོད་པས་དབུ་བརྒྱན། གུ་རུ་མཧཱ་ཀཱ་ལ་ཀྵིཾ་ཨུཥྞི་ཥ་ཡ་ཡཀྵ་ཧཱུཾ། རཏྣ་གྲི་སིདྡྷི་ཧཱུཾ། པྲཛྙཱ་ 15-1-537 ཝརྡ་ནི་སྭཱཧཱ། ཞེས་ཅི་འགྲུབ་བཟླ། མདུན་བསྐྱེད་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ ཞེས་པ་ནས། དབུ་རྒྱན་གྱི་བར་བདག་བསྐྱེད་དང་འདྲ་བ་ལས། རང་སེམས་ཞེས་པ་དང༌། རང་ཉིད་ཞེས་པ་བོར་བ་ནི་ཁྱད་པར་རོ། ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བྱད་མ་ཟློག་ཅིང་བསྲུང་བ་དང༌། །ཚེ་དང་བློ་གྲོས་ཀུན་འཕེལ་ ཞིང༌། །ཞི་དང་རྒྱས་པའི་ལས་མཛད་པ། །བླ་མ་མགོན་པོ་ཁྱོད་ལ་འདུད། །ཞེས་པས་བསྟོད་ལ། མདུན་བསྐྱེད་ལ་དམིགས་ནས་བཟླས་པ་ཅི་འགྲུབ་བྱ། གཏོར་མ་བྱིན་རླབས་ནག་པོའི་མངོན་རྟོགས་དང་མཚུངས། ༀ་གུ་རུ་ མཧཱ་ཀཱ་ལ་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་ཕུལ། གོང་ལྟར་མཆོད་བསྟོད། མཆོད་སྦྱིན་ གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། སློབ་དཔོན་གྱིས་བྱ་བའོ། ། སློབ་མ་རྣམས་ཀྱིས་ཡོན་དབུལ་བ་ལ་སོགས་པའི་སྔོན་འགྲོའི་བྱ་བ་མགོན་པོ་དཀར་ནག་གཉིས་ཀྱི་རྗེས་གནང་དང་འདྲ། རྗེ་གནང་དངོས་ལ་དམིགས་པ་འདི་བཞིན་དུ་མཛོད། ཅེས་བྱས་ལ། བླ་མ་མགོན་སེར་དུ་གསལ་ བའི་ཞལ་ནས། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་གསུངས་པའི་རྐྱེན་གྱིས་མ་ དག་པའི་སྣང་བ་ཐམས་ཅད་དབྱིངས་སུ་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་ནས། དབུ་བརྒྱན་ གྱི་བར་སྒྲུབ་ཐབས་དང་འདྲ་བ་ལས། རང་སེམས་ཞེས་པ། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཅེས་པ་དང༌། རང་ ཉིད་ཅེས་པ་ཁྱེད་རང་རྣམས་ཞེས་འདོན་པ་སྤོ། ཡེ་ཤེས་པ་སྤྱན་དྲངས་ཏེ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་པའི་མཐར། རོལ་ཆེན་བྱ་ཞིང༌། སྙིང་པོའི་མཐར་ཨ་བེ་ཤ་ཡ་ཨཿ ཞེས་བརྗོད་པ་རྣམས་ནི་ཁྱད་པར་རོ། །བླ་ མའི་དཔྲལ་བ་ནས་ༀ་ཡིག་དཀར་པོ་བྱུང༌། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། བུམ་པའི་ དབང་ཐོབ། མགྲིན་པ་ནས་ཨཱཿཡིག་དམར་པོ་བྱུང༌། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། གསང་དབང་ཐོབ། ཐུགས་ཀ་ནས་ཧཱུཾ་ཡིག་སྔོན་པོ་བྱུང༌། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཤེས་ རབ་ཡེ་ཤེས་ཀྱི་དབང་ཐོབ། གནས་གསུམ་ཆར་ནས་ༀ་ཨཱཿཧཱུཾ་དཀར་དམར་མཐིང་གསུམ་ བྱུང༌། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ་པར་མོས་པ་མཛོད། འདི་ ལ་སྔགས་ཀྱི་བཟླས་ལུང་མི་དགོས། འཕྲིན་ལས་གཏོར་མའི་བཀའ་བསྒོ་བ་ནི། གཏོར་མ་འདི་ཉིད་བླ་མ་མགོན་ 15-1-538 པོ་དབྱེར་མེད་དུ་གསལ་བའི་མཐའ་སྐོར་དུ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཚོགས་ཀྱིས་ བསྐོར་བར་མོས། རང་གི་སྤྱི་བོར་བྱོན། བླ་མ་མགོན་པོ་དབྱེར་མེད་ཀྱི་སྐུ་ཕྲ་མོ་དཔག་ཏུ་མེད་ པ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་བྱས་ལ། རོལ་ཆེན་ དང་བཅས་ཏེ་བཀའ་བསྒོ་དྲག་ཏུ་བྱ། རྗེས་ཀྱི་བྱ་བ་དམ་ཚིག་བསྲུང་བར་ཁས་བླང་བ་སོགས་དང༌། རྗེས་ཆོག་ནི། མགོན་པོ་ནག་ པོའི་རྗེས་གནང་གི་ཡི་གེ་བྲིས་ཟིན་པ་འདོན་པ་སྤོས་ལ་སྦྱར་བར་བྱའོ། །མགོན་སེར་འདི་དང༌། བླ་མ་མགོན་པོ་དབྱེར་མེད་སེར་ པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་གཉིས་ལ་མགོན་སེར་བཀའ་གཉིས་ཞེས་ཟེར་ནའང༌། མགོན་སེར་དངོས་ནི་འདི་ཁོ་ནའོ། །ནོར་ འཕེལ་བསྲུང་བ་ཀུན༷་གྱི་མཆོག །ཤེས་རབ་དག༷འ་བ་སྐྱེད་བྱེད་པ། །མགོན་སེར་སྒྲུབ་ཐབས་རྨད་བྱུང་བ། །ཤིན་ཏུ་དཀོན་པས་ སྙིང༷་པོ༷ར་གྲིལ། །མགོན་སེར་བློ་འཕེལ་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ན་མོ་གུ་རུ། སྤྱན་རས་གཟིགས་དབང་ཁྲོ་བོའི་སྐུ། །དབང་སྡུད་ལྷ་ལ་གུས་ཕྱག་འཚལ། །པདྨ་རཱ་གའི་ འོད་འཕྲོ་བ། །མགོན་པོའི་སྒྲུབ་ཐབས་བྲི་བར་བྱ། །མགོན་བཀའ་བཞི་པ་མགོན་དམར་དབང་གི་རྒྱལ་པོའི་སྒྲུབ་ཐབས་དང་རྗེས་ གནང་གི་རིམ་པ་ནི། མདུན་དུ་སྟེགས་བུ་ལ། མཎྜལ་གྲུ་གསུམ་མཐིང་ནག་མེ་རི་དང་བཅས་པའི་དབུས་སུ། པདྨ་དམར་པོ་འདབ་ བརྒྱད་ཀྱི་ལྟེ་བ་ལ། རྡོ་རྗེའི་ལྟེ་བར་ཧཱུཾ་དང༌། གྲི་གུག་གི་ལྟེ་བར་ཨཱཿས་མཚན་པ། དེ་ཙམ་འབྲི་མ་ཐུབ་ན་ཚོམ་བུ་དམར་པོ་བཀོད། དེའི་སྟེང་དུ་མཉྫི་ལ་ཐོད་པ་བདུད་རྩིས་གང་བའི་སྟེང་དུ། མེ་ལོང་ལ་སིན་དྷུ་ར་{བཙགས་[བཙུགས་]ལ་བཀྲམ། དེ་ལ་ཆོས་འབྱུང་ གྲུ་གསུམ་ཉིས་བརྩེགས་དབུས་སུ་རྡོ་རྗེ་ཧཱུཾ་དང༌། གྲི་གུག་ཨཱཿས་མཚན་པ། ཟུར་དྲུག་པོ་ལ་གཡས་སྐོར་གྱིས་ཧ་རི་ནི་ས་སྭཱཧཱ། ཞེས་པའི་ཡི་གེ་དྲུག་པོ་རྣམས་བྲི། སྟེང་དུ་དར་དམར་པོའི་གུར་ཕུབ། དེའི་གཡས་སུ་དཔལ་གཏོར་ནོར་གཟུགས་མ་དམར་པོ་ཤ་ དང་བུ་རམ་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་དང༌། འབུལ་གཏོར་དང་མཆོད་པ་སྤྱི་དང་མཐུན་པར་བཤམ། མཆོད་ པ་བྱིན་རླབས་སྤྱི་དང་མཐུན་པར་བྱས་ལ། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས། ཨེ་ལས་ཆོས་འབྱུང་མཐིང་གའི་དབུས་སུ། པདྨ་དམར་པོ་དང༌། ཉི་མ། བགེགས་ཀྱི་རྒྱལ་པོ་ཁ་བུབ་ཏུ་བསྒྱེལ་བ་རྣམས་བརྩེགས་པའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་གྲི་གུག་ ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་མགོན་དམར་ 15-1-539 དབང་གི་རྒྱལ་པོའི་སྐུར་གྱུར་པ་ནི། པདྨ་རཱ་ག་ལྟར་དམར་ཞིང་ཞལ་གཅིག་ཕྱག་དྲུག་དང་པོ་ གཉིས་གྲི་ཐོད་བཟུང་ནས་ཡུམ་ལ་འཁྱུད་པ། བར་པ་གཉིས་ཅང་ཏེའུ་རྩེ་གསུམ་འཛིན་པ། ཐ་ མ་ལྕགས་ཀྱུ་ཞགས་པ་བསྣམས། །སྤྱན་གསུམ་སྐྲ་སེར་གྱེན་དུ་བརྫེས། །ཐོད་སྐམ་ལྔ་ཡི་དབུ་ རྒྱན་དང༌། །རློན་པ་ལྔ་བཅུའི་དོ་ཤལ་ཅན། །སྟག་ལྤགས་གྲོལ་ཞིང་གཡོན་བརྐྱང་སྟབས། ། མི་རུས་སྦྲུལ་དང་གཡེར་ཁས་བརྒྱན། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །ཡུམ་ཆེན་པདྨ་ མཁའ་འགྲོ་མ། །ཆགས་པའི་ཉམས་ཅན་སྐུ་མདོག་དམར། །གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་ མ། །གྲི་གུག་ཐོད་བཅས་ཡབ་ལ་འཁྱུད། །གཉིས་ཀའང་མེ་དཔུང་ཀློང་ན་བཞུགས། །གཙོ་བོ་ ཡབ་ཡུམ་གྱི་མདུན་དུ་མཧཱ་ཀཱ་ལ་སྐུ་མདོག་ནག་པོ་གྲི་གུག་དང་ཐོད་པ་འཛིན་པ། གཡས་སུ་ ཀྵེ་ཏྲ་པཱ་ལ་དམར་པོ་ཌཱ་མ་རུ་དང་སྡིགས་མཛུབ་མཛད་པ། རྒྱབ་ཏུ་ཛི་ན་མི་ཏྲ་ནག་པོ་གྲི་ཐོད་ འཛིན་པ། གཡོན་དུ་ཊཱཀྐི་རཱ་ཛཱ་སེར་པོ་རྩེ་གསུམ་དང་སྡིགས་མཛུབ་མཛད་པ། ཕྱི་སྐོར་དུ་དམ་ ཅན་རྒྱ་མཚོའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ། གཙོ་བོའི་ཐུགས་ཀར་རྡོ་རྗེ་ཧཱུཾ་གིས་མཚན་ པ། ཡུམ་གྱི་ཐུགས་ཀར་གྲི་གུག་ཨཾ་གིས་མཚན་པ། རང་གི་སྙིང་ག་ནས་འོད་འཕྲོས། ཤར་ ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་མགོན་དམར་ དབང་གི་རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ༀ། མགྲིན་ པར་ཨཱཿ ཐུགས་ཀར་ཧཱུཾ། སླར་ཡང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དབང་གི་ལྷ་རིགས་ ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་བཛྲི་ བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་ཡབ་ ཡུམ་གཉིས་ཀ་ལ་འོད་དཔག་མེད་དང༌། འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན། རང་གི་སྙིང་གར་ སྔགས་ཀྱི་འཕྲེང་བ་བསྒོམས་ལ། ༀ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་མ་གུ་ཡེ་ 15-1-540 སྭཱཧཱ། ཞེས་ཅི་ནུས་སུ་བཟླའོ། །མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ཞེས་པ་ནས། གཙོ་ བོས་དབུ་བརྒྱན་གྱི་བར་བདག་བསྐྱེད་དང་འདྲ་བ་ལས་བདག་ཉིད་ཞེས་པའི་ཚིག་བོར་བ་ནི་ཁྱད་པར་རོ། །ༀ་གུ་རུ་ མཧཱ་ཀཱ་ལ་ས་པ་རི་ཝཱ་རེ་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས། ཤཔྟའི་བར་གྱིས་མཆོད། བླ་མ་མགོན་པོ་ དབྱེར་མེད་བདེ་ཆེན་གསུང༌། །རྒྱལ་བ་ཀུན་གྱི་རང་བཞིན་འོད་དཔག་མེད། །ཆོས་རྗེ་འགྲོ་ བའི་མགོན་མཛད་སྤྱན་རས་གཟིགས། །དབང་གི་སྐུར་སྟོན་ནག་པོ་ཆེ་ལ་བསྟོད། །མདུན་བསྐྱེད་ ཀྱི་བཟླས་པའི་དམིགས་པ་གསལ་བཏབ་ལ། བཟླས་པ་ཅི་འགྲུབ་ཏུ་བྱ། གཏོར་མ་བྱིན་རླབས་ནག་པོའི་སྐབས་དང་འདྲ། སྙིང་ པོའི་མཐར། ཨི་དཾ་བཱ་ལིང་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཅེས་ཕུལ། གོང་བཞིན་མཆོད་བསྟོད། མཆོད་སྦྱིན་གཏོར་ མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ་བ་བཏབ། འོག་ནས་འབྱུང་བ་ལྟར་སློབ་མ་བྱིན་རླབས་ཇི་ལྟར་བྱེད་པ་ ཐམས་ཅད་རང་གིས་ཀྱང་བདག་འཇུག་གི་ཚུལ་དུ་དམིགས་པས་བླང་བར་བྱའོ། ། སློབ་མ་རྣམས་ཀྱི་སྔོན་འགྲོའི་བྱ་བ་ཡན་ཆད་ནག་པོའི་སྐབས་དང༌། དེའི་རྗེས་སུ་སྙིང་གར་ཟླ་བའི་སྟེང་དུ། རྡོ་ རྗེ་དཀར་པོ་རྩེ་ལྔ་པ་གསལ་བཏབ་ལ་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ ཡ་མི། ལན་གསུམ། གསང་སྔགས་འབྱུང་བ་དཀོན་པར་བསྟན་པ་འདི་ལ་གསན་པས་ཁྱབ་པར་ གདའ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །ཨུ་ དུམ་ཝ་རའི་མེ་ཏོག་ལྟར། །རྒྱ་ལམ་ན་ནི་རེས་འགའ་འབྱུང༌། །གསང་སྔགས་སྤྱོད་ཚུལ་འབྱུང་ བ་ནི། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདིས། །སེམས་ཅན་ སངས་རྒྱས་བྱེད་པའོ། །ཞེས་བརྗོད། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་ བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མྱུར་ མཛད་ཡེ་ཤེས་ཀྱི་མགོན་པོའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཏེ་ གཉིས་སུ་མེད་པར་ཐིམ། རོལ་ཆེན་བྱ། སྙིང་པོའི་མཐར། ཨ་བེ་ཤ་ཡ་ཨ་ཨ་ཨཿ ཞེས་ལན་བདུན་ནམ། ཉི་ ཤུ་རྩ་གཅིག་ཙམ་བཟླ། དེའི་རྐྱེན་གྱིས་ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་མགོན་དམར་དབང་གི་ 15-1-541 རྒྱལ་པོའི་སྐུར་གྱུར་པ་ནི། སྐུ་མདོག་དམར་པོ། གྲི་ཐོད་ཌཱ་མ་རུ་རྩེ་གསུམ་ལྕགས་ཀྱུ་ཞགས་ པ་རྣམས་འཛིན་པ། ཡུམ་པདྨ་མཁའ་འགྲོ་མ། གྲི་ཐོད་འཛིན་པས་འཁྱུད་པར་གྱུར། ལྷ་ངོ་ བསྟན་པ་ནི། འདི་ན་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་དཀྱིལ་འཁོར་བཞུགས་པ་ལགས་ཏེ། ཆོས་འབྱུང་མཐིང་ཁའི་དབུས་སུ་ནས། བརྩེགས་པའི་སྟེང་དུ་མགོན་དམར་དབང་གི་རྒྱལ་པོ་ བཞུགས་པ་ནི། པདྨ་རཱ་ག་ལྟར་དམར་བ་ཞེས་པ་ནས། ཚོགས་ཐམས་ཅད་ཀྱིས་བསྐོར་བ། དེ་ ཐམས་ཅད་ཀྱང་རྩ་བའི་བླ་མ་དང་དབྱེར་མེད་པར་མཛོད། དབང་གི་དངོས་གཞི་ནི། བླ་མ་ མགོན་པོ་དབྱེར་མེད་ལ་མོས་གུས་དུང་པ་བྱས་པས། དེའི་སྤྱི་བོའི་ༀ་དཀར་པོ་ལས་མགོན་ པོ་སྐུ་མདོག་དཀར་པོ། སྐུ་ཆུང་ལ་ཡན་ལག་རགས་པ་དཔག་ཏུ་མེད་པ་བྱུང་ནས། ཁྱེད་རང་ རྣམས་ཀྱི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ་པར་གྱུར། རོལ་མོའི་སྒྲ་བྱ། ཡང་མགྲིན་པའི་ ཨཱཿདམར་པོ་ལས་མགོན་པོ་སྐུ་མདོག་དམར་པོ། སྐུ་ཆུང་ལ་ཡན་ལག་རགས་པ་དཔག་ཏུ་ མེད་པ་ཆད་ནས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསང་དབང་ཐོབ། རོལ་མོ། དེ་བཞིན་ དུ་སྦྱར་ནས། ཐུགས་ཀའི་ཧཱུཾ་སྔོན་པོ་ལས། སྔོན་པོ་སྙིང་གར། རོལ་མོ། ཡང་གནས་གསུམ་གྱི་ཡིག་ འབྲུ་གསུམ་ལས་དཀར་དམར་མཐིང་གསུམ། གནས་གསུམ་གར་དུ། ཚིག་དབང་རིན་པོ་ཆེ། རོལ་མོ། དེ་རྣམས་ཕྱིའི་དབང་བཞི་ལགས། དེ་ནས་ཡང་བླ་མ་མགོན་པོ་དབྱེར་མེད་ལ་མོས་གུས་དུང་ པ་བྱས་པས། མགོན་པོ་ཡབ་ཡུམ་རང་གི་སྤྱི་བོར་བྱོན། བྱང་ཆུབ་སེམས་ཀྱི་ངོ་བོ་འོད་ཟེར་དུ་ ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྨོན་མཚམས་ཡན་ཆད་གང༌། བུམ་དབང་ཐོབ། མགྲིན་པ་ཡན་ཆད་གང༌། གསང་དབང་ཐོབ། {ལྷོན་[ལྷེང་]སྣ་ཡན་ཆད་གང༌། ཤེས་རབ་ ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང༌། ཚིག་དབང་རིན་པོ་ཆེ་བཞི་པ་ཐོབ་པར་མོས་ མཛོད། དེ་དག་ནི་ནང་སྐུ་དངོས་ཀྱི་དབང་བཞིའོ། །གཏོར་མ་མགོན་པོར་གསལ་བའི་སློབ་ མའི་སྤྱི་བོར་བཞག་ལ། ༀ། གཟི་བརྗིད་དཔལ་འབར་མགོན་པོ་ཡབ་ཡུམ་སྐུ། །ངོ་མཚན་ 15-1-542 ལྷུན་གྲུབ་དམ་རྫས་གཏོར་མ་འདིས། །དམ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མི་ འགྱུར་རྡོ་རྗེའི་སྐུ་ལ་ལོངས་སྤྱོད་ཤོག །སྙིང་པོའི་མཐར། ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། དེས་བུམ་པའི་ དབང་བསྐུར་ཐོབ་པར་མོས་མཛོད། ཐོད་པ་བདུད་རྩིའི་གང་བ་མགྲིན་པར་གཏད། ཨཱཿ ཟབ་ མོ་གསང་སྔགས་མགོན་པོ་ཡབ་ཡུམ་མཚུངས། །བདེ་ཆེན་སྣོད་བཅུད་ཟག་མེད་བདུད་རྩི་ འདིས། དམ་ལྡན༴ འགགས་མེད་ཚངས་དབྱངས་གསུང་ལ་ལོངས་སྤྱོད་ཤོག །ཀཱ་ཡ་བཛྲ་གྱི་ གནས་སུ་ཝཱཀ་བཛྲ། གསང་དབང༌། སིན་དྷུ་རའི་དཀྱིལ་འཁོར་སྙིང་གར་གཏད་ལ། ཧཱུཾ། གཟུང་ འཛིན་ཀུན་བྲལ་མགོན་པོ་ཡབ་ཡུམ་ཐུགས། །དྲི་མེད་སྣང་སྟོང་མེ་ལོང་ཡེ་ཤེས་འདིས། །དམ་ ལྡན༴ རྣམ་དག་ཡེ་ཤེས་ཐུགས་ལ་ལོངས་སྤྱོད་ཤོག །ཙིཏྟ་བཛྲ། ཤེས་རབ་ཡེ་ཤེས་ཀྱི་དབང་ ཐོབ་པ་ཡིན་ནོ། །འདི་སྐབས་སུ་ཡིག་རྙིང་ལས་མ་བཤད་ཀྱང༌། སློབ་མ་ལ་ནང་མཆོད་བླུད་པ་དང༌། སྙིང་གར་སིན་དྷུ་ རའི་ཐིག་ལེ་རེ་མཛད་པ་ཕྱག་ལེན་ལ་སྣང་ངོ༌། །དེ་ནས་ཁྱེད་རང་རྣམས་རིག་པ་རྟེན་མེད་ཀྱི་ངང་དུ་མཉམ་ པར་ཞོག་ཅིག ཧོཿ ཆོས་དབྱིངས་མཐའ་བྲལ་སྤྲོས་པ་རབ་ཞིའི་ངང༌། །རང་རིག་ཡེ་ཤེས་ཏིང་ འཛིན་ཀློང་ཡངས་འདིས། །དམ་ལྡན༴ ཆོས་དབྱིངས་ཡང་དག་དོན་ལ་ལོངས་སྤྱོད་ཤོག །ཛྙཱ་ ན་བཛྲ། ཚིག་དབང་བཞི་པ་ཐོབ་པ་ཡིན་ནོ། །དེ་དག་ནི་གསང་བ་དམ་རྫས་ཀྱི་དབང་བཞི་ ཡིན་ནོ། །བླ་མ་མགོན་པོ་དབྱེར་མེད་ཀྱི་ཐུགས་ཀ་ནས། སྔགས་ཀྱི་འཕྲེང་བའི་ཚོགས་རྣམས་ བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་ལ། འདིའི་རྗེས་ཟློས་མཛོད། སྙིང་པོ་ལན་ གསུམ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །སླར་ཡང་མེ་ཏོག་རྣམས་སྔགས་ ཀྱི་འཕྲེང་བར་བྱིན་གྱིས་བརླབས་ལ། ཁྱེད་རང་རྣམས་ལ་གཏོར་བས། སྔགས་ནུས་པ་མཐུ་ ཅན་དུ་མོས་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། ། ལན་གསུམ། དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང༌། ཞེས་སོགས། སློབ་མའི་རྗེས་ཀྱི་ཆོ་ 15-1-543 ག་རྣམས་ནི། བསོད་{པ་[ནམས་]སོགས་ཅུང་ཟད་འདོན་པ་སྤོས་པས། མགོན་ནག་གི་སྐབས་སུ་བཤད་པ་ཁོ་ནས་འགྲུབ་བོ། ། མགོན་དམར་གྱི་སྒྲུབ་ཐབས་རྩ་བ་འདི་ཡིན་ཞིང༌། ཚེ་སྒྲུབ་ནི། འདིའི་ལས་ཁ་ཚར་ལྷ་ཡིན་པར་ཤེས་པར་བྱའོ། །དབང་སྡུད་ཀུན༷་ ལས་ཆེས་དག༷འ་བ། །རྨད་བྱུང་སྒྲུབ་ཐབས་སྙིང༷་པོ༷་འདི། །ཡིག་རྙིང་མ་རྟོགས་ཕྱིས་བྱུང་གི །ལག་ལེན་དཀོན་ཕྱིར་བྲིས་པ་ཡིན། ། མགོན་དམར་དབང་གི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ན་མོ་གུ་རུ། ཚེ་དཔག་མེད་དང་སྤྱན་རས་གཟིགས། །མྱུར་མཛད་མགོན་པོ་ཞེས་བྱ་བ། །དེ་ལ་བཏུད་ནས་ སྒྲུབ་ཐབས་བཤད། །འདིར་མགོན་བཀའ་ལྔ་པ་མགོན་ལྗང་ཚེ་བདག་གི་སྒྲུབ་ཐབས་ནི། སྟེགས་བུའི་སྟེང་དུ་ཆོས་འབྱུང་ལྗང་ཁུ་ མེ་རི་ཅན། དབུས་སུ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད། དེའི་སྟེང་དུ་མཉྫི་ལ་དཔལ་གཏོར་ནོར་གཟུགས་མ་རྒྱན་གྱིས་ བརྒྱན་ལ་བཞག གཡོན་དུ་མཉྫིའི་སྟེང་དུ། ནང་མཆོད་ཀ་པཱ་ལ་བདུད་རྩིས་གང་བ་དང༌། དེའི་སྟེང་དུ་སིན་དྷུ་རའི་དཀྱིལ་འཁོར་ མགོན་དམར་གྱི་སྐབས་དང་འདྲ་བར་བྲིས་ལ། དར་ལྗང་གིས་གུར་ཕུབ། གཡས་སུ་བུམ་པ་སྤྱི་དང་མཐུན་པར་བཤམ། མཆོད་ གཏོར་བཤམ་ཚུལ་སྤྱི་དང་འདྲ། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས། སྐྱབས་སེམས་ཚད་མེད་བཞི་རྣམས་བསྒོམ། སྭ་བྷཱ་ ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་བསྲུང་འཁོར་གྱི་དབུས་སུ། དུར་ཁྲོད་ ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང༌། གཞལ་མེད་ཁང་ཕོ་བྲང་མཚན་ཉིད་ཐམས་ཅད་ཡོངས་ སུ་རྫོགས་པའི་དབུས། ཙནྡན་གྱི་ལྗོན་པའི་དྲུང་དུ། ཨེ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་ ལྗང་ཁུ། དེའི་དབུས་སུ་པཾ་ལས་པདྨའི་ལྟེ་བར་ཉི་མ་དང་བགེགས་ཀྱི་རྒྱལ་པོའི་གདན་ལ། རང་སེམས་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རང་ཉིད་མྱུར་མཛད་ཡེ་ ཤེས་ཀྱི་མགོན་པོ་སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་དྲུག་པ། ཕྱག་དང་པོ་གཉིས་ཀྱིས་གྲི་ གུག་དང་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། བར་པ་གཉིས་ཀྱིས་ཅང་ཏེའུ་དང༌། ཏྲི་ཤུ་ལ་ འཛིན་པ། ཐ་མ་གཉིས་ཀྱིས་བགྲང་འཕྲེང་དང་ཞགས་པ་བསྣམས་པ། སྤྱན་གསུམ་མཆེ་བ་ གཙིགས་པ། དབུ་སྐྲ་གྱེན་དུ་བརྫེས་པ། མི་མགོའི་དབུ་རྒྱན་དང་དོ་ཤལ། རུས་པའི་རྒྱན་དྲུག་ 15-1-544 དང་སྟག་ལྤགས་དང་དྲིལ་བུ་གཡེར་ཁའི་འཕྲེང་བ་སོགས་རྒྱན་ཐམས་ཅད་ཡོངས་སུ་རྫོགས་ པ། པང་དུ་ཡུམ་རྡོ་རྗེ་ཌཱ་ཀི་མ་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ། ཐོད་སྐམ་ལྔ་ བཅུའི་དོ་ཤལ་ཅན་གྱིས་འཁྱུད་པ། གཙོ་བོའི་མདུན་དུ་བུདྡྷཱ་ཌཱ་ཀི་དཀར་མོ་འཁོར་ལོ་དང་ ཐོད་ཁྲག་འཛིན་པ། ལྷོ་རུ་རཏྣ་ཌཱ་ཀི་སེར་མོ། རིན་པོ་ཆེ་དང་ཐོད་ཁྲག་འཛིན་པ། ནུབ་ཏུ་པདྨ་ ཌཱ་ཀི་དམར་མོ་པདྨ་དང་ཐོད་ཁྲག་འཛིན་པ། བྱང་དུ་ཀརྨ་ཌཱ་ཀི་ལྗང་ཁུ་རལ་གྲི་དང་ཐོད་ཁྲག་ འཛིན་པ། ཐམས་ཅད་ཀྱང་རུས་པ་དང་མི་མགོའི་འཕྲེང་བ་ཅན་སྒེག་ཅིང་ཆགས་པའི་ཉམས་ ཅན། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །དེའི་ཕྱི་རོལ་དུ་མཁའ་འགྲོ་མ་འབུམ་སྡེ་ དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་འཁོད་པར་གྱུར། ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་སྭཱ། གསང་གནས་སུ་ཧཱ། རང་གི་སྙིང་ག་ནས་འོད་ ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་མྱུར་ མཛད་ཡེ་ཤེས་ཀྱི་མགོན་པོའི་རྣམ་པར་སྤྱན་དྲངས་ཤིང༌། ཁྱད་པར་ཤར་ལྷོ་དུར་ཁྲོད་ཆེན་པོ་ བསིལ་བའི་ཚལ་ནས། མགོན་པོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ ཛཿ ཀྵཱ་རིང་པོ་ཉི་ཤུ་རྩ་གཅིག་བརྗོད། དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། དཔྲལ་མགྲིན་ཐུགས་ལྟེ་ གསང་གནས་ནས། ༀ་ཨཱཿཧཱུཾ་སྭཱཧཱའི་ཡིག་འབྲུ་ལས། །དཀར་དམར་མཐིང་སེར་ལྗང་བ་ཡི། ། འོད་འཕྲོས་ཕྱོགས་བཅུ་ཀུན་ཁྱབ་པས། །རྒྱུད་དྲུག་སེམས་ཅན་སྡིག་སྒྲིབ་སྦྱངས། །སྐྱབས་ གསུམ་ཐུགས་རྗེའི་མངའ་བདག་ཅན། །ཡེ་ཤེས་སྤྱན་དྲངས་མ་ལུས་མཆོད། །ཚེ་བདག་ འཕྲིན་ལས་མགོན་པོར་གྱུར། །འཕྲོ་འདུ་འོད་ཟེར་ལྔས་བསྐུལ་ཏེ། །དབུས་འགྱུར་རང་བཞིན་ མཆོག་སྒྲུབས་ནས། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །དཔལ་ལྡན་འབྱོར་བཅུ་ཚེ་ཡི་བད་ག ། ཕྱག་དྲུག་ཡེ་ཤེས་མགོན་པོའི་ཚོགས། །དུར་ཁྲོད་བརྒྱད་དང་ཉེར་བཞི་ཡི། །དམ་ཅན་འཁོར་ བཅས་འདིར་འདུས་ལ། །རྣལ་འབྱོར་བདག་ལ་མཆོག་སྩོལ་ཅི་ག །ཅེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ 15-1-545 དམ་ཚིག་པ་དང་གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་སྙིང་གའམ་གནས་ལྔ་ནས་འོད་ ཟེར་འཕྲོས། དབང་གི་ལྔ་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་ནས་ཤཔྟའི་བར་ གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་ གསོལ་བ་བཏབ། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ ལྷག་མ་ཡར་ལུད་པ་ལས། གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པ། བུདྡྷ་ཌཱ་ཀི་ལ་རྣམ་སྣང༌། རཏྣ་ ཌཱ་ཀི་ལ་རིན་འབྱུང༌། པདྨ་ཌཱ་ཀི་ལ་སྣང་མཐའ། ཀརྨ་ཌཱ་ཀི་ལ་དོན་གྲུབ་རྣམས་ཀྱིས་དབུ་ བརྒྱན། གཏོར་མ་ནག་པོའི་མངོན་རྟོགས་ནས་འབྱུང་བ་ལྟར་བྱིན་གྱིས་བརླབས་ལ། ཡེ་ཤེས་ཀྱི་ལྷ་ལ་དམིགས་ཏེ། དཀྱིལ་ འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། སྙིང་པོའི་མཐར། ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་གཏོར་མ་ཕུལ། གུ་རུ་མཧཱ་ཀཱ་ལ་བཱི་ ཤྭ་ཌཱ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད་པ་འབུལ། བླ་མ་མགོན་པོ་ དབྱེར་མེད་འཕྲིན་ལས་སྐུ། །དུས་གསུམ་སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །གང་ལ་གང་ འདུལ་དེ་ལ་དེར་སྟོན་པ། །ཕྱག་དྲུག་སྣ་ཚོགས་མཁའ་འགྲོ་ལ་ཕྱག་འཚལ། །ཞེས་བསྟོད། བཟླས་ པའི་དམིགས་པ་གསལ་བཏབ་ལ། ༀ་བཛྲ་མཧཱ་ཀཱ་ལ་ཧ་རི་ནི་ས་སརྦ་ཨཱ་ཡུར་ཛྙཱ་ན་སིདྡྷི་ཛཿ ཞེས་ཅི་འགྲུབ་ བཟླ། འདི་ལ་བདག་མདུན་དམིགས་པས་ཐ་དད་དུ་སྒོམ་པ་ཡིན་ནའང༌། བསྐྱེད་ཆོག་ཕྱོགས་གཅིག་ཏུ་མཛད་པ་ཡིན་པས། དེ་ ཉིད་ཀྱིས་བདག་མདུན་གཉིས་ཆར་འགྲུབ་བོ། །བུམ་པའི་ནང་དུ་མྱུར་མཛད་མཁའ་འགྲོ་ལྔ་དང་བཅས་པ་ སྐད་ཅིག་གིས་གྲུབ་པར་གྱུར། རང་གི་སྙིང་ག་ནས་སྔགས་འཕྲེང་འོད་ཟེར་དང་བཅས་པ་ འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། སྔགས་ཀྱི་འོད་ཟེར་རྣམས་གཟུངས་ཐག་ ལ་འཁྲིལ་ཞིང༌། བུམ་པའི་ནང་གི་བཅུད་ལ་ཐིམ། མདུན་བསྐྱེད་ཀྱི་གནས་ལྔ་ནས་འོད་ཟེར་ འཕྲོས། སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་དྭངས་མ་རྣམས་བདུད་རྩིའི་རྣམ་པས་ བཀུག་སྟེ་ཐིམ་པར་གྱུར། བུམ་པ་ལ་དམིགས་ནས་སྙིང་པོ་བརྒྱ་ཙམ་བཟླའོ། །འོག་ཏུ་སློབ་མ་ལ་ཇི་ལྟར་བྱེད་པའི་ཆོ་ག་ 15-1-546 རྣམས། སྐབས་འདིར་དམིགས་པའི་སྒོ་ནས་བདག་འཇུག་གི་ཚུལ་དུ་བླངས། སློབ་མའི་སྔོན་འགྲོའི་བྱ་བ། ཕྱག་འཚལ་ཁྲུས། མེ་ ཏོག་བཀྱེ་བསྡུ། མཎྜལ་འབུལ་བ། གསོལ་བཏབ་རྣམས་མགོན་བཀའ་སྤྱི་དང་འདྲ། རྒྱས་པ་ལ་དགའ་ན། སྐྱབས་འགྲོ་སེམས་ བསྐྱེད་གནང་བ་སྦྱིན་ལ། རྟོག་པ་བསྡུ་བ། ཡན་ལག་ལྔ་པ་རིགས་ལྔའི་སྡོམ་བཟུང་རྣམས་བྱ་ལ། བསྡུ་ན། དཀོན་མཆོག་ གསུམ་ལ་བདག་སྐྱབས་མཆི། །སོགས་གུར་ནས་འབྱུང་བའི་ཡན་ལག་བདུན་པ་ཁོ་ནས་འགྲུབ། འཇིག་རྟེན་དུ་ ནི་ཀུན་མཁྱེན་དག །ཅེས་སོགས་མགོན་དམར་གྱི་སྐབས་ནས་འབྱུང་བ་བཞིན་བརྗོད། སློབ་དཔོན་དང་མདུན་ བསྐྱེད་དབྱེར་མ་མཆིས་པའི་དཀྱིལ་འཁོར་གསལ་འདེབས་པ་ནི། ༀ་སྭ་བྷཱ་ཝ་ནས། འཁོད་ པར་གྱུར། ཞེས་པའི་བར་མངོན་རྟོགས་བཞིན་བརྗོད། དེ་ལྷ་ངོ་བསྟན་པའི་དོད་ཡིན་ནོ། ཁྱེད་རང་རྣམས་ སྐད་ཅིག་ཙམ་གྱིས་མགོན་ལྗང་ཚེ་བདག་ཡབ་ཡུམ་དུ་གསལ་བའི་དཔྲལ་བར་ༀ། མགྲིན་ པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་སྭཱ། གསང་བར་ཧཱ། སློབ་དཔོན་གྱིས་གནས་ལྔ་ནས་འོད་ ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་ པོའི་མཁའ་འགྲོའི་ཚོགས་དང་བཅས་པ། འུར་འུར། ཆེམ་ཆེམ་བྱོན་པ་ཁྱེད་རང་རྣམས་ལ་ སིབ་སིབ་ཐིམ་པར་མོས་མཛོད། རོལ་ཆེན་དང་བཅས་པས་སྙིང་པོའི་མཐར། ཨ་བེ་ཤ་ཡ་ཨཱཿཨཱཿཨཱཿ ཞེས་ བཏགས་ལ་དྲག་ཏུ་བཟླ། དེ་ཡེ་ཤེས་དབབ་པའི་དོད་ཡིན་ནོ། །དེ་ནས་དངོས་གཞིའི་དོན་དུ་མཎྜལ་ འབུལ་དུ་བཅུག་ལ། བླ་མ་དང་མགོན་པོ་དབྱེར་མེད་པས་བདག་ལ་དབང་བཞི་བསྐུར་དུ་ གསོལ། ཞེས་གསོལ་བཏབ་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག བུམ་བསྐྱེད་ཀྱི་ལྷའི་ དཔྲལ་བ་ནས། བདུད་རྩིའི་རྒྱུན་དཀར་པོ་བྱུང་ནས། ཁྱེད་རང་རྣམས་ཀྱི་ཕྱི་ནང་གི་ནད་ གདོན་སྡིག་སྒྲིབ་ཐམས་ཅད་བཀྲུས་པར་མོས་མཛོད། བཀྲ་ཤིས་ཚེ་བརྟན་རྣམ་རྒྱལ་བུམ་ བཟང་ན། །ཉོན་མོངས་གཏི་མུག་ཡེ་ཤེས་དག་པའི་ལྷ། །རྒྱལ་བའི་འོད་གཟུགས་སྒྲིབ་བྲལ་ ལོངས་སྐུ་བཞུགས། །ཕྱག་དྲུག་ཚེ་དཔག་མེད་མགོན་དབང་བསྐུར་བས། །མེ་ལོང་ཡེ་ཤེས་ འཕྲོ་འདུའི་འོད་ཟེར་ཅན། །མི་ཤིགས་རྡོ་རྗེའི་སྐུ་ཡི་དབང་ཐོབ་ཤོག །སྔགས་བཟླ་བཞིན་པས། བུམ་ 15-1-547 པ་དཔྲལ་བར་རེག་སྟེ། བུམ་ཆུ་བླུད། དེ་བཞིན་དུ་འོག་མ་རྣམས་ལའང་རིགས་བསྒྲེས་ཏེ། བུམ་བསྐྱེད་ཀྱི་མགྲིན་པ་ ནས། བདུད་རྩི་དམར་པོ༴ ཉོན་མོངས་འདོད་ཆགས་དག་པའི་ཡེ་ཤེས་ལྷ། །རྒྱལ་བའི་ཆོས་ ཕུང་བརྒྱད་ཁྲི་བཞི་སྟོང་བཞུགས། །རྩ་སྔགས་སྟོང་ཉིད་སྙིང་པོའི་དབང་བསྐུར་བས། །སོར་ རྟོག་ཡེ་ཤེས་འཕྲོ་འདུའི་འོད་ཟེར་ཅན། །གསུང་དབྱངས་ཡན་ལག་དྲུག་ཅུའི་དབང་ཐོབ་ཤོག ། མགྲི་པར་རེག་སྟེ༴ ཐུགས་ཀ་ནས་བདུད་རྩི་སྔོན་པོ༴ ཉོན་མོངས་ཞེ་སྡང་དག་པའི་ཡེ་ཤེས་ ལྷ། །རྒྱལ་བའི་ཐུགས་མཆོག་དཔལ་གྱི་ཡེ་ཤེས་བཞུགས། །མི་འགྱུར་ལྷན་ཅིག་སྐྱེས་དགའ་ དབང་བསྐུར་བས། །ཆོས་དབྱིངས༴ རྣམ་ཀུན་ཐམས་ཅད་མཁྱེན་པའི་དབང་ཐོབ་ཤོག །སྙིང་ གར༴ ལྟེ་བ་ནས་བདུད་རྩི་སེར་པོ༴ ཉོན་མོངས་ང་རྒྱལ་ཡེ་ཤེས་དག་པའི་ལྷ། །རྒྱལ་བའི་ཡོན་ ཏན་ཕན་བདེ་མཆོག་སྩོལ་བཞུགས། །ཆོས་ཀྱི་དབྱིངས་དང་རིག་པ་དབྱེར་མེད་པ། །མཉམ་ ཉིད༴ མཐོང་ཐོས་དྲན་རེག་མྱུར་དུ་སངས་རྒྱས་ཤོག །ལྟེ་བར༴ གསང་བ་ནས་བདུད་རྩིའི་ རྒྱུན་ལྗང་ཁུ༴ ཉོན་མོངས་ཕྲག་དོག་ཡེ་ཤེས་དག་པའི་ལྷ། །རྒྱལ་བའི་འཕྲིན་ལས་རྒྱུན་མི་ འཆད་པར་བཞུགས། །ལྔ་ལྡན་གསང་རིག་གཟུངས་སྔགས་དབང་བསྒྱུར་ཏེ། །བྱ་སྒྲུབ་ཡེ་ ཤེས་ཆེན་པོའི་དབང་བསྐུར་བས། །ལྷུན་གྲུབ་རབ་འབྱམས་རྒྱལ་བའི་ཞིང་ཐོབ་ཤོག །སྙིང་པོའི་ སྔགས་བཟླ་བཞིན་དུ། གསང་བའི་ཕྱོགས་སུ་རེག་པ་ལྟར་བྱས། བུམ་ཆུ་བླུད། ཕྱི་མ་རྣམས་ལ་བུམ་ཆུ་འཐོར་བར་མཛད་པའི་ཕྱག་ ལེན་ཡང་སྣང་ངོ༌། །དེ་དག་ནི་བུམ་པའི་དབང་ངོ༌། །སིན་དྷུ་རའི་དཀྱིལ་འཁོར་གྱི་མེ་ལོང་སྤྱི་བོར་གཏུགས། ཐོད་པ་ བདུད་རྩིས་གང་བ་སྙིང་གར་རེག་སྟེ། རྒྱལ་བ་རབ་འབྱམས་རྒྱ་མཚོ་དབྱིངས་བརྒྱུད་པའི། །མཚན་ལྡན་ ཐོད་པའི་བདུད་རྩིས་གང་བ་དང༌། །སྒྲིབ་བྲལ་སྣང་སྟོང་ཟུང་འཇུག་མེ་ལོང་ལ། །སིན་དྷུར་ ཆོས་འབྱུང་མཁའ་འགྲོའི་གཞལ་ཡས་ནས། །བདེ་སྟོང་ས་བོན་ཕྱག་མཚན་རྩ་སྔགས་ལྷས། ། སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ། །རྩ་སྔགས་བརྗོད་ཅིང་སིན་དྷུ་རས་དཔྲལ་བར་ཐིག་ལེ་བྱ། ནང་ མཆོད་བདུད་རྩི་སྦྱིན་ནོ། །དེ་ནི་གསང་བའི་དབང་ངོ༌། །དེ་ནས་འདི་སྐད་ཅེས་བརྗོད་དེ། གསང་ཡུམ་ 15-1-548 རྡོ་རྗེ་མཁའ་འགྲོ་མས། །ལྷ་མོ་སྤྲོས་ཏེ་བུ་ལ་གཏད། །སྙོམས་པར་ཞུགས་པའི་བདེ་བས་གང༌། ། ཐབས་དང་ཤེས་རབ་དབྱེར་མེད་གྱུར། །གང་འདུལ་ལྷ་སྐུ་མཐའ་ཡས་སུ། །སེམས་ཅན་དོན་ དུ་བྱེད་གྱུར་ཅིག །རྩ་སྔགས་བརྗོད་ལ། དེའི་དོན་སྒོམ་དུ་གཞུག་གོ །དེ་ནི་ཤེས་རབ་ཡེ་ཤེས་ཀྱི་ དབང་ངོ༌། །ཕྱག་རྒྱ་ཆེན་པོའི་དོན་སྒོམ་དུ་བཅུག་སྟེ། སྤྲོས་པའི་མཐའ་བྲལ་གཅེར་མཐོང་རང་ རིག་འདི། །ནམ་མཁའ་ཆོས་ཀྱི་དབྱིངས་དང་མཉམས་སྦྱོར་བ། །སྐལ་ལྡན་རིགས་ཀྱི་བུ་ལ་ དབང་བསྐུར་བས། །མ་རིག་འཁོར་བ་སྡུག་བསྔལ་རྒྱུད་དྲུག་དང༌། །འཁྲུལ་རྟོགས་ཉོན་ མོངས་དུག་ལྔ་རྩད་ཆོད་ནས། །སྐྱབས་གསུམ་ཀུན་འདུས་གོ་འཕང་མཆོག་ཐོབ་ཤོག །ༀ་དྷ་ རེ་དྷ་རེ་དྷ་ར་ཎ་བྷ་ཏེ་སྭཱཧཱ། ཞེས་མེ་ཏོག་གཏོར། རྒྱས་པ་ལ་སྤྲོ་ན། བཀྲ་ཤིས་བཀའ་རྒྱ་མ་བརྗོད་ཅིང༌། མདོར་བསྡུ་ན། ཉིན་མོ་བདེ་ལེགས་སོགས་ཤོ་ལོ་ཀ་གཅིག་བརྗོད། གཏོར་མའི་བཀའ་བསྒོ་མགོན་སེར་གྱི་སྐབས་སུ་བཤད་པ་ལྟར་བྱ། དེ་ནས་སྔགས་ཀྱི་བཟླས་ལུང་བྱ་སྟེ། སྔགས་རང་གི་ཁྱད་མ་གཏོགས་མགོན་དམར་གྱི་སྐབས་སུ་བཤད་པ་བཞིན་ནོ། །སློབ་མའི་ རྗེས་ཀྱི་ཆོ་ག་དང༌། དཀྱིལ་འཁོར་གྱི་རྗེས་ཀྱི་ཆོ་ག་རྣམས་ནི་མགོན་ནག་གི་སྐབས་སུ་བརྗོད་ཟིན་པ་ལྟར་རོ། །ཀུན༷་ནས་ཟབ་ མོའི་ཚེ་སྒྲུབ་སྟེ། །བར་ཆད་བསྲུང་ཐབས་དག༷འ་བའི་ཏོག །མགོན་ལྗང་སྒྲུབ་ཐབས་སྙིང༷་པོ༷་འདི། །གཞན་ལ་ཕན་ཕྱིར་སྦྱར་བ་ ཡིན། །མགོན་ལྗང་ཚེ་བདག་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ན་མོ་གུ་རུ་བཛྲ་ཨཱ་ཙཪྻ་ཙ་རཱ་ཎ་སམྱཱཀ་ཛྙཱ་ན་བྷ་ས་ན་ཀ་རཱ་ཡ། དུས་མཐའི་སྤྲིན་མཚུངས་ཉི་མ་འབུམ་གྱི་གཟི། །མི་བཟད་མཚོན་ཆའི་ཆར་གྱིས་དགྲ་བགེགས་འཇོམས། །བདུད་བཞིའི་ ཁྲག་ལ་རོལ་མཛད་དཔའ་བོ་ཆེ། །ནག་པོ་ཆེན་པོས་འགྲོ་འདི་ཤེས་པར་མཛོད། །ཀུན་རྟོག་ཡིད་སྲུབས་མཐར་བྱེད་གནས་མལ་ དུ། །ལན་བརྒྱར་འཇོམས་བྱེད་འགྱུར་བྲལ་སྲིན་པོའི་སྐུ། །གང་དེའི་སྒྲུབ་ཐབས་མ་སྨད་ཡིད་ཀྱི་གཉེན། །དུས་མཐར་འབྱུང་བ་ འདི་ཡང་ཤིན་ཏུ་མཚར། །འདིར་བྲིས་སྐུའི་མན་ངག་བཞིན་རྗེ་བཙུན་ནག་པོ་ཆེན་པོའི་བྲིས་སྐུ་འབྲི་སྟེ། ཤེས་རབ་མ་ཁ་ཊྭཱཾ་གའི་ 15-1-549 གཟུགས་ཀྱི་མཆན་ཁུང་དུ་གནས་པ། གཡས་སུ་མཁའ་འགྲོ་མ་དམར་མོ་ཐོད་པ་ཁྲག་གིས་གང་བ་ཐོགས་པ། གཡོན་དུ་སྔོན་མོ་ བུམ་པ་བདུད་རྩིས་གང་བ་འབུལ་བའི་རྣམ་པ་ཅན་ཏེ་ལྷ་གསུམ་པའམ། འཁོར་རྣམས་ཀྱང་ཇི་ལྟར་འདོད་པ་བྲིས་པ་ཞིག་མདུན་ དུ་བཀྲམས་ལ། དེའི་མདུན་དུ་དཀྱིལ་འཁོར་སོགས་གྲུབ་ན་ལེགས། རྒྱུན་གྱི་རྣལ་འབྱོར་ལ་མ་གྲུབ་ཀྱང་རུང༌། གང་ལྟར་ཡང་ མཆོད་ཡོན་ལ་སོགས་པའི་མཆོད་པ་དང༌། གཏོར་མ་ཤ་ཁྲག་གིས་བརྒྱན་པ་གཉིས། མྱོས་བྱེད་དང་པཱ་ལས་གང་བའི་སྣོད་བཞི་ བཞི་བཤམ། བདག་ཉིད་ཡི་དམ་ལྷའི་རྣལ་འབྱོར་ལ་གནས་པའི་སྒོ་ནས། རང་གི་མདུན་དུ་ནང་མཆོད་འདུས་བྱས་པ་བྱིན་གྱིས་ བརླབས། ཐོད་པའང་དུང་ཕོར་དུ། དྲི་བཟང་གི་ཆུ་བདུད་རྩི་ལྔ་དང་བསྲེས་པ་བཞག བདུད་རྩི་འཁྱིལ་བའི་གཟུངས་རིང་ངམ། མདོར་བསྡུ་ན། ན་མཿས་མནྟ་བུདྡྷེ་བྷྱཿ ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པ་ལན་བརྒྱ་རྩ་ བརྒྱད་བཟླས། དེས་མདུན་གྱི་དངོས་པོ་ཐམས་ཅད་ལ་གཏོར་བས་བགེགས་བསྐྲད་ལ། སྲིན་ལག་གིས་ནང་མཆོད་ཕྱོགས་བཅུར་ གཏོར་ཏེ་ཡི་གེ་འབྲུ་གསུམ་བརྗོད་པས། སྐད་ཅིག་གིས་དངོས་པོ་ཐམས་ཅད་བྱིན་གྱིས་བརླབས་པར་མོས། སྭ་བྷཱ་ཝས་སྟོང་ པར་སྦྱངས། གནས་ཁང་གཞལ་མེད་ཁང་དུ་གྱུར་པའི་དབུས་སུ། ཨ་ཡིག་ལས་བྱུང་བའི་པདྨའི་ སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ༀ་ཨཱཿཧཱུཾ་ལས་བྱུང་བའི་མཆོད་རྫས་རྣམས་ནམ་ མཁའི་དབྱིངས་ཐམས་ཅད་ཁྱབ་པར་གྱུར། ༀ་ཨཱཿབཛྲ་ཨརྒྷཾ་ཧཱུཾ་ཕཊ་སྭཱཧཱ། དེ་བཞིན་དུ། ཤཔྟའི་ བར་དུ་སྦྱར་ཞིང༌། ལན་གསུམ་གསུམ་བརྗོད། ཆུ་བཞི་དང་དྲི་ཆབ་ལ་དུང་ཆོས་ཀྱི་ཕྱག་རྒྱ་དང༌། མེ་ཏོག་ལ་སྙིམ་པས་འཐོར་ཚུལ། བདུག་སྤོས་ལ་སོར་མོ་བཞི་བརྐྱང་ལ། རྩེ་མོ་སྤྲད་གུང་མོ་མདུང་ལྟར་བསྒྲེང་བ་དང༌། མར་མེ་ལ་རྡོ་རྗེ་བསྡམས་པ་ལས་གཡས་ཀྱི་ མཐེབ་མཛུབ་ཟླུམ་པོར་བྱས་པའི་དབུས་སུ་གཡོན་གྱི་མཐེ་བོང་སྡོང་བུ་ལྟར་བསྒྲེང་བ། ཞལ་ཟས་ལ་རྡོ་རྗེ་ཐལ་མོ་ཁ་ཕྱེ་བ། རོལ་ མོ་ལ་ལག་མཐིལ་གྱི་ཕེག་རྡོབ་པ་རྣམས་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ། །མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་རོལ་མོའི་སྒྲ་ དང་བཅས་ནས་བརྗོད་དོ། །དེ་ནས་མཎྜལ་མེ་ཏོག་དྲི་བཟང་གི་ཆུ་སོགས་འདུས་བྱས། ༀ་ཧྲིཿསྭཱཧཱ། ཁ་བཤལ། ༀ་ ཝཿསྭཱཧཱ། གདོང་བཀྲུ། ཇི་ལྟར་བལྟམས་པ་ནས། ཤྲི་ཡེ་ཧཱུཾ། ལུས་ཐམས་ཅད་བཀྲུ་བའམ། ཉེ་རེག་བྱ། ༀ་བཛྲ་ རེ་ཁ་ཧཱུཾ། ཞེས་མཎྜལ་དྲི་བཟང་གིས་བྱུགས། ༀ་མ་ཎི་དྷ་རི་བཛྲི་ཎི་མཧཱ་པྲ་ཏི་སཱ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་བྱིན་གྱིས་བརླབས། ༀ་མཧཱ་ཀཱ་ལ་སརྦ་བིགྷྣནུ་ཏ་སཱ་ད་ཡ་ཧཱུཾ་ཕཊ། ཡུངས་དཀར་གཏོར་ཞིང་བགེགས་ 15-1-550 བསྐྲད། ༀ་སརྦ་ཏ་ཐཱ་ག་ཏ་རཀྵ་རཀྵ་མཾ། བསྲུང་བའོ། །བ་བྱུང་ལྔ། བདུད་རྩི་ལྔ། ཁྲག མྱོས་བྱེད་རྣམས་བསྲེས་པས། རྐྱང་ནུལ་བྱས་པའམ། བྱས་པར་མོས་ལ། ༀ་གཽ་མ་ཡེ་པཉྩ་པཉྩ་ཤོ་ནི་ཏ་མཎྜ་ལ་ཧཱུཾ་སྭཱཧཱ། མེ་ཏོག་འབུལ་བའི་ གཟུངས་ལན་གསུམ་གྱིས་མེ་ཏོག་བྱིན་གྱིས་བརླབས། ༀ་ཙནྡྲ་ཨར་ཀ་བི་མ་ལེ་སྭཱཧཱ། ལན་གསུམ་གྱིས་མཐའ་སྐོར་ དུ་རི་མོ་བྲིས་ཤིང༌། མེ་ཏོག་འབུལ་བའི་གཟུངས་ལན་གཅིག་གིས་མེ་ཏོག་བཀྲམ། སྤྲོ་ན། བ་ལྕི་ཆུ་བཅས་སྦྱིན་པ་སྟེ། ། ཞེས་པ་ནས། སྐྱེ་བར་འགྱུར་གྱི་བར་བརྗོད། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། དུར་ཁྲོད་ ཆེན་པོའི་གནས་བརྒྱད་དང༌། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ནས། ནག་པོ་ཆེན་པོ་ འཁོར་དང་བཅས་པ་སྤྱན་དྲངས། ཡི་དམ་གྱི་སྔགས་ཀྱི་མཐར། ༀ་མཧཱ་ཀཱ་ལ་བྷ་ག་ཝཱན། ས་ཧ་ག་ན་ དུ་ཏ་ཨཱ་ཀཪྵ་ཡ་ཛཿཛཿཨེ་ཧྱེ་ཧི། ཞེས་བརྗོད་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསང་ཆུ་གཏོར། ༀ་བཛྲ་ཀ་མ་ ལ་ཨཱ་ས་ན་ཏིཥྛ་ཧཱུཾ། ༀ་བཛྲ་སཱུཪྻ་ཨཱ་ས་ན་ཏིཥྛ་ཧཱུཾ། ༀ་ཤཱ་བ་ཨཱ་ས་ན་ཏིཥྛ་ཧཱུཾ། འཁོར་བཅས་གདན་གྱི་ སྟེང་དུ་འགྲེང་བའི་ཚུལ་གྱིས་བཞུགས། དུང་ཆོས་ཀྱི་ཆུའམ། རཀྟའི་ཨརྒྷཾ་འབུལ་ཏེ། ༀ་མཧཱ་ཀཱ་ལ་ས་པ་རི་ཝཱ་རེ་ བྷྱཿ ཨརྒྷཾ་པྲ་ཏཱིཙྪ་ན་མཿ དེ་བཞིན་དུ། པཱདྱཾ་ནས། ཤཔྟའི་བར་གྱིས་མཆོད། སྤྲོ་ན་ལྷ་སོ་སོའི་སྔགས་ཀྱི་མཐར། མཆོད་པའི་སྔགས་སྦྱར་ཏེ། མཆོད་ཡོན་དང་མེ་ཏོག་འབུལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ དང༌། དེ་ནས་གཏོར་སྔགས་ཙམ་གྱིས། གཏོར་མ་ཆུང་ངུ་ཞིག་འབུལ། རྐང་པ་བརྒྱད་པའི་ཤོ་ལོ་ཀ་དང་པོ་ལྟ་བུ་ཞིག་གིས་བསྟོད། ༀ་མུཿཞེས་པས་འཁོར་བཅས་གཤེགས་སུ་གསོལ་ལོ། །འདི་ལ་རྒྱས་པར་ན་མཎྜལ་གྱི་ཆོ་ག་རྒྱས་པ་མཛད་ཅིང༌། རྗེས་ཀྱི་ཆོ་ གའང་རྒྱས་པར་སྦྱོར་བ་ཡོད་མོད་ཀྱི། འབྲིང་པོའི་དབང་དུ་བྱས་པ་འདི་ཙམ་ལེགས་པར་མངོན་ནོ། །མདོར་བསྡུ་ན། དེ་ལྟར་ བཤད་པའི་མཎྜལ་གྱི་ཆོ་ག་མེད་ཀྱང་རུང་ངོ༌། །དེ་ནས་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་ བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་ཧཱུཾ་ལས་སྐྱེས་པའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ ཆེ་བའི་ནང་དུ་དངོས་གྲུབ་འབྱུང་བའི་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་ སྐྱོང་བ་དང༌། ཤིང་དང༌། ཀླུ་དང༌། མེ་དང༌། ཆུ་དང༌། མཆོད་རྟེན་དང་བཅས་ཤིང༌། རོ་དང་རོ་ ལངས། འབྱུང་པོའི་ཚོགས་ཀྱིས་ལང་ལོང་དུ་གང་བ། བྱ་དང་གཅན་གཟན་སྣ་ཚོགས་རྒྱུ་ཞིང༌། 15-1-551 གྲུབ་པ་རིག་པ་འཛིན་པ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་དམ་ཚིག་གིས་ཀུན་ཏུ་སྤྱོད་ པ་དང༌། མཆོད་རྫས་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་གནོད་སྦྱིན་དང༌། སྲིན་པོ་དང༌། ཤ་ ཟ་དང༌། བྲན་དང་ཕོ་ཉའི་ཚོགས་སྤྱོད་ལམ་སྣ་ཚོགས་པས་ངོ་མཚར་བར་བྱེད་པའི་དབུས་སུ་ གཞལ་མེད་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་ནང་ཀུན་ཏུ་ ལྷ་རྫས་ཀྱི་མེ་ཏོག ཉམས་པའི་མགོ་བོ་སོགས། ཤ་ཁྲག་གི་མེ་ཏོག་རྣམ་པར་བཀྲམས་པ། དབུས་སུ་ཐོད་པའི་འཕྲེང་བས་བསྐོར་བའི་ནང་དུ། དཀྱིལ་འཁོར་དམར་པོ་ཟུར་གསུམ་པ་ དང༌། དཀྱིལ་འཁོར་སྔོན་པོ་ཟུར་གསུམ་པ་བསྣོལ་བས་ཟུར་དྲུག་པ། དེའི་ལྟེ་བར་པདྨ་དང་ ཉི་མའི་གདན་ལ་དགྲ་བགེགས་བསྒྲལ་བའི་ཞིང་ཆེན་བསྣོལ་བ། སྒོ་བཞིར་ཉི་མ་དང་རོའི་ གདན། གྲྭ་བཞིར་ཟླ་བ། ཆོས་འབྱུང་སྟེང་མའི་ཟུར་གསུམ་ལ་དབུགས་བྲལ་གྱི་གདན། འོག་ མ་ལ་སོ་སོའི་བཞོན་པ་དང་བཅས་པ། དབུས་ཀྱི་གདན་གྱི་སྟེང་དུ་ཟླ་བ་དང་ཉི་མ་ཁ་སྦྱོར་ལ་ གནས་པའི་ཧཱུཾ་མཐིང་ག་ལས་གྲི་གུག་ཐོད་ཁྲག་ཧཱུཾ་གིས་མཚན་པ་དེ་ལས་འོད་འཕྲོས། དགྲ་ བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། འཕགས་པ་མཆོད། འཕྲིན་ལས་རྣམ་བཞིས་ སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས། དཔལ་ནག་པོ་ཆེན་པོ་དུས་ མཐའི་སྤྲིན་ལྟར་གནག་ཅིང༌། ཉི་མ་སྟོང་གིའི་གཟི་བརྗིད་ཅན། ཞལ་ཅིག་ཕྱག་བཞི་བནྡྷུ་ལྟར་ དམར་བའི་སྤྱན་གསུམ་གཡོ་བ། སྨ་ར་དང༌། སྨིན་མ་དང༌། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ པ། ཕྱག་གཡས་ཀྱི་དང་པོས་གྲི་གུག་དང༌། གཡོན་དང་པོས་ཐོད་ཁྲག་ཐུགས་ཀར་སྟེང་འོག་ ཏུ་འཛིན་པ་གཡས་འོག་མས་རལ་གྲི་འབར་བ་དང༌། གཡོན་འོག་མས་སྦྲུལ་དང་བཅས་པའི་ ཏྲི་ཤུ་ལ་རྡོ་རྗེས་མཚན་པ་འཛིན་པ། སྟག་གི་ལྤགས་པ་རློན་པས་སྨད་དཀྲིས་པ། རྡོ་རྗེ་ནག་ པོའི་རྩེ་ཕྲན་ཅན་གྱི་མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། ཁྲག་འཛག་མགོ་བོ་བརྒྱ་ཕྱེད་ཀྱི་ དོ་ཤལ་ཅན་རུས་པའི་རྒྱན་དྲུག་དང༌། སྦྲུལ་གྱིས་བརྒྱན་པ། ཧ་ཧ་དང༌། ཧཱུཾ་ཧཱུཾ་དང༌། ཀི་ལི་ཀི་ 15-1-552 ལིའི་གད་རྒྱང་དྲག་པོ་སྒྲོག་ཅིང༌། སེམས་དཔའི་སྐྱིལ་ཀྲུང་སོགས་སྣ་ཚོགས་པས་རོལ་པས་ བཞུགས་པ། མི་བཟད་སྲིན་པོའི་ལུས་ཅན། བོང་ཐུང་གསུས་པ་འཕྱང་བ། ཐུགས་རྗེ་ལྷག་ པར་ཁྲོས་པ་ཆེས་ཆེར་འཁྲུགས་པ། རྔམ་པའི་སྟང་སྟབས་ཁྲོ་གཉེར་བསྡུས་ཤིང་མ་རུངས་ པའི་མཆེ་བ་གཙིགས་པ། རབ་ཏུ་དཔའ་བས་གཞན་གྱིས་མི་ཐུབ་པ་དགྱེས་ཤིང་དྲེགས་པས་ རྒྱ་ཆེར་བཞད་པ་སོགས་མཐའ་ཡས་པའི་ཉམས་དང་འགྱུར་བ་མངའ་ཞིང༌། འཇིག་དུས་ཀྱི་ མེ་དཔུང་ལྟ་བུའི་དབུས་ན་དགེས་དགུར་རོལ་པས་འཇིགས་པའང་འཇིགས་པར་བྱེད་པའོ། ། དེའི་པང་དུ་ཧྲཱིཿལས་འབྱུང་བའི་ནག་མོ་ཆེན་མོ་དམ་ཚིག་གི་དབང་མོས་འཁྱུད་པ་ནི། སྐུ་ མདོག་ནག་མོ་ཁྲོ་ཞིང་སྒེག་པ། གཅེར་མོ་ཐོད་སྐམ་གྱི་དབུ་རྒྱན་དང་འཕྲེང་བ་ཅན། དབུ་སྐྲ་ དམར་སེར་གྲོལ་བ། ཕྱག་གཡས་ཌཱ་མ་རུ་འཁྲོལ་ཞིང༌། གཡོན་ཐོད་པ་འཛིན་པས་ཡབ་ལ་ འཁྱུད་པ། ལང་ཚོ་གསར་དུ་བདོ་ཞིང༌། ལྷག་མ་རྒྱན་སྤངས་པ། གཙོ་བོ་ཡབ་ཡུམ་གྱི་སྐུ་ལས། བྱ་རོག་དང༌། ཁྱི་དང༌། ཅེ་སྤྱང༌། སེང་གེ་དང༌། འདབ་ཆགས་དང༌། བུད་མེད། གདོལ་པ་ནག་ པོའི་ཚོགས་ཕོ་ཉར་འགྱེད་པ། ཆོས་འབྱུང་སྟེང་མའི་གཙོ་བོའི་མདུན་གྱི་ཟུར་ལ། ཙཾ་ལས་ཙ་ མུཎྜི་ནག་མོ་ཏྲི་ཤུ་ལ་དང་ཐོད་ཁྲག་འཛིན་པ། གཡས་ཟུར་དུ་ཧ་ལས་ཨུ་མ་དམར་མོ་གྲི་གུག་ དང་ཐོད་པ་འཛིན་པ། གཡོན་ཟུར་དུ་ཧེ་ལས་ཕག་མོ་སྔོ་སྐྱ་ཁ་ཊྭཱཾ་ག་དང་མི་མགོ་འཛིན་པ། ཆོས་འབྱུང་འོག་མའི་གཙོ་མོའི་མདུན་ཟུར་དུ་ཡ་ལས་གཤིན་རྗེ་ནག་པོ་རལ་གྲི་དང་ཐོད་ཁྲག་ ཐོགས་པ་མ་ཧེ་ལ་ཞོན་པ། གཡས་ཟུར་དུ་ར་ལས་སྲིན་པོ་སྨུག་ནག་གྲི་གུག་དང་ཐོད་པ་ཤ་ ཆེན་གྱིས་གང་བ་འཛིན་པ། ཁྱི་ནག་ལ་གནས་པ། གཡོན་ཟུར་དུ་{བྷེ[བྷི་]ལས་དབང་ཕྱུག་ ཆེན་པོ་ཐལ་སྐྱ་ཌཱ་མ་རུ་དང་རྩེ་གསུམ་འཛིན་པ། སྟག་ལ་གནས་པ། སྒོ་བཞིར་ཧཱུཾ་རེ་རེ་ཡོངས་ སུ་གྱུར་པ་ལས། ཤར་དུ་ཐོ་བ་འཇིགས་བྱེད་དཀར་པོ་རྡོ་རྗེ་ཐོ་བ་འཛིན་པ། ལྷོར་དབྱུག་པ་ འཇིགས་བྱེད་སེར་པོ་རྡོ་རྗེ་བེ་ཅོན་འཛིན་པ། ནུབ་ཏུ་པདྨ་འཇིགས་བྱེད་དམར་པོ་པདྨ་དམར་ 15-1-553 པོའི་སྡོང་པོ་འཛིན་པ། བྱང་དུ་རལ་གྲི་འཇིགས་བྱེད་ལྗང་ནག་རལ་གྲི་འཛིན་པ། དེ་བཞི་ཆར་ ཡང་ཕྱག་གཡོན་པས་ཞགས་པ་བསྣམས་པ། གྲྭ་བཞིར་ཧྲཱིཿཡིག་བཞི་ཡོངས་སུ་གྱུར་པ་ལས། ཤར་ལྷོར་ལྷ་མོ་ཀུ་ལེ་སེར་མོ་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ལྷོ་ནུབ་ཏུ་ཀུ་རུ་ཀུལླེ་དམར་ མོ་མདའ་གཞུ་འཛིན་པ། ནུབ་བྱང་དུ་ཕུར་འདེབས་མ་སྔོན་མོ་ཐོ་བ་དང་ཕུར་བུ་འཛིན་པ། བྱང་ཤར་དུ་འཕྲོག་འཆང་མ་ལྗང་ཁུ་ཤཀྟི་དང་ཐོ་བ་འཛིན་པ། དེ་བཞི་ཆར་ཡང་ཅུང་ཟད་ཞི་ ཞིང་ཆགས་པའི་ཉམས་དང་ལྡན་པ། ཕོ་ཉ་ཐམས་ཅད་གཡོན་བརྐྱང་གི་སྟབས་ཀྱིས་གནས་ པ། གཙོ་བོ་དང་རྣམ་པ་མཚུངས་ཤིང༌། མ་མོ་རྣམས་ནི་གཡས་བརྐྱང་གི་གནས་ཤིང༌། གཙོ་ མོ་དང་མཚུངས་པའོ། །ལྷ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། གཙོ་བོའི་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ། ༀ་ཧ། ན་མ་ཧི། སྭཱཧཱ་ཧཱུཾ། བོ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ་ཧཾ་རྣམས་དང༌། ཡུམ་གྱི་ལྟེ་བ་ལ་སོགས་པའི་གནས་རྣམས་སུ། ༀ་བཾ། ཧཾ་ཡོཾ། ཧྲཱིཾ་མོཾ། ཧྲེཾ་ ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ཞེས་པ་རྣམས་ཀྱིས་རྒྱས་བཏབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའི་ཚོགས་ཐམས་ཅད་ༀ་མཧཱ་ཀཱ་ལ་ནས་ཨེ་ཧྱེ་ཧི་བར་གྱིས་གོང་བཞིན་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དབང་གི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ ཛཿ པུཥྤེ་ནས། ཤཔྟའི་བར་གྱིས་མཆོད། བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་ བཏབས་པས་ༀ་ཀ་ལ་ཤ་ཨ་བྷི་ན་ཡ་ནཾ་སྣཱ་ནཾ། ༀ་ཤཱུ་ནྱ་ཏཱ་ཨ་དྷིཥྛ་ཏེ་སྭཱཧཱ། ཞེས་གསུང་ཞིང་ དབང་བསྐུར། སྐུ་ལུས་ཀྱི་ནང་ཐམས་ཅད་གང༌། དྲི་མ་མཐའ་དག་སྦྱངས། ཆུ་ལྷག་མ་ཡར་ འཁྱིལ་བ་ལས། གཙོ་བོ་ལ་མི་བསྐྱོད་པ། འཁོར་ཐམས་ཅད་ལ་གཙོ་བོ་ཉིད་ཀྱིས་དབུ་རྒྱན། ༀ་བཛྲ་མཧཱ་ཀཱ་ལ་ས་པ་རི་ཝཱ་རེ་བྷྱཿ ཨཉྩ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པྲོ་ཀྵ་ཎཾ། པཱདྱཾ། ཨརྒྷཾ་ ཞེས་སྦྱར། དེ་ལྟར་ཆུ་བཞི་ལ། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྩེ་སྦྱར་ཏེ་བརྐྱང་བའི་ཕྱག་རྒྱའོ། །མེ་ཏོག་སོགས་ཕྱག་རྒྱ་སྤྱི་ དང་མཐུན་ཞིང༌། སྔགས་ན་མཿའི་མཐའ་ཅན་དུ་བྱ། སྙིང་པོ་སོགས་རང་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་ 15-1-554 འབུལ། ཡབ་ཀྱི་གསང་གནས་ཧཱུཾ་ལས་བྱུང་བའི་རྡོ་རྗེ། ལྟེ་བར་བྱཱཾ་གྱིས་མཚན་པ་དང༌། ཡུམ་གྱི་ པདྨ་ཧྲིཿལས་བྱུང་བའི་ཆུ་སྐྱེས་ཟེའུ་འབྲུའི་སྣ་རྩེར་དྱཾ་གྱིས་མཚན་པ། སྙོམས་པར་འཇུག་པའི་ བདེ་བ་ཆེན་པོ་སྐུ་ཉམས་སུ་བསྟར་བར་མཛད། ༀ་བཛྲ་ཨམྦུ་ཛ། དྭ་ན་དྭ་ས་མ་ཡོ་ག་མ་ཧཱ་སུ་ ཁ་པཱུ་ཛི་ཏེ་ཧཱུཾ། རྐང་པ་བརྒྱད་པའམ་གང་ཡང་རུང་བས་བསྟོད། པད་སྐོར་གྱི་མཐར། ཐལ་མོ་ཁོང་སྟོང་དུ་སྦྱར་བ་ནག་པོ་ ཆེན་པོའི་དམ་རྒྱ་དང༌། རྡོ་རྗེ་ཐལ་མོ་བཅིང་བ། ལྷ་མོ་ནག་མོའི་དམ་རྒྱ་སྟེ་ཕྱག་རྒྱ་དེ་དང་ལྡན་པས། ༀ་བཛྲ་མཧཱ་ཀཱ་ལ་དྲ་ ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ། ས་མ་ཡ་ཧོ། ༀ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ལན་གསུམ་གྱིས་མགོན་པོ་འཁོར་བཅས་ དང༌། ༀ་མཧཱ་ཀ་ལི་དེ་ཝཱི་དྲྀ་ཤྱ་ནས། ས་མ་ཡ་ཧོ། ༀ་སུ་ར་ཏ་ས་མ་ཡེ་ཤྭ་རི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ལན་ གསུམ་གྱིས་ནག་མོ་ཆེན་མོ་འཁོར་བཅས་དམ་ལ་བཞག་གོ །དེ་ནས་བཟླས་པ་བྱ་བ་ནི། གཙོ་བོ་ཡབ་ཡུམ་གྱི་ཐུགས་ ཀར་ཉི་མ་དང་ཟླ་བ་ལ་གནས་པའི་ཕྱག་མཚན་གྲི་གུག་དང་ཐོད་པ་སོ་སོའི་ལྟེ་བར་ས་བོན་ སྔགས་ཀྱི་འཕྲེང་བ་དང་བཅས་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡུམ་གྱི་ཐུགས་ཀའི་ ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཐིམ། དེའི་འོད་ཟེར་གསང་བའི་ལམ་ནས་བྱུང༌། གཙོ་ བོའི་ཐུགས་ཀའི་ས་བོང་སྔགས་འཕྲེང་དང་བཅས་པ་བསྐུལ་ཏེ། དེའི་འོད་ཟེད་ཞལ་ནས་ འཐོན་ཏེ། བདག་གི་ལྟེ་བ་ནས་ཞུགས་སྙིང་གའི་སྔགས་འཕྲེང་ལ་ཐིམ་པར་བསམ་ལ། ཡབ་ཀྱི་ བཟླས་པ་དང༌། ཡང་འཁོར་ཚུལ་གོ་བཟློག་པས་ཡུམ་གྱིས་བཟླས་པ་བྱའོ། །ༀ་མཧཱ་ཀཱ་ལ་ཧཱུཾ་ཕཊ། བོད་པའོ། །ༀ་མཧཱ་ ཀཱ་ལ་ཡ་ན་མོ་ཧཱུཾ་ཕཊ། མཉེས་པར་བྱེད་པ་སྟེ། ཡབ་ཀྱི་སྔགས་སོ། །ༀ་སུ་ར་ཏཱ་ས་མ་ཡེ་ཤྭ་རི་ཧཱུཾ་ཧཱུཾ་ཕཊ་ སྭཱཧཱ། ཡུམ་གྱི་སྔགས་སོ། །གཙོ་འཁོར་ཐམས་ཅད་ཀྱི་གཟུངས་སྔགས་ནི། ཤཱ་ས་ནར་ཡོངས་སུ་གྲགས་པའོ། །གཏོར་ཆོག་ ཙམ་གྱི་ཚེ། བཟླས་པ་དེ་ཙམ་གྱིས་ཆོག་ལ། རྒྱས་པ་ལ་མོས་ན། གཞུང་ལས་འབྱུང་བ་ལྟར་བཟླས་པར་བྱའོ། །དེ་ནས་གཏོར་མའི་ ཆོ་ག་ནི། བདུད་རྩི་འཁྱིལ་བའི་སྙིང་པོས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་རཾ་ལས་རླུང་མེའི་ དཀྱིལ་འཁོར་ལ་གནས་པའི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུཾ་བྷྲུཾ་ཨཾ་ཛྲིཾ་ཁཾ་ལས་ཤ་ལྔ་ བཾ་མཾ་ལཾ་པཾ་ཏཾ་ལས་བདུད་རྩི་ལྔ། དེའི་སྟེང་དུ་ༀ་དང་ཟླ་ཕྱེད། རྡོ་རྗེ་ཕྱེད་པ་ཧཱུཾ་གིས་མཚན་པ། 15-1-555 རླུང་གཡོས་མེ་སྦར་རྫས་རྣམས་ཞུ། ༀ་ཟླ་བ་ཧཱུཾ་རྣམས་ཀྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་ མཐའ་དག་བཀུག་སྟེ། དེ་ཐམས་ཅད་གཅིག་ཏུ་འདྲེས་པ། དམ་རྫས་འབར་བའི་གཏོར་མ་ མཁའ་དབྱིངས་ཁྱབ་པར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཞེས་བྱིན་གྱིས་བརླབས་ནས། རང་གི་སྙིང་ག་ནས་ འོད་ཟེར་འཕྲོས་གཏོར་མའི་མགྲོན་འཇིག་རྟེན་པ་ཐམས་ཅད་ཨཱ་ཀཪྵ་ཡ་ཛཿ དུར་ཁྲོད་ཆེན་ པོ་བརྒྱད། ཞི་སྐྱོང༌། གནོད་སྦྱིན། སྲིན་པོ། འབྱུང་པོ། མ་མོ། རོ་ལངས། མཁའ་འགྲོ་མའི་ ཚོགས་ཐམས་ཅད་ཀྱིས་ཡོངས་སུ་གང་བར་གྱུར། ན་མཿས་མནྟ་ཀཱ་ཡ་ཝཀྐ་ཙིཏྟ་བཛྲ་ཎཾ། ན་ མོ་མཧཱ་བཛྲ་ཀྲོ་དྷ་ཡ། མཧཱ་དཾ་ཏྲོཏྐཊ་བྷི་ཥ་ཎ་བྷཻ་ར་བཱ་ཡ། ཞེས་པ་ལ་སོགས་པ། བདུད་རྩི་འཁྱིལ་བའི་ གཟུངས་གསང་བ་འདུས་པ་ནས་འབྱུང་བ་ལྟར། ཚར་གཅིག་གིས་མགོར་དྲངས་ལ། ན་མཿས་མནྟ་ཀཱ་ཡ་ཝཀྐ་ཙིཏྟ་ བཛྲ་ཎཾ། ༀ་ཨཱཿཧཱུཾ། མཾ་མཾ། ཧཾ་ཧཾ། ཀཾ་ཀཾ། རཾ་རཾ། ར་ར། མཱ་ཧ་མཱ་ཧ་ཀ་ལ། ད་ཧ་ད་ཧ། པ་ཙ་པ་ ཙ། གརྫ་གརྫ། ཀེ་ཤ་བརྟ་མ་ནེ། ཨི་མཾ་བཱ་ལིཾ་གྲྀཧྞ་གྲྀཧྞ། གྲྀཧྞ་པཱ་ཡ། གྲྀཧྞ་པཱ་ཡ། ༀ་ཨཱཿཧཱུཾ། སརྦ་བིགྷྣན། བི་ན་ཡ་ཀ ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭ་ཏ། ༀ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་མམ་བདུན་གྱིས་གཞལ་མེད་ཁང་གི་ནང་ན་བཞུགས་པའི་ལྷ་ཚོགས་རྣམས་ལ་འབུལ། ལྷ་རེ་རེའི་མཚན་ནས་ སྨོས་པའི་མཆོད་པའམ་བསྡུ་ན་སྤྱི་ཁྱབ་ཏུ་ཕྱི་ནང་གསང་གསུམ་གྱིས་མཆོད་པ་ཚར་གཅིག་བྱ། གཏོར་མ་གཉིས་པ་དུར་ཁྲོད་ཀྱི་ འབྱུང་པོའི་ཚོགས་ལ་དམིགས་ཏེ། བདུད་རྩི་འཁྱིལ་བའི་གཟུངས་ཚར་གཅིག་གི་མཐར། ༀ་སརྦ་ཀྵེ་ཏྲ་པཱ་ལ་ས་ཧ་ག་ ཎ་དུ་ཏི་བཱ་ལིཾ་གྲྀཧྞ་གྲྀཧྞ་ཁ་ཁ་ཧཱུཾ་ཕཊ་སྭཱཧཱ། ཞེས་དུར་ཁྲོད་བརྒྱད་ལ་དམིགས་ཏེ། ལན་བརྒྱད་ཀྱིས་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཤ་ཆང་དང་ཟས་སྣ་ཚོགས་པ་དང༌། སྲོག་ཆགས་ཀྱི་གཟུགས་བརྙན་མང་པོ་ཡོད་ན། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱ་ཆེར་སྤེལ་ལ། ཁ་འབར་མའི་སྔགས་རྒྱས་བྱིན། གོང་གི་གཏོར་སྔགས་ཚར་གཅིག་གིས་ཀྱང་ བསྔོས་ལ། ༀ། ཤིང་གཅིག་དང་ནི་དུར་ཁྲོད་དང༌། །རི་དང་བྲག་དང་ཕུག་གི་ས། །ཡུལ་གྱི་ འདབས་དང་ལམ་དང་བཞི། །མ་མོའི་ཁྱིམ་ན་གང་གནས་པ། །ནག་པོ་འབྱུང་པོ་རོ་ལངས་ དང༌། །ཤ་ཟ་གནོད་སྦྱིན་སྲིན་པོའི་ཚོགས། །མཁའ་འགྲོ་མཁའ་འགྲོ་མ་གཞན་སླར། །ཕྱོགས་ 15-1-556 སྐྱོང་བ་དང་ཞིང་སྐྱོང་བ། །ཆུང་མ་སྡེ་དང་འཁོར་གཡོག་བཅས། །མེ་ཏོག་སྤོས་དང་ན་བཟའ་ དང༌། །གཏོར་མ་འདི་ལོང་བདག་ལ་ནི། །བསམ་པའི་དོན་ཀུན་འགྲུབ་པར་མཛོད། །ནད་ དང་གདོན་སོགས་ཞི་བ་དང༌། །ལོངས་སྤྱོད་ཚེ་དང་བཀྲ་ཤིས་འཕེལ། །དབང་དང་དགུག་ པའི་ལས་མཛོད་ཅིག །དགྲ་དང་འབྱུང་པོ་ཉམས་བྱེད་ཅིང༌། །བསད་དང་བསྐྲད་དང་དབྱེ་ བར་མཛོད། །དེའི་ཤ་ཁྲག་ཟ་བ་དང༌། །ལུས་ཀྱང་རྡུལ་ཕྲན་བཞིན་དུ་བཤིག །དགྲ་བོ་སྡེ་ བཅས་ནི་མཱ་ར་ཡ་ཕཊ། །གང་ཞིག་དམ་ཆོས་སྲུང་མཛོད་ཀྱེ། །ལྷ་མིན་བདུད་བཅས་འཇོམས་ པར་མཛོད། །དུལ་ཞིང་དམ་ཚིག་ལྡན་པ་ལ། །ཀུན་དུ་བསྲུང་ཞིང་རྒྱས་པར་མཛོད། །ཅེས་ལས་ བཅོལ། སྨོན་ལམ་བཏབ། བཀྲ་ཤིས་ཀྱི་ཚིགས་བཅད་ཅིག་བརྗོད་ལ། ཡི་གེ་བརྒྱ་པ་དང་བཅོ་ལྔ་པ་ལན་གསུམ་གྱིས་ཕྱི་རོལ་གྱི་ དུར་ཁྲོད་ན་གནས་པ་རྣམས་གཤེགས་སུ་གསོལ། སླར་ཡང་ཕྱིའི་མཆོད་པས་མཆོད། དེ་ནས་མཚན་བཞི་བཅུ་རྩ་ལྔ་པས་བསྟོད་ པར་བྱས་ཏེ། ༀ་ཐུབ་པ་ཉི་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་དཔའ་བོ་ལ་ཕྱག་འཚལ་ལོ། ། རལ་གྲི་དང་ཐོད་པས་ཕྱག་བྲེལ་བ་ལ་ཕྱག་འཚལ་ལོ། །དཔའ་བོ་དུར་ཁྲོད་ལ་དགེས་པས། ། ཕོ་ཉར་བཅས་པའི་ཚོགས་པ་དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས། །འབྱུང་ པོའི་ཚོགས་རྣམས་ང་ལ་ཉོན། །ནག་པོ་ཆེན་པོའི་མི་འཇིགས་པ། །འདོད་སྦྱིན་གྲུབ་པ་རབ་ཏུ་ སྟེར། །ནད་རྣམས་འཕྲོག་པར་བྱེད་པ་འདི། །འགྲོ་བ་རྣམས་ལ་ཕན་ཕྱིར་ཟུང༌། །ན་མོ་ཤྨ་ཤ་ ནྲ་བཱ་སི་ནི། མཧཱ་ཀཱ་ལ་ཨ་ནུ་ཙ་རཱ་ཡ། ཏདྱ་ཐཱ། ཙ་ལེ་པྲ་ཙ་ལེ། ལ་ལ་ལ་ལ་ཡ་དེ་བ་ལིཾ་ག་སྭཱཧཱ། ༀ། དགེ་བ་ཅན་ནི་དགེ་བསྙེན་ཏེ། །གཏུམ་པོ་ཀླ་ཀློའི་རིགས་ཀྱི་ནད། །བདུད་དང་བགེགས་ ཀྱི་ཁྲག་གསོལ་བ། །ལག་པ་བཞི་པ་སྟོབས་པོ་ཆེ། །དེ་བཞིན་བྱེ་བ་མཐའ་ཡས་ལག །སྲིན་ པོའི་ལྷ་སྟེ་སྲིན་པོའོ། །འབྱུང་པོས་བསྐོར་བ་ས་འོག་འདུལ། །ཉི་མའི་བུ་ཡི་མག་པ་སྟེ། །རྩེ་ གསུམ་འཛིན་པ་རྩེ་གསུམ་ལུས། །ཀླུའི་རྒྱལ་པོ་རྒྱན་དུ་བྱས། །མི་གསུམ་ལག་ན་གྲི་གུག་སྟེ། ། ཅང་ཏེའི་སྒྲ་ཡིས་བོས་བྱས་ནས། །རྣལ་འབྱོར་མ་ལ་འཁྱུད་པར་བྱེད། །སྟག་དང་སེང་གེ་ 15-1-557 གླང་པོ་དང༌། །ཅེ་སྤྱང་བྱེ་བས་གར་བྱེད་ཅིང༌། །དྲི་མའི་བ་མོས་གླུ་བླངས་ཏེ། །མ་མོའི་ཚོགས་ ཀྱིས་ཕྱག་བྱས་པ། །རོ་ལངས་རྒྱལ་པོ་གདོན་ཀྱི་གདོན། །གཤེད་བྱེད་བྱད་མའི་བདག་པོ་སྟེ། ། ཉི་མ་ཟླ་བ་རྒྱུ་སྐར་གཙོ། །ཡང་དག་རིག་པ་ཆུ་བོ་འགྲོལ། །ཐིག་ལེ་བརྒྱ་པ་གདོལ་པའི་རྒྱལ། ། ནག་མོའི་བུ་སྟེ་བུམ་པའི་ལྟོ། །སྲེག་བྱེད་གྲོང་ཁྱེར་གསུམ་གྱི་དགྲ། །པགས་པའི་གོས་ཅན་ གསུས་པོ་ཆེ། །རོ་ཡི་གདན་གནས་དུར་ཁྲོད་དགྱེས། །སྦྲུལ་དང་ཐོད་པའི་ཐོད་འཆང་བ། ། དང་པོའི་ཁྱི་སྟེ་བྱ་རོག་གཟུགས། །མིང་པོ་གསུམ་གྱི་ཕ་ཞེས་གྲགས། །ལོག་སྤྱོད་ལོག་འདྲེན་ བགེགས་ཀྱི་བདག །ལྷ་མིན་མཐར་བྱེད་སྲིང་མོའི་ཁྱོ། །ཚོགས་བདག་ཆེན་པོ་ལྷ་ཆེན་བུ། །ཧཱུཾ་ སྭཱཧཱ། །གང་ཞིག་མིང་འདི་འཆང་བ་དང༌། །དུས་གསུམ་དུ་ནི་འདོན་བྱེད་པ། །དེ་ལ་འཚེ་ རྣམས་བྱེད་པར་འགྱུར། །མངོན་སྤྱོད་སྣ་ཚོགས་འཇིག་རྟེན་སྐྱོང༌། །གཤིན་རྗེ་ཡིས་ཀྱང་ མདུན་ནས་འདུད། །གྲུབ་པ་རིག་འཛིན་བུ་མོ་རྙེད། །གསེར་དང་གཏེར་ནི་ཐོབ་འགྱུར་ཞིང༌། ། སྔགས་འཆང་མ་དང་ལྷན་ཅིག་རྩེ། །དྲག་པོ་དུར་ཁྲོད་གནས་པ་རྣམས། །ཡོན་ཏན་ལྡན་པ་དེ་ ཡིན་འགྱུར། །འབྱུང་པོ་དག་གིས་ཕྱག་བྱས་པ། །སྲིད་གསུམ་རྡོ་རྗེའི་གནས་ཐོབ་པའོ། །ཧཱུཾ་ཧཱུཾ་ ཕཊ་ཕཊ་སྭཱཧཱ། ཞེས་པ་ནི་དཔལ་ནག་པོ་ཆེན་པོའི་བསྟོད་པ་རྗེ་བཙུན་སངས་རྒྱས་ཀྱིས་གསུངས་པའོ། །ཞེས་སོ། །དེ་ནས་ འདོད་པའི་དོན་ལ་གསོལ་བ་བཏབ། ཡི་གེ་བརྒྱ་པ་ལན་མང་དུ་བརྗོད། སོ་རྩི། ན་བཟའ། མེ་ཏོག་འཕྲེང་བ་རྣམས་ཕུལ་ལ། བཟོད་པར་གསོལ་ཏེ། བཛྲ་མུཿཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྨོན་ལམ་དང་བཀྲ་ཤིས་རྒྱ་ཆེར་བརྗོད་ པར་བྱའོ། །འདི་ནི་ཉེ་བསྙེན་དང་འབྲེལ་བ་ཡིན་མོད་ཀྱི། བསྙེན་པ་དང་པོ་སྔོན་དུ་མ་སོང་བས་ཀྱང་མཆོད་ཆོག་གི་ལག་ལེན་འདི་ ཁོ་ན་བཞིན་བྱ་བ་ཡིན་ནོ། །སྤྱིར་འདི་ལུགས་ཀྱི་སྒྲུབ་པའི་ཐབས་ཀྱི་གནད་ནི། བསྙེན་པ། ཉེ་བསྙེན། བསྙེན་པ་ཆེན་པོ། ཉེ་བསྙེན་ ཆེན་པོ་རྣམས་ཀྱི་རྣམ་གཞག་ལེགས་པར་ཕྱེད་ཅིང༌། དེ་དག་གི་མན་ངག་ཞལ་གྱི་གདམས་པ་ལག་ལེན་དང༌། བཅས་པ་ལ་འདྲེས་ པ་གལ་ཆེ་བ་ཡིན་ནོ། །རྗེས་གནང་གི་ཡིག་ཆུང་ནི་ལོགས་སུ་ཤེས་སོ། །ཡེ་ཤེས་གཅིག་ཉིད་སྣ་ཚོགས་ཐ་དད་སྐུ། །གང་དེའི་ཕ་ མཐའ་སུ་ཡིས་བརྗོད་པར་ནུས། །འོན་ཀྱང་འཕགས་པའི་ཡུལ་ན་བརྒྱད་ཀྱི་གྲངས། །རབ་གྲགས་དེ་དག་ཀུན་གྱི་སྙིང་པོ་ནི། ། 15-1-558 ཚུལ་འདི་ལགས་ཤིང་སྒྲུབ་ཐབས་ཐ་དད་པ། །མཐའ་དག་གཅིག་གྱུར་ཞི་བའི་ཞབས་ཀྱིས་མཛད། །དེ་རྗེས་འབྲངས་ནས་མཆོད་ ཆོག་མདོ་ཙམ་སྦྱར། །འདི་ནི་ཡེ་ཤེས་མགོན་པོ་ཉིད་སྒྲུབ་ཚུལ། །སྲིད་གསུམ་མིང་པོ་གསུམ་གྱི་སྔགས་རྒྱུད་དང༌། །བསྲེས་པའི་ སྒྲུབ་ཐབས་མང་པོས་ས་སྟེང་ཁྱབ། །བོད་དང་མ་འདྲེས་འཕགས་ཡུལ་མཁས་གྲུབ་གསུང༌། །འདི་ནི་རྒྱལ་བ་དགེས་པའི་ལམ་དུ་ ངེས།། །།ཞེས་པ་བླ་མ་དམ་པའི་བཀའ་སྩལ་སྤྱི་བོར་ནོས་ནས། ཏཱ་ར་ནཱ་ཐས་སྟག་ལུང་དུ་སྨྲས་པའོ།། །།མངྒ་ལཾ། ༄༅། །ན་མོ་གུ་རུ། རྗེ་བཙུན་ནག་པོ་ཆེན་པོའི་རྗེས་གནང་གི་རིམ་པའི་ཕྱག་ལེན་ནི། ས་ཕྱོགས་གཙང་སར་བ་ བྱུང་ལྔ་དང༌། ཁྲག་དང་བདུད་རྩི་རིལ་བུ་དང་ས་བསྲེས་པ་ལས་མཎྜལ་གྱི་དབྱིབས་གྲུ་བཞི་ལ་ནང་ཟླུམ་པོར་བསྐོར་བ། ཟླུམ་སྐོར་ ལ་སྔོན་པོའི་རེ་ཁ་བྱ་ཞིང༌། ནང་དུ་ཆོས་འབྱུང་དམར་པོ་དང་སྔོན་པོ་བརྩེགས་པ་དང༌། ལྷག་མ་རྣམས་ཁ་དོག་ལྗང་ཁུང་བསྒྱུར། དབུས་སུ་ལྷ་གྲངས་དང་མཐུན་པའི་ཚོམ་བུ་འགོད་ཅིང༌། མེ་ཏོག་མཛེས་ཚོན་དུ་བཀྲམ། དེའི་སྟེང་དུ་མཉྫི་ལ་ཐོད་པ་བདུད་རྩིས་ གང་བ་བཀོད། སྟེང་དུ་སིན་དྷུ་རའི་དཀྱིལ་འཁོར། ཆོས་འབྱུང་ཟུར་དྲུག་པ་ལས། ལྟེ་བར་ནག་པོ་ཆེན་པོ་ཡབ་ཡུམ་གྱི་ཉེ་སྙིང༌། ཟུར་དྲུག་ལ་འཁོར་རྣམས་ཀྱི་ས་བོན། དེའི་ཕྱིའི་ཕྱོགས་མཚམས་རྣམས་སུ་སྒོ་མཚམས་ཀྱི་ལྷའི་ས་བོན་བྲི། མགོན་པོའི་སྐུ་འདྲ་ འབུར་དོད་ཞིག་འོག་གཞིའི་མཎྜལ་གྱི་དབུས་སམ་གང་འོས་སུ་བཞག མཆོད་པའི་སིན་དྷུ་ར་དང༌། བུམ་པ་དང༌། འོག་ཏུ་དགོས་ པའི་དབང་རྫས་རྣམས་ཕྱོགས་ཅི་བདེར་བཞག་ཅིང༌། དཀྱིལ་འཁོར་གྱི་གཡས་སུ་ཆུ་བཞི། གཡོན་དུ་ཉེར་སྤྱོད་ལྔ། མདུན་དུ་ རཀྟའི་ཨརྒྷའི་སྣོད་བཞི། རྒྱབ་ཏུ་གཏོར་མ་གཉིས་རྣམས་བཤམས། ཕྱོགས་མཚམས་བརྒྱད་ཆར་དུ། ཤ་དང་ཆང་གི་སྣོད་རེ་རེ་སྟེ་ བཅུ་དྲུག་གམ། ཕྱོགས་བཞིར་ཤ་དང༌། མཚམས་བཞིར་ཆང་སྟེ་བརྒྱད་དམ་སྣོད་གཉིས་ལས་མེད་ན། གཡས་སུ་ཤ་དང༌། གཡོན་ དུ་ཆང་བཤམ་མོ། །དུང་ཆོས་སམ། ཐོད་པའི་ནང་དུ་བསང་ཆུ་ཀུ་ཤ་ཅན་བཞག ནང་མཆོད་རྡོར་དྲིལ་ཅང་ཏེ་སོགས་ཐམས་ཅད་ འདུས་བྱས། སྤྲོ་ན་བླ་མའི་མཎྜལ་གྱི་ཆོ་ག་སྔོན་དུ་བྱེད་པའི་ལུགས་ཡོད་ཀྱང༌། དེ་མ་བྱས་ན་ཆོ་ག་ཆད་པའི་སྐྱོན་དུ་འགྱུར་བ་ མེད་པས། ཐོག་མར་ནང་མཆོད་བྱིན་གྱིས་བརླབས། དེ་ནས་བསང་ཆུ་བྱིན་གྱིས་བརླབས། མཁའ་འགྲོ་སྤྱི་གཏོར་རམ་ཕྱོགས་ སྐྱོང་བཅུའི་གཏོར་ཆོག་གི་སྒོ་ནས་སྔོན་འགྲོ་གཏོར་མ་བཏང༌། འདིའི་བསྙེན་པ་དང་པོ་དང་བསྙེན་པ་ཆེན་པོ་ཙམ་ལས་མ་སོང་ ན། བདག་བསྐྱེད་ཡི་དམ་གྱི་མངོན་རྟོགས་ཚང་བར་བསྒོམས་ཏེ། མདུན་བསྐྱེད་གཏོར་ཆོག་ལས་ཇི་ལྟར་འབྱུང་བ་ལྟར་གྱི་གཏོར་ འབུལ་ཡན་ཆད་རྫོགས་པར་བྱ། ཉེ་བསྙེན་ཡན་ཆད་སོང་ན། བདག་བསྐྱེད་མགོན་པོ་གཙོ་རྐྱང་ལ་བརྟེན་ནས་བྱེད་པ་ཡིན་པས། 15-1-559 ཚད་མེད་བཞི་ཡན་ཆད་བདག་བསྐྱེད་ཀྱི་སྐབས་སུ་སོང་བའི་ཕྱིར། མདུན་བསྐྱེད་བསངས་སྦྱངས། བསྲུང་འཁོར་བསྐྱེད་པ་ཡན་ ཆད་ཀྱིས་ཆོག་གོ །ཉེ་བསྙེན་ཆེན་པོའང་སོང་ན། བདག་མདུན་དབྱེར་མེད་དུ་བསྒོམ་པ་ཡིན་ནོ། །བུམ་པ་ལ་མེ་ཏོག་གི་འཕྲེང་ བ་བཏགས་ཏེ། བདུད་རྩི་འཁྱིལ་བའི་གཟུངས་ལན་བདུན་གྱིས་མགོ་དྲངས་ཏེ་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་བརྒྱ་རྩ་བརྒྱད་དང༌། སྔགས་གཞན་རྣམས་བདུན་བདུན་ཙམ་རེ་བཟླས་ལ། མཐར་ཨ་བྷི་ཥེ་ཀ་ཏ་ཅི་རིགས་པ་དང༌། འབྲུ་གསུམ་ཉི་ཤུ་རྩ་གཅིག་ ཙམ་བཟླས་སོ། །བདག་ཉིད་ཀྱི་དམིགས་པའི་སྒོ་ནས། སློབ་མ་ལ་ཇི་ལྟར་བྱ་བའི་བྱིན་རླབས་ཀྱི་རིམ་པ་རྣམས་བདག་འཇུག་ ཏུ་ལེན། དེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་ཡོལ་བས་བཅད། སྒྲོན་མ་ལྔ་བཙུགས་པའི་གཏོར་མ་དང༌། གཏོར་ཆུང་གཞན་ཞིག་ དང༌། མིག་དར་མེ་ཏོག་གི་འཕྲེང་བ་རྡོར་དྲིལ། བསང་ཆུ་སོགས་ཡོལ་བའི་ཕྱིར་འཇོག སློབ་དཔོན་ཡོལ་བའི་མཚམས་སུ་འདུག་ སྟེ། སློབ་མ་དང་དཀྱིལ་འཁོར་གཉིས་ཀ་མཐོང་བར་བྱེད། སློབ་མ་དེ་སྔར་ཡང་མགོན་པོ་འདིའི་དབང་དང༌། རྗེས་གནང་ཐོབ་ པ་ཡིན་ན། ཡོལ་བ་མི་དགོས། སློབ་མས་མཎྜལ་ཕུལ་ནས། ཨ་ཧོ་བཛྲ་མཧཱ་ཙཪྻཾ་ད་དཱ་ཏཱཾ་ཨ་བྷི་ཥིཀྟ་མཾ། ཞེས་ ལན་གསུམ་གསོལ་བ་བཏབ། གཏོར་ཆུང་དེ་སློབ་མའི་ལག་ནས་སློབ་དཔོན་གྱི་ཕྱག་ཏུ་ཕུལ། དཀྱིལ་འཁོར་གྱི་གྲྭར་བཞག ནང་ མཆོད་གཏོར། བྱིན་གྱིས་བརླབས་ལ་གཏོར་སྔགས་ཀྱིས་བསྔོས་ཏེ། སློབ་མ་ལ་དབང་བསྐུར་དུ་གསོལ། ཞེས་ གསོལ་བ་བཏབ་པས། ལྷ་རྣམས་ཀྱིས་ཞལ་གྱིས་བཞེས་པར་མོས། གཏོར་མ་སྒྲོན་མེ་ལྔ་དང་བཅས་ པ་དེའི་སྒྲོན་མེ་སྦར་ལ། སློབ་མའི་ལྟེ་བ། སྙིང་ག མགྲིན་པ། སྤྱི་བོ། གསང་བ་རྣམས་སུ་སྐོར་ཞིང༌། ༀ་རུ་རུ་སྥུ་རུ་སོགས་ དང༌། ༀ་མཱ་མ་ཀི། ཀི་རི་ཀི་རི་སྭཱཧཱ། ༀ་ཀ་ཊེ་བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ་སྭཱ་ཧཱ། ༀ་གྷུཊྚ་གྷུཊྚ། གྷུཊྚ་ནི་གྷུཊྚ་ནི་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཧཱུཾ་ཕཊ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། བདེན་པ་བདར་ཞིང༌། སློབ་ མའི་ཕུང་པོ། འབྱུང་བ། དབང་པོ། ཡུལ། ལས་དབང༌། བྱ་བ་ལྔ་ལྔ་པོ་རྣམས་ལ་གནས་ནས་ དབང་གི་ཡེ་ཤེས་སྐྱེ་བ་ལ་བར་ཆད་བྱེད་པའི་བགེགས་རྣམས་གཏོར་མ་འདི་གླུད་དུ་ལོང་ལ་ གཞན་དུ་སོངས་ཤི་ག །ཅེས་བགེགས་བསྐྲད། ཡུངས་ཀར་དང་བསང་ཆུ་གཏོར། བདུད་རྩི་འཁྱིལ་བའི་གཟུངས་དང་ཤཱ་ ས་ན་བཟླས། རྡོ་རྗེ་གསོར་ཞིང་རོལ་མོའི་སྒྲ་དྲག་ཏུ་བྱའོ། །མིག་དར་དང་མེ་ཏོག་སྤྱི་དང་མཐུན་པར་གཏོར། དབང་ཐོབ་ཟིན་ལ་ བསྐྱར་ནས་བསྐུར་བ་ཡིན་ན་མིག་དར་ཡང་མི་དགོས། ཨ་ཁཾ་ཝི་ར་ཧཱུཾ། ཞེས་ཡོལ་བའི་ནང་དུ་བཅུག་ལ། ༀ་ན་མ་ཏེ་ 15-1-560 ཧཱུཾ་སོགས་ཀྱིས་ཕྱོགས་བཞི་ནས་ཕྱག་འཚལ་དུ་བཅུག ༀ་མཧཱ་ཀཱ་ལ་སརྦ་ཀྵེ་ཏྲ་པཱ་ལ་ས་ཧཱ་ག་ན་དཱུ་ཏི། པྲ་ཏཱིཙྪ་ ཀུ་སུ་མ། ཨཉྫ་ལི་ནཱ་ཐ་ཧོ། ཞེས་མེ་ཏོག་དོར། ༀ་དྷརྨ་ཀུཎྜ་ཨ་བྷི་ཥིཉྩ། ཞེས་མེ་ཏོག་སྤྱི་བོར་བཅིང༌། མིག་དར་ དབྱེ་བ་སྤྱི་དང་མཐུན། བར་འདིར་ལྷ་ངོ་བསྟན་པར་བྱ། དེ་ནས་སློབ་མ་ལ་འདི་སྐད་ཅེས་དེང་ཁྱོད་ནག་པོ་ ཆེན་པོའི་དམ་ཚིག་མཐའ་དག་ལ་གནས་པར་གྱིས་ཤིག དེས་ཀྱང་བདག་ནག་པོ་ཆེན་པོའི་ དམ་ཚིག་ལ་གནས་པར་བགྱིའོ། །གདམས་པ་དང་ལན་གཉིས་ཀར་ལན་གསུམ་བྱ། དེ་ནས་མནའ་ཆུ་བླུད་པ་སྤྱི་ དང་མཐུན། ཡེ་ཤེས་དབབ་པ་ནི་པད་ཉི་རོའི་གདན་ལ། སློབ་མ་རྣམས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ ལྟེ་བ་ལ་ཧཱུཾ་གིས་མཚན་པ། རྡོ་རྗེའི་རྩེ་མོ་བླ་མ་དང་ཡི་དམ་དབྱེར་མེད་པས་མཚན་པ། སློབ་ དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཕྱག་མཚན་དཔག་ཏུ་མེད་པ་སྤྲོས་ཏེ། སློབ་མ་ལ་ བསྟིམ་ལ་རོལ་མོའི་སྒྲ་བྱ། དེ་བཞིན་དུ་སྔགས་ཀྱི་ཡིག་འབྲུ་བསྟིམ་པ་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་དཔག་ཏུ་མེད་པ་ བསྟིམ་པར་བྱ། རོལ་མོའི་སྒྲ་བྱེད་པའི་གནས་སྐབས་གསུམ་པོ་ལ་རིམ་པ་བཞིན་དུ། སྐུ་གསུང་ཐུགས་བསྐུལ་བའི་སྔགས་སོ་སོའི་ མཐར། ཀཱ་ཡ་ཨ་བེ་ཤ་ཡ་ཨཱཿ ཞེས་དང་དེ་བཞིན་དུ་ཝཱཀྐ་དང༌། ཙིཏྟ་སོགས་ལའང་འདོན་པ་སྤོ། དེ་ནས་བླ་ མ་ཡི་དམ་དབྱེར་མེད་པ་ཡང་རྡོ་རྗེ་དང་དབྱེར་མེད་ཞུ་ཞིང་འདྲེས་པ་ཡོངས་སུ་གྱུར་པ་ལས། སློབ་མ་རྣམས་མངོན་རྟོགས་ལྟར་ནག་པོ་ཆེན་པོར་བསྐྱེད། གོ་ཆ་དང་འབྲུ་གསུམ་བཀོད། བྱང་ཆུབ་ རྡོ་རྗེ་སོགས་ཀྱིས་གསོལ་བ་བཏབ། དབང་བསྐུར་རྡོ་རྗེ་སོགས་ཀྱི་མཐར། མགོན་པོ་འཁོར་བཅས་སོ་སོའི་སྔགས་ལ་ ཨ་བྷི་ཥིཉྩ་ཞེས་བཏགས་ལ་བུམ་ཆུས་དབང་བསྐུར། ༀ་བཛྲ་མུ་ཀུ་ཊ་ཧོཿ ཞེས་སྤྱི་བོར་རྡོ་རྗེ་བཞག་ལ། ཅོད་པན་གྱིས་ དབང་བསྐུར། གཙོ་འཁོར་ཐམས་ཅད་ཀྱི་སྔགས་ཀྱི་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། གྲི་གུག་གཏད་ལ། ༀ་བཛྲ་ཀརྟི་ ཀ་ཧ་ན་ཧ་ན་ཤཱ་ཏྲུན་ཨཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད། རལ་གྲི་གཏད། ༀ་བཛྲ་ཁརྒ་མཱ་ར་ཡ་མཱ་ར་ཡ་སརྦ་ བིགྷྣན་ཧཱུཾ་ཕཊ། རྩེ་གསུམ་གཏད་ལ། ༀ་བཛྲ་ཏྲི་ཤུ་ལ་བྷིནྡྷ་བྷིནྡྷ། མ་ན་མ་ཐ་ཕཊ་ཧོཿ ཐོད་པ་གཏད་ལ། ༀ་པདྨ་ཀ་པཱ་ལ། སརྦ་དྷ་ན་པུཥྚིཾ་ཀུ་ར་ཝཱནྟུ་ༀ། ཌཱ་མ་རུ་གཏད། ༀ་བཛྲ་ཌཱ་མ་རུ་ཀེ་ཎ་སརྦ་ཌཱ་ཀཱི་ ནཱི། བ་ཧཱ་ཡ་བ་ཧཱ་ཡ་ཧྲཱི་ཛཿ ནག་པོ་ཆེན་པོའི་སྐུ་གཟུགས་ཀྱི་གནས་གསུམ་དུ་མཆོད་པའི་སིན་ 15-1-561 དྷུ་ར་ཕུལ། སྐུའི་གནས་གསུམ་ནས་འབྲུ་གསུམ་འབྱུང༌། སློབ་མའི་གནས་གསུམ་དུ་ཐིམ་ པར་མོས་ལ་སྐུ་འདྲའི་གནས་གསུམ་ནས་སིན་དྷུ་ར་བླངས་ནས། སློབ་མའི་གནས་གསུམ་ དུ་བྱུགས། ཡང་སློབ་མའི་གནས་ཕར་ཐིམ་པར་མོས་ལ། སློབ་མའི་གནས་གསུམ་གྱི་སིན་དྷུ་ ར་བླངས་ལ། ཕར་བསྐུ། འབྲུ་གསུམ་ཕར་བསྟིམ་པའི་དམིགས་པ་བྱ། གཏོར་ཆུང་གཉིས་བྱིན་གྱིས་ བརླབས་ནས། གཅིག་ཐོག་མར་ནག་པོ་ཆེན་པོ་ལ་བསྔོས་ནས། ཤ་ཆང་ཅུང་ཟད་དང་བཅས་པའི་ ལྷག་མ་སློབ་མ། ནག་པ་ཆེན་པོའི་ང་རྒྱལ་གྱིས་བཟའ་རུ་བཅུག གཅིག་དང་པོར་སློབ་མས་ ཟོས་ལ། ལྷག་མ་དཀྱིལ་འཁོར་ལ་བསྔོ། དེ་དག་ནི་བུམ་དབང་ངོ༌། །གསང་དབང་དམིགས་ པ་སྤྱི་དང་མཐུན་པ་ལ། ཐོད་པའི་དཀྱིལ་འཁོར་གྱི་ནང་མཆོད་ནས་སློབ་མ་ལ་སྦྱིན། སིན་དྷུ་ རའི་དཀྱིལ་འཁོར་ནས། སློབ་མའི་སྙིང་གར་ཐིག་ལེ་བྱས། ཐིག་ལེ་དེ་དམ་ཚིག་དབང་མོར་ བསྐྱེད་ལ་སྙོམས་པར་ཞུགས་པས། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེས་པར་མོས་སུ་བཅུག ཤེར་དབང་ངོ༌། །ངག་རླུང་བཀག སེམས་ཕྱག་རྒྱ་ཆེན་པོའི་དོན་སྒོམ་དུ་བཅུག་སྟེ། དབང་ བཞི་པའོ། །དེ་ནས་སློབ་དཔོན་གྱིས་དམ་ཚིག་བཤད། སློབ་མས་མཎྜལ་འབུལ་ཡོན་བཟང་པོ་དང༌། ཚོགས་ཀྱི་འཁོར་ལོ་ མེད་ན། སྒྲུབ་པའི་ཚེ་བར་ཆད་སྡང་བ་ཡིན་པས། སློབ་མས་ཡོན་དང་འཁོར་ལོའི་མཆོད་པ་རྒྱ་ཆེར་འབུལ་བར་བྱ་ཞིང༌། དེ་ནས་ སློབ་དཔོན་གྱིས་གཏོར་ཆོག་ལྟར་རྗེས་ཀྱི་བྱ་བ་རྣམས་ཀྱང་བྱའོ། །ཞེས་པ་འདི་ཡང་མགོན་པོའི་བྱིན་རླབས་ཀྱི་བྱ་བ། རྒྱ་གར་གྱི་ སློབ་དཔོན་མཁས་པ་རྣམས་ཀྱི་ཕྱག་ལེན་ཇི་ལྟ་བ་བཞིན་ཏེ།། །།ཏཱ་ར་ནཱ་ཐས་སྨྲས་པའོ། །མགོན་པོའི་སྒྲུབ་ཐབས་ཇི་སྙེད་པ། ། ཀུན༷་ལས་དག༷འ་བ་འདི་བཤད་ཀྱིས། །བོད་འདྲེའི་བསྲེ་བསླད་མེད་པ་འདི། །སྒྲུབས་ཤིག་སྙིང༷་གཏམ་དྲང་པོ་ཡིན། །ཡེ་ཤེས་ མགོན་པོ༷་ཕྱག་བཞི་པ་གྲུབ་ཆེན་ཞི་བ་སྦས་པའི་བཞེད་དགོངས་དང་འབྲེལ་བའི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ༀ་སྭཱ་སྟི། རབ་བརྗིད་འཇིགས་བྱེད་ཆེན་པོའི་སྐུ། །གང་ཞིག་སྒོམ་ལ་དངོས་གྲུབ་ཀུན། །ལྷུན་གྱིས་གྲུབ་ ཅིང་བགེགས་འཇོམས་པ། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །བདག་བསྐྱེད་སྔོན་དུ་སོང་ནས། རང་གི་མདུན་དུ་པཾ་ ལས་པདྨ། ཨ་ལས་ཉི་མ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེའི་འོད་ཟེར་གྱིས་ནག་པོ་ཆེན་པོ་ 15-1-562 འཁོར་བཅས་སྤྱན་དྲངས། ༀ་བཛྲ་ས་མཱ་ཛཿ ཡང་ཧཱུཾ་ལས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ ཀྱིས་མཆོད་པར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྤྲོ་ན་རྐང་བརྒྱད་ལ་སོགས་པས་བསྟོད་ཅིང༌། བསྡུ་ན། འདུལ་དཀའ་མ་ལུས་འདུལ་བ་པོ། །རྫུ་འཕྲུལ་དངོས་གྲུབ་བདག་ཉིད་ཅན། །མ་མོའི་ཚོགས་ ཀྱིས་ཕྱག་བྱས་པ། །དཔལ་ལྡན་ནག་པོ་ལ་འདུད་དོ། །ཞེས་བསྟོད། འདོད་ཆགས་ཞེ་སྡང་གཏི་ མུག་དབང་གིས་ནི། །ཞེས་སོགས་རྒྱུན་བཤགས་བཟང་སྤྱོད་བཞིན་བྱ། ༀ་ཨཿཧཱུཾ། བཛྲ་མཎྜལ་མུཿ ཞེས་ གཤེགས་སུ་གསོལ། འདི་ནི་གཞུང་གི་དགོངས་པ་ཇི་ལྟ་བ་ཡིན་ལ། མཎྜལ་མཆོད་ཆོག་རྒྱས་པ་ལ་སྤྲོ་ན། པཎྜི་ཏ་ནགས་རིན་ གྱིས་སློབ་མ་རྣམས་ཀྱི་བཀོད་ཟིན་པ་ལྟར་རོ། །དེ་ནས་ཚད་མེད་བཞི་སྤྱི་དང་མཐུན། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་ པའི་ངང་ལས་པདྨ་ལ་གནས་པའི་ཟླ་བ་ཧཱུཾ་ཡིག་དཀར་པོ་དང་བཅས་པ། དེ་ཡོངས་སུ་གྱུར་པ་ ལས་རལ་གྲིའི་རྩེ་མོར་ཟླ་བ་ལ་ཧཱུཾ་ནག་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ ཅན་གྱི་དོན་བྱས། སླར་འདུས་ཏེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། དཔལ་ནག་པོ་ཆེན་པོ་ སྐུ་མདོག་ནག་པོ། ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། ཕྱག་གཡས་གཉིས་ན། རལ་གྲི་ དང༌། གྲི་གུག གཡོན་གཉིས་ན་རྩེ་གསུམ་དང་ཐོད་ཁྲག་འཛིན་པ། ཞབས་གཉིས་སེམས་ དཔའི་སྐྱིལ་ཀྲུང་གིས་ཉི་མ་དང་དབུགས་བྲལ་གྱི་གདན་ལ་བཞུགས་པ། སྨ་ར་དང་སྨིན་མ་ དམར་སེར་མེ་ལྟར་འབར་བ། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། སྟག་ལྤགས་གསར་པའི་ ཤམ་ཐབས་དཀྲིས་པ། མི་མགོ་སྐམ་པོའི་ལྔ་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་བྱས་ པ། སྦོམ་ཐུང་གསུས་ཁྱིམ་རྒྱས་ཤིང༌། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པའོ། །སྙིང་གར་ཉི་མ་ལ་ གནས་པའི་ཧཱུཾ་གི་འོད་ཟེར་གྱིས། ཡེ་ཤེས་སེམས་དཔའ་ནག་པོ་ཆེན་པོ་བཛྲ་ས་མཱ་ཛཿ ཨརྒྷཾ་ ནས་ཤཔྟའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡང་སྙིང་གའི་འོད་ཟེར་གྱིས་ དབང་གི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས། པུཥྤེ་སོགས་ཀྱིས་མཆོད། ༀ་ཨ་བྷི་ཥིཉྩ་ཏུ་ མཾ། ཞེས་གསོལ་བ་བཏབ་པས། མཱ་མ་ཀཱི་ལ་སོགས་པ་ལྷ་མོ་རྣམས་ཀྱིས། ༀ་བཛྲི་བྷ་ཝ་ཨ་ 15-1-563 བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བདུད་རྩིའི་ཆུས་དབང་བསྐུར། དབང་གི་ལྷ་ཐམས་ཅད་ཀྱང་ ཡེ་ཤེས་པའི་ཚུལ་གྱིས་ཐིམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྤྱན་མ་ལ་སོགས་པ་ལྷ་ མོ་རྣམས་ཀྱིས་མཆོད་པར་གྱུར། ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་ཕུལ། ནང་མཆོད་ཡི་དམ་ལྟར་བྱིན་གྱིས་བརླབས་ ནས། སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ཕུལ། གཏོར་མའང་ཡི་དམ་གྱི་མངོན་རྟོགས་ལྟར་བྱིན་གྱིས་བརླབས། བདུད་རྩི་ འཁྱིལ་བའི་གཟུངས་ཀྱིས་མགོ་འདྲེན་པའམ། མ་ཡིན་ཀྱང་རུང་སྟེ། ན་མས་ས་མནྟ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲི་ཎཾ། ༀ་ ཨཱཿཧཱུཾ། ༀ་མཾ་མཾ་ཧཾ་ཧཾ་ཀཾ་ཀཾ་རཾ་རཾ་ར་ར་མ་ཧཱ་མ་ཧཱ་ཀཱ་ལ་ཡཾ། པིངྒོར་དྷ། ཀེ་ཤ་ཝརྡྷཱ་མ་ནེ། ཨི་མཾ་ བཱ་ལིཾ་གྲྀཧྞ་གྲྀཧྞ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ། ༀ་ཨཱཿཧཱུཾ། སརྦ་བིགྷྣན་བི་ནཱ་ཡ་ཀཱ་ན། ཨ་ཀཱ་རོ་བཏགས་ པ་ལན་གསུམ་མམ་བདུན་གྱིས་ཕུལ། གོང་བཞིན་མཆོད་བསྟོད་བྱས་ནས། བཟླས་པའི་དམིགས་པ་གསལ་བཏབ་སྟེ། ༀ་ ཨཱཿམཾ་ཧཾ་རཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ཅི་ནུས་བཟླ་ཞིང༌། མཐར་ཡང་གོང་བཞིན་མཆོད་བསྟོད་བྱས་ནས། འདོད་དོན་གསོལ་ བཏབ་དང༌། ཡི་གེ་བརྒྱ་པ་དང༌། བཟོད་པར་གསོལ་བ་སྤྱི་དང་མཐུན་པར་བྱས་ལ་གཤེགས་སུ་གསོལ་ལོ། ། འདིའི་རྗེས་གནང་བྱ་བར་འདོད་ན། མཎྜལ་མཐིང་ག་གྲུ་གསུམ་ཚོམ་བུ་ནག་པོ་ཅན་ཞིག་བྱ། དེའི་སྟེང་དུ་གཏོར་མ་བཀོད། མཆོད་པ་བཤམ་ཚུལ་སོགས་འོག་མགོན་པོ་གུར་ཡུམ་ཅན་དང་འདྲ། བདག་བསྐྱེད་ནས་བཟླས་པའི་བར་གོང་བཞིན་བྱས་ལ། རྗེས་གནང་དངོས་ཀྱི་བྱ་བ། མཎྜལ་རྒྱུན་བཤགས་གསོལ་བཏབ་རྣམས་ཀྱང་དེ་དང་མཐུན། སློབ་མ་ནག་པོ་ཆེན་པོར་བསྐྱེད་ནས། ཡེ་ཤེས་པ་བསྟིམ་པའི་བར་བྱ། སློབ་དཔོན་གྱི་གནས་གསུམ་དུ་ཧཱུཾ་དཀར་དམར་མཐིང་གསུམ་བཀོད་ དེ། སློབ་མའི་གནས་གསུམ་དུ་རིམ་པས་བསྟིམ་པ་ལ། སྐུ་གསུང་ཐུགས་ཀྱི་རྗེས་གནང་དུ་ མཛད་ཅིང༌། གཏོར་དབང་དང༌། བཟླས་ལུང་སྤྱི་དང་མཐུན་པར་བྱ། ལྷག་མ་རྣམས་གཞན་དང་མཚུངས་སོ། །བསྟན་སྲུང་ ཀུན་གྱི་གཙོ་བོ་ནི། །འདོད་དོན་ཀུན༷་གྱི་དག༷འ་བསྐྱེད་པ། །ཀླུ་སྒྲུབ་སྙིང༷་པོ༷འི་སྒྲུབ་ཐབས་བཞིན། །མདོ་ཙམ་ཡི་གེར་བཀོད་པའོ། ། ཡེ་ཤེས་མགོན་པོ་ཕྱག་བཞི་པ་ཀླུ་སྒྲུབ་ལུགས་ཀྱི་སྒྲུབ་ཐབས་བཤད་པའི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ༀ་སྭཱ་སྟི། མ་ནོར་ལམ་སྟོན་བླ་མ་དང༌། །ཡི་དམ་ལྷ་དང་བསྟན་སྲུང་ནི། །དངོས་གྲུབ་སྟེར་བ་ལ་བཏུད་ནས། ། སྒྲུབ་ཐབས་ལག་ལེན་བྲི་བར་བྱ། །དཔལ་ནག་པོ་ཆེན་པོ་ཕྱག་བཞི་པ་སྒྲུབ་པར་འདོད་ན། ཡི་དམ་གྱི་མངོན་རྟོགས་སྔོན་དུ་འགྲོ་ 15-1-564 བས། བསྙེན་པའི་སྐབས་ཡིན་ན་སྔོན་འགྲོ་གཏོར་མ་བཏང༌། བསྟན་པ་བསྲུང་བའི་ཕྱིར་དུ་ནག་པོ་ཆེན་པོ་སྒྲུབ་སྙམ་དུ་སེམས་ བསྐྱེད། བླ་མ་ཡི་དམ་ཆོས་སྐྱོང་དང་བཅས་པ་ཚོགས་ཞིང་གི་ཚུལ་དུ་སྤྱན་དྲངས་སྟེ་ཡན་ལག་བདུན་པ་བྱ། རྒྱུན་གྱི་གཏོར་ཆོག་ལ་ དེ་རྣམས་མི་དགོས། གང་ལྟར་ཡང་མཆོད་གཏོར་ལེགས་པར་བཤམས་ལ། མཆོད་པ་རྣམས། ཨ་མྲྀ་ཏས་བསངས། སྭ་བྷཱ་ ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་ དུ། ཧཱུཾ་ཞུ་བ་ལས། མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར། མེ་ཏོག བདུག་ སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ ཁྱབ་པ་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། ༀ་བཛྲ་ཨརྒྷཾ་སྭཱཧཱ། པཱདྱཾ། ཨཉྩ་མ་ནཾ། པྲོ་ཀྵ་ནཾ། པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏེ། ཤཔྟ། ༀ་བཛྲ་གཎྜེ་ར་ཎི་ ཏ་སོགས་ཀྱིས་བྱིན་དབབ། རྟེན་ཡོད་ན་དེ་ཉིད་བསྐྱེད་དགོས་ཤིང༌། མེད་ན་གཏོར་མའི་སྟེང་གི་ནམ་མཁར་བསྐྱེད་པ་ཡིན་ཏེ། དེ་ཡང༌། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་རྭ་བ་ གུར་ཁང་མེ་དཔུང་འབར་བ་དང་བཅས་པའི་བསྲུང་བའི་འཁོར་ལོའི་ནང༌། རང་གི་མདུན་དུ་ དངོས་གྲུབ་འབྱུང་བའི་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་ དང༌། མེ་དང༌། ཆུ་དང་བཅས་ཤིང༌། རོ་དང་རོ་ལངས་དང་སྲིན་པོ་དང་འབྱུང་པོ་དང༌། དཔའ་ བོ་དང༌། མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་ཀྱི་ས་གཞི་ལ་རིན་པོ་ཆེ་འབར་ བའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་བཅས་པ། དབུས་སུ་ཐོད་པ་འབར་ བའི་གཞལ་ཡས་ཁང་ཟླུམ་པོ། སྟེང་ཀེང་རུས་ཀྱིས་ཕུབ་པ། ཕྱི་ནང་ཀུན་དུ་རིན་པོ་ཆེ་དང༌། ལྷ་རྫས་ཀྱི་གོས་དང༌། མེ་ཏོག་དང༌། ཞིང་ལྤགས་ནང་ཁྲོལ་རུས་འཕྲེང་སྐྲའི་རྔ་ཡབ་ལ་སོགས་ པ་འཕྲིན་ལས་རྣམ་པ་བཞི་དང་འབྲེལ་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དབུས་སུ། གྲུ་ གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ལ་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་ འཁོར་གྱི་གདན་དུ་གྱུར། འདི་ནི་ལས་ཐམས་ཅད་པའི་གཞལ་ཡས་ཁང་བསྐྱེད་ཚུལ་རྒྱས་པ་ཡིན་ལ། ལས་རེ་རེ་ལ་ 15-1-565 ལས་དང་མཐུན་པའི་ཁང་པ་སོ་སོ་དང༌། བསྡུ་ན་རྒྱུན་འདོན་ལ་ཡང་དུར་ཁྲོད་ཀྱི་གཞི་ཁོ་ནས་ཆོག་པ་ཡིན་ནོ། །རང་གི་སྙིང་ ག་ནས་ཧཱུཾ་མཐིང་ནག་འབར་བ་ཞིག་འཕྲོས་ཏེ་གདན་སྟེང་དུ་འཁོད། ཧཱུཾ་དེ་ཉིད་ཀྱི་འོད་ཀྱི་ འཕྲོ་འདུ་ལས། རྡོ་རྗེ་གྲི་གུག་ཧཱུཾ་གིས་མཚན་པར་གྱུར། དེ་ལས་འོད་འཕྲོས། དགྲ་བགེགས་ གདུག་པ་ཅན་ཐམས་ཅད་ཚར་བཅད་དེ་གནས་སྤར། ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་མཧཱ་ཀཱ་ལ་དཔའ་བོ་ཆེན་པོ་སྐུ་མདོག་མཐིང་ནག་དུས་མཐའི་ སྤྲིན་དང་མཚུངས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་ གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འགྲིལ་ཞིང༌། ཧ་ཧ་དང་ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ཀྱི་གད་ རྒྱངས་སྒྲོག་པ། སྨ་ར། སྨིན་མ། དབུ་སྐྲ་སེར་པོ་མེ་ལྟར་འབར་བ། ཕྱག་བཞིའི་གཡས་ཀྱི་དང་ པོས་རྡོ་རྗེ་གྲི་གུག་དང༌། གཡོན་གྱི་དང་པོས་ཀ་པཱ་ལ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ ཏུ་འཛིན་པ། ཡང་ན་གཡས་དང་པོས་འབེ་ཏའི་འབྲས་བུ་སྙིང་དང་འདྲ་བ་བཟུང་བར་བྱས་ཀྱང་རུང་ངོ༌། །གཡས་འོག་ མས་རལ་གྲི་འབར་བ་འདེབས་པའི་ཚུལ་གྱིས་འཛིན་ཞིང༌། གཡོན་འོག་མས་ཏྲི་ཤུ་ལས་ མཚན་པའི་ཁ་ཊྭཱཾ་ག་དར་དཔྱངས་དང་བཅས་པ་འཕྱར་སྟབས་སུ་བསྣམས་པ། མི་མགོ་སྐམ་ པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། རིན་པོ་ ཆེའི་རྩེ་ཕྲན་དང༌། སྦྲུལ་རིགས་བཞི་དང༌། རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟག་གི་ པགས་པའི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དཀྱིལ་ན་ཞིང་ཆེན་ བསྣོལ་བའི་གདན་ལ་དཔའ་བོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའོ། །འདིར་ཡི་གེ་གསར་ བ་འགའ་ན་ཏྲི་ཤུ་ལ་ཁོ་ན་ཡོད་པ་དང༌། ཡིག་རྙིང་ཕལ་ཆེར་ན། ཕྱག་མཚན་ཏྲི་ཤུ་ལའི་དོད་དུ་རྡོ་རྗེ་ཁ་ཊྭཱཾ་ག་ཡོད་ཅིང༌། རུས་རྒྱན་ མ་བཤད་པ་ལྟར་ཡང་རུང་ངོ༌། །དེའི་ཐུགས་ཀ་ནས་ཧཱུཾ་གསུམ་སྤྲོས་ཏེ། གཙོ་བོའི་གཡས་གཡོན་དང༌། མདུན་གྱི་གྲར་འཁོད་པ་ནི། ལས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག ཁྲོ་གཏུམ་འཇིགས་པའི་ གཟུགས་ཅན་མིའུ་ཐུང་གི་རྣམ་པ། རྡོ་རྗེ་གནམ་ལྕགས་ཀྱི་མཆུ་དང་ལྡན་པའི་བྱ་རོག་གི་ 15-1-566 གདོང་ཁྲོ་གཉེར་བསྡུས་ཤིང་སྤྱན་གསུམ་པ། གཡས་གྲི་གུག་འཕྱར་བ། གཡོན་ཐོད་ཁྲག་ ཐུགས་ཀར་འཛིན་ཞིང་ཞལ་དུ་རྔུབ་པ། ཞབས་བརྐྱང་བསྐུམ་གྱི་དོར་སྟབས་ཅན། དུག་སྦྲུལ་ ནག་པོས་བརྒྱན་ཞིང༌། སྐྲ་མཚམས་ནས་རྡོ་རྗེ་བྱ་ཁྱུང་སྤྲོ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་ གསུམ་དུ་གྱུར། གཙོ་བོའི་གཡས་སུ་ཀྵ་ལས་ལེགས་ལྡན་ནག་པོ། ཕྱག་གཡས་ཙནྡན་གྱི་བེང་ ཆེན་དང༌། གཡོན་པས་ལྕགས་ཀྱི་པར་བུ་བདུད་རྩིས་གང་བ་འཛིན་པ། དར་ནག་གི་འཇོལ་ བེར་ཅན། ཞབས་ལ་སག་ལྷམ་ཡུ་རིང་གསོལ་ཞིང༌། གཡོན་བརྐྱང་བ། གསེར་གྱི་སྐེ་རགས་ ཅན། གཙོ་བོའི་གཡོན་དུ་བྷྱོཿལས་ཙཎྜི་ཀཱ་དམར་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ རལ་གྲི་དང་ཐོད་ཁྲག གཡོན་གཉིས་མི་མགོ་དང་མདའ་གཞུ་འཛིན་པ། གཅེར་བུ་ཁྲོ་ཞིང་ སྒེག་པ་རུས་པའི་རྒྱན་གྱིས་བརྒྱན་པ། གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་ བཞུགས་པ། གཙོ་བོའི་མདུན་དུ་ཧཱུཾ་ལས་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན་རལ་གྲི་དང་ ཐོད་ཁྲག་འཛིན་པ། གཡོན་བརྐྱང་བའི་གར་སྟབས་ཅན། དར་ནག་གི་ན་བཟས་དཀྲིས་པའོ། ། ཡང་གཡས་སུ་བྱ་རོག་གདོང་ཅན་གཅིག གཡོན་དུ་ལྷ་མོ། མདུན་དུ་སེང་གདོང༌། རྒྱབ་ཏུ་བེང་མ་འགོད་པའི་ལུགས་དང༌། བེང་ མ་དང་བྱ་རོག་གདོང་རྒྱུད་ཅིག་པས་བེང་མི་འགོད་པ་ཡང་ཤིན་ཏུ་མང་བ་གང་ལྟར་ཡང་རུང་ངོ༌། །དེའི་ཕྱི་རོལ་སྒོ་ མཚམས་བརྒྱད་དུ་ཡི་གེ་མ་བརྒྱད་ཡོངས་སུ་གྱུར་པ་ལས། ཤར་དུ་མཁའ་འགྲོ་མ་བྱ་རྒོད་ཀྱི་ གདོང་པ་ཅན། བྱང་དུ་ཁྱུང་གི་གདོང་པ་ཅན། ནུབ་ཏུ་ཁྭ་ཏའི༴ ལྷོར་འུག་པའི༴ ཤར་ལྷོར་ཕག་ གི༴ ལྷོ་ནུབ་ཏུ་ཁྱིའི༴ ནུབ་བྱང་དུ་སྤྱང་ཀའི༴ བྱང་ཤར་དུ་སྟག་གི་གདོང་པ་ཅན། བརྒྱད་ཀའང་ གཅེར་བུ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ་བཞེངས་པའི་སྟང་སྟབས་སྣ་ ཚོགས་པས་གནས་པ། འཁོར་དེ་ཐམས་ཅད་ཀྱང་དབུ་སྐྲ་གྱེན་དུ་བརྫེས་ཤིང་སྤྱན་གསུམ་པ། མི་མགོའི་དབུ་རྒྱན་དང་དོ་ཤལ་ཅན། མི་རོའི་གདན་ལ་རྣམ་པར་འགྱིང་བ་མེ་དཔུང་འབར་ བའི་དབུས་ན་བཞུགས་པའོ། །དེའི་ཕྱི་རོལ་དུ་ནག་པོ་སྟོང༌། ཤ་ཟ་འབུམ། མ་མོ་བྱེ་བ། ལྷ་ 15-1-567 སྲིན་སྡེ་བརྒྱད་ཀྱི་ཚོགས་ཐམས་ཅད་ཀྱིས་བསྐོར་ཏེ་བཞུགས་པར་གྱུར། རང་གི་ཐུགས་ཀའི་ ཧཱུཾ་དང༌། མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་དང༌། དུར་ཁྲོད་ཆེན་པོ་ བསིལ་བའི་ཚལ། ན་ལེནྡྲ། དཔལ་གྱི་རི་ལ་སོགས་པ་ནས། མགོན་པོ་འཁོར་དང་བཅས་པ་ བཛྲ་ས་མཱ་ཛཿ ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མཧཱ་ཀཱ་ལའི་ཚོགས། །བདག་ གིས་ཐུགས་དམ་གཉན་སྐོང་ན། །དུར་ཁྲོད་གནས་ནས་གཤེགས་སུ་གསོལ། །ༀ་བཛྲ་མཧཱ་ ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི་ༀ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་འབུལ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། མགོན་པོའི་སྤྱི་བོར་འཁོར་ལོ་ལ་ༀ་དཀར་པོ། མགྲིན་ པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ། ཡང་རང་གི་ཐུགས་ཀའི་ཧཱུཾ་ལས་ འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་ གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དུ་གསོལ། ཞེས་གསོལ་བ་ བཏབ་པས། དབང་གི་ལྷ་རྣམས་ཀྱིས། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང༌། བདུད་རྩིའི་བུམ་པས་དབང་བསྐུར། སྐུ་གང༌། དྲི་མ་དག མཐུ་སྟོབས་དང་ནུས་མཐུ་ལ་དབང་ བར་བྱས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས། ཡེ་ཤེས་མགོན་པོ་ལ་མི་བསྐྱོད་པ་གཙོ་བོར་ གྱུར་པའི་རིགས་ལྔས་དབུ་བརྒྱན། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུ་བརྒྱན། བདག་བསྐྱེད་ བདེ་མཆོག་ལྷན་སྐྱེས་ལ་བྱེད་པའི་དབང་ལྟར་བྱས་ནས། རིགས་བདག་བདེ་མཆོག་ལྷན་སྐྱེས་ཀྱིས་བྱེད་པ་མན་ངག་ཏུ་འདོད་ པའང་སྣང་མོད་ཀྱི། མན་ངག་ཁུངས་མ་རྣམས་ནས་གོང་བཞིན་བཤད་ཅིང༌། འདི་ཁོ་ན་འཐད་པ་ཡིན་ནོ། །ༀ་བཛྲ་མཧཱ་ཀཱ་ ལ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱདྱཾ། ཨཉྩ་མ་ནཾ། པྲོ་ཀྵ་ནཾ། ༀ་བཛྲ་མཧཱ་ཀཱ་ལ་ཡ། པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ་དྷུ་པཾ། དཱི་པཾ། གནྡྷཾ། ནཻ་ཝི་ཏྱེ། ཤཔྟ། ཞེས་ཕྱི་མཆོད་དང༌། ༀ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ༀ་ཨཱཿཧཱུཾ། ཞེས་ནང་མཆོད་དང༌། ཧཱུཾ། གཟི་བརྗིད་སྐུ་ཡིས་སྲིད་གསུམ་ཟིལ་གྱིས་གནོན། །གསུང་གི་བཞད་ སྒྲས་སྡེ་བརྒྱད་བྲན་དུ་འཁོལ། །བརྩེ་བའི་ཐུགས་ཀྱིས་འགྲོ་དྲུག་དབང་དུ་བསྡུས། །ལྷ་ཆེན་ 15-1-568 དཔལ་འབར་ནག་པོ་ཁྱོད་ལ་བསྟོད། །བཀའ་ཡི་ཕོ་ཉ་ནག་པོའི་གཙོ། །བྱ་རོག་གདོང་ཅན་ འཇིགས་པའི་གཟུགས། ཁྲོས་པའི་ཆ་ལུགས་རྔམ་པའི་ཞལ། །དམ་ཉམས་སྲོག་གཅོད་ཁྱོད་ ལ་འདུད། །སྲིན་པོའི་ཚོགས་ལ་མངའ་བསྒྱུར་ཞིང༌། ཁམས་གསུམ་སྲོག་བདག་ཆེན་པོ་ནི། ། བདུད་འདུལ་ཙནྡན་བེང་ཆེན་བསྣམས། །ཐུགས་ཀྱི་སྤྲུལ་པ་ཁྱོད་ལ་འདུད། །དཔལ་ལྡན་ལྷ་ མོ་ཙཎྜི་ཀཱ། །ལྷ་མིན་མུ་སྟེགས་ཚོགས་འཇོམས་ཤིང༌། །ནད་ཀྱི་བདག་མོ་དྲག་ཤུལ་ཅན། ། སྲོག་ལ་དབང་བསྒྱུར་ཁྱོད་ལ་བསྟོད། །བསིལ་བའི་ཚལ་གྱི་ཤིང་གཅིག་དྲུང༌། །ནག་པོ་ཆེན་ པོ་སེང་གེའི་གདོང༌། །ཞིང་སྐྱོང་ཤ་ཟ་ཆེན་པོ་སྟེ། །དཔལ་གྱི་བཀའ་སྡོད་ཁྱོད་ལ་བསྟོད། ། གཞན་ཡང་མཁའ་འགྲོ་ཆེན་པོ་བརྒྱད། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་སྡེ་ བརྒྱད་བཅས། །ཀུན་ལ་བསྟོད་ཅིང་ཕྱག་འཚལ་ལོ། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བསྟན་ལ། ༀ་མཧཱ་ཀཱ་ལ་ ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་ལན་གསུམ་བརྗོད་ཅིང་དམ་ལ་བཞག གཏོར་ཆོག་ཙམ་གྱི་སྐབས་ཡིན་ན། བསྟོད་པ་ བརྒྱད་པ་ལན་གསུམ་མམ་བདུན་ལ་སོགས་པ་བཏོན་ལ། དེ་ནས་གཏོར་མ་འབུལ་བ་ལ་འཇུག་པ་ཡིན་ཞིང༌། བཟླས་བརྗོད་བྱེད་ པར་འདོད་ན་སྐབས་འདིར་བཟླས་པ་བྱས་ལ། དེ་ནས་བསྟོད་པ་བྱས་ཏེ་གཏོར་མ་འབུལ་བ་ཡིན་ནོ། །དེ་ལ་བཟླས་པའི་དམིགས་ པ་གསལ་བཏབ་ལ། ༀ་བཛྲ་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ཉེ་སྙིང་དང༌། ༀ་བཛྲ་ཀ་ཝུ་བ་མཧཱ་ཀཱ་ལ་ཧཱུཾ་ ཧཱུཾ་ཕཊ། ཅེས་སྙིང་པོ་དང༌། ༀ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་ཁྱད་པར་གྱི་སྙིང་པོ་ དང༌། ཤཱ་ས་ན་རྩ་བའི་སྔགས་ཡིན་ལ། ༀ་ཀརྨ་མ་ཧཱ་ཀ་ལ་ཡ་ཧཱུཾ་ཕཊ། ཅེས་ལས་མགོན་གྱི་སྙིང་པོ་དང༌། ༀ་མཧཱ་ ཀཱ་ལ་གུ་ཎ་ཧྲཱི་ད་ཧཱུཾ་ཕཊ། གཙོ་བོ་ལས་མགོན་སྦྲགས་པའི་སྙིང་པོ་དང༌། ༀ་མཧཱ་ཀཱ་ལ་ཀ་ཀ་མུ་ཁ་ཧཱུཾ་ཕཊ། ལས་མགོན་གྱི་མཚན་སྔགས་དང༌། ༀ་མཧཱ་ཀཱ་ལ་ཀྵེཾ་ཕེཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ལེགས་ལྡན་བེང་གི་སྔགས་དང༌། ༀ་ མཧཱ་ཀཱ་ལི་དེ་ཝི་ཝཾ་ཧྲི་ཧཱུཾ་ཕཊ། ཙཎྜི་ཀཱའི་སྙིང་པོ་དང༌། ༀ་ཡ་མ་ར་ཛ་དུ་ཏྲི་ཕུ་ཏྲི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཤ་ཟ་ སེང་གེ་གདོང་གི་སྔགས་སོ། །དྲེགས་པ་ཐམས་ཅད་ཀྱི་ཐུན་མོང་གི་སྔགས་ནི། གཞི་སྙིང་དུ་གྲགས་པ་ཡིན་ཏེ། མན་ངག་གི་ཡི་གེ་ རྣམས་སུ་ཤེས་པར་བྱའོ། །དེ་ནས་ད་ལྟ་རྐང་བརྒྱད་དུ་གྲགས་པ་ཞིང་སྐྱོང་གི་སྔགས་ཀྱི་སྒོ་ནས་བསྟོད་པ་སྟེ། བསྟོད་པ་བརྒྱད་ 15-1-569 པས་བསྟོད་པར་བྱ་སྟེ། དེ་ཡང་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཧཱ་ཧཱ་ཧཱུཾ་ཡིག་སྒྲ་དང་ཀི་ལི་ཀི་ལའི་སྒྲ་ སྒྲོགས་རོ་ལངས་འབྱུང་པོས་བསྐོར། །ཧཱུཾ་ཧཱུཾ་མཛད་ཅིང་ཀུན་ནས་མི་ཤས་ཞལ་དང་རྒྱུ་མའི་ འཕྲེང་བ་འཁྲུགས་པའི་སྐུ། །ཕྱག་ན་མདུང་དང་ཁ་ཊྭཱཾ་མི་ཐོད་འཛིན་པ་འདོད་པའི་གཟུགས་ ཅན་མི་སྡུག་གཟུགས། །སྤྱན་ནི་སེར་ཞིང་སྐྲ་སེར་རོ་ཡི་འདུ་ས་ལ་དགྱེས་ཞིང་སྐྱོང་ཁྱོད་ཀྱིས་ སྲུངས། །ཞལ་ནས་ཕེཾ་ཕེཾ་ཕེཾ་ཡིག་སྒྲ་དང་སོ་སོར་བསྐྱེད་པའི་མེ་ཆེན་མཆོག་གི་དབུས། །རབ་ གསལ་འཇིགས་པའི་སྐུ་དང་ཡན་ལག་མགོ་འཕྲེང་ཉེ་བར་མཛེས་པས་རྒྱན་དུ་མཛད། ། བསད་པའི་མི་མགོ་ཁྲག་འཛག་དུམ་བུ་དྲག་པོའི་ཕྱག་གིས་འཛིན་ཞིང་མཆོད་ཡོན་འཐུང༌། ། མི་ཡིས་གང་བའི་ས་ལ་ཞིང་སྐྱོང་ཁྱོད་ནི་རོལ་ཞིང་རོལ་པའི་རྩེད་མོས་སྲུངས། །ཀྵིཾ་ཀྵིཾ་ཀྵིཾ་དང་ ཅ་ཅོ་སྒྲོག་མཛད་བཟོད་པས་གདུག་ཅན་རྣམས་འཆིང་བཟོད་པའི་སྐུ། །ཆར་སྤྲིན་སྔོ་མདོག་ ཀ་ཧ་ཀ་ཧ་བརྗོད་མཛད་གཅིག་པུས་སྣ་ཚོགས་གནོན་ཞིང་གནོན། །ཀྵིཾ་ཀྵིཾ་ཤྲིཾ་སྔགས་སྐུ་ཅན་ པ་ཙ་པ་ཙ་བསྲེག་མཛད་ཀུན་ནས་སྔགས་ཀྱི་རིགས། །སྒྲུབ་པ་རྣམས་ཀྱི་བགེགས་རྣམས་ བསྐྲོད་ཅིག་ངེས་པར་ཞི་བར་མཛོད་ཅིག་ཞིང་སྐྱོང་ཀྱེ། ཧཱ་ཧཱ་ཧཱར་བཞད་གད་རྒྱངས་ཕུལ་བྱུང་ ཕྱུགས་རྣམས་དུས་ཀུན་འཇིགས་པར་མཛད་པ་གང༌། །འཇིག་རྟེན་རྣམས་ཀྱི་བགེགས་ འཇོམས་ཉིན་རེར་དྲི་མེད་རབ་ཐོབ་རྫོགས་པའི་བྱང་ཆུབ་བསྙེས། །ཧཱུཾ་ཧཱུཾ་ཕཊ་ཀྱི་སྒྲ་སྐད་དྲག་ པོའི་ནུས་མཐུས་སྲིད་པ་གསུམ་ཁོངས་གང་བར་འགེངས། །སྲུངས་ཤིག་ཞིང་སྐྱོང་སྨ་ར་རལ་ པ་དབུ་སྐྲ་ཁམ་སེར་ལྡན་པས་ཉེ་བར་བསྒྲུབས། ཁཾ་ཁཾ་ཁཾ་འགྱིང་སྒེག་རོལ་ལྟོ་བ་འཕྱང་བ་ ཕྱག་ན་རལ་གྲི་ཁྲག་འཐུང་བ། །རཾ་རཾ་རཾ་ནི་སྤྱན་དམར་གཏུམ་ཤུགས་ཕྱག་གིས་རུ་རུའི་ཁྲག་ ལ་སྤྱོད་པར་མཛད། །ཀྲུཾ་ཀྲུཾ་ཀྲུཾ་ཁྲོས་ལྟ་སྟངས་མཛོད་ཅིག་མ་ལུས་བདུད་རྣམས་འཁུམས་པའི་ ཁྲོ་གཉེར་མཛོད། ཌཾ་ཌཾ་ཌཾ་འདིས་འདུལ་མཛད་ཅང་ཏེའུ་ལྡན་པའི་ཞིང་སྐྱོང་ཁྱོད་ཀྱིས་སྲུང་ བར་མཛོད། །ཀྲཾ་ཀྲཾ་ཀྲཾ་མཛད་བདུད་དང་དགྲ་བོ་ཉོན་མོངས་བག་ཆགས་མ་ལུས་ངེས་པར་ 15-1-570 འཇོམས། །ཀཾ་ཀཾ་ཀཾ་གི་སྐུ་ནི་ནག་པོའི་མཆུ་མཚུངས་རྩོད་དང་ཉེས་འཕྲོགས་ཐོད་འཕྲེང་ཅན། ། ཙཾ་ཙཾ་ཙཾ་ཆེར་རབ་གཡོ་རྨད་བྱུང་ས་གཞི་འཇིག་རྟེན་སྣང་བྱེད་གཏུམ་པོའི་ཤུགས། །སཾ་སཾ་སཾ་ བདག་དགེ་འདུན་དམ་ཚིག་དགེ་བར་སྤྱོད་ལ་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། །ཡཾ་ཡཾ་ཡཾ་འགྲོ་སྣ་ ཚོགས་དྲི་མེད་ཆུ་བཞིན་གཟིགས་ནས་ངེས་པར་གཤིན་རྗེ་འགོག །བཾ་བཾ་བཾ་ནི་འཇིག་རྟེན་ རབ་སྤྱོད་སྐད་ཅིག་རླུང་ཤུགས་གློག་ལྟར་རབ་ཏུ་མཁྱེན། །བྷྲུཾ་བྷྲུཾ་བྷྲུཾ་འཇིགས་ཁྲོ་གཉེར་མཆོག་ མཛད་སྒྲུབ་པོ་རྣམས་ལ་འཇིགས་པ་ལས་གྲོལ་སྟེར། །ཀྵཾ་ཀྵཾ་ཀྵཾ་ནི་གནོད་པ་རིང་དུ་སྐད་ཅིག་ ལ་བྲལ་བདེ་མཛད་ཞིང་སྐྱོང་ཀྱེ། །ཀླཾ་ཀླཾ་ཀླཾ་གང་རུལ་པའི་ལུས་ཅན་སྲིད་གསུམ་འགྲོ་བ་དུས་ ཀུན་ཉོན་མོངས་རྣམས། །པཾ་པཾ་པཾ་མཛད་ཕྱག་གི་ཞགས་པས་ཕྱུགས་རྣམས་འཛིན་ཞིང་ གདུལ་བྱ་རྣམས་སྐྱོང་བ། །སྔགས་བདག་སྔགས་ཀྱི་ལུས་ཅན་ཞི་བདེའི་འབྲས་སྟེར་སྔགས་པ་ རྣམས་ལ་སྔགས་དང་མཚུངས། །ཞིང་རྣམས་སྐྱོང་བ་ཁྱོད་ཀྱིས་ལུས་ཅན་སྐྱེ་བོ་མཐའ་དག་ གང་འདིར་ཡུན་རིང་སྐྱོངས། །སྔགས་རྣམས་བརྒྱད་པོ་ཐུན་གསུམ་དུ་ནི་ཀློག་བྱེད་ངེས་པ་ མཁས་པའི་བློ་ཅན་གང༌། །སློབ་དཔོན་དང་ནི་སྒྲུབ་པོའང་དམ་ཚིག་དགེ་བ་སྤྱོད་རྣམས་རྒྱལ་ འགྱུར་བསོད་ནམས་ལྡན། །ཚེ་དང་དཔལ་དང་གྲགས་དང་འབྱོར་ལྡན་མཉམ་མེད་སྟོབས་ འཛིན་རྣམ་གནོན་འོད་རྒྱས་ཏེ། །དེ་ཡིས་བགེགས་ཚིགས་ཉམས་ཤིང་མཚུངས་མེད་ཐམས་ ཅད་ཤེས་པ་ཉིན་མཚན་རྟག་ཏུ་སྟེར། །ཞེས་པའོ། །གཏོར་མ་ཨ་མྲྀ་ཏས་སྦྱངས། སྭ་བྷཱ་ཝས་སྦྱངས། སྟོང་ པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་ཤུ་མ་ར་ལས་ བདུད་རྩི་ལྔ། ཐོད་པའི་སྟེང་དུ་ཟླ་བའི་ཁ་གཅོད་ཧཱུཾ་ཡིག་གིས་མཚན་པའི་རྡོ་རྗེས་བརྒྱན་པ། དེའི་སྟེང་དུ་ཧཱུཾ་སྔོན་པོ། ཨཱཿདམར་པོ། ༀ་དཀར་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས་པ་རྣམས་ མགོ་བོ་ཐུར་བསྟན། རླུང་གཡོས་མེ་སྦར། རྫས་རྣམས་ཞུ་ཞིང་འདྲེས། རང་གི་གནས་གསུམ་ 15-1-571 གྱི་ཡི་གེ་འབྲུ་གསུམ་ལས་འོད་འཕྲོས། གཏོར་མའི་སྟེང་གི་འབྲུ་གསུམ་ལ་ཕོག །མས་རིམ་ གྱིས་གཏོར་མ་ལ་ཐིམ་པས། གཏོར་མ་བདུད་རྩི་སྔོ་དམར་དཀར་པོའི་རྣམ་པར་གྱུར། ༀ་ ཨཱཿཧཱུཾ། ལན་གསུམ། རྡོ་རྗེས་བདུད་རྩི་ལན་གསུམ་དུ་དཀྲུགས། རྡོ་རྗེ་ལྟེ་བའི་ཧཱུཾ་ལས་འོད་འཕྲོས། ཡེ་ཤེས་ཀྱི་ བདུད་རྩི་སྤྱན་དྲངས་ཏེ་གཉིས་སུ་མེད་པར་ཐིམ། རྡོ་རྗེ་ཡང་ཞུ་ཞིང་འདྲེས་པ་ལས། གཏོར་མ་ ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ འདི་ནི་འདི་ཉིད་ཀྱི་མན་ངག་ལས་འབྱུང་བའི་གཏོར་མ་བྱིན་གྱིས་བརླབས་པའི་ལུགས་ཡིན་ལ། །ཡི་དམ་ གང་བྱེད་དེའི་ཆོ་ག་ལས་འབྱུང་བའི་གཏོར་མ་བྱིན་རླབས་དེ་ཉིད་ཀྱིས་ཀྱང་ངེས་པར་རུང་ངོ༌། །མགོན་པོ་འཁོར་དང་ བཅས་པའི་ལྗགས་རྡོ་རྗེའི་བུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ༀ་བཛྲ་མཧཱ་ཀཱ་ལ་ ཨི་དཱཾ་བཱ་ལིཾ་ཁཾ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ལན་བདུན་གྱིས་གཙོ་བོ་དང༌། འཁོར་རྣམས་ལ་སྤྲོ་ན། སྙིང་པོ་ལན་གསུམ་ གྱིས་དབུལ་ཞིང༌། གཙོ་འཁོར་ཐམས་ཅད་ཀྱི་ཐུན་མོང་དུ། རྩ་སྔགས་ཀྱིས་འབུལ་བ་ནི། ༀ་ཤྲཱི་བཛྲ་མཧཱ་ཀཱ་ལ། ཤཱ་ས་ ན་ཨུ་པ་ཧ་རི་ཎི་ཨེ་ཥོ྅་པཥྩི་མ། ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎཾ། ཡ་ཏི་པྲ་ ཏིཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུཾ་ཕཊ། ཅེས་ལན་གསུམ་མོ། །འདི་ནི་རྒྱས་པའི་ལུགས་ཡིན་ལ། འབྲིང་པོ་ལྟར་ན། ཤཱ་ས་ན་གཅིག་པུས་ཆོག བསྡུས་པ་ལྟར་ན། གཙོ་བོའི་གཏོར་སྔགས་ཐུང་ངུ་དེས་ཀྱང་ཆོག་གོ །གཏོར་ ཆོག་ཁོ་ནའི་སྐབས། དེ་རྗེས་འདོད་དོན་གསོལ་བཏབ་ལ་འཇུག བསྙེན་པ་དང་འབྲེལ་བའི་ཚེ། སླར་ཡང་ཨརྒྷཾ་ནས་ཤཔྟའི་ བར་གྱིས་མཆོད་ཅིང༌། གོང་བཞིན་བསྟོད་པ་བསྡུས་པས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ སམ། རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གཏོར་མ་འདོད་རྒུ་ འབྱུང་བའི་རྒྱ་མཚོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་ པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་ དང༌། སེམས་ཅན་ལ་བདེ་སྐྱིད་ཀྱི་དཔལ་རྒྱ་ཆེན་པོ་འབྱུང་བ་དང༌། རྣལ་འབྱོར་བ་བདག་གི་ 15-1-572 བསམ་སྦྱོར་ཕུན་ཚོགས་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པ་དང༌། བར་ཆད་མི་མཐུན་པའི་ ཕྱོགས་ཐམས་ཅད་ཞི་ཞིང༌། དགྲ་བགེགས་ཐམས་ཅད་ཚར་གཅོད་པ་ལ་སོགས་པ་འཕྲིན་ ལས་རྣམ་པ་བཞི་གཡེལ་བ་མེད་པར་མཛད་དུ་གསོལ། ཡིག་བརྒྱ་ལན་གསུམ་གྱི་མཐར། མ་འབྱོར་བ་ དང་སོགས་ཀྱིས་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ ཚིགས་རང་ལ་གཉིས་སུ་མེད་པར་ཐིམ། ཨཏྨ་ཀ་ཏིཥྛ་ཧཱུཾ། སྨོན་ལམ་བཏབ་ཅིང་བཀྲ་ཤིས་བྱའོ། །ཡུམ་ཙཎྜི་ ཀཱ་ནག་མོར་བྱེད་ན། གོང་དུ་བཤད་པའི་དམར་མོ་རྩ་འཇིབས་མ་དང་སྐུ་མདོག་གི་ཁྱད་པར་མ་གཏོགས་འདྲ་ལ། དེ་ཉིད་བོང་ ཞོན་མ་དང༌། དྲེའུ་ཞོན་མར་བྱེད་པའི་ལུགས་ཀྱང་ཡོད། ལོ་ཀ་ཤྲཱིའི་ལུགས་ཀྱི་འདོད་ཁམས་མའམ། དུད་སོལ་མར་གྲགས་པ་ དང༌། རེ་མ་ཏཱི་བོང་ཞོན་མ་དང༌། དྲེའུ་ཞོན་མ་ཅི་རིགས་པ་དག་ལྕམ་དྲལ་དུ་བྱེད་པའི་ལུགས་ཀྱང་འདུག་མོད། སྤྱི་དེ་ལྟར་སྤྱོད་པ་ མི་འགལ་ཡང༌། འདི་ཉིད་ཀྱི་ཐུན་མོང་མ་ཡིན་པ་ཡོད་བཞིན་དུ་གཞན་དང་བསྲེ་བར་མི་བྱའོ། །དཔལ་ཆེན་པོ་རྒ་ལོས་འགྲོ་མགོན་ འཚལ་བ་ལ་གནང་བའི་ལུགས་ལྟར་ན་སྐུ་གསུང་ཐུགས་ཀྱི་བྱ་རོག་གདོང་ཅན་གསུམ་གཙོ་བོའི་མདུན་དུ་བཞུགས་པ་དང༌། དེའི་ གཡས་གཡོན་དུ་སེང་གདོང་གསུམ་དང༌། ཙཎྜི་ཀཱ་གསུམ། གཙོ་བོའི་གཡོན་དུ་ལྷ་མོ་རེ་མ་ཏཱི་རལ་གྲི་དང་ནེའུ་ལེ་འཛིན་པ། དེའི་ མདུན་དུ་ཨེ་ཀ་ཛ་ཊི་དམར་ནག་ཕྱག་བཞི་པ་རྩེ་གསུམ་མི་སྙིང་ཐོད་རློན་ལྕགས་སྤྱང་ཁྲ་ཐོགས་ཀྱི་ཚུལ་ཅན་དུ་བསྐྱེད་ནས། ལྷ་མོ་ ལ་སྔགས། མ་མ་ཏྲཀ་རུ་ཏྲ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བཟླ་བ་དང༌། མཁའ་འགྲོ་མ་བརྒྱད་པོའང་སྐུ་མདོག་དམར་མོར་ མཛད་པ་ནི་ཁྱད་པར་རོ། །འདི་ཉིད་ཀྱི་བསྟོད་པ་དང༌། མཆོད་འཕྲེང་དང༌། ཐུགས་དམ་བསྐུལ་བ་ལ་སོགས་པ་རྒྱས་པར་སྤྲོ་ན་ ཡིག་རྙིང་རྣམས་ལས་ཤེས་པར་བྱ་ལ། སྒྲུབ་ཐབས་ཀྱི་ངོ་བོ་འདི་ཁོ་ནས་ཆོག་ཤེས་པར་བྱ་ཞིང༌། ཁྲིད་ཚུལ་ཟབ་མོ་ནི་ལོགས་སུ་ བཞུགས་པ་ལྟར་ཉམས་སུ་བླང་བར་བྱའོ། ། འདིའི་རྗེས་གནང་གི་བྱ་བ་ནི། ཕྱག་ལེན་ལུགས་གཉིས་ལས། དང་པོ་དཔལ་ཕག་མོ་གྲུབ་པ་ལས་བརྒྱུད་པ་ནི་ཤོམ་བྱ་ ཚུལ། དཀྱིལ་འཁོར་སྒོམ་དོན་དང་མཐུན་པའམ། བསྡུ་ན་ཟླུམ་སྐོར་གྱི་ནང་དུ། གྲུ་གསུམ་མཐིང་ནག་ལྷ་གྲངས་དང་མཉམ་ པའི་ཚོམ་བུ་ཅན་དབུས་སུ་གཏོར་མ་སྙིང་གཟུགས་མ་མཉྫི་ལ་བཀོད། མཐར་འབུལ་གཏོར་ལྷ་གྲངས་དང་མཉམ་པའི་གང་འོས་ དང༌། བདུད་རྩིའི་ཐོད་པ། ནང་མཆོད་སོགས་དང༌། མཆོད་པ་རྣམས་བཤམས། ཤིན་ཏུ་བསྡུ་ན། དཀྱིལ་འཁོར་མེད་ཀྱང་ཆོག་ 15-1-573 པས། དཔལ་གྱི་གཏོར་མ་ལ་བརྟེན་པ་ཁོ་ནས་ཀྱང་རུང་ངོ༌། །གཏོར་འབུལ་ཡན་ཆད་གོང་དུ་བསྟན་པ་བཞིན་བྱས་ལ། སློབ་མ་ རྣམས་ལ་སྔོན་འགྲོའི་ཆོས་བཤད་ལ་མཎྜལ་འབུལ་དུ་བཅུག །སངས་རྒྱས་བསྟན་པ་བསྲུང་བ་དང༌། །དཀོན་ མཆོག་དབུ་འཕང་བསྟོད་པ་དང༌། །ལོག་འདྲེན་བགེགས་རྣམས་ཚར་གཅོད་ཕྱིར། །མགོན་ པོའི་དབང་བསྐུར་བདག་ལ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། རྒྱུན་བཤགས་སྔོན་དུ་འགྲོ་བའི་ སེམས་བསྐྱེད་ཀྱིས་དམིགས་པ་ཕོགས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་ གྱི་རྗེས་ཟློས་བྱེད་དུ་གཞུག རྗེས་སུ་གནང་བ་དངོས་གཞི་ནི། བླ་མ་ཧེ་རུ་ཀའི་ཐུགས་ཀ་ནས་འོད་ཟེར་སྔོན་ པོ་ཐོག་ལྷུང་བ་ལྟར་བྱུང་སྟེ། སློབ་མའི་ལུས་ལ་གཡོན་བསྐོར་ལན་གསུམ་བྱས་ནས་སྤྱི་བོར་ ཐིམ་པས། མ་དག་པའི་ལུས་སྦྱངས་ཏེ། འོད་ཟེར་མཐིང་ཁའི་ཕུང་པོ་ཆེན་པོར་གྱུར། དེ་ལས་ དུར་ཁྲོད་རོལ་བའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ། པད་ཉིའི་གདན་ལ་ཧཱུཾ་ལས་རྡོ་རྗེ་ གྲི་གུག་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། ཞེས་པ་ནས། བཞུགས་པའོ། །ཞེས་པའི་བར་གྱིས་ མགོན་པོའི་སྐུར་གསལ་བཏབ། བླ་མའི་ཐུགས་ཀ་ནས་འོད་འཕྲོས། བསིལ་བ་ཚལ། ན་ལེནྡྲ། དཔལ་ གྱི་རི་ལ་སོགས་པ་ནས། ཡེ་ཤེས་པ་འཁོར་དང་བཅས་པ་འུར་འུར་ཆེམ་ཆེམ་གྱི་སྒྲ་དང་བཅས་ཏེ་ བྱོན། སློབ་མའི་ལུས་ལ་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་དག སྐུའི་བྱིན་རླབས་ཞུགས་པར་ བསམ་ཞིང༌། རོལ་མོའི་སྒྲ་བྱ། སྔགས་དྲག་ཏུ་བཟླ། དེ་ནས་དབང་གི་ལྷ་འཁོར་ལོ་བདེ་མཆོག་གི་ལྷ་ ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། མངོན་རྟོགས་བཞིན་དབང་བསྐུར་བའི་དམིགས་པ་ཕོག་ལ། ཀ་པཱ་ ལ་བདུད་རྩིས་གང་བས་དབང་བསྐུར། སྐུའི་རྗེས་གནང་སྐུའི་བྱིན་རླབས་འབེབས་པ་དང་ བཅས་པའོ། །སྔགས་ཀྱི་བཟླས་ལུང་གི་དམིགས་པ་ཕོག་ལ། ཡི་གེ་བཅུ་པ་དང༌། ཤཱ་ས་ནའི་རྗེས་ཟློས་ལན་གསུམ་ བྱར་གཞུག བཅོམ་ལྡན་བདག་ལ་སོགས་ཀྱིས་གསོལ་བ་བཏབ་ནས། བྱིན་གྱིས་བརླབས་པའི་ལུང་སྤྱི་དང་མཐུན་པར་ བྱ། བླ་མའི་ཐུགས་ཀའི་འོད་ཟེར་གྱིས། རང་བཞིན་གྱི་གནས་དང་བསིལ་བ་ཚལ་ལ་སོགས་པ་ ནས། སྔགས་ཀྱི་ཡིག་འབྲུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། སློབ་མའི་སྙིང་གའི་སྔགས་འཕྲེང་ 15-1-574 ལ་བསྟིམ་པས་ངག་གི་སྡིག་སྒྲིབ་དག གསུང་གི་བྱིན་རླབས་ཞུགས་པར་བསམས་ལ། རོལ་ མོའི་སྒྲ་བྱ། གསུང་གི་རྗེས་གནང་གསུང་གི་བྱིན་རླབས་འབེབས་པ་དང་བཅས་པའོ། །བླ་མ་ཡི་ དམ་མདུན་བསྐྱེད་དང་བཅས་པ་ལ་མོས་གུས་དུང་པ་བྱས་པས། བླ་མའི་ཐུགས་ཀ་ནས་འོད་ འཕྲོས་རང་ལུས་ལ་ཐིམ། ལུས་ཡས་མས་ནས་རིམ་པས་ཞུ་སྟེ། སྙིང་གའི་སྔགས་འཁོར་ལ་ ཐིམ། དེ་ཧཱུཾ་ལ། དེ་ཡང་ནཱ་དའི་བར་དུ་བསྡུས་ཏེ། ནཱ་ད་ཡང་མི་སྣང་བར་གྱུར་པ་ལ་མཉམ་ པར་བཞག ཡང་ཧཱུཾ་ཞེས་བྱ་བའི་སྒྲས། སློབ་མ་མགོན་པོའི་སྐུར་སྐད་ཅིག་གིས་གསལ་ བཏབ། སློབ་དཔོན་ལ་མོས་གུས་དུང་པ་བྱས་པས་ཐུགས་ཀ་ནས་འོད་འཕྲོས། མདུན་བསྐྱེད་ དང༌། རང་བཞིན་གྱི་གནས་དང༌། བསིལ་བ་ཚལ་ལ་སོགས་པ་ནས། ཐུགས་གཉིས་སུ་མེད་པའི་ ཡེ་ཤེས་ཀྱི་ཕྱག་མཚན་སོ་སོ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། དགྲ་བགེགས་བསྒྲལ་བ་ལ་ སོགས་པའི་ལས་མཛད། སློབ་མའི་སྙིང་གར་ཐིམ་པས། ཡིད་ཀྱི་སྡིག་སྒྲིབ་དག ཐུགས་ཀྱི་ བྱིན་རླབས་ཞུགས་པར་བསམས་ལ་རོལ་མོའི་སྒྲ་བྱ། ཐུགས་ཀྱི་རྗེས་གནང་དང༌། ཐུགས་ཀྱི་བྱིན་ རླབས་འབེབས་པའོ། །འཕྲིན་ལས་གཏོར་མའི་བཀའ་བསྒོ་ནི། གཏོར་མ་དཔལ་འབར་ཅན་ སློབ་མའི་མགོ་ཐོག་ཏུ་བཟུང་ལ། དེ་ཉིད་མགོན་པོ་འཁོར་བཅས་སུ་མོས། དེའི་སྟེང་དུ་སློབ་ དཔོན་དང་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དབྱེར་མ་མཆིས་པ་གསལ་བཏབ། སྟེང་ གི་ཆ་ལ་བརྒྱུད་པའི་བླ་མས་བསྐོར་བ་སྒོམ་དུ་བཅུག བླ་མ་ཡི་དམ་གྱི་ཚོགས་ཀྱིས་ཆོས་སྐྱོང་ སྲུང་མ་རྣམས་ལ་བཀའ་བསྒོས་པས། དེ་རྣམས་ཀྱིས་རྡོ་རྗེའི་བྲོ་དྲག་པོ་འཁྲབས་པས། དགྲ་ བགེགས་ཐམས་ཅད་ཐལ་བར་བརླག་པར་མོས་པ་གྱིས་ཞེས་བརྗོད་ལ། རོལ་མོའི་སྒྲ་དྲག་པོ་དང་བཅས་ ཏེ། བསྟོད་པ་བརྒྱད་པ་ཚར་གཅིག་དང༌། ཤཱ་ས་ན་དང་སྔགས་རྣམས་ཚར་གཅིག་དྲག་ཏུ་བརྗོད་པའི་རྗེས་ལ། དཔལ་ཡེ་ ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྕམ་དྲལ། བྲན་གཡོག་བཀའ་སྡོད་ཕོ་ཉ་ལས་མཁན་འཁོར་ དང་བཅས་པ་རྣམས་ཀྱིས། རྡོ་རྗེ་འཆང་ཀླུ་སྒྲུབ་སོགས་བླ་མ་བརྒྱུད་པ་རྣམས་ཀྱི་མཚན་ནས་ 15-1-575 བརྗོད་ནས། དེ་རྣམས་ཀྱི་བཀའ་དང་དམ་ལས་མ་འདས་པར་སློབ་མ་འདིའི་སྲུང་མ་ཆེན་པོ་ མཛོད་ལ། ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་འགལ་རྐྱེན་སོལ། མཐུན་རྐྱེན་སྒྲུབས་ སོགས་བཀའ་བསྒོ་ཅི་རིགས་པ་བྱ། མཐར་བླ་མ་རྣམས་ཡི་དམ་ལ་ཐིམ། དེ་རྣམས་མགོན་ པོ་འཁོར་བཅས་ལ་ཐིམ། དེ་རྣམས་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པ་དཔོན་སློབ་གཉིས་ཆར་ གྱིས་བསྒོམ། བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་པར་བརྗོད། རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །གཏོར་དབང་ཁོ་ན་བྱེད་པར་ འདོད་ན། གསོལ་བཏབ་རྒྱུན་བཤགས་སོང་བའི་རྗེས་ལ། སློབ་མའི་བློའི་ངོར་གཏོར་མ་མགོན་པོར་བསྐྱེད་ཅིང་སྤྱན་དྲངས། དེ་ ནས་གོང་བཞིན་གཏོར་མའི་བཀའ་བསྒོ་ཉིད་བྱས་པས་ཀྱང་བར་ཆད་སེལ་བའི་ཐབས་མཆོག་ཏུ་འགྱུར་ཞིང༌། མཆོད་གཏོར་ འབུལ་བ་སོགས་ལ་དབང་བ་ཡིན་ནོ། །ཡང་ཆོས་སྐྱོང་དུ་མི་བསྟེན་པར་བར་ཆད་སེལ་བ་ཙམ་དོན་དུ་གཉེར་བ་ལ། བཀའ་བསྒོའི་ སྐབས་སྲུང་མ་མཛོད་ཅེས་པ་བོར། མགོན་པོ་སློབ་མ་བསྟིམ་པའི་དམིགས་པ་མི་དགོས། རྗེས་གནང་འདི་བཀའ་ཡངས་ཤོས་དེ་ ཡིན་ནའང༌། བྱིན་རླབས་ཀྱི་བཀའ་ཤིན་ཏུ་ཆེ་ཞིང་ཟབ་པ་ཡིན་ནོ། །བུམ་དབང་བཅུ་བཞི་པར་གྲགས་པ་ཟབ་མོར་བཞེད་ཅིང༌། ཕྱག་ལེན་བཀའ་དོག་པོར་མཛད་པ་དེ་ནི། དབང་ཆོག་རིན་ཆེན་འཕྲེང་བ་ལས་ཤེས་པར་བྱ་ལ། དབང་བཞི་རྫོགས་སུ་གྲགས་པ་ འགའ་ཞིག་ནི། བྱིན་རླབས་ཀྱི་སྒོ་ཅུང་ཟད་ཡོད་སྲིད་ནའང༌། ཁུངས་དང་ལྡན་པ་མ་ཡིན་པས་བཏང་སྙོམས་སུ་བཞག་པར་བྱའོ། ། གཉིས་པ་འཚལ་ལུགས་ཀྱི་ཕྱག་ལེན་ནི། དཀྱིལ་འཁོར་སྒོ་མེད་ལྷ་སྣམ་ཕྱོགས་མདོག་ཅན་གྱི་དབུས་སུ། པདྨ་སྔོན་པོ་ འདབ་བརྒྱད་ལྟེ་བ་དམར་པོ་ལ་ཆོས་འབྱུང་ནག་པོ་ཞིག་འབྲི། འདབ་མ་བརྒྱད་ལ་ཚོམ་བུ་དམར་པོ་བརྒྱད་འགོད། ཆོས་འབྱུང་ ལ་གྲི་གུག་ཧཱུཾ་གིས་མཚན་པ་ཞིག་འབྲི། དེའི་སྟེང་དུ་མཉྫི་ལ་བུམ་པ། རྒྱབ་ཏུ་དཔའ་བཤོས་སྙིང་གཟུགས་མདའ་དར་གྱིས་བརྒྱན་ པ། མདུན་དུ་ལྷ་གྲངས་དང་མཉམ་པའི་གཏོར་མ། གཡས་སུ་ཀ་པཱ་ལ་བདུད་རྩིས་གང་བ། གཡོན་དུ་དམ་ཚིག་གི་རྡོ་རྗེ་རྣམས་ བཞུགས། བདག་མདུན་གཉིས་སོང་བའི་རྗེས་སུ། གཏོར་མ། བུམ་པ། ཐོད་པ། རྡོ་རྗེ་རྣམས་ལ། མགོན་པོ་ལྷ་མོ་བརྒྱད་ཀྱིས་ བསྐོར་བ་བདེ་མཆོག་ལྷན་སྐྱེས་ཀྱི་དབུ་བརྒྱན་ཅན་རེ་བསྐྱེད་ནས། ༀ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ༀ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ༀ་སརྦ་བུདྡྷ་བཛྲ་ཌཱ་ཀི་ནཱི་ཤྭ་རི་ཧཱུཾ་ཕཊ། ཅེས་པ་གསུམ་སྦྲེལ་གང་ནུས་ཞིག་བཟླ། སློབ་མའི་བྱ་བ་ཅུང་ཟད་འདོན་ པ་སྤོ་བ་མ་གཏོགས། སྐུའི་བྱིན་རླབས་འབེབས་པ་ཡན་ཆད་གོང་དུ་བཤད་པ་དང་འདྲ་བ་ལས། དབང་བསྐུར་མཁན་གྱི་ལྷ་ 15-1-576 མགོན་པོས་མཛད་པ་དང༌། བདུད་རྩིས་འཁོར་ལོ་བཞི་གང་བ་ལ་དབང་བཞིའི་བརྡ་སྤྲོད་མཛད། གོང་གི་སྔགས་གསུམ་སྦྲེལ་གྱི་ མཐར། ཨ་བྷི་ཥིཉྩ་བཏགས་ཏེ་བུམ་པས་དབང་བསྐུར། དེ་ནས་གཏོར་མའི་དབང་བསྐུར་ལ། དམ་རྫས་གཏོར་མའི་ དབང་བསྐུར་བས། སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །ལུས་ཀྱི་སྒྲིབ་པ་དག་གྱུར་ནས། །སྐུ་ མི་འགྱུར་ཚེ་ཡི་དབང་ཐོབ་ཤོག །ༀ་མཧཱ་ཀཱ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ༀ། བདུད་རྩིའི་དབང་ནི། བདུད་རྩི་ ལྕེ་ལ་བཞག་ལ། གོང་མའི་ཚིག་ལ་འདོན་པ་སྤོས་ཏེ། དམ་རྫས་བདུད་རྩིའི༴ གསུང་གི༴ ངག་གི༴ གསུང་ མི་འགྱུར་ནུས་མཐུའི་དབང་ཐོབ་ཤོག །ༀ་མཧཱ༴ ཝཱཀ༴ ཨཱཿ རྡོ་རྗེའི་དབང་ནི། རྡོ་རྗེ་སྙིང་གར་བཟུང་ལ། སྟོང་ཉིད་རྡོ་རྗེའི༴ ཐུགས་ཀྱི༴ ཡིད་ལ༴ ཐུགས་མི་འགྱུར་འོད་གསལ་དབང་ཐོབ་ཤོག །ༀ་ མཧཱ༴ ཙིཏྟ༴ ཧཱུཾ། ཡོན་ཏན་ཕྱག་མཚན་གྱི་དབང་ནི། ངོ་མཚར་རྨད་དུ་བྱུང་བ་ཡི། །འབེ་ཏའི་ འབྲས་བུའི་དབང་བསྐུར་བས། །རིན་ཆེན་གཏེར་གྱི་ཆར་པ་འབེབས། །ལོངས་སྤྱོད་དངོས་ གྲུབ་དབང་ཐོབ་ཤོག །ༀ་མཧཱ་ཀཱ་ལ་བྷེ་ཙ་ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ། ངོ་མཚར༴ ཤེས་རབ་རལ་གྲི༴ ཉོན་མོངས༴ དུག་གསུམ་རྩད་ནས་བཅད། །དགྲ་བགེགས་འདུལ་བའི༴ ཁཌྒ་ཧཱུཾ། ངོ་མཚར༴ བནྡྷ་ཐོད་པའི༴ ཐུགས་རྗེ་ཞི་བས་བདུད་བཞི་འཇོམས། །བྱང་ཆུབ་སེམས་ཀྱི༴ ཀ་པཱ་ལ། ཧཱུཾ། ངོ་མཚར༴ རྩེ་གསུམ་ཁ་ཊྭཾ༴ སྐུ་གསུང་ཐུགས་དང་ལྡན་གྱུར་ཏེ། །སྐུ་གསུང་ཡོན་ཏན༴ ཏྲི་ཤུལ། འཕྲིན་ལས་ཀྱི་དབང་ནི། སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད་ལ། ཧཱུཾ། ངོ་མཚར་རྨད་དུ་བྱུང་བ་ཡི། །སྣ་ཚོགས་རྡོ་རྗེའི་ དབང་བསྐུར་བས། །ཞི་རྒྱས་དབང་དྲག་མཐུ་བརྙེས་ནས། །འཕྲིན་ལས་རྣམ་བཞིའི་དབང་ ཐོབ་ཤོག །ༀ་མཧཱ་ཀཱ་ལ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་འཕྲིན་ལས་གཏོར་མའི་བཀའ་བསྒོ་གོང་དང་འདྲ་ བར་བྱ། མགོན་པོ་སྒྲུབ་པར་འདོད་པ་ཡིན་ན། སྔགས་ཀྱི་བཟླས་ལུང་སྦྱིན། རྗེས་སྤྱི་དང་འདྲའོ། །ཡང་བརྒྱུད་པ་ལུགས་གཉིས་ ཆར་གཅིག་ཏུ་གྲིལ་བའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཁྱད་པར་ཅན་ནི། མགོན་པོ་གཙོ་རྐྱང་ཉིད་དམ། འཁོར་བཅས་ལྟར་ན། བྱ་ རོག་གདོང་ཅན་གསུམ་དང༌། མཁའ་འགྲོ་བརྒྱད་ཁོ་ནས་བསྐོར་བར་བྱ། གསོལ་གདབ་ནི། བཅོམ་ལྡན་རྡོ་རྗེ་འཛིན་ རྒྱལ་གཙོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་འཕྲིན་ལས་གཅིག་བསྡུས་ 15-1-577 པ། ཁྱོད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །དངོས་གྲུབ་ བདག་གིས་ཐོབ་པར་ཤོག །ཅེས་པས་བྱེད་ཅིང༌། བླ་མ་དང་མགོན་པོའི་གནས་ལྔ་ནས་མགོན་ པོ་རིགས་ལྔ་རིམ་པས་སྤྲོས་ཏེ། སློབ་མའི་གནས་ལྔར་རིམ་པས་ཐིམ་ཚུལ་རེ་རེ་བཞིན་ཕོག་ པས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྗེས་གནང་ལྔ་ཐོབ་པར་བསམ། དེ་ནས་གཏོར་ དབང་སྤྱི་དང་འདྲ་བ་ལས་མཐར་ལྷ་མོ་བརྒྱད་ཀྱི་ཐུགས་ཀ་ནས་བྱ་རོག་གདོང་ཅན་དཔག་ཏུ་མེད་པ་ས་ དང་བར་སྣང་ཁེངས་པ་ཙམ་བྱོན། ལྷ་མོ་བརྒྱད་དང༌། དེ་རྣམས་ཐམས་ཅད་བ་སྤུའི་བུ་ག་ནས་ ཐིམ། གུ་ཎ་ཧྲི་དའི་སྔགས་དྲག་ཏུ་བཟླ་བ་དང༌། བྱ་རོག་གདོང་ཅན་ཉིད་ཀྱི་བཀའ་བསྒོ་བྱ། སླར་སློབ་མ་ལྷར་བསྐྱེད་ནས་ བཟླས་ལུང་སྦྱིན། འདི་ཁྲིད་དང་འབྲེལ་བའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཡིན་པས། ཤིན་ཏུ་གཅེས་པར་བཟུང་དགོས་ཞེས་བླ་ མ་གསུང་ལ། ཤིན་ཏུ་བྱིན་རླབས་ཆེ་བར་མྱོང་བའི་ཀྱང་གྲུབ་བོ། །བསྟན་སྲུང་ཀུན༷་ལས་ཆེ་མཆོག་ཏུ། །རབ་ཏུ་གྲགས་ཤིང་དག༷འ་ བར་བསྔགས། །གང་དེའི་སྒྲུབ་ཐབས་སྙིང༷་པོ༷་ནི། །རྗེས་གནང་ལག་ལེན་དང་བཅས་མཚར། །ཡེ་ཤེས་མགོན་པོ་ཕྱག་བཞི་པ་རྒ་ ལོ་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ། ༄༅། །ༀ་སྭཱ་སྟི། བླ་མ་དང་ནི་ལྷག་པའི་ལྷར། །རབ་ཏུ་བཏུད་ནས་རྒ་ལོ་ཡིས། །ལྷོ་བ་སྤྲེའུ་སྟོན་ལ་གནང་བའི། ། མགོན་པོའི་སྒྲུབ་ཐབས་བཤད་པར་བྱ། །སྐྱབས་སེམས་ཡན་ལག་བདུན་པ་རྣམས་ཕྱག་བཞི་པ་རྒ་ལོའི་ལུགས་ལྟར་བྱས་ ལ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་མཐིང་ཁ། རྭ་ ཕྱོགས་མདོག ལྟེ་བར་པདྨ་འདབ་མ་བཞི་པ། དེའི་ལྟེ་བར་ཆོས་འབྱུང༌། སྔོན་པོ་ཐིག་ལེའི་ རང་བཞིན་ཅན་གྱི་ནང་དུ་རང་སེམས་ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱི་འཕྲོ་འདུ་ལས། ཧཱུཾ་ ཡིག་བྱི་རུའི་མདོག་ཅན། དེ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དམར་པོ་ཞལ་ གཅིག་ཕྱག་གཉིས། ཞབས་གཉིས་བུ་ཆུང་གི་འདུག་སྟངས་བྱ་བ་ཙོག་པུའི་ཚུལ་ལམ་རོལ་ པས་བཞུགས་པ། རུས་པ་དང༌། རིན་པོ་ཆེ་དང༌། སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱི་སྨད་ དཀྲིས་ཅན། གཡོན་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་དང༌། གཡས་མི་རྐང་གི་གླིང་བུ་ 15-1-578 དེར་བཙུགས་ཏེ་བསྣམས་པ། ཡུམ་དགྲ་ཟོར་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གནས་ གསུམ་བྱིན་རླབས་ཡེ་ཤེས་པ་སྤྱན་འདྲེན། དབང་བསྐུར་ཞིང་བདེ་མཆོག་ལྷན་སྐྱེས་ཀྱིས་རྒྱས་གདབ་བྱ། པདྨའི་ཤར་གྱི་ འདབ་མ་ལ། ཨེ་ཀ་ཛ་ཊི་དམར་མོ། རྩེ་གསུམ་མི་སྙིང་ཐོད་རློན་ལྕགས་སྤྱང་རྣམས་འཛིན་པ། བོང་བུ་གྭ་དམར་ལ་ཆིབས་པ། ཕྱོགས་ཀྱི་རྡོ་རྗེའི་རྭ་རྣམས་ལ། ཤར་དུ་བདུད་མགོན་བྱ་རོག་ གདོང་ཅན་གྲི་ཐོད་འཛིན་པ། ལྷོར་བཙན་མགོན་བྱ་རོག་གདོང་ཅན། དགྲ་ཟོར་དང་མི་སྙིང་ འཛིན་པ། ནུབ་ཏུ་གནོད་སྦྱིན་བྱ་རོག་གདོང་ཅན། ལྕགས་ཀྱུ་འཛིན་ཞིང་རྐང་གླིང་འབུད་པ། བྱང་དུ་གྱིང་མགོན་བྱ་རོག་གདོང་ཅན། བཾ་ཀླད་ལ་བསྐོར་ཞིང་ཐོད་ཁྲག་འཛིན་པ། ཐམས་ ཅད་ཀྱང་སྐུ་མདོག་དམར་པོ་རལ་གྲིའི་གཤོག་པ་ཅན། པུས་བཙུགས་ཀྱིས་གནས་པའོ། ། རྐང་གླིང་གི་ནང་དུ་བསྒྲུབ་བྱ་སྤྱིའུ་ཚུགས་སུ་གནས་པ། རང་གི་སྙིང་གའི་སྔགས་ཀྱི་འོད་ཟེར་ བསྒྲུབ་བྱའི་བཤང་ལམ་ནས་ཞུགས་ཤིང་གཟིར་བས་སྣ་བུག་ནས་ཁྲག་རྒྱུན་བབས། ཐོད་པ་ ཁེངས་ཏེ་ལུད། འཇིག་རྟེན་གྱི་ཁམས་ཐམས་ཅད་བདུད་རྩིར་བྱས། བླ་མ་ཡི་དམ་སངས་རྒྱས་ ཐམས་ཅད་མཆོད་པར་བསམས་ལ། ༀ་བཛྲ་ཀི་ཀ་ཝུ་ཝ་པུ་ཏྲཾ་ཀཱི་ལ་ཝ་པ་ཌཱ་ཀི་ནཱི་ཧཱུཾ་ཕཊ། ཅེས་དྲག་ཏུ་བཟླ། གཏོར་ཆོག་སོགས་མགོན་པོ་ནག་པོས་རིགས་འགྲེའོ། ། འདིའི་རྗེས་གནང་ནི། མཎྜལ་དམར་པོ་གྲུ་གསུམ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་ཅན་གྱི་དབུས་སུ་གཏོར་མ་ཟན་ཟླུམ་ པོ་ཉིས་རྩེག་གི་ངོས་བཞིར་མི་མགོ་རེ་རེ་ཡོད་པ་སྟེང་དུ་བཤོས་བུ་གྲུ་གསུམ་ལ་ཙ་ཀ་ལི་བཙུགས། མཐའ་མཐེབ་ཀྱུས་བསྐོར། བདུད་རྩི་དང་རཀྟ་ཡང་བླུགས། དཀྱིལ་འཁོར་གྱི་མཐའ་ལ་མཆོད་པ་བཤམ། གཏོར་མ་གཞན་མི་དགོས། བདག་མདུན་གཉིས་ ཀར་ལྷན་ཅིག་ཏུ་བསྐྱེད། གཏོར་འབུལ་བྱས་ནས། བདག་མདུན་གཅིག་ཏུ་བསྲེས་ལ་བཟླས་པ་བྱའོ། །རྗེས་གནང་གི་ངོ་བོ་ཕྱག་ བཞི་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་འདྲ་བ་ལས། དབང་བསྐུར་མི་དགོས། གཏོར་དབང་གི་ཚེ་བཀའ་བསྒོའི་མཐར། མགོན་པོའི་གནས་གསུམ་ནས་འོད་ཟེར་འཕྲོས་ནས། སློབ་མའི་གནས་གསུམ་དུ་ཐིམ་པར་ མོས་ལ། སྙིང་པོའི་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ༀ། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སློབ་ 15-1-579 མའི་གནས་གསུམ་དུ་གཏུགས་པ་ནི་ཁྱད་པར་རོ། །ཀུན༷་ཏུ་འདུས་ཤིང་ངོ་མཚར་བ། །རྒ་ལོའི་ཞལ་གཟིགས་ཡིད་དག༷འི་གནས། ། སོ་སོའི་སྐལ་བ་དང་འཚམས་པ། །སྙིང༷་པོ༷་ཙམ་ཞིག་གསུངས་འདི་ཀོ །མགོན་དམར་རྐང་གླིང་ཅན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། བདུད་དང་སྲིན་པོ་མུ་སྟེགས་ཀུན། །འཇོམས་བྱེད་དྲག་ཤུལ་རིག་སྔགས་མཆོག །ལྷ་མོ་ཙཎྜི་ ཀཱར་བཏུད་ནས། །སྒྲུབ་ཐབས་མདོ་ཙམ་བཤད་པར་བྱ། །བདག་བསྐྱེད་ཡི་དམ་མམ། ཡེ་ཤེས་མགོན་པོ་ལ་བརྟེན་ནས། སྭ་ བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རཀྟའི་རྒྱ་མཚོའི་དབུས་སུ། ཀེང་རུས་ཀྱི་རི་རབ་དེའི་ སྟེང་དུ། དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ལ་པད་ཉིའི་གདན། དེའི་སྟེང་དུ་ སྐད་ཅིག་གིས་སམ་བྷྱོཿལས་ལྷ་མོ་ཙཎྜི་ཀཱ་ནག་མོ་སྐུ་ལུས་ཅུང་ཟད་སྐེམ་ཞིང་གྲིམ་པ། ཕྱག་ གཡས་གཉིས་ན་གྲི་གུག་དང་ཏྲི་ཤུ་ལ། གཡོན་གཉིས་ན་མདའ་གཞུ་དང༌། སྡང་དགྲའི་མགོ་ བོ་བཅད་ནས་ཁྲག་ལྡག་པ། སྤྱན་གསུམ་པ། སྐྲ་གྲོལ་བ། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་ གྱི་དོ་ཤལ་སྙིང་གི་འཕྲེང་བ་དང་བཅས་པ། སྦྲུལ་ནག་གིས་བརྒྱན་པ། གཡས་བསྐུམ་གཡོན་ བརྐྱང་བས་བམ་ཆེན་བསྣོལ་བའི་གདན་ལ་བཞུགས་པ། དེའི་གཡས་གཡོན་དུ་རོ་ལངས་ ནག་པོ། གཅེར་བུ་ལིང་ག་གྱེན་དུ་བསྒྲེང་བ། གཡས་དབྱུག་པ་དང༌། གཡོན་བསྒྲུབ་བྱའི་རྐང་ ལག་ཟ་བ་གཉིས་དང་བཅས་པའོ། །ཡེ་ཤེས་པ་སྤྱན་འདྲེན། གནས་གསུམ་བྱིན་རླབས། དབང་བསྐུར་རྒྱས་བཏབ། མཆོད་བསྟོད་རྣམས་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་སྒྲུབ་ཐབས་སུ་བཤད་པ་ལྟར་བྱ་ལ། བཟླས་པའི་དམིགས་པ་གསལ་བཏབ། ༀ་མཧཱ་ཀཱ་ལི་དེ་ཝཱི་གྲྀཧྞ་བཱ་ལིཾ་ཤཾ་ཏྲུན་ཁ་ཁ་ཁཱ་ཧི་ཁཱ་ཧི། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་ར་ཡ་མཱ་ར་ ཡ། སྥོ་ཊ་ཡ་སྥོ་ཊ་ཡ། བཾ་ཧྲི་ཧཱུཾ་ཕཊ། ཅེས་བཟླས། ཐུན་གྱི་མཐར་གཏོར་མ་འབུལ་ཚུལ་ཡང་ཡེ་ཤེས་མགོན་པོའི་ སྒྲུབ་ཐབས་བཞིན་ལས། གཏོར་སྔགས་དངོས་ནི། སྙིང་པོའི་མཐར། ཨི་དཾ་བཱ་ལིཾ་ཏཾ་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མཧཱ་ རཀྟ་ཁཱ་ཧི། མཧཱ་མཾ་ས་ཁཱ་ཧི། ཞེས་བརྗོད། འདིའི་བསྙེན་པའི་སྐབས་སྤྱིར་དམ་རྫས་ཚོགས་པ་གལ་ཆེ་ཞིང་ཁྱད་པར་ ཐུན་རེ་བཞིན་གཏོར་མ་རཀྟ་དང་བཅས་པ་མེད་དུ་མི་རུང་ངོ༌། ། 15-1-580 འདིའི་རྗེས་གནང་བྱ་བར་འདོད་ན། མཎྜལ་གྲུ་བཞིའི་དབུས་སུ། གྲུ་གསུམ་ཕྱི་ནང་རིམ་པ་གསུམ་པ་ཞིག་བྱ། དབུས་སུ་གྲི་ གུག་བྲིས་ལ་ཁྲག་གི་ཐིག་ལེ་འགོད། གཉིས་པ་ལ་མདའ་གཞུ་དང༌། གསུམ་པ་ལ་ཏྲི་ཤུ་ལའི་འཕྲེང་པ་འགོད། དེའི་སྟེང་དུ་མཉྫི་ལ་ གཏོར་མ་གྲུ་གསུམ་མཐེབ་ཀྱུས་བསྐོར་བ་གཏོར་སྣོད་ཆང་དང་རཀྟས་བཀང་བར་བཞག འབུལ་གཏོར་སྙིང་སྤུངས་པའི་གཟུགས་ ལ་ཁྲག་བླུགས་པ་ཞིག་མདུན་དུ་བཀོད། མཆོད་པ་བཤམ། བདག་བསྐྱེད་མདུན་བསྐྱེད་བཟླས་པ་གཏོར་འབུལ་དང་བཅས་པ་ བྱས་ལ། སློབ་མའི་བྱ་བ་ནི། མགོན་པོའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཉིད་འདོན་པ་སྤོས་པས་རུང་བ་ལ། གསོལ་བཏབ་ཀྱི་ ཚེ། ལྷ་མོའི་དབང་བསྐུར་ཞེས་བསྒྱུར་ཞིང༌། དབང་བསྐུར་རྒྱས་གདབ་མི་དགོས། བཀའ་བསྒོའི་སྐབས་ཙཎྜི་ཀཱའི་སྤྱི་ བོར་མགོན་པོ། དེའི་དབུ་གཙུག་ཏུ་ཡི་དམ་སོགས་གསལ་འདེབས། མཐར་གཏོར་མའི་ཆ་ཤས་དང༌། རཀྟ་དང༌། ནང་མཆོད་བསྲེས་པའི་ཐིག་ལེ་སློབ་མའི་ལྕེ་ལ་འཇོག་པ་རྣམས་ཁྱད་པར་རོ། །རྗེས་ཀྱི་སྐབས་ཡེ་ཤེས་པ་བཏེག་སྟེ་གཏོར་མ་ཆེ་ བ་ཡང་འབུལ། གཞན་རྣམས་འདྲའོ། །ཀུན༷་ནས་སྲིན་པོ་འདུལ་བར་གྲགས། །དྲག་པོའི་ལས་ལ་རབ་དག༷འ་ལ། །ཐོགས་མེད་ མཐུ་ལྡན་འདིའི་སྒྲུབ་ཐབས། །སྙིང༷་པོ༷་ཙམ་ཞིག་བསྡུས་པ་ཡིན། །མགོན་པོ་ཕྱག་བཞི་པའི་འཁོར་ལྷ་མོ་ཙཎྜི་ཀཱའི་དགོས་སྒྲུབ་ དང་འབྲེལ་བའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ཕྱག་བཞི་ནག་པོ་ཆེན་པོ་ལ། །གུས་པས་བཏུད་ནས་ཐོད་ནག་སོགས། །དྲག་ལས་ཀུན་ལ་ཉེར་ འཁོ་བའི། །ལས་མགོན་སྒྲུབ་ཐབས་གཏོར་དབང་བཤད། །བདག་ཉིད་ཡི་དམ་ཁྲོ་བོ་ཆེན་པོའི་རིགས་གང་ཡང་རུང་བའམ། ཡེ་ ཤེས་མགོན་པོའི་བདག་བསྐྱེད་ལ་གནས་པས་ཀྱང་རུང་སྟེ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ ཡིག་ལས་བྱུང་བའི་བསྲུང་འཁོར་གྱི་ནང༌། རང་གི་མདུན་དུ་ཞིང་གསར་རྙིང་ཐོད་པ་སྐམ་རློན་ ཀེང་རུས་སྔོ་སྐྱ་སྦྲུལ་གདུག་པ་རྣམས་བརྩེགས་པའི་གཞལ་ཡས་ཁང་ཟུར་གསུམ་པ་ཡངས་ ཤིང་རྒྱ་ཆེ་བ། དེའི་ནང་གི་སྟེང་སྤྲིན་ནག་འཁྲིགས་པ། གློག་དང་མེ་ལྕེ་འབར་བས་བརྒྱན་ པ། འབྲུག་སྒྲ་མི་བཟད་པ་སྒྲོག་པ། གནམ་ལྕགས་འབར་བ་འཆར་བཞིན་འབབ་པ་དང༌། མེའི་སེར་བ་རྡོ་རྗེའི་དབྱིབས་ཅན་འདྲེས་པར་འབབ་པ། ཕྱོགས་ཐམས་ཅད་ཀྱང་བསྐལ་པའི་ མེ་ཆེན་པོ་འཚུབ་ཅིང་འཁྱིལ་བ། འོག་གཞི་ཐམས་ཅད་ཞིང་གི་ལྷུ་དུམ་དང༌། མཾ་ས་འཆོལ་ 15-1-581 བའི་ས་གཞི་ལ་ཁྲག་ཆེན་གྱི་ལྟེང་ཀས་བརྒྱན་པ། བྱ་ཤ་ཟན་མཆུ་སྡེར་མ་རུངས་པ་ཅན་དང༌། གཅན་གཟན་ཁྲག་འཐུང་མཆེ་སྡེར་མ་རུངས་པ་ཅན་གྱིས་གང་བས་དུར་ཁྲོད་ཀྱི་གཞལ་ཡས་ ཁང་འཇིགས་ཤིང་ཀྱི་གཡའ་བ། དེའི་དབུས་སུ་པཾ་ལས་ཆུ་སྐྱེས་སྔོ་ནག་འདབ་མ་གསུམ་པ། དེའི་དབུས་སུ་ཧཱུཾ་མཐིང་ནག་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་ བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་ལས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་མིའུ་ཐུང་གི་རྣམ་པ་ཞལ་གཅིག་ཕྱག་གཉིས་ཡན་ལག་ ཐུང་ཞིང་རགས་པ། རྡོ་རྗེ་གནམ་ལྕགས་ཀྱི་མཆུ་དང་ལྡན་པའི་བྱ་རོག་གི་གདོང་ཁྲོ་གཉེར་ བསྡུས་ཤིང་སྤྱན་གསུམ་པ། གཡས་རྡོ་རྗེ་གྲི་གུག་འབར་བའི་མེ་འདྲ་བ་འཕྱར་བ། གཡོན་ ཐོད་ཁྲག་ཐུགས་ཀར་འཛིན་ཞིང་ཞལ་དུ་རྔུབ་པ། སྨ་ར། སྨིན་མ། དབུ་སྐྲ། ཨག་ཚོམ་གྱེན་ དུ་འབར་བ། ཞལ་ཤིན་ཏུ་གདངས་པ་ཁ་རླངས་མེ་རླུང་དུ་འཚུབས་པ། ཁྲག་གི་རྒྱུན་ཆེན་པོ་ འབབ་པ། མཆེ་བ་རྣོན་པོ་གཙིགས་ཤིང་རྔམ་པའི་ང་རོ་སྒྲོག་པ། བརྐྱང་བསྐུམ་གྱི་དོར་སྟབས་ ཅན་དུ་སྦྲུལ་ནག་པོས་བརྒྱན་ཅིང༌། ཐོད་སྐམ་ལྔའི་དབུ་རྒྱན་པ་དང༌། རློན་པ་ལྔ་བཅུའི་དོ་ ཤལ་ཅན། སྐྲ་མཚམས་ནས་རྡོ་རྗེའི་བྱ་ཁྱུང་སྤྲོ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཉི་མ་ འབུམ་གྱི་གཟི་བརྗིད་དང་ལྡན་པ་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང༌། ཞབས་ བརྡབས་པས་དགྲ་བོ་གདུག་སེམས་ཅན་གྱི་མགོ་བོ་འགེམས་པ། འཁོར་ནག་པོ་བྱ་རོག་ གདོང་ཅན་སྟོང་དང༌། ཤ་ཟ་འབུམ། ལྷ་སྲིན་སྡེ་བརྒྱད། སྤྲུལ་པ་མགོ་བརྙན། ཡང་སྤྲུལ་མཆུ་ སྡེར་ཅན་གྱི་འདབ་ཆགས་དང༌། གཅན་གཟན་གདུག་པའི་ཚོགས་དང༌། ཁྱད་པར་གདུག་ པའི་ཀླུ་མཐིང་ནག་སྤུ་གྲི་དང་སྦྲུལ་ཞགས་ཐོགས་པ་སོགས་དཔག་ཏུ་མེད་པས་བསྐོར་བ། གཙོ་བོའི་ཐུགས་ཀར་ཉི་མ་ཟུར་གསུམ་པ་ལ་ཧཱུཾ་སྔོན་པོ་དང༌། རང་གི་སྙིང་གའི་ཧཱུཾ་ལས་འོད་ ཟེར་འཕྲོས་པས། དུར་ཁྲོད་བསིལ་བའི་ཚལ་ནས་ལས་ཀྱི་མགོན་པོ་ནག་པོ་སྟོང་གི་ཚོགས་ 15-1-582 དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོ། ༀ་མཧཱ་ཀཱ་ལ་ཀཱ་ཀ་མུ་ཁ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཤཔྟའི་ བར་གྱིས་མཆོད། ༀ་བཛྲ་མཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བརྗོད་ཅིང༌། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྤྱི་ བོར་གཏུགས་པས་དམ་ལ་བཞག བཟླས་པའི་དམིགས་པ་གསལ་བཏབ་ལ། ༀ་བཛྲ་མཧཱ་ཀ་ལ་གུ་ཎ་ཧྲི་ད་ཧཱུཾ་ཕཊ། ཅེས་པས་མགོ་དྲངས་ཏེ། ༀ་མཧཱ་ཀཱ་ལ་ཏྲཀྴད་ཛཿ ༀ་མཧཱ་ཀཱ་ལ་སིདྡྷི་ཡ་མ་དུ་མ་ཛཿ ༀ་མཧཱ་ཀཱ་ ལ་ཀཱ་ཀ་མུ་ཁ་ཧཱུཾ་ཕཊ། ས་མ་ཡ་སྲོག་དུན་དུན་བྲེང་བྲེང་ཛ་ཛ། དགྲ་བགེགས་གདུག་པ་ཅན་ ཐམས་ཅད་ཀྱི་སྲོག་ལ་ཡ། རུ་རུ་ཙ་ལ་ཡ། མཧཱ་ཀཱ་ལ་ཏྲཀ་སརྦ་ཤཱ་ཏྲུན་མཱ་ར་ཡ་ཕཊ། ཅེས་ཅི་ནུས་ སུ་བཟླས། གཞི་སྙིང་གཅིག་ཏུ་གྲིལ་བའི་སྔགས་ཀྱང་དོན་གྱི་ལས་མགོན་ཉིད་ཀྱི་སྔགས་ཡིན། གཏོར་མའི་ཆོ་ག་ནི། ཡེ་ཤེས་ མགོན་པོའི་སྒྲུབ་ཐབས་ཉིད་ཀྱི་རིགས་འགྲེ་ཞིང་བསྟོད་པ་ནི། རྒྱས་པ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །ཞེས་ སོགས་སམ། བསྟོད་ཐུང་ཤོ་ལོ་ཀ་གཅིག་པས་བསྟོད་ཀྱང་རུང༌། འདི་ཉིད་སློབ་མ་རྗེས་འཛིན་གྱི་བྱ་བ་ནི། སྔོན་འགྲོ་ཡེ་ཤེས་ མགོན་པོའི་སྐབས་དང་འདྲ། དངོས་གཞི་སློབ་དཔོན་ཡི་དམ་གྱི་ངོ་བོ། སློབ་མ་ཡེ་ཤེས་ཀྱི་མགོན་པོར་བསྐྱེད། མདུན་གྱི་གཏོར་མ་ ལས་ཀྱི་མགོན་པོར་བསྐྱེད་ལ་སྤྱན་འདྲེན་བྱ། དེ་ནས་སྔགས་ཀྱི་བཟླས་ལུང་སྦྱིན། གཏོར་མ་ལག་ཏུ་གཏད་ནས་བཀའ་བསྒོ་བྱེད་ པ་ཡིན། འདིའི་གཏོར་དབང་ཁོ་ན་བྱེད་ན། ཡེ་ཤེས་མགོན་པོའི་སྐབས་ཀྱི་དེ་ཉིད་འདོན་པ་སྤོས་ཀྱང་རུང༌། བཅའ་གཞི་ཇི་ལྟར་ བྱེད་ཚུལ་ནི། ཆོས་འབྱུང་གྲུ་གསུམ་མཐིང་ནག་མེ་རི་ཅན། དབུས་སུ་ལྷ་མཚན་གྲི་གུག་ཡོད་པ་ཞིག་བྱ། དེའི་སྟེང་དུ་དམར་གཏོར་ གྲུ་གསུམ། མདུན་དུ་འབུལ་གཏོར་གྲུ་གསུམ་གསུམ་བསྒྲིགས་གཅིག མཐའ་མཆོད་པས་བསྐོར། དབུས་ཀྱི་དམར་གཏོར་ཆེན་པོ་ དེ་ལ་མདའ་དར་འཛུགས་ཤིང༌། ཙ་ཀ་ལི་ཡོད་ན་འདོགས། རྗེས་ཆོག་གི་ཚེ། ཡེ་ཤེས་པ་བཏེག་ནས་གཏོར་མ་དེ་ཉིད་ཀྱང་འབུལ་ ལོ། །མངོན་སྤྱོད་སྦྱོར་བས་དགྲ་བགེགས་ཀུན༷། །འཛོམས་མཛད་ལས་ལ་དག༷འ་བའི་ལྷ། །གང་དེའི་སྒྲུབ་ཐབས་རྗེས་གནང་གི ། མན་ངག་སྙིང༷་པོ༷་གསལ་པོར་བཀོད། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་དགོས་སྒྲུབ་དང་འབྲེལ་བའི་སྒྲུབ་ཐབས་ཀྱི་ལེ་ ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ཁྲག་འཐུང་དཔལ་གྱི་ཕོ་ཉ་མཆོག །གུར་གྱི་མགོན་པོ་ལྕམ་དྲལ་ལ། །བཏུད་ནས་གཏོར་ཆོག་རྗེས་ 15-1-583 གནང་གི །ཆོ་ག་ཉུང་ངུ་རྣམས་གསལ་བྲི། །མདུན་དུ་ཁ་ཟས་བཟང་དགུ་ལས་གྲུབ་པའི་གཏོར་མ་ཤ་ཁྲག་གིས་བརྒྱན་པ་བཤམ། དེའི་མདུན་དུ་མཆོད་པ་བཀོད་ལ། བདག་བསྐྱེད་ཧེ་རུ་ཀའི་རིགས་སམ། ཁྲོ་བོའི་རྒྱལ་པོ་གང་ཡང་རུང་བ་ཞིག་བསྒོམས་ནས། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། གཏོར་མའང་ཡི་དམ་གང་བྱེད་དེ་ཉིད་ཀྱི་ཆོ་ག་ལྟར་རམ། བླ་མེད་སྤྱི་འགྲོའི་ བྱིན་རླབས་བསྡུས་པ་གང་འཐད་བྱ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁའི་ གནས་སུ། དུར་ཁྲོད་ཆེན་པོའི་དབུས་ན་དགྲ་བགེགས་མནན་པའི་སྟེང་དུ་པཾ་ལས་པདྨ། རཾ་ ལས་ཉི་མའི་སྟེང་དུ་ཧཱུཾ་མཐིང་ནག་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནག་པོ་ཆེན་པོར་དུས་ཀྱི་མུན་པ་ ལྟ་བུའི་སྐུ་མདོག་ཅན་ཆེ་ཞིང་ཆེར་འབར་བ། ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་གཡོན་ ཐོད་པ་ཁྲག་གིས་གང་བ། ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཆར་གྱི་དབུས་ན་ རྣམ་འཕྲུལ་གྱི་གཎྜེ་བསྣམས་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། དབུ་ སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་ བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པས་ཤམ་ ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་ཀླུབས་པ། མིའུ་ཐུང་གེལ་བའི་ འདུག་སྟངས་ཀྱིས་རོའི་སྟེང་ན་བཞུགས་པ། དེའི་གཡས་ན་བྱ་ནག གཡོན་ན་ཁྱི་ནག རྒྱབ་ན་ ལྕགས་སྤྱང༌། མདུན་ན་མི་ནག སྟེང་ན་ནམ་མཁའ་ལྡིང་གི་སྤྲུལ་པའི་ཕོ་ཉ་འཕྲོ་བ། མི་བསྐྱོད་ པའི་དབུ་བརྒྱན་ཅན། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། འཁོར་ལས་ བྱེད་སྤྲུལ་པ་ཡང་སྤྲུལ་སྡེ་བརྒྱད་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་བའོ། །དེའི་གཡོན་དུ་ ཏྲག་ལས་ཨེ་ཀ་ཛ་ཊི་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་ བུམ་པ་ཐུགས་ཀར་འཛིན་པ། དར་དཀར་གྱི་ན་བཟས་སྟོད་གཡོགས་པ། སྟག་གི་པགས་ པའི་ཤམ་ཐབས་ཅན། རལ་པ་ལན་བུ་གཅིག་ཏུ་གྱུར་ནས་གཡོན་དུ་འཕྱང་བ། ཁྲོ་མོའི་རྣམ་ 15-1-584 པ་ཅན། དེའི་ལྟོ་བ་ཡངས་པའི་ནང་དུ་ཏྲཀ་ལས་ཁྲག་གི་རྒྱ་མཚོའི་དབུས་སུ་བྷྱོཿལས་དཔལ་ ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་བོང་བུ་གྭ་པ་ལ་ཞོན་པ། སྐུ་མདོག་སྔོ་ནག ཞལ་ གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་ཐོད་པ་ཁྲག་གིས་གང་བ། གཡོན་གྱི་དང་པོ་ན་མདུང༌། གཉིས་པ་ན་རྩེ་གསུམ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་ དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན་རུས་པའི་རྒྱན་དྲུག་དང་ལྡན་པ། གླང་པོ་ཆེའི་ཀོ་བས་ སྟོད་གཡོགས་ཤིང༌། བ་ལང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ཅན། ཀླུའི་ དབང་པོའི་སྐེ་རགས་བཅིངས་པ་སྤྱན་གསུམ་དང་ལྡན་ཞིང༌། མི་རོ་རེངས་པ་ཁར་བཅུག་ནས་ མཆེ་བ་གཙིགས་པ། སྙན་གཡས་པ་ལ་དུག་སྦྲུལ་དང༌། གཡོན་པ་ལ་སེང་གེས་བརྒྱན་པ། སྐུ་ ལ་ཁྲག་གི་ཐིག་ལེ་དང་ཞག་གི་ཟོ་རིས་དང་ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ཤིན་ཏུ་རིད་ཅིང་ ལྟེ་བའི་ཐད་ཀ་ནས་ཉི་ཟླ་འཆར་བ། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེའི་དབུས་ན་ཧཱུཾ་དང་བྷྱོའི་ སྒྲ་སྒྲོག་པ། ལྕམ་དྲལ་གཉིས་ཀའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་ འོད་འཕྲོས་འོག་མིན་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་མགོན་པོ་དང༌། རང་བཞིན་ གྱི་གནས་ནས་ལྷ་མོ་སྤྱན་དྲངས་པར་མོས། རྡོར་དྲིལ་འཛིན་པས། མགོན་པོ་ལྕམ་དྲལ་གནས་ འདིར་གཤེགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ ཡང༌། །ཤཱཀྱའི་བསྟན་པ་བསྲུང་བ་དང༌། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་ འདི་ཉིད་དུ་གཤེགས་སུ་གསོལ། །ༀ་ཤྲཱི་མཧཱ་ཀ་ལཱ་ཡ། མཧཱ་ཀཱ་ལི་དེ་བཱི་ཨེ་ཧྱེ་ཧི། ཛཿཧཱུཾ་བཾ་ ཧོཿ པདྨ་ཀ་མ་ཡ་སྟྭཾ། ༀ་ཤྲཱི་མཧཱ་ཀ་ལཱ་ཡ། མཧཱ་ཀ་ལི་དེ་ཝི་ཡེ། གྲྀཧྞ་དཾ་ཨརྒྷཾ་སྭཱཧཱ་ནས། ཤཔྟའི་ བར་གྱིས་མཆོད། ཐལ་མོ་ཁོང་སྟོང་དུ་སྦྱར་བ་མགོན་པོའི་དམ་ཚིག་གི་ཕྱག་རྒྱ། ཐལ་མོའི་སོར་མོའི་རྩེ་མོ་བསྣོལ་བ་ལྷ་མོའི་དམ་ རྒྱའོ། །ༀ་མཧཱ་ཀཱ་ལ་ཡ། མཧཱ་ཀ་ལི་དེ་ཝི་ཡེ། ས་མ་ཡ་སྨ་ར་ས་མ་ཡ། མ་ཏི་ཀྲ་མ་ཡ། ས་མ་ཡ། རཀྵནྟུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ 15-1-585 ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་ པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུ་བསྟན་པ་དང༌། བསྟན་ པ་འཛིན་པ་རྣམས་དང༌། རྣལ་འབྱོར་བ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་ བ། ལམ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་ རྣམས་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདུལ་བར་མཛད་དུ་གསོལ། གལ་ཏེ་ཞི་བས་འདུལ་དུ་མ་འཚལ་ན། གང་ལ་གང་འཚམས་པའི་ཆད་པས་བཅད་པ་དང༌། བསྐྲད་ཅིང་གཟིར་བ་དང༌། དབྱེ་བ་དང༌། སྡིགས་ཤིང་སྤ་སྐོང་བར་མཛད་དུ་གསོལ། མདོར་ ན་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་བ་དང༌། བསམ་སྦྱོར་ཆོས་དང་མཐུན་པ་ཡིད་ བཞིན་དུ་འགྲུབ་ཅིང༌། བསྟན་པ་དང༌། བསྟན་པ་འཛིན་པ་དང༌། འཇིག་རྟེན་པ་ཀུན་དར་ཞིང་ རྒྱས་པར་མཛད་དུ་གསོལ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ༀ་མཧཱ་ཀཱ་ལཱ་ཡ། མཧཱ་ཀཱ་ལི་དེ་ཝི་ཡེ། ན་ མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲྀཧྞ་དཾ་ བཱ་ལིཾ་ཏཾ་ཡེ་སྭཱཧཱ། གོང་ལྟར་མཆོད། ཕུད་གཏོར་ཞིང༌། ༀ་ཤྲཱི་མཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧ་རི་ཎེ་ཨེ་ཥ་ པཉྩི་མ་ཀ་ལོ། ཨ་ཡཾ་ཨི་དཾ། རཏྣ་ཏྲ་ཡཱ་པ་ཀ་རི་ཎེ། ཡ་ཏི་པྲ་ཏི་ཛྙཾ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མི་ ཀེ་ན་ཧཱུཾ་ཕཊ། ༀ་རོ་རུ་རོ་རུ་བི་ཏིཥྛ་བ་ཏོ་སི་ཀཱ་མ་ལ་རཀྵ་སི་ཧཱུཾ་བྷྱོཿཧཱུཾ། ཧཱུཾ། སྲིན་པོའི་གཟུགས་ ཀྱིས་གདུགས་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་གསུམ་བརྩེགས་ འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པ་གདུག་པའི་ཁྲག་བཀང་སྣོད། །ཐོད་ འཕྲེང་ཅན་ལ་བདག་བསྟོད་དོ། ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་ 15-1-586 མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་ དོ། །དཔལ་ལྡན་མགོན་པོ་མཧཱ་ཀཱ་ལ་ཡ། །ལྷ་ཆེན་དཔལ་འབར་ནག་པོ་མཐུ་བོ་ཆེ། །མཧཱ་དེ་ བའི་སྲས་པོ་དྲག་ཤུལ་ཅན། །ཚོགས་བདག་ཆེན་པོ་མཧཱ་ཀཱ་ལ་ཡ། །ལེགས་ལྡན་ནག་པོ་གྲོང་ ཁྱེད་སུམ་བརྩེགས་དགྲ། །བསྟན་པ་ཡོངས་ཀྱི་སྲུང་མ་ནག་པོ་ཆེ། །ཆོས་འཁོར་ཡོངས་ཀྱི་ སྲོག་ཤིང་ནག་པོ་ཆེ། །དམ་ཚིག་ཅན་གྱི་དགྲ་ལྷ་ནག་པོ་ཆེ། །འདིར་གཤེགས་རྒྱན་གྱི་གཏོར་ མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམ་བུ་ཏི་བའི་ཞལ་ཟས་ འདི་བཞེས་ཤིག །སྨན་རག་ཕུད་ཀྱི་གཏོར་མ་འདི་བཞེས་ཤི་ག །སྔར་བཅོལ་ལས་ཀྱི་གཏང་ རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་ རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང༌། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་ སོགས། །བདུད་དང་བར་དུ་གཅོད་བྱེད་རྣམས་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་དུ་ གསོལ། །བསྟན་པ་རྒྱས་པའི་ལས་རྣམས་མྱུར་དུ་སྒྲུབས། །ཞེས་དང༌། བྷྱོཿ གང་གི་སྐུ་གསུང་ ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་ བསྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་འདུད། །དཔལ་ལྡན་ལྷ་མོ་ཁྱོད་ཀྱི་སྐུ། །རི་རབ་ ལྷུན་པོ་ལྟ་བུར་བརྗིད། །དབང་པོ་སྔོན་པོ་ལྟ་བུ་འབར། །ཉི་མའི་ཟེར་ལྟར་སྤྲུལ་པ་འགྱེད། ། དབུ་སྐྲ་སེར་པོ་གྱེན་དུ་འབར། །སྤྱན་རྩ་དམར་པོ་ཀློག་ལྟར་འཁྱུག །མི་རོ་ཁར་བཅུག་མཆེ་ བ་གཙིགས། ཁྲག་གིས་གང་བའི་ཐོད་པ་དང༌། །འཇིགས་པའི་མཚོན་ཆས་ཕྱག་རྣམས་བྲེལ། ། མི་མགོ་རིན་ཆེན་རུས་པས་སྤྲས། །ཀླུ་དབང་སེང་གེ་ལྕགས་སྒྲོག་དང༌། ཁྲག་དང་ཞག་གི་ ཐིག་ལེས་བརྒྱན། །ཀོ་རློན་རེ་ལྡེ་གོས་སུ་གྱོན། །བོང་བུ་གྭ་ཞོན་མཚན་མོ་རྒྱུ། །ཤིན་ཏུ་རིད་ ཅིང་མི་སྡུག་མ། །འཇིགས་གཟུགས་མ་ལ་ཕྱག་འཚལ་ལོ། ཁྱོད་ཀྱི་གསུང་གི་ང་རོའི་དབྱངས། ། འབྲུག་སྟོང་ལྡིར་བའི་སྒྲ་སྒྲོག་པས། །ཁམས་གསུམ་མ་ལུས་ཟིལ་མནན་ནས། །ས་གསུམ་ 15-1-587 གཡོ་བར་མཛད་ལ་འདུད། ཁྱོད་ཐུགས་ཞི་ལ་རབ་གཞོལ་ཡང༌། །སྙིང་རྗེའི་དབང་གིས་སྲིད་ ལ་བཞུགས། ཁྲོ་དང་འཁྲུགས་དང་རྔམ་པ་ཡིས། །བདུད་དཔུང་ངེས་པར་འཇོམས་ལ་འདུད། ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །འདིར་གཤེགས་སོགས་ཀྱིས་བསྟོད་ཅིང་འཕྲིན་ལས་ གཞོལ། འོག་ནས་འབྱུང་བའི་རྗེས་ཀྱི་བྱ་བ་རྣམས་བྱའོ། ། རྗེས་གནང་བྱེད་པར་འདོད་ན། བླ་མེད་ཀྱི་དབང་བསྐུར་ཐོབ་པའི་སློབ་མ་ལ། ཉེར་དགུ་ལ་སོགས་པའི་དུས་ཁྱད་པར་ ཅན་ལ་ཡོ་བྱད་ཚོགས་པར་བྱས་ནས། མདུན་དུ་མགོན་པོའི་བྲིས་སྐུ་བཀྲམ། རྟེན་གཏོར་གྲུ་གསུམ་ནོར་གཟུགས་མ་མཉྫིའི་སྟེང་ དུ་བཀོད། འབུལ་གཏོར་མདུན་དུ་བཤམས། མཆོད་པ་ཅི་བདེར་བསྒྲིགས། མཎྜལ་ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ་གཏོར་མ་ འགོད་པའི་ལུགས་ཀྱང་ཡོད། སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་དང༌། ནང་མཆོད་བྱིན་རླབས་བྱས་ཏེ། ཀྱཻ་རྡོ་རྗེ་ ལྟ་བུ་ཧེ་རུ་ཀའམ། རྡོ་རྗེའི་རིགས་ཀྱི་ཁྲོ་བོ་གང་རུང་ཞིག་གི་བདག་བསྐྱེད་སྔོན་དུ་འགྲོ་བས། གོང་བཞིན་གཏོར་ཆོག་རྫོགས་པར་ བྱས་ལ། སློབ་མའི་རྒྱུད་བྱིན་གྱིས་བརླབས་པའི་དོན་དུ་བཟླས་པ་ཡང་ཅི་འགྲུབ་བྱེད། དེ་ཡང་ༀ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ཉེ་ སྙིང་དང༌། ༀ་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། སྙིང་པོ། ཤཱ་ས་ན། རྩ་སྔགས་ཏེ་དེ་ལྟར་གསུམ་དང༌། ལྷ་མོའི་སྙིང་ པོ་རྣམས་སོ། །དེ་རྗེས་མཁའ་འགྲོ་སྤྱི་གཏོར་སོགས་བཏང༌། དེ་ནས་རྗེས་གནང་དངོས་ཀྱི་བྱ་བ་ནི། ཐུན་མོང་དང༌། ཐུན་མོང་ མ་ཡིན་པ་ཕྱག་མཚན་གཏད་པ་གཉིས་ཡོད་ཅིང༌། ཕྱི་མའང་དང་པོ་སྔོན་དུ་འགྲོ་བ་ཅན་ཡིན་པས། ཐོག་མར་དང་པོ་ཉིད་བརྗོད་ པར་བྱའོ། །དེ་ཡང་མཚན་ཉིད་དང་ལྡན་པའི་སློབ་མ་ཁྲུས་སྔོན་དུ་འགྲོ་བས་ཕྱག་བྱ། གྲལ་ལ་འཁོད། མཆོད་གཡོག་པས་མེ་ ཏོག་བཀྲམ་ཞིང་ཕྱེད་བསྡུས་ལ་མཎྜལ་དབུལ་ཞིང༌། ཕྱེད་སློབ་མའི་སྙིམ་པར་མེ་ཏོག་དང་བཅས་པས་འདུག་པ་ལ། སློབ་དཔོན་ གྱིས་སེམས་ཅན་གྱི་དོན་དུ་སྐུ་བཞིའི་དབང་ཕྱུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ། དེ་སྒྲུབ་ པའི་ལམ་གྱི་བར་ཆད་བསལ་བའི་ཕྱིར། རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་རྗེས་སུ་གནང་བ་ ཞུ་སྙམ་པའི་འདུན་པ་སྔོན་དུ་བཏང་འཚལ། དེ་ཡང་འཕགས་མ་མཁའ་འགྲོ་མ་རྡོ་རྗེ་གུར་ ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་ལེའུ་བཅོ་ལྔ་པ་དང༌། རྡོ་རྗེ་གདན་བཞིའི་རྒྱུད་རྒྱས་པ་ལས་བྱུང་ ཞིང༌། བྲམ་ཟེ་མཆོག་སྲེད་ལ་སོགས་པའི་གྲུབ་པ་ཐོབ་པ་རྣམས་ལས་བརྒྱུད་དེ། དཔལ་ས་སྐྱ་ 15-1-588 པ་ཁུ་དབོན་ལ་སོགས་པའི་བླ་མ་རྣམས་ཀྱི་མན་ངག་གིས་བརྒྱན་ཏེ། ཕྱག་ལེན་དང་ཐུགས་ དམ་མཛད་པའི་དཔལ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་རྗེས་སུ་གནང་བ་སྒྲུབ་པ་འདི་ལ་ གསུམ་སྟེ། སྔོན་དུ་འགྲོ་བ་ཕྱི་ནང་གི་མཁའ་འགྲོ་ལྔ་མཉེས་པར་བྱ་བ། བྱིན་རླབས་ལྡན་པའི་ རྗེས་གནང་དངོས། སློབ་དཔོན་གྱི་རྗེས་བསྡུ་བའི་རིམ་པ་རྣམས་སོ། །དང་པོ་ནི། དཀྱིལ་འཁོར་སྒྲུབ་ པ་དང་མཆོད་པའོ། །གཉིས་པ་རྗེས་སུ་གནང་བ་ལ། སྔོན་དུ་འགྲོ་བ་དང༌། དངོས་གཞི། མཇུག་གི་ཆོས་གསུམ། དང་པོ་སྔོན་འགྲོ་ ལ་ལྔ། མཎྜལ་འབུལ་ཞིང་གསོལ་བ་བཏབ་པ། རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་པ། རིགས་ལྔའི་སྡོམ་པ་བཟུང་ བ། ཁྱད་པར་ཅན་གྱི་དོན་ཞུ་བ། བྱིན་རླབས་ཀྱི་ལུས་ཀྱི་གཞི་སྤྲུལ་པའོ། །དང་པོ་ལ། ཐོག་མར་མཎྜལ་འབུལ་བར་ ཞུ། ཞེས་བརྗོད། སློབ་མས་མཎྜལ་འབུལ། དེ་ནས་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད་ཅིག གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་ སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་མཆོག་ལ་ གསོལ་བ་འདེབས། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམས་འཇོམས་ པ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོའི་བདག་ལ་བཀའ་དྲིན་སྩོལ། ཁྱོད་ ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་མཐུ་ ཆེན་གྱིས། །བློ་མཆོག་བདག་ལ་སྣང་བར་མཛོད། ཅེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། གཉིས་ པ་རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་པ་ནི། འདིའི་རྗེས་ཟློས་མཛོད་ཅིག་བྱས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་བྱས་ནས། གསུམ་པ་རིགས་ལྔའི་སྡོམ་ པ་བཟུང་བ་འདིའི་རྗེས་ཟློས་མཛོད་ཅིག་བྱས་ལ། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། ། ཞེས་བྱ་བ་ལ་སོགས་པ་ལན་གསུམ་བྱ། བཞི་པ་ཁྱད་པར་ཅན་གྱི་དོན་ཞུ་བ་ནི། དུས་གསུམ་སངས་ རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་གྱུར་པ། བླ་མ་དམ་པ་རིན་པོ་ཆེས་བདག་ ལ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཤིང༌། 15-1-589 རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ། ལྔ་པ་བྱིན་རླབས་ཀྱི་ལུས་གཞི་སྤྲུལ་པ་ནི། སློབ་དཔོན་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག ཞབས་བཞི་པ། ཡུམ་རྡོ་རྗེ་ བདག་མེད་མ་དང་མཉམ་པར་སྦྱོར་བ་ཡིན་སྙམ་དུ་མོས། མདུན་གྱི་ནམ་མཁར་བཅོམ་ལྡན་ འདས་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། བླ་མ་བརྒྱུད་པ་སངས་རྒྱས་དང༌། བྱང་ཆུབ་སེམས་ དཔའ་བསམ་གྱིས་མི་ཁྱབ་པ་དང༌། མདུན་ན་ཡོད་པའི་གཏོར་མ་དང༌། སྐུ་འདི་དག་དུར་ཁྲོད་ ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་པདྨ་དང་ཉི་མ་རོའི་སྟེང་ན་གནས་པའི་རྡོ་རྗེ་ནག་ པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ། དུར་ཁྲོད་ན་གནས་ པའི་ཕྱོགས་སྐྱོང༌། ཞིང་སྐྱོང༌། མཁའ་འགྲོ། ཤ་ཟ། ལྷ་སྲིན་སྡེ་བརྒྱད། དྲེགས་པ་ཕོ་རྒྱུད་མོ་ རྒྱུད། སྤྲུལ་པ་འབུམ་དང་ཡང་སྤྲུལ་བྱེ་བ། གནས་གསུམ་མཁའ་འགྲོའི་ཚོགས་དང་བཅས་ པ་རྣམས་སྐུ་གཟི་བརྗིད་ཕུན་སུམ་ཚོགས་ཤིང༌། གསུང་ཧཱུཾ་དང་བྷྱོའི་སྒྲ་འབྲུག་ལྟར་སྒྲོགས་ ཤིང༌། ཐུགས་བདེ་གསལ་གྱི་ངང་ལས་བསྟན་པ་བསྲུང་བའི་ལས་ལ་བརྩོན་པར་མངོན་སུམ་ དུ་མདུན་འདི་ན་བཞུགས་སྙམ་དུ་མོས་པ་བྱེད་འཚལ། དེ་ནས་བླ་མ་ཧེ་རུ་ཀར་དམིགས་པའི་ ཐུགས་ཀ་ནས་འོད་ཟེར་བྱུང༌། མདུན་བསྐྱེད་ཆོས་སྐྱོང་གི་ཐུགས་ཀར་ཕོག ཐུགས་བརྒྱུད་ བསྐུལ་ཏེ། ཐུགས་ཀ་ནས་ཧཱུཾ་སྔོན་པོ་གཅིག་འཕྲོས། ཤངས་ནས་ཐོན་ཏེ་ཁྱེད་རང་རྣམ་པའི་ ལུས་ལ་གཡས་བསྐོར་དུ་ལན་གསུམ་བསྐོར་ནས་ཁ་ནས་ཞུགས། སྙིང་གར་ཉི་མའི་གདན་ གཅིག་བསམས་པའི་སྟེང་དུ་གནས། དེ་ལས་འོད་འཕྲོས། ལས་དང་ཉོན་མོངས་པ་དང་ ཐམས་ཅད་དང༌། རྣམ་སྨིན་གྱི་ཕུང་པོ་ཆེན་པོ་ཡེ་ཤེས་ཀྱི་མེས་བསྲེགས། ཧཱུཾ་དེ་ཡང་ཞབས་ ཀྱུ་ཁོག་པ་ལ་ཐིམ། ཁོག་པ་མགོ་བོ་ལ་ཐིམ། མགོ་བོ་ཐིག་ལེ་ལ་ཐིམ། ཐིག་ལེ་ནཱ་ད་ལ་ཐིམ། དེ་མེ་ལོང་ལ་ཧས་བཏབ་པ་བཞིན་ཡལ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་ དུ་བསམ། སྟོང་པའི་ངང་ལས་དགྲ་བགེགས་མནན་པའི་སྟེང་དུ། ཞེས་པ་སོགས་གོང་བཞིན་གསལ་ 15-1-590 བཏབ། གཉིས་པ་དངོས་གཞི་ནི། དེ་ལྟ་བུའི་སྔོན་འགྲོ་སྔོན་དུ་སོང་ནས། རྗེས་གནང་དངོས་ ལ་གསུམ། སྐུའི་རྗེས་གནང༌། གསུང་གི༴ ཐུགས་ཀྱི༴ ཐོག་མར་སྐུའི་རྗེས་གནང་གི་དོན་ དུ་གསོལ་བ་གདབ་པའི་རྗེས་ཟློས་མཛོད་ཅིག སངས་རྒྱས་ཀུན་གྱི་སྐུ་རྡོ་རྗེ། །ད་ལྟ་ཉིད་དུ་ བདག་ལ་སྩོལ། །ཞེས་ལན་གསུམ་དུ་གསོལ་བ་གདབ། མོས་གུས་ཁྱད་པར་ཅན་བྱས་པས། བླ་མ་ཧེ་རུ་ ཀར་དམིགས་པའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། མདུན་གྱི་ཆོས་སྐྱོང་ ལ་ཕོག་སྟེ་ཐུགས་རྒྱུད་བསྐུལ་བས། ཐུགས་ཀའི་ཧཱུཾ་ལས་ཡེ་ཤེས་ཀྱི་མགོན་པོའི་སྐུ་དཔག་ཏུ་ མེད་པ་དང༌། ཡང་འོད་ཟེར་འཕྲོས་པས་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཐུགས་ཀ་ ནས་ཀྱང་ཆོས་སྐྱོང་གི་སྐུ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་པ་ཆེ་བ་རི་རབ་ཙམ་དང་ཆུང་བ་ ཏིལ་གྱི་འབྲུ་ཙམ་ལ་འོད་ཟེར་དུ་མ་འཕྲོ་ཞིང་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོག་པ་བྱོན། ཁྱེད་རང་རྣམ་ པའི་སྨིན་མཚམས་དང༌། ལུས་ཀྱི་སྟོད་སྨད་བར་གསུམ་དུ་ཐིམ། ཡང་འོད་ཟེར་འཕྲོས་རང་ བཞིན་གྱི་གནས་ནས་ལྷ་མོ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ལ་ཐིམ། གཞན་ཡང་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ལ། མགོན་པོ་ལྕམ་དྲལ་གྱི་སྐུའི་རྣམ་པར་གྱུར་ནས་ཆར་ཆེན་པོ་བབས་པ་བཞིན་ལུས་ལ་ཐིམ་ པར་མོས་པ་བྱོས་ཤིག ཅེས་བརྗོད་ལ། གུ་གུལ་དང༌། མགོན་པོའི་སྤོས་ཀྱི་དུད་པ་དང༌། ཨཥྚས་ཐོག་དྲངས་པའི་སྙིང་ པོ་དང༌། ཤཱ་ས་ན་དང༌། རོ་རུ་ལན་གསུམ་གྱི་བར་ལ་རོལ་མོ་དཀྲོལ་ལ། དྲག་ཏུ་བྱིན་དབབ། དེའི་སྐུའི་རྗེས་གནང་ གྲུབ་ཅེས་བརྗོད། གཉིས་པ་གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པའི་རྗེས་ཟློས་མཛོད་ཅིག སངས་རྒྱས་ཀུན་གྱི་གསུང་རྡོ་རྗེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། ཞེས་ལན་གསུམ། བླ་མ་ཧེ་རུ་ ཀར་དམིགས་པའི་ཐུགས་ཀའི་སྔགས་ཀྱི་གསེབ་ན་ཤཱ་ས་ན་ལ་སོགས་པ་སྔགས་གསུམ་ཡོད་ པར་བསམ། མདུན་བསྐྱེད་ཀྱི་ནག་པོ་ཆེན་པོའི་ཐུགས་ཀ་ནས་པདྨ་དང་ཉི་མའི་སྟེང་དུ་རྡོ་རྗེ་ 15-1-591 སྔོན་པོ་རྩེ་ལྔ་པ་ལྟེ་བར་ཉི་མའི་སྟེང་དུ་ཧཱུཾ་གིས་མཚན་པ། དེའི་མཐའ་མར་ༀ་ཤྲཱི་མཧཱ་ཀཱ་ལ་ ཞེས་སོགས་རྫོགས་པར་བརྗོད་ལ། ཕཊ་སྭཱཧཱ། ཞེས་པའི་སྙིང་པོ་དང༌། དེའི་ཕྱི་ནས་ༀ་ཤྲཱི་མཧཱ་ཀཱ་ལ་ཡ། ཤཱ་ ས་ན་སོགས་རྫོགས་པར་བརྗོད་ལ། ཕཊ་ཅེས་པའི་རྩ་སྔགས་དང༌། དེའི་ཕྱི་ནས་ༀ་རོ་རུ་ནས། ཧཱུཾ་བྷྱོཿཧཱུཾ་ཞེས་ པ་རྣམས་ཀྱིས་བསྐོར་ནས་ཡོད་པར་བསམ། ཁྱེད་རང་རྣམས་ཀྱང་ཆོས་སྐྱོང་དུ་དམིགས་ པའི་སྙིང་པདྨ་འདབ་བརྒྱད་ལྟར་ཁ་བྱེ་བའི་ནང་དུ། པཾ་ལས་པདྨ། རཾ་ལས་ཉི་མའི་གདན་ལ་ ཧཱུཾ་ཞུ་བ་ལས་རྡོ་རྗེ་སྔོན་པོ་ལྟེ་བ་ལ་ཉི་མའི་སྟེང་དུ་ཧཱུཾ་གིས་མཚན་པ་གཅིག་བསམ། དེ་ནས་ མོས་གུས་བྱས་པས། བླ་མའི་ཐུགས་ཀ་ནས་འོད་འཕྲོས། མདུན་གྱི་ནག་པོ་ཆེན་པོ་ལ་ཕོག་ པས། དེའི་ཐུགས་ཀའི་སྔགས་འཕྲེང་འོད་ཟེར་རབ་ཏུ་འབར་བ་སྒྲ་དང་བཅས་པ་གཅིག་ལས་ གཅིག་ཆད་ཞལ་ནས་འཐོན། ཐུགས་ཀའི་ཧཱུཾ་གི་མཐའ་མར་འཁོད། ལ་ལ་ཧཱུཾ་ལ་ཐིམ། ཡང་བླ་ མ་དང་མདུན་བསྐྱེད་ལས་འོད་ཟེར་འཕྲོས། རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཐུགས་ ཀ་ནས་ཀྱང་རྩ་སྔགས་སྙིང་པོ་རབ་ཏུ་འབར་ཞིང་འབྲུག་གི་སྒྲ་ལྟར་སྐད་སྒྲོག་པ་བསམ་གྱིས་ མི་ཁྱབ་པ་སྤྱན་དྲངས། ཁྱེད་རང་རྣམ་པའི་ཞལ་དུ་ཞུགས། གཞན་ཡང་བླ་མ་དང་མདུན་ བསྐྱེད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསུང་ཡིག་འབྲུའི་རྣམ་པ་ཨཱ་ ལི་ཀཱ་ལིའི་སྔགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་པའང་ཁྱེད་རང་རྣམ་པའི་ཐུགས་ཀའི་ཧཱུཾ་ དང་སྔགས་རྣམས་ལ་ཐིམ། དུད་པ་དང་ལྷ་སྔགས་ཀྱིས་ཐོགས་དྲངས་པའི་སྔགས་ལན་གསུམ་གྱི་བར་ལ་རོལ་མོ་དང༌། དམིགས་པས་དྲག་ཏུ་དབབ། ད་ཁྱེད་རང་རྣམ་པ་འཕྲེང་བའམ། མེ་ཏོག་རེ་ལག་ཏུ་བཟུང༌། རྗེས་སུ་ བཟླས་པའི་ལུང་བླང་བ་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས། མགོན་པོའི་ཐུགས་རྒྱུད་ བསྐུལ་བས། ཐུགས་ཀའི་སྔགས་རྣམས་རེ་རེ་ལས་མར་མེ་གཅིག་ལས་གཅིག་ཆད་པའི་ཚུལ་ དུ་སྒྲ་འོད་དང་བཅས་པས་ཞལ་ནས་ཐོན། ཁྱེད་རང་རྣམ་པའི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུཾ་ གི་མཐའ་མར་སྙིང་པོ་དང༌། རྩ་སྔགས། དེའི་ཕྱིར་རོ་རུ། དེའི་རིམ་པས་སྔགས་སྔ་མ་རྣམས་ 15-1-592 ལ་ཐིམ་ཞིང་འཁོར་བར་བསམས་ལ། རྗེས་ཟློས་ལན་གསུམ་བགྱིད་པའི་དང་པོ་དམ་ཚིག་ པའི་ཚུལ་དང༌། གཉིས་པ་ཡེ་ཤེས་པའི་རྣམ་པ། གསུམ་པ་དམ་ཚིག་པ་ལ་ཡེ་ཤེས་པ་ཤིན་ཏུ་ བརྟན་པའི་ཚུལ་གྱིས་ཐིམ་པར་བསམས་ལ། རྗེས་ཟློས་མཛོད་ཅིག །ༀ་ཤྲཱི་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ ཕཊ། ཅེས་པའི་སྙིང་པོ་ལན་གསུམ་དང༌། ༀ་ཤྲཱི་མཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧ་རི་ཎཾ། ཨེ་ཀ་པཤྩི་མ་ཀ་ ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎཱཾ། ཡ་ཏི་པྲ་ཏི་ཛྙཱཾ། སྨ་ར་སཱི་ཏ་ད། ཨི་དཾ་དུཥྚན། ཁ་ཁ་ ཁཱ་ཧཱི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མི་ཀེ་ན་མཱ་ ར་ཡ་ཧཱུཾ་ཕཊ། ཅེས་པ་ལན་གསུམ་དང༌། ༀ་རོ་རུ་རོ་རུ་བྷི་ཏིཥྛ་བ་ཏོ་སི། ཀ་མ་ལ་རཀྵ་སི་ཧཱུཾ་བྷྱོཿཧཱུཾ། ཞེས་ ལན་གསུམ་གྱིས་ལུང་ནོད། སློབ་དཔོན་ལ་མེ་ཏོག་འཐོར་ཞིང་འདིའི་རྗེས་ཟློས་མཛོད་ཅིག མགོན་ པོ་བདག་ལ་སྩལ་ལགས་ཀྱི། །མགོན་པོ་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་གསོལ་བ་ གདབ། སློབ་དཔོན་གྱིས་རྡོ་རྗེ་སློབ་མའི་མགོ་བོར་བཞག མགོན་པོ་འདི་ལ་སྩལ་ལགས་ཀྱི། །མགོན་པོ་འདི་ ལ་བྱིན་གྱིས་རློབས། །ཞེས་ལན་གསུམ། དེས་གསུང་གི་རྗེས་གནང་གྲུབ་པ་ལགས། གསུམ་པ་ ཐུགས་ཀྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་བཏབ་པའི་རྗེས་བཟློས་མཛོད་ཅིག སངས་ རྒྱས་ཀུན་གྱི་ཐུགས་རྡོ་རྗེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། ཞེས་ལན་གསུམ། མོས་གུས་བྱས་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་ནག་པོ་ཆེན་པོ་ལྕམ་དྲལ་ལ་ཕོག་པས། དེའི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་རྣམ་ པ་ཅན་དང༌། གྲི་གུག ཐོད་ཁྲག རལ་གྲི། མདུང་ཐུང༌། རྩེ་གསུམ་ལ་སོགས་པ་ཕྱག་མཚན་ སྔགས་ཀྱི་སྒྲ་དང་འོད་ཟེར་འབར་བ་བསམ་གྱིས་མི་ཁྱབ་པ་བྱོན་པ་རྣམས་ཐུགས་ཀའི་རྡོ་རྗེ་ དང་ས་བོན་ལ་སིབ་སིབ་ཐིམ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཕྱག་མཚན་དཔག་ཏུ་མེད་པ་བྱོན། འོད་དུ་ཞུ་ནས་ཐུགས་ཀར་ ཐིམ། དུད་པ་དང་རྩ་སྔགས་ཀྱིས་ཐོགས་དྲངས་པའི་སྔགས་ལན་གསུམ་གྱིས་བར་ལ་རོལ་མོ་བྱས་ལ་དབབ། དེའི་ཐུགས་ 15-1-593 ཀྱི་རྗེས་གནང་གྲུབ། དེ་ནས་ཁྱེད་རང་རྣམ་པའི་སྙིང་པདྨ་འདབ་བརྒྱད་ལྟར་ཡོད་པ་དེ་དག་ ཁ་ཟུམ་ནས་དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ཕྱེད་པས་རྒྱས་བཏབ་པས། བདག་ཉིད་ལ་བརྟན་པར་ བཞུགས་ནས་གྲོགས་མཛད་པར་སོམས་ཤིག ཅེས་བྱས་ལ། སློབ་མའི་མགོ་བོར་རྡོ་རྗེ་བཞག་ལ། ཏིཥྛ་ བཛྲ་ལན་གཉིས་བརྗོད། གསུམ་པ་མཇུག་གི་ཆོས་ལ་བཞི། འཕྲིན་ལས་ཀྱི་བཀའ་བསྒོ་བ། སྒྲུབ་པའི་ལུང་སྦྱིན་པ། མི་འབྲལ་ ཞིང་གསང་བར་གདམས་པ། མཎྜལ་དབུལ་ཞིང་དམ་ཚིག་ཁས་བླངས་པས་བཟུང་བའོ། ། དང་པོ་གཏོར་མར་དཔལ་འབར་གཅིག་བཙུགས། སློབ་མའི་སྤྱི་བོར་བཞག་ལ། གཏོར་མ་འདི་དཔལ་ནག་ པོ་ཆེན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་མངག་པ་དང་བཅས་པ་སྤྲིན་སྟིབས་པ་བཞིན་ དུ་བསམ། མགོན་པོའི་སྟེང་དུ་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གནས་གསུམ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ ཁྱབ་པ་དང་བཅས་པ་བཞུགས་པར་མོས་པ་མཛོད་ཅིག ཅེས་བྱས་ལ། དུད་པ་བྱས་ཤིང༌། སྙིང་པོ་དང༌། གཟུངས་རིང་དང༌། ལྷ་མོའི་སྔགས་ཀྱི་མཐར་ས་མ་ཡེ། ས་མ་ཡ་རཀྵནྟུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་ དྲལ་བྲན་གཡོག་བཀའ་སྡོད་དང་བཅས་པ་ཁྱེད་རྣམས་ཀྱིས། བླ་མ་དམ་པ་རྣམས་ཀྱི་དམ་ ཚིག་གི་རིམ་པ་ལས་མ་འདའ་བར་དམ་ཚིག་སྲུངས། བསྟན་པ་སྐྱོངས། རིག་པ་འཛིན་པ་འདི་ ཞེས་བགྱི་བ་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་བར་ཆད་ཐམས་ཅད་ལས་ སྲུངས་ཤིག མི་མཐུན་པའི་ཕྱོགས་ཐམས་ཅད་སོལ་ཅིག མཐུན་རྐྱེན་ཐམས་ཅད་སྒྲུབས་ཤིག སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། བྱེ་བྲག་ཏུ་རིག་པ་འཛིན་པ་འདིའི་དགྲ་དང་བགེགས་དང་ བར་དུ་གཅོད་པ་ཐམས་ཅད་ཐུལ་ལ་བསྲུང་བ་དང་བསྐྱབ་པར་གྱིས་ཤིག རིག་པ་འཛིན་པ་ འདིས་ཆོས་དང་མཐུན་པའི་ཇི་ལྟར་བཀའ་བསྒོ་བ་བཞིན་ཁྱེད་རྣམས་ཀྱིས་སྒྲུབས་ཤིག ཅེས་ བརྗོད། དེ་ནས་ཡུལ་ཁྱད་པར་ཅན་དེ་རྣམས་ལ་དད་གུས་བྱས་ལ། བླ་མ་ཡི་དམ་སངས་རྒྱས་ བྱང་སེམས་མཁའ་འགྲོར་བཅས་པ་འོད་དུ་ཞུ། ནག་པོ་ཆེན་པོ་ལ་ཐིམ། དེ་ལས་འོད་འཕྲོས་ 15-1-594 ལྷ་མོ་བཀའ་སྡོད་འཁོར་དང་བཅས་པ་ལ་ཕོག་པས་འོད་དུ་ཞུ། ཚུར་འདུས་ནས་ནག་པོ་ཆེན་ པོ་ལ་ཐིམ། དེའང་འོད་དུ་ཞུ། ཁྱེད་རང་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་ཞུགས། ཁྱེད་ རང་དང་གཉིས་སུ་མེད་པར་གྱུར་པས་ནུས་མཐུ་ཕུན་སུམ་ཚོགས་པར་བསམ། རོལ་མོ་མཛད་དོ། ། གཉིས་པ་སྒྲུབ་པའི་ལུང་སྦྱིན་པ་ནི། ཆོས་སྐྱོང་འདི་ཉིད་ལ་ཚོགས་བདག་གི་ཚུལ་དུ་སྒྲུབ་པ་ དང༌། བཀའ་སྡོད་ལྟར་སྒྲུབ་པ། གཤིན་རྗེ་ལྟར་སྒྲུབ་པ། གནོད་སྦྱིན་ལྟར་སྒྲུབ་པ་དང་བཞི་ གདོག བཀའ་སྡོད་ཀྱི་ལུགས་ལ་ཕོ་རྐྱང་དུ་སྒྲུབ་པ། མོ་རྐྱང་དུ་སྒྲུབ་པ། ཡབ་ཡུམ་སྦྲགས་ཏེ་ སྒྲུབ་པ་གསུམ་ཡོད། དེ་ལྟར་སྒྲུབ་ལུགས་དེ་དག་ཐམས་ཅད་ལའང༌། བསྙེན་པ་སྒྲུབ་པ། ལས་ ལ་སྦྱོར་བ་གསུམ་གྱི་མན་ངག་ཡོད་པ་དག་སྐབས་སུ་སྦྱིན་གྱི་ཉམས་སུ་ལེན་པ་ལ་དབང་བ་ ཡིན་ནོ། །གསུམ་པ་མི་འབྲལ་ཞིང་གསང་བར་གདམས་པ་ནི། དེ་ལྟར་རྗེས་གནང་ལུང་སྦྱིན་ པའི་དབང་གིས་བསྲུང་སྐྱོབ་བྱེད། ལུས་དང་གྲིབ་མའི་ཚུལ་གྱི་འཁོར་བ་ཆོས་ཉིད་ཡིན། ཁྱེད་ རང་རྣམ་པ་ཡང་དམ་ཚིག་རྣམ་དག་བསྲུངས་ཏེ། གཏོར་མ་དང་ཚོགས་ལ་བརྩོན་པར་མཛོད། དམ་ཚིག་དང་མི་ལྡན་པ་དང༌། གསང་སྔགས་ཀྱི་སྣོད་དུ་མ་གྱུར་པ་རྣམས་ལ་དཔལ་མགོན་ པོ་འཁོར་བཅས་ཀྱི་མཚན་ཙམ་ཡང་བསྟན་པར་བྱ་བ་མ་ཡིན་ནོ། །བཞི་པ་མཎྜལ་དབུལ་ ཞིང༌། དམ་ཚིག་ཁས་བླངས་པ་བཟུང་བ་ནི། མཎྜལ་འབུལ་དུ་འཇུག དེས་མཎྜལ་ཕུལ་ནས་ འདིའི་རྗེས་ཟློས་མཛོད་ཅིག གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་ གིས་བགྱིད། །ལན་གསུམ། འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱོད་ ལ་བདག་ནི་འབུལ་ལགས་ན། ཁྱེད་ཀྱི་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་ གསོལ། །ཞེས་ལན་གསུམ། དེས་རྗེས་གནང་གྲུབ་པ་ལགས། ཞེས་བརྗོད། བསོད་ནམས་འདི་ཡིས་ སོགས་སྨོན་ལམ་དང་བཀྲ་ཤིས་ཅི་རིགས་བརྗོད། སླར་ཡང་མཆོད་པ་ཁ་གསོས། སྤྱི་དང་མཐུན་པར་བྱིན་གྱིས་བརླབས། ༀ་མཧཱ་ཀཱ་ལ་ཡ་ཀཱ་ལི་དེ་བཱི་གྲྀཧྞེ་དཾ། ཨརྒྷཾ་སོགས་ཕྱི་མཆོད་ 15-1-595 དང༌། སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་དང༌། སྲིན་པོའི་གཟུགས་ཀྱི་སོགས་ཤོ་ལོ་ཀ་གསུམ་དང༌། གང་གི་སྐུ་གསུང་ཐུགས་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། བདག་དང་སློབ་མར་བཅས་པ་ལ། བར་ ཆད་ཞི་བ་དང༌། དངོས་གྲུབ་སྩོལ་བ་དང༌། བསམ་པའི་དོན་ཐམས་ཅད་འགྲུབ་པར་མཛད་དུ་ གསོལ། ཞེས་གསོལ་བ་བཏབ། ཧེ་རུ་ཀའི་ཡིག་བརྒྱ་ལན་མང་དུ་བརྗོད། མ་འབྱོར་བ་དང་སོགས་བཟོད་པར་གསོལ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་ཀྱི་མཐར། ༀ་བཛྲ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཡ་ཧི་གཙྪ། ཞེས་ པའམ། ༀ་བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ། སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བྱའོ། །འདི་ཉིད་ལ་འདོར་ལེན་དང་རྒྱས་བསྡུས་ཀྱི་དབྱེ་བ་བྱས་པས། ལྷ་བཅུ་གཉིས་མ། ལྷ་བརྒྱད་དང་མགོན་པོ་ལོ་རྐྱང་སོགས་ཀྱི་རྗེས་གནང་ཀྱང་ཤེས་པར་འགྱུར་ཞིང༌། འདི་ལྷ་བརྒྱད་ཀྱི་རྗེས་གནང་དཀྱུས་རྒྱས་ཤོས་ དེ་ལྕམ་དྲལ་ལ་སྦྱར་བ་ཡིན་ལ། ཐུན་མོང་མ་ཡིན་པ་ཕྱག་མཚན་སྦྱིན་པ་ལ་སོགས་པའི་འདོགས་དང་བཅས་པ་ནི། དམ་པ་ཀུན་ དགའ་གྲགས་ཀྱི་ཡི་གེ་ལས་ཤེས་པར་བྱའོ། །མགོན་པོ་ཀུན༷་གྱི་རྩ་བར་གྲགས། །ཕྱོགས་འདིར་བསྟན་པ་བསྲུང་བ་ལ། །དག༷འ་ བར་བསྔགས་པའི་སྒྲུབ་ཐབས་ཀྱི། །སྙིང༷་པོ༷་རྗེས་གནང་བཅས་པ་བཀོད། །དཔལ་གུར་གྱི་མགོན་པོ་ལྕམ་དྲལ་གྱི་སྒྲུབ་ཐབས་ རྗེས་གནང་དང་བཅས་པའི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ཧེ་རུ་ཀ་དཔལ་ལ་བཏུད་ནས། །གུར་མགོན་ལྷ་བརྒྱད་ཅེས་གྲགས་པའི། །སྒྲུབ་ཐབས་རྗེས་གནང་ བྱ་བའི་རིམ། ཁྱད་པར་ཅུང་ཟད་བརྗོད་པར་བྱ། །བཤད་མ་ཐག་པའི་མགོན་པོ་ལྕམ་དྲལ་གྱི་སྒྲུབ་ཐབས་དང༌། འོག་ཏུ་འཆད་པར་ འགྱུར་བའི་པུ་ཏྲ་ལྕམ་དྲལ་གྱི་སྒྲུབ་ཐབས་བློ་ཡུལ་དུ་ངེས་པར་བྱས་ནས། ཧཱུཾ་དང་བྷྱོའི་སྒྲ་སྒྲོག་པ་ཞེས་པ་ནས། མགོན་ པོའི་ཐུགས་ཀ་ནས་ལ་དང་ཞེས་སྦྱར་ལ། བསམ་གྱིས་མི་ཁྱབ་པས་བསྐོར་བར་གྱུར། ལྕམ་དྲལ་སྤྱན་ དྲངས་པའི་མཐར། རང་གི་སྙིང་ག་ནས་སོགས་ལས་མགོན་སྤྱན་འདྲེན། མཆོད་པ་མཉམ་དུ་འབུལ། དམ་བཞག་ཀྱང་ ལྕམ་དྲལ་གྱི་རྗེས་ལ་ལས་མགོན་གྱི་དེ་བཞིན་དུ་གཏོར་འབུལ་དང༌། བསྟོད་པ་རྣམས་ཀྱང་སྦྲེལ་ནས་བྱེད། རྗེས་གནང་གི་སྐབས་ མདུན་བསྐྱེད་ལྷ་བརྒྱད་བསྐྱེད། སློབ་མ་མགོན་རྐྱང་དུ་གསལ་བཏབ་ནས། སྐུའི་རྗེས་གནང་གི་སྐབས་སུ་ལྷ་བརྒྱད་ཀ་བསྟིམ། བཟླས་ལུང་གི་སྐབས། ཐོག་མར་མགོན་པོའི་སྔགས། དེའི་ཕྱི་རོལ་དུ་ལྷ་མོའི་སྔགས། མདུན་བསྐྱེད་མགོན་པོའི་ཐུགས་ཀའི་འོད་ 15-1-596 ཟེར་གྱིས་ལས་མགོན་རྣམས་བསྐུལ་ཏེ། དེ་རྣམས་ཀྱི་ཐུགས་ཀ་ནས། སྔགས་འཕྲེང་བྱུང༌། ལྕམ་དྲལ་གྱི་སྔགས་ཀྱི་མཐར་འཁོད་ པར་སྒོམ་དུ་བཅུག་ལ། གཙོ་བོའི་སྙིང་པོ། ཉེ་སྙིང༌། རྩ་སྔགས། ལྷ་མོའི་སྙིང་པོ། ལས་མགོན་གྱི་བོད་རྦད་གསད་གསུམ་རྣམས་ རིམ་པས་རྗེས་ཟློས་བྱ། ལས་མགོན་གྱི་སྔགས་བོད་པ་གཅིག་པུས་ཀྱང་ཆོག་པ་ཙམ་ཡིན། ཐུགས་ཀྱི་རྗེས་གནང་གི་ཕྱག་མཚན་ སྐབས། གཙོ་འཁོར་ཐམས་ཅད་ཀྱི་ཕྱག་མཚན་བསྒོམ། དེ་རྣམས་མི་འདྲ་བའི་ཁྱད་པར་ཡིན། གནོད་སྦྱིན་ཡབ་ཡུམ་སོགས་ཀྱི་ ཕྱག་མཚན་ལས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་འབྱེད་པའང་ཡོད་མོད། རང་ལུགས་ནི་ལྕམ་དྲལ་དང་ལྷ་བརྒྱད་ གང་ཡིན་ཡང་རུང་སྟེ། རྗེས་གནང་གི་འདོགས་ཡོད་མེད་ལས་ཁྱད་པར་བྱེད་དོ། །དེང་སང་ས་སྐྱའི་རིང་ལུགས་པ། །ཀུན༷་ཀྱང་ འདི་ཉིད་ཁོ་ནར་དག༷འ། །སྙིང༷་གི་ཐིག་ལེ་ལོན་པ་དཀོན། །འོན་ཀྱང་མང་པོ༷ས་དོན་རྟོགས་ཤོག །གུར་མགོན་ལྷ་བརྒྱད་མའི་སྒྲུབ་ ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ༀ་སྭཱ་སྟི། བླ་མ་དཔལ་ཆེན་ཧེ་རུ་ཀར། །ཡང་ཡང་གུས་པས་རབ་བཏུད་ནས། །གུར་མགོན་སྲོག་གི་སྤུ་གྲི་ ཡི། །སྒྲུབ་ཐབས་བྱིན་རླབས་མདོ་ཙམ་བཤད། །མཎྜལ་གྲུ་བཞི་ཕྱི་རྡོ་རྭ་མེ་རིས་བསྐོར་བ་ནང་དུ་ཟླུམ་སྐོར་གྱི་དབུས་སུ་གྲུ་གསུམ་ མཐིང་ནག་འབར་བ། འཁྱམས་ཟླ་གམ་ལ་དུར་ཁྲོད་དང༌། གྲུ་བཅད་བཞི་ཕྱོགས་མདོག །དབུས་སུ་ཕུར་བ་ཕུར་གདན་དང་ བཅས་པ་བཀོད། ཕྱོགས་བཞི་བྷནྡྷ་དམ་རྫས་ཀྱིས་གང་བ་དང༌། གྲི་གུག་དང༌། གཏོར་མ་དང༌། འཕྲེང་བ་རྣམས་བཀོད། རྒྱབ་ཏུ་ འབུལ་གཏོར། མདུན་དུ་སྨན་དང་རཀྟ་བཤམ། གཞན་མཆོད་པ་རྣམས་ཅི་བདེར་བཀོད། བདག་བསྐྱེད་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་ གང་རུང་གཅིག་སྔོན་དུ་བཏང་ལ། སྔོན་འགྲོ་གཏོར་མ་བཏང༌། མཆོད་པ་བྱིན་རླབས་བྱ། གཏོར་མ་བྱིན་རླབས་ཀྱང་སྤྱི་དང་མཐུན་ པར་བྱས་པའི་རྗེས་སུ། ༀ་མཧཱ་བ་ལིཾ་ཏ། ཏེ་ཛོ་བ་ལིཾ་ཏ། བཱ་ལ་བ་ཏེ། གུ་ཧྱེ་སིདྡྷི་ས་མ་ཡ་ཧཱུཾ་ཧྲི་ཋ། ཞེས་ ལན་གསུམ་དང༌། ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་གཉིས་ཀྱི་ནང་དུ། ༀ་ཧཱུཾ་ཏྲཾ་ཧྲིཿཁཾ་ ལས་བྱུང་བའི་སྨན་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང༌། རཾ་ལས་བྱུང་བའི་རཀྟ་དགྲ་བགེགས་ཀྱི་ ཤ་ཁྲག་གིས་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲི་ཋ། ༀ་མཧཱ་རཀྟ་ཛྭ་ལ་མཎྜ་ལ་ ཧཱུཾ་ཧྲི་ཋ། ཞེས་ལན་གསུམ་གསུམ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་དང་རྭ་ གུར་མེ་དཔུང་འབར་བའི་དབུས་སུ། སུཾ་ལས་རིན་པོ་ཆེའི་བྲག་རིའི་སྟེང་དུ། དུར་ཁྲོད་ཆེན་ 15-1-597 པོའི་ཀློང་དཀྱིལ་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཨེ་ལས་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ། པཾ་ པདྨ་མཎྜལ་ཧཱུཾ་ལས་པདྨ། ཨ་ཙཎྜ་མཎྜལ་ཧཱུཾ་ལས་ཟླ་བ། མ་སུརྱ་མཎྜལ་ཧཱུཾ་ལས་ཉི་མ། ཎི་ ལྗང་ཁུ་ལས་དགྲ་བོའི་བཾ་ཆེན་རྣམས་བརྩེགས་པའི་གདན་དུ་གྱུར། དེའི་སྟེང་དུ་ཧཱུཾ་མཐིང་ནག་ གི་འོད་ཀྱི་འཕྲོ་འདུ་ལས། ནག་པོ་ཆེན་པོའི་སྐུར་གྱུར། ༀ་མཧཱ་ཀཱ་ལ་ཧཱུཾ་ཕཊ། རྡོ་རྗེ་ནག་པོ་ ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གྲི་གུག་དང༌། ཐོད་ ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། སྨ་ར་སྨིན་མ་དབུ་སྐྲ་གྱེན་དུ་བརྫེས་ཤིང༌། རྡོ་རྗེའི་ གཤོག་པ་འབར་པ་བརྡེབ་པ། ཐོད་སྐམ་གྱི་དབུ་རྒྱན། མགོ་རློན་གྱི་དོ་ཤལ། སྦྲུལ་དང་རུས་ པ་དང༌། རིན་པོ་ཆེའི་རྒྱན་ཅན། སྟག་ལྤགས་རློན་པའི་ཤམ་ཐབས། མི་ལྤགས་དང་གླང་ ཆེན་པགས་པའི་སྟོད་གཡོགས་གསོལ་བ། ཞབས་ཕུར་བུ་འབར་བའི་རྣམ་པ་ཅན་དགྲ་བོའི་ སྙིང་གར་གཟེར་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་སྤྱི་བོར་ ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་དང་མདུན་ བསྐྱེད་ཀྱི་བར་དུ་ཉི་མའི་གདན་ལ་གཤིན་རྗེ་གཤེད་དུ་གྱུར་པ་ནི། སྐུ་མདོག་མཐིང་ནག་བེ་ ཅོན་དང་ཞགས་པ་འཛིན་པའོ། །དེ་ཉིད་ཀྱི་ཕྱག་མཚན་ལྕགས་ཀྱུར་གྱུར་ཏེ། ཡེ་ཤེས་པ་བཀུག་པར་མོས་ལ། ཧཱུཾ། སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །བྱིན་གྱིས་བརླབས་ པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་གཤེགས། །ༀ་ཨེ་ཧྱེ་ཧི་ཤྲཱི་མཧཱ་ཀཱ་ལ་ཡེ། མཧཱ་ཀཱ་རུ་ཎི་ཀ་ཡ། ས་མ་ཛཿ ཛཿཧཱུཾ་བཾ་ཧོ། ༀ་ཤྲཱི་མཧཱ་ཀཱ་ལ་ཡེ་བྷྱཿ ཨརྒྷཾ་ནས། ཤཔྟའི་བར་ གྱིས་མཆོད། ལྕགས་ཀྱུ་འོད་དུ་ཞུ་བ་ལས་བུམ་པར་གྱུར་ཏེ་དབང་བསྐུར། ༀ་སརྦ་ཏ་ཐཱ་ག་ཏ་ ཀཱ་ཡ་ཨ་བྷི་ཥིཉྩ་ༀ། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར། གཤིན་ རྗེ་གཤེད་ཉིད་དབུ་རྒྱན་དུ་བཞུགས་པར་གྱུར། ཕྱི་ནང་གི་མཆོད་པ་རྣམས་རིམ་པས་ཕུལ་བར་མོས་ལ། རྡོ་ རྗེ་ཁྲོ་རྒྱལ་ནག་པོའི་སྐུ། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱི། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། 15-1-598 ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་བརྗོད། རྩ་བརྒྱད་ སྟོང་ལ་སྦྱར་བའི་སྨན། །བདག་ཅག་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་ཀུན་དུ་དགྱེས་ མཛོད་ལ། །འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ༀ་ཨཱཿཧཱུཾ་ཤྲཱི་མཧཱ་ཀཱ་ལ་མཧཱ་པཉྩ་ཨ་མྲྀ་ཏ་ ཁ་ཁ་ཁཱ་ཧི་ཁཱ་ཧི། ཞིང་ཆེན་གསར་སྙིང་ཏི་རར་བཅས། །དམར་གྱི་མཆོད་པ་རྒྱ་མཚོར་བསྐྱིལ། ། འཁོར་བའི་དྲ་བ་གཅོད་པའི་ཕྱིར། །མ་ལུས་གཤེགས་ནས་བསྣམས་དུ་གསོལ། །ཛཿཧཱུཾ་བཾ་ ཧོཿ ཤྲཱི་མཧཱ་ཀཱ་ལ་མཧཱ་རུ་དྷི་ར་ཁཱ་ཧི། མཧཱ་མཾ་ས་ཁཱ་ཧི། བླ་མེད་མཆོག་གི་མཆོད་པ་དམ་པ་ འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་ཏུ་བརྒྱན། ། ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ཤྲཱི་མཧཱ་ཀཱ་ལ་ཨི་དཾ་པུཥྤེ་དྷུ་ པཾ་གནྡྷཾ་བཱ་ལིཾ་ཏཾ་པྲ་ཏཱིཙྪ་ཧོ་གྲྀཧྞ་ཁཱ་ཧི། བཛྲ་མཧཱ་ཀཱ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་རྣམས་བརྗོད། ནང་ མཆོད་རྡོ་རྗེས་དཀྲུགས་ཤིང་གཏོར་མ་ལ་བྲན། འཐུངས་ཤིག་འཐུངས་ཤིག་རྡོ་རྗེའི་ཆུ། །ཞེས་སོགས་བརྗོད། རྡོ་ རྗེ་སྙིང་གར་གཏད་ལ། ཧཱུཾ། ཟུང་ཞིག་ཟུང་ཞིག་རྡོ་རྗེ་འདི། །སོགས་བརྗོད། དམ་ལ་བཞག་གོ །ༀ་མཧཱ་ཀཱ་ ལ་ཧཱུཾ་ཕཊ། བསྙེན་སྔགས་དང༌། དེ་ལ་མཧཱ་ཀཱ་ལ་ཏྲི་ཡཾ་ཛ་ཛ། མཧཱ་ཀཱ་ལ་ཏྲི་ཡཾ་དགྲ་བོ་མཱ་ར་ཡ། མཧཱ་ ཀཱ་ལ་ཏྲི་ཡཾ་ཐུཾ་རིལ་རྦད། ཀཱི་ལ་ཡ་ཤ་རྦད། དགྲ་བོ་ཎཱི་མཱ་ར་ཡ་ཧཱུཾ་ཕཊ། ས་མ་ཡ་ཧཱུཾ་ཕཊ། སརྦ་ བིགྷྣན་བཾ་ཧཱུཾ་ཕཊ། ཅེས་བཏགས་པའང་བཟླས་སོ། །མཐར་ཨེ་སྥ་ཎ་ཕཊ། འབྲུབ་ཁུང་དུ་གྱུར། དེར་ཎི་དང་ ཏྲི་ལས་བྱུང་བའི་དགྲ་བགེགས་ཤིན་ཏུ་རིད་པའི་རྣམ་པ་ཅན་དུ་གྱུར། མཧཱ་ཀཱ་ལའི་སྤྲུལ་པའི་ དམག་ཚོགས་མདུན་དུ་བསམས་ལ། གཏོར་མ་ཁ་གསོས་ལ་གོང་བཞིན་ཕུལ། ཧཱུཾ། ཁྲོས་པའི་གཟུགས་ ལྡན་གདུག་པ་གང༌། །ཇི་ལྟར་རྒྱལ་བས་མི་འདུལ་བ། །སྨོན་ལམ་སེམས་ཀྱི་གཟུགས་ཅན་ དེ། །བདག་འདོད་ཇི་བཞིན་འདིར་ཁུག་ཅིག །ཞེས་གཟུགས་བརྙན་ལ་ཕབ། ༀ་མཧཱ་ཀཱ་ལ་དགྲ་ བགེགས་གདུག་པ་ཅན་མཱ་ར་ཡ་ཧཱུཾ་ཕཊ་ཅེས་བསྐུལ། སྲིན་གཟུགས་ཀྱིས་བསྟོད་ཅིང༌། འདས་དང་ མ་བྱོན་སོགས་ཀྱིས་ཀྱང་བསྐུལ། འབར་བ་མེ་ཡི་ཁྲོན་པ་རུ། །རབ་ཏུ་བཅིངས་ནས་མགོན་བྲལ་ 15-1-599 བའི། །གཟས་པའི་སྤྱི་བོར་ཕུར་བུ་ཆེ། །ནག་པོ་ཆེན་པོ་ཕྱག་གཉིས་པ། །གནམ་ལྕགས་ འབར་བ་ཟུར་གསུམ་དབལ། །རབ་ཏུ་བསྣུན་ནོ་མནར་བའི་སེམས། །རྣམ་པར་མ་རིག་བྲལ་ གྱུར་ནས། །དཔལ་གྱིས་རྗེས་སུ་འཛིན་པར་ཤོག །གང་གི་སྔགས་ཤམ་བུ་ཅན་དེ་ཉིད་དང༌། ༀ་སརྦ་ བིགྷྣཱན་མུངྒ་ར་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། ཞེས་དྲག་ཏུ་བཟླས། ཨརྒྷཾ་སོགས་དང༌། འབྲུ་གསུམ་གྱིས་མཆོད། བསྟོད་པ་ དང་འདོད་དོན་གསོལ་བཏབ་སྤྱི་དང་མཐུན། སློབ་དཔོན་གྱིས་ཀྱང་འོག་གི་དབང་རྣམས་བླང༌། སློབ་མས་མཎྜལ་ཕུལ། སློབ་ དཔོན་བདག་ལ་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བ་དང༌། །སེམས་ཅན་ རྣམས་ལ་ཕན་གདགས་ཕྱིར། །དབང་དང་དངོས་གྲུབ་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་ བ་བཏབ། རྒྱུན་བཤགས་ཕུར་པའི་དཀྱིལ་ཆོག་བཞིན་ནམ། གུར་བཞིན་བྱ། སློབ་མ་མགོན་པོར་བསྐྱེད་ནས་དབང་བསྐུར་བའི་ བར་ཡང་གོང་དང་མཚུངས། དེ་ནས་དབུས་ཀྱི་ཕུར་བུ་གཏད་ལ། དཔལ་ཆེན་ཁྲག་འཐུང་ནག་པོ་ཆེ། །ཕུར་ བུའི་གཟུགས་ཀྱིས་དགྲ་བོ་དང༌། །བགེགས་སྲོག་དབང་དུ་སྡུད་འདི་ལོང༌། །ལྷ་སྐུ་སྒོམ་པའི་ དབང་ཐོབ་ཤོག །སྙིང་པོའི་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ༀ། འཕྲེང་བ་གཏད་ལ། སྒྲུབ་པའི་ཡེ་ཤེས་ཚོན་ གང་བ། །གསང་བའི་སྔགས་ཀྱིས་རབ་བསྐྱེད་ལ། །དུས་དང་རྒྱུན་དུ་བཟླས་བྱ་བའི། འཛབ་ བསྙེན་འཕྲེང་བའི་དབང་བསྐུར་རོ། །སྙིང་པོའི་མཐར། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ གྲི་གུག་གཏད་ལ། གདུག་ ཅིང་སྡང་སེམས་ལྡན་པ་རྣམས། །བསྒྲལ་ཕྱིར་གྲི་གུག་དབང་སྦྱིན་པས། །བར་ཆད་བྱེད་པའི་ ལྷ་དང་བདུད། །སྒྲོལ་ཞིང་ཉོན་མོངས་གཅོད་པར་ཤོག །སྙིང་པོའི་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། བྷནྡྷ་ གཏད་ལ། ཐོད་པ་བྱང་ཆུབ་སེམས་ཀྱི་རྟགས། །སྨན་མཆོག་ཡེ་ཤེས་ལྔ་ཡིས་གང༌། །ཡོན་ཏན་ རྫོགས་པའི་དབང་བསྐུར་བས། །རིགས་ལྔའི་སངས་རྒྱས་ཐོབ་པར་ཤོག །སྙིང་པོའི་མཐར། གུ་ ཎ་ཨ་བྷི་ཥིཉྩ་ཏྲཾ། གཏོར་མ་གཏད་ལ། གཏོར་མའི་དབང་བསྐུར་འདི་སྦྱིན་པས། །དགྲ་བགེགས་ བསད་ཅིང་བསྐྲད་པ་དང༌། །རྨོངས་ཤིང་རེངས་པའི་འཕྲིན་ལས་དང༌། །དངོས་གྲུབ་འབྱུང་ བའི་དབང་ཐོབ་ཤོག །སྙིང་པོའི་མཐར། ཀརྨ་ཨ་བྷི་ཥིཉྩ་ཨ། དེ་ནས་སློབ་མའི་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་འདྲ། 15-1-600 སླར་ཡང་གཏོར་མ་འབུལ་བ་དང༌། མཆོད་བསྟོད་ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། རྟེན་ལ་བརྟན་བཞུགས། སྨོན་ ལམ་བཀྲ་ཤིས་སོགས་ཚང་བར་བྱའོ། །པདྨའི་ཞལ་ལུང་འཁོར་རབས་ཀྱི། །རིག་འཛིན་ཀུན༷་གྱིས་དག༷འ་བར་བླངས། །དེང་སང་ མིང་ཡང་ནུབ་ཏུ་ཉེ། །ཕན་སེམས་ཁོ་ནས་སྙིང༷་པོ༷་དྲིལ། །གུར་མགོན་ཕུར་ཞབས་ཅན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེ་ ལེགས་འཕེལ། ༄༅། །ༀ་སྭཱ་སྟི། རྡོ་རྗེ་འཛིན་རྒྱལ་ཁྲོ་བོའི་སྐུ། །རྗེ་བཙུན་ནག་པོ་ཆེན་པོ་ལ། །བཏུད་ནས་དེའི་སྒྲུབ་ཐབས་ ནི། །མདོ་ཙམ་བདག་གིས་བྲི་བར་བྱ། །འདིར་རྩ་བའི་མགོན་པོར་གྲགས་པ་ནག་པོ་ཆེན་པོ་ཕྱག་གཉིས་པའི་སྒྲུབ་ཐབས་རྡོ་ རྗེ་གུར་གྱི་རྒྱུད་ལས་གསུངས་ཤིང༌། དེའི་མན་ངག་སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པའི་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་སྒྲུབ་ ཐབས་བཞིན་བསྒོམ་པར་འདོད་ན། མཆོད་གཏོར་དམ་རྫས་སོགས་ཚང་བར་བཤམས་ནས། སྐྱབས་འགྲོ་སེམས་བསྐྱེད་སྔོན་ དུ་བཏང༌། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། བླ་མ་ཡི་དམ། ནག་པོ་ཆེན་པོ། སངས་ རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་ མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཡན་ལག་བདུན་པ་བྱ། བཛྲ་མུཿ ཞེས་གཤེགས་ སུ་གསོལ། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ ལས་བྱུང་བའི་བསྲུང་འཁོར་གྱི་ནང་དུ། དུར་ཁྲོད་ཆེན་པོའི་ས་གཞིའི་དབུས་སུ། པདྨ་ཉི་མའི་ གདན་ལ། རང་སེམས་ཧཱུཾ་ཡིག་མཐིང་ནག དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་ པ་ཅན་ཐམས་ཅད་ཚར་བཅད། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་ བཙུན་དཔལ་ལྡན་ནག་པོ་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ པ། གཡས་གྲི་གུག་དང༌། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀའི་ཐད་ཀར་སྟེང་འོག་ ཏུ་འཛིན་པའི་ཚུལ་གྱིས་ཡུམ་ལ་འཁྱུད་པ། མཆན་ཁུང་དུ་ཟུང་འཇུག་གི་རང་བཞིན་གྱི་ཁ་ཊྭཱཾ་ ག་འཆང་བ། མཆེ་བ་རྣམ་པར་གཙིགས་ཤིང་འཇིགས་སུ་རུང་བ། ཞབས་གཉིས་མཉམ་པའི་ སྟབས་ཀྱིས་མི་རོའི་གདན་ལ་གནས་པ། ཞལ་གྱི་གྲྭ་ནས་དམར་ཆེན་གྱི་ཆུ་ཀླུང་འཁྲུགས་པ། 15-1-601 སྨ་ར་དང༌། སྨིན་མ་དང༌། དབུ་སྐྲ་དམར་སེར་མེ་ལྟར་འབར་བ། མི་བསྐྱོད་པས་དབུ་བརྒྱན་ ཅན། སྟག་ལྤགས་གསར་པའི་ཤམ་ཐབས་འཕྱར་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཀླུ་ཆེན་པོ་བརྒྱད་དང༌། ཕྱག་རྒྱ་ལྔས་བརྒྱན་པའོ། །དེའི་ པང་དུ་ཧྲིཿལས་བྱུང་བའི་ནག་མོ་ཆེན་མོ་གཅེར་བུ་རྒྱན་སྤངས་པ་གྲི་གུག་དང༌། ཐོད་པ་འཛིན་ པའི་ཕྱག་དང༌། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྱུད་པ། ཡབ་དང་མཚུངས་ཤིང་ཡིད་ཙམ་ཞི་ བ་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཤར་དུ་ཀཾ་ལས་ནག་ མོ། ལྷོར་ཀཾ་ལས་གཙིགས་མ། ནུབ་ཏུ་བཾ་ལས་བ་ར་ཌཱི་མ། བྱང་དུ་བེཾ་ལས་རོ་ལངས་མ། དེ་ རྣམས་ཀྱང་གཅེར་བུ་སྐུ་མདོག་ནག་མོ། གྲི་གུག་དང་ཐོད་པ་འཛིན་པ། པད་ཉིའི་རོའི་གདན་ ལ་གནས་པའོ། །གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་གི་འོད་ཟེར་གྱིས་ནག་པོ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ ཧོཿ གཉིས་སུ་མེད་པར་ཐིམ། དེ་འདིར་ནག་པོ་ཆེན་པོ་བདག །དངོས་གྲུབ་ཐམས་ཅད་བསྒྲུབ་ པར་བྱ། །འོད་གསལ་བར་ནི་རབ་ཏུ་བཞུགས། །བདག་ནི་རྣམ་ཀུན་ཡོངས་སུ་བསྐང༌། །ཞེས་ བརྗོད། དེ་ནས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་དམ་ཚིག་གི་ཕྱག་རྒྱ་བསྟན་ཏེ། ༀ་ཤྲཱི་མཧཱ་ཀཱ་ལ་ཡ། ས་མ་ཡ། མ་ཏི་ཀྲ་ མ་ཡ། ས་མ་ཡ་རཀྵནྟུ། ཞེས་པ་དང༌། སྤྲོ་ན། ལྷ་མོ་ལྔ་ལའང་འདོན་པ་སྤོས་ཏེ་བརྗོད། ཨརྒྷཾ་ནས། ཤཔྟའི་བར་གྱིས་ མཆོད། འགྱེལ་བའི་རོ་ལ་ཞབས་མཆོག་མཉམ་པའི་སྟབས་ཀྱིས་བཞུགས་ཞིང་སྦོམ་ཐུང་དྲག་ ལ་གསུས་ཁྱིམ་ཡངས། །ཀླུ་ཆེན་བརྒྱད་ཀྱིས་རྣམ་པར་བརྒྱན་ཞིང་དབུ་སྐྲ་དམར་སེར་གྱེན་ བརྫེས་གྲི་གུག་ཐོད་པ་འཛིན། །ཕྲག་པར་ཤེས་རབ་མ་ཡིས་འཁྱུད་ཅིང་ཞལ་གཅིག་དང་ལྡན་ དཔལ་ལྡན་ཆོས་སྐྱོང་རྟག་པར་དགའ་རང་བཞིན། །ཤིན་ཏུ་གནག་པའི་ཁྱད་པར་འཕགས་ པ་སྐུ་ལ་སྤྱན་གསུམ་ལྡན་པ་ཁྱོད་ལ་རྟག་ཏུ་འདུད། །ཅེས་དང༌། གཞན་ཡང་འདི་ཉིད་ཀྱི་བསྟོད་པ་ཅི་ཤེས་ བྱ། གང་ཞིག་བྱང་ཆུབ་ཐོབ་པའི་རྒྱུ་ཕྱིར་རང་སྐྱབས་སོང་བའི་བགེགས་རྣམས་མ་ལུས་ཆོམས། 15-1-602 གང་ཞིག་འཁོར་བར་ལས་ཀྱི་ཞགས་ལས་སེམས་ཅན་རྣམས་ནི་སྙིང་རྗེ་དམ་པས་སྲུངས། ། དེང་འདིར་རྣལ་འབྱོར་མ་རྣམས་ཀྱིས་ནི་མཐའ་དག་འགྲོ་བའི་སྡིག་མིན་ཕུང་པོ་བཅོམ། ། དཔལ་ལྡན་རྡོ་རྗེ་ནག་པོ་ཆེན་པོ་རབ་དགའི་སྙིང་གི་དགེ་བ་བདག་ལ་སྩལ་དུ་གསོལ། །ཞེས་ སོགས་འདོད་དོན་གསོལ་བ་དྲག་ཏུ་བཏབ། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨ་ལས་བྱུང་བའི་ཀ་པཱ་ལའི་ནང་དུ། བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ལས་ཤ་ལྔ། ལཾ་མཾ་པཾ་ཏཾ་བཾ་ལས་བདུད་རྩི་ ལྔ། རླུང་གཡོས། མེ་སྦར། ཤ་ལྔ་བདུད་རྩི་ལྔ་འོད་དུ་ཞུ་སྟེ། བདུད་རྩིར་གྱུར་པ་ལ། ཕྱོགས་ བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་ སྤྱན་དྲངས་ཏེ། གཅིག་ཏུ་འདྲེས་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲི། ༀ་ ཤྲཱིཾ་ཀྵིཾ་ཨི་དཾ་བཱ་ལིཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། མཧཱ་མཾ་ས། པུཥྤེ། དྷུ་པེ། དཱི་པེ། རཀྵ་ཏ་ལ་སཱ་ཏ་ལེ། ཨུཥྚ་ ནཱ་ག དེ་ཝ་ཡཀྵ་རཀྵ་ས། གྲྀཧྞ་པཱ་ཡ། ཨི་དཾ་བཱ་ལིཾ་ཧ་ཧ་ཧཱུཾ་ཧཱུཾ། ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ་ཛཿཕེཾ། མཧཱ་ ཨཊྚ་ཊྚ་ཧ་ས། གརྫྫ་ཡ། གརྫྫ། ཏརྫྫ་ཡ། ༀ་ཀྲིཥྞཱ་ཡ། ཝརྞ་ཡ། ཕེཾ་ཕེཾ། ཕཊ། ཅེས་ལན་གསུམ་གྱིས་ གཏོར་མ་ཕུལ། སླར་ཡང་གོང་བཞིན་མཆོད་བསྟོད་བྱས་ནས། སྙིང་གར་པད་ཉི་ལ་ཧཱུཾ་གི་མཐར་སྙིང་པོ་དང་རྩ་ སྔགས་ཀྱིས་བསྐོར་བར་བསམས་ལ། ༀ་ཤྲཱི་མཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་དང༌། ཤཱ་ས་ན་ ཅི་འགྲུབ་བཟླས། ༀ་མཧཱ་ཀཱ་ལི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཀཱ་ལི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཀ་ར་ལི་ཡེ་ཧཱུཾ་ཧཱུཾ་ ཕཊ་སྭཱཧཱ། ༀ་བ་ར་ཌཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་བཻ་ཏ་ལི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་རྣམས་ཀྱང་ཅི་ནུས་ བཟླའོ། །དེ་ནས་རྗེས་བསྡུ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ལྷ་མོ་ལྔ་པོ་རང་གི་སྙིང་གར་ ཐིམ། རང་ཡང་རང་གི་སྙིང་གའི་ཧཱུཾ་ལ་ཐིམ། འདི་ནི་མགོན་པོ་བདག་བསྐྱེད་དུ་སྒྲུབ་པའི་ལུགས་ཡིན། ཡང་ མདུན་བསྐྱེད་དུ་སྒྲུབ་ན་ཡི་དམ་གྱི་བདག་བསྐྱེད་སྔོན་དུ་སོང་ནས་ཤཱུ་ནྱ་ཏཱས་སྟོང་པར་སྦྱང་བ་ནས་བཟུང༌། བཟླས་པའི་བར་ གོང་བཞིན་ལས། རང་གི་མདུན་དུ་ཧཱུཾ་ཡིག་ལས་བྱུང་བའི་ཞེས་བརྗོད་ཅིང༌། རང་སེམས་ཞེས་པ་དང༌། རང་ཉིད་ ཅེས་པ་དོར་ཞིང༌། རྗེས་བསྡུ་བའི་སྐབས། ཡི་གེ་བརྒྱ་པ་དང༌། མ་འབྱོར་པ་དང་སོགས་དང༌། བཛྲ་མུཿ ཡེ་ཤེས་པ་ 15-1-603 གཤེགས། དམ་ཚིག་པ་རང་གི་སྙིང་གར་བསྡུ། སྨོན་ལམ་དང་བཀྲ་ཤིས་ཅི་ཤེས་བྱའོ། ། འདིའི་རྗེས་གནང་བྱ་བར་འདོད་ན། སྟེགས་བུ་ལ་ཆོས་འབྱུང་གྲུ་གསུམ་མེ་རི་དང་བཅས་པ། ནང་མཐིང་ནག་རྡོ་རྗེའི་མུ་ ཁྱུད་ཅན། དབུས་སུ་ཉི་གདན་ལ་ཚོམ་བུ་ནག་པོ་ལྔ་བཀོད། དེའི་སྟེང་དུ་མཉྫི་ལ་གཏོར་མ་གྲུ་གསུམ་གཙོ་འཁོར་ལྔ་པའི་རྣམ་པ་ ཅན་ཞིག་འགོད། མདུན་དུ་རཀྟའི་མཆོད་ཡོན་དང་གཏོར་མ། གཡས་སུ་ཆུ་བཞི། གཡོན་དུ་ཉེར་སྤྱོད་ལྔ་རྣམས་འགོད། རྒྱབ་ཏུ་ བྲིས་སྐུ་སོགས་སྐུ་གཟུགས་བཞུགས་སུ་གསོལ། གོང་དུ་བཤད་པ་ལྟར་གྱི་བདག་བསྐྱེད། མདུན་བསྐྱེད་ཀྱི་རིམ་པ་རྣམས་སྔོན་དུ་ སོང་ནས། བཟླས་པ་ལ་འབད་པར་བྱ། གོང་ལྟར་མཆོད། བསྟོད་པ་བརྒྱད་པས་བསྟོད་དེ། དེ་ཡང༌། སངས་རྒྱས་བསྟན་ པ་བསྲུང་བ་རུ། །མགོན་པོ་གྲི་གུག་ཐོད་པ་ཅན། ཁ་དོན་ནག་པོ་རོ་ལ་གནས། །ནག་པོ་ཆེ་ ལ་བདག་ཕྱག་འཚལ། ཁྲོ་བོའི་བཅུའི་རང་བཞིན་གྱི། །དཔའ་བོ་སྟག་ལྤགས་ཤམ་ཐབས་ ཅན། །ཉི་མ་བཅུ་གཉིས་གཟི་བརྗིད་ལྡན། །ཞལ་ནི་མཆེ་བ་ཆེར་གཙིགས་ཞིང༌། །བསྐྱོད་ པའི་ལྗགས་ཀྱིས་རབ་འཇིགས་མཛད། །ཀུན་ཏུ་དམར་ལ་ཟླུམ་པའི་སྤྱན། །མི་ཡི་མགོ་ བོའི་འཕྲེང་བ་འཆང༌། །ཀླུ་ཡི་རྒྱལ་པོས་རྣམ་པར་བརྒྱན། །ཨག་ཚོམ་དང་ལྡན་སྦོམ་ཞིང་ ཐུང༌། །ལྷ་དང་ལྷ་མིན་སྐྲག་པར་མཛད། །བདུད་ཀྱི་ཤ་དང་ཁྲག་གསོལ་བ། །དད་དང་གུས་ རྣམས་སྐྱོབ་མཛད་པའི། །སྤྱན་གསུམ་སྨིན་མ་ཤིན་ཏུ་འཁྱོག །མགོ་སྐྱེས་དམར་སེར་གྱེན་དུ་ འགྲེང༌། །དུས་མཐའི་མེ་དཔུང་ལྟ་བུ་ཡི། །སངས་རྒྱས་བསྟན་པ་རིན་ཆེན་ལ། །སྡང་བའི་སྐྱེ་ བོ་འཚམས་པར་བསྡིགས། །རབ་གུས་དབུགས་འབྱིན་སྦྱིན་མཛད་པའི། །སངས་རྒྱས་ཐེག་ པའི་རྗེས་བགྲོད་རྣམས། །འཁོར་བའི་ཆུ་གཏེར་ཕ་རོལ་ཏུ། །སྒྲོལ་བྱེད་དེད་དཔོན་དུ་གྱུར་ པ། །ནག་པོ་ཆེན་པོའི་བསྟོད་པ་བརྒྱད། །འདི་གང་སྔ་དྲོའི་དུས་བཀླགས་ན། །འདོད་པའི་ དོན་གང་རབ་ཏུ་འགྲུབ། །འཇིགས་རྣམས་དེ་ཡིས་འཇོམས་པར་འགྱུར། །ཞེས་པའོ། །དེ་ནས་སློབ་ མའི་བྱ་བ་ནི། རྗེས་གནང་གི་སྤྱིའི་བྱ་བ་ལེགས་པར་ཤེས་པའི་ངོར་མདོ་ཙམ་བརྗོད་པར་བྱ་སྟེ། སློབ་མ་རྣམས་ཁྲུས་བྱས། མཎྜལ་ འབུལ་དུ་གཞུག གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ཀྱིས་གསོལ་ 15-1-604 བ་བཏབ། སློབ་དཔོན་དང་མདུན་བསྐྱེད་ནག་པོ་ཆེན་པོ་ལྷ་ལྔའི་སྐུར་སྒོམ་དུ་གཞུག སློབ་མ་སྟོང་པར་སྦྱང་བ་ནས། ཡེ་ཤེས་ པ་བསྟིམ་པས་བར་བྱ་སྟེ། སྐུའི་རྗེས་གནང་ངོ༌། །བཟླས་ལུང་བྱིན་གྱིས་བརླབས་པའི་ལུང་སྤྱི་དང་མཐུན་པར་སྦྱིན་པར་བྱ་སྟེ། གསུང་གི་རྗེས་གནང་ངོ༌། །དེ་ནས་ཕྱག་མཚན་བསྟིམ་པ་ཐུགས་ཀྱི་རྗེས་གནང་ངོ༌། །སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ ལས་ཧཱུཾ་དཀར་དམར་མཐིང་གསུམ་རིམ་པས་སྤྲོས་ནས། སློབ་མས་སྙིང་གར་བསྟིམ་པ་ནི། ཡོན་ཏན་གྱི་རྗེས་གནང་ངོ༌། །ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །གཅོད་ཕྱིར་གྲི་གུག་རྣམ་ པར་འཛིན། །སངས་རྒྱས་ཀུན་གྱི་བྱིན་བརླབས་པ། །དཔའ་བོའི་མཚན་མ་འདི་བཟུང་ཅིག ། ཡི་གེ་བཅུ་གཉིས་པའི་སྔགས་བརྗོད་དེ། གྲི་གུག་ལག་ཏུ་གཏད། དངོས་དང་དངོས་མེད་རྣམ་རྟོག་གི །མགོ་ བོའི་པདྨའི་སྣོད་དུ་ནི། །བདུད་རྣམས་རྣམ་པ་བཞི་ཡི་ཁྲག །དངོས་གྲུབ་ཕྱིར་ནི་བཏུང་བར་བྱ། ། ༀ་མཧཱ་ཀཱ་ལི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་ཐོད་ཁྲག་ལག་པ་གཡོན་དུ་གཏད། སྟོང་པའི་རྣམ་པའི་ཁ་ཊྭཱཾ་ག ། ཐབས་ཀྱི་གཟུགས་ཀྱི་ཅང་ཏེ་ཉིད། །ནག་པོ་ཆེན་པོའི་ཕྱག་རྒྱ་ནི། །ཕྱི་དང་ནང་དུ་ཡང་དག་ གནས། །རྩ་སྔགས་བརྗོད་ཅིང༌། ཁ་ཊྭཱཾ་ག་མཆན་ཁུང་དུ་གཏོད་དོ། །གྲགས་པ་འབྱུང་གནས་པས་མཛད་པའི་རྗེས་གནང་གི་ ཡི་གེ་ནི། རྩེ་གསུམ་གྱི་མཚན་པའི་ཁ་ཊྭཱཾ་ག་ཟེར་བ་ཡོད་ཀྱང༌། རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ཉིད་དོ། །དེ་རྣམས་འཕྲིན་ལས་ཀྱི་རྗེས་ གནང་ངོ༌། །དེ་ནས་གཏོར་མའི་བཀའ་བསྒོ་སྤྱི་དང་མཐུན་པར་བྱ། སློབ་མའི་རྗེས་ཀྱི་བྱ་བ་དང༌། མདུན་བསྐྱེད་ཀྱི་རྗེས་བསྡུ་བ་ ནི་སྤྱི་དང་འདྲའོ། །བསྟན་སྲུང་ཀུན༷་གྱི་རྩ་བ་ནི། །དག༷འ་ཆེན་ཧེ་རུ་ཀ་དཔལ་དངོས། །ཤེས་རབ་མར་བཅས་མགོན་པོ་ཡི། །སྒྲུབ་ ཐབས་སྙིང༷་པོ༷་ཙམ་ཞིག་སྤེལ། །གུར་ཡུམ་བཅས་ཀྱི་སྒྲུབ་ཐབས་བཤད་པའི་ལེ་ཚན་ནོ།། །།དགེའོ། ། ༄༅། །ༀ་སྭཱ་སྟི། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་ཉིད། །ཆོས་འཁོར་ཡོངས་ཀྱི་སྲུང་མའི་སྐུར། །སྟོན་མཛད་གདུག་ པ་མ་ལུས་འདུལ། །དྲག་པོའི་བུ་ཁྱོད་ཕྱག་གི་གནས། །འདིར་ནཱ་རོ་མཻ་ཏྲིའི་མན་ངག་ལས་འབྱུང་བ་ལྟར་རྡོ་རྗེ་གུར་ལས་འབྱུང་ བའི་ནག་པོ་ཆེན་པོའི་སྒྲུབ་ཐབས་བཤད་པར་བྱ་སྟེ། མཆོད་གཏོར་ཚང་བར་བཤམས། དགྱེས་པའི་རྡོ་རྗེ་ལ་སོགས་པ་ཡི་དམ་གྱི་ བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱ། རྟེན་ཡོད་ན་ཨ་མྲྀ་ཏས་བསངས། མེད་ན་བསང་ བ་མི་དགོས། ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་པཾ་ལས་པདྨ་ 15-1-605 དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སྙིང་ག་ནས་ཧཱུཾ་མཐིང་ཁ་གཅིག་སྤྲོས་ ཏེ། དེར་འཁོད་པ་ཡོངས་སུ་གྱུར་པ་གྲི་གུག་གི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་ འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ ལས། དཔལ་ལྡན་ནག་པོ་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ པ། གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་གང་བ་སྟེང་འོག་ཏུ་འཛིན་པ། མཆེ་བ་རྣམ་ པར་གཙིགས་ཤིང་འཇིགས་སུ་རུང་བ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་མི་རོའི་གདན་ ལ་གནས་པ། ཞལ་གྱི་གྲྭ་ནས་ཁྲག་འཛག་པ། སྨ་ར་དང༌། སྨིན་མ་དང༌། དབུ་སྐྲ་དམར་སེར་ མེ་ལྟར་འབར་བ། མི་བསྐྱོད་པའི་དབུ་རྒྱན་ཅན། སྟག་ལྤགས་གསར་པའི་ཤམ་ཐབས་ཅན། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་ བརྒྱན་པའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་ འཕྲོས། རང་བཞིན་གྱི་གནས་ནས་སངས་རྒྱས་ཐམས་ཅད་མགོན་པོའི་རྣམ་པར་སྤྱན་དྲངས་ ཤིང༌། དུར་ཁྲོད་ཆེན་པོའི་གནས་ཐམས་ཅད་ནས། ནག་པོ་ཆེན་པོ་འཁོར་དང་བཅས་པ་བཛྲ་ ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གཏོར་མ་ཡི་དམ་ གྱི་མངོན་རྟོགས་ལྟར་བྱིན་གྱིས་བརླབས་ལ། ཤཱ་ས་ནའི་མཐར། ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་ པ་ལན་གསུམ་མམ་བདུན་གྱིས་འབུལ། སླར་ཡང་བདུག་སྤོས་བཏུལ་ཞིང༌། ཨརྒྷཾ་ནས་ཤཔྟའི་བར་ཀྱིས་མཆོད། སྙིང་པོའི་ མཐར་འབྲུ་གསུམ་བཏགས་པས་ནང་མཆོད་ཕུལ། རོལ་མའི་སྒྲ་དང་བཅས་ཏེ། ཧཱུཾ། སྲིན་པོའི་གཟུགས་ཀྱིས་གདུག་ པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་གསུམ་བརྩེགས་འཇིགས་བྱེད་ པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་ པ་ཚར་གཅོད་གྲི་གུག་གཡས། །གཡོན་ན་གདུག་པའི་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་ བདག་བསྟོད་དོ། ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་ 15-1-606 བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པའི། །དམ་ཚིག་ཅན་ལ་བདག་བསྟོད་དོ། །དེ་ནས་ བཟླས་པ་ནི། ༀ་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཞེས་སྙིང་པོ་དང༌། རྩ་སྔགས་ཤཱ་ས་ན་ཡང་ཅི་འགྲུབ་བཟླ། དེའི་ཚེ་མགོན་ པོའི་ཐུགས་ཀར་ས་བོན་སྔགས་འཕྲེང་བཀོད་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཞལ་ནས་ཐོན། མགོན་པོའི་ཞལ་དུ་ཞུགས། སྔགས་འཕྲེང་ལ་ཐིམ། དེ་ལས་འོད་ཟེར་བྱུང་ལྟེ་བ་ནས་ཐོན་ ནས། རང་གི་ལྟེ་བར་ཞུགས། སྙིང་གར་ཐིམ་པར་མོས། ཐུན་འཇོག་པའི་ཚེ། རྟེན་མེད་ན། མཆོད་བསྟོད་ སྔར་བཞིན་བྱས་ལ། གཏོར་མ་ཕྱིར་བཏང༌། ཡིག་བརྒྱ་དང་བཟོད་གསོལ་བྱས་ལ། ༀ་བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་གི་སྙིང་གར་བསྡུ། རྟེན་ཡོད་ན། གཏོར་མ་བཏང་བའི་རྗེས་སུ་མཆོད་བསྟོད་བྱ་ཞིང༌། དམ་ཡེ་ གཉིས་ཀ་ལ་རྟེན་ལ་བརྟན་བཞུགས་བྱ་བའམ། ཡེ་ཤེས་པ་ལ་བརྟན་བཞུགས་བྱ་ཞིང༌། དམ་ཚིག་པ་སྙིང་གར་བསྡུ་བ་གང་ མོས་བྱའོ། །གང་ལྟར་ཡང་གཏོར་མ་གཏོང་བའི་ཚེ། དཔལ་ལྡན་མགོན་པོ་མཧཱ་ཀཱ་ལ་ཡ། །ལྷ་ཆེན་དཔལ་ འབར་ནག་པོ་མཐུ་བོ་ཆེ། །མཧཱ་དེ་བའི་སྲས་པོ་དྲག་ཤུལ་ཅན། །ཚོགས་བདག་ཆེན་པོ་མཧཱ་ ཀཱ་ལ་ཡ། །ལེགས་ལྡན་ནག་པོ་གྲོང་ཁྱེར་གསུམ་བརྩེགས་དགྲ། །བསྟན་པ་ཡོངས་ཀྱི་སྲུང་མ་ ནག་པོ་ཆེ། །ཆོས་འཁོར་ཡོངས་ཀྱི་སྲོག་ཤིང་ནག་པོ་ཆེ། །དམ་ཚིག་ཅན་གྱི་དགྲ་ལྷ་ནག་པོ་ཆེ། ། འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི༴ ཛམ་ བུ་ཏི་བའི་ཞལ་ཟས་འདི༴ སྨན་རག་ཕུད་ཀྱི་མཆོད་པ་འདི༴ སྔར་བཅོལ་ལས་ཀྱི་གཏང་རག་ གཉན་པོ་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་ བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང༌། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། ། བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། ། བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །ཞེས་བརྗོད། འདི་ནི་བསྙེན་པའི་ཚུལ་ཡིན་ལ། སྒྲུབ་པ་དང༌། མན་ངག་ནི་གཞན་དུ་ཤེས་པར་བྱའོ། ། འདིའི་རྗེས་གནང་བྱ་བར་འདོད་ན། མཎྜལ་ཚོམ་བུ་ནག་པོ་ཅན་གྱི་སྟེང་དུ་གཏོར་མ་འགོད། ཤ་ཆང་འབྲུ་ཆེན་འབུལ་ 15-1-607 གཏོར། རཀྟ། སྲན་བཙོས། དམ་རྫས་བདུད་རྩི་སྨན་གྱི་མཆོད་པ་སོགས་ལག་ལེན་བཞིན་བཤམ། བདག་བསྐྱེད་ནས་མདུན་ བསྐྱེད་ཀྱི་བཟླས་པའི་བར་གོང་བཞིན་བྱ། རྫ་བུམ་ནག་པོ་ཞིག་ཏུ། ཁྲག ཆང༌བདུད་རྩི་ལྔ་རྣམས་བསྲེས་པའི་དྲི་བཟང་གི་ཆུས་ བཀང་བ་ཞིག་ལ། སློབ་དཔོན་གྱིས་ལག་པ་གཡས་རྡོ་རྗེ་དང་བཅས་པ་རེག་སྟེ། སྙིང་པོ་བརྒྱ་རྩ་དང་རྩ་སྔགས་ཉི་ཤུ་རྩ་གཅིག་ ཙམ་བཟླ། སློབ་མའི་བྱ་བ་ནི་སྤྱི་དང་འདྲ་བ་ལས། ཀུན་མཁྱེན་ཡེ་ཤེས་སོགས་ཀྱིས་གསོལ་བཏབ་བྱ། སྐུའི་རྗེས་གནང་ གི་སྐུ་བསྟིམ་པའི་སྐབས། མགོན་པོའི་སྐུ་འདྲ་སྤྱི་བོར་བཞག རྩ་སྔགས་ལན་གསུམ་དྲག་ཏུ་བཟླས། བཟླས་ལུང་གི་མཐར་འཕྲེང་ བ་སྤྱི་བོར་བཞག་ལ། སྙིང་པོ་བརྒྱའམ་ཉི་ཤུ་རྩ་གཅིག་ཙམ་བཟླ། ཐུགས་ཀྱི་རྗེས་གནང་ཕྱག་མཚན་བསྟིམ་པ་སྤྱི་དང་མཚུངས། མཐར་རྡོ་རྗེ་སྤྱི་བོར་བཞག་ལ་ཧཱུཾ་བརྒྱ་རྩ་བརྗོད། དེ་ནས་གཏོར་དབང་བཀའ་བསྒོ་སྤྱི་དང་འདྲ། བུམ་པའི་ཆུས་དབང་བསྐུར་ཞིང༌། བུམ་ཆུ་འཐུང་དུ་གཞུག སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་གསུམ་ལས་བྱུང༌། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གནས་ཀྱི་དབང་བསྐུར་སྦྱིན་པར་བྱ། །སྙིང་པོ་དང༌། རྩ་ སྔགས་ཀྱི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་བརྗོད། སློབ་མའི་རྗེས་ཀྱི་བྱ་བ་ སྤྱི་དང་འདྲ་ཞིང༌། དེ་ནས་མཆོད་བསྟོད་གཏོར་མ་གཏོང་བ་སོགས་གོང་བཞིན་བྱའོ། །འདི་ནི་མར་པ་ལོཙྪ་བའི་མན་ངག་རྔོག་སྟོན་ ཡབ་སྲས་ལས་བརྒྱུད་པའི་ཞལ་གྱི་བདུད་རྩིའོ། །ཀུན༷་ལས་ཁྱད་འཕགས་རྒྱུད་ཀྱི་དོན། །ལེགས་པར་ཤེས་རྣམས་དག༷འ་བསྐྱེད་ པ། །གུར་མགོན་སྒྲུབ་ཐབས་སྙིང༷་པོ༷་འདི། །བློ་ལྡན་སེམས་ཀྱི་ངལ་གསོའི་གནས། །དཔལ་ལྡན་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་ པ་ཇི་ལྟ་བའི་ལུགས་ཏེ། རྒྱུད་མགོན་གྱི་སྒྲུབ་ཐབས་བཤད་པའི་ལེ་ཚན་ནོ།། །།དགེའོ། །འདི་ལ་འདོན་པ་སྤོས་ན། ག་ཡ་དྷ་རའི་ མགོན་རྐྱང་དུ་གྲགས་པའང་ཤེས་པར་འགྱུར་མོད་ཀྱི། དེའི་ཡི་གེ་མང་བའི་ཕྱིར་རེ་ཞིག་བཞག་གོ །སྒྲུབ་ཐབས་རིན་ཆེན་འབྱུང་ གནས་ལས་ཡེ་ཤེས་སྤྲུལ་པའི་མགོན་པོ་རྣམས་ཀྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་དགུ་པའོ།། །།མངྒ་ལཾ། ༄༅། །ༀ་སྭཱ་སྟི། སངས་རྒྱས་ཀུན་དངོས་བླ་མ་དང༌། །ཡི་དམ་ཀུན་དངོས་ཁྲག་འཐུང་ལ། །བཏུད་ནས་དཔལ་ལྡན་ ནག་པོ་ཆེ། །སྟག་ཞོན་ཞེས་བྱའི་སྒྲུབ་ཐབས་བཤད། །འདིའི་བསྙེན་སྒྲུབ་ལས་གསུམ་གྱི་གདམས་པ་ཡིག་རྙིང་རྣམས་སུ་ཤེས་ པར་བྱ་ལ། འདིར་གཏོར་ཆོག་དང་འབྲེལ་བའི་སྒྲུབ་ཐབས་དང༌། རྗེས་གནང་གི་ཡི་གེ་མདོ་ཙམ་ཞིག་བརྗོད་ན། མདུན་དུ་བྲིས་སྐུ་ དང་མཆོད་གཏོར་བཤམ། བདག་ཉིད་ཡི་དམ་ཧེ་རུ་ཀ་དང༌། ཁྲོ་བོ་ཆེན་པོ་གང་རུང་གི་རྣལ་འབྱོར་ལ་གནས་པས། མདུན་བསྐྱེད་ 15-1-608 བསངས་སྦྱངས། དུར་ཁྲོད་ཆེན་པོའི་ས་གཞིར་ཨེ་ལས་བྱུང་བའི་ཆོས་འབྱུང་མཐིང་ནག་འབར་ བའི་ནང་དུ། པད་ཉི་ལ་གནས་པའི་ཧཱུཾ་མཐིང་ནག་ལས་འོད་འཕྲོས། དགྲ་བགེགས་གདུག་ པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་ པོ་ཆེ་བཙན་ནག་པོ་སྐུ་མདོག་དུས་མཐའི་སྤྲིན་ལྟར་གནག་ཅིང༌། ཕྱག་གཡས་ཙནྡན་གྱི་བེང་ ཆེན་ནམ་མཁར་འཕྱར་བ། གཡོན་གྱིས་ལྕགས་ཀྱི་པར་བུ་ཁྲག་ཆེན་གྱིས་གང་བ་བཟུང་ནས་ ཞལ་དུ་གསོལ་བ། སྤྱན་གསུམ་འབར་ཞིང་མཆེ་བ་བཞི་ཟངས་ཡག་ཏུ་གཙིགས་པ། སྨ་ར་ སྨིན་མ་དབུ་སྐྲ་མེ་ལྟར་འབར་བ། དར་ནག་གི་བེར་ཆེན་དགུ་བརྩེགས་གསོལ་བ། གསེར་གྱི་ སྐེ་རགས་བཅིངས་ཤིང༌། སག་ཏིའི་ལྷམ་ཡུ་རིང་གསོལ་བ། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་ གྱི་དོ་ཤལ། སྦྲུལ་ནག་གི་ཐོད་བཅིངས། གསེར་གྱི་རྣ་ཆ་ལ་སོགས་པས་བརྒྱན་པ། ཆིབས་ སུ་སྟག་ཆེན་རྔམ་པ་ཆིབས་ཤིང༌། སེང་གེ་དཀར་པོ་རོལ་དུ་ཁྲིད་པ། ལྕགས་ཀྱི་བྱ་ཁྲ་ཀླད་ལ་ ལྡིང་ཞིང༌། ཅེ་སྤྱང་དོམ་དྲེད་ཕྱི་ནས་འབྲང་བ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། ། གཡོན་དུ་བྷྱོཿལས་ལྷ་མོ་དམར་ནག་སྤྱན་གསུམ་དབུ་སྐྲ་ལན་བུ་གཅིག་ཏུ་འཕྱང་བ། ཁྲམ་ ཤིང་དང་ནད་རྐྱལ་འཛིན་པ། ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་ལ་ཆིབས་ཤིང༌། རླུང་ནག་འཁྱིལ་ བའི་དབུས་ན་བཞུགས་པའོ། །གཙོ་བོའི་སྐུ་ལས་སྤྲུལ་པའི་འཁོར་གྱི་ཚོགས་ནི། སྐུའི་མོན་པ་ སྲོག་བདག་སྔོ་སྐྱ་ཏྲི་ཤུ་ལའི་རྩེ་ལ་མི་རོ་བཙུགས་པའི་རྒྱལ་མཚན་འཕྱར་བ། གསུང་གི་མོན་ པ་ཤན་པ་དམར་ནག གཡས་མ་ཧེའི་རྭ་དུང་འབུད་པ། གཡོན་ལྕགས་ཀྱི་ཕུར་བུ་འདེབས་ ཤིང་ཉམས་པའི་མགུལ་ནས་བཅིངས་པའི་ཞགས་པ་ནག་པོ་འཛིན་པ། ཐུགས་ཀྱི་མོན་པ་ ཐེའུ་ནག་པོ་སྤུ་གྲི་དང་མི་སྙིང་ཐོགས་པ། གཞན་ཡང་ཤ་ཟན་གྱི་མོན་པ། ཁྲག་འཐུང་གི་མོན་ པ། སྲོག་གཅོད་ཀྱི་མོན་པ། བླ་འགུགས་ཀྱི་མོན་པ། སྙིང་འབྱིན་གྱི་མོན་པ། གཟེར་འདེབས་ ཀྱི་མོན་པ། ཚེ་འཕྲོག་གི་མོན་པ་རྣམས་ལས་མཁན་གྱི་ཆ་ལུགས་ཅན། གཡས་རལ་གྲི་ལ་ 15-1-609 སོགས་པའི་མཚོན་ཆ་སྣ་ཚོགས་དང་གཡོན་ཐོད་ཁྲག་འཛིན་པ། དེའི་ཕྱི་རོལ་དུ་མ་མོ་བདུན་ ལ་སོགས་པ། མ་མོ། མཁའ་འགྲོ་ཤ་ཟ་གྲངས་མེད་པ་དང་བཅས་པའོ། །ཐམས་ཅད་ཀྱི་ དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དུར་ ཁྲོད་ཆེན་པོ་ཨུ་ཙ་ལ། བསིལ་བ་ཚལ། རི་རབ་ཀྱི་ཁོང་སེང༌། དཔལ་རྡོ་རྗེ་གདན་ལ་སོགས་ པ་ནས། མགོན་པོ་འཁོར་བཅས་བཛྲ་ས་མཱ་ཛཿ ༀ་བཛྲ་མཧཱ་ཀཱ་ལ་ཏྲི་ཡཾ་ཛ་ཛཿ ཏྲཀ་རཀྴ་ས་མ་ ཡ་མཎྜ་ལ་ཨ་ཀཌྷྱ། ཨ་ཀཌྷྱ། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། ཏིཥྛ་ཏིཥྛ། ཨ་ཝ་ལོ་ཀ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཛཿ ཞེས་སྤྱན་དྲངས། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཧཱུཾ། སྡེ་བརྒྱད་དམག་ དཔོན་དཔའ་བོ་ཆེན་པོ་ནི། །འཇིགས་རུང་གར་དགུའི་ཉམས་ལྡན་སྟོབས་པོ་ཆེ། །གདུག་ པའི་དགྲ་བགེགས་ཚར་གཅོད་སྤྲུལ་པ་འགྱེད། ལྕམ་དྲལ་བྲན་གཡོག་འཁོར་དང་བཅས་ལ་ བསྟོད། །ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ༀ་བཛྲ་མཧཱ་ཀཱ་ལ་ཏིཥྛ་བཛྲ། ཞེས་བཞུགས་ སུ་གསོལ། ཡི་དམ་གྱི་སྔགས་ལན་བདུན་ཙམ་དྲག་ཏུ་བཟླས་ནས། ༀ་བཛྲ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ། རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པར་བསམ། སྔར་སྨན་དང་རཀྟ་བཤམས་ཤིང་བྱིན་གྱིས་བརླབས་ན། སྐབས་འདིར་འབུལ་ཞིང༌། བསྡུས་པའི་སྐབས་སུ་མ་བྱས་ཀྱང་ཆོག་གོ །འོན་ཀྱང་གཏོར་མ་ནང་མཆོད་དང༌། རཀྟས་བྲན་ལ་འབུལ་བ་ཙམ་ནི་བྱ་དགོས་ ཏེ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཤ་ལྔ་བདུད་རྩི་ལྔ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་ རྩིའི་རྒྱ་མཚོ་དང༌། དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤ་ཁྲག་དམར་གྱི་ཕུང་པོ་རི་རབ་ ཙམ་དུ་གྱུར། ༀ་ཨཱཿཧཱུཾ། ལན་བདུན་དང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། ༀ་ཤྲཱི་མཧཱ་ཀཱ་ལ་ཏྲི་ཡཾ་ཛ་ ཛ། དགྲ་བགེགས་མཱ་ར་ཡ་ཧཱུཾ་ཕཊ། ཏྲཀ་རཀྴ་ཧ་ལ་དགྲ་བོ་མཱ་ར་ཡ་ཛ་ཛ། བཱ་ལིཾ་ཨི་དཾ་གྲྀཧྞ། ཁ་ཁ་ཁཱ་ཧི་ཁཱ་ཧི། བྷུཉྫ་ཧོ། རཀྟ་པི་པ་ཏོ་ས་མཱ་ཡ་སྭཱཧཱ། ཞེས་ལན་བདུན་གྱིས་བསྟབ། ཡེ་ཤེས་བདུད་ རྩིའི་རྒྱ་མཚོ་འདི། །མཐུ་ཆེན་ནག་པོ་ཆེན་པོ་དང༌། དཔལ་ལྡན་འདོད་ཁམས་གཙོ་མོ་དང༌། 15-1-610 དུར་ཁྲོད་མ་མོའི་ཚོགས་རྣམས་དང༌། །ལས་བྱེད་མོན་པའི་ཚོགས་རྣམས་དང༌། །རྒྱལ་ཆེན་ བཞི་སོགས་འཁོར་བཅས་ལ། །དངོས་གྲུབ་རྣམ་གཉིས་ཐོབ་ཕྱིར་དང༌། །གདུག་པ་ཐམས་ ཅད་བསྒྲལ་ཕྱིར་འབུལ། །ཐུགས་དམ་དབང་གིས་བཞེས་སུ་གསོལ། །ༀ་ཤྲཱི་མཧཱ་ཀཱ་ལ་ཁ་ རཾ་ཁཱ་ཧི། ཚོགས་ཀྱང་གཏོར་མ་བཞིན་དུ་བྱིན་གྱིས་བརླབས། ལྷ་ཆེན་ལེགས་ལྡན་ནག་པོ་ཆེན་པོ་འཁོར་ བཅས་ལ། །དམར་གྱི་ཨརྒྷཾ་མེ་ཏོག་བཟང་པོ་བསུར་ཆེན་དྲི། །ཞག་ཆེན་མར་མེ་སྦྱར་བའི་དྲི་ དང་ཞལ་ཟས་མཆོག །བརྗིད་པའི་སྒྲ་དང་སྙན་པའི་རྐང་གླིང་མཆོད་པ་དང༌། །དྲི་ཆེན་རཀྟ་ སྙིང་ཀླད་དྲི་ཆུ་བྱང་ཆུབ་སེམས། །རྟ་ཤ་མི་ཤ་གླང་ཆེན་ཁྱི་དང་བ་ལང་ཤ །སྣ་ཚོགས་སྐམ་ རློན་ཉ་ཤ་ཚིལ་དང་ལ་ཕུག་སོགས། །ནས་འབྲས་དགུན་འབྲུམ་ལས་བྱུང་ཆང་དང་ཁུར་བར་ བཅས། །ཕྱི་ནང་གསང་བའི་རྟེན་དང་དམ་རྫས་མ་ལུས་འབུལ། །བཞེས་ཏེ་ཀུན་ཏུ་དགྱེས་ མཛོད་ལས། །འཕྲུལ་གྱི་དངོས་གྲུབ་སྩལ་བ་དང༌། །སྡང་བའི་དགྲ་བགེགས་ཀུན་སྒྲོལ་ཞིང༌། ། ཡིད་ལ་བསམ་པ་ཀུན་འགྲུབ་མཛོད། །ཕུད་གོང་གི་གཏོར་མའི་སྔགས་ཀྱིས་འབུལ་ལོ། །དེ་ནས་བཟླས་པའི་ དམིགས་པ་གསལ་བཏབ་ལ། ༀ་ཤྲཱི་མཧཱ་ཀཱ་ལ་རུ་པ་ཧཱུཾ་ཕཊ། སྐུའི་སྙིང་པོའོ། །ༀ་མཧཱ་ཀཱ་ལ་རཀྵ་དུ་བེད་ ཎི་ཛཿ གསུང་གི་སྙིང་པོའོ། །ༀ་བཛྲ་མཧཱ་ཀཱ་ལ་ཏྲི་ཡཾ་ཛ་ཛ། དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཐུགས་ཀྱི་སྙིང་པོ་ སྟེ་བཟླས་པའི་གཙོ་བོ་འདི་ལ་བྱེད། ཏྲཀ་རཀྴ་ཧ་ལ་དགྲ་བོ་མཱ་ར་ཡ་ཛ་ཛ། ལྷ་མོའི་སྙིང་པོ་སྟེ། མགོན་པོའི་བརྒྱ་ བརྒྱ་ལ་བཅུ་བཅུ་གདགས་སོ། །དུན་རུ་ཏྲ་རུ་ཐུཾ་བྷ་ཏི་ཛཿ ཤུ་ལ་ར་ཙ་ཏྲི་ཤཾ་ཛཿ བཛྲ་ཏྲི་ནི་གྱིང་ས་དུ་ཁ་ ཐུཾ་ཏྲི་ས་མཱ་ཡ་ཛ་ཛ། མོན་པ་གསུམ་གྱི་སྔགས་སོ། །དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། དགྲ་བོ་མཱ་ར་ཡ་ནན། མཱ་ ར་ཡ་སོད། མོན་པ་གསུམ་གྱི་བསད་སྔགས་སོ། །ནག་པོ་དགྲ་བོའི་ཤ་རུས་སྙིང་འདི་ཐོན་ཐོན། བདུད་ པོ་དགྲ་བོའི་སྲོག་རྩ་ཆོད་ཆོད། ནག་པོ་དགྲ་བོའི་སྲོག་རྩ་ལ་ཛ་ཛ། ནག་པོ་དགྲ་བོའི་བླ་རྩ་ལ་ ཛ་ཛ། ནག་པོ་དགྲ་བོའི་སྙིང་རྩ་ལ་ཛ་ཛ། ནག་པོ་དགྲ་བོའི་ཀླད་པའི་རྩ་ལ་ཛ་ཛ། ནག་པོ་དགྲ་ བོའི་སྙིང་རྒྱུས་དབུགས་ཀྱི་རྩ་ལ་ཛ་ཛ། ནག་པོ་དགྲ་བོའི་རྩ་རྒྱུས་སྲོག་ལ་ཛ་ཛ། མོན་པ་བདུན་གྱི་ 15-1-611 དྲག་སྔགས་སོ། །ཙ་ཏི་སྟ་ཙཀྲ་ནི་ཧཱུཾ། མ་མ་ཏི་བ་བྷྱོཿཙཀྲ་ནི་ཧཱུཾ། བཾ་ནི་ར་ཧཱུཾ་བྷྱོ་མ་མ་ཆོ། ལས་ལ་ གྲ་ཧ་ལ་ཧ་ལ་ཧཱུཾ་ཕཊ། མ་མོའི་སྲོག་སྔགས་སོ། །བཟླས་པའི་མཇུག་ཏུའང་གཏོར་མ་གསོས་ལ་གོང་བཞིན་ཕུལ་ནས། ཚོགས་གཞུང་དང༌། བསྐང་བ་དང༌། བཤགས་པ་སོགས་སྤྲོ་ན་སྐབས་འདིར་བྱ། བསྡུ་ན། ཨརྒྷཾ་ནས། ཤཔྟའི་བར་གྱིས་ མཆོད། བདེ་ཆེན་འདུ་བྲལ་མེད་པའི་དཀྱིལ་འཁོར་ནས། །ཡང་དག་རྔམ་པའི་སྐུ་གཅིག་བྱུང་ བ་ནི། །མཐིང་ནག་མེ་དཔུང་འཇིགས་བྱེད་འབར་བའི་སྐུ། །ལེགས་ལྡན་དཔའ་བོ་ཆེ་བཙན་ དྲག་ཤུལ་ཅན། །ས་གསུམ་དབང་བསྒྱུར་ནག་པོ་ཆེ་ལ་བསྟོད། །བསྟན་དགྲ་འཇོམས་མཛད་ ཁྱོད་ལ་ཕྱག་འཚལ་ལོ། ཁྲག་མཚོར་རྒྱུག་ཅིང་ཁམས་གསུམ་སྐད་ཅིག་ཉུལ། །མ་གཅིག་རེ་མ་ ཏི་ལ་གུས་པས་འདུད། །ལེགས་ལྡན་ནག་པོའི་སྐུ་གསུང་ཐུགས་ལས་སྤྲུལ། །དགྲ་བགེགས་ སྒྲོལ་མཛད་དྲེགས་པ་བདུན་དུ་བསྟན། །འཕྲིན་ལས་ཕོ་ཉ་དུར་ཁྲོད་མ་མོ་བདུན། །ཡེ་ཤེས་ དབྱིངས་ཀྱིས་སྤྲུལ་པའི་འཁོར་ལ་བསྟོད། །རྣལ་འཕྲུལ་ཕོ་ཉ་མ་ངེས་སྣ་ཚོགས་པ། །མཆེ་ བ་ཅན་དང་བྱ་གཅན་གདུག་པའི་ཚོགས། །སྡེ་བརྒྱད་འཁོར་དང་བཅས་ལ་བསྟོད་པ་འབུལ། ། བདག་ཅག་རེ་སྨོན་དུས་འདིར་འགྲུབ་པར་མཛོད། །ཐུན་གཏོར་ཡོད་ན་སྐབས་འདིར་འབུལ་ཞིང༌། ལྷའི་ དེད་དཔོན་ཚོགས་ཀྱི་བདག །དཔལ་ལྡན་མཧཱ་ཀཱ་ལ་ནི། །ལྷ་མོ་གཉན་དང་གཉིས་སུ་མེད། ། འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་གཞེས་ ཤིག །ཅེས་སོགས་སྤྱི་དང་མཐུན་པར་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། དམ་ཚིག་པ་བསྡུ་བ། སྨོན་ལམ་ བཀྲ་ཤིས་སྤྱི་དང་མཐུན་ནོ། ། འདིའི་རྗེས་གནང་བྱེད་པ་འདོད་ན། གྲུ་གསུམ་མཐིང་ནག་གི་དཀྱིལ་འཁོར་ལ་གཏོར་མ་འགོད། མཐའ་མཆོད་གཏོར་གྱིས་ བསྐོར། བེང༌། ལྕགས་པར། ཕུར་བུ་རྣམས་ཀྱང་ཚོགས་པར་བྱས། གོང་དུ་བཤད་པ་ལྟར་གཏོར་མ་འདོད་དོན་གསོལ་བཏབ་ཡན་ ཆད་རྫོགས་པར་བྱས་ལ། བར་འདིར་རྗེས་གནང་བྱ་སྟེ། མཎྜལ་ཕུལ་ནས་གསོལ་བ་བཏབ་པ་ནི། རྗེ་བཙུན་རྡོ་རྗེ་འཛིན་ པའི་གཙོ། །བདག་གི་ལུས་ངག་ཡིད་གསུམ་གྱི། །དྲི་མ་མཐའ་དག་སྦྱང་བའི་ཕྱིར། །དབང་ 15-1-612 བསྐུར་བྱིན་རླབས་སྩལ་དུ་གསོལ། །ཅེས་ལན་གསུམ་མོ། །གུར་ནས་འབྱུང་བའི་རྒྱུན་བཤགས་དང༌། རིགས་ལྔའི་ སྡོམ་བཟུང་བྱ། གཏོར་མ་མགོན་པོ་འཁོར་བཅས་སུ་བསྐྱེད་ལ་ཡེ་ཤེས་པ་སྤྱན་དྲངས། གཏོར་དབང་སྤྱི་དང་མཐུན་པར་བྱ་སྟེ། སྐུའི་དབང་བསྐུར་རོ། །སློབ་མ་མགོན་པོར་བསྐྱེད་པ་ལ་འཕྲེང་བ་གཏད་དེ། བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་ཏེ། གསུང་གི་ དབང་བསྐུར་རོ། །བེང་གཏད་དེ། སངས་རྒྱས་ཀུན་གྱི་ཐུགས་ཀྱི་རྟེན། །གང་ཞིག་འཕྱར་བ་ཙམ་གྱིས་ ནི། །དགྲ་བགེགས་རྡུལ་དུ་རློག་བྱེད་པ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ༀ་མཧཱ་ཀཱ་ལ་རཀྴ་དུ་ བེང་ཨཱཿཧཱུཾ། ཨ་བྷི་ཥིཉྩ་མཾ། ཐུགས་ཀྱི་དབང་བསྐུར་རོ། །ལྕགས་པར་གཏད་ལ། སངས་རྒྱས་ཀུན་གྱི་དངོས་ གྲུབ་རྟེན། །གང་ཞིག་དྲན་པ་ཙམ་གྱིས་ནི། །ནག་པོ་དགྱེས་ཤིང་ངོམ་པར་བྱེད། །དེ་རིང་ཁྱོད་ ལ་སྦྱིན་པར་བྱ། །ༀ་མཧཱ་ཀཱ་ལ་ཙིཏྟ་པྲི་ཏི་ཨཱཿཧཱུཾ། ཨ་བྷི་ཥིཉྩ་མཾ། ཡོན་ཏན་གྱི་དབང་བསྐུར་རོ། །ཕུར་ བུ་གཏད་ལ། སངས་རྒྱས་ཀུན་གྱི་འཕྲིན་ལས་རྟེན། །གང་ཞིག་སྒྲིལ་བ་ཙམ་གྱིས་ནི། །གདུལ་ དཀའ་མ་ལུས་འཇིགས་པར་བྱེད། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ༀ་མཧཱ་ཀཱ་ལ་དགྲ་བོའི་ སྙིང་ལ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་མཾ། འཕྲིན་ལས་ཀྱི་དབང་བསྐུར་རོ། །རྗེས་ཁས་བླངས་མཎྜལ་ཡོན་འབུལ་ བ་རྣམས་སྤྱི་དང་འདྲ་ཞིང༌། སྤྱི་བསྟབ་མན་ཆད་རྗེས་ཆོག་གོང་བཞིན་བྱའོ། །ཀུན༷་ནས་དྲག་ཤུལ་རབ་ཆེ་བ། །སྣུབས་ཀྱིས་དག༷འ་ བར་རབ་བསྔགས་པའི། །བསྟན་སྲུང་ཆོས་སྐོར་མཐའ་ཡས་ཀྱང༌། །ཉེར་མཁོ་སྙིང༷་པོ༷་ཙམ་ཞིག་བྲིས། །མགོན་པོ་སྟག་ཞོན་དུ་ གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ། ༄༅། །ༀ་སྭཱ་སྟི། རྒྱལ་བ་ཀུན་ལ་ཕྱག་འཚལ་ནས། །བསྟན་སྲུང་ལེགས་ལྡན་ནག་པོ་ཡི། །སྒྲུབ་ཐབས་ཅུང་ཟད་ བཤད་བྱ་སྟེ། །བགེགས་དང་བར་ཆད་ཞི་བར་མཛོད། །ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས་ཆོས་འབྱུང་མཐིང་ནག་ཕྱི་ རོལ་དུ་ཟླུམ་སྐོར་ཐོད་རྭ་མེ་རི་དང་བཅས་པ་ཞིག་བྲི། མཐའ་མཆོད་གཏོར་གྱིས་ཚང་བར་བསྐོར། ཡི་དམ་མཁའ་འགྲོའི་བདག་ བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་མགོན་པོ་སྤྱི་དང་མཐུན་པའམ། ཡི་དམ་ལྟར་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་ སྦྱངས། སྟོང་པའི་ངང་ལས་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དུར་ཁྲོད་ཆེན་ པོ་འཇིགས་སུ་རུང་བས་བསྐོར་བའི་གཞལ་ཡས་ཁང་ནང་ཐོད་མཁར་འབར་བ། དེའི་དབུས་ 15-1-613 སུ་པད་ཉི་དང་དགྲ་བགེགས་ཀྱི་བམ་ཆེན་བསྣོལ་བའི་སྟེང་དུ་ཀྵ་ཡིག་འོད་ཀྱི་འཕྲོ་འདུ་ལས། ལེགས་ལྡན་ནག་པོ་སྲེད་མེད་ཀྱི་བུ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་ ཙནྡན་གྱི་བེང་ཆེན་ནོར་བུས་སྤྲས་པ་འཛིན་པ། བེང་སྟོད་ནས་མེ་འབར་ཞིང་བེང་སྨད་ནས་ ཆུ་འབྲུབ་པ། བེང་གི་ནང་ནས་ལྷ་དང་ལྷ་མ་ཡིན་གྱི་དམག་ཚོགས་འགྱེད་པ། གཡོན་པས་ ལྕགས་ཀྱི་པར་བུ་ནད་སྣ་ཚོགས་ཀྱིས་གང་བ་དཀུ་ལ་བརྟེན་པའི་ཚུལ་གྱིས་འཛིན་པ། ཟ་ འོག་གི་བེར་ཆེན་སྐུ་ལ་གསོལ་ཞིང༌། གསེར་གྱི་སྐ་བོ་ཆེ་བཅིངས་པ། ཞབས་ལ་སག་ཏིའི་ ལྷམ་གསོལ་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྦྲུལ་ གྱིས་བརྒྱན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དགྲ་བགེགས་ལ་སྡང་མིག་ཏུ་གཟིགས་པ། མཆེ་བ་གཙིགས་ཤིང་ལྗགས་འགྲིལ་བ། སྨ་ར་སྨིན་མ་དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་ པའོ། །གཡོན་དུ་བྷྱོ་ལས་དཔལ་ལྡན་ལྷ་མོ་རེ་མ་ཏཱི་སྐུ་མདོག་སྨུག་ནག་ཁྲམ་ཤིང་དང༌། ནད་ རྐྱལ་འཛིན་པ་དྲེའུ་རྟ་རྐང་གསུམ་ལ་ཆིབས་པ། མཐའ་སྐོར་དུ། ནག་པོ་སྟོང་ལྷ་མ་སྲིན་སྡེ་ བརྒྱད། མ་མོ་ཆེན་མོ་བདུན་འཁོར་དང་བཅས་པས་ཡོངས་སུ་བསྐོར་བའོ། །ཡེ་ཤེས་པ་སྤྱན་འདྲེན་ ནམ། མཆོད་བསྟོད་གྱི་མཐར་ཐུག་པའི་བར་འདི་ཉིད་ཀྱི་མཆོད་ཆོག་སྣ་ཚོགས་ནས་འབྱུང་བ་བཞིན་ཅི་རིགས་བྱ་བ་ཡིན་མོད་ཀྱི། དོན་གྱི་གཙོ་བོ་ལ་ཁྱད་པར་མེད་ཅིང༌། ཆོ་གའི་ངོ་བོ་ཐམས་ཅད་གཅིག་པ་ཡིན་པས། མགོན་པོ་སྟག་ཞོན་གྱི་སྐབས་སུ་བཤད་ པ་ལྟར། འདོན་པ་སྤོས་པ་ཁོ་ནས་ཆོག་པ་ཡིན་ནོ། །སྙིང་པོ་ནི། ༀ་མཧཱ་ཀཱ་ལ་རཀྵ་དུ་བེང་ཎི་ཛཿ ཞེས་པའོ། །ལས་ སྔགས་ནི། ༀ་བཛྲ་ཡཀྵ་དེ་བ་མཧཱ་ཀཱ་ལ་ཁ་ཀྲོ་དྷ་ཧཱུཾ། ས་མ་ཡ་ཛ་ཛ། ཐུན་ཀ་ལ་རཀྵ། ཎི་ཛ་རྦད། ཅེས་པ་སྟེ་ཅི་ནུས་སུ་བཟླའོ། །གཏོར་མའི་ཆོ་ག་ཡང་སྟག་ཞོན་གྱི་དེ་ཉིད་འདོན་པ་སྤོས་པས་ཆོག བསྟོད་པ་རྒྱས་པ་ཤིན་ཏུ་མང་ ན་ཡང༌། མདོར་བསྡུ་ན། ཧཱུཾ། བདེ་ཆེན་འདུ་འབྲལ་མེད་པའི་ཀློང་དཀྱིལ་ནས། །ཡང་དག་ཡེ་ཤེས་ སྐུ་གཅིག་བྱུང་བ་ནི། །མགོན་པོ་བེང་མ་གསང་བའི་སྐུར་བསྟན་པ། །མི་འགྱུར་ཁྲོ་བོ་ཁྱོད་ལ་ 15-1-614 ཕྱག་འཚལ་བསྟོད། །ལྷ་མོ་གཤིན་རྗེའི་ལྕམ་གཅིག་བདུད་ཀྱི་ཡུམ། །ལྷ་སྲིན་སྡེ་བརྒྱད་གནོད་ སྦྱིན་མ་མོ་དང༌། །དེད་དཔོན་ནག་པོ་སྟོང་གི་ཚོགས་བཅས་ལ། །གུས་པའི་ཡིད་ཀྱིས་ཕྱག་ འཚལ་བསྟོད་པར་བགྱི། །ཞེས་པའོ། །རྗེས་གནང་གི་ཆོ་ག་ཡང་སྟག་ཞོན་གྱི་སྐབས་ཉིད་འདོན་པ་སྤོ་བ་ཡིན་ནོ། །ཀུན༷་ ནས་གནོད་སྦྱིན་མགོན་པོ་ཞེས། །བྱང་ཕྱོགས་བསྟན་སྲུང་དག༷འ་བར་བསྔགས། །ལས་ཚོགས་རྒྱ་མཚོ་སྒྲུབ་འདོད་པས། །འཇུག་ སྒོའི་སྙིང༷་པོ༷་འདི་བཞེས་ཤི་ག །དཔལ་མགོན་པོ་བེང་བཀའ་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། དུས་གསུམ་རྒྱལ་བའི་བཀའ་སྡོད་ནི། །ལེགས་ལྡན་ནག་པོ་མཐུ་རྩལ་ཅན། །དེ་ལ་བསྟོད་དེ་ཕྱག་ འཚལ་ནས། །སྒྲུབ་ཐབས་ཁྱད་པར་མདོ་ཙམ་བཤད། །མགོན་པོ་བེང་མ་གཏེར་མར་གྲགས་པར་སྒྲུབ་པར་འདོད་ན། སྒྲུབ་ཐབས་ ཀྱི་སྤྱི་རྣམས་སྟག་ཞོན་དང༌། བེང་བཀའ་མ་དང་འདྲ་བ་ལས། རང་གི་མདུན་དུ་ཉི་ཟླ་བམ་ཆེན་བརྩེགས་པའི་ གནས་ལ། རང་གི་སྙིང་ག་ནས་ཀྵ་ཡིག་སྤྲོས། ཀྵ་ལས་གྲི་གུག་ཀྵས་མཚན་པ་ལས་མགོན་ པོ་བསྐྱེད་དེ། མཧཱ་ཀཱ་ལ་ཧཱུཾ་ཞེས་བརྗོད་པས། མགོན་པོའི་ཕྱག་གཡས་པ་ཙནྡན་གྱི་བེང་ཆེན་ དང༌། གཡོན་པ་ན་སྲིན་མོའི་རྐང་གི་མདུང་རིང་བསྣམས་པ། གཞན་སྤྱི་དང་འདྲ་བ་ལས་འཁོར་མ་ མོ་བདུན་གྱིས་བསྐོར་བའོ། །སྤྱན་འདྲེན་གྱི་སྐབས་ཛཿཧཱུཾ་བཾ་ཧོཿ ཨེ་ཧྱེ་ཧི་མཧཱ་ཀཱ་ལ་བི་རུ་ཎི་ཛ་ཛ་ ཧཱུཾ། ཞེས་པ་བེང་གི་ཕྱག་རྒྱ་བསྟན་ཞིང་ལན་མང་དུ་བརྗོད། སྔགས་ནི་མཧཱ་ཀཱ་ལ་གུ་ན་ཧྲི་ད་ཧཱུཾ་ཛ། ཞེས་པ་དང༌། ༀ་ མཧཱ་ཀཱ་ལ་ཎི་ཐུམ་ལཾ་ཐུམ་རིལ་རྦད། པུ་ཎི་ར་ཛ། དགྲ་བོའི་སྙིང་ལ་ཛ། ཏྲཀ་རཀྴ་ཐུཾ་རིལ་རྦད། དགྲ་བོའི་སྙིང་ཁ་རག་ཛ། ཞེས་པ་སྟེ། བོད་རྦད་གཉིས་སོ། །ཡང་འདི་ལ་འཁོར་གཡས་སུ་ཡུམ་དམར་ མོ་གྲི་ཐོད་འཛིན་པ། གཡོན་དུ་རེ་མ་ཏཱི་སྤྱི་དང་མཐུན་པ། མདུན་དུ་ལས་མཁན་རལ་གྲི་དང་ ཐོད་ཁྲག་འཛིན་པ་བསྐྱེད། ༀ་དེ་བ་ཨ་སུ་ར་བྲི་ཐི་ཛ་གྷུ་ནི་ཧེཉྫ་ཧོ། བྷ་ཧུ་ར་ཏ་ཙ་ཧིནྡ། ཀུརྦྷི་ཛི་ ཛྷ་ཧཱུཾ། ཏྲཀ་རཀྵ་ས་མ་ཡ། དཾ་དཾ་ཛ་ཛ་ཧཱུཾ་ཧཱུཾ། ཞེས་བཟླ་བའི་ལུགས་ཀྱང་ཡོད། ལྷག་མ་རྗེས་གནང་གི་བྱ་བ་ཡན་ ཆད་ཐམས་ཅད་སྟག་ཞོན་གྱི་སྐབས་དང་འདྲའོ། །སྣུབས་ཆེན་ལེགས་པའི་བློ་གྲོས་ཀྱིས། །གཏེར་ནས་ཕྱུང་ཞིང་ཀུན༷་ཏུ་གྲགས། ། རབ་དག༷འི་སྒྲུབ་སྐོར་ཆ་ཚང་ལས། ཁྱད་པར་སྙིང༷་པོ༷་ཙམ་ཞིག་བཀོད། །མགོན་པོ་བེང་སྣུབས་ལུགས་སུ་གྲགས་པ་གཏེར་མའི་ 15-1-615 སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ༀ་སྭཱ་སྟི། སངས་རྒྱས་ཀུན་དང་བདེ་གཤེགས་ཀྱི། །གཙུག་ཏོར་ལས་བྱུང་རིགས་སྔགས་རྒྱལ། །དེ་ལ་ བཏུད་ནས་ལེགས་ལྡན་ཆེ། །མཆེད་གསུམ་སྒྲུབ་ཐབས་བསྡུས་པ་བཤད། །མདུན་དུ་མཎྜལ་ནག་པོ་གྲུ་གསུམ་ཚོམ་བུ་ཅན། དེའི་མདུན་དུ་གཏོར་མ་གསུམ་བསྒྲིགས། མཐའ་མཆོད་གཏོར་གྱིས་བསྐོར་བ་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས་མདུན་ བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་པད་ཉི་དང་དགྲ་བགེགས་བསྣོལ་བའི་གདན་གསུམ་ ལ། ཧཱུཾ་གསུམ་ལས་ལེགས་ལྡན་ནག་པོ་མཆེད་གསུམ་སྐུ་མདོག་མཐིང་ནག་ཙནྡན་གྱི་བེང་ ཆེན་འཛིན་པ། དར་ནག་གི་འཇོལ་བེར་དང༌། གསེར་གྱི་སྐ་པོ་ཆེ་བཅིངས་པ། ཞབས་ལ་ སག་ཏིའི་ལྷམ་ཡུ་རིང་གསོལ་ཞིང༌། མི་མགོ་དང་སྦྲུལ་གྱིས་བརྒྱན་པ། དྲག་ལ་རྔམ་པ། དུར་ ཁྲོད་ཀྱི་དབུས་ན་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །གནས་གསུམ་བྱིན་གྱིས་བརླབས། ཡེ་ ཤེས་པ་སྤྱན་དྲངས། དབང་བསྐུར་ཁྲོ་བོའི་རྡོ་རྗེས་རྒྱས་བཏབ། ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་གསུམ་ལ་ དབང་བསྒྱུར་ཅིང༌། །དྲེགས་པ་གསུམ་གྱི་ལྷ་དང་བདུད། །འདུལ་ཕྱིར་ལེགས་ལྡན་ནག་པོ་ ཆེ། །མཆེད་གསུམ་སྐུ་ལ་ཕྱག་འཚལ་ལོ། །ༀ་མཧཱ་ཀཱ་ལ་ཤ་རི་བྷྱོ། ༀ་མཧཱ་ཀཱ་ལ་དུ་ཏྲི་བྷྱོ། ༀ་ མཧཱ་ཀཱ་ལ་དུ་ཏྲི་བྷྱོ། ཞེས་བཟླས་པ་བྱ། གཏོར་མ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ཏེ། སྔགས་གསུམ་གྱི་མཐར་ཨ་ ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། ཕྲིན་བཅོལ་རྒྱས་པའམ། བསྡུ་ན། ལེགས་ལྡན་མཆེད་གསུམ་འཁོར་ བཅས་ཀྱིས། །སངས་རྒྱས་བསྟན་པ་བསྲུང་བ་དང༌། །འགལ་རྐྱེན་ཐམས་ཅད་ཞི་བ་དང༌། ། བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །དེ་ནས་རྗེས་གནང་ནི། སློབ་མས་རྡོ་རྗེ་འཛིན་པ་སོགས་ཀྱིས་ གསོལ་བ་བཏབ། ཡེ་ཤེས་འབེབས་པའི་ཚུལ་དུ་ལྷ་སྐུ་བསྟིམ། ཧཱུཾ་ཧཱུཾ་ཤྲཱི་མཧཱ་ཀ་ལ་ཡ་ཨ་བེ་ཤ་ཡ་ཛ་ཛཿ ས་ མཱ་ཡ་ཏིཥྛ་བཛྲ་ཧཱུཾ། ཞེས་བརྗོད་ཅིང་རོལ་མོ་དྲག་ཏུ་བྱ། དེའི་རྐྱེན་གྱིས་སློབ་མ་ལེགས་ལྡན་མཆེད་གསུམ་དུ་སྐད་ཅིག་གིས་ བསྐྱེད། སྐུ་སྤྱི་བོར་བཞག་ལ། སངས་རྒྱས་ཀུན་གྱིས་སྐུ་ཡི་རྟགས། །གང་ཞིག་བསྒོམས་པ་ཙམ་གྱིས་ ནི། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་བ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ༀ་ཤྲཱི་མཧཱ་ཀ་ལ་ཀཱ་ཡ་ 15-1-616 ཨ་བྷི་ཥིཉྩ་ཧཱུཾ། བེང་གཏད་ལ། འདོན་པ་སྤོས་ཏེ། གསུང་གི་རྟགས། བཟླས་པ་ཙམ་གྱིས་ནི། ཝཱཀ་ཨ་ བྷི་ཥིཉྩ༴ ཕུར་པ་གཏད་དེ། ཐུགས་ཀྱི༴ བཟུང་བ་ཙམ་གྱིས། ཙིཏྟ་ཨ་བྷི། ཐོད་པ་ཁྲག་གང་གཏད་དེ། ཡོན་ ཏན། བཅངས་པ་ཙམ་གྱིས། གུ་ཎ་ཨ་བྷི། གཏོར་མ་དགྲ་བགེགས་ཀྱི་དོན་སྙིང་བདུད་རྩིའི་རང་བཞིན་དུ་བྱིན་ གྱིས་བརླབས་པ་ལག་ཏུ་གཏད་དེ། ཧཱུཾ། འདི་ནི་དཔལ་ཆེན་ཧེ་རུ་ཀས། །བདུད་ཆེན་བསྒྲལ་བའི་སྙིང་ ཡིན་ཏེ། །བུ་ཁྱོད་ཀྱིས་ནི་འདི་ལ་ལོང༌། །བསྟན་པའི་དགྲ་བགེགས་མྱུར་དུ་སྒྲོལ། །ཀརྨ་ཨ་ བྷི་ཥིཉྩ། གཏོར་མའི་བཀའ་བསྒོ་སྤྱི་དང་འདྲ། རྗེས་ཀྱི་བྱ་བ་ཡང་སྤྱི་དང་མཚུངས་སོ། །ཕྱིར་བཟློག་ཆེན་མོའི་གཟུངས་སྔགས་ ལས། །བཤད་པར་ཀུན༷་ཏུ་གྲགས་པ་ཡི། །མིང་པོ་གསུམ་གྱི་སྒྲུབ་ཐབས་ནི། །མདོར་བསྡུས་རབ་དག༷འི་སྙིང༷་པོ༷་ལགས། །མགོན་ པོ་ལེགས་ལྡན་མཆེད་གསུམ་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ། ༄༅། །ༀ་སྭཱ་སྟི། ཧེ་རུ་ཀ་ལ་བཏུད་བྱས་ནས། །དེའི་བཀའ་གཉན་དྲག་གཏུམ་མཆོག །ལེགས་ལྡན་མགོན་ལ་ བཏུད་བྱས་ནས། །སྒྲུབ་ཐབས་ངོ་མཚར་ཅུང་ཟད་བྲི། །མཆོད་གཏོར་བཤམས་ལ། ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་བསྲུང་བའི་འཁོར་ལོ་དུར་ཁྲོད་ དང་བཅས་པ། ནང་གྲུ་གསུམ་མཐིང་ནག་པདྨ་འདབ་བརྒྱད་དང་བཅས་པ། ཉི་མའི་དཀྱིལ་ འཁོར། རུ་ཏྲ་ནག་པོ་གན་རྐྱལ་དུ་བསྒྱེལ་བའི་གདན་དང་བཅས་པ། དེའི་སྟེང་དུ་ཧཱུཾ་ལས་ བེང་ཆེན་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་ མགོན་པོ་ཨཾ་གྷོ་ར་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་ཙནྡན་གྱི་བེང་ ཆེན་དང༌། གཡོན་ཐོད་ཁྲག་དཀུ་ལ་བརྟེན་པ། སྤྱན་གསུམ་མཆེ་གཙིགས་སྨ་ར་སྨིན་མ་རལ་ པ་ཁམ་ནག་གྱེན་དུ་བརྫེས་པ། ཁྲག་དང་རྒྱུ་མ་ཞལ་དུ་གསོལ་ཞིང༌། དར་ནག་གི་འཇོལ་བེར་ བསྣམས་ཤིང༌། གསེར་གྱི་སྐེ་རགས་བཅིངས་པ། སྦྲུལ་དང་རིན་པོ་ཆེའི་རྒྱན་ཅན། ཐོད་སྐམ་ གྱི་དབུ་རྒྱན། བདུད་རིགས་ཀྱི་མགོ་བོའི་དོ་ཤལ་བྱས་པ། ཞབས་ལ་ཟངས་ཀྱི་ལྷམ་བུ་གསོལ་ བ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་ཐུགས་ཀ་ནས་ཧཱུཾ་དང་བྷྱོཿསྤྲོས་པ་ 15-1-617 ལས། གཡས་སུ་ཧཱུཾ་ལས་ལེགས་ལྡན་ནག་པོ། གཡས་ཙནྡན་བེང་ཆེན་འཕྱར་ཞིང༌། གཡོན་ ཐོད་ཁྲག་གཙོ་བོ་ལ་སྟོབ་པ། གཙོ་བོ་དང་ཆ་ལུགས་མཚུངས་ཤིང༌། མི་རོའི་སྟེང་ན་འགྱིང་ བའོ། །གཡོན་དུ་བྷྱོཿལས། དཔལ་ལྡན་ལྷ་མོ་སྐུ་མདོག་སྔོ་ནག་བོང་བུ་གྭ་དམར་ལ་ཞོན་ པ། གཡས་རལ་གྲི་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། རྒྱན་དང་རྣམ་ཆ་རེ་མ་ཏཱི་ སྤྱི་དང་འདྲ་བར་བསྐྱེད། དེའི་ཕྱི་རིམ་ལ། གཡས་སུ་མཁའ་འགྲོ་སྡེ་ལྔ། གཡོན་དུ་རྒྱལ་པོ་ཆེན་པོ་ བཞི། ཤར་དུ་དྲང་སྲོང་ཀུན་ཏུ་རིག །རྒྱབ་ཏུ་གནོད་སྦྱིན་ནོར་བུ་བཟང་པོ། དེ་དག་གི་ཕྱི་རོལ་ དུ། ཤར་དུ་སྲིན་པོ་སྟོང༌། ཤར་ལྷོར་མ་མོ་སྟོང༌། ལྷོ་རུ་གཟའ་བདུད་སྟོང༌། ལྷོ་ནུབ་ཏུ་བཙན་ དམར་སྟོང༌། ནུབ་ཏུ་གྱིང་ཕོ་སྟོང༌། ནུབ་བྱང་དུ་སྨུ་བདུད་སྟོང༌། བྱང་དུ་བདུད་མོ་སྟོང༌། བྱང་ ཤར་དུ་གཤིན་རྗེ་སྟོང༌། དེ་དག་གི་ཕྱི་རོལ་དུ་སྡེ་བརྒྱད་ཀྱི་ཚོགས་ཀྱིས་བསྐོར་བར་གྱུར། རང་ གི་སྙིང་ག་ནས་འོད་ཟེར་འཕྲོས། དུར་ཁྲོད་རོལ་པའི་གནས་ནས། མགོན་པོ་འཁོར་བཅས་ བཛྲ་ས་མཱ་ཛཿ ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་དཔལ་ལྡན་མགོན་པོའི་ ཚོགས། །འཁོར་དང་བཅས་པ་འདིར་བཞུགས་ཤིག །འབར་བའི་སྐུ་སྟོན་མཆོད་པ་བཞེས། ། ༀ་ཨཾ་གྷོ་ར་མཧཱ་ཀཱ་ལ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ། ལྷ་ མིན་གདུག་པའི་དམག་ཚོགས་གཡུལ་བཟློག་ཅིང༌། །སྟོབས་ལྡན་ལྷ་དམག་དཀར་པོ་འབུམ་ དང་བཅས། །བགེགས་འདུལ་དཔལ་ལྡན་མགོན་པོ་འཁོས་བཅས་ལ། །དད་པའི་སེམས་ ཀྱིས་བསྟོད་ཅིང་ཕྱག་འཚལ་ལོ། །ༀ་ཨཾ་གྷོ་ར་མཧཱ་ཀཱ་ལ་ཡ་ཏི་སུ་ཛ་ཧོ་པྲ་ཏི་ཛ་ཧོ། ཞེས་ཕྱག་ འཚལ་ལོ། །མཧཱ་པཉྩ་ཨ་མྲྀ་ཏ་ༀ་ཨཱཿཧཱུཾ། ཞེས་ནང་མཆོད་ཕུལ། ༀ་ཨཾ་གྷོ་ར་མཧཱ་ཀ་ལ་དུ་རི་སྭཱཧཱ་ཧཱུཾ་ ཧཱུཾ། གཙོ་བོའི་སྔགས་སོ། །ༀ་མཧཱ་ཀཱ་ལ་རཀྵ་ཧཱུཾ་ཧཱུཾ་ཕཊ་ཕཊ། ལས་མགོན་གྱིའོ། །མ་མ་རུ་རུ་ཙེ་རཀྨོ་ཙ་ ལེ་བྷྱོཿཧཱུཾ་ཕཊ། ལྷ་མོའི་འོ། །གཏོར་མ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། སྙིང་པོའི་མཐར་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ ཁཱ་ཧི། བཏགས་པ་ལན་གསུམ་དང༌། སྤྱི་མཐུན་དུ་ཤཱ་ས་ན་དང༌། ཨ་ཀཱ་རོས་གཏོར་མ་ཕུལ། དམ་རྫས་རྒྱན་གྱི་ 15-1-618 གཏོར་མ་འདི་བཞེས་ལ། །བདག་ལ་སྡང་བའི་དགྲ་བགེགས་མ་ལུས་པ། །མ་རུངས་ཚོགས་ རྣམས་མྱུར་དུ་རླག་པར་མཛོད། །སངས་རྒྱས་བསྟན་པ་བསྲུང་བའི་དུས་ལ་བབ། །ཞེས་འཕྲིན་ ལས་གཞོལ། རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲ་ལ། རྗེས་གནང་བྱེད་པར་འདོད་པས། ཆོས་འབྱུང་གི་སྟེང་དུ་དཔལ་གཏོར་བཞག དེ་ལ་གྲི་སྙིང་དང༌། ཙ་ཀ་ལི་དང༌། དར་ནག་ གི་འཕན་དང༌། སྟག་རས་སོགས་འཛུགས་པར་བཤད་ཀྱང༌། ཙ་ཀ་ལི་དང་འཕན་ཙམ་གདགས། འཕྲིན་ལས་བཅོལ་བ་ཡན་ཆད་ གོང་བཞིན་བྱས་ལ། སློབ་མས་མཎྜལ་ཕུལ། སྐྱབས་འགྲོ་སེམས་བསྐྱེད་བྱ། གུར་ནས་འབྱུང་བའི་རྒྱུན་བཤགས་དང༌། རིགས་ ལྔའི་སྡོམ་བཟུང་བྱེད། བགེགས་གཏོར་བཏང་སྟེ། སུམ་བྷ་ནིས་བགེགས་བསྐྲད། མདུན་བསྐྱེད་གསལ་བཏབ། ཡེ་ཤེས་པ་ སྤྱན་འདྲེན་བྱ། གཏོར་མ་སྤྱི་བོར་བཞག་ལ། གཏོར་སྣོད་རྣམ་དག་ཆོས་ཀྱི་དབྱིངས། །གཏོར་མ་ ཡེ་ཤེས་བདུད་རྩི་ལྔ། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །བུམ་པའི་དབང་མཆོག་ཐོབ་ པར་ཤོག །སྙིང་པོའི་མཐར་བཱ་ལིཾ་ཏཾ་ཨ་བྷི་ཥིཉྩ་ཧཱུཾ། གཏོར་མའི་ལྷ་སློབ་མའི་ཚངས་བུག་ནས་ ཐིམ་པས་སློབ་མ་མགོན་པོའི་སྐུར་གྱུར། ཐོད་པ་བདུད་རྩིའི་གང་བ་མགྲིན་པར་གཏད་དེ། བནྡྷ་བསམ་ འཕེལ་ཡིད་བཞིན་ནོར་བུའི་སྣོད། །རང་བྱུང་བདེ་སྐྱེད་དམ་རྫས་བདུད་རྩི་ཡིས། །སྐལ་ལྡན་ རིགས་ཀྱི་བུ་ལ་དབང་བསྐུར་བས། །གསང་བའི་དབང་མཆོག་དམ་པ་ཐོབ་པར་ཤོག །སྙིང་ པོའི་མཐར་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧཱུཾ། ནང་མཆོད་ནས་ཀྱང་སྦྱིན། གཏོར་མ་ནས་དུམ་ཅིག་བཅད་དེ་སློབ་མ་ཟར་བཅུག་ལ། བཱ་ལིཾ་ཏཾ་ནི་མགོན་པོ་སྟེ། །བཟའ་དང་རོལ་པ་གཉིས་མེད་པས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་ སྦྱིན། །གསུམ་པ་དབང་མཆོག་ཐོབ་པར་ཤོག །སྙིང་པོའི་མཐར་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། ཐོད་ འཕྲེང་ལག་ཏུ་གཏད་དེ། བླ་མེད་རིན་ཆེན་ཐོད་སྐམ་འཕྲེང༌། །མ་ཡེངས་རྒྱུན་དུ་བཟུང་བའི་རྟགས། ། སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན། །བཞི་པའི་དབང་མཆོག་ཐོབ་པར་ཤོག །ཅེས་བརྗོད་ལ་བཟླས་ ལུང་སྤྱི་དང་མཐུན་པར་སྦྱིན། ལྷག་མ་རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །ཀུན༷་ནས་དམ་པ་སངས་རྒྱས་ཀྱི། །བཀའ་སྲུང་རབ་ཏུ་དག༷འ་ བར་གྲགས། །འཁོར་བཅས་སྒྲུབ་ཐབས་རྗེས་གནང་གི །སྙིང༷་པོ༷་ཙམ་ཞིག་བྲིས་པ་ཡིན། །མགོན་པོ་ཨཾ་གྷོ་རིའི་སྒྲུབ་ཐབས་ཀྱི་ལེ་ 15-1-619 ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟཱི། སངས་རྒྱས་རྣམས་དང་བླ་མ་དང༌། །མར་མེ་མཛད་དཔལ་ལ་བཏུད་ནས། །ལེགས་ལྡན་ནག་ པོ་སྒྲུབ་པའི་ཐབས། །དྲི་བྲལ་མདོར་བསྡུས་བཤད་པར་བྱ། །མདུན་དུ་བྲིས་སྐུ་དང༌། མཆོད་གཏོར་རྒྱ་ཆེར་བཤམ། ཕྱག་རྡོར་ གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས། རང་གི་མདུན་དུ་གྲུ་གསུམ་མཐིང་ནག་འབར་ བའི་གཞལ་ཡས་ཁང་ཕྱི་རོལ་དུར་ཁྲོད་ཆེན་པོས་བསྐོར་བའི་དབུས་སུ། པད་ཉི་བམ་རོ་ བསྣོལ་བའི་གདན་ལ་ཧཱུཾ་ལས་ལེགས་ལྡན་ནག་པོ་སྐུ་མདོག་སྨུག་ནག་ཕྱག་གཡས་ན་བེང་ དང༌། གཡོན་ན་མདུང་འཛིན་པ། དར་གྱི་འཇོལ་བེར་དང་གསེར་གྱི་སྐེ་རགས་ཅན། ཞབས་ ལ་སག་ཏིའི་ལྷམ་ཡུ་རིང་གསོལ་བ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། མི་ མགོའི་དོ་ཤལ་ཅན། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཡང་ན་གཅེར་བུ་གཤིན་རྗེའི་ ཆས་སུ་བཞུགས་པར་བསྒོམ་ཀྱང་རུང༌། མཆེད་གསུམ་བྱེད་ན་གཡས་སུ་བེང་མ་དང༌། གཡོན་དུ་གྲི་གུག་མ་བསྒོམ་པར་བྱའོ། ། གསུམ་སྦྲག་ཏུ་ཐུགས་ཀར་བེང་མ་དང༌། དེའི་ཐུགས་ཀར་ཡང་གྲི་གུག་མ་སྒོམ་མོ། །གང་ལྟར་ཡང༌། རྒྱབ་ཏུ་གསང་བའི་ མཁའ་འགྲོ་མ་དམར་མོ་གྲི་ཐོད་འཛིན་པ་དང༌། མདུན་དུ་དཔལ་ལྷ་མོ་རེ་མ་ཏཱིའམ། བདེ་ བསྐྱེད་མཁའ་འགྲོ་སྐུ་མདོག་སྨུག་མོ་ཕྱག་གཡས་ན་གདུག་པའི་གཟའ་སྟག་གི་མགོའི་རྣམ་ པ་ཅན། གཡོན་པས་ཤོ་རྡེའུ་དཀར་ནག་དང་བཅས་པ་འཛིན་པའོ། །གནས་གསུམ་བྱིན་རླབས། ཡེ་ ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ་རྣམས་སྤྱི་དང་མཐུན་པ་ལས། མི་བསྐྱོད་པས་དབུ་བརྒྱན་ཞེས་བརྗོད། ལྷ་ མིན་དམག་ཚོགས་གཡུལ་བཟློག་ཅིང༌། །ལྷ་དམག་དཀར་པོའི་དབུགས་འབྱིན་པ། །ལེགས་ ལྡན་ནག་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དེ་ནས་བཟླས་པའི་དམིགས་ པ་གསལ་བཏབ་ལ། ༀ་ཏྲི་མཧཱ་ཀཱ་ལ་ག་ཎ་གུ་ཏི་སྭཱཧཱ། ན་མཿཏྲི་མཧཱ་ཀཱ་ལ་གྒ་ནི་ཤ་ཡ་ན་མོ་ཡོ་གི་ནཱི་ ནཱཾ། ཏདྱ་ཐཱ། ༀ་ཧི་ལི་ཧི་ལི། ཀེ་ཏི་ཀེ་ཏི་ནི། ཙེ་ཏི་ནི་ཙེ་ཏི་ནི་སྭཱཧཱ། ཞེས་མགོན་པོ་རྣམས་ཀྱི་སྤྱི་སྔགས་ དང༌། བདེ་བསྐྱེད་མ་ལ། ༀ་ཧྲིཿསེ་ལི་ཀི། པྲད་ཛ་ལ། ཨ་མོ་གྷ་ཧྲཱིཿཧ་ཧཱུཾ་ཕཊ། ཅེས་བཟླའོ། །གཏོར་མ་བྱིན་ 15-1-620 རླབས་གྲི་གུག་མ་དང་འདྲ། སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་མཆོད་བསྟོད་འདོད་དོན་གསོལ་བཏབ་ བྱ། འདིའི་རྗེས་གནང་གི། སྔོན་འགྲོ་རྣམས་ལྷོ་ནུབ་མགོན་པོའི་སྐབས་སུ་འཆད་པ་དང༌། འདྲ་ཞིང༌། སློབ་མ་མགོན་པོར་བསྐྱེད་ མི་དགོས། གཏོར་མ་ལྷར་བསྐྱེད་ཅིང༌། ཡེ་ཤེས་པ་སྤྱན་འདྲེན་པ་སྐུ་དང༌། གཏོར་དབང་ཐུགས་དང༌། སྔགས་ཀྱི་བཟླས་ལུང་ གསུང་གི་རྗེས་གནང་རྣམས་སྦྱིན་ནོ། །རྙིང་མ་ཀུན༷་གྱི་ལེགས་ལྡན་དང༌། །མ་འདྲེས་ཇོ་བོའི་ལུགས་དག༷འ་བ། །འདི་ལ་སྙིང༷་ནས་ ཡིད་ཆེས་པས། །མདོ་ཙམ་གསལ་པོ༷ར་བཀོད་པ་ཡིན། །རྩིས་མགོན་ལྷ་ཆེན་དཔལ་འབར་རམ། །ལེགས་ལྡན་ཇོ་བོ་ལུགས་ཀྱི་ སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ནག་པོ་ཆེན་པོ་སྒྲུབ་པའི་ཐབས། །ཉུང་གསལ་བྱིན་རླབས་བཀའ་བབས་དང༌། །ཨ་ཏི་ཤ་ཡི་མན་ ངག་ནི། །བཅོས་སླད་བྲལ་བ་འདི་ལྟར་ལགས། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་སྟེ། སྟོང་པ་ལ་ཅུང་ཟད་མཉམ་པར་ བཞག ༀ་སྭ་བྷཱ་ཝ་སོགས་བརྗོད། པདྨ་དང་ཉི་མའི་སྟེང་དུ། མི་རོ་བཀན་པའི་གདན་ལ། རང་སྐད་ ཅིག་གིས་དཔལ་ལྡན་མཧཱ་ཀཱ་ལ་སྐུ་མདོག་དུས་མཐའི་སྤྲིན་དང་མཚུངས་པ། ཞལ་གཅིག་ ཕྱག་གཉིས་པ། གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་པ་ཁྲག་གང་ཐུགས་ཀར་འཛིན་ པ། སྤྱན་གསུམ། མཆེ་བ་གཙིགས་ཤིང༌། ལྗགས་བསྐྱོད་པ། སྨ་ར་དང་སྨིན་མ་དམར་སེར་ གྱེན་དུ་བརྫེས་པ། སྦོམ་ཐུང་ཡན་ལག་ཧྲགས་ཤིང༌། གསུས་ཁྱིམ་ཆེ་བ། སྟག་ལྤགས་ཀྱི་ཤམ་ ཐབས་ཅན། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་ གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས། མེ་ཚན་དྲག་པོ་འབར་བའི་ཀློང་ན་བཞུགས་ པའོ། །ཐུགས་ཀར་རཾ་ལས་ཉི་མའི་སྟེང་དུ། ཧཱུཾ་མཐིང་ནག དེ་ལས་འོད་ཟེར་འཕྲོས། ཤར་ ཕྱོགས་ནས་རྒྱལ་བ་མི་བསྐྱོད་པ་བཛྲ་ས་མཱ་ཛཿ རང་གི་སྤྱི་བོར་རིགས་བདག་གི་ཚུལ་དུ་ བཞུགས་པར་གྱུར། ཡང་ཧཱུཾ་ལས་འོད་ཟེར་སྨུག་ནག་ཤིན་ཏུ་ཚ་བ་འཕྲོས། ཕྱོགས་བཅུའི་ སེམས་ཅན་གདུག་པ་ཅན་ཐམས་ཅད་ཀྱི་ལུས་རྣམས་གདུངས་ཤིང༌། སེམས་ངན་པ་ཐམས་ 15-1-621 ཅད་བསྲེགས་པར་གྱུར། ཧཱུཾ་གི་མཐར་སྔགས་ཀྱིས་བསྐོར་བ་བསྒོམས་ལ། ༀ་མཧཱ་ཀཱ་ལ་ཧ་ ན་ཧ་ན་བཛྲེ་ཎ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླས་པའི་མཐར། དཔལ་མགོན་པོས་བདག་གི་དགྲ་ལྷ་དང་ སྲུང་མ་ཆེན་པོ་མཛོད་ལ། སྤྱི་དང་ཁྱད་པར་གྱི་བསྟན་པ་སྐྱོང་བ་དང༌། བདག་དང་སེམས་ཅན་ རྣམས་ལ་གནོད་བྱེད་ཐམས་ཅད་འདུལ་ཞིང༌། འཕྲིན་ལས་རྣམ་པ་བཞི་འགྲུབ་པ་དང༌། བར་ ཆད་བསྲུང་ཞིང༌། ཡིད་ལ་བསམ་པའི་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། དཔལ་ མགོན་པོ་ཁྱོད་ཀྱི་གོ་འཕང་ཐོབ་པར་མཛད་དུ་གསོལ། ཞེས་བདག་བསྐྱེད་ཀྱི་ལྷ་ལ་གསོལ་བ་དྲག་ཏུ་བཏབ་ ཅིང༌། མ་འབྱོར་བ་དང་སོགས་ཀྱིས་བཟོད་པར་གསོལ། དགེ་བ་བསྔོ་བའོ། །བཟའ་བཏུང་ནམ་བྱེད་པའི་ཕུད་ནས་མི་ ཆུང་ཙམ་བཅད་ལ། ༀ་ཨཱཿཧཱུཾ་ལན་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས། ༀ་མཧཱ་ཀཱ་ལ་བཛྲ་ས་མཱ་ཛཿ ཞེས་ སྤྱན་དྲངས། སྙིང་པོའི་མཐར་ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་འབུལ། ༀ་མུཿ ཞེས་ གཤེགས་སུ་གསོལ། ཁྱད་པར་གྱི་མཆོད་པ་ནི། དུས་བཟང་ཐམས་ཅད་དང༌། ཁྱད་པར་ཉེར་དགུའི་མཚན་མོ། མདུན་དུ་མཎྜལ་ ནག་པོ་གྲུ་གསུམ་ཞིག་བྱས་ལ། ཁྲག་དང་ཆང་གིས་བྱུགས། ཚོམ་བུ་ནག་པོ་ཞིག་བཀོད། དེའི་མདུན་དུ། བཤོས་བུའི་གཏོར་མ་ ལག་ལེན་ལྟར་གསུམ་བཤམ། མཆོད་པ་སྣ་ལྔ་གཅིག་དང༌། མཆོད་ཡོན། མེ་ཏོག་ནག་པོའི་ཕུང་པོ། སྤོས་སྦྱོར་རམ། གུ་གུལ། དཔལ་འབར་གསུམ་རྣམས་བཤམ། བདག་བསྐྱེད་ཡི་དམ་མམ། གོང་དུ་བསྟན་པའི་མགོན་པོ་ཉིད་སྔོན་དུ་འགྲོ་བས། མཆོད་རྫས་ རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ༀ་སྟོང་པར་གྱུར། ཨཱཿཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ། ཧཱུཾ་ཤ་ལྔ་བདུད་རྩི་ལྔས་གང་བ། ཧོཿཡེ་ཤེས་ཀྱི་བདུད་ རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧོཿ ལན་གསུམ་བརྗོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། མགོན་པོ་ནག་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ མཎྜལ་གྱི་ཚོམ་བུའི་སྟེང་དུ་འཁོད་པ་ནི། དཔལ་ལྡན་མཧཱ་ཀཱ་ལ་ནས། ཧཱུཾ་མཐིང་ནག་གོ །མཆོད་ཡོན་ནས། ཤཔྟའི་བར་གྱིས་མཆོད། སྲིན་གཟུགས་མའི་ཤོ་ལོ་ཀ་དང་པོས་བསྟོད། མདུན་བསྐྱེད་ཀྱི་ཐུགས་ཀའི་ཧཱུཾ་ལ་དམིགས་ནས། བཟླས་པ་ཅུང་ཟད་བྱས། གཏོར་མ་དང་པོ་གསོལ་བར་དམིགས་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱ་ཆེར་སྤེལ། སྙིང་པོའི་ 15-1-622 མཐར་ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་བསྟབ། བདག་བསྐྱེད་ཀྱི་སྐབས་བཞིན་གསོལ་བ་དྲག་ཏུ་ བཏབ། གཏོར་མ་གཉིས་པའང་སྔར་དང་འདྲ་བ་ལས། སྙིང་པོའི་མཐར། ཨ་ཀཱ་རོ་བཏགས་པས་འབུལ། འདི་ལ་འདོད་དོན་ མི་ཞུ། གསུམ་པ་ཡང་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་སྔོན་དུ་འགྲོ་བས། ༀ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ས་པ་རི་ཝཱ་རེ་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ༀ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཞེས་ལན་ཉི་ཤུ་རྩ་གཅིག་ཙམ་གྱིས་འཁོར་ དང་བཅས་པ་རྣམས་ལ་འབུལ་ལོ། །སྤོས་སྦྱོར་བསྲེག་ཅིང༌། མེ་ཏོག་རེ་རེ་ནས་གཏོར་མ་ལ་འབུལ་བ་དང༌། སྙིང་པོ་ཁོ་ན་བཟླས་ པར་བྱའོ། །བསྟོད་པ་སྲིན་གཟུགས་མ་ཡོངས་རྫོགས་ཀྱི་མཐར། འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་ བསྲུང་བར་ཞལ་བཞེས་པ། །ནག་པོ་ཁྱོད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་ གཟུགས། །དབུ་སྐྲ་ཁམ་ནག་གྱེན་བརྫེས་པས། །སྟེང་གི་ལྷ་ཚོགས་འཇིགས་པར་བྱེད། །སྤྱན་ བགྲད་ལྗགས་འགྲིལ་མཆེ་གཙིགས་ནས། །བར་གྱི་ལྷ་ཚོགས་བསྲེག་པར་མཛད། །གཡས་ ན་གྲི་གུག་བསྣམས་པ་ནི། །དགྲ་བགེགས་འདུལ་ཞིང་བདུད་མགོ་གཅོད། །གཡོན་ན་ཐོད་པ་ བསྣམས་པ་ནི། །གནོད་སེམས་ཅན་གྱི་སྙིང་ཁྲག་གསོལ། ཁྲོས་པས་ཞབས་གཉིས་བརྡབས་ པ་ཡིས། །མ་རུངས་རྣམས་ཀྱི་ལུས་ལ་ཉེད། །ནག་པོ་ཆེ་ལ་ཕྱག་འཚལ་འདུད། །གང་ལ་བྱ་བ་ རྡུལ་དུ་རློག ཅེས་སོགས་འཕྲིན་བཅོལ་ཅི་ཤེས་བྱ། དཔལ་འབར་གསུམ་ཡང་སྦར་ཏེ། ༀ་མཧཱ་པྲ་དཱི་པེ་ཧཱུཾ། ཞེས་ ལན་གསུམ་བརྗོད་ཅིང༌། གཏོར་མ་རྣམས་ལ་རེ་རེ་བཙུགས། བཟོད་གསོལ་གྱི་མཐར། གཏོར་མ་ཁང་སྟེང་ངམ་དུར་ཁྲོད་དུ་ བསྐྱལ། ༀ་མུཿ ཞེས་ཚོམ་བུ་བསྡུའོ། །ཚུལ་འདིས་སྔགས་འབུམ་ཕྲག་གཅིག་གིས་བསྙེན་པ་འགྲུབ་པར་བཤད། འབུམ་ཕྲག་ བཅུ་གསུམ་གྱིས་སྟེང་གདོན་གྱིས་ཟིན་པའང་ཐར་བར་ཐེ་ཚོམ་མེད་ཅེས་གསུང༌། འབུམ་ཕྲག་སུམ་ཅུ་རྩ་གཉིས་ཀྱིས་ནི། ཤིན་ཏུ་ སྐལ་བ་དམན་ཡང་ལས་ཐམས་ཅད་འགྲུབ་ཅེས་བཤད་ལ། འོན་ཀྱང་ད་ལྟར་འབུམ་ཕྲག་བཅོ་བརྒྱད་བསྙེན་ཚད་དུ་མཛད་ཅིང༌། དེ་ནས་སྒྲུབ་པ་ལ་འཇུག་པར་འདོད་ན། བྲིས་སྐུ་མདུན་དུ་བཀྲམ་ལ། མཎྜལ་མ་གཏོགས་གོང་གི་མཆོད་ཆོག་དང་འདྲ་ བར་བྱ་བ་ལས། ཁྱད་པར་ནི་མདུན་བསྐྱེད་ཀྱི་བཟླས་པ་ཁོ་ན་གཙོ་བོར་བྱེད་ཅིང༌། སྔར་གྱི་མཎྜལ་གྱི་ཚབ་བྲིས་སྐུ་ལ་བྱེད་པ་ དང༌། སྔགས་འཕྲེང་ཞལ་ནས་ཞལ་ལྟེ་བ་ནས་ལྟེ་བར་འཁོར་བའི་དམིགས་པ་བྱེད། གཏོར་མ་གསུམ་པོ་སྒྲུབ་པ་མ་ཐོན་པར་ཕྱིར་ 15-1-623 མི་གཏོང་ཞིང༌། ཐུན་རེ་རེ་བཞིན་འབྱོར་པ་ཆེ་ན་གསར་པ་རེ་བཤམས་ལ། མིན་ན་ཁ་གསོ། ཐུན་མཚམས་སུ་གཤེགས་གསོལ་ མི་བྱེད་པར་བྲིས་སྐུ་ལ་བརྟན་བཞུགས་བྱ། ཐུན་ཐམས་ཅད་དམ་སྲོད་ཐུན་ལ་ཐུན་གཏོར་རེ་ངེས་པར་གཏོང༌། ཚུལ་དེས་འབུམ་ ཕྲག་བཅོ་བརྒྱད་བཟླས་ན། སྒྲུབ་པའི་གྲངས་ཚད་ཐོན་པར་བྱེད་དོ། །ཚུབ་མ་ཤུགས་དྲག་ཁང་ཐོག་འཚེག །གླུ་ལེན་བྱ་རོག་ཨ་ ཙ་ར། །དར་ནག་ཐོགས་ཏེ་འོ་དོད་འབོད། །ཕྱིའི་རྟགས་སུ་ཤེས་པར་བྱ། །སློབ་དཔོན་འོངས་ནས་གཏམ་སྨྲ་དང༌། །ཆོས་འཆད་ ལུང་སྟོན་གདུགས་འབུལ་དང༌། །བནྡྷ་སྟོན་པ་ནང་གི་རྟགས། །མགོན་པོའི་སྐུ་སྟོན་གྲི་གུག་དང༌། །མཁའ་འགྲོ་ཚོགས་དང་ཅ་ཅོ་ འདོན། །དངོས་གྲུབ་སྟེར་བར་རྨི་བ་དང༌། །སྟག་དང་སེང་གེ་འཕྱོང་བ་དང༌། །ཤེལ་གྱི་མཆོད་རྟེན་བསྐོར་བ་དང༌། །གཏོར་ཆེན་ ཁྱེར་འཕྲད་འགྲུབ་པའི་རྟགས། །མཚོན་ཆའི་ཆར་དང་ཨ་ཙ་ར། །འཁྲུགས་རྒོལ་དུ་བ་བཟློག་རྟགས་སོ། །ཞེས་གསུང་བ་ལྟར་རོ། ། སྙིང་པོ་ལ་བཛྲེ་ཎ་བདག་ལ་སྲུངས་ཤིག་སྲུངས་ཤིག་ཧཱུཾ་ཕཊ་སྭཱཧཱ། ཞེས་འཁོར་ལོ་འཁོར་བའི་ཚུལ་གྱིས་ དམིགས་པ་གསལ་བཏབ་སྟེ་བཟླས་ན། ནད་གདོན་ཐམས་ཅད་ཐོན་ཅིང༌། བསྲུང་བ་དང༌། བྱིན་རླབས་ཀྱི་མཆོག་གོ །ཡང་ གདོན་འདུལ་ན། བཛྲེ་ཎ་བདག་གམ་ཆེ་གེ་མོ་ལ་གནོད་པར་བྱེད་པའི་རྒྱལ་འགོང་མཱ་ར་ཡ་ཛ་ཛ་ཧཱུཾ་ ཕཊ། ཞེས་བཟླ། རྒྱལ་འགོང་ཞེས་པར་གང་དགོས་སྤེལ། ཡང་བཛྲེ་ཎ་བ་སུ་པུཥྚིཾ་ཀུ་རུ་སྭཱཧཱ། བདག་གི་འབྱོར་ བ་པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་པས་ལོངས་སྤྱོད་ལྷག་པར་འཕེལ་བར་འགྱུར་ལ། ཨཱ་ཡུ་པུཥྚིཾ་ཚེ་པུཥྚིཾ་ཞེས་འདོན་པ་སྤོས་ ན། ཚེ་སྒྲུབ་ཀྱི་མཆོག་ཡིན་ལ། བསྲུང་བ་དང་འདྲེ་འདུལ་གཙོ་བོར་ཕྱི་དྲོ་བཟླ་ཞིང༌། ལོངས་སྤྱོད་དང་ཚེ་སྤེལ་བ་གཙོ་བོར་སྔ་དྲོ་ བཟླའོ། །སྒྲུབ་པ་དང་ལས་སྦྱོར་གྱི་ཚེ། བཟློག་པའི་རྟགས་བྱུང་ན། ༀ་མཧཱ་ཀཱ་ལ་བཱ་ལིཾ་ཧཱུཾ་ཧཱུཾ་རིལ་རྦད། པུ་ནི་ཛ་ མཧཱ་ཀཱ་ལ་ཏྲཀྴད་སིདྡྷི་མ་མ་དུ་ཏི་ཛ། གླིང་བྱིན་ཚལ། སྙིང་ནས་ཛ། དགྲ་བོ་མཱ་ར་ཡ་ཛ་ཛ། ཞེས་ བརྒྱ་རྩ་ཙམ་བཟླས་པས་སེལ་བར་འགྱུར་རོ། །དྲག་པོའི་ལས་སྦྱོར་ནི། སྒྲུབ་པའི་དུས་ཀྱི་ཆོ་ག་ལ་འདོན་པ་སྤོས་ནས། གཏོར་མ་ དང་སྦྱིན་བསྲེག་ལ་བརྟེན་པའི་དགྲ་བསད་ཞིག་ཡོད་དེ། འདིར་མ་བྲིས་སོ། །དེའི་ཚེ་དྲག་ཏུ་བསྐུལ་བའི་ཚིག་ནི། གང་ཞིག་ དཀོན་མཆོག་གསུམ་གནོད་དང༌། །བསྟན་པ་ལ་གནོད་མཚམས་མེད་བྱེད། །བདག་ལ་སྡང་ བའི་དགྲ་བོ་འདི། །ཕྱི་དུས་འགྱང་བར་མ་འཇོག་པར། །བདག་གིས་བསྒོ་བ་ཀུན་ཁུག་ལ། ། ལིང་ག་འདི་ལ་མྱུར་དུ་ཁུག །འདིའི་ཤ་ཟོ་ཁྲག་ལ་རོལ། །རུས་པ་ཀླད་པ་ནང་ཁྲོལ་དྲོངས། 15-1-624 རིགས་རྒྱུད་རྩད་ནས་ཆོད་ལ་ཤོག །མཛའ་བ་ཀུན་དང་ཁྲོལ་ལ་ཤོག །ཡང་ན་འདིའི་ཕྱིར་ འབྲངས་ནས། །ཏིལ་འབྲུ་ཙམ་དུ་མཛད་དུ་གསོལ། །ཞེས་བརྗོད་པ་སྟེ། འདི་ཇོ་བོའི་གསུང་ཡིན་ནོ། །ཞེས་ སངས་རྒྱས་སྒོམ་པ་གསུང་ངོ༌། ། བཟླས་ལུང་བྱ་བའི་ཚུལ་ནི། སློབ་དཔོན་གྱི་བྱ་བ་ཉེར་དགུ་མཆོད་པ་བཞིན་ལས། བཟླས་པའི་མཚམས་སུ་ལུང་སྦྱིན་ཏེ། སློབ་མས་མཎྜལ་ཕུལ། ཡན་ལག་བདུན་པ་བཟང་སྤྱོད་བཞིན་བྱ། སྐྱབས་འགྲོ་སེམས་བསྐྱེད་རྒྱས་པ་འགྲུབ་ན་རབ། མ་འགྲུབ་ ན་སངས་རྒྱས་ཆོས་དང་མ་ཙམ་ཞིག་བྱ། མངོན་རྟོགས་ཕོག སྔགས་བཟླས་ལུང་དུ་སྦྱིན་པ་ཙམ་གྱིས་དོན་གྲུབ་པ་ཡིན་ནོ། ། དེ་ནས་སློབ་དཔོན་གྱིས་ཆོ་གའི་ལྷག་མ་རྣམས་བྱ། སྒྲུབ་ཐབས་འདི་ལྷད་མེད་ཤིན་ཏུ་ཡིད་ཆེས་དང་ལྡན་པ། གྲགས་ཆུང་བ་ཞིག་ སྣང་བས་འབྲོམ་སྟོན་པ་ཡབ་སྲས་ཀྱི་ཡིག་ཆུང་གཉིས་དང༌། སངས་རྒྱས་སྒོམ་པའི་གསལ་བྱེད་ཡིག་ཆུང་ལ་བརྟེན་ནས། བསྙེན་ པ་དང་སྒྲུབ་པའི་ཚུལ་གསལ་བར་བཀོད་པ་ཡིན་ནོ། །ལས་སྦྱོར་ནི་དེ་དག་ཏུ་ཤེས་པར་བྱའོ། །ནག་པོ་ཆེན་པོའི་སྒྲུབ་པ་ནི། །ཀུན༷་ དག༷འི་ཉམས་ལེན་སྙིང༷་པོ༷་འདི། །དེང་དུས་གཞན་ལ་མ་གྲགས་ཀྱང༌། །བདག་གི་བསོད་ནམས་དཔལ་ལས་རྙེད། །གྲི་གུག་ དཔའ་གཅིག་གི་སྒྲུབ་ཐབས་བཟླས་ལུང་ལ་བརྟེན་པར་གྲགས་པའི་མན་ངག་བསྟན་པའི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། དཔའ་བོ་གང་ཞིག་དྲན་ཙམ་གྱིས། །ཕུན་ཚོགས་དངོས་གྲུབ་ཉེར་སྩོལ་ཞིང༌། །མི་མཐུན་ཕྱོགས་ ཀུན་ཞི་མཛད་པའི། །ནག་པོ་ཆེ་ལ་ཕྱག་འཚལ་འདུད། །འདིར་ལྷོ་ནུབ་མགོན་པོ་ཞལ་དམར་ཞེས་བྱ་བ་སྒྲུབ་པ་ལ། བྲིས་སྐུའི་ མདུན་དུ་མཆོད་གཏོར་རྒྱ་ཆེར་བཤམ། ཕྱག་ན་རྡོ་རྗེའམ་མི་གཡོ་བའི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་བྱིན་རླབས་སྤྱི་ དང་མཐུན་པར་བྱ། གཏོར་མ་ཨ་མྲྀ་ཏས་བསངས། ལག་པ་གཡོན་པ་བསྟན་ལ། ༀ་སྟོང་པར་གྱུར། གཡས་པ་བསྟན་ ཏེ། ཨཱཿཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེར་གྱུར། གཉིས་ཀ་བསྟན་ཏེ། ཧཱུཾ་ཤ་ལྔ་བདུད་རྩི་ལྔས་གང་ བར་གྱུར། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཏེ། ཧོཿཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་བརྗོད། རང་གི་མདུན་དུ་འཇིགས་རུང་དུར་ཁྲོད་ཆེན་པོའི་དབུས་སུ། ཁྲག་ཞག་རྦ་ ཀློང་འཁྲུགས་པའི་རྒྱ་མཚོ་ན། བྷྲུཾ་ལས་རྡོ་རྗེའི་བྲག་རི་དམར་ནག་བདུན་བརྩེགས་ཀྱི་སྟེང༌། ཎི་ལས་མི་རོའི་གདན་སྟེང་དུ། ཀྵ་ལས་གྲི་གུག་ཀྵས་མཚན་པ་ལས་འོད་འཕྲོས། གདུག་པ་ 15-1-625 ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་མཧཱ་ཀཱ་ལ་སྐུ་མདོག་དམར་ ནག་ཞལ་རས་ཀྱི་དཀྱིལ་འཁོར་ལྷག་པར་དམར་བ། ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་ མེ་འབར་བ་འཕྱར་བས་གཤིན་རྗེ་བྲན་དུ་འཁོལ་བ། གཡོན་ཀླད་ཁྲག་དང་གློ་སྙིང་གིས་གང་ བའི་ཐོད་པ་འཛིན་པས་སྒྲུབ་པོ་ལ་དངོས་གྲུབ་སྩོལ་བ། ཞགས་པ་ནག་པོས་དགྲ་བགེགས་ཀྱི་ སྐེ་ནས་བཅིངས་ཤིང་ཞགས་པའི་སྣེ་མོ་ཕྱག་གཡོན་གྱི་མཐེབ་སྲིན་ལ་དཀྲིས་པ། ཞལ་གྱི་གྲྭ་ ནས་ཁྲག་འཛག་པ། སྤྱན་གསུམ་དང་ལྡན་ཞིང་གད་རྒྱངས་དྲག་པོ་སྒྲོག་པ། མཆེ་བ་གཙིགས་ ཤིང་ལྗགས་བསྐྱོད་པ་སྐན་སྒྲ་དྲག་པོ་སྒྲོགས་པས་ས་གཡོ་བར་བྱེད་པ། །སྨ་ར་སྨིན་མ་དབུ་སྐྲ་ དམར་སེར་གྱེན་དུ་བརྫེས་པ། སྦྲུལ་ནག་དང་དར་ནག་གི་ཐོད་བཅིངས་ཤིང༌། ཉི་ཟླས་དབུ་ བརྒྱན་པ། སྦོམ་ཐུང་ཡན་ལག་ཧྲགས་ཤིང་གསུས་ཁྱིམ་ཆེ་བ། སྟག་ལྤགས་ཀྱི་ཤམ་ཐབས་ ཅན། ཐོད་སྐམ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡས་བསྐུམ་ གཡོན་བརྐྱང་བས་མེ་ཚན་དྲག་པོ་འབར་བའི་ཀློང་ན་བཞེངས་པ། དེའི་གཡས་སུ་གནོད་སྦྱིན་ ཤན་པ་རའི་གདོང་ཅན་སྨུག་ནག་གཡས་གྲི་གུག་འཕྱར་ཞིང༌། གཡོན་དམ་ཉམས་ཀྱི་སྲོག་རྩ་ ཞལ་དུ་གསོལ་བ། གཡོན་དུ་མ་ར་སྙིང་ཟ་མ་དམར་མོ་དུག་གི་གྲི་ཁྱེ་དང༌། དགྲ་བགེགས་ཀྱི་ གློ་སྙིང་འཛིན་པ། རྒྱབ་ཏུ་གཟའ་བདུད་དམར་ནག་སྲིན་པོའི་ཆ་ལུགས་ཅན། མགོ་ལུས་མིག་ གིས་གང་བ། མདའ་གཞུ་འགེངས་པ། མདུན་དུ་གསང་བའི་མཁའ་འགྲོ་མ་དམར་ནག་གྲི་ གུག་དང་ཐོད་ཁྲག་འཛིན་པ། སྤྱན་གསུམ་དང་ལྡན་ཞིང་སྐྲ་གྲོལ་བ། མགོ་འཕྲེང་དང་རུས་ པས་བརྒྱན་ཞིང་མི་ལྤགས་དང་སྟག་ལྤགས་གསོལ་བ། དེ་དག་ལ་སོགས་པ་མཁའ་འགྲོ་ཉི་ ཤུ་རྩ་གཅིག་དང༌། སྲིད་པ་ཕོ་རྒྱུད་མོ་རྒྱུད་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་ཀྱིས་བསྐོར་བར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་པར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ ཟེར་འཕྲོས། ལྷོ་ནུབ་དུར་ཁྲོད་མུན་པའི་ཚལ་ནས་མགོན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ 15-1-626 ཛཿ ཧཱུཾ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མཧཱ་ཀཱ་ལ་གཤེགས། །འཇིགས་བྱེད་ བསྟན་སྲུང་ཡོངས་ཀྱི་གཙོ། །ཟག་མེད་དབྱིངས་ནས་གཤེགས་སུ་གསོལ། །ལྷོ་ནུབ་མཚམས་ ཀྱི་གནས་མཆོག་ནས། །མི་བསྲུན་ཞིང་སྐྱོང་འཁོར་དང་བཅས། །རྣལ་འབྱོར་བསྟན་པ་བསྲུང་ བའི་ཕྱིར། །སྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས། །ༀ་མཧཱ་ཀཱ་ལ་ཧཱུཾ་ཕཊ། མཧཱ་ཀཱ་ལ་ ས་པ་རི་ཝཱ་ར། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། པདྨ་ཀ་མ་ལ་ཡེ་སྟྭཾ། ༀ་མཧཱ་ཀཱ་ལ་ ཡ་གྲྀཧྞེ་དཾ་ཨརྒྷཾ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད། རྡོ་རྗེའི་ཐལ་མོའམ། རལ་གྲི་ཐོད་པའི་ཕྱག་རྒྱ་སྤྱི་བོར་བཞག་པར་ མོས་ལ། ༀ་ཤྲཱི་མཧཱ་ལ་ཀཱ་ལ་ས་མ་ཡ་མ་ཏི་ཀྲ་མ་ཐ་ས་མ་ཡ་རཀྵནྟུ། ཞེས་དམ་ལ་བཞག་ཅིང༌། ཡིད་ལ་ ཇི་ལྟར་འདོད་པའི་བཀའ་བསྒོ་བྱ། གཏོར་མ་གསོལ་བར་བསམས་ལ། ༀ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར། ཨ་མྲྀ་ཏ་བཱ་ ལི་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་མགོན་པོ་དང༌། མཧཱ་ཡཀྵ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཧཱ་རཀྨོ་ བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གནོད་སྦྱིན་ཕོ་མོ་འཁོར་བཅས་ལ་ཕུལ། གོང་བཞིན་མཆོད། ༀ་ མཧཱ་ཀཱ་ལ་ཧཱུཾ་ཕཊ། ༀ་ཨཱཿཧཱུཾ་གིས་ནང་མཆོད་ཕུལ། བསྟོད་པ་བསྡུས་པ་ནི། ཧཱུཾ། ཆོས་ཀྱི་དབྱིངས་ལས་སྣ་ ཚོགས་སྤྲུལ་པའི་སྐུ། །གྲག་སྟོང་ང་རོས་བདུད་དཔུང་འཇོམས་པའི་གསུང༌། །རྟོག་མེད་ངང་ ནས་སྒྲུབ་མཆོག་སྐྱོང་བའི་ཐུགས། །བསྟན་སྲུང་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །ཞེས་བསྟོད། ཐུགས་ཀར་སྔགས་འཕྲེང་གསལ་བཏབ་ལ། ༀ་མཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ཎ་སྭཱཧཱ། ཞེས་ཅི་འགྲུབ་བཟླ། ཐུན་གྱི་ མཐར་གོང་བཞིན་མཆོད་བསྟོད་བསྡུས་པའམ། ཕྱི་མཆོད་ནང་མཆོད་སྔར་བཞིན་ཕུལ་ལ། འདི་སྐད་ཅེས། ཧཱུཾ། ནག་པོ་ཆེན་ པོ་འཁོར་བཅས་ལ། །བདག་གིས་མཆོད་པ་འབུལ་བ་ནི། །དགྲ་བགེགས་མ་ལུས་བསྒྲལ་བ་ ཡི། །དམར་ཆེན་ཁྲག་གིས་ཨརྒྷཾ་དང༌། །དབང་པོ་ལྔ་ཡི་མེ་ཏོག་དང༌། །རུས་པ་རྐང་ཀླད་ བསྲེས་པའི་སྤོས། །ཞུན་ཆེན་གསལ་བའི་སྒྲོན་མེ་དང༌། །རྡོ་རྗེ་རང་བྱུང་དྲི་ཆབ་དང༌། །ཤ་ ཆེན་སྣ་ལྔའི་ཞལ་ཟས་དང༌། །རྐང་གླིང་ཐོད་རྔ་སྙན་པའི་སྒྲ། །དངོས་འབྱོར་ཡིད་སྤྲུལ་མཁའ་ བཀང་ནས། །མགོན་པོ་འཁོར་དང་བཅས་ལ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། 15-1-627 འབྲུ་བཅུད་སྟོང་སྦྱར་ཛ་གད་དང༌། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན། །དགྲ་བགེགས་རྣམ་ གཉིས་བསྒྲལ་བ་ཡི། །དོན་སྙིང་ཤ་རུས་གཏོར་ཆེན་བཤམ། །དེ་བཞིན་ཚེ་འཛིན་ཁྲག་གི་ རྒྱུན། །བནྡྷ་ལྕང་ལོ་ཁྲག་གིས་བཀང༌། །བླ་ན་མེད་པའི་མཆོད་པ་འདི། །མགོན་པོ་འཁོར་དང་ བཅས་ལ་འབུལ། མཐུན་པའི་རྫས་སུ་བཞེས་པར་མཛོད། །དེ་ལས་གཞན་ཡང་མཆོད་པའི་ ཚོགས། །ཞིང་ཆེན་བླ་བྲེ་འཕན་གདུགས་དང༌། །རྒྱུ་རློན་ལྡ་ལྡི་སྙིང་འཕྲེང་དཔྱངས། །ཀེང་ རུས་སྣ་ཚོགས་རི་ལྟར་སྤུངས། །ཤ་ཁྲག་དྲི་བསུར་རྒྱུན་མི་འཆད། །སྣ་ཚོགས་རྒྱན་ཀྱི་མཆོད་ པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །དམ་ཚིག་དབང་གིས་བཞེས་ནས་ཀྱང༌། ། ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད། །དེ་ནས་བསྟོད་པ་ ནི། ཧཱུཾ། ཕྱོགས་ཕྱོགས་བགྱི་བ་ཕ་གི་ན། །ལྷོ་ནུབ་སྲིན་པོའི་འཇིག་རྟེན་དུ། །མུན་པའི་ལྕགས་ མཁར་དགུ་རིམ་ན། །མ་འདས་འཇིག་རྟེན་བཀའ་སྡོད་གཙོ། །ནག་པོ་མི་བསྲུན་འཇིགས་ བྱེད་ཆེ། །གྲི་གུག་འབར་བས་ཉམས་པ་ཡི། །ཚེ་སྲོག་རྩད་བཅད་ཁྲག་གི་རྒྱུན། །ཐོད་པར་ བླུག་ཅིང་ཞལ་དུ་གསོལ། །འཁོར་ནི་མི་བསྲུན་གདུག་པ་ཆེ། །ནག་པོས་དུས་འདའ་འདུལ་ བྱེད་པ། །ལྷ་སྲིན་མ་མོ་མཐུ་བོ་ཆེ། །སྙིང་རྗེ་མེད་པར་གསོད་བྱེད་པའི། །འཇིག་རྟེན་མ་འདས་ དམ་བཅས་ཀུན། །སྣ་ཚོགས་གཏོར་མ་འདི་བཞེས་ལ། ཁྲོ་གཏུམ་བཀའ་ལས་མ་འདའ་བར། ། སྣ་ཚོགས་ལས་འདི་ཐོགས་མེད་ཀྱིས། །ཧཱུཾ། རྡོ་རྗེ་གདན་མཆོད་དམ་པ་ནས། །གནོད་སྦྱིན་ འཁྲུགས་པའི་གནས་མཆོག་ནས། །གནོད་སྦྱིན་ཤན་པ་མཐུ་བོ་ཆེ། །སྐུ་མདོག་དམར་ནག་ འཇིགས་པའི་གཟུགས། །ཕྱག་ན་གནམ་ལྕགས་གྲི་གུག་བསྣམས། དམ་ཉམས་དགྲ་བོའི་ཚེ་ སྲོག་གཅོད། །དམ་རྫས་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། བྷྱོཿ གནོད་སྦྱིན་ཐུགས་ཀྱི་དགྱེས་བདེ་མོ། །མ་ར་སྙིང་ཟ་མཐུ་མོ་ཆེ། །སྐུ་མདོག་དམར་ ནག་འཇིགས་པའི་གཟུགས། །ཕྱག་ན་དུག་གི་གྲི་ཁྱེ་འཛིན། །བསྟན་པ་བཤིག་པའི་ཚེ་སྲོག་ 15-1-628 གཅོད། །ཤ་དང་ཁྲག་ལ་ཟས་བྱེད་མ། །དམ་ཟས་གཏོར་མ་འདི་བཞེས་ལ། །བཅོལ་བའི་ འཕྲིན་ལས་གྲུབ་པར་མཛོད། །དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །ཕྱི་ནང་གསང་ བའི་མཆོད་སྤྲིན་དང༌། །ཏིང་འཛིན་སྔགས་རྒྱས་བྱིན་རླབས་པའི། །མཆོད་སྦྱིན་གཏོར་མ་འདི་ བཞེས་ལ། །སངས་རྒྱས་བསྟན་པ་རྒྱས་པ་དང༌། །དཀོན་མཆོག་དབུ་འཕང་ཆེར་མཐོ་ཞིང༌། ། བསྟན་འཛིན་སྐུ་ཚེ་ལེགས་བརྟན་ནས། །རྣམ་དཀར་འཕྲིན་ལས་རྒྱས་པར་མཛོད། ཁྱད་པར་ བདག་ཅག་འཁོར་བཅས་ཀྱི། །ནད་གདོན་དགྲ་བགེགས་ཞི་བ་དང༌། །ཚེ་དང་བསོད་ནམས་ རབ་རྒྱས་ནས། །ཐོས་བསམ་སྒྲུབ་པ་འཕེལ་བར་མཛོད། །རྗེས་ཡིག་བརྒྱ། བཟོད་གསོལ། གཏོར་མགྲོན་ གཤེགས་སུ་གསོལ་བ། སྨོན་ལམ་བཀྲ་ཤིས་རྣམས་སྤྱི་དང་འདྲའོ། ། འདིའི་རྗེས་གནང་བྱ་བར་འདོད་པས། མཎྜལ་ཚོམ་བུ་ལྔ་དང་བཅས་པ། རྒྱབ་ཏུ་མཉྫིའི་སྟེང་དུ་གཏོར་མ་ནོར་གཟུགས་མ་ ཁ་ཟས་བཟང་དགུས་བརྒྱན་པ། མཎྜལ་གྱི་གཡས་སུ་སྐུ་རྟེན། གཡོན་དུ་ཐོད་པ་དམ་རྫས་དང་བཅས་པ། མདུན་དུ་གྲི་གུག་རྣམས་ བཀོད་ལ། དེ་དག་གི་མདུན་དུ་མཆོད་པ་བསྒྲིགས་ཤིང༌། དེའི་མདུན་དུ་གཏོར་མ་བཤམས་ལ། བདག་བསྐྱེད་ནས་བརྩམས་ ཏེ་མདུན་བསྐྱེད་བཟླས་པའི་བར་གོང་དུ་བཤད་པ་བཞིན་བྱ། རྗེས་གནང་གི་རིམ་པ་རྣམས་བདག་འཇུག་གི་ཚུལ་དུ་དམིགས་ པས་ལེན། སློབ་མ་རྣམས་གྲལ་ལ་འཁོད། ཆོས་བཤད། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། སློབ་དཔོན་དགོངས་སུ་ གསོལ། བདག་ལ་ནག་པོ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་ གསོལ། ཞེས་ལན་གསུམ་གསོལ་བ་འདེབས་སུ་གཞུག སངས་རྒྱས་ཆོས་དང་མ་སོགས་ལན་གསུམ་གྱིས་སེམས་ བསྐྱེད། གུར་ནས་འབྱུང་བའི་རྒྱུན་བཤགས་ཀྱིས་སྡོམ་པ་བཟུང༌། སློབ་དཔོན་བདག་བསྐྱེད་ཀྱི་ཡི་དམ་དུ་སྒོམ་ཚུལ་འབོགས་ ཤིང༌། མདུན་དུ་འཇིགས་རུང་ནས། བདུན་བརྩེགས་ཀྱི་སྟེང་གི་རོའི་གདན་ལ། མཧཱ་ཀ་ལ་སྐུ་ མདོག་དམར་ནག་ནས། ཚོགས་ཀྱིས་བསྐོར་བར་གྱུར། ཞེས་པའི་བར་གོང་བཞིན་མདུན་བསྐྱེད་གསལ་ འདེབས་སུ་གཞུག སློབ་དཔོན་ལ་མོས་གུས་དུང་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ ཟེར་འཕྲོས། མདུན་བསྐྱེད་མགོན་པོའི་ཐུགས་ཀར་ཕོག་པས། ཐུགས་བརྒྱུད་བསྐུལ། མགོན་ 15-1-629 པོའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ ཀྱི་ཐུགས་ཀ་ནས། ནག་པོ་ཆེན་པོའི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ་དཔག་ཏུ་ མེད་པ་སྤྱན་དྲངས་ལུས་ལ་ཐིམ་པར་མོས་ཤིག ཞེས་བརྗོད་ལ། དེ་ནས་རོལ་མོའི་སྒྲ་བྱ། མཎྜལ་གྱི་གཡས་ཀྱི་ སྐུ་རྟེན་སྤྱི་བོར་བཞག་ལ། མི་འབྲལ་སྐུ་ཡིས་བྱིན་རླབས་པས། །བསྟན་དང་འཁོར་བཞི་སྐྱོང་བ་དང༌། ། གདུག་པ་ཅན་རྣམས་ཚར་གཅོད་ཕྱིར། །ནག་པོ་ཆེན་པོའི་སྐུ་འདི་བཟུང༌། །ༀ་མཧཱ་ཀཱ་ལ་ ཡ། ཀཱ་ཡ་ས་མ་ཡ་དྷཱ་ར་ཧཱུཾ། ཞེས་བརྗོད་སྐུའི་རྗེས་གནང་ངོ༌། །ཡང་སློབ་དཔོན་ལ་མོས་གུས་དུང་བྱས་ པས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ འཕྲེང་བའི་ཚོགས་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ དབྱངས་དང་གསལ་བྱེད་ཀྱི་ཡི་གེ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་མགྲིན་ པར་ཐིམ། ཞེས་བརྗོད་མགོན་པོའི་སྔགས་བྱང་དང༌། ཐོད་པ་ལག་པ་གཡོན་དུ་གཏད། མི་འབྲལ་གསུང་གིས་བྱིན་ རླབས་པས། །སྣ་ཚོགས་འཕྲིན་ལས་སྒྲུབ་པ་དང༌། །ནག་པོ་ཆེན་པོ་མཉེས་བྱེད་པ། །གསུང་ གི་རིག་སྔགས་བཟུང་བར་བྱ། །ༀ་མཧཱ་ཀཱ་ལ་ཡ། ཝཱཀ་ས་མ་ཡ་དྷཱ་ར་ཧཱུཾ། དེ་ནས་བཟླས་ལུང་སྤྱི་ དང་མཐུན་པར་བྱ་སྟེ། གསུང་གི་རྗེས་གནང་ངོ༌། །སློབ་དཔོན་ལ་མོས་གུས་དུང་བྱས་པས། སློབ་དཔོན་གྱི་ ཐུགས་ཀའི་འོད་ཟེར་གྱིས། མདུན་བསྐྱེད་མགོན་པོ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཐུགས་ཀ་ནས་གྲི་གུག་ཐོད་པ་ལ་སོགས་པ་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་ སྤྱན་དྲངས་འཕྲིན་ལས་རྣམ་བཞིས་སེམས་ཅན་གྱི་དོན་བྱས། སྙིང་གར་ཐིམ་ཞེས་བརྗོད་ལ་རོལ་ མོ་བྱ། གྲི་གུག་ལག་པ་གཡས་སུ་གཏད་དེ། མི་འབྲལ་ཐུགས་ཀྱིས་བྱིན་རླབས་པས། །སློབ་དཔོན་རྒྱལ་ བའི་བཀའ་བཞིན་དུ། །བརྩེ་ལྡན་དྲག་པོའི་འཕྲིན་ལས་ཀྱིས། །མ་རུང་སེམས་ཅན་བསྒྲལ་ བར་བྱ། །ༀ་མ་ཧཱ་ཀ་ལ་ཡ། ཙིཏྟ་ས་མ་ཡ་དྷཱ་ར་ཧཱུཾ། ཞེས་བརྗོད་དེ། ཐུགས་ཀྱི་རྗེས་གནང་ངོ༌། །དེ་ནས་གཏོར་ མ་སྤྱི་བོར་བཞག་ལ། རྡོ་རྗེ་འཆང་དང་ཕྱག་ན་རྡོ་རྗེ་དང༌། །ཀླུ་སྒྲུབ་སྙིང་པོ་ནཱ་ག་བོ་དྷི་དང༌། །ཛྙཱ་ 15-1-630 ན་བོ་དྷི་བིརྱ་བོ་དྷི་དང༌། །རཱ་ཧུ་ལ་དཔལ་མར་མེ་མཛད་དཔལ་ཞབས། །རྒྱལ་བའི་འབྱུང་ གནས་དང་ནི་རིན་ཆེན་གསལ། གྲུ་གུ་ཁ་ཆེ་ལྷ་ཡི་དབང་ཕྱུག་དང༌། །ཞང་སྟོན་རྡོར་འབར་བློ་ གྲོས་རྒྱལ་མཚན་དང༌། །ཤེས་རབ་རིན་ཆེན་ཤེས་རབ་རྡོ་རྗེ་དང༌། །དཀོན་རྒྱལ་དཀོན་དར་ བསམ་འགྲུབ་རྒྱལ་མཚན་དང༌། །བརྩོན་འགྲུས་རྡོ་རྗེ་ནམ་མཁའ་བསམ་འགྲུབ་དང༌། །ལྷ་ དབང་ངག་དབང་ཀུན་དགའ་བཀྲ་ཤིས་སོགས། །རྩ་བ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས། ། བཀའ་དང་དམ་ལས་མ་འདའ་བར། །དམ་ཚིག་སྲུངས་ལ་བསྟན་པ་སྐྱོངས། །དཀོན་མཆོག་ དབུ་འཕང་བསྟོད། ཁྱད་པར་དུ་ཡང་སློབ་མ་འདི་ཞེས་བྱ་བའི་ལུས་དང་གྲིབ་མ་བཞིན་དུ་ འགྲོགས་ཏེ། ལུས་ངག་ཡིད་གསུམ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་མཛད་དུ་གསོལ། ཞེས་སོགས་བཀའ་བསྒོ་རྒྱས་བསྡུས་སྤྱི་དང་མཐུན་པར་བྱ། གཏོར་མའི་མཐེབ་ཀྱུ་ནས་རྡོ་རྗེའི་རྩེ་མོས་ཅུང་ཟད་བླངས་ཀ་པཱ་ལའི་ བདུད་རྩི་དང་སྦྲགས་ཏེ། སློབ་མ་ལ་ཅུང་ཟད་སྦྱིན། གཏོར་མ་ལའང་བདུད་རྩི་ཅུང་ཟད་བྲན་ཏེ། ནག་པོ་ཆེན་པོ་ཁྱོད་ ཀྱིས། སློབ་མ་འདིའི་ཆོས་སྐྱོང་གྱིས་ལ་བྱིན་པའི་ཟས་ཟོ། བཅོལ་བའི་ལས་ཀྱིས་ཞེས་བརྗོད། དེ་ ནས་མཎྜལ་འབུལ་བ་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་ཞིང༌། མཆོད་པ་ཁ་གསོས་བྱིན་གྱིས་བརླབས། ཕྱི་མཆོད་འབུལ་ བ་ནས་བཀྲ་ཤིས་ཀྱི་བར་རྗེས་ཀྱི་བྱ་བ་རྣམས་གོང་བཞིན་ནོ། །པཎ་ཆེན་ཀུན༷་ལས་དག༷འ་བའི་ཕུལ། །མར་མེ་མཛད་ཀྱི་བཀའ་ སྲུང་མཆོག །མིའུ་ཐུང་གསོད་བྱེད་སྒྲུབ་ཐབས་ཀྱི། །སྙིང༷་པོ༷་ཡི་གེར་འཁོད་འདིའོ། །ཇོ་བོ་རྗེའི་ཐུན་མོང་བ་མ་ཡིན་པའི་ཆོས་སྐྱོང་ མགོན་པོ་གྲི་གུག་དམར་པོའི་སྒྲུབ་ཐབས་བཤད་པའི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ༀ་སྭཱ་སྟི། མཐའ་དག་རྒྱལ་བའི་ཐུགས་ཀྱི་དངོས། །ཐུགས་ཀྱི་མགོན་པོར་སྐུ་སྤྲུལ་པ། །ནག་ཕྱོགས་མཐའ་ དག་ཕམ་མཛད་པའི། །བསྟན་སྲུང་མཆོག་དེས་དགེ་བར་མཛོད། །ནག་པོ་ཆེན་པོ་གྲི་གུག་མ་སྒྲུབ་པར་འདོད་པས། མཆོད་ གཏོར་བཤམ། ཡི་དམ་གྱི་བདག་བསྐྱེད་སྔོན་དུ་སོང་ནས་མཆོད་པ་བྱིན་རླབས་སྤྱི་དང་མཐུན། གཏོར་མ་ཨ་མྲྀ་ཏས་བསངས། ༀ་སྟོང་པར་གྱུར། ཨཱཿཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར། ཧཱུཾ་ཤ་ལྔ་བདུད་རྩི་ལྔས་གང་ བར་གྱུར། ཧོཿཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་བརྗོད། རང་ 15-1-631 གི་མདུན་དུ་འཇིགས་རུང་དུར་ཁྲོད་ཆེན་པོའི་དབུས་སུ། པཾ་ལས་པདྨ་དང་རཾ་ལས་ཉི་མའི་ དཀྱིལ་འཁོར་གྱི་སྟེང་དུ། ཎི་ལས་དགྲ་བགེགས་བསྒྲལ་བའི་བམ་ཆེན་བརྩེགས་པའི་གདན་ ལ་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། མཧཱ་ཀཱ་ལ་སྐུ་མདོག་དུས་མཐའི་ སྤྲིན་དང་མཚུངས་པ། ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་པ་ སྙིང་བཅས་ཐུགས་ཀར་འཛིན་པ། ཞལ་གྱི་གྲྭ་ནས་ཁྲག་འཛག་པ། སྤྱན་གསུམ། མཆེ་བ་ གཙིགས་ཤིང་ལྗགས་བསྐྱོད་པ། སྨ་ར། སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྦོམ་ ཐུང་ཡན་ལག་ཧྲགས་ཤིང་གསུས་ཁྱིམ་ཆེ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཐོད་སྐམ་ ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་ བས་པད་ཉི་མི་རོའི་གདན་ལ། མེ་ཚན་དྲག་པོ་འབར་བའི་ཀློང་ན་བཞེངས་པའོ། །ཡང་ན་སྟག་ ལྤགས་ཀྱི་ཤམ་ཐབས་མི་མཛད་པར་དར་ནག་གི་འཇོལ་བེར་གསེར་གྱི་སྐེ་རགས་ཅན་དང༌། ཞབས་ལས་སག་ཏིའི་ལྷམ་ཡུ་རིང་ གསོལ་བར་བྱས་ཀྱང་རུང༌། གཙོ་བོའི་གཡོན་དུ་རླུང་གི་དཀྱིལ་འཁོར་ལ། བྷྱོཿལས་འདོད་པ་ཁམས་ ཀྱི་དབང་ཕྱུག་མ་སྔོན་མོ་རལ་གྲི་དང་ཐོད་ཁྲག་འཛིན་པ། སྲིན་པོའི་བོང་བུ་གྭ་དམར་གྱི་སྟེང་ ན་བཙན་དཀྱིལ་གྱིས་བཞུགས་པ། རཀྟའི་རྒྱ་མཚོར་རྒྱུག་པའོ། །གཙོ་བོའི་མདུན་གྱི་འོག་ ཕྱོགས་སུ། པད་ཉི་དང་བཾ་ཆེན་བསྣོལ་བའི་གདན་ལ་ཕཊ་ལས་ལས་ཀྱི་མགོན་པོ་སྐུ་མདོག་ སྨུག་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་ཙནྡན་གྱི་བེང་ཆེན་དང༌། གཡོན་ ལྕགས་པར་བདུད་རྩིས་གང་བ་འཛིན་པ། བེང་སྟོད་ནས་མེ་འབར་ཞིང༌། བེང་སྨད་ནས་ ཆུ་འཁྲུག་པ། བེང་གི་ནང་ནས་ལྷ་དང་ལྷ་མ་ཡིན་གྱི་དམག་ཚོགས་འགྱེད་པ། དར་ནག་གི་ འཇོལ་བེར་གསེར་གྱི་སྐེ་རགས་ཅན་གསོལ་ཞིང༌། གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་ པའོ། །དེའི་གཡོན་དུ་མཾ་ལས་མ་གཅིག་ཨེ་ཀ་ཛ་ཊི་སྐུ་མདོག་སྨུག་ནག་རལ་གྲི་སྡིག་པའི་ཡུ་ བ་ཅན་དང་ཐོད་ཁྲག་འཛིན་པ། དྲེའུ་རྟ་རྐང་གསུམ་ལ་ཆིབས་པ། ཕྱི་རོལ་ཏུ་ཕྱོགས་སྐྱོང་ཞིང་ 15-1-632 སྐྱོང་སྡེ་བརྒྱད་འབྱུང་པོའི་ཚོགས་ཀྱིས་བསྐོར་བའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་ པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་པོ་བརྒྱད་དང༌། རང་བཞིན་གྱི་གནས་ནས། མགོན་པོ་ལྕམ་དྲལ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུཾ། དད་ པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མཧཱ་ཀཱ་ལ་གཤེགས། །འཇིགས་བྱེད་བསྟན་སྲུང་ ཡོངས་ཀྱི་གཙོ། །ཟག་མེད་དབྱིངས་ནས་གཤེགས་སུ་གསོལ། ༀ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ༀ་མཧཱ་ ཀཱ་ལ་ས་པ་རི་ཝཱ་ར་ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། པདྨ་ཀ་མ་ལ་ཡེ་སྟྭཾ། ༀ་མཧཱ་ཀཱ་ ལ་ཡ་གྲིཧྞེ་དཾ། ཨརྒྷཾ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ལ། ༀ་ཤྲཱི་མཧཱ་ཀཱ་ལ་ ས་མ་ཡ། སྨ་ར། ས་མ་ཡ་མ་ཏི་ཀྲ་མ་ཐ། ས་མ་ཡ་རཀྵནྟུ་ཞེས་དམ་ལ་བཞག ༀ་མཧཱ་ཀཱ་ལ་ ས་པ་རི་ཝཱ་ར་ཨ་མྲྀ་ཏ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་[གསུམ་མམ་]བདུན་གྱིས་ཡེ་ཤེས་མགོན་པོ་དང༌། འཁོར་ རྣམས་ལ་སོ་སོའི་སྙིང་པོའི་མཐར། བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་དང༌། ཤཱ་ས་ནས་ཀྱང་འབུལ། སྤྱི་ཁྱབ་ཏུ། ཨ་ཀཱ་རོ་ལན་གསུམ་གྱིས་བསྟབ། འབྲུ་གསུམ་གྱིས་ནང་མཆོད་འབུལ། བསྟོད་པ་བསྡུས་པ་ནི། ཧཱུཾ། མ་ལུས་འཇོམས་ མཛད་དགྲ་བགེགས་ཐལ་བར་རློག །མཐར་བྱེད་གཞོན་ནུ་འཇིགས་པའི་གད་རྒྱངས་ཅན། ། མཉམ་ཉིད་ཐུགས་མངའ་གཏུམ་ཆེན་མེ་ལྟར་འབར། །བདེ་གཤེགས་བཀའ་ཡི་སྲུང་མ་ཁྱོད་ ལ་བསྟོད། །ཅེས་པའོ། །ཐུགས་ཀར་སྔགས་འཕྲེང་གསལ་བཏབ་ལ། ༀ་མཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ཎ་ཧཱུཾ་ཕཊ། ཅེས་པ་ནི་སྙིང་པོའོ། །ༀ་མཧཱ་ཀཱ་ལ་གུ་ཎ་ཧྲཱིཿད་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ནི་ལས་ཀྱི་སྔགས་སོ། །ༀ་ཤྲཱི་དེ་ཝཱི་ཧཱུཾ་ཕཊ། འདོད་ཁམས་མའི་མཚན་སྔགས་སོ། །ༀ་མཧཱ་ཀཱ་ལ་རཀྴ་དུ་བེང་ཎི་ཛ་ཛཿ ལས་མགོན་གྱི་སྔགས་སོ། །ༀ་རོ་རུ་ རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུཾ་མ་བྷྱོཿཛ་ཛཿ ཨེ་ཀ་ཛ་ཊིའི་སྔགས་སོ། །སླར་ཡང་ཕྱི་མཆོད་ནང་མཆོད་འབུལ། ཧཱུཾ། ནག་པོ་ཆེན་པོ་ཞེས་པ་ནས། གྲུབ་པར་མཛོད་ཀྱི་བར་མཆོད་འཕྲེང་ནི་མགོན་པོ་ལྷོ་ནུབ་པ་དང་འདྲའོ། །བསྟོད་ པ་ནི། སྲིན་གཟུགས་མ་བྱ་ཞིང༌། ཇོ་བོས་མཛད་པར་གྲགས་པའི་བསྟོད་པ་ཆེ་ཆུང་རྣམས་ཀྱང་ཤེས་ན་འདོན། གང་གི་ སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ 15-1-633 ལ་དབང་བསྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་འདུད། །དྲག་པོ་མི་སྡུག་གཏུམ་པའི་སྐུ། ། ལྷ་ཡི་དམག་དཔོན་ཆེན་པོ་སྟེ། །ལྷ་མིན་གཡུལ་དུ་ཕམ་མཛད་པའི། །རྡོ་རྗེ་བདེ་ཁྱོད་ཕྱག་ འཚལ་བསྟོད། །དགའ་ཚལ་མཛེས་པའི་ལྷ་མོ་ནི། །གདུག་པ་འདུལ་ཕྱིར་སྲིན་པོའི་སྐུ། །དགྲ་ བགེགས་ཤ་དང་ཁྲག་ལ་རྔམ། །རྫོང་མོ་ཁྱོད་ལ་བསྟོད་པ་འབུལ། །དཔལ་ལྡན་མགོན་པོ་ འཁོར་བཅས་རྣམས་སོགས་འཕྲིན་ལས་བཅོལ་བ་ཡང་ལྷོ་ནུབ་པ་དང་འདྲའོ། །རྗེས་ཡིག་བརྒྱ། བཟོད་གསོལ། གཏོར་ མགྲོན་གཤེགས་སུ་གསོལ་བ། བརྟན་བཞུགས། སྨོན་ལམ། བཀྲ་ཤིས་རྣམས་ཀྱང་སྤྱི་དང་འདྲའོ། །འདིའི་རྗེས་གནང་གི་རིམ་ པ་ནི་ལྷོ་ནུབ་པའི་རྗེས་གནང་གི་ཆོ་ག་ལ་འདོན་པ་སྤོས་པ་ཉིད་ཀྱིས་འགྲུབ་བོ། །ཇོ་བོའི་བཀའ་གདམས་འཛིན་པ་ནི། །ཀུན༷་གྱིས་ དག༷འ་བར་བསྔགས་པའི་ཕུལ། །ཆོས་སྐྱོང་བཞི་སྦྲག་ཅེས་གྲགས་པའི། །ཆོ་གའི་སྙིང༷་པོ༷་མདོ་ཙམ་ཡིན། །མགོན་པོ་བཞི་སྦྲག་གི་ སྒྲུབ་པའི་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ༀ་སྭཱ་སྟི། དཔལ་ལྡན་རྡོ་རྗེ་འཆང་བ་ཉིད། །དྲག་གཏུམ་མི་ཟད་ཕོ་ཉའི་སྐུར། །སྟོན་འཛིན་ནག་པོ་ཆེན་པོ་ ལ། །བཏུད་ནས་སྒྲུབ་ཐབས་བཤད་པར་བྱ། །བྲིས་སྐུ་ལ་སོགས་པའི་དྲུང་དུ་མཆོད་གཏོར་བཤམ། ཡེ་ཤེས་ཁྲོ་བོ་གང་ཡང་རུང་ བའི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། ཐོད་པའི་སྣོད་དུ་ཧཱུཾ་ལས་ བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང༌། མཾ་ལས་བྱུང་བའི་མྱོས་བྱེད་དང༌། རཾ་ ལས་བྱུང་བའི་རཀྟ་ཤ་ཁྲག་གི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་མང་དུ་བརྗོད། སྟོང་པའི་ངང་ལས་མདུན་དུ་སྐད་ཅིག་གིས་ནག་པོ་ཆེན་པོ་དུས་ཀྱི་མུན་པ་ལྟ་བུ་ཞལ་གཅིག་ ཕྱག་གཉིས་གཡས་གྲི་གུག་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གཡོན་བརྐྱང་ གི་སྟབས་ཀྱི་མི་རོའི་གདན་ལ་གནས་པ། སྟག་ལྤགས་དང་སྦྲུལ་གྱིས་བརྒྱན་པ། ཐོད་སྐམ་གྱི་ དབུ་རྒྱན་དང༌། ཐོད་རློན་གྱི་དོ་ཤལ་ཅན། སྤྱན་གསུམ་སྨ་ར་སྨིན་མ་དབུ་སྐྲ་སེར་པོ་གྱེན་དུ་ བརྫེས་པ། མིའུ་ཐུང་གི་རྣམ་པ་ཆེས་གཏུམ་པ། མི་བསྐྱོད་པའི་དབུ་རྒྱན་ཅན། མེ་འོད་དྲག་ཏུ་ འཕྲོ་བའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་ 15-1-634 འཕྲོས། ནག་པོ་ཆེན་པོ་འཁོར་བཅས་སྤྱན་དྲངས། སྙིང་པོའི་མཐར། མཧཱ་ཀཱ་ལ་ཨཱ་གཙྪ་ཨཱ་གཙྪ་ ཞེས་བརྗོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ༀ་མཧཱ་ཀ་ ལ་ཧ་ན་ཧ་ན་བཛྲེ་ཎ་སྭཱཧཱ། སྙིང་པོ་འབུམ་ཕྲག་བཞི་བཟླས་པའི་མཐར། ༀ་ཨ་སི་མུ་ས་ལ། ཏྲི་ཤུ་ལ། ཨེ་ ཧྱེ་ཧི། མཧཱ་ཀཱ་ལ། སརྦ་ཤ་ཏྲུན་ནིརྒྷ་ཏ་ཡ། ཛཱ་ར་ཎ། གྲྀཧྞ་པཱ་ཡ། གྲྀཧྞ་པཱ་ཡ་ཧཱུཾ་ཕཊ། ཁྲི་{ཁྲག་ [ཕྲག་]གཅིག་བཟའ་བ་སྤངས་ནས་བཟླའོ། དེ་ལྟར་ལན་གསུམ་གྱི་མཐར་སྙིང་པོ་ཉིས་འབུམ་བཟླས་པས་བསྙེན་པ་གྲུབ་པའོ། ། ཐུན་འཇོག་ཁར། ༀ་མཧཱ་ཀཱ་ལ་ཧ་ན་ཧ་ན། རཀྵ་རཀྵ་བཱ་ལིཾ་གྲྀཧྞ་ཀ་ར་ཡཾ་ཀུ་རུ་ཛ་ཛཿ ཞེས་ལན་གསུམ་ གྱིས་གཏོར་མ་ཕུལ། སྙིང་པོ་ལན་གསུམ་གསུམ་གྱིས་རཀྟ་དང་ཆང་བསྒྲེངས། སྤོས་སྦྱོར་བསྲེགས། ཅང་ཏེའུ་བརྡུངས་ཤིང་སྲིན་ གཟུགས་མ་འདོན་ནོ། །རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་མུཿཞེས་གཤེགས་སུ་གསོལ། འདིའི་རྗེས་གནང་ནི། རྡུལ་ ཚོན་གྱི་མཎྜལ་ནག་པོ་གྲུ་གསུམ་ལ་ཚོམ་བུ་ནག་པོ་བཀོད། ཛཾ་བུ་ཊི་ཀ་དང་ཤ་དང་སྲན་ཆན་བཏབ་པའི་གཏོར་མ་དང༌། མྱོས་བྱེད་ རཀྟའི་མཆོད་པ་རྣམས་བཤམས། བསྟོད་པའི་བར་གོང་བཞིན་ཉམས་སུ་བླངས། རྗེས་གནང་གི་ངོ་བོ་ནི། པཎ་ཆེན་ཤཱཀྱ་ཤྲཱི་ནས་ བརྒྱུད་པའི་རྗེས་གནང་གཞན་དང་འདྲའོ། །གསོལ་བཏབ་སྐྱབས་འགྲོ་སེམས་བསྐྱེད། སྐུ་བསྐྱེད་བསྟིམ། གསུང་བཟླས་ལུང༌། ཐུགས་ཕྱག་མཚན་བསྟིམ་པ་རྣམས་ཡིན་ལ། ཕྱིས་ཀྱི་ལག་ལེན་ལ་གཏོར་དབང་བྱེད་པའང་འདུག་པས། དེ་ལྟ་ན་མཎྜལ་གྱི་སྟེང་ དུ་མཉྫི་ལ་གཏོར་མའང་བཤམ་མོ། །ཆོས་སྐྱོང་ཀུན༷་གྱི་སྒྲུབ་ཐབས་ནི། །རྙིང་མའི་ལུགས་དང་འདྲེས་པ་མང༌། །འཕགས་ཡུལ་ མཁས་པའི་གསུང་དྲི་མེད། །མཆོག་ཏུ་དག༷འ་བའི་སྙིང༷་པོ༷་འདིའོ། ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་གྲི་གུག་མའི་སྒྲུབ་ཐབས་ཀྱི་ལེ་ ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། ཧེ་རུ་ཀ་དཔལ་ལས་སྤྲུལ་པ། །ལེགས་ལྡན་ཆེན་པོ་ལ་བཏུད་ནས། །གཤིན་རྗེའི་ལུགས་ལྟར་ སྒྲུབ་པ་ཡི། །སྒྲུབ་ཐབས་རྗེས་གནང་བཅས་པ་བཤད། །དམིགས་རྟེན་གྱི་མདུན་དུ་མཆོད་གཏོར་བཤམ། དམིགས་རྟེན་མེད་ན་ མདུན་གྱི་ནམ་མཁར་བསྒོམས་ཀྱང་རུང༌། བདག་བསྐྱེད་ཧེ་རུ་ཀ་ལ་སོགས་པ་གང་རུང་སྔོན་དུ་འགྲོ་བས། མཆོད་པ་བྱིན་རླབས་ མགོན་པོ་སྤྱི་དང་འདྲ་བར་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཁཾ་ལས་རྡོ་རྗེའི་བྲག་རི་ཆེན་ པོའི་སྟེང་དུ། ཧཱུཾ་དང་གྲི་གུག་ལས་བསྲུང་བའི་འཁོར་ལོའི་ནང་དུ་དུར་ཁྲོད་ཆེན་པོས་བསྐོར་ 15-1-635 བའི་དབུས་སུ། བྷྲུཾ་ལས་གཞལ་ཡས་ཁང་ཐོད་མཁར་གྲུ་གསུམ་པ། རྐང་གི་ཀ་བ། རྒྱུ་མའི་དྲ་ ཕྱེད། ཀེང་རུས་ཀྱི་ཐོག་ཕུབས་སོགས་འཇིགས་པའི་རྒྱན་གྱིས་བརྒྱན་པ། སྒོ་གཅིག་མདུན་ གྱི་ལོགས་སུ་གཏད་པ། དབུས་སུ་མུ་ཁྱུད་གྲི་གུག་གི་འཕྲེང་བས་བསྐོར་བའི་ནང་གནམ་ ལྕགས་ཀྱི་འཁོར་ལོ། ལྟེ་བར་ཆོས་འབྱུང་གྲུ་གསུམ་མཐིང་ནག་དང་བཅས་པ། དབུས་སུ་པད་ ཉིད་ལ་དགྲ་བགེགས་ཀྱི་གཟུགས་བརྙན་བསྣོལ་བ། རྩིབས་རྣམས་ལ་པད་ཉི་རོ་གདན་དང་ བཅས་པ་བཅུ་དྲུག རང་གི་སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས། དགྲ་བགེགས་ཀྱི་རྣམ་ཤེས་ཎི་ལྗང་ ཁུ་དང་ཏྲི་སེར་པོ་རྣམ་པར་བཀུག་སྟེ་བསྟིམ། དབུས་ཀྱི་གདན་གྱི་སྟེང་དུ་ཧཱུཾ་ལས་གྲི་གུག་ཧཱུཾ་ གིས་མཚན་པ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་ འདུས་ཡོངས་སུ་གྱུར་པ་ལས། དཔལ་ལེགས་ལྡན་ནག་པོ་ཆེན་པོ་རྡོ་རྗེ་སྲིན་པོའི་གཟུགས་ ཅན། སྐུ་མདོག་བུང་བ་ལྟར་གནག་པ། ཐུང་ཞིང་སྦོམ་ལ་ཉི་མ་སྟོང་གི་གཟི་བརྗིད་ཅན། ཞལ་ གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་གཙིགས་ཤིང་ལྗགས་འགྲིལ་བ། ཞལ་གྱི་གྲྭ་ནས་ ཁྲག་འཛག་པ། དབུ་སྐྲ་སྨ་ར་སྨིན་མ་ཁམ་ནག་གྱེན་དུ་འགྲེང་བ། ཕྱག་གཡས་གྲི་གུག་འབར་ བ་འཕྱར་སྟབས་དང༌། གཡོན་གདུག་པ་ཅན་གྱི་ཁྲག་གི་གང་བའི་ཐོད་པ་ཐུགས་ཀར་འཛིན་ པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཐོད་སྐམ་གྱི་དབུ་རྒྱན་དང༌། ཐོད་རློན་གྱི་དོ་ཤལ་ཅན། སྦྲུལ་གདུག་པས་སྐུ་ལ་བརྒྱན་པ། གཏུམ་ཞིང་འཁྲུགས་པས་རང་གི་ཡན་ལག་གི་ཤ་ཡང་ གཅོད་པ་ཙམ་དུ་ཁྲོས་པ། གཡོན་བརྐྱང་གི་སྟབས་ཀྱི་འགྱིང་ཞིང་བརྗོད་པས་དགྲ་བགེགས་ རྣམས་བརྫིས་པ། བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པའོ། །འཁོར་ལོའི་རྩིབས་ བརྒྱད་ལ་ཡ་བརྒྱད་དང་མ་བརྒྱད་ལས་གྲི་གུག་བཅུ་དྲུག་ཡོངས་སུ་གྱུར་པ་ལས། གཤིན་རྗེ་ བརྒྱད་དང༌། མ་མོ་བརྒྱད་དུ་གྱུར་པ་ནི། ཤར་དུ་ཡ་བ་ཏི་དང་ཕོ་ཉ་མོ། ལྷོར་ཆོས་ཀྱི་རྒྱལ་པོ་ དང་མཆེ་བ་མོ། ནུབ་ཏུ་ཏེལ་བ་དང་བེ་ཅོན་ནག་མོ། བྱང་དུ་ཨ་ཝ་གླང་མགོ་དང་དུས་མཚན་ 15-1-636 མ། བྱང་ཤར་དུ་རལ་པ་ཚར་དགུ་དང་ལྕགས་ཀྱུ་མ། ནུབ་བྱང་དུ་རྨིགས་པ་དང་ཞག་པ་མོ། ལྷོ་ནུབ་ཏུ་ཕྱ་སངས་དང་ལྕགས་སྒྲོག་མ། ཤར་ལྷོར་མིག་དམར་དང་འབེབས་པ་མོ། དེ་ལྟར་ གཤིན་རྗེ་བརྒྱད་ནི་མདོག་སྔོ་སྐྱ་སྐྲ་གྱེན་དུ་བརྫེས་པ། མ་མོ་བརྒྱད་ནི་མདོག་ནག་མོ། སྐྲ་ དང་ནུ་མ་འཕྱང་བ། ཐམས་ཅད་ཀྱང་གཅེར་བུ་གྲི་གུག་དང་ཐོད་པ་འཛིན་པ། རྒྱན་སྤངས་པ། གཡོན་བརྐྱང་གི་སྟབས་ཀྱིས་གནས་པ། བཀའ་ནོད་པའི་ཚུལ་ཅན་ནོ། །རང་གི་སྙིང་ག་ནས་ འོད་ཟེར་འཕྲོས། མགོན་པོ་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཧཱུཾ། དད་པ་དང་ནི་དམ་ཚིག་ གིས། །ཚུར་གཤེགས་ཚུར་གཤེགས་ནག་པོ་ཆེ། །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་ བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་ འདྲེན་གཤེགས། །ༀ་མཧཱ་ཀ་ལ་ཛྙཱ་ན་ཛཿཧཱུཾ་བཾ་ཧོཿ གནས་གསུམ་བྱིན་གྱིས་བརླབས། མགོན་པོའི་སྤྱི་ བོར་མི་བསྐྱོད་པས་རྒྱས་བཏབ་པར་གྱུར། བཛྲ་ཨཱ་ས་ན་ཏིཥྛནྟུ་ཞེས་གདན་ཕུལ། ༀ་མཧཱ་ས་མ་ཡ་ ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་དམ་རྒྱ་བསྟན་ལ་དམ་ཚིག་དྲན་ཏུ་གཞུག རྡོ་རྗེའི་རྩེ་མོའི་ནང་མཆོད་གཏོར་ཞིང༌། མགོན་པོ་དང་ རང་གི་ལྕེ་ཐོག་ཏུ་མྱངས་པར་བསམས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །ཞེས་པ་ནས། ཋ་ཋ་ཋ་ༀ་ཨཱཿཧཱུཾ། ཞེས་མནའ་ཆུ་འཐུང་ཁྱོད་བདག་དམ་ཚིག་བསྲེས་པ་ཡི། །དབང་དུ་གྱུར་པ་ཁྲག་འཐུང་མགོན། ། བདག་ཀྱང་དམ་ལ་མི་འདའ་བར། །རྟག་ཏུ་ནག་པོ་ཁྱོད་མཆོད་ཀྱི། ཁྱོད་ཀྱང་དམ་ལས་མི་ འདའ་བར། །བདག་གིས་བཅོལ་བའི་ལས་ཀུན་གྱིས། །གལ་ཏེ་དམ་ལས་འདའ་གྱུར་ན། ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད། །ཞེས་དམ་ཚིག་ཁས་བླངས། བསྙེན་པ་སྔོན་དུ་སོང་ན། སྐབས་འདིར་དབང་དུ་བསྡུ་ བའི་དམིགས་པ་བྱེད། མ་ཡིན་ན་མི་དགོས། གཏོར་མ་ཡི་དམ་གྱི་མངོན་རྟོགས་ལྟར་བྱིན་གྱིས་བརླབས། མཐར། ༀ་མཧཱ་ ཀཱ་ལ་ཛྙཱ་ན་ཨ་མྲྀ་ཏ་ༀ་ཨཱཿཧཱུཾ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས། ༀ་ཤྲཱི་མཧཱ་ཀཱ་ལ་རཱུ་པ་ས་པ་རི་ ཝཱ་རེ་བྷྱཿ ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་དུཥྚཾ་ནཾ་མ་ར་མ་ར། གྲྀཧྞ་གྲྀཧྞ་བནྡྷ་བནྡྷ་ཧ་ན་ ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་དི་ན་མེ་ཀེ་ན་ཧཱུཾ་ཧཱུཾ་ཕཊ། ཅེས་ལན་བདུན་ལ་སོགས་པས་ཕུལ། དེ་ནས་བླ་མ་དང་ 15-1-637 ཡི་དམ་གྱི་བཀའི་དམ་བསྒྲགས་ཏེ་འཕྲིན་ལས་བཅོལ། གོང་བཞིན་མནའ་ཆུ་བླུད་ལ། ལག་ཏུ་རྡོ་རྗེ་གཏད་པར་མོས་ཏེ། རྡོ་རྗེ་ འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དམ་ཚིག་འདི་ལས་འདས་གྱུར་ ན། །ནག་པོ་ཁྱོད་ནི་ཉམས་པར་གྱུར། །ༀ་བཛྲ་མཧཱ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ་དང༌། སྲོག་སྙིང་ བརྗོད་དེ། བྲོ་དམ་པོ་དགག་གོ །ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ་ལ། ཧཱུཾ། རྣམ་ དག་དབྱིངས་ལས་མི་གཡོས་ཀྱང༌། །ཐུགས་རྗེས་ཁྲོས་པའི་སྐུར་སྟོན་ཞིང༌། །བདུད་དཔུང་ འཇོམས་པའི་ལས་མཛད་པ། །ལེགས་ལྡན་མགོན་ལ་ཕྱག་འཚལ་བསྟོད། །བསྐལ་པའི་མེ་ ལྟར་འབར་བ་ཡི། །དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ནས། །མི་མཐུན་ཕྱོགས་སུ་གྱུར་པ་ཀུན། ། སྒྲོལ་མཛད་མགོན་ལ་ཕྱག་འཚལ་བསྟོད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་ པ་ཕྱོགས་བཅུར་སྐྱོང་མཛད་ཅིང༌། །གནོད་བྱེད་ཐམས་ཅད་ཕམ་མཛད་པ། །མཐུ་ཆེན་མགོན་ ལ་ཕྱག་འཚལ་བསྟོད། །ཞེས་དང༌། སྲིན་གཟུགས་མས་བསྟོད། གཞན་ཡང་བསྟོད་པའི་རིགས་མང་དུ་ཡོད་པ་ རྣམས་ཤེས་ན་བྱ། ལྷ་མོ་བསྐྱེད་ཡོད་ན། རྒྱ་མཚོའི་ཀློང་ན་སོགས་ཀྱིས་བསྟོད་པའི་སྲོལ་ཡོད་ཀྱང་འདི་ཉིད་ཀྱི་རང་ལུགས་ ལ་མི་དགོས་པར་མངོན། ལེགས་ལྡན་ནག་པོ་ཆེན་པོ་ནི། །མི་བསྲུན་འཁོར་གྱི་དཀྱིལ་འཁོར་ན། ། ལས་མཛད་གཤིན་རྗེ་མ་མོ་ནི། །མ་རུངས་སྤྲུལ་པའི་ཕོ་ཉ་སྟེ། ཁམས་གསུམ་སྲོག་ལ་དབང་ བྱེད་ཅིང༌། །སྐྱེ་འགྲོའི་དབུགས་ལ་རྔམ་པ་པོ། ཁྲག་འཐུང་ལས་ཀྱི་སྲིན་པོ་དང༌། །སྲིན་མོའི་ ཚོགས་ལ་བདག་བསྟོད་དོ། །ཞེས་འཁོར་ལ་བསྟོད། ཁྱོད་ཀྱིས་ཐུབ་པའི་བསྟན་པ་སྲུངས། །རྣལ་ འབྱོར་པ་ཡི་བར་ཆད་བཟློ་ག །ཆོས་དང་དཔལ་འབྱོར་རྒྱས་པར་མཛོད། །ལུས་དང་གྲིབ་མ་ བཞིན་དུ་འགྲོགས། །འདས་དང་མ་བྱོན་ད་ལྟར་གྱི་སོགས་ཀྱི་འཕྲིན་ལས་བཅོལ། ཐུན་གཏོར་འབུལ་བར་སྤྲོ་ ན་སྐབས་འདིར་གཏོང༌། བཟླས་པ་ནི་སྐབས་འདིའམ་གཏོར་མ་འབུལ་བའི་སྔོན་གང་དུ་བྱས་ཀྱང་འདྲ་སྟེ། རྩ་སྔགས་ནི། ན་མོ་ རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ༀ་ཤྲཱི་སོགས་ཤཱ་ས་ན་རྩ་སྔགས་དང༌། ༀ་མཧཱ་ཀཱ་ལ་རུ་པ་རུ་ཏྲ་ས་མ་ཡ་ཧཱུཾ་ཧཱུཾ་ ཕཊ་ཕཊ། སྙིང་པོའོ། །ༀ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ཡང་སྙིང་ངོ༌། །ༀ་མཧཱ་ཀཱ་ལ་ཏྲཀྴད་རྦད། སྲོག་སྙིང་ངོ༌། །དེ་ 15-1-638 ལ་ཡ་མ་རཱ་ཛ་བཏགས་པ་ནི་ལས་སྔགས་སོ། ། འདིའི་རྗེས་གནང་བྱེད་པར་འདོད་ན། སྒོམ་དོན་དང་མཐུན་པའི་དཀྱིལ་ཐང་བཀྲམ། དེའི་དབུས་མཉྫི་ལ་གཏོར་མ་བཀོད། ཤ་ཁྲག་གིས་བརྒྱན་པའི་མཆོད་གཏོར་དང་ནང་མཆོད་སོགས་བཤམ། སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་བྱ། བདག་མདུན་གཏོར་ཆོག་དང་བཅས་པ་གོང་བཞིན་བྱས་ལ་སློབ་མས་མཎྜལ་ཕུལ། རྡོ་རྗེ་འཛིན་པ་སོགས་ཀྱིས་གསོལ་བ་ བཏབ། གུར་ནས་འབྱུང་བའི་རྒྱུན་བཤགས་དང༌། རིགས་ལྔའི་སྡོམ་བཟུང་བྱ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བླ་མའི་ངོ་བོར་ གསལ་བཏབ། སློབ་མ་ཉིད་མགོན་པོ་གཙོ་རྐྱང་དུ་བསྐྱེད་ནས། ཡེ་ཤེས་པ་སྤྱན་འདྲེན་ནས་རྒྱས་བཏབ་ཀྱི་བར་བྱ་སྟེ། སྐུའི་རྗེས་ གནང་ངོ༌། །བཟླས་ལུང་སྦྱིན་ཏེ་གསུང་གི་རྗེས་གནང་ངོ༌། །སེམས་སྤྲོས་བྲལ་དུ་ངོ་སྤྲད་དེ། ཐུགས་ཀྱི་རྗེས་གནང་ངོ༌། །དམ་ རྫས་ཀ་པཱ་ལ་སྤྱི་བོར་བཞག་ལ། དམ་རྫས་རབ་ཏུ་འབར་བ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། ། མཁའ་འགྲོ་གནོད་སྦྱིན་དམ་ཅན་གྱི། །འཕྲོ་འདུ་ཡོན་ཏན་དབང་ཐོབ་ཤོག །ༀ་བཛྲ་མཧཱ་ ཀཱ་ལ་གུ་ཎ་ཧྲི་ད་ཧཱུཾ། ཡོན་ཏན་གྱི་རྗེས་གནང་ངོ༌། །ཧཱུཾ་ལས་བྱུང་བའི་གྲི་གུག་ལག་པ་གཡས་དང༌། ཨ་ལས་ བྱུང་བའི་ཐོད་པ་ལག་པ་གཡོན་དུ་གཏད་ལ། སངས་རྒྱས་ཀུན་གྱི་འཕྲིན་ལས་དབང༌། །ཟངས་གྲི་ འབར་བས་དགྲ་སྲོག་གཅོད། །དབང་སྡུད་ཐོད་པའི་རང་རྟགས་ཅན། །འཕྲིན་ལས་རྣམ་བཞི་ ཐོབ་པར་ཤོག །ལས་སྔགས་བརྗོད་དེ་འཕྲིན་ལས་ཀྱི་དབང་ངོ༌། །དེ་ནས་གཏོར་མའི་བཀའ་བསྒོ་སྤྱི་དང་མཐུན་པར་བྱས་ ཏེ། དེའི་མཐར་དམ་ཚིག་དྲན་པ་མནའ་ཆུ། དམ་ཚིག་ཁས་ལེན་བྲོ་དགག་པ་དང་བཅས་པ་དཔོན་སློབ་གཉིས་ཀས་བྱ། རྗེས་ཀྱི་ བྱ་བ་ཐམས་ཅད་སྤྱི་དང་མཐུན་ནོ། །རྗེས་ཆོག་གི་སྐབས་གཏོར་མ་ཆེན་པོའི་ལྷ་ནམ་མཁར་སྤར་ལ། གཏོར་མ་དེ་ཉིད་བྱིན་གྱིས་ བརླབས་ཏེ་འབུལ་བའི་ལག་ལེན་ཡང་མཛད། འདི་ལ་རྒྱས་པར་དབང་བསྐུར་བའི་ལུགས་དང༌། བསྡུ་ན་ལུང་ཙམ་གྱིས་ཆོག་ པའི་སྐབས་ཀྱང་འདུག་ལ། ལག་ལེན་འབྲིང་པོའི་ལུགས་སུ་རྗེས་གནང་བྱེད་པ་ལྟར་འདིར་བཀོད་པ་ཡིན་ཏེ། རྣལ་འབྱོར་བླ་མེད་ ཀྱི་དཀྱིལ་འཁོད་དུ་དབང་བསྐུར་བ་མ་ཐོབ་པ་ལ་འདིའི་དབང་བཞིས་ཀྱང་སྨིན་བྱེད་དུ་འགྱུར་བ་དཀའ་ལ། དེ་ཐོབ་པས་ལས་ ཚོགས་མཐའ་དག་སྒྲུབ་པ་ལ། ལུང་མནོས་པས་ཀྱང་རུང་བ་ཙམ་ཡིན་མོད་ཀྱི། བྱིན་རླབས་ཀྱི་སྒོ་རྗེས་གནང་ཉིད་མཆོག་ཡིན་ལ། འཕྲིན་ལས་ཀྱི་ལྷ་འདི་འདྲ་བའི་རིགས་ལ། དབང་ཆེན་མོས་ཀྱང་རྗེས་གནང་ལས་ལྷག་པའི་བྱིན་རླབས་ཀྱི་སྒོ་ཡོད་པ་དཀའ་བའི་ 15-1-639 ཕྱིར། དབང་མཆོག་གི་རྒྱ་གཞུང་དུ་གྲགས་པ་ལྟར། དབང་དེ་དག་ཐོབ་ནའང་ལེགས་པ་ཡིན་མོད་ཀྱི། མིན་ནའང་རྗེས་གནང་ ཐོབ་ན་དེ་ཉིད་ཀྱིས་ཆོག་ཤེས་པར་བྱའོ། །འདི་ནི་དུར་ཁྲོད་ནག་པོའི་རྒྱུད་ལས་འབྱུང་ལ། དེ་ལ་ཇོ་བོ་རྗེ། ནག་པོ་རོ་འཛིན། ཨ་ཙ་ ར་དམར་པོ། ལོ་ཆེན་རིན་བཟང༌། གྱི་ལྗང་དབུ་དཀར་བ། གྲུ་གུ་སྟོན་པ་ནས་བརྒྱུད་པ་སྟེ། བརྒྱུད་པའི་ལུགས་སྲོལ་དྲུག་ཡོད་པར་ གྲགས་ནའང༌། དོན་གྱི་ངོ་བོ་ལ་ཁྱད་པར་ཆེར་མེད། འདི་ནི་གྱི་ལྗང་ལུགས་གཙོ་ཆེ་བའི་དབང་དུ་བྱས་སོ། །གྱི་ལྗང་ལོཙྪས་ཕྱོགས་ ཀུན༷་ཏུ། །འཕྲིན་ལས་དག༷འ་བར་སྒྲུབས་ཞེས་བསྒྲགས། །ཇོ་བོའི་མན་ངག་ཀྱང་ལྡན་པའི། །ལག་ལེན་སྙིང༷་པོ༷་མདོ་ཙམ་ཡིན། ། དཔལ་མགོན་པོ་ཟངས་གྲི་ཅན་ལྷ་བཅུ་བདུན་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ཧེ་རུ་ཀ་ལ་གུས་བཏུད་ནས། །མགོན་པོ་གྲི་གུག་ཅན་སྒྲུབ་ཐབས། །ཛྙཱ་ནའི་བཞེད་གཞུང་འཕགས་ ཡུལ་ལས། །བྱུང་བའི་ཡིད་ཆེས་ལྡན་པ་འབྲི། །ཆོས་འབྱུང་གྲུ་གསུམ་ནག་པོ་མཉྫིའི་སྟེང་དུ་གཏོར་མ་དང་བཅས་པ་བཤམ། མཐའ་ མཆོད་གཏོར་དང་ཕྱག་མཚན་གྱིས་བསྐོར། ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་བསྐྱེད་བསངས་སྦྱངས། བཛྲ་ ར་བ་ལི་ཕཊ། རྡོ་རྗེའི་བྲག་རི་དང༌། ཀེང་རུས་ཀྱི་སྟེང་དུ། དུར་ཁྲོད་དང་བཅས་པའི་གཞལ་ ཡས་ཁང་འཇིགས་སུ་རུང་བ། དབུས་སུ་པད་ཉིད་ལ་རང་གི་སྙིང་ག་ནས་སྤྲོས་པའི་ཧཱུཾ་ལས་ གྲི་གུག་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། བཞི་སྦྲག་གི་སྐབས་བཞིན་གཙོ་རྐྱང་བསྐྱེད། ཁྱད་པར་ མི་ལྤགས་ཀྱི་སྟོད་གཡོགས་ཅན་ནོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་ དཔའ་འཁོར་བཅས་བཛྲ་ས་མཱ་ཛཿ ཨེ་ཧྱེ་ཧི་མཧཱ་ཀཱ་ལ་ཀཱ་རུ་ཎི་ཀ་ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་ པར་ཐིམ། གཙོ་བོའི་བྱང་ཤར་དུ། ལྷ་མོ་ནག་མོ་རྩེ་གསུམ་དང་ཐོད་ཁྲག་འཛིན་པ། མདུན་ དུ་གསང་བའི་ལས་མགོན་དམར་ནག་གྲི་ཐོད་ཅན། ཛམྦུ་ཀའི་ཞལ་དང་ལྡན་པའོ། །གཡས་ སུ་གཤིན་རྗེ་ལྗང་ནག་རལ་གྲི་དང་ཐོད་ཁྲག་བསྣམས་པ། གཡོན་དུ་ལས་མགོན་བདུད་བྱ་ རོག་གདོང་ཅན་གྲི་ཐོད་འཛིན་པ། ཕྱི་རོལ་ཀྱི་ཤར་དུ་མཧཱ་ཀ་ལི་ནག་མོ་རལ་གྲི་དང་ཐོད་ ཁྲག་འཛིན་པ་དྲེའུ་ལ་ཆིབས་པ། ལྷོར་བི་ཀ་ར་ལི་ནག་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ་བྱ་ རོག་ལ་ཆིབས་པ། ནུབ་ཏུ་པུ་ཀ་ར་ལི་ནག་མོ་རྡོ་རྗེ་དང་ཕུར་བུ་འཛིན་པ་རོ་ལངས་ལ་ཞོན་པ། 15-1-640 བྱང་དུ་ཀངྒ་ལི་ནག་མོ་ཏྲི་ཤུ་ལ་དང་ཐོད་ཁྲག་འཛིན་པ་རོའི་གདན་ཅན། ཐམས་ཅད་ཀྱང་དྲག་ པོའི་ཆ་ལུགས་ཡོངས་སུ་རྫོགས་པའོ། །ཨརྒྷཾ་སོགས་ཀྱི་ཕྱི་དང༌། འབྲུ་གསུམ་གྱིས་ནང་མཆོད་ཕུལ། བསྟོད་ པ་ཤོ་ལོ་ཀ་གཅིག་གིས་བསྟོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ལ། ནག་པོ་ཆེན་པོ་འཁོར་བཅས་ཀྱིས། དཔལ་ ཧེ་རུ་ཀའི་བཀའ་ལས་མ་འདའ་བར། བདག་གི་བསམ་པའི་དོན་ཐམས་ཅད་སྒྲུབས་ཤིག དམ་ཚིག་ལས་འདས་ན། ཁྱོད་ཉིད་འཇིག་པར་གྱུར་ཏ་རེ། ནང་མཆོད་གཏོར་ཞིང༌། འཐུངས་ཤིག་ འཐུངས་ཤིག་རྡོ་རྗེའི་ཆུ། །རྡོ་རྗེའི་ཆུ་འདི་འཐུངས་ནས་ནི། །དམ་ཚིག་བསྲུངས་ན་དངོས་གྲུབ་ འཐོབ། །དམ་ལས་འདས་ན་བརླག་པར་འགྱུར། །ༀ་སརྦ་ཨུ་ད་ཀ་ཋ། དམ་ཚིག་གི་རྡོ་རྗེ་གཏད་པར་ བསམ་ལ། ཟུང་ཤིག་ཟུང་ཤིག་རྡོ་རྗེ་ཆེ། ཁྱོད་ཀྱིས་རྟག་ཏུ་འདི་ཟུང་ཤིག །གལ་ཏེ་བསྒོ་བ་མ་ ཉན་ན། །ནག་མོ་ཁྱོད་ནི་ཉམས་པར་འགྱུར། །གནས་གསུམ་བྱིན་རླབས་དང༌། དབང་བསྐུར་རྒྱས་གདབ་སྤྱི་ དང་འདྲ་བ་ལས། ཧེ་རུ་ཀས་དབུ་བརྒྱན་ཞེས་བརྗོད། དངོས་བཤམས་ཀྱི་མཆོད་པ་རྣམས་བླ་མེད་སྤྱི་དང་མཐུན་པར་ བྱིན་གྱིས་བརླབས། མོན་སྲན་རྡེའུ་ཛཾ་བུ་ཊི། །མེ་ཏོག་བདུག་སྤོས་ཤ་ལྔ་དང༌། །བདུད་རྩི་ལྔ་སྦྱར་ གཏོར་མ་འདིས། །དཔལ་ལྡན་ནག་པོ་འཁོར་བཅས་མཆོད། །ༀ་མཧཱ་ཀཱ་ལ་སརྦ་པཉྩ་ཨ་མྲྀ་ ཏ་ཨརྒྷཾ་པྲ་ཏཱིཙྪ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། འབྲུ་གསུམ་གྱིས་ནང་མཆོད་ཕུལ། བསྟོད་པ་སྲིན་གཟུགས་མ་བྱ། བཟླས་པའི་དམིགས་པ་གསལ་བཏབ་ལ། ༀ་བཛྲ་མཧཱ་ཀཱ་ལ་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་སྙིང་པོ་དང༌། ཤཱ་ས་ན་ཏེ་རྩ་ སྔགས་དང༌། ༀ་དེ་ཝ་ཧ་ན་ཧ་ན་བནྡྷ་བནྡྷ་ཀྵིཾ་ཀྵིཾ་ཧཱུཾ་ཕཊ། ༀ་བི་ཤ་ཙཱི་མཧཱ་ཀཱ་ལ་ཧཱུཾ་ཕཊ། ༀ་ཡ་མ་ མཧཱ་ཀཱ་ལ་ཧཱུཾ་ཕཊ། ༀ་མཧཱ་ཀཱ་ལ་ཁ་ཏ་མུ་ཁ་ཧཱུཾ་ཕཊ། ༀ་མཧཱ་ཀ་ལི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ༀ་ བི་ཀ་ར་ལི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ༀ་སུ་ཀ་ར་ལི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ༀ་ཀངྐ་ལི་ཧཱུཾ་ཧཱུཾ་ཕཊ་ཕཊ་ སྭཱཧཱ། ཞེས་པ་རྣམས་འཁོར་གྱི་སྔགས་སོ། །གཏོར་མ་ཤ་ལྔ་བདུད་རྩི་ལྔ་དང་འབྲེལ་བའི་བྱིན་རླབས་སྤྱི་དང་མཐུན་པར་བྱ། སོ་ སོའི་སྙིང་པོའི་མཐར་ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ཞེས་བཏགས་པ་ལན་གསུམ་གྱིས་ཕུལ། ཐུན་མོང་དུ་ཤཱ་ ས་ནས་བསྟབས། མཆོད་བསྟོད་འདོད་དོན་གསོལ་བ་བཏབ་པ་རྣམས་སྤྱིས་རིགས་འགྲེ། 15-1-641 སློབ་མ་རྣམས་ཁྲུས་བྱ། བགེགས་གཏོར་བཏང༌། མཎྜལ་ཕུལ། རྒྱུན་བཤགས་ཡན་ལག་ལྔ་པ་བྱ། སློབ་དཔོན་ དགོངས་སུ་གསོལ། བདག་རྡོ་རྗེ་འཛིན་པ་འདི་ཞེས་བགྱི་བ་ལ་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་ གསོལ་བ་བཏབ། གཏོར་མ་མགོན་པོ་འཁོར་བཅས་སུ་བསྐྱེད། སློབ་མའི་མགོ་ཐོག་གི་ནམ་མཁར་བཟུང༌། འཁོར་བཅས་ཀྱིས་གར་མཛད་པས་བགེགས་བསྐྲད་པར་བསམ། མགོན་པོའི་དཔྲལ་མགྲིན་ སྙིང་ག་ལྟེ་བ་གསང་བ་རྣམས་ནས། འོད་ཟེར་དཀར་དམར་མཐིང་སེར་ལྗང་ཁུ་རྣམས་སྤྲོས་ ཏེ། སློབ་མའི་གནས་ལྔར་ཐིམ་པས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བྱིན་གྱིས་ བརླབས་པར་མོས། དེ་ནས་བཀའ་བསྒོ་དྲག་ཏུ་བྱ། མགོན་པོ་འཁོར་བཅས་ཡེ་ཤེས་ཀྱི་བདུད་ རྩིར་ཞུ། སློབ་མའི་སྤྱི་བོ་ནས་ཞུགས། སྨིན་མཚམས་ཡན་ཆད་གང༌། བུམ་དབང་ཐོབ་པར་ མོས། དེ་བཞིན་དུ་མགྲིན་པ། སྙིང་ག ལྟེ་བ། གསང་བ་རྣམས་གང་བས་དབང་བཞི་ཐོབ་པར་ མོས། སློབ་མ་དང་མདུན་བསྐྱེད་ཀྱི་རྗེས་ཀྱི་བྱ་བ་ནི། མགོན་པོ་གཞན་གྱིས་རིགས་འགྲེའོ། །འདིའི་སྲོལ་འཛིན་རྣམས། རྡོ་ རྗེ་གུར་གྱི་རྒྱུད་མགོན་ཡིན་པར་བཞེད་ཅིང༌། དེ་ལྟར་འདྲ་བར་ཡང་མངོན་ནོ། །སྒྲུབ་ཡིག་ཀུན༷་ཏུ་རྒྱས་པ་ལ། །དག༷འ་བས་ཡིག་ རྙིང་ནང་དུ་ལྟོས། །རྗེས་གནང་ཙམ་དང་ཉེར་འབྲེལ་བའི། །སྒྲུབ་ཐབས་སྙིང༷་པོ༷་འདི་ཡིས་ཆོག །མགོན་པོ་གྲི་གུག་ལྷ་དགུའི་སྒྲུབ་ ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། བླ་མ་ཡི་དམ་མགོན་པོ་ལ། །བཏུད་ནས་གུར་གྱི་མགོན་པོ་དང༌། །དབྱེར་མེད་མཆོག་གི་ལས་ མཁན་ནི། །ཟངས་གྲི་ཅན་གྱི་སྒྲུབ་ཐབས་བཤད། །ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། མཎྜལ་གྲུ་གསུམ་མཐིང་ནག་ འབར་བ་ཚོམ་བུ་ནག་པོ་དང་བཅས་པ། དེའི་དབུས་སུ་བདུད་བཤོས་ཟུར་གསུམ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། གཏོར་མ་ཡི་དམ་གྱི་མངོན་རྟོགས་ལྟར་བྱིན་གྱིས་བརླབས། བསངས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་ དུ་དུར་ཁྲོད་ཆེན་པོའི་དབུས་སུ། རྡོ་རྗེའི་བྲག་རི་དམར་ནག་གི་སྟེང་དུ། དྲག་པོ་འབར་བའི་ གཞལ་མེད་ཁང་འཇིགས་སུ་རུང་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དབུས་སུ། ཧཱུཾ་ལས་ 15-1-642 ཟངས་གྲི་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ལས་ཀྱི་མགོན་པོ་ཟངས་གྲི་ཅན་མཐིང་ ནག་ཕྱག་གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་པ་སྙིང་ཁྲག་གིས་གང་བ་འཛིན་པ། སྦོམ་ ཐུང་གཟི་བརྗིད་ཆེ་བ་སྲིན་པོའི་ཆ་ལུགས་ཅན། ཞབས་ལ་སག་ཏིའི་ལྷམ་ཡུ་རིང་གསོལ་ཞིང༌། གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། དགྲ་བགེགས་ཀྱི་བཾ་ཆེན་མནན་ པ། ཤ་འགག་དཀར་པོ་དང་ལྗང་ཁུ་བརྩེགས་ཤིང༌། དར་ནག་གི་འཇོལ་བེར་དགུ་བརྩེགས་ བསྣབས་པ། སྦྲུལ་དང་མི་མགོས་བརྒྱན་ཅིང༌། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ ཤེས་པ་བཛྲ་ས་མཱ་ཛཿ རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། ། བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་གཤེགས། །མཧཱ་ཀཱ་ ལ་རཱུ་པ་ས་མཱ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཧོ། ས་མ་ཡ་སྟྭཾ་གྱིས་དམ་ལ་བཞག འདི་ནི་ཁྱོད་ཀྱི་ དམྱལ་བའི་ཆུ་སོགས་ཀྱིས་མནའ་ཆུ་བླུད། མཆོད་བསྟོད་བྱས་ཏེ་བཟླས་པའི་དམིགས་པ་གསལ་བཏབ་ལ། ༀ་མཧཱ་ཀ་ ལ་ཀ་ལ་རཱུ་པ་ས་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་དྲག་ཏུ་བཟླས། མཐར་ༀ་མཧཱ་ཀ་ལ་རུ་ཏྲ། ན་མཿསརྦ་ཏ་ ཐཱ་ག་བྷྱོ་སོགས་ལན་བདུན་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ལས་ ཀྱི་མགོན་པོ་མཧཱ་ཀཱ་ལ་ནི། །སངས་རྒྱས་སྟོང་གི་བསྟན་པ་སྲུང་བ་པོ། །བླ་མ་དམ་པའི་སྐུ་དགྲ་ འདུལ་བ་པོ། །དུས་ཀྱི་གཟུགས་ཅན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད། མཆོད་སྦྱིན་གཏོར་ མ་འདི་སོགས་ཀྱིས་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ་སོགས་སྤྱི་དང་འདྲའོ། ། རྗེས་གནང་གི་སྔོན་འགྲོའི་བྱ་བ་དང༌། སྐུའི་རྗེས་གནང་ཡན་ཆད་གུར་མགོན་ལྕམ་དྲལ་གྱི་རྗེས་གནང་ཉིད་འདོན་པ་སྤོས་ པས་རུང་ཞིང༌། གསུང་གི་རྗེས་གནང་བཟླས་ལུང་དཀྱུས་མ་དང༌། ཐུགས་ཀྱི་རྗེས་གནང་ཕྱག་མཚན་གྲི་ཐོད་ལག་ཏུ་གཏད། སངས་རྒྱས་ཀུན་གྱི་ཐུགས་ཀྱི་རྟེན། །ཐབས་དང་ཤེས་རབ་འབྲེལ་བར་བཟུང༌། །དངོས་གྲུབ་ ཚོགས་ལ་རོལ་པ་དང༌། །གདུག་པའི་དགྲ་བགེགས་ཚར་ཆོད་ཅིག །སྙིང་པོ་བཟླས་ལ་བྱིན། དེ་ནས་ 15-1-643 གཏོར་མའི་བཀའ་བསྒོ་བྱ། རྗེས་སྤྱི་དང་འདྲ། བསྙེན་སྒྲུབ་ལས་ཚོགས་ནི་ཡིག་རྙིང་དུ་ཤེས་པར་བྱའོ། །ས་སྐྱའི་ལུགས་ལ་རྣམས་ ཀུན༷་ཏུ། །ལས་མཁན་ཡིན་ཞེས་དག༷འ་བར་བསྔགས། །འོན་ཀྱང་གུར་མགོན་ཉིད་དུ་ངེས། །སྒྲུབ་ཐབས་སྙིང༷་པོ༷་མདོ་ཙམ་མོ། ། བེར་ནག་ཟངས་གྲི་ཅན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། དཔལ་ཆེན་རྡོ་རྗེ་ཁྲོ་བོ་དང༌། །མི་བཟད་མགོན་པོ་ནག་པོ་ཡི། །ལྷ་ཚོགས་ལ་ཡང་གུས་བཏུད་ ནས། །སྒྲུབ་ཐབས་མདོར་བསྡུས་བྲི་བར་བྱ། །མདུན་དུ་མཎྜལ་གྲུ་གསུམ་ཚོམ་བུ་ཅན། གཏོར་མ་དམར་ནག་མཐའ་མཆོད་ གཏོར་གྱི་བསྐོར་བ་དང་བཅས་པ་བཤམ། ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་དང༌། གཏོར་མ་བྱིན་རླབས། ཀྱཻ་ རྡོར་རམ་ཡི་དམ་གང་བྱེད་བཞིན་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་དུར་ཁྲོད་ཆེན་པོའི་ས་ གཞིར། ཉི་མ་དང་རོ་གདན་ལ། སཾ་ལས་སེང་གེ་དཀར་པོ་རབ་ཏུ་ཁྲོས་ཤིང་ཉམས་རྩལ་དང་ ལྡན་པ། དེའི་སྟེང་དུ་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ལས་མགོན་ གཅེར་བུ་ཟངས་གྲི་ཅན། སྐུ་མདོག་ནག་ལ་ཅུང་ཟད་དམར་བའི་མདངས་ཅན། ཞལ་གཅིག་ ཕྱག་གཉིས་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བ། གཡོན་ཐོད་ཁྲག་བརླའི་སྟེང་ངོས་སུ་ འཛིན་པ། མིག་གཡས་པ་ཉི་མ། གཡོན་ཟླ་བ། དབུས་མ་ནས་མེ་འཕྲོ་བ། སྟག་ལྤགས་ཀྱི་ ཤམ་ཐབས་དང༌། མི་ལྤགས་ཀྱི་སྟོད་གཡོགས་གསོལ་བ། མགོ་འཕྲེང་དང་སྦྲུལ་གྱིས་བརྒྱན་ པ་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་ཤ་ཟ་གནོད་ སྦྱིན་མ་མོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའོ། །དཔྲལ་བར་ༀ། ཞེས་པ་ནས། མནའ་ཆུ་བླུད་ཅིང༌། མཆོད་བསྟོད་ཀྱི་བར་བེར་ནག་ཟངས་གྲི་ཅན་དང་འདྲ། བཟླས་པའི་དམིགས་པ་གསལ་བཏབ་ལ། ༀ་མཧཱ་ཀཱ་ལ་རཱུ་པ་ ཤ་ཧཱུཾ་ཕཊ། ཅེས་པ་སྙིང་པོ་དང༌། ༀ་མཧཱ་ཀཱ་ལ་རཱུ་པ་ཡ། རུ་མ་ཀཱ་རི། ཙཎྜ་ཀཱ་རི། སྭ་མ་རེ། ཤ་ས་ པ་ཡེ་ནི། པྲི་ཏ་མུ་ཀི། ཀཽ་ར་ཀཽ་ར། ཧ་ན་ཧ་ན། བྷ་ག་བྷ་ག བྷ་ག་ཏ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་ དྲག་ཏུ་བཟླའོ། །མཐར་གཏོར་མ་འབུལ་བ་ནི། ༀ་མཧཱ་ཀཱ་ལ་ཡ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ཨ་མུ་ཀཾ་ མཱ་ར་ཡ་ཕཊ། ཅེས་ལན་བདུན་གྱིས་ཕུལ། ཨརྒྷཾ་སོགས་དང༌། འབྲུ་གསུམ་གྱིས་ནང་མཆོད། ཧཱུཾ། དུས་གསུམ་ 15-1-644 དགྲ་བགེགས་ཚར་གཅོད་པ། །ལས་རྣམས་ཀུན་བྱེད་དྲག་ཤུལ་ཆེ། །རབ་ཏུ་རྔམ་པའི་ཞལ་ དང་ལྡན། །གཅེར་བུ་གྲི་ཐོད་འཛིན་ལ་བསྟོད། །ཤ་ཟ་ཁྲག་ལ་རྔམ་པ་པོ། །དྲག་པོ་དུར་ ཁྲོད་འབྱུང་པོས་བསྐོར། །དཔའ་བོས་མྱུར་དུ་ཉམས་པ་སྒྲོལ། །གནོད་སྦྱིན་ཀླུ་བདག་ཁྱོད་ ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་ནས། རྗེས་བསྡུ་བཀྲ་ཤིས་ཀྱི་བར་སྤྱི་དང་འདྲ། རྗེས་གནང་ སྔོན་འགྲོ་གུར་དང་འདྲ་ཞིང༌། སྐུའི་རྗེས་གནང་འདོན་པ་སྤོས་པ་རྗེས་གནང་གི་གཞི་འགོད་པར་མཛད། སྙིང་པོའི་མཐར། ཀཱ་ ཡ་སིདྡྷི་ༀ། ཝཱཀ་སིདྡྷི་ཨ༔ ཙིཏྟ་སིདྡྷི་ཧཱུཾ། ཞེས་པ་རྣམས་སོ་སོར་བཏགས་ལ་བཟླ་བཞིན་དུ། སློབ་མའི་གནས་ གསུམ་སོ་སོར་གཏོར་མ་གཏུགས་པས། གཏོར་མ་མགོན་པོར་གསལ་བའི་སྐུ་ལས་མགོན་པོ་དཔག་ཏུ་ མེད་པ་བྱུང་ནས། སློབ་མའི་གནས་གསུམ་དུ་ཐིམ་པར་བསམ་པ་ནི་སྐུ་གསུང་ཐུགས་ཀྱི་རྗེས་ གནང་ངོ༌། །སྔགས་ཀྱི་བཟླས་ལུང་སྤྱི་མཐུན་ཞིག་སྦྱིན་ཏེ། ཡོན་ཏན་གྱི་རྗེས་གནང་ངོ༌། །གཏོར་དབང་སྤྱི་དང་མཐུན་པར་ བསྐུར། འཕྲིན་ལས་ཀྱི་རྗེས་གནང་ངོ༌། །ཀུན༷་ཏུ་གྲི་གུག་མར་གྲགས་པ། །དེ་ཉིས་ལས་མཁན་མགོན་པོའི་ཚུལ། །སྒྲུབ་ཐབས་ ཟབ་ཅིང་དཀོན་པ་འདི། །དག༷འ་བས་སྙིང༷་པོ༷ར་གྲིལ་བ་ཡིན། །གཅེར་བུ་ཟངས་གྲི་ཅན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་ རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ཡོན་ཏན་མགོན་པོ་ངོ་མཚར་ཅན། །ཚོགས་བདག་ཆེན་པོར་མཚན་གསོལ་བ། །ལྗང་ནག་ཁྲོས་ རྒྱུད་ལས་བྱུང་ཞིང༌། །ཇོ་བོའི་ཞལ་གཟིགས་ཡིན་པར་གྲགས། །འདི་ལ་འཕྲིན་ལས་ཀྱི་གཞུང་རྒྱས་པ་ནི། མགོན་པོ་ཏྲཀྴད་གཉོས་ ལུགས་དང་འདྲ་བར་སྣང་བས། དེའི་ཚུལ་རྣམས་སྔོན་དུ་ཤེས་པར་བྱས་ལ། མདུན་དུ་རྟེན་དགྲམ། མཆོད་གཏོར་བཤམ། བདག་ བསྐྱེད་སྔོན་དུ་འགྲོ་བས་མཆོད་གཏོར་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་ བསྲུང་འཁོར་གྱི་ནང་དུ་ཨེ་ཨགྣེ་མཎྜ་ལ་ཧཱུཾ། ཆོས་འབྱུང་མཐིང་ནག་མེ་འབར་བ། ཡཾ་ཀརྨ་ རཀྵ་ཧཱུཾ། རཾ་བཛྲ་ཛྭ་ལ་རཾ། རྡོ་རྗེའི་ས་གཞི་དང༌། མེའི་ཁོར་ཡུག་གོ །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བནྡྷ་ཛྙཱ་ ན་ཙཀྲ་ཨེ་བྷྲུཾ། གཞལ་ཡས་ཁང་དུ་གྱུར། དབུས་སུ་འཁོར་ལོ་རྩིབས་བཞི་པ་ལྟེ་བར་སིངྒ་ཛཾ་ པ་ལ་བི་མ་ལ་སིདྡྷི་ཧཱུཾ། སེང་གེའི་གདན། རཏྣ་ར་ཏི་ཏྲཾ། རིན་པོ་ཆེའི་གདན། པཾ་པདྨ་མཎྜ་ལ་ 15-1-645 ཧཱུཾ། ཨ་ཙནྡྲ་མཎྜ་ལ་ཧཱུཾ། མ་སུརྱ་མཎྜ་ལ་ཧཱུཾ། པདྨ་ཉི་ཟླ་བརྩེགས་པའི་གདན་དུ་གྱུར། དྷ་ར་ཧྲིཿ ཞེས་བརྗོད་པས་བཾ་ཆེན་བསྣོལ་བའི་གདན། དེའི་སྟེང་དུ་ཡི་གེ་ཐཾ་ཡིག་ལྗང་ནག་ལས་འོད་ འཕྲོས། འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་དངོས་གྲུབ་བསྡུས། སཾ་ཧ་ར་ཎ་ཧཱུཾ། ཐཾ་ཡིག་ལ་ཐིམ། དེ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་སྨུག་ནག་མི་ཟད་པའི་མཆེ་ བ་རྣོན་པོ་ཟངས་ཡག་དུ་གཙིགས་པ། སྤྱན་སྡང་མིག་ཏུ་གཟིགས་པས་གནག་པའི་དགྲ་བོ་ཞེ་ ལ་མནན་པ། ཕྱག་གཡས་ཀྱི་དང་པོས་རལ་གྲི། གཉིས་པས་རྩེ་གསུམ་མདུང་དར་ལེབ་རྒན་ ཅན། གཡོན་གྱི་དང་པོས་ཁྱུ་མཆོག་གི་རྒྱལ་མཚན་འཕྱར་བ། འོག་མས་བདུད་ཞགས་འཛིན་ པ། ཐོད་སྐམ་གྱི་དབུ་རྒྱན་དང༌། ཐོད་རློན་གྱི་དོ་ཤལ་ཅན། རིན་པོ་ཆེ་དང༌། སྦྲུལ་གྱིས་བརྒྱན་ པ། ཉི་ཟླས་ཐོད་བྱས་པ། གླང་པོ་ཆེའི་ཀོ་རློན་གྱི་སྟོད་གཡོགས་དང༌། སྟག་ལྤགས་ཀྱི་ཤམ་ ཐབས་ཅན། རོལ་པའི་སྟབས་ཀྱིས་བཞུགས་པའོ། །ཕྱོགས་བཞིའི་རྩིབས་ལ་མ་ཡིག་བཞི་ ལས། མདུན་དུ་ཡུམ་བེ་ཏ་ལི་ལྗང་ཁུ་རལ་པ་གྲོལ་བ། གཡས་རྒྱུ་མ་གསོལ་ཞིང༌། གཡོན་ཐོད་ ཁྲག་འཛིན་པ། ཞབས་བསྣོལ་བའི་སྟབས་ཅན། གཡས་སུ་ཕོ་ཉ་མོ་དཀར་མོ་སྐྲ་ཁམ་ནག་ ཅན། ཕུར་པ་དང༌། ཞགས་པ་དམར་པོ་འཛིན་པ། རྒྱབ་ཏུ་བཀའ་སྡོད་མ་ལྗང་སྔོན་མི་ལྤགས་ གྱོན་ཞིང༌། ཙནྡན་གྱི་དབྱུག་ཐོ་བསྣམས་པ། དེ་གཉིས་པུས་གཙུགས་སམ་བརྐྱང་བསྐུམ་གྱིས་ བཞུགས་པ། གཡོན་དུ་མངག་གཞུག་མ་དམར་མོ་གངྐའི་མགོ་བོ་ཅན། ཞིང་དབྱུག་དང༌། ཞིང་ཆེན་ཚལ་པ་བསྣམས་པ། མཉམ་པའི་སྟབས་ཀྱིས་བཞུགས་པའོ། །ཕྱི་རོལ་དུ་བྷྱོ་བདུན་ ལས། ཚངས་མ་དབང་མོ་གཞོན་ནུ་མ། །ལྷ་ཆེན་མ་དང་རྟོག་འདོད་མ། །རྒན་བྱེད་མ་དང་སྣ་ ཆེན་མ། །མ་བདུན་སྲིན་མོའི་གཟུགས་ཅན་ནོ། །སྐུ་མདོག་དམར་ནག་རྩེ་གསུམ་དང༌། བནྡྷ་ ཁྲག་གིས་གང་བ་བསྣམས་པ། སྒོ་བཞིར། ཤེལ་གསེར་ཟངས་གཡུའི་མིག་ཅན་མ་མོ་བཞི་ རྡོ་རྗེ་དང༌། ཞགས་པ་བསྣམས་པའོ། །སྤྱན་འདྲེན་གྱི་ཚེ། ཨེ་ཧྱེ་ཧི་ཤྲཱི་མཧཱ་ཀཱ་ལ་ག་ཎ་པ་ཏི་མཧཱ་ 15-1-646 ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ་ས་མ་ཡ་སྟྭཾ། ཧཱུཾ་ཧཱུཾ་ཛ་ཛཿ ཞེས་དང༌། བསྟོད་པ་བསྡུས་པ་ནི། ལྷ་དམར་དཀར་པོའི་ དབུགས་འབྱིན་སོགས་ཀྱིས་ཆོག ༀ་ཤྲཱི་མཧཱ་ཀ་ལ་ག་ཎ་པ་ཏི་སྭཱཧཱ། ན་མཿཤྲཱི་མཧཱ་ཀཱ་ལ་ག་ཎེ་ཤ་ ཡ། ན་མོ་ཡོ་གི་ནཾ། ཏདྱ་ཐཱ། ༀ་ཧི་ལི་ཧི་ལི། ཀི་ཏེ་ཀི་ཏེ། ཙིཏྟེ་ཙིཏྟེ་སྭཱཧཱ། ཞེས་པ་ནག་པོ་ཆེན་པོའི་ གཟུངས་ཀྱིས་ཀྱང་བསྟོད། གཙུག་ལག་ཁང་དང་དཀྱིལ་འཁོར་གནས་འདི་རུ་སོགས་ཀྱིས་བཞུགས་གསོལ་ བྱ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། བཅོམ་ལྡན་རྡོ་རྗེ་མ་གོང་འོག་གཉིས་ཀྱིས་མཆོད་པ་བསྔོས་ཤིང་འབུལ། སྨན་དང་རཀྟ་ཡང་སྤྲོ་ན་གཞུང་བཞིན་ཕུལ། འོད་ཕུང་བསྐལ་པའི་མེ་ལྟར་འབར་བའི་འོད་སོགས་ཀྱིས་སྤྲོ་ན་ བསྟོད། དེ་ཡང༌། ཉོན་མོངས་གཡུལ་ལས་ལྷ་ཆེན་རྒྱལ་བའི་རྟགས། ཁྱུ་མཆོག་དམར་མོའི་རྒྱལ་ མཚན་ཕྱག་ན་བསྣམས། །རལ་གྲི་རྩེ་གསུམ་ཡིད་བཞིན་ཞགས་པ་འཛིན། །ཐོད་པའི་མཁར་ འཇོམས་སྤྱན་ལྔ་བརྩོན་པ་ཡི། །མཆོད་ཅིང་བཤིག་སྟེ་རྣམ་པར་འཕྲོག་མཛད་པ། །ཞེ་སྡང་རོ་ ལངས་རྣམ་པར་འཇོམས་མཛད་པ། །ཞེས་སོགས་སྦྲེལ། བཟླས་པ་ནི། ནག་པོ་ཆེན་པོའི་གཟུངས་གོང་དུ་བཤད་ པ་ཉིད་ཅི་འགྲུབ་ཏུ་བཟླ་ཞིང༌། ༀ་བཛྲ་ཡཀྵ་ཤྲཱི་མཧཱ་ཀཱ་ལ་ཧཱུཾ་ཛ། གཙོ་བོའི་སྙིང་པོའོ། །ༀ་བཛྲ་ཡཀྵ་བེ་ཏཱ་ལཱི་ ཧཱུཾ་ཛ། ༀ་བཛྲ་ཛྭ་ལ་ཀུ་ལི་ཧཱུཾ་ཛ། ༀ་བཛྲ་ཨེ་ཀ་ཙ་ཏི་ཧཱུཾ་ཛ། ༀ་བཛྲ་ཤྲཱི་ཀཾ་ཀ་རི་ཧཱུཾ་ཛ། ཡུམ་བཞིའོ། ། ༀ་བཛྲ་ཀྲོ་དྷ་བྷྱོ། ༀ་བཛྲ་གནྡྷཾ་བྷྱོ། ༀ་བཛྲ་མུ་བྷྱོ། ༀ་བཛྲ་ངང་ཏཾ་བྷྱོ། ༀ་བཛྲ་རུ་ཏི་རེ་མ་ཏཱི་ བྷྱོ། ༀ་བཛྲ་མ་ནུ་ཧ་རཾ་བྷྱོ། ༀ་བཛྲ་ཨ་ཀར་པུཥྤ་ནི་བྷྱོ་ཛ། བྷྱོ་ཧཱུཾ་ཛ། མ་མོ་བདུན་གྱིའོ། །ༀ་མཧཱ་ཀཱ་ ལ་རཀྵ་མཧཱ་ཀཱ་ལ། པེ་ཏ་ལི། ཡ་ཐུ་ནི་ཛ་ཛ། ༀ་བཛྲ་ཡཀྵ་དེ་བ་ཤྲཱི་མཧཱ་ཀ་ལ་ཀྲོ་དྷ་པེ་ཏ་ལི་ཧཱུཾ་ ཕཊ། ཛྲ་ཛྲ་ཛྲ། རྦད་པའོ། །མཧཱ་ཀཱ་ལ་ཎི་ཐུཾ་ལཾ། ཐུཾ་རིལ་རྦད་སུ་ཎི་ཛ། དགྲ་བོའི་སྙིང་ལ་ཡ། ཏྲག་ རཀྴ་ཐུཾ་རིལ་རྦད། དགྲ་བོའི་སྙིང་ལ་ཁ་རཀ་ཛ། ཎི་ཛ་དགྲ་བོའི་སྙིང་ལ་ཐུཾ་རིལ། ལུས་ལ་ཡ་ རྦད། པུ་ཎི་ཤིག དགྲ་བོའི་སྙིང་ལ་ཡ། བསད་པའོ། །ན་ག་བི་ད་ན་ག་རཱ་ཛ་ཧ་ཧ། རཀྵ་རཀྵ་མཉྩི། སྙིང་ལ་རཀྨོ་ཐུན་བྷྱོ་བྷྱོ། རཀྨོ་ཁ་རག་ཙིཏྟ་ལ་རཀྨོ་བྷྱོ། སྒོ་མ་བཞིའི་སྔགས་ཏེ་ཐུན་བརྡེག་པ་ལ་སོགས་པའོ། ། མཐར་མཆོད་བསྟོད་བྱས་ཏེ། དམ་ལ་འབོད་ཀྱི་དམ་ཚིག་གཤེགས་སོགས་ཀྱིས་གཤེགས་པའོ། །ལྷག་མ་གཏོར་འབུལ་དང༌། 15-1-647 རྗེས་གནང་གི་ཆོ་ག་ནི། མགོན་པོ་གཉོས་ལུགས་ཀྱི་སྐབས་སུ་འཆད་པར་འགྱུར་བ་ཁོ་ནའོ། བཀའ་གདམས་པ་དང་རྙིང་མ་བ། ། ཀུན༷་ལ་སྔོན་དུས་རབ་གྲགས་ཀྱང༌། །དེང་སང་ཆེས་དཀོན་རྙེད་པར་དག༷འ། །དེ་ཕྱིར་སྙིང༷་པོ༷་ཙམ་ཞིག་བསྡུས། མགོན་པོ་སེང་ ཞོན་ཞེས་བྱ་བ། ཚོགས་བདག་མགོན་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ན་མོ་གུ་རུ་མཧཱ་ཀ་ལཱ་ཡ། རབ་འཇིགས་དྲེགས་པ་འདུལ་མཛད་དཔའ་བོ་ཆེ། །སྒྲུབ་ལ་བུ་གཅིག་ལྟར་ བརྩེ་དངོས་གྲུབ་སྩོལ། །བླ་མ་དང་ནི་ནག་པོ་ཆེན་པོ་ལ། །གུས་པས་བཏུད་ནས་གཏོར་མའི་ཆོ་ག་བཤད། །འདིར་བྲིས་སྐུ་དང་ མཆོད་གཏོར་བཤམ། བདག་བསྐྱེད་དང་ཡི་དམ་གྱི་མཆོད་གཏོར་སྔོན་དུ་འགྲོ་བས། འདི་སྐད་ཅེས་བྱའོ། །ༀ་བཛྲ་ཨ་མྲྀ་ ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭཱ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས། རང་གི་མདུན་དུ་འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར། དུར་ཁྲོད་ཆེན་པོའི་གནས། ཤིན་ཏུ་གཏུམ་པའི་ལྗོངས། དྲེགས་པ་བདུད་ཀྱི་ཡུལ། དུག་གི་ན་བུན་འཐུལ་བ། དྲག་པོའི་ ཀློག་འཁྱུག་ཅིང༌། རྒྱོབ་སོད་ཀྱི་འབྲུག་སྒྲ་སྒྲོག་པ། གནམ་ལྕགས་ཀྱི་ཐོག་དང་མཚོན་ཆ་སྣ་ ཚོགས་ཀྱི་སེར་བ་འབབ་ཅིང༌། མ་མོ་འདུ་བའི་གནས། མཚན་མོ་མེ་འབར་བ། ཉིན་མོ་རླུང་ ནག་འཚུབ་ཅིང༌། ན་བུན་རྣག་ཁྲག་དང་ཞག་ཏུ་འབབ་པ། མི་རོ་སྐམ་རློན་རིད་གསུམ་སྣ་ ཚོགས་གཅལ་དུ་བཀྲམ་ཞིང༌། ཁྲག་ཞག་གི་རྦ་ཀློང་འཁྲུག་པ། གཅན་གཟན་གཏུམ་པོ་རྣམས་ ངར་སྐད་འབོད་པའི་དབུས་ན། རྨངས་གཞི་ལྕགས་ལས་གྲུབ་པའི་སྟེང་དུ། ཤར་མིའི་ཐོད་ པས་བརྩིགས་པ། ལྷོ་རྟའི་ཐོད་པས་བརྩིགས་པ། ནུབ་སྤྲེའུའི་ཐོད་པས་བརྩིགས་པ། བྱང་ ལུག་གི་ཐོད་པས་བརྩིགས་པའི་ཕོ་བྲང་ཆེན་པོ། ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་ལ། ནང་ ཐོད་པའི་མཁར་དུ་ཡོད་པ་གྲུ་བཞི་སྒོ་བཞི་པ་ཤིན་ཏུ་འཇིགས་ཤིང་རབ་ཏུ་འབར་བ། ཟུར་ བཞི་ཟངས་ལས་བྱས་པ། སྒོ་བཞི་བསེ་ལས་བྱས་པ། གསེར་གྱི་རེ་ཆ་གསལ་བ། མུ་མེན་ འཕྲུལ་གྱི་གཡག་ཤིང་ཅན། རྟ་བབས་དུང་ལས་གྲུབ་པ། ཟངས་ལྕགས་ཁྲག་གི་བད་ཡོད་ པ། ནང་ཀེང་རུས་ཀྱི་ཀ་གདུང་རྣམས་ཀྱིས་ཕུབ་པ། རུས་པའི་དྲ་བ་དྲ་ཕྱེད་དང༌། མི་མགོ་ 15-1-648 བརྩིགས་པའི་ཏོག་གིས་མཚན་པ། ངོས་རྣམས་ལ་ཁྲག་གི་ཟར་ཆུ་འབབ་པ། དེའི་ནང་མི་རོ་ རྟ་རོ་གཅལ་དུ་བཀྲམ་པ། མི་ཁྲག་རྟ་ཁྲག་མཚོ་རུ་བསྐྱིལ་བ། མི་ལྤགས་རྟ་ལྤགས་ཡོལ་བར་ བྲེས་པ། གསུར་ཆེན་དུད་པ་ཕྱོགས་བཅུར་འཐུལ་བ། ཕྱི་རོལ་རྨངས་གཞིའི་སྟེགས་བུ་ལ་རོ་ ལངས་ཀྱི་ཤོན་བྱེད་པ། ཀེང་རུས་ཀྱི་གར་མཁན་འཁྲབ་པ། ཕྱོགས་ཐམས་ཅད་དུ་ཞིང་ཆེན་གྱི་ བླ་རེ། མི་རོའི་རྒྱལ་མཚན་དང་བ་དན། རྒྱུ་རློན་གྱི་ལྡ་ལྡི། མགོ་བོ་སྣ་ཚོགས་ཀྱི་དོ་ཤལ་དང༌། སྐྲའི་རྔ་ཡབ་ལ་སོགས་པ་ཉམ་ང་བག་ཚ་བའི་རྒྱན་དང༌། ལྡན་པའི་ཕོ་བྲང་གི་ལྟེ་བར་ནག་པོ་ བདུན་བརྩེགས་ལྕགས་མཁར་ཟུར་དྲུག་པ་ལ་མཐིང་ཟངས་གཡུའི་སྐས་བཙུགས་པའོ། །དེའི་ དབུས་སུ་མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ལ་རིན་པོ་ཆེའི་ཁྲི་པདྨ་དང་ཉི་མའི་ སྟེང་དུ་མི་རོ་རྟ་རོ་ལ་གནས་པའི་རཾ་ལས་དུག་སྡོང་རཾ་གྱིས་མཚན་པ་ལས་འོད་འཕྲོས། དགྲ་ བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། ལྷ་ཆེན་དཔལ་འབར་ མཧཱ་ཀཱ་ལ་སྲོག་བདུད་ནག་པོ་ཐོད་པའི་འཕྲེང་བ་ཅན་སྐུ་མདོག་སྨུག་ནག བདུད་རྟ་ནག་པོ་ རྟིང་དཀར་ལ་ཆིབས་པ། ཞལ་གཉིས་ཕྱག་བཞི་པ། གཡས་ཤྭ་ན་མུ་ཁའི་གདོང་ཤེལ་མིག་ གྱེན་དུ་ཕྱོགས་པས་དགྲ་བགེགས་ལ་ཟུག་ཅིང་བླ་འགུགས་པ། ཞལ་གཉིས་ཀའང་མཆེ་བ་ གཙིགས་པ། ལྗགས་འགྲིལ་ཞིང་སྐན་སྒྲ་སྡེབ་པ། ཧཱུཾ་ཕཊ་ཀྱི་གད་མོ་དང་ང་རོ་དྲག་པོ་སྒྲོག་ པ། ཕྱག་གཡས་གཉིས་ཀྱིས་དུག་གི་སྡོང་པོ་མེ་འབར་བ་དང་བདུད་ཞགས། གཡོན་གཉིས་ ཀྱིས་ཁྲམ་ཤིང་དང་ཐོད་པ་སྙིང་བཅས་ཁྲག་གིས་གང་བ་འཛིན་པ། དམར་ལ་ཟླུམ་པའི་སྤྱན་ གསུམ་སྡང་མིག་ཏུ་བགྲད་པ། སྨ་ར་དང་སྨིན་མ་དང་སྐྲ་ཁམ་ནག་གྱེན་དུ་བརྫེས་པ་ལ། སྦྲུལ་ ནག་དང་དར་ནག་གི་ཅོད་པན་ཅན། མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་ཞིང༌། རློན་པ་ཁྲག་ འཛག་པ་ལྔ་བཅུའི་དོ་ཤལ་འཆང་བ། དུག་སྦྲུལ་སྟོང་གི་ཆུན་པོས་བརྒྱན་པ། སྐུ་ལ་དར་ནག་ གི་འཇོལ་བེར་གསུམ་བརྩེགས་མུན་པའི་གཡུང་དྲུང་རིས་དང་གསེར་གྱི་སྐེ་རགས་ཅན། དེའི་ 15-1-649 སྟེང་ན་དྲེད་མོའི་བཅང་སླག་སེང་གེ་སྔོན་པོའི་གོང་ལག་ཅན་གསོལ་བ། ཞབས་ལ་སག་ཏིའི་ ལྷམ་གྱོན་པ། སྙན་ནས་འབྲུག་སྟོང་ལྡིར་ཞིང༌། དྲི་འཛིན་ནས་ནག་པོ་བརྩེགས་པའི་རླུང་ དམར་ལྡང་བ། སྡང་མིག་ལས་མེ་འོད་འཕྲོ་ཞིང༌། ཞལ་དུ་ཤ་ཁྲག་གིས་རྒྱ་མཚོ་འཁྱིལ་བ། སྒོ་ དགུ་ནས་ཉམས་པ་ལ་དྲུག་གི་ཆར་སྤྲིན་འབེབས་པ། སྤྱི་བོ་ལ་ཉི་ཟླས་བརྒྱན་པ། སྐུ་ཆེ་ལ་ ཡན་ལག་རགས་པ། ཁམས་གསུམ་འདར་ཞིང་སྐྲག་པར་བྱེད་པ། དགྲ་བགེགས་དང་ལོག་ པར་ལྟ་བ་ཐམས་ཅད་སྐད་ཅིག་གིས་རྡུལ་དུ་རློག་པའོ། །དེའི་གཡོན་དུ་བྷྱོ་དང་རལ་གྲི་ཞུ་བ་ ལས་དཔལ་ལྡན་ལྷ་མོ་གཉན་གྱི་རེ་མ་ཏཱི་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་བཞི་མ། ཞལ་ རས་ཕྱི་རྒྱབ་ཏུ་ཕྱོགས་པས་གཟིགས་པ། མི་རོ་ཞལ་དུ་གསོལ་བཞིན་པས། མཆེ་བ་གཙིགས་ ཤིང་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་རལ་པ་དམར་སེར་གཡོན་ངོས་སུ་འཁྱིལ་བ། ཕྱག་ གཡས་གཉིས་ཀྱིས་ཞིང་ཆེན་དང་རལ་གྲི་སྡིག་པའི་ཡུ་བ་ཅན་མེ་འབར་བ། གཡོན་གཉིས་ན་ ནེའུ་ལེའི་རྐྱལ་པ་ནོར་བུའི་ཆར་འབེབས་པ་དང༌། ཐོད་པ་ཁྲག་གིས་གང་བ་འཛིན་པ། ཐོད་ སྐམ་གྱི་དབུ་རྒྱན་དང༌། རློན་པའི་དོ་ཤལ་ཅན། སྙན་གཡས་གཡོན་ལ་དུག་སྦྲུལ་དང་སེང་ གེས་བརྒྱན་པ། ཞལ་ནས་དྲག་སྔགས་ཀྱི་འོ་དོད་འབོད་ཅིང༌། མིག་ནས་ཁྲག་གི་ཆར་བ་ འབབ་པ། ཤངས་ནས་ནད་ཀྱི་ན་བུན་འཐུལ་བ། ལྟེ་བའི་ཐད་ཀ་ནས་ཉི་མ་འཆར་ཞིང༌། སྤྱི་ བོའི་གཙུག་ཏུ་ཟླ་བ་རྒྱས་པ། མི་ལྤགས་ཀྱིས་སྟོད་གཡོགས་ཤིང༌། རེ་སྡེས་སྨད་དཀྲིས་པ། སྦྲུལ་རིགས་བཞིའི་སྐེ་རགས་བཅིངས་པ། ཞབས་ལ་དབང་གི་ལྕགས་སྒྲོག་འཁྲོལ་བ། སྲིན་ པོའི་བོང་བུ་གྭ་དམར་ལ་ཆིབས་པ། ནད་ཀྱི་རྐྱལ་བ། མཚོན་གྱི་གྲུ་གུ བྱང་དམར་གྱི་ཁྲེས་ པོ། ཤོ་རྡེའུ་དཀར་ནག བདུད་ཀྱི་ཁྲམ་བམ་སྟེ་སྤྲུལ་པའི་མཚོན་ཆ་ལྔ་དང་བཅས་པ་སྲིན་པོའི་ ཡ་འཁལ་ལ་སྔ་རུ་དང༌། མ་འཁལ་ལ་ཕྱི་རུ་བྱས་པ། གོང་རྨེད་སྦྲུལ་ལ་བགྱིས་ཤིང་རཀྟའི་ རྒྱ་མཚོར་རྒྱུ་བ་ཡབ་ཡུམ་གཉིས་ཀའང་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། 15-1-650 ཟུར་དྲུག་ཏུ་བྷྱོ་དྲུག་ལས་སྤྲུལ་པའི་ཕོ་ཉ་མོན་མོ་ཤྭ་ན་ནག་མོ་དྲུག་སྐད་ཅིག་གིས་གྲུབ་པ་ ནི། གསེར་མིག་མ། དངུལ་མིག་མ། ཟངས་མིག་མ། མཁར་མིག་མ། གཡུ་མིག་མ། མཆོང་ མིག་མ་རྣམས་ཁྱིའི་གདོང་ཅན་ཞལ་གཅིག་ཕྱག་གཉིས་མ་སྐུ་མདོག་ནག་མོ་གཡས་རྡོ་རྗེ་ ནམ་མཁའ་ལ་གསོར་ཞིང༌། གཡོན་ཞགས་པ་ནག་པོ་འཕེན་པ། གཅེར་བུ་རུས་པའི་རྒྱན་ ཅན། རལ་པ་རྟིང་པར་སླེབས་པ། ཕྱག་རྒྱ་བསྒྱུར་ཞིང་གར་བྱེད་པ། ཁྱི་སྐད་འདོན་ཞིང་རི་ རབ་བསྐོར་བ། ལྷང་ལྷང་ངུ་ཞིང་དུར་ཁྲོད་ཉུལ་བ། བྱང་ཕྱོགས་ཀྱི་གནོད་སྦྱིན་ཆེན་པོ་བརྒྱད་ ནི་ལྕགས་ཀྱི་བྱ་ཁྲ་བརྒྱད་དུ་སྤྲུལ་ནས་སྔོན་ལ་ལྡིང་པས། སྔ་དགྲ་དར་བ་རྡུལ་དུ་རློག་པ། ལྷོ་ ཕྱོགས་ཀྱི་གཤིན་རྗེ་ཆེན་པོ་བརྒྱད་ནི། སྟག གཟིག དོམ། དྲེད། འཕར་བ། སེང་གེ། ཅེ་སྤྱང༌། ཁྱི་རྣམས་སུ་སྤྲུལ་ནས་ཕྱི་བཞིན་དུ་འབྲང་བས། ཕྱི་དགྲ་སེམས་པ་རྡུལ་དུ་རློག་པ། ཕྱི་སྐོར་ དུ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་བདུད་པོ་སེང་གེའི་གདོང་ཅན་གསུམ་དང་རཾ་བདུན་དང་མ་ བདུན་ལས་བྱུང་བའི་སྤྲུལ་བའི་མོན་པ་ཕོ་བདུན་མོ་བདུན་རྣམས་དང༌། གཞན་ཡང་སྤྲུལ་པ་ དང་ཡང་སྤྲུལ་ཀྱི་ཚོགས་རྣམས་དང༌། བདུད་ཀྱི་དམག་ཉི་ཁྲི་ཆིག་སྟོང༌། ལྷ་དམག་འབུམ་སྡེ་ དང་བཅས་ཤིང༌། ལྷ་མ་སྲིན་སྡེ་བརྒྱད་དང་བཅས་པ་ཐམས་ཅད་ཀྱང་གཅེར་བུ་འདབ་ཆགས་ ཐང་ལ་བོར་བ་ལྟར་འདར་ཡེད་ཡེད་འདུག་པ་ཐམས་ཅད་ཀྱང་སྒྲུབ་པ་པོའི་བཀའ་སྡོད་པར་ གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འཕྲོས་པའི་འོད་ཀྱིས། རང་བཞིན་གྱི་གནས་ནས་མགོན་ པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ སྤྱན་རས་གཟིགས་མགོན་ཐུགས་ཀྱི་འཕྲིན་ལས་ལས། ། རྣམ་འཕྲུལ་ཞི་བས་འདུལ་བར་མི་སྤྱོད་ཅིང༌། །དྲག་པོའི་སྟོབས་ཀྱིས་གདུག་པ་ཚར་གཅོད་ པ། །འཇིགས་པའི་གཟུགས་ཅན་ཁྱོད་ནི་འདིར་བྱོན་ཅིག །ལྷ་ཆེན་ཐུགས་ཀྱི་ཕོ་ཉ་མཐུ་བོ་ ཆེ། ཁྱོད་ཀྱི་རྣམ་འཕྲུལ་ཕྱོགས་བཅུ་མ་ལུས་ཁྱབ། །ཡབ་ཅིག་རྟག་ཏུ་འདོད་རྒྱལ་ཁང་བཟང་ ན། །ཕལ་ཆེར་ཨུ་ཙ་ལ་ཡི་དུར་ཁྲོད་ན། །རེས་འགའ་བསིལ་བའི་ཚལ་ན་སྲིན་པོའི་གཟུགས། 15-1-651 ད་ལྟ་ཙ་རི་རོང་གི་ཕོ་བྲང་ན། ཁྱོད་ཀྱིས་བརྟེན་ས་རྩུབ་མོའི་བྲག་ཕུག་ན། །རྣལ་འབྱོར་དམ་ ཚིག་ལྡན་པའི་རྗེས་འབྲང་ཞིང༌། །གང་གིས་བཅོལ་བའི་ལས་རྣམས་གྲུབ་མཛད་པ། །དྲག་ པོ་དབང་ཕྱུག་གཟི་ལྡན་འདིར་བྱོན་ཅིག །སྔོན་ཚེ་ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ། །ཏྲཀྴད་ཁྱོད་ཀྱི་ ཇི་ལྟར་ཁས་བླངས་བཞིན། །དྲག་པོའི་ལས་ལ་གནས་འདིར་སྤྱན་འདྲེན་གྱི། །སངས་རྒྱས་ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་མཧཱ་ཀཱ་ལ་ཏྲཀྴད་ས་པ་རི་ཝཱ་ར་བཛྲ་ས་ མཱ་ཛཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཧཱུཾ། ལྷ་མིན་དམག་ཚོགས་ གཡུལ་བཟློག་ཅིང༌། །ལྷ་དམག་དཀར་པོའི་དབུགས་འབྱིན་པ། །ལྷ་ཆེན་དཔལ་འབར་ འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་པ། ཛཿཧཱུཾ་བཾ་ཧོཿགཉིས་ སུ་མེད་པར་བསྟིམ། སླར་ཡང་འོད་འཕྲོས། རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ ༀ་བཛྲི་ བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས། གཙོ་འཁོར་ཐམས་ཅད་ལ་མི་བསྐྱོད་པས་དབུ་བརྒྱན། བཟླས་པའི་དམིགས་པ་གསལ་བཏབ་ལ། ༀ་ཤྲཱི་ མཧཱ་ཀཱ་ལ་ཏྲཀྴད་མཧཱ་ཀཱ་ལ་སིདྡྷི་ཏྲི་ཡཾ་དུན་ཛ་ཛཿ ཞེས་དཔལ་མགོན་པོ་དང༌། ༀ་རོ་རུ་རོ་རུ་ཙ་པ་ལ་ ཨ་ཤུ་མེ་མ་ཧཱུཾ་མ་བྷྱོ་ཛཿཛཿ མ་བོད། མ་བོད། མ་ཤོད། མ་ཤོད། གིངྒ་ར་གིངྒ་ར། མ་ལས་ ཐམས་ཅད་གྲུབ་པར་མཛོད་ཅིག ཅེས་དཔལ་ལྷ་མོའི་སྔགས་སོ། ། དེ་ནས་གཏོར་མ་བསངས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་ མེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་བུ་གསུམ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་ དམར་བའི་ནང་དུ། བི་མུ་ཤུ་མ་ར་ལས་བདུད་རྩི་ལྔ། གོ་ཀུ་ད་ཧ་ན་ལས་ཤ་ལྔ་བསྐྱེད། སྙིང་ གའི་ས་བོན་གྱི་འོད་ཀྱིས་མདུན་གྱི་ནམ་མཁའ་ལ་རྡོ་རྗེ་ཧཱུཾ་དང་བཅས་པར་གྱུར། དེ་ལས་འོད་ ཟེར་འོག་ཏུ་འཕྲོས་པས་རླུང་གཡོས། རླུང་གིས་མེ་སྦར་ཤ་ལྔ་བདུད་རྩི་ལྔ་ཡི་གེ་དང་བཅས་པ་ ཞུ་ཞིང་ཁོལ་བས་ལྦུ་བ་དུ་ༀ་དུ་གྱུར། དེ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་པས། ཡེ་ཤེས་ཀྱི་ 15-1-652 བདུད་རྩི་བཀུག་ནས། དེ་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ་ལན་ གསུམ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། མགོན་པོ་ཡབ་ཡུམ་འཁོར་བཅས་ཀྱི་ལྗགས་གཏོར་མ་བདུད་ རྩིའི་རང་བཞིན་ཅན་ལ་རེག་ཅིང་གསོལ་བས་ཚིམ་ཞིང་མཉེས་པར་གྱུར། ༀ་མཧཱ་ཀཱ་ལ་ཏྲི་ཡཾ་ ཛཿ ས་མ་ཡ་ས་མ་ལོ་ཀི་ནི་མུན་བྷྱོ་ཧཱུཾ་ཕཊ་བཱ་ལིཾ་ཨི་དཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་བྷུཉྫ་ཧོ། རཀྟ་པི་ པ་ཏོ་ས་མ་ཡ་སྭཱཧཱ། ༀ་དེ་ཝི་མཧཱ་ཀ་ལི་རེ་མ་ཏཱི་མཧཱ་བཱ་ལིཾ་ཏཾ་ཁཱ་ཧི། མཧཱ་མཾ་ས་ཁཱ་ཧཱི་ཙིཏྟ་ཁཱ་ཧི། མཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མཧཱ་པཉྩ་ཨ་མྲྀ་ཏ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་ཕུལ་ལ། དཔལ་ཡེ་ཤེས་ཀྱི་མགོན་པོ་མཧཱ་ཀཱ་ལ། རྣལ་འབྱོར་གྱི་དགྲ་ལྷ་བདུད་འདུལ་གྱི་དབང་ཕྱུག དུག་གསུམ་གྱི་སྨན་པ། རིག་འཛིན་གྱི་སྲོག་ཤིང༌། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་ སྲུང་མ། ལྷའི་དེད་དཔོན་ཆེན་པོ། སྲོག་བདུད་ནག་པོ་ཐོད་པའི་ཕྲེང་བ་ཅན། བཱ་ལིཾ་རྒྱན་གྱི་ གཏོར་མ་འདི་བཞེས་ཞིག་ཁ་རཾ་ཁཱ་ཧི། དཔལ་ལྡན་གཉན་གྱི་རེ་མ་ཏཱི། བདུད་ཀྱི་ཡུམ་ལ་ གཤིན་རྗེའི་ལྕམ། ནག་མོ་དྲེའུ་ལ་ཞོན་པ། གཅེར་མོ་བོང་བུ་ལ་ཞོན་པ། མགྱོགས་མ་རླུང་ལ་ ཞོན་པ། བཱ་ལིཾ་རྒྱན་གྱི་གཏོར་མ་འདི་བཞེས་ཤིག་ཁ་རཾ་ཁཱ་ཧི། གཞན་ཡང་འཁོར་གྱི་མ་མོ་དྲུག བྱང་ཕྱོགས་ཀྱི་གནོད་སྦྱིན་ཆེན་པོ་བརྒྱད། ལྷོ་ཕྱོགས་ཀྱི་གཤིན་རྗེ་ཆེན་པོ་བརྒྱད། སྤྲུལ་པ་ ཡང་སྤྲུལ་ཕོ་ཉ། འཁོར་གྱི་དམག་ཉི་ཁྲི་ཆིག་སྟོང་སྡེ་བརྒྱད་དང་བཅས་པ་ཐམས་ཅད་བཱ་ལིཾ་ རྒྱན་གྱི་གཏོར་མ་འདི་བཞེས་ཤིག་ཁ་རཾ་ཁཱ་ཧི། ༀ་ཤྲཱི་མཧཱ་ཀཱ་ལ་ག་ན་པ་ཏི་ཡཀྵ་བཻ་ཏ་ལི་ས་པ་ རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཡབ་ཡུམ་གྱི་སྙིང་པོའི་མཐར་འབྲུ་གསུམ་སྦྱར་ནས་ནང་མཆོད་འབུལ། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་སྲོག་བདུད་མ་རུངས་པ། །མངོན་ཤེས་རྫུ་འཕྲུལ་ ཐབས་ཀྱི་གཙོ། །དྲག་པོའི་ཞལ་ལ་གཏུམ་པོའི་སྐུ། །རྡོ་རྗེ་མཧཱ་ཀཱ་ལ་སྟེ། །ལྷ་ཆེན་ལྕམ་དྲལ་ སྤྱན་འདྲེན་གྱི། །གནས་འདིར་མཆོད་ཕྱིར་གཤེགས་སུ་གསོལ། །སྲོག་གི་བཀའ་སྡོད་མགོན་ པོའི་སྐུ། །སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། 15-1-653 གྲོང་ཁྱེར་གསུམ་བརྩེགས་འཇིག་བྱེད་པས། གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ ནག་གཟུགས་ཅན་བརྗིད་པ་ལ། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །སྟེང་གི་ལྷ་ཚོགས་དབང་ དུ་སྡུད། ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། ། དབང་ཕྱུག་ཆེ་ལ་བདག་བསྟོད་དོ། །གཡས་པ་དུག་སྡོང་བདུད་ཞགས་བསྣམས། །གཡོན་པ་ ཐོད་པ་སྙིང་བཅས་གསོལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པའི། །དམ་ཚིག་ཅན་ལ་ བདག་བསྟོད་དོ། །ལས་ཀྱི་སྲོག་བདུད་ཆེན་པོ་ནི། །བདུད་རྟ་ནག་པོ་རྟིང་དཀར་ཆིབས། །སྐུ་ ཆེ་ཡན་ལག་རགས་ཤིང་བརྗིད། །སྤྱན་དམར་ཞལ་གདངས་ལྗགས་འགྲིལ་ཞིང༌། །སྐུ་ལ་ བེར་ནག་སྨུག་པོ་གསོལ། །སག་ཏིའི་ལྷམ་ལ་པད་ཉིའི་གདན། །བསྐལ་པའི་མེ་དཔུང་ནང་ན་ འགྱིང༌། །མཐུ་སྟོབས་ཅན་ལ་བདག་བསྟོད་དོ། །འདས་དང་མ་བྱོན་ད་ལྟར་གྱི། །དུས་གསུམ་ སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་བསྲུང་བར་ཐུགས་བསྐྱེད་པ། །ནག་པོ་ཁྱོད་ནི་ཡིན་པ་ སྟེ། །གང་ཞིག་དཀོན་མཆོག་གསུམ་པོ་དང༌། །བླ་མ་བརྙས་བྱེད་སེམས་ཅན་འཚེ། །བདག་ལ་ གནོད་བྱེད་དགྲ་དང་བགེགས། །ཐམས་ཅད་ཁྱེད་ཀྱིས་གཞོམ་པ་དང༌། །བསྟན་པ་བསྲུང་ བར་མཛད་དུ་གསོལ། །ནད་དང་གནོད་པ་ཞི་བ་དང༌། །ཚེ་དང་བསོད་ནམས་འཕེལ་བ་དང༌། ཐམས་ཅད་དབང་དུ་སྡུད་པ་དང༌། །མི་མཐུན་ཕྱོགས་རྣམས་གཞོམ་པ་ཡི། །འཕྲིན་ལས་རྣམ་ བཞི་ཁྱོད་ཀྱིས་ཀྱིས། །རྒྱན་གྱི་གཏོར་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་ མཛོད། བྷྱོ། མའི་ནང་ནས་མ་ཅིག་མ། །སྲིང་གི་ནང་ནས་སྲིང་གཅིག་མ། །དཔལ་ལྡན་གཉན་ གྱི་རེ་མ་ཏི། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །ལྷའི་གནས་ན་ལྷ་མོ་ནམ་གྲུ་མ། །ཀླུའི་ གནས་ན་ཀླུ་མོ་གློག་འགྱུ་མ། །སྲིན་པོའི་གནས་ན་སྲིན་མོ་ཤཾ་ཤཾ་མོ། །མེའི་གནས་ན་བདུད་ མོ་རེ་མ་ཏཱི། །མི་ལ་བདུད་དུ་ཁྱོད་ལས་ཆེ་བ་མེད། །གནས་ནི་བྱང་ཤར་མཚམས་ན་གནས། ། རྒྱུ་ནི་བར་སྣང་ཁམས་ལ་རྒྱུ། །སྐྱེ་འགྲོ་ཡོངས་ཀྱི་དབུགས་འཆའ་མ། རྐང་ལ་ལྕགས་ཀྱི་ལྷམ་ 15-1-654 གྱོན་མ། །སྐུ་ལ་མཛེས་པའི་རེ་ལྡེ་གསོལ། །མི་མགོ་རྟ་མགོ་མཁར་དུ་བརྩིགས། །ཐོད་པ་དགུ་ བརྩེགས་གཞལ་ཡས་འདིར། །མ་གཅིག་ལྷ་མོ་སྤྱན་འདྲེན་ན། །དོ་ནུབ་ནམ་གྱི་གུང་སྟོད་ལ། ། མིང་པོ་རྡོ་རྗེས་ལས་འཆོལ་གྱི། །སྲིང་མོ་དམ་ཅན་ལས་མཛོད་ལ། །བརྣག་པའི་ལས་རྣམས་ གྲུབ་པར་མཛོད། །བོས་པའི་ཚེ་ན་སྙན་མ་སྲ། །བསྒྲུབས་པའི་ཚེ་ན་ཟོར་མ་ལྕི། །རྦད་པའི་ཚེ་ ན་མཐུ་མ་ཆུང༌། །རྒྱན་གྱི་གཏོར་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། ། ཧཱུཾ། སྲོག་བདུད་ནག་པོ་ཆེན་པོ་ཡི། །བཀའ་ཉན་སྒྲོལ་བྱེད་མ་མོ་དྲུག །ཁྱི་མོ་ནག་མོ་ཤེས་ རབ་གསལ། ཁྲོ་ཆའི་ཞལ་ལ་རྡོ་རྗེའི་སྐུ། །རི་རབ་བསྐོར་ཞིང་རྫུ་འཕྲུལ་འགྱེད། །ལྷང་ལྷང་ངུ་ ཞིང་དུར་ཁྲོད་ཉུལ། །སྡིག་ཅན་སྒྲོལ་བའི་མཐུ་མོ་ཆེ། །བདུད་གྱི་བུ་མོ་ལས་ལ་ཡ། ཁྱི་མོ་ནག་ མོ་གསེར་མིག་མ། ཁྱི་མོ་ནག་མོ་དངུལ་མིག་མ། ཁྱི་མོ་ནག་མོ་ཟངས་མིག་མ། ཁྱི་མོ་ནག་མོ་ མཁར་མིག་མ། ཁྱི་མོ་ནག་མོ་གཡུ་མིག་མ། ཁྱི་མོ་ནག་མོ་མཆོང་མིག་མ། །བདུད་ཀྱི་བུ་མོ་ ཁྱེད་དྲུག་ཀྱང༌། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཉམས་པའི་དགྲ་བགེགས་སྒྲོལ་ལ་ཤོག ། བསད་རྟགས་དོན་སྙིང་ཁྱེར་ལ་ཤོག །བར་ཆད་སོལ་ལ་མཐུན་རྐྱེན་སྒྲུབས། །བཅོལ་བའི་ ལས་རྣམས་གྲུབ་པར་མཛོད། །མོན་མོ་ནག་མོ་ཤེལ་མིག་མ། །མོན་མོ་ནག་མོ་གསེར་མིག་ མ། །མོན་མོ་ནག་མོ་ཟངས་མིག་མ། །མོན་མོ་ནག་མོ་གཡུ་མིག་མ། །མོན་མོ་ནག་མོ་དངུལ་ མིག་མ། །མོན་མོ་ནག་མོ་ལྕགས་མིག་མ། །མོན་མོ་ནག་མོ་བསེ་མིག་མ། །མོན་མོ་ཆེན་མོ་ ཁྱེད་བདུན་ཡང༌། །ཤ་ཁྲག་སོགས་གོང་བཞིན། ཧཱུཾ། མོན་པ་ནག་པོ་བྱི་ལ་ཞོན། །མོན་པ་ནག་པོ་ འབྲུག་ལ་ཞོན། །མོན་པ་ནག་པོ་སྦྲུལ་ལ་ཞོན། །མོན་པ་ནག་པོ་གློག་ལ་ཞོན། །མོན་པ་ནག་ པོ་སྟག་ལ་ཞོན། །མོན་པ་ནག་པོ་ཁྱུང་ལ་ཞོན། །མོན་པ་ནག་པོ་རླུང་ལ་ཞོན། །བདུད་ཀྱི་ བཤན་པ་ཁྱེད་བདུན་ཡང༌། །ཤ་ཁྲག་སོགས་གོང་བཞིན། གཞན་ཡང་སྤྲུལ་པ་ཡང་སྤྲུལ་དང༌། ། ཕྱོགས་བཞིའི་རུ་འདྲེན་དམག་གི་ཚོགས། །བདུད་པོ་ཉི་ཁྲི་ཆིག་སྟོང་དང༌། །ལྷ་དམག་དཀར་ 15-1-655 པོ་འབུམ་སྡེའི་ཚོགས། །གཞན་ཡང་ལྷ་སྲིན་སྡེ་བརྒྱད་རྣམས། །ཤ་ཁྲག་སོགས་ཀྱིས་བསྐུལ་ཞིང་ འཕྲིན་ལས་བཅོལ། ཐུན་གྱི་གཏོར་མ་མེད་ན་མཇུག་གི་ཆོ་ག་བྱའོ། །གལ་ཏེ་ཐུན་གཏོར་ཡོད་ན་སྐབས་འདི་ཉིད་དུ་གཏོང་སྟེ། ཧཱུཾ། སྲིད་གསུམ་དབང་སྡུད་མགོན་པོ་ཡབ་ཡུམ་དང༌། །སྟོབས་ལྡན་ཕོ་ཉ་མངག་གཞུག་འཁོར་ དང་བཅས། །ཤིན་ཏུ་འཇིགས་ཁྲོས་དྲག་ལ་རྔམ་པའི་གཟུགས། །རྣོ་བའི་མཚོན་འཛིན་ མགྱོགས་པའི་ཤུགས་ཅན་རྣམས། །ཟག་མེད་བདུད་རྩིའི་གཏོར་མ་འདི་བཞེས་ཤིག །སྨན་ རཀ་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག །ཛ་གད་དཔའ་བོའི་སྨན་ཕུད་འདི་བཞེས་ཤིག །ཛཾ་བུ་ ཏི་བའི་མཆོད་པ་འདི་བཞེས་ཤིག །དམ་ཉམས་དགྲ་བོའི་ཤ་ཁྲག་འདི་བཞེས་ཤིག །སྔར་ བཅོལ་ལས་ཀྱི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་ཆེན་པོར་ བཞེས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ནད་དང་གནོད་པའི་རྐྱེན་ རྣམས་ཞི་བ་དང༌། །ཚེ་དང་བསོད་ནམས་དཔལ་འབྱོར་འཕེལ་བ་དང༌། ཁྱད་པར་སངས་རྒྱས་ བསྟན་པ་སྐྱོང་བ་དང༌། །བླ་མས་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །རྒྱལ་བའི་བཀའ་ དང་དམ་ཚིག་བདེན་པ་བཞིན། །བྱང་ཆུབ་སྒྲུབ་པའི་བར་ཆད་བྱེད་པ་ཡི། །སྡང་བའི་དགྲ་དང་ གནོད་པའི་བགེགས་ལ་སོགས། །ཐམས་ཅད་རྡུལ་ཕྲན་བཞིན་དུ་རླག་པར་མཛོད། །རྣལ་ འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་ སྒྲུབས། ཕུན་སུམ་ཚོགས་པ་མངའ་བ་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། སླར་ཡང༌། ཨརྒྷཾ་ནས་ཤཔྟའི་ བར་གྱིས་མཆོད། གོང་གི་བསྟོད་ཐུང་གིས་བསྟོད། བདག་ཅག་འཁོར་དང་བཅས་པ་ལ་མཆོག་དང་ཐུན་ མོང་གི་དངོས་གྲུབ་མ་ལུས་པ་སྒྲུབ་པའི་གདོང་གྲོགས་དང༌། ཕྱི་ནང་གསང་བ་གསུམ་གྱི་བར་ ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲུང་ཞིང་བཟློག་པ་དང༌། དགྲ་བགེགས་ལོག་འདྲེན་ ཐམས་ཅད་ཐལ་བ་རྡུལ་དུ་རློག་པ་དང༌། མི་འགྱུར་བའི་ཚེ། མི་ཟད་པའི་ལོངས་སྤྱོད། རབ་ཏུ་ རྒྱས་པའི་དབང་ཐང༌། ཐུབ་པར་དཀའ་བའི་མཐུ་སྟོབས་རྣམས་སྩལ་བ་དང༌། མདོར་ན་ 15-1-656 བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཡི་གེ་བརྒྱ་པ་ཅི་འགྲུབ་ཏུ་ བཟླ་ཞིང༌། མ་འབྱོར་པ་སོགས་ཀྱིས་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་བཛྲ་མུཿ ཡེ་ ཤེས་པ་གཤེགས། དམ་ཚིག་པ་རང་ཉིད་ལ་བསྟིམ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ ཀར་ཧཱུཾ་གིས་བདག་བསྲུང༌། སླར་ཡང་སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བྱས་ལ་ཐུན་མཚམས་ལ་འཇུག་གོ །འདིར་མོན་ པ་ཕོ་བདུད་མོ་བདུན་སོགས་ཀྱིས་ཞལ་ཕྱག་བཞོན་པ་བསྐྱེད་པར་འདོད་ན། བསྐུལ་བ་རྒྱས་པ་སོ་སོ་དག་ནས་འབྱུང་བ་ལྟར་ བསྐྱེད་ཀྱང་རུང་ལ། མན་ངག་ལྟར་ན། མོན་པ་བྱི་ལ་ལ་ཞོན་པ། བདུད་ཞགས་དང་ནད་རྐྱལ། འབྲུག་ ལ་ཞོན་པ་རལ་གྲི་དང་ཐོད་ཁྲག སྦྲུལ་ལ་ཞོན་པ་དུག་སྡོང་དང་བེ་ཅོན། གློག་ལ་ཞོན་པ་ཕྱག་ གཉིས་ཀྱི་བེ་ཅོན་ནག་པོ། སྟག་ལ་ཞོན་པ་སྤུ་གྲི་དང་སྙིང་ཞགས་འཛིན་པ། ཁྱུང་ལ་ཞོན་པ་སྟ་ རེ་དང་སྦྲུལ་ཞགས། རླུང་ལ་ཞོན་པ་རལ་གྲི་དང་ཞགས་པ་ནག་པོའོ། །ཧཱུཾ་གསུམ་ལས་སྐུ་ གསུང་ཐུགས་ཀྱི་སྤྲུལ་པ་འཇིགས་བྱེད་བདུད་ཕོ་གསུམ་ཁྲམ་ཤིང་དང་ནད་རྐྱལ། སེང་གེའི་ མགོ་ཅན་སེང་གེ་ལ་ཞོན་པའོ། །མོན་མོ་ཤེལ་མིག་མ་ཤེལ་གྱི་རལ་པ་ཅན་ནས། བསེ་མིག་མ་ བསེའི་རལ་པ་ཅན་གྱི་བར། རྡོ་རྗེ་དང་ནད་རྐྱལ་འཛིན་པ། ཐམས་ཅད་ཀྱང་སྐུ་མདོག་ནག་ མོའོ། །གཞན་ཡང་དཔལ་མགོན་པོ་སྐུ་མདོག་ནག་པོ། ཡང་རུང་ཞིང༌། ལྷ་མོ་ཕྱག་དང་པོ་གཉིས་ ཀྱིས་རྩེ་གསུམ་དང་མི་རོའི་རྒྱལ་མཚན་འཛིན་པ་དང༌། ནེའུ་ལེ་ནད་རྐྱལ་དུ་བསྒྱུར་ཅིང་དྲེའུ་ རྟ་སྐང་གསུམ་ལ་ཆིབས་པ་དང་ཕྱག་གཉིས་མ་སོགས་སྣ་ཚོགས་ཡོད་ཅིང༌། ཤྭ་ན་མོ་རྣམས་ཀྱང༌། གསེར། གཡུ། མཆོང༌། ཟངས། དུང༌། འཁར་བ། ལྕགས་རྣམས་ཀྱི་མིག་ཅན་དང༌། མིག་དང་མཐུན་པའི་རལ་པ་བྱེད་པ་སོགས་ཡོད་པ་ འགའ་ཞིག་འདམ་ཀ་དང༌། འགའ་ཞིག་བསྙེན་བསྒྲུབ་དང་ལས་ཚོགས་སོ་སོའི་ཡིན་ནོ། །ཤེལ་མིག་མའམ། དུང་མིག་མའམ། ཁྱི་ མོ་ཤེས་རབ་གསལ་ཕྱག་བཞི་མར་བསྐྱེད་པར་ཡོད་དོ། །མན་ངག་ནི་ལོགས་སུ་བསྟན་པར་བྱའོ། །བསྙེན་པ་ཙམ་དང་ཉེར་ འབྲེལ་བར། །སྒྲུབ་ཐབས་མཆོད་ཚོགས་འདི་བྱས་པས། །བསྟན་དགྲ་བདུད་སྡེར་བཅས་བཅོམ་ནས། །འཕྲིན་ལས་རྣམ་བཞི་ འགྲུབ་པར་ཤོག །ལྷ་ཆེན་ལྕམ་དྲལ་གྱི་སྒྲུབ་ཐབས་དགྲ་བགེགས་ཀུན་འཇོམས་ཞེས་བྱ་བ་འདི་ནི། འཇམ་དབྱངས་རྡོ་རྗེ་བླ་མའི་ 15-1-657 གཏོར་ཆོག་ལ་གཞི་བྱས། ཡིག་རྙིང་ནས་ཁ་བཀང་སྟེ་ལྷག་ཆད་ནོར་བའི་དྲི་མ་སྤངས་ཤིང༌། རྒྱས་བསྡུས་མཚམས་ལ་བཀླགས་ ཆོག་ཏུ་བྱས་པ་སྟེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་དགུ་པ་ལ་སྨྲས་པའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། སེངྒའི་གླིང་ན་རབ་གནས་ཤིང༌། །རྡོ་རྗེ་གདན་གྱི་ཆུ་ལོན་དུ། །ཀླུ་སྒྲུབ་ཀྱིས་ཀྱང་མངའ་གསོལ་ བ། །ལྷ་ཆེན་དཔལ་འབར་ལ་འདུད་དོ། །འདིར་ལེགས་ལྡན་ནག་པོ་ཆེན་པོ་ཏྲཀྴད་ལ་སྒྲུབ་ཐབས་ལུགས་ཤིན་ཏུ་མང་བ་ལས། འདིར་གཉོས་ལུགས་ཡིན། དེ་ལ་སློབ་མ་རྗེས་བཟུང་གི་བྱ་བ་ནི་རྣམ་པ་བཞི་སྟེ། ཤིན་ཏུ་བསྡུས་པ་གཏོར་དབང༌། བསྡུས་པ་སྐུ་ གསུང་ཐུགས་ཀྱི་རྗེས་གནང༌། རྒྱས་པ་བྱིན་རླབས་དབང་ལྔ། ཤིན་ཏུ་རྒྱས་པ་དབང་བཞི་རྣམས་ཡོད་པ་ལས། དང་པོ་གཉིས་ཀྱི་ དབང་དུ་བྱས་ན། མདུན་དུ་མཎྜལ་གྲུ་གསུམ་མཐིང་ནག་གཏོར་མ་དང་བཅས་པ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། སྔོན་ འགྲོ་གཏོར་མ་དང༌། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་ཡི་དམ་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། མདུན་བསྐྱེད་ ཀྱི་བྱ་བ་ནི། སྒྲུབ་ཐབས་དགྲ་བགེགས་ཀུན་འཇོམས་སུ་བཤད་ཟིན་པ་ཉིད་ཡིན་ཏེ། བསྟོད་པ་འཕྲིན་བཅོལ་ཡན་ཆད་གྲུབ་པའི་ མཚམས་སུ། སློབ་མ་རྗེས་འཛིན་ཏེ། མཎྜལ་ཡན་ཆད་སྤྱི་དང་འདྲ། གསོལ་འདེབས་ནི། རྗེ་བཙུན་རྡོ་རྗེ་འཛིན་པའི་ གཙོ། །བདག་གི་ལུས་ངག་ཡིད་གསུམ་གྱི། །དྲི་མ་མཐའ་དག་སྦྱང་བའི་ཕྱིར། །མ་སྨིན་སྨིན་ བྱེད་དབང་བསྐུར་སྩོལ། །ཞེས་ལན་གསུམ། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ། སློབ་དཔོན་ཡི་དམ་ དང༌། གཏོར་མ་མགོན་པོར་བསྐྱེད་ལ། སྤྱན་འདྲེན་པ་ཡན་ཆད་བྱ། སློབ་མས་མོས་གུས་བྱས་པས། གཏོར་མ་ མགོན་པོར་གསལ་བ་སློབ་མའི་སྤྱི་བོར་བྱོན། དེའི་དབུ་གཙུག་ཏུ་བླ་མ་ཡི་དམ་དུ་གསལ་ བ་ལ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བར་མོས། སློབ་དཔོན་གྱིས་བཀའ་ བསྒོས་པའི་ཚེ། མགོན་པའི་གནས་གསུམ་ནས། འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ ནས། སློབ་མའི་ལུས་གང་བས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བསྲེགས། སྐུ་གསུང་ ཐུགས་ཀྱི་བྱིན་རླབས་ཞུགས་པར་རིམ་པར་སྒོམ་དུ་བཅུག་ལ། རོལ་མོ་དང་བཅས་པས་བཀའ་བསྒོ་བྱའོ། །རྗེས་ཀྱི་ བྱ་བ་སྤྱི་དང་འདྲ། དེ་ཙམ་ནི་གཏོར་དབང་ངོ༌། །སྐུ་གསུང་ཐུགས་ཀྱི་རྗེས་གནང་བྱེད་ན། ཐོག་མར་གཏོར་དབང་དེ་ཉིད་རྫོགས་ 15-1-658 པར་བསྐུར་ཏེ། དེ་ལྟར་ན་ཁྱེད་རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་མཐའ་དག་བྱང་སྟེ། ཡེ་ ཤེས་ཀྱི་སྐུར་གྱུར་པ་ནི་ཞེས་མཚམས་སྦྱར་ནས། ཡི་དམ་ཁྲོ་བོ་གང་རུང་ཞིག་གི་མངོན་རྟོགས་ཕོག ཡེ་ཤེས་པ་བསྟིམ་ པ་ཡན་ཆད་སྐུའི་རྗེས་གནང་སྤྱི་དང་འདྲ་བར་བྱས་ནས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མགོན་ པོའི་ཐུགས་བརྒྱུད་བསྐུལ་བ་རེ་རེ་བཞིན་ལ་སྔོན་དུ་འགྲོ་བར་སྦྱར་ནས། མདུན་བསྐྱེད་ལས་མགོན་པོའི་ སྐུ་མང་པོ་བྱུང༌། སློབ་མའི་སྤྱི་བོར་ཐིམ། མགོན་པོའི་སྐུ་སྤྱི་བོར་གཏུགས་ཏེ། མི་འབྲལ་སྐུ་ཡིས་བྱིན་ རླབས་པས། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་གསུམ་ལས་བྱུང༌། །སྐུ་ ཡི་དངོས་གྲུབ་ཐོབ་པར་ཤོག །ༀ་མཧཱ་ཀཱ་ལ་རཱུ་པ་ཨ་བྷི་ཥིཉྩ་ཧཱུཾ། དེ་བཞིན་དུ། མགྲིན་པ་ནས་ ཡིག་འབྲུ་བྱུང་སྟེ། མགྲིན་པར་ཐིམ། འཕྲེང་བ་མགྲིན་པར་གཏད་དེ། གོང་གི་ཚིགས་བཅད་ལ། མི་འབྲལ་ གསུང་གི་དང༌། གསུང་གི་དངོས་གྲུབ་བཅས་འདོན་པ་བསྒྱུར། ༀ་མཧཱ་ཀཱ་ལ་ཏྲི་ཡཾ་ཛ་ཝཱཀ་ཨ་བྷི་ཥིཉྩ་ ཧཱུཾ། ཐུགས་ཀ་ནས་ཕྱག་མཚན་བྱུང་སྙིང་གར་ཐིམ། བེང་སྙིང་གར་གཏད་དེ། མི་འབྲལ་ཐུགས་ཀྱི༴ ཐུགས་ཀྱི་དངོས་གྲུབ༴ ༀ་མཧཱ་ཀཱ་ལ་རཀྵ་དུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། དམ་ཚིག་དང་ལྡན་ཞིང་ཆོས་སྐྱོང་འདི་ སྒྲུབ་པ་ལ་སྤྲོ་བ་ཡིན་ལ། གོང་དུ་ཡི་དམ་གྱི་ཐུགས་ཀར་མགོན་པོ་ཉིད་བསྐྱེད་པ་དང༌། སྐབས་འདིར་སྔགས་ཀྱི་བཟླས་ལུང་སྦྱིན་ ནས་སློབ་མ་ལ་མཆོད་བསྟོད། བརྟན་བཞུགས། མགོན་པོ་དམ་ལ་བཞག་ཅིང་དམ་ཚིག་བསྲེ་བ་རྣམས་བྱེད། སློབ་མ་དམ་ཚིག་ལ་ ཐེ་ཚོམ་ཟ་བ་དང༌། འདིའི་སྒྲུབ་པ་མི་བྱེད་པ་ལ། དེ་རྣམས་མི་བྱ་སྟེ། བྱས་ན་དཔོན་སློབ་གཉིས་ཆར་ལ་མི་ཤིས་སོ། །རྗེས་ཀྱི་བྱ་བ་ རྣམས་སྤྱི་དང་འདྲ། གལ་ཏེ་གཏོར་དབང་ལ་སོགས་པ་འདི་དག་སྒྲུབ་པའི་འོས་མ་ཡིན་པར་གནས་མིན་དུ་མི་བྱ་བའི་མཐུ་མེད་ན། དམིགས་པ་དང༌། ལག་ལེན་འདི་བསྒྱུར་ཏེ། རང་ལ་ཉེས་པ་མི་འབྱུང་ཞིང༌། དེ་ཉིད་མནའ་ལ་བཀར་བར་འགྱུར་བའི་ཐབས་ཡོད་ པ་ནི་མན་ངག་ལས་ཤེས་པར་བྱའོ། །ཀུན༷་ཏུ་འཕྲིན་ལས་མགོན་པོ་ཞེས། །སློབ་དཔོན་རྣམས་ཀྱིས་དག༷འ་བར་བསྔགས། །སྙིང༷་ ནས་བསྟན་པ་བསྲུང་འདོད་ན། །དྲག་པོ༷འི་མཐར་ཐུག་འདི་སྒྲུབས་ཤིག །དཔལ་མགོན་པོ་ཏྲཀྴད་གཉོས་ལུགས་ཀྱི་རྗེས་གནང་གི་ བྱ་བ་བསྟན་པའི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སཱ་སྟི། སངས་རྒྱས་ཀུན་ལ་ཕྱག་འཚལ་ནས། །བསྟན་སྲུང་མཆོག་ཞིག་སྒྲུབ་པའི་ཕྱིར། །སྒྲུབ་ཐབས་ 15-1-659 མདོར་བསྡུས་ཙམ་འབྲི་ན། །ནག་པོ་ཉིད་ཀྱིས་དགེ་ལེགས་སྩོལ། །མཎྜལ་གཏོར་མ་གྲུ་གསུམ་དང་བཅས་པ། མདུན་དུ་མཆོད་ གཏོར་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས། མཆོད་པ་བྱིན་རླབས་དང༌། སྨན་རག་གཏོར་གསུམ་བྱིན་གྱིས་བརླབས། མདུན་བསྐྱེད་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཐོད་མཁར་འབར་བའི་ནང་དུ་ནག་པོ་གྲུ་ གསུམ་གྱི་གཞལ་ཡས་ཁང་དེའི་ནང་དུ། མི་རོ་རྟ་རོ་བརྩེགས་པའི་གདན་ལ་པད་ཉིའི་སྟེང་དུ། རཾ་ལས་དཔལ་མགོན་པོ་སྐུ་མདོག་དུས་མཐའི་སྤྲིན་ལྟར་ནག་པ། ཞལ་གཅིག་ཕྱག་གཉིས་ གཡས་རྩེ་གསུམ་གྱི་མགུལ་དུ་མི་མགོ་དཔྱངས་པ་རྒྱུ་དར་ནག་པོ་དང་བཅས་པ་འཕྱར་ཞིང༌། གཡོན་དགྲ་བགེགས་ཀྱི་གློ་སྙིང་བླངས་པ་བུན་ནེ་བ་ཞལ་དུ་གསོལ་ཞིང་བདུད་ཞགས་ནག་ པོ་འཛིན་པ། སྐུ་ལ་དར་ནག་གི་འཇོལ་བེར་གསུམ་བརྩེགས་སུ་གསོལ་ཞིང༌། རིན་པོ་ཆེ་ གསེར་གྱི་སྐེ་རགས་བཅིངས་པ། ཞབས་ལ་ལྷམ་ཡུ་རིང་གསོལ་ཞིང༌། ལྕགས་ཀྱི་རལ་པ་ མུན་ལྟར་གཏིབས་པ། མཆེ་གཙིགས་སྤྱན་གསུམ་སྨ་ར་འབར་ཞིང༌། ཐོད་སྐམ་གྱི་དབུ་རྒྱན་ དང༌། ཐོད་རློན་གྱི་དོ་ཤལ་ཅན། རྟ་ནག་ཆིབས་ཤིང་རྫུ་འཕྲུལ་དང་དྲག་ཤུལ་ཆེ་བ། མེ་དཔུང་ འབར་བའི་དབུས་ན་བཞུགས་ཤིང་བཀའ་ཉན་ལས་བྱེད་སྤྲུལ་པ་ཡང་སྤྲུལ་གྱི་འཁོར་དང་ བཅས་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་པོ་ཨུ་ཙ་ལ་ནས། ནག་ པོ་ཆེན་པོ་འཁོར་བཅས་སྤྱན་དྲངས་པར་བསམ། ཨུ་ཙ་ལའི་དུར་ཁྲོད་ནས་སོགས་སམ། བསྡུ་ན། དད་པ་དང་ནི་དམ་ཚིག་གིས། །དཔལ་ལྡན་མགོན་པོ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་ བསྲུང་བའི་ཕྱིར། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ༀ་མཧཱ་ཀཱ་ལ་ཏྲཀྴད་ས་པ་ རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ༀ་བཛྲ་མཧཱ་ཀ་ལ་ཏྲཀྴད་ས་པ་ རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། སོགས་ཀྱིས་མཆོད། སྙིང་པོའི་མཐར། ༀ་མཧཱ་བཱ་ལིཾ་ཏཾ་ཁཱ་ཧི། མཧཱ་རཀྟ་ཁཱ་ ཧི། མཧཱ་ཙིཏྟ་ཁཱ་ཧི། མཧཱ་གོ་རོ་ཙ་ན་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ། བསྟོད་པ་རྒྱས་པའམ། བསྡུ་ན། རཾ་ ལས་བྱུང་བའི་སྟོབས་པོ་ཆེ། །བདུད་ཀྱི་རྒྱལ་པོ་ཁྲོ་གཏུམ་ཅན། །རྟ་ནག་ཞོན་པ་རྫུ་འཕྲུལ་ཆེ། 15-1-660 སྡིག་ཆེན་སྒྲོལ་མཛད་ཁྱོད་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འཕྲིན་ལས་ཞུ། གཏོར་ཆོག་ཙམ་ཡིན་ན་རྗེས་ཆོག་བྱ། སློབ་མ་རྗེས་སུ་འཛིན་ན། ༀ་མཧཱ་ཀཱ་ལ་ཏྲཀྴད་མཧཱ་ཀ་ལ་སིདྡྷི་ཏྲི་ཡཾ་དུ་ཛཿཛཿ ཞེས་སྙིང་པོ་ཅུང་ཟད་ བཟླས་ལ། སློབ་མའི་དོན་དུ་བགེགས་གཏོར་བཏང༌། སློབ་མས་མཎྜལ་ཕུལ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། ། སོགས་ཀྱིས་གསོལ་བ་བཏབ། སློབ་དཔོན་ཕྱག་ན་རྡོ་རྗེ་དང༌། མདུན་བསྐྱེད་མགོན་པོར་གསལ་ འདེབས་སུ་བཅུག་ལ། བླ་མ་རྡོ་རྗེ་འཛིན་པ་དང༌། །དཔལ་ལྡན་མགོན་པོ་འཁོར་བཅས་ རྣམས། །མ་རུངས་པ་རྣམས་བསྒྲལ་སླད་དུ། །བདག་ལ་བྱིན་གྱི་བརླབ་ཏུ་གསོལ། །ཞེས་ལན་ གསུམ་གསོལ་བ་བཏབ། མགོན་པོའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་ པས་བྱུང་བ། སློབ་མའི་གནས་གསུམ་དུ་རིམ་པས་ཐིམ་པས་སྐུ་གསུང་ཐུགས་ཀྱི་རྗེས་གནང་ ཐོབ་པར་མོས། གཏོར་མའི་བཀའ་བསྒོ་སྤྱི་དང་མཐུན་པར་བྱ། མགོན་པོའི་སྐུ་གཉིས་པ་ཞིག་ཆད་དེ། སྤྱི་ བོ་ནས་བསྟིམ་པས། མགོན་པོའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པར་བསམས་ལ། བཟླས་ ལུང་སྤྱི་དང་མཐུན་པར་སྦྱིན། དེས་འདིའི་ཆོས་སྐོར་རྣམས་ཉམས་སུ་ལེན་པ་ལ་དབང་བ་ཡིན་པས་དམ་ཚིག་ལ་གནས་པར་གྱིས་ ཤིག་ཅེས་གདམས། རྗེས་ཀྱི་བྱ་བ་སྤྱི་དང་འདྲ། བསྟན་སྲུང་ཀུན༷་ལས་ཆེས་ཟབ་ཅེས། །རྒྱ་སྟོན་ལྕགས་རིས་དག༷འ་བར་བསྔགས། ། སྤུ་གྲི་ཆིག་ཞུར་རྒྱ་མཚོ་ལས། །གཏོར་ཆོག་རྗེས་གནང་སྙིང༷་པོ༷ར་གྲིལ། །འདིའི་ལུགས་ཀྱི་ལྕམ་དྲལ་དང༌། ལྷ་གསུམ་མ་དང༌། འཁོར་མང་སོགས་བྱེད་ཀྱང་འདི་ཉིད་འདོན་པ་སྤོས་པས་ཆོག་གོ །ཤིན་ཏུ་ཟབ་པ་ཏྲཀྴད་དྭགས་པོ་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། རྫོགས་སངས་རྒྱས་ལ་གུས་བཏུད་ནས། །ཕྱག་ན་རྡོ་རྗེའི་ཕོ་ཉ་མཆོག །སྟོབས་པོ་ཆེ་ལས་སྐུ་ སྤྲུལ་པའི། །མགོན་པོའི་སྒྲུབ་ཐབས་བཤད་པར་བྱ། ཁྲོ་བོའི་བདག་བསྐྱེད་སྔོན་དུ་འགྲོ་བས། དཔལ་བཤོས་བཤོས་ཕྲན་གསུམ་ གྱིས་བསྐོར་བ་བྲིས་སྐུའི་མདུན་དུ་བཤམ། གཏོར་མ་བྱིན་རླབས་སྤྱི་དང་མཐུན། མགོན་པོ་ཏྲཀྴད་ཀྱི་སྒྲུབ་ཐབས་རྒྱས་པ་གང་ ཡང་རུང་བ་ཤེས་པ་ཞིག་གིས་འདི་ལ་འཇུག་པའི་དབང་དུ་བྱས་ནས། མི་འདྲ་བའི་ཁྱད་པར་བཤད་ན། རང་གི་སྙིང་གའི་ 15-1-661 ཧཱུཾ་ལས་རཾ་དམར་ནག་གཉིས་འཕྲོས། རཾ་ལས་བེང་དབྱུག་དམར་པོ་རཾ་གྱིས་མཚན་པའི་འཕྲོ་ འདུ་ལས། ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དམར་ནག་སྐུའི་རྣམ་པ་ཏྲཀྴད་སྤྱི་དང་འདྲ་བ་ལས། ཕྱག་གཡས་ཙནྡན་དམར་པོའི་བེང་ཆེན་ཏྲི་ཤུ་ལས་མཚན་པའི་མགུལ་དུ་མི་མགོ་འཕྱང་པ། གཡོན་གདུག་པའི་གློ་སྙིང་སྲོག་རྩ་དང་བཅས་པ་ཞལ་དུ་གསོལ་བ། ཞབས་གཡས་བསྐུམ་ གཡོན་བརྐྱང་བས། སེང་གེ་དཀར་པོ་དྲེགས་པའི་སྟེང་ན་བཞུགས་པ། དེའི་གཡས་སུ་ཧཱུཾ་ལས་ ལས་མགོན་སྤུ་གྲི་ཆིག་ཞུར་གྱི་སྐབས་དང་འདྲ་བ་གཅིག་གསལ་བཏབ། གཡོན་དུ་རུ་ལས་ཡུམ་བེ་ཏ་ལི་ སྔོན་མོ། ཁྲོ་འཛུམ་རིན་པོ་ཆེ་དང་མགོ་ཕྲེང་གིས་བརྒྱན་པ། མི་ལྤགས་སྟག་ལྤགས་གསོལ་ བ་གྲི་ཐོད་འཛིན་ཞིང་བཞེངས་པའོ། །ཧཱུཾ་བདུན་ལས་དྲེགས་པ་ཕོ་བདུན་མཚོན་ཆ་སྣ་ཚོགས་ འཛིན་པ། ཁྱུང༌། བྱི་ལ། སྟག འབྲུག རླུང་ནག དུག་སྦྲུལ། ཆུ་བོ་རྣམས་ལ་ཞོན་པ། བྷྱོ་བདུན་ ལས་དྲེགས་པ་མོ་བདུན་སྐྲ་འཕྱང་བ། རྡོ་རྗེ་དང་ཞགས་པ་འཛིན་པ། མོན་པ་ཕོ་མོ་དེ་ཐམས་ ཅད་མུན་ལྟར་གཏིབ་པའི་མདོག་ཅན་ནོ། །གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་ བཏབ། གདན་འབུལ་བ་རྣམས་བྱས་ལ། སྔགས་བཟླ་སྟེ། སྤུ་གྲི་ཆིག་ཞུར་དང་འདྲའོ། །གཏོར་མ་འབུལ་བའི་སྔགས་ཀྱང་སྤྱི་དང་ འདྲ་བའམ། གུང་གཏོར་འབུལ་བའི་སྔགས་དེས་བྱེད། བསྟོད་པ་ཡང་ཅུང་ཟད་འདོན་པ་སྤོ་དགོས་རྣམས་སྤོས་ནས། དད་པ་ དམ་ཚིག་ལ་སོགས་ཀྱིས་བསྟོད། དྲེགས་པ་ཕོ་མོའི་བསྟོད་པ་རྣམས། འདི་རང་གི་ལུགས་ལ་མང་དུ་ཡོད་པ་རྣམས་ཤེས་ན་བྱ། འདིའི་རྗེས་གནང་ཡང་སྤུ་གྲི་ཆིག་ཞུར་དང་འདྲ་བ་ལས། སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་སྔོན་དུ་གཏོར་དབང་བྱེད་པ་ནི་ཁྱད་ པར་རོ། །སེང་ཞོན་འདི་ལ་སྐུ་མདོག་མཐིང་ཀ་ཞིག་ཀྱང་ཡོད་པ་འདི་དང་གཉིས་ཀ །དཔལ་ལྡན་ཨ་ཏི་ཤའི་མན་ ངག་སྟེ། གྲི་གུག་མ་དམར་ནག་གཉིས་དང་འབྲེལ་བར་འཕྲིན་ལས་མགོན་པོ་ཡང་དམར་ནག་གཉིས་འབྱུང་བ་ཡིན་པ་གྲགས་སོ། ། སྲུང་མ་ཀུན༷་གྱིས་ནང་ནས་ཀྱང༌། །ཤིན་ཏུ་དག༷འ་བར་ཇོ་བོས་བསྒྲགས། །སྔ་ཕྱིའི་ཡི་གེ་མང་ཡོད་ཀྱང༌། །སྙིང༷་པོ༷་ཁྱད་པར་དེ་ ཙམ་ལགས། །ཏྲཀྴད་ཇོ་བོ་ལུགས་སེང་ཞོན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། རྣམ་དག་ཡེ་ཤེས་གཅིག་ལ་ཡང༌། །སྣ་ཚོགས་དུ་མའི་སྣང་བརྙན་ཅན། །ནག་པོ་ཆེན་པོའི་སྒྲུབ་ 15-1-662 ཐབས་འདིར། །ཡ་མཚན་སྐྱེས་ནས་བདག་གིས་བརྗོད། །བདག་བསྐྱེད་གང་ཡང་རུང་བ་སྔོན་དུ་འགྲོ་བས། མཎྜལ་གྲུ་གསུམ་ དབུས་སུ་ཉི་གདན་གསུམ་ལ་ཧཱུཾ་གསུམ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། མཆོད་གཏོར་རྣམས་བྱིན་གྱིས་བརླབས་ ནས། མདུན་བསྐྱེད་བསངས་སྦྱངས། གཞལ་ཡས་ཁང་གི་དབུས་སུ་ཆོས་འབྱུང་གདན་དང་བཅས་པ་བསྐྱེད། རང་གི་སྙིང་ ག་ནས་ཧཱུཾ་མཐིང་ནག་སྤྲོས་ཏེ། དབུས་ཀྱི་གདན་ལ་འཁོད་པ་ནི། དཔལ་མགོན་པོ་ནག་པོ་གྲི་ ཐོད་ཅན་གཅེར་བུའམ། བེར་ནག་པོ་གསོལ་བ་འདམ་ཀ་ཡིན་པས་གང་བསྐྱེད་ཀྱང་ཆོག དེའི་ཐུགས་ཀ་ ནས་རཾ་དང་བྷྱོཿསྤྲོས་ཏེ་གཡས་གཡོན་དུ་འཁོད་པ་ལས། གཡས་སུ་ལས་ཀྱི་མགོན་པོ་སྤུ་གྲི་ཆིག་ ཞུར་གྱི་སྐབས་བཞིན་བསྐྱེད། གཡོན་དུ་ལྷ་མོ་ནག་མོ་རལ་གྲི་དང་ཐོད་ཁྲག་ཐོགས་པ་བསྐྱེད། གནས་ གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ། དམ་བཞག་རྣམས་བྱས་ལ། བཟླས་པའི་ཚེ། ༀ་བཛྲ་ མཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུཾ་ཕཊ། ༀ་མཧཱ་ཀཱ་ལ་ཏྲཀྴད་མཧཱ་ཀ་ལ་སིདྡྷི་ཏྲི་ཡཾ་དུ་ཛཿཛཿ ཞེས་ཡེ་ཤེས་ མགོན་པོ་དང་ལས་མགོན་གྱི་སྔགས་སྦྲེལ་ནས་བཟླ། ༀ་རོ་རུ་རོ་རུ་ཙ་པ་ལ་མ་ཧཱུཾ་མ་བྷྱོཿཛཿཛཿ ཞེས་ལྷ་མོའི་ སྔགས་ཀྱང་བཟླས་ལ། མཆོད་གཏོར་འབུལ་བ་དང༌། རྗེས་གནང་གི་བྱ་བ་ནི། སྤུ་གྲི་ཆིག་ཞུར་གྱི་སྐབས་དང་འདྲ་ཞིང༌། བསྟོད་ པ་ཡེ་ཤེས་མགོན་པོ་ལ། སྲིན་གཟུགས་མ་བྱེད། བཟླས་ལུང་གི་སྐབས་སྔགས་གསུམ་ཆར་སྦྲེལ་ནས་ལུང་སྟེར་རོ། །སངས་ རྒྱས་ཀུན་གྱི་འཕྲིན་ལས་པར། །རྒྱུད་སྡེ་ཀུན༷་ཏུ་དག༷འ་བར་བསྔགས། །སྒྲུབ་ཐབས་ཤིན་ཏུ་རྨད་བྱུང་བའི། །སྙིང༷་པོ༷་ལ་ནི་ཉེ་བར་ མཁོ། །དཔལ་མགོན་པོ་ཏྲཀྴད་གྲི་གུག་སྔགས་སྒྲུབ་མར་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ། ༄༅། །ༀ་སྭཱ་སྟི། ཤཱཀྱའི་ཏོག་ལ་གུས་བཏུད་ནས། །གང་དེའི་བཀའ་ཡི་འཕྲིན་ལས་པ། །རྨད་བྱུང་ནག་པོ་ལ་ བཏུད་ནས། །གང་དེའི་སྒྲུབ་ཐབས་བཤད་པར་བྱ། །མཆོད་གཏོར་སོགས་སྤྱི་དང་མཐུན་པར་བཤམས། གསང་བདག་གམ་ དཔལ་མགོན་པོ་གྲི་གུག་གི་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་བསྐྱེད་གཞལ་ཡས་ཁང་བསྐྱེད་པ་སྤུ་གྲི་ཆིག་ཞུར་དང་འདྲ་བ་ ལས། ཡཾ་རཾ་ཀེཾ་རཾ་བྷྲུཾ་ལས་རླུང༌། ཁྲག་མཚོ། ཀེང་རུས་ཀྱི་རི་རབ། མེའི་དཀྱིལ་འཁོར་གྱི་སྟེང་ ཐོད་མཁར་རོ། །ས་བོན་རཾ་དམར་ནག་ལས་གཙོ་བོར་བསྐྱེད་པ། སེང་ཞོན་གྱི་སྐབས་དང་འདྲ་བ་ལས། བམ་ 15-1-663 ཆེན་བསྣོལ་བའི་གདན་ལ་བཞུགས་པའོ། །ཞེས་བརྗོད། འཁོར་བསྐྱེད་པ་ནི། རཾ་བདུན་ལས་མོན་ མོ་བདུན། སྐུ་མདོག་ནག་མོ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། གྲི་གུག་དང་ཐོད་པ་ འཛིན་པ། སྤྲུལ་པ་ཁྱི་མོ་བདུན་ལས་ཤེས་རབ་གསལ་ཁྱི་གདོང་རྡོ་རྗེ་དང་ཞགས་པ་འཛིན་ པ། གཞན་རྣམས་ཁྱི་ནག་གི་གཟུགས་ཅན ཤེལ་གསེར་ཟངས་གཡུ་དུང་བསེ་རྣམས་ཀྱི་མིག་ ཅན་ནོ། །ༀ་ཨེ་ཧྱེ་ཧི་མཧཱ་ཀཱ་ལ་ཀ་རུ་ཎི་ཛ་ཛ་ཧཱུཾ་གིས་ཡེ་ཤེས་པ་སྤྱན་འདྲེན་དབང་བསྐུར་སོགས་ཀྱང་འདྲ་བ་ ལས། མཆོད་པ་འབུལ་བའི་ཚེ། བཅོམ་ལྡན་རྡོ་རྗེ་མ་ཕྱི་མས་བྱེད། སྔགས་ཀྱི་ཤམ་བུ་འདེགས་ཚུལ་མི་འདྲ་ཡང་སྙིང་ པོ་སྤུ་གྲི་ཆིག་ཞུར་གྱི་སྐབས་དང་འདྲ། རྗེས་གནང་གི་རིམ་པ་ཡང་དེ་ཁོ་ན་བཞིན་ནོ། །བདུད་དང་མུ་སྟེགས་དགྲ་བགེགས་ཀུན༷། ། འཇོམས་ལ་མཆོག་ཏུ་དག༷འ་བའི་ཕུལ། །རབ་ཟབ་སྒྲུབ་པའི་ཐབས་རྒྱས་པ། །དེ་ལ་ཉེར་མཁོའི་སྙིང༷་པོ༷་ཡིན། །མགོན་པོ་ཏྲཀྴད་ རྐང་ཐང་མར་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། མཆོག་གྱུར་རྒྱལ་བའི་འཕྲིན་ལས་པ། །འཕྲིན་ལས་མགོན་པོ་ལ་བཏུད་ནས། །གང་དེའི་སྒྲུབ་ ཐབས་རྨད་བྱུང་བ། །ལྕགས་ཁབ་ཅན་དུ་གྲགས་པ་བྲི། །འདི་ལ་གཞལ་ཡས་ཁང་དང༌། གཙོ་བོ་བསྐྱེད་པ་ཡན་སྤུ་གྲི་ཆིག་ཞུར་གྱི་ སྐབས་དང་འདྲ་བ་ལས། སྟག་རལ་གཡས་སུ་བཀྲ་བ། གཟིག་ཤུགས་གཡོན་དུ་འཁྱུག་པ། ལྕགས་ གཞུ་ནག་པོ་གྲུ་མོ་ལ་གྱོན་པ། ཙནྡན་བེང་ཆེན་སྐེད་ལ་གཟེར་བ་ཞེས་དང༌། གཡོན་དུ་བྷྱོཿལས་ ཡུམ་རྡོ་རྗེ་རེ་མ་ཏཱི་དྲེའུ་ནག་པོ་རྐང་གསུམ་ལ་ཆིབས་པ། དྲ་བ་མིག་དགུ་རྒྱབ་ཏུ་ཁུར་བ། ཕྱག་ གཡས་བདུད་ཀྱི་ཁྲམ་བཾ་དང༌། གཡོན་ནད་ཀྱི་རྐྱལ་བ་འཛིན་པ། ཆ་ལུགས་གཞན་ལྷ་མོ་སྤྱི་ དང་འདྲ། མཐའ་སྐོར་དུ་ལུས་དང་གྲིབ་མའི་ཚུལ་གྱི་སྤྲུལ་པའི་ལས་མཁན་མོན་པ་ཕོ་དྲུག་ མོ་དྲུག་བདུད་དམག་བྱེ་བ་དུང་ཕྱུར་གྱི་ཚོགས་དང་བཅས་པ། སྟེང་དུ་བྱ་ནག་ལྡིང་བ། འོག་ ཏུ་ཁྱི་ནག་རྔམ་པ། ཅེ་སྤྱང་དོམ་དྲེད་རོལ་དུ་འཁྲིད་པ་ཞེས་བརྗོད་པ་ནི་ཁྱད་པར་རོ། །སྔགས་ནི། ༀ་ཤྲཱི་ མཧཱ་ཀཱ་ལ་ཏྲཀྴད་ག་ན་གུ་ཡ་རཾ་སིདྡྷི་ཧཱུཾ་ཕཊ། ཅེས་པ་སྙིང་པོའོ། །དྲག་སྔགས་ནི། ཏྲི་ཡཾ་རུ་ཊ་ལ་སོགས་པའོ། ། གཏོར་སྔགས་ཀྱི་སྐབས། སྙིང་པོའི་མཐར་ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཾ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། 15-1-664 ཙིཏྟ་ལ་ཁཱ་ཧི། ཀོ་རོ་ཙ་ན་ལ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་འབུལ། དེ་ནས་བསྟོད་པའི་སྐབས། སྲོག་ བདུད་མཧཱ་ཀཱ་ལ་ནི། །རྔམ་པའི་ཞལ་ལ་གཏུམ་པའི་སྐུ། །གསོད་དང་གཅོད་པའི་ལས་ལ་ དགྱེས། ཁྱོད་ལ་འདུད་དོ་བསམ་པ་སྒྲུབས། །མིང་པོ་རྡོ་རྗེའི་ལས་བྱེད་མ། །དམ་ལ་གནས་ ཤིང་བསྟན་པ་སྲུངས། ཁམས་གསུམ་ཁྲག་འཐུང་རེ་མ་ཏཱི། ཁྱོད་ལ་གུས་པས་ཕྱག་འཚལ་ འདུད། །ཤེལ་གཡུ་དངུལ་དང་དུང་གི་མིག །མཆོང་དང་ཟངས་ཀྱི་མིག་ཅན་མ། །སྔགས་ཀྱི་ རང་སྒྲ་དིར་རི་རི། །བཅོལ་བའི་ལས་རྣམས་རྟགས་བྱུང་ཞིག །སྲོག་བདུད་ནག་པོའི་དུས་ ལ་བབས། །ལེགས་ལྡན་ནག་པོའི་དུས་ལ་བབ། །མ་ནིང་ནག་པོའི༴ ལྷ་ཆེན་དཔལ་འབར༴ ཅེས་བརྗོད། སློབ་མ་རྗེས་སུ་འཛིན་པའི་ཚུལ་ཡང་སྦུ་གྲི་ཆིག་ཞུར་གྱི་སྐབས་དང་འདྲ་བ་ལས་དཀར་ཕྱོགས་སྐྱོང་བ་ཐམས་ཅད་ ལ་དཀར་གཏོར་ཞིག་ངེས་པར་འབུལ། ཆོ་ག་གང་གི་ལུགས་དང་བསྟུན་ཀྱང་འདྲ། སློབ་མའི་བྱ་བའི་སྐབས། མགོན་པོའི་ གནས་གསུམ་ནས་འོད་ཟེར་སྤྲོ་བའི་དོད་སྐུ་གཟུགས་དཀར་དམར་མཐིང་གསུམ་བསྟིམ་པ་ ཡིན། འདི་ལ་སློབ་དཔོན་པདྨ་ནས་བརྒྱུད་པའི་རྙིང་མ་དང༌། རྒྱ་གར་ནག་ཆེན་ནས་བརྒྱུད་པའི་ལུགས་གཉིས་ཀྱི་མན་ངག་གུང་ བསྒྲིགས་པ་ཡིན་པར་གྲགས་ལ། དྲགས་སྔགས་ཀྱི་ངོ་བོ་ཤིན་ཏུ་རྣོ་ཞིང་སྟོབས་ཆེ་བ་ཡིན་ནོ། །ཀུན༷་ཏུ་ཟབ་པར་རབ་གྲགས་པ། ། མངོན་སྤྱོད་འདོད་རྣམས་དག༷འ་བའི་གནས། །མགུལ་ཁུག་ལྕགས་ཀྱི་རྒྱ་ཅན་གྱི། འཇུག་སྒོའི་ཐབས་ཀྱི་སྙིང༷་པོ༷་ཡིན། །དཔལ་ མགོན་པོ་ཏྲཀྴད་མ་ནིང་མར་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ༀ་སྭཱ་སྟི། ནག་པོ་ཆེན་པོའི་སྐུ་ཉིད་ལ། །བདུད་འདུལ་དྲེགས་པའི་ལྷ་སྤྲུལ་པ། །མ་རུངས་ཀུན་འཇོམས་ ལ་བཏུད་ནས། །གང་དེའི་སྒྲུབ་ཐབས་བྲི་བར་བྱ། །བདག་བསྐྱེད་ཡི་དམ་དང་མདུན་བསྐྱེད་གཉའ་གནོན་དུ་དཔལ་མགོན་པོ་ བསྐྱེད་ནས། དེའི་མདུན་དུ་ཆོས་འབྱུང་གསུམ་མི་རོ་ཅན་གསུམ་བརྩེགས་ཟུར་དགུ་པའི་དབུས་ སུ། སྐད་ཅིག་གིས་ལས་མཁན་འབྲོང་ཞལ་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན་ འབར་བ་དང༌། གཡོན་གྲི་གུག་ཁྲག་འཛག་པ་འཛིན་པ། སྟག་རལ་དང་གཟིག་ཤུབས་ཅན་ 15-1-665 ཆ་ལུགས་མགོན་པོ་ཉིད་དང་འདྲ་བ་ལས། དྲེའུ་ནག་པོ་རྟིང་དཀར་ལ་ཞོན་པ། སྐད་ཅིག་གིས་ བསྐྱེད་ནས། ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ། དམ་ལ་བཞག་ནས། ༀ་བཛྲ་མཧཱ་ཀཱ་ལ་ཏྲཀྴད་ཏྲི་ཡཾ་བྷྱོཿཎི་ཚལ་ པ་ཏྲི་ཡཾ་ཛ་ཛཿ རུ་རུ་རུ་རུ་ཙ་པ་ལ་ཨ་ཤུག་མེ་བྷྱོཿ ཞེས་བཟླས་མཆོད་གཏོར་སོགས་གཞན་དང་འདྲ་ཞིང༌། སློབ་ མ་རྗེས་འཛིན་ནི། སྤུ་གྲི་ཆིག་ཞུར་སྐབས་སུ་བཤད་པའི་གསོལ་གདབ་སྔོན་དུ་སོང་ནས། གཏོར་དབང་ཙམ་གྱིས་ཆོག་པ་ཡིན་ནོ། ། དྲག་ལས་ཀུན༷་ལ་ཆེས་བསྔགས་པ། །ཐལ་མོ་བརྡབས་ཆོག་རབ་དག༷འ་བའི། །སྒྲུབ་ཐབས་རྗེས་གནང་བཅས་པ་ལ། །ཡི་གེ་ སྙིང༷་པོ༷་ཙམ་གྱིས་ཆོག །ཏྲཀྴད་འབྲོང་ཞལ་ཅན་གྱི་སྒྲུབ་ཐབས་གྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། དུས་གསུམ་གཤེགས་པའི་སངས་རྒྱས་རྣམས། །ཀུན་གྱི་ཐུགས་ལས་སྤྲུལ་པ་ཡི། །ལྷ་ཆེན་ དཔལ་འབར་ལ་བཏུད་ནས། །གསང་བའི་སྒྲུབ་ཐབས་བྲི་བར་བྱ། །འདིའི་བསྙེན་པ་ནི། ལས་སྦྱོར་དང་སྦྲགས་མ་ཡིན་པའི་ཕྱིར་ འདིར་མི་འབྲི་ལ། གཏོར་ཆོག་དང་རྗེས་སུ་འབྲེལ་བ་ཙམ་བཤད་ན། མཎྜལ་གྲུ་གསུམ་ནག་པོ་ཚོམ་བུ་ཅན་གྱི་མཐའ་མཆོད་ གཏོར་གྱིས་བསྐོར་བ། བདག་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ བྷྲུཾ་ལས་གནམ་ལྕགས་ཀྱི་ཐོད་མཁར་གྲུ་གསུམ་བསྣོལ་བ། སྒོ་མེད་ཡངས་ཤིང་རྒྱ་ཆེ་བ། མེ་ འབར་ཞིང་ནད་དང་དུག་གི་ན་བུན་འཐུལ་བ། མཚོན་ཆའི་ཆར་འབེབས་པ། དེའི་ནང་དུ་ཨེ་ ལས་གྲུ་གསུམ་མཐིང་ནག་འབར་བའི་སྟེང་དུ། པཾ་ལས་པདྨ། རཾ་ལས་ཉི་མར་ཎི་ལས་དགྲ་ བགེགས་ཀྱི་ཞིང་ཆེན་བསྣོལ་བ། རང་གི་སྙིང་ག་ནས་རཾ་དམར་ནག་འཕྲོས་ཏེ། གདན་དེའི་ སྟེང་དུ་འཁོད། རཾ་ལས་མེ་དཔུང་དམར་ནག་རཾ་གྱིས་མཚན་པ་ལས་འབར་བའི་མེ་དཔུང་ གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང༌། དགྲ་བགེས་ཐམས་ཅད་བསྲེགས། སླར་ཡང་རཾ་ ལས་རྩེ་གསུམ་རཾ་གྱིས་མཚན་པ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད། གནོད་བྱེད་རྣམས་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་མཧཱ་ཀཱ་ལ་སྲིན་པོའི་ གཟུགས་ཅན་སྐུ་དམར་ནག་ཞལ་གཅིག་ཕྱག་གཉིས་ཤྭ་ནའི་ཞལ་རྔམ་ཞིང་གཙིགས་ལ། སྤྱན་གསུམ་བགྲད་པ། གཡས་ཁ་ཊྭཱཾ་ག་རྩེ་གསུམ་མི་མགོས་མཚན་པ་འཕྱར་བ། གཡོན་དགྲ་ 15-1-666 བོའི་གློ་སྙིང་བཟུང་ནས་ཞལ་དུ་གསོལ་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་སྦྲུལ་ དཀར་ཁྲས་ཐོད་བཅིངས་ཤིང༌། ཉི་ཟླའི་སྤྱི་གཙུག་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ དང༌། མི་ལྤགས་ཀྱི་སྟོད་གཡོགས་ཅན། སྦྲུལ་ནག་པོས་བརྒྱན་པ། ཞབས་གཡས་བསྐུམ་ གཡོན་བརྐྱང་གི་སྟབས་ཀྱི་བཞུགས་པ། ཡང་ན་དར་ནག་གི་འཇོལ་བེར་གསུམ་བརྩེགས་གསོལ་བར་བྱས་ ཀྱང་རུང་སྟེ་ཆ་ལུགས་ལྷག་མ་ཏྲཀྴད་སྤྱི་དང་འདྲའོ། །དེའི་མདུན་དུ་ཡུམ་ཁྱི་མོ་གསེར་མིག་མ། ཟུར་དྲུག་ ལ་གཡས་སྐོར་གྱིས། གཡུ། མཆོང༌། ཟངས། དུང༌། འཁར། ལྕགས་མིག་མ་སྟེ། བདུན་ ཀར་ཡང་རྡོ་རྗེ་དང་ཞགས་པ་བསྣམས་པ། ཁྱི་གདོང་ཅན། གཡང་གཞི་སྟག་ལྤགས་རུས་རྒྱན་ སོགས་ཀྱིས་བརྒྱན་པ། སྲིན་མོའི་ཆ་ལུགས་ཅན་ནོ། །དུར་ཁྲོད་བརྒྱད་ནས། ཡེ་ཤེས་པ་སྤྲིན་ གཏིབས་པ་བཞིན་དུ་སྤྱན་དྲངས་པར་བསམས་ལ་མཧཱ་ཀཱ་ལ་ས་མ་ཡ་མཎྜལ་མ་ཡེ། ཨཱ་གཙྪ་ ཨཱ་གཙྪ། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། ཏིཥྛ་ཡ། ཏིཥྛ་ཡ། ཨ་ཝ་ལོ་ཀ་ཡ་ཧཱུཾ་ཧཱུཾ་ཛཿཧཱུཾ་བཾ་ཧོཿ གཏོར་མ་ བྱིན་གྱིས་བརླབས་ལ། ༀ་མཧཱ་ཀཱ་ལ་ཏྲཀྴད་མཧཱ་ཀཱ་ལ་ཨི་དཾ་བཱ་ལིཾ་གྲྀཧྞ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷུཉྫ་ ཧོ་རཀྟ་པི་པ་ཏོ། ས་མ་ཡེ་ཧཱུཾ་ཁ་རཾ་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་འབུལ། བཟླས་པའི་དམིགས་པ་གསལ་ བཏབ་ལ། ༀ་མཧཱ་ཀཱ་ལ་ཏྲཀྴད་མཧཱ་ཀཱ་ལ་དྲག་པོ་སིདྡྷི་ཏྲི་ཡཾ་དུ་ཛ་ཛཿ བོད་པའོ། །ནག་པོ་ཧེ་ཧེ་ཛ་ ཛ་ཕཊ། རྦད་པའོ། །སྙིང་ཁ་རག ཙིཏྟ་རྦད་བྷྱོཿཧཱུཾ་ཧཱུཾ་ཕཊ་དྷ་ཕཊ། བསད་པ་སྟེ་གསུམ་ཆར་གཅིག་ཏུ་གྲིལ་ ནས་བཟློག །རྗེས་སྤྱི་དང་འདྲ་ལ། སློབ་མའི་བྱ་བ་ནི། གསོལ་བཏབ་དང༌། ཡན་ལག་བདུན་པ་ཏྲཀྴད་གཉོས་ལུགས་ཀྱི་སྐབས་ བཞིན་ནས་སྐུའི་རྗེས་གནང་ནི། བླ་མ་མགོན་པོར་བསྐྱེད་ནས། ཡེ་ཤེས་པ་སྤྱན་དྲངས་གཏོར་མ་མགོ་ཐོག་ཏུ་བཞག་ནས་གཏོར་ དབང་བསྐུར་ཏེ། གཏོར་མའི་མགོན་པོ་འོད་དུ་ཞུ་སྟེ་ཐིམ་པས། སྐུའི་སྤྲུལ་པ་དཔག་ཏུ་མེད་པ་ སྤྲུལ། དགྲ་བགེགས་རྣམས་ཚར་བཅད་པར་བསམ་སྟེ་བུམ་དབང༌། གསུང་གི་རྗེས་གནང་ནི། ཀ་པཱ་ ལའི་བདུད་རྩི་སློབ་མ་ལ་བྱིན། འཇིག་རྟེན་ཁམས་ཀྱི་དུག་རྣམས་བསྡུས་ཏེ། ཞལ་གྱི་སྒོ་ནས་ ཞུགས། སྙིང་གའི་སྔགས་འཕྲེང་གི་མེ་འོད་དང་འདྲེས་པ། བུ་ག་དགུ་ནས་སྤྲོས་དགྲ་བགེགས་ 15-1-667 རྣམས་ལ་ཆར་བཞིན་བབས་པར་བསམས་པ་ནི། གསང་དབང༌། ཐུགས་ཀྱི་རྗེས་གནང་ནི། སློབ་མ་ མགོན་པོ་ལ་ཡུམ་གསེར་མིག་མས་འཁྱུད་པ། སློབ་དཔོན་གྱི་ཐུགས་ཀ་ནས། ཕོ་ཉ་དང་འོད་ ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས། དགྲ་བགེགས་རྣམས་བཀུག་སྟེ། ཤེས་རབ་ཀྱི་མཁའ་ ནང་དུ་ཆོས་འབྱུང་མཐིང་ནག་གྲུ་གསུམ་གྱི་ནང་དུ་བཞག མཚོན་ཆའི་ཆར་ཕབ་སྟེ། ལུས་ སེམས་རྡུལ་དུ་བརླག་པར་བསམ། ཤེས་རབ་ཡེ་ཤེས་ཀྱི་དབང༌། དབང་བཞི་པ་ནི་དེ་ལྟར་ དགྲ་བགེགས་སྒྲོལ་བྱེད། སྒྲོལ་བྱ། སྒྲོལ་ཚུལ་གང་ཡང་མ་དམིགས་པ་ལ་མཉམ་པར་འཇོག་ པའོ། །དེ་ནི་ཡོན་ཏན་གྱི་རྗེས་གནང་དུ་དོན་གྱི་ཡོང་ཞིང༌། གོང་མ་གསུམ་པོ་ཉིད་དྲག་པོའི་ལས་ཀྱི་བཀའ་གཏད་ཡིན་པས། འཕྲིན་ལས་ཀྱི་རྗེས་གནང་ལོགས་པ་མི་དགོས་གསུང་ངོ༌། །དྷ་ན་སིངྐྲའི་སྒྲུབ་ཐབས་བཞིན། །གསལ་བྱེད་ཀུན༷་ཏུ་དག༷འ་བ་འདི། ། ཡིག་སྣའི་དོན་བཞིན་སྒྲུབ་པ་ལ། །ཉེར་མཁོའི་ལག་ལེན་སྙིང༷་པོ༷་ཡིན། །ཏྲཀྴད་གསང་སྒྲུབ་ཤྭ་ནའི་ཞལ་ཅན་གྱི་སྒྲུབ་ཐབས་ཀྱི་ ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། ལེགས་ལྡན་མཧཱ་ཀཱ་ལའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་ཉི་ཤུ་པའོ།། །། དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། སངས་རྒྱས་ཀུན་གྱི་བྱིན་བརླབས་པའི། །ལེགས་ལྡན་ནག་པོ་ལ་བཏུད་ནས། །ཞལ་བཞི་མགོན་ པོ་སྒྲུབ་པའི་ཐབས། །ཉེར་མཁོ་ཙམ་ཞིག་བརྗོད་པར་བྱ། །འདིའི་སྒྲུབ་ཐབས་དང༌། རྗེས་གནང་གི་སྐབས་ཐམས་ཅད་དུ་གུར་ ལྕམ་དྲལ་གྱི་སྐབས་དང་ཐུན་མོང་བ་ཐམས་ཅད་བླང་དོར་ཤེས་པར་བྱ་དགོས་པས། ཐོག་མར་དེ་ཉིད་བློ་ལ་ཟིན་པར་བྱས་ནས་ འདི་ལ་འཇུག་པར་བྱའོ། །མཆོད་གཏོར་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས། གཏོར་མ་བྱིན་རླབས་བྱ། སྭ་བྷཱ་ཝས་སྟོང་ པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་གྱི་ནམ་མཁར་བསྲུང་འཁོར་དུར་ཁྲོད་དང་བཅས་ པའི་དབུས་སུ། མཐིང་ནག་གྲུ་གསུམ་འབར་བའི་ཆོས་འབྱུང་ལྔ་ཚོམ་དུ་གནས་པའི་དབུས་ མའི་སྟེང་དུ། པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ལས་ འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་ པ་ལས། རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ། རྩ་ཞལ་བརྩེགས་མ་གཉིས་ནག་པོ། གཡས་ 15-1-668 གཡོན་གཉིས་ལྗང་ནག ཕྱག་བཞིའི་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་རྡོ་རྗེས་མཚན་པའི་ གྲི་གུག་དང༌། དགྲ་བགེགས་ཀྱི་ཁྲག་གིས་གང་བའི་ཐོད་པ་སྙིང་བཅས་ཐུགས་ཀར་སྟེང་འོག་ ཏུ་འཛིན་པ། གཡས་འོག་མས་རལ་གྲི་འབར་བ་འདེབས་པའི་ཚུལ་གྱིས་འཛིན་ཅིང༌། གཡོན་ འོག་མས་མི་རུས་ཀྱི་འཕྲེང་བ་འཕྱར་སྟབས་སུ་བསྣབས་པ། སྐྲ་ཁམས་པ་གྱེན་དུ་བརྫེས་ ཤིང༌། སྤྱན་གསུམ་པ། ཞལ་གདངས་ཤིང་མཆེ་བ་རྣོན་པོ་གཙིགས་ལ། མས་མཆུ་འཕྱང་བ། ཚངས་པའི་སྐུད་པ་དང་རུས་པ་དང༌། སྦྲུལ་དང༌། དྲིལ་བུའི་འཕྲེང་བས་བརྒྱན་པ། སྟག་གི་ ལྤགས་པའི་ཤམ་ཐབས་ཅན། གཡས་བསྐུམ་གཡོན་བརྐྱང་བཞེང་པའི་སྟབས་ཀྱིས་ཡེ་ཤེས་ ཀྱི་མེ་དྲག་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། ཕྱོགས་བཞིར་ཧཱུཾ་བཞི་ལས། གཡས་སུ་ ཡུམ་ཆེན་གཡུང་མོ་ནག་མོ། གཡོན་དུ་ལས་མཛད་གཏུམ་པོ་ལྗང་ཁུ། མདུན་དུ་དམར་ནག་ སྲིན་མོ་ཆེན་མོ། རྒྱབ་ཏུ་སེར་ནག་སེང་གེ་གླིང་མ་སྟེ་བཞི་ཀར་ཡང་ཞལ་གཅིག་ཕྱག་གཉིས་ གྲི་གུག་དང་ཐོད་པ་འཛིན་པ། རབ་ཁྲོས་དྲག་ཤུལ་ཕོ་ཉ་མོའི་ཆ་ལུགས་ཅན། སྤྱན་གསུམ་ གཅེར་བུ་རྒྱན་མེད་པ། རབ་ཏུ་གྲིམ་ཞིང༌། གཙོ་བོ་ལ་སྔོན་དུ་ཕྱོགས་པ། ཕྱི་རོལ་ཁོར་ཡུག་ ཏུ་བདུད་གཅོད་ཀྱི་བཤན་པ་ཉེར་གཅིག བདུད་འདུལ་གྱི་དམག་ཉི་ཁྲི་ཆིག་སྟོང༌། དྲེགས་ པ་སྡེ་བརྒྱད། ལྷ་མ་སྲིན་ཞིང་གི་རྡུལ་སྙེད་ཀྱི་འཁོར་གྱིས་བསྐོར་བར་གྱུར། ཐམས་ཅད་ཀྱི་ དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཏེ་ སེ། བསིལ་བའི་ཚལ། པོ་ཏ་ལ། ཧ་ཧ་རྒོད་པའི་དུར་ཁྲོད་རྣམས་ནས། རྡོ་རྗེ་ནག་པོ་ཆེན་པོ་ ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཞལ་བཞི་པ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ སྔོན་ཚེ་ རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །འཕྲིན་ལས་རྣམ་ བཞིའི་ལས་ལ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ༀ་ མཧཱ་ཀ་ལ་ཀ་ལ་བི་ཀ་ལ་ར་ཏྲི་ཏ་ཧཱུཾ་ཕཊ། ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུཾ་བཾ་ཧོཿ པདྨ་ཀ་ལ་མ་ 15-1-669 ཡ་སྟྭཾ། ཞེས་པ་ནས། རྒྱས་པར་མཛད་དུ་གསོལ་གྱི་བར། གུར་ལྕམ་དྲལ་གྱི་གཏོར་ཆོག་བཞིན་ལས། ༀ་ཤྲཱི་མཧཱ་ ཀཱ་ལ་མཧཱ་ཀ་ལི་དེ་ཝི་ཞེས་པའི་ཚབ་ཏུ། ༀ་མཧཱ་ཀ་ལ་ཀ་ལ་བི་ཀ་ལ་ར་ཏྲི་ཏ། ཞེས་འདོན་པ་སྤོ། དམ་ཚིག་ གི་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་འཆིང་བ་ཡིན་ནོ། །དེ་བཞིན་དུ། གཏོར་མ་འབུལ་བའི་སྔགས་ནི། ༀ་མཧཱ་ཀ་ལ་ཀ་ལ་ བི་ཀ་ལ་ར་ཏྲི་ཏ་ཌོཾ་བྷི་ནི། ཙཎྜ་ལི། རཀྵ་སི། སིང་ག་ལི། དེ་ཝི་ས་པ་རི་ཝཱ་ར་བྷྱཿ ན་མཿསརྦ་ ཏ་ཐཱ་ག་ཏ་བྷྱོཿ སོགས་ལན་གསུམ་གྱིས་ཕུལ། ཨརྒྷཾ་སོགས་ཀྱི་ཕྱི་མཆོད་དང༌། ནང་མཆོད་ཀྱི་སྐབས། སྙིང་པོའི་མཐར། འབྲུ་གསུམ་བཏགས་པས་འབུལ། དེ་ནས་བསྟོད་པ་གཉན་ལོཙྪ་བས་མཛད་པ་སོགས་རྒྱས་པར་སྤྲོ་ན་བྱ། མདོར་བསྡུ་ན། ཧཱུཾ། ཡོན་ཏན་མྱུར་རྫོགས་དངོས་གྲུབ་མངའ་བའི་ལྷ། །མ་ལུས་རྨད་བྱུང་ཕན་པའི་དགོངས་པ་ ཅན། །འཕྲིན་ལས་རྣམ་བཞིའི་བདུད་དཔུང་ཚར་གཅོད་པའི། །ལེགས་ལྡན་ནག་པོ་འཁོར་ དང་བཅས་ལ་འདུད། །མི་རྟོགས་དབྱིངས་ལས་ཐུགས་རྗེའི་སྐུར་བཞེངས་ཤིག །འབྱུང་བ་ གུར་ཆེན་བརྩེགས་པའི་གཞལ་ཡས་ནས། །བདེ་གཤེགས་བཀའ་ཡི་སྲུང་མ་དམ་ཚིག་ཅན། ། རྡོ་རྗེ་ནག་པོ་ཆེན་པོ་དབྱིངས་ནས་བཞེངས། །དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་ བསྒྱུར་ཞིང༌། །མཆེ་བ་གཙིགས་ཞིང་མཆུ་འཕྱང་ཤུགས་ཆེ་བ། །སྒྲ་སྒྲོག་དྲིལ་བུའི་འཕྲེང་བས་ བརྒྱན་པ་ཡི། །གདོང་བཞི་ལྡན་ཁྱོད་ཏེ་སེའི་ཞིང་སྐྱོང་མཛད། །རྫོགས་པའི་སངས་རྒྱས་སྤྱན་ སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །ནག་པོ་ཆེན་པོ་ཞལ་བཞི་པ། །ཡུམ་ཆེན་ སྲིང་མོ་བཞི་དང་བཅས། །ཤ་ཆེན་ཟན་དང་མེ་ཏོག་སྤོས། །ཆང་ཕུད་ཤ་ཁྲག་དག་གིས་མཆོད། ། རྒྱལ་བའི་བསྟན་པ་སྐྱོང་བ་དང༌། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །གཞན་ཡང་ཇི་ལྟར་ འདོད་པའི་འདོད་དོན་གསོལ་བཏབ་རྣམས་བྱས་ནས། རྗེས་ཀྱི་བྱ་བ་རྣམས་གྲུབ་བོ། ། འདིའི་རྗེས་གནང་གི་བྱ་བ་ནི། རྟེན་རྡོ་རྒྱ་ཆེ་ན། དེ་ལ་ཆོས་འབྱུང་གྲུ་གསུམ་མཐིང་ནག་ལྔ་ཚོམ་བྲི། ཆུང་ན། རྟེན་རྡོའི་ སྟེང་དུ་ཆོས་འབྱུང་དབུས་མ་བྲི། དེར་འབྲུ་ནག་གི་ཚོམ་བུ་བཅུ་དགུའམ། ལྔ་འགོད། དེའི་སྟེང་ངམ། རྒྱབ་ཏུ་གཏོར་མ་གྲུ་གསུམ་ ལྔ་ཚོམ་པ་མཉྫིའི་སྟེང་དུ་འགོད་པ་ཁྱད་པར་ཡིན། མདུན་བསྐྱེད་བཟླས་པའི་སྐབས། ༀ་མཧཱ་ཀ་ལ་ཀ་ལ་བི་ཀ་ལ་ར་ 15-1-670 ཏྲི་ཏ་ཧཱུཾ་ཕཊ། ཅེས་པ་གཙོ་བོའི་སྙིང་པོ་དང༌། ༀ་མཧཱ་ཀ་ལ་ཀ་ལ་བི་ཀ་ལ་ར་ཏྲི་ཏ། ཌོཾ་བྷི་ཎི། ཙཎྡྲ་ལི། རཀྵ་སི། སིངྒ་ལི། དྭི་སི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། འཁོར་དང་བཅས་པའི་སྙིང་པོའོ། །འདི་ལ་རྩ་སྔགས་བཟླ་བའང་གལ་ཆེ་ བས། ཅི་རིགས་པར་བཟླའོ། ། རྗེས་གནང་གི་ཐོག་མར། ཆོས་ཀྱི་བྱུང་ཁུངས་བཤད་པའི་སྐབས་དེ་ཡང་གསང་བ་འདུས་པའི་རྒྱུད་འགའ་ཞིག་ལས་ གསུངས་པར་གྲགས་ཤིང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་སྒྲུབ་པའི་ཐབས་མཛད། ཁྱད་པར་སློབ་དཔོན་སངས་རྒྱས་ཡེ་ཤེས་ ཞབས་ནས་ཉེ་བར་བརྒྱུད་དེ། ཏ་ཐཱ་ག་ཏ་རཀྵི་ཏའི་སྒྲུབ་ཐབས་ཀྱི་རྗེས་སུ་འབྲང་བ་འདི། རི་སུལ་གྱི་རྣལ་འབྱོར་མ་ལས་བརྒྱུད། མགོན་པོ་འདི་བྲན་བཞིན་དུ་འཁོལ་པའི་ལོཙྪ་བ་གཉན་དར་མ་གྲགས་ཀྱིས་བོད་དུ་དར་བར་མཛད་པ་ལགས། དེ་ལྟར་ན་ཞིང་ སྐྱོང་སྟོབས་འཕྲོག་དབང་པོ་ཞལ་བཞི་པ་འདིའི་རྗེས་སུ་གནང་བ་སྒྲུབ་པ་འདི་ལ་གསུམ་སྟེ། ཞེས་སོགས་ཇི་ལྟར་འོས་འོས་སུ་ འདོན་པ་སྤོ། གཞན་མཎྜལ། གསོལ་བཏབ། རྒྱུན་བཤགས། སྡོམ་བཟུང་རྣམས་འདྲ་ཞིང༌། དེ་ནས་སློབ་དཔོན་ཉིད་བདག་བསྐྱེད་ གང་བྱས་ཀྱི་ལྷའི་མངོན་རྟོགས་དང་མཐུན་པར་སྒོམ་དུ་བཅུག མདུན་གྱི་བསྐྱེད་གཞི་འདི་ཡང་ནག་པོ་ཆེན་པོ་གདོང་བཞི་པ་ཞེས་ སོགས་གཏོར་ཆོག་ལྟར་དམིགས་པ་སྤོ། སློབ་དཔོན་དང༌། མདུན་བསྐྱེད་ལ་མོས་གུས་དུང་པ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་ཕོག དེ་ ལས་འོད་ཟེར་བྱུང༌། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག ལུས་ཀྱི་ཕྱི་ནང་བར་གསུམ་ཐམས་ཅད་ གང༌། སྡིག་སྒྲིབ་ཐམས་ཅད་དག ལུས་འོད་ཀྱི་ཕུང་པོ་ཆེན་པོ་ཧཱུཾ་གིས་མཚན་པར་གྱུར། དེ་ ནས་སྐུའི་རྗེས་གནང་དངོས་ཀྱི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་ གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས། བདག་ལ་ནག་པོ་ཆེན་པོ་ཞལ་ བཞི་པའི་སྐུའི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ། དེ་ནས་ཁྱེད་རང་རྣམས་ཐིག་ ལེ་ཧཱུཾ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། པད་ཉི་མི་རོའི་གདན་དང་བཅས་པའི་སྟེང་དུ་ ནག་པོ་ཆེན་པོ། ཞེས་པ་ནས། ཐུགས་ཀར་ཧཱུཾ་གི་བར་གཏོར་ཆོག་བཞིན། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། མདུན་གྱི་ཆོས་སྐྱོང་ལ་ཕོག་སྟེ། ཐུགས་རྒྱུད་བསྐུལ་ 15-1-671 བས། ཐུགས་ཀའི་ཧཱུཾ་ལས། མགོན་པོའི་སྐུ་དཔག་ཏུ་མེད་པ་བྱུང༌། ཡང་འོད་ཟེར་འཕྲོས་པས། ཏེ་སེ་བསིལ་བའི་ཚལ། པོ་ཏ་ལ། ཧ་ཧ་རྒོད་པའི་དུར་ཁྲོད་ནས། ཆོས་སྐྱོང་གི་སྐུ་བསམ་གྱིས་ མི་ཁྱབ་པ་སྤྱན་དྲངས། ཞེས་སོགས་འདོན་པ་སྤོ། གསུང་གི་རྗེས་གནང་གི་གསོལ་འདེབས་ཀྱང༌། གོང་མ་དེ་ཉིད་ ལས། གསུང་གི་རྗེས་གནང་སྩལ་དུ་གསོལ། ཞེས་བསྒྱུར་ཞིང༌། སྔགས་རྣམས་གོ་བརྗེ། རྣམ་སྣང་གི་ཐུགས་ཀ་ ནས། སྔགས་འབྲུ་སྤྱན་འདྲེན་པ་མི་དགོས། གཞན་གསུང་གི་རྗེས་གནང་གུར་དང་འདྲ། དེ་བཞིན་དུ། ཐུགས་ཀྱི་རྗེས་གནང་ལ་ ཡང༌། ཐུགས་ཀྱི་རྗེས་གནང་སྩལ་དུ་གསོལ། ཞེས་བསྒྱུར་ལ་གསོལ་བ་འདེབས། ལྷག་མ་བཀའ་བསྒོ་རྫོགས་ཀྱི་ བར་གུར་ལྕམ་དྲལ་གྱི་རྗེས་གནང་དང་འདྲ་བ་ལས། སྔ་ཕྱི་ཐམས་ཅད་དུ་ནག་པོ་ཆེན་པོ་ལྕམ་དྲལ་ཞེས་པ་རྣམས། ཞལ་བཞི་ པ་ཞེས་མཚན་སྤོ། ལྷ་མོ་སྤྱན་འདྲེན་དང༌། ལྷ་མོའི་སྔགས་བཀོད་ཚུལ་སོགས་མི་དགོས། སྒྲུབ་པའི་ལུང་སྦྱིན་པ་འདི་ལ་མེད། མི་ འབྲལ་ཞིང་གསང་བར་སྦ་བ་མན་ཆད། སློབ་མའི་རྗེས་ཀྱི་ཆོ་ག་དང༌། མདུན་བསྐྱེད་ཀྱི་རྗེས་ཆོག་ཀྱང༌། གུར་ལྕམ་དྲལ་གྱི་སྐབས་ ཉིད་འདོན་པ་སྤོས་པས་འགྲུབ་བོ། །དྲེགས་པ་ཀུན༷་གྱི་གཙོ་བོ་འདིའི། །སྒྲུབ་ཡིག་རྣམ་མང་རབ་དག༷འ་བ། །དེ་ལས་སློབ་མ་རྗེས་ བཟུང་གི །ལག་ལེན་སྙི༷ང་པོ༷་ཙམ་ཞིག་བྲིས། །དཔལ་མགོན་ཞལ་བཞི་པ་བསྙེན་དུས་དང་འབྲེལ་བའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། མངྒ་ལཾ། ། ༄༅། །ༀ་སྭཱ་སྟི། ཞིང་སྐྱོང་དྲེགས་པ་མཐུ་སྩལ་ཅན། །སྟོབས་འཕྲོག་དབང་པོ་ལ་བཏུད་ནས། །སྒྲུབ་དུས་དང་ ནི་ལས་སྦྱོར་གྱི། །སྒྲུབ་ཐབས་རྗེས་གནང་ཅུང་ཟད་བཤད། །དེ་ཡང་བསྙེན་དུས་ཀྱི་སྒྲུབ་ཐབས་རྗེས་གནང་ངེས་པར་བྱས་ལ། མི་འདྲ་བའི་ཁྱད་པར་ཅུང་ཟད་ནི། རྩ་ཞལ་ནག་པོ་མི་རོ་ཟ་བ། ཆེར་ཁྲོས་ཤིང་རྔམ་པ། གཡས་ཞལ་ དཀར་པོ་རྒྱ་ཆེར་བཞད་པ། གཡོན་ཞལ་དམར་པོ་འཛུམ་ཞིང་འཇིགས་པ། སྟེང་ཞལ་དུད་ཁ་ མཆེ་བ་གཙིགས་པ། ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་གྲི་གུག་དང༌། གཡོན་གྱི་དང་པོ་ཐོད་པ་དགྲ་ བགེགས་ཀྱི་སྙིང་གིས་བཀང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་འོག་མས་འབར་ བའི་རལ་གྲི་དང༌། གཡོན་འོག་མ་རུས་འཕྲེང་འགག་ཐབས་སུ་འཕྱར་ཞིང༌། རྩེ་གསུམ་ འཛིན་པ། མཆན་ཁུང་དུ་གསེར་གྱི་བུམ་པ་བདུད་རྩིས་གང་བ་བཅུག་པ། ཞེས་དང༌། བཟླས་པའི་ 15-1-672 སྐབས། རྩ་སྔགས་ཤམ་བུ་ཅན་དེ་བཟླ། རྗེས་གནང་ཡང་ཐུན་མོང་བ་ནི། བསྙེན་དུས་ཉིད་འདོན་པ་སྤོས་པས་ཆོག་ལ། ཐུན་མོང་ མ་ཡིན་པར་གྲགས་པ་ནི། རྗེས་གནང་དཀྱུས་མ་སོང་མཚམས་སུ། ཕྱག་མཚན་དང་རྟེན་གཏོད་པ་ཡིན་ཏེ། ཧཱུཾ། གདུག་ཅན་ གཡུལ་ངོར་བསྒྲལ་བའི་ལྕགས། །གྲི་གུག་དུག་གིས་ངར་བླུད་པའི། །མཚོན་ཆེན་མི་བཟད་ འབར་བ་འདི། །རྣམ་རྟོག་དགྲ་བོའི་གཤེད་དུ་སྦྱིན། །ༀ་མཧཱ་ཀ་ལ་ཀ་ལ་བི་ཀ་ལ་ར་ཏྲི་ཏ་ཀརྟ་ རི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གྲི་གུག་གཏད། ཀེང་རུས་ཡུ་བ་སྤྲོས་བྲལ་ཏེ། །སྐུ་གསུམ་རབ་གནོན་རྩེ་མོ་ ཅན། །དར་ནག་འཕྱང་ཕྲུལ་འཕྲིན་ལས་ཏེ། །དུག་གསུམ་གཉེན་པོར་ཁྱོད་ལ་སྦྱིན། ཀརྟ་རི་ ཞེས་པའི་དོད་དུ་ཏྲི་ཤུ་ལ་ཞེས་བརྗོད་ལ་རྩེ་གསུམ་གཏད། སྟོང་ཉིད་རྡོ་རྗེའི་ཡུ་བས་མཚན། །སེམས་ཉིད་ ངར་ལྡན་རལ་གྲི་ཆེ། །ཡེ་ཤེས་མེ་འབར་གཡུལ་བཟློག་པའི། །མ་རིག་གཅོད་བྱེད་མཚོན་ འདི་སྦྱིན། ཁ་ཁཊྒ། ཞེས་རལ་གྲི་གཏད་དོ། །རང་བཞིན་གནས་ལུགས་མདུང་རིང་ནི། །ཆོས་སྐུ་ རྣོ་དབལ་རྩེ་མོ་ཅན། །སྙིང་རྩེ་བ་དན་ལྷབ་ལྷུབ་སྟེ། །མ་རུངས་འབིགས་པའི་མཚོན་འདི་ སྦྱིན། །ཤུ་ལ། ཞེས་མདུང་རིང་གཏད། རབ་དཀར་སྟོང་ཉིད་ཀ་པཱ་ལ། །བདེ་ཆེན་རཀྟས་གཏམས་ པ་འདི། །དབྱེར་མེད་ཟུང་འཇུག་བཅུད་ཆེན་པོ། །མཁའ་འགྲོ་རོལ་པའི་སྦྲང་རྩི་སྦྱིན། །ཀ་པཱ་ ལ། ཞེས་ཐོད་པ་གཏད། གཏུམ་ཆེན་བསད་པའི་ནི་རང་སུ། །མཚོན་གྱིས་བསྲུབས་པའི་དུང་ཅན་ འཕྲེང༌། །རྡོ་རྗེ་སྔགས་ཀྱི་གྲངས་འཛིན་པ། །ཤུན་ཆེན་སྲད་བུས་བརྒྱུས་འདི་སྦྱིན། །ནི་རང་སུ་ མཱ་ལས། ཞེས་ཐོད་འཕྲེང་གཏད། ཛམ་བུ་ན་དའི་བུམ་བཟང་ནི། །ལྷ་རྫས་མགུལ་ཆིངས་ཉེར་མཛེས་ ཤིང༌། །དངོས་གྲུབ་བདུད་རྩིའི་རྒྱུན་གྱིས་གཏམས། །མི་བཟད་ལོངས་སྤྱོད་གཏེར་འདི་སྦྱིན། ། གྷ་ཊ། ཞེས་བུམ་པ་གཏད། མི་དབང་རྐང་གླིང་ང་རོ་ཅན། །གནས་གསུམ་མཁའ་འགྲོ་འབོད་པའི་ སྒྲ། །སྡེ་བརྒྱད་དམག་དཔུང་འགྱེད་པའི་བརྡའ། །དམ་ཚིག་བསྐུལ་ཕྱིར་ཁྱོད་ལ་སྦྱིན། །མཧཱ་ ཝཾ་སེ། ཞེས་རྐང་གླིང་གཏད། མཚན་ལྡན་སྐྱེས་བུས་བཙལ་བ་ཡིས། །རང་བྱུང་རྡོ་ནག་མགོ་གསུམ་ པ། །ཞིང་སྐྱོང་བླ་རྡོ་རྟེན་པའི་རྫས། །རང་བཞིན་ཕོ་བྲང་དམ་པ་སྦྱིན། །ཤ་ལ་མཎྜལ། ཞེས་རྟེན་ 15-1-673 རྡོ་གཏད། གསུང་གི་ངོ་བོ་ཡིག་འབྲུའི་གཟུགས། །གསང་བའི་ངོ་བོ་སྲོག་གི་རྟེན། །བདུད་དཔུང་ འཁོར་ཚོགས་ཟིལ་གནོན་པ། །འབྲལ་མེད་བསྲུང་བའི་འཁོར་ལོ་བཟུང༌། །ཙིཏྟ་ཙཀྲ་གུ་ ཧྱ། ཞེས་སྲོག་འཁོར་གཏད། དཔའ་བོ་གཡུལ་དུ་བསྒྲལ་བའི་སྙིང༌། །རྩེ་གསུམ་དམ་ཚིག་རྫས་ཀྱི་ བཀང༌། །བསྐྱེད་ཅིང་བྱིན་རླབས་གསང་བའི་རྟེན། །སྣོད་ལྡན་བུ་ཡིས་སྙིང་གར་བཟུང༌། །བི་ ར་གུ་ཧྱ་ཙིཏྟ། ཞེས་གྲི་སྙིང་གཏད་དོ། །ཕྱག་མཚན་གཏོད་པ་རྣམས་ལ་བླ་མ་གཉན་གྱིས་མཛད་པའི་ཕྱག་མཚན་འབུལ་བའི་ ཚིག་གིས་གཏོད་པའི་ལུགས་ཀྱང་ཡོད་དེ། ལེགས་པར་ཡང་སེམས་སོ། །ལྷག་མ་ནི་བསྙེན་དུས་དང་འདྲའོ། །ལས་སྦྱོར་མགོན་པོ་ ནི། གཡས་ཞལ་བརྩེགས་མ་གཉིས་སྔོན་པོ། གཡོན་ཞལ་བརྩེགས་མ་གཉིས་ལྗང་ཁུ། ཕྱག་ གཡོན་འོག་མས་གསེར་གྱི་བུམ་པ་མྱོས་བྱེད་ཀྱིས་གང་བ་འཛིན་པ་ཞེས་འདོན་པ་སྤོ། ཁ་ཅིག་རྣམ་ འགྱུར་བཞི་པ་ཞེས་ལས་སྦྱོར་མགོན་པོ་ཞལ་བཞི་འཁོར་ཞལ་དང་འདི་ལ་སྤོགས་ཆོག་མགོན་པོ་ཟེར་ནའང་སྤོགས་ཆོག་ལས་ སྦྱོར་གྱི་ནང་ཚན་ཡིན་པས་ལས་སྦྱོར་མགོན་པོ་ཟེར་ལས་སྦྱོར་ཕལ་པ་ལ་རྣམ་འགྱུར་ལོགས་པ་མི་བྱེད་པ་ཉིད་མང་ངོ༌། །རྗེས་ གནང་གི་སྔོན་འགྲོ་རྣམས་བསྙེན་དུས་དང་འདྲ། དང་པོ་གཏོར་དབང་སྙིང་ཞུགས་དང་བཅས་པ་བསྐུར་ནས། དེ་ནས་སྐུ་གསུང་ ཐུགས་ཀྱི་རྗེས་གནང་བྱེད་པ་ཡིན་ནོ། །སྤྱིར་བསྙེན་སྒྲུབ་གང་རུང་ཞིག་གི་རྗེས་གནང་ཐོབ་པས་ཐམས་ཅད་ཉམས་སུ་བླང་དུ་ངེས་ པར་རུང་བ་ཡིན་ནའང༌། བླ་མ་སྔ་རབས་པ་རྣམས་ཕྱག་ལེན་གྱི་དུས་ནས་སོ་སོར་བཀའ་རེ་མཛད་པའི་ཕྱིར། ཐམས་ཅད་ཐོབ་ན་ ཤིན་ཏུ་ལེགས་པ་ཡིན་ནོ། །ཀུན༷་ཏུ་གཉན་ལོ་མཐུ་ཆེ་ཞེས། །དག༷འ་བར་གྲགས་པའང་ཆོས་སྐྱོང་བ། །འདི་ལས་ཡིན་ཞེས་སྙིང༷་ ནས་སྒྲོགས། །ཏེ་པོ༷ར་བསྒྲུབས་ན་ཀུན་ཀྱང་འདྲ། །ཞལ་བཞི་པ་སྒྲུབ་དུས་དང༌། ལས་སྦྱོར་མགོན་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། ཁྲོ་བོའི་རྒྱལ་ལ་ཕྱག་བཙལ་ནས། །འཕྲིན་ལས་རྣམ་བཞི་མྱུར་སྒྲུབ་པ། །དཔལ་ལྡན་ནག་པོའི་ སྒྲུབ་ཐབས་ཀྱི། ཁྱད་པར་འགའ་ཞིག་བཤད་པར་བྱ། །འདིར་དཔལ་མགོན་ཞལ་བཞི་པ་ལས་བཞི་མགོན་པོ་རྣམས་ཀྱི་སྒྲུབ་ ཐབས་ནི། བསྙེན་དུས་ཀྱི་སྒྲུབ་ཐབས་དེ་ཉིད་འདོན་པ་སྤོས་པས་ཆོག་སྟེ། དཀར་པོ་ཚེ་འཕེལ་ལ། བདག་བསྐྱེད་རང་ཡི་ 15-1-674 དམ་དུ་གསལ་བའི་ལྟོ་བ་དང༌། མདུན་བསྐྱེད་གཉིས་ཆར་གྱི་གནས་སུ་པདྨ་དང་ཉི་མའི་སྟེང་ དུ་ཧཱུཾ་དཀར་པོ་ལས། ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཚེ་འཕེལ་སྐུ་མདོག་དཀར་པོ་རྩ་ཞལ་ དཀར་བ། གཡས་སྔོ་གཡོན་དམར་སྟེང་ཞལ་དུད་ཁ། ཕྱག་དང་པོ་གཉིས་ཀྱིས་འཆི་མེད་ཡེ་ ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་དང༌། ཐོད་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། འོག་ མ་གཉིས་ཀྱིས་གྲི་གུག་དང་རྩེ་གསུམ་འཛིན་པས་ཚེའི་བར་ཆད་བསྲུང་བ་ཞེས་དང༌། གཡས་ སུ་གཡུང་མོ། གཡོན་དུ་གཏུམ་མོ། མདུན་དུ་སྲིན་མོ། རྒྱབ་ཏུ་སིངྒ་ལི་མ་ཏེ་ཡུམ་བཞི་ཀར་ ཡང་སྐུ་མདོག་དཀར་མོ་བདུད་རྩིས་གང་བའི་བུམ་པ་དང༌། ནོར་བུ་འཛིན་པ། ཞེས་དང༌། སྔགས་ ཀྱིས་སྐབས་སུ། ༀ་མཧཱ་ཀ་ལ་ཀ་ལ་བི་ཀ་ལ་ར་ཏྲི་ཏ་མ་མ་ཨཱ་ཡུར་པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་བཟླའོ། །སེར་ པོ་ནོར་སྤེལ་ནི། ཆོ་ག་སྔ་མ་དང་འདྲ་བ་ལས། སྐུ་མདོག་སེར་པོ་རྩལ་ཞལ་སེར་བ། གཡས་དཀར་གཡོན་ དམར། སྟེང་ཞལ་དུད་ཁ། ཕྱག་དང་པོ་གཉིས་ཀྱིས་མི་རུས་ཀྱི་འཕྲེང་བ་དང༌། ཐོད་པ་རིན་ པོ་ཆེས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། འོག་མ་གཉིས་ཀྱིས་གྲི་གུག་དང༌། བུམ་ པ་ནོར་བུས་གང་བ་བསྣམས་པ། ཞེས་དང༌། ཡུམ་ཆེན་བཞི་ཀར་སྐུ་མདོག་སེར་མོ་རུས་འཕྲེང་ དང་ཐོད་པ་རིན་པོ་ཆེས་གང་བ་འཛིན་པ། ཞེས་དང༌། སྔགས་ཀྱི་ཤམ་བུར། མ་མ་པུ་ཎྱ་སརྦ་བ་སུ་པུཥྚིཾ་ ཀུ་རུ་སྭཱཧཱ། ཞེས་པའོ། །དམར་པོ་དབང་སྡུད་ལ་ཡང༌། མགོན་པོ་སྐུ་མདོག་དམར་པོ། རྩ་ཞལ་དམར་བ། གཡས་དཀར་གཡོན་སྔོ། སྟེང་ཞལ་དུད་ཁ། ཕྱག་དང་པོ་གཉིས་ལྕགས་ཀྱུས་སྙིང་ལ་འབིགས་ ཤིང་ཞགས་པས་སྐེ་ནས་འཆིང་བ། འོག་མ་གཉིས་ཀྱིས་རུས་འཕྲེང་དང་ཆང་བུམ་འཛིན་པ། ཞེས་དང༌། ཡུམ་ཆེན་བཞི་ཆར་ཡང་སྐུ་མདོག་དམར་མོ་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ཞེས་ དང༌། སྔགས་ཀྱི་ཤམ་བུ། ཆེ་གེ་མོའམ་སརྦ་ལོ་ཀ་ཝ་ཤཾ་ཀུ་རུ་ཧོ། ཞེས་པའོ། །སྔོན་པོ་ཉམས་པ་སྒྲོལ་བ་ ལ། སྐུ་མདོག་སྔོན་པོ། རྩ་ཞལ་སྔོ་བ། གཡས་དཀར་གཡོན་དམར། སྟེང་ཞལ་དུད་ཁ། ཕྱག་ དང་པོ་གཉིས་གྲི་གུག་དང་ཐོད་པ། འོག་མ་གཉིས་རལ་གྲི་དང་རྩེ་གསུམ། ཞེས་དང༌། ཡུམ་ 15-1-675 ཆེན་བཞི་ཆར་ཡང་སྐུ་མདོག་སྔོ་བ། རལ་གྲི་དང་ཐོད་ཁྲག་འཛིན་པ། ཞེས་དང༌། སྔགས་ཀྱི་ཤམ་བུར། དགྲ་བོ་མ་ར་ཡ་རྦད། ཞེས་པའོ། །འདི་རྣམས་ལ་བསྟོད་པ་ནི། མི་རྟོག་མ་ཁོ་ན་བྱ་ཞིང༌། བསྟོད་རྙིང་རྒྱས་པ་རྣམས་ སྐུའི་རྣམ་པའི་སྒོ་ནས་མི་སྒྲིག་ཅིང༌། བསྟོད་པ་གསར་པ་འཕྲན་བུ་ཡོད་ཀྱང་ངེས་པར་དགོས་པ་ནི་མ་ཡིན་ནོ། ། རྗེས་གནང་གི་ཆོ་ག་ཡང་བསྙེན་དུས་ཀྱི་ཆོ་ག་ཉིད་འདོན་པ་སྤོས་པས་ཆོག རྣམ་འགྱུར་སྣ་ཚོགས་ཀུན༷་ཏུ་སྟོན། །ངོ་བོ་ གཅིག་ཏུ་གནས་དག༷འ་བས། །ལས་བཞི་མགོན་པོའི་སྒྲུབ་ཐབས་ལ། ཁྱད་པར་སྙིང༷་པོ༷་ཙམ་འདིས་ཆོག །ལས་བཞི་དང་འབྲེལ་ བའི་ཞལ་བཞི་མགོན་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། རབ་འབར་སྟོབས་འཕྲོག་དབང་པོ་ནི། །དྲེགས་པ་བཞི་ལྡན་ལ་བཏུད་ནས། །རབ་འཇིགས་ གདོང་བརྙན་ཅན་གྱི་ནི། །སྒྲུབ་ཐབས་ཁྱད་པར་ཅུང་ཟད་བཤད། །འདི་ཡང་བསྙེན་དུས་ཉིད་ལ་འདོན་པ་སྤོས་པས་ཆོག་སྟེ། དཔལ་ནག་པོ་ཆེན་པོ་སྐུ་མདོག་ནག་པོ་འཇིགས་སུ་རུང་བ། ཁམས་གསུམ་ཟ་བར་བྱེད་ཅིང་ ལྷ་དང་ལྷ་མ་ཡིན་སྡིགས་པར་བྱེད་པའི་ཞལ་བཞི་སྟེ། རྩ་ཞལ་མགོན་པོའི་ཞལ་གཤིན་རྗེ་ ལྟར་ཁྲོས་པ། གཡས་ཞལ་ལྷ་ཁྲོས་པ་གླང་པོ་ཆེའི་གདོང་དཀར་པོ། གཡོན་ཞལ་སྲིན་པོ་ཁྲོས་ པ་མ་ཧེའི་གདོང་དམར་པོ། རྒྱབ་ཞལ་རྒྱལ་པོ་ཁྲོས་པ་སེང་གེའི་གདོང་སྔོན་པོ། ཕྱག་དང་པོ་ གཉིས་གྲི་གུག་དང༌། ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་གཉིས་པ་ན་དབྱུག་ ཐོ། གསུམ་པ་ན་དགྲ་སྟ། གཡོན་གཉིས་པས་རང་གི་སྟོད་གཡོགས་གླང་པོའི་པགས་པའི་ རྐང་པ་གཡོན་པ་འཛིན་པ། གསུམ་པས་ཞགས་པ་བསྣམས་པ། རྔམ་པའི་སྒོ་ནས་ཞབས་ས་ ལ་རྡེབ་པ། ཞེས་དང༌། དེའི་གཡས་སུ་གཏུམ་མོ་སྔོན་མོ། གཡས་ཐོད་པ་དང༌། གཡོན་དར་ནག་ ཐོགས་པ། གཡོན་དུ་གཡུང་མོ་དམར་མོ་ལུག་གུ་རྒྱུད་དང་ཞགས་པ་འཛིན་པ། མདུན་དུ་སྲིན་ མོ་དང༌། རྒྱབ་ཏུ་སིངྒ་གླིང་མ་ནག་མོ་གྲི་ཐོད་འཛིན་པ་ཞེས་བྱ། སྙིང་པོའི་སྔགས་ནི། ༀ་མཧཱ་ཀ་ལ་ཀ་ ལ་གུ་ཎ་ཧྲི་ད་ཨེ་ཀ་ཛ་ཊི་ཧཱུཾ་ཕཊ། ཅེས་པའོ། །ལྷག་མ་གཏོར་ཆོག་ཉམས་སུ་བླང་ཚུལ་དང༌། སློབ་མ་ལ་རྗེས་གནང་ བྱེད་ཚུལ་ཐམས་ཅད་བསྙེན་དུས་ཀྱི་སྐབས་ཉིད་ལ་འདོན་པ་སྤོ་བ་ཡིན་ལ། འོན་ཀྱང་འདི་ཉིད་ལ་ཐུན་མོང་མ་ཡིན་པའི་ལས་ 15-1-676 ཚོགས་རྣམས་ནི་མང་དུ་ཡོད་དོ། །འབུམ་ཕྲག་གསུམ་པའི་མན་ངག་ནི། །ཀུན༷་ཏུ་གབ་ཅིང་རབ་དག༷འ་བ། །ཀླུ་སྒྲུབ་ཀྱིས་མཛད་ གཞུང་གི་དོན། །ཡང་སྙིང༷་ཁྱད་པར་གསལ་པོ༷ར་བརྗོད། །ཞལ་བཞི་གདོང་བརྙན་ཅན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ༀ་སྭཱ་སྟི། བླ་མ་ཡི་དམ་མགོན་པོ་ལ། །བཏུད་ནས་གསང་བའི་ལས་མགོན་ནི། །སྟོབས་འཕྲོག་དབང་དང་ དབྱེར་མེད་པ། །ཤ་ཟ་དྲག་པོའི་སྒྲུབ་ཐབས་བཤད། །ཡི་དམ་དང་མགོན་ཆེན་གང་རུང་ཞིག་གི་བསྙེན་པ་སོང་བས་མདུན་དུ་གྲི་ ཁྲག་གིས་མཎྜལ་ཚོམ་བུ་ཅན་རྟེན་གཏོར་མཆོད་གཏོར་དང་བཅས་པ་བཤམ། ཡི་དམ་མམ་མགོན་པོ་གང་རུང་གི་བདག་བསྐྱེད་ སྔོན་དུ་འགྲོ་བས། མདུན་བསྐྱེད་བསངས་སྦྱངས། སྐད་ཅིག་གིས་ཤ་ཟ་ཅེ་སྤྱང་གདོང་སྐུ་མདོག་དམར་ ནག་མི་བཟད་པའི་མཆེ་བ་གཙིགས་ཤིང༌། སྤྱན་གསུམ་ལས་མེ་སྟག་འཕྲོ་བ། རལ་པ་ཁམ་ ནག་གྱེན་དུ་འབར་ཞིང༌། ལྟོ་བ་འཕྱང་ལ་ལྷུ་ཚིགས་ཐུང་བ། ཕྱག་གཡས་གྲི་གུག་འཕྱར་ཞིང༌། གཡོན་སྲིན་པོའི་ཐོད་པ་མིའི་ཁྲག་གིས་གང་བ་ཐུགས་ཀར་བསྣམས་ནས་ཞལ་དུ་རྔུབ་པ། ཞབས་གཡས་གྱེན་དུ་བསྐྱོད་ཅིང༌། གཡོན་ཐུར་དུ་བརྡབས་པས་ཉམས་པའི་བཾ་ཆེན་མགོ་བོ་ ལྟབ་སྟེ་བརྫིས་པ། སྟག་ལྤགས་ཀྱི་ཤམ་ཐབས་དང༌། སྦྲུལ་གྱི་ཆུན་པོ་དང་རྒྱུ་མའི་ག་ཞ་ཅན། བ་སྤུའི་བུ་ག་ནས་ཤ་ཟ་དང་ཅེ་སྤྱང་གི་ཚོགས་སྤྲོ་བ། མེ་རླུང་འཚུབ་མའི་དབུས་ན་བཞུགས་ པའོ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས་སྤྱན་དྲངས་ལ་བསྟིམ། རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན། གནས་གསུམ་བྱིན་གྱིས་བརླབས། བཟླས་པའི་དམིགས་པ་གསལ་བཏབ་ལ། ༀ་མཧཱ་ཀ་ལ་བི་ཀ་ལ་ཧ་རི་ཧཱུཾ་ཕཊ། ཅེས་ཅུང་ཟད་ཅིག་བཟླས་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ། མགོ་མེད་གར་དང་ཤ་འཚོལ་ཅེ་ སྤྱང་སྒྲ་སྒྲོག་པ། །འཇིགས་པའི་རོ་ལངས་ཐོད་པ་འཁྲུགས་བྱེད་པ། །འཁོར་བཅས་དུར་ཁྲོད་ གནས་ན་གར་མཛད་གང་ཡིན་པ། །ཤ་ཟ་ཅེ་སྤྱང་གདོང་ཅན་ཁྱོད་ལ་བསྟོད། །དམ་ལ་བཞག་པ་ མནའ་ཆུ་བླུད་པ། དམ་ཚིག་གི་རྡོ་རྗེ་བཞག་པ། མཆོད་པ་བསྟབ་པ་རྣམས་གྲི་གུག་ལྷ་དགུ་བཞིན་བྱ། དེ་ནས་གོང་གི་སྙིང་པོ་ཅི་ འགྲུབ་ཏུ་བཟླས་ཤིང༌། ལས་སྦྱོར་གྱི་སྔགས་ཀྱང་སྤྲོ་ན་ཅི་རིགས་པར་བཟླའོ། །གཏོར་མ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། དགྲ་བགེགས་ཀྱི་ཤ་ཁྲག་ཏུ་དམིགས་ལ། སྙིང་པོའི་མཐར། ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། 15-1-677 བཏགས་པས་འབུལ། མཆོད་བསྟོད་འདོད་དོན་གསོལ་བཏབ་བྱ། འདིའི་བཀའ་གཏད་ནི། སློབ་མ་མགོན་པོའི་བསྙེན་པ་སོང་བ་ ཡིན་ན། མགོན་པོའི་སྐུའི་རྗེས་གནང་ཡན་ཆད་བྱས་ལ། གཏོར་མ་ལག་ཏུ་གཏད་དེ་བཀའ་སྡོད་ཀྱི་སྒོ་ནས་བཀའ་བསྒོ་བྱ། དེ་རྗེས་ བཟླས་ལུང་སྦྱིན་ནོ། །མགོན་བསྙེན་མ་སོང་ན། རྗེས་གནང་གི་སྔོན་འགྲོ་རྣམས་སོང་བའི་རྗེས་སུ་གཏོར་དབང་སྤྱི་དང་མཐུན་པར་ བསྐུར་ནས་བཟླས་ལུང་སྟེར་བ་ཡིན་ནོ། །མགོན་པོ་ཡང་གྲི་གུག གུར་ཕྱག་བཞི་དྲུག་རྣམས་གང་ལ་བརྟེན་ཀྱང་འདྲའོ། །རྭ་གཉན་ གཉིས་ཀའི་གདམས་པར་ཡང་། །ཀུན༷་ཏུ་གྲགས་ཤིང་རབ་དག༷འ་བ། །དྲགས་སྔགས་རྣོ་མྱུར་ཚིག་ཤུར་གྱི། །བཀའ་གཏད་སྙིང༷་ པོ༷འི་ཡི་གེའོ། །ཤ་ཟ་ཅེ་སྤྱང་གདོང་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། སྔ་མ་ལས་འཕྲོས་པའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་ཉེར་གཅིག་པའོ།། །།མངྒ་ལཾ། ༄༅། །ༀ་སྭཱ་སྟི། ཡུམ་གྱུར་རྡོ་རྗེ་མཁའ་འགྲོ་མ། །མ་མོ་གཙོ་མོའི་ཚུལ་བཟུང་ནས། །རྡོ་རྗེ་འཛིན་པའི་བསྟན་པ་ སྐྱོང༌། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །དཔལ་ལྡན་དུད་གསོལ་མར་གྲགས་པ་འདོད་ཁམས་དབང་ཕྱུག་མའི་སྒྲུབ་ཐབས་ བཤད་པར་བྱའོ། །དེ་ལ་སྟེགས་བུ་གྲུ་བཞི་ལ་འབྲུབ་ཁུང་གྲུ་གསུམ། དེའི་དབུས་ཀྱི་ཐོད་པའི་ཟླུམ་སྐོར་ནང་ཟུར་གསུམ་དུ་རྡོ་ རྗེ་ཕྱེད་པ་གསུམ་གྱིས་མཚན་པ། དབུས་སུ་ནས་ནག་གི་ཚོམ་བུ་བཀོད། མདུན་དུ་མཉྫི་ལ། ར་ནག་དང་བྱ་ནག་གི་ཤ་གཙོ་བོར་ གྱུར་པའི་ཤ་ཁྲག་སྣ་ཚོགས་པས་སྦགས་པའི་གཏོར་མ་ཆེ་བ་ཞིག་བཤམ། མཆོད་པ་སྣ་ཚོགས་པས་མཐའ་བསྐོར། བདག་བསྐྱེད་ བརྒྱུད་པ་འདི་ཉིད་དང་མཚུངས་པའི་དགེས་རྡོར་མ་ཡ་གདན་བཞི་ལ་སོགས་པའམ། ཁྲོ་བོ་གང་ཡང་རུང་བའི་མངོན་རྟོགས་སྔོན་ དུ་འགྲོ་བས་མཆོད་པ་བྱིན་གྱིས་བརླབས། མདུན་དུ་སྐད་ཅིག་གིས་ལྷ་མོ་དུད་གསོལ་མ་བཞུགས་པའི་ སྙིང་གར། ༀ་དཀར་པོ་ལ་གནས་པའི་ར་ཡིག་དམར་པོ། ར་ལས་མེ་འོད་འཕྲོ་བ། སྐུ་ལུས་ སྐད་ཅིག་གིས་བསྲེག ༀ་དེའི་སྟེང་དུ་བཾ་ཡོངས་སུ་གྱུར་པ་ལས་བུམ་པ་དཀར་པོ་བདུད་རྩིས་ གང་བ། དེ་ལས་བདུད་རྩི་ལུད་དེ། ༀ་བཀྲུས་པས་འོད་ཟེར་དཀར་པོ་རབ་ཏུ་འབར་བར་གྱུར། ༀ་ཨཾ་མཧཱ་ཀ་ལི། དི་ཝཱི་ཀ་ར་ལི། བི་ཀྲནྟ་ཙཎྜ་རུ་པི་ཎི་ཧཱུཾ་ཕཊ། དེ་ཉིད་སྐད་ཅིག་གིས་དཔལ་ ལྡན་ལྷ་མོའི་སྐུར་གྱུར་པ་ནི། སྐུ་མདོག་ནག་མོ། ཀེང་རུས་ལྟར་སྐེམ་པའི་ལུས་ཅན། ཞལ་ གཅིག་ཕྱག་བཞི་ཞབས་གཉིས་པ། གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་པཉྫ་དམར་ 15-1-678 ཆེན་གྱིས་བསྐྱིལ་བ། གཡོན་གྱི་དང་པོ་ན་ཤཀྟི། གཉིས་པ་ཏྲི་ཤུ་ལ་དར་དཔྱངས་ཅན་འཛིན་ པ། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་པ། སྤྱན་གསུམ་དམར་བ། དབུ་སྐྲ་རལ་ པ་དམར་སེར་གྱེན་བརྫེས་ལན་བུ་གཡོན་དུ་འཁྱིལ་བ། སྦྲུལ་དང་ཐོད་འཕྲེང་གིས་བརྒྱན་པ། སྙན་གཡས་ན་དྲིལ་བུའི་མགུལ་རྒྱན་ཅན་གྱི་སྦྲུལ་དང༌། གཡོན་ན་སེང་གེས་བརྒྱན་པ། མེ་ ཏོག་དང་དར་ནག་གི་ཅོད་པན་ཅན། ལྷ་མ་ཡིན་གྱི་མགོ་བོའི་དོ་ཤལ་བྱས་པ། གླང་པོ་ཆེའི་ཀོ་ བས་སྟོད་གཡོགས་ཤིང༌། བ་གླང་གི་པགས་པ་རེ་ལྡེ་སེར་པོའི་ཤམ་བུ་ཅན་གྱིས་སྨད་དཀྲིས་ པ་ལ། ཀླུའི་རྒྱལ་པོ་བཤིགས་པས་སྐེ་རགས་བྱས་པ། ལྕགས་སྒྲོག་གིས་བརྒྱན་པའི་ཞབས་ གཉིས་བོང་བུ་གྭ་པའི་སྟེང་ན་བཙན་བསྐྱིལ་གྱིས་བཞུགས་པ། དུར་ཁྲོད་ཀྱི་དབུས་ན་སྒྲ་དྲག་ པོ་སྒྲོག་ཅིང༌། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར་བ། དེའི་ཐུགས་ཀར་ཐུགས་ཀྱི་ཡེ་ ཤེས་མར་མེ་ལྟར་འབར་བ་སྒོ་ངའི་དབྱིབས་ཅན་སོར་བཞི་པ། དེའི་དབུས་སུ་ཧཱུཾ། མཐའ་སྐོར་ དུ་ༀ་ཧཱུཾ་ཤྲཱི་ཡ། དེ་ཝཱི་ཀ་ལི་མཧཱ་ཀ་ལི་ཧཱུཾ་བྷྱོཿ ཞེས་པས་བསྐོར་བར་གྱུར། ཐུགས་ཀའི་ཧཱུཾ་ལས་ ཧཱུཾ་གཅིག་ཆད་དེ་བྷ་གར་ཐིམ། བཛྲ་ལཱ་སྱ་རཱ་ག་ཡ་མི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ པས། རང་བཞིན་གྱིས་གྲུབ་པའི་ལྷ་མོ་དཔལ་ནག་མོ་འབུམ་སྡེ་དང་བཅས་པ་ༀ་བཛྲ་ས་མཱ་ ཛཿ ཞེས་སྤྱན་དྲངས། ༀ་ཤྲཱི་ཡ་དེ་ཝཱི་ཀ་ལི་ཀ་ལི་མཧཱ་ཀ་ལི་ཧཱུཾ་བྷྱོཿ དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ སྟྭཾ། ས་མ་ཧོ། ཞེས་པས་གཉིས་སུ་མེད་པར་ཐིམ། འཁོར་ནག་མོ་འབུམ་སྡེ་ཐམས་ཅད་ཀྱང་ གཅེར་བུ་རལ་པ་ཅན། གཡས་མི་སྙིང་དང༌། གཡོན་བནྡྷ་སྐྲ་ཅན་ཐོགས་པའོ། །ཐམས་ཅད་ཀྱི་ ཐུགས་ཀར་ཡང་བྷྱོཿཡིག་གིས་མཚན་པ། དུད་པའི་གསོལ་བ་མ་ཁྱོད་ཀྱི་སྐུ་མྱུར་དུ་སྟོན་ཅིག སྐུ་མི་སྟོན་ན་ཡང་ཡིད་ལ་གང་འདོད་པ་དེ་གྲུབ་པར་གྱིས་ཤིག ནང་མཆོད་གཏོར་ལ། འདི་ནི་ཁྱོད་ ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། ། རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་ཧ་ན་ཧ་ན་བཛྲ་ས་མ་ཡ་མ་ཏི་ཀྲ་མ་ནཾ་ཧཱུཾ་ཕཊ། ཅེས་དམ་ 15-1-679 ལ་བཞག ༀ་ཧཱུཾ་ཤྲི་ཡ་སོགས་སྙིང་པོའི་མཐར། བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། དེ་བཞིན་དུ། དྷུ་པེ། གནྡྷེ། ནཻ་ཝེ་ཏེ། ཨཱ་ལོ་ཀེ། ཞེས་སྦྱར། གཏོར་མའི་ནང་དུ་ཧ་སེར་པོ་ཧོ་དཀར་པོ་ ཧྲཱིཿསྔོན་པོ་དེ་རྣམས་ཀྱི་འོད་ཀྱིས་ཁ་དོག་དྲི་རོ་ངན་པ་བཅོམ་སྟེ་བདུད་རྩིའི་རྒྱ་མཚོ་ཆེན་པོར་ གྱུར། ༀ་ཧ་ཧོ་ཧྲིཿསྭཱཧཱ། ལན་གསུམ་བརྗོད། ༀ་ཧཱུཾ་སོགས་ཀྱིས་མཐར། ༀ་མཧཱ་མཾ་ས་ཁཱ་ཧི། མཧཱ་གོ་རོ་ཙ་ ན་ཁཱ་ཧི། མཧཱ་བ་སུ་ཏ་ཁཱ་ཧི། ཨི་དཾ་བཱ་ལིཾ་གྲྀཧྞ་གྲྀཧྞ་པཱ་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་བདུན་གྱིས་ཕུལ་བས་ འཁོར་དང་བཅས་པས་གསོལ་བར་བསམ། བར་འདིར་བསྟོད་པ་ཏིལ་མར་མེ་དང༌། གཞན་ཡང་བསྟོད་པའི་བྱེ་བྲག་ཅི་ཤེས་ཀྱིས་ བསྟོད་པ་ཡིན་ལ། བསྡུ་ན། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་སྒྲུབ་ཕྱིར་རྣམ་ ཐར་ལ་གཞོལ་ཡང༌། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་ གིས་འགྲོ་དོན་མཛད། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས། ཁམས་གསུམ་སྐད་ ཅིག་ཙམ་གྱིས་སྐོར་བར་བྱེད། །གཞན་ལ་དབང་བསྒྱུར་འདོད་ཁམས་ཡ་མཐར་ཕྱིན། །དབང་ ཕྱུག་ཆེན་པོའི་སྐུ་ལ་དགྱེས་འཁྲིལ་མ། །ལྷ་དབང་བརྒྱ་བྱིན་ལྷ་མིན་དབང་པོ་དང༌། །ཚངས་ པའི་རྒྱལ་པོ་ས་འོག་དབང་པོ་དང༌། །རྒྱལ་ཆེན་བཞི་ལ་སོགས་པས་ཕྱག་བྱས་མ། །བདུད་ དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད། །མཚན་མོ་ནག་མོ་ཤིན་ཏུ་གཏུམ་པའི་གཟུགས། ། མ་མོ་སྲིན་མོའི་ཚོགས་རྣམས་འདར་ཞིང་དངངས། །ཕྱོགས་བཅུའི་དུག་བསྡུས་ཉི་མ་ཚིམས་ པར་མཛད། །ནད་རྣམས་སློང་བྱེད་ནད་བདག་དམ་ལ་འདུ། །བདུད་རྩིའི་བདུད་བསྡུས་ཟླ་ བར་ཐིམ་མཛད་མ། །ནད་ཡམས་གཅོད་མཛད་སྨན་མོ་དམ་ལ་འདུ། །གང་ཞིག་ཁྱོད་ལ་དད་ ན་མ་བས་བྱམས། །ལྷ་མོ་ཁྱོད་ལ་བདག་གིས་རྟག་ཏུ་བསྟོད། །རཀྟ་དང་ཆང་གཏོར་མ་ལ་གཏོར་ཞིང༌། ༀ་རོ་རུ་རོ་རུ་བི་ཏིཥྛ། བ་ཏོ་སི། ཀ་མ་ལ་རཀྵ་སི་ཧཱུཾ་བྷྱོཿ དགྲ་བགེགས་མ་ར་ཡ་ཧཱུཾ་ཕཊ། ཅེས་ བརྗོད། སྔགས་དེ་ཉིད་དམ། ༀ་ཧཱུཾ་ཤྲི་སོགས་གང་འགྲུབ་བཟླ། མཆེ་བའི་ཕྱག་རྒྱ་ཁའི་གྲྭར་བཅས་ལ། ༀ་བྷྱཿབརྟ་ལི་ བརྟ་ལི་ཚེ། ཁ་ཕྲུས་བཏབ་ལ། ཧཱུཾ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་བརྩིགས་བྱེད་ 15-1-680 ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མོ། །ཀ་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་ རོ་ཡི་ཚལ་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་ལྷ་མོ་དུད་གསོལ་མ། ། གསོལ་ཞིག་བཞེས་ཤིག་དམ་ཚིག་ལྷ། །གནས་ནས་གནས་སུ་མཛད་དུ་གསོལ། །བདག་གི་ སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས། །བདག་གིས་ལས་ནི་ཅི་བྱེད་ཀྱང༌། ། དེ་ལ་ཀུན་གྱི་གྲོགས་གྱིས་ཤིག །གྲྀཧྞ་གྲྀཧྞ་སརྦ་དུཥྚཾ་བྷཀྵ་བྷཀྵ། ཕྲེཾ་ཕྲུཾ་ཕྲིཾ་ཕྲོཾ་ཕཊ་སྭཱཧཱ། ཞེས་ བརྗོད་ལ་སེ་གོལ་གདབ། འཕྲིན་ལས་བཅོལ། འདོད་དོན་གསོལ་བཏབ་གང་འོས་བྱ། དེ་ལྟར་བགྱིའོ། །ཞེས་ཞལ་གྱིས་བཞེས་ པར་བསམ། གཏོར་མ་གཙང་སར་བཏང༌། དགེ་བ་བསྔོ། འདིའི་རྗེས་གནང་བྱ་བར་འདོད་ན། མཎྜལ་གྲུ་གསུམ་གྱི་སྟེང་དུ། རྟེན་ གཏོར་བཅས་ལ། མཐའ་མཆོད་གཏོར་གྱིས་བསྐོར། བདག་བསྐྱེད་མདུན་བསྐྱེད་གོང་དུ་བཤད་པ་ལྟར་བྱས་ལ། སློབ་མ་རྣམས་ ཀྱིས། དཔལ་ལྡན་མགོན་པོ་བརྩེ་བ་ཅན། །ཡེ་ཤེས་ལྷ་མོ་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་ དང་འཕྲིན་ལས་ཀྱི། །རྗེས་སུ་གནང་བ་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། གུར་ནས་ འབྱུང་བའི་རྒྱུན་བཤགས་སམ་ཡན་ལག་ལྔ་པ་བྱ། གཏོར་མ་ལྷ་མོར་བསྐྱེད། མདུན་བསྐྱེད་དང་སངས་རྒྱས་བྱང་ ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་སྤྱན་དྲངས་ཏེ་བསྟིམ་པས། སྡིག་ སྒྲིབ་སྦྱངས། ཡང་ལྷ་མོའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། རོལ་མོའི་སྒྲ་བྱ། སྤོས་བདུག སྙིང་པོའི་ མཐར། ཨ་བེ་ཤཱ་ཡ། ཨ་བེ་ཤཱ་ཡ། ར་ར། ར་ར། ཙཱ་ལ་ཡ། ཙཱ་ལ་ཡ། ཧཱུཾ་ཨ་ཧ་ཛྷོཿ ཞེས་ལན་བརྒྱ་ རྩ་བརྒྱད་བརྗོད། སློབ་མ་ལྷ་མོའི་སྐུར་བསྒོམ་དུ་གཞུག དཔྲལ་བར་དྲི་བཟང་གིས་ཐིག་ལེ་བྱས་ལ། སྙིང་པོའི་མཐར། ༀ་ཀཱ་ ཡ་བཛྲ་ཨ་བྷི་ཥིཉྩ་མཾ། ཏིཥྛ་བཛྲ་ཧཱུཾ། ཞེས་བརྗོད་དེ་བརྟན་པར་བྱ། སྐུའི་རྗེས་གནང་ངོ༌། །བཟླས་ལུང་སྤྱི་དང་མཐུན་ པར་སྦྱིན་ལ། མགྲིན་པར་ཐིག་ལེ་བྱས་ལ། ཝཱཀ་བཛྲ་ཞེས་བརྗོད། གསུང་གི་རྗེས་གནང་ངོ༌། །ཕྱག་མཚན་སྙིང་གར་བསྟིམ་ སྟེ། རོལ་མོའི་སྒྲ་བྱ། སྙིང་གར་ཐིག་ལེ་བྱས་ལ། ཙིཏྟ་བཛྲ་སོགས། ཐུགས་ཀྱི་རྗེས་གནང་ངོ༌། །ཧཱུཾ་ལས་བྱུང་བའི་རལ་ གྲི་ལ་སོགས་པའི་ཕྱག་མཚན་རབ་ཏུ་འབར་བར་གྱུར། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས། ཡེ་ཤེས་པ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་བསྟིམ། རལ་གྲི་སློབ་མའི་ལག་ཏུ་གཏད་ལ། དེང་ 15-1-681 ནས་བྱང་ཆུབ་སྙིང་པོའི་བར། །གདུག་པ་ཅན་ཀུན་ཚར་གཅོད་དང༌། །སངས་རྒྱས་བསྟན་པ་ རྒྱས་པ་ཡི། །འཕྲིན་ལས་རབ་འབྱམས་སྤྱོད་པར་གྱིས། །ༀ་བཛྲ་ཁདྒ་ཨ་བྷི་ཥིཉྩ་ཧཱུཾ། ཐོད་པ་ གཏད་ལ། གདུག་པ་ཅན་ཀུན་ཚར་གཅོད་དང༌། ཞེས་པའི་ཚབ་ཏུ། སྐལ་ལྡན་རྗེས་སུ་འཛིན་པ་དང༌། ། ཞེས་པ་དང༌། ཁདྒའི་ཚབ་ཏུ། བཛྲ་ཀ་པཱ་ལ་ཞེས་འདོན་པ་སྤོ། ཤཀྟི་གཏད་ལ། ནད་དང་བར་ཆད་ཞི་བ་དང༌། ། བཛྲ་ཤཀྟི། རྩེ་གསུམ་གཏད་ལ། འགྲོ་བ་དབང་དུ་སྡུད་པ་དང༌། །བཛྲ་ཏྲི་ཤུ་ལ། ཞེས་འདོན་པ་སྤོ། ལྟེ་ བར་ཐིག་ལེ་བྱས་ལ། ཀརྨ་བཛྲ་སོགས། སློབ་མའི་སྙིང་གར་ཡི་དམ། དེའི་ཐུགས་ཀར་བྷྱོཿཡིག་གི་ སྟེང་དུ་ཧཱུཾ་གི་མཐའ་སྐོར་དུ། ཡི་དམ་གྱིས་བསྐོར་བ། སྔགས་ཀྱི་འོད་ཟེར་གྱི་དྲ་བ་དམ་པོས་ བྷྱོཿཡིག་བཅིངས་པར་བསམ། དེ་ནས་གཏོར་མའི་བཀའ་བསྒོ་སྤྱི་དང་འདྲ་བ་ལས། མཐར་གཏོར་མ་ལ། ནང་མཆོད་ རྡོ་རྗེའི་རྩེ་མོས་གཏོར་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ནས། ཀྲ་མ་ཧཱུཾ། ལྷ་མོ་དམ་ལ་གནས་པར་བསམ། གཏོར་ མ་དང་ནང་མཆོད་ནས་ཅུང་ཟད་གཅིག་སློབ་མ་ལ་སྦྱིན་ལ། ༀ་རོ་རུ་རོ་རུ་སོགས་བརྗོད་དེ། དམ་ཚིག་བསྲེ་བའོ། །མཆོད་ གཏོར་ལ་བརྩོན་པ་སོགས་དམ་ཚིག་ལ་གནས་པར་གདམས། སློབ་མ་དང༌། དཀྱིལ་འཁོར་གྱི་རྗེས་ཆོག་པ་རྣམས་སྤྱི་དང་འདྲའོ། ། མ་མོ་ཀུན༷་གྱི་གཙོར་གྱུར་པ། །དག༷འ་ཆེན་ལྷན་ཅིག་སྐྱེས་པའི་དངོས། །བསྟན་སྲུང་བརྒྱ་དང་རྩ་བརྒྱད་ཀྱིས། །སྙིང༷་པོ༷་ཡིན་ཞེས་ མར་པས་མངགས། །དཔལ་ལྡན་ལྷ་མོ་དུད་གསོལ་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། དཔལ་ལྡན་གཤིན་རྗེ་གཤེད་པོ་ལ། །བཏུད་ནས་བཀའ་གཉན་བསྲུང་བའི་མཆོག །དམག་ཟོར་ རྒྱལ་མོའི་སྒྲུབ་ཐབས་ནི། །མདོ་ཙམ་ཤིན་ཏུ་གསལ་པོར་བྲི། །སྨན་རཀ་གཏོར་གསུམ། གཡབ་དར། ཐོད་རྔ། ཚིལ་ཆེན། གུ་གུལ་ རང་བྱུང༌། ཅོང་ཞི་བསྲེས་པའི་སྤོས་རྣམས་འཛོམས་པར་བྱ། གཏོར་མ་ཡི་དམ་གང་བྱེད་ལྟར་བྱིན་གྱིས་བརླབས། བསྡུ་ན་བསངས་ སྦྱངས། འབྲུ་གསུམ་གྱིས་ཀྱང་ཆོག བྷྱོཿ བདུན་མ་ལན་གསུམ་བརྗོད། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ ཡཾ་ལས་རླུང་འཚུབ་མའི་གུར་སྔོན་དང༌། རཾ་ལས་མེ་རླུང་འཚུབ་མའི་དབུས་སུ་པཾ་ལས་ཁྲག་ ཞག་འཁྲུགས་པའི་རྒྱ་མཚོ། བྷྲུཾ་ལས་བསེ་མཁར་སྨུག་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་ རྫོགས་པ། ཕྱི་རོལ་དུར་ཁྲོད་ཆེན་པོའི་བསྐོར་བའི་དབུས་སུ། ཀྵ་ཡིག་ནག་པོ་ལས། དཔལ་ 15-1-682 ལྡན་དམག་ཟོར་རྒྱལ་མོ་དྲེའུ་རྟ་ལ་ཆིབས་པ། སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་རྡོ་རྗེས་མཚན་པའི་ཙནྡན་གྱི་བེང་ཆེན་འཕྱར་སྟབས་སུ་འཛིན་པ། གཡོན་ན་ ལ་ཐོད་ཐུན་ཁྲག་གིས་གང་བ་ཐུགས་ཀར་བསྣམས་པ། དར་ནག་གི་ལྷབ་ལྷུབ་དང༌། ཞིང་ ཆེན་གྱི་གཡང་གཞི་དང༌། རེ་ལྡེའི་ཤམ་བུ་ཅན། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། སྦྲུལ་གྱི་སྐེ་རགས། ཐལ་ཆེན་གྱི་ཚོམ་བུ་སོགས་དུར་ཁྲོད་ཀྱི་ཆས་རྫོགས་པ། སྤྱན་གསུམ་ མཆེ་གཙིགས་དབུ་སྐྲ་གྱེན་དུ་བརྫེས་པ། ཁྲམ་ཤིང་སྐེད་ལ་གཟེར་ཞིང༌། སྒའི་སྔ་ཤ་ལ་ནད་ རྐྱལ་དང་ཤོ་རྡེའུ་བཅས་པ། ཕྱི་ཤ་ལ་མཚོན་གྱི་གྲུ་གུ་དང་བྱང་དམར་ཁྲས་པོ་ཅན། དུས་ བཞིའི་རྒྱལ་མོས་དབུ་ལ་བརྒྱན་པ། དབུའི་སྟེང་དུ་རྨ་བྱའི་གདུགས་དང་བཅས་པ། བདུད་ ཕྲུག་དཔག་ཏུ་མེད་པས་བསྐོར་བ། བྱ་ནག་ཁྱི་ནག་ལུག་ནག་རྗེས་སུ་འབྲང་བ། དེའི་མིག་ཏུ་ ཀྵིཾ། རྣ་བར་ཛྲིཾ། སྣ་ལ་ཁཾ། ལྕེ་ལ་གཾ དཔྲལ་བར་སྐཾ། ལྟེ་བར་སཾ། ཐུགས་ཀར་ཧཱུཾ། མགྲིན་པར་ ཨཱཿ སྤྱི་བོར་ༀ། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཝཱཀ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། རང་དང་མདུན་ བསྐྱེད་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བྱང་ཤར་མུ་ལེ་སྡིངས་ནས། ལྷ་མོ་འཁོར་ དང་བཅས་པ་བཛྲ་ས་མཱ་ཛཿ བྷྱོཿ རླུང་ནག་འཚུབ་མའི་དཀྱིལ་འཁོར་ནས། །འདོད་ཆགས་ ཁྲག་གི་རྒྱ་མཚོ་ནས། །ཞེ་སྡང་མེ་དཔུང་གཞལ་ཡས་ནས། །དཔལ་ལྡན་ལྷ་མོ་གཤེགས་སུ་ གསོལ། །འཕྲིན་ལས་ཀུན་གྱི་བདག་མོ་སྟེ། །དཔལ་ལྡན་དམག་ཟོར་རེ་མ་ཏཱི། །ནག་མོ་ འབུམ་སྡེའི་འཁོར་དང་བཅས། །འགྲོ་བ་འདུལ་ཕྱིར་གཤེགས་སུ་གསོལ། །ཨེ་ཨ་རལླི་ཧྲིཾ་ཧྲིཾ་ ཛཿ བྷྱོཿ ནག་མོ་གདུག་ཅན་དྲེགས་པ་ཅན། །ཀུན་ཏུ་ཁྱབ་པའི་གཟུགས་སྟོན་མ། །ནག་མོ་ གཙོ་མོ་དྲེའུ་རྟ་ཆིབས། །འདིར་བྱོན་དྲེའུ་རྟའི་གདན་ལ་བཞུགས། །ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ཏིཥྛ་དྲྀ་ཤྱ་ཧོ། ཞེས་དམ་ཡེ་བསྲེ། བྷྱོཿ ཟ་བྱེད་ནག་མོ་མཆེ་བ་ཅན། །རྒོད་བྱེད་ཧ་ཧ་ནག་མོ་ཁྱོད། ། གསོད་ལ་དགའ་བར་བྱེད་པ་མོ། །བདག་གི་བརྡའི་ཕྱག་འབུལ་ལོ། །ཨ་ཏི་པུ་ཧོ། པྲ་ཏི་ཛ་ 15-1-683 ཧོ། སྙིང་གའི་ཧཱུཾ་གི་འོད་ཀྱིས་དབང་ལྷ་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་ གསོལ་བ་བཏབ། ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར། དབང་རྟགས་གཤིན་རྗེ་གཤེད་ ཀྱིས་དབུ་བརྒྱན། སྨན་གྱིས་མཆོད་པ་ནི། ཕྲ་མོ་སྦོམ་པོ་ལས་བྱུང་བ། །བདུད་རྩིས་བྲན་པའི་ཛ་གད་ འདི། །དམག་ཟོར་ནག་མོ་ལ་འབུལ་གྱིས། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །མཧཱ་ པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རཀྟ་སྦྲེང་ཞིང༌། ཆུ་དང་མ་འདྲེས་དྭངས་མའི་ཁྲ་ག །དྭངས་མ་ཡི་ ནི་ཁྲག་ཆེན་པོ། །དམག་ཟོར་ནག་མོ་སོགས་གོང་བཞིན། མཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། རང་གཤིན་ རྗེ་གཤེད་དང་ལྷ་མོ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། ཐིག་ལེ་དཀར་ དམར་བླངས་ནས། བདག་མདུན་གྱི་ལྗགས་ལ་བཞགས་པར་མོས་ལ་བདུད་རྩི་མྱངས་ཤིང་གཏོར། དམ་ཚིག་བསྲེ་བའོ། །གཏོར་མ་འབུལ་བ་ནི། ཤ་ཁྲག་བདུད་རྩི་ལྔ་དང་སྦྱར། །འབྲུ་ལྔ་སྦྱར་བའི་གཏོར་ མ་འདི། །དམར་ཟོག་སོགས་གོང་བཞིན། བྷྱོཿབདུན་མ་ལ། མཧཱ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ ལན་བདུན། ཡང་རཀྟ་སྦྲེང་ལ། ཤ་ཆེན་ཚོགས་ནི་རི་ལྟར་སྤུངས། །རཀྟའི་ཚོགས་ནི་མཚོ་ལྟར་འཁྱིལ། ། དམ་རྫས་བདུད་རྩི་འདི་བཞེས་ལ། །དམ་ཚིག་ཉམས་པའི་དགྲ་བགེགས་དང༌། །གནོད་ བྱེད་འབྱུང་པོའི་ཚོགས་རྣམས་ཆོམས། །བདུད་ཀྱི་དམག་ཚོགས་དགྲ་ལ་དྲོངས། །དམག་ དཔོན་རྒྱལ་མོ་དམག་སྣ་དྲོངས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །སརྦ་བིགྷྣཱན་ཤ་ ཏྲུཾ་མ་ར་ཡ། ཨི་དཾ་བཱ་ལིཾ་ཁཾ་ཁ་ཁཱ་ཧི་ཁཱ་ཧི། སྒྲུབ་པའི་སྐབས་ཡིན་ན་བར་འདིར་བཤགས་པ་བྱ། དེ་ནས་བཟླས་ པའི་དམིགས་པ་གསལ་བཏབ་ལ། བྷྱོ་རཀ་མོ་བྷྱོ། རཀ་མོ་བྷྱོ་བྷྱོ། རཀ་མོ་ཐུན་བྷྱོ། ཁ་ལ་རཀ་ཆེན་ མོ། རཀ་མོ་ཨ་བྱ་ཏ་བྱ་ཐུན་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་ཅི་འགྲུབ་ཏུ་བཟླ། མཐར་ཨརྒྷཾ་ནས་ཤཔྟའི་ བར་གྱིས་མཆོད། དེ་ནས་བསྟོད་པ་ནི། བྷྱོཿ དཔལ་ལྡན་གཟུགས་མ་འདོད་ཁམས་གཙོ་མོ་ཁྱོད། །དྲེའུ་ རྟ་ཞོན་ནས་དཔག་ཚད་ལྔ་བརྒྱར་རྒྱུག །བེ་ཅོན་ཐོད་པ་དམ་པ་རང་རྟགས་འཛིན། །རེ་ལྡེས་ སྟོད་གཡོགས་སྦྲུལ་གྱི་ཤམ་བུ་ཅན། །ལྟེ་བར་ཉི་ཤར་གཙུག་ན་ཟླ་རྒྱས་མ། ཁྲག་ནད་བདག་ 15-1-684 མོ་དབྱིངས་ཕྱུག་དཔལ་འབར་མ། །ལྷ་མོ་རེ་མ་ཏཱི་ལ་བསྟོད་པར་བགྱི། །རྣལ་འབྱོར་བཅོལ་ བའི་འཕྲིན་ལས་འགྲུབ་པར་མཛོད། །འདོད་དོན་གསོལ་བཏབ་ནི། བདག་ཅག་དུས་འདིར་ཚེ་རིང་ ཞིང༌། །བུ་དང་ཚ་བོ་རྒྱས་པ་དང༌། །འཁོར་དང་ལོངས་སྤྱོད་འཕེལ་བར་མཛོད། །ལོག་པར་ ལྟ་བའི་དགྲ་དང་བགེགས། །བདུད་དང་བར་ཆད་རྣམས་མང་པོ། །ཐམས་ཅད་གཏན་ནས་ བརླག་པར་མཛོད། །སངས་རྒྱས་བསྟན་པ་བསྲུང་བ་དང༌། །ཆོས་འཁོར་གཉན་པོ་ད་སྐྱོངས་ ཤིག །ཅེས་བརྗོད། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། སྨོན་ལམ་བཀྲ་ཤིས་སོགས་སྤྱི་དང་འདྲའོ། ། འདིའི་རྗེས་གནང་བྱེད་པར་འདོད་པས། མཎྜལ་ཟླུམ་སྐོར་དམར་པོ་མེ་རི་དང་བཅས་པ་ལ། ཆོས་འབྱུང་ནག་པོ་ཚོམ་བུ་ དང་བཅས་པ་ཞིག་བྱ། དེར་མཉྫིའི་ཁར་ཐོད་པའི་ནང་དུ་གཏོར་མ་ཤ་ཆེན་དང་གྲི་ཁྲག་གིས་བརྒྱན་པ་ལ། མདའ་དར་ནག་པོ་ དང༌། ཙ་ཀ་ལི་བཙུགས། སྨན་རག་ཕུད་གསུམ་དང༌། མཆོད་པས་བསྐོར། གཤིན་རྗེ་གཤེད་ཀྱི་བདག་བསྐྱེད་གོང་དུ་བཤད་ པའི་བཟླས་པ་ཡན་ཆད་སོང་མཚམས། བཤགས་པ་དང་ཚོགས་འཁོར་བྱ། དེ་ནས་སློབ་མས་མཎྜལ་ཕུལ། གང་གི་དྲིན་གྱི་ སོགས་དང༌། གཙོ་བོ་ལྷ་མོར་བཅས་པ་ཡི། །སྐུ་གསུང་ཐུགས་ལ་སྐྱབས་སུ་མཆི། །དཔལ་ལྡན་ ལྷ་མོའི་རྗེས་གནང་གི །དངོས་གྲུབ་དམ་པ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ། གུར་ནས་འབྱུང་ བའི་རྒྱུན་བཤགས་བྱ། ཙནྡན་གྱི་བེ་ཅོན་ཡོན་དུ་ཕུལ་ཏེ། སངས་རྒྱས་བསྟན་པ་བསྲུང་བ་དང༌། །སེམས་ཅན་ ཀུན་ལ་ཕན་སླད་དུ། །མཐུ་དང་དངོས་གྲུབ་འབྱུང་བའི་རྒྱུ། །དམ་ཚིག་ཅན་དེ་བདག་ལ་སྩོལ། ། ལན་གསུམ། སློབ་མ་གཤིན་རྗེ་གཤེད་ལ་ལྷ་མོས་འཁྱུད་པའི་སྐུར་སྒོམ་དུ་བཅུག སངས་རྒྱས་བྱང་སེམས་ཡི་དམ་དཔག་ཏུ་མེད་ པ་བསྟིམ་སྟེ། ཧྲཱིཿཥྚཱིཿའི་མཐར་ལྷ་མོའི་དྲག་སྔགས་མང་དུ་བཟླ་ཞིང༌། སྤོས་དང་རོལ་མོས་བྱིན་དབབ། ལག་ཏུ་བེ་ཅོན་དང་ཐོད་ པ་གཏད། མགོ་བོར་གཏོར་མ་བཞག་ལ། མ་མོ་མཁའ་འགྲོ་དམ་ཚིག་ཅན། །མ་བས་བྱམས་ཤིང་སྲིང་ པས་བརྩེ། །གྲོགས་པས་དུངས་ཤིང་བྲན་པས་ཉན། །བཀའ་སྡོད་སྲུང་མའི་དབང་ཐོབ་ཤོག ། ཧྲཱིཿཥྚཱིཿདང་བྷྱོཿབདུན་གྱི་མཐར། མ་མ་ཏྲཀ་རཀྵ་སི་ས་མ་ཡ། ཞེས་བརྗོད། ཕུན་གསུམ་ཚོགས་པ་སོགས་ བཀྲ་ཤིས་བརྗོད་པས། ལུས་དང་གྲིབ་མ་བཞིན་དུ་འགྲོགས་པ་ཡིན། གཏོར་མ་མགྲིན་པར་བཞག་ལ། དམ་ 15-1-685 རྫས་གཏོར་མའི་དབང་བསྐུར་བས། །ངག་གི་འཕྲིན་ལས་ལྷུན་གྲུབ་ནས། །དམ་ཅན་འདུ་ ཞིང་འཁོལ་བ་དང༌། །དགྲ་བགེགས་སྒྲོལ་བའི་དབང་ཐོབ་ཤོག །ཐོད་པ་ནས་བདུད་རྩི་བླུད། སྔགས་ཀྱི་ མཐར། ཨ་བྷི་ཥིཉྩ་ཧཱུཾ། དེ་ཡིས་ཉེ་བར་བསྟན་པའི་སོགས་བརྗོད། བླ་མ་དང་མདུན་བསྐྱེད་ཀྱི་ཞལ་ ནས་སྔགས་འཕྲེང་དངུལ་ཆུའི་རྒྱུན་ལྟར་བྱུང༌། ཁར་ཞུགས། མགྲིན་པར་ཐིམ། བཟླས་ལུང་བྱ། གཏོར་མ་སྙིང་གར་གཏད། ངག་གི་ཞེས་པར། ཐུགས་ཀྱི་ཞེས་འདོན་པ་བསྒྱུར། བདུད་རྩི་སྙིང་གའི་ས་བོན་ ལ་ཐིམ། ཤེལ་ལྟར་དྭངས་པའི་འོད་ཀྱི་སྣང་པས་ཁེངས་པར་བསམ། སྔགས་ཀྱི་མཐར། བོ་དྷི་ཙིཏྟ་ མཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཧཱུཾ། དགེ་འདུན་དམ་པ་སོགས། དེ་ནས་གཏོར་མ་ལག་ཏུ་གཏད་ནས། བཀའ་སྡོད་ཀྱི་ཚུལ་ གྱིས་བཀའ་བསྒོ་བྱ། སངས་རྒྱས་བསྟན་པ་ཡུན་དུ་གནས་བྱའི་ཕྱིར། །སྔོན་ཚེ་ཇི་ལྟར་ཁས་བླངས་ དམ་བཅས་བཞིན། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་ཀྱི། །འཕྲིན་ལས་རྣམ་བཞི་ལྷུན་ གྱིས་གྲུབ་པར་ཤོག །སྔགས་ལ། མ་མ་སཏྟ་ཀ་སརྦ་ཀརྨ་སིདྡྷི་ཀུ་རུ་ཧཱུཾ། ཉིན་མོ་བདེ་ལེགས་སོགས་ བྱ། རྗེས་ཀྱི་བྱ་བ་སྤྱི་དང་མཐུན། འདོད་དོན་གསོལ་བཏབ་མན་ཆད་ཀྱང་འདིར་བྱའོ། །རྗེས་གནང་འདིའི་ལུགས་བཀའ་གཉན་ པས། ཐུན་མོང་དུ་བྱེད་དགོས་ན། སྐུ་གསུང་ཐུགས་གཏོར་དབང་དང་བཅས་པ་སྤྱི་འགྲོའི་བྱེད་ཅིང༌། ཡང་ལག་ལེན་མཛེས་ ཁྲིགས་ལ་དགའ་བའི་མིག་ངོར་མདུན་བསྐྱེད་ཀྱི་ལྷ་སྤྱན་དྲངས་ནས་སྤྱན་འདྲེན་གྱི་ཚིགས་བཅད། བཞུགས་གསོལ། བརྡའ་ཕྱག སྨན་རག་འབུལ་བ་སོགས་གོང་བཞིན་བྱེད་པ་དང༌། སྐུའི་རྗེས་གནང་གི་མཐར། ཆུ་དབང་བསྐུར་བ་སོགས་ཀྱི་ལག་ལེན་ཡང་ སྣང་ངོ༌། །ཐུན་མོང་གི་སློབ་མ་ལ། ཐུན་མོང་གི་རྗེས་གནང་དང༌། ཐུན་མོང་མ་ཡིན་པ་ལ་ཡང་དེ་བཞིན་ཏེ། དེ་ལས་བཟློག་ན་ཚེ་ ཐུང་བ་དང༌། ནད་མང་བ་དང༌། འཁོར་དང༌། ལོངས་སྤྱོད་རྣམས་ལ་གོད་ཁ་ཡོང་བའི་ཉེས་དམིགས་ཡོད་པས་གོང་དུ་བཤད་པ་ དེ་ལ་བཀའ་དོག་པར་བྱའོ། །ཤེས་རབ་གསང་བའི་སློབ་མ་ནི། ཀུན༷་གྱིས་མིང་ཡང་མ་ཤེས་པ། །བསྟན་སྲུང་སྒྲུབ་ཐབས་དག༷འ་ བའི་ཕུལ། །རྒྱ་མཚོ་ལྟ་བུའི་སྙིང༷་པོ༷་ལགས། །དཔལ་ལྡན་དམག་ཟོར་རྒྱལ་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། ཡུམ་གཅིག་ཤེས་རབ་ཕ་རོལ་ཕྱིན། །སྲིན་མོ་ཆེན་མོའི་ཚུལ་བཟུང་ནས། །གདུག་པ་འདུལ་ མཛད་རེ་མ་ཏཱི། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །རྡོ་རྗེ་རིགས་ཀྱི་ཁྲོ་བོ་ཆེན་པོའི་བསྙེན་པ་རྫོགས་པ་ཞིག་གིས་འདི་ 15-1-686 སྒྲུབ་སྟེ། ལྷ་མོའི་སྒྲུབ་ཐབས་ཀྱི་སྤྱིའི་གོ་བ་ཆགས་པ་ཞིག་གིས། མདུན་བསྐྱེད་ཁོ་ནའམ། བདག་མདུན་གཉིས་ཀར་རུང་བར་ བཤད་མོད། གཙོ་བོར་སྔ་མ་ལྟར་བྱ་བ་ཡིན་པས། བྲིས་སྐུ་མཆོད་གཏོར་སོགས་ཚོགས་པར་བྱས་ལ། ཡི་དམ་གྱི་བདག་བསྐྱེད་ སོང་ནས། འདི་སྐད་ཅེས། རང་གི་མདུན་དུ་འོད་ཀྱི་གུར་ཁང་སྔོན་པོ་རྒྱ་ཁྱོན་མཐའ་ཡས་པའི་ནང་ དུ། མེ་རླུང་འཚུབ་མ་འཁྱིལ་བའི་དབུས། རཀྟའི་རྒྱ་མཚོའི་ནང་དུ་ཕྱི་གནམ་ལྕགས་འབར་ བའི་གཞལ་ཡས་ཁང་གྲུ་བཞི་ནང་དུ་ཐོད་མཁར་གྲུ་གསུམ། རྨངས་རྡོ་རྗེ་ཕ་ལམ་ལས་གྲུབ་ པ། དེའི་དབུས་སུ་རང་གི་སྙིང་ག་ནས་སྤྲོས་པའི་ཏི་ཡིག་ཡོངས་སུ་གྱུར་པ་ལས། ལྕགས་ཀྱི་ དྲེའུ་རྟ་རྐང་གསུམ་རྫུ་འཕྲུལ་རླུང་གི་གཤོག་པ་ཅན། དེའི་སྒ་གོང་དུ་པདྨ་སྔོན་པོ་དང་ཉི་མ་ལ། རང་གི་ཐུགས་ཀ་ནས་སྤྲོས་པའི་མ་ཡིག་སྔོ་སྐྱ་ལས་བྱུང་བའི་རྩེ་གསུམ་མས་མཚན་པའི་འོད་ ཀྱི་འཕྲོ་འདུ་ལས་ལྷ་མོར་གྱུར། ༀ་ནག་མོ་ཏིང་ལཾ་མ་མ། དུན་ཏིཾ་མ་བྷྱོཿ དཔལ་ལྡན་གཉན་ གྱི་རེ་མ་ཏཱི་སྐུ་མདོག་ནག་མོ་དར་ནག་གི་གོ་ཟུ་འཇའ་ཚོན་རིས་ཅན། སྦྲུལ་ནག་གི་སྒྲོག་ཟུང་ ཅན་གསོལ་བ། ཕྱག་བཞི་གཡས་ཀྱི་དང་པོ་འཕྲུལ་གྱི་མེ་ལོང༌། གཉིས་པ་ན་སྦྲུལ་ཞགས། གཡོན་དང་པོས་རྩེ་གསུམ། གཉིས་པས་ལྕགས་ཀྱི་ཕུར་བུ་སྒྲིལ་བ། དཔལ་ལྷ་མོ་རེ་མ་ཏཱིའི་ རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ། ཡེ་ཤེས་ཀྱི་མ་མོ། ལས་ཀྱི་མ་མོ། འཇིག་རྟེན་གྱི་མ་ མོ། ལྷ་མོ། ཀླུ་མོ། གནོད་སྦྱིན། དྲི་ཟ། གྲུལ་བུམ། སྲིན་མོའི་ཚོགས་བསམ་གྱིས་མི་ཁྱབ་ པས་བསྐོར་བ། ཐུགས་ཀར་པད་ཟླ་ལ་མ་ཡིག་ཏིང་ངེ་འཛིན་སེམས་དཔའ་འོ། །དེ་ལས་འོད་ འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ དཔལ་ལྡན་གཉན་གྱི་རེ་མ་ཏཱི། ཁྱོད་ཀྱི་སྤྱི་བོའི་ གཙུག་རུམ་ནས། །ཟླ་བ་ཉི་མའི་འོད་ཟེར་འཕྲོ། །ནག་མོ་མི་བཟད་ཆོ་འཕྲུལ་ཅན། །དུས་ལ་ བབ་ཀྱི་ད་ཚུར་བྱོན། །ཨེ་ཧྱེ་ཧི་ཛ་ཨེ་ཨ་རལླི་ཧོ། ཞེས་པ་ཚར་གཅིག་དང༌། མ་མོ་ནག་མོ་ཏིཾ་ལ། མ་ མོ་ནག་མོ་དུན་ཏིཾ་བྷྱོཿ ཛཿཧཱུཾ་བཾ་ཧོཿ ནག་མོ་དུན་བྷྱོཿ ཞེས་བརྒྱ་རྩ་བཟླས་ཤིང་སྤྱན་དྲངས། ཐོར་རུས་ དམར་པོ་གཏམས་པའི་དཀྱིལ་འཁོར་ནས། །ལྷ་སྲིན་དགུ་བརྒྱ་བསྣོལ་བའི་བག་རྩེ་ལ། །རྡོ་ 15-1-687 རྗེ་རལ་གཅིག་སྲིད་པ་ཀུན་གྱི་ཡུམ། །བརྗིད་ཅིང་འགྱིང་བའི་ཚུལ་གྱིས་བཞུགས་སུ་གསོལ། ། ཏྲཀ་རཀྵ་མ་ཧེ་གུ་ལ་པདྨ་ཡ། ཏིཥྛ་ལྷན། ཙནྡྲ་སུཪྻ་ཏི་ར་མཾ་ཧཱུཾ། བསྐལ་པ་མང་པོར་རང་རྒྱུད་ ཆེར་སྦྱངས་པས། །སྙིང་རྗེའི་སྟོབས་ཀྱིས་ཕན་པའི་གཟུགས་སྟོན་པ། །བདེ་གཤེགས་རྒྱལ་ བའི་བསྟན་པ་བསྲུང་བ་དང༌། །གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །མཆོད་པ་ནི། ཆོས་སྐྱོང་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ནས། རཀྨོ་དུན་ཏིང་མ་མ་ཡ་ཧ་ཧི། ནག་མོ་དུན་ཏིང་མ་མ་ ཡ་ཧ་ཧི། ཞེས་པ་རེ་རེའི་མགོར་སྦྱར་ནས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བདག་གི་དམ་ཚིག་འགལ་ བ་ཅི་བགྱིས་པ། །འཐོལ་ལོ་བཤགས་སོ་ཡེ་ཤེས་ལྷ་མོའི་ཚོགས། །བཤགས་སོ་བཤགས་སོ་ འཇིག་རྟེན་མ་མོ་རྣམས། །ཐུགས་རྗེ་ཆེན་པོས་ཚངས་པར་མཛད་དུ་གསོལ། །དེ་ནས་སྤྲོ་ན། མ་ མོའི་མཆོད་འཕྲེང༌། སྨན་རཀ་འབུལ་བ་སོགས་རྒྱས་བསྡུས་གང་འོས་རེ་བྱ་ཞིང༌། ཤིན་ཏུ་བསྡུ་ན། མི་དབང་འབྲས་བུ་ སྨིན་པ་སྐམ། །ཚལ་གྱི་ཤིང་ཐོག་སྐམ་པོ་དང༌། །ཤིང་ལོ་རླུང་ཁྱེར་སར་མ་ལྷུང༌། །འཆི་ཁའི་ ཚལ་ཐིག་གྲི་སྙིང་དང༌། །ནལ་བུའི་ཤ་ཁྲག་རྒྱལ་མཚན་དང༌། །བྱ་ལུག་སྨུག་ནག་ལ་སོགས་ པ། །དམ་རྫས་ཐམས་ཅད་བུ་ལ་ཡོད། ཁྱོད་ཀྱི་ཐུགས་དམ་བསྐང་བར་བགྱི། །སྨན་སྣ་བདུད་ རྩིའི་རྒྱ་མཚོར་འཁྱིལ། །རཀྟའི་ཆུ་ཀླུང་འབུམ་ཕྲག་འབབ། །གཏོར་མའི་ཚོགས་ནི་རི་ལྟར་ བརྩིགས། །ཨ་ལ་ལ་ཏེ་བཞེས་སུ་གསོལ། མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། བཟླས་ པའི་དམིགས་པ་གསལ་བཏབ་ལ། ༀ་ཏྲཀ་རཀྵ་མ་མ་མཧཱ་དུན་བྷྱོཿ མཧཱ་ཡཀྵ། མཧཱ་ཏིཀ་སྣ་ནག་མོ་ དུན་ཏིང་ཐུན་བྷྱོཿ ཞེས་ཅི་འགྲུབ་བཟླ། གཏོར་མ་བླ་མེད་སྤྱིའི་གཏོར་ཆོག་བསྡུས་པ་ལྟར་བྱིན་གྱིས་བརླབས་ལ། སྙིང་པོའི་ མཐར། མ་མོ་ནག་མོ་བེ་ཏ་ལི་ཀུ་ལུ་ཀུ་ལུ། ཧ་ཧ་མཧཱ་མཾ་ས་ལ་ཁ་རཾ་ཁཱ་ཧི། མཧཱ་རཀྟ་ལ་ཁ་རཾ་ ཁཱ་ཧི། མཧཱ་ཙིཏྟ་ལ་ཁ༴ མཧཱ་ཀོ་རོ་ཙ་ན་ལ༴ མཧཱ་པཉྩ་ཨ་མྲྀ་ཏ་ལ༴ ཞེས་བདུན་གྱིས་ཕུལ། ཨརྒྷཾ་ལ་ སོགས་པས་མཆོད། བྷྱོཿ དཔལ་ལྡན་ལྷ་མོ་ཆེན་མོ་ནི། །སྲིན་པོའི་ཆུང་མ་རལ་པ་ཅན། །སྐྱེ་གནས་ རྣམ་བཞི་སྒྲོལ་བ་མོ། །ནག་མོ་འབུམ་གྱི་དབུས་ན་བཞུགས། །དབང་ཕྱུག་ཀུན་གྱི་གཙོ་མོ་ 15-1-688 སྟེ། ཁྲོ་མོ་ཀུན་གྱི་སྤྲུལ་པ་ཡིན། །སངས་རྒྱས་ཀུན་དང་སྦྱོར་བའི་ཡུམ། །སྲིད་གསུམ་ཟ་བར་ བྱེད་ལ་འདུད། ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །འདོད་ཁམས་མ་མོ་སྟོང་སྟོང་འགྱེད། ཁྱོད་ཀྱི་གསང་བ་བྷ་ག་ནས། །ལས་ཀྱི་མ་མོ་སྟོང་སྟོང་འགྱེད། ཁྱོད་ཀྱི་གཡས་གཡོན་ཞབས་ དག་ནས། །ཕོ་ཉ་སྟོང་ཕྲག་དྲུག་ཅུ་འགྱེད། །བདུད་དང་ལྷ་འདྲེ་ངན་སེམས་ཅན། །དགྲ་བོ་མ་ ལུས་འདུལ་བར་མཛོད། །རྟགས་དང་མཚན་མ་མྱུར་དུ་སྟོན། །གང་ལ་བྱ་བ་ནོར་ར་རེ། །མ་ མོ་མཁའ་འགྲོ་འཁོར་བཅས་རྣམས། །སྒྲུབ་པོ་བདག་ལ་དངོས་གྲུབ་སྩོལ། །མ་མ་སྙིང་ཁྲག་ ཚལ་པ་དུན་དུན་མ་བྷྱོཿ ཞེས་གཏོར་མ་གཙང་སར་བཏང་ངོ༌། ། འདིའི་རྗེས་གནང་གི་བྱ་བ་ནི། དམག་ཟོར་རྒྱལ་མོའི་རྗེས་གནང་ཉིད་འདོན་པ་སྤོས་པས་རུང་ཞིང༌། བེ་ཅོན་ཐོད་ཁྲག་ལག་ ཏུ་གཏོད་པའི་ཚབ་ཏུ། ཕྱག་མཚན་བཞི་ཆར་གཏོད་དགོས་སོ། །རང་བྱུང་རྒྱལ་མོའི་སྒྲུབ་ཐབས་ལྟར་ན། ཕྱག་གཡས་གཡོན་གྱི་ ཕྱག་མཚན་གོ་བཟློག་པའི་ཁྱད་པར་ཁོ་ན་ཡིན་ནོ། །མ་མོ་ཀུན༷་ལས་ཆེས་དག༷འ་བའི། །སྲོག་སྒྲུབ་སྙིང༷་གི་ཐིག་ལེ་ལས། །བརྒྱུད་ པ་བཟང་པོ༷འི་མན་ངག་བཞིན། །ཉུང་ངུར་བསྡུས་པ་ངོ་མཚར་ཆེ། །ལྷ་མོ་སྲོག་སྒྲུབ་ལྕགས་ཕུར་མར་གྲགས་པ་རང་བྱུང་རྒྱ་མཚོའི་ སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། རྫོང་གི་ལྷ་མོར་མཚན་གསོལ་བའི། །ཀུན་གྱི་སྤྲུལ་གཞི་ཡིན་པར་གྲགས། །དཔལ་གྱི་མ་མོ་དུང་ སྐྱོང་མའི། །སྒྲུབ་ཐབས་ཅུང་ཟད་ཙམ་ཞིག་བྲི། །ལྷ་མོ་སྲོག་སྒྲུབ་ཉིད་ལ་འདོན་པ་སྤོས་པས་འགྲུབ་སྟེ། རང་གི་མདུན་དུ་ འོད་ཀྱི་གུར་ཁང་ཞེས་པ་ནས། ཏི་ཡིག་ཡོངས་སུ་གྱུར་པ་ལས། དྲེའུ་སེར་སྐྱ་རྫུ་འཕྲུལ་རླུང་གི་ གཤོག་པ་ཅན། དེའི་སྟེང་དུ་ཡི་གེ་མ་དཀར་པོ་ཡོངས་སུ་གྱུར་པ་ལས། དཔལ་ལྷ་མོ་དུང་སྐྱོང་ མ་སྐུ་མདོག་དཀར་མོ། ཞི་ཁྲོའི་རྣམ་པ་ཅན་ཕྱག་གཡས་ཤེལ་གྱི་རལ་གྲི་མེ་འབར་བ་ནམ་ མཁའ་ལ་འཕྱར་བ། གཡོན་པས་གཏེར་གྱི་ནེའུ་ལེ་འཛིན་པས་སྒྲུབ་པ་པོ་ལ་དངོས་གྲུབ་ཀྱི་ ཆར་འབེབས་པ། དབུ་སྐྲ་ནག་པོ་ཅུང་ཟད་བཅིངས་ཤིང་གྲོལ་བ། དར་དཀར་གྱི་གོ་ཟུ་འཇའ་ ཚོན་རིས་ཅན་སྐུ་ལ་གསོལ་བ། དཔལ་ལྷ་མོ་རེ་མ་ཏཱི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་ 15-1-689 པ། ཞེས་པ་ནས། བཛྲ་ས་མཱ་ཛཿ བྱང་ཤར་མཚམས་ཀྱི་དུང་སྐྱོང་མ། ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ ཞེས་པ་ནས། བཟླས་པའི་བར་སྲོག་སྒྲུབ་ཀྱི་སྐབས་དང་འདྲ་བ་ལས། ནག་མོ་མི་བཟད་ཆོ་འཕྲུལ་ཅན། །ཞེས་པར། ཞི་བའི་ལྷ་མོ་ཆོ་འཕྲུལ་ཅན། །ཞེས་འདོན་པ་སྤོ། བཟླས་པའི་སྔགས་ནི། བྷྱོཿཛཿༀ་ཙ་པ་ལ་ཨ་ཤུག་མེ་ བྷྱོཿ ༀ་རོ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མ་བྷྱོཿ ཛཿཛཿ ཞེས་བཟླའོ། །ཡང་འཁོར་དང་བཅས་པ་བསྐྱེད་པར་འདོད་ ན། གཡོག་མོ་ཆུ་སྲིན་གདོང་ཅན་དམར་མོ་སྨད་ཕུར་བུའི་དབྱིབས་ཅན་གྱིས་དྲེའུའི་སྣ་ཁྲིད་ པ། བྲམ་ཟེ་མཆོག་སྲེད་སྔོ་སྐྱས་ལོགས་ནས་ཤིས་པ་བརྗོད་པ། སེང་གེ་གདོང་ཅན་ནག་མོ་རྩེ་ གསུམ་དང་གཏོར་མ་འཛིན་པ། ཕྱི་ནས་འབྲང་མ་ཞེས་བརྗོད། ཡང་དྲག་མོ་ལ་མོས་ན། སྐུ་མདོག་ནག་ མོ་དབུ་སྐྲ་ཁམ་པ་དར་ནག་གི་གོས་ཅན་དུ་བསྒྱུར་རོ། །དེ་ནས་གཏོར་སྔགས་ནི། མ་མོ་ནག་མོ་བེ་ཏ་ ལི་ཞེས་པ། ༀ་ཤྲཱི་དེ་ཝཱི་ཞེས་འདོན་པ་སྤོ། བསྟོད་པའི་སྐབས། དཔལ་གྱི་ལྷ་མོ་ཆེན་མོ་ནི། །ཀླུ་རྒྱལ་ཀུན་ གྱིས་ཞབས་ལ་བཏུད། །གྱིང་ཆེན་ཐམས་ཅད་བྲན་དུ་འཁོལ། །ཀླུ་བྲན་གྲངས་མེད་མང་པོར་ བཅས། །དབང་ཕྱུག་ཀུན་གྱི་གཙོ་མོ་སྟེ། །མ་བྷྱོཿའི་བར་གོང་བཞིན་གཏོར་མ་བཏང༌། འདི་ལ་རྗེས་གནང་ནི། མཎྜལ་པདྨ་འདབ་བརྒྱད་དཀར་པོ་ལ། ཟླུམ་སྐོར་དཀར་པོ་ཤ་ཆང་དཀར་གསུམ་མངར་གསུམ་སོགས་ཟས་བཟང་རྒུས་སྦགས་ པ་ལ་ཙ་ཀ་ལི་ཞིག་བཙུགས། མཆོད་གཏོར་བཟང་དུ་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས་གོང་བཞིན་གཏོར་ཆོག་རྒྱས་པར་ བཏང༌། སློབ་མས་མཎྜལ་ཕུལ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། སོགས་ཀྱིས་གསོལ་བ་གདབ། རྒྱུན་བཤགས་ སྤྱི་དང་མཐུན་པར་བྱ། གཏོར་མ་ལྷ་མོར་བསྐྱེད་ཅིང་སྤྱན་འདྲེན་ཡན་ཆད་སྔོན་འགྲོ་དང་འདྲ། དེ་ནས་གཏོར་དབང་སྤྱི་དང་མཐུན་ པར་བསྐུར། སྔགས་ཀྱི་བཟླས་ལུང་སྦྱིན་པ་ཙམ་བྱའོ། །རྗེས་ཀྱི་བྱ་བ་ནི་སྤྱི་དང་མཐུན་ནོ། །འདི་རྐང་ཐང་དུ་བྱེད་པའི་ལུགས་ཀྱང་ ཡོད་མོད། རྗེས་གནང་ཐད་དུ་མི་དགོས་སོ། །མ་མོ་ཀུན༷་གྱི་བསྐྱེད་བྱེད་ཡུམ། །ཆོས་འཁོར་མཐའ་དག་དག༷འ་བས་སྐྱོངས། །སྙིང༷་ ནས་ལྷ་མོ་ཁྱོད་བསྒྲུབས་ན། །བཀྲ་ཤིས་འབྱོར་པ་བཟང་པོ༷ར་གྱུར། །ལྷ་མོ་དུང་སྐྱོང་བའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་ འཕེལ། ། ༄༅། །ༀ་སྭཱ་སྟི། འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ། །བདག་གི་མཚུན་གྱི་ལྷ་མོ་ནི། །ནག་མོ་རེ་མ་ཏཱིར་ 15-1-690 བཏུད་ནས། །སྒྲུབ་ཐབས་ཤིན་ཏུ་མདོར་བསྡུས་བྲི། །མདུན་དུ་ཁྲག་གི་མཎྜལ་མཆོད་གཏོར་སྨན་རག་དང་བཅས་བཤམས་ལ། བདག་བསྐྱེད་ཁྲོ་བོའི་མངོན་རྟོགས་དང་བཅས་པ་སྔོན་དུ་བཏང་ནས། མདུན་བསྐྱེད་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ ངང་ལས་བྷྲུཾ་ལས་བསེ་མཁར་གྲུ་གསུམ་གྱི་ནང་དུ་ཐོད་མཁར་གྲུ་བཞི། ཞིང་ཆེན་གྱི་འཕན་ གདུགས་རྒྱལ་མཚན་ལ་སོགས་པ་འཇིགས་པའི་རྒྱན་གྱིས་བརྒྱན་པ། རྒྱ་དཔངས་ཚད་མེད་ པའི་དབུས་སུ། གཏད་པ་ཧཱུཾ་ལས་སྲིན་པོའི་བོང་བུ་གྭ་དམར་རླུང་གི་ཤུགས་ཅན། ཞིང་གི་ སྒ་དང་སྒ་གཡོགས་ཅན། དེའི་སྟེང་དུ། བྷྱོཿལས་དཔལ་ལྷ་མོ་ནག་མོ་རལ་གྲི་དང་ཐོད་ཁྲག་ འཛིན་པ། རྒྱན་དང་ཆ་ལུགས་སྤྱི་དང་མཐུན་པའི་ཐུགས་ཀར་བྷྱོཿ བྷྱོཿལས་བྷྱོཿདཔག་ཏུ་མེད་ པ་སྤྲོས། བདུད་མོ་རལ་གྲི་ཐོད་ཁྲག་ཐོགས་པ་འབུམ་གྱིས་བསྐོར་བར་གྱུར། འདོད་ཆགས་ ཁྲག་མཚོ་ཞེ་སྡང་མེ་དཔུང༌། གཏི་མུག་རླུང་ནག་འཚུབ་མའི་དབུས་སུ་དགྱེས་པར་རོལ་པར་ བསམས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྒྱ་མཚོ་ཆེན་པོའི་ཀློང་དང༌། དུར་ཁྲོད་ ཆེན་པོའི་གནས་བརྒྱད་ནས་རེ་མ་ཏཱི་འཁོར་དང་བཅས་པ་ཨཱ་ཀཪྵ་ཡ་ཛ་ཛཿ ཛཿཧཱུཾ་བཾ་ཧོཿ སྙིང་ པོའི་མཐར། བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་དམ་རྒྱ་བསྟན་ལ་དམ་ལ་བཞག ༀ་མཧཱ་ཀ་ལི་རེ་མ་ཏཱི་ མ་མ་རུ་ལུ་རཀྴ་རེ་མ་ཏཱི་རུ་ལུ་རུ་ལུ་བྷྱོཿཛཿཛཿ ཞེས་སྙིང་པོ་ལན་བདུན་གྱིས་བྱིན་གྱིས་བརླབས་ནས། གཏོར་མ་ བླ་མེད་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། ཐོད་རློན་གྱི་ཕྱག་རྒྱ་བཅས་ཏེ་སྙིང་པོའི་མཐར། ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ ཧི་ཁཱ་ཧི། བཏགས་པས་འབུལ། སྨན་དང་རཀྟ་བྱིན་གྱིས་བརླབས་ནས་འབུལ་ཚུལ་ཡང་སྤྱི་དང་མཐུན། དེ་ནས་བཟླས་པ་གང་ འགྲུབ་བྱེད་ཅིང༌། མཐར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྷ་ལ་དབང་བསྐུར་སོགས་ཀྱིས་བསྟོད། འདོད་དོན་ གསོལ་བ་དྲག་ཏུ་བཏབ། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ། སྨོན་ལམ་བཀྲ་ཤིས་རྣམས་བྱའོ། ། འདིའི་བཀའ་གཏད་ནི། མཎྜལ་གྱི་སྟེང་དུ་གཏོར་མ་སྤུངས་གཏོར་ལ་ཙ་ཀ་ལི་བཙུགས་པའམ། མེད་ན་སྔགས་བྱང་ འཛུགས། གཏོར་མ་དམ་རྫས་སུ་བྱིན་གྱིས་བརླབས། ཙ་ཀ་ལིའམ་སྔགས་བྱང་ལྷར་བསྐྱེད་པ་ཡིན། གོང་བཞིན་ལས་བཟླས་པ་ ཡན་ཆད་བྱས་ལ། སློབ་མས་མཎྜལ་ཕུལ། གསོལ་བཏབ་རྒྱུན་བཤགས་སྤྱི་དང་མཐུན་པར་བྱ། མདུན་བསྐྱེད་ལྷ་མོ་གསལ་བཏབ་ 15-1-691 ལ། ཡེ་ཤེས་པ་སྤྱན་འདྲེན། དེ་ནས་གཏོར་དབང་བཀའ་བསྒོ་དང་བཅས་པ་བྱས་ལ། དེའི་གནས་གསུམ་ནས། ལྷ་མོ་དཀར་ དམར་མཐིང་གསུམ་སློབ་མའི་གནས་གསུམ་དུ་ཐིམ་པར་བསམ། ཙ་ཀ་ལི་རེག་ཅིང༌། ༀ་ཨཱཿཧཱུཾ། ཞེས་བརྗོད། དེ་ནས་སྔགས་ཀྱི་བཟླས་ལུང་ཙམ་བྱིན་པས་སློབ་མའི་བྱ་བ་འགྲུབ་པ་ཡིན་ནོ། །སྐབས་འདིར་སྤུངས་གཏོར་ཕུལ་ལ་ མཆོད་བསྟོད་མན་ཆད་རྗེས་ཆོག་གི་ཚུལ་དུ་བྱའོ། །ཀུ༷ན་ཏུ་ཟབ་པའི་སྒྲུབ་ཐབས་ནི། །རབ་ཏུ་དག༷འ་ཡང་ཤིན་ཏུ་དཀོན། །སྙིང༷་ ནས་བཤེས་གཉེན་གཤེད་སྒྲུབ་ན། །ཏེ་པོ༷ར་ལྷ་འདིས་བསྲུང་སྐྱོབས་མཛད། །བདུད་མོ་རེ་མ་ཏཱིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །། དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། གང་གི་ཞབས་པད་ཀླུ་རྣམས་ཀྱིས། །གུས་པས་བསྟེན་པའི་ལྷ་མོ་ལ། །བཏུད་ནས་དེ་ཡི་སྒྲུབ་ ཐབས་ཀྱི། ཁྱད་པར་ཅུང་ཟད་བྲི་བར་བྱ། །ཀླུ་མོ་རེ་མ་ཏཱི་ཕྱག་བཞི་མའི་སྒྲུབ་ཐབས་ནི། བདུད་མོ་རེ་མ་ཏཱི་དང་འདྲ་བ་ལས། ས་ བོན་མ་ལས་བསྐྱེད་ཅིང༌། ཕྱག་བཞིའི་གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པས་ཐོད་སྐམ་གྱི་འཕྲེང་ བ། གཡོན་གྱི་དང་པོས་ཐོད་ཁྲག གཉིས་པ་ན་རྩེ་གསུམ་འཛིན་པ། སྲིན་མོ་ན་ལ་རྩེ། དམར་ མོ་ཆུ་སྲིན་གྱི་མགོ་ཅན་ལྟེ་བ་མན་ཆད་ཕུར་བུའི་དབྱིབས་ཅན་གྱིས་ཆིབས་ཀྱི་སྔ་ནས་འཁྲིད་ པ། འཁོར་ཀླུ་ཆེན་བརྒྱད་བུང་བ་ལྟར་གནག་པ་སྤུ་གྲི་དང་སྦྲུལ་ཞགས་འཛིན་པ། ཀླུ་བྲན་བྱེ་ བ་འབུམ་གྱི་ཚོགས་ཀྱིས་བསྐོར་བ། ཞེས་དང༌། སྙིང་པོ་ནི། མ་མ་ཏྲཀ་རཀྴ སྙིང་ཁ་རཀ་ཙིཏྟ་སྲོག་ དུང་དུང༌། ཛཿཛཿ ནཱ་ག་དུནྟི་བྷྱོཿབྷྱོཿ ཞེས་བཟླ། གཏོར་ཆོག་གི་གཞུག་ཏུ་ཀླུ་གཏོར་རེ་གཏོང་བ་ལག་ལེན་ཡིན། གཞན་ཐམས་ཅད་འདྲའོ། །ཆུ་སྲིན་[བྱ་]གདོང་ཅན་གྱི་སྔགས་བྱེ་བྲག་ཏུ་བཟླ་བའང་ཡོད་མོད་ཀྱི་མན་ངག་ཡིན་པའི་ཕྱིར་དཀྱུས་ སུ་མ་བཀོད་དོ། །ཀུན༷་ཏུ་གྲགས་པ་མིན་ན་ཡང༌། །སྔགས་མཁན་མང་པོས་དག༷འ་བར་བསྒྲུབས། །རྒྱུད་དང་ལས་ཚོགས་ཆེས་ མང་བའི། །རྩ་བའི་སྒྲུབ་ཐབས་སྙིང༷་པོ༷ར་གྲིལ། །ཀླུ་མོ་རེ་མ་ཏཱིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ༀ་སྭཱ་སྟི། བྱ་དཀར་ཅན་གྱི་གནས་མཆོག་ནི། །རོལ་ཞིང་དགྱེས་པའི་ལྷ་མོ་ནི། །གནོད་སྦྱིན་རྒྱལ་མོ་ལ་ བཏུད་ནས། །དེ་ཡི་སྒྲུབ་ཐབས་ཁྱད་པར་བརྗོད། །མཎྜལ་གྲུ་བཞིའི་དབུས་སུ། ཁྲག་གི་མཎྜལ་གྲུ་གསུམ། དབུས་སུ་དྲི་བཟང་གི་ ཐིག་ལེ་ཟླུམ་པོ་རྣམས་བཀོད། ས་བོན་ཀྵ་ལས་བསྐྱེད། ཕྱག་གཡས་རལ་གྲི། གཡོན་པས་གཏེར་གྱི་ནེའུ་ལེ་ 15-1-692 ནོར་བུའི་ཆར་འབེབས་པ་འཛིན་པ་དང༌། འཁོར་གནོད་སྦྱིན་བརྒྱད་ནག་པོ་བེ་ཅོན་དང་ཐོད་ ཁྲག་འཛིན་པ། གནོད་སྦྱིན་མོ་བརྒྱད་ནག་མོ་རལ་གྲི་དང་ནེའུ་ལེ་འཛིན་པ། གནོད་སྦྱིན་མོ་ འབུམ་སྡེ་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པས་བསྐོར་བ། ཞེས་པ་དང༌། སྙིང་པོ་ནི། བྷྱོཿཛཿ ༀ་ཙ་པ་ལ་ཨ་ཤུག་མེ་བྷྱོཿ ༀ་རོ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མ་བྷྱོཿཛཿཛཿ ཞེས་དང༌། གཏོར་མ་འབུལ་ བའི་ཚེ་རིན་པོ་ཆེའི་ཕྱག་རྒྱ་བཅས་ནས་འབུལ་བ་རྣམས་ཁྱད་པར་རོ། །ལྷག་མ་རྗེས་གནང་སོགས་ཐམས་ཅད་བདུད་མོ་རེ་མ་ཏཱིའི་ སྐབས་དང་འདྲའོ། །ཀུན༷་ཁྱབ་སྒྲུབ་ཐབས་ཡིན་ནའང༌། །ད་ལྟ་དཀོན་ཕྱིར་ཐོབ་ན་དག༷འ། །ནོར་སྒྲུབ་སྙིང༷་པོ༷ར་བྱེད་རྣམས་ཀྱང༌། ། འདི་སྒྲུབ་ཐོགས་མེད་མཐུ་ལྡན་འགྱུར། །ཧཱུཾ། གནོད་སྦྱིན་རེ་མ་ཏཱིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། སངས་རྒྱས་སྟོང་གི་འཕྲིན་ལས་མ། །སྨུག་ནག་ཆེན་མོ་དཔལ་ལྡན་མ། །དེ་ཡི་སྒྲུབ་ཐབས་མདོ་ ཙམ་ཞིག །བརྗོད་ཀྱི་འདི་ལ་སྒྲུབ་པ་བྱ། །རང་ཡི་དམ་དུ་གསལ་བའི་གཏོར་མ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། ཆོ་གའི་ གཞི་ཡང་ལྷ་མོའི་སྤྱི་དང་འདྲ་བ་ལས། རང་གི་མདུན་དུ་རཀྟའི་རྒྱ་མཚོ། ནང་མེ་རླུང་འཚུབ་མའི་དབུས་ སུ་ཀཾ་ལས་ལྷ་མོ་རྡོ་རྗེ་གཤོག་རྒོད་རྩལ། སྨུག་ནག་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་ ཐོད་པ་འཛིན་པ་མཆན་ཁུང་དུ་ནེའུ་ལེ་བསྣམས་པ་མི་ལྤགས་ཀྱི་སྟོད་གཡོགས་ཅན། སྐུ་སྟོད་ མཚོན་ཆ་འབར་བའི་གཤོག་པ་ཅན། གཞན་ལྷ་མོ་དྲེའུ་ཞོན་སྤྱི་དང་འདྲ། སྤྱན་འདྲེན་གྱི་སྐབས། རག་མོ་དུ་ར་ དུནྟིང་བྷྱོཿ ཁ་ཁ་དུ་ར་དུནྟིང་བྷྱོཿ ཧེ་ར་དུ་ར་དུནྟིང་བྷྱོཿ ཞེས་སྤྱན་འདྲེན་གཏོར་སྔགས་ནི། ༀ་བཱ་ལིཾ་ཏཾ་ ཁ་རཾ་ཁཱ་ཧི། ཡོ་ཀི་ནཱི་ཁ་རཾ་ཁཱ་ཧི། ཌཱ་ཀི་ནཱི་ཁ་རཾ་ཁཱ་ཧི། སྟཾ་པ་བྷ་ག་ཏ་ཨ་ཀ་ས་ལ་ཧོ། ཞེས་ལན་ བདུན་གྱིས་ཕུལ། སྙིང་པོ་ནི། ཏདྱ་ཐཱ། རུ་རུ་བི་ཏིཥྛ་བད་དྷོ་མ་མོ་རག་མོ་ཙིཏྟ་ཁ་རག་མ་བྷྱོཿབྷྱོཿསྭཱ་ཧཱ། ཞེས་པའོ། །འདོད་གསོལ་གྱི་སྐབས། ལྷ་མོ་རྡོ་རྗེ་དབང་སྒྲུབ་མ། །འཕྲིན་ལས་བཅོལ་བའི་དུས་ཀྱི་ཚེ། ། ཉིན་གསུམ་ཁྲ་ལྟར་འཁྱུག་ཅིང་བྱོན། །མཚན་གསུམ་གློག་ལྟར་འཁྱུག་ཅིང་བྱོན། །བསྟན་པ་ བསྲུང་བའི་དུས་ལ་བབ། །མ་གཅིག་རྡོ་རྗེ་གཤོག་རྒོད་རྩལ། །དགྲ་བོ་འཇོམས་པའི་དུས་ལ་ བབ། །དཔལ་ལྡན་རྡོ་རྗེ་རབ་བརྟན་མ། །རཀྟའི་མཆོད་པ་འདི་བཞེས་ཤིག །ཤ་ཁྲག་གཏོར་ 15-1-693 མ་འདི་བཞེས་ཤིག །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་གྲུབ་པར་ མཛོད། །བདག་གི་བསམ་པ་ཐམས་ཅད་སྒྲུབས། །འདི་ཡི་རྗེས་གནང་ནི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ དཀྱུས་མ་བྱེད་པའི་སྲོལ་ཡོད་ནའང༌། བདུད་མོ་རེ་མ་ཏཱིའི་སྐབས་སུ་བཤད་པ་ལྟར་བྱའོ། །ཀུན༷་ནས་མཚན་མང་ལྡན་ན་ཡང༌། ཁོལ་མོ་རེ་མ་ཏཱི་རུ་གྲགས། །རབ་དག༷འ་སྒྲུབ་ཐབས་ཉེར་མཁོ་ཡི། །སྙིང༷་པོ༷་ཁོལ་ཕྱུང་ཡི་གེའོ། །རེ་མ་ཏཱི་རྡོ་རྗེ་གཤོག་རྒོད་མར་ གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ༀ་སྭ་སྟི། དེ་བཞིན་གཤེགས་ལ་རྟག་གུས་པ། །སྲིན་པོ་འབུམ་ཕྲག་བདུན་འཁོར་བཅས། །སངས་རྒྱས་ བསྟན་པ་སྐྱོང་མཛད་པའི། །མ་མོ་ཆེ་ལ་གུས་པས་འདུད། །འདིར་སྲིན་མོ་ཆེན་མོ་ཨེ་ཀ་ཛ་ཊིའི་སྒྲུབ་ཐབས་ནི། རེ་མ་ཏཱིའི་སྒྲུབ་ ཐབས་གང་ཡང་རུང་བ་ཞིག་དང་མཐུན་པར་གཞུང་བསྲང༌། ཁྱད་པར་རྣམས་བཤད་པར་བྱ་སྟེ། དེ་ལ་བཞོན་པ་ཅན་དུ་བྱེད་ན་ སྲིན་པོའི་བོང་བུ་གྭ་དམར་རམ། དྲེའུ་ནག་པོའམ། དྲེའུ་མོ་རྐང་གསུམ་མ་གང་རུང་ལ། དེའི་རྒྱབ་ཏུ་པདྨ་དང་ཉི་མའི་ གདན། ཞེས་དང༌། རྐང་ཐང་དུ་བྱེད་ན། པད་ཉིའི་གདན་ཁོ་ན་ལ་བསྐྱེད་པ་ཡིན་ཏེ། གང་ལྟར་ཡང་བྲག་རི་དམག་ནག་གིས་ བསྐོར་བའི་ནང་རཀྟའི་རྒྱ་མཚོའི་དབུས་སུ་བསྐྱེད། དེ་ཡང་ཏྲཀ་ལས་ལྷ་མོ་ཨེ་ཀ་ཛ་ཊི་སྐུ་མདོག་སྨུག་ནག་ རལ་པ་ལན་བུ་གཅིག་ཏུ་གྱུར་པ། གཡོན་ངོས་སུ་འཕྱང་བ། ཞལ་གཅིག་ཕྱག་གཉིས་གཡས་ མདུང་རྩེ་གསུམ་དང༌། གཡོན་མི་སྙིང་ཞགས་པ་དང་བཅས་པ་འཛིན་པ། སྟག་ཤམ་དང༌། མི་ ལྤགས་ཀྱི་གཡང་གཞིའི་སྟོད་གཡོགས་ཅན། སྦྲུལ་དང་མི་མགོས་བརྒྱན་པ། མེ་དཔུང་འབར་ བའི་དབུས་ན་བཞུགས་ཤིང༌། གཡུའི་སྤྱང་མོ་མང་པོ་ཕོ་ཉར་འགྱེད་པ། འཁོར་ལས་ཀྱི་ཕོ་ཉ་ དང་སྲིན་པོའི་ཚོགས་ཀྱིས་བསྐོར་བའོ། །སྤྱན་འདྲེན་གྱི་སྐབས། ཛཿཧཱུཾ་བཾ་ཧོཿ མཧཱ་ཁྭ་དག་ཁྭ་དག་ ཧཱུཾ་ཧཱུཾ་རྡིང་རྡིང༌། ཞེས་སྔགས་ཀྱིས་སྤྱན་འདྲེན། རོ་རུ་རོ་རུ་ཙ་པ་ལ་ན་མོ་ཞེས་ཕྱག་འཚལ། ཏྲཀ་རཀྴ་མ་མ་ ས་མ་ཡ་ཏིཥྛ་ལྷན། ཞེས་གདན་འབུལ། ཏྲཀ་རཀྴ་ཀུར་ལན་སེར་སེར་དུག་དུག །ཅེས་དམ་ལ་བཞག་ ཅིང་དབང་བསྐུར་རོ། །ཨེ་ཀ་ཙ་ཏི་ཏི་ལི་ཏི་ལི་རཾ་བ་རཾ་བ་ཁཱ་ཧི། ཞེས་པའི་སྔགས་འདི་མཆོད་པའི་སྔགས་རེ་རེའི་ མགོར་བཏགས་ཏེ་མཆོད་པ་འབུལ། གཏོར་སྔགས་ཀྱང་དེ་ཉིད་ཀྱི་མཐར་ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཧཱ་ 15-1-694 པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། མཧཱ་རཀྟ་ལ་ཁཱ་ཧི། ཞེས་པའོ། །རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ འོག་ཏུ་ཡང་ལྷ་མོ་གཅིག་བསྒོམ་ལ་མདུན་བསྐྱེད་དང་སྤྲོ་བསྡུའི་དམིགས་པ་བྱེད་ཅིང༌། ཏྲཀ་ རཀྴ་ཁ་མུ་ཏྲ་མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོཿ ཞེས་དང༌། རཀྨོ་ཏེ་ཀེ་ཛཾ་ཛ་ཁ་ལ་བྷྱོཿ ཞེས་དང༌། རུ་ལུ་རུ་ལུ་མ་ ཧི་མ་བྷྱོཿ ཞེས་པ་རྣམས་སྦྲེལ་ནས་བཟླ། བཟླས་པའི་མཐར། ཀཱ་ཡ་སིདྡྷི་ༀ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་པ་གསུམ་པོ་སྤེལ་ཏེ་དངོས་གྲུབ་ལེན། བསྙེན་སྒྲུབ་ལས་གསུམ་དང་འབྲེལ་བའི་སྐབས་ཡིན་ན། ཐོད་རློན་གྱི་ནང་དུ་གཏོར་ མ་ཁྲག་དང༌། དུག་དང༌། ཆང་གིས་སྦགས་པ་བཤམས་ལ། བྱིན་བརླབས་དཀྱུས་མ་སོང་བའི་གཞུག་ཏུ། ༀ་ཨཱ་ཝེ་ཤ་ཡ། ཁ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷེ་ཤ་རཱུ་པེ། ཤ་ཁ་ཐུན་བྷྱོཿ ཞེས་ལན་བདུན་བཟླས་ནས། ཁམས་གསུམ་གྱི་དུག་ ཐམས་ཅད་འབེབས་པའི་མོས་པ་བྱའོ། ། འདིའི་རྗེས་གནང་གི་བྱ་བ་ནི། བདུད་མོ་རེ་མ་ཏཱིའི་སྐབས་སུ་བཤད་པ་དང་འདྲ་བ་ལས། སློབ་མ་ཡི་དམ་གྱི་ང་རྒྱལ་དུ་ གནས་པ་ལ། གཏོར་མ་ལག་ཏུ་གཏད་ལ་བཀའ་བསྒོ་བྱེད། གཞན་ཐམས་ཅད་འདྲའོ། །དྲགས་སྔགས་ཀུན་ལས་རྣོ་བའི་མཆོག ། རལ་གཅིག་སྒྲུབ་ཐབས་དག༷འ་བའི་ཕུལ། །མ་མོ་སྙིང༷་ཐིག་ལས་བྱུང་བཞིན། །ལག་ལེན་བདེ་ཞིང་གསལ་པོ༷ར་བཀོད། །ལྷ་མོ་ ཨེ་ཀ་ཛ་ཊིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། འདོད་ཁམས་དབང་ཕྱུག་ངོ་བོ་ཉིད། །ནམ་མཁའི་གོས་ཅན་ཞེས་གྲགས་པ། །ཤ་ཟ་ཆེན་མོ་ལ་ བཏུད་ནས། །གཏོར་ཆོག་རྗེས་གནང་བྱེད་ཚུལ་བཤད། །མདུན་དུ་མཆོད་གཏོར་བཤམ། ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་ བས་གཏོར་མ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་ པོ་བསིལ་བའི་ཚལ་ནས། ལྷ་མོ་ནམ་མཁའི་གོས་ཅན་མ་འཁོར་དང་བཅས་པ་བཛྲ་ས་མཱ་ ཛཿ སྙིང་པོ་ལན་གསུམ་གྱི་མཐར་ས་མ་ཡ་སྟྭཾ་གྱིས་དམ་ལ་བཞག སྐུ་མདོག་མཐིང་ནག་གམ་སྔོ་སྐྱ་ཞལ་ གཅིག་ཕྱག་གཉིས་སྤྱན་གསུམ་མ། གཏུམ་མོ་སྐྲ་གྲོལ་བ། ཞིང་ལྤགས་དང༌། རིན་པོ་ཆེ་དང༌། མི་མགོའི་དོ་ཤལ་གྱིས་བརྒྱན་པ། སྐུ་ལ་ཏིལ་དམར་གྱིས་བྱུགས་པ། མཆེ་བ་ཟངས་ཡག་ ཏུ་གཙིགས་ཤིང་ལྕེ་གློག་ལྟར་འཁྱུག་པ། ཁྲག་ལྟར་དམར་བའི་སྤྱན་དགྲ་ལ་ཕུར་ཚུགས་སུ་ 15-1-695 གཟིགས་པ། ཕྱག་གཡས་གྲི་གུག་དང༌། གཡོན་ཐོད་ཁྲག་འཛིན་པ། གཡོན་བརྐྱང་གི་སྟབས་ ཀྱིས་བཾ་ཆེན་གྱི་གདན་ལ་བཞུགས་པ། འཁོར་ལས་ཀྱི་མ་མོ་དཔག་ཏུ་མེད་པས་བསྐོར་བའོ། ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ༀ་བཛྲ། ཡཀྨོ་མཧཱ་ཀཱ་ལི་ཏྲཀ་རཀྴ་ར་ར་རོ་རུ་རོ་རུ་ཨརྒྷཾ་པྲ་ ཏཱིཙྪ། བཱ་ལིཾ་ཁཾ་ཁ་ཁཱ་ཧི་ཁཱ་ཧི་པྲ་ཏཱིཙྪ་ཧཾ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། དམ་བསྒྲགས་ལ་འདོད་དོན་གསོལ་ བ་བཏབ། བྷྱོཿ སྨོན་ལམ་དབང་གི་ལྷ་མོའི་ཚུལ་འཛིན་ཅིང༌། །ཡེ་ཤེས་ཞི་བའི་ངང་ལས་མ་ གཡོས་ཀྱང༌། །རྣམ་འཕྲུལ་དུ་མས་འགྲོ་དོན་དཔག་མེད་མཛད། །གཅེར་བུ་ཡིད་འཕྲོག་མ་ལ་ བདག་བསྟོད་དོ། །ཤ་ཟ་ཆེན་མོ་རྡོ་རྗེ་དམ་ཅན་མ། །རྒྱོབ་ཅིག་རྒྱོབ་ཅིག་དགྲ་བགེགས་སྲོག་ རྩ་ཆོད། །སོད་ཅིག་སོད་ཅིག་དམ་ཉམས་ཁྲག་ལ་གསོལ། ཁ་རཾ་ཁཱ་ཧི་ལས་ལ་མཐུ་མ་ཆུང༌། ། ཞེས་སོགས་དྲག་ཏུ་བསྐུལ། ཐུགས་ཀར་ཉི་མ་ཀྵ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བར་བསམས་ ལ། ༀ་མཧཱ་ཀ་ལི་ཏྲཀ་རཀྴ་ར་ར་རོ་རུ་རོ་རུ་ཙ་པ་ལི་མཧཱ་ཀ་རུ་ཎི་ཀ་སྭཱཧཱ། ཞེས་བཟླས། མཇུག་ཏུ་ ཟན་རིལ་ཉི་ཤུ་རྩ་གཅིག་གཏོར་མ་ལ་བཏབ་སྟེ། ༀ་ཨཱཿཧཱུཾ། ཡཀྨོ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཉེར་གཅིག་ བརྗོད། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ་རྣམས་བྱའོ། ། འདི་ཡི་རྗེས་གནང་ནི། གཏོར་མ་ཙ་ཀ་ལི་སྒྲོན་མའི་མཐའ་མཆོད་གཏོར་གྱིས་བསྐོར། གཏོར་མ་གཉིས་ཀ་བྱིན་རླབས་ མཉམ་དུ་བྱ། ཙ་ཀ་ལི་སྐད་ཅིག་གིས་ལྷར་བསྐྱེད། གཞན་གཏོར་ཆོག་བཞིན་ལས། བསྟབ་གཏོར་སོང་མཚམས་སུ། སློབ་མས་ མཎྜལ་ཕུལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །འཕྲིན་ལས་སྒྲུབ་མཛད་སློབ་དཔོན་ མཆོག །བདག་ལ་ནམ་མཁའི་གོས་ཅན་གྱིས། །བྱིན་གྱིས་བརླབས་པ་སྩལ་དུ་གསོལ། །ཞེས་ གསོལ་བ་བཏབ། སྐྱབས་སེམས་དང་རྒྱུན་བཤགས་བྱ། མདུན་བསྐྱེད་ལ་ཡེ་ཤེས་པ་སྤྱན་དྲངས་ནས་གསལ་འདེབས་སུ་བཅུག སློབ་མ་ཡི་དམ་དུ་གསལ་བཏབ་ནས་བཟླས་ལུང་སྦྱིན། གཏོར་མ་ལག་ཏུ་གཏད་ལ་བཀའ་ཉན་དུ་བཀའ་བསྒོ་དྲག་ཏུ་བྱའོ། །རྗེས་ སྤྱི་དང་འདྲ། རྗེས་ཆོག་གི་ཐོག་མར་ཙ་ཀ་ལི་བཙུགས་པའི་གཏོར་མ་དེ་ཡང་འབུལ་ལོ། །ཇོ་བོའི་སློབ་མ་ཀུན༷་གྱི་ཕུལ། གསང་ཕུ་ བ་ལ་གནང་བས་དག༷འ། །བསྟན་སྲུང་ཀུན་གྱི་སྙིང༷་པོ༷ར་མཛད། །འདི་འདྲ་རྙེད་པ་ངོ་མཚར་ཆེ། །ལྷ་མོ་ནམ་མཁའི་གོས་ཅན་གྱི་ 15-1-696 སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། དཔལ་ལྷ་མོའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་ཉེར་ གཉིས་པའོ།། །།མངྒ་ལཾ། ༄༅། །ༀ་སྭཱ་སྟི། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད། །དེ་ལ་གུས་པས་ བཏུད་བྱས་ནས། །གཤིན་རྗེའི་རྒྱལ་པོའི་སྒྲུབ་ཐབས་བཤད། །གཏོར་མ་ཤ་ཁྲག་གིས་བརྒྱན་པ་དང༌། ཉ་ཤའི་སྤོས་སོགས་དམ་ རྫས་ཚང་བར་བྱས་ཏེ། འཇམ་དཔལ་ཁྲོས་པའི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་གཏོར་ཡི་དམ་ལྟར་བྱིན་གྱིས་བརླབས་ ལ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རཀྟའི་རྒྱ་མཚོའི་དབུས་སུ་ཐོད་མཁར་འབར་ བའི་གཞལ་ཡས་ཁང་ཀེང་རུས་ཀྱིས་ཐོག་ཕུབ་པ། དེའི་དབུས་སུ་མེ་རླུང་འཚུབ་མའི་ནང་ན་ པད་ཉི་ལ་གནས་པའི་མ་ཧེ་ནག་པོ་དྲེགས་ཤིང་ཁྲོས་པ་དགྲ་བགེགས་ཀྱི་བཾ་ཆེན་བརྫིས་པའི་ སྟེང་དུ། ཡ་ལས་དབྱུག་པ་ཡས་མཚན་པ་ཡོངས་སུ་གྱུར་པ་ལས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ་ཧེའི་གདོང་པ་ཅན། ཕྱག་གཡས་རྡོ་རྗེས་ མཚན་པའི་ཐོད་དབྱུག་ནག་པོ་འཕྱར་ཞིང༌། གཡོན་ཞགས་པ་ནག་པོ་དང་བཅས་པའི་སྡིགས་ མཛུབ་མཛད་པ། སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང༌། མཆེ་བ་གཙིགས་པ། གཅེར་བུ་ལིང་ག་ གྱེན་དུ་བསྒྲེང་བ། རབ་ཏུ་འཇིགས་པའི་ཉམས་ཅན་རྒྱན་སྤངས་པ། ཞབས་གཡས་བསྐུམ་ གཡོན་བརྐྱང་གི་སྟབས་ཀྱིས་མེ་རླུང་འཚུབ་མའི་ཀློང་ན་མ་ཧེའི་གདན་ལ་བཞུགས་པའོ། ། གཡོན་དུ་ཙཾ་ལས་ཡུམ་ཙ་མུཎྜི་ནག་མོ་སྐྲ་དམར་སེར་སིལ་བུར་གྲོལ་ཞིང་ནུ་མ་འཕྱང་བ། བ་ ལང་གི་པགས་པ་དང༌། གོས་ནག་གྱོན་ཞིང༌། ཏྲི་ཤུ་ལ་དང༌། ཐོད་པ་ཐོགས་པ་ཆེར་ཁྲོས་པའོ། ། མཐའ་སྐོར་དུ་ཡ་བ་ཏི་བེ་ཅོན་འཛིན་པ། ཕྱ་སངས་འཁོར་ལོ་འཛིན་པ། དམིགས་པ་གསལ་ ཞིང་འཛིན་པ། རལ་པ་ཚར་དགུ་མདུང་ཐུང་འཛིན་པ། གཤིན་རྗེའི་ཕོ་ཉ་ལྕགས་ཀྱུ་འཛིན་ པ། དུས་ཀྱི་ཞགས་པ་བདུད་ཞགས་འཛིན་པ། ཡ་མ་དཎྜི་བེ་ཅོན་འཛིན་པ། ཡ་མ་དཾ་ཥྚི་མཆེ་ བ་འབར་བ་འཛིན་པ། དུས་མཚན་མོ་དང༌། གསོད་པ་མོ་དང༌། ནག་མོ་དང༌། ནམ་གྲུ་ཤ་ཀ་ 15-1-697 ལཱི་ལ་སོགས་པ་གཤིན་རྗེ་དང༌། མ་མོའི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་གཤིན་རྗེའི་ གྲོང་ཁྱེར་སྒོ་མེད་ལྕགས་ཀྱི་མུན་ཁང་བཅུ་དྲུག་ནས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་འཁོར་དང་ བཅས་པ་བཛྲ་ས་མཱ་ཛཿ རུས་སྦལ་གྱི་འདུག་སྟངས་བཅས་ལ། རྡོ་རྗེ་བསྡམས་པ་ལས་སྲིན་ལག་བརྐྱང་བའི་གཤིན་རྗེའི་ དམ་རྒྱ་གཡབ་ཅིང༌། ཧཱུཾ། འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ན། །རིམ་ པ་བདུན་གྱི་ས་འོག་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །ཡི་དྭགས་ཀུན་གྱི་སྡེ་དཔོན་པ། །མ་ མོ་ཀུན་གྱི་ཚོགས་རྗེའོ། །གསོན་གཤིན་ཀུན་གྱི་ཟམ་ཁ་བ། །གསོན་པོ་བཀོས་ལ་འདེབས་པ་ པོ། །ཤི་བ་ཀུན་གྱི་གཤིན་བུ་རྗེ། །དགེ་བ་ཅན་གྱི་བཏངས་འཛིན་པ། །སྡིག་པ་ཅན་གྱི་ཆད་པ་ མཁན། །ལྷ་དང་བཅས་པའི་འཇིག་རྟེན་ན། །ལེགས་ཉེས་ཆོས་བཞིན་སྤྱོད་པ་པོ། །ཆོས་རྒྱལ་ གཤིན་རྗེ་ཞེས་བྱ་བ། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཧྲཱིཿཥྚིཿའི་མཐར། ཡ་མ་ རཱ་ཛ་ས་པ་རི་ཝཱ་ར་ཨཱ་ཀཪྵ་ཡ་ཛཿ ཞེས་སྤྱན་དྲངས། གོང་གི་དམ་རྒྱ་དེ་ཉིད་དམ། རྡོ་རྗེ་ཁུ་ཚུར་གྱི་གུང་མོ་བརྐྱང་བ་ དབྱུག་པའི་ཕྱག་རྒྱ་འཕྱར་བས་ཀྱང་རུང་སྟེ། ཧྲཱིཿཥྚིཿའི་མཐར་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ། ཞེས་དམ་ལ་ བཞག ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་པ་བསྡུས་པ་ཞིག་འབུལ། གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས། ། དམ་ཚིག་དབང་གིས་འདིར་བརྟན་བཞུགས། །མཆོད་པ་ཚུལ་བཞིན་བཞེས་ནས་ཀྱང༌། ། ལས་གྲུབ་བར་དུ་བཞུགས་སུ་གསོལ། །ༀ་ཡ་མ་རཱ་ཛ་ས་མ་ཡ་པདྨ་ཀ་མ་ལ་ཡེ་སྟྭཾ། ཛཿཧཱུཾ་བཾ་ ཧོཿ གཉིས་སུ་མེད་པར་བསྟིམ། ལག་པ་གཡས་བེ་ཅོན་གྱི་ཕྱག་རྒྱ་བཅས། གཡོན་པས་སོ་སོའི་ཕྱག་རྒྱ་བཅའ་བའམ། གཏོར་སྣོད་དམ་བཟེད་ཞལ་དུ་མཆོད་པ་བསྟབས་ལ། ཧྲཱིཿཥྚིཿའི་མཐར་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ། དེ་བཞིན་དུ། པཱདྱཾ། བཛྲ་པུཥྤེ་པཱུ་ཛ་ས་མ་ཡེ་ཧཱུཾ། དེ་ནས་ནཻ་ཝི་དྱའི་བར་རིགས་འགྲེ། རོལ་མོའི་སྒྲ་བསྒྲགས་ཤིང༌། ༀ་བཛྲ་ཤཔྟ་ཨཱཿཧཱུཾ། ཞེས་བརྗོད། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་སྔ་རུ། །བདུད་འདུལ་ བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་དང༌། །འབྱུང་པོ་ 15-1-698 རོ་ལངས་ཅི་བགྱི་བཀའ་ཉན་སོགས། །ཕྱི་ནང་གསང་བའི་དམ་ཅན་མ་ལུས་ལ། །བདག་གི་ རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། །ཞེས་བསྟོད། བཟླས་པའི་དམིགས་པ་གསལ་བཏབ་ལ། ༀ་ཀ་ལ་ རཱུ་པ་ཧཱུཾ་ཕཊ། ཤིན་ཏུ་ཉེ་སྙིང༌། ༀ་ཀ་ལ་རཱུ་པ་ཡ་མ་རཱ་ཛ་ཡ་ཧཱུཾ་ཕཊ། ཉེ་སྙིང་དང༌། ༀ་ཀ་ལ་རཱུ་པ་བྷི་མ་ ཡཀྵ་ཧཱུཾ་མཧཱ་རོ་ཥ་ཎ་ར་སིདྡྷི་ཡེ་ཡ་མ་རཱ་ཛ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པའི་སྙིང་པོ་རྣམས་ཅི་འགྲུབ་ཏུ་ བཟླས། ༀ་ཧྲཱིཿཙ་མུཎྜི་ཧཱུཾ་ཕཊ། ཅེས་ཡུམ་གྱི་སྔགས་ཀྱང་བཟླ། མཐར་ༀ་ཀ་ལ་རཱུ་པ་སརྦ་བིགྷྣཱན་ཤ་ཏྲུན་མཱ་ ར་ཡ་ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ཞེས་ལན་བདུན་གྱིས་གཏོར་མ་ཕུལ། ༀ་བཛྲ་ཨརྒྷཾ་སྭཱཧཱ་ནས། ཤཔྟ་ཨཱཿཧཱུཾ་གི་བར་གྱིས་མཆོད། འཆི་བདག་དམ་ཅན་གཤིན་རྗེ་ནི། །འཇམ་པའི་དབྱངས་ཀྱི་ཕྱག་ བརྙན་ཏེ། །མ་གཤིན་འབྱུང་པོའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། ། འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ནི་རྣལ་འབྱོར་སྒྲུབ་པ་པོ། །འཇམ་ དཔལ་གཞོན་ནུའི་ཐུགས་ཀྱི་སྲས། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ། །རྫོགས་པའི་བྱང་ ཆུབ་སྒྲུབ་པའི་ཕྱིར། །བསམ་པ་བྱང་ཆུབ་སེམས་ཀྱིས་བརླན། །རྒྱུད་ནི་ཡེ་ཤེས་རྡོ་རྗེ་འཆང༌། ། གཟི་བྱིན་སྐུ་གསུང་ཐུགས་ཀྱིས་བསྐྱེད། །དོན་ནི་འགྲོ་བ་ཡོངས་ཀྱི་དོན། །ལས་ནི་སངས་ རྒྱས་ཀུན་གྱི་ལས། །བཀའ་ནི་དཀོན་མཆོག་གསུམ་གྱི་བཀའ། །རྒྱལ་པོ་འཁོར་དང་བཅས་པ་ རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གི་ བར་བརྗོད། དྲག་པོའི་ལས་ཀྱི་དོན་ཡིན་ན། འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །སོགས་ཀྱིས་འཕྲིན་ལས་བཅོལ། གང་ལྟར་ཡང་གཏོར་མ་ལྷོ་ཕྱོགས་སུ་གཏོང༌། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། བདག་བསྲུང༌། བཀྲ་ཤིས་རྣམས་ བྱའོ། །ལས་གཤིན་མ་ཧེའི་གདོང་དང༌། ལིངྒ་གྱེན་བསྒྲེང་དུ་བྱེད་པ་ནི། འཇིགས་བྱེད་ཁོ་ན་དང་སྦྲེལ་བའི་དབང་དུ་བྱས་པ་རྭ་བའི་ མན་ངག་ཁྱད་པར་ཅན་ཡིན་ལ། གཞན་དུ་ཁྲོ་ཞལ་དུ་ཡང་བྱ་ཞིང༌། མི་མགོའི་ཕྲེང་བ་ཙམ་གྱི་རྒྱན་དང༌། རུས་འཕྲེང་ཙམ་དང༌། དུར་ཁྲོད་ཀྱི་ཆས་རྫོགས་པ་སོགས་ཅི་རིགས་སུ་འབྱུང་བ་རྣམས་ནི་འདམ་ཀ་དང༌། ལས་སོ་སོའི་གནས་སྐབས་ཡིན་པས། དེ་དང་ དེའི་མན་ངག་ཤེས་པར་བྱའོ། །བཅུ་གསུམ་མར་བྱེད་ན། དྲག་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞིའི་དབུས་སུ་འཁོར་ལོ་སྔོན་པོ་ 15-1-699 རྩིབས་བཞི་པ། ལྟེ་བ་ལ་གཙོ་བོ་ཡབ་ཡུམ། རྩིབས་བཞི་ལ་ཡ་ལས་གཤེད་པོ་བཞི་ནག་པོ། སྒོ་བཞིར་གཤིན་རྗེ་ཕོ་ཉ་སོགས་གྱིང་ ཆེན་བཞི་དཀར་པོ། གྲྭ་བཞིར་ཀ་ལ་ར་ཏྲི་ལ་སོགས་པ་མ་མོ་བཞི་དམར་མོ། ཕྱག་མཚན་དང༌། བཞོན་པ་བསྐུལ་ཞིང་བསྐྱོད། ཉང་ སྟོད་ཨཱརྱའི་ལུགས་ཀྱི་བཅུ་གསུམ་མ་ལ་ནི། ཡ་ཝ་ཏི་སོགས། ཆུ་སྲིན། སེང་གེ། འབྲུག་དང༌། བྱ་ཁྱུང་རྣམས་ལ་ཆིབས་པ། གྱིང་ ཆེན་བཞི་སྟག་གཟིག་དོམ་རྣམས་ལ་ཆིབས་པར་བྱས་ཡོད། ལྷོ་ཕྱོགས་ཀྱི་ལས་གཤིན་ལ། ཤར་དུ་ཡ་བ་ཏི། ལྷོར་ཆོས་ཀྱི་རྒྱལ་པོ་ ཞེས་སོགས་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་ཀྱིས་བསྐོར་བར་བྱེད་པ་ནི། མི་ལེགས་ཏེ། ཕོ་བརྒྱད་ཀྱི་ནང་ཚན་ཆོས་ཀྱི་རྒྱལ་པོ་ཉིད་ གཙོ་བོ་ཡིན་པའི་ཕྱིར་རོ། ། འདིའི་རྗེས་གནང་ནི། གཙོ་རྐྱང་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་གཏོར་དབང་དང་བཅས་པ་དཀྱུས་མ་རེ་མཛད་པའི་ ལུགས་ཀྱང་ཡོད་ཅིང༌། འཁོར་བཅས་ཀྱི་དབང་དུ་བྱས་ནས། མཎྜལ་གྲུ་གསུམ་མཐིང་ནག་ཚོམ་བུ་ནག་པོ་ཅན་གྱི་སྟེང་དུ། རྟེན་ གཏོར་སྙིང་གཟུགས་མའམ་གྲུ་གསུམ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། གཏོར་མ་གཉིས་ཀར་ལ་བ་དན་ནག་པོ་ བཙུགས། སྔོན་འགྲོ་གཏོར་མ་བཏང༌། བདག་བསྐྱེད་ནས་མདུན་བསྐྱེད་ཀྱི་འདོད་དོན་གསོལ་བཏབ་ཀྱི་བར་གོང་བཞིན་བྱས་ ལ། སློབ་མས་མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ཀྱིས་གསོལ་བ་བཏབ། གུར་ནས་འབྱུང་ བའི་རྒྱུན་བཤགས་དང༌། རིགས་ལྔའི་སྡོམ་བཟུང་བྱ། སློབ་མ་གཤིན་རྗེ་གཤེད་དུ་བསྐྱེད། མདུན་གྱི་གཏོར་མ་ཆོས་རྒྱལ་འཁོར་ བཅས་སུ་བསྐྱེད་ཅིང༌། རོལ་མོའི་སྒྲ་དང་བཅས་སྤྱན་དྲངས། དམ་བཞག་མཆོད་བསྟོད་དགུག་གཞུག་རྣམས་བྱ། སློབ་མའི་ སྙིང་གར་པད་ཉི་ལ་ཡ་དང་ཧཱུཾ་བརྩེགས་པའམ། སྙིང་གར་ཉི་མ་ལ་ཧཱུཾ་ཡིག་འབར་བ། ལྟེ་འོག་ ཏུ་ཉི་མ་ལ་ཡ་ཡིག་གསལ་བཏབ་ཀྱང་རུང་སྟེ། སློབ་དཔོན་གཤིན་རྗེ་གཤེད་ཀྱི་སྐུར་གསལ་ བའི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཆོས་ཀྱི་རྒྱལ་པོའི་སྐུ་གཉིས་ པ་ཞིག་ཆད་དེ། སྙིང་གའམ་ལྟེ་བའི་ཡ་ལ་ཐིམ་པར་བསམས་ལ། སྐུ་འདྲ་ཙ་ཀ་ལི་གཏད་དེ། གཏི་མུག་ཁྲོས་པ་ཡ་མ་རཱ་ཛ་ནི། །གཏི་མུག་ཅན་གྱི་རྒྱུད་ལ་ཁྱབ་པར་འཇུག །སེམས་ཅན་ གཏི་མུག་ཡོངས་སུ་སྦྱོང་བའི་ཕྱིར། །མེ་ལོང་ཡེ་ཤེས་དམ་ཚིག་ཁྱོད་ལ་སྦྱིན། །ཧྲཱིཿཥྚིཿའི་མཐར་ཀ་ ལ་རཱུ་པ་ཡ་མ་རཱ་ཛ་ཀཱ་ཡ་ཨ་བྷི་ཥིཉྩ་ༀ། སྐུའི་རྗེས་གནང་ངོ༌། །དེ་ཉིད་དང་འདྲ་བ་ལས་སྔགས་འཕྲེང་བྱུང་སྟེ། ལྟེ་ 15-1-700 བའི་ཡ་ལ་ཐིམ། སྔགས་བྱང་ལག་ཏུ་གཏད། གོང་གི་ཚིགས་བཅད་ལ་གཏི་མུག་ཅེས་པའི་གནས་སུ་འདོད་ཆགས་ ཞེས་པ་དང༌། མེ་ལོང་ཡེ་ཤེས་ཀྱི་གནས་སུ་སོར་རྟོག་ཡེ་ཤེས་དང༌། ཀཱ་ཡའི་གནས་སུ་ཝཱཀ་ཞེས་པ་བཅུག་ སྟེ། གསུང་གི་རྗེས་གནང་ངོ༌། །དེ་བཞིན་དུ་ཕྱག་མཚན་བསྟིམ་པའི་དམིགས་པ་དང༌། དབྱུག་ཞགས་ལག་ཏུ་གཏད་དེ། ཞེ་སྡང་ དང༌། ཆོས་དབྱིངས། ཙིཏྟ་ཞེས་འདོན་པ་སྤོས་ཏེ་ཐུགས་ཀྱི་རྗེས་གནང་ངོ༌། །དེ་བཞིན་དུ་འོད་ཟེར་སྣ་ལྔ་བསྟིམ་ཞིང༌། ཆོས་ཀྱི་རྒྱལ་པོའི་རྟོག་པའི་དཔེ་ལག་ཏུ་གཏད་དེ། ང་རྒྱལ། མཉམ་ཉིད། གུ་ཎ། ཞེས་འདོན་པ་སྤོས། ཡོན་ཏན་གྱི་ རྗེས་གནང་ངོ༌། །ལྟེ་བའི་ཡ་ཡིག་གི་འོད་ཀྱིས་འཕྲིན་ལས་རྣམ་པ་བཞི་སྒྲུབ་པར་བསམས་ལ། བཤན་པ་ཕོ་མོའི་འཁོར་ལོ་ལག་ཏུ་ གཏད། ཕྲག་དོག བྱ་གྲུབ། ཀརྨ། ཞེས་འདོན་པ་སྤོས་ཏེ། འཕྲིན་ལས་ཀྱི་རྗེས་གནང་ངོ༌། །དེ་ནས་གཏོར་མ་ལག་ཏུ་ གཏད་དེ་བཀའ་བསྒོ་དྲག་ཏུ་བྱ། སློབ་མ་དེ་བསྙེན་པ་བྱེད་པ་ཡིན་ན་བཟླས་ལུང་ཡང་སྤྱི་དང་མཐུན་པར་སྦྱིན་ནོ། །སློབ་མའི་རྗེས་ ཀྱི་བྱ་བ་དང༌། མདུན་བསྐྱེད་ཀྱི་རྗེས་ཆོག་ནི་སྤྱིས་རིགས་འགྲེའོ། །འཇམ་པའི་དབྱངས་ཀྱི་བཀའ་གཉན་མཆོག །དྲེགས་པ་ཀུན༷་ གྱི་མཐར་ཐུག་པའི། །སྒྲུབ་ཐབས་རབ་དག༷འ་འདི་སྤེལ་བས། །སྙིང༷་པོ༷འི་བསྟན་པ་རྒྱས་པར་ཤོག །ཆོས་རྒྱལ་ལས་ཀྱི་གཤིན་རྗེ་ མཐིང་གའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། གཤིན་རྗེ་འཇོམས་པ་ལ་བཏུད་ནས། །གཤིན་རྗེའི་རྒྱལ་པོའི་སྒྲུབ་ཐབས་ནི། ཁྱད་པར་རྣམ་དབྱེ་ མདོར་བསྡུས་ཙམ། །བརྗོད་འགྱུར་འདི་ལ་མཉན་པར་གྱིས། །ལས་ཀྱི་གཤིན་རྗེ་མཐིང་གའི་སྒྲུབ་ཐབས་ཤེས་པས་འདི་ལ་འཇུག་ པར་བྱ་སྟེ། རང་གི་མདུན་དུ་མེ་རླུང་གི་རང་བཞིན་དམར་ནག་འབར་བའི་དཀྱིལ་འཁོར་དབུས། སྐད་ཅིག་གིས་ལས་ཀྱི་གཤིན་རྗེ་དམར་པོ་རབ་ཏུ་འཇིགས་པ། གཡས་རལ་གྲི་མེ་འབར་ བ་འཕྱར་བ། གཡོན་རླུང་གི་འཁོར་ལོ་འབར་བ་སྐོར་བ། ཁ་གདངས་ཤིང་ལྗགས་འགྲིལ་ བ། དམར་ལ་ཟླུམ་པའི་སྤྱན་གསུམ་པ། སྨ་ར་ཨག་ཚོམ་ཁམ་སེར་གྱེན་དུ་གཡེངས་པ། ཞིང་ པགས་ཀྱི་སྟོད་གཡོགས་ཅན། མ་ཧེའི་གདན་ལ་གཡོན་བརྐྱང་གིས་བཞུགས་པ། གཡོན་དུ་ ཡུམ་ཨེ་ཀ་ཛ་ཊི་སྐུ་མདོག་ནག་མོ་རལ་པ་མུན་ལྟར་གཏིབས་པ། ལྕགས་ཀྱུ་དང༌། ཐོད་ཁྲག་ འཛིན་པ། མི་ལྤགས་གྱོན་ཞིང་རྒྱུ་མས་ཐོད་བྱས་པ། ཡབ་ཡུམ་གཉིས་ལ་འཁོར་གཤིན་རྗེ་ 15-1-701 དང་བདུད་མོ་འབུམ་འབུམ་གྱིས་བསྐོར་བའོ། །དེའི་ཐུགས་ཀ་ནས་ཛ་བཞི་སྤྲོས་པ་ལས་ཤར་ དུ་སྲིན་པོ་མ་རུ་རྩེ། ལྷོ་རུ་གཤིན་རྗེ་མ་རུ་རྩེ། ནུབ་ཏུ་བདུད་པོ་མ་རུ་རྩེ། བྱང་དུ་གནོད་སྦྱིན་ མ་རུ་རྩེ་རྣམས་དམར་པོ་སྤུ་གྲི་དང༌། ཞགས་པ་འཛིན་པ། བསེ་བྱའི་སྟེང་ན་བཞུགས་པའོ། ། སྤྱན་འདྲེན་གྱི་ཚིགས་བཅད་ཀྱི་རྗེས་ལ། སྙིང་པོ་མཐར་ཨཱ་གཙྪ། ཨཱ་གཙྪ། ས་མ་ཡ་ཏིཥྛནྟུ་ཞེས་བརྗོད། བཟླས་ པའི་སྔགས་ནི། ༀ་ཡ་མ་རཱ་ཛ་ཨེ་ཀ་ཛ་ཊི་ཡ་ཧོ་ཕཊ། མ་ཧོ་ཕཊ། ཤུ་ཧོ་ཕཊ། མ་རུ་རྩེ་ཕཊ། ཌཾ་ ཌཾ་ཕཊ། ཉི་ཕཊ། ཧཱུཾ་ཧཱུཾ་ཕཊ། ཅེས་པའོ། །གཏོར་སྔགས་སྙིང་པོའི་མཐར་ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ བཏགས་པས་འབུལ། བསྟོད་པ་ནི། ཁྲག་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །བསྐལ་པ་མེ་ལྟར་འབར་ བའི་དབུས། །གཤིན་རྗེའི་དབང་པོ་མ་རུ་རྩེ། །གཤིན་རྗེ་འབུམ་དང་བཅས་ལ་བསྟོད། །རླུང་ ནག་འཚུབ་མའི་དཀྱིལ་འཁོར་ན། །ཨེ་ཀ་ཛ་ཊི་མ་མོ་འབུམ། །ལས་བྱེད་བཞི་དང་འཁོར་ གཡོག་ནི། །གྲངས་ལས་འདས་པ་རྣམས་ལ་བསྟོད། །ཅེས་པ་རྣམས་འདོན་པ་སྤོས་ལ། ལྷག་མ་མཐིང་གའི་ སྐབས་བཞིན་གཞུང་བསྲང་ངོ༌། ། རྗེས་གནང་ལ། རྡོ་རྗེ་འཛིན་པ་སོགས་ཀྱིས་གསོལ་བ་འདེབས། སྐུའི་རྗེས་གནང་ནག་པོ་དང་འདྲ། གསུང་བཟླས་ ལུང༌། ཐུགས་གཏོར་དབང་རྣམས་སོ། །ཆོས་སྐོར་ཀུན༷་ལས་ཆེས་དཀོན་པ། །རྭ་ལུགས་གཤིན་རྗེ་དམར་པོ་ཡི། །ཡིག་སྣ་མདོར་ བསྡུས་ཡིད་དག༷འི་གནས། །འདི་ཡང་སྙིང༷་པོ༷ར་དགོས་པས་བྲིས། །ལས་གཤིན་མ་རུ་རྩེ་བཞི་སྐོར་དུ་གྲགས་པའི་སྒྲུབ་ཐབས་ཀྱི་ ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། འཇམ་དཔལ་ཡ་མནྟ་ཀ་ལ། །བཏུད་ནས་ལས་ཀྱི་གཤིན་རྗེ་ནི། །སྲིན་པོ་དམར་ནག་ཁྲོས་ཚུལ་ གྱི། །སྒྲུབ་ཐབས་ཅུང་ཟད་བརྗོད་པར་བྱ། །འདིར་ཆོ་གའི་སྤྱི་རྣམས་ལས་གཤིན་རྗེ་མཐིང་ག་ཁོ་ན་བཞིན་སྦྱར་ལ་ཁྱད་པར་ ནི། རང་གི་ཐུགས་ཀ་ནས་ཡ་ཡིག་མདུན་དུ་སྤྲོས་པ་ལས་ལས་ཀྱི་གཤིན་རྗེ་དམར་ནག་ཆེར་ ཁྲོས་ཤིང་འཁྲུགས་པ། ལག་གཡས་རྡོ་རྗེ་རྩེ་ལྔ་དང་མི་སྙིང་འཕྱར་བ། གཡོན་ཞགས་པ་དང་ བཅས་པའི་སྡིགས་མཛུབ་མཛད་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གཡོན་བརྐྱང་བའི་ 15-1-702 བཞུགས་པའོ། །དེའི་གཡོན་དུ་མ་སྤྲོས་པ་ལས། དུས་མཚན་མ་དམར་ནག་རལ་གྲི་དང་ཐོད་ ཁྲག་འཛིན་པ། ཏྲེའུ་ལ་ཆིབས་པ། སྤྲིན་དང་གློག་དམར་གྱི་སྟེང་ན་བཞུགས་པའོ། །སྤྱན་འདྲེན་ གྱི་ཚེ། འདི་ཉིད་ཀྱི་སྒྲུབ་ཡིག་ནས་བརྗོད་པའི་ཚིགས་བཅད་རྣམས་བརྗོད་ཀྱང་རུང་ལ། མཐར་སྙིང་པོའི་སྔགས་དྲག་ཏུ་བརྗོད། བཟླས་པའི་སྐབས། དཔའ་བོ་ཆེན་པོ་བདག་ཅི་བགྱི། །ཞེས་བཀའ་ནོས་པར་བསམས་ལ། ཏྲཀ་རཀྴ་ཡ། སྙིང་ཁ་ལ་ཏྲཀ །རཀྴ་ཡ། བཛྲ་དུན་ཏི་བཾ། བཛྲ་དུན་ཏི་རྦད། ཛཿཛཿ ཞེས་བཟླ། གཏོར་སྔགས་ནི། སྙིང་ པོའི་མཐར། ཐུན་ཨ་ཛ་ཛཿགོ་ཤ། ༀ་རུ་ལུ་རུ་ལུ་བྷྱོ་བྷྱོ་ཧཱུཾ་ཛ་ཛཿ བཱ་ལིཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ པའོ། །སྒོས་ཀྱི་བསྟོད་པ་བསྡུས་པ་ནི། ཧཱུཾ། ཤར་ཕྱོགས་དཀར་པོ་དུང་གི་གཞལ་ཡས་ནས། ཁྲག་མདོག་ དམར་པོ་བསེའི་ལན་ཕྲན་ཅན། །ཤིན་ཏུ་མི་བཟད་གཏུམ་པོ་ཆེན་པོའི་སྐུ། །ལྕམ་དྲལ་འཁོར་ དང་བཅས་ལ་བདག་བསྟོད་དོ། །རྒྱས་པར་ནི་སྒྲུབ་ཡིག་ཏུ་བལྟའོ། ། རྗེས་གནང་ནི་འདི་དང་མ་རུ་རྩེ་བཞི་སྐོར་གཉིས་ཀ་ལ། ཆོས་འབྱུང་གྲུ་གསུམ་དམར་པོ་ལ་གཏོར་མ་ཟུར་དགུ་པ་འགོད་ པར་མཐུན། རྗེས་གནང་དངོས་ཀྱང་འདྲ་བ་ལ། འདི་ལ་གསོལ་བཏབ་ནི། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། ། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །མགོན་པོ་ཆེན་པོ་ལྕམ་དྲལ་གྱི། །རྗེས་སུ་གནང་བ་ སྩལ་དུ་གསོལ། །ཞེས་པ་ལན་གསུམ་མཛད་དོ། །དགྲ་བགེགས་ཀུན༷་ལ་དྲག་ཤུལ་གྱི། །ལས་རྣམས་སྒྲུབ་ལ་ཆེས་དག༷འ་ བ། །གང་དེའི་སྒྲུབ་ཡིག་རྣམས་ལས་ནི། །སྙིང༷་པོ༷་ཁོལ་བྱུང་ཙམ་ཞིག་བྲིས། །ལས་གཤིན་དམར་མོ་ཁྲག་མདོག་ཏུ་གྲགས་པའི་ སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། ། ༄༅། །ༀ་སྭཱ་སྟི། དཔལ་ལྡན་ཧེ་རུ་ཀར་བཏུད་ནས། །དུར་ཁྲོད་བདག་པོའི་སྒྲུབ་ཐབས་ནི། །གཏོར་ཆོག་རྗེས་ གནང་དང་འབྲེལ་བ། །མདོ་ཙམ་བདག་གིས་བཤད་པར་བྱ། །མཆོད་གཏོར་བཤམས་ལ། བདེ་མཆོག་གམ་རྡོ་རྗེ་རྣལ་འབྱོར་མའི་ བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་དང་གཏོར་མ་ཡི་དམ་གྱི་ཆོ་ག་ལྟར་བྱིན་གྱིས་བརླབས། དེ་ནས་རང་གི་མདུན་ གྱི་ནམ་མཁར་ཧཱུཾ་ཡིག་ལས་ཨེ་ཆད་པ་ལས་ཡཾ་གྱི་རླུང་གི་དཀྱིལ་འཁོར། རཾ་ལས་རཀྟའི་རྒྱ་ མཚོ། སུཾ་ལས་ཞིང་ཆེན་གྱི་གཡང་གཞི། ཀེཾ་ལས་ཀེང་རུས་ཀྱི་རི་རབ། རཾ་ལས་ཉི་མའི་དཀྱིལ་ 15-1-703 འཁོར། སུཾ་ལས་ཐོད་མཁར་གྱི་གཞལ་ཡས་ཁང༌། དེའི་ནང་དུ་པཾ་[ལས་]པདྨ་མཎྜ་ལ་ཧཱུཾ་ གིས་པདྨའི་གདན། མ་སུརྱ་མཎྜ་ལ་ཧཱུཾ་གིས་ཉི་མའི་གདན། ཨ་ཙཎྜ་མཎྜ་ལ་ཧཱུཾ་གིས་ཟླ་བའི་ གདན་ཏེ། གདན་གཉིས་སུ་གྱུར། གདན་གཉིས་ཀྱི་སྟེང་དུ་ས་བོན་ཧཱུཾ་དང་ཨཾ་ལས་དུང་དང་ མགྲོན་བུ་ཧཱུཾ་དང་ཨཾ་གིས་མཚན་པ་ལས། དཔའ་བོ་དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ་མདོག་ དཀར་ལ་འོད་ཟེར་འཕྲོ་བ། ཀེང་རུས་ཤིན་ཏུ་འཇིགས་པའི་གཟུགས་ཅན། ཞལ་གཅིག་ཕྱག་ གཉིས་སྤྱན་གསུམ་བགྲད་པ། ལྗགས་འགྲིལ་བ། མཆེ་བ་གཙིགས་པ། ཕྱག་གཡས་ཐོད་ སྐམ་གྱི་དབྱུག་པ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པ་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་ བཟུང་ནས་ཞལ་དུ་གསོལ་བ། ཞབས་གཡོན་བརྐྱང་གི་བརླ་ལ་གཡས་བསྐུམ་པའི་སོར་མོ་ རྣམས་བསྟད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། དར་སྣ་ཚོགས་ཀྱི་ཤམ་ ཐབས་ཅན། རིན་པོ་ཆེའི་དབུ་རྒྱན་དང༌། སྙན་ཆས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་ དབུས་ན་བཞུགས་པའི་ཡབ་ཡུམ་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་ འགྲོ་དཔག་ཏུ་མེད་པས་བསྐོར་བ་གཉིས་སུ་གྱུར། དེ་གཉིས་ཀྱི་དཔྲལ་བར་ༀ། མགྲིན་པར་ ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ནུབ་ཕྱོགས་ཨུ་རྒྱན་མཁའ་ འགྲོའི་ཕོ་བྲང་ནས། དཔའ་བོ་དུར་ཁྲོད་བདག་པོ་ཡབ་ཡུམ་གཉིས་ལ་འཁོར་འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ། ༀ་བཛྲ་ས་མཱ་ཛཿ ཧཱུཾ། དཔལ་ལྡན་མཐུ་སྟོབས་དབང་ཕྱུག་ཆེ། །འཕྲིན་ལས་རྣམ་བཞིའི་དོན་མཛད་པ། །དད་དང་ དམ་ཚིག་ཆེན་པོ་ཡི། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཤྲི་སྨ་ཤ་ན་ཨ་དྷི་པ་ཏ་ཡེ། ཨེ་ཧྱེ་ཧི་པདྨ་ཀ་མ་ལ་ཡེ་སྟྭཾ། ཤྲི་སྨ་ཤ་ན་ཨ་དྷི་པ་ཏི་མཧཱ་པི་ཤཱ་ཙི་ཨརྒྷཾ་ནས་ཤཔྟ་ཨཱཿཧཱུཾ། ༀ་ གྲཱ་རཱ་ཛ་གྲཱ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱཧཱ། དཔའ་བོ་དུར་ཁྲོད་བདག་པོ་ལྕམ་དྲལ་གྱི་ཞལ་དུ་ མཆོད་པར་འབུལ་ལོ། །ༀ་ཨཱཿཧཱུཾ། རྒྱལ་བའི་ཐུགས་ཀྱི་འཕྲིན་ལས་ཀུན། །མ་ལུས་གདུག་པ་ 15-1-704 འདུལ་བའི་ཕྱིར། །འཇིགས་པའི་སྐུར་སྟོན་འདོད་དོན་སྟེར། །དུར་ཁྲོད་གནས་ཀྱི་བདག་པོར་ བསྟོད། །དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱིས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ ལྷག་མ་ཡར་ལུད་པ་ལས། འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པ་རེ་རེས་དབུ་བརྒྱན། ༀ་ བཛྲ་ས་མ་ཡ་སྟྭཾ། ས་མ་ཡ་ཧོ། དཔའ་བོ་དུར་ཁྲོད་བདག་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་ དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། དཔལ་འཁོར་ ལོ་སྡོམ་པའི་ལྷ་ཚོགས་རྣམས་དང༌། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ ལས་མ་འདའ་བར་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་ དགྲ་དང་ཆོམ་རྐུན་ཐམས་ཅད་ཚར་གཅོད་པའི་འཕྲིན་ལས་མཛད་དུ་གསོལ། ༀ་གྲཱ་རཱ་ཛ་གྲཱ་ རཱ་ཛ། ཀུ་མ་ཀུ་མ་ཁུཾ་ཐིས་སྭཱཧཱ། ཤྲི་སྨ་ཤ་ན་ཨ་དྷི་པ་ཏི་མཧཱ་པི་ཤཱ་ཙི་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཤྲི་སྨ་ཤ་ན་ཨ་དྷི་པ་ཏི་མཧཱ་པི་ཤཱ་ཙི་ཨརྒྷཾ་སོགས་ཀྱིས་མཆོད། ༀ་གྲཱ་རཱ་ཛ་གྲཱ་རཱ་ ཛ། ཀུ་མ་ཀུ་མ་ཁུཾ་ཐིས་སྭཱཧཱ། དཔའ་བོ་དུར་ཁྲོད་བདག་པོ་ལྕམ་དྲལ་གྱི་ཞལ་དུ་མཆོད་པར་ འབུལ་ལོ། །ༀ་ཨཱཿཧཱུཾ། ཧཱུཾ། རྒྱལ་བའི་ཐུགས་ཀྱི་འཕྲིན་ལས་ཀུན། །མ་ལུས་གདུག་པ་འདུལ་ བའི་ཕྱིར། །འཇིགས་པའི་སྐུར་སྟོན་འདོད་དོན་སྟེར། །དུར་ཁྲོད་གནས་ཀྱི་བདག་པོར་བསྟོད། ། རྣམ་དཀར་ཀེང་རུས་དག་པའི་གཟུགས། །འཕྲིན་ལས་རྣམ་བཞི་ཐོགས་མེད་པ། །གང་ལ་ཅི་ འདོད་དངོས་གྲུབ་ཀུན། །ཉེ་བར་སྩོལ་མཛད་ཁྱོད་ལ་བསྟོད། །ཡང་དག་ལམ་ལ་ཉེར་གནས་ ཀྱང༌། །ལུས་ཅན་བདེ་ལ་འགོད་མཛད་པའི། །སྲིད་པའི་འཆིང་བ་ཀུན་ལས་སྐྱོབས། །ཕན་ བདེ་ཀུན་སྩོལ་ཁྱོད་ལ་བསྟོད། །གང་གིས་ཁྱོད་བསྒྲུབས་ཁྱོད་མཆོད་ན། །དམ་རྫས་ཇི་བཞིན་ ཉེར་དགོངས་ནས། །ཇི་ལྟར་གསོལ་བ་བཏབ་པ་བཞིན། །བདག་ལ་དངོས་གྲུབ་མ་ལུས་ སྩོལ། །མཆོད་སྦྱིན་གཏོར་མ་རྒྱ་མཚོ་དང༌། །དངོས་གྲུབ་ཀུན་འབྱུང་དམ་རྫས་ཀྱིས། །དཔལ་ ལྡན་བསྟན་སྲུང་འཁོར་བཅས་རྣམས། །འཕྲིན་ལས་གང་བཅོལ་སྒྲུབ་པར་མཛོད། །རྗེས་ཡིག་ 15-1-705 བརྒྱ། བཟོད་གསོལ། གཤེགས་བསྡུ། བདག་བསྲུང༌། སྨོན་ལམ་བཀྲ་ཤིས་རྣམས་སྤྱི་དང་འདྲའོ། ། འདིའི་རྗེས་གནང་བྱེད་པར་འདོད་པས། གཏོར་མ་སྟོད་ཟུར་གསུམ། སྨད་ཟླུམ་པོ་མཐེབ་ཀྱུས་བསྐོར་བ་མར་ལ་སོགས་ པའི་རྒྱན་ཀྱིས་བརྒྱན་པ། དར་དཀར་པོའི་ཅོད་པན་དང༌། ཡབ་ཡུམ་གྱི་ཙ་ཀ་ལི་གཟུགས། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ ལྔ་བཤམ། རང་གི་མདུན་དུ་ནང་མཆོད་རྡོར་དྲིལ་བཞག ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་གཏོར་བྱིན་གྱིས་ བརླབས་ལ། གཏོར་ཆོག་ནས་འབྱུང་བ་ལྟར་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་གཏོར་མ་ཕུལ། བཟླས་པ་ཅུང་ཟད་བྱས། མཎྜལ་ཕུལ་ཏེ། དཀོན་མཆོག་གསུམ་དང་དབྱེར་མེད་ཅིང༌། །ཡི་དམ་ལྷའི་ངོ་བོ་ཉིད། །བླ་མ་དམ་ པའི་ཐུགས་རྗེ་ཡིས། །བྱིན་གྱིས་བརླབས་པ་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ་བྱེད་ དུ་བཅུག དེ་ནས་རྗེས་གནང་གི་གཞི་བཀོད་པའི་དོན་དུ། སློབ་མ་རྣམས་གཏོར་ཆོག་ནས་འབྱུང་བ་ལྟར་གྱི་ཆོས་སྐྱོང་ཡབ་ཡུམ་ དུ་བསྐྱེད་དོ། །དངོས་གཞི་ལ། སྐུའི་རྗེས་གནང་ནི། སློབ་དཔོན་འཁོར་ལོ་བདེ་མཆོག་ཡབ་ཡུམ་དུ་གསལ་ བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཨུ་རྒྱན་མཁའ་འགྲོའི་ཕོ་བྲང་དང༌། རང་བཞིན་གྱི་ གནས་ནས་ཆོས་སྐྱོང་ཡབ་ཡུམ་བསམ་གྱིས་མི་ཁྱབ་པ་བཀུག སློབ་དཔོན་གྱི་ཞལ་དུ་ཞུགས། རྗེས་ཆགས་ཀྱི་མེས་འོད་དུ་བཞུ་ནས། ཡུམ་གྱི་མཁར་ཆོས་སྐྱོང་ཡབ་ཡུམ་དཔག་ཏུ་མེད་པའི་ སྐུར་གྱུར་ནས། ཁྱེད་རང་གི་ལུས་ལ་ཐིམ་པར་མོས་པ་མཛོད་བྱས་ལ་གུ་གུལ་གྱིས་བདུག དྲིལ་བུ་སིལ། ཡབ་ཡུམ་གྱི་སྔགས་ཀྱི་རྗེས་སུ། པྲ་བེ་ཤ་ཡ་ཧཱུཾ། ཨ་བེ་ཤ་ཡ་ཧཱུཾ་ཕཊ། ཅེས་པ་མང་དུ་བཟླས། སྐུའི་རྗེས་གནང་ངོ༌། ། གསུང་ལ་ཡང༌། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོ་བ་ནས། ཡུམ་གྱི་མཁར་བབས་པའི་ བར་འདྲ་ལ། དེ་ནས་ཡི་གེ་ཨཱ་ལི་ཀཱ་ལི་དང༌། ཡབ་ཡུམ་གྱི་སྔགས་སུ་གྱུར་པ་ཁྱེད་རང་རྣམས་ཀྱི་ མགྲིན་པར་ཐིམ་པར་མོས། སྔར་ལྟར་སྔགས་དང་དྲིལ་བུ་སིལ། ཡབ་ཡུམ་གྱི་སྔགས་ལན་གསུམ་རྗེས་ཟློས་བྱེད་དུ་ བཅུག །བཅོམ་ལྡན་བདག་ལ་སོགས་ཀྱང་བྱེད་དུ་བཅུག སློབ་དཔོན་གྱིས་ཀྱང༌། བཅོམ་ལྡན་འདི་ལ་སོགས་ བྱ། ཐུགས་ལ་ཡང་ཡུམ་གྱི་མཁར་བབས་པའི་བར་འདྲ་ལ། དེ་ནས་ཕྱག་མཚན་གྲི་གུག་དང༌། རྡོ་ 15-1-706 རྗེ་དང༌། དབྱུག་ཐོ་དང༌། དགྲ་སྟ་ལ་སོགས་པ་དཔག་ཏུ་མེད་པར་གྱུར་ནས། ཁྱེད་རང་རྣམས་ ཀྱི་ཐུགས་ཀར་ཐིམ་པར་མོས་པ་མཛོད་བྱས་ལ། ཏིཥྛ་བཛྲ་ཧཱུཾ་ཨཱཿཏིཥྛ་བཛྲ་ཞེས་བརྗོད། གཏོར་མ་མགོ་ ཐོག་ཏུ་བཞག་ལ། རོལ་མོ་དང་བཅས། བླ་མ་བརྒྱུད་པའི་མཚན་སྨོས་ནས། དཔལ་ལྡན་བླ་མ་དམ་པ་རྣམས་དང༌། དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དཔལ་ དུར་ཁྲོད་བདག་པོ་ཡབ་ཡུམ་འཁོར་དང་བཅས་པས་སློབ་མ་འདི་དག་ལ་འགོ་བར་མཛད་དུ་ གསོལ། སངས་རྒྱས་མ་ཐོབ་བར་དུ། ཞི་དང་རྒྱས་དང་དབང་གི་ལས། །བསད་བསྐྲད་དབྱེ་ རྨོངས་རེངས་པ་སོགས། །ཇི་ལྟར་བསྒོ་བའི་ལས་སྒྲུབ་ཅིང༌། །སངས་རྒྱས་དམ་ཚིག་རྗེས་དྲན་ མཛོད། །ཅེས་བཀའ་བསྒོ། འཕྲིན་ལས་ཐམས་ཅད་སྒྲུབ་པར་བསམ། དེ་ནས་གཙོ་བོས་ཇི་ལྟར་སོགས་གསུམ་གྱི་རྗེས་ ལ་མཎྜལ་ཕུལ། དེང་ནས་བརྩམས་ཏེ་སོགས་བརྗོད་ལ། སློབ་མ་རྣམས་དང༌། སློབ་དཔོན་གྱིས་ནོངས་པ་བཟོད་པར་ གསོལ། གཏོར་མགྲོན་གཤེགས་གསོལ་བྱ། བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱིས་རྒྱས་གདབ་བོ། །ཀུན༷་ནས་གྲགས་ཆེ་ས་སྐྱ་བའི། ། མགོན་དཀར་ཞེས་གྲགས་དག༷འ་བར་བསྔགས། །གང་དེའི་མན་ངག་དང་འབྲེལ་བའི། །རྗེས་གནང་སྙིང༷་པོ༷་ཐོ་ཡིག་གོ །དཔའ་ བོ་དུར་ཁྲོད་བདག་པོ་ལྕམ་དྲལ་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ༀ་སྭཱ་སྟི། ཧེ་རུ་ཀ་དཔལ་ནག་པོ་ཆེའི། །དཀྱིལ་འཁོར་ལྷ་ཚོགས་ཀུན་བཏུད་ནས། །གུར་གྱི་མགོན་པོའི་ ལས་བྱེད་ནི། །མཆོག་ཏུ་གྲགས་པའི་སྒྲུབ་ཐབས་བཤད། །རང་གི་མདུན་དུ་ཡི་དམ་དང༌། ཆོས་སྐྱོང་ཆེན་པོའི་གཏོར་མ་སྟེགས་ བུ་མཐོ་བར་བཤམ། རྟག་གཏོར་ཟུར་བརྒྱད་པ། འབུལ་གཏོར་མཆོད་པ་དང་བཅས་པ་དེའི་མདུན་སྟེགས་བུ་དམའ་བ་ཞིག་ལ་ བཤམ། སྔོན་འགྲོ་གཏོར་མ་བཏང༌། མཆོད་པ་བྱིན་རླབས་བྱ། ཡི་དམ་གྱི་བདག་བསྐྱེད་དང༌། གཏོར་བསྔོ་སྔོན་དུ་སོང་མཚམས། དཔལ་གུར་གྱི་མགོན་པོ་ལྕམ་དྲལ་གྱི་གཏོར་བསྔོ་དང་བཟླས་པ་ཅུང་ཟད་བྱ། དེ་མཚམས་མགོན་པོའི་ཐུགས་ཀ་ ནས་ཡ་དང༌། ལྷ་མོའི་ཐུགས་ཀ་ནས་མཾ་མདུན་དུ་སྤྲོས་པ་ལས། ཡ་ལས་ནག་པོ་གནོད་སྦྱིན་ གཡས་གྲི་གུག་འཕྱར་ཞིང༌། གཡོན་སྦར་བ་གདེངས་པའི་ལག་མཐིལ་ནས་ཉི་མ་འཆར་བ། མི་ལྤགས་ཀྱི་གཡང་གཞི་གྱོན་ཅིང་གསེར་གྱི་རྣ་ཆ་ཅན། དེའི་གཡོན་དུ་མཾ་ལས་ནག་མོ་གནོད་ 15-1-707 སྦྱིན་གཡས་གསེར་གྱི་སྤུ་གྲི་དང༌། གཡོན་སྦར་བ་གདེངས་པའི་ལག་མཐིལ་ནས་ཟླ་བ་འཆར་ བ། དར་ནག་གི་ན་བཟའ་དང༌། བྱི་རུའི་ལན་ཚར་ཅན། དེ་གཉིས་ཀྱི་ཐུགས་ཀ་ནས་ཡབ་ ལས་ཏྲི་གཉིས་དང༌། ཡུམ་ལས་བྷྱོཿགཅིག་སྤྲོས་པ་ལས། པུ་ཏྲ་མིང་སྲིང་གསུམ་དུ་གྱུར་ཏེ། དེ་དག་གི་མདུན་དུ་འཁོད་པ་ནི། ཏྲི་ལས་པུ་ཏྲ་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ ཤང་ལང་གི་གྲི་རིང་འཕྱར་ཞིང༌། གཡོན་ཐོད་པ་ཀླད་ཁྲག་དྲོན་མོས་གང་བ་འཛིན་ཞིང་ཞལ་ དུ་གསོལ་བ། མོན་ཀྲིའི་ག་ཞ་དང༌། དར་ནག་གི་ན་བཟའ་ཅན། ཏྲི་ལས་བྷ་ཏྲ་ནག་པོ་དར་ གྱི་ག་ཞ་དང༌། སྟག་སློག་གྱོན་པ། གཡས་དམ་ཤིང་དང༌། གཡོན་མི་སྙིང་འཛིན་ཅིང་གསོལ་ བ། བྷྱོཿལས་སྲིང་མོ་རལ་གཅིག་མ། གཡས་གསེར་གྱི་སྤུ་གྲི་དང༌། གཡོན་རྒྱུ་མ་འཛིན་ཅིང༌། མིག་ནས་ཁྲག་འཛག་པ། ཁ་ནས་མེ་འབར་བ། ལྔ་ཆར་ཡང་སྐུ་མདོག་མཐིང་ནག མོན་བུ་ ཕོ་མོའི་ཆ་ལུགས་ཅན། མི་མགོའི་རྒྱན་དང་ལྡན་པ། རབ་ཏུ་ཁྲོས་ལ་རྔམ་ཞིང་འཁྲུགས་པས། གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་དུ་བཞུགས་པ། མེ་རླུང་འཚུབ་མའི་དབུས་ ན་འགྱིང་བའོ། །དེའི་མཐའ་སྐོར་དུ། གཡས་ཀྱི་རུ་འདྲེན་པའི་སྐྱེས་པ་སྟག་ཆས་བརྒྱན་པ་ བརྒྱ། གཡོན་གྱི་རུ་འདྲེན་པ་དགེ་སློང་གི་གཟུགས་ཅན་བརྒྱ། སླད་ཀྱི་རྗེས་སུ་འབྲང་བ་བནྡྷེ་ ནག་པོ་ཕུར་ཐོགས་བརྒྱ། བདུན་གྱི་བཤུལ་བྱང་འདྲེན་པ་བུད་མེད་ནག་མོ་བརྒྱ། གཞན་ཡང་ དམ་ཉམས་ཀྱི་རྗེས་གཅོད་པའི་བྱ་ནག་ཁྱི་ནག་ཅེ་སྤྱང་ལ་སོགས་པ་ཕོ་ཉ་བསམ་གྱིས་མི་ཁྱབ་ པས་བསྐོར་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྒྱ་གར་རྡོ་རྗེ་གདན་གྱི་སྤོ་དང༌། བླ་མ་གོང་མའི་གདན་ས་ཁྱད་པར་ཅན་རྣམས་ནས། ལས་མགོན་པུ་ཏྲ་འཁོར་དང་བཅས་པ་ བཛྲ་ས་མཱ་ཛཿ ལས་མགོན་སྐུ་གཤེགས་གདན་ལ་བཞུགས་སོགས་དང༌། ཕོ་མོའི་བོད་སྔགས་གཉིས་ཀྱི་ མཐར། ༀ་བཛྲ་ས་མཱ་ཛཿ ཨེ་ཧྱེ་ཧི། ཨརྒྷཾ་ལ་སོགས་པས་མཆོད། ཡང་བོད་སྔགས་གཉིས་ཀྱི་མཐར་ས་མ་ཡ་ སོགས་བཏགས་ལ་དམ་ཚིག་གི་ཕྱག་རྒྱ་བསྟན་ལ་དམ་བཞག་འཕྲིན་བཅོལ་བྱེད་ཚུལ་ལྕམ་དྲལ་གྱི་སྐབས་དང་འདྲ། དེ་ནས་རྦོད་ 15-1-708 རྦད་བསད་གསུམ་ཆར་རམ། བོད་སྔགས་གཉིས་ཅི་རིགས་པར་བཟླ། སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་ གཏོར་མ་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྔགས་ཀྱི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་དང༌། གནོད་ སྦྱིན་ཡབ་ཡུམ་འཇིགས་པའི་གཟུགས། །རྔམ་ཞིང་འཁྲུགས་པའི་ཆ་ལུགས་ཀྱིས། །བདུད་ དང་དགྲ་བགེགས་འཇོམས་མཛད་པའི། །བསྟན་སྲུང་ཡབ་ཡུམ་ཆེ་ལ་བསྟོད། །མོན་བུ་པུ་ཏྲ་ ནག་པོ་བསྐྱོད། །མོན་ཀྲིའི་ག་ཞ་སྐུ་ལ་གསོལ། །ཤེར་ཤིང་སེག་ཤིང་ཕྱག་ན་བསྣམས། །པུ་ཏྲ་ ནག་པོ་ཁྱོད་ལ་བསྟོད། །མོན་བུ་བྷ་ཏྲ་སྟག་སློག་བཀྲ། །དར་གྱི་ག་ཞ་སྐུ་ལ་གསོལ། །ཕྱག་ན་ དམ་ཤིང་རྣོན་པོ་བསྣམས། །མོན་བུ་བྷ་ཏྲ་ཁྱོད་ལ་བསྟོད། །མོན་མོ་གསེར་གྱི་སྦུ་གྲི་མ། །ནག་ མོ་ཆེན་མོ་ཁ་འབར་མ། །ཕྱག་ན་གསེར་གྱི་སྤུ་གྲི་བསྣམས། །ནག་མོ་ཁྱོད་ལ་བདག་བསྟོད་ དོ། །བུད་མེད་ནག་མོ་ཆེན་མོ་བརྒྱ། །གཤེགས་ཀྱི་དེ་ནི་བཤུལ་ཡང་འདྲེན། །གཡས་ཀྱི་ ཕྱོགས་ནས་རུ་འདྲེན་པ། །སྐྱེས་པ་སྟག་ཆས་བརྒྱན་པ་བརྒྱ། །གཡོན་གྱི་ཕྱོགས་ནས་རུ་འདྲེན་ པ། །དགེ་སློང་ཉན་ཐོས་དགྲ་བཅོམ་བརྒྱ། །སླད་ཀྱི་རྗེས་འབྲང་འཇིགས་རུང་བ། །བནྡྷེ་ནག་ པོ་ཕུར་ཐོགས་བརྒྱ། །འཁོར་བཅས་རྣམས་ལ་བསྟོད་པ་འབུལ། །སྐབས་གསུམ་བདག་ཀྱང་ བསྟོད་པ་འབུལ། །ཞེས་པའམ། སྤྲོ་ན་བསྟོད་པ་རྒྱས་པ་བྱ་ཞིང༌། ཤིན་ཏུ་བསྡུ་ན། དཔལ་ལྡན་འཕྲིན་ལས་ཀུན་ རྫོགས་པུ་ཏྲ་ཁྱོད། །སྐུ་མདོག་མཐིང་ནག་མེ་ཡི་འཕྲོ་འདུ་ཅན། །རྔམ་པའི་སྟོབས་ཀྱིས་འགྱིང་ ཞིང་ཤང་ལང་བསྣམས། །གྱིང་ཆེན་གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །ཅེས་པ་གཅིག་པུས་ ཀྱང་ཆོག་གོ །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འཕྲིན་ལས་བཅོལ། འདིར་རྗེས་གནང་ནི། པུ་ཏྲ་མིང་ སྲིང་གསུམ་གྱི་རྗེས་གནང་བྱས་པས། གནོད་སྦྱིན་ཡབ་ཡུམ་གྱི་རྗེས་གནང་ཡང་ཞར་ལ་ཐོབ་པར་འགྱུར་བའི་ཕྱིར། རྗེས་གནང་ སྐབས་མིང་སྲིང་གསུམ་པོ་ཁོ་ནའི་ལུགས་སུ་མཛད། མཎྜལ་གསོལ་བཏབ། རྒྱུན་བཤགས་སྡོམ་བཟུང་རྣམས་གུར་ལྕམ་དྲལ་ གྱི་སྐབས་དང་འདྲ། ཐུན་མོང་མ་ཡིན་པའི་གསོལ་བཏབ་ནི། སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་བླ་ མ་དམ་པས་བདག་ལ། ལས་ཀྱི་མགོན་པོ་པུ་ཏྲ་མིང་སྲིང་གསུམ་གྱི་བྱིན་རླབས་དང་རྗེས་སུ་ 15-1-709 གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ། དེ་ནས་སློབ་དཔོན་ཡི་དམ། མདུན་བསྐྱེད་སྟེང་གི་ནམ་མཁའ་ལ་ཡང་ ཡི་དམ། དེའི་འོག་ཏུ་གུར་གྱི་མགོན་པོ་ལྕམ་དྲལ། དེའི་བཀའ་སྡོད་ཀྱི་ཚུལ་དུ་མིང་སྲིང་གསུམ་གསལ་བཏབ། སློབ་མ་གུར་ མགོན་ཉིད་དུ་སྐད་ཅིག་གིས་བསྐྱེད། ཐུགས་ཀར་ཧཱུཾ་ཡིག་མཐིང་ནག་མེ་འབར་བ་ཆེན་པོ་ ཞིག་བསྒོམ། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་གཙོ་འཁོར་ རྣམས་ཀྱི་ཐུགས་ཀར་ཕོག་པས། དེ་ཐམས་ཅད་ཀྱི་སྐུའི་ཆ་ཐམས་ཅད་ནས་པུ་ཏྲ་མིང་སྲིང་ གསུམ་གྱི་སྐུ་དཔག་ཏུ་མེད་པར་བྱུང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དགྲ་བགེགས་ ཚར་གཅོད་པ་ལ་སོགས་པའི་འཕྲིན་ལས་མཛད། མདུན་བསྐྱེད་མིང་སྲིང་གསུམ་ཉིད་ཀྱི་ ཐུགས་ཀར་ཐིམ། ཡང་དེའི་ཐུགས་ཀ་ནས་བྱུང༌། སློབ་མའི་སྙིང་གའི་ཧཱུཾ་གི་ཞབས་ཀྱུ་ལ་ཐིམ་ པར་བསྒོམས་ལ། ཤཱ་ས་ན་དང་བོད་སྔགས་བརྗོད། གུ་གུལ་བདུག་ཅིང་རོལ་མོ་བྱ། གསུང་གི་རྗེས་གནང་ནི། སློབ་ མའི་སྙིང་གའི་ཧཱུཾ་གི་མཐའ་མར་ཤཱ་ས་ན། དེའི་མཐའ་མར་བོད་རྦད་བསད་གསུམ་གྱི་སྔགས་ ཀྱིས་བསྐོར་བར་དམིགས་ལ། འོད་ཟེར་དང་སྔགས་འབྲུ་གོང་བཞིན་སྤྲོ་བསྡུ་བྱས་ལ། སྙིང་གའི་བོད་རྦད་ བསད་གསུམ་གྱི་སྔགས་ལ་ཐིམ་པར་མོས་ལ་རྗེས་ཟློས་བྱའོ། །ཨ་ལི་ཨ་ལི་མ་ཛཿ ཤཾ་ཤཾ་ལི་ ཤི་དེད་ཨ་ཤྭ་དེད། མུ་སྨུགས་པུ་ཏྲ་ཨ་ལི་མ་ཛ་ཛཿ ནག་མོ་ཤ་ལ་རུབ་ཛ་ཛཿ ཕོའི་བོད་པའོ། །དྷྲིག་ དྷྲིག ཡ་དུ་པ་ཤ་ནི་སོད། དུམ་ཤིག་ཨཱ་གཙྪ། མོན་བུ་ཨཱ་གཙྪ། ཡ་ཎྼི་ཡ་ཎྼི་མོན་བུ་ཛཿ མོན་ བུ་ཁྲག་འཇིབས། ཛ་རྦད་པའོ། །ཎྼི་ན་རྦད། དུ་ན་རྦད། ཤི་ན་རྦད། ཤག་ཤིག་རྦད། ཏྲི་ཏ་ རྦད། ཏྲི་ན་རྦད། མོན་བུ་པུ་ཏྲ་ཤཾ་རྦད། ཡཾ་རྨུགས་ལིཾ་འདུས། ཁཾ་ཤོད་པ་ཡ་མོ་ཛཿ ཨ་མུ་ཀའི་ རུས་པ་ལ་ཁྲོལ་ཁྲོལ་རྦད། གསེར་གྱི་སྤུ་གྲི་ཡཾ་རྦད། བསད་པའོ། །ༀ་རོ་རུ་རོ་རུ་ཏྲི་ཙ་པ་ལ། ཨ་ ཤུགྨེ་མ་ཧཱུཾ་མ་བྷྱོཿཛ་ཛཿ མོའི་བོད་པའོ། །ཏྲཀ་རཀྴ་ཁ་མུན་ཏྲ་རུ་ལུ་རུ་ལུ། རཀྴ་སྙིང་ཁྲག་སྙིང་བྷྱོཿ སྤུ་ཏ་སྦུ་ཏ་བྷྱོཿ ཤ་ཤ་ཏྲཀ ཏྲཀྨོ་ཏྲ་པ་སྙིང་ཁྲག ཏྲཀྨུ་ཏྲ་ཆེ་གེ་མོ་མ་ར་ཡ། རྦད་པའོ། །ༀ་མཧཱ་རཀྴ་ ཙིཏྟ། སྲོག་ཏུཾ་ཏུཾ། ཀ་མ་ལ་རཀྴ་ཙིཏྟ་སྲོག་ཏུཾ་ཏུཾ། གུ་ཧྱེ་རཀྴ་ཙིཏྟ་སྲོག་ཏུཾ་ཏུཾ། ཧྲི་བཾ་རཀྴ་ཙིཏྟ་ 15-1-710 སྲོག་ཏུཾ་ཏུཾ། མ་མ་ཙ་བུར་ཙིཏྟ་སྲོག་ཏུཾ་ཏུཾ། པུ་རུ་ཙ་ལྷུཾ་ཙིཏྟ་སྲོག་ཏུཾ་ཏུཾ། བསད་པའོ། །སུཾ་ཏྲིག་རཀྴ་ བྷྱོཿ ཐིབས་ཐིབས་ཙཀྲ་བྷྱོཿ རྦད་རྦད་ཏྲི་ན་ཤིག་ཤིག སེ་ན་ཏུབས། ཁ་རཀ་རྦད། དུཾ་བོ་བྷྱོཿ བཛྲ་ཙི་ཏྲི་རཀྴ། ཙ་ཏི་མཾ་ར་ཡ། ཐུན་མོང་གིས་བསད་པའོ། །ཐུགས་ཀྱི་རྗེས་གནང་ནི། འོད་ཟེར་ཕྱག་མཚན་སྤྲོ་བསྡུ་ གོང་བཞིན་བྱས་ལ། སློབ་མའི་སྙིང་གའི་ཧཱུཾ་གི་ཞབས་ཀྱུ་ལ་བསྟིམ། གཏོར་མ་ལག་ཏུ་གཏད་ལ། བཀའ་ཉན་དུ་བཀའ་བསྒོ་ དྲག་ཏུ་བྱ་ཚུལ་སྤྱི་དང་འདྲ་བ་ལས། མཐར་གཏོར་མ་ནམ་མཁར་བཏེག་ནས་བརྒྱུད་པའི་བླ་མའི་མཚན་བགྲངས་ཤིང༌། བཀའ་ བསྒོ་བསྡུས་པ་ཞིག་བྱས་ལ། བོད་རྦད་བསད་གསུམ་དྲག་ཏུ་བཟླས་པས། བླ་མ་ཡི་དམ་འཁོར་བཅས་འོད་དུ་ཞུ་ ནས། སྤྱི་གཙུག་ནས་ཞུགས། སྙིང་གའི་ཧཱུཾ་ལ་ཐིམ། དེའི་ངང་དེར་སྤྲོས་བྲལ་ལ་མཉམ་པར་འཇོག་ཏུ་བཅུག རྗེས་ལྕམ་དྲལ་གྱི་སྐབས་དང་འདྲའོ། །པུ་ཏྲ་སྐུ་མདོག་སྔོ་སྐྱ་བྱེད་པའི་ལུགས་ཡོད་པའང་ཤིན་ཏུ་ལེགས་ཤིང༌། ཕྱག་ནའང་ཤེར་ ཤིང་གི་འཁར་བསིལ་བསྣམས་པ་ཡོད་དོ། །བྷ་ཏྲའི་དམ་ཤིང་ཕུར་པ་ཡིན་པར་འདོད་ཅིང༌། ལས་ཚོགས་ཀྱི་ཡི་གེ་རྙིང་པ་འགའ་ ནའང་དེ་བཞིན་སྣང་མོད། ཕུར་པ་དམ་ཤིང་དུ་བྱིན་བརླབས་ཞེས་འབྱུང་བས། དམ་ཤིང་དུ་མོས་དགོས་པའི་དོན་ཡིན། དངོས་ནི་ འབའ་ཁྲམ་ལྟ་བུ་ལ་རྩ་རྩེ་རྣོན་པོར་ཡོད་པའོ་ཞེས་བླ་མ་གསུང་ངོ༌། །ལྷ་ཁང་ཀུན༷་གྱི་སྲུང་མ་ཞེས། །དྲག་ཤུལ་ཆེ་ཞིང་དག༷འ་བར་ བསྔགས། །ཟུར་བཀའི་རྗེས་གནང་བྱེད་ཚུལ་གྱི། །སྙིང༷་པོ༷་མདོ་ཙམ་བཀོད་པ་ལགས། །པུ་ཏྲ་ལྕམ་དྲལ་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ ནོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། བླ་མ་ཡི་དམ་མཁའ་འགྲོ་དང༌། ཁྱད་པར་ནག་པོ་ཆེར་བཏུད་ནས། །བྲན་བདུད་གཤིན་རྗེ་ནག་ པོ་ཡི། །རྗེས་གནང་བྱེད་ཚུལ་མདོ་ཙམ་བཤད། །མཆོད་གཏོར་ཚང་བར་བཤམས་ནས། ཁྲོ་བོའི་བདག་བསྐྱེད་སྔོན་དུ་འགྲོ་བས་ སྤྱི་དང་མཐུན་པར་བྱིན་གྱིས་བརླབས། རྟེན་རྣམས་བསངས་སྦྱངས། སྟོང་པའི་ངང་ལས། མེ་རླུང་འཁྲུགས་པའི་ དབུས་སུ། བདུད་རྟ་བྲ་ནག་རུས་པའི་རྒྱན་ཅན། གོང་རྨེད་དུག་སྦྲུལ་གྱིས་བྱས་པ། སྒ་ལ་མི་ ལྤགས་ཀྱི་གཡང་གཞི་གཡོགས་པའི་སྟེང་དུ། ཡ་ཡིག་ནག་པོའི་འཕྲོ་འདུ་ལས་བྲན་བདུད་ གཤིན་རྗེ་ནག་པོ་ཞལ་གཅིག་ཕྱག་གཉིས། །མེ་སྟག་འཁྲུགས་པའི་སྤྱན་གསུམ་པ། དར་ནག་ གསེར་རིས་ཅན་གྱི་འཇོལ་བེར་གསོལ་ཞིང༌། སྦྲུལ་གྱི་སྐེ་རགས་དང༌། སག་ཏིའི་ལྷམ་གསོལ་ 15-1-711 བ། ཁྲམ་ཤིང་སྐེད་ལ་གཟེར་བ། གཡས་རུ་མཚོན་རྩེ་གསུམ་ནག་པོ་མགོ་རློན་བཞི་འཕྱང་བ་ འཛིན་ཞིང༌། གཡོན་དགྲ་སྙིང་ཁྲག་འཛག་པ་ལ་དུག་སྦྲུལ་ནག་པོ་གཉིས་ཀྱིས་འཇིབ་པ་དང་ བཅས་པ་འཛིན་པ། རོལ་པའི་སྟབས་ཀྱིས་བཞུགས་པའི་མདུན་དུ། ལྷ་མོ་སྤུ་གྲི་མ་ཐལ་སྐྱ་ཁ་ ནས་མེ་འབར་བ་ལག་གཉིས་གྱེན་དུ་གདེངས་པ་མེ་དཔུང་རེ་ཐོགས་པ། གཅེར་མོ་རྒྱན་མེད་ སྐྲ་གྲོལ་བ། ཙོག་པུའི་སྟབས་ཀྱིས་བཞུགས་ཤིང་གཙོ་བོ་ལ་བལྟ་བའོ། །གནས་གསུམ་བྱིན་ གྱིས་བརླབས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས། ལྕམ་དྲལ་ལ་སྡེ་བརྒྱད་ཀྱིས་བསྐོར་བ་སྤྱན་ དྲངས་ཏེ་བསྟིམ། དབང་བསྐུར་ཏེ། རྡོ་རྗེ་ཕྱེད་པ་རེས་དབུ་བརྒྱན། ཨི་དཾ་བཱ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ ཁཱ་ཧི་སརྦ་ཤ་ཏྲུན། བིགྷྣཱན་མཱ་ར་ཡ་ཧཱུཾ་ཕཊ། ལན་གསུམ་གྱིས་གཏོར་མ་ཕུལ། ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་ ། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཧཱུཾ། ལྷོ་ཕྱོགས་རྒྱ་མཚོའི་ཕ་རོལ་ན། །དུར་ཁྲོད་འབར་བའི་ཀློང་ དཀྱིལ་ན། །གཤིན་རྗེ་ནག་པོ་ཕྱག་གཉིས་པ། །མཚོན་ཆས་དགྲ་བགེགས་སྒྲོལ་ལ་བསྟོད། ། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས། འདོད་དོན་གསོལ་བ་བཏབ། ༀ་མཧཱ་ཀ་ལ་ཡཀྵ་མུཉྩ་ཀྲོ་དྷ། ཡ་མ་རཱ་ཛ། མ་རི་ཤམ། མུཙྪ་ཡ་བྷྱོ། ཞེས་ཅི་ནུས་སུ་བཟླའོ། ། རྗེས་ཀྱི་བྱ་བ་སྤྱི་དང་འདྲ། རྗེས་གནང་བྱེད་ན། ལག་ལེན་ལ་གུར་མགོན་གྱི་གཏོར་ཆོག་གི་རྗེས་སུ་མཛད་ནའང་གཅིག་ ཏུ་ངེས་པ་མི་དགོས་ཤིང༌། དེ་ལྟར་བྱེད་ན་གུར་མགོན་གྱི་གཏོར་མའི་མདུན་དམའ་བའི་ཕྱོགས་སུ་འདིའི་བཤོམས་རྣམས་བྱེད་ དོ། །གང་ལྟར་ཡང༌། ཆོས་འབྱུང་ནག་པོ་གྲུ་གསུམ་གྱི་དབུས་སུ། ཏིལ་ནག་ཁྲག་གིས་སྦགས་པའི་ཚོམ་བུ་ཟུར་གསུམ་ཆེ་ཆུང་ གཉིས་བཀོད། དེའི་སྟེང་དུ་མཉྫི་ལ་གཏོར་མ་སྙིང་གཟུགས་མ་དང༌། བཤོས་བུ་ཟུར་གསུམ་གཉིས་སྣོད་གཅིག་ཏུ་བཀོད། གཏོར་ མའི་གཡས་སུ་རུ་མཚོན་དང༌། ཁྲམ་ཤིང་དངོས་སུ་ཡོད་ན་འགོད་ཅིང༌། མེད་ན་ཙ་ཀ་ལི་ཚུན་ཆད་ཀྱང་བཤམ། མཐའ་མཆོད་ གཏོར་གྱིས་བསྐོར། སྔོན་འགྲོ་གཏོར་མ་དང༌། མཆོད་པ་བྱིན་རླབས་བྱ། བདག་མདུན་གོང་དུ་བཤད་པ་བཞིན་བསྒྲུབས་པའི་ རྗེས་སུ། སློབ་མས་མཎྜལ་ཕུལ་ནས། བླ་མ་དཔལ་ལྡན་ནག་པོ་ཆེ། །དེ་རིང་བདག་ལ་དགོངས་སུ་ གསོལ། །མངོན་སྤྱོད་འཕྲིན་ལས་སྒྲུབ་པའི་ཕྱིར། །བྲན་བདུད་ནག་པོའི་བཀའ་གཏད་སྩོལ། 15-1-712 ཞེས་ལན་གསུམ་གསོལ་བ་བཏབ། རྒྱུན་བཤགས་བྱ། བླ་མ་རིན་པོ་ཆེས་བདག་ལ་སངས་རྒྱས་ཀྱི་བསྟན་ པ་བསྲུང་བའི་ཆེད་དུ། ནག་པོ་ཆེན་པོ་བྲན་བདུད་ཡབ་ཡུམ་གྱི་རྗེས་སུ་གནང་བ་མ་ལུས་པ་ སྩལ་དུ་གསོལ། ཞེས་ཁྱད་པར་གྱི་གསོལ་བཏབ་ལན་གསུམ་བྱ། དེ་ནས་གུར་མགོན་ལྕམ་དྲལ་གྱི་སྐབས་སུ་བཤད་པ་ ལྟར་གྱི་སློབ་མ་གུར་གྱི་མགོན་པོར་བསྐྱེད། མདུན་དུ་སྔར་བཤད་པ་ལྟར་བྲན་བདུད་ཡབ་ཡུམ་བསྐྱེད། སློབ་དཔོན་གྱི་ ཐུགས་ཀ་ནས་འོད་འཕྲོས། མདུན་བསྐྱེད་གུར་མགོན་གྱི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་ བྲན་བདུད་དཔག་ཏུ་མེད་པ་སྤྲུལ། མདུན་གྱི་བྲན་བདུད་ཀྱི་ཐུགས་ཀར་ཐིམ། དེའི་ཐུགས་ཀ་ ནས་ཀྱང་སྐུ་དཔག་ཏུ་མེད་པར་བྱུང་ནས་སློབ་མའི་སྙིང་གའི་ཧཱུཾ་གི་ཞབས་ཀྱུ་ལ་ཐིམ། སྤོས་རོལ་ དང་བཅས། སྙིང་པོའི་མཐར། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། ཛཿཧཱུཾ་བཾ་ཧོཿ ཞེས་ཡང་ཡང་བརྗོད། སྐུའི་རྗེས་གནང་ངོ༌། ། ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས། སྔ་མ་དང་འདྲ་བ་ལས། མདུན་གྱི་བྲན་བདུད་ཀྱི་ ཞལ་ནས་སྔགས་ཕྲེང་བསམ་གྱིས་མི་ཁྱབ་པ་བྱུང༌། ཧཱུཾ་གི་ཞབས་ཀྱུ་ལ་ཐིམ་པ་སོགས་སྔ་མ་བཞིན་ གསུང་གི་རྗེས་གནང་ངོ༌། །ཡང་འོད་འཕྲོས་སོགས་སྔར་དང་འདྲ་བ་ལས། བྲན་བདུད་ཡབ་ཡུམ་གཉིས་སློབ་ མའི་པང་དུ་བྱོན། སློབ་དཔོན་གྱི་ཐུགས་ཀ་ནས་གུར་གྱི་མགོན་པོ་སྐུ་ཆེ་བ་གཟི་བརྗིད་ལྡན་ པ་བྱོན། སློབ་མ་དང་བྲན་བདུད་ཀྱི་སྤྱི་བོར་ཞབས་བཞག་སྟེ་བཞུགས་པ་ལ། མོས་གུས་དུང་ བྱས་པས་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང༌། ལུས་ཐམས་ཅད་ཁྱབ་པས་བར་ཆད་ཞི་ ཞིང༌། ནུས་མཐུ་མ་ལུས་པ་ཐོབ། མཐར་དེ་ཉིད་འོད་དུ་ཞུ་ནས། རང་ལ་ཐིམ། སྤོས་རོལ་སོགས་ གོང་བཞིན། ཐུགས་ཀྱི་རྗེས་གནང་ངོ༌། །རུ་མཚོན་དང༌། ཁྲམ་ཤིང་བྲན་བདུད་བསྐྱེད། ཞུ་བ་ལས་ཕྱག་མཚན་དུ་གྱུར། སྙིང་པོ་ འདོན་ཞིང་ལག་ཏུ་གཏད། རུ་མཚོན་གཡུལ་ལས་རྣམ་པར་རྒྱལ་བ་དང༌། མི་མགོ་བཞི་བདུད་བཞི་ བཅོམ་པ་དང༌། ཁྲམ་ཤིང་དགྲ་བགེགས་ཚར་གཅོད་པའི་བརྡའ་ཡིན་ནོ། །ཞེས་བཤད། ཡོན་ཏན་གྱི་ རྗེས་གནང་ངོ༌། །དེ་ནས་སྔར་གུར་མགོན་གྱི་གཏོར་མ་བཤམས་ཡོད་ན། དེའི་མཐེབ་ཀྱུ་གཅིག་བྲན་བདུད་ཀྱི་གཏོར་མ་ལ་གསོས་ ནས། ནང་མཆོད་བྲན། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ་གོང་བཞིན་ཕུལ། ཕྱི་ནང་གི་མཆོད་དེ། སློབ་མའི་དོན་དུ་གསོལ་ 15-1-713 བ་འདེབས་པའི་ལག་ལེན་ཡང་གདའ། གང་ལྟར་གཏོར་མ་ལག་ཏུ་གཏད། དེ་དང༌། རང་གི་སྤྱི་བོར་གུར་མགོན་ དང༌། དེའི་སྟེང་དུ་བླ་མ་ཡི་དམ་དུ་གསལ་བ་སོགས་བཞུགས་པར་བསམས་ནས། དམ་བཞག་སྔོན་ དུ་འགྲོ་བའི་བཀའ་བསྒོ་སྤྱི་དང་མཐུན་པར་བྱེད་དེ། འཕྲིན་ལས་ཀྱི་རྗེས་གནང་ངོ༌། །སློབ་མ་དང༌། མདུན་བསྐྱེད་ཀྱི་རྗེས་ཀྱི་བྱ་ བ་རྣམས་ནི་སྤྱི་དང་འདྲའོ། །དྲག་པོའི་ལས་ལ་མོས་པའི་མི། །ཀུན༷་གྱིས་དག༷འ་ཞིང་བསྒྲགས་པའི་ཆོས། །སྙིང༷་ནས་འགྲུབ་པར་ འདོད་ན་ནི། །གསང་སྟེ་བསྒྲུབས་ན་ཟབ་པོ༷ར་འགྱུར། །བྲན་བདུད་གཤིན་རྗེ་ནག་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒ་ལཾ། ༄༅། །ༀ་སྭཱ་སྟི། བླ་མ་དང་ནི་ཆེ་བའི་ལྷ། །དཔལ་ཆེན་ཧེ་རུ་ཀ་ལའང་འདུད། །ཕུར་བུའི་སྲུང་མ་ཡིན་པར་གྲགས། ། འཁོན་རབ་སྲུང་མའི་སྒྲུབ་ཐབས་བཤད། །ཤ་ཁྲག་གཙང་མ་དང་དཀར་གསུམ་སོགས་ཀྱི་བརྒྱན་པའི་གཏོར་མ་འབྲང་རྒྱས་ དཀར་པོ་གཅིག་དང༌། བཤོས་བུ་ནག་པོ་ཞིག་བཤམས། སྤང་སྤོས་དང༌། སྤོས་དཀར་གྱིས་བདུག་པ་སོགས་མཆོད་པའི་ཡོ་བྱད་ གཞན་ཐམས་ཅད་ཀྱང་འཛོམ་པར་བྱས། རང་ཉིད་དཔལ་ཆེན་པོའམ། ཡེ་ཤེས་ཁྲོ་བོ་གང་ཡང་རུང་བའི་བདག་བསྐྱེད་སྔོན་དུ་ འགྲོ་བས་མཆོད་གཏོར་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། རང་གི་མདུན་དུ་པདྨ་ཉི་ཟླའི་གདན་ལ་ བྷྱོ་དཀར་པོའི་འོད་ཀྱི་འཕྲོ་འདུ་ལས་དཀར་མོ་ཉི་ཟླ་སྟོང་གི་འཕྲེང་བ་ཅན་ཞལ་གཅིག་ཕྱག་ གཉིས་མ། གཡས་རི་རབ་སྒོང་དུ་རྩེ་བ། གཡོན་གླིང་བཞི་བྱོ་ཡོལ་མཛད་ཅིང་ཐུགས་ཀར་ འཛིན་པ། ཉི་ཟླ་སྤེལ་བ་དགུ་བརྒྱ་དགུ་བཅུ་རྩ་དགུའི་དོ་ཤལ་བྱས་པ། ཉི་ཟླ་གཅིག་དང་ཐོད་ པའི་འཕྲེང་བ་ཐོད་དུ་བཅིངས་པ། སྦྲུལ་དང་རིན་པོ་ཆེས་བརྒྱན་ཅིང༌། སྟག་ལྤགས་ཀྱི་ཤམ་ ཐབས་དང༌། དར་དཀར་གྱི་སྟོད་གཡོགས་ཅན། མཁའ་འགྲོ་མ་བྱེ་བས་བསྐོར་བའོ། །དེའི་ གཡས་སུ་ཧཱུཾ་ཡིག་འོད་ཀྱི་འཕྲོ་འདུ་ལས། བདུད་རྒྱལ་དཔའ་བོ་ཐོད་འཕྲེང་ཅན། སྐུ་མདོག་ ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་མདུང་རིང་བ་དན་དང་བཅས་པ་འཕྱར་བ། གཡོན་ མི་མགོའི་འཕྲེང་བ་འཛིན་པ། གོས་རྒྱན་ནག་པོ་ཅན། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་ པ། བདུད་བྱེ་བའི་ཚོགས་ཀྱིས་བསྐོར་བའོ། །རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་ དྲངས། དབང་བསྐུར་ཏེ། ཧེ་རུ་ཀས་དབུ་བརྒྱན། མཆོད་བསྟོད་བསྡུས་པ་ཞིག་བྱས་ལ། སྙིང་པོའི་སྔགས་ཀྱི་ 15-1-714 མཐར། ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་བིགྷྣཱན་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ལན་བདུན་གྱིས་གཏོར་ མ་ཕུལ་ལ། ༀ་བཛྲ་ཤནྟིཾ་པདྨ་ཀུ་རུ་ཏི་བྷྱོཾཿ ཞེས་གཙོ་མོ་དང༌། ༀ་སརྦ་མ་ར་ཀྲིཥྞ་ཀ་པཱ་ལ་མཱ་ལ་དྷ་ར་ཧཱུཾ་ ཕཊ། ཅེས་བདུད་རྒྱལ་གྱི་སྙིང་པོའོ། །མཱ་ར་ཡ་ཐུམ་ཤིག མཱ་ར་ཡ་ཨ་མོ་བཾ། མཱ་ར་ཡ་སྙིང་ཧྲུལ། སྟཾ་བྷ་ ཡ་སོད་སོད། ཅེས་བདུད་རྒྱལ་གྱི་སྲོག་སྔགས་རྣམས་ཀྱང་དྲག་ཏུ་བཟླ། མཐར་ཨརྒྷཾ་ལ་སོགས་པས་མཆོད། ཧཱུཾ་མ་བྷྱོཿ དཔལ་ལྡན་དཀར་མོ་ཆེན་མོ་ནི། །ཉི་ཟླ་སྟོང་གི་འཕྲེང་བ་ཅན། །ཡེ་ཤེས་དབྱིངས་ཀྱི་རྗེ་མོ་སྟེ། ། གཞན་དོན་འཇིག་རྟེན་པ་རུ་སྤྲུལ། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །འདས་དང་མ་ འདས་མཚམས་ན་བཞུགས། ཁྱོད་ལ་བསྟོད་དེ་ཕྱག་ཀྱང་འཚལ། །བདུད་རྒྱལ་ཐོད་པའི་ཕྲེང་ བ་ཅན། །དགྲ་བོའི་སྲོག་ལ་མངའ་མཛད་པ། ཁྱོད་ནི་སྲོག་བདག་ཆེན་པོ་སྟེ། ཁྱོད་ལ་བསྟོད་ དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་ པར་མཛོད། །ཅེས་བརྗོད་ལ་མཐར་རྗེས་བསྡུ་བ་ནི་སྤྱི་དང་འདྲ། འདིའི་རྗེས་གནང་གི་ཆོ་ག་ནི། མཎྜལ་ཆོས་འབྱུང་གྲུ་གསུམ་དཀར་པོའི་དབུས་སུ་འབྲུ་དཀར་པོའི་ཚོམ་བུ་བཀོད། སྟེང་ དུ་འབྲང་རྒྱས་དཀར་པོ་ཕུག་རོན་གྱི་གཟུགས་དང་བཅས་པ་བཤམ། དེའི་གཡས་སུ་ཆོས་འབྱུང་གྲུ་གསུམ་ནག་པོ་ལ་འབྲུ་ནག་ གི་ཚོམ་བུ་དང༌། སྟེང་དུ་དམར་གཏོར་བཀོད། མཐའ་ལ་མཆོད་པ་ཅི་བདེར་བསྒྲིགས། དེ་ནས་གོང་དུ་བཤད་པ་ལྟར་ཉམས་ སུ་བླངས་རྗེས། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། གང་གི་དྲིན་གྱིས་ནས། དཀྱིལ་འཁོར་ལྷ་ཚོགས་རྣམས་ ལ་འདུད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ། བདག་ལ་དཀར་ མོ་ཉི་ཟླ་སྟོང་གི་འཕྲེང་བ་ཅན་དང༌། བདུད་རྒྱལ་ནག་པོ་ཐོད་པའི་འཕྲེང་བ་ཅན་གྱི་རྗེས་སུ་ གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། དངོས་གཞི་ལ། ལྕམ་དྲལ་གྱི་རྗེས་གནང་ལྷན་ཅིག་ཏུ་ མཛད་པའི་ལུགས་ལ་ཡི་གེ་སྔ་ཕྱི་མང་དུ་སྣང་བ་རྣམས་ནི། སློབ་མ་ཡི་དམ་དུ་བསྐྱེད་པ་ལ་བཀའ་སྡོད་ཀྱི་ཚུལ་དུ་སྐུ་དང༌། གསུང་ གི་རྗེས་གནང་དང༌། གཏོར་མའི་བཀའ་བསྒོ་ཙམ་ལ་ཐུགས་ཀྱི་རྗེས་གནང་དུ་མཛད་དོ། །འོན་ཀྱང་བླ་མའི་ཕྱག་ལེན་འདི་ལྟར་ མཛད་པ་མཐོང་སྟེ། དཀར་མོ་ཉི་ཟླ་ལ་སྐུ་བསྐྱེད་བསྟིམ། གསུང་བཟླས་ལུང་སྤྱི་དང་མཐུན་པར་མཛད་ནས་ཐུགས་གཏོར་དབང་ 15-1-715 གི་ཚེ། གཏོར་མ་ལྷ་མོར་གསལ་བ་སྤྱི་བོར་བཞག་པ་ལ། མོས་གུས་དུང་བ་བྱས་པས། ལྷ་མོའི་ སྤྲུལ་པ་ཕུག་རོན་དེས་རང་གི་ནད་གདོན་ཆགས་ཆེ་ཉམས་ང་ཐམས་ཅད་སྐད་ཅིག་ལ་ཁྱེར་ཏེ་ རྒྱ་མཚོའི་མཐར་སོང་བར་བསམས་ལ། ཕུག་རོན་གྱི་གཟུགས་དེ་སློབ་མ་ལ་གཡས་སྐོར་དུ་ལན་གསུམ་བསྐོར་ ནས་ཕྱིར་གཏོང༌། དེ་རྗེས་བཀའ་བསྒོ་སྤྱི་དང་མཐུན་པར་མཛད། དེའི་རྗེས་ཐོགས་ཉིད་ལ། བདུད་རྒྱལ་ལ་བཀའ་སྡོད་ཀྱི་ཚུལ་ དུ་སྐུ་དང་གསུང་གི་རྗེས་གནང་དང༌། གཏོར་མ་ལག་ཏུ་གཏད་ལ་བཀའ་བསྒོ་བ་ཐུགས་ཀྱི་རྗེས་གནང་དུ་མཛད་དེ། རྗེས་ཀྱི་བྱ་ བ་སྤྱི་དང་མཐུན་ནོ། །ས་སྐྱའི་རིང་ལུགས་འཛིན་པ་ཀུན༷། །མོས་ཞེན་དབང་གིས་དག༷འ་བར་སྒྲོག །སྙི༷ང་ནས་མོས་པ་ཐོབ་དཀོན་ ནའང༌། །དེང་འདིར་ཡིད་ཆེས་བརྟན་པོ༷ས་སྦྱར། །དཀར་མོ་ཉི་ཟླ་ལྕམ་དྲལ་གྱི་སྒྲུབ་ཐབས་ཀྱི་ལེན་ཚན་ནོ།། །།སྒྲུབ་ཐབས་ རིན་ཆེན་འབྱུང་གནས་ལས། མགོན་པོ་ལྕམ་དྲལ་དང་རིགས་མཐུན་གྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་ཉེར་གསུམ་པའོ།། །། གཅིག་ཞུས་དག དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། རྣམ་དག་ལེགས་ལམ་སྟོན་པ་ཡི། །མཚན་ལྡན་བླ་མའི་ཞབས་བཏུད་ནས། །བསྟན་པ་འདི་ཡི་ ཆོས་སྐྱོང་བ། །ཐུན་མོང་མིན་པའི་སྒྲུབ་ཐབས་བཤད། །འོག་ནས་འབྱུང་བ་ལྟར་གཏོར་མ་རྒྱས་པའམ། དཀར་གཏོར་ཆེན་པོ་ བཞིའམ། བཞི་སྒྲིལ་གྱི་གཏོར་མ་བཤམ། འཇིག་རྟེན་འདས་པའི་མཆོད་པ་ཚར་གཅིག་དང༌། འཇིག་རྟེན་པའི་མཆོད་པ་ཇི་ལྟར་ འོས་པ་བཤམ། ཡི་དམ་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བའི་མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། རང་གི་ སྙིང་གའི་འོད་ཀྱིས་གསང་བའི་བདག་པོའམ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སངས་རྒྱས་ བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་སོགས་བརྗོད། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དབུས་སུ་རིན་པོ་ཆེའི་གདན་ལ་བཞུགས་པར་གྱུར། སླར་ཡང་ མཆོད་བསྟོད་ཚར་གཅིག་བྱས་ལ་སྙིང་པོ་ཅུང་ཟད་བཟླས། ཡི་དམ་གཞན་གྱི་མདུན་བསྐྱེད་དང་འབྲེལ་བའི་ཚེ་འདི་མི་དགོས་སོ། ། བསངས་སྦྱངས། སྟོང་པའི་ངང་ལས་འཇིག་རྟེན་འདས་པའི་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ། བཻ་ ལས་རྒྱལ་པོ་རྣམ་ཐོས་སྲས་གསེར་མདོག་ནོར་བུས་མཚན་པའི་བེ་ཅོན་དང༌། གཏེར་གྱི་ནེའུ་ ལེ་འཛིན་པ། སྐུ་ལུས་སྦོམ་ཞིང་རབ་ཏུ་བཞད་པ། གཡས་གཡོན་ན་གཏེར་གྱི་བུམ་པ་དང༌། 15-1-716 རིན་པོ་ཆེའི་ཆུ་བོ་འབབ་པ། རིན་པོ་ཆེའི་ཁྲི་དང་སེང་གེ་ལ་བཞུགས་པ། ཤར་དུ་དྷྲི་ལས་རྒྱལ་ པོ་ཆེན་པོ་ཡུལ་འཁོར་བསྲུང་སྐུ་མདོག་དཀར་ལ་ལྗང་བའི་མདངས་ཅན། པི་ཝང་བརྡུང་ཞིང་ ཞི་བའི་ཚུལ། རིན་པོ་ཆེའི་ཁྲི་དང་གླང་པོའི་གདན་ལ་གནས་པ། ལྷོ་རུ་བི་ལས་རྒྱལ་པོ་ཆེན་ པོ་འཕགས་སྐྱེས་པོ་སྐུ་མདོག་སྔོ་སངས་རལ་གྲི་འབར་བ་འཛིན་པ། ཅུང་ཟད་ཁྲོ་བའི་ཉམས་ ཅན་རིན་པོ་ཆེའི་ཁྲི་དང་མ་ཧེའི་གདན་ལ་བཞུགས་པ། ནུབ་ཏུ་ཀྵ་ལ་རྒྱལ་པོ་ཆེན་པོ་མིག་མི་ བཟང་སྐུ་མདོག་དམར་པོ་འཛུམ་པ། ཕྱག་གཡས་པས་སྦྲུལ་ཞགས་དང༌། གཡོན་པས་རིན་པོ་ ཆེའི་མཆོད་རྟེན་འཛིན་ཅིང་དེ་ལ་གཟིགས་པ། སྤྱན་དམར་ཞིང་ལྟ་ཟེར་འབར་བ་སྦྲུལ་མགོའི་ གདེངས་ཀ་བདུན་དང་ལྡན་པ། རིན་པོ་ཆེའི་ཁྲི་དང་ཀླུའི་གདན་ལ་བཞུགས་པ། ཐམས་ཅད་ ཀྱང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ཅིང༌། དཔའ་ཞིང་བརྗིད་ལ་ བཟོད་པར་དཀའ་བའི་གཟི་འོད་ཅན་རབ་ཏུ་དགྱེས་པའི་སྤྱན་ཟླུམ་པོ་གདངས་པ། རིན་པོ་ ཆེའི་ཡ་ལད་གསོལ་བ། ཡིད་བཞིན་ནོར་བུའི་ཅོད་པན་དང་བཅས་པའི་ཟེའུ་ཁ་ལ་སོགས་ པ་འཁོར་ལོས་བསྒྱུར་བའི་ཆ་ལུགས་ཡོངས་སུ་རྫོགས་པའོ། །རང་གི་སྙིང་ག་ནས་འོད་ཟེར་ འཕྲོས། རི་རབ་ཀྱི་བང་རིམ་ནས་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་བསྐུལ་ཞིང་སྤྱན་ དྲངས་པར་གྱུར། རྒྱས་པར་སྤྲོ་ན་རེ་རེ་ཞིང་སྤྱན་དྲངས། མཆོད་བསྟོད། དམ་བཞག བཞུགས་གསོལ་རྣམས་རིམ་པས་ བྱ། བསྡུ་ན། ༀ་བཻ་ཤྲ་ཝ་ཎ་ཡ། དྷྲི་ཏ་རཥྚ་ཡ། བི་རུ་ཌྷ་ཀ་ཡ། བི་རུ་པཀྵ་ཡ། ས་པ་རི་ཝཱ་ར་བཛྲ་ ས་མཱ་ཛཿ ཞེས་སྤྱན་དྲངས། མཚན་སྔགས་དེ་ཉིད་ལ་ཨརྒྷཾ་སོགས་སྦྱར་བས་མཆོད། རྒྱལ་པོ་ཆེན་པོ་དཔལ་ལྡན་ པ་སོགས་ཀྱིས་བསྟོད་དོ། །ལས་ཀུན་སྒྲུབ་པའི་མཐུ་བོ་ཆེ། །རྒྱས་མཛད་ངལ་གསོས་པོ་ལ་བསྟོད། ། ཞི་ཞིང་བསྲུང་བའི་ལས་མཛད་པ། །གནས་སྲུང་པོ་ལ་ཕྱག་འཚལ་ལོ། །ཡམས་ཀུན་ཞི་ཞིང་ འཆི་བ་བཟློག །དགྲ་འཇོམས་ལུས་འཕགས་པོ་ལའང་བསྟོད། །སྨན་དང་ལོ་ཏོག་རྒྱས་མཛད་ ཅིང༌། །དབང་བྱེད་མིག་མི་བཟང་ལ་འདུད། །ཅེས་པའམ། བསྡུ་ན་དད་ལྡན་རྒྱལ་བའི་བཀའ་སྡོད་ 15-1-717 སོགས་ཀྱིས་བསྟོད། མཚན་སྔགས་ཀྱི་མཐར་ས་མ་ཡ་སྟྭཾ། ཞེས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ཏེ་དམ་ལ་བཞག མཚན་ སྔགས་ཀྱི་མཐར་པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་བཞུགས་སུ་གསོལ། སླར་ཡང་མཆོད་བསྟོད་གཅིག་བྱས་ལ་སོ་སོའི་མཚན་ སྔགས་སམ། ༀ་བཻ་སྭཱཧཱ། ༀ་དྷྲི་སྭཱཧཱ། ༀ་བི་སྭཱཧཱ། ༀ་ཀྵ་སྭཱཧཱ། ཞེས་ཅི་ནུས་བཟླ་བ་དང༌། ལས་རེ་རེ་སྒྲུབ་ པའི་ཚེ། ཞི་བ་ལ་སྭཱཧཱའི་མཐའ་ཅན་དང༌། རྒྱས་པ་ལ་ན་མཿདང༌། དབང་ལ་ཝ་ཥཊ་དང༌། དྲག་པོ་ལ་ཧཱུཾ་གི་མཐའ་ཅན་དུ་ བྱེད། བཞི་ཆར་ཆ་མཉམ་དུ་སྒྲུབ་ན། ༀ་བཻ་ན་མཿབོ་ཥཊ། ༀ་དྷྲི་སྭཱཧཱ་ༀ། ༀ་བི་མ་ར་ཡ་ཧཱུཾ་ཕཊ། ༀ་ཀྵ་ཝ་ ཥཊ་ཧོ། ཞེས་པ་རྣམས་བཟླའོ། །གཏོར་མ་བདག་བསྐྱེད་དང་མཐུན་པར་བྱིན་གྱིས་བརླབས་ལ། མཐར་རེ་རེ་བཞིན་སྔགས་ དྲུག་ཕྱག་རྒྱ་དྲུག་གིས་རྒྱས་འདེབས་པའམ། བསྡུ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱ་ཆེར་སྤེལ། ༀ་བཻ་ཤྲ་མ་ཎ་ཡ་ༀ་ ཨ་ཀཱ་རོ་མུ་ཁཾ་སོགས་རེ་རེའི་མཚན་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གསུམ་གྱིས་འབུལ། ༀ་བཛྲ་ ཡཀྵ་ཎི་གྲ་ཧ་ཏ་སྭཱཧཱ། ༀ་མ་ཐ་མ་ཐ་བཛྲ་གནྡྷརྦྷ་ཧྲི་ད་ཡེ་སྭཱཧཱ། ༀ་ཁུ་ཁུ་ཎི་གྷི་ཧ་བཱ་ལིཾ་སྭཱཧཱ། ༀ་ ཧ་ར་ཧ་ར་ནཱ་ག་བཛྲ་སྭཱཧཱ། ཞེས་པ་རྣམས་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གསུམ་གྱིས་འཁོར་རྣམས་ལ་ཕུལ། ༀ་བྷ་ཝ་ཁཱ་ཧི་ཁཱ་ཧི། གྲྀཧྞ་གྲྀཧྞ་གྲྀཧྞ་ཧཱུཾ། སརྦ་བྷུ་ཏ་བཱ་ལིཾ་སྭཱཧཱ། ཞེས་ལན་ཉི་ཤུ་རྩ་གཅིག་གིས་འཁོར་ འབྱུང་པོ་སྤྱི་ལ་ཕུལ། ༀ་སརྦ་ཨ་མི་ཤི་བྷྱཿ ཝ་ཧ་རི་ཎེ་སྭཱཧཱ། ཞེས་པས་འཆོལ་བའི་རིགས་རྣམས་ལ་རྨེ་གཏོར་ སྦྱིན། མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་ གསོལ། གཤེགས་བསྡུ་སྨོན་ལམ་བཀྲ་ཤིས་རྣམས་སྤྱི་དང་འདྲ། ལག་ལེན་གྱི་སྙིང་པོ་འདི་ཁོ་ནས་ཆོག་ལ། སྤྱན་འདྲེན། བཞུགས་ གསོལ། མཆོད་འཕྲེང༌། བསྟོད་པ། འཕྲིན་བཅོལ་རྣམས་རྒྱས་པ་ལ་དགའ་ན་གཞན་དུ་ཤེས་པར་བྱའོ། ། འདིའི་བཀའ་གཏད་བྱ་བར་འདོད་ན། གཏོར་མ་རྒྱས་པའི་ལུགས་བྱེད་དེ། དབུས་སུ་སྟེགས་བུ་མཐོ་བ་ལ་མཎྜལ་ཚོམ་བུར་ བཅས་པ་མཆོད་པས་བསྐོར་བ་ཞིག་བཤམ། བྱང་དུ་གཏོར་མ་རི་རབ་གླིང་བཞིའི་རྣམ་པ་ཅན་ཤིང་ཐོག་དང་ནོར་སྣས་བརྒྱན་པ། ཤར་དུ་ཟླུམ་གཏོར་དྲི་སྣ་ཚོགས་ཀྱིས་བརྒྱན་ཞིང༌། ཁྲག་སྣའི་མཆོད་ཡོན་ཅན། ལྷོ་རུ་གྲུ་གསུམ་ཉ་དང་ཤ་ཁྲག་ཅན། ནུབ་ཏུ་ཟླ་ གམ་འོ་མ་དང་མེ་ཏོག་ཅན་སོ་སོའི་མཐེབ་ཀྱུ་མང་པོས་བསྐོར་བ། འབྱུང་པོ་སྤྱིའི་གཏོར་མ་དང༌། རྨེ་གཏོར་ཆང་བུའི་ཚུལ་ཅན་ཀྱང་ བཤམ། རེ་རེ་བཞིན་མཆོད་པ་ཆ་ཚང་རེ་ལས་མི་ཉུང་བར་བྱེད། གཏོར་མའི་རྩེ་མོ་ལ་སོ་སོའི་ཙ་ཀ་ལི་རྣམས་འཛུགས། བགེགས་ 15-1-718 གཏོར་བཏང༌། སྲུང་འཁོར་བསྒོམ། གནས་ཡོ་བྱིན་རླབས་བྱ། དེ་ནས་གོང་དུ་བཤད་པ་བཞིན་འདོད་དོན་གསོལ་བཏབ་ཡན་ཆད་ སློབ་དཔོན་གྱིས་རྫོགས་པར་སྒྲུབས། སློབ་མས་མཎྜལ་ཕུལ། རྡོ་རྗེ་འཛིན་པ་སོགས་ཀྱིས་གསོལ་བ་བཏབ། སྐྱབས་འགྲོ་ སེམས་བསྐྱེད་རྒྱས་བསྡུས་གང་རུང་རེ་འབོགས། རྒྱུན་བཤགས་ཡན་ལག་བདུན་པའང་གང་རུང་རེ་བྱར་བཅུག སློབ་མའི་བློ་ངོར་ མདུན་བསྐྱེད་རྫོགས་པར་གསལ་འདེབས། སློབ་མ་ཉིད་ཡི་དམ་གང་རུང་གི་ངོ་བོར་གསལ་བཏབ། རོལ་མོའི་སྒྲ་དང་བཅས་རྒྱལ་ ཆེན་བཞི་སྤྱན་འདྲེན་པ་ནས། མཆོད་བསྟོད། གདན་འབུལ། དམ་ཡེ་བསྲེ་བའི་བར་གོང་བཞིན། སློབ་མའི་སྙིང་གར་ཡི་དམ་གྱི་ ས་བོན་ལ་སྙིང་པོས་བསྐོར་བ། དེའི་མཐར་སྔགས་འཕྲེང་འཁོར་བའི་དམིགས་པ་དང་བཅས་པའི་བཟླས་ལུང་སྤྱི་དང་མཐུན་པར་ སྦྱིན། སློབ་མས་ཕུལ་བར་མོས་ཏེ། གཏོར་མ་ཁ་གསོས་ལ་སོ་སོར་འབུལ། མཆོད་པའང་ཁ་གསོས་ཏེ་བྱིན་གྱིས་བརླབས་ལ་ མཆོད་བསྟོད་བྱ། རེ་རེ་བཞིན་གཏོར་མ་ལག་ཏུ་རིམ་པས་གཏད་ལ་བཀའ་བསྒོ་དྲག་ཏུ་བྱ། རྗེས་ཀྱི་བྱ་བ་ནི་སྤྱི་དང་མཐུན། དགེ་ བསྙེན་སྔགས་པ་མ་ཡིན་པའི་ཁྱིམ་པ་ཕལ་བ་ལ་བྱེད་ན། སློབ་མ་ཡི་དམ་དུ་མ་བསྐྱེད་པར་གཏོར་མ་མགོ་བོར་བཞག་སྟེ་གཏོར་ དབང་བསྐུར་ན་ལེགས་པར་གསུང་སྟེ། སྤྱིར་དེ་འདྲ་བ་ལ་སྔགས་སྦྱིན་པ་རྒྱུད་སྡེའི་དགོངས་པ་མིན་ཡང༌། ཡུལ་ཆོས་ཀྱི་དེང་སང་ ཐམས་ཅད་བྱེད་པ་ལྟར་ན། དེ་ལྟར་ཤིས་པ་ཡིན་ཏེ། འདིས་གཞན་ཐམས་ཅད་ལའང་རིགས་འགྲེའོ། །ཡང་འདི་ལ་བུམ་པ་བཅས་ ཏེ་ལྷ་མི་བསྐྱེད་པར་སོ་སོའི་སྔགས་བཟླས་ལ། བཟླས་ལུང་གི་སྔོན་དུ་བུམ་པའི་ཆུས་དབང་བསྐུར་ཏེ། སྔགས་དབང་བསྐུར་བའི་ ཐ་སྙད་དུ་མཛད་པའི་ཕྱག་ལེན་ཡང་གདའ་བ་ཤིན་ཏུ་ལེགས་པར་མངོན་ནོ། །དེས་སང་མཐུ་དང་དཔལ་འདོད་ཀུན༷། །ཡུལ་འདྲེ་ གདུག་ཅན་སྒྲུབ་ལ་དག༷འ། །སྙིང༷་ནས་ཆོས་འབྱོར་རྒྱས་འདོད་ན། །བཟང་པོ༷འི་ལྷ་ནི་སྒྲུབས་ཤིག་ཀྱེ། །རྒྱལ་པོ་ཆེན་པོ་བཞིའི་ སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། ། ༄༅། །ༀ་སྭཱ་སྟི། བླ་མ་ཡི་དམ་སངས་རྒྱས་ལ། །བཏུད་ནས་སྔགས་རིག་ཐམས་ཅད་ཀྱི། །ལེགས་པར་སྒྲུབ་ལ་ཉེར་ མཁོ་བའི། །སྒྲུབ་ཐབས་ཅུང་ཟད་ཙམ་ཞིག་བྲི། །བདག་ཉིད་གསང་སྔགས་ནང་གི་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་ལ་ གནས་པས། རང་གི་མདུན་གྱི་ནམ་མཁར་ཧཱུཾ་ལས་བྱུང་བའི་བསྲུང་འཁོར་དང༌། ཆོས་འབྱུང་ནམ་ མཁའི་ཁམས་ཀྱི་དབུས་སུ་གཞལ་མེད་ཁང་དངོས་གྲུབ་འབྱུང་བའི་དུར་ཁྲོད་དང་བཅས་པའི་ དབུས་སུ་པདྨའི་གདན་ལྔ་ཚོམ། དབུས་སུ་ཟླ་བ་ལ་ༀ་ལས་སངས་རྒྱས་མཁའ་འགྲོ་མ་དཀར་ 15-1-719 མོ་རྣམ་སྣང་གི་དབུ་རྒྱན་ཅན། ཞི་བའི་ཉམས་ལྡན། ཤར་དུ་ཉི་མ་ལ་ཧཱུཾ་ལས་རྡོ་རྗེ་མཁའ་འགྲོ་ མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། ཁྲོ་བའི་ཉམས་ལྡན། ལྷོ་རུ་ཟླ་བ་སེར་པོ་ལ་ཏྲཾ་ལས་ རིན་ཆེན་མཁའ་འགྲོ་མ་སེར་མོ་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན། དགྱེས་པའི་ཉམས་ ལྡན། ནུབ་ཏུ་ཉི་མ་དམར་པོ་ཟེར་དང་བྲལ་བ་ལ་ཧྲཱིཿལས་པདྨ་མཁའ་འགྲོ་མ་དམར་མོ་འོད་ དཔག་མེད་ཀྱི་དབུ་རྒྱན་ཅན། ཆགས་པའི་ཉམས་ལྡན། བྱང་དུ་སྣ་ཚོགས་རྡོ་རྗེ་ལ་ཨ་ལས་སྣ་ ཚོགས་མཁའ་འགྲོ་མ་ལྗང་ཁུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། ཁྲོ་ཞིང་བཞད་པ་སོགས་ཉམས་སྣ་ ཚོགས་པ། ཐམས་ཅད་ཀྱང་གཡས་ཅང་ཏེ་འཁྲོལ་ཞིང༌། གཡོན་པས་ཐོད་པ་བདུད་རྩིས་གང་ བ་ཐུགས་ཀར་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ་རུས་པའི་ ཕྱག་རྒྱ་ལྔ་དང་བཅས་པ། དབུ་སྐྲ་ནག་པོ་ཕྱེད་བཅིངས་སུ་གནས་པ། མཆན་ཁུང་གཡོན་དུ་ ཐབས་ཀྱི་རང་བཞིན་གྱི་ཁ་ཊཱཾ་ག་ལ་རིམ་པ་བཞིན་དུ་འཁོར་ལོ་རྡོ་རྗེ་རིན་པོ་ཆེ་པདྨ་རལ་གྲི་ རྣམས་ཀྱིས་མཚན་པ། འོད་ཟེར་སྣ་ལྔ་འབར་བའི་དབུས་ན་བཞུགས་ཤིང༌། རང་མཚུངས་ ཀྱི་མཁའ་འགྲོ་མ་གཙོ་མོ་འབུམ་འབུམ་དང་འཁོར་མཁའ་འགྲོ་གྲངས་མེད་པས་ཡོངས་སུ་ བསྐོར་བའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་ དཔག་ཏུ་མེད་པ་འཕྲོས། རང་བཞིན་གྱི་གནས་དང་ཕྱོགས་མཚམས་ཐམས་ཅད་ནས་གཙོ་ མོ་ཡེ་ཤེས་མཁའ་འགྲོ་ལྔ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་གྲངས་ མེད་པས་བསྐོར་བ་བཛྲ་ས་མཱ་ཛཿ རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གཡབ་ཅིང༌། ༀ་ཤྲཱི་ཧེ་རུ་ཀ་མཧཱ་བཛྲ་ཨ་ཀརྡྷ་ ཡ། ཨ་ཀརྡྷ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་བཛྲ་ ཌཱ་ཀི་ནཱཾ། ཧྲི་ད་ཡཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ལན་གསུམ་གྱིས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ལན་ལྔ། ཨརྒྷཾ་ནས་ཤཔྟའི་ བར་གྱིས་མཆོད། ༀ་ཧཱུཾ་ཏྲཾ་ཧྲཱིཿཨ། ༀ་ཨཱཿཧཱུཾ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཤོ་ལོ་ཀ་གཉིས་ཀྱིས་ བསྟོད། ༀ་བུདྡྷ་ཌཱ་ཀི་ནཱི་ཨཱཿཧྲི་ༀ་ཧཱུཾ་ཕཊ་སྭཱཧཱ། ༀ་བཛྲ་ཌཱ་ཀི་ནཱི་ཨཱཿཧྲི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་རཏྣ་ཌཱ་ 15-1-720 ཀི་ནཱི་ཨཱཿཧྲི་ཏྲཾ་ཧཱུཾ་ཕཊ་སྭཱཧཱ། ༀ་པདྨ་ཌཱ་ཀི་ནཱི་ཨཱཿཧྲི་ཧྲཱིཿཧཱུཾ་ཕཊ་སྭཱཧཱ། ༀ་ཀརྨ་ཌཱ་ཀི་ནཱི་ཨཱཿཧྲི་ཨ་ ཧཱུཾ་ཕཊ་སྭཱཧཱ། སྤྱི་དྲིལ་གྱི་སྔགས་ནི། ༀ་ཨཱཿༀ་ཧཱུཾ་སྭཱ་ཨ་ཧཱ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་རྣམས་བཟླས་པ་བྱའོ། །མཆོད་ གཏོར་བདག་བསྐྱེད་དང་མཐུན་པར་བྱིན་གྱིས་བརླབས་ནས། ཕུད་ཀྱི་དང་པོའི་གཏོར་མ། ༀ་ཤྲཱི་ཧེ་རུ་ཀ་མཧཱ་བཛྲ་པྲ་ ཏཱིཙྪ་ཨི་མཾ་བཱ་ལིང་ཧཱུཾ་ཕཊ། ལན་བདུན་གྱིས་ཕུལ། དེ་ནས་མཁའ་འགྲོ་ལ་འབུལ་བ་ནི། ༀ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ ཨི་མཾ་བཱ་ལིཾ་ༀཾ་ཕཊ། ༀ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིཾ་ཧཱུཾ་ཕཊ། ༀ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་ བཱ་ལིཾ་ཏྲཾ་ཕཊ། ༀ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིཾ་ཧྲི་ཕཊ། ༀ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ ལི་ཨཾ་ཕཊ། ༀ་སརྦ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིཾ་ཧོ་ཕཊ། ཅེས་ལན་གསུམ་སོགས་ཀྱིས་ཕུལ། རྒྱས་པར་ན་ ཚིགས་བཅད་དང་བཅས་པ་དང༌། བསྡུ་ན་སྔགས་ཙམ་གྱིས་ཕྱི་མཆོད་ནང་མཆོད་གསང་མཆོད་རྣམས་ཕུལ། མི་བསྐྱོད་རྡོ་རྗེ་ ཡེ་ཤེས་ཆེ། །སོགས་དེ་ཉིད་ལྔ་པས་བསྟོད། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ནས། སངས་རྒྱས་ རིགས་སུ་སྐྱེ་ཞེས་པའི་བར་བརྗོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ། དམ་ཚིག་པ་རང་ལ་བསྡུ་བ། བདག་བསྲུང་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །གོང་ གི་གཏོར་ཆོག་དེ་ཉིད་ཀྱིས་ལན་བརྒྱ་རྩ་བརྒྱད་འབུལ་བ་དང༌། ལྔ་ཚན་ལྔ་པའི་གཏོར་མ་ཐུན་བཞིར་འབུལ་བ་གཏོར་མ་བརྒྱ་པ་ དང༌། བཞི་ཚན་བཅུ་དྲུག་ཏུ་འབུལ་བ་དབྱུ་གུའི་གཏོར་མ་སྟེ། རྒྱས་པ་དང༌། ཞི་བ་དང༌། དབང་དྲག་གི་ལས་ལ་བསྔགས་སོ། །དེ་ དག་གི་ལག་ལེན་དང༌། ལས་བྱང་གཞན་དུ་ཤེས་པར་བྱའོ། ། འདིའི་གཏོར་དབང་ནི། ཆོས་འབྱུང་གི་{དབུས་[དངོས་]སུ་ཚོམ་བུ་ལྔ་བཀོད། དེའི་སྟེང་དུ་གཏོར་མ་ལྔ་ལ་མཁའ་འགྲོ་སྡེ་ ལྔའི་གཟུགས་སམ། སྔགས་བྱང་འཛུགས། སྟེགས་བུ་མཐོ་བ་ཞིག་ལ་ཕུད་གཏོར་ཆུང་བ་ཞིག་བཤམ། མཆོད་པ་རྣམས་སྤྱི་བདེར་ བསྒྲིགས་ནས་གོང་བཞིན་ཉམས་སུ་བླངས་པས་སློབ་དཔོན་གྱི་བྱ་བ་གྲུབ་པ་ཡིན། སློབ་མས་མཎྜལ་ཕུལ། ཀུན་མཁྱེན་ཡེ་ ཤེས་ཕུང་པོ་ཅན། །སོགས་ཀྱིས་གསོལ་བ་བཏབ། རྒྱུན་བཤགས་ཡན་ལག་ལྔ་པའམ་བདུན་པ་གང་རུང་བྱ། སློབ་མའི་ སྙིང་གར་མཁའ་འགྲོ་སྡེ་ལྔ་བསྐྱེད་ཅིང་མཆོད་བསྟོད་བྱ་བའི་བར་གོང་བཞིན་དམིགས་པ་ཕོག དེ་ནས་གཏོར་མ་ཁ་གསོས་ལ། གཏོར་ཆོག་བཞིན་བསྔོས་ནས། གཏོར་དབང་སྤྱི་དང་མཐུན་པར་བསྐུར་བ་ཡིན། རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །ཀུ༷ན་ནས་ཉམས་ 15-1-721 ཆགས་བསྐང་པ་དང༌། །ལས་སྒྲུབ་གང་ལའང་ཤིས་ཤིང་དག༷འ། །སྒྲུབ་པོ་ཀུན་ལ་མཁོ་བ་འདི། །སྙིང༷་ནས་བརྩེ་བའི་མྱུར་པོ༷ར་ བྲིས། །མཁའ་འགྲོ་སྡེ་ལྔའི་སྒྲུབ་ཐབས་གྱི་ལེ་ཚན་ནོ།། །། ༄༅། །ༀ་སྭཱ་སྟི། བླ་མ་མཆོག་དང་རྗེ་བཙུན་མ། །རྣལ་འབྱོར་མ་དཔལ་ཞབས་བཏུད་ནས། །སྐྱེ་བོ་འགའ་ལ་ཕན་ གདགས་ཕྱིར། །ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་བཤད། །ལྷན་ཅིག་སྐྱེས་མ་ལ་སོགས་པ་གང་ཡང་རུང་བའི་བདག་བསྐྱེད་སྔོན་དུ་ འགྲོ་བས། མཆོད་པ་དང་གཏོར་མ་བྱིན་རླབས་སྤྱི་དང་མཐུན་པར་བྱ། སྭ་བྷཱ་ཝས་སྣོད་བཅུད་སྟོང་པར་སྦྱངས། སྟོང་པའི་ ངང་ལས་རང་གི་མདུན་དུ་གཙོ་མོ་བཀྲ་ཤིས་ཚེ་རིང་མ་སྐུ་མདོག་དཀར་མོ་འཛུམ་ཞིང་ཡིད་ ཙམ་ཁྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་འཕྱར་ བ། གཡོན་བདུད་རྩིས་གང་བའི་བུམ་པ་ཐུགས་ཀར་འཛིན་པ། དུང་གི་ཐོར་ཚུགས་ཅན་སེང་ གེ་དཀར་མོ་ལ་ཆིབས་པ། མདུན་དུ་མཐིང་གི་ཞལ་བཟང་མ་སྔོན་མོ་འཕྲུལ་གྱི་མེ་ལོང་དང༌། ཁ་ནང་དུ་གཡོབ་པའི་བ་དན་དཀར་པོ་འཛིན་པ། ཨིནྡྲ་ནཱི་ལའི་ཐོར་ཚུགས་ཅན་རྐྱང་བུ་ཁ་ དཀར་ལ་ཞོན་པ། གཡས་སུ་མི་གཡོ་གླང་བཟང་མ་སེར་མོ་གཡོན་ཟས་མཆོག་གིས་གང་ བའི་སྣོད་འཛིན་ཅིང༌། གཡས་པའི་མཐེབ་སྲིན་གྱིས་གཞན་ལ་སྟེར་བའི་ཚུལ་ཅན། གསེར་ གྱི་ཐོར་ཚུགས་ཅན་སྟག་མོ་བྲུས་མ་ལ་ཞོན་པ། རྒྱབ་ཏུ་ཅོད་པན་མགྲིན་བཟང་མ་དམར་མོ། ནོར་བུའི་སྒྲོམ་བུ་ནོར་སྣ་ཚོགས་ཀྱིས་གང་བ་འཛིན་པ། བྱི་རུའི་ཐོར་ཚུགས་ཅན་ཤྭ་བ་ཡུ་མོ་ ལ་ཞོན་པ། གཡོན་དུ་གཏད་དཀར་འགྲོ་བཟང་མ་ལྗང་ཁུ་དུར་བའི་ཆུན་པོ་དང་སྦྲུལ་ཞགས་ འཛིན་པ། གཡུའི་ཐོར་ཚུགས་ཅན་གཡུ་འབྲུག་སྔོན་མོ་ལ་ཞོན་པ། གཙོ་འཁོར་གསུམ་ལྷ་མོ་ དང༌། གཉིས་མི་མོའི་རྣམ་པ་དར་དང་མེན་ཏྲི་སྣ་ཚོགས་བརྩེགས་པའི་ན་བཟའ་ཅན། གསེར་ གཡུ་སོགས་རིན་པོ་ཆེ་སྣ་ཚོགས་པའི་ཕོ་རྒྱུད་དང༌། འགྱིང་ཐོད་སོགས་རྒྱན་ཐམས་ཅད་ཀྱིས་ བརྒྱན་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ གའི་ཧཱུཾ་ལས་འོད་ཟེར་འཕྲོས། ཚེ་རིང་མཆེད་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ སྔོན་ཚེ་ 15-1-722 དུར་ཁྲོད་བསིལ་ཚལ་དུ། །མཁའ་འགྲོ་སེང་གེའི་གདོང་ཅན་དང༌། །བར་དུ་ཁ་ལ་རོང་སྒོ་རུ། ། སློབ་དཔོན་པདྨ་འབྱུང་གནས་དང༌། །ཐ་མ་སྨན་ལུང་ཆུ་བར་དུ། །དཔལ་ལྡན་བཞད་པ་རྡོ་རྗེ་ ཡི། །སྤྱན་སྔར་ཁས་བླངས་དམ་བཅས་པ། །མཁའ་འགྲོ་ལྔ་པོ་གནས་འདིར་གཤེགས། །ཕྱི་ ལྟར་ལྷ་སྨན་ཆེན་མོ་ལྔ། །ནང་ལྟར་ཞིང་སྐྱོང་མཁའ་འགྲོ་ལྔ། །གསང་ལྟར་རིགས་ཀྱི་ཡུམ་ ཆེན་ལྔ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨེ་ཨ་རལླྀ་ཧྲིཾ་ཧྲིཾ་ཛཿ ཛཿཧཱུཾ་བཾ་ཧོཿ དེ་ནས་འདོད་དོན་གསོལ་བཏབ་དྲག་ཏུ་བྱ་ཞིང༌། བྱ་ཁྱུང་གི་ཕྱག་རྒྱ་བཅའོ། །དེ་ནས་འདི་སྐད་ཅེས། ཉི་མ་ནུབ་ཕྱོགས་ ཕ་གི་ན། །གངས་དཀར་དགུང་དུ་རྩེ་མཐོ་བ། །མཐོ་ལ་གཉན་ནོ་ཚེ་རིང་མ། །དེ་ལ་བརྟེན་ པའི་ལྷ་མོ་ནི། །གཙོ་མོ་བཀྲ་ཤིས་ཚེ་རིང་མ། །འཁོར་དུ་འཇིག་རྟེན་དམན་མོ་བཞི། །ཅོད་ པན་མགྲིན་བཟང་མ་དང་ནི། །མཐིང་གི་ཞལ་བཟང་མ་དང་བཅས། །མི་གཡོ་གླང་བཟང་ མ་དང་ནི། །གཏད་དཀར་འགྲོ་བཟང་མ་དང་བཅས། །གཙོ་མོ་འཁོར་བཅས་ཐམས་ཅད་ནི། ། སྐུ་ལ་དར་དཀར་ན་བཟའ་གསོལ། །རྫུ་འཕྲུལ་ཆེན་པོ་མངའ་བ་རྣམས། །བསྟན་མ་བཅུ་ གཉིས་འཁོར་དང་བཅས། །དེ་རིང་གནས་འདིར་སྤྱན་འདྲེན་ན། །མཆོད་གཏོར་འདི་བཞེས་ དངོས་གྲུབ་སྩོལ། །ༀ་བཛྲ་ས་མཱ་ཡ་ཌཱ་ཀི་ནཱི་པཉྩ་མ་མ་སརྦ་ཀརྨ་སིདྡྷི་ཛྙཱ་ན་ཨི་དཾ་བཱ་ལིཾ་ཁཾ་ཁ་ཁཱ་ ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་འབུལ། ཧཱུཾ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །བལ་བོད་གཉིས་ཀྱི་ས་ མཚམས་ན། །གངས་དཀར་ཤེལ་གྱི་ཅོད་པན་ཅན། །ཕུ་ཆུ་སྙན་པའི་རྒྱུན་སྒྲ་ཅན། །ནགས་ ལ་མེ་ཏོག་ཤམ་བུ་ཅན། །གཡའ་སྤང་གསེར་གཡུའི་སྐེད་བཅིངས་ཅན། །གནས་མཆོག་དེ་ འདྲའི་གཡོན་མགུལ་ན། །དར་དཀར་གུར་གྱི་ནང་ཤེད་ན། །སྨན་མོ་བཀྲ་ཤིས་ཚེ་རིང་མ། ། གདུང་བ་དྲག་པོས་ཁྱོད་འབོད་ན། །དེ་རིང་སྒྲུབ་པའི་གནས་མཆོག་འདིར། །ལྷབ་ལྷུབ་ན་ བཟའ་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །ནམ་མཁའི་མཐོངས་ནས་ སྤྱན་འདྲེན་ན། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། ཁྱོད་ཀྱི་ཆོ་དང་འབྲང་སྨོས་ན། 15-1-723 ཡབ་ནི་ལྷོ་ལྷ་འཐེང་པོ་ཡིན། །ཡུམ་ནི་འབྲང་ཡུམ་སྨན་གཅིག་མ། །མིང་པོ་བདུན་ལ་སྲིང་མོ་ ལྔ། །ལྔ་ཚིགས་དབུས་ཀྱི་གཙོ་མོ་སྟེ། །ཞལ་བཟང་ཟླ་བ་ཉ་གང་འདྲ། །ལྷ་མོ་རྣམས་ཀྱང་ཟིལ་ གྱིས་གནོན། །མགྲིན་པ་གཅིག་ལ་གླུ་རྟ་སྟོང༌། །ཚངས་པའི་དབྱངས་ཀྱང་ཟིལ་གྱིས་གནོན། ། དབུ་སྐྲ་ཉག་མ་རེ་རེ་ལ། །གཡུ་ཕྲན་སྟོང་སྟོང་ལན་ཚར་བཅས། །ན་བཟའ་དར་དཀར་གོ་ ཟུ་གསོལ། །ཉིན་གསུམ་གངས་དཀར་རྩེ་ལ་བཞུགས། །སྨན་མོ་རྣམས་དང་ལྷན་ཅིག་རོལ། ། མཚན་གསུམ་རྒྱ་གར་ཡུལ་དུ་བཞུགས། །ཤིན་ཏུ་འཇིགས་པའི་དུར་ཁྲོད་དུ། །ཌཱ་ཀི་རྣམས་ དང་ཚོགས་ལ་རོལ། ཁྱེད་ལ་མཆོད་པ་འབུལ་བ་ནི། །བདུད་རྩི་སྨན་གྱི་རྩེ་ཕུད་དང༌། །མེ་ ཏོག་ཡིད་འོང་མཛེས་པའི་ཚལ། །དྲི་ཞིམ་ཕུན་ཚོགས་བདུག་སྤོས་དང༌། །འོད་དང་དྲི་མཆོག་ བཤོས་གཙང་དང༌། །སྒྲ་སྙན་གསང་བའི་རྔེའུ་ཆུང་རྣམས། །ཐུགས་རྗེས་བརྩེར་དགོངས་ བཞེས་ནས་ཀྱང༌། །ཡིད་ལ་འདོད་པའི་དོན་གྲུབ་སྩོལ། །སྔོན་ཚེ་དབེན་གནས་ཡང་རྫོང་དུ། ། དཔལ་ལྡན་བཞད་པ་རྡོ་རྗེ་ལ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བཀའ་འབངས་བགྱིད་ པར་རྩིས་ལ་ཕབ། །དངོས་གྲུབ་སྟེར་བར་གཡར་དམ་བཅས། །དེ་རིང་མོ་བཙུན་རྒྱལ་མོ་ ལ། །མིང་བོས་གསོལ་བ་འདེབས་ལགས་ན། །སྲིད་བསྲུང་རིགས་བརྒྱུད་དངོས་གྲུབ་དང༌། ། བང་མཛོད་ནོར་གྱི་དངོས་གྲུབ་དང༌། །སྣང་གསལ་པྲའི་དངོས་གྲུབ་དང༌། །རྨ་གཡང་ཟས་ཀྱི་ དངོས་གྲུབ་དང༌། །རྐང་བཞི་དུད་འགྲོའི་དངོས་གྲུབ་དང༌། །གཞན་ཡང་ཕྱི་ནང་གསང་བ་ཡི། ། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། །གཞན་ཡང་གསོལ་བ་འདེབས་པ་ནི། །རྣལ་འབྱོར་ བདག་གི་ལུས་མདངས་བསྐྱེད། །ནང་གི་རླུང་སེམས་དབང་དུ་བསྡུས། །ཕྱིའི་སྣང་བ་དབང་དུ་ གྱིས། །འཕྲིན་ལས་ཐབས་ཀྱི་བསྟན་པ་སྤེལ། །ཚེ་རིང་དཔལ་བསྐྱེད་འཁོར་གཡོག་སྐྱོངས། ། བསྟན་ལ་སྡང་བའི་དགྲ་བོ་རྣམས། །གཏོར་མ་འདི་དང་མཉམ་པོར་བཞེས། །བཅོལ་བའི་ ལས་ཀྱི་འབྲས་བུ་དེ། །མཆིས་པར་མཛོད་ཅིག་མཐུ་རྩལ་ཅན། །ཞེས་བརྗོད་དེ། བསྟོད་པ་མཆོད་འཕྲེང༌། 15-1-724 འཕྲིན་བཅོལ་ཐུགས་རྒྱུད་བསྐུལ་བ་རྣམས་དེ་ལ་ཚང་བ་ཡིན་ནོ། །བཟླས་པ་མི་བྱེད་ན། དེར་རྗེས་གཤེགས་གསོལ་བྱ། བཟླས་ པ་བྱེད་ན། ༀ་མ་མ་རུ་རུ་ཞེས་སོགས་འོག་ནས་འབྱུང་བ་ལྟར་བཟླས་པའི་མཐར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མཁའ་འགྲོ་ཆེན་མོ་ལྔ་པོ་ནི། །རྫུ་འཕྲུལ་སྣ་ཚོགས་སྟོན་མཛད་པ། །ལས་རྣམས་ཐམས་ཅད་ སྒྲུབ་མཛད་མ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། བཟོད་གསོལ། གཤེགས་ གསོལ། སྨོན་ལམ། བཀྲ་ཤིས་རྣམས་སྤྱི་དང་མཐུན་པར་བྱའོ། ། འདིའི་རྗེས་གནང་བྱ་བར་འདོད་པས་ཡི་དམ་དང་འདི་ཉིད་ཀྱི་བྲིས་སྐུ་ཡོད་ན་བཀྲམ། དེའི་མདུན་དུ་གཏོར་མ་སོ་སོའི་ གངས་རིའི་གཟུགས་ཅན་ནམ། ཟླུམ་གཏོར་བཤོས་བུ་རྩེ་རིང་ངམ། འབྲང་རྒྱས་ལྔ་ཚོམ་གྱི་རྣམ་པར་བྱས་ཀྱང་རུང་ངོ༌། །སོ་སོའི་ ཙ་ཀ་ལི་ཡོད་ནའང་འཛུགས། རས་དཀར་པོའི་སྟེང་འབྲས་དཀར་གྱི་གཡུང་དྲུང་རིས་ཞིག་བྲིས། དེའི་སྟེང་དུ་མཉྫི་ལ་གཏོར་མ་ བཀོད། འདི་ཉིད་ཀྱི་སྒྲུབ་པའི་སྐབས་ཀྱི་མཆོད་རྫས་རྣམས་འབྱོར་ན་ལེགས། མིན་ན་མཆོད་གཏོར་སྤྱི་དང་མཐུན་པར་བཤམ། གོང་དུ་བཤད་པ་ལྟར་གྱི་བདག་བསྐྱེད་ནས་བརྩམས། འཕྲིན་ལས་བཅོལ་ཞིང་བསྐུལ་བའི་བར་དུ་བྱས་ལ། སྙིང་པོ་ཅི་འགྲུབ་ བཟླའོ། །དེ་ཡང༌། ༀ་མ་མ་རུ་རུ་ཙིཏྟ་དྷ་ར་མེ་ཛུ་ཏི་ཧཱུཾ་བྷྱོཿཛ། ༀ་བཛྲ་བྷི་ཀྱཻ་མུ་ཏ་ཧཱུཾ་བྷྱོཿཛ། ༀ་བཛྲ་ ཡ་ཏྲ་སིང་སིང་ཧཱུཾ་བྷྱོཿཛ། ༀ་ཨ་ཝི་ར་ནི་ཧཱུཾ་བྷྱོཿཛ། ༀ་ས་རི་ཏིང་ཏིང་ཁ་ཏི་ཛྙ་ན་ཧཱུཾ་བྷྱོཿཛ། ཞེས་ པ་རྣམས་སོ། །ཚེ་རིང་མཆེད་ལྔ་གནད་ལ་འབོད་པའི་སྲོག་སྔགས་རྣམས་བཟླ་བར་ཁ་ཅིག་འདོད་ཀྱང༌། སློབ་མ་ལ་བཀའ་གཏད་ བྱེད་པའི་ཚེ། དེ་དག་བཟླ་དགོས་པའི་རྒྱུ་མཚན་མེད་ལ། གཉན་ཆ་ཆེ་ཞིང་མི་ཤེས་པར་འགྱུར་བའི་ཉེན་ཡོད་པས་མི་བཟླའོ། །དེ་ ལྟར་བཟླས་པ་ཟིན་པའི་རྗེས་སུ་བུམ་པ་མཚན་དང་ལྡན་པ་བཅུད་སྣ་ཚོགས་ཀྱིས་གང་བ་ཁ་རྒྱན་ཅན་ཞིག་དང༌། གཡས་སུ་ཚེ་ རིལ་དང༌། གཡོན་དུ་ཚེ་ཆང་རྣམས་བཤམས། བྷྲུཾ་ལས་བྱུང་བའི་བུམ་པའི་ནང་དུ་རྒྱལ་བ་ཚེ་དང་ཡེ་ཤེས་ དཔག་ཏུ་མེད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་བཞུགས་པར་གྱུར། དེ་ལ་དམིགས་ ཏེ། ༀ་ཨ་མ་ར་ཎི་ཛཱི་ཝནྟཱི་ཡེ་སྭཱཧཱ། ཞེས་པ་ཅི་ནུས་བཟླ། ཚེ་དཔག་མེད་ཀྱི་སྐུ་ལས་བྱུང་བའི་བདུད་ རྩིས་བུམ་པ་ཁེངས་ཤིང་ཆིལ་ཆིལ་ལུད་པ་ཀ་པཱ་ལའི་བདུད་རྩི་དང་འདྲེས། ༀ་བཛྲ་ཨཱ་ཡུ་ཥེ་ ཛྙཱ་ན་ཨ་མ་ར་ཎི་ཛཱི་ཝནྟཱི་ཡེ་སྭཱཧཱ། ཞེས་པ་བརྒྱ་རྩའམ། ཉེར་གཅིག་ཙམ་བཟླས། ཚེ་རིལ་ཤ་ལྔ་བདུད་རྩི་ལྔའི་རང་ 15-1-725 བཞིན་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གནས་པ། མཾ་ཨཾ་ཙཾ་ཨ་ཏཾ་ཞེས་པ་རྣམས་ཞུ་བ་ལས་བྱུང་བའི་བདུད་ རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་མང་དུ་བཟླས། འོག་ཏུ་དགོས་པའི་དབང་རྫས་སོ་སོའི་བྲིས་སྐུ་ཙ་ཀ་ ལི་དང༌། རྡོ་རྗེ། མེ་ལོང༌། ཟས་མཆོག་གི་སྣོད། ནོར་བུས་གང་བའི་གཞོང་པ། རྩྭ་རན་པ་མྱུ་གུ་དང་བཅས་པ་རྣམས་ཚང་བར་བྱས་ ལ། སློབ་མ་རྣམས་ལ་ཆོས་བཤད་དང༌། འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་བྱ། སློབ་མས་མཎྜལ་འབུལ། ཕུན་ཚོགས་དངོས་ གྲུབ་མ་ལུས་པ། །མྱུར་དུ་ཐོབ་པར་བྱ་བའི་ཕྱིར། །བདག་ལ་ཚེ་རིང་མཆེད་ལྔ་ཡི། །རྗེས་སུ་ གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ། གུར་ནས་འབྱུང་བའི་ཡན་ལག་བདུན་པ་ཚར་གསུམ། དེ་ནས་སློབ་ དཔོན་གྱིས་འདི་སྐད་ཅེས་བརྗོད་དེ། ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་རྗེ་བཙུན་མ་ལྷན་ཅིག་སྐྱེས་ མ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྐྲ་གྲོལ་བ། གཡས་གྲི་གུག་ནམ་ མཁའ་ལ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་གཏོད་པ། མཆན་ཁུང་དུ་ཐབས་ཀྱི་རང་ བཞིན་གྱི་ཁ་ཊྭཱཾ་ག་བཅུག་པ། ཞབས་གཡོན་བརྐྱང་པའི་གར་སྟབས་ཀྱིས་པད་ཉི་དང་མི་རོའི་ གདན་ལ་འགྱིང་བ། གཅེར་བུ་ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། རུས་པའི་ཕྱག་ རྒྱ་ལྔས་བརྒྱན་པ། མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །རང་གི་རྩ་བའི་བླ་མ་རྗེ་ བཙུན་མི་ལ་བཞད་པ་རྡོ་རྗེ་སྐུ་ཤ་སྔོ་སངས། རས་དཀར་གྱི་ཤར་བུ་གསོལ་བ། ཆོས་འཆད་ ཀྱི་ཕྱག་རྒྱ་ཅན་སྐྱིལ་ཀྲུང་དུ་བཞུགས་པ་ཞིག་གསལ་བཏབ་ཟེར་ཡང༌། རྗེ་བཙུན་བཞད་པ་ དང་ཁོ་རང་གི་ཡི་དམ་དབྱེར་མེད་པ་དགྱེས་རྡོར་ཕག་མོ་གང་རུང་བསྒོམ་ན་ལེགས། དེའི་ སྤྱི་བོར་བཅོམ་ལྡན་འདས་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་མཉམ་བཞག་གི་ཕྱག་ རྒྱ་མཛད་པ། འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་དང་རིན་ པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་བཞུགས་པར་མོས། དེའི་ཐུགས་ཀར་ཟླ་བ་ལ་ ཧྲཱིཿཡིག་གི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བ་ཞིག་མོས། དེ་རྣམས་ལ་མོས་གུས་དུང་བ་ བྱས་པས་ས་བོན་སྔགས་འཕྲེང་དང་བཅས་པ་དེ་ལས་འོད་འཕྲོས། སངས་རྒྱས་བྱང་སེམས་ 15-1-726 ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་མ་ལུས་པ་ཐམས་ཅད་དང༌། ཁམས་གསུམ་སྣོད་བཅུད་ ཐམས་ཅད་ཀྱི་བཀྲག་མདངས་བཅུད་མི་ཤིགས་པ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་ པར་ཚུར་བསྡུས། ཕྱག་གི་བདུད་རྩིའི་བུམ་པར་ཞུགས། འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་ པ་གཞིར་གནས་ཀྱི་བདུད་རྩི་དང་འདྲེས། བུན་ཆིལ་གྱིས་ལུད་པ། རྩ་བའི་བླ་མའི་ངོ་བོ་རྗེ་ བཙུན་བཞད་པ་རྡོ་རྗེའི་དབུ་གཙུག་ནས་ཞུགས་སྐུ་ལུས་གང༌། བླ་མ་ཡི་དམ་མཐའ་དག་གི་ བྱིན་རླབས་ཀྱི་ངོ་བོ་བདུད་རྩི་གསང་བའི་སྒོ་ནས་བྱུང༌། ཁྱེད་རང་རྣམས་དང་མདུན་བསྐྱེད་ ལྷ་མོའི་ལྔའི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་བར་མོས་པར་མཛོད། བུམ་པའི་ཆུས་དབང་ བསྐུར་བཞིན་དུ། ཇི་ལྟར་བལྟམས་པ་ནས་སྐུ་ཁྲུས་གསོལ། ༀ་ཨ་མ་ར་ཎིའི་མཐར་ཨཱ་ཡུར་པུཎྱེ་ཛྙཱ་ ན་སིདྡྷི་ཏྭཾ་མེ་བྷ་ཝ་ཧཱུཾ། ཞེས་བརྗོད། བཀྲ་ཤིས་ཚེ་ཟན་དཔལ་གྱི་ཟས། །ཞེས་སོགས་ཀྱི་མཐར། ༀ་མཾ་ ཨཾ་ཙཾ་ཨ་ཏཾ་ཞེས་བརྗོད་ལ་ཚེ་རིལ་སྦྱིན། ཨ་མ་ར་ཎིའི་སྔགས་ཀྱིས་ཚེ་ཆང་སྦྱིན། དེ་ལྟར་ཁྱེད་རང་རྣམས་ལ་ དབང་བསྐུར་བས་དྲེགས་པ་མཐའ་དག་དབང་དུ་འདུས་པའི་ནུས་པ་ཐོབ། མདུན་བསྐྱེད་ལྷ་ མོ་ལྔ་ལ་དབང་བསྐུར་བས་དམ་ལ་གནས་ཤིང༌། ཁྱེད་རང་རྣམས་ལ་སེམས་ཤིན་ཏུ་འདུན་ པར་གྱུར་སྙམ་པའི་མོས་པ་མཛོད། དེ་ནས་གཙོ་མོའི་གཏོར་མ་ཙ་ཀ་ལི་དང་བཅས་པའམ། ཙ་ཀ་ལི་ཁོ་ན་གཏད་ དེ། ཇོ་མོ་བཀྲ་ཤིས་ཚེ་རིང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད་ཆེ། །མི་འགྱུར་ཡོན་ཏན་ ཀུན་རྫོགས་མ། །སྲིད་བསྲུང་ཚེ་ཡི་དངོས་གྲུབ་སྩོལ། །ཞེས་བཀའ་བསྒོས་ཤིང༌། དམ་ཚིག་གི་ལག་སྦྲེལ་ བས་དབུས་ཀྱི་ལྷ་མོ་དེ་ཉིད་བཞེངས་ཏེ། རང་ཉིད་རྡོ་རྗེ་ཕག་མོ་ལྷན་ཅིག་སྐྱེས་མར་གསལ་བ་ལ་གུས་ པ་ཆེན་པོས་གཡས་སྐོར་དུ་བསྐོར་བ་ལན་གསུམ་དུ་བྱས་ནས། ཁྱེད་རང་རྣམས་ཀྱི་ལག་ཏུ་ རང་རྟགས་གསེར་གྱི་རྡོ་རྗེ་གཏད་ཅིང་དངོས་གྲུབ་འབུལ་བར་གཡར་དམ་བཅས་པའི་མོས་ པ་མཛོད། རྡོ་རྗེ་སློབ་མའི་ལག་ཏུ་གཏད་ལ། བཞད་པ་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་ བཅའ་བཞིན། །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྲིད་བསྲུང་ཚེ་ཡི་དངོས་གྲུབ་འབུལ། །ༀ་ 15-1-727 མངྒ་ལ་ཨཱ་ཡུར་པུཎྱེ་ཨ་ཛི་དྷ་ར་སྭཱཧཱ། ཞེས་བརྗོད། རིམ་པ་དེ་ཁོ་ནས་འོག་མ་རྣམས་ལ་ཡང་རིགས་འགྲེ་སྟེ། ཤར་ གྱི་ཙ་ཀ་ལི་གཏད་ལ། ཇོ་མོ་མཐིང་གི་ཞལ་བཟང་མ། །དཔལ་འབར་བཀྲ་ཤིས་ཞེས་པ་ནས། ཀུན་ རྫོགས་མ། །སྣང་གསལ་པྲའི་དངོས་གྲུབ་སྩོལ། །ཞེས་དང༌། ཤར་གྱི་ལྷ་མོ་བཞེངས་ནས། ཞེས་ དང༌། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྣང་གསལ་པྲའི་དངོས་གྲུབ་འབུལ། །ༀ་ཨཾ་ཨིནྡྲ་ནཱི་ལ་ མུ་ཁ་བྷ་དྲ་ཨ་ཛི་དྷ་ར་སྭཱཧཱ། ཞེས་འདོན་པ་སྤོ་ཞིང༌། མེ་ལོང་ལག་ཏུ་གཏོད་པ་རྣམས་ཁྱད་པར་རོ། །དེ་བཞིན་དུ། ཇོ་ མོ་མི་གཡོ་གླང་བཟང་མ། །ཞེས་དང༌། རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །ཞེས་དང༌། རྨ་གཡང་ ཟས༴ ༀ་ཨ་ཨ་ཙ་ལ་ཧ་ས་ཨ་ཛི་དྷ་ར་སྭཱཧཱ། ཞེས་འདོན་པ་སྤོ་ཞིང༌། ལྷོའི་ཙ་ཀ་ལི་དང་ཟས་མཆོག་གི་སྣོད་ གཏད། དེ་བཞིན་དུ། མཁའ་འགྲོ་ཅོད་པན་མགྲིན་བཟང་མ། །ཞེས་དང༌། བང་མཛོད་ནོར་གྱི་དངོས་ གྲུབ་སྩོལ། །ཞེས་དང༌། བང་མཛོད་ནོར་གྱི་དངོས་གྲུབ་འབུལ། །ༀ་ཙ་མུ་ཀུ་ཊ་མ་དྷུ་ར་བྷ་དྲ་ཡ་ ཨ་ཛི་དྷ་ར་སྭཱཧཱ། ནུབ་ཀྱི་ཙ་ཀ་ལི་དང་ནོར་གཞོང་གཏད། དེ་བཞིན་དུ། ལྷ་མོ་གཏད་དཀར་འགྲོ་བཟང་མ། ། ཞེས་དང༌། རྐང་བཞི་འཕེལ་བའི་དངོས་གྲུབ་སྩོལ། །ཞེས་དང༌། རྐང་བཞི་འཕེལ་བའི་དངོས་གྲུབ་ འབུལ། ༀ་ཏཾ་གཏད་བྷ་ཝ་ཛ་གད་བྷ་དྲ་ཨ་ཛི་དྷ་ར་སྭཱཧཱ། བྱང་གི་ཙ་ཀ་ལི་དང་རན་པའི་ཆུན་པོ་གཏད། དེ་ ནས་གཏོར་མ་ལག་ཏུ་གཏད་ལ། རོལ་མོའི་སྒྲ་དང་བཅས། ཉི་མ་ནུབ་ཕྱོགས་ཕ་གི་ན། །ཞེས་པ་ནས། དེ་རིང་ གནས་འདིར་སྤྱན་འདྲེན་ན། །སློབ་བུ་འདི་ཡི་ཕྱི་བཞིན་འབྲོངས། །ཕྱི་ནང་གསང་བའི་འགལ་ རྐྱེན་སོལ། །སྤྱི་དང་ཁྱད་པར་དངོས་གྲུབ་སྩོལ། །བཅོལ་བའི་ལས་རྣམས་ཐམས་ཅད་སྒྲུབས། ། ཞེས་བཀའ་བསྒོ་བྱས་པའི་མཐར། ༀ་མ་མ་རུ་རུ་སོགས་སྙིང་པོ་མང་དུ་བཟླ། རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །འདིའི་གཏོར་ ཆོག་གི་ཚིག་ཆ་རྣམས་འདི་ལས་བསྡུས་པར་སྦྱར་ཀྱང་རུང་ཞིང༌། འདི་ལས་ཆེས་མང་པོར་སྤེལ་བ་ནི། ཚེགས་ཆེ་བ་མ་གཏོགས་ དོན་མེད་པའི་ཕྱིར་མི་དགོས་ལ། ཚིགས་བཅད་ཀྱང་ཕྱིས་ཀྱི་མཁས་པར་གྲགས་པས་སྦྱར་བའི་ལེགས་ལེགས་ལྟར་སྣང་བ་རྣམས་ ལས། འདི་རྣམས་ཁོ་ན་སྣང་སྲིད་ཀྱི་དམ་ཅན་མགུ་བའི་ནུས་པ་ཆེ་བ་ཡིན་ལ། འདི་དག་འཇིག་རྟེན་དྲེགས་པ་ཕོ་མོའི་བཀའ་ གཏད་ཀྱི་ལུགས་ཡིན་པས་ཟབ་པ་ལྟར་བཅོས་པའི་དམིགས་པ་དང་ཆོ་གའི་ཁྱད་པར་གཞན་མང་པོ་སྤེལ་བ་ལ་དགོས་པ་གཅིག་ 15-1-728 ཀྱང་མེད་དོ། །དེ་ནས་འདིའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་དང༌། སྤྱི་དང་སོ་སོའི་ལས་ཚོགས་ལ་ཞིབ་མོར་ངེས་པ་ཞིག་དོན་དུ་ གཉེར་ན་རུང་གི། གཏོར་ཆོག་དང་བཀའ་གཏད་ཀྱི་ཆོ་ག་འདི་ཙམ་ཁོ་ནས་ཆོག་པར་ཤེས་པར་བྱའོ། །ཀུན༷་ལས་ཟབ་མོར་བྱའོ་ ཞེས། །དག༷འ་བར་བསྔགས་པའི་ཡི་གེ་ཡང༌། །མང་མོད་དལ་བའི་རྒྱུར་ཤེས་ནས། །སྙིང༷་པོ༷་ཙམ་ཞིག་སྦྱར་བ་ལགས། །ཚེ་རིང་ མཆེད་ལྔའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། ཐ་མར་དགེ་བའི་དོན་དུ་ཉེར་མཁོའི་སྒྲུབ་ ཐབས་འགའ་ཞིག་བཤད་པའི་སྐབས་ཏེ་ཉེར་བཞི་པའོ།། །།དར་རྒྱས་འཕེལ། ༄༅། །ༀ་སྭཱ་སྟི། སྒྲུབ་ཐབས་ཀུན་ལས་བཏུས་པ་རིན་པོ་ཆེའི་འབྱུང་གནས་ཀྱི་བརྒྱུད་ ཡིག དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྒྲུབ་ཐབས་སྣ་ཚོགས་དཔག་པར་དཀའ་ བ་ནི། །དམ་པ་འགའ་ཡིས་ཕྱོགས་བཅུར་འགྱེད་མཛད་ལ། །སླར་ཡང་གཞན་འགས་ཀུན་ ལས་གཅིག་ཏུ་བསྡུས། །མང་ཐོས་སྐྱེས་མཆོག་འགའ་ལས་དངོས་ཀྱིས་འཁུམས། །[དེ་ལྟར་ གྱི་སློབ་དཔོན་ངག་དབང་གྲགས་པའི་ལུགས་ཀྱི]། སྒྲོལ་དཀར་གྱི་རིང་བརྒྱུད་ནི། སྒྲོལ་མ། ངག་གི་དབང་ཕྱུག གསེར་གླིང་པ། ཇོ་བོ་རྗེ། འབྲོམ་སྟོན། སྤྱན་སྔ་བ། བྱ་ཡུལ་བ། འཆད་ཀ་ བ། སྐྱེར་སྒང་བ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ཚུལ། རྒྱང་ རོ་བྱང་ཆུབ་འབུམ། འདུལ་འཛིན་ཉི་མ། མཆིམས་བློ་བཟང་བ། གྲོ་སྟོན་ཀུན་རྒྱལ། མཁན་ ཆེན་གྲུབ་ཤེ། སྤྱང་ལུང་པ་གཞོན་ནུ་བློ་གྲོས། པཎ་ཆེན་རིན་པོ་ཆེ་ཤཱཀྱ་མཆོག་ལྡན། སྤྱང་ ལུང་པ་གཞོན་ནུ་ཆོས་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག ཡང་སྒམ་པོ་ལུགས་ལྟར་ན། ཀར་ལུགས་གཅིག་ཀྱང་ཐོབ་མོད་ཀྱི། འདིར་དགོན་པ་པ། སྤྱན་སྔ་བ། སྒྲེ་བ་སླེ་ནག སྒམ་ པོ་པ། རྨོག་ལྕོག་པ། སྐྱེར་སྒང་པ། གཉན་སྟོན་པ། སངས་རྒྱས་སྟོན་པ། སྤྲུལ་སྐུ་རིན་ཆེན་བློ་ གྲོས། བླ་མ་ཀུན་འོད་པ། གཤེན་སྒོམ་སངས་རྒྱས་དར། མཉམ་མེད་སངས་རྒྱས་དཔལ་པ། ཆོས་སྐུ་ཤཱཀྱ་རིན་ཆེན། ཀུན་བཟང་ངག་དབང་བློ་གྲོས། རྒྱ་སྒོམ་ལེགས་པའི་རྒྱལ་མཚན། རྗེ་ བཙུན་གྲོལ་མཆོག མཁན་ཆེན་ལུང་རིགས་རྒྱ་མཚོ། དེས་བདག་ལའོ། །ཉེ་བརྒྱུད་པཎ་ཆེན་ 15-1-729 ནགས་རིན་ལུགས་ལྟར་ན། སྒྲོལ་མ། ངག་གི་དབང་ཕྱུག་གྲགས་པ། པཎྜི་ཏ་ནགས་ཀྱི་རིན་ ཆེན། པཎ་ཆེན་ཤཱཀྱ་མཆོག་ལྡན། རྗེ་བཙུན་ཀུན་དགའ་མཆོག་གྲུབ། རྗེ་བཙུན་གྲོལ་མཆོག འཇམ་དབྱངས་ཀུན་དགའ་རྒྱལ་མཚན་ནོ། །བ་རི་ལུགས་ལ། སྒྲོལ་མ། ཛེ་ཏཱ་རེ། རྡོ་རྗེ་གདན་ པ་ཆེ་ཆུང༌། བ་རི་ལོ་ཙྪ་བ་ས་ཆེན་སོགས་འོག་གི་ཐུབ་པ་རྡོ་རྗེ་གདན་དང་འདྲ། གཉན་ལུགས་ ལ། ངག་གི་དབང་ཕྱུག་འབུམ་ཕྲག་གསུམ་པ། གཉན་ལོ། ཁའུ་པ་ཆོས་རྒྱལ་མཚན། ཁའུ་པ་ རྡོ་རྗེ་བདུད་འཇོམས། རྗེ་བཙུན་གྲགས་པ། ནུབ་པ་རིག་འཛིན་གྲགས། སྟོན་པ་པདྨ་སེང་གེ དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ། ཡར་ལུང་པ་སེང་རྒྱལ། རོང་ ཆེན། ལེགས་པའི་ཤེས་རབ། ཡིག་དྲུག་ཤེར་དཔལ། རྗེ་གྲོལ་མཆོག་སོགས་སོ། ། ༈ དབྱངས་ཅན་མ་དཀར་མོའི་རིང་བརྒྱུད་ནི། ལྷ་མ་ཧེ་ཤྭ་ར། མཁར་བའི་མགར་བ། བྲམ་ཟེ་ཤཾ་ཀུ། གཏུམ་པོའི་སྡེ། ཉི་མ་སེང་གེ། དཔེ་མེད་མཚོ། རྒྱ་མཚོ་ཆེན་པོ། སུམ་པ་ལོཙྪ་ བ། བཟང་རིང༌། བོ་དོང་རིན་རྩེ། སྟག་སྡེ་པ་སེང་གེ་རྒྱལ་མཚན། སྤང་ལོ། ལོ་ཆེན་བྱང་རྩེ། ལོ་ཆེན་གྲགས་རྒྱལ། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། སྟག་ལུང་ངག་དབང་གྲགས་པ། པཎ་ ཆེན་ཆོས་ཀྱི་རྒྱལ་པོ་ཤཱཀྱ་མཆོག་ལྡན། བྲག་དཀར་སེམས་དཔའ་ཆེན་པོ། འཇམ་དབྱངས་ ཀུན་དགའ་རྒྱལ་མཚན། དེས་བདག་ལའོ། །ཡང་ན། པཎ་ཆེན་རིན་པོ་ཆེ། རྗེ་དབོན་ཤཱཀྱ་ རྒྱལ་མཚན། རྗེ་བཙུན་གྲོལ་མཆོག མཁན་ཆེན་ལུང་རིགས་རྒྱ་མཚོའི་དྲུང་དུ་བདག་གིས་ མནོས་སོ། །ཉེ་བརྒྱུད་ནི། ལྷ་མོ་དབྱངས་ཅན་མས་བོ་དོང་ཕྱོགས་ལས་རྣམ་རྒྱལ་ཉིད་ལ་ གནང་བ་ཡིན་ནོ། ། ༈ གཉན་སྒྲོལ་ལ། སྒྲོལ་མ། གཉན་ལོ་ཙྪ་བ། གནམ་ཁའུ་པ། ས་ཆེན། རྩེ་མོ། གྲགས་ པ། ས་པཎ། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། ཀ་བཞི་བ་གྲགས་པ་ གཞོན་ནུ། བྱང་སེམས་བསོད་ནམས་གྲགས་པ། མཁན་ཆེན་གྲགས་པ་ཚུལ་ཁྲིམས། བླ་མ་ 15-1-730 ཤེས་རབ་རྡོ་རྗེ། རྒྱལ་བཟང་བ། བྱང་སེང་བ། ཤར་ཆེན་ཡེ་རྒྱལ། ངོར་པ་རྡོ་རྗེ་འཆང༌། དེ་ ནས་རྗེ་ཀུན་དགའ་དབང་ཕྱུག་པ། བྱང་སེམས་ཀུན་དགའ་མཆོག་གྲུབ་བམ། ཡང་ན། མུས་ ཆེན། བདག་ཆེན་བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་སྤངས་པ། དེ་ནས་རྗེ་བཙུན་གྲོལ་མཆོག རྗེ་རྡོ་རིངས་པ་དང༌། མཁན་ཆེན་ལུང་རིགས་རྒྱ་མཚོ། དེ་གཉིས་ཀས་བདག་ལའོ། ། ༈ ཀུ་རུ་ཀུལླེའི་བརྒྱུད་པ་ནི། ཀུ་རུ་ཀུལླེ། རྒྱལ་པོ་ལྷན་སྐྱེས་རོལ་པ། རྡོ་རྗེ་གདན་པ་ ཆེ་ཆུང༌། བ་རི་ལོཙྪ་བ། གོང་མ་ལྔ། དམ་པ་ཀུན་དགའ་གྲགས། དགའ་ལྡན་བ་ཀུན་བསོད། ནམ་ཟ་བྲག་ཕུག་པ། བླ་མ་དམ་པ། དེ་ནས་ཐེག་ཆེན་ཆོས་རྗེ། སྤྱན་སྔ་ཀུན་དགའ་རྒྱལ་ མཚན། པཎ་ཆེན་ཆོས་རྗེའམ། ཡང་ན། བྱང་སེང་བ། ཤར་ཆེན། ངོར་ཆེན། ཆུ་མིག་བདག་ ཆེན། པཎ་ཆེན་ཆོས་རྗེ། བྲག་དཀར་སེམས་དཔའ་ཆེན་པོ་བསོད་ནམས་རྒྱལ་མཚན། རྗེ་ ཀུན་དགའ་རྒྱལ་མཚན། དེས་བདག་ལའོ། །ཡང་བྲག་དཀར་སེམས་དཔའ། མཁན་ཆེན་ བཀྲ་ཤིས་རྣམ་རྒྱལ། རྗེ་བཙུན་གྲོལ་མཆོག རྗེ་ཀུན་དགའ་རྒྱལ་མཚན་ནོ། ། ༈ འདོད་རྒྱལ་ལ། རྡོ་རྗེ་འཆང༌། རྡོ་རྗེ་གདན་པ། སྤ་ཝཱི་ར། བ་རི་བ། {ལུགས་[ལྕགས་ ]ཐང་པ། གོང་མ་ལྔ། གཞོན་ནུ་འབུམ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་ རྒྱལ་མཚན། སྤང་སྟོན་པ། ཤེར་རྒྱམ་པ། རྭ་སྟོན་ཡོན་ཏན་དཔལ་བཟང༌། རྗེ་བཙུན་ལྷ་དབང་ གྲགས་པ། དེས་བདག་ལའོ། །ཡང་ན། ཚུལ་རྒྱལ་བ། བླ་མ་ངག་དབང་པ། ཤར་ཆེན། ངོར་ ཆེན། པཎ་ཆེན་མན་ཀུ་རུ་ཀུལླེ་བཞིན། ། ༈ ཚོགས་བདག་དམར་ཆེན་ལ། རྡོ་རྗེ་འཆང༌། ཕག་མོ། ས་ར་ཧ། ཀླུ་སྒྲུབ། ཤ་ཝཱ་རི། ཧད་དུ་དཀར་པོ། མལ་ལོ། ས་ཆེན་སོགས་གོང་མ་བཞི། སྐྱོབ་པ་དཔལ། རོང་བ་ཤེར་སེང༌། བག་སྟོན་པ། ཚུལ་རྒྱལ་བ། ངག་དབང་པ་མན་ཆད་འདོད་རྒྱལ་བཞིན། ། ༈ རྡོ་རྗེ་སེམས་དཔའི་སྒོམ་ལུང་ལ། ཇོ་བོ་རྗེ། དགོན་པ་བ། སྤྱན་སྔ་བ། བྱ་ཡུལ་བ། མུས་ 15-1-731 སྨན་པ། གྲོ་སྟོན་བདུད་རྩི་གྲགས་པ། སངས་རྒྱས་སྒོམ་པ་ནས་གྲུབ་ཤེའི་བར་སྒྲོལ་དཀར་ཇོ་ བོ་ལུགས་དང་འདྲ། སྒྲ་པ་སངྒྷ་ཤྲཱི། མཁན་ཆེན་བསོད་ནམས་མཆོག་གྲུབ། མཁན་ཆེན་ཀུན་ རྒྱལ་བ། ལྷ་ཆུང་བ། མཁས་པའི་དབང་པོ་བྱམས་པ་ལྷུན་གྲུབ། དེས་བདག་ལའོ། ། ༈ ཐུབ་པ་རྡོ་རྗེ་གདན་ལ། རྡོ་རྗེ་འཆང༌། རྡོ་རྗེ་གདན་པ་ཆེ་ཆུང༌། དོན་ཡོད་རྡོ་རྗེ། བ་རི་ ལོཙྪ། ས་སྐྱ་གོང་མ་བཞི། ཚོགས་སྒོམ་པ། ཉན་ཆེན་པ། བླ་མ་བསོད་ནམས་སྐྱབས། གཟུངས་ ཀྱི་དཔལ་པ། དཔལ་ལྡན་ཚུལ་ཁྲིམས། ཤར་པ། ངོར་ཆེན། པཎ་ཆེན་རིན་པོ་ཆེ། རྗེ་ཀུན་ དགའ་རྒྱལ་མཚན། རྗེ་སངས་འོད་པ། རྗེ་བཙུན་གྲོལ་མཆོག རྗེ་ལྷ་དབང་གྲགས་པ། དེས་ བདག་ལའོ། ། ༈ དམ་ཚིག་གསུམ་བཀོད་ལྷ་ལྔའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཨ་བྷྱ་ཀ་ར། ཤུ་བྷ་ཀ་ ར་གུབྟ། ལེགས་སྤྱོད་འབྱུང་གནས་སྦས་པ། རཏྣ་རཀྵི་ཏ། གོ་ཏམ་ཤྲཱི། ཀིརྟི་ཙནྡྲ། ཤུད་ཀེ་ ལོཙྪ་བ་གྲགས་རྒྱལ། རྒྱལ་མཚན་རིན་ཆེན། གར་ཐིག་པ་བསོད་རྒྱལ། བཀའ་བཅུ་པ་གཞོན་ སེང༌། བླ་མ་མགོན་པོ་འབུམ། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན། ངོར་ཆེན། རུ་པ་བཀའ་ བཞི་པ། སྤྱན་སྔ་ཀུན་དགའ་རྡོ་རྗེ། པཎ་ཆེན་རིན་པོ་ཆེ་མན་ཐུབ་པ་རྡོ་རྗེ་གདན་དང་འདྲའོ། ། ༈ གནས་བཅུ་ལ། དགེ་བསྙེན་དྷརྨ་ཏཱ་ལ། ཇོ་བོ་རྗེ། རྣམ་རྫུན་པཎྜི་ཏ། རྔོག་བྱང་ཆུབ་ འབྱུང་གནས། པུ་ཏོ་བ། ཤར་བ་པ། འཆད་ཀ་པ། སེ་སྤྱིལ་བུ་པ། ལྷ་སྤྱིལ་བུ་པ། སྙེ་མོ་ལྷས་ པ། གྲུབ་ཐོབ་ཧཱུཾ་འབར། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། ཟེའུ་ གྲགས་བརྩོན། ཟེའུ་གྲགས་ཤེ།མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་ མཚན། སྤང་སྟོན་གྲུབ་པ་ཤེས་རབ། མཁན་ཆེན་དཔལ་ལྡན་དོན་གྲུབ། རྭ་སྟོན་ཡོན་ཏན་ དཔལ་བཟང༌། རྗེ་བཙུན་ཀུན་དགའ་མཆོག་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག མཁན་ ཆེན་ལུང་རིགས་རྒྱ་མཚོ། དེས་བདག་ལའོ། །ཡང་ལོ་པ་སྤྱན་སྔ་ནས་བརྒྱུད་པ་སྟག་ལུང་རིན་ 15-1-732 པོ་ཆེའི་དྲུང་དུ་ཡང་མནོས་སོ། ། ༈ བཀའ་གདམས་ལྷ་བཞིའི་ཤཱཀ་ཐུབ་ལ། ཐུབ་པའི་དབང་པོ། ཇོ་བོ་རྗེ། དགོན་པ་བ། སྣེ་ཟུར་བ། གླང་ཐང་པ། ཞང་གཞུང་པ། མུས་སྨན་པ། སངས་རྒྱས་སྒོམ་པ། མཆིམས། སྐྱོ་ མན་ཆད་གནས་བཅུ་བཞིན། ། ༈ སྨན་བླའི་བརྒྱུད་པ་ནི། ཐུབ་པ། འཇམ་དབྱངས། མཁན་པོ་བོ་དྷི་སཏྭ། ཁྲི་སྲོང་ལྡེ་ བཙན། མུ་ནི་བཙན་པོ། སད་ན་ལེགས། ཁྲི་རལ། ལྷ་ལུང་དཔལ་གྱི་རྡོ་རྗེ། འོད་སྲུངས། དཔལ་འཁོར་བཙན། སྐྱིད་ལྡེ་ཉི་མ་མགོན། བཀྲ་ཤིས་ལྡེ། ཡེ་ཤེས་འོད། བྱང་ཆུབ་འོད། འོད་ ལྡེ། རྩེ་ལྡེ། སྣར་བྱང་ཚུལ། ཞུ་ཤེར་གྲགས། ཟ་ར་བ་དར་མ་རྒྱལ་མཚན། གྲོ་མོ་ཆེ་བ། སངས་ རྒྱས་སྒོམ་པ། མཆིམས། བསོད་ནམས་ཡེ་ཤེས། བསོད་ནམས་གྲགས་པ། རྒྱལ་སྲས་ཆོས་ རྫོང་པ། མང་མཁར་བ་ཚུལ་དཔལ། སེམས་དཔའ་གཞོན་ནུ་རྒྱལ་མཆོག འཇམ་དབྱངས་ ཤེར་རྒྱམ། རྭ་སྟོན་པ། བྱང་སེམས་ཀུན་མཆོག རྗེ་གྲོལ་མཆོག སྟག་ལུང་རིན་པོ་ཆེ་ཁུ་དབོན། དེས་བདག་ལའོ། །འདི་ཡང་ཡོ་བ་སྤྱན་སྔ་ཕྱོགས་ནས་བརྒྱུད་པ་དེད་ཀྱང་ཆོག ། ༈ ཀླུ་དབང་རྒྱལ་པོ་ལ། དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོ། ཇོ་བོ། འབྲོམ། པུ་ ཏོ་བ། ཤར་བ་པ། གཏུམ་སྟོན་པ། རྡོ་སྟོན་པ། གྲོ་སྟོན་བདུད་རྩི་གྲགས། ཞང་སྟོན་ཆོས་བླ། སངས་རྒྱས་སྒོམ་པ། མཆིམས་ཆེན། དཔལ་ལྡིངས་པ། འདུལ་འཛིན་གྲགས་པ། བླ་མ་རྒྱ་ གར་རྒྱལ་མཚན། བླ་མ་སེང་གེ་རྒྱལ་མཚན། ཀུན་མཁྱེན་རོང་པོ། པཎ་ཆེན་རིན་པོ་ཆེ། བྲག་ དཀར་སེམས་དཔའ། རྗེ་རྡོ་རིང་བ་ཀུན་དགའ་རྒྱལ་མཚན། དེས་བདག་ལའོ། ། ༈ གསང་འདུས་འཇམ་པའི་རྡོ་རྗེ་ལ། བཀའ་བཅུ་པ་གཞོན་སེང་ཡན་ཆད་དམ་ཚིག་ གསུམ་བཀོད་ལྷ་ལྔ་དང་འདྲ། དེ་ནས། སྔགས་འཆང་ཚུལ་ཁྲིམས་རྒྱལ་མཚན། སྤང་སྟོན་ གྲུབ་ཤེ། མཁན་ཆེན་བསོད་ནམས་མཆོག་གྲུབ། མཁན་ཆེན་བཟོད་པ་དཔལ་གྲུབ། མཁན་ 15-1-733 ཆེན་ཀུན་དགའ་རྒྱལ་མཚན། སློབ་དཔོན་ལྷ་ཆུང་བ་ཡེ་ཤེས་རིན་ཆེན། མཁས་པའི་དབང་པོ་ བྱམས་པ་ལྷུན་གྲུབ། དེས་བདག་ལའོ། ། ༈ གསང་འདུས་མི་བསྐྱོད་རྡོ་རྗེ་ལྷན་སྐྱེས་ལ། མི་བསྐྱོད་རྡོ་རྗེ། རཱ་ཧུ་ལ་ཤྲཱི། བི་མ་ལ་ ཤྲཱི། བི་ཁྱཱ་ཏ་དེ་བ། བུདྡྷ་ཤྲཱི། ཁྲོ་ཕུ་ལོཙྪ་བ། མཁན་པོ་བསོད་ནམས་དབང་ཕྱུག ཁྲོ་ཕུ་སེམས་ དཔའ་ཆེན་པོ། ཡང་རྩེ་བ་རིན་ཆེན་སེང་གེ། དགྲ་བཅོམ་པ་ཡོན་ཏན་བློ་གྲོས། སྤྱང་ལུང་ཆེན་ པོ། པཎ་ཆེན་རིན་པོ་ཆེ། བྱང་སེམས་ཤེས་རབ་དཔལ་འབྱོར། རྗེ་བཙུན་གྲོལ་མཆོག མཁན་ ཆེན་ལུང་རིགས་རྒྱ་མཚོ། དེས་བདག་ལའོ། ། ༈ མཧཱ་མཱ་ཡ་གཙོ་རྐྱང་ལ། ཧེ་རུ་ཀ མཁའ་འགྲོ་མ། ཀུ་ཀུ་རི་པ། དྷརྨ་པ། བྱ་ད་ལ། ཨ་ སི་ཏ་གྷ་ན། ར་ཏི་གུཔྟ། ཤཱནྟི་གུཔྟ། གྲུབ་ཆེན་བུདྡྷ་ནཱ་ཐ། དེས་བདག་ལའོ། ། ༈ བདེ་མཆོད་ལྷན་སྐྱེས་ལ། རྡོ་རྗེ་འཆང༌། དགའ་རབ་རྡོ་རྗེ། རྡོ་རྗེ་གདན་པ། བ་རི་ པ། ས་སྐྱ་གོང་མ་བཞི། ལུང་ཕུ་བ། སེམས་ཆེར་བ་གཞོན་ནུ་གྲུབ། བྲག་ཕུག་པ། བླ་མ་དམ་ པ། རྒྱལ་སྲས་པ། ཉན་པོ་བ་དཔལ་རིན། མ་ཎི་བ་ལེགས་རྒྱལ། འཕགས་མཆོག་གྲགས་པ་ བསོད་ནམས། རྗེ་ཀུན་དགའ་མཆོག་གྲུབ། རྗེ་བཙུན་གྲོལ་མཆོག མཁས་གྲུབ་སངས་རྒྱས་ ཡེ་ཤེས། རྗེ་བྱམས་པ་ལྷུན་གྲུབ། དེས་བདག་ལའོ། ། ༈ གོ་ཆའི་དཔའ་བོ་དྲུག་དང༌། དཔའ་མོ་དྲུག་ལ། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་ར། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏིལླི་ པ། ན་རོ་པ། པྲཛྙཱ་རཀྵི་ཏ། སུ་མ་ཏི་ཀིརྟི། མལ་ལོ་བློ་གྲོས་གྲགས། ས་སྐྱ་གོང་མ་ལྔ། མང་ མཁར་ལོ་ཙྪ་བ། དཔལ་ལྡན་སེང་གེ། ཐམས་ཅད་མཁྱེན་པ་བུ་སྟོན། དཔལ་ལྡན་བླ་མ། བྱང་ ཆུབ་སེང་གེ། ཤར་པ། ངོར་ཆེན། གུ་གེ་པཎ་ཆེན། བློ་བོ་མཁན་ཆེན། རྗེ་བཙུན་གྲོལ་མཆོག རྗེས་སངས་རྒྱས་ཡེ་ཤེས། རྗེ་བྱམས་པ་ལྷུན་གྲུབ། དེས་བདག་ལའོ། ། 15-1-734 ༈ བདེ་མཆོག་དཀར་པོ་ལ། བདེ་མཆོག ཕག་མོ། ཁ་ཆེ་པཎ་ཆེན། དཔྱལ་ལོ་ཙྪ་བ་ཆོས་ ཀྱི་དཔལ་བཟང་པོ། གཡག་སྡེ་ལོ་ཙྪ་བ། མངའ་རིས་པ་སངས་རྒྱས་ཡེ་ཤེས། བྱང་སེམས་ བསོད་ནམས་གྲགས། མཁན་ཆེན་གྲགས་ཚུལ་བ། མཁན་ཆེན་རྒྱལ་བཟང་པ། མཁན་ཆེན་ བསོད་རིན། མཁན་ཆེན་ཉི་མ་རྒྱལ་མཚན། པཎ་ཆེན་རིན་པོ་ཆེ། བྲག་དམར་བ་ཀུན་དགའ་ ཚེ་འཕེལ། རབ་གསལ་ཟླ་བ་མགོན་པོ། རྗེ་བཙུན་གྲོལ་མཆོག རྗེ་རྡོ་རིངས་པ། དེས་བདག་ ལའོ། ། ༈ བདེ་མཆོག་དཀར་པོའི་ཚེ་སྒྲུབ་ཀྱི་བརྒྱུད་པའང་དེ་ཁོ་ནའོ། ། ༈ བདེ་མཆོག་སྤྱན་རས་གཟིགས་ལ། སྤྱན་རས་གཟིགས། མི་ཏྲ་ཛོ་གི ཁྲོ་ཕུ་ལོཙྪ་བ་ མན་ཆད་གསང་འདུས་མི་བསྐྱོད་པ་ལྷན་སྐྱེས་དང་འདྲ། ། ༈ ཀྱཻ་རྡོར་ལྷན་སྐྱེས་ཀྱི་བརྒྱུད་པའང་བདེ་མཆོག་ལྷན་སྐྱེས་དང་འདྲའོ། ། ༈ དུས་འཁོར་ལྷན་སྐྱེས་ནི་གསང་འདུས་མི་བསྐྱོད་པ་ལྷན་སྐྱེས་དང་འདྲའོ། ། ༈ ཁྲོ་བོ་རྡོ་རྗེ་ཤུགས་སྲུང་མ་དྲུག་ཅུར་བཅས་པའི་རྗེས་གནང་ལ། དུས་འཁོར་འབྲོ་ ལུགས་ཀྱི་བརྒྱུད་པ་བཞིན་དེད་ཀྱང་ཆོག ཨ་བྷ་ཡ། ལེགས་སྤྱོད། ཨཱ་ནནྡ། རིན་ཆེན་སྲུང་ བ། བི་བྷུ་ཏི་ཙནྡྲ། མར་སྟོན་གཡང་འབར། ཀུན་སྤངས་ཆེན་པོ་ཐུགས་བརྩོན། བྱང་སེམས་ རྒྱལ་ཡེ། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཇོ་ནང་ཀུན་མཁྱེན་ཆེན་པོ། འགའ་རོང་བ་ལྷའི་ རྒྱལ་མཚན། རྗེ་{བརྩོན་[བཙོན་]པ་བ། བདག་ཆེན་རྣམ་རྒྱལ་གྲགས་པ། ཤངས་སྟོན་ཀུན་ དགའ་དཔལ་ལྡན། པཎ་ཆེན་ནམ་མཁའ་དཔལ་བཟང༌། རྗེ་ཤེར་བཀྲས་པ། རྗེ་གྲོལ་མཆོག མཁན་རིན་པོ་ཆེ། (དེ་ནས་རྗེ་ཏཱ་ར་ནཱ་ཐ། རིན་ཆེན་རྒྱ་མཚོ། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་ པོ། ཀུན་དགའ་རྣམ་རྒྱལ། ཏ་གོའུ་བླ་མ་འཕྲིན་ལས། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་གཙང་དབེན་སངས་རྒྱས་རྒྱ་མཚོ། དེས་ ཁྲན་ཀླུ་སྒྲུབ་རྒྱ་མཚོ་ལའོ)དེས་བདག་ལའོ། ། 15-1-735 ༈ གཤེད་དམར་ལྷན་སྐྱེས་ལ། གཤིན་རྗེ་གཤེད། བི་རཱུ་པ། བིར་ཌི་པ། བློ་གྲོས་བཟང་ པོ། དཱ་རྦན་ཨཱ་ཙཪྻ། བློ་བོ་ལོཙྪ་བ། ཐུགས་སྲས་ས་པ། ལོཙྪ་བ་མཆོག་ལྡན། བློ་ཆེན་པ། བག་ སྟོན་པ། མཁན་ཆེན་ཤེས་རབ་སེང་གེ། སློབ་དཔོན་ཚུལ་རྒྱལ་བ། སྤང་སྟོན་གྲུབ་ཤེ། རྗེ་ཤེར་ རྒྱམ་པ། རྭ་སྟོན་པ། རྗེ་ཀུན་དགའ་མཆོག་གྲུབ། རྗེ་གྲོལ་མཆོག རྗེ་བཙུན་རྡོ་རིང་པ། དེས་ བདག་ལའོ། ། ༈ རབ་ཏུ་བསྡུས་པའི་འཇིགས་བྱེད་ལ། རྡོ་རྗེ་འཆང༌། རྣལ་འབྱོར་མ། ནག་པོ་སྤྱོད་པ། བནྡྷེ་པ། ཏིལླི་བ། ནཱ་རོ་པ། པྲ་ཛྙཱ་རཀྵི་ཏ། མེ་ཛ་གླིང་བ། རྭ་ལོ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ། རྭ་འབུམ་སེང༌། ཆོས་རྗེ་སྒ་ལོ། རིན་ཆེན་རྒྱལ་མཚན། ཆོས་དབྱིངས་རྡོ་ རྗེ། བརྩོན་འགྲུས་སེང་གེ། ཆོས་ཀྱི་བཀྲ་ཤིས། ཤེས་རབ་སེང་གེ། ཀུན་དགའ་སེང་གེ། ཆོས་ ཀྱི་སེང་གེ། འཇམ་དབྱངས་བློ་གྲོས། བླ་བ་སྟེང་པ་ཕུར་པ་སྐྱབས། སྔགས་འཆང་ཚུལ་ཁྲིམས་ རྒྱ་མཚོ། དེས་བདག་ལའོ། ། ༈ ན་རོ་མཁའ་སྤྱོད་ལ། རྡོ་རྗེ་རྣལ་འབྱོར་མ། དྲིལ་བུ་པ། ཌོཾ་གི་བ། ཨན་དྷར་བ། ཏེ་ལོ་ པ། ནཱ་རོ་པ། ཕམ་ཐིང༌། མལ་ལོ། ས་སྐྱ་གོང་མ་ལྔ། ཞང་དཀོན་མཆོག་དཔལ། བྲག་ཕུག་ པ་བསོད་ནམས་དཔལ། བླ་མ་དམ་པ། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན། ངོར་ཆེན། པཎ་ ཆེན་རིན་པོ་ཆེ། བྲག་དཀར་སེམས་དཔའ་ལ་རྡོ་རིང་པའམ། ཡང་ན་པཎ་ཆེན། སྤྱང་ལུང་བ་ གཞོན་ནུ་ཆོས་གྲུབ། རྗེ་བཙུན་གྲོལ་མཆོག རྗེ་རྡོ་རིང་པ། དེས་བདག་ལའོ། ། ༈ དཔྱལ་ལུགས་ཕག་མོ་ཞལ་གཉིས་མ་ལ། རྡོ་རྗེ་ཕག་མོ། ལྕམ་ལཀྵྨ་ཀ་ར། བིརྦ་པ། ཨ་ཝ་དྷཱུ་ཏཱི་པ། ལྗོང་ངར་བ། བསོད་སྙོམས་པ་རྒྱལ་བས་བྱིན། བསོད་སྙོམས་པ་སངས་རྒྱས་ བྱིན། བལ་པོའི་པཎྜི་ཏ་དེ་བ་ཨཱ་ཀ་ར་ཙནྡྲ། ཧ་དུ་དཀར་པོ། ཞེས་ཀྱང་གྲགས་པ་བ་རེནྡྲ་རུ་ ཙེ། དཔྱལ་ལོ་ཀུན་དགའ་རྡོ་རྗེ། སྐྱི་དཀོན་མཆོག་འབར། རྗེ་རྒྱལ་ཚ་རིན་པོ་ཆེ། ཁྲོ་ཕུ་ལོ་ 15-1-736 ཙྪ་བ། བླ་ཆེན་བསོད་དབང༌། ཁྲོ་ཕུ་བསོད་ནམས་སེང་གེ། ཡང་རྩེ་བ། བུ་སྟོན་ཆེན་པོ། པན་ བྲག་ནག་པ་གཞོན་ནུ་བསོད་ནམས། འཇམ་དབྱངས་རིན་ཆེན་རྒྱལ་མཚན། སྤོས་ཁང་པ། དེ་རྗེས་མཁན་ཆེན་རྒྱལ་བ་ཕྱག་ན་སོགས་བརྒྱུད་པའང་ཡོད་མོད། དཔལ་རི་བ་ཆོས་རྒྱལ་ དཔལ་བཟང༌། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་པ། ཞྭ་ལུ་ལོཙྪ་བ་ཆོས་སྐྱོང་ བཟང་པོ། མཁན་ཆེན་ཀུན་དགའ་དཔལ་འབྱོར། རྗེ་བྲག་སྟོད་པ། དེས་བདག་ལའོ། །འདི་ ལ་གྲུབ་ཐོབ་ཟ་ར་སྟོན་པ་དང༌། གསེར་སྡེངས་བ་ཡབ་སྲས་ནས་བརྒྱུད་པ་དང༌། གཙང་ཡག་ རྡོ་རྗེ་ནས་བརྒྱུད་པའང་ཡོད་ལ། ཡང་ན། དཔྱལ་ལོའི་རྗེས་སུ། དཔྱལ་ཀུན་དགའ་གྲགས་ པ། དཔྱལ་ཆོས་བཟང་རོང་པ་རྒ་ལོ། རོང་པ་ཤེར་སེང༌། བག་སྟོན་པ། ཐར་པ་བདེ་རྒྱས་ པ་དོན་ཡོད་རྡོ་རྗེ། སྤོས་ཁང་པ་མན་ཆད་སྔར་བཞིན་ནམ། ཡང་ན་བག་སྟོན་པ། ཚུལ་རྒྱལ་ བ། དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན། གུ་གེ་པཎྜི་ཏ། བློ་བོ་མཁན་ཆེན། རྗེ་གྲོལ་ མཆོག མཁན་ཆེན་ལུང་རིགས་རྒྱ་མཚོ། དེས་བདག་ལའོ། ། ༈ མཻ་ཏྲི་མཁའ་སྤྱོད་ལ། རྡོ་རྗེ་འཆང༌། སྤྱན་རས་གཟིགས། བློ་གྲོས་རིན་པོ་ཆེ། ཤ་ཝ་རི། མཻ་ཏྲི་པ། རྒྱ་གར་ཕྱག་ན། ཀ་མ་ལ་བཛྲ། ཛ་ཡ་སྱ་ན། སུམ་པ་ལོཙྪ་བ་དར་མ་ཡོན་ཏན། རྗེ་ བཙུན་གྲགས་རྒྱལ། ས་པཎ། འཕགས་པ། ཞང༌། བྲག་ཕུག་པ། རི་ཁྲོད་བློ་བརྟན། དཔལ་ ལྡན་ཚུལ་ཁྲིམས། ངོར་ཆེན། པཎ་ཆེན་རིན་པོ་ཆེ། རྗེ་ཀུན་དགའ་རྒྱལ་མཚན། རབ་གསལ་ ཟླ་མགོན། རྗེ་བཙུན་གྲོལ་མཆོག རྡོ་རྗེ་རིང་པ། དེས་བདག་ལའོ། ། ༈ ཨིནྡྲ་མཁའ་སྤྱོད་ལ། ཕག་མོ། ཨིནྡྲ་བྷཱུ་ཏི། ལཀྵིཾ་ཀ་ར་ནས་ཧ་དུ་དཀར་པོའི་བར་ དཔྱལ་ལུགས་དང་འདྲ། དེ་ནས་བལ་པོ་ཡེ་ཤེས་རྡོ་རྗེ། ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ རྩེ། རྗེ་བཙུན་གྲགས་རྒྱལ་མན་མཻ་ཏྲི་དང་འདྲ། ། ༈ ཕག་མོ་དོན་གྲུབ་མ་དང༌། དབུ་བཅད་མ་གཉིས་ཀྱང་ཞལ་གཉིས་མ་དཔྱལ་ལུགས་ 15-1-737 དང་འདྲའོ། ། ༈ ཕག་མོ་གནམ་ཞབས་ལ། ཕག་མོ། ཨིནྡྲ་བྷཱུ་ཏི། དགེ་སློང་མ་དཔལ་མོ། པདྨ་བཛྲ། བྷ་ རོ་ཕྱག་རྡུམ། རྭ་ལོཙྪ་བ་རྡོ་རྗེ་གྲགས་པ་ནས། འཇམ་དབྱངས་བློ་གྲོས་ཀྱི་བར་འཇིགས་བྱེད་ བསྡུས་པ་དང་འདྲ་བ་ལས། རོང་པ་རྒ་ལོའི་ཚབ་ཏུ་གྲུ་གུ་མཁར་ནག་འཇུག འཇམ་དབྱངས་ བློ་གྲོས། རྗེ་ཚུལ་ཁྲིམས་རྒྱ་མཚོ། དྲུང་དོན་གྲུབ་ལེགས་པ། དེས་བདག་ལའོ། ། ༈ ཕག་མོ་ཀུརྨ་པ་ཏཱིའི་ལུགས་ལ། ཤ་ཝ་རི། མཻ་ཏྲི་པ། ན་ཡ་ཀ་པ། ད་ཤ་བཱ་ལ་ཤྲཱི། བི་ ཁྱཱ་ཏ་དེ་བ། ཤཱཀྱ་ཤྲཱི། ད་ན་ཤཱི་ལ། ཆག་ལོ་ཆོས་རྗེ་དཔལ། བླ་བྲང་པ་གཞོན་ནུ་རྒྱལ་མཚན། ཤེས་རབ་དཔལ། ལེགས་ལྡན་འོད། རྗེ་བཙུན་དཔལ་ཆེན། ཡེ་ཤེས་དཔལ་བཟང༌། བློ་ བཟང་དཔལ་འབྱོར། རིན་ཆེན་ཆོས་རྒྱལ་བ། རྡོ་རིངས་ཀུན་སྤངས་པ། རྗེ་བཙུན་གྲོལ་མཆོག མཁན་ཆེན་ལུང་རིགས་རྒྱ་མཚོ། དེས་བདག་ལའོ། ། ༈ རྗེ་བཙུན་མ་དཔལ་འཛིན་གྱི་ལུགས་སུ་གྲགས་པ་ལ། རྡོ་རྗེ་ཕག་མོ། བྲམ་ཟེ་དཔལ་ འཛིན། བློ་གྲོས་བཟང་པོ། བི་མ་ལ་ཤྲཱི། ནིསྐ་ལངྒ་ཤྲཱི། བུདྡྷ་ཤྲཱི། ཁྲོ་ཕུ་ལོཙྪ་བ་མན་ཆད་གསང་ འདུས་མི་བསྐྱོད་པ་ལྷན་སྐྱེས་དང་འདྲ། ། ༈ གོ་ཟློག་ལྷན་ཅིག་སྐྱེས་མ་ལ། རྡོ་རྗེ་ཕག་མོ། ས་ར་ཧ། ཤ་ཝ་རི་པ། བི་ཁྱ་ཏ་དེ་བ། པཎ་ཆེན་ཤཱཀྱ་ཤྲཱི། འགྲོ་མགོན་རས་ཆེན། སྤོ་མ་བྲག་པ། ཀརྨ་པག་ཤི། ཨུ་རྒྱན་པ། རང་བྱུང་ རྡོ་རྗེ། ཤ་གྲགས་སེང༌། རྟོགས་ལྡན་དར་རྒྱས། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། ཆོས་དཔལ་ཡེ་ཤེས། དཔལ་འབྱོར་དོན་གྲུབ། སྐྱབས་ལྕེ་འཇམ་དཔལ་རྒྱ་མཚོ། ཏྲེ་བོ་ཆོས་ཀྱི་ རྒྱ་མཚོ། ཆོས་སྐུ་ནམ་མཁའ་རིན་ཆེན། རྗེ་བཙུན་ལྷ་དབང་གྲགས་པ། དེས་བདག་ལའོ། ། ༈ ཕག་མོ་ཁྲོས་ནག་ལ། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ། བིརྺ་པ། དམ་པ་སངས་ རྒྱས། དམ་པ་ཀུན་དགའ། རྗེ་མང་མཁར་བ། ཕག་མོ་གྲུ་པ། སྟག་ལུང་པ། སྐུ་ཡལ་བ། 15-1-738 སངས་རྒྱས་ཡར་བྱོན། སངས་རྒྱས་དབོན། ལྷ་རིན་པོ་ཆེ། ཨུ་རྒྱན་མགོན་པོ། ཡོན་ཏན་འོད་ ཟེར། བསོད་ནམས་རྒྱལ་མཚན། བློ་གྲོས་རིན་ཆེན། རིན་ཆེན་བཟང་པོ། ཆོས་དཔལ་བཟང་ པོ། བསོད་ནམས་བཀྲ་ཤིས། མཚོ་སྐྱེས་རྡོ་རྗེ། རྗེ་ཀུན་དགའ་བཀྲ་ཤིས། དེས་བདག་ལའོ། ། ༈ ཕག་དཀར་ལ་རིང་བརྒྱུད་ནི། ཕག་མོ། ཀོངྒ་དཏྟ། ཨ་བྷ་ཡ། ལེགས་སྤྱོད། རིན་ཆེན་ སྲུང་བ། ཆག་ཆོས་རྗེ་དཔལ། གོ་ལུང་བ་མདོ་སྡེ་དཔལ། ཤོངས་སྟོན་རྡོར་རྒྱལ། ལོ་མཆོག བློ་བརྟན་གསུམ་པ། ས་བཟང་མ་ཏི། ས་བཟང་འཕགས་པ། ངོར་ཆེན། གུ་གེ་པཎ་ཆེན། ཡོན་ ཏན་དཔལ་བཟང༌། པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས། རྗེ་བཙུན་གྲོལ་མཆོག མཁན་ཆེན་ ལུང་རིགས་རྒྱ་མཚོ། དེས་བདག་ལའོ། ། ༈ ཉེ་བརྒྱུད་ནི། རྡོ་རྗེ་འཆང༌། རྣལ་འབྱོར་མ། ཤ་ཝ་རི། ནགས་ཀྱི་རིན་ཆེན། ཕྱོགས་ ལས་རྣམ་རྒྱལ། ངག་དབང་གྲགས་པ། པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས་མན་ཆད་གོང་ བཞིན་ནམ། རྗེ་ལྷ་དབང་གྲགས་པའི་དྲུང་དུ་ཡང་ཐོབ། ། ༈ སྤྱན་རས་གཟིགས་ཡི་གེ་དྲུག་པ་ཇོ་བོ་ལུགས་ལ། འཕགས་པ་སྤྱན་རས་གཟིགས། གྲུབ་ཐོབ་ར་ཧཱུ་ལ། ཇོ་བོ་རྗེ། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རོང་བ་ཕྱག་སོར་བ། བ་ཡུ་བ། ལྕེ་ སྒོམ་ནག་པོ། སྐྱེར་སྒང་བ། གཉན་སྟོན་པ། སངས་རྒྱས་སྟོན་པ། ཤངས་སྟོན། ཁྱུང་པོ་ཚུལ་ མགོན། རི་ཁྲོད་རས་ཆེན་སངས་རྒྱས་སེང་གེ། ཤངས་དཀར་བ་རིན་ཆེན་རྒྱལ་མཚན། མཉམ་ མེད་སངས་རྒྱས་དཔལ་བཟང༌། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་ལེགས་རྒྱལ། རྗེ་ བཙུན་ཀུན་དགའ་གྲོལ་མཆོག མཁན་ཆེན་ལུང་རིགས་རྒྱ་མཚོ། དེས་བདག་ལའོ། །བརྒྱུད་ པའི་ཁྱད་པར་གཞན་རྒྱལ་སྲས་རིན་པོ་ཆེ་ནས་ངོར་ཆེན་སོགས་དང༌། བྲག་དཀར་སེམས་ དཔའ་ནས་བརྒྱུད་པ་ཞིག་ཀྱང་རྗེ་རྡོ་རིངས་པ་ལ་ཐོབ་བོ། ། ༈ བཀའ་གདམས་ལྷ་བཞིའི་སྤྱན་རས་གཟིགས་ལ། སྤྱན་རས་གཟིགས། ཇོ་བོ་རྗེ་མན་ 15-1-739 ཆད་ལྷ་བཞིའི་ཐུབ་པ་དང་འདྲའོ། ། ༈ བཅུ་གཅིག་ཞལ་དཔལ་མོ་ལུགས་ལ། སྤྱན་རས་གཟིགས། དགེ་སློང་མ་དཔལ་མོ། པཎྜི་ཏ་ཟླ་བ་གཞོན་ནུ། པཎྜི་ཏ་ཡེ་ཤེས་བཟང་པོ། བལ་པོ་བེ་ཉ་བ། བྱང་སེམས་ཟླ་བ་རྒྱལ་ མཚན། གྲུབ་ཆེན་ཉི་ཕུག་པ། སྤྲུ་པ་རྡོ་རྗེ་རྒྱལ་པོ། ཞང་སྟོན་དགྲ་འཇིགས། མཁན་ཆེན་རྩེ་ འདུལ་བ། མཁན་ཆེན་ལྡོག་ལྷོད་པ། བྱང་སེམས་ཆུ་བཟང་བ། རིན་པོ་ཆེས་ཤེས་རབ་འབུམ་ པ། རྒྱལ་སྲས་ཐོགས་མེད་པ། གཉག་ཆེན་བསོད་དབང༌། གཉག་དབོན་བསོད་ནམས་བཟང་ པོ། འཕགས་མཆོག་བསོད་ནམས་དང༌། འཕགས་པ་བསོད་ནམས་རྒྱ་མཚོ། མ་ཎི་པ་གྲགས་ པ་བསོད་ནམས། བྱང་སེམས་ཀུན་དགའ་མཆོག་གྲུབ། རྗེ་བཙུན་གྲོལ་མཆོག ཡང་ན། རྒྱལ་ སྲས་པ། ཀུན་སྤངས་ཆོས་རིན། བྱང་སེམས་བསོད་ནམས་རིན་ཆེན། བྲག་དཀར་སེམས་ དཔའ། དེ་གཉིས་ཆར་ལ་རྗེ་རྡོ་རིང་པ། དེས་བདག་ལའོ། ། ༈ དོན་ཞགས་ལྷ་ལྔ་བ་རི་ལུགས་སུ་གྲགས་པ་ལ། སྤྱན་རས་གཟིགས། ཤཱི་ལ་ཨཱ་ཀ་ར། བཻ་རོ་ཙ་ན་རཀྵི་ཏ། ཨེ་ར་བ་ཏི། རིགས་ངན་རྣལ་འབྱོར་པ། དོན་ཡོད་རྡོ་རྗེ། དྷརྨ་ཀ་པཱ་ལ། བསོད་སྙོམས་པ་ཆེན་པོ། རྡོ་རྗེ་གདན་པ། བ་རི་པ། ལྷོ་བ་ཡབ་སྲས། མཁན་ཐང་པ། ཕག་ ལུང་པ་གསུམ་པོ་གང་རིགས། དེ་ནས་ཉི་ཕུག་པ། བྲང་པོ་ལུང་པ། བླ་ཆེན། མཆིམས་ཆེན། བསོད་ནམས་ཡེ་ཤེས། ཀ་བཞི་པ་གྲགས་གཞོན། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་ སྲས་རིན་པོ་ཆེ་མན་ཆད་བཅུ་གཅིག་ཞལ་དཔལ་མོ་ལུགས་དང་འདྲ། ། ༈ དོན་ཞགས་སེར་པོ་ལ། བརྒྱུད་པ་ནི་ཐུབ་པ་རྡོ་རྗེ་གདན་དང་འདྲའོ། །གསུང་ན་ཡང༌། ཕལ་ཆེར་དོན་ཞགས་དཀྱུས་མ་དང་འདྲ་བར་སེམས་སོ། ། ༈ དོན་ཞགས་ཁ་ཆེ་པཎ་ཆེན་ལུགས་ནི། དོན་ཡོད་ཞགས་པ། ཁ་ཆེ་པཎ་ཆེན། ལོ་ཙྪ་ བ་རབ་མཆོག་དཔལ། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། ཀ་བཞི་ 15-1-740 གྲགས་གཞོན། བྱང་སེམས་བསོད་གྲགས། རྒྱལ་སྲས་ཐོགས་མེད། ཀུན་སྤངས་ཆོས་རིན། བྱང་སེམས་བསོད་རིན། བྲག་དཀར་སེམས་དཔའ། མཁན་ཆེན་དཀོན་མཆོག་རིན་ཆེན། མཁན་ཆེན་ལུང་རིགས་རྒྱ་མཚོ། དེས་བདག་ལའོ། ། ༈ ཁ་སར་པ་ཎི་ལྷ་ལྔའི་བརྒྱུད་པ་ནི། སྤྱན་རས་གཟིགས། ཨ་ནུ་པཱ་མ་རཀྵི་ཏ། དཔལ་ འཛིན། འོད་བྱེད་འབྱུང་གནས། ཆོས་འབྱུང་ཞི་བ། ར་ཝི་ཤྲཱི། རཏྣ་རཀྵི་ཏ། མི་དབང་བློ། ཕྱོགས་གྲོལ། ཤཱཀྱ་རཀྵི་ཏ། ལེགས་སྐྱེས། སངས་རྒྱས་དབྱངས། པཎ་ཆེན་ནགས་རིན། གོང་ མ་ཀུན་ལེགས་པ། རིན་པོ་ཆེ་བློ་གྲོས་དོན་མཆོག སྤངས་པ་དཀོན་མཆོག་རྒྱལ་པོ། མཁན་ རིན་པོ་ཆེ། དེས་བདག་ལའོ། ། ༈ ཡིད་བཞིན་ནོར་བུ་ལྷ་ལྔ་ལ། ཐུབ་པ་རྡོ་རྗེ་གདན་དང་འདྲ་བ་ལས། ཐོག་མར་ཇོ་བོ་ རྗེ། དགོན་པ་བ། བ་རི་བ་ཞེས་སྦྱར་རོ། ། ༈ སྤྱན་རས་གཟིགས་སེམས་ཉིད་ངལ་གསོ་ལ། ཁ་སར་པ་ཎི། བློ་གྲོས་རིན་ཆེན། ཏིལླི་ བ། རྙོག་མེད་དཔལ། མི་ཏྲ་ཛོ་གི ཁྲོ་ཕུ་ལོཙྪ་བ། བསོད་དབང༌། སེམས་དཔའ་ཆེན་པོ། ཡང་ རྩེ་བ། བུ་སྟོན་རིན་པོ་ཆེ། ཐུགས་སྲས་ལོ་ཙྪ་བ་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་གྲགས་ རྒྱལ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། སྐུ་ཞང་མཁྱེན་རབ་མཆོག་གྲུབ། རྡོ་རིང་ཀུན་ སྤངས་པ། ཀུན་བཟང་ཆོས་ཀྱི་ཉི་མ། རྗེ་བཙུན་གྲོལ་མཆོག རྗེ་ལྷ་དབང་གྲགས་པ། དེས་ བདག་ལའོ། ། ༈ མི་ཏྲ་ཛོ་གིའི་ལུགས་ཀྱི་གསང་སྒྲུབ་ལ། སྤྱན་རས་གཟིགས། མི་ཏྲ་ཛོ་གི ། ཁྲོ་ལོ་དོན་ མོ་རི་པ། སངས་རྒྱས་ཡར་བྱོན། སངས་རྒྱས་དབོན། ཁྲི་མདའ་ཞབས་རྗེན་པ། ཡོན་ཏན་འོད་ ཟེར། བསོད་ནམས་རྒྱལ་མཚན། བློ་གྲོས་རིན་ཆེན། དོན་གྲུབ་རིན་ཆེན། ཆོས་དཔལ་བཟང་ པོ། བསོད་ནམས་བཀྲ་ཤིས། མཚོ་སྐྱེས་རྡོ་རྗེ། རྗེ་ཀུན་དགའ་བཀྲ་ཤིས། དེས་བདག་ལའོ། ། 15-1-741 ༈ སྤྱན་རས་གཟིགས་ནམ་མཁའ་རྒྱལ་པོ་ལ། བཀའ་མའི་བརྒྱུད་པ་མན་ཆད་ཀྱང་ བརྒྱུད་ཡིག་མ་རྙེད། གཏེར་མའི་བརྒྱུད་པ་ནི། སྤྱན་རས་གཟིགས་སྲོང་བཙན་སྒམ་པོ། པདྨ་འབྱུང་གནས། ཁྲི་སྲོང་ལྡེ་བཙན། གྲུབ་ཐོབ་དངོས་གྲུབ། མངའ་བདག་མྱང་རལ་པ་ ཅན། སྲས་མི་བསྐྱོད་རྡོ་རྗེ། ཤཱཀྱ་བཟང་པོ། དགེ་བ་འབུམ། ལྷ་མ་ཡེ་ཤེས་མཆོག ཆུ་སྒོམ་ པ། མཐའ་བཞི་བྱ་བྲལ། ཚུལ་ཆེན་བསོད་ནམས་སེང་གེ། བླ་མ་བཀྲ་ཤིས་རྒྱལ་མཚན། ཆུ་ རག་པ་བློ་གྲོས་རྒྱ་མཚོ། འཕགས་མཆོག་ནོར་བཟང༌། ཆོས་རྗེ་བཟང་པོ་རྒྱལ་མཚན། མཁས་ གྲུབ་དཔལ་ལྡན་སངས་རྒྱས། སྟེན་སྣ་བ་ངག་དབང་གྲགས་པ། བྱང་སེམས་ཤེར་དཔལ། རྗེ་ བཙུན་གྲོལ་མཆོག རྗེ་ལྷ་དབང་གྲགས་པ། དེས་བདག་ལའོ། ། ༈ སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོ་ལ། འཕགས་པ་སྤྱན་རས་གཟིགས། ཇོ་བོ་ རྗེ། དགོན་པ་བ། སྣེ་ཟུར་བ། སྙུག་རུམ་པ། དྭགས་པོ་ལྷ་རྗེ། འབབ་རོང་པ། སྟག་ལུང་ཐང་ པ། སྐུ་ཡལ་བ། སངས་རྒྱས་ཡར་བྱོན་མན་ཆད་གསང་སྒྲུབ་ཀྱི་སྐབས་དང་འདྲ། ། ༈ དེ་རྗེས་སྤྱན་རས་གཟིགས་བཅུ་གཅིག་ཞལ་འཇིགས་པ་བརྒྱད་སྐྱོབ་ཇོ་བོའི་མན་ངག་ ཀྱང་ཇོ་བོ་ཡན་ཆད་ཀྱི་བརྒྱུད་པ་གསལ་ཁ་མེད་ལ། དེ་ཕྱི་ཆད་ཡིད་བཞིན་འཁོར་ལོ་དང་འདྲ་ བར་བཞེད་དོ། ། ༈ སྤྱན་རས་གཟིགས་རྡོ་རྗེ་སྙིང་པོ་ལ། འཕགས་པ་སྤྱན་རས་གཟིགས། མི་ཏྲ་ཛོ་གི ཁྲོ་ ཕུ་ལོཙྪ་བ་མན་ཆད་གསང་འདུས་མི་བསྐྱོད་པ་ལྷན་སྐྱེས་དང་འདྲ། ། ༈ འཕགས་པ་སེང་གེ་སྒྲ་ལ། སྤྱན་རས་གཟིགས། གསེར་གླིང་བ། ཤྲདྡྷ་ཀ་ར་ཝརྨ། ལོ་ཆེན་རིན་བཟང༌། བྲག་སྟེང་བ་ཡོན་ཚུལ། ཡང་ཙནྡྲ་གོ་མིའི་སློབ་མ་གཅིག་ལ་ནཱ་རོ་པས་ གསན། དེ་ནས་ཕམ་ཐིང་པ། མེ་ཛ་གླིང་པ། ཨ་ཐུལ་བཛྲ། དེ་གཉིས་ཆར་ལ་མལ་ལོས་ གསན། དེ་ནས་ས་ཆེན། གཉན་ཕུ་ཆུང་བ། རྗེ་བཙུན་ཆེན་པོ། ས་པཎ། ཤར་པ་ཤེར་འབྱུང༌། 15-1-742 ཤར་པ་ཡེ་རིན་པ། ཀུན་དགའ་བྱང་ཆུབ། མཁན་པོ་རྒྱལ་བཟང༌། བླ་མ་གྲགས་པ་དཔལ། ས་ བཟང་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན། ཤེར་རྒྱམ། རྭ་སྟོན། ཀུན་དགའ་མཆོག་ གྲུབ། རྗེ་གྲོལ་མཆོག དེ་ནས་མཁན་ཆེན་ལུང་རིགས་རྒྱ་མཚོ་དང༌། རྗེ་རྡོ་རིང་པ་གཉིས་ཆར་ ལ་བདག་གིས་ཐོས་སོ། ། ༈ རྒྱལ་བ་རྒྱ་མཚོ་ལ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་ སྐུ་པདྨ་འབྱུང་གནས། མ་ཅིག་གྲུབ་པའི་རྒྱལ་མོ། ཏི་པུ་པ། རས་ཆུང་པ། ཟངས་རི་རས་པ། རྗེ་དབུ་སེ། འགྲོ་མགོན་རས་ཆེན། སྤོམ་བྲག་པ་ནས། གུ་ཤྲཱི་དཔལ་འབྱོར་དོན་གྲུབ་ཀྱི་བར་ གོ་བཟློག་ལྷན་སྐྱེས་མ་དང་འདྲ། དེ་ནས་རྗེ་ཆོས་གྲགས་རྒྱ་མཚོ། གཉན་པ་བཀྲ་ཤིས་དཔལ་ འབྱོར། རྗེ་མི་བསྐྱོད་རྡོ་རྗེ། ཆོས་རྗེ་དཀོན་མཆོག་ཡན་ལག རྗེ་དབང་ཕྱུག་རྡོ་རྗེ། དེས་བདག་ ལའོ། ། ༈ བཀའ་གདམས་ལྷ་བཞིའི་ནང་གི་སྒྲོལ་མ་ནི། ཇོ་བོ་རྗེས་སྒྲོལ་མ་ཉིད་ལ་གསན། གཞན་ལྷ་བཞིའི་ཐུབ་པ་དང་འདྲ། ། ༈ སྒྲོལ་ལྗང་ཁ་ཆེ་པཎ་ཆེན་ལུགས་ལ། རིང་བརྒྱུད་ཐམས་ཅད་མཁྱེན་པའི་བཤེས་ གཉེན་སོགས་ལས་བརྒྱུད་པ་ཡིན་མོད་ཀྱི། གཙོ་བོར་སྒྲོལ་མ་ཉིད་ལ་པཎ་ཆེན་གྱིས་གསན། དེ་ནས་ས་པཎ་ལ་བརྒྱུད་པ་ལུང་མ་གཏོགས་མ་ཐོབ། ཁྲོ་ཕུ་ལོ་ཙྪ་བ་ནས་བརྒྱུད་པ་ནི། གསང་ འདུས་མི་བསྐྱོད་པ་ལྷན་སྐྱེས་སྐབས་དང་འདྲའོ། ། ༈ སྒྲོལ་དཀར་ཁ་ཆེ་པཎ་ཆེན་ལུགས་ལ། སྒྲོལ་མ། པཎ་ཆེན། བྱང་ཆུབ་དཔལ། བདེ་ བ་དཔལ། ཀ་བཞི་པ། བསོད་ནམས་གྲགས། བླ་མ་དམ་པ། དཔལ་ལྡན་པ། ཤར་ཆེན། ངོར་ ཆེན། མུས་ཆེན། ཤེར་རྒྱམ། རྭ་སྟོན་པ། རྗེ་བཙུན་གྲོལ་མཆོག མཁན་ཆེན་ལུང་རིགས་རྒྱ་ མཚོ། དེས་བདག་ལའོ། ། 15-1-743 ༈ སྒྲོལ་མ་ཉིན་ཞི་མཚན་ཁྲོ་ནི། སྒྲོལ་མ། འབུམ་ཕྲག་གསུམ་པ། གཉན་ལོ། གནམ་ ཁའུ་པ། ས་ཆེན་མན་ཆད་ཐུབ་པ་རྡོ་རྗེ་གདན་དང་འདྲ། ། ༈ ཨུ་རྒྱན་སྒྲོལ་མ་ལ། རྗེས་གནང་དང་བཅས་པའི་ལུང་སྐོར་ནི། སྒྲོལ་མ། མཁའ་འགྲོ་ མ་རྡོ་རྗེ་ལྡན་མ། གྲུབ་ཐོབ་པ་ར་ཧེ་ཏ། བིན་ཏེ་བྷ་དྲ། སངྒྷ་མ་ཤྲཱི། སྒེག་པའི་རྡོ་རྗེ། ལོཙྪ་བ་ ཤཱཀྱ་རྡོ་རྗེ། མངོན་པ་བ་དབང་ཕྱུག་བརྩོན་འགྲུས། འཕགས་པ་རིན་པོ་ཆེ། བྱང་སྟག་ལུང་པ་ མངྒ་ལ་གུ་རུ། རཏྣ་གུ་རུ། རཏྣ་ཀ་ར། བཀྲ་ཤིས་དཔལ་བརྩེགས། བྱང་ཆུབ་རྒྱ་མཚོ། ངག་ དབང་གྲགས་པ། ཚུལ་ཁྲིམས་མཆོག་གྲུབ། རྣམ་རྒྱལ་བཀྲ་ཤིས། རྗེ་རྣམ་རྒྱལ་ཕུན་ཚོགས། དེས་བདག་ལའོ། ། ཡང་ན་རྗེས་གནང་གི་འཆད་འགྱུར་སྒྲོལ་མ་དམར་མོ་དང་འདྲ་བ་ལས། འཕགས་པ་ལ་ སངས་རྒྱས་དབོན་གྱིས་གསན་པའོ། ། ༈ སྒྲོལ་མ་ཡིད་བཞིན་ནོར་བུ་ལ། སྒྲོལ་མ། ཨ་བྷ་ཡ། སུ་ཙ་རི་ཏ། ཨཱ་ནནྡ་ཀ་ར་གུཔྟ། རཏྣ་རཀྵི་ཏ། ལོཙྪ་བ་གྲགས་པ་དཔལ་བཟང༌། མཁན་ཆེན་བྱང་ཆུབ་དཔའ་བ་མན་ཆད་དོན་ ཞགས་ཁ་ཆེ་པཎ་ཆེན་ལུགས་དང་འདྲ། ། ༈ སྒྲོལ་མ་དམར་མོ་ས་ལུགས་ལ། སྒྲོལ་མ། ངག་གི་དབང་ཕྱུག་གྲགས་པ། འཇིགས་ མེད་ལྷ། སུ་ན་ཡ་ཤྲཱི། གཉན་ལོ། གནམ་ཁའུ་པ། ས་སྐྱ་གོང་མ་ལྔ། སྟག་ལུང་ཆོས་རྗེ་བཀྲ་ ཤིས་བླ་མ་མན་ཆད་ཨུ་རྒྱན་སྒྲོལ་མ་དང་འདྲ་བའམ། ཡང་ས་ཆེན། ཕག་མོ་གྲུ་པ། སྟག་ལུང་ ཐང་པ། སྐུ་ཡལ་བ་མན་ཆད་གོང་དུ་བཤད་པའི་ཕག་མོ་ཁྲོས་ནག་དང་འདྲ་བར་བྱས་ཀྱང་ རུང་ངོ༌། ། ༈ དེ་ནས་སྒྲོལ་མ་ནོར་སྦྱིན་མ། སྒྲོལ་སེར་གཙོ་འཁོར་གསུམ་པ། རྨི་ལམ་སྒྲོལ་མ་ གསུམ་ནི། སྒྲོལ་མ། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ལོ་མན་ཆད་གསང་འདུས་མི་བསྐྱོད་པའི་སྐབས་ 15-1-744 བཞིན། ། ༈ སྒྲོལ་མ་ལྷ་ལྔ་ནི། ཀླུ་སྒྲུབ་དང་ཙནྡྲ་གོ་མི་སོ་སོ་ནས་བརྒྱུད་པ་སློབ་དཔོན་ཤཱནྟི་པས་ གསན། དེ་ནས་ཇོ་བོ་རྗེ་མན་ཆད་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོ་དང་འདྲའོ། ། ༈ ཕྱག་བརྒྱད་སྒྲོལ་མ་ནི། བཀའ་གདམས་ལྷ་བཞི་དང་འདྲའོ། ༈ །ཀ་པ་ལི་ཏཱ་ར་དང༌། ཙུནྡ་ཏཱ་ར་གཉིས་ནི། སྒྲོལ་མ། ཏེ་ལོ་པ། ན་རོ་པ། དཱ་བྱང་ཆུབ་སེམས་དཔའ། འཇིམ་ལོཙྪ་བ། ཕག་མོ་གྲུ་པ། སྟག་ལུང་ཐང་པ་མན་ཆད་ཕག་མོ་ནག་མོ་དང་འདྲ། ། ༈ ཕྱག་ན་རྡོ་རྗེ་ཨུ་ཙ་ལ། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཀླུ་སྒྲུབ། པདྨ་བཛྲ། ཙནྡྲ་གོ་མི། རཱ་ཛ་དྷརྨ། ཟངས་གླིང་པ། འཁམ་པ་ཨ་སེང༌། ཞང་སྟོན་དཀོན་མཆོག རུ་སྨོན་མཁར་བ། སྐྱི་ སྟོན་རུ་ཞིང༌། དཀོན་མཆོག་བློ་གྲོས། བླ་མ་ཆོས་གྲགས། ཨེ་པ་འཁོན་སྟོན། ལོ་མཆོག་པ། བླ་མ་རྒྱལ་འོད། སློབ་དཔོན་སྨྲ་སེང༌། བྱང་སེང༌། ས་བཟང་འཕགས་པ། ངོར་ཆེན། གུ་གེ་ པཎྜི་ཏ། རྭ་སྟོན་པ། རྗེ་བཙུན་གྲོལ་མཆོག དེ་ནས་རྗེ་རྡོ་རིང་བ་དང༌། མཁན་ཆེན་རིན་པོ་ཆེ་ གཉིས་ཆར་ལ་བདག་གིས་མནོས་སོ། ། ༈ གཟུངས་ལས་འབྱུང་བའི་གོས་སྔོན་ལ། མཁའ་འགྲོ་མ། ཨ་ཝ་དྷཱུ་ཏཱི་པ། ཇོ་བོ་རྗེ། གྱར་ཞུ་བ། དེ་ལ་བླ་མ་ས་སྐྱ་བ་ཆེན་པོས་གསན། དེ་ནས་གོང་མ་བཞི། དམ་པ་ཀུན་དགའ་ གྲགས། བླ་མ་བདག་ཉིད་ཆེན་པོ། བླ་ཆེན་བསོད་བློ། ཐེག་ཆེན་ཆོས་རྗེ། བོ་དོང་པཎ་ཆེན་ ཕྱོགས་ལས་རྣམ་རྒྱལ། སྟག་ལུང་ངག་དབང་གྲགས་པ། ཡིག་དྲུག་པ་ཤེས་རབ་དཔལ་ འབྱོར། རྗེ་བཙུན་ལྷ་དབང་གྲགས་པ། དེས་བདག་ལའོ། །ཡང་འདི་ལ། ཕྱག་ན་རྡོ་རྗེ། ཇོ་ བོ་མན་ཆད་བཀའ་གདམས་ལྷ་བཞི་ལྟར་དེད་ཀྱང་ཆོག་གོ། ༈ །ཕྱག་ན་རྡོ་རྗེ་བ་རི་ལུགས་ནི། ཐུབ་པ་རྡོ་རྗེ་གདན་དང་འདྲའོ། ། ༈ ཕྱག་ན་རྡོ་རྗེ་གཏུམ་ཆེན་བསྲུང་བའི་མཁར་ནི། གསང་བདག སློབ་དཔོན་ལས་ཀྱི་རྡོ་ 15-1-745 རྗེ། ཤིང་ལོ་པ། ཐང་ལོ་པ། ཀརྞ་པ། བ་ལ་ཙནྡྲ། རས་ཆུང་པ། བུར་སྒོམ། ཕག་མོ་གྲུ་པ། སྟག་ ལུང་ཐང་པ། སྐུ་ཡལ་བ། ཡར་བྱོན་པ། སངས་རྒྱས་དབོན། ལྷ་རིན་པོ་ཆེ། ཨུ་རྒྱན་མགོན་པོ། རྒྱལ་བའི་མཚན་ཅན། རཏྣ་ཀ་ར། གྲགས་པའི་མཚན་ཅན། མི་གཡོ་མགོན་པོ། ཀུན་སྤངས་ གྲགས་པ། འཇིག་རྟེན་དབང་ཕྱུག པདྨ་རྒྱལ་པོ། མཚོ་སྐྱེས་རྡོ་རྗེ། རྗེ་ཀུན་དགའ་བཀྲ་ཤིས་ཁུ་ དབོན། དེས་བདག་ལའོ། ། ༈ ཕྱག་ན་རྡོ་རྗེ་གཏུམ་ཆུང་ཡང་བརྒྱུད་པ་དེ་ཉིད་ལས་འོངས་ཤིང༌། རྗེ་བཙུན་ཀུན་ དགའ་བཀྲ་ཤིས་ཀྱི་དྲུང་དུ་ཐོབ། ། ༈ གཏུམ་པོ་དམར་པོ་ནི། སློབ་དཔོན་པདྨ། གྲྭ་པ་མངོན་ཤེས། བུར་བ་བསོད་རིན། སྒོམ་ཆེན་སྨོན་ལམ་འབར། གུང་ཆུང་སྟོན་པ། ཤ་མི་སྒོམ་ཆེན། དོལ་པ་བཛྲ་པཱ་ཎི། རྒྱ་བྱང་ ཆུབ་སེམས་དཔའ། བྲག་ཀར་སྨན་བླ། དཀོན་མཆོག་གཞོན་ནུ། མང་མཁར་ཚུལ་གཞོན། མཁས་གྲུབ་ཆོས་དཔལ་བཟང་པོ། བླ་མ་སངས་རིན་པ། ཆོས་རྗེ་ཀུན་དགའ་སེང་གེ་ནས་ སྔགས་འཆང་ཚུལ་ཁྲིམས་རྒྱ་མཚོའི་བར་འཇིགས་བྱེད་བསྡུས་པའི་སྐབས་དང་འདྲ། དེས་ བདག་ལའོ། ། ༈ ཕྱག་རྡོར་འགྲོ་བཟང་མ་ལ། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། སློབ་དཔོན་འགྲོ་ བཟང་སྙིང་པོ། བྷྲི་ཀ་ར་ཝ་ཏ། ཁ་ཆེ་དགོན་པ་བ། ཟངས་དཀར་ལོཙྪ་བ། གཡོར་པོ་ཇོ་སྟོན། སྦལ་ཏི་དགྲ་བཅོམ་པ། མཁན་ཆེན་ཤེས་རབ་སེང་གེ། བསམ་ཡས་པ་ཚུལ་ཁྲིམས་དབང་ཕྱུག སེ་བ་ཅན་པ་ཡོན་ཏན་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། མཁན་ཆེན་ཀ་བཞི་པ་བློ་ གྲོས་བཟང་པོ། མཁན་ཆེན་ཆོས་རྒྱལ་དཔལ་བཟང༌། པཎ་ཆེན་རིན་པོ་ཆེ། རྗེ་དབོན་ཤཱཀྱ་ རྒྱལ་མཚན། རྗེ་ཀུན་དགའ་གྲོལ་མཆོག སྟག་ལུང་རིན་པོ་ཆེ་ཁུ་དབོན་གཉིས་ཆར་ལ་དངོས་ ཀྱིས་ནོས། ཡང་ན་གཡོར་པོ་ཇོ་སྟོན། སྤུ་སྟོན་བསོད་ནམས་རིན་ཆེན། འཇིད་ཁུ་བ་པདྨ་བཀྲ་ 15-1-746 ཤིས། སྟག་པ་ཇོ་བཟང༌། ཁྲོ་ལོ། བསོད་ནམས་དབང་ཕྱུག བསོད་ནམས་སེང་གེ། རིན་ཆེན་ སེང་གེ། བུ་སྟོན་ཆོས་ཀྱི་རྒྱལ་པོ། སྟག་ལུང་ལོཙྪ་བ་ཤཱཀྱ་བཟང་པོ། བླ་ཆེན་མཉྫུ་ཤྲཱི། ངག་ དབང་གྲགས་པ་ནས་པཎ་ཆེན་རིན་པོ་ཆེའམ། ཡང་ན་སློབ་དཔོན་ཚུལ་མཆོག་པ། རྗེ་རྣམ་ རྒྱལ་བཀྲ་ཤིས། སློབ་དཔོན་རྣམ་རྒྱལ་རིན་ཆེན། སྟག་ལུང་རིན་པོ་ཆེ། ངག་དབང་རྣམ་རྒྱལ་ ལ་དངོས་ཀྱིས་ཞུས། མཁན་ཆེན་རིན་པོ་ཆེ་ལ་ཇོ་གདན་ཚོགས་པ་ནས་བརྒྱུད་པའང་ཐོབ་ མོད་ཀྱི། བརྒྱུད་རིམ་ཞུ་བ་མ་བྱུང་ངོ༌། ། ༈ ཕྱག་རྡོར་ཁང་བརྩེགས་མ་ནི། སློབ་དཔོན་པདྨ། གྲྭ་པ་མངོན་ཤེས། ཕུར་པ་བསོད་ རིན། ཉེ་གནས་ག་དྲན་ནག་པོ། སྒོམ་ཆེན་སྨོན་འབར་ནས་སངས་རིན་གྱི་བར་གཏུམ་པོ་ དམར་པོ་དང་འདྲ། དེ་ནས་པཎ་ཆེན་ཡིད་བཟང་རྩེ་བ། ཆག་ལོ་རིན་ཆེན་ཆོས་རྒྱལ། ཁྲ་རི་བ་ རིན་ཆེན་རྒྱལ་མཆོག རྗེ་བཙུན་གྲོལ་མཆོག མཁས་གྲུབ་སངས་རྒྱས་ཡེ་ཤེས། རྗེ་བྱམས་པ་ ལྷུན་གྲུབ། དེས་བདག་ལའོ། ། ༈ འབྱུང་འདུལ་ལ། སངས་རྒྱས། ཡེ་ཤེས་མཁའ་འགྲོ་མ། རྡོ་རྗེ་གདན་པ། བ་རི་བ། དཀར་པོ་རྣམ་གསུམ། མཆིམས་ཆོས་སེང༌། འཇམ་{བསང་[གསར]། རྒ་ལོ། རོང་པ་ཤེར་ སེང༌། བག་སྟོན་པ། ཚུལ་རྒྱལ་བ། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན། ངོར་ཆེན། པཎ་ཆེན་ རིན་པོ་ཆེ། བྲག་དཀར་སེམས་དཔའ། རྗེ་ཀུན་དགའ་རྒྱལ་མཚན། དེས་བདག་ལའོ། །ཉེ་ བརྒྱུད་མེ་དབང་མ་ནི། གསང་བདག དྭགས་པོ་བཀྲ་ཤིས་རྣམ་རྒྱལ། པཎ་ཆེན་རིན་པོ་ཆེ། སྤྱང་ལུང་པ་གཞོན་ནུ་ཆོས་གྲུབ། རྗེ་བཙུན་གྲོལ་མཆོག མཁན་ཆེན་རིན་པོ་ཆེ། དེས་བདག་ ལའོ། ། ༈ རྟ་མགྲིན་ཇོ་བོ་ལུགས་ལྷན་སྐྱེས་དང༌། རྟ་མགྲིན་ཆེན་མོ་ཁྱུང་གཤོག་ཅན་གཉིས་ལ། ཐུགས་རྗེ་ཆེན་པོ། ཇོ་བོ་རྗེ། ཡོན་སྟོན་སྐུ་མཆེད། གྲུབ་ཐོབ་རིན་ཆེན་སྨོན་ལམ། རིན་ཆེན་ 15-1-747 ལམ་པ། ལྷ་ཆེན་ཡེ་ཤེས་འོད། ལེགས་པའི་ཤེས་རབ། བྱང་ཆུབ་རིན་ཆེན། བྱང་ཆུབ་གཞོན་ ནུ། མཁན་ཆེན་བསམ་རིན། མཁན་ཆེན་བྱང་སེམས། ས་བཟང་འཕགས་པ། བྱང་ཕུག་པ་ ཀུན་ལེགས། སེམས་དཔའ་བསོད་ནམས་རིན་ཆེན། བསོད་ནམས་རྒྱལ་མཚན། རྗེ་ཀུན་ དགའ་རྒྱལ་མཚན། དེས་བདག་ལའོ། ། ༈ རྟ་མགྲིན་ཤྭ་ན་བཞི་བསྐོར་ལ། རྟ་མགྲིན། ཇོ་བོ་རྗེ། ནག་ཚོ། ཝལ་པ་ཆེན་པོ། རྒྱ་ ལྕགས་རི་བ། སྒམ་པོ་བ། འབབ་རོང་པ། སྟག་ལུང་ཐང་པ་ནས་རྗེ་ཀུན་དགའ་བཀྲ་ཤིས་ཀྱི་ བར་ཕྱག་རྡོར་གཏུམ་ཆུང་དང་འདྲ་བ་དང༌། རྗེ་སྒམ་པོ་བ་དང༌། དུས་གསུམ་མཁྱེན་པ་ནས་ ཀར་ལུགས་ཁོ་ན་དེད་པའང་སྟག་ལུང་རིན་པོ་ཆེ་དབོན་གྱི་དྲུང་དུ་ཐོབ། ། ༈ རྟ་མགྲིན་ཁ་ཆེ་པཎ་ཆེན་ལུགས་ལ། པཎ་ཆེན་ཡན་ཆད་གསལ་ཁ་མེད། པཎ་ཆེན་ ནས། ཁྲོ་ཕུ་ལོཙྪ་བ། དེ་མན་ཆད་གསང་འདུས་ལྷན་སྐྱེས་དང་འདྲ། ། ༈ རྟ་མགྲིན་སྐྱེར་སྒང་ལུགས་ནི། སྣང་བ་མཐའ་ཡས། སྤྱན་རས་གཟིགས། པདྨ་འབྱུང་ གནས། སྐྱེར་སྒང་པ་མན་ཆད། སྤྱན་རས་གཟིགས་ཡི་གེ་དྲུག་པ་ཇོ་བོ་ལུགས་དང་འདྲ་སྟེ། ཤངས་ཆོས་ཀྱི་བླ་མ་བརྒྱུད་པ་ཉིད་དེད་པའོ། ། ༈ ལྕགས་རལ་ཅན་ལ། སློབ་དཔོན་པདྨ། བྱང་སེམས་ཟླ་བ་རྒྱལ་མཚན། ཞང་སྐྱི་ཚ་འོད་ ཆེན། ཞང་དབུ་དཀར་པ། ཞང་ལོ་མྱ་ངན་མེད། ལྕེ་བློ་ལྡན་སེང་གེ། འཕགས་འོད་ཡོན་ཏན་ རྒྱ་མཚོ། བུ་སྟོན་ཆེན་པོ། ཐོག་སྟོན་མཐུ་ཆེན། ཐོག་སྟོན་རྡོ་རྗེ་ཀུན་གྲུབ། ཀུན་མཁྱེན་དོན་ ཡོད་དཔལ་བ། ཡིག་དྲུག་ཤེར་དཔལ། རྗེ་གྲོལ་མཆོག ཡང་ན། པཎ་ཆེན་རིན་པོ་ཆེ། སེམས་ དཔའ་ཆེན་པོ། བརྒྱུད་པ་གཉིས་ཀར་བླ་མ་ཀུན་དགའ་རྒྱལ་མཚན་གྱིས་གསན། དེས་བདག་ ལའོ། ། ༈ མི་གཡོ་བ་སྔོན་པོ་པུས་བཙུགས་ལ། ཛེ་ཏཱ་རི་ནས། གོང་མ་ལྔའི་བར་བ་རིའི་ཕྱོགས་ 15-1-748 སྤྱི་དང་འདྲ་བ་ལས། དེ་ནས་ཞང༌། བྲག་ཕུག་པ། རི་ཁྲོད་པ། དཔལ་ལྡན་པ། ཤར་ཆེན། ངོར་ ཆེན། ཁ་ཆར་བྱང་ཆུབ་སེམས་དཔའ། པཎ་ཆེན་རིན་པོ་ཆེ། བྲག་དཀར་སེམས་དཔའ། རྗེ་ ཀུན་དགའ་རྒྱལ་མཚན། དེས་བདག་ལའོ། །དེའི་ཆུ་བསྲུང་གི་བརྒྱུད་པ་ནི། ངོར་ཆེན། གུ་གེ་ པཎ་ཆེན། མཁན་ཆེན། རྗེ་གྲོལ་མཆོག རྗེ་རྡོ་རིང་པ། དེས་བདག་ལའོ། ། ༈ མི་གཡོ་བ་སྔོན་པོ་བཀའ་གདམས་ལུགས་ནི་ལྷ་བཞིའི་ནང་ཚན་ཡིན་ཏེ། ཐུབ་པའི་ སྐབས་དང་འདྲའོ། ། ༈ མི་གཡོ་བ་དཀར་པོ་ལ། མི་གཡོ་བ། འོད་བྱེད་འབྱུང་གནས། བི་ཁྱཱ་ཏ། ཤཱཀྱ་ཤྲཱི། དན་ ཤྲཱི། འདུལ་འཛིན་བྱང་སེམས། ལུང་གི་དབང་ཕྱུག ཡོན་ཏན་ཁྲི། རྒྱལ་ཚབ་འཇིགས་མེད་ གྲགས། ཇོ་ནང་ཕྱོགས་ལས་རྣམ་རྒྱལ། མཁན་ཆེན་གཡག་པ། ཀུན་མཁྱེན་རོང་སྟོན། རྗེ་དོན་ ཡོད་དཔལ། དེ་ལ་བྱང་སེམས་ཤེར་དཔལ་ལམ། ཡང་ན། པཎ་ཆེན་རིན་པོ་ཆེ། ཤངས་སྟོན། རྗེ་དོན་ཡོད་གྲུབ་པ་བརྒྱུད་ཀྱང་རུང༌། རྗེ་བཙུན་གྲོལ་མཆོག རྗེ་རྡོ་རིང་པ་དང༌། མཁན་ཆེན་ རིན་པོ་ཆེ་གཉིས་ཆར་ལ་བདག་གིས་མནོས། ། ༈ མི་གཡོ་ཕྱག་བཞི་པ་ནི། མི་གཡོ་བ། དན་ཤྲཱི། འཇིམ་ལོ། མཁན་བཙུན་དགེ་སྟག་པ། རྗེ་བཙུན་གྲགས་རྒྱལ། ས་པཎ་ཁུ་དབོན། སྟག་ལུང་སངས་རྒྱས་དབོན། གྲགས་པ་དཔལ་ མན་ཆད་ཕྱག་རྡོར་གཏུམ་ཆུང་དང་འདྲའོ། ། ༈ མི་གཡོ་ཞབས་བཞི་པ་ལ། མི་གཡོ་བ། པདྨ་འབྱུང་གནས། ཁ་ཆེའི་དགེ་སློང་ཡ་མཱ་རི་ ཞལ་གཟིགས། དགེ་ཚུལ་མི་གཡོ་ཞལ་གཟིགས། མངའ་རིས་དྷརྨ་ཤྲཱི་ལ། དྷརྨ་དཱི་བྱ། དགེ་ བཤེས་གཙོ་བོ། །སྐྱུར་ཨ་སྐྱབས། ས་སྐྱ་པ་དཀར་པོ་རྣམ་གསུམ། ས་པཎ། སྟག་ལུང་སངས་ རྒྱས་དབོན་མན་ཆད་གཏུམ་ཆུང་བཞིན། ། ༈ མི་གཡོ་སྤྲེའུ་བརྒྱད་མ་ལ། ཛེ་ཏཱ་རི་ནས། བ་རི་བ་ཕྱོགས་བརྒྱུད་པའི་ཡི་གེ་ཡང་འདུག་ 15-1-749 ལ། ཛེ་ཏཱ་རི། རྡོ་རྗེ་གདན་པ། ཀན་ཀ་ཝརྨ། པ་ཚབ་ཉི་མ་གྲགས། ཞང་ཐང་སག་པ། སྟག་ ལུང་དུ་བྱོན་པའི་སངས་རྒྱས་སྒོམ་པ། སྐུ་ཡལ་བ། ཡར་བྱོན་པ་མན་གཏུམ་ཆུང་དང་འདྲའོ། ། ༈ ཚེ་དཔག་མེད་སྤྲུལ་སྐུ་ལ། ཚེ་དཔག་མེད། གྲུབ་པའི་རྒྱལ་མོ། རས་ཆུང་བ། བུར་ སྒོམ། ཕག་གྲུ། ཐང་པ། རིན་ཆེན་མགོན་པོ། རིན་ཆེན་བླ་མ། སངས་རྒྱས་དབོན། ལྷ་རིན་པོ་ ཆེ། ལྡོང་གཞོན་ནུ་རྒྱལ་མཚན། བསོད་ནམས་རྒྱལ་མཚན། བླ་མ་ཡེ་བཟང་པ། རྒྱལ་བཟང་ པ། བསོད་ནམས་རིན་ཆེན། དོན་གྲུབ་རིན་ཆེན། ཆོས་དཔལ་བཟང་པོ། མཁར་དྲུང༌། རྗེ་ མཚོ་སྐྱེས་པ། རྗེ་ཀུན་དགའ་བཀྲ་ཤིས། དེས་བདག་ལའོ། ། ༈ ཚེ་དཔག་མེད་བ་རི་ལུགས་ལ། ཛེ་ཏཱ་རི་ནས་འཕགས་པའི་བར་བ་རིའི་ཆོས་སྐོར་སྤྱི་ དང་འདྲ་བ་ལས། དེ་ནས་སྟག་ལུང་སངས་རྒྱས་དབོན་མན་ཆད་གོང་བཞིན། ༈ །ཚེ་དཔག་ མེད་དཀར་པོ་ཕྱག་བཞི་པ་ཡང་ཚེ་དཔག་མེད་སྤྲུལ་སྐུ་དང་འདྲའོ། ། ༈ ཚེ་དཔག་མེད་དཀར་པོ་མི་ཏྲ་ལུགས་ནི། མཁའ་འགྲོ་མ་དེ་བ་ཌཱ་ཀི །མི་ཏྲ་ཛོ་གི །བུདྡྷ་ ཤྲཱི། ཆག་ལོ་དགྲ་བཅོམ། ཏེའུ་ར་པ་{དར་[རང་]འབྱུང༌། ཆག་ཉི་མ་དཔལ། བླ་བྲང་པ་ གཞོན་ནུ་རྒྱལ་མཚན། བློ་གྲོས་དཔལ། བཟང་པོ་དཔལ། ཉི་མ་རྒྱལ་མཚན། བསོད་ནམས་ དཔལ་འབྱོར། རྒྱལ་མཚན་འོད་ཟེར། ཆོས་རྗེ་ནམ་ས། ཆག་ལོ་རིན་ཆེན་ཆོས་རྒྱལ། བདག་ ཆེན་དག་པ། རྗེ་བཙུན་གྲོལ་མཆོག མཁན་ཆེན་རིན་པོ་ཆེ། དེས་བདག་ལའོ། ། ༈ རྣམ་རྒྱལ་ལྷ་དགུ་ལ། ཐུབ་པ། བྱམས་པ། ཐོགས་མེད་མཆེད། བྷ་བྱ་ཀིརྟི། ཤི་ལ་ཨཱ་ ཀ་ར་མ་ཏི། བཻ་རོ་ཙ་ན་རཀྵི་ཏ། རྡོ་རྗེ་གདན་པ། བ་རི་བ། གོང་མ་ལྔ། ཞང༌། བྲག་ཕུག་པ། བླ་ མ་དམ་པ། ཐེག་ཆེན་ཆོས་རྗེ། ཀཾ་དགོན་པ། པཎ་ཆེན་རིན་པོ་ཆེ། བྲག་དཀར་སེམས་དཔའ། རྗེ་རྡོ་རིང་པའམ། བྲག་དཀར་སེམས་དཔའ། མཁན་ཆེན་བཀྲ་ཤིས་རྣམ་རྒྱལ། མཁན་ཆེན་ ལུང་རིགས་རྒྱ་མཚོའམ། བླ་མ་དམ་པའི་རྗེས་སུ། དཔལ་ལྡན་པ། ཤར་ཆེན། ངོར་ཆེན། གུ་ 15-1-750 གེ་པཎ་ཆེན། བློ་བ་མཁན་ཆེན། རྗེ་གྲོལ་མཆོག་བརྒྱུད་ཀྱང་ཆོག རྗེ་རྡོ་རིང་པ་དང༌། མཁན་ ཆེན་རིན་པོ་ཆེ་གཉིས་ཆར་ལ་བདག་གིས་ཐོབ་བོ། ། ༈ འཆི་མེད་རྡོ་རྗེ་ལྷ་མོ་ལ་གོ་ཆའི་དཔའ་བོ་ཡབ་ཡུམ་འདྲ་བ་ལས། རྗེ་གྲོལ་མཆོག མཁན་ཆེན་རིན་པོ་ཆེ། དེས་བདག་ལའོ། ། ༈ འཇམ་དཀར་ལ། འཇམ་དབྱངས། ཛེ་ཏཱ་རི། པཎྜི་ཏ་མ་ཏི། འབྱུང་གནས་སྦས་པ། ཁ་ ཆེ་པཎ་ཆེན། ཁྲོ་ལོ། བསོད་ནམས་དབང་ཕྱུག སེམས་དཔའ་ཆེན་པོ། ཡང་རྩེ་བ་དགྲ་བཅོམ་ པ་ཡོན་ཏན་བློ་གྲོས། སྤྱང་ལུང་པ་ཆེན་པོ། པཎ་ཆེན་རིན་པོ་ཆེ། པཎ་ཆེན་དོན་ཡོད་གྲུབ་པ། རྗེ་བཙུན་གྲོལ་མཆོག་དེ་ཉིད་ཀྱི་ཞལ་སློབ་མང་པོ་ལས་ཐོས་མོད་ཀྱི། མཁན་ཆེན་རིན་པོ་ཆེ་ འདིར་བགྲང་ངོ༌། ། ༈ ཨ་ར་པ་ཙ་ན་དམར་སེར་ལ། ཛེ་ཏཱ་རི་ནས་ས་པཎ་བར་བ་རི་ལུགས་སྤྱི་དང་འདྲ། དེ་ ནས་རོང་པ་རྒ་ལོ། སྲས་ཨ་ཀ་ར། བྲག་ཁ་བ་གྲགས་པ་སེང་གེ། བླ་མ་དམ་པ། ཐེག་ཆེན་ཆོས་ རྗེ། བདག་ཆེན་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྗེ་ཀུན་དགའ་ མཆོག་གྲུབ། རྗེ་གྲོལ་མཆོག རྗེ་ཀུན་དགའ་རྒྱལ་མཚན། དེས་བདག་ལའོ། ། ༈ གང་བློ་མའི་བསྟོད་སྒྲུབ་ལ། འཇམ་དབྱངས། རྡོ་རྗེ་མཚོན་ཆ། འབུམ་ཕྲག་གསུམ་ པ། རྔོག་ལོ་ཆེན་པོ། ཁྱུང་རིན་ཆེན་གྲགས། རྒྱ་དམར་བ། ཕྱ་པ། གཙང་ནག་པ་བརྩོན་འགྲུས་ སེང་གེ། དན་འབག་པ་དར་སེང༌། གཉལ་ཞིག བཟང་རིངས་དར་མ་ཚུལ་ཁྲིམས། གྲ་ཐང་ པ་བསོད་ནམས་རྒྱལ་མཚན། ཡང་རྩེ་བ་རིན་སེང༌། བུ་སྟོན་ཆེན་པོ། ཐུགས་སྲས་ལོ་ཙྪ་བ། བཀྲ་ཤིས་རིན་ཆེན་པ། ཀུན་མཁྱེན་དགའ་གདོང་པ། པཎ་ཆེན་ཆོས་རྗེ། རྗེ་ཀུན་དགའ་རྒྱལ་ མཚན། པཎ་ཆེན་དོན་ཡོད་གྲུབ་པ། རྗེ་བཙུན་གྲོལ་མཆོག རྗེ་བྱམས་པ་ལྷུན་གྲུབ། དེས་ བདག་ལའོ། ། 15-1-751 ༈ འཇམ་དཔལ་སྨྲ་སེང་ལ། སངས་རྒྱས། དྲང་སྲོང་ཉི་མའི་ཤིང་རྟ། བྲམ་ཟེ་རིགས་ བྱེད་གཞོན་ནུ། དབྱངས་ཅན་བཟང་པོ། དམ་པ་སངས་རྒྱས། དམ་པ་ཀུན་དགའ། སྐུ་ག་རི་ པ། བདེ་སྟོན་དགེ་བ། བློ་ཆེན་པ། བླ་མ་མགོན་པོ་འབུམ། ས་བཟང་འཕགས་པ། ངོར་ཆེན། གུ་གེ་པཎ་ཆེན། བློ་བོ་མཁན་ཆེན། རྗེ་གྲོལ་མཆོག མཁན་ཆེན་ལུང་རིགས་རྒྱ་མཚོ། དེས་ བདག་ལའོ། ། ༈ འཇམ་དབྱངས་ཤེས་རབ་འཁོར་ལོ་ལ། འཇམ་དཔལ། པཎྜི་ཏ་ཟླ་བ་འབྱུང་གནས། ར་ཧཱུ་ལ་ཤྲཱི། བི་མ་ལ་ཤྲཱི། བི་ཁྱཱ་ཏ་དེ་བ། ཤཱཀྱ་ཤྲཱི། ཁྲོ་ལོ་མན་ཆད་གསང་འདུས་ལྷན་སྐྱེས་དང་ འདྲ། ། ༈ ནི་རི་ཏི་པའི་ལུགས་ཀྱི་བྱམས་པ་ནི། བྱམས་པ། ནི་རི་ཏི་པ། འབྱུང་གནས་སྦས་པ། ཁ་ཆེ་པཎ་ཆེན། ཁྲོ་ལོ་མན་ཆད་གསང་འདུས་བཞིན། ། ༈ ཤེར་ཕྱིན་སེར་མོ་ནི། བི་ཁྱཱ་ཏ་དེ་བ། བུདྡྷ་ཤྲཱི། ཁྲོ་ལོ། ཡང་ན། ཇོ་བོ། འབྲོམ། སྤྱན་སྔ་ བ། བྱ་ཡུལ་བ། ཕག་མོ་གྲུ་པ། རྗེ་རྒྱལ་ཚ། ཁྲོ་ལོ་མན་ཆད་གསང་འདུས་བཞིན། ། ༈ ཤེར་ཕྱིན་དཀར་མོ་ལ། ཡེ་ཤེས་མཁའ་འགྲོ་མ། མི་ཐུབ་ཟླ་བ། དཔའ་བོའི་རྡོ་རྗེ། འབྲོག་མི་ལོཙྪ་བ། པུ་རིངས་པ་གསལ་རྙིང༌། འཁོན་སྒྱེ་ཆུ་བ། གོང་མ་གསུམ། མཆིམས་ཆོས་ སེང༌། མཆིམས་བློ་བརྟན། དབུས་པ་སངས་རྒྱས་འབུམ། ལོ་མཆོག་པ། བློ་ཆེན་པ། བག་ སྟོན་པ། བྲམ་ཆེན་ནམ་མཁའ་རྒྱལ་མཚན། ཤེར་རྡོར་བ། ཤར། ངོར། ཀུན་དགའ་དབང་ ཕྱུག་པ། མཁན་ཆེན། རྗེ་བཙུན་གྲོལ་མཆོག མཁན་ཆེན་རིན་པོ་ཆེ། ཡང་ན་ཀུན་དགའ་ དབང་ཕྱུག པཎ་ཆེན་རིན་པོ་ཆེ། རྗེ་ཀུན་དགའ་རྒྱལ་མཚན། མཁན་ཆེན་ཀུན་དགའ་དཔལ་ འབྱོར། མཁན་ཆེན་[ཀུན་དགའ་]རིན་པོ་ཆེ། དེས་བདག་ལའོ། ། ༈ དབྱངས་ཅན་དཀར་མོ་ཕྱག་བཞི་ལ། འཇམ་དབྱངས་ཤེས་རབ་འཁོར་ལོ་དང་འདྲ་བ་ 15-1-752 ལས། ཤཱཀྱ་ཤྲཱི་ཚབ་ཏུ། བུདྡྷ་ཤྲཱི་འཇུག་གོ ། ༈ དབྱངས་ཅན་དམར་མོ་ཕྱག་གཉིས་མ་ལ། དབྱངས་ཅན་མ། ཛ་ཡ་ཨཱ་ནནྟ། ཁུ་མདོ་སྡེ་ འབར། གཙང་ནག་པ་མན་ཆད་གང་བློ་མའི་བསྟོད་སྒྲུབ་དང་འདྲའོ། ། ༈ རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་གི་འཕྲོས། འོད་ཟེར་ཅན་མ། མེ་རུ་ཤི་ཥ། ཡི་ གེ་ཕྱེད་བཞི་པ། སྤྱན་མ། དམ་ཚིག་གསུམ་བཀོད་དེ་ལྔ་པོ་ཡང༌། མི་གཡོ་བ་སྔོན་པོ་པུས་ བཙུགས་ཀྱི་ཆུ་བསྲུང་གི་བརྒྱུད་པ་དང་འདྲའོ། ། ༈ ཀུ་རུ་ཀུལླེ་གསང་སྒྲུབ་ནི། ཌོཾ་བྷི་ཧེ་རུ་ཀ་ནས་བརྒྱུད་པ། ད་ན་ཤཱི་ལ་ལ་ས་པཎ་གྱིས་ གསན་པར་གྲགས། དེ་མན་ཆད་ཀུ་རུ་ཀུལླེ་དཀྱུས་དང་འདྲ་ཞིང༌། དེ་ཡན་ཆད་ཀྱང་འདྲ་བར་ ཁོ་བོ་སེམས་སོ། ། ༈ དཔའ་མོ་གསེར་གྱི་སྙིང་ཐིག ནོར་རྒྱུན་མ་དམར་མོ། ལྷ་མོ་ཏེ་ནུ་སྟེ་དམར་ཆུང་སྐོར་ གསུམ་ལ། གཉན་ལོཙྪ་བ། གནམ་ཁའུ་པ། ས་ཆེན་ཡབ་སྲས། ཡང་སྒོམ་སེ་པོ། ལུང་མང་པོ། ཡོན་ཏན་ཁྲི། དྲིན་ཆེན་སེང་གེ་བཟང་པོ། སེང་གེ་རྒྱལ་མཚན། མཁན་ཆེན་རྒྱལ་བ་མཆོག་ དབྱངས། བདག་ཆེན་ནམ་མཁའ་རྒྱལ་མཚན། བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་སྤངས་པ། ལྕང་ར་བ་བློ་གྲོས་བཟང་པོ། མཁན་ཆེན་རིན་པོ་ཆེ། དེས་བདག་ལའོ། ། ༈ ཐོད་པ་རྒྱན་ལ། བརྒྱུད་པའི་ཐོག་མར་རྙིང་མའི་བླ་མ་འགའ་རེ་དེད་དགོས་པ་ཡོད་ ནའང༌། རྗེ་བཙུན་མ་ཉིད་ལ་དངོས་སུ་གཉན་སྟོན་ཆེན་པོས་གསན། དེ་མན་ཆད་ཤངས་ཆོས་ སྤྱི་དང་འདྲ། ། ༈ གསང་བ་ཡེ་ཤེས་ལ། ཡེ་ཤེས་མཁའ་འགྲོ་མ། དུར་ཁྲོད་པ་ཆེན་པོ། རྡོ་རྗེ་གདན་པ། ལ་སྟོད་དམར་པོ། རྒྱ་སྒོམ་རས་པ། སངས་རྒྱས་ཡར་བྱོན། སངས་རྒྱས་དབོན། ལྷ་རིན་པོ་ཆེ། ལྷ་དབང་ཕྱུག་དཔལ། རི་བ་དཀོན་མཆོག་དཔལ། རྟོགས་ལྡན་དཀོན་མཆོག་རྒྱལ་མཚན། 15-1-753 བློ་གྲོས་རིན་ཆེན། དོན་གྲུབ་རིན་ཆེན། ཆོས་དཔལ་བཟང་པོ། མཁར་དྲུང༌། མཚོ་སྐྱེས་རྡོ་རྗེ། རྗེ་ཀུན་དགའ་བཀྲ་ཤིས། དེས་བདག་ལའོ། ། ༈ རྣམ་འཇོམས་ལྗང་ཁུ་བ་རི་ལུགས་ལ། ཛེ་ཏཱ་རི། རྡོ་རྗེ་གདན་པ། ཨ་ཤྭ་ཀ་ཤྲཱི། བ་ རི་བ། གོང་མ་ལྔ། བསོད་ནམས། དབང་ཕྱུག རིན་ཆེན་དཔལ། བྱང་ཆུབ་གཞོན་ནུ། བྱང་ སེང་བ། ཤར་ཆེན། ངོར་ཆེན། པཎ་ཆེན་རིན་པོ་ཆེ། འཇམ་དབྱངས་ཀུན་དགའ་བཀྲ་ཤིས། འབུམ་རམ་པ་དགེ་འདུན་ཉི་མ། རྗེ་རྡོ་རིང་པའམ་ཡང་ན་ངོར་ཆེན། དཔལ་ལྡན་རྡོ་རྗེ། ཀུན་ དགའ་མཆོག་གྲུབ། རྗེ་བཙུན་རྡོ་རིང་བ་དང་མཁན་ཆེན་རིན་པོ་ཆེ་གཉིས་ཆར་ལ་བདག་ གིས་མནོས་སོ། ། ༈ རྣམ་འཇོམས་དཀར་པོ་ལ། རྡོ་རྗེ་རྣམ་འཇོམས། ཛྙཱ་ན་ཤྲཱི། དེ་ཝ་པུརྞ། འགར་ཆོས་ བཟང༌། དམར་ཆོས་རྡོར། དམར་ཆོས་ཀྱི་རྒྱལ་པོ། དམར་ཆོས་ཀྱི་རྒྱལ་མཚན། གུང་ཐང་ པ་ཡེ་ཤེས་བློ་གྲོས། མཁས་པ་བདེ་པའི་བློ་གྲོས། མཚར་ཁ་བ་སེང་གེ་རྒྱལ་མཚན། གེ་རང་ རྡོ་རྗེ་གཞོན་ནུ། མཁན་པོ་ཉི་མ་སེང་གེ།ཀུ་ཐང་པ་བསོད་ནམས་རྒྱལ་པོ། མཚར་ཁ་འབུམ་ རམ་པ། རྗེ་ལྷ་དབང་གྲགས་པ། དེས་བདག་ལའོ། ། ༈ བགེགས་མཐར་བྱེད་ལ། འཇམ་དབྱངས་སངས་རྒྱས་ཡེ་ཤེས་མར་མེ་མཛད། །དཔལ་ སྡེ་དྲི་མེད་རིན་ཆེན་རྡོ་རྗེ་དང༌། །རིན་ཆེན་གྲགས་པ་བན་དྷེ་གཉན་ལོ་དང༌། ཁའུ་མཆེད་དང་ ས་སྐྱ་གོང་མ་ལྔ། །ཨ་གཉན་དམ་པ་དགའ་ལྡན་ཀུན་བསོད་དང༌། །དགའ་ལྡན་བཀྲས་དཔལ་ འཁམ་པ་རྡོ་རྗེ་དཔལ། །གྲགས་ཆེན་གངས་ཁྲོད་པ་དང་ས་བཟང་པ། །ཐེག་ཆེན་ཀུན་དགའ་ རྒྱལ་མཚན་མུས་སྲད་པ། །ཤེས་རབ་རིན་ཆེན་རྗེ་དབོན་ཤཱཀ་རྒྱལ་དང༌། །འཇམ་དབྱངས་ ཀུན་དགའ་རྒྱལ་མཚན་ལས་མནོས་སོ། ། ༈ སྣ་ཚོགས་ཡུམ་དཀར་མོ་ནི། རྡོ་རྗེ་ཤུགས་དང་འདྲའོ། ། 15-1-754 ༈ སོ་སོར་འབྲང་མ་ཕྱག་གཉིས་མ་ལ། རྗེ་བཙུན་གྲགས་རྒྱལ་ཡན་ཤེར་ཕྱིན་དཀར་ མོ་དང་འདྲ། དེ་ནས་ས་པཎ། འཕགས་པ། རྒྱལ་ཚ་ཆོས་དབང༌། རོང་བ་ཤེར་སེང༌། བླ་མ་ མགོན་པོ་འབུམ། བྲམ་ཆེན་ནམ་མཁའ་རྒྱལ་མཚན། དཔལ་ལྡན་པ། ཤར་ཆེན་མན་ཆད་ ཀྱང་ཤེར་ཕྱིན་དཀར་མོའི་བརྒྱུད་པ་སྔ་མ་དང་འདྲའོ། ། ༈ གཙུག་གཏོར་གདུགས་དཀར་ལ། སངས་རྒྱས། འཇམས་དབྱངས། ཛེ་ཏཱ་རི། བ་ར་ བ། སྐྱུ་ར་ཨ་སྐྱབས། ས་ཆེན། གྲགས་རྒྱལ། སྟོད་ལུང་གོ་སེར་བ། རྒན་ལྷས་པ་བྱང་ཆུབ་ དཔལ། ཤར་པ་ཡེ་རིན། འཕགས་འོད་བུ་སྟོན། སྒྲ་ཚད་པ། ས་བཟང་འཕགས་པ། ངོར་ ཆེན། གུ་གེ་པཎ་ཆེན། བློ་བོ་མཁན་ཆེན། རྗེ་བཙུན་གྲོལ་མཆོག མཁན་ཆེན་རིན་པོ་ཆེ། དེས་ བདག་ལའོ། ། ༈ རི་ཁྲོད་མ་རིགས་ལྔ་ལ། ཛེ་ཏཱ་རི་ནས་ས་པཎ་བར་བ་རི་པའི་ལུགས་སྤྱི་དང་འདྲ། དེ་ ནས་ཤར་པ་སྐུ་མཆེད། བླ་མ་རིན་ཡེ། བློ་ཆེན་པ། བླ་མ་བསམ་གཏན་གྲུབ། འབྲིས་ལོཙྪ་ བ་དཔལ་ལྡན་བྱང་ཆུབ། ས་བཟང་འཕགས་པ། ངོར་ཆེན། དཔལ་རྡོར་བ། རྗེ་ཀུན་དགའ་ མཆོག་གྲུབ། རྗེ་བཙུན་གྲོལ་མཆོག མཁན་ཆེན་རིན་པོ་ཆེ། དེས་བདག་ལའོ། །༈ བཟའ་ ཡུམ་གྱི་བརྒྱུད་པའང་དེ་ཁོ་ན་བཞིན་ནོ། ། ༈ རྨེ་བརྩེགས་དུད་ཁ་ལ། རིང་བརྒྱུད། ཛེ་ཏཱ་རི། རྡོ་རྗེ་གདན་པ། བ་རི་བ། ཉེ་བརྒྱུད་ མཁས་བཙུན་དགེ་སྟག་པས་ཞལ་གཟིགས། དེ་ནས་རྗེ་བཙུན་གྲགས་རྒྱལ། ས་པཎ། གྲ་ཐང་ པ་བསོད་ནམས་དཔལ། བླ་མ་བློ་གྲོས་དཔལ། ཡེ་ཤེས་སེང་གེ། བསོད་ནམས་ཤེས་རབ། མཁན་པོ་ཤེར་མགོན། ཧོར་ཀ་བཞི་པ་སེང་རྒྱལ། སྔགས་འཆང་ཡོན་ཏན་པ། རོང་པོ་བློ་ བཟང་པ། སྐུ་ཞང་མཁྱེན་རབ་ཆོས་རྗེ། སྤྱང་ལུང་གཞོན་ནུ་ཆོས་གྲུབ། རྗེ་བཙུན་གྲོལ་མཆོག རྗེ་རྡོ་རིང་པ། དེས་བདག་ལའོ། ། 15-1-755 ༈ རྨེ་བརྩེགས་ལྗང་ཁུ་ལ། ཇོ་བོ་རྗེ། ནག་ཚོ། ཕྱག་སོར་བ། བྱང་འདུལ། ཆོས་ཀྱི་དབང་ ཕྱུག ཆོས་ཀྱི་བྱང་ཆུབ། ཆོས་ཀྱི་ཤེས་རབ། ལོ་མཆོག་པ། མཉམ་མེད་གྲགས་རྒྱལ། བླ་མ་ ཤཱཀྱ། ས་བཟང་འཕགས་པ། ངོར་ཆེན། ཁ་ཆར་སེམས་དཔའ། པཎ་ཆེན་རིན་པོ་ཆེ། བྲག་ དཀར་སེམས་དཔའ། རྗེ་རྡོ་རིང་པ། དེས་བདག་ལའོ། ། ༈ ཁྲོ་མོ་རྨེ་བརྩེགས་ནི། ཡེ་ཤེས་མཁའ་འགྲོ་མ། གྲུ་སྤང་རྩེ། གྲུ་རྡོ་རྗེ་སེང་གེ།བྲག་ནག་ པ་སེང་རྒྱལ། མཁན་པོ་བསོད་སེང༌། བླ་མ་རྒྱ་གར་རྒྱལ་མཚན། ཆོས་རྗེ་སེང་གེ་བ། གཞོན་ ནུ་བློ་གྲོས། གཞོན་ནུ་དཀོན་མཆོག གཞོན་ནུ་དོན་གྲུབ། གཞོན་ནུ་ཆོས་གྲུབ་སྟེ་སྤྱང་ལུང་པ་ བཞི་རིམ་ཅན། རྗེ་བཙུན་གྲོལ་མཆོག རྗེ་རྡོ་རིང་བ། དེས་བདག་ལའོ། ། ༈ ཁྲོ་བོ་རེག་ཚིག་ལ། རྡོ་རྗེ་གདན་པ། བ་རི་བ། ལྕགས་ཐང་བ། དགེ་སྟག་པ། དམར་ ཆོས་རྒྱལ་མན་ཆད་རྣམ་འཇོམས་དཀར་པོ་དང་འདྲ། ། ༈ བདེ་མཆོག་བྱ་ཁྱུང་གི་བརྒྱུད་པ་ནི། ཕག་མོ་གནམ་ཞབས་དང་འདྲའོ། ། ༈ དུས་འཁོར་ཁྱུང་ཁྲ་རྒྱུད་ལུགས་ནི། རྡོ་རྗེ་ཤུགས་དང་འདྲའོ། ། ༈ ཁྱུང་ཁྲ་མན་ངག་ལུགས་ལ། དུས་ཞབས་པ། ནཱ་རོ་པ། ཕམ་ཐིང་བ། མལ་ལོ། གོང་ མ་ལྔ། གུང་བ་བཀྲས་བཟང༌། གཟུངས་ཀྱི་དཔལ་བ། དགེ་བཟང་བ། བླ་ཆེན་ཆོས་དཔལ་བ། རྩ་བརྒྱད་རྒྱལ་སེང༌། དྲུང་བློ་བ། ཡིག་དྲུག་ཤེར་དཔལ། རྗེ་གྲོལ་མཆོག མཁན་ཆེན་རིན་པོ་ ཆེ། དེས་བདག་ལའོ། ། ༈ ཁྱུང་སེར་ལ། ཇོ་བོ་ནས། རོང་སྟོན་གྱི་བར་ཀླུ་དབང་རྒྱལ་པོ་དང་འདྲ། དེ་ནས་ལྷ་ འབྲི་སྟོན་པ། ཤེས་རབ་རྡོ་རྗེ། མི་ཉག་ཆོས་གྲགས་དཔལ་བཟང༌། བྲག་དཀར་སེམས་དཔའ། མཁན་ཆེན་བཀྲ་ཤིས་རྣམ་རྒྱལ། མཁན་ཆེན་རིན་པོ་ཆེ། དེས་བདག་ལའོ། ། ༈ འཇམ་དཔལ་ནག་པོའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། བ་རི་ 15-1-756 ལོཙྪ་བ། ས་སྐྱ་པ་གོང་མ་བཞི། ཞང་མདོ་སྡེ་དཔལ། འཇམ་སྐྱ། མཉམ་མེད་པ། བླ་མ་ཤཱཀྱ། འཕགས་པ་གཞོན་ནུ་བློ་གྲོས། མོན་རྫོང་བསོད་ནམས་ཉི་མ། མོན་རྫོང་ཟླ་བ་རྒྱལ་མཚན། བྲག་དམར་བ་ཀུན་དགའ་ཚེ་འཕེལ། འབུམ་རམ་པ་དགེ་འདུན་ཉི་མ། རྗེ་རྡོ་རིང་པ་དང༌། མཁན་ཆེན་རིན་པོ་ཆེ་གང་རིགས། དེས་བདག་ལའོ། ། ༈ ལྷ་མོ་ཤྲ་མ་ཎ་ལ། རིང་བརྒྱུད་ཇོ་བོ་རྗེ་སོགས་ནས་བརྒྱུད་པ་ནི་བཙལ་བར་བྱ་ལ། ཉེ་བརྒྱུད་ནི། དྭགས་པོ་པཎ་ཆེན། བཀྲ་ཤིས་རྣམ་རྒྱལ། སངས་རྒྱས་བསམ་འགྲུབ། ཀརྨ་ འཕྲིན་ལས་པ། སྔགས་འཆང་ཚུལ་ཁྲིམས་རྒྱ་མཚོ། དྲུང་དོན་གྲུབ་ལེགས་པ། དེས་བདག་ ལའོ། །རིང་བརྒྱུད་ཕྱིས་རྙེད་པ་བ་རི་ལུགས་ནི། སངས་རྒྱས། འཇམ་དབྱངས། ཛེ་ཏཱ་རི། རྡོ་ རྗེ་གདན་པ་ཆེ་ཆུང༌། བ་རི་བ། གོང་མ་ལྔ། ཤར་པ་ཡེ་ཤེས་འབྱུང་གནས། ཤར་པ་ཀུན་སེང༌། སེང་གེ་རྒྱལ་མཚན། གར་ཐིག་བསོད་རྒྱལ། ཤེས་རབ་རྡོ་རྗེ། གྲགས་པ་རྡོ་རྗེ། གྲགས་པ་ དོན་གྲུབ། གྲུབ་ཆེན་རི་ཁྲོད་པ། དྭགས་པོ་པཎ་ཆེན་མན་ཆད་གོང་བཞིན། ། ༈ སེང་གདོང་མ་སྔོན་མོ་ལ། མཁའ་འགྲོ་མ། རྡོ་རྗེ་གདན་པ། བ་རི་བ། གོང་མ་ལྔ། ཞང༌། བྲག་ཕུག་པ། བླ་མ་དམ་པ། ཐེག་ཆེན་ཆོས་རྗེ། ངང་ཚུལ་བཟང་པོ། འཁྲུལ་ཞིག་ཚུལ་ རྒྱལ། རོང་པོ་བློ་བཟང༌། སྐུ་ཞང་མཁྱེན་རབ་རྗེ། སྟོན་ར་བ་ཤཱཀྱ་དོན་གྲུབ། པཎ་ཆེན་དོན་ ཡོད་གྲུབ་པ། རྗེ་བཙུན་གྲོལ་མཆོག མཁན་ཆེན་རིན་པོ་ཆེ། དེས་བདག་ལའོ། ། ༈ སེང་གདོང་མ་དམར་མོ་ལ་བརྒྱུད་པ་དེ་ཉིད་ལས་འོངས་ཤིང༌། པཎ་ཆེན་དོན་ཡོད་ གྲུབ་པ། རྗེ་ལྷ་དབང་གྲགས་པ། དེས་བདག་ལའོ། ། ༈ འཇམ་དཔལ་ནཱ་ག་རཀྴ་ལ། འཇམ་དཔལ། ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ། རྒྱལ་པོ་ ཁྲི་སྲོང་ལྡེ་བཙན། ཆོས་རྒྱལ་རིན་ཆེན་གླིང་པ། བླ་མ་དཔལ་བཟང་པ། བླ་མ་ཆོས་དབྱིངས་ པ། རི་ཁྲོད་པ་ནམ་མཁའ་ལེགས་པ། སློབ་དཔོན་ཕུན་ཚོགས་པ། སློབ་དཔོན་རྒྱལ་རིན་པ། 15-1-757 ཆོས་རྗེ་ཡོན་ཏན་དཔལ། རྟོགས་ལྡན་གཞོན་ནུ་བློ་གྲོས། ཆོས་རྗེ་འཇམ་དབྱངས་བློ་གྲོས། སྔགས་འཆང་ཚུལ་ཁྲིམས་མཚན་ཅན། དེས་བདག་ལའོ། །འདི་ལ་ཆག་རིན་ཆེན་ཆོས་རྒྱལ་ ནས་བརྒྱུད་པའི་རྗེས་གནང་སྲས་མཁར་བ་གཙུག་ལག་འཕྲེང་བའི་ཡིག་སྐོར་རྣམས་ཀྱི་ལུང་ དང་བཅས་པ་ཞིག་སྟག་ལུང་རིན་པོ་ཆེ་ངག་དབང་རྣམ་རྒྱལ་གྱི་དྲུང་དུ་ཡང་ཐོབ་བོ། ། ༈ སློབ་དཔོན་པུརྞ་བཛྲ་ལས་བརྒྱུད་པའི་སྒྲུབ་ཐབས་ཉི་ཤུ་རྩ་དྲུག་ཡོད་པ་ལས། ཕྱག་ ན་རྡོ་རྗེ་ལྷན་སྐྱེས་དང༌། མཱ་མ་ཀཱིའི་བྱིན་རླབས་ཀྱི་བརྒྱུད་པ་ནི། གསང་བའི་བདག་པོ། སློབ་ དཔོན་ཀུ་ཏ་རཱ་ཛ། མཁའ་འགྲོ་མ་སུ་ཁ་དྷ་རི། སློབ་དཔོན་པདྨ་ཀ་ར། པདྨ་གྷོ་ཥ། དེ་རྣམས་རྒྱ་ གར་གྱི་ཡུལ་དུ་བྱུང་བའོ། །དེ་ནས་སརྦ་ད་དཱ། སིདྷ་དྷྭ་ཛ། དྷི་མཱི་བྷ་དྲ། དེ་རྣམས་རིག་འཛིན་ གྲུབ་པའོ། །མུཀྟ་གྷོ་ཥ། གོ་བི་གྷོ་ཥ། ཀོ་མུ་དི་བྷ་དྲ། ཤྲཱི་ཏ་ནུ། དྷརྨ་ཏ་ཤཱི་ལ། འདིའི་དུས་སུ་ འགྲོ་ལྡིང་གི་གླིང་དུ་ཆོས་ཀྱི་དག་གཏེར་ཆེན་པོ་མཛད། སློབ་དཔོན་འདི་འདས་ནས་ལོ་སུམ་ བརྒྱ་ལྷག་ཙམ་ལོན་སྐད། དེ་ནས་སིངྷ་ནཱ་ཐ། ས་རོ་རུ་ཧ། ཡུ་གྲི་ཝརྨ། གུ་ཎ་གུཔྟ། བུདྡྷ་ཤཱ་ མི། སུ་མ་ཏི་ཡ་ཤ བཱིཪྻ་བྷ་དྲའོ། །སརྦ་ད་དཱ་མན་ཆད་འགྲོ་ལྡིང་གི་ཡུལ་ཁོ་ནར་བྱུང་ངོ༌། །དེའི་ སློབ་མ་དེ་ཝ་སཾ་བྷ་ཝ་འགྲོ་ལྡིང་ནས་རྒྱ་གར་ལྷོ་ཕྱོགས་སུ་བྱོན། དེ་ལ་སློབ་དཔོན་པུརྞ་བཛྲ་ རས་གསན། ལྷག་མ་ཉེར་བཞི་པོ་ནི། རྡོ་རྗེ་རྣལ་འབྱོར་མ། ཡུལ་ར་ཁང་ཙག་མར་འཁྲུངས་ པའི་ཤཱཀྱ་རཀྵི་ཏ། བུདྡྷ་སྭ་མི། སུ་ཛ་ཏ། ས་དྷུ་ཛྙཱ་ན། སཾ་པྲ་ཀིརྟི། བྲམ་ཟེའི་སློབ་དཔོན་བེ་ཏ་ བནྟུ། བཱི་ར་མི་ཏྲ། དེ་ལ་པུརྞ་བཛྲ་གྱིས་གསན། དེས་བདག་ལའོ། ། ༈ རྟ་མགྲིན་དཀར་པོ་ལ། ཡང་ན། སཽ་རི་པ། ཤཱཀྱ་རཀྵི་ཏ། བྷུ་མི་པཱ་ལ་ཤྲཱི། ཨ་ཤོ་ཀ་ ཤྲཱི། སུ་དྷི་ཡ་ཤ རཱ་ཏི་གུཔྟ། ལཀྵྨི་གུཔྟ། སུ་ཛ་ཏཱ་བཱ་དི། པུརྞ་བཛྲ་རྣམས་སོ། །ཤཱཀྱ་རཀྵི་ཏ་ དེས་སྒྲུབ་ཐབས་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་མཛད་པའི་ནང་ནས། ཉེར་ལྔ་པོ་འདི་དག་ དངོས་ཀྱིས་འཁུམས། ། 15-1-758 ༈ ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་སྐོར་ལ། ཐམས་ཅད་མཁྱེན་པའི་ བཤེས་གཉེན། ཀླུ་སྒྲུབ། ཉི་མ་སྦས་པ། ཙནྡྲ་གརྦྷ། ཛེ་ཏཱ་རི། ངག་དབང་གྲགས་པ། ཏ་ཐཱ་ག་ ཏ་རཀྵི་ཏ། མཉྫུ་ཤྲཱི། མལ་ལོཙྪ་བ། དཀར་པོ་རྣམ་གསུམ། མཆིམས་ཆོས་སེང༌། མཆིམས་བློ་ བརྟན། འཇམ་དབྱངས་གསར་མ། ཀུན་མཁྱེན་ཆོས་སྐུ། འཕགས་འོད། བུ་སྟོན་རིན་པོ་ཆེ། སློབ་དཔོན་དོན་གྲུབ་རྒྱལ་མགོན། བླ་མ་བཀྲས་རིན་པ། ངོར་ཆེན། རིན་ཆེན་བཀྲ་ཤིས་པ། པཎ་ཆེན་རིན་པོ་ཆེ། རྒྱལ་ཚབ་ཀུན་དགའ་རྒྱལ་མཚན། རྗེས་སངས་འོད་པ། རྗེ་བཙུན་གྲོལ་ མཆོག རྗེ་ལྷ་དབང་གྲགས་པ། དེས་བདག་ལའོ། ། ༈ རྣམ་ཐོས་སྲས་སེར་ཆེན་ནས་དཀར་པོའི་བར་རིགས་ཆེན་བརྒྱད་པོ་འདི་དག་ཕྱག་ རྡོར་གོས་སྔོན་ཅན་འགྲོ་བཟང་ལུགས་སྤལ་ཏི་དགྲ་བཅོམ་ཕྱོགས་ནས་བརྒྱུད་པ་དེ་དང་ བརྒྱུད་པ་གཅིག སེར་ཆེན་ནི་བུ་སྟོན་རིན་པོ་ནས་བརྒྱུད་པ་དང་ཆོས་ལུང་ཚོགས་པ་ནས་ བརྒྱུད་པ་གཉིས་ཀྱང་ཐོབ་བོ། ། ༈ དཀར་པོ་ནི། པཎ་ཆེན་རིན་པོ་ཆེ། བྲག་དཀར་སེམས་དཔའ། མཁན་ཆེན་བཀྲས་ རྣམ་པ། མཁན་ཆེན་རིན་པོ་ཆེ་རྣམས་ལས་བརྒྱུད་ཀྱང་ཆོག་གོ ། ༈ ལྗང་ཁུ་ཛྙཱ་ན་ལུགས་ལ། ཏེ་ལོ། ནཱ་རོ། ཀ་ན་ཀ་ཤྲཱི། བཛྲ་ཨཱ་ཀ་ར། བཱིརྱ་ཙནྡྲ། ཀོ་ཀ་ ལི་པ། སུ་མ་ཏི་བཛྲ། བུདྡྷ་ཀིརྟི། ཨཱ་ཀ་ཤ་བཛྲ། ཛྙཱ་ན་ཏ་པ། རྗེ་སངས་རྒྱས་དབོན། ལྷ་རིན་པོ་ ཆེ། ཨུ་རྒྱན་མགོན་པོ། བློ་གྲོས་རྒྱལ་མཚན། ཤེས་རབ་རིན་ཆེན། གྲགས་པ་བཀྲ་ཤིས། རིན་ ཆེན་ཤེས་རབ། ཀུན་སྤངས་ཆེན་པོ། བསོད་ནམས་རིན་ཆེན། པདྨ་རྒྱལ་མཚན། མཚོ་སྐྱེས་རྡོ་ རྗེ། རྗེ་ཀུན་དགའ་བཀྲ་ཤིས། རྗེ་ངག་དབང་རྣམ་རྒྱལ། དེས་བདག་ལའོ། ། ༈ ཡང་གསང་ཕྱག་མཚན་བཞི་པ་ནི། རིགས་ཆེན་བརྒྱད་དང་ཕལ་ཆེར་འདྲ་བ་ལས། ཆོས་རྒྱལ་དཔལ་བཟང༌། ནམ་མཁའ་དཔལ་བཟང༌། ལས་ཆེན་ཀུན་དགའ་རྒྱལ་བ། མཁན་ 15-1-759 ཆེན་རིན་ཆེན་བཀྲ་ཤིས། མཁན་ཆེན་རིན་པོ་ཆེ། དེས་བདག་ལའོ། ། ༈ ཛཾ་བྷ་ལ་སེར་པོ་གཙོ་རྐྱང་ཕྱག་གཉིས་པ་ལ། ཨ་བྷ་ཡཱ་ཀ་ར། ཤུ་བྷ་ཀ་ར། སྟོབས་ བཅུ་པ། རཏྣ་རཀྵི་ཏ། གཡག་སྡེ་ལོཙྪ་བ། མཁན་ཆེན་བྱང་ཆུབ་དཔལ། བསོད་ནམས་ སྟོབས། བདེ་བ་དཔལ། བཀའ་བཞི་པ། མཁན་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་ རིན་ཆེན་རྒྱལ་མཚན་པ། རྒྱལ་གྲགས་པ། རྒྱལ་ཕྱག་པ། ཉི་མ་རྒྱལ་མཚན། འཇིམས་ཆེན་ བསོད་ནམས་རྒྱལ་མཚན། འཇམ་དབྱངས་ཆོས་དབང༌། མཁན་ཆེན་ཀུན་དགའ་དཔལ་ འབྱོར། མཁན་ཆེན་བཀྲ་ཤིས་རྣམ་རྒྱལ། མཁན་ཆེན་རིན་པོ་ཆེ། དེས་བདག་ལའོ། །བླ་མ་ དམ་པ་གཞན་འགའ་ལས་འདིའི་རྗེས་གནང་ཐོབ་པ་ནི། སྒྲུབ་ཐབས་བརྒྱ་རྩ་རྒྱ་མཚོ་སོགས་ དང་བརྒྱུད་པ་མཐུན་པར་མཛད་ཀྱིན་སྣང་ངོ༌། ། ༈ གསང་འདུས་ལས་འབྱུང་བའི་ཛཾ་བྷ་ལ་ནི། ཡེ་ཤེས་ཞབས། མར་མེ་མཛད། འཇམ་ དཔལ་གྲགས་པ། བདེ་བ་ཆེན་པོ། ཡི་གེ་ཀརྞ་པ། ཛྙཱ་ན་ཤྲཱི་མི་ཏྲ། བཱ་ལིང་ཙཪྻ། གཉོས་ལོ། རྡོ་རྗེ་བླ་མ། དཔལ་སེང༌། གྲགས་པ་དཔལ། སངས་རྒྱས་རས་ཆེན། སངས་རྒྱས་ཡར་བྱོན། སངས་རྒྱས་དབོན་མན་ཆད་ཕག་མོ་ནག་མོ་དང་འདྲའོ། ། ༈ དཔའ་བོ་ཆིག་གྲུབ་ལས་འབྱུང་བའི་ཛཾ་བྷ་ལ་ནི། ཛེ་ཏཱ་རི། ཇོ་བོ་རྗེ། ནག་ཚོ་ཚུལ་ ཁྲིམས་རྒྱལ་བ། ནག་ཚོ་ཤེས་རབ་རྒྱལ་མཚན། སྐྱུ་ར་ཨ་སྐྱབས། ས་སྐྱ་བ་ཆེན་པོ་མན་ཆད་ མི་གཡོ་སྔོན་པོ་པུས་བཙུགས་དང་འདྲའོ། །འགའ་ཞིག་འདི་དང༌། གནོད་སྦྱིན་འཁོར་ལོའི་ ལག་ལེན་གཉིས་ཀར་ས་སྐྱ་པ་དང༌། བཀའ་གདམས་པ་རྣམས་ལག་ལེན་དུ་བྱེད་མཉམ་ཡིན་ ཡང༌། ཇོ་བོ་རྗེ་ནས་བརྒྱུད་པ་ནི་མ་ཡིན་གྱི། བ་རི་ལོཙྪ་བའི་མན་ངག ས་སྐྱ་པའི་ལག་ལེན་ དེ་བཀའ་གདམས་པས་བརྐུས་ནས། ཇོ་བོ་རྗེ་ལ་ཁ་འཕངས་པའོ་ཞེས་ཟེར་བ་ནི། ས་སྐྱ་པའི་ ཕོ་རུས་ལ་བསམས་པའི་བབ་བཅོལ་ཏེ། 15-1-760 འདི་ཉིད་ཀྱི་རྒྱུད་སྒྱུར་པ་པོའི་པཎྜི་ཏ་ཡང་ཇོ་བོ་རྗེ་ཁོ་ན་ལས་གཞན་མེད་པའི་ཕྱིར། ཇོ་ བོ་རྗེས་འབྲང་དང་བཅས་པའི་ལག་ལེན་དུ་འབྱུང་བ་ནི། ཆོས་བདག་པོའི་ཚུལ་ཡིན་ལ། དེ་ ལས་བརྒྱུད་ནས་རྗེ་བཙུན་ས་སྐྱ་པ་རྣམས་ལས་འོངས་པ་སྟེ། བརྗོད་པ་སྔ་མ་དེ་ནི། དབེན་མ་ མུ་ཅོར་གྱི་རྒྱལ་ལོ། །ཞེས་པ་དང་མཚུངས་སོ། ། ༈ ཛཾ་བྷ་ལ་ནག་པོ་ལ། ཐམས་ཅད་མཁྱེན་པ་ནག་པོ། དེས་རྗེས་སུ་བཟུང་བའི་རྒྱལ་ པོའི་མདུན་ན་འདོན་ཀ་ན་ཀ་ཤྲཱི། སློབ་དཔོན་ནོར་སྦྱིན། པཎྜི་ཏ་དབུལ་པོ་ཟངས་གཞོང་ཅན། ཚོང་དཔོན་ས་ཡ་སུརྱ། པན་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོཙྪ་བ། མཁན་ཆེན་བྱང་ཆུབ་དཔལ་བ་མན་ ཆད་ཛམ་སེར་བཞིན་དང༌། ཡང་ན། ཁྲོ་ལོ་མན་ཆད་གསང་འདུས་ལྷན་སྐྱེས་དང་འདྲ་བར་ བྱས་ཀྱང་རུང་ངོ༌། ། ༈ ཛཾ་བྷ་ལ་དཀར་པོ་ལ། སྤྱན་རས་གཟིགས། ཇོ་བོ་རྗེ། རྒྱ་བརྩོན་འགྲུས་སེང་གེ། ནག་ ཚོ་ཚུལ་རྒྱལ། རོང་པ་ཕྱག་གསོར་བ། པུ་ཏོ་བ། ཤར་ཝ་པ། གཏུམ་སྟོན་པ། ཆུ་མིག་པ་གྲགས་ པ་རྒྱལ་མཚན། གྲོ་སྟོན་བདུད་རྩི་གྲགས། ཞང་སྟོན་ཆོས་བླ། མཆིམས་ནམ་མཁའ་གྲགས་ མན་ཆད་ཀླུ་དབང་རྒྱལ་པོ་དང་འདྲའོ། ། ༈ ཛཾ་ལྷ་དམར་པོ་སྲོག་སྒྲུབ་ལ། བདེ་མཆོག་ལྷན་སྐྱེས་དང་འདྲའོ། ། ༈ ཛཾ་དམར་གྲྭ་པ་མངོན་ཤེས་ལུགས་ལ། སློབ་དཔོན་པདྨ། གྲྭ་པ་མངོན་ཤེས། ཉེ་ གནས་གདན་ནག་པོ། བླ་མ་མངའ་རིས་པ། གོ་ལུང་ནམ་མཁའ་རྒྱལ་མཚན། གོ་ལུང་མདོ་ སྡེ་དཔལ། ཨུ་རྒྱན་པ། ཚ་ཚ་མོ་ཤེས་རབ་རིན་ཆེན། བྱང་སེམས་གཞོན་ནུ་ཚུལ་ཁྲིམས། ལྷ་ མཐོང་བ་རིན་ཆེན་དཔལ། མྱུག་པ་ཆོས་གྲགས། མཁན་ཆེན་རྒྱལ་བ་ཕྱག་ན། དགེ་མོ་རིན་ ཆེན། ཆགས་རིན་ཆེན་ཆོས་རྒྱལ། ཁྲ་རི་བ། རྗེ་གྲོལ་མཆོག དེ་ལ་རྗེ་བཙུན་ལྷ་དབང་གྲགས་ པ། རྗེ་རྡོ་རིང་བ། མཁན་ཆེན་རིན་པོ་ཆེ་གསུམ་གྱིས་གསན། དེ་རྣམས་ཀྱིས་བདག་ལའོ། ། 15-1-761 ༈ ཛཾ་བྷ་ལ་ལྗང་ཁུ་དུས་འཁོར་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་ཤུགས་ཀྱི་སྐབས་དང་ འདྲའོ། ། ༈ གནོད་སྦྱིན་ནོར་བུ་བཟང་པོ་ལ། བྲམ་ཟེ་གསེར་མིག ཀུ་ཤ་ནི་བྷ་རོ། བལ་པོ་ར་མ་ པཱ་ལ། ལོ་བཙུན་ཆུ། ཉང་སྒོམ་རྒོད་པོ། ཕག་མོ་གྲུ་པ། སྟག་ལུང་ཐང་པ། རིན་ཆེན་མགོན་པོ། རིན་ཆེན་བླ་མ། དཔོན་གྲགས་པ་དཔལ་མན་ཆད་རྣམ་སྲས་ལྗང་ཁུ་དང་འདྲའོ། ། ༈ སྲས་གར་མཁན་མཆོག སྲས་རྒྱལ་བ་ཁྱུ་མཆོག ལྷ་མོ་དཔལ་ཆེན་མོ་གསུམ་ནི། སེར་ ཆེན་བརྒྱུད་པ་ཁྲོ་ཕུ་བའི་ལུགས་དེ་དང་ཕལ་ཆེར་མཐུན་པ་ལས། རྗེ་རྣམ་རྒྱལ་བཀྲ་ཤིས། རྗེ་ རྣམ་རྒྱལ་ཕུན་ཚོགས། དེས་བདག་ལའོ། ། ༈ གཟུངས་ལས་འབྱུང་བའི་ལྷ་མོ་ནོར་རྒྱུན་མ་ཡང་ཛཾ་བྷ་ལ་སེར་པོ་གཙོ་རྐྱང་ཕྱག་ གཉིས་པ་དང་འདྲ། ། ༈ ནོར་རྒྱུན་མ་ཡ་མ་རིའི་ལུགས་ལ། རྒྱ་གར་ཤར་ཕྱོགས་ཀྱི་གྲུབ་ཐོབ་གཅིག་ལ། པཎྜི་ ཏ་ཡ་མ་རིས་ཞུས། དེ་ལ་པཎྜི་ཏ་ཨཾ་བྷ་ཙཱཪྻ། དེ་ལ་ཤཱཀྱ་བསྲུང་བ། འཇིམས་ལོཙྪ་བ། འཁམ་ པ་རྡོར་རྒྱལ། རྒྱལ་ཚ། ཀུན་ལྡན་རས་པ། ཁྲོ་ལོ་མན་ཆད་གསང་འདུས་ལྷན་སྐྱེས་དང་འདྲ། བ་ལང་རྫི་དང༌། ཡིད་འཕྲོག་ནོར་རྒྱུན་མ་ཡང་ཁྲོ་ལོ་མན་ཆད་དེ་དང་འདྲ་ལ། ལོཙྪ་བས་བུདྡྷ་ ཤྲཱི་ལ་ཞུས་སོ། ། ༈ གནོད་སྦྱིན་ཞ་འོན་རྡོ་རྗེ་བདུད་འདུལ་ནི། ཕྱག་རྡོར་ཁང་བརྩེགས་དང་བརྒྱུད་པ་ འདྲའོ། ། ༈ ཨ་པ་ར་ཛི་ཏ་ལ། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི། པྲ་ཧ་ཏི། བཱ་སུ་བྷ་ར། ཇོ་བོ་རྗེ། རིན་ཆེན་ བཟང་པོ། བུ་རང་ཁུ་བའི་དགེ་སློང་པུཎྱ་དྷ་ན། དགེ་སློང་པུཎྱ་བོ་དྷི། རྒྱ་ལྕགས་རི་བ། རྗེ་སྒམ་ པོ་པ། ཕག་གྲུ་པ། སྟག་ལུང་ཐང་པ་མན་ཆད་རྟ་མགྲིན་ཤྭ་ན་བཞི་སྐོར་དང་འདྲ། ། 15-1-762 ༈ ཚོགས་བདག་ཆགས་པ་རྡོ་རྗེ་དང༌། ཚོགས་བདག་དཀར་པོ་ཕྱག་བཞི་པ་ནི། རྡོ་རྗེ་ འཆང༌། ར་ཧུ་ལ། ཇོ་བོ་རྗེ། རྒྱ་བརྩོན་སེང༌། ཚུལ་ཁྲིམས་རྒྱལ་བ། ཕྱག་སོར་བ། སྤྱན་སྔ་བ། བྱ་ཡུལ་བ། ཕག་གྲུ་མན་ཆད་རྟ་མགྲིན་ཤྭ་ན་བཞི་བསྐོར་དང་འདྲ། ཡང་དཀར་པོ་ཕྱག་བཞི་ པ་འདི་ལ། ཇོ་བོ་རྗེ། ཁྱུང་པོ་རྣལ་འབྱོར་པ། རྨོག་ལྕོག་པ་སོགས་ཤངས་ཆོས་སྤྱི་དང་འདྲ་ བར་བྱས་ཀྱང་ཆོག ༈ དམར་པོ་ཕྱག་བཞི་པ་ཡང༌། རྡོ་རྗེ་འཆང༌། ཨ་བྷ་ཡཱ་ཀ་ར། ཙ་མི། རྒ་ལོ། འཁམ་པ་ ཨ་སེང༌། ཕག་གྲུ་མན་ཆད་གོང་བཞིན། ། ༈ ཀླུ་རྒྱལ་སོག་མ་མེད་དབྱུག་གུ་མ་སྤུན་གསུམ། ཁོལ་པོ་ཀུནྡ་ལི་གསུམ་གྱི་བརྒྱུད་ པ་ནི། ཕྱག་ན་རྡོ་རྗེ། ཇོ་བོ་རྗེ། ཨ་མེས་ཆེན་པོ། སྣེ་ཟུར་བ། རྒྱ་ལྕགས་རི་བ། དྭགས་པོ་ལྷ་ རྗེ། དུས་གསུམ་མཁྱེན་པ། འགྲོ་མགོན་རས་ཆེན་ནས་ཏྲེ་བོ་ཆོས་ཀྱི་རྒྱ་མཚོའི་བར་གོ་བཟློག་ ལྷན་ཅིག་སྐྱེས་མ་དང་འདྲ། དེ་ནས་རྗེ་བཙུན་གྲོལ་མཆོག སྟག་ལུང་རིན་པོ་ཆེ་རྣམ་རྒྱལ་ཕུན་ ཚོགས། དེས་བདག་ལའོ། ། ༈ མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པ། ནག་པོ་བར་ཆད་ཀུན་སེལ། མགོན་ དཀར། མགོན་སེར། མགོན་དམར། མགོན་ལྗང་སྟེ་རིགས་ལྔ་ལ། རྡོ་རྗེ་འཆང༌། ཤཱ་ཝཱ་རི། མཻ་ཏྲི་བ། ཡང་རྡོ་རྗེ་འཆང༌། ཨ་ཏ་ཡ་བཛྲ། ར་ཧུ་ལ། མཁས་གྲུབ་ཁྱུང་པོ། རྨོག་ལྕོག་པ་དང༌། ཞང་སྒོམ་ཆོས་སེང༌། དེ་གཉིས་ལས་སྐྱེར་སྒང་བ། གཉན་སྟོན་ཆེན་པོ། སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན་རིན་ཆེན་འབུམ། ཁྱུང་པོ་ཚུལ་མགོན། རས་ཆེན་སངས་རྒྱས་སེང་གེ ཤངས་དཀར་བ། སྐུགས་ལུང་པ། སངས་རྒྱས་དཔལ་བཟང༌། སྒྲུབ་ཆེན་ནམ་མཁའ་རྒྱལ་ མཚན། རྒྱ་སྒོམ་ལེགས་པ་རྒྱལ་མཚན། རྗེ་བཙུན་ཀུན་དགའ་གྲོལ་མཆོག རྩ་བརྒྱུད་ཀྱི་བླ་ མ་ཀུན་འདུས་ཀྱི་ངོ་བོ་རྗེ་བཙུན་བྲག་སྟོད་པ་ལྷ་དབང་གྲགས་པ། དེས་བདག་ལའོ། །འཇག་ 15-1-763 གདན་རབས་ནས་བརྒྱུད་པ་དང༌། མཚེའུ་གོང་སྟོན་ནས་བརྒྱུད་པ་མཁན་ཆེན་རིན་པོ་ཆེ་ལ། རྗེ་བྱམས་པ་ལྷུན་གྲུབ་ཀྱིས་གསན། དེ་ལ་བདག་གིས་ཞུས། ཡང་པཎ་ཆེན་རིན་པོ་ཆེ་ནས་ བརྒྱུད་པ་རྗེ་རྡོ་རིང་བ་ལའང་ཞུས་ཏེ་མགོན་པོ་དཀར་ནག་གཉིས་ཁོ་ནའོ། ། ༈ མགོན་པོ་ཕྱག་བཞི་པ། གྲུབ་ཆེན་ཞི་བ་སྦས་པའི་ལུགས་ལ། ཧེ་རུ་ཀ རྡོ་རྗེ་མཁའ་ འགྲོ་མ། ནཱ་གཱརྫུན། ནཱ་ག་བོ་དྷི། ཤྲིཾ་གི་པ། བོ་དྷི་བྷ་དྲ། རཏྣ་ཨཱ་ཀ་ར་གུཔྟ། ཤཱཔྟ་ཀ་ར། དྷརྨཱ་ ཀ་ར། ཤཱཀྱ་རཀྵི་ཏ། སུ་ཛཱ་ཏ་ཝརྨ། བི་མུཀྟ་དེ་བ། རཱ་ཏི་གུཔྟ། གྲུབ་ཆེན་ཞི་བ་སྦས་པ། དེ་ལ་ གྲུབ་ཆེན་བུདྡྷ་ནཱ་ཐ་དང༌། པུརྞ་བཛྲ་གཉིས་ཀྱིས་གསན། དེ་གཉིས་ཀྱིས་བདག་ལའོ། ། ༈ ཕྱག་བཞི་པ་ནགས་རིན་ལུགས་ལ། རྡོ་རྗེ་འཆང༌། ཀླུ་སྒྲུབ། ཀླུ་བྱང༌། སྲུང་བའི་ ཞབས། ཆོས་ཀྱི་སྦས་པ། རིན་ཆེན་དཔལ། སེང་གེ་རྒྱལ་མཚན། མིའི་སེང་གེ།དོན་ཡོན་ རྡོ་རྗེ། དགེ་འདུན་དཔལ། རིན་ཆེན་རྒྱལ་མཚན། འདྲེན་པའི་དཔལ། ཆོས་དཔལ་བཟང་པོ། ཕྱོགས་གྲོལ། ཤཱཀྱ་མཚོ། ལེགས་སྐྱེས། སངས་རྒྱས་དབྱངས། ནགས་ཀྱི་རིན་ཆེན། གཙང་ ཆུང་པ་ཆོས་གྲགས། ཆོས་རྗེ་ཀུན་དགའ་དཔལ་འབྱོར། རྗེ་ནམ་མཁའ་རིན་ཆེན། རྗེ་བཙུན་ ལྷ་དབང་གྲགས་པ། དེས་བདག་ལའོ། །འདི་ནི་ཀླུ་སྒྲུབ་ཀྱི་གཞུང་ཆུང་ལྷད་མེད་དེའི་ལུགས་ ཡིན། ། ༈ མགོན་པོ་ཕྱག་བཞི་པ་རྒ་ལོའི་ལུགས་མཐིང་ཁ་དང༌། ལྷ་མོ་ཙཎྜི་ཀཱ། ལས་མགོན་བྱ་ རོག་གདོང་གསུམ་ནི། ཐམས་ཅད་དུ་བརྒྱུད་པ་གཅིག་ཅིང༌། མགོན་དམར་རྐང་གླིང་ཅན་ནི། རྒ་ལོའི་ལྷོ་པ་སྤྲེ་སྟོན་ལ་གནང་བ་ཡིན་ནའང༌། དེ་ནས་ཡར་བྱོན་གྱི་བར་བརྒྱུད་པ་གསལ་ ཁ་མེད། དེ་མན་ཆད་འདྲའོ། །དེ་ལ་ཕག་གྲུའི་ལུགས་ལྟར་ན། རྡོ་རྗེ་འཆང༌། ཀླུ་སྒྲུབ་སྙིང་ པོ། ཨཱརྱ་དེ་བ། རྟ་དབྱངས་རྡོ་རྗེ་གདན་པ། ཨ་བྷ་ཡཱ་ཀ་ར། ཙ་མི། རྒ་ལོ། །ཕག་གྲུ། ཐང་ པ། རཏྣ་ནཱ་ཐ། སངས་རྒྱས་ཡར་བྱོན། མངྒ་ལ་གུ་རུ། སངས་རྒྱས་དཔལ་བཟང༌། རཏྣ་གུ་ 15-1-764 རུ། རཏྣ་ཀ་ར། ཀ་དྲུག་པ་རིན་ཆེན་དཔལ་བཟང༌། འབལ་རིན་ཆེན་སེང་གེ། བླ་མ་སྨོན་ལམ་ དཔལ་འབྱོར། ངག་དབང་གྲགས་པ། ཚུལ་ཁྲིམས་མཆོག་གྲུབ། རྣམ་རྒྱལ་བཀྲ་ཤིས། རྗེ་ བཙུན་ཀུན་དགའ་བཀྲ་ཤིས་ཁུ་དབོན་གཉིས་ཆར་ལ་བདག་གིས་འཚལ་ལོ། །ཡང་འཚལ་ ལུགས་ལྟར་ན། རྒ་ལོ་ཡན་ཆན་དོན་གཅིག་ཀྱང་འདྲེན་ལུགས་མི་འདྲ་སྟེ། རྡོ་རྗེ་འཆང༌། ཕྱག་ ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ལྕམ་ལེགས་སྨིན། ཀླུའི་བུ་ཐུབ་པ་མོ། སྒྲ་གཅན་འཛིན་བཟང་པོ། ཀླུ་ སྒྲུབ། ཨཱརྱ་དེ་བ། རྟ་དབྱངས། དུས་འཁོར་བ། ཡང་ན་རྣལ་འབྱོར་མ། དྲིལ་བུ་པ། ཡན་ལག་ མེད་པའི་རྡོ་རྗེ། རྒ་རབ་རྡོ་རྗེ། དུས་འཁོར་བ། ཨ་བྷ་ཡ། ཙ་མི། རྒ་ལོ། ཞང་འཚལ་པ། ལྷ་ ཕྱུག་པ། སངས་རྒྱས་འཚལ་པ། བླ་མ་བསམ་རྫོབ་པ། བླ་མ་དབོན་པོ། ཀུན་མཁྱེན་རྒྱལ་པོ། ལེགས་པའི་རྒྱལ་མཚན། ཉི་མ་རྒྱལ་མཚན། སྐྱེས་མཆོག་ཐར་པ་བ། གྲུབ་ཆེན་རྒྱལ་འབུམ། བཟང་པོ་རྒྱལ་མཚན། དཔལ་ལྡན་སངས་རྒྱས། ངག་དབང་གྲགས་པ། སྐུ་རགས་པ་བྱང་ སེམས་ཤེར་དཔལ་ལ། རྗེ་བྲག་སྟོད་པས་གསན། དེས་བདག་ལའོ། །ཡང་ན། ཞང་འཚལ་ པ། གཙང་པ་རྒྱ་རས། དེ་ནས་རྗེ་ཀུན་དགའ་དཔལ་འབྱོར་གྱི་བར། བར་འབྲུག་གི་བླ་རབས་ རྣམས་དེད་ནས། འདར་སྨྱོན་ཧེ་རུ་ཀ རྗེ་བྲག་སྟོད་པ། དེས་བདག་ལའོ། ། ༈ ཏིང་ངེ་འཛིན་གྱི་དབང་བསྐུར་གྱི་བརྒྱུད་པ་ནི། རྒ་ལོ། ཕག་གྲུ། སློབ་དཔོན་རྩེ་ལུང་ པ། འབྲི་ཁུང་འཇིག་རྟེན་གསུམ་མགོན། སྤྱན་སྔ་བ། ཡང་དགོན་པ། སྤྱན་སྔ་རིན་ལྡན། ཟུར་ ཕུག་པ། འབར་ར་བ། གཉན་རས་པ། རྗེ་ཀུན་དགའ་དཔལ་འབྱོར་ནས་གོང་བཞིན། ། ༈ མགོན་པོ་གུར་ལྕམ་དྲལ་ལ། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ། ཤྲདྡྷ་ཀ་ར་ཝརྨ། ལོཙྪ་བ་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ། ས་ སྐྱ་པ་གོང་མ་ལྔ། ཨ་གཉན་དམ་པ། བདག་ཉིད་ཆེན་པོ་བཟང་པོ་དཔལ། དགའ་ལྡན་པ་ཀུན་ བསོད། གན་པ་རིན་རྒྱལ། བླ་མ་དམ་པ། ཐེག་ཆེན་ཆོས་རྗེ། སྤྱན་སྔ་ཀུན་དགའ་རྒྱལ་མཚན། 15-1-765 པཎ་ཆེན་རིན་པོ་ཆེ། སྤྱང་ལུང་པ། རྗེ་བཙུན་གྲོལ་མཆོག འཇམ་དབྱངས་ཀུན་དགའ་རྒྱལ་ མཚན། དེས་བདག་ལའོ། །ཡང་ན། བླ་མ་དམ་པ། དཔལ་ལྡན་པ། ཤར་ཆེན། ངོར་ཆེན། ཆུ་ མིག་བདག་ཆེན། པཎ་ཆེན་རིན་པོ་ཆེ་ནས་བརྒྱུད་ཀྱང་ཆོག ༈ ལྷ་བརྒྱད་ལ་ཡང་དེ་དང་འདྲ་བའམ། པཎ་ཆེན་རིན་པོ་ཆེ། བྲག་དཀར་སེམས་དཔའ། རྗེ་རྡོ་རིང་པ་བྱས་ཀྱང་ཆོ་ག །ཡང་རྡོ་རིང་ཀུན་སྤངས་རིན་པོ་ཆེ་ནས་བརྒྱུད་ཀྱང་ཆོག་པ་ སོགས་སྣ་ཚོགས་ཡོད་དོ། །ཡང་མགོན་པོ་ལྷ་བརྒྱད་ལ། ས་ཆེན། ཡར་སྒོམ་སེ་པོ། རྒྱ་ཆ་ལུང་ མང་པོ། ཡོན་ཏན་ཁྲི། དྲིན་ཅན་སེང་གེ་བཟང་པོ། ཡར་ལུང་བ་སེང་རྒྱལ། རྒྱལ་བ་མཆོག་ དབྱངས། ནམ་མཁའ་རྒྱལ་མཚན། བློ་གྲོས་རྒྱལ་མཚན། ཀུན་དགའ་མཆོག་གྲུབ། རྗེ་གྲོལ་ མཆོག་མན་གོང་བཞིན། ། ༈ མགོན་པོ་ཕུར་ཞབས་མ་ལ། རྡོ་རྗེ་སེམས་དཔའ། སློབ་དཔོན་པདྨ། འཁོན་ཀླུའི་ དབང་པོ་སྲུང་བ། རྡོ་རྗེ་རིན་ཆེན། ཤེས་རབ་ཡོན་ཏན། དགེ་སྐྱབས། དགེ་མཐོང༌། བལ་པོ། ཤཱཀྱ་བློ་གྲོས། ཤེས་རབ་ཚུལ་ཁྲིམས། དཀོན་མཆོག་རྒྱལ་པོ། གོང་མ་བཞི། ཁའུ་བ་འོད་ལྡན་ དཔལ། བུ་ལུང་པ་ཀུན་དགའ་རྡོ་རྗེ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་ དམ་པ། ཐེག་ཆེན་ཆོས་རྗེ། བདག་ཆེན་གྲགས་བློ་བ། བདག་ཆེན་བློ་གྲོས་དབང་ཕྱུག རྗེ་ ཀུན་དགའ་མཆོག་གྲུབ། རྗེ་བཙུན་གྲོལ་མཆོག དེས་རྗེ་རྡོ་རིང་བ་དང༌། བྲག་སྟོད་པ་གཉིས་ ཆར་ལ། དེས་བདག་ལའོ། ། ༈ གུར་ཡུམ་ཅན་ཀླུ་སྒྲུབ་ལུགས་ལ། པཎྜི་ཏ་ནགས་ཀྱི་རིན་ཆེན་ཡན་ཕྱག་བཞི་པ་ ནགས་རིན་ལུགས་དང་འདྲ། དེ་ནས་སྤྱན་སྔ་ཀུན་དགའ་རྡོ་རྗེ། སྤྱན་སྔ་བློ་གྲོས་པ། སྤྱང་ལུང་ གཞོན་ནུ་ཆོས་གྲུབ། རྗེ་བཙུན་གྲོལ་མཆོག ཕ་བླ་མ་བྲག་སྟོད་པ། དེས་བདག་ལའོ། ། ༈ རྒྱུད་མགོན་རྔོག་ལུགས་ལ། རྡོ་རྗེ་འཆང༌། ཏེ་ལོ་པ། ནཱ་རོ་པ། ལྷོ་བྲག་མར་པ། རྔོག་ 15-1-766 ཆོས་སྐུ་རྡོ་རྗེ། རྔོག་མདོ་སྡེ། ཀུན་དགའ་དཔལ། གཟི་བརྗིད་གྲགས་པ། རིན་ཆེན་བཟང་པོ། ཆོས་རྒྱལ་བ། དོན་གྲུབ་དཔལ། བྱང་ཆུབ་དཔལ། བཀྲ་ཤིས་དཔལ་གྲུབ། བྱང་ཆུབ་དཔལ་ གྲུབ། བྱང་ཆུབ་གྲགས་པ། རྔོག་བློ་གྲོས་དཔལ་བཟང་པོ། དགེ་སློང་ཡེ་རྡོར་བ། རྗེ་བྱམས་པ་ ལྷུན་གྲུབ། དེས་བདག་ལའོ། ། ༈ མགོན་པོ་སྟག་ཞོན། བདེ་བཀའ་མ། གཏེར་མ་སྟེ་གསུམ་གྱི་བརྒྱུད་པ་ནི། ཕྱག་ན་རྡོ་ རྗེ། ཤཱནྟི་གརྦྷ། རོམ་བུ་གུ་ཧྱ་ཙནྡྲ། ཁྲག་འཐུང་ནག་པོ་སྒེག་པའི་རྡོ་རྗེ། བལ་པོ་བཱ་སུ་དྷ་ར། སྣུབས་ཆེན། སངས་རྒྱས་ཡེ་ཤེས། བྲང་དར་ཀུན་གྲགས། སོག་བན་འབུམ་གྲགས། སྐྱོ་བན་ མཐུ་ཆེན། ལྕེ་མདོ་སྡེ་སེང་གེ། ལྕེ་བློ་ལྡན་སེང་གེ། ལྕེ་བཙུན་རིན་ཆེན་དཔལ། ལྕེ་དབང་ཕྱུག་རྡོ་ རྗེ། བླ་མ་ཆོས་གྲགས། ཆོས་རྗེ་ཆོས་རྒྱལ་དཔལ་བཟང༌། རྗེ་རིན་ཆེན་སེང་གེ། མོན་རྫོད་ཟླ་ བ་རྒྱལ་མཚན། རྡོ་རིང་ཀུན་སྤངས་པ། རྗེ་གྲོལ་མཆོག རྗེ་ལྷ་དབང་གྲགས་པ། དེས་བདག་ ལའོ། ། ༈ ལེགས་ལྡན་མཆེད་གསུམ་ལ་གདུགས་དཀར་དང་འདྲ་བ་ལས། རྗེ་བཙུན་གྲགས་ རྒྱལ། ཕོ་རོག་མདོ་སྡེ་མགོན་པོ། རྒན་མོ་ལྷས་པ་སོགས་སོ། ། ༈ ཨཾ་གྷོ་ར་ལ། ཀླུ་སྒྲུབ། མེ་ཏོག་གླིང་པ། སྭ་ན་བོ་དྷི། བཱ་ལིཾ་རྣལ་འབྱོར། ཀུ་ཆི་པ། དྷ་ ན་སིངྐྲི་ཏ། དམ་པ་སངས་རྒྱས། ཀུན་དགའ། པ་ཚ་བ། ཏེ་ནེ། ཞིག་པོ་ཉི་སང༌། འཁྲུལ་ཞིག་ དར་སེང༌། སྙེ་མདོ་བསོད་ནམས་དཔལ། དཔལ་ཆེན་པ། ཀུན་ལྷུན་པ། ཆོས་རྒྱལ་པ། སྨན་ གཅིག་པ་ཤེས་རབ་བཟང་པོ། ཕ་རྒོད་ཀུན་རྡོར། འཇིགས་མེད་འོད་འཕྲོ། རྗེ་གྲོལ་མཆོག རྗེ་ བཙུན་ལྷ་དབང་གྲགས་པ། དེས་བདག་ལའོ། ། ༈ རྩིས་མགོན་དུ་གྲགས་པ་ལེགས་ལྡན་ཇོ་བོ་ལུགས་ལ། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་ སྲེད། ར་ཧཱུ་ལ། ཇོ་བོ། འབྲོམ། སྤྱན་སྔ། བྱ་ཡུལ་བ། མུས་སྨན་པ། གྲོ་སྟོན་བདུད་རྩི་གྲགས། 15-1-767 ཞང་སྟོན་ཆོས་འབྱུང༌། སངས་རྒྱས་སྒོམ་པ། མཆིམས། སྐྱོ་སྟོན་སྨོན་ཚུལ། བྱང་ཆེན་པ་བསོད་ ནམས་འཕེལ། བླ་མ་ཚུལ་རྒྱལ། བླ་ཆེན་བསོད་བློ། སྤྱན་སྔ་སྦྱིན་པ་དཔལ། མཁན་ཆེན་ གྲགས་དོན་པ། རྭ་སྟོན་པ། རྗེ་ཀུན་དགའ་མཆོག་གྲུབ། རྗེ་གྲོལ་མཆོག རྗེ་ཀུན་དགའ་བཀྲ་ ཤིས། དེས་བདག་ལའོ། ། ༈ གྲི་གུག་ལྷན་སྐྱེས་ཀྱང་མཁན་ཆེན་གྲགས་དོན་པ་ཡན་ཆད་དེ་དང་འདྲ་བ་ལས། མཁན་ཆེན་བསོད་ནམས་མཆོག་གྲུབ། མཁན་ཆེན་གནམ་རྩེ་ལྡེང་བ། གནས་བརྟན་ལྷ་ཆུང་ བ། རྗེ་བྱམས་པ་ལྷུན་གྲུབ། དེས་བདག་ལའོ། ། ༈ ལྷོ་ནུབ་མགོན་པོ་ལ། སངས་རྒྱས། ཀླུ་སྒྲུབ། ཀླུའི་བྱང་ཆུབ། ཛྙཱ་ན་བོ་དྷི། བཱིརྱ་མ་ ཏི། ར་ཧཱུ་ལ། ཇོ་བོ། འབྲོམ། པུ་ཏོ་བ། གྲུ་གུ་ཁ་ཆེ། ཀློག་སྐྱ་ལྷའི་དབང་ཕྱུག ཞང་སྟོན་རྡོ་ རྗེ་འབར། དབོན་པོ་བློ་གྲོས་རྒྱལ་མཚན། རྨ་སྟོན་པྲཛྙཱ་རང༌། མཁན་ཆེན་ཤེས་རབ་རྡོ་རྗེ། འདུལ་འཛིན་དགོན་རྒྱལ། མཁན་ཆེན་དཀོན་མཆོག་དར། མཁན་ཆེན་བསམ་འགྲུབ་རྒྱལ་ མཚན། སློབ་དཔོན་བརྩོན་འགྲུས་འབར། འོད་འཇོ་བ་ནམ་མཁའ་བསམ་འགྲུབ། པཎ་ཆེན་ ངག་དབང་གྲགས་པ། ལོ་པ་སྤྱན་སྔ་ངག་དབང་ཆོས་གྲགས། རྗེ་བཙུན་ཀུན་དགའ་བཀྲ་ ཤིས། དེས་བདག་ལའོ། ། ༈ མགོན་པོ་བཞི་སྦྲག་ཀྱང་ལེགས་ལྡན་རྩིས་མགོན་དང་འདྲ་ལ། འདི་ལ་ལོ་པ་ཕྱོགས་ ནས་བརྒྱུད་པ་ཞིག་ཀྱང་ཐོབ་བོ། ། ༈ གྲི་གུག་མ་ཁ་ཆེ་པཎ་ཆེན་ལུགས་ལ། པཎ་ཆེན་ཉིད་ཡན་ཆད་ནི་བཙལ་བར་བྱ་ལ། ཁྲོ་ལོ་མན་ཆད་ནི་གསང་འདུས་ལྷན་སྐྱེས་དང་འདྲའོ། ། ༈ གྱི་ལྗང་ལྷ་བཅུ་བདུན་མ་ལ། མཆོག་སྲིད། བདེ་བའི་རྡོ་རྗེ། ཤྲདྡྷ་ཀ་ར། དཱི་པཾ་ཀ་ར། ལོ་ཆེན། དགེ་ཚུལ་པུརྞ་པ། རྒྱ་ལྕགས་རི་པ། རྫིང་བུ་ཁ་པ། སྤེན་ཕུག་པ། ཞང་སྟོན་ཡེ་ཤེས། 15-1-768 བཟོད་པ་དོན་གྲུབ། བར་ཐང་པ་ཡབ་སྲས། དར་མ་ཤཱཀྱ། པུར་བསོད་དབང༌། ལོ་མཆོག་པ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ། ཏ་དབེན་བློ་གྲོས་རྒྱལ་མཚན། ལོཙྪ་ཚུལ་ཁྲིམས་བརྟན་པ། དམར་སྟོན་པ། ཡར་དབོན་པ་བསོད་ནམས་རྣམ་རྒྱལ། མཁན་ ཆེན་ཤེར་ཟླ་བ། རྡོ་རིང་ཀུན་སྤངས་པ། རྗེ་བཙུན་གྲོལ་མཆོག རྗེ་བྲག་སྟོད་པ། དེས་བདག་ ལའོ། ། ༈ གྲི་གུག་ལྷ་དགུ་ལ། རྡོ་རྗེ་འཆང༌། ཏེ་ལོ་པ་ནས་ཨུ་རྒྱན་མགོན་པོའི་བར་རྣམ་སྲས་ཛྙཱ་ ན་ལུགས་དང་འདྲ། ཡོན་ཏན་རྒྱལ་མཚན། ཡོན་ཏན་འོད་ཟེར། བསོད་ནམས་རྒྱལ་མཚན། བློ་གྲོས་རིན་ཆེན། བསམ་གཏན་རིན་ཆེན། ཆོས་དཔལ་བཟང་པོ། མཁར་དྲུང༌། རྗེ་མཚོ་ སྐྱེས་རྡོ་རྗེ། རྗེ་ཀུན་དགའ་བཀྲ་ཤིས་ཁུ་དབོན། དེས་བདག་ལའོ། ། ༈ བེར་ནག་ཟངས་གྲི་ཅན་དང༌། གཅེར་བུ་ཟངས་གྲི་ཅན་ནི། ས་སྐྱ་གོང་མ་ལྔ་ཡན་ཆད་ གུར་ལྕམ་དྲལ་དང་འདྲ། དེ་ནས་ལོ་མཆོག་པ། སྤང་ལོ། བོ་དོང་འཇམ་རལ། བློ་བརྟན་བཞི་ པ། དྭགས་པོ་རྣམ་རྒྱལ། དྭགས་པོ་དོན་གྲུབ། དྭགས་པོ་རབ་འབྱམས་པ་ཕྱོགས་ལས་རྣམ་ རྒྱལ། ཏྲེ་བོ་ཆོས་ཀྱི་རྒྱ་མཚོ། རྗེ་བཙུན་གྲོལ་མཆོག མཁན་ཆེན་ལུང་རིགས་རྒྱ་མཚོ། དེས་ བདག་ལའོ། །ཡང་ན་རྗེ་གྲོལ་མཆོག མཁས་གྲུབ་སངས་རྒྱས་ཡེ་ཤེས། རྗེ་བྱམས་པ་ལྷུན་ གྲུབ། དེས་བདག་ལའོ། །འདི་ནི་རྗེས་གནང་གི་བརྒྱུད་པ་ཡིན་ལ། སྒྲུབ་སྐོར་གྱི་བརྒྱུད་པ་ནི། གུར་ལྷ་བརྒྱད་དང་འདྲའོ། ། ༈ ཚོགས་བདག་མགོན་པོ་ལ། གསང་བདག ལས་ཀྱི་རྡོ་རྗེ། དྷ་ན་སངྐྲི་ཏཱ། ཇོ་བོ་རྗེ། ལོཙྪ་བ་རིན་ཆེན་བཟང་པོ། དགེ་བའི་དཔལ། རིན་ཆེན་རྒྱལ་པོ། སྙེ་ཕུ་བ་རྒྱལ་མཚན་བཟང་ པོ། ཞང་རྔོ་རྔོག་པ། སྔགས་འཆང་ཐུགས་རྗེ་ཏིང་འཛིན། སློབ་དཔོན་ཁ་འུག་པ་བསོད་ནམས་ དཔལ། རྫོགས་ཆེན་ནམ་མཁའ་རྡོ་རྗེ། རྟོགས་ལྡན་ཧྲལ་པོ། རབ་འབྱམས་པ་རྒྱལ་མཚན་ 15-1-769 བཟང་པོ། སྤྱན་སྔ་བ་བསོད་ནམས་རྒྱ་མཚོ། མཁན་ཆེན་ཤཱཀྱ་བཟང་པོ། སྤྱ་སྔ་བཀྲ་ཤིས་རྣམ་ རྒྱལ། འཇམ་དབྱངས་བཀྲ་ཤིས་དཔལ་བཟང༌། རྗེ་མཚོ་སྐྱེས་རྡོ་རྗེ། རྗེ་རྣམ་རྒྱལ་ཕུན་ཚོགས། དེས་བདག་ལའོ། ། ༈ ཏྲཀྴད་གཉོས་ལུགས་ཕྱག་བཞི་པ་ལ། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། བྲམ་ཟེ་མཆོག་ སྲེད། མཁའ་འགྲོ་བདེ་སྟེར་མ། བཱ་ལིཾ་ཨཱཾ་ཙརྱ། གཉོས་ལོ་ཡོན་ཏན་གྲགས། སྲས་རྡོ་རྗེ་བླ་ མ། གཉོས་དཔལ་ལོ། གཉོས་གྲགས་པ་དཔལ། གཉོས་སངས་རྒྱས་རས་ཆེན། ལྷ་རིན་ཆེན་ དབང་རྒྱལ། མཁན་ཆེན་བྱང་ཆུབ་དར། གཉོས་གཟི་བརྗིད་རྒྱལ་པོ། གཉན་སྟོན་དཀོན་ མཆོག་རིན་ཆེན། ནམ་མཁའ་དཔལ། འཁྲུལ་ཞིག་ཀུན་རིན། འཇམ་དབྱངས་རྡོ་རྗེ་བླ་མ། བསོད་ནམས་གྲུབ་རྒྱལ། གྲགས་པ་འོད་ཟེར། གྲགས་པ་དབང་ཕྱུག ལྷ་བསྟན་པའི་རྒྱལ་ མཚན། རྗེ་གྲོལ་མཆོག རྗེ་བཙུན་བྲག་སྟོད་པ་ཆེན་པོ། དེས་བདག་ལའོ། །ཡང་ན། མཁན་ ཆེན་བྱང་དར། ལྷ་བསོད་ནམས་རྒྱལ་པོ། ལྷ་རིན་ཆེན་དབང་རྒྱལ་གསུམ་པོ་གང་རིགས་ལ་ ཀུན་མཁྱེན་སངྒྷ་བྷ་དྲས་ཞུས། དེ་ནས་བློ་གྲོས་བརྟན་པ། ཡོན་ཏན་རྒྱལ་མཚན། ཡོན་ཏན་ སྙིང་པོ། བྱང་སེམས་བསོད་རིན། བྲག་དཀར་སེམས་དཔའ། འཇམ་དབྱངས་ཀུན་དགའ་ རྒྱལ་མཚན། དེས་བདག་ལའོ། །འདིའི་དབང་བཞི་ནི་བརྒྱུད་པ་སྔ་མ་ཁོ་ན་འདེད་ལ། རྗེས་ གནང་རྒྱས་ཤོས་ཀྱི་བརྒྱུད་པ་ཕྱི་མ་ཁོ་ན་དང༌། རྗེས་གནང་འབྲིང་པོ་དང་གཏོར་དབང་ནི་ གཉིས་ཀར་ལ་འདེད་དོ། ། ༈ ཏྲཀྴད་དྭགས་པོ་ལུགས་ནི། དྷ་ན་སངྐྲི་ཏ། དཱ་ན་ཤཱི་ལ། ཁྲག་འཐུང་ནག་པོ། བ་སུ་དྷ་ ར། སྣུབས་སངས་རྒྱས་ཡེ་ཤེས། དེ་ནས་བར་ན་བརྒྱུད་པའི་གསལ་ཁ་མེད་ཀྱང་། དེ་ཉིད་ཀྱི་ སྐྱེ་བ་རྒྱ་ཞང་འབྲོམ། དགེ་བཤེས་རྒྱ་ལྕགས་རི་བ། རྗེ་སྒམ་པོ་པ། སྟོན་ཆུང་དར་ཡེ། ཐོན་མི་ སྟོན་སེང༌། སྙི་བ་ཇོ་སྲས། ལྷ་སྒོམ་པ། མི་བསྐྱོད་རྡོ་རྗེ། མཁན་ཆེན་ཆོས་རྒྱལ་མཚན། དབོན་ 15-1-770 པོ་བསོད་ནམས་ལྷུན་གྲུབ། སྔགས་འཆང་བཀྲ་ཤིས་སེང་གེ། བ་ཡོ་ཆོས་བཟང༌། སྟག་རྩེ་ འཚམས་པ། བླ་མ་དོན་གྲུབ་རྒྱལ་མཚན་པ། རྗེ་ཀརྨ་འཕྲིན་ལས་པ། སྤྱན་ལྔ་བཀྲ་ཤིས་རྣམ་ རྒྱལ། སློབ་དཔོན་བཀྲ་ཤིས་དཔལ་བཟང༌། རྗེ་མཚོ་སྐྱེས་རྡོ་རྗེ། རྗེ་ཀུན་དགའ་བཀྲ་ཤིས། དེས་བདག་ལའོ། །འདི་དང་བརྒྱུད་པ་ཅུང་མི་གཅིག་པ་ཞིག་རྗེ་ངག་དབང་རྣམ་རྒྱལ་ལ་ཡང་ ཐོས་སོ། ། ༈ ཏྲཀྴད་སེང་ཞོན་ཇོ་བོ་ལུགས་ནི། ཞང་རྡོ་རྗེ་འབར་ཡན་ཆད་ལྷོ་ནུབ་མགོན་པོ་དང་ འདྲ། མཁན་པོ་སྨོན་སྟོན། སློབ་དཔོན་རིན་རྒྱལ། གཞོན་ནུ་ཚུལ་ཁྲིམས། ཆོས་ཀྱི་རྡོ་རྗེ། ར་ སྒྲེང་བ་བསོད་ནམས་བཟང་པོ། འབྲོམ་སེང་གེ་རྒྱལ་མཚན། རྗེ་དགེ་འདུན་གྲུབ། གསང་ བདག་ཡེ་ཤེས་རྩེ་མོ། ལྷ་བཙུན་བློ་བཟང་རབ་བརྟན། རྗེ་བཙུན་གྲོལ་མཆོག རྗེ་བྱམས་པ་ ལྷུན་གྲུབ། དེས་བདག་ལའོ། ། ༈ ཏྲཀྴད་གྲི་གུག་མ་དང༌། ཏྲཀྴད་རྐང་ཐང་མ་གཉིས་ནི། གཉོས་ལུགས་ཀྱི་བརྒྱུད་པ་སྔ་ མ་ཇི་ལྟ་བ་བཞིན་ནོ། ། ༈ ཏྲཀྴད་མ་ནིང་ལ། སྲོག་བདུད་ཆེན་པོ། སློབ་དཔོན་པདྨ། ཙ་ཧུ་པ། ཤཱནྟིཾ་གརྦྷ། ཙརྱ་པ། ཉི་མའི་སྙིང་པོ། ཨ་ཙ་ར་ཊི་ཤ རྒ་རྣལ་འབྱོར་པ། གཤིན་རྗེ་ཁ་ཆེན། གཤིན་རྗེ་ཁ་ཆུང༌། ཡོན་ པོ་མཁན་པོ། རྒ་བསོད་ནམས་སེང་གེ། སྟག་ལུང་ངག་དབང་གྲགས་པ། སྦས་ཚུལ་མཆོག རྗེ་ རྣམ་རྒྱལ་བཀྲ་ཤིས། རྗེ་བཙུན་ཀུན་དགའ་བཀྲ་ཤིས་ཁུ་དབོན། དེས་བདག་ལའོ། །འདི་ལ་ ཨཱ་ཙཪྻ་ནག་པོ་ལུགས། རི་བོ་ཆེ་བའི་རྗེ་མཁར་དྲུང་ཡབ་སྲས་ནས་བརྒྱུད་པ་སྒྲུབ་སྐོར་དང་ བཅས་པ་ཞིག་ཐོབ་ཀྱང་བར་སྐབས་ཀྱི་བརྒྱུད་པ་མ་རྙེད་དོ། ། ༈ འབྲོང་ཞལ་ལ། དྭགས་པོ་ལུགས་དང་འདྲ་བ་ལས། རྗེ་དྭགས་པོ། སྐྱེས་བུ་ཡེ་ཤེས་རྡོ་ རྗེ། དུང་མཚོ་རས་པ། རྣམ་གྲོལ་བཟང་པོ། སངས་རྒྱས་རྡོ་རྗེ། བུ་ཆུང་དཔལ་བཟང༌། ནམ་ 15-1-771 མཁའ་རྡོ་རྗེ། རྒྱལ་བཟང་བ། བསོད་རྒྱམ་པ། ཤཱཀྱ་བྷ་དྲ། བཀྲ་ཤིས་རྣམ་རྒྱལ། མཚོ་སྐྱེས་རྡོ་ རྗེ། སྟག་ལུང་རིན་པོ་ཆེ་གྲོག་ཁ་བ་རྣམ་རྒྱལ་ཕུན་ཚོགས། དེས་བདག་ལའོ། ། ༈ དྭགས་པོ་ལུགས་གཏེར་མའི་བརྒྱུད་པ་ཡང་དེ་ཉིད་དང་འདྲ་བར་ཤེས་པར་བྱ་མོད་ ཀྱི། སྒྲུབ་ཐབས་དང་རྗེས་གནང་སྔ་མ་ལས་ལོགས་པ་མི་དགོས་སོ། ། ༈ ཤྭ་ནའི་ཞལ་ཅན་ལ། དྷ་ན་སངྐྲི་ཏ། ཤཱནྟི་གརྦྷ། དེས་གཏེར་དུ་སྦས་པ་སྤྱི་ལ་རྒ་རབ་ ཀྱིས་བཏོན། གཉོས་ལོཙྪ་བའི་ཕྱག་ཏུ་ཕུལ། དེ་ནས་གཉོས་ལུགས་ཀྱི་བརྒྱུད་པ་སྔ་མ་དང་ འདྲ་བ་ལས། རྗེ་གྲོལ་མཆོག རྗེ་གྲོག་ཁ་བ། དེས་བདག་ལའོ། ། ༈ ཞལ་བཞི་པ་བསྙེན་སྒྲུབ་ལས་གསུམ་ལ། རྡོ་རྗེ་འཆང༌། ཀླུ་སྒྲུབ། བ་ལིཾ་ཏ་པ། སངས་ རྒྱས་ཡེ་ཤེས། མར་མེ་མཛད། དཔལ་སྡེ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོཙྪ་བ། གནམ་ཁའུ་པ། ས་སྐྱ་གོང་མ་ལྔ། ཞང༌། བྲག་ ཕུག་པ། བླ་མ་དམ་པ། ཡར་ལུང་པ་སེང་རྒྱལ། བསོད་ནམས་རྒྱལ་མཆོག་པ། ནམ་མཁའ་ རྒྱལ་མཚན་པ། བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་སྤངས་རིན་པོ་ཆེ་དང༌། བྱང་སེམས་ཀུན་ དགའ་མཆོག་གྲུབ་གཉིས་ཆར་ལས། རྗེ་གྲོལ་མཆོག་གམ། ཡང་བླ་མ་དམ་པ། ཐེག་ཆེན་པ། བདག་ཆེན་ཞ་ལུ་པ། པཎ་ཆེན་རིན་པོ་ཆེ། སྤྱང་ལུང་པ། རྗེ་གྲོལ་མཆོག ཡང་ན། བླ་མ་དམ་ པ། དཔལ་ལྡན་པ། ཤར་ཆེན། ངོར་ཆེན། ཆུ་མིག་བདག་ཆེན། པཎ་ཆེན་སོགས་ཏེ་མཐར་ འཇམ་དབྱངས་ཀུན་དགའ་རྒྱལ་མཚན། དེས་བདག་ལའོ། ། ༈ དཀར་པོ་ཚེ་འཕེལ་སོགས་ཞལ་བཞི་པ་རིགས་བཞི་ལ། ལས་བཞི་མགོན་པོར་ གྲགས་པ་རྣམས་དང༌། གདོང་བརྙན་ཅན་ཏེ་རྣམ་པ་ལྔ་ལ། ནག་པོ་ཆེན་པོ། པཎྜི་ཏ་འབུམ་ ཕྲག་གསུམ་པ། གཉན་ལོཙྪ་བ། དབུས་ཕྲུག་ཕུར་བ་དང༌། ཤོངས་མའི་སྔགས་པ་ཚེ་རིང་ པོ། རྟོགས་ལྡན་མཚོ་དཀར་བ། སྤྱན་སྔ་སྐུ་མཆེད། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་ 15-1-772 པ་བསོད་ནམས་བཟང་པོ། ཐོ་བཙུན་དབང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། མདོ་ སྔགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། རྗེ་གྲོལ་མཆོག འཇམ་ དབྱངས་ཀུན་དགའ་རྒྱལ་མཚན། དེས་བདག་ལའོ། ། ༈ ཤ་ཟ་ལྕེ་སྤྱང་གདོང་ཅན་གྱི་བརྒྱུད་པ་ནི། གྲི་གུག་ལྷ་དགུ་ཇི་ལྟ་བ་བཞིན་ནོ། ། ༈ ལྷ་མོ་དུད་སོལ་མ་ལ། རྔོག་བློ་གྲོས་དཔལ་བཟང་ཡན་ཆད་མགོན་པོ་གུར་རྒྱུད་ མགོན་ཇི་ལྟ་བ་བཞིན་ལས། དེ་རྗེས་རྗེ་གྲོལ་མཆོག རྗེ་བཙུན་ལྷ་དབང་གྲགས་པ། དེས་ བདག་ལའོ། །ཡང་ན་རྔོག་བྱང་ཆུབ་དཔལ་བ། སྟག་ལུང་ངག་དབང་གྲགས་པ། སློབ་དཔོན་ ཚུལ་ཁྲིམས་མཆོག་གྲུབ། རྗེ་རྣལ་རྒྱལ་བཀྲ་ཤིས། རྗེ་ཀུན་དགའ་བཀྲ་ཤིས། རྗེ་ངག་དབང་ རྣམ་རྒྱལ། དེས་བདག་ལའོ། ། ༈ དམག་ཟོར་མ་ལ། ཨཱརྱ་དམར་པོ། ཞང་ཤེས་རབ་བླ་མ། [སྲས་]སངྒ་བྷ་དྲ། གཙང་ དར་འོད་པོ། རྡོ་རྗེ་རྩེ་མོ། ཞང་སྤེའུ་རིལ་པ་ཉི་མ་འོད། བསྟན་བཟང་པ་རིན་སྣམ། བསམ་ གླིང་པ། སངས་རྒྱས་འབྱུང་གནས། འཁོན་སྟོན་ཐུགས་རྗེ་རིན་ཆེན། བྱང་སེམས་རིན་ཆེན་ མགོན། རྒྱལ་སྲས་ཐོགས་མེད་པ། ལོ་ཆེན་བྱང་རྩེ། ལོ་ཆེན་གྲགས་རྒྱལ། བོ་དོང་ཕྱོགས་ ལས་རྣམ་རྒྱལ། རས་ཆེན་དཔལ་འབྱོར་བཟང་པོ། རྗེ་དབོན་མཐུ་སྟོབས་རབ་བརྟན། ཆོས་ རྗེ་ནམ་མཁའ་ལྷུན་གྲུབ། རས་པ་འཇམ་དབྱངས་རྒྱལ་མཚན། རྗེ་ལྷ་དབང་གྲགས་པ། དེས་ བདག་ལའོ། །འདི་ཡང་རྗེ་གྲོལ་མཆོག་ནས་བརྒྱུད་ཀྱང་ཆོག ། ༈ རང་བྱུང་རྒྱལ་མོར་གྲག་པ་ཕུར་བསྲུང་གི་དང་པོ་རེ་མ་ཏི་ལ་གསང་བདག པདྨ་འབྱུང་ གནས། ཡེ་ཤེས་མཚོ་རྒྱལ། ངམ་འདྲེ་གསལ་ལེ་འོད། ལང་ལབ་བྱང་ཆུབ་རྡོ་རྗེ། ཀྱི་ནག་གྱང་ འགྱེལ། ཀྱི་བྱང་ཆུབ་འབུམ། ཀྱི་སྟོན་བློ་གྲོས། འབྲེ་གེ་རད། ལྕེ་རིན་ཆེན་རྡོ་རྗེ། རྭ་ཆོས་ དབྱིངས་མན་འཇིགས་བྱེད་བསྡུས་པ་དང་འདྲ། 15-1-773 ༈ རང་བྱུང་རྒྱལ་མོ་གར་ལུགས་ཀྱང་སྒྲུབ་སྐོར་གྱི་ངོ་བོ་ནི་འདི་ཁོ་ན་ཡིན། རྗེས་གནང་ གི་བྱ་བ་དང༌། བརྒྱུད་པ་ནི་ཐ་དད་དོ། ། ༈ ལྷ་མོ་དུང་སྐྱོང་མ། བདུད་མོ་རེ་མ་ཏཱི། ཀླུ་མོ་ཕྱག་བཞི་མ། གནོད་སྦྱིན་རེ་མ་ཏཱི་སྟེ་བཞི་ པོ་ནི། བི་མ་ལ་མི་ཏྲ་ནས་བརྒྱུད་པ་རྙིང་མ་བཀའ་མ་ཞིག་ཡིན་ནའང་སྔོན་དུས་ཀྱི་བརྒྱུད་པ་ནི་ མ་རྙེད་དོ། །འོན་ཀྱང་རྭ་རྡོ་རྗེ་གྲགས་པས་ལོ་གསུམ་ལོན་པའི་ཚེ་ཞལ་གཟིགས། ལྷ་མོས་ཟླ་ བ་གསུམ་དངོས་སུ་ཁྱེར་ནས་མདོ་ཁམས་ལ་སོགས་པ་ཡུལ་སྣ་ཚོགས་བསྐོར། ཕྱིས་བསྒྲུབས་ པས་བྲན་བཞིན་དུ་འཁོལ་བའི་ཕྱིར་བརྒྱུད་པའི་ཐོག་མ་དེ་ནས་བརྩམས་ནས། འཇིགས་བྱེད་ བསྡུས་པ་དང་འདྲ་ཞིང༌། དེའི་ཆོས་སྐྱོང་གི་ཚུལ་དུ་སྦྱོར་གྱིན་ཡང་སྣང་ངོ༌། ། ༈ རྡོ་རྗེ་གཤོག་རྒོད་མ་ལ་བཀའ་མའི་བརྒྱུད་པ་ཡོད་ཀྱང་མ་ཐོབ། གཏེར་མའི་བརྒྱུད་པ་ ནི། སློབ་དཔོན་པདྨ་འབྱུང་གནས། མངའ་བདག་ཉང་རལ། སྲས་མི་བསྐྱོད་རྡོ་རྗེ། གུ་རུ་ཆོས་ དབང༌། སྲས་པདྨ་དབང་ཆེན། གྲུབ་ཐོབ་རྡོ་རས་པ། སྟོན་པ་ཡོན་ཏན་རྡོ་རྗེ། ཆོས་རྗེ་ཤེས་ རབ་པ། ཧེ་རུ་ཀ་པ། ཛྙཱ་ན་བྷ་དྲ། སངས་རྒྱས་ཡེ་ཤེས། ཡེ་ཤེས་རྒྱལ་མཚན། བསམ་གཏན་ རིན་ཆེན། ཆོས་དཔལ་བཟང་པོ། བསོད་ནམས་བཀྲ་ཤིས། མཚོ་སྐྱེས་རྡོ་རྗེ། རྗེ་རྣམ་རྒྱལ་ ཕུན་ཚོགས། དེས་བདག་ལའོ། ། ༈ ཨེ་ཀ་ཛ་ཊི་ནི། བདེ་མཆོག་མཁའ་ལྡིང་དང་བརྒྱུད་པ་འདྲའོ། ། ༈ ལྷ་མོ་ནམ་མཁའི་གོས་ཅན་མ་ལ། སངས་རྒྱས། སྒྲོལ་མ། ཇོ་བོ་ཡབ་སྲས། རྔོག་ ལེགས་ཤེ།མངའ་རིས་པ་ཤེས་རབ་རྒྱལ་མཚན། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། རྣལ་ འབྱོར་བ་དར་མ་རྒྱལ་མཚན། རིན་ཆེན་རྒྱལ་མཚན། ཞང་དར་རྒྱལ། སྟག་ཁ་བ་བྱང་ཆུབ་ བཟང་པོ། འབྲོམ་ནམ་མཁའ་རིན་ཆེན། འབྲོམ་གཞོན་ནུ་བློ་གྲོས། ལྷོ་པ་ཀུན་མཁྱེན། གྲ་ཕུ་ བ་ཆེན་པོ། བསོད་ནམས་འོད་ཟེར། བསོད་ནམས་རིན་ཆེན། ཆོས་གྲགས་པ། དཔལ་འབྱོར་ 15-1-774 བཟང་པོ། སྒྲ་པ་ཐུགས་རྗེ་དཔལ་བ། ལོཙྪ་བ་ཐུགས་རྗེ་བཟང་པོ། མཁན་ཆེན་བསོད་ནམས་ མཆོག་གྲུབ་མན། གསང་འདུས་འཇམ་རྡོར་དང་འདྲའོ། ། ༈ ལས་གཤིན་གྱིས་རིགས་དང་པོ་དང་གསུམ་པ་ལ་འཇིགས་བྱེད་རྭ་ལུགས་རོ་ལངས་ བརྒྱད་བསྐོར་གྱི་བརྒྱུད་པ་བཞིན་དེད་ཀྱང་ཤིན་ཏུ་ལེགས་ལ། འོན་ཀྱང་ད་ལྟར་གཙོ་ཆེར་ འདྲེན་པ་ནི། འཇིགས་བྱེད། མཁའ་འགྲོ་མ། ནཱ་ག་བོ་དྷི། ལ་ལི་ཏ་བཛྲ། ཛྙཱ་ན་ཀཱིརྟི། མི་ ཉག་སྒོ་དོན། ལོ་སྒོམ་ཞིག་པོ། ཀུ་མ་རཱ་ཛཱ། ཞང་སྟོན་བསོད་རིན། ཐང་སྟོང་ཤེས་རབ་རྒྱལ་ མཚན། རྡོ་རྗེ་བཟང་པོ། ཉང་སྟོད་ཨཱརྱ། གྲུབ་ཆེན་ཀུན་བློ། མཁན་ཆེན་དགེ་བ་རྒྱལ་མཚན། དྲུང་བཙུན་རིན་ཆེན་རྣམ་རྒྱལ། རྗེ་སངས་རིན། རྗེ་ལྷ་མཆོག་པ། རྗེ་གྲོལ་མཆོག མཁན་ཆེན་ རིན་པོ་ཆེ། དེས་བདག་ལའོ། །དེ་ཡང་གཙོ་བོར་ལས་གཤིན་བཅུ་གསུམ་མའི་བརྒྱུད་པ་ཡིན་ ནོ། །དམར་པོ་སྔ་མ་ནི། དགེ་བ་རྒྱལ་མཚན་ནས། ཤེས་རབ་ཟླ་བ། རྡོ་རིང་ཀུན་སྤངས་པ། དཀོན་མཆོག་གྲགས་པ། སྟག་ལུང་རིན་པོ་ཆེ་རྣམ་གཉིས། དེས་བདག་ལའོ། ། ༈ དུར་ཁྲོད་བདག་པོ་ལ། རྣལ་འབྱོར་མ། པདྨ་བཛྲ། ཤྲཱི་བཛྲ། ར་ཧུ་ལ། སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། བློ་གྲོས་བཟང་པོ། བཻ་རོ་ཙ་ན། དཔལ་ཆེན་རྒ་ལོ། ས་སྐྱ་པ་ཆེན་པོ་ནས་བདག་ ཆེན་བློ་གྲོས་རྒྱལ་མཚན་གྱི་བར་གུར་ལྷ་བརྒྱད་དང་འདྲ། དེ་ནས་དྲུང་བཙུན་དཔལ་རྒྱལ་བ། མུས་ཆེན་སངས་རིན། རྗེ་གྲོལ་མཆོག རྗེ་ཀུན་དགའ་རྒྱལ་མཚན། དེས་བདག་ལའོ། ། ༈ པུ་ཏྲའི་ཟུར་བཀའ་ལ། ཀླུ་སྒྲུབ། པདྨ་འབྱུང་གནས། དྷརྨ་པཱ་ལ། ལོ་ཆེན་རིན་བཟང་ མན་ཆད་གུར་མགོན་ལྕམ་དྲལ་ལམ། ལྷ་བརྒྱད་ཀྱི་བརྒྱུད་པའི་རྣམ་གྲངས་དེ་རྣམས་གང་ ལྟར་དེད་ཀྱང་ཆོག་གོ ། ༈ བྲན་བདུད་ལ། དཀར་པོ་རྣམ་གསུམ་ཡན་ཆད་གུར་དང་འདྲ་བ་ལས། དེ་ནས་དོ་ བ་སྟོན་ཚུལ། རྒྱལ་ཚ་ལོང་མང་པོ། ཡོན་ཏན་ཁྲི། སེང་གེ་བཟང་པོ། སེང་གེ་རྒྱལ་མཚན། 15-1-775 དཔལ་ལྡན་བློ་གྲོས། དམར་སྟོན་པ། ཆོས་རྗེ་ནམ་པ། ཆག་རིན་ཆེན་ཆོས་རྒྱལ། བདག་ཆེན་ རབ་མཛེས་པ། རྡོ་རིངས་ཀུན་སྤངས་པ། རྗེ་གྲོལ་མཆོག རྗེ་རྡོ་རིངས་པ། མཁན་ཆེན་རིན་པོ་ ཆེ། དེས་བདག་ལའོ། །ཡང་རྗེ་བྲག་སྟོད་པ་ལའང་ཐོབ། འདི་ཡང་པཎ་ཆེན་རིན་པོ་ཆེ་ནས་ བརྒྱུད་པ་འདོད་ན་གོང་མ་ལྔ་ཞང་བྲག་ཕུག་པ་བླ་མ་དམ་པ་སོགས་ཞལ་བཞི་པ་དང་འདྲའོ། ། འདིར་ནི་བླ་མ་གོང་མ་གསུང་པ་ལྟར་བཀོད་པ་ཡིན། ཡང་གཅེར་བུ་ཟངས་གྲི་དང་བྲན་ བདུད་འདི་གྱི་ལྗང་ལུགས་ཡིན་པར་ཡང་བྱེད་དོ། ། ༈ དཀར་མོ་ཉི་ཟླ་དང༌། བདུད་རྒྱལ་ཐོད་པའི་འཕྲེང་བ་ཅན་ལ། ས་སྐྱ་བ་ཆེན་པོ་ཡན་ ཆད་མགོན་པོ་ཕུར་ཞབས་ཅན་དང་འདྲ། དེ་ནས་གློ་བོ་རྡོ་རྗེ་སྲིན་པོ། གློ་བོ་རྡོ་རྗེ་འཛིན་པ། གློ་ བོ་ལོཙྪ་བ་ཤེས་རབ་རིན་ཆེན། འཕགས་པ། ཁའུ་པ་འོད་ལྡན་དཔལ། བུ་ལུང་པ་ཀུན་དགའ་ རྡོ་རྗེ། ལོ་མཆོག་པ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ། ཐེག་ཆེན་ ཆོས་རྗེ། བྲག་ཐོག་པ་བསོད་ནམས་བཟང་པོ། གོང་དཀར་རྡོ་རྗེ་གདན་པ། རྒྱ་སྟོན་བྱང་ཆུབ་ དབང་རྒྱལ། ཡངས་པ་ཅན་པ། ཤཱཀྱ་ཀུན་དགའ། བླ་མ་དམ་པ་དགེ་སློང་ཡེ་ཤེས་དབང་པོ། དེས་བདག་ལའོ། ། ༈ རྒྱལ་ཆེན་བཞིའི་བཀའ་གཏད་ལ། རྡོ་རྗེ་འཆང༌། གསང་བའི་བདག་པོ། བྷ་ཝ་བྷ་ དྲ། སྐལ་ལྡན་གྲགས་པ། ཀ་མ་ལ་རཀྵི་ཏ། ཏ་ཐཱ་ག་ཏ་རཀྵི་ཏ། བཻ་རོ་ཙ་ན་རཀྵི་ཏ། དེ་ལ་ སྟོད་ལུང་བཻ་རོས་གསན། དེ་ནས་བླ་མ་ཞང་འཚལ་པ། ཤཱཀྱ་ཡེ་ཤེས། སངས་རྒྱས་གཞོན་ནུ། སངས་རྒྱས་སྙིང་པོ། གསེར་ཁང་སྟེང་པ། སངས་རྒྱས་རིན་ཆེན་པ། ཤཱཀྱ་འབུམ། ཤཱཀྱ་བསོད་ ནམས། དབོན་པོ་ཆོས་བཟང༌། གྲགས་པ་དོན་གྲུབ། བསོད་ནམས་གྲུབ། དཔལ་ལྡན་སངས་ རྒྱས། མཁན་པོ་བྱང་ཆུབ་བསོད་ནམས། འཚར་ཁའི་འབྲི་ཁུང་མཁན་ཆེན། སངས་རྒྱས་ བཟང་པོ། རྗེ་ལྷ་དབང་གྲགས་པ། དེས་བདག་ལའོ། ། 15-1-776 ༈ མཁའ་འགྲོ་སྡེ་ལྔའི་གཏོར་དབང་གི་བརྒྱུད་པ་ནི། མཁའ་འགྲོ་སེང་གེའི་གདོང་ ཅན། མཁའ་འགྲོ་སྡེ་ལྔ། གྲུབ་པའི་དབང་ཕྱུག་ཁྱུང་པོ་རྣལ་འབྱོར། དགེ་བཤེས་གྷ་པ་ཆོས་ རྒྱལ། རྟོགས་ལྡན་ཞང་སྒོམ་ཆོས་སེང༌། དབོན་སྟོན་སྐྱེར་སྒང་པ། གཉན་སྟོན་སྦས་པའི་རྣལ་ འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། སློབ་དཔོན་གནས་རྙིང་པ་ཨའི་སེང་གེ། གསེང་ གླིང་པ་བཀྲ་ཤིས་དཔལ། བྲག་ཆེན་པ་རྡོ་རྗེ་དཔལ། བྱ་བཏང་ཆུའི་རྣལ་འབྱོར། ཞུ་སྟོན་ཚུལ་ ཁྲིམས་མགོན་པོ། སུམ་ཅུ་ཆོས་གྲགས་པ། མཉམ་མེད་པ་ཆོས་སྐུ་ཤཱཀྱ་རིན་ཆེན། ངག་དབང་ བློ་གྲོས། རྒྱ་སྒོམ་ཆེན་པོ། རྗེ་བཙུན་ཀུན་དགའ་གྲོལ་མཆོག རྡོ་རྗེ་འཆང་ལྷ་དབང་གྲགས་པ། དེས་བདག་ལའོ། ། ༈ ཚེ་རིང་མཆེད་ལྔའི་བརྒྱུད་པ་ནི། རྗེ་བཙུན་མི་ལ། [རྗེ་ལྷ་དབང་གྲགས་པ། འཇམ་མགོན་ཏཱ་ར་ ནཱ་ཐ། སྣང་ཐང་པ་རིན་ཆེན་རྒྱ་མཚོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ། གྲུབ་ཆེན་ངག་དབང་འཕྲིན་ལས། ཆོས་རྗེ་ཀུན་བཟང་ དབང་པོ། རིག་འཛིན་ཚེ་དབང་ནོར་བུ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། ཟུར་མང་ཚེ་དབང་ཀུན་ཁྱབ། མང་ཐོས་ཀརྨ་རིན་ ཆེན། ཀརྨ་འོད་གསལ་འགྱུར་མེད། མཁན་ཆེན་ངག་དབང་ཆོས་འཕེལ། ཀུན་སྤང་ཆོས་ཀྱི་འཕགས་པ། ངག་དབང་ཆོས་འཛིན་ རྒྱ་མཚོ། ངག་དབང་ཆོས་འབྱོར་དཔལ་བཟང་པོ། རྡོ་རྗེ་འཆང་ཆེན་པོ་སོགས།] དྭགས་པོ་རིན་པོ་ཆེ། ཕག་མོ་གྲུ་པ། རྗེ་འབྲི་ཁུང་པ། འབྲི་ཁུང་དབོན་རིན་པོ་ཆེ། གཅུང་རིན་པོ་ཆེ། [བླ་མ་ཨ་རྩེ།] སྤྱན་སྔ་རྡོར་ རྒྱལ། འབྲི་ཁུང་ལོཙྪ་བ་ནོར་བུ་དཔལ་ཡེ་ཤེས། ས་བཟང་འཕགས་པ། ངོར་ཆེན་ཀུན་དགའ་ བཟང་པོ། ཀུན་མཁྱེན་དགའ་བ་སྡོང་པ་ཆོས་རྒྱལ་དཔལ་བཟང༌། པཎྜི་ཏ་ཆེན་པོ་རྒྱལ་བ་ ཤཱཀྱ་མཆོག་ལྡན། དབུ་ལེགས་གྲུབ་ཆེན་བསོད་ནམས་རྒྱལ་མཚན། པཎ་ཆེན་དོན་ཡོད་གྲུབ་ པ། རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་བྲག་སྟོད་པ། དེས་བདག་ལའོ། །སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། སྒྲུབ་ཐབས་རྣམས་ཀྱི་བརྒྱུད་རིམ་བཤད་པའི་སྐབས་ཏེ་ཉི་ ཤུ་རྩ་ལྔ་པའོ།། །། 15-1-777 འདིར་སྨྲས་པ། སྲིད་ཞིའི་གནས་ན་ཕུན་ཚོགས་ཀུན་གྱི་ཕུལ། །བླ་མེད་བྱང་ཆུབ་སྒྲུབ་ པར་བྱེད་པའི་ལམ། །རྡོ་རྗེའི་ཐེག་པ་ལས་གཞན་ཡོད་མིན་ན། །ལམ་དེའི་རྩ་བ་ལྷའི་རྣལ་ འབྱོར་ཡིན། །སྲིད་ལམ་འཁྱམས་ཤིང་དུབ་པའི་སྡུག་བསྔལ་རྣམས། །ཀུན་གྱི་རྩ་བ་ཐ་མལ་ སྣང་ཞེན་ཏེ། །དེ་ཉིད་སྦྱོང་བར་བྱེད་པའི་ཐབས་མང་ཡང༌། །ལྷ་སྐུའི་རྣལ་འབྱོར་ཁོ་ན་གཙོ་ བོ་ཡིན། །ལྷག་པའི་ལྷ་ཀུན་ཡེ་ཤེས་ངོ་བོར་གཅིག །སྐུ་ཡི་རྣམ་འགྱུར་གཅིག་པུ་ཁོ་ནས་ ནི། །མོས་པ་ཐ་དད་དྲངས་བར་མི་ནུས་པས། །དཀྱིལ་འཁོར་དུ་མ་སྤྲུལ་ཞིང་བཤད་པར་ མཛད། །དེ་ཕྱིར་འོ་སྐོལ་རྒྱལ་བའི་རྗེས་འཇུག་ཀྱང༌། །གཅིག་པུ་ཁོ་ནས་ཆོག་སེམས་མི་བྱ་ བར། །ཐབས་ཚུལ་དུ་མ་མ་ཉམས་སྐྱོང་བར་རིགས། །དེས་ནི་རྒྱལ་བའི་དགོངས་པ་བསྐང་ བར་འགྱུར། །བདག་ཉིད་གཅིག་པུ་ཁོ་ནར་འབད་བྱེད་ཀྱང༌། །བརྒྱུད་ལྡན་ལུང་གི་བསྟན་པ་ མ་ཉམས་ན། །མོས་པ་སྣ་ཚོགས་རྗེས་སུ་བཟུང་ནུས་པས། །དེ་དག་རྣམས་ལ་ཕན་ཕྱིར་འདི་ བྲིས་སོ། །བདག་ལྟ་ཤིན་ཏུ་མ་བསྡམས་མི་མཁས་ལ། །གནས་ལུགས་མཐོང་བའི་ཡེ་ཤེས་ མེད་མོད་ཀྱི། །རྒྱ་བོད་ཀུན་གྱི་ཆོས་རྒྱུས་ཆེ་རབ་ཙམ། །མན་ངག་མང་དུ་ཐོས་ནས་འདི་ཉིད་ སྦྱར། །ཚུལ་འདིར་གཞན་དག་འཇུག་པ་དཀའ་མོད་ཀྱི། །རང་གི་ཐོས་པའི་བག་ཆགས་གསོ་ བ་དང༌། །ལྷག་པའི་ལྷ་རྣམས་དགྱེས་པ་བསྐྱེད་ཕྱིར་ཡིན། །སྐལ་མཉམ་འགའ་ལ་ཅུང་ཟད་ ཕན་ཀྱང་སྲིད། །དེ་ལྟར་མན་ངག་བདུད་རྩིས་བརླན་པའི་སྒྲུབ་ཐབས་ཆུ་གཏེར་མཐའ་ཡས་ ལས། །རྗེ་བོ་དམ་པའི་དྲིན་ལས་ཐོབ་པའི་ཞལ་ལུང་རི་དབང་སྒྲིལ་བར་བརྩོན། །རྣམ་དཔྱོད་ ནོར་རྒྱས་སྲུབ་ཐག་གིས་བསྐུལ་སྒྲུབ་ཐབས་ཉིན་བྱེད་སྣང་བ་འདི། །འཇིག་རྟེན་ཁམས་ འདིར་ཉིན་དང་ཉིན་ལ་རྟག་པར་ཡང་ཡང་འཆར་གྱུར་ཅིག །དགེ་བ་འདི་ཡིས་མཐའ་དག་ འགྲོ་བ་རྣམས། །ལྷག་པའི་ལྷ་འདི་རྣམས་ཀྱི་དངོས་ཐོབ་ནས། །ཟག་མེད་དག་པའི་དཀྱིལ་ འཁོར་མཐའ་ཡས་ལས། །བདེ་ཆེན་དགའ་སྟོན་མཆོག་ལ་རྟག་རོལ་ཤོག །དེ་ལྟར་ན་རྒྱུད་སྡེ་བཞི་ 15-1-778 ལས་གསུངས་པའི་ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཞེས་བྱ་བ་འདི་ནི། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བ་ སྟེ། དེ་ཡང་དང་པོར་སྒྲུབ་ཐབས་ཁ་ཅིག་བྲིས་ནས་རིང་ཞིག་ལོན་པ་ན། དགེ་བའི་བཤེས་གཉེན་མང་པོས་ཀྱང་སྒྲུབ་ཐབས་ཐོར་ བུ་མང་པོ་དག་བྱེད་པར་བསྐུལ་བས་རྐྱེན་བྱས་ཏེ། རང་ལོ་སུམ་ཅུ་རྩ་གཉིས་པ་ལ་འགོ་བརྩམས། བར་སྐབས་སུ་ལེ་ལོ་དང་རྣམ་ གཡེང་གིས་དུས་ཡུན་རིང་པོ་ལུས་པ་ལས། སླར་ཡང་གྲོགས་འགས་ཉེ་བར་བསྐུལ་ཏེ། ཆ་ཚང་བར་བགྱིས་པ་ནི། རང་ལོ་སོ་ བཞི་པ་དང་པོར་ཤར་བ་ཕུར་པ་སྤྲེའུའི་ལོ་མཆུའི་ཟླ་བའི་ཤེས་རབ་ཕྱོགས་ཀྱི་བཟང་པོ་གཉིས་པ་ལ། དཔལ་ནག་རྒྱལ་གྱི་དབེན་ གནས་ཇོ་མོ་ནང་དུ་སྦྱར་བའོ།། །།དགེ་ལེགས་འཕེལ། ཞུས་དག 15-1-779 ༄༅། །སྒྲུབ་ཐབས་བརྒྱ་རྩའི་ལག་ལེན་གསལ་བྱེད་བཞུགས། ༄༅། །ༀ་སྭཱ་སྟི། ན་མོ་བུདྡྷཱ་ཡ། སྒྲུབ་ཐབས་བརྒྱ་རྩའི་ལག་ལེན་གསལ་བྱེད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་སྟོན་པ་ཤཱཀྱའི་ཏོག །དེ་ལ་དད་པས་རབ་བཏུད་ནས། །སྒྲུབ་ཐབས་བརྒྱ་རྩ་ཡོན་ཏན་གྱི། ། འབྱུང་གནས་རྨད་བྱུང་འདིར་འཇུག་བྱ། །དེ་ལ་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་བྱེད་ཚུལ་ལག་ལེན་ནི་འདི་ཡིན་ཏེ། ཐོག་མ་ ཐུབ་པ་རྡོ་རྗེ་གདན་གྱི་མངོན་རྟོགས་དང་རྗེས་གནང་གི་ཆོ་ག་ཤེས་པར་བྱ་སྟེ། དུས་བཟང་པོ་ལ་སློབ་དཔོན་བཟང་པོས་སློབ་མ་ བཟང་པོ་ལ་སྦྱིན་ཏེ་དེ་ཡང་སྟེགས་བུ་གྲུ་བཞི་པ་རས་བཟང་པོས་གཡོགས་པའི་དབུས་སུ་མཎྜལ་གུར་གུམ་གྱིས་བྱུགས་པར། རྡོ་ རྗེ་གདན་གཙོ་འཁོར་གསུམ་གྱི་ཚོམ་བུ་དབུས་མ་ཆེ་བ། གཡས་གཡོན་དུ་ཆུང་བ་རེ་རེ་མཚར་དུ་བསྒྲིགས། བྱང་ཤར་དུ་མཚམས་ འཛིན་གྱི་མེ་ཏོག ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོག ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་ དུ་དྲི་ཆབ། བྱང་དུ་ལྷ་བཤོས། ཇི་ལྟར་བདེ་བར་གཏོར་མ་བཤམས། རྗེས་གནང་དུ་མ་ཞིག་རྗེས་ལ་སྦྲེལ་ནས་བྱེད་ན། ཇི་ཙམ་ བྱེད་པའི་ལྷ་བཤོས་ཀྱི་གྲངས་དང༌། གཏོར་གསོས་ཀྱི་མཐེབ་ཀྱུ། མེ་ཏོག་གསོ་ཆས། སྤོས་འབུལ་རྒྱུ། མཆོད་ཡོན། ཞབས་བསིལ། དྲི་ཆབ་གསོ་བ་དང༌། གཏོར་མ་སྦྱངས་ཆས་ཀྱི་ཆུ་རྣམས་སྟ་གོན་བྱ། སློབ་དཔོན་གྱི་མདུན་དུ་ལྕོག་རྩེའི་སྟེང་དུ་ཏིང་ཤག་དང་རྡོར་ དྲིལ་གང་འོས། སློབ་མ་རྣམས་ལ་འཐོར་རྒྱུའི་མེ་ཏོག་ཏིང་ཕོར་དང༌། སློབ་མ་རྣམས་ལ་འགྱེད་རྒྱུའི་མེ་ཏོག་ཀ་ཏོ་ར་རེ་ལས་ཀྱི་རྡོ་ རྗེའི་མདུན་དུ་མཎྜལ་དང༌། དེ་ལ་བྱུགས་པའི་ཆུ་དང་བཅས་པ་བཤམས། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་ རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ ལན་བདུན་མཛད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་ བཅས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་ བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་ ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་ 15-1-780 གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ། ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །རང་ སྐད་ཅིག་གིས་ཐུབ་པ་རྡོ་རྗེ་གདན་དུ་གསལ་བའི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་ སྟེང་དུ། ཡི་གེ་ཧཱུཾ་གསེར་གྱི་མདོག་ཅན། དེ་ལས་འོད་འཕྲོས་མདུན་གྱི་ནམ་མཁར་ཐུབ་པ་ ཆེན་པོ་གཙོ་འཁོར་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ བཛྲ་ས་མཱ་ཛཿ ༀ་ཤཱཀྱ་མུ་ནི་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ༀ་བཛྲ་དྷུ་ པེ་ཨཱཿཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ༀ་བཛྲ་གནྡྷེ་ཨཱཿཧཱུཾ། ༀ་བཛྲ་ནཻ་ཝེ་ཏེ་ཨཱཿཧཱུཾ། ༀ་བཛྲ་ཤཔྟ་ ཨཱཿཧཱུཾ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། ། འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་ དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་ འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ༀ་སྭ་བྷཱ་ཝ་ ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲི་ཕྱོགས་བཞིར་བདུད་བཞི། མཚམས་བཞིར་སེང་གེ་བཞིས་བཏེག་པའི་སྟེང་དུ། པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ ལས་རྡོ་རྗེ་སེར་པོ་ཧཱུཾ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཐུབ་པ་རྡོ་རྗེ་གདན་ སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། གཡས་ས་གནོན། གཡོན་ཏིང་ ངེ་འཛིན་གྱི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། ན་བཟའ་ཆོས་གོས་ ངུར་སྨྲིག་གསོལ་བ། དབུ་གཙུག་ཏོར་དང་བཅས་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། དེའི་གཡས་སུ་བྱམས་པ་སེར་པོ་གཡས་རིན་པོ་ཆེའི་རྔ་ཡབ། གཡོན་ཀླུ་ཤིང་གི་ཡལ་ག་མེ་ 15-1-781 ཏོག་དང་བཅས་པ་བསྣམས་པ། གཡོན་ན་སྤྱན་རས་གཟིགས་དཀར་པོ་གཡས་རིན་པོ་ཆེའི་ རྔ་ཡབ། གཡོན་པདྨ་བསྣམས་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ཤམ་ ཐབས་ཅན། བཅོམ་ལྡན་འདས་ཀྱི་ཞལ་རས་ལ་བལྟ་བའོ། །དེ་རྣམས་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐུབ་པ་རྡོ་རྗེ་གདན་གཙོ་འཁོར་གསུམ་གྱི་རྣམ་པར་ བཛྲ་ས་མཱ་ཛཿ ༀ་བཛྲ་ཨངྐུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་ཨཱ་བེ་ཤ་ཨཱཿ གཉིས་སུ་མེད་པར་ཐིམ། དེ་དག་གི་ཕྱག་རྒྱ་སྤྱི་འགྲོ་ལྟར་མཛད། ཡང་སྙིང་གའི་ཧཱུཾ་ལས་འོད་འཕྲོས། དེ་ བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཁྱེད་རྣམས་ཀྱིས་བདག་ ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། ༀ་སརྦ་ཏ་ཐཱ་ག་ཏ་ ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར་བས། བཅོམ་ལྡན་འདས་ ལ་མི་བསྐྱོད་པ། བྱམས་པ་ལ་རྣམ་སྣང་། སྤྱན་རས་གཟིགས་ལ་འོད་དཔག་མེད་ཀྱིས་དབུ་ བརྒྱན། ༀ་ཨཱཿབཛྲ་ཧཱུཾ་སྭཱཧཱ། ཞེས་བཟླས་ལ། མཐར་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱིས་ བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཛཿཧཱུཾ་བཾ་ཧོཿ འཁོར་གཉིས་ རང་ལ་ཐིམ་མོ། །ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ༀ་ཞུ་བ་ལས་བྱུང་བའི་མཆོད་ ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་དྭངས་ ཤིང་ཐོགས་པ་མེད་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་ པའི་སྤྲིན་གྱི་ཕུང་པོ་ལྟ་བུ་དཔག་ཏུ་མེད་པར་གྱུར། ༀ་ཨརྒྷཾ་ཨཿཧཱུཾ། ༀ་པཱ་དྱཾ་ཨཱཿཧཱུཾ། ༀ་བཛྲ་ པུཥྤེ་ཨཱཿཧཱུཾ་ནས་ཤཔྟ་ཨཱཿཧཱུཾ། ༀ་བཛྲ་སྥ་ར་ཎ་ཁཾ། ༀ་སྭ་བྷཱ་ཝ་ཤུདྡྷ་སོགས། སྟོང་པའི་ངང་ལས་དྲིའི་ མཎྜལ་གྱི་དབུས་སུ་རིན་པོ་ཆེའི་ཁྲི་ཞེས་པ་ནས་མདུན་བསྐྱེད་ཡིན་པས་བདག་ཉིད་མི་ཟེར། ཁྱེད་ཀྱིས་འདི་ 15-1-782 ལ་དབང་བསྐུར་ཞེས་འདོན་པ་སྤོ། གཞན་དབུ་བརྒྱན་པའི་བར་གོང་གི་བདག་བསྐྱེད་དང་འདྲ་བར་མཛད་ནས། ༀ་ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས། ཤཱཀྱ་མུ་ནི་ས་པ་རི་ཝ་ར་ཤཔྟ་ཨཱཿཧཱུཾ་གི་བར་ དང༌། ན་མཿསརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། ༀ་སརྦ་བིད་པུ་ར་པུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་བྷྱཿསྭཱཧཱ། མཆོད་ཡོན་སོགས་ཀྱི་ཕྱག་རྒྱ་བཅིང༌། སརྦ་བིད་ལ་གང་བའི་ཕྱག་རྒྱ་མཛད། ཐབས་མཁས་ཐུགས་རྗེ་ཆེ་སོགས་ དང༌། བྱམས་ཆེན་མེ་སོགས་དང༌། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། བཟླས་པ་བདུན་ཙམ་གྱིས་མཉེས་པར་ བྱས། ༀ་ཨཱཿཧཱུཾ་གིས་གཏོར་མ་བྱིན་གྱིས་བརླབས། ༀ་ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ ཕུལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་ གསོལ། ཞེས་བརྗོད། དེ་ནས་མཆོད་གཡོག་པ་གཅིག་གིས། ཐམས་ཅད་ལ་ཁྲུས་ཀྱི་ཕྱིར་ཆབ་བཏང༌། ནང་གི་མཆོད་གཡོག་ པས་མེ་ཏོག་འགྱེད་སྡུད་སྐབས་ཆ་གཉིས་བྱས་ལ། མེ་ཏོག་ཕྱེད་ཕྱེད་སློབ་མ་སོ་སོ་རང་གིས་ཚགས་བྱེད་དུ་འཇུག གསོལ་བཏབ་ ཀྱི་དུས་སུ་ཐལ་མོ་སྟོང་པར་མ་སོང་བ་བྱེད། ཕྱེད་བསྡུས་ལ་མཎྜལ་ཕུལ། གྲལ་དང་མེ་ཏོག་བཀྲམ་བསྡུ་ཟིན་པ་དང༌། འདི་སྐད་ ཅེས། འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་ འཕང་ཐོབ་པར་བྱ། དེའི་ཕྱིར་དུ་དམ་པའི་ཆོས་ཟབ་མོ་གསན་དགོངས་པ་བྱང་ཆུབ་ཀྱི་མཆོག་ ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པ་ཞུ། འདིར་རྒྱུད་སྡེ་བཞི་ལས་སྒྲུབ་ཐབས་དུ་ མ་གསུངས་པ་རྣམས་ལ། རྒྱ་གར་གྱི་སློབ་དཔོན་སོ་སོས་སྒྲུབ་ཐབས་མཛད་པ་རྣམས་ཕྱོགས་ གཅིག་ཏུ་བསྡུས་པའི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་བཞུགས་པ་ཡིན་ལ། བསྡུས་པ་ འདི་བྷ་ག་ལའི་པཎྜི་ཏ་གཞོན་ནུ་སྦས་པས་བསྡུས་པ་སྟེ། བ་རི་ལོ་ཙཱ་བས་བསྒྱུར་བ་འདི་ལ་ སྒྲུབ་ཐབས་གཟུངས་དང་བཅས་པ་དཔེ་སྣ་དགུ་བཅུ་གོ་དྲུག་ཡོད། ས་སྐྱ་བ་གོང་མ་རྣམས་ ལས་བརྒྱུད་ཅིང་ཐུགས་རྩིས་སུ་མཛད་པ་ཡིན་ལ། རྒྱ་གཞུང་རྣམས་ལ་ས་བཅད་དང་དཀའ་ གནས་ལ་དཔྱོད་པའི་མཆན་བུ་དང་ཊཱི་ཀ་རྣམས་ཡོད་པས་འདི་ནི་གཞུང་ཡང་ལེགས་པར་ བཤད་ནུས་ཤིང༌། ཤིན་ཏུ་ཡིད་ཆེས་པའི་གནས་ཡིན་པས། དེའི་ལུགས་ཀྱི་རྗེས་གནང་གི་ 15-1-783 ཆོ་ག་སྒྲུབ་པར་བགྱིད་པ་ལ། དང་པོ་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་གནང་སྒྲུབ་པར་བྱེད་པ་ ལ། སློབ་དཔོན་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ། མདུན་དུ་དྲིའི་མཎྜལ་གྱི་དབུས་ སུ་བཅོམ་ལྡན་འདས་བསྐྱེད་པ་ལ་མཆོད་བསྟོད་བཟླས་པས་མཉེས་པར་བྱ་བ་དང༌། གཏོར་ མ་རྣམས་སྔོན་དུ་སོང་ཟིན་པ་ནས། རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད་ཅེས་བྱ། སློབ་ མས་འདིར་མཎྜལ་ཕུལ། ཡང་བླ་མས་འདི་སྐད་ཅེས་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ ཟློས་གསུངས་ཤིག དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། ། དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར། མདུན་བསྐྱེད་ཀྱི་ལྷ་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་ དུ་རྒྱུན་བཤགས་དང་སྐྱབས་གསུམ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་བཟུང་བ་ལ་སོགས་ པ་བགྱིད་སྙམ་པའི་བསམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་ སྐྱབས་མཆི། །སོགས་གསུམ་དང༌། ཁྱད་པར་དུ་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་གནང་སྩལ་དུ་གསོལ་ སྙམ་པའི་འདུན་པས་འདིའི་རྗེས་ཟློས་ཀྱང་གསུངས་ཤིག སློབ་དཔོན་དགོངས་སུ་གསོལ། བདག་ལ་བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་གནང་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱི་གསོལ་བ་བཏབ་ནས། ད་སྦྱོར་བ་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་ པ་འདི་བཞིན་མཛད་པ་ཞུ། ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཕྱི་ནང་གི་དངོས་པོ་ ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། རིན་པོ་ཆེའི་ཁྲི་སོགས་དང༌། ཁྱེད་རང་རྣམས་བཅོམ་ལྡན་འདས་ཐུབ་པ་ཞེས་སོགས་ནས། བལྟ་བའོ། །ཞེས་པའི་བར་གཙོ་འཁོར་གསུམ་ བདག་བསྐྱེད་བཞིན་གསལ་བཏབ་བོ། །དེ་ནས་སློབ་དཔོན་ཡང་རང་གིས་བསྒོམ་པ་དང་འདྲ་བའི་ཐུབ་ པ་རྡོ་རྗེ་གདན་དངོས་ཡིན་སྙམ་པའི་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། 15-1-784 ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་དང༌། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་ དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུབ་པ་རྡོ་རྗེ་གདན་འཁོར་དང་བཅས་པའི་སྐུ་ཆེ་ཆུང་མ་ ངེས་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ལ་སོགས་པ་དང་བ་སྤུའི་བུ་ག་ རྣམས་ནས་ཆར་བབས་པ་བཞིན་དུ་སིབ་སིབ་ཐིམ་པར་མོས་པ་མཛོད། ཛཿཧཱུཾ་བཾ་ཧོཿ གཉིས་ སུ་མེད་པར་ཐིམ། དེ་དག་ནི་རྗེས་གནང་གི་གཞི་དགོད་པའོ། ། རྗེས་གནང་དངོས་ལ་ལུང་གསུམ་ལས། དང་པོ་རྗེས་སུ་བཟླས་པའི་ལུང་བླང་བའི་ཕྱིར། སློབ་དཔོན་གྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སེར་པོ། དེ་ལས་སྔགས་ཀྱི་འཕྲེང་ བ་བྱུང༌། སློབ་དཔོན་གྱི་ཁ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་ སྟེང་དུ་ཧཱུཾ་སེར་པོ་གནས་པ་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་འཕྲེང་དང་ ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་ཧཱུཾ་ལ་ཐིམ་པའི་མོས་པ་མཛོད་ལ། སྔགས་འདིའི་རྗེས་ ཟློས་ལན་གསུམ་གསུངས་ཤིག ༀ་ཨཱཿབཛྲ་ཧཱུཾ་སྭཱཧཱ་གསུམ། དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། གཉིས་ པ་བྱིན་གྱིས་བརླབས་པའི་ལུང་ནི། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ ཟློས་མཛོད་ཅིག བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་ དུ་གསོལ། །ཞེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ ཏེ། ཁྱེད་རང་གི་སྤྱི་བོར་ཕུལ་བར་མོས་པ་མཛོད་ཅིག སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་ གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་ 15-1-785 རྣམས་ལ་བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་ བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག ། གསུམ་པ་དམ་བཅའ་བའི་ལུང་གི་ཕྱིར། བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་འདི་ ཉིད་ཇི་སྲིད་བྱང་ཆུབ་མ་ཐོབ་བར་གྱི་ཡི་དམ་དུ་བཟུང་ངོ༌། །བདག་ཐུགས་ཀྱིས་མ་བཏང་ ཞིག་སྙམ་པའི་བསམ་པས་འདིའི་རྗེས་ཟློས་གསུངས་ཤིག སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བ། དུས་འདི་ནས་གཟུང་ནས། ཇི་སྲིད་བྱང་ཆུབ་ སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་འཁོར་དང་བཅས་པ་ཡི་ དམ་གྱི་ལྷར་བཟུང་ནས། འདིའི་གསང་སྔགས་ཉི་མ་རེ་རེ་བཞིན་འདི་ཙམ་རེ་འདོན་པར་དམ་ བཅའ་ལགས་སོ། །ཞེས་ལན་གསུམ་བརྗོད། དེའི་དངོས་གཞི་ལུང་གསུམ་སོང༌། ད་ནི་རྗེས་བྱིན་ གྱིས་བརླབ་པའི་ཕྱིར། མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་དུང་བ་དང༌། བདག་གི་རྒྱུད་ བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་མཛད་པས། མདུན་གྱི་ལྷའི་ཐུགས་ཀ་ནས། ཐུབ་པ་རྡོ་ རྗེ་གདན་གྱི་སྐུ་སོར་ཚད་ཙམ་ཞིག་རྒྱངས་ཏེ་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་དང་ དབྱེར་མེད་དུ་འདྲེས། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། འདི་ཡིག་རྙིང་ན་མེད་ནའང་ཕྱག་ ལེན་ལ་མཛད། དེ་ནས་འདིའི་རྒྱ་གཞུང་སྒྲུབ་ཐབས་ཀྱི་ལུང་ཡང་སྤྲོ་ན་བྱའོ། །དེ་དག་ནི་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་ གནང་ལུང་དང་བཅས་པའོ། །འདི་གཅིག་པུ་ཡིན་ན། གཙོ་བོས་ཇི་ལྟར་འོག་ནས་འབྱུང་བ་བཞིན་བྱ། གཞན་ དང་སྤྲེལ་ནས་བྱེད་ན། སློབ་མ་རྣམས་ཀྱིས། སློབ་དཔོན་ཆོ་ག་སྒྲུབ་པའི་བར་ལ་མདོ་འདོན་པ་སོགས་བྱེད་དོ། །སློབ་དཔོན་གྱིས་ ༀ་བཛྲ་མུཿ ཚོམ་བུའི་ཡེ་ཤེས་པ་གཤེགས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་རང་ལ་ཐིམ། ཆོས་ཐུན་ རེ་ལ་རྗེས་གནང་མང་པོ་སྦྲེལ་ནས་མཛད་ན། སྤྱིར་སློབ་དཔོན་གྱི་བྱ་བ་ལ་སྐྱབས་འགྲོ་སེམས་བསྐྱེད་ཀུན་ལ་འདྲ། ཚོགས་ཞིང་ དང༌། ཚད་མེད་རྟིང་མ་རྣམས་ལ་མི་མཛད་པར། སྟོང་ཉིད་ལས་དམ་ཚིག་པ་བསྐྱེད་པ་སོགས་འགྲེ། གནས་གསུམ་བྱིན་རླབས་ འདྲ། ཡེ་ཤེས་པ་ལྷ་དེ་དང་དེའི་རྣམ་པར་སྤྱན་འདྲེན། དབང་བསྐུར་འདྲ། རིགས་བདག་སོ་སོར་ཡོད་དེ་འགྲེ། བཟླས་པ་སོ་སོ། 15-1-786 འདོད་དོན་གསོལ་བཏབ་འདྲ། འཁོར་ཡོད་ན་གཙོ་བོ་ལ་བསྡུད་པའང་འདྲ། མཆོད་པ་བྱིན་རླབས། མཎྜལ་བསངས་སྦྱངས་འདྲ། སྟོང་པའི་ངང་ལས་དྲིའི་མཎྜལ་གྱི་དབུས་སུ་དམ་ཚིག་པ་བསྐྱེད་པ་ལས་བདག་ཉིད་ཙམ་པ་འཇོག ། གཞན་སོ་སོའི་བསྐྱེད་ཆོག་བཞིན་བསྐྱེད་རྗེས་སོ་སོའི་ཡེ་ཤེས་པ་སྤྱན་འདྲེན་ཏེ། གཞན་འགྲེ། བཟླས་ལུང་སོ་སོར་འབྱུང༌། དམ་ བཅའ་ལུང་ལ་འདོན་པ་སྤོ། བྱིན་གྱིས་བརླབས་པ་ལ་སོ་སོའི་ལྷ་བྱོན་པའི་དམིགས་པ་སྤོ། སྔ་མ་ཚོ་ལ་ལུང་གསུམ་ཚར་རྗེས། དེ་ དག་གིས་ནི་ལྷ་འདི་ཞེས་བྱ་བའི་རྗེས་གནང་གི་ཆོ་གའོ། །ཞེས་བརྗོད། མདུན་བསྐྱེད་ཀྱི་ཡི་དམ་གཤེགས་ བསྡུ་ཡང་འདྲ། རྗེས་ལུང་ཚར་ཚར་བཞུགས་སུ་བཅུག་སྟེ། མཆོད་པ་འབུལ། ཉིན་གཅིག་གི་རྗེས་གནང་རྟིང་མ་ལ། དེ་ནས་གཙོ་ བོས་ཇི་ལྟར་སོགས་གསུམ་གྱིས་དམ་ཚིག་བཟུང༌། གཏང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས་ཚར་ གསུམ་བྱ། འདིར་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་ལས། བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་ གནང་ཞེས་སམ། རྡོ་རྗེ་གདན་ལ་སོགས་པ་ལྷ་ཁྱད་པར་དུ་འཕགས་པ་འགའ་ཞིག་གི་རྗེས་ གནང་གསན་པ་ཡིན་པས། དེས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། ཅེས་བྱས་ནས་བླ་མས་རྗེས་ གནང་རྟིང་མའི་ལྷ་ཚོགས་སངས་རྒྱས་བྱང་སེམས་རྣམས་ལ་མཆོད་པ་གོང་མདུན་བསྐྱེད་སྒྲུབ་པའི་སྐབས་ཀྱིས་འགྲེ་ཞིང༌། འདི་ སྐབས་རྔ་བརྡུང༌། བསྟོད་པ་མཉམ་ཉིད་མི་གཡོ་བ་བྱེད། དགོས་འདོད་ཀྱི་དངོས་གྲུབ་བླང༌། ཡིག་བརྒྱ་བརྗོད། བཟོད་ པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ། བཀྲ་ཤིས་བརྗོད་པའི་ཚིག སྟོན་མཆོག་དམ་པ་སོགས་ཏེ་རོལ་ མོ་རྒྱ་ཆེར་མཛད་དོ། །དེ་ལྟར་སྒྲུབ་ཐབས་ཐོག་མ་ཐུབ་པ་རྡོ་རྗེ་གདན་གྱི་སྒྲུབ་ཐབས། རྗེས་གནང་སྤྱི་ཆིངས་དང་བཅས་པ་བཤད་ ཟིན་པ་ལྟར། ལེགས་པར་ངེས་ནས་འོག་མ་འདི་རྣམས་ལ་འཇུག་པར་བྱའོ། །སྒྲུབ་ཐབས་ཀྱི་རྒྱ་གཞུང་དོན་གཅིག་པ་རྣམས་ནི་ སྒྲུབ་ཐབས་དཔེ་ཚན་དུ་མ་ཡོད་ཀྱང་རྗེས་གནང་གཅིག་གིས་ཆོག་ཅིང༌། ཆོ་གའི་ཡན་ལག་ལ་རྒྱས་བསྡུས་དང་མི་འདྲ་བ་ཡོད་ དུ་ཟིན་ཀྱང་རྒྱུ་ས་བོན་གཅིག་ཅིང༌། འབྲས་བུ་ལྷའི་རྣམ་པ་རྒྱས་འདེབས་རིགས་བདག་ཀྱང་གཅིག་ཅིང༌། བཟླས་བྱའི་སྔགས་ ཀྱང་གཅིག་ན། སྒྲུབ་ཐབས་དོན་གཅིག་པར་འཇོག་པས་རྗེས་གནང་གི་སྐབས་འདིར་གཅིག་ཏུ་བསྡུས་པས་ཆོག་གོ །ཡང་ སྒྲུབ་ཐབས་ཀྱི་གཞུང་གཅིག་གི་ནང་ནས། ལྷ་ངོ་བོ་གཅིག་ལ་ཞལ་ཕྱག་མང་ཉུང་དང༌། ཕྱག་མཚན་འདམ་ཁ་ཡོད་པ་སོགས་ལ་ དོན་ལ་རྗེས་གནང་གཅིག་གིས་ཆོག་མོད་ཀྱང༌། སོ་སོར་མཛད་པའི་ཕྱག་ལེན་ཡོད་པ། འགྲུབ་ན་རྗེས་གནང་རྐང་ཚུགས་རེ་རེ་ 15-1-787 བྱ། བསྡུ་ན་འདམ་ཁའི་ལྷ་གཉིས་ཀར་དུས་གཅིག་ཏུ་བསྐྱེད་ནས། བཟླས་ལུང་སོགས་གཅིག་གིས་ཆོག་པ་བྱས་ཀྱང་རུང༌། ཡང་ ན་འདམ་ཁ་ཡོད་པ་རྣམས་ལ་རྒྱས་བསྡུས་ཡོད་ན་རྒྱས་པའི་ཕྱོགས་དེ་ལ་རྗེས་གནང་བྱ། རྒྱས་བསྡུས་ཀྱི་ཁྱད་མེད་ན་གང་ཡང་ རུང་བ་ཞིག་གི་རྗེས་གནང་བྱས་{ནས[པ]། གཞན་དེ་རྣམས་ལ་ཡང་ན་བཅོམ་ལྡན་འདས་འདི་ཞལ་ཕྱག་རྣམ་པ་ འདི་དང་འདི་ལྟ་བུར་བསྒོམ་པས་རུང་བ་ཡིན་ནོ། །ཞེས་བརྗོད་ནའང་ལེགས་སོ། །གཞང་ཡང་སྤྱིར་བཏང་གི་ དབང་དུ་བྱས་ནས། ཞི་བ་རྣམས་ལ་ལྷ་རྫས་ཀྱི་དར་སྣ་ཚོགས་པས་སྨད་དཀྲིས་དང་སྟོད་གཡོགས་ གསོལ་བ། རིན་པོ་ཆེའི་དབུ་རྒྱན་སྙན་རྒྱན་མགུལ་རྒྱན། དོ་ཤལ་དཔུང་རྒྱན་ཕྱག་གདུབ་ ཞབས་གདུབ་ལ་སོགས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྒེག་ཅིང་ལང་ཚོ་ ལ་བབ་པ། མཚར་སྡུག་ཕུན་སུམ་ཚོགས་པ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འབར་ཞིང་ འཕྲོ་བ་ཞེས་པ་དང༌། དེའི་ནང་ཚན་ལྷ་ཕོ་ལ། དབུ་སྐྲ་རལ་པའི་ཐོར་ཚུགས་[སམ]། རིན་པོ་ཆེའི་ཐོར་ ཚུགས་ཅན། མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས་པ་ཞེས་ལྷག་པོར་བརྗོད། ལྷ་མོ་ལ་ སྐེད་སྐབས་ཕྲ་ཞིང༌། ནུ་འབུར་རྒྱས་པ། དབུ་སྐྲ་ལྟག་པར་བཅིངས་པ། འཛུམ་ཞིང་ཡིད་དུ་ འོང་པའི་རྣམ་པ་ཞེས་ལྷག་པོར་བརྗོད། ཁྲོ་བོ་རྣམས་ལ་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ། ཞལ་ གདངས་ཤིང་མཆེ་བ་གཙིགས་པ་ལྗགས་འགྲིལ་བ་དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ བགྲད་པ། སྨ་ར་དང་སྨིན་མ་དང་དབུ་སྐྲ་སེར་པོའམ་དམར་པོའམ། དམར་སེར་རམ། ཁམ་ སེར་གྱེན་དུ་བརྫེས་པ། སྟག་གི་པགས་པའི་ཤམ་ཐབས་ཅན་གདུག་པའི་སྦྲུལ་ཆེན་པོ་བརྒྱད་ ཀྱིས་སྐུ་ལ་བརྒྱན་པ་ཞེས་དང༌། ཁྲོ་མོ་ལ་ཡང་དེ་དང་འདྲ་བ་ལས། སྨ་ར་སེར་པོ་ཞེས་པ་སྤངས་ལ། ནུ་ འབུར་ལྷག་པར་རྒྱས་པ་ཞེས་ལྷག་པོར་བརྗོད། འདི་རྣམས་འོག་གི་སྒྲུབ་ཐབས་སོ་སོའི་སྐབས་ཐམས་ཅད་དུ་མ་རྗེད་ ཅིང་དྲན་པ་གལ་ཆེའོ། །དམིགས་གསལ་ཡོད་པ་རྣམས་སོ་སོའི་སྐབས་སུ་ཤེས་པར་བྱའོ། །ད་ནི་སོ་སོའི་སྒྲུབ་ཐབས་བརྗོད་པར་ བྱ་སྟེ། ༄༅། །འཕགས་པ་འཇམ་དབྱངས་ལ་བརྟན་པའི་འཁོར་ལོའི་སྒྲུབ་ཐབས་གསུམ་ལ་རྗེས་གནང་གཅིག་བྱ་སྟེ། སྟོང་ 15-1-788 པའི་ངང་ལས་པཾ་ལས་པདྨ་དང༌། ཨཱཿལས་ཟླ་བའི་གདན་གྱི་སྟེང་དུ་ཡི་གེ་མུཿ དམར་པོ་ ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ཡོངས་ སུ་གྱུར་པ་ལས། རང་ཉིད་འཕགས་པ་འཇམ་དཔལ་བསྟན་པའི་འཁོར་ལོ། སྐུ་མདོག་དམར་ པོ་ཞལ་གཅིག་ཕྱག་གཉིས། གཡས་ཤེས་རབ་ཀྱི་རལ་གྲི་ནམ་མཁར་འཕྱར་བ། གཡོན་པོ་ཏི་ ཐུགས་ཀར་བཟུང་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། རལ་བའི་ཟུར་ཕུད་ལྔ་དང་ལྡན་པའོ། ། གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ་རྣམས་ཐུབ་པ་རྡོ་རྗེ་གདན་གྱི་སྐབས་དང་འདྲ། མི་ བསྐྱོད་པས་དབུ་བརྒྱན། སྔགས་ནི། ༀ་ཨ་ར་པ་ཙ་ན་མུཿ བསྟོད་པ་ལ། གཞོན་ནུའི་སྐུ་ལུས་འཆང་ བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཅིང༌། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་ པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། འོག་ནས་འབྱུང་བའི་འཇམ་དབྱངས་ཀྱི་སྒྲུབ་ཐབས་ཐམས་ཅད་ ལ་ཡང་བསྟོད་པ་འདི་ཁོ་ན་སྦྱར་རོ། །འདི་ལ་རྒྱ་གཞུང་གསུམ་ཡོད་པའི་ནང་ནས། སློབ་དཔོན་བྷ་བ་སྐན་དྷས་མཛད་པའི་སྒྲུབ་ ཐབས་ཚིགས་བཅད་མའི་དཀྱུས་སུ་སྐུ་མདོག་མཆོད་བརྗོད་ལས། འོད་ཟེར་དཀར་པོ་གྱེན་དུ་འཕྲོ་ཞིང་འབར་བ་ཡི། ཞེས་འབྱུང་ བ་ལ་བསམས་ནས། བརྟན་པའི་འཁོར་ལོ་དཀར་པོ་ཡིན་པར་འདོད་པ་ནི། ས་བོན་གྱི་སྐབས་སུ་སྟེང་དུ་སྒྲོན་མེའི་འོད་གསལ་ གུར་གུམ་དམར་པོ་སྟེ། དེ་ལ་ཡང་ནི་སྔགས་པས་མུཿཡིག་བལྟ་བར་བྱ། ཞེས་སོགས་རྒྱུའི་ས་བོན་དང༌། སྔགས་འཁོར་གྱི་ས་བོན་ དང༌། སྔགས་འཁོར་ཉིད་ཀྱང་དམར་པོར་བཤད་པ་མ་གོ་ཞིང་སྒྲུབ་ཐབས་ཚིག་ལྷུག་པ་ལས་གུར་གུམ་མདོག་ཏུ་གསལ་བར་ བཤད་པ་དང༌། ཚིག་ལྷུག་པའི་སྒྲུབ་ཐབས་འདི་ཚིགས་བཅད་མའི་གསལ་བྱེད་ཀྱི་མན་ངག་ཡིན་པ་མ་ཤེས་པར་ཟད་དོ། ། སྒྲུབ་ཐབས་གསུམ་པ་བརྟན་པའི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་ལོ་ཆེན་འགྱུར་ལས་ཀྱང༌། བན་དྷུ་ཀའི་མེ་ཏོག་ལྟར་ དམར་བ་ཆེན་པོ་ཞེས་འབྱུང་ལ། སྒྲུབ་ཐབས་གསུམ་དགོངས་པ་གཅིག་ཏུ་སྣང་བའི་ཕྱིར། དམར་པོ་ཉིད་ཡིན་ལ། གུར་གུམ་ལྟ་བུ་ ཞེས་དམར་སེར་གཅིག་ཏུ་མི་འགལ་མོད། ཁ་ཆེའི་ཡུལ་པལ་པུར་གྱི་རི་ལ་རང་སྐྱེས་པའི་གུར་གུམ་མེ་ཏོག་རྒྱས་པའི་སྐབས་ཤིན་ ཏུ་དམར་ཤས་ཆེ་བ་ལ་བསམ་པར་སྣང་ལ། འདིའི་སྐུ་འདྲ་རྒྱ་གར་གྱི་བྲིས་སྐུ་དངོས་ལ་མཚལ་མདོག་ཏུ་སྣང་ངོ༌། །འདིའི་ཆོ་གའི་ ཡན་ལག་རྣམས་སྐབས་འོག་མ་རྣམས་ལ་ཡང་རིགས་འགྲེ་བར་བྱ་སྟེ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་སོ་སོའི་སྐབས་སུ་ 15-1-789 བརྗོད་པར་བྱའོ།། །། ༄༅། །ཨ་ར་པ་ཙ་ན་ལྷ་ལྔའི་སྒྲུབ་ཐབས་གཉིས་ལ་རྗེས་གནང་གཅིག་སྟེ། པད་ཟླའི་སྟེང་དུ་དྷཱིཿལས་རང་ ཉིད་འཇམ་པའི་དབྱངས་སྐུ་མདོག་དཀར་པོ། ཕྱག་གཡས་རལ་གྲི་དཔུང་པའི་ཐད་ཀར་ འཕྱར་ཞིང༌། གཡོན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་པོ་ཏི་ཐུགས་ཀར་འཛིན་པ། ཞབས་ རྡོ་རྗེའི་སྐྱིལ་ཀྲུང༌། ན་བཟའ་དར་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་བསྣབས་པ། སྙིང་གར་ཨ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། ལྟེ་བ་དང་ཕྱོགས་ཀྱི་རྩིབས་རྣམས་ ལ་ཟླ་བའི་གདན་རེ་རེ། དེ་རྣམས་ཀྱི་སྟེང་དུ་དབུས་སུ་ཨཱཿལས་རང་དང་འདྲ་བའི་འཕགས་པ་ འཇམ་དཔལ། ཤར་དུ་ར་ལས་དྲ་བ་ཅན་གྱི་འོད་མ། རྒྱབ་ཏུ་པ་ལས་ཟླ་འོད་མ། གཡས་སུ་ཙ་ ལས་སྐྲ་ཅན་མ། གཡོན་དུ་ན་ལས་ཉེ་བའི་སྐྲ་ཅན་མ་རྣམས་ལྷ་མོའི་མཚན་ཉིད་རྫོགས་ཤིང༌། སྐུ་མདོག་ཕྱག་མཚན་བཞུགས་ཚུལ་རྒྱན་གོས་རྣམས་གཙོ་བོ་དང་མཚུངས་པ། ལྷ་ལྔ་པོའི་ ཐུགས་ཀར་ཡང་རང་རང་གི་ས་བོན་དང༌། མཚམས་ཀྱི་རྩིབས་བཞི་ལ་ཤར་ལྷོ་ནས་གཡས་ སྐོར་གྱིས། ནི་པྲ་པ་ཙ་ཞེས་པའི་ཡི་གེ་བཞིའོ། །དབུ་བརྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ༀ་ཨ་ར་པ་ ཙ་ན་དྷཱིཿ འདི་ལ་སྒྲུབ་ཐབས་གཉིས་ཡོད་པ་ལས། ཚིགས་བཅད་མ་མི་ཕམ་བཤེས་གཉེན་གྱིས་མཛད་ལ། ཚིག་ལྷུག་པ་པདྨ་ འབྱུང་གནས་ཀྱིས་མཛད་པའོ།། །། ༄༅། །རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ལས་བྱུང་བའི་འཇམ་དཔལ་གྱི་སྒྲུབ་ཐབས་ནི། པད་ཟླའི་སྟེང་དུ་ས་བོན་ཡི་ གེ་མུཿལས། རང་ཉིད་འཇམ་དཔལ་གཞོན་ནུར་གྱུར་པ་ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་ གུར་གུམ་བཟང་པོ་ལྟ་བུ། གཡས་ཞལ་སྔོ་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་གསུམ་ན་ རལ་གྲི། མདའ། མཆོག་སྦྱིན། གཡོན་གསུམ་ན་ཤེར་ཕྱིན་གྱི་པོ་ཏི་དང༌། ཨུཏྤལ་ལ་སྔོན་པོ་ དང༌། གཞུ་འཛིན་པ། གཡས་གཡོན་རྒྱབ་རྣམས་སུ་འཆང་བའི་དབུ་སྐྲ་ལྕང་ལོ་གསུམ་དང་ ལྡན་པ། སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང༌། མེ་ཏོག་གི་རྒྱན་དང་ལྡན་པ། རིགས་ 15-1-790 བདག་ནི་རྡོ་རྗེ་སེམས་དཔའ་འོ། །སྔགས་ནི་ༀ་མུཿཞེས་པའོ།། །། ༄༅། །འཇམ་པའི་རྡོ་རྗེ་གཙོ་འཁོར་ལྔ་པའི་སྒྲུབ་ཐབས་ནི། པཾ་ལས་པདྨ་དམར་པོ་འདབ་མ་བཞི་པའི་ ལྟེ་བ་དང་འདབ་མ་རྣམས་ལ་རྨ་བྱ་ཉམས་རྩལ་རྒྱས་པ་རེ་རེ། དེ་རྣམས་ཀྱི་སྟེང་དུ་ཟླ་བའི་ གདན་རེ་རེ། དབུས་སུ་མཾ་ལས་རང་ཉིད་འཇམ་པའི་རྡོ་རྗེ་དམར་པོ་ཞལ་གཅིག་ཕྱག་གཉིས། རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ། ཤར་དུ་གཏི་མུག་གཞོན་ནུ་མ། ལྷོར་འདོད་ཆགས་ གཞོན་ནུ་མ། ནུབ་ཏུ་ཕྲག་དོག་གཞོན་ནུ་མ། བྱང་དུ་རིགས་ཀྱི་གཞོན་ནུ་མ་རྣམས། གཡས་རྡོ་ རྗེ་དང༌། གཡོན་རལ་གྲི་འཛིན་པས་ཐུགས་ཀར་བསྣོལ་བ། གཙོ་འཁོར་ཐམས་ཅད་རྡོ་རྗེའི་ སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་ནི་འོད་དཔག་མེད། སྔགས་ནི། ༀ་ཧྲཱིཿམཾ་ཧོ་མཾ་ཧཱུཾ།། །། ༄༅། །འཇམ་དཔལ་ངག་གི་རྒྱལ་པོའི་སྒྲུབ་ཐབས་ནི། པད་ཟླའི་གདན་ལ་མུཾཿལས་རང་ཉིད་འཇམ་ དཔལ་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་ མཛད་པ། གཡོན་པས་ཨུཏྤ་ལ་སྔོན་པོ་སྙན་གྱི་ཐད་ན་ཁ་བྱེ་བའི་སྟེང་ན་པོ་ཏི་དང་བཅས་པ་ འཛིན་པ། དབུ་སྐྲ་རལ་པའི་ཟུར་ཕུད་གསུམ་དང་ལྡན་པ། སེང་གེ་སྔོན་པོ་རལ་པ་དམར་སེར་ གདོང་གྱེན་དུ་ཕྱོགས་པའི་སྟེང་དུ། པད་མ་དང་ཟླ་བའི་གདན་ལ་ཞབས་གཡོན་བརྐྱང་བའི་ རོལ་པས་བཞུགས་པ། ཞེས་མནའ་ཆན་ལས་བཤད་ཀྱང༌། དེ་ལྟར་ན་གཤིན་རྗེ་གཤེད་ཀྱི་ཕྱག་རེག་སྟབས་མི་བདེ་བས་ གཡོན་བརྐྱང་ཉིད་གཞུང་གི་དགོངས་པར་མངོན་ནོ། །གཡོན་གྱི་འོག་ཟུར་དུ་གཤིན་རྗེ་མཐར་བྱེད་ནག་པོ། ཕྱག་གཡས་འཕགས་པ་འཇམ་དཔལ་གྱི་ཞབས་ཀྱི་ངར་གདོང་གཡོན་པ་ལ་རེག་ཅིང༌། ཕྱག་ གཡོན་དབྱུག་པ་ཨོམ་ཚུགས་སུ་མཛད་པ། ཐོད་སྐམ་གྱི་ཕྲེང་བས་དབུ་ལ་བརྒྱན་པ། ཁྲོ་བོའི་ ཆ་བྱད་ཡོངས་སུ་རྫོགས་པ། རིགས་བདག་ནི་མི་བསྐྱོད་པ། སྔགས་ནི། ༀ་དྷརྨ་དྷཱ་ཏུ་ཝཱ་གཱི་ཤྭ་རི་མུཾ།། །། ༄༅། །འཇམ་དཔལ་རྒྱལ་པོ་རོལ་པའི་སྒྲུབ་ཐབས་ནི། པད་ཟླའི་སྟེང་དུ། མཾ་ལས་རང་ཉིད་འཕགས་ པ་འཇམ་དཔལ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་གཡས་ཀྱི་ཕྱག་མཐིལ་པུས་ 15-1-791 མོ་གཡས་ལ་བཀབ་པའི་ཚུལ་གྱིས་འགྱིང་བག་དང་བཅས་པ། གཡོན་པ་གདན་ལ་བརྟེན་ པས་ཨུཏྤ་ལའི་སྡོང་པོ་སྙན་གྱི་ཐད་ཀར་ཁ་ཕྱེ་བ་འཛིན་པ། དབུ་སྐྲ་ཟུར་ཕུད་ལྔ་དང་ལྡན་པ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ལས། གཡས་རོལ་གྱིས་བཞུགས་པ། རིགས་བདག་ནི་རྣམ་ སྣང་ངོ༌། །སྔགས་ནི། ༀ་ཝ་གཱི་ཤྭ་རི་མུཾཿ། ། ༄༅། །རིག་པ་འཛིན་པའི་སྡེ་སྣོད་ལས་འབྱུང་བ་འཇམ་དཔལ་གྱི་སྒྲུབ་ཐབས་གཉིས་ལ་རྗེས་གནང་གཅིག་ནི། པད་ ཟླའི་སྟེང་དུ་དྷཱིཿཡིག་ཞུ་བ་ལས་ཐིག་ལེ་དཀར་པོ། དེ་ལས་རང་ཉིད་རྗེ་བཙུན་འཇམ་པའི་ དབྱངས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་འཕྱར་ཞིང༌། གཡོན་ ཨུཏྤལ་ལ་གནས་པའི་པོ་ཏི་འཛིན་པ། ཞབས་གཡས་བརྐྱང་པའི་རོལ་པས་བཞུགས་པ། རིགས་བདག་རྣམ་སྣང༌། སྔགས་ནི། ༀ་དྷཱིཿསྭཱཧཱ། རྒྱ་གཞུང་གི་གླེགས་བམ་ལས་བར་སྐབས་འདིར་འབར་འཛག་གི་སྒོ་ནས་ ཤེས་རབ་བསྐྱེད་པའི་གཞུང་ཅིག་ཡོད་དེ། རྗེས་གནང་མི་དགོས་སོ།། །། ༄༅། །མཚན་བརྗོད་ལས་འབྱུང་བའི་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་ནི། ཧྲཱིཿལས་པདྨ། ཨ་ ལས་ཟླ་བ་ལ་ས་བོན་མུཿ དམར་སྐྱ་ལས། རང་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྐུ་ མདོག་དམར་སྐྱ། རྩ་ཞལ་སྐུ་ལུས་དང་མཚུངས་ཤིང༌། གཡས་སྔོན་གཡོན་དཀར་བའི་ཞལ་ གསུམ། ཕྱག་དང་པོ་གཉིས་ཀྱིས་རལ་གྲི་དང་པོ་ཏི། འོག་མ་གཉིས་ཀྱིས་མདའ་དང་གཞུ་ འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང༌། སྙིང་གར་སེམས་མ་རྡོ་རྗེ་མ། དཔྲལ་བར་རིན་ཆེན་རྡོ་ རྗེ་མ། མགྲིན་པར་པདྨ་རྡོ་རྗེ་མ། སྤྱི་བོར་ལས་ཀྱི་རྡོ་རྗེ་མ། རིགས་བདག་ནི་མི་བསྐྱོད་པ། སྔགས་ནི་མཚན་ བརྗོད་ཀྱི་སྔགས་འོག་མ་ཡོངས་རྫོགས་སམ་བསྡུ་ན། ༀ་ཧཱུཾ་ཧྲཱིཿབྷ་ག་ཝཱན་ཛྙཱ་ན་མུརྟི་ཝ་གཱི་ཤྭ་ར་མཧཱ་ཝཱ་ཙ། སརྦ་དྷརྨཱ། ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ།། །། ༄༅། །མཚན་བརྗོད་ལས་འབྱུང་བ་ཆོས་དབྱིངས་གསུང་དབང་གི་སྒྲུབ་ཐབས་ནི། པད་ཟླ་ལ་ཨ་ཡིག་ལས་ དཔལ་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་བཞི་ཆར་ཡང་དཀར་ 15-1-792 བ། ཕྱག་བརྒྱད་ཀྱི་དང་པོ་གཉིས་ཆོས་འཆད། ལྷག་མ་གཡས་གསུམ་གྱིས་རལ་གྲི། མདའ། རྡོ་རྗེ། གཡོན་གསུམ་གྱིས། པོ་ཏི་གཞུ། དྲིལ་བུ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང༌། སྙིང་ གར་ཧཱུཾ། དཔྲལ་བར་ཏྲཱཾ། མགྲིན་པར་ཧྲཱིཿ སྤྱི་བོར་ཨ་རྣམས་ལས་བྱུང་བའི། རྡོ་རྗེ་རིན་པོ་ཆེ། པདྨ་རྒྱ་གྲམ་རྣམས་ཕྱག་རྒྱ་བཞིའི་བདག་ཉིད་དོ། །རིགས་བདག་ནི་དེ་བཞིན་གཤེགས་པ་རིགས་ལྔས་དབུ་ ལ་བརྒྱན་པའོ། །སྔགས་ནི། ༀ་བཛྲ་ཏིཀྵཎ་དུཿཁ་ཚེ་ད་པྲཛྙཱ་ཛྙཱ་ན་མུར་ཏ་ཡེ། ཛྙཱ་ན་ཀཱ་ཡ་ཝ་གཱི་ཤྭ་ར་ ཨ་ར་པ་ཙ་ན་ཡ་ཏེ་ན་མཿ ༄༅། །རྡོ་རྗེ་གུར་ལས་གསུངས་པ་འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས་ནི། པད་ཟླ་ལ་ཧཾ་ལས་ མདའ་གཞུ་ཧཾ་གིས་མཚན་པ་ལས། རང་ཉིད་ཡན་ལག་མེད་པའི་རྡོ་རྗེ་སྐུ་མདོག་སེར་པོ་ཞལ་ གཅིག་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཨུཏྤལ་དམར་པོའི་མདེའུ་ཅན་གྱིས་མདའ་དང༌། མེ་ ཏོག་དམར་པོའི་གཞུ་རྣ་བའི་བར་དུ་འགེངས་པར་མཛད་པ། ལྷག་མ་གཡས་གཉིས་ཀྱིས་ རལ་གྲི་དང་མེ་ལོང༌། གཡོན་གཉིས་ཀྱིས་ཨུཏྤལ་སྔོན་པོའི་སྡོང་པོ་དང་མྱ་ངན་མེད་དམར་ པོའི་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པ། ཞབས་གཡོན་བརྐྱང་པའི་སྟབས་ ཀྱིས་བཞུགས་ཤིང༌། རལ་བའི་ཅོད་པན་ཅན། ལོ་བཅུ་དྲུག་ལོན་པ་ལྟ་བུའི་ན་ཚོད་དོ། །སྔགས་ ནི། ༀ་མཉྫུ་གྷོ་ག་ཧྲཱིཿཛཿ ཞེས་པའོ། །ཡང་ན་འདི་ཕྱག་བཞི་པ་བསྒོམ་སྟེ། མེ་ལོང་དང་། མྱ་ངན་མེད་པའི་ཡལ་ག་འཛིན་ པའི་ཕྱག་སྤངས་པའོ།། །། ༄༅། །འཇམ་དཔལ་དཔའ་བོ་ཆིག་གྲུབ་ཀྱི་སྒྲུབ་ཐབས་ནི། པདྨའི་སྟེང་དུ་ཨ་ལས་ཟླ་བ་ལ། མཾ་ལས་ རང་ཉིད་འཇམ་པའི་དབྱངས་སྐུ་མདོག་དཀར་པོ་ཟུར་ཕུད་ལྔ་དང་ལྡན་པ། ཕྱག་གཡས་ མཆོག་སྦྱིན་དང་གཡོན་ཨུཏྤལ་སྔོན་པོའི་སྡོང་བུ་འཛིན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་ གིས་བཞུགས་པ། རིགས་བདག་ནི་མི་བསྐྱོད་པའོ། །སྔགས་ནི། ༀ་ཝཱ་ཀྱེ་དཱ་ན་ན་མཿ། ། ༄༅། །འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་ནི། པད་ཟླའི་སྟེང་དུ་ཨ་ལས་རལ་གྲི་ཨས་ 15-1-793 མཚན་པ་ལས། འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་དང་འདྲ་བ་ལས། ཞབས་སེམས་དཔའི་སྐྱིལ་ཀྲུང་ དང་ན་བཟའ་དར་སྣ་ཚོགས། རིགས་བདག་ནི་རྡོ་རྗེ་སེམས་དཔའོ། །སྔགས་ནི། ༀ་བཛྲ་ཏིཀྵྞ་དྷཱཾ། ཞེས་པ་ སྟེ། རྗེས་གནང་སྐབས་མངོན་རྟོགས་དེ་ཙམ་གྱིས་ཆོག་ལ། འདི་ཉིད་ཉམས་སུ་ལེན་ན་སྔགས་འཁོར་བསྒོམ་པ་གལ་ཆེའོ། །དེ་ ཡང་ལྟེ་འོག་ཏུ་བྷྲུཾ་ལས་ཟླ་བ་བྱང་ཆུབ་ཤིང་གི་ལོ་མ་ལྟ་བུ་དེའི་སྟེང་དུ་ཧྲི་ལས་པད་སྡོང་པདྨ་ཁ་ ཟུམ་པའི་ལྟེ་བར་ཧཱུཾ་སྟེ་དེའི་འོད་ཀྱིས་ཡིད་ཙམ་ཁ་བྱེ་བ། དེའི་སྟེང་དུ་ཨ་ལས་ཟླ་བ། དེ་ལ་ སོར་གཅིག་ཙམ་མ་རེག་པར་འཁོར་ལོ་རྩིབས་དྲུག ལྟེ་བར་དྷཱིཿརྩིབས་ལ་མ་ནིང་སྤངས་པའི་ དབྱངས་བཅུ་གཉིས་ཀྱི་ཡི་གེ་གཉིས་གཉིས། དེ་དག་གི་སྟེང་དུ་ཡི་གེ་དྲུག་གི་ཡི་གེ་རེ་རེ་ཡོད་ པ། མུ་ཁྱུད་ལ་སྣ་ལྡན་སྤངས་པའི་ཨཱ་ལི་ཀཱ་ལི། འཁོར་ལོ་འདི་མི་འཁོར་ལོ། དེ་ནས་སོར་དོ་ཙམ་དྷཱིཿལ་མ་ རེག་པར། ཟླ་བ་ལ་འཁོར་ལོ་རྩིབས་བཞི་པ་ལ་ཨ་ར་པ་ཙ་ནའོ། །འདི་དྲག་ཏུ་འཁོར་བའོ། ། ༄༅། །འཕྲལ་དུ་ཉམས་སུ་མྱོང་བར་བྱེད་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ནི། པད་ཟླའི་གདན་གྱི་སྟེང་དུ་ལྷ་ བསྐྱེད་པའི་རྒྱུ་ཨཿལས་བྱུང་བའི་ཟླ་བ་ལ་གནས་པའི་དྷཱིཿལས་བྱུང་བའི་རལ་གྲིའོ། །རལ་ གྲིའི་རྩེ་མོར་ཨ་ལས་ཟླ་བ་ལ་གནས་པའི་དྷཱིཿའོ། །དེ་ཡོངས་སུ་གྱུར་པ་ལས་འཇམ་དཔལ་ཨ་ར་ པ་ཙ་ན་སྒྲུབ་ཐབས་གོང་བཞིན་བསྐྱེད། ཐུགས་ཀར་ལྷ་ལྔའི་གཙོ་བོ་ཡང༌། ཨ་ལས་ཟླ་བ་དྷཱིཿལས་རལ་ གྲི། དེའི་རྩེ་མོར་ཨ་ལས་བྱུང་བའི་ཟླ་བ་ལ་གནས་པའི་དྷཱིཿའི་འོད་ཟེར་འཕྲོ་འདུ་ལས་བསྐྱེད། འཁོར་བཞི་པོ་ཡང་དེས་རིགས་འགྲེ་སྟེ། ཨ་ལས་ཟླ་བ་ལ་ར་ལས་རལ་གྲི། རྩེ་མོར་ཨ་ལས་ཟླ་བ་ལ་ གནས་པའི་རས་མཚོན་པ། དེ་ཡོངས་སུ་གྱུར་པ་ལས། དྲ་བ་ཅན་གྱི་འོད་དུ་བསྐྱེད་པ་སོགས་སོ། ། རིགས་བདག་ནི་རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨ་ར་པ་ཙ་ན་དྷཱིཿ ཆོ་ག་ལྷག་མ་རྣམས་ཨ་ར་པ་ཙ་ན་གོང་མ་དང་འདྲའོ། ། དེ་ཡན་ཆད་ཀྱིས་འཇམ་དཔལ་གྱི་སྒྲུབ་ཐབས་རྣམས་བསྟན་ཟིན་ཏོ། །འོག་ནས་འབྱུང་བའི་རྡོ་རྗེ་ཆོས་འཇམ་དཔལ་གྱི་རིགས་སུ་ བསྡུ་བའི་འདོད་པ་ལྟར་ན། འཇམ་དཔལ་ཞི་བའི་སྒྲུབ་ཐབས་ཀྱི་སྐབས་སུ་བླངས་ན་ལེགས་སོ།། །། ༄༅། །གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་གསུམ་ཡོད་ལ། དེའི་ནང་ནས་ཕྱག་མང་གི་སྒྲུབ་ཐབས་གཉིས་ལས་འབྱུང་ 15-1-794 བ་ནི། སྒྲུབ་ཐབས་ཀྱི་གནད་གཅིག་ཀྱང་རྣམ་གྲངས་ཀྱི་དབང་དུ་བྱས་ན་ནང་སེལ་གྱི་དབྱེ་བས་སྒྲུབ་ཐབས་གསུམ་མམ་བཞིར་ ཡང་འགྱུར་མོད། འདིར་གཤིན་རྗེ་གཤེད་ཕྱག་དྲུག་པའི་སྒྲུབ་ཐབས་དང་པོ་རྐང་ཚུགས་དང༌། ཕྱི་མའི་འདམ་ཁ་ཞིག་གི་ལུགས་ནི་ འདི་ཡིན་ཏེ། པཾ་ལས་པདྨ། དེའི་སྟེང་དུ་ཨཾ་ལས་ཟླ་བ་དང་རཾ་ལས་ཉི་མ་འདམ་ཁ་ཡིན། དེའི་སྟེང་ དུ་ཧཱུཾ་ལས་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ། སྐུ་མདོག་ནག་པོ་ཞལ་དྲུག ཕྱག་དྲུག་ཞབས་དྲུག་ པ་ཞལ་དྲུག་ཀར་ཡང་གནག་པ། ཕྱག་གཡས་པ་གསུམ་གྱིས་རལ་གྲི། ཐོ་བ། རྡོ་རྗེ། གཡོན་ པ་གསུམ་གྱིས་གཏུན་ཤིང༌། ཞགས་པ་དྲིལ་བུ་བསྣམས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ ཕྱག་གཉིས་འཁྱུད་རྒྱ་མཛད་པ་ཞབས་རྣམས་གཡས་བསྐུམ་གཡོན་བརྐྱང་ལ་སོགས་པའི་ སྟབས་སྣ་ཚོགས་པས། པད་ཉི་དང་མ་ཧེའི་སྟེང་དུ་གཤིན་རྗེ་བརྫིས་པ། མི་མགོ་སྐམ་པོའི་ དབུ་རྒྱན་དང༌། རློན་པའི་དོ་ཤལ་ཅན་སྦྲུལ་གྱིས་བརྒྱན་པ། རིགས་བདག་ནི་མི་བསྐྱོད་པའོ། །སྔགས་ནི། ༀ་ཧྲཱིཿཥྚཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། བསྟོད་པ་ནི། དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། ། ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །སྤྲོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་ སྐུར་སྟོན་པའི། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་འདུད། །ཅེས་པ་ སྟེ། གཞན་གཉིས་ལའང་བསྟོད་པ་འདིས་འགྲེའོ། །འདི་ནི་གཤིན་རྗེ་གཤེད་གདོང་དྲུག་གི་རྒྱུད་དུ་གྲགས་པ། གཤིན་རྗེ་གཤེད་ ནག་པོའི་འཁོར་ལོའི་ལས་གྲུབ་པ་ཞེས་བྱ་བའི་རྒྱུད་ཅེས་ཀྱང་བྱ། སྡོམ་གསུམ་པ་ཞེས་ཀྱང་གྲགས་པ་ལས་འབྱུང་བའི་དཀྱིལ་ འཁོར་གྱི་གཙོ་བོའི་སྒྲུབ་ཐབས་ཁོ་ནའོ། །འདི་ལ་འདམ་ཁའི་ཚུལ་དུ་ཞལ་གསུམ་ཕྱག་དྲུག་ཞབས་གཉིས་པ། ཞལ་གསུམ་ཀར་ནག་པ། གཡས་གསུམ་འཁོར་ལོ། རལ་གྲི། གཏུན་ཤིང༌། གཡོན་གསུམ་ རོ་ལངས་མོ་དང༌། དགྲ་སྟ་དང་ཞགས་པ་འཛིན་པ་སྟེ། འདི་ནི་མན་ངག་ལས་འབྱུང་བའམ། གདོང་དྲུག་གི་ རྒྱུད་རྒྱས་པ་ལས་འབྱུང་བའོ།། །། ༄༅། །གཤིན་རྗེ་གཤེད་ཕྱག་གཉིས་པའི་སྒྲུབ་ཐབས་ནི། པཾ་ལས་པདྨ་ཨཾ་ལས་ཉི་མ་ཧཱུཾ་ལས་རྡོ་རྗེས་ མཚན་པའི་དབྱུག་པ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ 15-1-795 སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་འཕྱར་ བ། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་གཏོད་པ། ཞབས་གཡས་ བསྐུམ་གཡོན་བརྐྱང་བས་པདྨ་ཉི་མ་མ་ཧེ་ཁྲོས་པའི་གདན་ལ་གནས་པ། ལྷག་མ་རྒྱན་ཆ་ལུགས་ རིགས་བདག་སྔགས་རྣམས་གོང་བཞིན་ནོ། །འོག་ནས་འབྱུང་བའི་གཤིན་རྗེ་གཤེད་དམར་པོ་ཡང་སྐབས་འདིར་བླངས་ནས་རྗེས་ གནང་བྱས་ན་ལེགས་སོ།། །། ༄༅། །རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་ནི། པདྨ་དང་ཨཾ་ལས་ཟླ་བའི་སྟེང་དུ་ཧྲཱིཿལས་རང་ཉིད་རྡོ་རྗེ་ཆོས་ སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན། པདྨ་དམར་པོ་འདབ་མ་བཅུ་དྲུག་པ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་རྡོ་རྗེ་སེང་གེའི་ ཁྲི་དང་པད་ཟླ་ལ་བཞུགས་པ། དེའི་ཐུགས་ཀར་པད་ཟླ་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ཧཱུཾ་ ཡིག་དེ་སངས་རྒྱས་ལྔའི་ངོ་བོའོ། །ལྕེ་རྡོ་རྗེ་དམར་སྐྱ་རྩེ་མོའི་ཆ་ལ་ཧྲཱིཿས་མཚན་པ། རིགས་བདག་ ནི་འོད་དཔག་མེད་དོ། །སྔགས་ནི། ༀ་ཧྲཱིཿསྭཱཧཱ། སྒྲུབ་ཐབས་འདི་བློ་བཟང་སྙིང་པོའི་མན་ངག་འགྲོ་བཟང་སྙིང་པོས་མཛད་ པའོ།། །། ༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་ནི། པཾ་ལས་པདྨ་དམར་པོའི་སྟེང་ དུ་སིཾ་ལས་སེང་གེ་དཀར་པོ། རལ་པ་དམར་པོ་ཅན། གདོང་གྱེན་དུ་ཕྱོགས་པ། དེའི་རྒྱབ་ཏུ་ ཟླ་གདན་ལ་ཧྲཱིཿལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྗེ་བཙུན་སེང་གེ་ སྒྲ་སྐུ་མདོག་དཀར་པོ། རལ་པའི་ཐོར་ཚུགས་ཀྱི་རྩེ་མོར་རིན་པོ་ཆེའི་ཏོག་ཅན། ཞི་བའི་སྤྱན་ གསུམ་པ། རྒྱན་སྤངས་པ། དཀའ་ཐུབ་ཀྱི་ཆ་ལུགས་ཅན། ཞབས་གཡས་བརྐྱང་གི་རོལ་པས་ བཞུགས་ཤིང༌། ཕྱག་གཡས་པ་ཞབས་ཀྱི་པུས་མོའི་སྟེང་དུ་བཀབ་པ། གཡོན་པ་གདན་ལ་ བརྟེན་པ། སྐུའི་གཡས་ངོས་སུ་མདུང་རྩེ་གསུམ་ལ་སྦྲུལ་དཀར་པོས་དཀྲིས་པ། གཡོན་ངོས་ སུ་ཐོད་པ་དྲི་ཞིམ་མེ་ཏོག་སྣ་ཚོགས་ཀྱིས་གང་བ་དང༌། པདྨའི་སྡོང་པོ་མེ་ཏོག་སྙན་གྱིས་ཐད་ 15-1-796 ཀར་ཁ་བྱེ་བ་ལ། རལ་གྲི་འབར་བས་མཚན་པ་དང་བཅས་པ། སྐུ་ལས་དེ་བཞིན་གཤེགས་པ་ ལྔ་སྤྲོ་བར་མཛད་པའོ། །སྒྲུབ་ཐབས་འདིར་མ་བཤད་ཀྱང་ཚངས་པའི་སྐུད་པ་དང་བཅས་པ། དར་དམར་པོའམ་སྟག་ ལྤགས་ཀྱི་སྨད་དཀྲིས་ཅན་དུ་བྱ་ཞིང༌། རི་དྭགས་ཀྲིཥྞ འི་པགས་པས་སེ་རལ་ཁར་བྱས་པ། ཡང་ལུགས་འགའ་ཞིག་ལ་ཡོད་པ་ལྟར་ འདིར་ཡང་མི་འགལ་ལོ། །རིགས་བདག་ནི་འོད་དཔག་མེད་དོ། །སྔགས་ནི། ༀ་ཨཱ་ཧྲཱིཿསིང་ཧ་ནཱ་ད་ཧཱུཾ་ཕཊ། བསྟོད་ པ་ནི། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་གྱི་གཞི། །སྤྱན་རས་ གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། སྤྱན་རས་གཟིགས་ཀྱི་སྒྲུབ་ ཐབས་འོག་མ་རྣམས་ལའང་བསྟོད་པ་འདི་ཁོ་ནས་ཆོག་གོ ། །། ༄༅། །འཕགས་པ་སྤྱན་རས་གཟིགས་ཧཱ་ལ་ཧཱ་ལའི་སྒྲུབ་ཐབས་དཀྱུས་མ་ནི། པད་ཟླའི་སྟེང་དུ་ཧྲཱིཿལས་རང་ ཉིད་འཕགས་པ་ཧཱ་ལ་ཧཱ་ལ་སྐུ་མདོག་དཀར་པོ། རྩ་ཞལ་དཀར་གཡས་སྔོ་གཡོན་སེར་བའི་ ཞལ་གསུམ། ཞལ་རེ་རེ་བཞིན་སྤྱན་གསུམ་གསུམ་པ། ཕྱག་གཡས་པ་གསུམ་གྱིས་མཆོག་ སྦྱིན། འཕྲེང་བ། མདའ། གཡོན་པ་གསུམ་གྱིས་ལྷ་མོའི་ནུ་མ། པདྨ་དཀར་པོ་གཞུ་རྣམས་ འཛིན་པ། གཡོན་ཕྱོགས་ནས་ལྷ་མོ་འདོད་ལྡན་མས་འཁྱུད་པ། སྟག་ལྤགས་ཀྱི་ཤམ་ཐབས་ ཅན་ཐོད་སྐམ་ལྔའི་དབུ་རྒྱན་དང་རལ་པའི་ཅོད་པན་ལ་ཟླ་བ་བྱེད་པས་མཛེས་པ་ཡིད་ཙམ་ ཁྲོ་བ། གཡས་སུ་རྩེ་གསུམ་ལ་སྦྲུལ་གྱིས་དཀྲིས་པ་དང༌། གཡོན་དུ་ཐོད་པ་མེ་ཏོག་སྣ་ཚོགས་ ཀྱིས་གང་བ་དང་བཅས་ཤིང༌། རིན་པོ་ཆེ་མི་གཡོ་བའི་བྲག་ཕུག་ན་བཞུགས་པའོ། །རིགས་ བདག་ནི་འོད་དཔག་མེད། སྔགས་ནི། ༀ་ཧཱ་ལ་ཧཱ་ལ་ཧྲཱིཿ།། །། ༄༅། །འཕགས་པ་ཁ་སཪྤ་ཎའི་སྒྲུབ་ཐབས་སློབ་དཔོན་རྙོག་པ་མེད་པའི་ལུགས་ནི། ཧྲཱིཿལས་རང་ཉིད་འཕགས་ པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ། རལ་པའི་ཅོད་པན་ཅན། ཕྱག་གཡས་མཆོག་སྦྱིན་ དང༌། གཡོན་པས་པདྨ་དཀར་པོའི་སྡོང་བུ་ཐུགས་ཀར་འཛིན་པ། ཞབས་གཡས་བརྐྱང་བའི་ སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པ། རལ་བའི་ཐོར་ཚུགས་ཅན། གཡས་སུ་སྒྲོལ་མ་ 15-1-797 ལྗང་ཁུ་མཆོག་སྦྱིན་དང་ཨུཏྤལ་ཅན་བཞེངས་པ། ནོར་བཟང་སེར་པོ་པུས་བཙུགས་ཐལ་མོ་ སྦྱར་བ། མཆན་ཁུང་དུ་པོ་ཏི་ཅན། གཙོ་བོའི་གཡོན་དུ་ཁྲོ་གཉེར་ཅན། དཀར་ལ་སེར་བའི་ མདངས་ཅན་བཞེངས་པ། ཕྱག་གཡས་གཉིས་ཐལ་མོ་དང་དབྱུག་གུ། གཡོན་གཉིས་ཕྲེང་བ་ དང་སྤྱི་བླུགས། རྟ་མགྲིན་དམར་པོ་ཁྲོ་བོའི་ཆ་བྱད་རྫོགས་པ། དབུའི་སྟེང་དུ་རྟ་མགོ་ལྗང་ཁུ་ ཅན། ཕྱག་གཡས་གཙོ་བོའི་པུས་མོ་ལ་རེག་ཅིང༌། གཡོན་དབྱུག་པ་ཨོམ་ཚུགས་ཅན། རོལ་ པས་བཞུགས་པའོ། །གཞུང་ལས་མི་གསལ་ཡང༌། གཙོ་བོའི་སྐུ་གཞོགས་སུ་ནོར་བཟང་དང་རྟ་མགྲིན་གཉིས་དང༌། དེའི་ གཡས་གཡོན་དུ་གཞན་གཉིས་བཞུགས་པ་ཡིན་པར་གསལ་ལོ། །རིགས་བདག་ནི་འོད་དཔག་མེད། སྔགས་ནི། ༀ་ཧྲཱིཿསྭཱཧཱ།། །། ༄༅། །འཕགས་པ་ཡེ་གེ་དྲུག་པའི་སྒྲུབ་ཐབས་ལྷན་སྐྱེས་རོལ་པའི་ལུགས་ནི། པད་ཟླའི་སྟེང་དུ་ཧྲཱིཿལས། དབུས་སུ་རང་ཉིད་འཕགས་པ་སྤྱན་རས་གཟིགས་གཡས་གཡོན་དུ་སྐད་ཅིག་གིས་གྲུབ་པའི་ ཚུལ་གྱིས། སྲས་ནོར་བུ་འཛིན་པ་དང༌། ཡུམ་ཡི་གེ་དྲུག་མ་སྟེ་གསུམ་ཀར་ཡང་སྐུ་མདོག་ དཀར་པོ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་འཕྲེང་བ་དང༌། གཡོན་འོག་མས་པདྨ་འཛིན་པ། སོ་སོར་པད་ཟླའི་གདན་རེ་རེ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་ བཞུགས་པ། རིགས་བདག་ནི་འོད་དཔག་མེད་དོ། །སྔགས་ནི། ༀ་མ་ཎི་པདྨེ་ཧཱུཾ།། །། ༄༅། །ཧ་རི་ཧ་རི་ཧ་རི་ལ་ཞོན་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། པཾ་ལས་ཆུ། ལཾ་ལས་ས་སྟེ་འབྱུང་བཞིའི་དཀྱིལ་འཁོར་དང༌། སུཾ་ལས་བྱུང་བའི་ རི་རབ་རྣམས་བརྩེགས་པའི་སྟེང་དུ། ཧྲཱིཿལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་སུ་ གྱུར་པ་ནི། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་དྲུག་པ། གཡས་གསུམ་སངས་རྒྱས་ལ་ དཔང་པོར་གསོལ་བའི་ཐལ་མོ་དང་བགྲང་འཕྲེང་དང༌། ངན་འགྲོའི་སེམས་ཅན་ལ་ཐར་པའི་ ལམ་སྟོན་པའི་ཕྱག་རྒྱ་ས་གནོན་ལྟ་བུ་མཛད་པ། གཡོན་གསུམ་ན་དབྱུག་ཏོ་དང༌། རི་དྭགས་ 15-1-798 ཀྲིཥྞ འི་པགས་པ་དང༌། སྤྱི་བླུགས་རྣམས་འཛིན་པ། རླུང་མེ་གནས་གྱུར་པའི་སེང་གེ་དཀར་པོ་ ལྷ་ཚངས་པའི་ངོ་བོ་དང༌། ཆུ་གནས་གྱུར་པའི་བྱ་ཁྱུང་ཁ་དོག་ལྔ་པ་དྲག་པོའི་ངོ་བོ་དང༌། ས་ དང་རི་རབ་གནས་གྱུར་པའི་ཁྱབ་འཇུག་ཆེན་པོ་དང་གཟུགས་ཉིད་དེ། ལྷ་ཆེན་པོ་གསུམ་གྱི་ གདན་ལ་བཞུགས་པའོ། །རིགས་བདག་ནི་སྣང་བ་མཐའ་ཡས་སོ། །སྔགས་ནི། ༀ་ཧྲཱིཿསྭཱཧཱ། རྗེས་གནང་བྱེད་པའི་ བདག་བསྐྱེད་ཀྱི་སྒྲུབ་ཐབས་འདི་ཙམ་གྱིས་ཆོག་ལ། སྒྲུབ་པ་ཉམས་ལེན་ལ་བསྐྱེད་ཆོག་གི་རིམ་པ་གཞན་ཡོད་པ་གཞུང་བཞིན་ བྱེད་དགོས་ཏེ། སྔ་ཕྱིའི་སྒྲུབ་ཐབས་གཞན་མང་པོ་ཞིག་ལའང་དེ་ལྟར་གོ་དགོས་སོ།། །། ༄༅། །འཕགས་པ་ཧཱ་ལ་ཧཱ་ལ་རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་ནི། གཞན་ཐམས་ཅད་ཧཱ་ལ་ཧཱ་ལ་སྔ་མ་དང་འདྲ་བ་ལས། གཡོན་ཞལ་དམར་པོའོ། །སྔགས་ནི། ༀ་བཛྲ་དྷརྨ་ཧྲཱིཿཧཱ་ལ་ཧཱ་ལའི་སྒྲུབ་ཐབས་འདི་གཉིས་ཀ །སློབ་དཔོན་ ལྷན་སྐྱེས་རོལ་པས་མཛད་ཅེས་འབྱུང་ལ། ལྷ་མོ་ནི་བྲིས་སྐུ་རྙིང་པ་ཡིད་ཆེས་ཅན་ལས་སྐུ་མདོག་ལྗང་ཁུར་བྲིས་སྣང་ལ་གཞུང་ཕྱི་ མ་འདི་ལས་ཡུམ་སྐྱིལ་ཀྲུང་གིས་བཞུགས་པར་བཤད་པ་འདྲ་རུང་ཞིག་བྱུང་ཀྱང༌། འགྱུར་སྐྱོན་ཡིན་པར་མངོན་པས་ཇི་ལྟར་བདེ་ བར་བྱའོ།། །། ༄༅། །པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས་ནི། སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཟླ་བ་ལ་ ཧྲཱིཿལས་རང་ཉིད་འཇིག་རྟེན་མགོན་པོ་པདྨ་གར་དབང་སྐུ་མདོག་དམར་པོ། ཕྱག་གཡོན་པས་ སྐུའི་གཡོན་ཕྱོགས་སུ་གནས་པའི་ཡུམ་གོས་དཀར་མོ་ལ་འཁྱུད་པའི་ཚུལ་གྱིས་པདྨ་དམར་ པོའི་སྡོང་བུ་འཛིན་ཅིང༌། གཡས་པ་ཁབ་ཀྱི་ཕྱག་རྒྱ་དང་གར་གྱི་ཚུལ་གྱིས་ཐུགས་ཀར་པདྨ་ ཁ་འབྱེད་པར་མཛད་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཤིན་ཏུ་ཆགས་ པའི་ཉམས་ཅན། འདབ་མ་བརྒྱད་ལ་ཤར་དུ་རྣམ་གཟིགས་མ་དཀར་མོ་པད་དམར་འཛིན་པ། ལྷོར་སྒྲོལ་མ་ལྗང་ཁུ་པད་ལྗང་འཛིན་པ། ནུབ་ཏུ་དབང་ཕྱུག་མ་སེར་མོ་ཨུཏྤལ་སྔོན་པོ་འཛིན་ པ། བྱང་དུ་ཁྲོ་གཉེར་མ་དཀར་མོ་པད་སེར་འཛིན་པ། ཤར་ལྷོར་པདྨ་ལ་གནས་པ་མོ་སེར་མོ་ པད་དམར་འཛིན་པ། ལྷོ་ནུབ་ཏུ་པདྨའི་དབང་ཕྱུག་མ་སྔོ་སངས་པད་དཀར་འཛིན་པ། ནུབ་ 15-1-799 བྱང་དུ་སྣ་ཚོགས་པདྨ་དཀར་མོ་པདྨ་ནག་པོ་འཛིན་པ། བྱང་ཤར་དུ་སྣ་ཚོགས་རྡོ་རྗེ་མ་ཁྲ་མོ་ སྣ་ཚོགས་པདྨ་འཛིན་པ། ཐམས་ཅད་ཀྱང་སེམས་དཔའི་སྐྱིལ་ཀྲུང་ཕྱག་གཡོན་པ་གདན་ལ་ བརྟེན་པའམ། ཡང་ན་གཙོ་བོ་དང་མཚུངས་པའོ། །རིགས་བདག་ནི་འོད་དཔག་མེད་དོ། །སྔགས་ནི། ༀ་ ཧྲཱིཿཔདྨ་ན་ར་ཏེ་ཤྭ་ར་ཧཱུཾ།། །། ༄༅། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་རྒྱས་པ་ལས་འབྱུང་བ་འཕགས་པ་སྤྱན་རས་གཟིགས་དྲག་པོ་ཆེན་པོའི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་རཾ་ལས་ཉི་མའི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེ་ལས་རྡོ་རྗེའི་ས་གཞི་ར་ གུར་དང་བཅས་པའི་བསྲུང་འཁོར་རོ། །དེའི་ནང་དུ་མི་བཟད་པའི་དུར་ཁྲོད་ཆེན་པོའི་དབུས་ སུ། པདྨ་དམར་པོ་འདབ་བརྒྱད་དང༌། རཾ་ལས་ཉི་མའི་སྟེང་དུ། ཧྲཱིཿལས་སྤྱན་རས་གཟིགས་ སྐུ་མདོག་བུང་བ་ལྟར་གནག་པ། གཅེར་བུ་གཡས་བརྐྱང་བའི་སྟབས་ཀྱིས་བཞུགས་པ། ཞལ་ ལྔ་ཕྱག་བཅུ་གཉིས་པ། རྩ་ཞལ་མཐིང་ནག གཡས་ཞལ་དཀར་པོ་དང་དམར་པོ། གཡོན་ ཞལ་སེར་པོ་དང་ལྗང་ཁུ། གཡས་རྣམས་ན་ཌཱ་མ་རུ་དང༌། ཁ་ཊྭཱཾ་ག་དང༌། ལྕགས་ཀྱུ་དང༌། ཞགས་པ་དང༌། རྡོ་རྗེ་དང༌། མདའ་རྣམས་སོ། །གཡོན་རྣམས་ན་སྡིགས་མཛུབ་དང༌། ཐོད་པ་ དང༌། པདྨ་དམར་པོ་དང༌། ནོར་བུ་དང༌། འཁོར་ལོ་དང༌། གཞུ་བསྣམས་པའོ། །ཞལ་ཐམས་ ཅད་རབ་ཏུ་ཁྲོས་པ། རུས་པའི་ཕྱག་རྒྱ་དྲུག་དང༌། ཐོད་སྐམ་གྱི་དབུ་རྒྱན་དང༌། ཐོད་རློན་གྱི་ དོ་ཤལ་དང་ལྡན་པ། དབུ་རྒྱན་ནི་རྡོ་རྗེ་སེམས་དཔའོ་ཞེས་འདོད་མོད། འོད་དཔག་མེད་ཀྱང་རུང་ངོ༌། །སྔགས་ནི། ༀ་ ཨཱཿཧཱུཾ་ཨི་ཏི་མུ་ནི་ཝ་ར་བཛྲ་ཧྲཱིཿཧཱུཾ་ཛཿ སྒྲུབ་ཐབས་འདི་སློབ་དཔོན་ཛེ་ཏཱ་རིས་མཛད། རྒྱ་གཞུང་གི་དཔེ་འགའ་རེ་ ལས་འདི་གླེགས་བམ་གྱི་གཞུག་རང་ན་འདུག་ཅིང༌། བླ་མ་གོང་མའི་ཡིག་སྣ་ནའང༌། ཀུན་གྱི་ཐ་མར་འབུད་པ་མཛད་མོད་ཀྱི། སྡེ་ ཚན་བསྒྲིགས་པའི་ཕྱིར་འདིར་བླངས་པ་ཉིད་ལེགས་ཤིང༌། འོག་གི་ཁམས་གསུམ་དབང་སྡུད་ཀྱི་སྒྲུབ་ཐབས་ཀྱང༌། སྐབས་འདིར་ བླངས་ན་སྡེ་ཚན་བསྒྲིག་པའི་ཕྱིར་ལེགས་སོ། །དེ་འདིར་བླངས་ན་དེ་ཡན་ཆད་ཀྱིས་སྤྱན་རས་གཟིགས་དབང་གི་སྡེ་ཚན་རྣམས་ རྫོགས་སོ།། །། 15-1-800 ༄༅། །དེ་ནས་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་རྣམས་འབྱུང་སྟེ། སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་པ་ལ། པད་ཟླ་ལ་ ཏཱཾ་ལས་ཨུཏྤ་ལ་ཏཱཾ་གིས་མཚན་པ་ལས། རང་ཉིད་འཕགས་མ་སྒྲོལ་མ་ལྗང་ཁུ། ཕྱག་གཡས་ མཆོག་སྦྱིན་དང༌། གཡོན་ཨུཏྤལ་སྔོན་པོ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ངམ། སེམས་ དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་ནི་དོན་ཡོན་གྲུབ་པའོ། །སྔགས་ནི། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ ཨ་མུ་ཀཾ་ཝ་ཤ་མ་ན་ཡེ་སྭཱཧཱ། སྒྲུབ་ཐབས་འདི་སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་དོ། །འདིའི་ཆན་བུ་རྙིང་པ་ལས། ཞབས་ ཀྱི་བཞུགས་སྟངས་བཞེངས་བཞུགས་གང་བྱས་ཀྱང་འདྲ་ཞེས་བཤད་ལ། མན་ངག་ལས་དམར་མོར་ཡང་འདོད་སྐད་དོ། བསྟོད་ པ་ནི། ལྷ་དང་ལྷ་མིན་ཅོད་པན་གྱི་སོགས་བྱ་སྟེ། སྒྲོལ་མའི་སྒྲུབ་ཐབས་འོག་མ་རྣམས་ལ་ཡང་དེས་རིགས་འགྲེའོ།། །། ༄༅། །སྒྲོལ་དཀར་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་ནི། སུཾ་ལས་བྱུང་བའི་རི་རབ་ཀྱི་སྟེང་དུ། པད་ དཀར་ཟླ་བའི་གདན་ལ་ཧཱུཾ་ལས་རང་ཉིད་སྒྲོལ་མ་དཀར་མོ་ཞལ་གཅིག་སྤྱན་གསུམ་ཕྱག་ བཞིའི་དང་པོ་གཉིས་ཨུཏྤ་ལའི་ཕྱག་རྒྱ་ཐུགས་ཀར་འཆིང་བ། དེ་ནི་སྲིན་ལག་མཐེ་བོས་ མནན། མཐེའུ་ཆུང་བསྒྲེངས་ཏེ་གཤིབས། གུང་མོ་བསྒྲེང་བའི་རྒྱབ་ཏུ་མཛུབ་མོ་བརྟེན་པའོ། ། གཡས་འོག་མས་རིན་པོ་ཆེ་དང་བཅས་པའི་མཆོག་སྦྱིན། གཡོན་འོག་མས་ཨུཏྤ་ལའི་སྙེ་མ་ འཛིན་པ། གཡས་སུ་འོད་ཟེར་ཅན་མ་སེར་མོ་ཤ་འགག་དམར་པོ་དང་སྟོད་གོས་སྔོན་པོ་ཅན། གཡས་རྔ་ཡབ་གཡོན་མྱ་ངན་མེད་པའི་ཡལ་ག སྐུའི་གཡོན་དུ་རྨ་བྱ་ཆེན་མོ་ལྗང་ཁུ། གཡས་ རྔ་ཡབ། གཡོན་རྨ་བྱའི་མཇུག་སྒྲོ། རིགས་བདག་ནི་འོད་དཔག་ཏུ་མེད་པའམ། ཡང་ན་རིགས་ལྔ་ཆར་གྱིས་དབུ་ བརྒྱན་ནོ། །སྔགས་ནི། ༀ་ན་མཿཏཱ་རེ་མ་ནོ་ཧ་རེ་ཧཱུཾ་ཧ་རེ་སྭཱཧཱ།། །། ༄༅། །སེང་ལྡེང་ནགས་སྒྲོལ་གྱི་སྒྲུབ་ཐབས་ནི། པད་ཟླའི་སྟེང་དུ་ཏཱཾ་ལས་ཨུཏྤལ་ཏཱཾ་གིས་མཚན་ པ་ལས། འཕགས་མ་སྒྲོལ་མ་ལྗང་ཁུ། ཕྱག་གཡས་མཆོག་སྦྱིན་དང༌། གཡོན་ཨུཏྤལ་སྔོན་ པོའི་སྡོང་བུ་འཛིན་པ། ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བཞུགས་པ། གཡས་སུ་འོད་ཟེར་ཅན་མ་སེར་མོ་རྡོ་རྗེ་དང་མྱ་ངན་མེད་པའི་ཡལ་ག་འཛིན་པ། གཡོན་དུ་ 15-1-801 རལ་གཅིག་མ་ནག་མོ་ཁྲོ་མོའི་ཆ་བྱད་ཅན་གྲི་གུག་ཐོད་ཁྲག་བསྣམས་པའོ། །ཡིག་སྣ་ལས་གཙོ་ འཁོར་གསུམ་ཀ་རྣམ་པ་འདྲ་བར་བཤད་ནའང༌། འདིར་སྒྲུབ་ཐབས་ཁུངས་མ་གཞན་ནས་འབྱུང་བ་ལྟར་བཀོད་ལ། མནའ་ཆན་ རིགས་གཅིག་ལས་གཉིས་པོའི་ཕྱག་གཡས་ན་རྔ་ཡབ་འཛིན་པ་དང༌། གཞན་དཀྱུས་དང་འདྲ་བ་ཡང་བྱས་འདུག་པ་ཇི་ལྟར་འོས་ པར་སྦྱར་རོ། །རིགས་བདག་ནི་དོན་གྲུབ་བོ། །སྔགས་ནི། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ།། །། ༄༅། །འཆི་བ་བླུ་བའི་སྒྲོལ་མའམ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ནི། པད་དཀར་ཟླ་བའི་གདན་ལ། ཏཱཾ་ ལས་རང་ཉིད་སྒྲོལ་མ་དཀར་མོ། ཕྱག་གཡས་མཆོག་སྦྱིན་དང༌། གཡོན་ཨུཏྤལ་དཀར་པོའི་ སྡོང་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དབུ་རྒྱན་ནི་བ་རིའི་ལུགས་འདི་ལ་འོད་ དཔག་མེད་ཡིན་ལ། སྔགས་ནི་ཡི་གེ་བཅུ་པ་ཉིད་དོ། །སྤེལ་ཚིག་སྦྱོར་ན། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱཧཱ། འོག་ནས་འབྱུང་བ་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་ཀྱང་སྐབས་འདིར་བླངས་ཏེ་རྗེས་གནང་བྱས་ན་ ཤིན་ཏུ་ལེགས་ལ། ཐ་མར་འབྱུང་བའི་སྒྲོལ་དཀར་ཞལ་གསུམ་ཕྱག་དྲུག་པ་ནི་སྐབས་འདིར་བླངས་ན་ལེགས་མོད་ཀྱང༌། མཇུག་ གི་རྟེན་འབྲེལ་བཀྲ་ལེགས་པའི་ཕྱིར་དུ། ཐམས་ཅད་ཀྱི་ཐ་མར་མཛད་པ་ཉིད་ལག་ལེན་ཡིན་ནོ། །སྐབས་འདིར་སྒྲོལ་མའི་སྡེ་ཚན་ དེ་ཙམ་ཞིག་ཡིན་ལ། སྤྱིར་ཀུ་ལུ་ཀུལླེ་དང༌། ཁྲོ་གཉེར་ཅན་མ་དང༌། རལ་གཅིག་མ་སོགས་ཀྱང་སྒྲོལ་མའི་རིགས་སུ་འདོད་ཅིང༌། སྒྲོལ་མའི་ཕྱོགས་གཏོགས་ཐམས་ཅད་ཀྱང་སྤྱན་རས་གཟིགས་ཀྱི་རིགས་ཀྱི་རྗེས་འབྲང་གི་སྡེ་ཚན་ནོ།། །། ༄༅། །ད་ནི་འོད་ཟེར་ཅན་མའི་སྡེ་ཚན་རྣམས་བཤད་པ་ལས། ཐོག་མར་ཨོ་ཌི་ཡ་ནའི་འོད་ཟེར་ཅན་མའི་སྒྲུབ་ཐབས་ ནི། མྱ་ངན་མེད་པའི་ཤིང་གི་སྡོང་པོས་སྐོར་བའི་མཆོད་རྟེན་གྱི་ནང་དུ། པད་ཟླའི་གདན་ལ་ ༀ་ལས་ཉི་མའི་དཀྱིལ་འཁོར་རོ། །ཉི་མའི་སྟེང་དུ་མཾ། ཉི་མ་མཾ་དང་བཅས་པ་ཡོངས་སུ་གྱུར་ པ་ལས་རང་ཉིད་འོད་ཟེར་ཅན་མ་དམར་མོ་ཆེར་ཁྲོས་པ། ཁྲོ་མོའི་ཆ་བྱད་རྫོགས་པ། རྩ་ཞལ་ དམར། གཡས་ནག་པོ་དང་ལྗང་ཁུ། གཡོན་སེར་པོ་དང་དཀར་པོ། སྟེང་ཞལ་ཕག་གདོང་ནག་ པོ་སྟེ་ཞལ་དྲུག ཕྱག་གཡས་དྲུག་ན་རལ་གྲི། རྡོ་རྗེ་གཏུན་ཤིང༌། མདའ། མཚོན་རྩེ་གཅིག་པ། དགྲ་སྟའོ། །གཡོན་དྲུག་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། ཐོད་ཁྲག མྱ་ངན་མེད་ 15-1-802 པའི་ཡལ་ག ཚངས་པའི་མགོ་བོ། གཞུ། རྩེ་གསུམ་རྣམས་འཛིན་པ། ཞབས་གཡོན་བརྐྱང་ བའི་སྟབས་ཀྱིས། པད་ཟླའི་སྟེང་དུ་བགེགས་ཚོགས་མནན་པའི་ཕག་གི་སྟེང་ན་གནས་པ། དེའི་མདུན་དུ་ཕོ་ཉ་མོ་དམར་མོ་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང༌། ཤིང་ཨ་ཤོ་ ཀའི་ཡལ་ག་བསྣམས་པ། ཕག་གིས་དྲངས་པའི་ཤིང་རྟ་ལ་ཞོན་པའོ། །འདི་གཞུང་གི་དངོས་བསྟན་ ལྟར་ན་དེ་ལྟར་ཡིན་ལ། མནའ་ཆན་ལས་ནི་གཙོ་མོ་ཉིད་ཕག་བདུན་གྱིས་དྲངས་པའི་ཤིང་རྟའི་དབུས་སུ་བཞུགས་པ་དང༌། ཕོ་ཉ་ མོ་གཙོ་མོའི་ཞབས་གཉིས་ཀྱི་བར་ན་གནས་མར་བཤད་དོ། །རིགས་བདག་ནི་རྣམ་སྣང་སེར་པོའོ། །སྔགས་ནི། ༀ་མ་རི་ཙྱཻ་ ཨཾ་ཨཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། བསྟོད་པ་ནི། གང་གི་མཚན་ཙམ་འཛིན་ཞིང་དྲན་པས་ཀྱང༌། སོགས་ཏེ་ འོད་ཟེར་ཅན་མའི་སྒྲུབ་ཐབས་འོག་མ་རྣམས་ལའང་བསྟོད་པ་དེ་ཁོ་ནའོ།། །། ༄༅། །རྟོག་པ་ལས་འབྱུང་བ་འོད་ཟེར་ཅན་མ་སེར་མོའི་སྒྲུབ་ཐབས་ནི། པད་ཉིའི་སྟེང་དུ་མཾ་ལས་རང་ཉིད་ འོད་ཟེར་ཅན་མར་གྱུར་པ་ནི། མྱ་ངན་མེད་པའི་ཤིང་གི་སྡོང་པོས་བསྐོར་བའི་དབུས་སུ། རྣམ་ པར་སྣང་མཛད་ཀྱི་ངོ་བོ་མཆོད་རྟེན་ཡངས་ཤིང་རྒྱ་ཆེ་བའི་བུམ་པའི་ནང་དུ། ཡཾ་ལས་རླུང་གི་ དཀྱིལ་འཁོར་གྱི་སྟེང་དུ། ཧཾ་ལས་གཟའ་ཆེན་པོ་རཱ་ཧུ་ལ་སྲིན་པོའི་ལུས་ཅན་རོ་སྨད་མེད་པ་ ལག་ཏུ་ཉི་ཟླ་འཛིན་པ་དེ་ལྟ་བུ་རྨིག་པས་བརྫི་བར་བྱེད་པ། ཕག་པ་བདུན་གྱིས་དྲངས་པའི་ རིན་པོ་ཆེའི་ཤིང་རྟའི་སྟེང་དུ། པད་ཉི་ལ་གནས་པའི་བཅོམ་ལྡན་འདས་མ་སྐུ་མདོག་སེར་མོ། ཞི་མ་ཁྲོ། རྩ་ཞལ་སེར་བ། གཡས་དམར་བ། གཡོན་ཕག་གདོང་སྔོན་པོ་ཆེར་ཁྲོས་པ། དམར་ ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་བཞི་ན་རྡོ་རྗེ། ལྕགས་ཀྱུ། མདའ། ཁབ། གཡོན་བཞི་ན་ཤིང་ཨ་ཤོ་ཀའི་ཡལ་ག གཞུ། སྐུད་པ། ཞགས་པ་འཛིན་པའི་སྡིགས་ མཛུབ་བོ། །ཞབས་གཡས་བརྐྱང་བས་རོལ་པས་བཞུགས་པའམ། བཞེངས་པ་ཇི་ལྟར་འོས་པར་བྱ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། དར་དམར་པོ་ཤ་འགགས་སྦུ་གུ་ཅན་དང་སྟོད་གཡོགས་ གསོལ་བ། ཤར་དུ་བད་ཏ་ལི་དཀར་མོ། ཁབ། ལྕགས་ཀྱུ། ཞགས་པ། ཨ་ཤོ་ཀ་རྣམས་འཛིན་ 15-1-803 པ། ལྷོར་བཱ་ད་ལི་སེར་མོ་མྱ་ངན་མེད་པ། ཁབ་དང༌། རྡོ་རྗེ་ཞགས་པ་རྣམས་འཛིན་པ། ནུབ་ཏུ་ བ་ར་ལི་དཀར་མོ་རྡོ་རྗེ། ཞགས་པ། ཁབ་དང༌། མྱ་ངན་མེད་འཛིན་པ། བྱང་དུ་བཱ་རཱ་ཧཱ་མུ་ཁི་ དམར་མོ། རྡོ་རྗེ། མདའ་དང༌། ཞགས་པ། ཨ་ཤོ་ཀ་འཛིན་པ། ཐམས་ཅད་ཀྱང་ཕག་གི་གདོང་ ཅན་གཡོན་བརྐྱང་གིས་གནས་པ། ལྷག་མ་གཙོ་མོ་དང་མཚུངས་པའོ། །རིགས་བདག་ནི་རྣམ་སྣང་ངོ༌། ། ༀ་མཱ་རི་ཙྱཻ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཡང་རྟོག་པའི་འོད་ཟེར་ཅན་མ་སེར་མོ་དེ་ཁོ་ན་འདྲ་བ་ལས། སྔགས་ༀ་མ་རི་ ཙྱཻ་སྭཱཧཱ། ཞེས་པ་སྟེ་ཡང་ན་སྒྲུབ་ཐབས་འདི་གཉིས་གཅིག་ཏུ་སྡོམས་ཀྱང་རུང་བར་བཞེད་དོ།། །། ༄༅། །རྟོག་པ་ལས་འབྱུང་བ་འོད་ཟེར་ཅན་མ་དཀར་མོའི་སྒྲུབ་ཐབས་ནི། པད་ཟླ་ལ་མཾ་ལས། རང་ཉིད་ བཅོམ་ལྡན་འདས་མ་དཀར་མོ་རྩ་ཞལ་དཀར་བ། གཡས་ནག་པ། གཡོན་ཕག་གདོང་དམར་ བ། རྒྱབ་ཞལ་ལྗང་ཁུ། སྟེང་ཞལ་སེར་པོ། ཕྱག་གཡས་ལྔ་ན་ཉི་མའི་དཀྱིལ་འཁོར། རྡོ་རྗེ་ སྔོན་པོ། མདའ། ལྕགས་ཀྱུ་དང༌། ཁབ་རྣམས་སོ། །གཡོན་པ་ལྔ་ན་ཟླ་བའི་དཀྱིལ་འཁོར། གཞུ། མྱ་ངན་མེད་པ། ཞགས་པ་འཛིན་པའི་སྡིགས་མཛུབ། སྐུད་པའོ། །དར་དཀར་པོའི་སྟོད་ གཡོགས་དང༌། ཤ་འགག་སྦུ་གུ་ཅན་གསོལ་བ། ཞབས་བཞི་བརྐྱང་བསྐུམ་དང༌། གར་སྟབས་ ཀྱིས་ཁྱབ་འཇུག་བརྒྱ་བྱིན་ཚངས་པ་རྣམས་མནན་པ། གཞན་སེར་མོ་ཕྱག་བརྒྱད་ཀྱི་སྐབས་དང་འདྲ་བ་ལ། གཟའ་ཆེན་པོ་དགུ་དང་ནད་ཀྱི་བདག་པོ་ཐམས་ཅད་མིའི་གཟུགས་ཅན་དུ་གནས་པ་རྣམས་ བརྫི་ཞིང་ཐ་བར་བྱེད་པའི་ཕག་བདུན་གྱིས་དྲངས་པའི་ཤིང་རྟ་ལ་གནས་ཤིང༌། མཆོད་རྟེན་ གྱི་བུམ་པའི་ཁོངས་སུ་རྒྱུ་བ། གཙོ་མོའི་མདུན་དུ་ཕོ་ཉ་མོ་ནག་མོ་ཆུ་སྲིན་ལ་ཞོན་པ། གཡས་ རྡོ་རྗེ། གཡོན་སྡིགས་མཛུབ། གཡས་སུ་ཕོ་ཉ་དམར་མོ་ཕྱག་བཞི། ལྕགས་ཀྱུ། ཁབ་དང་ ཞགས་པ། སྐུད་པ་འཛིན་པ། གཡོན་དུ་ཕོ་ཉ་དམར་མོ་ཕྱག་བཞི། མདའ་གཞུ་བཀར་ཞིང་རྡོ་ རྗེ་དང༌། མྱ་ངན་མེད་པ་འཛིན་པ། ཕོ་ཉ་གསུམ་ཀར་ཡང་ཕག་གི་གདོང་ཅན་གཡོན་བརྐྱང་ གི་སྟབས་ཀྱིས་བཞུགས་པ། རིགས་བདག་སྔར་དང་འདྲ། སྔགས་ནི། ༀ་མཱ་རི་ཙྱཻ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ།། 15-1-804 ༄༅། །མྱ་ངན་མེད་པའི་འོད་ཟེར་ཅན་མའི་སྒྲུབ་ཐབས་ནི། ཕག་སེར་པོའི་སྟེང་དུ་པད་ཟླ་ལ། མཾ་ལས་ འོད་ཟེར་ཅན་མ་སེར་མོ་ཞལ་གཅིག་ཕྱག་གཉིས། རབ་ཏུ་ཞི་བ་སེམས་དཔའི་སྐྱིལ་ཀྲུང་གིས་ བཞུགས་པ། མྱ་ངན་མེད་པའི་སྡོང་པོ་ལ་རྒྱབ་བརྟེན་ཞིང༌། ཕྱག་གཡོན་པས་དེའི་ཡལ་ག་ འཛིན་པ། གཡས་མཆོག་སྦྱིན་ནོ། །དབུ་རྒྱན་གོང་བཞིན། སྔགས་ནི། ༀ་མཱ་རི་ཙྱཻ་མཾ་སྭཱཧཱ།། །། ༄༅། །ཡང་ཨོ་ཌི་ཡ་ནའི་འོད་ཟེར་ཅན་མའི་སྒྲུབ་ཐབས་ལྷན་སྐྱེས་རོལ་པས་མཛད་པའི་ལུགས་ནི། དུར་ཁྲོད་ཆེན་ པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། མཆོད་རྟེན་གྱི་བུམ་པའི་ནང་དུ། ཕག་བདུན་ གྱིས་དྲངས་པའི་ཤིང་རྟའི་སྟེང་པད་ཉི་ལ། མཾ་ལས་འོད་ཟེར་ཅན་དམར་མོ་ཆེར་ཁྲོས་པ། རྩ་ ཞལ་དམར། གཡས་ནག་པོ་དང་དཀར་པོ། གཡོན་སེར་པོ་དང་ལྗང་ཁུ། སྟེང་ཕག་གདོང་ ནག་པོ། ཕྱག་གཡས་དྲུག་རལ་གྲི། འཁོར་ལོ། གཏུན་ཤིང༌། མདའ། དགྲ་སྟ། རྩེ་གཅིག གཡོན་ཞགས་པར་བཅས་པའི་སྡིགས་མཛུབ། ཁ་ཊྭཱཾ་ག ཐོད་པ། ཨ་ཤོ་ཀ ཚངས་མགོ་གཞུ། རྩེ་གསུམ་མོ། །མི་མགོ་སྐམ་པོ་བརྒྱད་བརྒྱད་ཀྱི་དབུ་རྒྱན་དང༌། མགོ་འཕྲེང་དང༌། སྦྲུལ་དང༌། རིན་པོ་ཆེས་བརྒྱན་པ། རོལ་སྟབས་ཀྱིས་བཞུགས་པའོ། །མདུན་དུ་ཕོ་ཉ་མོ་དཀར་མོ་ཕག་ གདོང་ཅན། ཕྱག་བཞི་རྡོ་རྗེ། ཁབ། ཨ་ཤོ་ཀ སྡིགས་མཛུབ་མཛད་པ། ཤ་འགགས་སེར་པོའི་ སྟེང་དུ། སྟག་ལྤགས་ཀྱི་སྨད་དཀྲིས་ཅན། རིགས་བདག་ནི་འདྲ། སྔགས་ནི། ༀ་མཱ་རི་ཙྱཻ་མཾ་ཧཱུཾ་ཧཱུཾ་ཕཊ་ ཕཊ་སྭཱཧཱ།། །། ༄༅། །ཨོ་རྒྱན་རིམ་པའི་འོད་ཟེར་ཅན་མ་རྡོར་དབྱིངས་དབང་ཕྱུག་མའམ། རོ་ལངས་འོད་ཟེར་ཅན་མའི་སྒྲུབ་ཐབས་ ནི། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས། བསྲུང་འཁོར་དུ་གྱུར་པའི་ནང་དུ། མཚན་ ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དུར་ཁྲོད་ཆེན་པོས་བསྐོར་བའི་དབུས། ཨོ་ཌི་ཡ་ནའི་ 15-1-805 གནས་གྲུ་གསུམ་དཀར་ལ་དམར་བའི་གནས་ཀྱི་གཞལ་མེད་ཁང་པའི་ནང་དུ། ཉི་མ་ལ་རྡོ་ རྗེ་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་ཅན་མ་དམར་མོ་ཆེར་ཁྲོས་པ། རྩལ་ཞལ་དམར་བ། གཡས་གཉིས་དཀར་པོ་དང་ནག་པོ། གཡོན་གཉིས་སེར་པོ་དང་ནག་པོ། སྟེང་ཕག་ཞལ་ ནག་པོ། ཕྱག་གཡས་དྲུག་ན་རལ་གྲི། སྣ་ཚོགས་རྡོ་རྗེ། ཀ་ཎ་ཡ། དགྲ་སྟ། མདའ། གཏུན་ ཤིང༌། གཡོན་དྲུག་ཁབ་དང་བཅས་པའི་སྡིགས་མཛུབ། རྩེ་གསུམ། ཨ་ཤོ་ཀ །གཞུ། ཞགས་ པ། ཚངས་མགོའོ། །ཞབས་བཞི་གཡོན་བརྐྱང་བས་བདུད་བཞི་མནན་པ། རུས་པའི་རྒྱན་ལྔ་ དང༌། ཡན་ལག་ཉིང་ལག་ཐམས་ཅད་ལ་མི་མགོ་རློན་པའི་འཕྲེང་བས་མཛེས་པ། ཁྲོ་མོའི་ཆ་ བྱད་རྫོགས་པ། རིགས་བདག་ནི་རྣམ་སྣང་ངོ༌། །སྔགས་ནི། ༀ་བཛྲ་དྷ་ཏྲི་ཤྭ་རཱི་སརྦ་དུཥྚན་ཧ་ན་ཧ་ན་ཧ་ད་ ཧ་ད་ཧ་པ་ཙ་པ་ཙ་ༀ་མཱ་རི་ཙྱཻ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ།། །། ༄༅། །ལྷ་མོ་བསྐུལ་བྱེད་མའི་སྒྲུབ་ཐབས་ནི། པད་ཟླ་ལ་ཙུཾ་ཡིག་ལས། ལྷ་མོ་ཙུན་ད་དཀར་མོ་ ཕྱག་བཞི། གཡས་དང་པོ་མཆོག་སྦྱིན། གཡོན་དང་པོ་ཤེར་ཕྱིན་གྱི་པོ་ཏིས་མཚན་པའི་པདྨ་ དཀར་པོ། འོག་མ་གཉིས་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་ པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་ནི་རྣམ་སྣང་ངོ༌། །སྔགས་ནི། ༀ་ཙ་ལེ་ཙུ་ལེ་ཙུན་དེ་ སྭཱཧཱ། བསྟོད་པ་ནི། རྒྱལ་བ་ཐམས་ཅད་མཉེས་མཛད་པ། །འགྲོ་བའི་དོན་ཆེན་བསྒྲུབ་པའི་ཕྱིར། ། རིགས་སྔགས་ལྷ་མོའི་ཚུལ་འཛིན་པ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད་དེ། འཆད་པ་འགྱུར་བའི་ལྷ་མོའི་སྒྲུབ་ཐབས་སྒོས་སུ་བསྟོད་པ་མེད་པ་ཀུན་ལ་ཚིགས་བཅད་འདི་ཁོ་ནས་བསྟོད་པར་བྱའོ།། །། ༄༅། །འཕགས་པ་ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་ནི། པད་ཟླ་ལ་ཛཾ་ཡིག་ལས་འཕགས་པ་ཛམྦྷ་ལ་སྐུ་ མདོག་སེར་པོ་ཤ་ཉམས་རྒྱས་པ། ཞལ་གཅིག་ཕྱག་གཉིས་སྤྱན་གདངས་པ། གཡས་མཆོག་ སྦྱིན་གྱི་མཐིལ་ན་ཤིང་ཐོག་བི་ཛ་པཱུ་ར་ཀ་འཛིན་པ། གཡོན་པས་རིན་པོ་ཆེ་སྣ་ཚོགས་ཀྱིས་ གང་བའི་ནེའུ་ལེའི་རྐྱལ་པ་བསྣམས་པས་ནོར་བུའི་ཆར་འབེབས་པ། ཞབས་གཉིས་གཡས་ 15-1-806 བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་རོལ་པས་དུང་གི་ཚོགས་དང་པདྨའི་ཚོགས་ལ་སོགས་པའི་ གཏེར་མནན་པ། ཨུཏྤལ་སྔོན་པོའི་དོ་ཤལ་ཅན། གཞན་ཞི་བ་སྤྱི་དང་མཚུངས་པ་རིགས་བདག་ནི་རིན་ཆེན་ འབྱུང་ལྡན་ནོ། །སྔགས་ནི། ༀ་ཛམྦྷ་ལ་ཛ་ལེན་དྲ་ཡེ་སྭཱཧཱ། བསྟོད་པ་ནི། ནོར་གྱི་དབང་ཕྱུག་སོགས་སོ།། །། ༄༅། །ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་ནི། པད་ཉི་ལ་ཧཱུཾ་ལས་ཛམྦྷ་ལ་ནག་པོ་མིའུ་ཐུང་གི་གཟུགས་ རིགས་ངན་གྱི་ཆ་བྱད་རྣ་བ་མ་ཕུག་པ། གཅེར་བུ་ཕྱག་གཡས་ཐོད་ཁྲག་ཐུགས་ཀར་འཛིན་པ། སྦྲུལ་གྱིས་བརྒྱན་པ། གཡོན་ནེའུ་ལེ་ནོར་བུ་སྐྱུག་པ་འཛིན་ཞིང་བརླ་ལ་བརྟེན་པ། རྟགས་གྱེན་ དུ་ལངས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ནོར་བདག་སེར་པོ་རིན་པོ་ཆེའི་སྙེ་མ་ སྐྱུག་པ་མནན་པ། ལྷག་མ་ཁྲོ་བོའི་ཆ་བྱད་རྫོགས་ཤིང་ཉི་མའི་དཀྱིལ་འཁོར་ལ་རྒྱབ་བརྟེན་ པ། རིགས་བདག་ནི་མི་བསྐྱོད་པ། སྔགས་ནི་གོང་བཞིན་ནམ་ༀ་ཛླུཾ་སྭཱཧཱ། བསྟོད་པ་ཡང་གོང་བཞིན་ནམ། མགོན་པོ་ ནམ་མཁའི་རང་བཞིན་སོགས་སོ།། །། ༄༅། །ནོར་རྒྱུན་མའི་སྒྲུབ་ཐབས་ནི། པད་ཟླ་ལ་བཾ་ལས་ལྷ་མོ་ནོར་རྒྱུན་མ་སེར་མོ། ཕྱག་གཡས་ མཆོག་སྦྱིན་དང༌། གཡོན་འབྲས་ཀྱི་སྙེ་མ་དང་གཏེར་གྱི་བུམ་པ་ལྷན་ཅིག་འཛིན་པ། ཞབས་ སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་གནོད་སྦྱིན་མཛའ་བོ་ཐམས་ཅད་ཀྱིས་ ཡོངས་སུ་བསྐོར་བའོ། །མཛའ་མོའི་སྐྱེ་འགྲོས་བསྐོར་ཟེར་བའང་ཡོད། རིགས་བདག་ནི་རིན་འབྱུང༌། སྔགས་ ནི། ༀ་ཤྲཱི་བ་སུ་ནི་དྷ་ན་ཀྵེ་ཏྲེ་སྭཱཧཱ། བསྟོད་པ་ནི། གང་སྟོན་སྦྱིན་པ་རྒྱ་མཚོ་སོགས་སོ། །འོག་ནས་འབྱུང་བའི་ ཛམྦྷ་ལ་ལྷ་མང་གི་སྒྲུབ་ཐབས་ཡང་སྐབས་འདིར་བླངས་ལ་རྗེས་གནང་བྱའོ།། །། ༄༅། །འཕགས་མ་ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་ནི། པད་ཟླ་ལ་ཡི་གེ་བྷྲིཾ་ལས། རང་ཉིད་ཁྲོ་གཉེར་ ཅན་མ་སེར་མོ་ཞི་བ་རལ་བའི་ཅོད་པན་ཅན། ཕྱག་གཡས་གཉིས་མཆོག་སྦྱིན་དང༌། འཕྲེང་ བ། གཡོན་གཉིས་དབྱུག་པ་དང་རིལ་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རིགས་ བདག་ནི་འོད་དཔག་མེད། སྔགས་ནི། ༀ་བྷྲིཾ་སྭཱཧཱ། 15-1-807 ༄༅། །སྒྱུ་དྲྭ་ལས་གསུངས་པ་འཕགས་པ་བྱམས་པའི་སྒྲུབ་ཐབས་ནི། པད་ཟླ་ལ་མཻཾ་ལས་རང་ཉིད་མགོན་ པོ་བྱམས་པ་གསེར་གྱི་མདོག་ཅན། ཞལ་གསུམ་ཆར་སེར་བའམ། སེར་དཀར་སྔོ་བའི་ཞལ་ གསུམ་གང་རིགས་བྱ། ཕྱག་དང་པོ་གཉིས་ཆོས་འཆད། གཡས་འོག་མ་མཆོག་སྦྱིན། གཡོན་ འོག་མས་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ པ། རིགས་བདག་ནི་རྣམ་སྣང་ངོ༌། །སྔགས་ནི། ༀ་མཻཾ་མེ་ཏྲི་ཡེ་སྭཱཧཱ། བསྟོད་པ་ནི། བྱམས་ཆེན་མེ་ཡི་སོགས་སོ།། །། ༄༅། །རྡོ་རྗེ་གུར་ལས་འབྱུང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་སྒྲུབ་ཐབས་ནི། པད་དཀར་ཟླ་བའི་ གདན་ལ། ཨཾ་ལས་རང་ཉིད་ཤེར་ཕྱིན་དཀར་མོ་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཞུང་གི་དངོས་བསྟན་ལྟར་ན་ཆོས་འཆད་ཁོ་ནས་གཡས་ན་པདྨ་དམར་པོ་དང༌། གཡོན་ན་པོ་ཏི་བསྣམས་ པ་ཡིན་ལ། མན་ངག་ལྟར་ན། ཕྱག་མཐིལ་ལས་གྱེས་པའི་གཡས་སུ་པད་དཀར་དང༌། གཡོན་ དུ་པད་དམར་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན་ཤེར་ཕྱིན་གྱི་པོ་ཏི་རེ་དང་བཅས་པ་རྡོ་རྗེའི་ སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་ནི་མི་བསྐྱོད་པའོ། །སྔགས་ནི། ༀ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷ་ནི། ཛྭ་ ལ་ཛྭ་ལ་མེ་དྷ་ཝརྡྷ་ནི། དྷི་རི་དྷི་རི་བུདྡྷི་ཝརྡྷ་ནི་སྭཱཧཱ། བསྟོད་པ་ནི། སྨྲ་བསམ་བརྗོད་མེད་སོགས་ཏེ། ཤེར་ཕྱིན་གྱི་སྒྲུབ་ཐབས་འོག་མ་རྣམས་ལའང་རིགས་འགྲེའོ།། །། ༄༅། །གདན་བཞིའི་རྒྱུད་ལས་འབྱུང་བའི་ཤེར་ཕྱིན་དཀར་མོའི་སྒྲུབ་ཐབས་སློབ་དཔོན་དགེ་འདུན་བྱིན་གྱིས་བུས་མཛད་ པའི་ལུགས་ནི། པད་ཟླ་ལ་པྲཾ་ལས་ཤེར་ཕྱིན་དཀར་མོ་སྔ་མའི་མན་ངག་དང་མཚུངས་པ་བསྐྱེད་དེ། སྔགས་ནི། ༀ་པྲཾ་སྭཱཧཱ། ཞེས་པའོ།། །། ༄༅། །ཤེར་ཕྱིན་སེར་མོའི་སྒྲུབ་ཐབས་ནི། པད་ཟླ་ལ་དྷཱིཿལས་རང་ཉིད་བཅོམ་ལྡན་འདས་མ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སེར་མོ་ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ པ། གཡོན་གྱི་མཐིལ་ནས་གྱེས་པའི་པད་མ་སྔོན་པོའི་སྡོང་བུ་པོ་ཏིས་མཚན་པ་འཛིན་པ། 15-1-808 ཞབས་རྡོ་རྗེའི་སྐྱིལ་ཀྲུང་ངོ༌། །དབུ་རྒྱན་ནི་རྣམ་སྣང་ངོ༌། སྔགས་ནི། ༀ་པྲཛྙོ་མཧཱ་པྲཛྙོ་ཤྲུ་ཏྲི་སྨྲྀ་ཏི་བི་ཛ་ ཡ་དྷཱིཿསྭཱཧཱ། ཡང་ཤེར་ཕྱིན་སེར་མོའི་སྒྲུབ་ཐབས་ནི། བཤད་མ་ཐག་པ་དང་འདྲ་བ་ལས། པད་མའི་ཚབ་ཏུ་ཨུཏྤལ་སྔོན་ པོ་འཛིན་པ་དང༌། སྔགས་ནི། ༀ་ཨཱཿདྷཱིཿཧཱུཾ་སྭཱཧཱ། ཞེས་བཟླ་བ་ནི་ཁྱད་པར་རོ། །འོག་གི་གསེར་མདོག་ཅན་གྱི་ཤེར་ ཕྱིན་མའི་སྒྲུབ་ཐབས་ནི། ཕྱག་ན་པདྨ་འཛིན་པ་ཡིན། གཞན་དེ་ཁོ་ན་དང་འདྲ་སྟེ། འདི་ལ་པདྨ་དང་ཨུཏྤལ་འདམ་ཁ་ཡིན། གཞན་ཁྱད་མེད་པས། སྒྲུབ་ཐབས་འདི་གཉིས་ལ་རྗེས་གནང་གཅིག་གིས་ཆོག་པར་བཞེད་དོ།། །། ༄༅། །མདོར་བསྡུས་པའི་ཤེར་ཕྱིན་སེར་མོའི་སྒྲུབ་ཐབས་ནི། གཞན་ཐམས་ཅད་དེ་དང་འདྲ་བ་ལས། གདན་པདྨ་ དམར་པོ་ངེས་{གཟུངས་[གཟུགས་]ཅན་དང༌། སྔགས་ནི། ༀ་དྷཱིཿཤྲུ་ཏྲི་སྨྲྀ་ཏི་བི་ཛ་ཡེ་སྭཱཧཱ། སྒྲུབ་ ཐབས་བརྒྱ་རྩའི་གླེགས་བམ་འདིར་ཁྲོ་རྒྱལ་མི་གཡོ་བ་སྔོན་པོའི་སྒྲུབ་ཐབས་མཛད་བྱང་མེད་པ་ཞིག་ལ་དཔེ་ཚན་གཅིག་དང༌། མངོན་རྟོགས་མེད་པའི་ལས་ཚོགས་རྐྱང་པ་ལ་འོད་ཟེར་འབྱུང་གནས་གྲགས་པའི་མཛད་བྱང་འབྱར་བ་ཞིག་དང༌། སྒྲུབ་ཐབས་ གཞོན་ནུ་སྦས་པས་མཛད་པ་སྟེ། ཆོས་ཚན་གསུམ་ཡོད་ཅིང༌། ཐོག་མ་དེ་ལ་ཛེ་ཏཱ་རིས་མཛད་ཟེར་བ་མཆན་བུ་རྙིང་པ་ན་སྣང༌། འོན་ཀྱང་སྒྲུབ་ཐབས་རྒྱ་མཚོ་ན་ཆོས་ཚན་སྔ་མའི་གཞུག་གི་དགེ་བ་བྱང་ཆུབ་ཏུ་བསྔོ་བ་དེ་མེད་པར། ཐོག་མ་དང་བར་པའི་དཔེ་ ཚན་གཉིས་པོ་སྦྲེལ་ནས། འོད་ཟེར་འབྱུང་གནས་གྲགས་པས་མཛད་པར་བཤད་པ་ལྟར་ལེགས་པར་མངོན་ནོ། །འོན་ཀྱང་གཞུང་ འདིར་ད་ལྟ་འབྱུང་བ་ལྟར་ན། ཆོས་ཚན་བར་པ་ནི་ལས་ཚོགས་ཁོ་ན་སྟོན་བྱེད་ཡིན་པས་རྗེས་གནང་མེད་ལ། ཐོག་མཐའ་གཉིས་ ལ་རྗེས་གནང་གཅིག་གིས་ཆོག་གོ །དེ་ཡང་པད་ཉི་ལ་ཧཱུཾ་ལས་རང་ཉིད་ཁྲོ་རྒྱལ་མི་གཡོ་བ་སྐུ་མདོག་ཟར་ མའི་མེ་ཏོག་ལྟར་སྔོ་བ། རོལ་པའི་ཁྲོ་བོ་ཞེས་བྱ་བ་ཞི་མ་ཁྲོའི་ཆ་བྱད་ཅན། སྐུ་ལུས་འཁྲང་ ཞིང་གྲིམས་པ། སྤྱན་གཉིས་གཡས་པ་གྱེན་དང་གཡོན་པ་ཐུར་ལ་གཟིགས་པ། སྐྲ་སེར་གྱེན་ དུ་བརྫེས་ཤིང༌། སྨ་ར་ཨག་ཚོམ་སྤངས་པ། ཡ་སོས་མ་མཆུ་མནན་ཞིང༌། ཕྱག་གཡས་རལ་ གྲི་འཕྱར་བ། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་སྙིང་གར་གཏོད་པ། ཞབས་ གཡས་ཀྱི་མཐིལ་དང༌། གཡོན་གྱི་པུས་མོ་ཉི་མའི་དཀྱིལ་འཁོར་ལ་བརྟད་དེ་ཕྱེད་ཙམ་ བཞེངས་པ། དེར་དམར་པོའི་འདོམ་དཀྲིས་དང༌། སྦྲུལ་གྱི་དོ་ཤལ་དང༌། རིན་པོ་ཆེའི་རྒྱན་ 15-1-809 རྣམས་ཀྱིས་བརྒྱན་པའོ། །རིགས་བདག་ནི་མི་བསྐྱོད་པའོ། །སྔགས་ནི། ༀ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། བསྟོད་ པ་ནི། གང་གི་རང་བཞིན་ཁྲོ་དང་རྣམ་བྲལ་ཡང༌། །ཞེ་སྡང་ཅན་ལ་ཁྲོ་བའི་རྣམ་པ་དང༌། །མཐུན་ པར་བསྟན་པས་ཁྲོ་སོགས་ཞི་མཛད་པའི། །བྱང་ཆུབ་འདི་བརྙེས་མཛད་ལ་ཕྱག་འཚལ་ལོ། ། བསྟོད་པ་འདི་ནི་ཁྲོ་བོའི་སྒྲུབ་ཐབས་སྒོས་ཀྱི་བསྟོད་པ་མེད་པ་ཀུན་ལའང་སྦྱར་བར་བྱའོ།། །། ༄༅། །རི་ཁྲོད་མ་ལོ་མ་གྱོན་མའི་སྒྲུབ་ཐབས་ནི། པད་ཟླ་ལ་བཾ་ཡིག་ལས་འཕགས་མ་རི་ཁྲོད་མ་ལོ་མ་ གྱོན་མ་སེར་མོ། ཞལ་གསུམ་ཕྱག་དྲུག་རྩ་ཞལ་སེར། གཡས་དཀར། གཡོན་དམར་བ། དྲག་ ཅིང་མཆེ་བ་གཙིགས་པ། སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་གསུམ་རྡོ་རྗེ། དགྲ་ སྟ། མདའ། གཡོན་གསུམ་རྡོ་རྗེ་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང༌། ཤིང་ལོའི་ སྦྲང་ཡབ་དང༌། གཞུ་འཛིན་པ། སྐྲ་སེར་གྱེན་བརྫེས་ཤིང་ལོའི་ན་བཟའ་དང༌། རིན་པོ་ཆེའི་ རྒྱན་ཅན། བགེགས་རྣམས་བསྒྱེལ་བའི་གདན་ལ་གཡོན་བརྐྱང་གིས་བཞུགས་པ། རིགས་བདག་ ནི་མི་བསྐྱོད་པའོ། །སྔགས་ནི། ༀ་པི་ཤཱ་ཙཱི་པརྞ་ཤཱ་བཱ་རཱི་སརྦ་མ་རི་པྲ་ཤ་མ་ནཱ་ཡ་སྭཱཧཱ། བསྟོད་པ་ནི། རྒྱལ་ བ་ཀུན་གྱི་ཡེ་ཤེས་སོགས་པར་འདིར་རི་ཁྲོད་མའི་གཟུངས་རིང་ལ་ཆོས་ཚན་གཅིག་ཡོད་ཀྱང༌། རྗེས་གནང་ལོགས་པ་མི་ དགོས་སོ། ། ༄༅། །གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་གསུངས་པའི་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་ནི། པད་ཟླའི་སྟེང་ དུ། ས་བོན་དོ་ཡིག་ལ་རང་ཉིད་རྡོ་རྗེ་དབྱངས་ཅན་མ། དམར་ནག་དཀར་བའི་ཞལ་གསུམ་ ཕྱག་དྲུག་གི མདུན་མ་གཉིས་གྲི་གུག ཐོད་ཁྲག་ཐུགས་ཀར་འཁྱུད་རྒྱ་མཛད་པ། ལྷག་མ་ གཡས་གཉིས་པད་མ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་འཁོར་ལོ་འཛིན་པ། གཡོན་ བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། སྤྱན་གསུམ་པ་ཡིད་ཙམ་ཁྲོ་བ་ལས། གཞན་ལྷ་མོ་ཞི་ བའི་མཚན་ཉིད་རྫོགས་པ། རིགས་བདག་ནི་འོད་དཔག་མེད་དོ། །སྔགས་ནི། ༀ་པི་ཙུ་པི་ཙུ་སོགས་ཤེར་ཕྱིན་ དཀར་མོའི་སྐབས་དང་འདྲ། སྒྲུབ་ཐབས་འདི་སློབ་དཔོན་དཔལ་འཛིན་གྱིས་མཛད་པའོ།། །། 15-1-810 ༄༅། །ཁྲོ་རྒྱལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་ནི། པད་ཉིའི་སྟེང་དུ་ཧཱུཾ་ལས་རང་ཉིད་ཧཱུཾ་མཛད་ཞལ་ གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་རང་གི་ཕྱག་རྒྱས་འཛིན་ པ། གད་རྒྱངས་ཆེན་པོ་བརྒྱད་ཀྱིས་བཞད་པ། ཞབས་གཡོན་བརྐྱང་བས་དྲག་པོ་དབང་ཕྱུག་ ཆེན་པོ་མནན་པ། ཁྲོ་བོའི་ཆ་བྱད་རྫོགས་པའོ། །རིགས་བདག་ནི་མི་བསྐྱོད་པའོ། །སྔགས་ནི། ༀ་ཧཱུཾ་ཧཱུཾ་ཧཱུཾ་ ཕཊ་སྭཱཧཱ།། །། ༄༅། །ཁྲོ་བོ་བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས་ནི། པད་ཉི་ལ་ཧཱུཾ་ལས་རང་ཉིད་ཁྲོ་རྒྱལ་བགེགས་ དགྲ་སྔོ་སངས། ཕྱག་གཡས་རྡོ་རྗེ་འཕྱར་ཞིང་གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ མཛད་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །རིགས་བདག་ནི་མི་བསྐྱོད་པ། སྔགས་ནི། ༀ་ ཨཱཿབིགྷྣཱན་ཏ་ཀྲི་ཏ་ཧཱུཾ་ཧཱུཾ་ཕཊ། ༄༅། །རལ་གཅིག་མའི་སྒྲུབ་ཐབས་ནི། པད་ཉིའི་སྟེང་དུ་ཊཱཾ་ལས་ཐོད་པའི་ནང་དུ་མི་རོའི་གདན་ ལ། ཧཱུཾ་ལས་རང་ཉིད་བཅོམ་ལྡན་འདས་མ་རལ་གཅིག་མ་སྔོ་ནག་ཆེར་ཁྲོས་པ། ཕྱག་བཞིའི་ དང་པོ་གཉིས་གྲི་གུག་དང་ཐོད་ཁྲག །འོག་མ་གཉིས་རལ་གྲི་དང་ཨུཏྤལ་འཛིན་པ། ནུ་འབུར་ སྟེང་དུ་ལངས་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། ཁྲོ་མོའི་ཆ་བྱད་རྫོགས་པའི་ སྟེང་དུ། གཡེར་ཁ་དང་མེ་ཏོག་གི་འཕྲེང་བས་བརྒྱན་པ། རིགས་བདག་ནི་མི་བསྐྱོད་པའོ། །སྔགས་ནི། ༀ་ ཧྲཱིཾ་ཧྲཱིཾ་ཧཱུཾ་ཕཊ། འོག་ནས་གསུངས་པའི་རྒྱ་ནག་རིམ་པའི་སྒྲོལ་མའི་སྒྲུབ་ཐབས་ཀྱང༌། གཞན་ནི་བཤད་མ་ཐག་པ་དེ་ཁོ་ན་ བཞིན་ཡིན་ལ། ཁ་ཅིག་སྔགས་ལ། ༀ་མེད་པས་རྗེས་གནང་ཐ་དད་དུ་དགོས་ཟེར་བ་དང༌། ལ་ལ་དག་ༀ་ཡོད་མེད་འདམ་ཁ་ ཡིན་པས། སྒྲུབ་ཐབས་དེ་གཉིས་ལ་རྗེས་གནང་གཅིག་གིས་ཆོག་པར་འདོད་པའང་ཡོད་པ། ཇི་ལྟར་རིགས་པར་བྱའོ། །བསྟོད་ པ་ནི། གང་གི་རང་བཞིན་ཁྲོ་དང་རྣམ་བྲལ་ཡང༌། །ཞེས་པ་དེ་ཉིད་ཀྱིས་ཆོག་སྟེ། ཁྲོ་མོ་གཞན་རྣམས་ལ་ཡང་ འདྲའོ།། །། ༄༅། །འཕགས་མ་དུག་སེལ་མའི་སྒྲུབ་ཐབས་ནི། པད་ཉི་ལ་ཛཱཾ་ལས་རང་ཉིད་དུག་སེལ་མ་སེར་མོ། 15-1-811 ཞལ་གསུམ་ཀར་སེར་ཞིང་སྤྱན་གསུམ་གསུམ་མངའ་བ། སྦྲུལ་མགོའི་གདེངས་ཀ་བདུན་དང་ ལྡན་པ། ཁྲོ་ཞིང་བཞད་པ། ཕྱག་གཡས་གསུམ་ན་རྡོ་རྗེ། རལ་གྲི། མདའ། གཡོན་གསུམ་ན་ ཞགས་པ་དང་བཅས་པའི་སྡིགས་མཛུབ། མེ་ཏོག་དང་བཅས་པའི་དུག་གི་ཡལ་ག་དང་གཞུ་ འཛིན་པ། དུག་གི་མེ་ཏོག་གིས་བརྒྱན་པའི་སྐེ་རགས་ཅན། དར་གྱི་ན་བཟའ་དང་སྦྲུལ་གྱིས་ བརྒྱན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། རིགས་བདག་ནི་མི་བསྐྱོད་པའོ། །སྔགས་བསྡུས་པ་ ནི། ༀ་ཛཱཾ་སྭཱཧཱ། སྔགས་རིང་དག་པོ་བྱུང་ན་ཆེས་བཟང་ཡང༌། འདིའི་སྔགས་དག་པོ་དཀོན་པར་སྣང་ངོ༌། །དེའི་རྗེས་སུ་དུག་ སེལ་མའི་གཟུངས་མདོ་ཆུང་བ་ལ་ཆོས་ཚན་གཅིག་ཡོད་དེ། རྗེས་གནང་ལོགས་པ་མི་དགོས་སོ།། །། ༄༅། །རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེ་རིགས་གཅིག་གི་སྒྲུབ་ཐབས་ནི། པད་ཉིའི་སྟེང་དུ་ཏཱཾ་ལས། རང་ ཉིད་ཀུ་རུ་ཀུལླེ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་བཞིའི་གཡས་ཀྱི་ དང་པོས་མདའ། གཉིས་པ་སྐྱབས་སྦྱིན། གཡོན་གྱི་དང་པོས་གཞུ། གཉིས་པས་ཨུཏྤ་ལའི་ སྡོང་བུ་འཛིན་པ། བདུད་དང་བདུད་ཀྱི་ལྷ་མོ་དགའ་མ་གཉིས་འགྱེལ་བའི་སྟེང་དུ་པད་ཉི་ལ་ རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཤ་འགག་དང༌། སྟོད་གཡོགས་དར་དམར་པོ་ཅན། རིགས་ བདག་ནི་དོན་ཡོན་གྲུབ་པའོ། །སྔགས་ནི། ༀ་ཀུ་རུ་ཀུལླེ་སྭཱཧཱ། བསྟོད་པ་ནི། ལྷ་མོ་སྒྲོལ་མ་ལས་སྤྲུལ་པ། ། དུག་འཇོམས་དབང་འགུགས་ལས་མཛད་ཅིང༌། ཁམས་གསུམ་གཡོ་མཛད་རྣལ་འབྱོར་མ། ། རིག་བྱེད་མ་ལ་ཕྱག་འཚལ་བསྟོད། །ཅེས་པ་སྟེ། ཀུ་རུ་ཀུལླེ་འོག་མ་རྣམས་ལའང་རིགས་འགྲེའོ། །སྒྲུབ་ཐབས་ འདི་ལ་སྤྱི་མིང་བྱེ་བྲག་ལ་ཐོག་པའི་ཚུལ་གྱིས། སྒྲོལ་མ་ཀུ་རུ་ཀུལླེའི་སྒྲུབ་ཐབས་ཞེས་ཟེར་རོ།། །། ༄༅། །རྟོག་པ་ལས་འབྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པའི་ལུགས་ནི། པད་ཟླ་ལ་ཧྲཱིཿལས་ རང་ཉིད་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཕྱག་གཡས་དང་པོ་སྐྱབས་སྦྱིན། གཡོན་དང་པོ་ ཨུཏྤལ་དམར་པོ། ཕྱག་རྒྱབ་མ་གཉིས་ཀྱིས་མེ་ཏོག་གི་མདའ་གཞུ་རྒྱབ་ཀྱི་ཆ་ནས་འགེངས་ པ། ན་བཟའ་དམར་པོ་ཅན། འོད་ཟེར་དམར་པོ་འབར་བ། ཀུ་རུ་ཀུལླེའི་རི་ཕུག་ན་སྒྲ་གཅན་ 15-1-812 གྱི་མགོ་ལ་གནས་པའི་འདོད་ལྷ་ཆུང་མ་དང་བཅས་པའི་སྟེང་དུ། པད་ཟླ་ལ་སྐྱིལ་ཀྲུང་ངམ། གཡས་བརྐྱང་གི་རོལ་པས་བཞུགས་པའོ། །རིགས་བདག་ནི་སྣང་བ་མཐའ་ཡས་སོ། །སྔགས་ནི། ༀ་ཀུ་རུ་ ཀུལླེ་ཧྲཱིཿཧཱུཾ་སྭཱཧཱ།། །། ༄༅། །ཡང་རྟོག་པ་ལས་འབྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་གཞན་ནི། ཕལ་ཆེར་དེ་དང་འདྲ་བ་ལས། ཕྱག་ མདུན་མ་གཉིས་ཀྱིས་མདའ་གཞུ། རྒྱབ་མ་གཉིས་གཡས་མཆོག་སྦྱིན་དང༌། གཡོན་ཨུཏྤལ་ འཛིན་པ། སྒྲ་གཅན་དང་བདུད་ཕོ་མོའི་གདན་སྤངས་པ། སྔགས་ནི་ༀ་ཀུ་རུ་ཀུལླེ་ཧྲཱིཿསྭཱཧཱ། ཞེས་ པའོ། །འདི་དང་གོང་མ་གཉིས་བསྲེས་ནས། གཅིག་ཏུ་བྱེད་པ་མི་ལེགས་སོ། །ཀུ་རུ་ཀུལླེ་གསུམ་པོ་དེ་ནི་ལྷ་མོ་ཞི་བ་ཁོ་ན་ཡིན་ནོ།། །། ༄༅། །ཨོ་ཌི་ཡ་ན་ལས་འབྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་ནི། ཧཱུཾ་ལས་བྱུང་བའི་བསྲུང་འཁོར་གྱི་དབུས་ སུ། ཨེ་ལས་ཆོས་འབྱུང་ངོ༌། །དེའི་ནང་དུ་ཧྲཱིཿལས་པདྨ། རཾ་ལས་ཉི་མ་མི་རོའི་གདན་དང་ བཅས་པའི་སྟེང་དུ། ཧྲཱིཿལས་རང་ཉིད་ཀུ་རུ་ཀུལླེ་དམར་མོ། རོལ་པའི་ཁྲོ་མོ་ཆེན་མོ། མཆེ་བ་ གཙིགས་ཤིང་སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་དང་པོ་གཉིས་ ཀྱིས་ཨུཏྤལ་དམར་པོའི་མདེའུ་ཅན་གྱི་མདའ་དང༌། མེ་ཏོག་དམར་པོའི་གཞུ་འགེངས་པ། གཡས་འོག་མས་མེ་ཏོག་དམར་པོའི་ལྕགས་ཀྱུ་དང༌། གཡོན་འོག་མས་ཨུཏྤལ་དམར་པོའི་ སྡོང་བུ་ཞགས་པའི་ཚུལ་དུ་འཛིན་པ། སྟག་གི་པགས་པའི་སྨད་དཀྲིས་དང༌། རུས་པའི་ཕྱག་ རྒྱ་ལྔ་དང༌། ཐོད་སྐམ་གྱི་དབུ་བརྒྱན། ཐོད་རློན་གྱི་དོ་ཤལ་དང་བཅས་པ། གཡོན་བརྐྱང་བའི་ སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་མི་རོའི་སྙིང་གར་མནན་པ། མེ་དཔུང་འབར་བའི་དབུས་ ན་བཞུགས་པའོ། །དབུ་བརྒྱན་ནི་སྣང་མཐའ། སྔགས་ནི། ༀ་ཀུ་རུ་ཀུལླེ་ཧྲཱིཿསྭཱཧཱ། ཞེས་པ་ཉིད་དོ། །འོག་ནས་ འབྱུང་བའི་ཀུ་རུ་ཀུལླེ་ཐོད་པ་ཅན་གྱི་སྒྲུབ་ཐབས་ཀྱང༌། སྐབས་འདིར་བླངས་ན་ལེགས་ཏེ། དེ་ལྟར་ན་ཀུ་རུ་ཀུལླེའི་སྒྲུབ་ཐབས་ ལྔའོ། །སྒྲུབ་ཐབས་བརྒྱ་རྩའི་དཔེ་འགའ་ཞིག་ལས། རྟོག་པ་ནས་འབྱུང་བ་ཀུ་རུ་ཀུལླེ་ཕྱི་མ་དེ་དང་དོན་འདྲ་བ་ལ། སྔགས་ཆེ་གེ་ 15-1-813 མོ་ཝ་ཤ་མ་ནཱ་ཡ་ཞེས་སྤེལ་ཚིག་བཅུག་པའི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་ཞིག་ཀྱང་སྣང་སྟེ། དེང་སང་དེ་ལ་རྗེས་གནང་གི་ ལག་ལེན་མེད་དོ།། །། ༄༅། །ཁམས་གསུམ་དབང་དུ་སྡུད་པར་བྱེད་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ནི། པད་ཉིའི་སྟེང་དུ་ ཧྲཱིཿལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡིད་ཙམ་ཁྲོ་ཞིང་ ཆགས་པའི་ཉམས་ཅན། སྤྱན་གསུམ་གདངས་པ། རལ་པའི་ཅོད་པན་འཕྱང་བ། གཡས་ ལྕགས་ཀྱུ་དང༌། གཡོན་རྡོ་རྗེའི་ཞགས་པ་འཛིན་པ། སྲིད་པ་གསུམ་གྱི་རང་བཞིན་ལུགས་ གཉིས་ཞགས་པས་བཅིངས་པའི་སྟེང་དུ། པད་ཉི་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རིན་ པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པ། གཅེར་བུའམ་སྟག་ལྤགས་ཅན་ནམ། དར་གྱི་སྨད་ དཀྲིས་ཅན་ཇི་ལྟར་མོས་པར་བསྒོམ། རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་དབང་བསྐུར་བ་སྦྱིན་ པ། བྱང་ཆུབ་སེམས་དཔའ་རྒྱན་སྣ་ཚོགས་དང་ལྡན་པ་རྣམས་ཀྱིས་མཆོད་པར་བྱེད་པ། རིག་ པ་འཛིན་པ་དང༌། ཁྱབ་འཇུག་དང༌། བདེ་བྱེད་དང༌། ཚངས་པ་ལ་སོགས་པས་གར་དང་རོལ་ མོ་སྣ་ཚོགས་བྱེད་ཅིང༌། མགོ་འཕྲེང་དང་རུས་པས་བརྒྱན་པའི་འབྱུང་པོ་སྣ་ཚོགས་རྣམས་ ཀྱིས་གདུགས་དང་རྔ་ཡབ་ལ་སོགས་པས་བཀུར་བསྟི་བྱེད་པའི་སྐུ་ཅན་ནོ། །རིགས་བདག་ནི་འོད་ དཔག་མེད། སྔགས་ནི། ཧཱུཾ་ཧྲཱིཿཨ།། །། ༄༅། །གང་བ་བཟང་པོའི་རྒྱུད་ལས་འབྱུང་བ་ཛམྦྷ་ལའི་སྒྲུབ་ཐབས་རྒྱས་པ་ནི། ཟླ་བའི་སྟེང་དུ་གནོད་སྦྱིན་ གྱི་གནས་ས་ག་ཊ་ཞེས་བྱ་བ། དཀྱིལ་འཁོར་དམར་པོ་གྲུ་གསུམ་གྱི་དབུས་སུ། པདྨ་འདབ་ བརྒྱད། ཕྱི་རོལ་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་དང་བཅས་པའོ། །དབུས་སུ་པདྨའི་ལྟེ་བར་ བཾ་ལས་ནོར་རྒྱུན་མ་སེར་མོ། གཡས་མཆོག་སྦྱིན་དང༌། གཡོན་འབྲས་ཀྱི་སྙེ་མ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རོལ་བས་བཞུགས་པ། དེའི་གསང་བར་ཛཾ་ལས་འཕགས་ པ་ཛམྦྷ་ལ་སྐུ་མདོག་སེར་པོ། བི་ཛ་པུ་ར་དང༌། གཏེར་གྱི་ནེའུ་ལེ་འཛིན་པ། དུང་དང་པདྨ་ 15-1-814 ལ་སོགས་པའི་གཏེར་ལ་ཞབས་བརྟེན་པས་འཁྱུད་པ། འདབ་མ་རྣམས་ལ་ཤར་ནས་གཡས་ སྐོར་གྱིས་སྦས་མ། རབ་སྦས་མ། བཟང་མོ། རབ་བཟང་མོ། མེ་ནས་གཡས་སྐོར་གྱིས། ལྷ་ མོ་དང༌། དབྱངས་ཅན་མ། འཕགས་མ་དང༌། ཟླ་ཤེལ་མ་རྣམས་ནོར་རྒྱུན་མ་དང་མཚུངས་པ། དེ་རྣམས་ལ་འཁྱུད་པའི་གནོད་སྦྱིན་བརྒྱད་ནི། གང་བཟང་སྔོན་པོ། རྣམ་ཐོས་སེར་པོ། ནོར་ སྦྱིན་དམར་པོ། ནོར་བཟང་ལྗང་སེར། པི་ཙི་ཀུཎྜ་ལི་དམར་པོ། ཀི་ལི་མ་ལི་སྔོན་པོ། ཙ་རེནྟྲ་ དང་མུ་ཁེནྡྲ་ལེནྟྲ་སེར་པོ། དེ་རྣམས་རྣམ་པ་ལ་ཛམྦྷ་ལ་དང་འདྲའོ། །ཤར་སྒོར་ནོར་སྦྱིན་དང་ ནོར་སྦྱིན་ཆེན་པོ། ལྷོ་སྒོར་པདྨ་དང༌། པདྨ་ཆེན་པོ། ནུབ་སྒོར་ཀི་ལི་དང༌། ཀི་ལི་ཆེན་པོ། བྱང་ སྒོར་གང་བ་དང༌། གང་བ་བཟང་པོ་སྟེ། དེ་རྣམས་མདོག་སེར་སྐྱ། ཕྱག་གཡོན་ནེའུ་ལེ་འཛིན་ པ། གཡས་པས་ནོར་བུའི་ཆར་འབེབས་པ། སྐུ་མདོག་སེར་སྐྱ། གཅེར་བུ་དབང་པོ་འཕྱང་ བའོ། །རིགས་བདག་ནི་རིན་ཆེན་འབྱུང་ལྡན་ནོ། །སྔགས་ནི། ༀ་ཛླུཾ་ཙླུཾ་བླུཾ་ས། བསྟོད་པ་ནི། གོང་གི་ཛམྦྷ་ལ་དང་ནོར་རྒྱུན་ མའི་བསྟོད་པས་བྱའོ།། །། ༄༅། །རྡོ་རྗེ་གུར་ལས་འབྱུང་བ་དཔལ་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་བསྲུང་འཁོར་ གཞལ་ཡས་ཁང་དང་བཅས་པའི་དབུས་སུ། པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཟླ་བ་ལ་ཏཱཾ་ལས། རང་ཉིད་རྡོ་རྗེ་སྒྲོལ་མ་གསེར་གྱི་མདོག་ཅན། རྩ་ཞལ་སེར། གཡས་ནག རྒྱབ་དཀར། གཡོན་ དམར་བ་ཞི་བའི་སྤྱན་གསུམ་གསུམ་དང་ལྡན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། འོད་ཟེར་ དམར་པོ་འབར་བ། ཕྱག་གཡས་བཞི་ན་རྡོ་རྗེ། མདའ། དུང་དཀར། མཆོག་སྦྱིན། གཡོན་བཞི་ ན་ཨུཏྤལ། གཞུ། ལྕགས་ཀྱུ། ཞགས་པ་འཛིན་པ། འདབ་མ་བརྒྱད་ལ། ཤར་དུ་མེ་ཏོག་སྒྲོལ་ མ་དཀར་མོ་མེ་ཏོག་གི་འཕྲེང་བ་འཛིན་པ། ལྷོར་བདུག་སྤོས་སྒྲོལ་མ་ནག་མོ་སྤོས་ཕོར་འཛིན་ པ། ནུབ་ཏུ་མར་མེ་སྒྲོལ་མ་སེར་མོ་མར་མེའི་ཀོང་བུ་འཛིན་པ། བྱང་དུ་དྲིའི་སྒྲོལ་མ་དམར་མོ་ དྲི་བཟང་གི་དུང་ཆོས་འཛིན་པ། དེ་རྣམས་སྐྱིལ་ཀྲུང་གིས་བཞུགས་པ་ཤིན་ཏུ་ཞི་བའོ། །ཤར་ 15-1-815 སྒོར་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཞགས་པ་མ་ནག་མོ། ནུབ་སྒོར་ལྕགས་སྒྲོག་མ་སེར་མོ། བྱང་སྒོར་དྲིལ་བུ་མ་དམར་མོ་རྣམས་མིང་དང་མཐུན་པའི་ཕྱག་མཚན་ཅན། སྟེང་དུ་རྣམ་རྒྱལ་ མ་སེར་མོ་འཁོར་ལོ། འོག་ཏུ་གནོད་མཛེས་མ་སྔོན་མོ་སྦྲུལ་ཞགས་ཏེ། དྲུག་པོ་དེ་རྣམས་ཡིད་ ཙམ་ཁྲོ་བ། གཡོན་སྡིགས་མཛུབ། གཡོན་བརྐྱང་གིས་བཞུགས་པ། སྟག་ལྤགས་དང་སྦྲུལ་ རྒྱན་ཅན་ནོ། །མཚམས་བཞིར་བུམ་པ། རི་རབ་མེ་ཐབ། རྒྱལ་མཚན་རྣམས་སོ། །རིགས་བདག་ ནི་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔའོ། །སྔགས་ནི་ཡི་གེ་བཅུ་པ་ཉིད་དམ། འགྲུབ་ན་རྩ་སྔགས་ཀྱང་བཟླའོ།། །། ༄༅། །གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ནི། ཨཾ་ལས་བྱུང་བའི་ཉི་མའི་སྟེང་དུ། ཧཱུཾ་ལས་རང་ ཉིད་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ། ཕྱག་གཡས་པས་མི་མགོ་རློན་པ་སེར་ པོས་མཚན་པའི་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་འཕྱར་ཞིང༌། གཡོན་པས་བདུད་བཞིའི་ ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པས་ཡུམ་ལ་འཁྱུད་པ། [དབུ་སྐྲ་སེར་པོ་གྱེན་ དུ་བརྫེས་ཤིང༌། ཞལ་གདངས་མཆེ་གཙིགས་ལྗགས་འགྲིལ་བ། དམར་ལ་ཟླུམ་པའི་སྤྱན་ གསུམ་ལྡང་མིག་བགྲད་པ།] པད་ཉི་མ་ཧེ་གཤིན་རྗེའི་གདན་ལ། གཡོན་བརྐྱང་གི་སྟབས་ ཀྱིས་བཞུགས་ཤིང༌། རང་སྣང་གི་ཡུམ་གྲི་ཐོད་འཛིན་པས་འཁྱུད་པ། ཁྲོ་བོ་ཆེན་པོ་སྤྱིའི་མཚན་ ཉིད་རྫོགས་པའོ། །རིགས་བདག་ནི་རྡོ་རྗེ་སེམས་དཔའ། །སྔགས་ནི་ཡི་གེ་བཅུ་པ། ༀ་ཡ་མཱནྟ་ཀ་ཧཱུཾ། བསྟོད་པ་ནི། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཀུན་གྱི་གཅིག་བསྡུས་པ། །སངས་རྒྱས་ ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །གཞུང་འདི་ཉིད་རང་ལུས་ ཡུམ་གྱི་ཕྱག་མཚན་དང་གཤིན་རྗེའི་གདན་མི་གསལ་ཡང་དོན་ལ་དགོས་སོ།། །། ༄༅། །སོ་སོར་འབྲང་མའི་སྒྲུབ་ཐབས་ནི། པད་ཟླ་ལ་པྲཾ་ལས་སོ་སོར་འབྲང་མ་ཞལ་བཞི་ཕྱག་ བརྒྱད་པ། གསེར་གྱི་མདོག་ཅན། སེར་དཀར་སྔོ་དམར་བའི་ཞལ་བཞི། ཞི་བའི་སྤྱན་གསུམ་ གསུམ་དང་ལྡན་པ། གཡས་བཞི་ན་རལ་གྲི། འཁོར་ལོ། རྩེ་གསུམ། མདའ། གཡོན་བཞི་ན་ 15-1-816 རྡོ་རྗེ། ཞགས་པ། དགྲ་སྟ། གཞུ། ཞབས་གཡོན་བརྐྱང་བས་རོལ་པས་བཞུགས་པ། དབུ་བརྒྱན་ ནི་རྡོ་རྗེ་སེམས་དཔའོ། །སྔགས་ནི། ༀ་མ་ཎི་དྷ་རི་བཛྲཱི་ཎི་མཧཱ་པྲ་ཏི་སཱ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ།། །། ༄༅། །རྨ་བྱ་ཆེན་མོའི་སྒྲུབ་ཐབས་ནི། པད་ཟླའི་གདན་ལ་མཾ་ལས་རྨ་བྱ་ཆེན་མོ་སྐུ་མདོག་ལྗང་ཁུ། ལྗང་ནག་དཀར་བའི་ཞལ་གསུམ། ཕྱག་གཡས་པ་རྣམས་ཀྱིས་རྨ་བྱའི་མཇུག་སྒྲོ། མདའ། མཆོད་སྦྱིན། གཡོན་པ་རྣམས་ཀྱིས་རྔ་ཡབ། གཞུ། མཉམ་བཞག་གི་སྟེང་དུ་བུམ་པ་འཛིན་ ཞིང༌། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་པད་ཟླའི་རྒྱབ་ཡོལ་ཅན། དབུ་རྒྱན་ནི་དོན་ཡོད་གྲུབ་པའོ། ། སྔགས་ནི། ༀ་མཧཱ་མཱ་ཡུ་རི་བིདྱ་རཱ་ཛྙཱི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ།། །། ༄༅། །སྟོང་ཆེན་མོ་རབ་ཏུ་འཇོམས་པའི་སྒྲུབ་ཐབས་ནི། པད་ཟླ་ལ་བྷྲུཾ་ལས། སྟོང་ཆེན་རབ་འཇོམས་ དཀར་མོ་ཞལ་གཅིག་སྤྱན་གསུམ་མ། ཕྱག་དྲུག་གི་གཡས་ན་རལ་གྲི། མདའ། མཆོག་སྦྱིན། གཡོན་ན་ཞགས་པ། གཞུ༌། དགྲ་སྟ་འཛིན་པ། རོལ་སྟབས་ཀྱིས་བཞུགས་པ། རིགས་བདག་ནི་ རྣམ་སྣང་ངོ༌། །སྔགས་ནི། ༀ་བྷྲུཾ་སྭཱཧཱ། ཡང་ན། ༀ་ཨཱཿམཧཱ་ས་ཧཱ་སྲ་པྲ་མརྡ་ནི་ཡེ་སྭཱཧཱ།། །། ༄༅། །གསང་སྔགས་རྗེས་འཛིན་གྱི་སྒྲུབ་ཐབས་ནི། པད་ཉི་ལ་ཧཱུཾ་ལས་གསང་སྔགས་རྗེས་འཛིན་ མཐིང་ནག ཕྱག་བཞིའི་གཡས་ན་རྡོ་རྗེ་དང་མཆོག་སྦྱིན། གཡོན་ན་དགྲ་སྟ་དང་ཞགས་པ། ཞབས་རོལ་སྟབས། ཉི་མའི་དཀྱིལ་འཁོར་གྱི་རྒྱབ་ཡོལ་ཅན། རྣམ་པ་ནི་ཞི་བ་ཡིན། རིགས་ བདག་ནི་མི་བསྐྱོད་པའོ། །སྔགས་ནི། ༀ་ཧཱུཾ་སྭཱཧཱ། ཞེས་པ་དང༌། མཚན་སྔགས་ཀྱང་སྦྱར་རོ།། །། ༄༅། །བསིལ་བ་ཚལ་ཆེན་མོའི་སྒྲུབ་ཐབས་ནི། པད་ཉི་ལ་ཛྲིཾ་ལས་བསིལ་བ་ཚལ་ཆེན་མོ་དམར་མོ། ཕྱག་བཞིའི་གཡས་འཕྲེང་བ་དང༌། མདའ། གཡོན་ལྕགས་ཀྱུ་དང་པོ་ཏི་འཛིན་པ། ཉི་མའི་ རྒྱབ་ཡོལ་ཅན། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ཞི་བའི་སྐུ་ཅན་ཏེ། རིགས་བདག་ནི་འོད་དཔག་ཏུ་ མེད་པའོ། །སྔགས་ནི། ༀ་ཛྲིཾ་སྭཱཧཱ་དང༌། མཚན་སྔགས་སོ།། །། ༄༅། །གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས་ནི། པད་ཟླ་ལ་བྷྲུཾ་ལས། རང་ཉིད་རྣམ་པར་རྒྱལ་མ་ 15-1-817 སྐུ་མདོག་དཀར་མོ། དཀར་སེར་སྔོ་བའི་ཞལ་གསུམ། གཡོན་ཞལ་ཡིད་ཙམ་ཁྲོ་བ། ཞལ་རེ་ རེ་ལ་ཞི་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བརྒྱད་ཀྱི་གཡས་རྣམས་ན། སྣ་ཚོགས་རྡོ་ རྗེ། སངས་རྒྱས་ཀྱི་སྐུ་གཟུགས་པདྨ་ལ་གནས་པ། མདའ། མཆོག་སྦྱིན། གཡོན་པ་རྣམས་ ཀྱིས་གཞུ། ཞགས་པ་དང་བཅས་པའི་སྡིགས་མཛུབ། སྐྱབས་སྦྱིན། བདུད་རྩིས་གང་བའི་ བུམ་པ་ཐུགས་ཀར་གཏོད་པ་རྣམས་སོ། །མཆོད་རྟེན་གྱི་ནང་དུ་པད་ཟླ་ལ་རྡོ་རྗེའི་སྐྱིལ་ཀྲུང་ གིས་བཞུགས་པ། རིགས་བདག་ནི་རྣམ་སྣང་ངོ༌། །སྔགས་ནི། ༀ་བྷྲུཾ་སྭཱཧཱ། བསྟོད་པ་ནི། དཔལ་ལྡན་ལྷ་མོ་ སྟོན་ཀའི་ཟླ་བའི་མདོག །སོགས་སོ།། །། ༄༅། །ཕྱིར་ཟློག་མ་ཆེན་མོའི་སྒྲུབ་ཐབས་ནི། པད་ཉི་ལ་ཧཱུཾ་ལས་རང་ཉིད་ཕྱིར་བཟློག་མ་ཆེན་མོ་སྐུ་ མདོག་ནག་མོ། ཕྱག་དྲུག་གི་གཡས་གསུམ་རལ་གྲི། ལྕགས་ཀྱུ། མཆོག་སྦྱིན། གཡོན་གསུམ་ པདྨ་དམར་པོ། མདུང་རྩེ་གསུམ། ཞགས་པ་དང་བཅས་པའི་སྡིགས་མཛུབ་སྙིང་གར་གཏོད་ པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ལྷག་མ་ཁྲོ་མོའི་ཆ་བྱད་དོ། །ཞབས་གཡོན་ བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །རིགས་བདག་ནི་མི་བསྐྱོད་པའོ། །སྔགས་ནི་ༀ་ཨཱཿཧཱུཾ་སྭཱཧཱ། ༄༅། །གཙུག་ཏོར་གདུགས་དཀར་མོའི་སྒྲུབ་ཐབས་ནི། པད་ཟླ་ལ་ༀ་ལས་གཙུག་ཏོར་གདུགས་ དཀར་ཅན་དཀར་མོ། དཀར་ནག་དམར་བའི་ཞལ་གསུམ། ཕྱག་གཡས་གསུམ་ན་འཁོར་ལོ། ལྕགས་ཀྱུ། གཞུ། གཡོན་གསུམ་ན་རྡོ་རྗེ། མདའ། སྡིགས་མཛུབ་དང་བཅས་པའི་ཞགས་པ། ཁྲོ་མོའི་ལྟ་སྟངས་ཀྱིས་གཟའ་ཐམས་ཅད་འཇོམས་པ། དབུ་སྐྲ་ཐོར་ཚུགས་ཅན། ཞི་མ་ཁྲོའི་ ཆ་བྱད་རྫོགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །རིགས་བདག་ནི་རྣམ་སྣང་ངོ༌། །སྔགས་ ནི། ༀ་སཱི་ཏ་ཏ་པ་ཏྲེ་ཨ་པ་ར་ཛི་ཏཱ་སརྦ་གྲ་ཧ་ཨ་ནུ་ཏ་ཏྲཱ་ས་ཡ་ཏྲཱ་ས་ཡ། ཧ་ན་ཧ་ན། དྲཱུཾ་དྲཱུཾ་ཧཱུཾ་ཧཱུཾ་ ཕཊ་ཕཊ་སྭཱཧཱ།། །། ༄༅། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་ནི། པད་ཉི་ལ་ཧཱུཾ་ལས་རང་ཉིད་རྒྱལ་མཚན་རྩེ་ 15-1-818 མོའི་དཔུང་རྒྱན་ནག་མོ་ནག་དམར་ལྗང་བའི་ཞལ་གསུམ། ཕྱག་གཡས་གཉིས་ན་རལ་གྲི་ དང་ཞགས་པ། གཡོན་གཉིས་ན་ཁ་ཊྭཱཾ་ག་དང་འཁོར་ལོ་འཛིན་པ། མི་མགོ་སྐམ་པོའི་འཕྲེང་ བས་དབུ་ལ་བརྒྱན་ཞིང༌། སྐྲ་བརྫེས་པ། སྟག་ལྤགས་དང་ཤ་འགག་སེར་པོ་ཅན། གཡོན་ བརྐྱང་གི་སྟབས་ཀྱིས་བཞུགས་པ། ཁྲོ་མོའི་ཆ་བྱད་ཡོངས་སུ་རྫོགས་པའོ། །རིགས་བདག་ནི་མི་ བསྐྱོད་པ། སྔགས་ནི་ༀ་ཧཱུཾ་སྭཱཧཱ། ཞེས་པའམ། མཚན་སྔགས་སོ།། །། ༄༅། །རྣམ་རྒྱལ་སེར་མོ་ཞེས་བྱ་བ་འཕགས་མ་གཞན་གྱིས་མི་ཐུབ་མའི་སྒྲུབ་ཐབས་ནི། པད་ཉི་ལ་ༀ་ལས་ གཞན་གྱིས་མི་ཐུབ་མ་སེར་མོ། སྤྱན་གསུམ་མཆེ་བ་གཙིགས་མ། མཛེས་ཤིང་ཤ་རྒྱུད་གྲིམ་ ལ་ཁྲོས་པ་ལྷ་མོའི་ཆ་བྱད། དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཡས་ཐལ་མོ་བརྡེག་ པའི་ཚུལ་དུ་འཕྱར་ཞིང་གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་སྙིང་གར་གཏོད་པ། གཡས་བརྐྱང་གི་སྟབས་ཀྱིས་ཚོགས་བདག་གླང་སྣ་མནན་པ། ཚངས་པ་ལ་སོགས་པ་གདུག་ པའི་ལྷ་ཐམས་ཅད་ཀྱིས་མཆོད་ཅིང༌། གདུགས་ལ་སོགས་པ་ཐོགས་ནས་སྐོར་བ་བྱེད་པ། མེ་ དཔུང་གི་དབུས་ན་བཞུགས་པའོ། །དབུ་རྒྱན་ནི་རྣམ་སྣང་ངོ༌། །སྔགས་ནི། ༀ་ཨཾ་སྭཱཧཱ།། །། ༄༅། །རྡོ་རྗེ་གནྡྷ་རིའི་སྒྲུབ་ཐབས་ནི། པད་ཉི་ལ་ཧཱུཾ་ལས་རྡོ་རྗེ་གནྡྷ་རི་ནག་མོ། རྩ་ཞལ་ནག་པ། ལྷག་མ་དཀར་སེར་དམར་ལྗང་སྔོ་བའི་ཞལ་གཡས་བསྐོར་རམ། སྔོན་པོ་སྟེང་ཞལ་དུ་བྱས་ ཀྱང་རུང་ངོ༌། །གཡས་ཀྱི་ཕྱག་དྲུག་ན། རྡོ་རྗེ། རྡོ་རྗེ་དྲིལ་བུ། རལ་གྲི། རྩེ་གསུམ། མདའ། འཁོར་ལོ། གཡོན་དྲུག་ན། ཁ་ཊྭཱཾ། ལྕགས་ཀྱུ། གཞུ། དགྲ་སྟ། ཞགས་པ། ཐུགས་ཀར་སྡིགས་ མཛུབ་གཏོད་པའོ། ཁྲོ་མོའི་ཆ་བྱད་ཡོངས་སུ་རྫོགས་པ་སྟེ། རིགས་བདག་ནི་མི་བསྐྱོད་པའོ། །སྔགས་ནི། ༀ་གཾ་སྭཱཧཱ། གཟུངས་ཀྱི་ལྷ་མོ་འདི་རྣམས་ལ་གཟུངས་མདོ་ནས་བཤད་པའི་གཟུངས་སྔགས་རྒྱས་པ་དེ་དག་ཅི་ནུས་སུ་བཟླ་ བ་ཡིན་ལ། དེ་ལྟར་མི་ནུས་ན་གོང་དུ་བཤད་པའི་ས་བོན་གྱི་སྔགས་རྣམས་བཟླས་པས་ཆོག་གོ ། །། ༄༅། །རྡོ་རྗེ་ལྕགས་སྒྲོག་མའི་སྒྲུབ་ཐབས་ནི། པད་ཟླ་ལ་ཧཱུཾ་ལས་ལྕགས་སྒྲོག་མ་ལྗང་ཁུ་ལྗང་ནག་ 15-1-819 དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང༌། ལྕགས་སྒྲོག་དང༌། མདའ་གསོར་བ། གཡོན་གསུམ་གྱིས་སྡིགས་མཛུབ་དང༌། ཞགས་པ་དང༌། གཞུ་བརྡུང་བའོ། ། ཞབས་གཡོན་བརྐྱང་ཁྲོ་མོའི་ཆ་བྱད་ཡོངས་སུ་རྫོགས་པ་ལས་རིན་པོ་ཆེས་བརྒྱན་པའོ། ། རིགས་བདག་ནི་མི་བསྐྱོད་པ། སྔགས་ནི། ༀ་བཛྲ་ཤྲིཾ་ཁ་ལེ་ཧཱུཾ་ཕཊ་སྭཱཧཱ།། །། ༄༅། །རྡོ་རྗེ་གུར་ལས་འབྱུང་བ་ནག་པོ་ཆེན་པོའི་སྒྲུབ་ཐབས་ནི། པད་ཉི་ལ་ཧཱུཾ་ལས་རང་ཉིད་རྗེ་བཙུན་ ནག་པོ་ཆེན་པོ། ཕྱག་གཡས་གྲི་གུག་འབར་བ་དང༌། གཡོན་ཐོད་ཁྲག་འཛིན་པ། མི་རོའི་ གདན་ལ་ཞབས་མཉམ་པར་བཞེངས་པ། ཞལ་གྱི་གྲ་ནས་ཁྲག་འཛག་པ། བོང་ཐུང་བ། ཁྲོ་ བོའི་ཆ་བྱད་ཡོངས་སུ་རྫོགས་པ། ཁྱད་པར་མི་མགོའི་དབུ་རྒྱན་དང་དོ་ཤལ་ཅན། རིགས་བདག་ ནི་མི་བསྐྱོད་པའོ། །སྔགས་ནི། ༀ་ཤྲཱི་མཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། བསྟོད་པ་ནི། སྲིན་པོའི་གཟུགས་ཀྱི་ གདུག་པ་ཅན། །ཞེས་སོགས་སོ།། །། ༄༅། །ཁྲོ་བོ་སྟོབས་པོ་ཆེའི་སྒྲུབ་ཐབས་ནི། པདྨ་དཀར་པོ་དང་ཉི་མ་ལ་ཧཱུཾ་ལས་སྟོབས་པོ་ཆེ་སྐུ་ མདོག་དམར་པོ། དབུ་སྐྲ་ཁམ་པ་གྱེན་དུ་བཅིངས་པ་ལ་སྦྲུལ་གྱིས་མཛེས་པ། ཕྱག་བཞིའི་ གཡས་ཀྱི་དང་པོ་ན་དབྱུག་པ་དཀར་པོ། གཉིས་པ་ན་རྔ་ཡབ་དཀར་པོ། གཡོན་གྱི་དང་པོས་ ཕྱག་འཚལ་བའི་ཚུལ། གཉིས་པས་སྡིགས་མཛུབ་དང་བཅས་པའི་ཞགས་པ། ཞབས་གཡོན་ བརྐྱང་བ། ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པ། རིགས་བདག་ནི་ཁ་ཅིག་འོད་དཔག་མེད་དུ་འདོད་ཀྱང་མི་ བསྐྱོད་པར་ཀ་འཐད། སྔགས་ནི། ༀ་མཧཱ་བ་ལ་སྭཱཧཱ། ༄༅། །སྒྱུ་འཕྲུལ་དྲྭ་བ་ལས་འབྱུང་བ་རྟ་མགྲིན་གྱི་སྒྲུབ་ཐབས་ནི། པད་ཉི་ལ་ཧཾ་ལས་རང་ཉིད་འཕགས་ པ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ། རྩ་ཞལ་དམར་པོ་བཞད་པ། གཡས་སྔོན་ པོ་ལྗགས་འགྲིལ་བ། གཡོན་དཀར་པོ་ཡ་སོས་མ་མཆུ་མནན་པ། རྡོ་རྗེ་དང༌། དབྱུག་ཐོ་དང༌། ཕྱག་འཚལ་བའི་ཚུལ་དང༌། མདའ་འཕྱར་བ་གཡས་ཀྱི་ཕྱག་བཞི་ནའོ། །སྡིགས་མཛུབ་དང་ 15-1-820 རང་སྣང་གི་ལྷ་མོའི་ནུ་མ་དང༌། པད་མ་དང༌། གཞུ་འཕྱར་བ་ནི་གཡོན་གྱི་ཕྱག་བཞི་ནའོ། ། ཞབས་གཡས་བསྐུམ། གཡོན་བརྐྱང་བ་ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པ། རིགས་བདག་ནི་མི་ བསྐྱོད་པའོ། །སྔགས་ནི། ༀ་ཧ་ཡ་གྲི་བ་ཧཾ་སྭཱཧཱ། ༄༅། །གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་འབྱུང་བ་ཧེ་རུ་ཀ་ཕྱག་གཉིས་པའི་སྒྲུབ་ཐབས་ནི། དུར་ཁྲོད་བརྒྱད་ ཀྱི་དབུས་སུ་པད་ཉི་ལ་ཧཱུཾ་ལས། རང་ཉིད་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ། ཕྱག་གཡས་ འབར་བའི་རྡོ་རྗེ་གསོར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། མཆན་ཁུང་དུ་ཁ་ཊྭཱཾ་ ག་བ་དན་དང་བཅས་པ། རོལ་པའི་ཁྲོ་བོ་ཆེན་པོ་སྤྱན་གསུམ་དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་ བ། མཆེ་བའི་མྱུ་གུ་གཙིགས་པ། རུས་པའི་ཕྱག་རྒྱ་ལྔ་དང་ཐལ་བས་བརྒྱན་པ། མི་ལྤགས་ཀྱི་ ན་བཟའ་དང་ཐོད་པ་སྐམ་རློན་གྱི་དབུ་རྒྱན་དོ་ཤལ་ཅན། གཡོན་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་ པའི་གར་སྟབས་ཀྱིས་མི་རོ་མནན་ཞིང་མེ་དཔུང་འབར་བའི་དབུས་ན་འགྱིང་བའོ། །གཞུང་ན་ མི་གསལ་ཡང༌། སྟག་ལྤགས་ཀྱི་ཤམ་ཐབས་དགོས་པར་མངོན། རིགས་བདག་ནི་མི་བསྐྱོད་པའོ། །སྔགས་ནི། ༀ་ཧཱུཾ་ཕཊ་སྭཱཧཱ། བསྟོད་པ་ནི། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་འཕྲེང་ བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད།། །། ༄༅། །བདག་མེད་མ་གཅིག་པུའི་སྒྲུབ་ཐབས་གཉིས་ལ། རྗེས་གནང་གཅིག་ཏུ་བྱ་སྟེ། དེ་ཡང་ཟླ་བའི་གདན་ལ་ ཨཾ་ལས། རང་ཉིད་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ། ཕྱག་གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། མཆན་ཁུང་དུ་ཁ་ཊྭཱཾ་ག་སྐྲ་སེར་གྱེན་དུ་བརྫེས་པ། དྲག་མོ་ཆེན་མོ་སྤྱན་གསུམ་དམར་བ། སྟག་ལྤགས་ཀྱི་སྨད་དཀྲིས། ཕྱག་རྒྱ་ལྔ་ཐོད་སྐམ་གྱི་ དབུ་རྒྱན། ཐོད་རློན་གྱི་དོ་ཤལ་ཅན། ཟླ་བའི་འོད་ཟེར་འཕྲོ་ཞིང༌། ཕྱི་རོལ་མེ་དཔུང་གིས་སྐོར་ བའོ། །དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ༀ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཱ་སྭཱཧཱ། བསྟོད་པ་ནི། འགྲོ་བ་བུད་མེད་འདུལ་གཟིགས་ནས། །བདག་མེད་རྣལ་འབྱོར་མང་གྱུར་གང༌། 15-1-821 ཕྱག་འཚལ་ཕ་རོལ་ཕྱིན་ཐུབ་ལ། །སྒྱུ་མའི་ཕྱག་རྒྱ་ཕྱག་འཚལ་བསྟོད།། །། ༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ནི། གྲུ་གསུམ་དམར་པོ་མེའི་དཀྱིལ་ འཁོར་གྱི་དབུས་སུ་པད་དམར་འདབ་བརྒྱད་ཀྱི་གདན་ལ། ཧྲཱིཾཿཧཾ་ཞེས་པ་ཡོངས་སུ་གྱུར་པ་ ལས། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ། སྐུ་མདོག་དམར་མོ། ཕྱག་གཡས་རྡོ་རྗེ་འཕྱར་ ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། མཆན་ཁུང་དུ་ཁ་ཊྭཱཾ་ག །མི་རོའི་གདན་ལ་ གཡོན་བརྐྱང་བས་གནས་པ། སྐྲ་ཁམ་པ་གྱེན་དུ་འགྲེང་ཞིང༌། སྤྱན་གསུམ་སྡང་མིག་ཏུ་ལྟ་བ། སྟག་ལྤགས་མགོ་འཕྲེང་ཕྱག་རྒྱ་ལྔ་དང་མེ་ཏོག་གི་འཕྲེང་བས་བརྒྱན་པ། མེ་དཔུང་འབར་ བའི་དབུས་ན་བཞུགས་པ། རིགས་བདག་ནི་རྣམ་སྣང་ངོ༌། །སྔགས་ནི། ༀ་བཛྲ་ཝ་ར་ཧི་ཨཱ་བེ་ཤ་ཡ་ཨཱ་བེ་ ཤ་ཡ་ཨཱ་བེ་ཤ་ཡ་སརྦ་ཛྭ་ར་ཎ་ཧྲིཿསྭཱཧཱ། ཞེས་པ་དང༌། ༀ་ཧྲཱིཿཧཱུཾ་ཧཱཿསྭཱཧཱ། བསྟོད་པ་ནི། དཔལ་ལྡན་ རྡོ་རྗེ་མཁའ་འགྲོ་དང༌། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། ། འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་པའོ།། །། ༄༅། །ཀུ་རུ་ཀུལླེ་ཐོད་པ་ཅན་གྱི་སྒྲུབ་ཐབས་ནི། ལྟེ་བར་མེའི་དཀྱིལ་འཁོར་གྱི་སྟེང་དུ། པདྨ་དམར་ པོ་འདབ་མ་བཞི་པ་ལ་ཧྲཱིཿདེ་ལས་འོད་འཕྲོས་འདུས་པ་ལས་རང་ཉིད་རྗེ་བཙུན་རིག་བྱེད་མ། ཕྱག་དང་པོ་གཉིས་ཀྱིས་མདའ་གཞུ། འོག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཨུཏྤལ་དམར་པོའི་ སྟེང་དུ་ཐོད་པ་ཁྲག་གིས་གང་བ་འཛིན་པ། དར་དམར་པོའི་སྟོད་གཡོགས་དང་རིན་པོ་ཆེས་ བརྒྱན་པ། ལྷག་མ་རོ་གདན། སྐྲ་སེར་ཞབས་ཕྱེད་ཀྲུང་བཞེངས་པ། མགོ་འཕྲེང་སྟག་ལྤགས། རུས་རྒྱན། རིགས་བདག་སྔགས་སོགས་ཨོ་རྒྱན་ནས་འབྱུང་བ་དང་འདྲ། ༀ་ཨཱཿཧྲིཿཧཱུཾ་ཧྲཱིཿཧཱུཾ་ཛཿ ཞེས་པའི་སྔགས་ ལྷག་པོའང་ཡོད་དོ།། །། ༄༅། །དཀར་བའི་ལས་ཉེ་བར་སྟོན་མའི་སྒྲོལ་མེའི་སྒྲུབ་ཐབས་ནི། དངོས་གྲུབ་འབྱུང་བའི་དུར་ཁྲོད་ཀྱི་ ནང་བསྲུང་བའི་འཁོར་ལོས་བསྐོར་བའི་དབུས་སུ། པད་ཟླ་ལ་ཧཱུཾ་ལས་སྒྲོལ་མ་དཀར་མོ་ཞལ་ 15-1-822 གསུམ་ཕྱག་དྲུག་མ། རྩ་ཞལ་དཀར། གཡས་སེར། གཡོན་སྔོ། ཞལ་རེ་རེ་ལ་སྤྱན་གསུམ་ གསུམ་དང་ལྡན་པ། དབུ་ལ་ཐོད་སྐམ་ལྔ་དང༌། རལ་པའི་ཅོད་པན་ལ་ཟླ་བ་ཕྱེད་པས་བརྒྱན་ པ། ཕྱག་དང་པོ་གཉིས་ཀྱིས་མཆོག་སྦྱིན་དང་ཨུཏྤལ། བར་པ་གཉིས་ཀྱིས་འཕྲེང་བ་དང་པདྨ་ དཀར་པོ། ཐ་མ་གཉིས་ཀྱིས་མདའ་གཞུ་བསྣམས་པ། ཁྲོ་ཆགས་འདྲེས་པའི་ཆ་བྱད་ཅན། སྟག་ལྤགས་ཀྱི་སྨད་དཀྲིས་དང༌། དར་གྱི་ན་བཟའ་དང༌། རིན་པོ་ཆེའི་རྒྱན་དང་ཟླ་བའི་རྒྱབ་ ཡོལ་ཅན། སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བཞུགས་པ། མ་ལུས་པའི་སེམས་ཅན་རྣམས་ལ་ དཀར་བའི་ལས་ཉེ་བར་སྟོན་པའི་སྐུ་ཅན་དུ་གྱུར། རིགས་བདག་ནི་མི་བསྐྱོད་པ་གཙོ་བོར་གྱུར་བའི་རིགས་ ལྔའོ། །སྔགས་ནི། ༀ་ཨ་ཙ་ལ་ཨ་ནི་མི་ཏི་ཝཱ་རེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའོ། ། དེ་ལྟར་ན། ཐུབ་པ་རྡོ་རྗེ་གདན། འཇམ་དབྱངས་བརྟན་པའི་འཁོར་ལོ། འཇམ་དབྱངས་ཨ་ར་པ་ཙ་ན། སྒྱུ་དྲྭ་ལས་འབྱུང་ བའི་འཇམ་དབྱངས། འཇམ་པའི་རྡོ་རྗེ་གཙོ་འཁོར་ལྔ་པ། ངག་གི་རྒྱལ་པོ། རྒྱལ་པོ་རོལ་པ། རིག་འཛིན་གྱི་སྡེ་སྣོད་ཅེས་བྱ་བའི་ རྒྱུད་ལས་འབྱུང་བའི་འཇམ་དཔལ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆོས་དབྱིངས་གསུང་དབང༌། ཡན་ལག་མེད་པའི་རྡོ་རྗེ། དཔའ་བོ་ཆིག་སྒྲུབ། འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ན། གཤིན་རྗེ་གཤེད་ནག་པོ་ཞལ་གསུམ་པ། གཤེད་ནག་གདོང་ དྲུག་པ། གཤེད་ནག་ཕྱག་གཉིས་པ། རྡོ་རྗེ་ཆོས། སྤྱན་རས་གཟིགས་སེང་གེ་སྒྲ། ཧཱ་ལ་ཧཱ་ལ་དཀྱུས་མ། ཁ་སརྤ་ཎི། ཡི་གེ་དྲུག་ པ། ཧ་རི་ཧ་རི་ཧ་རི་ལ་ཞོན་པ། ཧཱ་ལ་ཧཱ་ལ་རྡོ་རྗེ་ཆོས། པདྨ་གར་དབང༌། དྲག་པོ་ཆེན་པོ། དབང་བྱེད་སྒྲོལ་མ། སྒྲོལ་དཀར་གཙོ་ འཁོར་གསུམ་པ། སེང་ལྡེང་ནགས་སྒྲོལ། ཡིད་བཞིན་འཁོར་ལོ། ཨོ་ཌི་ཡ་ཎ་ལས་འབྱུང་བའི་འོད་ཟེར་ཅན་མ་རིགས་གཅིག རྟོག་པ་ནས་འབྱུང་བ་འོད་ཟེར་ཅན་མ་སེར་མོ་དང༌། དཀར་མོ། མྱ་ངན་མེད་པའི་འོད་ཟེར་ཅན། ཨོ་རྒྱན་རིམ་པ་ལྷན་སྐྱེས་རོལ་ པས་མཛད་པར། རོ་ལངས་འོད་ཟེར་ཅན་མ། བསྐུལ་བྱེད་མ། ཛམྦྷ་ལ་སེར་པོ། ནག་པོ། ནོར་རྒྱུན་མ། ཁྲོ་གཉེར་ཅན་མ། བྱམས་ པ། གུར་ལས་འབྱུང་བའི་ཤེར་ཕྱིན་དཀར་མོ། གདན་བཞི་ལས་འབྱུང་བའི་ཤེར་ཕྱིན་དཀར་མོ། ཤེར་ཕྱིན་སེར་མོ་རིགས་གསུམ། མི་གཡོ་བ་སྔོན་པོ། རི་ཁྲོད་མ། རྡོ་རྗེ་དབྱངས་ཅན་མ། ཧཱུཾ་མཛད། བགེགས་མཐར་བྱེད། རལ་གཅིག་མ། དུག་སེལ་མ། སྒྲོལ་མ་ ཀུ་རུ་ཀུལླེ། རྟོག་པ་ལས་འབྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་རིགས་གཉིས། ཨོ་རྒྱན་ལས་འབྱུང་བའི་ཀུ་རུ་ཀུལླེ། ཁམས་གསུམ་ 15-1-823 དབང་སྡུད་ཀྱི་སྤྱན་རས་གཟིགས། གནོད་སྦྱིན་ཕོ་མོའི་སྒྲུབ་ཐབས་རྒྱས་པ། རྡོ་རྗེ་སྒྲོལ་མ། གཤེད་དམར། སྲུང་བ་ལྔ་པོ་རིམ་ཅན་ དུ་རེ་རེ། གཙུག་ཏོར་རྣམ་རྒྱལ། ཕྱིར་བཟློག་མ། གཙུག་ཏོར་གདུགས་དཀར། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། གཞན་གྱིས་མི་ ཐུབ་མ། གནྡྷ་རི། ལྕགས་སྒྲོག་མ། མགོན་པོ་ནག་པོ། སྟོབས་པོ་ཆེ། རྟ་མགྲིན་ཧེ་རུ་ཀ བདག་མེད་མ། རྡོ་རྗེ་ཕག་མོ། ཀུ་རུ་ཀུལླེ་ ཐོད་པ་ཅན། དཀར་བའི་ལས་ཉེ་བར་སྟོན་པའི་སྒྲོལ་{མ་[བ་]སྟེ་རྗེས་གནང་བརྒྱད་ཅུ་གྱ་གཅིག་ཏུ་འདུས་སོ། ། དེ་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་ནས་བརྩམས་ཏེ། རྒྱ་གར་གྱི་སློབ་དཔོན་ཐ་དད་པ་སྣ་ཚོགས་ལས་བརྒྱུད་པ་རྣམས། སློབ་དཔོན་གཞོན་ནུ་སྦས་པ་ལས་བརྒྱུད། རྡོ་རྗེ་གདན་པ་དང༌། བཻ་རོ་ཙ་ན་རཀྵི་ཏ་དང༌། དཱ་བྱང་ཆུབ་སེམས་དཔའ་དང༌། དོན་ ཡོད་རྡོ་རྗེ་བཞི་ལ་བ་རི་ལོ་ཙཱ་བས་ཞུས། དེ་ནས་ས་སྐྱ་བ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། མ་ ཚོགས་སྒོམ་པ། ཉན་ཆེན་པ། རིན་ཆེན་སེང་གེ་བ། གངས་ཁྲོད་པ། ཐེག་ཆེན་པ། བློ་གྲོས་ཆོས་སྐྱོང་བ། པཎ་ཆེན་རིན་པོ་ཆེ་ཤཱཀྱ་ མཆོག་ལྡན། རྗེ་ཀུན་དགའ་རྒྱལ་མཚན་པ། རྗེ་སངས་རྒྱས་འོད་ཟེར་བ། རྗེ་བཙུན་གྲོལ་མཆོག རྡོ་རྗེ་འཆང་ལྷ་དབང་གྲགས་ པ། དེས་བདག་ལའོ། །ངོར་ལུགས་ཀྱི་རྒྱུད་པ་ལ་མོས་ན། ཉན་ཆེན་པའི་རྗེས་སུ། བླ་མ་བསོད་ནམས་སྐྱབས། གཟུངས་ཀྱི་དཔལ་ བ། དཔལ་ལྡན་ཚུལ་ཁྲིམས་པ། ཤར་ཆེན། ངོར་ཆེན། པཎ་ཆེན་ཆོས་རྗེ་མན་ཆད་གོང་བཞིན། འདིའི་གཞུང་རྣམས་སྔོན་དུས་ དར་རྒྱས་ཆེ་ཞིང༌། ཁོལ་འདོན་མང་བས། གླེགས་བམ་གྱི་སྨད་ཀྱི་ཆ་རྣམས་ལ། སྒྲུབ་ཐབས་མང་ཉུང་མི་འདྲ་བ་ཡང་ཅུང་ཟད་སྣང་ ལ། གོ་རིམ་མི་འདྲ་བ་ཤིན་ཏུ་མང་བ་འདུག་ཀྱང༌། དཔེ་ཤས་ཆེ་བ་དང༌། གྲངས་མང་བའི་ཕྱོགས་གཙོ་བོར་བཟུང་སྟེ། གླེགས་ བམ་གྲགས་ཆེ་བ་རྣམས་དང་མཐུན་པར་བཀོད་པ་ཡིན་ནོ།། །།ཞེས་པ་འདི་ཡང་སྔ་མོ་ནས་དོན་གཉེར་མང་པོས་བསྐུལ་བ་དང༌། {བྱེད་[ཁྱེད་ཀོང་]པོ་རབ་འབྱམས་པ་དཀོན་མཆོག་བཟང་པོ་དང་{ཁམ་[བམ་]པ་ཡང་སྟོད་རབ་འབྱམས་པ་བློ་གྲོས་བསྟན་ འཛིན་ཞེས་བྱ་བ་ལ་སོགས་པ་དོན་གཉེར་དུ་མས་བསྐུལ་ནས། ཏཱ་ར་ནཱ་ཐས་སྨྲས་པའོ། །ཞུས་དག དགེ་ལེགས་འཕེལ། མངྒ་ལཾ། གསལ་བཤད། དཔེ་བསྡུར་མའི་རྟགས། སྔོན་མ་རྟག་བརྟན་པར་མ་དང་ཕྱི་མ་འཛམ་ཐང་པར་མ་ཡིན།{ [ ] རྟག་བརྟན་པར་མ་ཁོ་ནར་ཡོད།{ } འཛམ་ཐང་པར་མ་ཁོ་ནར་ཡོད།[ ] 15-1-824 འཛམ་པར་དང་རྟག་པར་ཉིས་ཆར་ཡོད་པའི་མཆན། ( ) རྟག་བརྟན་པར་མ་ཁོ་ནར་ཡོད་པའི་མཆན། < > ཁ་ཆེའི་པཎ་ཆེན་ལུགས་ཀྱི་འཇམ་དབྱངས་དཀར་པོ་ༀ་ཝཱ་ཀྱཻ་དཾ་ན་མཿ