1-1-1 ཞང་སྟོན་བསོད་ནམས་གྲགས་པའི་གསུང་འབུམ། ༼པོད་དང་པོའོ། །༽ 1-1-2 དཀར་ཆག ཐོག་མའི་གླེང་བརྗོད།...................................................................................(1) ཞང་སྟོན་བསོད་ནམས་གྲགས་པའི་རྣམ་ཐར་མདོར་བསྡུས།.............................................(1) དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་འགྲེལ་བ་སྙིང་པོ་ རབ་གསལ་ཞེས་བྱ་བ་བཞུགས་སོ།།.......................................................(223) རྒྱུད་བླའི་འགྲེལ་པ་བཀའ་འཁོར་ལོ་ཐ་མའི་གསལ་བྱེད་བཞུགས།.................(223) ཆོས་རྗེ་ཞང་སྟོན་ཆེན་པོས་མཛད་པའི་བསྙེན་པར་རྫོགས་པའི་ ཆོ་ག་དང་སེམས་བསྐྱེད་བཞུགས་སོ།།.............................................(291) ཆོས་རྗེ་ཐམས་ཅད་མཁྱེན་པའི་བསྟོད་པ་ཁྱད་འཕགས་ཉིད་ཀྱི་ལུང་རིགས་ཀྱི་བཀའ་བབ་པ་མཁས་པ་ ཆེན་པོ་ཞང་སྟོན་བསོད་ནམས་གྲགས་ཀྱིས་མཛད་པ་བཞུགས་སོ།།...................................(335) སྒྲའི་བསྟན་བཅོས་ཆག་ལོ་ཙཱ་བས་མཛད་པའི་འགྲེལ་པ།.................(223) ལེགས་སྦྱར་སྔགས་ཀྱི་ཀླག་ཐབས།.................(223) ཆོས་རྗེ་ཐམས་ཅད་མཁྱེན་པའི་བསྟོད་པ་ཁྱད་འཕགས།.................(223) མཁན་ཆེན་དོན་གྲུབ་ཀྱི་རྣམ་ཐར།....................................(343) ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ་འཆི་བསླུའི་ཆོ་ག.....................................................(343) ངོ་སྤྲོད་བསྡུས་པ། རྡོ་རྗེ་འཇིགས་བྱེད་ཀྱི་དྲུག་ཅུ་པའི་གཏོར་ཆོག....................................(343) ༄༅། །བཤགས་ཆུང་རྩ་བརྒྱུད་མ་བཞུགས་སོ།། རྩ་བའི་ལྟུང་བ་ཆ་མཐུན་དང་བཅས་པའི་བསྐང་བཤགས་ཆེན་མོ་ཞེས་བྱ་བ་བཞུགས།.............(343) 1-1-3 པར་བྱང་སྨོན་ཚིག.......................................................................(347) 1-1-4 ༄༅། །དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་འགྲེལ་བ་ སྙིང་པོ་རབ་གསལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་བུདྡྷཱ་དྷརྨ་སཾ་གྷཱ་ཡ། གང་ཞིག་རྟོགས་པས་ཐུབ་དབང་རྣམས་ཀྱིས་བྱང་ཆུབ་ ཆེན་པོ་འདི་བརྙེས་ཤིང༌། །རང་དང་གཞན་གྱི་དོན་གཉིས་གྲུབ་ནས་བཀའ་རྣམས་ཀུན་ལས་ ལེགས་གསུངས་པ། །བདེ་གཤེགས་སྙིང་པོ་ཀུན་ལ་ཁྱབ་པའི་ཆོས་ཉིད་གདོད་ནས་རྣམ་པར་ དག །ཆོས་ཀྱི་དབྱིངས་དང་དེ་ཉིད་སྟོན་མཛད་ཆོས་རྗེ་བླ་མའི་ཞབས་ལ་འདུད། །ཆོས་ཀྱི་ གཙོ་བོ་སྙིང་པོའི་དོན་འདི་ལ། །མཁས་པ་རྣམས་ལའང་འཁྲུལ་པ་མཐོང་གྱུར་ན། །བླུན་པོ་ རྣམས་ལ་ལྟ་ཡང་ཅི་ཞིག་སྨོས། །དེ་ཕྱིར་སྙིང་པོའི་མདོ་འགྲེལ་བདག་གིས་བརྩམ། ། འདིར་བཅོམ་ལྡན་འདས་ཀྱི་བཀའ་ལྷད་མ་ཞུགས་ཤིང་ཤིན་ཏུ་ཟབ་པ་སྙིང་པོའི་མདོ་ འཆད་པ་ལ་གསུམ། དང་པོ་མདོ་ཡི་མཚན་དོན་བཤད་པ། བར་དུ་མདོ་ཉིད་རྒྱས་པར་བསྟན་ པ། ཐ་མ་བོད་དུ་གང་གིས་བསྒྱུར་ཚུལ་ལོ། ། དང་པོ་ལ་གཉིས་ཀྱི་དང་པོ་མདོ་ཡི་མཚན་གང་ཡིན་པ་ལ་བཞིའི་དང་པོ་མཚན་བསྒྱུར་ ཞིང་བཤད་པ་ནི། རྒྱ་གར་གྱི་སྐད་རིགས་བཞི་ལས་སཾསྐྲི་ཏའི་སྐད་དུ། ཨཱརྱ་བོད་ཀྱི་སྐད་དུ་ འཕགས་པ། ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ། གརྦྷ་སྙིང་པོ། ནཱ་མ་ཞེས་བྱ་བ། མ་ཧཱ་ཡ་ན་ ཐེག་པ་ཆེན་པོ། སཱུ་ཏྲ་མདོ། ཞེས་པར་བསྒྱུར་ནས་བཤད་ན། སྡིག་པ་མི་དགེ་བ་ལས་རིང་དུ་ 1-1-5 སོང་བས་འཕགས་པ། དེ་བཞིན་ཉིད་རྟོགས་པས་དེ་བཞིན་གཤེགས་པ་སྟེ། སྐབས་འདིར་ དེ་བཞིན་ཉིད་དེ་རང་གིས་རང་རྟོགས་པའོ། །དེ་བཞིན་ཉིད་དེ་ཆོས་ཐམས་ཅད་ལ་སྙིང་པོའི་ ཚུལ་དུ་བཞུགས་པས་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། མིང་དེ་སྐད་ཅེས་བྱ་བས་ཞེས་བྱ་ བའོ། །ཐེག་པ་གསུམ་ལས་འདི་མྱ་ངན་ལས་འདས་པ་ཆེན་པོའི་ལམ་ཡིན་པས་ཐེག་པ་ཆེན་ པོའོ། །སྙིང་པོ་དེ་རྟོགས་པར་བྱེད་པ་ཐེག་པ་ཆེན་པོ་སྟེ། བརྗོད་བྱ་དེ་སྟོན་པའི་མདོ་ཞེས་པ་ ཚིག་ཉུང་ངུར་བྱས་པའི་དོན་ཏེ། བརྗོད་བྱའི་དོན་ཉུང་ངུར་བྱས་པ་ནི་མིན་ནོ། ། གཉིས་པ་མཚན་ཅི་ལས་བཏགས་ཚུལ་ནི། བརྗོད་བྱའི་དོན་ལས་བཏགས་ཏེ། དེ་བཞིན་ ཉིད་ཐམས་ཅད་ལ་སྙིང་པོར་བཞུགས་ཚུལ་སྟོན་པའི་ཕྱིར་རོ། ། གསུམ་པ་མཚན་བཏགས་པའི་དགོས་པ་ནི། མཚན་ཙམ་བཏགས་པས་མཚན་དེས་མདོ་ འདི་གོ་བ་དང༌། རྒྱ་སྐད་སྨོས་པས་ཆོས་ཁུངས་བཙུན་པ་དང༌། བོད་སྐད་སྨོས་པས་བོད་ཀྱིས་ རྟོགས་སླ་བ་དང་གཉིས་ཀ་སྨོས་པས་སྒྲ་བསྒྱུར་གྱི་ཚུལ་ཅུང་ཟད་ཤེས་པ་དང༌། མགོར་སྨོས་ པས་གླེགས་བམ་བཙལ་སླ་བའི་དགོས་པ་ཡོད་དོ་ཞེས་མཁས་པ་རྣམས་ལ་གྲགས་སོ། ། བཞི་པ་ཕྱོགས་གང་དུ་གཏོགས་ཚུལ་ནི། ཐུབ་པའི་གསུང་རབ་ཐམས་ཅད་མདོ་རྒྱུད་ གཉིས་སུ་འདུ་བ་ལས། འདི་མདོའི་ཕྱོགས་ཡིན་ལ། དེ་ལ་བཀའ་འཁོར་ལོ་གསུམ་དུ་ གསུངས་པ་ལས་འདི་ནི་བཀའ་འཁོར་ལོ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ ལོར་གཏོགས་ཏེ། ལེགས་པར་རྣམ་པར་ཕྱེ་ནས་སྙིང་པོ་དང་དྲི་མའི་ཚུལ་གསལ་བར་བསྟན་ པས་སོ། ། གཉིས་པ་འདོད་ལྷ་ལ་ཕྱག་བྱ་བ་ནི། སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པ་མངའ་ བ་སངས་རྒྱས་དང༌། བྱང་ཆུབ་ལ་སེམས་པས་བྱང་ཆུབ་སེམས་དཔའ་སྟེ་དེ་དག་ཐམས་ཅད་ ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། ། 1-1-6 གཉིས་པ་མདོ་ཉིད་རྒྱས་པར་བསྟན་པ་ལ་བཞི། ཕུན་སུམ་ཚོགས་པ་ལྔས་གླེང་གཞི་ བཤད་པ། དཔེ་དོན་དགུས་བདེ་གཤེགས་སྙིང་པོ་བཤད་པ། མདོ་འདི་ལ་གུས་པའི་ཕན་ཡོན་ བཤད་པ། བཤད་པ་ལ་འཁོར་གྱིས་མངོན་པར་བསྟོད་པའོ། ། དང་པོ་ལ་གཉིས་གླེང་གཞི་དཔེ། གླེང་བསླང་བའོ། །དང་པོ་ལ་ལྔའི་དང་པོ་དམ་ཆོས་ ཕུན་སུམ་ཚོགས་པ་ནི་འོག་ནས་འབྱུང་བའི་མདོ་ཇི་སྐད་གསུངས་པ་འདི་སྐད་སྡུད་པ་པོ་ཕྱག་ ན་རྡོ་རྗེ་འམ་མིང་གཞན་འཕགས་པ་ཀུན་དགའ་བོ་བདག་གིས་དངོས་སུ་རྣ་བའི་རྣམ་ཤེས་ ཀྱིས་ཐོས་པའི་དུས་གཅིག་ན་ཞེས་པ་སྟེ། འདི་སྐད་ཅེས་པ་མདོ་འདིའི་གཞུང་མ་ལུས་པ་ལ་ སྙེག་པའི་ཕྱིར་ཆོས་ཕུན་ཚོགས་བསྟན་པའོ། ། གཉིས་པ་སྟོན་པ་ཕུན་སུམ་ཚོགས་པ་ནི། ཕུང་པོ་ལ་སོགས་པ་བདུད་བཞི་བཅོམ་པའམ་ དབང་ཕྱུག་ལ་སོགས་པ་ཡོན་ཏན་དྲུག་གི་སྐལ་བ་དང་ལྡན་པས་བཅོམ་ལྡན་ཡིན་ལ། འདས་ ཞེས་པ་ལོ་ཙྪ་བས་བསྣན་པ་ཏེ། མྱ་ངན་ལས་འདས་པས་སོ་སྙམ་དུ་དགོངས་སོ། ། གསུམ་པ་དུས་སྐབས་ཕུན་སུམ་ཚོགས་པ་ནི། ཐུབ་པ་ཆེན་པོ་མངོན་པར་རྫོགས་པར་ སངས་རྒྱས་པ་སྟེ་བྱང་ཆུབ་ཆེན་པོ་བརྙེས་ནས་ལོ་བཅུ་བཞེས་པ་དང༌། སོ་ཀའི་ཟླ་བ་གཉིས་ པ་བྲེའི་ཟླ་བ་ལ་བབ་པས་ཤིན་དུ་ཚ་བའི་དུས་ཀྱི་ཚེའོ། ། བཞི་པ་གནས་ཁང་ཕུན་སུམ་ཚོགས་པ་ནི། གྲོང་ཁྱེར་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོ་ ཞེས་བྱ་བའི་རི་ལ་བཞུགས་ཏེ། གནས་གཉིས་སྨོས་པས་ཁྱིམ་པ་དང་རབ་བྱུང་གི་ཕྱོགས་ གཉིས་བསྡུ་བའི་ཕྱིར་དང༌། གཟུགས་སྐུ་དང་ཆོས་སྐུས་ཕན་གདགས་པར་བསྟན་པའོ། །རི་དེ་ ལ་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་སྤྲུལ་བའི་རིན་པོ་ཆེའི་གདུགས་ལྟར་ནམ་མཁའ་ལ་ འཕགས་པ་ཉིད་ཀྱི་ཁང་བཟང་ཀྱི་སྟེང་ན་ཙན་དན་གྱི་སྙིང་པོ་ལས་བྱས་པའི་ཁང་པ་བརྩེགས་ པ་ན༵་བཞུགས་སོ། ། 1-1-7 ལྔ་པ་ཞབས་འབྲིང་ཕུན་སུམ་ཚོགས་པ་ལ་གཉིས། འཕགས་པའི་འཁོར་གཞན་གྱི་ འཁོར་རོ། །དང་པོ་ལ་གཉིས་ཀྱི་དང་པོ་ཉན་ཐོས་ཀྱི་འཁོར་ནི། རྒྱུན་ཞུགས་ལ་སོགས་པས་ སློབ་པ་དང༌། དགྲ་བཅོམ་ཐོབ་ཟིན་པས་མི་སློབ་པའི་ཉན་ཐོས་ཀྱི་དགེ་འདུན་གྲངས་འབུམ་ དུ་ཚང་བའི་དགེ་སློང་གི་འདུས་པའམ་དགེ་འདུན་ཆེན་པོ། སློབ་པ་ཤས་ཆུང་ལ་མི་སློབ་པ་ མང་བས་ཕལ་ཆེར། ཉོན་མོངས་པའི་དགྲ་བཅོམ་པ་སྟེ་ཁམས་གསུམ་གྱི་གཙོ་བོ་རྣམས་ཀྱིས་ མཆོད་པར་འོས་པ། འདོད་པ་སྲིད་པ་མ་རིག་པ་ལྟ་བའི་ཟག་པ་སྟེ་ཟག་པ་བཞི་ཟད་པ། ལས་ ཀྱི་ཀུན་ནས་ཉོན་མོངས་པ། ཉོན་མོངས་པའི་རྣམ་པར་སྨིན་པའི་སྐྱེ་བའི་ཀུན་ནས་ཉོན་མོངས་ པ་སྟེ། ཉོན་མོངས་པ་བཞི་མེད་པ། རྫུ་འཕྲུལ་ལ་དབང་བས་སྣོད་བཅུད་ལ་དབང་དུ་གྱུར་ པ་དང༌། དབང་པོ་ལ་དབང་བས་སྤྱོད་ལམ་ལ་དང༌། ཏིང་ངེ་འཛིན་ལ་དབང་བས་སེམས་ དང༌། ཤེས་རབ་ལ་དབང་བས་ཉོན་མོངས་དང་ལས་དང་རྣམ་སྨིན་གྱི་འཆིང་བ་ལས་གྲོལ་ བ་ལ་དབང་དུ་གྱུར་པས་དབང་དང་ལྡན་པར་གྱུར་པ། སྲེད་པའི་ཕྱོགས་ཀྱི་ཉོན་མོངས་ལས་ སེམས་ཤིན་དུ་རྣམ་པར་གྲོལ་བ། མ་རིག་པ་ལས་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། སྡུག་ བསྔལ་གྱི་བག་ཚ་བ་དང༌། འཇིགས་པའི་དང༌། འཇིག་རྟེན་པའི་ཆོས་ཀྱི་དང༌། མི་ཤེས་པའི་ བག་ཚ་བ་སྟེ། བག་ཚ་བ་བཞི་མེད་པས་ཅང་ངམ་ཀུན་ཤེས་པ། (ལྷའི་མིག་གི སྔོན་གནས་ རྗེས་སུ་དྲན་པའི། ཟག་པ་ཟད་པའི་རིག་པ་སྟེ་)རིག་པ་གསུམ་ལ་སོགས་པ་ཁྱད་པར་དུ་ འཕགས་པའི་ཆོས་རྙེད་པས་གླང་པོ་ཆེན་པོ་སྟེ་གཙོ་བོ་ཆེན་པོ། བྱ་བའི་གཙོ་བོ་སྡུག་བསྔལ་ ཐམས་ཅད་ལས་གྲོལ་བ་སྟེ། དེ་བྱས་པ་ནི་བསླབ་པ་གསུམ་རྫོགས་པའོ། །འདོད་ཆུང་ཆོག་ ཤེས་ལ་སོགས་པ་ཞར་ལ་བྱ་བ་ནི་བྱེད་པ་སྟེ་དེ་བྱས་པ། སྡུག་བསྔལ་ཤེས་པས་ཕུང་པོའི་ཁུར་ དང༌། ཀུན་འབྱུང་སྤངས་པས་ཉོན་མོངས་པའི་དང༌། ལམ་བསྒོམས་པས་དམ་བཅས་པའི་ དང༌། འགོག་པ་མངོན་དུ་བྱས་པས་བརྩོན་འགྲུས་ཀྱི་ཁུར་ཏེ། ཁུར་བཞི་བོར་བ། དོན་མིན་ 1-1-8 སྤངས་ལ་དོན་ཐོབ་པས་བདག་གི་དོན་རྗེས་སུ་ཐོབ་པ་སྟེ། ཉོན་སྒྲིབ་སྤངས་ལ་རིགས་བསྐྱེད་ ནས་མྱང་འདས་ཐོབ་པས་སོ། །སྲིད་པར་སྐྱེ་བའི་རྒྱུ་ཀུན་ཏུ་སྦྱོར་བ་དགུ་སྟེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ། ལྟ་བ། ཕྲག་དོག །སེར་སྣ། ཚུལ་ཁྲིམས་དང་བརྟུལ་ ཞུགས་མཆོག་འཛིན་གྱི་ཀུན་སྦྱོར་རྣམས་ཡོངས་སུ་ཟད་པ། ཡང་དག་པའི་ལྟ་བ་དང་ཤེས་པ་ གོམས་པར་བྱས་ཏེ་ཉོན་མོངས་ལས་སེམས་གྲོལ་བས་ཡང་དག་པའི་ཤེས་པས་སེམས་ཤིན་ དུ་རྣམ་པར་གྲོལ་བ། སྙོམས་པར་འཇུག་པ་རྣམས་ལ་ཇི་ལྟར་འདོད་པ་བཞིན་དབང་ཐོབ་ པས། སེམས་ཀྱི་དབང་ཐམས་ཅད་དམ་པའི་ཕ་རོལ་དུ་སོན་པ་ཤ་སྟག་སྟེ། ཅིའི་ཕྱིར་དགྲ་ བཅོམ་པ་ཡིན་ཞེ་ན་ཟག་པ་ཟད་པས་སོ། །ཟག་པ་ཟད་པ་ཡང་ཉོན་མོངས་པ་མེད་པའི་ཕྱིར་ ཏེ། དེ་བཞིན་དུ་ཕྱི་མ་ཕྱི་མ་སྔ་མ་སྔ་མའི་གཏན་ཚིགས་སོ། །ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་ དགེ་འདུན་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་གནས་བརྟན་འོད་སྲུང་ཆེན་པོ་དང༌། དེ་བཞིན་དུ་ཚེ་ དང་ལྡན་པ་ཞེས་ཀུན་དགའ་བོའི་བར་དུ་སྦྱར་ཏེ། ལྟེང་རྒྱས་འོད་སྲུང་རལ་བ་ཅན་དང༌། དེའི་ གཅུང་པོ་ཆུ་ཀླུང་འོད་སྲུང་དང༌། དེའི་གཅུང་པོ་ག་ཡཱ་འོད་སྲུང་དང༌། རུས་ཀཱ་ཏྱའི་བུ་ཆེན་པོ་ དང༌། གསུས་པོ་ཆེ་དང༌། བ་ཀུ་ལ་དང༌། ནམ་གྲུ་དང༌། རབ་འབྱོར་དང༌། བྱམས་མའི་བུ་གང་ པོ་དང༌། ངག་དབང་དང༌། ཤཱ་རིའི་བུ་དང༌། མོའུ་འགལ་གྱི་བུ་ཆེན་པོ་དང༌། ཅང་ཤེས་སམ་ ཀུན་ཤེས་ཀོའུ་དི་ནྱ་དང༌། འཆར་ཀ་དང༌། སྲས་པོ་སྒྲ་གཅན་ཟིན་དང༌། གཅུང་པོ་དགའ་བོ་ དང༌། ཉེ་དགའ་དང༌། ཀུན་དགའ་བོ་དང༌། དེ་དག་ལ་སོགས་པ་དགེ་སློང་འབུམ་དུ་ཚང་བ་ དང་ཐབས་གཅིག་ཏུ་བཞུགས་སོ། ། གཉིས་པ་རྒྱལ་སྲས་ཀྱི་འཁོར་ནི། ཐེག་དམན་གྱི་བྱང་ཆུབ་ལས་ཆེ་བའི་བྱང་ཆུབ་ལ་ སེམས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་འདི་ལས་ཐ་ དད་པ་གཞན་ནས་འདུས་པ་གྲངས་ཆུ་ཀླུང་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་དང་མཉམ་པ་ 1-1-9 ཐམས་ཅད་[དང་{ཀྱང་}།སངས་རྒྱས་ཐོབ་པ་ལ་སྐྱེ་བ་གཅིག་གིས་ཐོགས་པ། མངོན་པར་ ཤེས་པ་ཆེན་པོ་དྲུག་དང་སྟོབས་བཅུ་དང་མི་འཇིགས་པ་བཞི་ཐོབ་པ། སངས་རྒྱས་གྲངས་བྱེ་ བ་ཕྲག་ཁྲག་ཁྲིག་འབུམ་ཕྲག་མང་པོ་ལ་སྒོ་གསུམ་གྱིས་བསྙེན་བཀུར་བྱས་པ། ཕྱིར་མི་ལྡོག་ པའི་ཆོས་ཀྱི་འཁོར་ལོ་སྟེ་བཀའ་འཁོར་ལོ་གསུམ་པའི་ཆོས་འཁོར་རབ་ཏུ་བསྐོར་བ། རྒྱལ་ སྲས་གང་དག་གི་མིང་ཐོས་པ་ཙམ་གྱི༵ས་འཇིག་རྟེན་གྱི་ཁམས་ཚད་མེད་[པ]གྲངས་མེད་པ་ ཤིན་དུ་མང་བའི་སེམས་ཅ༵ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སངས་རྒྱས་ སུ་འགྱུར་བ་ལས་ཕྱིར་མི་ལྡོག་པར་གྱུར་པ། གཞན་ཡང་ཡོན་ཏན་ཤིན་ཏུ་མང་བ་དང་ལྡན་ པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་བློ་གྲོས་ཞེས་ བྱ་བ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ཐོག་མའི་གསལ་བྱེད་དུ་གོ་ བར་བྱས་ནས། སེང་གེའི་བློ་གྲོས་དང༌། སྟག་གི་བློ་གྲོས་དང༌། དོན་གྱི་བློ་གྲོས་དང༌། རིན་ པོ་ཆེའི་བློ་གྲོས་དང༌། རབ་མཆོག་བློ་གྲོས་དང༌། ཟླ་འོད་དང༌། རིན་ཆེན་ཟླ་འོད་དང༌། ཟླ་ བ་ཉ་བའི་འོད་དང༌། རྣམ་པར་གནོན་པ་ཆེན་པོ་དང༌། རྣམ་པར་གནོན་པ་དཔག་མེད་དང༌། རྣམ་པར་གནོན་པ་མཐའ་ཡས་དང༌། འཇིག་རྟེན་གསུམ་རྣམ་པར་གནོན་དང༌། མི་གཡོ་ བའི་གནས་རྣམ་པར་གནོན་དང༌། མཐུ་ཆེན་ཐོབ་དང༌། སྤྱན་རས་གཟིགས་དབང་ཕྱུག་དང༌། སྤོས་ཀྱི་གླང་པོ་དང༌། སྤོས་དགའ་དང༌། སྤོས་དགའ་བའི་དཔལ་དང༌། དཔལ་གྱི་སྙིང་པོ་ དང༌། ཉི་མའི་སྙིང་པོ་དང༌། ཏོག་དང༌། ཏོག་ཆེན་པོ་དང༌། ཏོག་དྲི་མ་མེད་པ་དང༌། རིན་ཆེན་ མཐའ་ཡས་དབྱུག་གུ་དང༌། རིན་ཆེན་དབྱུག་གུ་འདོར་དང༌། རིན་ཆེན་དྲི་མེད་དབྱུག་གུ་དང༌། མཆོག་ཏུ་དགའ་བའི་རྒྱལ་པོ་དང༌། རྟག་ཏུ་རབ་དགའ་དང༌། ལག་ན་རིན་པོ་ཆེ་དང༌། ནམ་ མཁའི་མཛོད་དང༌། རི་བོ་དང༌། རི་རབ་དང༌། རི་བོ་ཆེན་པོ་དང༌། ཡོན་ཏན་རིན་ཆེན་སྣང་ དང༌། གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དང༌། ས་འཛིན་དང༌། སེམས་ཅན་ཐམས་ཅད་ཀྱི་ 1-1-10 ནད་སེལ་དང༌། རབ་ཏུ་ཡིད་དགའ་དང༌། ཡིད་སྐྱོ་དང༌། སྐྱོ་མེད་དང༌། འོད་བྱེད་དང༌། ཙན་ དན་དང༌། གཡོ་བ་བཟློག་དང༌། དཔག་མེད་མངོན་བསྒྲགས་དབྱངས་དང༌། བྱང་ཆུབ་ཀུན་ ནས་བསླང་དང༌། མཐོང་བ་དོན་ཡོད་དང༌། ཆོས་ཐམས་ཅད་ལ་དབང་བསྒྱུར་བ་དང༌། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང༌། འཇམ་དཔལ་གཞོན་ནུར་གྱུར་པ་ ཞེས་བྱ་བ་དང༌། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཱའི་ ཀླུང་དྲུག་ཅུའི་བྱེ་མ་སྙེད་དང་ཐབས་གཅིག་གོ ། གཉིས་པ་ནི་དེ་དག་ལས་གཞན། བདེ་བ་ལ་རོལ་པ་ལྷ་དང༌། དུད་འགྲོའི་རིགས་ཆེན་པོ་ ཀླུ་དང༌། གསང་བ་པའམ་གནོད་སྦྱིན་དང༌། ཟས་སུ་དྲི་ཟ་བ་དྲི་ཟ་དང༌། བདུད་རྩིའི་ཟས་མེད་ པ་ལྷ་མ་ཡིན་དང༌། ནམ་མཁའ་ལ་འགྲོ་བས་ནམ་མཁའ་ལྡི ང་དང༌། མི་འམ་མི་མ་ཡིན་པར་ དབྱེ་དཀའ་བས་མི་འམ་ཅི་དང༌། ལྟོས་འགྲོ་བས་ལྟོ་འཕྱེ་ཆེན་པོ་སྟེ། ལྷ་སྲིན་སྡེ་བརྒྱད་དང༌། རྒྱལ་པོ་ལ་སོགས་པ་མི་དང༌། སྲུལ་པོ་ལ་སོགས་པ་མི་མ་ཡིན་པ་ཤིན་ཏུ་མང་བས་དཔག་ཏུ་ མེད་པ་དང་ཡང་ཐབས་གཅིག་གོ ། གཉིས་པ་ལ་བཞིའི་དང་པོ། འཁོར་གྱིས་སྟོན་པ་མཆོད་པའི་ཚུལ་ནི། དེ་ནས་བཅོམ་ ལྡན་འདས་འཁོར་མང་བའི་ཕྱིར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང༌། འཁོར་ཀུན་ གྱིས་མདུན་ཕྱོགས་ཀྱིས་བལྟས་ཏེ། ཡུལ་ལ་དབང་བསྒྱུར་བ་རྒྱལ་པོ་དང༌། དེའི་ཁ་ལོ་བསྒྱུར་ བ་བློན་པོ་ཆེན་པོ་མདུན་ན་འདོན་དང༌། ཚོང་པའི་ཁ་ལོ་བསྒྱུར་བ་ཚོང་དཔོན་དང༌། ཁྱིམ་ལ་ དབང་བ་ཁྱིམ་བདག་དང༌། རྒྱལ་པོའི་རྫས་དང་དམག་ལ་གཙོ་བ་བློན་པོ་དང༌། ཚོང་པ་མང་ པོ་འདུས་པའི་གྲོང་རྡལ་བའི་མི་དང༌། ཡུལ་གྱི་མི་ཕལ་པ་རྣམས་ཀྱིས། སྟི་སྟང་དུ་བྱས། བླ་མ་ སྟེ་གོང་མར་བྱས། རིམ་འགྲོ་སྟེ་བཀུར་སྟི་བྱས་ཤིང༌། མེ་ཏོག་དང་ཞལ་ཟས་དང་ན་བཟའ་ལ་ སོགས་པས་མཆོད་དོ། ། 1-1-11 གཉིས་པ་སྟོན་པ་ཇི་ལྟར་བཞུགས་པའི་ཚུལ་ནི། དེའི་ཚེ་བཅོམ་ལྡན་འདས་བཤོས་ གསོལ་བའི་འོག་ཏུ་ཙན་དན་གྱི་སྙིང་པོའི་ཁང་པ་བརྩེགས་པ་དེ་ཉིད་དུ་ནང་དུ་ཡང་དག་པར་ འཇོག་ལ་སྟེ་སྐབས་འདིར་འཁོར་མེད་པར་ཐུགས་དབེན་པ་ལ་བཞུགས་པར་གྱུར་ཏོ། ། གསུམ་པ་སྟོན་པས་རྫུ་འཕྲུལ་མཛད་པའི་ཚུལ་ནི། དེ་ནས་སངས་རྒྱས་ཀྱི་མཐུས་ཙན་ དན་གྱི་སྙིང་པོའི་ཁང་པ་བརྩེགས་པ་དེ་ལས་མེ་ཏོག་པདྨ་འདབ་མའི་གྲངས་བྱེ་བ་ཕྲག་ཁྲག་ ཁྲིག་ཕྲག་འབུམ་ཡོད་པ་ཆེ་ཚད་ཤིང་རྟའི་འཕང་ལོ་ཙམ་པ། ཁ་དོག་དང་ལྡན་པ། ཁ་མ་བྱེ་བ་ སྟེ་ཟུམ་པ། པདྨའི་གྲངས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་བྱུང་བར་གྱུར་ཏེ། པདྨ་དེ་དག་སྟེང་གི་ ནམ་མཁའི་བར་སྣང་ལ་མངོན་པར་འཕགས་ནས། ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ ཞིང་འདི་སྟེ། ཞིང་འདི་ཐམས་ཅད་ཁེབས་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན་རིན་པོ་ཆེའི་བླ་བྲེ་ སྟེང་དུ་བྲེས་པ་བཞིན་དུ་ཀུན་ཏུ་གནས་པར་གྱུར་ཏོ། །པདྨའི་སྙིང་པོ་རེ་རེ་ལ་ཡང་དེ་བཞིན་ གཤེགས་པའི་སྐུ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ཤིང༌། སྐུ་དེ་དག་ཀྱང་འོད་ཟེར་འབུམ་དག་ རབ་ཏུ་འགྱེད་པར་ཀུན་ཏུ་སྣང་ལ། པདྨ་དེ་དག་ཐམས་ཅད་ཀྱང་ཤིན་ཏུ་ཁ་བྱེ་བར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས། པདྨ་དེ་དག་གི་འདབ་མ་དེ་དག་ཐམས་ཅད། མདོག་ངན་པ་མོག་མོག་པོ་དང་དྲི་མས་གོས་པས་ནོག་ནོག་པོ་དང༌། དྲི་མི་ཞིམ་པས་དྲི་ང་བ་ དང༌། བཟང་པོ་མ་ཡིན་པས་སྨད་པར་འོས་པ་དང༌། རྙིང་ནས་ཡིད་དུ་མི་འོང་བས་ཡིད་མངོན་ པར་དགའ་བར་འགྱུར་བ་མ་ཡིན་པར་གྱུར་ཏོ། །པདྨ་དེ་དག་ངན་པར་གྱུར་མོད་འོན་ཀྱང་ པདྨའི་སྙིང་པོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་རྣམས་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ ཤིང་འོད་ཟེར་འབུམ་དག་རབ་ཏུ་འགྱེད་པར་ཀུན་ཏུ་སྣང་ངོ༌། །དེ་བཞིན་གཤེགས་པའི་སྐུ་ པདྨའི་སྙིང་པོ་ལ་བཞུགས་པ་དེ་དག་གིས་ཀྱང་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ འདི་གང་ཞིང་[ཁྱབ་{ཁེབས་}པར་གྱུར་ཏེ། དེའི་ཚེ་སྐུ་དེ་དག་གིས་སངས་རྒྱས་ཀྱི་ཞིང་འདི་ 1-1-12 ཤིན་ཏུ་མཛེས་པར་གྱུར་ཏོ། ། བཞི་པ་འཁོར་རྣམས་ཐེ་ཚོམ་སྐྱེས་པའི་ཚུལ་ནི་དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའི་ ཚོགས་ཐམས་ཅད་དང༌། དགེ་སློང་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས་ཏེ་འཁོར་བཞི་ཡང་ དེ་བཞིན་གཤེགས་པའི་སྐུ་པདྨ་ལ་བཞུགས་པ་དེ་དག་མཐོང་བས་ཤིན་ཏུ་ངོ་མཚར་དུ་གྱུར་ ཅིང་ཡིད་དགའ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་ [དག་]མཐོང་ནས་འདི་སྙམ་དུ་ཐེ་ཚོམ་དུ་གྱུར་ཏེ། ཇི་སྙམ་ཞེ་ན། གང་པདྨ་བྱེ་བ་ཁྲག་ཁྲིག་ ཕྲག་འབུམ་འདི་དག་གི་འདབ་མ་རྣམས་འདི་ལྟར་ཁ་དོག་ངན་ཞིང་ཆུང་བ་སྟེ་ཡུ་བ་རྣམས་ ཀྱང་ཁ་དོག་ངན་ལ་སྨད་པའི་འོས་སུ་གྱུར་ཏེ། མངོན་པར་དགའ་བར་འགྱུར་བ་མ་ཡིན་ པ་དང༌། པདྨའི་སྙིང་པོ་དེ་དག་རེ་རེ་ལ་ཡང་དེ་བཞིན་གཤེགས་པའི་སྐུ་རེ་རེ་སྐྱིལ་མོ་ཀྲུང་ བཅས་ཏེ་བཞུགས་ཤིང་འོད་ཟེར་འབུམ་དག་རབ་ཏུ་འགྱེད་པས་ཤིན་ཏུ་མཛེས་པར་ཀུན་ཏུ་ སྣང་བ་འདིའི་རྒྱུ་ནི་གང་ཡིན་རྐྱེན་ནི་གང་ཡིན་སྙམ་མོ། །དེ་ནས་ཐམས་ཅད་དང་ལྡན་པའི་ བྱང་ཆུབ་སེམས་དཔའི་ཚོགས་དང་འཁོར་བཞི་པོ་ཐེ་ཚོམ་དུ་གྱུར་པ་རྣམས་ཐེ་ཚོམ་བསལ་ བའི་ཕྱིར་སྟོན་པའི་དྲུང་དུ་འདོང་བར་བྱ་བའི་མཚན་མ་ཕན་ཚུན་གཅིག་གིས་གཅིག་ལ་བྱས་ ནས་ཐམས་ཅད་སྟོན་པའི་སྤྱན་སྔར་འདུས་སོ། ། གཉིས་པ་དཔེ་དོན་དགུས་སྙིང་པོ་བཤད་པ་ལ་གསུམ་གྱི་དང་པོ་སྟོན་པས་འཁོར་ལ་ཞུ་ བར་བསྐུལ་བ་ནི། སྐབས་དེའི་ཚེ་ཙན་དན་གྱི་སྙིང་པོའི་ཁང་པ་བརྩེགས་པ་དེར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་མིང་རྡོ་རྗེའི་བློ་གྲོས་ཞེས་བྱ་བ་སྔོན་གྱི་རྒྱལ་བ་ལ་དེ་ བཞིན་གཤེགས་པའི་སྙིང་པོ་འདི་ཞུ་ཞུ་བ་ཞིག་འདུས་པར་གྱུར་ཏེ་འདུག་གོ །དེ་ནས་བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་བློ་གྲོས་ལ་ཞུ་བའི་ནུས་ པ་ཡོད་པ་དགོངས་ནས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ལྡན་པ་ཅན་གྱི་གཏམ་ 1-1-13 ལ་སོགས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ ཡོངས་སུ་ཞུ་བར་སྤོབས་པ་གྱིས་ཤིག་ཅེས་བསྐུལ་ལོ། ། གཉིས་པ་དེ་ལ་འཁོར་གྱིས་ཇི་ལྟར་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྡོ་རྗེའི་བློ་གྲོས་བཅོམ་ལྡན་འདས་ཀྱིས་ཞུ་བར་གནང་བས། ལྷ་དང་མི་དང་ལྷ་ མ་ཡིན་དང་བཅས་པའི་འཇིག་རྟེན་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་འཁོར་བཞི་ པོ་དེ་དག་གི་ཐེ་ཚོམ་གྱི་ཟུག་རྔུ་རིག་ནས། ཐེ་ཚོམ་བསལ་བའི་ཕྱིར་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་པདྨ་ཁ་ དོག་ངན་ཞིང༌། དྲི་མི་གདའ་བ་ནི་མི་ཞིམ་པ་འདི་ལྟ་བུ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་འདི་དག་ གིས་ཁེབས་པ་དང༌། དེ་དག་གི་དབུས་ན་ཡང་དེ་བཞིན་གཤེགས་པའི་སྐུ་སྐྱིལ་མོ་ཀྲུང་བཅས་ ཤིང་བཞུགས་ཏེ། འོད་ཟེར་འབུམ་དག་རབ་ཏུ་འགྱེད་པར་ཀུན་ཏུ་གདའ་བ་དང༌། དེ་བཞིན་ གཤེགས་པའི་སྐུ་དེ་དག་མཐོང་ནས་ཀྱང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཐལ་མོ་ སྦྱར་ཏེ་ཕྱག་འཚལ་བའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། དེ་ནས་དེའི་ཚེ་བྱང་ཆུབ་ སེམས་དཔའ་རྡོ་རྗེའི་བློ་གྲོས་ཀྱིས་ཞུ་བ་དེ་དབྱངས་ཀྱིས་བསྙད་པའི་ཕྱིར་ཚིགས་སུ་བཅད་ པ་འདི་དག་གསོལ་ཏོ། །སངས་རྒྱས་ཀྱི་སྐུ་བྱེ་བ་སྟོང་ཕྲག་མང་པོ་མི་གཡོ་མི་འགུལ་བར། པདྨ་ངན་པ་དག་གི་དབུས་ན་བཞུག་པར་ནི་ཐུབ་པ་ཁྱོད་ཀྱིས་འདི་འདྲའི་རྫུ་འཕྲུལ་གྱི་སྟོབས་ མཛད་པ་རྡོ་རྗེའི་བློ་གྲོས་བདག་གིས་སྔོན་ཆད་ནམ་ཡང་རྫུ་འཕྲུལ་འདི་མ་མཐོང༌། སྐུ་དེ་ དག་ཀྱང་འོད་ཟེར་སྟོང་རྣམས་རབ་ཏུ་འགྱེད་མཛད་ཅིང་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་ ཁེབས་པར་མཛད་ལ་ངོ་མཚར་བའི་ཆོས་ཀྱི་དགའ་སྟོན་རྣམས་ལ་རོལ་མཛད་པའི་འདྲེན་པ་ སངས་རྒྱས་ཀྱི་སྐུ་རྣམས་ཀྱིས་བར་ཆད་མ་མཆིས་པར་མཛེས་ཤིང༌། འདབ་མ་དག་དང་ཆུ་ བ་སྨད་པར་འོས་ལ། ཁ་དོག་ངན་པའི་པད་མ་རྣམས་ཀྱི་དབུས་དེར། སྐུ་དེ་དག་རིན་ཆེན་ 1-1-14 རང་བཞིན་འདྲར་བཞུགས་པ་གདའ་ན། ཅི་ཡི་སླད་དུ་རྫུ་འཕྲུལ་འདི་དག་སྤྲུ༵ལ་བ་ལགས། བདག་གིས་སྔོན་སངས་རྒྱས་གང་གཱའི་བྱེ་མ་སྙེད་དང་མཉམ་པ་མཐོང༌། དེ་ཡི་རྫུ་འཕྲུལ་ཁྱད་ འཕགས་རྣམས་ཀྱང་བདག་གིས་མཐོང་སྟེ། དེ་དག་གི་ནང་ན་དི་རིང་གདའ་བའི་རྣམ་འཕྲུལ་ ཅི་འདྲ་བ་ནི་སྔོན་ཆད་ནམ་ཡང་རྫུ་འཕྲུལ་འདི་འདྲ་འདི་མ་མཐོང་བས། རྐང་གཉིས་པ་ལྷ་མི་ ལ་སོགས་པའི་གཙོ་བོ་ལྷའི་ལྷས་ནི་རྫུ་འཕྲུལ་འདི་ཅི་ལགས་པ་བསྟན་དུ་གསོལ། འདིའི་རྒྱུ་ གང་དང་རྐྱེན་གང་ལགས་པ་བཤད་དུ་གསོལ། འཇིག་རྟེན་གྱི་དོན་མཛད་པའི་ཐུགས་བརྩེ་ མངའ་བ་སྟོན་པས་གསུང་དུ་གསོལ། ལུས་ཅན་ཀུན་གྱི་ཐེ་ཚོམ་དགུམ་པ་སྟེ་བཅད་དུ་གསོལ་ ཞེས་ཞུས་སོ། ། གསུམ་པ་ཞུས་པའི་དོན་དེ་རྒྱས་པར་བསྟན་པ་ལ་གསུམ་གྱི་དང་པོ་ཟབ་དོན་མཉན་པར་ གདམས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྡོ་རྗེའི་བློ་གྲོས་ལ་སོགས་པ་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ལ་ བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མདོ་དོན་ཤིན་ ཏུ་ཟབ་ཅིང་རྒྱས་པ་ཡོད་དེ། དེ་རབ་ཏུ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་སྣང་བའི་ མཚན་མ་འདི་ལྟ་བུ་འདི་བྱས་སོ། །དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ དང་བཤད་དོ། ། གཉིས་པ་དེ་ཉིད་གུས་པས་ཉན་ཚུལ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྡོ་རྗེའི་བློ་གྲོས་དང་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་དེས་བཅོམ་ ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང༌། གསུམ་པ་དེ་ལ་སྙིང་པོ་བསྟན་པ་ལ་གཉིས་ཀྱི་དང་པོ་སྤྱི་དོན་ལ་བདུན་བདེ་གཤེགས་ སྙིང་པོའི་ཡིན་ལུགས་བཤད་པ། དཔེ་དགུས་གསུངས་པའི་དགོངས་པ་བཤད་པ། ཁམས་དེ་ 1-1-15 དད་པས་རྟོགས་བྱར་བཤད་པ། སྟོང་པར་གསུངས་པའི་ངེས་དོན་བཤད་པ། དེ་ལ་སྨད་པའི་ ཉེས་དམིགས་བཤད་པ། དེ་ལ་མོས་པའི་ཕན་ཡོན་བཤད་པ། སྙིང་པོ་བསྟན་པའི་དགོས་པ་ བཤད་པའོ། ། དང་པོ་ལ་གཉིས། གཞན་གྱི་ལོག་རྟོག་དགག་པ། ཐུབ་པའི་དགོངས་པ་བཤད་པའོ། ། དང་པོ་ལ་གཉིས། བདེ་གཤེགས་སྙིང་པོའི་དོན་ལ་ལོག་རྟོག་དགག སྙིང་པོ་སྟོན་པའི་ བཀའ་ལ་ལོག་རྟོག་དགག་པའོ། ། གཞན་ཡང་དགག་པའོ། ། དང་པོ་ལ་གསུམ། ཀུན་གཞི་རྣམ་ཤེས་བདེ་གཤེགས་སྙིང་པོར་འདོད་པ་དགག་པ། སྙིང་ པོ་གསུངས་པ་དྲང་དོན་ཡིན་པར་འདོད་པ་དགག་པ། མིང་ལ་འཁྲུལ་བའི་ལོག་རྟོག་ངན་པ་ དང་པོ་ལ་གསུམ་གྱི་དང་པོ་གང་ཞིག་གང་ལ་འཁྲུལ་བའི་འཁྲུལ་གཞི་བསྟན་པ་ནི། ཁ་ ཅིག་ན་རེ། རྣམ་ཤེས་ཚོགས་བརྒྱད་ཀྱི་ཡ་གྱལ་ཀུན་གཞིའི་རྣམ་པར་ཤེས་པ་དང་དེ་བཞིན་ གཤེགས་པའི་སྙིང་པོ་གཉིས་གཅིག་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པར། རྣམ་པར་ ཤེས་པ་བརྒྱད་རྣམས་སོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་ གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་དང༌། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང༌། མུ་ སྟེགས་ཅན་གྱིས་བརྗོད་པའི་རྣམ་པར་ཤེས་པ་འདུས་པ་ལྔ་རྣམས་སོ། །ཞེས་དང༌། ཀུན་གཞི་ རྣམ་པར་ཤེས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ་ཡིད་དང་ལྷན་ཅིག་པ་ཞེས་ དང༌། ཀུན་གཞིའི་རྣམ་ཤེས་དམ་པ་ནི། རྣམ་པར་རིག་སྟེ་ཀུན་གཞི་ཡང༌། །གཟུང་དང་འཛིན་ པ་བྲལ་བའི་ཕྱིར། །དེ་བཞིན་ཉིད་དུ་ངས་བཤད་དོ། །ཞེས་པ་ལ་སོགས་པ་མང་པོ་དང༌། འཕགས་པ་རྒྱན་སྟུག་པོའི་མདོར། །དེ་བཞིན་ཀུན་གཞིའི་རྣམ་པར་ཤེས། །བག་ཆགས་ཀྱིས་ ནི་བཅག་གཏུབས་ཀྱང༌། །རྣམ་དག་སངས་རྒྱས་རིགས་ཡིན་ཏེ། །སངས་རྒྱས་ཉིད་དུ་དེ་ 1-1-16 བཟུངས་སོ། །ཞེས་དང༌། དེ་བཞིན་ཀུན་གཞིའི་རྣམ་ཤེས་པ། །དེ་བཞིན་གཤེགས་པའི་དགེ་ སྙིང་པོའོ། །ཞེས་པ་ལ་སོགས་པ་མང་དུ་གསུངས་སོ་ཞེས་ཟེར་རོ། ། གཉིས་པ་འཁྲུལ་པའི་ལུགས་བཞིན་བདེན་ན་ཧ་ཅང་ཐལ་བ་ལ་བརྒྱད། འདུས་མ་ བྱས་དང་འདུས་བྱས་གཅིག་ན་ཧ་ཅང་ཐལ་བ། མི་རྟོག་པ་དང་རྟོག་པ་གཅིག་ན་ཧ་ཅང་ཐལ་ བ། གཞན་གྱི་དབང་དང་ཡོངས་གྲུབ་གཅིག་ན་ཧ་ཅང་ཐལ་བ། སྤང་བྱའི་དོན་དང་ཐོབ་བྱ་ གཅིག་ན་ཧ་ཅང་ཐལ་བ། ལུང་མ་བསྟན་དང་དགེ་བ་གཅིག་ན་ཧ་ཅང་ཐལ་བ་དམ་པའི་དོན་ དང་ཀུན་རྫོབ་གཅིག་ན་ཧ་ཅང་ཐལ་བ། འོད་གསལ་བ་དང་མུན་པ་གཅིག་ན་ཧ་ཅང་ཐལ་བ། ཉེས་སྐྱོན་གཞན་ཡང་དཔག་མེད་འབྱུང་བས་ཧ་ཅང་ཐལ་བའོ། ། དང་པོ་ནི། འཕགས་པ་ཐོགས་མེད་ཀྱིས་རྒྱུད་བླ་མའི་འགྲེལ་པར། དེ་བཞིན་གཤེགས་ པའི་ཁམས་མ་དག་པའི་གནས་སྐབས་ན་ཡང་འཆི་བ་དང་ན་བ་དང་རྒ་བའི་མེ་གསུམ་པོ་ འདི་དག་གིས་མི་འགྱུར་བ་ཉིད་ལས་བརྩམས་ཏེ། འདི་སྐད་ཅེས། །བཅོམ་ལྡན་འདས་འཆི་ བ་ཞེས་བགྱི་བ་འདི་ནི་འཇིག་རྟེན་གྱི་ཐ་སྙད་དོ། །བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་ འདི་ནི་སྲོག་གི་དབང་པོ་འགགས་པ་ལགས་སོ། །བཅོམ་ལྡན་འདས་སྐྱེ་བ་ཞེས་བགྱི་བ་ འདི་ནི་དབང་པོ་སར་པ་རྣམས་ཐོབ་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་ པོ་ནི་སྐྱེ་བ་དང་རྒ་བ་དང་འཆི་བ་དང་ཤི་འཕོས་པ་དང་སྐྱེས་པ་མ་ལགས་སོ། །དེ་ཅིའི་སླད་ དུ་ཞེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི། འདུས་བྱས་ཀྱི་མཚན་ཉིད་ ཀྱི་ཡུལ་ལས་འདས་པ་སྟེ། རྟག་པ་བརྟན་པ་གཡུང་དྲུང་ཞེས་གསུངས་སོ་ཞེས་འདུས་བྱས་ ལས་འདས་པར་སྟོན་པའི་མདོ་འཐད་ལྡན་དུ་དྲངས་པས། དེ་བཞིན་གཤེགས་པའི་སྙིང་པོ་ ནི་འདུས་མ་བྱས་སུ་གྲུབ་པོ། །ཡང་འཕགས་པ་ཐོགས་མེད་ཀྱིས་ཐེག་བསྡུས་སུ། ཅིའི་ཕྱིར་ ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། སྐྱེ་བ་ཅན་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ 1-1-17 ཅད་འབྲས་བུའི་དངོས་པོར་དེར་སྦྱོར་བའམ། དེ་ཡང་རྒྱུའི་དངོས་པོར་དེ་དག་ཏུ་སྦྱོར་བའི་ ཕྱིར་ཀུན་གཞི་རྣམ་པར་ཤེས་པའོ། །ཞེས་དང༌། ཀུན་གཞི་རྣམ་པར་ཤེས་པ་དང་ཀུན་ནས་ ཉོན་མོངས་པའི་ཆོས་དེ་དག་དུས་མཉམ་དུ་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་བར་ཇི་ལྟར་ བལྟ་ཞེ་ན། དཔེར་ན་མར་མེའི་མེ་ལྕེ་འབྱུང་བ་དང་སྙིང་པོ་ཚིག་པ་ཕན་ཚུན་དུས་མཉམ་པ་ དང༌། མདུང་ཁྱིམ་ཡང་དུས་མཉམ་དུ་གཅིག་ལ་གཅིག་བརྟེན་ནས་མི་འགྱེལ་བ་དེ་བཞིན་དུ། འདིར་ཡང་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་བར་བལྟའོ། །ཇི་ལྟར་ཀུན་གཞི་རྣམ་པར་ཤེས་ པ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པ་དེ་ལྟར་ཀུན་ནས་ཉོན་མོངས་པའི་ཆོས་ རྣམས་ཀྱང་ཀུན་གཞི་རྣམ་པར་ཤེས་པའི་རྒྱུའི་རྐྱེན་དུ་རྣམ་པར་གཞག་སྟེ། རྒྱུའི་རྐྱེན་གཞན་ མི་དམིགས་པའི་ཕྱིར་རོ། །ཞེས་གསུངས་པས་ཀུན་གཞི་རྣམ་ཤེས་ཀུན་ནས་ཉོན་མོངས་ཀྱི་ ཆོས་རྣམས་དང་ཕན་ཚུན་རྒྱུ་འབྲས་སུ་གྲུབ་ཅིང༌། དེས་ན་འདུས་བྱས་སུ་གྲུབ་པས། འདུས་ མ་བྱས་དང་འདུས་བྱས་ཀྱི་ཁྱད་པར་ཡོད་པའི་ཕྱིར་གཅིག་པ་མི་སྲིད་དོ། ། གཉིས་པ་ནི། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་རིགས་ཀྱི་བུ་དག་ཇི་ཙམ་ དུ་དོན་འདི་ཤེས་པར་བྱ་བའི་ཕྱིར་འདི་དཔེར་བྱ་སྟེ། བྲག་གཅིག་ཏུ་མཁྲེགས་ཤིང་སྲ་བ་ཞེས་ བྱ་བ་དེ་ནི་འདུ་བྱེད་ཀྱི་རྣམ་པ་ཀུན་ནས་ཉོན་མོངས་པ་དང་གཉིས་ལ་སོ་སོར་ཉེ་བར་གནས་ པའི་ཚིག་བླ་དྭགས་སོ། །འོག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་ཞེས་བྱ་ བ་དེ་ནི་རྣམ་པར་མི་རྟོག་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ ཆེའི་གཏེར་ཆེན་པོ་འདོད་པའི་མི་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་ཚིག་བླ་དྭགས་སོ། །གཏེར་ཆེན་པོ་མངོན་པར་ཤེས་པའི་མི་ཞེས་བྱ་བ་དེ་ནི་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དྭགས་སོ། །བྲག་ཅེས་བྱ་བ་དེ་ནི་རང་བཞིན་ལ་རྟོག་པའི་མཚན་མ་རྣམས་ཀྱི་ཚིག་བླ་དྭགས་སོ། །རྐོས་ 1-1-18 ཤིག་ཅེས་བྱ་བ་དེ་ནི་ཡིད་ལ་མི་བྱེད་པའི་ཚིག་བླ་དྭགས་སོ། །དངུལ་དུ་སྣང་བའི་རྡོ་རྗེ་རྡོ་ཞེས་ བྱ་བ་དེ་ནི་གཉེན་པོ་ལ་རྣམ་པར་རྟོག་པའི་མཚན་མ་རྣམས་ཀྱི་ཚིག་བླ་དྭགས་སོ། གསེར་དུ་ སྣང་བའི་རྡོ་རྗེ་རྡོ་ཞེས་བྱ་བ་དེ་ནི་སྟོང་བ་ཉིད་ལ་སོགས་པ་ལ་རྣམ་པར་རྟོག་པའི་མཚན་མ་ རྣམས་ཀྱི་ཚིག་བླ་དྭགས་སོ། །རིན་པོ་ཆེ་སྣ་ཚོགས་སུ་སྣང་བའི་རྡོ་ཞེས་བྱ་བ་དེ་ནི་འཐོབ་པ་ལ་ རྣམ་པར་རྟོག་པའི་མཚན་མ་རྣམས་ཀྱི་ཚིག་བླ་དྭགས་སོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ གཏེར་ཆེན་པོ་རྙེད་ཅེས་བྱ་བ་དེ་ནི་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པའི་ཚིག་བླ་དྭགས་ སོ། །རིགས་ཀྱི་བུ་དག་དེ་ལྟར་དཔེ་ཉེ་བར་བཀོད་པ་འདིས་རྣམ་པར་མི་རྟོག་པའི་དབྱིངས་ལ་ འཇུག་པ་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་པས་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་ པར་མི་རྟོག་པར་གྲུབ་པོ། །ཡང་ཐེག་བསྡུས་སུ་རྣམ་པར་རྟོག་པ་རྣམ་པ་བཅུ་སྟེ། རྩ་བའི་རྣམ་ པར་རྟོག་པ་ནི་འདི་ལྟ་སྟེ་ཀུན་གཞི་རྣམ་པར་ཤེས་པའོ་ཞེས་རྟོག་པ་ཡིན་པར་གསུངས་པས། དེས་ན་རྣམ་པར་མི་རྟོག་པ་དང་རྟོག་པའི་ཁྱད་པར་ཡོད་པའི་ཕྱིར་གཅིག་པ་མི་སྲིད་དོ། ། གསུམ་པ་ནི་མདོ་སྡེ་རྒྱན་རྩ་འགྲེལ་དུ། རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །འཛིན་ དང་གཟུང་བའི་མཚན་ཉིད་དེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །གཞན་གྱི་དབང་གི་མཚན་ ཉིད་དོ། །འདི་ལ་རྣམ་པ་གསུམ་དང་རྣམ་པ་གསུམ་དུ་སྣང་བ་ཡོད་པས་རྣམ་པ་གསུམ་དང་ རྣམ་པ་གསུམ་དུ་སྣང་བ་ཅན་ནོ། །དེ་ལ་རྣམ་པ་གསུམ་དུ་སྣང་བ་ནི་གནས་སུ་སྣང་བ་དང་ དོན་དུ་སྣང་བ་དང་ལུས་སུ་སྣང་བའོ། །ཡང་གསུམ་དུ་སྣང་བ་ནི་ཡིད་དང༌། འཛིན་པ་དང༌། རྣམ་པར་རྟོག་པར་སྣང་བ་སྟེ། ཡིད་ནི་རྟག་ཏུ་ཉོན་མོངས་པ་ཅན་གང་ཡིན་པའོ། །འཛིན་པ་ ནི་རྣམ་པར་ཤེས་པ་ལྔའི་ཚོགས་སོ། །རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་ལ་རྣམ་པ་ གསུམ་དུ་སྣང་བ་དང་པོ་ནི་གཟུང་བའི་མཚན་ཉིད་དོ། ། གཉིས་པ་ནི་འཛིན་པའི་མཚན་ཉིད་དེ་དེ་ལྟར་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་ 1-1-19 པ་འདི་ནི་གཞན་གྱི་དབང་གི་མཚན་ཉིད་ཡིན་ནོ་ཞེས་ཀུན་གཞི་རྣམ་ཤེས་ལ་ཡང་དག་པ་མ་ ཡིན་པའི་ཀུན་རྟོག་ཅེས་པའི་མིང་བཏགས་ནས་གཞན་དབང་དུ་གསུངས་ཤིང༌། ཡང་དེ་ཉིད་ དུ། དེ་བཞིན་ཉིད་དམིགས་ཡེ་ཤེས་དང༌། །གཉིས་སུ་འཛིན་པ་རྣམ་སྤངས་དང༌། །གནས་ ངན་ལེན་ལུས་མངོན་སུམ་པ། །བློ་ལྡན་དེ་ཟད་བྱེད་པར་འདོད། འདིས་ནི་ངོ་བོ་ཉིད་གསུམ་ ཇི་ལྟར་ཡོངས་སུ་ཤེས་པས་གཞན་གྱི་དབང་གི་ངོ་བོ་ཉིད་ཟད་པར་འགྱུར་བ་དེ་ཡོངས་སུ་ བསྟན་ཏེ། དེ་བཞིན་ཉིད་ལ་དམིགས་པ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡོངས་སུ་ ཤེས་པ་དང༌། གཉིས་སུ་འཛིན་པ་རྣམ་པར་སྤངས་པ་ཉིད་ཀྱིས་ཀུན་བརྟགས་པ་དང༌། གནས་ ངན་ལེན་གྱི་ལུས་མངོན་སུམ་པ་ཉིད་ཀྱིས་གཞན་གྱི་དབང་ཡོངས་སུ་ཤེས་ནས་གནས་ངན་ ལེན་གྱི་ལུས་ཀུན་གཞི་རྣམ་པར་ཤེས་པ་གཞན་གྱི་དབང་དེ་ཉིད་ཟད་པར་འགྱུར་རོ། །ཞེས་ པ་དང༌། རྩ་བའི་རྟོག་པ་ཞེས་ཐེག་བསྡུས་སུ་གསུངས་པ་དེས་ཀྱང་གཞན་དབང་དུ་གྲུབ་པོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་འགྱུར་བ་མེད་པའི་དེ་བཞིན་ཉིད་ཡིན་པའི་ཕྱིར་འགྱུར་ མེད་ཡོངས་གྲུབ་ཏུ་གྲུབ་པོ། །དེས་ན་གཞན་དབང་དང་འགྱུར་མེད་ཡོངས་གྲུབ་ཀྱི་ཁྱད་པར་ ཡོད་པའི་ཕྱིར་གཅིག་པ་མི་སྲིད་དེ། མདོ་སྡེ་རྒྱན་དུ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་ མིན། །ཞེས་དང༌། དེའི་འགྲེལ་པར། ཀུན་བརྟགས་པ་དང་གཞན་གྱི་དབང་གི་མཚན་ཉིད་ དག་གིས་ནི་ཡོད་པ་མ་ཡིན་ནོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ། །ཀུན་བརྟགས་པ་དང་གཞན་གྱི་དབང་དག་དང་ཡོངས་སུ་གྲུབ་པ་གཅིག་པ་ཉིད་མེད་པས་ དེ་བཞིན་མ་ཡིན་ནོ། །དེ་དག་ཁོ་ན་གཞན་པ་ཉིད་མེད་པས་གཞན་མ་ཡིན་ནོ། །ཞེས་ཀྱང་ གསུངས་སོ། ། བཞི་པ་ནི། ཐེག་བསྡུས་སུ། གནས་རྣམ་པ་ཐམས་ཅད་དུ་གྱུར་པ་ན། རྣམ་པར་སྨིན་པའི་ རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཡང༌། ས་བོན་མེད་པར་གྱུར་པ་དང་རྣམ་པ་ཐམས་ 1-1-20 ཅད་དུ་སྤངས་པ་ཡང་ཡིན་ནོ། །ཞེས་དང༌། མདོ་སྡེ་རྒྱན་རྩ་འགྲེལ་དུ། རྟག་ཏུ་གཉིས་བྲལ་ འཁྲུལ་པའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་དུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་ མེད་པའི་བདག་ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་ བྱ་སྟེ། །དེ་ནི་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་འདོད། །དེ་ཁོ་ན་ ཉིད་རྟག་ཏུ་གཉིས་དང་བྲལ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་ཏེ། གཟུང་བ་དང་འཛིན་ པའི་མཚན་ཉིད་དུ་གཏན་མེད་པའི་ཕྱིར་རོ། །འཁྲུལ་པའི་རྟེན་གཞན་གྱི་དབང་སྟེ་དེས་ཀུན་ རྟོག་པའི་ཕྱིར་རོ། །བརྗོད་དུ་མེད་ཅིང་སྤྲོས་པ་མེད་པའི་བདག་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་ བོ་ཉིད་དོ། །དེ་ཁོ་ན་ཉིད་དང་པོ་ནི་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། ། གཉིས་པ་ནི་སྤང་བར་བྱ་བ་ཡིན་ནོ། །གསུམ་པ་ནི་གློ་བུར་གྱི་དྲི་མ་ལས་རྣམ་པར་སྦྱང་ བ་བྱ་བ་ཡིན་ཏེ། རང་བཞིན་གྱིས་རྣམ་པར་དག་གོ །རང་བཞིན་གྱིས་རྣམ་པར་དག་པ་དེ་ ནི་ནམ་མཁའ་དང་གསེར་དང་ཆུ་ལྟ་བུར་ཉོན་མོངས་པ་ལས་རྣམ་པར་དག་པ་ཡིན་ཏེ། ནམ་ མཁའ་ལ་སོགས་པ་ནི་རང་བཞིན་གྱིས་མ་དག་པ་ཡང་མ་ཡིན་ལ། དེ་དག་གློ་བུར་གྱི་དྲི་མ་ དང་བྲལ་བའི་སྒོ་ནས་རྣམ་པར་དག་པ་མི་འདོད་པ་ཡང་མ་ཡིན་ནོ། །ཞེས་དང༌། འཕགས་པ་ གསེར་འོད་དམ་པའི་མདོར། རིགས་ཀྱི་བུ་དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་མཚན་ཉིད་ གསུམ་གྱི་ཕྱིར་འཆིང་བ་དང་སྒྲིབ་པ་ཡོད་པས་སྐུ་གསུམ་ལས་རིང་དུ་གྱུར་ཏོ། །གསུམ་གང་ ཞེ་ན་ཀུན་བརྟགས་པའི་མཚན་ཉིད་དང་གཞན་གྱི་དབང་གི་མཚན་ཉིད་དང་ཡོངས་སུ་གྲུབ་ པའི་མཚན་ཉིད་དོ། །མཚན་ཉིད་དེ་རྣམས་ཤེས་པ་དང་འགོག་པ་དང་དག་པར་མ་གྱུར་པ་ དེའི་ཕྱིར་སྐུ་གསུམ་མ་ཐོབ་པོ། །དེ་ལྟ་བུའི་མཚན་ཉིད་གསུམ་ཤེས་པ་དང་འགོག་པ་དང་རྣམ་ པར་བྱང་བར་གྱུར་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་སྐུ་གསུམ་ཡོངས་སུ་རྫོགས་ པར་གྱུར་ཏོ། །རིགས་ཀྱི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རྣམ་པར་ཤེས་པ་གསུམ་མ་ 1-1-21 སྤངས་པའི་ཕྱིར་སྐུ་གསུམ་ལས་རིང་དུ་གྱུར་ཏོ། །གསུམ་གང་ཞེ་ན་དངོས་པོ་ལས་འཇུག་པའི་ རྣམ་པར་ཤེས་པ་དང༌། ཀུན་གཞི་ལ་གནས་པའི་ཡིད་དང༌། ཀུན་གཞི་རྣམ་པར་ཤེས་པའོ། །ལམ་སྦྱོང་བ་དག་ལ་གནས་པས་འཇུག་པའི་རྣམ་པར་ཤེས་པ་སྦྱོང་ངོ༌། །གཅོད་པའི་ལམ་ ལ་གནས་པས་ཀུན་གཞི་ལ་གནས་པའི་ཡིད་སྦྱོང་ངོ༌། །མཆོག་ཏུ་རྒྱལ་བའི་ལམ་ལ་གནས་ པས་ཀུན་གཞི་རྣམ་པར་ཤེས་པ་སྦྱོང་ངོ༌། །འཇུག་པའི་རྣམ་པར་ཤེས་པ་སྦྱངས་ན་སྤྲུལ་པའི་ སྐུ་མངོན་དུ་འགྱུར་རོ། །ཀུན་གཞི་ལ་གནས་པའི་ཡིད་སྦྱངས་པས་ལོངས་སྤྱོད་རྫོགས་པའི་སྐུ་ སྟོན་ཏོ། །ཀུན་གཞི་རྣམ་པར་ཤེས་པ་སྦྱངས་པས་ནི་ཆོས་ཀྱི་སྐུ་འཐོབ་སྟེ། དེ་ལྟར་དེ་བཞིན་ གཤེགས་པ་རྣམས་སྐུ་གསུམ་ལྷུན་གྱིས་གྲུབ་པ་ཞེས་བྱའོ། །ཞེས་གསུངས་པས་ཀུན་གཞི་ རྣམ་ཤེས་ནི་སྤང་བྱར་གྲུབ་པོ། །ཡང་རྒྱུད་བླར། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ ཉི་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་ བསྒྲིབས་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་འཐོབ། །ཅེས་སོགས་ གསུངས་པས་བདེ་གཤེགས་སྙིང་པོ་ཐོབ་བྱར་གྲུབ་པའི་ཕྱིར་སྤང་བྱ་དང་ཐོབ་བྱའི་ཁྱད་པར་ ཡོད་པས་ཀྱང་གཅིག་པ་མི་སྲིད་དོ། ། ལྔ་པ་ནི། ཐེག་བསྡུས་སུ། ཅིའི་ཕྱིར་དགེ་བ་དང་མི་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་ སྨིན་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་ཞེས་བྱ་ཞེ་ན། འདི་ལྟར་མ་ བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་དགེ་བ་དང་མི་དགེ་བ་དང་འགལ་བ་མེད་དོ། །དགེ་བ་ དང་མི་དགེ་བ་ནི་ཕན་ཚུན་མི་མཐུན་ནོ། །རྣམ་པར་སྨིན་པ་ཡང་དགེ་བ་དང་མི་དགེ་བར་གྱུར་ ན་ནི། ཀུན་ནས་ཉོན་མོངས་པ་ལྡོག་པར་མི་རུང་ངོ༌། །དེ་ལྟ་བས་ན་རྣམ་པར་སྨིན་པའི་རྣམ་ པར་ཤེས་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཉིད་དོ། །ཞེས་གསུངས་པས་ཀུན་གཞི་ 1-1-22 རྣམ་ཤེས་ལུང་མ་བསྟན་དུ་གྲུབ་ལ། རྒྱུད་བླར། སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ ཀྱི། །ལྤགས་སྦུབས་ནང་ཆོད་ཆོས་ཁམས་དགེ་བ་ཡང༌། །དེ་བཞིན་དགེ་བ་དེ་དེ་ལ་བརྟེན་ ནས། །རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར། །ཞེས་དང༌། མྱང་འདས་ཆེན་པོའི་ མདོར། རིགས་ཀྱི་བུ་ངས་འདི་སྐད་དུ་རྩ་བ་བཞི་ཉམས་པ་དང་ལོག་སྲེད་ཅན་དང༌། ཤིན་དུ་ རྒྱས་པའི་མདོ་ལ་སྐུར་པ་དང༌། མཚམས་མེད་པའི་སྡིག་པ་བྱས་པ་ལ་ཡང་སངས་རྒྱས་ཀྱི་རང་ བཞིན་ཡོད་དེ། དེ་དག་ལ་དགེ་བའི་ཆོས་ཡོང་མེད་མོད་ཀྱི་སངས་རྒྱས་ཀྱི་རང་བཞིན་དགེ་ བའོ། །ཞེས་དང༌། རིགས་ཀྱི་བུ་ངས་མདོ་སྡེ་འདི་ལས་སངས་རྒྱས་ཀྱི་རང་བཞིན་ནི་དངོས་ པོ་དྲུག་དང་ལྡན་ཏེ་རྟག་པ་དང་ཡང་དག་པ་དང་བདེན་པ་དང་དགེ་བ་དང་རྣམ་པར་དག་པ་ དང་མཐོང་བའོ། །ཞེས་སོགས་གསུངས་པས་བདེ་གཤེགས་སྙིང་པོ་དགེ་བར་གྲུབ་པའི་ཕྱིར། ལུང་མ་བསྟན་དང་དགེ་བའི་ཁྱད་པར་ཡོད་པས་གཅིག་པ་མི་སྲིད་དོ། ། དྲུག་པ་ནི། འགྲི བ་པ་མེད་པ་དང་འཕེལ་བ་མེད་པ་ཉིད་བསྟན་པའི་མདོར། ཤཱ་རིའི་ བུ་དོན་དམ་པ་ཞེས་བྱ་བ་འདི་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་ སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་དང༌། རྒྱུད་བླར། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་ བདེན་པ་དོན་དམ་མྱ་ངན་འདས། །ཞེས་གསུངས་པས་དེ་བཞིན་གཤེགས་པའི་སྙིང་པོ་ནི་ དོན་དམ་བདེན་པར་གྲུབ་ལ། ཀུན་གཞི་རྣམ་ཤེས་ནི། རྩ་བའི་རྟོག་པ་དང༌། ཡང་དག་པ་མ་ ཡིན་པའི་ཀུན་རྟོག་དང༌། གཞན་དབང་དང༌། རྣམ་ཤེས་ཚོགས་བརྒྱད་ཀྱི་ཡ་གྱལ་ཡིན་པའི་ ཕྱིར་ཀུན་རྫོབ་བདེན་པར་གྲུབ་པས་གཅིག་པ་མི་སྲིད་དོ། ། བདུན་པ་ནི། རྒྱུད་བླར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་ 1-1-23 མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོགས་ལས་བྱུང་འདོད་ཆགས་སོགས། །གློ་ བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་དང༌། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གང་གཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་ དང་ལྡན་པ་ཉིད། །ཅེས་དང༌། ཆོས་དབྱིངས་བསྟོད་པར། དྲི་མེད་ཉི་མ་ཟླ་བ་ཡང༌། །སྤྲིན་དང་ ཁུག་སྣ་དུ་བ་དང༌། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་ གྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང༌། །རྒོད་པ་ དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཞེས་སོགས་གསུངས་པས་དེ་བཞིན་ གཤེགས་པའི་སྙིང་པོ་འོད་གསལ་བར་གྲུབ་ལ་ཀུན་གཞི་རྣམ་ཤེས་ནི་རྣམ་རྟོག་ཡིན་པའི་ ཕྱིར་གཏི་མུག་ཡིན་ཞིང༌། དེས་ན་མ་རིག་པ་ཡིན་པའི་ཕྱིར། འོད་མི་གསལ་ལ་རྣམ་ཤེས་ཡིན་ པའི་ཕྱིར་མུན་པར་གྲུབ་པས། འོད་གསལ་བ་དང་མུན་པ་ཡིན་པའི་ཁྱད་པར་ཡོད་པའི་ཕྱིར་ ཡང་གཅིག་པ་མི་སྲིད་དོ། །ཡང་མདོ་སྡེ་རྒྱན་དུ། སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་ འདོད། །དེ་ནི་གློ་བུར་ཉེས་པས་མ་རུང་བྱས། །ཆོས་ཉིད་སེམས་ལས་གཞན་པ་སེམས་གཞན་ ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང༌། དེའི་འགྲེལ་པར། སེམས་རང་ བཞིན་གྱིས་འོད་གསལ་བར་འདོད་པ་ལས་གློ་བུར་གྱི་ཉེས་པས་མ་རུང་བར་བྱས་སོ། །ཆོས་ ཉིད་ཀྱི་སེམས་ལས་མ་གཏོགས་པ་སེམས་གཞན་ཏེ། གཞན་གྱི་དབང་གི་མཚན་ཉིད་ནི་རང་ བཞིན་གྱིས་འོད་གསལ་བ་ཉིད་དུ་མི་བརྗོད་དོ། །ཞེས་ཀྱང་གསུངས་སོ། ། བརྒྱད་པ་ནི། གཞན་ཡང༌། ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས་རྣམ་དག་མང་པོ་ ལས། དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་ལ། ཆོས་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་དང༌། དེ་ བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཚན་མ་མེད་པ་དང༌། ཆོས་ཀྱི་དབྱིངས་དང༌། དག་པའི་བདག་དང༌། རྣམ་པར་དག་པ་དང༌། རྟག་པ་དང༌། བརྟན་བ་དང༌། ཐེར་ཟུག་དང༌། 1-1-24 ཟག་པ་མེད་པའི་དབྱིངས་དང༌། གཞན་དུ་འགྱུར་བ་མིན་པ་དང༌། གཙང་བ་དང༌། བདེ་བ་ དང༌། སངས་རྒྱས་དང༌། དྲི་མ་མེད་པའི་ཁམས་ལ་སོགས་པའི་རྣམ་གྲངས་མང་པོས་གསུངས་ པའི་དོན་རྣམས་ཀུན་གཞི་རྣམ་ཤེས་ལ་མ་ཚང་ལ། ཀུན་གཞི་རྣམ་ཤེས་ནི། མི་རྟག་པ་དང་མི་ བརྟན་པ་དང་ཐེར་ཟུག་མིན་པ་དང་མི་གཙང་བ་དང༌། སྡུག་བསྔལ་བ་དང་རྣམ་པར་མ་དག་ པ་དང་གཞན་དུ་འགྱུར་བ་ལ་སོགས་པ་ཡིན་པས་འདི་གཉིས་གཅིག་ཡིན་པར་སྨྲ་བ་དེས་ནི། དེ་བཞིན་གཤེགས་པའི་སྙིང་པོ་དང་ཀུན་གཞི་རྣམ་ཤེས་གཉིས་ཀའི་ཡིན་ལུགས་མ་རྟོགས་ པར་བབ་ཅོལ་འབའ་ཞིག་སྨྲ་བར་བས་སོ། ། གསུམ་པ་འཁྲུལ་གཞིའི་ལུང་དེའི་དགོངས་པ་གསལ་བར་བཤད་པ་ལ་གཉིས། ལུང་དེ་ དགོངས་པས་གསུངས་ཚུལ། དེའི་རྩོད་ལན་དགག་པའོ། །དང་པོ་ནི། དེ་ལྟར་སྙིང་པོ་དང་ ཀུན་གཞི་རྣམ་ཤེས་གཅིག་ན་ཉེས་པ་ཆེན་པོ་དཔག་ཏུ་མེད་པ་ཡོད་པ་དེས་ན། ལང་ཀར་ གཤེགས་པ་དང་རྒྱན་སྟུག་པོའི་མདོར་གཅིག་པར་གསུངས་པ་དེ་དག་དགོངས་པ་ཅན་དུ་གོ་ དགོས་ཏེ། ལུང་གཞན་མང་ཞིང་སྟོབས་ཆེ་བའི་ཕྱིར་རོ། །ཡང་ལང་ཀར་གཤེགས་པར། བློ་ གྲོས་ཆེན་པོ་དེ་ལ་ཡོངས་སུ་གྲུབ་པའི་རང་བཞིན་གང་ཞེ་ན། འདི་ལྟ་སྟེ་མཚན་མ་དང་མིང་ དང་དངོས་པོའི་མཚན་ཉིད་རྣམ་པར་རྟོག་པ་དང་བྲལ་བའི་དེ་བཞིན་ཉིད་འཕགས་པའི་ཡེ་ ཤེས་རྟོགས་པ་ཐོབ་པས་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ་བློ་ གྲོས་ཆེན་པོ་ཡོངས་སུ་གྲུབ་པའི་རང་བཞིན་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཐུགས་སོ་ ཞེས་དང༌། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་ བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་ཡང་དག་པའི་མཐའ་ དང་མྱ་ངན་ལས་འདས་པ་དང་མ་སྐྱེས་པ་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སོགས་ 1-1-25 པའི་ཚིག་གི་དོན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་བྱས་ནས་བྱིས་པ་ རྣམས་བདག་མེད་པས་འཇིགས་པའི་གནས་རྣམ་པར་སྤང་བའི་དོན་དུ་དེ་བཞིན་གཤེགས་ པའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། འདི་ལ་ བློ་གྲོས་ཆེན་པོ་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ་ཞེས་ཡང་དག་པའི་མཐའ་ལ་སོགས་པ་ རྣམས་བདེ་གཤེགས་སྙིང་པོར་གསུངས་ཏེ། འདི་ནི་ཀུན་གཞི་རྣམ་ཤེས་སྙིང་པོར་གསུངས་ པ་དང་ནང་འགལ་བའི་ཕྱིར་དགོངས་པ་ཅན་དུ་གྲུབ་པོ། །གཞན་ཡང་ལང་ཀར་གཤེགས་པ་ ལ་ནང་འགལ་བ་མང་དུ་སྣང་བ་ལ་བརྟེན་ནས། ཕྲ་མ་བྱེད་པའི་མདོ་ཞེས་མཁས་པ་རྣམས་ ལ་གྲགས་ཤིང༌། རྒྱན་སྟུག་པོ་ཡང་དེ་དང་ཆོས་སྐད་འདྲ་བས་དགོངས་པ་ཅན་དུ་མངོན་ནོ། །ཡང་མདོ་འདི་གཉིས་རྫོགས་པར་མ་འགྱུར་བས་དགོངས་པ་བཀྲལ་བ་མཇུག་ཏུ་ལུས་སམ་ ཅི་ཞེས་ཀྱང་གོ་བར་བྱའོ། ། གཉིས་པ་ནི། ཁོ་ན་རེ། ཀུན་གཞི་སྙིང་པོར་བསྟན་པའི་མདོ་ནི་དགོངས་པ་ཅན་མ་ཡིན་ གྱི་སྒྲ་ཇི་ལྟ་བ་ཡིན་ཏེ། ཆོས་མངོན་པའི་མདོར། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་ རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། མྱ་ངན་འདས་པའང་ཐོབ་ པ་ཡིན། །ཞེས་པའི་དགོངས་པ་འཕགས་པ་ཐོགས་མེད་ཀྱིས་རྒྱུད་བླའི་འགྲེལ་པར་བདེ་ གཤེགས་སྙིང་པོ་ལ་བཤད་ཅིང༌། ཐེག་བསྡུས་སུ་ཀུན་གཞི་རྣམ་ཤེས་ལ་བཤད་པས་དེ་ གཉིས་དོན་གཅིག་ཏུ་གྲུབ་པོ་ཞེ་ན་ཁྱབ་པ་མེད་དེ་མཚམས་མེད་ལྔ་ཞེས་པའི་གཞུང་གཅིག་ ལ། ཐུབ་པ་ཆེན་པོས་མདོ་ཐ་དད་གཉིས་སུ། ཐར་པར་འགྲོ་བའི་མཚམས་མེད་ལྔ་དང༌། དམྱལ་བར་འགྲོ་བའི་མཚམས་མེད་ལྔར་གསུངས་པས། མཚམས་མེད་དེ་དག་གཅིག་ཏུ་མི་ འགྱུར་བ་བཞིན་དང༌། སོར་ཕྲེང་ལ་ཕན་པའི་མདོར། སངས་རྒྱས་ཀུན་དང་ཉན་ཐོས་ཀྱིས། 1-1-26 །གང་དེ་ཀུན་ཏུ་མ་བརྙེས་པའི། །ཆོས་དེ་མངོན་པར་སངས་རྒྱས་ནས། །སྲོག་ཆགས་རྣམས་ ལ་བསྟན་པར་བྱ། །ཞེས་པའི་དགོངས་པ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་ པའི་སྙིང་པོ་མེད་པ་མ་བརྙེས་པ་དང༌། གང་ཟག་གི་བདག་ཡོད་པ་མ་བརྙེས་པ་གཉིས་བཤད་ པས་སྙིང་པོ་མེད་པ་དང་གང་ཟག་གི་བདག་ཡོད་པ་གཉིས་དོན་གཅིག་ཏུ་མི་འགྱུར་བ་བཞིན་ ནོ། །འོ་ན་འཕགས་པ་ཐོགས་མེད་ཀྱི་དགོངས་པ་གང་ཞེ་ན། རྒྱུད་བླའི་འགྲེལ་པར་སྙིང་པོ་ ལ་བཤད་པ་དེ་ངེས་དོན་གྱི་བཤད་པ་དང༌། ཐེག་བསྡུས་སུ་ཀུན་གཞི་རྣམ་ཤེས་ལ་བཤད་པ་ དེ་དྲང་དོན་གྱི་བཤད་པ་ལ་དགོངས་ནས་སོ་སོར་བཤད་ཀྱི། སྙིང་པོ་དང་ཀུན་གཞི་རྣམ་ཤེས་ གཅིག་ཏུ་དགོངས་ནས་གསུངས་པ་ནི་མ་ཡིན་ནོ། །དེ་ལྟར་གཞུང་རེ་རེ་ལ་དྲང་དོན་ངེས་དོན་ གྱི་བཤད་པ་གཉིས་གཉིས་བྱེད་པ་ནི་རྒྱལ་བ་སྲས་བཅས་ཀྱི་གསུང་རབ་གཞན་ལའང་མཐོང་ བའི་ཕྱིར་འཕགས་པ་ཐོགས་མེད་ཀྱི་སྐྱོན་དུའང་བསམ་པར་མི་བྱ་སྟེ་སྡིག་པ་འཕེལ་བར་ འགྱུར་བས་སོ། ། གཉིས་པ་ནི། ཁ་ཅིག་ན་རེ་བདེ་གཤེགས་སྙིང་པོས་སེམས་ཅན་ཀུན་ལ་ཁྱབ་པར་ གསུངས་པ་ནི་དྲང་དོན་ཡིན་ཏེ། ལང་ཀར་གཤེགས་པར། བྱིས་པ་རྣམས་བདག་མེད་པས་ འཇིགས་པ་སྤང་བའི་དོན་དུ་གསུངས་པར་བཤད་པ་དང༌། རྒྱུད་བླར། ཉེས་པ་ལྔ་སྤང་བའི་ དོན་དུ་གསུངས་པར་བཤད་པའི་ཕྱིར་དང༌། གལ་ཏེ་སེམས་ཅན་ཐམས་ཅད་ལ་སྙིང་པོ་ཆོས་ སྐུ་བཞུགས་ན་འཁོར་བར་འཁྱམ་པར་མི་རིགས་སོ་ཞེས་ཟེར་རོ། །འདི་ནི་རྣམ་པར་འཁྱམ་ པ་སྟེ། ཅིའི་ཕྱིར་ན་ལང་གཤེགས་དང་རྒྱུད་བླ་མའི་ལུང་གཉིས་ནི། སྙིང་པོ་བསྟན་པའི་ དགོས་པ་བསྟན་པ་ཡིན་ལ། དགོས་པ་བསྟན་པས་དྲང་དོན་དུ་འགྱུར་ན་ནི། ཐུབ་པའི་བཀའི་ བརྗོད་བྱ་ཐམས་ཅད་ཀྱང་དྲང་དོན་དུ་འགྱུར་རོ། །སྙིང་པོ་བཞུགས་ཀྱང་འཁོར་བར་འཁྱམ་ པ་ནི་ཀུན་གཞི་རྣམ་ཤེས་ལས་ཀྱིས་བཅིངས་ཤིང་སྒྲིབ་པ་གཉིས་ཀྱིས་སྙིང་པོ་བསྒྲིབས་ནས་ 1-1-27 མངོན་སུམ་དུ་མ་རྟོགས་པའི་ཉེས་པ་ཡིན་གྱི་འདི་ལ་སྙིང་པོས་ཅི་ཞིག་ཀྱང་ཕན་གནོད་བྱར་ མེད་དོ། །དཔེར་ན་ནམ་མཁའ་ལ་ཐམས་ཅད་སྐྱེ་འགག་བྱེད་ཀྱང་ནམ་མཁའ་ཕན་གནོད་མི་ བྱེད་པ་བཞིན་ནོ། །གཞན་ཡང༌། བདེ་གཤེགས་སྙིང་པོ་དྲང་དོན་ཡིན་ན། ཆོས་ཀྱི་སྐུ་དང་དེ་ བཞིན་ཉིད་དང༌། དོན་དམ་བདེན་པ་ལ་སོགས་པ་ཆོས་ཉིད་ཀྱི་མིང་གི་རྣམ་གྲངས་གསུངས་ པ་ཐམས་ཅད་དྲང་དོན་དུ་ཐལ་ཏེ། དེ་ཐམས་ཅད་སྙིང་པོ་ཡིན་ཞིང་སྙིང་པོ་དང་དོན་གཅིག་ པས་སོ། །འདོད་པར་མི་ནུས་ཏེ། ཆོས་དེ་དག་ཀྱང་དྲང་དོན་ཡིན་ན་ངེས་དོན་གང་ཞིག་ཡིན་ ལེགས་པར་སོམས་ལ་སྨྲོས་ཤིག གསུམ་པ་ནི། ཁ་ཅིག་ན་རེ། ཆོས་ཀྱི་དབྱིངས་བདེ་གཤེགས་སྙིང་པོ་ཡིན་ལ། སེམས་ ཅན་གྱི་ཁམས་བདེ་གཤེགས་སྙིང་པོ་མ་ཡིན་ནོ། །ཞེས་སྨྲའོ། །འདི་ནི་གསེར་རིན་པོ་ཆེ་ཡིན་ ལ། ཀ་ན་ཀ་རིན་པོ་ཆེ་མིན་ཞེས་པ་དང་ཁྱད་པར་ཅི་ཡོད། མིང་ཐ་དད་ཀྱང་དོན་གཅིག་ཡིན་ པས་སོ། །དོན་གཅིག་ཡིན་པར་ཡང༌། འགྲི བ་པ་དང་འཕེལ་བ་མེད་པ་བསྟན་པའི་མདོ་ལས། ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་བཏུམས་པ་འཁོར་ བའི་རྒྱུན་གྱིས་ཁྱེར་བ། ཐོག་མ་དང་ཐ་མ་མེད་པའི་འཁོར་བའི་འགྲོ་བར་འཆི་བ་དང་སྐྱེ་བ་ དག་ཏུ་འཁོར་བ་ནི་སེམས་ཅན་གྱི་ཁམས་ཞེས་བརྗོད་དོ། །ཞེས་དང༌། རྒྱུད་བླར། སེམས་ ཅན་ཁམས་ཀྱི་ཉོན་མོངས་སྦུབས། །མ་འབྲེལ་ཐོག་མ་མེད་པ་ནའོ། །སེམས་ཀྱི་རང་བཞིན་དྲི་ མེད་ནི། །ཐོག་མ་མེད་པ་ཡིན་པར་བརྗོད། །ཅེས་སོགས་གསུངས་པས་སོ། །དེ་བཞིན་དུ་མིང་ གཞན་ཡང་ཤིན་ཏུ་མང་བར་གསུངས་པས་དོན་གཅིག་མིང་དུ་མས་གསུངས་པ་ལ་འཁྲུལ་ བར་མི་བྱའོ། ། གཉིས་པ་ལ་གསུམ་གྱི་དང་པོ་འཁོར་ལོ་གསུམ་པ་དྲང་དོན་ཡིན་པར་འདོད་པ་དགག་པ་ ནི། ཁ་ཅིག་ན་རེ་བཀའ་འཁོར་ལོ་ཐ་མ་སེམས་ཙམ་ཡིན་པས་དྲང་དོན་ཡིན་ཞིང༌། དེར་སྙིང་ 1-1-28 པོ་བསྟན་པའང་དྲང་དོན་ཡིན་ཏེ། སྙིང་པོ་ནི་འཁོར་ལོ་ཐ་མའི་བརྗོད་བྱ་གཙོ་བོ་ཡིན་པས་ སོ་ཞེས་ཟེར་རོ། །འདི་ནི་ཤིན་ཏུ་འཁྲུལ་ཏེ་འཁོར་ལོ་ཐ་མ་སེམས་ཙམ་ཡིན་པའི་ཤེས་བྱེད་ མེད་ཅིང༌། ངེས་དོན་མཐར་ཐུག་པ་ཡིན་པར་གསུངས་པའི་ཕྱིར་ཏེ། དགོངས་པ་ངེས་པར་ འགྲེལ་པའི་མདོར། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་ འཕགས་ཀྱིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་ར་ ཎ་སི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་ དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་ བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་ བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་ མ་མཆིས་པ་དང་འགག་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་ སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་ གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་ པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་ འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་ དང༌། འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་ པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ 1-1-29 ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་ བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་ སུ་གྱུར་པ་མ་ལགས་སོ། །བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ ལས་བརྩམས། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱི་བར་ལས་བརྩམས་ ནས། བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་བསྟན་པ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་ མོ་གང་གིས་ཐོས་ནས་མོས་པར་བགྱིད་པ་དང༌། ཡི་གེ་འདྲིར་རྩོལ་བ་དང༌། ཡི་གེ་བྲིས་ནས་ ཀྱང་འཆང་བ་དང་ཀློག་པ་དང་མཆོད་པ་དང་ཡང་དག་པར་འགོད་པ་དང་ལུང་ནོད་པ་དང་ཁ་ དོན་བགྱིད་པ་དང་སེམས་པ་དང་སྒོམ་པའི་རྣམ་པས་སྦྱོར་བར་བགྱིད་པ་དེ་བསོད་ནམས་ཇི་ ཙམ་ཞིག་བསྐྱེད་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་ དམ་ཡང་དག་འཕགས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་དཔག་ཏུ་མེད་ གྲངས་མེད་པ་བསྐྱེད་དེ། དེའི་དཔེ་བྱ་བ་སླ་བ་མ་ཡིན་མོད་ཀྱི་འོན་ཀྱང་མདོར་བསྡུས་ཏེ་ ཁྱོད་ལ་བཤད་པར་བྱའོ། །དོན་དམ་ཡང་དག་འཕགས་འདི་ལྟ་སྟེ་དཔེར་ན་སེན་མོའི་རྩེ་མོ་ ལ་གནས་པའི་སའི་རྡུལ་གང་དག་ཡིན་པ་དེ་དག་ནི་ས་ལ་གནས་པའི་སའི་རྡུལ་རྣམས་དང་ བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང༌། སྟོང་གི་ཆ་དང་འབུམ་གྱི་ཆ་དང་གྲངས་དང་ ཆ་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། །བ་ལང་གི་རྗེས་ཀྱི་ཆུ་ནི་རྒྱ་མཚོ་ ཆེན་པོ་བཞིའི་ཆུ་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་ བར་མི་འགྲོའོ། །དོན་དམ་ཡང་དག་འཕགས་དེ་བཞིན་དུ་ངས་དྲང་བའི་དོན་གྱི་མདོ་སྡེ་ལ་ མོས་པ་ནས་སྒོམ་པའི་རྣམ་པས་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་གང་བཤད་པ་དེ་ ནི། ངེས་པའི་དོན་བསྟན་པ་ལ་མོས་པ་ལས་ཡང་དག་པར་གྲུབ་པ་ནས་སྒོམ་པའི་རྣམ་པས་ 1-1-30 སྦྱོར་བ་ལས་ཡང་དག་པར་གྲུབ་པའི་བར་གྱི་བསོད་ནམས་འདི་དང་བསྒྲུན་ན་བརྒྱའི་ཆར་ ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་སྐད་ཅེས་བཀའ་སྩལ་ པ་དང༌། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགོངས་པ་ངེས་པར་འགྲེལ་པའི་ཆོས་ཀྱི་རྣམ་ གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། །བཅོམ་ལྡན་ འདས་ཀྱིས་དེ་ལ་བཀའ་སྩལ་པ། དོན་དམ་ཡང་དག་འཕགས་འདི་ནི་དོན་དམ་པ་ངེས་པའི་ དོན་བསྟན་པ་ཡིན་ཏེ། འདི་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བར་ཟུང་ཤིག ཅེས་ འཁོར་ལོ་ཐ་མ་ངེས་དོན་ཡིན་ཚུལ་དང་དེ་ལ་མོས་པ་ལ་སོགས་པའི་ཕན་ཡོན་དང༌། དེ་ལྟར་ སྟོན་པའི་ལེའུ་འདི་ཡང་དོན་དམ་ངེས་དོན་བསྟན་པ་ཡིན་པར་གསུངས་སོ། ། གཉིས་པ་འགོག་བྱེད་ལུང་ལ་མཁས་འདོད་བླུན་པོའི་ལོག་རྟོག་བསལ་བ་ནི། ཁ་ཅིག་ན་ རེ། འཁོར་ལོ་བར་པ་ཟབ་མོ་ཤེར་ཕྱིན་སྟོན་པ་ལ་དྲང་དོན་དང་འཁོར་ལོ་གསུམ་པ་སེམས་ ཙམ་སྟོན་པ་ལ་ངེས་དོན་དུ་བཤད་པས་ལུང་འདི་དྲང་དོན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་སྨྲ་བ་ དེས་ནི་མདོ་འདིའི་དོན་རྟོགས་པ་ལྟ་ཞོག མདོ་འདིའི་མཚན་གྱི་དོན་དང་ལེའུ་འདི་དང་བྱང་ ཆུབ་སེམས་དཔའི་མཚན་འདིའི་དོན་ཡང་རྟོགས་རེ་སྐན་ཏེ། དགོངས་པ་ངེས་པར་འགྲེལ་པ་ ཞེས་པ་དང༌། དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་པ་དང༌། དོན་དམ་ཡང་དག་འཕགས་ ཀྱི་ལེའུ་ཞེས་གསུངས་བཞིན་དུ་ཡང་དྲང་དོན་དུ་འདོད་པས་སོ། །གལ་ཏེ་མདོ་ལུང་འདི་དྲང་ དོན་ཡིན་ན་འཕགས་པ་ཐོགས་མེད་ཀྱིས་ཀྱང་མདོའི་དྲང་དོན་ངེས་དོན་མ་ཕྱེད་པར་འགྱུར་ ཏེ། ས་སྡེར་འཁོར་ལོ་གསུམ་གྱི་མཚན་ཉིད་འཇོག་པ་ལ་ལུང་འདི་ཉིད་འཐད་ལྡན་དུ་བཞག་ པ་ལས་གཞན་མ་གསུངས་པས་སོ། །འདོད་པར་ཡང་མི་ནུས་ཏེ། མདོ་སྡེ་དྲང་དོན་ངེས་པའི་ དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པས་སོ། །ཁོ་ 1-1-31 ན་རེ་འཕགས་པ་ཐོགས་མེད་ཀྱིས་མཁྱེན་ཡང་གཅུང་པོ་དབྱིག་གཉེན་དྲང་བའི་ཕྱིར་ས་སྡེ་ལ་ སོགས་པ་རྣམས་སེམས་ཙམ་དུ་གསུངས་པར་གྲགས་པས་ས་སྡེར་གསུངས་པའང་དྲང་དོན་ ནོ་ཞེ་ན། གྲགས་སུ་ཟད་མོད། དེ་འདྲའི་གྲགས་པ་ལ་རིགས་པས་གནོད་དེ། སློབ་དཔོན་ དབྱིག་གཉེན་སངས་རྒྱས་གཉིས་པ་ལྟ་བུ་ཞེས་གྲགས་པ། བྱམས་པས་དངོས་སུ་བཟུང་བར་ གསུངས་པ། མདོ་སྡེ་ལྔ་བརྒྱ་ཐུགས་ལ་མངའ་བ་དེ་སེམས་ཙམ་གྱིས་དྲང་དགོས་པ་མི་སྲིད་ ཅིང་འཕགས་པས་གཅུང་པོ་གཅིག་པུའི་ཕྱིར་མ་འོངས་པའི་གདུལ་བྱ་མང་པོ་ལ་མི་དགོངས་ པ་ཡང་མི་རིགས་པས་སོ། །གཞན་ཡང་ལུང་དེ་དྲང་དོན་ཡིན་ན། དེ་བཞིན་གཤེགས་པའི་ ཐུགས་རྗེ་ཆེན་པོ་བསྟན་པའི་མདོར། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནོར་བུ་མཁན་མཁས་ པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་ སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ། ལན་ཚྭའི་ཆུ་རྣོན་པོས་སྤངས་ནས་སྐྲའི་རེ་བའི་ ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོར་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྦངས་ནས་བལ་གྱི་ལ་བའི་ཡོངས་སུ་སྦྱོང་བས་ ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ སྨན་ཆེན་པོའི་ཁུ་བ་ལ་ཡང་སྦངས་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་ བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻ་ཌཱུརྱའི་རིགས་ཆེན་པོ་ཞེས་བརྗོད་ དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་ གྱི་ཁམས་མཁྱེན་ནས་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་བ་ཡིད་ འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་སྐྱེད་པར་མཛད་ཏེ་ འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་ བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་ 1-1-32 པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་ དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་ རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞུགས་ པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་ཞེས་ བརྗོད་དོ། །ཞེས་གསུངས་པ་འདི་ཡང་སྔ་མ་དང་མཐུན་པས་དྲང་དོན་ཡིན་ནམ། དེ་ལྟར་ལུང་ དེ་གཉིས་དྲང་དོན་ཡིན་ན་འཁོར་ལོ་གསུམ་གྱི་དྲང་དོན་ངེས་དོན་འབྱེད་པའི་ལུང་གཞན་སྨྲ་ བའི་དུས་ལ་བབ་པོ། །ལུང་མེད་ཀྱང་ཐ་མ་དྲང་དོན་དུ་འཇོག་པ་ཡིན་ན་ནི་རང་བཟོ་ཧ་ཅང་ ཆེས་ཤིང་ཐུབ་པ་ལས་ཀྱང་ལྷག་པའི་སྐྱོན་དུ་འགྱུར་རོ། །ཁོ་བོ་ཅག་གིས་ནི་ལུང་དེ་དག་ལས་ གཞན་པ་འཁོར་ལོ་གསུམ་གྱི་དྲང་ངེས་འབྱེད་པའི་བཀའ་བོད་དུ་འགྱུར་བ་མ་མཐོང་བས་ ཁྱེད་ཅག་གིས་མཐོང་ན་བསྟན་དུ་གསོལ། ཁོ་ན་རེ་ལུང་དེ་ངེས་དོན་མ་ཡིན་པར་སློབ་དཔོན་ ཆོས་ཀྱི་གཤེས་གཉེན་གྱིས་བཤད་པའི་ལུང་ཡོད་དོ་ཞེ་ན། ཆོས་ཀྱི་གཤེས་གཉེན་ཡང་ངོ་ མཚར་ཆེ་མོད། ཐུབ་པ་དང་འཕགས་པ་ཐོགས་མེད་གཉིས་ལས་ལྷག་པའམ་མཉམ་པ་ཡིན་ ནམ་ཅི་ཞེས་ལེགས་པར་སོམས་ལ་སྨྲོས་ཤིག ལུང་ཚད་མར་བྱེད་པ་ལ་ལུང་དེ་སྨྲ་བ་པོ་ཉེས་ པ་ཟད་པར་ཅིག་དགོས་པར་གསུངས་པ་ཡང་དྲན་པར་བྱའོ། །ཡང་འགའ་ཞིག་འཁོར་ལོ་ བར་པར་ངོ་བོ་ཉིད་མེད་པ་ལ་སོགས་པ་སྟོན་བཞིན་དུ་དྲང་དོན་དུ་གསུང་བ་ཅི་ཡིན་སྙམ་ན། འཁོར་ལོ་བར་པ་དང་ཐ་མ་གཉིས་ཀ་བརྗོད་བྱ་འདྲ་བས་བརྗོད་བྱའི་སྒོ་ནས་དྲང་དོན་དུ་མི་ སྟོན་གྱི། ལེགས་པར་རྣམ་པར་ཕྱེ་བ་མ་ཡིན་པས་བརྗོད་ཚུལ་གྱིས་དྲང་དོན་དུ་གསུངས་པར་ གོ་བར་བྱའོ། །དེ་ལྟར་ན་འཁོར་ལོ་གསུམ་པ་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་དང༌། བླ་ན་མེད་སྐབས་མེད་ངེས་པའི་དོན་རྩོད་པའི་ཚིག་གི་གནས་སུ་མ་གྱུར་ཞེས་དང༌། ཕྱིར་མི་ 1-1-33 ལྡོག་པའི་ཆོས་ཀྱི་འཁོར་ལོ་ཞེས་མདོ་ལས་བྱུང་ཞིང༌། འཕགས་པ་ཐོགས་མེད་རྒྱལ་བས་ལུང་ བསྟན་པའི་སྐྱེས་མཆོག་དེས་ཀྱང་ཐ་མ་ངེས་དོན་དུ་སྟོན་པའི་མདོ་འཐད་ལྡན་དུ་དྲངས་ལ་ཐ་ མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་ཞེས་བོད་ཀྱི་མཁས་པ་སྔ་མ་རྣམས་ལ་ཡང་ གྲགས་བཞིན་དུ་དེ་དག་བོར་ནས། འཁོར་ལོ་ཐ་མ་དྲང་དོན་དུ་འདོད་པ་འདི་ནི། རྐུན་པོ་གླེན་ པ་རིན་པོ་ཆེ་ཡང་དག་པ་བོར་ནས་ཕུབ་མ་ཁུར་ཏེ་འགྲོ་བ་དང་འདྲའོ། ། གསུམ་པ་འཁོར་ལོ་ཐ་མས་སེམས་ཙམ་བསྟན་པའི་སྒྲུབ་བྱེད་དགག་པ་ནི། ཁ་ཅིག་ན་ རེ་འཁོར་ལོ་ཐ་མས་ངོ་བོ་ཉིད་གསུམ་བསྟན་པས་སེམས་ཙམ་གྱི་གཞུང་ཡིན་ལ་དེས་ན་དྲང་ དོན་ཡིན་ནོ་ཞེ་ན། ངོ་བོ་ཉིད་གསུམ་སྟོན་པ་ལ་སེམས་ཙམ་གྱི་གཞུང་གིས་མ་ཁྱབ་སྟེ། ཡུམ་ བར་མ་དང་ཁྲི་བརྒྱད་སྟོང་པར་ཡང་ངོ་བོ་ཉིད་གསུམ་བསྟན་པས་སོ། །ཇི་སྐད་དུ། བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་རབ་ཏུ་དབྱེ་བ་ལ་མཁས་པ་ལ་གནས་པའི་བྱང་ཆུབ་ སེམས་དཔའ་རྣམ་པ་གསུམ་གྱིས་གཟུགས་རབ་ཏུ་དབྱེ་བ་གདགས་པར་རྗེས་སུ་ཤེས་པར་ བྱའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་ བར་དུ་རྣམ་པར་དབྱེ་བ་གདགས་པར་རྗེས་སུ་ཤེས་པར་བྱ་སྟེ། འདི་ནི་ཡོངས་སུ་བརྟགས་ པའི་གཟུགས། འདི་ནི་རྣམ་པར་བརྟགས་པའི་གཟུགས། འདི་ནི་ཆོས་ཉིད་ཀྱི་གཟུགས་སོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་བཞིན་དུ་ཤེར་ཕྱིན་ལྔ་བརྒྱ་པར་ཡང༌། གཟུགས་དངོས་ པོ་མེད་པ། དངོས་པོ་ངན་པ། དངོས་པོ་ཡོད་པ་ཞེས་སོགས་གསུངས་པས་དེ་ལ་དེའི་ཁྱབ་ པ་མེད་པ་ཁོ་ནའོ། །དེས་ན། ངོ་བོ་ཉིད་གསུམ་བསྟན་པ་དང༌། དོན་དམ་ཡོད་པར་བསྟན་ པ་དང༌། རྣམ་ཤེས་ཚོགས་བརྒྱད་བསྟན་པ་ལ་སོགས་པའི་རྒྱུ་མཚན་ལྟར་སྣང་རྣམས་ཀྱིས་ འཁོར་ལོ་ཐ་མ་ངེས་དོན་མཐར་ཐུག་པ་ལ་སེམས་ཙམ་དང་དྲང་དོན་དུ་འཁྲུལ་བར་མི་བྱའོ། 1-1-34 །གཞན་ཡང༌། མི་འགའ་ཞིག་འཆི་ཀར་གཏམ་གལ་ཅན་རྣམས་སྨྲ་བ་ལྟར། ཐུབ་པ་ཆེན་པོ་ ཡང་མྱ་ངན་ལས་འདའ་ཚུལ་སྟོན་ཁར་ཤིན་ཏུ་གལ་ཆེ་བ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ པའི་འཁོར་ལོ་ཐ་མ་བསྟན་པ་ཡིན་ནོ་ཞེས་བྱ་བ་ཡང་འཁོར་ལོ་ཐ་མ་དང་བདེ་གཤེགས་སྙིང་ པོ་ངེས་དོན་ཡིན་པའི་རིགས་པ་ཡིན་ནོ། ། གཉིས་པ་ནི། དེ་ལྟར་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་ངེས་པའི་དོན་མཐར་ཐུག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྟོགས་བྱའི་དོན། གསུང་རབ་ཐམས་ ཅད་ཀྱི་བརྗོད་བྱ། ཆོས་ཐམས་ཅད་ལ་ཁྱབ་པར་གནས་པའི་ཆོས་ཉིད། ཆོས་ཀྱི་དབྱིངས། དེ་ བཞིན་ཉིད། ཡང་དག་པའི་མཐའ། དོན་དམ་པའི་བདེན་པ་ཡིན་ཞིང༌། དེ་གསལ་བར་སྟོན་ པའི་བཀའ་འཁོར་ལོ་ཐ་མ་ཡང་ངེས་དོན་གྱི་གསུང་རབ་བླ་ན་མེད་པ་ཡིན་ནོ། །ཞེས་པ་ནི་ ཐུབ་པ་ཆེན་པོའི་དགོངས་པ་ཡང་དག་པ་ཡིན་ཞིང༌། མགོན་པོ་བྱམས་པ་ལ་སོགས་པ་སེམས་ དཔའ་ཆེན་པོ་རྣམས་དང༌། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་སྟོན་པས་ལུང་བསྟན་ པའི་ཤིང་རྟ་ཆེན་པོ་རྣམས་ཀྱི་ཡང་དགོངས་པ་མཐར་ཐུག་པ་ཡིན་པར་གསུང་རབ་བསྟན་ བཅོས་རྣམ་དག་རྣམས་ལ་བློ་སྦྱངས་པས་ལེགས་པར་ཤེས་སོ། ། གཉིས་པ་ལ་གསུམ་གྱི་དང་པོ་དཔེ་དགུས་བསྟན་ཚུལ་བཤད་པ་ནི། རྒྱུད་བླ་མར། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་ གཏེར་དང་མྱུག་སོགས་འབྲས་ཆུང་དང༌། །གོས་རུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ ངན་མའི་ལྟོ་ན་མི་བདག་དང༌། ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་ དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་མདོ་ འདིའི་དགོངས་པ་བླངས་ནས་བྱམས་པས་གསུངས་སོ། ། གཉིས་པ་དྲི་མ་དཔེ་དགུས་བསྟན་པའི་རྒྱུ་མཚན་ནི། རྒྱུད་བླར། ཆགས་དང་སྡང་དང་ 1-1-35 རྨོངས་དང་དེའི། །ཀུན་ལྡང་དྲག་དང་བག་ཆགས་དང༌། །མཐོང་སྒོམ་ལམ་སྤང་མ་དག་དང༌། །དག་པའི་ས་ལ་བརྟེན་པ་ཡི། །དྲི་མ་རྣམ་དགུ་པདྨ་ཡི། །སྦུབས་སོགས་དཔེས་ནི་རབ་བསྟན་ སྟེ། །ཉེ་བའི་ཉོན་མོངས་སྦུབས་ཀྱི་ནི། །དབྱེ་བ་བྱེ་བ་མཐའ་ལས་འདས། །ཞེས་གསུངས་ཏེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་བག་ལ་ཉལ་གསུམ་དང༌། དུག་གསུམ་མངོན་ དུ་རྒྱུ་ཀུན་ལྡང་དྲག་པོ་སྟེ་བཞི་དང༌། མ་རིགས་པ་བག་ཆགས་ཀྱི་སས་བསྡུས་པ་དང་ལྔ་དང༌། མཐོང་སྤང་དང་སྒོམ་སྤང་གཉིས་སྟེ་བདུན་དང༌། མ་དག་པའི་ས་བདུན་ལ་བརྟེན་པའི་སྒྲིབ་པ་ དང༌། དག་པ་ས་གསུམ་ལ་བརྟེན་པའི་སྒྲིབ་པ་གཉིས་སྟེ་དགུའོ། །དེ་དག་ལས་དང་པོ་གསུམ་ ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞོམ་བྱ་ཡིན་ལ། བཞི་པ་མི་སྡུག་པ་ལ་སོགས་ པ་བསྒོམས་པས་གཞོམ་བྱ་སྟེ། བཞི་པོ་དེས་སོ་སོ་སྐྱེ་བོ་མ་དག་པའོ། །ལྔ་པ་ནི་རྒྱལ་བའི་ བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་བྱ་སྟེ་དེས་དགྲ་བཅོམ་མ་དག་པའོ། །དྲུག་པ་མཐོང་ལམ་ གྱིས་གཞོམ་བྱ་དང༌། བདུན་པ་སྒོམ་ལམ་གྱིས་གཞོམ་བྱ་སྟེ། གཉིས་པོས་སོ་སྐྱེའི་སློབ་པ་དང་ འཕགས་པའི་སློབ་པ་མ་དག་པའོ། །བརྒྱད་པ། དག་པ་ས་གསུམ་གྱིས་གཞོམ་བྱ་དང༌། དགུ་ པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་བྱ་སྟེ་གཉིས་ཀྱིས་བྱང་སེམས་རྣམས་མ་དག་པའོ། །དེ་ཡང་རྒྱུད་བླར། དྲི་འདི་དག་གིས་བྱིས་རྣམས་དང༌། །དགྲ་བཅོམ་སློབ་པ་བློ་ལྡན་རྣམས། །རིམ་བཞིན་བཞི་དང་གཅིག་དང་ནི། །གཉིས་དང་གཉིས་ཀྱིས་མ་དག་ཉིད། །ཅེས་སོ། །དྲི་མ་ རྣམས་དཔེ་དང་འདྲ་ཚུལ་ཡང་རྒྱུད་བླར་གསུངས་ཏེ། ཇི་སྐད་དུ། ཇི་ལྟར་པདྨ་འདམ་སྐྱེས་དེ། །མདུན་དུ་གྱུར་ན་ཡིད་དགའ་དང༌། །ཕྱི་ནས་དགའ་བ་མེད་འགྱུར་བ། །འདོད་ཆགས་དགའ་ བ་དེ་བཞིན་ནོ། །ཇི་ལྟར་སྲོག་ཆགས་སྦྲང་མ་ནི། །ཤིན་ཏུ་འཁྲུགས་ཏེ་མདུང་བརྡེག་ལྟར། །དེ་ བཞིན་ཞེ་སྡང་སྐྱེ་བ་ན། །སྙིང་ལ་སྡུག་བསྔལ་སྐྱེད་པར་བྱེད། །ཇི་ལྟར་འབྲས་སོགས་སྙིང་པོ་ ནི། །ཕྱི་རོལ་སྦུན་པས་བསྒྲིབས་པ་ལྟར། །དེ་བཞིན་སྙིང་པོའི་དོན་མཐོང་བ། །མ་རིག་སྒོང་ 1-1-36 ངའི་སྦུབས་ཀྱིས་བསྒྲིབས། །ཇི་ལྟར་མི་གཙང་མི་མཐུན་བ། །དེ་བཞིན་ཆགས་དང་བཅས་ རྣམས་ཀྱི། །འདོད་པ་བརྟེན་པའི་རྒྱུ་ཡིན་ཕྱིར། །ཀུན་ནས་ལྡང་བ་མི་གཙང་འདྲ། །ཇི་ལྟར་ ནོར་ནི་བསྒྲིབས་པས་ན། །མི་ཤེས་གཏེར་མི་ཐོབ་པ་ལྟར། །དེ་བཞིན་སྐྱེ་ལ་རང་བྱུང་ཉིད། །མ་རིག་བག་ཆགས་ས་ཡིས་བསྒྲིབས། །ཇི་ལྟར་མྱུག་སོགས་རིམ་སྐྱེས་པས། །ས་བོན་ཤུན་ པ་གཅོད་པ་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡིས། །མཐོང་སྤང་རྣམས་ནི་ལྡོག་པར་འགྱུར། །འཕགས་པའི་ལམ་དང་འབྲེལ་པ་ལས། །འཇིག་ཚོགས་སྙིང་པོ་བཅོམ་རྣམས་ཀྱིས། །སྒོམ་ སྤང་ཡེ་ཤེས་སྤང་བྱ་རྣམས། །གོས་ཧྲུལ་དག་དང་མཚུངས་པར་བསྟན། །ས་བདུན་ལ་བརྟེན་ དྲི་མ་ནི། །མངལ་སྦུབས་དྲི་མ་དག་དང་མཚུངས། །མངལ་སྦུབས་བྲལ་འདྲ་མི་རྟོག་པའི། །ཡེ་ ཤེས་རྣམ་པར་སྨིན་པ་བཞིན། །ས་གསུམ་རྗེས་འབྲེལ་དྲི་མ་རྣམས། །ས་འདམ་གོས་བཞིན་ ཤེས་བྱ་སྟེ། །བདག་ཉིད་ཆེན་པོའི་རྡོ་རྗེ་ལྟའི། །ཏིང་ངེ་འཛིན་གྱི་གཞོམ་བྱ་ཡིན། །ཞེས་སོ། ། གསུམ་པ་སྙིང་པོ་དཔེ་དགུས་བསྟན་པའི་རྒྱུ་མཚན་ནི། རྒྱུད་བླར། འདི་ཡི་རང་བཞིན་ ཆོས་སྐུ་དང༌། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་ རྣམས་ཀྱིས་ནི་ཤེས་པར་བྱ། །ཞེས་གསུངས་པས། དཔེ་དང་པོ་གསུམ་གྱིས་ཁམས་དེ་ཆོས་ སྐུར་བསྟན། དཔེ་བཞི་པས་དེ་བཞིན་ཉིད་དང༌། དཔེ་འོག་མ་ལྔས་རིགས་སུ་བསྟན་ཏོ། །དེའི་ ཆོས་སྐུའི་དཔེ་གསུམ་གྱི་དང་པོས་ཆོས་སྐུ་མཚན་ཉིད་པ་ཆོས་དབྱིངས་དང༌། དཔེ་འོག་མ་ གཉིས་ཀྱིས་རྒྱུ་མཐུན་གྱི་ཆོས་སྐུ་དོན་དམ་སྟོན་པ་ཟབ་པ་དང་ཀུན་རྫོབ་སྟོན་པ་སྣ་ཚོགས་ པའི་ཚུལ་སྟོན་པ་སྟེ་གསུང་རབ་གཉིས་བསྟན། རིགས་ཀྱི་དཔེ་ལྔའི་དང་པོས་རང་བཞིན་གྱི་ རིགས་དང༌། གཉིས་པས་རྒྱས་པའི་རིགས་དང༌། གསུམ་པས་རང་བཞིན་རིགས་ཀྱི་འབྲས་ བུ་ངོ་བོ་ཉིད་སྐུ་དང༌། བཞི་པ་ལྔ་པས་རྒྱས་པའི་རིགས་ཀྱི་འབྲས་བུ་ལོངས་སྐུ་དང་སྤྲུལ་སྐུ་ གཉིས་བསྟན་ཏེ། རྒྱུད་བླར། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་དུ་དྲི་མེད་ 1-1-37 དང༌། །དེ་ཡི་རྒྱུ་མཐུན་ཟབ་པ་དང༌། །སྣ་ཚོགས་ཚུལ་ནི་སྟོན་པའོ། །འཇིག་རྟེན་འདས་ཕྱིར་ འཇིག་རྟེན་ན། །འདི་ལ་དཔེ་ནི་མི་དམིགས་པས། །དེ་བཞིན་གཤེགས་པ་ཉིད་དང་ཁམས། །འདྲ་བ་ཉིད་དུ་བསྟན་པ་ཡིན། །ཕྲ་མོ་ཟབ་མོའི་ཚུལ་བསྟན་ནི། །སྦྲང་རྩི་རོ་གཅིག་པ་བཞིན་ ཏེ། །རྣམ་པ་སྣ་ཚོགས་ཚུལ་བསྟན་ནི། །སྣ་ཚོགས་སྦུབས་སྙིང་བཞིན་ཤེས་བྱ། །རང་བཞིན་ འགྱུར་བ་མེད་པ་དང༌། །དགེ་བ་རྣམ་པར་དག་པའི་ཕྱིར། །དེ་བཞིན་ཉིད་འདི་གསེར་གྱི་ ནི། །གཟུགས་དང་མཚུངས་པར་བརྗོད་པ་ཡིན། །གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླངས་ པ་མཆོག་ཉིད་དོ། །རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་ པ་ཡིན། །དང་པོའི་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ངོ་བོ་ཉིད་སྐུ་མཛེས་ པ་ནི། །རིན་ཆེན་སྐུ་འདྲར་ཤེས་བྱ་སྟེ། །རང་བཞིན་གྱིས་ནི་བྱས་མིན་དང༌། །ཡོན་ཏན་རིན་ ཆེན་གཏེར་ཡིན་ཕྱིར། །ཆོས་ཆེན་རྒྱལ་སྲིད་ཆེ་ལྡན་ཕྱིར། །རྫོགས་ལོངས་འཁོར་ལོས་བསྒྱུར་ བཞིན་ནོ། །གཟུགས་བརྙན་གྱི་ནི་རང་བཞིན་ཕྱིར། །སྤྲུལ་པ་གསེར་གྱི་གཟུགས་ལྟ་བུ། །ཞེས་ སོ། །ཁ་ཅིག་ན་རེ་དཔེ་དགུས་དོན་དགུ་སེམས་ཅན་ལ་ཡོད་པར་བསྟན་པས། གསུང་རབ་ གཉིས་དང༌། རྒྱས་པའི་རིགས་དང༌། གཟུགས་སྐུ་གཉིས་ཀྱང་སེམས་ཅན་ལ་ཡོད་དོ་ཞེས་ སྨྲ་བ་ནི། དགྲ་བཅོམ་རྫུ་འཕྲུལ་ཅན་ནམ་མཁའ་ལ་འཕུར་བ་མཐོང་ནས་མི་ཐམས་ཅད་ནམ་ མཁའ་ལ་འཕུར་བ་ཡིན་པར་སེམས་པ་དང་འདྲ་སྟེ་ཧ་ཅང་ཐལ་བའོ། །འདི་ལ་དཔེ་དགུས་ དོན་དགུ་གསུངས་པར་འདྲ་ཡང༌། དོན་དགུ་པོ་དང་པོ་ཉིད་ནས་ཡོད་མེད་ཀྱི་ཁྱད་པར་ཡོད་ དོ། །དེ་ཡང་ཆོས་དབྱིངས་དང་དེ་བཞིན་ཉིད་དང་རང་བཞིན་གྱི་རིགས་དང་ཆོས་སྐུ་སྟེ་བཞི་ ཐོག་མ་ནས་ཡོད་དེ། རིམ་པ་ལྟར་ཐམས་ཅད་ལ་ཁྱབ་པའི་ཁམས་ཡིན་པའི་ཕྱིར་དང༌། ཆོས་ ཐམས་ཅད་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་དང༌། ཐོག་མེད་ནས་གནས་པར་གསུངས་པའི་ཕྱིར་ 1-1-38 དང༌། བྲལ་འབྲས་ཡིན་པའི་ཕྱིར་རོ། །གསུང་རབ་གཉིས་དང་རྒྱས་པའི་རིགས་དང་གཟུགས་ སྐུ་གཉིས་ནི་ཐོག་མ་ནས་ཡོད་པ་མིན་ཏེ། ལོངས་སྤྲུལ་གྱིས་གསུང་བར་སྣང་བའི་ཕྱིར་དང༌། ཡང་དག་བླངས་པ་ཞེས་གསུངས་པའི་ཕྱིར་དང༌། སྐྱེད་འབྲས་ཡིན་པའི་ཕྱིར་རོ། །འོ་ན་དོན་ ལྔ་པོ་དེའང་ཡོད་པར་བསྟན་པའི་དོན་ཅི་ཞེ་ན། ཤེས་བྱ་ཆོས་ཅན། སེམས་ཅན་རྣམས་ལ་བདེ་ གཤེགས་སྙིང་པོ་ཡོད་དེ། གསུང་རབ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། རྒྱས་པའི་ རིགས་སྐྱེས་པ་དང༌། གཟུགས་སྐུ་གཉིས་འཇིག་རྟེན་དུ་འབྱུང་བ་ཡོད་པའི་ཕྱིར་ཞེས། དོན་ལྔ་ པོ་འབྱུང་བ་དེ་སྙིང་པོ་མེད་ན་མི་སྲིད་ལ་ཡོད་ན་འབྱུང་བས་དོན་ལྔ་པོ་འབྱུང་བ་ཡོད་པ་རྟགས་ སུ་བྱས་ནས་སྙིང་པོ་ཡོད་པར་བསྒྲུབ་པའི་ཕྱིར་གསུངས་སོ། ། གསུམ་པ་ནི། དེ་ལྟར་སྙིང་པོ་བསྟན་པ་འདི་ནི་སོ་སོ་སྐྱེ་བོ་དང་ཉན་ཐོས་དང་རང་སངས་ རྒྱས་དང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་མིན་པའི་ ཕྱིར། དེ་བཞིན་གཤེགས་པ་ཉིད་ལ་དད་པས་རྟོགས་པར་བྱ་བ་ཡིན་ཏེ། རྒྱུད་བླར། རང་བྱུང་ རྣམས་ཀྱི་དོན་དམ་སྟེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་ བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་དང༌། མྱང་འདས་ཆེན་པོར། རིགས་ཀྱི་བུ་དཔེར་ ན་གཟུགས་ནི་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་རིང་པོ་དང་ཐུང་ངུ་ཐ་དད་ དེ་ཐོགས་པ་ཡོད་ཀྱང་དམུས་ལོང་གིས་མི་མཐོང་ངོ༌། །དེ་ལྟར་མི་མཐོང་མོད་ཀྱི་སྔོན་པོ་དང་ སེར་པོ་དང་དམར་པོ་དང་དཀར་པོ་ཐ་དད་པ་དང་དབྱིབས་རིང་ཐུང་མེད་ཅེས་བྱར་མི་རུང་ ངོ༌། །དེ་ཅིའི་ཕྱིར་ཞེ་ན་དམུས་ལོང་གིས་མི་མཐོང་ཡང་མིག་ཅན་གྱིས་མི་མཐོང་བ་མ་ཡིན་ ནོ། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ་སེམས་ཅན་རྣམས་ཀྱིས་མི་མཐོང་མོད་ཀྱི། བྱང་ཆུབ་སེམས་དཔའ་ས་བཅུ་པས་ཕྱོགས་ཙམ་ཞིག་མཐོང་ལ། དེ་བཞིན་གཤེགས་པས་ནི་ མ་ལུས་པར་གཟིགས་སོ། །བྱང་ཆུབ་སེམས་དཔའ་ས་བཅུ་པས་སངས་རྒྱས་ཀྱི་རང་བཞིན་ 1-1-39 ལ་མཚན་མོའི་གཟུགས་ལྟ་བུར་མཐོང་དེ་བཞིན་གཤེགས་པས་ཉིན་བར་གྱི་གཟུགས་ལྟ་བུར་ གཟིགས་སོ་ཞེས་གསུངས་པས། ལུང་རྣམ་དག་ལ་བློ་གྲོས་རྣམ་དག་གིས་དཔྱད་ནས་རྟོགས་ པར་བྱའི། ལུང་མེད་པའི་རིགས་པ་དང་རྟོག་དཔྱོད་ཙམ་གྱིས་ནི་རྟོགས་པར་མི་འགྱུར་རོ། ། བཞི་པ་ནི། རྒྱུད་བླ་རྩ་འགྲེལ་དུ། དེ་ལ་སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པ་དེ་བཞིན་ གཤེགས་པའི་སྙིང་པོ་གང་ཞེ་ན། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་ མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྣམ་དབྱེ་བཅས་ པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །འདིས་ཅི་བསྟན་ཅེ་ཞེ་ན། གང་གི་ཕྱིར་རང་བཞིན་ཡོངས་སུ་ དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལ་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་ རྒྱུ་མཚན་ནི་འགའ་ཡང་མེད་དེ་གློ་བུར་བའི་དྲི་མ་དང་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་ཅན་གཞག་པར་བྱ་བའང་ཅུང་ཟད་ཡོད་པ་ མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་རང་བཞིན་ཡིན་པའི་ཕྱིར་ རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ་བྲལ་ཤེས་པ་ཉོན་ མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་ པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པས་ནི་ མི་སྟོང་ངོ་ཞེས་གསུངས་སོ། །ཞེས་ཁམས་དེ་ཡོན་ཏན་གྱིས་མི་སྟོང་ཡང་སྐྱོན་གྱིས་སྟོང་བའི་ སྟོང་ཉིད་དུ་གསུངས་པ་འདིས་ནི། དོན་དམ་རང་གིས་མི་སྟོང་བའི་སྟོང་ཉིད་དུ་གྲུབ་ཅིང༌། དེ་ བཞིན་དུ་དབུས་མཐར། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་དང༌། ཀླུ་སྒྲུབ་ཀྱིས་ དབུ་མ་སྒོམ་རིམ་དུ་མ་སྐྱེས་པ་ཡི་སྟོང་ཉིད་གཅིག །གཅིག་ནི་སྐྱེས་པའི་སྟོང་པ་སྟེ། །མ་སྐྱེས་ 1-1-40 པ་ཡི་སྟོང་ཉིད་མཆོག །སྐྱེས་པའི་སྟོང་པ་འཇིག་པ་ཡིན། །ཞེས་དང༌། ཆོས་དབྱིངས་བསྟོད་ པར། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། དེ་དག་ཀུན་གྱིས་ ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་དང༌། འཇམ་དཔལ་གྱི་རང་གི་ ལྟ་བའི་འདོད་པ་མདོར་བསྟན་པར། ཕུང་པོ་རྣམ་དཔྱད་སྟོང་པ་རྣམས། །ཆུ་ཤིང་ཇི་བཞིན་ སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་ དང༌། ཡུམ་ལས། དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་ རྣམས་བྱུང་ཡང་རུང༌། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཀྱི་གནས་ཉིད་ དང་ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང་ཆོས་སྐྱོན་མེད་པ་ཉིད་དང་དེ་བཞིན་ཉིད་དང་མ་ནོར་ བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ནི་དེ་བཞིན་ དུ་གནས་པ་སྟེ། དེ་ལྟར་ཆོས་དེ་དག་གི་གཞན་གྱི་དངོས་པོ་སྟོང་པ་གང་ཡིན་པ་དེ་ནི་གཞན་ གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱ་སྟེ། ཞེས་དང༌། དེའི་འགྲེལ་པ་འབུམ་ཏིག་ཏུ། དེ་ལ་གཞན་ གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་ བསྟན་པ་སྟེ། ཆོས་ཀྱི་གནས་ཉིད་དང་ཆོས་ཉིད་ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་ གཏོགས་པ་འདི་རྣམས་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་མ་བྱུང་ཡང་ རུང་སྟེ་ཆོས་རྣམས་ཀྱི་ཆོས་ཉིད་ནི་ཡེ་ནས་དེ་བཞིན་དུ་གནས་པ་སྟེ། དེ་དག་ལ་ཕུང་པོ་ལ་ སོགས་པ་ཆོས་གཞན་རྣམས་ཀྱི་དངོས་པོ་མེད་པ་དེ་ཉིད་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་ བྱའོ། །ཞེས་སོགས་གསུངས་པ་རྣམས་ཀྱང་དོན་དམ་པ་གཞན་སྟོང་དུ་སྟོན་པར་དགོངས་པ་ གཅིག་སྟེ། དེ་ནི་སྙིང་པོ་ལ་སྟོང་པ་ཉིད་དུ་གསུངས་པའི་དགོངས་པ་ཡང་དག་པའོ། ། ལྔ་པ་ནི། དེ་ལྟར་བསྟན་པའི་སྙིང་པོ་ནི་དད་གུས་བྱ་བའི་གནས་ཡིན་གྱི་མ་དད་པ་དང་ མ་གུས་པར་ནི་མི་བྱ་སྟེ། ཉེས་དམིགས་མང་པོ་འབྱུང་བར་གསུངས་པས་སོ། །དེ་ཡང་སོར་ 1-1-41 མོའི་ཕྲེང་བ་ལ་ཕན་པའི་མདོར། གང་སྔོན་ཕྱུགས་སུ་གྱུར་ཏེ་རང་གི་མ་ལ་བརྒལ་ཞིང་རྣམ་ པར་མྱོས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཉལ་བའི་ཚེ་སོ་སྒྲ་ཁྲིག་ཁྲིག་ཟེར་ཞིང་དེ་ བཞིན་གཤེགས་པའི་སྙིང་པོ་ཆོས་དེ་ཁོ་ན་ཉིད་ལ་ཡིད་མི་ཆེས་སོ། །མ་འོངས་པའི་དུས་ན་ ཡང་སེམས་ཅན་གང་སོ་སྒྲ་ཁྲིག་ཁྲིག་ཟེར་ཞིང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ་བཙུན་པ་གང་པོ་དེ་དག་ནི་ཕྱུགས་སུ་གྱུར་ པ་ཆོས་ཉིད་མི་ཤེས་པའོ། །ཞེས་དང༌།དེ་བཞིན་དུ། ཕུག་རོན་དང་ཁྭ་ཏ་དང་སྤྲེའུ་དང་འུག་ པ་དང་གྲམ་ཁྲོད་ཀྱི་སྲིན་བུ་དང་ཁྱི་དང་བྱི་ལ་དང་བྱི་བ་དང་མ་ནིང་དང་ལྕེ་སྤྱང་དང་སྡིག་པ་ དང་སྦྲུལ་གདུག་པ་དང་ལུག་དང་མ་ཧེ་དང་དོམ་དང་བྱ་ཀ་ལན་ཏ་ཀ་དང་བོང་བུ་དང་ལྷ་མ་ ཡིན་དང་ཡི་དྭགས་རྣམས་སུ་སྐྱེས་པ་དང་སྐྱེ་བར་འགྱུར་བར་གསུངས་སོ། །མྱང་འདས་ཆེན་ པོ་ལྷའི་ཟླ་བས་བསྒྱུར་བར་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པར་བསྒོམས་ ཤིང་གཏན་དུ་སྟོང་པ་ཉིད་བསྒོམས་པས་ནི་སྡུག་བསྔལ་རྣམས་མི་འགག་པར་ཕྱེ་མ་ལེབ་མར་ མེའི་ནང་དུ་སོང་བ་བཞིན་དུ་འགྱུར་རོ། །དེ་ལྟ་མ་ཡིན་པར་དེ་བཞིན་གཤེགས་པའི་སྙིང་པོ་ ཡོད་པར་བསྒོམས་པའི་སེམས་ཅན་རྣམས་ནི་ཉོན་མོངས་པ་རྣམས་ཡོད་བཞིན་དུ་ཉོན་མོངས་ པའི་རྣམ་པ་འགོག་པར་བྱེད་དོ། །ཞེས་དང༌། སྡུད་པར་ཡང༌། སྔོན་སྤྱོད་ཚེ་ན་སངས་རྒྱས་ ཁྲག་ཁྲིག་བཀུར་བྱས་ཀྱང༌། །རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་ལ་མ་དད་ན། །ཐོས་ནས་བློ་ ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །དེ་ ལྟ་བས་ན་གལ་ཏེ་སངས་རྒྱས་ཡེ་ཤེས་མཆོག །རེག་པར་འདོད་ན་རྒྱལ་བའི་ཡུམ་འདིར་དད་ པར་གྱིས། །ཞེས་སོགས་གསུངས་ཏེ་ཤེར་ཕྱིན་དང་ཆོས་སྐུ་ལ་སོགས་པ་ལ་མ་དད་པའི་ཉེས་ པ་གསུངས་པ་ཇི་སྙེད་ཡོད་པ་ཐམས་ཅད་སྙིང་པོ་ལ་མ་དད་པའི་ཉེས་པར་འགྱུར་ཏེ། དེ་དང་ དེ་དག་དོན་གཅིག་པས་སོ། ། 1-1-42 དྲུག་པ་ནི། སོར་ཕྲེང་གི་མདོར། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་སེམས་ཅན་ ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས་འཇིག་རྟེན་ན་བདེ་བའི་རྣམ་པ་མཆོག་རྣམས་དང་ ཕུན་སུམ་ཚོགས་པ་ཇི་རྙེད་ཡོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ སྙིང་པོ་རྟག་པ་ཐོས་པས་སྔོན་བྱུང་བ་དང་ད་ལྟར་དང་མ་འོངས་པ་དང་དུས་གསུམ་དུའང་ ཕུན་སུམ་ཚོགས་པ་ཐམས་ཅད་དང་མཐོ་རིས་དང་ས་སྟེང་གི་བདེ་བ་ཐམས་ཅད་རྟག་ཏུ་ཐོབ་ པར་འགྱུར་རོ། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་རབ་ཏུ་ནན་ཏན་དུ་མི་འཆབ་ ཅིང་སེམས་ཅན་ཐམས་ཅད་ལ་ཕན་པར་བསྟན་པ་སྟོན་ན་དེས་ལྷའི་མིག་ཐོབ་པར་འགྱུར་ཏེ། དེ་ནི་འཇིག་རྟེན་ན་ལྷའི་མིག་ཅན་ནོ། །ཞེས་དང་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་ བྱེད་པ་ནི་ཉོན་མོངས་པ་དང་བཅས་པའམ་ཉོན་མོངས་པ་མེད་པའམ་སུ་ཡང་རུང་སྟེ། དེ་ཉིད་ རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཞེས་སོགས་དང༌། རྒྱུད་བླར་ཡང༌། སངས་རྒྱས་ཁམས་ དང་སངས་རྒྱས་བྱང་ཆུབ་དང༌། སངས་རྒྱས་ཆོས་དང་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་ སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །བློ་ལྡན་ རྒྱལ་བའི་ཡུལ་འདི་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་གྱུར་ཏེ། །བསམ་མེད་ ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། །ཞེས་སོགས་གསུངས་པས་དེ་བཞིན་གཤེགས་པའི་སྙིང་པོ་ལ་དད་ཅིང་གུས་པར་བྱའོ། །འདི་ ལ་དད་གུས་དང་འཛིན་འཆང་ལ་སོགས་བྱེད་པ་ལ་ནི་སངས་རྒྱས་མང་པོ་ལ་སེམས་བསྐྱེད་ པ་དགོས་ཏེ། མྱང་འདས་ཆེན་པོར། རིགས་ཀྱི་བུ་སེམས་ཅན་གང་ཞིག་ཆུ་ཀླུང་དགའ་སྐྱེད་ ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་མདོ་ སྡེ་འདི་འཆང་བ་དང་འཛིན་པར་འགྱུར་ཏེ་སྐུར་པ་མི་འདེབས་སོ། །རིགས་ཀྱི་བུ་སེམས་ཅན་ གང་ཞིག་ཀླུང་གང་གཱ་གཅིག་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། 1-1-43 དེས་ནི་དུས་ངན་པའི་ཚེ་ཆོས་འདི་ལ་མི་སྐུར་ཅིང་མདོ་སྡེ་འདི་ལ་མོས་པར་འགྱུར་ཏེ། གཞན་ ལ་རྣམ་པར་འབྱེད་ཅིང་སྟོན་ནི་མི་ནུས་སོ། །རིགས་ཀྱི་བུ་སེམས་ཅན་གང་ཞིག་ཀླུང་གང་གཱ་ གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ ཚེ་ཆོས་འདི་ལ་མི་སྐུར་ཏེ། དད་ཅིང་མོས་པ་དང་འཆང་ཞིང་འཛིན་པ་དང་ཀློག་པ་དང་འདོན་ པར་འགྱུར་ཏེ། གཞན་ལ་རྒྱས་པར་སྟོན་ནི་མི་ནུས་སོ། །སེམས་ཅན་གང་ཞིག་ཀླུང་གང་གཱ་ གསུམ་གྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ ཚེ་ཆོས་འདི་ལ་མི་སྐུར་ཏེ། འཆང་བ་དང་འཛིན་པ་དང་ཀློག་པ་དང་འདོན་པ་དང་གླེགས་བམ་ དུ་འབྲི་བར་འགྱུར་ཏེ། གཞན་ལ་སྟོན་མོད་ཀྱི་དོན་ཟབ་མོ་ནི་མི་ཤེས་སོ། །སེམས་ཅན་གང་ ཞིག་ཀླུང་གང་གཱ་བཞིའི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ ནི་དུས་ངན་པའི་ཚེ་ཆོས་འདི་ལ་མི་སྐུར་ཏེ། འཆང་བ་དང་འཛིན་པ་དང་ཀློག་པ་དང་འདོན་པ་ དང་གླེགས་བམ་དུ་འབྲི་བར་འགྱུར་ཏེ། དེས་ནི་གཞན་ལ་དོན་ཟབ་མོ་བཅུ་དྲུག་གི་ཆ་གཅིག་ ཙམ་སྟོན་པར་འགྱུར་རོ། །སྟོན་ཅིང་འཆད་མོད་ཀྱི་དེ་ཡང་རྫོགས་པར་ཤེས་པ་ནི་མ་ཡིན་ནོ། །སེམས་ཅན་གང་ཞིག་ཀླུང་གང་གཱ་ལྔའི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་ བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ཆོས་འདི་ལ་མི་སྐུར་ཏེ། འཆང་བ་དང་འཛིན་པ་དང་ ཀློག་པ་དང་འདོན་པ་དང་གླེགས་བམ་དུ་འབྲི་བ་དང༌། གཞན་ལ་ཡང་དོན་ཟབ་མོ་བཅུ་དྲུག་ གི་ཆའི་ཆ་བརྒྱད་སྟོན་ནུས་པར་འགྱུར་རོ། །སེམས་ཅན་གང་ཞིག་ཀླུང་གང་གཱ་དྲུག་གི་བྱེ་མ་ སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་དུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན་ཆོས་འདི་ ལ་མི་སྐུར་ཏེ། འཆང་བ་དང་འཛིན་པ་དང་ཀློག་པ་དང་འདོན་པ་དང་གླེགས་བམ་དུ་འབྲི་བ་ དང༌། གཞན་ལ་ཡང་བཅུ་དྲུག་གི་ཆའི་ཆ་བཅུ་གཉིས་སྟོན་ནུས་པར་འགྱུར་རོ། །སེམས་ཅན་ གང་ཞིག་ཀླུང་གང་གཱ་བདུན་གྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། 1-1-44 དེས་ནི་དུས་ངན་པའི་ཚེ་ན་ཆོས་འདི་ལ་མི་སྐུར་ཏེ། འཆང་བ་དང་འཛིན་པ་དང་འདོན་པ་དང་ ཀློག་པ་དང་གླེགས་བམ་དུ་འབྲི་བ་དང༌། གཞན་ཡང་བཅུ་དྲུག་གི་ཆའི་ཆ་བཅུ་བཞི་སྟོན་ནུས་ པར་འགྱུར་རོ། །སེམས་ཅན་གང་ཞིག་ཀླུང་གང་གཱ་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་ བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན་ཆོས་འདི་ལ་མི་སྐུར་ཏེ། འཆང་བ་ དང་འཛིན་པ་དང་ཀློག་པ་དང་འདོན་པ་དང་གཞན་ལ་ཡང་གླེགས་བམ་དུ་འབྲི་བར་བསྐུལ་ བ་དང་བདག་ཀྱང་ཉན་ཅིང་འཛིན་ལ་གཞན་དག་ཀྱང་ཉན་པ་དང་འཛིན་པ་དང་ཀློག་པ་དང་ འདོན་པ་དང་ཁོང་དུ་ཆུད་པར་བྱེད་པར་བསྐུལ་བ་དང༌། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ ཤིན་དུ་བསྲུང་ཞིང་མདོ་སྡེ་ལ་མཆོད་པ་བྱེད་པ་དང༌། གཞན་དག་ཀྱང་མཆོད་པ་དང་རིམ་གྲོ་ དང་བཀུར་སྟི་དང་ཕྱག་བྱ་བ་དང་ཀློག་པ་དང་འདོན་པའི་བར་དུ་བསྐུལ་བ་ཡང་དེ་བཞིན་ ནོ། །དེས་དོན་ཟབ་མོ་ཡང་རྫོགས་པར་ཁོང་དུ་ཆུད་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་བ་མཐར་བདེ་བ་དང༌། སེམས་ཅན་ལ་སངས་རྒྱས་ ཀྱི་རང་བཞིན་ཡོད་པར་རྒྱས་པར་འཆད་པ་དང༌། དེ་བཞིན་གཤེགས་པའི་ཆོས་ཀྱི་གཏེར་ལ་ ཤིན་དུ་མཁས་པ་དང་སངས་རྒྱས་དེ་དག་ལ་མཆོད་པ་བྱས་ནས་བླ་ན་མེད་པ་ཡང་དག་པའི་ ཆོས་འདི་དག་འཆང་བ་དང་འཛིན་པ་དང་སྐྱོབ་པ་དང་རྣམ་པར་གཞག་པ་རྟོགས་པར་འགྱུར་ རོ། །གང་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སེམས་བསྐྱེད་ན་དེ་ནི་མ་ འོངས་པའི་དུས་སུ་ཡང་དག་པའི་ཆོས་འདི་འཆང་བ་དང་འཛིན་པ་དང་སྐྱོབ་པར་འགྱུར་ཞིང་ ངེས་པར་ཡང་དག་པའི་ཆོས་རྣམ་པར་གཞག་པར་རིག་པར་བྱའོ། །ཞེས་གསུངས་པས་སོ། ། བདུན་པ་ནི། རྒྱུད་བླ་རྩ་འགྲེལ་དུ། དེ་ལྟར་ཆགས་པ་མེད་པའི་མཐར་ཕྱིན་པའི་ས་ལ་ གནས་པ་འཕགས་པའི་མཆོག་རྣམས་ཀྱི་ཡང་ཐམས་ཅད་ཡུལ་མ་ཡིན་ན། ཁམས་འདི་བལྟ་ བར་དཀའ་བ་དེས་ན་བྱིས་པ་སོ་སོའི་སྐྱེ་བོ་ལས་བརྩམས་ཏེ་བསྟན་པ་འདིས་ཅི་བྱ་ཞེ་ན། 1-1-45 བསྟན་པའི་དགོས་པ་བསྡུས་པའི་ཚིགས་སུ་བཅད་པ་གཉིས་ཏེ་གཅིག་གིས་ནི་དྲིས་ལ་གཉིས་ པས་ནི་ལན་བསྟན་པའོ། །སྤྲིན་དང་རྨི་ལམ་རྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་ པོ་ཡོད་ཅེས་ཅི་སྟེ་གསུངས། །སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང༌། །ཡང་དག་ མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་ དག་དེ་སྤང་དོན་དུ་གསུངས། །ཞེས་དང༌། ཡང་དག་མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཐམས་ ཅད་དབེན་པ་སྟེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡི། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་ རྣམ་སྨིན་དོན། །ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །སྔར་ནི་དེ་ལྟར་རྣམ་གཞག་ནས། །སླར་ཡང་ བླ་མའི་རྒྱུད་འདིར་ནི། །ཉེས་པ་ལྔ་དག་སྤང་བའི་ཕྱིར། །ཁམས་ཡོད་ཉིད་ཅེས་བསྟན་པ་ཡིན། །འདི་ལྟར་དེ་ནི་མ་ཐོས་པས། །བདག་ལ་བརྙས་པའི་ཉེས་པ་ཡིས། །སེམས་ནི་ཞུམ་པ་འགའ་ ཞིག་ལ། །བྱང་ཆུབ་སེམས་ནི་སྐྱེ་མི་འགྱུར། །གང་ལ་བྱང་ཆུབ་སེམས་སྐྱེས་པས། །བདག་ནི་ མཆོག་ཅེས་རློམ་པ་ན། །བྱང་ཆུབ་སེམས་མ་སྐྱེས་པ་ལ། །དམན་པའི་འདུ་ཤེས་རབ་ཏུ་འཇུག །དེ་ལྟར་སེམས་པ་དེ་ལ་ནི། །ཡང་དག་ཤེས་པ་མི་སྐྱེ་བ། །དེས་ན་ཡང་དག་མིན་འཛིན་ཅིང༌། །ཡང་དག་དོན་ནི་རིག་མི་འགྱུར། །བཅོས་མ་གློ་བུར་པ་ཉིད་ཕྱིར། །སེམས་ཅན་སྐྱོན་དེ་ཡང་ དག་མིན། །ཡང་དག་ཉེས་དེ་བདག་མེད་པ། །ཡོན་ཏན་རང་བཞིན་དག་པ་ཡིན། །ཡང་དག་ མིན་པའི་ཉེས་འཛིན་ཅིང༌། །ཡང་དག་ཡོན་ཏན་སྐུར་འདེབས་པས། །བློ་ལྡན་བདག་དང་ སེམས་ཅན་ནི། །མཚུངས་མཐོང་བྱམས་པ་ཐོབ་མི་འགྱུར། །འདི་ལས་དེ་ནི་ཐོས་པ་ལས། །སྤྲོ་ དང་སྟོན་པ་བཞིན་གུས་དང༌། །ཤེས་རབ་ཡེ་ཤེས་བྱམས་ཆེན་སྐྱེ། །ཆོས་ལྔ་སྐྱེ་ཕྱིར་དེ་ལས་ ནི། །ཁ་ན་མ་ཐོ་མེད་མཚུངས་ལྟ། །སྐྱོན་མེད་ཡོན་ཏན་ལྡན་པ་དང༌། །བདག་དང་སེམས་ 1-1-46 ཅན་མཚུངས་བྱས་ཏེ། །སངས་རྒྱས་ཉིད་ནི་མྱུར་དུ་ཐོབ། །ཅེས་སོ། །འདིའི་དོན་ནི། ཆོས་ ཀྱི་དབྱིངས་འདུས་བྱས་ཐམས་ཅད་ཀྱིས་དབེན་པས་ཉོན་མོངས་པ་ལ་སོགས་པ་རྣམས་སྤྲིན་ ལ་སོགས་པ་བཞིན་དུ་མེད་པ་ལ་དགོངས་ནས་བཀའ་བར་བར་ཐམས་ཅད་མེད་པ་ལྟ་བུར་ བསྟན་ལ་སླར་ཡང་འཁོར་ལོ་ཐ་མར་ཉེས་པ་ལྔ་སྤང་བའི་ཕྱིར་སྙིང་པོ་གསལ་བར་བསྟན་ཏེ། ཉེས་པ་ལྔ་ནི་སྙིང་པོ་ཡོད་པར་མ་ཐོས་པས། བདག་ལ་དམན་པར་འདུ་ཤེས་ནས་བྱང་ཆུབ་ ཏུ་སེམས་མི་བསྐྱེད་པ་དང༌། སེམས་སྐྱེས་པ་རྣམས་རང་མཆོག་ཏུ་རློམ་པས་གཞན་ལ་བརྙེས་ པ་དང༌། དེས་ན་ཡང་དག་མ་ཡིན་པའི་ཉེས་པ་ང་རྒྱལ་ལ་སོགས་པ་ལ་ཡང་དག་ཏུ་འཛིན་པ་ དང༌། ཡང་དག་པའི་ཆོས་ཉིད་ལ་སྐུར་པ་འདེབས་པ་དང༌། དེ་གཉིས་དང་ལྡན་པས་སེམས་ ཅན་ལ་རང་དང་མཚུངས་པར་འཛིན་པའི་བྱམས་པ་མི་ཐོབ་པའོ། །ཁམས་ཐོས་ན་ཉེས་པ་ལྔ་ སྤངས་ཏེ། རང་ཉིད་བྱང་ཆུབ་བསྒྲུབ་པ་ལ་སྤྲོ་བ་དང༌། སེམས་ཅན་གཞན་ལ་སྟོན་པ་བཞིན་ གུས་པ་དང༌། ཉེས་པ་ལ་ཡང་དག་ཏུ་མི་འཛིན་པའི་ཤེས་རབ་དང༌། ཆོས་ཉིད་ལ་ཡིད་ཆེས་ པའི་ཡེ་ཤེས་དང༌། སེམས་ཅན་ལ་རང་དང་མཚུངས་པར་འཛིན་པའི་བྱམས་པ་དང་ཡོན་ཏན་ ལྔ་སྐྱེས་ཏེ་ཡོན་ཏན་དེ་དག་གོམས་པར་བྱས་ཏེ་བྱང་ཆུབ་མྱུར་དུ་ཐོབ་པ་ནི། འཁོར་ལོ་ཐ་མར་ བདེ་གཤེགས་སྙིང་པོ་གསལ་བར་བསྟན་པའི་དགོས་པ་ཡིན་པས། ཁ་ཅིག་རྒྱུད་བླར་བདེ་ གཤེགས་སྙིང་པོ་དྲང་དོན་དུ་བསྟན་སྙམ་དུ་འཁྲུལ་བའི་རྗེས་སུ་འཇུག་པར་མི་བྱའོ། ། གཉིས་པ་ཚིག་དོན་ལ་དགུའི་དང་པོ་པདྨའི་སྦུབས་ན་རྒྱལ་བའི་སྐུ་ལྟར་འགྲོ་བ་ཀུན་ལ་ བདེ་གཤེགས་སྙིང་པོ་བཞུགས་ཚུལ་ནི། ཞུས་ནས་གུས་པར་ཉན་པ་དེ་རྣམས་ལ་བཅོམ་ལྡན་ འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཅེས་བོས་ནས་ཇི་ལྟར་ཏེ་དཔེར་ ན་དེ་བཞིན་གཤེགས་པས་སྤྲུལ་པའི་པདྨ་ཁ་དོག་ངན་པ་དྲི་ང་བ་སྨད་པར་འོས་པ། མངོན་ བར་དགའ་བར་འགྱུར་བ་མ་ཡིན་པ་འདི་དག་དང༌། དེ་བཞིན་གཤེགས་པའི་གཟུགས་ཆག་ 1-1-47 ཚད་དང་ལྡན་པས་མཛེས་པ། གཟུགས་མཚན་དཔེ་དང་བཅས་པས་བཟང་བ། མཐོང་མ་ ཐག་ཏུ་ཡིད་དང་བར་བྱེད་པས་ལྟ་ན་སྡུག་པ་དག་པདྨའི་སྙིང་པོ་འདི་དག་ལ་སྐྱིལ་མོ་ཀྲུང་ བཅས་ཤིང་འཁོད་དེ། འོད་ཟེར་འབུམ་སྟེ་མཐའ་ཡས་པ་དག་རབ་ཏུ་འགྱེད་ཅི༵ང་འཁོད་པ་དེ་ དག་ཀྱང་རིག་ནས་ལྷ་དང་མི་རྣམས་ཕྱག་འཚལ་ཞི༵ང་མཆོད་པའི་ལས་ཀྱང་བྱེད་པ་དེ་བཞིན་ དུ་རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱིས་ཀྱང་རང་གི་ཤེས་རབ་དང༌། ཡེ་ཤེས་དང༌། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ མིག་གིས་སེམས་ཅན་སྲོག་ཆགས་སུ་གྱུར་པ་འདོད་ཆགས་བག་ལ་ཉལ་གྱི་མཚན་ཉིད་གཙོ་ བོར་གྱུར་པའི་དྲི་མ་ཡུལ་ལ་ཀུན་ནས་ཞེན་པའི་འདོད་ཆགས་དང༌། གནོད་པར་འདོད་པ་ཞེ་ སྡང་དང༌། མི་ཤེས་པའི་རང་བཞིན་གཏི་མུག་དང༌། ཡུལ་ཡང་ཡང་འདོད་པ་སྲེད་པ་དང༌། མི་ཤེས་པའི་མ་རིག་པ་ལ་སོགས་པ་རྩ་བའི་ཉོན་མོངས་དྲུག་དང་ཉེ་བའི་ཉོན་མོངས་པ་ཉི་ཤུ་ ལ་སོགས་པ་བྱེ་བ་ཕྲག་འབུམ་གྱི་སྟེ་བརྒྱད་ཁྲི་བཞི་སྟོང་གི་དབྱེ་བས་ཤིན་ཏུ་མང་བ་རྣམས་ཀྱི་ སྦུབས་སུ་གྱུར་པ་ཐམས་ཅད་དང༌། རིགས་ཀྱི་བུ་དག་སེམས་ཅན་ཉོན་མོངས་པའི་སྦུབས་སུ་ གྱུར་པ་དེ་དག་གི་ནང་ན། ཤཱཀྱ་ཐུབ་པ་ང་དང་འདྲ་བར་མེ་ལོང་ལྟ་བུ་ལ་སོགས་པ་རང་བྱུང་གི་ ཡེ་ཤེས་དང་ལྡན་པའི་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ངོ་བོ་དབྱེར་མེད་ཀྱང་ཆོས་ཅན་མང་ པོའི་ཆོས་ཉིད་ཡིན་ཞིང༌། རྣམ་པ་ཀུན་དང་ལྡན་པས་མང་བའི་ཕྱིར་མང་པོ་འཁོད་ཅིང་སྐྱིལ་ མོ་ཀྲུང་བཅས་པའི་རྣམ་པར་རྟག་ཏུ་གནས་པའི་དབྱིངས་ཡིན་པས་མི་གཡོ་བར་ཏེ་མི་བསྐྱོད་ པར་འཁོད་པ་མཐོང་སྟེ། ཆགས་སོགས་ཉོན་མོངས་པ་ཐམས་ཅད་ཀྱིས་ཉོན་མོངས་པ་ཅན་དུ་ གྱུར་པ་སེམས་ཅན་དེ་དག་གི་ནང་ན་དེ་བཞིན་གཤེགས་པའི་ཆོས་ཉིད་དེ་ཆོས་ཉིད་ཀྱི་སངས་ རྒྱས་མི་གཡོ་ཞིང༌། སྲིད་པའི་འགྲོ་བ་ཉོན་མོངས་པའི་སྦུབས་སུ་གྱུར་པ་ཐམས་ཅད་ཀྱིས་ གདོད་མ་ནས་མ་གོས་པ་དག་མཐོང་ནས། དེ་བཞིན་གཤེགས་པ་སེམས་ཅན་ལ་བཞུགས་པ་ 1-1-48 དེ་དག་ནི་ཐུབ་པ་ང་དང་འདྲའོ་ཞེས་སྨྲའོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པའི་མིག་ནི་ འགྲོ་བ་ཀུན་ལ་སྙིང་པོ་ཡོད་པ་གཟིགས་པས་དེ་ལྟར་མཛེས་པ་ཡིན་ཏེ། དེ་བཞིན་གཤེགས་ པའི་མིག་དེས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོར་ཏེ་སྙིང་པོ་ཅན་དུ་ མཐོང་ངོ༌། །རིགས་ཀྱི་བུ་དག་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལྷའི་མིག་ཅན་ལ་ལ་ཞིག་གིས་ ལྷའི་མིག་གིས། [འདི་ལྟར་ཁ་དོག་ངན་ཅིང༌།] འདི་ལྟར་དྲི་ང་བའི་པདྨ་ཁ་མ་བྱེ་ཞིང་འདབ་ མ་མ་གྱེས་པ་དག་ལ་བལྟས་ཏེ། པདྨ་དེའི་དབུས་ན་པདྨའི་སྙིང་པོ་ལ་དེ་བཞིན་གཤེགས་ པའི་སྤྲུལ་བའི་སྐུ་སྐྱིལ་མོ་ཀྲུང་བཅས་ཤིང་འདུག་པར་རིག་ནས་དེ་བཞིན་གཤེགས་པའི་སྐུ་ གཟུགས་དེ་ལྟ་བར་འདོད་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་སྒྲིབ་བྱེད་པད་འདབ་ རྣམས་ལས་ཡང་དག་པར་སྦྱང་བའི་ཕྱིར། པདྨའི་འདབ་མ་ཁ་དོག་ངན་ཞིང་དྲི་ང་ལ་སྨད་ པར་འོས་པ་དེ་དག་འབྱེད་ཅིང་སེལ་བ་དེ་བཞིན་དུ། རིགས་ཀྱི་བུ་དག་དེ་བཞིན་གཤེགས་ པས་ཀྱང་སངས་རྒྱས་ཀྱི་མིག་གིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོར་ མཐོང་ནས། སྙིང་པོ་དེ་དྲི་མ་ལས་སྦྱང་བའི་དོན་དུ་སེམས་ཅན་དེ་དག་གི་འདོད་ཆགས་དང་ ཞེ་སྡང་དང་གཏི་མུག་དང་སྲེད་པ་དང་མ་རིག་པའི་ཉོན་མོངས་པའི་སྦུབས་དབྱེ་བའི་ཕྱིར་ ཐེག་པ་གསུམ་གྱི་ཆོས་སྟོན་ཏེ། ཆོས་འཁོར་དེ་བསྒྲུབ་པའི་གཞི་སེམས་ཅན་གྱི་རྒྱུད་ལ་ཡོད་ པའི་དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པ་ཉིད་དུ་གནས་སོ། །རིགས་ཀྱི་བུ་དག་སྙིང་ པོ་གནས་པ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དམ་རང་བཞིན་ཡིན་ཏེ། གཟུགས་སྐུའི་དེ་བཞིན་ གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་མ་བྱུང་ཡང་རུང༌། སེམས་ཅན་འདི་དག་ནི་ རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ན། རིགས་ཀྱི་བུ་དག་དེ་ལྟ་ནའང་སེམས་ ཅན་འཁོར་བར་འཁོར་བ་ནི་སྨད་པར་འོས་པའི་ཉོན་མོངས་པའི་སྦུབས་རྣམས་ཀྱིས་ཡོག་པ་ སྟེ་གཡོགས་པས་འཁོར་ཏེ། དེ་དག་གི་འཁོར་བའི་རྒྱུ་ཉོན་མོངས་པའི་སྦུབས་གཞིག་པ་དང༌། 1-1-49 དེ་བཞིན་གཤེགས་པའི་རང་བྱུང་གི་ཡེ་ཤེས་ཀྱང་དྲི་བཅས་ལས་ཡོངས་སུ་སྦྱང་ཞིང་དག་པ་ གཉིས་ལྡན་དུ་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་ཏེ། སྙིང་པོ་སྦྱོང་བའི་བྱ་བ་འདི་ ལ་ཡང་མོས་པར་བྱེད་དོ། །གལ་ཏེ་སེམས་ཅན་ལ་སྙིང་པོ་མེད་ན་སངས་རྒྱས་རྣམས་ཀྱི་ཆོས་ སྟོན་པ་དོན་མེད་པར་འགྱུར་ཞེས་དོན་གྱིས་བསྟན་ཞིང༌། བྱང་ཆུབ་སེམས་དཔའ་རྣམས་ལམ་ ལ་འབད་པའང་དོན་མེད་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་སྙིང་པོ་དང་དྲི་མ་སྦྱོང་བའི་བྱ་བ་དེ་དག་ལ་མངོན་པར་བརྩོན་པར་གནས་པ་དེ་དག་[གི་ ཚེ་]ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་ཡོངས་སུ་གྲོལ་བར་ གྱུར་པ་དེའི་ཚེ། དག་པ་གཉིས་ལྡན་གྱི་སྙིང་པོ་ཐོབ་པས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དེ་བཞིན་གཤེགས་ པའི་བྱ་བ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་ཐམས་ཅད་ཀྱང་བྱེད་དོ། །དེ་ནས་དེའི་ ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་དབྱངས་ཀྱིས་བསྙད་པའི་ཕྱིར་ཚིགས་སུ་བཅད་པ་རྐང་ པ་བཞི་པ་འདི་དག་བཀའ་སྩལ་ཏོ། །དཔེ་ཇི་ལྟར་པདྨ་སྨད་པར་འོས་གྱུར་པ་དེའི་འདབ་མ་ ཟུམ་པས་སྦུབས་སུ་གྱུར་ཅིང་ཁ་མ་གྱེས་ལ་དབུས་ན་དེ་བཞིན་གཤེགས་པའི་སྐུ་སྙིང་པོར་ གྱུར་པ་འདབ་མ་ངན་པས་མ་གོས་པ་ཡོད་པ་དེ། ལྷ་མིག་ཅན་གྱི་མི་འགའ་ལ་ལས་ལྷའི་མིག་ གིས་མཐོང་ནས་མི་དེ་ནི་པདྨ་དེའི་འདབ་མ་འབྱེད་པ་ན་པདྨའི་དབུས་ན་རྒྱལ་བའི་སྐུ་ལུས་ནི་ དངོས་སུ་མཐོང་བར་གྱུར་ན༵ས། རྒྱལ་བའི་སྐུ་དེ་ཉེ་བའི་ཉོན་མོངས་ལ་སོགས་པ་དྲི་མའི་དཔེ་ པདྨའི་སྦུབས་ཀྱིས་ཕྱིས་གོས་བར་མི་འགྱུར་བར་བྱེད་དེ་བྱ་བ་དེས་ནི་འཇིག་རྟེན་ཀུན་ཏུ་རྒྱལ་ བའི་སྐུ་དེ་སྒྲིབ་བྱེད་མེད་པས་གསལ་བར་འགྱུར་རོ། ། དཔེ་དེ་བཞིན་དུ་སངས་རྒྱས་ངས་ཀྱང་སྲོག་ཆགས་ཐམས་ཅད་ཀྱི་དཀྱིལ་ལམ་དབུས་ 1-1-50 དེར་གནས་པ་ཆོས་ཀྱི་སྐུ་རྒྱལ་བ་རྣམས་ཀྱི་ལུས། སྙིང་པོ་དེ་ཇི་ལྟར་སྨད་འོས་པདྨ་ངན་པའི་ སྦུབས་དང་འདྲ་བའི་ཉོན་མོངས་པ་སྟོང་ཕྲག་བྱེ་བ་མཐའ་ཡས་པས་ཁེབས་པ་མཐོང་ནས། ང་ ཡང་སེམས་ཅན་དེ་དག་གིས་ནི་ཉོན་མོངས་པ་བསལ་བའི་ཕྱིར། མཁས་པ་བྱང་ཆུབ་སེམས་ དཔའ་རྣམས་ལ་རྟག་ཏུ་ཆོས་སྟོན་ཏེ། དེ་ཐོས་ནས་སེམས་ཅན་འདི་དག་ཀྱང་སངས་རྒྱས་སུ་ འགྱུར་[ཞེས{བར་}བྱའོ། །ཞེས་སེམས་བསྐྱེད་ནས་རྒྱལ་བའི་སྙིང་པོ་ཐོབ་པར་བྱ་བའི་ཕྱིར་ ནི་ཉོན་མོངས་པ་རྣམ་པར་སྦྱོང་ངོ༌། །ངའི་སངས་རྒྱས་ཀྱི་མིག་ནི་དེ་འདྲ་ཡིན་ཏེ། མིག་དེ་ ཡིས་རྒྱལ་བའི་ལུས་སུ་གནས་པ་སྟེ་སྙིང་པོ་ཡོད་པའི་སེམས་ཅན་འདི་དག་ཐམས་ཅད་མཐོང་ བར་གྱུར་ཏེ། སྙིང་པོ་དང་དྲི་མ་དེ་དག་རྣམ་པར་སྦྱང་བའི་ཕྱིར་ཆོས་སྨྲའོ། །སྐབས་འདི་དག་ ཏུ་སྦྱང་ཞེས་པའི་ཚིག་སྙིང་པོ་དང་དྲི་མ་གཉིས་ཀ་ལ་འབྱུང་བའི་དགོངས་པ་ནི། སྙིང་པོ་སྦྱང་ གཞི་ཡིན་པའི་ཕྱིར་སྦྱང་ཞེས་བྱ་སྟེ་བུམ་པ་འཁྲུད་ཅེས་པ་བཞིན་ནོ། །དྲི་མ་ནི་སྦྱང་བྱ་ཡིན་ པའི་ཕྱིར་སྦྱང་ཞེས་བྱ་སྟེ་མི་གཙང་བ་འཁྲུད་ཅེས་པ་བཞིན་ཏེ། གཞུང་འདི་དག་གིས་ནི་ཁ་ ཅིག་ཕུང་སོགས་ཀུན་རྫོབ་པ་སྦྱང་གཞིར་འདོད་པ་བསལ་ཞིང་སྦྱང་བྱ་ཟད་ཀྱང་སྦྱང་གཞི་མི་ ཟད་པར་ཡང་གྲུབ་པ་ཡིན་ནོ། ། གཉིས་པ་སྦྲང་མའི་དབུས་ན་སྦྲང་རྩིའི་རོ་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་ བཞུགས་ཚུལ་ནི། རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྦྲང་ཚང་ཟླུམ་པོ་ཤིང་གི་ ཡལ་ག་ལ་འཕྱང་བ་བུང་བ་འབུམ་གྱིས་ཏེ་མང་པོ་ཀུན་ཏུ་བསྲུངས་ཤིང་སྦྲང་རྩིས་ཡོངས་སུ་ གང་བ་ཞིག་ཡོད་ལ། དེ་ནས་སྦྲང་རྩི་འདོད་པའི་མི་ཞིག་[གིས་]སྲོག་ཆགས་ཀྱི་རྣམ་པ་བུང་ བ་དེ་དག་ཐབས་མཁས་པས་བསྐྲད་ནས་སྦྲང་རྩི་དེས་སྦྲང་རྩིའི་བྱ་བ་སྨན་ལ་སོགས་པ་བྱེད་ དོ། །རིགས་ཀྱི་བུ་དག་དཔེ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་སྦྲང་རྩི་དང་བཅས་པའི་ སྦྲང་ཚང་དང་འདྲ་སྟེ། དེ་ལ་སངས་རྒྱས་སྙིང་པོ་ཉིད་ཞེ་སྡང་བག་ལ་ཉལ་གྱི་མཚན་ཉིད་གཙོ་ 1-1-51 བོར་གྱུར་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བྱེ་བ་ཕྲག་འབུམ་གྱིས་ཀུན་ཏུ་བསྲུངས་ པ་སྟེ་བསྒྲིབས་པ་དེ། དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་བསྒྲིབ་པ་མེད་པས་རིག་ གོ །རིགས་ཀྱི་བུ་དག་ཇི་ལྟར་སྦྲང་ཚང་གི་ནང་ན་སྦྲང་རྩི་བུང་བ་བྱེ་བ་ཕྲག་འབུམ་གྱིས་ཀུན་ ཏུ་བསྲུངས་པ་ཡོད་པར་སྐྱེས་བུ་མཁས་པ་ཞིག་གིས་རྟོག་པའི་ཤེས་པས་རིག་པ་དེ་བཞིན་ དུ་སེམས་ཅན་ཐམས་ཅད་ལ་ཡང་སངས་རྒྱས་སྙིང་པོ་ཉིད་ཉོན་མོངས་པ་དང་ཉེ་བའི་ཉོན་ མོངས་པ་བྱེ་བ་ཕྲག་འབུམ་གྱིས་ཀུན་ཏུ་བསྲུངས་ཞེས་པ་དཔེ་དང་གཟུགས་ཅན་སྦྱར་བ་སྟེ་ བསྒྲིབས་པ་ཡོད་པར་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བས་རིག་སྟེ། རིགས་ཀྱི་བུ་དག་ [དེ་ལ་]དེ་བཞིན་གཤེགས་པ་ཡང་ལམ་གྱི་ཐབས་ལ་མཁས་པས་བུང་བ་བསལ་བ་དེ་བཞིན་ དུ་སེམས་ཅན་དེ་དག་གི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ལྷག་པར་རློམ་པ་ང་ རྒྱལ་དང་རིགས་ལ་སོགས་པས་རྒྱགས་པ་དང་ཉེས་པ་སྦེད་པ་འཆབ་པ་དང་རང་ངམ་གཞན་ ལ་ཀུན་ནས་མནར་སེམས་པ་ཁྲོ་བ་དང་གཞན་ལ་གསད་པ་སོགས་གནོད་པར་སེམས་པ་དང་ གཞན་གྱི་ཕུན་ཚོགས་མི་བཟོད་པ་ཕྲག་དོག་དང༌། ཆོས་ལ་སོགས་པ་ལ་བསྲི་བའི་སེར་སྣ་ལ་ སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་བསལ་ནས་ཇི་ལྟར་སེམས་ཅན་ དེ་དག་ལ་ཡང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དེ་དག་གིས་ཕྱིས་ཉེ་བར་ཉོན་མོངས་ པ་ཅན་དུ་མི་འགྱུར་བ་དང་ཉོན་མོངས་དེ་དག་གིས་གནོད་པར་མི་འགྱུར་བ་དེ་ལྟ་དེ་ལྟར་ གདུལ་བྱ་རྣམས་ལ་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་སྙིང་པོ་དེ་རྣམ་ པར་སྦྱངས་ནས། དག་པ་གཉིས་ལྡན་དུ་སོང་བ་དེས་འཇིག་རྟེན་ན་དེ་བཞིན་གཤེགས་པའི་ བྱ་བ་བྱེད་དེ། རིགས་ཀྱི་བུ་ད༵ག་ངའི་དེ་བཞིན་གཤེགས་པའི་མིག་ཡོངས་སུ་དག་པ་དེས་ངས་ སེམས་ཅན་ཐམས་ཅད་དེ་ལྟར་མཐོང་ངོ༌། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་ བཅད་པ་འདི་དག་བཀའ་སྩལ་ཏོ། །དཔེ་ཇི་ལྟར་འདི་ན་སྦྲང་རྩི་ཡོད་པ་ལ་བུང་བ་མང་པོས་ 1-1-52 ཀུན་ཏུ་བསྲུངས་ཤིང་སྦས་པར་གྱུར་པ་དེ་མི་གང་ཞིག་སྦྲང་རྩི་འདོད་པས་དེ་མཐོང་ནས་མི་ དེ་ནི་བུང་བ་རབ་ཏུ་སྐྲོད་པར་བྱེད་དོ། །དཔེ་དེ་བཞིན་དུ་དོན་འདིར་ཡང་སྦྲང་ཚང་ལྟ་བུ་ནི་ སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་དོ། །སེམས་ཅན་དེ་དག་ཉོན་མོངས་བྱེ་བ་མང་བ་ སྟེ་ཉོན་མོངས་མང་པོའི་དབུས་ན་དེ་བཞིན་གཤེགས་པའི་སྙིང་པོ་འདུག་པ་མཐོང་ནས་ང་ ཡང་སངས་རྒྱས་སྙིང་པོ་རྣམ་པར་སྦྱང་བའི་དོན་དུ་དཔེ་བུང་བ་སྐྲོད་པ་ལྟ་བུར་ཉོན་མོངས་ སེལ་བར་བྱེད་དོ། །སངས་རྒྱས་གང་གིས་སེམས་ཅན་ཉོན་མོངས་བྱེ་བ་མང་པོས་གནོད་པར་ འགྱུར་བ་བསལ་བའི་ཕྱིར་ཐེག་པ་ཆེན་པོའི་ཆོས་རྣམས་འདིར་ནི་ཐབས་ཀྱིས་རབ་ཏུ་སྟོན་ཏེ། ཅིའི་དོན་དུ་ཞེ་ན་སེམས་ཅན་དེ་དག་ཇི་ལྟར་དེ་བཞིན་གཤེགས་པར་གྱུར་ལ་འཇིག་རྟེན་ཀུན་ ཏུ་རྟག་ཏུ་སངས་རྒྱས་ཀྱི་བྱ་བ་བྱེད་ཅིང་སྤོབས་པ་དང་ལྡན་པའི་སངས་རྒྱས་དེ་རྣམས་ཇི་ལྟར་ སྦྲང་མའི་སྦྲང་རྩིའི་སྣོད་ཀྱི་སྦྲང་གི་རོ་འདྲ་བའི་ཆོས་དོན་དམ་བདེན་པའི་དབང་དུ་བྱས་པ་ ཟབ་མོ་ཐེག་པ་ཆེན་པོ་སྟོན་པར་འགྱུར་བར་བྱ་བའི་ཕྱིར་རོ། ། གསུམ་པ་སྦུན་པའི་ནང་ན་འབྲས་བུའི་ཚོགས་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་ པོ་བཞུགས་ཚུལ་ནི། རིགས་ཀྱི་བུ་ད༵ག་གཞན་ཡང་འདི་ལྟ་སྟེ་དཔེར་ན་འབྲས་སཱ་ལུའམ་ ནས་སམ་ཅི་ཙེའམ་གྲོ་ལ་སོགས་པའི་འབྲུ[འི་རིགས་]རྣམས་ནི་སྙིང་པོ་རྣམས་ཕུབ་མས་ཕྱི་ ནས་ཡོངས་སུ་བསྲུངས་པ་ཡིན་ཏེ། དེ་[དག་{རང་}གི་ཕྱིའི་ཕུབ་མ་ལས་ཕྱིར་མ་བྱུང་གི་བར་ དུ་བཟའ་བ་ཟན་ལ་སོགས་པ་དང་བཅའ་བ་སྤོས་ལ་སོགས་པ་དང༌། རོ་བྲོ་བ་མྱང་བར་བྱ་ བའི་བྱ་བ་དངོས་སུ་མི་བྱེད་ཀྱི། རིགས་ཀྱི་བུ་དག་སྐྱེས་པའམ་བུད་མེད་གང་དག་བཟའ་བ་ དང༌། བཅའ་བ་ལ་སོགས་པའི་ཟས་སྐོམ་གྱི་བྱ་བ་འདོད་པ་དེ་དག་གིས་བརྔས་ཤིང་བརྡུངས་ ཏེ་ཕུབ་མའི་སྦུབས་དང་ཕྱི་ཤུན་སེལ་ཏོ། །རིགས་ཀྱི་བུ་དག་དེ་བཞིན་དུ་དེ་བཞིན་གཤེགས་ པ་ཡང་དེ་བཞིན་གཤེགས་པའི་སྤྱན་གྱིས་སེམས་ཅན་ཐམས་ཅད་ལ་དོན་དམ་པའི་དེ་བཞིན་ 1-1-53 གཤེགས་པ་ཉིད་[དང་]སངས་རྒྱས་སྙིང་པོ་ཉིད་རང་བྱུང་ཡེ་ཤེས་ཉིད་གཏི་མུག་བག་ལ་ ཉལ་གྱི་མཚན་ཉིད་གཙོ་བོར་གྱུར་པའི་ཉོན་མོངས་པའི་སྦུབས་ཀྱི་ཤུན་པས་དཀྲིས་ཤིང་ གནས་པར་མཐོང་ངོ༌། །རིགས་ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པ་ཡང་ཉོན་མོངས་པའི་ སྦུབས་ཀྱི་ཤུན་པ་བསལ་བ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཡོངས་སུ་སྦྱང་བ་ དང༌། སེམས་ཅན་འདི་དག་ཇི་ལྟར་ཉོན་མོངས་པའི་སྤུབས་ཀྱི་ཤུན་པ་ཐམས་ཅད་ལས་གྲོལ་ ཏེ་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཞེས་བྱ་བའི་གྲངས་སུ་འགྲོ་བར་འགྱུར་བར་བྱ་སྙམ་ནས་སེམས་ཅན་རྣམས་ལ་ཆོས་གསུང་ རབ་ཡན་ལག་བཅུ་གཉིས་སྟོན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་ པ་འདི་དག་བཀའ་སྩལ་ཏོ། །དཔེ་ཇི་ལྟར་གྲོ་ལ་སོགས་པའི་འབྲུ་འམ་སཱ་ལུའི་འབྲས་ཀྱང་ རུང་ཅི་ཙེ་འམ་ནི་[འོན་ནས་ཏེ{དེ་བཞིན་དུ་}ནས་ཀྱང་རུང་སྟེ་ཇི་སྲིད་བར་དུ་དེ་དག་ཕུབ་མ་ དང་བཅས་པ་དེ་སྲིད་བར་དུ་ཟས་ཀྱི་བྱ་བ་མི་བྱེད་དོ། །སྐྱེས་པའམ་བུད་མེད་དེ་དག་གིས་ ནི་འབྲུ་ཕུབ་མ་དང་བཅས་པ་བརྡུངས་ནས་ཕུབ་མ་རྣམས་བསལ་ན་བཟའ་བཅའ་ལ་སོགས་ པའི་བྱ་བ་རྣམ་པ་མང་པོ་དག་ཀྱང་བྱེད་དོ། །སྙིང་པོ་ཕུབ་མ་དང་ལྡན་པ་དེ་དག་ནི་ཕུབ་མ་མ་ བསལ་ན་སེམས་ཅན་རྣམས་ལ་ཟས་སོགས་ཀྱི་བྱ་བ་མི་བྱེད་དོ། །དེ་བཞིན་དུ་སེམས་ཅན་ ཀུན་གྱི་སྙིང་པོར་བཞུགས་པའི་སངས་རྒྱས་ཀྱི་ས་ཆོས་ཀྱི་དབྱིངས་ཀྱང་ཉོན་མོངས་རྣམས་ ཀྱིས་ཁེབས་པར་ངས་མཐོང་ནས་ངས་ནི་ཉོན་མོངས་དེ་དག་རྣམ་པར་སྦྱང་བ་དང་སེམས་ ཅན་རྣམས་སངས་རྒྱས་སུ་མྱུར་དུ་འགྱུར་བར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །སེམས་ཅན་ཀུན་ལ་ སངས་རྒྱས་ང་དང་འདྲ་བའི་ཆོས་ཉིད་བདེ་གཤེགས་སྙིང་པོ་ནི་ཉོན་མོངས་བརྒྱ་ཡིས་དཀྲིས་ ནས་གང་ཡོད་པ་དེ་ནི་རྣམ་པར་སྦྱང་ཞིང་སེམས་ཅན་ཐམས་ཅད་ང་ཇི་ལྟ་བ་དེ་ལྟ་བུར་བདུད་ ལས་རྒྱལ་བར་མྱུར་འགྱུར་བྱ་ཕྱིར་ཆོས་སྣ་ཚོགས་པའི་ཚུལ་ཅན་སྟོན་ཏོ། ། 1-1-54 བཞི་པ་ལྗན་ལྗིན་དབུས་ན་ས་ལེ་སྦྲམ་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་ བཞུགས་ཚུལ་ནི། རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ་དཔེར་ན། ཕྱག་དར་ལ་སོགས་པ་ རུལ་པ་དང་ཉལ་ཉིལ་གྱི་གནས་བཤང་བ་དང་གཅི་བ་དྲི་མི་ཞིམ་པས་ཀུན་ཏུ་གང་བའི་ཕྱག་ དར་ཁྲོད་ཞིག་ཏུ་མི་གཞན་ལམ་པོ་ཆེ་སྤངས་ཏེ་གསེབ་ལམ་ནས་སོང་བ་ཞིག་གི་གསེར་གྱི་ གར་བུ་སྟེ་ཐིག་པོ་ཟླུམ་པོ་ཞིག་ལྷུང་བར་གྱུར་ལ་བཤང་གཅི་དྲི་ང་བས་ཀུན་ཏུ་གང་བ་རུལ་པ་ དང་ཉལ་ཉིལ་གྱི་གནས་དེར་མི་གཙང་བ་གཞན་དང་གཞན་གྱིས་མནན་པས་བལྟར་མི་སྣང་ བར་གྱུར་ཅིང༌། སུས་ཀྱང་རྙེད་པར་མ་གྱུར་ཏོ། །གསེར་དེ་གནས་དེར་ལོ་བཅུའམ་ཉི་ཤུའམ་ སུམ་ཅུའམ་བཞི་བཅུའམ་ལྔ་བཅུའམ་ལོ་བརྒྱའམ་ལོ་སྟོང་དུ་གནས་ཀྱང་མི་གཙང་བས་ཆུད་ མི་ཟ་བའི་ཆོས་ཅན་ཡིན་ཏེ། དེ་ལྟར་བཟང་ཡང་སེམས་ཅན་གང་ལ་ཡང་ཕན་པ་མི་བྱེད་དོ། །རིགས་ཀྱི་བུ་དག་དེ་ནས་ལྷ་ཞིག་གིས་ལྷའི་མིག་ཐོགས་པ་མེད་པ་དག་གིས་གསེར་གྱི་གར་ བུ་ཟླུམ་པོ་དེ་ལ་བལྟས་ཤིང་མཐོང་ནས་མི་ཞིག་ལ་ཀྱེ་མི་ཁྱོད་སོང་ལ་གནས་འདི་ན་རིན་པོ་ ཆེའི་མཆོག་གསེར་ཞིག་རུལ་པ་དང་ཉལ་ཉིལ་གྱི་རྣམ་པས་ནོན་པ་ཡོད་པ་དེ་བླངས་ཏེ་བྱི་ དོར་གྱིས་ལ་གསེར་གྱིས་གསེར་གྱི་བྱ་བ་རྒྱན་ལ་སོགས་པ་གྱིས་ཤིག་ཅེས་བསྒོ་ན། རིགས་ ཀྱི་བུ་དག་དེ་ལ་དཔེ་དོན་སྦྱར་ན་རུལ་པ་དང་ཉལ་ཉིལ་གྱི་རྣམ་པ་ཞེས་བྱ་བ་དེ་ནི་སྙིང་པོ་ སྒྲིབ་བྱེད་ཉོན་མོངས་པ་རྣམ་པ་སྣ་ཚོགས་ཀྱི་ཚིག་བླ་དྭགས་སོ་སྟེ་མིང་ངོ༌། །གསེར་གྱི་གར་ བུ་ཞེས་བྱ་བ་དེ་ནི་ཆུད་མི་ཟ་ཞིང་མི་ཉམས་པའི་ཆོས་ཅན་གྱི་སྟེ་སྙིང་པོའི་ཚིག་བླ་དྭགས་སོ། །ལྷས་ལྷའི་མིག་ཅེས་བྱ་བ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱི་ཚིག་བླ་དྭགས་སོ། །རིགས་ཀྱི་བུ་ད༵ག་ལྷ་དེ་གསེར་གྱི་ཉལ་ཉིལ་སྦྱར་ བའི་ཕྱིར་མི་ལ་བསྒོ་བ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱང་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཆོས་ཉིད་དེ་བཞིན་ 1-1-55 ཉིད་དྲི་མ་དང་ལྷན་ཅིག་གནས་ཀྱང་དྲི་མས་ཆུད་མི་ཟ་བ་ཡོད་པའི་ཉོན་མོངས་པ་དུག་གསུམ་ མངོན་དུ་རྒྱུ་རུལ་པ་དང་འདབ་རྫབ་ལྟ་བུ་རྣམས་བསལ་བའི་ཕྱིར། སེམས་ཅན་རྣམས་ལ་ ཆོས་སྟོན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་ སྩལ་ཏོ། །དཔེ་ཇི་ལྟར་མིའི་གསེར་གྱི་གར་བུ་ནི་ཉལ་ཉིལ་རྣམ་པས་གང་བའི་ཕྱག་དར་ཁྲོད་ ཀྱི་ནང་དུ་ལྷུང་བར་གྱུར་ལ་གནས་དེར་གསེར་དེ་ལོ་ནི་བཅུ་ལ་སོགས་པ་མི་ཉུང་བ་ཞིག་ཏུ་དེ་ ལྟར་གནས་ཀྱང་མི་འཇིག་ཅིང་མི་ཉམས་པའི་ཆོས་ཅན་ཡིན་ནོ། །ལྷ་ཡིས་ལྷ་ཡི་མིག་གིས་ གསེར་དེ་མཐོང་ནས་རྣམ་པར་སྦྱང་བའི་ཕྱིར་མི་གཞན་ལ་སྨྲས་པ་ནི། ཉལ་ཉིལ་གྱི་ནང་ འདི་ན་རིན་པོ་ཆེའི་མཆོག་གི་གསེར་ཡོད་པ་ལོང་ལ་དྲི་མ་རྣམ་པར་སྦྱོངས་ལ་གསེར་དེས་ནི་ གསེར་གྱི་བྱ་བ་གྱིས་ཤིག་ཅེས་སྨྲ་བ་དེ་བཞིན་དུ་ངས་ནི་སེམས་ཅན་ཐམས་ཅད་ཀྱང་ཉོན་ མོངས་པ་རྣམས་ཀྱིས་ཡུན་རིང་པོར་རྟག་ཏུ་ནོན་པར་མཐོང་ཞིང་སེམས་ཅན་དེ་དག་གི་ནི་གློ་ བུར་ཉོན་མོངས་ཀྱང་འབྲལ་རུང་དུ་ཤེས་ནས་རང་བཞིན་བཅོས་མ་མ་ཡིན་ཞིང་གཞན་ལ་མི་ ལྟོས་པ་དེ་བཞིན་ཉིད་སྦྱང་བའི་ཕྱིར། ཐབས་སྣ་ཚོགས་ཀྱིས་སེམས་ཅན་ལ་ཆོས་སྟོན་ཏོ། ། ལྔ་པ་སའི་ནང་ན་རིན་ཆེན་གཏེར་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་བཞུགས་ ཚུལ་ནི། རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ་དཔེར་ན་མི་དབུལ་པོ་ཞིག་གི་ཁྱིམ་གྱི་ནང་ གི་མཛོད་ཀྱི་འོག་གི་ས་ལ་གཏེར་ཆེན་པོ་དབྱིག་སྟེ་ནོར་དང་གསེར་གྱིས་རབ་ཏུ་གང་བ་རྒྱ་ མཛོད་ཀྱི་ཚད་ཙམ་ཞིག་མི་བདུན་བརྩེགས་པའི་སྲིད་ཀྱི་དཔངས་ཀྱི་སས་གཡོགས་པའི་འོག་ ན་ཡོད་ལ་གཏེར་ཆེན་པོ་དེས་མི་དབུལ་པོ་ཁྱིམ་གྱི་བདག་པོ་དེ་ལ་[འདི་སྐད་དུ།] ཀྱེ་མི་ ཞེས་བོས་ནས་ང་ནི་གཏེར་ཆེན་པོ་སྟེ་སས་ཡོག་ཅིང་འདུག་གོ་ཞེས་མི་སྨྲ་སྟེ། དེ་ཅིའི་ཕྱིར་ཞེ་ ན་འདི་ལྟ་སྟེ་གཏེར་ཆེན་པོ་ནི་སེམས་ཀྱི་ངོ་བོ་ཉིད་རྣམ་ཤེས་ཚོགས་བརྒྱད་ཡོད་པ་ཉིད་ཀྱིས་ སེམས་ཅན་མ་ཡིན་པར་བེམས་པོ་ཡིན་པས་མི་སྨྲ་བའོ། །མི་དབུལ་པོ་ཁྱིམ་གྱི་བདག་པོ་དེ་ 1-1-56 ནི་དབུལ་བའི་སེམས་ཀྱིས་རྗེས་སུ་སེམས་ཤིང་གཏེར་དེ་ཉིད་ཀྱི་སྟེང་ན་རྣམ་པར་རྒྱུ་ཡ༵ང་ སའི་འོག་ན་གཏེར་ཆེན་པོ་ཡོད་པ་དེ་[མ་མཐོང་]རྣ་བས་མ་ཐོས་ཤིང་རྣམ་ཤེས་ཀྱིས་མི་ཤེས་ ལ་མིག་གིས་མ་མཐོང་ངོ༌། །རིགས་ཀྱི་བུ་དག་དཔེ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ བདག་ཏུ་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུར་གྱུར་པའི་འོག་ན་ས་ལྟ་བུ་མ་རིག་ པའི་བག་ཆགས་གཙོ་བོར་གྱུར་པའི་ཉོན་མོངས་ཀྱི་ནང་ན་དེ་བཞིན་གཤེགས་པའི་སྙིང་པོ་ དོན་དམ་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་ བརྒྱད་དང་དེ་དག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ཀྱི་གཏེར་ཆེན་པོ་ ཡོད་ཀྱང་སེམས་ཅན་དེ་དག་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་པ་སྟེ་འདོད་ཡོན་ལྔ་ལ་ ཆགས་པས་བྱ་བ་ངན་པ་ལ་ཞེན་ཏེ་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བས་འཁོར་བ་ན་ འཁོར་ཏེ། སྙིང་པོའི་ཆོས་ཀྱི་གཏེར་ཆེན་པོ་དེ་མ་ཐོས་པས་ཐོབ་པའི་ཐབས་མི་ཚོལ་བའི་ཕྱིར་ མངོན་དུ་ཐོབ་པར་མ་གྱུར་ཅིང༌། སྙིང་པོ་དེ་ཡོངས་སུ་སྦྱང་བའི་ཕྱིར་བརྩོན་པར་ཡང་མི་བྱེད་ དོ། །རིགས་ཀྱི་བུ་དག་དེ་ནས་དེ་བཞིན་གཤེགས་པ་གཟུགས་སྐུ་འཇིག་རྟེན་དུ་བྱུང་སྟེ། བྱང་ ཆུབ་སེམས་དཔའི་འཁོར་གྱི་ནང་དུ་འདི་ལྟ་བུའི་ཆོས་ཀྱི་གཏེར་ཆེན་པོ་བདེ་གཤེགས་སྙིང་ པོ་ཡང་དག་པར་རབ་ཏུ་སྟོན་ཏོ། །འཁོར་དེ་དག་ཀྱང་ཆོས་ཀྱི་གཏེར་ཆེན་པོ་དེ་ལ་མོས་ནས་ གསེར་གྱི་གཏེར་རྐོ་བ་ལྟར་ལམ་བསྒྲུབ་སྟེ། སྙིང་པོའི་གཏེར་སྟོན་པ་དེའི་ཕྱིར་ན་འཇིག་རྟེན་ ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཤེས་བྱ་ སྟེ། ཆོས་ཀྱི་གཏམ་མི་ཟད་པས་གཏེར་ཆེན་པོ་ལྟ་བུར་གྱུར་ནས་སེམས་ཅན་རྣམས་ལ་སྔོན་མ་ བྱུང་བ་སྔོན་མ་བྱུང་བ་ཞེས་གཉིས་ནི་ངོ་མཚར་བ་སྟེ། སར་པའི་གཏན་ཚིགས་ཀྱི་རྣམ་པ་དང་ མཐུན་པའི་དཔེ་དང་གཏན་ཚིགས་སྒྲུབ་པར་བྱེད་པའི་གཏན་ཚིགས་དང༌། བསྒྲུབ་པར་བྱ་ བ་རྣམས་སྟོན་པ་ཆོས་ཀྱི་གཏེར་ཆེན་པོའི་མཛོད་ཀྱི་སྦྱིན་བདག གང་ལ་ཡང་ཆགས་པ་དང་ 1-1-57 ཐོགས་པ་མེད་པའི་སྤོབས་པ་དང་ལྡན་ཞིང༌། དོན་དམ་པའི་སྟོབས་དང་མི་འཇིགས་པ་དང་ སངས་རྒྱས་ཀྱི་ཆོས་མང་པོའི་མཛོད་དུ་གྱུར་པ་ཡིན་ནོ། །རིགས་ཀྱི་བུ་དག་དེ་ལྟར་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དེ་བཞིན་གཤེགས་ པའི་མིག་ཤིན་ཏུ་ཡོངས་སུ་དག་པས་སེམས་ཅན་ཐམས་ཅད་སྙིང་པོ་བཞུགས་པ་དེ་ལྟ་བུར་ མཐོང་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་དང་སྟོབས་དང་མི་འཇིགས་པ་དང་སངས་ རྒྱས་ཀྱི་ཆོས་མ་འདྲེས་པའི་མཛོད་སྙིང་པོ་རང་བཞིན་གྱི་རིགས་ཡོངས་སུ་སྦྱང་བའི་ཕྱིར་བྱང་ ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་ བཅད་པ་འདི་དག་བཀའ་སྩལ་ཏོ། །དཔེ་ཇི་ལྟར་དབུལ་པོའི་ཁྱིམ་གྱི་འོག་ལོགས་ན་དབྱིག་ དང་གསེར་གྱིས་གང་བའི་གཏེར་ཡོད་པ་དེ་ལ་སེམས་གཡོ་བའམ་རློམ་སེམས་རྟོག་པ་ཡོད་ པ་མིན་ཏེ་དེས་ན་གཏེར་ང་ནི་ཁྱིམ་གྱི་བདག་པོ་ཁྱོད་ཀྱི་ཡིན་ཞེས་གཏེར་དེ་མི་སྨྲའོ། །དེའི་ ཚེ་ན་སེམས་ཅན་ཁྱིམ་བདག་དེ་རྫས་མེད་པས་དབུལ་བར་གྱུར་ལ་རང་གིས་གཏེར་ཡོད་པ་ རྣམ་པར་མི་ཤེས་ཤིང༌། གཞན་སུས་ཀྱང་མི་དེ་ལ་གཏེར་དེ་ཡོད་པ་བསྙད་པ་སྟེ་བཤད་པ་ མེད་པས་ན་མི་དབུལ་པོ་དེ་ནི་གཏེར་དེའི་སྟེང་ན་འདུག་གོ །དཔེ་དེ་ལྟར་སངས་རྒྱས་ངས་ ནི་སངས་རྒྱས་ཀྱི་མིག་གིས་སུ༵་སེམས་ཅན་དེ་དག་ཐམས་ཅད་མི་དབུལ་པོ་དེ་དང་འདྲ་ལ་དེ་ དག་རྣམས་ལ་ཁམས་ཀྱི་གཏེར་ཆེན་ཡོད་པ་དང༌། སྙིང་པོ་དེ་ཡང་འདུས་མ་བྱས་པས་གཡོ་བ་ མེད་ཅིང་ཆོས་ཀྱི་དབྱིངས་ཡིན་པས་བདེ་གཤེགས་ཀྱི་སྐུ་ལུས་སུ་མཐོང་ལ། ངས་ནི་དེ་མཐོང་ ནས་བྱང་ཆུབ་སེམས་དཔའ་རྣམས་ལ་ཁྱོད་ཀྱིས་ངའི་ཡེ་ཤེས་ཀྱི་མཛོད་རང་བཞིན་གྱིས་ གནས་པའི་རིགས་ཟུང་ལ་སེམས་ཅན་རྣམས་ཆོས་ཉིད་ཀྱིས་དབུལ་བ་མེད་ཅིང་འཇིག་རྟེན་ གྱི་མགོན་པོ་སངས་རྒྱས་སུ་འགྱུར་བ་དང་བླ་ན་མེད་པའི་ཆོས་སྙིང་པོའི་གཏམ་ཟད་མི་ཤེས་ པའི་གཏེར་དུ་འགྱུར་བར་གྱིས་ཞེས་བསྟན་ཏོ། །གང་དག་ངས་དེ་ལྟར་བསྟན་པ་ལ་མོས་པར་ 1-1-58 གྱུར་པའི་སེམས་ཅན་དེ་དག་ཀུན་ལ་སྙིང་པོའི་གཏེར་གསལ་བར་ཡོད་དོ། །གང་དག་སྙིང་པོ་ བསྟན་པ་ལ་མོས་ནས་བདག་ཉིད་ལམ་ལ་རྩོལ་བ་བྱེད་པ་དེ་དག་མྱུར་དུ་བྱང་ཆུབ་གསུམ་གྱི་ མཆོག་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། ། དྲུག་པ་ས་བོན་ཆུང་ངུའི་མྱུག་སོགས་ཆེ་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་ བཞུགས་ཚུལ་ནི། རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ་དཔེར་ན། ཤིང་ཨ་མྲའི་འབྲས་ བུའམ། འཛམ་བུའི་འབྲས་བུའམ། ཏ་ལའི་འབྲས་བུའམ་སྦའི་འབྲས་བུ་ཡང་རུང་སྟེ། དེའི་ཕྱི་ ཤུན་གྱི་སྟེ་རུས་པ་ལྟ་བུའི་སྦུབས་ཀྱི་ནང་ན་མྱུ་གུ་དང་སྡོང་བོ་ལ་སོགས་པའི་ས་བོན་རྐྱེན་དང་ མ་ལྡན་ན་བར་མ་དོར་ཆུད་མི་ཟ་བའི་ཆོས་ཅན་ཡོད་པ་གང་ཟག་གང་གིས་ས་ལ་བཏབ་ན་ རིམ་གྱིས་འཕེལ་ནས་ཤིང་གི་རྒྱལ་པོ་ཆེན་པོར་འགྱུར་རོ། །རིགས་ཀྱི་བུ་དག་དེ་བཞིན་དུ་དེ་ བཞིན་གཤེགས་པ་ཡང་འཇིག་རྟེན་ཏེ་སེམས་ཅན་གནས་པ་འདི་དག་འདོད་ཆགས་དང་ཞེ་ སྡང་དང་གཏི་མུག་དང་སྲེད་པ་དང་མ་རིག་པའི་ཉོན་མོངས་པའི་ཕྱི་ཤུན་གྱི་སྦུབས་ཀྱིས་ཀུན་ ཏུ་དཀྲི ས་པར་མཐོང་ངོ༌། །དེ་ལ་མཐོང་སྤང་གཙོ་བོར་གྱུར་པའི་འདོད་ཆགས་དང་ཞེ་སྡང་ དང་གཏི་མུག་དང་སྲེད་པ་དང་མ་རིག་པའི་ཉོན་མོངས་པའི་སྦུབས་ཀྱི་ནང་ན་སྙིང་པོར་གྱུར་ པ་དེ་བཞིན་གཤེགས་པའི་ཆོས་ཉིད་དེ་ནི་དྲི་བཅས་ཀྱི་གནས་སྐབས་ཡིན་པས་སེམས་ཅན་ ཞེས་བྱ་བའི་མིང་དུ་ཆགས་སོ། །དེ་ཡང་རྒྱུད་བླར། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་ དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་ བརྗོད་དོ། །ཞེས་པ་ལྟར་རོ། །དེ་ལ་སེམས་ཅན་གང་ཉོན་མོངས་ཀྱི་གདུང་བ་བསིལ་བར་ གྱུར་པ་དེ་ནི་མྱ་ངན་ལས་འདས་པ་ཐོབ་པ་སྟེ། མ་རིག་པའི་ཉོན་མོངས་པའི་སྦུབས་ཡོངས་ སུ་སྦྱངས་པའི་ཕྱིར་སེམས་ཅན་གྱི་ཁམས་ཀྱི་ཡེ་ཤེས་ཆེན་པོའི་ཚོགས་སུ་གྱུར་པ་སྙིང་པོ་གང་ ཡིན་པ་དེ་ནི་མངོན་སུམ་དུ་རྙེད་པའོ། །ཞེས་པ་གཏན་ཚིགས་སོ། །སེམས་ཅན་གྱི་ཁམས་ཀྱི་ 1-1-59 ཡེ་ཤེས་ཆེན་པོའི་ཚོགས་དམ་པ་སྙིང་པོ་རྒྱས་པའི་རིགས་ཀྱི་གཞི་དེ་ནི་དེ་བཞིན་གཤེགས་པ་ སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་སུ་སྨྲ་བར་བྱ་བར་ལྷ་དང་བཅས་པའི་འཇིག་རྟེན་ གྱིས་མཐོང་ནས། སྙིང་པོ་དེ་ལ་དེ་བཞིན་གཤེགས་པ་ཡིན་ཞེས་བྱ་བའི་འདུ་ཤེས་སུ་བྱེད་དོ། །རིགས་ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པས་དེ་ལྟར་སྙིང་པོ་མཐོང་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་རྟོགས་བྱ་དང་ཐོབ་ བྱ་དང་ཁོང་དུ་ཆུད་པར་བྱ་བའི་དོན་སྙིང་བོ་དེ་ཉེ་བར་སྟོན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་ འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་ལྟར་སྤ་ལ་སོགས་པའི་ཤིང་གི་ འབྲས་བུ་ཐམས་ཅད་ནི་ནང་ན་སྤའི་མྱུག་གུ་ལ་སོགས་པའི་རྒྱུ་ཡོད་པ་སྟེ། ཤིང་ཏ་ལ་དང་ནི་ འཛམ་བུའི་འབྲས་བུ་ཀུན་ལའང་ཡོད་ལ། ནང་ན་ཡོད་པའི་འབྲས་བུ་དེ་ཆུ་ལུད་ལ་སོགས་ པས་བསྐྱེད་ན་སྐྱེའོ། །དེ་བཞིན་དུ་ཆོས་ཀྱི་དབང་ཕྱུག་བཅོམ་ལྡན་འདས་འགྲོ་བའི་འདྲེན་པ་ ཡང་སེམས་ཅན་ཐམས་ཅད་སྤའི་ས་བོན་དང་འདྲ་སྟེ་དེ་ཀུན་གྱི་ནང་ན་བདེ་བར་གཤེགས་ པའི་སྙིང་པོ་ཡོད་པར་ཟག་པ་མེད་པའི་སངས་རྒྱས་ཀྱི་མིག་གི་དམ་པས་མཐོང་ལ། དྲི་མའི་ སྦུབས་བཤིག་པར་མ་གྱུར་པ་དྲི་བཅས་ཀྱི་སྐབས་དེ་ནི་སེམས་ཅན་དུ་བརྗོད་དོ། །དེའི་ཚེ་མི་ ཤེས་པ་དྲི་མའི་ནང་ན་གནས་ཀྱང་རློམ་སེམས་རྟོག་པ་དང་སྡུག་བསྔལ་བ་མེད་ལ། རྡོ་རྗེ་ལྟ་ བུའི་ཏིང་ངེ་འཛིན་ནི་ཐོབ་སྟེ་དབྱིངས་དེ་གནས་ནས་སྟེ་གནས་སུ་རབ་ཏུ་ཞི་བ་སྤྲོས་བྲལ་ཆོས་ སྐུ་ཐོབ་སྟེ། དྲི་བཅས་དྲི་མེད་དུ་འགྱུར་བ་དེ་ལྟ་ནའང་ཁམས་དེ་ལ་གཡོ་བ་ཅི་ཡང་ཡོད་པ་མ་ ཡིན་ནོ། །དཔེར་ན་ཤིང་གི་སྡོང་པོ་ཆེན་པོ་ས་བོན་ལས་བྱུང་བ་ལྟར། སེམས་ཅན་འདི་དག་ རྒྱས་པའི་རིགས་ཀྱི་ས་བོན་ལ་བརྟེན་ནས་ཇི་ལྟར་འཚང་རྒྱ་ཞིང་ལྷ་དང་བཅས་པའི་འཇིག་ རྟེན་གྱི་སྐྱབས་སུ་འགྱུར་ཞེས་བསམས་ནས། སྙིང་པོ་ཡོངས་སུ་སྦྱང་བའི་དོན་དུ་ཆོས་ཀྱི་ གཏམ་སྨྲའོ། ། 1-1-60 བདུན་པ་གོས་རུལ་ནང་ན་རིན་ཆེན་སྐུ་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་ བཞུགས་ཚུལ་ནི་རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་དབུལ་པོ་ཞིག་ལ་ དེ་བཞིན་གཤེགས་པའི་གཟུགས་མུ་ས་གརྦྷ་དང་བཻ་ཌཱུརྱ་དང་དངུལ་དང་ཤེལ་དང་གསེར་ དང་མུ་ཏིག་དམར་པོ་དང་རྡོའི་སྙིང་པོ་སྟེ་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཚད་ལག་མཐིལ་ ཙམ་ཞིག་ཡོད་ལ། དེ་ནས་སྐྱེས་བུ་དབུལ་པོ་དེས། དེ་བཞིན་གཤེགས་པའི་གཟུགས་དེ་ ཁྱེར་ཏེ་འབྲོག་དགོན་པ་ལས་ཤིན་ཏུ་མཐར་ཕྱིན་པར་འདའ་བར་འདོད་པར་གྱུར་ནས། ཅི་ ནས་ཀྱང་གཟུགས་དེ་ཡོད་པར་གཞན་གྱིས་མི་ཚོར་ཞིང་རྐུན་པོས་མི་ཁྱེར་བར་བྱ་བའི་ཕྱིར་ མི་དེས་སྐུ་དེ་རས་རུལ་པ་དྲི་མི་ཞིམ་པའི་དུམ་བུ་དུ་མས་དཀྲིས་ཏེ་བོར་ལ་དེ་ནས་སྐྱེས་བུ་དེ་ འབྲོག་དགོན་པ་དེ་ཉིད་དུ་གནས་ཤིང་ཉེས་པ་གང་གིས་ཀྱང་འཆི་བའི་དུས་བྱས་པར་མ་གྱུར་ ལ། [དེའི་]དེ་བཞིན་གཤེགས་པའི་གཟུགས་རིན་པོ་ཆེ་ལས་བྱས་པ་རས་རུལ་པའི་དུམ་ བུས་དཀྲི ས་པ་དེ་ཡང་རྡོག་ལམ་དེ་ན་ཕན་ཚུན་དུ་འཕྱན་ཞིང་འདུག་པ་དང༌། ལམ་དུ་རྒྱུ་བའི་ འགྲོན་པོ་རྣམས་ཀྱིས་སྐུ་ཡོད་པར་མ་ཤེས་ནས་རས་རུལ་པའི་ཐུམ་པོ་དེ་ལ་འགོམས་ཤིང་ འགོམས་ཤིང་དོང་ལ་རས་རུལ་པ་དྲི་མི་ཞིམ་པའི་དུམ་བུའི་ཐུམ་བུ་ཀུན་ཏུ་འདྲིལ་བ་འདི་གང་ ནས་རླུང་གིས་བདས་ཞེས་སྨད་པར་བྱ་བའི་དངོས་པོར་ཡང་སྟོན་པ་དང༌། འབྲོག་[དགོན་པ་ ]ན་གནས་པའི་ལྷས་ལྷའི་མིག་གིས་རྣམ་པར་བལྟས་ནས་མི་གཞན་དག་ཅིག་ལ་འདི་སྐད་ བསྟན་ཏེ། ཀྱེ་སྐྱེས་བུ་དག་རས་ཀྱི་དུམ་བུའི་ཐུམ་བུ་འདིའི་ནང་ན་དེ་བཞིན་གཤེགས་པའི་ གཟུགས་རིན་པོ་ཆེ་སྣ་བདུན་ལས་བྱས་པ་འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བར་འོས་པ་ ཡོད་ཀྱིས་རས་འདི་དག་ཕྱེ་ཤིག་ཅེས་བསྒོའོ། །རིགས་ཀྱི་བུ་དག་དཔེ་དེ་བཞིན་དུ་དེ་བཞིན་ གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཉོན་མོངས་པའི་དཀྲི ་བས་དཀྲི ས་ཏེ། སྨད་པའི་ འོས་སུ་གྱུར་ཅིང་ཡུན་རིང་པོར་འཁོར་བའི་འབྲོག་དགོན་པ་ན་ཀུན་ཏུ་འཁྱམ་པར་མཐོང་སྟེ། 1-1-61 རིགས་ཀྱི་བུ་དག་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ཀྱང་རུང་སྟེ་སེམས་ཅན་བསྒོམ་ སྤང་གཙོ་བོར་གྱུར་པའི་ཉོན་མོངས་པ་སྣ་ཚོགས་ཀྱི་དཀྲི་བས་དཀྲིས་པར་གྱུར་པ་རྣམས་ཀྱི་ ནང་ན་ཡ༵ང་དོན་དམ་པའི་དེ་བཞིན་གཤེགས་པའི་ལུས་ཐུབ་པ་ང་ཅི་འདྲ་བ་ཡོན་ཏན་དང་ ལྡན་པའི་ཆོས་སྐུ་ཡོད་པར་མཐོང་ངོ༌། །རིགས་ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པ་ནི། ཇི་ ལྟར་སེམས་ཅན་ལ་ཡོད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་སྙིང་པོའི་སྒྲིབ་བྱེད་ ཉེ་བའི་ཉོན་མོངས་པ་དང་བྲལ་ཞིང་སྙིང་པོ་ཡོངས་སུ་དག་པར་གྱུར་ལ། སེམས་ཅན་རྣམས་ ཇི་ལྟར་ད་ལྟར་ཐུབ་པ་ང་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བའི་འོས་སུ་འགྱུར་ སྙམ་ནས། སྙིང་པོ་ཉོན་མོངས་པའི་དཀྲི ་བས་དཀྲི ས་པ་ལས་ཐར་བར་བྱ་བའི་ཕྱིར་བྱང་ཆུབ་ སེམས་དཔའ་ཐམས་ཅད་ལ་ཆོས་སྟོན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་ སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་ལྟར་དྲི་ང་ཞིང་སྨད་པར་འོས་པའི་རས་རྣམས་ཀྱིས་ ཡོངས་སུ་དཀྲིས་པའི་བདེ་བར་གཤེགས་པ་བཅོམ་ལྡན་འདས་ཀྱི་གཟུགས་རིན་ཆེན་ལས་ བྱས་པ་རས་དུམ་གྱིས་དཀྲིས་པ་དེ་འབྲོག་དགོན་པའི་ལམ་གྱི་བར་ན་བོར་ཏེ་འཁྱམ་པར་ གྱུར་པ་ལ་ལྷས་ལྷའི་མིག་གིས་སྐུ་དེ་ནི་མཐོང་ནས་སུ་ལྷ་དེས་མི་གཞན་ཞིག་ལ་ནི་རབ་ཏུ་ སྨྲས་པ་རས་འདིའི་ནང་ན་དེ་བཞིན་གཤེགས་པའི་སྐུ་རིན་ཆེན་ལས་བྱས་པ་ཡོད་ཀྱིས་རས་ དུམ་གྱི་ཐུམ་བུ་འདི་ནི་མྱུར་ཏུ་ཕྱེ་ཤིག ཅེས་སྨྲ་བ་དེ་བཞིན་དུ་སངས་རྒྱས་ངའི་ལྷའི་མིག་ སྙིང་པོ་མཐོང་བ་འདི་འདྲ་བ་དེས་ནི་སེམས་ཅན་འདི་དག་ཐམས་ཅད་ཀྱང་ཉོན་མོངས་པའི་ དཀྲི་བས་དཀྲིས་ནས་རབ་ཏུ་སྡུག་བསྔལ་ཞིང་འཁོར་བའི་སྡུག་བསྔལ་གྱིས་ནི་རྟག་ཏུ་གཙེས་ པར་མཐོང་ངོ༌། །ངས་ནི་ཉོན་མོངས་ཀྱིས་དཀྲི ས་པའི་སེམས་ཅན་གྱི་ནང་དག་ན་རྒྱལ་བའི་ ཆོས་ཀྱི་སྐུ་ནི་རྟག་ཏུ་མཉམ་པར་བཞག་པར་གྱུར་ལ་སྙིང་པོ་དེ་ནི་གཡོ་བ་མེད་ཅིང་མི་འགྱུར་ བར་ཡོད་ན་ཡང༌། དེ་དྲི་མ་ལས་ཡོངས་སུ་ཐར་བར་བྱེད་པའི་སེམས་ཅན་གང་ཡང་མེད་པར་ 1-1-62 མཐོང་ངོ༌། །ངས་དེ་ལྟར་མཐོང་སྟེ་[དེ་ནས་]སེམས་ཅན་ལ་སྐུལ་མ་བཏབ་པ་ནི། བྱང་ཆུབ་ མཆོག་ཏུ་གང་དག་ཞུགས་པ་རྣམས་ཉོན་ཅིག དེ་ལྟར་སེམས་ཅན་གྱི་ཆོས་ཉིད་དང་རང་ བཞིན་འདི་འདྲར་བརྟག་པར་བྱ་སྟེ་སེམས་ཅན་གྱི་དབུས་འདི་ན་དྲི་མས་ཡོངས་སུ་དཀྲིས་ པའི་རྒྱལ་བ་བཞུགས་སོ། །བདེ་བར་གཤེགས་པ་སངས་རྒྱས་ཀྱིས་ཡེ་ཤེས་དྲི་མའི་སྦུབས་ ལས་ཡོངས་སུ་བཀྲོལ་ནས་གང་གི་ཚེ་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བ་དེའི་ཚེ་སེམས་ ཅན་འདི་ནི་སངས་རྒྱས་ཐོབ་པའི་མིང་འཐོབ་སྟེ་ཐོབ་པ་ན་ལྷ་དང་མི་དད་པ་དང་ལྡན་པ་ རྣམས་སེམས་ནི་རབ་ཏུ་དགའ་འོ། ། བརྒྱད་པ་མི་མོའི་མངལ་ན་མི་བདག་མཆོག་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་ བཞུགས་ཚུལ་ནི། རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ་དཔེར་ན། བུད་མེད་ཕ་ལ་སོགས་ པའི་མགོན་སྐྱབས་མེད་པར་གྱུར་པ་ལུས་ཀྱི་མདོག་ངན་པ་དྲི་མི་ཞིམ་པ་ཀུན་གྱིས་སྨད་པར་ འོས་པ་སྐྲ་གཟིངས་པ་ལ་སོགས་པས་འཇིགས་སུ་རུང་བ། ཡིད་དུ་མི་འོང་བས་བལྟ་ན་མི་ སྡུག་པ། དུར་ཁྲོད་ལ་སོགས་པའི་འདྲེ་མོ་འདྲ་བ་ཞིག་མགོན་མེད་པའི་དོན་དུ་སྙིང་རྗེ་ཅན་ གྱིས་བརྩིགས་པའི་ཁང་པར་ཞུགས་ནས་གནས་སོ། །དེ་དེར་གནས་པ་དང་མངལ་དུ་བུ་ རྙེད་ནས་སྦྲུམ་པར་གྱུར་ཏེ། གང་གིས་གདོན་མི་ཟ་བ་ངེས་པར་གླིང་བཞི་ལ་དབང་བ་འཁོར་ ལོས་སྒྱུར་བའི་རྒྱལ་སྲིད་བྱེད་པར་འགྱུར་བའི་ས་ཡོད་པའི་སེམས་ཅན་དེ་འདྲ་བ་ཞི༵ག་བུད་ མེད་དེའི་མངལ་དུ་ཞུགས་ཀྱང་བུད་མེད་དེ་མངལ་ན་འདུག་པའི་སེམས་ཅན་དེ་ལ་བདག་ གི་མངལ་དུ་ཞུགས་པའི་སེམས་ཅན་འདི་ཅི་འདྲ་བ་ཞིག་ཡིན་སྙམ་དུ་ཡང་ཡིད་ལ་མི་བྱེད། མངལ་དུ་ཞུགས་པར་ཡང་མ་ཤེས་པས། བདག་གི་མངལ་དུ་ཞུགས་སམ་མ་ཞུགས་སྙམ་དུ་ ཡང་དེ་དེ་ན་ཡིད་ལ་མི་བྱེད་ཀྱི་གཞན་དུ་ན་དེ་དབུལ་བའི་སེམས་དང་རང་ཉིད་ངོ་ཚ་བས་ ཞུམ་པ་དང༌། བསོད་ནམས་དམན་པ་དང༌། ཁོ་རེ་སྟེ་སྟོབས་ཆུང་བ་སྙམ་པའི་སེམས་རྗེས་ 1-1-63 སུ་སེམས་ཤིང་མདོག་ངན་པ་དང་དྲི་མི་ཞིམ་པའི་ལུས་དེ་ཉིད་ཀྱིས་མགོན་མེད་པའི་ཁང་པ་ ན་གནས་ཏེ། ཉིན་མཚན་གྱི་དུས་འདའ་བར་བྱེད་དོ། །རིགས་ཀྱི་བུ་དག་དཔེ་བུད་མེད་དེ་ བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་མགོན་མེད་པར་གྱུར་ཅིང་འཁོར་བའི་སྡུག་བསྔལ་གྱི་ འཚེ་བས་གཙེས་པར་གྱུར་ལ་སྲིད་པར་སྐྱེས་བའི་གནས་དམྱལ་བ་ལ་སོགས་པ་མགོན་མེད་ པའི་ཁང་པ་ན་གནས་སོ། །དེ་ན་གནས་པའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ རིགས་བདེ་གཤེགས་སྙིང་པོ་ཞུགས་ཏེ་ཁོང་ན་ཡོད་ཀྱང་སེམས་ཅན་དེ་དག་གིས་ཡོད་པར་ ཁོང་དུ་མ་ཆུད་དོ། །རིགས་ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པ་ནི་སེམས་ཅན་དག་བདག་ ལྟ་བུ་དམན་པས་ལམ་བསྟེན་ཡང་བྱང་ཆུབ་ག་ལ་ཐོབ་སྙམ་དུ་བདག་ཉིད་ལ་ཁྱད་མི་གསད་ པར་ལོངས་སྐུ་ཐོབ་པར་བྱ་བའི་ཕྱིར། འདི་སྐད་དུ་རིགས་ཀྱི་བུ་དག་ཁྱེད་བདག་ཉིད་ཞུམ་ པས་སྲོ་ཤི་བར་མ་བྱེད་པར་ཁྱེད་ལམ་ལ་བརྩོན་འགྲུས་བརྟན་པར་གྱིས་ཤིག་དང༌། ཁྱེད་ལ་ ཆོས་ཉིད་ཀྱི་དེ་བཞིན་གཤེགས་པ་ལོངས་སྐུ་ཐོབ་པའི་གཞི་བཞུགས་པ་ཡོད་པ་དུས་གཅིག་ ན་མ་དག་པའི་ས་ལ་བརྟེན་པའི་དྲི་མ་གཙོ་བོར་གྱུར་པའི་ཉོན་མོངས་བསལ་ནས་མངོན་དུ་ ཐོབ་པ་འབྱུང་བར་འགྱུར་ཏེ། ཐོབ་ན་ཁྱེད་ལ་གནས་སྐབས་སུ་བྱང་ཆུབ་སེམས་དཔའ་ཞེས་ བྱ་བའི་གྲངས་སུ་འགྲོ་བར་འགྱུར་གྱི། སེམས་ཅན་ཞེས་བྱ་བའི་གྲངས་སུ་འགྲོ་བར་འགྱུར་བ་ ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྐབས་དེར་ཡང་ལམ་ལ་བརྩོན་པར་བྱས་ནས་སངས་ རྒྱས་ཞེས་བྱ་བའི་གྲངས་སུ་འགྲོ་བའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་ནི་མ་ཡིན་ནོ༵་ཞེས་ [བྱ་བར་]ཆོས་སྟོན་ཏོ། །དེ་ནས་དེའི་ཚེ༵་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་ དག་བཀའ་སྩལ་ཏོ། །ཇི་ལྟར་བུད་མེད་མགོན་མེད་པར་གྱུར་པ་ཞིག་ལུས་ཁ་དོག་ངན་ཞིང་ གཟུགས་ནི་མི་སྡུག་ལ་བྱིས་པ་ལྟར་བསམ་པ་དང་སྟོབས་དམན་པ་ཡིན་ཏེ་མགོན་མེད་པའི་ ཁང་པར་གནས་སོ། །རེ་ཤིག་གི་དུས་ན་བུད་མེད་དེ་ནི་གནས་དེར་སྦྲུམ་པར་གྱུར་ཏེ་དེའི་ 1-1-64 མངལ་དུ་རེ་ཤིག་ངེས་པར་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་ཆེ་བ་ཉིད་འཁོར་ ལོ་རིན་པོ་ཆེ་ལ་སོགས་པ་བདུན་པོ་རྣམས་ཀྱིས་ཁྱད་པར་དུ་འཕགས་པ་གླིང་བཞིའི་བདག་ པོ་བྱེད་པར་འགྱུར་བའི་ལས་ཅན་དེ་འདྲ་ཞུགས་ཏེ། བུད་མེད་བྱིས་པ་ལྟ་བུ་དེ་ནི་འདི་ལྟ་བུར་ མངལ་དུ་ཞུགས་སམ་མ་ཞུགས་ཀྱང་མི་ཤེས་ལ་མགོན་མེད་པའི་ཁང་པ་ན་ནི་གནས་པར་ [མེད་{བྱེད་}དེ། དབུལ་ཞིང་སྡུག་བསྔལ་བ་སྙམ་དུ་སེམས་ཤིང་དུས་འདའ་བར་བྱེད་དོ། །དཔེ་དེ་བཞིན་དུ་ངས་ནི་སེམས་ཅན་ཐམས་ཅད་ཀྱང་མགོན་མེད་པར་གྱུར་ལ་སྡུག་བསྔལ་ གྱི་ཆོས་ཀྱིས་ཉེན་ཞིང་ཁམས་གསུམ་པའི་བདེ་བ་ཆུང་ངུ་ལ་གནས་པ་རྣམས་ཀྱི་ནང་ན་ཆོས་ ཉིད་སྙིང་པོ་མངལ་གྱི་འཁོར་ལོས་སྒྱུར་པ་དང་འདྲ་བ་ཡོད་པ་མཐོང་སྟེ་དེ་འདྲ་མཐོང་ནས་ བྱང་ཆུབ་སེམས་དཔའ་རྣམས་ལ་འཇིག་རྟེན་ཕན་པར་བྱེད་པ་ལོངས་སྐུ་འཐོབ་པའི་རྒྱུ་སྙིང་ པོ་མངལ་དང་འདྲ་བར་རང་རང་གི་ལུས་ཀྱི་ནང་ན་གནས་ན་ཡང་སེམས་ཅན་ཀུན་གྱིས་ཆོས་ ཉིད་སྙིང་པོ་ཡོད་པར་མ་ཤེས་ཀྱིས་བདག་དམན་པའོ་སྙམ་དུ་འདུ་ཤེས་པའི་སེམས་མ་བསྐྱེད་ ཅིག་ཅེས་ཆོས་བསྟན་ཏོ། །དམན་པ་མིན་པའི་རྒྱུ་ཅི་ཞེ་ན་ཁྱེད་ཅག་ལམ་ལ་བརྩོན་འགྲུས་ བརྩམ་པ་བརྟན་པར་གྱིས་དང་རང་གི་ལུས་རིང་པོ་མི་ཐོགས་པར་རྒྱལ་བ་སངས་རྒྱས་ཐོབ་ པར་འགྱུར་ཏེ་དུས་ཞིག་ན་བྱང་ཆུབ་བདེ་གཤེགས་ཀྱི་སྙིང་པོ་ཐོབ་པར་གྱུར་ནས་སྲོག་ཆགས་ སྟོང་ཕྲག་བྱེ་བ་སྟེ་མང་པོ་དག་གྲོལ་བར་བྱེད་པར་འགྱུར་རོ། ། དགུ་པ་ས་འདམ་དབུས་ན་གསེར་གྱི་གཟུགས་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་ པོ་བཞུགས་ཚུལ་ནི། རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ་དཔེར་ན། སྤྲ་ཚིལ་ལས་རྟའི་ གཟུགས་སམ་གླང་པོ་ཆེའི་གཟུགས་སམ་བུད་མེད་ཀྱི་གཟུགས་སམ་སྐྱེས་པའི་གཟུགས་དག་ གཅིག་བྱས་ཏེ། ལུགས་ཀྱི་འཇིམ་པའི་ནང་དུ་བཅུག་ནས་འཇིམ་པས་གཡོགས་ལ་སྐམས་ ནས་སྤྲ་ཚིལ་བཞུ་སྟེ་ཟགས་པར་བྱས་ལ་འཇིམ་པ་བསྲེགས་སྟེ་དེའི་ཤུལ་དེ། གསེར་བཞུ་སྟེ་ 1-1-65 ཞུ་བར་གྱུར་པས་བཀང་ནས་རིམ་གྱིས་གྲངས་པར་གྱུར་ནས། སྤྲ་ཚིལ་གྱི་ཤུལ་དང་མཉམ་ པར་གནས་པར་གྱུར་པའི་གསེར་གྱི་གཟུགས་དེ་དག་ཐམས་ཅད་ཕྱི་རོལ་གྱི་འཇིམ་པ་ཚིག་ པས་ཁ་དོག་ནག་ཅིང་ཁ་དོག་མི་སྡུག་ཀྱང༌། ནང་གི་གཟུགས་རྣམས་ནི་གསེར་ལས་བྱས་ པ་དག་གོ །དེ་ནས་ལུགས་མགར་བའམ་ལུགས་མགར་བའི་སློབ་མ་མཁས་པ་ཞིག་གིས་ གཟུགས་དེ་ལས་གཟུགས་གང་དང་གང་དག་གྲངས་པར་གྱུར་པར་མཐོང་བ་དེ་དང་དེ་དག་ གི་ཕྱི་རིམ་གྱི་འཇིམ་པ་ཐོ་བས་བཀོགས་ན། དེ་ནས་བཀོགས་པའི་སྐད་ཅིག་དེ་ལ་ནང་ན་ གསེར་ལས་བྱས་པའི་གཟུགས་ཡོད་པ་དག་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར་རོ། །རིགས་ཀྱི་བུ་དག་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དེ་བཞིན་གཤེགས་པའི་མིག་གིས་ སེམས་ཅན་ཐམས་ཅད་འཇིམ་པའི་གཟུགས་ལྟ་བུ་ཡིན་ལ། ཕྱི་རོལ་གྱི་ཉོན་མོངས་པ་དང་ཉེ་ བའི་ཉོན་མོངས་པ་དག་པ་ས་གསུམ་ལ་བརྟེན་པའི་དྲི་མ་གཙོ་བོར་གྱུར་བའི་སྦུབས་ཀྱི་ནང་ གི་སྦུ་བུ་སྟེ་ལུགས་ཀྱི་སྤྲ་ཚིལ་གྱི་ཤུལ་གྱི་སྦུ་བུ་དང་འདྲ་བའི་ནང་སངས་རྒྱས་ཀྱི་ཆོས་ཀྱིས་ དེ་སྙིང་པོས་གང་སྟེ། ཟག་པ་མེད་པའི་ཡེ་ཤེས་རིན་པོ་ཆེ་བདེ་གཤེགས་སྙིང་པོའི་ནང་ན་དེ་ བཞིན་གཤེགས་པའི་སྤྲུལ་སྐུ་མཛེས་པར་གྱུར་པ་འབྱུང་བའི་རྒྱུ་འདུག་པ་མཐོང་ངོ༌། །རིགས་ ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་དེ་ལྟར་མཐོང་ནས་བྱང་ ཆུབ་སེམས་དཔའི་ནང་དུ་སོང་སྟེ་སྙིང་པོ་གསལ་བར་སྟོན་པའི་མདོ་འདི་ལྟ་བུའི་ཆོས་ཀྱི་རྣམ་ གྲངས་འདི་དག་ཡང་དག་པར་རབ་ཏུ་སྟོན་དོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་དག་དག་པ་ས་གསུམ་ལ་གནས་པས་ཉོན་མོངས་ཞི་ཞིང་བསིལ་བར་གྱུར་པ་དེ་ དག་གི་དེ་བཞིན་གཤེགས་པའི་ཡེ་ཤེས་རིན་པོ་ཆེ་སྙིང་པོ་ཡོངས་སུ་སྦྱང་བའི་ཕྱིར་དེ་བཞིན་ གཤེགས་པ་ཆོས་ཀྱི་རྡོ་རྗེའི་ཐོ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཕྱི་རོལ་གྱི་ཉོན་མོངས་པ་ དག་པ་ས་གསུམ་གྱི་མི་མཐུན་ཕྱོགས་ཐམས་ཅད་འགོགས་སོ། །རིགས་ཀྱི་བུ་དག་མགར་ 1-1-66 བ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སོ། །རིགས་ཀྱི་བུ་དག་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སངས་རྒྱས་ཀྱི་མིག་ གིས་སེམས་ཅན་ཐམས་ཅད་སྙིང་པོ་ཅན་དེ་ལྟར་མཐོང་ནས་སེམས་ཅན་རྣམས་ཉོན་མོངས་ པ་དེ་དག་ལས་ཐར་བར་བྱས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པ་ལ་རབ་ཏུ་དགོད་པའི་ཕྱི༵ར་ ཆོས་སྟོན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་ སྩལ་ཏོ། །ཇི་ལྟར་སྤྲ་ཚིལ་གྱི་གཟུགས་མང་པོ་ནི་ཕྱི་རོལ་འཇིམ་པས་གཡོགས་ཏེ་སྤྲ་ཚིལ་ བཞུ་ན་དེའི་ནང་[གི{ནི་}སྦུ་བུ་ཡོད་ཅིང་གསོག་སྟེ་ཁོང་སྟོང་ཡིན་པ་དེ་རིན་ཆེན་གསེར་བཞུ་ བས་རབ་ཏུ་བཀང་ན་ནི་གསེར་གྱི་གཟུགས་བརྒྱ་སྟོང་ཕྲག་ནི་མང་པོར་འགྱུར་བ་ཡིན་ནོ། །དེ་ ལ་མགར་བས་ཤིན་ཏུ་གྲངས་པར་ཤེས་པར་གྱུར་ནས་འདི་ལྟར་རིན་ཆེན་ལས་ནི་བྱས་པའི་ གཟུགས་འདི་རྣམ་པར་དག་པའི་གཟུགས་སུ་འགྱུར་བར་བྱ་བའི་ཕྱིར་ཕྱི་བ་ལ་སོགས་པའི་ ལས་གང་བྱ་སྙམ་སྟེ་གཟུགས་ལ་གཡོགས་པའི་འཇིམ་པ་འགོགས་པར་བྱེད་དོ། །དེ་བཞིན་ དུ་ངས་ནི་སེམས་ཅན་ཐམས་ཅད་ཀྱང་གསེར་གྱི་གཟུགས་འཇིམ་པས་གཡོགས་པ་དང་འདྲ་ བ་སྟེ། ཕྱི་རོལ་ཤུན་པ་དང་འདྲ་བ་ཉོན་མོངས་པའི་སྦུབས་ཡིན་ལ་ནང་ན་གསེར་གཟུགས་ དང་འདྲ་བ་སངས་རྒྱས་ཡེ་ཤེས་ཡོད་པར་མཐོང་ངོ༌། །དེ་ལ་དག་པའི་ས་ལ་གནས་པའི་བྱང་ ཆུབ་སེམས་དཔའ་གང་དག་ནི་ཉོན་མོངས་ཞི་ཞིང་ཤིན་ཏུ་བསིལ་བར་གྱུར་པ་དག་ལམ་གང་ གིས་དེ་དག་ཉོན་མོངས་མ་ལུས་འབྱིན་པར་འགྱུར་བའི་ཆོས་ཀྱི་ལག་ཆས་དེ་ལ་འགོགས་ པར་བྱེད་དོ། །རིན་ཆེན་གཟུགས་ནི་བལྟ་ན་སྡུག་པ་ལྟར་རྒྱལ་བའི་སྲས་པོ་གང་ཞིག་འདིར་ནི་ སྒྲིབ་པ་དག་པར་གྱུར་པ་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་དག་གིས་ལུས་རྣམས་ཡོངས་ སུ་གང་སྟེ་ལྷར་བཅས་འཇིག་རྟེན་འདི་ན་མཆོད་པར་འོས་པར་གྱུར་པ་སངས་རྒྱས་སུ་འགྱུར་ རོ། །ངས་ནི་སྲོག་ཆགས་ཐམས་ཅད་དེ་ལྟར་སྙིང་པོ་ཅན་དུ་མཐོང་ཞིང་ཁྱད་པར་དག་པའི་ས་ 1-1-67 ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ངས་ནི་དེ་ལྟར་སྒྲིབ་པ་དག་པ་ཡང་མཐོང་ནས་ དེ་ལྟར་དག་པ་རྣམས་བདེ་བར་གཤེགས་པ་སངས་རྒྱས་ཆོས་སྐུ་ཐོབ་པར་འགྱུར་ཏེ། བདེ་ གཤེགས་ཆོས་སྐུ་དག་ནི་གཞན་དོན་དུ་སངས་རྒྱས་སྤྲུལ་སྐུ་དུ་མ་འཇིག་རྟེན་དུ་འབྱུང་བའི་ ཚུལ་སྟོན་ཏོ། ། གསུམ་པ་མདོ་འདི་ལ་གུས་པའི་ཕན་ཡོན་བཤད་པ་ལ་གསུམ། མདོ་འདི་འཛིན་པ་ སོགས་ཀྱི་ཕན་ཡོན། སྔོན་བྱུང་སྙིང་པོ་ཇི་ལྟར་གསུངས་ཚུལ། ཕན་ཡོན་གཞན་ཡང་རྒྱ་ཆེར་ བཤད་པའོ། ། དང་པོ་ལ་གཉིས་ཀྱི་དང་པོ་ཕན་ཡོན་གསལ་བར་བཤད་པ་ནི། དེ་ནས་བཅོམ་ལྡན་ འདས་ཀྱིས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་བློ་གྲོས་ལ་བཀའ་སྩལ་པ། རྡོ་རྗེའི་བློ་གྲོས་རིགས་ ཀྱི་བུའམ་རིགས་ཀྱི་བུ་མོ་ཁྱིམ་པའམ་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་ཡང་རུང་སྟེ་ གང་ཞིག་དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཚིག་དོན་བློ་ལ་འཛིན་ པ་དང༌། གླེགས་བམ་དུ་བྲིས་པ་རང་གི་ལུས་སམ་གནས་སུ་འཆང་བ་དང༌། ཡི་གེར་བྲིས་པ་ ཀློག་པ་དང༌། དོན་ཀུན་ཆུབ་པ་སྟེ་རྟོགས་པར་བྱེད་པ་དང༌། གླེགས་བམ་དུ་འབྲི་བ་བྱས་ཏེ་ གཞན་དང་གཞན་དུ་འཇོག་པ་དང༌། གཞན་དག་ལ་ཡང་ཚིག་དོན་རྒྱ་ཆེར་འཆད་པ་དང༌། ཡི་ གེར་བྲིས་པ་ཡང་དག་པར་རབ་ཏུ་སྟོན་པ་དེ་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ། །ཇི་ ཙམ་བསྐྱེད་ཅེ་ན། རྡོ་རྗེའི་བློ་གྲོས་ཡང་བྱང་ཆུབ་སེམས་དཔའ་གཞན་གང་ཞིག་དེ་བཞིན་ གཤེགས་པའི་ཡེ་ཤེས་བསྒྲུབ་པའི་ཕྱིར་ཚོགས་གཉིས་ལ་བརྩོན་པར་གྱུར་ལ། བརྩོན་པ་ དེས་འཇིག་རྟེན་གྱི་ཁམས་རེ་རེར་ཡང་སངས་རྒྱས་ཐམས་ཅད་ལ་ཡང་མཆོད་པ་བྱ་བའི་ཕྱིར་ རྫུ་འཕྲུལ་བསྒྲུབས་ནས་འོག་ནས་འབྱུང་བ་འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ཏེ་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་དེས་གནས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ 1-1-68 ཕྲག་གང་གཱའི་ཀླུང་གི་བྱེ་མ་[རྙེད་]པས་ཀྱང་མང་བ་རྣམས་སུ། བཞུགས་པ་པོ་གང་གཱའི་ཀླུང་ གི་བྱེ་མ་བས་ཀྱང་མང་བའི་སངས་རྒྱས་བཅོམ་ལྡན་འདས་གཟུགས་སྐུ་གཉིས་ལ། འཁོར་ བྱང་ཆུབ་སེམས་དཔའ་རྣམས་དང་བཅས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཞུགས་ ཤིང་གནས་པའི་དེ་བཞིན་གཤེགས་པ་རེ་རེ་ལ་ཡང༌། དབུལ་བར་བྱ་རྒྱུ་ཁང་པ་གཉིས་སམ་ གསུམ་ལ་སོགས་པར་བརྩེགས་པ་སོ་ཀ་བསིལ་ཞིང་དགུན་དྲོ་བ་ལ་སོགས་པ་འབྱུང་བས་ དུས་སུ་བདེ་བ། རྨང་གི་རྒྱར་དཔག་ཚད་ཙམ་ལ། མཐོང་ཁྱད་ཀྱི་འཕང་དུ་དཔག་ཚད་བཅུ་ ཡོད་པ། རྒྱུ་རིན་པོ་ཆེ་ཐམས་ཅད་ལས་བྱས་པ་ཕྱི་ནང་ཀུན་ཏུ་ལྷའི་དྲི་ཞིམ་པོ་དང་ལྡན་པ། གཞི་ལ་མེ་ཏོག་སོ་སོར་གནས་པའི་སིལ་མ་སྣ་ཚོགས་བཀྲམ་པ། ཟས་དང་གོས་ལ་སོགས་ པའི་ལོངས་སྤྱོད་སྡིག་དང་མ་འདྲེས་པས་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་དང་ལྡན་པ་འབུམ་ ཕྲག་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་དུས་ཉིན་རེ་ཉིན་རེ་ཞིང་ཕུལ་ཏེ། དེ་ཡང་ཡུན་བསྐལ་ པ་འབུམ་དུ་ཚང་བའི་བར་དུ་འདི་ལྟ་བུའི་མཆོད་པ་བྱེད་པ་ནི་བསོད་ནམས་དཔག་ཏུ་མེད་ མོད་ཀྱི། དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གཞན་དོན་དུ་སངས་ རྒྱས་འདོད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་ གྲངས་འདི་ཚང་བ་ལྟ་ཞོག་འདི་ལས་དཔེ་གཅིག་ཙམ་ལུས་སེམས་ལ་ཁོང་དུ་ཆུད་པར་འཆང་ ངམ། གླེགས་བམ་དུ་བྲིས་ཏེ་གནས་པར་བྱེད་ན། བསོད་ནམས་ཆེས་ཆེ་སྟེ་རྡོ་རྗེའི་བློ་གྲོས་ དེའི་བསོད་ནམས་མངོན་པར་འདུ་བྱེད་པ་དེ་ལ་སངས་རྒྱས་མཆོད་པའི་བསོད་ནམས་མངོན་ པར་འདུ་བྱེད་པ་སྔ་མ་བས་བརྒྱའི་ཆ་དང་སྟོང་གི་ཆ་དང་འབུམ་གྱི་ཆ་དང་བཅུ་ལ་སོགས་པའི་ གྲངས་ཉུང་ངུ་དང་མཐུའི་ཆ་ཤས་ཕྲ་མོ་དང༌། གྲངས་བགྲང་བ་རིགས་སམ་བརྗོད་པར་འདོད་ པ་དང་དཔེ་ཙམ་དུ་འདྲ་བར་ཡང་ཉེ་བར་མི་འགྲོ་སྟེ། ས་བོན་ཙམ་གྱི་རྒྱུར་བྱ་བར་ཡང་མི་ བཟོད་དོ་སྟེ་མི་རྟོགས་སོ། །རྡོ་རྗེའི་བློ་གྲོས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་སངས་ 1-1-69 རྒྱས་ཀྱི་ཆོས་ཡོངས་སུ་ཚོལ་ཞིང་དོན་དུ་གཉེར་བས་སངས་རྒྱས་བཅོམ་ལྡན་འདས་གྲངས་ དང་ངོ་བོ་སྔར་སྨོས་པ་དེ་དག་ལས་དེ་བཞིན་གཤེགས་པ་རེ་རེ་ལ་ཡང་ཡུན་བསྐལ་པ་འབུམ་ ཚང་གི་བར་དུ་ལྷའི་ཤིང་མན་ད་ར་བའི་མེ་ཏོག་ཁལ་བཞི་པ་འབུམ་སྟེ་འབུམ་ཕྲག་བརྒྱད་ཅུ་ མཐོར་འཐོར་ལ། དེ་བསོད་ནམས་ཆེ་མོད་ཀྱི། རྡོ་རྗེའི་བློ་གྲོས་དེ་བས་ཀྱང་དགེ་སློང་ངམ་ དགེ་སློང་མའམ་དགེ་བསྙེན་ནམ་དགེ་སྙེན་མ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་ བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་སེམས་གུས་པས་ལུས་ཀྱིས་ ལག་པའི་ཐལ་མོ་ལན་གཅིག་སྦྱར་ཏེ་ངག་གིས་རྗེས་སུ་ཡིད་རང་ངོ་ཞེས་ཚིག་གཅིག་སྨྲས་ན། རྡོ་རྗེའི་བློ་གྲོས་བསོད་ནམས་མངོན་པར་འདུ་བྱ་བ་དང་དགེ་བ་མངོན་པར་འདུ་བྱ་བ་དེ་ལ་ མེ་ཏོག་སིལ་མ་དང་མེ་ཏོག་བརྒྱུས་པའི་ཕྲེང་བ་ཕུལ་བ་དང་ལྡན་པ་དེ་བཞིན་གཤེགས་པ་ལ་ བཞག་པའི་བསོད་ནམས་མངོན་བར་འདུ་བྱ་བ་དང་དགེ་བ་མངོན་པར་འདུ་བྱ་བ་སྔ་མ་དེས་ བརྒྱའི་ཆ་དང་སྟོང་གི་ཆ་དང་འབུམ་གྱི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང་དཔེར་ཡང་ཉེ་ བར་མི་འགྲོ་སྟེ་རྒྱུར་ཡང་མི་བཟོད་དོ། །དེའི་རྒྱུ་ཅི་ཞེ་ན། སྔ་མ་གཉིས་ནི་ཡུལ་གཟུགས་སྐུ་ ལ་དམིགས་ནས་རྫས་བཏང་བ་ཡིན་ལ་ཕྱི་མ་གཉིས་ནི་ཡུལ་ཆོས་སྐུ་བདེ་གཤེགས་སྙིང་པོ་ལ་ དམིགས་ནས་ཆོས་བཟུང་བ་ཡིན་པས་སོ། ། གཉིས་པ་དོན་དེ་དབྱངས་ཀྱིས་བསྙད་པ་ནི། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སེམས་ཅན་ལ་ལ་གང་ཞིག་བྱང་ཆུབ་ལ་ མོས་པའི་སེམས་བསྐྱེད་ནས་མདོ་འདི་གཞན་ལ་ཉན་ཅིང་འཛིན་པའམ་ཡི་གེར་འབྲི་བའམ་ གླེགས་བམ་དུ་བཞག་པར་བྱེད་ཅིང་གུས་པ་དང་བཅས་པས་འདིའི་ཚིགས་བཅད་གཅིག་ གཞན་ལ་བཤད་དམ་དེ་བཞིན་གཤེགས་པའི་སྙིང་པོ་འདི་ཡོད་པར་ཐོས་ནས་གང་ཞིག་བྱང་ ཆུབ་ཀྱི་མཆོག་ཆོས་སྐུ་འདི་ཚོལ་བར་བྱེད་ན་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་ 1-1-70 འགྱུར་བ་དེ་ཡི་ཕན་ཡོན་འདིར་ནི་བཤད་ཀྱིས་མཉན་པར་གྱིས་ཤིག་སྔར་བསྟན་པའི་རྫུ་ འཕྲུལ་གྱི་སྟོབས་མཆོག་ཏུ་གྱུར་པ་འདི་ལ་གནས་ནས་སུ་དཔའ་བོ་བྱང་ཆུབ་སེམས་དཔའ་ གང་གིས་བསྐལ་པ་དག་ནི་སྟོང་ཕྲག་བརྒྱའི་བར་དུ་གནས་ཕྱོགས་བཅུ་རྣམས་སུ་བཞུགས་ པའི་མི་ཡི་གཙོ་བོ་སངས་རྒྱས་དག་བྱང་སེམས་དང་ཉན་ཐོས་ཀྱི་འཁོར་དང་བཅས་པ་རྣམས་ ལ་བསྟི་སྟང་དུ་བྱེད་དེ། དབུལ་རྒྱུ་ཇི་ལྟར་གང་གཱའི་ཀླུང་སྟོང་ཕྲག་མང་པོའི་བྱེ་མ་བས་ཁང་ པ་བརྩེགས་པ་དེའི་གྲངས་ལྷག་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་གཞལ་མེད་ཁང་པ་ མཆོག་ཏུ་གྱུར་པ་རིན་ཆེན་ལས་བྱས་པ་འཇིག་རྟེན་གྱི་སློབ་དཔོན་སངས་རྒྱས་རེ་རེ་ལ་ཡང་ ཕུལ་ཏེ། ཁང་པ་དེ་དག་གི་འཕང་དུ་དཔག་ཚད་བཅུ་ཡོད་ལ་ཆུ་དང་རྒྱར་ནི་དཔག་ཚད་གཅིག་ ཡོད་པ་སྤོས་དང་བདུག་པ་དག་ལ་སོགས་པའི་ལོངས་སྤྱོད་དང་རབ་ཏུ་ལྡན་ལ་ཁང་པ་དེ་ན་ རིན་ཆེན་ལས་བྱས་པའི་ཁྲི་བཤམས་ཤིང༌། དར་དང་བཅོས་བུའི་རས་ནི་བརྒྱ་བཏིང་བའི་ཁྲི་ དག་དང་ནི་ཁྲི་སྟན་གཞན་རྣམས་ཀྱང་བཤམས་ཏེ། ཇི་ལྟར་གང་གཱའི་ཀླུང་བཞིན་དུ་དཔག་ ཏུ་མེད་པ་རྣམས་རྒྱལ་བ་གཅིག་ལ་དབུལ་བ་བྱས་པར་གྱུར་ལ། གཅིག་ལ་ཕུལ་བ་ལྟར་རྒྱལ་ བ་གང་དག་འཇིག་རྟེན་ཁམས་ན་བཞུགས་པ་ཇི་ལྟར་གང་གཱའི་བྱེ་མ་བས་ཀྱང་མང་བའི་རྒྱལ་ བ་དེ་དག་རྣམས་ལ་དེ་ལྟར་ཕུལ་ཞིང་ཀུན་ལ་གུས་པར་མཆོད་པ་བྱེད་པ་བས་ཀྱང༌། མཁས་ པ་གང་ཞིག་གིས་སྙིང་པོའི་མདོ་སྡེ་འདི་ཐོས་ནས་དཔེ་གཅིག་ཙམ་ཞིག་ཡང་དག་པར་འཛིན་ པར་བྱེད་དམ། བཟུང་ནས་མི་འགའ་ཞིག་ལ་ཡང་དག་པར་འཆད་པར་བྱེད་ན་དེ་ནི་སྔ་མ་དེ་ བས་བསོད་ནམས་ཀྱི་ཕུང་པོ་མང་སྟེ། དཔའ་བོས་མདོ་བཟུང་བའི་བསོད་ནམས་འདི་ལ་ནི་ སྔ་མ་དེས་ཆ་དང་དཔེར་ཡང་དེ་ནི་ཉེ་བར་མི་འགྲོའོ། །མདོ་འཛིན་པ་དེ་ནི་སྲོག་ཆགས་དག་ ནི་ཀུན་གྱིས་སྐྱབས་དང་དཔུང་གཉེན་དུ་འགྱུར་ཞིང་དེ་ནི་མྱུར་ཏུ་བྱང་ཆུབ་མཆོག་ཏུ་འཚང་ རྒྱའོ། །དེ་བཞིན་གཤེགས་ཀྱི་སྙིང་པོ་འདི་འདྲ་ཡོད་པ་སེམས་ཅན་དག་ནི་ཀུན་གྱི་ཆོས་ཉིད་ 1-1-71 འདི་བྱང་ཆུབ་སེམས་དཔའ་མཁས་པ་གང་གིས་ཤེས་ནས་སེམས་ཤིང་བསྒོམ་པ་དེ་ནི་རང་ བྱུང་གི་སངས་རྒྱས་ཆོས་སྐུ་མྱུར་དུ་ཐོབ་པར་འགྱུར་རོ། ། གཉིས་པ་ལ་གསུམ་སྔོན་དུ་ཇི་ལྟར་བྱུང་བ། དེ་ཉིད་དབྱངས་ཀྱིས་བསྙད་པ། ཐུབ་པས་ མདོ་འདི་གསན་ཚུལ་ལོ། ། དང་པོ་ལ་གསུམ། སྔོན་གྱི་རྒྱལ་བ་ཇི་ལྟར་བྱོན་ཚུལ། རྒྱལ་བ་དེ་ཡི་མཚན་གྱི་རྒྱུ་མཚན། དེ་ཡིས་མདོ་འདི་རྒྱས་པར་གསུངས་ཚུལ་ལོ། །དང་པོ་ནི། རྡོ་རྗེའི་བློ་གྲོས་སྔོན་བྱུང་གི་རྣམ་ གྲངས་འདིས་ཀྱང་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ལ་ཐམས་ཅད་མཁྱེན་པའི་རང་བྱུང་དང་གཞན་བྱུང་གི་ཡེ་ཤེས་བསྒྲུབ་ པར་འགྱུར་བའི་གཅེས་སྤྲས་སུ་བྱེད་པར་རིག་པར་བྱའོ། །རྣམ་གྲངས་དེ་གང་ཞེ་ན། རྡོ་རྗེའི་ བློ་གྲོས་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་བགྲང་དུ་མེད་པ་མཐའ་ཡས་པས་ ཤིན་ཏུ་རྒྱས་པ་ཚད་གཟུང་དུ་མེད་པ་ཐོས་བསམ་གྱིས་བསམ་གྱིས་མི་ཁྱབ་པ་དཔེ་མཚུངས་ པ་མེད་པ་ངག་གིས་བརྗོད་དུ་མེད་པ་དེའི་ཕ་རོལ་བས་ཀྱང་ཆེས་ཕ་རོལ་ཏུ་གྱུར་པ་དེའི་ཚེ་ དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ལྷག་པ་ཤེས་རབ་ཀྱི་བསླབ་པའི་རིག་པ་དང༌། ལྷག་པའི་སེམས་དང་ཚུལ་ཁྲིམས་ཀྱི་བསླབ་ པའི་ཞབས་སུ་ལྡན་པ། སྤངས་རྟོགས་ཕུན་སུམ་ཚོགས་པས་བདེ་བར་གཤེགས་པ་འཇིག་ རྟེན་གྱི་བསམ་པ་དང་ཁམས་དང་བག་ལ་ཉལ་ལ་སོགས་པ་སྐལ་པ་ཡོད་མེད་མཁྱེན་པ། ལྷ་ ལ་སོགས་པའི་སྐྱེས་བུ་འདུལ་བ་ཉན་ཐོས་ཆེན་པོ་སྟེ་དེ་དག་གི་ཡང་ཁ་ལོ་སྒྱུར་བ་སྟེ། དེའི་ གོང་ན་ཁ་ལོ་སྒྱུར་བ་གཞན་མེད་པས་བླ་ན་མེད་པ། དངོས་སུ་ཆོས་བསྟན་པ་དོན་ཆེ་བར་ འགྱུར་བ་ལྷ་དང་མི་རྣམས་ཀྱི་ཆོས་སྟོན་པ་པོ། སངས་རྒྱས་བཅོམ་ལྡན་འདས་མཚན་རྟག་ཏུ་ འོད་ཟེར་སྟོང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ༌། ། 1-1-72 གཉིས་པ་ནི། རྡོ་རྗེའི་བློ་གྲོས་ཅིའི་ཕྱིར་དེ་ལ་དེ་བཞིན་གཤེགས་པ་རྟག་ཏུ་འོད་ཟེར་ གཏོང་ཞེས་བྱ་ཞེ་ན། རྡོ་རྗེའི་བློ་གྲོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྟག་ཏུ་འོད་ ཟེར་གཏོང་དེ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པར་གྱུར་པ་ན་མའི་མངལ་དུ་ཞུགས་མ་ ཐག་ཏུ། དེ་མའི་མངལ་ན་འདུག་བཞིན་དུ་དེའི་ལུས་ལ་འོད་བྱུང་སྟེ། འོད་དེས་ཤར་ཕྱོགས་ སུ་འཇིག་རྟེན་གྱི་ཁམས་འབུམ་ཕྲག་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དང་ མཉམ་པ་དག་སྣང་བས་རྟག་ཏུ་ཁྱབ་པར་གྱུར་ཏོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་ ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་བྱང་ཤར་དང་འོག་དང་སྟེང་གི་ཕྱོགས་དང་དགུ་སྟེ་དེ་ ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འབུམ་ཕྲག་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ ཀྱི་རྡུལ་སྙེད་དག་སྣང་བས་རྟག་ཏུ་ཁྱབ་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱི་ འོད་མཐོང་ན་ལུས་བདེ་བར་བྱེད་པས་དགའ་བར་འགྱུར་བ་མིག་ཏུ་སྡུག་པ་སེམས་མཆོག་ ཏུ་དགའ་བར་བྱེད་པ་ཡིད་མགུ་བར་བྱེད་པར་འགྱུར་བས་འཇིག་རྟེན་གྱི་ཁམས་འབུམ་ཕྲག་ མང་པོ་སྔར་བསྟན་པ་དེ་སྙེད་སྣང་བས་རྟག་ཏུ་ཁྱབ་པར་གྱུར་ཏོ། །རྡོ་རྗེའི་བློ་གྲོས་བྱང་ཆུབ་ སེམས་དཔའ་མའི་མངལ་དུ་གནས་པ་དེའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་འབུམ་ཕྲག་དེ་ དག་ཏུ་སེམས་ཅན་གང་དག་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ལུས་གཟི་བརྗིད་དང་ ལྡན་པ་དང་ཁ་དོག་དང་ལྡན་པ་དང༌། སེམས་ཐོས་པ་མི་བརྗེད་པའི་དྲན་པ་དང་ལྡན་པ་དང༌། བློ་གྲོས་ཤེས་རབ་དང་ལྡན་པ་དང༌། དེས་ན་དོན་རྟོགས་པ་དང་ལྡན་པ་དང་དེས་ན་དོན་སྨྲ་ བའི་སྤོབས་པ་དང་ལྡན་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་འབུམ་ཕྲག་དེ་དག་ན། སྡུག་ བསྔལ་མང་པོས་གཙེས་པ་[སེམས་ཅན་གང་དག]སེམས་ཅན་དམྱལ་བ་བཅོ་བརྒྱད་དང༌། དུད་དེ་འགྲོ་བས་དུད་འགྲོའི་སྐྱེ་གནས་མངལ་སྐྱེས་ལ་སོགས་པ་བཞི་དང༌། གཤིན་པོའི་རྗེ་ བོ་ཡི་དྭགས་ཏེ། བཀྲེས་སྐོམ་ཡིད་ལ་བྱེད་པའི་འཇིག་རྟེན་དང༌། ལྷ་མ་ཡིན་ཏེ་ངན་སོང་བཞི་ 1-1-73 པོ་རྣམས་ཀྱི་ནང་དུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་དེའི་འོད་ ཀྱིས་རེག་པ་ཙམ་གྱིས་རང་རང་གི་འགྲོ་བ་དག་ནས་ཤི་འཕོས་ཏེ་བདེ་འགྲོ་ལྷ་དང་མི་རྣམས་ ཀྱི་ནང་དུ་སྐྱེས་སོ། །སེམས་ཅན་དེ་དག་འོད་ཀྱིས་རེག་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་[སང་རྒྱས་{བྱང་ཆུབ་ཀྱི་སེམས་}ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ཡང་ བྱང་ཆུབ་ལས་ཕྱིར་མི་ལྡོག་པ་གང་དག་ལ་འོད་དེས་རེག་མ་ཐག་ཏུ་དེ་དག་ཐམས་ཅད་མི་སྐྱེ་ བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཡོན་ཏན་ལྔ་བརྒྱ་པའི་ལེའུ་ཞེས་བྱ་བའི་གཟུངས་ ཀྱང་ཐོབ་པོ། །བྱང་ཆུབ་སེམས་དཔའི་མའི་མངལ་ན་གནས་པ་དེའི་ལུས་ཀྱི་འོད་ཀྱིས་འཇིག་ རྟེན་གྱི་ཁམས་འབུམ་དག་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ས་གཞི་བཻཌཱུརྱ་ལས་གྲུབ་ པར་ཡོངས་སུ་གནས་པར་གྱུར་ཏེ། དེ་ལ་གསེར་གྱི་སྐུད་པས་མིག་མངས་རིས་སུ་བྲེས་པར་ གྱུར་ལ། མིག་མངས་རིས་ཀྱི་མིག་ཐམས་ཅད་ནས་ཀྱང་རིན་པོ་ཆེ་ལས་གྲུབ་པའི་ཤིང་ལྗོན་ པ་མེ་ཏོག་དང་འབྲས་བུ་དང་དྲི་དང་ཁ་དོག་དང་ལྡན་པ་རྣམས་སྐྱེས་ཤིང་མཐོན་པར་གྱུར་ཏོ། །རིན་པོ་ཆེའི་ཤིང་དེ་དག་གི་སྡོང་པོ་རླུང་གིས་བསྐྱོད་ཅིང་ཡལ་ག་རླུང་གིས་བསྒུལ་ན། འདི་ ལྟ་སྟེ་སངས་རྒྱས་ཞེས་བྱ་བའི་སྒྲ་དང་ཆོས་ཀྱི་སྒྲ་དང་དགེ་འདུན་གྱི་སྒྲ་དང་བྱང་ཆུབ་སེམས་ དཔའི་སྒྲ་དང་བྱང་ཆུབ་སེམས་དཔའི་སྟོབས་ལྔ་དང་དབང་པོ་ལྔ་དང་བྱང་ཆུབ་ཀྱི་ཡན་ལག་ བདུན་དང་རྣམ་པར་ཐར་པ་བརྒྱད་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དགུའི་སྒྲ་ སྙན་པ་ཡིད་དུ་འོང་བ་འདི་ལྟ་བུ་འདི་དག་བྱུང་ངོ༌། །རིན་པོ་ཆེའི་ཤིང་ལྗོན་པའི་སྒྲ་དེས་ ཀྱང་འཇིག་རྟེན་གྱི་ཁམས་འབུམ་པོ་དེ་དག་ཐམས་ཅད་ན་སེམས་ཅན་རྣམས་དགའ་བ་དང་ མཆོག་ཏུ་དགའ་བ་ཐོབ་ནས་གནས་སོ། །སངས་རྒྱས་ཀྱི་ཞིང་འབུམ་པོ་དེ་དག་ཐམས་ཅད་ ན་ཡང་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དང་ལྷ་ མ་ཡིན་གྱི་རིས་རྣམས་མེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་མའི་མངལ་ན་གནས་པ་དེ་ 1-1-74 ཡང་སེམས་ཅན་དེ་དག་ཐམས་ཅད་ལ་ཟླ་བའི་དཀྱིལ་འཁོར་སྤྲིན་གྱིས་མ་བཀབ་པ་མཐོང་ བ་བཞིན་དུ་སྣང་བར་གྱུར་ཏེ་མངལ་ན་གནས་པ་ཉིད་ལ་ཉིན་ལན་གསུམ་མཚན་ལན་གསུམ་ དུ་གུས་པས་འདུད་པའི་ཕྱིར་ཐལ་མོ་སྦྱར་བའི་ལས་བྱས་སོ། །རྡོ་རྗེའི་བློ་གྲོས་དེ་ལྟར་བྱང་ ཆུབ་སེམས་དཔའ་དེ་བཙས་པ་དང་ཁྱིམ་ནས་མངོན་པར་བྱུང་བ་དང༌། བྱང་ཆུབ་མངོན་པར་ རྫོགས་པར་སངས་རྒྱས་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་དེའི་ལུས་ལས་འོད་རྟག་ཏུ་བྱུང་ བར་གྱུར་ཏོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བཅོམ་ལྡན་འདས་དེའི་ལུས་ལ་ འོད་རྟག་ཏུ་བྱུང་བར་གྱུར་ཏོ། །ཚུལ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ བར་དུ་བཅོམ་ལྡན་འདས་དེའི་ལུས་ཀྱི་འོད་དེ་རྟག་ཏུ་བྱུང་བར་གྱུར་ཏོ། །དེ་བཞིན་གཤེགས་ པ་དེ་ཡོངས་སུ་མྱ་ངན་ལས་འདས་ཏེ་རིང་བསྲེལ་མཆོད་རྟེན་ན་གནས་པའི་ཚེ་ཡང་ལུས་ཀྱི་ འོད་དེ་རྟག་ཏུ་བྱུང་བར་གྱུར་ཏེ། རྡོ་རྗེའི་བློ་གྲོས་རྒྱུ་དེའི་ཕྱིར་བཅོམ་ལྡན་འདས་དེ་ལ་རྟག་ཏུ་ འོད་ཟེར་གཏོང་བ་ཞེས་བྱ་བར་ལྷ་དང་མི་རྣམས་ཀྱིས་མཚན་གསོལ་ཏོ། ། གསུམ་པ་ནི། རྡོ་རྗེའི་བློ་གྲོས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟག་ཏུ་འོད་ཟེར་གཏོང་དེ་དང་པོ་མངོན་ པར་རྫོགས་པར་སངས་རྒྱས་པའི་བསྟན་པ་ཐོག་མ་ལ་བྱང་ཆུབ་སེམས་དཔའ་མིང་འོད་ཟེར་ མཐའ་ཡས་ཞེས་བྱ་བ་གཡོག་འཁོར་སྟོང་དང་ལྡན་པ་ཞིག་བྱུང་སྟེ། རྡོ་རྗེའི་བློ་གྲོས་བྱང་ཆུབ་ སེམས་དཔའ་འོད་ཟེར་མཐའ་ཡས་དེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟག་ཏུ་འོད་ཟེར་གཏོང་དེ་ལ། དེ་བཞིན་ གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས་བརྩམས་ཏེ་ཡོངས་སུ་དྲིས་ཤིང་ཞུས་ སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རྟག་ཏུ་འོད་ཟེར་གཏོང་དེས་བྱང་ཆུབ་སེམས་དཔའ་དེ་དག་གནས་སྐབས་ 1-1-75 སུ་རྗེས་སུ་གཟུང་བ་དང་མཐར་ཐུག་གི་བདེ་བས་ཡོངས་སུ་གཟུང་བའི་ཕྱིར། །སྟན་ཐོག་ གཅིག་ལ་འདུག་བཞིན་དུ་བསྐལ་པ་ཆེན་པོ་བར་བསྐལ་བརྒྱད་ཅུ་པ་ལྔ་བརྒྱར་གནས་ནས་དེ་ བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཚིག་དོན་གསལ་བར་ཡང་དག་པར་ རབ་ཏུ་བཤད་དེ། སངས་རྒྱས་དེས་དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་ འདི་གཏན་ཚིགས་ཀྱི་ཚིག་རྣམ་པར་ཤེས་པར་བྱ་ནུས་པ་གསལ་བས། དོན་གྱི་ཆོས་བསྒྲུབ་བྱ་ སྒྲུབ་པ་དང༌། མིང་དོན་ངེས་པའི་ཚིག་དང་སྙིང་པོ་བཞུགས་པར་སྟོན་པའི་དཔེ་འབུམ་ཕྲག་དུ་ མས་བྱང་ཆུབ་སེམས་དཔའ་དེ་དག་ལ་ཡང་དག་པར་རབ་ཏུ་བཤད་པས་སེམས་ཅན་ཐམས་ ཅད་ཀྱིས་ཐོས་ནས་ཕྱོགས་བཅུ་རྣམས་སུ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་ སྙེད་ཀྱི་གྲངས་ཀྱི་འཇིག་རྟེན་གྱི་ཁམས་སུ་ཡང་ཚེགས་ཆུང་ངུས་གོ་བར་གྱུར་ཏོ། །རྡོ་རྗེའི་བློ་ གྲོས་དེ་ལ་བྱང་ཆུབ་སེམས་དཔའ་གང་དག་གིས་དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་ རྣམ་གྲངས་འདི་ལས་ཐ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་[ཆོས་ཀྱི་རྣམ་གྲངས་ {མིང་ཐོས་པ་དེ་དག་}ཐམས་ཅད་མཐར་ཀྱིས་དགེ་བའི་རྩ་བ་ཡོངས་སུ་སྨིན་ནས་སངས་ རྒྱས་རྟག་ཏུ་འོད་ཟེར་གཏོང་གི་ཡོན་ཏན་བཀོད་པ་དེ་འདྲ་བ་ཉིད་དུ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བཞི་ནི་སངས་རྒྱས་པ་ལ་མ་གཏོགས་སོ། །རྡོ་རྗེའི་བློ་གྲོས་དེའི་ཚེ་དེའི་ དུས་ན་བྱང་ཆུབ་སེམས་དཔའ་འོད་ཟེར་མཐའ་ཡས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་ སྙམ་དུ་ཁྱོད་སེམས་ན། དེ་དེ་ལྟར་མི་བལྟ་སྟེ། རྡོ་རྗེའི་བློ་གྲོས་ཁྱོད་དེའི་ཚེ་དེའི་དེའི་དུས་ན་ བྱང་ཆུབ་སེམས་དཔའ་འོད་ཟེར་མཐའ་ཡས་ཞེས་བྱ་བར་གྱུར་ཏོ། །བཅོམ་ལྡན་འདས་དེའི་ བསྟན་པ་ལ་གང་དག་ད་དུང་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་[རྫོགས་པར་]སངས་མ་རྒྱས་པའི་བྱང་ཆུབ་སེམས་དཔའ་བཞི་པོ་དེ་དག་གང་ཞེ་ན་ 1-1-76 འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་མཐུ་ཆེན་ཐོབ་དང་སྤྱན་རས་གཟིགས་ དབང་ཕྱུག་དང་རྡོ་རྗེའི་བློ་གྲོས་ཁྱོད་ཉིད་དེ་བཞི་པོའོ། །རྡོ་རྗེའི་བློ་གྲོས་དེ་ལྟར་དེ་བཞིན་ གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ལ་སངས་རྒྱས་ཀྱི་ཡེ་ཤེས་སྒྲུབ་པར་བྱེད་པས་དོན་ཆེ་བ་ཡིན་ནོ། ། གཉིས་པ་ནི། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་ བཀའ་སྩལ་ཏོ། །འདས་པའི་དུས་ཀྱི་ནི་བསྐལ་པ་མཐའ་ཡས་པ་ན་བཅོམ་ལྡན་འདས་རྟག་ ཏུ་འོད་ཟེར་གཏོང་ཞེས་བྱ་བ་བྱུང་ངོ༌། །དེའི་ལུས་ལ་སྔར་བཤད་པ་འདི་འདྲའི་འོད་བྱུང་ བས་ཞིང་རྣམས་བྱེ་བ་སྟོང་དག་སྣང་བར་གྱུར་ཏོ། །རྒྱལ་བ་དེ་དང་པོར་མངོན་པར་རྫོགས་ པར་སངས་རྒྱས་པར་རིག་ནས་བྱང་ཆུབ་སེམས་དཔའ་འོད་ཟེར་མཐའ་ཡས་ཀྱིས་དེའི་ཚེ་ སྙིང་པོའི་མདོ་འདི་བདེ་གཤེགས་རྒྱལ་བའི་དབང་པོ་དེ་ལ་ཞུས་སོ། །རྒྱལ་བ་དེས་མདོ་འདི་ བསྐལ་པ་ཆེན་པོ་ལྔ་བརྒྱར་རྟག་ཏུ་ཡང་དག་པར་རབ་ཏུ་བཤད་དོ། །རྒྱལ་སྲས་གང་གིས་ རྒྱལ་བ་དེའི་བསྟན་པ་ལས་མདོ་སྡེ་འདི། འཇིག་རྟེན་གྱི་འདྲེན་པ་སངས་རྒྱས་ལས་ནི་མངོན་ སུམ་དུ་ཐོས་པར་གྱུར་པ་དེ་ཀུན་གྱིས་མྱུར་ཏུ་བྱང་ཆུབ་གསུམ་ལས་དམ་པ་རྫོགས་པའི་བྱང་ ཆུབ་ཐོབ་པོ། །དེ་ལ་བྱང་ཆུབ་སེམས་དཔའ་བཞི་ནི་མ་གཏོགས་ཏེ། བཞི་པོ་ནི་མཐུ་ཆེན་ཐོབ་ དང་སྤྱན་རས་གཟིགས་དབང་ཕྱུག་དང་བྱང་ཆུབ་སེམས་དཔའ་འཇམ་དཔལ་གསུམ་པ་ཡིན་ ཏེ། རྡོ་རྗེའི་བློ་གྲོས་ཁྱོད་ཉིད་བཞི་པ་ཡིན་ནོ། །དེའི་ཚེ་རྒྱལ་སྲས་དེ་དག་གིས་ནི་མདོ་འདི་ ཐོས་པར་བྱེད་པའི་རྒྱུ་བྱང་ཆུབ་སེམས་དཔའ་འོད་ཟེར་མཐའ་ཡས་པ་ཞེས་བྱ་བ་སྔོན་དུས་ དེའི་ཚེ་གང་གིས་རྒྱལ་བ་ལས་མདོ་ཞུས་པ་བྱུང་སྟེ་དེའི་དབང་དུ་བྱས་ནས་མདོ་གསུངས་པ་ བདེ་གཤེགས་ཀྱི་སྲས་པོ་དེ་ནི་དེའི་ཚེ་ན་རྡོ་རྗེའི་བློ་གྲོས་ཁྱོད་ཉིད་ཡིན་ནོ། ། 1-1-77 གསུམ་པ་ནི། ཤཱཀྱ་ཐུབ་པ་ང་ཡང་སྔོན་གྱི་དུས་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ པའི་ཚེ་བདེ་བར་གཤེགས་པ་སེང་གེའི་རྒྱལ་མཚན་ཞེས་བྱ་བ་ལས་དེ་བཞིན་གཤེགས་པའི་ སྙིང་པོའི་མདོ་སྡེ་འདིའི་མིང་ནི་ཐོས་པར་གྱུར་ནས་གུས་པར་བྱས་ཏེ་ཐོས་ནས་ཐལ་མོ་སྦྱར་ རོ། །ང་ནི་ལེགས་པར་བྱས་པའི་ལས་དེ་ཡིས་བྱང་ཆུབ་དམ་པ་སངས་རྒྱས་འདི་མྱུར་ཏུ་ཐོབ་ པར་གྱུར་ཏོ། །རྒྱུ་དེ་བས་ན་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཀྱིས་དུས་རྟག་ཏུ་མདོ་ མཆོག་འདི་ནི་གཟུང་བ་དང་བཤད་པ་ལ་སོགས་པ་བྱའོ། ། གསུམ་པ་ཕན་ཡོན་གཞན་ནི། རྡོ་རྗེའི་བློ་གྲོས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལས་ ཀྱི་སྒྲིབ་པས་བསྒྲིབས་པ་གང་དག་དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་ འདི་གཞན་གྱིས་བཤད་པ་ཉན་དམ། ལུང་ནོད་པ་སྟེ་ལེན་དམ་བློ་ལ་བཟུང་ནས་ཁ་ཏོན་བྱེད་ དམ། གཞན་ལ་འཆད་ཅིང་སྟོན་ཀྱང་རུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་ལུང་ནོད་ པ་དང་ཁ་དོན་བྱེད་པ་དང་ཚིག་དོན་རྒྱས་པར་རབ་ཏུ་འཆད་པ་དང་ཡི་གེར་འབྲི་བ་དེ་དག་ ཚེགས་ཆུང་ངུས་སྙིང་པོ་དཔེ་དགུས་བསྟན་པ་དེ་དག་ཀྱང་མངོན་སུམ་དུ་འགྱུར་ལས་ཀྱི་སྒྲིབ་ པ་དེ་ཡང་བྱང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་ བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ ལས་ཀྱི་སྒྲིབ་པས་བསྒྲིབས་པར་མི་འགྱུར་ཞིང་ཆོས་ཀྱི་རྣམ་གྲངས་འདི་ལ་བརྩོན་པར་བྱེད་ པ་དེ་དག་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་ལས་སྙིང་པོའི་མདོ་མང་དུ་ཐོས་པས་ རང་སངས་རྒྱས་ཀྱིས་ཆོས་བསྟན་པ་བཟུང་བའི་སླད་དུ་སངས་རྒྱས་སུ་ངེས་པར་འབྱུང་བར་ འགྱུར་ལགས། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ་འདི་ནི་གཅིག་ཏུ་མ་ངེས་ཏེ་ཀུན་ དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་སངས་རྒྱས་བརྒྱའི་ཆོས་བསྟན་པ་ཀུན་ཏུ་ གཟུང་བའི་ཕྱིར་སངས་རྒྱས་སུ་ངེས་པར་འབྱུང་བ་དག་ཀྱང་ཡོད་དོ། །ཀུན་དགའ་བོ་རིགས་ 1-1-78 ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་སངས་རྒྱས་ཉིས་བརྒྱ་དང་སུམ་བརྒྱ་དང་བཞི་བརྒྱ་དང་ ལྔ་བརྒྱ་དང་སྟོང་དང་ཉིས་སྟོང་དང་སུམ་སྟོང་དང་བཞི་སྟོང་དང་ལྔ་སྟོང་དང་དྲུག་སྟོང་དང་ བདུན་སྟོང་དང་བརྒྱད་སྟོང་དང་དགུ་སྟོང་དང་ཁྲི་དང་སངས་རྒྱས་འབུམ་ནས་སངས་རྒྱས་བྱེ་ བ་ཁྲག་ཁྲིག་འབུམ་གྱི་བར་དག་གི་གྲངས་ཅི་རིགས་པ་ལས་ཆོས་བསྟན་པ་ཀུན་ཏུ་བཟུང་ བའི་ཕྱིར་ངེས་པར་འབྱུང་བར་འགྱུར་བ་དག་ཀྱང་ཡོད་དོ། །དེ་ཡང་བྱང་ཆུབ་སེམས་དཔའ་ དེ་དག་གི་སྨོན་ལམ་དང་བརྩོན་འགྲུས་ཀྱི་དབང་གིས་སོ། །དེ་ལྟ་ནའང་ཀུན་དགའ་བོ་བྱང་ ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་བློ་ལ་འཆང་བ་དང་ཀློག་པ་དང་གཞན་དག་ ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་གླེགས་བམ་དུ་བྱས་ཏེ་འཆང་བ་དེས་འདི་ སྙམ་དུ་བདག་གིས་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པོ་སྙམ་ དུ་སེམས་བསྐྱེད་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་དང་འདྲ་བའི་ཕྱིར་ཏེ། དེ་ནི་ཇི་ ལྟར་ད་ལྟར་ཐུབ་པ་ང་བཞིན་དུ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ ཕྱག་བྱ་བའི་འོས་དང་མཆོད་པར་བྱ་བའི་འོས་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་གང་གིས་སྙིང་ པོའི་མདོ་སྡེ་འདི་ཐོས་ན་བྱང་ཆུབ་ཐོབ་པ་དང་འདྲ་ཞིང་མྱུར་དུ་ཐོབ་པར་འགྱུར་བས། བདག་ གིས་བྱང་ཆུབ་དམ་པ་ཐོབ་པར་བསམ་མོ། །གང་གི་ལག་ན་མདོ་སྡེ་འདི་ཡོད་པ་དེ་ནི་ཐུབ་པ་ ང་ལྟར་འཇིག་རྟེན་གྱི་ཕྱག་བྱ་བའི་འོས་དེ་ནི་འཇིག་རྟེན་གྱི་མགོན་པོ་རྣམ་པར་འདྲེན་པ་པོ་ ཡིན་ཏེ། འགྲོ་བ་རྣམས་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་ས་ནས་སར་ཁྲིད་པར་བྱེད་ ཅིང་རྣམ་པར་ཁྲིད་པར་བྱེད་པས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པའི་འོས་ཀྱང་ཡིན་ ནོ། །གང་གིས་ལག་ན་མདོ་སྡེ་འདི་ཡོད་པའི་རྒྱལ་སྲས་དེ་ནི་དེ་ལྟར་ན་ཆོས་ཀྱི་རྒྱལ་པོ་སངས་ རྒྱས་ཞེས་བྱའོ། །གང་གི་ལག་ན་མདོ་སྡེ་འདི་ཡོད་པ་མིའི་ཁྱུ་ནང་ན་མཆོག་ཏུ་གྱུར་པ་དེ་ནི་ 1-1-79 ཆོས་ཀྱི་སྒྲོན་མེ་འཛིན་པ་དང་དེ་ནི་ཉི་ཟླ་ལྟ་བུར་བལྟ་བར་བྱ་བའི་འོས་དང་འཇིག་རྟེན་གྱི་ མགོན་པོ་སངས་རྒྱས་ལྟ་བུར་ཐམས་ཅད་ཀྱི་ཕྱག་བྱ་བའི་གནས་ཡིན་ནོ། ། བཞི་པ་ནི། བཅོམ་ལྡན་འདས་ཀྱིས་སྔར་བསྟན་པ་དེ་སྐད་ཅེས་བཀའ་སྩལ་ནས། ཞུ་བ་ པོ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་བློ་གྲོས་དང༌། ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་ དཔའི་ཚོགས་གླེང་གཞིར་བསྟན་པ་དེ་དག་དང༌། འོད་སྲུང་ཆེན་པོ་ལ་སོགས་པ་ཉན་ཐོས་ ཆེན་པོ་དེ་དག་དང༌། དགེ་སློང་ལ་སོགས་པ་འཁོར་བཞི་པོ་དང༌། ལྷ་དང་མི་དང་ལྷ་མ་ཡིན་ དང་དྲི་ཟར་བཅས་པའི་མིའམ་ཅི་ལ་སོགས་པའི་འཇིག་རྟེན་ཡིད་རབ་ཏུ་དགའ་བས་རངས་ ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ལེགས་པར་གསུངས་སོ་ཞེས་མངོན་པར་བསྟོད་ དོ། ། གསུམ་པ་ནི། འཕགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་ མདོ་མཐའ་དག་རྫོགས་སོ་སྟེ་ཚང་ངོ༌། །རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་སྟེ་ཤཱཀྱ་འོད་ཅེས་ བྱ་བ་དང་ཞུ་ཆེན་གྱི་ལོ་ཙཱ་བ་སྟེ་སྒྱུར་བྱེད་ཆེ་བ། བན་དྷེ་སྟེ་བཙུན་པའམ་མཆོད་འོས་ཞིང་ ཡེ་ཤེས་སྡེ་ཞེས་བྱ་བས་རྒྱ་དཔེ་ལས་བསྒྱུར་ཞིང༌། དེ་ལ་ཞུས་དག་བྱས་ཏེ། དུས་ཕྱིས་སྐད་ གསར་དུ་བཅད་པའི་བརྡས་ཀྱང་བརྡ་རྙིང་རྣམས་བཅོས་ནས་ལེགས་པར་འཆད་ཉན་གྱིས་ གཏན་ལ་ཕབ་པའོ། ། བདག་གི་མར་གྱུར་སེམས་ཅན་ཕལ་ཆེར་མི་ཁོམ་གནས་སུ་ལྷུང་གྱུར་ཞིང༌། ། དལ་འབྱོར་ཐོབ་པ་ཕལ་མོ་ཆེ་ཡང་ཆོས་མིན་བྱ་བ་གཙོ་བོར་ཕྱེད། ། ཆོས་ལ་ཞུགས་པ་ཕལ་མོ་ཆེ་ཡང་ངེས་དོན་སྤངས་ནས་དྲང་དོན་སྤྱོད། ། ངེས་དོན་སྤྱོད་པ་ཕལ་མོ་ཆེས་ཀྱང་སྙིང་པོའི་དོན་འདི་རྟོགས་མ་གྱུར། ། དེ་ཕྱིར་དྲིན་ཅན་ཕ་མར་གྱུར་པའི་འགྲོ་བ་འཁོར་བར་ཡུན་རིང་དུ། ། 1-1-80 སྡུག་བསྔལ་མང་པོས་འཚེ་བ་འདི་དག་སྙིང་རྗེས་མ་བཟོད་ཐར་པའི་ཐབས། ། བདེ་གཤེགས་སྙིང་པོ་གསལ་བར་བསྟན་པས་མྱུར་དུ་སངས་རྒྱས་ཐོབ་བྱའི་ཕྱིར། ། སྙིང་པོའི་མདོ་འགྲེལ་སྙིང་པོ་རབ་གསལ་ཞང་སྟོན་བསོད་ནམས་གྲགས་ཀྱིས་བྱས། ། སྨྲ་བའི་སེང་གེ་ཆེན་པོ་ཕལ་གྱིས་དོན་འདི་འཆད་ཚེ་ཝ་སྐད་སྨྲས། ། རྩོད་པའི་མཚོན་རྣོན་ཐོགས་པ་ཕལ་གྱིས་སྐབས་འདི་ལུང་གི་དོན་མ་ཕིགས། ། རྩོམ་པའི་རྒྱ་མཚོར་ཞུགས་པ་ཕལ་གྱིས་ངེས་དོན་ནོར་བུ་འདི་མ་རྙེད། ། མཁས་པར་རློམ་པ་ཆེན་པོ་ཕལ་གྱིས་མ་རྟོགས་དོན་འདི་ཁོ་བོས་རྟོགས། ། བླ་མའི་དྲིན་ཐོབ་རྣམས་དཔྱོད་བློ་ལྡན་བཀའ་དང་བསྟན་བཅོས་མང་དུ་མཐོང༌། ། ཤེས་ནས་བརྩམས་ཕྱིར་ཉེས་པ་མེད་མོད་ཅུང་ཟད་སྲིད་པ་བཟོད་པར་མཛོད། ། དགེ་བས་འགྲོ་ཀུན་བདེ་གཤེགས་སྙིང་པོ་མངོན་སུམ་རྟོགས་པ་ཆོས་ཀྱི་སྐུ། ། བྲལ་འབྲས་མཐོང་ནས་གཟུགས་སྐུ་གཉིས་ཀྱི་གཞན་དོན་རྒྱ་ཆེར་བྱེད་གྱུར་ཅིག ། དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་འགྲེལ་བ་སྙིང་པོ་རབ་གསལ་ཞེས་བྱ་བ་ཞང་ སྟོན་བསོད་ནམས་གྲགས་ཀྱིས་དབེན་གནས་དཔལ་སྡིངས་སུ་སྦྱར་བའོ།། །།སེམས་ ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག །ཤིན་ཏུ་དག་པར་བདོག་གཅིག་ཞུས། མ་ཡིག་འབྲས་དཔེ་རྙིང༌། རྩ་བ་ཕྱི་ལ་༢༤༣ འགྲེལ་བ་ཕྱི་མ་༨༨༡ཡིན། རྩ་བ་རྟགས་[ ]འདི། འགྲེལ་བ་རྟགས་{ }འདི་བཀོད་ཡོད། 1-1-81 ༄༅། །རྒྱུད་བླའི་འགྲེལ་པ་བཀའ་འཁོར་ལོ་ ཐ་མའི་གསལ་བྱེད་ བཞུགས། ༄༅། །ན་མཿཨརྱ་མཻ་ཏྲི་ནཱ་ཐཱ་ཡ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་ པ་བཀའ་འཁོར་ལོ་ཐ་མའི་གསལ་བྱེད་ཅེས་བྱ་བ། གང་གིས་ཚོགས་གཉིས་ཡུན་རིང་སྤྱད་བྱས་པས། ། ས་བཅུ་བརྙེས་ཏེ་དགའ་ལྡན་བླ་མར་གྱུར། ། བསྐལ་བཟང་འདི་ལ་རྒྱལ་བ་ལྔ་པར་ནི། ། འབྱོན་པར་འགྱུར་བ་བྱམས་མགོན་གུས་པས་མཆོད། ། ཆོས་དབྱིངས་མཁའ་ལ་ཐུགས་རྗེའི་དཀྱིལ་འཁོར་རྒྱས། ། མཁྱེན་རབ་འོད་ཀྱིས་འགྲོ་བའི་སྙིང་མུན་སེལ། ། བླ་མ་འཇམ་དབྱངས་པད་མོའི་གཉེན་དེ་ལ། ། བདག་ཅག་གུས་པས་རྟག་པར་ཕྱག་འཚལ་ལོ། ། ཐོགས་མེད་ལ་སོགས་ཤིང་རྟ་ཆེ་རྣམས་ཀྱིས། ། ཆོས་ལྔ་རྣམས་ལ་འགྲེལ་པ་མཛད་ཟིན་མོད། ། 1-1-82 མཁའ་ལྡི ང་མཁའ་ལ་འགྲོ་བའི་རྗེས་སུ་ནི། ། བྱ་གཞན་བཞིན་དུ་བདག་ཀྱང་འཆད་པར་སྤྲོ། ། འདི་ལ་གསུམ། བཤད་བྱ་དེ་ཡི་མཚན། མཚན་དེ་ལྡན་པའི་གཞུང༌། བོད་དུ་བསྒྱུར་པའི་ ཚུལ་བཤད་པའོ། ། དང་པོ་ལ་གཉིས། མཚན་དོན་དངོས། འདོད་ལྷའི་ཕྱག་གོ །དང་པོ་ལ་གསུམ། དགོས། བསྡུས། ཚིག་དོན་ནོ། །དང་པོ་ནི། མཚན་ཙམ་བཏགས་པས་མཚན་དེས་དོན་དེ་གོ་བ་དང༌། རྒྱ་སྐད་སྨོས་པས་ཆོས་ཁུངས་བཙུན་པ་དང༌། བོད་སྐད་སྨོས་པས་བོད་ཀྱིས་གཟུང་བ་དང་ རྟོགས་པ་སླ་བ་དང༌། གཉིས་ཀ་སྨོས་པས་སྒྲ་བསྒྱུར་གྱི་ཚུལ་ཅུང་ཟད་ཤེས་ཤིང་ལོ་པཎ་གྱི་ དྲིན་དྲན་པའི་དགོས་པ་ཡོད་དོ་ཞེས་གངས་ཅན་གྱི་མཁས་པ་སྔ་མ་རྣམས་གསུངས་སོ། ། གཉིས་པ་ནི། བསྟན་བཅོས་འདི་ལ་མཚན་འདི་ཞེས་བྱའོ་ཞེས་སྟོན་པའོ། །གསུམ་པ་ལ་ གསུམ། མཚན་བསྒྱུར་བ། མཚན་བཤད་པ། མཚན་བཏགས་ཚུལ་ལོ། ། དང་པོ་ནི། རྒྱ་གར་གྱི་སྐད་རིགས་བཞི་ལས་སཾསྐྲ་ ཏའི་སྐད་དུ། མ་ཧཱ་ཡ་ན་ཞེས་པ། བོད་ གངས་ཅན་པའི་སྐད་དུ། ཐེག་པ་ཆེན་པོ། ཨུཏ་ཏ་ར་བླ་མ། ཏན་ཏྲ་རྒྱུད། ཤསྟྲ་བསྟན་བཅོས་ སོ། ། གཉིས་པ་ནི། ཐེག་པ་ནི་གཉིས་ཏེ། འདིས་འགྲོ་བ་ལམ་དང༌། འདིར་འགྲོ་བ་འབྲས་བུའི་ ཐེག་པའོ། །ཐེག་པ་གང་ལ་ཆེན་པོ་བདུན་དང་ལྡན་པ་ནི་ཐེག་པ་ཆེན་པོ་སྟེ། བདུན་ནི་མདོའི་ སྡེ་ལ་སོགས་པའི་ཆོས་རྒྱ་ཆེན་པོ་ལ་དམིགས་པས་དམིགས་པ་ཆེ་བ་དང༌། དེ་བཞིན་དུ་རང་ གཞན་གྱི་དོན་གཉིས་སྒྲུབ་པས་སྒྲུབ་པ་དང༌། བདག་མེད་གཉིས་རྟོགས་པས་ཡེ་ཤེས་དང༌། བསྐལ་པ་གྲངས་མེད་གསུམ་དུ་རྟག་ཏུ་གུས་པར་སྦྱོར་བས་བརྩོན་འགྲུས་དང༌། འཁོར་བ་མི་ གཏོང་ཡང་ཉོན་མོངས་པ་མེད་པས་ཐབས་མཁས་པ་དང༌། སྟོབས་དང་མི་འཇིགས་པ་དང་ 1-1-83 མ་འདྲེས་པའི་ཆོས་འགྲུབ་པས་འགྲུབ་པ་དང༌། བྱང་ཆུབ་དང་མྱང་འདས་ཆེན་པོ་ཀུན་ཏུ་སྟོན་ པས་འཕྲིན་ལས་རྒྱུན་མི་འཆད་པས་ཕྲིན་ལས་ཆེ་བའོ། །དེ་ཡང་མདོ་སྡེ་རྒྱན་དུ། དམིགས་པ་ ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་འགྲུབ་པ་ཆེན་པོ་དང༌། སངས་རྒྱས་ཕྲིན་ ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་ སོ། །རྒྱུན་ཆགས་པ་ནི་རྒྱུད་ཡིན་ཏེ། །དེ་ཡང་ཀུན་གཞི་རྣམ་ཤེས་སེམས་ཅན་གྱི་སྐབས་ནས་ ས་བཅུ་རྒྱུན་མཐའི་བར་དུ་ཡོད་པའི་རྒྱུན་དང༌། དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་པའི་རྒྱུན་གཉིས་ཡིན་ལ། འདིར་ནི་ཨུཏ་ཏ་ར་ཞེས་པ་ཕྱི་མ་དང་དམ་པ་དང་བླ་མ་ལ་འཇུག་པས། དེ་བཞིན་ གཤེགས་པའི་སྙིང་པོ་བླ་མ་དང་དམ་པར་གྱུར་པའི་རྒྱུད་སྟོན་ཏེ། བཅོམ་ལྡན་འདས་ཀྱིས་ ཀྱང༌། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཕྱི་མ་ཞེས་བྱ་ཕ་རོལ་ཏེ། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་སོ། །བསྟན་བཅོས་ནི་དགུ་སྟེ། དོན་མེད་དོན་ལོག་དོན་ དང་ལྡན། །ངན་གཡོ་སྙིང་མེད་སྡུག་བསྔལ་སྤོང་། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །ཞེས་པ་ སྟེ་ས་སྡེར་གསུངས་པའི་དོན་ནོ། །སྐབས་འདིར་ནི་ཕྱི་མ་སྟེ། འདི་ཉིད་དུ། གང་ཞིག་རྒྱལ་བ་ སྟོན་པ་འབའ་ཞིག་གི །ཞེས་སོགས་གསུངས་པ་ལྟར། རྒྱལ་བའི་བཀའ་ལ་བརྟེན་ནས་གང་ ཟག་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བྱས་པ་ཐར་ལམ་དང་མཐུན་པར་སྟོན་པ་སྟེ། དེ་ ཡང༌། རྣམ་བཤད་རིགས་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོ་ སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་ འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་པའི་ཡོན་ཏན་དང་ལྡན་པའོ། ། གསུམ་པ་ནི། བརྗོད་བྱའི་དོན་ལས་བཏགས་ཏེ། བཀའ་འཁོར་ལོ་ཐ་མའི་བརྗོད་བྱའི་ 1-1-84 གཙོ་བོ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའོ། ། གཉིས་པ་ནི། སྒྲིབ་གཉིས་སངས་བའམ་ཡེ་ཤེས་རྒྱས་པས་སངས་རྒྱས་དང༌། བྱང་ཆུབ་ དང་སེམས་ཅན་གྱི་གནས་སྐབས་གཉིས་ཀ་དང་ལྡན་པས་བྱང་ཆུབ་སེམས་དཔའ་སྟེ། རྒྱལ་ བ་སྲས་བཅས་དེ་དག་ཐམས་ཅད་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་པ་འགྱུར་ བྱེད་ཀྱི་ཕྱག་གོ ། གཉིས་པ་ལ་གཉིས། གཞུང་གི་བརྗོད་བྱ་རྡོ་རྗེའི་གནས་བདུན། བསྟན་བཅོས་ཇི་ལྟར་ བརྩམས་ཚུལ་ལ་སོགས་བཤད་པའོ། ། དང་པོ་ལ་གཉིས་ཀྱི་དང་པོ་གཞུང་གི་ལུས་ཉིད་བསྡུས་ཏེ་བསྟན་པ་ལ་གསུམ་གྱི་དང་པོ་ གནས་བདུན་གཞུང་གི་ལུས་སུ་བསྟན་པ་ནི། རྒྱུད་བླ་མ་དེའི་དོན་དུས་བསྡུས་ཞེ་ན། ལྷག་ པའི་བསམ་པ་བརྟན་པའི་མདོར། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་ སྟེ་དེ་ནི་མིག་གིས་ལྟ་བར་མི་ནུས་སོ། །ཀུན་དགའ་བོ་ཆོས་ནི་བརྗོད་དུ་མེད་པ་སྟེ་དེ་ནི་རྣ་ བས་མཉན་པར་མི་ནུས་སོ། །ཀུན་དགའ་བོ་དགེ་འདུན་ནི་འདུས་མ་བྱས་པ་སྟེ་དེ་ནི་ལུས་ དང་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ། །ཞེས་པས་བསྟན་པ་སངས་རྒྱས་དང་ཆོས་ དང་ཚོགས་སམ་འདུས་པའམ་དགེ་འདུན་ཏེ་དཀོན་མཆོག་གསུམ་གྱི་དོན་དང༌། འགྲི བ་པ་ དང་འཕེལ་བ་མེད་པའི་མདོར། ཤཱ་རིའི་བུ། དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ ནོ། །ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་འདི་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་གི་བླ་དྭགས་སོ། །ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་ དྭགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་ དྭགས་སོ། །ཞེས་པས་བསྟན་པ་སེམས་ཅན་གྱི་ཁམས་ཀྱི་དོན་དང༌། དཔལ་ཕྲེང་གི་མདོར། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བགྱི་བ་འདི་ནི་མྱ་ 1-1-85 ངན་ལས་འདས་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་ པའི་དབྱིངས་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་པས་བསྟན་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་དོན་དང༌། ཡང་འགྲི བ་པ་དང་འཕེལ་བ་ མེད་པའི་མདོར། ཤཱ་རིའི་བུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ ནི་འདི་ལྟ་སྟེ། གང་གཱའི་ཀླུང་གི་བྱེ་མ་ལས་འདས་པའི་དེ་བཞིན་གཤེགས་པའི་ཆོས་དག་དང་ རྣམ་པར་དབྱེར་མེད་པའི་ཆོས་དང་ལྡན་པ། མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ། །ཞེས་ པས་བསྟན་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་དོན་དང༌། ཡེ་ཤེས་སྣང་བ་རྒྱན་གྱི་མདོར། འཇམ་ དཔལ་དེ་བཞིན་གཤེགས་པ་ནི་རྟོག་པར་མི་མཛད་རྣམ་པར་རྟོག་པར་མི་མཛད་མོད་ཀྱི། དེ་ ལྟ་ན་ཡང་དེའི་འདི་ལྟ་བུའི་མཛད་པ་རང་བཞིན་གྱི་མཛད་པ་འདི་ནི་མི་རྟོག་རྣམ་པར་མི་རྟོག་ བཞིན་དུ་ལྷུན་གྱིས་གྲུབ་པར་འཇུག་གོ །ཞེས་པས་བསྟན་པ་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་ དོན་ནི་ཐ་མ་སྟེ། སྐབས་འདིའི་བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུས་ན། ཐོས་བསམ་ གྱི་ཤེས་པས་ཕིགས་པར་དཀའ་བས་རྡོ་རྗེ་ལྟ་བུའི་དོན་བདུན་དང༌། དོན་དེ་ཐོབ་པ་དང་རྗེས་ སུ་མཐུན་པའི་ལམ་སྟོན་བྱེད་གཞུང་ནི་དོན་དེ་ཐོབ་པའི་རྟེན་དུ་གྱུར་པས་རྡོ་རྗེའི་གནས་ཏེ་ གྲངས་བདུན་པོ་འདི་དག་གོ་སྟེ་བདུན་གྱིས་བསྡུས་ལ་འདིས་ནི་བསྟན་པའི་སྒོ་བསྡུས་པས་ བསྟན་བཅོས་འདི་མཐའ་དག་གི་ལུས་རྣམ་བཞག་གོ ། གཉིས་པ་དེ་དག་གང་དུ་ཇི་ལྟར་གསུངས་པ་ནི། བདུན་པོ་འདི་དག་རང་གི་མཚན་ཉིད་ ཀྱིས་བསྟན་པ་དང་རྗེས་སུ་འབྲེལ་བ་མ་ཆད་པར་རྒྱུན་གཅིག་ཏུ་ནི། གོ་རིམ་ཇི་ལྟ་བ་བཞིན་ ཏུ་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་དེ་བཞིན་གཤེགས་པའི་ ཐུགས་རྗེ་ཆེན་པོ་བསྟན་པའི་མདོར། གླེང་གཞིའི་ལེའུ་ལས་ནི་དཀོན་མཆོག་གི་གནས་གསུམ་ གསུངས་པར་རིག་པར་བྱ་སྟེ། དེ་ཡང༌། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ 1-1-86 མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་པས་སངས་རྒྱས་དང༌། ཆོས་ཀྱི་འཁོར་ལོ་ལེགས་ པར་བསྐོར་བ་ཞེས་པས་ཆོས་དང༌། སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་ བ་ཞེས་པས་དགེ་འདུན་དཀོན་མཆོག་གི་ངོ་བོ་བསྟན་ཏོ། །དེ་ནས་བསམ་གྱིས་མི་ཁྱབ་པའི་ སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་རིན་པོ་ཆེ་བཀོད་པའི་དཀྱིལ་འཁོར་གྱི་ཁྱམས་རྒྱ་ ཆེན་པོ་གྲུབ་པ་དང༌། དེ་བཞིན་གཤེགས་པའི་འཁོར་འདུས་པ་དང༌། ལྷ་རྫས་ཀྱི་མཆོད་པ་ སྣ་ཚོགས་བསྒྲུབས་པ་དང༌། བསྟོད་པའི་སྤྲིན་གྱི་ཆར་ཕབ་པ་བསྟན་པས་སངས་རྒྱས་ཀྱི་ཡོན་ ཏན་བསྟན་ཏོ། །དེ་ནས་ཆོས་ཀྱི་གདན་གྱི་བཀོད་པ་དང་འོད་དང་ཆོས་ཀྱི་མིང་དང་ཡོན་ཏན་ བསྟན་པས་ཆོས་ཀྱི་ཡོན་ཏན་བསྟན་ཏོ། །དེ་ནས་རྒྱལ་སྲས་ཀྱི་ཏིང་ངེ་འཛིན་གྱི་མཐུ་བསྟན་ པ་དང་ཞུ་བ་པོའི་ཡོན་ཏན་བསྔགས་པ་བསྟན་པས་དགེ་འདུན་གྱི་ཡོན་ཏན་ཏེ་དེ་དག་གིས་ནི་ དཀོན་མཆོག་གི་ཡོན་ཏན་ཇི་སྙེད་པ་སྣ་ཚོགས་བསྟན་ཏོ། །དེ་ནས་ཞུ་བ་པོ་ལ་སངས་རྒྱས་ཀྱི་ འོད་ཟེར་གྱིས་དབང་བསྐུར་བས་མི་འཇིགས་པ་དང་སྤོབས་པ་བསྒྲུབས་ཏེ། དེས་ཀྱང་སངས་ རྒྱས་ལ་ཡོན་ཏན་དམ་པས་བསྟོད་པ་དང༌། ཐེག་ཆེན་གྱི་ཆོས་ཀྱི་གཏམ་བཀོད་པ་དང༌། ཆོས་ དེ་རྟོགས་པའི་འབྲས་བུ་ཆོས་ཀྱི་དབང་དམ་པ་ཐོབ་པ་བསྟན་པས་རིམ་པ་ལྟར་དཀོན་མཆོག་ གསུམ་གྱི་བླ་ན་མེད་པའི་ཡོན་ཏན་ཇི་ལྟ་བ་རྣམ་པར་དབྱེ་བ་བསྟན་ཏོ། །ཁམས་ལ་སོགས་ པའི་གནས་བཞི་ནི་གླེང་གཞིའི་འོག་ཏུ་བློ་དང་ལྡན་པ་རྒྱལ་སྲས་དང་བདུད་ལས་རྒྱལ་བ་ སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་ཀྱི་དབྱེ་བ་བསྟན་པ་ལས་གསུངས་ཏེ་དེ་ཡང༌། རྒྱན་བཞི་དང་ སྣང་བ་བརྒྱད་དང་སྙིང་རྗེ་བཅུ་དྲུག་དང་ལས་སོ་གཉིས་ཏེ་རྒྱལ་སྲས་ཀྱི་ཆོས་ཡོངས་སྦྱོང་དྲུག་ ཅུ་བསྟན་པས་ཁམས་གསལ་བར་མཛད་དེ། སྦྱང་བར་བྱ་བའི་གཞི་ཁམས་ཡོད་ན་དེ་ཡོངས་ སུ་སྦྱོང་བ་འཐད་ཀྱི་གཞི་མེད་ན་སྦྱོང་བ་མི་འཐད་པས་སོ། །དེས་ན་མདོ་འདིར་མ་དག་པའི་ བཻཌཱུརྱ་སྦྱོང་བ་དཔེར་མཛད་ནས་ཁམས་སྦྱོང་བའི་ཚུལ་བསྟན་ཏེ་འོག་ཏུ་འཆད་ཏོ། །དེ་ནས་ 1-1-87 བྱང་ཆུབ་ཆེན་པོའི་སྙིང་རྗེ་བཅུ་དྲུག་བསྟན་པས་བྱང་ཆུབ་དང༌། སྟོབས་དང་མི་འཇིགས་པ་ དང་མ་འདྲེས་པའི་ཆོས་རྣམས་བསྟན་པས་ཡོན་ཏན་དང༌། ཡོན་ཏན་སུམ་ཅུ་རྩ་གཉིས་པོ་དེ་ ལ་གདུལ་བྱ་འགོད་པའི་ལས་བསྟན་པས་འཕྲིན་ལས་རྣམས་བསྟན་ཏེ། རྒྱས་པར་ནི་མདོ་དེ་ ཉིད་བལྟ་བར་བྱའོ། ། གསུམ་པ་གནས་བདུན་གོ་རིམ་ངེས་པར་བསྒྲུབ་པ་ནི། གནས་བདུན་རིམ་པས་སྟོན་ པའི་འབྲེལ་པ་གང་ཞེ་ན། མངོན་པར་རྫོགས་པར་སངས་རྒྱས་པ་ལས་ཆོས་སྟོན་པ་འབྱུང་ ལ་ཆོས་ཉམས་སུ་བླངས་པ་ལས་འཕགས་པའི་ཚོགས་དགེ་འདུན་འབྱུང་ངོ༌། །ཚོགས་ལས་ བདེར་གཤེགས་སྙིང་པོ་ཡེ་ཤེས་ཀྱི་ཁམས་དྲི་མ་ཅི་རིགས་པས་དག་པ་ཐོབ་པ་འབྱུང་ཞིང་ ཁམས་དེ་ཚོགས་ལ་ཡོད་པ་དང༌། མཐར་ཡེ་ཤེས་དེ་ཐོབ་པ་ནི་བླ་ན་མེད་པའི་བྱང་ཆུབ་ མཆོག་ཡིན་ཞིང་དེ་ལ་སྟོབས་སོགས་ཡོན་ཏན་ཀུན་ལྡན་ལ། ཡོན་ཏན་ཅན་དེ་སེམས་ཅན་ ཀུན་གྱི་དོན་བྱེད་པའི་ཆོས་འཕྲིན་ལས་རྣམས་དང་ལྡན་པས་བདུན་པོ་གོ་རིམ་ངེས་སོ། ། གཉིས་པ་སོ་སོར་ཕྱེ་སྟེ་རྒྱས་པར་བཤད་པ་ལ་གཉིས། འགྲོ་བའི་སྐྱབས་གནས་དཀོན་ མཆོག་བསྟན་པ། སྐྱབས་གསུམ་འབྱུང་གནས་ཁམས་སོགས་བཤད་པའོ། ། དང་པོ་ལ་བཞིའི་སྐྱབས་གསུམ་པོ་སོ་སོར་བཤད་པ་ལ་གཉིས། གཞུང་གི་དོན་གྱིས་ སྐྱབས་གནས་བསྟན་པ། སྤྱིའི་དོན་གྱི་སྐྱབས་སུ་འགྲོ་ཚུལ་ལོ། ། དང་པོ་ལ་བཞིའི་དང་པོ་སྐྱབས་གནས་གསུམ་པོ་སོ་སོར་བཤད་པ་ལ་གསུམ་གྱི་དང་ པོ་ཡོན་ཏན་བརྒྱད་ལྡན་སངས་རྒྱས་བཤད་པ་ལ་གཉིས་ཀྱི་དང་པོ་བསྟོད་པའི་སྒོ་ནས་ མདོར་བསྟན་པ་ནི། སངས་རྒྱས་གང་ཞིག་ཐོག་མ་སྐྱེ་བ་དང་དབུས་སུ་གནས་པ་དང་མཐར་ འཇིགས་པ་མེད་པས་འདུས་མ་བྱས་པ་དང་སྤྲོས་པ་དང་རྟོག་པ་ཞི་བས་ལྷུན་གྱིས་གྲུབ་པ་ དང༌། སངས་རྒྱས་ཉིད་ཀྱི་རང་བྱུང་གི་ཡེ་ཤེས་ཀྱིས་རྣམ་པར་སངས་རྒྱས་པས་གཞན་གྱི་རྐྱེན་ 1-1-88 གྱིས་རྟོགས་པ་མིན་པ་དང༌། རང་ཉིད་སངས་རྒྱས་ནས་ནི་སངས་རྒྱས་ཆོས་སྐུ་དེ་མ་རྟོགས་ པ་རྟོགས་པར་བྱ་བའི་ཕྱིར། ཕྱིར་མི་ལྡོག་པས་འཇིག་རྟེན་ལས་འདས་པའི་ཕྱིར་ཐེག་དམན་ དང་འཁོར་བས་འཇིགས་པ་མེད་ཅིང་ཆོས་སྐུ་རྟག་པ་ཐོབ་པར་བྱེད་པའི་ལམ་སྟོན་པ་དང༌། དེའི་རྒྱུ་འདུས་མ་བྱས་པ་ལ་སོགས་གསུམ་གྱི་དོན་ཅན་ཆོས་ཉིད་མཁྱེན་པའི་མཁྱེན་པ་དང༌། མ་རྟོགས་པ་རྟོགས་པར་བཞེད་པ་བརྩེ་བ་གཉིས་རལ་གྲི་དང་རྡོ་རྗེ་མཆོག་ལྟ་བུ་བསྣམས་ པ་དང༌། མཁྱེན་བརྩེ་དེས་ཕུང་པོ་ལྔ་མངོན་པར་གྲུབ་པའི་སྡུག་བསྔལ་གྲུབ་པའི་མཚད་ཉིད་ ཀྱིས་མྱུ་གུ་ལྟ་བུ་གཅོད་པར་མཛད་པ་གཅིག་པུ་ཡིན་པ་རལ་གྲི ་ལྟ་བུ་དང༌། འཇིག་ཚོགས་སུ་ ལྟ་བ་དང༌། མཐར་འཛིན་པ་དང༌། ལོག་ལྟ་དང༌། ལྟ་བ་མཆོག་འཛིན་དང༌། ཚུལ་ཁྲིམས་དང་ བརྟུལ་ཞུགས་མཆོག་འཛིན་ཏེ་སྣ་ཚོགས་པའི་ལྟ་བའི་ཐིབས་པོ་རྣམས་ཀྱིས་བསྐོར་བའི་ལས་ འབྲས་དང་བདེན་པ་ལ་ཡིད་མི་ཆེས་པའི་ཐེ་ཚོམ་ནི་འཇིག་རྟེན་པའི་ཤེས་པས་རྟོགས་པ་དང་ ཕིགས་པ་དཀའ་བས་ནག་ཐིབས་པོས་བསྐོར་བའི་རྩིག་པ་ལྟ་བུ་འཇིགས་པར་མཛད་པ་རྡོ་རྗེ་ ལྟ་བུའི་ནུས་པ་སྡུག་བསྔལ་དང་ཉོན་མོངས་སྤོང་བ་ཅན་སངས་རྒྱས་དེ་ལ་འདུད་དོ། །དེ་ལྟར་ ཡོན་ཏན་དྲུག་ལས་དང་པོ་གསུམ་རང་དོན་དང་ཕྱི་མ་གསུམ་གཞན་དོན་ཏེ་དེ་གཉིས་དང་ བཅས་པ་ནི་ཡོན་ཏན་བརྒྱད་དོ། ། གཉིས་པ་དེ་ཉིད་ཕྱེ་སྟེ་རྒྱས་པར་བཤད་པ་ནི། དེ་ལྟར་འདུས་མ་བྱས་ཤིང་ལྷུན་གྱིས་ གྲུབ་པ་དང་གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པ་དང་མཁྱེན་པ་དང་བརྩེ་བ་དང་ནུས་པར་ ལྡན་ཞིང་རང་གཞན་གྱི་དོན་གཉིས་ལྡན་པའི་སངས་རྒྱས་ཉིད་ནི་ཡོན་ཏན་བརྒྱད་པ་དང་ ལྡན་ནོ། །བརྒྱད་པོ་དེ་དག་གི་རྒྱུ་མཚན་ནི། ཐོག་མ་སྐྱེ་བ་དང་གནས་པ་དང་འཇིག་པ་ཅན་ ནི་འདུས་བྱས་ཡིན་ལ་དེ་ལས་བཟློག་པ་ཐོག་མ་སྐྱེ་བ་དང་དབུས་སུ་གནས་པ་དང་མཐའ་ མར་འཇིག་པ་མེད་པའི་རང་བཞིན་སྐད་ཅིག་ལས་འདས་པ་ཡིན་པའི་ཕྱིར་འདུས་མ་བྱས་ 1-1-89 པའོ། །སྤྲོས་པ་དང་རྣམ་རྟོག་ཐམས་ཅད་ནི་གཡེང་བར་བྱེད་པས་མ་ཞི་བ་སྟེ། དེ་དག་མེད་ པས་ཉེ་བར་ཞི་བ་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད་དོ། །རྟོག་ པ་དང་བརྗོད་པ་ལ་སོགས་པས་མི་རྟོགས་ཀྱི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་རྟོགས་བྱ་ ཡིན་པའི་ཕྱིར་གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པའོ། །དེ་ལྟར་འདུས་མ་བྱས་ལ་སོགས་པ་ རྣམ་པ་གསུམ་གྱི་མཚན་ཉིད་ཅན་ཆོས་ཉིད་རྟོགས་པའི་ཕྱིར་མཁྱེན་པ་དང་ལྡན་པའོ། །དེ་མ་ རྟོགས་པའི་འགྲོ་བས་རྟོགས་པར་བྱ་བའི་དོན་དུ་ལམ་སྟོན་པའི་ཕྱིར་ན་ཐུགས་བརྩེ་བ་དང་ ལྡན་པའོ། །ནུས་པ་དང་ཡང་ལྡན་པ་ཡིན་ཏེ་མཁྱེན་པའི་ཡེ་ཤེས་དང་བརྩེ་བའི་ཐུགས་རྗེ་དེ་ ཡིས་སྲིད་པར་མིང་གཟུགས་ཀྱི་ཕུང་པོ་ལྔའི་བདག་ཉིད་སྡུག་བསྔལ་དང་ཉོན་མོངས་ཀྱི་རྩ་ བ་ལྟ་བ་ལྔ་དང་ཐེ་ཚོམ་སྤོང་བའི་ཕྱིར་རོ། །དེ་རྣམས་ལས་ཡོན་ཏན་དང་པོ་གསུམ་གྱིས་རང་ དོན་ཕུན་སུམ་ཚོགས་པའི་རྟགས་སྟོན་ཏེ། ཡོན་ཏན་ཕྱི་མ་གསུམ་གྱིས་གཞན་དོན་ཕུན་སུམ་ ཚོགས་པའི་རྟགས་བསྟན་པ་ཡིན་ནོ། །འདི་དག་ཀྱང་ཡེ་ཤེས་སྣང་བ་རྒྱན་གྱི་མདོར། འཇམ་ དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དྭགས་ཏེ་ཞེས་དང༌། ས་གཞི་བཻཌཱུརྱར་ གྱུར་པ་ལ་བརྒྱ་བྱིན་གྱི་གཟུགས་ཤར་བ་དཔེར་བཀོད་ནས། འཇམ་དཔལ་དེ་བཞིན་དུ་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གཡོ་བར་ མི་མཛད་སེམས་པར་མི་མཛད་སྤྲོ་བར་མི་མཛད་རྟོག་པར་མི་མཛད་རྣམ་པར་རྟོག་པར་མི་ མཛད་ཅེས་སོགས་དང༌། འོག་ནས་འབྱུང་བའི་དཔེ་ལྷག་མ་བརྒྱད་བཀོད་ནས། བལྟར་མེད་ པ་མཉན་དུ་མེད་པ་བསྣམ་དུ་མེད་པ་མྱང་དུ་མེད་པ་རེག་ཏུ་མེད་པ་ཅེས་སོགས་ཀྱིས་རིམ་པ་ ལྟར་ཡོན་ཏན་དང་པོ་གསུམ་བསྟན་ཏོ། །བྱང་ཆུབ་བཅུ་དྲུག་བསྟན་པའི་མཐར་འཇམ་དཔལ་ དེ་ལ་ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་དུ་མངོན་པར་བྱང་ཆུབ་སྟེ། སེམས་ཅན་རྣམས་ 1-1-90 ལ་ཡང༌། མ་དག་པ་དྲི་མ་དང་བྲལ་བ་སྐྱོན་དང་བཅས་པའི་ཆོས་ཀྱི་དབྱིངས་གཟིགས་ནས། སེམས་ཅན་རྣམས་ལ་རྣམ་པར་བརྩེ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ འཇུག་གོ །ཞེས་པས་ཡོན་ཏན་ཕྱི་མ་གསུམ་བསྟན་ཏེ་རྒྱས་པར་མདོ་ཉིད་ལས་ཤེས་པར་བྱའོ། །འདིར་རང་དོན་གྱི་ཡོན་ཏན་གསུམ་ཆོས་སྐུ་དང་གཞན་དོན་གྱི་ཡོན་ཏན་གསུམ་གཟུགས་ སྐུ་ལ་སྦྱོར་བ་ནི་བྱམས་པ་དང་ཐོགས་མེད་ཀྱི་དགོངས་པར་མི་གསལ་བས་སྤྱིར་མ་ཕྱེ་བའི་ སངས་རྒྱས་ལ་ཡོན་ཏན་དྲུག་སྦྱར་བར་བྱའོ། ། གཉིས་པ་ཡོན་ཏན་བརྒྱད་ལྡན་དམ་ཆོས་བཤད་པ་ལ་གཉིས་གཞུང་དོན་གྱི་དམ་ཆོས་ ངོས་བཟུང་བ། སྤྱི་དོན་གྱིས་ལམ་བདེན་རྒྱས་བཤད་དོ། །དང་པོ་ལ་གཉིས་ཀྱི་དང་པོ་བསྟོད་ པའི་སྒོ་ནས་མདོར་བསྟན་པ་ནི། ཆོས་ཉིད་གང་ཞིག་དངོས་པོ་མེད་པ་མིན་ལ་དངོས་པོ་ཡོད་ པ་མིན་ཞིང་དངོས་པོ་ཡོད་པ་དངོས་པོ་མེད་པ་གཅིག་ཏུ་འདྲེས་པ་མ་ཡིན་པ་དངོས་པོ་ཡོད་ པ་དང་དངོས་པོ་མེད་པ་གཉིས་ལས་གཞན་ཞིག་ཏུའང་བརྟག་པར་མི་ནུས་ཤིང་སྒྲ་དང་ངེས་ པའི་ཚིག་འདིས་བརྗོད་པ་དང་བྲལ་ལ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་ བྱ་བ་ཡིན་པས་བསམ་དུ་མེད་པ་དང༌། ལས་ཉོན་ཞི་བས་གཉིས་སུ་མེད་པ་དང༌། རྟོག་པ་ཞི་ བས་རྣམ་པར་མི་རྟོག་པ་སྟེ་གསུམ་གྱི་བདག་ཉིད་འགོག་པའི་བདེན་པ་དང༌། ཉེ་བའི་ཉོན་ མོངས་པའི་དྲི་མ་མེད་པས་དག་པ་དང༌། ཡེ་ཤེས་ཀྱི་འོད་ཟེར་གྱིས་ཤེས་བྱ་ཐམས་ཅད་སྣང་ བ་དང་ལྡན་པས་གསལ་བ་དང༌། དམིགས་པའི་ཡུལ་སྡུག་པ་ཀུན་ལ་འདོད་ཆགས་པ་དང་མི་ སྡུག་པ་ལ་ཞེ་སྡང་པ་དང་བར་མ་དང་བཅས་པ་ཀུན་ལ། གཏི་མུག་གི་རབ་རིབ་སྐྱེ་བ་ཅན་དེ་ ཁོ་ན་མཐོང་བའི་གེགས་ཐམས་ཅད་རྣམ་པར་འཇོམས་པར་མཛད་པས་གཉེན་པོའི་ཕྱོགས་ ཉིད་དེ་གསུམ་གྱི་བདག་ཉིད་མཐོང་བ་དང་སྒོམ་པའི་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ ལམ་གྱི་བདེན་པ་དང༌། དེ་ལྟར་ཡོན་ཏན་བརྒྱད་དང་ལྡན་པ་དམ་པའི་ཆོས་འགོག་པ་དང་ཉི་ 1-1-91 མ་ལྟ་བུའི་ལམ་དེ་ལ་འདུད་དོ། ། གཉིས་པ་དེ་ཉིད་ཕྱེ་སྟེ་རྒྱས་པར་བཤད་པ་ནི། བསམ་དུ་མེད་པ་དང་གཉིས་མེད་པ་ དང་རྟོག་པ་མེད་པ་དང་དག་པ་དང་གསལ་བ་དང་གཉེན་པོའི་ཕྱོགས་ཉིད་ཀྱིས་སྔ་མ་གསུམ་ གྱིས། གང་ཞིག་འདོད་ཆགས་བྲལ་བ་འགོག་པ་དང་ཕྱི་མ་གསུམ་གྱིས་གང་གིས་འདོད་ ཆགས་དང་བྲལ་བ་ལམ་བསྟན་པས་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་དེ་ཆོས་དཀོན་ མཆོག་གོ །དེ་ཡང་འདོད་ཆགས་དང་བྲལ་བ་ཆོས་དཀོན་མཆོག་ཉིད་ནི་འགོག་པའི་བདེན་ པ་དང་ལམ་གྱི་བདེན་པ་དག་གིས་བསྡུས་ལ། གཉིས་པོ་གོ་རིམ་ཇི་བཞིན་དུ་དེ་དག་ཀྱང་སྔ་ མ་བསམ་དུ་མེད་པ་ལ་སོགས་པ་ཡོན་ཏན་གསུམ་དང་ཕྱི་མ་དག་པ་ལ་སོགས་པ་ཡོན་ཏན་ གསུམ་གྱིས་རིག་པར་བྱའོ། །ཡོན་ཏན་དེ་དག་གི་རྒྱུ་མཚན་ནི། འགོག་པའི་བདེན་པ་དེ་ དངོས་པོ་མེད་པ་མ་ཡིན་ཏེ་འདུས་མ་བྱས་ཀྱི་དངོས་པོ་ཡིན་པའི་ཕྱིར་རོ། །དངོས་པོ་ཡོད་པ་ མ་ཡིན་ཏེ་འདུས་བྱས་ཀྱི་དངོས་པོ་མེད་པའི་ཕྱིར་རོ། །དངོས་པོ་ཡོད་པ་དང་མེད་པ་གཅིག་ ཏུ་འདྲེས་པ་མ་ཡིན་ཏེ་འདི་གཉིས་འགལ་བས་གཅིག་པ་མི་སྲིད་པའི་ཕྱིར་རོ། །དངོས་པོ་ ཡོད་པ་དང་མེད་པ་གཉིས་ལས་གཞན་ཡང་མ་ཡིན་ཏེ་འདི་གཉིས་ལས་གཞན་པའི་ཤེས་བྱ་ མེད་པའི་ཕྱིར་རོ། །དེས་ན་མེད་པ་དང་ཡོད་པ་དང་ཡོད་མེད་གཉིས་ཀ་དང་གཉིས་ཀ་མིན་ པའི་ཚུལ་བཞི་ཀ་ལྟར་ཡང་རྟོག་གེས་བརྟག་པར་བྱ་བ་མིན་པའི་ཕྱིར་དང༌། སྒྲ་དང་སྐད་དང་ བརྗོད་པ་དང་ངག་དང་ངེས་ཚིག་དང་བརྡ་དང་ཐ་སྙད་དང་མངོན་པར་བརྗོད་པས་བརྗོད་ པར་བྱ་བ་མིན་པའི་ཕྱིར་དང༌། འཕགས་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཁྱེན་པར་ བྱ་བ་ཡིན་པའི་ཕྱིར་སོ་སོ་སྐྱེ་བོའི་ཤེས་པས་བསམ་དུ་མེད་པ་ཉིད་དོ། །ལས་དང་ཉོན་མོངས་ པ་གཉིས་ཞི་བ་ཉིད་ཀྱི་ཕྱིར་གཉིས་མེད་པའོ། །ལས་ཉོན་དེའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ ལ་བྱེད་པ་ཞི་བའི་ཕྱིར་རྟོག་པ་མེད་པ་ཉིད་དེ། འགྲི བ་འཕེལ་མེད་པའི་མདོར། ཤཱ་རིའི་བུ་ 1-1-92 འགོག་པ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུ་སྟེ་གཉིས་སུ་མེད་པའི་ཆོས་ཅན་རྣམ་པར་མི་རྟོག་པའི་ ཆོས་སོ་ཞེས་གསུངས་པས། ལས་ཉོན་རྒྱུ་དང་བཅས་པ་གདོད་ནས་གཏན་འབྱུང་བ་མེད་པ་ ནི་འགོག་བདེན་ཡིན་གྱི་ཆོས་འགའ་ཞིག་སྔར་ཡོད་ཞིག་པས་གསར་དུ་འགགས་པ་ནི་འགོག་ པའི་བདེན་པ་མིན་ཏེ། མདོར། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ལ་ནི་སེམས་ དང་ཡིད་དང་རྣམ་པར་ཤེས་པ་མི་འཇུག་གོ །གང་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ མི་འཇུག་པ་དེ་ལ་ནི་ཀུན་ཏུ་རྟོག་པ་གང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འགྱུར་ བ་ཀུན་ཏུ་རྟོག་པ་འགའ་ཡང་མེད་དོ། །ཚུལ་བཞིན་ཡིད་ལ་བྱེད་པ་ལ་རབ་ཏུ་སྦྱོར་བ་དེ་ནི་ མ་རིག་པ་ཀུན་ནས་སློང་བར་མི་བྱེད་དོ། །མ་རིག་པ་ཀུན་ནས་བསླང་བ་མེད་པ་གང་ཡིན་པ་ དེ་ནི་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་བསླང་བར་མི་བྱེད་དོ། །དེ་ནི་མི་སྐྱེ་ཞེས་བྱ་ བ་ལ་སོགས་པ་དང༌། དཔལ་འཕྲེང་གི་མདོར། བཅོམ་ལྡན་འདས་ཆོས་འཇིགས་པ་ནི་སྡུག་ བསྔལ་འགོག་པ་མ་ལགས་སོ། །བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ཞེས་བགྱི་བ་ནི་ ཐོག་མ་མེད་པའི་དུས་ཅན། མ་བྱས་པ་མ་སྐྱེས་པ་མ་བྱུང་བ་ཟད་པ་མེད་པ་ཟད་པ་དང་བྲལ་ བ། རྟག་པ་བརྟན་པ་ཞི་བ་མི་འཇིག་པ་རང་བཞིན་གྱིས་ཡོངས་སུ་དག་པ། ཉོན་མོངས་པའི་ སྦུབས་ཐམས་ཅད་ལས་གྲོལ་བ། རྣམ་པར་དབྱེར་མེད་པ་བསམ་གྱིས་མི་ཁྱབ་པའི་སངས་ རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་དང་ལྡན་པ་དེ་བཞིན་གཤེགས་པའི་ཆོས་ ཀྱི་སྐུར་བསྟན་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་ མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ། །ཞེས་ སོགས་རྒྱས་པར་གསུངས་སོ། །འདི་འཐོབ་པའི་རྒྱུ་ལམ་གྱི་ཡོན་ཏན་དག་པ་ལ་སོགས་པ་ གསུམ་ནི་ཆོས་མཐུན་པ་གསུམ་གྱིས་ཉི་མ་བཞིན་ནོ། །དེ་ཡང་དྲི་མ་ཐམས་ཅད་བྲལ་བས་ཉི་ མའི་དཀྱིལ་འཁོར་རྣམ་པར་དག་པ་དང༌། ཤེས་བྱ་ཐམས་ཅད་གསལ་བར་བྱེད་པས་ཉི་མ་ 1-1-93 གཟུགས་གསལ་བར་བྱེད་པ་དང༌། ཆོས་སྐུ་མཐོང་བའི་གེགས་ཀྱི་གཉེན་པོར་གྱུར་པས་ཉི་མ་ མུན་པའི་གཉེན་པོ་བྱེད་པ་དང་ཆོས་མཐུན་ནོ། ། གཉིས་པ་ལ་གཉིས། ལམ་ཉིད་གཏན་ལ་དབབ་པ། དེ་ཡིས་སྤང་བྱ་སྤོང་ཚུལ་ལོ། །དང་ པོ་ལ་གཉིས། ལམ་གྱི་དོན། ལམ་གྱི་རྟེན་ནོ། །དང་པོ་ལ་བཞིའི། དང་པོ་མཚན་ཉིད་ནི། བྱང་ ཆུབ་ཏུ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་ལོ། །བྱེ་བྲག་ཉན་ཐོས་དང༌། རང་རྒྱལ་དང༌། ཐེག་ཆེན་ གྱི་ལམ་གྱི་མཚན་ཉིད་ནི། ཉན་ཐོས་ཀྱི་བྱང་ཆུབ་དང༌། རང་རྒྱལ་གྱི་བྱང་ཆུབ་དང༌། བྱང་ཆུབ་ ཆེན་པོར་ཞེས་སྦྱར་རོ། ། གཉིས་པ་དབྱེ་བ་ནི། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ ལམ་སྟེ་ལྔའོ། ། གསུམ་པ་དབྱེ་དོན་ལ་ལྔ་འདིར་དང་པོ་ཚོགས་ལམ་ནི། སོ་སོའི་སྐྱེ་བོས་སོ་ཐར་སོགས་ སྡོམ་པ་བླངས་ནས་ཏེ་སྐྱོང་བའི་ཐབས་ཏེ། མངོན་པ་ཀུན་ལས་བཏུས་སུ། ཚོགས་ཀྱི་ལམ་ གང་ཞེ་ན་སོ་སོ་སྐྱེ་བོའི་ཚུལ་ཁྲིམས་དང་དབང་པོའི་སྒོ་གདམས་[བསྡམས]པ་དང༌། ཟས་ཀྱི་ ཚོད་ཤེས་པ་དང༌། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་པར་རྣལ་འབྱོར་ལ་བརྩོན་ པ་དང་ཤེས་བཞིན་དུ་གནས་པར་མངོན་པར་དགའ་བའོ། །གང་ཡང་རྒྱུར་གྱུར་པའི་དགེ་བ་ གཞན་དང་ཐོས་པ་ལས་བྱུང་བ་དང་བསམ་པ་ལས་བྱུང་བ་དང་བསྒོམས་པ་ལས་བྱུང་བའི་ ཤེས་རབ་ཀྱང་རུང་སྟེ། ཞེས་པས་ཐོས་བསམ་ལས་བྱུང་བ་གཙོ་ཆེ་ལ་བསྒོམས་བྱུང་ཡང་ཕལ་ པའི་ཚུལ་དུ་ཡོད་དོ། །དབྱེ་བ་དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བཞི། རྫུ་འཕྲུལ་རྐང་ བཞི་རྣམས་བསྒོམ་པ་ཆུང་འབྲིང་ཆེན་པོ་གསུམ་མོ། །མཚན་ཉིད་ནི། བྱང་ཆུབ་ཏུ་བགྲོད་པའི་ གོ་སྐབས་ཕྱེ་ཤུལ་གང་ཞིག་ཐར་པ་ཆ་མཐུན་གྱི་ངོ་བོར་གྱུར་པའོ། །ཐེག་པ་སོ་སོ་ལ་ནི་སྔར་ བཞིན་སྦྱར་ཏེ་འོག་མ་རྣམས་ལ་ཡང་ངོ༌། ། 1-1-94 གཉིས་པ་སྦྱོར་ལམ་ནི། སྔར་གྱི་ཚོགས་ལམ་དེ་དང་ངེས་འབྱེད་བཞི་སྟེ། དེར། སྦྱོར་བའི་ ལམ་གང་ཞེ་ན་ཚོགས་གང་ཡིན་པ་སྦྱོར་བའང་དེ་ཡིན་ནོ། །སྦྱོར་བ་ཡིན་ལ་ཚོགས་མ་ཡིན་ པའང་ཡོད་དེ། ཚོགས་བསགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ རྣམས་ཏེ། ཞེས་སོ། ། དབྱེ་ན་དབང་པོ་ལྔ་བསྒོམ་པ་དྲོད་རྩེ་མོ་གཉིས་དང༌། སྟོབས་ལྔ་བསྒོམ་པ་བཟོད་པ་ཆོས་ མཆོག་གཉིས་ཏེ་བཞིའོ། །བཞི་པོ་དེའི་དོན་ཡང༌། མདོ་སྡེ་རྒྱན་དུ། དེ་ནས་དེ་འདྲར་གྱུར་པ་ ཡི། །བྱང་ཆུབ་སེམས་དཔར་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པར། །དོན་ ཀུན་རབ་ཏུ་མི་མཐོང་ངོ༌། །ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར༌། །བརྩོན་འགྲུས་བརྟན་པ་རྟག་ ཏུ་རྩོམ། །ཆོས་ཀྱི་སྣང་བས་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་གྱུར། །དེ་ནས་ དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་མཐོང་བར་གྱུར། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་ པར་གཡེང་བ་དེས་སྤོངས་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ ཞིག་ལུས། །དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་མཇུག་ ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང༌། །དེ་དག་གོ་རིམ་བཞིན་དུ་ནི། །དྲོ་བར་ གྱུར་སོགས་ཡིན་ཤེས་བྱ། །ཞེས་པས། བྱང་སེམས་སེམས་མཉམ་པར་བཞག་པས་ཕྱིའི་དོན་ ཐམས་ཅད་མི་མཐོང་གི་ཡིད་ཀྱིས་བརྗོད་པ་ཉིད་རང་མཚན་དང་སྤྱི་མཚན་དུ་མཐོང་བ་ནི་ དྲོད་དེ། བདེན་པ་རྣམས་ལ་ཡེ་ཤེས་ཅུང་ཟད་སྣང་བས་སྣང་བ་ཐོབ་པ་ཞེས་ཀྱང་བྱའོ། །དེ་ ཆོས་ཀྱི་སྣང་བ་སེལ་བའི་ཕྱིར་བསྒོམ་པ་ལ་བརྩོན་འགྲུས་བརྟན་པོ་རྩོམ་པ་རྩེ་མོ་སྟེ། བདེན་ པ་རྣམས་ལ་ཡེ་ཤེས་འབྲིང་ཙམ་དུ་སྣང་བས་སྣང་བ་མཆེད་པའོ། །ཆོས་ཀྱི་སྣང་བ་འཕེལ་ ནས་དོན་དུ་སྣང་བ་ཐམས་ཅད་སེམས་སུ་ཟད་དོ་ཞེས་སེམས་ཙམ་ལ་གནས་པས་གཟུང་ བའི་རྣམ་གཡེང་སྤངས་ཏེ་འཛིན་པའི་རྣམ་གཡེང་འབའ་ཞིག་ལུས་པ་བཟོད་པ་སྟེ། བདེན་ 1-1-95 པ་རྣམས་ལ་ཡེ་ཤེས་ཤིན་ཏུ་གསལ་བར་སྣང་ལ། གཟུང་བའི་གཡེང་བ་སྤོངས་པས་ཕྱོགས་ གཅིག་ལ་ཞུགས་པ་དང་འཛིན་པ་མེད་པར་རྟོག་པ་དང་མཐུན་པས་རྗེས་སུ་སོང་པའི་ཏིང་ ངེ་འཛིན་ནི་ཞེས་ཀྱང་བྱའོ། །དེ་ནས་འཛིན་པའི་རྣམ་གཡེང་ཡང་སྤངས་པ་བདེན་པ་རྣམས་ ལ་ཡེ་ཤེས་ཀྱི་སྣང་བ་རྫོགས་པ་ནི་ཆོས་མཆོག་སྟེ་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་ཀྱང་ བྱའོ། །མཚན་ཉིད་ཀྱང་ཕྱེ་ཤུལ་གང་ཞིག་ངེས་འབྱེད་ཆ་མཐུན་གྱི་ངོ་བོར་གྱུར་པའོ། ། གསུམ་པ་མཐོང་ལམ་ལ་གཉིས། ངོ་བོ་རྩོད་སྤོང་ངོ༌། །དང་པོ་ནི་འཇིག་རྟེན་ཆོས་མཆོག་ གི་མཇུག་ཏུ་བྱུང་བ་མི་དམིགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པ་ སྟེ། ཀུན་བཏུས་སུ། མཐོང་བའི་ལམ་གང་ཞེ་ན། མདོར་བསྡུ་ནས་འཇིག་རྟེན་པའི་ཆོས་ཀྱི་ མཆོག་གི་མཇུག་ཐོགས་སུ་མི་དམིགས་པའི་ཏིང་ངེ་འཛིན་དང་ཤེས་རབ་དང་མཚུངས་པར་ ལྡན་པ་དང་བཅས་པ་སྟེ། ཞེས་སོ། །དབྱེ་ན་བཅུ་དྲུག་སྟེ། བདེན་བཞི་ལ་ཆོས་ཤེས་པའི་བཟོད་ པ་དང་ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པ་བཞི་བཞིའོ། །དེ་ དག་གི་དོན་ཡང་སྡུག་བདེན་མངོན་སུམ་དུ་མཐོང་བའི་ཟག་མེད་ཀྱི་ཤེས་པས་སྡུག་བསྔལ་ མཐོང་སྤང་སྤོང་བ་ཆོས་བཟོད། དེའི་རྗེས་ལ་མཐོང་སྤང་གི་དག་པ་རྟོགས་པ་ཆོས་ཤེས། དེའི་ རྗེས་ལ་དེ་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་རྟོགས་པའི་ཟག་མེད་ཀྱི་ཤེས་པ་རྗེས་ བཟོད། དེ་ངེས་པར་འཛིན་པའི་ཤེས་པ་རྗེས་ཤེས་སོ། །དེ་བཞིན་དུ་བདེན་པ་གཞན་གསུམ་ ལའང་སྦྱར་ཏེ། དེ་དག་གི་ཆོས་བཟོད་ཆོས་ཤེས་རྣམས་ཀྱིས་གཟུང་བ་རང་བཞིན་མེད་པར་ རྟོགས་ཤིང༌། རྗེས་བཟོད་རྗེས་ཤེས་རྣམས་ཀྱིས་འཛིན་པ་རང་བཞིན་མེད་པར་རྟོགས་སོ། །དེ་ཡང༌། དེར། གང་གིས་སྡུག་བསྔལ་མཐོང་བས་སྤང་པར་བྱ་བའི་ཉོན་མོངས་པ་སྤོང་བ་དེ་ སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །སྡུག་བསྔལ་ལ་ཆོས་ཤེས་པ་གང་ཞེ་ན། ཤེས་པ་གང་གིས་བཟོད་པའི་མཇུག་ཐོགས་སུ་རྣམ་པར་གྲོལ་པ་མངོན་དུ་བྱེད་པའོ། །སྡུག་ 1-1-96 བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་ མཇུག་ཐོགས་སུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་སྡུག་བསྔལ་ལ་ཆོས་ཤེས་པ་ འདི་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་སོ། །རང་ལ་མངོན་དུ་གྱུར་པའི་ཟག་པ་ མེད་པའི་ཤེས་རབ་པོ། །སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་གང་ཞེ་ན། ཤེས་པ་གང་ གིས་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དེ་ངེས་པར་འཛིན་པའོ། །དེ་བཞིན་དུ་བདེན་ པ་ལྷག་མ་རྣམས་ལ་ཡང་བཟོད་པ་དང་ཤེས་པ་རྣམས་ཅི་རིགས་སུ་ཤེས་པར་བྱའོ། །དེ་ལ་ ཆོས་ཤེས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་གཟུང་བ་རྟོགས་སོ། །རྗེས་སུ་རྟོགས་ པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་འཛིན་པ་རྟོགས་སོ། །ཞེས་སོ། །དེས་ན་ལམ་འདི་ ནི་གཟུང་འཛིན་དུ་རྣམ་པར་རྟོག་པ་ཡུལ་དང་བཅས་པ་དང་མཐོང་སྤང་གི་དྲི་མ་མེད་པ་ཡིན་ ཏེ། མདོ་སྡེ་རྒྱན་དུ། དེས་ན་དེས་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་ པར་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་འཐོབ། །ཅེས་སོ། །མཚན་ཉིད་ཀྱང༌། རང་གི་ཟག་མེད་བསྒོམ་ལམ་མ་སྐྱེས་གོང་གི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བྱང་ཆུབ་ ཏུ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་དུ་གྱུར་པའོ། །ཐེག་དམན་གྱི་ནི་ཆོས་ཉིད་སྔར་མ་མཐོང་ གསར་དུ་མངོན་སུམ་གྱིས་མཐོང་བ་ཞེས་དང༌། ཐེག་ཆེན་གྱི་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་ བའི་དོན་དུ་སྔར་མ་མཐོང་གསར་དུ་མངོན་སུམ་གྱིས་མཐོང་བ་ཞེས་སྦྱར་རོ། ། གཉིས་པ་ནི། མཛོད་དུ། མ་མཐོང་མཐོང་ཕྱིར་མཐོང་པའི་ལམ། །ཞེས་པ་ལ་བརྟེན་ ནས། ཆོས་ཉིད་སྔར་མ་མཐོང་མངོན་སུམ་གྱིས་གསར་དུ་མཐོང་མ་ཐག་མཐོང་ལམ་ཡིན་ པར་འདོད་པས། ཆོས་དབྱིངས་ཀུན་འགྲོའི་དོན་དུ་མཐོང་བ་མི་དགོས་སོ་ཞེ་ན། ཐེག་ཆེན་ མཐོང་ལམ་ལ་དེ་ངེས་པར་དགོས་ཏེ། ཐོགས་མེད་ཀྱིས། དེ་ལ་ཇི་སྙེད་ཡོད་པ་ཉིད་ནི་ཤེས་ བྱའི་དངོས་པོ་མཐའ་དག་མཐར་ཐུག་པར་རྟོགས་པའི་འཇིག་རྟེན་ལས་འདས་པའི་ཤེས་ 1-1-97 རབ་ཀྱིས་སེམས་ཅན་ཐམས་ཅད་ལ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་རྣམས་ལ་ཡང་དེ་ བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཉིད་མཐོང་བ་ལས་རིག་པར་བྱའོ། །བྱང་ཆུབ་སེམས་ དཔའི་མཐོང་བ་དེ་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་ཉིད་ལ་སྐྱེ་སྟེ། ཆོས་ཀྱི་དབྱིངས་ ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར་རོ། །ཞེས་གཞུང་འདིའི་འགྲེལ་པར་གསུངས་ཤིང༌། དེས་ན་ཚོགས་སྦྱོར་བས་ཆོས་ཉིད་མཐོང་བ་ཡོད་ཀྱང་དེས་མཐོང་ལམ་མངོན་དུ་མི་འགྱུར་ ཏེ། སྔ་མའི་མཚན་ཉིད་དེ་མེད་པས་སོ། །ཁ་ཅིག་ཚོགས་སྦྱོར་དུ་ཆོས་ཉིད་མཐོང་བ་མེད་པར་ འདོད་པ་རྣམས་ནི་ཟབ་མོའི་མན་ངག་དང་བྲལ་བའི་སྐྱོན་ནོ། ། བཞི་པ་སྒོམ་ལམ་ནི། ས་གཉིས་པ་ལ་སོགས་པ་ལས་ས་དང་པོའི་རྟོགས་པ་མཉམ་རྗེས་ ཀྱི་ཡེ་ཤེས་གཉིས་སྒོམ་པ་སྟེ། མདོ་རྒྱན་དུ། དེ་ནས་འདི་ནི་ལྷག་མ་ཡི། །ས་རྣམས་སྒོམ་པའི་ ལམ་འདི་ལ། །ཡེ་ཤེས་རྣམ་པ་གཉིས་པོ་དག །བསྒོམ་ཕྱིར་རབ་ཏུ་སྦྱོར་བར་བྱེད། །རྣམ་པར་ མི་རྟོག་ཡེ་ཤེས་ནི། །སངས་རྒྱས་ཆོས་ནི་སྦྱོར་བར་བྱེད། །གཞན་ནི་ཇི་བཞིན་རྣམ་འཇོག་པ། །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཅེས་སོ། །དབྱེ་ན་མང་སྟེ། ཀུན་བཏུས་སུ། སྒོམ་ པའི་ལམ་གང་ཞེ་ན། མཐོང་བའི་ལམ་ལས་གོང་དུ་གྱུར་པ་འཇིག་རྟེན་པའི་ལམ་དང་འཇིག་ རྟེན་ལས་འདས་པའི་ལམ་དང༌། ལམ་ཆུང་ངུ་དང་ལམ་འབྲིང་དང་ལམ་ཆེན་པོ་དང༌། སྦྱོར་ བའི་ལམ་དང༌། བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ ལམ་མོ། །ཞེས་སོ། །དེ་ལ་འཇིག་རྟེན་པ་ནི་བསམ་གཏན་བཞི་དང་གཟུགས་མེད་བཞིའོ། །འཇིག་རྟེན་ལས་འདས་པ་ནི། མཐོང་ལམ་གྱི་རྗེས་ཀྱི་བདེན་བཞི་ཤེས་པ་རྣམས་ཏེ་ཆོས་ ཤེས་རྗེས་ཤེས་རྣམས་དང༌། དེ་དག་དང་མཚུངས་ལྡན་གྱི་ཏིང་ངེ་འཛིན་དང་བསམ་གཏན་ བཞི་དང་གཟུགས་མེད་དང་པོ་གསུམ་ཡང་ངོ༌། །གཟུགས་མེད་བཞི་པ་ནི་རྒྱུ་བ་མི་གསལ་ བས་འདས་པ་མེད་དོ། །ལམ་ཆུང་ངུ་ལ་སོགས་པ་གསུམ་ནི་སྒོམ་སྤང་ཆེན་པོའི་ཆེན་པོ་ལ་ 1-1-98 སོགས་པ་དགུའི་སྤོང་བྱེད་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུའོ། །སྦྱོར་བའི་ལམ་ ནི་ལམ་གང་གིས་ཉོན་མོངས་སྤོང་བའོ། །བར་ཆད་མེད་ལམ་ནི་ལམ་གང་གི་འོག་ཏུ་བར་མ་ ཆད་པར་ཉོན་མོངས་སྤོང་བའོ། །རྣམ་གྲོལ་ལམ་ནི་ལམ་གང་གིས་ཉོན་མོངས་པ་སྤངས་ནས་ རྣམ་གྲོལ་མངོན་དུ་བྱེད་པའོ། །ཁྱད་པར་ལམ་ནི། ཉོན་མོངས་ཉོན་མོངས་མིན་པ་ལ་སྦྱོར་བ་ དང་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་སོ། །འདི་དག་རྒྱས་པར་ཀུན་བཏུས་སུ་ གསལ་ལ། བསྡུ་ན་གོང་མ་གཉིས་སུ་ཐམས་ཅད་འདུ་སྟེ། དེ་གཉིས་ཀྱི་ཁྱད་པར་ཡང་ཤེས་ བྱ་ལ་ལེགས་པར་མ་ཞུགས་པ་དང་ཞུགས་པ་དང༌། སྒྲིབ་བཅས་སྒྲིབ་མེད་དང༌། རྟོག་བཅས་ རྟོག་མེད་ཀྱིས་ཤེས་པར་བྱའོ། །མཚན་ཉིད་ཀྱང་བྱང་ཆུབ་ཏུ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་ གང་ཞིག་སྒོམ་སྤང་སྤོང་བའི་གཉེན་པོའོ། །མདོར་ན། མཐོང་ལམ་གྱིས་མཐོང་བ་དེ་རྒྱུན་དུ་ གོམས་པར་བྱེད་པའི་ལམ་མོ། ། ལྔ་པ་མི་སློབ་ལམ་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་གནས་མ་ལུས་པ་གྱུར་ ཏེ་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་སམ་མི་སློབ་པའི་ཆོས་བཅུ་སྟེ། དེར། མཐར་ཕྱིན་པའི་ལམ་ གང་ཞེ་ན། གནས་ངན་ལེན་ཐམས་ཅད་རྒྱུན་བཅད་པ་དང༌། ཕྲད་པའི་ཐོབ་པ་རྣམས་རྒྱུན་ བཅད་པ་དང༌། བྲལ་བའི་ཐོབ་པ་རྣམས་ཐོབ་པའི་ཕྱིར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ ནས་དེ་མ་ཐག་ཏུ་གནས་མ་ལུས་པར་གྱུར་ཏེ་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའོ། །མི་ སློབ་པའི་ཆོས་བཅུ་ཡང་ཡིན་ཏེ་ཞེས་སོ། །དེ་ལ་གནས་ངན་ལེན་ནི་མངོན་པར་བརྗོད་པའི་ གནས་ངན་ལེན་ཀུན་འགྲོ་ལ་སོགས་པ་གཙོ་བོར་ལས་ཉོན་ནོ། །ཕྲད་པའི་ཐོབ་པ་ནི་དེ་དག་ བསགས་པ་སྟེ་དེ་གཉིས་རྒྱུན་བཅད་པ་དང༌། བྲལ་བའི་ཐོབ་པ་ནི་གནས་ངན་ལེན་ཟད་པ་སྟེ་ དེ་ཐོབ་པར་བྱ་བའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་དེ། ཏིང་ངེ་འཛིན་དེ་ཡང་ཚུར་སྒྲིབ་ པས་མི་ཕྱེད་ཅིང་ཕར་སྒྲིབ་པ་འཇོམས་པ་སྒོམ་སྤང་ཆུང་ངུའི་ཆུང་ངུའི་གཉེན་པོར་གྱུར་པ་ 1-1-99 སྦྱོར་ལམ་གྱིས་བསྡུས་པ་དང༌། སྤང་བྱ་ཟད་པར་སྤོང་བ་ཟད་པ་ཤེས་པ་དང༌། སྡུག་བསྔལ་མི་ སྐྱེ་བ་ཤེས་པའི་དངོས་རྒྱུར་གྱུར་པ་བར་ཆད་མེད་ལམ་གྱིས་བསྡུས་པ་ཡིན་ནོ། །མི་སློབ་པའི་ ཆོས་བཅུ་ནི་མི་སློབ་པའི་ཡང་དག་པའི་ལྟ་བ་ལ་སོགས་པ་བརྒྱད་དང་ཡང་དག་པར་རྣམ་པར་ གྲོལ་བ་དང༌། ཡང་དག་པའི་ཤེས་པ་སྟེ། ཚུལ་ཁྲིམས་ལ་སོགས་པ་མི་སློབ་པའི་ཕུང་པོ་ལྔས་ བསྡུས་པའོ། །མཚན་ཉིད་ནི་ཕྱེ་ཤུལ་གང་ཞིག་བསྒོམ་པ་ཡོངས་སུ་རྫོགས་པའོ། ། བཞི་པ་མིང་དོན་ནི། དེ་ཁོ་ན་ཚོལ་པ་ལ་འགྲོ་བའི་གཞི་ཡིན་པས་ལམ། མི་རིགས་པའི་ གཉེན་པོ་ཡིན་པས་རིགས་པ། རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་གི་སེམས་ཕྱིན་ཅི་མ་ལོག་ པར་སྒྲུབ་པས་སྒྲུབ་པ། ཆོས་དབྱིངས་སུ་འགྲོ་བས་ངེས་འབྱིན་ཏེ། དེར། ཅིའི་ཕྱིར་ལམ་གྱི་ མཚན་ཉིད་ཅེས་བྱ་ཞེ་ན། དེ་ཁོ་ནའི་དོན་ཡོངས་སུ་ཚོལ་བའི་ཕྱིར་རོ། །ཅིའི་ཕྱིར་རིགས་པའི་ མཚན་ཉིད་ཅེས་བྱ་ཞེ་ན། ཉོན་མོངས་པའི་གཉེན་པོའི་ཕྱིར་རོ། །ཅིའི་ཕྱིར་སྒྲུབ་པའི་མཚན་ ཉིད་ཅེས་བྱ་ཞེ་ན། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་མཚན་ཉིད་དོ། །ཅིའི་ཕྱིར་ངེས་པར་ འབྱིན་པའི་མཚན་ཉིད་ཅེས་བྱ་ཞེ་ན། རྟག་པའི་གནས་སུ་འགྲོ་བ་ཉིད་ཀྱི་ཕྱིར་རོ་ཞེས་སོ། ། གཉིས་པ་ལ་གཉིས་ཀྱི་དང་པོ་ལུས་ཀྱི་རྟེན་ནི། ཚོགས་ལམ་དང་པོར་སྐྱེ་བ་མི་དང་འདོད་ ལྷ་རིགས་དྲུག་ལ་སྐྱེ་སྟེ། མདོར། དེ་ཚེ་ལྷ་མི་སྟོང་ཕྲག་བརྒྱ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ། །ཞེས་སོ། །སྐྱེས་ཟིན་གནས་པའི་རྟེན་ཡང་གཞན་དོན་གྱི་དབང་གིས་ངན་སོང་གི་བརྟེན་ ལའང་རུང་ངོ༌། །སྦྱོར་ལམ་དང་པོ་གསུམ་གླིང་གསུམ་གྱི་མི་ལ་སྐྱེ་ཞིང་སྐྱེས་ཟིན་གནས་པ་ འདོད་ལྷ་ལའང་ཡོད་ལ། ཆོས་མཆོག་དང་མཐོང་ལམ་མི་དང་འདོད་ལྷ་གཉིས་ཀ་ལ་གསར་ དུ་སྐྱེར་རུང་ངོ༌། །སྒོམ་ལམ་ཁམས་གསུམ་ཀ་ལ་རྟེན་སྲིད་ལ་ཁ་ཅིག་གཟུགས་མེད་ལ་མི་རྟེན་ པར་འདོད་དོ། །མི་སློབ་ལམ་གྱི་ལོངས་སྐུ་ནི་གཟུགས་ཀྱི་རྟེན་ལ་སྐྱེ་ལ། མཆོག་གི་སྤྲུལ་སྐུ་ནི་ མི་སྐྱེས་པ་ཁོ་ན་རྟེན། སྤྲུལ་སྐུ་ཕལ་པ་ནི་གདུལ་བྱའི་དབང་གིས་སྣ་ཚོགས་ལ་རྟེན་ནོ། ། 1-1-100 གཉིས་པ་སེམས་ཀྱི་རྟེན་ནི། ཚོགས་ལམ་ཐོས་བསམ་གཙོ་ཆེ་བས་འདོད་སེམས་ལ་ བརྟེན་པ་གཙོ་ཆེ་ཞིང༌། སྦྱོར་མཐོང་གཉིས་ནི་བསྒོམས་བྱུང་ཡིན་པས་བསམ་གཏན་དང་པོའི་ ཉེར་བསྡོགས་དང་དངོས་གཞི་ཙམ་པོ་དང་དངོས་གཞི་ཁྱད་པར་ཅན་དང་བསམ་གཏན་ལྷག་ མ་གསུམ་སྟེ་དྲུག་ལ་རྟེན་ནོ། །འདོད་སེམས་རྣམ་གཡེང་ཆེ་བ་དང་གཟུགས་མེད་ལྷག་མཐོང་ ཆུང་བས་མི་རྟེན་ནོ། །སྒོམ་ལམ་ནི་བསམ་གཏན་ས་དྲུག་དང་གཟུགས་མེད་དང་པོ་གསུམ་ ལ་རྟེན་གྱི། འདོད་པ་དང་སྲིད་རྩེ་ལ་མི་རྟེན་པར་འཕགས་པ་གྲོལ་སྡེ་བཞེད་པ་འཐད་པར་ མངོན་ནོ། །རྟེན་འདི་དག་ནི་ཐེག་པ་གཉིས་ཀྱི་ལུགས་བསྡོམས་ནས་འཐད་པ་རྣམས་བཀོད་ དོ། ། གཉིས་པ་ལ་གཉིས་ཀྱི་དང་པོ་སྤང་བྱ་ངོས་བཟུང་བ་ལ་གཉིས་ཀྱི་དང་པོ་སྤྱིར་ལམ་ རྣམས་ཀྱི་སྤང་བྱ་ནི། ཀུན་འབྱུང་ལས་དང་ཉོན་མོངས། ཉོན་སྒྲིབ་དང་ཤེས་སྒྲིབ་པོ། །དེ་ལ་ ལས་ནི་གཉིས་ཏེ་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ནི་སེམས་པའི་ལས་སོ། །དེ་ ལ་དབྱེ་ན་འདོད་པའི་བདེ་འགྲོའི་རྒྱུ་བསོད་ནམས་དང་ངན་འགྲོའི་རྒྱུ་བསོད་ནམས་མིན་པ་ དང་ཁམས་གོང་མའི་རྒྱུ་མི་གཡོ་བའི་ལས་ཏེ་གསུམ་མོ། །སྒོ་གསུམ་གྱི་ལས་མི་དགེ་བཅུ་དང་ ཟག་བཅས་ཀྱི་དགེ་བཅུ་ནི་བསམ་པའི་ལས་སོ། །ཉོན་མོངས་ནི་མཐོང་སྒོམ་གྱི་སྤང་བྱ་འོག་ ཏུ་འཆད་པ། ཤེས་སྒྲིབ་ནི་འཁོར་གསུམ་དུ་རྟོག་པའོ། ། གཉིས་པ་བྱེ་བྲག་མཐོང་སྒོམ་གྱི་སྤང་བྱ་ནི། ཉན་ཐོས་ཀྱི་ལྟར་ན་མཐོང་སྤང་གྱ་བརྒྱད་ དེ། འདོད་ཁམས་ན་སྡུག་བསྔལ་མཐོང་སྤང་འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ་ཐེ་ ཚོམ་ལྟ་བ་སྟེ་རྩ་ཉོན་དྲུག་གི་ལྟ་བ་ལ། འཇིག་ཚོགས་སུ། མཐར། ལོག་པར། ལྟ་བ་མཆོག་ཏུ་ འཛིན་པའི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྟེ་ལྔར་ཕྱེ་བས་བཅུ། ཀུན་འབྱུང་འགོག་པ་ལ་ལྟ་བ་དང་པོ་གཉིས་དང་ཐ་མ་བོར་བས་བདུན་བདུན། ལམ་ལ་ལྟ་བ་ 1-1-101 དང་པོ་གཉིས་བོར་བས་བརྒྱད་དེ། མཛོད་དུ། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་ གསུམ་གཉིས་མ་གཏོགས་སོ། །ཞེས་སོ། །ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་དེ་དག་ དགུ་དང་དྲུག་དྲུག་བདུན་དུ་འགྱུར་བས་ཉེར་བརྒྱད་པ་གཉིས་སོ། །ཐེག་ཆེན་ལྟར་ན་འདོད་ ཁམས་ན་བདེན་བཞི་ལ་བཅུ་བཅུ་སྟེ་བཞི་བཅུ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་ བདེན་བཞི་ལ་དགུ་དགུ་སྟེ་སོ་དྲུག་པ་གཉིས་ཏེ་བརྒྱ་དང་བཅུ་གཉིས་སོ། །སྒོམ་སྤང་ལ་ཉན་ ཐོས་ལྟར་ན། ཁམས་གསུམ་གྱི་འདོད་ཆགས་ང་རྒྱལ་མ་རིག་པ་དགུ་དང་འདོད་པའི་ཁོང་ཁྲོ་ སྟེ་བཅུ། ཐེག་ཆེན་ལྟར་ན། དེའི་སྟེང་དུ་འཇིག་ལྟ་དང་མཐར་འཛིན་གཉིས་ཁམས་གསུམ་ གྱི་ཕྱེ་བས་དྲུག་གོ །དེ་ལ་འདོད་ཁམས་དང་བསམ་གཏན་བཞི་དང་གཟུགས་མེད་བཞི་སྟེ་ ཁམས་གསུམ་ས་དགུ་ལ་ཆེན་པོའི་ཆེན་པོ་ལ་སོགས་པ་དགུས་ཕྱེ་བས་ཁོང་ཁྲོ་མ་གཏོགས་ ལྔ་ལ་གྱ་གཅིག་སྟེ་འདོད་ཁམས་ཀྱི་ཁོང་ཁྲོ་དགུ་སྟེ། བཞི་བརྒྱ་དང་བཅུ་བཞིའོ། །རྒྱས་པར་ མངོན་པ་གོང་འོག་གཉིས་སུ་གསུངས་ཏེ་འདིར་ནི་གྲངས་ཙམ་མོ། ། གཉིས་པ་དེ་ཉིད་སྤོང་བའི་ཚུལ་ནི། ཀུན་བཏུས་སུ། སྤོང་བ་གང་ཞེ་ན། ཇི་ལྟར་སྤོང་བ་ དང་ཡིད་ལ་བྱེད་པ་ཅི་འདྲ་བ་དང༌། གང་ཞིག་གང་ལས་སྤོང་བའོ། །ཇི་ལྟར་སྤོང་ཞེ་ན་ཡོངས་ སུ་ཤེས་པ་དང་ཡོངས་སུ་སྤོང་བ་དང་གཉེན་པོ་བརྙེད་པས་སོ། །ཡོངས་སུ་ཤེས་པ་གང་ཞེ་ན། དེའི་གཞིའི་དངོས་པོ་ཡོངས་སུ་ཤེས་པ་དང་ངོ་བོ་ཉིད་ཡོངས་སུ་ཤེས་པ་དང་ཉེས་དམིགས་ ཡོངས་སུ་ཤེས་པའོ། །ཡོངས་སུ་སྤོང་བ་གང་ཞེ་ན། འབྱུང་པར་གྱུར་པ་དང་དུ་མི་ལེན་པའོ། །གཉེན་པོ་རྙེད་པ་གང་ཞེ་ན། མ་སྐྱེས་པ་སྤང་བའི་ཕྱིར་ལམ་རྙེད་པ་གང་ཡིན་པའོ། །ཡིད་ལ་ བྱེད་པ་ཅི་འདྲ་བས་སྤོང་ཞེ་ན། འདྲེས་པ་ལ་དམིགས་པས་སྤོང་སྟེ་ཆོས་ཐམས་ཅད་བདག་ མེད་པ་ཞེས་བྱའོ། །ཞེས་པས་རིགས་འདྲ་སྔ་མས་བཞག་པའི་བག་ལ་ཉལ་མ་སྤངས་པ་དང༌། སྡུག་མི་སྡུག་ཏུ་སྣང་བའི་ཡུལ་ཉེ་བ་དང༌། མི་གཙང་བ་ལ་གཙང་འཛིན་སོགས་ཚུལ་བཞིན་མ་ 1-1-102 ཡིན་པའི་ཡིད་བྱེད་དེ་ཉོན་མོངས་ཀྱི་རྒྱུ་ཤེས་པ། ཉོན་མོངས་ཀྱི་ངོ་བོ་མ་ཞི་བར་ཤེས་པ་དང་ འབྲས་བུ་བདག་གཞན་ལ་གནོད་པ་སོགས་ཉེས་དམིགས་ཤེས་ནས་ཉོན་མོངས་སྐྱེས་པ་དང་ དུ་མི་ལེན་ཞིང་མ་སྐྱེས་པ་སྤང་བའི་ཕྱིར་གཉེན་པོ་བརྟེན་ཏེ་བདག་མེད་དུ་ཤེས་པས་སྤོང་ངོ༌། །གཉེན་པོ་དེ་ཡང༌། སྤང་བྱ་ལ་ཉེས་དམིགས་སུ་ལྟ་བ་རྣམ་པར་སུན་འབྱིན་པ་གཉེན་པོ་དང༌། སྦྱོར་བ་དང་བར་ཆད་མེད་ལམ་སྤོང་བ་གཉེན་པོ་དང༌། རྣམ་གྲོལ་གྱི་ལམ་རྟེན་གཉེན་པོ་དང༌། དེའི་གོང་མའི་ལམ་ཐག་བསྲིངས་པ་གཉེན་པོ་སྟེ་བཞིར་ཀུན་བཏུས་སུ་གསུངས་སོ། །དེ་ཡང་ མཐོང་སྒོམ་གྱིས་སྤང་བྱ་མངོན་གྱུར་མི་སྤོང་སྟེ་འདས་པ་འགགས་མ་འོངས་པ་མ་སྐྱེས་པས་ མེད་ལ། ད་ལྟར་བ་ཡེ་ཤེས་དང་མཉམ་དུ་མི་འཇུག་པས་སོ། །དེས་ན་ས་བོན་སྤོང་བ་ཡིན་ནོ། །དེ་ཡང་དེར། གང་ཞིག་གང་ལས་སྤོང་ཞེ་ན། འདས་པ་ནི་འགགས་པའི་ཕྱིར་མ་ཡིན་ནོ། །མ་ འོངས་པ་ནི་མ་བྱུང་པའི་ཕྱིར་མ་ཡིན་ནོ། །ད་ལྟར་བྱུང་བ་ནི་ལམ་དང་མཉམ་དུ་མི་འཇུག་པའི་ ཕྱིར་མ་ཡིན་ནོ། །ཞེས་སོ། །དེའང་བདེན་བཞིའི་ཆོས་བཟོད་བཞི་སྐྱེས་པས་མཐོང་སྤང་བཞི་ གཅིག་ཆར་སྤོང་ལ། ལམ་སྐྱེ་བ་དང་དུས་མཉམ་དུ་ས་བོན་སྤོང་ངོ༌། །སྒོམ་སྤང་ནི་སྒོམ་ལམ་ དགུ་དང་དེ་རེ་རེའང་ཆ་དུ་མར་ཕྱེ་ནས་རིམ་གྱིས་སྤོང་སྟེ་བསྡུ་བར། ཉོན་མོངས་ཐམས་ཅད་ གཅིག་ཆར་སྤོང་བར་རིག་པར་བྱའོ་ཞེས་དང༌། སྒོམ་པས་སྤང་བར་བྱ་བ་ནི་རིམ་གྱིས་སྤོང་ བར་རིག་པར་བྱ་སྟེ། ལམ་གོམས་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་སོ། །ས་བོན་ གང་གི་གཉེན་པོ་དེ་སྐྱེ་བ་དང་སྤང་བྱ་འགག་པ་དུས་མཉམ་གྱི་གཉེན་པོ་སྐྱེས་ནས་གདོད་སྤང་ བྱ་སྤོང་བ་ནི་མ་ཡིན་ཞིང༌། ས་བོན་བཅོམ་པས་ཕྱིས་རྐྱེན་དང་ཕྲད་ཀྱང་མི་སྐྱེ་བ་ནི་སྤངས་ པའི་དོན་ཏེ། ཀུན་བཏུས་སུ། གཉེན་པོའི་རྣམ་པ་དེ་འབྱུང་བ་དང༌། གནས་ངན་ལེན་གྱི་རྣམ་ པ་དེ་འགག་པ་ནི་མཉམ་པས་མཉམ་པ་སྟེ་སྣང་བ་དང་མུན་པ་འབྱུང་བ་དང་འགག་པ་བཞིན་ ནོ། །གནས་ངན་ལེན་གྱི་རྣམ་པ་དང་བྲལ་བས་མ་འོངས་པ་ན་ཉོན་མོངས་པ་མི་སྐྱེ་བའི་ཆོས་ 1-1-103 ཅན་དུ་གནས་པ་དེ་ནི་སྤོང་བའོ། །ཞེས་སོ། ། གསུམ་པ་ཡོན་ཏན་གཉིས་ལྡན་དགེ་འདུན་བསྟན་པ་ལ་གསུམ་གྱི་དང་པོ་བསྟོད་པའི་ སྒོ་ནས་མདོར་བསྟན་པ་ནི། གཤིས་ལ་གནས་པ་དོན་གྱི་སེམས་འདི་རང་བཞིན་གྱིས་འོད་ གསལ་བས་ན་མུན་པ་མེད་པར་གཟིགས་པའི་ཕྱིར་དང༌། གློ་བུར་བ་ཉོན་མོངས་པ་རྣམས་ གདོད་ནས་ངོ་བོ་ཉིད་ཀྱིས་མེད་པར་གཟིགས་པས་རྒྱུ་བྱས་ཏེ། རྒྱལ་སྲས་གང་དག་འགྲོ་ བ་ཀུན་ལ་རྟག་ཏུ་བཞུགས་པའི་ཁམས་ཆོས་དང་གང་ཟག་གི་བདག་མེད་པ་ཡང་དག་པའི་ མཐའ་སྤྲོས་པ་གདོད་ནས་ཞི་བའི་བདེ་གཤེགས་སྙིང་པོ་མངོན་སུམ་དུ་ཡང་དག་པར་རྟོགས་ པ་ཇི་ལྟ་བ་བཞིན་ཡོད་པ་གཟིགས་པ་དང༌། དེ་རྟོགས་ནས་སེམས་ཅན་ཐམས་ཅད་ལ་རྟོགས་ པའི་སངས་རྒྱས་ཆོས་སྐུ་དྲི་བཅས་ཀྱི་གནས་སྐབས་རྗེས་སུ་ཞུགས་པར་གཟིགས་པ་ཇི་སྙེད་ ཡོད་པ་སྟེ། གཟིགས་པ་གཉིས་ལ་ཆགས་པ་དང་ཐོགས་པའི་སྒྲིབ་པ་མེད་པའི་བློ་ཤེས་རབ་ མངའ་བའི་སེམས་ཅན་རྣམ་པར་དག་པ་རྒྱལ་སྲས་ཆོས་དབྱིངས་མཐའ་ཡས་པའི་ཡུལ་ཅན་ གྱི་ཡེ་ཤེས་ཀྱི་གཟིགས་པ་རྣམ་དག་གཉིས་མངའ་བ་དེ་ལ་འདུད་དོ། ། གཉིས་པ་དེ་ཉིད་ཕྱེ་སྟེ་རྒྱས་པར་བཤད་པ་ནི། ཇི་ལྟ་བ་བཞིན་དང་ཇི་སྙེད་པ་གཟིགས་ པའི་ནང་གི་ནི་ཡེ་ཤེས་ཀྱི་གཟིགས་པ་དག་པ་སྔར་བསྟན་པ་དེ་དང་ལྡན་པའི་ཕྱིར། བློ་ལྡན་ བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཚོགས་རྣམས་ནི་བླ་ན་མེད་པའི་ཡོན་ཏན་དང་ལྡན་ པ་ཉིད་དོ། །དེ་ལ་ཇི་ལྟ་བ་ནི་འགྲོ་བ་ལ་བཞུགས་པའི་ཁམས་དེ་བདག་གཉིས་མེད་པ་སྤྲོས་ པ་ཞི་བའི་ཆེད་དུ་རྟོགས་པའི་ཕྱིར་ཇི་ལྟ་བ་ཉིད་གཟིགས་པ་ཡིན་ལ་དེའི་རྒྱུ་ཡང༌། སེམས་རང་ བཞིན་གྱིས་ནི་ཡོངས་སུ་དག་ཅིང་འོད་གསལ་བར་གཟིགས་པའི་ཕྱིར་དང༌། དེའི་གློ་བུར་ ཉོན་མོངས་རྣམས་གདོད་ནས་ཟད་ཅིང་མེད་ལ་འགགས་པར་གཟིགས་པའི་ཕྱིར་རོ། །འདིར་ རང་བཞིན་འོད་གསལ་གྱི་སེམས་དང༌། དེའི་ཉོན་མོངས་པ་གཉིས་ནི་དགེ་བ་དང་མི་དགེ་ 1-1-104 བ་ཡིན་པས་གཅིག་རྒྱུ་བ་ན་གཉིས་པ་མཚམས་སྦྱོར་བ་མེད་ཀྱང་གཅིག་ལ་གཅིག་གནས་པ་ འདི་ནི། ཟག་མེད་ཀྱི་དབྱིངས་ལ་རྟོགས་པར་དཀའ་བའི་གནས་ཏེ། དཔལ་ཕྲེང་གི་མདོར། བཅོམ་ལྡན་འདས་དགེ་བའི་སེམས་ནི་སྐད་ཅིག་མ་སྟེ་དེ་ནི་ཉོན་མོངས་པ་དག་གིས་ཉོན་ མོངས་པར་མི་འགྱུར་རོ། །མི་དགེ་བའི་སེམས་སྐད་ཅིག་མ་སྟེ། སེམས་དེ་ནི་ཉོན་མོངས་པ་ དག་གི་ཉོན་མོངས་པ་མ་ལགས་པ་ཉིད་དོ། །བཅོམ་ལྡན་འདས་ཉོན་མོངས་པ་ནི་སེམས་ལ་ མི་རེག་ལ་སེམས་ཉོན་མོངས་པ་ཡང་མ་ལགས་ན། བཅོམ་ལྡན་འདས་འདི་ལ་ཇི་ལྟར་རེག་ པའི་ཆོས་ཅན་མ་ལགས་པའི་སེམས་ཉོན་མོངས་པར་འགྱུར། བཅོམ་ལྡན་འདས་ཉེ་བའི་ཉོན་ མོངས་པ་ནི་མ་མཆིས་ལ་ཉེ་བར་ཉོན་མོངས་པར་འགྱུར་བའི་སེམས་ནི་མཆིས་སོ། །བཅོམ་ ལྡན་འདས་དེ་ལྟར་ལགས་མོད་ཀྱི་རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་ཀྱི་ཉེ་བའི་ ཉོན་མོངས་པའི་དོན་ནི་རྟོགས་པར་དཀའ་འོ། །ཞེས་སོ། །དེ་ལ་དགེ་བའི་སེམས་སྐད་ཅིག་ མ་ཞེས་པ་ནི་འདུས་མ་བྱས་ཀྱི་སྐད་ཅིག་མའོ། །མི་དགེ་བའི་སེམས་ཉོན་མོངས་པས་ཉོན་ མོངས་པར་མི་འགྱུར་ཞེས་པ་ནི་རང་ལ་རང་གིས་བྱེད་པ་འགལ་བ་ལ་དགོངས་སོ། །ཇི་སྙེད་ པ་གཟིགས་པ་ནི་ཤེས་བྱའི་དངོས་པོ་མཐའ་དག་མཐར་ཐུག་པར་རྟོགས་པ་འཇིག་རྟེན་ལས་ འདས་པའི་བློ་ཤེས་རབ་ཀྱིས། ཐམས་ཅད་མཁྱེན་པའི་ཆོས་ཉིད་བདེ་གཤེགས་སྙིང་པོ་ནི། ཐ་ན་དུད་འགྲོ་དང་དམྱལ་བ་ཡང་རུང་སྟེ་སེམས་ཅན་ནོ་ཅོག་ཐམས་ཅད་ལ་ཡོད་པར་མཐོང་ བའི་ཕྱིར། ཆོས་ཉིད་ཇི་སྙེད་ཡོད་པ་གཟིགས་པ་ཉིད་དོ། །གཟིགས་པ་འདི་ཡང་ས་དང་པོར་ འབྱུང་སྟེ་ཆོས་དབྱིངས་ཀུན་འགྲོར་མཐོང་བ་མཐོང་ལམ་གྱི་དོན་ནོ། །དེ་ལྟར་ཇི་ལྟ་ཇི་སྙེད་ གཟིགས་པ་གཉིས་ཀྱིས་འཕགས་པའི་ལམ་རྟོགས་པ་གང་ཡིན་པ་དེ་ནི། འཕགས་པའི་སོ་སོ་ རང་རིག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་མཐོང་བ་ཉིད་ཡིན་ནོ། །མཐོང་བ་དེ་ ཡང་གདོད་ནས་དྲི་མ་མེད་པའི་དབྱིངས་སྙིང་པོ་ལ་ཇི་ལྟ་བ་བཞིན་གཟིགས་པས་ཁམས་ཀྱི་ངོ་ 1-1-105 བོ་ལ་ཆགས་པ་མེད་པ་དང༌། ཇི་སྙེད་པ་གཟིགས་པས་ཤེས་བྱ་ཐམས་ཅད་ཀྱི་ཡུན་ཡིན་པའི་ ཕྱིར་སྙིང་པོའི་མཐའ་ལ་ཐོགས་པ་མེད་པའི་ཕྱིར་ཉི་ཙེ་བའི་ཡེ་ཤེས་ཀྱིས་མཐོང་བ་ལ་ལྟོས་ ནས་ཡེ་ཤེས་དེ་རྣམ་པར་དག་པ་ཡིན་ནོ། ། གསུམ་པ་དགེ་འདུན་སྐྱབས་སུ་འཇོག་པའི་རྒྱུ་མཚན་ནི། དེ་ལྟར་ཡེ་ཤེས་གཟིགས་པ་ དེ་དག་པ་ཡིན་པས་ན་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་དང་ཉེ་བའི་ཕྱིར་ཚུལ་ཁྲིམས་ལ་ སོགས་པའི་ཡོན་ཏན་ལས་མཆོག་ཏུ་གྱུར་པ་དེ་དང་ལྡན་པས་བྱང་སེམས་འཕགས་པ་ཕྱིར་མི་ ལྡོག་པའི་དགེ་འདུན་ནི་ལུས་ཅན་ཀུན་གྱི་སྐྱབས་སུ་འཐད་པ་ཡིན་ནོ། །འདིར་ཉན་ཐོས་ཀྱི་ དགེ་འདུན་ནི་མཆོད་འོས་མིན་པས་སྐྱབས་སུ་མི་འོས་ཏེ་གཞན་ཕན་གྱི་བསམ་པ་རྣམ་པར་མ་ དག་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱི་ཟླ་བ་ཉ་བ་དང་ཉེ་བར་གྱུར་པའི་རྒྱལ་སྲས་ཀྱི་ཟླ་ བ་ཚེས་པ་དོར་ནས། ཉི་ཙེ་བའི་ཡེ་ཤེས་ཀྱི་སྣང་བ་ཅན་སྐར་མ་ལྟ་བུའི་ཉན་ཐོས་ལ་སུ་ཞིག་ ཕྱག་བྱེད་པར་འགྱུར། དེ་ཡང་དབང་བཅུ་ལགས་པའི་ཡོན་ཏན་ལྟ་ཞོག་སེམས་དང་པོ་བསྐྱེད་ པའི་རྒྱལ་སྲས་ཀྱིས་ཀྱང་ཉན་ཐོས་ཆེན་པོ་ཟག་མེད་ཀྱི་ཚུལ་ཁྲིམས་དག་པའི་མཐར་ཕྱིན་ པ་ཡང་ཟིལ་གྱིས་གནོན་པས་ཡོན་ཏན་གྱི་ཁྱད་ཞུགས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། གང་ ཞིག་ཚུལ་ཁྲིམས་བདག་དོན་བྱེད་པས་རྣམ་རྒྱས་ཤིང༌། །ཚུལ་ཁྲིམས་འཆལ་པའི་སེམས་ཅན་ རྣམས་ལ་བརྩེ་བྲལ་བ། །བདག་ཉིད་རྒྱས་བྱེད་ཚུལ་ཁྲིམས་ནོར་གྱིས་རབ་དག་པ། །འཕགས་ པ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་མི་བརྗོད། །གང་ཞིག་གཞན་ལ་མཆོག་ཏུ་སྙིང་རྗེ་བསྐྱེད་ ནས་ནི། །ཚུལ་ཁྲིམས་ཡང་དག་བླངས་པ་བྱས་ཏེ་མེ་རླུང་དང༌། །ཆུ་དང་ས་བཞིན་གཞན་དག་ ཉེ་བར་འཚོ་བྱེད་པ། །དེ་ནི་ཁྲིམས་ལྡན་གཞན་གྱི་དེ་ཡི་གཟུགས་བརྙན་ཡིན། །ཞེས་སོ། ། གཉིས་པ་སྐྱབས་གསུམ་སྟོན་པའི་རྒྱུ་མཚན་བཤད་པ་ནི། སྟོན་པ་སངས་རྒྱས་དང་ བསྟན་པ་ཆོས་དང་སློབ་མ་དགེ་འདུན་གྱི་ཡོན་ཏན་བསྟན་པའི་དོན་གྱིས་དང༌། སངས་རྒྱས་ 1-1-106 དོན་དུ་གཉེར་བར་ཞུགས་པ་བྱང་ཆུབ་སེམས་དཔའི་ཐེག་པ་བ་དང་རང་ཉིད་རྟེན་འབྲེལ་ ཟབ་མོ་རྟོགས་པའི་ཕྱིར་ཞུགས་པ་རང་རྒྱལ་གྱི་ཐེག་པ་བ་དང༌། གཞན་ལས་ཐོས་པའི་སྒྲ་ རྗེས་སུ་རྟོགས་པའི་ཕྱིར་ཞུགས་པ་ཉན་ཐོས་ཀྱི་ཐེག་པ་བ་སྟེ་ཐེག་པ་གསུམ་གྱི་གང་ཟག་གི་ དོན་དང༌། སངས་རྒྱས་སོགས་ལ་བྱ་བ་བྱེད་པ་གསུམ་ལ་མོས་པ་རྣམས་ཀྱི་དབང་དུ་བྱས་ ནས་སྐྱབས་གནས་གསུམ་དུ་རྣམ་པར་གཞག་པ་ཡིན་ཏེ། མདོར་ན་དོན་གསུམ་གྱིས་གང་ ཟག་དྲུག་གི་དབང་དུ་བྱས་ནས་སྐྱབས་གསུམ་བསྟན་པ་འདི་ནི་ཀུན་རྫོབ་ཀྱི་རྟེན་ལ་གནས་ པས་སེམས་ཅན་རྣམས་ཐེག་པ་ལ་རིམ་གྱིས་གཞུག་པའི་དོན་དུ་བསྟན་པ་དྲང་དོན་ཡིན་ནོ། ། གསུམ་པ་ངེས་དོན་སྐྱབས་གནས་གཅིག་ཏུ་བཤད་པ་ནི། ངེས་པའི་དོན་དུ་ན་ཆོས་དང་ དགེ་འདུན་གཉིས་སྐྱབས་མ་ཡིན་ཏེ། ཆོས་ལ་ལུང་དང་རྟོགས་པ་གཉིས་ལས་ལུང་ནི་ལམ་ མངོན་པར་རྟོགས་པ་ན་ཆུར་བརྒལ་ཟིན་གྱི་གཟིངས་བཞིན་དུ་ས་ལ་དོར་བར་བྱ་བ་ཡིན་པའི་ ཕྱིར་རོ། །རྟོགས་པ་ལ་ལམ་དང་འགོག་པ་གཉིས་ལས་ལམ་ནི་འདུས་བྱས་ཡིན་པས་བརྫུན་ པ་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །འགོག་པ་ནི་ཐེག་ཆེན་ཚུལ་གྱི་འགོག་པ་སྡུག་ཀུན་ འགགས་པའི་གཞི་ཆོས་དབྱིངས་སྐྱབས་ཡིན་ཡང་ཉན་ཐོས་ཀྱི་ཚུལ་གྱིས་མར་མེ་རྒྱུན་ཆད་ པ་བཞིན་དུ་སྡུག་ཀུན་མེད་ཙམ་གྱི་མེད་དགག་ལ་འདོད་པས་དེ་ནི་མེད་པ་ཡིན་པའི་ཕྱིར་རོ། །དགེ་འདུན་ནི་ཐེག་པ་གསུམ་ལ་གནས་པའི་ཚོགས་ཏེ། དེ་དག་ཀྱང་རྟག་ཏུ་འཇིགས་པ་དང་ བཅས་པས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ངེས་པར་འབྱུང་བ་ཚོལ་བ་སློབ་པ་བྱ་བ་དང་ བཅས་པ་བྱང་ཆུབ་བསྒྲུབ་པ་ལ་ཞུགས་པ་ཡིན་པའི་ཕྱིར་རོ། །འཇིགས་པ་དང་བཅས་པ་ཅི་ ཞེ་ན། དགྲ་བཅོམ་ཡང་སྲིད་སྤངས་པ་རྣམས་ཀྱང་བག་ཆགས་མ་སྤངས་པས་འདུ་བྱེད་ཐམས་ ཅད་ལ་རལ་གྲི ་གདེངས་བཞིན་པའི་གཤེད་མ་བཞིན་དུ་འཇིགས་ཏེ། སེམས་ཅན་འཇིགས་ པས་འཇིགས་ནས་སྐྱབས་ཚོལ་བ་ལྟར། དེ་དག་ཀྱང་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོ་ 1-1-107 བའི་ཕྱིར་རོ། །དེས་ན་འཇིགས་པ་ལས་ངེས་པར་འབྱུང་བ་ཚོལ་ལོ། །ཚོལ་བའི་ཕྱིར་འཇིགས་ པའི་གཞི་སྤང་བའི་དོན་དུ་སློབ་པ་བྱ་བ་དང་བཅས་པའོ། །དེས་ན་འཇིགས་པ་མེད་པའི་བྱང་ ཆུབ་ཐོབ་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །དེའི་ཕྱིར། ལུང་དང་རྟོགས་པའི་ཆོས་རྣམ་པ་ གཉིས་དང་ཐེག་པ་གསུམ་གྱི་འཕགས་པའི་ཚོགས་དགེ་འདུན་རྣམས་ངེས་དོན་མཐར་ཐུག་ པ་གཏན་གྱི་སྐྱབས་གནས་མཆོག་མ་ཡིན་ནོ། །ཆོས་ཀྱི་དབྱིངས་དམ་པའི་དོན་དུ་སྟེ་དོན་དམ་ པར་འགྲོ་བ་སེམས་ཅན་པའི་སྐྱབས་གནས་མཐར་ཐུག་པ་ནི་སངས་རྒྱས་ཆོས་སྐུ་ཉག་གཅིག་ ཉིད་ཡིན་ཏེ། སྒོ་གསུམ་གྱི་ཉེས་པ་ཐུབ་པ་སྐྱེ་འགག་མེད་པའི་ཆོས་སྐུ་ནི་ལམ་དང་འགོག་པའི་ ཆོས་མཐར་ཐུག་པའི་སྐུ་ཅན་ཡིན་པའི་ཕྱིར་དང༌། ཐེག་པ་གསུམ་གྱི་ཚོགས་ཀྱང་ཆོས་སྐུ་དེ་ཡི་ མཐར་ཐུག་པ་ཐོབ་པས་མཐར་ཕྱིན་པར་འགྱུར་པ་ཡིན་པའི་ཕྱིར་ཏེ། མདོར་ན་ཆོས་དང་དགེ་ འདུན་མཐར་ཐུག་པ་སངས་རྒྱས་ཆོས་སྐུ་རྟོགས་པ་ཡིན་ཞེས་པའི་དོན་ནོ། །དེས་ན་འཇིག་ རྟེན་ན་ཕྱི་མའི་མཐར་ཡང་མི་ཟད་པ་རྟག་པ་གཡུང་དྲུང་དོན་དམ་པའི་སྐྱབས་ནི་སངས་རྒྱས་ ཆོས་སྐུ་གཅིག་པུ་ཉིད་དེ། དཔལ་འཕྲེང་གི་མདོར། ཀྱེ་འཇིག་རྟེན་ལ་ཕན་པའི་ཕྱིར་ཆོས་ མི་ཟད་པ་དང་ཆོས་རྟག་པ་དང་ཆོས་བརྟན་པ་དང་སྐྱབས་ཀྱི་སེམས་ཅན་ཨ་ལ་ལ་ཞེས་འཆི་ བ་དག་ཀྱང་དེ་བཞིན་གཤེགས་པ་ཉིད་ལ་ཡང་དག་པར་སྨྲ་བས་སྨྲ་བ་ལགས་སོ། །བཅོམ་ ལྡན་འདས་དེ་ལྟར་ལགས་པས་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ནི་སྐྱབས་མ་མཆིས་པ་དང་སྐྱོབ་པ་མ་མཆིས་པའི་འཇིག་རྟེན་ ན་ཕྱི་མའི་མཐར་ཐུག་པར་སྐྱབས་མི་ཟད་པ་དང་སྐྱབས་རྟག་པ་དང་སྐྱབས་བརྟན་པ་ལགས་ སོ། བཅོམ་ལྡན་འདས་ཆོས་ཞེས་བགྱི་བ་འདི་ནི་ཐེག་པ་གཅིག་གི་ལམ་བསྟན་པའི་ཚིག་བླ་ དྭགས་སོ། །བཅོམ་ལྡན་འདས་དགེ་འདུན་ཞེས་བགྱི་བ་འདི་ནི་ཐེག་པ་གསུམ་པའི་ཚོགས་ ཀྱི་ཚིག་བླ་དྭགས་སོ། །བཅོམ་ལྡན་འདས་སྐྱབས་འདི་གཉིས་ནི་དེའི་ཡན་ལག་གི་སྐྱབས་ 1-1-108 ཞེས་བགྱི་སྟེ་སྐྱབས་ཀྱི་རབ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས་ཐེག་པ་ གཅིག་གི་ལམ་བསྟན་པའི་ཆོས་ཀྱང་ཆོས་ཀྱི་སྐུ་རྟོགས་པའི་མཐའ་ལགས་ཏེ། བཅོམ་ལྡན་ འདས་དེའི་ཕ་རོལ་ན་ཐེག་པ་གཅིག་གི་ལམ་བསྟན་པའི་ཆོས་ཀྱིས་ནི་བགྱི་བ་ཅི་ཡང་མ་ མཆིས་སོ། །བཅོམ་ལྡན་འདས་ཐེག་པ་གསུམ་པའི་ཚོགས་ཀྱང་འཇིགས་པ་དང་བཅས་པས་ དེ་བཞིན་གཤེགས་པ་ལ་སྐྱབས་སུ་མཆི་བ་དང་འབྱུང་བའི་ཐབས་ཚོལ་བ་དང་སློབ་པ་བགྱི་ བ་དང་བཅས་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་ལགས་ སོ། །བཅོམ་ལྡན་འདས་དེ་ལྟར་ན་སྐྱབས་འདི་གཉིས་ནི་སྐྱབས་ཀྱི་རབ་མ་ལགས་ཏེ། དུས་ ཀྱི་མཐའ་མཆིས་པའི་སྐྱབས་ལགས་སོ། །ཞེས་དང༌། བཅོམ་ལྡན་འདས་སྐྱབས་སུ་མཆིས་པ་ གཉིས་ནི་ཡང་དག་པར་ན་དེ་བཞིན་གཤེགས་པ་ལ་སྐྱབས་སུ་མཆིས་ཞེས་བགྱི་བའི་མཐའ་ ལགས་པར་ཁོང་དུ་ཆུད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་ཡང་གཞན་མ་ལགས་སྐྱབས་ཉིད་ཀྱང་གཞན་མ་ལགས་ཏེ་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་ཉིད་སྐྱབས་གསུམ་ལགས་སོ། །ཞེས་སོགས་རྒྱས་པར་གསུངས་པ་མདོ་ ཉིད་ལས་ཤེས་པར་བྱའོ། ། བཞི་པ་དཀོན་མཆོག་གསུམ་གྱི་ངེས་ཚིག་བཤད་པ་ནི། རཏྣ་ཞེས་པའི་སྒྲ་ནི་རིན་པོ་ཆེ་ དང་དཀོན་མཆོག་གཉིས་ཀ་ལ་འཇུག་པས། འདི་གཉིས་ཆོས་མཐུན་པ་དྲུག་གིས་ཆོས་མཐུན་ པས་དཀོན་མཆོག་ཏེ། འབྱུང་བ་དཀོན་པར་མཐུན་པ་ནི་དགེ་བ་མ་བསགས་པ་རྣམས་བསྐལ་ པ་མང་པོར་ཡང་དེ་དང་མི་འཕྲད་པའི་ཕྱིར་དང༌། དྲི་མ་མེད་པར་མཐུན་པ་ནི་ཐམས་ཅད་དྲི་ མ་དང་བྲལ་བའི་ཕྱིར་དང༌། མཐུ་དང་ལྡན་པར་མཐུན་པ་ནི་མངོན་ཤེས་དྲུག་ལ་སོགས་པ་ ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་དང༌། འཇིག་རྟེན་གྱི་རྒྱན་དུ་གྱུར་པར་ མཐུན་པ་ནི་འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགེ་བའི་རྒྱུ་ཡིན་པའི་ཕྱིར་དང༌། རིན་པོ་ཆེ་ 1-1-109 བརྙན་མ་ལས་མཆོག་ཉིད་དུ་གྱུར་པ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་དང༌། བསྟོད་སྨད་ ལ་སོགས་པས་འགྱུར་བ་མེད་པར་མཐུན་པ་ནི་འདུས་མ་བྱས་ཡིན་པའི་ཕྱིར་དཀོན་མཆོག་ ཉིད་ཅེས་བྱའོ། ། གཉིས་པ་ལ་གཉིས། ཐེག་པ་ཐུན་མོང་གི་སྐྱབས་འགྲོ་རྒྱས་པར་བཤད་པ། ཐེག་ཆེན་གྱི་ སྐྱབས་སུ་འགྲོ་ཚུལ་བཤད་པའོ། ། དང་པོ་དྲུག་གི་སྐྱབས་འགྲོའི་སྐྱབས་ཡུལ། དང་པོ་སྐྱབས་འགྲོའི་སྐྱབས་ཡུལ་ནི། སྐྱབས་གསུམ་བདུན་ཅུ་པར། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པར་འདོད་པ་རྣམས་ཀྱི་སྐྱབས། །ཞེས་པས་དཀོན་ མཆོག་གསུམ་ཡིན་ལ། ཉན་ཐོས་ལྟར་ན་མཛོད་དུ། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང༌། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་དང༌། ཐེག་ཆེན་གྱི་ ངེས་དོན་ལྟར་ན། སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་པ་ལྟར་རོ། ། གཉིས་པ་སྐྱབས་འགྲོ་ཚུལ་ལ་གསུམ་གྱི་དང་པོ་རྒྱུ་རྐྱེན་ནི། སྡུག་བསྔལ་གྱི་འཇིགས་པ་ དང༌། དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་དད་པས་འགྲོ་སྟེ། མདོ་རྒྱལ་མཚན་དམ་པར། འཇིགས་པས་ཉེན་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང༌། །ལྗོན་ཤིང་སོགས་ ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་མཆོག་གྱུར་མ་ཡིན་ཏེ། །སྐྱབས་དེ་ལ་ནི་བརྟེན་ནས་ནི། །སྡུག་ བསྔལ་ཀུན་ལས་མི་གྲོལ་ཏེ། །གང་ཚེ་གང་ཞིག་སངས་རྒྱས་དང༌། །ཆོས་དང་དགེ་འདུན་ལ་ སྐྱབས་སོང༌། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་སོ། ། གཉིས་པ་ངོ་བོ་ནི། དཀོན་མཆོག་གསུམ་ལ་འབྲས་བུ་དང་རྒྱུར་དམ་འཆའ་བ་སྟེ། དེའང་ གཞན་རྒྱུད་ལ་གྲུབ་ཟིན་གྱི་དཀོན་མཆོག་ལ་སྟོན་པ་དང་ལམ་དང་གྲོགས་ཀྱི་རྒྱུར་འཛིན་པ་ རྒྱུའི་དང༌། རང་ལ་འབྱུང་འགྱུར་ལ་འབྲས་བུར་འཛིན་པ་འབྲས་བུའི་སྐྱབས་འགྲོའོ། ། གསུམ་པ་དུས་མཚམས་ནི། ཉན་ཐོས་ཇི་སྲིད་འཚོའི་བར་དུ་འགྲོ་ལ། ཐེག་ཆེན་པ་བྱང་ 1-1-110 ཆུབ་མ་མཆིས་ཀྱི་བར་དུ་འགྲོའོ། ། གསུམ་པ་བསླབ་བྱ་ལ་གཉིས་ཀྱི་དང་པོ་ཐུན་མོང་གི་བསླབ་བྱ་ནི། སྐྱེས་བུ་དམ་པ་དང་ འགྲོགས་པ་དང༌། དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱ་བ། ཆོས་ཀྱི་རྗེས་སུ་ མཐུན་པའི་ཆོས་བསྒྲུབ་པ་སྟེ་བཞིའོ། །དབང་པོའི་སྒོ་བསྡམས་པ། སེམས་ཅན་ལ་སྙིང་བརྩེ་ བ། དཀོན་མཆོག་མཆོད་པ་ལ་བརྩོན་པ། སྡོམ་པ་ཅི་ནུས་སུ་བསྟེན་པའོ། ། གཉིས་པ་སོ་སོའི་བསླབ་བྱ་ནི། མྱང་འདས་ཆེན་པོར། གང་ཞིག་སངས་རྒྱས་སྐྱབས་འགྲོ་ བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་ན། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་ འདུན་ལ་ཡང་སྐྱབས་སོང་བས། །མུ་སྟེགས་ཅན་ལ་ཕྱག་མི་བྱ། །ཞེས་དང༌། བདུན་ཅུ་པར། དགེ་བསྙེན་དུ་ནི་དམ་བཅས་ནས། །སྐྱབས་གསུམ་པོ་རྣམས་བསྲུང་བར་བྱ། །མུ་སྟེགས་ གཞན་ལ་གུས་པ་དང༌། །ཕྱག་དང་མཆོད་པ་རྣམས་མི་བྱ། །ཞེས་སོ། །རྒྱས་པར་དྲག་ཤུལ་ ཅན་གྱིས་ཞུས་པ་ལ་སོགས་པའི་མདོ་ལས་ཤེས་པར་བྱའོ། ། བཞི་པ་དབྱེ་བ་ནི། ཉན་ཐོས་སོགས་ཀྱི་ནི་ཐུན་མོང་བ་དང༌། ཐེག་ཆེན་གྱི་ཐུན་མོང་མ་ ཡིན་པ་སྟེ་གཉིས་དང༌། སྔར་བསྟན་པ་རྒྱུ་འབྲས་ཀྱི་གཉིས་དང༌། དཀོན་མཆོག་ལ་ཤེས་ནས་ དད་པ་བརྟན་པ་དང་དེ་ལས་གཞན་མི་བརྟན་པ་སྟེ་གཉིས་དང༌། འཇིགས་སྐྱོབས་ལེགས་ སྨོན་གྱི་ནི་གནས་སྐབས་ཀྱི་དང་ངེས་འབྱུང་གི་ནི་མཐར་ཐུག་གི་སྐྱབས་འགྲོ་སྟེ། དེ་ལྟར་ གཉིས་ཚན་གྱི་དབྱེ་བ་བཞིའོ། ། ལྔ་པ་སྒྲ་དོན་ནི། གནས་སྐབས་དང་མཐར་ཐུག་གི་མི་མཐུན་ཕྱོགས་ལས་སྐྱོབ་པས་ན་ སྐྱབས་ཡིན་ཏེ། མདོ་རྒྱན་དུ། རྟག་ཏུ་ཉོན་མོངས་ཚོགས་ཀུན་དང༌། །ཤེས་པར་སྤྱོད་པ་ཐམས་ ཅད་དང༌། །རྒ་དང་འཆི་བ་དག་ལས་ཀྱང༌། །སངས་རྒྱས་ཉིད་ནི་ཡོངས་སུ་སྐྱོབ། །འཚེ་བ་ 1-1-111 དག་ནི་ཐམས་ཅད་དང༌། །ངན་སོང་དང་ནི་ཐབས་མིན་དང༌། །འཇིགས་ཚོགས་ཐེག་པ་ དམན་དགའ་བས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་ཉོན་མོངས་དང་ལས་དང་སྐྱེ་བའི་ ཉོན་མོངས་དང༌། འོན་ལོང་སོགས་འཚེ་བ་དང༌། ངན་སོང་གསུམ་དང༌། ཐབས་མིན་པ་མུ་ སྟེགས་དང༌། འཇིགས་ཚོགས་ཕུང་པོའི་འཆིང་བ་ཅན་དང༌། ཐེག་དམན་རིགས་མ་ངེས་པ་ རྣམས་ལས་སྐྱོབ་པས་སངས་རྒྱས་སུ་བཤད་པ་བཞིན་ནོ། །འགྲོ་བ་ནི་མི་མཐུན་ལས་སྒྲོལ་ བའི་དཔུང་གཉེན་ཞུ་བར་བསྙེན་ཏེ་སོང་བའོ། ། དྲུག་པ་ཕན་ཡོན་ལ་གཉིས། མཐར་ཐུག་གི། གནས་སྐབས་ཀྱི་ཕན་ཡོན་ནོ། །དང་པོ་ ནི། སངས་རྒྱས་ལ་སྐྱབས་སུ་སོང་བས་འཚང་རྒྱ། ཆོས་ལ་སོང་བས་ཆོས་འཁོར་བསྐོར། དགེ་ འདུན་ལ་སོང་བས་དགེ་འདུན་གྱི་འཁོར་ཐོབ་པོ། ། གཉིས་པ་ལ་ལྔའི་དང་པོ་སྡོམ་པའི་རྒྱུ་བྱེད་པ་ནི། མཛོད་དུ། བསྙེན་གནས་ཀུན་ལ་ཡོད་ མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་དང༌། བདུན་ཅུ་པར། གསུམ་ལ་སྐྱབས་འགྲོའི་ དགེ་བསྙེན་ནི། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་སོ། །གཉིས་པ་གནོད་པའི་ཚོགས་བསྲུང་ བ་ནི། ལས་ཉོན་དང་འཚེ་བ་ལ་སོགས་པ་ལས་སྲུང་བ་སྔར་བསྟན་པའོ། ། གསུམ་པ་འདོད་པའི་དོན་སྦྱོར་བ་ནི། མདོ་རྒྱན་དུ། འཇིག་རྟེན་ཇི་སྲིད་སེམས་ཅན་གྱི། །གནོད་དང་ཕུན་སུམ་ཚོགས་པ་ཀུན། །བཟློག་ཅིང་འབྱོར་པར་བྱ་བའི་ཕྱིར། །སངས་རྒྱས་ སྐྱབས་ཆེན་ཉིད་དུ་འདོད། །ཅེས་སོ། ། བཞི་པ་དམ་ཆོས་ཀྱི་སྒོར་གྱུར་པ་ནི། རྒྱ་ཆེར་རོལ་པར། གསུམ་པ་སྐྱབས་སུ་འགྲོ་བ་ནི་ ཆོས་སྣང་བའི་སྒོ་སྟེ། ཞེས་སོ། །ལྔ་པ་དམ་པའི་ཁྱུར་ཆུད་པ་ནི། སངས་རྒྱས་ཀྱི་འཁོར་དུ་ཆུད་ ཅིང་ལོག་པར་མོས་པའི་སྐྱོན་མེད་པའོ། ། གཉིས་པ་ལ་གསུམ་སྐྱབས་འགྲོའི་རང་བཞིན། ཁྱད་པར། ཕན་ཡོན། དང་པོ་ནི། མདོ་ 1-1-112 རྒྱན་དུ། འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་རྗེ་ལས་རིག་བྱ། །དེ་ལས་རྣམ་ པ་ཀུན་མཁྱེན་ཕན་དང་བདེ་བྱེད་དཀའ་ལ་སྐྱོ་བ་མེད། །ངེས་པར་འབྱུང་བ་ཐེག་པ་ཀུན་གྱིས་ སྟོན་པའི་ཡོན་ཏན་རྟག་ཏུ་ལྡན། །བརྡ་དང་ཆོས་ཉིད་ཐོབ་པ་བློ་ལྡན་རྣམས་ཀྱི་སྐྱབས་འགྲོ་ འདི་མཆོག་ཡིན། །ཞེས་ཏེ། སངས་རྒྱས་ཉིད་འདོད་པས་སྐྱབས་སུ་ཁས་ལེན་པ་ངོ་བོ་དང་ སྙིང་རྗེ་ལས་བྱུང་བ་རྒྱུ་དང༌། རྣམ་མཁྱེན་ཐོབ་པ་འབྲས་བུ་དང༌། སེམས་ཅན་ལ་ཕན་བདེ་ བྱེད་ཅིང་དཀའ་སྤྱད་ལ་མི་སྐྱོ་བ་བྱེད་ལས་དང་ངེས་པར་འབྱུང་བར་བྱ་བ་ལ་ཐེག་པ་ཐམས་ ཅད་ཀྱིས་རྟོན་པའི་ཡོན་ཏན་ཡོད་པ་ལྡན་པ་དང༌། རགས་པ་བརྡ་ལས་བྱུང་བ་དང༌། ཕྲ་བ་ ཆོས་ཉིད་ཀྱིས་ཐོབ་པ་དབྱེ་བ་སྟེ་ཆོས་དྲུག་ལྡན་ནོ། ། གཉིས་པ་ནི། དེར། ཀུན་ཏུ་འགྲོ་དང་ཁས་ལེན་རྟོགས་དང་ཟིལ་གནོན་པར། །དབྱེ་ བའི་རང་བཞིན་དོན་རྣམ་བཞི་ཡི་ཁྱད་པར་གྱིས། །ཐེག་པ་མཆོག་ཕྱིར་དཀོན་མཆོག་སྐྱབས་ རབ་སོང་བ་གང༌། །དེ་ཉིད་སྐྱབས་སུ་སོང་བ་རྣམས་ཀྱི་མཆོག་ཅེས་བྱ། །ཞེས་ཏེ། སེམས་ ཅན་ཐམས་ཅད་བསྒྲལ་བར་ཞུགས་པ་དང༌། ཐེག་པ་གསུམ་ལ་མཁས་པ་དང༌། བདག་མེད་ གཉིས་ལ་མཁས་པ་དང༌། འཁོར་འདས་རོ་གཅིག་པས་རིམ་པ་ལྟར་སེམས་ཅན་དང་ཐེག་པ་ དང་ཡེ་ཤེས་དང་མྱང་འདས་ཀུན་འགྲོ་སྟེ་བཞིའོ། །སངས་རྒྱས་ཁོ་ན་དོན་དུ་གཉེར་པ་སྨོན་ ལམ་དང༌། སྐྱོ་བ་མེད་པར་དཀའ་བ་སྤྱོད་པ་སྒྲུབ་པ་དང༌། སངས་རྒྱས་ཀུན་དང་མཉམ་པ་ ཐོབ་པ་ཐོབ་པའི་ཁྱད་པར་ཏེ་ཁས་ལེན་གྱི་ཁྱད་པར་གསུམ་མོ། །ཆོས་འདི་ལ་མོས་པའི་ཚེ་ བསོད་ནམས་ཆེན་པོ་དང༌། སེམས་བསྐྱེད་པའི་དུས་ན་སྲིད་པ་གསུམ་གྱི་བླ་མ་དང༌། བསམ་ བཞིན་དུ་སྐྱེ་བ་འཛིན་པ་ན་སྲིད་པའི་བདེ་བ་དང༌། མངོན་པར་རྟོགས་པའི་དུས་ན་སྡུག་ བསྔལ་ཞི་བ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་བློ་མཆོག་གི་བདེ་བ་དང༌། སངས་ རྒྱས་པ་ན་ཆོས་སྐུ་ཐོབ་པ་སྟེ་རྟོགས་པའི་ཁྱད་པར་དྲུག་གོ །འཇིག་རྟེན་པའི་དགེ་བ་རྒྱ་ཆེ་བ་ 1-1-113 དང༌། འཇིག་རྟེན་ལས་འདས་པའི་དོན་ཆེ་བ་དང༌། སེམས་ཅན་སྨིན་པར་བྱེད་པས་ཚད་མེད་ པ་དང༌། དབང་འབྱོར་པས་མི་ཟད་པ་སྟེ་ཉན་ཐོས་རྣམས་ཟིལ་གྱིས་གནོན་པའི་ཁྱད་པར་ དགེ་བ་བཞིའོ། །དེ་ལྟར་ཀུན་འགྲོ་ལ་སོགས་པ་བཞིས་ཐེག་ཆེན་གྱི་སྐྱབས་འགྲོ་མཆོག་ཡིན་ ནོ། ། གསུམ་པ་ནི། དེར། སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེན་དེས། །དེ་ནི་ཚད་མེད་ཡོན་ ཏན་ཚོགས་འཕེལ་འགྱུར། །འགྲོ་བ་འདི་ལ་སྙིང་རྗེའི་བསམ་པས་ཁྱབ། །མཚུངས་མེད་ འཕགས་ཆེན་ཆོས་ཀྱང་རྒྱས་པར་བྱེད། །ཅེས་ཏེ། ཡོན་ཏན་དཔག་མེད་འཕེལ་བ་རང་དོན། བསམ་པ་སྙིང་རྗེས་ཁྱབ་པ་དང་སྦྱོར་བ་ཐེག་ཆེན་གྱི་ཆོས་རྒྱས་པར་བྱེད་པ་གཞན་དོན་གྱི་ ཕན་ཡོན་ནོ། ། གཉིས་པ་ལ་བཞི། ཁམས་སོགས་གནས་བཞི་བསམ་མི་ཁྱབ་ཚུལ། གནས་བཞི་ཤེས་བྱ་ ཐམས་ཅད་བསྡུ་བ། གནས་བཞི་སོ་སོར་ཕྱེས་ཏེ་བཤད་པ། ཁམས་སོགས་བཞི་ལ་མོས་པའི་ ཕན་ཡོན་ནོ། ། དང་པོ་ནི། གང་ཡོད་ན་དཀོན་མཆོག་འབྱུང་བའི་རྒྱུ་ནི་བཞི་སྟེ། ཉོན་མོངས་པའི་སྦུབས་ ལས་མ་གྲོལ་བའི་ཁམས་དྲི་མ་དང་བཅས་པའི་དེ་བཞིན་ཉིད་བདེ་གཤེགས་སྙིང་པོ་དང༌། དེ་ ཉིད་སངས་རྒྱས་ཀྱི་སར་གནས་གྱུར་པ་དྲི་མ་མེད་པའི་དེ་བཞིན་ཉིད་སངས་རྒྱས་ཀྱི་ཆོས་སྐུ་ དང༌། དྲི་མ་མེད་པའི་སངས་རྒྱས་དེ་ལ་ཡོད་པ་སྟོབས་ལ་སོགས་པའི་ཡོན་ཏན་དང་ཡོན་ཏན་ དེ་དང་ལྡན་པས་རྒྱལ་སྲས་ལུང་བསྟན་པ་རྒྱུན་མི་འཆད་པར་མཛད་པ་རྒྱལ་བའི་མཛད་པ་ ཕྲིན་ལས་ཏེ་བཞི་པོ་གང་ལས་དཀོན་མཆོག་དགེ་ཞིང་བཟང་བ་གསུམ་འབྱུང་བའི་རྒྱུ་འདི་ ནི། ཤིན་ཏུ་ཟབ་པས་དོན་དམ་ཆོས་ཉིད་མངོན་སུམ་དུ་གཟིགས་པ་སངས་རྒྱས་རྣམས་ཀྱི་ཡེ་ ཤེས་ཀྱི་ཡུལ་ཉིད་ཡིན་གྱི་གཞན་གྱི་ནི་མ་ཡིན་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན་དཀོན་མཆོག་ 1-1-114 གསུམ་པོ་འདི་འབྱུང་བའི་རིགས་ཏེ་རྒྱུ་ཤེས་བྱ་ཐམས་ཅད་གཟིགས་པ་སངས་རྒྱས་རྣམས་ ཀྱི་ཡུལ་དེ་ཡང་སྔར་བསྟན་པ་རྣམ་པ་བཞི་པོ་གོ་རིམ་བཞིན་དུ་འོག་ནས་འབྱུང་བའི་རྒྱུ་བཞི་ ཡིས་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །བཞི་པོ་གང་ཞེ་ན། ཁམས་ནི་བསམ་གྱིས་མི་ ཁྱབ་སྟེ་གདོད་ནས་རྣམ་པར་དག་པ་ཡང་ཡིན་པ་དང་ཉོན་མོངས་གློ་བུར་བ་དང་ལྡན་པ་ཡང་ ཡིན་པའི་ཕྱིར་རོ། །དེ་ཡང་དཔལ་འཕྲེང་དུ། ལྷ་མོ་ཆོས་འདི་གཉིས་ནི་རྟོགས་པར་དཀའ་བ་ སྟེ། སེམས་རང་བཞིན་གྱིས་རྣམ་པར་དག་པ་རྟོགས་པར་དཀའ་བ་དང༌། སེམས་དེ་ཉིད་ཉེ་ བར་ཉོན་མོངས་པ་རྟོགས་པར་དཀའ་བའོ། །ལྷ་མོ་ཆོས་འདི་གཉིས་ཉན་པར་བྱེད་པ་ནི་ཁྱོད་ དམ་ཡང་ན་ཆོས་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ལྷ་མོ་ལྷག་ མ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི། ཆོས་འདི་གཉིས་དེ་བཞིན་གཤེགས་པ་ལ་ དད་པས་རྟོགས་པར་བྱ་བ་ཉིད་དོ། །ཞེས་སོ། །བྱང་ཆུབ་ནི་བསམ་གྱིས་མི་ཁྱབ་སྟེ་སྔར་ཀུན་ ནས་ཉོན་མོངས་པས་གོས་པ་ཡང་མེད་ལ་ཕྱིས་དྲི་མ་དག་པའི་གནས་སྐབས་སུ་གྱུར་པའི་ ཕྱིར་རོ། །དེ་ཡང་མདོར། སེམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ་དེ་ནི་དེ་ཁོ་ན་བཞིན་ ཤེས་སོ། །དེས་ན་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་སོ། །ཡོན་ཏན་ནི་ བསམ་གྱིས་མི་ཁྱབ་སྟེ། མ་དག་པ་སོ་སོ་སྐྱེ་བོའི་ས་ལ་ཡང་ཁམས་དང་རྣམ་པར་དབྱེ་བ་མེད་ པའི་ཆོས་སྔ་ཕྱི་ཁྱད་མེད་དུ་ཡོད་པའི་ཕྱིར་རོ། །དེ་ཡང་སངས་རྒྱས་ཕལ་པོ་ཆེར། གང་ལ་དེ་ བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ ཅན་གྱི་རིས་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་ པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱིས་འཛིན་པ་དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་ པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པ་རབ་ཏུ་འབྱུང་ངོ༌། །ཞེས་དང༌། དར་ཡུག་ 1-1-115 སྟོང་གསུམ་གྱི་ཚད་ཅན་ལ་སྟོང་གསུམ་རྫོགས་པར་བྲིས་པ་རེ་རེ་རྡུལ་རེ་རེར་བཅུག་པ་དེ་ སྐྱེས་བུ་ལྷ་མིག་ཅན་གྱིས་བལྟས་ཏེ་རྡོ་རྗེ་ཕྲ་མོས་རྡུལ་རྣམས་ཕྱེ་ནས་དར་ཡུག་རྣམས་སེམས་ ཅན་གྱི་ཉེ་བར་འཚོ་བར་བྱས་པ་དཔེ་བཀོད་ནས། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་ གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ ཏེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ ཚད་མེད་དོ། །དེ་ལྟ་མོད་ཀྱི་འདུ་ཤེས་ཀྱིས་འཛིན་པས་བཅིངས་པའི་བྱིས་པ་རྣམས་ཀྱིས་དེ་ བཞིན་གཤེགས་པའི་ཡེ་ཤེས་མི་ཤེས་རབ་ཏུ་མི་ཤེས་ཤིང་ཉམས་སུ་མི་མྱོང་མངོན་དུ་མི་བྱེད་ དོ། །དེས་ན་དེ་བཞིན་གཤེགས་པ་ཆགས་པ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ ཆོས་ཀྱི་དབྱིངས་སེམས་ཅན་གྱི་གནས་ཐམས་ཅད་ལ་རྣམ་པར་གཟིགས་ནས་སློབ་དཔོན་ གྱིས་འདུ་ཤེས་སུ་གྱུར་ཏེ། ཀྱེ་མ་མ་ལ་སེམས་ཅན་འདི་དག་ནི་དེ་བཞིན་གཤེགས་པའི་ཡེ་ ཤེས་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་དང་དེ་བཞིན་གཤེགས་པའི་ཡེ་ཤེས་རྗེས་སུ་ ཞུགས་པ་དག་སྟེ། གང་ཡང་ངས་སེམས་ཅན་འདི་དག་ལ་འཕགས་པའི་ལམ་ཉེ་བར་བསྟན་ པས་འདུ་ཤེས་ཀྱིས་བྱས་པའི་འཆིང་བ་མཐའ་དག་བསལ་བར་བྱས་ཏེ། ཇི་ལྟར་རང་ཉིད་ འཕགས་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་འདུ་ཤེས་ཀྱི་འདུད་པ་ཆེན་པོ་བསམ་ནས་དེ་ བཞིན་གཤེགས་པའི་ཡེ་ཤེས་སོ་སོར་མངོན་པར་ཤེས་ཤིང་དེ་བཞིན་གཤེགས་པ་དང་མཉམ་ པ་ཉིད་རྗེས་སུ་ཐོབ་པ་བཞིན་དུ། དེ་དག་ལ་དེ་བཞིན་གཤེགས་པའི་ལམ་བསྟན་པས་འདུ་ ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་བཟློག་པར་བྱེད་དོ། །འདུ་ཤེས་ཀྱིས་བྱས་པའི་ འཆིང་བ་ཐམས་ཅད་ལོག་པ་དག་ལ་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་དེས་ འགྲོ་བ་མཐའ་དག་གི་ཉེ་བར་འཚོ་བར་གྱུར་ཏོ། །ཞེས་པའོ། །ཕྲིན་ལས་ནི་བསམ་གྱིས་མི་ 1-1-116 ཁྱབ་སྟེ། གདུལ་བྱ་ཐམས་ཅད་ལ་ཅིག་ཆར་དུས་ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་རྣམ་པར་ མི་རྟོག་པར། བསམ་པ་དང་གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་མ་ཚང་བ་མེད་ ཅིང་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་རོ། །དེ་ཡང༌། མདོར། སེམས་ཅན་རྣམས་གཞུག་ པའི་དོན་དུ། དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་ཡིན་ཡང་མདོར་བསྡུས་པ་ཙམ་གྱི་ སྒོ་ནས་ཚད་དང་ལྡན་པར་བསྟན་མོད་ཀྱི་རིགས་ཀྱི་བུ་འོན་ཀྱང་དེ་བཞིན་གཤེགས་པའི་ཡང་ དག་པའི་ཕྲིན་ལས་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ་ཚད་མེད་པ་འཇིག་རྟེན་ཐམས་ ཅད་ཀྱིས་ཤེས་པར་བྱ་བ་མ་ཡིན་པ་ཡི་གེས་བརྗོད་དུ་མེད་པ། གཞན་གྱིས་བསྒྲུབ་པ་དཀའ་ བ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གནས་པ། སངས་རྒྱས་ཐམས་ཅད་མཉམ་པ་ཉིད་རྗེས་ སུ་ཐོབ་པ། འབད་རྩོལ་དང་བྱ་བ་ཐམས་ཅད་ལས་འདས་པ། ནམ་མཁའ་དང་མཉམ་པ་ ཉིད་ཀྱིས་རྣམ་པར་རྟོག་པ་མེད་པ། ཆོས་ཀྱི་དབྱིངས་ཀྱི་བྱ་བ་ཉིད་ཀྱིས་ཐ་དད་དུ་དབྱེར་མེད་ པ་ཞེས་དང༌། ནོར་བུ་བཻདཱུརྱ་རྣམ་པར་དག་པ་དཔེར་མཛད་ནས། རིགས་ཀྱི་བུ་རྣམ་གྲངས་ འདིས་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་འཕྲིན་ལས་ནི་བསམ་གྱིས་མི་ཁྱབ་ པ་མཉམ་པ་ཉིད་རྗེས་སུ་ཐོབ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ། དུས་གསུམ་དང་རྗེས་ སུ་འབྲེལ་བ། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱེད་པའོ། །བསམ་གྱིས་མི་ཁྱབ་ པའི་དེ་བཞིན་གཤེགས་པའི་ཕྲིན་ལས་གང་ལ་རབ་ཏུ་ཞུགས་པའི་དེ་བཞིན་གཤེགས་པ་ནི་ སྐུ་ནམ་མཁའི་རང་བཞིན་ཡང་མི་འདོར་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་ཀུན་ཏུ་ སྟོན་ཏོ། །གསུང་བརྗོད་དུ་མེད་པའི་ཆོས་ཉིད་ཀྱང་མི་འདོར་ལ་སྒྲ་རྣམ་པར་རིག་པ་ཇི་ལྟ་བ་ བཞིན་དུ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །སེམས་ཀྱི་དམིགས་པ་ཐམས་ཅད་ཡང་ བྲལ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་བསམ་པ་ཡང་རབ་ཏུ་ཤེས་སོ། །ཞེས་སོ། ། 1-1-117 གཉིས་པ་ནི། ཁམས་ལ་སོགས་པ་བཞི་པོ་འདིས་སྐབས་འདིར་མཁོ་བའི་ཤེས་བྱ་ཐམས་ ཅད་བསྡུས་ཏེ་རྟོགས་པར་བྱ་བའི་གནས་ཁམས་དང༌། དེ་རྟོགས་པའི་གནས་བྱང་ཆུབ་དང༌། བྱང་ཆུབ་དེ་ཡི་ནི་ཡན་ལག་གི་གནས་ཡོན་ཏན་དང་གཞན་གྱི་རྟོགས་པར་བྱེད་པའི་ཡན་ལག་ ཕྲིན་ལས་དང་བཞི་ལས་ཁམས་རྟོགས་པའི་ཕྱིར་དེ་རྟོགས་པའི་ཡན་ལག་ལ་བཞི་པོ་ལས་མི་ མང་མི་ཉུང་སྟེ། དེ་དག་ཀྱང་གོ་རིམ་ཇི་བཞིན་དུ་གནས་དང་པོ་གཅིག་ཁམས་ནི་དེ་རྣམ་པར་ དག་པ་ལ་བརྟེན་ནས་དཀོན་མཆོག་གསུམ་འབྱུང་བས་དག་པར་བྱ་རྒྱུ་སྟེ། འཇིག་རྟེན་ལས་ འདས་པའི་ཆོས་ཀྱི་ས་བོན་ཡིན་པའི་ཕྱིར་རོ། །གནས་ལྷག་མ་གསུམ་ནི་བྱང་ཆུབ་ཐོབ་ནས་ སྟོབས་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་གདུལ་བྱ་དེ་ལ་འགོད་པའི་ཕྲིན་ལས་སུམ་ཅུ་ རྩ་གཉིས་མཛད་པས་ཁམས་དག་པ་ན་དཀོན་མཆོག་གསུམ་འབྱུང་བས་དག་པར་བྱེད་པའི་ རྐྱེན་ཡིན་ནོ། ། གསུམ་པ་ལ་བཞི། དྲི་བཅས་བདེ་གཤེགས་སྙིང་པོ། དྲི་མེད་རྒྱལ་བའི་བྱང་ཆུབ། བྱང་ ཆུབ་དེ་ཡི་ཡོན་ཏན། ཡོན་ཏན་ཅན་གྱི་ཕྲིན་ལས་བསྟན་པའོ། ། དང་པོ་ལ་གཉིས། སྤྱི་དོན་གྱིས་གཞན་གྱི་ལོག་རྟོག་བསལ་བ། གཞུང་དོན་གྱིས་ཐུབ་ པའི་དགོངས་པ་བཤད་པའོ། ། དང་པོ་ལ་ལྔའི་དང་པོ་བདེ་གཤེགས་སྙིང་པོའི་དོན་ལ་ལོག་རྟོག་བསལ་བ་ལ་གསུམ་ གྱི་དང་པོ་ཀུན་གཞི་རྣམ་ཤེས་བདེ་གཤེགས་སྙིང་པོར་འདོད་པ་དགག་པ་ལ་གསུམ་གྱི་དང་པོ་གང་ཞིག་གང་ལས་འཁྲུལ་བའི་འཁྲུལ་གཞི་བསྟན་པ་ནི། ཁ་ཅིག་ན་རེ། ཀུན་གཞིའི་རྣམ་ པར་ཤེས་པ་དང་དེ་བཞིན་གཤེགས་པའི་སྙིང་པོ་གཉིས་གཅིག་ཡིན་ཏེ། ལང་ཀར་གཤེགས་ པར། རྣམ་པར་ཤེས་པ་བརྒྱད་རྣམས་སོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་ པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་དང༌། ཡིད་དང་ཡིད་ཀྱི་རྣམ་པར་ 1-1-118 ཤེས་པ་དང༌། མུ་སྟེགས་ཅན་གྱི་བརྗོད་པའི་རྣམ་པར་ཤེས་པ་འདུས་པ་ལྔ་རྣམས་སོ། །ཞེས་ དང༌། ཀུན་གཞིའི་རྣམ་པར་ཤེས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ་ཡིད་ དང་ལྷན་ཅིག་པ་ཞེས་དང༌། ཀུན་གཞིའི་རྣམ་ཤེས་དམ་པ་ནི། །རྣམ་པར་རིག་སྟེ་ཀུན་གཞི་ ཡང༌། །གཟུང་དང་འཛིན་པ་བྲལ་བའི་ཕྱིར། །དེ་བཞིན་ཉིད་དུ་ངས་བཤད་དོ། །ཞེས་སོགས་ མང་པོ་དང༌། རྒྱན་སྟུག་པོར་ཡང༌། དེ་བཞིན་ཀུན་གཞིའི་རྣམ་པར་ཤེས། །བག་ཆགས་ཀྱིས་ ནི་བཅག་སྟུབས་ཀྱང༌། །རྣམ་དག་སངས་རྒྱས་རིགས་ཡིན་ཏེ། །སངས་རྒྱས་ཉིད་དུ་དེ་གཟུང་ ངོ་། །ཞེས་དང༌། དེ་བཞིན་ཀུན་གཞིའི་རྣམ་ཤེས་པ། །དེ་བཞིན་གཤེགས་པའི་སྙིང་པོའོ། །ཞེས་སོགས་མང་དུ་གསུངས་པས་སོ་ཞེས་ཟེར་རོ། ། གཉིས་པ་འཁྲུལ་པའི་ལུགས་བཞིན་བདེན་ན་ཧ་ཅང་ཐལ་བ་ལ་བརྒྱད། འདུས་མ་བྱས་ དང་འདུས་བྱས་གཅིག་ན། མི་རྟོག་པ་དང་རྟོག་པ་གཅིག་ན། གཞན་གྱི་དབང་དང་ཡོངས་ གྲུབ་གཅིག་ན། སྤང་བྱའི་དོན་དང་ཐོབ་བྱ་གཅིག་ན། ལུང་མ་བསྟན་དང་དགེ་བ་གཅིག་ ན། དམ་པའི་དོན་དང་ཀུན་རྫོབ་གཅིག་ན། འོད་གསལ་བ་དང་མུན་པ་གཅིག་ན། ཉེས་སྐྱོན་ གཞན་ཡང་དཔག་མེད་འབྱུང་བས་ཧ་ཅང་ཐལ་བའོ། །དང་པོ་ནི། ཐོགས་མེད་ཀྱིས་འདིའི་ འགྲེལ་པར། དེ་བཞིན་གཤེགས་པའི་ཁམས་མ་དག་པའི་གནས་སྐབས་ན་ཡང་འཆི་བ་དང་ ན་བ་དང་རྒ་བའི་མེ་གསུམ་པོ་འདི་དག་གིས་མི་འགྱུར་བ་ཉིད་ལས་བརྩམས་ཏེ། འདི་སྐད་ ཅེས་བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་དང་སྐྱེ་བ་ཞེས་བགྱི་བ་འདི་ནི་འཇིག་རྟེན་གྱི་ཐ་ སྙད་དོ། །བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་འདི་ནི་སྲོག་གི་དབང་པོ་འགགས་པ་ལགས་ སོ། །བཅོམ་ལྡན་འདས་སྐྱེ་བ་ཞེས་བགྱི་བ་འདི་ནི་དབང་པོ་སར་པ་རྣམས་ཐོབ་པའོ། །བཅོམ་ ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་སྐྱེ་བ་དང་རྒ་བ་དང་འཆི་བ་དང་ཤི་འཕོས་པ་དང་ སྐྱེས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་ 1-1-119 པོ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་སྟེ་རྟག་པ་བརྟན་པ་གཡུང་དྲུང་ངོ་ཞེས་ གསུངས་སོ་ཞེས་འདུས་བྱས་ལས་འདས་པར་སྟོན་པའི་མདོས་འཐད་ལྡན་དུ་དྲངས་པས་སྙིང་ པོ་འདུས་མ་བྱས་སུ་གྲུབ་པོ། །ཡང་ཐེག་བསྡུས་སུ། ཅིའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ ཞེས་བྱ་ཞེ་ན་སྐྱེ་བ་ཅན་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་འབྲས་བུའི་དངོས་པོར་ དེར་སྦྱོར་བའམ། དེ་ཡང་རྒྱུའི་དངོས་པོར་དེ་དག་ཏུ་སྦྱོར་བའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་ པའོ། །ཞེས་དང༌། ཀུན་གཞིའི་རྣམ་པར་ཤེས་པ་དང་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ དུས་མཉམ་དུ་གཅིག་གི་རྒྱུ་ཉིད་དུ་གཅིག་གྱུར་པར་ཇི་ལྟར་བལྟ་ཞེ་ན། དཔེར་ན་མར་མེའི་མེ་ ལྕེ་འབྱུང་བ་དང་སྙིང་པོ་ཚིག་པ་ཕན་ཚུན་དུས་མཉམ་པ་དང༌། མདུང་ཁྱིམ་ཡང་དུས་མཉམ་ དུ་གཅིག་ལ་གཅིག་བརྟེན་ནས་མི་འགྱེལ་པ་དེ་བཞིན་དུ། འདིར་ཡང་གཅིག་གི་རྒྱུད་ཉིད་དུ་ གཅིག་འགྱུར་བར་བལྟའོ། །ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ ཆོས་རྣམས་ཀྱི་རྒྱུ་ཡིན་པ་དེ་ལྟར་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་ཀུན་གཞི་རྣམ་ པར་ཤེས་པའི་རྒྱུའི་རྐྱེན་དུ་རྣམ་པར་གཞག་སྟེ། རྒྱུའི་རྐྱེན་གཞན་མི་དམིགས་པའི་ཕྱིར་རོ། །ཞེས་པ་ཀུན་གཞི་རྣམ་ཤེས་ཀུན་ནས་ཉོན་མོངས་ཀྱི་ཆོས་དང་ཕན་ཚུན་རྒྱུ་འབྲས་སུ་གྲུབ་ ཅིང་དེས་ན་འདུས་བྱས་སུ་གྲུབ་པས། འདུས་མ་བྱས་དང་འདུས་བྱས་ཀྱི་ཁྱད་པར་ཡོད་པའི་ ཕྱིར་འདི་གཉིས་གཅིག་པ་མི་སྲིད་དོ། ། གཉིས་པ་ནི། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་སུ། རིགས་ཀྱི་བུ་དག་ཇི་ ཙམ་དུ་དོན་འདི་ཤེས་པར་བྱ་བའི་ཕྱིར་འདི་དཔེར་བྱ་སྟེ། བྲག་གཅིག་ཏུ་མཁྲེགས་ཤིང་སྲ་ བ་ཞེས་བྱ་བ་དེ་ནི་འདུ་བྱེད་ཀྱི་རྣམ་པ་ཀུན་ནས་ཉོན་མོངས་པ་དང་གཉིས་ལ་སོ་སོར་གནས་ པའི་ཚིག་བླ་དྭགས་སོ། །འོག་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་ཞེས་བྱ་ བ་དེ་ནི་རྣམ་པར་མི་རྟོག་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ 1-1-120 ཆེའི་གཏེར་ཆེན་པོ་འདོད་པའི་མི་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་ཚིག་བླ་དྭགས་སོ། །གཏེར་ཆེན་པོའི་མངོན་པར་ཤེས་པའི་མི་ཞེས་བྱ་བ་དེ་ནི་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དྭགས་སོ། །བྲག་ཅེས་བྱ་བ་དེ་ནི་རང་བཞིན་མ་རྟོགས་པའི་མཚན་མ་རྣམས་ཀྱི་ཚིག་བླ་དྭགས་སོ། །རྐོས་ ཤིག་ཅེས་བྱ་བ་དེ་ནི་ཡིད་ལ་མི་བྱེད་པའི་ཚིག་བླ་དྭགས་སོ། །དངུལ་དུ་སྣང་བའི་རྡོ་ཞེས་བྱ་བ་ དེ་ནི་གཉེན་པོ་ལ་རྣམ་པར་རྟོག་པའི་མཚན་མ་རྣམས་ཀྱི་ཚིག་བླ་དྭགས་སོ། །གསེར་དུ་སྣང་ བའི་རྡོ་ཞེས་བྱ་བ་དེ་ནི་སྟོང་པ་ཉིད་ལ་སོགས་པ་ལ་རྣམ་པར་རྟོག་པའི་མཚན་མ་རྣམས་ཀྱི་ ཚིག་བླ་དྭགས་སོ། །རིན་པོ་ཆེ་སྣ་ཚོགས་སུ་སྣང་བའི་རྡོ་ཞེས་བྱ་བ་ནི་འཐོབ་པ་ལ་རྣམ་པར་ རྟོག་པའི་མཚན་མ་རྣམས་ཀྱི་ཚིག་བླ་དྭགས་སོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ ཆེན་པོ་ཉིད་ཅེས་བྱ་བ་དེ་ནི་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པའི་ཚིག་བླ་དྭགས་སོ། །རིགས་ཀྱི་བུ་དག་དེ་ལྟར་དཔེ་ཉེ་བར་བཀོད་པ་འདིས་ནི་རྣམ་པར་མི་རྟོག་པའི་དབྱིངས་ལ་ འཇུག་པ་ཁོང་དུ་ཆུད་པར་བྱའོ། །ཞེས་པས་སྙིང་པོ་རྣམ་པར་མི་རྟོག་པར་གྲུབ་པོ། །ཡང་ཐེག་ བསྡུས་སུ། རྣམ་པར་རྟོག་པ་རྣམ་པ་བཅུ་སྟེ། རྩ་བའི་རྣམ་པར་རྟོག་པ་ནི་འདི་ལྟ་སྟེ་ཀུན་གཞི་ རྣམ་པར་ཤེས་པའོ། །ཞེས་རྟོག་པ་ཡིན་པར་གསུངས་པས། དེས་ན་རྣམ་པར་མི་རྟོག་པ་དང་ རྟོག་པའི་ཁྱད་པར་ཡོད་པའི་ཕྱིར་གཅིག་པ་མི་སྲིད་དོ། ། གསུམ་པ་ནི། མདོ་སྡེ་རྒྱན་རྩ་འགྲེལ་དུ། རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །གཟུང་ དང་འཛིན་པའི་མཚན་ཉིད་དེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །གཞན་གྱི་དབང་གི་མཚན་ ཉིད་དོ། །འདི་ལ་རྣམ་པ་གསུམ་དང་རྣམ་པ་གསུམ་དུ་སྣང་བ་ཡོད་པས་རྣམ་པ་གསུམ་དང་ རྣམ་པ་གསུམ་དུ་སྣང་བ་ཅན་ནོ། །དེ་ལ་རྣམ་པ་གསུམ་དུ་སྣང་བ་ནི་གནས་སུ་སྣང་བ་དང་ དོན་དུ་སྣང་བ་དང་ལུས་སུ་སྣང་བའོ། །ཡང་གསུམ་དུ་སྣང་བ་ནི་ཡིད་དང་འཛིན་པ་རྣམ་པར་ 1-1-121 རྟོག་པར་སྣང་བ་སྟེ། ཡིད་ནི་རྟག་ཏུ་ཉོན་མོངས་པ་ཅན་གང་ཡིན་པའོ། །འཛིན་པ་ནི་རྣམ་ པར་ཤེས་པ་ལྔའི་ཚོགས་སོ། །རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་ལ་རྣམ་པ་གསུམ་དུ་ སྣང་བ་དང་པོ་ནི་གཟུང་བའི་མཚན་ཉིད་དོ། ། གཉིས་པ་ནི་འཛིན་པའི་མཚན་ཉིད་དེ། དེ་ལྟར་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་ པ་འདི་ནི་གཞན་གྱི་དབང་གི་མཚན་ཉིད་ཡིན་ནོ། །ཞེས་ཀུན་གཞི་རྣམ་ཤེས་ལ་ཡང་དག་པ་ མ་ཡིན་པའི་ཀུན་རྟོག་ཅེས་པའི་མིང་བཏགས་ནས་གཞན་དབང་དུ་གསུངས་ཤིང༌། ཡང་དེར། དེ་བཞིན་ཉིད་དམིགས་ཡེ་ཤེས་དང༌། །གཉིས་སུ་འཛིན་པ་རྣམ་སྤངས་དང༌། །གནས་ངན་ ལེན་ལུས་མངོན་སུམ་པ། །བློ་ལྡན་དེ་ཟད་བྱེད་པར་འདོད། །འདིས་ནི་ངོ་བོ་ཉིད་གསུམ་ཇི་ ལྟར་ཡོངས་སུ་ཤེས་པས་གཞན་གྱི་དབང་གི་ངོ་བོ་ཉིད་ཟད་པར་འགྱུར་བ་དེ་ཡོངས་སུ་བསྟན་ ཏེ། དེ་བཞིན་ཉིད་ལ་དམིགས་པ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པ་ དང༌། གཉིས་སུ་འཛིན་པ་རྣམ་པར་སྤངས་པ་ཉིད་ཀྱིས་ཀུན་བརྟགས་པ་དང༌། གནས་ངན་ ལེན་གྱིས་ལུས་མངོན་སུམ་པ་ཉིད་ཀྱིས་གཞན་གྱི་དབང་ཡོངས་སུ་ཤེས་ནས་གནས་ངན་ལེན་ གྱི་ལུས་ཀུན་གཞི་རྣམ་པར་ཤེས་པ་གཞན་གྱི་དབང་དེ་ཉིད་ཟད་པར་འགྱུར་རོ། །ཞེས་དང༌། རྩ་བའི་རྟོག་པར་སྔར་བསྟན་པ་དེས་ཀྱང་གཞན་དབང་དུ་གྲུབ་པོ། །སྙིང་པོ་ནི་དེ་བཞིན་ཉིད་ ཡིན་པའི་ཕྱིར་འགྱུར་མེད་ཡོངས་གྲུབ་ཏུ་གྲུབ་པས། གཞན་དབང་དང་འགྱུར་མེད་ཡོངས་ གྲུབ་ཀྱི་ཁྱད་པར་ཡོད་པའི་ཕྱིར་གཅིག་པ་མི་སྲིད་དེ། མདོ་རྒྱན་དུ། ཡོད་མིན་མེད་མིན་དེ་ བཞིན་མིན་གཞན་མིན། །ཞེས་དང༌། དེའི་འགྲེལ་པར། ཀུན་བརྟགས་པ་དང་གཞན་གྱི་ དབང་གི་མཚན་ཉིད་དག་གིས་ནི་ཡོད་པ་མ་ཡིན་ནོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ནི་ མེད་པ་མ་ཡིན་ནོ། །ཀུན་བརྟགས་པ་དང་གཞན་གྱི་དབང་དག་དང་ཡོངས་སུ་གྲུབ་པ་གཅིག་ པ་ཉིད་མེད་པས་དེ་བཞིན་མ་ཡིན་ནོ། །དེ་དག་ཁོ་ན་གཞན་པ་ཉིད་མེད་པས་གཞན་མ་ཡིན་ 1-1-122 ནོ། །ཞེས་ཀྱང་གསུངས་སོ། ། བཞི་པ་ནི། ཐེག་བསྡུས་སུ། གནས་རྣམ་པ་ཐམས་ཅད་དུ་གྱུར་པ་ནི། རྣམ་པར་སྨིན་པའི་ རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཡང༌། ས་བོན་མེད་པར་གྱུར་པ་དང་རྣམ་པ་ཐམས་ ཅད་དུ་སྤངས་པ་ཡང་ཡིན་ནོ། །ཞེས་དང༌། མདོ་རྒྱན་རྩ་འགྲེལ་དུ། རྟག་ཏུ་གཉིས་བྲལ་ འཁྲུལ་པའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་ མེད་པའི་བདག་ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་ བྱ་སྟེ། །དེ་ནི་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་འདོད། །དེ་ཁོ་ན་ ཉིད་རྟག་ཏུ་གཉིས་དང་བྲལ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་ཏེ། གཟུང་བ་དང་འཛིན་ པའི་མཚན་ཉིད་དུ་གཏན་མེད་པའི་ཕྱིར་རོ། །འཁྲུལ་བའི་རྟེན་གཞན་གྱི་དབང་སྟེ་དེས་ཀུན་ རྟོག་པའི་ཕྱིར་རོ། །བརྗོད་དུ་མེད་ཅིང་སྤྲོས་པ་མེད་པའི་བདག་ཉིད་ནི་ཡོངས་སུ་གྲུབ་པའི་ ངོ་བོ་ཉིད་དོ། །དེ་ཁོ་ན་ཉིད་དང་པོ་ནི་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་ནི་སྤང་ བར་བྱ་བ་ཡིན་ནོ། །གསུམ་པ་ནི་བློ་བུར་གྱི་དྲི་མ་ལས་རྣམ་པར་སྦྱང་བར་བྱ་བ་ཡིན་ཏེ། རང་ བཞིན་གྱིས་རྣམ་པར་དག་གོ །རང་བཞིན་གྱིས་རྣམ་པར་དག་པ་དེ་ནི་ནམ་མཁའ་དང་གསེར་ དང་ཆུ་ལྟ་བུར་ཉོན་མོངས་པ་ལས་རྣམ་པར་དག་པ་ཡིན་ཏེ། ནམ་མཁའ་ལ་སོགས་པ་ནི་རང་ བཞིན་གྱིས་མ་དག་པ་ཡང་མ་ཡིན་ལ། དེ་དག་གློ་བུར་གྱི་དྲི་མ་དང་བྲལ་བའི་སྒོ་ནས་རྣམ་ པར་དག་པ་མི་འདོད་པ་སྤང་བ་ཡང་མ་ཡིན་ནོ། །ཞེས་དང༌། གསེར་འོད་དམ་པར། རིགས་ ཀྱི་བུ་དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་མཚན་ཉིད་གསུམ་གྱི་ཕྱིར་འཆིང་བ་དང་སྒྲིབ་པ་ ཡོད་པས་སྐུ་གསུམ་ལས་རིང་དུ་གྱུར་ཏོ། །གསུམ་གང་ཞེ་ན་ཀུན་བརྟགས་པའི་མཚན་ཉིད་ དང་གཞན་གྱི་དབང་གི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །མཚན་ཉིད་དེ་ རྣམས་ཤེས་པ་དང་འགོག་པ་དང་དག་པར་མ་གྱུར་པ་དེའི་ཕྱིར་སྐུ་གསུམ་མ་ཐོབ་པོ། །དེ་ 1-1-123 ལྟ་བུའི་མཚན་ཉིད་གསུམ་ཤེས་པ་དང་འགོག་པ་དང་རྣམ་པར་བྱང་བར་གྱུར་པས་སངས་ རྒྱས་བཅོམ་ལྡན་འདས་རྣམ་སྐུ་གསུམ་ཡོངས་སུ་རྫོགས་པར་གྱུར་ཏོ། །རིགས་ཀྱི་བུ་བྱིས་པ་ སོ་སོའི་སྐྱེ་བོ་རྣམས་ཀྱིས་རྣམ་པར་ཤེས་པ་གསུམ་མ་སྤངས་པའི་ཕྱིར་སྐུ་གསུམ་ལས་རིང་ དུ་གྱུར་ཏོ། །གསུམ་གང་ཞེ་ན་དངོས་པོ་ལ་འཇུག་པའི་རྣམ་པར་ཤེས་པ་དང་ཀུན་གཞི་ལ་ གནས་པའི་ཡིད་དང་ཀུན་གཞི་རྣམ་པར་ཤེས་པའོ། །ལམ་སྦྱོང་བ་དག་ལ་གནས་པས་འཇུག་ པའི་རྣམ་པར་ཤེས་པ་སྦྱོང་ངོ༌། །གཅོད་པའི་ལམ་ལ་གནས་པས་ཀུན་གཞི་ལ་གནས་པའི་ ཡིད་སྦྱོང་ངོ༌། །མཆོག་ཏུ་རྒྱལ་བའི་ལམ་ལ་གནས་པས་ཀུན་གཞིའི་རྣམ་པར་ཤེས་པ་སྦྱོང་ངོ༌། །འཇུག་པའི་རྣམ་པར་ཤེས་པ་སྦྱངས་ནས་སྤྲུལ་པའི་སྐུ་མངོན་དུ་འགྱུར་རོ། །ཀུན་གཞི་ལ་ གནས་པའི་ཡིད་སྦྱངས་པས་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ སྦྱངས་པས་ནི་ཆོས་ཀྱི་སྐུ་འཐོབ་སྟེ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་སྐུ་གསུམ་ལྷུན་གྱིས་ གྲུབ་པ་ཞེས་བྱའོ། །ཞེས་གསུངས་པས་ཀུན་གཞི་རྣམ་ཤེས་ནི་སྤང་བྱར་གྲུབ་པོ། །སྙིང་པོ་ནི་ ཐོབ་བྱ་ཡིན་པར་སྔ་ཕྱིའི་ལུང་མང་པོས་འགྲུབ་པས་སྤང་བྱ་དང་ཐོབ་བྱའི་ཁྱད་པར་ཡོད་པས་ ཀྱང་གཅིག་པ་མི་སྲིད་དོ། ། ལྔ་པ་ནི་ཐེག་བསྡུས་སུ། ཅིའི་ཕྱིར་དགེ་བ་དང་མི་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་ པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་ཞེས་བྱ་ཞེ་ན། འདི་ལྟར་མ་བསྒྲིབས་ ལ་ལུང་དུ་མ་བསྟན་པ་ནི། དགེ་བ་དང་མི་དགེ་བ་དང་འགལ་བ་མེད་དོ། །དགེ་བ་དང་མི་ དགེ་བ་ནི་ཕན་ཚུན་མི་མཐུན་ནོ། །རྣམ་པར་སྨིན་པ་ཡང་དགེ་བ་དང་མི་དགེ་བར་གྱུར་ན་ནི། ཀུན་ནས་ཉོན་མོངས་པ་ལྡོག་པར་མི་རུང་ངོ༌། །དེ་ལྟ་བས་ན་རྣམ་པར་སྨིན་པའི་རྣམ་པར་ ཤེས་པ་ནི་མ་བསྒྲིབས་པ་ལ་ལུང་དུ་མ་བསྟན་པ་ཉིད་དོ། །ཞེས་གསུངས་པས་ཀུན་གཞི་རྣམ་ ཤེས་ལུང་མ་བསྟན་དུ་གྲུབ་ལ། མྱང་འདས་ཆེན་པོར། རིགས་ཀྱི་བུ་ངས་འདི་སྐད་དུ་རྩ་བ་ 1-1-124 བཞི་ཉམས་པ་དང་ལོག་སྲེད་ཅན་དང་ཤིན་ཏུ་རྒྱས་པའི་མདོ་ལ་བསྐུར་པ་དང་མཚམས་མེད་ པའི་སྡིག་པ་བྱས་པ་ལ་ཡང་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། དེ་དག་ལ་དགེ་བའི་ཆོས་ཡོང་ མེད་མོད་ཀྱི་སངས་རྒྱས་ཀྱི་རང་བཞིན་ནི་དགེ་བའོ། །ཞེས་པས་སྙིང་པོ་དགེ་བར་གྲུབ་པས་ གཅིག་པ་མི་སྲིད་དོ། ། དྲུག་པ་ནི། འགྲི བ་འཕེལ་མེད་པའི་མདོར། ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ནི་ སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་པས་སྙིང་པོ་ནི་དོན་དུ་གྲུབ་ ལ། ཀུན་གཞི་རྣམ་ཤེས་ནི་རྟོག་པ་དང་གཞན་དབང་དང་རྣམ་ཤེས་ཚོགས་བརྒྱད་ཀྱི་ཡ་གྱལ་ ཡིན་པས་ཀུན་རྫོབ་ཏུ་གྲུབ་པའི་ཕྱིར་གཅིག་པ་མི་སྲིད་དོ། ། བདུན་པ་ནི་ཆོས་དབྱིངས་བསྟོད་པར། དྲི་མེད་ཉི་མ་ཟླ་བ་ཡང༌། །སྤྲིན་དང་ཁུག་སྣ་དུ་བ་ དང༌། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །དེ་བཞིན་ འོད་གསལ་པ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཞེས་དང༌། མདོ་རྒྱན་དུ། སེམས་ནི་རྟག་ཏུ་རང་བཞིན་ འོད་གསལ་འདོད། །དེ་ནི་གློ་བུར་ཉེས་པས་མ་རུང་བྱས། །ཆོས་ཉིད་སེམས་ལས་གཞན་པ་ སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང༌། དེའི་འགྲེལ་ པར། སེམས་རང་བཞིན་གྱིས་འོད་གསལ་བར་འདོད་པ་ལས་གློ་བུར་གྱི་ཉེས་པས་མ་རུང་ བར་བྱས་སོ། །ཆོས་ཉིད་ཀྱི་སེམས་ལས་མ་གཏོགས་པ་སེམས་གཞན་ཏེ། གཞན་གྱི་དབང་ གི་མཚན་ཉིད་ནི་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་མི་བརྗོད་དོ། །ཞེས་པས་སྙིང་པོའི་ འོད་གསལ་བ་དང་ཀུན་གཞི་རྣམ་ཤེས་མུན་པར་གྲུབ་པས་གཅིག་པ་མི་སྲིད་དོ། ། 1-1-125 བརྒྱད་པ་ནི། གཞན་ཡང་ཐེག་ཆེན་གྱི་མདོ་བསྟན་བཅོས་རྣམ་དག་མང་པོ་ལས། སྙིང་པོ་ ལ་ཆོས་སྐུ་དང༌། ངོ་བོ་ཉིད་སྐུ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང་མཚན་མ་ མེད་པ་དང༌། ཆོས་ཀྱི་དབྱིངས་དང༌། དག་པའི་བདག་དང༌། རྣམ་པར་དག་པ་དང༌། རྟག་པ་ དང༌། བརྟན་པ་དང༌། ཐེར་ཟུག་དང༌། གཡུང་དྲུང་དང༌། ཟག་མེད་ཀྱི་དབྱིངས་དང༌། གཞན་ དུ་འགྱུར་བ་མིན་པ་དང༌། གཙང་བ་དང༌། བདེ་བ་དང༌། སངས་རྒྱས་དང༌། དྲི་མ་མེད་པའི་ ཁམས་ལ་སོགས་པའི་རྣམ་གྲངས་མང་པོས་གསུངས་པའི་དོན་རྣམས་ཀུན་གཞི་རྣམ་ཤེས་ ལ་མ་ཚང་ལ། ཀུན་གཞི་རྣམ་ཤེས་ནི་དེ་རྣམས་ལས་བཟློག་པར་གནས་པས། འདི་གཉིས་ གཅིག་ཡིན་པར་སྨྲ་བ་རྣམས་ཀྱིས་ནི་སྙིང་པོ་དང་ཀུན་གཞི་རྣམ་ཤེས་གཉིས་ཀའི་ཡིན་ ལུགས་མ་རྟོགས་པར་བས་སོ། ། གསུམ་པ་འཁྲུལ་གཞིའི་ལུང་དེའི་དགོངས་པ་གསལ་བར་བཤད་པ་ལ་གཉིས། ལུང་དེ་ དགོངས་པས་གསུངས་ཚུལ། དེའི་རྩོད་ལན་དགག་པའོ། །དང་པོ་ནི། དེ་ལྟར་སྙིང་པོ་དང་ ཀུན་གཞི་རྣམ་ཤེས་གཅིག་ན་ཉེས་པ་ཆེན་པོ་དཔག་ཏུ་མེད་པ་ཡོད་པ་དེས་ན། ལང་གཤེགས་ དང་རྒྱན་སྡུག་པོར་གཅིག་པར་གསུངས་པ་དེ་དག་དགོངས་པ་ཅན་དུ་གོ་དགོས་ཏེ། ལུང་ གཞན་མང་ཞིང་སྟོབས་ཆེ་བའི་ཕྱིར་རོ། །ཡང་ལང་ཀར་གཤེགས་པར། བློ་གྲོས་ཆེན་པོ་དེ་ ལ་ཡོངས་སུ་གྲུབ་པའི་རང་བཞིན་གང་ཞེ་ན། འདི་ལྟ་སྟེ། མཚན་མ་དང་མིང་དང་དངོས་ པོའི་མཚན་ཉིད་རྣམ་པར་རྟོག་པ་དང་བྲལ་བའི་དེ་བཞིན་ཉིད་འཕགས་པའི་ཡེ་ཤེས་རྟོགས་ པ་ཐོབ་པས་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། བློ་གྲོས་ཆེན་པོ་ ཡོངས་སུ་གྲུབ་པའི་རང་བཞིན་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཐུགས་སོ། །ཞེས་དང༌། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་ སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ 1-1-126 དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་མྱ་ ངན་ལས་འདས་པ་དང་མ་སྐྱེས་པ་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སོགས་པའི་ ཚིག་གི་དོན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་བྱས་ནས་བྱིས་པ་རྣམས་ བདག་མེད་པས་འཇིགས་པའི་གནས་རྣམ་པར་སྤང་བའི་དོན་དུ། དེ་བཞིན་གཤེགས་པའི་ སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། འདི་ལ་བློ་ གྲོས་ཆེན་པོ་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །ཞེས་ཡང་དག་པའི་མཐའ་ལ་སོགས་པ་ རྣམས་བདེ་གཤེགས་སྙིང་པོར་གསུངས་ཏེ། འདི་ནི་ཀུན་གཞི་རྣམ་ཤེས་སྙིང་པོར་གསུངས་ པ་དང་ནང་འགལ་བའི་ཕྱིར་དགོངས་པ་ཅན་དུ་གྲུབ་པོ། །ཡང་ལང་ཀར་གཤེགས་པའི་ སྐབས་འགར་སེམས་ཙམ་སྟོན་པས་འདི་ཡང་སེམས་ཙམ་གྱི་སྐབས་ཡིན་པ་བཀག་པ་མེད་ ལ། གཞན་ཡང་ལང་ཀར་གཤེགས་པ་ལ་ནང་འགལ་བ་མང་དུ་སྣང་པ་ལ་བརྟེན་ནས་ཕྲ་མ་ བྱེད་པའི་མདོ་ཞེས་མཁས་པ་རྣམས་ལ་གྲགས་ཤིང༌། རྒྱན་སྡུག་པོ་ཡང་དེ་དང་ཆོས་སྐད་འདྲ་ བས་དགོངས་པ་ཅན་དུ་མངོན་ནོ། །ཡང་མདོ་འདི་གཉིས་རྫོགས་པར་མ་གྱུར་པས་དགོངས་ པ་བཀྲལ་བ་མཇུག་ཏུ་ལུས་སམ་ཅི་ཞེས་ཀྱང་གོ་བར་བྱའོ། ། གཉིས་པ་ནི་ཁོ་ན་རེ། ཀུན་གཞི་རྣམ་ཤེས་སྙིང་པོར་བསྟན་པའི་མདོ་ནི་དགོངས་པ་ཅན་ མ་ཡིན་གྱི་སྒྲ་ཇི་ལྟ་བ་ཡིན་ཏེ། ཆོས་མངོན་པའི་མདོར། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཞེས་སོགས་ཀྱི་དགོངས་པ་ཐོགས་མེད་ཀྱིས་འདིའི་འགྲེལ་པར་སྙིང་པོ་ལ་བཤད་ཅིང༌། ཐེག་ བསྡུས་སུ། ཀུན་གཞི་རྣམ་ཤེས་ལ་བཤད་པས་དེ་གཉིས་དོན་གཅིག་ཏུ་གྲུབ་པོ་ཞེ་ན། ཁྱབ་པ་ མེད་དེ་མཚམས་མེད་ལྔ་ཞེས་པའི་གཞུང་གཅིག་ལ། ཐུབ་པ་ཆེན་པོས་མདོ་ཐ་དད་གཉིས་སུ། ཐར་པར་འགྲོ་བའི་མཚམས་མེད་ལྔ་དང༌། དམྱལ་པར་འགྲོ་བའི་མཚམས་མེད་ལྔར་གསུངས་ 1-1-127 པས་མཚམས་མེད་དེ་དག་གཅིག་ཏུ་མི་འགྱུར་པ་བཞིན་དང༌། སོར་ཕྲེང་ལ་ཕན་པའི་མདོར། སངས་རྒྱས་ཀུན་དང་ཉན་ཐོས་ཀྱིས། །གང་དེ་ཀུན་ཏུ་མ་བརྙེས་པའི། །ཆོས་དེ་མངོན་པར་ སངས་རྒྱས་ནས། །སྲོག་ཆགས་རྣམས་ལ་བསྟན་པར་བྱ། །ཞེས་པའི་དགོངས་པ། སེམས་ཅན་ ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་པ་མ་བརྙེས་པ་དང༌། གང་ཟག་གི་བདག་ ཡོད་པ་མ་བརྙེས་པ་གཉིས་ལ་བཤད་པས་སྙིང་པོ་མེད་པ་དང་བདག་ཡོད་པ་གཉིས་གཅིག་ ཏུ་མི་འགྱུར་བ་བཞིན་ནོ། །འོ་ན་འཕགས་པ་ཐོགས་མེད་ཀྱི་དགོངས་པ་གང་ཞེ་ན། སྙིང་པོ་ ལ་བཤད་པ་དེ་ངེས་དོན་གྱི་བཤད་པ་དང༌། ཀུན་གཞི་རྣམ་ཤེས་ལ་བཤད་པ་དེ་དྲང་དོན་གྱི་ བཤད་པ་ལ་དགོངས་ནས་སོ་སོར་བཤད་ཀྱི་སྙིང་པོ་དང་ཀུན་གཞི་རྣམ་ཤེས་དོན་གཅིག་ཏུ་ དགོངས་ནས་གསུངས་པ་ནི་མིན་ནོ། །དེ་ལྟར་གཞུང་རེ་རེ་ལ་དྲང་ངེས་ཀྱི་བཤད་པ་གཉིས་ གཉིས་བྱེད་པ་ནི་རྒྱལ་བ་སྲས་བཅས་ཀྱི་གསུང་རབ་གཞན་ལ་ཡང་མཐོང་བའི་ཕྱིར་འཕགས་ པ་ཐོགས་མེད་ཀྱི་སྐྱོན་དུའང་བསམ་པར་མི་བྱ་སྟེ་སྡིག་པ་འཕེལ་བར་འགྱུར་བས་སོ། ། གཉིས་པ་སྙིང་པོ་གསུངས་པ། དྲང་དོན་ཡིན་པར་འདོད་པ་དགག་པ་ནི། ཁ་ཅིག་ན་རེ། སྙིང་པོས་སེམས་ཅན་ཀུན་ལ་ཁྱབ་པར་གསུངས་པ་ནི་དྲང་དོན་ཡིན་ཏེ། ལང་ཀར་གཤེགས་ པར། བྱིས་པ་རྣམས་བདག་མེད་པས་འཇིགས་པ་སྤང་བའི་དོན་དུ་གསུངས་པར་བཤད་པ་ དང༌། གཞུང་འདིར་ཉེས་པ་ལྔ་སྤངབའི་དོན་དུ་གསུངས་པར་བཤད་པའི་ཕྱིར་རོ། །ངེས་དོན་ ཡིན་ན་སེམས་ཅན་འཁོར་བར་འཁྱམས་པར་མི་རིགས་སོ། །ཞེས་ཟེར་རོ། །འདི་ནི་རྣམ་པར་ འཁྱམས་པ་སྟེ། ཅིའི་ཕྱིར་ན་ལུང་དེ་གཉིས་ནི་སྙིང་པོ་བསྟན་པའི་དགོངས་པ་བསྟན་པ་ཡིན་ ལ། དགོས་པ་བསྟན་པས་དྲང་དོན་དུ་འགྱུར་ན་ནི། ངེས་དོན་དུ་བསྟན་པ་མང་པོ་ཡང་དྲང་ དོན་དུ་འགྱུར་རོ། །ཡང་དེ་དྲང་དོན་ཡིན་ན་ཆོས་ཅན་ལ་ཆོས་ཉིད་ཡོད་པར་གསུངས་པ་ཡང་ དྲང་དོན་ཡིན་ཞེས་ཅི་སྟེ་མི་མཚུངས། སྙིང་པོ་བཞུགས་ཀྱང་འཁོར་བར་འཁྱམས་པ་ནི་ཀུན་ 1-1-128 གཞི་རྣམ་ཤེས་ལས་ཀྱིས་བཅིངས་ཤིང་སྒྲིབ་པ་གཉིས་ཀྱིས་སྙིང་པོ་བསྒྲིབས་ནས་མངོན་དུ་ མ་རྟོགས་པའི་ཉེས་པ་ཡིན་གྱིས་སྙིང་པོ་རྟག་ཏུ་བཏང་སྙོམས་སུ་གནས་པས་ཅི་ཞིག་ཀྱང་ཕན་ གནོད་མི་བྱེད་དོ། །གཞན་ཡང་སྙིང་པོ་ཡོད་ཀྱང་འཁོར་བར་འཁྱམས་པ་མི་འགལ་ཏེ། ཁང་ པའི་འོག་ན་གཏེར་ཡོད་ཀྱང་གཏེར་གྱི་བདག་པོ་དབུལ་པོར་གནས་པ་བཞིན་ནོ། །ཡང་སྙིང་ པོ་ཉིད་དྲང་དོན་དུ་འདོད་ན་ནི། ཆོས་ཀྱི་སྐུ་དང་དེ་བཞིན་ཉིད་དང་ནི་དོན་དམ་བདེན་པ་ལ་ སོགས་པ་ཆོས་ཉིད་ཀྱི་མིང་གི་རྣམ་གྲངས་གསུངས་པ་ཐམས་ཅད་དྲང་དོན་དུ་ཐལ་ཏེ། དེ་ ཐམས་ཅད་སྙིང་པོ་ཡིན་ཞིང་སྙིང་པོ་དང་དོན་གཅིག་པའོ། །འདོད་མི་ནུས་ཏེ། ཆོས་དེ་དག་ ཀྱང་དྲང་དོན་ཡིན་ན་ངེས་དོན་གང་ཡིན་སྨྲ་དགོས་པས་སོ། ། གསུམ་པ་མིང་ལ་འཁྲུལ་བའི་ལོག་རྟོག་ངན་པ་གཞན་ཡང་སྤང་བ་ནི། ཁ་ཅིག་ན་རེ། ཆོས་ཀྱི་དབྱིངས་བདེ་གཤེགས་སྙིང་པོ་ཡིན་ལ། སེམས་ཅན་གྱི་ཁམས་བདེ་གཤེགས་སྙིང་པོ་ མ་ཡིན་ཞེས་ཟེར་རོ། །འདི་ནི་གསེར་རིན་པོ་ཆེ་ཡིན་ལ་ཀ་ན་ཀ་རིན་པོ་ཆེ་མིན་ཞེས་པ་དང་ ཁྱད་པར་ཅི་ཡོད། མིང་ཐ་དད་ཀྱང་དོན་གཅིག་པས་སོ། །དེ་ཡང་འགྲི བ་འཕེལ་མེད་པའི་ མདོར། ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་བཏུམས་ པ་འཁོར་བའི་རྒྱུན་གྱིས་ཁྱེར་བ་ཐོག་མ་དང་ཐ་མ་མེད་པའི་འཁོར་བའི་འགྲོ་བར་འཆི་བ་དང་ སྐྱེ་བ་དག་ཏུ་འཁོར་བ་ནི་སེམས་ཅན་གྱི་ཁམས་ཞེས་བརྗོད་དོ། །ཞེས་སོགས་མང་དུ་གསུངས་ སོ། །དེ་དང་གཞན་ཡང་ཆོས་ཐམས་ཅད་ལ་ཆོས་ཉིད་བཞུགས་པར་འདོད་ཀྱང་སེམས་ཅན་ ལ་བདེ་གཤེགས་སྙིང་པོ་བཞུགས་པ་བློར་མི་ཆུད་པ་དང༌། སེམས་ཅན་ལ་སྙིང་པོ་ཡོད་པ་ བློར་ཆུད་ཀྱང་ཆོས་ཐམས་ཅད་ལ་སྙིང་པོས་ཁྱབ་པ་བློར་མི་ཆུད་པ་དང༌། སྙིང་པོ་ཡོད་ཀྱང་དེ་ ལ་བྲལ་བའི་ཡོན་ཏན་མེད་པར་འདོད་པ་དང༌། སེམས་ཆོས་སྐུར་གསུངས་པ་ལ་སེམས་ཀྱི་ དབྱེ་བ་མ་ཕྱེ་བར་སོ་སྐྱེའི་སེམས་རིག་ཙམ་མངོན་གྱུར་འདི་རང་བཞིན་གྱི་རིགས་སུ་འདོད་ 1-1-129 པ་དང༌། སྟོང་པ་ཆོས་སྐུར་གསུངས་པ་ལ་སྟོང་ཉིད་ཀྱི་དབྱེ་བ་མ་ཕྱེད་པར་རྟོག་པ་དང་འཁྲུལ་ སྣང་ཆོས་སྐུར་འདོད་པ་ལ་སོགས་པ་འདི་རྣམས་ནི་མཐོང་རྒྱ་དང་ཐོས་རྒྱ་ཆུང་ཡང་མངོན་ པའི་ང་རྒྱལ་དང་འདོད་རྔམས་ཆེ་བའི་བླུན་པོ་རྣམས་ཀྱི་བབ་ཅོལ་ཏེ་རྒྱལ་བ་སྲས་བཅས་ཀྱི་ དགོངས་པ་ལས་རིང་དུ་གྱུར་པའོ། །དེས་ན་ཟབ་མོའི་དོན་འདི་ཇི་ལྟ་བ་བཞིན་དུ་རྟོགས་པར་ འདོད་ན་མདོ་དང་བསྟན་བཅོས་རྣམ་དག་ལ་མཐོང་ཐོས་རྒྱ་ཆེ་བར་བྱ་བའི་གཞན་དུ་ཆོས་ སྤོང་གི་ལས་ཆེན་པོ་འབྱུང་བའི་ཉེས་པ་ཡོད་དོ། །འདིའི་མིང་གི་རྣམ་གྲངས་གསུང་རབ་ལས་ གསུངས་པ་མཐའ་ཡས་པས་མིང་ཙམ་གྱིས་འཁྲུལ་པར་མི་བྱའོ། ། གཉིས་པ་སྙིང་པོ་སྟོན་པའི་བཀའ་ལ་ལོག་རྟོག་དགག་པ་ལ་གསུམ་གྱི་དང་པོ་འཁོར་ ལོ་གསུམ་པ་དྲང་དོན་ཡིན་པར་འདོད་པ་དགག་པ་ནི། ཁ་ཅིག་ན་རེ། བཀའ་འཁོར་ལོ་ཐ་མ་ སེམས་ཙམ་ཡིན་པས་དྲང་དོན་ཡིན་ཞིང༌། དེར་སྙིང་པོ་བསྟན་པའང་དྲང་དོན་ཡིན་ཏེ། སྙིང་ པོ་ནི་འཁོར་ལོ་ཐ་མའི་བརྗོད་བྱ་གཙོ་བོ་ཡིན་པས་སོ་ཞེས་ཟེར་རོ། །འདི་ནི་ཤིན་ཏུ་འཁྲུལ་ ཏེ། འཁོར་ལོ་ཐ་མ་སེམས་ཙམ་གྱི་གཞུང་ཡིན་པའི་ཤེས་བྱེད་མེད་ཅིང༌། ངེས་དོན་མཐར་ ཐུག་པ་ཡིན་པར་གསུངས་པའི་ཕྱིར་ཏེ། དགོངས་པ་ངེས་པར་འགྲེལ་པའི་མདོར། དེ་ནས་ བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཡང་འདི་སྐད་ ཅེས་གསོལ་ཏོ། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་ར་ཎ་སི་དྲང་སྲོང་སྨྲ་བ་རི་དྭགས་ ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་ པ་བཞིའི་རྣམ་པ་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་ མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་ པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ 1-1-130 ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང༌། འགག་ པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་ འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་ པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་ པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་སྐྱེ་བ་མ་མཆིས་པ་དང་འགག་པ་ མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་ པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་པའི་ཆོས་ཀྱི་འཁོར་ལོ་གསུམ་ པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་ སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་ སོ། །བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། རང་ བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཀྱི་བར་ལས་བརྩམས་ནས། བཅོམ་ལྡན་ འདས་ཀྱིས་ངེས་པའི་དོན་བསྟན་པ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཐོས་ནས་ མོས་པར་བགྱིད་པ་དང༌། ཡི་གེར་འབྲིར་རྩོལ་བ་དང༌། ཡི་གེར་བྲིས་ནས་ཀྱང་འཆང་བ་དང་ ཀློག་པ་དང་མཆོད་པ་དང་ཡང་དག་པར་འགོད་པ་དང་ལུང་ནོད་པ་དང་ཁ་ཏོན་བགྱིད་པ་དང་ སེམས་པ་དང་བསྒོམ་པའི་རྣམ་པས་སྦྱོར་བར་བགྱིད་པ་དེ་བསོད་ནམས་ཇི་ཙམ་ཞིག་བསྐྱེད་ པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་ དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་དམ་ཡང་དག་ 1-1-131 འཕགས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་དཔག་ཏུ་མེད་གྲངས་མེད་པ་ བསྐྱེད་དེ། དེའི་དཔེ་བྱ་བ་སླ་བ་མ་ཡིན་མོད་ཀྱི་འོན་ཀྱང་མདོར་བསྡུས་ཏེ་ཁྱོད་ལ་བཤད་པར་ བྱའོ། །དོན་དམ་ཡང་དག་འཕགས་འདི་ལྟ་སྟེ་དཔེར་ན་སེན་མོའི་རྩེ་མོ་ལ་གནས་པའི་སའི་ རྡུལ་གང་དག་ཡིན་པ་དེ་དག་ནི་ས་ལ་གནས་པའི་སའི་རྡུལ་རྣམས་དང་བསྒྲུན་ན་བརྒྱའི་ཆར་ ཡང་ཉེ་བར་མི་འགྲོ་ཞིང༌། སྟོང་གི་ཆ་དང་འབུམ་གྱི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང་ དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། །བ་ལང་གི་རྗེས་ཀྱི་ཆུ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དང་ བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དོན་ དམ་ཡང་དག་འཕགས་དེ་བཞིན་དུ་ངས་དྲང་བའི་དོན་གྱི་མདོ་སྡེ་ལ་མོས་པ་ནས་སྒོམ་པའི་ རྣམ་པས་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་གང་བཤད་པ་དེ་ནི་ངེས་པའི་དོན་བསྟན་ པ་ལ་མོས་པ་ལས་ཡང་དག་པར་གྲུབ་པ་ནས་སྒོམ་པའི་རྣམ་པས་སྦྱོར་བ་ལས་ཡང་དག་པར་ གྲུབ་པའི་བར་གྱི་བསོད་ནམས་འདི་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་ རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་དགོངས་པ་ངེས་པར་འགྲེལ་བའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི་བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། དོན་ དམ་ཡང་དག་འཕགས་འདི་ནི་དོན་དམ་པ་ངེས་པའི་དོན་བསྟན་པ་ཡིན་ཏེ། འདི་དོན་དམ་པ་ ངེས་པའི་དོན་བསྟན་པ་ཞེས་བྱ་བར་ཟུང་ཤིག ཅེས་འཁོར་ལོ་ཐ་མ་ངེས་དོན་ཡིན་ཚུལ་དང༌། དེ་ལ་མོས་པ་ལ་སོགས་པའི་ཕན་ཡོན་དང༌། དེ་ལྟར་སྟོན་པའི་ལེའུ་འདི་ཡང་དོན་དམ་ངེས་ དོན་བསྟན་པ་ཡིན་པར་གསུངས་སོ། ། གཉིས་པ་འགོག་བྱེད་ལུང་ལ་མཁས་འདོད་བླུན་པོའི་ལོག་རྟོག་བསལ་བ་ནི། ཁ་ཅིག་ན་ 1-1-132 རེ། འཁོར་ལོ་བར་པ་ཟབ་མོར་ཤེར་ཕྱིན་སྟོན་པ་ལ་དྲང་དོན་དང་འཁོར་ལོ་གསུམ་པ་སེམས་ ཙམ་སྟོན་པ་ལ་ངེས་དོན་དུ་བཤད་པས་ལུང་འདི་དྲང་དོན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་སྨྲ་ བ་དེས་ནི་མདོ་འདིའི་དོན་རྟོགས་པ་ལྟ་ཞོག་མདོ་འདིའི་མཚན་གྱི་དོན་དང་ལེའུ་འདི་དང་བྱང་ ཆུབ་སེམས་དཔའི་མཚན་འདིའི་དོན་ཡང་མ་རྟོགས་ཏེ། དགོངས་པ་ངེས་པར་འགྲེལ་པ་ཞེས་ དང༌། དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་དང༌། དོན་དམ་ཡང་དག་འཕགས་ཀྱི་ལེའུ་ ཞེས་གསུང་པ་བཞིན་དུ་ཡང་དྲང་དོན་དུ་འདོད་པས་སོ། །གལ་ཏེ་མདོ་ལུང་འདི་དྲང་དོན་ཡིན་ ན་ཐོགས་མེད་ཀྱིས་ཀྱང་མདོའི་དྲང་ངེས་མ་ཕྱེད་པར་འགྱུར་ཏེ། ས་སྡེར་འཁོར་ལོ་གསུམ་གྱི་ མཚན་ཉིད་འཇོག་པ་ལ་ལུང་འདི་ཉིད་འཐད་ལྡན་དུ་བཞག་པ་ལས་གཞན་མ་གསུངས་པས་ སོ། །འདོད་པར་ཡང་མི་ནུས་ཏེ། མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོ་རབ་ཏུ་ འབྱེད། །ཅེས་ཐུབ་པས་ལུང་བསྟན་པས་སོ། །ཁོ་ན་རེ། ཐོགས་མེད་ཀྱིས་མཁྱེན་ཡང་གཅུང་ པོ་དབྱིག་གཉེན་དྲང་བའི་ཕྱིར་ས་སྡེ་ལ་སོགས་པ་རྣམས་སེམས་ཙམ་དུ་གསུངས་པར་གྲགས་ པས་ས་སྡེར་གསུངས་པའང་དྲང་དོན་ནོ་ཞེ་ན། གྲགས་སུ་ཟད་མོད་དེ་འདྲའི་གྲགས་པ་ལ་ རིགས་པས་གནོད་དེ། སློབ་དཔོན་དབྱིག་གཉེན་སངས་རྒྱས་གཉིས་པ་ལྟ་བུ་ཞེས་གྲགས་པ། བྱམས་པས་དངོས་སུ་བཟུང་བར་གསུངས་པ་མདོ་སྡེ་ལྔ་བརྒྱ་ཐུགས་ལ་མངའ་བ་དེ་སེམས་ ཙམ་གྱིས་དྲང་དགོས་པ་མི་སྲིད་ཅིང་འཕགས་པས་གཅུང་པོ་གཅིག་པུའི་ཕྱིར་མ་འོངས་པའི་ གདུལ་བྱ་མང་པོ་ལ་མི་དགོངས་པ་ཡང་མི་རིགས་པས་སོ། །གཞན་ཡང་ལུང་དེ་དྲང་དོན་ཡིན་ ན། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པར། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་པོ་ཆེའི་ རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ། ལན་ཚྭའི་ཆུ་རྣོན་པོས་སྦངས་ ནས་སྐྲའི་རེ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་ 1-1-133 འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྦངས་ནས་བལ་གྱི་ལ་བའི་ ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ ཏེ་དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་ལ་ཡང་སྦངས་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་ ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻདཱུརྱའི་རིགས་ཆེན་པོ་ ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་ སེམས་ཅན་གྱི་ཁམས་མཁྱེན་ནས་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་ གཙང་བ་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་སྐྱེད་ པར་མཛད་དེ། འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་ གཤེགས་པ་བརྩོན་པར་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་མཚན་མ་མེད་ པ་དང་སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ་དེའི་འོག་ཏུ་ཕྱིར་མི་ལྡོག་ པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་ དོ། །ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་ན་ནི་བླ་ན་མེད་པའི་ཡང་ དག་པ་ཞེས་བརྗོད་དོ། །ཞེས་གསུངས་པ་འདི་ཡང་དྲང་དོན་ཡིན་ནམ། དེ་ལྟར་ལུང་དེ་གཉིས་ དྲང་དོན་ཡིན་ན་འཁོར་ལོ་གསུམ་གྱི་དྲང་ངེས་བྱེད་པའི་ལུང་གཞན་སྨྲ་དགོས་སོ། །ལུང་མེད་ ཀྱང་ཐ་མ་དྲང་དོན་དུ་འཇོག་པ་ཡིན་ན་ནི་རང་བཟོ་ཧ་ཅང་ཆེས་ཤིང་ཐུབ་པ་ལས་ཀྱང་ལྷག་ པའི་སྐྱོན་དུ་འགྱུར་རོ། །ཁོ་ན་རེ། ལུང་དེ་ངེས་དོན་མ་ཡིན་པར་སློབ་དཔོན་ཆོས་ཀྱི་བཤེས་ གཉེན་གྱིས་བཤད་དོ་ཞེ་ན། དེ་ཙམ་གྱིས་ཐུབ་པ་དང་འཕགས་པ་ཐོགས་མེད་གཉིས་ཀྱི་ གསུང་དགག་པར་མི་རིགས་ཏེ་རྣལ་འབྱོར་པའི་བློ་ཁྱད་ཀྱིས་སོ། །ཡང་འཁོར་ལོ་བར་པར་ 1-1-134 ངོ་བོ་ཉིད་མེད་པ་ལ་སོགས་པ་སྟོན་བཞིན་དུ་དྲང་དོན་དུ་གསུངས་པ་ཅི་ཞེ་ན། འཁོར་ལོ་བར་ པ་དང་ཐ་མ་གཉིས་ཀ་བརྗོད་བྱ་འདྲ་བས་བརྗོད་བྱའི་སྒོ་ནས་དྲང་དོན་དུ་མི་སྟོན་གྱི། ལེགས་ པར་རྣམ་པར་ཕྱེ་བ་མ་ཡིན་པས་རྗོད་ཚུལ་གྱི་དྲང་དོན་དུ་གསུངས་པར་གོ་བར་བྱའོ། །དེ་ལྟར་ ན་འཁོར་ལོ་གསུམ་པ་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་ཞེས་དང་བླ་ན་མེད། སྐབས་ མེད། ངེས་པའི་དོན། རྩོད་པའི་ཚིག་གི་གནས་སུ་མ་གྱུར་ཞེས་དང༌། ཕྱིར་མི་ལྡོག་པའི་ཆོས་ ཀྱི་འཁོར་ལོ་ཞེས་མདོ་ལས་བྱུང་ཞིང༌། འཕགས་པ་ཐོགས་མེད་རྒྱལ་བས་ལུང་བསྟན་པའི་ སྐྱེས་མཆོག་དེས་ཀྱང་ཐ་མ་ངེས་དོན་དུ་སྟོན་པའི་མདོ་འཐད་ལྡན་དྲངས་ལ། ཐ་མ་དོན་དམ་ རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་ཞེས་བོད་ཀྱི་མཁས་པ་སྔ་མ་རྣམས་ལ་ཡང་གྲགས་ བཞིན་དུ་དེ་དག་བོར་ནས་འཁོར་ལོ་ཐ་མ་དྲང་དོན་དུ་འདོད་པ་འདི་ནི་རྐུན་པོ་གླེན་པ་རིན་པོ་ ཆེ་ཡང་དག་པ་རྙེད་པ་བོར་ནས་ཕུབ་མ་ཁུར་ཏེ་འགྲོ་བ་དང་འདྲའོ། ། གསུམ་པ་འཁོར་ལོ་ཐ་མ་ལས་སེམས་ཙམ་བསྟན་པའི་སྒྲུབ་བྱེད་དགག་པ་ནི། ཁ་ཅིག་ ན་རེ། འཁོར་ལོ་ཐ་མས་ངོ་བོ་ཉིད་གསུམ་བསྟན་པས་སེམས་ཙམ་གྱི་གཞུང་ཡིན་ལ་དེས་ན་ དྲང་དོན་ཡིན་ནོ་ཞེ་ན། ངོ་བོ་ཉིད་གསུམ་སྟོན་པ་ལ་སེམས་ཙམ་གྱི་གཞུང་གིས་མ་ཁྱབ་སྟེ། ཡུམ་བར་མ་དང་ཁྲི་བརྒྱད་སྟོང་པར་ཡང་ངོ་བོ་ཉིད་གསུམ་བསྟན་པའོ། །དེ་ཡང༌། བྱམས་ ཞུས་ལེའུར། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་རབ་ཏུ་དབྱེ་བ་ལ་མཁས་པ་ལ་ གནས་པའི་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་གྱིས་གཟུགས་རབ་ཏུ་དབྱེ་བ་གདགས་ པར་རྗེས་སུ་ཤེས་པར་བྱའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ནས་ སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་རྣམ་པར་དབྱེ་བ་གདགས་པར་རྗེས་སུ་ཤེས་པར་བྱ་སྟེ། འདི་ ལྟར་འདི་ནི་ཡོངས་སུ་བརྟགས་པའི་གཟུགས། འདི་ནི་རྣམ་པར་བརྟགས་པའི་གཟུགས། 1-1-135 འདི་ནི་ཆོས་ཉིད་ཀྱི་གཟུགས་སོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་བཞིན་དུ་ཤེར་ ཕྱིན་ལྔ་བརྒྱ་བར་ཡང་། གཟུགས་དངོས་པོ་མེད་པ་དངོས་པོ་ངན་པ། དངོས་པོ་ཡོད་པ་ཞེས་ སོགས་གསུངས་སོ། །དེས་ན་ངོ་བོ་ཉིད་གསུམ་བསྟན་པ་དང་དོན་ཡོད་པར་བསྟན་པ་དང་ རྣམ་ཤེས་ཚོགས་བརྒྱད་བསྟན་པ་ལ་སོགས་པའི་རྒྱུ་མཚན་ལྟར་སྣང་རྣམས་ཀྱིས་འཁོར་ལོ་ཐ་ མ་ངེས་དོན་མཐར་ཐུག་པ་ལ་སེམས་ཙམ་དང་དྲང་དོན་དུ་འཁྲུལ་བར་མི་བྱའོ། །གཞན་ཡང༌། མི་འགའ་ཞིག་འཆི་ཀར་གཏམ་གལ་ཅན་རྣམས་སྨྲ་བ་ལྟར། ཐུབ་པ་ཆེན་པོ་ཡང་མྱ་ངན་ལས་ འདའ་ཚུལ་སྟོན་ཁར་ཤིན་ཏུ་གལ་ཆེ་བ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་འཁོར་ལོ་ ཐ་མ་བསྟན་པ་ཡིན་ནོ་ཞེས་བྱ་བ་ཡང་འཁོར་ལོ་ཐ་མ་དང་བདེ་གཤེགས་སྙིང་པོ་ངེས་དོན་ ཡིན་པའི་རིགས་པ་ཡིན་ནོ། ། གསུམ་པ་བདེ་གཤེགས་སྙིང་པོ་སྨད་པའི་ཉེས་དམིགས་བཤད་པ་ནི། སྙིང་པོ་ནི་དད་ པར་བྱ་བའི་གནས་ཡིན་པས་མ་གུས་པར་མི་བྱ་སྟེ་བྱས་ན་ཉེས་དམིགས་མང་པོ་འབྱུང་བར་ གསུངས་པས་སོ། །དེ་ཡང་སོར་ཕྲེང་ལ་ཕན་པའི་མདོར། གང་སྔོན་ཕྱུགས་སུ་གྱུར་ཏེ་རང་ གི་མ་ལ་བརྒལ་ཞིང་རྣམ་པར་མྱོས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཉལ་བའི་ཚེ་སོ་ སྒྲ་ཁྲིག་ཁྲིག་ཟེར་ཞིང་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་དེ་ཁོ་ན་ཉིད་ལ་ཡིད་མི་ཆེས་སོ། །མ་འོངས་པའི་དུས་ན་ཡང་སེམས་ཅན་གང་སོ་སྒྲ་ཁྲིག་ཁྲིག་ཟེར་ཞིང་དེ་བཞིན་གཤེགས་ པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ་བཙུན་པ་གང་པོ་དེ་ དག་ནི་ཕྱུགས་སུ་གྱུར་པ་ཆོས་ཉིད་མི་ཤེས་པའོ། །ཞེས་དང༌། དེ་བཞིན་དུ་ཕུག་རོན་དང་ཁྭ་ ཏ་དང་སྤྲེའུ་དང་འུག་པ་དང་གྲམ་ཁྲོད་ཀྱི་སྲིན་བུ་དང་ཁྱི་དང་བྱིང་པ་དང་བྱི་བ་དང་མ་ནིང་ དང་ལྕེ་སྤྱང་དང་སྡིག་པ་དང་སྦྲུལ་གདུག་པ་དང་ལུག་དང་མ་ཧེ་དང་དོམ་དང་བྱ་ཀ་ལན་ཏ་ཀ་ དང་བོང་བུ་དང་ལྷ་མ་ཡིན་དང་ཡི་དྭགས་རྣམས་སུ་སྐྱེས་པ་དང་སྐྱེ་བར་འགྱུར་བར་གསུངས་ 1-1-136 སོ། །མྱ་ངན་འདས་ཆེན་པོ་ལྷའི་ཟླ་བས་བསྒྱུར་བར་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་ བདག་མེད་པར་བསྒོམས་ཤིང༌། གཏན་དུ་སྟོང་པ་ཉིད་བསྒོམས་པས་ནི་སྡུག་བསྔལ་རྣམས་ མི་འགག་པར་ཕྱེ་མ་ལེབ་མར་མེའི་ནང་དུ་སོང་བ་བཞིན་དུ་འགྱུར་རོ། །དེ་ལྟ་མ་ཡིན་པར་ དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བསྒོམས་པའི་སེམས་ཅན་རྣམས་ནི་ཉོན་མོངས་པ་ རྣམས་ཡོད་བཞིན་དུ་ཉོན་མོངས་པའི་རྣམ་པ་འགོག་པར་བྱེད་དོ། །ཞེས་སོགས་གསུངས་སོ། །གཞན་ཡང་སྡུད་པར། སྔོན་སྤྱོད་ཚེ་ན་སངས་རྒྱས་ཁྲག་ཁྲིག་བཀུར་བྱས་ཀྱང༌། །རྒྱལ་བའི་ ཤེས་རབ་ཕ་རོལ་ཕྱིན་ལ་མ་དད་ན། །ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །ཞེས་སོགས་ཤེར་ཕྱིན་དང་ཆོས་སྐུ་སོགས་ ལ་མ་དད་པའི་ཉེས་པ་གསུངས་པ་ཐམས་ཅད་སྙིང་པོ་ལ་མ་དད་པའི་ཉེས་པར་འགྱུར་ཏེ། དེ་ དང་དེ་དག་དོན་གཅིག་པས་སོ། ། བཞི་པ་དེ་ལ་མོས་པའི་ཕན་ཡོན་གསལ་བར་བསྟན་པ་ནི། །སོར་ཕྲེང་གི་མདོར། དེ་ བཞིན་གཤེགས་པའི་སྙིང་པོ་རྟག་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས་ འཇིག་རྟེན་ན་བདེ་བའི་རྣམ་པ་མཆོག་རྣམས་དང་ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པ་ཐམས་ ཅད་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཐོས་པས་སྔོན་བྱུང་བ་དང་ ད་ལྟར་དང་མ་འོངས་པ་དང་དུས་གསུམ་དུའང་ཕུན་སུམ་ཚོགས་པ་ཐམས་ཅད་དང་མཐོ་ རིས་དང་ས་སྟེང་གི་བདེ་བ་ཐམས་ཅད་རྟག་ཏུ་ཐོབ་པར་འགྱུར་རོ། །ཞེས་དང༌། དེ་བཞིན་ གཤེགས་པའི་སྙིང་པོ་རབ་ཏུ་ནན་ཏན་དུ་མི་འཆབ་ཅིང་སེམས་ཅན་ཐམས་ཅད་ལ་ཕན་པར་ བསྟན་པ་སྟོན་ན་དེས་ལྷའི་མིག་ཐོབ་པར་འགྱུར་ཏེ། དེ་ནི་འཇིག་རྟེན་ན་ལྷའི་མིག་ཅན་ནོ། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི་ཉོན་མོངས་པ་དང་བཅས་ པའམ་ཉོན་མོངས་པ་མེད་པའམ་སུ་ཡང་རུང་སྟེ། དེ་ཉིད་རྫོགས་པའི་སངས་རྒྱས་ཞེས་བྱའོ། 1-1-137 །ཞེས་སོགས་གསུངས་པས། འདི་ནི་དད་ཅིང་ཡིད་ཆེས་པར་བྱ་བ་ཁོ་ན་ཡིན་ནོ། ། ལྔ་པ་སྙིང་པོ་སྟོན་པའི་གང་ཟག་མཆོག་ཏུ་བསྔགས་པ་ནི། སྙིང་པོ་དང་སྙིང་པོ་སྟོན་པའི་ གསུང་རབ་འཛིན་པ་ལ་སོགས་པ་བྱེད་པ་དེ་ནི་སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་ པ་ཡིན་པར་གསུངས་ཏེ། མྱང་འདས་ཆེན་པོར། རིགས་ཀྱི་བུ་སེམས་ཅན་གང་ཞིག་ཆུ་ཀླུང་ དགའ་སྐྱེད་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་ པའི་ཚེ་མདོ་སྡེ་འདི་འཆང་བ་དང་འཛིན་པར་འགྱུར་ཏེ་སྐུར་པ་མི་འདེབས་སོ། །རིགས་ཀྱི་ བུ་སེམས་ཅན་གང་ཞིག་ཆུ་ཀླུང་གང་གཱ་གཅིག་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ཆོས་འདི་ལ་མི་སྐུར་ཅིང་མདོ་སྡེ་འདི་ལ་མོས་ པར་འགྱུར་ཏེ། གཞན་ལ་རྣམ་པར་འབྱེད་ཅིང་སྟོན་ནི་མི་ནུས་སོ། །རིགས་ཀྱི་བུ་སེམས་ཅན་ གང་ཞིག་ཆུ་ཀླུང་གང་གཱ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ ན་དེས་ནི་དུས་ངན་པའི་ཚེ་ཆོས་འདི་ལ་མི་སྐུར་ཏེ་དད་ཅིང་མོས་པ་དང་འཆང་ཞིང་འཛིན་ པ་དང་ཀློག་པ་དང་འདོན་པར་འགྱུར་ཏེ་གཞན་ལ་རྒྱས་པར་སྟོན་ནི་མི་ནུས་སོ། །སེམས་ ཅན་གང་ཞིག་ཀླུང་གང་གཱ་བཞིའི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ ན། དེས་ནི་དུས་ངན་པའི་ཚེ་ཆོས་འདི་ལ་མི་སྐུར་ཏེ་འཆང་བ་དང་འཛིན་པ་དང་ཀློག་པ་དང་ འདོན་པ་དང་གླེགས་བམ་དུ་འབྲི་བར་འགྱུར་ཏེ་དེས་ནི་གཞན་ལ་དོན་ཟབ་མོ་བཅུ་དྲུག་གི་ཆ་ གཅིག་ཙམ་སྟོན་པར་འགྱུར་རོ། །སྟོན་ཅིང་འཆད་མོད་ཀྱི་དེ་ཡང་རྫོགས་པར་ཤེས་པ་ནི་མ་ ཡིན་ནོ། །སེམས་ཅན་གང་ཞིག་ཀླུང་གང་གཱ་ལྔའི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་ སེམས་བསྐྱེད་ན་དེས་ནི་དུས་ངན་པའི་ཚེ་ཆོས་འདི་ལ་མི་སྐུར་ཏེ་འཆང་བ་དང་འཛིན་པ་དང་ ཀློག་པ་དང་འདོན་པ་དང་གླེགས་བམ་དུ་འབྲི་བ་དང་གཞན་ལ་ཡང་དོན་ཟབ་མོ་བཅུ་དྲུག་ གི་ཆའི་ཆ་བརྒྱད་སྟོན་ནུས་པར་འགྱུར་རོ། །སེམས་ཅན་གང་ཞིག་ཀླུང་གང་གཱ་དྲུག་གི་བྱེ་མ་ 1-1-138 སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན་ཆོས་འདི་ ལ་མི་སྐུར་ཏེ་འཆང་བ་དང་འཛིན་པ་དང་ཀློག་པ་དང་འདོན་པ་དང་གླེགས་བམ་དུ་འབྲི་བ་ དང༌། གཞན་ལ་ཡང་བཅུ་དྲུག་གི་ཆའི་ཆ་བཅུ་གཉིས་སྟོན་ནུས་པར་འགྱུར་རོ། །སེམས་ཅན་ གང་ཞིག་ཀླུང་གང་གཱ་བདུན་གྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན་ཆོས་འདི་ལ་མི་སྐུར་ཏེ་འཆང་བ་དང་འཛིན་པ་དང་འདོན་པ་དང་ ཀློག་པ་དང་གླེགས་བམ་དུ་འབྲི་བ་དང་གཞན་ལ་ཡང་བཅུ་དྲུག་གི་ཆའི་ཆ་བཅུ་བཞི་སྟོན་ནུས་ པར་འགྱུར་རོ། །སེམས་ཅན་གང་ཞིག་ཀླུང་གང་གཱ་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་ བྱང་ཆུབ་ཏུ་སེམས་བསྐྱེད་ན་དེས་ནི་དུས་ངན་པའི་ཚེ་ན་ཆོས་འདི་ལ་མི་སྐུར་ཏེ། འཆང་བ་ དང་འཛིན་པ་དང་ཀློག་པ་དང་འདོན་པ་དང་གཞན་ལ་ཡང་གླེགས་བམ་དུ་འབྲི་བར་བསྐུལ་ བ་དང་བདག་ཀྱང་ཉན་ཅིང་འཛིན་ལ་གཞན་དག་ཀྱང་ཉན་པ་དང་འཛིན་པ་དང་ཀློག་པ་དང་ འདོན་པ་དང་ཁོང་དུ་ཆུད་པར་བྱེད་པར་བསྐུལ་བ་དང༌། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ ཤིན་ཏུ་བསྲུང་ཞིང་མདོ་སྡེ་ལ་མཆོད་པ་བྱེད་པ་དང་གཞན་དག་ཀྱང་མཆོད་པ་དང་རིམ་གྲོ་ དང་བཀུར་སྟི་དང་ཕྱག་བྱ་བ་དང༌། ཀློག་པ་དང་འདོན་པའི་བར་བསྐུལ་བ་ཡང་དེ་བཞིན་ ནོ། །ངེས་དོན་ཟབ་མོ་ཡང་རྫོགས་པར་ཁོང་དུ་ཆུད་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་བ་མཐར་བདེ་བ་དང༌། སེམས་ཅན་ལ་སངས་རྒྱས་ ཀྱི་རང་བཞིན་ཡོད་པར་རྒྱས་པར་འཆད་པ་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་གཏེར་ལ་ ཤིན་ཏུ་མཁས་པ་དང་སངས་རྒྱས་དེ་དག་ལ་མཆོད་པ་བྱས་ནས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་ཆོས་འདི་དག་འཆང་བ་དང་འཛིན་པ་དང་སྐྱོབ་པ་དང་རྣམ་པར་གཞག་པ་རྟོགས་ པར་འགྱུར་རོ། །གང་ཞིག་བླ་ན་མེད་པ་ཡང་དག་པརརྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ ན་དེ་ནི་མ་འོངས་པའི་དུས་སུ་ཡང་དག་པའི་ཆོས་འདི་འཆང་བ་དང་འཛིན་པ་དང་སྐྱོབ་པར་ 1-1-139 འགྱུར་ཞིང་ངེས་པར་ཡང་དག་པའི་ཆོས་རྣམ་པར་གཞག་པར་རིག་པར་བྱའོ། །ཞེས་སོ། ། གཉིས་པ་ལ་གཉིས་ཀྱི་ དང་པོ་རྟོགས་པར་དཀའ་བ་ཁམས་ཉིད་རྒྱས་པར་བསྟན་པ་ ལ་གསུམ་གྱི་དང་པོ་འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན་དུ་བསྟན་པ་ལ་གཉིས་ཀྱི་དང་པོ་ གཞུང་གི་དོན་དངོས་བསྟན་པ་ལ་གསུམ། སྙིང་པོ་བཞུགས་ཚུལ་བསྡུས་ཏེ། སྙིང་པོ་དོན་ བཅུས་རྒྱས་པར། ཁམས་ཏེ་བཞུགས་ཚུལ་དཔེ་ཡིས་བསྟན་པའོ། ། དང་པོ་ནི། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་ གསུངས་པ་དེ་དོན་གང་གིས་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ལ་རྫོགས་པའི་སངས་རྒྱས་ ཀྱི་ཆོས་སྐུ་ནི་ཁྱབ་པར་འཕྲོ་བའི་ཕྱིར་དང༌། སངས་རྒྱས་དང་སེམས་ཅན་གྱི་དེ་བཞིན་ཉིད་ གཉིས་ངོ་བོ་དབྱེར་མེད་པའི་ཕྱིར་དང༌། སངས་རྒྱས་ཀྱི་རིགས་ཡོད་པའི་ཕྱིར་ན་ལུས་ཅན་ནི་ སེམས་ཅན་ཀུན་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ་ཞེས་གསུངས་སོ། །གསུམ་པོ་འདི་དག་ ལས་འཕྲོས་ཏེ་དོན་དགུར་འགྱུར་བ་ནི་དཔེ་དགུས་འོག་ཏུ་འཆད་དོ། ། གཉིས་པ་ལ་གསུམ་གྱི་དང་པོ་སྡོམ་གྱིས་དོན་བཅུ་མདོར་བསྟན་ནི། དོན་བཅུས་ཁམས་ རྣམ་པར་བཞག་སྟེ། ངོ་བོ་དང་རྒྱུ་དང་འབྲས་བུ་དང་ལས་དང་ལྡན་པ་དང༌། འཇུག་པ་དང་ གནས་སྐབས་ཀྱི་དབྱེ་བ་དང་དེ་བཞིན་དུ་ཀུན་ཏུ་འགྲོ་བའི་དོན་དང་རྟག་ཏུ་མི་འགྱུར་བ་དང་ ཡོན་ཏན་དབྱེར་མེད་པའི་དོན་རྣམས་ནི། བདེ་གཤེགས་སྙིང་པོ་དོན་དམ་པའི་དབྱིངས་ཀྱི་ དོན་ལ་ཐུབ་པའི་ཐུགས་ཀྱི་དགོངས་པའི་དོན་ཡིན་པར་ཤེས་པར་བྱའོ། ། གཉིས་པ་དོན་བཅུ་པོར་རྒྱས་པར་བཤད་ལ་བརྒྱད། ཁམས་ཀྱི་ངོ་བོ་རྒྱུན་བཅས་ཡིན་ པའི། དེ་ཡི་འབྲས་བུ་ལས་དང་བཅས་པའི། རྒྱུ་དང་འབྲས་བུ་རྣམ་གཉིས་ལྡན་པའི། གནས་ སྐབས་གསུམ་གྱི་འཇུག་ཚུལ་འཇུག་པའི་གནས་སྐབས་གསུམ་དུ་རབ་ཏུ་དབྱེ་བའི། གནས་ སྐབས་གསུམ་དུ་འཇུག་པ་ཀུན་འགྲོའི། ངོ་བོ་ནམ་ཡང་འགྱུར་བ་མེད་པའི། མིང་བཞིའི་ 1-1-140 བསྟན་ཡང་དབྱེ་བ་མེད་པའི་དོན་ནོ། ། དང་པོ་ལ་གསུམ་གྱི་དང་པོ་མདོར་བསྟན་ནི། ཁམས་ཀྱི་ངོ་བོ་གང་ཞེ་ན། སྔར་བསྟན་པ་ ཆོས་སྐུ་ལ་སོགས་པ་གསུམ་པོ་རིམ་པ་བཞིན་རང་གི་མཚན་ཉིད་ལས་བརྩམས་ནས་ནོར་བུ་ རིན་ཆེན་དང་ནམ་མཁའ་དང་ཆུ་རྣམ་པར་དག་པ་བཞིན་དུ་སྟེ་གསུམ་པོའི་ཡོན་ཏན་དང་ཆོས་ མཐུན་ནོ། །དོན་གསུམ་པོ་སྤྱིའི་མཚན་ཉིད་ལས་བརྩམས་ནས་རྟག་ཏུ་རང་བཞིན་གྱིས་ཉོན་ མོངས་པ་མེད་པ་ལས་བརྩམས་ནས་དཔེ་གསུམ་ཀ་དང་ཡང་ཆོས་མཐུན་ནོ། །ཁམས་དག་ པར་འགྱུར་བའི་རྒྱུ་གང་ཞེ་ན། ཐེག་ཆེན་གྱི་ཆོས་ལ་མོས་པ་དང༌། བདག་མེད་རྟོགས་པའི་ ལྷག་པའི་ཤེས་རབ་དང༌། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་དང༌། སེམས་ཅན་ ལ་སྙིང་བརྩེ་བསྒོམ་པ་ལས་བྱུང་བ་ནི་ཁམས་རྣམ་པར་དག་པའོ། །དེས་ན་བཞི་པོ་འདི་ནི་ གཞུང་འདིར་ལམ་བསྟན་པ་ཡིན་ནོ། ། གཉིས་པ་རྒྱས་བཤད་ལ་གཉིས་ཀྱི་དང་པོ་ཁམས་ཀྱི་ངོ་བོའི་དོན་ནི། ཆོས་སྐུ་ལ་སོགས་ པ་རྣམས་ནོར་བུ་ལ་སོགས་པ་དང་ཆོས་མཐུན་པའི་རྒྱུ་མཚན་ཅི་ཞེ་ན། ཆོས་སྐུ་ནི་བསམ་པའི་ དོན་གྲུབ་པ་ལ་སོགས་པ་མཐུའི་ཡོན་ཏན་དང་ལྡན་པའི་ཕྱིར་དང༌། དེ་བཞིན་ཉིད་ནི་གཞན་ དུ་མི་འགྱུར་བའི་ཕྱིར་དང༌། རིགས་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེས་བརླན་ པའི་ངོ་བོའི་རང་བཞིན་ཡིན་པའི་ཕྱིར། གསུམ་པོ་འདི་དག་རིམ་པ་ལྟར་ཡིད་བཞིན་གྱི་ནོར་ བུ་རིན་ཆེན་དང་ནམ་མཁའ་དང་ཆུའི་ཡོན་ཏན་དང་ཆོས་མཐུན་པ་ཉིད་དོ། །དོན་གསུམ་པོ་ ཐམས་ཅད་ཡོངས་སུ་དག་པའི་ཕྱིར་དཔེ་གསུམ་པོ་ཐམས་ཅད་དང་ཡང་ཆོས་མཐུན་ནོ། ། གཉིས་པ་ཁམས་དེ་དག་པའི་རྒྱུ་ལ་གཉིས། སྒྲིབ་པ་བཞིའི་གཉེན་པོ་ཆོས་བཞི། ཆོས་ བཞི་ལྡན་རྒྱལ་བའི་སྲས་སུ་བསྟན་པའོ། །དང་པོ་ནི། ཁམས་མངོན་སུམ་དུ་རྟོགས་པར་མི་ འགྱུར་བའི་རྒྱུ་སྒྲིབ་པ་ནི། ཐེག་པ་ཆེན་པོའི་ཆོས་ལ་ཁོང་ཁྲོ་བ་དང༌། ཕུང་པོ་ལ་རྟག་གཅིག་ 1-1-141 རང་དབང་ཅན་གྱི་བདག་ཏུ་ལྟ་བ་དང༌། འཁོར་བ་སྡུག་བསྔལ་དུ་འདུ་ཤེས་ཤིང་དེའི་སྡུག་ བསྔལ་གྱིས་འཇིགས་པ་དང༌། སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་ཤིང་ལྟོས་པ་མེད་པ་ དང་བཞིའོ། །དེ་དག་གང་ཟག་གང་ལ་གང་ལྡན་ཞེ་ན། སྤྱིར་སེམས་ཅན་གསུམ་སྟེ། སྲིད་པ་ འདོད་པ་དང་སྲིད་པ་དང་བྲལ་བ་འདོད་པ་དང་དེ་གཉིས་ཀ་མི་འདོད་པའོ། ། དང་པོ་ལའང་གཉིས་ཏེ་མྱ་ངན་ལས་མི་འདའ་བའི་རིགས་ཅན་འཁོར་བ་ཉིད་འདོད་ ཀྱི་མྱང་འདས་མི་འདོད་པ་འདོད་ཆེན་པ་དང་དེ་དང་ཆ་མཐུན་ལ་ཆོས་འདི་པ་ཡིན་ཡང་ཐེག་ པ་ཆེན་པོ་ལ་སྡང་བས་བཀའ་མ་ཡིན་ནོ། །ཞེས་སྤོང་བ་ཉན་ཐོས་སེན་ད་བ་ལྟ་བུ་སྟེ། ཐུབ་ པས། ང་ནི་དེ་དག་གི་སྟོན་པ་མ་ཡིན་ལ་དེ་དག་ཀྱང་ངའི་ཉན་ཐོས་མ་ཡིན་ནོ། །ཤཱ་རིའི་བུ་དེ་ དག་ནི་མུན་པ་ལས་ཀྱང་ཆེས་མུན་པ། མུན་པ་ནས་མུན་པ་ཆེན་པོར་འགྲོ་བ་མུན་པ་ཆེན་པོ་ དང་ལྡན་པའོ་ཞེས་སྨྲའོ་ཞེས་གསུངས་པ་ཡིན་ལ་གང་ཟག་དེ་གཉིས་ནི་ལོག་པ་ཉིད་དུ་ངེས་ པའི་ཕུང་པོ་སྟེ་སྒྲིབ་པ་དང་པོ་དང་ལྡན་ནོ། །སྲིད་པ་དང་བྲལ་བ་འདོད་པ་ལ་ཡང་ཐབས་མ་ ཡིན་པ་ལ་ཞུགས་པ་དང་ཐབས་ལ་ཞུགས་པ་གཉིས་ཡོད་ལ་དང་པོ་ལ་ཡང་གསུམ་སྟེ། ཕྱི་ རོལ་མུ་སྟེགས་པ་དང༌། དེ་དང་ཆ་མཐུན་པ་ཆོས་འདི་ལ་དད་པ་ཡོད་ཀྱང་བརྗོད་དུ་མེད་པའི་ གང་ཟག་ཏུ་ལྟ་བས་ཉེས་པར་བཟུང་བ་འཛིན་པ་སྟེ། ཐུབ་པས། སྟོང་པ་ཉིད་ལ་མོས་པ་མེད་ པ་ནི་མུ་སྟེགས་པ་དག་དང་ཁྱད་པར་མེད་པ་ཡིན་ནོ། །ཞེས་གང་གསུངས་པ་དང༌། མངོན་ པའི་ང་རྒྱལ་ཅན་ཅང་མེད་ཀྱི་སྟོང་པར་ལྟ་བ་སྟེ། ཐུབ་པས། འོད་སྲུང་གང་ཟག་ཏུ་ལྟ་བ་རབ་ རིབ་ཙམ་ནི་བླའི་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་གང་ གསུངས་པ་ཡིན་ལ་གང་ཟག་དེ་གསུམ་ནི་མ་ངེས་པའི་ཕུང་པོ་སྟེ། སྒྲིབ་པ་གཉིས་པ་དང་ལྡན་ ནོ། །ཐབས་ཞུགས་པ་ལ་ཡང་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པ་ལ་ངེས་པར་ཞུགས་པ་དང༌། རང་བྱང་ཆུབ་དང་སངས་རྒྱས་ཀྱི་ཐེག་པ་དང་མཐུན་པའོ། །དང་པོ་ནི་སྒྲིབ་པ་གསུམ་པ་དང་ 1-1-142 ལྡན་ལ། གཉིས་པ་ནི་སྒྲིབ་པ་བཞི་པ་དང་ལྡན་པས་གང་ཟག་དེ་རྣམས་ཀྱི་སྒྲིབ་པ་རྣམ་པ་ བཞི་ཡིན་ནོ། །བཞི་པོ་དེ་རྣམས་དག་པར་བྱེད་པའི་རྒྱུ་ནི་ཐེག་ཆེན་གྱི་ཆོས་ལ་ལྷག་པར་ཡོད་ པ་ལ་སོགས་པའི་ཆོས་རྣམ་པ་བཞི་པོ་སྔར་བཤད་པ་ཉིད་དེ་གོ་རིམ་བཞིན་ནོ། །དེ་གཉིས་ཀ་ མི་འདོད་པ་ན་འཁོར་འདས་མཉམ་པ་ཉིད་སངས་རྒྱས་ཐོབ་པའི་ལམ་དུ་ཞུགས་པ་རྒྱལ་སྲས་ ཏེ་གསུམ་པོ་ནི་ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོའོ། ། གཉིས་པ་ནི། དཔེར་ན་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་སྲས་སྐྱེ་བ་ལ་ཕའི་ས་བོན་དང་ མ་དང་མའི་མངལ་དང་སྐྱེས་ནས་འཚོ་བའི་མ་མ་སྟེ་བཞི་དགོས་པ་ལྟར། རྒྱལ་སྲས་སྐྱེ་བ་ལ་ ཡང་རྒྱུ་བཞི་སྟེ། ཐེག་ཆེན་མཆོག་ལ་མོས་པ་རིགས་ངེས་པར་བྱེད་པས་ས་བོན་ལྟ་བུ་དང༌། བདག་མེད་རྟོགས་པའི་ཤེས་རབ་ནི་སངས་རྒྱས་ཀྱི་ཆོས་བསྐྱེད་པས་མ་ལྟ་བུ་དང༌། བསམ་ གཏན་གྱི་བདེ་བ་ནི་འཕགས་པའི་ཆོས་རྫོགས་པར་བྱེད་པས་མངལ་གྱི་གནས་ལྟ་བུ་དང༌། སྙིང་རྗེ་ནི་འཕགས་པའི་ལམ་བགྲོད་པའི་གྲོགས་བྱེད་པས་མ་མ་ལྟ་བུ་སྟེ། རྒྱུ་བཞི་པོ་ཡོད་པ་ ཅན་གང་ཡིན་པའི་གང་ཟག་དེ་དག་ནི་ཐུབ་པའི་རྗེས་སུ་སྐྱེས་པའི་སྲས་འཕགས་པའོ། ། གཉིས་པ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། རྒྱུ་བཞི་པོ་དེའི་འབྲས་བུ་གང་ཞེ་ན། ཆོས་ཀྱི་སྐུ་གཙང་བ་དང་བདག་དང་བདེ་བ་དང་རྟག་པ་ཉིད་ཀྱི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་ ནི་མོས་པ་ལ་སོགས་པ་བཞི་བསྒོམས་པའི་འབྲས་བུའོ། །ཁམས་ཡོད་པའི་ལས་གང་ཞེ་ན། འཁོར་བ་སྡུག་བསྔལ་པར་ཤེས་ནས་ཡིད་འབྱུང་བ་དང་མྱང་འདས་སྡུག་བསྔལ་ཞི་བར་ཤེས་ ནས་དེ་ཐོབ་པར་འདུན་པ་དང་སྨོན་པའི་བྱེད་ལས་ཅན་ནོ། ། གཉིས་པ་རྒྱས་བཤད་ལ་གཉིས། འབྲས་བུ་ཕར་ཕྱིན་བཞི། སྐྱོ་དང་སྤྲོ་བའི་ལས། བཤད་པའོ། །དང་པོ་ལ་གཉིས་ཀྱི་ དང་པོ་ཕྱིན་ཅི་ལོག་བཞིའི་གཉེན་པོ་འབྲས་བུ་བསྟན་པ་ ལ་གཉིས་ཀྱི་དང་པོ་གཞུང་དོན་གྱིས་མདོར་བསྟན་པ་ནི། རྒྱུ་བཞི་པོ་འདི་དག་གི་འབྲས་བུ་ནི་ 1-1-143 མདོར་བསྡུ་ན་ཆོས་ཀྱི་སྐུ་ལ་མི་གཙང་བ་དང་བདག་མེད་པ་དང་སྡུག་བསྔལ་བ་དང་མི་རྟག་ པར་རྟོགས་པ་སྟེ་ཕྱིན་ཅི་ལོག་རྣམ་པ་བཞི་ལས་བཟློག་པའི་གཉེན་པོས་རབ་ཏུ་ཕྱེ་བ་གཙང་ བ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཞི་ཉིད་དོ། ། གཉིས་པ་སྤྱི་དོན་གྱི་རྒྱས་པར་བཤད་པ་ལ་གཉིས། འཕགས་ཆེན་སངས་རྒྱས་ལ་ཕར་ ཕྱིན་བཞི་ཡོད། འཕགས་པ་གཞན་དག་ལ་ཕར་ཕྱིན་བཞི་མེད་པར་བསྟན་པའོ། ། དང་པོ་ནི། གང་ཟག་གང་ཞིག་གཟུགས་སོགས་འདུས་བྱས་ཀྱི་དངོས་པོ་ལ་རྟག་པ་དང་ བདེ་བ་དང་བདག་དང་གཙང་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ལ་དེ་ལས་བཟློག་པ་ནི་ ཕྱིན་མ་ལོག་པ་སྟེ། དེ་ཡང་ཆོས་ཀྱི་སྐུ་ལ་ལྟོས་ནས་ནི་ཕྱིན་ཅི་ལོག་ཡིན་ཏེ། ཆོས་ཀྱི་སྐུ་ནི་རྟག་ པའི་ཕ་རོལ་ཏུ་ཕྱིན་པ་དང༌། བདེ་བ་དང་བདག་དང་གཙང་བའི་ཕ་རོལ་ཏུ་ཕྱིན་པ་ཡིན་པའི་ ཕྱིར་རོ། །དེ་ཡང་དཔལ་འཕྲེང་དུ། བཅོམ་ལྡན་འདས་སེམས་ཅན་རྣམས་ནི་ཟིན་པའི་ཉེ་བར་ ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། དེ་དག་ནི་མི་རྟག་པ་ལ་རྟག་པར་ འདུ་ཤེས་པ། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་ པ། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་ལགས་སོ། །བཅོམ་ལྡན་འདས་ཉན་ཐོས་དང་ རང་སངས་རྒྱས་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྔར་མ་མཐོང་བ་ཐམས་ཅད་ མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག་ཏུ་གྱུར་པའོ། །བཅོམ་ལྡན་འདས་རྟག་པར་འདུ་ཤེས་པ་བདེ་བར་འདུ་ཤེས་པ་བདག་ཏུ་འདུ་ཤེས་པ་གཙང་ བར་འདུ་ཤེས་པའི་སེམས་ཅན་དེ་དང་དེ་དག་ནི་བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པའི་ སྲས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ལགས་ ཏེ། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཡང་དག་པར་མཐོང་བ་ལགས་སོ། །དེ་ཅིའི་ སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད་ནི་རྟག་པའི་ཕ་རོལ་ 1-1-144 ཏུ་ཕྱིན་པ་བདེ་བའི་ཕ་རོལ་ཏུ་ཕྱིན་པ་བདག་གི་ཕ་རོལ་ཏུ་ཕྱིན་པ་གཙང་བའི་ཕ་རོལ་ཏུ་ཕྱིན་ པའོ། །བཅོམ་ལྡན་འདས་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ལྟར་ མཐོང་བ་དེ་དག་ནི་ཡང་དག་པར་མཐོང་བའོ། །ཡང་དག་པར་མཐོང་བ་གང་ལགས་པ་དེ་ དག་ནི་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྲས་ལགས་སོ། །ཞེས་སོ། །དེ་ལ་འབྲས་བུ་ཕར་ཕྱིན་ བཞི་པོ་འདི་ནི་མོས་པ་ལ་སོགས་པ་རྒྱུ་བཞིའི་སྤང་བྱ་ཆོས་ལ་ཁོང་ཁྲོ་ལ་སོགས་པ་བཞི་ལས་ བཟློག་པ་ཡིན་ཏེ། འདོད་ཆེན་པ་རྣམས་ཀྱིས་མི་གཙང་བའི་འཁོར་བ་མ་དག་པ་ལས་བཟློག་ ནས། རྒྱལ་སྲས་རྣམས་ཀྱིས་ཐེག་ཆེན་གྱི་ཆོས་ལ་མོས་པ་བསྒོམས་པའི་འབྲས་བུ་ནི་གཙང་ བའི་ཕར་ཕྱིན་ཐོབ་པའོ། །མུ་སྟེགས་པ་རྣམས་ཀྱིས་ཕུང་པོ་བདག་མེད་པ་ལ་བདག་ཏུ་འཛིན་ པ་ལས་བཟློག་ནས། བདག་མེད་རྟོགས་པའི་ཤེས་རབ་བསྒོམས་པའི་འབྲས་བུ་ནི་བདག་ མེད་པའི་བདག་གི་ཕར་ཕྱིན་ཐོབ་པའོ། །ཉན་ཐོས་རྣམས་ཀྱི་འཁོར་བའི་སྡུག་བསྔལ་གྱིས་ འཇིགས་ནས་དེ་ཞི་བ་ཙམ་འདོད་པ་ལས་བཟློག་ནས། ནམ་མཁའ་མཛོད་ལ་སོགས་པའི་ ཏིང་ངེ་འཛིན་བསྒོམས་པའི་འབྲས་བུ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་ བ་དམ་པའི་ཕར་ཕྱིན་ཐོབ་པའོ། །རང་སངས་རྒྱས་རྣམས་ཀྱི་སེམས་ཅན་གྱི་དོན་ལ་མི་ལྟོས་ པར་འདུ་འཛི་མེད་པར་དགའ་བ་ལས་བཟློག་ནས། སྙིང་རྗེ་ཆེན་པོ་བསྒོམས་པའི་འབྲས་བུ་ ནི། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་རྒྱུན་མི་འཆད་པ་རྟག་པའི་ཕར་ཕྱིན་ཐོབ་པའོ། །ཕར་ཕྱིན་བཞི་པོ་འདི་བརྙེས་པས་སངས་རྒྱས་རྣམས་ལ་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ་ ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ། ཕྱི་མའི་མཐའི་མུར་ཐུག་པ་ཞེས་མདོ་ལས་གསུངས་སོ། །དེའི་དོན་ནི་ཐེག་ཆེན་གྱི་ཆོས་ལ་མོས་པ་བསྒོམས་པས་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་ གཙང་བ་བརྙེས་པས་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པའོ། །ཤེར་ཕྱིན་བསྒོམས་པས་སྣོད་ བཅུད་ཀྱི་འཇིག་རྟེན་ནམ་མཁའ་ལྟ་བུར་མཐའ་ཡས་པ་རྣམས་བདག་མེད་པར་རྟོགས་པ་ 1-1-145 དང༌། ཏིང་ངེ་འཛིན་བསྒོམས་པས་ཆོས་ཀྱི་དབང་ཕྱུག་དམ་པ་ཐམས་ཅད་ལ་ཁྱབ་པར་སྟོན་ པ་སྟེ་གཉིས་ཀྱིས་ན་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པའོ། །སྙིང་རྗེ་བསྒོམས་པས་དུས་མུ་ མཐའ་མེད་པར་སེམས་ཅན་ལ་སྙིང་རྗེ་འཇུག་པས་ཕྱི་མའི་མཐའི་མུར་ཐུག་པའོ། །དེས་ན་ སངས་རྒྱས་ཆོས་སྐུ་ཉིད་ཕར་ཕྱིན་བཞི་དང་ལྡན་ནོ། ། གཉིས་པ་ནི། སངས་རྒྱས་ལས་གཞན་ལ་ནི་ཕར་ཕྱིན་བཞི་མེད་དེ། །སོ་སོ་སྐྱེ་བོ་རྣམས་ ལྟ་ཞོག ཟག་མེད་ཀྱི་དབྱིངས་ལ་གནས་པ་ཉན་ཐོས་དགྲ་བཅོམ་པ་དང་རང་སངས་རྒྱས་ དང༌། ས་ལམ་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཕར་ཕྱིན་བཞི་ཐོབ་ པའི་གེགས་ཡོད་པའི་ཕྱིར་རོ། །གེགས་དེ་ཡང་མཚན་ཉིད་བཞི་སྟེ་རྐྱེན་གྱི་མཚན་ཉིད་ནི་མ་ རིག་བག་ཆགས་ཀྱི་ས་ཡིན་ཏེ། སེམས་ཅན་རྣམས་ལ་འདུ་ཤེས་ཀྱི་རྒྱུ་མ་རིག་པ་དང་ཉོན་ མོངས་པའི་ཉོན་མོངས་ཡོད་པ་དང་ཆ་མཐུན་པའོ། །དེ་མ་སྤངས་པས་ཉོན་མོངས་ཐམས་ཅད་ ཀྱི་རྟེན་དུ་གྱུར་པའི་ཕྱིར་དྲི་མ་དྲི་ང་བའི་བག་ཆགས་དང་ལྡན་པས་གཙང་བའི་ཕར་ཕྱིན་མི་ ཐོབ་པོ། །རྒྱུའི་མཚན་ཉིད་ནི་མ་རིག་བག་ཆགས་ཀྱི་སའི་རྐྱེན་ཅན་ཟག་པ་མེད་པའི་ལས་ཏེ། སེམས་ཅན་ལ་འདུ་བྱེད་དང་ལས་ཀྱི་ཀུན་ནས་ཉོན་མོངས་ཡོད་པ་དང་ཆ་མཐུན་པའོ། །དེ་ མ་སྤངས་པས་མཚན་མའི་སྤྲོས་པ་ཀུན་སྤྱོད་པ་ཕྲ་མོ་དང་ལྡན་པའི་ཕྱིར་སྤྲོས་པ་ཞི་བ་བདག་ གི་ཕར་ཕྱིན་མི་ཐོབ་པོ། །འབྱུང་བའི་མཚན་ཉིད་ནི། སྔ་མ་གཉིས་པོའི་རྐྱེན་དང་རྒྱུ་ལས་ ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འགྲུབ་པ་སྟེ། སེམས་ཅན་ལ་མ་རིག་པ་ལ་སོགས་ཉེར་ ལེན་བཞིའི་རྐྱེན་དང་ཟག་བཅས་ཀྱི་ལས་ཀྱི་རྒྱུས་ཁམས་གསུམ་མངོན་པར་འགྲུབ་པ་དང་ཆ་ མཐུན་པའོ། །དེ་མ་སྤངས་པས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་འབྱུང་བའི་ཕྱིར་བདེ་བའི་ཕར་ ཕྱིན་མི་ཐོབ་པོ། །འཇིག་པའི་མཚན་ཉིད་ནི། ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་གྲུབ་པའི་ རྐྱེན་ཅན་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་བ་སྟེ། སེམས་ཅན་ལ་སྐྱེ་ 1-1-146 བའི་རྐྱེན་ཅན་གྱི་རྒ་ཤི་དང་ཆ་མཐུན་པའོ། །དེ་མ་སྤངས་པས་འཆི་འཕོ་དང་མི་འབྲལ་བའི་ ཕྱིར་འགྱུར་བ་མེད་པ་རྟག་པའི་ཕར་ཕྱིན་མི་ཐོབ་པོ། །མཚན་ཉིད་ཕྱི་མ་གཉིས་པོ་འདི་སེམས་ ཅན་གྱི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་ཡང་ཆ་མཐུན་ནོ། །དེ་ཡང༌། དེར་བཅོམ་ལྡན་ འདས་དཔེར་ན་ལེན་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་སྲིད་ པ་གསུམ་འབྱུང་བ་དེ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ གྱིས་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་བ་དགྲ་བཅོམ་པ་དང་རང་སངས་རྒྱས་དབང་ཐོབ་ པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་སྟེ། བཅོམ་ ལྡན་འདས་མ་རིག་པའི་བག་ཆགས་ཀྱི་ས་ནི་ས་གསུམ་པོ་འདི་དག་ཏུ་ཡིད་ཀྱི་རང་བཞིན་གྱི་ ལུས་གསུམ་པོ་འདི་དག་འབྱུང་བ་དང༌། ཟག་པ་མེད་པའི་ལས་མངོན་པར་འགྲུབ་པའི་རྐྱེན་ ལགས་སོ། །ཞེས་སོ། །དེ་ལ་མ་རིག་བག་ཆགས་ཀྱི་ས་ནི། མ་རིག་པའི་བག་ཆགས་ཕྲ་མོ་ ཡིན་གྱི། ཁ་ཅིག་ཆོས་བདག་ཏུ་རྨོངས་པའི་མ་རིག་པར་འདོད་པ་ནི་མི་འཐད་དེ་དབང་ཐོབ་ པའི་རྒྱལ་སྲས་ལྟ་བ་རྣམ་པར་མ་དག་པར་འགྱུར་བ་ལས། ས་དང་པོ་ནས་ལྟ་བ་རྣམ་པར་ དག་པའི་ཕྱིར་རོ། །ཟག་མེད་ཀྱི་ལས་ནི་མ་རིག་བག་ཆགས་ཀྱི་ས་ལས་བྱུང་བ་མཚན་མའི་ སྤྲོས་པ་ཕྲ་མོས་བསླང་བའི་དགེ་བ་ཟག་མེད་དོ། །ཡིད་ཀྱི་རང་བཞིན་གྱི་ལུས་ནི་སེམས་ལ་ དབང་བས་བྱས་པའི་ལུས་སོ། །བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་ནི་བསམས་ བཞིན་དུ་འཆི་ཞིང་གཞན་དུ་སྐྱེ་བར་བྱེད་པའོ། ། གཉིས་པ་འབྲས་བུ་བཞིའི་རྒྱུ་མཚན་ཕྱེ་སྟེ་བཤད་པ་ལ་གཉིས་ཀྱི་དང་པོ་ཕར་ཕྱིན་ བཞིའི་རྒྱུ་མཚན་སྤྱིར་བསྟན་པ་ནི། དེ་བཞིན་གཤེགས་པའི་ཆོས་སྐུ་དེ་ནི་སྤྱིའི་མཚན་ཉིད་ གདོད་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་དང༌། ཁྱད་པར་གྱི་མཚན་ཉིད་དྲི་མ་ བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་དག་པ་གཉིས་དང་ལྡན་པས་གཙང་བའི་ཕ་རོལ་ 1-1-147 ཏུ་ཕྱིན་པ་ཡིན་ནོ། །དེ་ནི་མུ་སྟེགས་ལྟར་བདག་རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་རྟོག་ པའི་སྤྲོས་པ་དང་བྲལ་བའི་ཕྱིར་དང༌། ཉན་ཐོས་ལྟར་རྟག་གཅིག་རང་དབང་ཅན་གྱི་བདག་ མེད་ཀྱི་ཕུང་པོ་རྣམས་མི་རྟག་དུ་མ་གཞན་དབང་ཅན་ནོ་ཞེས་རྟོག་པ་མེད་པའི་ཕྱིར། སྤྲོས་ པ་དེ་དག་ཉེ་བར་ཞི་བས། དམ་པའི་བདག་གི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་ནི་སྡུག་བསྔལ་ ཐམས་ཅད་འགགས་པའི་འགོག་པ་མངོན་དུ་མཛད་པས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་ལོག་ པའི་ཕྱིར་དང༌། ཕུང་པོ་དེའི་རྒྱུ་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ལོག་ཅིང་ འགགས་པའི་ཕྱིར། བདེ་བའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ། །འཁོར་བ་མི་རྟག་པ་ཡིན་ཡང་ ཆོས་གཞན་སྔར་ཡོད་མི་འབྲིད་ཅིང་སྐུར་པ་མ་བཏབ་པས་ཆད་པའི་མཐར་མ་ལྷུང་བ་དང༌། མྱ་ངན་ལས་འདས་པ་རྟག་པ་ཡིན་ཡང་ཆོས་གཞན་སྔར་མེད་མི་སྣོན་ཞིང་སྒྲོ་མ་བཏགས་པས་ རྟག་པའི་མཐར་མ་ལྷུང་བ་ཡིན་ཏེ། དཔལ་འཕྲེང་དུ། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་ རྣམས་ལ་མི་རྟག་པར་ལྟ་ན་དེ་ནི་དེའི་ཆད་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ ལྟ་བ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་འདས་པ་རྟག་པར་ལྟ་ན་དེ་ནི་དེའི་ རྟག་པར་ལྟ་བ་མ་ལགས་ཏེ་དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །ཞེས་སོ། །འགྲེལ་ པར་ལུང་འདི་འདི་ལས་གཞན་དུ་བྱུང་བ་ནི་བླུན་པོས་གླེགས་བམ་བཅོས་པའི་སྐྱོན་ཏེ། སྔོན་ གྱི་མདོ་རྣམས་སུ་འདི་བཞིན་བྱུང་བའི་ཕྱིར་དང་དོན་ཡང་འདི་དང་མཐུན་ཏེ། འགྲེལ་པར་ འཁོར་བ་མི་རྟག་པ་མི་འབྲིད་པས་ཆད་པའི་མཐར་མ་ལྷུང་བའི་ཕྱིར་དང༌། མྱ་ངན་ལས་ འདས་པ་རྟག་པ་མི་སྣོན་པས་རྟག་པའི་མཐར་མ་ལྷུང་བའི་ཕྱིར་ཞེས་གསུངས་པའི་ཁུངས་ལ་ ལུང་འདི་དྲངས་པའི་ཕྱིར་དང༌། མདོ་ཉིད་ཀྱི་བབས་ཀྱང་འགོག་བདེན་རྟག་པའི་སྒྲུབ་བྱེད་ ཀྱི་སྐབས་ཡིན་པས་སོ། །དེ་ལྟར་མཐར་མ་ལྷུང་བས་འཁོར་འདས་སུ་རྣམ་པར་མི་རྟོག་ལ། འཁོར་འདས་ཀྱི་ཆོས་དབྱིངས་གཅིག་ཡིན་པའི་ཕྱིར་དོན་དམ་པར་འཁོར་བ་ཉིད་མྱང་འདས་ 1-1-148 ཡིན་པས་འཁོར་འདས་མཉམ་པ་ཉིད་དུ་རྟོགས་པ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་ པའི་ཕྱིར་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། ། གཉིས་པ་རྟག་པའི་རྒྱུ་མཚན་བྱེ་བྲག་ཏུ་བཤད་པ་ནི། མི་གནས་པའི་མྱ་ངན་ལས་འདས་ པ་དེ་ཡང་རྒྱུ་གཉིས་ཀྱིས་ཡིན་ཏེ། བདག་ཏུ་སྲེད་ཅིང་ཆགས་པའི་བག་ལ་ཉལ་མ་ལུས་པ་ ཤེས་རབ་ཀྱིས་རྒྱུན་བཅད་དེ་སྤངས་པའི་ཕྱིར་རང་དོན་གྲུབ་པས་མྱ་ངན་ལས་འདས་པ་ལ་ བརྟེན་པའི་བསམ་པ་ཅན་ཏེ། དེས་ན་ལོག་སྲེད་ཅན་བཞིན་དུ་འཁོར་བའི་མཐར་མི་གནས་ སོ། །སེམས་ཅན་གྱི་དོན་ལ་སྲེད་ཅིང་ཆགས་པའི་ཕྱིར་བརྩེ་བ་ཆེན་པོ་དང་ལྡན་པས་གཞན་ དོན་གྲུབ་པའི་ཕྱིར་འཁོར་བ་ལ་བརྟེན་པའི་སྦྱོར་བ་ཅན་ཏེ། ཉན་རང་བཞིན་དུ་ཞི་བ་མྱང་ འདས་ཐོབ་པའི་མཐར་ལྷུང་བ་མིན་ནོ། །དེ་ལྟ་ན་བློ་ཤེས་རབ་དང་སེམས་ཅན་ལ་སྙིང་བརྩེ་ བ་བྱང་ཆུབ་ཐོབ་པའི་ཐབས་གཉིས་ལ་བརྟེན་ནས་འཕགས་པ་ཆེན་པོ་སངས་རྒྱས་ནི་འཁོར་ བའམ་མྱ་ངན་ལས་འདས་པའི་མཐར་ལྷུང་བར་མི་འགྱུར་རོ། །དེས་ན་མྱང་འདས་ཆེན་པོ་ ཐོབ་པའི་ཕྱིར་རྟག་པའི་ཕར་ཕྱིན་ཡིན་ནོ། །བློ་རྩེ་གཉིས་པོ་འདི་ནི་བྱང་ཆུབ་ཀྱི་རྩ་བའི་ གནས་ཡིན་ཏེ་དེ་ལ་བརྟེན་ནས་མི་གནས་པའི་མྱང་འདས་ཐོབ་པས་སོ། ། གཉིས་པ་ནི། གལ་ཏེ་སེམས་ཅན་ལ་སངས་རྒྱས་ཀྱི་ཁམས་བདེ་གཤེགས་སྙིང་པོ་མེད་ ན་སེམས་ཅན་དེ་དག་འཁོར་བའི་སྡུག་བསྔལ་ལ་སྐྱོ་བར་མི་འགྱུར་ཞིང་མྱ་ངན་ལས་འདས་ པ་ལ་བདེ་བའི་ཡོན་ཏན་མཐོང་ནས་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པའང་མེད་པར་ འགྱུར་རོ། །དེ་ཡང་དཔལ་འཕྲེང་དུ། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་ པོ་མ་མཆིས་ན་ནི་སྡུག་བསྔལ་ལ་ཡང་སྐྱོ་བར་མི་འགྱུར་ལ། མྱ་ངན་ལས་འདས་པ་ལ་འདོད་ པ་དང་དོན་དུ་གཉེར་བ་དང་སྨོན་པ་ཡང་མེད་པར་འགྱུར་རོ། །ཞེས་སོ། །དེས་ན་ཁམས་ནི་ ལོག་པར་ངེས་པའི་སེམས་ཅན་ལ་ཡང་ལས་གཉིས་བྱེད་དེ། འཁོར་བ་ལ་སྡུག་བསྔལ་བའི་ 1-1-149 ཉེས་པ་མཐོང་ནས་སྐྱོ་བར་བྱེད་པ་དང༌། མྱ་ངན་ལས་འདས་པ་ལ་བདེ་བའི་ཕན་ཡོན་མཐོང་ ནས་དེ་མངོན་པར་འདོད་པའི་འདུན་པ་དང༌། དེ་ཐོབ་པའི་རྒྱུ་ལ་ཕྱོགས་པ་འདོད་པ་དང༌། དེ་ ཐོབ་པའི་ཐབས་ཚོལ་བ་དོན་དུ་གཉེར་བ་དང༌། དེ་ལ་སེམས་མངོན་པར་འདུ་བྱེད་པ་སྨོན་པ་ སྐྱེད་པར་བྱེད་དོ། །སྲིད་པ་འཁོར་བ་དང་མྱ་ངན་ལས་འདས་པ་དེ་གཉིས་པོའི་རིམ་པ་ལྟར་ སྡུག་བསྔལ་བ་དང་བདེ་བའི་གོ་རིམ་བཞིན་སྐྱོན་དང་ཡོན་ཏན་མཐོང་བ་འདི་ནི། རྒྱུ་རྐྱེན་ མེད་པ་མ་ཡིན་གྱི་ཁམས་རང་བཞིན་གྱི་རིགས་གདོད་ནས་ཡོད་པ་དེ་སད་པ་ལས་འབྱུང་བ་ ཡིན་ཏེ། གང་གི་ཕྱིར་ན་སྐྱོན་ཡོན་མཐོང་བ་དེ་རིགས་སད་པ་མེད་པ་དག་ལ་མེད་པའི་ཕྱིར་ རོ། །གལ་ཏེ་རིགས་སད་པ་དེ་མེད་པར་ཡང་དེར་འགྱུར་ན་ནི་ལོག་སྲེད་ཅན་ལ་ཡང་དེར་ འགྱུར་དགོས་པ་ལས་མ་ཡིན་ཏེ། ཇི་སྲིད་དུ་མཐུན་པའི་ཡུལ་དུ་སྐྱེས་པ་དང་སྐྱེས་བུ་དམ་པ་ ལ་བསྟེན་པ་དང་བདག་ལེགས་པར་སྨོན་པ་དང་སྔོན་བསོད་ནམས་བསགས་ལ་སྟེ་འཁོར་ ལོ་བཞི་འབྱོར་ཞིང་ཐེག་པ་གསུམ་གང་རུང་གི་ཆོས་ལ་མོས་པ་མི་སྐྱེད་པ་དེ་སྲིད་དུ་མི་འགྱུར་ བས་སོ། །དེའི་འོག་ཏུ་ལོག་པར་ངེས་པའི་སེམས་ཅན་ལ་ཡང་སངས་རྒྱས་ཀྱི་ཐུགས་རྗེ་ གཞན་ནས་དེ་དག་ལ་ཕན་ཐོགས་ཤིང་དགེ་བའི་ཆོས་འཕེལ་བར་འགྱུར་རོ། །འོ་ན་མདོར། ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་པ་དང་འགལ་ཞེ་ན། དེ་ནི་ཐེག་ཆེན་ལ་སྡང་བ་བཟློག་པའི་ཕྱིར་ཡུན་རིང་དུ་མྱ་ངན་ལས་མི་འདའ་བ་ལ་དགོངས་ ཀྱི་སེམས་ཅན་འགའ་ཡང་གཏན་མི་གྲོལ་བ་ནི་མི་རིགས་ཏེ། རང་བཞིན་གྱིས་རྣམ་པར་དག་ པའི་སའི་རིགས་ཡོད་པའི་ཕྱིར་རོ། །འདི་ལ་དགོངས་ནས་མདོར། ཐོག་མེད་གྱུར་ཀྱང་ཐ་ མ་དང་ལྡན་པར། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་ཕྱི་ བསྒྲིབས་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། །ཞེས་སོ། །འདི་ རྒྱས་པའི་རིགས་ཀྱི་ལུས་སུ་འདོད་པ་ནི་གཞུང་གི་སྐབས་དང་མ་འབྲེལ་ལོ། ། 1-1-150 གསུམ་པ་ནི། ཁམས་ཀྱི་ལྡན་པ་གང་ཞེ་ན། གཉིས་ཏེ་རྒྱ་མཚོ་ཆེན་པོ་སྣོད་ཡངས་ཤིང་རྒྱ་ ཆེ་བར་རིན་པོ་ཆེ་དང་ཆུ་མང་པོ་འདུ་བ་བཞིན་དུ་ཁམས་ཀྱང་མོས་པའི་སྣོད་དུ་ཤེས་རབ་དང་ ཏིང་ངེ་འཛིན་དཔག་ཏུ་མེད་པའི་ཡོན་ཏན་གྱི་རིན་ཆེན་དང་བརྩེ་བའི་ཆུ་མི་ཟད་པའི་གནས་ སུ་གྱུར་པ་རྒྱུའི་ལྡན་པ་དང༌། མངོན་ཤེས་ལྔ་དང་ཟག་པ་ཟད་པའི་ཡེ་ཤེས་དང་ཟག་པ་ཟད་ པ་གསུམ་དང་ཁམས་དབྱེར་མེད་དུ་གནས་པའི་ཡོན་ཏན་དང་ལྡན་པའི་ངོ་བོ་ཉིད་ཡིན་པའི་ ཕྱིར་མར་མེའི་སྣང་བ་དང་དྲོད་དང་མདོག་དབྱེར་མེད་དུ་ཡོད་པ་བཞིན་དུ་ལྡན་པ་ནི་འབྲས་ བུའི་ལྡན་པའོ། །དང་པོ་ཡང་རྒྱས་པར་བཤད་ན། ཆོས་ཀྱི་སྐུ་རྣམ་པར་དག་པ་དང༌། རྒྱལ་ བའི་ཡེ་ཤེས་ཐོབ་པ་དང༌། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་པ་དང་གསུམ་ པོའི་ཁམས་ཏེ་རྒྱུ་ནི་མོས་པ་ལ་སོགས་པ་བཞིས་བསྡུས་པའི་ཕྱིར་རྒྱུ་བཞིའི་ལྡན་པ་སྟེ། དེ་ ཡང་ཐེག་ཆེན་གྱི་ཆོས་ལ་མོས་པ་བསྒོམ་པ་ནི་ཤེས་རབ་དང་ཏིང་ངེ་འཛིན་གྱི་རིན་པོ་ཆེ་དང་ བརྩེ་བའི་ཆུ་རྣམས་འདུ་བས་རྒྱ་མཚོའི་སྣོད་དང་འདྲ་ལ། ཤེས་རབ་དང་ཏིང་ངེ་འཛིན་བསྒོམ་ པ་ནི་རྟོག་པ་མེད་ཅིང་མཐུ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པས་རིན་ཆེན་དང་ འདྲ་ཞིང༌། སྙིང་རྗེ་བསྒོམ་པ་ནི་འགྲོ་བ་ཐམས་ཅད་ལ་མཆོག་ཏུ་བརླན་པའི་རང་བཞིན་དུ་ རོ་གཅིག་པས་ཆུ་དང་འདྲ་སྟེ། རྒྱུ་མཚན་དེ་ཡིས་ན་རྒྱུའི་ལྡན་པ་འདི་རྒྱ་མཚོ་དང་ནི་མཚུངས་ པར་བསྟན་ཏོ། ། གཉིས་པ་རྒྱས་པར་བཤད་ན། དྲི་མ་གདོད་ནས་མེད་པའི་གནས་ཁམས་ལ། རྫུ་འཕྲུལ་ དང་ལྷའི་རྣ་བ་དང་གཞན་སེམས་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་འཆི་འཕོ་ དང་སྐྱེ་བ་ཤེས་པ་སྟེ་མངོན་ཤེས་ལྔ་དང་ཟག་པ་ཟད་པའི་ཡེ་ཤེས་དང་དྲི་མེད་དེ་ཟག་པ་ཟད་ པ་དེ་ཉིད་དང་གསུམ་རྣམ་པར་དབྱེ་བ་མེད་པར་ལྡན་པའི་ཕྱིར་འབྲས་བུའི་ལྡན་པ་སྟེ། དེ་ ཡང༌། མངོན་ཤེས་ལྔ་ནི། དོན་རྟོགས་པའི་མི་མཐུན་ཕྱོགས་ཀྱི་མུན་པ་འཇོམས་པས་མར་ 1-1-151 མེའི་སྣང་བ་དང་འདྲ་ལ། ཟག་པ་ཟད་པའི་ཡེ་ཤེས་ནི་ལས་ཉོན་གྱི་བུད་ཤིང་སྲེག་པས་དྲོ་བ་ དང་འདྲ་ཞིང༌། སྤང་བྱ་ཐམས་ཅད་སྤངས་ནས་གནས་ཡོངས་སུ་གྱུར་པ་ཟག་པ་ཟད་པ་ནི་ ཉོན་སྒྲིབ་སྤངས་པས་དྲི་མ་མེད་པ་དང༌། ཤེས་སྒྲིབ་སྤངས་པས་རྣམ་པར་དག་པ་དང༌། སྒྲིབ་ གཉིས་གློ་བུར་བ་ཡིན་གྱི་རང་བཞིན་མ་ཡིན་པས་འོད་གསལ་བ་སྟེ་གསུམ་གྱི་ཕྱིར་མར་མེའི་ མདོག་དང་ཆོས་མཚུངས་པ་ཅན་དུ་བསྟན་ཏོ། །དེ་ཡང་འགྲི བ་འཕེལ་མེད་པའི་མདོར། ཤཱ་ རིའི་བུ་དཔེར་ན་མར་མེ་ནི་འདི་ལྟ་སྟེ་སྣང་བ་དང་དྲོ་བ་དང་མདོག་དག་གིས་སམ། ནོར་བུ་ནི་ སྣང་བ་དང་མདོག་དང་དབྱིབས་དག་གིས་རྣམ་པར་དབྱེར་མེད་པའི་ཆོས་ཅན་དང་མ་བྲལ་ བའི་ཡོན་ཏན་ཅན་ནོ། །ཤཱ་རིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་ སྐུ་ནི་འདི་ལྟ་སྟེ། གང་གཱའི་ཀླུང་གི་བྱེ་མ་ལས་འདས་པའི་དེ་བཞིན་གཤེགས་པའི་ཆོས་རྣམས་ ཀྱིས་རྣམ་པར་དབྱེར་མེད་པའི་ཆོས་ཅན་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ། །ཞེས་སོ། ། བཞི་པ་ནི། སོ་སོ་སྐྱེ་བོ་དང་བྱང་སེམས་འཕགས་པ་དང་རྫོགས་པའི་སངས་རྒྱས་ཀྱི་དེ་ བཞིན་ཉིད་གསུམ་གྱི་དབྱེ་བའི་འཇུག་པ་གསུམ་ལ་དགོངས་ནས་དེ་ཁོ་ན་ཉིད་གཟིགས་པ་ སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ལ་རྒྱལ་བའི་སྙིང་པོ་ཁམས་འདི་ཡོད་པར་བསྟན་ ཏོ། །འཇུག་པ་གསུམ་གང་ཞེ་ན་སོ་སོ་སྐྱེ་བོ་ནི་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་ དང་ལྡན་པས་ཕྱིན་ཅི་ལོག་གི་འཇུག་པ་དང༌། དོན་དམ་པའི་བདེན་པ་མཐོང་བ་བྱང་སེམས་ འཕགས་པ་ནི་ཕྱིན་ཅི་ལོག་གསུམ་པོ་སྤངས་པས་སོ་སྐྱེའི་འཇུག་པ་ལས་བཟློག་པ་སྟེ་ཕྱིན་ཅི་ མ་ལོག་པའི་འཇུག་པའོ། །དེ་བཞིན་གཤེགས་པ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ བཅོམ་པས་གནས་ལུགས་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་སྤྲོས་མེད་དུ་འཇུག་པ་ཉིད་ དོ། ། 1-1-152 ལྔ་པ་ནི། ཁམས་འདི་ཉིད་དྲི་མས་མ་དག་པའི་གནས་སྐབས་དང༌། དྲི་མ་འགའ་ཞིག་ གིས་མ་དག་ཅིང་འགའ་ཞིག་གིས་དག་པའི་གནས་སྐབས་དང༌། དྲི་མས་ཤིན་ཏུ་རྣམ་པར་ དག་པའི་གནས་སྐབས་དེ་གསུམ་ལ་གོ་རིམ་བཞིན་དུ། སེམས་ཅན་དང་བྱང་ཆུབ་སེམས་ དཔའ་དང་དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་གིས་བརྗོད་དོ། །གང་ལ་བརྗོད་ཅེ་ན་ངོ་ བོ་ཉིད་དང་ལ་སོགས་པས་རྒྱུ་འབྲས་ལས་ལྡན་འཇུག་པའི་སྟེ། དོན་འདི་དྲུག་གིས་ནི་བསྡུས་ པའི་ཁམས་སྔར་བཤད་པ་དེ་ལ་ནི་མ་དག་པ་ལ་སོགས་པའི་གནས་སྐབས་གསུམ་དག་ཏུ་ སེམས་ཅན་ལ་སོགས་པ་མིང་གསུམ་གྱིས་ནི་བསྟན་པ་ཡིན་ནོ། །དེ་ཡང༌། དེར། ཤཱ་རིའི་བུ་ ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་བཏུམས་པ། འཁོར་བའི་ རྒྱུན་གྱིས་ཁྱེར་བ། ཐོག་མ་དང་ཐ་མ་མེད་པའི་འཁོར་བའི་འགྲོ་བར་འཆི་བ་དང་སྐྱེ་བ་དག་ཏུ་ འཁོར་བ་ནི་སེམས་ཅན་གྱི་ཁམས་ཞེས་བརྗོད་དོ། །ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་འཁོར་བའི་ རྒྱུན་གྱི་སྡུག་བསྔལ་ལ་སྐྱོ་བར་གྱུར་པ། འདོད་པའི་ཡུལ་ཐམས་ཅད་ལ་ཆགས་པ་དང་བྲལ་ བ། ཕ་རོལ་ཏུ་ཕྱིན་པ་བཅུའི་ཁོངས་སུ་གཏོགས་པ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་ བྱང་ཆུབ་ཀྱི་དོན་དུ་སྤྱད་པ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཤཱ་རིའི་བུ་ཆོས་ ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་ཡོངས་སུ་གྲོལ་བ། སྡུག་བསྔལ་ཐམས་ ཅད་ལས་འདས་པ། ཉེ་བའི་ཉོན་མོངས་པའི་དྲི་མ་མཐའ་དག་དང་བྲལ་བ། དག་པ་རྣམ་པར་ དག་པ་མཆོག་ཏུ་ཡོངས་སུ་དག་པའི་ཆོས་ཉིད་ལ་གནས་པ། སེམས་ཅན་ཐམས་ཅད་ཀྱིས་ བལྟ་བར་བྱ་བའི་ས་ལ་བཞུགས་པ། ཤེས་བྱའི་ས་མཐའ་དག་ལ་གཉིས་སུ་མེད་པའི་སྐྱེས་ བུའི་མཐུ་ཐོབ་པ། སྒྲིབ་པ་མེད་པའི་ཆོས་ཅན། ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་སྟོབས་ ཐོགས་པ་མེད་པ་ཐོབ་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཞེས་བརྗོད་དོ། །ཞེས་སོ། ། 1-1-153 དྲུག་པ་ནི། ཇི་ལྟར་ཏེ་དཔེར་ན་རྟོག་པ་དང་སྒྲིབ་པ་མེད་པའི་བདག་ཉིད་ཅན་གྱི་ནམ་ མཁའ་གཟུགས་དམན་པ་དང་བར་མ་དང་མཆོག་ཀུན་ཏུ་ཁྱབ་པར་རྗེས་སུ་སོང་བ་ལྟར། སོ་ སྐྱེ་དང་བྱང་སེམས་དང་སངས་རྒྱས་ཀྱི་སེམས་ཀྱི་རང་བཞིན་དྲི་མ་གདོད་མ་ནས་མེད་པའི་ དབྱིངས་བདེ་གཤེགས་སྙིང་པོ་ཡང་ནམ་མཁའ་དེ་བཞིན་དུ་གནས་སྐབས་གསུམ་པོ་ཀུན་ ཏུ་ཁྱབ་པར་འགྲོ་བ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ ཆོས་ཉིད་ཡིན་པའི་ཕྱིར་ཉེས་པ་དང་བཅས་པ་སོ་སྐྱེ་དང་ཡོན་ཏན་དང་བཅས་པ་བྱང་སེམས་ དང་ཡོན་ཏན་རྣམ་པར་དག་པ་མཐར་ཐུག་པ་ཅན་སངས་རྒྱས་ཀྱི་གནས་སྐབས་གསུམ་དུ་ ཁྱབ་པར་རྗེས་སུ་སོང་ཡང་གནས་སྐབས་ཐམས་ཅད་ངོ་བོ་ཁྱད་པར་མེད་པ་སྟེ། དཔེར་ན་ གཟུགས་ཀྱི་རྣམ་པ་དམན་པ་སའི་སྣོད་དང༌། བར་མ་ཟངས་ཀྱི་སྣོད་དང༌། མཆོག་གསེར་གྱི་ སྣོད་ལ་ནམ་མཁས་ཁྱབ་ཀྱང་སྣོད་གསུམ་གྱི་ནམ་མཁའི་ངོ་བོ་ཁྱད་མེད་པ་བཞིན་ནོ། །དེ་ ཡང༌། དེར། ཤཱ་རིའི་བུ་དེའི་ཕྱིར་ན་སེམས་ཅན་གྱི་ཁམས་གཞན་ལ་ཆོས་ཀྱི་སྐུ་ཡང་གཞན་པ་ ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་སྐུ་ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་ཏེ་ འདི་གཉིས་ནི་དོན་གྱིས་གཉིས་སུ་མེད་དེ་ཡི་གེ་ཙམ་ཐ་དད་པ་ཡིན་ནོ། །ཞེས་གནས་སྐབས་ གསུམ་བསྟན་པའི་དེ་མ་ཐག་ཏུ་གསུངས་སོ། ། བདུན་པ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། ཁམས་འདི་ལ་མ་དག་པ་དང་མ་དག་ དག་པའི་གནས་སྐབས་ན་ཉེས་པ་གློ་བུར་པ་དང་ལྡན་ཡང་ཁམས་ཀྱི་ངོ་བོ་རང་བཞིན་གྱིས་ དག་པ་ཡིན་པ་དང༌། ཤིན་ཏུ་རྣམ་དག་གི་གནས་སྐབས་ན་རྣམ་པར་དབྱེ་བ་མེད་ཅིང་བྲལ་ མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པའི་སངས་ རྒྱས་ཀྱི་ཆོས་ལྡན་ཡང་གསར་དུ་སྐྱེས་པ་མ་ཡིན་གྱི་གདོད་ནས་རང་བཞིན་ཉིད་ཀྱིས་ལྡན་ པའི་ཕྱིར། ཇི་ལྟར་སྔར་དྲི་བཅས་ཀྱི་སྐབས་དེ་བཞིན་དུ་ཕྱིས་དྲི་མེད་ཀྱི་སྐབས་ཀྱང་དེ་བཞིན་ 1-1-154 དུ་གནས་པས་ཁམས་ཀྱི་ངོ་བོ་ནམ་ཡང་འགྱུར་བ་མེད་པའི་ཆོས་ཉིད་དོ། ། གཉིས་པ་རྒྱས་བཤད་ལ་གསུམ། དྲི་མས་མ་དག་འཁོར་བའི། མ་དག་དག་པ་བརྟན་ པའི། ཤིན་ཏུ་རྣམ་དག་རྒྱལ་བའི། གནས་སྐབས་ན་འགྱུར་བ་མེད་ཚུལ་ལོ། །དང་པོ་ལ་ གསུམ་གྱི་དང་པོ་མདོར་བསྟན་ལ་གཉིས། དྲི་མས་གོས་པ་མེད་ཚུལ། ངོ་བོ་སྐྱེ་འཇིག་མེད་ ཚུལ། མདོར་བསྟན་པའོ། ། དང་པོ་ནི། ཇི་ལྟར་ནམ་མཁའ་སྣོད་གསུམ་པོ་ཀུན་ཏུ་ཁྱབ་པར་སོང་བ་ཡིན་ཡང་ཕྲ་བ་སྟེ་ ལུས་ཅན་མ་ཡིན་པའི་ཕྱིར་སྣོད་ཀྱི་ཉེས་པས་ཉེ་བར་གོས་པ་མེད། དེ་བཞིན་དུ་སེམས་ཅན་ ཐམས་ཅད་ལ་ཁྱབ་པར་གནས་པའི་ཁམས་འདི་སེམས་ཅན་གྱི་དྲི་མས་ཉེ་བར་གོས་པ་མེད་ དེ་རང་བཞིན་གྱིས་དག་པས་སོ། ། གཉིས་པ་ནི། ཇི་ལྟར་སྣོད་ཀྱི་འཇིག་རྟེན་སྐྱེ་འགག་བྱེད་པ་ན་དུས་ཐམས་ཅད་དུ་ནམ་ མཁའ་ལ་ནི་སྐྱེ་ཞིང་འཇིག་ཀྱང་ནམ་མཁའ་སྐྱེ་མེད་པ་དེ་བཞིན་དུ་ཁམས་རྒྱུ་རྐྱེན་གྱིས་འདུས་ མ་བྱས་པའི་ཆོས་དབྱིངས་ལ་སེམས་ཅན་གྱིས་དབང་པོ་རྣམས་ནི་སྐྱེ་ཞིང་འཇིག་ཀྱང་ཁམས་ ལ་སྐྱེ་འཇིག་མེད་དོ། །ཇི་ལྟར་འཇིག་རྟེན་མེས་འཇིག་པ་ན་ནམ་མཁའ་དུས་མཐའི་མེ་དང་ དམྱལ་བའི་མེ་དང་ཐ་མལ་པའི་མེ་རྣམས་ཀྱིས་སྔོན་ཆད་ནམ་ཡང་ཚིག་པ་མེད་པ་དེ་བཞིན་དུ་ ཁམས་འདི་ནི་འཆི་བ་དང་ན་བ་དང་རྒ་བའི་མེས་མི་འཚིག་གོ ། གཉིས་པ་རྒྱས་བཤད་ལ་གསུམ། ཁམས་གང་ལའང་བརྟེན་པ། དེས་ན་སྐྱེ་འཇིག་གནས་ པ། ཁམས་ལ་དྲི་མས་གོས་པ་མེད་ཚུལ་ལོ། །དང་པོ་ལ་གཉིས། དཔེ་དོན་སོ་སོར། དཔེ་དོན་ སྦྱར་ཏེ་བཤད་པའོ། །དང་པོ་ནི་འཇིག་རྟེན་འདིར་སའི་དཀྱིལ་འཁོར་ནི་ཆུའི་དཀྱིལ་འཁོར་ ལ་བརྟེན་ནས་གནས་ལ། ཆུ་ནི་རླུང་ལ་གནས་ཤིང་རླུང་ནི་ནམ་མཁའ་ལ་བརྟེན་ནས་རབ་ ཏུ་གནས་ཀྱང་ནམ་མཁའ་ནི་རླུང་དང་ཆུ་དག་དང་སའི་ཁམས་ལ་བརྟེན་ནས་གནས་པ་མ་ 1-1-155 ཡིན་པ་དེ་བཞིན་དུ་ཕུང་པོ་ལྔ་དང་ཁམས་བཅྭ་བརྒྱད་དང་དབང་པོ་དྲུག་ཡུལ་དང་བཅས་པ་ སྐྱེ་མཆེད་བཅུ་གཉིས་རྣམས་ནི། ལས་ཟག་བཅས་གསུམ་དང་དེ་སློང་བྱེད་རྩ་བ་དང་ཉེ་བའི་ ཉོན་མོངས་དག་ལ་བརྟེན་ནས་གནས་ལ། ལས་དང་ཉོན་མོངས་ནི་མི་གཙང་བ་ལ་གཙང་ བར་འཛིན་པ་སོགས་ཚུལ་བཞིན་མིན་པའི་ཡིད་ལ་བྱེད་པ་ལ་རྟག་ཏུ་བརྟེན་ནས་གནས་ ཤིང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་སེམས་ཀྱི་རང་བཞིན་ཁམས་རྣམ་པར་དག་ པ་ལ་བརྟེན་ནས་རབ་ཏུ་གནས་ཀྱང༌། སེམས་ཀྱི་རང་བཞིན་དོན་དམ་གྱི་ཆོས་རྣམས་ནི་ཕུང་ སོགས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལ་ཡང་བརྟེན་ནས་གནས་པ་མེད་དེ། དེ་སྐྱེ་འཇིག་མེད་ པས་དང༌། ཀུན་རྫོབ་བཀག་ཀྱང་དེ་མི་ཁེགས་པས་སོ། ། གཉིས་པ་ནི། ཕྱི་རོལ་ཏུ་ཆུའི་འབྲས་བུ་ས་ཡིན་པ་དང་འདྲ་བར་ལས་ཉོན་གྱི་རྣམ་པར་ སྨིན་པའི་འབྲས་བུ་ཕུང་པོ་རྣམས་དང་སྐྱེ་མཆེད་དང་ཁམས་རྣམས་སའི་དཔེས་ཤེས་པར་ བྱའོ། །ཕྱི་རོལ་ཏུ་ཆུའི་ཁམས་སའི་རྒྱུ་ཡིན་པ་དང་འདྲ་བར་ཕུང་སོགས་ཀྱི་རྒྱུ་ལུས་ཅན་གྱི་ ལས་དང་ཉོན་མོངས་རྣམས་ཆུའི་དཔེས་ཤེས་པར་བྱ་སྟེ། ལས་ཉོན་སློང་བྱེད་ཚུལ་བཞིན་མ་ ཡིན་པ་ཡིད་ལ་བྱེད་པ་ནི་ཕྱི་རོལ་གྱི་ཆུའི་རྒྱུ་རླུང་གི་ཁམས་དང་འདྲ་བར་བསྟན་ཏོ། །སེམས་ ཀྱི་རང་བཞིན་འོད་གསལ་ནམ་མཁའི་ཁམས་བཞིན་དུ་བསྟན་པའི་དོན་ནི། རང་བཞིན་དེ་ གཞི་གཞན་ལ་བརྟེན་པ་ཅན་མིན་ཞིང་ཀུན་རྫོབ་གང་ལ་ཡང་བརྟེན་ནས་གནས་པ་མེད་པས་ སོ། ། གཉིས་པ་ནི། དེ་ལྟར་ཁམས་དེ་གང་ལ་ཡང་གནས་པ་མེད་པའི་འདུས་མ་བྱས་ཡིན་པས་ སྐྱེ་བ་སོགས་མེད་དེ། དེ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རླུང་ལྟ་བུ་ནི་སེམས་ཀྱི་ རང་བཞིན་འོད་གསལ་ནམ་མཁའ་ལྟ་བུ་ལ་གནས་ཏེ། ཚུལ་བཞིན་མ་ཡིན་ཡིད་བྱེད་དེ་ཉིད་ ཀྱིས་ལས་དང་ཉོན་མོངས་རབ་ཏུ་ཕྱེ་བ་སྟེ་སྐྱེད་དོ། །ལས་དང་ཉོན་མོངས་ཆུ་ལྟ་བུ་ལས་ནི་ 1-1-156 ཕུང་པོ་དང་སྐྱེ་མཆེད་དང་ཁམས་ས་ལྟ་བུ་རྣམས་འབྱུང་ངོ༌། །དཔེར་བཀོད་པ་ས་སོགས་དེ་ རྣམས་ནམ་མཁའ་ལ་གནས་ནས་འཇིག་པ་དང་ཆགས་པ་ལྟར། དོན་ཕུང་སོགས་རྣམས་ཀྱང་ ཁམས་ལ་གནས་ནས་སྐྱེ་བ་དང་འཇིག་པར་འགྱུར་བ་ཡིན་ཡང༌། སེམས་ཀྱི་རང་བཞིན་འོད་ གསལ་ནི་ནམ་མཁའི་ཁམས་ལྟར་ཉེར་ལེན་གྱི་རྒྱུ་མེད་ཅིང་ལྷན་ཅིག་བྱེད་པའི་རྐྱེན་མེད་དེ། དེས་ན་རྒྱུ་རྐྱེན་ཚོགས་པ་མེད་ཅིང་དེའི་ཕྱིར་ཐོག་མ་སྐྱེ་བ་དང་མཐར་འཛིན་པ་དང་བར་དུ་ གནས་པའི་སྐད་ཅིག་ཀྱང་ཡོད་པ་མ་ཡིན་ཏེ། རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་རྟག་བརྟན་ཐེར་ ཟུག་གཡུང་དྲུང་ཡིན་པའི་ཕྱིར་རོ། ། གསུམ་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོ་གང་ཡིན་པ་དེ་ ནི་ནམ་མཁའ་བཞིན་དུ་ནམ་ཡང་འགྱུར་བ་མེད་དེ། རྟག་ཏུ་དེ་བཞིན་དུ་གནས་པའི་ཕྱིར་ རོ། །ཡང་དག་མིན་པའི་རྟོག་པ་ཀུན་གཞི་རྣམ་ཤེས་ལས་བྱུང་བའི་འདོད་ཆགས་ཞེ་སྡང་ལ་ སོགས་པ་གློ་བུར་དྲི་མས་ཀྱང་དེའི་ངོ་བོ་ཉོན་མོངས་པར་མི་འགྱུར་ཏེ་རང་བཞིན་གྱིས་རྣམ་ པར་དག་པའི་ཕྱིར་རོ། ། གསུམ་པ་དོན་བསྡུ་ལ་གཉིས་ཀྱི་དང་པོ་སྐྱེ་འཇིག་མེད་ཚུལ་བསྡུས་ཏེ་བཤད་པ་ནི། ལས་དང་ཉོན་མོངས་པ་ཆུ་ལྟ་བུའི་ཚོགས་ཀྱི་ཁམས་འདི་ནི་མངོན་པར་བསྐྱེད་ཅིང་གྲུབ་པ་ མིན་ཏེ་སྐྱེ་བ་མེད་པས་སོ། །ཁམས་འདི་ནི་འཆི་བ་དང་ན་བ་དང་རྒ་བའི་མེ་མི་བཟད་པ་སྟེ་ དྲག་པོས་ཀྱང་འཚིག་ཅིང་ཞིག་པར་མི་འགྱུར་ཏེ། འཇིག་པ་མེད་པས་སོ། །དེ་ལྟར་མ་དག་ པའི་གནས་སྐབས་ན་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་རྣམས་སྐྱེ་ མོད་ཀྱི་ཁམས་དེ། མི་འགྱུར་བ་ནམ་མཁའི་དཔེས་བསྟན་པ་འདི་ཡང༌། མདོར་གསུངས་ཏེ། ཇི་སྐད་དུ། དྲང་སྲོང་ཆེན་པོ་ཉོན་མོངས་པ་ནི་མུན་པ། རྣམ་པར་དག་པ་ནི་སྣང་བའོ། །ཉོན་ མོངས་པ་ནི་སྟོབས་ཆུང་བ། ལྷག་མཐོང་ནི་སྟོབས་དང་ལྡན་པའོ། །ཉོན་མོངས་པ་ནི་གློ་བུར་ 1-1-157 བ་རང་བཞིན་གྱིས་རྣམ་པར་དག་པ་ནི་རྩ་བའོ། །ཉོན་མོངས་པ་ནི་ཀུན་ཏུ་བརྟགས་པ། རང་ བཞིན་ནི་ཀུན་ཏུ་མ་བརྟགས་པའོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ་ས་ཆེན་པོ་འདི་ནི་ཆུ་ལ་རབ་ ཏུ་གནས་པ། ཆུ་ནི་རླུང་ལ་རབ་ཏུ་གནས་པ། རླུང་ནི་ནམ་མཁའ་ལ་རབ་ཏུ་གནས་པ་ཡིན་ལ། ནམ་མཁའ་ནི་གནས་པ་མེད་པའོ། །དེ་ལྟར་ན་ཁམས་བཞི་པོ་འདི་རྣམས་ལས་སའི་ཁམས་ དང་ཆུའི་ཁམས་དང་རླུང་གི་ཁམས་ལས་ནི་ནམ་མཁའ་ཉིད་སྟོབས་དང་ལྡན་པ་བརྟན་པ་མི་ གཡོ་བ་འགྲི བ་པ་མེད་པ་སྐྱེ་བ་མེད་པ་འགག་པ་མེད་པ་སྟེ། རང་གི་ངང་གིས་གནས་པའོ། །དེ་ལ་ཁམས་གསུམ་པོ་གང་ཡིན་པ་དེ་དག་ནི་སྐྱེ་བ་དང་འཇིག་པ་དང་ལྡན་པ་མི་གནས་པ་ ཡུན་རིང་དུ་མི་གནས་པ་སྟེ། འདི་དག་ནི་རྣམ་པར་འགྱུར་བ་མཐོང་གི་ནམ་མཁའི་ཁམས་ ལ་ནི་རྣམ་པར་འགྱུར་བ་འགའ་ཡང་མེད་དོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ ནི་ལས་དང་ཉོན་མོངས་པ་ལ་རབ་ཏུ་གནས་པའོ། །ལས་དང་ཉོན་མོངས་པ་ནི་ཚུལ་བཞིན་ མ་ཡིན་པ་ཡིད་ལ་བྱེད་པ་ལ་རབ་ཏུ་གནས་པའོ། །ཚུལ་བཞིན་མ་ཡིན་པ་བྱེད་པ་ནི་རང་ བཞིན་གྱིས་ཡོངས་སུ་དག་པ་ལ་རབ་ཏུ་གནས་པའོ། །དེས་ན་སེམས་ཀྱི་རང་བཞིན་ནི་འོད་ གསལ་བ་སྟེ་བློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉོན་མ་མོངས་པའོ་ཞེས་བརྗོད་དོ། །དེ་ལ་ ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གང་ཡིན་པ་དང༌། ལས་དང་ཉོན་མོངས་པ་གང་ཡིན་པ་ དང༌། ཕུང་པོ་དང་ཁམས་དང་སྐྱེ་མཆེད་གང་ཡིན་པའི་ཆོས་འདི་མཐའ་དག་ནི་རྒྱུ་མཚན་གྱིས་ བསྡུས་པས་སྐྱེ་བ། རྒྱུ་རྐྱེན་དང་བྲལ་ན་འགག་པར་འགྱུར་གྱི། རང་བཞིན་གང་ཡིན་པ་དེ་ནི་ རྒྱུ་མེད་པ་རྐྱེན་མེད་པ་ཚོགས་པ་མེད་པ་སྐྱེ་བ་མེད་པ་འགག་པ་མེད་པའོ། །དེ་ལ་ནམ་མཁའི་ ཁམས་ཇི་ལྟ་བ་དེ་ལྟར་ནི་རང་བཞིན་ནོ། །རླུང་གི་ཁམས་ཇི་ལྟ་བ་དེ་ལྟར་ནི་ཚུལ་བཞིན་མ་ ཡིན་པ་ཡིད་ལ་བྱེད་པའོ། །ཆུའི་ཁམས་ཇི་ལྟ་བ་དེ་ལྟར་ནི་ལས་དང་ཉོན་མོངས་པའོ། །སའི་ ཁམས་ཇི་ལྟ་བ་དེ་ལྟར་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་སོ། །དེས་ན་ཆོས་ཐམས་ 1-1-158 ཅད་ནི་རྩ་བ་ཡོངས་སུ་ཆད་པ་སྟེ་སྙིང་པོ་མེད་པའི་རྩ་བ་ཅན། མི་གནས་པའི་རྩ་བ་ཅན། དག་ པའི་རྩ་བ་ཅན། རྩ་བ་མེད་པའི་རྩ་བ་ཅན་ནོ་ཞེས་བརྗོད་དོ། །ཞེས་སོ། ། གཉིས་པ་འཆི་སོགས་མེ་དང་མཚུངས་ཚུལ་བཤད་པ་ནི། རང་བཞིན་ནམ་མཁའ་འདྲ་ ཚུལ་དང་ཕུང་སོགས་ས་སོགས་དང་འདྲ་ཚུལ་བཤད་ཟིན་ནས་འཆི་སོགས་མེ་དང་འདྲ་ཚུལ་ འཆད་པ་ཕྱི་རོལ་ན་དུས་ཀྱི་མཐའ་མར་བྱུང་བ་བསྐལ་པ་འཇིག་པའི་མེ་དང༌། དམྱལ་བའི་མེ་ དང༌། ཐ་མལ་པའི་མེ་བུད་ཤིང་ལས་བྱུང་བ་ལ་སོགས་པ་མེ་གསུམ་ཡོད་ལ། ནང་ན་འཆི་བ་ དང་ན་བ་དང་རྒ་བའི་མེ་གསུམ་ཡོད་དོ། །ནང་གི་མེ་དེ་དག་རིམ་པ་བཞིན་དུ་ཕྱིའི་མེ་གསུམ་ པོ་དེ་དང་འདྲ་བར་ཤེས་པར་བྱའོ། །རྒྱུ་མཚན་ཡང༌། འཆི་བ་ནི་སྐྱེ་མཆེད་དྲུག་བདག་གི་བ་ མེད་པར་བྱེད་པས་དུས་མཐའི་མེས་འཇིག་རྟེན་མེད་པར་བྱེད་པ་དང་འདྲའོ། །ན་བ་ནི་སྡུག་ བསྔལ་སྣ་ཚོགས་མྱོང་བར་བྱེད་པས་དམྱལ་མེ་དང་འདྲའོ། །རྒས་པ་ནི་འདུ་བྱེད་སྨིན་པར་ བྱེད་པས་ཉི་འོད་ལ་སོགས་པས་ལོ་ཐོག་ལ་སོགས་པ་སྨིན་པར་བྱེད་པ་དང་འདྲའོ། །ཁམས་ དེ་མ་དག་པའི་གནས་སྐབས་ན་ཡང་འཆི་བ་ལ་སོགས་པས་མི་འགྱུར་བ་འདི་ནི། དཔལ་ འཕྲེང་དུ། བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་དང་སྐྱེ་བ་ཞེས་བགྱི་བ་འདི་ནི་འཇིག་རྟེན་ གྱི་ཐ་སྙད་དོ། །ཞེས་སོགས་ཀྱིས་གསུངས་སོ། ། གཉིས་པ་ལ་གཉིས་ཀྱི་དང་པོ་རྒྱལ་བའི་སྲས་ཀྱིས་འགྱུར་མེད་ཆོས་དབྱིངས་རྟོགས་ཚུལ་ ལ་གཉིས་གཞུང་དོན། སྤྱི་དོན་ནོ། །དང་པོ་ལ་གཉིས་སྐྱེ་མེད་རྟོགས་ཀྱང་རྒྱལ་སྲས་སྐྱེ་སོགས་ སྟོན། སྐྱེ་ཡང་ལས་ཉོན་དབང་གིས་སྐྱེ་བ་མེད་ཚུལ་ལོ། །དང་པོ་ནི། སྐྱེ་བ་དང་འཆི་བ་དང་ན་ བ་དང་རྒ་བ་ལས་གྲོལ་བ་སེམས་ཀྱི་ཆོས་ཉིད་འདིའི་རང་བཞིན་ཇི་ལྟ་བ་བཞིན་ཉིད་མངོན་ སུམ་དུ་རྟོགས་ཏེ། སྐྱེ་བ་ལ་སོགས་པའི་ཕོངས་པ་སྡུག་བསྔལ་དང་བྲལ་ཡང་ཆོས་ཉིད་རྟོགས་ པ་དེའི་རྒྱུས་ཏེ་དེ་ལ་བརྟེན་ནས་བློ་ལྡན་བྱང་སེམས་རྣམས་འགྲོ་བ་སྡུག་བསྔལ་གྱི་མུན་པར་ 1-1-159 འཁྱམས་པ་ལ་སྙིང་རྗེ་བསྐྱེད་དེ་ལམ་བསྟན་པའི་ཕྱིར་འཁོར་བར་སྐྱེ་བ་ལ་སོགས་པའི་ཚུལ་ རྒྱུད་ལ་བསྟེན་ཏོ། ། གཉིས་པ་ནི། བྱང་སེམས་འཕགས་པ་དེ་འཁོར་བར་སྐྱེ་བ་སྟོན་ཡང་འཆི་བ་དང་ན་བ་ དང་རྒ་བའི་སྡུག་བསྔལ་རྩ་བ་ནས་སངས་པས་སྐྱེ་སོགས་ཀྱི་སྡུག་བསྔལ་ནི་མེད་དེ། ཚུལ་ མིན་ཡིད་བྱེད་དང་ལས་དང་ཉོན་མོངས་པའི་དབང་གིས་སྡུག་བསྔལ་ཅན་གྱི་འཁོར་བར་ སྐྱེ་ལ། འཕགས་པ་དེ་ལ་ལས་ཉོན་དེ་མེད་པའི་ཕྱིར་སྐྱེ་སོགས་ཀྱི་སྡུག་བསྔལ་དེ་མེད་དོ། །དཔེར་ན་བུད་ཤིང་ཟད་ན་མེ་འབར་བ་མེད་པ་བཞིན་ནོ། །འོ་ན་སྐྱེ་སོགས་སྟོན་པ་ཡང་མི་ རིགས་སོ་སྙམ་ན། ཁམས་དེ་སྐྱེ་བ་དང་འབྱུང་བ་མེད་པའི་དོན་ཇི་ལྟ་བ་བཞིན་དུ་ཡང་དག་པ་ མཐོང་བའི་ཕྱིར། བྱང་སེམས་དེ་འཁོར་བའི་སྡུག་བསྔལ་སྐྱེ་སོགས་རྣམས་ལས་འདས་པར་ གྱུར་ཀྱང༌། སེམས་ཅན་ལ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་རྒྱལ་སྲས་རྣམས་ནི་དགེ་བའི་རྩ་ བའི་ཀུན་ཏུ་སྦྱོར་བས། བསམས་བཞིན་དུ་སྐྱེ་བ་ལ་དབང་བ་ལ་བརྟེན་ནས་སྙིང་རྗེས་ཁམས་ གསུམ་དུ་སྐྱེ་བ་དང་འཆི་བ་དང་རྒ་བ་དང་ན་བར་ཡང་ཉེ་བར་སྟོན་ནོ། ། གཉིས་པ་ལ་གཉིས། སྐྱེ་སོགས་སྟོན་ཚུལ་ཆོས་ཉིད་རྟོགས་པའི་ཚུལ། མདོ་དང་ལེགས་ པས་སྦྱར་བའོ། །དང་པོ་ནི། རྒྱལ་སྲས་རྣམས་དགེ་བའི་རྩ་བའི་ཀུན་སྦྱོར་གྱིས་སྐྱེ་སོགས་སྟོན་ པ་འདི་རྒྱས་པར་བློ་གྲོས་རྒྱ་མཚོས་ཞུས་པའི་མདོར་གསུངས་ཏེ། དེ་ལས་དགེ་རྩའི་ཀུན་སྦྱོར་ བ་ནི། ཇི་སྐད་དུ། བློ་གྲོས་རྒྱ་མཚོ་དེ་དག་གི་འཁོར་བའི་རྒྱུ་དགེ་བའི་རྩ་བ་དང་མཚུངས་པར་ ལྡན་པའི་ཉོན་མོངས་པ་གང་ཞེ་ན། འདི་ལྟ་སྟེ་བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་ མི་ངོམས་པ་དང༌། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང༌། སངས་རྒྱས་ དང་ཕྲད་པ་དོན་དུ་གཉེར་བ་དང༌། སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར་མི་སྐྱོ་བ་དང༌། དམ་ པའི་ཆོས་འཛིན་པ་ལ་བརྩོན་པ་དང༌། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལ་འགྲུབ་པ་དང༌། ཆོས་ 1-1-160 ལ་ཆགས་པའི་བསམ་པ་དང་མ་བྲལ་པ་དང༌། ཕ་རོལ་ཏུ་ཕྱིན་པའི་ཀུན་ཏུ་སྦྱོར་བ་རྣམས་མི་ འདོར་བ་སྟེ། བློ་གྲོས་རྒྱ་མཚོ་གང་དག་གིས་བྱང་ཆུབ་སེམས་དཔར་ཀུན་ཏུ་སྦྱོར་བར་བྱེད་ ཀྱང་ཉོན་མོངས་པའི་སྐྱོན་གྱིས་མི་གོས་པ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་ མོངས་པ་ནི་འདི་དག་གོ །ཞེས་སོ། །དེ་དག་ལ་ཉོན་མོངས་པ་ཟེར་ཡང་ཁམས་གསུམ་དུ་སྦྱོར་ བས་ཉོན་མོངས་སུ་བཏགས་ཀྱི་ཉོན་མོངས་དངོས་མིན་ཏེ། དེར། བཅོམ་ལྡན་འདས་གང་གི་ ཚེ་དགེ་བའི་རྩ་བ་ལགས་ན་དེ་རྒྱུ་ཅིའི་སླད་དུ་ཉོན་མོངས་པ་ཞེས་བགྱི། བཀའ་སྩལ་པ་བློ་ གྲོས་རྒྱ་མཚོ་འདི་ལྟར་དེ་ལྟ་བུའི་རང་བཞིན་གྱིས་ཉོན་མོངས་པ་དེ་དག་གིས་བྱང་ཆུབ་སེམས་ དཔའ་ཁམས་གསུམ་པར་ཀུན་ཏུ་སྦྱོར་ལ་ཁམས་གསུམ་པ་ཡང་ཉོན་མོངས་པ་ལས་བྱུང་བ་ ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཐབས་མཁས་པ་དང་དགེ་བའི་རྩ་བའི་སྟོབས་ བསྐྱེད་པས་བསམས་བཞིན་དུ་ཁམས་གསུམ་དུ་ཀུན་ཏུ་སྦྱོར་ཏེ། དེས་ན་དགེ་བའི་རྩ་བ་དང་ མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱའོ། །ཅི་སྲིད་ཁམས་གསུམ་པར་ཀུན་ཏུ་སྦྱོར་ བས་ཡིན་གྱི་སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ། །ཞེས་སོ། །དེ་ལྟར་མཚམས་སྦྱོར་ པའི་རྒྱུ་ནི་འགྲོ་བ་ལ་བུ་གཅིག་པ་ལྟར་བརྩེ་བའི་ཐུགས་རྗེ་ཡིན་ཏེ། དེར། བློ་གྲོས་རྒྱ་མཚོ་ དཔེར་ན་ཚོང་དཔོན་ནམ་ཁྱིམ་བདག་འགའ་ཞིག་ལ་བུ་གཅིག་པ་འདོད་པ་སྡུག་པ་ཕངས་པ་ ཡིད་དུ་འོང་བ་མཐོང་ན་མི་མཐུན་པ་མེད་པ་ཞིག་ཡོད་ལ། ཁྱེའུ་དེ་ཡང་བྱིས་པར་གྱུར་པས་ གར་བྱེད་པ་ན་མི་གཙང་བའི་དོང་དུ་ལྷུང་པར་གྱུར་ཏོ། །དེ་ནས་ཁྱེའུ་དེའི་མ་དང་གཉེན་གྱིས་ ཁྱེའུ་དེ་མི་གཙང་པའི་དོང་དུ་ལྷུང་བ་དེ་མཐོང་ལ། མཐོང་ནས་ཀྱང་ཆོ་ངེ་ཆེན་པོས་འདེབས་ ཤིང་མྱ་ངན་བྱེད་ལ་སྨྲེ་སྔགས་འདོན་ཏེ། མི་གཙང་བའི་དོང་དེར་ཞུགས་ཏེ་ཁྱེའུ་དེ་འདོན་ པར་ནི་མི་བྱེད་དོ། །དེ་ནས་ཁྱེའུ་དེའི་ཕ་ཕྱོགས་དེར་སོང་སྟེ། དེས་བུ་གཅིག་པོ་དེ་མི་གཙང་ བའི་དོང་དེར་ལྷུང་བ་མཐོང་ངོ༌། །མཐོང་ནས་ཀྱང་རིངས་པ་རིངས་པར་བཏབས་པའི་ཚུལ་ 1-1-161 གྱིས་བུ་གཅིག་པོ་མངོན་པར་འདོད་པའི་སྲེད་པས་བྱས་ཏེ། སྐྱུག་བྲོ་བ་མེད་པར་མི་གཙང་ པའི་དོང་དེར་བབས་ཏེ་བུ་གཅིག་པོ་ཕྱུང་བར་གྱུར་ཏོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་འདི་ནི་ཇི་ སྲིད་དོན་འདི་ཤེས་པར་བྱ་བའི་ཕྱིར་དཔེར་བྱས་པའོ། །དོན་གང་ཡིན་པར་བལྟ་ཞེ་ན། བློ་ གྲོས་རྒྱ་མཚོ་མི་གཙང་བའི་དོང་ཞེས་བྱ་བ་འདི་ནི་ཁམས་གསུམ་པའི་ཚིག་བླ་དྭགས་སོ། །བུ་ གཅིག་པ་ཞེས་བྱ་བ་འདི་ནི་སེམས་ཅན་རྣམས་ཀྱི་ཚིག་བླ་དྭགས་ཏེ། བྱང་ཆུབ་སེམས་དཔའ་ ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་ཀྱིས་ཉེ་བར་གནས་པར་འགྱུར་རོ། །མ་དང་གཉེན་ཞེས་བྱ་བ་འདི་ནི་གང་དག་འཁོར་བར་ལྷུང་བའི་སེམས་ཅན་མཐོང་ནས་མྱ་ ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི་འདོན་པར་ནི་མི་ནུས་པ་ཉན་ཐོས་དང་རང་སངས་རྒྱས་ ཀྱི་ཐེག་པ་བའི་གང་ཟག་རྣམས་ཀྱི་ཚིག་བླ་དྭགས་སོ། །ཚོང་དཔོན་ནམ་ཁྱིམ་བདག་ཅེས་བྱ་ བ་འདི་ནི་གང་ཞིག་གཙང་བ་དྲི་མ་མེད་པ་དྲི་མ་དང་བྲལ་བའི་སེམས་དང་ལྡན་པ་འདུས་མ་ བྱས་ཀྱི་ཆོས་མངོན་སུམ་དུ་རྟོགས་པ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམས་ བཞིན་དུ་ཁམས་གསུམ་པར་མཚམས་སྦྱོར་བར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ ཚིག་བླ་དྭགས་སོ། །བློ་གྲོས་རྒྱ་མཚོ་མཚམས་སྦྱོར་བ་ཐམས་ཅད་ལས་ཤིན་ཏུ་གྲོལ་ཡང་སྲིད་ པར་སྐྱེ་བ་ལེན་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྟེ། ཐབས་མཁས་པ་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཀུན་ནས་ཉོན་མོང་པ་དག་གིས་ཀྱང་ མི་གནོད་ལ་ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་གྲོལ་བར་བྱ་བའི་ཕྱིར་སེམས་ཅན་ རྣམས་ལ་ཆོས་ཀྱང་སྟོན་པའོ། །ཞེས་སོ། །དེ་ལྟར་ན་མདོའི་དུམ་བུ་འདི་དག་གིས་བསམས་ བཞིན་དུ་སྐྱེ་བ་དང་ཉོན་མོངས་པ་མེད་པ་བསྟན་པས་ཡང་དག་པ་དང་དག་པའི་གནས་ སྐབས་བསྟན་པ་ཡིན་ནོ། ། གཉིས་པ་ནི། རྒྱལ་སྲས་ཀྱིས་ཁམས་ཇི་ལྟ་བ་མཐོང་ནས་ཆོས་ཉིད་ཐོབ་པའི་ཚུལ་ཡང་ 1-1-162 མདོ་དེ་ཉིད་དུ། བློ་གྲོས་རྒྱ་མཚོ་ཆོས་རྣམས་ཀྱི་སྙིང་པོ་མེད་པ་ཉིད་དང་བྱེད་པ་པོ་མེད་པ་ཉིད་ དང༌། བདག་མེད་པ་ཉིད་དང༌། སེམས་ཅན་མེད་པ་ཉིད་དང༌། སྲོག་མེད་པ་ཉིད་དང༌། གང་ ཟག་མེད་པ་ཉིད་དང༌། བདག་པོ་མེད་པ་ཉིད་ལ་ལྟོས། འདི་ལྟར་གང་ལ་ཇི་ལྟར་འདོད་པ་དེ་ ལྟར་འདོད་པ་འགྲུབ་པར་འགྱུར་ལ། གྲུབ་པ་ན་ཡང་སེམས་པར་མི་བྱེད་དོ། །རབ་ཏུ་རྟོག་ པར་མི་བྱེད་དོ། བློ་གྲོས་རྒྱ་མཚོ་རྣམ་པར་བསྒྲུབ་པའི་ཆོས་འདི་ལ་མོས་པའི་བྱང་ཆུབ་སེམས་ དཔའ་ནི་ཆོས་གང་ལ་ཡང་ཁོང་ཁྲོ་བ་སྐྱེད་པར་མི་བྱེད་དོ། །འདི་ལ་འགའ་ཡང་ཕན་འདོགས་ པའི་གནོད་པ་མེད་དོ་ཞེས་དེ་ལྟར་དེའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པར་འགྱུར་རོ། །དེ་ ལྟར་ཆོས་རྣམས་ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་དེ་ལྟར་སྙིང་རྗེ་ ཆེན་པོའི་གོ་ཆ་མི་འདོར་བ་ཡིན་ནོ། །བློ་གྲོས་རྒྱ་མཚོ་དཔེར་ན་ནོར་བུ་རིན་པོ་ཆེ་བཻཌཱུརྱ་རིན་ ཐང་མེད་པ་ཤིན་ཏུ་སྦྱངས་པ་ཤིན་ཏུ་ཡོངས་སུ་དག་པ་ཤིན་ཏུ་དྲི་མ་མེད་པ་འདམ་དུ་བཅུག་ སྟེ་ལོ་སྟོང་ཕྲག་གནས་པར་གྱུར་ལ། དེ་ལོ་སྟོང་འདས་ནས་འདམ་དེ་ནས་ཕྱུང་སྟེ་སྦྱངས་ཤིང་ བྱི་དོར་བྱས་ཏེ། ལེགས་པར་བཀྲུས་ལེགས་པར་སྦྱངས། ལེགས་པར་བྱི་དོར་བྱས་པ་ན་དག་ ཅིང་དྲི་མ་མེད་པ་ནོར་བུ་རིན་པོ་ཆེའི་ངོ་བོ་ཉིད་མི་འདོར་རོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་ བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བར་རབ་ ཏུ་ཤེས་ཏེ། འོན་ཀྱང་དེ་གློ་བུར་བའི་ཉེ་བར་ཉོན་མོངས་པས་ཉོན་མོངས་པར་མཐོང་ངོ༌། །དེ་ ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཉོན་མོངས་པ་འདི་དག་ནི་སེམས་ཅན་ རྣམས་ཀྱི་རང་བཞིན་གྱིས་འོད་གསལ་བར་ཞུགས་པ་མ་ཡིན་གྱི། ཉོན་མོངས་པ་འདི་དག་ ནི་གློ་བུར་པ་སྟེ་ཡང་དག་པ་མ་ཡིན་པར་ཀུན་ཏུ་རྟོག་པས་བསྐྱེད་པའོ། །བདག་གིས་སེམས་ ཅན་འདི་དག་གི་ཉེ་བའི་ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར་ཆོས་བསྟན་པར་ནུས་སོ་སྙམ་སྟེ། དེ་ལྟར་དེ་ལ་ཞུམ་པའི་སེམས་མི་སྐྱེའོ། །དེ་ནི་ལན་མང་དུ་སེམས་ཅན་རྣམས་ཀྱི་ཐད་དུ་རབ་ 1-1-163 ཏུ་འགྲོ་བའི་སེམས་སྐྱེའོ། །དེ་འདི་སྙམ་དུ་ཡང་སེམས་ཏེ་ཉོན་མོངས་པ་འདི་དག་ལ་སྟོབས་ སམ་མཐུ་འགའ་ཡང་ཡོད་པ་མ་ཡིན་ཏེ་ཉོན་མོངས་པ་འདི་དག་ནི་སྟོབས་མེད་པ་སྟོབས་ཆུང་ བའོ། །འདི་དག་ལ་ནི་ཡང་དག་པའི་གནས་འགའ་ཡང་མེད་དོ། །ཉོན་མོངས་པ་འདི་དག་ ནི་ཡང་དག་པ་མ་ཡིན་པར་ཀུན་ཏུ་བརྟགས་པ་སྟེ་དེ་དག་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཚུལ་ བཞིན་དུ་ཡིད་ལ་བྱེད་པས་བརྟགས་པ་ན་ཁྲོ་བར་མི་འགྱུར་རོ། །དེ་ནི་ཁོ་བོས་ཅི་ནས་ཀྱང་ ཡང་འབྲེལ་པར་མི་འགྱུར་བ་དེ་ལྟར་སོ་སོར་བརྟགས་པར་བྱའོ། །ཉོན་མོངས་པ་རྣམས་དང་ ནི་མ་འབྲེལ་བ་ལགས་ཀྱི་འབྲེལ་པ་ནི་མ་ཡིན་ནོ། །གལ་ཏེ་བདག་ཉིད་ཉོན་མོངས་པ་རྣམས་ དང་འབྲེལ་ན་དེ་ཅི་ལྟར་ཉོན་མོངས་པའི་འཆིང་བས་བཅིངས་པའི་སེམས་ཅན་རྣམས་ཉོན་ མོངས་པའི་འཆིང་པ་སྤང་བའི་ཕྱིར་ཆོས་བསྟན། འོན་ཀྱང་ཁོ་བོ་ཉོན་མོངས་པ་རྣམས་དང་ ཡང་མ་འབྲེལ་ལ་ཉོན་མོངས་པའི་འཆིང་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཡང་ཆོས་ བསྟན་པར་བྱའོ། །འཁོར་བར་འབྲེལ་བར་བྱེད་པ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་ པའི་ཉོན་མོངས་པ་གང་ཡིན་པ་དེ་དག་དང་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ འབྲེལ་པར་བྱའོ་སྙམ་མོ། །ཞེས་སོ། །དེ་ལ་འཁོར་བར་འབྲེལ་ཞེས་པའི་འཁོར་བ་ནི་ཟག་པ་ མེད་པའི་དབྱིངས་ན་ཁམས་གསུམ་པའི་གཟུགས་བརྙན་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་ ཡིན་ཏེ། དེ་ནི་ཟག་མེད་ཀྱི་དགེ་བས་འདུས་བྱས་པས་འཁོར་བ་ཡང་ཡིན་ལ། ཟག་བཅས་ ལས་ཉོན་གྱིས་འདུས་མ་བྱས་པས་མྱང་འདས་ཀྱང་ཡིན་ཏེ། དཔལ་ཕྲེང་དུ། བཅོམ་ལྡན་ འདས་དེའི་སླད་དུ་འདུས་བྱས་པ་དང་འདུས་མ་བྱས་པའི་འཁོར་བ་ཡང་མཆིས་ལ། འདུས་ བྱས་པ་དང་འདུས་མ་བྱས་པའི་མྱ་ངན་ལས་འདས་པ་ཡང་མཆིས་སོ་ཞེས་གསུངས་པའི་ དགོངས་པའོ། །འདིས་ཀྱང་མ་དག་དག་པའི་གནས་སྐབས་བསྟན་ཏེ་འདུས་བྱས་པ་དང་ འདུས་མ་བྱས་པ་འདྲེས་པའི་སེམས་སེམས་བྱུང་གི་ཀུན་སྤྱོད་དང་ལྡན་པའི་ཕྱིར་རོ། །གནས་ 1-1-164 སྐབས་འདི་ཐམས་ཅད་ལ་བཞག་པ་ལས་གཙོ་བོར་ས་དྲུག་པ་ལ་ཡིནཏེ། ཤེས་རབ་ཀྱིས་ ཟག་པ་ཟད་པ་ལ་མངོན་དུ་ཕྱོགས་པས་སྲིད་པ་ལས་གྲོལ་ཡང༌། སྙིང་རྗེ་སེམས་ཅན་སྐྱབས་ པའི་ཕྱིར་ཟག་པ་ཟད་པ་མངོན་དུ་མི་བྱེད་པར་འཁོར་བར་སྐྱེ་བ་སྟོན་པའི་ཕྱིར་རོ། །དེ་ཡང་ མདོར། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབད་པ་ཆེན་ པོ་དང་བརྩོན་པ་ཆེན་པོ་དང་ལྷག་པའི་བསམ་པ་བརྟན་པར་བསྒྲུབས་པས་མངོན་པར་ཤེས་ པ་ལྔ་བསྐྱེད་པར་བྱེད་དོ། །བསམ་གཏན་དང་མངོན་པར་ཤེས་པ་ལ་སེམས་ཡོངས་སུ་སྦྱང་བ་ བྱས་པ་དེ་ལ་ཟག་པ་ཟད་པ་མངོན་དུ་ཕྱོགས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཡོངས་ སུ་བསྐྱབ་པའི་དོན་དུ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པས་ཟག་པ་ཟད་པའི་ཤེས་པ་དབང་ དུ་བྱ་སྟེ་སླར་ཡང་སེམས་ཡོངས་སུ་སྦྱང་བ་བྱས་པས་ས་དྲུག་པ་ལ་ཆགས་པ་མེད་པའི་ཤེས་ རབ་སྐྱེས་པའི་ཕྱིར་ཟག་པ་ཟད་པ་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །ཞེས་སོ། །དེ་ལྟར་ན་ ས་འདིར་ཟག་པ་ཟད་པ་མངོན་དུ་བྱེད་པ་ལ་དབང་ཐོབ་པས་དག་པ་དང༌། ཞི་བའི་རོ་མི་མྱང་ པར་གཞན་དོན་དུ་བསམ་བཞིན་དུ་དུད་འགྲོའི་བར་གྱི་སྐྱེ་བ་སྟོན་པས་མ་དག་པའི་གནས་ སྐབས་བསྟན་པ་ཡིན་ནོ། ། གཉིས་པ་ཆོས་དབྱིངས་རྟོགས་པའི་རྒྱལ་སྲས་རྣམས་ཀྱི་ཡོན་ཏན་ལ་ས་དང་པོ་བྱང་ཆུབ་ སེམས་དཔའ་བཞིའི་ཡོན་ཏན་བསྟན་པ་ལ་བཞི། སེམས་བསྐྱེད་དང་པོ་བསྐྱེད་པའི། སྤྱོད་ པ་མཆོག་ལ་ཞུགས་པའི། ཕྱིར་མི་ལྡོག་པ་ཐོབ་པའི། སྐྱེ་བ་གཅིག་གིས་ཐོགས་པའི། རྒྱལ་ སྲས་ཀྱི་ཡོན་ཏན་བསྟན་པའོ། །དང་པོ་ནི་ས་དང་པོ་ཐོབ་སྟེ་དོན་དམ་གྱི་སེམས་དང་པོ་བསྐྱེད་ པའི་རྒྱལ་སྲས་ནི། ཐོག་མ་མེད་པའི་དུས་ནས་སྔོན་མ་མཐོང་བ་ནམ་ཡང་འགྱུར་བ་མེད་པའི་ ཆོས་ཉིད་འཇིག་རྟེན་ལས་འདས་པ་འདི་མངོན་དུ་རྟོགས་ནས་སྐྱེ་སོགས་ལས་གྲོལ་ཡང༌། མ་ རིག་པའི་ལིང་ཐོག་གིས་དེ་ཉིད་ལྟ་བའི་མིག་མདོངས་པའི་སེམས་ཅན་རྣམས་ཀྱིས་སྐྱེ་བ་ལ་ 1-1-165 སོགས་པ་དག་ཏུ་ནི་མཐོང་བ་གང་ཡིན་པ་དེ་ནི་སྤྱོད་པ་ངོ་མཚར་རྨད་དུ་བྱུང་བ་ཉིད་དོ། །ཅིའི་ ཕྱིར་ཞེ་ན། འཕགས་པའི་སྤྱོད་ཡུལ་དོན་དམ་ཆོས་ཉིད་མངོན་དུ་རྟོགས་ནས་སྐྱེ་སོགས་ལས་ གྲོལ་བ་ཐོབ་པའི་རྒྱལ་སྲས་ས་དང་པོ་པ་གང་ཡིན་པ་དེ། བྱིས་པ་སོ་སྐྱེའི་སྤྱོད་ཡུལ་དུ་སྐྱེ་ སོགས་ཅན་དུ་སྟོན་ཏེ། དེ་ཉིད་ཀྱི་ཕྱིར་ནའོ། །དེས་ན་འགྲོ་བའི་གཉེན་རྒྱལ་སྲས་ཀྱི་གཞན་ དོན་མཛད་པའི་ཐབས་དང་དེའི་རྒྱུ་སྙིང་རྗེ་ཆེན་པོ་ནི་མཆོག་དང་རབ་ཡིན་ནོ། ། གཉིས་པ་ནི། ས་གཉིས་པ་ནས་བདུན་པའི་བར་ལ་གནས་པའི་རྒྱལ་སྲས་དེ་ནི་ཤེས་ རབ་ཀྱིས་འཇིག་རྟེན་ཐམས་ཅད་ལས་འདས་ཀྱང་མྱང་འདས་མངོན་དུ་མི་བྱེད་པས་འཇིག་ རྟེན་ལས་མ་གཡོས་ཤིང་འཇིག་རྟེན་པ་རྣམས་ཀྱི་དོན་དུ་འཇིག་རྟེན་ན་སྐྱེ་སོགས་སྟོན་ཡང་ འཇིག་རྟེན་གྱི་ཉེས་པའི་དྲི་མས་མ་གོས་པར་རྒྱལ་སྲས་ཀྱི་སྤྱད་པ་སྤྱོད་པ་འདི་ནི་སྤྱོད་པ་ མཆོག་ཡིན་ནོ། །ཇི་ལྟར་དཔེར་ན་པད་མ་ཆུ་ནང་དུ་སྐྱེས་པ་ཆུ་ཡིས་གོས་པ་མེད་པ་དེ་བཞིན་ དུ་རྒྱལ་སྲས་འདི་ནི་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་གྱི་ཆོས་སྐྱེ་སོགས་སྡུག་བསྔལ་གྱིས་ མ་གོས་སོ། ། གསུམ་པ་ནི། ས་བརྒྱད་པ་ལ་གནས་པའི་རྒྱལ་སྲས་དེའི་སྤྱོད་པ་རྨད་དུ་བྱུང་སྟེ། སེམས་ ཅན་གྱི་དོན་བྱ་བ་སྒྲུབ་པ་ལ་རྟག་ཏུ་གློ་བུར་ཤིང་སྐམ་པོའི་མེ་བཞིན་དུ་རང་ཤུགས་ཀྱི་བརྩོན་ འགྲུས་འབར་བ་དང༌། རྟོག་པ་ཞི་བའི་བསམ་གཏན་དང་སྙོམས་པར་འཇུག་པ་རྣམས་ལ་ རྟག་ཏུ་རྩོལ་བ་མེད་པར་སྙོམས་པར་ཞུགས་པ་ཡང་ཡིན་པས་སོ། །དེ་ཡང་ས་བདུན་པ་མན་ ཅད་དུ་གཞན་དོན་དང་མཉམ་བཞག་རྩོལ་བ་དང་བཅས་པ་ཡིན་ལ་བརྒྱད་པ་ལ་རྩོལ་མེད་ ལྷུན་གྱིས་གྲུབ་སྟེ། མདོ་རྒྱན་དུ། མཚན་མ་མེད་པ་ལྷུན་གྱིས་གྲུབ། །ཅེས་སོ། ། བཞི་པ་ལ་གཉིས་ཀྱི་དང་པོ་མཐར་ཕྱིན་བྱང་ཆུབ་སེམས་དཔའི་ཡོན་ཏན་རྨད་དུ་བྱུང་ ཚུལ་ནི། ས་བཅུ་པ་ལ་གནས་པའི་རྒྱལ་སྲས་གཞན་དོན་འགྲུབ་པའི་ཐབས་ཀྱི་མཐར་ཕྱིན་ 1-1-166 པ་སངས་རྒྱས་ཐོབ་པ་ལ་སྐྱེ་བ་ཐ་མ་གཅིག་གིས་ཐོགས་པའི་མཛད་པ་ནི་ཕུལ་དུ་བྱུང་སྟེ་སྔོན་ གྱི་སྨོན་ལམ་གཞན་དོན་ལྷུན་གྱིས་གྲུབ་པར་དགོངས་པའི་འཕེན་པའི་དབང་གིས་རྩོལ་མེད་ དུ་གཞན་དོན་འབྱུང་བ་དང་ནི་རྩོལ་བའི་ཀུན་སློང་རྣམ་རྟོག་ཐམས་ཅད་དང་བྲལ་བའི་ཕྱིར་ རྒྱལ་སྲས་ས་བཅུ་པ་དེ་ནི་གདུལ་བྱ་ལུས་ཅན་རྣམས་སྨིན་པའི་དོན་དུ་འབད་པ་དང་རྩོལ་བ་ བྱེད་པ་མ་ཡིན་ཡང༌། གསུང་གིས་ཆོས་བསྟན་པ་དང༌། སྐུས་གཟུགས་ཅན་སྤྲུལ་སྐུའི་མཛད་ པ་བསྟན་པ་དག་དང་ནི། ཆགས་ཅན་ལ་ཆགས་ཅན་གྱི་སྤྱོད་པ་བསྟན་པ་ལ་སོགས། འགྲོ་ འཆག་ལ་སོགས་པའི་སྤྱོད་ལམ་གྱི་ཚུལ་གདུལ་བྱའི་བསམ་པ་དང་མཐུན་པར་བསྟན་པས་ ཀྱང་རུང་སྟེ། གདུལ་བྱ་གང་ཞིག་ཚུལ་ཇི་ལྟར་ཐབས་གང་གིས་འདུལ་བའི་ཚུལ་གདུལ་བྱ་ དེས་ཚུལ་དེ་ཐབས་དེ་ལྟ་ཉིད་དུ་ཤེས་ཤིང་མཐོང་ནས་འདུལ་བར་བྱེད་དོ། །དེ་ལྟར་ན་གདུལ་ བྱ་ནམ་མཁའི་མཐའ་ཀླས་པར་མང་བ་ཉིད་ཀྱིས་འགྲོ་བ་ལ། འདུལ་བའི་ཚུལ་འཕྲིན་ལས་ རྟག་ཏུ་ལྷུན་གྱིས་གྲུབ་པར་འདུལ་བ་པོ་གཞན་དོན་ཐོགས་པ་མེད་པར་འབྱུང་བའི་བློ་ལྡན་དེ་ ཡི་ནི་མཛད་པ་སེམས་ཅན་གྱི་དོན་ནི་འབད་མེད་ལྷུན་གྲུབ་ཏུ་ཡང་དག་པར་འཇུག་པའི་ཕྱིར་ རོ། ། གཉིས་པ་རྒྱལ་བ་རྣམས་དང་མཚུངས་དང་མི་མཚུངས་དཔྱད་པ་ནི། མཐར་ཕྱིན་པའི་ བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པའི་སྤྱོད་པའི་ཚུལ་འདི་ནི། རྗེས་ཐོབ་ཏུ་དེ་ བཞིན་གཤེགས་པ་རྣམས་དང་སེམས་ཅན་ཡང་དག་པར་སྒྲོལ་བའི་ཕྲིན་ལས་ལ་འཇིག་རྟེན་ ན་ནི་མཛད་པ་མཉམ་པ་ཉིད་དེ་ཁྱད་པར་མེད་དོ། །དེ་ལྟ་མོད་ཀྱི་སྤངས་པ་དང་རྟོགས་པའི་ ཁྱད་པར་ནི་ཤིན་ཏུ་ཆེ་སྟེ། སའི་དཀྱིལ་འཁོར་དང་རྡུལ་ཕྲ་རབ་ཀྱི་ཁྱད་པར་ལྟར་དང༌། རྒྱ་ མཚོ་ཆེན་པོ་དང་བ་ལང་གི་རྨིག་རྗེས་ཀྱི་ཆུའི་ཁྱད་གང་ཡིན་པ་ཁྱད་ཤིན་ཏུ་ཆེ་བ་ལྟར་སངས་ རྒྱས་དང་བྱང་ཆུབ་སེམས་དཔའི་ཁྱད་པར་ཡང་དེ་ཉིད་ཙམ་མོ། ། 1-1-167 གསུམ་པ་ལ་གསུམ་གྱི་དང་པོ་འགྱུར་བ་མེད་ཚུལ་བསྡུས་ཏེ་བསྟན་པ་ནི། ཁམས་འདི་ ནི་ཤིན་ཏུ་རྣམ་པར་དག་པ་དེ་བཞིན་གཤེགས་པའི་གནས་སྐབས་ན་ཡང་ངོ་བོ་སྔ་མ་ལས་ འགྱུར་བ་མེད་དེ། རྟག་པ་དང་བརྟན་པ་དང་ཞི་བ་དང་གཡུང་དྲུང་ཡིན་པའི་ཕྱིར་རོ། །དེ་ ཡང་ཁམས་ཤིན་ཏུ་རྣམ་དག་གི་གནས་སྐབས་ཆོས་ཅན། ངོ་བོ་གཞན་དུ་འགྱུར་བ་མིན་པའི་ བདག་ཉིད་རྟག་པ་ཡིན་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་མི་ཟད་ པའི་ཆོས་དང་ལྡན་པའི་ཕྱིར་རོ། །དེ་ཆོས་ཅན། འགྲོ་བའི་གཏན་གྱི་སྐྱབས་སུ་གྱུར་པའི་ བརྟན་པ་ཡིན་ཏེ། ཕྱི་མའི་མཐའ་མེད་པའི་མུར་ཐུག་པ་དང་མཚུངས་པར་གནས་པའི་ཕྱིར་རོ། །དེ་ནི་ཆོས་ཅན། རྟག་ཏུ་ལས་དང་ཉོན་མོངས་པ་གཉིས་མེད་པའི་ཞི་བ་ཡིན་ཏེ། ལས་ཉོན་ ཀུན་སློང་གི་རྟོག་པ་མེད་པས་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ཆོས་ཅན། ནམ་ཡང་འཇིག་ པ་མེད་པའི་གཡུང་དྲུང་གི་ཆོས་ཀྱང་ཡིན་ཏེ། རྒྱུ་རྐྱེན་གྱིས་འདུས་མ་བྱས་ཤིང་མ་བཅོས་པའི་ རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན། ཁམས་དེ་ཆོས་ཅན། སྐྱེ་བ་མེད་ཅིང་འཆི་བ་མེད་པ་ གནོད་པ་མེད་ཅིང་རྒ་བ་ཡང་མེད་པ་ཡིན་ཏེ། དེ་ནི་རྟག་པའི་ཕྱིར་དང་བརྟན་པའི་ཕྱིར་དང་ཞི་ བའི་ཕྱིར་དང་གཡུང་དྲུང་གི་ཕྱིར་རོ། །ཞེས་པ་གོ་རིམ་བཞིན་ནོ། ། གཉིས་པ་དེའི་རྒྱུ་མཚན་རྒྱས་པར་བཤད་པ་ནི། ཤིན་ཏུ་རྣམ་དག་གི་གནས་སྐབས་སུ་ གནས་པ་དེ་བཞིན་གཤེགས་པའི་ཁམས་དེ་ནི་ཆོས་ཅན། ལས་ཉོན་གྱིས་འཁོར་བར་སྐྱེ་བ་ ལྟ་ཞོག་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སྐྱེ་བ་ཡང་མེད་དེ། རྟག་པའི་ཕྱིར་རོ། །སྐྱེ་བའི་ཀུན་ ནས་ཉོན་མོངས་ཀྱིས་འཆི་བ་ལྟ་ཞོག་བསམ་གྱིས་མི་ཁྱབ་པ། ཡོངས་སུ་བསྒྱུར་བའི་འཆི་ འཕོ་བས་ཀྱང་བརྟན་པའི་ཕྱིར་དེ་མི་འཆིའོ། །ཉོན་མོངས་མངོན་དུ་རྒྱུ་བའི་ནད་ལྟ་ཞོག་མ་ རིག་པའི་བག་ཆགས་ཀྱི་ས་ཕྲ་མོའི་ནད་རྣམས་ཀྱིས་ཀྱང་གནོད་པ་མེད་དེ་ཞི་བ་ཉིད་ཀྱི་ཕྱིར་ རོ། །ཟག་བཅས་ཀྱི་ལས་ཀྱིས་རྒས་པ་ལྟ་ཞོག་ཟག་པ་མེད་པ་མངོན་པར་འདུ་བྱེད་པའི་ལས་ 1-1-168 ཀྱི་འབྲས་བུ་སྨིན་པས་ཀྱང་གཡུང་དྲུང་ཡིན་པའི་ཕྱིར་ན་རྒ་བ་མེད་དོ། །དེ་ལྟར་རྟག་པ་ལ་ སོགས་པས་སྐྱེ་མེད་སོགས་སྒྲུབས་པ་ལྟར། སྐྱེ་མེད་ལ་སོགས་པས་ཀྱང་རྟག་སོགས་འགྲུབ་ པའི་ཕྱིར་འགྱུར་བ་མེད་ཚུལ་གྱི་རྒྱུ་མཚན་ཡིན་ནོ། ། གསུམ་པ་མདོ་དང་སྦྱར་ཏེ་ཤིན་ཏུ་རྒྱས་བཤད་ནི། ཁམས་ཤིན་ཏུ་རྣམ་དག་གི་གནས་ སྐབས་སུ་འགྱུར་བ་མེད་པར་བསྟན་པ་དེ་ལ། གཞན་འགྱུར་མིན་བདག་ལ་སོགས་པ་རྐང་ པ་བཞི་པོ་རེ་རེས་རྟག་པ་སོགས་བཞི་མདོར་བསྟན་པ་དེ་རྒྱས་པར་བཤད་པ་འོག་ནས་ འབྱུང་བའི་ཚིག་རྐང་པ་གཉིས་དང་དེ་བཞིན་དུ་ཡང་གཉིས་དང༌། དེ་ལ་ཡང་གཉིས་དང་ཡང་ གཉིས་ཀྱིས་གོ་རིམ་བཞིན་དུ་འདུས་མ་བྱས་པའི་དབྱིངས་ཤིན་ཏུ་རྣམ་དག་གི་གནས་སྐབས་ ལ་ནི་བརྟག་པ་ལ་སོགས་པ་བཞིའི་དོན་མདོ་ལས་གསུངས་པ་བཞིན་དུ་ཤེས་པར་བྱ་སྟེ། དེ་ ཡང༌། ཕུང་པོ་ལྷག་མ་མེད་པར་གྱུར་པ་ན་ཡང་མི་ཟད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ གཞན་དུ་འགྱུར་བ་མིན་པའི་བདག་ཉིད་ནི་རྟག་པའི་དོན་ནོ། །མཐའི་མུ་དང་མཚུངས་པར་ རྒྱུན་མི་འཆད་པའི་ཕྱིར་གཏན་གྱི་སྐྱབས་གནས་ཀྱི་བདག་ཉིད་ནི་བརྟན་པའི་དོན་ནོ། །རྣམ་ པར་མི་རྟོག་པའི་རང་བཞིན་ཡིན་པའི་ཕྱིར་ལས་ཉོན་གཉིས་མེད་པའི་ཆོས་ཉིད་ཡིན་པ་ནི་ཞི་ བའི་དོན་ནོ། །རྐྱེན་གྱིས་མ་བཅོས་པའི་ཡོན་ཏན་ཅན་ཉིད་ཀྱི་ཕྱིར་ན་འཇིག་པ་མེད་པའི་དོན་ ནི་གཡུང་དྲུང་གི་དོན་ཉིད་དོ། །མདོ་གང་ཞེ་ན། འགྲི བ་འཕེལ་མེད་པའི་མདོར། ཤཱ་རིའི་བུ་མི་ ཟད་པའི་ཆོས་ཉིད་ཀྱིས་ན་གཞན་དུ་མི་འགྱུར་བའི་ཆོས་ཀྱི་སྐུ་འདི་ནི་རྟག་པའོ། །ཤཱ་རིའི་བུ་ ཕྱི་མའི་མཐའི་མུ་དང་མཚུངས་པ་ཉིད་ཀྱིས་བརྟན་པའི་སྐྱབས་སུ་འགྱུར་བའི་ཆོས་ཀྱི་སྐུ་འདི་ ནི་བརྟན་པའོ། །ཤཱ་རིའི་བུ་རྣམ་པར་མི་རྟོག་པ་ཉིད་ཀྱིས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་འདི་ ཉིད་ནི་ཞི་བའོ། །ཤཱ་རིའི་བུ་མ་བཅོས་པའི་ཆོས་ཉིད་ཀྱིས་འཇིག་པ་མེད་པའི་ཆོས་ཀྱི་སྐུ་འདི་ ནི་གཡུང་དྲུང་ངོ༌། །ཞེས་སོ། ། 1-1-169 བརྒྱད་པ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། གང་གི་ཕྱིར་ཁམས་དེ་ནི་ཆོས་ཀྱི་སྐུ་དང་ དེ་ནི་དེ་བཞིན་གཤེགས་པ་དང་དེ་ནི་འཕགས་པའི་སྤྱོད་ཡུལ་བདེན་པ་དོན་དམ་སྟེ་དོན་དམ་ བདེན་པ་དང་མྱ་ངན་ལས་འདས་པ་ཡིན་པས་དོན་མཐུན་གྱི་མིང་ཡང་བཞིར་བརྗོད་དེའི་ཕྱིར་ ཉི་མ་དང་ཉི་མའི་འོད་ཟེར་དབྱེར་མེད་པ་བཞིན་དུ་སྤངས་པ་དང་རྟོགས་པའི་ཡོན་ཏན་དབྱེར་ མེད་པས་ན་སངས་རྒྱས་ཉིད་ལས་མ་གཏོགས་པའི་མྱ་ངན་ལས་འདས་པ་མེད་དོ། ། གཉིས་པ་རྒྱས་བཤད་ལ་གཉིས་ཀྱི་དང་པོ་ཁམས་ལ་དོན་བཞིས་མིང་བཞིར་བསྟན་ པ་ནི། མདོར་བསྡུ་ན་ཟག་པ་མེད་པའི་དབྱིངས་བདེ་གཤེགས་སྙིང་པོ་ལ་ནི་དོན་གྱི་རབ་ཏུ་ དབྱེ་བ་བཞིའི་དབང་དུ་བྱས་ནས་ཆོས་ཀྱི་སྐུ་ལ་སོགས་པའི་མིང་གི་རྣམ་གྲངས་བཞིར་ནི་ རིག་པར་བྱའོ། །དོན་བཞི་གང་ཞེ་ན། སངས་རྒྱས་ཆོས་སྐུའི་ཡོན་ཏན་གྱི་ཆོས་རྣམས་གདོད་ ནས་དབྱེར་མེད་པར་གནས་པའི་དོན་དང་སངས་རྒྱས་དེ་ནི་ཡོན་ཏན་གྱི་རིགས་བསམ་གྱིས་ མི་ཁྱབ་པའི་རྣམ་པ་དེ་ཇི་ལྟ་བ་བཞིན་དུ་ཆོས་ཉིད་ཀྱིས་ཐོབ་པའི་དོན་དང༌། ཀུན་རྫོབ་མིན་ པས་བརྫུན་པ་མེད་པ་དང་བསླུ་བ་མེད་པ། གཏན་དུ་གནས་པའི་ཆོས་ཉིད་ཡིན་པའི་དོན་ དང༌། གདོད་མ་ནས་གཏན་དུ་རང་བཞིན་གྱིས་མྱ་ངན་ཞི་བའི་དོན་ཏེ་བཞི་ཉིད་དོ། །དེ་དག་ ཀྱང༌། རིམ་པ་ལྟར། དཔལ་འཕྲེང་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ ནི་རྣམ་པར་དབྱེར་མེད་པ་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་ གཱའི་ཀླུང་གི་བྱེ་མ་ལས་འདས་པས་མི་སྟོང་པའོ། །ཞེས་དང༌། ཆོས་མངོན་པའི་མདོར། རྒྱུད་ ནས་འོངས་པའི་ཐོག་མ་མེད་པའི་ཆོས་ཉིད་ཐོབ་པ་དེ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་དེ་འདྲ་བ་ ཡིན་ནོ། །ཞེས་དང༌། མདོར། །དོན་དམ་པའི་བདེན་པ་ནི་མི་བསླུ་བའི་ཆོས་ཅན་གྱི་མྱ་ངན་ ལས་འདས་པ་གང་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན་རིགས་དེ་ནི་གཏན་དུ་བའི་ཆོས་ཉིད་ཀྱིས་ ན་རྟག་པའོ། །ཞེས་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ 1-1-170 སངས་རྒྱས་ནི་གདོད་མ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་དེ་སྐྱེ་བ་མེད་པ་འགག་པ་ མེད་པའོ། །ཞེས་གསུངས་པའི་དགོངས་པའོ། །དེ་ལྟར་དོན་བཞིའི་དབང་གིས་མིང་བཞི་སྟེ། འགྲི བ་འཕེལ་མེད་པའི་མདོར། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ་ཞེས་པས་ཆོས་སྐུ་དང༌། །དཔལ་འཕྲེང་དུ། བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་གཞན་ལ་ཆོས་ཀྱི་སྐུ་གཞན་པ་ནི་མ་ལགས་ཀྱི་བཅོམ་ལྡན་འདས་ ཆོས་ཀྱི་སྐུ་ཉིད་དེ་བཞིན་གཤེགས་པ་ལགས་སོ་ཞེས་པས་དེ་བཞིན་གཤེགས་པ་དང༌། དེར། བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ཞེས་བགྱི་བའི་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་ནི་ དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་ཏོ། །ཞེས་པས་དོན་དམ་བདེན་པ་དང༌། དེར། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་ པའི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་པས་མྱ་ངན་ལས་འདས་པའི་མིང་གསུངས་པའོ། ། གཉིས་པ་མིང་བཞིས་བསྟན་ཡང་དབྱེ་བ་མེད་ཚུལ་ལ་གསུམ་གྱི་དང་པོ་སྤངས་རྟོགས་ སོ་སོ་གཅིག་ཏུ་བསྟན་པ་ནི། མིང་བཞི་པོ་འདི་དག་ཁམས་གཅིག་པུ་ལ་འདུ་བའི་ཕྱིར་མིང་ བཞི་དོན་གཅིག་པས་གཉིས་སུ་མེད་པའི་ཕྱིར་ན། ཆོས་ཐམས་ཅད་རྣམ་པ་ཀུན་ཏུ་མངོན་པར་ རྫོགས་པར་བྱང་ཆུབ་པ་ནི་སངས་རྒྱས་དང༌། སྒྲིབ་གཉིས་ཀྱི་དྲི་མ་བག་ཆགས་དང་བཅས་པ་ སྤངས་པ་ནི་མྱང་འདས་ཏེ། དེ་ལྟ་བུའི་སངས་རྒྱས་དང་མྱ་ངན་ལས་འདས་པ་ནི་དམ་པའི་དོན་ དུ་སྟེ་ཟག་མེད་ཀྱི་དབྱིངས་ལ་ཕན་ཚུན་གཅིག་ཀྱང་གཅིག་ཡིན་པས་ངོ་བོ་དབྱེར་མེད་ཅིང་ གཅད་དུ་མེད་དེ་གཉིས་སུ་མེད་པ་ཉིད་དོ། ། གཉིས་པ་སྤངས་རྟོགས་ཡོན་ཏན་སོ་སོར་བཤད་པ་ལ་གཉིས། རྟོགས་པ་སངས་རྒྱས་ཀྱི་ ཡོན་ཏན་རི་མོའི། སྤངས་པ་མྱང་འདས་ཀྱི་ཡོན་ཏན་ཉི་མའི་དཔེས་བཤད་པའོ། །དང་པོ་ལ་ གཉིས། ཡོན་ཏན་བཞི་ལྡན་རྟོགས་པ། ཡོན་ཏན་དཔེ་དང་སྦྱར་ཏེ་བཤད་པའོ། །དང་པོ་ནི། 1-1-171 ཟག་པ་མེད་པའི་དབྱིངས་འདི་ལ་ལམ་གྱིས་དྲི་མ་སྦྱངས་པ་ན་ཡོན་ཏན་བཞི་འགྲུབ་སྟེ། རྣམ་ པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ན་མི་སྐྱེ་བའི་ཆོས་ ཉིད་ཐོབ་པས་ས་བརྒྱད་པ་ལ་རྣམ་པར་མི་རྟོག་པར་རྒྱུན་དུ་ངང་གིས་འཇུག་པའི་ལམ་ལ་ བརྟེན་ནས་གྲུབ་པ་དེ་བཞིན་གཤེགས་པའི་ཡོན་ཏན་རྣམ་པ་ཐམས་ཅད་པ་དང༌། ས་དགུ་པ་ ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་གྲངས་མེད་པས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་རྫོགས་ པར་བྱེད་པའི་ཤེས་པ་ལ་བརྟེན་ནས་གྲུབ་པའི་ཡོན་ཏན་གྲངས་མེད་པ་དང༌། ས་བཅུ་པ་ལ་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ལྐོག་ཏུ་མ་གྱུར་པའི་ཤེས་པ་ལ་བརྟེན་ནས་གྲུབ་ པའི་ཡོན་ཏན་བསམ་གྱིས་ཁྱབ་པ་མེད་པ་དང༌། དེའི་རྗེས་སུ་ཐོབ་པ་སངས་རྒྱས་ཀྱི་ས་ལ་ སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་གྲོལ་བའི་ཤེས་པ་ལ་བརྟེན་ནས་གྲུབ་པའི་ཡོན་ ཏན་དྲི་མ་མེད་ཅིང་རྣམ་པར་དག་པ་སྟེ། དེ་ལྟར་ཡོན་ཏན་བཞི་གྲུབ་པ་དང་དབྱེར་མེད་པའི་ མཚན་ཉིད་ཅན་གྱི་ཐར་པ་མྱ་ངན་ལས་འདས་པ་ཐོབ་སྟེ། ཐར་པ་གང་ཡིན་པ་དེ་དེ་བཞིན་ གཤེགས་པ་སངས་རྒྱས་ཡིན་པས་དེ་གཉིས་དབྱེར་མེད་དོ། །དེས་ན་ཡོན་ཏན་བཞི་འགྲུབ་ པ་ལ་སའི་ཡེ་ཤེས་ཀྱི་རྟེན་བཞི་པོ་དེ་དགོས་པ་ལས་ཉན་རང་ལ་དེ་དག་མེད་པའི་ཕྱིར་མྱ་ ངན་ལས་འདས་པ་ལས་རིང་བ་ཡིན་ནོ། །འོ་ན་ཉན་རང་ཡང་མྱང་འདས་ཐོབ་པར་གསུངས་ པ་རྣམས་དང་འགལ་ལོ་ཞེ་ན། དེ་ནི་དགོངས་པ་ཅན་ཡིན་པས་སྐྱོན་མེད་དེ། དཔལ་ཕྲེང་དུ། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ ཐབས་ལགས་སོ། །ཞེས་ཏེ། ལམ་རིང་པོས་དུབ་པ་རྣམས་ལ་འབྲོག་དགོན་པར་གྲོང་ཁྱེར་ སྤྲུལ་ནས་དབུགས་འབྱིན་པ་ལྟར། སངས་རྒྱས་ཀྱིས་ཀྱང་གནས་སྐབས་ཀྱི་མྱང་འདས་བསྟན་ པས་མྱང་འདས་ཆེན་པོ་ལས་མི་ལྡོག་པའི་ཐབས་ཡིན་ནོ། །ཞེས་དགོངས་པའོ། །དེ་ལྟར་ཡོན་ ཏན་བཞི་འགྲུབ་པ་འདི། དཔལ་ཕྲེང་དུ་རྒྱས་པར་གསུངས་པའི་མཐར། བཅོམ་ལྡན་འདས་ 1-1-172 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་མྱ་ངན་ ལས་འདས་པ་ཐོབ་པའི་ཕྱིར་རྣམ་པ་ཐམས་ཅད་པ་གཞལ་དུ་མེད་པ་བསམ་གྱིས་མི་ཁྱབ་པ་ རྣམ་པར་དག་པ་མཐར་ཕྱིན་པའི་ཡོན་ཏན་དང་ལྡན་པའོ། །ཞེས་གསུངས་སོ། ། གཉིས་པ་ནི་ཡོན་ཏན་རྣམ་པ་ཐམས་ཅད་པ་འགྲུབ་པའི་ཚུལ་ཅི་ཞེ་ན། སྦྱིན་སོགས་ལམ་ ཐམས་ཅད་ཚང་ན་ཡོན་ཏན་བཞི་པོ་ཐམས་ཅད་ཚང་བར་འགྲུབ་ལ། ལམ་ལས་གཅིག་མ་ ཚང་ནའང་ཡོན་ཏན་ཚང་བར་མི་འགྲུབ་སྟེ། རྒྱུ་མ་ཚང་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཏེ་དཔེར་ ན། རི་མོ་འབྲི་བར་བྱེད་པའི་གང་ཟག་གང་ཞིག་མགོ་དང་ལག་པ་སོགས་གཞན་དང་གཞན་ ལ་མཁས་པ་མང་པོ་དག་ཡོད་པ་ལས། འབྲི་མཁན་གང་ཞིག་མགོ་ལ་སོགས་པའི་ཡན་ལག་ གང་ཤེས་པ་དེས་ལག་པ་ལ་སོགས་པའི་ཡན་ལག་གཞན་ངེས་པར་ཟིན་པ་སྟེ་ཤེས་པ་མེད་ པར་ཡང་གྱུར་ཏོ། །དེ་ནས་རས་འདི་ལ་རི་མོ་འབྲི་བྱེད་ཁྱེད་ཀུན་གྱིས་ངའི་གཟུགས་ནི་གྱིས་ ཤིག་ཅེས། སའི་མངའ་བདག་རྒྱལ་པོས་རི་མོ་མཁན་དེ་དག་ལ་སྔར་གྱི་བཀའ་ཡིས་རི་མོའི་ གཞིའི་རས་ནི་བྱིན་པ་དང༌། དེ་ནས་རྒྱལ་པོའི་བཀའ་དེ་ནི་ཐོས་པར་གྱུར་ཏེ། རི་མོ་མཁན་ རྣམས་རི་མོའི་ལས་ལ་རབ་ཏུ་སྦྱོར་རོ། །རི་མོ་དེ་ལ་མངོན་པར་སྦྱོར་བ་རྣམས་ཀྱི་ནང་ནས། མགོ་ཤེས་པ་ལ་སོགས་གང་རུང་གཅིག་ཅིག་ཡུལ་གཞན་དུ་སོང་བར་གྱུར་ན། དེ་ནི་ཡུལ་ གཞན་དུ་སོང་བས་ན་དེ་མ་ཚང་བའི་ཕྱིར་རྒྱལ་པོའི་གཟུགས་ཀྱི་རི་མོ་དེ་ཡན་ལག་ཐམས་ ཅད་ཡོངས་སུ་རྫོགས་པར་མི་འགྱུར་བ་བཞིན་ནོ་ཞེས་དཔེར་བྱས་སོ། །དཔེ་དེ་རྣམས་ལས་ རི་མོ་འབྲི་བྱེད་གང་ཡིན་པ་དང་མཚུངས་པའི་དོན་ནི། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་ དང་ལ་སོགས་པ་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་སྟེ་ལམ་རྣམས་སོ། །རྣམ་པ་ ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་འདྲ་བ་ནི་རྒྱལ་པོའི་གཟུགས་སུ་བརྗོད་དོ། །དེ་ ལ་སྦྱིན་སོགས་རེ་རེ་ཡང་རྣམ་པའི་དབྱེ་བ་མཐའ་ཡས་པས་ཚད་མེད་པ་དང༌། གྲངས་དང་ 1-1-173 མཐུ་དཔག་པར་མི་ནུས་པས་གྲངས་མེད་པ་དང་བསམ་གྱིས་མི་ཁྱབ་པ་དང༌། སེར་སྣ་སོགས་ མི་མཐུན་ཕྱོགས་བསལ་བས་རྣམ་པར་དག་པ་སྟེ་ལམ་ཆོས་བཞི་དང་ལྡན་པ་ལྟར་འབྲས་བུ་ ལའང་ཡོན་ཏན་བཞིའོ། །དོན་འདི་ཡང་གཙུག་ན་རིན་པོ་ཆེས་ཞུས་པར། རིགས་ཀྱི་བུ་འདི་ ལྟ་སྟེ་དཔེར་ན། ཡོངས་སུ་བརྟག་པ་བཟུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རི་མོ་མཁན་བཟོ་ཐ་དད་པར་ བསླབས་པ། ཡན་ལག་རྣམ་པར་ཕྱེ་བ་ཐ་དད་དུ་བསླབས་པར་གྱུར་ཏེ། དེ་ལ་ལ་ལ་ནི་ས་ གཅོད་པ་ལ་མཁས་ཀྱང་འབྲི་བ་ལ་མི་མཁས། ལ་ལ་ནི་གཏན་ལ་འབེབས་ལ་མཁས་ཀྱང་ ཡན་ལག་དང་ཉིང་ལག་ལ་མི་མཁས། ཁ་ཅིག་ནི། རྐང་ལག་འབྲི་བ་ལ་མཁས་ཀྱང་མིག་ དང་མགོ་དང་རྣ་བ་འབྲི་བ་ལ་མི་མཁས་པ་དག་ཅིག་ཡིན་ལ། རིགས་ཀྱི་བུ་དེ་ལྟར་རྣམ་པ་ ཐ་དད་དུ་བསླབས་པ། ཡན་ལག་རྣམ་པར་དབྱེ་བ་ལ་ཐ་དད་དུ་བསླབས་པ། གཟུགས་རྣམ་ པ་ཐ་དད་དུ་བསླབས་པའི་རི་མོ་མཁན་དེ་དག་ཐམས་ཅད་ལ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ ནས་དབང་བསྐུར་བས་རས་ཤིག་བྱིན་ཏེ། ཁྱེད་རྣམས་ཀྱིས་རས་འདི་ལ་ངའི་གཟུགས་རིས་ ཏེ་འོན་ཅིག ཁྱེད་ཅག་ཐམས་ཅད་ཀྱིས་ཀྱང་འདི་ལ་རི་མོ་རིས་ཤིག དེ་ནས་རི་མོ་མཁན་ དེ་དག་ཚོགས་ནས། རས་དེ་བསྐྱངས་པ་ལས། རི་མོ་མཁན་དེ་དག་གི་ནང་ནས་རི་མོ་མཁན་ གཅིག་ཡུལ་གཞན་དུ་སོང་བར་གྱུར་ལ། དེ་ནས་རི་མོ་མཁན་ཕྱི་མ་དེ་དག་གིས། དེ་ལ་རྒྱལ་ པོ་དེའི་གཟུགས་བྲིས་ན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། རི་མོ་མཁན་གཅིག་པོ་དེའི་ ལག་ཏུ་མ་བླངས་ན། རས་དེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་འགྱུར་རམ། གསོལ་ པ་བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ ཀྱི་བུ་དེ་ལྟར་ན་ཇི་ཙམ་དུ་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་འདི་དཔེར་བྱ་སྟེ། འདིའི་དོན་ ཅིར་བལྟ་ཞེ་ན། རིགས་ཀྱི་བུ་ཇི་ལྟར་རི་མོ་མཁན་གཅིག་པོ་དེ་མེད་ན། རས་ཀྱི་རྣམ་པ་ཐམས་ 1-1-174 ཅད་ཀྱི་མཆོག་དང་ལྡན་པར་མི་འགྱུར་བ་དེ་བཞིན་དུ། རིགས་ཀྱི་བུ་རྣམ་པ་ཇི་སྙེད་དང་སྤྱོད་ པ་ཇི་སྙེད་དང་བརྩོན་པ་ཇི་སྙེད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་གྲུབ་པར་འགྱུར་བའི་རྣམ་ པ་དེ་དག་ལས། གལ་ཏེ་རྣམ་པ་གཅིག་མ་བསྟན་ན་ཡང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ ལྡན་པའི་སྟོང་པ་ཉིད་མ་ཡིན་ནོ། །ནམ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པ་ཡང་དག་པར་ བསྡུས་ཤིང་ལྟ་བ་དང༌། ཉོན་མོངས་པའི་ཀུན་ནས་ལྡང་བ་དང༌། མཚན་མ་ལ་དམིགས་པའི་ སྤྲོས་པ་ཐམས་ཅད་དང་ལྷན་ཅིག་མི་གནས་པ་དེ་ན་བྱང་ཆུབ་སེམས་དཔའི་རྣམ་པ་ཐམས་ ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡིན་ནོ། །ཞེས་གསུངས་པའོ། ། གཉིས་པ་ནི། སངས་རྒྱས་ཀྱི་རྒྱུད་ལ་མངའ་བ་འཇིག་རྟེན་ལས་འདས་པ་རྣམ་པར་མི་ རྟོག་པའི་ཤེས་རབ་ཇི་ལྟ་བ་མཁྱེན་པ་དང༌། དེའི་རྗེས་ལས་ཐོབ་པ་ཤེས་བྱ་ཐམས་ཅད་ཀྱི་ ཡུལ་ཅན་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང༌། དེ་གཉིས་ཀྱི་རྟེན་སེམས་ཀྱི་རང་བཞིན་དྲི་མ་ ལས་གདོད་ནས་རྣམ་པར་གྲོལ་བ་དང༌། གསུམ་པོ་དེ་རྣམ་པ་དབྱེར་མེད་པ་བཞི་ནི་རིམ་པ་ ལྟར། དེ་ཁོ་ནའི་མུན་པ་སེལ་བས་འོད་གསལ་བའི་ཕྱིར་དང༌། ཤེས་བྱ་ཐམས་ཅད་ལ་འཇུག་ པས་ཁྱབ་པར་འགྲོ་བའི་ཕྱིར་དང༌། རང་བཞིན་གྱིས་དྲི་མ་མེད་ཅིང་འོད་གསལ་བས་རྣམ་ པར་དག་པའི་ཕྱིར་དང༌། གསུམ་པོ་ཆོས་དབྱིངས་སུ་གཅིག་པས་ཐ་དད་མེད་པའི་ཕྱིར་དང༌། གོ་རིམ་བཞིན་དུ་ཉི་མ་རང་གསལ་བའི་འོད་དང༌། གཞན་ལ་འཕྲོ་བའི་འོད་ཟེར་དང༌། ཉི་ མའི་དཀྱིལ་འཁོར་མུན་པས་རྣམ་པར་དག་པ་དང༌། གསུམ་པོ་རྣམས་དབྱེར་མེད་པ་དང་ཆོས་ མཚུངས་སོ། ། གསུམ་པ་སྤངས་རྟོགས་གཅིག་ཚུལ་བསྡུས་ཏེ་བསྟན་པ་ནི། སངས་རྒྱས་དང་མྱང་འདས་ གཉིས་ངོ་བོ་དབྱེར་མེད་པ་དེས་ན་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་ ཀྱི་གཟིགས་པ་མངའ་བའི་སངས་རྒྱས་མ་ཐོབ་པར་ནི། སྒྲིབ་པ་ཐམས་ཅད་ལས་གྲོལ་བའི་ 1-1-175 མྱ་ངན་ལས་འདས་པ་མི་འཐོབ་སྟེ། དཔེར་ན་ཉི་མའི་འོད་དང་འོད་ཟེར་མཐོང་བ་སྤངས་ ནས་ནི་ཉི་མ་ལྟ་བར་མི་ནུས་པ་བཞིན་ནོ། །དེས་ན། དཔལ་འཕྲེང་དུ། བཅོམ་ལྡན་འདས་ དམན་པ་དང་གྱ་ནོམ་པའི་ཆོས་ལ་ནི་མྱ་ངན་ལས་འདས་པ་རྟོགས་པ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པ་རྟོགས་པ་ནི་མཚུངས་པའི་ཆོས་རྣམས་ཀྱི་ལགས་ སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ནི་ཡེ་ཤེས་མཚུངས་པ་དང་རྣམ་པར་གྲོལ་ པ་མཚུངས་པ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མཚུངས་པ་རྣམས་ཀྱི་ལགས་སོ། །བཅོམ་ལྡན་འདས་དེའི་སླད་དུ་མྱ་ངན་ལས་འདས་པའི་དབྱིངས་ནི་རོ་གཅིག་པ་རོ་མཚུངས་ པ་ཞེས་བརྗོད་དེ། འདི་ལྟར་རིག་པ་དང་རྣམ་པར་གྲོལ་བའི་རོ་མཚུངས་སོ། །ཞེས་སོ། །དེའི་ དོན་ཡང་ངོ་བོ་གཅིག་པ་ལ་མཆོག་དམན་དུ་འབྱེད་ན་མྱང་འདས་མི་རྟོགས་པ་མི་འབྱེད་ན་ རྟོགས་སོ་ཞེས་དགོངས་ཀྱི། མཆོག་དམན་ཁྱད་པར་ཡོད་པ་ལ་འབྱེད་པ་ནི་སྐྱོན་ཡིན་པར་མི་ སྟོན་ནོ། ། གསུམ་པ་དོན་བཅུ་བཤད་པའི་མཇུག་སྡུད་ནི། དེ་ལྟར་རྒྱལ་བའི་སྙིང་པོ་འདི་ཉིད་ཕྱི་ མའི་མཐའི་མུ་དང་མཚུངས་པར་རྟག་པའི་ཆོས་ཉིད་དུ་རིག་པར་བྱ་བའི་དབང་དུ་བྱས་ནས་ངོ་ བོའི་དོན་ནས་དབྱེར་མེད་པའི་དོན་གྱི་བར་གྱི་རྣམ་པར་གཞག་པ་ཐོག་མ་མེད་པ་ནས་གནས་ པ་འབྲེལ་བའི་རང་བཞིན་དག་པའི་ཆོས་ཉིད་རྣམ་པ་བཅུ་ཞེས་བྱ་བས་བསྡུས་ནས་བརྗོད་ ཟིན་ཏོ། ། གསུམ་པ་ལ་གསུམ་གྱི་དང་པོ་བཞུགས་ཚུལ་དཔེ་ཡིས་ཤེས་པར་བྱ་བ་ནི། ཐོག་མ་མེད་ པ་ནས་གནས་པ་མ་འབྲེལ་པའི་རང་བཞིན་ཉོན་མོངས་པའི་སྦུབས་ན་གནས་པའི་ཁམས་ དེར། སྙིང་པོའི་མདོ་ལས་གསུངས་པ་ལྟར་འོག་ནས་འབྱུང་བའི་དཔེ་དགུ་པོ་དག་གིས་ནི་ ཤེས་པར་བྱའོ། ། 1-1-176 གཉིས་པ་ཤེས་བྱེད་དཔེ་དགུ་རྒྱས་པར་བཤད་པ་ལ་གསུམ། མདོར་བསྟན། རྒྱས་ བཤད། མཇུག་བསྡུའོ། །དང་པོ་ལ་གཉིས། ཁམས་དང་དྲི་མ་སྦྱར་ཏེ། ཁམས་དང་དྲི་མ་སོ་ སོར། དཔེ་ཡིས་བསྟན་པའོ། ། དང་པོ་ནི། དཔེ་དགུ་གང་ཞེ་ན། སངས་རྒྱས་ཀྱི་སྤྲུལ་པའི་སྐུ་གཟུགས་མཛེས་ཤིང་བཟང་ ལ་ལྟ་ན་སྡུག་པ་རྣམས་རྒྱལ་བས་སྤྲུལ་པའི་པད་མ་ཁ་དོག་དང་དྲི་ངན་པའི་དབུས་ན་ཡོད་པ་ དང༌། སྦྲང་རྩི་སྲོག་ཆགས་སྦྲང་མ་མང་པོ་གནས་པའི་ཚང་ལ་ཡོད་པ་དང༌། འབྲས་ལ་སོགས་ པའི་ཕྱི་ཤུན་གྱི་སྦུན་པ་ལ་འབྲུའི་སྙིང་པོ་ཡོད་པ་དང༌། བཤང་གཅི་ལ་སོགས་པ་མི་གཙང་ བས་གང་པའི་ཉལ་ཉིལ་གྱི་ནང་ན་གསེར་གྱི་གར་བུ་ཡོད་པ་དང༌། དབུལ་པོའི་ཁྱིམ་ནང་གི་ མཛོད་ཀྱི་འོག་གི་ས་ལ་དབྱིག་དང་གསེར་གྱིས་གང་བའི་གཏེར་ཡོད་པ་དང༌། ཤིང་གི་མྱུ་གུ་ དང་སོགས་པས་ཡལ་ག་སོགས་ཆེན་པོའི་རྒྱུ་ས་བོན་ཆུང་ངུ་དེ་ཤིང་གི་འབྲས་བུ་ཆུང་ངུའི་ཕྱི་ ཤུན་ལ་ཡོད་པ་དང༌། གོས་རུལ་དྲི་མི་ཞིམ་པས་བཀྲི ས་པའི་ནང་ན་རྒྱལ་བའི་སྐུ་གཟུགས་ རིན་ཆེན་བདུན་ལས་བྱས་པ་ཡོད་པ་དང་མགོན་མེད་ཅིང་འདྲེ་མོ་འདྲ་བའི་བུད་མེད་ངན་མའི་ ལྟོ་ན་ངེས་པར་འཁོར་ལོ་སྒྱུར་བར་འགྱུར་བའི་མི་བདག་རྒྱལ་པོ་ཡོད་པ་དང༌། ལུགས་ཀྱི་ འཇིམ་པའི་ས་ལ་རིན་ཆེན་གསེར་གྱི་ལུགས་བཏང་བའི་གཟུགས་མང་པོ་ཡོད་པ་སྟེ་དགུ་པོ་ དེ་དག་ཇི་ལྟ་བར་འབྲལ་རུང་གློ་བུར་བའི་ཉོན་མོངས་པའི་དྲི་མས་བསྒྲིབས་པའི་སེམས་ཅན། རྣམས་ལ་དེ་བཞིན་ཏེ་དེ་ལྟར་ཁམས་བདེ་གཤེགས་སྙིང་པོ་འདི་གནས་སོ། ། གཉིས་པ་ནི། དཔེ་དེ་དག་ལས་དྲི་མ་ནི། པད་མ་རྙིང་པ་དང་སྲོག་ཆགས་སྦྲང་མ་དང་ སྦུན་པ་དང་མི་གཙང་པའི་ཉལ་ཉིལ་དང་གཏེར་ལ་བཀབ་པའི་ས་དང་ཤིང་གི་འབྲས་བུའི་ ཤུན་པ་དང་གོས་རུལ་པ་དང་དབུལ་བའི་སྡུག་བསྔལ་འབར་བས་མངོན་པར་གདུངས་པའི་ བུད་མེད་དང་ལུགས་ཀྱི་འཇིམ་པའི་སའི་ཁམས་དང་མཚུངས་སོ། །དཔེ་སངས་རྒྱས་ཀྱི་སྤྲུལ་ 1-1-177 པའི་སྐུ་དང་སྦྲང་རྩི་དང་འབྲས་བུའི་སྙིང་པོ་དང་གསེར་དང་གཏེར་དང་ནྱ་གྲོ་ད་ལ་སོགས་ པའི་ཤིང་འབྱུང་བའི་ས་བོན་དང་རིན་ཆེན་བདུན་ལས་བྱས་པའི་སྐུ་གཟུགས་དང༌། གླིང་ བཞིའི་བདག་པོ་མཆོག་འཁོར་ལོ་སྒྱུར་བ་དང་རིན་ཆེན་གསེར་གྱི་གཟུགས་རྣམས་དང་དྲི་ མེད་ཁམས་མཆོག་མཚུངས་པ་ཉིད་དོ། ། གཉིས་པ་ལ་དགུ། པད་མའི་སྦུབས་ཀྱི་རྒྱལ་བའི་སྐུ། སྦྲང་མའི་དབུས་ཀྱི་སྦྲང་རྩིའི་ རོ། །སྦུན་པའི་ནང་གི་འབྲུ་ཡི་ཚོགས། ལྗང་ལྗིན་དབུས་ཀྱི་ས་ལེ་སྤྲམ། ས་ཡི་ནང་གི་རིན་ ཆེན་གཏེར། ཤིང་གི་འབྲས་བུའི་མྱུ་གུའི་རྒྱུ། གོས་རུལ་ནང་གི་རིན་ཆེན་སྐུ། མི་མོའི་མངོན་ [མངལ]གྱི་མི་བདག་མཆོག ས་འདམ་དབུས་ན་གསེར་གྱི་གཟུགས་དང་མཚུངས་པའོ། ། དང་པོ་ནི། ཇི་ལྟར་མདོག་ངན་ཞིང་དྲི་ང་ལ་སྨད་པར་འོས་པ་མངོན་པར་དགའ་བ་ འགྱུར་བ་མ་ཡིན་པའི་པད་མའི་ཁོང་ན་གནས་པའི། མཚན་དང་དཔེ་བྱད་ལ་སོགས་པ་ཡོན་ ཏན་སྟོང་གིས་འོད་འབར་བ་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ནི། དྲི་མ་མེད་པའི་ལྷའི་ མིག་དང་ལྡན་པའི་མིས་མཐོང་ནས་ཆུ་སྐྱེས་པད་མའི་འདབ་མ་ཟླུམ་པའི་སྦུབས་ནས་འབྱིན་ ཞིང་འདོན་པར་བྱེད་པ་དེ་བཞིན་དུ་བདེ་བར་གཤེགས་པ་སངས་རྒྱས་ཀྱིས་ཀྱང་ཐ་ན་མནར་ མེད་པའི་དམྱལ་བར་གནས་པ་ཡན་ཅད་སེམས་ཅན་རྣམས་ལའང་སངས་རྒྱས་ཀྱི་སྤྱན་གྱིས་ སངས་རྒྱས་རང་གི་ཆོས་ཉིད་བདེ་གཤེགས་སྙིང་པོ་བཞུགས་པར་གཟིགས་ཏེ། སྒྲིབ་གཉིས་ བག་ཆག་དང་བཅས་པ་མེད་པའི་སྤངས་པ་དང༌། གཙང་བདག་བདེ་དང་རྟག་པའི་ཕ་རོལ་ ཏུ་ཕྱིན་པས་ཕྱི་མའི་མཐའི་མུར་ཐུག་པར་གནས་པའི་རྟོགས་པ་དང་ཐུགས་རྗེ་ཆེན་པོའི་ བདག་ཉིད་ཅན་སངས་རྒྱས་ཀྱིས་ཁམས་དེ་སྒྲིབ་པ་ཐམས་ཅད་ལས་ནི་གྲོལ་བར་བྱེད་པའི་ ཐབས་དམ་པའི་ཆོས་གསུངས་སོ། །ཞེས་པ་མདོར་ཚིག་ལྷུག་པ་གསུངས་པའི་དོན་བསྡུས་ པའོ། །ཡང་དོན་དེ་སྙན་ངག་གཞན་གྱིས་གསུངས་པ། ཇི་ལྟར་མདོག་མི་སྡུག་པའི་པད་མ་ 1-1-178 ཁ་ཟུམ་པའི་སྦུབས་ལ་བདེ་བར་གཤེགས་པའི་སྐུ་ནི་དེའི་ཁོང་ན་གནས་པ་དེ་མི་འགའ་ཞིག་ གིས་ལྷའི་མིག་གིས་མཐོང་ནས་པད་མ་ངན་པའི་འདབ་མ་གཅོད་པར་བྱེད་པ་ལྟར། འདོད་ ཆགས་དང་ཞེ་སྡང་ལ་སོགས་པ་དྲི་མ་མཐའ་ཡས་པའི་སྦུབས་ཀྱིས་བསྒྲིབས་པ་རྫོགས་པའི་ སངས་རྒྱས་ཀྱི་སྙིང་པོའི་ཁམས་འགྲོ་བ་ལ་ཡོད་པར་གཟིགས་ཏེ། སྒྲིབ་པ་དང་བྲལ་བར་ བཞེད་པའི་ཐུགས་རྗེས་བསླང་ནས་ཐུབ་པ་སངས་རྒྱས་ཀྱང་སྔར་གྱི་དཔེ་དེ་བཞིན་དུ་སྒྲིབ་པ་ དེ་ནི་འཇོམས་པའི་ཐབས་ཀྱི་ཆོས་སྟོན་པར་མཛད་དོ། །ཞེས་པ་མདོར་ཚིགས་བཅད་ཀྱིས་ གསུངས་པའི་དོན་ནོ། །དེ་ལྟར་ལན་གཉིས་ཟློས་ནས་གསུངས་ཀྱང་ཟློས་པའི་སྐྱོན་མེད་དེ། མདོར་ཚིག་ལྷུག་པ་དང་ཚིགས་བཅད་གཉིས་གཉིས་གསུངས་པ་ལྟར་སྙན་ངག་མི་འདྲ་བ་ གཉིས་གཉིས་ཀྱིས་བསྔགས་པ་ཡིན་པས་སོ། །དེ་བཞིན་དུ་འོག་མ་རྣམས་ལའང་ཤེས་པར་ བྱའོ། ། གཉིས་པ་ནི། ཇི་ལྟར་སྲོག་ཆགས་སྦྲང་མའི་ཚོགས་ཀྱིས་བསྐོར་བའི་སྦྲང་ཚང་གི་སྦྲང་ རྩི་ནི་སྐྱེས་བུ་མཁས་པ་སྦྲང་རྩི་དེ་དོན་དུ་གཉེར་བ་ཡིས་མཐོང་ནས་དུ་བ་གཏོང་བ་ལ་སོགས་ པའི་ཐབས་ཀྱིས་སྦྲང་རྩི་དེ་དང་སྲོག་ཆགས་སྦྲང་མའི་ཚོགས་ཀུན་ནས་བྲལ་བར་རབ་ཏུ་བྱེད་ པ་དེ་བཞིན་དུ་སྐུ་གསུང་ཐུགས་དྲང་པོར་གནས་ཤིང་སྲོང་བ་དྲང་སྲོང་ཆེན་པོ་སངས་རྒྱས་ ཀྱིས་ཀྱང་ཀུན་མཁྱེན་གྱིས་སྤྱན་གྱིས་ནི་དོན་དམ་རང་རིག་པའི་ཁམས་སྦྲང་རྩི་དང་འདྲ་བ་ འདི་སེམས་ཅན་ལ་ཡོད་པར་གཟིགས་ནས་དེའི་སྒྲིབ་པ་སྦྲང་མ་དང་འདྲ་བ་རྣམས་གཏན་ ནས་རབ་ཏུ་སྤོང་བར་བྱ་བའི་ཕྱིར་ཆོས་སྟོན་པར་མཛད་པ་ཡིན་ནོ། །ཡང་ཇི་ལྟར་སྦྲང་རྩི་སྲོག་ ཆགས་བྱེ་བ་ཁྲག་ཁྲིག་སྟོང་ལ་སོགས་པ་མང་པོས་བསྒྲིབས་པ་དེ་སྦྲང་རྩི་དོན་དུ་གཉེར་བའི་ མིས་མཐོང་ནས་སྦྲང་མ་དེ་དག་བསལ་ཏེ། ཇི་ལྟར་ཡིད་ལ་འདོད་པ་བཞིན་དུ་སྦྲང་རྩིའི་བྱ་ བ་བྱེད་པ་དེ་བཞིན་དུ་ལུས་ཅན་ཁམས་གསུམ་པ་ཐམས་ཅད་ལ་ཡོད་པ་གདོད་ནས་ཟག་པ་ 1-1-179 མེད་པའི་ཤེས་པ་བདེ་གཤེགས་སྙིང་པོ་ནི་སྦྲང་མའི་རྩི་དང་འདྲ་ཞིང༌། ཉོན་མོངས་པ་ནི་སྦྲང་ མ་དང་འདྲ་ལ་ཉོན་མོངས་པ་དེ་འཇོམས་པའི་ཐབས་ལ་མཁས་པའི་རྒྱལ་བ་ནི་སྦྲང་མ་སེལ་ བའི་སྐྱེས་བུ་བཞིན་ནོ། ། གསུམ་པ་ནི། ཇི་ལྟར་འབྲས་ལ་སོགས་པ་སྦུན་པ་དང་ལྡན་བཞིན་པའི་འབྲས་བུའི་སྙིང་ པོ་ནི་མི་རྣམས་ཀྱི་ཟས་སུ་ལོངས་སྤྱད་བྱར་མི་འགྱུར་བ་དེ། ཟས་སོགས་དོན་དུ་གཉེར་བའི་ མི་གང་ཡིན་པ་དེ་དག་གིས་ནི་བརྔས་ཤིང་བརྡུངས་ཏེ་སྦུན་པའི་ནང་ནས་འབྲུ་དེ་འབྱིན་པ་ ལྟར་དེ་བཞིན་དུ་སེམས་ཅན་ལ་གདོད་ནས་ཡོད་པའི་ཉོན་མོངས་ཀྱི་དྲི་མ་དང་འདྲེས་པའི་ རྒྱལ་བ་དྲི་བཅས་དེ་བཞིན་ཉིད་དེའང༌། ཇི་སྲིད་དུ་ཉོན་མོངས་པའི་དྲི་མ་དང་འདྲེས་པ་ལས་ མ་གྲོལ་བ་དེ་སྲིད་དུ་རྒྱལ་བའི་མཛད་པ་རྣམས་འདོད་པ་དང་གཟུགས་དང་གཟུགས་མེད་ པའི་སྲིད་པ་གསུམ་དུ་སྟོན་པར་མི་བྱེད་དོ། །ཡང་ཇི་ལྟར་འབྲས་ས་ལུ་དང་པྲ་བོ་དང་ནས་ ལ་སོགས་པ་འབྲུའི་སྙིང་པོ་སྦུན་པ་ལས་ཕྱིར་མ་བྱུང་པའི་གྲ་མ་ཅན་ལ་སྦུན་སེལ་བའི་བྱ་བ་ ལེགས་པར་མ་བསྒྲུབས་པའི་སྙིང་པོ་ནི་མི་རྣམས་ཀྱི་ནི་ལོངས་སྤྱད་བྱ་བཟའ་བ་ཞིམ་སོགས་ མི་འགྱུར་བ་ལྟར། དེ་བཞིན་དུ་སེམས་ཅན་ལ་ཡོད་པའི་ཆོས་ཀྱི་དབང་ཕྱུག་ཉོན་མོངས་པའི་ སྦུབས་ལས་མ་གྲོལ་བའི་ལུས་སམ་སྐུ་བདེ་གཤེགས་སྙིང་པོ་ཡང༌། ཉོན་མོངས་པའི་བྲུ་བ་ སྟེ་བཀྲེས་པས་ཉེན་པའི་འགྲོ་བ་ལ་ཆོས་ཀྱི་དགའ་བའི་རོ་སྟེར་བར་འགྱུར་པ་མིན་ལ། ཉོན་ མོངས་ལས་གྲོལ་ན་སྟེར་བས་གྲོལ་བར་བྱ་བའི་ཕྱིར་རྒྱལ་བ་ཆོས་སྟོན་ཏོ། ། བཞི་པ་ནི། ཇི་ལྟར་མི་ཞིག་ལམ་པོ་ཆེ་སྤངས་ཏེ་གསེབ་ལམ་གོལ་བ་ནས་རབ་ཏུ་རྒྱུ་བའི་ ཚེ། མི་དེའི་གསེར་གྱི་གར་བུ་ཞིག་བཤང་གཅི་དང་ཕྱག་དར་ལ་སོགས་པ་ལྗན་ལྗི ན་རུལ་ པ་སྤུངས་པའི་གནས་སུ་ལྷུང་བར་གྱུར་ལ། ལྗན་ལྗི ན་གཞན་གྱིས་ཀྱང་མནན་ནས་མི་སྣང་ བར་གྱུར་མོད། མི་གཙང་བ་དེ་དག་གིས་མི་འཇིག་ཅིང་ཆུད་མི་ཟ་བའི་ཆོས་ཅན་དེ་ནི་གནས་ 1-1-180 དེར་མི་གཙང་བའི་ནང་དུ་ཆུད་པ་དེ་བཞིན་དུ་ལོ་བཅུ་ནས་ལྔ་བཅུའི་བར་རམ་བརྒྱའམ་སྟོང་ ལ་སོགས་པ་མང་པོ་དག་ཏུ་གནས་པ་དེ་ལྷའི་མིག་རྣམ་པར་དག་པ་དང་ལྡན་པའི་ལྷ་ཡིས་ གནས་དེར་འདུག་པ་མཐོང་ནས་མི་ཞིག་ལ་ཀྱེ་མི་གནས་འདི་ན་ཡོད་པའི་གསེར་རིན་པོ་ཆེའི་ མཆོག་འདི་བྱི་དོར་གྱིས་སྦྱངས་ཏེ་རིན་ཆེན་གྱིས་བསྒྲུབ་པར་བྱ་བ་རྒྱན་ལ་སོགས་པ་གྱིས་ ཞེས་སྨྲ་བ་ལྟར། དེ་བཞིན་དུ་ཐུབ་པས་ཀྱང་མི་གཙང་བ་དང་འདྲ་བའི་ཉོན་མོངས་ཀྱི་ཚོགས་ སུ་བྱིང་བ། སེམས་ཅན་ལ་གདོད་ནས་ཡོད་པའི་ཡོན་ཏན་བདེ་གཤེགས་སྙིང་པོ་ནི་གཟིགས་ ནས་ཉོན་མོངས་པའི་འདམ་རྫབ་མི་གཙང་བ་དེ་རྣམས་དག་པར་བྱ་བའི་ཕྱིར་སྐྱེས་བུ་རྣམས་ ལ་དམ་པའི་ཆོས་ཀྱི་ཆུའི་ཆར་པ་འབེབས་སོ། །ཡང་ཇི་ལྟར་ལྗན་ལྗིན་རུལ་པའི་གནས་སུ་ ལྷུང་བའི་གསེར་ཐིག་པོ་ནི་ལྷ་ཡིས་ལྷའི་མིག་གིས་མཐོང་བར་གྱུར་ནས་དྲི་མ་ཀུན་ཏུ་དག་ པར་བྱ་བའི་ཕྱིར། འདི་ན་མཆོག་ཏུ་མཛེས་པ་སྟེ་ཆུད་མི་ཟ་བའི་གསེར་ཡོད་པ་སྦྱོངས་ཤིག་ ཅེས་མི་ལ་ནན་གྱིས་སྟོན་པ་ལྟར། དེ་བཞིན་དུ་རྒྱལ་བས་ཀྱང་ཉོན་མོངས་པ་མི་གཙང་བ་ཆེན་ པོར་ལྷུང་པར་གྱུར་པའི་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་རིན་པོ་ཆེ་གསེར་དང་འདྲ་བ་འདི་ སེམས་ཅན་རྣམས་ལ་ཡོད་པར་གཟིགས་ནས་དེའི་ཉོན་མོངས་རྣམས་དག་པར་བྱ་བའི་ཕྱིར་ ལུས་ཅན་རྣམས་ལ་ཆོས་སྟོན་ཏོ། ། ལྔ་པ་ནི། ཇི་ལྟར་མི་དབུལ་པོའི་ཁྱིམ་གྱི་ནང་གི་མཛོད་ཀྱི་མི་བདུན་བརྩེགས་པའི་སྲིད་ ཀྱི་ས་འོག་ན། རྒྱ་མཛོད་དང་མཉམ་པ་མི་ཟད་པའི་གཏེར་ནི་གསེར་དང་དབྱིག་གིས་གང་བ་ ཡོད་པར་གྱུར་ལ། མི་དབུལ་པོ་དེས་གཏེར་དེ་ཡོད་པ་མི་ཤེས་ཤིང༌། གཏེར་དེ་ཡང་སེམས་ ཅན་མ་ཡིན་པས་མི་དེ་ལ་ང་ནི་གཏེར་ཆེན་པོ་སྟེ་གནས་འདིར་ས་འོག་ན་ཡོད་ཅེས་མི་སྨྲ་བ་ ལྟར། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་བདག་ཏུ་མངོན་ཞེན་གྱི་ཡིད་ཀྱི་ཁྱིམ་ནང་དུ་ཆུད་ པའི་སྙིང་པོ་རིན་པོ་ཆེའི་གཏེར་ལྟ་བུ། རང་བཞིན་གྱིས་ཡོན་ཏན་དང་ལྡན་ཞིང་དྲི་མ་མེད་ 1-1-181 པས་ངོ་བོ་ལ་ཡོན་ཏན་གསར་དུ་གཞག་པ་དང་སྐྱོན་བསལ་དུ་མེད་པའི་བདེ་གཤེགས་སྙིང་ པོ་ཆོས་ཉིད་ཀྱང་ཡོད་མོད་ཀྱི་མངོན་དུ་མ་རྟོགས་པས་ན་སངས་རྒྱས་ཀྱི་བདེ་བས་དབུལ་བའི་ སྡུག་བསྔལ་ནི་རྣམ་པ་མང་པོ་རྒྱུན་དུ་སྐྱེ་དགུ་ཅོག་གི་སེམས་ཅན་འདི་རྣམས་ཀྱིས་མ་མྱོང་ངོ༌། །ཡང་ཇི་ལྟར་དབུལ་པོའི་ཁྱིམ་ནང་དུ་ནི་རིན་ཆེན་གྱི་གཏེར་ས་འོག་ཏུ་ཆུད་པར་གྱུར་པ་དེ་ལ་ སེམས་མེད་པས་མི་ཁྱིམ་གྱི་བདག་པོ་ལ་ནི་རིན་ཆེན་གྱི་གཏེར་བདག་འདི་ན་ཡོད་ཅེས་རྗོད་ པར་མི་བྱེད་ཅིང༌། གཏེར་དེ་ནི་མི་དབུལ་པོ་དེ་ཡིས་ཤེས་པ་མིན་པ་ལྟར༌། དེ་བཞིན་དུ་ཆོས་ སྐུའི་གཏེར་མངོན་ཞེན་གྱི་ཡིད་ཀྱི་ཁྱིམ་ན་གནས་པའི་སེམས་ཅན་འདི་དག་ནི་གཏེར་ཡོད་ བཞིན་དུ་མ་ཐོབ་པའི་མི་དབུལ་པོ་ལྟ་བུ་སྟེ་སེམས་ཅན་དེ་དག་རྣམས་ཀྱིས་ཆོས་སྐུའི་གཏེར་ དེ་ཐོབ་ནས་དབུལ་བ་དང་བྲལ་བར་བྱ་བའི་ཕྱིར་འཇིག་རྟེན་དུ་ནི་དྲང་སྲོང་ཆེན་པོ་ཡང་དག་ པར་བལྟམས་པ་ལ་སོགས་པའི་མཛད་པ་བཅུ་གཉིས་སྟོན་ཏོ། ། དྲུག་པ་ནི་ཇི་ལྟར་ཨ་མྲ་དང་འཛམ་བུ་ལ་སོགས་པའི་ཤིང་གི་འབྲས་བུ་ལ་ཕྱི་ཤུན་གྱི་ནང་ ན་ཡོད་པའི་ས་བོན་མྱུ་གུ་ལ་སོགས་པའི་རྒྱུ་གང་ཞིག རྐྱེན་གཞན་མེད་ན་བར་མ་དོར་འཇིག་ པ་མེད་པའི་ཆོས་ཅན་དེ། ས་ལ་རྨོས་ཏེ་བཏབ་ནས་ཆུ་དང་ལུད་ལ་སོགས་པ་དང་ལྡན་པ་ ལས། ལྗོན་ཤིང་གི་རྒྱལ་པོའི་དངོས་པོར་རིམ་གྱིས་འགྲུབ་པ་ལྟར། སེམས་ཅན་རྣམས་ཀྱི་མ་ རིག་པ་ལ་སོགས་པ་ཉོན་མོངས་པའི་ཤིང་འབྲས་ཀྱི་ལྤགས་པའི་སྦུབས་ཀྱི་ནང་དུ་ཆུད་པའི་ དེ་བཞིན་གཤེགས་པའི་ཆོས་ཉིད་སེམས་ཅན་གྱི་ཁམས་འདུས་མ་བྱས་ཀྱི་དགེ་བ་ཡང༌། ས་ བོན་དེ་བཞིན་དུ་ལམ་ཚོགས་གཉིས་ཀྱི་དགེ་བ་དེ་དང་དེ་ལ་བརྟེན་ནས་རིམ་གྱིས་ཐུབ་པའི་ རྒྱལ་པོའི་དངོས་པོར་འགྱུར་རོ། །ཡང་ཇི་ལྟར་གཤེར་བར་བྱེད་པ་ཆུ་དང་སྨིན་བྱེད་ཉི་མའི་ འོད་ཀྱི་དྲོད་དང་འཕེལ་བར་བྱེད་པ་རླུང་གི་གཡོ་བ་དང་རྟེན་བྱེད་པའི་གནས་དང་འགྱུར་བའི་ དུས་སོ་ཀ་སོགས་དང་གོ་སྐབས་སྟེར་བ་ནམ་མཁའི་རྐྱེན་རྣམས་ཀྱིས། ཏ་ལ་དང་ནི་ཨ་མྲ་ 1-1-182 ལ་སོགས་པའི་འབྲས་བུའི་སྦུབས་ཀྱི་གསེབ་ནས་ཤིང་སྐྱེ་བ་ཇི་ལྟ་བར། སེམས་ཅན་གྱི་ཉོན་ མོངས་ཤིང་འབྲས་ཀྱི་ལྤགས་པ་དང་འདྲ་བའི་ནང་དུ་ཆུད་པའི་རྫོགས་པའི་སངས་རྒྱས་ཀྱི་ས་ བོན་བདེ་གཤེགས་སྙིང་པོ་ཤིང་གི་མྱུ་གུ་ལ་སོགས་པའི་རྒྱུ་ལྟ་བུ་ཡང༌། དཔེ་སྨོས་པ་དེ་བཞིན་ དུ་དགེ་བའི་རྐྱེན་དེ་དང་དེ་ཡིས་སངས་རྒྱས་ཀྱི་བར་གྱི་ཆོས་མཐོན་པོར་འཕེལ་བར་འགྱུར་བ་ ཡིན་ལ་འཕེལ་བ་དེ་བྱ་བའི་ཕྱིར་སངས་རྒྱས་རྣམས་ཆོས་ཀྱི་གཏམ་གསུངས་སོ། ། བདུན་པ་ནི། ཇི་ལྟར་མུ་ས་གརྦྷ་དང་བཻདཱུརྱ་དང་དངུལ་དང་ཤེལ་དང་གསེར་དང་མུ་ ཏིག་དམར་པོ་དང་རྡོའི་སྙིང་པོ་སྟེ་རིན་ཆེན་བདུན་ལས་བྱས་པའི་རྒྱལ་བའི་སྐུ་གཟུགས་ལག་ མཐིལ་གྱི་ཚད་ཙམ་ཞིག་ཡོད་པ་དེ་གཞན་ལ་སྦ་བའི་ཕྱིར། རས་ཀྱི་གོས་རུལ་པ་དྲི་ངན་པ་ ཅན་གྱི་དུམ་བུས་ནི་བཏུམས་པར་གྱུར་པ་ལམ་དུ་བོར་བ་དེ། ལམ་ལ་གནས་པའི་ལྷ་ཡིས་ མཐོང་ནས་སྐུ་དེ་རས་རུལ་པ་ལས་དགྲོལ་བར་བྱ་བའི་ཕྱིར། ལམ་ན་གནས་པའི་དོན་སྐུ་ གཟུགས་རས་རུལ་པས་བཏུམས་པ་དེ་མི་གཞན་ལམ་དུ་རྒྱུ་བ་དེ་ལ་སྨྲ་བ་ལྟར། དེ་བཞིན་ དུ་ཐོག་མ་མེད་པ་ནས་ཡོད་པ་ཆགས་སོགས་རྣམ་པ་སྣ་ཚོགས་ཀྱི་ཉོན་མོངས་ཀྱིས་བཏུམས་ པའི་བདེ་གཤེགས་སྙིང་པོའི་དངོས་པོ་ཉིད་ཐ་ན་གཏི་མུག་ཤིན་ཏུ་ཆེ་བ་དུད་འགྲོ་ལ་ཡང་ཡོད་ ན་གཞན་ལྟ་སྨོས་ཀྱང་མི་དགོས་པ་གཟིགས་ནས་ལམ་ལ་གནས་པའི་ལྷ་དེ་བཞིན་དུ་སྙིང་པོ་ དེ་དྲི་མ་ལས་ཐར་བ་སྟེ་བྲལ་བར་བྱ་བའི་དོན་དུ་ཐར་བའི་ཐབས་ཐེག་པ་གསུམ་གྱི་ཆོས་སྟོན་ པར་མཛད་དོ། །ཡང་ཇི་ལྟར་རིན་ཆེན་བདུན་གྱི་རང་བཞིན་ལས་བྱས་པ་དེ་བཞིན་གཤེགས་ པའི་སྐུ་གཟུགས་དྲི་ངན་པ་ཅན་གྱི་གོས་ཀྱིས་བཏུམས་པ་དེ། ལམ་ལ་གནས་པའི་ལྷའི་མིག་ གིས་མཐོང་ནས་བཀྲི ས་པ་དེ་ལས་ཐར་པར་བྱ་བའི་ཕྱིར་མི་གཞན་ལ་སྟོན་པ་ལྟར། དེ་བཞིན་ དུ་ཉོན་མོངས་གོས་རུལ་གྱི་དུམ་བུ་ལྟ་བུས་བཏུམས་ནས་འཁོར་བའི་ལམ་རྒྱུད་ལྔ་ལ་གནས་ པའི་ཁམས་སྙིང་པོ་ནི། ཐ་ན་དུད་འགྲོ་ལ་ཡང་ཡོད་པར་གཟིགས་ནས་དེ་སྒྲིབ་པ་ལས་ཐར་ 1-1-183 བར་བྱ་བའི་ཕྱིར་རྒྱལ་བ་རྣམས་ཆོས་སྟོན་ཏོ། ། བརྒྱད་པ་ནི། ཇི་ལྟར་མི་མོ་གཟུགས་ཁ་དོག་ངན་ཞིང་དྲི་མི་ཞིམ་པ་ཕ་ལ་སོགས་པའི་ མགོན་མེད་པ་འགའ་ཞིག མགོན་མེད་པ་རྣམས་ཀྱི་དོན་དུ་སྙིང་རྗེ་ཅན་གྱིས་བྱས་པའི་ འདུག་གནས་སུ་ནི་འདུག་པར་གྱུར་ལ། དེའི་མངའ་གྱིས་གླིང་བཞི་ལ་དབང་བའི་འཁོར་ ལོ་སྒྱུར་བའི་རྒྱལ་པོ་ངེས་པར་བྱེད་པའི་སེམས་ཅན་གྱི་དཔལ་ནི་འཛིན་པར་བྱེད་པ་ན་རང་ གི་ལྟོ་ན་ཡོད་པའི་མི་བདག་རྒྱལ་པོ་དེ་ཅི་འདྲ་བ་དང་ཞུགས་མ་ཞུགས་ཀྱང་མི་ཤེས་པ་དེ་ ལྟར། སྲིད་པར་སྐྱེ་བའི་གནས་ཁམས་གསུམ་ནི་མགོན་མེད་པའི་ཁྱིམ་བཞིན་ཏེ། དྲི་མས་ མ་དག་པའི་གནས་སྐབས་ཅན་སེམས་ཅན་རྣམས་ནི་མངལ་དང་ལྡན་པའི་བུད་མེད་བཞིན་ ནོ། །སེམས་ཅན་དེ་ལ་གང་ཞིག་ཡོད་པས་མགོན་དང་བཅས་པ་དྲི་མ་རང་བཞིན་གྱིས་མེད་ པའི་ཁམས་ནི། བུད་མེད་དེའི་མངལ་ན་གནས་པའི་རྒྱལ་པོ་བཞིན་ཤེས་པར་བྱོས། ཡང་ཇི་ ལྟར་བུད་མེད་ལུས་ལ་དྲི་མ་དང་བཅས་པའི་གོས་གྱོན་ཞིང་མི་སྡུག་པའི་གཟུགས་དང་ལྡན་པ་ ཞིག་ལ་ས་བདག་རྒྱལ་པོ་མངལ་ན་ཞུགས་ནས་གནས་ཀྱང་མི་ཤེས་ལ་མགོན་མེད་པའི་ཁང་ པར་དབུལ་བའི་སྡུག་བསྔལ་མཆོག་མྱོང་བ་ལྟར། དེ་བཞིན་དུ་བདག་རང་གི་ནང་ན་ཁམས་ གནས་པས་མགོན་ཡོད་པར་གྱུར་ཀྱང་མ་རྟོགས་པས་མགོན་སྐྱབས་མེད་པའི་བློ་དང་ལྡན་ པའི་འགྲོ་བ་འདི་རྣམས་ཉོན་མོངས་པའི་དབང་དུ་གྱུར་པ་དག་གིས་ཡིད་རྣམ་རྟོག་མ་ཞི་བ་ དང་སྡུག་བསྔལ་གྱི་གཞི་ལ་གནས་པའི་སྡུག་བསྔལ་དེ་ཞི་བར་བྱ་བའི་ཕྱིར་ཁྱེད་དམན་པའི་ འདུ་ཤེས་མ་སྐྱེད་པར་ལམ་ལ་བརྩོན་པར་གྱིས་ཤིག་ཅེས་རྒྱལ་བས་ཆོས་སྟོན་ཏོ། ། དགུ་པ་ནི། ཇི་ལྟར་སྤྲ་ཚིལ་ལ་རྟ་ལ་སོགས་པའི་གཟུགས་བྱས་ཏེ་འཇིམ་པའི་ནང་དུ་ བཅུག་པ་སྐམས་ནས་སྤྲ་ཚིལ་བཞུ་སྟེ་ཟགས་པར་བྱས་པའི་ཤུལ་དུ་གསེར་བཞུ་བས་བཀང་ པ་ན་ནང་གི་དངོས་པོ་ནི་གསེར་ཞུན་མའི་གཟུགས་རྒྱས་པ་སྟེ་མཛེས་པ་དྲི་མའི་སྐྱོན་ཞི་བ་ 1-1-184 ཡིན་ལ་ཕྱི་རོལ་ལུགས་ཀྱི་སའི་འདམ་ཚིག་པའི་རང་བཞིན་ཅན་དུ་མཐོང་ནས་དེ་ཤེས་པའི་ མགར་བ་དག་ནང་གི་གསེར་གྱི་གཟུགས་དེ་སྦྱང་བའི་ཕྱིར། ཕྱི་རོལ་གྱི་སྒྲིབ་པ་དེ་ཐོ་བས་ བཀོགས་ཏེ་སེལ་བར་བྱེད་པ་ལྟར། སངས་རྒྱས་ཀྱིས་ཀྱང་སེམས་ཅན་གྱི་སེམས་ཀྱི་རང་ བཞིན་འོད་གསལ་གྱི་དྲི་མ་རྣམས་ཀྱང་ནི་གློ་བུར་པར་ནི་རྣམ་པར་གཟིགས་པར་གྱུར་ནས། རིན་ཆེན་གསེར་གཟུགས་ཀྱི་འབྱུང་གནས་ས་འདམ་གྱི་གོང་བུ་ལྟ་བུའི་འགྲོ་བ་རྣམས་སྒྲིབས་ པ་དག་ལས་སྦྱོང་བར་མཛད་པ་ནི་བྱང་ཆུབ་མཆོག་བརྙེས་པ་སངས་རྒྱས་ཡིན་ནོ། །ཡང་ཇི་ ལྟར་དྲི་མ་མེད་པའི་གསེར་འོད་འབར་བ་ལས་བྱས་པ་ལུགས་ཀྱི་སའི་ནང་དུ་ཆུད་པར་གྱུར་ པའི་གཟུགས་དྲི་མ་ཞི་བ་དེའི་རང་བཞིན་མགར་བ་མཁས་པས་རིག་ནས་ས་དག་སེལ་བར་ བྱེད་པ་ལྟར། དེ་བཞིན་དུ་ཆོས་ཀུན་མཁྱེན་པ་སངས་རྒྱས་ཀྱང་དག་པའི་གསེར་འདྲ་བ་སྤྲོས་ པ་གདོད་ནས་ཞི་བ་དོན་དམ་པའི་ཡིད་བདེ་གཤེགས་སྙིང་པོ་ནི་སེམས་ཅན་ཐམས་ཅད་ལ་ ཡོད་པར་མཁྱེན་པར་གྱུར་ནས། ཆོས་འཆད་པའི་ཚུལ་གྱིས། གསེར་གཟུགས་ཀྱི་ས་འདམ་ ལ་ཐོ་བས་རྡེག་སྤྱད་དང་འདྲ་བར་སྒྲུབ་པས་སྒྲིབ་པ་དག་ནི་སེལ་བར་མཛད་དོ། ། གསུམ་པ་མཇུག་སྡུད་ལ་གཉིས་ཀྱི་དང་པོ་སྙིང་པོ་དང་དྲི་མའི་དཔེ་རྣམས་བསྡུ་བ་ནི་པད་ མ་ངན་པ་དང་སྲོག་ཆགས་བུང་བ་དང་སྦུན་པ་དང་ནི་མི་གཙང་བའི་ལྗན་ལྗིན་དང་སའི་འོག་ དང་ཤིང་གི་འབྲས་བུའི་ཤུན་པ་དང་གོས་རུལ་དང་བུད་མེད་ཀྱི་མངལ་དང་ལུགས་ཀྱི་སའི་ སྦུབས་ན་ཡང༌། སངས་རྒྱས་ཀྱི་སྐུ་དང་སྦྲང་རྩི་དང་འབྲས་བུའི་སྙིང་པོ་བཞིན་དང་གསེར་ བཞིན་དང་གཏེར་བཞིན་དང་ཤིང་ལྗོན་པའི་རྒྱུ་བཞིན་དང་རིན་ཆེན་གྱི་སྐུ་དང་འཁོར་ལོ་ཡིས་ སྒྱུར་བའི་རྒྱལ་པོ་བཞིན་དང་གསེར་གྱི་གཟུགས་བཞིན་དུ་ཉོན་མོངས་པའི་སྦུབས་ན་ཁམས་ གནས་སོ། ། གཉིས་པ་སྙིང་པོ་དང་དྲི་མ་ཐོག་མ་མེད་ཚུལ་ནི། སེམས་ཅན་གྱི་ཁམས་དེ་བཞིན་ 1-1-185 གཤེགས་པའི་སྙིང་པོའི་ཉོན་མོངས་པའི་སྦུབས་དཔེས་བསྟན་པ་འདི་རྣམས་སྙིང་པོ་ལ་མ་ འབྲེལ་པས་འབྲལ་དུ་རུང་བ་གློ་བུར་བ་ཡིན་ཡང་ཐོག་མ་མེད་པའི་དུས་ན་ཡོད་པ་ཡིན་ལ། སེམས་ཀྱི་རང་བཞིན་དྲི་མ་མེད་པ་ནི་ཐོག་མ་མེད་པ་ཡིན་པར་བརྗོད་དེ། དེས་ན་གཉིས་ཀ་ ཐོག་མ་མེད་པས་ལྷན་ཅིག་སྐྱེས་པ་དུས་སྔ་ཕྱི་དབྱེ་བ་མེད་པ་ཉིད་དོ། །དེའི་ཕྱིར་གློ་བུར་གྱི་ དོན་སྔར་མེད་གསར་བྱུང་དུ་གོ་བར་མི་བྱའི་འབྲལ་རུང་དུ་གོ་བར་བྱའོ། ། གསུམ་པ་དཔེ་དགུས་བསྟན་པའི་རྒྱུ་མཚན་བཤད་པ་ལ་གཉིས། དྲི་མའི། སྙིང་པོའི་ དཔེའི་རྒྱུ་མཚན་ནོ། །དང་པོ་ལ་གསུམ་གྱི་དང་པོ་དཔེ་དགུས་དྲི་མ་དགུ་པོ་བསྟན་ཚུལ་ནི། པད་མའི་སྦུབས་ལ་སོགས་པ་དཔེ་དགུས་དྲི་མ་སྟོན་པའི་རྒྱུ་ནི་དོན་ཉོན་མོངས་པ་དགུ་ཡོད་ པའི་ཕྱིར་ཏེ། འཇིག་རྟེན་པའི་ཆགས་བྲལ་ཁམས་གོང་མའི་རྒྱུད་ལ་ཡོད་པ་མི་གཡོ་བའི་འདུ་ བྱེད་སོགས་པའི་རྒྱུ་གཟུགས་གཟུགས་མེད་གཉིས་སྒྲུབ་པར་བྱེད་པ། འཇིག་རྟེན་ལས་འདས་ པའི་ཡེ་ཤེས་ཀྱིས་གཞོམ་བྱ་འདོད་ཆགས་དང་ཞེ་སྡང་དང་རྨོངས་པ་གཏི་མུག་གི་བག་ལ་ ཉལ་བ་གསུམ། ཆགས་སོགས་ལ་སྤྱོད་པའི་རྒྱུད་ལ་ཡོད་པ་བསོད་ནམས་དང་བསོད་ནམས་ མ་ཡིན་པའམ་ལས་སོགས་པའི་རྒྱུ་འདོད་ཁམས་འབའ་ཞིག་སྒྲུབ་པར་བྱེད་པ། མི་སྡུག་པ་ དང་བྱམས་པ་དང་རྟེན་འབྲེལ་བསྒོམ་པའི་ཤེས་པས་གཞོམ་བྱ་ཆགས་སྡང་རྨོངས་གསུམ་ དེའི་ཀུན་ནས་སླང་བ་དྲག་པོ་དང༌། དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་ཟག་མེད་ཀྱི་ལས་ཀྱི་རྒྱུ་ ཡིད་ཀྱི་ལུས་སྒྲུབ་པར་བྱེད་པ། རྒྱལ་བའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ། མ་རིག་བག་ ཆགས་ཀྱི་ས་དང༌། སོ་སྐྱེ་སློབ་པའི་རྒྱུད་ལ་ཡོད་པ་འཇིག་རྟེན་ལས་འདས་པའི་ཆོས་མཐོང་ བའི་ཤེས་པ་དང་པོས་གཞོམ་བྱ་མཐོང་ལམ་གྱི་སྤང་བྱ་དང༌། འཕགས་པ་སློབ་པའི་རྒྱུད་ལ་ ཡོད་པ་མཐོང་ལམ་མཐོང་བའི་ཆོས་བསྒོམ་པའི་ཤེས་པས་གཞོམ་བྱ་སྒོམ་ལམ་གྱི་སྤང་བྱ་ དང༌། མཐར་ཐུག་པར་མ་གྱུར་པའི་རྒྱལ་སྲས་ས་བདུན་པ་མན་ཅད་ཀྱི་རྒྱུད་ལ་ཡོད་པ་ས་ 1-1-186 འོག་མ་བདུན་གྱི་མི་མཐུན་ཕྱོགས་ས་བརྒྱད་པ་ལ་སོགས་པ་བསྒོམ་པའི་ཤེས་པས་གཞོམ་ བྱ་མ་དག་པའི་ས་ལ་བརྟེན་པའི་དྲི་མ་དང༌། མཐར་ཐུག་པའི་རྒྱལ་སྲས་ཀྱི་རྒྱུད་ལ་ཡོད་པ་ ས་བརྒྱད་པ་ལ་སོགས་པའི་མི་མཐུན་ཕྱོགས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་བྱ་དག་ པའི་ས་ལ་བརྟེན་པའི་དྲི་མ་སྟེ། དེ་ལྟར་དྲི་མ་རྣམ་པ་དགུ་པོ་པད་མའི་སྦུབས་ལ་སོགས་པའི་ དཔེ་དགུ་ནི་རབ་ཏུ་བསྟན་པ་ནི་དྲི་མའི་གཙོ་བོར་བསྡུས་པ་སྟེ་ཉེ་བའི་ཉོན་མོངས་པའི་སྦུབས་ ཀྱི་ནི་དབྱེ་བ་བྱེ་བ་མཐའ་ལས་འདས་ཞེས་པ་བརྒྱད་ཁྲི་བཞི་སྟོང་གི་དབྱེ་བས་དེ་བཞིན་ གཤེགས་པའི་ཡེ་ཤེས་བཞིན་དུ་མཐའ་ཡས་པར་འགྱུར་ཏེ། མདོར་དེ་བཞིན་གཤེགས་པའི་ སྙིང་པོ་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་གཡོགས་པ་ཞེས་སོ། །འདིར་མཐོང་ སྒོམ་གྱི་སྤང་བྱ་གཉིས་ནི་ཐེག་ཆུང་གི་ཡིན་ཏེ་ཐེག་ཆེན་གྱི་ནི་མ་དག་པ་དང་དག་པའི་ས་ལ་ བརྟེན་པའི་དྲི་མར་འདུ་བའི་ཕྱིར། ཞེས་ཁ་ཅིག་འདོད་པ་ནི་མི་འཐད་དེ། ཐེག་ཆེན་གྱི་མཐོང་ སྒོམ་སྤང་བྱ་གཉིས། མ་དག་པ་དང་དག་པའི་ས་ལ་བརྟེན་པའི་དྲི་མར་མི་འདུ་བའི་ཕྱིར་རོ། །དེས་ན་མཐོང་སྒོམ་སྤང་བྱ་གཉིས་ཀྱང་ཐེག་ཆེན་གྱི་ཡིན་ནོ། །ས་བརྒྱད་པ་ལ་སོགས་པ་ བསྒོམ་པའི་ཤེས་པས་གཞོམ་ཞེས་དང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་ཞེས་པ་གཉིས་ ནི་དངོས་སུ་གཉེན་པོར་གྱུར་པ་མིན་གྱི་ཐག་བསྲིངས་པ་གཉེན་པོར་དགོས་ཏེ། དངོས་ཀྱི་ གཉེན་པོ་ནི་ས་རྣམས་ཐད་ཐད་ཉིད་ཡིན་པའི་ཕྱིར་རོ། །ཞེས་ཁ་ཅིག་འདོད་པ་ཡང་འཁྲུལ་ པར་མངོན་ནོ། །ཆགས་སོགས་ཉོན་མོངས་དགུ་པོ་ནི་ལ་སོགས་པ་ཤོ་ལོ་ཀ་གཅིག་ནི་རྩ་བ་ ཡིན་གྱི་དྲི་མ་རྣམ་དགུ་སོགས་ཤོ་ལོ་ཀ་གཅིག་གི་འགྲེལ་པའོ། ། གཉིས་པ་དྲི་མ་གང་ཟག་བཞི་དང་སྦྱར་བ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། བཅོམ་ ལྡན་འདས་ཀྱིས་སྙིང་པོའི་མདོར། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་ པོ་ཅན་ནོ་ཞེས་གསུངས་པའི་སེམས་ཅན་དེ་དག་ཀྱང་དྲི་མ་དགུ་པོ་འདི་དག་གིས་ལྡན་པ་བཞི་ 1-1-187 སྟེ་བྱིས་པ་ལམ་ལ་མ་ཞུགས་པ་སོ་སོ་སྐྱེ་བོ་རྣམས་དང༌། ཉན་ཐོས་དགྲ་བཅོམ་པ་དང༌། སློབ་ པ་དང༌། བློ་ལྡན་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་སོ། །དེ་དག་རིམ་པ་བཞིན་དྲི་མ་ བཞི་དང་གཅིག་དང་ནི་གཉིས་དང་གཉིས་ཀྱིས་གཙོར་མ་དག་པ་ཉིད་དོ། ། གཉིས་པ་རྒྱས་བཤད་ལ་བཞི། སོ་སྐྱེ་དྲི་མ་བཞི། དགྲ་བཅོམ་དྲི་མ་གཅིག སློབ་པ་དྲི་མ་ གཉིས། རྒྱལ་སྲས་དྲི་མ་གཉིས་དང་ལྡན་པ་དཔེ་དང་སྦྱར་ཏེ་བཤད་པའོ། ། དང་པོ་ནི། དྲི་མ་རྣམས་དཔེ་རྣམས་དང་འདྲ་ཚུལ་གང་ཞེ་ན། ཇི་ལྟར་པད་མ་འདམ་རྫབ་ ལས་སྐྱེས་ཏེ། སར་པ་མདུན་དུ་གྱུར་ན་ཡིད་དགའ་བ་དང་ཕྱི་ནས་རྙིངས་ན་དགའ་བ་མེད་ པར་འགྱུར་བ་ཡིན་ནོ། །འདོད་ཆགས་བག་ལ་ཉལ་ཡང་རྒྱུ་ཚུལ་མིན་ཡིད་བྱེད་ལས་སྐྱེ་ཤིང་ མངོན་དུ་རྒྱུའི་དུས་ན་དགའ་བ་དང་ཕྱིས་མི་དགའ་བས་པད་མ་དེ་བཞིན་ནོ། །ཇི་ལྟར་སྲོག་ ཆགས་སྦྲང་མ་ནི་སྦྲང་རྩི་ལ་གནོད་བྱེད་བྱུང་ན་ཤིན་ཏུ་འཁྲུགས་ཏེ་མདུང་བརྡེག་པས་རང་ འཆི་ཞིང་གཞན་ལ་ཟུག་རྔུ་བསྐྱེད་པ་ལྟར། དེ་བཞིན་དུ་ཞེ་སྡང་བག་ལ་ཉལ་ཡང་གནོད་བྱེད་ བྱུང་བས་མངོན་དུ་རྒྱུ་སྐྱེ་བ་ན་རང་གཞན་གྱི་སྙིང་སྟེ་སེམས་ལ་ཡིད་མི་བདེ་བའི་སྡུག་བསྔལ་ སྐྱེད་པར་བྱེད་དོ། །ཇི་ལྟར་འབྲས་ལ་སོགས་པའི་འབྲས་བུའི་སྙིང་པོ་ནི་ཕྱི་རོལ་གྱི་སྦུན་པས་ བསྒྲིབས་པ་ལྟར། དེ་བཞིན་དུ་བདེ་གཤེགས་སྙིང་པོའི་དོན་མཐོང་བ་ལ། མ་རིག་སྒོ་ངའི་ སྦུབས་གཏི་མུག་བག་ལ་ཉལ་གྱིས་བསྒྲིབས་སོ། །ཇི་ལྟར་མི་གཙང་བ་ནི་ཀུན་གྱིས་མི་མཐུན་ ཞིང་མི་འཕྲོད་པར་གཟུང་བྱ་ཡིན་པ་དེ་བཞིན་དུ་ཆགས་པ་དང་བཅས་པ་སོ་སོ་སྐྱེ་བོ་རྣམས་ ཀྱི། ཉེས་སྤྱོད་ལ་སྦྱོར་བས་འདོད་པ་བསྟེན་པའི་རྒྱུ་ཡིན་པའི་ཕྱིར་མི་འཕྲོད་པར་གཟུང་བྱ་ ཡིན་པས་དུག་གསུམ་ཀུན་ནས་ལྡང་བ་དྲག་པོ་ནི་མི་གཙང་བ་དང་འདྲའོ། ། གཉིས་པ་ནི། ཇི་ལྟར་གཏེར་དུ་སྦས་པའི་ནོར་ནི་སས་བསྒྲིབས་པས་ན། གཏེར་ཡོད་ པར་མི་ཤེས་ཤིང་གཏེར་ལག་ཏུ་མི་ཐོབ་པ་ལྟར། དེ་བཞིན་དུ་སྐྱེ་དགུ་ལ་རང་བྱུང་ཆོས་སྐུ་ 1-1-188 ཉིད་མངོན་དུ་འགྱུར་བ་ལ་མ་རིག་བག་ཆགས་ཀྱི་ས་ཡིས་བསྒྲིབས་སོ། ། གསུམ་པ་ནི། ཇི་ལྟར་ཤིང་གི་འབྲས་བུ་ལས་མྱུ་གུ་དང་སྡོང་བོ་ལ་སོགས་པ་རིམ་གྱིས་ སྐྱེས་པས་ས་བོན་གྱི་ཤུན་པ་རིམ་གྱིས་གཅོད་པ་ལྟར། དེ་བཞིན་དུ་དེ་ཁོ་ན་ཉིད་མངོན་སུམ་ དུ་མཐོང་བའི་ལམ་རིམ་གྱིས་སྐྱེས་པ་ཡིས་མཐོང་སྤང་གི་དྲི་མ་རྣམས་ནི་རིམ་གྱིས་ལྡོག་པར་ འགྱུར་རོ། །འཕགས་པའི་ལམ་མཐོང་ལམ་དང་འབྲེལ་པ་ལས་འཇིག་ཚོགས་སུ་ལྟ་བ་ལ་ སོགས་པ་ཉོན་མོངས་ཀྱི་སྙིང་པོ་སྟེ་གཙོ་བོ་རགས་པ་བཅོམ་པ་རྣམས་ཀྱི་ལྷག་མ་ཡིན་པའི་ ཕྱིར་སྒོམ་སྤང་གི་དྲི་མ་སྒོམ་ལམ་ཡེ་ཤེས་ཀྱི་སྤང་བྱ་རྣམས། གོས་ཟད་པའི་ལྷག་མ་རུལ་པ་ དག་དང་མཚུངས་པར་བསྟན་ཏོ། ། བཞི་པ་ནི། མ་དག་པའི་ས་བདུན་ལ་བརྟེན་པའི་དྲི་མ་ནི་རང་ལ་ཡོད་པའི་མི་རྟོག་ཡེ་ ཤེས་མི་མཐོང་བར་བྱེད་པས་མངལ་སྦུབས་ཀྱི་དྲི་མས་རང་ལ་ཡོད་པའི་རྒྱལ་པོ་མི་མཐོང་ བར་བྱས་པ་དག་དང་མཚུངས་ལ། མངལ་སྦུབས་བྲལ་ན་རྒྱལ་པོ་མཐོང་བ་དང་འདྲ་བ་ནི་ས་ བདུན་ལ་བརྟེན་པའི་དྲི་མ་བྲལ་ན་རྩོལ་བ་མེད་པར་མི་རྟོག་པའི་ཡེ་ཤེས་རྣམ་པར་སྨིན་ཞིང་ གྲུབ་པ་བཞིན་ནོ། །དག་པ་ས་གསུམ་དང་རྗེས་སུ་འབྲེལ་པའི་དྲི་མ་རྣམས་ནི་སྤོང་བ་སླ་བས་ ལུགས་ཀྱི་ས་འདམ་གྱིས་གོས་པ་བཞིན་དུ་ཤེས་པར་བྱ་སྟེ། ས་འདམ་ཐོ་བས་འགོགས་པ་ ལྟར་བདག་ཉིད་ཆེན་པོ་རྒྱལ་སྲས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གཞོམ་བྱ་ཡིན་པའི་ཕྱིར་ རོ། ། གསུམ་པ་དྲི་མ་དཔེ་དགུས་བསྟན་ཚུལ་བསྡུ་བ་ནི། དེ་ལྟར་ཆགས་སོགས་དྲི་མ་དགུ་པོ་ སྔར་བསྟན་པའི་ཚུལ་གྱིས་པད་མ་ལ་སོགས་པའི་དཔེ་དགུ་དག་དང་མཚུངས་སོ། ། གཉིས་པ་ལ་གཉིས་ཀྱི་དང་པོ་རང་བཞིན་གསུམ་གྱིས་དཔེ་དགུ་བསྟན་ཚུལ་ནི། འཆད་འགྱུར་གྱི་རང་ བཞིན་གསུམ་གྱིས་བསྡུས་པའི་ཕྱིར་སེམས་ཅན་གྱི་ཁམས་ནི་སངས་རྒྱས་ཀྱི་སྐུ་ལ་སོགས་པ་ 1-1-189 དཔེ་དགུ་དང་ཆོས་མཚུངས་སོ། །རང་བཞིན་གསུམ་གང་ཞེ་ན། ཁམས་འདིའི་རང་བཞིན་ ཆོས་ཀྱི་སྐུ་དང༌། དེ་བཞིན་ཉིད་དང༌། རིགས་ཀྱང་སྟེ། གསུམ་པོ་དེ་ནི་རིམ་པ་ལྟར། དཔེ་ གསུམ་དང་གཅིག་དང་ནི་ལྔ་རྣམས་ཀྱིས་ནི་ཤེས་པར་བྱ་སྟེ། རྒྱས་པར་འཆད་དོ། ། གཉིས་པ་རང་བཞིན་སོ་སོར་ཕྱེ་སྟེ་རྒྱས་བཤད་ལ་གསུམ། ཁམས་དེ་ཆོས་སྐུར་མཚོན་ པའི་དཔེ་གསུམ། དེ་བཞིན་ཉིད་དུ་མཚོན་པའི་དཔེ་གཅིག སྙིང་པོ་རིགས་སུ་མཚོན་པའི་ དཔེ་ལྔ་བཤད་པའོ། །དང་པོ་ནི། རང་བཞིན་གསུམ་པོ་དེ་ལས་སངས་རྒྱས་རྣམས་ཀྱི་ཆོས་ སྐུ་ནི་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། དེ་བཞིན་གཤེགས་པའི་སོ་སོ་རང་གིས་རིག་པར་བྱ་ བ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་ཅིང་དྲི་མ་མེད་པ་རྟོགས་བྱ་ཆོས་སྐུ་དང༌། དེ་ཐོབ་ པའི་རྒྱུ་མཐུན་པ་བསྟན་པ་དམ་པའི་ཆོས་སོ། །དེ་ཡང་གཉིས་ཏེ་དོན་དམ་བདེན་པའི་དབང་ དུ་བྱས་ནས་རྒྱལ་སྲས་ཀྱི་སྡེ་སྣོད་ཟབ་པའི་ཆོས་སྟོན་པ་དང༌། ཀུན་རྫོབ་ཀྱི་དབང་དུ་བྱས་ ནས་མདོ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པས་བརྗོད་བྱ་སྣ་ཚོགས་པའི་ཚུལ་ནི་སྟོན་ པའོ། །དབྱེ་བ་གསུམ་པོ་དེ་ལས་ཆོས་དབྱིངས་ཤིན་ཏུ་དྲི་མེད་དེ་ནི་རང་བཞིན་གྱིས་འཇིག་ རྟེན་ལས་འདས་པའི་ཕྱིར། འཇིག་རྟེན་ན་དོན་འདི་ལ་ཐམས་ཅད་ནས་མཚོན་ནུས་པའི་དཔེ་ ནི་མི་དམིགས་པས་དེ་བཞིན་གཤེགས་པ་ཉིད་དང་ཁམས་དེ་འདྲ་བ་ཉིད་དུ་བསྟན་པ་ཡིན་ ནོ། །རྟོགས་དཀའ་བས་ཕྲ་མོ་ཆོས་དབྱིངས་ཟབ་མོའི་ཚུལ་བསྟན་པའི་ཆོས་ནི་སྦྲང་རྩི་རོ་ཞིམ་ པོར་གཅིག་པ་བཞིན་ཏེ་སྟོང་པ་ཉིད་སྟོན་པར་རོ་གཅིག་པས་སོ། །བརྗོད་བྱ་རྣམ་པ་སྣ་ཚོགས་ པའི་ཚུལ་བསྟན་པའི་ཆོས་ནི་འབྲུ་སྣ་ཚོགས་པའི་སྦུན་པའི་སྦུབས་ཀྱི་སྙིང་པོ་སྣ་ཚོགས་པ་ བཞིན་དུ་ཤེས་པར་བྱ་སྟེ་བརྗོད་བྱ་སྣ་ཚོགས་པས་སོ། །སྐབས་འདི་ཇི་ལྟར་ནམ་མཁའ་རྟག་ ཏུ་ཀུན་སོང་འདོད་ལ་སོགས་པའི་ལུང་འགྲེལ་པར་དྲངས་པ་ནི། སློབ་དཔོན་གྱི་གསུང་མིན་ ཏེ་ལུང་གི་དགོངས་པ་དང་མ་འབྱོར་བའི་ཕྱིར་རོ། ། 1-1-190 གཉིས་པ་ནི། དེ་བཞིན་ཉིད་ཀྱི་དོན་གང་ཞེ་ན། དོན་དམ་པའི་སེམས་ཅན་གང་ཡིན་པ་ དེ་ནི་འདུས་མ་བྱས་པའི་ཕྱིར་རང་བཞིན་གཞན་དུ་འགྱུར་བ་མེད་པ་དང༌། རང་བཞིན་གྱིས་ བཟང་བས་དགེ་བ་དང༌། ངོ་བོ་ཉིད་ཀྱིས་དྲི་མ་མེད་པ་རྣམ་པར་དག་པའི་ཕྱིར་དེ་བཞིན་ ཉིད་འདི་ཆོས་མཐུན་པ་གསུམ་གྱིས་གསེར་གྱི་ནི་གཟུགས་དང་མཚུངས་པར་བརྗོད་པ་ཡིན་ ནོ། །དེ་བཞིན་ཉིད་འདི་སེམས་ཅན་དང་སངས་རྒྱས་ལ་ཁྱད་མེད་པར་ཡོད་ཀྱང༌། གློ་བུར་ དྲི་མ་དག་པ་ལ་དེ་བཞིན་གཤེགས་པ་ཞེས་བྱའི། ངོ་བོ་ནི་གཉིས་སུ་མེད་དེ། མདོར། འཇམ་ དཔལ་དེ་ལ་དེ་བཞིན་གཤེགས་པ་ནི་བདག་གི་ཉེ་བར་ལེན་པའི་གཞི་རྩ་མཁྱེན་པ་གསུངས་ པར་མཛད་དེ། བདག་རྣམ་པར་དག་པས་སེམས་ཅན་ཐམས་ཅད་རྣམ་པར་དག་པར་རྟོགས་ སོ། །བདག་རྣམ་པར་དག་པ་གང་ཡིན་པ་དང་སེམས་ཅན་ཐམས་ཅད་རྣམ་པར་དག་པ་གང་ ཡིན་པ་འདི་ནི་གཉིས་སུ་མེད་དོ་གཉིས་སུ་བྱར་མེད་དོ། །ཞེས་སོ། །ལུང་འདི་ལ་བདག་ཅེས་ པ་སངས་རྒྱས་ཀྱི་དེ་བཞིན་ཉིད་དང་སེམས་ཅན་རྣམ་པར་དག་ཅེས་པ་སེམས་ཅན་གྱི་དེ་ བཞིན་ཉིད་དོ། །དེ་བཞིན་ཉིད་དབྱེར་མེད་པ་འདི་མདོ་རྒྱན་དུ། དེ་བཞིན་ཉིད་དེ་ཐམས་ཅད་ ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་ སྙིང་པོ་ཅན། །ཞེས་སོ། ། གསུམ་པ་ལ་གསུམ་གྱི་དང་པོ་རིགས་གཉིས་མཚོན་པའི་དཔེ་གཉིས་ལ་གཉིས། སྤྱི་དོན་ གྱིས་རིགས་གཉིས་གཏན་ལ་དབབ། གཞུང་དོན་གྱིས་དཔེ་དང་འདྲ་ཚུལ་དངོས་སོ། །དང་པོ་ ལ་བཞི། རིགས་ཀྱི་རྣམ་གཞག རིགས་ཆད་དཔྱད་པ། རིགས་ཀྱི་ཆེ་བ། རིགས་ཀྱི་འབྲས་ བུའོ། །དང་པོ་ལ་མདོ་རྒྱན་དུ། མདོ་དང་མཆོག་དང་མཚན་ཉིད་དང༌། །རྟགས་དང་རིགས་ རབ་དབྱེ་བ་དང༌། །ཉེས་དམིགས་དང་ནི་ཕན་ཡོན་དང༌། །དཔེ་རྣམས་གཉིས་ཏེ་རྣམ་པ་དང༌། །ཞེས་པ་ལྟར་བརྒྱད་ཀྱི་དང་པོ་རིགས་ཡོད་པའི་ཚུལ་ནི། སེམས་ཅན་ཐམས་ཅད་ལ་རིགས་ 1-1-191 ཡོད་དེ། སྲིད་ཞི་ལ་སྐྱོན་ཡོན་མཐོང་ནས་སྐྱེ་བ་དང་དོན་གཉེར་འབྱུང་བའི་ཕྱིར་ཏེ། འདིར། གལ་ཏེ་སངས་རྒྱས་ཁམས་མེད་ན་ཞེས་སོགས་ལྟར་རོ། །ཁྱད་པར་གནས་སྐབས་ཐེག་པ་ གསུམ་གྱི་རིགས་ཐ་དད་ཡོད་དེ། རྒྱུ་ཁམས་སྣ་ཚོགས་དང་རྐྱེན་ཐེག་པ་ཐ་དད་ལ་མོས་པ་དང་ རིགས་ངེས་པ་ཁ་ཅིག་སྒྲུབ་ལ་མ་ངེས་པ་ཁ་ཅིག་མི་སྒྲུབ་པས་ཐ་དད་པ་དང་འབྲས་བུ་བྱང་ ཆུབ་གསུམ་ཐ་དད་པར་དམིགས་པའི་ཕྱིར་ཏེ། མདོ་རྒྱན་དུ། ཁམས་རྣམས་དང་ནི་མོས་པ་ དང༌། །སྒྲུབ་པ་ཐ་དད་དབྱེ་བ་དང༌། །འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་ཉིད་ དུ་ངེས་པར་བརྗོད། །ཅེས་སོ། ། གཉིས་པ་རིགས་མཆོག་ཡིན་ཚུལ་ནི། ཐེག་དམན་གྱི་རིགས་ནི་དགེ་བ་ཁྱད་པར་ཅན་དུ་ མ་སྦྱངས་པ་དང་ཡོན་ཏན་ཐམས་ཅད་མེད་པ་དང་གཞན་དོན་མེད་པ་དང་མྱ་ངན་ལས་འདས་ པ་ན་ཟད་པས་དམན་ལ། ཐེག་ཆེན་གྱི་ནི་དེ་ལས་བཟློག་པས་མཆོག་ཡིན་ཏེ། དེར། དེ་དགེ་ ཁྱད་པར་འཕགས་པ་དང༌། །ཐམས་ཅད་དང་ནི་དོན་ཆེན་དང༌། །མི་ཟད་པ་ཡི་རྒྱུ་མཚན་ཕྱིར། །རིགས་མཆོག་ཉིད་ཅེས་བརྗོད་པ་ཡིན། །ཞེས་སོ། ། གསུམ་པ་རིགས་ཀྱི་མཚན་ཉིད་ནི། ཉན་ཐོས་རྣམས་ལ་ཆགས་པའི་དགེ་བ་ལ་ཐར་པའི་ རིགས་སུ་འདོད་དེ། མཛོད་དུ། མ་ཆགས་འཕགས་རིགས། ཞེས་སོ། །ཐེག་ཆེན་གྱི་ནི་མདོ་ རྒྱན་དུ། རང་བཞིན་དང་ནི་རྒྱས་པ་དང༌། །དེ་ནི་རྟེན་དང་བརྟེན་པ་དང༌། །ཡོད་མེད་ཉིད་ དང་ཡོན་ཏན་ནི། །སྒྲོལ་བའི་དོན་དུ་ཤེས་པར་བྱ། །ཞེས་པས་ཡོན་ཏན་སྒྲོལ་ཞིང་འབྱུང་བའི་ གཞིའམ་ས་བོན་ནི་རིགས་ཀྱི་དོན་ཡིན་ལ། དབྱེ་ན་རྟེན་རང་བཞིན་གྱི་རིགས་ཆོས་དབྱིངས་ དྲི་བཅས་དང༌། བརྟེན་པ་རྒྱས་པའི་རིགས་དགེ་བའི་རྐྱེན་ཡང་དག་པར་བླངས་པའོ། །གཉིས་ ཀ་ཡང་རྒྱུའི་དངོས་པོར་ཡོད་ལ་འབྲས་བུའི་དངོས་པོར་མེད་པའོ། །མིང་གི་རྣམ་གྲངས་ནི། བྱང་སར། རིགས་དེ་ནི་གཞི་ཞེས་ཀྱང་བྱ། རྟོན་པ་དང༌། རྒྱུ་དང༌། རྟེན་དང༌། ཉེར་གནས་ 1-1-192 དང༌། སྔོན་དུ་འགྲོ་བ་དང་གནས་ཞེས་བྱའོ། །ཞེས་དང༌། རིགས་དེ་ནི་ས་བོན་ཞེས་ཀྱང་ བྱ། ཁམས་དང་རང་བཞིན་ཞེས་ཀྱང་བྱའོ། །ཞེས་སོ། །ཡང་སད་པའི་རྟགས་མེད་ཀྱི་བར་དུ་ རྟོགས་དཀའ་བས་ཕྲ་བ་དང༌། སད་པའི་རྟགས་ཡོད་ན་རྟོགས་སླ་བས་རགས་པ་སྟེ། དེར། དེ་ཡང་འབྲས་བུ་ཡང་དག་པར་མ་གྲུབ་པ་ནི་འབྲས་བུ་མེད་པས་ཆ་ཕྲ་བ་ཡིན་ནོ། །འབྲས་བུ་ ཡང་དག་པར་གྲུབ་པ་ནི་འབྲས་བུ་དང་བཅས་པས་རིགས་པ་ཡིན་ནོ། །ཞེས་སོ། ། བཞི་པ་རིགས་མཆོག་གི་རྟགས་ནི། སྦྱོར་བའི་སྔོན་རོལ་ནས་སེམས་ཅན་ལ་སྙིང་བརྩེ་ བ་དང་ཐེག་ཆེན་གྱི་ཆོས་ལ་མོས་པ་དང་དཀའ་སྤྱད་ལ་ཇི་མི་སྙམ་པའི་བཟོད་པ་དང་དགེ་བ་ ཕར་ཕྱིན་དྲུག་སྤྱོད་པ་རྣམས་བྱང་སེམས་ཀྱི་རིགས་ཀྱི་རྟགས་ཏེ། མདོ་རྒྱན་དུ། སྦྱོར་བའི་སྔོན་ དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་ རྟགས་སུ་ཤེས་པར་བྱ། །ཞེས་སོ། ། ལྔ་པ་རབ་ཏུ་དབྱེ་བ་ནི། རང་གི་བྱང་ཆུབ་གཞན་དུ་མི་འགྱུར་བར་ཐོབ་པར་ངེས་པ་དང༌། ལམ་གཞན་དུ་འགྱུར་སྲིད་པ་མ་ངེས་པ་དེ་གཉིས་པོ་ལ་རིམ་པ་བཞིན་རྐྱེན་གྱིས་མི་འཕྲོགས་ པ་དང་འཕྲོགས་པ་ཞེས་བརྗོད་པས་བཞི་སྟེ། དེར། རིགས་ནི་ངེས་དང་མ་ངེས་དང༌། །རྐྱེན་ རྣམས་ཀྱིས་ནི་མི་འཕྲོགས་དང༌། །འཕྲོགས་པ་ཉིད་དེ་མདོར་ན་རིགས། །དབྱེ་བ་འདི་ནི་རྣམ་ པ་བཞི། །ཞེས་སོ། ། དྲུག་པ་རིགས་ཀྱི་ཉེས་པ་ནི། རིགས་ཡོད་ཀྱང་སྟོན་ལ་མི་འཇུག་པའི་ཉེས་པ་བཞི་ཡོད་ དེ། ཉོན་མོངས་པ་གོམས་པ་མང་བ་དང༌། མི་དགེ་བའི་གྲོགས་པོ་བརྟེན་པ་དང༌། རྫས་ཀྱིས་ ཕོངས་པ་དང༌། རྗེ་དཔོན་ལ་སོགས་པའི་དབང་དུ་གྱུར་པའོ། །དེ་ཡང༌། དེར། ཉོན་མོངས་ གོམས་དང་གྲོགས་ངན་དང༌། །ཕོངས་དང་གཞན་གྱི་དབང་ཉིད་དེ། །མདོར་ན་རིགས་ཀྱི་ ཉེས་དམིགས་ནི། །རྣམ་པ་བཞིར་ནི་ཤེས་པར་བྱ། །ཞེས་སོ། ། 1-1-193 བདུན་པ་རིགས་ཀྱི་ཕན་ཡོན་ནི། རིགས་སད་པ་ལ་ཕན་ཡོན་བཞི་སྟེ། ངན་སོང་དུ་དུས་ རིང་ཞིག་ན་འགྲོ་ཡི་ཡང་ཡང་མི་འགྲོ་བ་དང༌། སོང་ཡང་མྱུར་དུ་ཐར་བ་དང་དེར་གནས་ཀྱི་ བར་ཡང་གཞན་ལས་སྡུག་བསྔལ་ཆུང་བ་དང༌། དེ་ལ་སྐྱོ་བ་དང་བཅས་པའི་སེམས་འབྱུང་ ཞིང་དེར་སྐྱེས་པའི་སེམས་ཅན་སྨིན་པར་བྱེད་པའོ། །དེ་ཡང་དེར། རིང་མོ་ཞིག་ན་ངན་སོང་ དུ། །འགྲོ་ཞིང་མྱུར་དུ་ཐར་བ་དང༌། །དེ་ནའང་སྡུག་བསྔལ་ཆུང་ངུ་མྱོང༌། །སྐྱོ་བཅས་སེམས་ ཅན་སྨིན་པར་བྱེད། །ཅེས་སོ། ། བརྒྱད་པ་རིགས་ཀྱི་དཔེར་བརྗོད་པ་གཉིས་ཀྱི་དང་པོ་གསེར་དང་འདྲ་བ་ནི། གསེར་ གྱི་རིགས་པ་ཆེན་པོ་དེ་གསེར་མང་པོ་དང་འོད་གསལ་བ་དང་དྲི་མ་མེད་པ་དང་ལས་སུ་རུང་ བ་དང་བཞིའི་གནས་ཡིན་པ་ལྟར་རྒྱལ་སྲས་ཀྱི་རིགས་ཀྱང་དགེ་བའི་རྩ་བ་མང་པོ་དང་ཡི་ གེ་འོད་གསལ་བ་དང་ཉོན་མོངས་པའི་དྲི་མ་མེད་པ་དང་མངོན་ཤེས་ལ་སོགས་པའི་མཐུའི་ གནས་ཡིན་པས་འདྲ་སྟེ། དེར། གསེར་གྱི་རིགས་བཞིན་ཤེས་པར་བྱ། །དགེ་བ་དཔག་ཏུ་མེད་ པའི་གནས། །ཡེ་ཤེས་དང་ནི་དྲི་མེད་ལྡན། །མཐུ་རྣམས་ཀྱི་ཡང་གནས་ཡིན་ནོ། །ཞེས་སོ། ། གཉིས་པ་རིན་ཆེན་འདྲ་བ་ནི། རིན་པོ་ཆེའི་རིགས་ཆེན་པོ་དེ་རིགས་དང་ལྡན་པ་དང༌། ཁ་དོག་ཕུན་ཚོགས་དང༌། དབྱིབས་ཕུན་ཚོགས་དང༌། ཚད་ཕུན་སུམ་ཚོགས་པ་བཞིན་དུ། རྒྱལ་སྲས་ཀྱི་རིགས་ཀྱང་བྱང་ཆུབ་ཆེན་པོ་དང༌། ཡེ་ཤེས་ཆེན་པོ་དང༌། འཕགས་པའི་ཏིང་ངེ་ འཛིན་དང༌། སེམས་ཅན་མང་པོ་སྨིན་པར་བྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་འདྲ་སྟེ། དེར། རིན་ཆེན་མཆོག་རིགས་བཞིན་ཤེས་བྱས། །བྱང་ཆུབ་ཆེན་པོའི་རྒྱུ་མཚན་ཕྱིར། །ཡེ་ཤེས་ཆེ་ དང་ཏིང་འཛིན་འཕགས། །སེམས་ཅན་མང་པོའི་དོན་གནས་ཕྱིར། །ཞེས་སོ། ། གཉིས་པ་ནི། རིགས་ཆད་པ་སྲིད་དམ་མི་སྲིད་ཅེ་ན་རང་བཞིན་གྱི་རིགས་ནི་ཆད་པ་མི་ སྲིད་ཏེ། འདིར་རྟག་ཏུ་སངས་རྒྱས་སྙིང་པོ་ཅན་ཞེས་དང༌། མདོར། སེམས་ཅན་འདི་དག་ནི་ 1-1-194 རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པའི་ཕྱིར་དང༌། གལ་ཏེ་དེ་སྲིད་ ན་ཆོས་ཉིད་མེད་པའི་ཆོས་ཅན་སྲིད་པར་ཐལ་བའི་ཕྱིར། རྒྱས་པའི་རིགས་ནི་ཆད་པ་སྲིད་ དེ། མདོ་རྒྱན་དུ། ལ་ལ་གཅིག་ཏུ་ཉེས་པ་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ ཀུན་ཏུ་བཅོམ། །ལ་ལ་ཐར་པའི་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་ བྲལ། །ཞེས་པས། གནས་སྐབས་སུ་ཆད་པ་བཞི་དང༌། གཏན་དུ་ཆད་པ་གཅིག་གོ །དང་པོ་ ཡང༌། མཐའ་གཅིག་ཏུ་མཚམས་མེད་ལ་སོགས་པའི་ཉེས་པ་སྤྱོད་པར་ངེས་པ་དང༌། ལོག་ པར་ལྟ་བས་དཀར་པོ་དགེ་བའི་ཆོས་བཅོམ་པ་དང༌། ཐར་པ་ཆ་མཐུན་མ་བསྐྱེད་པས་སད་ མ་ནུས་པ་དང༌། ཅུང་ཟད་ཡོད་ཀྱང་ཚོགས་མ་རྫོགས་པ་སྟེ་བཞི་པོ་འདི་དམན་པས་མེད་པར་ བཞག་པ་བུ་ངན་པ་ལ་བུ་མེད་ཅེས་པ་བཞིན་ནོ། །གཏན་ཆད་པ་ནི་ཐར་པའི་རྒྱུ་རྒྱས་པའི་ རིགས་གཏན་མེད་པའོ། །འདིར་སེམས་ཙམ་པ་རིགས་ཆད་འདོད་ལ་དབུ་མ་པ་མི་འདོད་ ཅེས་ཟེར་ཞིང༌། མདོ་སྡེ་རྒྱན་གྱི་ལུང་འདི་ཡང་སེམས་ཙམ་གྱི་ལུགས་སུ་འདོད་པ་མང་མོད། ལེགས་པར་དཔྱད་ན་མདོ་སྡེ་རྒྱན་གྱིས་ཆོས་མཆོག་ཆེན་པོའི་བར་དུ་དབུ་སེམས་ཐུན་མོང་ བ་དང༌། ས་དང་པོ་ནས་སེམས་ཙམ་ལས་འདས་པ་སྟོན་པས་རིགས་ཆད་བཤད་པ་འདི་ཡང་ དབུ་སེམས་ཐུན་མོང་བ་ཡིན་ནོ། །གལ་ཏེ་དབུ་མ་པའི་ལུགས་ལ་རྒྱས་པའི་རིགས་ཆད་པ་མི་ སྲིད་ན། འདིར། ཡང་དག་བླངས་པ་མཆོག་ཉིད་དོ། །ཞེས་པ་དང་འགལ་ཏེ། མ་བླངས་གོང་ དུ་མེད་པར་རིགས་སོ། །ཡང་བྱང་སར། དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་ གཅིག་ཏུ་བརྒྱུད་དེ་འོངས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ ནོ། །ཞེས་གསུངས་པ་འདི་སེམས་ཙམ་པའི་ལུགས་སུ་བྱེད་པ་ཡང་མི་རིགས་ཏེ། བྱང་ས་དབུ་ མའི་གཞུང་ཡིན་པས་སོ། །སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་པ་ཡིད་ཀྱི་སྐྱེ་མཆེད་དུ་འདོད་པ་ 1-1-195 ཡང་དཔྱད་དགོས་ཏེ། ཆོས་ཉིད་ཀྱིས་ཐོབ་པ་ཞེས་གསུངས་པས་སོ། །དེས་ན་ཕྱིའི་སྐྱེ་མཆེད་ ཆོས་ཀྱི་ཁྱད་པར་དུ་ཤེས་པར་བྱའོ། ། གསུམ་པ་ནི། གནས་སྐབས་སུ་ཐེག་པ་ཆེན་པོའི་ཆོས་ལ་ཟབ་ཅིང་རྒྱ་ཆེ་བར་མི་ཤེས་ བཞིན་དུ་མོས་པ་ཆེན་པོ་འབྱུང་ཞིང་སྒྲུབ་པ་ལ་མི་སྐྱོ་བར་བཟོད་པ་དང༌། མཐར་འཇིག་རྟེན་ དང་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་གཉིས་ཀྱི་མཆོག་བྱང་ཆུབ་ཆེན་པོ་འཐོབ་པ་ནི། རྒྱལ་ སྲས་ཀྱི་རིགས་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་དང་རྒྱས་པའི་ཆེ་བ་ཉིད་ཡིན་ཏེ། མདོ་ རྒྱན་དུ། ཟབ་ཅིང་རྒྱ་ཆེར་བཤད་པ་གཞན་ལ་ཕན་ཕྱིར་བསྟན་པའི་ཆོས་ཆེན་ལ། །མི་ཤེས་ བཞིན་དུ་མོས་པ་ཤིན་ཏུ་རྒྱ་ཆེན་འབྱུང་ཞིང་སྒྲུབ་ལ་བཟོད། །དེ་དག་ཐ་མར་རྣམ་པ་གཉིས་ མཆོག་ཕུན་སུམ་ཚོགས་གྱུར་གང་ཡིན་དེ། །བྱང་ཆུབ་སེམས་དཔའ་རང་བཞིན་ཡོན་ཏན་ལྡན་ ཏེ་རྒྱས་པའི་རིགས་ལས་ཤེས། །ཞེས་སོ། ། བཞི་པ་ནི་རྒྱལ་སྲས་ཀྱི་རིགས་འདི། རང་གཞན་ལ་ཕན་བདེ་བྱེད་པའི་འབྲས་བུས་ བརྒྱན་ཞིང་བདེ་སྡུག་གི་ལས་འབྲས་ཞི་ལ་ཡོན་ཏན་རྒྱ་ཆེན་པོ་དང་ལྡན་པའི་བྱང་ཆུབ་ཀྱི་ ཤིང་གི་འབྲས་བུ་དང་ལྡན་པས་བྱང་ཆུབ་ཀྱི་རྩ་བ་བཟང་པོ་ཉིད་ཡིན་ཏེ། དེར། ཡོན་ཏན་ ཤིན་ཏུ་རྒྱ་ཆེ་བྱང་ཆུབ་ཤིང་བསྐྱེད་ཕྱིར། །བདེ་དང་སྡུག་བསྔལ་ཆེན་པོ་ཞི་བ་ཐོབ་བྱའི་ཕྱིར། །བདག་དང་གཞན་ལ་ཕན་བདེ་བྱེད་པའི་འབྲས་བུའི་ཕྱིར། །རིགས་མཆོག་དེ་ནི་རྩ་བ་བཟང་ པོ་ལྟ་བུ་ཡིན། །ཞེས་སོ། ། གཉིས་པ་ནི། གཏེར་དང་པོ་ནས་ས་འོག་ན་ཡོད་པ་དང་འབྲས་བུའི་ཤིང་ལྗོན་པ་གསར་ དུ་བསྐྱེད་པ་བཞིན་དུ། རིགས་དེ་ལ་དབྱེ་བ་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཐོག་མ་མེད་པ་ ནས་རྩོལ་བས་མ་ཁྱབ་པར་རང་བཞིན་གྱིས་གནས་པ་རང་བཞིན་གྱི་རིགས་དང༌། ཐར་པའི་ རྒྱུའི་དགེ་བ་རྩོལ་བས་ཡང་དག་པར་བླངས་པ་མཆོག་རྒྱས་པའི་རིགས་ཉིད་དོ། ། 1-1-196 གཉིས་པ་རིགས་དེས་སྐུ་གསུམ་འཐོབ་ཚུལ་ནི་རིགས་འདི་གཉིས་ཀྱི་རྒྱུ་ལས་ཚོགས་ གཉིས་ཀྱི་རྐྱེན་གྱིས་སངས་རྒྱས་ཀྱི་སྐུ་གསུམ་ཐོབ་པར་འདོད་པ་ཡིན་ནོ། །དེ་ཡང་དང་པོ་རང་ བཞིན་གྱི་རིགས་ཀྱིས་རྒྱུ་བྱས་ཏེ་ཡེ་ཤེས་ཀྱི་ཚོགས་ཀྱིས་གཙོ་བོའི་རྐྱེན་བྱས་པས། དྲི་བཅས་ ཀྱི་གནས་སྐབས་ལས་དྲི་མེད་དུ་འགྱུར་བའི་ཕྱིར་སྐུ་ནི་དང་པོ་ཆོས་སྐུ་འཐོབ་ཏེ། གཉིས་པ་ རྒྱས་པའི་རིགས་ཀྱིས་རྒྱུ་བྱས་པ་ཡིས་ནི་བསོད་ནམས་ཀྱི་ཚོགས་ཀྱིས་གཙོ་བོའི་རྐྱེན་བྱས་ཏེ་ ཕྱི་མ་གཟུགས་སྐུ་གཉིས་འཐོབ་པོ། ། གསུམ་པ་སྐུ་གསུམ་མཚོན་པའི་དཔེ་གསུམ་ནི། དེ་ལྟར་སྐུ་གསུམ་ལས་ངོ་བོ་ཉིད་ཀྱི་སྐུ་ ཡོན་ཏན་གྱིས་མཛེས་པ་ནི་རིན་ཆེན་བདུན་ལས་བྱས་པའི་སྐུ་སྔར་ཡོད་དང་འདྲ་བར་ཤེས་ པར་བྱ་སྟེ། རང་བཞིན་གྱིས་ནི་གྲུབ་ཀྱི་གློ་བུར་དུ་བྱས་པ་མིན་པའི་ཕྱིར་དང་སྟོབས་ལ་སོགས་ པ་ཡོན་ཏན་རིན་ཆེན་ལྟ་བུ་དུ་མའི་གཏེར་ཡིན་པའི་ཕྱིར་རོ། །ཆོས་ཆེན་པོ་ཐེག་ཆེན་གྱི་རྒྱལ་ སྲིད་ཆེ་བ་ལ་ལོངས་སྤྱོད་པ་དང་ལྡན་པའི་ཕྱིར་ཆོས་ལ་རྫོགས་པར་ལོངས་སྤྱོད་ལོངས་སྐུ་ ནི། གླིང་བཞིའི་སྲིད་ལ་ལོངས་སྤྱོད་པའི་འཁོར་ལོ་སྒྱུར་བ་བཞིན་ནོ། །ལོངས་སྐུའི་གཟུགས་ བརྙན་གྱི་ཚུལ་དུ་གདུལ་བྱའི་བློ་ལ་ཤར་བ་ཡི་ནི་རང་བཞིན་ཡིན་པའི་ཕྱིར་སྤྲུལ་པའི་སྐུ་དུ་མ་ ནི་གསེར་གྱི་རྒྱུ་ལས་གཟུགས་དུ་མ་བཅོས་མར་བྱས་པ་ལྟ་བུའོ། །དེ་ལ་དེ་བཞིན་གཤེགས་ པ་ནི་སྐུ་གསུམ་གྱིས་ཕྱེ་བ་མིན་ལ་ཁམས་ནི་སྐུ་གསུམ་ཐོབ་པའི་རྒྱུ་ཡིན་པས་འདིར་ཁམས་ ཀྱི་དོན་ནི་རྒྱུའི་དོན་ཏེ། མདོར། གང་གི་ཕྱིར་དེ་ལ་ཡང་སེམས་ཅན་དང་སེམས་ཅན་ལ་དེ་ བཞིན་གཤེགས་པའི་ཁམས་འགྲུབ་པ་སྙིང་པོར་གྱུར་པ་ཡོད་མོད་ཀྱི་སེམས་ཅན་དེ་དག་གིས་ ཤེས་པ་མ་ཡིན་ནོ། །ཞེས་སོ། །འདིར་ཁ་ཅིག དཔེ་དགུས་དོན་དགུ་སེམས་ཅན་ལ་ཡོད་པར་ བསྟན་པས་གསུང་རབ་གཉིས་དང་རྒྱས་པའི་རིགས་དང་གཟུགས་སྐུ་གཉིས་ཀྱང་སེམས་ ཅན་གྱི་གནས་སྐབས་ནས་ཡོད་དོ་ཞེས་སྨྲ་བ་ནི་འཁྲུལ་ཏེ་གཟུགས་སྐུ་གཉིས་ཀྱིས་གསུངས་ 1-1-197 པ་ལ་ལྟོས་པའི་ཕྱིར་དང་གསར་དུ་བླངས་པའི་ཕྱིར་དང་བསྐྱེད་འབྲས་ཡིན་པའི་ཕྱིར་གོ་རིམ་ བཞིན་ནོ། །འོ་ན་དོན་ལྔ་པོའང་ཡོད་པར་བསྟན་པ་ཅི་ཞེ་ན། དོན་ལྔ་པོའི་རྟེན་སྙིང་པོ་ཡོད་པ་ དང་དོན་ལྔ་ཡོད་པ་རྟགས་སུ་བྱས་ནས་སེམས་ཅན་ལ་སྙིང་པོ་ཡོད་པར་སྒྲུབ་པ་ལ་དགོངས་ ཏེ་དོན་ལྔ་པོ་དེ་འབྱུང་བ་སྙིང་པོ་མེད་ན་མི་སྲིད་པས་སོ། ། གཉིས་པ་དོན་དེའི་སྒྲུབ་བྱེད་བཤད་པ་ནི། དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ སེམས་ཅན་ལ་ཡོད་པར་བསྟན་པ་འདི་ནི། ཆོས་མངོན་པའི་མདོར། ཐོག་མ་མེད་དུས་ཅན་གྱི་ ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་ པའང་ཐོབ་པ་ཡིན། །ཞེས་པས་གསལ་བར་གསུངས་ཏེ། མདོ་དེའི་དོན་ཡང་མདོ་གཞན་གྱིས་ གསལ་བར་བསྟན་ཏོ། །དེ་ཡང་ཐོག་མ་མེད་དུས་ཅན་ཞེས་པའི་དོན་ནི་མདོ་མང་པོར་སྙིང་པོ་ ཉིད་ལ་དགོངས་ནས། སྔོན་གྱི་མཐའ་མི་དམིགས་སོ། །ཞེས་སོ། །ཁམས་ཞེས་བྱ་བའི་དོན་ ནི། དཔལ་འཕྲེང་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་དམ་པའི་ ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ལགས་སོ། །ཆོས་ཀྱི་སྐུའི་སྙིང་པོ་ལགས་སོ། །འཇིག་རྟེན་ལས་ འདས་པའི་ཆོས་ཀྱི་སྙིང་པོ་ལགས་སོ། །རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོ་ ལགས་སོ། །ཞེས་སོ། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ་ཞེས་བྱ་བའི་དོན་ནི། དེར། བཅོམ་ ལྡན་འདས་ཅིའི་སླད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་འབྲེལ་པ་རྣམ་པར་དབྱེ་བ་མེད་ པ་འབྲལ་མི་ཤེས་པ་འདུས་མ་བྱས་པའི་ཆོས་རྣམས་ཀྱི་གནས་དང་གཞི་དང་རྟེན་ལགས་ ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་མ་འབྲེལ་བ་རྣམ་པར་དབྱེ་བ་དང་ བཅས་པའི་ཆོས་བྲལ་ཤེས་པ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་གནས་དང་གཞི་དང་རྟེན་བྱས་ སོ། །ཞེས་སོ། །དེ་ཡོད་པས་ན་འགྲོ་ཀུན་དང༌། ཞེས་བྱ་བའི་དོན་ནི། དེར། བཅོམ་ལྡན་འདས་ དེ་བཞིན་གཤེགས་པའི་སྙིང་པོ་མཆིས་ན་དེ་ལ་འཁོར་བ་ཞེས་ཚིག་གིས་བརྟགས་པ་ལགས་ 1-1-198 སོ། །ཞེས་སོ། །མྱ་ངན་འདས་པའང་ཐོབ་པར་འགྱུར༌། ཞེས་བྱ་བ་འདི་ནི། དེར། བཅོམ་ལྡན་ འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་སྡུག་བསྔལ་ལ་ཡང་ཡིད་འབྱུང་ བར་མི་འགྱུར་ཞིང༌། མྱ་ངན་ལས་འདས་པ་ལའང་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་ པར་ཡང་མི་འགྱུར་རོ། །ཞེས་སོ། ། གཉིས་པ་སྙིང་པོ་དམན་པས་མཐོང་བ་དཀའ་བར་བསྟན་པ་ནི། ཁམས་དེ་ཉིད་རང་བྱུང་ སངས་རྒྱས་རྣམས་ཀྱི་ཆོས་དོན་དམ་བདེན་པ་ཡིན་པས་ཚུ་རོལ་མཐོང་བའི་ཤེས་པའི་ཡུལ་ མིན་པ་སྟེ། དེས་ན་སངས་རྒྱས་ཀྱི་གསུངས་ལ་དད་པ་ཉིད་ཀྱིས་རྟོགས་བྱ་ཡིན་པས། རྟོག་ པས་བསམ་པ་དང་བརྟག་པར་བྱ་བ་མ་ཡིན་གྱི་ཡིད་ཆེས་པར་བྱ་བ་འབའ་ཞིག་ཏུ་ཟད་དོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་དེ་དུས་ཐམས་ཅད་དུ་ཐམས་ཅད་ལ་ཁྱད་པར་མེད་ པར་ཡོད་དོ། །ཞེས་བྱ་བ་ནི་ཆོས་ཉིད་ཚད་མར་བྱས་ནས་བལྟ་བར་བྱ་སྟེ། སྙིང་པོའི་མདོར། རིགས་ཀྱི་བུ་དག་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་ རུང་མ་བྱུང་ཡང་རུང་སྟེ། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ ཅན་ནོ། །ཞེས་སོ། །དེས་ན་ཁམས་འདི་ཆོས་ཉིད་ཡིན་པས་སྔར་ཇི་ལྟ་བ་དེ་ལྟ་བུར་གནས་ ཀྱི་གཞན་དུ་མི་འགྱུར་རོ་ཞེས་བྱ་བའི་རིགས་པས། ཁམས་རྟོགས་པ་ལ་ཆོས་ཉིད་ཁོ་ན་རྟེན་ དང་རིགས་པ་ཡིན་ནོ། །ཁམས་དེ་ཐམས་ཅད་ལ་ཐམས་ཅད་ཀྱི་ཚེ་ཡོད་ན་ཐམས་ཅད་ཀྱིས་ མི་མཐོང་བ་ཅི་ཞེ་ན། དཔེར་ན་ཉི་མའི་དཀྱིལ་འཁོར་འོད་འབར་བ་ཡོད་ཀྱང་མིག་མེད་པས་ ནི་མཐོང་བ་མེད་པ་ལྟར། ཁམས་ཡོད་ཀྱང་དེ་མཐོང་བའི་ཡེ་ཤེས་ཀྱི་མིག་དང་མི་ལྡན་པ་སོ་ སོ་སྐྱེ་བོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ ཆུབ་སེམས་དཔའ་སྟེ་བཞིས་མི་མཐོང་ངོ༌། །དེ་ཡང༌། དཔལ་འཕྲེང་དུ། བཅོམ་ལྡན་འདས་ དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་འཇིག་ཚོགས་ལ་ལྟ་བར་ལྷུང་བ་རྣམས་དང་ 1-1-199 ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང་སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་ རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ། །ཞེས་སོ། །དེ་ལ་འཇིག་ཚོགས་སུ་ལྟ་བར་ལྷུང་བ་ནི་སོ་ སྐྱེ་སྟེ། ཕུང་སོགས་ཟག་བཅས་རྣམས་ལ་བདག་དང་བདག་གི་བར་ཁས་བླངས་ནས་ང་དང་ ང་ཡིར་འཛིན་པ་ལ་ཞེན་པས་འཇིག་ཚོགས་འགགས་པའི་དབྱིངས་ལ་མོས་པར་ཡང་མི་ནུས་ ན་རྟོགས་པར་ལྟ་ག་ལ་འགྱུར་བའོ། །ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་ནི་ཉན་ཐོས་དང་ རང་སངས་རྒྱས་ཏེ། སྙིང་པོ་རྟག་པ་དང་བདེ་བ་དང་བདག་དང་གཙང་བར་བསྒོམ་པར་བྱ་བ་ ལས། མི་རྟག་པ་དང་སྡུག་བསྔལ་བ་དང༌། བདག་མེད་པ་དང་མི་གཙང་བར་བསྒོམ་པ་ལ་ དགའ་བས་རྟག་སོགས་ཀྱི་མཚན་ཉིད་ཅན་གྱི་ཁམས་མི་རྟོགས་སོ། །དེ་ཡང༌། མྱང་འདས་ ཆེན་པོར། དགེ་སློང་དག་དཔེར་ན་སོས་ཀའི་དུས་ལ་བབ་པ་ན་སྐྱེ་བོ་དག་ཁྲུས་རས་བཅིངས་ ཏེ། རང་གི་རྒྱན་དང་ཉེ་བར་སྤྱོད་པ་དག་གིས་ཆུ་ལ་རྩེའོ། །དེ་ནས་དེར་ཅིག་གིས་རིགས་དང་ ལྡན་པའི་ནོར་བུ་བཻདཱུརྱ་ཆུའི་ནང་དུ་བཞག་པ་དང༌། དེ་ནས་བཻདཱུརྱ་དེའི་དོན་དུ་དེ་དག་ཐམས་ ཅད་རྒྱན་བཞག་ནས་ཞུགས་པར་གྱུར་ཏེ། དེ་ནས་དེ་ན་ཡོད་པའི་གསེག་མའི་གྱོ་མོ་དེ་དག་ལ་ དེ་དག་ནོར་བུའོ་སྙམ་ནས་བཟུང་སྟེ། བདག་གིས་ནོར་བུ་རྙེད་དོ་སྙམ་ནས་ཕྱུང་ངོ༌། ཕྱུང་ནས་ ཀྱང་རྫིང་གི་འགྲམ་དུ་བལྟས་པ་ན་འདི་ནོར་བུ་མ་ཡིན་ནོ་སྙམ་པའི་འདུ་ཤེས་རབ་ཏུ་འཇུག་ གོ །རྫིང་གི་ཆུ་དེ་ཡང་ནོར་བུའི་མཐུས་ནོར་བུའི་འོད་དང་འདྲ་བར་སྣང་ངོ་། །དེ་དག་དེ་ལྟར་ སྣང་བའི་ཆུ་དེ་མཐོང་ནས་ཨེ་མའོ་ནོར་བུའོ་སྙམ་པའི་ཡོན་ཏན་གྱི་འདུ་ཤེས་རབ་ཏུ་ཞུགས་ སོ། །དེ་ནས་དེ་ལ་ཐབས་མཁས་ཤིང་ཡིད་གཞུངས་པ་གཅིག་གིས་ནོར་བུ་དེ་ཁོ་ན་བཞིན་དུ་ རྙེད་པར་གྱུར་ཏོ། །དགེ་སློང་དག་དེ་བཞིན་དུ་ནོར་བུ་ལྟར་ཆོས་ཀྱི་དེ་ཁོ་ན་མི་ཤེས་པ་ཁྱེད་ ཀྱིས་ཐམས་ཅད་མི་རྟག་པ་དང་ཐམས་ཅད་སྡུག་བསྔལ་བ་དང་ཐམས་ཅད་བདག་མེད་པ་ དང་ཐམས་ཅད་མི་གཙང་བའོ་ཞེས་འཇིག་རྟེན་པ་ཐམས་ཅད་ཀྱིས་བསྒོམས་ཤིང་བསྒོམ་པ་ 1-1-200 མང་དུ་བྱས་ཤིང་མང་དུ་བྱས་པས་ཉེ་བར་བཞག་པ་དེ་ཐམས་ཅད་ནི་དོན་མེད་དོ། །དགེ་སློང་ དག་དེའི་ཕྱིར་རྫིང་གི་གསེག་མ་དང་གྱོ་མོར་རྣམ་པར་གནས་པ་ལྟར་མི་འགྱུར་བར་ཁྱེད་ཅག་ ཐབས་ལ་མཁས་པར་གྱིས་ཤིག དགེ་སློང་དག་ཁྱེད་ཀྱིས་གང་དང་གང་ཐམས་ཅད་མི་རྟག་ པ་དང་ཐམས་ཅད་སྡུག་བསྔལ་བ་དང་ཐམས་ཅད་བདག་མེད་པ་དང་ཐམས་ཅད་མི་གཙང་ བའོ་ཞེས་འཛིན་པ་ཐམས་ཅད་ཀྱིས་བསྒོམས་ཤིང་བསྒོམས་ལ་མང་དུ་བྱས་ཤིང་མང་དུ་བྱས་ པ་དེ་དང་དེ་ཉིད་ལ་རྟག་པ་དང་བདེ་བ་དང་སྡུག་བསྔལ་པ་དང་གཙང་བ་ཉིད་ཡོད་པ་ཡིན་ནོ། །ཞེས་སོ། །སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་ བྱང་ཆུབ་སེམས་དཔའ་སྟེ། དེ་ཡང་ཆོས་ཉིད་རྒྱུན་ཆད་པའི་སྟོང་པར་འདོད་པའམ། རྟོགས་ བྱའི་ཆོས་ཉིད་གཟུགས་སོགས་ལས་ཐ་དད་པའི་དངོས་པོར་ཡོད་དོ་ཞེས་དམིགས་པ་དང་ བཅས་པས་སྟོང་ཉིད་ལ་བརྟེན་པ་སྟེ། སྟོང་པ་ཉིད་ཀྱི་ཚུལ་སྙིང་པོ་རྟོགས་པ་ལས་ཉམས་པ་ དག་ལ་བརྗོད་དོ། ། གསུམ་པ་སྙིང་པོ་སྟོང་པ་ཉིད་དུ་བསྟན་པའི་དགོངས་པ་ལ་གཉིས་ཀྱི་དང་པོ་སྤྱི་དོན་ལ་ གཉིས། སྟོང་ཉིད་ཀྱི་དབྱེ་བ་རྒྱས་པར། བདེན་གཉིས་ཀྱི་སྟོང་ཚུལ་གསལ་བར་བཤད་པའོ། །དང་པོ་ནི། དབུས་མཐར། ཟ་བ་བཟའ་དང་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །དེ་ ཡང་གང་གིས་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དགེ་གཉིས་ཐོབ་པར་བྱ་བའི་ ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་གཏང་པར་མི་བྱའི་ཕྱིར། །དགེ་བ་མི་ ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །གང་ཟག་ དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་ པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་པས་སྟོང་ཉིད་བཅུ་དྲུག་གསུངས་ཏེ། དེ་ལ་ཟ་ 1-1-201 བ་པོ་དབང་པོ་རྣམས་དེས་སྟོང་པ་ནི་ནང་སྟོང་པ་ཉིད་དོ། །བཟའ་བྱ་ཡུལ་རྣམས་དེས་སྟོང་ པ་ནི་ཕྱི་སྟོང་ཉིད་དོ། །དེ་གཉིས་ཀྱི་གནས་ལུས་ཁོག་པ་དེས་སྟོང་པ་ནི་ཕྱི་ནང་སྟོང་ཉིད་དོ། །གནས་ཀྱི་གཞི་སྣོད་ཀྱི་འཇིག་རྟེན་དེས་སྟོང་པ་ནི་ཆེན་པོ་སྟོང་ཉིད་དོ། །སྔ་མ་དེ་དག་གང་ གིས་སྟོང་པར་མཐོང་བའི་ཤེས་པ་དེ་སྟོང་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །དོན་དམ་པའི་ རྣམ་པ་ཇི་ལྟར་མཐོང་བའི་ཤེས་པ་དེས་སྟོང་པ་ནི་དོན་དམ་པ་སྟོང་པ་ཉིད་དོ། །འདུས་བྱས་ པ་དང་འདུས་མ་བྱས་ཀྱི་དགེ་བ་གཉིས་ཐོབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་དེས་སྟོང་པ་ ནི་འདུས་བྱས་པ་དང་འདུས་མ་བྱས་སྟོང་ཉིད་དོ། རྟག་ཏུ་སེམས་ཅན་ལ་ཕན་པ་མཐའ་ལས་ འདས་པ་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་དེས་སྟོང་པ་ནི་མཐའ་ལས་འདས་པ་སྟོང་ཉིད་དོ། །འཁོར་བ་ཐོག་མཐའ་མེད་པ་སྟོང་ཉིད་དུ་མ་མཐོང་ན་སྐྱོ་སྟེ་འཁོར་བ་གཏོང་བ་ལས་འཁོར་ བར་མ་གཏང་བར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་དེས་སྟོང་པ་ནི་ཐོག་མ་དང་ཐ་མ་མེད་པ་ སྟོང་ཉིད་དོ། །དགེ་བ་རྣམས་ལྷག་མེད་ཀྱི་མྱང་འདས་ཐོབ་པ་ན་ཡང་མི་ཟད་པར་བྱ་བའི་ཕྱིར་ སྒྲུབ་པར་བྱེད་པ་དེས་སྟོང་པ་ཉིད་ནི་དོར་བ་མེད་པ་སྟོང་ཉིད་དོ། །རང་བཞིན་གྱི་རིགས་དག་ པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་དེས་སྟོང་པ་ནི་རང་བཞིན་སྟོང་ཉིད་དོ། །མཚན་དཔེ་ཐོབ་ པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་དེས་སྟོང་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །སྟོབས་ སོགས་སངས་རྒྱས་ཀྱི་ཆོས་དག་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་དེས་སྟོང་པ་ནི་ཆོས་ ཐམས་ཅད་སྟོང་ཉིད་དོ། །བདག་གཉིས་ཀྱི་དངོས་པོ་དེས་སྟོང་པ་ནི་དངོས་པོ་མེད་པ་སྟོང་ ཉིད་དོ། །བདག་གཉིས་མེད་པའི་གཞི་དོན་དམ་ཡོད་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ ཉིད་དོ། །དེ་ལྟར་བཅུ་དྲུག་ལ་དུས་གསུམ་གཅིག་ལ་གཅིག་མི་དམིགས་པའི་མི་དམིགས་པ་ སྟོང་པ་ཉིད་དང༌། ཕུང་པོ་ལྔ་དེས་སྟོང་པ་ངོ་བོ་ཉིད་དམ་དངོས་པོ་སྟོང་པ་ཉིད་ཅེས་པ་གཉིས་ བསྣན་པ་སྟོང་ཉིད་བཅྭ་བརྒྱད་དོ། །དེའི་སྟེང་དུ། ཤེས་པ་དང་མཐོང་བས་མ་བྱས་པར་རང་ 1-1-202 གིས་སྟོང་པ་རང་བཞིན་སྟོང་པ་དང༌། གཟུགས་སྐུ་བྱོན་རུང་མ་བྱོན་རུང་ཆོས་རྣམས་ཀྱི་མཚན་ ཉིད་གནས་པ་དེ་བྱེད་པ་པོ་གཞན་གྱིས་སྟོང་པ་གཞན་གྱི་དངོས་པོ་སྟོང་པ་ཉིད་གཉིས་བསྣན་ པས་ཉི་ཤུ་སྟེ་རིགས་ཀྱི་དབྱེ་བ་རྒྱས་པར་ཕྱེ་བའོ། ། གཉིས་པ་ནི། དེ་ལྟར་དབྱེ་བ་རྣམས་ཀྱང་བསྡུ་ན་ཀུན་རྫོབ་ཀྱི་སྟོང་ཚུལ་རང་རང་ངོ་ བོས་སྟོང་པ་རང་སྟོང་དང༌། དོན་དམ་གྱི་སྟོང་ཚུལ་རང་གིས་མི་སྟོང་ཡང་ཆོས་གཞན་གྱིས་ སྟོང་པའི་གཞན་སྟོང་གཉིས་སུ་འདུ་ཞིང༌། བདེན་གཉིས་ཀྱི་སྟོང་ཚུལ་སོ་སོ་འདི་ནི་ངེས་པར་ ཁས་བླང་དགོས་ཏེ། དབྱིག་གཉེན་གྱིས་དབུས་མཐའི་འགྲེལ་པར། སྟོང་པ་ཉིད་ཀྱི་མཚན་ ཉིད་བསྟན་པའི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་རྣམ་པ་གཉིས་ཐ་མར་འཇོག་སྟེ། གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་དང་དེའི་སྟོང་པ་ ཉིད་ལ་སྐུར་པ་འདེབས་པ་བསལ་པའི་ཕྱིར་གོ་རིམ་བཞིན་ནོ། །ཞེས་སོ། །སློབ་དཔོན་འདི་ སེམས་ཙམ་པར་གྲགས་པས་དེའི་ལུགས་ཡིན་གྱི་དབུ་མ་པས་བདེན་གཉིས་སྟོང་ཚུལ་གཉིས་ མི་འདོད་སྙམ་ན་མ་ཡིན་ཏེ། ཀླུ་སྒྲུབ་ཀྱི་དབུ་མ་སྒོམ་རིམ་དུ། མ་སྐྱེས་པ་ཡི་སྟོང་ཉིད་གཅིག །གཅིག་ནི་སྐྱེས་པའི་སྟོང་པ་སྟེ། །མ་སྐྱེས་པའི་སྟོང་ཉིད་མཆོག །སྐྱེས་པའི་སྟོང་པ་འཇིག་པ་ ཡིན། །ཞེས་པ་དང་མཐུན་པས་སོ། །ཉི་ཤུ་པོ་གཉིས་སུ་ཇི་ལྟར་འདུ་ཞེ་ན། དང་པོ་བཅྭ་ལྔ་དང་ མི་དམིགས་པ་དང་ངོ་བོ་ཉིད་དེ་བཅུ་བདུན་ནི་རང་སྟོང་ཡིན་ལ། བཅུ་དྲུག་པ་དང་ཉི་ཤུ་པ་ གཉིས་གཞན་སྟོང་ཡིན་ཞིང༌། བཅུ་དགུ་པ་ནི་གཉིས་ཀ་ལ་འཇུག་གོ །དེས་ན་ཉི་ཤུ་པོ་ཐམས་ ཅད་རང་སྟོང་འབའ་ཞིག་ཏུ་འདོད་པ་ནི་འཁྲུལ་ཏེ། བཅུ་དྲུག་པ་དབུས་མཐར་གཞན་སྟོང་དུ་ གསུངས་པ་དང༌། ཡུམ་གསུམ་དུ། དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་ གཤེགས་པ་རྣམ་བྱུང་ཡང་རུང༌། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཉིད་ དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་ 1-1-203 བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་ དག་པའི་མཐའ་ནི་དེ་བཞིན་དུ་གནས་པ་སྟེ། དེ་ལྟར་ཆོས་དེ་དག་གཞན་གྱིས་སྟོང་པ་གང་ ཡིན་པ་དེ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱ་སྟེ། ཞེས་དང༌། འཕགས་པ་གྲོལ་སྡེས་ དེའི་འགྲེལ་པར་ཆོས་ཉིད་ལ་སོགས་པ་བྱེད་པ་པོས་སྟོང་པ་གཞན་སྟོང་དུ་མཛད་པས། ཉི་ཤུ་ པ་ཡང་གཞན་སྟོང་དུ་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་བདེན་པ་གཉིས་སྟོང་ཉིད་ཡིན་པར་འདྲ་ ཡང་སྟོང་ཚུལ་མི་འདྲ་བ་འདི་ནི། མདོ་རྒྱན་དུ། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་པ། །སྟོང་པ་ཤེས་པ་ཞེས་བརྗོད་ དོ། །ཞེས་རང་བཞིན་གསུམ་ལ་སྟོང་ཚུལ་མི་འདྲ་བ་གསུམ་གསུངས་པ་དང་ཡང་དགོངས་པ་ གཅིག་གོ །དེས་ན་དོན་དམ་པ་ནི་རང་ཉིད་ཀྱིས་མི་སྟོང་པའི་སྟོང་ཉིད་དེ། སོར་ཕྲེང་ལ་ཕན་ པའི་མདོར། ཁྱིམ་དང་བུམ་པ་དང་ཀླུང་རྣམས་མི་དང་ཆུ་དང་ཆུ་འབབ་པས་སྟོང་ཡང་ཐམས་ ཅད་ཀྱིས་མི་སྟོང་བ་དཔེར་མཛད་ནས་གསུངས་པ། དེ་བཞིན་དུ་ཐར་པ་ཐམས་ཅད་ཀྱིས་སྟོང་ པ་མ་ཡིན་གྱི་ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐར་པ་སྟོང་པ་ཞེས་བྱའོ། །སངས་རྒྱས་ བཅོམ་ལྡན་འདས་ནི་སྟོང་པ་མ་ཡིན་ཏེ་ཉེས་པ་ཐམས་ཅད་དང་བྲལ་ཞིང་ཉོན་མོངས་པ་བྱེ་ བའི་མི་དང་ལྷ་མེད་པའི་ཕྱིར་སྟོང་པ་ཞེས་བྱའོ། །ཞེས་དང༌། མྱང་འདས་ཆེན་པོ་ལ་སོགས་པ་ མདོ་གཞན་ལས་ཀྱང་མང་དུ་གསུངས་པས་སོ། །འོ་ན་ཉི་ཚེ་བའི་སྟོང་པ་མུ་སྟེགས་ཀྱི་ལུགས་ སུ་གསུངས་པ་དང་མི་མཚུངས་སམ་ཞེ་ན། དེ་ནི་ཀ་བ་བུམ་པས་སྟོང་པ་ལྟ་བུ་ཀུན་རྫོབ་ཀྱི་ ཆོས་གཅིག་གིས་གཅིག་སྟོང་པ་ལ་གསུངས་ལ། །འདི་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་ སྟོང་པས་མི་མཚུངས་སོ། ། གཉིས་པ་གཞུང་དོན་ནི། རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ ཁམས་འདི་ལ་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ནི་ཅི་ཡང་མེད་དེ། གློ་ 1-1-204 བུར་བའི་དྲི་མ་དང་གདོད་ནས་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་ པར་བྱང་བའི་རྒྱུ་མཚན་སྔར་མེད་གཞག་པར་བྱ་བའང་ཅུང་ཟད་ཀྱང་མེད་དེ། རྣམ་པར་དབྱེ་ བ་མེད་པའི་ཡོན་ཏན་གྱི་ཆོས་དག་པའི་ཆོས་ཉིད་གདོད་ནས་ཡོད་པ་ནི་འདིའི་རང་བཞིན་ ཡིན་པའི་ཕྱིར་རོ། །དེ་ལྟར་ན་སངས་རྒྱས་བསྒྲུབ་པའི་ལམ་དོན་མེད་པར་འགྱུར་ཞིང༌། ལམ་ བསྒོམས་པས་སངས་རྒྱས་ཐོབ་པ་ཡང་མི་འཐད་དམ་སྙམ་ན། རང་བཞིན་དྲི་མ་མེད་ཅིང་ཡོན་ ཏན་དང་ལྡན་པ་དེ་ལྟར་ཡིན་ཡང་གནས་སྐབས་སུ་གློ་བུར་དྲི་མ་དང་བཅས་པས་བསྒྲིབས་ ནས་མངོན་དུ་གྱུར་པས་ལམ་དོན་ཡོད་ཅིང་ཁམས་མངོན་དུ་གྱུར་པ་ལ་སངས་རྒྱས་ཐོབ་པ་ ཞེས་ཀྱང་བྱ་བར་འཐད་དོ། །ལམ་གྱིས་མངོན་དུ་ཐོབ་པར་བྱེད་ཚུལ་ཡང༌། ཡང་དག་པའི་ དོན་ཆོས་ཉིད་སྤྲོས་པ་དང་རྟོག་པ་མེད་པ་ཉིད་ལ། ཡང་དག་པ་དེའི་ཚུལ་དང་མཐུན་པའི་ ལམ་མཉམ་བཞག་སྤྲོས་པ་དང་རྟོག་པ་མེད་པས་མི་ལྟ་བའི་ཚུལ་གྱིས་བལྟ་སྟེ། དེ་བསྒོམས་ པས་ཡང་དག་པ་ཆོས་ཉིད་མངོན་དུ་མཐོང་ན་སྒྲིབ་པ་ལས་རྣམ་པར་གྲོལ་བ་ཐོབ་པ་ཞེས་ བྱའོ། །དེ་ལྟར་རང་བཞིན་བསལ་གཞག་མེད་པས་ན། རྣམ་པར་དབྱེ་བ་དང་བཅས་པ་བྲལ་ ཤེས་པའི་མཚན་ཉིད་ཅན་ཉོན་མོངས་པ་གློ་བུར་བ་དག་གིས་ཁམས་འདི་སྟོང་གི། རྣམ་པར་ དབྱེར་མེད་པ་བྲལ་མ་ཤེས་པའི་མཚན་ཉིད་ཅན་བླ་ན་མེད་པ་སངས་རྒྱས་ཀྱི་ཆོས་ཀྱིས་སྟོང་ པ་མ་ཡིན་ནོ། །དེ་ཡང་དཔལ་འཕྲེང་དུ། དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ ཡོད་པ་བྲལ་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་ དབྱེ་བ་མེད་པ་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གའི་ཀླུང་ གི་བྱེ་མ་ལས་འདས་པས་ནི་མི་སྟོང་ངོ་ཞེས་སོ། །དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་དེས་ སྟོང་ངོ་ཞེས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་དེར་ལྷག་པར་གྱུར་པ་དེ་དེ་ལ་རྟག་ པར་ཡོད་དོ་ཞེས་ཡང་དག་པར་ཤེས་པས། ཚིགས་བཅད་གཉིས་པོ་འདིས། གློ་བུར་ཉོན་ 1-1-205 མོངས་མེད་པ་ལ་ཡོད་པར་སྒྲོ་འདོགས་པ་དང་ཁམས་ཡོན་ཏན་དང་བཅས་པ་ཡོད་པ་ལ་མེད་ པར་སྐུར་པ་འདེབས་པའི་མཐའ་བསལ་བས་ཕྱིན་ཅི་མ་ལོག་པར་སྟོང་པ་ཉིད་ཀྱི་མཚན་ཉིད་ བསྟན་ཏོ། །དེ་ལྟར་ཁམས་ཆོས་གཞན་གྱིས་སྟོང་པའི་སྟོང་པ་ཉིད་འདི་ལ་སེམས་རྩེ་གཅིག་ཏུ་ མཉམ་པར་མི་འཇོག་པ་ནི་སྟོང་པ་ཉིད་ལ་སེམས་གཡེངས་པ་ཞེས་བརྗོད་ལ། སྟོང་པ་ཉིད་ཀྱི་ ཡེ་ཤེས་མེད་པར་ནི་རྣམ་པར་མི་རྟོག་པའི་དབྱིངས་མི་རྟོགས་ཏེ། མདོར། དེ་བཞིན་གཤེགས་ པའི་སྙིང་པོའི་ཡེ་ཤེས་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་སྔར་མ་ མཐོང་མ་རྟོགས་པའོ། །ཞེས་སོ། །ཁམས་འདི་ཆོས་སྐུའི་སྙིང་པོ་ཡིན་པ་དེར་ནི་འཇིག་ཚོགས་ ལ་ལྟ་བར་ལྟུང་བ་རྣམས་ཀྱི་ཡུལ་མིནཏེ། ཆོས་ཀྱི་དབྱིངས་ནི་ལྟ་བའི་གཉེན་པོ་ཡིན་པས་ སོ། །ཁམས་དེ་འཇིག་རྟེན་ལས་འདས་པའི་སྙིང་པོ་ཡིན་པ་དེ་ལྟར་ནི་ཕྱིན་ཅི་ལོག་ལ་མངོན་ པར་དགའ་བ་རྣམས་ཀྱི་ཡུལ་མ་ཡིན་ཏེ། ཆོས་སྐུ་ནི་མི་རྟག་པ་ལ་སོགས་པའི་བཟློག་ཕྱོགས་ ཡིན་པས་སོ། །ཁམས་དེ་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོ་ཡིན་པ་དེ་ལྟར་ནི་སྟོང་པ་ཉིད་ལ་ སེམས་གཡེངས་པ་རྣམས་ཀྱི་ཡུལ་མ་ཡིན་ཏེ། ཡོན་ཏན་དང་དབྱེར་མེད་པ་འཇིག་རྟེན་ལས་ འདས་པའི་ཆོས་སྐུ་ནི་དྲི་མས་སྟོང་པའི་རང་བཞིན་ཡིན་པས་སོ། །འོ་ན་ཁམས་དེ་སུའི་ཡུལ་ ཡིན་ཞེ་ན། །མྱང་འདས་ཆེན་པོར། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་དེ་བཞིན་ གཤེགས་པའི་སྙིང་པོ་ཅུང་ཟད་མཐོང་ངོ༌། །ཞེས་གསུངས་ལ། ཡང་དག་པ་ཇི་ལྟ་བ་བཞིན་ གྱི་ཡེ་ཤེས་ཅན་སངས་རྒྱས་རྣམས་ཀྱིས་མ་ལུས་པར་གཟིགས་སོ། །དེ་སྐད་དུ། སྤྲིན་འཐོངས་ མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་ རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་ གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང༌། 1-1-206 ཞེས་སོ། ། གཉིས་པ་རྟོགས་པར་དཀའ་ཡང་བསྟན་པའི་དགོས་པ་བརྗོད་པ་ལ་གཉིས་ཀྱི་དང་པོ་ མདོར་བསྟན་ལ་གཉིས་ལས་དང་པོ་དགོས་པ་དྲི་བ་ནི། དེ་ལྟར་ཆགས་པ་མེད་པའི་མཐར་ ཕྱིན་པའི་ས་ལ་གནས་པ་ས་བཅུ་པའི་རྒྱལ་སྲས་ཀྱི་ཡང་ཐམས་ཅད་ཡུལ་མ་ཡིན་ན། ཁམས་ འདི་ལྟ་དཀའ་བ་དེའི་ཕྱིར། བྱིས་པའི་སོ་སོ་སྐྱེ་བོ་ལས་བརྩམས་ཏེ་ཡོད་པར་བསྟན་པ་འདིས་ ཅི་བྱ་ཞེ་ན། བསྟན་པའི་དགོས་པ་བསྡུས་པའི་ཚིགས་སུ་བཅད་པ་གཉིས་ལས་སྔ་མས་དྲིས་ ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྤྲིན་དང་རྨི་ལམ་དང་སྒྱུ་མ་བཞིན་ནོ་ཞེས་ བཀའ་བར་པའི་མདོ་དེ་དང་དེར། ཤེས་བྱ་ཐམས་ཅད་རྣམ་པ་ཀུན་ཏུ་མ་གྲུབ་པའི་སྟོང་པ་ ཞེས་གསུངས་ནས་ཡང་བཀའ་ཐ་མ་འདིར་རྒྱལ་བ་རྣམས་སེམས་ཅན་ལ་སངས་རྒྱས་སྙིང་པོ་ གདོད་ནས་གཤིས་ལ་གནས་པར་ཡོད་ཅེས་ཅི་སྟེ་གསུང་བ་ཡིན་ཞེས་སོ། ། གཉིས་པ་དགོས་པ་བརྗོད་པ་ནི། ཚིགས་བཅད་གཉིས་པས་དེའི་ལན་བསྟན་ཏེ། རང་ ལ་སྙིང་པོ་ཡོད་པར་མ་ཤེས་པས་བདག་ལྟ་བུ་དམན་པས་བྱང་ཆུབ་ག་ལ་ཐོབ་སྙམ་དུ་སེམས་ ཞུམ་པས་བྱང་ཆུབ་ཏུ་སེམས་མི་བསྐྱེད་པ་དང༌། གཞན་ལ་སྙིང་པོ་ཡོད་པ་མ་ཤེས་པས་ སེམས་མ་བསྐྱེད་པའི་སེམས་ཅན་དམན་པ་ལ་བརྙས་པ་དང༌། ཡང་དག་པ་མིན་པའི་གློ་བུར་ དྲི་མ་ཀུན་གཞི་རྣམ་ཤེས་ལ་སོགས་པ་ལ་སེམས་ཀྱི་རང་བཞིན་དུ་འཛིན་པ་དང༌། ཡང་དག་ པའི་ཆོས་སྟོབས་ལ་སོགས་པའི་ཡོན་ཏན་གདོད་ནས་ཡོད་པ་ལ་མེད་དོ་ཞེས་སྐུར་པ་འདེབས་ པ་དང༌། རང་གཞན་གཉིས་ཀ་ལ་སྙིང་པོ་ཡོད་པར་མཉམ་པ་མ་ཤེས་པས་བདག་ལ་ཆགས་ པ་ལྷག་པའི་སྐྱོན་ལྔ་པོ་སེམས་ཅན་གང་དག་ལ་ཡོད་པ་དེ་དག་གི་སྐྱོན་དེ་སྤང་བའི་དོན་དུ་ འཁོར་ལོ་ཐ་མར་སེམས་ཅན་ཐམས་ཅད་ལ་བདེ་གཤེགས་སྙིང་པོ་ཡོད་པར་གསུངས་སོ། །ཞེས་སོ། ། 1-1-207 གཉིས་པ་རྒྱས་བཤད་ལ་གཉིས། འཁོར་ལོ་བར་པར་ཆོས་ཀུན་སྟོང་པར་བསྟན་པའི་ དགོངས་[དགོས]་པ། འཁོར་ལོ་ཐ་མར་བདེ་གཤེགས་སྙིང་པོ་བསྟན་པའི་དགོས་པ་བཤད་ པའོ། ། དང་པོ་ནི། ཡང་དག་པའི་མཐའ་ཆོས་དབྱིངས་ནི་རང་གི་ངོ་བོ་གཤིས་ལ་གྲུབ་ཀྱང་ཀུན་ རྫོབ་འདུས་བྱས་ཀྱི་རྣམ་པ་ཐམས་ཅད་ཀྱིས་གདོད་ནས་དབེན་ཞིང་སྟོང་པ་ཡིན་ཏེ། དེས་ན་ བཀའ་བར་པར་ཉོན་མོངས་དང་ལས་དང་དེ་གཉིས་ཀྱི་རྣམ་པར་སྨིན་པའི་དོན་རྣམས་ལ་ དགོངས་ནས། སྤྲིན་ལ་སོགས་པ་གསུམ་པོ་བཞིན་དུ་མེད་པར་བརྗོད་དོ། །དཔེ་གསུམ་པོ་ སོ་སོར་སྦྱར་ན། ཉོན་མོངས་པ་ནི་གློ་བུར་བ་ཡིན་པ་དང་སེམས་ཀྱི་རང་བཞིན་ལ་ཁྱབ་པ་ དང་གཤིས་ལ་མ་གྲུབ་པའི་ཕྱིར། སྤྲིན་གློ་བུར་དུ་བྱུང་བ་དང་ནམ་མཁའ་ལ་ཁྱབ་པ་དང་ནམ་ མཁའི་རངབཞིན་དུ་མ་གྲུབ་པ་དང་འདྲའོ། །ཉོན་མོངས་ཀྱི་བྱ་བའི་ལས་ནི་ཕྱིན་ཅི་ལོག་གི་ བློས་བསྐྱེད་ཅིང་འཁྲུལ་སྣང་ཡིན་པས་རྨི་ལམ་གྱི་ལོངས་སྤྱོད་བཞིན་ནོ། །ཉོན་མོངས་པ་དང་ ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུའི་དོན་ཟག་བཅས་ཀྱི་ཕུང་པོ་ནི་རྐྱེན་ལ་ལྟོས་པ་དང་ ཡང་དག་པར་མེད་པས་སྒྱུ་མ་མཁན་གྱིས་སྒྱུ་མ་སྤྲུལ་པ་བཞིན་ནོ་ཞེས་དགོངས་སོ། ། གཉིས་པ་ལ་གཉིས་ཀྱི་དང་པོ་བསྡུས་ཏེ་བསྟན་པ་ནི། སྔར་འཁོར་ལོ་བར་པར་ནི་དེ་ ལྟར་ཉོན་མོངས་སོགས་ལ་དགོངས་ནས་སྤྲིན་ལ་སོགས་པ་བཞིན་དུ་མེད་པར་རྣམ་པར་ བཞག་ནས་སླར་ཡང་བླ་མའི་རྒྱུད་བཀའ་ཐ་མས་འདིར་ནི་ཞུམ་པ་ལ་སོགས་པའི་ཉེས་པ་ལྔ་ དག་སྤང་བར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཁམས་བདེ་གཤེགས་སྙིང་པོ་ཡོད་པ་ ཉིད་ཅེས་གསལ་བར་བསྟན་པ་ཡིན་ནོ། ། གཉིས་པ་ཕྱེ་སྟེ་བཤད་པ་ལ་གཉིས་ཀྱི་དང་པོ་ཁམས་མ་བསྟན་ན་ཉེས་པ་ལྔ་འབྱུང་ཚུལ་ ནི། འདི་ལྟར་དྲི་མ་གདོད་ནས་མེད་ཅིང་ཡོན་ཏན་གདོད་ནས་ཡོད་པའི་ཁམས་སེམས་ཅན་ 1-1-208 ཐམས་ཅད་ལ་ཡོད་པའི་ཚུལ་དེ་ནི་མ་ཐོས་པས་བདག་ཉིད་ལ་དམན་པའོ་སྙམ་དུ་བརྙས་པའི་ ཉེས་པ་ཡིས་སྒྲིབ་པ་སྤང་བ་དང་ཡོན་ཏན་ཐོབ་པར་མི་ནུས་སྙམ་དུ་སེམས་ནི་ཞུམ་པ་འགའ་ ཞིག་ལ་སངས་རྒྱས་ཐོབ་འདོད་ཀྱི་བྱང་ཆུབ་སེམས་ནི་སྐྱེ་བར་མི་འགྱུར་རོ། །གང་ཟག་གང་ ལ་བྱང་ཆུབ་ཀྱི་སེམས་སྐྱེས་པས་བདག་ནི་གཞན་ལས་མཆོག་ཉིད་ཅེས་རློམ་ཞིང་ཁེངས་པ་ ན། བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་རྣམས་ལ་སངས་རྒྱས་ཐོབ་པའི་རྒྱུ་མེད་དོ་སྙམ་ནས་དམན་ པའི་འདུ་ཤེས་རབ་ཏུ་འཇུག་པས་བརྙས་སོ། །དེ་ལྟར་སེམས་ཅན་ལ་ཁམས་མེད་པར་སེམས་ པ་དེ་ལ་ནི་ཡང་དག་པའི་དོན་ཆོས་ཉིད་རྟོགས་པའི་ཤེས་པ་མི་སྐྱེ་བ་དེས་ན་ཡང་དག་པ་ཡིན་ པ་རྣམས་ལ་སེམས་ཀྱི་རང་བཞིན་དུ་འཛིན་ཅིང་རྟོག་གོ །དེའི་ཕྱིར་ཡང་དག་པའི་དོན་སྙིང་ པོ་སྟོབས་སོགས་ཀྱི་ཡོན་ཏན་ཅན་སེམས་ཅན་ཐམས་ཅད་ལ་ཡོད་པ་ནི་རིག་པར་མི་འགྱུར་ བས། མེད་དོ་ཞེས་སྐུར་པ་འདེབས་སོ། །འོ་ན་དྲི་མ་དང་ཡོན་ཏན་གྱི་རང་བཞིན་ཅི་ལྟ་ཞེ་ ན། རྒྱུ་རྐྱེན་གྱིས་བྱས་པས་བཅོས་མ་དང་རང་བཞིན་གྱིས་མེད་པས་གློ་བུར་བ་ཉིད་ཡིན་པའི་ ཕྱིར༌། སེམས་ཅན་གྱི་སྐྱོན་དྲི་མ་དེ་རྣམས་ཡང་དག་པ་སེམས་ཀྱི་རང་བཞིན་མིན་ལ། ཡང་ དག་པ་ཁམས་ནི་ཉེས་པ་དྲི་མ་དེའི་བདག་ཉིད་དུ་མེད་པ་དང༌། སྟོབས་སོགས་བྲལ་བའི་ ཡོན་ཏན་དང་དབྱེར་མེད་པའི་རང་བཞིན་གདོད་ནས་ངོ་བོ་ཉིད་ཀྱིས་དག་པ་ཡིན་ནོ། །གང་ ཟག་གང་ཞིག་ཡང་དག་མིན་པའི་ཉེས་པ་ལ་ཡང་དག་ཏུ་འཛིན་ཅིང་ཡང་དག་པའི་ཡོན་ཏན་ ལ་སྐུར་པ་འདེབས་པ་དེས་ནི་རྒྱུ་དེས། བློ་ལྡན་བྱང་ཆུབ་སེམས་དཔའ་ལ་བདག་དང་སེམས་ ཅན་ཐམས་ཅད་ནི་སྙིང་པོ་ཅན་དུ་མཚུངས་པར་མཐོང་ནས་ཕན་པར་འདོད་པའི་བྱམས་པ་ ཡོད་པ་དེ་ཐོབ་པར་མི་འགྱུར་གྱི་བདག་ལ་ཆགས་པ་ཤས་ཆེ་བར་འགྱུར་ཏེ་དེ་ལྟར་ཐར་པ་ ཐོབ་པའི་གེགས་ཉེས་པ་ཆེན་པོ་ལྔ་འབྱུང་ངོ༌། ། གཉིས་པ་སྙིང་པོ་བསྟན་པས་ཡོན་ཏན་ལྔ་འཐོབ་ཚུལ་ནི། འཁོར་ལོ་ཐ་མ་འདི་ལས་ 1-1-209 སེམས་ཅན་ཐམས་ཅད་ལ་སྙིང་པོ་ཡོད་པར་བསྟན་པ་དེ་ནི་ཐོས་པ་ལས། རང་ལ་ཆོས་སྐུ་ ཡོད་པར་ཤེས་ནས་བསྒྲུབ་པ་ལ་སྤྲོ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སེམས་ཅན་ གཞན་ལ་ཆོས་སྐུ་ཡོད་པར་ཤེས་ནས་སྟོན་པ་སངས་རྒྱས་ལ་བྱ་བ་བཞིན་དུ་གུས་པ་དང༌། དྲི་ མ་གཤིས་ལ་མེད་པར་རྟོགས་པའི་ཤེས་རབ་དང༌། ཁམས་ཡོན་ཏན་ཅན་གཤིས་ལ་ཡོད་ པར་རྟོགས་པའི་ཡེ་ཤེས་དང༌། བདག་གཞན་མཉམ་པར་ཤེས་ནས་ཕན་པར་འདོད་པའི་ བྱམས་པ་ཆེན་པོ་སྐྱེའོ། །ཆོས་ལྔ་པོ་དེ་སྐྱེས་པའི་ཕྱིར་རྒྱུ་དེ་ལས་ནི། རང་ཉིད་ལ་བརྙས་པས་ ཞུམ་པའི་ཁ་ན་མ་ཐོ་བ་མེད་པ་དང༌། གཞན་ལ་རང་དང་མཚུངས་པར་སྙིང་པོ་ཅན་དུ་ལྟ་བ་ དང༌། སྐྱོན་ལ་ཡང་དག་ཏུ་འཛིན་པ་མེད་པ་དང་ཡོན་ཏན་གདོད་མ་ནས་ལྡན་པར་རྟོགས་པ་ དང༌། བདག་དང་སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་མཚུངས་པར་མཐོང་ནས་བྱམས་ པ་དང་ལྔ་པོ་གོམས་པར་བྱས་ཏེ་ལམ་བསྒྲུབས་པས་སངས་རྒྱས་ཉིད་ནི་མྱུར་དུ་འཐོབ་པའི་ ཡོན་ཏན་ཡོད་དོ། །ཁ་ཅིག དགོས་པ་བསྟན་པ་འདིས་དྲང་དོན་དུ་སྒྲུབ་པ་ནི་གསུང་རབ་ཀྱི་ དོན་ལ་བློ་གྲོས་ཀྱི་སྣང་བས་མ་ཁྱབ་པ་སྟེ། དགོས་པ་བསྟན་པས་དྲང་དོན་དུ་མི་འགྲུབ་པས་ སོ། །འགྲུབ་ན་མདོ་རྒྱན་དུ། ཁ་ཅིག་དག་ནི་དྲང་ཕྱིར་དང༌། །གཞན་དག་ཡང་དག་གཟུང་ བའི་ཕྱིར༌། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བཤད། །ཅེས་དགོས་པ་བསྟན་ཡང༌། ཐེག་པ་གཅིག་ཏུ་བཤད་པ་དྲང་དོན་མིན་པས་གནོད་དོ། །ཐེག་ པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། དཀོན་མཆོག་གི་རིགས་ཏེ་རྒྱུ་ཁམས་ལ་སོགས་པ་རྣམ་ པར་དབྱེ་ཞིང་བསྟན་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་དྲི་བཅས་དེ་བཞིན་ཉིད་སྟོན་ པའི་སྐབས་ཏེ་དང་པོའི་བཤད་པའོ། ། གཉིས་པ་ལ་གཉིས་ཀྱི་དང་པོ་སྤྱི་དོན་ལ་གཉིས། གང་གིས་འཐོབ་པའི་ལམ་བསྟན་པ། གང་ཞིག་ཐོབ་པའི་འབྲས་བུ་བཤད་པའོ། ། 1-1-210 དང་པོ་ལ་བཞི། སྦྱོར་བ་སྐྱབས་འགྲོ་ལ་སོགས། དེ་དག་རྣམས་ཀྱི་ཁྱད་པར། དངོས་གཞི་ ཚོགས་གཉིས་སྒྲུབ་པ། ལམ་དེ་དེས་འབྲས་བུ་འགྲུབ་ཚུལ་ལོ། །དང་པོ་ལ་གསུམ་གྱི་དང་པོ་ སྐྱབས་འགྲོ་ནི་བཤད་ཟིན་ཏོ། ། གཉིས་པ་སེམས་བསྐྱེད་པ་གསུམ། རྒྱུ་རྐྱེན། ངོ་བོ། འབྲས་བུའོ། །དང་པོ་ལ་གཉིས་ ཀྱི་དང་པོ་སྐྱེ་བའི་རྒྱུ་ནི། བྱང་སར། སེམས་སྐྱེ་བ་དེ་ཡང་རྐྱེན་བཞི་དང་རྒྱུ་བཞི་དང་སྟོབས་ བཞིས་སྐྱེ་བར་རིག་པར་བྱའོ། །ཞེས་སོ། །དེ་དག་ཀྱང༌། རྒྱལ་བ་སྲས་བཅས་གང་རུང་གི་ཆོ་ འཕྲུལ་དང་མཐུ་མཐོང་བའམ་ཐོས་པ། བྱང་སེམས་ཀྱི་སྡེ་སྣོད་ཐོས་པ། བྱང་སེམས་ཀྱི་ཆོས་ ནུབ་ཏུ་ཉེ་བར་མཐོང་བ། སྙིགས་མའི་སེམས་ཅན་ཉོན་མོངས་པར་མཐོང་ནས་སེམས་སྐྱེ་ དཀའ་བར་ཤེས་པ་སྟེ་རྐྱེན་བཞིའོ། །རང་བཞིན་གྱི་རིགས་ཕུན་སུམ་ཚོགས་པ། དགེ་བའི་ བཤེས་གཉེན་གྱིས་ཟིན་པ། སེམས་ཅན་ལ་སྙིང་བརྩེ་བ། འཁོར་བ་དང་དཀའ་སྤྱད་ཀྱི་སྡུག་ བསྔལ་གྱིས་མི་འཇིགས་པ་སྟེ་རྒྱུ་བཞིའོ། །རང་གི་མཐུས་བྱང་ཆུབ་འདོད་པ་ནང་གི་སྟོབས། གཞན་གྱི་མཐུས་བྱང་ཆུབ་ལ་འདོད་པ་བསྐྱེད་པ་གཞན་གྱི་སྟོབས། སྔོན་ཐེག་ཆེན་གྱི་ཆོས་ གོམས་པ་རྒྱུའི་སྟོབས། ཚེ་འདིར་སྐྱེས་བུ་དམ་པ་ལ་བསྟེན་པ་དང་ཆོས་ལ་ཐོབ་བསམ་བྱས་ པ་སྦྱོར་བའི་སྟོབས་ཏེ་སྟོབས་བཞིའོ། །དེ་ལྟར་རྐྱེན་དང་རྒྱུ་བརྒྱད་པོ་ཚོགས་པའམ་སོ་སོ་ལ་ བརྟེན་ནས། ནང་དང་རྒྱུའི་སྟོབས་གཉིས་ཀའམ་རེ་རེ་ལས་སྐྱེས་ན་བརྟན་པའོ། །གཞན་དང་ སྦྱོར་བའི་སྟོབས་གཉིས་ཀའམ་རེ་རེ་ལས་སྐྱེས་ན་མི་བརྟན་པའོ། །ཞེས་པའི་དོན་དུ་བྱང་སར་ གསུངས་སོ། །ཆོ་ག་ནི་རྒྱུར་མ་ངེས་ཏེ་མེད་པར་སྐྱེ་བ་ཡང་ཡོད་པས་མ་སྨོས་སོ། ། གཉིས་པ་ལྡོག་པའི་རྒྱུ་ནི། དེར། བྱང་ཆུབ་སེམས་དཔའ་སེམས་ལྡོག་པའི་རྒྱུ་ནི་བཞི་ སྟེ། བཞི་གང་ཞེ་ན། རིགས་དང་མི་ལྡན་པ་ཡིན། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་ ཡིན། སེམས་ཅན་རྣམས་ལ་སྙིང་རྗེ་ཆུང་བ་ཡིན། འཁོར་བའི་སྡུག་བསྔལ་ཡུན་རིང་པོ་རྣམ་པ་ 1-1-211 སྣ་ཚོགས་པ་དྲག་པ་བར་ཆད་མེད་པས་འཇིགས་ཏེ་ཤིན་ཏུ་འཇིགས་ཤིང་སྐྲག་ལ་དངང་བར་ འགྱུར་བ་ཡིན་ཏེ། ཞེས་སོ། ། གཉིས་པ་ལ་དྲུག མཚན་ཉིད། མཚོན་བྱ། མཚན་གཞི། དབྱེ་བ། དཔེ། གྲོགས་འདོད་ ཚུལ་ལོ། །དང་པོ་ནི། མངོན་རྟོགས་རྒྱན་དུ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་ རྫོགས་པའི་བྱང་ཆུབ་འདོད། །ཅེས་པས། གཞན་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པའོ། །འོ་ན་སངས་རྒྱས་ཆོས་ཅན། སེམས་བསྐྱེད་མེད་པར་ཐལ། རྫོགས་པའི་བྱང་ཆུབ་འདོད་པ་ མེད་པའི་ཕྱིར་ཞེ་ན། འདོད་ཅེས་པ་མ་འོངས་པ་ན་འདོད་པ་དང་སྔོན་འདོད་པར་བྱས་ཟིན་ པ་ལ་འཇུག་པས་སྐྱོན་མེད་དེ། ཐུབ་པ་དགོངས་རྒྱན་དུ། དོན་དུ་གཉེར་བར་བྱས་ཟིན་པའི་ སེམས་རྣམ་པར་རྟོག་པ་མེད་པ་ཁོ་ན་ནི་བཅོམ་ལྡན་འདས་ཀྱི་སྟེ་དེ་ལྟར་མངོན་པར་འདོད་ པའོ། །ཞེས་པ་ལྟར་རོ། ། གཉིས་པ་ནི་བྱང་ཆུབ་ཆེན་པོའི་རྒྱུར་དགེ་བ་རྒྱ་ཆེན་པོ་སོག་པའམ་བསགས་པས་སེམས་ དེ་རྒྱུ་ཕུན་སུམ་ཚོགས་པ་ལས་འབྱུང་བའམ་བྱུང་བས་བསྐྱེད་པའོ། །གསུམ་པ་ལ་གཉིས། ངོ་ བོ་ངོས་བཟུང་བ། དེ་གཏན་ལ་དབབ་པའོ། །དང་པོ་ནི། ཤེས་རབ་ཀྱིས་བྱང་ཆུབ་དང་སྙིང་ རྗེས་སེམས་ཅན་ལ་དམིགས་པའི་ཡིད་ཤེས་དགེ་བ་འཁོར་སེམས་བྱུང་ཅི་རིགས་པ་དང་ མཚུངས་པར་ལྡན་པ་སྟེ། འཕགས་པ་གྲོལ་སྡེས། སེམས་ནི་རྣམ་པར་ཤེས་པ་སྟེ་རྣམ་པར་ རིག་པའོ། །རྣམ་པར་ཤེས་པ་གང་ཡིན་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དཀར་པོའི་ཆོས་ ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར་རོ། །ཞེས་སོ། །སྒོ་ལྔའི་རྣམ་ཤེས་གཟུགས་ སོགས་ལ་དམིགས་ཀྱི་གཞན་དོན་ལ་མི་དམིགས་ལ། ཀུན་གཞི་རྣམ་ཤེས་དང་ཉོན་ཡིད་རྟག་ ཏུ་ལུང་མ་བསྟན་ཡིན་པས་མཚན་གཞི་མིན་ནོ། །དེ་ཡང་གནས་མ་གྱུར་བར་གྱི་རྣམ་གཞག་ སྟེ་གནས་གྱུར་ན་ཡེ་ཤེས་ཉིད་མཚན་གཞིའོ། །འོ་ན་བྱང་སེམས་འགོག་པ་སྙོམས་པར་ཞུགས་ 1-1-212 དུས་སེམས་བསྐྱེད་མེད་པར་འགྱུར་ལ་འདོད་ན་བྱང་སེམས་མིན་པར་འགྱུར་རོ་ཞེ་ན། གནས་ མི་གྱུར་པའི་དབང་དུ་བྱས་ན་སེམས་བསྐྱེད་མངོན་གྱུར་མེད་པར་འགྱུར་བ་འདོད་ཀྱང་བྱང་ སེམས་མིན་པར་མི་འགྱུར་ཏེ་བྱང་སེམས་གཉིད་ལོག་པའི་དུས་བཞིན་ནོ། །གནས་གྱུར་པ་ལ་ ཡེ་ཤེས་ཡོད་པས་ཐལ་འགྱུར་སྔ་མ་ལ་ཁྱབ་པ་མེད་དོ། ། གཉིས་པ་ནི། མདོ་རྒྱན་དུ། དེ་ཡི་རྩ་བ་སྙིང་རྗེར་འདོད། །རྟག་ཏུ་སེམས་ཅན་ཕན་པར་ སེམས། །ཆོས་ལ་མོས་དང་དེ་བཞིན་དེའི། །ཡེ་ཤེས་ཚོལ་པར་དམིགས་པའོ། །གོང་དུ་འདུན་ པ་འགྲོ་བ་སྟེ། །སྡོམ་པ་རྒྱ་ཆེན་དེ་ཡི་རྟེན། །ལམ་འགོག་པ་ནི་མི་མཐུན་ཕྱོགས། །སློང་ཞིང་ དང་དུ་ལེན་པའོ། །བསོད་ནམས་ཡེ་ཤེས་རང་བཞིན་གྱི། །དགེ་བ་འཕེལ་བ་དེའི་ཕན་ཡོན། །ཕ་རོལ་ཕྱིན་ལ་རྟག་སྦྱོར་བ། །དེ་ནི་ངེས་པར་འབྱུང་བར་བརྗོད། །འདི་ཡི་མཐར་ཐུག་ས་ ཡིན་ཏེ། །སོ་སོ་རང་གིས་དེར་སྦྱོར་བས། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ། །རྣམ་ པར་ངེས་པར་ཤེས་པར་བྱ། །ཞེས་ཏེ། རྩ་བ་སྙིང་རྗེ་ཆེན་པོ། བསམ་པ་རྟག་ཏུ་སེམས་ཅན་ལ་ ཕན་པར་སེམས་པ། མོས་པ་ཐེག་ཆེན་གྱི་ཆོས་ལ་མོས་པ། དམིགས་པ་ཐེག་ཆེན་གྱི་ཡེ་ཤེས་ ཚོལ་བར་དམིགས་པ། འགྲོ་བ་གོང་ནས་གོང་དུ་འདུན་པ་རྟེན་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་ སྡོམ་པ། མི་མཐུན་ཕྱོགས་ནི་ཐེག་པ་གཞན་གྱི་སེམས་སློང་ཞིང་དང་དུ་ལེན་པས་ཐེག་ཆེན་གྱི་ ལམ་གཅོད་པ། ཕན་ཡོན་ཚོགས་གཉིས་ཀྱི་དགེ་བ་འཕེལ་བ། ངེས་པར་འབྱུང་བ་རྟག་ཏུ་ཕར་ ཕྱིན་ལ་གོམས་པ། མཐར་ཐུག་པ་ས་སྟེ་དེ་ཡང་སོ་སོ་རང་གི་ས་ལ་སྦྱོར་བས་གང་ཞིག་ས་གང་ ལ་ཞུགས་པའི་ས་དེ་ཐོབ་པ་ནི་ས་དེ་ལ་ལྟོས་པའི་མཐར་ཐུག་པ་ཡིན་ནོ། ། བཞི་པ་ལ་གཉིས། ངོ་བོའི། ས་མཚམས་ཀྱི་དབྱེ་བའོ། །དང་པོ་ལ་གཉིས། ཡང་དག་ པར་བླངས་པ་བརྡ་ལས་བྱུང་པའི། ཆོས་ཉིད་ཀྱིས་ཐོབ་པ་དོན་དམ་པའི་སེམས་བསྐྱེད་དོ། །དང་པོ་ལ་གཉིས་ཀྱི་དང་པོ་ངོ་བོ་ནི། དེར། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་ 1-1-213 སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་ སེམས་བསྐྱེད་བཤད། །ཅེས་ཏེ། གྲོགས་དགེ་བའི་བཤེས་གཉེན། རྒྱུ་རིགས། དགེ་བའི་རྩ་ བ་རིགས་རྒྱས་པ། ཐོས་པ་ཐེག་ཆེན་གྱི་ཆོས་ཐོས་པ། དགེ་བ་གོམས་པ་ཚེ་འདིར་ཐོས་བསམ་ རྟག་ཏུ་བྱས་པའི་སྟོབས་གང་རུང་གིས་སྐྱེ་ལ། དང་པོ་ལས་སྐྱེས་པ་མི་བརྟན་ལ་གཞན་རྣམས་ ལས་སྐྱེས་པ་བརྟན་པ་སྟེ། གཞན་གྱིས་བསྟན་ཅིང་གཞན་གྱི་རྣམ་པར་རིག་བྱེད་ལས་བྱུང་ བས་བརྡ་བྱུང་ངོ༌། ། གཉིས་པ་དབྱེ་བ་ནི། སྤྱོད་འཇུག་ཏུ། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་ སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་ བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་ གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་པ་ལྟར་ལམ་དུ་འགྲོ་བར་འདོད་པ་ལྟར་ བྱང་ཆུབ་ཏུ་སྨོན་པ་སྨོན་པ་སེམས་བསྐྱེད་དང། འགྲོ་བཞིན་པ་ལྟར་སྒྲུབ་པ་ལ་སློབ་འདོད་པ་ འཇུག་པ་སེམས་བསྐྱེད་གཉིས་སོ། །འཇུག་པ་སེམས་བསྐྱེད་སོ་སྐྱེ་ལ་མེད་དོ་ཞེས་འདོད་པ་ ནི་མི་འཐད་ཏེ། དེར། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེར་འབྱུང་ ཡང༌། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསྟོད་ནས་རྒྱུན་མཆོག་འབྱུང་བ་མིན། །གང་ ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་དགྲོལ་བའི་ཕྱིར། །མི་ལྡོག་པ་ཡི་ སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་ན། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པ་དུ་མ་ཞིག །ནམ་མཁའ་མཉམ་ པར་རབ་ཏུ་འབྱུང༌། །ཞེས་པ་དང་འགལ་བས་དང༌། སོ་སྐྱེ་ལ་ཚོགས་སྦྱོར་གཉིས་ཡོད་པས་ སོ། ། གཉིས་པ་ནི། མདོ་རྒྱན་དུ། རྫོགས་པའི་སངས་རྒྱས་རབ་བསྙེན་བྱས། །བསོད་ནམས་ 1-1-214 ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་པས། དོན་དམ་སེམས་བསྐྱེད་ཀྱི་ངོ་བོ་ཆོས་ཉིད་ཡིན་ལ། དེ་ས་དང་པོར་མཐོང་བས་དེ་ ལ་དོན་དམ་སེམས་བསྐྱེད་སྐྱེས་པ་ཞེས་བྱ་ཞིང༌། ས་དང་པོ་ལ་སེམས་དང་པོ་བསྐྱེད་པ་ཞེས་ གསུངས་པའི་དོན་ཡང་དེ་ཡིན་ནོ། ། གཉིས་པ་ནི། དེར། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་ པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་པས། མོས་སྤྱོད་ཀྱི་ས་ལ་མོས་པ་ལས་བྱུང་བ། ས་བདུན་པའི་བར་ལ་ལྷག་བསམ་དག་པ། བརྒྱད་ དགུ་བཅུ་པ་ལ་རྣམ་པར་སྨིན་པ། སངས་རྒྱས་ཀྱི་ས་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དེ་ བཞིའོ། ། ལྔ་པ་ནི། དེར། བསྐྱེད་པ་ས་དང་མཚུངས་པ་སྟེ། །གཞན་ནི་བཟང་པོའི་གསེར་དང་འདྲ། །ཟླ་བ་ཡར་གྱི་ཚེས་པ་བཞིན། གཞན་ནི་མེ་དང་འདྲར་ཤེས་བྱ། །གཞན་ནི་གཏེར་ཆེན་བཞིན་ ཤེས་བྱ། །གཞན་ནི་རིན་ཆེན་འབྱུང་གནས་བཞིན། །རྒྱ་མཚོ་འདྲ་བར་ཤེས་བྱ་གཞན། །རྡོ་ རྗེ་དང་འདྲ་རི་རབ་འདྲ། །སྨན་གྱི་རྒྱལ་པོ་འདྲ་བ་སྟེ། །གཞན་ནི་མཛའ་ཆེན་འདྲར་ཤེས་བྱ། །ཡིད་བཞིན་ནོར་བུ་འདྲ་བ་དང༌། །གཞན་ནི་ཉི་མ་འདྲར་ཤེས་བྱ། །གཞན་ནི་དྲི་ཟའི་དབྱངས་ སྙན་བཞིན། །གཞན་ནི་རྒྱལ་པོ་འདྲར་ཤེས་བྱ། །དེ་བཞིན་གཞན་ནི་མཛོད་ལྟ་བུ། །ལམ་པོ་ ཆེ་དང་འདྲར་ཤེས་བྱ། །ཐེག་པ་འདྲ་བར་ཤེས་བྱ་སྟེ། །སེམས་བསྐྱེད་བཀོད་མ་འདྲ་བ་ཡིན། །ཀུན་དགའ་སྒྲ་དང་འདྲ་བ་སྟེ། །ཀླུང་ཆེན་རྒྱུན་དང་འདྲ་བའོ། །རྒྱལ་སྲས་རྣམས་ཀྱི་སེམས་ བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་སྟེ། །དེ་ཕྱིར་དེ་ལྟར་ཡོན་ཏན་ཕྱུག །སེམས་ནི་དགའ་ བས་ཡང་དག་བསྐྱེད། །ཅེས་ཏེ། དཔེ་ཉེར་གཉིས་པོ་འདྲ་ཚུལ་གྲོགས་ཉེར་གཉིས་ཀྱི་ཆ་ནས་ སྦྱོར་རོ། །དེ་ཡང༌། འདུན་པ་དང་བསམ་པ་དང་སྦྱོར་བ་དང་ལྷག་པའི་བསམ་པ་དང་སྦྱིན་ 1-1-215 པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་ ཚད་མེད་བཞི་དང་མངོན་ཤེས་ལྔ་དང་བསྡུ་དངོས་བཞི་དང་སོ་སོ་ཡང་དག་པར་རིག་པ་བཞི་ དང་རྟོན་པ་བཞི་དང་ཚོགས་གཉིས་དང་བྱང་ཆུབ་ཕྱོགས་ཆོས་སོ་བདུན་དང་ཞི་ལྷག་གཉིས་ དང་གཟུངས་སྤོབས་པ་གཉིས་དང་ཆོས་ཀྱི་སྡོམ་བཞི་བཤད་པ་དང་བགྲོད་པ་གཅིག་པའི་ ལམ་དང་ཐབས་མཁས་པ་དང་ལྡན་པ་རྣམས་ལ་རིམ་པ་བཞིན་ཏེ། གྲོགས་དེ་དག་མི་ཟད་པ་ བརྒྱད་ཅུ་ཡིན་ནོ། ། དྲུག་པ་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད་དེ་དེ་ནས་འཚང་རྒྱ་བར་འདོད་ པ་རྫི་བོ་ལྟ་བུ་དང༌། རང་གཞན་མཉམ་པར་སངས་རྒྱས་འདོད་པ་མཉན་པ་ལྟ་བུ་དང༌། ཐོག་ མར་རང་ཉིད་སངས་རྒྱས་ནས་དེ་ནས་གཞན་དོན་བྱེད་པར་འདོད་པ་རྒྱལ་བུ་ལྟ་བུ་སྟེ་གསུམ་ མོ། ། གསུམ་པ་ལ་གཉིས། ཉམས་པ་ཉེས་དམིགས་ཀྱི། ཐོབ་པ་ཕན་ཡོན་གྱི་འབྲས་བུའོ། །དང་པོ་ནི། ཀུན་གྱིས་སྨད་པ་དང་རང་གཞན་ལ་གནོད་པ་དང་ངན་སོང་དུ་སྐྱེ་བའི་ཉེས་པ་ ཡོད་དེ་རྒྱས་པར་མདོ་དག་ལས་ཤེས་པར་བྱའོ། ། གཉིས་པ་ལ་གཉིས་ཀྱི་དང་པོ་གནས་སྐབས་ཀྱི་ཕན་ཡོན་ནི། བྱང་སར། འདི་གཉིས་ནི་ བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་བསྟན་པའི་སེམས་བསྐྱེད་པའི་ཕན་ཡོན་ཡིན་ ཏེ། སེམས་བསྐྱེད་མ་ཐག་ནས་སེམས་ཅན་ཐམས་ཅད་ཀྱི་ཡོན་གནས་སུ་གྱུར་པ་དང་བླ་མར་ གྱུར་པ་དང་བསོད་ནམས་ཀྱི་ཞིང་དང་སྐྱེ་དགུ་རྣམས་ཀྱི་ཕ་དང་འདྲ་བར་གྱུར་པ་དང༌། གནོད་ པ་མེད་པའི་བསོད་ནམས་ཡོངས་སུ་འཛིན་པའོ། །ཞེས་སོ། །དེ་ལ་གནོད་པ་མེད་པའི་བསོད་ ནམས་ཀྱི་དོན་ནི། བྱང་སེམས་ལ་ལྷ་ལ་སོགས་པས་འཁོར་ལོ་སྒྱུར་བའི་སྲུང་མ་ལས་ཉིས་ འགྱུར་གྱིས་སྲུང་བས་གཉིད་ལོག་པ་དང་བག་མེད་པ་ན་ཡང་མི་མ་ཡིན་གྱིས་གཙེ་མི་ནུས་ 1-1-216 པ་དང༌། ཚེ་རྗེས་པ་ཡང་གནོད་པ་ཉུང་ཞིང་ནད་མེད་པ་དང༌། སེམས་ཅན་གྱི་དོན་དང་བྱ་བ་ ལ་རྩོལ་བ་དང་ཆོས་སྟོན་པ་ན་ངལ་བ་དང་རྗེད་པ་དང་སེམས་ཉམས་པ་མེད་པ་དང༌། ལུས་ སེམས་ཀྱི་གནས་ངན་ལེན་ཤིན་ཏུ་ཆུང་བ་དང༌། གསང་སྔགས་ལ་སོགས་པ་གཞན་གྱིས་ མ་གྲུབ་པ་ཡང་དེའི་ལག་ཏུ་འོངས་ན་འགྲུབ་པ་དང༌། ཕ་རོལ་གྱི་གནོད་པ་བཟོད་པ་དང༌། གཞན་ལ་གནོད་པ་མི་བྱེད་ལ་གཞན་གྱིས་གཞན་ལ་གནོད་པ་བྱེད་པ་མཐོང་ན་ཡང་མི་དགའ་ བ་དང༌། ཁོང་ཁྲོ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་ཉམས་སྨད་པ་དེ་ལ་གལ་ཏེ་སྤྱོད་ ན་ཡང་མྱུར་དུ་འབྲལ་བ་དང༌། དེ་གང་དུ་གནས་པར་འཇིགས་པ་ལ་སོགས་པ་མི་འབྱུང་ཞིང་ བྱུང་ཡང་ཞི་བ་དང༌། གལ་ཏེ་ངན་སོང་དུ་སྐྱེས་ཀྱང་མྱུར་དུ་ཐར་ལ་སྡུག་བསྔལ་ཆུང་ཞིང་སྐྱོ་ བ་སྐྱེ་བ་དང་སེམས་ཅན་དེ་དག་ལ་སྙིང་རྗེ་སྐྱེ་བར་གསུངས་ནས་སླར་ཡང༌། དེ་ལྟར་བྱང་ ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པས་ནི་གནོད་པ་མེད་པའི་བསོད་ནམས་ཡོངས་ སུ་འཛིན་པ་ལས་འདི་ལྟ་བུ་དང་མཐུན་པའི་ཕན་ཡོན་མང་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཞེས་སོ། ། གཉིས་པ་མཐར་ཐུག་གི་ཕན་ཡོན་ནི། བསོད་ནམས་བརླབས་ཅན་འཕེལ་བས་ལམ་ བགྲོད་དེ། དཔས་བྱིན་གྱིས་ཞུས་པར། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །ལམ་བགྲོད་ནས་སངས་རྒྱས་འཐོབ་སྟེ། སྤྱོད་འཇུག་ཏུ། གསེར་འགྱུར་རྩི་ཡི་རྣམ་ པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་ བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང༌། །ཞེས་སོ། ། གསུམ་པ་སྡོམ་པ་ལ་ལྔ། རྒྱུ་རྐྱེན། ངོ་བོ། དབྱེ་བ། གྲངས་ངེས། འབྲས་བུའོ། །དང་པོ་ལ་ གཉིས། སྐྱེ་བའི། ལྡོག་པའི་རྒྱུའོ། །དང་པོ་ནི། རྟེན་སྐྱབས་འགྲོ་ཁྱད་པར་ཅན་དང་རྒྱུ་དཀོན་ 1-1-217 མཆོག་ལ་ཤེས་ནས་དད་པ་དང༌། སེམས་ཅན་ལ་སྙིང་བརྩེ་བ་དང༌། སངས་རྒྱས་ཐོབ་པར་ འདོད་ཅིང་སྡོམ་པ་ལེན་པར་འདོད་པ་དང༌། བདག་རྐྱེན་བླ་མ་ནུས་ལྡན་གྱིས་ཆོ་ག་རྣམ་དག་ བྱས་པ་ལས་སྐྱེའོ། །དེ་དག་ཀྱང༌། སྡུད་པར། སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པ་ཚུལ་ ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །ཞེས་པས། རྟེན་བསྟན་ཏོ། །དཀོན་མཆོག་སྒྲོན་ མར། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་དང༌། མདོ་རྒྱན་དུ། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་པས་སེམས་བསྐྱེད་དད་པ་དང༌། སྙིང་རྗེ་ ལས་སྐྱེ་བར་བཤད་པ་ལྟར། སྡོམ་པ་ལ་ཡང་ཤེས་པར་བྱ་བ་དང་སངས་རྒྱས་ཐོབ་འདོད་ཀྱི་ སེམས་བསྐྱེད་ནི་སྡོམ་པའི་ཐོག་མ་ཡིན་ལ་སྡོམ་པ་ལེན་འདོད་ནི་ངེས་པར་དགོས་པས་དད་ པ་སོགས་གསུམ་གྱིས་རྒྱུ་བསྟན་ཏོ། །སྡོམ་པ་ཉི་ཤུ་པར། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་པས་བླང་བར་བྱ། །ཞེས་པས་བདག་རྐྱེན་བསྟན་ཏོ། ། གཉིས་པ་ནི། སྐྱེ་བའི་རྒྱུ་དེ་དག་མ་ཚང་ན་སྐྱེ་བ་ལྡོག་ལ། ཀུན་དཀྲི ས་ཆེན་པོས་རྩ་ལྟུང་ སྤྱད་པས་རྒྱུན་ལྡོག་གོ །བསྡུ་པར་ཕུལ་བས་ལྡོག་པའང་བཤད་དོ། །རྩ་ལྟུང་ནི། བསླབ་ བཏུས་སུ། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པ་ཡིན་པར་ཐུབ་པས་གསུངས། །ཚུལ་ཁྲིམས་ འཆལ་པའི་དགེ་སློང་ལའང༌། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང༌། །བཙོན་རར་འཇུག་པར་ བྱེད་པ་དང༌། །རབ་ཏུ་བྱུང་ལས་འབེབས་པ་དང༌། །མཚམས་མེད་ལྔ་པོ་བྱེད་པ་དང༌། །ལོག་ པར་ལྟ་བ་འཛིན་པ་དང༌། །གྲོང་ལ་སོགས་པ་འཇིག་པ་ཡང༌། །རྩ་བའི་ལྟུང་བར་རྒྱལ་བས་ གསུངས། །བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང༌། །སངས་རྒྱས་ 1-1-218 ཉིད་ལ་བཞུགས་པ་དག །རྫོགས་པའི་བྱང་ཆུབ་བཟློག་པ་དང༌། །སོ་སོ་ཐར་པ་ཡོངས་སྤངས་ ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང༌། །སློབ་པའི་ཐེག་པས་མཆོག་ལ་སོགས། །སྤོངས་བར་འགྱུར་ བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང༌། །རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་པ་དང་ནི་བཀུར་བསྟི་དང༌། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང༌། །བདག་ནི་ཟབ་ མོ་བཟོད་པའོ། །ཞེས་དང༌། ལོག་པ་ཉིད་ནི་སྨྲ་བ་དང༌། །དགེ་སྦྱོང་ཆད་པས་སྤྱོད་འཇུག་དང༌། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང༌། །སྦྱིན་པ་ལེན་པར་བྱེད་པ་དང༌། །ཞི་གནས་འདོར་ བར་བྱེད་པ་དང༌། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་དོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །རྨི་ལམ་འཕགས་པ་མཁའ་ སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །བྱང་ཆུབ་སེམས་ནི་ཡོངས་འདོར་དང༌། །ཆགས་དང་སེར་སྣ་མི་བཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང༌། །བསྒྲིམས་ཏེ་དགའ་ བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་པར། །ཁྲོས་པས་སེམས་ཅན་བརྡེག་པ་དང༌། །ཉོན་མོངས་པ་དང་གཞན་མཐུན་པས། ཆོས་ལྟར་བཅོས་པ་བརྗོད་པའོ། །ཞེས་ཏེ། དེ་དག་ གི་དང་པོ་ནི་རྒྱལ་བློན་གཉིས་ཀའི་དང་པོའོ། །དེ་ནས་ལོག་ལྟ་འཛིན་པའི་བར་རྒྱལ་པོའི་ གཉིས་པ་ནས་ལྔ་པའི་བར་རོ། །གྲོང་སོགས་འཇོམས་པ་བློན་པོའི་གཉིས་པའོ། །རྒྱལ་པོའི་ གཉིས་གསུམ་བཞི་པ་ནི་བློན་པོའི་གསུམ་བཞི་ལྔ་པའོ། །དེ་ལྟར་རྒྱལ་བློན་ལ་མིང་དུ་བཅུ་ སྟེ་རྫས་སུ་དྲུག་གོ །བློ་སྦྱངས་མ་བྱས་སེམས་ཅན་ལ་ཞེས་སོགས་ཀྱིས་བསྟན་པ་བརྒྱད་ནི་ བྱང་སེམས་ལས་དང་པོ་པའི་ཡིན་ཏེ། །རྫས་སུ་བཅུ་དང་པོ་འདི་ནམ་མཁའི་སྙིང་པོའི་མདོར་ གསུངས་པའོ། །སྨོན་པའི་སེམས་འདོར་བ་ནི་གསང་ཆེན་ཐབས་མཁས་སུ་གསུངས་སོ། །འོག་མ་གསུམ་ནི་བྱང་སར་བྱུང་སྟེ། གསུམ་པོ་འདི་ལ་བདག་བསྟོད་གཞན་སྨོད་བསྣན་པས་ བཞི་ནི་བྱང་ས་དང་སྡོམ་པ་ཉི་ཤུ་པར་བཤད་པའི་རྩ་ལྟུང་བཞི་ཡིན་ལ་འདིར་ནི་རང་གི་ཡོན་ 1-1-219 ཏན་བརྗོད་པ་དང་ཞེས་སོགས་ཀྱིས་བཤད་ཟིན་པས་དེའི་དོད་སྨོན་སེམས་སྤངས་པ་བསྣན་ པས་བཞི་སྟེ། དེ་ལྟར་བཅྭ་བརྒྱད་ཀྱི་རྩ་ལྟུང་ཐམས་ཅད་བསྡུས་སོ། ། གཉིས་པ་ནི། སྤང་བྱ་སྤོང་སེམས་གང་ཞིག་ཕ་རོལ་ལས་བླངས་པ་བསམ་པ་རྣམ་པར་ དག་ཅིང་ཉམས་ན་འཆོས་ལ་མི་ཉམས་པར་བྱ་བའི་ཕྱིར་སྦྱོར་བ་སྟེ། སྤྱོད་འཇུག་ཏུ། སྤོངས་ བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་འདོད། །ཅེས་དང༌། །བྱང་སར། མདོར་བསྡུ་ན་ཡོན་ཏན་རྣམ་པ་བཞི་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ ཁྲིམས་ཀྱི་ངོ་བོ་ཉིད་ཡིན་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཕ་རོལ་ལས་ལེགས་པར་ཡང་ དག་པར་བླངས་པ་དང༌། བསམ་པ་ཤིན་ཏུ་རྣམ་པར་དག་པ་དང༌། ཉམས་པར་གྱུར་ན་སོར་ ཆུད་པར་བྱེད་པ་དང། མི་ཉམས་པར་བྱ་བའི་ཕྱིར་གུས་པ་སྐྱེས་ནས་དྲན་པ་ཉེ་བར་གནས་ པའོ། །ཞེས་སོ། ། གསུམ་པ་ནི། སོ་སོ་ཐར་པ་རིས་བདུན་གྱི་སྡོམ་པ་བླངས་ནས་བསྲུང་བ་སྡོམ་པའི་ཚུལ་ ཁྲིམས་དང༌། སྒོ་གསུམ་གྱིས་དགེ་བ་བྱེད་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ ཅན་གྱི་བསམ་པ་ལྟར་ཕན་པ་དང་བདེ་བའི་དོན་སྒྲུབ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ ཏེ་གསུམ་དུ་བྱང་སར་གསུངས་སོ། ། བཞི་པ་ནི། བྱང་སེམས་ཀྱི་བྱ་བ་ལ་རང་གཞན་གྱི་བྱ་བ་གཉིས་སུ་ངེས་ལ་རང་གི་བྱ་བ་ མི་དགེ་བ་སྤོང་བ་དང་དགེ་བ་སྒྲུབ་པ་གཉིས་སུ་ངེས་ཤིང༌། གཞན་གྱི་བྱ་བ་སེམས་ཅན་གྱི་ དོན་བྱེད་པ་ཡིན་པས་གསུམ་པོར་གྲངས་ངེས་ཏེ། བྱང་སར། བྱང་ཆུབ་སེམས་དཔའི་བྱ་བ་ ཐམས་ཅད་ནི་འདི་དག་ཏུ་ཟད་ཏེ། འདི་ལྟ་སྟེ་ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་ སེམས་གནས་པ་དང་ལུས་དང་སེམས་དུབ་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་ པར་བྱ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ 1-1-220 ཁྲིམས་ནི་དེ་དག་ཏུ་ཟད་དོ་ཞེས་སོ། ། ལྔ་པ་ལ་གཉིས་ཀྱི་དང་པོ་ཉམས་པའི་འབྲས་བུ་ནི། ནམ་མཁའི་སྙིང་པོའི་མདོར། ལྟུང་ པའི་རྩ་བ་དེ་དག་གིས་འཁྲུལ་པར་གྱུར་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལས་ དང་པོ་པ་དག་ནི་དགེ་བའི་རྩ་བ་བསྐྱེད་པ་ཐམས་ཅད་སྤྲུགས་པར་འགྱུར། ལྟུང་བའི་དངོས་ པོར་འགྱུར་ཞིང༌། ལྷ་དང་མི་དང་ཐེག་པ་ཆེན་པོའི་བདེ་བ་ལས་ཉམས་པར་འགྱུར། ངན་སོང་ དུ་འགྲོ་བར་འགྱུར། དགེ་བའི་བཤེས་གཉེན་དང་བྲལ་བ་དང༌། འཁོར་བ་ན་ཡུན་རིང་དུ་ གནས་པར་འགྱུར་རོ། །ཞེས་སོ། ། གཉིས་པ་བསྲུང་བའི་འབྲས་བུ་ལ་གཉིས་ཀྱི་དང་པོ་མཐར་ཐུག་གི་འབྲས་བུ་ནི། བྱང་ སར། དེ་ལྟར་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཆེན་པོ་འདི་ནི་བྱང་ཆུབ་ཆེན་ པོའི་འབྲས་བུ་སྐྱེད་པ་སྟེ། འདི་ལ་བརྟེན་ན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་སོ། ། གཉིས་པ་གནས་སྐབས་ཀྱི་འབྲས་བུ་ནི། དེར་ཇི་སྲིད་དུ་མངོན་པར་རྫོགས་པར་སངས་ མ་རྒྱས་པ་དེ་སྲིད་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འདི་ ལ་སློབ་པ་ན་ཕན་ཡོན་རྣམ་པ་ལྔ་འཐོབ་པར་འགྱུར་ཏེ། སངས་རྒྱས་རྣམས་ཀྱིས་དགོངས་ པར་འགྱུར་བ་དང༌། མཆོག་ཏུ་དགའ་བ་ཆེན་པོ་ལ་གནས་བཞིན་དུ་འཆི་བའི་དུས་བྱེད་པར་ འགྱུར་བ་དང༌། ལུས་ཞིག་ནས་ཀྱང་གང་ན་དེ་དང་ཚུལ་ཁྲིམས་མཚུངས་པའི་ལྷག་པའི་བྱང་ ཆུབ་སེམས་དཔའ་སྐལ་བ་འདྲ་ཞིང་ཆོས་མཐུན་པས་དགེ་བའི་བཤེས་གཉེན་དུ་གྱུར་པ་དག་ གནས་པ་དེར་སྐྱེ་བར་འགྱུར་བ་དང༌། ཚེ་འདི་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ རྫོགས་པར་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་བ་དང༌། ཚེ་ 1-1-221 ཕྱི་མ་ལ་ཡང་རང་འཁྲུངས་ཀྱི་ཚུལ་ཁྲིམས་ཉིད་དེ་ཚུལ་ཁྲིམས་དེའི་བདག་ཉིད་འཐོབ་པར་ འགྱུར་བའོ། །ཞེས་སོ། ། གཉིས་པ་ནི། རྒྱུའི་སྐྱབས་འགྲོ་དང་སེམས་བསྐྱེད་ནི། རྟེན་དང་བརྟེན་པའི་ཁྱད་པར་ ཡོད་ལ་འབྲས་བུའི་སྐྱབས་འགྲོ་དང་སེམས་བསྐྱེད་ནི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དེ། སྐྱབས་དེ་ཐོབ་པར་འདོད་པས་དཔུང་གཉེན་ཞུ་བ་སྐྱབས་འགྲོ་དང་སྐྱབས་དེ་རང་གཞན་ གྱིས་ཐོབ་པར་འདོད་པའི་བློ་བསྐྱེད་པ་སེམས་བསྐྱེད་ཡིན་པས་སོ། །སེམས་བསྐྱེད་དང་སྡོམ་ པ་ལ་ཁྱད་པར་མེད་པར་འདོད་པ་ཡོད་ནའང༌། དོན་ལ་ཁྱད་པར་ཡོད་དེ། སེམས་བསྐྱེད་ནི་ སེམས་ཅན་དང་བྱང་ཆུབ་ལ་དམིགས་པའི་སེམས་ཡིན་ལ་སྡོམ་པ་ནི་སྤོང་སེམས་རྒྱུན་ལྡན་ ཡིན་པས་སོ། །གལ་ཏེ་ཁྱད་པར་མེད་ན། བསླབ་བཏུས་སུ། སོ་སྐྱེ་ལ་སེམས་བསྐྱེད་ཡོད་པར་ བསྒྲུབས་ནས་དེའི་རྗེས་སུ། སར་མ་ཆུད་པ་ལ་བྱང་སེམས་ཀྱི་སྡོམ་པ་ཡོད་དམ་མེད་ཅེ་ན་ ཡོད་པར་རིགས་པར་བྱ་སྟེ་ཞེས་གསུངས་པ་དེ་ཟློས་པར་འགྱུར་བའི་ཕྱིར་རོ། ། གསུམ་པ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། དེ་ལྟར་སེམས་བསྐྱེད་ནས་ཕར་ཕྱིན་ དྲུག་ལ་སློབ་པ་ནི་ཚོགས་གཉིས་སྒྲུབ་པ་ཡིན་ཏེ། མདོ་རྒྱན་དུ། །སྦྱིན་དང་ཚུལ་ཁྲིམས་བསོད་ ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། །ལྔ་ཆར་ ཡང་ནི་ཡེ་ཤེས་ཚོགས། །ཞེས་པ་ལྟར་རོ། ། གཉིས་པ་རྒྱས་བཤད་ལ་གཉིས། ཕར་ཕྱིན་དྲུག་གི་རྣམ་གཞག་དངོས། དེ་ཡི་ཁྱད་པར་ གཞན་ཡང་དཔྱད་པའོ། ། དང་པོ་ལ། དེར། གྲངས་དང་དེ་ཡི་མཚན་ཉིད་གོ་རིམ་དང༌། །ངེས་པའི་ཚིག་དང་ཡོན་ ཏན་གོམས་པ་དང༌། །དེ་དག་རབ་དབྱེ་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ ངེས་ཡིན་ཤེས་བྱ། །ཞེས་པ་ལྟར། བཅུ་ལས་དང་པོ་གྲངས་ངེས་ལ་དྲུག རང་དོན། གཉིས་ 1-1-222 དོན། གཞན་དོན། ཐེག་ཆེན། ལམ་ལྔ། བསླབ་གསུམ་ལ་ལྟོས་ཏེ་དྲུག་ཏུ་ངེས་པའོ། །དང་ པོ་ནི། དེར། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང༌། །འཁོར་རྩོམ་ཕུན་སུམ་ཚོགས་ པ་མངོན་མཐོ་དང༌། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང༌། །བྱ་བ་རྣམས་ལ་ཕྱིན་ཅི་ མ་ལོག་པའོ། །ཞེས་ཏེ། ཕར་ཕྱིན་དང་པོ་བཞིས་ལོངས་སྤྱོད་དང་ལུས་དང་འཁོར་དང་ལས་ མཐའ་ཐམས་ཅད་རྩོམ་པར་བྱེད་པས་མངོན་མཐོ་སྒྲུབ་པོ། །ཕྱི་མ་གཉིས་ཀྱིས་ཉོན་མོངས་ པའི་དབང་དུ་མི་འགྲོ་བ་དང༌། བྱ་བ་རྣམས་ཕྱིན་ཅི་མ་ལོག་པར་རྩམ་པས་ངེས་ལེགས་སྒྲུབ་ པས་རང་དོན་གཉིས་ཀྱི་རྒྱུ་དྲུག་ཏུ་ངེས་པས་དྲུག་ཡིན་ནོ། ། གཉིས་པ་ནི། དེར། སེམས་ཅན་དོན་ལ་རབ་བརྩོན་པ། །གཏོང་དང་མི་གནོད་བཟོད་ པས་བྱེད། །གནས་དང་གྲོལ་བ་གཞིར་བཅས་པས། །རང་དོན་རྣམ་པ་ཐམས་ཅད་སྤྱོད། །ཅེས་པས། དང་པོ་གསུམ་གྱིས་གཏོང་བ་དང་མི་གནོད་པ་དང་གནོད་པ་བཟོད་པར་བྱེད་ པས་སེམས་ཅན་གྱི་དོན་བྱེད་དོ། །ཕྱི་མ་གསུམ་ལས་བསམ་གཏན་གྱིས་སེམས་གནས་པ་ དང་ཤེས་རབ་ཀྱིས་གྲོལ་བ་དང་བརྩོན་འགྲུས་ཀྱིས་དེ་གཉིས་ཀྱི་གཞི་བྱེད་པས་རང་དོན་བྱེད་ དོ། །དེས་ན་རང་གཞན་གྱི་དོན་བྱེད་པའི་ཡན་ལག་ལ་དྲུག་ཏུ་ངེས་པས་སོ། ། གསུམ་པ་ནི། དེར། མི་ཕོངས་པ་དང་རྣམ་པར་མི་འཚེ་དང༌། །རྣམ་འཚེ་བཟོད་དང་བྱ་ བས་མི་སྐྱོ་དང༌། །དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ནི་རང་གི་ དོན་ཡིན་ནོ། །ཞེས་པས། སྦྱིན་སོགས་ཀྱིས་ཡོ་བྱད་ཀྱིས་མི་ཕོངས་པ་དང༌། མི་འཚེ་བ་དང༌། འཚེ་བ་བཟོད་པ་དང་གྲོགས་བྱ་བ་ལ་མི་སྐྱོ་བ་དང་རྫུ་འཕྲུལ་ལ་སོགས་པའི་མཐུས་དགའ་ བར་བྱེད་པ་དང༌། ཐེ་ཚོམ་གཅོད་པའི་སྒོ་ནས་ལེགས་པར་བརྗོད་པ་སྟེ་དྲུག་གིས་གཞན་དོན་ བྱེད་པས་སོ། ། བཞི་པ་ནི། དེར། ལོངས་སྤྱོད་མངོན་པར་མི་དགའ་དང༌། །རབ་གུས་གཉིས་ལ་མི་སྐྱོ་ 1-1-223 དང༌། །རྣལ་འབྱོར་རྣམ་པར་མི་རྟོག་པ། །ཐེག་ཆེན་མཐའ་དག་འདིར་ཟད་དོ། །ཞེས་པས། ལོངས་སྤྱོད་ལ་མི་ལྟ་བ་དང་བསླབ་པ་ལ་གུས་པ་དང་སྡུག་བསྔལ་དང་དགེ་བ་ལ་སྦྱོར་བ་ལ་ མི་སྐྱོ་བ་གཉིས་དང་ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་རྣམ་པར་རྣམ་པར་མི་རྟོག་པ་ གཉིས་ཏེ་དྲུག་གིས་ཐེག་ཆེན་ཐམས་ཅད་བསྡུས་པའོ། ། ལྔ་པ་ནི། དེར། ཡུལ་རྣམས་ལ་ནི་མ་ཆགས་ལམ། །དེ་ཐོབ་རྣམ་གཡེང་སྡོམ་པའི་གཞན། །སེམས་ཅན་མ་གཏོང་འཕེལ་བ་དང༌། །སྒྲིབ་པ་རྣམ་པར་སྦྱོང་བ་གཞན། །ཞེས་པས། ཕར་ ཕྱིན་དང་པོ་ནི། ཡུལ་རྣམས་ལ་མ་ཆགས་པའི་ལམ་དང༌། དེ་ཐོབ་པའི་རྣམ་གཡེང་སྡོམ་པའི་ ལམ་དང༌། སེམས་ཅན་མི་གཏོང་བའི་ལམ་དང་དགེ་བ་འཕེལ་བའི་ལམ་མོ། །ཕྱི་མ་གཉིས་ ནི་སྒྲིབ་གཉིས་སྦྱོང་བའི་ལམ་སྟེ་ལྔར་ངེས་པས་སོ། ། དྲུག་པ་ནི། དེར། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ ཅར་ལ་ཡང་གཏོགས། །ཞེས་པས། དང་པོ་གསུམ་ཚུལ་ཁྲིམས་ཀྱི་དང༌། བསམ་གཏན་སེམས་ ཀྱི་དང༌། ཤེས་རབ་ཤེས་རབ་ཀྱི་བསླབ་པ་ཡིན་ལ། བརྩོན་འགྲུས་ནི་གསུམ་ཅར་ལ་གཏོགས་ པས་ཏེ། དེ་ལྟར་རྒྱུ་དྲུག་གིས་ཕར་ཕྱིན་དྲུག་ཏུ་ངེས་སོ། ། གཉིས་པ་མཚན་ཉིད་ནི། གཏོང་བ་དང་སྤོང་སེམས་དང་རྣམ་པར་མི་འཁྲུག་པ་དང་དགེ་ བ་ལ་སྤྲོ་བ་དང་སེམས་རྩེ་གཅིག་པ་དང་ཆོས་རབ་ཏུ་རྣམ་འབྱེད་རྣམས་ལ་ཆོས་བཞི་ལྡན་ ཞེས་པ་རེ་སྦྱར་བ་ནི་རིམ་པ་ལྟར་ཕྱིན་དྲུག་གི་མཚན་ཉིད་དོ། །ཆོས་བཞི་ནི། དེར། སྦྱིན་པ་ མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་ རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །དེ་བཞིན་དུ་གཞན་རྣམས་ལའང་ སྦྱར་ཏེ་གསུངས་སོ། །དེ་ལ་མི་མཐུན་ཕྱོགས་ནི་སེར་སྣ་དང་འཆལ་ཚུལ་དང་ཁོང་ཁྲོ་དང་ལེ་ 1-1-224 ལོ་དང་རྣམ་གཡེང་དང་འཆལ་བའི་ཤེས་རབ་སྟེ་དེ་རྣམས་ཉམས་པའོ། །རྣམ་པར་མི་རྟོག་ཡེ་ ཤེས་ནི་ཆོས་ལ་བདག་མེད་པ་རྟོགས་པའོ། །ཅི་འདོད་སྦྱིན་པ་དང་ལུས་ངག་སྡོམ་པས་བརྡེག་ པ་དང་ངན་དུ་སྨྲ་བ་ལ་སོགས་མི་བྱེད་པ་དང་གནོད་པ་བཟོད་པ་དང་གྲོགས་བྱ་བ་ལ་བརྩོན་ པ་དང་ཡིད་ལ་འཐད་པ་དང་ཐེ་ཚོམ་གཅོད་པས་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་ བྱེད་དོ། །སྦྱིན་པས་བསྡུས་ནས་སམ་ཚུལ་ཁྲིམས་ལ་སོགས་པས་མགུ་བར་བྱས་ཏེ་ཐེག་པ་ གསུམ་ལ་སྐལ་བ་ཇི་ལྟ་བར་སྨིན་པར་བྱེད་པའོ། ། གསུམ་པ་གོ་རིམ་ནི། དེར། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་ དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་པས། །ལུས་ ལོངས་སྤྱོད་ལ་མི་ལྟ་བར་གཏོང་ན་ཚུལ་ཁྲིམས་ལེན་ལ། དེ་ཡོད་ན་གནོད་པ་བཟོད་ཅིང༌། བཟོད་ན་བརྩོན་འགྲུས་རྩམ་ལ། དེས་བསམ་གཏན་བསྐྱེད་ཅིང༌། དེས་ན་ཡང་དག་པ་ཇི་ལྟ་ བ་བཞིན་ཤེས་པས། སྔ་མ་ལ་བརྟེན་ནས་ཕྱི་མ་སྐྱེ་བའི་ཕྱིར་དང༌། །སྔ་མ་སྔ་མ་དམན་ཞིང་ཕྱི་ མ་ཕྱི་མ་མཆོག་ཏུ་གནས་པའི་ཕྱིར་དང༌། སྔ་མ་སྔ་མ་འཇུག་ཅིང་བྱ་སླ་བས་རགས་ལ་ཕྱི་མ་ཕྱི་ མ་དཀའ་བས་ཕྲ་བའི་ཕྱིར་གོ་རིམ་དུ་བསྟན་ཏོ། ། བཞི་པ་ངེས་ཚིག་ནི། དེར། དབུལ་བ་འདོར་བར་བྱེད་པ་དང༌། །བསིལ་བ་འཐོབ་དང་ ཁྲོ་བཟོད་དང༌། །མཆོག་སྦྱོར་བ་དང་ཡིད་འཛིན་དང༌། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་པས། རང་གཞན་གྱི་དབུལ་བ་འདོར་བར་བྱེད་པ་དང༌། ཉོན་མོངས་པའི་གདུང་བ་མེད་ པའི་བསིལ་བ་འཐོབ་པར་བྱེད་པ་དང༌། ཁྲོ་བ་བཟོད་པ་དང༌། དགེ་བ་ལ་སྦྱོར་བ་དང༌། ཡིད་ ནང་དུ་འཛིན་པ་དང༌། དོན་དམ་ཤེས་པའི་ཕྱིར། སྦྱིན་པ་ལ་སོགས་པར་བརྗོད་དོ། ། ལྔ་པ་བསྒོམ་པ་ནི། དེར། ཐམས་ཅད་བསྒོམ་པ་དངོས་པོ་དང༌། །དེ་བཞིན་ཡིད་ལ་བྱེད་ པ་དང༌། །བསམ་པ་དང་ནི་ཐབས་དག་དང༌། །དབང་འབྱོར་ཉིད་ལ་བརྟེན་པར་བརྗོད། །ཅེས་ 1-1-225 པས་ཕར་ཕྱིན་བསྒོམ་པ་དངོས་པོ་ལ་བརྟེན་པ་ནི། རྒྱུ་རིགས་དང་རྣམ་སྨིན་ལུས་ཕུན་སུམ་ ཚོགས་དང་སྨོན་ལམ་སྔོན་བཏབ་པ་དང་སོ་སོར་རྟོག་པ་ཤེས་རབ་ཀྱི་སྟོབས་ཀྱིས་གོམས་པ་ བཞིའོ། །ཡིད་བྱེད་ལ་བརྟེན་པ་ནི་མོས་པ་ཡིད་བྱེད་ཕར་ཕྱིན་དང་ལྡན་པའི་མདོ་ལ་མོས་པ་ དང༌། རོ་མྱང་ཡིད་བྱེད་ཕར་ཕྱིན་ཐོབ་པ་ལ་ཡོན་ཏན་དུ་ལྟ་བ་དང་རྗེས་སུ་ཡི་རང་ཡིད་བྱེད་ འཇིག་རྟེན་གྱི་སེམས་ཅན་ཀུན་གྱི་ཕར་ཕྱིན་ལ་ཡིད་རང་བ་དང༌། མངོན་པར་དགའ་བ་ཡིད་ བྱེད་ནི་རང་གཞན་གྱི་ཕར་ཕྱིན་མ་འོངས་པ་རྣམས་ལ་དགའ་བ་བཞིའོ། །བསམ་པ་ལ་བརྟེན་ པ་ནི། མང་དུ་བྱིན་ཡང་ངོམས་པ་མེད་པ་ངོམས་མི་ཤེས་པའི་བསམ་པ་དང༌། བྱང་ཆུབ་ཀྱི་ བར་དུ་རྒྱུན་མི་གཅོད་པར་སྦྱིན་པ་རྒྱ་ཆེ་བའི་བསམ་པ་དང༌། སློང་བ་པོ་འདོད་པ་ཐོབ་པ་བས་ སྦྱིན་པ་པོ་ཆེས་དགའ་བ་དགའ་བའི་བསམ་པ་དང༌། སྦྱིན་པས་ཕན་བཏགས་པའི་སེམས་ ཅན་དེ་དག་ལ་བརྟེན་ནས་བདག་བྱང་ཆུབ་པར་འགྱུར་བས་དེ་དག་བདག་ལ་ཕན་འདོགས་ པར་མཐོང་བ་ཕན་པའི་བསམ་པ་དང༌། སྦྱིན་པ་བྱས་ཀྱང་ལན་དང་རྣམ་པར་སྨིན་པ་མི་ འདོད་པ་མ་གོས་པའི་བསམ་པ་དང༌། སྦྱིན་པའི་རྣམ་སྨིན་དེ་ཡང་སེམས་ཅན་རྣམས་ཀྱི་དོན་ དུ་བྱང་ཆུབ་ཏུ་བསྔོ་བ་དགེ་བའི་བསམ་པ་སྟེ་དྲུག་གོ །ཚུལ་ཁྲིམས་ལ་སོགས་པ་ལ་ཡང་ཅི་ རིགས་པར་སྦྱར་རོ། །ཐབས་ལ་བརྟེན་པ་ནི། མི་རྟོག་པའི་ཡེ་ཤེས་ཀྱིས་འཁོར་གསུམ་ཡོངས་ སུ་དག་པར་རྟོགས་པ་གསུམ་མོ། །དབང་འབྱོར་བ་ལ་བརྟེན་པ་ནི། ངོ་བོ་ཉིད་དང་ལོངས་ སྤྱོད་རྫོགས་པའི་སྐུ་སྐུ་ལ་དབང་འབྱོར་པ་དང༌། སྤྲུལ་སྐུ་སྤྱོད་པ་ལ་དབང་འབྱོར་པ་དང་ཕར་ ཕྱིན་དྲུག་སྟོན་པ་ལ་ཐོགས་པ་མེད་པ་སྟོན་པ་ལ་དབང་འབྱོར་བ་གསུམ་མོ། ། དྲུག་པ་རབ་དབྱེ་ལ་དྲུག སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་ གཏན། ཤེས་རབ། རབ་དབྱེའོ། །དང་པོ་ནི། དེར། དོན་རྣམས་གཏོང་བར་བྱེད་པ་དང༌། །རྩ་ བ་སེམས་པ་ལ་རྟེན་དང༌། །ལུས་དང་ལོངས་སྤྱོད་ཕུན་ཚོགས་དང༌། །གཉིས་རྗེས་འཛིན་དང་ 1-1-226 རྫོགས་བྱེད་དང༌། །དེ་ཡང་སེར་སྣ་མེད་ལྡན་དང༌། །ཆོས་དང་ཟང་ཟིང་མི་འཇིགས་གཏོང༌། །སྦྱིན་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །ཅེས་ཏེ། རྐང་པ་ཕྱི་ མ་གཉིས་འོག་མ་ལྔ་ལའང་བགྲེའོ། །དེ་ལ་རབ་དབྱེ་དྲུག་སྟེ། ལེན་པ་པོ་རྣམས་ལ་དོན་གཏོང་ བ། ངོ་བོ་མ་ཆགས་པ་ལ་སོགས་པ་དང༌། ལྷན་ཅིག་སྐྱེས་པའི་སེམས་པ་རྒྱུ། ལུས་ལོངས་སྤྱོད་ ཕུན་ཚོགས་འབྲས་བུ། རང་གཞན་རྗེས་སུ་འཛིན་པ་དང་བྱང་ཆུབ་ཆེན་པོའི་ཚོགས་རྫོགས་ པར་བྱེད་པ་ལས། སེར་སྣ་མེད་པ་ལྡན་པ་སེར་སྣ་མེད་པ་ལ་ཡོད་པ་རྟེན་གྱི་འཇུག་པ་དང༌། ཆོས་དང་ཟང་ཟིང་དང་མི་འཇིགས་པ་སྦྱིན་པ་གསུམ་རབ་དབྱེའི་འཇུག་པ་སྟེ་གཉིས་འཇུག་ པའི་དོན་ནོ། ། གཉིས་པ་ནི། དེར། ཡན་ལག་དྲུག་ཞི་བསམ་པས་ཟིན། །བདེ་འགྲོ་གནས་པ་སྦྱིན་བྱེད་ དང༌། །རྟེན་དང་ཞི་དང་འཇིགས་པ་མེད། །བསོད་ནམས་ཚོགས་དང་ལྡན་པ་དང༌། །བརྡར་ བཏགས་ཆོས་ཉིད་ཐོབ་པ་སྟེ། །སྡོམ་ལ་གནས་པ་རྣམས་ལ་ཡོད། །ཅེས་ཏེ་ཚུལ་ཁྲིམས་ དང་ལྡན་པར་གནས་པ་དང་སོ་སོ་ཐར་པའི་སྡོམ་པས་སྡོམ་པ་དང་ཆོ་ག་ཕུན་སུམ་ཚོགས་པ་ དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་ཁ་ན་མ་ཐོ་བ་ཕྲ་མོ་ཙམ་ཡང་འཇིགས་པར་ལྟ་བ་དང་ བསླབ་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པ་དང་ཡན་ལག་དྲུག་དང་ལྡན་པ་ངོ་བོ། ཞི་ བ་མྱང་འདས་ཀྱི་བསམ་པས་ཟིན་པ་རྒྱུ། བདེ་འགྲོར་སྐྱེ་ཞིང་འགྱོད་པ་མེད་པ་ལ་སོགས་ པས་སེམས་གནས་པ་འབྲས་བུ། ཡོན་ཏན་ཐམས་ཅད་ཀྱི་རྟེན་དང་ཉོན་མོངས་ཀྱི་གདུང་བ་ ཞི་བ་དང་མི་དགེ་བའི་རྒྱུ་དང་ཁ་ན་མ་ཐོ་བ་དང་ཁོན་གསུམ་གྱི་འཇིགས་པ་མེད་པ་གསུམ་ ལས། བསོད་ནམས་ཀྱི་ཚོགས་ལྡན་པ། ལྡན་པ། སྡོམ་ལྡན་ལ་ཡོད་ལ་རྟེན་གྱི་འཇུག་པ་དང༌། བརྡར་བཏགས་པ་སོ་ཐར་དང༌། ཆོས་ཉིད་ཀྱིས་ཐོབ་པ་བསམ་གཏན་དང༌། ཟག་མེད་གཉིས་ ཏེ་གསུམ་རབ་དབྱེའི་འཇུག་པའོ། ། 1-1-227 གསུམ་པ་ནི། དེར། མི་མཇེད་ཇི་མི་སྙམ་ཤེས་དང༌། །སྙིང་རྗེ་ཆོས་ལ་རྟེན་པའི་ཕྱིར། །ཕན་ཡོན་སྔར་ནི་རབ་ཏུ་བཤད། །དེ་ནི་གཉིས་ཀྱི་དོན་བྱེད་དེ། །དཀའ་ཐུབ་གཙོ་དང་ཀུན་ཏུ་ ལྡན། །དེ་ལ་དེ་ནི་རྣམ་གསུམ་འདོད། །ཅེས་ཏེ། གནོད་པ་ལ་མི་མཇེད་པ་དང་སྡུག་བསྔལ་ལ་ ཇི་མི་སྙམ་པ་དང་ཆོས་ལ་ངེས་པར་རྟོགས་པ་གསུམ་ངོ་བོ། སྙིང་རྗེས་ཚུལ་ཁྲིམས་དང་ཐོས་ པ་རྟེན་པ་རྒྱུ། ཁོན་མི་མང་བ་དང་དབྱེན་མི་མང་བ་དང་བདེ་བ་དང་ཡིད་བདེ་མང་བ་དང༌། འགྱོད་པ་མེད་པར་འཆི་བ་དང་ཤི་ནས་བདེ་འགྲོར་སྐྱེ་བ་ལྔ་འབྲས་བུ། རང་གཞན་གྱི་དོན་ བྱེད་པ་ལས། དཀའ་ཐུབ་ཀྱི་མཆོག་ཡིན་པ་ལྡན་པ། བཟོད་ལྡན་ལ་ཡོད་པ་རྟེན་གྱི་འཇུག་པ་ དང༌། རབ་དབྱེའི་ངོ་བོར་བསྟན་པ་གསུམ་རབ་དབྱེའི་འཇུག་པའོ། ། བཞི་པ་ནི། དེར། དགེ་ལ་ཡང་དག་སྤྲོ་བ་དང༌། །དད་དང་འདུན་ལ་རྟེན་པ་དང༌། །དྲན་ སོགས་ཡོན་ཏན་འཕེལ་བྱེད་དང༌། །ཀུན་ནས་ཉོན་མོངས་གཉེན་པོ་དང༌། །མ་ཆགས་ལ་ སོགས་ཡོན་ཏན་ལྡན། །དེ་དག་ལ་ནི་དེ་རྣམ་བདུན། །ཞེས་ཏེ། དགེ་བ་ལ་སྤྲོ་བ་ངོ་བོ། དད་པ་ དང་དོན་གཉེར་རྒྱུ། དྲན་པ་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་འབྲས་བུ། ཉོན་མོངས་ ཀྱི་གཉེན་པོ་བྱེད་པ་ལས། མ་ཆགས་པ་ལ་སོགས་པའི་ཡོན་ཏན་ལྡན་པ། བརྩོན་འགྲུས་ བརྩམས་པ་ལ་ཡོད་པ་རྟེན་གྱི་འཇུག་པ་དང༌། བསླབ་པ་གསུམ་ལ་ལུས་སེམས་གཉིས་ཀྱིས་ བརྩོན་པ་དྲུག་དང་ཐུན་མོང་དུ་གུས་སྦྱོར་ཏེ་བདུན་ནི་རབ་དབྱེའི་འཇུག་པའོ། ། ལྔ་པ་ནི། དེར། སེམས་ནི་ནང་དུ་གནས་པ་དང༌། །དྲན་དང་བརྩོན་འགྲུས་ལ་བརྟེན་པ། །བདེ་བ་སྐྱེ་བར་བྱེད་པ་དང༌། །མངོན་ཤེས་གནས་ལ་དབང་བསྒྱུར་བ། །ཆོས་རྣམས་ཀྱི་ནི་ གཙོ་བོ་སྟེ། །དེ་དག་ལ་ཡོད་དེ་རྣམ་གསུམ། །ཞེས་ཏེ། སེམས་ནང་དུ་གནས་པ་ངོ་བོ། དྲན་ པ་དང་བརྩོན་འགྲུས་རྒྱུ། བདེ་བ་སྐྱེ་བ་འབྲས་བུ། མངོན་ཤེས་དང་འཕགས་པ་དང་ལྷ་དང་ ཚངས་པའི་གནས་པ་གསུམ་སྟེ་གཉིས་ལ་དབང་བསྒྱུར་བ་ལས། ཆོས་ཐམས་ཅད་ཀྱི་གཙོ་ 1-1-228 བོ་ཡིན་པ་ལྡན་པ་བསམ་གཏན་པ་དག་ལ་ཡོད་པ་རྟེན་གྱི་འཇུག་པ་དང༌། རྟོག་དཔྱོད་དང་ བཅས་པ། རྟོག་མེད་དཔྱོད་ཙམ། རྟོག་དཔྱོད་མེད་པ་སྟེ་གསུམ་དང༌། ཡང་དགའ་བ། སིམ་ པ། བཏང་སྙོམ་དང་ལྡན་པ་གསུམ་རབ་དབྱེའི་འཇུག་པའོ། ། དྲུག་པ་ནི། དེར། ཤེས་བྱ་ཡང་དག་རབ་རྣམ་འབྱེད། །ཏིང་ངེ་འཛིན་ལ་བརྟེན་པ་དང༌། །ཀུན་ནས་ཉོན་མོངས་ཤིན་ཏུ་གྲོལ། །ཤེས་རབ་འཚོ་བ་ལེགས་བཤད་དང༌། །ཆོས་རྣམས་ ཀུན་གྱི་མཆོག་ཡིན་ཏེ། །དེ་དག་ལ་ཡོད་དེ་རྣམ་གསུམ། །ཞེས་ཏེ། ཤེས་བྱ་ཡང་དག་པར་ རབ་ཏུ་རྣམ་པར་འབྱེད་པ་ངོ་བོ། བསམ་གཏན་གྱི་ཏིང་ངེ་འཛིན་རྒྱུ། ཉོན་མོངས་ལས་གྲོལ་ བ་འབྲས་བུ། ཤེས་རབ་ཀྱིས་འཚོ་བ་དང་ལེགས་པར་འཆད་པ་ནི་ལས། ཆོས་ཀུན་གྱི་མཆོག་ ཡིན་པ་ལྡན་པ། ཤེས་རབ་ཅན་ལ་ཡོད་པ་རྟེན་གྱིས་འཇུག་པ་དང༌། འཇིག་རྟེན་པ་དང་ འཇིག་རྟེན་ལས་འདས་པ་ཆུང་ངུ་ཉན་རང་དང༌། ཆེན་པོ་ཐེག་ཆེན་གྱི་ཤེས་རབ་སྟེ་གསུམ་ རབ་དབྱེའི་འཇུག་པའོ། ། བདུན་པ་བསྡུ་བ་ནི། དེར། དཀར་པོའི་ཆོས་ཀུན་རྣམ་པར་གཡེང་བ་དང༌། །མཉམ་པར་ བཞག་དང་གཉིས་ཀར་ཤེས་པར་བྱ། །ཕ་རོལ་ཕྱིན་པ་གཉིས་དང་ནི། །གཉིས་དང་གཉིས་ ཀྱིས་བསྡུས་པ་ཡིན། །ཞེས་པས། དཀར་ཆོས་ཐམས་ཅད་མཉམ་བཞག་དང་རྗེས་ཐོབ་དང་ དེ་གཉིས་ཀས་བསྡུས་ཤིང་ཕར་ཕྱིན་དྲུག་གིས་ཀྱང་བསྡུས་ལ་དྲུག་པོས་ཀྱང་སྔ་མ་གསུམ་པོ་ བསྡུས་ཏེ། ཕར་ཕྱིན་དང་པོ་གཉིས་ཀྱིས་རྗེས་ཐོབ། ཕྱི་མ་གཉིས་ཀྱིས་མཉམ་བཞག བར་ མ་གཉིས་ཀྱིས་གཉིས་ཀ་བསྡུས་སོ། ། བརྒྱད་པ་འགལ་རྐྱེན་ནི། དེར། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །མ་ཆགས་མི་ཆགས་ ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །དེ་ བཞིན་དུ་འོག་མ་རྣམས་ལའང་སྦྱར་ཏེ་གསུངས་པས། ལོངས་སྤྱོད་བསྲི་བ་ལ་སོགས་པ་རང་ 1-1-229 རང་གི་མི་མཐུན་ཕྱོགས་ལ་ཆགས་པ་དང༌། དེ་བཞིན་དུ་ཕྱི་བཤོལ་དང༌། དེ་ཙམ་གྱི་ཆོག་པར་ འཛིན་པ་དང༌། ལན་ལ་རེ་བ་དང༌། རྣམ་སྨིན་ལ་རེ་བ་དང༌། རང་རང་གི་མི་མཐུན་ཕྱོགས་ ལ་ཆགས་པའི་བག་ལ་ཉལ་མ་བཅོམ་པ་དང༌། ཐེག་དམན་ཡིད་བྱེད་དང་འཁོར་གསུམ་དུ་ རྟོགས་པའི་རྣམ་གཡེང་ལ་ཆགས་པ་སྟེ་བདུན་བདུན་ནི་མི་མཐུན་ཕྱོགས་ཏེ་དེ་རྣམས་གྲོལ་བ་ ནི་ཕར་ཕྱིན་དྲུག་ཡིན་ནོ། ། དགུ་པ་ཡོན་ཏན་ལ་གཉིས། ཡོན་ཏན་བཞི། མཆོག་གི་དོན་བསྟན་པའོ། །དང་པོ་ནི། དེར། རྒྱ་ཆེ་བ་དང་ཟང་ཟིང་མེད། །དོན་ཆེ་བ་དང་མི་ཟད་པ། །སྦྱིན་ལ་སོགས་པ་ཐམས་ཅད་ ཀྱི། །ཡོན་ཏན་བཞིར་ནི་ཤེས་པར་བྱ། །ཞེས་པས། སློང་བ་དང་ཕྲད་ན་སྲོག་ཀྱང་གཏོང་བ་ དང༌། ཚུལ་ཁྲིམས་གསུམ་རྟག་ཏུ་བླངས་པ་དང༌། དཀའ་སྤྱད་དང་གནོད་པ་བཟོད་པ་དང༌། གོ་ཆ་དང་སྦྱོར་བའི་བརྩོན་འགྲུས་དཔེ་མེད་པ་བརྩམས་པ་དང༌། ཏིང་ངེ་འཛིན་མཐའ་ཡས་པ་ དང་ལྡན་པའི་བསམ་གཏན་བསྒྲུབ་པ་དང༌། དོན་དམ་བདག་མེད་གཉིས་དང་ཀུན་རྫོབ་ཤེས་ བྱ་ཀུན་ཤེས་པ་རྣམས་རིམ་པ་ལྟར་ཕར་ཕྱིན་དྲུག་གི་རྒྱ་ཆེ་བའི་ཡོན་ཏན་ནོ། །སྙིང་རྗེས་ལན་ དང་རྣམ་སྨིན་ལ་མི་རེ་བ་དང༌། མཐོ་རིས་འདོད་པས་མིན་ཞིང་དེ་ཐོབ་ཀྱང་མ་ཆགས་པ་དང༌། མཐོ་རིས་འདོད་པས་སམ་མི་ནུས་པས་སམ་འཇིགས་པས་སམ་ཕན་ལྟས་བཟོད་པ་མིན་ པ་དང༌། རང་གཞན་གྱི་ཉོན་མོངས་འཇོམས་ཤིང་བྱང་ཆུབ་ཐོབ་པར་བྱེད་པ་དང༌། བསམ་ གཏན་གྱི་བདེ་བ་ཕུལ་བྱུང་ལ་གནས་ཤིང་སྙིང་རྗེས་སྐྱེ་གནས་དམན་པར་ཡང་སྐྱེ་བ་དང༌། འཁོར་འདས་ལ་མ་ཆགས་པ་རྣམས་རིམ་པ་ལྟར་ཟང་ཟིང་མེད་པའི་ཡོན་ཏན་ནོ། །ཕར་ཕྱིན་ དྲུག་གིས་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་འགོད་པ་དོན་ཆེ་བའི་ཡོན་ཏན་ནོ། །སྦྱིན་ སོགས་ལྔ་པོ་མི་རྟོག་ཡེ་ཤེས་ཀྱིས་ཟིན་པས་དང་ཤེས་རབ་ནི་སྙིང་རྗེས་སེམས་ཅན་མི་གཏོང་ པས་མི་ཟད་པའི་ཡོན་ཏན་ནོ། ། 1-1-230 གཉིས་པ་ནི། དེར། སྦྱིན་པ་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང༌། །རྒྱུ་དང་ཡེ་ཤེས་ཞིང་དག་དང༌། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །དེ་བཞིན་དུ་འོག་མ་ རྣམས་ལའང་སྦྱར་ཏེ། དྲུག་པོའི་རྟེན་མཆོག་ནི་བྱང་ཆུབ་སེམས་དཔའོ། །གཞིའི་མཆོག་ནི། ཟང་ཟིང་སྦྱིན་པའི་ལུས། མི་འཇིགས་པ་སྦྱིན་པའི་ངན་སོང་དང་འཁོར་བས་འཇིགས་པ་སེལ་ བ། ཆོས་སྦྱིན་པའི་ཐེག་ཆེན་ཏེ་གསུམ་དང༌། བྱང་སེམས་ཀྱི་སྡོམ་པ་དང༌། དམན་པས་གནོད་ པ་ཆེན་པོ་བྱེད་པ་དང༌། ཕར་ཕྱིན་བསྒོམ་པ་དང་དེའི་མི་མཐུན་ཕྱོགས་སྤོང་བ་གཉིས་དང༌། བྱང་སེམས་ཀྱི་ཏིང་ངེ་འཛིན་དང༌། དེ་བཞིན་ཉིད་རྣམས་དྲུག་པོའི་རིམ་པ་བཞིན་ནོ། །རྒྱུ་ མཚན་མཆོག་ནི་སྙིང་རྗེའོ། །ཡོངས་སུ་བསྔོ་བ་མཆོག་ནི་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བའོ། །རྒྱུ་མཆོག་ནི་ཕར་ཕྱིན་དྲུག་ལ་སྔོན་གོམས་པའི་བག་ཆགས་སོ། །ཡེ་ཤེས་མཆོག་ནི་སྦྱིན་པ་ པོ་དང་སྦྱིན་བྱ་དང་ལེན་པ་ལ་སོགས་པ་འཁོར་གསུམ་དུ་མི་རྟོག་པའོ། །ཞིང་མཆོག་ནི། འོག་ མ་ལྔའི་ཐེག་ཆེན་ཡིན་ལ། སྦྱིན་པའི་ནི་སློང་བ་དང་སྡུག་བསྔལ་བ་དང་རྟེན་མེད་པ་དང་ཉེས་ པར་སྤྱད་པ་སྤྱོད་པ་དང་ཡོན་ཏན་ཅན་ཏེ་ལྔ་ཡིན་ལ་དེ་དག་གི་སྔ་མ་བཞི་པོ་སྔ་མ་ལས་ཕྱི་མ་ མཆོག་ཡིན་ཞིང༌། བཞི་པོ་མེད་ན་སྔ་མ་མཆོག་ཡིན་ནོ། །གནས་མཆོག་ནི་གང་ལ་གནས་ ནས་ཕར་ཕྱིན་དྲུག་བསྒྲུབ་པའི་གནས་ཏེ། མོས་པ་དང་ཡིད་ལ་བྱེད་པ་དང་ཏིང་ངེ་འཛིན་ལ་ དབང་འབྱོར་པའོ། ། བཅུ་པ་རྣམ་ངེས་ནི། དེར། ཕན་ཚུན་བསྡུས་ཕྱིར་རབ་དབྱེའི་ཕྱིར། །ཆོས་ཉིད་ཕྱིར་དང་ རྒྱུ་མཚན་ཕྱིར། །ཕ་རོལ་ཕྱིན་དྲུག་རྣམ་ཀུན་ཏུ། །རྣམ་པར་ངེས་པར་ཤེས་པར་བྱ། །ཞེས་ཏེ། ཕན་ཚུན་བསྡུས་པ་ནི། ཚུལ་ཁྲིམས་དང་བཟོད་པ་མི་འཇིགས་པ་སྦྱིན་པས་བསྡུས། བསམ་ གཏན་དང་ཤེས་རབ་ཆོས་སྦྱིན་གྱིས་བསྡུས། བརྩོན་འགྲུས་དེ་གཉིས་ཀས་བསྡུས་པས་སྦྱིན་ པས་གཞན་ལྔ་བསྡུས་སོ། །དགེ་བ་ཆོས་བསྡུད་ཀྱིས་གཞན་ལྔ་བསྡུས་པས་ཚུལ་ཁྲིམས་ཀྱིས་ 1-1-231 ཀྱང་ཐམས་ཅད་བསྡུས་ཏེ། དེ་བཞིན་དུ་གཞན་བཞི་ལ་ཡང་ཅི་རིགས་པར་སྦྱར་རོ། །རབ་ཏུ་ དབྱེ་བའི་ཕྱིར་ནི། གཞན་རྒྱུད་ལ་ཚུལ་ཁྲིམས་སོགས་འཇོག་པས་སྦྱིན་པའི་སྦྱིན་པ་ནས་ཤེས་ རབ་ཀྱི་བར་དྲུག་སྟེ་དེ་བཞིན་དུ་གཞན་ལའང་དྲུག་དྲུག་ཚང་བའོ། །ཆོས་ཉིད་ཀྱི་ཕྱིར་ནི། བརྗོད་བྱ་ཕར་ཕྱིན་དྲུག་དང་རྗོད་བྱེད་མདོ་ལ་སོགས་པ་གཅིག་ལ་གཅིག་སྣང་བས་ཕན་ཚུན་ དུ་བསྡུས་པའོ། །རྒྱུ་མཚན་གྱི་ཕྱིར་ནི། ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་སོགས་ལ་འཇུག་ པས་སྦྱིན་པ་གཞན་ལྔའི་རྒྱུ་མཚན་ཡིན་ལ། ཚུལ་ཁྲིམས་ལ་སྤྱོད་ན་འཛིན་པ་མེད་པས་ཚུལ་ ཁྲིམས་སྦྱིན་པའི་རྒྱུ་ཡིན་ནོ། །ཡང་དགེ་བ་ཆོས་སྡུད་ནི་སྦྱིན་སོགས་ཐམས་ཅད་ཀྱི་རྒྱུ་ཡིན་ ཞིང་བཟོད་པ་ལ་སོགས་པ་ལ་ཡང་ཅི་རིགས་སུ་སྦྱར་ཏེ། དེ་ལྟར་བཞིས་དྲུག་པོ་ཕན་ཚུན་དུ་ རྣམ་པར་ངེས་སོ། ། གཉིས་པ་ལ་དགུའི་དང་པོ་ངོ་མཚར་ཆེ་བ་ནི། དེར། རང་གི་ལུས་དང་སྡོམ་པའི་ཕྱིར། ཕུན་སུམ་ཚོགས་པ་ཡོངས་གཏོང་དང༌། །ཉམས་ཆུང་རྣམས་ལ་བཟོད་པ་དང༌། །ལུས་དང་ སྲོག་ལ་མི་ལྟ་བར། །བརྩོན་འགྲུས་རྩོམ་དང་བསམ་གཏན་གྱི། །བདེ་བར་རོ་མྱང་མེད་ཉིད་ དང༌། །ཤེས་རབ་ལ་ནི་མི་རྟོག་པ། །བློ་ལྡན་རྣམས་ཀྱི་ངོ་མཚར་འདོད། །ཅེས་སོ། ། གཉིས་པ་སེམས་མཉམ་པ་ཉིད་ནི། དེར། དོན་གཉེར་བ་ལ་ཕྱོགས་མེད་དང༌། །ཚུལ་ ཁྲིམས་རྟག་ཏུ་མ་ཉམས་དང༌། །ཀུན་ཏུ་བཟོད་ཅིང་ཐམས་ཅད་ཕྱིར། །བརྩོན་འགྲུས་ཆེན་པོ་ རྩོམ་པ་དང༌། །རྟག་ཏུ་བསམ་གཏན་དགེ་བ་དང༌། །ཤེས་རབ་རྣམ་པར་མི་རྟོག་ཉིད། །བྱང་ ཆུབ་སེམས་དཔའ་དེ་དག་ལ། །དེ་ལྟར་སེམས་མཉམ་ཤེས་པར་བྱ། །ཞེས་སོ། ། གསུམ་པ་འབྲས་བུ་བསྟན་པ་ནི། བྲལ་འབྲས་རང་རང་གི་སྤང་བྱ་སྤངས་པ། རྒྱུ་མཐུན་ འབྲས་ཁྱད་པར་ཅན་ཕྱི་ལ། བདག་འབྲས་སྔར་བཤད་པའི་ལྡན་པའམ་ཡོན་ཏན་བཞི། སྐྱེས་ བུ་བྱེད་འབྲས། དེར། སྣོད་ཉིད་དུ་ནི་བྱེད་པ་དང༌། །ཚུལ་ཁྲིམས་དག་ལ་འགོད་པ་དང༌། 1-1-232 །གནོད་པ་ལ་ནི་བཟོད་པ་དང༌། །དོན་བྱེད་པར་ནི་འགྲོ་བ་དང༌། །བསྟན་པ་འདི་ལ་འཛུད་པ་ དང༌། །ཐེ་ཚོམ་གཅོད་པར་བྱེད་པ་འདི། །བློ་ལྡན་རྣམས་ཀྱི་སེམས་ཅན་ལ། །ཕན་འདོགས་ ཉིད་དུ་འདོད་པ་ཡིན། །ཞེས་ཕན་འདོགས་པའི་ཁྱད་པར་གྱིས་བསྟན་པ། རྣམ་སྨིན་གྱི་འབྲས་ བུ་ནི། རིན་ཆེན་ཕྲེང་བར། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་གཟུགས་ བཟང་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །ཞེས་པ་ལྟར་རོ། ། བཞི་པ་ཡང་དག་སྦྱོར་བ་ནི། མདོ་རྒྱན་དུ། རེ་བ་མེད་པའི་སྦྱིན་པ་དང༌། །ཡང་སྲིད་མི་ འདོད་ཚུལ་ཁྲིམས་དང༌། །ཐམས་ཅད་ལ་ནི་བཟོད་པ་དང༌། །ཡོན་ཏན་ཀུན་འབྱུང་བརྩོན་ འགྲུས་དང༌། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ནི། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟན་པ་རྣམས་ཀྱི་ཡང་དག་སྦྱོར། །ཞེས་སོ། ། ལྔ་པ་ངེས་པར་འགྱུར་བ་ནི། དེར། བློ་ལྡན་རྣམ་པ་ཐམས་ཅད་དུ། །ཕུན་ཚོགས་སྐྱེ་དང་ མི་སྐྱོ་དང༌། །རྟག་ཏུ་སྒོམ་པར་བྱེད་པ་དང༌། །ཏིང་འཛིན་ཉམས་པ་མེད་པ་དང༌། །བྱ་བ་འགྲུབ་ དང་ལྷུན་གྲུབ་པའི། །བཟོད་པ་ཐོབ་ལ་ངེས་པར་འགྱུར། །ཞེས་སོ། ། དྲུག་པ་ངེས་པར་བྱ་བ་ནི། དེར། མཆོད་བསླབ་ཡང་དག་བླངས་པ་དང༌། །སྙིང་རྗེ་དགེ་ བ་བསྒོམ་པ་དང༌། །དེ་བཞིན་དགོན་པར་བག་ཡོད་དང༌། །ཐོས་དོན་ངོམས་མི་ཤེས་པ་དང༌། །ས་རྣམས་ཀུན་ལ་བརྟན་པ་ཡི། །གདོན་མི་ཟ་བར་བྱ་བ་ཉིད། །ཅེས་སོ། ། བདུན་པ་རྟག་ཏུ་བྱ་བ་ནི། དེར། འདོད་པའི་ཉེར་དམིགས་ཤེས་པ་དང༌། །འཁྲུལ་པ་དག་ ལ་རྟོག་པ་དང༌། །སྡུག་བསྔལ་དང་དུ་ལེན་ཉིད་དང༌། །དགེ་བ་དག་ནི་བསྒོམ་པ་དང༌། །བདེ་ ལ་རོ་མྱང་མེད་ཉིད་དང༌། །མཚན་མ་རྣམ་པར་མི་རྟོག་པ། །ས་རྣམས་ཀུན་ལ་བརྟན་པ་ཡི། །རྟག་ཏུ་བྱ་བ་དག་ཡིན་ནོ། །ཞེས་སོ། ། བརྒྱད་པ་གཙོ་བོའི་དངོས་པོ་ནི། དེར། ཆོས་སྦྱིན་ཚུལ་ཁྲིམས་དག་པ་དང༌། །མི་སྐྱེ་ 1-1-233 བཟོད་པ་ཐོབ་ཉིད་དང༌། ཐེག་ཆེན་བརྩོན་འགྲུས་རྩོམ་པ་དང༌། མཐའ་ལ་སྙིང་རྗེ་ལྡན་གནས་ དང༌། །ཤེས་རབ་བློ་དང་ལྡན་རྣམས་ཀྱི། །ཕ་རོལ་ཕྱིན་པའི་གཙོ་བོར་འདོད། །ཅེས་སོ། ། དགུ་པ་བྱེད་ལས་བཤད་པ་ནི། དབུས་མཐར། ལས་ནི་རྗེས་སུ་འཛིན་བྱེད་དང༌། །གནོད་ མི་བྱེད་དང་དེ་ལ་བཟོད། །ཡོན་ཏན་འཕེལ་དང་འཛུད་ནུས་དང༌། །རྣམ་པར་གྲོལ་བར་བྱེད་ པ་དང༌། །ཞེས་སོ། ། བཞི་པ་ལ་གཉིས། གནས་སྐབས་ས་བཅུ། མཐར་ཐུག་སངས་རྒྱས་ཐོབ་ཚུལ་ལོ། །དང་ པོ་ལ་གཉིས་ཀྱི་དང་པོར་མདོར་བསྟན་ནི། དེ་ལྟར་ཚོགས་གཉིས་ལ་ཅི་ནུས་སུ་སྤྱད་པས་ ལམ་ཚོགས་སྦྱོར་གཉིས་མཐར་ཕྱིན་ནས་མཐོང་ལམ་ས་དང་པོ་དང༌། བསྒོམ་ལམ་ས་དགུ་ རིམ་གྱིས་འཐོབ་པོ། ། གཉིས་པ་རྒྱས་བཤད་ལ་གསུམ། སའི་རྣམ་གཞག རྟོགས་པའི་ཁྱད་པར། ཐོབ་པའི་ ཕན་ཡོན་ནོ། །དང་པོ་ལ། མདོ་རྒྱན་དུ། མཚན་ཉིད་གང་ཟག་བསླབ་པ་དང༌། །ཕུང་པོ་གྲུབ་ པ་རྟགས་དང་ནི། །ངེས་པའི་ཚིག་དང་ཐོབ་པ་ཡི། །གནས་པ་དང་ནི་ས་ཉིད་དོ། །ཞེས་པ་ ལྟར་བརྒྱད་ཀྱི་དང་པོ་མཚན་ཉིད་ནི། དེར། སྟོང་པ་ཉིད་ནི་མཆོག་རྟོགས་ནས། །ལས་རྣམས་ ཆུད་མི་ཟ་བར་གནས། །བསམ་གཏན་རབ་བདེས་གནས་ནས་ནི། །དེ་ཡི་འོག་ཏུ་འདོད་པར་ སྐྱེ། །དེ་ནས་བྱང་ཆུབ་ཕྱོགས་མཐུན་རྣམས། །འཁོར་བ་དག་ཏུ་ཡོངས་སུ་སྔོ། །སེམས་ཀུན་ ཉོན་མོངས་མེད་པར་ནི། །སེམས་ཅན་རྣམས་ཡོངས་སྨིན་པར་བྱེད། །ཆེད་དུ་བསམ་ཏེ་སྐྱེ་བ་ ན། །ཀུན་ནས་ཉོན་མོངས་རྗེས་སུ་སྲུང༌། །བགྲོད་པ་གཅིག་པའི་ལམ་དང་འབྲེལ། །མཚན་ མེད་གཅིག་ཏུ་ངེས་པའི་ལམ། །མཚན་མ་མེད་པ་ལྷུན་གྱིས་གྲུབ། །ཞིང་ཡང་རྣམ་པར་སྦྱོང་ བ་སྟེ། །དེ་ཡི་འོག་ཏུ་སེམས་ཅན་ནི། །སྨིན་པར་བྱེད་པ་འགྲུབ་པར་འགྱུར། །ཏིང་ངེ་འཛིན་ དང་གཟུང་རྣམས་དང༌། །བྱང་ཆུབ་རྣམ་པར་དག་པ་ཉིད། །རྣམ་པར་གཞག་པ་འདི་དག་ 1-1-234 གིས། །ས་ཡི་མཚན་ཉིད་ཤེས་པར་བྱ། །ཞེས་ཏེ། སྟོང་ཉིད་ཀྱི་མཆོག་བདག་མེད་གཉིས་ མངོན་སུམ་དུ་རྟོགས་པ་དང༌། དགེ་མི་དགེའི་ལས་ལམ་དང་དེའི་འབྲས་བུ་སྣ་ཚོགས་ཤེས་ པས་ལས་རྣམས་ཆུད་མི་ཟ་བར་གནས་པ་དང༌། རྒྱལ་སྲས་ཀྱི་བསམ་གཏན་གྱི་བདེ་བ་ཕུལ་ དུ་བྱུང་བ་ལ་གནས་ནས་དེ་མ་ཉམས་བཞིན་དུ་འདོད་ཁམས་སུ་སྐྱེ་བ་དང༌། བྱང་ཆུབ་ཕྱོགས་ མཐུན་གྱི་ཆོས་སོ་བདུན་གྱིས་མང་དུ་གནས་ཀྱང་ཆོས་དེ་རྣམས་འཁོར་བར་བསྔོ་བ་དང༌། བདེན་བཞིས་མང་དུ་གནས་ནས་རང་གི་སེམས་ལ་ཟང་ཟིང་འདོད་པ་ལ་སོགས་པའི་ཉོན་ མོངས་མེད་པར་བསྟན་བཅོས་དང་བཟོ་སྣ་ཚོགས་བྱེད་པས་སེམས་ཅན་སྨིན་པར་བྱེད་པ་ དང༌། རྟེན་འབྲེལ་བཅུ་གཉིས་ཀྱིས་མང་དུ་གནས་ནས་བསམ་བཞིན་སྲིད་པར་སྐྱེ་བ་ན་ཀུན་ ནས་ཉོན་མོངས་རྗེས་སུ་སྲུང་བ་དང༌། འདྲེས་པ་ཉེ་བར་འདྲེས་པས་ས་བརྒྱད་པ་དང་འབྲེལ་ ལ་མཚན་མ་མེད་པར་གཅིག་ཏུ་ངེས་པའི་ལམ་དང་མངོན་པར་འདུ་བྱེད་མེད་པའི་མཚན་མེད་ ལ་གནས་པས་མཚན་མ་མེད་པ་ལྷུན་གྱིས་གྲུབ་ཅིང༌། སངས་རྒྱས་ཀྱི་ཞིང་སྦྱོང་བ་དང༌། སོ་ སོ་ཡང་དག་པར་རིག་པ་ལ་དབང་བས་སེམས་ཅན་སྨིན་པར་ནུས་པ་དང༌། ཏིང་ངེ་འཛིན་དང་ གཟུངས་ཀྱི་སྒོ་རྣམ་པར་དག་པ་དང༌། བྱང་ཆུབ་རྣམ་པར་དག་པ་སྟེ། ས་དང་པོ་ནས་སངས་ རྒྱས་ཀྱི་སའི་བར་གྱི་མཚན་ཉིད་རིམ་པ་བཞིན་ནོ། ། གཉིས་པ་གང་ཟག་ནི། དེར། བྱང་ཆུབ་སེམས་དཔའ་ལྟ་བ་རྣམ་དག་པ། །ཚུལ་ཁྲིམས་ ཤིན་ཏུ་རྣམ་དག་མཉམ་པར་བཞག །ཆོས་ལ་ང་སྤངས་རྒྱུད་དང་ཀུན་ཉོན་མོངས། །རྣམ་ པར་དག་པ་ཐ་དད་ང་རྒྱལ་མེད། །སྐད་ཅིག་གཅིག་བློ་ཐོབ་པ་བཏང་སྙོམས་པ། །ཞིང་རྣམས་ སྦྱོང་བ་སེམས་ཅན་སྨིན་བྱེད་པར། །མཁས་པ་མཐུ་ཆེན་ལུས་ཡོངས་རྫོགས་པ་དང༌། །ངེས་ པར་སྟོན་ལ་མཁས་པ་དབང་བསྐུར་ཡིན། །ཞེས་ཏེ། བདག་གཉིས་སུ་ལྟ་བའི་གཉེན་པོ་ཡེ་ ཤེས་ཐོབ་པས་ལྟ་བ་རྣམ་པར་དག་པ་དང་ལྟུང་བ་ཕྲ་མོ་ཡང་མི་སྤྱོད་པས་ཚུལ་ཁྲིམས་ཤིན་ཏུ་ 1-1-235 རྣམ་པར་དག་པ་དང༌། མི་ཉམས་པའི་བསམ་གཏན་དང་ཏིང་ངེ་འཛིན་ཐོབ་པས་མཉམ་པར་ བཞག་པ་དང༌། མདོ་སྡེ་ལ་སོགས་པའི་ཆོས་ལ་ཐ་དད་པར་ང་རྒྱལ་མེད་པ་དང༌། སེམས་དང་ བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུས་རྒྱུད་ཀུན་མཉམ་ཉིད་དུ་འཇུག་པས་རྒྱུད་ཐ་ དད་པར་ང་རྒྱལ་མེད་པ་དང༌། རྟེན་འབྲེལ་གྱི་དེ་བཞིན་ཉིད་ཀྱིས་མང་དུ་གནས་པའི་ཕྱིར་ ནག་པོ་དང་དཀར་པོའི་ཕྱོགས་ཀྱི་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ལ་དབྱེ་བ་ མེད་པས་ཀུན་ནས་ཉོན་མོངས་དང་རྣམ་བྱང་དུ་མི་ལྟ་བའི་ཕྱིར་ཀུན་ནས་ཉོན་མོངས་དང་རྣམ་ བྱང་ཐ་དད་པར་ང་རྒྱལ་མེད་པ་དང༌། མཚན་མ་མེད་པར་གནས་པའི་མཐུས་སྐད་ཅིག་རེ་ རེ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་བསྒོམ་པས་སྐད་ཅིག་པའི་བློ་ཐོབ་པ་དང༌། ལྷུན་ གྲུབ་ཏུ་མཚན་མེད་ལ་གནས་པས་དང་རྒྱལ་སྲས་ཕྱིར་མི་ལྡོག་པ་རྣམས་དང་འདྲེས་པ་ཉེ་བར་ འདྲེས་པའི་ཕྱིར་བཏང་སྙོམས་པ་དང་སངས་རྒྱས་ཀྱི་ཞིང་རྣམ་པར་སྦྱོང་བ་དང༌། སོ་སོ་ཡང་ དག་པར་རིག་པ་ལ་དབང་བས་སེམས་ཅན་སྨིན་པར་ནུས་པའི་ཕྱིར་སེམས་ཅན་སྨིན་བྱེད་ ལ་མཁས་པ་རྣམས་ས་དང་པོ་ནས་དགུ་པའི་བར་ལ་གནས་པ་ལ་རིམ་པ་བཞིན་བརྗོད་དོ། །ས་བཅུ་པ་ལ་གནས་པ་ལ་ནི་མངོན་ཤེས་ཆེན་པོ་ཐོབ་ཕྱིར་མཐུ་ཆེན་པོ་དང༌། ཏིང་ངེ་འཛིན་ དང་གཟུངས་ཀྱི་སྒོ་ཚད་མེད་པས་ཁྱབ་པའི་ཕྱིར་ལུས་ཡོངས་སུ་རྫོགས་པ་དང༌། དགའ་ལྡན་ ན་གནས་པ་ལ་སོགས་པའི་སྤྲུལ་པ་སྟོན་པའི་ཕྱིར་ལུས་ངེས་པར་སྟོན་པ་ལ་མཁས་པ་དང༌། སངས་རྒྱས་ཐམས་ཅད་ལས་ལུང་བསྟན་པ་ཐོབ་པའི་ཕྱིར་སངས་རྒྱས་ཉིད་དུ་ལུང་བསྟན་ ཞིང་དབང་བསྐུར་བ་དང་བཞིར་བརྗོད་དོ། །དེ་ལ་སེམས་དང་བསམ་པ་རྣམ་པར་དག་པ་ བཅུ་ནི། དུས་གསུམ་གྱི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་གསུམ་དང༌། དེ་བཞིན་དུ་རྣམ་ དག་ཅེས་སྦྱར་ཏེ། ཚུལ་ཁྲིམས་དང༌། སེམས་དང༌། ལྟ་བ་ནེམ་ནུར་དོགས་པ་ལམ་འགྱོད་པ་ གསུམ་བསལ་བས་དང༌། ལམ་དང་ལམ་མིན་ཤེས་པ་དང༌། ནན་ཏན་དང་སྤོང་བ་ཤེས་པས་ 1-1-236 དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་གོང་ནས་གོང་དུ་རྣམ་པར་བསྒོམ་པས་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བས་དང༌། བཅུ་པོ་ལ་བསམ་པ་རྣམ་པར་དག་པ་མཉམ་པ་ ཉིད་དོ། ། གསུམ་པ་བསླབ་པ་ནི། དེར། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ལྷག་པའི་ཚུལ་ ཁྲིམས་ལྷག་སེམས་དང༌། །ལྷག་པའི་ཤེས་རབ་ལ་རྗེས་སློབ། །ཤེས་རབ་སྤྱོད་ཡུལ་གཉིས་ ཡིན་ཏེ། །ཆོས་ཀྱི་དེ་ཉིད་དང་དེ་ནི། །མི་ཤེས་ཤེས་སོགས་འཇུག་པ་ཉིད། །ཤེས་རབ་སྤྱོད་ ཡུལ་དེ་ལྟ་བས། །དེ་ས་གཉིས་ལ་རྣམ་པར་གནས། །བསླབ་པ་རྣམས་དང་བསྒོམ་པ་ཡི། །འབྲས་བུ་གཞན་ནི་རྣམ་པ་བཞི། །མཚན་མེད་འདུ་བྱེད་དང་བཅས་པར། །གནས་པ་འབྲས་ བུ་དང་པོ་ཡིན། །དེ་ཉིད་མངོན་འདུ་བྱེད་མེད་དང༌། །ཞིང་ནི་རྣམ་པར་དག་པ་དང༌། །འབྲས་ བུ་གཉིས་པར་འདོད་པ་ཡིན། །སེམས་ཅན་སྨིན་པར་འགྲུབ་ཉིད་དང༌། །ཏིང་ངེ་འཛིན་དང་ གཟུངས་རྣམས་ནི། །འགྲུབ་པ་འབྲས་བུ་དམ་པ་ཡིན། །འབྲས་བུ་རྣམ་པ་འདི་བཞི་ནི། །ས་ བཞི་པོ་ལ་ཡང་དག་བསྟེན། །ཞེས་ཏེ། ས་དང་པོ་ལ་བསླབ་གསུམ་གྱི་རྟེན་ཆོས་ཉིད་རྟོགས་ སོ། །གཉིས་པ་ལ་ལྷག་པའི་ཚུལ་ཁྲིམས་དང༌། གསུམ་པ་ལ་ལྷག་པའི་སེམས་དང༌། བཞི་ ལྔ་དྲུག་ལ་གསུམ་ལ་ལྷག་པའི་ཤེས་རབ་ལ་སློབ་པོ། །དེ་ཡང་བཞི་པ་ལ་བྱང་ཆུབ་ཕྱོགས་ མཐུན་ཤེས་པའི་ཤེས་རབ་ལ་སློབ་ཅིང༌། ལྔ་པ་ཆོས་ཀྱི་དེ་ཁོ་ན་ཉིད་བདེན་བཞི་ཤེས་པའི་ ཤེས་རབ་དང་དྲུག་པ་ལ་དེ་ཁོ་ན་དེ་མི་ཤེས་པ་མ་རིག་པ་ལ་སོགས་པ་རྟེན་འབྲེལ་ལུགས་ མཐུན་དང་ཤེས་པ་རིག་པ་ལ་སོགས་པ་ལུགས་དང་མི་མཐུན་པ་ཤེས་པའི་ཤེས་རབ་ལ་སློབ་ པོ། །དེ་ཡན་ཆད་བསླབ་པའི་འབྲས་བུ་བཞི་སྟེ། བདུན་པར་མཚན་མེད་འདུ་བྱེད་དང་བཅས་ པ་འབྲས་བུ་དང་པོ་དང༌། བརྒྱད་པར་མཚན་མེད་འདུ་བྱེད་མེད་པ་དང་ཞིང་དག་པ་གཉིས་ འབྲས་བུ་གཉིས་པ་དང༌། དགུ་པར་སེམས་ཅན་སྨིན་པར་འགྲུབ་པ་འབྲས་བུ་གསུམ་པ་དང་ 1-1-237 བཅུ་པར་ཏིང་ངེ་འཛིན་དང་གཟུངས་འགྲུབ་པ་འབྲས་བུ་བཞི་པའོ། ། བཞི་པ་ཕུང་པོ་ནི། དེར། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ཚུལ་ཁྲིམས་ཀྱི་ནི་ཕུང་ པོ་སྦྱོང༌། །དེ་ཡི་འོག་ཏུ་ཏིང་འཛིན་དང༌། །ཤེས་རབ་ཕུང་པོ་རྣམ་པར་སྦྱོང༌། །དེ་ལས་གཞན་ པ་དག་ལ་ནི། །སྒྲིབ་རྣམ་བཞི་དང་ཐོགས་པ་ཡི། །སྒྲིབ་པ་ལས་ཀྱང་རྣམ་གྲོལ་དང༌། །གྲོལ་ བའི་ཡེ་ཤེས་རྣམ་པར་སྦྱོང༌། །ཞེས་ཏེ། ས་དང་པོ་ལ་ཕུང་པོ་སྦྱོང་བའི་རྟེན་ཆོས་ཉིད་རྟོགས་ ལ། གཉིས་པ་ལ་ཚུལ་ཁྲིམས་དང༌། གསུམ་པ་ལ་ཏིང་ངེ་འཛིན་དང༌། བཞི་ལྔ་དྲུག་པ་ལ་ཤེས་ རབ་དང༌། བདུན་བརྒྱད་དགུ་བཅུ་པ་ལ་འབྲས་བུ་བཞིའི་སྒྲིབ་པ་ལས་གྲོལ་བ་རྣམ་གྲོལ་ དང༌། སངས་རྒྱས་ཀྱི་སར་ཤེས་བྱ་ཤེས་པ་ལ་ཐོགས་པའི་སྒྲིབ་པ་ལས་གྲོལ་བ་རྣམ་པར་གྲོལ་ བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྦྱོང་ངོ༌། ། ལྔ་པ་གྲུབ་པ་ནི། དེར། ས་རྣམས་ཐམས་ཅད་མ་གྲུབ་དང༌། །གྲུབ་པ་དག་ཏུ་ཤེས་པར་ བྱ། །གྲུབ་པ་དག་ཀྱང་མ་གྲུབ་དང༌། །གྲུབ་པ་དག་ཏུ་ཡང་འདོད་དོ། །ཞེས་ཏེ། ཚོགས་སྦྱོར་ མོས་པ་སྤྱོད་པའི་ས་ནི་ཆོས་དབྱིངས་ཀུན་འགྲོའི་དོན་ལ་སོགས་པར་མ་རྟོགས་པས་མ་གྲུབ་ པ་དང༌། དང་པོ་ཡན་ཅད་དེ་རྟོགས་པས་གྲུབ་པའོ། །གྲུབ་པ་དེའི་ཡང༌། བདུན་པ་མན་ཅད་ འདུ་བྱེད་དང་བཅས་པས་མ་གྲུབ་པ་དང༌། བརྒྱད་པ་ཡན་ཅད་མངོན་པར་འདུ་བྱེད་མེད་པས་ གྲུབ་པའོ། ། དྲུག་པ་རྟགས་ལ་གསུམ་གྱི་དང་པོ་ས་རྣམས་ལ་ཞུགས་པའི་རྟགས་ནི། དེར། སྣང་དང་ བཅས་དང་མོས་པ་དང༌། །མ་ཞུམ་པ་དང་མི་དམན་ཉིད། །གཞན་དྲིང་མི་འཇོག་བདག་ཉིད་ དང༌། །ཐམས་ཅད་རབ་ཏུ་རྟོགས་པ་དང༌། །ཀུན་ལ་སེམས་ནི་མཉམ་པ་དང༌། །དཀྲི ་དང་ རྗེས་སུ་ཆགས་མེད་དང༌། །ཐབས་ཤེས་འཁོར་དུ་སྐྱེ་བ་ནི། །ཀུན་ལ་རྟགས་སུ་འདོད་པ་ཡིན། །ཞེས་ཏེ། ས་གང་ལ་ཞུགས་པ་དེ་ལ་སྣང་བ་དང་གང་ལ་ཞུགས་པ་དེ་ལ་མོས་པ་ནི་རྟགས་ 1-1-238 གཅིག་གོ །ཆོས་ཟབ་རྒྱས་ལ་བློ་མ་ཞུམ་པ་དང༌། དཀའ་བ་སྤྱོད་པ་ལ་བརྩོན་འགྲུས་མི་དམན་ པ་དང༌། རང་གི་ས་ལ་གཞན་གྱི་དྲིང་མི་འཇོག་པ་དང༌། ས་ཐམས་ཅད་མངོན་པར་སྒྲུབ་པའི་ ཐབས་ལ་མཁས་པ་དང༌། བདག་གཞན་ལ་སེམས་མཉམ་པ་དང༌། སྙན་མི་སྙན་གྱི་སྒྲས་ ལམ་གཞན་ལ་ཁྲིད་དུ་མི་བཏུབ་པ་དང༌། འཁོར་ལོ་སྒྱུར་བ་ལ་སོགས་པའི་ཕུན་སུམ་ཚོགས་ པ་ལའང་ཆགས་པ་མེད་པ་དང༌། འཁོར་གསུམ་མི་དམིགས་པར་སངས་རྒྱས་ཉིད་ཀྱི་ཐབས་ ཤེས་པ་དང༌། རྟག་ཏུ་སངས་རྒྱས་ཀྱི་འཁོར་དུ་སྐྱེ་བ་རྣམས་ནི་རྟགས་གཞན་ཡིན་ནོ། ། གཉིས་པ་ཕར་ཕྱིན་བཅུ་ཐོབ་པའི་རྟགས་ནི། དེར། འདུན་པ་མེད་པ་མ་ཡིན་མཆོག་དང་ འཁུ་བའི་སྙིང་མེད་ཁྲོ་མིན་ལེ་ལོ་མེད། །བྱམས་དང་རྙིང་རྗེ་མིན་པའི་བསམ་མེད་བློ་གྲོས་ ངན་རྟོག་རྣམ་རྟོག་འཕྲོགས་པ་མེད། །བློ་གྲོས་རྣམ་པར་གཡེངས་མིན་བདེ་བས་མི་འཕྲོགས་ སྡུག་བསྔལ་དག་གིས་གནོད་པ་མེད། །དགེ་བའི་བཤེས་ལ་ཉེ་བར་བསྟེན་ཅིང་ཐོས་པ་ལྷུར་ ལེན་སྟོན་པ་མཆོད་ལ་བརྩོན། །ཐབས་མཆོག་ཤེས་པ་གང་ཞིག་བསོད་ནམས་ཡང་དག་ བསྡུས་པ་ཤིན་ཏུ་རྒྱ་ཆེ་ཀུན། །གཞན་དང་ཐུན་མོང་བྱས་ནས་ཉིན་གཅིག་བཞིན་དུ་རྫོགས་ པའི་བྱང་ཆུབ་ཡོངས་སྔོ་ཞིང༌། །བཟང་པོའི་གནས་སུ་སྐྱེས་པ་རྟག་ཏུ་དགེ་བྱེད་མངོན་ཤེས་ ཡོན་ཏན་རྣམས་ཀྱིས་རྩེན། །སངས་རྒྱས་སྲས་དེ་ཀུན་གྱི་བླ་ན་འདུག་པ་ཡོན་ཏན་གཏེར་དུ་ ཤེས་པར་བྱ། །ཞེས་པས་རྟགས་བཅུ་དྲུག་སྟོན་ཏེ། ས་རྣམས་ལ་ཐུན་མོང་དུ་ཕར་ཕྱིན་རྣམས་ སྒྲུབ་པའི་འདུན་པ་མ་བྲལ་བ་དང༌། ས་དང་པོར་སྦྱིན་པའི་རྟགས་རྫས་ལ་སོགས་པ་ཆགས་པ་ མེད་པ་དང༌། གཉིས་པར་ཚུལ་ཁྲིམས་ཀྱི་རྟགས་སེམས་ལ་འཁུ་བ་གནོད་པའི་སེམས་མེད་པ་ དང༌། གསུམ་པར་བཟོད་པའི་རྟགས་ཁྲོ་བ་མེད་པ་དང༌། བཞི་པར་བརྩོན་འགྲུས་ཀྱི་རྟགས་ ལེ་ལོ་མེད་པ་དང༌། ལྔ་པར་བསམ་གཏན་གྱི་རྟགས་བདེ་བ་སྒྲུབ་འདོད་ཀྱི་བྱམས་པ་དང་ སྡུག་བསྔལ་བསལ་འདོད་ཀྱི་སྙིང་རྗེ་མིན་པའི་བསམ་པ་མེད་པ་དང༌། དྲུག་པར་ཤེས་རབ་ 1-1-239 ཀྱི་རྟགས་བློ་གྲོས་ངན་པ་ངོ་བོ་ཉིད་དུ་རྟོག་པ་དང་ཁྱད་པར་དུ་རྣམ་པར་རྟོག་པས་འཕྲོགས་ པ་མེད་པ་དང༌། བདུན་པར་ཐབས་ཀྱི་རྟགས་ཐེག་པ་གཞན་ཡིད་ལ་བྱེད་པས་སེམས་མ་ གཡེངས་པ་དང༌། ཕུན་སུམ་ཚོགས་པའི་བདེ་བ་ལ་མ་ཆགས་པ་དང༌། རྒུད་པ་དང་དཀའ་ སྤྱད་ཀྱི་སྡུག་བསྔལ་གྱིས་སྦྱོར་བ་ལས་མི་ལྡོག་པ་དང༌། དགེ་བའི་བཤེས་གཉེན་བསྟེན་ཅིང་ ཐོས་པ་གཙོ་བོར་བྱེད་པ་དང༌། སྟོན་པ་མཆོད་པ་གཙོ་བོར་བྱེད་པ་དང༌། དགེ་བ་འཕེལ་བའི་ ཐབས་ཤེས་པས་བསོད་ནམས་བསགས་པ་རྣམས་གཞན་དང་ཐུན་མོང་དུ་བྱས་པས་ཉིན་རེ་ བཞིན་བྱང་ཆུབ་ཏུ་བསྔོ་བ་དང༌། བརྒྱད་པར་སྨོན་ལམ་གྱི་རྟགས་རྒྱལ་བ་སྲས་བཅས་གང་ རུང་བཞུགས་པའི་གནས་སུ་སྐྱེ་བ་དང༌། དགུ་པར་སྟོབས་ཀྱི་རྟགས་མི་མཐུན་ཕྱོགས་དང་མ་ འདྲེས་པར་རྟག་ཏུ་དགེ་བ་བྱེད་པ་དང༌། བཅུ་པར་ཡེ་ཤེས་ཀྱི་རྟགས་མངོན་ཤེས་ཀྱི་ཡོན་ཏན་ གྱིས་རྩེ་བའོ། ། གསུམ་པ་བཅུ་པོ་ཐོབ་པའི་ཕན་ཡོན་ནི། དེར། ས་རྣམས་ཀུན་ལ་རྣམ་ཀུན་ཏུ། །བློ་ལྡན་ རྣམས་ཀྱིས་ཕན་ཡོན་ནི། །ཞི་གནས་ལྷག་མཐོང་གཉིས་ཀ་ལ། །ལྔ་པོའི་བདག་ཉིད་དག་ ཏུ་འདོད། །ཅེས་ཏེ། ས་ཐམས་ཅད་ལ་ཕར་ཕྱིན་བཅུ་ཐོབ་པའི་ཕན་ཡོན་ནི། སྐད་ཅིག་རེ་རེ་ ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་ཟད་པར་འགྱུར་བ་དང༌། རྟོག་པ་སྣ་ཚོགས་ཀྱི་འདུ་ ཤེས་དང་བྲལ་བའི་ཆོས་ཀྱི་དགའ་བ་ལ་དགའ་བ་འཐོབ་པ་དང༌། ཕྱོགས་ཐམས་ཅད་དུ་རྣམ་ པ་ཡོངས་སུ་མ་ཆད་པའི་ཆོས་ཀྱི་སྣང་བ་ཚད་མེད་པ་ཤེས་པ་དང༌། འདིའི་རྣམ་དག་གི་སྐལ་ བ་དང་མཐུན་པའི་རྒྱུ་མཚན་རྣམ་པར་བརྟགས་པ་མ་ཡིན་པ་དག་ཀྱང་ཀུན་ཏུ་སྤྱོད་པ་དང༌། ཆོས་སྐུ་རྫོགས་པར་འགྲུབ་པར་བྱ་བའི་ཕྱིར་གོང་ནས་གོང་དུ་རྒྱུ་ཕུན་སུམ་ཚོགས་པ་ཡོངས་ སུ་འཛིན་པར་བྱེད་པ་དང་ལྔ་སྟེ། དང་པོ་གཉིས་ཞི་གནས་དང་དེ་འོག་གཉིས་ལྷག་མཐོང་དང་ ཐ་མ་ཞི་ལྷག་གཉིས་ཀའི་ཕྱོགས་དང་མཐུན་པའོ། ། 1-1-240 བདུན་པ་ངེས་ཚིག་ལ་གཉིས་ཀྱི་དང་པོ་སོ་སོའི་ངེས་ཚིག་ནི། དེར། བྱང་ཆུབ་ལ་ནི་ཉེ་བ་ དང༌། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་དགའ་བ་ ཞེས་བརྗོད་དོ། །འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཆོས་ཀྱི་ སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན། །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང༌། །རང་གི་སེམས་ཀྱང་སྲུང་བའི་ཕྱིར། །བློ་ལྡན་ རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱངས་དཀའ་ཞེས་བྱའོ། །ཤེས་རབ་ཕ་རོལ་ཕྱིན་བརྟེན་ ནས། །འཁོར་བ་དང་ནི་མྱང་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་ གྱུར་པའི་ས་ཞེས་བཤད། །བགྲོད་གཅིག་ལམ་དང་འབྲེལ་པའི་ཕྱིར། །རིང་དུ་སོང་བའི་སར་ འདོད་དོ། །འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །སོ་སོ་ ཡང་དག་རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་ཡིན། །སྤྲིན་བཞིན་གཉིས་ཀྱིས་ནམ་ མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་ཏེ། བྱང་ཆུབ་ཐོབ་པ་ལ་ཉེ་བ་དང་སེམས་ ཅན་གྱི་དོན་འགྲུབ་པར་མཐོང་ནས་དགའ་བ་སྐྱེ་བའི་ཕྱིར་དང༌། འཆལ་པའི་ཚུལ་ཁྲིམས་དང་ ཐེག་དམན་ཡིད་བྱེད་ཀྱི་རྩོལ་བའི་དྲི་མ་བྲལ་བས་དང༌། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་ ཚད་མེད་པ་ཚོལ་བའི་ཕྱིར་གཞན་ལ་ཆོས་ཀྱི་སྣང་བ་བྱེད་པ་དང༌། བྱང་ཆུབ་ཕྱོགས་མཐུན་ ཤེས་པའི་ཤེས་རབ་ཀྱིས་སྒྲིབ་གཉིས་སྲེག་པས་དང༌། སེམས་ཅན་སྨིན་པར་བྱེད་པ་དང་ དེ་དག་གི་ལོག་སྒྲུབ་བཟོད་པས་སྦྱང་དཀའ་བ་གཉིས་སྦྱོང་བས་དང༌། ཤེར་ཕྱིན་ལ་བརྟེན་ ནས་འཁོར་འདས་ལ་མི་གནས་པས་དང༌། ས་བརྒྱད་པ་དང་འབྲེལ་བས་སྦྱོར་བའི་མཐར་ ཕྱིན་པས་དང༌། མཚན་མ་དང་མཚན་མེད་ལ་རྩོལ་བའི་འདུ་ཤེས་གཉིས་ཀྱིས་མི་གཡོ་བས་ དང༌། སོ་སོ་ཡང་དག་པར་རིག་པའི་བློ་གྲོས་བཟང་པོ་ཐོབ་པས་དང༌། ཐོས་པའི་ཆོས་ཀྱི་རྟེན་ 1-1-241 ནམ་མཁའ་ལྟ་བུ་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་གཉིས་སྤྲིན་ལྟ་བུས་ཁྱབ་པས། རིམ་པ་ བཞིན་དུ། རབ་ཏུ་དགའ་བ་ལ་སོགས་པར་བརྗོད་དོ། ། གཉིས་པ་ཐུན་མོང་གི་ངེས་ཚིག་ལ་གཉིས་ཀྱི་དང་པོ་གནས་ཀྱི་ངེས་ཚིག་ནི། དེར། དགེ་ བ་སྒྲུབ་པ་སྣ་ཚོགས་ལ། །དགའ་བས་རྟག་པར་ཐམས་ཅད་དུ། །གནས་ཕྱིར་བྱང་ཆུབ་སེམས་ དཔའ་ཡི། །ས་རྣམས་གནས་པ་ཡིན་པར་འདོད། །ཅེས་པས། དགེ་བ་སྒྲུབ་པ་ལ་དགའ་བས་ རྟག་ཏུ་གནས་པའི་ཕྱིར་ས་བཅུ་ལ་ནི་གནས་ཞེས་ཀྱང་བྱའོ། ། གཉིས་པ་སའི་ངེས་ཚིག་ནི། དེར། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་ པས། འབྱུང་པོ་དཔག་ཏུ་མེད་པ་འཇིགས་པ་སྤང་བའི་ཕྱིར། ཕྱི་ནས་ཕྱིར་ས་གོང་མར་འགྲོ་བ་ དང་ལྡན་པས་ས་བཅུ་ལ་ས་ཞེས་བྱའོ། ། བརྒྱད་པ་ཐོབ་པ་ནི། དེར། ས་ཐོབ་པ་ནི་མོས་པ་དང༌། །སྤྱོད་པ་དག་ལ་འཇུག་པ་དང༌། །རྟོགས་པའི་ཕྱིར་དང་ས་རྣམས་ནི། །གྲུབ་པའི་སྒོ་ནས་རྣམ་པ་བཞི། །ཞེས་ཏེ། མོས་སྤྱོད་ཀྱི་ ཚེ་ས་བཅུ་ལ་མོས་པས་ན་མོས་པས་ཐོབ་པའོ། །དེའི་དུས་ན་ས་བཅུ་ཐོབ་པར་བྱ་བའི་ཕྱིར་ ཆོས་སྤྱོད་བཅུ་ལ་སྤྱོད་པ་ནི་སྤྱོད་པས་ཐོབ་པའོ། །ས་དང་པོ་ནས་བདུན་པའི་བར་ནི་དོན་དམ་ རྟོགས་པའི་ཕྱིར་རྟོགས་པས་ཐོབ་པའོ། །བརྒྱད་པ་ཡན་ཅད་ནི་རྩོལ་བ་མེད་པས་གྲུབ་པས་ ཐོབ་པའོ། ། གཉིས་པ་ནི། དེ་ལྟར་བསྟན་པའི་ས་བཅུ་པོ་ལ་ཆོས་ཉིད་རྟོགས་པའི་ཁྱད་པར་ཡོད་ དམ་མེད་ཅེ་ན། ཆོས་ཉིད་ཀྱི་ངོ་བོ་རྟོགས་པ་ལ་ཁྱད་པར་མེད་དེ། ས་དང་པོ་ལ་རྟོགས་པའི་ ཆོས་ཉིད་དེ་ཉིད་གཉིས་པ་ལ་སོགས་པ་ལ་གོམས་པར་བྱེད་པའི་ཕྱིར་རོ། །རྟོགས་པའི་ཚུལ་ གྱིས་ནི་ཁྱད་པར་ཡོད་དེ། དབུས་མཐར། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་ 1-1-242 གྱི་མཆོག་ཉིད་དང༌། །ཡོངས་སུ་འཛིན་པ་མེད་དོན་དང༌། །རྒྱུ་རྣམས་ཐ་དད་མེད་དོན་དང༌། །ཉོན་མོངས་རྣམ་དག་མིན་དོན་དང༌། །ཐ་དད་མེད་པའི་དོན་ཉིད་དང༌། །འབྲི་མེད་འཕེལ་ བ་མེད་དོན་དང༌། །དབང་ནི་རྣམ་པ་བཞི་ཡི་གནས། །ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་ མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ ཡིན་ནོ། །ཞེས་པས། ས་དང་པོ་ལ་ཆོས་ཉིད་དེ་རང་གཞན་ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་ འགྲོ་བའི་དོན་དུ་དང༌། གཉིས་པ་ལ་སྒྲིབ་པ་སྤང་དུ་རུང་བས་མཆོག་གི་དོན་དུ་དང༌། གསུམ་ པར་ཐེག་ཆེན་གྱི་སྡེ་སྣོད་ཐོས་པ་དེ་ཆོས་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པའི་རྒྱུ་མཐུན་པའི་ དོན་གྱི་མཆོག་ཏུ་དང༌། བཞི་པར་ཆོས་ལ་སྲེད་པ་མེད་པས་ཡོངས་སུ་འཛིན་པ་མེད་པའི་དོན་ དུ་དང༌། ལྔ་པར་སེམས་དང་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུས་རང་གཞན་གྱི་ ཆོས་ཉིད་གཅིག་ཏུ་རྟོགས་པས་རྒྱུད་ཐ་དད་མེད་པའི་དོན་དུ་དང༌། དྲུག་པར་རྟེན་འབྲེལ་གྱི་ དེ་བཞིན་ཉིད་རྣམ་པར་དག་པར་རྟོགས་པས་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་ཐ་དད་ མེད་པའི་དོན་དུ་དང༌། བདུན་པར་མདོ་ལ་སོགས་པའི་ཆོས་ལ་ཐ་དད་དུ་མི་འཛིན་པས་ཐ་ དད་མེད་པའི་དོན་དུ་དང༌། བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཉོན་མོངས་ དང་རྣམ་བྱང་ལ་འབྲི་བ་དང་འཕེལ་བ་མེད་པའི་དོན་དུ་རྟོགས་སོ། །ཡང་དེ་ལ་ཉོན་ཡིད་ གནས་གྱུར་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བ་དང༌། དབང་ཤེས་ལྔ་ཡུལ་དང་ བཅས་པ་གནས་གྱུར་པས་ཞིང་ཇི་ལྟར་འདོད་པ་བཞིན་སྟོན་པ་ལ་དབང་བའི་གནས་སུ་དང༌། དགུ་པར་སོ་སོ་ཡང་དག་པར་རིག་པ་བཞི་ཐོས་པས་ཡེ་ཤེས་ལ་དབང་བ་དང༌། བཅུ་པར་ཇི་ ལྟར་འདོད་པ་བཞིན་སྤྲུལ་པ་བསྟན་ནས་སེམས་ཅན་གྱི་དོན་མཛད་པའི་ལས་ལ་དབང་བའི་ གནས་ཉིད་དུ་རྟོགས་པས་སོ། །དེ་ལྟར་རྟོགས་པའི་ཚུལ་ལ་ཁྱད་པར་ཡོད་པ་ལྟར་སྤངས་པ་ ལ་ཡང་ཁྱད་པར་ཡོད་དེ། ས་སོ་སོས་མི་མཐུན་ཕྱོགས་སོ་སོ་སྤོང་བས་སོ། །དེས་ན་ཆོས་ཉིད་ 1-1-243 མཐོང་བར་ཁྱད་པར་མེད་ཀྱང་སའི་རྣམ་གཞག་འཐད་པ་ཡིན་ནོ། ། གསུམ་པ་ནི། ཕལ་པོ་ཆེའི་ས་བཅུ་པའི་ལེའུར་གསུངས་པའི་དོན་བསྡུས་པ། ཏིང་འཛིན་ བརྒྱ་ཐོབ་ནས་ནི་སྙོམས་པར་འཇུག །སངས་རྒྱས་བརྒྱ་མཐོང་བྱིན་བརླབས་བརྒྱ་ཕྲག་ཤེས། །ཞིང་བརྒྱར་འགྲོ་ཞིང་འཇིག་རྟེན་ཁམས་བརྒྱ་བསྒུལ། །དེ་བརྒྱ་སྣང་བྱེད་འགྲོ་བརྒྱ་སྨིན་པར་ བྱེད། །བསྐལ་པ་བརྒྱར་གནས་སྔ་ཕྱིར་ཡེ་ཤེས་འཇུག །ཆོས་སྒོ་བརྒྱ་འབྱེད་ལུས་བརྒྱ་སྟོན་པ་ དང༌། །ལུས་རེ་ལ་ཡང་བྱང་སེམས་བརྒྱ་ཕྲག་གི །འཁོར་གྱིས་ཀུན་ནས་ཡོངས་སུ་བསྐོར་བར་ སྟོན། །ཞེས་པ་ས་དང་པོ་ཐོབ་པ་ན་དུས་གཅིག་ཏུ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འཐོབ་པོ། །ས་ལྷག་མ་རྣམས་ལ། སྟོང་དང་འབུམ་དང་བྱེ་བ་དང༌། །བྱེ་བ་ཕྲག་བརྒྱ་བྱེ་བ་སྟོང༌། །བྱེ་བ་ ཁྲ་ཁྲིག་ཕྲག་འབུམ་དང༌། །སྟོང་གསུམ་འབུམ་ཕྲག་བཅུ་རྡུལ་དང༌། །སངས་རྒྱས་ཞིང་ཁམས་ གྲངས་མེད་པ། །འབུམ་ཕྲག་བཅུ་ཡི་རྡུལ་རྙེད་དང༌། །སངས་རྒྱས་ཞིང་ཁམས་བརྗོད་མེད་པ། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བཅུ་ཡི་རྡུལ་ཕྲན་གྲངས་མཉམ་རྣམས། །གཉིས་ནས་བཅུ་ པའི་བར་གྱིས་འཐོབ། །ཅེས་པ་ཏིང་ངེ་འཛིན་སྟོང་ལ་སྙོམས་པར་འཇུག་པ་ལ་སོགས་པ་བཅུ་ གཉིས་རེ་སྦྱར་རོ། །སྐྱེ་བ་དང་ཕྲིན་ལས་ཀྱི་ཚུལ་ཡང་ས་བཅུ་པར་གསུངས་ཏེ། ཕལ་ཆེ་བའི་ དབང་དུ་བྱས་ནས་འཛམ་བུའི་གླིང་གི་བདག་པོ་འཁོར་ལོ་བསྒྱུར་བར་སྐྱེས་ཏེ། སེམས་ཅན་ རྣམས་ཀྱི་སེར་སྣའི་དྲི་མ་སེལ་བ་དང༌། གླིང་བཞི་ལ་དབང་བའི་འཁོར་ལོ་བསྒྱུར་བར་སྐྱེས་ ཏེ་སེམས་ཅན་རྣམས་འཆལ་ཚུལ་དང་མི་དགེ་བ་ལས་ཟློག་ཏེ་དགེ་བ་ལ་སྦྱོར་བ་དང༌། ལྷའི་ དབང་པོ་བརྒྱ་བྱིན་དུ་སྐྱེས་ཏེ་སེམས་ཅན་གྱི་འདོད་པའི་འདོད་ཆགས་ཟློག་པ་དང༌། ལྷའི་ རྒྱལ་པོ་རབ་མཐའ་བྲལ་དུ་སྐྱེས་ཏེ་སེམས་ཅན་གྱི་འཇིག་ཚོགས་ལྟ་བ་ཟློག་པ་དང༌། ལྷའི་ རྒྱལ་པོ་ཡོངས་སུ་དགའ་ལྡན་དུ་སྐྱེས་ཏེ་སེམས་ཅན་རྣམས་མུ་སྟེགས་ཐམས་ཅད་ལས་ཟློག་ པ་དང༌། ལྷའི་རྒྱལ་པོ་རབ་འཕྲུལ་དུ་སྐྱེས་ཏེ་སེམས་ཅན་རྣམས་ཀྱི་མངོན་པའི་ང་རྒྱལ་ཟློག་ 1-1-244 ཅིང་རྟེན་འབྲེལ་ལ་འཛུད་པ་དང༌། ལྷའི་རྒྱལ་པོ་དབང་བསྒྱུར་དུ་སྐྱེས་ཏེ་ཉན་རང་གི་མངོན་ རྟོགས་བསྒྲུབ་ཅིང་སེམས་ཅན་རྣམས་སྐྱོན་མེད་པ་ལ་འཛུད་པ་དང༌། སྟོང་གི་བདག་པོ་ཚངས་ པར་སྐྱེས་ཏེ་སེམས་ཅན་རྣམས་ལ་ཐེག་པ་གསུམ་སྟོན་པ་དང༌། སྟོང་གཉིས་ཀྱི་བདག་པོ་ ཚངས་པར་སྐྱེས་ཏེ་སྔ་མ་ལྟར་དང༌། སྟོང་གསུམ་གྱི་བདག་པོ་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་ པོར་སྐྱེས་ཏེ་སྔ་མ་ལྟར་དང༌། བཅུ་པོ་ས་བཅུ་ལ་གནས་པ་རྣམས་ཀྱི་རིམ་པ་ལྟར་རོ། ། གཉིས་པ་ལ་གསུམ། དུས་ནམ་ཞིག གནས་གང་དུ། དོན་གང་ཞིག་མངོན་དུ་མཛད་ པའོ། །དང་པོ་ནི། མོས་པ་སྤྱོད་པའི་ས་ལ་ཞུགས་པ་ནས་བརྩམས་ཏེ་བསྐལ་པ་ཆེན་པོ་གྲངས་ མེད་དང་པོས་ས་དང་པོ་འཐོབ་སྟེ། དེ་ཡང་རྟག་ཏུ་འབད་ན་འཐོབ་ཀྱི་མ་འབད་ན་མ་ཡིན་ པས་མཐའ་གཅིག་ཏུ་མ་ངེས་ལ། གྲངས་མེད་གཉིས་པས་ས་བདུན་པ་འཐོབ་པ་དང༌། གྲངས་ མེད་གསུམ་པས་ས་བཅུ་པ་འཐོབ་པ་ངེས་པ་ཅན་ཡིན་ལ་རྣམ་བྱང་སར་གསུངས་ཤིང༌། དེ་ ནས་སངས་རྒྱས་འཐོབ་པ་ལ་ནི་ངེས་པ་མེད་དེ། འཇམ་དཔལ་ལྟ་བུ་ཕྱི་མའི་མཐར་ཐུག་པར་ སྤྱད་པ་སྤྱོད་པ་དང༌། ཐུབ་པ་ལྟ་བུ་བསྐལ་པ་འདུམས་པར་མཛད་ནས་སངས་རྒྱས་ཐོབ་པ་ ཡང་ཡོད་པས་སོ། ། གཉིས་པ་ནི། འོག་མིན་སྟུག་པོ་བཀོད་པ་ལ་སོགས་པ་ལོངས་སྐུའི་ཞིང་དུ་སངས་རྒྱས་ འཐོབ་སྟེ། ཐུབ་པ་ཆེན་པོ་བཞིན་ནོ། །སངས་རྒྱས་ཐམས་ཅད་འོག་མིན་དུ་སངས་རྒྱས་འཐོབ་ པ་ནི་མིན་ཏེ། མདོ་རྒྱན་དུ། ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། །འཁོར་ཡོངས་བསྡུ་དང་ ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང༌། །མཛད་པ་དག་གིས་ཐ་དད་དོ། །ཞེས་པས་ལོངས་སྐུའི་ཞིང་ཁམས་ཐ་དད་ལ། སོ་སོའི་ལོངས་སྐུའི་ཞིང་དུ་འཐོབ་པ་ནི་ངེས་ པ་སྟེ་ཐུབ་པ་ཆེན་པོ་བཞིན་ནོ། །འོག་མིན་འདི་ཡང་གཟུགས་ཁམས་ཀྱི་འོག་མིན་ནི་མིན་ཏེ། ཕལ་པོ་ཆེར༌། སྟོང་གསུམ་མི་མཇེད་འདི་ལ་སོགས་པ་མང་པོ་ནང་དུ་འདུས་པའི་འོག་མིན་ 1-1-245 དུ་ཐུབ་པའི་ལོངས་སྐུ་རྣམ་སྣང་སངས་རྒྱས་ཐོབ་པར་བཤད་པས་སོ། །སྤྲུལ་སྐུས་མཛད་པ་ བསྟན་པ་རྣམས་ནི་སྤྲུལ་པ་ཡིན་པས་སངས་རྒྱས་པ་དངོས་མ་ཡིན་ལ་གནས་ནས་ནི་འཛམ་ གླིང་བྱེ་བ་ཕྲག་བརྒྱར་འབྱུང་ངོ༌། ། གསུམ་པ་ནི། རང་བཞིན་གྱིས་རྣམ་པར་དག་པའི་དེ་བཞིན་ཉིད་དེ་གློ་བུར་གྱི་དྲི་མ་དང་ བྲལ་ནས་གནས་གྱུར་པའི་ངོ་བོ་འཐོབ་སྟེ། དེར། དཀའ་སྤྱོད་དཔག་མེད་བརྒྱ་ཕྲག་དང༌། །དཔག་མེད་དགེ་ཀུན་བསགས་པ་དང༌། །དཔག་ཏུ་མེད་པའི་དུས་དང་ནི། །དཔག་མེད་སྒྲིབ་ པ་ཟད་པའི་ཕྱིར། །སྒྲིབ་པ་ཀུན་གྱི་དྲི་མེད་པར། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །ཅེས་ དང༌། སྔ་མ་ཕྱི་མར་ཁྱད་མེད་ཀྱང༌། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་ རྒྱས་འདོད། །ཅེས་སོ། ། གཉིས་པ་ལ་གཉིས་ཀྱི་དང་པོ་མདོར་བསྟན་པ་ནི། དེ་ལྟར་མངོན་དུ་མཛད་པའི་སངས་ རྒྱས་དེ་ཡང་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་ཡིད་བཞིན་གྱི་ནོར་བུ་བཞིན་དུ་སེམས་ཅན་གྱི་ དོན་ལྷུན་གྱིས་གྲུབ་པ་སྟེ། ཆོས་དབྱིངས་བསྟོད་པར། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་ མཚོ་གནས་གྱུར་ནས། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་རབ་མཛད། །ཅེས་སོ། ། གཉིས་པ་རྒྱས་བཤད་ལ་གཉིས། སྐུའི་རྣམ་གཞག ཡེ་ཤེས་བཤད་པའོ། །དང་པོ་ནི། གཞུང་དུ་རྒྱས་པར་འཆད་དོ། །གཉིས་པ་ལ་གསུམ་རང་བྱུང་ཡེ་ཤེས་ཆོས་དབྱིངས། གཞན་ བྱུང་ཡེ་ཤེས་བཞི་པོ། དེ་དག་སྐུ་ཡིས་བསྡུས་ཚུལ་བཤད་པའོ། །དང་པོ་ནི། མདོ་རྒྱན་དུ། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །དངོས་པོ་ཤེས་པ་ དེ་ལ་དམིགས། །དབང་ཟད་མི་ཤེས་མཚན་ཉིད་དོ། །ཞེས་པས་ཆོས་ཀུན་གྱི་དེ་བཞིན་ཉིད་ སྒྲིབ་གཉིས་དག་པ་དང༌། དངོས་པོ་དང་དེ་ལ་དམིགས་པ་ཤེས་པ་ལ་དབང་ཟད་མི་ཤེས་པའི་ 1-1-246 མཚན་ཉིད་གཉིས་ཀྱིས་ངོ་བོ་བསྟན་ཏོ། །དེ་བཞིན་ཉིད་ཤེས་ཐམས་ཅད་ནས། །བསྒོམ་པ་ ལས་ནི་ཡང་དག་འབྱུང༌། །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །གཉིས་སྐྱེད་མི་ཟད་འབྲས་བུ་ ཅན། །ཞེས་པས། དེ་བཞིན་ཉིད་དེ་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་ཐམས་ཅད་ནས་བསྒོམ་པས་ རྒྱུ་དང༌། སེམས་ཅན་ལ་ཕན་བདེ་གཉིས་སྐྱེད་པས་འབྲས་བུ་བསྟན་ཏོ། །སྐུ་དང་གསུང་དང་ ཐུགས་སྤྲུལ་པའི། །སྦྱོར་བའི་ཐབས་ཀྱི་ལས་ཅན་ཏེ། །ཏིང་ངེ་འཛིན་དང་གཟུངས་སྒོ་དང༌། །དཔག་ཏུ་མེད་པ་གཉིས་དང་ལྡན། །ཞེས་པས། སྐུ་གསུང་ཐུགས་སྤྲུལ་པས་ལས་དང༌། ཏིང་ ངེ་འཛིན་དང་གཟུངས་དང་ཚོགས་གཉིས་དཔག་ཏུ་མེད་པ་དང་ལྡན་པས་ལྡན་པ་བསྟན་ཏོ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང༌། །སྤྲུལ་པ་དག་གིས་ཐ་དད་འཇུག །འདི་ནི་སངས་ རྒྱས་རྣམ་དག་པའི། །ཆོས་དབྱིངས་རྣམ་པར་དག་པར་བཤད། །ཅེས་པས་སྐུ་གསུམ་གྱི་ འཇུག་པ་བསྟན་ཏོ། ། གཉིས་པ་ལ་གསུམ། སྤྱི་ཡི་རྣམ་གཞག སོ་སོའི་མཚན་ཉིད། རྒྱུ་ཡི་དབྱེ་བའོ། །དང་ པོ་ནི། དེར། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་ དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་པས་སོ། །མེ་ལོང་ཡེ་ཤེས་མི་གཡོ་བ་དང་རྟེན་ ཡིན་ལ། གཞན་གསུམ་དེ་ལ་བརྟེན་པ་དང་གཡོ་བའོ། །གཉིས་པ་ལ་བཞིའི་དང་པོ་མེ་ལོང་ ཡེ་ཤེས་ནི། དེར། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ ལ་མ་རྨོངས་ལ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་ འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་ བརྙན་འབྱུང་ཕྱིར་དེ། །ཞེས་པས། མེ་ལོང་ཡེ་ཤེས་ནི་དུས་རྟག་ཏུ་ང་ཡི་བ་མེད་པ་དང༌། ཡུལ་ གྱི་སྒོ་ནས་ཡོངས་སུ་མ་ཆད་པ་དང༌། དུས་ཀྱི་སྒོ་ནས་རྟག་ཏུ་ལྡན་པ་དང༌། རྟག་ཏུ་སྒྲིབ་པ་དང་ བྲལ་བས་ཤེས་བྱ་ཀུན་ལ་མ་རྨོངས་ཀྱང༌། རྣམ་པ་མེད་པའི་ཕྱིར་ཤེས་བྱ་དེ་དག་ལ་མངོན་ 1-1-247 དུ་ཕྱོགས་པ་མིན་ལ་ཡེ་ཤེས་གསུམ་པོ་ཀུན་འབྱུང་བའི་རྒྱུ་བྱེད་པ་དང༌། ཡེ་ཤེས་ཀྱི་གཟུག་ བརྙན་འབྱུང་བས་བཞིན་གྱི་གཟུགས་བརྙན་འབྱུང་བའི་མེ་ལོང་དང་འདྲ་བའི་ཕྱིར་མེ་ལོང་ལྟ་ བུའོ། ། གཉིས་པ་མཉམ་ཉིད་ཡེ་ཤེས་ནི། དེར། མཉམ་ཉིད་ཡེ་ཤེས་སེམས་ཅན་ལ། །བསྒོམ་ པ་དག་པ་ལས་འདོད་དེ། །མི་གནས་ཞི་བར་བཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་ འདོད། །དུས་རྣམས་ཀུན་ཏུ་བྱམས་པ་དང༌། །སྙིང་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་ རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་པས། བྱང་ཆུབ་སེམས་ དཔའི་མངོན་རྟོགས་ལམ་གྱི་དུས་ན་སེམས་ཅན་རྣམས་ལ་མཉམ་ཉིད་ཀྱི་ཤེས་པ་ཐོབ་པ་ དེ་བསྒོམ་པ་དག་པའི་སྒོ་ནས་བྱང་ཆུབ་ཐོབ་པའི་ཚེ་མི་གནས་མྱང་འདས་སུ་ཞུགས་པ་ཡིན་ ལ། དུས་ཀུན་ཏུ་བྱམས་སྙིང་རྗེ་དང་ལྡན་ཞིང་སེམས་ཅན་ལ་མོས་པ་བཞིན་རྒྱལ་པའི་སྐུ་སྟོན་ པའོ། ། གསུམ་པ་སོར་རྟོག་ཡེ་ཤེས་ནི། དེར། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་པ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ ཅད་གཅོད་མཛད་པའི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་པས། ཤེས་བྱ་ཀུན་ཐོགས་ པ་མེད་པར་མཁྱེན་ཞིང་ཏིང་ངེ་འཛིན་དང་གཟུངས་ཐམས་ཅད་གྱི་འབྱུང་ཁུངས་སུ་གྱུར་པ་ ཡིན་ལ། འཁོར་པ་རིན་པོ་ཆེའི་ས་གཞི་སོགས་འབྱོར་པ་ཐམས་ཅད་དང་ཐེ་ཚོམ་ཐམས་ཅད་ གཅོད་པའི་ཆོས་སྟོན་ཏོ། ། བཞི་པ་བྱ་གྲུབ་ཡེ་ཤེས་ནི། དེར། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་ སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་སྒྲུབ་པའོ། 1-1-248 །སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་སྒྲུབ་པའི་བྱེ་བྲག་དང༌། །གྲངས་དང་ཞིང་གིས་ རྣམས་ཀུན་ཏུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་པས། འཇིག་རྟེན་གྱི་ཁམས་ཀུན་ ཏུ་སྤྲུལ་པ་སྣ་ཚོགས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པས་སེམས་ཅན་ཐམས་ཅད་ ཀྱི་དོན་མཛད་པ་ཡིན་ལ། རྟག་ཏུ་བྱ་བ་མཛད་པའི་བྱེ་བྲག་དང་གྲངས་དང་ཞིང་གི་སྒོ་ནས་ ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པའོ། ། གསུམ་པ་ནི། དེར། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ ཕྱིར་དང༌། །བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང༌། །ཞེས་པས། ཐོས་ པའི་ཆོས་རྣམས་འཛིན་པ་དང༌། བདག་གཞན་ལ་སེམས་མཉམ་པ་དང༌། ཡང་དག་པའི་ཆོས་ བསྟན་པ་དང༌། སེམས་ཅན་གྱི་དོན་བྱ་བ་སྒྲུབ་པ་བཞིས་གཙོ་བོའི་རྒྱུ་བྱས་ནས་ཡེ་ཤེས་བཞི་ པོ་སྐྱེའོ། ། གསུམ་པ་ནི། ཡེ་ཤེས་ལྔ་པོ་དེ་ལས་ཆོས་དབྱིངས་ནི་ཆོས་སྐུའམ་རང་བཞིན་གྱི་སྐུ་ཡིན་ ལ། མེ་ལོང་ནི་ལོངས་སྐུར་དངོས་སུ་གསུངས་ཤིང་དེ་ཐོག་མར་བྱུང་བའི་གསལ་བྱེད་དེས་ མཉམ་ཉིད་སོར་རྟོག་གཉིས་ཀྱང་ལོངས་སྐུར་གོ་བར་བྱ་ཞིང༌། བྱ་གྲུབ་ནི་སྤྲུལ་སྐུ་ཡིན་པར་ དངོས་སུ་གསལ་ལོ། །སྦྱོར་ཚུལ་འདི་ལས་གཞན་ནི་རྒྱལ་བ་སྲས་བཅས་ཀྱི་དགོངས་པ་ལས་ རིང་པར་མངོན་ནོ། ། གཉིས་པ་གཞུང་དོན་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། དྲི་མ་མེད་པའི་དེ་བཞིན་ ཉིད་གང་ཞེ་ན་སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་དབྱིངས་ལ་དྲི་མ་ཐམས་ཅད་དང་བྲལ་ བས་གནས་ཡོངས་སུ་གྱུར་པ་སྟེ། བསྡུ་ན་དོན་བརྒྱད་ཀྱིས་སྟོན་ཏོ། །གང་ཞེ་ན། ཁམས་གང་ ཞིག་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་ དེ་གློ་བུར་པའི་དྲི་མས་དག་པ་ནི་ངོ་བོ་སྟེ། དཔལ་ཕྲེང་དུ། བཅོམ་ལྡན་འདས་གང་ཞིག་ཉོན་ 1-1-249 མོངས་པའི་སྦུབས་བྱེ་བ་སྙེད་མཐའ་དག་གིས་གཡོགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ ལ་དོགས་པ་མ་མཆིས་པ་དེ་ནི་ཉོན་མོངས་པ་མཐའ་དག་གི་སྦུབས་ལས་གྲོལ་བ་དེ་བཞིན་ གཤེགས་པའི་ཆོས་ཀྱི་སྐུ་ལ་ཡང་དོགས་པ་མ་མཆིས་པ་ལགས་སོ། །ཞེས་སོ། །ལམ་མཉམ་ གཞག་འཇིག་རྟེན་ལས་འདས་པ་རྣམ་པར་རྟོག་པ་མེད་པ་དང་དེའི་རྗེས་ལས་ཐོབ་པ་འཇིག་ རྟེན་པའི་ཡེ་ཤེས་གཉིས་ཀྱིས་ཐོབ་པས་ན་གང་གིས་ཐོབ་པ་རྒྱུ་དང༌། ལམ་དེས་སྒྲིབ་པ་ གཉིས་དང་བྲལ་བ་འབྲས་བུ་དང༌། རང་གཞན་གྱི་དོན་སྒྲུབ་པ་ལས་དང༌། དོན་གཉིས་སྒྲུབ་ པ་དེའི་རྟེན་ཡོད་པ་ལྡན་པ་དང༌། ཟབ་པ་ཆོས་སྐུ་དང༌། རྒྱ་ཆེ་བ་ལོངས་སྐུ་དང༌། བདག་ཉིད་ ཆེན་པོ་སྤྲུལ་སྐུ་སྟེ་གསུམ་དུ་དབྱེ་བ་འཇུག་པ་དང༌། སྐུ་གསུམ་པོ་དེ་ཡང་ནི་འཁོར་བ་ཇི་སྲིད་ གནས་པའི་དུས་སུ་གནས་པ་རྟག་པ་དང༌། དེ་ཇི་ལྟ་བ་བཞིན་ཉིད་དུ་རྒྱལ་སྲས་ས་བཅུ་པས་ ཀྱང་མི་རྟོགས་པ་ནི་བསམ་གྱིས་མི་ཁྱབ་པའི་དོན་ནོ། །དོན་དེ་དག་གི་སྡོམ་ནི། ངོ་བོ་དང་རྒྱུ་ དང་འབྲས་བུ་དང་ལས་དང་ལྡན་པ་དང་འཇུག་པ་དང་དེ་རྟག་པ་དང་དེ་བསམ་གྱིས་མི་ཁྱབ་ པའི་དོན་ཉིད་དང་བརྒྱད་ཀྱིས་འབྲས་བུ་སངས་རྒྱས་ཀྱི་སའི་དོན་ནི་བསྡུས་ནས་རྣམ་པར་ གནས་སོ། ། གཉིས་པ་རྒྱས་བཤད་ལ་བདུན། གནས་གྱུར་ངོ་བོ་རྒྱུ་དང་བཅས་པའི། སྤངས་རྟོགས་ གཉིས་དང་ལྡན་པ་འབྲས་བུའི། རང་གཞན་དོན་གཉིས་འགྲུབ་པའི་ལས་ཀྱི། བསམ་མི་ཁྱབ་ སོགས་ཡོན་ཏན་ལྡན་པའི། སྐུ་གསུམ་རྒྱུན་མི་འཆད་པ་འཇུག་པའི། དེ་དག་རྟག་ཏུ་གནས་པ་ རྟག་པའི། སྐུ་གསུམ་བསམ་གྱིས་མི་ཁྱབ་པ་ཡི་དོན་ནོ། ། དང་པོ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། རང་བཞིན་གྱིས་འོད་གསལ་བ་ཞེས་ བརྗོད་པ་ཆོས་སྐུ་གང་ཡིན་པ་དེ་ནི་ཉི་མ་བཞིན་དུ་དེ་ཁོ་ན་གསལ་བའི་ཡེ་ཤེས་དང་ནམ་ མཁའ་བཞིན་དུ་རང་བཞིན་གྱིས་དག་པའི་སྤངས་པ་དང་ལྡན་ཡང༌། གློ་བུར་གྱི་ཉོན་མོངས་ 1-1-250 དང་ཤེས་བྱའི་སྒྲིབ་པ་སྤྲིན་ལྟ་བུ་ཚོགས་སྟུག་པོ་ལྟ་བུའི་སྒྲིབ་པ་ཡིས་ནི་བསྒྲིབས་པར་གྱུར་པ་ དེ་རྣམས་ལམ་གྱི་དག་པ་ནི། དག་པ་གཉིས་དང་ལྡན་པས་དྲི་མེད་སངས་རྒྱས་ཉིད་དེ། རང་ དང་དབྱེར་མེད་པའི་ཡོན་ཏན་གང་གཱའི་ཀླུང་གི་རྡུལ་ལས་འདས་པ་ཀུན་དང་ལྡན་པ་དང༌། དེ་ ཡང་རྒྱུ་རྐྱེན་ལ་སོགས་པས་གསར་དུ་མ་བྱས་པའི་འདུས་མ་བྱས་ཡིན་པས་རྟག་པ་དང་བརྟན་ པ་དང་གཡུང་དྲུང་གི་སངས་རྒྱས་ཉིད་དོ་ཞེས་པ་ངོ་བོའི་དོན་ནོ། །གནས་གྱུར་པ་དེ་ནི་ལམ་ གང་གིས་འཐོབ་ན་མཐོང་བ་དང་སྒོམ་པའི་ལམ་གྱི་མཉམ་གཞག་ཆོས་ལ་རྣམ་པར་མི་རྟོག་ པ་དང་དེའི་རྗེས་ཐོབ་ཤེས་བྱ་ཐམས་ཅད་རྣམ་པར་འབྱོར་བའི་ཡེ་ཤེས་ཏེ་ཡེ་ཤེས་གཉིས་པོ་ དག་ལ་བརྟེན་ནས་འཐོབ་པོ་ཞེས་པ་རྒྱུའི་དོན་ནོ། ། གཉིས་པ་རྒྱས་བཤད་ལ་གཉིས་སྤངས་རྟོགས་རྣམ་གཉིས་ངོ་བོའི། ཡེ་ཤེས་རྣམ་གཉིས་ རྒྱུ་ཡི་དོན་ནོ། །དང་པོ་དག་པ་གཉིས་ལྡན་གྱི་སངས་རྒྱས་དེ་ཉིད་ནི་ཆོས་ཀྱི་དབྱིངས་འོད་ གསལ་བ་དང་དབྱེར་མེད་པ་ཡིན་པའི་ཕྱིར་དང༌། གདོད་ནས་དག་པའི་ཆོས་ཀྱིས་རབ་ཏུ་ཕྱེ་ བ་ཡིན་པའི་ཕྱིར། རིམ་པ་བཞིན་དུ་ཉི་མ་རང་བཞིན་གྱིས་འོད་གསལ་བ་དང༌། ནམ་མཁའ་ རང་བཞིན་གྱིས་དག་པ་བཞིན་ཏེ། ངོ་བོ་དཔེ་དང་བཅས་པ་གཉིས་པོ་རིམ་པ་ལྟར་རྟོགས་ པའི་ཡེ་ཤེས་དང་སྤངས་པ་གཉིས་ཀྱི་མཚན་ཉིད་དུ་བརྗོད་དོ། །དེ་ཉིད་སླར་ཡང་བཤད་པ། ཆོས་སྐུ་རང་བཞིན་གྱིས་དྲི་མ་མེད་པས་འོད་གསལ་བ་དེ་ནི། རྒྱུ་རྐྱེན་གྱིས་བྱས་པ་མིན་ཞིང་ རང་དང་དབྱེར་མེད་པར་འཇུག་པ་ཅན་གྲངས་གང་གཱའི་ཀླུང་གི་ནི་རྡུལ་ལས་ཀྱང་འདས་པར་ མང་བའི་སངས་རྒྱས་ཀྱི་ཆོས་རྣམས་ཀུན་དང་རང་བཞིན་གྱིས་ལྡན་པ་ཉིད་དོ། །ཞེས་པས་ རྟོགས་པ་རྒྱས་པར་བཤད་དོ། །སྤངས་པ་དེའི་སྤང་བྱ་རྣམས་སྤྲིན་དང་འདྲ་བའི་རྒྱུ་ཅི་ཞེ་ན། རང་བཞིན་གྱིས་ཏེ་ངོ་བོ་ཉིད་དུ་ནི་མ་གྲུབ་པ་དང༌། ཁྱབ་པར་སྒྲིབ་པ་དང༌། གློ་བུར་པར་བྱུང་ བ་ཉིད་ཀྱིས་ན་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་ནི། ཁམས་དེར་སྒྲིབ་པས་སྤྲིན་དང་འདྲ་ 1-1-251 བར་བརྗོད་པ་ཡིན་པའི་ཕྱིར། སྒྲིབ་པ་གདོད་ནས་མ་གྲུབ་ཅིང་གློ་བུར་པ་ཡང་སྤངས་པ་ནི་ སྤངས་པ་རྒྱས་བཤད་དོ། ། གཉིས་པ་ནི། སྒྲིབ་པ་གཉིས་དང་བྲལ་བར་བྱེད་པའི་རྒྱུ་ནི་ཡེ་ཤེས་གཉིས་པོ་འདི་ཡིན་ ཏེ། མཐོང་སྒོམ་གྱི་མཉམ་བཞག་རྣམ་པར་མི་རྟོག་པ་དང༌། དེ་ཡི་ནི་རྗེས་ལས་ཐོབ་པ་ཤེས་ བྱ་འབྱེད་པ་དེ་དང་ནི་ཡེ་ཤེས་གཉིས་ཡིན་པར་འདོད་དོ། ། གཉིས་པ་ལ་གསུམ། འབྲས་བུ་དེ་ཡིས་བསྡུས་ཏེ་བསྟན་པ། རྒྱུ་གཉིས་འབྲས་བུ་སོ་སོར་ བཤད་པ། འབྲས་བུ་དཔེ་ཡིས་བསྟན་པའི་རྒྱུ་མཚན་ནོ། ། དང་པོ་ནི་རྒྱུ་གཉིས་པོ་དེ་ལས་མཉམ་གཞག་མི་རྟོག་ཡེ་ཤེས་ཀྱི་འབྲས་བུ་ནི་ཉོན་སྒྲིབ་ བྲལ་བ་སྟེ། དཔེར་ན་དྲི་མ་མེད་པའི་ཆུ་དང་ལྡན་ཞིང་རིམ་གྱིས་རྒྱས་པའི་པད་མས་ཁེངས་ པའི་མཚོ་བཞིན་དུ་འདོད་ཆགས་ལས་གྲོལ་བ་དང༌། གཟའ་སྒྲ་གཅན་གྱི་ཁ་ནས་ཐར་བའི་ ཟླ་བ་ཉ་བ་ལྟ་བུར་ཞེ་སྡང་ལས་གྲོལ་བ་དང༌། སྤྲིན་ཚོགས་དང་ཉོན་མོངས་གཏི་མུག་དག་ ལས་གྲོལ་བའི་གཞི་རིམ་པ་བཞིན་དུ་དཔེ་ཉི་མ་ལྟ་བུར་ནི་དང༌། དོན་སངས་རྒྱས་ཏེ། དཔེ་ དོན་གཉིས་ཀ་དྲི་མ་མེད་པའི་ཡོན་ཏན་དང་ལྡན་པའི་ཕྱིར། འོད་ཟེར་གྱི་སྣང་བ་དང་ལྡན་པ་ དེ་ཉིད་དོ། །ཡང་རྗེས་ཐོབ་ཡེ་ཤེས་ཀྱི་འབྲས་བུ་ནི་རྣམ་ཀུན་མཆོག་ལྡན་གྱི་སངས་རྒྱས་ཀྱི་ སྐུ་སྟེ། དཔེར་ན་པད་མ་རྙིངས་པའི་སྦུབས་ལས་འཐོན་པའི་ཐུབ་པ་མིའི་ཁྱུ་མཆོག་གི་སྐུ་དང༌། སྦྲང་མ་དང་བྲལ་བའི་སྦྲང་རྩི་དང༌། སྦུན་པ་དང་བྲལ་བའི་འབྲུའི་སྙིང་པོ་དང༌། ལྗན་ལྗིན་དང་ བྲལ་བའི་རིན་ཆེན་གསེར་གྱི་གར་བུ་དང་། ས་འོག་ནས་ཕྱུང་པའི་གཏེར་དང༌། ས་བོན་གྱི་ ཤུན་པ་དང་བྲལ་ནས་སྐྱེས་པའི་ཤིང་ལྗོན་པ་བཞིན་དང༌། རས་རུལ་པའི་བཀྲི ས་པ་དང་བྲལ་ བའི་དྲི་མེད་རིན་ཆེན་བདུན་ལས་བྱས་པའི་བདེ་གཤེགས་ཀྱི་སྐུ་གཟུགས་དང་ནི། མངལ་ སྦུབས་ནས་བཙས་པའི་ས་བདག་འཁོར་ལོ་སྒྱུར་རྒྱལ་དང༌། ས་འདམ་དང་བྲལ་བའི་གསེར་ 1-1-252 གྱི་གཟུགས་ཏེ་དཔེ་དགུ་པོ་དང་འདྲ་བ་ནི་བདུད་ལས་རྒྱལ་བ་སངས་རྒྱས་ཉིད་དོ། །འདིར་དྲི་ བཅས་ཀྱི་སྐབས་ཀྱི་དཔེ་དགུ་པོ་དྲི་མེད་ཀྱི་སྐབས་འདིར་ཡང་བསྟན་པ་འདིས་ནི་ཆོས་སྐུའི་ གཞི་འབྲས་ངོ་བོ་དབྱེར་མེད་པ་གསལ་བར་བསྟན་ཏོ། ། གཉིས་པ་ནི། ཆུ་མཚོ་ལ་སོགས་པའི་དཔེ་གསུམ་པོ་བཞིན་དུ་འདོད་ཆགས་ལ་སོགས་ པའི་དུག་གསུམ་གློ་བུར་པའི་ཉོན་མོངས་དག་པ་ནི། མདོར་བསྡུ་ན་མཉམ་གཞག་མི་རྟོག་ཡེ་ ཤེས་ཀྱི་གཙོ་བོའི་འབྲས་བུ་ཡིན་པར་རབ་ཏུ་བརྗོད་ཅིང༌། རྣམ་པ་ཀུན་གྱི་མཆོག་དང་ལྡན་ པའི་སངས་རྒྱས་ཀྱི་སྐུ་ནི་ངེས་པར་ཐོབ་པ་དེ་ནི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི་འབྲས་བུ་ ཡིན་པར་བསྟན་ཏོ། ། གསུམ་པ་ལ་གཉིས། གློ་བུར་ཉོན་མོངས་དག་པ་དཔེ་གསུམ་གྱིས། རྣམ་པ་ཀུན་ལྡན་ རྒྱལ་སྐུ་དཔེ་དགུ་ཡིས་བསྟན་པའི་རྒྱུ་མཚན་ནོ། །དང་པོ་ནི། དྲི་འདོད་ཆགས་རྡུལ་གྱིས་རྙོག་ པ་དང་འདྲ་བ་ནི་སྤངས་པའི་ཕྱིར་དང༌། གདུལ་བྱ་ཡི་ནི་རྒྱུད་པད་མ་དང་འདྲ་བ་ལ་བསམ་ གཏན་ཆུ་དང་འདྲ་བ་ནི་འབབ་ཅེས་པ་བསམ་གཏན་སྟོན་པའི་སྒོ་ནས་འབྱུང་བའི་ཕྱིར། དྲི་ མེད་ཀྱི་སངས་རྒྱས་དེ་ཆུ་དག་ཅིང་གཙང་བས་གང་བའི་མཚོ་རྫིང་དང་མཚུངས་པ་ཡིན་ནོ། །ཞེ་སྡང་གཟའ་སྒྲ་གཅན་ལྟ་བུ་ལས་གྲོལ་བས་དང༌། སྙིང་རྗེ་དང་བྱམས་པ་ཆེན་པོའི་འོད་ ཟེར་གྱིས་འགྲོ་བ་ལ་ཁྱབ་པའི་ཕྱིར་ན། སངས་རྒྱས་དེ་སྒྲ་གཅན་གྱི་དྲི་མ་མེད་པའི་ཟླ་བ་ཉ་ གང་བ་བཞིན་ནོ། །གཏི་མུག་སྤྲིན་ལྟ་བུ་ལས་རྣམ་པར་གྲོལ་བས་དང༌། གདུལ་བྱའི་འགྲོ་བར་ ཡེ་ཤེས་ཀྱི་འོད་ཟེར་གྱིས་མི་ཤེས་པའི་མུན་པ་སེལ་བར་བྱེད་པའི་ཕྱིར། དྲི་མེད་ཀྱི་སངས་ རྒྱས་ཉིད་དེ་ནི་སྤྲིན་ལ་སོགས་པའི་དྲི་མ་མེད་པའི་ཉི་མ་བཞིན་ནོ། ། གཉིས་པ་ནི། རྣམ་པ་ཀུན་ལྡན་གྱི་སངས་རྒྱས་འདི། འཇིག་རྟེན་ན་གང་དང་ཡང་མི་ མཉམ་པ་སངས་རྒྱས་དང་མཉམ་པའི་ཆོས་ཡིན་པའི་ཕྱིར་དང༌། དམ་ཆོས་ཟབ་མོའི་རོ་ནི་ 1-1-253 སྦྱིན་པར་མཛད་པའི་ཕྱིར་དང༌། སྒྲིབ་པའི་ཤུན་པ་དང་ནི་བྲལ་བའི་ཕྱིར། སངས་རྒྱས་དེ་ རིམ་པ་བཞིན་དུ་བདེ་གཤེགས་ཀྱི་སྤྲུལ་སྐུ་དང་སྦྲང་རྩི་དང་འབྲས་བུའི་སྙིང་པོ་བཞིན་དག་ པ་གཉིས་དང་ལྡན་པའི་ཕྱིར་དང༌། ཡོན་ཏན་གྱི་རྫས་ཀྱིས་ནི་གདུལ་བྱའི་དབུལ་བ་སེལ་ བར་བྱེད་པའི་ཕྱིར་དང༌། རྣམ་པར་གྲོལ་བ་སངས་རྒྱས་ཀྱི་འབྲས་བུ་སྦྱིན་པར་བྱེད་པའི་ཕྱིར། སངས་རྒྱས་དེ་རིམ་པ་ལྟར། གསེར་དང་གཏེར་དང་ཤིང་ལྗོན་པ་བཞིན་ནོ། །རིན་ཆེན་ལྟ་བུ་ ཆོས་ཉིད་ཀྱི་སྐུ་ཡིན་པའི་ཕྱིར་དང༌། གདུལ་བྱ་རྐང་གཉིས་པ་ལྷ་མིའི་བདག་པོ་མཆོག་ཡིན་ པའི་ཕྱིར་དང༌། རིན་ཆེན་ལྟ་བུ་ལོངས་སྐུའི་གཟུགས་བརྙན་གྱི་རྣམ་པ་ཡིན་པའི་ཕྱིར། སངས་ རྒྱས་དེ་ནི་རིམ་པ་ལྟར་རིན་ཆེན་ལས་བྱས་པའི་སྐུ་གཟུགས་དང༌། འཁོར་ལོ་སྒྱུར་བའི་རྒྱལ་ པོ་དང༌། གསེར་ལས་བྱས་པའི་གཟུགས་བཞིན་ནོ། ། གསུམ་པ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། གནས་གྱུར་པ་དེའི་ལས་ནི་རང་གཞན་ གྱི་དོན་ཕུན་སུམ་ཚོགས་པ་སྟེ། དེ་ལ་རང་དོན་ནི་ཆོས་ཀྱི་སྐུ་ཟག་པ་མེད་པ་དང་ཁྱབ་པ་དང་ འཇིགས་པ་མེད་པའི་ཆོས་ཅན་ཏེ། འཇིག་མེད་དེ་ཡང་རྒྱས་པར་བརྟན་པ་དང་ཞི་བ་དང་ རྟག་པ་དང་འཕོ་བ་མེད་པ་དང་བཞི་ཡིན་ལ་དེ་བཞིན་དུ་གནས་ཀྱི་ཡོན་ཏན་དང་ལྡན་པ་ཡིན་ ནོ། །གཞན་དོན་ནི་གཟུགས་སྐུ་གཉིས་ཏེ་དེ་བཞིན་གཤེགས་པའི་གཟུགས་སྐུ་གཉིས་ནི་ནམ་ མཁའ་དབང་པོ་དྲུག་གིས་དོན་རྟོགས་པའི་གནས་ཡིན་པ་བཞིན་དུ། མཆོག་གམ་དམ་པ་ ཡི་དབང་པོ་དྲུག་གི་དོན་ཏེ་ཡུལ་ཉམས་སུ་མྱོང་བའི་རྒྱུ་ཡིན་ནོ། །དེ་ཡང༌། མིག་གིས་འབྱུང་ ཞིང་སྐྱེ་བ་མེད་པ་ཆོས་ཉིད་ཀྱི་གཟུགས་ཀྱི་དོན་ལྟ་བ་དང༌། རྣ་བས་ཤེར་ཕྱིན་གྱི་སྒྲའི་གཏམ་ བཟང་བ་ནི་དྲི་མ་མེད་པས་གཙང་མ་ཉན་པ་དང༌། སྣས་བདེ་བར་གཤེགས་པའི་ཚུལ་ཁྲིམས་ ཀྱི་དྲི་ཉེས་པས་མ་གོས་པས་གཙང་མ་སྣོམ་པ་དང་ལྕེས་འཕགས་ཆེན་སངས་རྒྱས་ཀྱི་དམ་ པའི་ཆོས་ཀྱི་རོ་མྱོང་བ་དང༌། ལུས་ཀྱིས་ཏིང་ངེ་འཛིན་ལ་བརྟེན་པའི་རེག་པའི་བདེ་བ་ཉམས་ 1-1-254 སུ་མྱོང་བ་དང༌། ཡིད་ཀྱིས་རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལ་སྟོང་པ་ཉིད་རྟོགས་པའི་རྒྱུར་ གྱུར་པ་ཡིན་ལ། དེ་ཉིད་ཀྱང་རིགས་པས་ཞིབ་མོར་བསམས་པ་ན། དོན་དམ་པའི་བདེ་བ་ ཟག་པ་མེད་པའི་ཆོས་སྐྱེད་པར་མཛད་པ་དེ་བཞིན་གཤེགས་པ་གཟུགས་སྐུ་གཉིས་ནི། ནམ་ མཁའ་དབང་པོ་དྲུག་གི་དོན་རྟོགས་པའི་གནས་ཡིན་ཡང་སྐྱེད་བྱེད་མ་ཡིན་པ་བཞིན་དུ་སྐྱེད་ བྱེད་ཀྱི་རྒྱུ་མཚན་རྣམས་དང་བྲལ་ཏེ། འབད་རྩོལ་མེད་པས་སོ། ། གཉིས་པ་རྒྱས་བཤད་ལ་གཉིས་ཀྱི་དང་པོ་ཡེ་ཤེས་གཉིས་ཀྱི་ལས་སྐུ་གཉིས་སུ་བསྟན་ པ་ནི། མདོར་ན་སྔར་རྒྱུའི་སྐབས་སུ་བསྟན་པ་མཉམ་རྗེས་ཀྱི་ཡེ་ཤེས་གཉིས་པོ་ཡི་ལས་སུ་ སྐུ་གཉིས་པོ་འདི་ནི་ཤེས་པར་བྱ་སྟེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་གྲོལ་བའི་ ཆོས་ཀྱི་སྐུ་ནི་དག་པ་གཉིས་ལྡན་དུ་རྫོགས་ཤིང་མཐར་ཐུག་པ་དང༌། འཁོར་བ་ཇི་སྲིད་པར་ ལྷུན་གྲུབ་ཏུ་གཟུགས་སྐུ་གཉིས་བསྟན་པས་ཆོས་ཀྱི་སྐུ་ནི་སྦྱོང་བའི་རྒྱུར་གྱུར་པའོ། །དེ་ལྟ་ བུའི་རྣམ་གྲོལ་ཆོས་སྐུ་དང་ཆོས་སྐུ་སྦྱོང་མཛད་གཟུགས་སྐུ་གཉིས་དག་ནི་དང་པོ་ལ་ཡོན་ཏན་ རྣམ་པ་གཉིས་དང་གཉིས་ཏེ་གཅིག་ཟླས་དབྱེ་བ་དང༌། ཕྱི་མ་ལ་ཡོན་ཏན་རྣམ་པ་གཅིག་ཏུ་ ཤེས་པར་བྱ་སྟེ་འོག་ཏུ་འཆད་དོ། །གནས་གྱུར་གྱི་ལས་འཆད་པ་སྐབས་སུ་བབ་མོད། ཡེ་ ཤེས་ཀྱི་ལས་སུ་གསུངས་པ་འདི་ཡེ་ཤེས་གཉིས་ཀྱི་འབྲས་བུ་བཤད་པ་དང་ཁྱད་པར་མེད་ དོ་ཞེ་ན། ཡེ་ཤེས་གཉིས་སྐུ་གཉིས་ཀྱི་རྒྱུ་ཡིན་པའི་ཕྱིར་སྐུ་གཉིས་ཀྱི་ལས་དེ་ཡེ་ཤེས་གཉིས་ ཀྱིའང་ཡིན་པས་ཡེ་ཤེས་གཉིས་ཀྱི་ལས་སུ་གསུངས་པ་ལ་སྐབས་འདི་རང་གཞན་གྱི་དོན་ གཉིས་གནས་གྱུར་གྱི་ལས་སུ་སྟོན་པས་ཡེ་ཤེས་གཉིས་ཀྱི་འབྲས་བུར་བཤད་པ་དང་ཁྱད་ པར་ཡོད་དོ། ། གཉིས་པ་སྐུ་གཉིས་སོ་སོའི་ཡོན་ཏན་ཕྱེ་སྟེ་བཤད་པ་ལ་གཉིས་རང་དོན་ཆོས་སྐུའི། གཞན་དོན་གཟུགས་སྐུའི་ཡོན་ཏན་ནོ། །དང་པོ་ནི། གྲོལ་བ་སྐུའི་ཡོན་ཏན་གཉིས་དང་གཉིས་ 1-1-255 གང་ཞེ་ན། ཟག་པ་མེད་པའི་ཕྱིར་དང་ཁྱབ་པའི་ཕྱིར་དང་འདུས་མ་བྱས་པའི་ཕྱིར་དང་གནས་ ཉིད་ཀྱི་ཕྱིར་དང་བཞིས་ན་གྲོལ་བའི་སྐུ་ནི་རང་དོན་ཕུན་སུམ་ཚོགས་པ་ཡིན་ནོ། །རྟགས་ཀྱི་ ཆོས་བཞི་པོ་སྒྲུབ་པ་ཡང་གྲོལ་བའི་སྐུ་དེ་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་རྣམས་ནི་བག་ ཆགས་དང་བཅས་པ་འགགས་པའི་ཕྱིར། ཟག་མེད་ཡིན་ཏེ་དེས་ཤེས་བྱ་ཐམས་ཅད་ཆགས་ པ་མེད་པ་དང་ཐོགས་པ་མེད་པར་མཁྱེན་པའི་ཕྱིར། ཡེ་ཤེས་ཀྱིས་ཤེས་བྱ་བ་ཁྱབ་པ་ཉིད་དུ་ འདོད་དོ། །དེ་ནི་གཏན་དུ་འཇིག་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་འདུས་མ་བྱས་སོ། །འདིར་འཇིག་མེད་ཉིད་ཐོག་མར་གསུངས་པ་ནི་མདོར་བསྟན་པ་སྟེ། བརྟན་པ་དང་སོགས་ པས་ཞི་བ་དང་རྟག་པ་དང་འཕོ་བ་མེད་པ་རྣམས་ཀྱིས་དེ་རྒྱས་པར་བཤད་དོ། །འཇིག་མེད་ ལ་བཞིར་འབྱུང་བའི་རྒྱུ་མཚན་ཅི་ཞེ་ན། འཇིག་མེད་ཀྱི་འགལ་ཟླ་འཇིག་པ་ལ་རྣམ་པ་བཞིར་ ཤེས་པར་བྱ་སྟེ། བརྟན་སོགས་བཞི་པོ་དག་ལས་བཟློག་པའི་ཕྱིར་རོ། །འཇིག་པ་བཞི་གང་ ཞེ་ན། མྱགས་པ་སྟེ་མཆོག་ལས་དམན་པར་གྱུར་པ་རྒ་བ་དང༌། བདེ་བའི་གནས་སྐབས་སྡུག་ བསྔལ་དུ་རྣམ་པར་འགྱུར་བ་ན་བ་དང༌། གནས་པའི་རྒྱུན་ཆད་པ་ལས་ཀྱི་དབང་གིས་འཆི་ བ་དང༌། བསམ་གྱིས་མི་ཁྱབ་པའི་འགྱུར་བ་འཕགས་པའི་འཆི་འཕོ་བ་སྟེ་བཞིའོ། །བཞི་པོ་ དེ་མེད་པའི་ཕྱིར་ན་གྲོལ་བའི་སྐུ་ནི། རྒྱུན་དུ་བརྟན་པ་དང་སྡུག་བསྔལ་ཞི་བ་དང་རང་བཞིན་ རྟག་པ་དང་གནས་གཞན་དུ་འཕོ་བ་མེད་པར་ཤེས་པར་བྱའོ། །གྲོལ་བའི་སྐུ་དྲི་མ་མེད་པའི་ ཡེ་ཤེས་དེ་ནི་དཀར་པོའི་ཆོས་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་ན་གནས་ཡིན་ནོ། ། གཉིས་པ་ནི་ཆོས་སྐུ་སྦྱོང་བའི་ཡོན་ཏན་གཅིག་གང་ཞེ་ན། ཇི་ལྟར་སྐྱེད་བྱེད་ཀྱི་རྒྱུ་མིན་ པ་ནམ་མཁའ་ནི། མིག་གིས་གཟུགས་མཐོང་བ་དང༌། རྣ་བས་སྒྲ་དང་སྣས་དྲི་དང་ལྕེས་རོ་དང་ ལུས་ཀྱིས་རེག་བྱ་དང་ཡིད་ཀྱིས་ཆོས་རྣམས་ནི་རིམ་པ་ལྟར་ཐོས་པ་དང་ལ་སོགས་པས་ཚོར་ བ་དང་མྱོང་བ་དང་རིག་པ་དང་ཤེས་པའི་རྒྱུ་སྟེ་རྟེན་ཡིན་པ་ལྟར། དེ་བཞིན་དུ་གཟུགས་སྐུ་ 1-1-256 གཉིས་ཀྱང༌། སྒྲིམ་པ་དང་རྩོལ་བ་མེད་པའི་སྦྱོར་བས་བརྟན་པ་བྱང་ཆུབ་སེམས་པའི་དབང་ པོ་དྲུག་གི་དོན་ཡུལ་དྲུག་ལ་འབྱུང་བ་མེད་པའི་གཟུགས་ལྟ་བ་ལ་སོགས་པ་ཟག་པ་མེད་པའི་ ཡོན་ཏན་དག་སྐྱེ་བ་ཡི་ནི་རྒྱུ་སྟེ་གཞི་ཡིན་ནོ། །དེ་ལྟར་ལས་ཀྱི་སྐབས་འདིས་སྐུ་གསུམ་དང་ དེས་གཞན་གྱི་དོན་གཉིས་འགྲུབ་པ་གནས་གྱུར་གྱི་ལས་སུ་བསྟན་པ་འདི་ནི། འདི་ཉིད་ཀྱི་སྔ་ འགྲེལ་དུ། གནས་ཡོངས་སུ་གྱུར་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་དང་དེའི་ རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི་རྒྱུ་ཅན་བྲལ་བའི་མིང་ཅན་གྱི་འབྲས་བུ་གང་ཡིན་པ་དེའི་ལས་ ནི། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན་པར་བརྗོད་དོ། །དེ་ལ་རང་དང་གཞན་ གྱི་དོན་ཕུན་སུམ་ཚོགས་པ་གང་ཞེ་ན། གང་ཞིག་བག་ཆགས་དང་བཅས་པའི་ཉོན་མོངས་པ་ དང་ཤེས་བྱའི་སྒྲིབ་པ་ལས་ཐར་བའི་ཕྱིར། སྒྲིབ་པ་མེད་པའི་ཆོས་ཀྱི་སྐུ་ཐོབ་པ་འདི་ནི་རང་ གི་དོན་ཕུན་སུམ་ཚོགས་པར་བརྗོད་ལ། གང་ཞིག་དེའི་སྟེང་དུ་འཇིག་རྟེན་ཇི་སྲིད་པར་ལྷུན་ གྱིས་གྲུབ་པར་སྐུ་གཉིས་ཀྱིས་ཀུན་ཏུ་སྟོན་པ་དང༌། བསྟན་པ་ལ་དབང་འབྱོར་བ་གཉིས་ཀྱིས་ འཇུག་པ་འདི་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པར་བརྗོད་དོ། །ཞེས་གསུངས་པ་འདིས་ གསལ་བར་བསྟན་ཏོ། །དེ་ལྟ་ན་ཡང་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་ནི་དོན་མ་ལུས་པ་ མ་རྟོགས་པ་ཤས་ཆེ་བར་སྣང་སྟེ་ཞིབ་པར་བློ་གྲོས་དང་ལྡན་པས་གཟུ་བོའི་བློས་དཔྱད་ན་ གསལ་བར་འགྱུར་རོ། ། བཞི་པ་ལ་གཉིས་ཀྱི་དང་པོ་ཡོན་ཏན་བཅྭ་ལྔ་མདོར་བསྟན་པ་ནི། མདོར། སངས་རྒྱས་ ནམ་མཁའི་མཚན་ཉིད་དོ། །ཞེས་གསུངས་པ་ནི་སངས་རྒྱས་རྣམས་ཀྱི་མ་འདྲེས་པའི་དོན་ དམ་པའི་མཚན་ཉིད་ལ་དགོངས་ནས་གསུངས་པ་ཡིན་ཏེ་དེ་ལས་གཞན་མཚན་དཔེ་ལ་ སོགས་པས་སངས་རྒྱས་དེ་གཞན་ལས་ཐུན་མོང་མ་ཡིན་པར་མཚོན་མི་ནུས་པས་སོ། །དེ་ ཡང་རྡོ་རྗེ་གཅོད་པར། གལ་ཏེ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་དེ་བཞིན་ 1-1-257 གཤེགས་པ་བལྟ་བར་འགྱུར་ན་ནི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་ འགྱུར་རོ། །ཞེས་སོ། །སངས་རྒྱས་སུ་མཚོན་ནུས་པ་མ་འདྲེས་པའི་དོན་དེ་དག་གང་ཞེ་ན། དོན་དམ་པའི་སངས་རྒྱས་དེ་ནི་བསམ་གྱིས་ཁྱབ་པ་མེད་པ་དང་རྟག་པ་དང་བརྟན་པ་དང་ཞི་ བ་དང་གཡུང་དྲུང་ཉིད་དང་རབ་ཏུ་ཞི་བ་དང༌། ཁྱབ་པ་དང་རྟོག་པ་བྲལ་བ་དང་ནམ་མཁའ་ཇི་ ལྟ་བ་བཞིན་དུ་ཆགས་པ་མེད་པ་དང་ཀུན་ཏུ་ཐོགས་པ་མེད་པ་དང་རྩུབ་པའི་རེག་པ་སྤངས་པ་ དང་བལྟ་བར་བྱར་མེད་པ་དང་གཟུང་དུ་མེད་པ་དང་དགེ་བ་དང་སངས་རྒྱས་དེ་ནི་དྲི་མ་མེད་ པ་སྟེ་ཡོན་ཏན་བཅྭ་ལྔ་དང་ལྡན་པས། དེ་དག་གིས་ཐུན་མོང་མ་ཡིན་པར་མཚོན་ཅིང་ཤེས་ པར་བྱའོ། ། གཉིས་པ་དེ་ཡི་རྒྱུ་མཚན་རྒྱས་བཤད་ལ་གཉིས་ཀྱི་དང་པོ་བསྡུས་ཏེ་བསྟན་པ་ནི། སྔར་ བཤད་པའི་རྣམ་གྲོལ་དང་ཆོས་ཀྱི་སྐུ་སྦྱོང་བ་དག་གིས་རང་དང་གཞན་གྱི་དོན་ཕུན་སུམ་ ཚོགས་པའི་ལས་བསྟན་ཏེ། རང་གཞན་གྱི་དོན་གྱི་རྟེན་རང་བཞིན་གྱི་སྐུ་དེ་ལ་ནི་བསམ་གྱིས་ མི་ཁྱབ་པ་ལ་སོགས་པའི་ཡོན་ཏན་བཅྭ་ལྔ་དང་ལྡན་ནོ། ། གཉིས་པ་ཕྱེ་སྟེ་བཤད་པ་ལ་གཉིས། བསམ་དུ་མེད་པའི། རྟག་བརྟན་སོགས་ཀྱི་རྒྱུ་ མཚན་ནོ། །དང་པོ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་སངས་རྒྱས་དེ་ནི་ ཐོས་བསམ་དང་འཇིག་རྟེན་པའི་བསྒོམ་པའི་ཤེས་པ་སྟེ་ཤེས་རབ་གསུམ་གྱི་དངོས་ཀྱི་ཡུལ་ མིན་པའི་ཕྱིར། ཡེ་ཤེས་ཀྱི་སྐུ་དེ་ལུས་ཅན་འགྲོ་བ་རྣམས་ཀྱིས་ནི་བསམ་གྱིས་མི་ཁྱབ་པར་ རྟོགས་པར་བྱའོ། །ཤེས་རབ་གསུམ་གྱི་ཡུལ་མིན་པ་ཡང༌། དོན་དམ་པའི་སངས་རྒྱས་དེ་ཕྲ་ ཞིང་རྟོགས་དཀའ་བའི་ཕྱིར་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་དངོས་ཡུལ་མིན་ཏེ། དོན་ དམ་པའི་བདེན་པ་ཡིན་པའི་ཕྱིར་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱི་ཡུལ་མིན་ལ། ཆོས་ ཉིད་ཟབ་མོ་སྟོང་པ་ཉིད་ཡིན་པའི་ཕྱིར་འཇིག་རྟེན་པའི་བསྒོམ་པ་བསམ་གཏན་དང་གཟུགས་ 1-1-258 མེད་ལ་སོགས་པ་ལས་བྱུང་བའི་ཤེས་རབ་ཀྱི་ཡུལ་མ་ཡིན་ནོ། །དེའི་རྒྱུ་མཚན་ཡང་གང་གི་ ཕྱིར་ན་གཟུགས་ལ་རྨུས་ལོང་གིས་སྔར་མཐོང་མ་མྱོང་བ་བཞིན་དུ། བྱིས་པ་སོ་སོའི་སྐྱེ་བོས་ དེ་སྔོན་ནམ་ཡང་མཐོང་མ་མྱོང་བའི་ཕྱིར་དང༌། བཙས་མ་ཐག་པའི་ཁྱིམ་ན་གནས་པའི་བུ་ ཆུང་གིས་ཉི་མའི་གཟུགས་དང་འོད་ཟེར་ཅུང་ཟད་མཐོང་ཡང་རྫོགས་པར་མི་མཐོང་བ་བཞིན་ དུ་བྱང་སེམས་འཕགས་པ་རྣམས་ཀྱིས་ཀྱང་ཆོས་དབྱིངས་ཀྱི་ཆ་ཤས་མཐོང་གི་རྫོགས་པར་མི་ མཐོང་བའི་ཕྱིར་རོ། ། གཉིས་པ་ནི། དོན་དམ་པའི་སངས་རྒྱས་དེ་ནི་ཐོག་མ་སྐྱེ་བ་དང་བྲལ་བའི་ཕྱིར་རྟག་པ་ ཡིན་ཏེ། མཐར་འགག་པ་མེད་པའི་ཕྱིར་དེ་བརྟན་པ་ཡིན་ལ། གཟུང་འཛིན་གཉིས་མེད་པའི་ ཕྱིར་དེ་ནི་རྟོག་པ་ཞི་བ་སྟེ། དེ་གཡུང་དྲུང་ཡིན་པའི་རྒྱུ་མཚན་ནི་ཆོས་ཉིད་གདོད་ནས་གང་དུ་ ཡང་ནམ་ཡང་མི་འགྱུར་བར་གནས་པའི་ཕྱིར་རོ། །དེ་ནི་སྡུག་བསྔལ་རབ་དུ་ཞི་བ་ཡིན་ཏེ། སྡུག་བསྔལ་དང་ཀུན་འབྱུང་འགགས་པའི་འགོག་པའི་བདེན་པ་ཡིན་པའི་ཕྱིར་རོ། །ཤེས་བྱ་ ཐམས་ཅད་རྟོགས་པའི་ཕྱིར་མཁྱེན་པས་ཤེས་བྱ་ལ་ཁྱབ་པ་ཉིད་དོ། །འཛིན་མར་འཛིན་པས་ གནས་པ་མེད་པའི་ཕྱིར་རྟོག་མེད་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་ཡུལ་ ལ་ཆགས་པ་མེད་ལ། ཤེས་བྱའི་སྒྲིབ་པ་ཀུན་དག་པའི་ཕྱིར། ཤེས་བྱ་ཐམས་ཅད་དུ་ཐོགས་ པ་མེད་དོ། །སྙོམས་འཇུག་གི་སྒྲིབ་པ་སྤངས་པས་བྱིང་རྒོད་གཉིས་མེད་པར་ཏིང་ངེ་འཛིན་ ལས་སུ་རུང་བའི་ཕྱིར་རྩུབ་པའི་རེག་པ་སྟེ། ལས་སུ་[མི]རུང་བ་དང་བྲལ་བ་ཡིན་ནོ། །དེ་ནི་ གཟུགས་མེད་པའི་ཕྱིར་བལྟར་མེད་དེ། མཚན་མ་མེད་པའི་ཕྱིར་མཚན་མར་བཟུང་དུ་མེད་དོ། །དེ་ནི་ངོ་བོ་ཉིད་ཀྱིས་དགེ་བ་ཡིན་ཏེ་རང་བཞིན་གྱིས་དག་པའི་ཕྱིར་རོ། །དེ་ནི་དྲི་མ་མེད་པ་ ཡིན་ཏེ་དྲི་མ་ཐམས་ཅད་སྤངས་པའི་ཕྱིར་རོ། ། ལྔ་པ་ལ་གཉིས་ཀྱི་དང་པོ་མདོར་བསྟན་པ་གཉིས། ཆོས་སྐུ། གཟུགས་སྐུ་མདོར་བསྟན་ 1-1-259 པའོ། །དང་པོ་ནི། སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་མཚན་ཉིད་ལྔ་དང་ལྡན་ཏེ་ཐོག་ མ་སྐྱེ་བ་དང་དབུས་སུ་གནས་པ་དང་མཐའ་མ་འགག་པའི་སྐད་ཅིག་མེད་ཅིང་རྟག་པའི་ཕྱིར་ འདུས་མ་བྱས་པ་དང༌། ཆོས་ཉིད་གཅིག་ཡིན་པས་རྣམ་དབྱེ་མེད་པ་དང༌། སྒྲོ་འདོགས་པ་དང་ སྐུར་པ་འདེབས་པའི་མཐའ་གཉིས་མེད་པས་ཕྱིན་ཅི་མ་ལོག་པ་དང་སྒྲིབ་པ་གསུམ་དང་བྲལ་ བས་དག་པ་དང༌། དྲི་མ་མེད་ཅིང་རྣམ་རྟོག་མེད་པ་དང༌། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ གང་ཡིན་པ་དེ་རྟོགས་པ་ནི་ཞི་ལྷག་ཟུང་འཇུག་གི་རྣལ་འབྱོར་ལ་མཉམ་པར་བཞག་པའི་རྣལ་ འབྱོར་པ་ཡིས་མངོན་སུམ་དུ་མཐོང་བར་འགྱུར་བས་འོད་གསལ་བའོ། །དེ་ཡང་ཡོན་ཏན་ལྔ་ དང་ལྡན་ཏེ། ཚད་གཞལ་དུ་མེད་པ་དང་གང་གཱའི་བྱེ་མ་ལས་འདས་པས་གྲངས་མེད་པ་དང༌། བསམ་དུ་མེད་པ་དང་མཉམ་པ་མེད་པའི་ཡོན་ཏན་བཞི་རྣམས་དང་ལྡན་ལ། གཞན་ཡང་དེ་ བཞིན་གཤེགས་པའི་དྲི་མ་མེད་པའི་དབྱིངས་དེ་ནི་དག་པ་གཉིས་ལྡན་ཡིན་པས་བག་ཆགས་ དང་བཅས་པའི་ཉེས་པ་རྣམས་སྤངས་པའི་ཡོན་ཏན་དང་ཡང་ལྡན་པའོ། ། གཉིས་པ་ནི། གཟུགས་སྐུ་ལས་ལོངས་སྐུ་ཡང་མཚན་ཉིད་ལྔ་དང་ལྡན་ཏེ། སྣ་ཚོགས་པ་ སྟོན་པ་ལོངས་སྐུ་ནི་ཟབ་ཅིང་རྒྱ་ཆེ་བའི་དམ་ཆོས་གསུང་བ་གསུང་སྣང་བ་དང༌། གསུང་བ་པོ་ འོད་ཟེར་མངའ་བའི་སྐུས་སྟོན་པས་སྐུ་སྣང་བ་དང༌། འགྲོ་བའི་རྣམ་པར་གྲོལ་བའི་དོན་སྒྲུབ་ པ་ལ་རྟག་ཏུ་བརྩོན་པ་རྒྱུན་མི་འཆད་པ་དང༌། མཛད་པ་ཕྲིན་ལས་ཡིད་བཞིན་གྱི་ནོར་བུའི་ རྒྱལ་པོ་བཞིན་དུ་ལྷུན་གྱིས་གྲུབ་ཅིང་འདོད་པ་སྐོང་བ་དང༌། སྣ་ཚོགས་ཀྱི་དངོས་པོར་སྟོན་ པ་དང་ལྡན་ཡང་སྣ་ཚོགས་དེའི་རང་བཞིན་མིན་པའོ། །སྤྲུལ་སྐུ་ནི་མཚན་ཉིད་གསུམ་དང་ ལྡན་ཏེ་འཇིག་རྟེན་པ་རྣམས་ཞི་བ་མྱ་ངན་ལས་འདས་པའི་ལམ་ལ་འཇུག་ཅིང་འདུན་པར་ མཛད་པ་དང༌། ལམ་ལ་ཞུགས་པ་རྣམས་ཐེག་ཆེན་ལ་རབ་ཏུ་སྨིན་པར་མཛད་པ་དང༌། སྨིན་ པ་རྣམས་བྱང་ཆུབ་ཏུ་ལུང་སྟོན་པའི་རྒྱུའི་གཟུགས་སྤྲུལ་སྐུ་གང་ཡིན་པ་དེ་ཡང་འཇིག་རྟེན་ 1-1-260 འདིར་ནི་འཁོར་བ་ཇི་སྲིད་པར་རྟག་ཏུ་གནས་ཏེ། དཔེར་ན་ནམ་མཁའི་ཁམས་སུ་གཟུགས་ ཀྱི་ཁམས་རྒྱུན་མི་འཆད་པར་གནས་པ་བཞིན་ནོ། ། གཉིས་པ་རྒྱས་བཤད་ལ་བཞིའི་དང་པོ་རྒྱལ་བའི་འཇུག་པ་སྐུ་གསུམ་བསྡུས་ཏེ་བསྟན་ པ་ནི། རང་བྱུང་རྒྱལ་བ་རྣམས་ཀྱི་ཐམས་ཅད་མཁྱེན་པ་གང་ལ་མིང་སངས་རྒྱས་ཉིད་ཅེས་ གང་བརྗོད་པ་མཆོག་ཏུ་གྱུར་པའི་མྱ་ངན་ལས་འདས་པ་སྟེ། མྱ་ངན་འདས་ཆེན་པོ། རྟོག་པའི་ ཡུལ་ལས་འདས་པས་བསམ་དུ་མེད་པ། འཁོར་བའི་གཡུལ་ལས་རྒྱལ་བས་དགྲ་བཅོམ་པ། སོ་སོ་རང་རིག་པའི་བདག་ཉིད་དུ་གྱུར་པ་དེ་ལ་དབྱེ་ན་ཟབ་པ་དང་རྒྱ་ཆེ་བ་དང་བདག་ཉིད་ ཆེན་པོའི་ཡོན་ཏན་གྱི་ཆོས་ཀྱིས་རབ་ཏུ་ཕྱེ་བས། རང་བཞིན་གྱི་སྐུ་དང་ལ་སོགས་པས་ལོངས་ སྐུ་དང་སྤྲུལ་པའི་སྐུ་སྟེ་གསུམ་དག་གིས་འཇུག་གོ ། གཉིས་པ་སྐུ་གསུམ་སོ་སོའི་ཡོན་ཏན་ཕྱེ་སྟེ་བཤད་པ་ལ་གསུམ། ངོ་བོ་ཉིད་སྐུའི། ལོངས་ སྤྱོད་རྫོགས་སྐུའི། སྣ་ཚོགས་སྤྲུལ་སྐུའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཀྱི་དང་པོ་མདོར་ བསྟན་ནི། སྐུ་གསུམ་དུ་ཕྱེ་བ་དེ་ལ་སངས་རྒྱས་རྣམས་ཀྱི་ནི་ངོ་བོ་ཉིད་སྐུ་དེ་མཚན་ཉིད་ལྔ་ དང་ལྡན་ཞིང༌། མདོར་བསྡུ་ན་ཡོན་ཏན་ཡང་ལྔ་དང་ནི་ལྡན་པ་ཉིད་དུ་རིག་པར་བྱའོ། ། གཉིས་པ་རྒྱས་བཤད་ལ་གཉིས་ཀྱི་དང་པོ་མཚན་ཉིད་ནི། མཚན་ཉིད་ལྔ་གང་ཞེ་ན་སྐད་ ཅིག་ལས་འདས་པས་འདུས་མ་བྱས་ཤིང་རྟག་པའི་དོན་དང༌། སྔ་ཕྱི་ལ་ཁྱད་པར་མེད་པས་ངོ་ བོ་ལ་རྣམ་པར་དབྱེར་མེད་པའི་དོན་དང༌། བདག་གཉིས་མེད་པ་ལ་ཡོད་དོ་ཞེས་སྒྲོ་འདོགས་ པའི་མཐའ་དང་དེ་གཉིས་མེད་པའི་ཆོས་ཉིད་མེད་དོ་ཞེས་སྐུར་པ་འདེབས་པའི་མཐའ་སྟེ་ མཐའ་གཉིས་དག་ནི་རྣམ་པར་སྤངས་པས་ཕྱིན་ཅི་མ་ལོག་པའི་དོན་དང༌། ཉོན་མོངས་པ་དང་ ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་ལས་ནི་ངེས་པར་གྲོལ་ཏེ་སྒྲིབ་པ་གསུམ་མེད་ པས་དག་པའི་དོན་དང༌། གདོད་མ་ནས་དག་པས་དྲི་མ་མེད་ཅིང༌། རྟོག་གེ་ལས་འདས་པས་ 1-1-261 རྣམ་པར་རྟོག་པ་མེད་པ་དང༌། མཉམ་བཞག་མི་རྟོག་པའི་རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ པའི་ཕྱིར་དང༌། ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི་དག་པའི་ཕྱིར་ན་འོད་གསལ་བའི་དོན་ཏེ་ ལྔའོ། ། གཉིས་པ་ཡོན་ཏན་ནི། ཡོན་ཏན་ལྔ་གང་ཞེ་ན་ཚད་གཞལ་དུ་མེད་པ་དང་གྲངས་བགྲང་ དུ་མེད་པ་དང་རྟོག་པས་བསམ་དུ་མེད་པ་དང་འདི་དང་མཉམ་པ་གཞན་མེད་པ་དང་དྲི་མ་ དག་པའི་མཐར་ཐུག་པའི་ཡོན་ཏན་ལྔ་རྣམས་དང་ཡང་དག་པ་སྟེ། བཅོས་མ་མ་ཡིན་པར་ངོ་ བོ་ཉིད་ཀྱི་སྐུ་ལྡན་ཏེ། ལྔ་པོ་དེའི་རྒྱུ་མཚན་ཡང༌། ནམ་མཁའ་ལྟར་རྒྱ་ཆེ་བའི་ཕྱིར་དང༌། གང་ གཱའི་བྱེ་མ་ལས་འདས་པར་གྲངས་མེད་པའི་ཕྱིར་དང༌། རྟོག་གེས་བསམ་པའི་ཡུལ་ནི་མིན་ པའི་ཕྱིར་དང༌། འདི་འབའ་ཞིག་རང་བཞིན་གྱི་སྐུ་ཡིན་གྱི་གཞན་མིན་པའི་ཕྱིར་དང༌། དྲི་མ་ བག་ཆགས་དང་བཅས་པ་ཐམས་ཅད་སྤངས་པའི་ཕྱིར། གཞལ་དུ་མེད་པ་ལ་སོགས་པའི་ ཡོན་ཏན་ལྔ་གོ་རིམ་བཞིན་ནོ། །དེ་ལྟར་བསྟན་པའི་ངོ་བོ་ཉིད་ཀྱི་སྐུ་འདི། མངོན་རྟོགས་རྒྱན་ དུ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་ པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་དང༌། མདོ་རྒྱན་དུ། རང་བཞིན་སྐུ་ནི་མཉམ་ པ་དང༌། །ཕྲ་ཞིང་དེ་དང་འབྲལ་པ་དང༌། །དགྱེས་དགུར་ལོངས་སྤྱོད་བསྟན་པ་ལ། །ལོངས་ སྤྱོད་རྫོགས་སྦྱོར་རྒྱུར་འདོད་དོ། །ཞེས་པས་གསུངས་སོ། ། གཉིས་པ་ནི། སྣ་ཚོགས་པའི་ཚུལ་ཅན་ལོངས་སྐུ་ནི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་ རྫོགས་པར་སྤྱོད་པའི་རང་བཞིན་ཆོས་སྟོན་པའི་གསུང་དང་སྐུ་ནི་སྣང་བའི་ཕྱིར་དང༌། སེམས་ ཅན་སྡུག་བསྔལ་ལས་སྐྱབ་པར་བཞེད་པའི་ཐུགས་རྗེ་རྣམ་པར་དག་པའི་རྒྱུ་མཐུན་པའི་ འབྲས་བུས་འགྲོ་བའི་དོན་མཛད་པ་རྒྱུན་མི་འཆད་པའི་ཕྱིར་དང༌། རྣམ་པར་རྟོག་པ་དང་རྩོལ་ བ་མེད་ཅིང་ལྷུན་གྱིས་གྲུབ་པར་གདུལ་བྱའི་འདོད་པ་ཇི་ལྟ་བ་བཞིན་རེ་བ་ཡོངས་སུ་སྐོང་ 1-1-262 པའི་ཕྱིར་དང༌། ཡིད་བཞིན་གྱི་ནོར་བུ་ཚོན་སྣ་ཚོགས་ཀྱི་མཐུ་ལས་སྣ་ཚོགས་སུ་སྣང་བ་ལྟར་ གདུལ་བྱའི་རྐྱེན་སྣ་ཚོགས་ཀྱིས་སྣ་ཚོགས་སུ་སྣང་བའི་རྫུ་འཕྲུལ་གྱིས་དོན་མཛད་པ་སྟེ་ལྔས། ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྐུ་རྣམ་པར་གནས་སོ། །དེ་དག་གི་དོན་བསྡུས་ནས་ བརྗོད་ན། གསུང་གིས་ཆོས་བརྗོད་པ་དང་སྐུ་མཚན་དཔེ་ཅན་སྟོན་པ་དང་མཛད་པ་ཕྲིན་ལས་ རྒྱུན་མི་ཆད་པ་དང་མཛད་པ་ལ་རྩོལ་བས་མངོན་པར་འདུ་བྱེད་པ་མེད་ཀྱང་རེ་བ་སྐོང་བ་དང་ སྣ་ཚོགས་དེའི་ངོ་བོ་མིན་པ་སྣ་ཚོགས་སྟོན་པ་ལ། སྐབས་འདིར་ནི་སྣ་ཚོགས་སྟོན་པའི་ལོངས་ སྐུའི་མཚན་ཉིད་གསུང་གི་སྣང་བ་སྣ་ཚོགས་ལ་སོགས་པ་རྣམ་པ་ལྔར་བརྗོད་དོ། །སྣ་ཚོགས་ འབྱུང་བའི་རྒྱུ་ནི། ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས་ཁ་བསྒྱུར་བའི་གོས་ཀྱི་སྟེང་དུ་བཞག་ན་ནོར་ བུ་དེ་སྣ་ཚོགས་དེའི་དངོས་པོ་མིན་པ་ཁ་དོག་སྣ་ཚོགས་སུ་སྣང་བ་ལྟར། དེ་བཞིན་དུ་འགྲོ་ བའི་ཁམས་དང་མོས་པ་ལ་སོགས་པའི་རྐྱེན་སྣ་ཚོགས་པས་རྐྱེན་བྱས་ཏེ་ཁྱབ་བདག་སངས་ རྒྱས་ཀྱང་སྣ་ཚོགས་དེའི་དངོས་པོ་མིན་ཡང་སྣ་ཚོགས་པར་སྣང་ངོ༌། །ལོངས་སྐུ་འདི་ཡང་ མངོན་རྟོགས་རྒྱན་དུ། མཚན་ནི་སུམ་བཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་ དང༌། མདོ་རྒྱན་དུ། ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། །ཞེས་སོགས་ཀྱིས་གསུངས་སོ། ། གསུམ་པ་ལ་གཉིས། ཀུན་གྱི། འཕགས་པའི་དོན་མཛད་ཚུལ་ལོ། །དང་པོ་ནི། སངས་ རྒྱས་རྣམས་ནི་ཐུགས་རྗེ་ཆེན་པོས་འཇིག་རྟེན་སྡུག་བསྔལ་བ་མཁྱེན་ནས་འཇིག་རྟེན་ཀུན་ ལ་ཐུགས་རྗེས་གཟིགས་ནས་ནི་རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་པར་སྤྲུལ་པའི་རང་ བཞིན་སྣ་ཚོགས་རྣམས་ཀྱིས་དགའ་ལྡན་གྱི་གནས་སུ་སྐྱེ་བ་མངོན་པར་སྐྱེ་བ་དང༌། དགའ་ ལྡན་ནས་ནི་འཛམ་བུའི་གླིང་དུ་འཕོ་བ་དང༌། ཡུམ་གྱི་ལྷུམས་སུ་འཇུག་པ་དང༌། ལྷུམས་ ནས་བལྟམས་པ་སྟེ་སྐྱེ་བ་དང༌། རྩིས་དང་འཕོང་ལ་སོགས་པ་བཟོའི་གནས་ལ་མཁས་པར་ 1-1-263 མཛད་པ་དང༌། བཙུན་མོའི་འཁོར་དུ་དགྱེས་པར་རོལ་པ་དང༌། ཁབ་ནས་ངེས་པར་འབྱུང་ བ་སྟེ་རབ་བྱུང་མཛད་པ་དང༌། ཆུ་བོ་ནེ་རན་ཛ་ནའི་འགྲམ་དུ་དཀའ་བ་སྤྱོད་པ་དང༌། རྡོ་རྗེའི་ གདན་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང༌། དེར་རྩྭ་བཏིང་བ་ལ་བཞུགས་ཏེ་བྱམས་པའི་ མཐུས་བདུད་ཀྱི་སྡེ་འཇོམས་པ་དང༌། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་ པར་རྫོགས་པར་ནི་བྱང་ཆུབ་པ་དང༌། བདེན་པ་བཞི་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་རིམ་ པ་གསུམ་དུ་བསྐོར་བ་དང༌། རྩྭ་མཆོག་གི་གྲོང་དུ་མྱ་ངན་ལས་འདས་པར་གཤེགས་པ་སྟེ། རྒྱ་ ཆེར་རོལ་པ་དང་འདུལ་བ་ལུང་དང་མྱང་འདས་ཆེན་པོར་རྒྱས་པར་གསུངས་པའི་མཛད་པ་ རྣམས། ཡོངས་སུ་མ་དག་པའི་ཞིང་ཁམས་རྣམས་སུ་སྲིད་པ་ཇི་སྲིད་གནས་པར་སྟོན་ཏེ། དེ་ ཡང་གདུལ་བྱ་གང་ན་ཡོད་པ་དེར་བསྟན་ནས་གདུལ་བྱ་མེད་པ་དེར་མི་སྣང་ངོ༌། །དེ་ཉིད། དེར། ཇི་ལྟར་མེ་ནི་གཞན་དུ་འབར། །གཞན་དུ་ཞི་བར་འགྱུར་བ་ལྟར། །དེ་ལྟར་སངས་ རྒྱས་རྣམས་ལ་ཡང༌། །སྣང་དང་མི་སྣང་ཤེས་པར་བྱ། །ཞེས་སོ། །དེ་ལྟར་བསྟན་པ་འདུས་ བྱས་ཐམས་ཅད་མི་རྟག་པ་དང་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང་ཆོས་ཐམས་ཅད་ བདག་མེད་པ་དང༌། མྱ་ངན་ལས་འདས་པ་ཞི་བའོ། །ཞེས་བྱ་བའི་སྒྲ་འདིས་གདུལ་བྱ་འདུལ་ བའི་ཐབས་མཁྱེན་པ་སངས་རྒྱས་དེས་སེམས་ཅན་རྣམས་སྲིད་པ་གསུམ་ལ་སྐྱོ་བ་བསྐྱེད་ནས་ མྱ་ངན་ལས་འདས་པའི་ལམ་ཐེག་པ་གསུམ་ལ་རབ་ཏུ་འཇུག་པར་མཛད་དོ། ། གཉིས་པ་ལ་གཉིས་ཀྱི་དང་པོ་སྤྱི་དོན་ལ་གཉིས། ཐེག་དམན་གང་ཟག་ཐེག་ཆེན་ལ་ སྨིན་ཚུལ། ཐེག་ཆེན་གྱི་འཕགས་པ་ལུང་བསྟན་མཛད་ཚུལ་ལོ། །དང་པོ་ལ་གསུམ་གྱི་དང་ པོ་གང་ཞིག་འཇུག་པའི་གང་ཟག་ནི། ཐེག་ཆུང་ལྟར་ན། ཉན་ཐོས་སྦྱོར་ལམ་དྲོད་དང་རྩེ་ མོ་གཉིས་ལ་གནས་པ་ལོག་ནས་སངས་རྒྱས་སུ་འགྱུར་ཞིང་དེའི་སྟེང་དུ་བཟོད་པ་འབྲིང་ལ་ གནས་པའང་རང་རྒྱལ་དུ་འགྱུར་བར་འདོར་ཏེ། མཛོད་དུ། གཉིས་སློབ་རིག་ལས་ལོག་ནས་ 1-1-264 ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང༌། །ཞེས་སོ། །བཟོད་པ་ཆེན་པོ་ཐོབ་པ་ནི། དེར། བཟོད་ཐོབ་ངན་སོང་ཡོངས་མི་འགྲོ། །ཞེས་པས་རྒྱལ་སྲས་འཁོར་བར་ཡང་ཡང་སྐྱེ་བ་དང་ འགལ་བས་སངས་རྒྱས་སུ་མི་འཇུག་ལ་ཡང་ཉན་ཐོས་བཟོད་པ་ཆེན་པོ་ཐོབ་པ་ནི་རང་རྒྱལ་ དུའང་མི་འཇུག་སྟེ། དེར། ཆེན་པོ་འདོད་རྟོགས་སྡུག་བསྔལ་ཡུལ། །དེ་ནི་སྐད་ཅིག་གཅིག་ དེ་བཞིན། །ཆོས་མཆོག་ཅེས་པས་བཟོད་ཆེན་དང་ཆོས་མཆོག་སྐད་ཅིག་རེ་རེ་ལས་མེད་པས་ དེའི་བར་ལ་རང་རྒྱལ་ལ་འཇུག་པའི་སྐབས་མེད་ཅིང༌། དེའི་རྗེས་ཐོགས་སུ་མཐོང་ལམ་ཐོབ་ ནས་འཕགས་པ་རིགས་ངེས་པས་སོ། །ཞེས་འདོད་དོ། །ཐེག་ཆེན་ལྟར་ན་མདོ་རྒྱན་དུ། ཉན་ ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་བའོ། །དོན་མཐོང་འདོད་ཆགས་ བྲལ་བ་དང༌། །འདོད་ཆགས་བྲལ་མིན་འདི་དམན་པའོ། །ཞེས་བདེན་པ་མཐོང་མ་མཐོང་ གཉིས་ཀྱི་བདེན་པ་མཐོང་བ་ལ་འདོད་པའི་འདོད་ཆགས་བྲལ་བ་ཕྱིར་མི་འོང་དང༌། མ་བྲལ་ བའི་ཕྱིར་འོང་དང་རྒྱུན་ཞུགས་གཉིས་ཏེ་དེས་ན་ཕྱིར་མི་འོང་ཡན་ཅད་ཐེག་ཆེན་ལ་འཇུག་ པར་གསུངས་སོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བར། ཕུང་པོ་ལྷག་མ་དང་བཅས་པའི་ མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བླ་ན་མེད་པའི་བྱང་ཆུབ་མངོན་པར་སྒྲུབ་ པར་བྱེད་དམ། འོན་ཏེ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་གནས་ཤིང་བྱེད་ ཅེ་ན། སྨྲས་པ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ ཤིང་བྱེད་དེ། འདི་ལྟར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ པ་ནི་རྩོམ་པ་ཐམས་ཅད་དང་བྲལ་ཞིང་འབད་པ་ཐམས་ཅད་རྒྱུན་ཆད་པ་ཡིན་པའི་ཕྱིར་རོ། །ཞེས་ལྷག་བཅས་འཇུག་གི་ལྷག་མེད་མི་འཇུག་པར་གསུངས་སོ། །ཀླུ་སྒྲུབ་ཀྱིས། ཉན་ཐོས་ དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ 1-1-265 ཅན་དོན་ལ་དགའ་བྱེད་ཅིང༌། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་ བྱང་ཆུབ་ཐོབ་པར་འགྱུར། །ཞེས་ཕུང་པོ་ལྷག་མེད་ལ་གནས་པའང་འཇུག་པར་གསུངས་ ཏེ། ཐེག་ཆེན་གྱི་ཚུལ་མི་འདྲ་བ་གསུམ་པོ་འདིའི་དགོངས་པ་ནི་མདོ་ཐ་དད་ཀྱི་དགོངས་པ་སོ་ སོར་བཀོད་པར་མངོན་ནོ། །འགལ་བ་ཡང་མེད་དེ་འོག་མ་འཇུག་པར་གསུངས་པས་གོང་མ་ མི་འཇུག་པ་ཡང་ཡིན་[མིན་]ལ། གོང་མ་འཇུག་པར་གསུངས་པས་འོག་མ་འཇུག་པར་དོན་ གྱིས་བསྟན་པའི་ཡང་ཕྱིར་རོ། ། གཉིས་པ་གང་ནས་འཇུག་པའི་ས་མཚམས་ནི། །ཉན་རང་ཐེག་ཆེན་ལ་འཇུག་པ་དེ་ ཚོགས་ལམ་ནས་འཇུག་དགོས་ཏེ་འདུན་ལྡན་གྱི་སེམས་བསྐྱེད་བསྐྱེད་དགོས་ལ་དེ་ཡང་ལས་ དང་པོ་པའི་ཡིན་པའི་ཕྱིར་དང༌། སངས་རྒྱས་ཐོབ་པ་ལ་ཐེག་ཆེན་གྱི་ལམ་ལྔ་ཀ་བགྲོད་དགོས་ པའི་ཕྱིར་རོ། །འོ་ན་འཕགས་པ་སོ་སྐྱེར་ལྷུང་བ་སྲིད་པར་འགྱུར་ལ། འདོད་ན་མཛོད་དུ། ལྔ་ འབྲས་ལས། ཉམས་འགྱུར་དང་པོ་ལས་མ་ཡིན། །ཞེས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། དེ་ནི་ཐེག་ཆུང་ཁོ་ནའི་ཡིན་གྱི་འདིར་ཐེག་ཆེན་གྱི་བཞེད་པ་ཡིན་པའི་ཕྱིར་དང༌། ཐེག་དམན་ གྱི་འཕགས་པ་མ་ཉམས་པར་ཐེག་ཆེན་གྱི་ཚོགས་ལམ་ནས་སློབ་པར་མི་འགལ་བའི་ཕྱིར་རོ། ། གསུམ་པ་ཇི་ལྟར་འཇུག་པའི་རྣམ་གཞག་ནི། ཉན་རང་ཚོགས་སྦྱོར་ལ་གནས་པ་ནི་ལས་ དང་པོ་དང་འཇུག་ཚུལ་འདྲ་ལ། ཕྱིར་མི་འོང་མན་ཅད་ནི་འཕགས་པའི་ལམ་ཐོབ་པ་དེ་སྲིད་ པའི་སྐྱེ་བར་སྒྱུར་བས། བསམ་གྱིས་མི་ཁྱབ་པར་སྒྱུར་བའི་སྐྱེ་བ་དང་ལྡན་ནོ། །དེ་ཡང་རྒྱུན་ ཞུགས་དང་ཕྱིར་འོང་གཉིས་སྨོན་ལམ་གྱི་དབང་གིས་ཇི་ལྟར་འདོད་པའི་སྐྱེ་བ་མཚན་ཉིད་པ་ འཛིན་ལ། ཕྱིར་མི་འོང་བ་ནི་སྤྲུལ་པའི་སྐྱེ་བ་བཟུང་ནས་ཐེག་ཆེན་ལ་འཇུག་གོ །དེ་གསུམ་ ཀ་ཡང་ཉན་ཐོས་ཀྱི་སེམས་འཁོར་བ་ལ་སྐྱོ་བ་ཡང་ཡང་འབྱུང་བ་དང་མྱ་ངན་འདས་ལ་ལྷག་ 1-1-266 པར་དགའ་བས། ལས་དང་པོ་པ་ཐེག་ཆེན་ལ་ཞུགས་པ་བས་རྟོགས་པ་བུལ་ཏེ། དེ་དག་ཀྱང་ མདོ་རྒྱན་དུ། དེ་གཉིས་འཕགས་པའི་ལམ་ཐོབ་པ། །སྲིད་པ་དག་ཏུ་སྒྱུར་བའི་ཕྱིར། །བསམ་ གྱིས་མི་ཁྱབ་སྒྱུར་བ་ཡི། །སྐྱེ་བ་དང་ནི་ཡང་དག་ལྡན། །གཅིག་ནི་སྨོན་ལམ་དབང་གིས་ན། །སྐྱེ་བ་རབ་ཏུ་སྒྲུབ་པར་བྱེད། །གཅིག་ཤོས་ཕྱིར་མི་འོང་བ་དང༌། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་ སྒྲུབ། །དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །ཅེས་སོ། །ཡང་ཉན་ཐོས་བདེན་ པ་མཐོང་བ་འདོད་པའི་འདོད་ཆགས་མ་བྲལ་བ་དོན་ལ་བྱས་པ་དེ་ནི་སངས་རྒྱས་མེད་པའི་ དུས་སུ་སྐྱེས་ནས་སྤྲུལ་པ་དོན་དུ་གཉེར་བས་བསམ་གཏན་ལ་བརྩོན་པར་བྱེད་ཅིང༌། སྤྲུལ་ པ་ལ་བརྟེན་ནས་བྱང་ཆུབ་ཐོབ་སྟེ། དེར། དོན་བྱས་མ་ཡིན་དེ་སངས་རྒྱས། །མེད་པར་སྐྱེས་ ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བརྟེན་ནས། །བྱང་ཆུབ་དམ་པ་ཐོབ་ པར་འགྱུར། །ཞེས་སོ། །དགྲ་བཅོམ་ཕུང་པོའི་ལྷག་བཅས་ནི། ཚེའི་འདུ་བྱེད་བསྲིངས་ནས་ སྐྱེ་བ་གཅིག་པོ་དེས་བྱང་ཆུབ་སྒྲུབ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བར། ཇི་ལྟར་སྐྱེ་ བ་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་ཏུ་རུང༌། དགྲ་བཅོམ་ པ་ལ་ནི་རེ་ཤིག་སྐྱེ་བ་གཅིག་ཀྱང་མེད་ན་སྐྱེ་བའི་རྒྱུན་ལྟ་སྨོས་ཀྱང་ཅི་དགོས་ཞེ་ན། སྨྲས་པ། ཚེའི་འདུ་བྱེད་བསྲིངས་ནས་མངོན་པར་སྒྲུབ་པར་བྱེད་དོ། །ཞེས་སོ། །ལྷག་མེད་དགྲ་བཅོམ་ ནི་མ་རིག་བག་ཆགས་ཀྱི་ས་བོན་མ་སྤངས་པས་ཡིད་ཀྱི་རང་བཞིན་གྱི་ལུས་འགྲུབ་ཏུ་རུང་ སྟེ། དཔལ་འཕྲེང་དུ་གསུངས་པ་བཞིན་ནོ། །ལུས་དེས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས་ འཇུག་ཅིང༌། དེའི་རྐྱེན་སངས་རྒྱས་ཀྱིས་བསྐུལ་བས་བྱེད་དེ། སེམས་འགྲེལ་དུ། ཉན་ཐོས་ དེ་དག་ཇི་སྲིད་དུ། །ཞེས་སོགས་དང༌། གཉིས་ཀྱི་བག་ཆགས་ཡོད་པས་ན། །བག་ཆགས་ ས་བོན་དུ་བརྗོད་དེ། །ས་བོན་རྗེས་མཐར་ཚོགས་པ་ཡིས། །སྲིད་པའི་མྱུ་གུ་སྐྱེད་པར་བྱེད། 1-1-267 །ཅེས་སོ། ། གཉིས་པ་ནི་མདོ་རྒྱན་དུ། གང་ཟག་དུས་ཀྱི་བྱེ་བྲག་གིས། །བློ་ལྡན་ལུང་བསྟན་རྣམ་པ་ གཉིས། །བྱང་ཆུབ་དང་ནི་ལུང་སྟོན་པར། །གཞན་ཡང་ཆེན་པོར་བརྗོད་པ་ནི། །མི་སྐྱེ་བཟོད་ པ་ཐོབ་པ་ཡིས། །ང་རྒྱལ་རྩོལ་བ་སྤངས་པ་དང༌། །སངས་རྒྱས་རྒྱལ་སྲས་ཐམས་ཅད་དང༌། །ངོ་བོ་གཅིག་ཏུ་གྱུར་པ་ལས། །ཡང་དེ་ཞིང་དང་མིང་དང་ནི། །དུས་དང་བསྐལ་པའི་མིང་དང་ ནི། །འཁོར་དང་ལྡན་པའི་ཆོས་དང་ནི། །གནས་པའི་སྒོ་ནས་དེར་འདོད་དོ། །ཞེས་པས། གང་ ཟག་གིས་དབྱེ་བ་མངོན་སུམ་དང་མངོན་སུམ་མ་ཡིན་པ་གཉིས་དང༌། དུས་ཀྱི་དབྱེ་ན་དཔག་ ཏུ་ཡོད་པ་དང་མེད་པ་གཉིས་སོ། །ཡང་ལུང་སྟོན་ཚུལ་གྱིས་དབྱེ་ན། སངས་རྒྱས་དེས་བྱང་ ཆུབ་ཏུ་ལུང་སྟོན་པ་དང༌། སངས་རྒྱས་དེས་སངས་རྒྱས་གཞན་གྱིས་ལུང་སྟོན་པར་འགྱུར་ རོ་ཞེས་ལུང་སྟོན་པ་དང༌། ས་བརྒྱད་པ་ལ་བདག་སངས་རྒྱས་སུ་འགྱུར་རོ་སྙམ་པའི་ང་རྒྱལ་ དང་མཚན་མའི་རྩོལ་བ་སྤངས་ཤིང༌། རྒྱལ་བ་སྲས་བཅས་དང་བདག་གི་རྒྱུད་ཐ་དད་པར་མ་ མཐོང་བས་ངོ་བོ་གཅིག་ཏུ་གྱུར་པ་ལས་ལུང་བསྟན་པ་སྟེ་ཆེན་པོ་དང་གསུམ་མོ། །ཡང་ཞིང་ འདི་ཞེས་བྱ་བར་མིང་འདི་ཞེས་བྱ་བའི་སངས་རྒྱས་དུས་འདི་ཙམ་ན་བསྐལ་པ་འདི་ཞེས་བྱ་བ་ ལ་འབྱུང་སྟེ། འཁོར་འདི་ལྟ་བུ་དང༌། ཆོས་གནས་པའི་ཚད་འདིར་འགྱུར་རོ་ཞེས་ལུང་སྟོན་ པར་འགྱུར་བར་འདོད་དོ། ། གཉིས་པ་གཞུང་དོན་ནི། དེ་ལྟར་བཙུད་པ་རྣམས་ལས་ཞི་བའི་ལམ་ལ་རབ་ཏུ་ཞུགས་པ་ མྱ་ངན་ལས་འདས་པ་ཆེན་པོ་མ་ཐོབ་ཀྱང་ཐོབ་པའི་འདུ་ཤེས་ཅན་ཉན་རང་དགྲ་བཅོམ་པ་དེ་ དག་ལ། དམ་པའི་ཆོས་པད་མ་དཀར་པོར། ཤཱ་རིའི་བུ་ང་ལ་དད་པར་གྱིས་ཤིག་ཡིད་ཆེས་ པར་གྱིས་ཤིག རྟོགས་པར་གྱིས་ཤིག ཤཱ་རིའི་བུ་དེ་བཞིན་གཤེགས་པ་རྣམས་ལ་བརྫུན་ དུ་སྨྲ་བ་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཐེག་པ་ནི་གཅིག་ཏུ་ཟད་དེ་འདི་ལྟ་སྟེ་ 1-1-268 སངས་རྒྱས་ཀྱི་ཐེག་པའོ། །ཞེས་སོགས་དང༌། ལ་སོགས་པས་དཔལ་འཕྲེང་དང་མྱང་འདས་ ཆེན་པོ་སོགས་གཞན་དུ་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པ་ ཡིས་ཉན་རང་དེ་དག་སྔར་གྱི་འཛིན་པ་མྱང་འདས་མ་ཐོབ་པ་ལ་ཐོབ་སྙམ་པ་དེ་ལས་བཟློག་ སྟེ། ཐབས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་སྟོང་པ་ཉིད་ཀྱི་ཚུལ་རྟོགས་པ་ཐེག་ ཆེན་གྱི་ལམ་ཡོངས་སུ་བསྟན་ཞིང་བཟུང་བས། ཐེག་པ་མཆོག་ཐེག་ཆེན་ལ་སྨིན་པར་མཛད་ དེ། དེ་ལྟར་སྨིན་པ་རྣམས་བྱང་ཆུབ་མཆོག་ཏུ་སངས་རྒྱས་སུ་ལུང་སྟོན་ཏོ། །དེ་ཡང་དཔེར་ན་ དམ་ཆོས་པད་དཀར་དུ། ཐེག་པ་གཅིག་བསྟན་པས་ཤཱ་རིའི་བུ་སྨིན་པ་དེ་རྡུལ་མེད་པ་ཞེས་ བྱ་བའི་ཞིང་དུ་བསྐལ་པ་དཔག་ཏུ་མེད་པ་ན་སངས་རྒྱས་པད་མའི་འོད་དུ་འགྱུར་བར་ལུང་ བསྟན་པ་ལ་སོགས་པ་བཞིན་ཏེ་རྒྱས་པར་མདོ་དེ་ཉིད་དུ་བལྟའོ། །དེ་བཞིན་དུ་ཐེག་ཆེན་ གྱིས་སྨིན་པ་གཞན་ཡང་ལུང་སྟོན་ཏོ། །སྤྲུལ་སྐུ་འདི་མངོན་རྟོགས་རྒྱན་དུ། གང་གིས་སྲིད་ པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་ སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་དང༌། མདོ་རྒྱན་དུ། སངས་རྒྱས་སྤྲུལ་པ་དཔག་མེད་པ། །སྤྲུལ་ པའི་སྐུར་ནི་འདོད་པ་སྟེ། །དོན་གཉིས་ཕུན་སུམ་ཚོགས་པ་ནི། །རྣམ་པ་ཐམས་ཅད་གཉིས་ལ་ གནས། །བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་ པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་ནོ། །ཞེས་པས་གསུངས་སོ། ། གསུམ་པ་སྐུ་གསུམ་ཟབ་པ་སོགས་ཀྱི་རྒྱུ་མཚན་བསྟན་པ་ནི། ཟབ་ཅིང་རྟོགས་དཀའ་བ་ དང༌། གཞན་དོན་གྱི་མཐུ་ནི་སྣ་ཚོགས་པ་དང༌། བྱིས་པ་སོ་སོ་སྐྱེ་བོའི་བསམ་པའི་དོན་དང་ མཐུན་པར་རབ་ཏུ་འདྲེན་པའི་ཕྱིར་སྐུ་གསུམ་པོ་འདི་དག་གྲངས་ཀྱི་གོ་རིམ་བཞིན་དུ་ཟབ་པ་ དང་རྒྱ་ཆེ་བ་དང་བདག་ཉིད་ཆེ་བ་ཞེས་བྱའོ། །དེ་ཡང་འདིར་ནི་དང་པོ་ཟབ་པ་ནི་ཆོས་སྐུའམ་ ངོ་བོ་ཉིད་སྐུ་སྟེ། ཕྱི་མ་རྒྱ་ཆེ་བ་དང་བདག་ཉིད་ཆེ་བ་གཉིས་པོ་དག་ནི་ལོངས་སྐུ་དང་སྤྲུལ་སྐུ་ 1-1-269 སྟེ་གཟུགས་ཀྱི་སྐུ་གཉིས་སོ། ། བཞི་པ་ཆོས་སྐུ་གཟུགས་སྐུ་གཉིས་ཀྱི་རྟེན་དུ་བསྟན་པ་ནི། དཔེར་ན་ནམ་མཁའ་ལ་ནི་ གཟུགས་རྣམས་བརྟེན་ནས་གནས་པ་བཞིན་དུ། སྐུ་དང་པོ་ཆོས་སྐུ་ལ་ནི་སྐུ་ཐ་མ་གཟུགས་སྐུ་ གཉིས་གནས་སོ། །དེར། དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་སོ། །དེ་ལྟར་ན། གཞུང་ འདིར་སྐུ་གསུམ་དུ་བསྟན་པ་ནི་སྐུའི་དབྱེ་བ་དངོས་ཡིན་ལ། འོག་ནས་ཡོན་ཏན་གྱི་སྐབས་སུ་ སྐུ་གཉིས་སུ་བསྡུས་པ་ནི་ཡོན་ཏན་ལ་བྲལ་བ་དང་སྨིན་པ་གཉིས་སུ་བྱ་བའི་ཕྱིར་ཡིན་གྱི་སྐུའི་ དབྱེ་བ་དངོས་མ་ཡིན་ནོ། །དེ་བཞིན་དུ། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་ བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་ བཞིར་ནི་ཡང་དག་བརྗོད། །ཅེས་པ་ཡང་སྐུ་གསུམ་སྟོན་པ་བྱམས་པའི་དགོངས་པ་ཡིན་གྱི་ བཞིར་བཞེད་པ་རྣམས་ནི་དགོངས་པ་ལས་རིང་པ་ཡིན་ནོ། །དེ་བཞིན་དུ་མདོ་སྡེ་རྒྱན་དུ་ཡང༌། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་ གཞན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཅེས་གསུངས་པས་བྱམས་པའི་དགོངས་ པ་སྐུ་གསུམ་ཉིད་ཡིན་ནོ། ། དྲུག་པ་ལ་གསུམ་གྱི་དང་པོ་སྐུ་གསུམ་རྟག་ཏུ་གནས་པའི་རྒྱུ་མཚན་བསྟན་པ་ནི། སངས་ རྒྱས་རྣམས་ཀྱི་རྒྱུ་བཅུས་རྟག་པ་ཡིན་ཏེ་བཅུ་ནི་རྟག་པའི་རྒྱུ་དམ་ཆོས་འཛིན་པ་ལ་དཀའ་སྤྱད་ མཐའ་ཡས་པ་མཛད་པ་དང༌། སེམས་ཅན་གྱི་དོན་མཛད་པར་དམ་བཅས་ཤིང་སེམས་ཅན་ ཟད་པ་མེད་པ་དང༌། སེམས་ཅན་ལ་བརྩེ་བའི་གཞན་དབང་དུ་གྱུར་པ་དང༌། རྫུ་འཕྲུལ་གྱི་ རྐང་པ་བརྙེས་པ་དང༌། འཁོར་འདས་མཉམ་པ་ཉིད་དུ་མཁྱེན་པ་དང༌། ཏིང་ངེ་འཛིན་གྱི་བདེ་ བ་ཕུན་སུམ་ཚོགས་པ་དང་ལྡན་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབང་ཕྱུག་ ཡིན་པས་འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ་དང༌། འཆི་བདག་གི་བདུད་བཅོམ་པ་དང༌། 1-1-270 འདུས་བྱས་ཀྱི་ངོ་བོ་མེད་པའི་ཕྱིར་དང༌། འཇིག་རྟེན་གྱི་མགོན་པོ་དང་སྐྱབས་ཀྱི་མཐར་ཐུག་ པ་ཡིན་པའོ། །དེས་ན་རྟག་ཏུ་གནས་པའི་སངས་རྒྱས་ཡིན་ཏེ། དེར་ཡང༌། རང་བཞིན་དང་ནི་ རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །ཅེས་སོ། ། གཉིས་པ་རྒྱུ་མཚན་དེ་དག་ཕྱེ་སྟེ་རྒྱས་པར་བཤད་པ་ལ་གཉིས། གཟུགས་སྐུ། ཆོས་སྐུ། རྟག་པའི་རྒྱུ་མཚན་ནོ། །དང་པོ་ནི། སངས་རྒྱས་ཀྱི་གཟུགས་སྐུ་གཉིས་ནི་རྟག་ཏུ་གནས་པ་ ཡིན་ཏེ། སྔོན་ལམ་གྱི་དུས་ན་སྐུ་ལུས་དང་སྲོག་དང་ལོངས་སྤྱོད་རྣམས་འཕངས་པ་མེད་པར་ བཏང་ནས་དམ་པའི་ཆོས་འཛིན་པ་ལ་དཀའ་བ་མཛད་པའི་ཕྱིར་དང༌། སེམས་ཅན་ཀུན་ལ་ ཕན་པར་བྱ་བའི་ཕྱིར་ཏེ་ཆེད་དུ། སེམས་ཅན་བསྒྲལ་བར་བྱའོ་ཞེས་དང་པོར་དམ་བཅས་པ་ མཐར་འབྱིན་པར་མཛད་ལ་སེམས་ཅན་དེ་དག་ཟད་པ་ཡང་མེད་པས་བཞུགས་པ་དོན་ཡོད་ པའི་ཕྱིར་དང༌། སངས་རྒྱས་ཉིད་ནི་སེམས་ཅན་ཐམས་ཅད་ལ་ཕྱོགས་རིས་ལ་སོགས་པའི་དྲི་ མ་མེད་པས་གཙང་བ་དང་ལོག་སྒྲུབ་མི་བཟོད་པ་ལ་སོགས་པའི་སྐྱོན་གྱིས་དག་པའི་ཐུགས་ རྗེ་རབ་ཏུ་འཇུག་པའི་ཕྱིར་དང༌། རྫུ་འཕྲུལ་གྱི་རྐང་པ་ཐོབ་ནས་རྫུ་འཕྲུལ་སྟོན་པ་ནི་རྒྱུ་དེ་ ཡིས་བསྐལ་པ་མཐའ་ཡས་པར་གནས་པར་ཡང་སྤྱོད་པ་སྟེ་ནུས་པའི་ཕྱིར་དང༌། མཁྱེན་པ་ རྣམ་པར་དག་པས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་འཛིན་པ་ལས་གྲོལ་བའི་ ཕྱིར་དང༌། དུས་རྟག་ཏུ་བསམ་ཡས་ཏེ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་གྱི་བདེ་བ་ཕུན་ ཚོགས་པ་དང་ལྡན་པའི་ཕྱིར་དང༌། འཇིག་རྟེན་ན་ནི་སེམས་ཅན་གྱི་དོན་ལ་སྤྱོད་ཅིང་བཞུགས་ པ་ན་འཇིག་རྟེན་གྱི་ཆོས་ཀྱིས་གོས་པ་མེད་པའི་ཆོས་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་རོ། ། གཉིས་པ་ནི། སངས་རྒྱས་ཀྱི་ཆོས་སྐུ་རྟག་ཏུ་གནས་ཏེ། འཆི་བ་མེད་པའི་ཆོས་ཉིད་ལས་ ཀྱི་དབང་གིས་རྣམ་པར་ཆད་པའི་འཆི་བ་དང་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་བ་ གཉིས་ཞི་བའི་གནས་ཐོབ་པ་ལ་འཆི་བདག་གི་བདུད་རྒྱུ་བ་མེད་པའི་ཕྱིར་དང༌། རང་བཞིན་ 1-1-271 གྱིས་འདུས་མ་བྱས་པའི་རང་བཞིན་ཅན་གྱི་ཐུབ་པ་ཆོས་སྐུ་ནི་གདོད་མ་ནས་འདུས་བྱས་རབ་ ཏུ་ཞི་བས་འདུས་བྱས་ཀྱི་ངོ་བོ་མེད་པའི་ཕྱིར་དང༌། རྟག་པ་ཡིན་པ་ནི་སེམས་ཅན་སྐྱབས་མེད་ པ་རྣམས་ཀྱི་སྐྱབས་དང་མགོན་ལ་སོགས་པར་འཐད་ལ་སངས་རྒྱས་འདི་ཡང་སེམས་ཅན་གྱི་ སྐྱབས་མཐར་ཐུག་པ་ཡིན་པའི་ཕྱིར་རོ། ། གསུམ་པ་གཏན་ཚིགས་སོ་སོར་ཕྱེ་བས་རྟག་ཚུལ་བསྡུ་བ་ནི། དེ་ལྟར་རྟག་པའི་རྒྱུ་བཅུ་ ལས་དང་པོ་ཡི་ནི་རྒྱུ་རྒྱུ་མཐའ་ཡས་པ་ལ་སོགས་པ་བདུན་གྱིས་གཟུགས་ཀྱི་སྐུ་ཡི་རྟག་པ་ ཉིད་བསྟན་ཏེ། འཆི་བདུད་བཅོམ་པ་ལ་སོགས་པ་ཕྱི་མ་གསུམ་གྱིས་སྟོན་པ་སངས་རྒྱས་ཀྱི་ ནི་ཆོས་ཀྱི་སྐུ་ཡི་རྟག་པ་ཉིད་བསྟན་ཏོ། ། བདུན་པ་ལ་གསུམ་གྱི་དང་པོ་མདོར་བསྟན་ནི། གནས་ཡོངས་སུ་གྱུར་པས་རབ་ཏུ་ཕྱེ་ བ་ཐོབ་པའི་ཚུལ་སངས་རྒྱས་དེ་ནི། ངག་གི་ཡུལ་མིན་པའི་ཕྱིར་དང༌། དོན་དམ་གྱི་བདེན་ པས་བསྡུས་པའི་ཕྱིར་དང༌། རྟོག་པས་བརྟག་པར་བྱ་བའི་གནས་མིན་པའི་ཕྱིར་དང༌། དཔེ་ དང་གཏན་ཚིགས་ལ་སོགས་པས་བསྐྱེད་པ་རྗེས་དཔག་ཚད་མའི་ཡུལ་ལས་འདས་པའི་ཕྱིར་ དང༌། དེའི་བླ་ན་ཆོས་གཞན་མེད་པའི་ཕྱིར་དང༌། སྲིད་པ་དང་ཞི་བའི་མཐས་མ་བསྡུས་པའི་ ཕྱིར། རྒྱལ་བའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དེ། ས་ལ་གནས་པའི་འཕགས་པ་རྣམས་ཀྱིས་ ཀྱང་བསམ་གྱིས་མི་ཁྱབ་པོ། ། གཉིས་པ་རྒྱས་བཤད་ནི། སངས་རྒྱས་འདི་འཕགས་པ་རྣམས་ཀྱིས་ཀྱང་བསམ་གྱིས་ ཁྱབ་པ་མེད་པའི་རྒྱུ་མཚན་ནི་ངག་གིས་བརྗོད་དུ་མེད་པའི་ཕྱིར་ཏེ། བརྗོད་དུ་མེད་པ་ཡང་ དོན་དམ་བདེན་པ་ཡིན་པའི་ཕྱིར་རོ། །དོན་དམ་ཡིན་པའི་རྒྱུ་ུམཚན་ནི་རྟོག་པས་བརྟག་བྱ་ མིན་པའི་ཕྱིར་ཏེ། བརྟག་བྱ་མིན་པ་ཡང་དཔེ་དང་རྟགས་ལས་རྗེས་སུ་དཔག་པར་བྱ་བ་མིན་ པའི་ཕྱིར་རོ། དཔག་བྱ་མིན་ཏེ་བླ་ན་མེད་པའི་ཕྱིར་དང༌། བླ་ན་མེད་པ་ཡིན་ཏེ་སྲིད་ཞིས་མ་ 1-1-272 བསྡུས་པའི་ཕྱིར་དང༌། སྲིད་ཞིས་མ་བསྡུས་པ་ཡིན་ཏེ་སྲིད་ཞིའི་མཐའ་གཉིས་ལ་གནས་པ་ མེད་པའི་ཕྱིར་ཏེ། གནས་པ་མེད་པའི་རྒྱུ་མཚན་ཡང་ཞི་བ་ལ་ཡོན་ཏན་ཅན་དང་སྲིད་པ་ལ་ སྐྱོན་ཅན་དུ་རྟོག་པ་མེད་པའི་ཕྱིར་རོ། །དེ་ལ་རྒྱུ་མཚན་དང་པོ་ལྔ་པོ་དག་གིས་ནི་ཕྲ་ཞིང་ཟབ་ ལ་རྟོགས་དཀའ་བ་བསྟན་པའི་ཕྱིར་ཆོས་སྐུ་བསམ་གྱིས་མི་ཁྱབ་པ་བསྟན་ཏེ། དྲུག་པ་སྲིད་ ཞིས་མ་བསྡུས་ཕྱིར་ཞེས་པས་ནི། སངས་རྒྱས་དེ་སྲིད་ཞིའི་རྣམ་པར་བསྟན་ཡང་སྲིད་ཞི་དེའི་ དངོས་པོ་མིན་པར་བསྟན་པའི་ཕྱིར་གཟུགས་སྐུ་གཉིས་བསམ་གྱིས་མི་ཁྱབ་པར་བསྟན་པའོ། ། གསུམ་པ་མཇུག་བསྡུ་ནི། བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེ་ཆེན་པོ་ལ་སོགས་ པའི་ཡོན་ཏན་གྱིས་ཡོན་ཏན་གྱི་ཕ་རོལ་ཏུ་བྱོན་པའི་རྒྱལ་བ་རྣམས་ནི་བསམ་གྱིས་མི་ཁྱབ་ པོ། །བསམ་གྱིས་མི་ཁྱབ་པ་དེས་ན་རང་བྱུང་སངས་རྒྱས་རྣམས་ཀྱི་རྣམ་གཞག་དོན་བརྒྱད་ ཀྱི་ཐ་མ་བསམ་གྱིས་མི་ཁྱབ་པའི་ཚུལ་འདི་ནི། དྲང་སྲོང་ཆེན་པོ་བྱང་ཆུབ་སེམས་དཔའ་ དབང་བཅུ་ཐོབ་པ་ས་བཅུ་པ་ལ་གནས་པ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་དུ་རིག་པ་མིན་ནོ། །འདིར་རྐང་པ་དང་པོ་གཉིས་ཀྱིས་སངས་རྒྱས་བསམ་གྱིས་མི་ཁྱབ་པ་དང༌། ཕྱི་མ་གཉིས་ ཀྱིས་བསམ་གྱིས་མི་ཁྱབ་པ་དེ་ཡང་བསམ་གྱིས་མི་ཁྱབ་པར་བསྟན་ཏོ། །ཐེག་པ་ཆེན་པོ་རྒྱུད་ བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། དྲི་མེད་བྱང་ཆུབ་ཀྱི་ སྐབས་ཏེ་གཉིས་པའི་བཤད་པའོ།། །། གསུམ་པ་ལ་གཉིས། གཞུང་དོན་གྱི་གཙོ་བོའི་ཡོན་ཏན། སྤྱི་དོན་གྱི་ཡོན་ཏན་གཞན་ དག་བཤད་པའོ། ། དང་པོ་ལ་གསུམ། སྐུ་གཉིས་ཡོན་ཏན་དྲུག་ཅུ་རྩ་བཞི་ལྡན་པར། ཡོན་ཏན་དྲུག་ཅུ་རྩ་ བཞི་ཕྱེ་སྟེ་དཔེ་ཡིས། ཡོན་ཏན་དཔེ་དང་འདྲ་བའི་རྒྱུ་མཚན་རྒྱས་པར་བསྟན་པའོ། ། 1-1-273 དང་པོ་ནི། དེ་ལྟར་བསྟན་པའི་བྱང་ཆུབ་དེ་ཡང་ནོར་བུའི་འོད་དང་མདོག་དང་དབྱིབས་ དབྱེར་མེད་པ་བཞིན་དུ་རང་ཉིད་དང་རང་བཞིན་དབྱེར་མེད་པའི་ཡོན་ཏན་དང་ལྡན་ཏེ། དེ་ ཡང་རང་དོན་ཕུན་སུམ་ཚོགས་པ་དང་གཞན་དོན་ཕུན་སུམ་ཚོགས་པའི་བདག་ཉིད་རིམ་ པ་ལྟར་དོན་དམ་ཆོས་སྐུ་དང་ནི་དེ་ལ་བརྟེན་པའི་ཀུན་རྫོབ་གཟུགས་སྐུ་གཉིས་ཉིད་དེ། དེ་ དག་རིམ་པ་ལྟར་བྲལ་བའི་འབྲས་བུ་དང་རྣམ་པར་སྨིན་པའི་འབྲས་བུ་ཡི་ཡོན་ཏན་སུམ་ཅུ་ རྩ་གཉིས་རེ་དང་ལྡན་པས་ཕྱིར་དབྱེ་བ་དྲུག་ཅུ་རྩ་བཞི་པོ་འདི་དག་དང་ལྡན་ནོ། །དེ་སླར་ བཤད་པ། བདག་ཉིད་ཀྱི་ནི་དོན་ཕུན་སུམ་ཚོགས་པ་འབྱོར་པའི་གནས་ནི་དམ་པའི་དོན་གྱི་ ཞེས་པ་དོན་དམ་ཆོས་སྐུ་ཡིན་ཏེ། དྲང་སྲོང་ཆེན་པོ་རྣམས་ཀྱི་བརྡ་དང་ཐ་སྙད་ཀྱི་སྐུ་གཟུགས་ སྐུ་གཉིས་ནི་ཕ་རོལ་ཏེ་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གནས་ཡིན་ནོ། །དེ་གཉིས་ཀྱི་ དང་པོ་ཆོས་ཀྱི་སྐུ་ནི་དོན་དམ་པའི་སྟོབས་བཅུ་དང་ལ་སོགས་པས་མི་འཇིགས་པ་བཞི་དང་ མ་འདྲེས་པའི་ཆོས་བཅྭ་བརྒྱད་དེ་གདོད་ནས་གནས་པ་ལ་དྲི་མ་བྲལ་བ་ཙམ་གྱིས་ཐོབ་པའི་ དོན་དུ་བྱས་པ་བྲལ་བའི་ཡོན་ཏན་རྣམས་དང་ལྡན་ལ། གཉིས་པ་གཟུགས་སྐུ་གཉིས་ནི་སྐྱེས་ བུ་ཆེན་པོར་མཚོན་པའི་མཚན་སུམ་ཅུ་རྩ་གཉིས། སྔོན་ནས་མ་གྲུབ་ཀྱང་དགེ་བའི་འབྲས་བུ་ རྣམ་པར་སྨིན་པ་ལས་སྐྱེས་པའི་ཡོན་ཏན་དག་དང་ལྡན་ནོ། ། གཉིས་པ་ལ་གསུམ་གྱི་དང་པོ་མདོར་བསྟན་ནི། སྡོམ་ནི། སྟོབས་བཅུ་པོ་ཉིད་ནི་མ་རིག་ པ་ལ་སོགས་པའི་སྒྲིབ་པ་འཇོམས་པ་ལ་རྫས་ཀྱི་རྡོ་རྗེ་ཕ་ལམ་བཞིན་དང༌། མི་འཇིགས་པ་ བཞི་ཉིད་ནི་འཁོར་གྱི་ནང་དུ་བག་ཚ་བ་མེད་པའི་སྒྲ་སྒྲོགས་པ་སེང་གེ་བཞིན་དང༌། དེ་བཞིན་ གཤེགས་པའི་མ་འདྲེས་པའི་ཆོས་བཅྭ་བརྒྱད་ནི་གཞན་དང་ཐུན་མོང་མ་ཡིན་པས་ནམ་ མཁའ་བཞིན་དེ། ཐུབ་པའི་གཟུགས་སྐུ་བསྟན་པ་རྣམ་པ་གཉིས་ནི་ཆུ་དང་ནམ་མཁར་ཤར་ བའི་ཟླ་བ་བཞིན་ནོ། ། 1-1-274 གཉིས་པ་རྒྱས་བཤད་ལ་གཉིས། དོན་དམ་ཆོས་སྐུ་ལ་བྲལ་བའི། ཀུན་རྫོབ་གཟུགས་སྐུ་ ལ་སྨིན་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་བཤད་པའོ། ། དང་པོ་ལ་གསུམ། སྟོབས་བཅུ་རྡོ་རྗེའི། མི་འཇིགས་སེང་གེའི། མ་འདྲེས་ནམ་མཁའི་ དཔེ་ཡིས་བཤད་པའོ། །དང་པོ་ལ་གཉིས་ཀྱི་དང་པོ་སྟོབས་བཅུ་ཕྱེ་སྟེ་བཤད་པ་ནི། སྟོབས་ བཅུ་གང་ཞེ་ན། དགེ་བ་ལས་བདེ་བ་འབྱུང་བ་ལྟ་བུ་གནས་དང་མི་དགེ་བ་ལས་བདེ་བ་འབྱུང་ བ་ལྟ་བུ་གནས་མིན་པ་སྟེ་སྲིད་པ་དང་མི་སྲིད་པ་མཁྱེན་པའི་སྟོབས་དང༌། དུས་གསུམ་གྱི་ ལས་ཡང་དག་པར་བླངས་པ་རྣམས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་དང་ནི། སེམས་ཅན་ གྱི་དབང་པོ་རྣོ་བ་དང་བརྟུལ་བ་ལ་སོགས་པ་དང་བརྩོན་འགྲུས་ཆེ་བ་དང་ཆུང་བ་ལ་སོགས་ པ་མཁྱེན་པའི་སྟོབས་དང༌། སེམས་ཅན་གྱི་ཐེག་པ་གསུམ་ལ་སོགས་པའི་ཁམས་ཏེ་རིགས་ དུ་མ་དང་རིགས་སྣ་ཚོགས་རྣམས་མཁྱེན་པའི་སྟོབས་དང་ནི། གང་ཟག་གཞན་དང་གཞན་ དག་གི་འདོད་ཆགས་ལ་གནས་ལ་ཞེ་སྡང་ལ་མོས་པ་ལ་སོགས་པ་མོས་པ་དུ་མ་དང་མོས་པ་ སྣ་ཚོགས་མཁྱེན་པའི་སྟོབས་དང༌། འདུས་བྱས་དང་འདུས་མ་བྱས་དང་བྱང་ཆུབ་གསུམ་པོ་ དང་སེམས་ཅན་གྱི་འཇུག་པའི་རྒྱུ་ལས་བྱུང་བ་དང་ལྡོག་པའི་རྒྱུ་ལས་བྱུང་བ་ཀུན་ཏུ་འགྲོ་བའི་ ལམ་མཁྱེན་པའི་སྟོབས་དང༌། སེམས་ཅན་གཞན་དག་གི་བསམ་གཏན་དང་སོགས་པས་རྣམ་ པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་ཀུན་ནས་ཉོན་མོངས་དང་དྲི་མ་ མེད་པ་སྟེ་རྣམ་པར་བྱང་བ་གསུམ་གྱི་རྒྱུ་རྐྱེན་དང་བཅས་པ་དང་ལྡང་བ་མཁྱེན་པའི་སྟོབས་ དང༌། རང་དང་གཞན་གྱི་སྔོན་གྱི་སྐྱེ་བའི་གནས་ནི་རྣམ་པ་དུ་མ་རྗེས་སུ་དྲན་པ་མཁྱེན་པའི་ སྟོབས་དང༌། ལྷའི་མིག་གིས་སེམས་ཅན་གྱི་འཆི་འཕོ་བ་དང་སྐྱེ་བ་དང་བཟང་ངན་དང་ཁ་ དོག་སྡུག་མི་སྡུག་ལ་སོགས་པ་མཁྱེན་པའི་སྟོབས་དང་རང་གི་ཟག་པ་ཞི་བ་སྟེ་ཟག་པ་ཟད་པ་ དག་མཁྱེན་པའི་སྟོབས་དང་ནི་རྣམ་པ་བཅུའོ། །དེ་དག་གི་རྒྱུ་ནི་རིམ་པ་ལྟར། སྔོན་བྱང་ཆུབ་ 1-1-275 སེམས་དཔའི་སྤྱད་པ་སྤྱོད་པ་ན། ཐེག་དམན་མི་འདོད་ཅིང་བྱ་བ་མ་ཡིན་པ་མི་བྱེད་པས་ཡིད་ དམ་ལ་བརྟན་པ་དང༌། ལས་ཀྱི་རྣམ་སྨིན་ལ་ཡིད་ཆེས་པ་དང༌། སེམས་ཅན་གྱི་དབང་པོ་དང་ མཐུན་པར་ཆོས་སྟོན་པ་དང༌། ཁམས་དང་མཐུན་པར་ཞུགས་ཤིང་གནས་པ་དང༌། མོས་པ་ཐ་ དད་དང་མཐུན་པར་ཞུགས་ནས་ཇི་ལྟར་མོས་པ་ལ་མི་སྨོད་པ་དང༌། ཐེག་པ་ཐམས་ཅད་ལ་ཡེ་ ཤེས་གཏོང་ཞིང་གོམས་པར་བྱས་པ་དང༌། བསམ་གཏན་དང་ཏིང་ངེ་འཛིན་ལྷུར་ལེན་པ་དང༌། སྔོན་གྱི་རྒྱུ་ལས་བྱུང་བའི་དགེ་རྩ་ཆུད་མ་གསན་པ་དང༌། སེམས་ཅན་གང་ཡང་སྤ་གོང་བར་མི་ བྱེད་ལ་མ་བསླབས་པ་ལ་དབང་མི་ཟ་ཞིང་སེམས་ཅན་ལ་སྣང་བར་གྱུར་པའི་ཆོས་བསྟན་པ་ དང༌། ཟག་པ་ཟད་པའི་དོན་དུ་ཆོས་བསྟན་པ་རྣམས་ཀྱིས་གྲུབ་པའོ། ། གཉིས་པ་དཔེ་དང་འདྲ་ཚུལ་བསྟན་པ་ནི། གནས་དང་གནས་མིན་དང༌། ལས་ཀྱི་རྣམ་ སྨིན་དང༌། ཁམས་དང༌། འགྲོ་བའི་མོས་པ་དང༌། ཀུན་ཏུ་འགྲོ་བའི་ལམ་སྣ་ཚོགས་དང༌། བསམ་གཏན་ནས་ཉོན་མོངས་རྣམ་བྱང་གི་བར་དང༌། དབང་པོའི་ཚོགས་དང༌། སྔོན་གྱི་ གནས་རྗེས་སུ་དྲན་པ་དང༌། ལྷའི་མིག་གིས་འཆི་འཕོ་སོགས་དང༌། ཟག་པ་ཟད་པའི་ཚུལ་ མཁྱེན་པའི་སྟོབས་ཏེ་བཅུ་ལས་དང་པོ་དྲུག་དང་དེ་ནས་གསུམ་དང་ཐ་མ་གཅིག་རྣམས་ཀྱིས་ རིམ་པ་ལྟར་མི་ཤེས་པ་སྒྲིབ་པ་སྟེ་ཤེས་སྒྲིབ་དང་སྙོམས་འཇུག་གི་སྒྲིབ་པ་དང་ཉོན་མོངས་ པའི་སྒྲིབ་པ་བག་ཆགས་དང་བཅས་པ་གསུམ་རིམ་པ་ལྟར་གོ་ཆ་སྲ་བ་དང་རྩིག་པ་བརྟན་པོ་ དང་ཤིང་ནགས་ཐིབས་པོ་དང་འདྲ་བ་རྣམས། རིམ་པ་ལྟར་འབིགས་པ་དང་འཇིག་པ་དང་ གཅོད་པའི་ཕྱིར་སྟོབས་བཅུ་པོ་གང་ཡིན་པ་ནི་ལྷ་མིན་གྱི་གོ་ཆ་དང་རྩིག་པའི་ར་བ་དང་ཤིང་ ནགས་ཐིབས་པོ་འབིགས་པ་དང་འཇིག་པ་དང་གཅོད་པ་ལྷའི་དབང་པོའི་རྡོ་རྗེ་བཞིན་ནོ། ། གཉིས་པ་ལ་གཉིས་ཀྱི་དང་པོ་མི་འཇིགས་བཞི་བསྟན་པ་ནི། དེ་བཞིན་གཤེགས་པས་ རང་གིས་ཆོས་ཀུན་རྫོགས་པ་སྟེ་མ་ལུས་པར་བྱང་ཆུབ་ཅེས་པ་ཐུགས་སུ་ཆུད་པ་དང༌། ཐར་ 1-1-276 པའི་གེགས་འདོད་ཆགས་ལ་སོགས་པ་ནི་ཐར་པ་ལ་འགོག་ཅིང་བར་དུ་གཅོད་པར་བྱེད་པ་ དང༌། འཕགས་ལམ་ཡན་ལག་བརྒྱད་ལ་སོགས་པ་ཐར་པའི་ལམ་དུ་སྟོན་པ་དང༌། རང་གི་ ཟག་པ་ཐམས་ཅད་ཟད་པའི་འགོག་པ་ཐོབ་པོ་ཞེས་སྟོན་པ་བཞི་ལ། དགེ་སྦྱོང་ལ་སོགས་ པས་ཆོས་དང་མཐུན་པར་རྒོལ་བས་མི་འཇིགས་པ་ནི་རྣམ་པ་བཞིའོ། །དེ་དག་གི་རྒྱུ་ཡང་རིམ་ པ་ལྟར་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཆོས་ལ་དཔེ་མཁྱུད་མེད་ཅིང་ཀུན་ལ་ སེམས་སྙོམས་ལ་བདོག་པ་ཀུན་གཏོང་ཞིང་ཆོས་ཀུན་མཉམ་ཉིད་དུ་མཐོང་ལ་ཐ་དད་པའམ་ འདུ་བྱེད་མེད་པ་དང༌། བར་དུ་གཅོད་པའི་ཆོས་ལ་དེར་ཤེས་ནས་སྤོང་ཞིང་གཞན་དག་ཀྱང་ སྤོང་པར་བསྐུལ་བ་དང༌། དཀར་པོའི་ཆོས་ལ་མོས་ཤིང་རྣམ་བྱང་གི་ལམ་དུ་ཞུགས་ནས་རྣམ་ པར་དག་པའི་ཆོས་སྟོན་པ་དང༌། བདག་གིས་ཤེས་ཀྱི་གཞན་གྱིས་མིན་ནོ་ཞེས་པའི་མངོན་ པའི་ང་རྒྱལ་སྤངས་པ་ལས་གྲུབ་པའོ། །མི་འཇིགས་པ་དེ་དག་གི་གཏན་ཚིགས་ནི་བདག་ དང་གཞན་གྱི་ཤེས་བྱའི་དངོས་པོ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཀུན་རང་གིས་ཤེས་པ་ དང་གཞན་གྱིས་ཀྱང་ཤེས་པར་མཛད་པའི་ཕྱིར་ཆོས་ཀུན་བྱང་ཆུབ་པ་ལ་མི་འཇིགས་པ་དང༌། སྤང་བྱའི་དངོས་པོ་ཀུན་འབྱུང་རང་གི་སྤོང་བ་དང་གཞན་གྱི་ཡང་སྤོང་བར་མཛད་པའི་ཕྱིར་ ཆགས་སོགས་ཐར་པའི་གེགས་སུ་སྟོན་པ་ལ་མི་འཇིགས་པ་དང༌། བསྟེན་བྱ་ལམ་རང་གིས་ བསྟེན་པ་དང་གཞན་ལ་ཡང་བསྟེན་བྱར་སྟོན་པའི་ཕྱིར་འཕགས་ལམ་ཡན་ལག་བརྒྱད་ཐར་ བའི་ལམ་དུ་སྟོན་པ་ལ་མི་འཇིགས་པ་དང༌། ཐོབ་བྱ་བླ་ན་མེད་པ་ཤིན་ཏུ་དྲི་མ་མེད་པ་འགོག་ པའི་བདེན་པ་རང་གིས་ཐོབ་པ་དང་གཞན་གྱིས་ཐོབ་པར་མཛད་པའི་ཕྱིར་ཟག་པ་ཐམས་ ཅད་ཟད་པར་དམ་བཅས་པ་ལ་མི་འཇིགས་ཏེ། དེ་ལྟར་ན་རང་གཞན་གྱི་དོན་དུ་བདེན་པ་ བཞི་ཕྱིན་ཅི་མ་ལོག་པར་གསུང་བའི་ཕྱིར་དྲང་སྲོང་སངས་རྒྱས་ནི་འཁོར་གྱི་དཀྱིལ་འཁོར་ གང་དུའང་ཆོས་སྟོན་པ་ལ་གཞན་གྱིས་འཇིགས་ནས་ཐོགས་པ་མེད་དོ། ། 1-1-277 གཉིས་པ་དེ་དཔེ་དང་སྦྱར་བ་ནི། རི་དྭགས་ཀྱི་དབང་པོ་སེང་གེ་ཇི་ལྟར་ནགས་ཀྱི་མཐར་ རྟག་ཏུ་འཇིགས་པ་མེད་ཅིང་རི་དྭགས་རྣམས་ལ་སྐྲག་པ་མེད་པར་རྒྱུ་ཞིང་གནས་པ་ལྟར། དེ་ བཞིན་དུ་དོན་ཡང་འཁོར་གྱི་ཚོགས་ཀྱི་ནང་ན་ཐུབ་པའི་དབང་པོ་མི་ཡི་སེང་གེ་ཡང་འཇིགས་ པ་མེད་པར་ལེགས་པར་གནས་པ་དང་གཞན་ལ་ལྟོས་པ་མེད་པ་དང་ཏིང་ངེ་འཛིན་ལ་བརྟན་ པ་དང་སྤང་བྱ་མ་ལུས་པ་སྤོང་བའི་རྩལ་དང་ལྡན་པར་གནས་སོ། ། གསུམ་པ་ལ་གཉིས་ཀྱི་དང་པོ་མ་འདྲེས་པ་བཅྭ་བརྒྱད་བཤད་པ་ལ་གཉིས་ལས་དང་པོ་ མ་འདྲེས་བཅྭ་བརྒྱད་སོ་སོར་བཤད་པ་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ལ་བྱིས་ པའམ་མཁས་པས་ཀྱང་རུང་སྟེ་ཆོས་དང་མཐུན་པར་རྩོད་པར་འགྱུར་བའི་འཁྲུལ་པ་མེད་པ་ དང༌། ཡི་གེ་འབྲུ་གཅིག་ཀྱང་མི་བརྗོད་པས་གསུང་ལ་ཅ་ཅོ་མི་མངའ་སྟེ་འོན་ཀྱང་སྒྲ་དང་ངེས་ ཚིག་བསྟན་པ་ལྷུན་གྱིས་གྲུབ་པར་ལེགས་པར་བཤད་པས་འཁོར་ཚིམ་པར་བྱེད་པ་དང༌། སྟོན་པ་ལ་བསམ་གཏན་ལ་སོགས་པ་དང་ཆོས་སྟོན་པ་དང་སོ་སོ་ཡང་དག་པར་རིག་པ་བཞི་ དང་དུས་གསུམ་ལ་ཆགས་པ་མེད་པའི་ཡེ་ཤེས་མཐོང་བའི་དྲན་པ་ཉམས་ཤིང་བསྙེལ་བ་མི་ མངའ་བ་དང༌། སེམས་བསྐྱེད་པ་གཅིག་ཙམ་ཡང་ཏིང་ངེ་འཛིན་ལ་མཉམ་པར་མ་བཞག་ པའི་ཐུགས་མི་མངའ་བ་དང༌། ཆོས་ཐམས་ཅད་མཉམ་པར་གནས་པས་ཆོས་ཐམས་ཅད་ལ་ འདུ་ཤེས་ཐ་དད་སྣ་ཚོགས་ཀྱང་མི་མངའ་བ་དང༌། རྗེས་ཆགས་དང་ཁོང་ཁྲོ་བ་མེད་ཀྱང་མ་ བརྟགས་པར་གདུལ་བྱ་ཡལ་བར་འདོར་བའི་བཏང་སྙོམས་ཡེ་ཤེས་དང་ཕྲིན་ལས་མེད་པ་ མི་མངའ་བ་སྟེ་བཏང་སྙོམས་ཆེན་པོར་བརྗོད་པ་དང༌། དགེ་བ་ལ་མོས་པའི་འདུན་པ་དང༌། གདུལ་བྱ་འདུལ་བ་དང་ཆོས་སྟོན་པ་ལ་བརྩོན་པ་མི་འདོར་བའི་བརྩོན་འགྲུས་དང༌། དུས་ གསུམ་གྱི་སེམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་སོགས་པ་མི་བརྗེད་པའི་དྲན་པ་དང༌། ཆོས་ཐམས་ཅད་ཤེས་པའི་ཤེས་རབ་དང༌། ཆགས་པ་དང་འཛིན་པ་ལ་སོགས་པའི་སྒྲིབ་པ་ 1-1-278 ལས་རྣམ་པར་གྲོལ་བ་དང༌། གནས་དང་གནས་མིན་ལ་སོགས་པ་ཤེས་བྱ་ཐམས་ཅད་མཁྱེན་ པ་རྣམ་གྲོལ་གྱི་ཡེ་ཤེས་གཟིགས་པ་རྣམས་ཉམས་པ་མི་མངའ་བ་དང་སྐུ་རྫུ་འཕྲུལ་མཛད་ པ་དང༌། གསུང་ཆོས་སྟོན་པ་དང་ཐུགས་ཀྱི་ཕྲིན་ལས་གཞན་སེམས་མཁྱེན་པ་ལ་སོགས་པ་ རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འབྲང་བ་དང༌། དུས་གསུམ་དུ་བྱུང་བའི་ ཆོས་རྣམས་ལ་མཁྱེན་པའི་ཡེ་ཤེས་ཆགས་པ་དང་ཐོགས་པའི་སྒྲིབ་པ་མེད་པ་སྟེ། དེ་ལྟར་བཅྭ་ བརྒྱད་པོ་འདི་དང་གཞན་ཡང་ཐེག་པ་ཆེན་པོའི་མན་ངག་གི་མདོར་གསུངས་པ་ལུས་ཚད་ མེད་པ་དང༌། སྤྱི་གཙུག་ལྟར་མི་མཐོང་བ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་པའི་མཐར་ ཐུག་པ་སུམ་ཅུ་རྩ་གཉིས་དང་བཅས་པ་རྣམས་སྟོན་པའི་གཞན་དང་མ་འདྲེས་པའི་ཡོན་ཏན་ ཡིན་ནོ། །མ་འདྲེས་པ་བཅྭ་བརྒྱད་པོ་འདིའི་དང་པོ་དྲུག་སྤྱོད་པ་དང་དེ་ནས་དྲུག་རྟོགས་པ་ དང་དེ་ནས་གསུམ་ཕྲིན་ལས་དང་དེ་ནས་གསུམ་ཡེ་ཤེས་ཀྱིས་བསྡུས་པ་ཡིན་ནོ། །འདིར་དྲན་ པ་ཉམས་པ་མེད་པ་ལན་གཉིས་བྱུང་བ་ནི་སྤྱོད་པ་དང་རྟོགས་པའི་སྐབས་ཐ་དད་པས་སྐྱོན་ མེད་དོ། །མདོ་ཁ་ཅིག་ཏུ་རྟོགས་པའི་སྐབས་ཀྱི་དྲན་པ་ཉམས་པ་མེད་པའི་དོད་ཏིང་ངེ་འཛིན་ ཉམས་པ་མེད་པ་བྱུང་བ་ནི་རྩེ་གཅིག་པ་མི་བརྗེད་པ་དེ་དྲན་པ་ཡང་ཡིན་ལ་ཏིང་ངེ་འཛིན་ཡང་ ཡིན་པས་དོན་གཅིག་ཏུ་དགོངས་སོ། །མདོ་སྡེ་རྒྱན་གྱི་འགྲེལ་པར་དྲན་པ་དང་ཏིང་ངེ་འཛིན་ སོ་སོར་མཛད་ནས་རྣམ་གྲོལ་ཡེ་ཤེས་གཟིགས་པ་ཉམས་པ་མེད་པ་མ་བགྲངས་པ་ནི་རྣམ་ པར་གྲོལ་བ་ཉམས་པ་མེད་པ་ལ་འདུ་བར་དགོངས་ཏེ། མདོ་བསྟན་བཅོས་སུ་ཚུལ་མི་འདྲ་བ་ གཞན་བྱུང་སྲིད་ནའང་བློ་གྲོས་ཀྱིས་དཔྱད་པར་བྱའོ། ། གཉིས་པ་དེ་རྣམས་རྟོགས་པས་རྒྱལ་བ་བརྙེས་ཚུལ་ནི། སྔར་བསྟན་པ་ལྟར་འཁྲུལ་པ་ དང་ཅ་ཅོ་དང་བསྙེལ་བ་དང་མཉམ་གཞག་ལས་ཐུགས་གཡོ་བ་དང་ཐ་དད་ཀྱི་ནི་འདུ་ཤེས་ དང་རང་གིས་མ་བརྟགས་པའི་བཏང་སྙོམས་རྣམས་དྲང་སྲོང་ཆེན་པོ་ལ་མེད་པ་དང༌། འདུན་ 1-1-279 པ་དང་ནི་བརྩོན་འགྲུས་དང་དྲན་པ་རྣམ་པར་དག་པ་དང་དྲི་མ་མེད་པའི་ཤེས་རབ་དང་རྟག་ ཏུ་སྒྲིབ་པ་ལས་རྣམ་པར་གྲོལ་བ་དང་ཤེས་བྱའི་དོན་ཀུན་གཟིགས་པ་རྣམ་པར་གྲོལ་བའི་ ཡེ་ཤེས་ལས་ནི་ཉམས་པ་མི་མངའ་བ་དང༌། སངས་རྒྱས་གང་གི་སྐུ་གསུང་ཐུགས་ཀྱི་ལས་ གསུམ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འཇུག་པ་དང༌། དུས་གསུམ་ལ་ རྟག་ཏུ་ཐོགས་པ་མེད་པར་ངེས་པར་མཁྱེན་པ་རྒྱ་ཆེན་པོ་འཇུག་པ་སྟེ། དེ་ལྟ་བུའི་མ་འདྲེས་ པའི་ཡོན་ཏན་གང་རྟོགས་པས་གདུལ་བྱའི་འགྲོ་བར་འཇིགས་པ་མེད་པར་དམ་པའི་ཆོས་ ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་རྒྱལ་བ་ཉིད་དེ་ནི་ སངས་རྒྱས་རྣམས་ཀྱིས་བརྙེས་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །བཅྭ་བརྒྱད་པོའི་རྒྱུ་ནི་རིམ་པ་ ལྟར། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ལམ་སྟོར་བ་ལ་ལམ་སྟོན་ཅིང་ལམ་འཆོས་ ལ་མཚན་མོ་མུན་ནག་གི་ནང་དུ་མཆོད་རྟེན་ལ་མར་མེ་འབུལ་བ་ལ་སོགས་པ་དང༌། བདེན་ པ་དང་ཆོས་སྨྲའི་དེ་ལས་བཟློག་པ་སྨྲ་བ་སྤོངས་ལ་རྩོད་པ་མེད་པ་ལྷུར་ལེན་པ་ལ་སོགས་པ་ དང༌། རྗེས་དྲན་དྲུག་བསྒོམས་ཤིང་གཞན་ཡང་དེ་ལ་བཙུད་པ་དང༌། ཕ་རོལ་གྱི་སེམས་སྲུང་ ཞིང་དགེ་བའི་བར་དུ་མི་གཅོད་ལ་དམིགས་པ་སྤོང་ཞིང་སེམས་ཅན་ལ་སེམས་སྙོམ་ལ་ཆོས་ ཐམས་ཅད་མཉམ་པར་ཞུགས་པ་དང༌། ལྟ་བ་ཕྱིན་ཅི་ལོག་ལ་སོགས་པ་ཕྱིན་ཅི་ལོག་གི་འདུ་ ཤེས་སྤངས་པ་དང༌། བཏང་སྙོམས་བསྒོམས་ཤིང་གཞན་དེ་ལ་བཙུད་པ་དང༌། ཆོས་ཆེན་པོ་ ལ་མོས་པ་དང༌། ཆོས་ཆེན་པོ་ལ་བརྩོན་པ་དང༌། དྲན་པ་ཉེར་གཞག་བཞི་བསྒོམ་པ་དང༌། ཤེས་རབ་བསྐྱེད་པའི་ཕྱིར་ཐོས་པ་བསགས་པ་དང༌། ཁྱིམ་སྤངས་ནས་རབ་ཏུ་འབྱུང་བ་ལ་ དབེན་པར་དགའ་ཞིང་རྣལ་འབྱོར་ལ་བརྩོན་ཏེ་རྣམ་པར་ཐར་བའི་སྒོ་གསུམ་བསྒོམ་ལ་རྟོན་ པ་བཞི་ལ་གནས་ནས་ཆོས་བསྟན་ཏེ་ལྟ་བ་ངན་པ་ལ་སོགས་པའི་སྐྱོན་ལས་ཐར་པར་བྱེད་ པ་དང༌། ཡེ་ཤེས་ལྷུར་ལེན་པས་བདེན་པ་བཞི་ཤེས་ལ་དེ་མངོན་དུ་མི་བྱེད་པར་གཞན་གྱིས་ 1-1-280 རྟོགས་པར་བྱ་བའི་ཕྱིར་ཆོས་སྟོན་པ་དང༌། སྒོ་གསུམ་གྱི་ལས་ཡེ་ཤེས་ཀྱིས་བྱས་པ་རྣམས་ བྱེད་ཀྱི་ང་རྒྱལ་གྱིས་བྱས་པ་རྣམས་མི་བྱེད་པ་དང༌། དུས་གསུམ་གྱི་དེ་བཞིན་གཤེགས་པའི་ ཡེ་ཤེས་ཆགས་ཐོགས་མེད་པ་ལ་སོགས་པའི་ཡོན་ཏན་རྒྱ་ཆེན་པོ་ཐོས་པ་ན་མོས་ཤིང་ཡིད་ ཆེས་པ་རྣམས་ལས་གྲུབ་པའོ། ། གཉིས་པ་དེ་ཉིད་དཔེ་དང་སྦྱར་བ་ནི། ས་དང་སོགས་པས་ཆུ་མེ་རླུང་རྣམས་ལ་ཡོད་པའི་ རང་རང་གི་ཆོས་ཉིད་དམ་རང་བཞིན་སྲ་བ་དང་གཤེར་བ་དང་དྲོ་བ་དང་གཡོ་བ་གང་ཡིན་ པའི་ཆོས་ཉིད་དེ་ནི་ནམ་མཁའི་རང་བཞིན་མིན་ལ་ནམ་མཁའི་མཚན་ཉིད་སྒྲིབ་པ་མེད་པ་ དང་ལ་སོགས་པས་ཐོགས་པ་མེད་པ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་འབྱུང་བ་ བཞིའི་བདག་ཉིད་ཀྱི་གཟུགས་ལ་མེད་པས་ནམ་མཁའ་འབྱུང་བ་གཞན་དང་མི་མཚུངས་པ་ དེ་བཞིན་དུ་གང་ཟག་གཞན་ལ་ཡོད་པའི་ཆོས་རྣམས་སངས་རྒྱས་ཀྱི་མ་ཡིན་ལ་སངས་རྒྱས་ ཀྱི་ཡོན་ཏན་རྣམས་གང་ཟག་གཞན་ལ་མེད་པས་མ་འདྲེས་པ་རྣམས་ནམ་མཁའ་དང་འདྲའོ། །དེ་ལས་ཀྱང་ཁྱད་པར་དུ་འཕགས་ཏེ། ས་ཆུ་མེ་རླུང་ནམ་མཁའ་ནི་འབྱུང་བ་ཙམ་དུ་མཚུངས་ པ་འཇིག་རྟེན་དག་ན་ཐུན་མོང་བ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ནི་འཇིག་ རྟེན་གྱི་ཆོས་དང་རྡུལ་ཕྲན་ཙམ་ཡང་འཇིག་རྟེན་དག་ན་མཚུངས་པའི་ཐུན་མོང་བ་མིན་པས་ སོ། ། གཉིས་པ་ལ་གཉིས། མཚན་མཆོག་སུམ་ཅུ་རྩ་གཉིས། དེ་རྣམས་ཆུ་ཟླ་འདྲ་ཚུལ་བཤད་ པའོ། །དང་པོ་ནི། དམ་བཅའ་བརྟན་པས་གྲུབ་པ་ཞབས་མཐིལ་རུས་སྦལ་གྱི་ལྟར་མཉམ་ པར་ལེགས་པར་གནས་པ་དང༌། དེ་བཞིན་དུ་སྦྱིན་པ་སྣ་ཚོགས་བསགས་པས་ཞབས་མཐིལ་ འཁོར་ལོའི་མཚན་པ་དང༌། གཞན་ཁྱད་དུ་མ་བསད་པས་རྟིང་པ་ཡངས་ཤིང་ཞབས་ཀྱི་ལོང་ བུ་མི་མངོན་ལ་བྱིན་གྱིས་མཐོ་བ་དང༌། སེམས་ཅན་ཆོས་ཀྱིས་སྐྱབས་པས་ཕྱག་ཞབས་ཀྱི་ 1-1-281 སོར་མོ་རིང་བ་དང༌། གཞན་གྱི་འཁོར་མ་ཕྱེ་བས་ཕྱག་ཞབས་ཀྱི་སོར་མོ་ནི་དྲ་བ་ཡི་ནི་འབྲེལ་ པ་ངང་པའི་ལྟ་བུ་དང༌། བགོ་བ་སྣ་ཚོགས་བྱིན་པས་ཕྱག་ཞབས་ཀྱི་ལྤགས་པ་འཇམ་ཞིང་ གཞོན་ཤ་ཅན་ལ་ལེགས་པ་ཉིད་དང༌། བཟའ་བཏུང་རྒྱ་ཆེན་པོ་བྱིན་པས་སྐུ་ཡི་ནི་ཕྱག་ཞབས་ ཀྱི་བོལ་བཞི་དང་མགུར་གྱི་ལྷུན་གཉིས་དང་ལྟག་པ་སྟེ་བདུན་པོ་དག་མཐོ་བ་དང། སངས་ རྒྱས་ཀྱི་ཆོས་བཟུང་བས་བྱིན་པ་རི་དྭགས་ཨེ་ནྱ་ཡ་ཤ་བའི་འདྲ་བར་གྲི མས་པ་དང༌། གསང་ ཚིག་སྲུངས་ཤིང་འཁྲིག་པ་སྤངས་པས་གསང་གནས་གླང་པོ་ཆེའི་བཞིན་དུ་སྦུབས་སུ་ནུབ་ པ་དང༌། དགེ་བའི་ལས་རྒྱ་ཆེན་པོ་མཐར་གྱིས་སྤྱད་པས་སྐུའི་རོ་སྟོད་སེང་གེ་དང་འདྲ་བར་ རྒྱས་པ་དང༌། དགེ་བའི་ཆོས་ཡང་དག་པར་སྤྱད་པས་ཐལ་གོང་བར་སྐབས་མེད་པར་རྒྱས་ པ་དང༌། མི་འཇིགས་པ་བྱིན་ནས་གཞན་དབུགས་ཕྱུང་བས་དཔུང་མགོ་ལེགས་པར་ཟླུམ་པ་ དང༌། གཞན་གྱི་བྱ་བ་བྱེད་པ་ལ་སྤྲོ་བས་ཕྱག་འཇམ་ལ་བཟླུམ་ཞིང་མཐོ་དམན་མེད་པ་དང་ ཕྱག་མ་བཏུད་པར་པུས་མོ་སླེབ་པས་རིང་བ་དང༌། དགེ་བ་བཅུ་ངོམས་པ་མེད་པར་སྤྱད་པས་ སྐྱོན་གྱིས་ཡོངས་སུ་དག་པའི་སྐུ་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ་དང༌། ནད་པ་ལ་སྨན་སྣ་ ཚོགས་བྱིན་པས་མགྲི ན་པ་དྲི་མ་མེད་པའི་དུང་འདྲ་བར་རི་མོ་གསུམ་གྱིས་སྤྲས་པ་དང༌། དགེ་ བའི་རྩ་བ་ལ་སྦྱོར་བ་ཡོངས་སུ་རྫོགས་པར་བྱས་པས་འགྲམ་པ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ འདྲ་བ་གྲུ་བཞི་ལྷམ་པ་དང༌། སེམས་ཅན་ལ་བསམ་པ་མཉམ་པར་སྦྱོར་བས་ཚེམས་ནི་བཞི་ བཅུ་སྟེང་འོག་ཉི་ཤུ་རེར་གྲངས་མཉམ་པ་དང༌། སེམས་ཅན་མི་འཛའ་བ་རྣམས་བསྡུམས་ པས་ཚེམས་རབ་དང་ཚེམས་ཐགས་བཟང་བ་བར་མི་མངོན་པ་དང༌། ཡིད་དུ་འོང་བའི་ནོར་བུ་ བྱིན་པས་རྣམ་པར་དག་པའི་ཚེམས་མཐོ་དམའ་དང་ཆེ་ཆུང་མཉམ་པ་ཉིད་དང་ནི། སྒོ་གསུམ་ གྱི་ལས་མི་དགེ་བཅུ་བསྲུངས་པས་ཚེམས་མཆེ་བ་རབ་མཆོག་དཀར་བ་ཉིད་དང༌། བདེན་ ཚིག་བསྲུངས་པས་ལྗགས་ཞལ་གྱི་དཀྱིལ་འཁོར་ཁེབས་པར་རིང་བ་དང༌། བསོད་ནམས་ 1-1-282 ཚད་མེད་པས་བརྟན་ཅིང་ཡིད་དུ་འོང་བའི་རོ་བྲོ་བ་བྱིན་པས་མཐའ་དང་ཚད་མེད་ལ་གཞན་ གྱིས་བསམ་གྱིས་ཁྱབ་པ་མེད་པའི་རོ་བྲོ་བའི་མཆོག་སྟེ་རོ་མི་ཞིམ་པ་ཡང་རོ་མཆོག་ཏུ་སྣང་ བ་དང་ཉིད་དང། སེམས་ཅན་ལ་འཇམ་པའི་ཚིག་སྨྲ་ཞིང་ཚིག་བསྡམས་ལ་ཀུན་དགའ་བའི་ ཚིག་བསྒྲགས་པས་རང་བྱུང་སངས་རྒྱས་ཀྱི་གསུང་ནི་བྱ་ཀ་ལ་བིང་ཀའི་སྒྲ་ལྟར་སྙན་པ་དང་ ཚངས་པའི་དབྱངས་ལྟར་རྒྱང་དུ་ཡང་ཉེ་བ་དང་མཉམ་པར་གྲགས་པ་ཉིད་དང༌། བྱམས་པ་ དང་ལྡན་ཞིང་ཐམས་ཅད་བསྲུངས་པས་སྤྱན་བཟང་བ་དཀར་ནག་ཕྱེད་པ་ཨུཏྤལ་ལྟར་མཐོན་ མཐིང་དང༌། བསམ་པ་ལ་གཡོ་སྒྱུ་མེད་པས་བའི་ཁྱུ་མཆོག་གི་རྫི་མ་འདྲ་བར་སྟེང་འོག་ གཉིས་ཀ་ནས་ཐད་ཀར་མཉམ་པར་བྱུང་བ་དང་བསྔགས་པར་འོས་པ་ལ་བསྔགས་པས་ཞལ་ གྱི་དཀྱིལ་འཁོར་མཛེས་ཤིང་དྲི་མ་མེད་ལ་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་སུམ་ཅུ་རྩ་ གཉིས་གཡས་སུ་འཁྱིལ་པ་དང་ལྡན་པ་དང༌། བླ་མ་ལ་གུས་པར་བྱས་པས་གཙུག་ཏོར་གྱེན་ དུ་འཕགས་པ་དབུར་ལྡན་པ་དང༌། ཆོས་ཚོལ་བ་ལ་སེམས་ལས་སུ་རུང་བར་བྱས་པ་དང་ ཡིད་དུ་འོང་བའི་གོས་དང་མལ་སྟན་བྱིན་པས་རིམ་པ་ལྟར་ལྤགས་པ་ནག་ནོག་ལ་སོགས་ པས་དག་ཅིང་སྲབ་པ་དང་ལྤགས་པ་གསེར་གྱི་མདོག་འདྲ་བའམ་སུ་ཝརྞ་མདོག་བཟང་བ་ ལ་འཇུག་པས་དེ་འདྲ་བ་དང་ལྡན་པའི་སེམས་ཅན་མཆོག་ཏུ་གྱུར་པ་དང༌། འདུ་འཛི་སྤངས་ པ་དང་མཁན་པོ་དང་སློབ་དཔོན་དང་དགེ་བའི་བཤེས་གཉེན་གྱི་གདམས་ངག་མཐུན་པར་ བཟུང་བས་རིམ་པ་ལྟར་བ་སྤུ་ལེགས་པར་ཕྲ་ལ་འཇམ་ཞིང་ཁུང་བུ་རེ་རེ་ནས་སྐྱེས་པ་དང་ སྐུའི་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་པ་དང༌། ཀུན་ལ་སྙིང་བརྩེ་ཞིང་རྡོ་དབྱུག་མཚོན་ཆ་ བརྡེག་པ་སྤངས་པས་དབུ་སྐྲ་དྲི་མ་མེད་པའི་རིན་ཆེན་མཐོན་མཐིང་སྟེ་ཨིནྡྲ་ནཱི་ལ་བཞིན་དུ་ མཐིང་ནག་དང༌། རང་གཞན་ཏིང་ངེ་འཛིན་ལ་སྦྱོར་བས་ནྱ་གྲོ་ད་རྫོགས་པར་སྐྱེས་པའི་ལྗོན་ ཤིང་གི་དཀྱིལ་འཁོར་དང་འདྲ་བར་སྐུ་འདོམ་གང་གྲུ་བཞིར་ཆུ་ཞེང་གབ་པ་དང༌། དེ་བཞིན་ 1-1-283 གཤེགས་པའི་སྐུ་གཟུགས་བྱེད་པ་དང་མཆོད་རྟེན་ཞིག་པ་བཅོས་པ་དང་གཞན་འཇིགས་པ་ ལས་དབུགས་ཕྱུང་བ་དང་མི་མཐུན་པའི་བསྡུམས་བྱས་པས་ཀུན་ཏུ་བཟང་པོ་སངས་རྒྱས་ དཔེ་མེད་པའི་དྲང་སྲོང་ཆེ་བ་འདི་ནི་སྲེད་མེད་ཀྱི་བུའི་སྟོབས་མངའ་ཞིང་མཁྲེགས་པའི་སྐུ་སྟེ་ མཐུ་བོ་ཆེ་ཆེན་པོའི་ལུས་ཀུན་ནས་མཛེས་པའི་མཚན་ཞེས་བྱ་བའོ། །མདོ་ཐ་དད་ནས་སྟོན་ ཚུལ་ཐ་དད་པ་ནི་གཅིག་གིས་གཅིག་དགག་པའམ་གཅིག་དང་གཅིག་མཐུན་པར་བྱ་བ་མིན་ ཏེ་གདུལ་བྱའི་བསམ་པ་དང་མཐུན་པར་སོ་སོར་གསུངས་པས་ཐད་ཐད་དུ་བདེན་པར་ཡིད་ ཆེས་པར་བྱ་བའོ། །དེ་ལྟར་བསམ་གྱིས་མི་ཁྱབ་པའི་དཔལ་གྱིས་འབར་བའི་ཡོན་ཏན་སུམ་ ཅུ་རྩ་གཉིས་པོ་འདི་དག་ལ་སྟོན་པ་ཤཱཀྱ་ཐུབ་པས་མིའི་དབང་པོ་སངས་རྒྱས་ཀྱི་མཚན་དུ་ གསུངས་སོ། ། གཉིས་པ་ནི། ཇི་ལྟར་སྤྲིན་མེད་པའི་ནམ་མཁའི་དབྱིངས་སུ་ཟླ་བའི་གཟུགས་དང༌། སྟོན་ཀའི་ཆུ་སྔོན་པོ་མདོག་དྭངས་པར་ནི་ཟླ་བའི་གཟུགས་བརྙན་མཐོང་བ་ལྟར། དེ་བཞིན་ དུ་དོན་ཡང་རྒྱལ་སྲས་ས་བཅུ་ལ་གནས་པ་དང་མོས་སྤྱོད་ལ་གནས་པའི་ཚོགས་ཀྱིས་ཁྱབ་ བདག་སངས་རྒྱས་ཀྱི་ལོངས་སྐུ་དང་སྤྲུལ་སྐུའི་གཟུགས་རྫོགས་པའི་སངས་རྒྱས་ཀྱི་འཁོར་གྱི་ དཀྱིལ་འཁོར་གྱི་ནང་དུ་མཐོང་བར་འགྱུར་རོ། ། གསུམ་པ་མཇུག་བསྡུ་ནི། དེ་ལྟར་བསྟན་པའི་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་འདི་དག་སོ་ སོར་སྔོན་གྱི་རྒྱུ་དང་བཅས་ཏེ་གཞུང་འདིས་བསྟན་པའི་གོ་རིམ་ཇི་ལྟ་བ་བཞིན་དུ་བུ་མོ་རིན་ ཆེན་གྱིས་ཞུས་པ་ཐེག་པ་ཆེན་པོའི་མན་ངག་ཅེས་བྱ་བའི་མདོའི་རྗེས་སུ་འབྲངས་ཏེ་ཤེས་པར་ བྱ་བ་ཡིན་པས་རྒྱས་པར་མདོ་དེ་ཉིད་བལྟའོ། ། གསུམ་པ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། སྒྲིབ་པས་མི་ཕྱེད་པ་དང་མཁྱེན་པ་མི་ ཞན་པ་དང༌། མཚུངས་པ་གཞན་མེད་པ་དང༌། ཆོས་སྐུ་ལས་གཡོ་བ་མེད་བཞིན་དུ་གཟུགས་ 1-1-284 སྐུ་གཉིས་སུ་སྣང་བའི་ཕྱིར་རིམ་པ་ལྟར་སྟོབས་ལ་སོགས་པ་རྣམས་རྡོ་རྗེ་དང་སེང་གེ་དང་ ནམ་མཁའ་དག་པ་དང་ཆུའི་ཟླ་བའི་དཔེས་བསྟན་ཏོ། ། གཉིས་པ་རྒྱས་བཤད་ལ་གཉིས། ཆོས་སྐུའི། གཟུགས་སྐུའི། ཡོན་ཏན་གྱི་དཔེའི་རྒྱུ་ མཚན་ནོ། །དང་པོ་ལ་བཞིའི་དང་པོ་སྟོབས་བཅུ་རྡོ་རྗེ་འདྲ་བའི་རྒྱུ་མཚན་ནི། གནས་དང་ གནས་མིན་མཁྱེན་པའི་སྟོབས་ལ་སོགས་པ་རྣམས་རྡོ་རྗེ་འདྲ་བར་བསྟན་པའི་སྐབས་ཀྱི་གོ་ རིམ་དེ་ལས་སྟོབས་དང་པོ་དྲུག་དང་དེ་ནས་གསུམ་དང་ཐ་མ་གཅིག་གིས་རིམ་པ་བཞིན་དུ་ ཤེས་བྱའི་སྒྲིབ་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་དང༌། ཉོན་མོངས་པའི་སྒྲིབ་པ་བག་ ཆགས་དང་བཅས་པ་སྟེ་སྒྲིབ་པ་གསུམ་པོ་ཀུན་བསལ་བས་ལྷ་མིན་གྱི་གོ་ཆ་དང་རྩིག་པ་དང་ ཤིང་ཕུག་པ་དང་བཤིག་པ་དང་བཅད་པ་བཞིན་དུ་སྒྲིབ་པ་གསུམ་པོ་ཕུག་པ་དང་བཤིག་པ་ དང་བཅད་པའི་ཕྱིར་རྡོ་རྗེ་དང་འདྲ་བར་སྦྱར་རོ། །གཞན་ཡང་བརླིང་བ་སྟེ་མི་འགྱུར་བ་དང་ ཁོང་སྟོང་མ་ཡིན་པས་སྙིང་པོ་ཅན་དང་བརྟན་པ་དང་གཞན་གྱིས་མི་ཕྱེད་པས་ན་དྲང་སྲོང་གི་ སྟོབས་བཅུ་ནི་རྡོ་རྗེ་དང་འདྲའོ། །དེ་ཉིད་བཤད་ན་སྟོབས་བཅུ་ཆོས་ཅན། རྡོ་རྗེ་དང་འདྲ་སྟེ། བརླིང་བའི་ཕྱིར་རོ། །གང་གི་ཕྱིར་བརླིང་བ་ཡིན་ཞེ་ན་སྙིང་པོ་ཅན་ཡིན་པའི་ཕྱིར་དང༌། གང་ གི་ཕྱིར་སྙིང་པོ་ཅན་ཡིན་ཞེ་ན་བརྟན་པའི་ཕྱིར་དང༌། གང་གི་ཕྱིར་བརྟན་པ་ཡིན་ཞེ་ན་མི་ཕྱེད་ པའི་ཕྱིར་དང༌། སྒྲིབ་པས་མི་ཕྱེད་པའི་རྒྱུ་མཚན་དེའི་ཕྱིར་ན་རྡོ་རྗེ་བཞིན་ནོ། ། གཉིས་པ་མི་འཇིགས་སེང་གེ་འདྲ་བའི་རྒྱུ་མཚན་ནི། གཞན་ལ་འཇིགས་པ་མེད་པའི་ ཕྱིར་དང་རང་ལས་ལྷག་པ་ལ་ལྟོས་པ་མེད་པའི་ཕྱིར་དང་ཏིང་ངེ་འཛིན་ལ་བརྟན་པའི་ཕྱིར་ དང་སྒྲིབ་པ་ཐམས་ཅད་འཇོམས་པའི་རྩལ་ནི་ཕུན་སུམ་ཚོགས་པ་དང་ལྡན་པས་ན། ཐུབ་པ་ མིའི་སེང་གེ་མི་འཇིགས་པ་བཞི་དང་ལྡན་པ་ནི་རི་དྭགས་སེང་གེ་བཞིན་དུ་འཁོར་གྱི་ཚོགས་ ཀྱི་ནང་དུ་གང་ལ་ཡང་འཇིགས་པ་མི་མངའ་བ་ཡིན་ནོ། །དེ་ཉིད་བཤད་ན། ཤེས་བྱ་ཀུན་ 1-1-285 མངོན་སུམ་དུ་མཁྱེན་པས་གང་ཟག་གང་ལས་ཀྱང་མི་མཁྱེན་པར་རྩོད་པས་འཇིགས་པ་ མེད་པར་ནི་རྣམ་པར་གནས་སོ། །དག་པའི་ས་ལ་གནས་པའི་སེམས་ཅན་དང་ཡང་བདག་ མི་མཉམ་ཞིང་ལྷག་པར་གཟིགས་པའི་ཕྱིར་རང་ལ་ལྷག་པ་གཞན་གྱིས་ཕན་འདོགས་པ་ལ་ ལྟོས་པ་མེད་དོ། །ཐུགས་ནི་ཆོས་རྣམས་ཐམས་ཅད་ལ་རྩེ་གཅིག་ཏུ་གནས་པའི་ཕྱིར་ན་བརྟན་ པ་ཉིད་དོ། །མཆོག་ཏུ་ཡང་དཀའ་བ་མ་རིག་བག་ཆགས་ཀྱི་ས་ཡང་སྤངས་ཤིང་དེ་ལས་རྒལ་ བའི་ཕྱིར་ན་རྩལ་དང་ལྡན་ནོ། ། གསུམ་པ་མ་འདྲེས་ནམ་མཁའ་འདྲ་བའི་རྒྱུ་མཚན་ནི། འཇིག་རྟེན་པ་སོ་སོ་སྐྱེ་བོ་དང་ ཉན་ཐོས་འཕགས་པ་དང་རྟེན་འབྲེལ་ལ་མཐའ་གཅིག་ཏུ་སྤྱོད་པ་རང་སངས་རྒྱས་དང་བློ་ ལྡན་བྱང་ཆུབ་སེམས་དཔའ་དང་རང་བྱུང་སངས་རྒྱས་རྣམས་གོང་ནས་གོང་དུ་བློ་དག་གི་ཁྱད་ པར་ཕྲ་ཞིང་ཟབ་པའི་ཕྱིར་དཔེ་ནི་འབྱུང་བ་རྣམ་པ་ལྔ་བསྟན་ཏེ་ས་སོགས་ལྔ་སྔ་མ་རགས་ལ་ ཕྱི་མ་ཕྲ་བ་བཞིན་ནོ། །གཞན་ཡང་སངས་རྒྱས་ཀྱི་མ་འདྲེས་པ་འདི་འཇིག་རྟེན་ཀུན་གྱི་ཉེ་ བར་འཚོ་བའི་གཞི་དང་རྟེན་ཡིན་པའི་ཕྱིར་ས་ཆུ་མེ་རླུང་རྣམས་དང་ཡང་མཚུངས་ལ། འཇིག་ རྟེན་པ་དང་འཇིག་རྟེན་ལས་འདས་པ་འཕགས་པ་འོག་མ་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལས་ ཀྱང་འདས་པའི་ཕྱིར་ས་སོགས་ཀྱི་མཚན་ཉིད་ལས་འདས་པའི་ནམ་མཁའ་བཞིན་ནོ། ། བཞི་པ་དེ་རྣམས་དབྱེར་མེད་ཆོས་སྐུས་ཕྱེ་བ་ནི། དེ་ལྟར་སྟོབས་བཅུ་ལ་སོགས་པ་བྲལ་ བའི་ཡོན་ཏན་སུམ་ཅུ་དང་ནི་རྩ་གཉིས་པོ་འདི་བྲལ་འབྲས་ཆོས་སྐུས་རབ་ཏུ་ཕྱེ་བའི་ཡོན་ཏན་ ཡིན་ཏེ། དཔེར་ན་ནོར་བུ་རིན་ཆེན་དེ་རང་གི་འོད་དང་མདོག་དང་དབྱིབས་དང་དབྱེ་བ་མེད་ པ་བཞིན་དུ་ཆོས་སྐུ་དང་དབྱེ་བ་མེད་པའི་ཕྱིར་རོ། ། གཉིས་པ་ནི། གདུལ་བྱས་མཐོང་ན་སེམས་དང་བས་ཚིམ་པར་བྱེད་པའི་ཡོན་ཏན་གང་ ཞིག་མཚན་སུམ་ཅུ་རྩ་གཉིས་ཞེས་བྱ་བ་རྣམས་ནི། སྤྲུལ་པའི་སྐུ་དང་ཐེག་ཆེན་གྱི་ཆོས་ལ་ 1-1-286 རྫོགས་པར་ནི་ལོངས་སྤྱོད་པའི་སྐུ་སྟེ་གཟུགས་སྐུ་གཉིས་ལ་བརྟེན་པའི་ཡོན་ཏན་ཡིན་ནོ། །གཟུགས་སྐུ་གཉིས་སུ་བྱེད་པའི་རྒྱུ་ནི་གདུལ་བྱའི་སེམས་སྒྲིབ་པ་དག་པ་ལས་རིང་བ་སོ་སྐྱེ་ དང་ཉན་ཐོས་སོགས་དང༌། སེམས་ཅན་དག་པ་ལས་ཉེ་བ་བྱང་སེམས་སར་གནས་རྣམས་ ལ་རིམ་པ་བཞིན་འཇིག་རྟེན་གྱི་ཁམས་སྣ་ཚོགས་དང་རྒྱལ་བའི་དག་པའི་འཁོར་གྱི་དཀྱིལ་ འཁོར་དུ་རིམ་པ་ལྟར་དཔེར་ན་ཆུ་ནང་དུ་ཟླ་བའི་གཟུགས་བརྙན་མཐོང་བ་དང༌། ནམ་མཁར་ ཟླ་བའི་གཟུགས་དངོས་མཐོང་བ་བཞིན་དུ་གཟུགས་སྐུ་དེ་མཐོང་བའི་ཚུལ་ནི་སྤྲུལ་སྐུ་དང་ ལོངས་སྐུ་རྣམ་པ་གཉིས་སོ། ། གཉིས་པ་ལ་གསུམ་ཆོས་སྐུའི་ཡོན་ཏན་གཙོ་བོར་བཤད་པ། གཟུགས་སྐུའི་ཡོན་ཏན་ གཙོ་བོར་བཤད་པ། སྤྱིའི་རྣམ་གཞག་གཏན་ལ་དབབ་པའོ། ། དང་པོ་ནི། མངོན་རྟོགས་རྒྱན་དུ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །རྣམ་པར་ཐར་ དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །ཟད་པར་བཅུ་ཡི་བདག་ཉིད་ དང༌། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །ཉོན་མོངས་ མེད་དང་སྨོན་མཁྱེན་དང༌། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་ དང༌། །དབང་བཅུ་དང་ནི་སྟོབས་བཅུ་དང༌། །མི་འཇིགས་པ་ནི་བཞི་དག་དང༌། །བསྲུང་བ་ མེད་པ་རྣམ་གསུམ་དང༌། །དྲན་པ་ཉེར་གཞག་རྣམ་གསུམ་དང༌། །བསྙེལ་བ་མི་མངའི་ཆོས་ ཉིད་དང༌། །བག་ཆགས་ཡང་དག་བཅོམ་པ་དང༌། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང༌། །ཐུབ་པ་ ཁོ་ནའི་མ་འདྲེས་ཆོས། །བཅྭ་བརྒྱད་བཤད་པ་གང་ཡིན་དང༌། །རྣམ་པ་ཐམས་ཅད་མཁྱེན་ ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་ཏེ། ལུས་དང་ཚོར་བ་དང་སེམས་དང་ཆོས་ དྲན་པ་ཉེ་བར་བཞག་པ་བཞི་དྲན་པ་དང་ཤེས་རབ་ཀྱི་མཚན་ཉིད་ཅན་དང༌། མི་དགེ་བ་སྐྱེས་ པ་རྣམས་སྤོང་བ་དང་མ་སྐྱེས་པ་རྣམས་མི་སྐྱེ་བ་དང་དགེ་བ་སྐྱེས་པ་རྣམས་འཕེལ་བ་དང་མ་ 1-1-287 སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་བརྩོན་པ་ཡང་དག་པར་སྤོང་བ་བཞི་བརྩོན་འགྲུས་ཀྱི་མཚན་ ཉིད་ཅན་དང༌། འདུན་པ་དང་བརྩོན་འགྲུས་དང་སེམས་དང་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ བཞི་ཏིང་ངེ་འཛིན་གྱི་མཚན་ཉིད་ཅན་དང༌། དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ ངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་ལྔ་འཕགས་པའི་ལམ་སྒྲུབ་པ་ལ་དབང་བྱེད་པའི་མཚན་ ཉིད་ཅན་དང༌། དད་པ་ལ་སོགས་པའི་སྟོབས་ལྔ་མི་མཐུན་ཕྱོགས་ཀྱི་མི་རྫི་བའི་མཚན་ཉིད་ ཅན་དང༌། དྲན་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་བརྩོན་འགྲུས་དང་དགའ་བ་དང་ ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་ དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པར་བྱེད་པའི་ཡང་དག་གི་མཚན་ཉིད་ཅན་དང༌། ཡང་ དག་པའི་ལྟ་བ་དང་རྟོག་པ་དང་ངག་དང་ལས་ཀྱི་མཐའ་དང་འཚོ་བ་དང་རྩོལ་བ་དང་དྲན་པ་ དང་ཏིང་ངེ་འཛིན་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་ལམ་གྱི་ཡང་དག་གི་མཚན་ ཉིད་ཅན་དང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ནོ། །བྱམས་པ་དང་ སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཚད་མེད་པ་བཞི་སེམས་ཅན་རྣམས་སྡུག་བསྔལ་དང་ བྲལ་བ་དང་ཕན་བདེ་ཐོབ་པར་འདོད་པའི་མཚན་ཉིད་ཅན་དང༌། གཟུགས་ཅན་གཟུགས་ ལ་ལྟ་བ་དང་ནང་གཟུགས་མེད་པར་ཤེས་པ་དང་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་དང་སྡུག་པའི་ རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་དང་ནམ་ མཁའ་མཐའ་ཡས་སྐྱེ་མཆེད་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་ཅི་ཡང་མེད་པའི་སྐྱེ་ མཆེད་དང་འདུ་ཤེས་དང་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། འདུ་ཤེས་དང་ཚོར་བ་འགོག་ པའི་རྣམ་པར་ཐར་པ་སྟེ་བརྒྱད་དང་བསམ་གཏན་བཞི་དང་གཟུགས་མེད་བཞི་དང་འགོག་པ་ སྟེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། ཟད་པར་ས་དང་ཆུ་དང་མེ་དང་ རླུང་དང་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་ནམ་མཁའ་དང་རྣམ་པར་ཤེས་ 1-1-288 པ་སྟེ་ཟད་པར་བཅུ་དང༌། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་དང་ ཆེན་པོ་གཉིས་དང་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་དང་ ཆེན་པོ་དང་སྔོན་པོ་སོགས་བཞི་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་བ་ཟིལ་གྱིས་གནོན་ པའི་སྐྱེ་མཆེད་བརྒྱད་དེ། དེ་ལྟར་རྣམ་ཐར་ལ་སོགས་པ་རྣམས་ཞི་གནས་དང་ལྷག་མཐོང་ གི་མཚན་ཉིད་ཅན་ནོ། །ཉོན་མོངས་མེད་པ་དང༌། སྨོན་ལམ་མཁྱེན་པ་དང་གཉིས་ཏིང་ངེ་ འཛིན་དང་ཤེས་རབ་ཀྱི་མཚན་ཉིད་ཅན་དང་རྫུ་འཕྲུལ་དང་ལྷའི་རྣ་བ་དང་གཞན་གྱི་སེམས་ ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ལྷའི་མིག་དང་ཟག་པ་ཟད་པའི་མངོན་པར་ ཤེས་པ་དྲུག་ལྐོག་གྱུར་ཤེས་པའི་མཚན་ཉིད་ཅན་དང༌། ཆོས་དང་དོན་དང་ངེས་པའི་ཚིག་དང་ སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞི་ཤེས་རབ་དང་ཏིང་ངེ་འཛིན་གྱི་མཚན་ཉིད་ཅན་ དང་རྟེན་དང་དམིགས་པ་དང་ཐུགས་དང་ཡེ་ཤེས་ཡོངས་སུ་དག་པ་བཞི་ཞི་ལྷག་གི་མཚན་ ཉིད་ཅན་དང༌། ཚེ་དང་སེམས་དང་ཡོ་བྱད་དང་ལས་དང་སྐྱེ་བ་དང་མོས་པ་དང་སྨོན་ལམ་དང་ རྫུ་འཕྲུལ་དང་ཡེ་ཤེས་དང་ཆོས་ལ་དབང་བ་བཅུ་ཇི་ལྟར་འདོད་པ་བཞིན་དབང་བསྒྱུར་བའི་ མཚན་ཉིད་ཅན་དང༌། སྟོབས་དང་མི་འཇིགས་པ་སྔར་བཤད་པ་དང༌། སྐུ་གསུང་ཐུགས་ཀྱི་ སྤྱོད་པ་ལ་ཉེས་པ་སྦེད་པའི་སྲུང་བ་མེད་པ་གསུམ་སྤྱོད་པ་ཡོངས་སུ་དག་པའི་མཚན་ཉིད་ཅན་ དང༌། ཆོས་སྟོན་པ་ན་གུས་པ་དང་མ་གུས་པ་དང་འདྲེས་མར་ཉན་པ་ལ་ཆགས་པ་དང་སྡང་བ་ དང་དེ་གཉིས་འདྲེས་པ་མེད་པ་དྲན་པ་ཉེར་གཞག་གསུམ་བཏང་སྙོམས་ཀྱི་མཚན་ཉིད་ཅན་ དང༌། སེམས་ཅན་གྱི་དོན་ལ་བསྙེལ་ཞིང་དུས་ལས་འདའ་བ་མི་མངའ་བ་ཕྲིན་ལས་དོན་ཡོད་ པའི་མཚན་ཉིད་ཅན་དང༌། སྒྲིབ་པའི་བག་ཆགས་ཡང་དག་པར་བཅོམ་པ་སྤངས་པ་མཐར་ ཐུག་པའི་མཚན་ཉིད་ཅན་དང༌། གདུལ་བྱ་ལ་ཉིན་མཚན་དུས་དྲུག་ཏུ་གཟིགས་པའི་ཐུགས་ རྗེ་ཆེན་པོ་གཞན་དོན་ལ་བརྩོན་པ་ལྷུན་གྱིས་གྲུབ་པའི་མཚན་ཉིད་ཅན་དང༌། མ་འདྲེས་བཅྭ་ 1-1-289 བརྒྱད་སྔར་བཤད་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆོས་ཐམས་ཅད་སྐྱེ་མེད་དུ་ རྟོགས་ཤིང་དོན་གཉིས་མཐར་ཐུག་པའི་མཚན་ཉིད་ཅན་དང༌། དང་གིས་བསྡུས་པ་ལམ་ཤེས་ པ་དང་གཞི་ཤེས་པ་སྟེ། གཉིས་པོ་རིམ་པ་ལྟར། ཐེག་པ་གསུམ་གྱི་ལམ་རང་བཞིན་མེད་པར་ ཤེས་ཤིང་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པར་གཞན་དོན་བྱེད་པའི་མཚན་ཉིད་ཅན་ དང༌། བདག་མེད་མངོན་སུམ་དུ་རྟོགས་ཤིང་སྤངས་རྟོགས་ཕྱོགས་རེ་བར་གྱུར་པའི་མཚན་ ཉིད་ཅན་ནོ། །དེ་ལྟར་དེ་དག་ཆོས་སྐུའི་ཡོན་ཏན་ཆེ་ལོང་བསྡུས་པ་སྟེ། རྒྱས་པར་ནི་ཡུམ་ རྣམས་སུ། དེ་བཞིན་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ་དེ་བཞིན་ཉིད་ཀྱི་ ཡོན་ཏན་ནི་ཚད་མ་མཆིས་སོ། །ཞེས་སོགས་དང༌། མདོ་རྣམས་སུ་མི་འབྲལ་བའི་ཡོན་ཏན་གྱི་ ཆོས་གང་གཱ་ཀླུང་གི་བྱེ་མ་ལས་འདས་པ་ཞེས་སོགས་གསུངས་ཏེ་བསམ་གྱིས་མི་ཁྱབ་པའོ། ། གཉིས་པ་ནི། མངོན་རྟོགས་རྒྱན་དུ། ཐུབ་པའི་སེན་མོ་ཟངས་མདོག་དང༌། །མདོག་ སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང༌། །རྩ་མི་མངོན་དང་མདུད་ པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང༌། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་ སྟབས་གཤེགས་གཡས་ཕྱོགས་དང༌། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་ དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་ རྫོགས་པ་དང༌། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང༌། །སྐུ་ཞུམ་མེད་དང་རྒྱས་པ་དང༌། །ཤིན་ཏུ་གྲི མས་པའི་སྐུ་ ཉིད་དང༌། །ཡན་ལག་ཤིན་ཏུ་རྣམ་འབྱེད་དང༌། །གཟིགས་པ་སྒྲིབ་མེད་དག་པ་དང༌། །དཀུ་ ཟླུམ་སྐབས་ཕྱིན་མ་རྙོངས་དང༌། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་ པ་དང༌། །ཀུན་ནས་བལྟ་ན་སྡུག་པ་དང༌། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་ནག་བག་ མེད་པ་དང༌། །ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཕྱག་རིས་མདངས་ཡོད་ཟབ་རིང་དང༌། 1-1-290 །ཞལ་ནི་ཧ་ཅང་མི་རིང་དང༌། །མཆུ་ནི་བིམ་པ་ལྟར་དམར་དང༌། །ལྗགས་མཉེན་པ་དང་སྲབ་ པ་དང༌། །དམར་དང་འབྲུག་གི་སྒྲ་ཉིད་དང༌། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་ དང་དཀར་དང་མཉམ་པ་དང༌། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང༌། །མཆོག་ཏུ་དག་པ་དག་ དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པད་མའི་འདབ་མ་འདྲ་བ་དང༌། །སྨིན་ཚུགས་རིང་ དང་འཇམ་པ་དང༌། །སྣུམ་དང་སྤུ་ནི་མཉམ་པ་དང༌། །ཕྱག་རིང་རྒྱས་དང་སྙན་མཉམ་དང༌། །ཉམས་པ་རྣམ་པར་སྤངས་པ་དང༌། །དཔྲལ་བ་ལེགས་པར་འབྱེས་པ་དང༌། །དབྱེས་ཆེ་བ་ དང་དབུ་རྒྱས་དང༌། །དབུ་སྐྲ་བུང་བ་ལྟར་གནག་དང༌། །སྟུག་དང་འཇམ་དང་མ་འཛིངས་ དང༌། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང༌། །དཔལ་གྱི་བེའུ་དང་ བཀྲ་ཤིས་ནི། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་གསུངས་པ་དཔེ་བྱད་བརྒྱད་ ཅུ་དང༌། གསང་བ་བསམ་མི་ཁྱབ་ཏུ་གསུངས་པ་གསུང་དབྱངས་ཡན་ལག་དྲུག་ཅུ་སྟེ། མཉེན་ དང་འཇམ་དང་ཡིད་འོང་དང༌། །ཡིད་དུ་འཐད་དང་དག་པ་དང༌། །དྲི་མ་མེད་དང་གསལ་བ་ དང༌། །སྙན་ཅིང་འཇེབས་དང་མཉན་པར་འོས། །མི་ཚུགས་པ་དང་སྙན་པ་དང༌། །དུལ་བ་ དང་ནི་མི་རྩུབ་པ། །མི་བསླང་བ་དང་རབ་ཏུ་དུལ། །རྣར་སྙན་པ་དང་ལུས་སིམ་བྱེད། །སེམས་ སིམ་བྱེད་དང་སྙིང་དགར་བྱེད། །དགའ་བདེ་སྐྱེད་དང་ཡོངས་གདུང་མེད། །ཀུན་ཤེས་བྱ་དང་ རྣམ་རིག་བྱ། །རྣམ་པར་གསལ་དང་དགའ་བར་བྱེད། །མངོན་དགའ་བྱེད་དང་ཀུན་ཤེས་ བྱེད། །རྣམ་རིག་བྱེད་དང་རིགས་པ་དང༌། །འབྲེལ་པ་དང་ནི་ཟློས་སྐྱོན་མེད། །སེང་གེའི་སྒྲ་ཡི་ ཤུགས་དང་ནི། །གླང་པོ་ཆེ་ཡི་སྒྲ་སྐད་དང༌། །འབྲུག་སྒྲའི་དབྱངས་དང་ཀླུ་དབང་སྒྲ། །དྲི་ཟ་ཡི་ ནི་གླུ་དབྱངས་དང༌། །ཀ་ལ་བིང་ཀའི་སྒྲ་དབྱངས་དང༌། །ཚངས་པའི་སྒྲ་དབྱངས་བསྒྲགས་པ་ དང༌། །ཤང་ཤང་ཏེའུའི་སྒྲ་དབྱངས་གྲགས། །ལྷ་དབང་སྒྲ་དབྱངས་ལྟར་སྙན་དང༌། །རྔ་ཡི་སྒྲ་ དང་མ་ཁེངས་པ། །མི་དམའ་བ་དང་དེ་བཞིན་དུ། །སྒྲ་ཀུན་གྱི་ནི་རྗེས་སུ་ཞུགས། །ཚིག་ཟུར་ 1-1-291 ཆགས་པ་མེད་པ་དང༌། །མ་ཚང་མེད་དང་མ་ཞུམ་པ། །མི་ཞན་པ་དང་རབ་ཏུ་དགའ། །ཁྱབ་ དང་ཐ་བ་བཅས་པའི་ཆེད། །རྒྱུན་ཆགས་པ་དང་འབེལ་པ་དང༌། །སྒྲ་ཀུན་རྫོགས་པར་བྱེད་ པ་དང༌། །དབང་པོ་ཐམས་ཅད་ཚིམ་བྱེད་དང༌། །མ་སྨད་པ་དང་མི་འགྱུར་བ། །མ་རྟགས་པ་ དང་འཁོར་ཀུན་གྲགས། །ཀུན་གྱི་མཆོག་ལྡན་ལྡན་པའོ། །ཞེས་པ་བསྡུ་བའི་ཚིགས་བཅད་ དོ། །གཞན་ཡང་འཇམ་དཔལ་གྱིས་དྲིས་པའི་མདོར་གསུངས་པ་དེ་བཞིན་གཤེགས་པའི་ ཕྱག་ཞབས་ཀྱི་མཐིལ་ལ་རི་མོའི་རྗེས་ཀྱི་མཚན་བརྒྱད་ཅུ་དང༌། ཕལ་པོ་ཆེར་གསུངས་པ་དེ་ བཞིན་གཤེགས་པའི་དབུ་ནས་ཞབས་ཀྱི་བར་ལ་མཚན་སུམ་ཅུ་རྩ་གཉིས་ཀྱི་འཁོར་དུ་བྱུང་ བའི་མཚན་དགུ་བཅུ་རྩ་དྲུག་སྟེ་འདིར་ཡི་གེ་མངས་པས་འཇིགས་ནས་མ་བྲིས་པས་མདོ་དེ་ དག་བལྟ་བར་བྱའོ། །དེ་དག་ནི་གཟུགས་སྐུའི་ཡོན་ཏན་ཆེ་ལོང་བསྡུས་པ་ཡིན་ལ། རྒྱས་པར་ ནི། མདོ་དག་ལས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། ཅེས་གསུངས་པ་ལྟར་བསམ་གྱིས་ མི་ཁྱབ་པོ། ། གསུམ་པ་ནི། དེ་ལྟར་བསྟན་པའི་སྐུ་གཉིས་ཀྱི་ཡོན་ཏན་ཐམས་ཅད་ལ་ཡང་བདེན་པ་ གཉིས་ཀྱི་རྣམ་དབྱེ་ཤེས་པར་བྱས་ནས། ཆོས་སྐུའི་ཡོན་ཏན་རྣམས་ལའང་ཀུན་རྫོབ་པ་ཆ་རེ་ ཡོད་པ་གཟུགས་སྐུ་ལ་ཚང་ཞིང་གཟུགས་སྐུའི་ཡོན་ཏན་རྣམས་ལའང་དོན་དམ་པ་ཆ་རེ་ཡོད་ པ་ཆོས་སྐུ་ལ་ཚང་སྟེ། མདོ་མང་པོར། སྤྲུལ་སྐུ་རྣམས་ལའང་སྟོབས་ལ་སོགས་པ་ཡོད་པར་ གསུངས་པ་དང༌། སོར་ཕྲེང་ལ་ཕན་པ་ལ་སོགས་པར་བདེ་གཤེགས་སྙིང་པོ་ལའང་མཚན་ དཔེ་ལ་སོགས་པ་ཡོད་པར་གསུངས་པས་སོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས་ཡོན་ཏན་གྱི་སྐབས་ཏེ་གསུམ་པའི་འགྲེལ་ པའོ།། །། བཞི་པ་ལ་གཉིས་ཀྱི་དང་པོ་སྤྱི་དོན་ལ་གསུམ་གྱི་དང་པོ་མཛད་པའི་རྒྱུ་ནི། རང་དོན་ 1-1-292 མཐར་ཐུག་པ་སྟོབས་ལ་སོགས་པའི་ཆོས་རྫོགས་པར་ཐོབ་པ་དང༌། གཞན་དོན་ཆོས་ལ་ སེམས་ཅན་གདུལ་བའི་ཐབས་མཁྱེན་པ་དང་ཐུགས་རྗེའི་ཕ་རོལ་ཏུ་བྱོན་པ་སྟེ། མདོ་རྒྱན་དུ། སངས་རྒྱས་ཆོས་ཀྱིས་ཤིན་ཏུ་རྫོགས་པའི་སྐུ་གང་ཡིན། །དམ་པའི་ཆོས་ལ་སེམས་ཅན་རབ་ གདུལ་མཁྱེན་པ་གང༌། །འགྲོ་བ་ཀུན་ལ་ཐུགས་བརྩེའི་ཕ་རོལ་ཕྱིན་པ་གང༌། །སངས་རྒྱས་ ཉིད་དེ་འདིར་ནི་སྐྱབས་ཀྱི་མཆོག་ཏུ་འདོད། །ཅེས་སྐྱབས་བླ་ན་མེད་པའི་རྒྱུ་བཤད་པ་ལྟར་ རོ། ། གཉིས་པ་མཛད་པའི་ཚུལ་ལ་བཞི། ཕྲིན་ལས་ཁྱབ། ལྷུན་གྱིས་གྲུབ། རྒྱུན་མི་འཆད། མཛད་པ་ཟབ་པའི་ཚུལ་ལོ། །དང་པོ་ནི། ནམ་མཁའ་གཟུགས་ཐམས་ཅད་ལ་ཁྱབ་པ་ལྟར་ རྒྱལ་བའི་མཛད་པ་སེམས་ཅན་ཀུན་ལ་ཁྱབ་སྟེ། དེར། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་ འདོད། །དེ་བཞིན་དེ་ཡང་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་གྱུར་ཀུན་ དུ་སོང༌། །དེ་བཞིན་དེ་ཡང་སེམས་ཅན་ཚོགས་ཀུན་སོང༌། །ཞེས་སོ། །ཀུན་ཏུ་སོང་ན་འགའ་ ཞིག་གིས་མི་མཐོང་བ་ཅི་ཞེ་ན། དེར། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་ སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། །ཞེས་སོ། །འོ་ན་སྣང་བའི་རྒྱུ་གང་ཞེ་ན། བུད་ཤིང་ཡོད་ན་མེ་འབར་གྱི་མེད་ན་མི་འབར་བ་ལྟར་གདུལ་ བྱ་དག་པ་ཡོད་ན་སྣང་ལ་མེད་ན་མི་སྣང་སྟེ། དེར། ཇི་ལྟར་མེ་ནི་གཞན་དུ་འབར། །གཞན་དུ་ ཞི་བར་འགྱུར་བ་ལྟར། །དེ་བཞིན་སངས་རྒྱས་རྣམས་ལ་ཡང༌། །སྣང་དང་མི་སྣང་ཤེས་པར་ བྱ། །ཞེས་སོ། ། གཉིས་པ་ནི། ལྷའི་རྔ་མ་བརྡུངས་ཀྱང་སྒྲ་འབྱུང་བ་དང་ནོར་བུ་འབད་རྩོལ་མེད་ཀྱང་ འོད་སྟོན་པ་ལྟར་རྒྱལ་བའི་མཛད་པ་རྩོལ་མེད་ལྷུན་གྱིས་གྲུབ་སྟེ། དེར། ཇི་ལྟར་རྔ་དག་མ་ བརྡུངས་པར། །སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར། །དེ་བཞིན་རྒྱལ་བ་གཟོ་མེད་པར། །བཤད་ 1-1-293 པ་དག་ནི་ཀུན་ཏུ་འབྱུང༌། །ཇི་ལྟར་ནོར་བུ་འབད་མེད་པར། །རང་གི་འོད་ནི་སྟོན་པ་ལྟར། །སངས་རྒྱས་རྣམས་ཀྱང་གཟོ་མེད་པར། །དེ་བཞིན་མཛད་པ་ངེས་པར་སྟོན། །ཞེས་སོ། ། གསུམ་པ་ནི། ནམ་མཁའ་ལ་རྒྱུན་དུ་འཇིག་རྟེན་གྱི་བྱ་བ་གཞན་དང་གཞན་འབྱུང་ཞིང་ འཇིག་པ་ལྟར་རྒྱལ་བའི་མཛད་པ་རྒྱུན་མི་འཆད་དེ། དེར། ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་རྒྱུན་མི་འཆད་པར་སྣང༌། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །རྒྱལ་བའི་མཛད་པ་ རྒྱུན་མི་འཆད། །ཇི་ལྟར་ནམ་མཁར་རྟག་ཏུ་ནི། །བྱ་བ་ཉམས་ཤིང་འབྱུང་པ་ལྟར། །དེ་བཞིན་ ཟག་མེད་དབྱིངས་ན་ཡང༌། །སངས་རྒྱས་ཕྲིན་ལས་སྐྱེ་ཞིང་འབྲི། །ཞེས་སོ། ། བཞི་པ་ལ་བཅུ། སྟོབས་སོགས་ཆོས་ཀུན་འབྱུང་བས། སེམས་ཅན་སྨིན་པར་མཛད་པས། ཚོགས་གཉིས་མཐར་ཐུག་གྱུར་པས། དམ་ཆོས་སྟོན་པར་མཛད་པས། སྤྲུལ་པ་ལ་སོགས་ མཛད་པས། ཡེ་ཤེས་དུས་གཅིག་འབྱུང་བས། རྣམ་པར་རྟོག་པ་མེད་པས། ཡེ་ཤེས་སྣ་ཚོགས་ སྣང་བས། སྐབས་འགར་འཇུག་པ་མེད་པས། གཞན་ལས་ཁྱད་པར་འཕགས་པས་ཟབ་པའོ། །དང་པོ་ནི། དེར། སྟོབས་སོགས་སངས་རྒྱས་ཆོས་རྣམས་ལ། །བྱང་ཆུབ་རིན་ཆེན་འབྱུང་ གནས་འདྲ། །ཞེས་སོ། ། གཉིས་པ་ནི། དེར། འགྲོ་བའི་དགེ་བའི་ལོ་ཏོག་ལ། །སྤྲིན་ཆེན་དང་ཡང་འདྲ་བར་འདོད། །ཅེས་སོ། ། གསུམ་པ་ནི། དེར། བསོད་ནམས་ཡེ་ཤེས་རབ་རྫོགས་ཕྱིར། །ཟླ་བ་ཉ་བ་ལྟ་བུར་འདོད། །ཅེས་སོ། ། བཞི་པ་ནི། དེར། ཡེ་ཤེས་སྣང་བར་བྱེད་པའི་ཕྱིར། །ཉི་མ་ཆེན་པོ་འདྲ་བར་འདོད། །ཅེས་ སོ། ། ལྔ་པ་ནི། དེར། ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི། །འོད་ཟེར་དཔག་ཏུ་མེད་འདྲེས་ཤིང༌། 1-1-294 །རྟག་ཏུ་བྱ་བ་གཅིག་ལ་འཇུག །འཇིག་རྟེན་ལ་ཡང་སྣང་བར་བྱེད། །དེ་བཞིན་ཟག་མེད་ དབྱིངས་ན་ཡང༌། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང༌། །མཛད་པ་གཅིག་ནི་མཛད་པ་ལ། །ཡེ་ཤེས་སྣང་བ་མཛད་པར་འདོད། །ཅེས་ཏེ། ཉི་མའི་འོད་ཟེར་རྣམས་འདྲེས་ནས་སྨིན་པ་ལ་ སོགས་པའི་བྱ་བ་གཅིག་བྱེད་པ་ལྟར་སངས་རྒྱས་རྣམས་འདྲེས་ནས་སྤྲུལ་པ་ལ་སོགས་པའི་ མཛད་པ་གཅིག་མཛད་དོ། ། དྲུག་པ་ནི། དེར། དཔེར་ན་ཉི་མའི་འོད་ཟེར་གཅིག །བྱུང་ན་འོད་ཟེར་ཀུན་འབྱུང་བ། །དེ་ བཞིན་སངས་རྒྱས་རྣམས་ཀྱི་ཡང༌། །ཡེ་ཤེས་འབྱུང་བར་ཤེས་པར་བྱ། །ཞེས་སོ། ། བདུན་པ་ནི། དེར། ཇི་ལྟར་ཉི་མའི་འོད་ཟེར་དག །འཇུག་ལ་བདག་གིར་བྱ་བ་མེད། །དེ་ བཞིན་སངས་རྒྱས་ཡེ་ཤེས་ཀྱང༌། །འཇུག་ལ་བདག་གིར་མཛད་མི་མངའ། །ཞེས་སོ། ། བརྒྱད་པ་ནི། དེར། ཉི་མའི་འོད་ཟེར་གཅིག་བཏང་བས། །འགྲོ་བ་སྣང་བ་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་གཅིག་ཆར་སྣང༌། །ཞེས་ཏེ། ཤེས་བྱ་ སྣ་ཚོགས་ལ་སྣང་བས་ཡེ་ཤེས་སྣ་ཚོགས་ཞེས་བྱའོ། ། དགུ་པ་ནི། དེར། ཇི་ལྟར་ཉི་མའི་འོད་ཟེར་རྣམས། །སྤྲིན་ལ་སོགས་པས་བསྒྲིབས་པར་ འདོད། །དེ་བཞིན་སངས་རྒྱས་ཡེ་ཤེས་རྣམས། །སེམས་ཅན་གྱི་ནི་ཉེས་པས་བསྒྲིབས། །ཞེས་ ཏེ། སེམས་ཅན་གྱི་ཉེས་པ་སྙིགས་མ་ལྔ་ལ་སོགས་པས་བསྒྲིབས་ན་མི་སྣང་བས་ཡེ་ཤེས་ སྐབས་འགར་མི་འཇུག་པའོ། ། བཅུ་པ་ནི། དེར། ཇི་ལྟར་མདུད་པའི་དབང་གིས་ན། །གོས་ལ་མཚོན་བཀྲ་མི་བཀྲ་བ། །དེ་བཞིན་འཕེན་པའི་དབང་གིས་ན། །གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ། །ཞེས་ཏེ། ཉན་རང་ དང་སངས་རྒྱས་ཀྱི་ཡེ་ཤེས་རྣམས་རྣམ་པར་གྲོལ་བར་འདྲ་ཡང༌། སངས་རྒྱས་ཀྱི་ཡེ་ཤེས་ ནི་གཞན་དོན་མཛད་པར་དགོངས་པའི་འཕེན་པའི་དབང་གིས་གཞན་དོན་འབྱུང་བས་བཀྲ་ 1-1-295 བའི་ཕྱིར་ཁྱད་པར་འཕགས་སོ། ། གསུམ་པ་མཛད་པའི་འབྲས་བུ་ནི། དེར། འདི་ན་འཇིག་རྟེན་ཕྱོགས་ཕྱོགས་རྒྱལ་པའི་ ལེགས་བཤད་པས། །དགེ་བ་འཕེལ་བའི་འཇིག་རྟེན་རྣམ་དག་མཆོག་ཏུ་འགྲོ། །དགེ་བ་མ་ བསགས་དགེ་བ་འཕེལ་བའི་མཆོག་ཏུ་འགྲོ། །དེ་ལྟར་མ་སྨིན་སྨིན་པ་རྟག་འགྲོའང་མ་ལུས་ མིན། །ཞེས་ཏེ་སངས་རྒྱས་ཀྱི་ཆོས་བསྟན་པས། དགེ་བ་བསགས་པ་རྣམས་རྣམ་པར་གྲོལ་ བ་དང་དགེ་བ་བསགས་པ་རྣམས་དགེ་བ་བསགས་པར་འགྲོ་བས་མ་སྨིན་པ་རྣམས་སྨིན་པར་ འགྲོ་ཡང་སེམས་ཅན་མ་ལུས་པར་མི་འགྱུར་ཏེ་མཐའ་ཡས་པའི་ཕྱིར་རོ། ། གཉིས་པ་གཞུང་དོན་ལ་གཉིས། རྒྱལ་བའི་མཛད་པ་ལྷུན་གྲུབ་རྒྱུན་མི་འཆད་པར་འབྱུང་ ཚུལ། དེ་ལ་ཐེ་ཚོམ་སྤང་ཕྱིར་དཔེ་དགུ་རྒྱས་པར་བསྟན་པའོ། ། དང་པོ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། གདུལ་བྱའི་ཁམས་རིགས་སྣ་ཚོགས་དང༌། དེ་གདུལ་བའི་ཐབས་ཞི་དྲག་ལ་སོགས་པའི་རྣམ་པ་དང་ནི། གདུལ་བྱའི་ཁམས་སོ་སོ་ཉིད་ ཀྱི་གདུལ་བའི་བྱ་བ་བསྒྲུབ་དགོས་མངོན་མཐོ་ངེས་ལེགས་ལ་སོགས་པ་དང༌། གདུལ་བྱ་དེ་ གནས་པའི་ཡུལ་དང༌། འདུལ་བའི་དུས་སུ་བབས་པ་ན་གཤེགས་པ་ལ་ཁྱབ་བདག་སངས་ རྒྱས་ནི་རྟག་ཏུ་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་འཇུག་གོ །ཞེས་པ་ཕྲིན་ལས་ལྷུན་ གྱིས་གྲུབ་པ་མདོར་བསྟན་པའོ། །ཕྲིན་ལས་རྒྱུན་མི་འཆད་པ་ནི་དོན་དྲུག་གིས་བསྟན་ཏེ། ས་ བཅུ་ནི་ཡོན་ཏན་རིན་ཆེན་མཆོག་གི་ཚོགས་དང་ལྡན་ཞིང་ཡེ་ཤེས་ཀྱི་ཆུས་གང་བས་རྒྱ་མཚོ་ དང་འདྲ་བ་སྟེ་འཁོར་བ་ནས་ངེས་པར་འབྱིན་པའི་རྒྱུ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་གཉིས་ནི་ལུས་སྨིན་པར་བྱེད་པས་ཉི་འོད་དང་འདྲ་བ་ཅན་ནི་ངེས་འབྱིན་ཏེ་རྟོན་པའི་ རྒྱུ་སྟེ། ས་དང་ཚོགས་གཉིས་དཔེ་འདིས་འགྲོ་བར་བྱེད་པ་ལམ་གྱི་ཐེག་པ་མ་ལུས་ངེས་པར་ བསྒྲུབས་ཏེ་བྱང་ཆུབ་ཐོབ་པར་བྱེད་དོ། །ཐེག་པ་དེའི་འབྲས་བུ་བྱང་ཆུབ་ནི་མཐའ་དང་དབུས་ 1-1-296 ཀྱི་ཚད་གཟུང་དུ་མེད་ཅིང་རྒྱ་ཆེ་བས་ནམ་མཁའ་ལྟར་ཀུན་ལ་ཁྱབ་པ་དང༌། བྱང་ཆུབ་དེ་ཡི་ ཡོངས་སུ་འཛིན་པ་སེམས་ཅན་ནི། ཆོས་སྐུའི་སངས་རྒྱས་ཉིད་བདེ་གཤེགས་སྙིང་པོ་ནི་ཡོན་ ཏན་དྲི་མ་མེད་པ་སྔོན་ནས་ཡོད་པས་གཏེར་དང་འདྲ་བ་སེམས་ཅན་ཀུན་ལ་ཁྱད་མེད་དུ་རྣམ་ པར་གཟིགས་ནས་རྗེས་སུ་འཛིན་པ་དང༌། བྱང་ཆུབ་དེའི་སྒྲིབ་པ་ནི་ཉོན་མོངས་པ་དང་ཤེས་ བྱའི་སྒྲིབ་པ་སྒྲིབ་པར་བྱེད་པས་སྤྲིན་གྱི་དྲ་བ་དང་འདྲ་བ་སྒྲིབ་པ་དེ་སེལ་བའི་རྐྱེན་ནི་སངས་ རྒྱས་རྣམས་ཀྱི་ཐུགས་རྗེའི་ནུས་པ་སྒྲིབ་གཉིས་ཀྱི་སྤྲིན་འཐོར་བར་བྱེད་པས་རླུང་དང་འདྲ་བ་ དག་གིས་སྒྲིབ་གཉིས་ཀྱི་སྤྲིན་རྣམ་པར་གཏོར་བ་སྟེ་དྲུག་གོ །དེ་ལྟར་དཔེ་དྲུག་གིས་མཚོན་ པའི་དོན་དྲུག་ཚང་བས་ན་རྒྱལ་བའི་མཛད་པ་རྒྱུན་མི་འཆད་དེ། ས་དང་ཚོགས་གཉིས་ནི་ གཞན་ངེས་པར་འབྱིན་པ་དང་དེ་རྟོན་པར་བྱེད་པས་གཞན་དོན་གྱི་དབང་གིས་འབྱུང་བ་དང༌། སེམས་ཅན་དང་བྱང་ཆུབ་ཀྱིས་བདག་གཞན་མཉམ་པར་གཟིགས་ནས་གཞན་དོན་མཛད་པ་ དང༌། སྒྲིབ་པ་དང་ཐུགས་རྗེ་གཉིས་ཀྱིས་སྒྲིབ་པ་མ་ཟད་བར་དུ་ཐུགས་རྗེ་འཇུག་པས་མཛད་ པ་རྫོགས་མི་སྲིད་པས་སོ། །དེ་ལྟར་བཤད་པ་ནི། འོག་ཏུ། གཞན་གྱི་དབང་གིས་ངེས་འབྱུང་ དང༌། །ཞེས་སོགས་ཀྱིས་གསལ་ལོ། ། གཉིས་པ་རྒྱས་བཤད་ལ་གཉིས། ཕྲིན་ལས་ལྷུན་གྱིས་གྲུབ། ཕྲིན་ལས་རྒྱུན་མི་འཆད་ ཚུལ་ལོ། །དང་པོ་ནི། གདུལ་བྱའི་རིགས་གང་ཞིག་གི་འདུལ་ཐབས་གང་གིས། འདུལ་བའི་ བྱ་བ་བསྒྲུབ་དགོས་གང་ལ། ཡུལ་གང་དུ། དུས་གང་གི་ཚེ་གཤེགས་པར་མཛད་ཀྱང༌། དེའི་ རྣམ་པར་རྟོག་པ་དང༌། རྩོལ་བ་སྐྱོ་བ་མེད་པའི་ཕྱིར། ཐུབ་པས་མཛད་པ་ནི་རྟག་ཏུ་ལྷུན་གྱིས་ གྲུབ་པ་ཡིན་ནོ། །དེ་དག་བཤད་པ་གདུལ་བྱའི་ཁམས་ནི་གང་ཞིག་གི་སྟེ་གང་གི་ཞེས་པའི་ དོན་ནོ། །འདུལ་བའི་ཐབས། མང་པོ་ནི་གང་དང་གང་གིས་སོ། །འདུལ་བའི་བྱ་བ་གང་ཡིན་ པ་ནི་འདུལ་བའི་བྱ་གང་གང་དུ་ནི་གང་ཚེ་ཞེས་པ་གཉིས་རིམ་པ་ལྟར་ཡུལ་དང་དུས་དེ་དག་ 1-1-297 ཡིན་ནོ། ། གཉིས་པ་ལ་གཉིས། རྟོག་པ་མེད་པའི་གནས་དྲུག་རྒྱས་པར་བཤད་པ། གནས་དྲུག་ ལྡན་པས་ཕྲིན་ལས་རྒྱུན་ཆད་མེད་ཚུལ་ལོ། །དང་པོ་ལ་གསུམ་གྱི་དང་པོ་གནས་དྲུག་རྟོག་པ་ མེད་པར་བསྟན་པ་ནི། སེམས་ཅན་འཁོར་བ་ནས་ངེས་པར་འབྱིན་པ་དང༌། ངེས་འབྱིན་དེའི་ རྟོན་པ་སྟེ་དེ་ངེས་པར་འགྲུབ་པའི་རྒྱུ་རྐྱེན་དང༌། གཉིས་པོ་དེའི་འབྲས་བུ་དང༌། འབྲས་བུ་ དེའི་ཡོངས་སུ་འཛིན་པ་སྟེ་གཟུང་བྱ་དང༌། གཟུང་བྱ་དེ་ལ་ཡོད་པའི་ཁམས་ཀྱི་སྒྲིབ་པ་དང༌། སྒྲིབ་པ་དེ་གཅོད་པར་བྱེད་པའི་རྐྱེན་ཏེ་དྲུག་ལ་ནི་རྣམ་པར་རྟོག་པ་མེད་པར་རྟག་ཏུ་ལྷུན་གྱིས་ གྲུབ་པའི་ཕྱིར་ཕྲིན་ལས་རྒྱུན་མི་འཆད་པར་འགྱུར་རོ། ། གཉིས་པ་གནས་དྲུག་སོ་སོའི་ངོ་བོ་བརྗོད་པ་ནི། ངེས་པར་འབྱིན་པ་ཞེས་པ་ནི་ས་བཅུ་ སྟེ། ཚོགས་གཉིས་དག་ནི་ངེས་འབྱིན་དེའི་རྒྱུའམ་རྟོན་པའོ། །གཉིས་པོ་དེའི་འབྲས་བུ་ནི་བྱང་ ཆུབ་མཆོག་ཡིན་ཏེ། བྱང་ཆུབ་དེ་སེམས་ཅན་ལ་ཡོད་པ་ནི་ཡོངས་སུ་འཛིན་པའོ། །སེམས་ ཅན་དེའི་སྒྲིབ་པ་ནི་མཐའ་ཡས་པའི་ཉོན་མོངས་དང་ཉེ་བའི་ཉོན་མོངས་བག་ཆགས་དང་ བཅས་པ་རྣམས་སོ། །དུས་ཀུན་ཏུ་ནི་སྒྲིབ་པ་དེ་འཇོམས་པའི་རྐྱེན་ནི་སངས་རྒྱས་ཀྱི་ཐུགས་ རྗེ་ཆེན་པོ་ཡིན་ནོ། ། གསུམ་པ་གནས་དྲུག་དཔེ་དང་སྦྱར་ཏེ་བཤད་པ་ནི། ངེས་འབྱིན་ལ་སོགས་པ་གནས་ དྲུག་པོ་ནི་འདི་དག་རྣམས་གོ་རིམ་ཇི་ལྟ་བ་བཞིན་དུ། དཔེར་ན་རྒྱ་མཚོ་དང་ཉི་མ་དང་ནི་ནམ་ མཁའ་དང་གཏེར་དང་སྤྲིན་དང་རླུང་བཞིན་དུ་འདྲ་བར་ཤེས་པར་བྱའོ། །དཔེ་དེ་དག་འདྲ་ བའི་རྒྱུ་ཅི་ཞེ་ན། ཡེ་ཤེས་ཀྱི་ཆུ་དང་གཟུངས་ལ་སོགས་པའི་ཡོན་ཏན་གྱི་རིན་ཆེན་དང་ལྡན་ པའི་ཕྱིར་ས་རྣམས་ནི་རྒྱ་མཚོ་བཞིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་ཡིན་ པའི་ཕྱིར་ཚོགས་གཉིས་དག་ནི་ཉི་མ་བཞིན་ནོ། །རྒྱ་ཆེ་བ་དང་མཐའ་དང་དབུས་མེད་པའི་ 1-1-298 ཕྱིར་བྱང་ཆུབ་ནི་ནམ་མཁའི་ཁམས་བཞིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ ཆོས་ཉིད་ཀྱི་ནོར་གདོད་མ་ནས་ཡོད་པའི་ཕྱིར་སེམས་ཅན་གྱི་ཁམས་ནི་གཏེར་དང་འདྲའོ། །གློ་བུར་པ་ཡིན་པ་དང་ཁམས་ལ་ཁྱབ་པར་སྒྲིབ་པ་དང་གཤིས་ལུགས་ལ་མ་གྲུབ་པའི་ཕྱིར་ ཁམས་དེའི་སྒྲིབ་བྱེད་ཉོན་མོངས་རྣམས་སྤྲིན་གྱི་ཚོགས་བཞིན་ནོ། །སྒྲིབ་པའི་སྤྲིན་དེ་འཐོར་ བར་ནི་ཉེ་བར་གནས་པའི་ཕྱིར་སངས་རྒྱས་ཀྱི་ཐུགས་རྗེ་ནི་མི་བཟད་པ་དྲག་པོའི་རླུང་དང་ འདྲའོ། ། གཉིས་པ་ནི། མཛད་པ་རྒྱུན་མི་འཆད་པའི་རྒྱུ་དྲུག་ལས་ས་དང་ཚོགས་གཉིས་གཉིས་ནི་ གཞན་གདུལ་བྱའི་དབང་གིས་ངེས་པར་འབྱུང་བ་སྟེ་མཛད་པ་རྒྱུན་མིའཆད་པའི་རྒྱུ་བསྟན་ པ་དང༌། བྱང་ཆུབ་དང་སེམས་གཉིས་ནི་བདག་དང་སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་ མཚུངས་པར་གཟིགས་པ་སྟེ་མཛད་པ་རྒྱུན་མི་འཆད་པའི་ཆོས་ཉིད་ཐོབ་པ་བསྟན་པ་དང༌། སྒྲིབ་པ་དང་ཐུགས་རྗེ་གཉིས་ནི་སྒྲིབ་པ་མ་ཟད་བར་དུ་མཛད་པ་འཇུག་པས་མཛད་པ་ཡོངས་ སུ་མ་རྫོགས་པ་སྟེ་མཛད་པ་རྒྱུན་མི་འཆད་པའི་འབྲས་བུ་སྒྲུབ་པར་མཛད་པ་བསྟན་པས། གསུམ་པོ་དེའི་ཕྱིར་འཁོར་བ་ཇི་སྲིད་གནས་པ་དེ་སྲིད་དུ་མཛད་པ་ཕྲིན་ལས་རྒྱུན་མི་འཆད་ དོ། ། གཉིས་པ་ལ་གསུམ། འབད་རྩོལ་མེད་ཀྱང་ཕྲིན་ལས་སྣ་ཚོགས་སྣང་བ་དཔེ་ཡིས། སྣ་ ཚོགས་སྣང་ཡང་ཆོས་སྐུ་སྐྱེ་འཇིག་མེད་ཚུལ་དཔེ་ཡིས། མཚུངས་དང་མི་མཚུངས་སྦྱར་བས་ དཔེ་དགུའི་གོ་རིམ་ངེས་པར་བསྟན་པའོ། ། དང་པོ་ལ་གཉིས། རྒྱལ་བའི་ཕྲིན་ལས་དཔེ་ཡིས་བསྟན་པ། དཔེ་ཡིས་བསྟན་པའི་རྒྱུ་ མཚན་བསྡུ་བའོ། ། དང་པོ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། སྐྱེས་འགག་མེད་པས་ཕྱེ་བ་ནི་སངས་ 1-1-299 རྒྱས་སུ་བརྗོད་པས་འདུས་མ་བྱས་ལ་འཇུག་པ་མེད་ན། སངས་རྒྱས་དེ་ལྷུན་གྱིས་གྲུབ་ཅིང་ རྣམ་རྟོག་མེད་པར་མཛད་པ། འཇུག་པ་རྒྱུན་མི་འཆད་སྙམ་དུ་ཐེ་ཚོམ་སྐྱེ་བ་བསལ་བའི་ཕྱིར། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་མོས་པ་བསྐྱེད་པའི་དོན་དུ་དཔེ་བསྟན་པ། བརྒྱ་བྱིན་གྱི་གཟུགས་བརྙན་དང་སུམ་ཅུ་རྩ་གསུམ་པའི་རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་ སྟེང་གི་བར་སྣང་ལ་ཡོད་པ་རྔ་བོ་ཆེ་ཆོས་ཀྱི་སྒྲ་དབྱངས་དང་སྤྲིན་དང་ཚངས་པའི་སྣང་བ་དང་ ཉི་མ་དང་ཡིད་བཞིན་གྱི་ནོར་བུ་རིན་ཆེན་བཞིན་དང༌། དེ་བཞིན་གཤེགས་པ་ནི་སྒྲ་བརྙན་ བཞིན་དང་ནམ་མཁའ་དང་ནི་ས་བཞིན་དུ་རྣམ་རྟོག་མེད་ཀྱང་གཞན་དོན་ལྷུན་གྲུབ་ཏུ་འབྱུང་ བ་ཡིན་ནོ། ། གཉིས་པ་རྒྱས་བཤད་ལ་དགུ། སྐུ་ཡི་སྣང་བ་བརྒྱ་བྱིན་གཟུགས་བརྙན། གསུང་གི་སྣང་ བ་ལྷ་ཡི་རྔ་སྒྲ། མཁྱེན་བརྩེས་ཁྱབ་པ་ཆར་ལྡན་སྤྲིན་དང༌། སྣ་ཚོགས་སྤྲུལ་པ་ཚངས་པ་ཆེན་ པོ། ཡེ་ཤེས་སྤྲོ་བ་ཉི་མའི་དཀྱིལ་འཁོར། ཐུགས་ཀྱི་གསང་བ་རྟོག་མེད་ནོར་བུ། གསུང་གི་ གསང་བ་བརྗོད་མེད་སྒྲ་བརྙན། སྐུ་ཡི་གསང་བ་འཇིག་མེད་ནམ་མཁའ། དགེ་བའི་གཞིར་ གྱུར་ཕྲིན་ལས་ས་གཞི་འདྲ་བའོ། ། དང་པོ་ལ་གཉིས། རྟོག་པ། སྐྱེ་འཇིག་མེད་ཚུལ་ལོ། །དང་པོ་ལ་གཉིས། དཔེ་དོན། རྒྱས་ པར་བཤད་པའོ། །དང་པོ་ལ་གསུམ། ས་གཞི་དག་པ་ལ་བརྒྱ་བྱིན་གྱི་གཟུགས་བརྙན་སྣང༌། དེ་མཐོང་ནས་སྐྱེ་བོ་རྣམས་དེ་ལ་སྨོན་པར་བྱེད། སྣང་བ་དེ་མི་རྟོག་ཀྱང་དེ་དག་ལ་དོན་བྱེད་ ཚུལ་ལོ། །དང་པོ་ནི། ཇི་ལྟར་བཻདཱུརྱ་དག་པའི་རང་བཞིན་དུ་འཛམ་བུ་གླིང་གི་ས་སྟེང་འདི་ གྱུར་ཏེ། གཞི་དེ་རྣམ་པར་དག་པའི་ཕྱིར་ལྷའི་དབང་པོ་བརྒྱ་བྱིན་དེ་སྣང་སྟེ། དེ་ཡང་ལྷའི་བུ་ དང་བུ་མོའི་ཚོགས་ཀྱི་འཁོར་དང་བཅས་པ་དང༌། བརྒྱ་བྱིན་གྱི་ཕོ་བྲང་རྣམ་པར་རྒྱལ་བའི་ ཁང་བཟངས་དང༌། ལྷ་གནས་དེ་ལས་གཞན་གྲོང་ཁྱེར་བལྟ་ན་སྡུག་གམ་ཉེ་དབང་པོ་གཉིས་ 1-1-300 ཀྱི་གནས་དག་དང༌། ལྷ་དེའི་གཞལ་ཡས་ཁང་ཕལ་བའམ་བརྒྱ་བྱིན་སྤྱོད་ཡུལ་དུ་འགྲོ་བ་ན་ ཤིང་རྟས་འདྲེན་པའི་གཞལ་ཡས་ཁང་སྣ་ཚོགས་དང༌། ལྷ་རྫས་ཀྱི་ལོངས་སྤྱོད་བདུད་རྩི་དང་ གོས་ལ་སོགས་པ་རྣམ་པ་མང་པོ་ཡང་གཞི་དེར་མཐོང་ངོ༌། ། གཉིས་པ་ནི། སྣང་བ་བྱུང་བ་དེ་ནས་སྐྱེས་པ་དང་བུད་མེད་ཀྱི་ཚོགས་འཛམ་གླིང་གི་སའི་ སྟེང་ན་གནས་པ་རྣམས་ལྷའི་སྣང་བ་དེ་ནི་མཐོང་བར་གྱུར་ཏེ། ངེད་ཀྱང་རིང་པོ་མི་ཐོགས་ པར་ལྷའི་དབང་པོ་འདི་འདྲར་གྱུར་ཅིག་ཅེས་དེ་འདྲའི་སྨོན་ལམ་འདེབས་པར་བྱེད་ཅིང༌། ལྷ་ དབང་དེ་འདྲ་ཐོབ་པར་བྱ་བའི་དོན་དུ་དགེ་བ་མེ་ཏོག་དང་སྤོས་འབུལ་བ་དང་བསྙེན་གནས་ ལ་སོགས་པ་ནི་ཡང་དག་པར་བླངས་ཏེ་གནས་པར་གྱུར་ཏོ། ། གསུམ་པ་ནི། སྐྱེས་པ་བུད་མེད་ཀྱི་ཚོགས་དེ་དག་དགེ་བའི་ལས་བླངས་པ་དེས་ན་བརྒྱ་ བྱིན་འདི་སྣང་བ་ཙམ་ཡིན་གྱི་ལྷ་དབང་དངོས་མ་ཡིན་ནོ་ཞེས་དེ་ལྟ་བུར་ཤེས་པ་མེད་ཀྱང་ས་ སྟེང་ནས་ཤི་འཕོས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷ་རུ་སྐྱེ་བར་འགྱུར་རོ། །སྣང་བ་དེ་ནི་ཤིན་ཏུ་ཡང་ འཛམ་གླིང་པ་རྣམས་དགེ་བ་ལ་དགོད་དོ་སྙམ་པའི་ཀུན་སློང་གི་རྟོག་པ་མེད་ཅིང་འབད་རྩོལ་ གྱི་གཡོ་བ་མེད་དོ། །དེ་ལྟ་མོད་ཀྱིས་ཀྱང་ས་སྟེང་ན་དོན་ཆེན་པོ་འགྲུབ་པའི་ཚུལ་གྱིས་ནི་ཉེ་ བར་གནས་སོ། ། གཉིས་པ་ལ་གསུམ། སེམས་དག་ན་རྒྱལ་བའི་སྐུ་སྣང༌། དེ་མཐོང་ནས་དེ་ཡི་རྒྱུ་ལེན། སྣང་བ་དེ་དོན་ཆེན་པོར་འགྱུར་ཚུལ་ལོ། ། དང་པོ་ནི། དཔེ་དེ་བཞིན་དུ་གདུལ་བྱའི་སེམས་དད་པ་ལ་སོགས་པ་ལ་ཉེས་པའི་དྲི་མ་ མེད་པ་ཅན། དད་པ་ལ་སོགས་པའི་ཡོན་ཏན་བསྒོམས་པའི་གདུལ་བྱ་རང་གི་སེམས་ལ་སྣང་ བ་འབྱུང་སྟེ། གང་ཞེ་ན་རྫོགས་པའི་སངས་རྒྱས་ཀྱི་གཟུགས་སྐུ་མཚན་དང་དཔེ་བྱད་དང་ལྡན་ པ་གཤེགས་པས་སྐུ་འཆག་པ་དང་ནི་འགྲེང་སྟེ། བཞེངས་པ་དང་སྟན་ལ་བཞུགས་པ་དང་ནི་ 1-1-301 མནལ་པ་ལ་སོགས་པས་གཟིམས་པ་དང༌། དེ་ལ་སོགས་པ་སྐུ་སྤྱོད་ལམ་སྣ་ཚོགས་མཛད་ པ་ཅན་དང༌། གསུང་གིས་ཞི་བ་མྱང་འདས་ཀྱི་ཆོས་ནི་གསུང་བ་དང༌། ཆོས་མི་གསུང་བར་ ཐུགས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པར་གྱུར་པ་དང༌། རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་ པ་སྣ་ཚོགས་དག་མཛད་པ་འོད་དང་གཟི་མདངས་ཆེན་པོ་ཅན་དུ་སེམས་ཅན་སེམས་དག་པ་ རྣམས་ཀྱིས་མཐོང་བར་འགྱུར་རོ། ། གཉིས་པ་ནི། གཟུགས་སྐུ་དེ་མཐོང་ནས་ཀྱང་སངས་རྒྱས་ཐོབ་པར་འདོད་པ་དང་ལྡན་ པ་རྣམས་སངས་རྒྱས་ཐོབ་པར་བྱ་བ་ཉིད་ཀྱི་ཕྱིར་ལམ་ལ་རབ་ཏུ་སྦྱོར་ཏེ། སངས་རྒྱས་དེ་ཐོབ་ པའི་རྒྱུ་ཚོགས་གཉིས་ཡང་དག་པར་བླངས་ནས་ནི་འདོད་པའི་གོ་འཕང་སངས་རྒྱས་ཐོབ་ པར་བྱེད་དོ། ། གསུམ་པ་ནི། གཟུགས་སྐུའི་སྣང་བ་དེ་ནི་ཤིན་ཏུ་ཡང་ཀུན་སློང་གི་རྟོག་པ་མེད་ཅིང་ རྩོལ་བས་གཡོ་བ་མེད་པ་ཉིད་ཡིན་པ་དེ་ལྟ་ན་ཡང་གདུལ་བྱ་རྣམས་ཕན་བདེ་ལ་འགོད་པས་ འཇིག་རྟེན་ན་དོན་ཆེན་པོས་ནི་ཉེ་བར་གནས་སོ། །གཟུགས་སྐུ་འདི་ནི་རང་སེམས་དག་པའི་ སྣང་བ་ཡིན་གྱི་མཐར་ཐུག་གི་སངས་རྒྱས་ཆོས་སྐུ་དངོས་མ་ཡིན་ནོ་ཞེས་བྱིས་པ་སོ་སོའི་སྐྱེ་ བོས་མི་ཤེས་མོད། དེ་ལྟ་ན་ཡང་གཟུགས་སྐུ་མཐོང་བ་དེ་གདུལ་བྱ་དེ་དག་ལ་ནི་དོན་ཆེན་པོ་ ཡོད་པར་འགྱུར་ཏེ། རིམ་གྱིས་གཟུགས་སྐུ་དེ་མཐོང་བ་དང་བསམ་པ་དང་མཐུན་པའི་ཆོས་ ཐོས་པ་ལ་བརྟེན་ནས་ལམ་བསྒྲུབ་པས་མྱང་འདས་སུ་འགྲོ་བའི་ཐེག་པ་གསུམ་དང་ཁྱད་པར་ ཐེག་པ་ཆེན་པོ་འདི་ལ་གནས་པ་རྣམས་ས་དང་པོ་ལ་སོགས་པ་ཐོབ་ནས་ནང་སེམས་ཀྱི་དམ་ པ་དང་མཆོག་འོད་གསལ་ཆོས་སྐུ་གདོད་ནས་གནས་པ་ནི་རང་བྱུང་ཡེ་ཤེས་ཀྱི་མིག་གིས་ མངོན་སུམ་དུ་མཐོང་བར་འགྱུར་བའི་ཕྱིར་རོ། །དཔེ་འདི་བརྒྱ་བྱིན་དངོས་མ་ཡིན་པ་ལྟར་ གཟུགས་སྐུ་གཉིས་སངས་རྒྱས་དངོས་མ་ཡིན་གྱི་གདུལ་བྱའི་སྣང་བ་འབའ་ཞིག་ཡིན་པར་ 1-1-302 འགའ་ཞིག་འདོད་པ་ནི་ནོར་བ་སྟེ། གཟུགས་སྐུ་སངས་རྒྱས་མ་ཡིན་ན་སངས་རྒྱས་ཀྱི་སྐུའི་ དབྱེ་བར་ཇི་ལྟར་བགྲང་གདུལ་བྱའི་སྣང་བ་འབའ་ཞིག་ཡིན་ན་སངས་རྒྱས་ལ་ཇི་ལྟར་ལྟོས། དེས་ན་ཆོས་སྐུ་དངོས་མ་ཡིན་ཡང་སངས་རྒྱས་ཡིན་པས་སྐུར་བ་གདབ་པར་མི་རིགས་སོ། ། གཉིས་པ་ནི། ཇི་ལྟར་འཛམ་གླིང་ས་ཀུན་ཚེར་མ་དང་ངམ་གྲོག་ལ་སོགས་པ་ཉམ་ང་བའི་ གནས་གཞན་དང་བྲལ་ནས་དྲི་མ་མེད་པའི་ནོར་བུ་བཻ་དཱུརྱ་འོད་གསལ་ཞིང་མཛེས་པའི་ནོར་ བུའི་ཡོན་ཏན་དང་དྲི་མ་བྲལ་བའི་དཔལ་དང་ལྡན་པར་ས་སྟེང་ཐམས་ཅད་ནི་མཉམ་པར་ གྱུར་ཏེ། གཞི་དེ་དག་པའི་ཕྱིར་དེར་ནི་ལྷའི་བདག་པོའི་གནས་སྣ་ཚོགས་དང་ལྷའི་དབང་པོ་ དང་ལྷ་ཕལ་པའི་གཟུགས་ཤར་བ་དེ། རིམ་གྱིས་སའི་ཡོན་ཏན་དག་པ་དང་བྲལ་བའི་ཕྱིར་ དེ་ནི་སླར་ཡང་མི་སྣང་བར་འགྱུར་རོ། །སྣང་བའི་བརྒྱ་བྱིན་དེའི་དངོས་པོ་ཐོབ་པར་བྱ་བའི་ ཕྱིར་བསྙེན་གནས་ཡན་ལག་བརྒྱད་པ་དང༌། རབ་བྱུང་གི་རྟགས་འཆང་བའི་བརྟུལ་ཞུགས་ དང༌། ངེས་པར་སྦྱིན་པ་ལ་སོགས་པ་དགེ་བ་བྱེད་པ་ལ་བློ་ཕྱོགས་པའི་བུད་མེད་དང་སྐྱེས་ པའི་ཚོགས་རྣམས་བརྒྱ་བྱིན་ལ་ཐོབ་པར་སྨོན་པའི་སེམས་ཀྱིས་མེ་ཏོག་ལ་སོགས་པའི་སྤོས་ དང་ཕྱེ་མ་དང་གོས་སོགས་མཆོད་པའི་རྫས་འཐོར་བར་བྱེད་པ་ལྟར། དག་པའི་བཻ་དཱུརྱ་འདྲ་ བའི་སེམས་དག་པ་ལ་སྣང་བའི་ཐུབ་དབང་དེ་ཐོབ་པར་བྱ་བའི་ཕྱིར། ཚོགས་གཉིས་ལ་རབ་ ཏུ་དགའ་བའི་སེམས་དང་ལྡན་པའི་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་སྐྱེས་པ་ བུད་མེད་དེ་དག་བརྒྱ་བྱིན་དུ་སྨོན་པ་བཞིན་དུ་བྱང་ཆུབ་ཏུ་སེམས་རབ་ཏུ་བསྐྱེད་པར་བྱེད་དོ། །ཇི་ལྟར་བཻདཱུརྱའི་ས་གཞི་གཙང་མ་ལ་ལྷ་དབང་བརྒྱ་བྱིན་གྱི་ལུས་ཀྱི་གཟུགས་བརྙན་སྣང་བ་ ལྟར། དེ་བཞིན་དུ་འགྲོ་བའི་སེམས་ཀྱི་ས་གཞི་དྲི་མ་མེད་པའི་གཙང་མ་ལ་ཆོས་ཉིད་ཀྱི་ཐུབ་ པའི་དབང་པོའི་སྐུའི་གཟུགས་བརྙན་གཟུགས་སྐུ་འཆར་ཡང་རེས་འགའ་ནུབ་པར་འགྱུར་རོ། །གདུལ་བྱའི་འགྲོ་བར་གཟུགས་བརྙན་རེས་འགའ་འཆར་བ་དང་རེས་འགའ་ནུབ་པ་འབྱུང་ 1-1-303 བའི་རྒྱུ་ཅི་ཞེ་ན་གདུལ་བྱ་ལ་དྲི་མའི་རྙོག་པ་མེད་པའི་རང་སེམས་དང་རྙོག་པ་ཡོད་པའི་རང་ སེམས་རབ་ཏུ་འཇུག་པའི་དབང་གིས་འཆར་ནུབ་འཇུག་ཀྱང༌། ཇི་ལྟར་འཇིག་རྟེན་དག་ན་ བརྒྱ་བྱིན་གྱི་གཟུགས་སྣང་བས་བརྒྱ་བྱིན་སྐྱེས་པ་དང་མི་སྣང་བས་ཞིག་པ་མ་ཡིན་པ་ལྟར་དེ་ བཞིན་གཟུགས་སྐུ་སྣང་བས་ཡོད་པ་སྟེ་སྐྱེས་པ་དང་མི་སྣང་བས་ཞིག་ཅེས་ཆོས་སྐུ་དེ་ལ་མི་ལྟ་ ཞིང་མི་བསམ་སྟེ་སྐྱེ་འཇིག་མེད་པའི་ཕྱིར་རོ། ། གཉིས་པ་ལ་གསུམ་གྱི་དང་པོ་གསུང་དབྱངས་རྔའི་སྒྲ་འདྲ་བར་བསྟན་པ་ལ་གསུམ་གྱི་ དང་པོ་རྔའི་སྒྲ་བཞིན་དུ་དམ་ཆོས་སྟོན་པ་ནི། ཇི་ལྟར་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་ན་ལྷ་ རྣམས་ཀྱི་སྔོན་གྱི་ལས་དཀར་པོའི་མཐུ་ཡིས་ནི་བྱུང་བའི་རྔ་ཆོས་ཀྱི་སྒྲ་དབྱངས་ཞེས་བྱ་བ་ ཡོད་པ་དེ་སྒྲ་བརྗོད་པ། འབད་རྩོལ་དང༌། བརྗོད་པའི་གནས་མགྲི ན་རྐན་ལ་སོགས་པ་དང་ ཡིད་དང་བཅས་པའི་གཟུགས་སྐྱེས་བུའི་ལུས་དང༌། ཀུན་སློང་གི་རྣམ་པར་རྟོག་པ་མེད་བཞིན་ དུ། འདུས་བྱས་ཐམས་ཅད་མི་རྟག་པ་དང་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང་ཆོས་ ཐམས་ཅད་བདག་མེད་པ་དང་མྱ་ངན་ལས་འདས་པ་ཞི་བའོ་ཞེས་བྱ་བའི་སྒྲ་ཡིས། འདོད་ ཡོན་ལ་སྤྱོད་པའི་གཡེང་བས་བག་མེད་པར་གྱུར་པའི་ལྷ་རྣམས་ཐམས་ཅད་ཡང་ནས་ཡང་དུ་ ཆོས་ཀྱི་རྔས་ནི་ཆོས་ལ་བསྐུལ་བར་བྱེད་པ་ལྟར། དེ་བཞིན་དུ་ཁྱབ་བདག་སངས་རྒྱས་འབད་ རྩོལ་ལ་སོགས་པ་དང་བྲལ་ཡང་གདུལ་བྱ་འདི་འགྲོ་བ་མ་ལུས་པ་སངས་རྒྱས་ཀྱི་གསུང་གིས་ ཁྱབ་པར་མཛད་དེ། ཕྲིན་ལས་འཇུག་པའི་སྐལ་བ་དང་ལྡན་པ་རྣམས་ལ་ཆོས་སྟོན་ཏོ། ། གཉིས་པ་རྔའི་སྒྲ་བཞིན་དུ་ཞི་བ་སྒྲུབ་པ་ནི། ཇི་ལྟར་ལྷ་ཡུལ་ན་ལྷ་རྣམས་ཀྱི་བསྐུལ་མ་ བྱེད་པའི་རྔ་སྒྲ་ནི་རང་གི་ལས་བཟང་པོ་ལས་བྱུང་བ་ཡིན་པ་དེ་བཞིན་དུ་འཇིག་རྟེན་ན་ཐུབ་ པའི་ཆོས་གསུང་བའང་གདུལ་བྱ་རང་གི་ལས་བཟང་པོ་ལས་བྱུང་ངོ༌། །འབད་པ་དང་གནས་ དང་ལུས་དང་སེམས་དང་བྲལ་བའི་རྔའི་སྒྲ་དེ་ཇི་ལྟར་ལྷ་རྣམས་ཀྱི་སེམས་བག་མེད་གནོད་པ་ 1-1-304 དང་འཁྲུག་པ་དང་ཉེ་བའི་ཉོན་མོངས་ཞི་བ་སྒྲུབ་པ་ལྟར། དེ་བཞིན་དུ་འབད་སོགས་དེ་བཞི་ པོ་དང་བྲལ་བའི་ཐུབ་པའི་ཆོས་འདི་གདུལ་བྱ་ལ་གནོད་པ་སོགས་ཞི་བ་མྱང་འདས་སྒྲུབ་པར་ བྱེད་དོ། ། གསུམ་པ་རྔའི་སྒྲ་བཞིན་དུ་ཉེས་པ་སེལ་བ་ནི། ཇི་ལྟར་ལྷའི་གྲོང་ཁྱེར་ན་རྔ་སྒྲའི་རྒྱུས་ བྱུང་པ་ཀྱེ་གྲོགས་པོ་དག་མ་འཇིགས་ཤིག་ཅེས་མི་འཇིགས་པ་སྦྱིན་པའི་ཚིག་ནི། རྩུབ་འགྱུར་ གྱི་ཚལ་དུ་ཕྱིན་པས་ཉོན་མོངས་ཞེ་སྡང་སྐྱེས་པའི་དབང་གིས་འཐབ་མོའི་གཡུལ་དུ་འཇུག་ པའི་ཚེ་ལྷ་མིན་གྱི་དཔུང་ལས་རྒྱལ་བ་དང་རྩེད་མོ་ལ་གཡེངས་པའི་བག་མེད་སེལ་བར་བྱེད་ པ་བཞིན། དེ་བཞིན་དུ་འཇིག་རྟེན་དག་ན་སངས་རྒྱས་ཀྱི་གསུང་ཡང་བསམ་གཏན་བཞི་དང་ གཟུགས་མེད་བཞི་ལ་སོགས་པ་ཆོས་ཀྱི་རྒྱུས་བྱུང་བ། བྱེད་ལས་སེམས་ཅན་གྱི་ཉོན་མོངས་ དང་སྡུག་བསྔལ་རབ་ཏུ་འཇོམས་པའི། ཞི་བ་བླ་མེད་སངས་རྒྱས་ཀྱི་ལམ་གྱི་ཚུལ་རྫོགས་པར་ མཛད་དོ། ། གཉིས་པ་སིལ་སྙན་རྣམས་ལས་ཁྱད་པར་འཕགས་ཚུལ་ལ་གཉིས་ཀྱི་དང་པོ་ཁྱད་པར་ འཕགས་ཚུལ་མདོར་བསྟན་ནི། འོན་ཏེ་ལྷའི་སིལ་སྙན་གཞན་རྣམས་ཀྱང་ལྷའི་ལས་བཟང་ པོའི་དབང་གིས་བྱུང་ཞིང་ལྷ་རྣམས་ཀྱི་རྣ་བར་ཡིད་འཕྲོག་པའི་སྒྲར་འབྱུང་ན་དེ་དག་དཔེར་ མི་ལེན་པར་ཆོས་ཀྱི་རྔ་ཉིད་དཔེར་ལེན་པ་ཅི་ཞེ་ན། སིལ་སྙན་གཞན་དག་ནི་ཉི་ཚེ་བ་དང་ ཕན་པ་མིན་པ་དང་བདེ་བ་མིན་པ་དང་ངེས་པར་འབྱིན་པ་མིན་པའི་ཕྱིར། ཆོས་མི་མཐུན་ པས་དཔེར་མི་སྦྱོར་ལ། རྔའི་སྒྲ་ནི་བག་མེད་པའི་ལྷ་ཐམས་ཅད་ལ་བསྐུལ་བས་གང་ཟག་ལ་ ཁྱབ་པ་དང༌། བསྐུལ་བའི་དུས་ལས་མི་འདའ་བས་དུས་ལ་ཁྱབ་པ་གཉིས་ཀྱི་ཕྱིར་ཉི་ཚེ་བ་མ་ ཡིན་པ་དང༌། ལྷ་མིན་གྱི་གཡུལ་གྱི་འཇིགས་པ་ལས་སྐྱོབ་པས་མངོན་གྱུར་གྱི་དོན་མིན་སེལ་ བ་དང༌། བག་ཡོད་པ་ལ་སྦྱོར་བས་ལྐོག་གྱུར་གྱི་དོན་མིན་སེམས་པ་གཉིས་ཀྱི་ཕན་པ་དང༌། 1-1-305 འདོད་ཡོན་གྱི་བདེ་བ་སེལ་བས་ཕྱིན་ཅི་ལོག་གི་བདེ་བ་སེལ་བ་དང༌། ཆོས་ཀྱི་དགའ་བདེ་ སྒྲུབ་པས་ཡང་དག་པའི་བདེ་བ་སྒྲུབ་པ་གཉིས་ཀྱི་ཕྱིར་བདེ་བ་དང༌། མི་རྟག་སྡུག་བསྔལ་སྟོང་ པ་བདག་མེད་ཀྱི་སྒྲ་སྒྲོགས་པས་སྒྲིབ་པ་ལས་སྒྲོལ་བ་དང༌། ཉེ་བར་འཚེ་བ་ཞི་བར་བྱེད་པས་ གནོད་པ་ལས་སྒྲོལ་བ་གཉིས་ཀྱི་ཕྱིར་ངེས་པར་འབྱུང་བ་སྟེ། བཞི་པོ་དེས་ཆོས་མཐུན་པས་ དཔེར་སྦྱོར་རོ། །རྔ་ལས་ཀྱང་ཁྱད་པར་འཕགས་ཏེ་གང་གི་ཕྱིར་ན་སངས་རྒྱས་ཀྱི་གསུང་ནི་སྐྱེ་ བོ་ཀུན་ལ་ཁྱབ་པར་འགྲོ་བ་ཉིད། མ་འོངས་པའི་སྡུག་བསྔལ་ཞི་བར་བྱེད་པས་ཕན་པ་དང༌། ཚེ་འདིར་བདེ་བ་ལ་སྦྱོར་བ་དང༌། སྐུའི་ཆོ་འཕྲུལ་གྱིས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ ཁྱབ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང༌། གདུལ་བྱའི་སེམས་ཀྱི་རྣམ་གྲངས་མཁྱེན་པས་སེམས་ ཀྱི་སྤྱོད་པ་སྣང་བ་ཀུན་བརྗོད་པའི་ཆོ་འཕྲུལ་དང༌། ངེས་པར་འབྱིན་པའི་ལམ་གསུང་བ་རྗེས་ སུ་བསྟན་པའི་ཆོ་འཕྲུལ་ཏེ། ཆོ་འཕྲུལ་གསུམ་གྱིས་གདུལ་བྱ་འཁོར་བ་ལས་ངེས་པར་འབྱིན་ པའི་ཆོས་བཞི་དང་ལྡན་པ་དེའི་ཕྱིར་ཐུབ་པའི་དབྱངས་ནི་ལྷ་རྫས་ཀྱི་སིལ་སྙན་རྔ་ལ་སོགས་ པ་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། ། གཉིས་པ་དེ་ཉིད་རྒྱས་པར་བཤད་པ་ནི། རྔ་ཡང་ཕྱོགས་ཙམ་འདྲ་བའི་དཔེ་ཡིན་གྱི་རྔ་ ལས་ཀྱང་ཁྱད་པར་འཕགས་ན་སིལ་སྙན་གཞན་ལས་འཕགས་པ་ལྟ་ཅི་སྨོས་ཏེ། ལྷར་ནི་ཆོས་ ཀྱི་རྔའི་སྒྲ་ཆེན་པོ་ཐོས་ཀྱང་སར་གནས་པ་རྣམས་ཀྱི་རྣ་བར་མི་འགྲོ་བས་ཁྱབ་པ་མ་ཡིན་ལ། སངས་རྒྱས་ཀྱི་གསུང་རྔ་སྒྲ་ལྟ་བུ་ནི་འཁོར་བའི་ས་འོག་གི་འཇིག་རྟེན་དག་ཏུ་འགྲོ་བས་ཀུན་ ལ་ཁྱབ་པ་ཡིན་ནོ། །ལྷར་ནི་ལྷའི་སིལ་སྙན་བྱེ་བ་ཕྲག་མང་པོ་ཡང་འདོད་ཡོན་ལ་ཆགས་པ་ རྒྱུད་སྲེག་པར་བྱེད་པའི་མེ་མངོན་པར་འཕེལ་བའི་དོན་དུ་སྒྲོགས་པས་ཕྱི་མའི་སྡུག་བསྔལ་གྱི་ རྒྱུ་བྱེད་པས་ཕན་པ་མ་ཡིན་ལ། ཐུགས་རྗེའི་བདག་ཉིད་སངས་རྒྱས་རྣམས་ཀྱི་གསུང་དབྱངས་ མང་པོ་ལྟ་ཞོག་གཅིག་ཀྱང་སྡུག་བསྔལ་གྱི་མེ་རབ་ཏུ་ཞི་བའི་དོན་དུ་འཇུག་པས་ཕན་པ་ཡིན་ 1-1-306 ནོ། །ལྷར་ནི་དབྱིབས་མཛེས་ཤིང་སྒྲ་ཡིད་དུ་འོང་བའི་སིལ་སྙན་གྱི་སྒྲ་རྣམས་སེམས་ཀྱི་རྒོད་ པ་འཕེལ་བར་འགྱུར་བའི་རྒྱུ་ཡིན་པས་གཡེང་པར་བྱེད་པའི་ཕྱིར་བདེ་བ་མ་ཡིན་ལ་ཐུགས་ རྗེའི་བདག་ཉིད་དེ་བཞིན་གཤེགས་པའི་གསུང་ནི་ཡིད་དུ་འོང་བར་སྣང་བ་རྣམས་ཀྱང་ཏིང་ངེ་ འཛིན་ལ་སེམས་རྩེ་གཅིག་ཏུ་གཏོད་པའི་བསམ་པ་བསྐུལ་བར་བྱེད་པ་ཉིད་ཡིན་པས་བསམ་ གཏན་གྱི་བདེ་བ་ལ་སྦྱོར་བའི་ཕྱིར་བདེ་བ་ཡིན་ནོ། །མདོར་ན་མ་ལུས་པའི་འཇིག་རྟེན་གྱི་ ཁམས་རྣམས་སུའང༌། ལྷ་ཡུལ་པ་དང་སའི་སྟེང་དང་འོག་གི་འགྲོ་བའི་ཟག་མེད་ཀྱི་བདེ་བའི་ རྒྱུ་གང་ཡིན་པ་དེ་ནི། མ་ལུས་པའི་འཇིག་རྟེན་ཁྱབ་པར་སྣང་བའི་གསུང་དབྱངས་ཉིད་ལ་ནི་ རབ་ཏུ་བརྟེན་པར་བརྗོད་པས་སྡུག་བསྔལ་ལས་ངེས་པར་འབྱིན་པས་ཁྱད་པར་འཕགས་སོ། ། གསུམ་པ་སྣོད་ཀྱི་ཉེས་པ་དབྱངས་ཀྱི་མིན་ཚུལ་ནི། སངས་རྒྱས་ཀྱི་གསུང་ནམ་མཁའ་ ལྟར་ཐམས་ཅད་དུ་འཇུག་ཀྱང་འགའ་ཞིག་ཏུ་མ་དམིགས་པ་ནི། གདུལ་བྱ་མ་དག་པའི་ཉེས་ པ་ཡིན་གྱི་དབྱངས་ཀྱི་ཉེས་པ་མིན་ཏེ། ཇི་ལྟར་རྣ་བ་དང་བྲལ་བའི་སེམས་ཅན་གྱིས་ཕྲ་མོའི་ སྒྲ་ནི་ཡོད་ཀྱང་གཏན་ནས་ཉམས་སུ་མི་མྱོང་ཞིང་མི་ཐོས་པ་ལྟར་དབྱངས་ཡོད་ཀྱང་གདུལ་ བྱ་མ་དག་པས་གཏན་མི་ཐོས་ལ། ཐམས་ཅད་ལྷ་སྟེ་ལྷ་ཀུན་གྱི་རྣ་བར་ཡང་རྔ་སྒྲ་ཡོད་བཞིན་ སྐབས་འགར་ལ་ལས་མ་དམིགས་ཤིང་རྣ་བའི་ལམ་དུ་ནི་མི་འགྲོ་བ་བཞིན་དུ་དབྱངས་ཐོས་ པའི་སྐལ་ལྡན་འགས་ཀྱང་ཟབ་པ་དང་རྒྱ་ཆེ་བ་མི་ཐོས་མོད། འོན་ཀྱང་ཐམས་ཅད་ཀྱིས་མི་ ཐོས་པ་མིན་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་དཀའ་བས་ཕྲ་ཞིང་མཆོག་ཏུ་ནི་ཞིབ་མོའི་ ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡང་ཉོན་མོངས་མེད་པའི་ཡིད་ཅན་གདུལ་བྱ་དག་པ་འགའ་ ཞིག་གི་རྣ་བའི་ལམ་དུ་འགྱུར་བ་ཡིན་གྱི་མ་དག་པ་རྣམས་ཀྱིས་མི་ཐོས་པའི་ཕྱིར་རོ། ། གསུམ་པ་ལ་བཞི། མཁྱེན་བརྩེའི་སྤྲིན་ལས་དམ་ཆོས་ཆར་བ་འབེབས། །ཆོས་དེ་སྣོད་ཀྱི་ 1-1-307 མཆོག་དམན་དུ་མར་འགྱུར། །དུ་མར་འགྱུར་ཡང་ལྟོས་པ་མེད་པར་འཇུག །ལྟོས་པ་མེད་ཀྱང་ སྡུག་བསྔལ་ཐམས་ཅད་འཇོམས། །ཚུལ་ལོ། ། དང་པོ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། ཇི་ལྟར་དབྱར་གྱི་དུས་ན་སྤྲིན་གྱི་ལོ་ཐོག་ ཕུན་སུམ་ཚོགས་པའི་རྒྱུར་གྱུར་པའི་ཆུའི་ཕུང་པོ་ཆེན་པོ་འབད་རྩོལ་མེད་པར་ས་ལ་རྒྱུན་དུ་ འབེབས་པ་ལྟར། དེ་བཞིན་དུ་སངས་རྒྱས་ཀྱང་ཐུགས་རྗེའི་སྤྲིན་ལས་ནི་རྒྱལ་པོའི་དམ་ཆོས་ ཀྱི་ཆུའི་ཆར་པ་འགྲོ་བའི་དགེ་བའི་ལོ་ཏོག་གི་རྒྱུར་གྱུར་པ་རྣམ་པར་རྟོག་པ་དང་རྩོལ་བ་མེད་ པར་འབེབས་སོ། ། གཉིས་པ་རྒྱས་བཤད་ནི། ཇི་ལྟར་འཇིག་རྟེན་པའི་སྐྱེ་བོ་རྣམས་དགེ་བའི་ལམ་ལ་འཇུག་ པ་ན། རླུང་གི་རྐྱེན་ལས་སྐྱེས་པའི་ཆུའི་ཆར་པ་སྤྲིན་གྱིས་འབེབས་པ་ལྟར། དེ་བཞིན་དུ་བརྩེ་ བའི་རླུང་གི་རྐྱེན་གྱིས་འགྲོ་བའི་དགེ་བ་མངོན་པར་འཕེལ་བར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ སྤྲིན་ལས་དམ་ཆོས་ཀྱི་ཆར་པ་འབེབས་སོ། །སུ་ལ་འབེབས་ན་སྲིད་པའི་སེམས་ཅན་ལ་སྟེ། གང་ལ་གནས་པས་འབེབས་ན་མཁྱེན་པ་དང་བརྩེ་བ་ཆེན་པོ་རིམ་པ་ལྟར་འགྱུར་བ་འཁོར་ བའི་མཐའ་དང༌། མི་འགྱུར་བ་མྱང་འདས་ཀྱི་མཐའི་དྲི་མས་མ་གོས་པ་མི་གནས་པའི་མྱ་ངན་ ལས་འདས་པའི་ནམ་མཁའི་དཀྱིལ་ན་གནས་པའོ། །གང་ལས་འབེབས་ན། ཏིང་ངེ་འཛིན་ དང་གཟུངས་ཀྱི་ཆུ་དྲི་མ་མེད་པའི་སྙིང་པོ་ཅན་ཐུབ་པའི་དབང་པོ་སངས་རྒྱས་ཀྱི་སྤྲིན་ལས་ ནིའོ། །ཕབ་ནས་ཅི་ཞིག་བྱེད་ན་འགྲོ་བའི་དགེ་བའི་ལོ་ཐོག་འཕེལ་བའི་རྒྱུ་བྱེད་དོ། ། གཉིས་པ་ནི། ཇི་ལྟར་རེག་བྱ་བསིལ་བ་དང་རོ་ཞིམ་པ་མངར་བ་དང་ལུས་ལ་མི་གནོད་ པས་འཇམ་པ་དང་ལྕིད་ཆུང་པས་ཡང་བ་དང་ཤིན་ཏུ་དྭངས་པ་དང༌། དྲི་ང་བ་མེད་པ་དང་ མང་དུ་འཐུངས་ཀྱང་ལྟོ་ལ་མི་གནོད་པ་དང་མགྲི ན་པ་ལ་མི་གནོད་པ་སྟེ་ཡན་ལག་བརྒྱད་དང་ ལྡན་པའི་ཆུ་ནི་སྤྲིན་དེ་ལས་འཐོན་པ་གཅིག་ཡིན་ཡང༌། ས་ལ་བབ་པ་ན་བ་ཚྭ་དང་རྡོ་སོལ་ 1-1-308 དང་གཅོང་ཞི་ཅན་ལ་སོགས་པའི་གནས་དང་འབྲེལ་པས་ཤིན་ཏུ་མང་པོའི་ནུས་པ་དང་རོར་ ནི་འགྱུར་བ་བཞིན། དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་ཆོས་ཀྱི་ ཆུའི་ཆར་པ་དེ། སེམས་ཅན་ཐམས་ཅད་ཤོང་པས་རབ་ཏུ་སྤངས་པའི་བརྩེ་བའི་སྤྲིན་གྱི་སྙིང་ པོ་ལས་འཐོན་པ་ཟབ་མོར་རོ་གཅིག་པ་ཡིན་ཡང༌། འགྲོ་བའི་རྒྱུད་ཀྱི་མཐོ་དམའི་གནས་ཀྱི་ དབྱེ་བ་ལས་ཐེག་པ་གསུམ་དང་གྲུབ་མཐའ་བཞི་ལ་སོགས་པ་རྣམ་པ་མང་པོའི་རོ་དང་ལྡན་ པར་འགྱུར་རོ། ། གསུམ་པ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། ཐེག་པ་མཆོག་ལ་སེམས་དང་བ་དང༌། དང་བ་དང་སྡང་བ་གཉིས་ཀྱི་བར་མ་བཏང་སྙོམས་པ་དང༌། སྡང་བའི་སེམས་ཅན་གྱི་ཕུང་པོ་ གསུམ་ནི་ཆར་བབ་ན་དང་བའི་མི་དག་བཏང་སྙོམས་པའི་རྨ་བྱ་དང་ནི་སྡང་བའི་ཡི་དྭགས་ གསུམ་པོ་དང་འདྲའོ། །འོན་ཀྱང་ཆོས་དང་ཆར་གཉིས་དང་བ་ལ་སོགས་པ་དང་མི་ལ་སོགས་ པ་ལ་ལྟོས་པ་མེད་པར་འཇུག་གོ ། གཉིས་པ་རྒྱས་བཤད་ནི། དཔྱིད་ཀྱི་མཐར་སོ་ཀ་སྤྲིན་མེད་པ་ན་ཆར་མི་འབབ་པས་མི་ རྣམས་མི་དགའ་བ་དང་འདབ་གཤོག་གི་རྩལ་ཞན་པས་མཁའ་ལ་མི་རྒྱུ་བའི་བྱ་རྨ་བྱ་དག་ ཆར་བབ་མ་བབ་ལ་བཏང་སྙོམས་པ་དང་དབྱར་གྱི་དུས་ཀྱི་ཚེ་ས་ལ་ཆར་བབ་པ་ན་ཡི་དྭགས་ རྣམས་ལ་ནི་བྱེ་ཚན་དུ་འབབ་པའི་ཕྱིར་སྡུག་པས་ཆར་མ་བབ་ན་དགའ་བ་དང༌། ཡང་སོ་ཀ་ ཆར་བབས་པས་མི་རྣམས་དགའ་བ་དང་རྨ་བྱ་བཏང་སྙོམས་པ་དང་དབྱར་ཆར་བབས་ན་ཡིད་ དགའ་མི་དགའ་བ་ལྟར། སངས་རྒྱས་ཀྱི་སྙིང་རྗེའི་སྤྲིན་ཚོགས་དག་གིས་ཆོས་ཀྱི་ཆུ་བྱུང་བ་ དང་མ་བྱུང་བ་ལས་ཀྱང༌། ཆོས་འདོད་པ་དང་བར་མ་དང་ཆོས་ལ་སྡང་བའི་འཇིག་རྟེན་ན་ ནི་རིམ་པ་ལྟར་ཆོས་བྱུང་བས་དགའ་བ་དང་བཏང་སྙོམས་པ་དང་མི་དགའ་བ་དང༌། ཆོས་མ་ བྱུང་བས་མི་དགའ་བ་དང་བཏང་སྙོམས་པ་དང་དགའ་བར་འགྱུར་བའི་དཔེ་ནི་སྔར་སྨོས་པ་ 1-1-309 གསུམ་པོ་དེ་ཉིད་དོ། །དེ་ལྟར་ཕན་གནོད་བཏང་སྙོམས་གསུམ་ལ་ལྟོས་པ་མེད་པར་བསྟན་ ནས། སྤང་བྱ་ཕྲ་རགས་སྤོང་བ་ལ་ལྟོས་པ་མེད་པར་སྟོན་པ་ནི་དཔེར་ན་སྤྲིན་ལས་ཆར་གྱི་ ཐིགས་པ་རགས་པ་སེར་བ་འབེབས་པ་དང་རྡོ་ཚན་དང་ནི་རྡོ་རྗེའི་མེ་སྟེ་ཐོག་ནི་འབེབས་པས་ ན་རིམ་པ་ལྟར་སྲོག་ཆགས་ཕྲ་མོ་ལ་གནོད་པ་དང༌། སྲོག་ཆགས་ཆེན་པོའི་རིའི་སུལ་ལམ་ ཕུག་ཏུ་སོང་བ་དག་ལ་གནོད་ཀྱང༌། ཇི་ལྟར་སྤྲིན་ནི་སྲོག་ཆགས་ཕྲ་རགས་དག་ལ་གནོད་ པ་བྱའོ་སྙམ་དུ་ལྟོས་པ་མེད་པར་འཇུག་པ་བཞིན། སངས་རྒྱས་ཀྱི་ཆོས་ཀྱང་ཕྲ་བ་སྟེ་ཐེག་ པ་ཆུང་བ་དང༌། རྒྱ་ཆེན་པོ་ཐེག་ཆེན་གྱི་ཐེག་པ་དང་རྡོ་ཚན་དང་རྡོ་རྗེའི་མེའི་ཐབས་ཀྱི་ཚུལ་ གྱིས་མཁྱེན་པ་དང་བརྩེ་བའི་སྤྲིན་ལས་བྱུང་ནས། ཆུང་ངུས་ཉོན་མོངས་མངོན་དུ་རྒྱུ་དག་པར་ འགྱུར་བ་དང༌། ཆེན་པོས་བདག་ཏུ་ལྟ་བའི་བག་ལ་ཉལ་དག་པར་བྱེད་ཀྱང་སྤང་བྱ་དེ་དག་ལ་ འདི་དག་པར་བྱའོ་སྙམ་པའི་རྟོག་པས་རྣམ་པ་ཀུན་ཏུ་ལྟོས་པ་མེད་པར་འཇུག་གོ ། བཞི་པ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། འཁོར་བའི་སྐྱེ་བ་དང་འཆི་བ་སྔོན་གྱི་ཐོག་ མ་དང་ཕྱི་མའི་མཐའ་དམིགས་སུ་མེད་པར་དེར་འཁོར་ཞིང་འགྲོ་བའི་ལམ་ནི་ལྷ་དང་མི་དང་ ངན་སོང་གསུམ་སྟེ་རྣམ་པ་ལྔའོ། །ལྷ་མིན་ནི། མདོར། ལྷ་མ་ཡིན་རྣམས་ཀྱང་སྔོན་ལྷ་ཡིན་ ལ་ཞེས་པ་ལྟར་ན་ལྷར་འདུ་ལ། འོ་ན་ལྷ་མ་ཡིན་ཞེས་པ་ཅི་ཞེ་ན་ཨ་སུ་རུའི་སྒྲ་ཆང་མེད་པ་སྟེ། ལྷ་ལ་བདུད་རྩི་འཐུང་དུ་ཡོད་པ་ལ་ལྷ་མིན་ལ་དེ་མེད་པས་སོ། །ཡང༌། ངན་སོང་བཞི་པོ་རྟག་ ཏུ་སྟོངས་པར་ཤོག །ཅེས་པ་ལྟར་ན་ངན་སོང་གསུམ་དུའང་བསྡུར་རུང་ངོ༌། །ལམ་ལྔ་པོ་ཡང་ མི་གཙང་བ་ལ་དྲི་ཞིམ་པོ་མེད་པ་བཞིན་དུ་འགྲོ་བ་རྒྱུད་ལྔ་པོ་དག་ན་བདེ་བའི་སྐབས་མེད་ དོ། །དེའི་སྡུག་བསྔལ་ཅི་འདྲ་ཡོད་ཅེ་ན་རྟག་ཏུ་མེས་ཚིག་པ་དང་མཚོན་གྱིས་བཏབ་པ་དང་ཁ་ བས་གྲང་ཆེས་ཏེ་གས་པའི་རྨ་གསུམ་ལ་རྒྱ་ཚྭ་དང་ལན་ཚྭ་ལ་སོགས་པས་རེག་པ་ལས་སྐྱེས་ པའི་ཟུག་རྔུ་བཞིན་དུ་བཟོད་དཀའ་བ་ཡོད་ལ། སངས་རྒྱས་ཀྱི་ཐུགས་རྗེའི་སྤྲིན་ལས་དམ་ 1-1-310 ཆོས་ཀྱི་ཆར་པ་ཆེན་པོ་སྡུག་བསྔལ་དེ་རབ་ཏུ་ཞི་བར་བྱེད་པ་རབ་ཏུ་འབེབས་སོ། ། གཉིས་པ་རྒྱས་བཤད་ནི། སྡུག་བསྔལ་དེ་ལས་ལྷ་ལ་འཆི་འཕོ་བའི་སྡུག་བསྔལ་ཡོད་ དེ། བཤེས་སྤྲིང་དུ། མཐོ་རིས་དག་ན་བདེ་ཆེ་དེ་དག་གི །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་ བས་ཆེ། །ཞེས་དང༌། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང༌། །སྟན་ལ་མི་དགའ་མེ་ཏོག་ཕྲེང་ རྙིངས་དང༌། །གོས་ལ་དྲི་མ་ཆགས་དང་ལུས་ལས་ནི། །སྔོན་ཅད་མེད་པའི་རྔུལ་འབྱུང་ཞེས་ བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བགྱིད་སྔ་ལྟས་ལྔ། །ཞེས་པ་ལྟར་རོ། །མི་ལ་འདོད་ཡོན་ ཡོངས་སུ་ཚོལ་བ་ན་ངལ་དུབ་དང་འཐབ་རྩོད་ལ་སོགས་པའི་སྡུག་བསྔལ་ཡོད་ན་ངན་སོང་ གསུམ་ལ་སྡུག་བསྔལ་ཡོད་པ་ལྟ་ཅི་སྨོས་ཞེས་བྱ་བར་རྟོགས་པའི་ཕྱིར། ཆོས་ཀྱི་ཡིན་ལུགས་ ཤེས་པའི་ཤེས་རབ་དང་ལྡན་པ་ནི་ལྷ་དང་མིའི་དབང་ཕྱུག་མཆོག་ཏུ་གྱུར་པ་བརྒྱ་བྱིན་དང་ འཁོར་ལོ་སྒྱུར་བའི་རྒྱལ་པོ་ལྟ་བུ་ལའང་ཐོབ་པར་མངོན་པར་འདོད་པ་མེད་ན་སེམས་ཅན་ གཞན་དམན་པ་རྣམས་ལ་ཅི་སྨོས་ཏེ། དེ་ཅིའི་ཕྱིར་ན། རང་གི་ཤེས་རབ་དང་ནི་དེ་བཞིན་ གཤེགས་པའི་གསུང་རབ་ལ་དད་པའི་རྗེས་སུ་འབྲང་པ་ལས། ཟག་བཅས་ཕུང་པོ་ལྔ་པོ་འདི་ ཐམས་ཅད་ནི་སྡུག་བསྔལ་བ་དང་ཀུན་འབྱུང་ལས་དང་ཉོན་མོངས་འདི་སྡུག་བསྔལ་དེའི་ རྒྱུ་དང་གཉིས་པོ་དེ་འགགས་པ་འདི་ནི་འགོག་པ་དང་བདག་མེད་རྟོགས་པའི་ཤེས་རབ་ནི་ ལམ་ཡིན་ནོ་ཞེས་ཤེས་པས་མཐོང་ཞིང་རྟོགས་པའི་ཕྱིར་རོ། །བདེན་བཞི་དེ་ཤེས་པའི་ཚུལ་ ཡང་དཔེར་ན་སྨན་པ་མཁས་པས་ནད་ནི་རླུང་ལས་གྱུར་པ་ལ་སོགས་པ་གང་ཡིན་ཤེས་པར་ བྱ་བ་དང་ནད་ཀྱི་རྒྱུ་རླུང་ལ་སོགས་པ་ནི་སྤང་བར་བྱ་བར་ཤེས་ལ། ནད་མེད་པའི་བདེ་བར་ གནས་པ་ཐོབ་པར་བྱ་བ་དང་ནད་རྒྱུ་དང་བཅས་པའི་གཉེན་པོ་སྨན་ནི་བསྟེན་པར་བྱ་བ་ཡིན་ པར་ཤེས་པ་ལྟར། ཤེས་རབ་དང་ལྡན་པས་ཀྱང་སྡུག་བསྔལ་དང་དེའི་རྒྱུ་ཀུན་འབྱུང་དང་དེ་ གཉིས་འགོག་པ་དང་དེ་བཞིན་དུ་འགོག་པ་དེ་འཐོབ་བྱེད་ཀྱི་ལམ་རྣམས་རིམ་པ་ལྟར། ཤེས་ 1-1-311 པར་བྱ་བ་དང་སྤང་བར་བྱ་བ་དང་རེག་པར་བྱ་ཞིང་ཐོབ་པར་བྱ་བ་དང་རྒྱུད་ལ་བསྟེན་པར་བྱ་ བར་ཤེས་པ་ཡིན་ནོ། ། བཞི་པ་ལ་གཉིས་ཀྱི་དང་པོ་ཚངས་པ་བཞིན་དུ་སྤྲུལ་སྐུ་འབྱུང་ཚུལ་ནི། ཇི་ལྟར་སྟོང་ གསུམ་འབུམ་ཕྲག་བཅུ་ལ་དབང་བྱེད་པའི་ཚངས་པ་ཆེན་པོ་ཟིལ་གྱིས་མི་ནོན་པ་ཞེས་བྱ་ བ་དེ་ཚངས་པའི་གནས་ནས་འཕོ་བ་མེད་བཞིན་དུ། འདོད་ཁམས་ཀྱི་ལྷའི་གནས་གཞན་ འཕྲུལ་དབང་བྱེད་དང་འཕྲུལ་དགའ་དང་དགའ་ལྡན་དང་འཐབ་བྲལ་དང་སུམ་ཅུ་རྩ་གསུམ་ དང་རྒྱལ་ཆེན་བཞི་པ་སྟེ་དྲུག་པོ་ནི་ཐམས་ཅད་དུ་རང་གི་ལུས་ཀྱི་སྣང་བ་འབད་མེད་དུ་སྟོན་ པ་ལྟར། དེ་བཞིན་དུ་ཐུབ་པ་ཆེན་པོ་ཡང་ཆོས་ཀྱི་སྐུ་ལས་བསྐྱོད་པ་མེད་པར་འཇིག་རྟེན་ གྱི་ཁམས་ཀུན་ཏུ་གདུལ་བྱ་སྐལ་ལྡན་རྣམས་ལ་འབད་རྩོལ་མེད་པར་སྤྲུལ་པའི་སྐུ་དག་ནི་ སྟོན་པར་མཛད་དོ་ཞེས་སྣང་ཚུལ་བསྟན་ནས་བྱེད་ལས་འཆད་པ། ཇི་ལྟར་ཚངས་པ་རྟག་ ཏུ་རང་གི་གཞལ་ཡས་ཁང་ནས་མི་གཡོ་བ་བཞིན་དུ་འདོད་ཁམས་ཀྱི་ལྷའི་གནས་སུ་སྤྲུལ་ པའི་སྣང་བ་ཞུགས་པ་དེ་འདོད་ལྷ་རྣམས་ཀྱིས་མཐོང་ལ་དེ་མཐོང་བའི་ལྷ་དེ་ཡང་དབང་པོའི་ ཡུལ་འདོད་ཡོན་ལྔ་ལ་དགའ་ཞིང་སྲིད་པ་སྤོང་བར་བྱེད་པ་ལྟར། དེ་བཞིན་དུ་བདེ་བ་ཆེན་ པོ་ཆོས་དབྱིངས་ལེགས་པར་མ་ལུས་པར་དང་སླར་མི་ལྡོག་པར་རྟོགས་པའི་བདེ་གཤེགས་ སངས་རྒྱས་ཀྱང་ཆོས་ཀྱི་སྐུ་ལས་མི་བསྐྱོད་པར་འཇིག་རྟེན་ཀུན་ཏུ་སྤྲུལ་སྐུ་སྣ་ཚོགས་སྟོན་པ་ དེ། གདུལ་བྱ་སྐལ་ལྡན་གྱིས་མཐོང་ན་དེ་མཐོང་བའི་གང་ཟག་དེ་ཡང་རྟག་ཏུ་དྲི་མ་ཀུན་སེལ་ བས་དོན་ཆེན་པོ་བྱེད་དོ། ། གཉིས་པ་སྤྲུལ་སྐུ་སྣང་མི་སྣང་གི་རྒྱུ་མཚན་ནི། སྔོན་གྱི་ཚངས་པ་རང་ཉིད་ཀྱི་སྨོན་ལམ་ དང་འདོད་ལྷ་རྣམས་ཀྱི་ནི་དགེ་བའི་མཐུས་ཇི་ལྟར་ཚངས་པའི་སྤྲུལ་པ་འབད་མེད་དུ་སྣང་བ་ ལྟར། རང་བྱུང་སངས་རྒྱས་ཀྱི་སྤྲུལ་སྐུ་ཡང་རང་གི་སྔོན་ལམ་དུས་ཀྱི་སྨོན་ལམ་དང་གདུལ་ 1-1-312 བྱའི་དགེ་བའི་མཐུས་སྣང་བ་ཚངས་པའི་སྤྲུལ་པ་དེ་བཞིན་ནོ། །དེ་ལྟར་རྒྱུ་གཉིས་ཀྱིས་སྣང་ བའི་ཕྱིར་གདུལ་བྱ་མ་དག་ན་མི་སྣང་སྟེ། སྤྲུལ་སྐུའི་མཛད་པ་དགའ་ལྡན་གྱི་གནས་ནས་ འཛམ་གླིང་དུ་འཕོ་བ་དང༌། གླང་པོ་ཆེའི་རྣམ་པས་ཡུམ་གྱི་ལྷུམས་སུ་འཇུག་པ་དང་ལུམ་བི་ ནིའི་ཚལ་ལ་སོགས་པར་སྐུ་བལྟམས་པ་དང་དེ་ནས་ཡབ་ཀྱི་ཁབ་ཏུ་གཤེགས་པ་དང་བཙུན་ མོའི་འཁོར་ལ་དགྱེས་པར་རོལ་བ་དང་རབ་ཏུ་བྱུང་སྟེ་ཕྱོགས་དབེན་པར་དཀའ་བ་སྤྱོད་པ་ དང་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ་བདུད་བཅོམ་པ་དང་བྱང་ཆུབ་ཆེན་པོ་བརྙེས་པ་དང་ཞི་ བའི་གྲོང་ཁྱེར་མྱ་ངན་ལས་འདས་པའི་ལམ་ཐེག་པ་གསུམ་གྱི་ཆོས་སྟོན་པ་ལ་སོགས་པ་དག་ བསྟན་ནས་ཐུབ་པ་སྤྲུལ་སྐུ་དེ་སེམས་ཅན་སྐལ་མེད་རྣམས་ཀྱི་མིག་གི་ལམ་དུ་སྣང་བར་མི་ འགྱུར་བའི་ཕྱིར་རོ། ། ལྔ་པ་ལ་གཉིས་ཀྱི་དང་པོ་ཡེ་ཤེས་སྤྲོ་བ་ཉི་མ་འདྲ་བ་ལ་བཞི། ཉི་མ་བཞིན་དུ་སྐྱོན་ སྤོངས་ཡོན་ཏན་སྐྱེད། །ཉི་མ་བཞིན་དུ་ཡེ་ཤེས་འོད་ཟེར་འཕྲོ། །ཉི་བཞིན་སྣོད་རྣམས་མང་ པོར་གཅིག་ཅར་འཆར། །ཉི་བཞིན་གདུལ་བྱའི་རི་ལ་འོས་པར་འབབ་ཚུལ་ལོ། ། དང་པོ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ནི། ཇི་ལྟར་ཉི་མའི་འོད་ཀྱིས་གདུངས་པས་ དུས་གཅིག་གི་ཚེ་ཉིད་ལ་པད་མ་ལ་སོགས་པའི་མེ་ཏོག་འགའ་ཞིག་རྒྱས་ཤིང་ཁ་ཕྱེ་བ་དང་མེ་ ཏོག་ཀུ་མུ་ཏ་ནི་ཁ་རབ་ཏུ་ཟུམ་པ་འབྱུང་ཡང༌། ཆུ་སྐྱེས་པད་མ་ཁ་ཕྱེ་བ་དང་ཀུ་མུ་ཏ་ཟུམ་པའི་ ཡོན་ཏན་དང་སྐྱོན་དག་རིམ་པ་ལྟར་བྱེད་པ་ལ། ཉི་མ་རྟོག་པ་མེད་པར་འཇུག་པ་བཞིན་དུ། དོན་འདིར་ནི་འཕགས་པ་ཆེན་པོ་རྒྱལ་བའི་ཉི་མའང་གདུལ་བྱ་ལ་ཡོན་ཏན་འཕེལ་བ་དང་ སྐྱོན་འགྲི བ་པ་ལ་རྟོག་པ་མེད་པར་འཇུག་པ་དཔེ་དེ་བཞིན་ནོ། ། གཉིས་པ་རྒྱས་བཤད་ནི། ཇི་ལྟར་ཉི་མ་རྟོག་པ་མེད་པར་རང་གི་འོད་གཅིག་ཅར་སྤྲོས་པ་ ཡིས་པད་མ་རྒྱས་པར་བྱེད་པ་དང་དེ་ལས་གཞན་ལོ་ཐོག་ལ་སོགས་པ་དག་སྨིན་པར་བྱེད་པ་ 1-1-313 ལྟར། དེ་བཞིན་དུ་དེ་བཞིན་གཤེགས་པའི་ཉི་མ་ཡང་དམ་པའི་ཆོས་ཀྱི་འོད་ཟེར་དག་གཅིག་ ཅར་སྤྲོས་པས་གདུལ་བྱའི་སྐྱེ་བོའི་པད་མ་ལ་ཡོན་ཏན་རྒྱས་པ་དང་རྒྱུད་སྨིན་པར་བྱེད་པ་ལ་ རྣམ་པར་རྟོག་པ་མེད་པར་འཇུག་གོ ། གཉིས་པ་ནི། ཉི་མ་འོད་ཟེར་སྤྲོས་པས་མུན་པ་སེལ་བ་ལྟར་ཆོས་ཀྱི་སྐུ་དང་གཟུགས་ཀྱི་ སྐུ་དག་གི་ཚུལ་གྱིས། བྱང་ཆུབ་ཀྱི་སྙིང་པོ་ཆོས་དབྱིངས་ཀྱི་ནམ་མཁར་ཤར་བའི་ཀུན་མཁྱེན་ གྱི་ཉི་མ་དེ་འགྲོ་བ་རྒྱུད་ལྔ་པོར་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་འོད་ཟེར་སྤྲོ་བས་ མི་ཤེས་པའི་མུན་པ་སེལ་བར་མཛད་དོ། ། གསུམ་པ་ནི། ཉི་མ་སྣོད་མང་པོའི་ཆུ་ནང་དུ་དུས་གཅིག་ལ་འཆར་བ་ལྟར། གང་གི་ཕྱིར་ ཏེ་ཆེད་དུ་ན་གདུལ་བྱ་རྒྱུད་དག་པའི་ཆུའི་སྣོད་ནི་ཐམས་ཅད་ཀྱི་ཆེད་དུ་དེ་དག་ལ་བདེ་བར་ གཤེགས་པའི་ཉི་མ་ཆོས་སྐུའི་གཟུགས་བརྙན་གཟུགས་སྐུ་གཉིས་ནི་གྲངས་དཔག་ཏུ་མེད་པ་ དུས་གཅིག་ཆར་དུ་འཆར་བས་དོན་མཛད་དོ། ། བཞི་པ་ནི། ཉི་མ་རི་རབ་དང་ཁོར་ཡུག་དང་ཁོར་ཡུག་ཆེན་པོ་གཉིས་དང་རིན་པོ་ཆེའི་རི་ དང་རི་ནག་པོ་དང་ས་མཐོ་དམའ་སྟེ་ལྔ་ལ་ཇི་ལྟར་འོས་འོས་སུ་འཆར་བ་ལྟར། དུས་རྟག་ཏུ་ ཡུལ་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་ཆོས་དབྱིངས་ནམ་མཁའི་དཀྱིལ་དུ་ནི་སངས་རྒྱས་སྐུ་ གཟུགས་ཀྱི་ཉི་མ་ཤར་ནས་གདུལ་བྱ་བྱང་ཆུབ་སེམས་དཔའ་ཆེན་པོ་དང་རང་རྒྱལ་ལ་ཞུགས་ པ་དང་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་དང༌། སེམས་ཅན་བསམ་པ་དགེ་བ་དང༌། ལོག་པར་ ངེས་པ་སྟེ་ལྔའི་རི་ལ་ཇི་ལྟར་འོས་པར་བབས་སོ། །དེ་ཉིད་སླར་བཤད་པ། ཇི་ལྟར་དཔག་ཚད་ ལྔ་བཅུ་རྩ་གཅིག་ཡོད་པས་རྒྱ་ཆེན་པོ་འོད་ཟེར་སྟོང་དང་ལྡན་པའི་ཉི་མ་ཤར་བ་འདི་འཇིག་ རྟེན་ཀུན་ཏུ་མུན་པ་བསལ་ཏེ་སྣང་བར་བྱས་ནས་རིམ་གྱིས་ནི་མཐོ་ཁྱད་མཆོག་དང་བར་མ་ དང་དམན་པའི་རི་ལ་འབབ་ཅིང་འཆར་བ་དེ་བཞིན་དུ་རྒྱལ་བའི་ཉི་མའང་སེམས་ཅན་གྱི་ 1-1-314 ཚོགས་གསུམ་ལ་རིམ་གྱིས་འབབ་ཅིང་སྣང་ངོ༌། ། གཉིས་པ་ཉི་མ་ལས་ཀྱང་ཁྱད་པར་འཕགས་པ་ནི། དེ་ལྟར་ཆ་འགའ་ཞིག་གིས་ཉི་མ་ དང་འདྲ་ཡང་རྣམ་པ་ཐམས་ཅད་ནས་འདྲ་བ་ནི་མིན་ཏེ། རྒྱལ་ཆེན་བཞི་པ་ཡན་ཆད་ན་ཉི་མ་ མེད་པས་ཞིང་ཁམས་ཀུན་གྱི་ནམ་མཁའི་མཐིལ་དུ་འོད་སྤྲོ་བའི་ནུས་པ་ཉི་མ་ལ་མེད་པའི་ ཕྱིར་ཐམས་ཅད་དུ་ཁྱབ་པ་མིན་ལ། གནས་ལུགས་མི་ཤེས་པ་གཏི་མུག་གི་མུན་པས་བཀབ་ པ་སྟེ་བསྒྲིབས་པའི་ཤེས་བྱ་ཆོས་ཉིད་ཀྱི་དོན་སྟོན་པ་ཡང་མིན་པས་དོན་ཆེ་བའང་མིན་ཞིང༌། ཐུགས་རྗེའི་བདག་ཉིད་སངས་རྒྱས་ཀྱི་སྐུ་སྣ་ཚོགས་པའི་མདོག་སྐྱེ་བ་ཡེ་ཤེས་ཀྱི་འོད་ཀྱི་ ཚོགས་ཀྱིས་གསལ་བ་དག་ནི་འགྲོ་བ་ཐམས་ཅད་ལ་ཤེས་བྱ་མཐར་ཐུག་གི་དོན་སྟོན་པར་ མཛད་པས་དོན་ཆེ་བ་ཡིན་པའི་ཕྱིར་སངས་རྒྱས་ནི་ཉི་མ་ལས་ཆེས་ཁྱད་པར་འཕགས་སོ། །དོན་ཆེ་བའི་རྒྱུ་ཅི་ཞེ་ན། སངས་རྒྱས་དེའི་སྤྲུལ་སྐུ་གྲོང་དུ་གཤེགས་པའི་ཚེ་མིག་དང་མི་ལྡན་ པའི་སྐྱེ་བོ་སྣ་ཚོགས་ཀྱིས་གཟུགས་མཐོང་བ་སོགས་འབྱུང་བས་མཐོ་རིས་པའི་འཚེ་བའི་སྡུག་ བསྔལ་སེལ་ཞིང༌། དོན་མེད་པ་སྒྲིབ་པའི་ཚོགས་ཅི་རིགས་པ་དང་བྲལ་ནས་དོན་སངས་རྒྱས་ དེ་མཐོང་བ་ལས་ནི་ངན་སོང་རྣམས་ཚེ་འཕོས་ཏེ་མཐོ་རིས་ཀྱི་བདེ་བ་མྱོང་བ་དང༌། སེམས་ ཅན་གཏི་མུག་གི་རབ་རིབ་ཀྱིས་ཤེས་རབ་ཀྱི་མིག་མདོངས་པ་སྟེ་ལོང་ནས་འཁོར་བར་ འཁྱམས་པས་སྲིད་པའི་མཚོར་ལྷུང་ལ་ལྟ་བ་ལྔའི་མུན་པས་བསྒྲིབས་པ་རྣམས་ཀྱང་སངས་ རྒྱས་ཉི་མའི་འོད་ཀྱིས་བློ་སྟེ་ཤེས་རབ་ཀྱི་སྣང་བ་སྐྱེས་པས་སྔར་མ་མཐོང་བའི་གནས་ཆོས་ ཉིད་མངོན་སུམ་དུ་མཐོང་བར་འགྱུར་བའི་ཕྱིར་སངས་རྒྱས་བྱུང་བ་ཤིན་ཏུ་ཡང་དོན་ཆེའོ། ། དྲུག་པ་ལ་གཉིས་ཀྱི་དང་པོ་ནོར་བུ་བཞིན་དུ་བསམ་པ་སྐོང་བ་ནི། ཇི་ལྟར་རྒྱ་མཚོ་ཆེན་ པོ་ན་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བའི་ཡིད་བཞིན་གྱི་ནོར་བུ་ རིན་པོ་ཆེ་ཡོད་པ་ནི་ཀུན་སློང་གི་རྟོག་པ་མེད་ཀྱང་རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ་གསོལ་ 1-1-315 བ་བཏབ་ན་དུས་གཅིག་ཅར་དུ་ཉེ་འཁོར་གྱི་སྤྱོད་ཡུལ་དུ་གནས་པ་རྣམས་ཀྱི་ནི་རེ་འདོད་ཀྱི་ བསམ་པ་ཀུན་སོ་སོར་རྫོགས་པར་བྱེད་པ་ལྟར། དེ་བཞིན་དུ་སངས་རྒྱས་ཡིད་བཞིན་གྱི་ནོར་ བུ་ལྟ་བུ་ལ་བརྟེན་ནས་གདུལ་བྱ་བསམ་པ་ཐ་དད་རྣམས་ཀྱིས་ཐེག་པ་སྣ་ཚོགས་པའི་ཆོས་ ནི་ཐོས་པར་གྱུར་ཀྱང༌། སངས་རྒྱས་ཀྱི་ཐུགས་དེ་ནི་ཕྲིན་ལས་དེ་ལ་རྣམ་པར་མི་རྟོག་པར་ གནས་སོ། །ཡང་བཤད་པ་ཇི་ལྟར་ནོར་བུ་རིན་ཆེན་རྟོག་པ་མེད་པར་སེམས་ཅན་གྱི་ཡིད་ལ་ འདོད་པའི་ནོར་འབད་རྩོལ་མེད་པར་སེམས་ཅན་གཞན་པ་དག་ལ་རབ་ཏུ་སྟེར་བ་ལྟར། དེ་ བཞིན་དུ་ཐུབ་པ་ཡང་འབད་རྩོལ་དང་རྟོག་པ་མེད་པར་གདུལ་བྱའི་སྐལ་བ་ལ་ཇི་ལྟར་འོས་ པར་ནི་གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་རྟག་ཏུ་བཞུགས་ནས་སེམས་ཅན་ གྱི་དོན་མཛད་དོ། ། གཉིས་པ་སངས་རྒྱས་འབྱུང་བ་རྙེད་པར་དཀའ་བ་ནི། གང་གི་ཕྱིར་ན་རྒྱ་མཚོའི་ས་འོག་ ན་གནས་པའི་ཕྱིར་ནོར་བུ་དེ་ལ་ཐོབ་པར་འདོད་པས་ཀྱང་ཅི་ལྟར་ནོར་བུ་བཟང་པོ་བསམ་པ་ སྐོང་བ་དེ་འགྲོ་བ་འདིར་རབ་ཏུ་རྙེད་པར་དཀའ་བ་དེ་བཞིན་དུ་འགྲོ་བ་ཤིན་ཏུ་ཚོགས་གཉིས་ ཀྱི་སྐལ་བ་ངན་པ་སྣ་ཚོགས་པའི་ཉོན་མོངས་དང་ལས་ཀྱིས་ཟིན་པའི་ཡིད་ཅན་གྱིས་ཀྱང་ འགྲོ་བ་འདིར་བདེ་གཤེགས་ཀྱི་སྣང་བ་མཐོང་བ་རྙེད་པར་དཀའ་བར་ཤེས་པར་བྱའོ། ། བདུན་པ་ནི། ཇི་ལྟར་བྲག་ཆ་ལ་སོགས་པ་སྒྲ་བརྙན་གྱི་ནི་སྒྲ་མང་པོ་གཞན་སྐྱེས་བུའི་ རྣམ་རིག་གི་རྐྱེན་ལས་བྱུང་བ་སྟེ། བརྗོད་འདོད་ཀྱི་རྣམ་པར་རྟོག་པ་མེད་ཅིང་ལྕེ་རྐན་ལ་ སོགས་པའི་བྱེད་པས་བཟོ་བ་མེད་པ་ངོ་བོ་ཕྱིའི་དོན་དང་ནང་ན་རྣམ་ཤེས་སུ་གྲུབ་པར་མི་ གནས་ཀྱང༌། སྐྱེས་བུའི་རྣམ་རིག་ལ་སྣང་བ་ལྟར། དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ གི་གསང་བ་གཞན་གདུལ་བྱའི་རྣམ་རིག་གི་རྐྱེན་ལས་བྱུང་བ་དེ། བརྗོད་འདོད་ཀྱི་རྣམ་པར་ རྟོག་པ་མེད་ལ་ལྕེ་རྐན་ལ་སོགས་པའི་བྱེད་པས་བཟོ་བ་མེད་ཅིང༌། ངོ་བོ་ཕྱིའི་དོན་དང་ནང་ན་ 1-1-316 རྣམ་ཤེས་སུ་གྲུབ་པར་གནས་པ་མ་ཡིན་ཡང་གདུལ་བྱའི་རྣམ་རིག་ལ་སྣང་ངོ༌། ། བརྒྱད་པ་ནི། ལུས་ཀྱི་རེག་ཏུ་ཅུང་ཟད་ཀྱང་མེད་ཅིང༌། ལྕེའི་དབང་ཤེས་ལ་སྣང་བ་མེད་ ལ། སྣའི་དབང་ཤེས་ཀྱིས་དམིགས་པ་མེད་ཅིང་རྣ་བའི་རྣམ་ཤེས་ལ་བརྟེན་ནས་ཐོས་པ་མེད་ ལ། མིག་གི་དབང་ཤེས་ཀྱི་ལམ་སྟེ་ཡུལ་ལས་རབ་ཏུ་འདས་པས་དབང་པོའི་ཡུལ་མིན་པ། ཐོགས་བཅས་ཀྱི་གཟུགས་མེད་པ་གཞན་ལ་བསྟན་དུ་མེད་པའི་ནམ་མཁའ་ལ་ཇི་ལྟར་མཐོ་ བ་དང་བར་མ་དང་དམའ་བའི་རྣམ་པ་མཐོང་ཡང་ནམ་མཁའ་དེ་ནི་མཐོ་དམའ་ཅན་དེ་ལྟ་ མིན་ཏེ་རྫས་རགས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་རབ་འབྲིང་ཐ་མའི་རྣམ་པ་དང་སྐྱེ་འཇིག་ ཐམས་ཅད་སངས་རྒྱས་ལ་གདུལ་བྱ་མཐོང་ཡང་སངས་རྒྱས་ཀྱི་སྐུའི་གསང་བ་དེ་ནི་སྐྱེ་འཇིག་ ཅན་ལ་སོགས་པ་དེ་ལྟ་བུ་མིན་ཏེ་འདུས་མ་བྱས་པའི་ཕྱིར་རོ། ། དགུ་པ་ནི། ཇི་ལྟར་ས་ལ་སྐྱེ་བའི་ལྗོན་ཤིང་ལ་སོགས་པའི་དངོས་པོ་ཀུན། རྟོག་པ་མེད་ པའི་ས་དེ་ལ་བརྟེན་ནས་ནི་སྐྱེ་བ་ན་མང་པོར་འཕེལ་བ་དང་རྩ་བ་ཟུག་པས་བརྟན་པ་དང་ ཆེན་པོར་འགྲོ་བས་ཡངས་པར་འགྱུར་བ་ལྟར། དེ་བཞིན་དུ་རྫོགས་པའི་སངས་རྒྱས་ཀྱི་ས་ རྣམ་པར་རྟོག་པ་མེད་པ་ལ་བརྟེན་ནས་ཐེག་པ་གསུམ་ལ་སློབ་པ་དང་མུ་སྟེགས་པ་དང་ལོག་ པར་ངེས་པའི་བར་གྱི་འགྲོ་བའི་དགེ་བའི་རྩ་བ་ནི་མ་ལུས་པ་ནི་སྐྱེ་ཞིང་འཕེལ་བ་དང་རྒྱས་ པར་འགྱུར་རོ། ། གཉིས་པ་ལ་གཉིས་ཀྱི་དང་པོ་དཔེ་དགུས་བསྟན་པའི་དགོས་པ་ནི། འཇིག་རྟེན་ན་ འབད་རྩོལ་དང་རྟོག་པ་མེད་པར་བྱ་བ་འགའ་ཙམ་ཡང་བྱེད་པ་མཐོང་བ་མེད་པ་དེ་བས་ན་ སངས་རྒྱས་འབད་རྩོལ་དང་རྟོག་པ་མེད་པར་ཕྲིན་ལས་རྒྱུན་མི་འཆད་དུ་འཇུག་པ་མི་སྲིད་ སྙམ་དུ་གདུལ་བྱ་ཐེ་ཚོམ་ཟ་བ་དེའི་དགོས་པ་གཅད་པར་བྱ་བའི་ཕྱིར་སྔར་གྱི་དཔེ་རྣམས་ དགུ་ནི་བསྟན་པ་ཡིན་ཏེ་དེ་ནི་སྐྱོན་སེལ་བའི་དགོས་པའོ། །གོང་དུ་དཔེ་དགུ་པོ་འདི་དག་ 1-1-317 རྒྱས་པར་རབ་ཏུ་བསྟན་པར་གྱུར་པའི་མདོ་སྡེའི་ནི་མིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་ཞེས་པ་འདི་ཉིད་ཀྱིས་དཔེ་དགུས་བསྟན་པ་དེའི་ཡོན་ ཏན་སྐྱེད་པའི་དགོས་པ་བསྟན་པ་ཉིད་ཡིན་ཏེ། དེ་ཅིའི་ཕྱིར་ན། དཔེ་དགུས་ཕྲིན་ལས་བསྟན་ པ་འདི་ཐོས་ན་ཐོས་པ་ལས་བྱུང་བའི་ཤེས་པའི་སྣང་བ་རྒྱ་ཆེན་པོ་འདིས་བརྒྱན་པར་འགྱུར་ བས་ཡེ་ཤེས་སྣང་བ་རྒྱན་ཅེས་པ་ཡིན་ལ། དེས་བརྒྱན་པའི་བློ་ལྡན་བྱང་ཆུབ་སེམས་དཔའ་ ནི་མྱུར་དུ་སངས་རྒྱས་ཀྱི་སྤྱོད་ཡུལ་ཕྲིན་ལས་འབད་མེད་ལྷུན་གྲུབ་རྒྱུན་མི་འཆད་དུ་འཇུག་པ་ ཀུན་ལ་བློ་གྲོས་འཇུག་ཅིང་དེ་ཐོབ་པའི་ལམ་ཡང་བསྟེན་པར་འགྱུར་བས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཞེས་པའི་དོན་ཡིན་པས་སོ། ། གཉིས་པ་དཔེ་དགུས་དོན་དགུ་བསྟན་ཚུལ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ལ་གཉིས་ ལས། དང་པོ་དཔེ་དགུས་མཚོན་པའི་དོན་དགུ་བསྡུ་བ་ནི། དཔེ་དགུ་པོ་དེའི་མཚོན་བྱ་དོན་ གང་ཞེ་ན། བཻདཱུརྱའི་ས་གཞི་ལ་བརྒྱ་བྱིན་གྱི་གཟུགས་བརྙན་སྣང་བ་ལ་སོགས་པ་དཔེ་དག་ ནི་རྣམ་པ་དགུ་བརྗོད་པ་དེ་ལ་ནི། དཔེས་བསྟན་པའི་དོན་དེའི་བསྡུས་པའི་དོན་ནི་འདི་དག་ ཏུ་ངེས་པར་གཟུང་བར་བྱའོ། །གང་དག་ཅེ་ན། སྐུ་སྟོན་པ་དང་གསུང་བརྗོད་པ་དང་མཁྱེན་ བརྩེས་ཁྱབ་པ་དང༌། སྤྲུལ་ལ་སྤྲོ་བ་ཡེ་ཤེས་སྤྲོ་བ་དང་ཐུགས་དང་གསུང་དང་སྐུའི་གསང་བ་ གསུམ་དང་དགེ་ལེགས་ཐམས་ཅད་ཀྱི་རྟེན་ཐུགས་རྗེའི་བདག་ཉིད་གནས་གྱུར་པ་ཉིད་ཐོབ་ པ་ཉིད་རྣམས་སོ། ། གཉིས་པ་འབད་རྩོལ་མེད་ཀྱང་ཕྲིན་ལས་འཇུག་ཚུལ་ནི། སངས་རྒྱས་ཆོས་ཅན། གཞན་ དོན་མཛད་པ་ལ་དམིགས་པས་འབད་རྩོལ་བྱེད་པའི་ལོངས་སྤྱོད་ཀྱི་རྒྱུན་ཀུན་རབ་ཏུ་ཞི་བ་ ཡིན་ཏེ། རྣམ་པར་རྟོག་པ་མེད་པའི་ཐུགས་མངའ་བའི་ཕྱིར། དཔེར་ན་དྲི་མ་མེད་པའི་བཻ་ དཱུརྱའི་ས་གཞི་ལ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་པའི་དཔེ་དགུ་པོ་བཞིན་ནོ། 1-1-318 །དེ་ལྟར་ན་སངས་རྒྱས་དེ་དམིགས་པས་ལོངས་སྤྱོད་ཞི་བ་ཡིན་ཞེས་པ་དམ་བཅའ་ཡིན་པ་སྟེ། རྟོག་མེད་ཀྱི་ཐུགས་མངའ་བ་ནི་དེ་སྒྲུབ་བྱེད་གཏན་ཚིགས་སོ། །འབད་རྩོལ་མེད་པར་རང་ བཞིན་གྱིས་ལྷུན་གྲུབ་ཏུ་གཞན་དོན་འབྱུང་བའི་སྒྲུབ་བྱེད་བཀོད་པ་དེའི་དོན་ནི་གྲུབ་པར་བྱ་ བའི་དོན་དུ་དཔེར་བརྗོད་ནི་བརྒྱ་བྱིན་གྱི་གཟུགས་ལ་སོགས་པ་དགུ་པོ་ཡིན་ནོ། །ཕྲིན་ལས་ དཔེས་བསྟན་པའི་སྐབས་འདིར་ནི་སྐབས་ཀྱི་དོན་ཉེ་བར་བསྡུས་ན་འདི་ལྟར་ཡིན་ཏེ། གང་ ལྟར་ཞེ་ན། སྐུའི་སྣང་བ་སྟོན་པ་ལ་སོགས་པ་དོན་རྣམ་པ་དགུ་དང་ལྡན་པ་ནི་སྟོན་པ་སངས་ རྒྱས་ཡིན་ལ་དེའི་ཆོས་སྐུ་སྐྱེ་འཆི་དང་བྲལ་བ་འདུས་མ་བྱས་ཡིན་ཡང་འབད་པ་དང་རྩོལ་བ་ མེད་པར་གདུལ་བྱ་ལ་མཛད་པ་རབ་ཏུ་འཇུག་པའོ། །ཞེས་སྟོན་པ་ཡིན་ནོ། ། གཉིས་པ་རྒྱས་བཤད་ལ་གཉིས་ཀྱི་དང་པོ་འབད་མེད་གཞན་དོན་མཛད་ཚུལ་ནི། སངས་རྒྱས་གང་ཞིག་སྔར་བསྟན་པའི་བརྒྱ་བྱིན་དང་རྔ་དང་སྤྲིན་བཞིན་དང་ཚངས་པ་དང་ཉི་ མ་དང་རིན་ཆེན་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་བཞིན་དང་སྒྲ་བརྙན་དང་ནམ་མཁའ་དང་ ས་གཞི་བཞིན་དུ་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་འབད་རྩོལ་མེད་པར་གཞན་དོན་བྱེད་པ་དེ་ ཐོབ་པའི་རྣལ་འབྱོར་པས་དངོས་སུ་རིག་ཅིང་རྟོགས་ཀྱི་སོ་སོ་སྐྱེ་བོས་ནི་ལུང་ལ་བརྟེན་ནས་ ཡིད་ཆེས་པའི་རྗེས་སུ་དཔག་པས་རྟོགས་པར་བྱའོ། ། གཉིས་པ་དཔེ་དང་འདྲ་ཚུལ་བཤད་པ་ནི། རིན་ཆེན་བཻདཱུརྱའི་ས་གཞི་ལ་ལྷ་དབང་བརྒྱ་ བྱིན་སྣང་བ་བཞིན་དུ་སངས་རྒྱས་ཀྱང་སྐུའི་སྣང་བ་སྟོན་པ་གཉིས་འདྲ་སྟེ། གསུང་གིས་ གདམས་ངག་ལེགས་པར་འདོམས་པར་མཛད་པས་ལྷའི་རྔ་དང་འདྲའོ། །ཁྱབ་བདག་གི་ མཁྱེན་པ་དང་བརྩེ་བ་ཆེན་པོ་སྤྲིན་ཚོགས་དང་འདྲ་བའི་ཚུལ་ནི། མཐའ་ཡས་པའི་འགྲོ་བ་ སྲིད་པའི་རྩེ་མོའི་བར་དུ་གནས་པ་ཐམས་ཅད་ལ་ཁྱབ་པས་སྤྲིན་ནམ་མཁའ་ཐམས་ཅད་ དུ་ཁྱབ་པ་དང་མཚུངས་སོ། །ཚངས་པ་རང་གི་གནས་ལས་མི་བསྐྱོད་པར་འདོད་ཁམས་སུ་ 1-1-319 སྤྲུལ་པ་སྟོན་པ་བཞིན་དུ་སངས་རྒྱས་ཟག་པ་མེད་པའི་གནས་ཆོས་དབྱིངས་ལས་མ་བསྐྱོད་ པར་སྤྲུལ་པ་རྣམ་པ་དུ་མ་ལ་རབ་ཏུ་སྟོན་པས་དཔེ་དོན་མཚུངས་ལ། ཉི་མ་འོད་སྤྲོ་བ་བཞིན་ དུ་སངས་རྒྱས་ཀྱང་ཡེ་ཤེས་ཀྱི་སྣང་བ་སྤྲོ་བ་གང་ཡིན་པ་གཉིས་དཔེ་དོན་འདྲའོ། །རྣམ་པར་ དག་པའི་རིན་ཆེན་ཡིད་བཞིན་གྱི་ནོར་བུ་དང་དེ་འདྲ་བའི་ཐུགས་གཉིས་བསམ་པ་སྐོང་བས་ འདྲ་ལ། རྒྱལ་བ་རྣམས་ཀྱི་གསུང་དེ་བྲག་ཆ་བཞིན་དུ་ཡི་གེ་མེད་པས་དཔེ་དོན་མཚུངས་སོ། །རྒྱལ་བའི་སྐུ་ནི་ནམ་མཁའ་ལྟ་བུར་ཐམས་ཅད་ལ་ཁྱབ་པ་དང་ཐོགས་བཅས་ཀྱི་གཟུགས་ མེད་པ་དང་རྟག་པ་ཉིད་ཡིན་པས་དཔེ་དོན་འདྲ་སྟེ། ས་འདི་ཤིང་དང་ལོ་ཐོག་ལ་སོགས་པའི་ གཞི་ཡིན་པ་བཞིན་དུ་འགྲོ་བའི་དཀར་པོ་དགེ་བའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི་རྣམ་པ་ ཀུན་ཏུ་གཞིར་གྱུར་པ་ནི་སངས་རྒྱས་ཀྱི་ས་ཡིན་པས་དཔེ་དོན་མཚུངས་པ་ཡིན་ནོ། ། གཉིས་པ་ནི། དཔེ་འདི་རྣམས་ཀྱིས་ཅི་ལྟར་སངས་རྒྱས་སྐྱེ་འཇིག་མེད་པ་ལ་སྐྱེ་འཇིག་ཏུ་ མཐོང་བ་དང་ཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད་དུ་བསྟན་པ་ཡིན་ཞེ་ན། དག་པ་བཻདཱུརྱ་དང་ འདྲ་བའི་སེམས་ལ་སངས་རྒྱས་མཐོང་བའི་རྒྱུ་གང་ཞེ་ན། སེམས་དེ་དག་པའི་དོན་ནི་སྐྱོན་ གྱིས་མི་བཟློགས་པའི་དད་པའི་དབང་པོ་བརྟན་པར་བརྟས་པ་ཉིད་དོ། །དགེ་བ་དེ་གདུལ་ བྱའི་རྒྱུད་ལ་སྐྱེ་བ་དང་འཇིག་པས་ན་སངས་རྒྱས་ཀྱི་གཟུགས་སྐུ་ནི་སྐྱེ་ཞིང་འཇིག་པར་སྣང་ བ་བརྒྱ་བྱིན་གྱི་སྣང་བ་དང་མཚུངས་ཀྱང་བརྒྱ་བྱིན་དངོས་བཞིན་དུ་ཐུབ་པ་ནི་ཆོས་ཀྱི་སྐུ་ཡི་ སྐྱེ་འཇིག་མེད་དོ། །ཡང་དཔེ་དགུ་པོ་འབད་མེད་དུ་རང་གི་བྱ་བ་བྱེད་པ་དེ་བཞིན་དུ་ནི་སངས་ རྒྱས་ཀྱང་འབད་རྩོལ་མེད་པར་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཆོས་སྐུ་ལས། སྲིད་པ་ཇི་ སྲིད་གནས་ཀྱི་བར་དུ་སྐུའི་སྣང་བ་སྟོན་པ་ལ་སོགས་པའི་མཛད་པ་འཇུག་གོ ། གསུམ་པ་ནི། དཔེ་འདི་རྣམས་ཀྱི་མཚུངས་ཚུལ་བསྡུས་པའི་དོན་ནི་འོག་ནས་འབྱུང་ བ་འདི་ཡིན་ལ་སྔ་ཕྱིའི་རིམ་པ་ཡང༌། དཔེ་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་འདྲ་ཚུལ་གྱིས་ཆོས་མི་ 1-1-320 མཐུན་པས་དཔེ་སྔ་མ་སྤངས་ཏེ་ཕྱི་མ་འདྲ་བར་བསྟན་པའི་སྒོ་ནས་བརྗོད་པ་ཡིན་ནོ། །དེ་ རྒྱས་པར་བཤད་ན་སངས་རྒྱས་ནི་བརྒྱ་བྱིན་གྱི་གཟུགས་བརྙན་ལྟ་བུར་སྐུའི་སྣང་བ་བསྟན་ པས་དོན་ཡོད་པར་མཛད་པ་ཡིན་ཏེ། ཆོས་སྟོན་པའི་གསུང་དབྱངས་དང་མི་ལྡན་པས་དེ་དང་ འདྲ་བའང་མིན་ནོ། །དེ་མི་འདྲ་ནའང་དབྱངས་དང་ལྡན་པ་ལྷའི་རྔ་བཞིན་དུ་འདྲ་སྟེ། དེ་ཡང་ སའི་འོག་ལ་སོགས་པ་ཐམས་ཅད་དུ་མི་ཐོས་པས་ཐམས་ཅད་དུ་དོན་བྱེད་པ་མིན་པའི་ཕྱིར་ དེ་དང་འདྲ་བ་མིན་ནོ། །དེ་མི་འདྲ་ནའང་སྤྲིན་ཆེན་པོ་ཐམས་ཅད་དུ་ཁྱབ་པ་དང་མཚུངས་ ཏེ། དེ་ཡང་དོན་མེད་པ་འཁོར་བའི་ས་བོན་ནམ་རྒྱུ་འདོད་ཡོན་ལ་ཆགས་པ་སྤོང་བ་མིན་པས་ དེ་འདྲ་བ་མིན་ནོ། །དེ་མི་འདྲ་ནའང་ཚངས་པ་ཆེན་པོའི་སྤྲུལ་པ་འདོད་ལྷ་རྣམས་འདོད་ཡོན་ ལ་ཆགས་པ་སྤོང་བ་བཞིན་དུ་འདྲ་སྟེ། དེ་ཡང་རེས་འགའ་བ་ཡིན་གྱི་གཏན་དུ་ནི་གདུལ་བྱ་ སྨིན་པར་བྱེད་པ་མིན་པས་དེ་འདྲ་བ་མིན་ནོ། །དེ་མི་འདྲ་ནའང་ཉི་མའི་གཟུགས་སྨིན་པར་ བྱེད་པ་གཏན་དུ་བ་བཞིན་དུ་འདྲ་སྟེ། དེ་ཡང་མཚན་མོ་མི་སྣང་བའི་ཕྱིར་གཏན་དུ་ནི་མུན་པ་ འཇོམས་པ་མིན་པས་དེ་འདྲ་བ་མིན་ནོ། །དེ་མི་འདྲ་ནའང་ཡིད་བཞིན་གྱི་ནོར་བུ་ཉིན་མཚན་ ཀུན་ཏུ་སྣང་བ་དང་འདྲ་སྟེ། དེ་ཡང་འབྱུང་བ་ནི་རྙེད་པར་མི་དཀའ་བ་སླ་བས་དེ་འདྲ་བའང་ མིན་ནོ། །དེ་མི་འདྲ་ནའང་སྒྲ་བརྙན་ཕྱི་ནང་དུ་མི་གནས་པའི་ཕྱིར་རྙེད་དཀའ་བ་བཞིན་དུ་འདྲ་ སྟེ། དེ་ཡང་རྐྱེན་བྲག་རི་ལ་སོགས་པ་ལས་ནི་བྱུང་བས་དེ་དང་འདྲ་བའང་མིན་ནོ། །དེ་མི་འདྲ་ ནའང་ནམ་མཁའ་རྐྱེན་ལས་མ་བྱུང་བ་དང་འདྲ་སྟེ། དེ་ཡང་དགེ་བ་སྐྱེ་བའི་གཞི་མིན་པས་ དེ་དང་འདྲ་བའང་མིན་ནོ། །དེ་མི་འདྲ་ནའང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ འགྲོ་བའི་གནས་སྐབས་དང་མཐར་ཐུག་གི་ཕུན་སུམ་ཚོགས་པ་མ་ལུས་པ་དེ་རྣམས་སྐྱེ་བ་ དང་གནས་པའི་རྟེན་ཡིན་པའི་ཕྱིར་སངས་རྒྱས་ནི་སའི་དཀྱིལ་འཁོར་དག་དང་འདྲའོ། །དེའི་ གཏན་ཚིགས་སྒྲུབ་པ་སངས་རྒྱས་ཀྱི་བྱང་ཆུབ་འདི་ལ་བརྟེན་ནས། འཇིག་རྟེན་ལས་འདས་ 1-1-321 པ་བྱང་ཆུབ་གསུམ་གྱི་ལམ་འབྱུང་བའི་ཕྱིར་དང༌། འདོད་ཁམས་ཀྱི་བདེ་བའི་རྒྱུ་དགེ་བའི་ ལས་ལམ་གཟུགས་ཁམས་ཀྱི་བདེ་བའི་རྒྱུ་བཅུ་དང་བསམ་གཏན་བཞི་དང་ཚད་མེད་པ་བཞི་ དང་གཟུགས་མེད་ཁམས་ཀྱི་བདེ་བའི་རྒྱུ་གཟུགས་མེད་ཀྱི་ཏིང་ངེ་འཛིན་བཞི་ཡང་འབྱུང་བའི་ ཕྱིར། འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་ངོ་ ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས་ དེ་བཞིན་གཤེགས་པའི་ཕྲིན་ལས་མཛད་པའི་སྐབས་ཏེ་བཞི་པའི་བཤད་པའོ།། །། བཞི་པ་ཁམས་སོགས་བཞི་ལ་མོས་པའི་ཕན་ཡོན་ལ་གཉིས་ལས་དང་པོ་མདོར་བསྟན་ ལ་གསུམ་གྱི་དང་པོ་གནས་བཞི་རྒྱལ་བའི་ཡུལ་དུ་བསྟན་པ་ནི། སྔར་བཤད་པའི་སངས་རྒྱས་ ཀྱི་ཁམས་དང་སངས་རྒྱས་ཀྱི་བྱང་ཆུབ་དང་སངས་རྒྱས་ཀྱི་ཆོས་ཡོན་ཏན་རྣམས་དང་སངས་ རྒྱས་ཀྱི་ཕྲིན་ལས་ཏེ་བཞི་པོ་འདི་རྣམས་སེམས་དག་པའི་སེམས་ཅན་ས་བཅུ་ལ་གནས་པའི་ རྒྱལ་སྲས་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་དུ་བསམ་པ་དང་བརྟག་པར་བྱ་བ་མིན་ཅེས་པ་ བསམ་གྱིས་མ་ཁྱབ་པ་སྟེ། འདི་ཡོངས་སུ་རྫོགས་པ་ནི་འཇིག་རྟེན་གྱི་འདྲེན་པ་སངས་རྒྱས་ རྣམས་ཀྱི་སྤྱོད་ཡུལ་ཡིན་ནོ། ། གཉིས་པ་མོས་ན་བསོད་ནམས་གཞན་ལས་ལྷག་པ་ལ་གཉིས་ཀྱི་དང་པོ་མདོར་བསྟན་ ནི། བློ་ལྡན་བྱང་ཆུབ་སེམས་དཔའ་གང་ཞིག་རྒྱལ་བའི་ཡུལ་ཁམས་སོགས་བཞི་པོ་འདི་ལ་ ཡིད་ཆེས་པས་མོས་པ་བྱེད་ན། དེ་ནི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་སྐྱེ་བ་ཉིད་ཀྱི་སྣོད་དུ་ གྱུར་ཏེ། བསམ་གྱིས་ཁྱབ་པ་མེད་པའི་ཡོན་ཏན་གྱི་ཚོགས་ལ་མངོན་པར་དགའ་ཞིང་མོས་ པས། མོས་པ་འདི་དང་མ་འབྲེལ་བའི་སེམས་ཅན་ཀུན་གྱི་བསོད་ནམས་ཐམས་ཅད་འདི་དང་ བསྒྲུན་དུ་མི་ནུས་པའི་ཕྱིར་འདིས་ཟིལ་གྱིས་གནོན་པར་འགྱུར་རོ། ། གཉིས་པ་རྒྱས་བཤད་ནི། གང་ཟག་གང་ཞིག་ཆེད་དུ་བྱ་བ་བྱང་ཆུབ་དོན་དུ་གཉེར་ 1-1-322 བའི་སེམས་བསྐྱེད་ཀྱིས། དངོས་པོ་གསེར་ལས་གྲུབ་པའི་སངས་རྒྱས་ཀྱི་ཞིང་ཁམས་ནོར་ བུ་རིན་པོ་ཆེས་སྤྲས་པ་ནི། གྲངས་སངས་རྒྱས་ཀྱི་ཞིང་ཁམས་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་ གནས་སྐབས་ཉིན་རེ་ཞིང༌། ཡུལ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ དུས་རྟག་ཏུ་འབུལ་བ་ལ་ནི་བསོད་ནམས་ཚད་མེད་པ་འབྱུང་སྟེ། གང་ཟག་གཞན་གང་ཞིག་ ཁམས་སོགས་བཞི་སྟོན་པའི་གསུང་རབ་རྣམས་དང་དེ་རྣམས་ཀྱི་དོན་བསྡུས་ཏེ་སྟོན་པའི་ བསྟན་བཅོས་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་གང་ཟག་འདིས་ནི་སྦྱིན་ པ་ལས་བྱུང་བའི་དགེ་བ་སྔར་སྨོས་པ་དེ་ལས་བསོད་ནམས་ཆེས་མང་བ་ཐོབ་པར་འགྱུར་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོར། འཇམ་དཔལ་གལ་ཏེ་གང་གཱའི་བྱེ་མ་སྙེད་གྲངས་མེད་པའི་ བྱང་ཆུབ་སེམས་དཔའ་ཞིག་ཡོད་ལ་བྱང་ཆུབ་སེམས་དཔའ་དེ་དག་རེ་རེས་ཀྱང༌། གང་གཱའི་ བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འཛམ་བུ་ཆུ་བོའི་གསེར་གྱི་གཞི་ལ། ཤིང་ཐམས་ཅད་ཀྱང་ འཕྲུལ་གྱི་གོས་ཀྱིས་ཀུན་ཏུ་དཀྲི ས་ཏེ། འོད་ཐམས་ཅད་ཤིན་ཏུ་འདུས་པའི་ནོར་བུ་རིན་པོ་ ཆེའི་དྲ་བས་ཤིན་ཏུ་ཁེབས་པར་བྱས་ཤིང༌། དབང་གི་རྒྱལ་པོའི་ནོར་བུ་རིན་པོ་ཆེའི་ཁང་པ་ བརྩེགས་པ་གློག་གི་སྒྲོན་མ་ནོར་བུ་རིན་པོ་ཆེའི་སྟེགས་བུས་བསྐོར་བས་ཡོངས་སུ་གང་བར་ བྱས་ཏེ། གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེངས་བ། གྲངས་མེད་པའི་སངས་རྒྱས་ ལ་ཉིན་ཅིག་ཉིན་ཅིག་ཅིང་གང་གཱའི་བྱེ་མ་སྙེད་གྲངས་མེད་པའི་བསྐལ་པར་སྦྱིན་པ་བྱིན་པ་ བས་བྱང་ཆུབ་སེམས་དཔའ་གཞན་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ཏེ། བྱང་ཆུབ་ སེམས་དཔའ་གཞན་ལ་ཆོས་ཀྱི་རྣམ་གྲངས་འདི་ལ་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ ཙམ་ཡང་བསྟན་ཏམ་ཁོང་དུ་ཆུད་པར་བྱས་ན། བསོད་ནམས་མངོན་པར་འདུ་བྱེད་པ་འདི་ ལ། བྱང་ཆུབ་སེམས་དཔའ་དེ་དག་གི་སྔ་མའི་སྦྱིན་པའི་བསོད་ནམས་མངོན་པར་འདུ་བྱེད་ པ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང་བརྒྱ་སྟོང་གི་ཆར་ཡང་བྱེ་བ་བརྒྱ་ 1-1-323 སྟོང་གི་ཆར་ཡང༌། བགྲང་བར་ཡང་ཆར་ཡང་གྲངས་སུ་ཡང༌། དཔེར་ཡང་རྒྱུར་ཡང་ཉེ་བར་མི་ འགྲོའོ། །ཞེས་པའི་དོན་ཏེ། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་མདོར། རྫུ་འཕྲུལ་ སྟོབས་མཆོག་འདི་ལ་གནས་ནས་སུ། །དཔའ་བོ་བསྐལ་པ་དག་ནི་སྟོང་བར་དུ། །ཕྱོགས་ བཅུ་རྣམས་སུ་མི་ཡི་གཙོ་བོ་དག །ཉན་ཐོས་བཅས་པ་རྣམས་ལ་སྟི་སྟང་བྱེད། །ཇི་ལྟར་གང་ གཱ་སྟོང་མང་བྱེ་མ་བས། །དེ་ལྷག་པ་ནི་བསམ་གྱིས་མི་ཁྱབ་པའི། །གཞལ་མེད་ཁང་མཆོག་ རིན་ཆེན་ལས་བྱས་པ། །འཇིག་རྟེན་སློབ་དཔོན་རེ་རེ་ལ་ཡང་ཕུལ། །དེ་དག་འཕང་དུ་དཔག་ ཚད་བཅུ་ཡོད་ལ། །ཆུ་དང་རྒྱར་ནི་དཔག་ཚད་གཅིག་ཡོད་པ། །སྤོས་དང་བདུག་པ་དག་དང་ རབ་ལྡན་ལ། །དེ་ན་རིན་ཆེན་ལས་བྱས་ཁྲི་བཤམས་ཤིང༌། །དར་དང་བཅོས་བུའི་རས་ནི་ བརྒྱ་བཏིང་པའི། །ཁྲི་དག་དང་ནི་ཁྲི་སྟན་གཞན་རྣམས་ཀྱང༌། །ཇི་ལྟར་གང་གཱའི་ཀླུང་བཞིན་ དཔག་མེད་པར། །རྒྱལ་བ་གཅིག་ལ་དབུལ་བ་བྱས་གྱུར་ལ། །རྒྱལ་བ་གང་དག་འཇིག་རྟེན་ ཁམས་བཞུགས་པ། །ཇི་ལྟར་གང་གཱའི་བྱེ་མ་བས་མང་བ། །རྒྱལ་བ་དེ་དག་རྣམས་ལ་དེ་ལྟར་ ཕུལ། །ཀུན་ལ་གུས་པར་མཆོད་པ་བྱེད་པ་བས། །མཁས་པ་གང་ཞིག་མདོ་སྡེ་འདི་ཐོས་ནས། །དཔེ་གཅིག་ཙམ་ཞིག་ཡང་དག་འཛིན་བྱེད་དམ། །བཟུང་ནས་མི་འགའ་ཞིག་ལ་འཆད་བྱེད་ ན། །དེ་ནི་དེ་བས་བསོད་ནམས་ཕུང་པོ་མང༌། །དཔའ་བོས་བཟུང་པའི་བསོད་ནམས་འདི་ལ་ ནི། །ཆ་དང་དཔེར་ཡང་དེ་ནི་ཉེར་མི་འགྲོ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་བློ་ལྡན་ གང་ཞིག ཆེད་དུ་བྱ་བ་བླ་ན་མེད་པའི་བྱང་ཆུབ་སངས་རྒྱས་འདོད་པས། དུས་བསྐལ་པ་དུ་ མར་ཡང༌། བྱེད་པ་ལུས་ངག་ཡིད་ཀྱིས། ཚུལ་འབད་པ་མེད་པར་ལྷུན་གྲུབ་ཏུ། ངོ་བོ་ཚུལ་ ཁྲིམས་ཉེས་པའི་དྲི་མ་མེད་པ་སྲུང་བར་བྱེད་པ་དེ་ལ་བསོད་ནམས་དཔག་ཏུ་མེད་དེ། གང་ ཟག་གཞན་དག་འཁོར་ལོ་ཐ་མའི་བཀའ་དང་བསྟན་བཅོས་འདི་ལས་ཚིག་ཙམ་ཐོས་ཤིང་ ཐོས་ནས་ཀྱང་ནི་མོས་ན་འདིས་ནི་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་དེ་ལས་བསོད་ནམས་ 1-1-324 ཆེས་མང་བ་ཐོབ་པར་འགྱུར་རོ། །དེ་ལྟར་སྦྱིན་པ་དང་ཚུལ་ཁྲིམས་ལས་ཐོས་པ་མཆོག་ཡིན་ པ་འདི། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོར་ཡང་གསུངས་ཏེ། ཇི་ སྐད་དུ། སྦྱིན་པའི་ཚོགས་དང་ཚུལ་ཁྲིམས་ཀྱི་ཚོགས་དང་ཐོས་པའི་ཚོགས་དེ་དག་གི་ནང་ན་ ཐོས་པའི་ཚོགས་འབའ་ཞིག་མཆོག་ཅེས་བྱ་རབ་ཅེས་བྱ་ཞེས་སོགས་དང༌། དཔེར་ན་རིའི་ རྒྱལ་པོ་རི་རབ་ཀྱི་མདུན་ན་ཡུངས་འབྲུ་གཅིག་འདུག་པ་བཞིན་དུ་སྦྱིན་པའི་ཚོགས་དང་ཚུལ་ ཁྲིམས་ཀྱི་ཚོགས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ཞེས་དང༌། སྦྱིན་པ་དང་ཚུལ་ཁྲིམས་ ཟག་བཅས་དང་ལེན་བཅས་དང་ཕུང་པོ་རྣམ་པར་སྨིན་པ་ཡིན་ལ་ཐོས་པ་དེ་ལས་བཟློག་པ་ ཡིན་པར་གསུངས་པ་ལ་སོགས་པ་སྟེ་རྒྱས་པར་མདོ་དེ་ཉིད་བལྟའོ། །གང་ཞིག་འདི་ན་བྱེད་ ལས་སྲིད་པ་གསུམ་གྱི་ཉོན་མོངས་པའི་མེ་འཇིལ་བ་སྟེ་འཇོམས་པར་བྱེད་པའི་ངོ་བོ་བསམ་ གཏན་ནི། ལྷའི་གནས་པ་བསམ་གཏན་བཞི་དང༌། ཚངས་པའི་གནས་པ་ཚད་མེད་བཞི་པོ་ རྣམས་མཐར་སོན་པའམ་ཕྱིན་པ་སྟེ་ཕུལ་དུ་བྱུང་བ། ཆེད་དུ་བྱ་བ་རྫོགས་པའི་བྱང་ཆུབ་འཕོ་ འགྱུར་མེད་པ་ཐོབ་པའི་ཐབས་སུ་བསྒོམས་ལ། གཞན་གང་ཞིག་འཁོར་ལོ་ཐ་མའི་བཀའ་ དང་བསྟན་བཅོས་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདིས་ནི་བསམ་ གཏན་ལས་བྱུང་བའི་དགེ་བ་སྔར་སྨོས་པ་དེ་ལས་བསོད་ནམས་ཆེས་མང་བ་ཐོབ་པར་འགྱུར་ རོ། ། གསུམ་པ་གཞན་ལས་ལྷག་པའི་རྒྱུ་མཚན་བཤད་པ་ནི། གང་གི་ཕྱིར་འདི་ཐོས་པའི་ བསོད་ནམས་ལྷག་པ་ཡིན་ཞེ་ན། སྦྱིན་པ་བཏང་བས་འབྲས་བུ་ལོངས་སྤྱོད་ཆེན་པོ་དག་ནི་ སྒྲུབ་པར་བྱེད་ཅིང༌། ཚུལ་ཁྲིམས་ཀྱིས་མཐོ་རིས་ཀྱི་གོ་འཕང་ཐོབ་པར་བྱེད་པ་སྟེ། བསམ་ གཏན་བསྒོམ་པས་ཁམས་གསུམ་པའི་ཉོན་མོངས་སྤོང་བར་བྱེད་པ་ཡིན་ལ། འཁོར་ལོ་ཐ་ མ་དགོངས་འགྲེལ་དང་བཅས་པ་ཐོས་པས་ཁམས་སོགས་བཞིའི་གནས་ལུགས་རྟོགས་པའི་ 1-1-325 ཐབས་ཤེས་བྱུང་ཞིང༌། ཤེས་རབ་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཀུན་ནས་སྤོང་ བར་བྱེད་པ་དེའི་ཕྱིར་ན་ཤེས་རབ་འདི་ནི་སྦྱིན་སོགས་གསུམ་ལས་མཆོག་ཡིན་ཏེ། ཤེས་རབ་ དེའི་རྒྱུ་ནི་བཀའ་འཁོར་ལོ་ཐ་མ་དགོངས་འགྲེལ་དང་བཅས་པ་འདི་ཐོས་པ་ཡིན་པའི་ཕྱིར་ ཐོས་པ་སྦྱིན་སོགས་ལས་ལྷག་པ་ཡིན་ནོ། ། གཉིས་པ་རྒྱས་བཤད་ལ་གཉིས་ཀྱི་དང་པོ་གནས་བཞིར་མོས་ན་སྐལ་ལྡན་ཡིན་པ་ནི། གདོད་ནས་གནས་པ་ཁམས་དང་དེ་ནི་དག་པ་གཉིས་ལྡན་དུ་གྱུར་པ་བྱང་ཆུབ་དང༌། དེའི་ ཡོན་ཏན་དང༌། དེས་གཞན་དོན་སྒྲུབ་པའི་ཕྲིན་ལས་ཏེ། མ་ལུས་པར་རྒྱལ་བ་ཁོ་ན་ཡི་ནི་ མཁྱེན་པའི་ཡུལ་རྣམ་པ་བཞི་པོ་སྔར་རྒྱས་པར་ཇི་སྐད་བརྗོད་པ་འདི་ལ། བློ་དང་ལྡན་པ་གང་ ཞིག་ཁམས་སེམས་ཅན་ཐམས་ཅད་ལ་ཡོད་པ་དང༌། བྱང་ཆུབ་བདག་གིས་ཐོབ་པར་ནུས་པ་ ཉིད་དང༌། བྱང་ཆུབ་དེ་ལ་ཡོན་ཏན་དང་ཕྲིན་ལས་ལྡན་པར་མོས་པའི་རྒྱུ་དེས་ན། མྱུར་དུ་དེ་ བཞིན་གཤེགས་པའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་འགྱུར་རོ། ། གཉིས་པ་དེའི་རྒྱུ་མཚན་རྒྱས་པར་བཤད་པ་ལ་གཉིས་ཀྱི་དང་པོ་གནས་བཞིར་མོས་ན་ བྱང་སེམས་གནས་པ་ནི། སངས་རྒྱས་ལས་གཞན་གྱིས་བསམ་གྱིས་མི་ཁྱབ་པའི་ཡུལ་ཁམས་ སོགས་བཞི་པོ་ལས་ཁམས་འདི་ནི་སེམས་ཅན་ཐམས་ཅད་ལ་ཡོད་པ་དང་བྱང་ཆུབ་ནི་བདག་ འདྲ་བས་ཀྱང་ཐོབ་པར་ནུས་པ་དང༌། ཐོབ་པའི་བྱང་ཆུབ་དེ་སྔར་བཤད་འདི་འདྲའི་ཡོན་ཏན་ དང་ཕྲིན་ལས་ལྡན་ཞེས་ཡིད་ཆེས་པའི་དད་པས་མོས་པའི་རྒྱུ་དེའི་ཕྱིར། དགེ་བའི་ཆོས་ལ་ འདུན་པ་དང་ལམ་སྒྲུབ་པ་ལ་སྤྲོ་བའི་བརྩོན་འགྲུས་དང་དམིགས་པ་མི་བརྗེད་པའི་དྲན་པ་ དང་དེ་ལ་རྩེ་གཅིག་པའི་བསམ་གཏན་དང་བདག་མེད་རྟོགས་པའི་ཤེས་རབ་ཀྱི་དབང་པོ་ དང་དེ་བཞིན་དུ་སྟོབས་ལྔ་ལ་སོགས་པའི་ཡོན་ཏན་གྱི་སྣོད་དུ་གྱུར་པའི་བྱང་ཆུབ་ཀྱི་སེམས་ ནི་མོས་པར་བྱེད་པ་པོ་དེ་དག་ལ་རྟག་ཏུ་ཉེ་བར་གནས་པར་འགྱུར་རོ། ། 1-1-326 གཉིས་པ་བྱང་སེམས་གནས་ན་ཚོགས་གཉིས་རྫོགས་པ་ལ་གཉིས། བསོད་ནམས་ཀྱི་ ཚོགས་ཕར་ཕྱིན་ལྔ། ཡེ་ཤེས་ཀྱི་ཚོགས་ཕར་ཕྱིན་མཆོག་རྫོགས་པའོ། །དང་པོ་ལ་གཉིས་ཀྱི་ དང་པོ་མདོར་བསྟན་ནི། བྱང་སེམས་དེ་ནི་རྟག་ཏུ་ཉེ་བར་གནས་པས་རྒྱལ་བའི་སྲས་པོ་དེ་ བྱང་ཆུབ་ལས་ཕྱིར་མི་ལྡོག་སྟེ། དེའི་བསོད་ནམས་ཀྱི་ཚོགས་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་དང་ ཡོངས་སུ་དག་པ་ཉིད་དུ་འགྱུར་བས་སོ། ། གཉིས་པ་རྒྱས་བཤད་ནི། བསོད་ནམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། བསོད་ནམས་ ཀྱི་ཚོགས་ནི་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་ལྔ་སྟེ། དེ་དག་ལ་བྱ་བའི་ཡུལ་དང་བྱེད་པ་པོ་ དང་བྱ་བའི་འཁོར་རྣམ་པ་གསུམ་དུ་རྟོག་པ་མེད་པས་ཕར་ཕྱིན་དེ་རྣམས་ཡོངས་སུ་རྫོགས་ པར་འགྱུར་ལ། དེ་དག་ཡོངས་སུ་དག་པ་ནི་ཕར་ཕྱིན་ལྔ་པོ་དེའི་མི་མཐུན་ཕྱོགས་སེར་སྣ་ལ་ སོགས་པ་སྤངས་པའི་ཕྱིར་རོ། །འོན་ཏེ་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་ བའི་བསོད་ནམས་བྱ་བའི་གཞི་གསུམ་དུ་གསུངས་པ་མདོ་ཕར་ཕྱིན་ལྔ་བསོད་ནམས་སུ་ཅི་ ལྟར་འགྱུར་ཞེ་ན། ལྔ་པོ་གཞི་གསུམ་དུ་འདུ་སྟེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་ དངོས་པོར་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ བྱ་བའི་དངོས་པོར་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུ་བ་ཡིན་ནོ། །བཟོད་པ་དང་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གཉིས་དག་ནི་བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་ བའི་དངོས་པོར་འདུ་ལ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གསུམ་པོ་ཀུན་གྱི་གྲོགས་བྱེད་ པས་ཀུན་ཏུ་འདུ་ཞིང་འགྲོ་བས་སོ། ། གཉིས་པ་ནི། སྔར་བསྟན་པའི་འཁོར་གསུམ་དུ་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཤེས་ བྱའི་སྒྲིབ་པར་འདོད་ལ། ལུས་ལོངས་སྤྱོད་སོགས་ལ་བསྲི་བའི་སེར་སྣ་དང་ལ་སོགས་པས་ ཚུལ་ཁྲིམས་ངན་པ་དང་ཁོང་ཁྲོ་དང་ལེ་ལོ་དང་རྣམ་གཡེང་ལ་སོགས་པ་ཉོན་མོངས་ཀྱི་རྣམ་ 1-1-327 རྟོག་གང་ཡིན་པ་དེ་ནི་ཉོན་མོངས་པའི་སྒྲིབ་པར་འདོད་དོ། །ཤེས་རབ་ལས་གཞན་པའི་སྒྲིབ་ གཉིས་འདི་དག་གི་ས་བོན་ནི་སྤོང་བའི་རྒྱུ་གཞན་མེད་པ་དེའི་ཕྱིར་ཤེས་རབ་ཀྱི་ཕར་ཕྱིན་ ནི་ཕར་ཕྱིན་ལྔ་ལས་མཆོག་ཡིན་ལ་ཤེས་རབ་དེའི་གཞིའམ་རྒྱུ་ནི་ཁམས་སོགས་སྟོན་པའི་ བཀའ་དང་བསྟན་བཅོས་ཐོས་པ་ཡིན་པ་དེའི་ཕྱིར་ཐོས་པ་སྦྱིན་སོགས་གསུམ་ལས་མཆོག་ ཡིན་པར་བསྟན་ཏོ། ། གཉིས་པ་བསྟན་བཅོས་ཇི་ལྟར་བརྩམས་ཚུལ་ལ་སོགས་བཤད་པ་ལ་ལྔའི་དང་པོ་ བསྟན་བཅོས་ཇི་ལྟར་བརྩམས་ཚུལ་བཤད་པའི་དོན་དངོས་ནི། དེ་ལྟར་རྒྱུད་བླ་མའི་བསྟན་ བཅོས་འདི་ནི་རྒྱུ་གང་ལ་བརྟེན་ནས་བྱས་ན་ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་ཡིད་ཆེས་པའི་ངེས་ དོན་གྱི་མདོའི་ལུང་དང༌། ལུང་ལ་འགལ་འབྲེལ་དཔྱོད་པའི་རིགས་པ་ལ་བརྟེན་ནས་སོ། །ཞེས་པས་རང་བཟོ་མེད་པར་བསྟན་ཏོ། །རྒྱུ་མཚན་ནམ་དགོས་པ་ཅིའི་དོན་དུ་བྱས་ན་བྱམས་ པ་བདག་ཉིད་འབའ་ཞིག་སྒྲིབ་པ་ཤིན་ཏུ་ཕྲ་མོས་ཀྱང་དག་པར་བྱ་བའི་ཕྱིར་དང༌། གང་དག་ ཟབ་མོ་ལ་མོས་པ་དང་དེ་ལས་བྱུང་བའི་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་བློ་ཅན་དེ་ དག་རྗེས་སུ་གཟུང་བར་བྱ་བའི་ཕྱིར་འདི་བཤད་དོ། །ཚུལ་ཇི་ལྟར་སུའི་མཐུས་བྱས་ཞེ་ན། ཇི་ ལྟར་སྒྲོན་མེ་དང་གློག་དང་ནོར་བུ་དང་ཉི་ཟླའི་འོད་ལ་བརྟེན་ནས་མིག་དང་ལྡན་པ་རྣམས་ གཟུགས་ལྟ་བ་བཞིན་གྱི་དཔེ་དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་དོན་དང་ལྡན་པས་ དོན་ཆེན་པོ་ཆོས་ཀྱི་སྤོབས་པའི་འོད་མཛད་པ་ཐུབ་པ་ཉི་མའི་མཐུ་ལ་བརྟེན་ནས་འདི་ནི་རབ་ ཏུ་བཤད་དོ། །ཞེས་རང་སྟོབས་མ་ཡིན་པར་བསྟན་པ་ནི་ཁེང་སྐྱུང་བ་སྐྱེས་བུ་དམ་པའི་ལུགས་ ཏེ་རྗེས་འཇུག་རྣམས་ལ་གདམས་པའོ། ། གཉིས་པ་བརྩམས་པའི་བསྟན་བཅོས་བཀའ་དང་འདྲ་བ་ལ་གཉིས་ཀྱི་དང་པོ་བཀའི་ མཚན་ཉིད་གསལ་བར་བཤད་པ་ནི། བསྟན་བཅོས་ལུང་ལ་བརྟེན་ནས་བཤད་པའི་ལུང་དེ་ 1-1-328 གང་ཞེ་ན་སངས་རྒྱས་ཀྱི་བཀའ་སྟེ་བཀའ་དེའི་མཚན་ཉིད་ཀྱང༌། གང་ཞིག་འཇིག་རྟེན་ལས་ འདས་པའི་དོན་དང་ལྡན་པའི་ཆོས་དང་ཉེ་བར་འབྲེལ་ཞིང༌། སྤང་བྱ་ཁམས་གསུམ་པའི་ཀུན་ ནས་ཉོན་མོངས་པ་སྤོང་བར་བྱེད་པའི་ཐབས་སྟོན་པའི་གསུང་རབ། ཞི་བ་མྱ་ངན་ལས་འདས་ པའི་ཕན་ཡོན་སྟོན་པར་མཛད་པ་གང་ཡིན་པ་དེ་ནི་དྲང་སྲོང་ཆེན་པོ་སངས་རྒྱས་ཀྱི་གསུང་ ཡིན་ལ་དེ་ལས་བཟློག་པ་ནི་སངས་རྒྱས་ཀྱི་གསུང་ཡིན་པ་ལས་གཞན་ཏེ་གསུང་མ་ཡིན་ནོ། ། གཉིས་པ་བསྟན་བཅོས་བཀའ་བཞིན་བཀུར་པར་གདམས་པ་ནི། གང་ཞིག་བདུད་ལས་ རྒྱལ་བ་སངས་རྒྱས་ཆོས་སྟོན་པ་གསུང་རབ་འབའ་ཞིག་ཚད་མར་བཟུང་བའི་དབང་དུ་བྱས་ ཀྱི་རང་བཟོ་མེད་ལ། སེམས་རྣམ་པར་གཡེང་བ་མེད་པར་རྩེ་གཅིག་པའི་ཡིད་ཅན་ས་བཅུ་པ་ ལྟ་བུས་བཤད་ཅིང༌། འབྲས་བུ་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པའི་བསྟན་བཅོས་ རྒྱུད་བླ་མ་ལྟ་བུ་དེ་ཡང་དྲང་སྲོང་སངས་རྒྱས་ཀྱི་བཀའ་བཞིན་སྤྱི་བོས་བླང་བར་འོས་པ་ཡིན་ ཏེ་བཀའ་དང་འདྲ་བའི་ཕྱིར་རོ། ། གསུམ་པ་ཆོས་ལ་སྡང་བ་སྤང་བར་གདམས་པ་ལ་གསུམ་གྱི་དང་པོ་དག་པའི་ཐབས་ བསྟན་པར་གདམས་པ་ནི། གང་གི་ཕྱིར་རྒྱལ་བ་ལས་ཆེས་མཁས་པ་འགའ་ཙམ་ཡང་འཇིག་ རྟེན་འདི་ན་ཡོད་པ་མིན་ཏེ། ཤེས་བྱ་མ་ལུས་པའི་དེ་ཁོ་ན་ཉིད་མཆོག་ནི་ཚུལ་ཇི་ལྟ་བ་བཞིན་ དུ་ཀུན་མཁྱེན་གྱིས་མཁྱེན་གྱི་གཞན་གྱིས་མིན་པ་དེའི་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་ པའི་མདོ་སྡེ་གང་ཡིན་པ་དེ་ངན་རྟོག་གིས་བསྐྱེད་པའི་རང་བཟོས་མི་དཀྲུག་སྟེ་དབྲི་བསྣན་མི་ བྱའོ། །གལ་ཏེ་དཀྲུགས་ན་ཐུབ་པའི་གསུང་རབ་ཀྱི་ཚུལ་བཤིག་པའི་ཕྱིར་དེ་ཡང་དམ་པའི་ ཆོས་ལ་ནི་སྤངས་པའི་སྒོ་ནས་གནོད་པར་བྱེད་པར་འགྱུར་རོ། །ཆོས་སྤོང་བ་དེའི་རྒྱུ་གང་ཞེ་ ན། ཉོན་མོངས་པས་རྨོངས་པའི་བདག་ཉིད་ཀྱི་གང་ཟག་རྣམས་ཀྱིས་འཕགས་པ་ལ་འཕགས་ པ་མིན་ནོ་ཞེས་སྐུར་པ་འདེབས་པ་དང༌། འཕགས་པ་དེས་གསུངས་པའི་ཆོས་ལ་བརྙས་ཤིང་ 1-1-329 སྤོང་བ་གང་ཡིན་པ་དེ་ཀུན་རྟག་ཆད་ལ་སོགས་པར་མཐའ་གཅིག་ཏུ་བདེན་པར་ཞེན་པའི་ ལྟ་བས་བྱས་ཤིང་བསྐྱེད་དོ། །རྒྱུ་ཞེན་ལྟ་ཡིན་པ་དེས་ན་ཞེན་ལྟའི་དྲི་མ་ཅན་དེ་ལ་བློ་མི་སྦྱོར་ ཏེ་སྦྱར་ན་དེ་ལས་ཆོས་སྤོང་བ་སྐྱེ་ཞིང་དེ་ལས་སྡུག་བསྔལ་འབྱུང་བས་སོ། །དེ་ཡང་དཔེར་ན་ གོས་གཙང་མ་ཚོན་གྱིས་རྣམ་པར་བསྒྱུར་ནུས་ཀྱི་སྣུམ་གྱིས་གོས་པའི་དྲི་མ་ཅན་བསྒྱུར་ནུས་ པ་མིན་པ་བཞིན་དུ་བློ་ལ་ཞེན་ལྟའི་དྲི་མ་མེད་ན་ཡང་དག་པའི་ལྟ་བར་བསྒྱུར་ནུས་ལ་ཡོད་ན་ མི་ནུས་པའི་ཕྱིར་རོ། ། གཉིས་པ་ཉམས་པའི་རྒྱུ་བཤད་མིན་བསྟན་པ་ནི། ཅིའི་ཕྱིར་ཆོས་སྤོང་ཞེ་ན་རྒྱུ་བཅུའི་ ཕྱིར་ཏེ། བློ་གྲོས་དམན་པས་དོན་མ་རྟོགས་པའི་ཕྱིར་དང༌། དད་པ་ཆུང་བས་དཀར་པོའི་ཆོས་ ལ་མོས་པ་བྲལ་བའི་ཕྱིར་དང༌། དོན་མ་རྟོགས་པ་ལ་རྟོགས་པར་རློམ་པས་ལོག་པའི་ང་རྒྱལ་ ལ་བརྟེན་པའི་ཕྱིར་དང༌། ཚེ་རབས་སྔ་མར་ཆོས་སྤོང་གི་ལས་བསགས་པས་ཚེ་འདིར་དམ་ པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་སྒྲིབ་པས་བསྒྲིབས་པའི་བདག་ཉིད་ཡིན་པའི་ཕྱིར་ དང༌། དྲང་བའི་དོན་གྱིས་གསུང་རབ་ལ་སྒྲ་ཇི་ལྟ་བ་དེ་ཉིད་དུ་འཛིན་པའི་ཕྱིར་དང༌། ཆོས་ལ་ གཙོ་བོར་མི་བྱེད་པས་ཟང་ཟིང་གི་རྙེད་པ་ལ་བརྐམ་པ་སྟེ་ཤིན་ཏུ་ཆགས་པའི་ཕྱིར་དང༌། གྲུབ་ མཐའ་ངན་པ་ལ་ཞུགས་པས་ལྟ་བ་ངན་པའི་དབང་དུ་སོང་བའི་ཕྱིར་དང༌། སྡིག་པའི་གྲོགས་ པོ་ལ་དགེ་བའི་བཤེས་གཉེན་དུ་འཛིན་པས་ཆོས་སུན་འབྱིན་པའི་གང་ཟག་ལ་བརྟེན་པའི་ ཕྱིར་དང༌། དགེ་བའི་བཤེས་གཉེན་མི་བསྟེན་པས་ཆོས་འཛིན་པའི་གང་ཟག་ཐག་བསྲིངས་ པའི་ཕྱིར་དང༌། དད་པ་ཅུང་ཟད་ཡོད་ཀྱང་ཟབ་ཅིང་རྒྱ་ཆེ་བའི་དོན་ལ་མི་མོས་པས་མོས་པ་ དམན་པའི་ཕྱིར་དགྲ་བཅོམ་ཆེན་པོ་སངས་རྒྱས་རྣམས་ཀྱི་ཆོས་སྤོང་བར་བྱེད་ལ། ཆོས་སྤངས་ པས་དོན་ཉམས་པར་འགྱུར་བའི་ཕྱིར་བཅུ་པོ་ནི་ཉམས་པའི་རྒྱུའོ། ། གསུམ་པ་དེ་གཉིས་ཀྱི་འབྲས་བུ་ནི། ཇི་ལྟར་ཟབ་མོའི་ཆོས་ལ་མོས་པ་ཉམས་པས་ 1-1-330 འཇིགས་པར་བྱ་བ་དེ་བཞིན་དུ། མཁས་པ་རྣམས་ཀྱིས་རང་ཉིད་སྲེག་པར་བྱེད་པའི་མེ་དང་ ནི་མི་བཟད་པའི་སྦྲུལ་གདུག་པ་དང་གསོད་པ་ལ་གཤེད་མ་དང་ནི་ཐོག་འབབ་པ་ལའང་ཤིན་ ཏུ་འཇིགས་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ན་མེ་དང་སྦྲུལ་དང་དགྲ་དང་རྡོ་རྗེའི་མེ་ཐོག་རྣམས་ ཀྱིས་ནི་ཚེ་འདིའི་སྲོག་དང་བྲལ་བ་ཙམ་བྱེད་དེ། དེ་རྣམས་ལས་ཕྱི་མ་མནར་མེད་རྣམས་ཀྱི་ འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་བར་མི་འགྱུར་ལ། ཆོས་སྤངས་པར་མནར་མེད་དུ་འགྲོ་ བའི་ཕྱིར་དང༌། གང་ཟག་གང་ཞིག་ཡང་དང་ཡང་ལྷའི་སྦྱིན་ལྟ་བུའི་སྡིག་གྲོགས་བསྟེན་པས་ རྒྱལ་པོ་མ་སྐྱེས་དགྲ་ལྟ་བུ་སངས་རྒྱས་དཀྲོང་བར་འདོད་པའི་ངན་སེམས་ལྡན་པར་གྱུར་ཏེ་སྐུ་ མཚལ་འབྱིན་པ་དང༌། ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་སྟེ་བྱ་བ་མིན་པ་གསུམ་བྱེད་ པ་དང༌། མཆོག་གི་ཚོགས་སམ་ཚོགས་ཀྱི་མཆོག་དགེ་འདུན་མཐུན་པ་འབྱེད་པ་འཁོར་ལོའི་ དབྱེན་བྱེད་པ་སྟེ་དེ་ལྟར་མཚམས་མེད་པ་ལྔའི་ལས་བྱེད་པའི་མི་དེ་ཡང་ཆོས་ཐམས་ཅད་ཀྱི་ ཆོས་ཉིད་སྟོང་པ་ཉིད་ངེས་པར་བསམ་ན་མྱུར་ཏུ་ལས་དེའི་འཆིང་བ་ལས་ཐར་པར་འགྱུར་བ་ མ་སྐྱེས་དགྲའི་འགྱོད་པ་བསལ་བ་བཞིན་ཡིན་གྱི། གང་ཞིག་ཡིད་ནི་ཐེག་པ་ཆེན་པོའི་ཆོས་ ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད་ཅེས་པ་མེད་དེ་ཉེས་པའི་གཉེན་པོ་མི་བསྟེན་པའི་ཕྱིར་རོ། ། བཞི་པ་བསྟན་བཅོས་བརྩམས་པའི་དགེ་བ་བསྔོ་བ་ལ་གཉིས་ཀྱི་དང་པོ་སྤྱི་དོན་ལ་ བརྒྱད་ཀྱི་དང་པོ་བསྔོ་རྒྱུའི་དགེ་བ་ནི། ཕལ་པོ་ཆེར། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །ཅེས་གསུངས་པས། སེམས་ཅན་ཀུན་ལ་ཡོད་ པའི་ཁམས་འདུས་མ་བྱས་ཀྱི་དགེ་བ་དང༌། འདས་པ་ན་བྱས་པ་དང་མ་འོངས་པ་ན་བྱེད་ པར་འགྱུར་བ་དང་ད་ལྟ་བྱེད་བཞིན་པའི་བསོད་ནམས་བྱ་བའི་དངོས་པོ་གསུམ་འདུས་བྱས་ ཀྱི་དགེ་བ་སྟེ་དེ་ཐམས་ཅད་བསྔོར་རུང་ངོ༌། །དེ་ལ་ཁ་ཅིག་ན་རེ། ཡུམ་དུ་གཟུགས་ནས་རྣམ་ མཁྱེན་གྱི་བར་ཁམས་གསུམ་དུ་གཏོགས་པ་མ་ཡིན་པ་དེ་མཚན་མའི་ཚུལ་དང་དམིགས་པའི་ 1-1-331 ཚུལ་གྱིས་བསྔོ་བར་མི་ནུས་པར་གསུངས་པས་ཁམས་བསྔོ་བར་མི་ནུས་སོ་ཞེ་ན། ལུང་དེ་ནི་ མཚན་མའི་ཚུལ་གྱིས་བསྔོ་མི་ནུས་པར་སྟོན་ཞིང༌། གནས་སྐབས་ཀྱང་བྱང་ཆུབ་སེམས་དཔའི་ བསྒོམ་ལམ་བསྔོ་བའི་སྐབས་སུ་གསུངས་པས་སྐབས་དེའི་བསྔོ་བ་ལ་མཚན་མ་དགག་པའི་ ཕྱིར་ཡིན་ལ། སྐབས་གཞན་དུ་དམིགས་པའི་ཚུལ་གྱིས་བསྔོ་བ་ཡང་མི་འགོག་ན་དམིགས་པ་ མེད་པའི་ཚུལ་གྱིས་བསྔོ་བ་ལྟ་ཅི་སྨོས་སོ། །འོ་ན་དེ་བསྔོ་བའི་སྒྲ་ནི་པ་རི་ཎ་ཏ་ཞེས་པ་ཡོངས་ སུ་བསྒྱུར་བ་ཡིན་པས་ཁམས་དེ་བསྔོ་ནུས་ན་བསྒྱུར་ནུས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ་ ཆོས་ཉིད་ཀྱི་ངོ་བོ་བསྒྱུར་དུ་མེད་ཀྱང་དྲི་བཅས་དྲི་མེད་དུ་བསྒྱུར་ནུས་ལ། དེ་མི་ནུས་ན་ཁམས་ དག་པས་བྱང་ཆུབ་འབྱུང་བར་གསུངས་པ་རྣམས་དང་འགལ་བའི་ཉེས་པ་འབྱུང་ངོ༌། །གཞན་ ཡང་ཁམས་བསྔོ་རྒྱུ་མིན་ན་འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །ཞེས་པའི་དོན་གང་ཡིན། འདུས་བྱས་ཀྱི་དགེ་བ་སྤྱིར་བསྟན་པ་ཡིན་ནོ་ཞེ་ན། བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་ དག་ཞེས་པ་དང་ཟློས་པའི་སྐྱོན་ཡོད་དེ་འདུས་བྱས་ཀྱི་དགེ་བ་ལ་གསུམ་པོར་མ་འདུས་པ་ མེད་པའི་ཕྱིར་རོ། །ཁོ་ན་རེ། ཇི་སྙེད་ཡོད་པ་འདུས་མ་བྱས་ལ་དགོངས་ན་ཇི་སྙེད་ཅེས་པ་ཚད་ སྟོན་པ་ཡིན་ལ་ཆོས་ཉིད་ཚད་དང་བྲལ་བས་འགལ་ལོ་ཞེ་ན། འོ་ན་མཐོང་ཕྱིར་ཇི་སྙེད་ཡོད་ པ་ཉིད། །ཅེས་སྔར་གསུངས་པ་འདི་ཡང་འགལ་བར་འགྱུར་བ་ལས་དེ་ལྟ་མ་ཡིན་ནོ། །དེས་ ན་ཇི་སྙེད་ཅེས་པ་ཐམས་ཅད་ཀྱི་དོན་ཡིན་པས་སྐྱོན་དེ་མེད་དོ། ། གཉིས་པ་བསྔོ་བའི་འབྲས་བུ་ནི། སངས་རྒྱས་ཏེ། ཡུམ་རྣམས་སུ། དགེ་བའི་རྩ་བ་ཐམས་ ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ་རང་སངས་ རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པའོ། །ཞེས་སོ། ། གསུམ་པ་ཆེད་དུ་བྱ་བ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཆེད་དུ་བསྔོ་སྟེ། སྡུད་པར། འགྲོ་བའི་དོན་དུ་བྱང་ཆུབ་ཕྱིར་ནི་ཐམས་ཅད་བསྔོ། །ཞེས་དང༌། ཀླུ་སྒྲུབ་ཀྱིས། 1-1-332 དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོ། ། བཞི་པ་བསྔོ་བའི་དཔང་པོ་ནི་སངས་རྒྱས་དང་བྱང་ཆུབ་ཐམས་ཅད་དེ། ཕུང་པོ་གསུམ་ པར། སངས་རྒྱས་བཅོམ་ལྡན་མངོན་སུམ་དུ་བྱས་ཏེ་ཡོངས་སུ་བསྔོ་བར་བྱའོ། །ཞེས་པ་ལྟར་ རོ། ། ལྔ་པ་བསྔོ་བའི་རྣམ་པ་ནི། མངོན་རྟོགས་རྒྱན་དུ། དེ་ནི་དམིགས་མེད་རྣམ་པ་ཅན། །ཞེས་ སོགས་ཀྱིས་ཅིར་ཡང་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་བསྔོ་བར་གསུངས་པ་རྣམས་ ནི་དོན་དམ་པའི་རྣམ་པས་བསྔོ་བ་ཡིན་ལ། འཇམ་དཔལ་གྱི་ཞིང་བཀོད་དུ། ཆོས་རྣམས་ ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་དག་སྨོན་ལམ་ཅི་བཏབ་ པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་སོགས་འདུན་པས་བསྔོ་བར་གསུངས་ པ་རྣམས་ནི་ཀུན་རྫོབ་ཀྱི་རྣམ་པས་བསྔོ་བ་ཡིན་ནོ། །དེ་གཉིས་ལས་དང་པོ་ནི་རྒྱལ་སྲས་ འཕགས་པའི་བསྔོ་ཚུལ་དང༌། ཕྱི་མ་ནི་སོ་སྐྱེའི་བསྔོ་ཚུལ་ལོ། ། དྲུག་པ་བསྔོས་པའི་ཕན་ཡོན་ནི། དགེ་བ་རྣམས་བྱང་ཆུབ་མ་ཐོབ་བར་དུ་མི་ཟད་ཅིང་ འཕེལ་བར་འགྱུར་བ་སྟེ། བློ་གྲོས་མི་ཟད་པས་བསྟན་པའི་མདོར། བཙུན་པ་ཤཱ་ར་དྭ་ཏིའི་བུ། དཔེར་ན་རྒྱ་མཚོ་ཆེན་པོར་ཆུའི་ཐིགས་པ་ལྷུང་བ་ནི་བསྐལ་པའི་མཐར་ཐུག་གི་བར་དུ་བར་ མ་དོར་ཡོངས་སུ་ཟད་པའམ་གཏུགས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ པའི་དགེ་བའི་རྩ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའི་ གཏུགས་པ་མེད་དོ། །ཞེས་སོ། ། བདུན་པ་བསྔོ་བའི་ཆོ་ག་ནི། བསྔོ་བའི་དཔང་པོ་དེ་རྣམས་ཀྱི་མདུན་དུ་རྒྱུ་འདིས་ཆེད་དུ་ བྱ་བ་འདི་དག་བསྔོ་བ་འདིར་གྱུར་ཅིག་ཅེས་སྔར་སྨོས་པའི་རྣམ་པས་ལན་གསུམ་དུ་བརྗོད་ པའོ། ། 1-1-333 བརྒྱད་པ་བསྔོ་བའི་རང་བཞིན་ནི། མདོ་སྡེ་རྒྱན་དུ། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །དེ་ནི་ཡེ་ཤེས་ཀྱིས་བསྐུལ་བ། །ས་རྣམས་ཀུན་ལ་མཉམ་ པ་མེད། །དེ་ནི་རྒྱུད་འགྱུར་ཤེས་བྱ་སྟེ། །སེམས་ཙམ་ལས་ནི་འགྲུབ་པའི་ཕྱིར། །སེམས་ལས་ མོད་ལ་འབྲས་བུ་ཅན། །དེ་ནི་མ་འོངས་དོན་འགྲུབ་བྱེད། །སྣ་ཚོགས་ཆེ་དང་བྱང་ཆུབ་པར། །ས་རྣམས་གོང་ནས་གོང་དུ་ནི། །རྣམ་དག་བྱང་ཆུབ་སེམས་དཔའ་ཡི། །རང་གཞན་དོན་རབ་ སྒྲུབ་བྱེད་ཡིན། །ཞེས་ཏེ། སེམས་པ་འདུན་པ་དང་མཚུངས་ལྡན་ངོ་བོ་དང༌། ཡེ་ཤེས་ཀྱིས་ གཞི་དང༌། ས་རྣམས་ཀྱིས་ས་བསྟན་ཏོ། །སེམས་ལས་མོད་ཁོ་ན་ལ་འབྲས་བུར་འགྱུར་བ་ དང་མ་འོངས་པ་ན། འདོད་པའི་དོན་འགྲུབ་པ་གཉིས་ཀྱི་སྤྱིར་རྒྱུར་གྱུར་པ་ཡིན་པར་བསྟན་ ལ། མོས་སྤྱོད་པ་བས་འདི་དང་འདིར་གྱུར་ཅིག །ཅེས་པ་སྣ་ཚོགས་དང༌། སར་ཞུགས་ཀྱི་སྨོན་ ལམ་ཆེན་པོ་བཅུ་ཆེ་བ་དང༌། བྱང་ཆུབ་ཀྱི་བར་དུ་ས་གོང་ནས་གོང་དུ་དག་པར་འགྱུར་བ་རྣམ་ པར་དག་པའི་སྨོན་ལམ་སྟེ་གསུམ་དབྱེ་བ་དང༌། རང་གཞན་གྱི་དོན་སྒྲུབ་པས་ལས་བསྟན་ཏོ། ། གཉིས་པ་གཞུང་དོན་ནི། དེ་ལྟར་རྒྱུད་བླ་མའི་བསྟན་བཅོས་བྱས་ཏེ། དཀོན་མཆོག་ གསུམ་དང་གདོད་ནས་རྣམ་པར་བྱང་བའི་ཁམས་དང་ཁམས་དེ་ལ་གློ་བུར་དྲི་མ་མེད་པ་བྱང་ ཆུབ་དང་དེའི་ཡོན་ཏན་དང་ཕྲིན་ལས་ཏེ་དོན་གྱི་གནས་རྣམ་པ་བདུན་ངེས་དོན་གསུང་རབ་ ཀྱི་ཚུལ་བཞིན་དུ་བཤད་པ་ལས་འཆད་པ་པོ་བདག་གིས་དགེ་བ་གང་ཐོབ་པ་དེས་ནི་འགྲོ་བ་ འདི་དག་ཐམས་ཅད། གནས་སྐབས་སུ་མཐའ་ཡས་པའི་འོད་མངའ་བའི་དྲང་སྲོང་མགོན་པོ་ ཚེ་དཔག་མེད་མངོན་སུམ་དུ་མཐོང་ཞིང་མཐོང་ནས་ཀྱང་ནི་ཆོས་ཀྱི་མིག་དྲི་མ་མེད་པ་མཐོང་ ལམ་སྐྱེས་ཏེ། མཐར་ཐུག་བྱང་ཆུབ་གསུམ་གྱི་མཆོག་ཏུ་གྱུར་པ་སངས་རྒྱས་ཐོབ་པར་ཤོག་ ཅིག 1-1-334 ལྔ་པ་དེ་རྣམས་བརྗོད་བྱ་བསྡུས་ཏེ་བསྟན་པ་ནི། རྒྱུ་གང་ལས་རྒྱུ་མཚན་ནམ་དགོས་ པ་གང་གི་ཕྱིར་ནི་དང་ཚུལ་ཇི་ལྟ་བུར་ནི་གང་གི་དོན་བཤད་པ་དང་གང་བཤད་པ་དེའི་རྒྱུ་ མཐུན་པ་ནི་གང་ཡིན་པ་དེ་རྣམས་དེ་ལྟར་ཡིད་ཆེས་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་ པ་བཞི་བསྟན་ཏོ། །གང་ཞིག་རྒྱལ་ལས་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་ཆོས་སྤོང་གི་ ལས་སྤང་བར་བསྐུལ་བས་བདག་ཉིད་ཉེས་པས་དག་པའི་ཐབས་དང༌། བློ་དམན་ཕྱིར་ཞེས་ སོགས་ཚིགས་བཅད་གཅིག་གིས་ཉམས་པར་བྱེད་པ་ཆོས་སྤོང་གི་རྒྱུ་དང༌། དེ་ནས་ཇི་ལྟར་ ཟབ་མོའི་ཞེས་སོགས་ཚིགས་སུ་བཅད་པ་ནི་གཉིས་ཀྱིས་དག་པའི་རྒྱུ་བསྟེན་པ་དང་ཉམས་པ་ གཉིས་ཀྱི་འབྲས་བུ་བསྟན་པ་ཡིན་ཏེ། ཚིགས་བཅད་དང་པོ་དང་གཉིས་པའི་རྐང་པ་ཕྱི་མས་ ཉམས་པའི་འབྲས་བུ་བསྟན་ལ། ཚིགས་བཅད་གཉིས་པའི་རྐང་པ་དང་པོ་གསུམ་གྱིས་ཆོས་ ཉིད་བསམས་ན་མཚམས་མེད་བྱས་པ་ཡང་ཐར་བར་གསུངས་པས་སོ། །དཀོན་མཆོག་ཅེས་ སོགས་ཚིགས་བཅད་གཅིག་གིས་ནི་འགྲོ་བ་ཐམས་ཅད་འོད་དཔག་མེད་ཀྱི་འཁོར་གྱི་དཀྱིལ་ འཁོར་དུ་སྐྱེས་ཏེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་མཐར་ཐུག་བྱང་ཆུབ་ཆེན་པོ་ཐོབ་ པར་བསྔོས་པས། ཆོས་འདི་བརྗོད་པའི་བསྔོ་བ་མདོར་བསྡུ་ན་གནས་སྐབས་དང་མཐར་ཐུག་ གི་འབྲས་བུ་རྣམ་པ་གཉིས་ནི་ཚིགས་བཅད་ཐ་མ་ཡིས་ནི་བསྟན་པ་ཡིན་ནོ། །ཐེག་པ་ཆེན་པོ་ རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས་ཕན་ཡོན་གྱི་སྐབས་ ཏེ་ལྔ་པའི་བཤད་པའོ།། །། གསུམ་པ་ནི། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཡོངས་སུ་རྫོགས་སོ། །དཔལ་ ཆེན་པོ་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་པཎྜི་ཏ་ མཁས་པ་ཆེན་པོ་སད་ཛ་ན་སྟེ་སྐྱེས་བུ་དམ་པ་དང༌། ལོ་ཙ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་ རབ་ཀྱིས་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བའོ།། །།འདིར་སྨྲས་པ། 1-1-335 ཐུབ་པའི་གསུང་རབ་ངེས་དོན་མཐར་ཐུག་འཁོར་ལོ་ཐ་མའི་དགོངས་པའི་དོན། ། ཐུབ་པའི་རྒྱལ་ཚབ་བྱམས་པས་གསལ་བར་བསྟན་པ་རྒྱུད་བླའི་གཞུང་འདི་ལ། ། ཐུབ་པའི་བསྟན་ལ་ཤིང་རྟའི་སྲོལ་འབྱེད་ཐོགས་མེད་གསུང་གི་རྗེས་འབྲངས་ནས། ། ཐུབ་པའི་ཆོས་ཚུལ་ཡུན་དུ་གནས་ཕྱིར་འགྲེལ་པ་འདི་ནི་ཁོ་བོས་བྱས། ། ཤིན་ཏུ་ལྐོག་གྱུར་ཁམས་ལས་སོགས་པའི་དོན། ། ཇི་བཞིན་འཕགས་པ་འགས་ཀྱང་མི་རྟོགས་ན། ། སོ་སོ་སྐྱེ་བོས་སྨོས་ཀྱང་ཅི་ཞིག་འཚལ། ། དེ་ཕྱིར་ནོངས་ན་མི་ཕམ་མགོན་ལ་བཤགས། ། འོན་ཀྱང་རྣམ་དག་མདོ་དང་བསྟན་བཅོས་དང༌། ། ཕྱོགས་ཞེན་སྤངས་ནས་རྣམ་དཔྱོད་རིགས་པས་བརྟགས། ། ཡུན་རིང་དུས་སུ་བློ་གྲོས་ཡང་དང་ཡང༌། ། སྦྱངས་པ་བྱས་ནས་བྲིས་ཕྱིར་ཅི་སྟེ་ནོར། ། དེས་ན་ཚུལ་འདི་ལེགས་བཤད་ཡིན་ཡང་འཁོར་ལོ་ཐ་མ་དྲང་དོན་དང༌། ། འཁོར་ལོ་བར་བ་ངེས་དོན་ཡིན་ཞེས་ཐུབ་པའི་གསུང་ལས་བཟློག་ནས་ནི། ། སྨྲ་བ་དེ་དག་ལེན་པ་མིན་མོད་དེ་ལྟ་ན་ཡང་ཚེ་རབས་སུ། ། ཚོགས་གཉིས་བསགས་པས་ཚེ་འདིར་ངེས་དོན་ཆོས་ལ་མོས་རྣམས་ཅིས་མི་ལེན། ། འདིར་འབད་དགེ་བ་རྣམ་འཕེལ་ཤིང་རྟ་ཡིས། ། འགྲོ་བའི་འགྲོན་པ་སྲིད་ལམ་དུབ་པ་རྣམས། ། མཐའ་གཉིས་སྤངས་པ་དབུ་མའི་ལམ་བཟང་ནས། ། བྱང་ཆུབ་ཆེན་པོའི་གྲོང་དུ་ཕྱིན་བྱེད་ཤོག ། 1-1-336 ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག ། དགའ་ལྡན་གནས་མཆོག་བྱམས་པའི་ཞབས་དྲུང་དུ། ། བརྫུས་ཏེ་སྐྱེས་ནས་ཐེག་ཆེན་ཆོས་སྤྱོད་ཅིང༌། ། སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་པ་བཀའ་འཁོར་ལོ་ཐ་མའི་གསལ་ བྱེད་ཅེས་བྱ་འདི་ནི། ཆོས་སྨྲ་བའི་དགེ་སློང་བསོད་ནམས་གྲགས་ལ། དོན་དུ་གཉེར་བ་ཆེན་ པོ་དང་ལྡན་ཞིང༌། བྱམས་པའི་ཆོས་ལ་བློ་གྲོས་ཤིན་ཏུ་བྱང་བའི་སྡེ་སྣོད་འཛིན་པ་ཆེན་པོ་ཆོས་ གྲུབ་དཔལ་བཟང་པོས་གསོལ་བ་བཏབ་པའི་ངོར་དབེན་གནས་དཔལ་སྡིངས་སུ་སྦྱར་པའོ། །སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། འདིས་ཇི་སྲིད་བསྐལ་པ་མ་སྟོང་ བར་དུ་བསྟན་པ་རིན་པོ་ཆེ་ལ་འགྲོ་བའི་དོན་འཕེལ་ཞིང་རྒྱས་པར་ཤོག་ཅིག། འདི་འབྲི་བ་ རྣམས་ཀྱིས་ཞུས་དག་ལེགས་པར་ཐེངས་མང་པོ་མཛད་པར་ཞུ་ཞེས་ཐལ་མོ་སྦྱར་རོ། །གནས་ སྐབས་སུ་བཀྲ་ཤིས་དང་བདེ་ལེགས་ཀྱིས་ཁྱབ་པར་གྱུར། མ་ཡིག འབྲས་དཔེ་རྙིང་ཕྱི་ཚ།༡༢༡ ཡིན། དོགས་པ་ཡོད་རིགས་རྣམས་ཟུར་དུ་རྟགས་འདིའི་[ ]ནང་དུ་དཔྱད་གཞིའི་ཚུལ་དུ་བཀོད་ཡོད། 1-1-337 ༄༅། །ཆོས་རྗེ་ཞང་སྟོན་ཆེན་པོས་མཛད་པའི་བསྙེན་པར་ རྫོགས་པའི་ཆོ་ག་དང་སེམས་བསྐྱེད་ བཞུགས་སོ། ། ༄༅། །ན་མས་སརྦ་ཛྙཱ་ཡ། གང་གིས་བསྐལ་པ་གྲངས་མེད་གསུམ། །ཕར་ཕྱིན་དྲུག་སྤྱད་བྱང་ཆུབ་བརྙེས། །ཟས་གཙང་ སྲས་པོ་ཐུབ་པ་ཆེ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན། རྟེན་ དང་མཆོད་པ་ལ་སོགས་པའི་སྟ་གོན་ཚང་བར་བསྒྲུབས་ཏེ། མཁན་པོ་ཉིད་དུ་ཕྱོགས་པར་གྱུར་པས་འདི་སྐད་བརྗོད་པར་བྱའོ།། ཁྱོད་རེ་ཤིག་ཕྱག་བྱ་མི་དགོས་ཀྱིས་དེར་ཙོག་ཙོག་པོར་ཐལ་མོ་སྦྱར་ཏེ་མ་གཡེངས་པར་གྱིས་ ཤིག ཁྱོད་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་བྱེད་པ་ལ་རྒྱུད་བར་ཆད་དང་མི་ལྡན་པ་ གཅིག་དགོས་པས། ཁོ་བོས་བར་ཆད་ཀྱི་ཆོས་འགའ་ཞིག་འདྲི་བར་བྱེད་པས་ལན་དྲང་པོར་ ཐོབ་ཅིག ཁྱོད་མུ་སྟེགས་ཅན་མ་ཡིན་ནམ། མ་ཡིན་ལགས་ཞེས་ལན་གདབ། དེ་བཞིན་དུ། ལོ་བཅོ་ལྔ་མ་ལོན་པ་མ་ཡིན་ནམ། ལོ་བཅོ་ལྔ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་མ་ཡིན་ནམ། བྱ་རོག་སྐྲོད་ནུས་པ་ལོ་བདུན་མ་ལོན་པ་མ་ཡིན་ནམ། བྲན་ལ་སོགས་པ་མ་ཡིན་ནམ། བུ་ ལོན་ཆགས་པ་མ་ཡིན་ནམ། ཕ་མས་མ་གནང་བ་མ་ཡིན་ནམ། ཕ་མས་མ་གནང་བ་ཡུལ་ཐག་ མི་རིང་བ་མ་ཡིན་ནམ། ནད་པ་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། སྤྲུལ་བ་མ་ཡིན་ནམ། དུད་འགྲོ་མ་ཡིན་ ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ 1-1-338 ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་ བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་མ་ཡིན་ནམ། ཕམ་པར་གྱུར་པའི་ལྟུང་བ་ བཞི་པོ་དག་ལས་གང་ཡང་རུང་བ་བྱུང་བ་མ་ཡིན་ནམ། རྒྱུ་ལས་ཟློག་པའི་ཆད་པ་ཁས་མི་ ལེན་པ་གནས་ནས་བྱུང་བ་མ་ཡིན་ནམ། ལག་རྡུམ་ལ་སོགས་པ་མ་ཡིན་ནམ། སྐྲ་སེར་ལ་ སོགས་པ་མ་ཡིན་ནམ། སེན་མོ་གཅིག་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་ མ་ཡིན་ནམ། རྒྱལ་པོས་མ་གནང་བ་མ་ཡིན་ནམ། རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་ མ་ཡིན་ནམ། ཆོམ་རྐུན་བར་གྲགས་པ་མ་ཡིན་ནམ། ཕུང་ཁྲོལ་བ་མ་ཡིན་ནམ། ལྷམ་མཁན་ པ་མ་ཡིན་ནམ། གདོལ་པ་མ་ཡིན་ནམ། གཡུང་པོ་མ་ཡིན་ནམ། མི་མ་ཡིན་པའི་འགྲོ་བ་པ་མ་ ཡིན་ནམ། བྱང་སྒྲ་མི་སྙན་པ་མ་ཡིན་ནམ། མཚན་ལན་གསུམ་དུ་གྱུར་པ་མ་ཡིན་ནམ། སྐྱེས་ པ་འདྲ་བའི་བུད་མེད་མ་ཡིན་ནམ། །སྡིགས་སྡིགས་ལྟ་བུའི་མཚན་ཉིད་ཅན་མ་ཡིན་ནམ། གླིང་གཞན་ནས་སྐྱེས་པའི་ཚུལ་བྱད་མི་འདྲ་བ་མ་ཡིན་ནམ། ཞེས་འདྲི་བར་བྱའོ། །དེ་ལྟར་ ཁྱེད་བར་ཆད་དང་མི་ལྡན་པར་རབ་ཏུ་དབྱུང་དུ་རུང་བ་འདུག་པས་སྟོན་པ་སངས་རྒྱས་ཀྱི་སྐུ་ འདི་ལ་ཕྱག་གསུམ་གྱིས། ཁོ་བོ་ལའང་ཕྱག་གསུམ་གྱིས་ལ་དེར་ཙོག་ཙོག་པོར་ཐལ་མོ་སྦྱོར་ ལ་འདུག་ཅིག སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི། རྒྱ་མཚོ་ཆེན་པོའམ་རིན་པོ་ཆེ་ཆེན་ པོ་དང་འདྲ་སྟེ། རྒྱ་མཚོ་བགས་ཀྱིས་གཞོལ་ཞིང་རི་བོ་ལ་བྱིན་གྱིས་འཛེག་པ་ལྟར། སངས་ རྒྱས་ཀྱི་བསྟན་པ་ལ་ཡང་རིམ་གྱིས་འཇུག་དགོས་པས་ཐོག་མར་དགེ་བསྙེན་ལ་སློབ་དགོས་ དེ་ལེན་པའི་བསམ་པ་འདི་ལྟར་གྱིས། ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ འདི་སྤང་པའི་ཐར་པ་མྱ་ངན་ལས་འདས་པ་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་དགེ་བསྙེན་ གྱི་སྡོམ་པ་མཐའ་དག་བླངས་ལ་ད་ནས་མ་ཤི་བར་དུ་བསྲུང་སྙམ་པ་བྱ། དེ་ཡང་ལྷ་དཀོན་ མཆོག་གསུམ་ལ་སྐྱབས་འགྲོ་བྱས་ལ་བླང་སྙམ་པ་གྱིས་ལ་ཁོ་བོའི་རྗེས་སུ་ལད་མོ་གྱིས་ཤིག 1-1-339 བཙུན་པ་དགོངས་སུ་གསོལ། ཞེས་སམ། སྔར་ཆོས་འབྲེལ་ཡོད་ན་སློབ་དཔོན་ཞེས་བརྗོད་དེ། བདག་མིང་འདི་ ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་ སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་ སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་བཟུང་དུ་གསོལ། ཞེས་ལན་གཉིས་སུ་བཟླས། གང་ལྟར་ ཡང་གསུམ་པའི་མཐར། སློབ་དཔོན་གྱིས་བཟུང་དུ་གསོལ། ཞེས་བརྗོད་ཅིང་། སློབ་དཔོན་གྱིས་ཐབས་ཡིན་ནོ། །ཞེས་དང༌། སློབ་མས་ལེགས་སོ། །ཞེས་བྱའོ། །དེས་སྡོམ་པའི་ངོ་བོ་སྐྱེས་པ་ཡིན། བསླབ་བྱ་འདི་རྣམས་ ལ་སློབ་སྙམ་པ་གྱིས་ལ། ཡང་ལད་མོ་གྱིས་ཤིག སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་ འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་ གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་འདི་ ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་ པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ ལ་རྗེས་སུ་སློབ་པོ། །རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་དོ། །གཞན་ཡང་འཕགས་པ་དགྲ་ བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་ གཡེམ་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་གྱུར་པ་ བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་གྱུར་པ་བག་མེད་ པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་ པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་གྱུར་པ་བག་མེད་ པའི་གནས་སྤངས་ཏེ། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་གྱུར་པ་བག་མེད་པའི་ 1-1-340 གནས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་ལྔ་པ་འདི་དག་བདག་འཕགས་པ་དགྲ་བཅོམ་ པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་དོ། །ཞེས་ལན་ གཅིག་བཟླས་སོ། །ཐབས་ཡིན་ནོ། །ལེགས་སོ་དང་བཅས་པའོ། །དེ་ནས་ལག་ལེན་ཤེས་པའི་དགེ་སློང་གཅིག་ ལ། ཚེ་དང་ལྡན་པ་འདི་དགེ་འདུན་ལ་རབ་ཏུ་བྱུང་བའི་གནང་བ་ཞུ་བ་གཅིག་མཛོད། ཅེས་བྱས། དེས་ཅི་ཚེ་དང་ལྡན་པ་འདིའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ། ཞེས་འདྲི། ལན་དུ། དག་ གོ་ཞེས་མཆི་ཞིང་འདུག་ཅེས་བརྗོད་པར་བྱའོ། །དེ་ནས། བསྐོས་པ་དེས་རབ་ཏུ་འབྱུང་བར་འདོད་པ་དེ་དགེ་འདུན་ལ་ ཕྱག་གསུམ་འཚལ་དུ་གཞུག གལ་ཏེ་རྟགས་ཅན་ཞིག་ཡིན་ན། འདི་གོས་དཀར་པོ་ཕྱི་རོལ་ཏུ་གྱོན་པའི་ཐ་མ་ ཡིན་ནོ། །ཞེས་བརྗོད་དེ། གོས་དཀར་པོ་གཅིག་བསྐོན་ནས་ཐལ་མོ་སྦྱར་ཏེ་ཙོག་ཙོག་པུར་འདུག་ཏུ་བཅུག་སྟེ། བདག་ཉིད་རྒན་པའི་མཐའ་ལོགས་སུ་འགྲེངས་ཏེ་འདུད་པ་དང་བཅས་པས། དགེ་འདུན་བཙུན་པ་རྣམས་དགོངས་ སུ་གསོལ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་ བར་འཚལ་ཏེ། ཁྱིམ་པ་གོས་དཀར་པོ་ཅན་སྐྲ་དང་ཁ་སྤུ་བྲེགས་པ་ལས། ལེགས་པར་གསུང་ པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་བར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་རབ་ཏུ་འབྱུང་ བར་འཚལ་ཞིང་སྐྲ་དང་ཁ་སྤྲུ་བྲེགས་ནས། གོས་ངུར་སྨྲིག་བགོས་ཏེ་ཡང་དག་པ་ཁོ་ནར་དད་ པས་ཁྱིམ་ནས་ཁྱིམ་མེད་པར། མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་སྟེ། དེ་ ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན་ཅི་དེ་རབ་ཏུ་དབྱུང་ངམ། ཞེས་ལན་གཅིག་བརྗོད། དགེ་འདུན་རྣམས་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ། །ཞེས་བརྗོད་དོ། །དེ་ཡང་ གཅིག་གི་དབང་དུ་བྱས་པ་སྟེ། གཉིས་སམ་གསུམ་ལ་འདི་དག འདི་རྣམས་ཁོ་ན་ཉིད། ཁོང་རྣམས་ཉིད་ཅེས་ སྐབས་དང་སྦྱར། གནས་ཁང་སོ་སོ་ལ་འཁོད་པ་ལ་ཞུ་ན། དགེ་སློང་རེ་རེའི་དྲུང་དུ་ལན་གསུམ་བརྗོད་ཅིང༌། བསྐོས་པ་ཉིད་དང་ བཅས་པའི་བཞི་འདུས་ན། ཙོག་པུར་འདུག་སྟེ། ལན་གསུམ་བརྗོད་པར་བྱའོ། །དེ་ནས་མཁན་པོ་ཉིད་དུ་ཕྱོགས་པར་གྱུར་པས་ ཁོ་བོ་ལ་ཕྱག་གསུམ་གྱིས་ལ་ཙོག་ཙོག་པོར་ཐལ་མོ་སྦྱར་ལ་འདུག་ཅིག ཁྱོད་རབ་ཏུ་བྱུང་བ་ 1-1-341 བྱེད་པ་དེ་རང་ཞུགས་སུ་བྱས་པས་མི་འོང་བས་མཁན་པོ་གཅིག་གི་འབྱིན་དགོས་དེ་ཡང་ མཁན་པོའི་ལེགས་པར་སྦྱར་བའི་སྒྲ་ལ་ཨུ་པ་དྷྱ་ཡི་ཞེས་འབྱུང་སྟེ། ཨུ་པ་དེ་ཉེ་བའི་དོན་ཡིན་ ལ། དེ་དྷ་ར་དང་སྦྱར་ན་ཉེ་བར་འཛིན་པ་སྟེ། བསམ་པ་ལྟོས་པ་དང་བཅས་པ་ཕ་དང་བུའི་ འདུ་ཤེས་ཀྱི་ཉེ་བར་འཛིན་པའི་དོན་གྱིས་མཁན་པོ་ཞེས་བྱ་སྟེ། དེ་ཡང་དགེ་སློང་བརྟན་ མཁས་ཀྱི་ཆོས་གཉིས་ལྡན་གཅིག་ལ་གསོལ་བ་ལན་གསུམ་བཏབ་ན། མཁན་པོ་ཉིད་དུ་ འགྱུར་བ་ཡིན་པས། སློབ་དཔོན་འདི་ལ་བདག་རབ་ཏུ་འབྱུང་བར་བྱེད་པའི་མཁན་པོར་ གསོལ་བ་བཏབ་སྙམ་པ་གྱིས་ལ་ལད་མོ་གྱིས་ཤིག སློབ་དཔོན་དགོངས་སུ་གསོལ། བདག་ མིང་འདི་ཞེས་བགྱི་བ། སློབ་དཔོན་ལ་མཁན་པོར་གསོལ་གྱིས་སློབ་དཔོན་བདག་གི་མཁན་ པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་བདག་རབ་ཏུ་དབྱུང་བར་བགྱིའོ། །ཞེས་ལན་གསུམ་ བརྗོད། གསུམ་པའི་མཐར་མཁན་པོ་མཁན་པོས་བདག་རབ་ཏུ་དབྱུང་བར་བགྱིའོ། །ཞེས་བརྗོད་ཅིང༌། ཐབས་ཡིན་ནོ། །ལེགས་སོ་དང་བཅས་པ་བྱའོ། །དེ་ནས་གཙུག་ཕུད་འབྲེག་པ་ལ་སོགས་པ་གྱིས་ ཤིག་ཅེས་བསྐོའོ། །(བསྐོས་པའི་དགེ་སློང་དེས་གཡོན་པས་ཆུ་བུམ་དང་སྐྲ་གྲི་འཛིན་ཅིང་གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་ བསྒྲུབ་བྱའི་སྤྱི་བོར་གཏུགས་ཏེ།) དེ་ནས་ཀྱང་མིང་འདི་ཞེས་བྱ་བ་ཁྱོད་གཙུག་ཕུད་འབྲེག་པར་སྤྲོ་འམ། ཞེས་འདྲི། དེས་ཀྱང་སྤྲོའོ་ཞེས་བརྗོད། དེ་ནས་གཙུག་ཕུད་བྲེགས་ཏེ་ཁྲུས་བྱའོ། །(མཁན་པོས། དཀར་ཕྱོགས་ལ་མངོན་པར་ དགའ་བའི་ལྷ་རྣམས་དགྱེས་པ་ཆེན་པོ་མཛད་དུ་གསོལ།)དེ་ནས་མཁན་པོའི་རྐང་པ་ལ་གཏུགས་པའི་ཕྱག་ གསུམ་བྱས་ནས་ཙོག་ཙོག་པོར་འདུག་པ་ལ་རྟགས་དང་ཆ་ལུགས་སྦྱིན་པར་བྱ་སྟེ། དེ་ཡང་བླ་གོས་ལག་ཏུ་གཏད་ དེ་གཉིས་ཀས་བཟུང་ལ། འདི་སྟོད་དུ་རྒྱུན་དུ་གྱོན་པར་བྱེད་པའི་ཆོས་གོས་བླ་གོས་ཞེས་བྱ་བ་སྦྲང་བུ་ དང༌། ཤ་སྦྲང་དང་ཉི་མ་ལ་སོགས་པའི་རེག་པ་ལས་ཀྱང་སྐྱོབ། དགེ་སྦྱོང་གི་དྲན་པ་གསོ་བྱེད་ ཡིན་ཏེ། གོས་འདི་ལྟ་བུ་གྱོན་ནས་དགེ་སྦྱོང་ཡིན་སྙམ་དུ་མ་བརྗེད་པར་བྱེད། དགེ་སྦྱོང་ཞེས་ པ་སེམས་ཀྱི་སྐྱོན་བག་ཆགས་དང་བཅས་པ་སྤངས་པ་ཡིན་པས་དེ་སྤོང་བའི་དྲན་པ་བསྐུལ་ 1-1-342 བའི་གོས་སུ་བཅང་སྙམ་པ་གྱིས་ཤིག ཅེས་བརྗོད་དེ་བསྐོན་ཟིན་པའི་ཚེ་ཀུན་གྱིས་ཀྱང་། ཐར་པའི་རྒྱལ་ མཚན་བརྟན་པར་གྱུར་ཅིག ཚངས་པར་སྤྱོད་པ་ཚེའི་མཐར་ཕྱིན་པར་གྱུར་ཅིག ཚུལ་ཁྲིམས་ ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག ཚེ་རབས་ཐམས་ཅད་དུ་རབ་ཏུ་བྱུང་བ་ཐོབ་པར་ གྱུར་ཅིག ཅེས་སྨོན་ལམ་གདབ་པོ། །དེ་ནས་མཐང་གོས་གཏད་དེ། འདི་སྨད་ལ་རྒྱུན་དུ་གྱོན་པར་བྱེད་པའི་ ཆོས་གོས་མཐང་གོས་ཞེས་བྱ་བ་སྨད་གཅེར་བ་ཡང་སྤོང༌། སྦྲང་བུ་དང༌། ཤ་སྦྲང་དང༌། ཉི་མ་ ལ་སོགས་པའི་རེག་པ་ལས་ཀྱང་སྐྱོབ། དགེ་སྦྱོང་གི་དྲན་པ་གསོ་བྱེད་ཡིན་པས་དེ་ལྟ་བུའི་ གོས་སུ་བཅང་སྙམ་པ་གྱིས་ཤིག ཅེས་བརྗོད་དེ་བསྐོན། གདིང་བ་ལག་ཏུ་གཏད་དེ། འདི་ཆོས་གོས་གདིང་ བ་ཞེས་བྱ་བ་ཡིན་ཏེ། དགེ་འདུན་ནམ་གང་ཟག་གི་གནས་མལ་ཁྲ་མོ་ཕལ་ཆེར་མ་ཉམས་པ་ ལ། ལོངས་སྤྱོད་པའི་ཚེ་འདི་ལྟ་བུ་རེས་སྐྱབས་ལ་སྤྱད་དགོས་པས་དེ་ལྟ་བུའི་ཆེད་དུ་བཅང་ སྙམ་པ་གྱིས་ཤིག ཅེས་བརྗོད། ཆུ་ཚགས་གཏད་དེ། འདི་ཆུ་ཚགས་ཞེས་བྱ་བ་ཡིན་ཏེ། སོ་སོར་ཐར་ པའི་སྡོམ་པ་སྤྱིའི་མཚན་ཉིད། གཞན་ལ་གནོད་འཚེ་གཞི་དང་བཅས་པ་ལས་ལོག་པ་ཡིན་ པས་སྤྱིར་སེམས་ཅན་ཐམས་ཅད་ལ་གནོད་པ་སྤོང་དགོས། ཁྱད་པར་དུ་ཆུ་ལ་ལོངས་སྤྱོད་ པའི་ཚེ། སྲོག་ཆགས་ཡོད་དམ་མེད་བརྟགས་ནས་མེད་ན་སྤྱོད། མེད་པ་མ་རྙེད་ན་འདི་ལྟ་བུ་ རེས་ཆུ་བཙགས་ནས་སྲོག་ཆགས་ལ་མི་གནོད་པར་བྱེད་པའི་ཆེད་དུ་བཅང་དགོས་པ་ཡིན་ པས་དེ་ལྟ་བུའི་ཆེད་དུ་བཅང་སྙམ་པ་གྱིས་ཤིག ཅེས་བརྗོད་དོ། །ལྷུང་བཟེད་གཏད་དེ། འདི་ལྷུང་བཟེད་ ཞེས་བྱ་བ་ཡིན་ཏེ། ཟས་ལྷུང་པ་ཡང་བཟེད་པར་བྱེད། མཐའ་གཉིས་སྤངས་པའི་བསོད་ སྙོམས་སྤྱོད་པའི་བརྡར་ཡང་འགྱུར། བསོད་སྙོམས་སྤྱོད་པའི་སྣོད་དུ་ཡང་འགྱུར། དུས་གསུམ་ གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྣམས་པའི་སྣོད། གཙོ་བོའི་དགོངས་པ་ལྷུང་བཟེད་ཟས་ ཀྱི་སྣོད་ཡིན་པ་ལྟར་རང་གི་རྒྱུད་ཡོན་ཏན་གྱི་སྣོད་དུ་རུང་བར་བྱེད་པའི་བརྡར་འཆང་བ་ཡིན་ པས་དེ་ལྟ་བུའི་སྣོད་དུ་བཅང་སྙམ་པ་གྱིས་ཤིག ཅེས་བརྗོད། དེ་ནས་གྲོགས་བྱེད་པས་གོས་བསྐོན་ཏེ་དེའི་ཚེ་ 1-1-343 མཚན་གཉིས་པ་ལ་སོགས་པ་ཡིན་མིན་མ་ཚོར་བར་བརྟགས་ནས། མཁན་པོ་ལ་བར་ཆད་དང་མི་ལྡན་པར་གདའ་ ལགས་ཞེས་བརྗོད་པར་བྱའོ། །དེ་ནས་སྟོན་པ་སངས་རྒྱས་དང་མཁན་པོ་ལ་ཕྱག་གསུམ་ གསུམ་བྱེད་དུ་བཅུག་ནས་ཐལ་མོ་སྦྱར་ཞིང་ཙོག་ཙོག་པོར་འདུག་དུ་བཅུག་སྟེ། སྐབས་འདིར་ བར་མ་རབ་ཏུ་བྱུང་བའི་དངོས་གཞི་བྱེད་པ་ཡིན་རབ་ཏུ་བྱུང་བ་བྱེད་པ་ནི་ཤིན་ཏུ་ལེགས་ཏེ། ཁམས་གསུམ་འཁོར་བ་འདི་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན། ལུང་ལས། གང་ ཕྱིར་མི་གནས་ལྷ་རྣམས་མི་བཟང་སྟེ། །འཚོ་བ་ཐུངས་པའི་མི་རྣམས་མི་བཟང་སྟེ། །གང་ན་ཞི་ མེད་སྲིད་པ་མི་བཟང་སྟེ། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་། །ཞེས་གསུངས་ པས། འཁོར་བ་སྤངས་པའི་ཐར་བ་མྱ་ངན་ལས་འདས་པ་ཐོབ་པར་བྱ་དགོས། ཐར་བ་ཐོབ་ པར་བྱེད་པ་ལ་ཆོས་བྱེད་དགོས། ཁྱིམ་པའི་རྟེན་ལ་ཡང་ཆོས་ཅུང་ཟད་བྱར་ཡོད་མོད་ཀྱི། ཆོས་ རྣལ་མར་བྱེད་པ་ལ་རབ་ཏུ་བྱུང་བ་བྱེད་དགོས་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ ཀྱང་རབ་ཏུ་བྱུང་བའི་རྟེན་ལ་སངས་རྒྱས་པ་ཡིན། མདོ་ལས་ཀྱང༌། ཁྱིམ་ལ་གནས་པ་ནི་ཁང་ པ་མེ་འབར་བ་ན་གནས་པ་དང་འདྲ། རབ་ཏུ་བྱུང་བ་ནི་བསིལ་བའི་ཁང་པ་ན་གནས་པ་དང་ འདྲ་བ་ལ་སོགས་པའི་ཁྱད་པར་མང་པོར་གསུངས་པས། ཁྱད་པར་ཅན་གྱི་རབ་བྱུང་དེ་བྱེད་ པའི་སྐབས་འདིར་བརྗེ་བ་རྣམ་པ་གསུམ་བྱ་སྟེ། རྟགས་བརྗེ། མིང་བརྗེ། བསམ་པ་བརྗེ་བའོ། །རྟགས་བརྗེ་བ་ནི་ཁྱིམ་པའི་རྟགས་རྣམས་དོར་ནས་རབ་ཏུ་བྱུང་བའི་རྟགས་སུ་བྱེད་པ་ཡིན་ པས། ལུས་ཀྱི་ཕྱི་བྱད་ཀྱི་རྟགས་སྐྲ་དང་ཁ་སྤུ་བྲེགས་ཤིང་ཁྲུས་བྱས་པ་དང༌། གོས་ཀྱི་རྟགས་ ཆོས་གོས་རྣམ་པ་གཉིས་རུང་ཞིང་ཚད་དང་ལྡན་པ་དང༌། གདིང་བ་དང་ཆུ་ཚགས་མཁན་པོའི་ ཚིག་གིས་བྱིན་པ་དང༌། སྣོད་སྤྱད་ཀྱི་རྟགས་རུང་ཞིང་ཚད་དང་ལྡན་པའི་ལྷུང་བཟེད་མཁན་ པོའི་ཚིག་གིས་བྱིན་པ་རྣམས་དགོས་ཏེ་ཚང༌། མིང་བརྗེ་བ་ནི། མཁན་པོའི་མིང་མཐའ་ཅན་ ཞེས་པ། ད་ལྟར་གྱི་མཁན་པོའམ། སྔོན་གྱི་མཁན་པོའི་མིང་མཐའ་ཅན་ཏེ། འོད་དམ། གྲགས་ 1-1-344 པའམ། བཟང་པོའི་མཐའ་ཅན་ལ་སོགས་པ་དགོས་པ་ཡིན་པས། ཁྱོད་ཀྱི་མིང་ཆེ་གེ་ཞེས་ བྱའོ་ཞེས་མིང་འདོགས་པར་བྱ། རྟགས་དང་མིང་བརྗེ་བའི་དགོས་པ་བསམ་པ་བརྗེ་བ་ཡིན་ པས། སྔོན་ཆད་ཚེ་འདིར་ལོངས་སྤྱོད་ཆེ་བ་དང༌། གཏམ་སྙན་པ་ལ་སོགས་པ་སྒྲུབ་བྱར་བྱེད་ པ་དེ་ད་ནི་དོར་ནས། སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་དོན་བྱ། དེ་ཡང་ལྷ་མི་ཐོབ་ཀྱང་འཁོར་བའི་སྡུག་ བསྔལ་ལས་མ་འདས་པས་འཁོར་བ་སྤངས་པའི་ཐར་བའི་མཆོག་སངས་རྒྱས་ཐོབ་པར་བྱ། དེའི་ཐབས་སུ་སྔོན་སངས་རྒྱས་ཤཱཀྱ་ཐུབ་པ་ཁབ་ནས་རབ་ཏུ་བྱུང་བ་བཞིན། བདག་ཀྱང་ རབ་ཏུ་བྱུང་བ་བྱ་སྙམ་དུ་བསམ། དེ་ཡང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱས་ལ་བྱ་སྙམ་ པ་གྱིས་ལ་ལད་མོ་གྱིས་ཤིག མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་ བས། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་ རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་ མཆིའོ། །ཚོགས་རྣམས་ཀྱི་མཆོག དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་ སེང་གེ། ཤཱཀྱའི་རྒྱལ་པོ་གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་བདག་ཀྱང་རབ་ཏུ་འབྱུང་སྟེ། ཁྱིམ་པའི་རྟགས་སྤོང་ངོ༌། །རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། །ཞེས་ལན་གསུམ་བརྗོད་ དེ། ཐབས་ཡིན་ནོ་ལེགས་སོ་དང་བཅས་པའོ། །དེ་ནས་མཁན་པོས། དགེ་སློང་སློབ་དཔོན་དུ་འོས་པ་ལ། ཚེ་དང་ ལྡན་པ་མིང་འདི་ཞེས་བྱ་བ་ལ་དགེ་ཚུལ་གྱི་སྡོམ་པ་གནང་བར་ཞུ། ཞེས་བརྗོད། དེས་ཅི་འདིའི་ བར་ཆད་ཡོངས་སུ་དག་གམ། ཞེས་དྲི་ཞིང༌། ལན་དག་ཟེར་ཞིང་འདུག ཅེས་བརྗོད་དོ། །དེ་ནས་སྟོན་པ་ སངས་རྒྱས་དང་སློབ་དཔོན་ལ་ཕྱག་གསུམ་གསུམ་བཙལ་ནས་འདུག་ཏུ་བཅུག་སྟེ། ཁྱོད་དགེ་ ཚུལ་སྒྲུབ་པར་བྱེད་པ་ལ། ཆོ་ག་སྦྱོར་བ་དང༌། དངོས་གཞི། རྗེས་གསུམ་ལས། དེ་ཡན་ཆད་དུ་ སྦྱོར་བ་སོང་ནས། 1-1-345 དངོས་གཞིའི་སྐབས། དེ་ཡང་དགེ་ཚུལ་གྱི་སྡོམ་པ་དེ་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ ཚང་བ་ལ་སྐྱེ་བ་ལས་འགལ་རྐྱེན་བར་ཆད་དང་མི་ལྡན་པར་གཅིག་དགོས་ཏེ། མཁན་པོས་ བར་ཆད་དྲིས་ཤིང་མི་ལྡན་པར་བརྟགས་པ་དེ་ཡིན། མཐུན་རྐྱེན་ལྔ་ལས་ཡུལ་མཐུན་པའི་ རྐྱེན་སངས་རྒྱས་བསྟན་པའི་བདག་པོའི་སྐུ་གཟུགས་དང༌། ཆོས་ལུང་གི་ཆོས་དང༌། དགེ་ འདུན་ཞུ་བའི་དུས་ན་ཡུལ་དགེ་འདུན་དུ་ལོངས་པ་དང༌། མཁན་པོ་བཙུན་ཞིང་བརྟན་པའི་ ཡན་ལག་ཏུ་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་ཞིང་མཁས་ཤིང་ཕན་འདོགས་ཀྱི་ཡན་ ལག་ཏུ་ཡོན་ཏན་གྱི་ཆོས་ལྔ་ཚན་དུ་སྦྱར་བ་ཉི་ཤུ་རྩ་གཅིག་ལས་གང་ཡང་རུང་བ་དང་ལྡན་ པ་དང༌། སློབ་དཔོན་བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་ཞིང་དགེ་ཚུལ་གྱི་སྡོམ་པ་འབོགས་ པའི་ཆོ་ག་བརྡ་སྤྲོད་པ་ལ་མཁས་དགོས་ཏེ་དེ་རྣམས་ཚང༌། རྟགས་མཐུན་པའི་རྐྱེན་ལུས་ཀྱི་ཕྱི་ བྱད་ཀྱི་རྟགས་སྐྲ་དང་ཁ་སྤུ་བྲེགས་ཤིང་ཁྲུས་བྱས་པ་དང༌། གོས་ཀྱི་རྟགས་ཆོས་གོས་གཉིས་ དང་གདིང་བ་དང་ཆུ་ཚགས་མཁན་པོའི་གསུང་གིས་གནང་བ་དང༌། སྣོད་སྤྱད་ཀྱི་རྟགས་རུང་ ཞིང་ཚད་དང་ལྡན་པའི་ལྷུང་བཟེད་མཁན་པོའི་གསུང་གིས་གནང་བ་དགོས་ཏེ་ཚང༌། རྒྱུད་ སྣོད་དུ་རུང་བ་མཐུན་པའི་རྐྱེན་གླིང་གསུམ་དུ་སྐྱེ་བའི་སྐྱེས་པའམ། བུད་མེད་ཀྱི་མཚན་གང་ ཡང་རུང་བ་གཅིག་དང་ལྡན་པ་དང༌། དངོས་པོའམ་བསམ་པའི་སྒོ་ནས་ལུས་ནར་སོན་ཏེ་ལོ་ བཅོ་ལྔའམ་ལོ་བདུན་ཡན་ཆད་ལོན་པ་དང༌། ཚིག་སྔ་མ་བར་མ་རབ་ཏུ་བྱུང་བའི་བར་དུ་སྔོན་ དུ་སོང་ལ་ཆགས་པ་དང་ལྡན་པ་དང༌། རྒྱུད་ཚོགས་སུ་མ་ཚང་སྟེ་བཞིར་མ་ལོངས་པ་དགོས་ ཏེ་ཚང༌། ཆོ་ག་མཐུན་པའི་རྐྱེན་སྦྱོར་བ་སྔར་སོང༌། དངོས་གཞི་དང་རྗེས་ད་ལྟ་ཉིད་དུ་བྱེད་ པ་ཡིན། བསམ་པ་མཐུན་བའི་རྐྱེན་ཆོས་བཞི་ལས། བསམ་པ་ཐག་པ་ནས་ནོད་པར་འདོད་ པ་རྒྱུའི་ཀུན་སློང་དགོས་ཏེ་དོན་དུ་གཉེར་ནས་འབད་རྩོལ་གྱིས་བསྒྲུབས་པས་ཚང་བ་ཡིན། དངོས་གཞིའི་དུས་ནས་ཐོབ་པར་ཤེས་པའི་ནུས་པ་དང་ལྡན་དགོས་ཏེ། ཐོབ་ཤེས་ཀྱི་བསམ་ 1-1-346 པ་མངོན་གྱུར་ཡང་སྐྱེ་རུང་ཡོད་པ་ཡིན། ངེས་པ་ལྔ་དང་བྲལ་བ་དགོས་ཏེ། ཡུལ་ངེས་པ་དང༌། གང་ཟག་ངེས་པ་དང༌། ཡན་ལག་ངེས་པ་དང༌། དུས་ངེས་པ་དང༌། ཚེ་ངེས་པ་སྟེ། ལྔ་ལས་ གང་ཡང་རུང་བ་དང་བཅས་ན་སྡོམ་པ་མཐའ་དག་སྐྱེ་བའི་གེགས་སུ་འགྱུར་བས་དེ་དག་དང་ བྲལ་བ་ཡུལ་ཐམས་ཅད་དུ་གང་ཟག་ཐམས་ཅད་ལ་ཡན་ལག་ཐམས་ཅད་དུས་ད་ལྟ་ནས་ མ་ཤིའི་བར་དུ་བར་མཚམས་མེད་པར་བསྲུང་སྙམ་པར་དགོས་ཏེ། བསྐྱེད་པས་འགྲུབ་པ་ ཡིན། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོས་ཟིན་པ་དགོས་ཏེ། ཚེ་འདིའི་སྡུག་བསྔལ་ བསལ་ཞིང༌། བདེ་བ་ཐོབ་པའི་ཆེད་དུ་བླངས་ན་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་ཡིན། ཕྱི་མ་ལྷ་ མིའི་བདེ་བ་ཐོབ་པའི་ཆེད་དུ་བླངས་ན་ལེགས་སྨོན་གྱི་ཚུལ་ཁྲིམས་ཙམ་དུ་འགྱུར་བ་ཡིན། སོ་ སོར་ཐར་པའི་སྡོམ་པ་ནི། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན་པས། སྡུག་བསྔལ་གྱི་རང་ བཞིན་ཅན་གྱི་འཁོར་བ་སྤངས་པའི་ཐར་པ་ཐོབ་པར་བྱ་བའི་དོན་དུ་བླང་དགོས། དེ་ཡང་ཆོ་ ག་ཐད་སོ་བ་ལ་བསམ་པ་ཡར་འཕེལ་ཡིན་པས། མདོར་ན་བསམ་པ་འདི་ལྟར་གྱིས་སེམས་ ཅན་ཐམས་ཅད་ཀྱི་དོན་དུ། འཁོར་བ་མཐའ་དག་སྤངས་པའི་ཐར་བ་ཐོབ་པར་བྱ། དེ་ཡང་ སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་དགེ་ཚུལ་གྱི་སྡོམ་པ་མཐའ་དག་བླངས་ ལ། ད་ནས་མ་ཤིའི་བར་དུ་དགེ་ཚུལ་གྱི་སྤང་བྱ་ཐམས་ཅད་ནི་སྤང༌། གཉེན་པོ་ཐམས་ཅད་ བསྟེན་སྙམ་དུ་བསམ། དེ་ལ་ལྷ་དཀོན་མཆོག་གསུམ་ལ་སྐྱབས་བྱས་ལ་བླངས་སྙམ་པ་གྱིས་ ལ་ལད་མོ་བཟློས་ཤིག བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་ སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་ རྣམས་ཀྱི་མཆོག དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་ དུ་བཙུན་པས་བཟུང་དུ་གསོལ། ཞེས་ལན་གསུམ་དུ་བརྗོད། གསུམ་པ་རྩོམ་པའི་ཚེ་ལན་གཉིས་སོང་། གསུམ་པ་ 1-1-347 འདི་ལ་སྐྱབས་བརྗོད། བདག་བརྗོད། གཞན་བརྗོད་པ་གསུམ་ལས་དང་པོ་གཉིས་སོང་ནས། གཞན་བརྗོད་པ། སློབ་དཔོན་གྱི་ཞེས་པའི་ཚེ་ཁྱོད་ཀྱི་རྒྱུད་ལ་དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་ཡིན་ པས། དེའི་དུས་ན་སྡོམ་པ་སྐྱེས་སྙམ་པ་གྱིས་ཤིག ཅེས་བརྗོད་ཅིང༌། མཐར་སློབ་དཔོན་གྱིས་བཟུང་ དུ་གསོལ། ཞེས་བརྗོད་དེ། ཐབས་ཡིན་ནོ་ལེགས་སོ་དང་བཅས་པ་བརྗོད་པའོ། །དེ་ནས་དགེ་སློང་གཞན་གཅིག་ལ་ དུས་བགོ་བ་མཛོད་ཅིག ཅེས་བརྗོད། དེས་དུས་དགེ་སློང་གི་སྐབས་བཞིན་དུ་བརྗོད་པར་བྱའོ། །དེ་ནས་དེ་རྣམས་ཀྱང་ ཤེས་པར་བྱས་ལ་ལག་ལེན་བྱ་དགོས་པ་ཡིན། གཉིས་པ་ཐོབ་པ་མི་ཉམས་ཤིང་འཕེལ་བར་བྱ་བའི་ཕྱིར་བསླབ་པ་བརྗོད་པ་ནི། དགེ་ ཚུལ་གྱི་སྤང་བྱ་འདི་རྣམས་དགྲ་བཅོམ་པ་རྣམས་ཀྱིས་ཇི་ལྟར་སྤངས་པ་བཞིན་དུ་བདག་གིས་ ཀྱང་སྤང་བར་བྱའོ་སྙམ་པ་གྱིས་ལ་ལད་མོ་བཟློས་ཤིག སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་ འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་ འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང༌། མི་ ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་ གྱུར་པ་བག་མེད་པའི་གནས་དང༌། གླུ་གར་དང༌། རོལ་མོའི་སྒྲ་དང༌། འཕྲེང་བ་དང༌། སྤོས་ ཉུག་པ་དང༌། རྒྱན་དང༌། ཁ་དོག་འཆང་བ་དང༌། ཁྲི་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་དང་ དུས་མ་ཡིན་པའི་ཁ་ཟས་དང༌། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་ སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་ 1-1-348 འཚོའི་བར་དུ། མ་བྱིན་པར་ལེན་པ་དང་མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང༌། གླུ་གར་ དང་རོལ་མོའི་སྒྲ་དང༌། ཕྲེང་བ་དང༌། སྤོས་ཉུག་པ་དང༌། རྒྱན་དང་ཁ་དོག་འཆང་བ་དང༌། ཁྲི་ སྟན་མཐོན་པོ་དང༌། ཁྲི་སྟན་ཆེན་པོ་དང༌། དུས་མ་ཡིན་པའི་ཁ་ཟས་དང་གསེར་དངུལ་ལེན་ པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་བཅུ་པ་འདིས་ བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་སྒྲུབ་ པོ། །རྗེས་སུ་བགྱིད་དོ། །ཞེས་ལན་གཅིག་བརྗོད། ཐབས་ཡིན་ནོ་ལེགས་སོ་དང་བཅས་པའོ། །དེ་ ལྟར་སྦྱོར་བ་དངོས་གཞི་རྗེས་གསུམ་གྱིས། དགེ་ཚུལ་གྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན་ནོ། །དགེ་འདུན་ཀུན་ལ་དམིགས་པའི་ཕྱག་གསུམ་གྱིས་ལ། བཀའ་དྲིན་ཆེའོ། །ཞེས་གྱིས་ཤིག དེའི་ཚེ་ དགེ་འདུན་གྱིས་ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག ཚངས་པར་སྤྱོད་པ་ཚེའི་མཐར་ ཕྱིན་པར་གྱུར་ཅིག ཅེས་སོགས་སྨོན་ལམ་གདབ་པོ། ། ཚིག་ཕྱི་མ་བསྙེན་པར་རྫོགས་པའི་སྡོམ་པ་ལེན་པར་འདོད་པས་མཚན་ཉིད་དང་ལྡན་པའི་མཁན་པོ་དང༌། སློབ་དཔོན་ བཙལ་ཏེ་ཞག་གཉིས་སམ་གསུམ་གྱི་གོང་ནས་ཚིག་གིས་ཞུ་ཞིང༌། སྙན་གསན་དབབ། ལས་ཀྱི་གནས་སུ་སྟོན་པ་སངས་རྒྱས་ ཀྱི་རྟེན་དང༌། སོ་སོར་ཐར་བའི་མདོ་དང་ལས་བརྒྱ་རྩ་ལྟ་བུའི་དམ་པའི་ཆོས་ཀྱི་གླེགས་བམ་དང༌། དགེ་འདུན་ཁ་སྐོང་བར་འོས་ པ་དབུས་དང་མཐའ་ཁོབ་ཀྱི་བྱེ་བྲག་གིས་བཅུའམ་ལྔ་ལས་ལྷག་པར་འདུ་བའི་སྐབས་རྗེས་སུ་སྒྲུབ་ཅིང༌། ཅི་འབྱོར་པའི་མཆོད་ པ་བཤམས། གསོལ་བ་འདེབས་པའི་མེ་ཏོག་དང༌། ཆོས་གོས་དང༌། ལྷུང་བཟེད་དང་རྩ་དང་ཕག་ཆུང་དང་བཅས་པ་དང༌། གྲོགས་དན་བྱེད་པའི་དགེ་སློང་གཅིག་ཀྱང་སྟ་གོན་བྱ། དགེ་འདུན་ཐམས་ཅད་ཀྱིས་ཀྱང་ལས་ཀྱི་གནས་སུ་མ་འདུས་པའི་གོང་ དུ་བཤགས་པ་དང༌། བསྡམས་པ་དང་བྱིན་གྱིས་བརླབ་པར་འོས་པའི་ལྟུང་བ་ཡོད་ན་ཕྱིར་བཅོས་ཏེ། ལས་ཀྱི་གནས་སུ་ལེགས་ པར་འཁོད་ལ། མཁན་པོ་ཉིད་དུ་ཕྱོགས་པར་གྱུར་པས། སློབ་དཔོན་གཉིས་དང༌། དགེ་འདུན་མཐའ་དག་ལ་མེ་ཏོག་རེ་ཕུལ་ལ་ རྒན་པའི་མཐར་འགྲེངས་ཏེ་འདུད་པ་དང་བཅས་པས་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ 1-1-349 ལྡན་པ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་བསྙེན་པར་རྫོགས་པའི་སྡོམ་པ་ནོད་པར་ འཚལ་བས། དགེ་སློང་དགེ་བའི་བཤེས་གཉེན་ཆེ་གེ་མོས་ལས་ཀྱི་སློབ་དཔོན་བཀའ་གནང་ བར་ཞུ། ཆེ་གེ་མོས་གསང་སྟེ་སྟོན་པའི་སློབ་དཔོན་བཀའ་གནང་བར་ཞུ། ཆེ་གེ་མོས་དབུ་མཛད་པ་ རྣམས་ཀྱིས་དད་པའི་དགེ་འདུན་བཀའ་གནང་བར་ཞུ། དངོས་དེ་ལྟར་གཡར་ངོ་འཕྱར་ཞིང་ མཆིས་ལགས། ཞེས་གསོལ་བ་གདབ། དེ་ཡང་ཕྱག་ཚན་བཅུ་གཅིག་གིས་སྒྲུབ་པར་བྱེད་པ་ ལ། ཐོག་མར་མཁན་པོའི་ངག་གིས་བསྒོ་སྟེ། ཕྱག་ཚན་དང་པོ་སྟོན་པ་སངས་རྒྱས་ཀྱི་སྐུ་ལ་ སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་ཕྱག་གསུམ་འཚལ་དུ་གཞུག ཕྱག་ཚན་གཉིས་པ་དམ་ པའི་ཆོས་ལ་ཕྱག་གསུམ་འཚལ་དུ་གཞུག ཕྱག་ཚན་གསུམ་པ་མཁན་པོས་ཐོགས་དྲངས་པའི་ དགེ་སློང་རེའི་མདུན་དུ་འོང་ནས། ཕྱག་གསུམ་གསུམ་འཚལ་དུ་གཞུག དེའི་རེ་རེས་ཀྱང༌། མྱུར་ དུ་བསྙེན་པར་རྫོགས་པའི་སྡོམ་པ་ཐོབ་པར་གྱུར་ཅིག ཅེས་སྨོན་ལམ་གདབ་པོ། །དེ་ནས་ཕྱག་ཚན་ བཞི་པ་མཁན་པོ་ལ་མཁན་པོར་གསོལ་བ་གདབ་པའི་དོན་དུ་མཁན་པོ་ཉིད་དུ་ཕྱོགས་པར་ གྱུར་པ་ལ་ཕྱག་གསུམ་འཚལ་དུ་གཞུག དེ་ནས་བསྒྲུབ་བྱ་དེ་ཙོག་ཙོག་པོར་ཐལ་མོ་སྦྱར་ཏེ་འདུག་ ལ་བཤམས་པས་མཆོད་པ་རྣམས་ཡིད་ཀྱིས་དཀོན་མཆོག་ལ་ཕུལ་ཏེ། བདག་ལ་བསྙེན་ པར་རྫོགས་པའི་སྡོམ་པ་ཁྱད་པར་ཅན་མྱུར་དུ་སྐྱེ་བ་དང་མི་ཉམས་ཤིང་མཐར་ཕྱིན་པར་བྱིན་ གྱིས་བརླབ་ཏུ་གསོལ། ཞེས་ཡིད་ཀྱིས་གསོལ་བ་འདེབས་སུ་གཞུག་གོ །དེ་ནས་ཁྱོད་བསྙེན་པར་རྫོགས་ པའི་སྡོམ་པ་ལེན་པར་འདོད་པ་ནི་ཤིན་ཏུ་ལེགས་ཏེ། ལེགས་པའི་རྒྱུ་མཚན་ཡང་མདོ་ལས། འདོད་པའི་ཁམས་ནི་སྐྱོན་དང་བཅས་པ་སྟེ། །གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས་ པའོ། །དེ་བཞིན་གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས། །མྱ་ངན་འདས་པ་འབའ་ཞིག་ སྐྱོན་མེད་མཐོང༌། །ཞེས་གསུངས་པས་འཁོར་བ་འདི་དག་སྡུག་བསྔལ་གྱི་རང་བཞིན་ཡིན་ ཏེ། དམྱལ་བ་ན་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་ 1-1-350 འགྲོ་ནི་གཅིག་ལ་གཅིག་ཟ་བ་ལ་སོགས་པའི་སྡུག་བསྔལ་དང་ལྡན་ལ། བདེ་འགྲོ་ན་ཡང་སྐྱེ་ རྒ་ན་འཆི་དང་དབུལ་འཕོངས་ལ་སོགས་པའི་སྡུག་བསྔལ་དང་ལྡན་པས། སྡུག་བསྔལ་གྱི་ རང་བཞིན། སྡུག་བསྔལ་གྱི་ཉིང་སིངས་སུ་གྱུར་པའི་འཁོར་བ་འདི་སྤང་དགོས། འཁོར་བ་ སྤོང་བའི་གཉེན་པོ་ལམ་བསླབ་པ་རིན་པོ་ཆེ་གསུམ་ཡིན། དེ་ཡང་འཁོར་བ་དངོས་ཀྱི་གཉེན་ པོ་བདག་མེད་པ་རྟོགས་པའི་ཤེས་རབ་ཡིན། དེའི་རྒྱུར་དམིགས་པ་ལ་རྩེ་གཅིག་པའི་ཏིང་ ངེ་འཛིན་དགོས། དེའི་རྒྱུར་འགྱོད་པ་མེད་པའི་ཚུལ་ཁྲིམས་དགོས། ཚུལ་ཁྲིམས་ཀྱི་མཆོག་ སོ་སོར་ཐར་པའི་སྡོམ་པ་ལ་རིགས་བརྒྱད་ལས་མཆོག་ཏུ་གྱུར་པ་དགེ་སློང་གི་སྡོམ་པ་ཡིན་ ཏེ། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་ འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །ཞེས་གསུངས། དེ་ཡང་སངས་ རྒྱས་ཞལ་བཞུགས་པའི་དུས་ན། གང་ཟག་ཉོན་མོངས་པ་དང༌། ལས་ཀྱི་རྣམ་པར་སྨིན་པའི་ སྒྲིབ་པ་གསུམ་ཤས་ཆུང་ཞིང༌། རྒྱུད་དང་དབང་པོ་དང་དགེ་བའི་རྩ་བ་སྨིན་པ་གསུམ་ཤས་ཆེ་ བ་རྣམས་ལ་དགེ་སློང་ཚུར་ཤོག་ཅེས་གསུངས་པ་ཙམ་གྱིས་བསྙེན་པར་རྫོགས་པར་འགྱུར་བ་ ལ་སོགས་པ་ཐབས་བླ་བ་མང་པོ་གསུངས་པ་ལ། དུས་ཕྱིས་སེམས་ཅན་སྨིན་པ་གསུམ་ཤས་ ཆུང་ཞིང་སྒྲིབ་པ་གསུམ་ཤས་ཆེར་གྱུར་པ་ལ་བརྟེན་ནས་ཀུན་ཏུ་སྤྱོད་པའི་ཁྱད་པར་མི་ཤེས་ པ་དག་ལ་གཞན་གྱིས་སློབ་དགོས་པར་གྱུར། ལུས་ཀྱི་འབྱུང་བ་ཆ་མ་སྙོམས་པས་ན་བར་ གྱུར་པ་དག་ལ་ནད་གཡོག་དགོས་པར་གྱུར་པ་ལ་བརྟེན་ནས། སྟོན་པའི་ཞལ་ནས་དེང་ཕྱིན་ ཆད་གཅིག་གིས་གཅིག་བསྡུ་བར་བྱ་བའི་ཕྱིར་དང་ན་བ་ན་ནད་གཡོག་དང་བཅས་པ་བྱ་བའི་ མཁན་པོ་དང་བཅས་ཤིང་སློབ་དཔོན་དང་བཅས་པའི་བསྙེན་པར་རྫོགས་པ་ངས་གནང་ངོ་ ཞེས་གསུངས་ཏེ། གནང་ངོ་གསུང་ཡང་ཅི་དགར་འཇུག་པའི་བསླབ་པ་མ་ཡིན་གྱི། དེང་ཕྱིན་ ཆད་ཚེགས་དང་བཅས་པ་ད་ལྟར་གྱི་ཆོ་ག་ཁོ་ནས་བསྙེན་པར་རྫོགས་པ་སྒྲུབ་དགོས་པ་ཡིན། 1-1-351 དེ་ལ་ཆོ་ག་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། སྦྱོར་བ་ལ་ཆོས་རྣམ་པ་ལྔ་ཡོད་པའི། དང་པོ་ངོ་ཚ་ཁྲེལ་ཡོད་ཀྱི་བསམ་པ་བསྐྱེད་པའི་དོན་དུ། གནས་ཁྱད་པར་ཅན་ལ་ཞུགས་ཤིང་ གསོལ་བ་གདབ་པར་བྱ་བ་ཡིན་ཏེ། ཁྱོད་ཀྱི་རྒྱུད་ལ་བསྙེན་པར་རྫོགས་པའི་སྡོམ་པ་སྐྱེ་བའི་ གནས་དེ་མཁན་སློབ་དགེ་འདུན་དང་བཅས་པ་ཡིན། དེ་ལ་ཞུ་ཞིང་གསོལ་བ་གདབ་ཅེས་ པའི་ཞུ་བ་འབུལ་བ་ལས་ཀྱི་གནས་སུ་མ་འདུས་པའི་གོང་དུ་ཞུས་ཤིང་སྙན་གསན་ཕབ་པ་ ཡིན། གསོལ་བ་གདབ་པ་ནི། སློབ་དཔོན་རྣམ་པ་གཉིས་དད་པའི་དགེ་འདུན་དང་བཅས་པ་ ལ་མཁན་པོར་ཕྱོགས་པས་ཚིག་གིས་གསོལ་བ་བཏབ་ཟིན། འདིར་མཁན་པོ་ལ་ཁྱེད་ཀྱིས་ མཁན་པོར་གསོལ་བ་འདེབས་པ་ཡིན་དེ་ལ་མཁན་པོ་ཞེས་པའི་དོན་ཡང་ལེགས་པར་སྦྱར་ བའི་སྒྲ་ལས་ཨུ་པ་ཞེས་བྱུང་སྟེ། དེ་བསྒྱུར་ན་ཉེ་བའི་དོན་ཡིན་ལ། དེ་དྷྱ་ཡི་དང་སྦྱར་ན་ཉེར་ བར་འཛིན་པ་སྟེ། བསམ་པ་ལྟོས་པ་དང་བཅས་པ་ཕ་དང་བུའི་འདུ་ཤེས་ཀྱིས་སངས་རྒྱས་ ཀྱི་བསྟན་པ་ལ་ཉེ་བར་འཛིན་པའི་དོན་གྱིས་མཁན་པོ་ཡིན། མདོར་ན་རང་གི་བྱ་བར་འོས་ པ་རྣམས་རང་གིས་བྱེད། གཞན་ལ་བཅོལ་ཏེ་སྒྲུབ་པར་འོས་པ་རྣམས་གཞན་ལ་བསྒོས་ནས་ བྱེད་པའི་ཁྱོད་བསྙེན་པར་རྫོགས་པར་ཉེ་བར་སྒྲུབ་པར་བྱེད་པའི་བྱེད་པ་པོ་ལ་མཁན་པོ་ཞེས་ བྱ། དེ་ཡང་དགེ་སློང་བརྟན་མཁས་ཀྱི་ཆོས་གཉིས་ལྡན་གཅིག་ལ་གསོལ་བ་ལན་གསུམ་ བཏབ་ན་མཁན་པོར་འགྱུར་བ་ཡིན་པས་དགེ་སློང་འདི་ལ་བདག་བསྙེན་པར་རྫོགས་པར་ བྱེད་པའི་མཁན་པོར་གསོལ་བ་འདེབས་སྙམ་པ་གྱིས་ལ་ལད་མོ་བཟློས་ཤིག བཙུན་པ་ དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། བཙུན་པ་མཁན་པོར་གསོལ་གྱིས་བཙུན་པ་ བདག་གི་མཁན་པོ་མཛད་དུ་གསོལ། བཙུན་པ་མཁན་པོས་བདག་བསྙེན་པར་རྫོགས་པར་ བགྱིའོ། །ཞེས་ལན་གསུམ་བརྗོད། གསུམ་པའི་མཐར། མཁན་པོ་མཁན་པོས་ཞེས་བརྗོད་ཅིང༌། ཐབས་ཡིན་ ནོ་ལེགས་སོ་དང་བཅས་པའོ། །སྔར་ནས་སློབ་དཔོན་ནམ་ཚིགས་སྔ་མའི་མཁན་པོ་ཡིན་ན། གང་ཡིན་པ་ལྟར་བརྗོད་ཅིང༌། 1-1-352 ཚིགས་སྔ་མའི་མཁན་པོ་ཡིན་ཡང༌། ཆོ་ག་ཐ་དད་པས་འདིར་ཡང་གསོལ་བ་འདེབས་པ་ཡིན་པས་ཞེས་སྦྱར་བར་བྱའོ། ། གཉིས་པ་ཆོས་འདི་པའི་བསམ་པ་བསྐྱེད་པའི་ཕྱིར་རྟགས་དང་ཆ་ལུགས་སྦྱིན་པ་ནི། ཕྱག་ཚན་ལྔ་པ་ཁོ་བོ་ལ་ཕྱག་གསུམ་གྱིས་ལ་འདིར་ཤོག ཆེ་གེ་མོས་གྲོགས་དན་གྱིས་ལ་ལྷུང་ བཟེད་ཀྱང་དགེ་འདུན་ལ་བྲིམས་ཤིག ཅེས་བསྒོའོ། །དེས་ཀྱང་ཆོས་གོས་གསུམ་ལེགས་པར་བལྟབ་སྟེ་སྣམ་སྦྱར་ སྟོད་སྨད་མ་ལོག་པར་བསྒྲུབ་བྱའི་ཕྲག་པ་གཡོན་པ་ལ་བཀལ་ཏེ། གདིང་བ་དང་ཆུ་ཚགས་ཀྱང་མཁན་པོའི་དྲུང་དུ་བཞག ལྷུང་ བཟེད་ཀྱང་རྒན་རིམ་ནས་རེ་རེའི་མདུན་དུ་འདུད་པ་དང་བཅས་པས། བཙུན་པའམ་ཚེ་དང་ལྡན་པ་དགོངས་སུ་ གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་འདི་མི་ཆུང་ངམ། མི་ཆེའམ། མི་ སྐྱའམ། ཞེས་ལན་རེ་འདྲི་ཞིང༌། ཡུལ་གྱིས་ཀྱང་མེ་ཏོག་དོར་ཏེ། ལྷུང་བཟེད་བཟང་ངོ་ཞེས་བརྗོད་དོ། །མཁན་པོས་བརྟགས་ ཏེ་སྟོན་པར་བསྒོས་པ་ཡིན་པས་དེ་ལ་བསྟན་མི་དགོས་སོ། །མཁན་པོ་དང་མཁན་བུ་གཉིས་ཀ་བགྲེང་སྟེ། ལག་པ་གཉིས་ཀས་ ཆོས་གོས་སྣམ་སྦྱར་བཟུང་ནས། འདི་ཆོས་གོས་སྣམ་སྦྱར་ཞེས་བྱ་བ་ཡིན་ཏེ། དུས་གསུམ་གྱི་སངས་ རྒྱས་ཐམས་ཅད་ཀྱིས་བསྣབས་པའི་ན་བཟའ་བསྙེན་པར་རྫོགས་པ་མཐའ་དག་ལ་རྟགས་ ཐུན་མོང་མ་ཡིན་པ་དགེ་སློང་གི་དྲན་པ་གསོ་བྱེད་ཀྱི་གོས། སེམས་ཀྱི་སྐྱོན་བག་ཆགས་དང་ བཅས་པ་སྤོང་པའི་བརྡར་འཆང་བ་ཡིན་པས། དེ་ལྟ་བུའི་གོས་བྱིན་གྱིས་བརླབ་སྙམ་པ་གྱིས་ ལ་ལད་མོ་བཟློས་ཤིག མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་ གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་ པོ། །ཞེས་ལན་གསུམ་བརྗོད། (ཐབས་ལེགས་བྱ།) མིང་ནི་རྒྱན་མེད་པར་བརྗོད་པར་བྱའོ། ། དེ་ནས་བླ་གོས་བཟུང་སྟེ། འདི་སྟོད་དུ་རྒྱུན་དུ་གྱོན་པར་བྱེད་པའི་ཆོས་གོས་བླ་གོས་ཞེས་བྱ་བ། སྟོད་གཅེར་བ་སྤོང་ཞིང་སྦྲང་བུ་དང་ཤ་སྦྲང་དང་ཉི་མ་ལ་སོགས་པའི་རེག་པ་ལས་ཀྱང་སྐྱོབ། ཁྱིམ་པ་དང་མུ་སྟེགས་ཅན་མཐའ་དག་ལས་རྟགས་ཐུན་མོང་མ་ཡིན་པར་བྱེད་པ་དགེ་སློང་གི་ དྲན་པ་གསོ་བར་བྱེད་པའི་གོས་ཡིན་པས། དེ་ལྟ་བུའི་གོས་སུ་བྱིན་གྱིས་བརླབ་སྙམ་པ་གྱིས་ 1-1-353 ལ་ལད་མོ་བཟློས་ཤིག མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་ གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་བླ་གོས་སུ་བྱིན་གྱིས་བརླབ་པོ། །ཞེས་ལན་གསུམ་བརྗོད། (ཐབས་ལེགས་བྱ།) མཐང་གོས་བཟུང་སྟེ། འདི་སྨད་དུ་རྒྱུན་དུ་གྱོན་པར་བྱེད་པའི་ཆོས་གོས་མཐང་གོས་ཞེས་བྱ་བ། གྲང་བ་དང་ཉི་མ་ལ་སོགས་པའི་རེག་པ་དང་ངོ་ཚ་བའི་གནས་ལས་ཀྱང་སྐྱོབ། དགེ་སྦྱོང་གི་ དྲན་པ་གསོ་ཞིང་སེམས་ཀྱིས་སྐྱོན་བག་ཆགས་དང་བཅས་པ་སྤོང་བའི་བརྡར་འཆང་བ་ཡིན་ པས་དེ་ལྟ་བུའི་གོས་སུ་བྱིན་གྱིས་བརླབ་སྙམ་པར་གྱིས་ལ་ལད་མོ་བཟློས་ཤིག མཁན་པོ་ དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་ པར་འོས་པ་འདི་ཆོས་གོས་མཐང་གོས་སུ་བྱིན་གྱིས་བརླབ་པོ། །ཞེས་ལན་གསུམ་བརྗོད། (ཐབས་ ལེགས་བྱ།) གདིང་བ་གཏད་དེ། འདི་ཆོས་གོས་གདིང་བ་ཞེས་བྱ་སྟེ། དགེ་འདུན་གྱི་གནས་མལ་དང་ཁྲ་བོ་ ཕལ་ཆེར་མ་ཉམས་པ་ལ་སྤྱོད་པ་ན་འདིས་སྐྱབས་ནས་སྤྱོད་པ་ཡིན་པས། དེའི་ཆེད་དུ་བཅང་ སྙམ་པ་གྱིས་ཤིག ཅེས་བརྗོད། ཆུ་ཚགས་གཏད་དེ། འདི་ཆུ་ཚགས་ཞེས་བྱ་བ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པ་སྤྱིའི་མཚན་ ཉིད་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལོག་པ་ཡིན་པས། སེམས་ཅན་ཐམས་ཅད་ ལ་གནོད་པ་སྤང་དགོས། ཁྱད་པར་ཆུ་ལ་ལོངས་སྤྱོད་པའི་ཚེ། སྲོག་ཆགས་ཡོད་མེད་བརྟགས་ ནས་མེད་ན་སྤྱོད། ཡོད་ན་མི་སྤྱོད། མེད་པ་མ་རྙེད་ན་འདི་ལྟ་བུ་རེས་ཆུ་བཙགས་ནས་སྲོག་ ཆགས་ལ་མི་གནོད་པའི་ཆེད་དུ་འཆང་བ་ཡིན་པས། དེ་ལྟ་བུའི་ཆེད་དུ་འཆང་སྙམ་པ་གྱིས་ ཤིག ཅེས་བརྗོད། དེ་ནས་རྣམ་སྦྱར་དང་བླ་གོས་བསྡེབས་ཏེ་བསྒྲུབ་བྱ་མཁན་པོ་ལ་མདུན་དུ་བསྟན་ནས་འགྲེང་དུ་འདུད་པ་ དང་ལ་མཁན་པོས་བསྐོན་པར་བྱ་སྟེ། དེའི་ཚེ་ཀུན་གྱིས། ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག ཅེས་སྨོན་ 1-1-354 ལམ་གདབ་པར་བྱའོ། ། དེ་ནས་གཉིས་ཀས་ལྷུང་བཟེད་ལག་པ་གཡོན་པའི་སྟེང་དུ་བཞག་ཅིང་གཡས་པས་ཁ་ནས་བཀབ་སྟེ། འདི་ཟས་ལྷུང་ བ་བཟེད་པར་བྱེད་པའི་ལྷུང་བཟེད་ཅེས་བྱ་བ། མཐའ་གཉིས་སྤངས་པའི་བསོད་སྙོམས་སྤྱོད་ པའི་བརྡར་ཡང་འགྱུར། བསོད་སྙོམས་སྤྱོད་པའི་སྣོད་དུ་ཡང་འགྱུར་བ་ཡིན་ཏེ། ལྷུང་བཟེད་ ཟས་ཀྱི་སྣོད་ཡིན་པ་ལྟར། རང་གི་རྒྱུད་ཡོན་ཏན་གྱི་སྣོད་དུ་བྱེད་པའི་བརྡར་འཆང་བ་ཡིན་ པས། དེ་ལྟ་བུའི་སྣོད་དུ་བྱིན་གྱིས་བརླབས་སྙམ་པ་གྱིས་ལ་ལད་མོ་བཟློས་ཤིག མཁན་པོ་ དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་ སྲོང་གི་སྣོད་འདི་བླང་བའི་དོན་དུ་བྱིན་གྱི་བརླབ་པོ། །ཞེས་ལན་གསུམ་བརྗོད། ཀུན་ཀྱང་ཐབས་ཡིན་ ནོ། །ལེགས་སོ་དང་བཅས་པའོ། །དེའི་འོག་ཏུ་ཕྱག་ཚན་དྲུག་པ་སྣམ་སྦྱར་དང་བཅས་པ་འདུས་པའི། དགེ་འདུན་ལ་གདིང་བའི་སྟེང་ནས་ཕྱག་གསུམ་བྱེད་དུ་གཞུག་གོ །དེ་ནས་མཁན་པོས་གྲོགས་བྱེད་པ་ ལ། འདི་ལོགས་སུ་བཀར་ཅིག་ཅེས་བསྒོ། དེ་ཞུས་ཏེ། ཐོས་པའི་ཉེ་འཁོར་ལས་བཀར་ཏེ། གོས་རྗེས་ཏེ་འགྲེང་སྟེ། ཐལ་མོ་སྦྱར་ནས་དགེ་འདུན་ལ་མངོན་དུ་ཕྱོགས་པར་མཐོང་བའི་ཉེ་འཁོར་དུ་འདུག་ཏུ་གཞུག གལ་ཏེ་ལས་ཐོས་ན་རྣ་བ་ འགེབས་སུ་གཞུག་གོ །དེ་ནས་ལས་བྱེད་པའི་དགེ་འདུན་ཐམས་ཅད་ཀྱི་ཉེས་པ་ཐུན་མོང་བ་རྣམས་ གསོལ་བའི་ལས་ཀྱིས་བྱིན་གྱིས་བརླབས་པར་བགྱི་བས། ནང་འདི་རྣམས་ལ་དམིགས་ གཙང་རིས་ཀྱི་དཀྱིལ་འཁོར་པར་ཐུགས་བསྟུན་པར་ཡང་མཛད་ཅིང༌། ལག་ཉ་ལ་སོགས་ པའི་ཉེས་པ་ཐུན་མོང་བ་རྣམས་ཐུགས་ལ་བསྡོགས་པ་གསོལ་བའི་ལས་ལ་ཐུགས་གཏད་ འཚལ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་བསྙེན་པར་ རྫོགས་པའི་འཕྲིན་ལས་ལགས་ལ། བདག་ཅག་དགེ་སློང་ཐམས་ཅད་ནི་ལྟུང་བ་དག་དང་ བཅས་པར་གྱུར་ན་གང་གི་མདུན་དུ་ལྟུང་བ་དེ་འཆགས་པར་བགྱི་བ། བདག་ཅག་ལས་དགེ་ སློང་འགའ་ཞིག་གནས་གཞན་དུ་མཆིས་ཏེ། དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་ 1-1-355 དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ ན་དགེ་འདུན་གྱིས་གནང་པར་མཛོད་ཅིག་དང༌། དེང་དགེ་འདུན་གྱི་ལྟུང་བ་དེ་དག་བྱིན་གྱིས་ བརླབས་ཏེ། བསྙེན་པ་རྫོགས་པའི་འཕྲིན་ལས་མཛད་ལ། སླད་ཀྱི་དགེ་སློང་གི་མདུན་དུ་ལྟུང་ བ་དེ་དག་ཆོས་བཞིན་དུ་སླར་བགྱིའོ། །འདི་ནི་གསོལ་བའོ། །ཞེས་བརྗོད་དོ། །གནས་དེ་སྔར་ལས་ཀྱི་ གནས་སུ་བློ་མཐུན་པར་མ་བྱས་པའམ། བྱས་ཀྱང་ཞིག་པར་གྱུར་ན་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གནས་སུ་བློ་མཐུན་པར་ བྱ་སྟེ། གནས་ལ་བློ་མཐུན་པར་བགྱིས་པས་གསོལ་བའི་ལས་ལ་ཐུགས་གཏད་འཚལ། དགེ་ འདུན་བཙུན་པ་རྣམས་དགོངས་སུ་གསོལ། གནས་ཐམས་ཅད་བགྱིས་པའམ་ལགས་པ་ནང་ འཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་བསྙེན་པར་ རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བཞེད་ན། གལ་ཏེ་དགེ་འདུན་གྱིས་དུས་ ལ་འབབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་ གནས་ཐམས་ཅད་བགྱིས་པའམ་ལགས་པ་ནང་འཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་ དང་བཅས་པ་འདི། དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་ མཐུན་པར་མཛད་དོ། །འདི་ནི་གསོལ་བའོ། །གསོལ་བ་ཐལ། བརྗོད་པ་ལ་ཐུགས་གཏད་ འཚལ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། གནས་ཐམས་ཅད་བགྱིས་པའམ་ ལགས་པ་ནང་འཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་ བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བཞེད་དེ། དེའི་སླད་དུ་དགེ་ འདུན་གྱིས་གནས་ཐམས་ཅད་བགྱིས་པའམ། ལགས་པ་ནང་འཚམས་དང་ཕྱི་རོལ་ཉེ་འཁོར་ འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་ སུ་བློ་མཐུན་པར་མཛད་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་བགྱིས་པའམ་ལགས་ པ་ནང་འཚམས་དང་ཕྱིར་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་ 1-1-356 བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་མཛད་པར་བཟོད་པ་དེ་དག་ ནི་ཅང་མ་གསུང་ཅིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་ བཟོད་ཅིང་གནང་ནས་དགེ་འདུན་གྱི་གནས་ཐམས་ཅད་བགྱིས་པའམ་ལགས་པ་ནང་ འཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་བསྙེན་པར་ རྫོགས་པའི་གནས་སུ་བློ་མཐུན་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་ བཞིན་དུ་འཛིན་ཏོ་ཞེས་བརྗོད་དོ། །དེ་ཡང་གཡེ་ཐང་བ་ལ་ནི་ཕྱོགས་བར་འཚམས་མ་བཞག་སྟེ་བྱ་ཞིང༌། དེ་ལྟ་བུ་སྐྱེས་ བུའི་རྩོལ་བས་མ་བྱས་པ་རྣམས་ལ་བགྱིས་པ་ལགས་པ་ཞེས་པའི་དོད་དུ་གྲུབ་ལགས་པ་ཞེས་བྱའོ། །དེ་ནས་ལས་བྱས་པས་ མཁན་པོ་མིང་འདི་ཞེས་བགྱི་བའི་གསང་སྟེ་སྟོན་པར་གསོལ་བ་བཏབ་པ་གང་ཡིན་ཞེས་དྲིའོ། །དེས་ བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལགས་ཞེས་བརྗོད་དོ། །ལས་བྱེད་པས། དགེ་སློང་མིང་འདི་ཞེས་ བགྱི་བ་ཁྱོད་མཁན་པོ་མིང་འདི་ཞེས་བགྱི་བས་ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ལ་གསང་སྟེ་ སྟོན་པར་སྤྲོ་འམ། ཞེས་དྲི་བར་བྱའོ། །དེས་སྤྲོའོ། །ཞེས་སོ། །དགེ་སློང་དགེ་བའི་བཤེས་གཉེན་པ་སྤྲོ་ བར་གདའ་བས་བསྐོ་བའི་སླད་དུ་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ འཚལ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དགེ་བའི་བཤེས་གཉེན་མིང་ འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་ པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་ མཛོད་ཅིག་དང༌། དགེ་སློང་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ ཞེས་བགྱི་བ་ལ་གསང་སྟེ་སྟོན་ཏོ། །འདི་ནི་གསོལ་བའོ། །ཞེས་གསོལ་བ་འབའ་ཞིག་ལས་བྱའོ། །དེ་ནས་ གསང་སྟེ་སྟོན་པས་བསྒྲུབ་བྱའི་དྲུང་དུ་ཕྱིན་ཏེ། ཁོ་བོ་ལ་ཕྱག་གསུམ་གྱིས་ཤིག ཅེས་ཕྱག་ཚན་བདུན་པ་བྱེད་དུ་ བཅུག་སྟེ། ཐལ་མོ་སྦྱར་ཏེ་ཙོག་ཙོག་པོར་འདུག་པ་ལ། ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ་ སྡོམ་པ་སྐྱེ་བའི་སྣོད་དུ་རྒྱུད་དག་པ་བར་ཆད་ཀྱི་ཆོས་དང་མི་ལྡན་པ་ཅིག་དགོས་པས་དེའི་ 1-1-357 ཕྱིར་བར་ཆད་དྲི་བ་ཡིན་པས། ཇི་ལྟར་བཟོད་པ་བཞིན་དུ་ལན་དྲང་པོར་ཐོབ་ཅིག ཚེ་དང་ ལྡན་པ་མིང་འདི་ཞེས་བགྱི་བ་ཉོན་ཅིག ཅེས་སོགས་འོག་ནས་འབྱུང་བ་ལྟར་བར་ཆད་དྲི་བར་བྱའོ། །དེ་བར་ཆད་ དང་མི་ལྡན་པར་སྣང་ན། ད་ལྟར་ཁོ་བོས་གང་དྲིས་པ་དེ་དག་དགེ་འདུན་གྱི་དབུས་སུ་ལས་ཀྱི་ སློབ་དཔོན་ཀྱིས་ཀྱང་འདྲིར་འོང་བས་དེ་ཡང་ལན་དྲང་པོར་ཐོབ་ཅིག གཞན་ཡང་ཁོ་བོས་མ་ བོས་ཀྱི་བར་དུ་མ་འོང་བར་འདིར་སྔར་བཞིན་དུ་འགྲེང་སྟེ་ཐལ་མོ་སྦྱོར་ལ་སྡོད་ཅིག ཅེས་བརྗོད་ དོ། །བདག་ཉིད་དགེ་འདུན་གྱི་ནང་དུ་འོངས་ཏེ་རྒན་པའི་མཐར་ལོགས་སུ་འགྲེང་སྟེ་འདུད་པ་དང་བཅས་པས། དགེ་འདུན་ བཙུན་པ་རྣམས་གསན་དུ་གསོལ། བདག་གི་མཁན་པོ་མིང་འདི་ཞེས་བགྱི་བས། ཚེ་དང་ལྡན་པ་ མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་གསང་སྟེ། རྗེས་སུ་བསྟན་ན་དེ་ཡང་བར་ཆད་ ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། ཅི་མཆི་ཞིག་གམ་ཞེས་འོང་བ་ཞུའོ། །ཀུན་གྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་དོ། །དེ་ནས་དེས་དེ་ལ་དགེ་འདུན་གྱིས་གནང་བས་ ནང་དུ་ཤོག་ཅིག ཅེས་བརྗོད། འོང་པ་དང་ཕྱག་ཚན་བརྒྱད་པ་ནང་དུ་འཇུག་ཡོན་གྱི་ཕྱག་ཡིན་པས་ ཕ་གུ་དང་རྩྭའི་སྟེང་ནས་དགེ་འདུན་ལ་ཕྱག་གསུམ་བྱེད་དུ་བཅུག་སྟེ་རང་ཉིད་ལས་གྲལ་དུ་འདུག་པར་བྱའོ། །ཕྱིར་སྐབས་ཐམས་ཅད་དུ། མཁན་པོ་དང༌། གསང་སྟེ་སྟོན་པའི་མིང་བརྗོད་པའི་ཚེ། དགེ་བའི་བཤེས་གཉེན་ཞེས་སམ་ རང་ལ་ཆོས་འབྲེལ་ཡོད་ན་སློབ་དཔོན་ཞེས་སམ། རང་གི་མཁན་པོ་ཡིན་ན་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ མཁན་པོ་ཞེས་ཉེ་བའི་ཚིག་དང་བཅས་པར་བྱ་སྟེ། མ་གུས་པ་སྤང་བའི་དགོས་པ་ཡོད་པ་དང་བརྗོད་པ་ལྷག་པ་དག་གིས་ནི་མ་ བྱས་མ་ཡིན་ནོ། །ཞེས་པ་སྐབས་ཀྱི་དོན་དང་འགལ་བའི་ཉེས་པ་མེད་པའི་ཕྱིར། གཞན་ཡང་འདི་ཞེས་བྱ་བ་དང༌། ཁོ་ན་ཉིད་ ཅེས་བྱ་བ་བསྒྲུབ་བྱ་རེ་རེའི་དབང་དུ་བྱས་པ་སྟེ། གལ་ཏེ་གཉིས་ཡོད་ན་འདི་དག་ཅེས་པ་དང༌། འདི་དག་གི་ཞེས་དང་ ཁོང་དག་ཉིད། ཅེས་བརྗོད། གསུམ་ཡོད་ན་འདི་རྣམས་ཀྱི་ཞེས་དང༌། ཁོང་རྣམས་ཉིད་ཅེས་བརྗོད་པར་བྱའོ། །དེ་ནས་ཕྱག་ཚན་དགུ་པ་དང་བཅུ་པ་བསྒྲུབ་བྱ་ལ་ལས་བྱེད་པས། སྟོན་པ་སངས་རྒྱས་ལ་ཕྱག་གསུམ་ གྱིས་ཤིག ཅེས་དང༌། ཡང་དགེ་འདུན་ལ་ཕྱག་གསུམ་གྱིས་ཤིག ཅེས་བརྗོད་དེ་(ཡང་སློབ་དཔོན་ལ་ཕྱག་ 1-1-358 གསུམ་)བྱེད་དུ་བཅུག་ནས་ཙོག་ཙོག་པོར་ཐལ་མོ་སྦྱར་ནས་འདུག་པ་ལ། ཁྱོད་བསྙེན་པར་རྫོགས་པར་ བྱེད་པ་ལ་ཆོ་ག སྦྱོར་བ། དངོས་གཞི། རྗེས་གསུམ་ཡོད་པ་ལས་སྦྱོར་བའི་སྐབས་ཡིན། དེ་ ལ་ལྔ་ལས་འདིར་སྡོམ་པ་མྱུར་དུ་སྟེར་དུ་གཞུག་པའི་ཕྱིར། བསྙེན་པར་རྫོགས་པར་གསོལ་བ་ གདབ་པ་ཞེས་བྱ་བ་ཡིན་ཏེ། སྤྱིར་ལས་བརྒྱ་རྩ་གཅིག་ཡོད་ཀྱང་བསྒྲུབ་བྱ་སེམས་ཅན་དང༌། སེམས་ཅན་མ་ཡིན་པ་ལ་བྱ་བ་གཉིས་སུ་འདུས། སེམས་ཅན་ལ་བྱ་བ་ལ་གསུམ་ལས། སྦྱིན་ པའི་ལས་མཚན་ཉིད་དང་ལྡན་པ་རྣམས་ལ་གསོལ་བ་ལན་གསུམ་དུ་གདབ་པ་སྔོན་དུ་འགྲོ། བསྒོ་བའི་ལས་མཚན་ཉིད་དང་ལྡན་པ་རྣམས་ལ་སྤྲོ་བ་དྲིས་ཤིང་སྤྲོ་བ་དང་ལྡན་པར་སྔོན་དུ་ འགྲོ། ཆད་པ་བཅད་པའི་ལས་ལ་གླེང་དྲན་པ་དང་གཞམས་བསྒོ་བྱས་ལ་ཆགས་པ་སྔོན་དུ་ འགྲོ་བ་ཡིན། འདི་སྦྱིན་པའི་ལས་ཀྱི་ཡང་མཆོག་ཡིན་པས་གསོལ་བ་གདབ་པ་སྔོན་དུ་འགྲོ་ སྟེ། གསོལ་བ་མ་བཏབ་པར་བྱིན་ན་ལེན་པ་པོ་ལ་མི་དགའ་ཞིང་གུས་སྒྲུབ་ཀྱང་མི་འབྱུང༌། སྟེར་བ་པོ་དག་གིས་ཀྱང་ལས་ཆོས་དང་མི་མཐུན་པ་བྱས་པར་འགྱུར་བས་གསོལ་བ་གདབ་ དགོས། ཡུལ་གང་ལ་འདེབས་ན་གང་ལས་སྡོམ་པ་ཐོབ་པར་འགྱུར་བ་དེ་ལ་འདེབས་ཏེ་ བསྙེན་རྫོགས་མ་ཡིན་པའི་སྡོམ་པ་དག་གང་ཟག་གིས་འབོགས་ཤིང་གང་ཟག་ལས་སྐྱེ་བ་ ཡིན་ལ། བསྙེན་པར་རྫོགས་པའི་སྡོམ་པ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཡོངས་སུ་ རྫོགས་པ་ཡིན་པས་དགེ་འདུན་ཁོ་ན་ལས་སྐྱེ་བ་ཡིན། དེས་ན་མཁན་སློབ་ཀྱིས་ཐོགས་དྲངས་ པའི་འདིར་འདུས་པའི་དགེ་འདུན་ཀུན་ལ་བརྟེན་ནས་ཁྱོད་ཀྱི་རྒྱུད་ལ་བསྙེན་པར་རྫོགས་ པའི་སྡོམ་པ་སྐྱེ་བ་ཡིན་པས་དེ་དག་ལ་གསོལ་བ་འདེབས་པ་ཡིན། དེ་ཡང་རྫོགས་པ་ནི་ འཁོར་བའི་གནོད་པ་དང་འཚེ་བ་མཐའ་དག་དང་བྲལ་བའི་མྱ་ངན་ལས་འདས་པ་ཡིན། བསྙེན་པ་ནི་བསམ་སྦྱོར་གྱིས་བསྙེན་པ་སྟེ་བསམ་པས་སྲིད་པ་མཐའ་དག་ལས་ཡིད་བྱུང་ནས་ མྱ་ངན་ལས་འདས་པ་དོན་དུ་གཉེར་ཞིང་སྦྱོར་བས་སྤང་བྱ་མཐའ་དག་སྤོང་ཞིང་གཉེན་པོ་ 1-1-359 མཐའ་དག་བསྟེན་པ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པ་ཅིག་ལ་ བསྙེན་པར་རྫོགས་ཞེས་ཟེར་བ་ཡིན་པས་དེ་ལྟ་བུ་ཅིག་ཏུ་སྒྲུབ་པར་གསོལ་བ་འདེབས་པ་ ཡིན། དེ་ཡང་རང་ཉིད་གཅིག་པུས་གསོལ་བ་བཏབ་ཀྱང་གནང་དུ་རུང་བ་ཡིན་མོད་ཀྱི། འོན་ ཀྱང་འདིར་མཁན་པོ་ལ་ཞལ་ངོ་ཞུས། ལས་ཀྱི་སློབ་དཔོན་གྱིས་ཚིག་གིས་ཐོག་དྲངས་ནས་ གསོལ་བ་འདེབས་པ་ཡིན་པས། དགེ་འདུན་རྣམས་ཀྱིས་ཐུགས་བརྩེ་བར་དགོངས་ཏེ་བདག་ ལ་སོ་སོར་ཐར་པའི་སྡོམ་པའི་མཆོག་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་གནང་བར་ མཛད་དུ་གསོལ་སྙམ་དུ་ཡིད་ལ་ཞོག་ལ་ཆོ་ག་འདི། དགེ་འདུན་ཀུན་གྱིས་གསན་པ་ཅིག་ དགོས། ཚིག་གི་ཟུར་ཆད་པ་དང་ནོར་བ་མ་ཡིན་པའི་དག་པ་གཅིག་ཀྱང་དགོས་པས། སྐད་ ཆེ་བ་དང་བརྗོད་པ་དག་པར་གྱིས་ལ་ཁོ་བོའི་ངག་རྫོགས་པའི་རྗེས་སུ་ཚིག་ཟུར་ལམ་ལམ་པ་ ལད་མོ་གྱིས་ཤིག དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་ བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལ་བསྙེན་ པར་རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་ན། དགེ་ འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དགེ་འདུན་ བཙུན་པ་རྣམས་ཀྱིས་དྲང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རྗེས་སུ་བཟུང་ དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཐུགས་ བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བས་སླད་དུ་བདག་ལ་བརྩེ་བར་ མཛད་དུ་གསོལ། ཞེས་ལན་གཅིག་བརྗོད། ལན་གཅིག་པོ་དེ་མ་དགོངས་ཀྱི་དོགས་ནས་ལན་གཉིས་ སུ་གསོལ་བ་འདེབས་པ་ཡིན་བྱས་ལ་ཆོ་ག་གཉིས་པ་བརྗོད་ཅིང༌། ཤིན་ཏུ་གལ་ཆེ་བའི་དོན་ཡིན་པས་ ལན་གསུམ་དུ་གསོལ་བ་འདེབས་པ་ཡིན། ཞེས་བརྗོད་དེ་གསུམ་པ་བརྗོད་པར་བྱའོ། །གལ་ཏེ་ཆད་པ་དང་ 1-1-360 འཁྲུགས་པར་གྱུར་ན་རྗེས་སུ་བསྒྲགས་ཏེ་བྱའོ། །དེ་ནས་སྐབས་འདིར་ཁྱོད་ལད་མོ་བྱ་མི་དགོས་ཀྱི། དགེ་འདུན་ རྣམས་ནང་དུ་བར་ཆད་དྲི་བའི་སླད་དུ་ཐུགས་བསྟུན་པར་གསོལ་བའི་ལས་ལ་ཐུགས་གཏད་ འཚལ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་ མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་ བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བ་མཛོད་ཅིག་ དང༌། བདག་གིས་དགེ་འདུན་གྱི་ནང་དུ་མཁན་པོ་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་ རྣམས་དྲི་བར་བགྱིའོ། །འདི་ནི་གསོལ་བའོ་ཞེས་སོ། །དེ་ནས་ཕྱག་ཚན་བཅུ་གཅིག་པ་ཁོ་བོ་ལ་ ཕྱག་གསུམ་གྱིས་ལ་ཐལ་མོ་སྦྱར་ཏེ་ཙོག་ཙོག་པོར་འདུག་ཅིག་ཅེས་ཏེ། འདི་སྦྱོར་བའི་ཆོས་ལྔ་ པ་དགེ་འདུན་ཐུགས་ཆེས་པའི་སླད་དུ་བར་ཆད་དྲི་བར་བྱ་བ་ཡིན་ཏེ། བསྙེན་པར་རྫོགས་ པའི་སྡོམ་པ་ནི་རྒྱུད་བར་ཆད་དང་མི་ལྡན་པ་ལ་སྦྱིན་དགོས་ཀྱིས། བར་ཆད་ཅན་ལ་བྱིན་ན་ གང་ཟག་གི་རྒྱུད་ཆུད་གསན་པར་འགྱུར་ཞིང་སངས་རྒྱས་ཀྱི་བསྟན་པའི་ལས་ཀྱི་སྒྲ་བློ་ཐམས་ ཅད་གྲོན་དུ་འགྲོ་བས་བར་ཆད་མེད་པ་ཅིག་དགོས། དེ་གསང་སྟེ་སྟོན་པའི་སློབ་དཔོན་གྱིས་ བར་ཆད་དྲིས་ཤིང་མི་ལྡན་པར་བརྡའ་སྤྲད་པ་ཡིན་མོད་ཀྱི། འོན་ཀྱང་དགེ་འདུན་ཐུགས་ཆེས་ པར་འགྱུར་བ་ལ་སོགས་པའི་དགོས་པ་འགའ་ཞིག་ལ་ལྟོས་ནས་འདིར་ཡང་དྲི་བ་ཡིན་པས་ ཇི་ལྟར་བཟོད་པ་བཞིན་དུ་ལན་ཐོབ་ཅིག ཚེ་དང་ལྡན་པ་ཁྱོད་ཉོན་ཅིག འདི་ནི་ཁྱོད་ཀྱི་ བདེན་པའི་དུས་འདི་ནི་འབྱུང་བའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་ཅིག་དྲི་ཡིས་ཁྱོད་མ་ འཛེམ་པར་བྱོས་ལ་ཡིན་པའང་ཡིན་ཞེས་སྨྲོས་ཤིག མ་ཡིན་པ་ལའང་མ་ཡིན་ཞེས་ལན་ཐོབ་ ཅིག ཁྱོད་སྐྱེས་པ་ཡིན་ནམ། དེས་ཡིན་ལགས་ཞེས་སོ། །སྐྱེས་པའི་དབང་པོ་དང་ལྡན་ནམ། དེས་ ལྡན་ཞེས་སོ། །ལོ་ཉི་ཤུ་ལོན་ནམ། དེས་ལོན་ཞེས་སོ། །ཁྱོད་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ 1-1-361 ངམ། དེས་ཚང་ཞེས་སོ། །ཁྱོད་ཀྱི་ཕ་མ་གསོན་ནམ། གསོན་ཞེས་ཟེར་ན། ཁྱོད་ཕ་མས་གནང་ངམ། དེས་གནང་ངོ་ཞེས་སོ། །ཁྱོད་བྲན་མ་ཡིན་ནམ། རྐུས་པ་མ་ཡིན་ནམ། རྙེད་བརྩོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་ པོ་ལ་སྡིག་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱས་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་ གནོད་པའི་ལས་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་ མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་ གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་ རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ། བུ་ལོན་ཆགས་སོ་ཟེར་ན། ཁྱོད་བསྙེན་པར་ རྫོགས་ནས་འཇལ་ནུས་སམ། དེས་ནུས་ཞེས་སོ། །ཁྱོད་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ། རབ་ཏུ་ བྱུང་ངོ་ཞེས་ཟེར་ན། ཁྱོད་ཕམ་པར་གྱུར་པ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ ཡིན་ནམ། ཁྱོད་བབས་པ་ན་བསླབ་པ་ལེགས་པར་ཕུལ་ལམ། ཞེས་དྲིའོ་གལ་ཏེ་མ་བྱུང་ངོ༌། །ཞེས་ ཟེར་ན། ཇི་ལྟར་ཁྱོད་ད་ལྟར་རབ་ཏུ་བྱུང་བ་ཡིན་ནམ། དེས་ལེགས་སོ་ཞེས་སོ། །ཁྱོད་ཀྱིས་ཚངས་ པར་སྤྱོད་པ་ལེགས་པར་སྤྱད་དམ། དེས་ལེགས་པར་སྤྱོད་ལགས་ཞེས་སོ། །ཁྱོད་ཀྱི་མིང་ཅི། དེས་ བདག་མིང་འདི་ཞེས་བགྱིའོ། །ཁྱོད་ཀྱི་མཁན་པོའི་མིང་ཅི། དེས་དོན་གྱི་སླད་དུ་མཚན་ནས་སྨོས་ ཏེ། བདག་གི་མཁན་པོ་མིང་འདི་ཞེས་བགྱི་བ་ལགས་སོ་ཞེས་སོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་འདི་ལྟ་བུ་འདི་དག་འབྱུང་བ་འདི་ལྟ་སྟེ། མཛེ་དང༌། འབྲས་ 1-1-362 དང༌། ཕོལ་མིག་དང༌། འབྲུམ་ཕྲན་དང༌། ཤ་བཀྲ་དང༌། ཁྱི་རྔོ་དང༌། གཡའ་བ་དང༌། ཀློག་པ་ དང༌། རྐང་ཤུ་དང༌། སྐེམ་ནད་དང༌། བརྗེད་བྱེད་དང༌། བསྐྲེས་པ་དང༌། བཀྲེས་ངབ་དང༌། སྐྱ་ སྦབ་དང༌། རྐང་བམ་དང༌། མཚན་མར་རྡོལ་བ་དང༌། རིམས་དང་རིམས་དྲག་པོ་དང༌། ཉིན་ གཅིག་པ་དང༌། ཉིན་གཉིས་པ་དང༌། ཉིན་གསུམ་པ་དང༌། ཉིན་བཞི་པ་དང༌། འདུས་པ་དང༌། རིམས་ཉིན་རེ་བ་དང༌། རྟག་པའི་རིམས་དང༌། རིམས་ལྡང་དུབ་པ་དང༌། ཤུ་བ་དང༌། གསུད་ པ་དང༌། སྐྱིགས་བུ་དང༌། ལུད་པ་དང༌། དབུག་མི་བདེ་བ་དང༌། ལྷོག་པ་དང༌། ཡན་ལག་ཏུ་ ཟུག་པ་དང༌། སྐྲེན་དང༌། ཁྲག་ནད་དང༌། མཁྲིས་ནད་དང༌། གཞང་འབྲུམ་དང༌། སྐྱུག་བྲོ་བ་ དང༌། ཆུས་བསྒགས་པ་དང༌། ལུས་ཚ་བ་དང་། རྩིབས་ལོག་ཚ་བ་དང༌། རུས་པ་ཟུག་པ་སྟེ། ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང༌། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་སོ། །འོ་ན་བར་ཆད་དང་མི་ལྡན་པར་འདུག་པས་བསྙེན་ པར་རྫོགས་པའི་སྡོམ་པ་སྐྱེ་རུང་བ་ཡིན། དེ་ཡན་ཆད་ཀྱིས་སྦྱོར་བའི་ཆོས་སོང་ནས། འདི་དངོས་གཞིའི་སྐབས་ཡིན། དེ་ཡང་བསྒྲུབ་བྱ་མཚན་ཉིད་དང་ལྡན་པ་ལ། དགེ་ འདུན་མཚན་ཉིད་དང་ལྡན་པས། ལས་མཚན་ཉིད་དང་ལྡན་པ་བརྗོད་ན། དེ་ཙམ་གྱིས་བསྙེན་ པར་རྫོགས་པའི་སྡོམ་པ་ཐོབ་པར་འགྱུར་བ་ཡིན་ཏེ། ཐོབ་ཤེས་ཀྱི་བསམ་པ་མངོན་འགྱུར་ བསྐྱེད་པའི་དོན་དུ་གདམས་ངག་གི་བརྡའ་སྤྲོད་པ་ལ། གྲུབ་པའི་མཐའ་དང་སྦྱར་ནས་རྒྱུ་དྲུག་ དང༌། རྐྱེན་བཞི་ལས་དགོས་པའི་རྒྱུ་རྐྱེན་རྣམས་འདི་ལྟར་ཚང་ཞེས་བརྡའ་སྤྲོད་ཀྱང་རུང་བ་ ཡིན། འདུལ་བ་ཉིད་ཀྱི་མཚན་ཉིད་གཏན་ལ་འབེབས་པའི་སྐབས་དང་སྦྱར་ན་དགག་པའི་ ཚུལ་གྱིས་འགལ་རྐྱེན་བར་ཆད་ཀྱི་ཆོས་བཞི་སྤངས་ཤིང༌། བསྒྲུབ་པའི་ཚུལ་གྱིས་མཐུན་རྐྱེན་ ལྔ་ཚང་བ་ལས་སྐྱེ་བར་བརྡའ་སྤྲོད་ཀྱང་རུང་བ་ཡིན་ཏེ། འདིར་བླ་མ་རྣམས་ཀྱི་ཕྱག་བཞེས་ཀྱི་ ལུང་གཅིག་ནས་འཕྲོས་པ་ནས་གསུངས་པ། བསྙེན་པར་རྫོགས་པའི་རྒྱུ་མངོན་དུ་གྱུར་པ་ 1-1-363 བཅུ་ཚང་བས་སྐྱེའོ་ཞེས་བརྡའ་སྤྲོད་པར་མཛད་དེ། དེ་ལ་དང་པོ་སངས་རྒྱས་མངོན་དུ་གྱུར་པ་ ནི། བསྟན་པ་འདིའི་བདག་པོ་ཤཱཀྱ་ཐུབ་པའི་སྐུ་རིས་སུ་བྲིས་པའམ་འབུར་དུ་གཏོད་པའམ། ལུགས་སུ་བླུག་པ་གང་རུང་གཅིག་དགོས་པ་ཡིན་ཏེ། འདི་ལྟར་བཞུགས་པ་འདི་རྡོ་རྗེ་གདན་ དུ་སངས་རྒྱས་པའི་མཆོག་གི་སྤྲུལ་པ་དེ་དང་ཁྱད་པར་ཅུང་ཟད་ཀྱང་མེད་རང་ཉིད་སྣང་བ་ དག་ན་བདེན་པའི་དོན་སྟོན་པར་ཨུ་དྲ་ཡ་ན་ལ་སོགས་པའི་གླེང་གཞིས་ཤེས་པ་ཡིན་པས་ སངས་རྒྱས་དངོས་ཡིན་སྙམ་དུ་བསམ། གཉིས་པ་ཆོས་མངོན་དུ་གྱུར་པ་ནི། ལུང་དང་མངོན་ པར་རྟོགས་པ་གཉིས་ལས། རྟོགས་པའི་ཆོས་དཀོན་མཆོག་ནི་འཕགས་པའི་གང་ཟག་གི་ ཐུགས་རྒྱུད་ལ་མངའ་བ་ཡིན་ཡང་འདིར་རྗེས་མཐུན་པ་མཁན་སློབ་དགེ་འདུན་རྣམས་བསླབ་ པ་ལ་ནན་ཏན་དུ་བྱེད་པ་ཉིད་ཡིན་པས་ཚང༌། ལུང་གི་ཆོས་དེ་ཡང་ཆོ་གས་རིག་བྱེད་མཁན་ སློབ་ཀྱི་ངག་ལས་གྲགས་པ་དང༌། སྒྲ་སྤྱིའི་འཕྲེང་བ་རང་གི་ཡིད་ལ་སྣང་བས་ཀྱང་གྲུབ་མོད་ ཀྱི་མཚོན་བྱེད་བརྡ་ཙམ་གླེགས་བམ་ཡི་གེར་བྲིས་པ་ཡང་འདི་ལྟར་བཞུགས་པ་ཡིན། གསུམ་ པ་དགེ་འདུན་མངོན་དུ་གྱུར་པ་ནི། གྲངས་ཚང་མཚན་ཉིད་ཚང༌། མི་མཐུན་པ་མེད་པ་གསུམ་ ལས། གྲངས་ནི་ཡུལ་དབུས་དང་མཐའ་འཁོབ་ཀྱི་བྱེ་བྲག་གིས་མེད་ན་འདུལ་བ་འཛིན་པ་ དང་བཅུ་དང་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་གསུངས་ལ། བོད་ཡུལ་འདི་ཡང་ས་ མཚམས་ཀྱི་མཐའ་འཁོབ་ཡིན་པས་གཞན་མེད་ན་ལྔ་ཡིས་ཀྱང་སྐྱེ་བར་རུང་བ་ཡིན་མོད་ཀྱི། ད་ལྟ་དབུས་ཀྱི་ཚད་དམ་དེ་བས་ཀྱང་ལྷག་པར་བཞུགས་པ་ཡིན། མཚན་ཉིད་སོ་སོ་ནས་ཁ་ སྐོང་གི་ཆོས་བཅུ་བཞི་དང་ལྡན་པ་དགོས་པ་ལས་དཀའ་ཤོས་ཀྱི་འཁྲུལ་བ་མེད་པ་ཡང་ལྟུང་ མཐུན་བྱིན་གྱིས་བརླབས་པ་བྱས་ཡན་ཆད་ཀྱིས་ལྡན་པར་ཚང་བ་ཡིན། མི་མཐུན་པ་མེད་པ་ ལ་གཉིས་ལས། མ་འདུས་པའི་མི་མཐུན་པ་མེད་པ་ནི། དམིགས་གཙང་རིགས་ཀྱི་དཀྱིལ་ འཁོར་པར་ཐུགས་བསྟུན་པ་ཡན་ཆད་ཀྱིས་ཚང་བ་ཡིན། འདུས་པ་ཕྱིར་མི་ལྡོག་གིས་མི་ 1-1-364 མཐུན་པ་མེད་པ་ཡང་འདིར་འདུས་པའི་དགེ་འདུན་རྣམས་ལས། ལས་འདི་བྱ་བར་མི་འོས་ སོ་ཞེས་ཟློག་པར་བྱེད་པ་སུ་ཡང་མི་འབྱུང་སྟེ་ཅང་མི་གསུང་བའི་ཚུལ་གྱིས་གནང་བ་སྟེར་ བར་བཞུགས་པས་ཚང་བ་ཡིན། བཞི་པ་མཁན་པོ་མངོན་དུ་གྱུར་པ་ནི། བཙུན་པ་བརྟན་པའི་ ཡན་ལག་ཏུ་བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་པར་ལོན་ཞིང༌། མཁས་ཤིང་ཕན་ འདོགས་ཀྱི་ཡན་ལག་ཏུ་ཡོན་ཏན་གྱི་ཆོས་ལྔ་ཚན་དུ་སྦྱར་བ་ཉི་ཤུ་རྩ་གཅིག་ལས་གང་ཡང་ རུང་བ་དང་ལྡན་པ་གཅིག་དགོས་ཏེ་ཅི་སྐད་བཤད་པའི་མཚན་ཉིད་དང་ལྡན་པར་བཞུགས་ པ་ཡིན། ལྔ་པ་སློབ་དཔོན་རྣམས་མངོན་དུ་གྱུར་པ་ནི། ལས་ཀྱི་སློབ་དཔོན་ཁ་བསྐོང་གི་ཆོས་ དང་ལྡན་ཞིང་དགེ་འདུན་གྱི་དབུས་སུ་ཆོ་ག་བརྡའ་སྤྲོད་པ་ལ་མཁས་པ་གཅིག་དགོས་ཏེ། ཁོ་ བོས་ཆོ་གའི་ཡན་ལག་ཁ་བསྐོང་བ་ཡིན། གསང་སྟེ་སྟོན་པའི་སློབ་དཔོན་ཁ་བསྐོང་གི་ཆོས་ དང་ལྡན་ཞིང༌། ལྐོག་ཏུ་བར་ཆད་དྲི་བ་དང༌། ནང་དུ་འོང་བ་ལ་མཁས་པ་འགྲོ་བ་བཞི་དང་ བྲལ་བ་གཅིག་དགོས་ཏེ་མཚན་ཉིད་དང་ལྡན་པར་བཞུགས། དྲུག་པ་བསྙེན་པར་རྫོགས་པར་ འདོད་པ་མངོན་དུ་གྱུར་པ་ནི། ཁྱེད་ཉིད་ལ་ཟེར་བ་ཡིན་ཏེ། དེ་ལ་ལུས་དང་བསམ་པའི་རྟེན་ གཉིས་ལས། ལུས་ཀྱི་རྟེན་ལ་ཆོས་བཞི། གླིང་གསུམ་དུ་སྐྱེས་པའི་སྐྱེས་པའམ་བུད་མེད་ཀྱི་ མཚན་མ་གང་ཡང་རུང་བ་གཅིག་དང་ལྡན་པ་དགོས་ཏེ། སྐྱེས་པ་ཡང་ལགས་ཞེས་འབྱུང༌། དངོས་པོའམ་བསམ་པའི་སྒོ་ནས་ལུས་ནར་སོན་པ་ལོ་ཉི་ཤུ་དངོས་སུ་ལོན་པའམ་ལོན་ཤེས་ ཀྱི་བསམ་པ་དང་ལྡན་པ་དགོས་ཏེ། ལོ་ཉི་ཤུ་ཡང་ལོན་ཞེས་འབྱུང་། ཚིགས་སྔ་མ་སྔོན་དུ་སོང་ ལ་ཆགས་པ་ལྡན་པ་སྐྱབས་འགྲོ་ནས་དགེ་ཚུལ་གྱི་སྡོམ་པའི་བར་དུ་ཐོབ་པ་ལ་མ་ཉམས་པ་ གཅིག་དགོས་ཏེ། ཚངས་པར་སྤྱོད་པ་ལེགས་པར་སྤྱད་ཅེས་ཁས་བླངས་པ་ཡིན། རྒྱུད་ཚོགས་ སུ་མ་ཚང་བ་དགོས་ཏེ་ཁྱེད་རང་གསུམ་མན་ཆད་དུ་གནས་པ་འདི་ཡིན། བསམ་པའི་རྟེན་ ཆོས་བཞི་དང་ལྡན་པ་ཞིག་དགོས་ཞིང་ཚང་སྟེ། འོག་ཏུ་བརྡའ་སྤྲད་པས་གསལ་བར་འགྱུར། 1-1-365 བདུན་པ་ཡོ་བྱད་མངོན་དུ་གྱུར་པ་ནི། ཆོས་གོས་རྣམ་པ་གསུམ་རུང་ཞིང་ཚད་དང་ལྡན་པ་ མཁན་པོས་བྱིན་གྱིས་བརླབས་ཤིང་གནང་བ་དང༌། གདིང་བ་དང་ཆུ་ཚགས་མཁན་པོའི་ གསུང་གིས་གནང་བ་དང༌། ལྷུང་བཟེད་རུང་ཞིང་ཚད་དང་ལྡན་པ་དགེ་འདུན་ལ་བསྟན། དགེ་ འདུན་གྱིས་གནང་། མཁན་པོས་བྱིན་གྱིས་བརླབས་ཤིང་གནང་བ་དང་ལྡན་པ་གཅིག་དགོས་ ཏེ། བརྙན་པོས་ཀྱང་དེ་ཉིད་དང་བཅས་པ་ཡིན་ཞེས་གསུངས་པས་བརྙན་པོ་དང་བཅས་པས་ ཚང་བ་ཡིན། བརྒྱད་པ་ཡོངས་སུ་དག་པ་མངོན་དུ་གྱུར་པ་ནི། ཕྱི་ནང་གི་བར་ཆད་དང་མི་ལྡན་ པ་གཅིག་དགོས་པ་ཡིན་ཏེ། གསང་སྟེ་སྟོན་པས་ལྐོག་ཏུ་བར་ཆད་དྲིས་ནས་མི་ལྡན་པར་ བརྡའ་སྤྲད། ཁོ་བོས་དགེ་འདུན་གྱི་དབུས་སུ་དྲིས་པས་ཀྱང་མི་ལྡན་པར་བྱུང་བས་ཚང་བ་ ཡིན། དགུ་པ་གསོལ་བ་མངོན་དུ་གྱུར་པ་ནི། སྔར་བསམ་པ་ཐག་པ་ནས་དགེ་འདུན་ལ་ གསོལ་བ་ལན་གསུམ་དུ་བཏབ་ཅིང་ཆགས་པས་ཚང་བ་ཡིན། བཅུ་པ་ལས་མངོན་དུ་གྱུར་པ་ ནི། གསོལ་བ་དང་གཞིའི་ལས་ཚང་བ་མ་ནོར་མ་འཁྲུགས་པ་ཆོས་གསུམ་དང་ལྡན་པ་གཅིག་ དགོས་ཏེ་ད་ལྟ་ཉིད་དུ་མངོན་དུ་འགྱུར་བར་ཡོད་པས་ཚང་བ་ཡིན་ཏེ། དེ་ལྟར་རྒྱུ་མངོན་དུ་ གྱུར་པ་བཅུ་ཚང་བའི་ཕྱིར། འབྲས་བུ་བསྙེན་པར་རྫོགས་པའི་སྡོམ་པ་ངེས་པར་སྐྱེ་བ་ཡིན། བསམ་པའི་རྟེན་ལ་བཞི་ལས། བསམ་པ་ཐག་པ་ནས་ནོད་པར་འདོད་པའི་རྒྱུའི་ཀུན་སློང་ དང་ལྡན་པ་དགོས་ཏེ། ཁྱེད་རང་གིས་དོན་དུ་གཉེར་ནས་བསྒྲུབས་པས་ཚང་བ་ཡིན། དངོས་ གཞིའི་དུས་སུ་ཐོབ་པར་ཤེས་པའི་ནུས་པ་དང་ལྡན་པ་དགོས་ཏེ། གཏི་མུག་ཤས་ཆེ་བ་དུད་ འགྲོ་དང་མཚུངས་པ་ལ་སྡོམ་པ་མི་སྐྱེ་བས་ཐོབ་པར་ཤེས་པའི་ནུས་པ་དང་ལྡན་པ་དགོས་ཏེ། ཐོབ་ཤེས་མངོན་དུ་གྱུར་ཡང་སྐྱེ་རུང་དུ་ཡོད་པ་ཡིན། ངེས་པ་ལྔ་དང་བྲལ་བ་དགོས་ཏེ། ཡུལ་ ངེས་པ་དང༌། གང་ཟག་ངེས་པ་དང༌། ཡན་ལག་ངེས་པ་དང༌། དུས་ངེས་པ་དང༌། ཚེ་ངེས་པ་ རྣམས་དང་བྲལ་བ། ཡུལ་ཐམས་ཅད་དུ་གང་ཟག་ཐམས་ཅད་ལ། ཡན་ལག་ཐམས་ཅད་དུས་ 1-1-366 ཇི་སྲིད་མ་ཤིའི་བར་དུ་གནས་སྐབས་ཐམས་ཅད་དུ་རྒྱུན་དུ་བསྲུང་འདོད་དགོས་ཏེ་བསྐྱེད་ པས་འགྲུབ་པ་ཡིན། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོས་ཟིན་པ་དགོས་ཏེ། ཚེ་ འདིའི་བདེ་བ་ཐོབ་པའམ་སྡུག་བསྔལ་ལས་ཐར་པའི་དོན་དུ་བླངས་ན་འཇིགས་སྐྱོབས་ཀྱི་ ཚུལ་ཁྲིམས་སུ་འགྱུར་ཏེ་དམན་པ་ཡིན། ཕྱི་མར་ལྷ་མི་ཕུན་སུམ་ཚོགས་པ་ཐོབ་པའི་དོན་དུ་ བླངས་ན་ལེགས་སྨོན་གྱི་ཚུལ་ཁྲིམས་སུ་འགྱུར་ཏེ་འབྲིང་པོ་ཙམ་ཡིན་གྱི། དེ་གཉིས་ཀའང་ འཁོར་བའི་ཆོས་ལས་མ་འདས་པའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་རྣམ་དག་ཏུ་མི་འགྱུར་བས་ བསམ་པ་དམན་པ་དེ་དག་སྤངས་ཏེ། ཐར་པ་ཐོབ་པར་འདོད་ན་མྱ་ངན་འདས་པའི་བསམ་པ་ ཞེས་བྱ། བསམ་པ་དེས་བླངས་ན་ངེས་པར་འབྱུང་བའི་ཚུལ་ཁྲིམས་སུ་འགྱུར་བས། འདུལ་ བའི་རང་སྐད་དང་བསྟུན་ན་ཡང་བསམ་པ་དེ་ཙམ་གྱིས་ངེས་པར་ལེན་དགོས། འདིར་ཇོ་བོ་ ཆེན་པོའི་ཞལ་ནས། སོ་སོར་ཐར་པའི་སྡོམ་པ་དག་ཀྱང་བསམ་པ་ཐེག་པ་ཆེན་པོའི་སེམས་ བསྐྱེད་ཀྱིས་འཕངས་ལ་ཆོ་ག་ཐད་སོ་བ་བྱའོ། །ཞེས་གསུངས་པ་བཞིན་མི་གནས་པའི་མྱ་ངན་ ལས་འདས་པའི་བསམ་པས་བླངས་ན། ཐེག་པ་ཆེན་པོའི་ལམ་གྱི་ངེས་པར་འབྱུང་བའི་ཚུལ་ ཁྲིམས་སུ་འགྱུར་བ་ཡིན་པས། མདོར་ན་འདི་ལྟར་བསམ། བདག་གིས་སེམས་ཅན་ཐམས་ ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བསྙེན་པར་རྫོགས་པའི་སྡོམ་པ་མཐའ་ དག་རྫོགས་པར་བླངས་ལ། དུས་དེང་ནས་ཇི་སྲིད་མ་ཤིའི་བར་དུ་བསྙེན་པར་རྫོགས་པའི་ སྤང་བྱ་མཐའ་དག་ནི་སྤང༌། གཉེན་པོ་མཐའ་དག་ནི་རྒྱུད་ལ་བསྟེན་སྙམ་དུ་ལེན་སེམས་དང་ བསྲུང་སེམས་ཀྱི་གོ་ཆ་ཆེ་བར་གྱིས་ལ་མ་གཡེང་པར་སྡོད་ལད་མོ་བཟླ་བ་མི་དགོས། དགེ་ འདུན་གསོལ་བའི་ལས་ལ་ཐུགས་གཏད་པར་འཚལ། དགེ་འདུན་བཙུན་པ་རྣམས་དགོངས་ སུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་ པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་ 1-1-367 འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ ལྡན་ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང༌། བར་ཆད་ཀྱི་ ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་ མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་ འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་ འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་ པར་རྫོགས་པར་མཛད་དོ། །འདི་ནི་གསོལ་བའོ། །གསོལ་བ་ཐལ་བ་ལགས། བརྗོད་པ་དང་ པོ་ལ་ཐུགས་གཏད་འཚལ། (འདི་མན་གསུངས་ ཆ) དགེ་འདུན་བཙུན་པ་རྣམས་དགོངས་སུ་ གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་ པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་ འདུན་ལ་བསྙེན་པར་རྫོགས་པར་གསོལ་དེ་སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ ཡང་ལྡན། ལོ་ཉི་ཤུ་ཡང་ལོན་འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཡང་ཚང༌། བར་ཆད་ཀྱི་ ཆོས་རྣམས་ཀྱང་དག་གོ་ཞེས་མཆི་སྟེ། (དངོས་པོ་བརྗོད་པ་ ཆ་) མིང་འདི་ཞེས་བགྱི་བ་འདི་མཁན་པོ་ མིང་འདི་ཞེས་བགྱི་བས་དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་ན། (བྱ་བ་བརྗོད་པ་ ཆ) དེའི་ སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་བགྱི་བས་དགེ་འདུན་ལས་ བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་འདི་མཁན་པོ་ མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་པར་བཟོད་པ་དེ་དག་ ནི་ཅང་མ་གསུང་ཅིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག (བྱེད་པ་བརྗོད་པ་ ཆ) ལས་ བརྗོད་པ་དང་པོ་ཐལ་བ་ལགས། བརྗོད་པ་གཉིས་པ་ལ་ཐུགས་གཏད་པར་འཚལ། (སླར་ཡང་) དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། ནས། (དངོས་བརྗོད་བྱ་རྗོད་བྱེད་བརྗོད་ཀྱི་གསུང་ཤིག་བར་ 1-1-368 རོ།། ཆ) ལས་བརྗོད་པ་གཉིས་པ་ཐལ་བ་ལགས། བརྗོད་པ་གསུམ་པ་འདི་ལ། ངོ་བོ་དང་། བྱ་ བ་དང༌། བྱེད་པ་བརྗོད་པ་གསུམ་ལས། ཆ་དང་པོ་གཉིས་སོང་ནས་ཆ་གསུམ་པ་བརྗོད་པའི་ ཚིག་འོག་ན། (བྱ་བརྗོད་ཀྱི་དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་ན་ཞེས་པའི་ཚེ་སྡོམ་པ་རྒྱུད་ལ་སྐྱེ་བ་ཡིན། ཆ) དེའི་སླད་དུ་དགེ་འདུན་གྱི་ཞེས་པའི་ཚིག་དེ་བྱུང་བའི་དུས་སུ་ཁྱེད་ཀྱི་རྒྱུད་ལ་བསྙེན་པར་ རྫོགས་པའི་སྡོམ་པ་སྐྱེ་བ་ཡིན་པས། ད་ནི་རིང་པོར་མི་ཐོགས་པར་བསྙེན་པར་རྫོགས་པའི་ སྡོམ་པ་སྐྱེ་བར་འགྱུར་རོ་སྙམ་དུ་དགའ་བ་སྒོམ་ཞིང་སྔར་གྱི་བསམ་པ་མ་ཡེངས་པར་བགྱིས་ ལ་སྡོད། དགེ་འདུན་ལས་བརྗོད་པ་གསུམ་པ་ལ་ཐུགས་གཏད་འཚལ། (སླར་ཡང་)དགེ་འདུན་ བཙུན་པ་རྣམས་ནས། (དངོས་བརྗོད་བྱ་བརྗོད་བྱེད་བརྗོད་ཀྱི་མཇུག་གི་གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག་ བར་བརྗོད། ཆ) དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་ མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་ ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། ། དེ་ལྟར་སྦྱོར་བ་དང༌། དངོས་གཞི་གཉིས་ཀྱི་ཁྱེད་ཀྱི་རྒྱུད་ལ་བསྙེན་པར་རྫོགས་པའི་སྡོམ་ པ་ཁྱད་པར་ཅན་སྤང་བྱའི་རྒྱུན་སྡོམ་པར་བྱེད་པ་ཆུ་ལོན་ལྟ་བུ་སེམས་པ་དགེ་བ་ས་བོན་དང་ བཅས་པ་དེ་ཐོབ་ཅིང་མངོན་གྱུར་པ་ཡིན་པས་བདག་དགེ་སློང་གི་དངོས་པོ་གྱུར་ཏོ་སྙམ་དུ་ དགའ་བ་བསྒོམས་ཤིག དེས་དངོས་གཞི་སོང་བ་ལགས། ཆེ་གེ་མོས་འཇུག་གི་ཆོས་དང་པོར་ མཛོད་ཅིག་ཅེས་བརྗོད། དེས་ཀྱང་ཐུར་མ་སོར་བཞི་པས་གྲི བ་ཚོད་གཞལ་ཞིང་སོར་རེ་ལ་རྐང་པ་རེ་རེ་དང༌། བཞི་ལ་སྐྱེས་ བུ་གཅིག་ཅེས་ཤེས་པར་བྱས་ལ་བརྗོད་པར་བྱ་སྟེ་འདི་སྐད་དུ། དེ་ལྟར་སྦྱོར་དངོས་གཉིས་ཀྱིས་ཁྱོད་ཀྱི་རྒྱུད་ལ་ བསྙེན་པར་རྫོགས་པའི་སྡོམ་པ་ལེགས་པར་སྐྱེས་པ་ཡིན། འདིར་འཇུག་གི་ཆོ་གའི་སྐབས་དེ་ ལ་གཉིས་ལས་དང་པོ་བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པར་བྱ་བའི་དོན་ དུ་བསྙེན་པར་རྫོགས་པའི་དུས་གོ་བར་བགྱིའོ། །བསྙེན་བཀུར་གྱི་གནས་དེ། རང་བས་སྒྲུབ་ 1-1-369 པ་རྒན་པ་རྣམས་ཡིན། གནས་མ་ཡིན་པ། རང་བས་བསླབ་པ་གཞོན་པ་རྣམས་ཡིན། དེ་ཡང་ རགས་པ་ལོ་དང་ཟླ་བས་འཇོག་པ་མ་ཟད། ཐ་ན་གྲི བ་མ་སོར་གཅིག་ཡན་ཆད་ཀྱིས་ཀྱང་ འཇོག་པ་ཡིན། བསྙེན་བཀུར་རང་གི་ངོ་བོ་ཕྱག་འཚལ་བ་དང༌། གྲལ་གོང་དུ་གཏོང་བ་དང་ རྙེད་པ་དང་པོར་འགྲི མ་པ་ལ་སོགས་པ་ཡིན། རིག་པར་བྱ་བའི་དངོས་པོ་དྲུག་གམ་བདུན་ ཙམ་ཡོད་པ་ལས་མདོ་རྩ་རྩ་འགྲེལ་ལས་ཕྲ་བའི་རིམ་པ་ནས་བཤད་ཀྱང་བརྗོད་པ་པོས་ བརྗོད་བདེ་ཞིང༌། ཉན་པ་པོས་བཟུང་བདེ་བའི་ཕྱིར། ལོ་དྲི་མཁན་པོའི་རྗེས་སུ་འབྲངས་ནས་ རགས་པ་ནས་བརྗོད་དེ་དུས་ཚིག་རྣམས་ཀྱི་ཕྱི་མོ་ལོ་ཡིན་པས། ད་ལོ་བྱི་བའི་ལོ་ལྟ་བུ་ཡིན། དུས་ཚིགས་ལྔ་ལས་དགུན་གྱི་དུས་ལྟ་བུ་ཡིན། ཟླ་བ་རྒྱལ་གྱི་ཟླ་བ་ལྟ་བུ་ཡིན། དེའི་ཡར་ངོ་ཡིན། ཚེས་ གཅིག་ཡིན། ཟེར་བ་ལྟ་བུ་དང༌། ཉིན་མཚན་གྱི་ཆ་ཉི་ཤུ་རྩ་གཉིས་ལ་སྔ་དྲོ་ཡིན། ཞེས་པ་ལྟ་བུ་དང༌། གྲི བ་ ཚོད་ཆེ་གེའི་དུས་སུ། ཁྱེད་ཀྱི་རྒྱུད་ལ་དགེ་སློང་གི་སྡོམ་པ་སྐྱེ་བ་ཡིན་པས་དེ་རྣམས་སེམས་ལ་ ཞོག་ལ་རང་བས་བསླབ་པ་རྒན་པ་རྣམས་ཕྱག་དང་གྲལ་ལ་སོགས་པའི་བསྙེན་བཀུར་ཡར་ ལ་སྟོབ། གཞོན་པས་བསྙེན་བཀུར་ཚུར་སྟོབ་པ་དང་དུ་ལོང༌། དེ་ལྟར་རྩིས་པས་མཉམ་པར་ གྱུར་ན་ཕྱག་བྱ་མི་དགོས་གྲལ་མགྱོགས་གྲལ་དུ་བྱ་སྟེ་དུས་མཉམ་པ་རྣམས་ནི་གཅིག་གིས་ གཅིག་ལ་ཕྱག་མི་བྱའོ། །སྔར་འོངས་པ་དང་པོ་ཡིན་ནོ། །ཞེས་བཤད་དོ། །རིག་པར་བྱ་བའི་ དགོས་པ་དངོས་སུ་སྡོམ་པ་ཐོབ་པའི་དུས་ཤེས་པ་དང༌། དེ་ལྟར་འཇུག་ལྡོག་བྱས་པས་ཁ་ན་ མ་ཐོ་བས་མི་གོས་པ་དང༌། རྒྱུད་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པའི་ དགོས་པ་ཡོད། དེ་རྣམས་ཀྱིས་བསྙེན་པར་རྫོགས་པའི་དུས་སྒོ་བ་ཐལ་བ་ལགས། ཐོབ་པ་ མི་ཉམས་ཤིང་འཕེལ་བའི་དོན་དུ་གདམས་པ་བརྗོད་པ་དགེ་བའི་བཤེས་གཉེན་པས་གསུང་ བར་འགྱུར་ཞེས་བརྗོད་དོ། །དེ་ནས་ལས་བྱེད་པས། དེ་རྣམས་ཀྱང་ཤེས་པར་བྱས་ནས་ལག་ལེན་དུ་བྱ་དགོས་པ་ཡིན། གཉིས་པ་གདམས་ངག་བསླབ་པ་བརྗོད་པ་ལ་བཅུ་གཅིག་ཡོད་ཀྱང་དོན་ཚན་གཉིས་སུ་ 1-1-370 འདུས་པ་ལས། ཐོག་མར་བསླབ་བྱ་ཡུལ་ལ་གདམས་པ་ཡིན། དེ་ལ་རྣམ་དག་རྣམ་པ་བཞི་ ལས། དང་པོ་རྟེན་པ་འཚོ་བ་རྣམ་དག་ལ་གདམས་པ་ནི། དེ་ལྟར་ཐོབ་པའི་ཚངས་པར་སྤྱོད་ པ་མ་ཉམས་པ་འགོ་འདོན་པ་ལ་ཚེ་འདིར་ལུས་འཚོ་བའི་རྟེན་ཟས་གོས་གནས་མལ་ན་བའི་ གསོ་སྨན་རྣམས་མཐའ་གཉིས་སུ་སྤངས་པ་དབུ་མའི་ལམ་ལ་བརྟེན་དགོས་སོ། །ཞེས་སྤྱིར་ འདོམས་པ་འདི་ཡིན། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག་བཞི་པོ་འདི་དག་ནི་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་ གི་གནས་སུ་གསུངས་ཏེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །བྱེ་བྲག་ཏུ་ གདམས་པ་ལ་བཞི་ལས། དང་པོ་གོས་མཐའ་གཉིས་སུ་མ་ལྷུང་བ་ལ་འདོམས་པའི་འདོད་ པ་བསོད་སྙོམས་ཀྱི་མཐའ་སྤང་བ། གོས་བཟང་པོ་ལ་འབད་པས་དོན་དུ་མི་གཉེར་བར་གོས་ ཕྱག་དར་ཁྲོད་ངན་ངོན་ཙམ་གྱིས་ཆོག་ཤེས་པར་གྱིས་ཤིག ཅེས་འདོམས་པ་ནི། བཞི་གང་ ཞེ་ན། གོས་ཀྱི་ནང་ན་ཕྱག་དར་ཁྲོད་ནི་རུང་བ་རྙེད་པ་བླ་བ་སྟེ། དེ་ལ་གནས་ན་དགེ་སློང་ ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་ སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་ཕྱག་དར་ཁྲོད་ཀྱི་ གོས་ཀྱིས་འཚོ་བར་སྤྲོ་འམ། དེས་སྤྲོ་ལགས་ཞེས་སོ། །ངལ་ཞིང་དུབ་པའི་མཐའ་སྤང་བ། འབད་ རྩོལ་གྱིས་སྒྲུབ་མ་དགོས་པར་བྱུང་ན་འདི་ལྟ་བུ་ལ་ཡང་ཆགས་ཞེན་མེད་པར་ལོངས་སྤྱད་དུ་ རུང་ཞེས་འདོམས་པ་ནི། ལྷག་པར་རྙེད་པ་ན་དར་རམ། རས་ཡུག་ཆེན་ནམ། བེའུ་རས་སམ། དར་ལ་འམ། བེའུ་རས་ཡུག་ཆེན་ནམ། བེའུ་ཕྲུག་གམ་ལ་དམར་རམ། ཡུལ་ཀ་ཤི་ཀའི་རས་ ཕྲན་ནམ། ཁ་དོག་རན་པའམ། ཁ་དོག་ངན་པའམ། ཤ་ནའི་རས་སམ། རས་གོས་སམ། ཟར་ 1-1-371 མའི་རས་སམ། དུ་གུ་ལའི་རས་སམ། ཀོ་ཏམ་པའི་རས་སམ། ཉི་འོག་གི་གོས་སམ། གཞན་ ཡང་གོས་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ ཟིན་པར་གྱིས་ཤིག ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའམ། དེས་དམ་འཆའ་ལགས་ ཞེས་སོ། ། གཉིས་པ་ཟས་མཐའ་གཉིས་སུ་མ་ལྷུང་བ་ལ་གདམས་པའི་འདོད་པ་བསོད་སྙོམས་ ཀྱི་མཐའ་སྤང་བ་ཟས་བཟང་པོ་དོན་དུ་མི་གཉེར་བར་བསོད་སྙོམས་ཀྱི་ཟས་ཙམ་གྱིས་ཆོག་ ཤེས་པར་གྱིས་ཤིག ཅེས་འདོམས་པ་ཡིན། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག ཟས་ཀྱི་ ནང་ན་བསོད་སྙོམས་ནི་རུང་བ་རྙེད་ཀྱང་བླ་བ་སྟེ། དེ་ལ་གནས་ནས་དགེ་སློང་ལེགས་པར་ གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་ པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་བསོད་སྙོམས་ཀྱི་ཟས་ཀྱི་འཚོ་ བར་སྤྲོའམ། དེས་སྤྲོ་ཞེས་སོ། །ངལ་ཞིང་དུབ་པའི་མཐའ་སྤང་བ་འབད་རྩོལ་གྱིས་སྒྲུབ་མ་དགོས་ པ་བྱུང་ན་འདི་ལྟ་བུ་ལ་ཡང་ཆགས་ཞེན་མེད་པར་ལོངས་སྤྱོད་དུ་རུང་ཞེས་འདོམས་པ། ལྷག་ པར་རྙེད་ན་འབྲས་ཆེན་ནམ། སྐྱོ་མའམ། ཐུག་པའམ། ལྔ་སྟོན་ནམ། བརྒྱད་སྟོན་ནམ། བཅུ་ བཞི་སྟོན་ནམ། ཉ་སྟོན་ནམ། རྟག་རེས་འཁོར་རམ། མགྲོན་དུ་བོས་པའམ། འཕྲལ་བོས་ པའམ། སྤགས་པའམ། གཞན་ཡང་ཟས་གང་རུང་བ་གང་དགེ་འདུན་ནམ། གང་ཟག་ལས་ རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་ དམ་འཆའམ། དེས་དམ་འཆའ་ཞེས་སོ། ། གསུམ་པ་གནས་མལ་མཐའ་གཉིས་སུ་མ་ལྷུང་བ་ལ་གདམས་པའི་འདོད་པ་བསོད་ སྙོམས་ཀྱི་མཐའ་སྤང་བ། གནས་མལ་བཟང་པོ་དོན་དུ་མི་གཉེར་བར་ཤིང་དྲུང་ཙམ་གྱིས་ ཆོག་ཤེས་པར་གྱིས་ཤིག །ཅེས་པ་འདོམས་པ་འདི་ཡིན། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག 1-1-372 གནས་མལ་གྱི་ནང་ན་ཤིང་དྲུང་གི་རུང་བ་རྙེད་པར་བླ་བ་སྟེ། དེ་ལ་གནས་ན་དགེ་སློང་ ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་ སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བགྱི་བ་ཁྱོད་ཇི་སྲིད་འཚོའི་བར་དུ་ཤིང་དྲུང་གི་ གནས་མལ་གྱིས་འཚོ་བར་སྤྲོའམ། སྤྲོ་ཞེས་སོ། །ངལ་ཞིང་དུབ་པའི་མཐའ་སྤང་བ་འབད་རྩོལ་ གྱིས་སྒྲུབ་པ་མ་དགོས་པར་བྱུང་ན་འདི་ལྟ་བུ་ལའང་ཆགས་ཞེན་མེད་པར་ལོངས་སྤྱད་དུ་ རུང་ཞེས་འདོམས་པ། ལྷག་པར་རྙེད་ན་ཁང་པའམ། རྔ་ཁང་ངམ། ཁང་པ་བརྩེགས་པའམ། བསིལ་བའི་ཁང་པའམ། སབ་མོས་བསྐོར་བའམ། བ་གམ་མམ། ཁང་བཟངས་སམ། སྒོ་ ཁང་གི་སྟེང་གི་བསིལ་ཁང་ངམ། ཁང་སྟེང་གི་ཡོལ་ཁང་ངམ། སྤང་ལེབ་ཁང་ངམ། ས་ཕུག་ གམ། བྲག་ཕུག་གམ། རི་ཕུག་གམ། རྩྭའི་སྤྱིལ་བུ་འམ། ལོ་མའི་སྤྱིལ་བུའམ། འཆག་སར་ བྱས་པའམ། འཆག་སར་མ་བྱས་པའམ། བྱ་སྐྱིབས་སུ་བྱས་པའམ། བྱ་སྐྱིབས་སུ་མ་བྱས་ པའམ། གཞན་ཡང་གནས་མལ་རུང་བ་གང་དགེ་འདུན་ནམ། གང་ཟག་ལས་རྙེད་ན་དེ་ཡང་ ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའམ། །དེས་དམ་འཆའོ་ཞེས་སོ། ། བཞི་པ་སྨན་བཀུས་ཏེ་བོར་བ་ལ་གདམས་པའི་འདོད་པ་བསོད་སྙོམས་ཀྱི་མཐའ་སྤང་ བ་སྨན་བཟང་པོ་དོན་དུ་མི་གཉེར་བར་གཞན་གྱིས་ཁུ་བ་བཀུས་པའི་སྙིགས་མ་ཙམ་གྱིས་ ཆོག་ཤེས་པར་གྱིས་ཤིག ཅེས་འདོམས་པ་འདི་ཡིན་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག སྨན་ གྱི་ནང་ན་བཀུས་ཏེ་བོར་བ་ནི་རུང་བ་རྙེད་བླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་ གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་ པོར་འགྱུར་རོ། །མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་བཀུས་ཏེ་བོར་བའི་སྨན་གྱིས་འཚོ་ བར་སྤྲོ་འམ། དེས་སྤྲོ་ཞེས་སོ། །ངལ་ཞིང་དུབ་པའི་མཐའ་སྤང་བ་འབད་རྩོལ་གྱིས་སྒྲུབ་མ་དགོས་ 1-1-373 པར་བྱུང་ན་འདི་ལྟ་བུ་ལ་ཡང་ཆགས་ཞེན་མེད་པར་ལོངས་སྤྱོད་དུ་རུང་ཞེས་འདོམས་པ། ལྷག་པར་རྙེད་ན་ཞུན་མར་རམ། འབྲུ་མར་རམ། སྦྲང་རྩིའམ། བུ་རམ་གྱི་དབུ་བའམ། ཐུན་ ཚོད་དུ་རུང་བའམ། ཞག་བདུན་པའམ། འཚོ་བའི་བར་དུ་བཅང་བའམ། རྩ་བའི་སྨན་ནམ། སྡོང་བུའི་སྨན་ནམ། ལོ་མའི་སྨན་ནམ། མེ་ཏོག་གི་སྨན་ནམ། འབྲས་བུའི་སྨན་ནམ། གཞན་ ཡང་སྨན་རུང་བ་གང་དགེ་འདུན་གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་ པར་གྱིས་ཤིག ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་དམ་འཆའ་ལགས་ ཞེས་སོ། །དེས་འཚོ་བ་རྣམ་དག་ལ་གདམས་པ་ཡིན། གཉིས་པ་ཚུལ་ཁྲིམས་རྣམ་དག་ལ་གདམས་པ་ལ་གསུམ་ལས། དང་པོ་མཚན་ཉིད་ལ་ གདམས་པ་དེ་ལ་གཉིས་ལས། རང་གི་མཚན་ཉིད་ལྟུང་བར་འགྱུར་བའི་ཆོས་བཞི་སྤང་བར་ གདམས་པ་ནི། ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླང་བ་རྩ་བའི་ལྟུང་བ་བཞི་ཆར་ གཏོགས་པ་དང་བཅས་པ་སྤང་དགོས་སོ། །ཞེས་སྤྱིར་འདོམས་པ་དེ་ཡིན། ཚེ་དང་ལྡན་པ་མིང་ འདི་ཞེས་བགྱི་བ་ཁྱོད་ཉོན་ཅིག བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་ལྟུང་བར་འགྱུར་བའི་ཆོས་སུ་ གསུངས་ཏེ། དགེ་སློང་གིས་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་པར་འགྱུར། དགེ་ སྦྱོང་དུ་མི་རུང༌། ཤཱཀྱའི་སྲས་ཀྱིར་མི་རུང༌། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང༌། ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་བ་ སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་ མགོ་བོ་བཅད་ན་སྔོན་པོ་འགྱུར་དུ་མི་རུང་ལ། འཕེལ་ཤིང་རྒྱས་པ་དང་ཡངས་པར་འགྱུར་དུ་ མི་རུང་བ་བཞིན་ནོ་ཞེས་སོ། ། 1-1-374 བྱེ་བྲག་ཏུ་གདམས་པ་ལ་བཞི་ལས། དང་པོ་ནང་སེམས་ཅན་ལ་ཆགས་པས་ཀུན་ ནས་བསླང་བའི་མི་ཚངས་པར་སྤྱོད་པ་ཆར་གཏོགས་དང་བཅས་པ་སྤང་དགོས་སོ་ཞེས་པ་ འདོམས་པ་འདི་ཡིན། བཞི་གང་ཞེ་ན། འདི་ལྟ་སྟེ། འདོད་པ་དང༌། འདོད་པ་ལ་ཞེན་པ་དང༌། འདོད་པ་ལ་འཆུམས་པ་དང༌། འདོད་པ་ལ་ལྷག་པར་ཞེན་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་ གྲངས་དུ་མར་སྨད་དེ། འདོད་པ་སྤངས་པ་ནི་བསྔགས་དེ་བོར་བ་དང༌། གསལ་བ་དང༌། ཟབ་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། ཉེ་བར་ཞི་བ་དང༌། ནུབ་པ་ ནི་བསྟོད་དོ། བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ ཆད་ཆགས་པའི་སེམས་ཀྱི་བུད་མེད་ཀྱི་ཡུལ་ལ་མིག་གཏད་དེ་མིག་གིས་ལྟ་བར་ཡང་མི་བྱ་ན་ གཉིས་ཀྱིས་གཉིས་སྤྲད་དེ་མི་ཚངས་པར་སྤྱོད་པ་འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་པ་ལྟ་ སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་དགེ་ སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས། བསླབ་པ་མ་ཕུལ་བསླབ་པ་ ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན། ཐ་ན་དུད་འགྲོའི་ སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་ གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན་ བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང༌། ཤཱཀྱའི་སྲས་ཀྱིར་མི་ རུང༌། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་ འགྱུར་ཞིང༌། ཉམས་པ་བཅོམ་པ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་ མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན། ཤིང་ཏ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་ དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ 1-1-375 ཆད་ཁྱོད་སྤྱད་པ་མ་ཡིན་པ་དང༌། བྱ་བ་མ་ཡིན་པ་དང༌། སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་ པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག ཇི་ལྟར་གནས་པ་ འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ལགས་ཞེས་སོ། ། གཉིས་པ་ཕྱིའི་ཡོ་བྱད་ལ་ཆགས་པས་ཀུན་ནས་བསླང་བ་མ་བྱིན་པར་ལེན་པ་ཆ་མཐུན་ དང་བཅས་པ་སྤང་དགོས་ཞེས་འདོམས་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག མ་ བྱིན་པར་ལེན་པ་ནི། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་སྨད་དོ། །མ་བྱིན་པར་ལེན་ པ་སྤངས་པ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ ཁྱོད་དེང་ཕྱིན་ཆད་རྐུ་སེམས་ཀྱིས་ཐ་ན་གཞན་གྱི་ཕུབ་མ་ཡང་མ་བྱིན་པར་མི་བླང་ན། མ་ ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ ཅིང་གཟིགས་པ་དེས། ཡང་དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པའམ། དགོན་པ་ན་ འདུག་པ་མ་བྱིན་པ་རྐུ་བའི་གྲངས་སུ་གཏོགས་པ་བླང་ན། ཅི་ཙམ་མ་བྱིན་པར་བླངས་པས། དེ་རྒྱལ་པོའམ་བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པའོ། །རྐུ་བའོ། །ཞེས་ཟེར་ཞིང་གསོད་དམ་འཆིང་ངམ་སྤྱུགས་ཀྱང་རུང་ སྟེ་དགེ་སློང་མ་བྱིན་པར་ལེན་ན་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་ བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན་བྱས་མ་ཐག་ཏུ་ དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང༌། ཤཱཀྱའི་སྲས་ཀྱིར་མི་རུང༌། དགེ་སློང་ གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་ པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་ འགྱུར་རོ། །འདི་ལྟ་ཏེ། དཔེར་ན་ཤིང་ཏ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་ 1-1-376 འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་ པ་མ་ཡིན་པ་དང༌། བྱ་བ་མ་ཡིན་པ་དང༌། སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་བག་ ཡོད་པས་སེམས་ཤིན་ཏུ་བསྲུང་བ་ལ་བརྩོན་པར་གྱིས་ཤིག ཅི་ལྟར་གནས་འདི་ལྟ་བུ་ལ་མི་ སྤྱོད་དམ། དེས་མི་སྤྱོད་ཅེས་སོ། ། གསུམ་པ་ཞེ་སྡང་གིས་ཀུན་ནས་བསླངས་པ་སྲོག་གཅོད་པ་ཆ་ཤས་དང་བཅས་པ་སྤང་ དགོས་ཞེས་འདོམས་པ་འདི་ཡིན། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག སྲོག་གཅོད་པ་ནི་བཅོམ་ ལྡན་འདས་ཀྱིས་རྣམ་གྲངས་དུ་མར་སྨད་དོ། སྲོག་གཅོད་པ་སྤངས་པ་ནི་བསྟོད་དོ། །བཀུར་ རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཐ་ན་བསམ་ བཞིན་དུ་སྲོག་ཆགས་གྲོག་སྦུར་ཡང་བསད་པར་མི་བྱ་ན། མིའམ་མིར་ཆགས་པ་ལྟ་སྨོས་ཀྱང་ ཅི་དགོས། ཚེ་དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་མིའམ་མིར་ ཆགས་པ་ལ་བསམ་བཞིན་དུ་རང་གིས་ལག་བདར་ཏེ་སྲོག་གཅོད་དམ། དེ་ལ་མཚོན་བྱིན་ ནམ། དེ་ལ་མཚོན་ཐོགས་པ་ལ་གཉེར་རམ། དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་ པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་ འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བ་བླའོ། །ཞེས་ཟེར་ཞིང་སེམས་ཀྱི་འདོད་པ་ དང༌། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གི་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་ བའི་བསྔགས་པ་བརྗོད་དེ་དེ་ཡང་རྩོམ་པ་དེས་དུས་བྱས་ན་དགེ་སློང་དེ་ཡང་ཕམ་པར་འགྱུར་ བ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་འདི་ ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང༌། ཤཱཀྱའི་ སྲས་ཀྱིར་མི་རུང༌། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སློང་གི་ཚུལ་ 1-1-377 ཞིག་པར་འགྱུར་ཞིང༌། ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏ་ལའི་མགོ་བོ་བཅད་ན་ སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་བྱ་བ་མ་ཡིན་པ་དང༌། སྤྱད་པ་མ་ཡིན་པ་སྤང་ བ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག ཇི་ལྟར་ གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་སོ། ། བཞི་པ་གཏི་མུག་གིས་ཀུན་ནས་བསླངས་པ་རྫུན་དུ་སྨྲ་བ་ཆ་མཐུན་དང་བཅས་པ་སྤང་ དགོས་སོ་ཞེས་འདོམས་པ་འདི་ཡིན། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག རྫུན་དུ་སྨྲ་བ་ནི་བཅོམ་ ལྡན་འདས་ཀྱིས་རྣམ་གྲངས་དུ་མར་སྨད་དོ། །རྫུན་དུ་སྨྲ་བ་སྤངས་པ་ནི་བསྟོད་དོ། །བཀུར་ རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་ཕྱིན་ཆད་ཐ་ན་བཞད་གད་བྱ་ བར་བསམ་སྟེ་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ཡང་མི་བྱ་ན། བསམ་བཞིན་དུ་མི་ཆོས་བླ་མ་སྨྲ་བ་ ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དགེ་སློང་གང་མངོན་ པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ། མིའི་ཆོས་བླ་མ་མཐའ་དང༌། འཕགས་པ་དང༌། བྱེ་ བྲག་ཐོབ་པ་དང༌། ཤེས་པ་དང༌། མཐོང་བ་དང༌། རེག་པ་སྤྱོད་པ་མེད་ལ། མེད་བཞིན་དུ་ འདི་ཤེས་སོ། །འདི་མཐོང་ངོ༌། །ཞེས་ཁས་འཆེས་པ་ལས། དེ་ལྟུང་བ་བྱུང་བ་རྣམ་པར་དག་ པ་འདོད་ནས། དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་འདི་སྐད་ཅེས་ཚེ་དང་ལྡན་ པ་དག་བདག་གིས་མི་ཤེས་པར་ཤེས་སོ། །ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོབ་གསོག་རྫུན་དུ་སྨྲས་སོ། །ཞེས་ཟེར་ན། མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་ དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། ཅི་ 1-1-378 ཞིག་ཤེས་ཞེ་ན། སྡུག་བསྔལ་ཤེས་སོ། །ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ཤེས་སོ། །ཅི་ཞིག་མཐོང་ཞེ་ན། ལྷ་རྣམས་མཐོང༌ངོ་། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་ མཁའ་ལྡི ང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་ དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་མཐོང༌ངོ་། །ལྷ་རྣམས་ཀྱིས་ཀྱང་བདག་ མཐོང་ངོ༌། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡི ང་རྣམས་དང༌། དྲི་ཟ་ རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་བདག་མཐོང་ངོ༌། །ལྷ་རྣམས་ཀྱི་སྒྲ་ཐོས་སོ། །ཀླུ་རྣམས་དང༌། གནོད་ སྦྱིན་རྣམས་དང༌། ནམ་མཁའ་ལྡི ང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་ འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱི་སྒྲ་ཐོས་སོ། །ལྷ་ རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ ལྡི ང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་ དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་ སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། །ལྷ་རྣམས་ལྟ་ བའི་ཕྱིར་འགྲོའོ། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡི ང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་ དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་ དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ལྟ་བའི་ཕྱིར་འགྲོའོ། །ལྷ་རྣམས་བདག་བལྟ་བའི་ཕྱིར་འོང་ངོ་ 1-1-379 ། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡི ང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་ རྣམས་བདག་བལྟ་བའི་ཕྱིར་འོང་ངོ༌། །ལྷ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་ པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད། ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡི ང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་ དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ ཀྱི་ཤ་ཟ་རྣམས་དང༌། ལྷན་ཅིག་གཏམ་འདྲེ་བར་བྱེད་དོ། །ཕེབས་པར་སྨྲ་བར་བྱེད་དོ། །སོ་ སོར་ཀུན་དགའ་བར་བྱེད་དོ། །རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ལྷ་རྣམས་བདག་ དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ ལྡི ང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་ དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་ སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་བ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་ བྱེད་དོ། །མ་ཐོབ་བཞིན་དུ་བདག་གིས་མི་རྟག་པའི་འདུ་ཤེས་དང༌། མི་རྟག་པ་སྡུག་བསྔལ་ བའི་འདུ་ཤེས་དང༌། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང༌། ཟས་ལ་མི་མཐུན་ པའི་འདུ་ཤེས་དང༌། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང༌། ཉེས་དམིགས་ཀྱི་འདུ་ཤེས་དང༌། སྤོང་བའི་འདུ་ཤེས་དང༌། འདོད་ཆགས་དང་བྲལ་བའི་འདུ་ 1-1-380 ཤེས་དང༌། འགོག་པའི་འདུ་ཤེས་དང༌། འཆི་བའི་འདུ་ཤེས་དང༌། མི་སྡུག་པའི་འདུ་ཤེས་ དང༌། རྣམ་པར་བསྔོས་པའི་འདུ་ཤེས་དང་། རྣམ་པར་བརྣགས་པའི་འདུ་ཤེས་དང༌། རྣམ་པར་ བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང༌། རྣམ་པར་ཟོས་པའི་ འདུ་ཤེས་དང༌། རྣམ་པར་དམར་བའི་འདུ་ཤེས་དང༌། རྣམ་པར་འཐོར་བའི་འདུ་ཤེས་དང༌། རུས་གོང་གི་འདུ་ཤེས་དང༌། སྟོང་པ་ཉིད་དུ་སོ་སོར་རྟོགས་པའི་འདུ་ཤེས་ཐོབ་པོ། །མ་ཐོབ་ བཞིན་དུ་བདག་གིས་བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་ དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང༌། ནམ་མཁའ་མཐའ་ ཡས་སྐྱེ་མཆེད་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་མིན་ཀྱི་སྐྱེ་མཆེད་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་ འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ དང༌། རྫུ་འཕྲུལ་གྱི་ཡུལ་དང༌། ལྷའི་རྣ་བ་དང༌། སེམས་ཀྱི་རྣམ་གྲངས་དང༌། སྔོན་གྱི་གནས་ དང༌། འཆི་འཕོ་བ་དང༌། སྐྱེ་བ་དང༌། ཟག་པ་ཟད་པ་ཐོབ་པ་དང༌། བདག་ནི་དགྲ་བཅོམ་པ་ རྣམ་པར་ཐར་པ་བརྒྱད་ལས་བསམ་གཏན་པ་དང༌། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ ཡིན་ནོ། །ཞེས་བྱ་བ་སྟེ། དགེ་སློང་གི་གནས་དེ་ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་ རུང་བར་འགྱུར། དགེ་སྦྱོང་དུ་མི་རུང༌། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ ཉམས་པར་འགྱུར་ཏེ། དེའི་དགེ་སློང་གི་ཚུལ་ཞིག་པར་འགྱུར་ཞིང༌། ཉམས་པ་བཅོམ་པ་ལྟུང་ བ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སློང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་ སྟེ། དཔེར་ན། ཤིང་ཏ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་ པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང༌། བྱ་བ་མ་ཡིན་པ་དང་སྤྱད་པ་མ་ཡིན་པ་ལ་སྤང་བ་དེ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་ 1-1-381 བསྲུང་བར་བརྩོན་པར་གྱིས་ཤིག ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་ སོ། །དེས་རང་གི་མཚན་ཉིད་ལ་གདམས་པ་ཡིན། གཉིས་པ་སྤྱིའི་མཚན་ཉིད་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ལ་གདམས་པ་ནི། ཁྱོད་དེ་ ལྟར་བསྙེན་པར་རྫོགས་པར་བྱས་ནས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་པོ་འདི་ལ་གནས་ཤིང་ བཟོད་པ་ལ་གནས་པར་སྒྲུབ་ནས་ཚངས་པར་སྤྱོད་པའི་མགོ་འདོན་དགོས་སོ་འདོམས་པ་ འདི་ཡིན། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པ་དགེ་སློང་གི་དགེ་ སྦྱོང་དུ་བྱེད་པའི་ཆོས་སུ་གསུངས་ཏེ། བཞི་གང་ཞེ་ན། ཚེ་དང་ལྡན་པ་ཁྱོད་ཀྱིས་དེང་ཕྱིན་ཆད་ གཤེ་ཡང་སླར་མི་གཤེ་བར་བྱ་བ་དང༌། ཁྲོས་ཀྱང་སླར་མི་ཁྲོ་བར་བྱ་བ་དང༌། བརྡེག་ཀྱང་ སླར་མི་བརྡེག་པར་བྱ་བ་དང༌། འཚང་བྲུས་ཀྱང་སླར་མི་འབྲུ་བར་བྱའོ། །ཇི་ལྟར་གནས་འདི་ ལྟ་བུ་ལ་སྤྱོད་དམ། དེས་སྤྱོད་ཅེས་སོ། །དེ་ལྟར་གཉིས་ཀྱི་མཚན་ཉིད་ལ་གདམས་པའོ། ། གཉིས་པ་གཉེན་པོ་ལ་གདམས་པ་ནི། ཁྱོད་ཀྱི་བསམ་པ་ལ་འཚོ་བའི་གནས་བཞི་ ཡང་ཤིན་ཏུ་བསྟེན་དཀའ་སྤང་བྱ་ལྟུང་བར་འགྱུར་བའི་ཆོས་བཞི་ཡང་ཤིན་ཏུ་སྤངས་དཀའ། གཉེན་པོ་དགེ་སྦྱོང་བྱེད་པའི་ཆོས་བཞི་ཡང་ཤིན་ཏུ་བསྟེན་དཀའ་བར་འདུག་པས་དེ་ལྟ་བུ་ བདག་གི་སྒྲུབ་པར་མི་ནུས་སྙམ་ན། ཁྱོད་ཀྱིས་མི་ནུས་བཞིན་དུ་མཁན་སློབ་དགེ་འདུན་དང་ བཅས་པས་ནན་གྱིས་ཁྱོད་ལ་ཕོག་པ་མ་ཡིན། ཁྱོད་རང་གིས་བསམ་བཞིན་པས་དོན་དུ་ གཉེར་ནས་བླངས་པ་ཡིན་པས་ཇི་ལྟར་ཁས་བླངས་པ་བཞིན་གུས་པས་སྒྲུབས་ཤིག ཅེས་ འདོམས་པ་ཡིན། ཚེ་དང་ལྡན་པ་ཉོན་ཅིག ཁྱོད་སྔོན་བདག་ལེགས་པར་གསུངས་པའི་ ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་ན་ཅི་མ་ 1-1-382 རུང་སྙམ་དུ་སྨོན་པ་གང་ཡིན་པ་དང༌། ཁྱོད་མཁན་པོར་འོས་པ་དང༌། སློབ་དཔོན་དུ་འོས་པ་ གཉིས་དང༌། གསོལ་བ་དང་གཞིའི་ལས་མི་གཡོ་བ་བཞག་པར་མི་འོས་པས་རབ་ཏུ་བྱུང་ཞིང་ བསྙེན་པར་རྫོགས་སོ་ཞེས་སོ། །དེས་གཉེན་པོ་ལ་གདམས་པ་ཡིན་ནོ། ། གསུམ་པ་དཔེ་ལ་གདམས་པ་ནི། ཁྱོད་ཀྱི་བསམ་པ་ལ་རང་འདོད་པའི་དོན་གྲུབ་པ་ ཡིན་པས་ནན་ཏན་གྱིས་བསླབ་དགོས་པར་འདུག་ན། འོན་ཀྱང་བདག་གསར་དུ་བསྙེན་པར་ རྫོགས་པ་ཡིན་པས་ཇི་ལྟར་བསླབ་མི་ཤེས་སྙམ་ན། དགེ་སློང་བཟང་པོ་རྒན་པོ་རྣམས་ཇི་ ལྟར་སློབ་པ་བཞིན་དུ་བསླབ་པར་བྱ་སྟེ། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་དང་གསར་ དུ་བསྙེན་པར་རྫོགས་པ་ཡང་མཉམ་པ་ཉིད་རྣམ་པ་གསུམ་གྱིས་མཉམ་མོ་ཞེས་འདོམས་པ་ ཡིན། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་ གི་བསླབ་པ་གང་བསླབ་པར་བྱ་བ་དེ་ལ་དེ་རིང་བསྙེན་པར་རྫོགས་པས་ཀྱང་བསླབ་པོ། །དེ་ རིང་བསྙེན་པར་རྫོགས་པའི་དགེ་སློང་གི་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་བསྙེན་ པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་བསླབ་པོ། །དེ་ལྟར་ན་ཚུལ་ཁྲིམས་ཉིད་མཉམ་པ་ དང༌། བསླབ་པ་ཉིད་ཀྱིས་མཉམ་པ་དང༌། སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་ པ་དེ་ཁྱོད་དེང་ཕྱིན་ཆད་སྒྲུབ་པར་བྱའི། མི་སྒྲུབ་པར་མི་བྱའོ། །ཞེས་སོ། །དེང་ཁྱོད་ཀྱི་དཔེ་ལ་གདམས་ པ་སྟེ། དེ་ལྟར་གསུམ་གྱིས་ཚུལ་ཁྲིམས་རྣམ་དག་ལ་གདམས་པ་ཡིན། གསུམ་པ་རྟོགས་པའི་དོན་ལྟ་བ་རྣམ་དག་ལ་གདམས་པ་ལ་གཉིས་ལས། དང་པོ་ལྟ་བ་འབྱུང་བའི་གནས་ལ་གདམས་པ་ དེ་ལས། དང་པོ་རྐྱེན་གཙོ་བོ་བཤེས་གཉེན་བསྟེན་པ་ལ་གདམས་པ་ནི། འཇིག་རྟེན་ན་བུ་མཛངས་པ་ཕ་ལ་བསྙེན་བཀུར་བྱེད་ ཅིང་ངག་སྙན་པ་བཞིན་དུ་ཁྱོད་ཀྱིས་ཀྱང་མཁན་པོ་ལ་ཕའི་འདུ་ཤེས་བྱས་ན་བསྙེན་བཀུར་བྱེད་ཅིང་བྱ་བ་ཐམས་ཅད་ཞུས་ནས་ འདི་སྐད་གསུང་པ་བཞིན་དུ་བྱེད་དགོས་དེ་ལྟར་བྱས་ན་བྱ་བ་ཐམས་ཅད་མཁན་པོས་སྟོན་པར་འགྱུར་རོ། །ཞེས་འདོམས་པ་འདི་ ཡིན། དེང་ཕྱིན་ཆད་ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་བཞག་པར་བྱའོ། །མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་ཉེ་ 1-1-383 བར་བཞག་པར་བྱའོ། །ཁྱོད་ཀྱིས་དེང་ཕྱིན་ཆད་མཁན་པོ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱའོ། །མཁན་པོས་ཀྱང་ཁྱོད་ཤི་ བའམ་སོས་ཀྱི་བར་དུ་ནད་གཡོག་བྱའོ། །ཞེས་སོ། ། གཉིས་པ་རྐྱེན་ཕལ་པ་ལ་ཚངས་པར་མཚུངས་པར་སྤྱོད་པ་ལ་གུས་པར་གདམས་པ་ ནི། མཁན་པོ་བཞུགས་པའི་ཡུལ་དུ་དེ་ལྟར་བྱ་བ་ཡིན་ཡང་གཞན་དུ་ཇི་ལྟར་བྱ་སྙམ་པ་ལ། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གུས་པ་བྱས་ན། དེ་དག་གིས་སྟོན་པར་ འགྱུར་བས་གུས་པར་གྱིས་ཤིག ཅེས་འདོམས་པ་ཡིན། དེང་ཕྱིན་ཆད་ཁྱོད་ཀྱིས་ཚངས་པར་ མཚུངས་པར་སྤྱོད་པ་རྣམས་དང༌། གནས་བརྟན་རྣམས་དང༌། བར་མ་རྣམས་དང༌། གསར་བུ་ རྣམས་ལ་གུས་པ་དང་བཅས་པ་དང༌། ཞེ་ས་དང་བཅས་པ་དང༌། འཇིང་པ་དང་བཅས་པའི་ དབང་དུ་གྱུར་པས་གནས་པར་བྱའོ། །ཞེས་སོ། །དེ་ལྟར་གཉིས་ཀྱིས་ལྟ་བའི་རྐྱེན་ལ་གདམས་ པ་ཡིན། གཉིས་པ་དངོས་ལྟ་བ་སྦྱང་བ་ལ་གདམས་པ་ནི། ཁྱོད་ཀྱིས་བསྙེན་པར་རྫོགས་པར་ བྱས་པ་འདི་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པ་ཡིན་པས་ཡིད་དལ་ དུ་བསྡད་པས་མི་ཡོང༌། སྡེ་སྣོད་གསུམ་ལ་ཐོས་བསམ་སྒོམ་གསུམ་གྱིས་འབད་དེ་ལུང་དང་ མངོན་པར་རྟོགས་པའི་ཡོན་ཏན་གྱིས་རྒྱུད་ཕྱུག་པར་བྱེད་དགོས་སོ། །ཞེས་འདོམས་པ་འདི་ ཡིན་དེང་ཕྱིན་ཆད་ཁྱོད་ཀྱིས་ལུང་ནོད་པར་བྱ། བཀླག་པར་བྱ། ཁ་ཏོན་བྱ། ཕུང་པོ་ལ་མཁས་ པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་ བ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱའོ། །མ་ཐོབ་པ་ཐོབ་ པར་བྱ་བ་དང༌། མ་རྟོགས་པ་རྟོགས་པར་བྱ་བ་དང༌། མངོན་དུ་མ་བྱས་པ་མངོན་དུ་བྱ་བའི་ ཕྱིར་ཁྱོད་ཀྱིས་བརྩོན་པ་མི་འདོར་བར་བྱའོ། །ཞེས་སོ། །དེ་དག་གི་ལྟ་བ་རྣམ་དག་ལ་གདམས་ པ་ཡིན། 1-1-384 བཞི་པ་བསྒྲུབ་བྱ་ཆོ་ག་རྣམ་དག་ལ་གདམས་པ་ནི། ཁྱོད་ཀྱིས་བསྙེན་པར་རྫོགས་པའི་ སྡོམ་པ་བླངས་པ་འདི་སྤང་བྱ་མཐའ་དག་སྤོང་ཞིང་གཉེན་པོ་མཐའ་དག་རྒྱུད་ལ་བསྟེན་པར་ ཁས་བླངས་པ་ཡིན་པས། སྔར་གླེངས་པ་དེ་ཙམ་ལ་བླང་དོར་བྱས་པ་ཙམ་ཁོ་ནས་དགག་ སྒྲུབ་ཀྱི་ཆོ་ག་ཡོངས་སུ་རྫོགས་པ་རྣམ་པར་དག་པར་མི་འགྱུར་བླང་དོར་གྱི་གནས་མ་ལུས་པ་ དགེ་འདུན་གྱི་དབུས་འདིར་ཁོ་བོས་བརྗོད་ཀྱི་མ་རྫོགས་པ་ཡིན། སྒོ་འདི་དག་ལས་ཤེས་པར་ གྱིས་ལ་ཕྲ་ཞིང་ཕྲ་བ་ནས་བླང་དོར་གྱིས་ཤིག ཅེས་འདོམས་པ་འདི་ཡིན། འདི་དག་ནི་ཁོ་ བོས་ཁྱོད་ལ་བསླབ་པའི་གཞི་ཆེ་ལོང་ཙམ་ཞིག་བརྗོད་པར་ཟད་དེ་གཞན་དག་ནི་ཟླ་བ་ཕྱེད་ ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་ཐོས་པར་འགྱུར་རོ། །གཞན་དག་ ཀྱང་སློབ་དཔོན་དང་མཁན་པོ་དང༌། མཁན་པོ་གཅིག་པ་དང༌། སློབ་དཔོན་གཅིག་པ་དང༌། གཏམ་འདྲེས་པ་དང༌། ཕེབས་པར་སྨྲས་པ་དང་སྨོས་འདྲིན་དང་འགྲོགས་བཤེས་རྣམས་ཀྱང་ རྒྱ་ཆེར་སྟོན་པར་འགྱུར་རོ་ཞེས་སོ། །དེ་རྣམས་ཀྱིས་བསླབ་བྱ་ཡུལ་ལ་གདམས་པ་ཡིན། གཉིས་པ་སློབ་བྱེད་གཉེན་པོ་ལ་གདམས་པ་ལ་གཉིས་ལས། དང་པོ་གུས་པ་ལ་སྦྱར་ བ་ནི། སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དཀའ། རང་ཉིད་དལ་འབྱོར་གྱི་མི་ལུས་ཐོབ་པ་ དཀའ། ཐོབ་ནས་ཀྱང་སངས་རྒྱས་ཀྱི་བསྟན་པ་མཁན་སློབ་དང༌། དགེ་འདུན་མཚན་ཉིད་ དང་ལྡན་པ་ལས་བསྙེན་པར་རྫོགས་པ་ཤིན་ཏུ་ཡང་རྙེད་དཀའ་བའི་ས་ནས་རྙེད་པ་ཡིན་པས། བསླབ་པ་ལ་ཤིན་ཏུ་གུས་པས་བསྒྲུབ་དགོས་སོ་ཞེས་འདོམས་པ་དེ་ཡིན། ཤེས་རབ་མཆོག་ གི་བསྟན་པ་ལ། །ཁྱེད་ནི་བསྙེན་པར་རྫོགས་པར་འགྱུར། །དལ་དང་འབྱོར་པ་རྙེད་དཀའ་ བས། །འདི་དག་ཅི་ལྟ་བཞིན་དུ་སྒྲུབས། །མཛེས་པ་རབ་ཏུ་དབྱུང་བ་དང༌། །ཡོངས་སུ་དག་ པ་བསྙེན་རྫོགས་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་ བཀའ་སྩལ་ཏོ། །ཅེས་སོ། ། 1-1-385 གཉིས་པ་སྤོང་བའི་གཉེན་པོ་བག་ཡོད་པ་ལ་གདམས་པ་ནི། གུས་པ་ཙམ་གྱིས་ཀྱང་མི་ འགྲུབ་པས་དགག་སྒྲུབ་ཀྱི་བསླབ་བྱའི་ཆ་ལ་དངོས་སུ་འཇུག་ཅིང་བྱ་བ་མ་ཡིན་པའི་ཆ་ལས་ དངོས་སུ་ལྡོག་པའི་བག་ཡོད་པར་བྱེད་དགོས་སོ། །ཞེས་འདོམས་པ་འདི་ཡིན། ཚེ་དང་ལྡན་ པ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས་བག་ཡོད་པར་སྒྲུབས་ཤིག ཅེས་བརྗོད་དོ། །དེ་རྣམས་ཀྱིས་ ཐོབ་པ་མི་ཉམས་པའི་དོན་དུ་གདམས་ངག་བརྗོད་པ་ཡིན། དེའི་གོང་དུ་བསྙེན་བཀུར་གྱི་ གནས་དང༌། གནས་མ་ཡིན་པ་ཤེས་པའི་དོན་དུ་རྫོགས་པའི་དུས་བསྒོ་སྟེ་གཉིས་ཀྱིས་མཇུག་ ཏུ་བརྗོད་པའི་ཆོ་ག་ཡིན། དེའི་གོང་མ་དངོས་གཞི་དེའི་གོང་མ་སྦྱོར་བ་སྟེ། དེ་ལྟར་སྦྱོར་ དངོས་མཇུག་གསུམ་གྱིས། ཁྱོད་ཀྱི་རྒྱུད་ལ་བསྙེན་པར་རྫོགས་པའི་སྡོམ་པ་ལེགས་པར་ཐོབ་ པ་ཡིན། བཀའ་དྲིན་རྗེས་སུ་གཟོ་བས། དགེ་འདུན་ལ་དམིགས་པའི་ཕྱག་གསུམ་གྱིས་ལ་ བཀའ་དྲིན་ཆེའོ་ཞེས་སོགས་གྱིས་ཤིག དེའི་ཚེ་ཀུན་གྱིས་ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག ཚངས་པར་སྤྱོད་པ་ཚེའི་མཐར་ཕྱིན་པར་གྱུར་ཅིག ཅེས་སོགས་བརྗོད་དོ། །སངས་རྒྱས་བསྟན་ལ་རིམ་བཞིན་ དུ། །འཇུག་པའི་ཐོག་མ་ནས་བཟུང་སྟེ། །ལྷག་པའི་ཚུལ་ཁྲིམས་ལེན་ཚུལ་འདི། །དགེ་སློང་བསོད་ནམས་གྲགས་ཀྱིས་བཀོད། །ལུང་དང་མན་ངག་གོམས་བྱས་པས། །འདི་ལ་ཉེས་པ་མེད་པར་བསམ། །འོན་ཀྱང་བྱིས་པའི་བློ་ཡི་སྐྱོན། །མཆིས་ན་འཕགས་ རྣམས་བཟོད་པར་མཛོད། །དགེ་བས་ཁམས་གསུམ་སེམས་ཅན་རྣམས། །བསླབ་པ་གསུམ་ལ་ལེགས་བསླབས་ནས། །སྒྲིབ་པ་ གསུམ་པོ་བྱང་བྱས་ཏེ། །དུས་གསུམ་ཀུན་མཁྱེན་སངས་རྒྱས་ཤོག ། དམ་པའི་ཆོས་འདུལ་བའི་སྒོར་འཇུག་པའི་ལས་ཆོག་གི་རིམ་པ་འདི་ནི། ཞང་སྟོན་མཁས་པ་ཆེན་པོ་བསོད་ནམས་གྲགས་ ཀྱིས་དབེན་གནས་ཆེན་པོ་དཔལ་སྡིངས་སུ་སྦྱར་བའི་ཡི་གེའི་རྐྱེན་ནི། བློ་གྲོས་ཆེན་པོ་དང་ལྡན་པའི་དགེ་སློང་ཀུན་དགའ་རིན་ ཆེན་གྱིས་བྱས་པའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་བྱེད་པར་གྱུར་ཅིག ཤུ་བྷཾ། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །སེམས་བསྐྱེད་ཀྱི་ཆོ་ག་བསྡུས་པ་བྱེད་པར་འདོད་པས། དཀོན་མཆོག་གི་རྟེན་ དང༌། མཆོད་པ་ཅི་འབྱོར་བ་བཤམས་པའམ། མ་བཤམས་ཀྱང་རུང་སྟེ། ཁྱེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཤིན་ཏུ་ 1-1-386 ལེགས་ཏེ། བྱང་ཆུབ་སེམས་དཔའི་སར་འདི་གཉིས་ནི་བྱང་ཆུབ་སེམས་དཔའ་དང་པོ་སེམས་ བསྐྱེད་པ་བསྟན་པའི་ཕན་ཡོན་ཡིན་ཏེ། སེམས་བསྐྱེད་མ་ཐག་ནས་སེམས་ཅན་ཐམས་ཅད་ ཀྱི་ཡོན་གནས་སུ་གྱུར་པ་དང༌། བླ་མར་གྱུར་པ་དང༌། བསོད་ནམས་ཀྱི་ཞིང་དང་སྐྱེ་དགུ་ རྣམས་ཀྱི་ཕ་དང་འདྲ་བར་གྱུར་པ་དང༌། གནོད་པ་མེད་པའི་བསོད་ནམས་ཡོངས་སུ་འཛིན་ པའོ། །ཞེས་གསུངས། དེ་ལ་གནོད་པ་མེད་པའི་བསོད་ནམས་ཀྱི་ཚོགས་ནི། སེམས་བསྐྱེད་ ཡོད་ན་ལྷ་ལ་སོགས་པས་འཁོར་ལོ་བསྒྱུར་བའི་བསྲུངས་མ་ལ་ཉིས་འགྱུར་གྱིས་བསྲུང་བས་ གཉིད་ལོག་པ་དང༌། བག་མེད་ན་ཡང་མི་མ་ཡིན་གྱིས་འཚེ་བ་མི་ནུས་པ་དང༌། ཚེ་བརྗེས་པ་ ན་ཡང་གནོད་པ་ཉུང་ཞིང་ནད་མེད་པ་དང༌། སེམས་ཅན་གྱི་དོན་དང་བྱ་བ་ལ་རྩོལ་བ་དང༌། ཆོས་སྟོན་པ་ན་ངལ་བ་དང་བརྗེད་པ་དང་སེམས་ཉམས་པ་མེད་པ་དང༌། ལུས་སེམས་ཀྱི་ གནས་ངན་ལེན་ཆུང་བ་དང༌། གསང་སྔགས་ལ་སོགས་པ་གཞན་གྱིས་མ་གྲུབ་པ་ཡང་དེའི་ ལག་ཏུ་འོང་ནས་འགྲུབ་པ་དང༌། ཕ་རོལ་གྱི་གནོད་པ་བཟོད་པ་དང༌། གཞན་ལ་གནོད་པ་མི་ བྱེད་ལ་གཞན་གྱིས་གཞན་ལ་གནོད་པ་བྱེད་པ་མཐོང་ན་ཡང་དེ་ལ་མི་དགའ་བ་དང༌། ཁོང་ ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་སྨད་པ་སྟེ། དེ་ལ་གལ་ཏེ་སྤྱོད་ན་ཡང་མྱུར་ དུ་འབྲལ་བ་དང༌། དེ་གང་དུ་གནས་པར་འཇིགས་པ་ལ་སོགས་པ་མི་འབྱུང་ཞིང་བྱུང་ཡང་ཞི་ བ་དང༌། གལ་ཏེ་ངན་སོང་དུ་སྐྱེས་ཀྱང་མྱུར་དུ་ཐར་ལ་སྡུག་བསྔལ་ཆུང་ཞིང་སྐྱོ་བ་སྐྱེ་བ་དང༌། སེམས་ཅན་དེ་དག་ལ་སྙིང་རྗེ་སྐྱེ་བར་གསུངས་ནས་སླར་ཡང༌། དེ་ལྟར་བྱང་ཆུབ་སེམས་ དཔའ་དང་པོ་སེམས་བསྐྱེད་པ་ནི་གནོད་པ་མེད་པའི་བསོད་ནམས་ཡོངས་སུ་འཛིན་པ་ལས་ འདི་ལྟ་བུ་དང་མཐུན་པའི་ཕན་ཡོན་ཉམས་སུ་མྱོང་བར་འགྱུར་རོ། །ཞེས། གཞན་ཡང་སྡིག་ པ་འཇོམས་ཤིང་བསོད་ནམས་རླབས་ཆེན་འཕེལ་བས་ལམ་བགྲོད་དེ། སྤྱོད་འཇུག་ཏུ། དེས་ ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། 1-1-387 །ཅེས་དང་། དཔལ་བྱིན་གྱིས་ཞུས་པ་ལ་སོགས་པར། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་ པར་འགྱུར། །ཞེས་སོ། །ལམ་བགྲོད་ནས་སངས་རྒྱས་ཐོབ་སྟེ། སྤྱོད་འཇུག་ལས། གསེར་ འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་ རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བར་རབ་བརྟན་བཟུང༌། །ཞེས་ སོགས་གསུངས་པས། ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་ཡིན། དེ་ལྟ་བུའི་ཕན་ཡོན་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆོ་ག་ལ། སྦྱོར་བ། དངོས་ གཞི། རྗེས་གསུམ་ལས། སྦྱོར་བ་མདུན་གྱི་ནམ་མཁའི་གནས་སུ། སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱི་སྤྲིན་ཐིབས་པ་བཞིན་དུ་བཞུགས་པ་ལ། རང་གི་ལུས་སངས་ རྒྱས་ཀྱི་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་དང༌། འཇིག་རྟེན་ཁམས་ཀྱི་མཆོད་རྫས་ ཐམས་ཅད་བློས་བླངས་ནས་འབུལ་བ་དང༌། སྡིག་པ་ཐམས་ཅད་མནོང་ཞིང་འགྱོད་པས་སོ་ སོར་བཤགས་པ་དང༌། དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། སངས་རྒྱས་ཐམས་ཅད་ལ་ཆོས་ ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་ དང༌། དགེ་བ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་བསམ་པས་ཡན་ལག་བདུན་པའི་རྗེས་ ཟློས་བརྗོད་ཅིག་ཅེས་བཟང་སྤྱོད་ཡན་ལག་བདུན་པ་བྱའོ། །དེས་སྦྱོར་བ་སོང༌། དངོས་གཞི། དེ་ཡང་བྱང་ཆུབ་སེམས་དཔས་བདག་གཞན་ཐམས་ཅད་སྡུག་བསྔལ་མི་ འདོད་ཅིང་བདེ་བ་འདོད་པར་མཉམ་པའི་སེམས་དང༌། བདག་གི་བདེ་བ་དང་གཞན་གྱི་ སྡུག་བསྔལ་བརྗེ་བའི་སེམས་ཀྱང་སྦྱང་དགོས་པས་ཞེ་ཐག་པས་ཚིག་འདི་དག་ལ་རྗེས་ཟློས་ གྱིས་ཤིག ཅེས་བྱ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་ཐམས་ཅད་དང་ལྡན་ པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཅེས་ 1-1-388 ལན་གསུམ་བརྗོད་དོ། །དེ་ལྟར་སེམས་སྦྱངས་ནས་སེམས་བསྐྱེད་ལེན་པས། ཇི་ལྟར་དུས་གསུམ་ གྱི་སངས་རྒྱས་ཐམས་ཅད་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ལྟར། བདག་གིས་བྱང་ཆུབ་ ཏུ་སེམས་བསྐྱེད་པར་བྱ་སྙམ་དུ་སོམས་ལ། རྗེས་ཟློས་གྱིས་ཤིག ཕྱོགས་བཅུ་ན་བཞུགས་ པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་ དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་ པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་ བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ ལ། །རིམ་པ་བཞིན་དུ་བསླབ་པར་བགྱིའོ། །ཞེས་ལན་གསུམ་བརྗོད་དེས་དངོས་གཞི་སོང༌། མཇུག་གི་ཆོ་ག་ལ། རང་དགའ་བ་སྒོམ། གཞན་དགའ་བ་བསྐྱེད་པ་དང་གཉིས་ལས། དང་པོ་དེ། རང་དལ་འབྱོར་གྱི་ལུས་རྙེད་དཀའ་བ་ལས་རྙེད་ཅིང༌། སངས་རྒྱས་ཀྱི་བསྟན་པ་ དང་མཇལ་དཀའ་བ་ལས་མཇལ། སེམས་བསྐྱེད་ཀྱི་ཆོ་ག་ཐོབ་དཀའ་བ་ལས་ཐོབ་པས། ཚེ་ དོན་ཡོད་པར་བྱས་ཉམས་དུ་དགའ་བ་སྒོམ་ལ། རྗེས་ཟློས་གྱིས་ཤིག ཅེས་ཏེ། དེང་ནས་བདག་ ཚེ་འབྲས་བུ་ཡོད། །མིའི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་ལན་གཅིག་བརྗོད། ད་གཞན་དགའ་བ་བསྐྱེད་པ་ནི། ཁྱེད་ ཀྱིས་སེམས་བསྐྱེད་པ་དེ་དཀར་ཕྱོགས་དགའ་བའི་ལྷ་དང་ལྷ་མ་ཡིན་གྱིས་ཐོས་ནས་དགའ་ བ་ཆེན་པོ་འབྱུང་བར་གསུངས་པས། དེ་དག་ལ་སྦྲོན་པའི་བསམ་པས། རྗེས་ཟློས་གྱིས་ཤིག ཅེས་ཏེ། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་ལ་བདེ་གཤེགས་ཉིད་དང་ ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་ལན་གཅིག་བརྗོད་དོ། །དེ་དག་གིས་སེམས་བསྐྱེད་པའི་ཆོ་ག་དངོས་སོང་སྟེ། ཁྱོད་ཀྱིས་བྱང་ ཆུབ་སེམས་དཔའི་སེམས་བསྐྱེད་ལ། སློབ་པར་ཁས་བླངས་པ་ཡིན་པས། སེམས་བསྐྱེད་པ་ 1-1-389 ཡང་ཡང་དྲན་པའི་སྒོ་ནས་མི་བརྗེད་པར་བྱ་བ་དང༌། ཐ་ན་ཁབ་ཙམ་སྟེར་བ་ལ་སོགས་པའི་ སྦྱིན་པ་དང༌། སྲོག་གཅོད་ཉིན་གཅིག་ཙམ་སྤང་བ་ལ་སོགས་པའི་ཚུལ་ཁྲིམས་དང༌། ཚིག་ ངན་སྨྲ་བ་ལ་མི་ཁྲོ་བ་ལ་སོགས་པའི་བཟོད་པ་དང༌། དགེ་བ་ཆུང་ངུ་ཙམ་ལའང་སྤྲོ་བའི་ བརྩོན་འགྲུས་དང༌། བྱམས་སྙིང་རྗེ་བསྒོམ་པ་ལ་སོགས་པའི་བསམ་གཏན་དང༌། གསུང་རབ་ ཤོ་ལོ་ཀ་གཅིག་ཙམ་ནས་ཀྱང་སློབ་པའི་ཤེས་རབ་དང༌། ཕར་ཕྱིན་ཆུང་ངུ་ནས་ཀྱང་སྒྲུབ་པ་ ལ་སློབ་དགོས་པ་ཡིན་པས། དེ་ལྟར་ཡིད་ལ་ཞོག་ལ་སྒྲུབས་ཤིག དེས་གྲུབ་པ་ཡིན་ཞེས་ བརྗོད་ལ་བསྔོ་བ་བྱའོ། །རྗེ་བཙུན་འཇམ་དཔལ་དབྱངས་ནས་བརྒྱུད་པའི་ལུགས་ཀྱི་སེམས་ བསྐྱེད་ཀྱི་ཆོ་ག་མདོར་བསྡུས་པ། ཞང་སྟོན་མཁས་པ་ཆེན་པོ་བསོད་ནམས་གྲགས་ཀྱིས་སྦྱར་ བའོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་གྱུར་ཅིག་ཞུས་དག ཤུ་བྷཾ། མ་ཡིག རྟག་བརྟན་ཤིང་པར་དང་། ཆོས་རྗེ་རྒ་བླ་མ་ཚུལ་ཁྲིམས། གཙང་བ་སྐུ་འབྲིང་། ཨ་སྐྱོང་བླ་མ་ཨེ་མགོན་བཅས་ཀྱི་ ཕྱག་དཔེ་ཡིན། 1-1-390 ༄༅། །སྒྲའི་བསྟན་བཅོས་དཀར་པོ་གླིང་གི་གཞུང་ཡོལ་ཅགས་ལོ་ཙཱ་ བས་མཛད་པ་དང་། འགྲེལ་པ་ཞང་སྟོན་གྱིས་བྲག་རམ་གྱི་ གཙུག་ལག་ཁང་དུ་སྦྱར་བ་བཞུགས། ༄༅༅། །བཅོམ་ལྡན་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཀར་པོ་གླིང་གི་དབུས་ སྐྱེས་པའི། །སྐད་དུ་སངས་རྒྱས་ཉིད་ཀྱིས་གསུངས། །དེ་ཡང་ལེགས་པར་སྦྱར་བ་ཡི། །རྗེས་ སུ་བདག་གིས་འདི་ལྟར་གོ །ཐོག་མར་ལྔ་བཅུ་གསུང་གི་གཞི། །ངོས་གཟུང་དེ་ནས་རྣམ་པར་ དཔྱད། །གསལ་བྱེད་དྲག་དང་འབྲིང་ཞན་ཆེ། །རྔུབ་པ་ལྔ་ཚན་སྦྱར་རང་གནས། །དེ་སོགས་ རྣམ་པ་ཐ་དད་པ། །སྨྲི་ཏིས་གསུངས་པ་ཁོ་ན་སྟེ། །ཁྱད་པར་གོ་སླ་ཉེ་བར་མཁོ། །མདོ་ཙམ་ བརྗོད་ཀྱིས་འདི་བཞིན་བྱོས། །སྡེ་བཞིའི་དང་པོ་གཉིས་ཐ་མ། །དྲུག་རྣམ་བདུན་གསུམ་བཅུ་ དང་དགུ། །བྷོ་ཊའི་སྐྱེས་བུ་སང་བྷོ་ཊས། །ཇི་སྐད་བཏགས་བཞིན་བརྗོད་པ་ཉིད། །སྡེ་བཞིའི་ གསུམ་པ་རྣམས་ལ་ཡང་། །བྷོ་ཊའི་སྡེ་ཚན་དྲུག་པ་ཡི། །གསུམ་པ་སྔོན་དུ་སྦྱར་བཞིན་ཏེ། །རྗེས་སུ་ཞུགས་ན་སྐད་ཤུགས་སྦྱར། །དེ་དག་ཧ་བཏགས་མཐུག་པོ་ནི། །བཞི་པ་ཡིན་ཏེ་ཧ་སྒྲ་ ཉིད། །ཁོང་ནས་ཆུང་འབྱུང་ལྟོངས་ལྟོངས་བཀླག །གསུམ་པ་བདུན་པའི་གཉིས་པ་དག །ལྕེ་ རྩེ་ཅུང་ཟད་རྐན་སྦྱར་ནས། །ར་འི་བརྗོད་བཅས་གསལ་བར་བཀླག །མཐར་ཟད་ཁ་ཚ་ཡ་ གསུམ་སྟེ། །སྤྱི་མགུལ་འབྱུང་སྐད་རན་པར་བཀླག །གནས་ཀྱི་ཡི་གེ་དེ་དག་ལ། །སྒྲ་ཡི་ཡི་ གེ་གཉིས་པ་སྦྱར། །ཅུང་ཟད་བསྲིངས་ཏེ་ཐ་མལ་གཉིས། །དེ་བཞིན་བཞི་ནས་བཅུ་པའི་ཡང་། ། 1-1-391 བཅུ་གཉིས་བསྒྲེང་སྟེ་བཀུག་པ་བསྲིང་། །དེ་བཞིན་བཅུ་བཞི་བསྟོད་དེ་སྨད། །བཅོ་ལྔ་སྦྱར་ བའི་སྡེ་ལྔ་ཡི། །ཐ་མ་ཕལ་ཆེར་ང་སྒྲར་བརྗོད། །སྒྲ་ཡིག་ཐ་མ་སྦྱར་པ་ནི། །རྡུམ་རྡུམ་རྣམ་པར་ བཅད་ལ་བཀླག །དེ་དག་རྣམས་ཀྱི་ཡི་གེ་གཉིས། །ངོ་བོ་བརྗོད་དང་སྦྱར་པའང་བཤད། །མ་ སྨོས་སྡེ་པ་ནང་མཐུན་བཏགས། །ཆེན་པོ་གཅིག་ཏུ་བཀླག་པར་བྱ། །ཤ་བཏགས་པ་དང་ཆ་ མཐུན་ཏེ། །ཁྱད་པར་རང་སྒྲ་ཅུང་ཟད་དོ། །འདོགས་འབྲེལ་ཡན་ལག་ཐམས་ཅད་ལ། །རིང་ པོ་ལས་སོགས་སྔར་བཞིན་སྦྱར། །བརྗོད་དུ་མི་རུང་དུ་མ་བཏགས། །རང་སྒྲ་ཉེ་བར་དྲན་ ཙམ་བཀླག །བཀླག་པའི་མིང་རྣམས་མདོར་བསྡུས་ན། །སྲོག་ཆུང་སྲོག་ཆེན་རྗེས་དབྱངས་ དྲག །ཐུང་ངུ་རིང་པོ་ཤིན་ཏུ་རིང་། །ཆེན་པོ་ཆུང་ངུ་བར་མའོ། །མགོན་གསུངས་ལེགས་པར་ སྦྱར་བ་ལ། །བྷོ་ཊའི་མཁན་པོས་ལེགས་གསུངས་པའི། །ཡ་ཝ་ར་བཏགས་ཅུང་ཟད་མིན། །དེས་སྦྱར་སྡེ་པ་གཉིས་པ་ཡི། །ཐ་མ་མ་གཏོགས་དྲུག་པའི་ཡང་། །དེ་ལྟར་དྲུག་ནི་ཞུགས་པ་ ན། །ཐུབ་པས་གསུངས་མིན་གཞན་གྱིས་སྦྱར། །དེ་ལྟར་མིན་ན་རྣམ་པར་སྤང་། །གཞན་ཡང་ སྔོན་འཇུག་ལྔར་གསུངས་དང་། །རྗེས་སུ་སུམ་སྦྲེལ་སྦྱར་པ་དག །(གང་དུའང་འཇུག་མིན་ སྦྱར་བའང་མིན། །)འཇམ་དབྱངས་རྟག་ཞི་ལས་སོགས་པས། །མ་གསུངས་དྲག་ཕྱིར་ཡོང་མི་ སྦྱར། །ཡོང་ནི་དེང་སང་དུས་མནར་བཀའ་ཁྲིམས་ཉམས་པ་དང་། །སྔོན་གྱི་ཆོས་ལུགས་ནུབ་ པས་འདྲི་དང་ཀློག་ལས་སོགས། །དག་པར་མི་སློབ་ཅལ་ཅོལ་སྨྲ་ལ་སྤྲོ་རྣམས་ཀྱིས། །སློབ་མ་ ཤེས་རབ་ནོར་ཉམས་རང་དགར་གྱུར་པས་དཀྲུགས། །དམན་པས་སྦྱར་ཡང་བསྟན་བཅོས་ འདི་ཉིད་ཀྱི། །རྗེས་སུ་ཞུགས་ན་གཞུང་གི་ཡོན་ཏན་འབྱུང་། །(ཁ་ཅིག་བདག་བཞིན་འདི་ལ་ མོས་པར་འགྱུར། །)ང་རྒྱལ་རྨོངས་པས་མིྱག་ཀྱང་ལྟ་མི་འགྱུར། །ཁ་ཅིག་ལྟས་ནས་གྱ་ཙོམ་ སྐྱོན་འདོགས་པས། །ལས་ཀྱི་སྒྲིབ་པའང་སོག་པ་ཁོ་ནར་འགྱུར། །ཁ་ཅིག་ལྟག་ཆོད་འདེབས་ ཤིང་མ་ཚོར་བར། །བྲིས་ནས་གཞན་ལ་སྨྲ་བ་རྩོམ་པར་འགྱུར། །ཁོ་བོས་ལེགས་སྦྱར་བརྗོད་ 1-1-392 ཚུལ་ཅུང་ཟད་བྲིས་པ་ལ། །གལ་ཏེ་འཁྲུལ་སྲིད་ངག་དབང་མཁན་པོས་བཟོད་པར་མཛོད། །མ་འཁྲུལ་འདི་བརྟེན་འགྲོ་རྣམས་ཉི་ཟླ་ལྟ་བུ་ཡི། །དྲི་མེད་ཤེས་རབ་མཆོག་གིས་ཐམས་ཅད་ མཁྱེན་ཐོབ་ཤོག །སྒྲའི་བསྟན་བཅོས་རིག་པ་བཀླག་པའི་ཐབས་ཞེས་བྱ་བ། ཡོལ་ལོ་ཙཱ་བས་ མཛད་པ། རྫོགས་སོ།། ༄༅། །བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདིར་སྒྲ་ཀཱ་ལ་པ་ དང་། ཙནྡྲ་པ་ལ་བརྟེན་པ་ལེགས་པར་སྦྱར་བའི་བརྗོད་ཚུལ། མདོ་བསྟན་ཆོས་ཐམས་ཅད་ཀྱི་ སྤྱི་འགྲེལ། པཎ་ཌི་ཏ་ནོར་བཟང་གྲགས་པའི་གསུང་། ཡོངས་སུ་གྲགས་པའི་པཎ་ཌི་ཏ་སྨྲི་ཏི་ ཛྙི་ན་ཀིར་ཏིས་མཛད་པའི། སྒྲ་སྨྲ་སྒོ་མཚོན་ཆའི་ཡི་གེ་ཚོགས་ཀྱི་དོན་འགྲེལ། ཡོལ་ཅགས་ལོ་ ཙཱ་བས་མཛད་པའི་རིག་པ་བཀླག་པ་འདི་ལ་དབུ་ཞབས་སུ་བསྡུས་པའི་དོན་གསུམ་ཡོད་པ་ ལས། དང་པོ་ཐོག་མར་ཕྱག་གི་མཆོད་པ་སྔོན་དུ་སོང་པས་རང་གི་རྟོགས་ཚད་བརྩམས་པ་ ནི། བཅམོ་ལྡན་འདས་གསུང་གི་དབང་བྱུག་ལ་ཕྱག་འཚལ་ལོ། །དཀར་པོ་གླིང་གི་དབུས་ སྐྱེས་པའི། །སྐད་དུ་སངས་རྒྱས་ཉིད་ཀྱིས་གསུངས། །དེ་ཡང་ལེགས་པར་སྦྱར་བ་ཡི། །རྗེས་སུ་ བདག་གིས་འདི་ལྟར་གོ །ཞེས་པས་བསྟན་ནོ། །དེ་ལ་བཅོམ་ལྡན་འདས་ཞེས་པ་ནི། ལེགས་ པར་སྦྱར་པའི་སྐད་ལ་བྷ་ག་བན་ཞེས་པའོ། །དེ་ཡང་བྷ་ག་ཞེས་པ་ནི། བཅོམ་པ་སྟེ། གང་ བཅོམ་ཞེ་ན་བདུད་བཞི་སྟེ། ལྷའི་བུ་བདུད་ལ་སོགས་པའོ། །བན་ཞེས་པ་ལྡན་པ་ཡིན་ལྡན་ ཆོས་གང་དང་ལྡན་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པ། ཡེ་ཤེས་ལྔའམ་ཕར་ཕྱིན་ དྲུག་གོ །དེ་སྐད་དུ་ཡང་བཞི་བཅོམ་དྲུག་ལྡན་འཁོར་བ་ཡོངས་སུ་མྱ་ངན་འདས། འདས་ཞེས་ 1-1-393 པ་བོད་ཀྱིས་བཙུད་པ་ཡིན་ཏེ་ལེགས་པར་སྦྱར་པའི་སྐད་ལ་འདིའི་དོད་སྐད་མེད་དེ། དོན་ནི་ ཕུང་པོ་ལྷག་མེད་ཀྱི་མྱ་ངན་ལས་འདས་པའོ། །ཞང་སྟོན་ཁོ་བོ་ནི་བཅོམ་ཞེས་བྱ་བའི་བདུད་ བཞི་ཁོ་ནར་མ་ཟད་ཀྱི། གཞོམ་བྱ་ཉེས་པའི་ཚོགས་མཐའ་དག་བཅོམ་པར་འདོད་ལ། ལྡན་ པ་ཡང་ཞེས་འདོད་དེ། དེ་སྐད་དུ་ཡང་མདོ་ལས་སྐྱོན་མི་མངའ་ལ་ཡོན་ཏན་རྫོགས་ཞེས་ བཤད་དོ། །འོ་ན་གསུང་གི་དབང་ཕྱུག་རང་གང་ཡིན་ཞེ་ན། །དེ་ནི་བཅོམ་ལྡན་འདས་སྣང་བ་ མཐའ་ཡས་སམ། འཇམ་དབྱངས་སོ། །དེ་དག་ལས་གསུང་གི་དབང་ཕྱུག་ཟེར་བའི་རྒྱུ་མཚན་ ཅིའི་ཕྱིར་ཞེ་ན། སྣང་བ་མཐའ་ཡས་ཆོས་ཅན། ཁོང་གསུང་གི་དབང་ཕྱུག་ཡིན་ཏེ། སྤྱིར་བྷུ་དྷ་ ཐམས་ཅད་རྒྱལ་བ་རིགས་རྣམ་པ་ལྔར་འདུས་ལ། རིགས་ལྔའི་ནང་ནས་ཀྱང་དེ་ཉིད་གསུང་ གི་རིགས་ཡིན་ཏེ། དེ་སྐད་དུ་ཡང་གསུང་གི་དབང་ཕྱུག་མཆོག་གྱུར་པ། །ཨ་མི་ཏ་བ་ཉིད་ལ་ འདུད། །ཅེས་པ་བཤད་པའི་ཕྱིར་རོ་མངོན་ནོ། །འོ་ན་འཇམ་དབྱངས་གསུང་གི་དབང་ཕྱུག་ ཟེར་བའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། འཇམ་དབྱངས་ཆོས་ཅན། དེ་ཁོང་གཉིས་ཀྱང་གསུང་ གི་དབང་ཕྱུག་ཡིན་ཏེ། འཇམ་དབྱངས་ཉིད་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་ སྤྲུལ་པ་ཡིན་པའི་ཕྱིར་རོ། །ཕྱག་འཚལ་བ་སྒོ་གསུམ་གུས་པས་ཕྱག་འཚལ་བའོ། །དཀར་ པོའི་གླིང་ཞེས་པ་ལ་དཀར་པོ་ཞེས་པའི་དོན་དུང་ལ་སོགས་པའི། ཁ་དོག་དཀར་པོའམ་གང་ ཡིན་ཞེས་ཟེར་ན། དེ་དག་ཀྱང་སྤྱིར་དཀར་པོ་ཡིན་མོད་ཀྱི་སྐབས་འདིར་སྨོས་པའི་དཀར་པོ་ ནི་དམ་པའི་ཆོས་སོ། །གླིང་ཞེས་པ་ཆུ་གླིང་ངམ་གང་ཡིན་སྙམ་ན། དེ་རྣམས་ཀྱང་སྤྱིར་གླིང་ ཙམ་དུ་འགྲོ་མོད་ཀྱི། འདིར་སྨོས་པའི་གླིང་ནི་ལྷོའི་འཛམ་བུའི་གླིང་ངོ་། །ཤར་ལུས་འཕགས་ པོ་ལ་སོགས་པའི་གླིང་གཞན་ལ་གླིང་མི་ཟེར་བར། འཛམ་གླིང་ཁོ་ན་ལ་གླིང་ཟེར་བའི་རྒྱུ་ མཚན། དེའི་ལན་འཛམ་བུ་གླིང་ཆོས་ཅན། འདི་ཁོ་ན་དཀར་པོའི་གླིང་ཡིན་ཏེ། གླིང་འདི་ཁོ་ ནར་དམ་པའི་ཆོས་དར་བའི་ཕྱིར་རོ། །དབུས་ཞེས་པ་ནི་འཛམ་བུའི་གླིང་གི་དབུས་སོ། །འོ་ན་ 1-1-394 འཛམ་བུའི་གླིང་ན་དབུས་དུ་ཡོད། འདིར་སྨོས་པའི་དབུས་ནི་གང་ཡིན་ཞེེ་ན། དབུས་གསུམ་ ཡོད་དེ་སའི་དབུས། ཡུལ་གྱི་དབུས། ཆོས་ཀྱི་དབུས་སོ། །འོ་ན་དབུས་དེ་གསུམ་ལ་གང་། གང་གི་དབུས་ཡིན་ཞེ་ན། སའི་ནི་གངས་ཏི་སེ་ཤེལ་གྱི་མཆོད་རྟེན་འདྲ་བ་དེ་ཉིད་ཡིན་ནོ་ཞེས་ གྲགས་ཅིང་། བསམ་ཡས་མཆིམས་ཕུའམ། ཡར་ལུངས་སོགས་ཁ་ཡུལ་གྱི་དབུས་ཡིན་ལ། ཕྱིར་དམ་པའི་ཆོས་གང་ན་ཡོད་པ་ནི་ཆོས་ཀྱི་དབུས་སོ། །འདིར་སྨོས་པའི་དབུས་ནི་དབུས་དེ་ གསུམ་གྱི་ནང་ནས་ཀྱང་ཆོས་ཀྱིས་དབུས་སོ། །ཁ་ཅིག་ན་རེ། འོ་ན་བོད་ཡུལ་འདི་ཀུན་ཡང་ འདིར་སྨོས་པའི་ཆོས་ཀྱི་དབུས་སུ་འགྱུར་ཏེ། བོད་ན་ཡང་དམ་པའི་ཆོས་ཡོད་པའི་ཕྱིར་རོ། །ཞེ་ན་དེ་སྐད་ཡིན་མོད་ཀྱིས། འདི་ནི་ཆོས་ཀྱི་དབུས་ཀྱི་ནང་ནས་ཀྱང་རྒྱ་གར་རྡོ་རྗེའི་གདན་ དྲུག་ཡིན་ནོ། །སྐྱེས་པའི་སྐད་དུ་ཞེས་པ་ནི། དབུས་རྡོ་རྗེ་གདན་དེར་སྐྱེས་པའི་མི་རྣམས་ ཀྱི་སྐད་ཡིན་ཏེ། ཨ་བ་འབྲང་ཤི་ཏའི་སྐད་དང་། བྷི ་ཤ་ཙི་ཏའི་སྐད་དང་། སང་ཀྲ་ཏའི་སྐད་ དང་། དེ་ལ་ཨ་བ་འབྲང་ཤི་ཏའི་སྐད་ནི། ཕྱེ་འཐག་ཟན་སྒོང་། ཆང་འཚོད་ལ་སོགས་པ་བརྡ་ མིང་ཆོལ་པར་བཏགས་པ་རྣམས་སོ། །པྲ་ཏྲི་ཏའི་སྐད་ནི། དཔྲལ་སྐད་ཟུར་ཉམས་རྣམས་ཏེ། ཁང་པ་ལ་ཁ་པ་ཟེར་བའམ། རྐང་པ་ལ་རྐ་པ་ཟེར་བའམ། ནང་པར་ལ་ན་པར་ཟེར་བའམ། མགར་པ་ལ་འགའ་པ་ཟེར་བའམ། བྷི ་ཤ་ཙི་ཏའི་སྐད་ནི། འབྱུང་པོ་མི་མ་ཡིན་པ་གནོད་ སྦྱིན་ལ་སོགས་པའི་སྐད་ཡིན་ཏེ། དེ་ཡང་དབུས་དེ་བའི་མི་ལ་ལ་རྣམས་ཀྱི་སྐད་ཡོད་སྐད་དོ། །སང་ཀྲི ་ཏ་ལྷའི་སྐད་ནི། ལྷ་རྣམས་ཀྱི་ནང་ནས་ཀྱང་སྐད་དག་ཤོས་སུམ་ཅུ་རྩ་གསུམ་གྱི་ལྷ་ རྣམས་ཀྱི་སྐད་དོ། །ལྷའི་སྐད་མི་ལ་འོང་བ་ཅིའི་ཕྱིར་ཟེར་ན། ཐམས་ཅད་ལ་སྐད་དེ་ཡང་མེད་ དབུས་རྡོ་རྗེའི་གདན་གྱི་པཎ་ཊི་ཏ་རྣམས་ལ་ཡོད་པའོ། །སངས་རྒྱས་ཉིད་ཀྱིས་གསུངས་ཞེས་ པ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཀྱིས་དམ་པའི་ཆོས་གསུངས་སོ། །འོ་ན་ཁོ་ན་རེ། སངས་ རྒྱས་ཀྱིས་སྐད་དེ་བཞིའི་ནང་ནས་གང་གི་སྐད་ཀྱིས་ཆོས་གསུངས་ཞེས་ཟེར་ན། ལན་སྤྱིར་ 1-1-395 སྐད་བཞི་ཅར་དང་བསྟུན་ནས་གསུངས་ཀྱང་། མདོ་སྡེ་དང་རྒྱུད་སྡེ་ཕལ་ཆེར་ནི་ལེགས་པར་ སྦྱར་པ་སང་ཀྲི ་ཏའི་སྐད་ཀྱིས་གསུངས་སོ། །འོ་ན་ཁོ་ན་རེ། ཡོལ་ཅགས་ཀྱིས་མཛད་པའི་ རིག་བཀླག་འདི་སྐད་དེ་བཞི་གང་གི་རྗེས་སུ་འབྲངས་པའི་བསྟན་བཅོས་ཡིན་ཞེས་ཟེར་ན། དེ་ཡང་ལེགས་པར་སྦྱར་པའི་ཞེས་པ་སང་ཀྲི ་ཏའི་སྐད་ཀྱི་རྗེས་སུ་འབྲངས་ཞེས་དེ། སྐད་དེ་ བཞིའི་ནང་ནས་ཀྱང་སང་ཀྲི ་ཏའི་སྐད་ཁོ་ན་དག་པའི་ཕྱིར་རོ། །བདག་གིས་ཞེས་པ་ནི་རིག་ བཀླག་འདི་རྩོམ་མཁན་ཡོལ་ཅགས་ལོ་ཙཱ་བ་ཡིན་ལ། འདི་ལྟར་ཁོ་ཞེས་པ་ཡང་དེ་ཉིད་ཀྱིས་ ལེགས་པར་སྦྱར་པའི་བརྗོད་ཚུལ་འོག་ནས་སྟོན་པ་འདི་ལྟར་གོ་ཞེས་པའོ། ། སྤྱི་དོན་གཉིས་པ་བརྗོད་བྱ་རིག་པས་བཀླག་པའི་ཐབས་བསྟན་པ་དངོས་ལ་གསུམ་ཡོད་ པ་ལས། དང་པོ་བསླབ་བྱའི་གཞི་མ་ཡི་གེ་ལྔ་བཅུ་ངོས་བཟུང་པ་ནི། ཐགོ ་མར་ལྔ་བཅུ་གསུང་ གི་གཞི། །ངསོ ་གཟུང་དེ་ནས་རྣམ་པར་དཔྱད། །ཅེས་པས་བསྟན་ཏེ། དེ་ཡང་ཐོག་མར་ཞེས་ པ་ནི་དང་པོར་ཞེས་པའོ། །གང་གི་དང་པོར་སྙམ་ན། སྤྱིར་རིག་པའི་གནས་ལྔ་སློབ་པའི་དང་ པོ། ལྔ་བཅུ་ནི་རྒྱ་གར་གྱི་ཀ་མད་ལྔ་བཅུ་ཡིན་ཏེ། ཨ་ཨཱ། ཨི་ཨཱི ། ཨུ་ཨཱུ། རི་རཱི། ལི་ལཱི། ཨེ་ཨཱེ། ཨོ་ཨཱོ། ཨཾ་ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་དྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ། གསུང་གི་གཞི་ཞེས་པ་ཡང་དེ་ལྟར་ལྔ་བཅུ་པོ་དེ་སངས་རྒྱས་ཀྱི་ གསུང་རབ་ཐམས་ཅད་ཀྱི་གཞི་ཡིན་ཞེས་པ་ཡིན་ལ། ངོས་གཟུང་ཞེས་པ་རྒྱུ་མཚན་དེའི་ཕྱིར། ལྔ་བཅུ་པོ་འདི་སྒྲ་སྔགས་སློབ་པའི་དང་པོར་ཡིད་ལ་ཟུང་ཞིག་པའོ། །དེ་ནས་རྣམ་པར་དཔྱད་ ཅེས་ངོས་ཟིན་པའི་རྗེས་ལ་དེ་དག་གི་བརྗོད་ཚུལ་དོན་ལ་རྟོག་དཔྱོད་ཐོངས་ཞིག་ཅེས་པའོ། ། ༉ གཉིས་པ་ཁྱད་པར་སོ་སོའི་བརྗོད་ཚུལ་ཐ་དད་དུ་བསྟན་པ་ལ་དྲུག་ཡོད་པ་ལས། དང་ པོ་གསལ་བྱེད་ཀྱི་བརྗོད་ཚུལ་ལ་ཡང་བཞི་ཡོད་པའི་དང་པོ་ལྔ་ཚན་གྱི་བརྗོད་ཚུལ་ནི། གསལ་བྱེད་དྲག་དང་འབྲིང་ཞན་ཆེ། །རྔུབ་པ་ལྔ་ཚན་སྦྱར་རང་གནས། །ཞེས་པས་ 1-1-396 བསྟན་པ་ལས། སུམ་ཅུ་རྩ་བཞི་སྟེ། ཀ་ནས་ཀྵའི་བར་རོ། །དེ་དག་ལ་གསལ་བྱེད་ཅེས་པ་ ཟེར་བའི་རྒྱུ་མཚན་ཅི་ཡིན་ཞེས་ཟེར་ན། ས་སྐྱ་བ་ཆེན་པོ་ཁ་ཅིག་གི་ཞལ་ནས་རིང་ཐུང་མི་ སྤེལ་བར་གསལ་བར་བརྗོད་པའི་ཕྱིར་གསལ་བྱེད་ཡིན་ནོ་གསུངས། ཁོ་བོ་ནི་གསལ་བྱེད་ འདི་དག་ཀྱང་ཡི་གེ་ཡིན་ལ་ཡི་གེས་མིང་གསལ་བར་བྱེད། མིང་ལ་བརྟེན་ནས་ཚིག་གསལ་ བར་བྱེད་ཅིང་། ཚིག་ལ་བརྟེན་ནས་དོན་གསལ་བར་བྱེད་པའི་ཕྱིར་གསལ་བྱེད་ཅེས་སྨྲ་སྟེ་དེ་ སྐད་དུ་ཡང་། སྨྲ་སྒོ་ལས། མིང་ཚིག་གསལ་བ་བྱེད་པ་དང་། །དོན་རྣམས་བརྗོད་པར་བྱེད་ པའི་ཕྱིར། །ཡི་གེ་ཞེས་ནི་བརྗོད་པ་ཡིན། །ཞེས་བཤད་པའི་ཕྱིར་རོ། །དེ་ལ་དྲག་ཅེས་པ་ནི་ སྡེ་ལྔའི་དང་པོ་ཀ་ཙ་ཊ་ཏ་པ་ལྔ་ཡིན་ཏེ། རང་རང་གི་སྡེ་པའི་དང་པོ་རྣམས་སོ། །དེ་བཞིན་དུ་ འབྲིང་ནི་ཁ་ཚ་ཋ་ཐ་ཕ་ཡིན་ལ། ཞན་པ་ནི་གསུམ་པ་དེ། ག་ཛ་ཌ་ད་བའོ། །ཆེན་པོ་ནི་གྷ་ཛྷ་དྷ་ བྷ་ཡིན་ཞིང་། རྔུབ་པ་ནི་ང་ཉ་ཎ་ན་མའོ། །འོ་ན་ཀ་ཙ་ཊ་ཏ་པ་ལྔ་ལ་དྲག་ཟེར་བའི་རྒྱུ་མཚན་ ཅིའི་ཕྱིར་སྙམ་ན། སྤྱིར་ཡི་གེ་ཐམས་ཅད་ཨས་བསྐྱེད་པ་ཡིན་ལ། ཡི་གེ་འདི་ལྔ་ནི་རང་རང་ གི་གནས་ནས་ཨ་དྲག་པོར་དྲངས་པ་ལས་བྱུང་བའི་ཕྱིར། དྲག་ཟེར་བའོ། །དེའི་དོན་གཞུང་ འདིར་རྟགས་ཀྱི་སྦྱོར་བར་དགོད་པ་ནི། ཀ་ཙ་ཊ་ཏ་པ་ལྔ་ཆོས་ཅན། འདི་ལྔ་འོག་ཏུ་ལྔ་ཚན་ གྱི་དྲག་པ་ཞེས་སྦྱར་ཏེ། ཅིའི་ཕྱིར་སྙམ་ན། རང་གནས་ཞེས་པ། རང་རང་གི་གནས་ནས་ཨ་ དྲག་པོར་དྲངས་པ་ལས་བྱུང་པའི་ཕྱིར་རོ། །འོ་ན་ཀ་ལ་སོགས་པ་ལྔའི་རང་གནས་གང་ཡིན་ ཟེར་ན། ཀའི་རང་གནས་ནི་མགྲི ན་པ། ཙའི་རང་གནས་ནི་ལྕེ་རྐན་གཉིས་སྦྱར་བ། ཊའི་རང་ གནས་ལྕེ་རྩེ་འོག་དང་རྐན་སྦྱར་བ། ཏའི་ལྕེ་རྩེ་དང་པོ་སྦྱར་བ། པའི་རང་གནས་ནི་མཆུ་སྦྱར་ བའོ། །དེའི་ལུང་སྨྲ་སྒོ་ལས་དང་པོ་ནས་དྲག་པས་ཏེ་ཞེས་བཤད་པའི་ཕྱིར་རོ། །ཁ་ཚ་ཋ་ཐ་ ཕ་ལ་འབྲིང་ཟེར་བའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཁ་ཚ་ཋ་ཐ་ཕ་ཆོས་ཅན། འདི་ཡང་འོག་ཏུ་ལྔ་ ཚན་གྱི་འབྲིང་ཞེས་པ་དང་སྦྱར་ཏེ། ཅིའི་ཕྱིར་ཞེ་ན། རང་གནས་ཞེས་པས་ནི། རང་རང་གི་ 1-1-397 གནས་ནས་ཨ་འབྲིང་དུ་དྲངས་པ་ལས་བྱུང་པའི་ཕྱིར་རོ། །དེ་སྐད་དུ་ཡང་སྨྲ་སྒོ་ལས། གཉིས་ པ་འབྲིང་དང་སྤྱི་བོའི་ཆ། །ཞེས་བཤད་པའི་ཕྱིར་རོ། །ག་ཛ་ཌ་ད་བ་ལ་ཞན་པ་ཟེར་བའི་རྒྱུ་ མཚན་ཅིའི་ཕྱིར་སྙམ་ན། ག་ཛ་ཌ་ད་བ་ཆོས་ཅན། འདི་ཡང་འོག་ཏུ་ལྔ་ཚན་གྱི་ཞན་པ་བྱ་བ་ ཡིན་ཏེ། འདིའི་རྒྱུ་མཚན་ནི་རང་གནས་ཞེས་པ། རང་རང་གི་གནས་ནས་ཨ་ཞན་པར་དྲངས་ པ་ལས་བྱུང་པའི་ཕྱིར། དེ་སྐད་དུ་ཡང་སྨྲ་སྒོ་ལས། གསུམ་པ་རྣམས་ནི་ཞན་པ་སྟེ། །བཤད་ པའི་ཕྱིར་རོ། །གྷ་ཛྷ་དྷ་བྷ་ལ་ཆེ་བ་ཟེར་བའི་རྒྱུ་མཚན་ཡང་། མཐུག་པོ་འདི་རྣམས་ཆོས་ཅན། འོག་ཏུ་ལྔ་ཚན་གྱི་ཆེ་ཞེས་པ་སྲོག་ཆེན་ཡིན་ཏེ་ཅིའི་ཕྱིར་སྙམ་ན། རང་གནས་ཞེས་པ་རང་རང་ གནས་ཀྱི་ཆ་དང་ཁོང་པའི་ཆ་ལས་ཨ་སྲོག་ཆེན་དུ་དྲངས་པ་ལས་བྱུང་པའི་ཕྱིར། དེ་སྐད་དུ་ ཡང་སྨྲ་སྒོ་ལས། མ་ཧ་པྲཱ་ཎཱ་ཞེ་བྱ་བ། །བཞི་པ་རང་གནས་ཁོང་གནས་སོ་ཞེས་བཤད་པའི་ ཕྱིར་རོ། །ང་ཉ་ཎ་ན་མ་ལ་རྔུབ་བ་ཟེར་བའི་རྒྱུ་མཚན་ཡང་། ང་ཉ་ཎ་ན་མ་ཆོས་ཅན། འོག་ཏུ་ ལྔ་ཚན་གྱིས་རྔུབ་པ་ཞེས་སྦྱར་ཏེ་རྒྱུ་མཚན་ནི་རང་གནས་ཞེས་པ་རང་རང་གི་གནས་ནས་ཨ་ སྣ་ནས་རྔུབ་པ་ལས་བྱུང་བའི་ཕྱིར། དེ་སྐད་དུ་ཡང་སྨྲ་སྒོ་ལས། ཨ་ནུ་སྭ་ར་ཞེས་བྱ་བ། །ལྔ་པ་ རང་གནས་སྣ་ནས་འབྱུང་། །ཞེས་བཤད་པའི་ཕྱིར་རོ། ། ༉ གཉིས་པ་སྨྲ་སྒོ་བས་རིག་བཀླག་མཁོ་བར་བསྟན་པ་ནི། དེ་སགོ ས་རྣམ་པ་ཐ་དད་ པ། །སྨྲི་ཏིས་གསུངས་པ་ཁ་ོན་སྟེ། །ཁྱད་པར་ག་ོསླ་ཉེ་བར་མཁོ། །མད་ོཙམ་བརདྗོ ་ཀྱིས་འདི་ བཞིན་བསྱོ ། །ཞེས་པས་བསྟན་ནོ། །དེ་ཡང་སོགས་ཞེས་པ་ནི། གོང་དུ་བསྟན་པའི་གསལ་ བྱེད་དྲག་དང་འབྲིང་ཞན་ཆེ་ལ་སོགས་པའོ། །རྣམ་པ་ཐ་དད་པ། དེ་ལས་གཞན་པ་ཡང་ཡི་གེ་ དང་། བརྗོད་ཚུལ་མི་གཅིག་ཅིང་མང་བ་རྣམས་ཡིན་ལ། སྨྲི་ཏིས་ཞེས་པ་སྨྲ་སྒོ་མཛད་མཁན་ པཎ་ཊི་ཏ་སྨྲི་ཏི་ཛྙ་ན་ཀིར་ཏིས་ཞེས་པས་ཏེ། དེའི་མཚན་བོད་སྐད་དུ་དྲན་པ་ཡེ་ཤེས་གྲགས་ ཞེས་པ་དེས་སོ། །འོ་ན་དེས་གང་གི་ནང་དུ་གསུངས་ཞེ་ན། སྨྲ་སྒོའི་ཡི་གེའི་ཚོགས་ཀྱི་ནང་དུ་ 1-1-398 གསུངས་པ་ཁོ་ནས་ཏེ། དོན་ལ་སྨྲ་སྒོ་ནས་བཤད་པ་ཇི་ལྟ་བ་བཞིན་ཞེས་བྱ་བའི་ཚིག་གོ །དེ་ སྐད་བཤད་པས་ཁ་ཅིག་ན་རེ། འོ་ན་སྨྲི་ཏིས་མཛད་པའི་སྨྲ་སྒོ་ཉིད་མཉན་པས་ཆོག་མོད། ཡོལ་ཅགས་ཀྱི་རིག་བཀླག་འདི་བརྩམས་པ་ཁ་དོན་མེད་པར་འགྱུར་རོ་ཞེ་ན། དེའི་ཉེས་པ་ མེད་དེ། སྨྲ་སྒོ་ཉིད་བསྟན་བཅོས་ཟབ་ལ་རྒྱ་ཆེ་མོད་ཀྱང་དེང་སང་གི་སྐྱེ་བོ་བློ་དང་རྩོལ་བ་ ཆུང་བ་རྣམས་ཀྱིས་ཀྱང་བསླབ་དཀའ་ལ། རིག་བཀླག་འདི་སྨྲ་སྒོ་བས་ཁྱད་པར་དུ་གོ་སླ་ ཞིང་སྔགས་ཀློག་པ་ལ་ཉེར་བར་མཁོ་བའི་ཕྱིར་རོ། །མདོ་ཙམ་བརྗོད་ཀྱིས་འདི་བཞིན་བྱོས། །ཞེས་པ་ཡང་རིག་བཀླག་འདིར་སྔགས་ཀྱི་ཀླག་ཐབས་ཉུང་ལ་ཁ་ཚང་བ་ཅིག་བསྟན་གྱི་ཕྱི་ རབས་ཀྱི་སྔགས་སློབ་པར་འདོད་པ་རྣམས་ཀྱིས་ཀྱང་། རིག་བཀླག་འདི་བཞིན་བྱོས་སམ་ གྱིས་ཅིག་པའོ། ། ༉ གསུམ་པ་ཡི་གེ་བཅུ་དགུའི་བརྗོད་ཚུལ་ལ་རྒྱ་བོད་གཉིས་ཁྱད་མེད་དུ་བསྟན་པ་ནི། སྡེ་བཞིའི་དང་པ་ོགཉིས་ཐ་མ། །དྲུག་རྣམས་བདུན་གསུམ་ཅུ་དང་དགུ། །བ་ྷོཊའི་སྐྱེས་བུ་སང་ བ་ྷོཊས། །ཇི་སྐད་བཏགས་བཞིན་བརདྗོ ་པ་ཉིད། །ཅེས་པས་བསྟན་ཏེ། སྡེ་བཞི་ཞེས་པ་སྤྱིར་སྡེ་ པ་ལྔ་ཡོད་པ་ལ། འདིར་ལོག་སྡེ་མ་གཏོགས་པའི་གཞན་སྡེ་པ་བཞིའི། །དང་པོ་གཉིས་ཞེས་ པ་རང་རང་གི་སྡེའི་དང་པོ་ཡི་གེ་གཉིས་གཉིས་ཏེ། ཀ་སྡེའི་དང་པོ་ཀ་ཁ་གཉིས་དེ་བཞིན་དུ་ ཙ་སྡེའི་ཙ་ཚ་གཉིས། ཏ་སྡེའི་ཏ་ཐ་གཉིས། པ་སྡེའི་པ་ཕ་གཉིས་དེ་ལྟར་བརྒྱད། ཐ་མ་ཞེས་ པ་རང་རང་གི་སྡེའི་ཐ་མ་དང་ཉ་ཎ་མ་སྟེ་བཅུ་གཉིས་དྲུག་རྣམས་ཞེས་པ་སྡེ་ལྔའི་འོག་ན་ཡོད་ པའི་མཐར་གནས་ཡ་ར་ལ་ཝ་བཞི་སྟེ་བཅུ་དྲུག་དང་། བདུན་གསུམ་ཞེས་པ་སྡེ་པ་བདུན་ པ་དྲོ་བའི་སྡེའི་ཤ་ས་ཧ་གསུམ་སྟེ། དེ་ལྟར་བཅུ་དགུ་པོ་དེ་དག་ནི། གཞུང་གི་བཅུ་དང་དགུ་ ཞེས་པའི་དོན་ནོ། །འོ་ན་བཅུ་དགུ་པོ་དེ་དག་བཏུས་པའི་དགོས་པ་ཅི་ཞིག་ཡོད་ཅེ་ན། དེའི་ བརྗོད་ཚུལ་ནི་རྒྱ་བོད་གཉིས་ཁྱད་མེད་དུ་སྟོན་པ་སྟེ། དེ་ཡང་བྷོ་ཊའི་སྐྱེས་བུ་སམ་ཊ་བྷོ་ཊས་ 1-1-399 ཞེས་པ་ནི། བོད་ཀྱི་ཐོན་མི་སམ་བྷོ་ཊས་ཞེས་པ་སྟེ་རྒྱ་སྐད་ལས་བོད་སྐད་དུ་ཡིག་ཀློག་ཆོས་ དང་གསུམ། བསྒྱུར་མཁན་དེས་སོ་ཇི་སྐད་བཏགས་བཞིན་ཞེས་པའི་དོན་ཡི་གེ་བཅུ་དགུ་པོ་ དེའི་བརྗོད་ཚུལ་ལ། ཐོན་མི་སམ་བྷོ་ཊ་དེས་མཛད་པའི་ཀ་མད་སུམ་ཅུའི་ནང་དུའམ། བོད་ ཀློག་ལ་ཇི་སྐད་བཏགས་བཞིན་བརྗོད་པ་བཞིན་དུ་ཞེས་པའི་ཐ་ཚིག་གོ །བརྗོད་པ་ཉིད་ཅེས་ པ་ནི་རྒྱ་སྐད་དམ། ཀ་མད་ལྔ་བཅུ་སྟེ། སྔགས་ཀྱིས་ནང་དུ་བཅུ་དགུ་པོ་དེ་ལ་བོད་སྐད་ཇི་ སྐད་བརྗོད་པས་ཆོག་པ་ལྟར། རྒྱ་བོད་གཉིས་ཁྱད་མེད་དུ་བརྗོད་པས་ཆོག་ཅེས་གསུངས་ པ་ཡིན་ཏེ། དེང་སང་ནི་བོད་འདི་ན་ཁ་ཅིག རིང་ཐུང་གི་ཤན་ཡང་མི་ཕྱེད། སྲབ་མཐུག་དང་ ཆེ་འབྲིང་དང་བརྗོད་པ་དྲག་ཞན་དང་། དབྱངས་དང་ལྡན་མི་ལྡན་གྱི་ཤན་ཡང་མི་ཕྱེད་པར། སྐད་གདངས་ཨ་ཙ་ར་ལྟར་འཆོས་ཤིང་། ཁྲུང་ཁྲུང་ལྟར་མགོ་འཕང་བསྟོད། སྤྲེའུ་ལྟར་བཞིན་ བསྒྱུར། བྱ་རོག་ལྟར་སྤྱི་གཏོལ་ཆེ་བ། མཁས་པ་དག་གི་སྤྱན་སྔར་ཡང་ངོ་ཚ་བ་མི་ཤེས་པ་ མངོན་སུམ་དུ་མཐོང་ངོ་། ། ༉ བཞི་པ་ཡི་གེ་བཅོ་ལྔའི་བརྗོད་ཚུལ་ལ་རྒྱ་བོད་གཉིས་ཁྱད་ཡོད་དུ་བསྟན་པ་ནི། སྡེ་ བཞིའི་གསུམ་པ་རྣམས་ལ་ཡང་། །བ་ྷོཊའི་སྡེ་ཚན་དྲུག་པ་ཡི། །གསུམ་པ་སནྔོ ་དུ་སྦྱར་བཞིན་ ཏེ། །རྗེས་སུ་ཞུགས་ན་སྐད་ཤུགས་སྦྱར། །ཞེས་པས་བསྟན་པ་ལས་སྡེ་བཞི་ནི་གོང་དང་མཐུན་ ཏེ། ལོག་སྡེ་མ་གཏོགས་པ་གཞན་པ་བཞིའོ། །གསུམ་པ་ནི་ག་ཛ་ད་བ་བཞི་སྟེ། རང་རང་སྡེ་ བའི་གསུམ་པ་ན་ཡོད་པའི་ཕྱིར་གསུམ་པའོ། །བྷོ་ཊའི་སྡེ་ཚན་དྲུག་པ་ནི། བོད་ཀྱི་སུམ་ཅུ་པའི་ སྡེ་ཚན་དྲུག་པ་སྟེ། ཞ་ཟ་འ་ཡ་འོ། །གསུམ་པ་ཞེས་པ་ནི་འ་ཡིན་ཏེ། ཞ་ཟ་གཉིས་ཀྱི་འོག་ན་ ཡོད་པའི་ཕྱིར་རོ། །སྔོན་དུ་སྦྱར་བཞིན་ཏེ་ཞེས་པ་སྦྱར་པ་གང་ལ། སྦྱར་རྒྱུ་གང་སྦྱོར་སྙམ་ན། གོང་གི་ཞན་པ་དེ་བཞི་ལ། འ་སྔོན་འཇུག་ཏུ་འཕུལ་བ་ལྟར་བརྗོད་པའོ། །འོ་ན་སྔགས་ཀྱི་ནང་ དུ་ཞན་པ་བཞི་པོ་གང་བྱུང་སར། འས་འཕུལ་བ་ལྟར་བརྗོད་པས་ཁྱབ་བམ་ཞེ་ན། ཞན་པ་དེ་ 1-1-400 དག་ལ་མིང་གིས་འགོ་འདྲེན་པ་འམ། ཡང་ན་རྐྱང་པར་བྱུང་བ་ལྟ་བུའི་དུས་སུ་འས་འཕུལ་ བ་ལྟར་བརྗོད་པ་ཡིན་གྱིས། རྗེས་སུ་ཞུགས་ན་ཞེས་པའི་དོན། ཡི་གེ་སྔ་མའི་མཐའ་རྟེན་དུ་ བྱུང་ན། ཡག་རག་བྷུད་མྱག་ཞེས་པའམ། ཡང་ན་དེ་ལྟ་བུའི་མཐའ་རྟེན་དུ་མ་བྱུང་བར་དཔུང་ གཞིབས་སུ་འོག་མ་དང་གཉིས་ཚེག་གིས་བར་ཆད་ཀྱང་། བོད་ལྟར་བརྗོད་པའམ། ཡང་ན་ བརྗོད་པ་གང་བདེར་བརྗོད་པས་འགྲུབ་ཅིང་། འས་འཕུལ་ལྟར་མ་བརྗོད་ཀྱང་བཏུབ་སྟེ། དཔེར་ན་ཨ་བ་ལོ་གི་ཏེ་འམ། བྷ་ག་བན་ལྟ་བུའི་སྐབས་སུ་ཨ་འབའ་ལྟ་བུའམ། བྷ་འགའ་ འབན་ཞེས་འས་འཕུལ་བ་ལྟར་བརྗོད་ན་ཕྱིར་ལ་མ་དག་གོ །དེའི་ཕྱིར་མདོར་ན་སྐད་ཤུགས་ སྦྱར་ཞེས་པའི་དོན་ནི། བརྗོད་པ་གང་བདེར་བརྗོད་དོ་ཞེས་པའོ། ། ༉ གཉིས་པ་མཐུག་པོའི་བཞིའི་བརྗོད་ཚུལ་ནི། དེ་དག་ཧ་བཏགས་མཐུག་པ་ོནི། བཞི་ པ་ཡིན་ཏེ་ཧ་སྒྲ་ཉིད། །ཁངོ ་ནས་ཆུང་འབྱུང་ལྟོངས་ལྟོངས་ཀླག །ཞེས་པས་བསྟན་པའོ། །དེ་ ཡང་དེ་དག་ཞེས་པ་ནི་གོང་གི་ཞན་པ་དེ་དག་ལའོ། །ཧ་བཏགས་པ་མཐུག་པ་ནི་ཞེས་པ་ཡང་ ཞན་པ་དེ་དག་ལ་ཧ་བཏགས་ན་དེའི་མིང་མཐུག་པ་ཡིན་ཞེས་པའོ། ། འོ་ན་མཐུག་པོ་དེ་དག་གི་བརྗོད་ཚུལ་ཇི་ལྟ་བུ་ཞེ་ན། དོན་འདི་ལ་གཞན་ལུགས་དགག་ པ་དང་། རང་ལུགས་བསྒྲུབ་པ་གཉིས་ལས། དང་པོ་གཞན་ལུགས་དགག་པ་ལ་བཞི་སྟེ། བདེ་འཇུག་ལྟར་བརྗོད་པ་དགག་པ་དང་ ། དགེ་པ་ལྟར་ཁ་ཁྱེངས་ལྟར་བརྗོད་པ་དགག་པ་དང་། མཐུག་པོ་ལྡི ང་སྐད་ལྟར་བརྗོད་པ་ དགག་པ་དང་། ཞན་པ་ལྟར་བརྗོད་པ་དགག་པ་དང་དེ་ལ་དང་པོ་ནི་བདེ་འཇུག་ལས། གྷ་ནི་ མཁའ་འདྲ་ཛྷ་ནི་འཚབ་འདྲ་དྷ་ནི་འཐའ་འདྲ་བྷ་ནི་འཕའ་དང་འདྲ་བར་ཀླག ཅེས་བཤད་ པའི་དོན་མ་རྟོགས་ལ་དེའི་རྗེས་སུ་འབྲང་པར་ཁས་འཆེ་བ་ཁ་ཅིག་ནི། འཁའ་འཆའ་འཋའ་ འཐའ་འཕའ་ཞེས་བརྗོད་པ་ཡོད་དོ་དེ་ནི་མི་རིགས་ཏེ། མཐུག་པོའི་བརྗོད་ཚུལ་ཆོས་ཅན། ཁ་ 1-1-401 ཚ་ཋ་ཐ་ཕ་འས་ཕུལ་བ་དང་ཁྱད་མེད་པར་འགྱུར། གཞན་ཡང་སྨྲ་སྒོ་དང་ཡང་འགལ་ཏེ། སྨྲ་ སྒོ་ལས་མ་ཧ་པྲཱ་ཎཱ་གཅིག་གཉིས་ཡིན་ཅེས་ཡི་གེ་གཉིས་ཀྱི་སྒྲའི་བྱིངས་སུ་བརྗོད་པར་བཤད་ པ་ལ། ཁྱེད་ཀྱི་ལྟར་ན་ཡི་གེ་གཅིག་གི་སྒྲའི་བྱིངས་ལས་མ་བྱུང་པའི་ཕྱིར་རོ། ། གཉིས་པ་ཁ་ཁྱེངས་ལྟར་བརྗོད་པ་དགག་པ་ནི། དེང་སང་མཁས་པར་སློབ་པ་ཕལ་ཆེར་ མཐུག་པོ་དེ་དག་ལ། དགའ་འཛའ་གདའ་གདའ་དབའ། ལྟ་བུ་བརྗོད་པ་ཡང་ཡོད་དོ། །དེ་ ཡང་འཐད་པ་མ་ཡིན་ཏེ། དེ་དག་ལྟར་ན་ཡོད་ཅིང་དགོས་པའི་ཧ་སྒྲ་ཆད་ལ། མེད་ཅིང་མི་ དགོས་པའི་དས་ཕུལ་བ་ལྟར་སོང་བའི་ཕྱིར་རོ། །གཞན་ཡང་མཐུག་པོ་དེ་དག་དབྱངས་ལྡན་ གྱི་ཡི་གེ་མ་ཡིན་པར་ཐལ་བའི་སྐྱོན་ཡང་གནས་སོ། ། གསུམ་པ་མཐུག་པོ་ལྡི ང་སྐད་ལྟར་བརྗོད་པ་དགག་པ་ནི། ཁ་ཅིག་མཐུག་པོ་དེ་དག་ལ་ འགའ་ཧ་འཛའ་ཧ་འབའ་ཧ་འདའ་ཧ་ལྟར་བརྗོད་པ་ཡང་ཡོད་དོ། །དེ་ཡང་རིགས་པ་མ་ཡིན་ ཏེ། དེ་ལྟར་ན་ཧ་དེ་དག་དཔུང་གཞིབས་སུ་ཡོད་པར་ཐལ་ཏེ། དོན་ལ་ཧ་སྒྲ་ཕྲལ་དྲགས་པ་ འམ། ཧ་སྒྲ་ཆེས་པའི་སྐྱོན་ཡོད་དོ། ། བཞི་པ་ཞན་པ་ལྟར་བརྗོད་པ་དགག་པ་ནི། དེང་སང་གི་མཆོད་གནས་ཕལ་ཆེར་གོང་དུ་ བསྟན་པའི་ཞན་པ་དེ་དག་ལ་སྔགས་ཀྱི་ནང་དུ་ཡང་འས་འཕུལ་ལྟར་མི་བརྗོད་པར། བོད་ ལྟར་བརྗོད་ལ། མཐུག་པོ་དེ་དག་ལ། ག་ཛ་ཊ་ད་བ་འས་འཕུལ་བ་ལྟར་མི་བརྗོད་པའང་ མཐོང་ངོ་། །དེ་ཡང་ཤིན་ཏུ་མི་རིགས་ཏེ། དེ་ལྟར་ན་ཞན་པ་དང་མཐུག་པོ་ལ་ཡི་གེ་ལ་ཁྱད་ པར་མེད་པར་འགྱུར། སྒྲ་ལ་ཁྱད་མ་བྱུང་བའི་ཕྱིར་རོ། ། འོ་ན་རང་ལུགས་གང་ལ་བྱ་ཞེ་ན། ཧའི་སྒྲ་ཆུང་ལ་མྱུར་བ་ཙམ་ཞིག་ཁོང་ནས་ལྟོངས་ཀླག་ ཏེ། དེ་སྐད་དུ་ཡང་གཞུང་རིག་བཀླག་འདི་ཉིད་ལས་ཧ་སྒྲ་ཉིད་ཁོང་ནས་ཆུང་འབྱུང་ལྟོངས་ ལྟོངས་ཀླག་ཅེས་བཤད་ལ། སྨྲ་སྒོ་ལས་ཀྱང་དེ་དག་མཐུག་པོར་ཡོད་དེ། དེའི་དོན་ནི་རྒྱས་ 1-1-402 པར་ཁོ་བོས་སྦྱར་བའི་ལྡེ་མིག་མགོ་བཅུ་པ་ལས་ཤེས་པར་བྱའོ། ། ༉ གསུམ་པ་ལོག་པོ་དྲུག་གི་བརྗོད་ཚུལ་ནི། གསུམ་པ་བདུན་པའི་གཉིས་པ་དག །ལྕེ་ རྩེ་ཅུང་ཟད་རྐན་སྦྱར་ནས། །ར་ཡི་བརདྗོ ་བཅས་གསལ་བར་བཀླག །ཅེས་པས་སྟོན་པ་ལ། གསུམ་པ་ནི་སྡེ་པ་གསུམ་པ་ལོག་པོའི་སྡེ་ཡིན་ཏེ། ཊ་ཋ་ཌ་ཌྷ་ཎའོ། །དེ་དག་ལ་གསུམ་པ་ཟེར་ བའི་རྒྱུ་མཚན་ནི། ཀ་སྡེ་དང་ཙ་སྡེ་གཉིས་ཀྱིས་འོག་ན་ཡོད་པའི་ཕྱིར་རོ། །བདུན་པའི་གཉིས་ པ་དག ཅེས་པའི་དོན་ལ། བདུན་པ་ནི་སྡེ་པ་བདུན་པ་ཏེ། ཥ་ཤ་ས་ཧ་ཡིན་ལ། གཉིས་པ་ དག་ཅེས་པ་ནི་ཥ་ཤ་ལོག་སྡེ་ཡིན་ཏེ། སྡེ་པ་བདུན་པའི་གཉིས་པ་ན་ཤ་ལོག་འདི་ཡོད་པའི་ ཕྱིར་བདུན་པའི་གཉིས་པའོ། །ལོག་པོ་དྲུག་པོ་དེ་དག་གི་བརྗོད་ཚུལ་ནི་ཇི་ལྟར་བརྗོད་ཞེ་ན། ལྕེ་རྩེ་ཅུང་ཟད་རྐན་སྦྱར་ནས་ཟེར་ཡང་། ལྕེ་རྩེ་རྣལ་མ་རྐན་ལ་སྦྱོར་བ་ནི་མ་ཡིན་གྱི། ལྕེ་རྩེའི་ འོག་ཡང་རྐན་ལ་སྦྱར་ལ། རླུང་ཅུང་ཟད་བསྒྱིངས་ནས་བརྗོད་དེ། ཡི་གེའི་མདོ་ལས། ཡི་གེ་ ལོག་པ་ལྕེ་ལོག་པས། ཞེས་བཤད་པའི་དོན་ཡང་ཡིན་ནོ། །ར་ཡི་བརྗོད་བཅས་གསལ་བར་ བཀླག །ཅེས་པ་ཡང་དེ་ལྟར་ལོག་པོ་དེ་དག་ནི། ར་དང་བརྗོད་པ་ཆ་མཐུན་པར་བཀླག་གོ་ ཞེས་སོ། ། ༉ བཞི་པ་མཐར་ཟད་ཀྱི་བརྗོད་ཚུལ་ནི། མཐར་ཟད་ཁ་ཚ་ཡ་གསུམ་སྟེ། །སྤྱི་འགུལ་ འབྱུང་སྐད་རན་པར་བཀླག །ཅེས་པ་ཡིན་ཏེ། དེ་ཡང་མཐར་ཟད་ཅེས་པ་ནི། ཀྵའོ། །དེ་ལ་ མཐར་ཟད་ཟེར་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། མཐར་ཟད་ཉིད་གསལ་བྱེད་རྣམས་ཀྱི་མཐའ་ ན་ཡོད་ཅིང་ཁོ་ཉིད་ཀྱི་ཟད་པའི་ཕྱིར་མཐར་ཟད་ཅེས་བྱའོ། །དེའི་བརྗོད་ཚུལ་ཇི་ལྟར་སྙམ་ ན། ཁ་ཚ་ཡ་གསུམ་པ་སྟེ་ཞེས་པས། ཁ་ཚ་ཡ་གསུམ་གི་སྒྲ་འདུས་པ་གཅིག་ཏུ་བརྗོད་དོ། །ཡི་ གེ་གཅིག་ལ་གསུམ་གྱི་སྒྲ་འདུས་པར་བརྗོད་པ་ནི་དཀའོ། །དེ་རང་ཇི་ལྟར་བརྗོད་འདུས་ཞེ་ ན། སྤྱི་འགུལ་འབྱུང་སྐད་རན་པར་བཀླག་ཅེས་པས་སྟེ། སྤྱི་བོ་ནི་ལྕེ་རྩེ་འོག་རྐན་ཕུགས་སུ་ 1-1-403 སྦྱར་ནས་བརྗོད་པས། སྒྲ་སྤྱི་བོ་གནས་འབྱུང་ལ། འགུལ་ཞེས་པ་ཡང་། མགུལ་པ་ནི་གྲེ་བ་ ཡིན་ཏེ། གྲེ་བ་ནས་ཀྱང་ཁ་ཟེར་བ་ལྟ་བུར་བརྗོད་པའོ། །འབྱུང་སྐད་རན་ཅེས་པ་ནི་རན་པར་ བཀླག དེ་ལྟར་སྤྱི་བོ་དང་འགུལ་པ་གཉིས་གང་རུང་ཞིག་གི་དབང་དུ་མ་སོང་པར་ཆ་མཉམ་ དུ་བཀླག་གོ ། གཉིས་པ་དབྱངས་ཡིག་གི་བརྗོད་ཚུལ་གསལ་བྱེད་དང་སྦྱར་ཏེ་བསྟན་པ་ལས་བཞི་ཡོད་ པ་ལས། དང་པོ་རིང་པོའི་བརྗོད་ཚུལ་ནི། གནས་ཀྱི་ཡི་གེ་དེ་དག་ལ། །སྒྲ་ཡི་ཡི་གེ་གཉིས་པ་ སྦྱར། །ཅུང་ཟད་བསྲིངས་ཏེ་ཐ་མལ་གཉིས། །དེ་བཞིན་བཞི་ནས་བཅུ་པའི་ཡང་། །ཞེས་པས་ སྟོན་པ་ལ། གནས་ཀྱི་ཡི་གེ་ཞེས་པ་ནི། །གོང་དུ་བསྟན་པའི་གསལ་བྱེད་དེ་དག་ལའོ། །སྒྲའི་ ཡི་གེ་ནི་དབྱངས་ཀྱི་ཡི་གེའོ། །དེ་དག་ལ་མིང་གི་རྣམ་གྲངས་མི་གཅིག་པ་གཞན་ཡང་ཡོད་དེ། ཕྱིའི་ཡི་གེ་དང་། ནང་གི་ཡི་གེ་ཞེས་ཀྱང་བྱ། ཕོའི་ཡི་གེ་དང་། མོའི་ཡི་གེ་དང་། གསལ་བྱེད་ དང་དབྱངས་ཡིག་ཞེས་ཀྱང་བྱ། མིང་གི་ཡི་གེ་ལ། ང་རོའི་ཡི་གེ་ཞེས་ཀྱང་བྱ། ཐབས་ཀྱི་ཡི་གེ་ དང་ཤེས་རབ་ཀྱི་ཡི་གེ་ཞེས་ཀྱང་བྱ། དེ་ལ་སྒྲའི་ཡི་གེ་གཉིས་པ་ནི། དབྱངས་ཀྱི་ཡི་གེ་གཉིས་ པ་དེ། ཨ་ཡིན་ནོ། །སྦྱར་ཞེས་པ་ཡང་ཨ་འདི་ལ་འ་བཏགས་པ་ལྟར། གསལ་བྱེད་རྣམས་ལ་ ཡང་འ་འདོགས་པ་སྟེ་ཀཱ་ནས་ཀྵའི་བར་དུའོ། །དེའི་བརྗོད་ཚུལ་ཇི་ལྟར་བརྗོད་ཅེ་ན། ཅུང་ཟད་ བསྲིངས་ཏེ་ཐ་མལ་པ་གཉིས། ཞེས་པས་ཡི་གེ་ཐ་མལ་པ་གཉིས་ཀྱི་ཡུན་གྱིས་བརྗོད་དོ། །དེ་ བཞིན་བཞི་ནས་ཞེས་པ་ཡང་ཨ་དེ་ལ་གཉིས་ཀྱི་ཡུན་དུ་བརྗོད་པ་ལྟར། དབྱངས་ཡིག་བཞི་ པའི་ཡང་ཨི་ཡར་གསལ་བྱེད་ལ་སྦྱར་ཏེ། ཀཱ་ཀྵི འི་བར་དུ་གཉིས་ལ་གཉིས་ཀྱི་ཡུན་དུ་བརྗོད་ པའོ། །ནས་ཞེས་པ་ཡང་བར་འདི་ནས་དབྱངས་ཡིག་གི་བརྒྱད་པ་དྲུག་པ་ཨཱུ་གསལ་བྱེད་ལ་ སྦྱར། ཀཱུ་ནས་ཀྵུའི་བར་ཡང་གཉིས་ཀྱི་ཡུན་དུ་བརྗོད་པ་དང་། དབྱངས་ཡིག་གི་བརྒྱད་པ་ གསལ་བྱེད་ལ་སྦྱར་ཏེ། ཀཱི ་ནས་ཀྵཱའི་བར་དུ། གཉིས་ཀྱི་ཡུན་དུ་བརྗོད་ཅིང་ཀཱི ་རི་ལྟ་བུའམ་ 1-1-404 ཀྵཱི་རཱི་ལྟ་བུ་ལ་མྱུར་བར་བརྗོད་དོ། །བཅུ་པའི་ཡང་ཞེས་པ་ནི། དབྱངས་ཡིག་བཅུ་པ་སྟེ་ལིའོ། །འདི་ཡང་གསལ་བྱེད་ལ་སྦྱར་ཏེ། ལི་ལཱི་ལྟར་སྦྱོར་བ་སྟེ། ཀླཱ ི་ ནས་ཀྵིའི་བར་དུའོ། །དེ་ཡང་ཀཱི ་ ལཱི་མཱ་ཀྵི ་ལཱི་ལྟ་བུ་འདི་ལ་གཞན་དག་ན་རེ་དེ་ལྟར་ན་གུ་གུ་གཉིས་ཡོད་པར་ཐལ་ཟེར་ཏེ། དེའི་ སྐྱོན་མེད་དེ། དེ་ལྟར་ཕྲལ་ལ་མ་ཕྲལ་གྱི་སྒྲར་བརྗོད་དོ། །བོད་ལྟར་ཀྲི ་ཀྲི ་ཞེས་དུས་གཅིག་ལ་ བརྗོད་ན། ལེགས་པར་སྦྱར་པའི་སྐད་ལ་སྦྱར་པས་དྲག་པོ་ཡིན་པར་ཐལ་བའི་སྐྱོན་ནས་ཞིང་ ། གསལ་བྱེད་རྣམས་ལ་ཡང་། ཕལ་ཆེར་ལ་དུས་གཅིག་ལ་རས་སྟ་ལ་སྟ་བརྗོད་དུ་མི་རུང་ངོ་ ། །ཁོ་བོ་ཅག་གང་དུ་བསྟན་པའི་ལྟར་ཀྲཱི་རླི་འམ། ཀླི ་ལཱི་ལྟར་བརྗོད་པ་ལ་གུ་གུ་གཉིས་ཡོད་ པར་ཐལ་བའི་སྐྱོན་མེད་དོ། །ཁོ་བོའི་དེ་དང་། མཐུན་པར་བདེ་འཇུག་ལས་ཀྱང་། གུག་སྐྱེད་ ཅན་ཞིག་བྱུང་འགྱུར་ན། །ཕྲལ་ཏེ་གུག་སྐྱེད་ཀུན་ལ་སྦྱར། ཥི་ལ་ཥི་ཐི་འམ། ཏྱུ་ལ་ཏུ་ཡུ་ཟེར་བ་ བཞིན་ནོ། །ཞེས་བཤད་པའི་ཕྱིར་རོ། ། གཉིས་པ་ཤིན་ཏུ་རིང་པོའི་བརྗོད་ཚུལ་ནི། བཅུ་གཉིས་བསྒྲེང་སྟེ་བཀུག་པ་བསྲིང་། །དེ་ བཞིན་བཅུ་བཞི་བསདྟོ ་དེ་སྨད། །ཅེས་པས་བསྟོད་པ་ལས། བཅུ་གཉིས་ཞེས་པ་ནི། དབྱངས་ ཡིག་གི་བཅུ་གཉིས་པ་ཨཻ་འདི་ཡིན་ཏེ། བཅུ་གཉིས་ཟེར་བའི་རྒྱུ་མཚན་ནི། དབྱངས་ཡིག་ བཅུ་གཉིས་པ་ན་ཡོད་པའི་ཕྱིར་རོ། །འདི་ཡང་གསལ་བྱེད་ལ་སྦྱར་ན་ཨཱཻ་ཞེས་པ་ཀཱཻ་ཀྵཱཻའི་ལྟ་ བུར་འགྱུར་རོ། །དེའི་བརྗོད་ཚུལ་ནི་བསྒྲེང་སྟེ་བཀུག་པ་བསྲིང་ཞེས་པས། འགྲེང་བུ་གཅིག་ ནི་ར་རིང་དུ་བརྗོད་ལ། འགྲེང་བུ་གཅིག་ནི་བཀུག་ཅེས་པ། འོག་གི་འའི་གུ་གུ་རུ་བརྗོད་དེ། ཀེའི་འམ་ཀྵི འི་ལྟ་བུ་ལ་གསུམ་གྱིས་ཡུན་དུ་བརྗོད་པའོ། །འདི་ནི་སྨྲ་སྒོ་ལས། བསྒྲེང་དང་ བསྒྲེངས་ཏེ་བཀུག་པ་དང་། །ཞེས་བཤད་པའི་དོན་ནོ། །འོ་ན་འགྲེང་བུ་གུ་གུ་རུ་ཀློག་པའི་རྒྱུ་ མཚན་ཅིའི་ཞེ་ན། ཨེ་དང་ཨི་སྦྱར་ཏེ་ཨེ་ཨི་ཞེས་བརྗོད་པའི་གདངས་ལས་གུ་གུར་འགྱུར་བ་ སྟེ་རྒྱས་པར་ངག་ལ་དྲིས། དེ་བཞིན་དུ་བཅུ་བཞི་བསྟོད་དེ་སྨད། ཅེས་པ་ཡང་ཨེ་སྟེ་དེ་ལ་ཐ་ 1-1-405 མལ་པ་གསུམ་གྱི་ཡུན་དུ་བརྗོད་པ་ལྟར་དབྱངས་ཡིག་བཅུ་བཞི་པ་ཨཱཽ་ལ་ཡང་། གསུམ་གྱི་ ཡུན་དུ་བརྗོད་དོ། །ཞེས་པའི་ཚིག་སྟེ་འདི་ཡང་གསལ་བྱེད་ལ་སྦྱར་ན། ཨཱཽ་ཀཱཽ་ནས་ཀྵཱཽའི་བར་ རོ། །དེའི་བརྗོད་ཚུལ་ནི་བསྟོད་དེ་སྨད་ཅེས་པས། ན་རོ་གཅིག་བསྟོད་པ་སྟེ། ན་རོ་རང་དུ་ འབོད་ལ། ན་རོ་གཅིག་ཤོས་སྨད་ཅེས་པས་འོག་ནས་འའི་ཞབས་ཀྱུར་བརྗོད་དེ་ཨཱཽ་ལྟ་བུ་ཨོ་ འུ་ལྟ་བུར་འམ། ཀཱཽ་ལ་ཀོའུ་ལྟ་བུར་ཀྵཱཽ་ཀྵོ་འུ་ལྟ་བུར། བརྗོད་པའོ་འོ་ན་ན་རོ་ཞབས་ཀྱུར་སྨད་ ནས་ཀློག་པའི་རྒྱུ་མཚན་ཅི་ཞེ་ན། ཨོ་དང་ཨུ་སྦྱར་ཏེ་ཨོ་ཨུ་ཞེས་བརྗོད་པའི་གདངས་ལས་ཨོ་ འུར་འགྱུར་ཏེ། དེས་མ་རྟོགས་ན་ངག་ལ་དྲིས། བསྟོད་སྨད་ཀྱི་བརྗོད་ཚུལ་བསྟན་པ་འདི་ནི། སྨྲ་སྒོ་ལས། བསྟོད་དང་བསྟོད་དེ་སྨད་པ་དང་། །ཞེས་བཤད་པའི་དོན་ཡང་ཡིན་ནོ། ། ༉ གསུམ་པ་སྣ་ལྡན་གྱི་བརྗོད་ཚུལ་ནི། ཀླད་ཀོར་གྱི་ཀླག་ཐབས་ཡིན་ཏེ། བཅ་ོལྔ་སྦྱར་ པའི་སྡེ་ལྔ་ཡི། །ཐ་མ་ཕལ་ཆེར་ང་སྒྲར་བརདྗོ ། །ཅེས་པས་བསྟན་ནོ། །དེ་ཡང་བཅོ་ལྔ་ཞེས་ པ་དབྱངས་ཡིག་བཅོ་ལྔ་པས་ཏེ་ཨཾ་ཡིན་ནོ། །སྦྱར་ཞེས་པ་ཨཾ་འདི་ལ་ཀླད་ཀོར་ཡོད་པ་ལྟར། གསལ་བྱེད་རྣམས་ལ་ཡང་ཀླད་ཀོར་སྦྱོར་བ་སྟེ། ཀཾ་ཞེས་པ་ནས་ཀྵ་ཞེས་པའི་བར་དུའོ། །དེ་ དག་གི་ཀླད་ཀོར་གྱི་བརྗོད་ཚུལ་ཇི་ལྟ་བུ་ཞེ་ན། དོན་འདི་ལ་རྒྱ་གར་ན་ཡང་སྒྲའི་སྲོལ་ཆེན་པོ་ བཞི་ཡོད་དོ། །ཀླད་ཀོར་གྱི་བརྗོད་ལུགས་ལ། མི་མཐུན་ནོ་ཞེས་མཁས་པ་དག་གསུང་ངོ་།། །། དེ་ལ་བྲམ་ཟེའི་ཁྱེའུ་པ་ཎ་དྷ་ཞེས་བྱ་བ། གསལ་བྱེད་ཐམས་ཅད་ཀྱི་ཀླད་ཀོར་མར་ཀློག་ ལ། ཀ་ལ་པའི་ལུགས་ཀྱིས། གསལ་བྱེད་ཀུན་གྱི་ངར་འདོད་ཅིང་། ཙནྡྲ་པའི་ལུགས་ཀྱི་དེ་ ཐམས་ཅད་ཀྱང་སྡེ་ལྔ་རང་རང་གྱི་ཐ་མ་ཀླད་ཀོར་དུ་འདོད་དོ། ། བཞི་པ་ར་ཙ་སྲིའི་ལུགས་ཀྱིས། ང་ཉ་ན་ཎ་མ་ཡི་གེ་རྣམས། ཀླད་ཀོར་ལིར་བཞག་པ་ སྟེ། འོག་ཏུ་རང་གི་རིགས་མཐོང་ན། ཐ་མ་ཡི་གེའི་དབང་དུ་བཀླག །ཅེས་བཤད་པས་སྡེ་ ལྔའི་ཀླད་ཀོར་ནི། དཔུང་གཞིབས་འོག་མ་དང་གཉིས་ཤད་ཀྱིས་བར་མ་ཆོད། ཅིང་ཊ་བའི་ 1-1-406 ལྟར་འདོད་མོད་ཀྱང་། འོག་ཏུ་རང་གི་རིགས་མཐོང་པ་ཞེས་བྱ་བ་ཀའི་ཀླད་ཀོར་ནི་ཀཾ་ཙ་ལྟ་ བུའི་དུས་སུ་ཀཉ་དུ་ཀློག་གོ་ཀཾ་ཊ་ལྟ་བུའི་དུས་སུ་ཀཎ་དུ་ཀློག་གོ །ཀཾ་ཏ་ལྟ་བུའི་དུས་སུ་ཀན་ དུ་ཀློག་གོ །ཀཾ་པ་ལྟ་བུའི་དུས་སུ་ཀམ་དུ་ཀློག་གོ །དེ་སྐད་དུ་ཡང་རང་རང་གི་རིགས་མཐོང་ ན་ཐ་མ་ཡི་གེའི་དབང་དུ་བཀླག་ཀ་སྡེ་ཐ་མའི་ཡི་གེའི་དབང་དུ་ཀླག་ཅེས་པ་བཤད་དོ། །ཤད་ ཡོད་ན་ནི་དེ་ཉིད་དོ། །ཞེས་པ་ནི། ཀ་ལྟ་བུ་འོག་མ་དང་ཤད་ཀྱི་བར་མ་ཆོད་ན། སྡེ་པ་རང་ རང་གི་ཐ་མ་ཀླད་ཀོར་དུ་འགྲོ་སྟེ་ཙནྡྲ་པའི་ལུགས་དང་མཐུན་ནོ། །འོ་ན་ལུགས་དེ་བཞི་གང་ འཐད་ཞེ་ན། དེང་སང་གི་མཁས་པར་ཁས་འཆེ་བ་རྣམས་ཙནྡྲ་པའི་རྗེས་སུ་འབྲང་། ཁོ་བོ་ནི་ ར་ཙ་བའི་ལུགས་འཐད་པར་སེམས་ཏེ། དེའི་རྒྱུ་མཚན་ཞལ་ནས་ཤེས་སོ། ། བཞི་པ་རྣམ་པར་བཅད་པའི་བརྗོད་ཚུལ་ནི། ཚེག་དྲག་ཅན་གྱི་བརྗོད་ཚུལ་སྟོན་པ་སྟེ། དེའི་གཞུང་ནི། སྒྲ་ཡིག་ཐ་མ་སྦྱར་པ་ནི། །རྡུམ་རྡུམ་རྣམ་པར་བཅད་ལ་བཀླག །ཅེས་པས་ བསྟན་ནོ། །དེ་ལ་སྒྲ་ཡི་གེ་ཐ་མ་ཞེས་པ་ནི། དབྱངས་ཡིག་གི་ཐ་མ་སྟེ་ཨཿ འདི་ལ་ཚེག་དྲག་ ཡོད་པ་ལྟར། གསལ་བྱེད་རྣམས་ལ་སྦྱོར་པའི་ཚིག་སྟེ། ཀཿནས་ཀྵཿའི་བར་དུའོ། །དེའི་བརྗོད་ ཚུལ་རྡུམ་རྡུམ་པས་རྣམ་པར་བཅད་ལ་བཀླག ཅེས་པ་ཅུང་ཟད་རིང་པར་དྲངས། སྐད་ཞུགས་ རྦད་བཅད་ནས་བཀླག་པའོ། །དེ་ལྟར་ཡང་སྨྲ་སྒོ་ལས། བི་ས་རྫྫ་ནི་བཅད་པའོ། །ཞེས་པའི་ དོན་ནོ། ། གསུམ་པ་དེ་གཉིས་ཀྱི་དོན་བསྡུ་བ་དང་། དེ་དག་རྣམས་ཀྱི་ཡི་གེ་གཉིས། ང་ོབ་ོབརདྗོ ་ དང་སྦྱར་བའང་བཤད། །ཅེས་པ་བསྟན་ཏེ། དེ་དག་རྣམས་ཀྱི་ཡི་གེ་གཉིས། ཞེས་པ་ནི་གོང་ དུ་བསྟན་པའི་ཀ་མད་ལྔ་བཅུའོ། །ཡི་གེ་ལྔ་བཅུ་ལ་གཉིས་ཟེར་བའི་རྒྱུ་མཚན་ཅི་ཞེ་ན། དེ་ ལྟར་ཀྱང་དུ་བགྲངས་ན་ལྔ་བཅུ་ཡོད་མོད་ཀྱི། དྲིལ་ན་ཕྱི་མིང་གནས་ཀྱི་ཡི་གེ་དང་། སྒྲའི་ཡི་ གེ་གཉིས་སུ་འདུས་པའི་ཕྱིར། ཡི་གེ་གཉིས་ཞེས་བྱའོ། །ངོ་བོ་བརྗོད་དང་སྦྱར་པའང་བཤད། 1-1-407 །ངོ་བོ་བརྗོད་པ་ན་གསལ་བྱེད་རྣམས་སོ་སོའི། ངོ་བོ་བརྗོད་པ་གོང་དུ་བསྟན་ཟིན་ནི་ཞེས་ པས། སྦྱར་བའང་བཤད་ཅེས་པ་ཡང་། དབྱངས་ཡིག་གི་བརྗོད་ཚུལ་གསལ་བྱེད་ལ་སྦྱར་ཏེ་ བསྟན་པ་ཡང་བཤད་ཟིན་ནོ་ཞེས་པའི་ཐ་ཚིག་གོ ། ༈ བཞི་པ་གསལ་བྱེད་ཀྱི་བརྗོད་ཚུལ་བྱེ་བྲག་ཏུ་བསྟན་པ་ཡིན་ནོ། །མ་སྨོས་སྡེ་པ་ནང་ མཐུན་བཏགས། །ཆེན་པ་ོགཅིག་ཏུ་བཀླག་པར་བྱ། །ཤ་བཏགས་ས་དང་ཆ་མཐུན་ཏེ། །ཁྱད་ པར་རང་སྒྲ་ཅུང་ཟད་དོ། །འདགོ ས་འབྲེལ་ཡན་ལག་ཐམས་ཅད་ལ། །རིང་པ་ོལ་སགོ ས་སྔ་ མ་སྦྱར། །བརདྗོ ་དུ་མི་རུང་དུ་མ་བཏགས། །རང་སྒྲ་ཉེ་བར་དྲན་ཙམ་བཀླག །ཅེས་པ་བསྟན་ ནོ་དེ་ལ་མ་སྨོས་ཞེས་པ་ནི། ད་དུང་སྔར་མ་སྨོས་ཤིང་མ་བཤད་པ་གཅིག་བཤད་དུ་ཡོད་དོ། །ཞེས་པའི་ཚིག་གོ །དེ་རང་གང་ཞིག་ཡིན་ཅེ་ན། སྡེ་པ་ནང་མཐུན་བཏགས། ཞེས་པ་ཏེ་ཀྐ་ཁྑ་ ཙྩ་ཚྪ་འདི་ལྟ་བུ་རང་ལ་རང་གི་སྡེ་པ་ལ་བཏགས་པ་རྣམས་སོ། །དེའི་བརྗོད་ཚུལ་ཇི་ལྟ་བུ་ཞེ་ ན། ཆེན་པོ་གཅིག་ཏུ་བཀླག་པར་བྱ། །ཞེས་པས་སྐད་ཀྱི་བྱིངས་ཆེ་བ་གཅིག་གམ་ཅུང་ཟད་ལྕི་ བ་ལ་དིག་པའི་སྐད་དུ་ལྟི གས་པ་གཅིག་ཏུ་བརྗོད་པའོ། །ཤ་བཏགས་ཞེས་པའི་དོན་ཡང་། ཤ་ གཞན་ལ་བཏགས་པ་མ་ཡིན་གྱིས། ཤ་ལ་ཡི་གེ་གཞན་བཏགས་པའོ། །དེའི་བརྗོད་ཚུལ་ཇི་ ལྟ་བུ་ཞེ་ན། ས་དང་ཆ་མཐུན་ཞེས་པས། ས་ལ་བཏགས་པ་དང་། ཤ་ལ་བཏགས་པ་གཉིས་སྒྲ་ ཆ་མཐུན་པར་བརྗོད་ཅེས་པའོ། །འོ་ན་ཤ་ལ་བཏགས་པ་དང་། ས་ལ་བཏགས་པ་ལ་མཐུན་ བར་ཀློག་པའི་རྒྱུ་མཚན་ཅི་སྟེ་སྙམ་ན། ཤ་དང་ཤ་ལོག་པ་དང་གསུམ་སྲོག་གཅིག་པའི་ཕྱིར་ རོ། །འོ་ན་སྲོག་གཅིག་པའི་ཡི་གེ་གཞན་ཡང་མེད་དམ་ཞེ་ན། ན་ན་ལོག་ཉ་དང་གསུམ་སྲོག་ གཅིག ཡ་ཛ་ཇ་གསུམ་སྲོག་གཅིག དེའི་ཕྱིར་ཤ་ཥ་གཉིས་ལ་བཏགས་པ་རྣམས། ས་ལ་ བཏགས་པ་ལྟ་བུར་ཀློག ན་དང་ན་ལོག་ཉ་དང་གསུམ་སྲོག་གཅིག་པས་ནྱ་ཎྱ་ཉྱ་ལྟ་བུ་མྱིག་ འབྱེད་གྱི་ལྟེ་མྱིག་ལས། ན་དང་ན་ལོག་ཉ་དང་གསུམ་ཡ་སྟ་བྱུང་ན་གཉའ་ཞེས་བྱ། ཛ་ལ་ཉ་ 1-1-408 བཏགས་པ་ཡང་གཉའ་ཞེས་བྱའོ། །ཡ་ཛ་ཇ་གསུམ་སྲོག་གཅིག་པའི་ཕྱིར། ཨ་རྱ་ལྟ་བུའི་ཡི་ གེ་ལ། ཤར་ཕྱོགས་ཨ་ཡར་བརྗོད་པས་ཏེ་རྒྱ་གར་དབུས་པ་ཨར་ཇར་འབོད། ཁ་ཆེ་ཨར་ ཛ་ཞེས་སུ་འབོད། སྲོག་གཅིག་དོན་ནི་གང་ཞེ་ན། དང་པོ་འབྱུང་པ་ཆ་མཐུན་ཞིང་། །བར་དུ་ བརྗོད་པ་ཆ་མཐུན་ནོ། །ཐ་མ་ནུས་པ་ཆ་མཐུན་པའོ། །འོ་ན་ཤ་ལ་བཏགས་པ་དང་། ས་ལ་ བཏགས་པ་སྒྲ་ལ་ཁྱད་མེད་དམ་ཞེ་ན། ཁྱད་པར་རང་སྒྲ་ཅུང་ཟད་ཡོད་དོ། །ཞེས་པ་མི་འདྲ་ བའི་ཆ་གཅིག་ཀྱང་ཡོད་དོ། །ཞེས་པའི་དེ་རང་གང་ཞེ་ན་སྙམ་ན་ཤ་ལོག་གི་སྒྲ་ནི། ལྕེ་རྩེའི་ འོག་ཡ་རྐན་ལ་སྦྱར་བ་ལས་འབྱུང་ལ། དེ་ལ་བཏགས་པ་ཡང་ལྟ་བུའོ། །ཤ་ལ་བཏགས་པ་ལྕེ་ དབུས་དང་། །རྐན་དབུས་སྦྱར་པ་ལས་འབྱུང་ངོ་། །ས་ལ་བཏགས་པ་རྣམས་ནི་ལྕེ་རྩེ་དང་སོ་ རྩེ་ལས་འབྱུང་ངོ་། །རྐན་མཐའི་རྙི་ལས་འབྱུང་སྟེ། ཤ་ལ་བཏགས་པ་དང་། ས་ལ་བཏགས་ པ་གཉིས་དོན་ལ་ལྕེ་རྩེ་ལས་འབྱུང་པར་མཐུན་ཀྱང་། ལྕེ་རྐན་ལ་མདོ་ཕུགས་ཀྱི་ཁྱད་ཡོད་དོ་ ཞེས་པའོ། །འདོགས་འབྲེལ་ཡན་ལག་ཐམས་ཅད་ལ། །རིང་པོ་ལས་སོགས་སྔར་བཞིན་སྦྱར། །ཞེས་པ་ནི་ཡི་གེ་འགའ་ཞིག་ལ། འདོགས་འབྲེལ་ལམ་གུག་འགྲེང་ལ་སོགས་པའི་ཡན་ལག་ དང་བཅས་པ་དེ་དག་ཐམས་ཅད་ཅེས་བྱ་བ་ཡང་། རིང་པོ་དང་ཤིན་ཏུ་རིང་པོ་དང་། སྣ་ལྡན་ ནམ། ཚེག་དྲག་ལ་སོགས་པའི་རྐྱེན་བྱུང་པ་སྟེ། སྟྲཻཿལྟ་བུའོ། །འོ་ན་དེ་ལྟ་བུའི་བརྗོད་ཚུལ་ནི། རིང་པོ་ལ་སོགས་སྔར་བཞིན་སྦྱར། །ཞེས་པས་གོང་དུ་དབྱངས་ཡིག་གི་སྐབས་སུ་རིང་པོ་དང་ ། ཤིན་ཏུ་རིང་ལ་སོགས་པའི་བརྗོད་ཚུལ་ནི། ཇི་སྐད་བསྟན་པ་བཞིན་དུའོ། །འདིར་འདོགས་ འབྲེལ་ལམ། ཡན་ལག་དག་དང་བཅས་པ་ལ་ཡང་དེ་བཞིན་དུ། ཤེས་པར་གྱིས་ཤིག་ཅེས་ པའི་ཚིག་གོ །བརྗོད་དུ་མི་རུང་དུ་མ་བཏགས། །རང་སྒྲ་ཉེ་བར་དྲན་ཙམ་བཀླག །ཞེས་པ་ འདི་ལ་ཡང་འདྲི་བ་དང་ལན་གཉིས་ཀྱི་ཤེས་པར་བྱ་སྟེ། དེ་ལ་དྲི་བ་ནི། བརྗོད་དུ་མི་རུང་དུ་མ་ བཏགས། །ཞེས་པ་དུས་གཅིག་ཏུ་བརྗོད་དུ་མི་རུང་པ་སྟེ། དེ་ལྟ་བུ་ལ་ཇི་ལྟར་བརྗོད་པར་བྱ། 1-1-409 ཞེས་འདྲི་བའོ། །དེའི་ལན་ནི་རང་སྒྲ་ཉེ་བར་དྲན་ཙམ་བཀླག །ཅེས་པ་དུས་གཅིག་ལ་བརྗོད་ དུ་རུང་པ་རྣམས་ནི་དུས་གཅིག་ལ་བརྗོད་ཅིང་། དུས་གཅིག་ལ་བརྗོད་དུ་མི་རུང་པ་རྣམས་ ནི། ཅུང་ཟད་ཕྲལ་ནས་ཀློག་པ་སྟེ། དེ་སྐད་དུ་ཡང་ཞེས་པ་བསྡུས་པའི་སྒྲོན་མེ་ལས། འདུ་ བ་རྣམས་ནི་གཅིག་ཏུ་ཀླག །མི་འདུ་བ་རྣམས་ཕྲལ་ལ་བཀླག །ཅེས་པའི་ཕྱིར་རོ། །འོ་ན་དེ་ ལྟ་བུའི་བརྩེགས་པ་རྣམས་ལ། གུ་གུ་འགྲེང་ལ་སོགས་པའི་ཡན་ལག་གམ་ཀླད་ཀོར་བྱུང་ན། བརྩེགས་པའི་སྟེང་དུ་མས་ཐོབ་བམ། འོག་མས་ཐོབ་ཞེས་ན། འོག་མས་ཐོབ་སྟེ། དེ་སྐད་དུ་ ཡང་གཟུངས་སྔགས་ཀློག་པའི་མེ་ལོང་ལས། སྟེང་གི་ཡི་གེ་ཅུང་ཟད་ཙམ། །འོག་གི་ཡི་གེ་ཆེ་ བ་སྟེ། །གུ་གུ་ལ་སོགས་ཡན་ལག་རྣམས། །འོག་གི་ཡི་གེའི་དབང་དུ་བཀླག །ཅེས་བཤད་དོ། །འོ་ན་སྟེང་གི་ཡི་གེ་ཆུང་བ་དང་། འོག་གི་ཡི་གེ་ཆེ་བར་འོང་བའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཉི་ མའི་འཁོར་ལོ་ལས་སུམ་བརྩེགས་བྱུང་བ་ཐམས་ཅད་ལ། བརྩེགས་པའི་སྟེང་མ་གོང་མ་སྦྱར། །བར་མ་གྲལ་དུ་འཇུག་པ་ཡིན། །འོག་མ་འོག་མའི་སྟེང་དུ་སྦྱར། །ཞེས་བཤད་པས། སྟེང་མ་ དཔུང་གཞིབས་ཀྱི་སྔ་ནས་བཀླགས་ཟིན་པའི་ཕྱིར་རོ། །དེ་ཡང་རྩེགས་པའི་སྟེང་མ་ཐམས་ ཅད་སྔ་མས་མ་ཞེས་ན། རྗེས་འཇུག་གི་ཡི་གེ། ག་ང་ད་ན་བ་མ་ར་ལ་ས། འདི་རྣམས་རྩེགས་ པའི་སྟེང་དུ་བྱུང་བའི་དུས་སུ། དཔུང་གཞིབས་སྔ་མའམ། ཡང་ན་ཕྱེད་འཕུལ་ལྟ་བུ་བརྗོད་པ་ སྟེ། དེ་སྐད་དུ་ཡང་ཉི་མའི་འཁོར་ལོ་ལས། རྗེས་འཇུག་ཡི་གེ་དགུ་སྟེང་དུ་སྦྱར། ཞེས་བཤད་ པས་སོ། ། ལྔ་པ་ཕྱིར་བཀླག་པའི་རྣམས་གྲངས་བཅུར་བསྡུ་བ་ནི། བཀླག་པའི་མིང་རྣམས་མདརོ ་ བསྡུས་ན། །སགྲོ ་ཆུང་སགྲོ ་ཆེན་རྗེས་དབྱངས་དྲག །ཐུང་ངུ་རིང་པ་ོཤིན་ཏུ་རིང་། །ཆེན་པ་ོ ཆུང་ངུ་བར་མའོ། །ཞེས་པས་བསྟན་ཏེ། འདིའི་དོན་ནི། ཁོ་བོས་སྦྱར་པའི་ལྡེ་མིག་མགོ་བཅུ་ པ་ལས་རྒྱས་པར་ཤེས་པར་བྱའོ། ། 1-1-410 ༉ དྲུག་པ་ཡ་ཝ་ར་བཏགས་ཀྱི་བརྗོད་ཚུལ་ལ་རྒྱ་བོད་གཉིས་ཅུང་ཟད་མི་འདྲ་བར་ བསྟན་པ་ནི། མགནོ ་གསུངས་ལེགས་པར་སྦྱར་བ་ལ། །བ་ྷོཊའི་མཁན་པསོ ་ལེགས་གསུངས་ པའི། །ཡ་ཝ་ར་བཏགས་ཅུང་ཟད་མིན། །ཞེས་པ་འདིས་སྟོན་ཏེ། དེ་ལ་མགོན་པོ་ནི་སངས་ རྒྱས་ཤཱཀྱ་ཐུབ་པ་སྟེ། དེས་གསུངས་པའོ། །ལེགས་པར་སྦྱར་པ་ནི་སང་ཀྲི ་ཏའི་སྐད་དོ། །བོ་ ཊའི་མཁན་པོ་ནི། བོད་ཀྱི་མཁན་པོ་ཐོན་མི་སམ་བྷོ་ཊས། ལེགས་པར་གསུངས་པ་ནི། མཁན་པོ་དེས་གསུངས་པའི་བོད་སྐད་དོ། །ཅུང་ཟད་མིན་ཅེས་པ་ཡང་། དེ་ལྟ་བུའི་སང་ཀྲི ་ ཏའི་སྐད་དང་། བོད་སྐད་གཉིས་ཚུལ་ཅུང་ཟད་མི་མཐུན་ཞེས་པས། འོ་ན་གང་གི་བརྗོད་ཚུལ་ ལ་མི་མཐུན་ཞེས་ན་ཡ་ཝ་ར་བཏགས་ཞེས་པ། ཡ་སྟ་དང་། ཝ་སྟ་དང་། ར་སྟ་དང་ངོ་། །ཅུང་ ཟད་མིན་ཞེས་པ་ནི། དེ་གསུམ་གྱི་བརྗོད་ཚུལ་ལ་མི་མཐུན་ཞེས་པའོ། །འོ་ན་སང་ཀྲི ་ཏ་ཇི་ ལྟར་བརྗོད་ཅེ་ན། དེ་ནི་ཀྱ་ཁྱ་ལ་སོགས་པའི་གསལ་བྱེད་རྣམས་ཀྱི་ཡ་སྟ། ཀ་ཡ་ཁ་ཡ་ག་ཡ་ ལྟར་ཅུང་ཟད་ཕྲལ་ནས་བརྗོད་དོ། །དེ་ཡང་ཙྱ་ཚྱ་ཛྱ་འདི་གསུམ་གྱི་ཡ་སྟ་ནི་བདེ་འཇུག་ལས། ཙ་ཚ་ཛ་ལ་ཡ་སྟ་བཏགས། །བོད་ཀྱི་ཅ་ཆ་ཇ་བཞིན་བཀླག །གུག་སྐྱེད་ཅན་ཡང་དེ་བཞིན་ནོ། །ཞེས་བཤད་པ་ལྟར་འཐད་དམ་སེམས་སོ། །གཞན་ཡང་ཏྱ་ཐྱ་དྱ་འདི་གསུམ་གྱི་ཡ་སྟ་ཡང་ བདེ་འཇུག་ལས་ཏ་ཐ་དང་། ལ་ཡ་སྟ་བཏགས་ཨེ་སྒྲ་ལྡན་ཞིང་ཕྲལ་ལ་བཀླག་ཅེས་བཤད་ པས། ཏེ་ཡ་ཐེ་ཡ་དེ་ཡ་ཞེས་བཤད་དོ། །ནྱ་ཎྱ་ཉྱ་འདི་གསུམ་གྱི་ཡ་སྟ་དང་ཛྙ་ལ་ཉ་བཏགས་པ་ དང་འདི་དག་ནི། གཉའ་ཞེས་བརྗོད་དེ། དེ་སྐད་དུ་ཡང་མ་རིག་མྱིག་འབྱེད་ཀྱི་ལྡེ་མིག་ལས། ན་དང་ན་ལོག་ཉ་དང་གསུམ། ཡ་སྟ་བྱུང་ན་གཉའ་ཞེས་བྱ། ཛ་ལ་ཉ་བཏགས་པ་ཡང་གཉའ་ ཞེས་བཤད་དོ། །བྱེ་བྲག་ཏུ། ཡ་ལ་ཡ་སྟ་མི་འདོགས་ཏེ། ཡ་ཡ་ཞེས་པ་མེད་པའོ། །དེང་སང་ ནི། བདེ་འཇུག་གི་རྗེས་སུ་འབྲང་བར་ཁས་འཆེ། དེའི་དགོངས་པ་མ་ལོན་པ་ཁ་ཅིག གསལ་ བྱེད་ཐམས་ཅད་ཀྱི་ཡ་སྟ་འགྲེང་བུ་བཞིན་ཀློག་པ་ཡང་ཡོད་དེ། དེ་ལྟ་བུ་ནི་གང་ནས་ཀྱང་མ་ 1-1-411 བཤད་དོ། །ཁ་ཅིག་རིག་བཀླག་གམ། སྨྲ་སྒོ་འམ། གཟུངས་སྔགས་ཀློག་པའི་མེ་ལོང་ལྟ་བུ་ ལས། བསྟན་བཅོས་གནད་ཅན། མ་མཐོང་བ་དག གསལ་བྱེད་ཐམས་ཅད་ཀྱི་ཡ་སྟ་ཀ་ཡ་ ཁ་ཡ་ལ་སོགས་པ་ཡ་རང་དུ་བརྗོད་པ་ཡང་ཡོད་དེ། དེས་གོང་དུ་བསྟན་པའི་བྱེ་བྲག་མ་གོ་ བར་ཟད། འོ་ན་ཡ་སྟ་བཏགས་པ་དེ་རྣམས་ལ་བོད་སྐད་ཇི་ལྟར་བརྗོད་ཅེ་ན་ཀྱ་ཁྱ་གྱ་པྱ་ཕྱ་བྱ་ མྱའ་མ་སྐྱ་སྒྱ་ལ་སོགས་པ་རྐྱང་། བརྩེགས་པ་ལ་ཡ་སྟ་བཏགས་ཤིང་ཡ་སྟ་ཐོབ་པ་རྣམས་དུས་ གཅིག་ལ་བརྗོད་དོ། །ཝ་སྟའི་བརྗོད་ཚུལ་ཡང་། ལེགས་པར་སྦྱར་བའི་སྐད་ལ་ནི་གསལ་བྱེད་ ཀུན་ལ་ཡང་ཝ་སྟ་འདོགས་ཏེ། ཀྭ་ཁྭ་ལ་སོགས་པ་ནས་ཀྵའི་བར་དུའོ། །དེའི་བརྗོད་ཚུལ་སྨྲ་ སྒོ་ལས་ཡ་ཝ་ར་བཏགས་གདངས་ཀྱི་ཚུལ། ཞེས་བཤད་པས། ཀ་ཝ་ཁ་ཝ་ལ་སོགས་པ་ལྟ་བུ་ ལ། ཝའི་སྒྲ་ཅུང་ཟད་ཕྲལ་ནས་བརྗོད་ལ། ཉི་མའི་འཁོར་ལོ་ལས་ནི། ཝ་སྟ་ན་རོ་ཡོད་པ་འདྲ། །ཞེས་བཤད་པས། ཀོ་ཝ་ཁོ་ཝ་ལ་སོགས་པར་ཡང་བཤད་དོ། །འོ་ན་བོད་ཀྱི་ལུགས་ཀྱིས་ཝ་ སྟའི་བརྗོད་ཚུལ་ཇི་ལྟར་སྙམ་ན། ཝ་སྟ་ཐོབ་པའི་ཡི་གེ་རྣམས་ལ་ནི། དུས་གཅིག་ཏུ་བརྗོད་ ལ། མི་ཐོབ་པ་ལ་ནི་མི་འདོགས་སོ་ཐོབ་པ་རང་དུ་ཡོད། དེ་རྣམས་ནི་གང་ཡིན་སྙམ་ན། བཅྭ་ ལྔ་ཡོད་དེ་དེ་སྐད་དུ་ཡང་བྱིས་པ་བདེ་ཀླག་ལས། ཝ་ནི་ཀུན་ལ་གདགས་རུང་ཡང་། །སྐབས་ ཀྱིས་བཅྭ་ལྔ་དག་ལ་འཇུག །ཅེས་བཤད་པའི་ཕྱིར་རོ། །བཅྭ་ལྔ་པོ་རང་གང་ཡིན་སྙམ་ན། ཀྭྭ་ ཀྭ་ཁྭ་གྭ་ཅྭ་ཏྭ་ཙྭ་ཚྭ་དྭ་རྭ་ཞྭ་ཟྭ་ཤྭ་སྭ་ཧྭ། འདི་དག་གོ །འ་འདི་དག་གི་བརྗོད་ཚུལ་དུས་གཅིག་ ཏུ་བརྗོད་ན། དེ་དག་དོན་གང་ལ་འཇུག་ཅེ་ན། ཀྭ་ནི་ཁ་དོག་བཀྲ་བ་སྟེ། །ཀྭ་ནི་བོད་པའི་ཚིག་ ཡིན་ནོ། །ཁྭའི་དོན་ནི་བྱ་ཁྭ་ཡིན། །གྲྭ་ནི་དཀྱིལ་ལ་སོགས་གྲྭ། །ཅྭ་ནི་བཅྭ་ལྔ་བཅྭ་བརྒྱད་ཡིན། །རྩྭ་ནི་དུད་འགྲོས་བཟའ་བྱས་ཏེ། །ཚྭ་ནི་རོ་མཆོག་བྲོ་བའོ། །ཏྭ་ནི་ཁ་ཏྭོང་ཁ་ཡིན་ཏེ། །དྭ་ནི་ ཤ་ར་དྭད་ཏི་བུ། །རྭ་ནི་དུད་འགྲོའི་མགོ་སྐྱེས་ཏེ། །ཤྭ་ནི་ཆུ་ཡི་བྱེ་བྲག་གོ། །ཟྭ་ནི་ཟ་བ་ཉིད་ ཟ་སྟེ། །ཞྭ་ནི་མགོ་ལ་གྱོན་པ་ཡིན། །ཟ་ནི་ཤིང་གི་བྱེ་བྲག་སྟེ། ཧྭ་ན་ཧྭ་ག་ཅེས་བྱ་བའོ། །སྒྲ་ 1-1-412 འདི་དག་ལ་ལྕེ་སྦྱོར་གཅེས། །ཡ་སྟ་ལ་ཡང་སང་ཀྲི ་ཏས་ནི་དུས་གཅིག་ཏུ་མི་བརྗོད་དེ། ཀྱ་ལྟ་ བུ་ལ་ཀ་ཡ་ལྟ་བུར་ཅུང་ཟད་ཕྲལ་ལ་མ་ཕྲལ་གྱི་སྒྲར་བརྗོད་ལ། བོད་ལ་ནི་ཡ་སྟ་ཡི་གེ་ཐམས་ ཅད་ལ་མི་འདོགས་ཤིང་། བཏགས་པ་རྣམས་དུས་གཅིག་ཏུ་བརྗོད་དོ། །ར་བཏགས་ཞེས་པ་ ཡང་། ཀྲ་ཁྲ་ལ་སོགས་པའི་ར་སྟ་བཏགས་པ་རྣམས་ཏེ། འདི་དག་བརྗོད་ཚུལ་ཡང་སང་ཀྲི ་ ཏས་ནི་ཀ་ར་ཁ་ར་ཞེས་པ་ལྟ་བུ་ལ་ཅུང་ཟད་མྱུར་བར་བརྗོད་པར་བྱ་སྟེ། འདི་ཡང་ཕྲལ་ལ་ མ་ཕྲལ་གྱི་སྒྲ་བྱ་བ་ཡིན་གསུང་ངོ་། །བོད་ཀྱིས་ར་སྟ་བཏགས་པ་དེ་དག་ཀྱང་། དུས་གཅིག་ ཏུ་རྗོད་པར་བྱེད་པའོ། །འོ་ན་སང་ཀྲི ་ཏས་ཡ་སྟ། ཝ་སྟ་ར་སྟ་རྣམས་དུས་གཅིག་ཏུ་མ་བརྗོད་ ལ། བོད་ཀྱིས་དུས་གཅིག་བརྗོད་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རྒྱ་གར་ན་སྒྲའམ་སྐད་བཟང་ པའི་ཕྱིར་སྦྱར་བས་དྲག་པོ་མེད་ལ། བོད་ནི་ཅུང་ཟད་སྐད་དམན་པས་སྦྱར་བས་དྲག་པོ་ཡོད་ ལ། དེའི་ཕྱིར་སྦྱོར་ཀློག་དགོས་པས་ཡ་སྟ་ལ་སོགས་པ་རྣམས་དུས་གཅིག་ཏུ་བརྗོད་པའོ། །དེ་ ལྟར་དྲུག་པོ་དེས་ནི་ཁྱད་པར་སོ་སོའི་བརྗོད་ཚུལ་ཐ་དད་དུ་བསྟན་ཟིན་ཏོ། ། ད་ནི་ལེགས་པར་སྦྱར་པའི་སྐད་ལ་མེད་པ་ཡང་སྟོན་ཏེ། འདི་ལ་ཡང་ཡི་གེ་དྲུག་སྤང་ བ་དང་། སྔོན་འཇུག་དང་། རྗེས་འཇུག་སྤང་བ་གཉིས་ཡོད་པ་ལས། དང་པོ་ནི། དེས་སྦྱར་ སྡེ་པ་གཉིས་པ་ཡི། །ཐ་མ་མ་གཏགོ ས་དྲུག་པའི་ཡང་། །དེ་ལྟར་དྲུག་ནི་ཞུགས་པ་ན། །ཐུབ་ པས་གསུངས་མིན་གཞན་གྱིས་སྦྱར། །དེ་ལྟར་མིན་ན་རྣམ་པར་སྤང་། །ཞེས་པས་སྟོན་པ་ ལས། དེས་སྦྱར་ཞེས་པ་ནི་གོང་དུ་བསྟན་པའི་ཐོན་མི་དེས་སོ། །སྦྱར་ཞེས་པ་ཡང་ཐོན་མི་ དེས་མཛད་པའི་བོད་ཀྱི་ཀ་མད་སུམ་ཅུའོ། །སྡེ་པ་གཉིས་པའི་ཐ་མ་མ་གཏོགས་ཞེས་པའོ། །སྡེ་པ་གཉིས་པ་ནི། ཅ་ཆ་ཇ་ཡིན་ཏེ། དེའི་ཐ་མ་མ་གཏོགས་པའི་གཞན་གསུམ་པ་དང་། དྲུག་ པའི་ཡང་། ཞེས་པ་ཡང་བོད་ཀྱི་སུམ་ཅུ་སྡེ་ཚད་དྲུག་པ་སྟེ། ཞ་ཟ་འ་ཡའོ། །ཡང་ཞེས་པ་ནི། དེ་ལྟར་སྡེ་པ་གཉིས་པའི་ཐ་མ་ཉ་མ་གཏོགས་པ་གཞན། དྲུག་པའི་ཡང་ཐ་མ་ཡ་མ་གཏོགས་ 1-1-413 པའི་གཞན་གསུམ་པོ་ཐུ་བ་ཡིན་ཏེ། དེ་ལྟར་དྲུག་ནི་ཞུགས་པ་ན། ཞེས་པ་དྲུག་པ་དེ་སང་ཀྲི ་ ཏའི་སྔགས་ལ་སྤང་བར་གསུངས་པའོ། །ཞེས་པའི་གཞུང་དང་། སྦྲེལ་ལོ། །གང་ལ་ཡང་སྙམ་ ན། སང་ཀྲི ་ཏའི་སྔགས་ལའོ། །སྤང་བའི་རྒྱུ་མཚན་རང་ཅིའི་ཕྱིར་ཞེ་ན། ཐུབ་པས་གསུང་མིན་ ཞེས་པས་སངས་རྒྱས་ཀྱི་སང་ཀྲི ་ཏའི་སྐད་ལ་མ་གསུངས་པའི་ཕྱིར་རོ། །མི་གསུང་པའི་རྒྱུ་ མཚན་རང་ཅིའི་ཕྱིར་སྙམ་ན། ཡི་གེ་དྲུག་པོ་དེ་དག་རྒྱ་གར་རྡོ་རྗེའི་གདན་དྲུག་ན་མེད་ཅིང་མི་ དགོས་པའི་ཕྱིར་མ་གསུངས་པའོ། །ཟ་མེད་ན་ཙ་ཏ་ཟུང་བྱ་བ་འམ། ཞ་མེད་ན་ནག་པོ་ཞི་ཞི་ བྱ་བའམ། ཆ་མེད་ན་ཆོ་ཆོམ་བྱ་བའམ། ཇ་མེད་ན་ཇི་ལ་མ་སྙགས་བྱ་བའམ། འ་མེད་ན་འ་ བཏགས་དུ་མ་འདུག་པ་ཟེར་ན། དེ་དག་རྒྱ་གར་ན་ཡོད་པ་ཡང་མ་ཡིན་ལ། འཕྲ་མེན་ནམ། ཞང་ཞུང་ངམ། བྲུ་ཞའམ། རྒྱ་སྐད་ལ་ཡོད་ལ། རྒྱ་གར་ན་ཡང་མཐའ་འཁོབ་འགའ་ཞིག་ན་ ཡོད་སྲིད་ཀྱི། སང་ཀྲི ་ཏའི་སྐད་ལ་མེད་དོ་ཞེས་དགོངས་ནས་དེ་སྐད་དུ་གསུངས་པའོ། །འོ་ན་ དྲུག་པོ་དེ་སུས་བྱས་ཞེ་ན། གཞན་གྱིས་སྦྱར་ཞེས་པ་སྟེ། ཐུབ་པ་བདེ་བར་གཤེགས་པའི་ཚུལ་ བསྟན་ནས། དུས་ཕྱིས་བོད་ཀྱི་མཁན་པོ་ཐོན་མི་སམ་བྷོ་ཊ། ཞེས་པས་སྦྱར་བའོ། །དོན་འདི་ ལ་སྔོན་གྱི་བོད་བགྲེས་པོ་དག་ན་རེ། འ་འ་ཞའི་ཡུལ་ནས་བཙལ། ཞ་ཞང་ཞུང་གི་ཡུལ་ནས། ཟ་ཟ་ཧོར་གྱི་ཡུལ་ནས་བཙལ་ཟེར་བ་ཡོད། ཁ་ཅིག་ན་རེ་ཐོན་མི་ཉིད་རྒྱ་བོད་ཀྱི་ལོ་ཙཱ་མཛད་ ཀྱིན། སྐད་ལ་སྐད་དོད་དང་། ཡི་གེ་ལ་ཡིག་དོད་ཚོལ་བའི་ཚེ། འཇམ་དབྱངས་ཀྱི་སྤྲུལ་པའི་ མི་རྒན་གཅིག་དང་ཕྲད་པ་ན། ཁྱེད་གང་ནས་འོང་ཞེས་དྲིས་པའི་ལན་དུ་ང་འའི་ཡུལ་ནས་ འོང་ཟེར་བས། དེ་ལ་འ་རྙེད་ཟེར། ད་གར་འགྲོ་དྲིས་པས་ཞང་ཞུང་གི་ཡུལ་དུ་འགྲོ་ཟེར་བས། ཞ་དེ་ནས་རྙེད་ཟེར། ཁུར་ན་ཅི་ཡོད་ཅེས་དྲིས་པས། ཇ་ཡོད་ཟེར་བ་ལས་ཇ་རྙེད་ཟེར། དོན་ཅི་ ལ་འགྲོ་དྲིས་པས། ཆོས་ལ་འགྲོ་ཟེར་བ་ལས་ཆ་རྙེད་ཟེར། ང་ལ་གཅིག་འཚོང་ངམ་བྱས་པས་ ཅམ་མེ་ང་རང་ལ་དགོས་ཟེར་བ་ལས་ཅ་རྙེད་པ་ཡིན་ཟེར་རོ། །དེ་དག་ནི་བླུན་པོ་གོ་བློ་བསྒྱུར་ 1-1-414 བའམ། བླ་བཅོལ་འབའ་ཞིག་སྨྲ་བར་ཟད་དེ། ཁྱེད་ལྟར་ན་ཐོན་མི་མ་བྱོན་གྱི་གོང་དུ་བོད་ ན། བཅུའམ་བཅོམ་འམ། ཆུ་འམ་ཆོ་འམ། འདུག་མི་འདུག་གམ། འཇིགས་སམ། ཞྭ་འམ། ཞུགས་སམ། ཟུག་ཇུང་ལ་སོགས་པ་འམ། འ་མ་འམ་འོ་མ་ལ་སོགས་པ་ཟེར་བ་མེད་པར་ ཐལ། དེས་ན་དེ་དག་ལ་སྙིང་པོ་མི་སྣང་ངོ་། །འོ་ན་ཁྱེད་རང་ལྟར་ན་ཡང་། ཡི་གེ་དྲུག་པོ་འདི་ དག་གང་ནས་བཙལ་ཟེར་ན། འདི་དག་ནི་ཐོན་མི་མ་བྱོན་གྱི་གོང་ཉིད་ནས་བོད་ཀྱིས་འཕྲལ་ སྐད་ལ་ཡོད་པའི་ཕྱིར་རོ། །བོད་སྐད་ཉིད་ལ་དགོངས་ནས། བོད་དང་མཐུན་པའི་ཆོས་སྐད་ དམ། གསུང་རབ་ཀྱི་ནང་དུ་བཙུད་པའོ། །དེ་སྐད་བརྗོད་པས་ཁ་ཅིག་ན་རེ། ཡི་གེ་དྲུག་པོ་དེ་ དག་རྒྱ་གར་ན་མེད་ན། བཅུ་ཞེས་པ་ལ་ཅ་མི་དགོས་སམ་ཞེ་ན། མི་དགོས་ཏེ། དྷ་ཤ་ཟེར་རོ། །གཅིག་བྱ་བ་ལ་ཡང་ཨེ་ཀ་ཟེར་རོ། །ཆོས་བྱ་བ་ལ་ཡང་ཆ་མི་དགོས་སམ། ཞེ་ན་མི་དགོས་ ཏེ། དྷརྨ་ཟེར་རོ། །རྡོ་རྗེ་བྱ་བ་ལ་ཡང་ཇ་མི་དགོས་སམ་ཞེ་ན་མི་དགོས་ཏེ། བཛྲ་ཟེར་རོ། །དེ་ བཞིན་གཤེགས་པ་བྱ་བ་ལ་ཞ་མི་དགོས་སམ་ཞེ་ན་མི་དགོས་ཏེ། ཏ་ཐཱ་ག་ཏ་ཟེར་རོ། །ཟོ་ཟེར་ བ་ལ་ཟ་དགོས་སོ་ཞེ་ན། མི་དགོས་ཏེ། ཁའི་ཟེར་རོ། །ཞྭ་ཟེར་བ་ལ་ཞ་དགོས་སོ་ཞེ་ན། མི་ དགོས་ཏེ། ཏོ་པི་ཟེར་རོ། །འོ་མ་བྱ་བ་འམ། འ་མ་བྱ་བ་ལ་སོགས་པ་ལ་འ་དགོས་སམ་ཞེ་ན། འདི་ཡང་མི་དགོས་ཏེ། བོད་ཀྱི་འ་ནི། རྒྱ་གར་གྱི་ཨ་རིང་པོར་དྲངས་པ་ལས་བྱུང་བ་ཡིན་ལ། ཨ་ནི་རྒྱ་གར་རང་ན་ཡོད་པའི་ཕྱིར་རོ། །དེ་དག་གི་ཕྱིར་ཡི་གེ་དྲུག་པོ་དེ་རྒྱ་གར་ལ་མེད་པའི་ ཕྱིར་རོ། །དེ་ལྟར་མིན་ན་ཞེས་པ་ཡང་། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ཞེས་པ་ཡིན་ལ། རྣམ་པར་ སྤང་ཞེས་པ་ཡང་། ཡི་གེ་དྲུག་པོ་དེ་སང་ཀྲི ་ཏའི་སྐད་དམ་སྔགས་ལ་བྲིས། བྲིས་མཁན་གྱིས་ ཀྱང་མ་བྲིས། ཀློག་མཁན་གྱིས་ཀྱང་ཀླག་མི་དགོས་སོ། ། ༉ གཉིས་པ་སྔོན་འཇུག་དང་རྗེས་འཇུག་སྤང་བ་ནི། གཞན་ཡང་སནྔོ ་འཇུག་སྔར་ གསུངས་དང་། །རྗེས་སུ་སུམ་སྦྲེལ་སྦྱར་བ་དག །འཇམ་དབྱངས་རྟག་ཞི་ལ་སགོ ས་པས། །མ་ 1-1-415 གསུངས་དྲག་ཕྱིར་ཡངོ ་མི་སྦྱར། །ཞེས་པས་བསྟན་ཏེ། དེ་ལ་གཞན་ཡང་ཞེས་པ་ནི། སང་ཀྲི ་ ཏའི་སྔགས་ལ་སྤང་བར་བྱ་རྒྱུ་ནི་ཡི་གེ་དྲུག་པོ་ཁོ་ནར་མ་ཟད་ཀྱི། སྤང་བར་བྱ་བ་གཞན་ཡང་ ཡོད། ཞེས་པའོ། །དེ་གང་སྙམ་ན། སྔོན་འཇུག་ལྔར་གསུངས་དང་། ཡོང་མི་སྦྱར་ཞིང་སྤང་ ཞེས་པ་དང་འབྲེལ་ལོ། །ལྔ་པོ་རང་གང་སྙམ་ན། ག་ད་བ་མ་འའོ། །དེ་དག་ལ་སྔོན་འཇུག་ ཅེས་ཟེར་བའི་རྒྱུ་མཚན་རང་ཅིའི་ཕྱིར་སྙམ་ན། དེ་དག་གིས་ནི་བོད་ཀློག་གི་ནང་ན་སྔོན་ནས་ འཕུལ་བ་བསྐྱོད་པ་སྟེ། དེ་ཡང་བཅུ་གཅིག དྲུག་ཅུ་བཅུ་གཅིག བཅུ་ཞེས་པའི་དོན་ཡིན་ཏེ། རྒྱས་པར་ནི་བདེ་འཇུག་ལས་ཤེས་པར་བྱོས་ཤིག འདི་ནི་ཞར་ལ་བྱུང་བའི་དོན་ཏེ། སྐབས་ སུ་ཀྱི་དོན་ནི། དེ་ལྟར་འཕུལ་ཡིག་ལྔ་པོ་དེས་ཕུལ་བ་ཡང་སང་ཀྲི ་ཏ་ལ་མི་འབྱུང་ངོ་། །ཞེས་ པ་ཡིན་ནོ། །རྗེས་སུ་སུམ་སྦྲེལ་ཞེས་པ་ནི། དེ་ལྟར་སང་ཀྲི ་ཏ་ལ་སྔོན་འཇུག་མི་འབྱུང་པར་མ་ ཟད་ཀྱི། ཡི་གེ་དབྱངས་གཅིག་གམ། ཚེག་བར་གཅིག་ཏུ་དཔུང་གཞིབས་བཞི་འམ། གསུམ་ ལ་སོགས་པར་གཞིབས་པ་སྟེ། ཕྱིནད། རོལད་འཕགས། གཤེགས། ལེགས་ཞེས་པ་ཡང་ ། སྔགས་ལ་ཡེ་མི་སྦྱོར་ཞེས་པའོ། །སྦྱརད་པ་དག ཞེས་པ་ཡང་། དེར་མ་ཟད་ཀྱི། མདོར་ ན་སྦྱོར་ཀློག་ཏུ་སྦྱར་བ་ཐམས་ཅད་ཀྱང་སྤང་། སྤོང་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། འཇམ་ དབྱངས་རྟག་ལ་སོགས་ཀྱིས་མ་གསུངས་པའི་ཕྱིར་རོ། །དེ་ཡང་འཇམ་དབྱངས་འཇམ་དཔལ་ ཡིན་ཏེ། དེ་དག་མ་གསུངས་ལ། རྟག་ཞི་ནི་ཚངས་པ་ཡིན་ཏེ། དེས་ཀྱང་དེ་དག་མ་གསུངས་ པའི་ཕྱིར་རོ། །དེ་དག་གི་མ་གསུངས་མོད། ངག་དབང་གཞན་དག་གི་གསུངས་སོ་སྙམ་ན། དེ་ནི་མ་ཡིན་ཏེ། འཇམ་དབྱངས་ཀྱི་དབྱངས་ཡིག་རྣམས་གསུངས་ལ། ཚངས་པས་གསལ་ བྱེད་རྣམས་གསུངས་པར་གྲགས་ཏེ། དེ་དག་གི་ནང་ན་སྔོན་འཇུག་དང་། རྗེས་སུ་སུམ་སྦྲེལ་ ལ་སོགས་པ་སྦྱར་པས་དྲག་པོ་མི་སྣང་པའི་ཕྱིར་རོ། །དེ་དག་མི་གསུངས་པའི་རྒྱུ་མཚན་ཅིའི་ ཕྱིར་སྙམ་ན། དྲག་ཕྱིར་ཞེས་པ། དྲག་པོ་དེ་དག་ལེགས་པར་སྦྱར་པའི་སྐད་ལ་མེད་པའི་ཕྱིར་ 1-1-416 རོ། །མེད་པའི་རྒྱུ་མཚན་ཡང་སང་ཀྲི ་ཏ་ལ་སྦྱོར་ཀློག་མེད་པའི་ཕྱིར་ཞེས་གོང་དུ་བསྟན་ཟིན་ ཏོ། །དེ་ལྟར་བསླབ་བྱའི་གཞི་ཡི་གེ་ལྔ་བཅུ་ངོས་བཟུང་བ་དང་། ཁྱད་པར་སོ་སོའི་བརྗོད་ཚུལ་ དང་། ལེགས་པར་སྦྱར་པའི་སྐད་ལ་མེད་པ་སྤང་བ་དང་། གསུམ་གྱིས་ནི། སྤྱི་དོན་གཉིས་ པ་བརྗོད་བྱ་རིག་པ་བཀླག་པའི་ཐབས་བསྟན་པ་དངོས་བཤད་ཟིན་ནས། ད་ནི་གསུམ་པ་ འཇུག་ཡོངས་སུ་རྫོགས་པའི་བྱ་བ་ལ་བཞི་ཡོད་པ་ལས། དང་པོ་རང་དགར་གྱུར་བ་རྣམས་འདིའི་དོན་ལ་གཟུད་པ་ནི། ཡངོ ་ནི་དེང་སང་དུས་ མནར་བཀའ་ཁྲིམས་ཉམས་པ་དང་། །སནྔོ ་གྱི་ཆསོ ་ལུགས་ནུབ་པས་འབྲི་དང་ཀློག་ལ་ སགོ ས། །དག་པར་མི་སློབ་ཅ་ཅལོ ་སྨྲ་ལ་སྤ་ྲོརྣམས་ཀྱིས། །སློབ་མ་ཤེས་རབ་ནརོ ་ཉམས་རང་ དགར་གྱུར་པས་དཀྲུགས། །ཞེས་པས་བསྟན་པ་ལས་ཡོང་ནི་དེང་སང་དུས་མནར་ཞེས་པ་ནི། དེང་སང་སྙིགས་མའམ། རྩོད་ལྡན་གྱི་དུས་འདི་མ་རིག་པའི་ཚིག་གོ །དེ་རང་ཇི་ཙམ་མནར་ སྙམ་ན། བཀའ་ཁྲིམས་ཉམས་པ་དང་སྔོན་གྱི་ཆོས་ལུགས་ནུབ་པས་ཞེས་པ་སྟེ། སངས་རྒྱས་ ཀྱི་བཀའ་ཁྲིམས་དང་། ཆོས་རྒྱལ་གྱི་ཆོས་ཁྲིམས་ཉམས་པས་སོ། །སྔོན་གྱི་ཆོས་ལུགས་ནུབ་ པ་ཞེས་པ་ཡང་། སྔོན་རྒྱ་གར་རིག་པའི་འབྱུང་གནས་ཡིན་པས། དེ་ཀུན་ན། མཁས་པ་པཎ་ ཊི་ཏ་འབྱུང་བའི་རིགས་ཀྱི་བྱེ་བྲག་འགའ་ཞིག་ལ། མའི་ལྟོར་འཁྲིས་པ་དང་ཤེས་རབ་བསྐྱེད་ པའི་ཆོ་ག་བྱེད་ལ། བུ་ཁྱེའུ་བཙས་མ་ཐག་ལ་ལྕེ་ལ་གུར་གུམ་གྱི་ཡི་གེ་འབྲི་བ་ལ་སོགས་པ་ ཤེས་རབ་བསྐྱེད་པའི་ཆོ་ག་བུ་ཆུང་ཉིད་ནས་བྱེད་ཅིང་། མ་དེས་ཀྱང་བུ་ཆུང་མིན་པ་དང་ཁ་མི་ སྲེ་ཞིང་། མ་དང་བུ་གཉིས་ཀྱང་ཟས་མངར་གསུམ་མིན་པ་མི་ཟ་སྐད། དེ་སྐྱེད་དྲག་པ་དང་། མས་དཔྲལ་སྐད་དག་པ་དང་། བརྡ་སྣ་ཚོགས་སློབ་ལ། མཆོད་གནས་ཀྱང་པཎ་ཌི་ཏ་འདེགས་ ནས། སང་ཀྲི ་ཏའི་སྐད་ལ་ཡང་། བུ་ཆུང་ཉིད་ནས་འདྲིས་པར་བྱེད་ལ། ཀློག་སློབ་རན་པ་དང་ ཀློག་ཤིན་ཏུ་མཁས་པར་སློབ། དེ་ནས་བཟོའི་རིག་པ་སྣ་ཚོགས་པ་དང་། གསོ་བའི་རིག་པ་ 1-1-417 སློབ། དེ་ནས་སྒྲའི་རིག་པ་མཁས་པར་སློབ། དེ་ནས་ཕྱི་ནང་གཉིས་ཐུན་མོང་པའི་རྟོག་གེའི་ ཚད་མ་ལ། དེ་ལྟར་ཕྱི་རིག་དེ་རྣམས་ལ་མཁས་པར་གྱུར་ནས། ནང་རིག་པ་འཇུག་པ་ན་ཉན་ ཐོས་སྡེ་གཉིས་ཀྱི་གྲུབ་མཐའ་དང་། སྡེ་སྣོད་ལའོ། །དེ་བྱང་དང་། སེམས་ཙམ་སྡེ་གཉིས་གྲུབ་ མཐའ་ལའོ། །དེ་ལ་སོགས་ཏེ་མི་ཆོས་སྔགས་པར་རྙིང་ལ་སོགས་ཐམས་ཅད་ལ་སློབ་པོ། །འདི་ནི་དེང་སང་ཤིན་ཏུ་ཡང་གལ་ཆེ་སྟེ། ཀློག་གམ་སྒྲའི་རིག་པ་མི་ཤེས་པའི་སྟོན་པའམ་ མཁས་པར་རློམ་པ་དང་། ལེགས་པར་སྦྱར་པའི་བརྗོད་ཚུལ་ཡང་ཐ་ན་རང་གི་ཡི་དམ་གྱི་སྙིང་ པོ་རེ་ཙམ་ཡང་བརྗོད་ཡང་མི་ཤེས་པར་སྔགས་པ་དང་། རྒྱུད་སྡེའི་བདག་པོར་རློམ་པ་དང་། ཡི་གེ་ཀ་ཁ་སུམ་ཅུ་པོ་དེ་ཡང་མི་ཤེས་པར། གསང་སྔགས་ཟབ་མོའི་དབང་དང་། བྱིན་རླབས་ ལ་འཇུག་པ་ལ་སོགས་པ་དག་མང་དུ་སྣང་ངོ་། ། གཉིས་པ་འདིའི་རྗེས་སུ་བསླབས་གཞུང་གི་ཡོན་ཏན་འབྱུང་པར་གདམས་པ་ནི། དམན་ པས་སྦྱར་ཡང་བསྟན་བཅསོ ་འདི་ཉིད་ཀྱི། །རྗེས་སུ་ཞུགས་ན་གཞུང་གི་ཡནོ ་ཏན་འབྱུང་ ། །ང་རྒྱལ་རངྨོ ས་པས་མིྱག་ཀྱང་ལྟ་མི་འགྱུར། །ཞེས་པས་བསྟན་པ་ལ། དམན་པས་ལེགས་ པར་སྦྱར་ཡང་ཞེས་པ་ནི། ཡོལ་ཅགས་ལོ་ཙཱ་བ་རང་ཉིད། ཁེངས་བསྐྱུངས་པ་ཡིན་ཏེ། དམན་ པ་ཡོལ་ཅགས་ངས་རིག་ཀློག་འདི་སྦྱར་ཡང་། ཕྱི་རབས་ཀྱི་སྒྲ་པ་རྣམས་ཀྱིས་ཀྱང་བསྟན་ བཅོས་འདི་ཉིད་ཀྱི་རྗེས་སུ་ཞུགས་སྟེ་བཀླགས་ན་གཞན་ཀུན་ནས། སྔགས་འདི་དང་། འདིར་ བཀླགས་ན་ཕན་ཡོན་འདི་དང་འདི་ལྟར་འབྱུང་ངོ་། །ཞེས་གསུངས་ཀུན་ཀྱང་དེ་དང་དེ་ཁོ་ན་ ལྟར་འབྱུང་ངོ་། །ཞེས་པ་དང་། གཞན་ཡང་མི་མཁས་ལ། ང་རྒྱལ་ཆེ་བ་རྣམས་ཀྱིས་ལེགས་ པར་ཤེས་པ་དེ་ལ། མྱིག་ཀྱང་ལྟ་མི་ནུས་ཏེ་དེའི་དྲུང་དུ་བག་བཅུམ་ནས་འཁོད་དོ་ཞེས་པའི་ ཚིག་གོ ། གསུམ་པ་མི་གུས་པ་ལ་ཉེས་དམིགས་ཡོད་པས་གུས་པར་གདམས་པ་ནི། ཁ་ཅིག་ལྟས་ 1-1-418 ནས་གྱ་ཙམོ ་སྐནྱོ ་འདགོ ས་པས། །ལས་ཀྱི་སྒྲིབ་པའང་སགོ ་པ་ཁ་ོནར་འགྱུར། །ཁ་ཅིག་ལྟག་ ཆདོ ་འདེབས་ཤིང་མ་ཚརོ ་བར། །བྲིས་ནས་གཞན་ལའང་སྨྲ་བ་རམྩོ ་པར་འགྱུར། །ཞེས་པས་ བསྟན་ཏེ། སྐྱེ་བོ་ཁ་ཅིག་རིག་བཀླག་འདི་ཉིད་ལ་ལྟས་ནས། གྱ་ཙོམ་སྟེ་ཐེ་ཙོམ་མམ་སྐྱོན་ འདོགས་པས། དེ་ཉིད་རང་གི་རྒྱུད་ལ་ལས་ཀྱི་སྒྲིབ་པ་སོག་པ་ཁོ་ནར་འགྱུར་ཞེས་པའོ། །སྐྱེ་ བོ་ཁ་ཅིག་ནི་འདི་ཉིད་ལ་ཞར་ལ་ལྟག་ཆོད་འདེབས་ཏེ་སྐྱོན་འདོགས་བཞིན་དུ་ཡང་། གཞན་ གྱིས་མ་ཚོར་བར་འདི་ཉིད་ལུས་ཀྱི་བྲིས་ན་སློབ་པའམ། རྒོལ་བ་གཞན་དག་ལ་སྨྲ་བ་རྩོམ་ པར་གྱུར་རོ་ཞེས་པ་སྟེ། འདི་འང་དེང་སང་ཤིན་ཏུ་ཡང་མང་དུ་སྣང་སྟེ། དེས་ནི་བླུན་པོ་གོ་ བློ་འགྱུར་བར་ནུས་མོད་གྱིས། གཞན་དུ་ན་ལུང་མེད་པའི་ཕྱིར་བྱིན་རླབས་ཀྱང་མི་འབྱུང་ལ། མཁས་པ་ལ་ལེགས་པར་མ་བརླབས་པའི་ཕྱིར། སྣའི་ཚབ་མའམ། ཉོས་པའི་བུའམ། མཆོན་ མའི་བུད་མེད་སྦྲུམ་མ་ལྟར། དེའི་རིག་པ་ལ་གཞན་གྱིས་རྩི་བ་ཡང་མི་འབྱུང་ངོ་། ། བཞི་པ་བཟོད་པར་གསོལ་ཞིང་དགེ་བའི་རྩ་བར་བསྔོ་བ་ནི། ཁ་ོབ་ོལེགས་སྦྱར་བརདྗོ ་ ཚུལ་ཅུང་ཞིག་བྲིས་པ་འདི། །གལ་ཏེ་འཁྲུལ་སྲིད་ངག་དབང་མཁན་པསོ ་བཟདོ ་པར་གསལོ ། མ་འཁྲུལ་འདི་བརྟེན་འག་ྲོརྣམས་ཉི་ཟླ་ལྟ་བུ་ཡི། །དྲི་མེད་ཤེས་རབ་མཆགོ ་གི་ཐམས་ཅད་ མཁྱེན་ཐབོ ་ཤགོ །ཅེས་པས་བསྟན་ཏེ། འདི་ཉིད་གཞུང་ཉིད་གསལ་བའི་ཕྱིར། འདིར་རྒྱས་ པར་མི་སྤྲོ་དེ་ལྟར་བཞི་པོ་དེ་དག་ནི་འཇུག་ཡོངས་སུ་རྫོགས་པའི་བྱ་བ་བསྟན་ཟིན་ནོ། །ཐོག་ མར་ཕྱག་གི་མཆོད་པ་སྔོན་དུ་སོང་པས། རང་གི་རྟོགས་ཚད་བརྩམ་པ་དང་། བརྗོད་བྱ་རིག་པ་ བཀླག་པའི་ཐབས་དངོས་དང་མཇུག་ཡོངས་སུ་རྫོགས་པའི་བྱ་བ་དང་། གསུམ་གྱིས་ལེགས་ པར་སྦྱར་པའི་བརྗོད་ཚུལ། རིག་པ་བཀླག་པའི་ཚིག་དང་། དོན་རྒྱ་ཆེར་བཤད་པའི་དོན་རབ་ ཏུ་བྱེད་པ་འདི་ནི། གནས་བྱང་ཆུབ་ཀྱི་སྙིང་པོའི་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་ཀྱི་རྒྱུད་དུ་ བྱུང་བ། པ་ན་བ་དང་། ཀ་ལ་པ་ལ་བརྟེན་པའི་སྒྲ་དང་། ཙནྡྲ་པ་ལ་མཁས་པས། ལེགས་པར་ 1-1-419 སྦྱར་བའི་སྐད་ལ་ལེགས་པར་འདྲིས་ཤིང་བོད་ཀྱི་ཡང་སྒྲ་དང་། བཤར་དང་། འདེབས་དང་། དབྱངས་དང་། རྩལ་དང་རྩེད་མོ་ལ་སོགས་པ་སྒྲོགས་པའི་གནད་རྣམས་ལ་དེང་སང་འགྲན་ ཟླ་དང་བྲལ་བ་གཙུག་གི་ནོར་བུ་ལྟར་དུ་གྱུར་ཅིང་། ཕྲག་དོག་ཅན་རྣམས་ཀྱི་རྒྱུད་སྲེག་ཅིང་ ། ང་རྒྱལ་ཅན་རྣམས་ཟིལ་གྱིས་གནོན་པ། ཐུབ་པའི་གསུང་རབ་རིན་པོ་ཆེ་ཕལ་མོ་ཆེ་མཐོང་ ཞིང་། དེ་ལ་བརྟེན་པའི་སྡེ་སྣོད་རྣམས་ཀྱང་མང་དུ་ཐོས་པའི་རྩང་པ་ཞང་སྟོན་གྱིས། རྩང་ལས་ སྟོད། དཔལ་ནགས་རྒྱལ་གྱི་མགུལ། རིག་པའི་འབྱུང་གནས། དཔལ་བྲག་རམ་གྱི་གཙུག་ ལག་ཁང་དུ་ཐོས་ཙམ་ཞིག་སྦྱར་ནས། དུས་ཀྱིས་འདི་ཉིད་ཀྱིས་འདུལ་བའི་སྐལ་བ་ཅན་མང་ བའི་ཕྱིར། དཔལ་སྣར་ཐང་གི་དགོན་པ་དང་། དཔའ་འབྱོར་དང་ལྡན་པ་ལྕུག་པོའི་གནས་ དགའ་ལྡན་གྱི་ཕོ་བྲང་། རྟེན་བྱིན་རླབས་ཅན་ཇོ་བོ་ཤཱཀྱའི་སྤྱན་སྔར། ལེགས་པར་སྦྱར་ཞིང་ གཏན་ལ་ཕབ་པ། ཚིག་དང་དོན་ཀུན་ཏུ་གསལ་བར་བྱེད་པའི་བསྟན་བཅོས། ཉི་འོད་རྒྱས་པ་ ཞེས་བྱ་བ། ས་མ་པ་ཐཱ། རྨི་ལམ་ལྟ་བུའི་དགེ་བའི་རྩ་བ་དེས། །སྒྱུ་མ་ལྟ་བུའི་འབྲས་བུ་ཐོབ་པ་ དེས། །གཟུགས་བརྙན་ལྟ་བུའི་སེམས་ཉིད་བསྒྲལ་བའི་ཕྱིར། །སྤྲུལ་པ་ལྟ་བུའི་སངས་རྒྱས་ མྱུར་ཐོབ་ཤོག །དགེའོ། །དག་གོ །བཀྲ་ཤིས་པར་གྱུར་ཅིག བདེ་ལེགས་སུ་གྱུར་ཅིག ཆོས་ གྲགས་དཔལ་བཟང་གི་དཔེ་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག ཧེ། མ་ཡིག༼ཕྱི་མ་ཉ ༤༢༽འདི་གཅིག་པུའོ། །འདི་ཡང་རིན་ཐུབ་གཉིས་ཀྱིས་འདི་ཐེངས་གཉིས་ཞུས་ཡོད། 1-1-420 ༄༅། །ལེགས་སྦྱར་སྔགས་ཀྱི་ཀླག་ཐབས་ བཞུགས་སོ། ། ༄༅། །ན་མོ་ཝ་གཱི ་ཤྭ་ར་ཡ། ལེགས་སྦྱར་ཀླག་ཐབས་སྨྲ་བ་རྣམ་པར་དག་པ་ཞེས་ བྱ་བ། གསུངས་པ་ཐམས་ཅད་པ་(ཚིག་ཁ་ཤས་མི་གསལ་)རྫོགས་པའི་སྐུ་(ཚིག་ཁ་ཤས་མི་གསལ་)གི་ གསུངས་ཆེན་པོ། །སྨྲ་བའི་སེང་གེ་གཞན་མི་ཐུབ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །འཇམ་ པའི་དབྱངས་ལ་ཕྱག་འཚལ་ནས། །ལེགས་པར་མ་བསླབ་སྐྱེ་བོ་འགས། །སྔགས་རྣམས་ ལོག་པར་ཀློག་མཐོང་ནས། །དེ་དག་རྣམས་ལ་ཕན་གདག་ཕྱིར། །ལེགས་སྦྱར་འདོན་ཐབས་ འབྲི་བར་བྱ། །ཨ་ཨཱ། ཨི་ཨཱི ། ཨུ་ཨཱུ། རི་རཱི། ལི་ལཱི། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ཡི་གེའི་ཕྱི་མོ་ལྔ་བཅུ་འདིའི། །དང་པོ་བཅུ་དྲུག་དབྱངས་ཡིག་སྟེ། །ཀ་སོགས་སུམ་ཅུ་རྩ་བཞི་ ལ། །གསལ་བྱེད་ཅེས་པར་བརྗོད་པ་ཡིན། །དབྱངས་ཀྱི་རི་སོགས་བཞི་སྤངས་པའི། །ལྷག་ མ་ཨ་ཡི་སྡེ་བར་འདོད། །ཨཾ་ནི་རྗེས་སུ་ང་རོ་སྟེ། །ཨཿནི་རྣམ་པར་བཅད་པའོ། །ཀ་ཙ་ཊ་ཏ་ པ་ལ་སོགས། །ཡི་གེ་ལྔ་ལྔ་འདུས་པ་ལས། །སྡེ་པ་དང་པོ་གཉིས་པ་དང༌། །གསུམ་པ་བཞི་པ་ ལྔ་པ་ཞེས། །གོ་རིམ་བཞིན་དུ་བརྗོད་པར་བྱ། །མ་སོགས་བཞི་ལ་མཐར་གནས་དང༌། །ཤ་ སོགས་བཞི་ལ་དྲོ་བ་ཟེར། །ཀྵ་ལ་ཝ་གཅིག་མཐར་ཟད་སྨྲ། ཨཱ་དང་ཨེ་དང་ཨོ་ལྟ་བུ། །རིང་ ཆ་ཅན་དང་འགྲེང་བུ་ཅན། །ན་རོ་ཅན་རྣམས་རིང་པོ་སྟེ། །ཨཻ་དང་ཨཽ་ནི་ཤིན་ཏུ་རིང༌། །ལྷག་ 1-1-421 མ་རྣམས་ནི་ཐུང་བ་ཡིན། །ཐུང་རྣམས་མིག་འཛུམ་ཚད་དུ་ཀླག །རིང་པོ་དེ་ཡི་ཉིས་འགྱུར་ དང༌། །ཤིན་ཏུ་རིང་པོ་སུམ་འགྱུར་གདོན། །ཨཻ་ནི་ཨེའི་ཞེས་པར་ཀླག །ཨཽ་ནི་ཨེའུ་ཞེས་པར་ གདོན། །གསལ་བྱེད་སྲོག་མེད་ཕྱི་མའི་མགོར། །བརྩེགས་པ་ཚག་མེད་ཡར་ལ་སྦྱར། །ཀ་ ནི་ཡ་སྦྱར་ག་བཞིན་ཏེ། །དཔེར་ན་ཊཀྐི ་ཀཀྐོ་བཞིན། །ཙ་ཛ་ཏ་ཐ་དྷ་རྣམས་ནི། །ཡར་སྦྱར་ད་ བཞིན་དཔེར་བརྗོད་ན། །གཙྪ་པྲཛྙཱ་རཏྣ་དང༌། །ཐ་ཐ་དྷ་དྷ་ཅེས་པ་ལྟ་བུའོ། །པ་ནི་ཡར་སྦྱར་ བ་བཞིན་གདོན། །དཔེར་ན་སཔྟ་ལྟ་བུ་ཡིན། །ཉ་ཎ་ཡར་སྦྱར་ན་བཞིན་ཏེ། །དཔེར་བརྗོད་ པཉྩ་དཎ་ཊ་བཞིན། །ཤ་ཥ་ཡར་སྦྱར་ས་བཞིན་དཔེའ། །ན་མཤྩཎ་ཊ་དུ ་བཞིན། །ཊ་ཌ་ཡར་ སྦྱར་ཕད་ཁཥཌ་བཞིན། །རང་གི་སྒྲ་དང་བཅས་པར་ཀླག །སྲོག་མེད་པ་ནི་རེས་ཡར་སྦྱར། །དཔེར་ན་ན་མསྟེ་བཞིན་ནོ། །རེས་འགའ་བོད་བཞིན་གདང་གཅིག་པར། །དཔེར་ན་སྐན་ དྷ་ཥྠི་ཏ་བཞིན། །ཤ་ཏ་ཥ་ལ་བཏག་པ་ལའང༌། །རེས་འགའ་གཅིག་ཏུ་བདེ་བཞིན་གདོན། །དཔེར་ན་ཤྩ་ཏུར་ཥྛ་ན་བཞིན། །ཡ་བཏག་འགྲེང་བུ་རིང་ཆ་མེད། །ཀ་ཁའི་ཡ་སྟ་བོད་བཞིན་ ཀླག །ཝ་སྟ་ན་རོ་རིང་ཆ་མེད། །དཔེར་ན་གྱ་ལ་གི་དང་ནི། །ཀཱ་ལ་ཀོ་ཞེས་ཐུང་ངུར་ཀླག །ར་ ལ་ཝ་དང་ཡ་བཏག་ན། །ར་ནི་ཡར་སྦྱར་ཝ་ཡ་ཕྲལ། །དཔེར་ན་ཨཱརྱ་སརྺ་བཞིན། །ར་བཏག་ ཕལ་ཆེར་བོད་བཞིན་ནོ། །བོད་སྐད་ར་སྟ་མི་ཐོབ་པའི། །ཡི་གེའི་ར་སྟ་ཕྲལ་ལ་ཀླག །དཔེར་ ན་ ་ ་བཞིན། །མིང་གི་ཐོག་མར་བྱུང་བ་ཡི། །སྡེ་པ་སོ་སོའི་གསུམ་པ་རྣམས། །འ་ཡིས་ཕུལ་ བ་ལྟ་བུར་གདོན། །དབུས་མཐར་ཡོད་པ་བོད་དང་མཚུངས། །དཔེར་ན་གཾ་ག་ཛ་ཡ་དང༌། །ཌཱ་ ཀི་ད་ད་བཛྲ་དང༌། །རཱ་ཛ་དཎ་ཌ་ལ་སོགས་བཞིན། །སྡེ་པ་སོ་སོའི་བཞི་པ་རྣམས། །ཧ་སྒྲ་དང་ བཅས་འཐུག་པོར་གདོན། །གསུམ་པ་རྣམས་ལ་ཧ་ཡི་སྒྲ། །ཅུང་ཟད་སྦྱར་ལ་ཀློག་གོ་ཞེས། །སྔོན་གྱི་མཁས་པའི་ལུགས་ལས་བྱུང༌། །འོན་ཀྱང་ལེགས་སྦྱར་རིགས་རྣམས་ཀྱི། །ཞལ་ལས་ དགའ་རྫ་དགྲ་གདའ་རྦ། །འཕུལ་འདོག་སྒྲ་དང་བྲལ་བར་གསུངས། །དེ་ཕྱིར་ཁོ་བོས་འདི་ 1-1-422 ཉིད་བསྔགས། །ཛ་ལ་ཉ་བཏག་ཡི་གེ་ལ། །༼ཁ༽གཉའམ་༼ཀ༽འགྱ་ཞེས་གང་བདེར་ཀླག །དེ་ གཉིས་རིམ་བཞིན་ཁ་ཆེ་དང༌། །དབུས་པའི་ལུགས་ཞེས་ཁ་ཅིག་སྨྲ། །སྡེ་པ་གསུམ་པའི་ཡི་ གེ་ལྔ། །ཊ་སྡེ་ར་བཏག་ཆ་མཐུན་ཏེ། །ལྕེ་རྩེ་ཡ་སོའི་སྙིལ་མཚམས་སུ། །ཅུང་ཟད་བཀུག་ལ་ བཀླག་པར་བྱ། །ཥ་ནི་གཤའ་རུ་༼ཁ༽ཀླག་པ་སྟེ། །༼ག༽ག་ཡི་སྒྲ་དང་བྲལ་བར་བྱ། །ཀྵ་ནི་ཁྱ་ ཞེས་དྲག་ཏུ་བཀླག །བཤད་པའི་ལྷག་མ་བོད་དང་མཚུངས། །རྗེས་སུ་ང་རོའི་སྡེ་པ་ལ། །རང་ རང་སྡེ་པའི་ལྔ་པར་བཀླག །མཐར་གནས་དྲོ་པ་མཐར་ཟད་ལ། །ང་དང་ཨ་སྡེ་མ་རུ་ཀླག །དམིགས་གསལ་མཐའ་ན་ཡི་གེ་གཞན། །མེད་པའམ་ཤད་ཀྱིས་བར་བཅད་ན། །དེ་ཉིད་ཡིན་ གྱི་གཞན་བསྒྲིག་ན། །ཡི་གེ་འོག་མའི་དབང་བྱས་ནས། །ཀློག་པ་སྔོན་གྱི་མཁས་པའི་ལུགས། །འོན་ཀྱང་ང་ན་མ་གསུམ་པོ། །གང་བདེར་ཀླག་པས་སྐབས་དོན་འགྲུབ། །རྣམ་བཅད་ཅན་ནི་ མཚམས་ཆོད་པར། །དྲག་ཏུ་བཀླགས་པས་གོལ་ས་ཆུང༌། །ཀ་ཁ་གཉིས་ཀྱི་མགོ་བོ་ལ། །འདྲ་ མ་རུ་ཡི་གཟུགས་འདྲ་བྲི། །ལྕེ་རྩ་ཅན་ཞེས་བྱ་བ་སྟེ། །ཨི་ཀ་ཨི་ཁ་ཞེས་པར་ཀློག །ཡང་ན་ཨ་ ཀ་ཨ་ཁ་ཟེར། །པ་དང་ཕའི་མགོ་བོ་ལ། །གླང་པོ་སྤྱི་བོའི་གཟུགས་འདྲ་བྲི། །མཆུ་ཅན་ཡིན་ཏེ་ ཨི་པ་དང༌། །ཨི་ཕའམ་ཨ་པ་ཨ་ཕ་ཟེར། །འོན་ཀྱང་ཁོ་བོའི་བླ་མ་ནི། །ཀ་ཁ་ལྕེ་རྩ་ནས་དྲག་ པོར། །བཏོན་པས་ལྕེ་རྩ་ཅན་གཉིས་དང༌། །པ་ཕ་མཆུ་ནན་ཆེར་བྱས་ནས། །བཏོན་པས་མཆུ་ ཅན་འགྲུབ་ཅེས་གསུངས། །འདི་ཉིད་རིག་པར་ཁོ་བོ་སྨྲ། །སོ་སོར་བརྗོད་དུ་མི་རུང་བའི། །ཡི་ གེ་མང་ཉུང་བརྩེགས་པ་རྣམས། །ཕྲལ་ནས་རང་སྒྲ་དྲན་ཙམ་དང༌། །མྱུར་དུ་བཀླག་པར་བྱ་བ་ སྟེ། །དབྱངས་ནི་འོག་མ་དབང་བ་ཡིན། །དཔེར་ན་ཀྐ་ལྟ་བུའམ། །ཧ??ྐྵྨླྺ ྼྻ ྂ ་ཞེས་པ་བཞིན་དུ་བཀླག་ པར་བྱ། །ཉིས་བརྩེགས་རྣམས་ལ་སྐབས་འགའ་རུ། །འོག་མ་གོང་ མར་སྦྱར་བའང་ཡོད། །དཔེར་ན་ཏྨ་དང་ཥྨ་བཞིན་ནོ། །དེ་ལྟར་ཞིབ་ཏུ་སྨྲ་མོད་ཀྱིས། །འོན་ཀྱང་ལེགས་སྦྱར་བཀླག་ པའི་ཚུལ། །བླ་མའི་ངག་ལས་བསླབ་པར་བྱ། །རྒྱུ་མཚན་འདི་ཙམ་མ་གཏོགས་པ། །སྔགས་ 1-1-423 འདོན་མཁས་པའི་བཞད་གད་རྒྱུ། སྐད་གཉིས་ཅུང་ཟད་རིག་པ་ཡི། །ཞང་སྟོན་རྒྱ་བོས་ཚུལ་ འདི་བཀོད། །ནོངས་པ་མཁས་རྣམས་བཟོད་པར་མཛོད། །དགེ་བས་འགྲོ་ཀུན་སངས་རྒྱས་ འགྱུར། །ཞེས་སྔགས་ཀླགས་ཐབས་འདི་ཡང་སློབ་མ་རྣམས་ཀྱི་ཐོག་དྲངས་འགྲོ་བ་ལ་ཕན་པའི་ཆེད་དུ་དགེ་སློང་བསོད་ ནམས་གྲགས་ཀྱིས་སྦྱར་བའོ། །འདི་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག དགེའོ། ། ་ ་แ་โ་བཀྲ་ཤིས་སོ། ། མ་ཡིག་གཙང་བྲིས་གདོང་རྟགས་མེད་པ་གཅིག་གོ། 1-1-424 ༄༅། །ཆོས་རྗེ་ཐམས་ཅད་མཁྱེན་པའི་བསྟོད་པ་ཁྱད་འཕགས་ཉིད་ ཀྱི་ལུང་རིགས་ཀྱི་བཀའ་བབ་པ་མཁས་པ་ཆེན་པོ་ཞང་སྟོན་ བསོད་ནམས་གྲགས་ཀྱིས་མཛད་པ་ བཞུགས་སོ། ། ༄༅། །དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཆེན་པོའི་ཡོན་ཏན་ བསྔགས་པ་ཁྱད་པར་དུ་འཕགས་པར་བསྟོད་པ་ཞེས་བྱ་བ། བླ་མ་སྤྱན་རས་གཟིགས་དབང་ ཕྱུག་ལ་ཕྱག་འཚལ་ལོ། ། རྣམ་དག་རྒྱལ་བའི་བཀའ་བཞིན་དུ། །གཞི་དང་ལྟ་སྒོམ་སྤྱོད་འབྲས་སོགས། །ཁྱད་པར་ འཕགས་པ་འགའ་ཞིག་སྟོན། །ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །ཁ་ཅིག་མཁས་པར་རློམ་བྱས་ ནས། །གཞི་མེད་རྩ་བྲལ་ཡིན་ནོ་ཞེས། །དྲི་བཅས་དེ་བཞིན་ཉིད་ལ་ནི། །སྐུར་འདེབས་འབའ་ ཞིག་སྨྲ་བར་བྱེད། །ཁྱེད་ནི་སངས་རྒྱས་གསུང་བཞིན་དུ། །སྙིང་པོ་ཀུན་ལ་ཁྱབ་པོ་ཞེས། །གཞི་ནི་རང་བཞིན་རིགས་ཡིན་པར། །སྟོན་པས་ཁྱད་པར་འཕགས་པ་ལགས། །ཁ་ཅིག་ ཀུན་གཞི་རྣམ་ཤེས་དང༌། །ཡེ་ཤེས་དབྱེ་བ་མི་མཁས་པར། །ཀུན་གཞི་རྣམ་ཤེས་གང་ཡིན་ པ། །སྙིང་པོ་ཡིན་ཞེས་བརླབ་ཅོལ་སྨྲ། །ཁྱེད་ནི་བཀའ་བཞིན་ཀུན་གཞི་དང༌། །རྣམ་ཤེས་ཡེ་ ཤེས་རབ་ཕྱེ་ནས། །ཀུན་གཞི་ཡེ་ཤེས་གང་ཡིན་པ། །བདེ་གཤེགས་སྙིང་པོར་གསུངས་པས་ འཕགས། །ཁ་ཅིག་བདེ་གཤེགས་སྙིང་པོ་འདི། །གྲུབ་ན་བདག་ཏུ་སྨྲ་དང་མཚུངས། །དེ་ཕྱིར་ 1-1-425 ཡོད་པར་གསུངས་པ་རྣམས། །དྲང་དོན་ཡིན་ཞེས་བླུན་ཚིག་སྨྲ། །ཁྱེད་ནི་མདོ་རྒྱུད་དཔང་ མཛད་དེ། །ཆོས་དབྱིངས་མེད་པ་མི་སྲིད་ཕྱིར། །སྙིང་པོས་ཁྱབ་པར་སྟོན་པའི་བཀའ། །ངེས་ དོན་ཡིན་ཞེས་གསུང་བས་འཕགས། །ཁ་ཅིག་བདེ་གཤེགས་སྙིང་པོ་ནི། །གྲུབ་ཀྱང་སྟོབས་ སོགས་ཆོས་སྐུ་ཡི། །ཡོན་ཏན་དེ་ལ་མེད་དོ་ཞེས། །མུ་ཅོར་འབའ་ཞིག་སྨྲ་བར་བྱེད། །ཁྱེད་ནི་ སྟོབས་སོགས་ཡོན་ཏན་རྣམས། །བྲལ་བའི་ཡོན་ཏན་ཡིན་པའི་ཕྱིར། །ཆོས་ཀྱི་སྐུ་དང་སྙིང་པོ་ ལའང༌། །མཚུངས་པར་ཡོད་ཅེས་གསུང་བས་འཕགས། །ཁ་ཅིག་གཤིས་ཀྱི་གནས་ལུགས་ ལ། །གྲུབ་པ་ཅི་ཡང་མེད་པའི་ཕྱིར། །ཆོས་སྐུ་བདེན་བར་མ་གྲུབ་ཅེས། །སྐུར་འདེབས་ལྟ་བ་ འཛིན་པར་བྱེད། །ཁྱེད་ནི་རྣམ་དག་ལུང་བཞིན་དུ། །དེ་བཞིན་ཉིད་ནི་བདེན་པའི་ཕྱིར། །ཆོས་ ཀྱི་གཤིས་ཀྱི་གནས་ལུགས་ལ། །གྲུབ་པར་གསུངས་པས་ཁྱད་པར་འཕགས། །ཁ་ཅིག་ཆོས་ སྐུ་རང་རང་གི །ངོ་བོས་སྟོང་པའི་སྟོང་པ་ཉིད། །མ་གཏོགས་སྟོང་ཉིད་གཞན་དག་ནི། །སྟོང་ ཉིད་རྣམ་དག་མིན་ཞེས་སྨྲ། །ཁྱེད་ནི་སྟོན་པའི་བཀའ་བཞིན་དུ། །ཀུན་རྫོབ་རང་གིས་སྟོང་ ཕྱིར་སྟོང༌། །དོན་དམ་རང་གིས་མི་སྟོང་ཡང༌། །གཞན་གྱིས་སྟོང་ཕྱིར་སྟོང་ཞེས་གསུངས། །ཁ་ཅིག་མྱ་ངན་འདས་པ་ཡང༌། །སྒྱུ་མ་ལྟ་བུར་གསུངས་པའི་ཕྱིར། །དོན་དམ་དུ་ནི་མ་གྲུབ་ ཅེས། །སྒྲིབ་པ་ལོགས་པའི་ལྟ་བ་འཛིན། །ཁྱེད་ནི་ལུང་གི་དགོངས་པ་ལ། །མཁས་ཕྱིར་མྱང་ འདས་བདེན་གཅིག་ཏུ། །གསུངས་པའི་ལུང་གི་རྗེས་འབྲངས་ནས། །དམ་པའི་དོན་དུ་གྲུབ་ ཅེས་གསུངས། །ཁ་ཅིག་ཆོས་སྐུ་དོན་དམ་དུ། །བདེན་པ་མེད་པར་གསུངས་པ་ཡི། །ལུང་གི་ དགོངས་པ་མི་ཤེས་པར། །དོན་དམ་བདེན་པ་མེད་ཅེས་ཟེར། །ཁྱེད་ནི་བཀའ་བཞིན་ཀུན་ རྫོབ་ཀྱི། །བདེན་པ་ཀུན་རྫོབ་བདེན་པ་ལྟར། །དོན་དམ་བདེན་པ་དོན་དམ་དུ། །བདེན་ཞེས་ གསུངས་པས་ཁྱད་པར་འཕགས། །ཁ་ཅིག་ངོ་བོ་ཉིད་གསུམ་པོ། །སེམས་ཙམ་པ་ཉིད་ཁོ་ན་ ཡི། །ཆོས་སྐད་ཡིན་ཞེས་ཡོངས་གྲུབ་ལ། །སྐུར་པ་འདེབས་པའི་ལྟ་བ་འཛིན། །ཁྱེད་ནི་རྒྱལ་ 1-1-426 བའི་ཡུམ་བཞིན་དུ། །ཆོས་རྣམས་ཀུན་ལ་ངོ་བོ་ཉིད། །གསུམ་དུ་ཕྱེ་ནས་དབུ་མ་པའི། །ཆོས་ སྐུ་སྟོན་པས་མཆོག་རབ་ལགས། །ཁ་ཅིག་འཁོར་ལོ་ཐ་མའི་བཀའ། །གསང་སྔགས་རྒྱུད་ སྡེའི་དགོངས་འགྲེལ་བཅས། །སེམས་ཙམ་པ་ཡི་གཞུང་ཡིན་ཞེས། །རྒྱུས་མེད་རྒྱུས་གཏམ་སྨྲ་ བར་བྱེད། །ཁྱེད་ནི་མདོ་རྒྱུད་དེ་དག་གིས། །སེམས་ཙམ་ཚུལ་ལས་འདས་པའི་དོན། །ཆོས་ ཉིད་གསལ་བར་བསྟན་པའི་ཕྱིར། །དབུ་མའི་གཞུང་དུ་གསུངས་པ་ལགས། །ཁ་ཅིག་ཆོས་ དང་ཆོས་ཉིད་དང༌། །སྲིད་དང་མྱང་འདས་བདེན་གཉིས་སོགས། །ངོ་བོ་གཅིག་དང་ཐ་དད་ ལ། །གཅིག་ཏུ་འཛིན་ཅིང་སྨྲ་བར་བྱེད། །ཁྱེད་ནི་དགོངས་པ་ངེས་འགྲེལ་གྱི། །མདོ་བཞིན་ ཀུན་རྫོབ་དོན་དམ་གཉིས། །ངོ་བོ་གཅིག་དང་ཐ་དད་ལས། །གྲོལ་བར་གསུངས་པས་ཆེས་ ཆེར་འཕགས། །ཁ་ཅིག་གཟུགས་སོགས་ཕུང་པོ་དང༌། །ཁམས་དང་སྐྱེ་མཆེད་ཀུན་རྫོབ་པ། །འདི་ཉིད་རྣམ་པར་སྣང་མཛད་སོགས། །དོན་དམ་བདེན་པའི་ལྷ་རུ་འདོད། །ཁྱེད་ནི་ཕུང་པོ་ སྐྱེ་མཆེད་ཁམས། །ཀུན་རྫོབ་འདི་ནི་ལྷ་མིན་གྱི། །དེ་ལ་ཁྱབ་པའི་ཆོས་ཉིད་ནི། །དོན་དམ་ ལྷ་ཚོགས་ཡིན་ཞེས་གསུངས། །ཁ་ཅིག་གཟུང་འཛིན་གྱིས་བསྡུས་པའི། །གཟུགས་སོགས་ དངོས་པོ་འདི་དག་ཉིད། །རྣམ་དག་གཟུགས་སོགས་ཡིན་ནོ་ཞེས། །མ་དག་པ་རྣམས་དག་ པར་སྨྲ། །ཁྱེད་ནི་མདོ་རྒྱུད་དགོངས་པ་བཞིན། །ཀུན་རྫོབ་གཟུང་འཛིན་གྱིས་བསྡུས་ཕྱིར། །རྣམ་པར་དག་མིན་དེ་དག་ལ། །ཁྱབ་པའི་ཆོས་དབྱིངས་རྣམ་དག་བཞེད། །ཁ་ཅིག་ཆོས་ རྣམས་ཐམས་ཅད་ཀྱི། །སྣང་ཆ་གང་ཡིན་ཀུན་རྫོབ་དང༌། །སྟོང་ཆ་དོན་དམ་ཡིན་ནོ་ཞེས། །བྱུང་རྒྱལ་དག་ཏུ་སྨྲ་བར་བྱེད། །ཁྱེད་ནི་ལུང་རིགས་རྣམ་དག་གིས། །ཀུན་རྫོབ་སྟོང་ཆ་ཀུན་ རྫོབ་དང༌། །དོན་དམ་བདེན་པའི་སྣང་ཆ་ཡང༌། །དོན་དམ་ཉིད་དུ་གསུངས་པ་ལགས། །ཁ་ ཅིག་ཡོད་མིན་མེད་མིན་དུ། །གསུངས་པའི་དགོངས་པ་མ་རྟོགས་པར། །དབུ་མ་དོན་དམ་ བདེན་བའི་ཆོས། །གཞི་མ་གྲུབ་ཏུ་དོན་གྱིས་སྨྲ། །ཁྱེད་ནི་དབུ་མའི་ལྟ་བ་ལ། །མེད་པ་ཡོད་ 1-1-427 པར་སྒྲོ་འདོག་དང༌། །ཡོད་ལ་མེད་ཅེས་སྐུར་འདེབས་ཀྱི། །མཐའ་གཉིས་རྣམ་པར་སྤངས་ ཞེས་གསུངས། །ཁ་ཅིག་རྒན་པོ་རྨོངས་པའི་ངག །ཕ་ཆོས་ཡིན་ཞེས་དཔང་དུ་འཛིན། །དེ་དང་ འགལ་ན་བཀའ་ལ་ཡང༌། །དྲང་དོན་ཡིན་ཞེས་སྐྱོགས་ནས་འཆད། །ཁྱེད་ནི་ཆོས་པ་རྣམས་ཀྱི་ ཕ། །སངས་རྒྱས་ཡིན་ཞིང་དེས་བསྟན་པའི། །ཆོས་ནི་ཕ་ཆོས་ཡིན་ནོ་ཞེས། །ཐུབ་པའི་གསུང་ ཉིད་དཔང་དུ་མཛད། །ཁ་ཅིག་རྟག་དང་མི་རྟག་སོགས། །ཡིན་ལུགས་ཇི་བཞིན་བལྟས་ན་ ཡང༌། །མཐར་ལྟའི་སྐྱོན་དུ་འགྱུར་རོ་ཞེས། །ཕྱིན་ཅི་ལོག་གི་ལྟ་བ་འཛིན། །ཁྱེད་ནི་རྒྱལ་བའི་ བཀའ་བཞིན་དུ། །ཡོད་དང་མེད་པ་ལ་སོགས་པ། །ཡིན་ལུགས་བཞིན་དུ་ལྟ་བ་འཛིན། །རྣམ་ དག་ལྟ་བར་གསུངས་པས་འཕགས། །ལྟ་བ་ཕུན་སུམ་ཚོགས་པ་ལ་བསྟོད་པའོ།། །། ཁ་ཅིག་རྣམ་པར་མི་རྟོག་པ། །བསྒོམ་པ་བསྟན་པའི་ལུང་རྣམས་ཀྱང༌། །རྟོག་པའི་བསྒོམ་ པར་བཀྲལ་ནས་ནི། །དེ་ལ་ཟབ་མོ་ཡིན་ཞེས་སྨྲ། །ཁྱེད་ནི་བྱང་ཆུབ་སེམས་དཔའ་ཡི། །རྒྱུད་ འགྲེལ་རྣམས་ཀྱི་རྗེས་འབྲངས་ནས། །མི་རྟོག་བསྒོམ་པ་མཆོག་ཡིན་ཞེས། །བསྔགས་པ་ མཛད་པས་མཆོག་ཏུ་གྱུར། །ཁ་ཅིག་མཉམ་བཞག་མི་རྟོག་པའི། །ཉམས་སྣང་འཁྲུལ་པ་ཡིན་ ནོ་ཞེས། །མཉམ་བཞག་ལོག་པའི་ཤེས་རབ་ནི། །སྒྲུབ་པའི་གཏན་ཚིགས་སྨྲ་བར་བྱེད། །ཁྱེད་ ནི་ལུང་དང་མན་ངག་བཞིན། །མཉམ་པར་བཞག་ལ་སྣང་བ་ཀུན། །རང་བཞིན་འོད་གསལ་ ཡིན་ནོ་ཞེས། །སྟོན་པས་ཁྱད་པར་འཕགས་པ་ལགས། །ཁ་ཅིག་ཟབ་མོའི་ལམ་བསྒོམས་ པས། །ལུས་དང་ངག་ཉམས་དྲག་པོ་དག །བྱུང་ན་ནད་དང་གདོན་དག་གམ། །བསྙོ་[སྨྱོ]བ་ ཡིན་ཞེས་གེགས་སུ་བྱེད། །ཁྱེད་ནི་ལུས་ཀྱི་འཕར་གཡོ་དང༌། །ངག་གི་སྨྲ་བརྗོད་སྣ་ཚོགས་ སོགས། །ཡེ་ཤེས་ཕེབས་པའི་རྟགས་ཡིན་ཞེས། །སྐྱོན་མེད་ཡོན་ཏན་ལྡན་པར་གསུངས། །ཁ་ཅིག་རྣལ་འབྱོར་བསྒོམས་པའི་ཉམས། །ལ་ལ་གེགས་སུ་འགྱུར་རོ་ཞེས། །སྨན་དང་ དམིགས་པ་ལ་སོགས་པ། །སྣ་ཚོགས་ཐབས་ཀྱིས་འགེགས་པར་བྱེད། །ཁྱེད་ནི་དབྱར་གྱི་ས་ 1-1-428 གཞི་ལ། །རྩི་ཐོག་ཅི་ཡང་སྐྱེ་བ་ལྟར། །ཉམས་ལ་ཅི་ཡང་འཆར་བའི་ཕྱིར། །བྱུང་རྒྱལ་ཉིད་དུ་ སྐྱོངས་ཞེས་གསུངས། །ཁ་ཅིག་དབང་པོ་གཉིས་སྦྱོར་གྱིས། །ཁུ་ལྟུང་བ་ཡི་བདེ་བ་ལ། །བདེ་ བ་ཆེན་པོ་ཡིན་ནོ་ཞེས། །འདོད་ཆགས་ཆོས་སུ་སྨྲ་བར་བྱེད། །ཁྱེད་ནི་འཛིན་པ་མ་ཐོབ་པའི། །རྣལ་འབྱོར་པ་གང་འཁྲིག་པ་སྤྱོད། །དེ་ནི་སྡུག་བསྔལ་རྒྱུར་འགྱུར་ཞེས། །འཕོ་མེད་བདེ་ལ་ བསྔགས་པ་མཛད། །སྒོམ་པ་ཕུན་སུམ་ཚོགས་པའི་ཆ་ནས་བསྟོད་པའོ།། །། ཁ་ཅིག་གསང་སྔགས་སྤྱོད་པ་ལ། །ཤ་ནི་མེད་དུ་མི་རུང་ཞེས། །སྙིང་རྗེ་སྤངས་ནས་ བསད་པའི་ཤ །ཇི་ཙམ་ཡོག་[ཡོད]པ་ཟ་བར་བྱེད། །ཁྱེད་ནི་རྣམ་དག་རྒྱུད་བཞིན་དུ། །སེམས་ཅན་འཚེ་བ་བྱས་པའི་ཤ །ཟོས་ན་སྡིག་ཆེན་འགྱུར་རོ་ཞེས། །ཐུགས་རྗེ་ཆེན་པོའི་ སྤྱོད་པ་མཛད། །ཁ་ཅིག་ཆང་ནི་བདུད་རྩི་ཞེས། །བསྔགས་པ་རྒྱ་ཆེར་བརྗོད་ནས་ནི། །བྲོ་དང་ གླུ་གར་བྱེད་བཞིན་དུ། །ཧ་ཅང་བག་མེད་འཐུང་བར་བྱེད། །ཁྱེད་ནི་དམ་ཚིག་རྫས་ཕྱིར་རམ། །གསུང་གི་རྡོ་རྗེ་ཚིམ་དོན་དུ། །ཅུང་ཟད་བརྟེན་པ་མ་གཏོགས་པ། །མྱོས་པར་འཐུང་བ་དགག་ པར་མཛད། །ཁ་ཅིག་ལྟུང་བ་ཕྲ་མོ་ལས། །མེད་ན་ཕུང་པོ་རིང་བསྲེལ་དུ། །འགྱུར་ཞེས་ལྟུང་ བ་ཆུང་ངུ་རྣམས། །ཁྱད་དུ་བསད་ནས་བག་ཡངས་བྱེད། །ཁྱེད་ནི་དམ་ཚིག་སྡོམ་པའི་ཚོགས། །སྲོག་དང་འདྲ་བར་དགོངས་པའི་ཕྱིར། །ཉེས་ལྟུང་ཕྲ་ཞིང་ཕྲ་བས་ཀྱང༌། །གོས་པ་མེད་ པས་ཁྱད་པར་འཕགས། །ཁ་ཅིག་དགེ་བ་རྗེས་ཅན་དག །བྱས་ན་སྡིག་རྐྱེན་འགྱུར་རོ་ཞེས། །མཆོད་རྟེན་སྐུ་གཟུགས་བཞེངས་ལ་སོགས། །བསོད་ནམས་ཆེན་པོའི་རྒྱུ་དག་འགོག །ཁྱེད་ ནི་རང་དང་གཞན་དག་གིས། །བསོད་ནམས་རྒྱ་ཆེན་འཐོབ་པའི་རྒྱུ། །མཆོད་རྟེན་ལ་སོགས་ ཁྱད་འཕཊ་རྣམས། །བཞེངས་ཤིང་གཞན་ལའང་བསྐུལ་བར་མཛད། །ཁ་ཅིག་རང་དང་ མཐུན་ན་བསྟོད། །མི་མཐུན་གྲུབ་མཐའ་ནོར་པ་འམ། །མ་ནོར་ལེགས་པར་སྨྲ་ན་ཡང༌། །སྨྲ་ བ་པོ་ལ་དགྲ་བཞིན་སྡང༌། །ཁྱེད་ནི་གྲུབ་མཐའ་ནོར་པ་རྣམས། །སྤོང་ཞིང་མ་ནོར་ལེན་མཛད་ 1-1-429 ཀྱང༌། །གང་ཟག་རྒྱུད་ཚོད་རྟོགས་དཀའི་ཕྱིར། །ཀུན་ལ་དག་སྣང་སྦྱོངས་ཞེས་གསུངས། ། སྤྱོད་པ་ཕུན་ཚོགས་ཀྱི་ཆ་ནས་བསྟོད་པའོ།། །། ཁ་ཅིག་སངས་རྒྱས་ཆོས་ཀྱི་སྐུ། །རྟག་པར་གསུང་པ་རྒྱུན་ལ་དགོངས། །སྐད་ཅིག་ གཅིག་གིས་འཇིག་གོ་ཞེས། །དམྱལ་བར་སྐྱེ་བའི་ཚིག་དག་སྨྲ། །ཁྱེད་ནི་མདོ་རྒྱུད་ཟབ་མོ་ བཞིན། །ཆོས་སྐུ་འདུས་མ་བྱས་ཡིན་ཕྱིར། །རང་བཞིན་གྱིས་ནི་རྟག་གོ་ཞེས། །གསུང་བས་ ངོ་མཚར་ཆེ་བ་ལགས། །ཁ་ཅིག་རྒྱལ་བའི་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པའི་སྙིང་པོ་དང༌། །ངོ་བོ་གཅིག་པ་མ་ཡིན་ཞེས། །གཅིག་ལ་ཐ་དད་སྨྲ་བར་བྱེད། །ཁྱེད་ནི་དྲི་བྱས་དེ་བཞིན་ཉིད། །དྲི་མ་བྲལ་ཙམ་ཆོས་ཀྱི་སྐུ། །བྲལ་འབྲས་ཡིན་ཕྱིར་སྙིང་པོ་དང༌། །ངོ་བོ་གཅིག་ཏུ་གསུངས་ པ་ལགས། །ཁ་ཅིག་ལོངས་སྤྱོད་རྫོགས་སྐུ་དང༌། །སྤྲུལ་སྐུ་ཀུན་རྫོབ་ཡིན་པའི་ཕྱིར། །དོན་ དམ་བདེན་པའི་ལོངས་སྐུ་དང༌། །སྤྲུལ་སྐུ་སྲིད་པ་མིན་ཞེས་ཟེར། །ཁྱེད་ནི་ལོངས་སྤྲུལ་རྣམ་ གཉིས་ལ། །བདེན་པ་གཉིས་སུ་རབ་ཕྱེ་ནས། །དོན་དམ་བདེན་པའི་ལོངས་སྤྲུལ་གཉིས། །སྲིད་པར་སྟོན་པས་མཆོག་རབ་ལགས། །ཁ་ཅིག་སངས་རྒྱས་ཡེ་ཤེས་ཀྱིས། །ཤེས་བྱ་ཐམས་ ཅད་མཁྱེན་པའི་ཕྱིར། །ཀུན་རྫོབ་རྣམས་ཀྱང་སྣང་ངོ་ཞེས། །ཅལ་ཅོལ་འབའ་ཞིག་སྨྲ་བར་ བྱེད། །ཁྱེད་ནི་རྒྱལ་བའི་ཡེ་ཤེས་ལ། །ཆོས་ཉིད་སྣང་ཕྱིར་ཆོས་ཅན་རྣམས། །སྣང་བ་མེད་ ཀྱང་མཁྱེན་པ་ནི། །བསམ་མི་ཁྱབ་ཅེས་གསུངས་པ་ལགས། །ཁ་ཅིག་ཆོས་སྐུ་གཟུགས་མིན་ ཕྱིར། །མཚན་དང་དཔེ་བྱད་གསུངས་པ་ཀུན། །གཟུགས་སྐུའི་ཡོན་ཏན་ཉིད་ཡིན་གྱི། །ཆོས་ ཀྱི་སྐུ་ལ་མི་སྲིད་ལོ། །ཁྱེད་ནི་མཚན་དང་དཔེ་བྱད་ལགས། །བདེན་པ་གཉིས་སུ་རབ་ཕྱེ་ནས། །དམ་པའི་དོན་གྱི་མཚན་དཔེ་རྣམས། །ཆོས་སྐུའི་ཡོན་ཏན་ཉིད་དུ་གསུངས། །ཁ་ཅིག་ཆོས་ སྐུ་དངོས་པོ་མིན། །དེ་ཕྱིར་དོན་བྱེད་མི་ནུས་པས། །སེམས་ཅན་དོན་གྱི་མཛད་པ་དག །སྲིད་ པ་མིན་ཞེས་བབ་ཅོལ་སྨྲ། །ཁྱེད་ནི་རྣམ་དག་ལུང་བཞིན་དུ། །དངོས་པོ་མིན་ཡང་དགྲ་བཅོམ་ 1-1-430 སོགས། །འཕགས་པ་དང་ནི་སེམས་ཅན་གྱི། །དོན་ཡང་རྒྱུན་ཆད་མེད་ཅེས་སྟོན། །འབྲས་བུ་ ཕུན་ཚོགས་ལ་བསྟོད་པའོ།། །། དེ་ལྟར་ལུང་རིགས་རྣམ་དག་གིས། །ལེགས་པར་གྲུབ་པའི་གཞི་དང་ནི། །ལྟ་སྒོམ་སྤྱོད་ པ་འབྲས་བུ་སོགས། །རྣམ་དག་བསྟན་ཕྱིར་བཀའ་དྲིན་ཆེ། །གསུམ་ཀ་དང་མཐུན་པར་ བསྟོད་པའོ།། །། དད་པས་བསྟོད་པའི་ཚུལ་འདི་ལ། །ལེགས་བཤད་བླ་མའི་ཉིད་ཀྱི་དྲིན། །ཉེས་པ་གང་ སྣང་བདག་གི་སྐྱོན། །ལགས་ཕྱིར་བླ་མས་བཟོད་པ་མཛོད། །བླ་མའི་ཡོན་ཏན་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་བླངས་ནས་ནི། །བསྟོད་ཚིག་ཡི་གེར་བཀོད་པ་ཡི། །དགེ་བས་འགྲོ་ ཀུན་སངས་རྒྱས་ཤོག །ཚུལ་འདི་བླ་མའི་རྣམ་ཐར་ལས། །ཤེས་ནས་མི་ཕྱེད་དད་ལྡན་ཞིང༌། །བཀའ་དང་བསྟན་བཅོས་སྤྱོད་པ་ཡི། །བློ་ལྡན་ཞང་སྟོན་རྒྱ་བོས་སྦྱར། ། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཆེན་པོའི་ཡོན་ཏན་བསྔགས་པ་ཁྱད་པར་དུ་འཕགས་ པར་བསྟོད་པ་ཞེས་བྱ་བ་འདི་ནི། དཔལ་ལྡན་བླ་མ་དེ་ཉིད་ཀྱི་བཀའ་དྲིན་གྱིས་བློ་གྲོས་ཀྱི་ སྣང་བ་ཆེས་ཆེར་རྒྱས་པ། ཞང་སྟོན་མཁས་པ་ཆེན་པོ་བསོད་ནམས་གྲགས་ཀྱིས། བླ་མ་དམ་ པའི་གདན་ས་ཇོ་ནང་རི་ཁྲོད་ཀྱི་གཟིམས་ཁང་བདེ་བ་ཅན་དུ་སྦྱར་བའི་ཡི་གེ་པ་ནི་མང་དུ་ ཐོས་པའི་དགེ་སློང་སངས་རྒྱས་བསོད་ནམས་ཀྱིས་བྱས་པའོ། །མཾགལབྷཝཏུ། མ་ཡིག་འབྲས་དཔེ་རྙིང་དང་འཛམ་ཐང་པར་ཤིང་གཉིས་ཡིན། 1-1-431 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ཞང་སྟོན་བསོད་ནམས་གྲགས་པའི་གསུང་འབུམ། ༼པོད་དང་པོའོ། །༽ ༄༅། །མཁན་ཆེན་དོན་གྲུབ་དཔལ་བཟང་པོའི་རྣམ་ཐར་ བཞུགས་སོ། ། ༄༅༅། །ༀ་སྭ་སྟི། མཁན་ཆེན་ཡང་དག་པ་དགེ་བའི་བཤེས་གཉེན་དོན་གྲུབ་དཔལ་ གྱི་རྣམ་པར་ཐར་པ། བླ་མའི་རྣལ་འབྱོར་དང་མཐུན་པ་ཞེས་བྱ་བ། སངས་རྒྱས་བཅོམ་ལྡན་ འདས་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་ནི་སྔོན་གྱི་ཐུགས་རྗེའི་མཐུས། །འགྲོ་བ་བསྒྲལ་ཕྱིར་ རྣམ་འཕྲུལ་ཅིར་ཡང་སྟོན། །དེ་ཕྱིར་མཚུངས་མེད་མཁན་ཆེན་དོན་གྲུབ་དཔལ། །ཞེས་བྱར་ བསྟན་པ་ཁྱོད་ལ་ཕྱག་འཚལ་ལོ། །སྲིད་མཚོ་ལས་གྲོལ་སྲིད་པའི་ཚུལ་བསྟན་ནས། །སེམས་ ཅན་དོན་ལ་རྩེ་གཅིག་དགོངས་པ་དེའི། །རྨད་བྱུང་མཛད་པ་ཡ་མཚན་ཆེན་པོ་ཅན། །ཇི་ལྟར་ གྱུར་པ་བཤད་ཀྱིས་ཉན་པར་མཛོད། ། འདི་ལྟར་སངས་རྒྱས་རྣམས་ནི་འགྲོ་བ་སྲིད་པའི་མཚོ་ལས་བསྒྲལ་བའི་ཕྱིར། ལོངས་ སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་དང་། དགེ་སྦྱོང་དང་བྲམ་ཟེ་དང་ཁྱིམ་བདག་དང་། དེད་ དཔོན་དང་། བུ་མོ་དང་། ཁྱེའུ་དང་། རི་བོང་དང་སྟག་དང་སེང་གེ་ལ་སོགས་པ་དང་། ཐ་ན་ བུང་བ་དང་། ཕྱེ་མ་ལེབ་དང་། ཆུ་མིག་དང་། ཟམ་པ་དང་། གྲུ་དང་ལྗོན་ཤིང་ལ་སོགས་པར་ བསྟན་ནས་ཀྱང་། སེམས་ཅན་རྣམས་ཀྱི་དོན་མཛད་པས། སྐབས་འདིར་ཡང་འགྲོ་བ་དཔག་ ཏུ་མེད་པའི་འདྲེན་པར་གྱུར་པ་མཁན་ཆེན་དོན་གྲུབ་དཔལ་ཞེས་བྱ་བར་སྐྱེ་བ་བསྟན་ཏོ། །དེ་ ཡང་སྔོན་གྱི་རྒྱལ་བློན་དང་། ལོ་པཎ་སྐྱེས་མཆོག་ཁྱད་པར་ཅན་རྣམས་ཀྱི་བཀའ་དྲིན་ལ་ 1-1-432 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ཞང་སྟོན་བསོད་ནམས་གྲགས་པའི་གསུང་འབུམ། ༼པོད་དང་པོའོ། །༽ བརྟེན་ནས། སངས་རྒྱས་ཀྱི་བསྟན་པ་དར་བ་ཁ་བ་ཅན་གྱི་ཁྲོད། རུ་བཞིའི་སྙིང་པོ། རུ་ལྷག་ གི་སྨད་ཡར་འབྲོག་ཀླུ་མཚོ་ཕྱུག་མོའི་ནང་། བླ་དོ་ཆེན་མོའི་ས་ཆ། བཤལ་ཞེས་བྱ་བའི་ལུང་ པར། ཡབ་ཡུམ་སྲས། གདུང་རུས་རམ་ཞེས་བྱ་བའི་རིགས་སུ། ཆུ་མོ་ཡོས་ཀྱི་ལོ་ལ་སྐུ་འཁྲུངས་ཏེ། ལྷུམས་སུ་ཞུགས་པ་དང་བལྟམས་པའི་ཚེ་ཡང་ངོ་ མཚར་བའི་ལྟས་དུ་མ་བྱུང་པར་ངེས་སོ། །སྐྱེ་མེད་སྐྱེ་ཚུལ་བསྟན་ཕྱིར་གངས་ཅན་ཁྲོད། །ཡར་ འབྲོག་དོ་ནང་བཤལ་གྱི་ལུང་པ་རུ། །བ་རམ་རིགས་འཁྲུངས་མཚན་ལྟས་བཟང་པོ་བསྟན། །རྣམ་འཕྲུལ་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །དེ་ནས་སྔ་མོར་ཆོས་ཀྱི་བག་ཆགས་སད་ པའི་ཚུལ་བསྟན་ནས། དགུང་ལོ་བརྒྱད་བཞེས་པའི་ཚེ། མཁན་ཆེན་གཞོན་ནུ་བྱང་ཆུབ་ཀྱི་དྲུང་དུ་རབ་ཏུ་བྱུང་སྟེ། དགེ་ཚུལ་གྱི་བསླབ་པ་ལ་གཅེས་སྤྲས་སུ་མཛད་དོ། །བསླབ་གསུམ་རྣམ་དག་སྟོད་ནས་མངའ་ མོད་ཀྱང་། །འགྲོ་བའི་བློ་ངོར་ཚུལ་དང་མཐུན་བྱའི་ཕྱིར། །ལོ་བརྒྱད་ཚེ་ན་གཞོན་ནུའི་མཚན་ ཅན་དྲུང་། །རབ་བྱུང་ཚུལ་བསྟན་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་མཁན་ཆེན་དེ་ཉིད་ཀྱི་དྲུང་ དུ་བཞུགས་ནས། བསྟན་པའི་རྩ་བ་འདུལ་བ་མདོ་རྩ་ལ་སོགས་པ་ལ་བསླབ་སྦྱངས་མཛད་ པས་གྲྭ་སའི་སློབ་གཉེར་བ་རྣམས་ཀྱི་ནང་ན། ཐུགས་རབ་ཆེ་བར་གྲགས་ཤིང་། འདུལ་བ་ལ་ མཁས་པར་གྱུར་ཏོ། །ཤེས་བྱ་མ་ལུས་སྔ་ནས་ཐུགས་ཆུད་ཀྱང་། །འཇིག་རྟེན་དོན་ཕྱིར་སློབ་ པའི་ཚུལ་བསྟན་ནས། །བསྟན་པའི་རྩ་བ་འདུལ་པའི་མདོ་ལ་སོགས། །ཤིན་ཏུ་མཁས་པར་ གྱུར་ལ་ཕྱག་འཚལ་ལོ། ། དེ་ནས་དགུང་ལོ་ཉི་ཤུ་པ་ལ། མཁན་ཆེན་གཞོན་བྱང་བ་དང་། ལས་སློབ་བླ་མ་མཁས་ པ་བྱང་ཆུབ་གྲགས་དང་། གསང་སྟེ་སྟོན་པ་སློབ་དཔོན་ཀུན་དགའ་བྱང་ཆུབ་དང་། དད་པའི་ དགེ་འདུན་མང་པོའི་དྲུང་དུ་བསྙེན་པར་རྫོགས་པ་མཛད་དེ། དགེ་སློང་གི་བསླབ་པ་ལ་མིག་ 1-1-433 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ཞང་སྟོན་བསོད་ནམས་གྲགས་པའི་གསུང་འབུམ། ༼པོད་དང་པོའོ། །༽ འབྲས་ལྟར་གཅེས་པར་མཛད་དོ། །ཉི་ཤུ་བཞེས་ཚེ་མཁན་ཆེན་གཞོན་བྱང་དྲུང་། །ལས་སློབ་ མཁས་པ་བྱང་ཆུབ་གྲགས་དང་ནི། །གསང་སྟེ་སྟོན་པ་ཀུན་དགའ་བྱང་ཆུབ་སོགས། །དགེ་ འདུན་དབུས་སུ་བསྙེན་རྫོགས་ཕྱག་འཚལ་ལོ། །དེ་ནས་བཙུན་པའི་མཆོག་གི་གྲགས་པ་ཐོབ་ ཅིང་། གུང་ཐང་ཆོས་འཁོར་གླིང་དུ། མཁས་པ་ཆེན་པོ་འཇམ་དབྱངས་དོན་གྲུབ་དཔལ་གྱི་ སྤྱན་སྔར་བྱོན་ནས། ཚད་མ་རྣམ་ངེས་གསན་ཅིང་། ལེགས་པར་ཐུགས་སུ་ཆུད། སླར་ཡང་ ཚོགས་པའི་ནང་དུ་བྱོན་ཏེ། འདུལ་བ་མདོ་རྩ། ཚད་མ་རྣམ་ངེས། བྱང་ཆུབ་སེམས་དཔའི་ སྤྱོད་འཇུག་རྣམས་ལ་འཆད་ཉན་རྒྱུན་པར་མཛད་དོ། །བཙུན་པའི་མཆོག་གྱུར་ཁྱོད་ཀྱིས་གུང་ ཐང་གི། །ཆོས་གྲར་འཇམ་དབྱངས་དོན་གྲུབ་མཚན་ཅན་ལ། །ཚད་མ་རྣམ་ངེས་གསན་ནས་ ཐུགས་ཆུད་དེ། །རྒོལ་བ་ཚར་བཅད་མཛད་ལ་ཕྱག་འཚལ་ལོ། ། དེ་ནས་དགུང་ལོ་སུམ་ཅུ་རྩ་དྲུག་བཞེས་པའི་དུས་སུ། མཁན་ཆེན་འདུལ་ཚད་པ་བྱང་ ཆུབ་བཟང་པོ་བདེ་བར་གཤེགས་ནས། ཚོགས་ཆེན་པོའི་གདན་ས་ལ་བསྐོས་ལོ་བཅོ་ལྔའི་ བར་དུ་གདན་ས་མཛད་དེ། དབུས་གཙང་གི་དད་ལྡན་མང་པོའི་ཡོན་གནས་མཛད་ཅིང་། གྲ་ པ་བུ་སློབ། ཡོན་བདག་དད་པ་ཅན་ཐར་པའི་ལམ་ལ་བཀོད་དོ། །དགུང་ལོ་སོ་དྲུག་བཞེས་ ཚེ་ཚོགས་པ་ཡི། །མཁན་པོར་བསྐུར་ཏེ་མི་ལོ་བཅོ་ལྔའི་བར། གངས་ཅན་དད་ལྡན་མང་པོའི་ ཡོན་གནས་མཛད། འགྲོ་མང་ཐར་པར་འདྲེན་ལ་ཕྱག་འཚལ་ལོ། ། དེ་ནས་དགུང་ལོ་ལྔ་བཅུ་རྩ་གཅིག་པ་ལ་ཚོགས་ཆེན་མོའི་གདན་སར། མཁན་ཆེན་ཡོན་ ཏན་རྒྱལ་མཚན་པ་བསྐོས་ཏེ། དེ་དུས་མཚུར་ཕུ་ནས། གྲུབ་ཐོབ་ཆེན་པོ་བསམ་བཞིན་དུ་ སྐྱེ་བ་བཞེས་པའི། ཀརྨ་པ་རང་བྱུང་རོལ་པའི་རྡོ་རྗེ་རབ་བྱུང་མཛད་པའི་མཁན་པོ་ལ་གདན་ དྲངས་ནས་བྱོན་ཏེ། གྲུབ་ཐོབ་ཆེན་པོས་གཙོ་མཛད་གང་ཟག་མང་པོ་ལ། དགེ་སློང་དང་དགེ་ ཚུལ་གྱི་སྡོམ་པ་གནང་། གཞན་ཡང་སྔ་ཕྱིར། ཆེན་པོ་དགེ་བློ་བ་ལ་སོགས་པའི་གང་ཟག་ 1-1-434 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ཞང་སྟོན་བསོད་ནམས་གྲགས་པའི་གསུང་འབུམ། ༼པོད་དང་པོའོ། །༽ དཔག་ཏུ་མེད་པ་ལ་བསྙེན་གནས་དང་། དགེ་བསྙེན་དགེ་ཚུལ་ལ་སོགས་པའི་སྡོམ་པ་ཕོག་ སྟེ་བསླབ་པས་སྨིན་པར་མཛད་དོ། །ལྔ་བཅུ་རྩ་གཅིག་པ་ལ་རྒྱལ་ཚབ་ཏུ། །མཁན་ཆེན་ཡོན་ ཏན་རྒྱལ་མཚན་བཞག་ནས་ནི། །གྲུབ་ཐོབ་རང་བྱུང་རོལ་པའི་རྡོ་རྗེ་སོགས། །བསླབ་པ་སྨིན་ མཛད་ཁྱོད་ལ་ཕྱག་འཚལ་ལོ། ། དེའི་དུས་སུ་དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་དང་། ཆོས་རྗེ་སྤང་ཁང་པ་དང་། དཔོན་ཆེན་བྱང་པ་རྣམས་ཀྱི་གསུང་ཤོག་གདན་འདྲེན་དང་བཅས་ པ་ཡང་ཡང་བྱུང་ཡང་། སྔོན་གྱི་སྨོན་ལམ་དང་གདུལ་བྱའི་དབང་གིས་གཙང་ཕྱོགས་ལ་མ་ བྱོན་པར། སྟོད་ལུང་གི་གདུལ་བྱ་རྣམས་ཀྱི་དོན་གྲུབ་པར་དགོངས་ཏེ། ཡོན་བདག་འཛོམ་པ་ དོན་གྲུབ་ཀྱི་གདན་འདྲེན་ཡང་ཡང་བྱུང་པ་བཞིན། སྟོད་ལུང་དུ་བྱོན་ནས། ཁྲོ་བོ་རི་ཞེས་བྱ་ བའི་རི་ཁྲོད་དུ། དཔོན་སློབ་བཅོ་ལྔ་ཙམ་བཞུགས་ཏེ། ཐུགས་དམ་མཛད། དེ་ནས། གནས་ ངེས་མེད་མཛད་ནས། གདུལ་བྱའི་དོན་མཛད་དགོངས་པ་ཡོད་ནའང་། ཡོན་བདག་འཛོམ་ པས། སྨོན་དཀར་རི་ཁྲོད་དུ། གཟིམས་ཁང་གསར་པ་ཕུན་སུམ་ཚོགས་པ་གཅིག་བརྩིགས་ ཏེ། དེར་གདན་དྲངས། ང་སྡིག་ཅན་ལ་ཕན་གདགས་པའི་དོན་དུ་གཟིམ་ཁང་འདིར་བཞུགས་ པ་ཅི་ནས་ཀྱང་ཐུགས་ལ་འདོགས་པར་ཞུ་ཞེས་ཞུ་བ་ནན་ཅན་ཕུལ་བས། གཟིམས་ཁང་དེ་ ཉིད་བཞེས་དེ་བཞུགས་ནས་ཐུགས་དམ་ཟབ་མོ་དང་འགྲོ་དོན་རྒྱ་ཆེན་པོ་མཛད་དོ། །སྟོད་ ལུང་གདུལ་བྱའི་དོན་དུ་ཁྲོ་བོ་རིར། །ཐུགས་དམ་མཛད་ཅིང་ཡོན་བདག་འཛོམ་པ་ཡིས། །སྨོན་དཀར་རི་ཁྲོད་གཟིམས་ཁང་བརྩིགས་ནས་ཕུལ། །དེར་བཞུགས་འགྲོ་དོན་མཛད་ལ་ ཕྱག་འཚལ་ལོ། ། དེ་ནས་རི་ཁྲོད་དེ་ཉིད་དུ་བཞུགས་ནས་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང་། ཆོས་རྗེ་སྤང་ ཁང་པ་ལ་སོགས་པའི་བླ་མ་དམ་པ་རྣམས་ལ་ཞུས་པའི་སྦྱོར་བ་ཡན་ལག་དྲུག་པ་དང་། 1-1-435 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ཞང་སྟོན་བསོད་ནམས་གྲགས་པའི་གསུང་འབུམ། ༼པོད་དང་པོའོ། །༽ བསྙེན་སྒྲུབ་ལ་སོགས་པ་རྣམས་ལ་ཉིན་མཚན་དུ་མཉམ་པར་བཞག་པས་འོད་གསལ་རྒྱུན་ ཆད་མེད་པར་གཟིགས་སོ། །བླ་མ་དམ་པ་རྣམས་ལ་ཟབ་ལམ་གྱི། །ཆོས་གསན་ཐུགས་དམ་ ཟབ་མོའི་ཉིན་མཚན་དུ། །མཉམ་པར་བཞག་པས་འོད་གསལ་རྒྱུན་ཆད་མེད། །ཡེ་ཤེས་ ཚོགས་མཐར་ཕྱིན་ལ་ཕྱག་འཚལ་ལོ། ། ཡང་རི་ཁྲོད་དུ་བཞུགས་པ་རྣམས་ཀྱིས་ཆུ་མ་འཚོལ་ལ་གཞི་བདག་གིས་སྔར་མེད་ པའི་སར་ཆུ་མིག་གསར་པ་ཞིག་ཀྱང་ཕུལ། ཡུལ་ཕྱོགས་ཐམས་ཅད་དུའང་ལོ་ལེགས་ཤིང་ ། རིམས་ནད་ལ་སོགས་པའི་འགལ་རྐྱེན་གང་ཡང་མེད་པར་ཤིན་ཏུ་བཀྲ་ཤིས་པར་གྱུར་ཏོ། །སེམས་ལ་དབང་ཐོབ་ཁྱོད་ཀྱིས་དགོངས་ཙམ་གྱིས། །མི་མ་ཡིན་གྱིས་ཆུ་མིག་གསར་པར་ ཕུལ། །ས་ཕྱོགས་ཀུན་དུ་བཀྲ་ཤིས་རྒྱ་ཆེན་སྤེལ། །འཕྲིན་ལས་བསམ་མི་ཁྱབ་ལ་ཕྱག་འཚལ་ ལོ། ། དེ་ནས་ཆོས་རྗེ་རང་བྱུང་པའི་ཆེ་བའི་སྙན་པ། གོང་མ་མིའི་དབང་པོས་གསན་ནས། གོང་ དུ་གདན་འདྲེན་པའི་གསེར་ཡིག་པ་བྱུང་ཞིང་། ཆོས་རྗེ་དེ་ཉིད་བསྙེན་རྫོགས་མཛད་པར་ དགོངས་ཏེ། གདན་དྲངས་པ་བཞིན་མཚུར་ཕུར་བྱོན་ནས། ཆོས་རྗེ་རང་བྱུང་པའི་བསྙེན་ རྫོགས་ཀྱི་མཁན་པོ་མཛད་ཅིང་། ཁོང་པས་ཞུས་པ་བཞིན་དུ་འདུལ་བ་ལུང་། མདོ་རྩ། དེའི་ རྒྱ་ཆེར་འགྲེལ་པ་ལ་སོགས་པ་ཆོས་མང་དུ་གསུངས། འདུལ་བའི་ཆོ་ག་ལག་ལེན་རྣམས་ རྩོམ་པ་ཡང་མཛད་ནས་ཕུལ་ལོ། །མཚུར་ཕུར་གདན་དྲངས་གྲུབ་ཆེན་ཀརྨ་པའི། །བསྙེན་ རྫོགས་མཛད་ཅིང་འདུལ་བ་ལུང་ལ་སོགས། །ཆོས་མང་གསུངས་ཤིང་འདུལ་བའི་ལག་ལེན་ བརྩམས། །མཁས་པའི་བྱ་བ་མཐར་ཕྱིན་ཕྱག་འཚལ་ལོ། ། དེ་ནས་དགུང་ལོ་དྲུག་ཅུ་བཞེས་པའི་ཚེ་ཆུ་ཕོ་སྟག་གི་ལོ་ཟླ་བ་བཞི་བའི་ཚེས་བཞི་ལྔ་ ནས་བསྙུང་པའི་ཚུལ་བསྟན། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་གཟིགས། དེའི་དུས་ 1-1-436 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ཞང་སྟོན་བསོད་ནམས་གྲགས་པའི་གསུང་འབུམ། ༼པོད་དང་པོའོ། །༽ སུ། དྲུང་ན་བཞུགས་པའི་དབོན་པོ་རྒྱལ་མཚན་དཔལ་ལ་སོགས་པ་རྣམས་ཀྱིས་སྨན་དཔྱད་ རིམ་གྲོ་བགྱི་ཞུས་པས། ཁྱེད་རང་རྣམས་ཀྱི་བསམ་པ་རྫོགས་པའི་ཆེད་དུ་བྱས་པ་ལ་འགལ་ བ་མེད། ངེད་ལ་ཕན་པ་དཀའ་ཞེས་གསུང་། ཡང་ཉིན་ཅིག་རྒྱལ་ཆེན་རྣམ་ཐོས་སྲས་འདིར་ བྱུང་གིས་གཏོར་མ་ཕུལ་གསུང་། ཡང་། བསྙུང་གཡོག་པ་ཡེ་ཤེས་དཔལ་གྱི་སྣང་པ་ལ་ཤར་ ཕྱོགས་ནས་འོད་དཀར་པོར་རག་དུང་གི་རྣམ་པ་འདྲ་བ་ཅིག་བྱུང་ནས་གཟིམས་ཁང་ལ་ཟུག དེ་ལ་འོད་ཁ་དོག་སྣ་ཚོགས་པ་བྱུང་བའི་སྣ་ལ་མཁའ་འགྲོ་མ་མང་པོ་འདུག་པ་རྣམས་ན་རེ། མཁན་ཆེན་པ་བདེ་བ་ཅན་དུ་གདན་འདྲེན་པ་ཡིན་ཟེར་བའི་སྣང་པ་བྱུང་། ཡང་། སྒྲུབ་པ་མོ་ བཟང་མོ་ཅིག་གི་སྣང་པ་ལ། མཁན་ཆེན་ལ་དབུ་ཞྭ་ཐང་ཐེབ་ཅིག་གསོལ་སེང་གེ་སྔོན་པོ་ ཅིག་ལ་ཆིབས་ཏེ། སེང་གེའི་རྐང་པ་བཞི་ནས་བུད་མེད་སྔོ་བསངས་མ་བཞིས་བཏེག་སྟེ་ནམ་ མཁའ་ལ་བཞུད་པའི་སྣང་པ་བྱུང་། ད་ལན་རང་གཤེགས་པ་འདྲ་ཐམས་ཅད་ཀྱིས་གསོལ་བ་ ཐོབ་ཟེར་བ་བྱུང་། དུས་དེ་ནས་བཟུང་སྟེ་སྒྲ་དང་འོད་དང་འཇའ་དང་ས་གཡོ་བ་ལ་སོགས་པ་ ངོ་མཚར་བའི་ལྟས་མང་པོ་ཐམས་ཅད་ཀྱིས་མཐུན་སྣང་ལ་གྲུབ་པ་བྱུང་ངོ་། ། དགུང་ལོ་དྲུག་ཅུ་བཞེས་ཚེ་མགོན་ཁྱོད་ཀྱིས། །བསྙུང་པའི་ཚུལ་བསྟན་འོད་གསལ་རྒྱ་ ཆེན་གཟིགས། །ད་ནི་སྨན་དཔྱད་རིམ་གྲོས་མི་ཟློག་གསུང་། །མངོན་ཤེས་སྟོབས་མངའ་ཁྱོད་ ལ་ཕྱག་འཚལ་ལོ། ། དེ་ནས་ཟླ་བ་དྲུག་པའི་ཚེ་གཅིག་གི་ཉིན། དྲུང་ན་བཞུགས་པ་བླ་མ་གཡའ་བཟང་པ་ དང་། སློབ་དཔོན་གཞོན་ནུ་དཔལ་བ་ལ་སོགས་པ་རྣམས་ལ་ད་ལྟར་གྱི་སྣང་པ་འདི་ཉམས་ དགའ་ཨང་། ཚེས་བརྒྱད་ལ་བན་རྒན་འགྲོ་བ་ཡིན་གསུང་གིན་ཡང་ཡང་བཞད་པ་ཅིག་བྱུང་ ། ཅི་གདའ་ལགས་ཞུས་པས་རྣལ་འབྱོར་པའི་ཉམས་ཀྱི་སྣང་པ་འདི་བསམ་གྱིས་མི་ཁྱབ་པ་ འདུག་གསུང་། དྲུང་ན་བཞུགས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་ལ་བཞུགས་པར་གསོལ་ 1-1-437 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ཞང་སྟོན་བསོད་ནམས་གྲགས་པའི་གསུང་འབུམ། ༼པོད་དང་པོའོ། །༽ བ་བཏབ་པས། ཚེས་བཅུའི་བར་དུ་སྡོད་པར་བྱ། དེ་ནས་སྡོད་པའི་སྐབས་མེད་གསུངས་ནས་ ཚེས་བཅུའི་བར་དུ་བཞུགས་སོ། །ཚེས་བརྒྱད་ཉིན་པར་ཁོ་བོ་འགྲོ་དགོས་གསུང་། །དྲུང་ན་ ཡོད་པས་གསོལ་བ་ཡང་ཡང་བཏབ། །ཚེས་བཅུའི་བར་དུ་བཞུགས་པར་ཞལ་གྱིས་བཞེས། །ཚེ་ལ་དབང་འབྱོར་ཁྱོད་ལ་ཕྱག་འཚལ་ལོ། ། དེ་ནས་ཚེས་བཅུའི་ཉི་མ་སྔ་ཕྱེད་ཙམ་ན་སྐུ་དྲང་པོར་བསྲང་པའི་ལུས་གནད་མཛད་ནས། མྱ་ངན་ལས་འདའ་བའི་ཚུལ་བསྟན། གཟིམས་ཁང་ལ་འཇའ་ཚོན་ཁ་དོག་སྣ་ལྔ་པ་ཟུག མེ་ ཏོག་གི་ཆར་བབ། དྲུང་ན་བཞུགས་པ་རྣམས་རེ་ཞིག་གསང་པར་བཞེད་ཀྱང་། རྟགས་དེ་ རྣམས་ཐམས་ཅད་ཀྱིས་མཐོང་བས་གསང་མ་ཐུབ་སྟེ་ཐམས་ཅད་ཀྱིས་རིག ཚེས་བཅོ་ལྔའི་ ཉིན་གསང་བཏོལ་ནས་བུ་སློབ་རྣམས་ཀྱིས་སྤུར་ལ་མཇལ་ཞིང་བྱིན་རླབས་ཞུས་སོ། །འགྲོ་ བའི་རྟག་འཛིན་གཞིག་ཕྱིར་ཚེས་བཅུ་ཡི། །སྔ་དྲོ་སྐུ་བསྲང་འཇའ་དང་འོད་ཟེར་གྱིས། །ནམ་ མཁའ་གང་ཞིང་མེ་ཏོག་ཆར་ཕབ་ནས། །ཞིང་གཞན་གཤེགས་པའི་ཚུལ་བསྟན་ཕྱག་འཚལ་ ལོ། ། ཚེས་བཅུ་དྲུག་གི་ཉིན། གཤེགས་རྫོངས་བྱས་དུས་ཐམས་ཅད་ཀྱིས་མཐོང་པར་མེ་ཏོག་ གི་ཆར་བབས། རྒན་མོ་ཅིག་ན་རེ། སྤྲིན་ཡ་ཀིའི་གསེབ་ན་ལྷའི་བུ་གཉིས་མཁན་ཆེན་པ་ལ་ མཆོད་པ་འབུལ་བ་ཡིན་ཟེར་གྱིན་འདུག བུ་རྣམས་ལྟོས་ཤིག་ཟེར་བ་བྱུང་། གཞན་ཡང་ ཟླ་དུས་ཀྱི་མཆོད་པ་ནམ་བྱེད་དུས་འཇའ་དང་མེ་ཏོག་གི་ཆར་པ་ལ་སོགས་པ་ཡང་ཡང་བྱུང་ ། དེ་ནས་མཁན་ཆེན་ཡོན་རྒྱལ་བས་གཙོ་མཛད་ཚོགས་པ་རྣམས་ཀྱིས་རུ་འཚམས་ཀྱིས་ཆར་ བཞུགས་པའི་དགེ་འདུན་ཐམས་ཅད་སྤྱན་དྲངས་ནས་ཆོས་འཁོར་རྒྱ་ཆེན་པོ་གཤེགས་རྫོངས་ དངོས་གཞིར་མཛད་དོ། །ཟླ་བ་བཅུ་པའི་ཉི་ཤུ་གསུམ་གྱི་བར་སྤུར་བཞུགས་ཤིང་། དེའི་ཉིན་ མཁན་ཆེན་ཡོན་རྒྱལ་བས་གཙོ་མཛད་ཚོགས་པ་བྱོན། སྤུར་སྦྱོང་པའི་སྟ་གོན་མཛད། ཉེར་ 1-1-438 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ཞང་སྟོན་བསོད་ནམས་གྲགས་པའི་གསུང་འབུམ། ༼པོད་དང་པོའོ། །༽ བཞིའི་ཉིན་སྤུར་ལ་མེ་མ་བཅུག་པའི་གོང་དུ། ཡོན་བདག་འཇམ་དཔལ་གྱིས་སྤུར་ཁང་ལ་ འོད་ཆེན་པོ་མཐོང་ནས། སྤུར་ལ་མེ་བཅུག་ཚར་བ་ཡིན་ནམ་མེ་འབར་གྱི་འདུག་པ་ཟེར། དེ་ ནས་སྤུར་སྦྱངས་དེ་ཡོས་ལོ་ཟླ་བ་བཞིའི་ཚེས་བཅོ་ལྔའི་བར་དུ་དགེ་སློང་བཞི་སྡེ་རེས་མཆོད་ པ་ནར་མར་འབུལ། དེ་དག་གི་དུས་སུ་ཡང་ངོ་མཚར་བའི་ལྟས་དུ་མ་བྱུང་ངོ་། །གཤེགས་ རྫོངས་ཟླ་དུས་ལོ་དུས་མཆོད་པ་དང་། །སྤུར་སྦྱོང་ཚེ་ཡང་འཇའ་འོད་མེ་ཏོག་ཆར། །ལ་སོགས་ ངོ་མཚར་ལྟས་རྣམས་ཀུན་གྱིས་མཐོང་། །སྐྱེ་དགུའི་དད་པ་སྤེལ་ལ་ཕྱག་འཚལ་ལོ། ། དེ་ནས་ཚེས་བཅུ་དྲུག་གི་ཉིན། བུ་སློབ་ཡོན་བདག་མང་པོ་ཚོགས་ནས་སྤུར་ཞལ་ཕྱེ་དུས་ ཡོན་བདག་འཛོམ་པས་འཇམ་དབྱངས་ཀྱི་སྐུ་རང་བྱོན་རྙེད། གདུང་རུས་བཀྱེ་བས། བཙུན་ མ་ཅིག་གི་གདུང་སྐལ་ལ་ཨ་རང་བྱོན་ཅིག་བྱུང་། འདིའི་གདུང་རུས་ལ་བྱོན་པའི་རིང་བསྲེལ་ གདུང་རུས་ལ་འབྱར་བ་ཁོ་བོས་ཀྱང་མཐོང་བས་ངོ་མཚར་བར་རྟོགས་ནས་དག་པ་ཕུལ་བ་ ཡིན་ནོ། །གཞན་ཡང་སོ་སོའི་གདུང་སྐལ་ལ་རིང་བསྲེལ་ཁྱད་པར་ཅན་མང་དུ་བྱོན་ནོ། །ཡང་ ཚོགས་པ་ལ་འཁྱེར་བའི་གདུང་རུས་གཟིམས་ཁང་དུ་བཞག་ཡོད་པ་ལ་འོད་གུར་གྱི་རྣམ་པ་ ཞིག་འདྲ་བར་འདུག་པ། འདུལ་བའི་སྟེ་སྣོད་འཛིན་པ་སློབ་དཔོན་དཔལ་བརྩོན་ཞེས་བྱ་བས་ མཐོང་ཞིང་། དགེ་བཤེས་གྲགས་བཟང་ལ་སོགས་པ་གྲོགས་འགའ་ཡང་སྦྲན་ནས་བསྟན་ པས་ཐམས་ཅད་ཀྱི་འཐུན་སྣང་དུ་མཐོང་ངོ་། ། གདུང་ཞལ་ཕྱེ་དུས་སྐུ་དང་ཡིག་འབྲུ་དང་། །རིང་བསྲེལ་ངོ་མཚར་ཆེ་ལྡན་མང་དུ་བྱོན། །དེས་ཀྱང་འགྲོ་བའི་བསོད་ནམས་སྤེལ་བར་མཛད། །སྐྱེ་དགུའི་འདྲེན་མཆོག་ཁྱོད་ལ་ཕྱག་ འཚལ་ལོ། ། དེ་ནས་མཁན་ཆེན་ཡོན་རྒྱལ་བས། བདེ་བར་གཤེགས་པའི་ཐུགས་དགོངས་རྫོགས་ པར་བྱ་བའི་ཐབས་ནང་རྟེན་གསེར་སྐུ་ཆེན་པོ་བཞེངས་ཤིང་། རི་ཁྲོད་ཀྱི་གདན་སར་དབོན་ 1-1-439 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ཞང་སྟོན་བསོད་ནམས་གྲགས་པའི་གསུང་འབུམ། ༼པོད་དང་པོའོ། །༽ པོ་རྒྱལ་མཚན་དཔལ་བསྐོས་ནས། རི་ཁྲོད་དུ་བཞུགས་པ་རྣམས་ཀྱིས་ཀྱང་། ནང་རྟེན་དུ་ གསེར་སྐུ་བཞེངས་ནས། གསོལ་བ་བཏབ་སྟེ་རྗེས་ཀྱི་འཕྲིན་ལས་ཀྱང་རྨད་དུ་བྱུང་བ་ཡིན་ནོ། །ཉིད་ཀྱི་རྒྱལ་ཚབ་ཡོན་ཏན་མཚན་ཅན་གྱིས། །ཉིད་ཀྱི་ཐུགས་དགོངས་རྣམ་དག་རྫོགས་བྱའི་ ཕྱིར། །ངེད་ཀྱི་སྐུ་ཚབ་རྟེན་གསུམ་རྨད་བྱུང་བཞེངས། །ཉིད་ཀྱི་འཕྲིན་ལས་ངོ་མཚར་ཕྱག་ འཚལ་ལོ། ། དེ་ལྟར་སྐྱེས་བུ་དམ་པ་འདི་ནི་རྒྱལ་བ་ཀུན་དང་དབྱེར་མི་ཕྱེད་པ་ཡིན་པས། རྣམ་པར་ ཐར་པ་དཔག་པར་དཀར་ནའང་། མཁན་ཆེན་རིན་པོ་ཆེ་དེ་ཉིད་ཀྱི་དབོན་པོ་སྡེ་སྣོད་འཛིན་ པ་ཆོས་དྲུག་དཔལ་བཟང་པོས། རྣམ་ཐར་གྱི་བརྗེད་བྱང་གཏད་ནས་ཡང་ཡང་དུ་བསྐུལ་ཏེ། ཞང་སྟོན་མཁས་པ་ཆེན་པོ་བསོད་ནམས་གྲགས་ཀྱིས། མཆོད་གནས་བདེ་ཆེན་དཔལ་སྡིངས་ སུ་སྦྱར་བའོ། ། ཁྱེད་ནི་རྒྱལ་བ་ཀུན་ཡིན་རྒྱལ་བ་ཀུན། །ཁྱེད་ཡིན་དེ་ཕྱིར་ཁྱེད་ཀྱིས་མཛད་པ་ལ། །དཔག་པར་དཀའ་མོད་འོན་ཀྱང་གདུལ་བྱ་ཡི། །དད་པ་སྤེལ་ཕྱིར་རྣམ་ཐར་མདོར་བསྡུས་ བཀོད། །དགེ་བས་མཁའ་ཁྱབ་འགྲོ་བ་མ་ལུས་པ། །དགེ་བའི་བཤེས་མཆོག་ཁྱེད་འདྲའི་རྗེས་ བཟུང་ནས། །སྒྲིབ་གཉིས་སྤངས་ཤིང་ཚོགས་གཉིས་རྫོགས་བྱས་ཏེ། སྐུ་གཉིས་ཐོབ་ནས་ དོན་གཉིས་མཐར་ཕྱིན་ཤོག །མངྒ་ལཾ། ཞུས་དག་བྱས་པ་དགེ་ལེགས། མ་ཡིག་༼ཕྱི་ར་༦༤༽གཅིག་པུའོ།། 1-1-440 ༄༅། །ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ་འཆི་བསླུའི་ ཆོ་ག་བཞུགས་སོ། ། ༄༅། །ན་མོ་གུ་རུ་ཝཻ། སངས་རྒྱས་ཚེ་དཔག་མེད་དང༌། འཆི་བདག་འཇོམས་པའི་ ཕྱག་རྡོར་ལ། །བཏུད་ནས་དེ་གཉིས་དཀྱིལ་འཁོལ་ལ། །བརྟེན་པའི་འཆི་བསླུའི་ཆོ་ག་བྲི། །དེ་ཡང་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྟོག་པར་གསུངས་པའི་ཕྱག་ན་རྡོ་རྗེ་འཆི་ བདག་འཇོམས་པའམ། ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་གང་རུང་དུ། དབང་ཐོབ་ ཅིང་བསྙེན་པ་སོང་བའི་སྔགས་པས་གཞན་གྱི་འཆི་བ་བསླུ་བར་འདོད་ན། དཀྱིལ་འཁོར་ གྱི་ཆོ་ག་ཚུལ་བཞིན་དུ་བྱ་སྟེ། སློབ་མ་དབང་བསྐུར་ཟིན་ནས། འཆི་བསླུའི་རྫས་ལ། འབྱིན་ པ་ནག་པོ་ལ་གཤིན་རྗེའི་གཟུགས་དཔངས་མཐོ་གང་པ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ དབྱུག་ཐོ་དང་གཡོན་ཞགས་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཞབས་གཡོན་པ་ཅུང་ཟད་ བརྐྱང་བའི་རོལ་པའི་འདུག་སྟངས་ཅན་གཅིག་བྱས་ལ། ཟངས་གཞོང་ལ་སོགས་པ་སྣོད་ ཆེ་བ་གཅིག་ཏུ་བཞག ཡང་སྣོད་གཞན་དག་ཏུ་ཟན་ལ་བྱས་པའི་གླང་པོ་ཆེ་དང༌། རྟ་དང་ཁྱུ་ མཆོག་གི་གཟུགས་དང༌། གསེར་དངུལ་ལ་སོགས་པའི་རིན་པོ་ཆེའི་སྣ་རས་གདེག་ཏུ་རུང་ བ་དང༌། ཁྲབ་བྱང་དང་ཟངས་ལྕགས་དང༌། སྟག་གཟིག་ལ་སོགས་པའི་རས་མ་དང༌། བྲེས་ གཞལ་བར་རུང་བའི་འབྲུ་དང༌། སྒྲུབ་བྱའི་གོས་དང༌། གཞན་དར་ཟབ་རས་སྣམ་ལ་སོགས་ པ་དང༌། ཟན་དང་ཤ་དང་མར་དུམ་བུ་མང་པོར་བྱས་པ་རྣམས་བཤམས། དེ་ནས་རང་ངམ། 1-1-441 རང་གི་གྲོགས་ཀྱིས་ཚེ་དཔག་མེད་ཀྱི་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་བརྒྱ་རྩ་བརྒྱད་ལ་ སོགས་པ་ཅི་གྲུབ་ཅིག་བཟླས། དཀོན་མཆོག་ལ་མཆོད་པ་དང༌། མཆོད་རྟེན་གདབ་པ་དང༌། དགེ་འདུན་གྱི་བསྙེན་བཀུར་ལ་སོགས་པ་བསོད་ནམས་ཅི་གྲུབ་བསག སེམས་ཅན་འཆི་ངེས་ པ་གཅིག་ལ་སོགས་པའི་སྲོག་བསླུ་སྟེ། དེ་རྣམས་ནི་ཚེ་དང་བསོད་ནམས་དང༌། ལས་ཟད་ པས་འཆི་བ་གསུམ་གྱི་གཉེན་པོ་ཡིན་ནོ། །དེ་ནས་རང་ཉིད་ལྷའི་ང་རྒྱལ་བརྟན་པོ་ལ་གནས་ ནས། སངས་རྒྱས་ལ་སོགས་པའི་བདེན་པ་བརྗོད་པའི་མཐར། བདག་གིས་ཆེ་གེ་མོའི་དོན་དུ་ ཚེ་བསྲིང་བའི་རིགས་པ་བཟླས་པ་དང༌། བསོད་ནམས་སོག་བྱ་བ་བྱས་པ་དང༌། ལས་བཟང་ པོ་བསགས་པ་འདི་དག་གི་མཐུ་ལ་བརྟེན་ནས། ཆེ་གེ་མོའི་ཚེ་སྲོག་གི་བར་དུ་གཅོད་པ་དང༌། འཆི་བདག་གི་འཇིག་པ་ཐམས་ཅད་ཞི་བར་གྱུར་ཅིག ཅེས་ལན་གསུམ་བརྗོད། རྫས་རྣམས་ རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་བསང༌། སྭཱ་བྷ་ཝས་སྟོང་པར་བསམ། ནམ་མཁའ་མཛོད་ཀྱི་ སྔགས་དང་ཕྱག་རྒྱས་འདོད་དགུ་འབྱུང་བ་མི་ཟད་པའི་གཏེར་ཆེན་པོར་བྱིན་གྱིས་བརླབས། རང་གི་སྙིང་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་འཁོར་ དང་བཅས་པ་སྤྱན་དྲངས་པར་བསམ་ཞིང༌། འདོད་པའི་རྒྱལ་པོའི་ཕྱག་རྒྱ་བྱས་ལ། སངས་ རྒྱས་ལ་སོགས་པའི་བདེན་པ་བརྗོད་པའི་མཐར། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་འཁོར་དང་ བཅས་པ་རྣམས། ཆེ་གེ་མོའི་ཚེ་སྲོག་གི་གླུད་བཞེས་པའི་ཕྱིར། གནས་འདིར་འབྱོན་པར་གྱུར་ ཅིག ཅེས་ལན་གསུམ་བརྗོད། རྡོ་རྗེ་དྲིལ་བུ་འཛིན་པས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ ནས། །སྲོག་ལ་རྔམ་པ་གཤིན་རྗེའི་ཚོགས། །སྦྱིན་བདག་ཚེ་སྲོག་གླུད་འབུལ་ཕྱིར། །གནས་ འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཡ་མ་རཱ་ཛ་ས་པ་རི་ཝ་ར་ཨེ་ཧྱེ་ཧི་ཞེས་པས་སྤྱན་ དྲངས། པདྨ་ཀ་མ་ལ་ཡ་སྟྭམ་ཞེས་པས་གདན་དབུལ། ལག་པ་གཉིས་ཁུ་ཚུར་བཅས་ཏེ་གུང་ མོ་དབྱུག་པ་ལྟར་བསྒྲེང་བ་གཡོན་སྙིང་ཀར་བཟུང་ཞིང་གཡས་འཕྱར་ཐབས་སུ་བྱས་ལ། ཡ་ 1-1-442 མ་རཱ་ཛ་ས་མ་ཡ་སྟྭམ། ཞེས་པས་དམ་ལ་བཞག ཡ་མ་རཱ་ཛ་ས་པ་རི་ཝ་ར་སྔོན་དུ་སྦྱར་བའི་ ཨརྒྷཾ་པྲ་ཏིཙྪ་སྭཱཧཱ་ལ་སོགས་པས་མཆོད། གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོ་རྒྱལ་པོ་ གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་སྦྱིན་བསྟོད་དེ་ཕྱག་ཀྱང་ འཚལ། །ཞེས་པས་བསྟོད། དེ་ནས་གླང་པོའི་གཟུགས་ལ་སོགས་པ་རེ་རེ་ལའང༌། དེ་དང་ དེ་གཅིག་གཉིས་བཅུའི་བར་དུ་དང༌། ཉི་ཤུ་ཐབས་[ཐམ]པ་ནས་བརྒྱའི་བར་དུ་དང༌། བརྒྱ་ ཕྲག་གཉིས་ནས་སྟོང་ཐབས་[ཐམ]པའི་བར་དུ་དང༌། སྟོང་ཕྲག་གཉིས་ནས་ཁྲི་ཕྲག་གཅིག་ གི་བར་དུ་དང༌། ཁྲི་ཕྲག་གཉིས་ནས་འབུམ་ཕྲག་གཅིག་སོང་ངོ༌། ཞེས་གྲངས་བགྲང་ཞིང༌། གཤིན་རྗེའི་གཟུགས་བཞག་པའི་སྣོད་དེར་བཅུག སླར་ཡང་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་ པས། ཉོན་ཅིག་འཆི་བདག་གཤིན་རྗེའ་[རྗེའི]ཚོགས། །མཁའ་ལ་མི་བརྟེན་འབྱུང་བ་དང༌། །དབྱིངས་ལ་མི་གནས་ཆོས་མེད་ལྟར། །སངས་རྒྱས་བཀའ་ལ་མི་ཉན་སུ། །ང་ནི་སངས་རྒྱས་ ཚེ་དཔག་མེད། །བསོད་ནམས་ཡེ་ཤེས་དཔག་མེད་ཡིན། །སངས་རྒྱས་བདེན་པའི་བཀའ་ལ་ ཉོན། །སྔགས་འཆང་བདག་གི་ངག་མ་བཅག །སྦྱིན་བདག་མཆོད་པ་ཆུད་མ་བསན[གསན]། །དམ་ཚིག་དག་ལ་གནས་པར་མཛོད། །ཁྱེད་ལ་སྦྱིན་བདག་ཆེ་གེ་མོའི། །ཚེ་དང་སྲོག་གི་ ཚབ་དང་གླུད། །གླང་ཆེན་རྟ་དང་ཁྱུ་མཆོག་དང༌། །གསེར་སོགས་རིན་ཆེན་འབུམ་ཕྲག་ དང༌། །རིན་ཆེན་སྨོས་པ་གོ་མཚོན་དང༌། །ཟངས་དང་ལྕགས་ལ་སོགས་པའི་སྣོད། །འབྲུ་དང་ གོས་དང་བཟའ་བ་འབུལ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །མི་ཟད་གཏེར་དུ་བྱིན་ བརླབས་ནས། །འཕངས་པ་མེད་པར་བདག་འབུལ་གྱིས། །བྱམས་པའི་ཡིད་ཀྱིས་བཞེས་ ནས་ཀྱང༌། །སྦྱིན་བདག་གླུད་དུ་རྫས་ཁྱེར་ལ། །འདི་ཡི་ཚེ་བསྲིངས་སྲོག་མ་བཅད། །བསོད་ ནམས་དབང་ཕྱུག་སྤེལ་དུ་གསོལ། །འདི་ཡི་ནད་དང་གནོད་པའི་གདོན། །དེ་དག་ཐམས་ཅད་ ཞི་བར་མཛོད། །གལ་ཏེ་འདི་ཡི་ཚེ་ཟད་དམ། །ལས་དང་བསོད་ནམས་ཟད་ན་ཡང༌། །རིགས་ 1-1-443 སྔགས་མཐུ་ཆེན་བརྗོད་པ་འདིས། །ལོ་བརྒྱ་ཐུབ་པར་ཚེ་བསྲིངས་ཅིག །བསོད་ནམས་སྟོབས་ ཆེན་འདི་ཡི་མཐུས། །ལས་བཟང་བསོད་ནམས་འཕེལ་བར་མཛོད། །འདི་ནི་སངས་རྒྱས་ བསྟན་པ་ལ། །དད་པས་ཚེ་དཔག་མེད་པ་ཡི། །དཀྱིལ་འཁོར་ཞུགས་ཤིང་དབང་བླངས་ པས། །སངས་རྒྱས་འཁོར་དུ་རྟོགས་པ་ཡིན། །ཁྱེད་ནི་རྒྱལ་བའི་སྤྱན་མངའ་རུ། །བསྟན་པ་ བསྲུང་བར་དམ་བཅས་པའི། །ཆོས་སྐྱོང་ཆོས་ཀྱི་རྒྱལ་པོ་ལགས། །དེ་ཕྱིར་རྒྱལ་བའི་འཁོར་ བསྲུངས་ཤིག །ཅེས་བརྗོད། ཡང་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་ཡིན་ན། ང་ནི་ཕྱག་ན་རྡོ་རྗེ་ ཡིན། །བསོད་ནམས་ཡེ་ཤེས་ཚེ་དཔག་མེད། །ཅེས་དང༌། འདི་ནི་ཕྱག་ན་རྡོ་རྗེ་ཡི། །དཀྱིལ་འཁོར་ཞུགས་ཤིང་ཅེས་འདོན་པ་བསྒྱུར། །ཡ་མ་རཱ་ ཛ་ས་པ་རི་ཝ་གཙྪ་ཞེས་བརྗོད་ཅིང་སྔར་གྱི་དམ་ཚིག་གི་ཕྱག་རྒྱ་བཤིག་ལ་སེ་གོལ་གདབ་ ཅིང་གཤིན་རྗེའི་གཟུཊ་ཀྱི་ཁ་ཕྱིར་བསྒྱུར། །ཡས་རྣམས་ཁྱེར་ལ་ལྷོ་ཕྱོགས་ཀྱི་ལམ་པོ་ཆེ་ལ་ སོགས་པར་རོལ་མོ་དང་བཅས་པས་བསྐྱལ། ཡི་དགས་གདུག་པ་ཅན་འགའ་ཞིག་སྡད་ནས་ གནོད་པ་སྲིད་པས། ཁྲོ་བོའི་སྔགས་དྲག་ཏུ་བརྗོད་ཅིང་དམིགས་པས་བསྐྲད་དོ། །དེ་ནས་ སྦྱིན་བདག་ལ་བཀྲ་ཤིས་རྒྱས་པར་བརྗོད་ལ། དཀྱིལ་འཁོར་གྱི་མཇུག་ཆོག་རྣམས་བྱ་ཞིང༌། བདག་ཉིད་བསྲུང་བ་ལ་ནན་ཆེར་བྱའོ། །དེ་ལྟ་བུའི་ཆོ་གས་ནི་དབང་དང་རིགས་པ་ལ་སོགས་ པའི་མཐུས་འཆི་བ་གླུས་པར་གདོན་མི་ཟའོ། །འཆི་བདག་འཇོམས་པའི་དཀྱིལ་འཁོར་ཆོ་ག་ ལ། །རྟེན་ནས་འཆི་བདག་ཞི་བར་བྱེད་པའི་ཐབས། །འདི་ནི་ལུང་དང་རིག་པས་རབ་དཔྱད་ ནས། །ཞང་སྟོན་རྒྱ་བོས་དཔལ་སྡིངས་དགོན་པར་སྦྱར། །དགེ་བས་འགྲོ་ཀུན་འཆི་བདག་ བདུད་ལ་སོགས། །བདུད་བཞི་བཅོམ་ཞིང་དབང་ཕྱུག་ལ་སོགས་པའི། །ཡོན་ཏན་དྲུག་ལྡན་ སྐྱེ་འཆི་མི་མངའ་བ། །སངས་རྒྱས་ས་ལ་མྱུར་དུ་འཁོད་པར་ཤོག། །། 1-1-444 ༄༅། །རྡོ་རྗེ་འཇིགས་བྱེད་ཀྱི་དྲུག་ཅུ་པའི་གཏོར་ཆོག་བཞུགས་སོ།། དགེ་ལེགས་འཕེལ་ལགས། ༄༅། །ན་མཿཤྲི་བཛྲ་བྷཻ ་ར་ཝ་ཡ། རྡོ་རྗེར་ཤུགས་ཅན་འཇིགས་བྱེད་པའི། །གཤིན་རྗེ་ གཤེད་པོ་བགེགས་ཀྱིས་རྒྱལ། །རྡོ་རྗེར་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་ལ་ ཕྱག་འཚལ་ལོ། །སངས་རྒྱས་བསྟན་པ་སྲུང་བ་དང་། །ཆོས་ལྡན་སྐྱེ་བོ་སྐྱང་བ་དང་། །གདུག་ པ་ཅན་རྣམས་ཟློག་པའི་ཕྱིར། །དྲག་པོའི་གཏོར་ཆོག་བཤད་པར་བྱ། ། ༈ འདིར་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་། དམ་ཚིག་ ལ་གནས་ཞིང་བསྙེན་པ་སྔོན་དུ་སོང་བའི་སྔགས་པས། གཏོར་མ་དྲུག་ཅུ་རྩ་བཞི་པ་གཏོང་ བར་འདོད་ན། དང་པོར་རོ་སོལ་དང་དུག་ཁྲག་གིས་བྱུགས་པའི་མཎྜལ་ལ། རྩེ་མོ་ལྷོར་བསྟན་ པའི་ཚངས་ཐིག་བཏབ་པའི་དབུས་ནས། སྲད་བུ་ཁྲུ་གང་པ་ལ་སོགས་པས་བསྐོར་ཐིག་བྱས་ ཏེ། ཚངས་ཐིག་གི་རྩེ་མོ་ནས་ཟླུམ་ཐིག་སྟེང་ཆ་གསུམ་དུ་བགོས་པའི་མཚན་མ་བྱས་ནས། རྩེ་ མོ་ལྷོར་བསྟན་པའི་གྲུ་གསུམ་དུ་ཐིག་རིམ་པ་གཉིས་བཏབ་པའི་ཕྱི་མ་ལ་མེ་འབར་བཞིན་པ། རྩེ་མོ་ཆོས་འབྱུང་གི་རྩེ་མོ་ལ་འགྲོ་བ་འབྲིའོ། །དེའི་གྲུ་གསུམ་ནང་མ་མན་ཆད་རོ་སོལ་གྱི་ནག་ པོར་བྱ། གྲུ་གསུམ་གཉིས་ཀྱིས་བར་དེ་སྔོ་ནག་གང་རུང་དང་། མེ་དམར་པོ་བྱའོ། །དེའི་ནང་ དུ་པདྨའི་ལྟེ་བ་དང་། འདབ་མ་བརྒྱད་དང་། སྟེང་འོག་ཏུ་མེ་ཏོག་ནག་པོའི་ཚོམ་བུ་བཅུ་གཅིག་ 1-1-445 བཀོད། གཡས་སུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་བཤམ་མོ། །དེ་ནས་གཏོར་མ་ནི་ཞག་ དྲུག་ཅུ་པའི་འབྲས་ཟན་ནམ། བྲ་བོ་ལས་སོགས་པའི་མྱུར་དུ་སྨིན་པའི་འབྲས་བུའི་ཟན་ནམ། འབྲུ་གཞན་གྱིས་ཡང་རུང་སྟེ། ཟན་གྲུ་གསུམ་མཉམ་པོ་དྲུག་ཅུ་རྩ་བཞི་བྱས་ལ། ལྕགས་ཀྱི་ སྣོད་དུ་ཕྱི་ལྕགས་ཁང་ཟུར་དགུ་པའི་རྣམ་པ་ལ། ནང་ཆོས་འབྱུང་གྲུ་གསུམ་དུ་འབྱུང་བར་ རྩིགས། ཁྲག་སྣ། ཡུངས་དཀར། དུག་སྣ་དང་། བ་དན་ནག་པོས་བརྒྱན་ཏེ། མཎྜལ་གྱི་བྱང་ དུ། གཏོར་མའི་ཆོས་འབྱུང་གི་རྩེ་མོ་ལྷོར་བསྟན་ཏེ་བཞག་ནས། ལས་ཀྱི་གཤིན་རྗེའི་གཏོར་ མ་གྲུ་གསུམ་གཅིག་ཀྱང་དེའི་དྲུང་ངམ། མཎྜལ་གྱི་རྩེར་བཤམ། ལིང་ག་གཅིག་གམ་དྲུག་ཅུ་ རྩ་བཞི་ཡང་བཤམ་མོ། །དེ་ནས་སྔགས་པས་གོས་ནག་པོ་གོན་ཏེ། སྐྲའམ་སྐྲ་སྙན་ལ་ཐོར་ ཅོག་བྱ། རོ་སོལ་གྱིས་གདོང་བྱུག ཁྲག་གི་ཐིག་ལེ་དང་། ཞག་གི་ཟོ་རིས་དང་། ཐལ་ཆེན་གྱི་ ཚོམ་བུ་དང་། རུས་པའི་རྒྱན་གྱིས་བརྒྱན་ལ། དྲག་པོའི་ཆས་སུ་ཞུགས་ནས་ཁ་ལྷོར་བསྟན་ཏེ། སྟན་ལ་ཅི་བདེ་བར་འདུག་ནས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ། བྱང་ཆུབ་ ཀྱི་སེམས་ནན་ཆེར་བསྒོམས་ནས། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནས། བཟླས་པའི་བར་ བདག་བསྐྱེད་སྒྲུབ་ཐབས་ལྟར་བསྒོམ། མཆོད་པ་བྱིན་གྱིས་རླབས། མདུན་གྱི་མཎྜལ་ཡང་ སྙིང་གིས། སྭ་བྷ་ཝས་སྟོང་པར་སྦྱངས་པའི་ངང་ལས། མདུན་གྱི་ནམ་མཁར་ཆོས་འབྱུང་གྲུ་ གསུམ་མཐིང་ནག་འབར་བ་དང་བཅས་པའི་དབུས་སུ། པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་ བར་ཉི་མའི་དཀྱིལ་འཁོར་ལ་མ་ཧེ་ཁྲོས་པའི་སྟེང་དུ། ཧཱུཾ་མཐིང་ནག་ལས་འོད་འཕྲོས། སེམས་ ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད། ཚུར་འདུས་ཞུ་བ་ལས་བཅོམ་ལྡན་འདས་རྡོ་རྗེ་ འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་མ་ཧེ་ཁྲོས་པའི་གདོང་པ་ཅན། སྤྱན་གསུམ་པ། ཕྱག་ གཉིས་ཀྱི་གཡས་པ་གྲི ་ཁུག་དང་། གཡོན་པ་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ལིང་ག་གྱེན་དུ་ལངས་པ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པར་བསམ་མོ། །ཡང་ན་པད་ཉིའི་ 1-1-446 སྟེང་དེར་རྒྱུ་རྡོ་རྗེར་འཛིན་པ་ལས། ཞལ་དགུ་པ་སྒྲུབ་ཐབས་ལྟར་བསྐྱེད་ཀྱང་རུང་སྟེ། གང་ བསྐྱེད་པ་དེའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས། བགེགས་ཀྱི་ གཙོ་བོ་ཕྱོགས་སྐྱོང་བཅུ་བཀུག་པར་བསམ་ཞིང་། ༀ་ཧྲཱིཿཥྚི ཿཝི་ཀྲི ་ཏཱ་ན་ན་ཧཱུཾ་ཕཊ་ཕཊ། དུཥྚ་ ཨིནྡྲ་ས་པ་རི་ཝ་ར་ཨ་ཀར་ཥ་ཡ་ཛཿ དེ་བཞིན་དུ་ཨིནྡྲའི་དོད་ལ། ཡ་མ་ཡེ། ཝཱ་རུ་ཎ་ཡེ། ཀུ་བཱཻ་ ར། ཨི་ཤ་ན། ཨག་ནེ། ནི་རི་ཏ། བ་ཡ་བྱ། བྲ་ཧྨ། བ་སུན་དྷ་རི་རྣམས་སྦྱར་ཏེ་བརྗོད་པས་ ཤར་དུ་བརྒྱ་བྱིན་སེར་པོ་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་འཛིན་པ། ལྷོར་གཤིན་རྗེ་སྔོན་པོ་མ་ཧེ་ལ་ ཞོན་ཏེ་བེ་ཅོན་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་ཏེ་སྦྲུལ་ཞགས་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་རྟ་ལ་ཞོན་ཏེ་དབྱུག་པ་འཛིན་པ། བྱང་ཤར་དུ་དབང་ལྡན་དཀར་པོ་ གླང་ལ་ཞོན་ཏེ་རྩེ་གསུམ་འཛིན་པ། ཤར་ལྷོོར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་ཏེ་རིལ་བ་ འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་དུད་ཁ་རོ་ལངས་ལ་ཞོན་ཏེ་རལ་གྲི ་འཛིན་པ། ནུབ་བྱང་དུ་རླུང་ ལྷ་ལྗང་ཁུ་ཤ་བ་ལ་ཞོན་ཏེ་བ་དན་འཛིན་པ། སྟེང་དུ་ཚངས་པ་སེར་པོ་བྱ་ངང་པ་ལ་ཞོན་ཏེ་ འཁོར་ལོ་འཛིན་པ། འོག་ཏུ་སའི་ལྷ་མོ་སེར་མོ་ཕག་ལ་ཞོན་ཏེ་བུམ་པ་འཛིན་པ་རྣམས་བཀུག་ སྟེ་འདུག་པར་བསམ། ཡང་གཙོ་བོའི་ཐུགས་ཀ་ནས་ཁྲོ་བོ་རྡོ་རྗེ་ཕུར་བུ་དང་། རྡོ་རྗེ་ཐོ་བ་ ཐོགས་པ་རྣམས་སྤྲོས་ཏེ། ཐམས་ཅད་ཀྱི་མགོ་བོ་ཕུར་བུས་བཏབ་ཞིང་ཐོ་བས་བརྡུངས་པར་ བསམས་ལ། ༀ་ཧྲཱིཿཥྚི ཿཝཱི ་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། དུཥྚ་ཨིནྡྲ་ས་པ་རི་ཝ་རི་ཀི་ལ་ཡ་ཧཱུཾ་ཕཊ། དེ་ བཞིན་དུ་སུན་དྷ་རའི་བར་ལ་སྦྱར་སྟེ་བརྗོད་པས། ཕྱོགས་སྐྱོང་བཅུ་པོ་རྡོ་རྗེ་འཇིགས་བྱེད་ ཞལ་གཅིག་ཕྱ་གཉིས་པ། གྲི ་ཁུག་དང་ཐོད་པ་ཁྲག་བཀང་འཛིན་པ། མ་ཧེའི་གདོང་པ་ཅན་རེ་ རེར་འགྱུར་པར་བསམ་མོ། །དེའི་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ། ཐུགས་ ཀའི་ཧཱུཾ་ལས་འོད་འཕྲོས་པས་ཡེ་ཤེས་པ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་པ་ལ་ མཆོད་ཅིང་བསྟོད་ནས། དབང་བསྐུར་བར་གསོལ་བ་བཏབ་པས། རིགས་ལྔས་དབང་བསྐུར་ 1-1-447 ཏེ། གཙོ་བོ་ལ་མི་བསྐྱོད་པ་དང་། འཁོར་བཅུ་ལ་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པ་རེས་དབུ་ བརྒྱན་པར་བསམ་ལ། སྒྲུབ་ཐབས་དང་འོག་ནས་འབྱུང་བ་གང་ཡང་རུང་བའི་ཕྱིའི་མཆོད་པ་ དང་། ནང་མཆོད་དང་གསང་མཆོད་འབུལ། བསྟོད་པ་བྱའོ། །དེ་ནས་གཏོར་མ་ལ་ནང་མཆོད་ གཏོར་ཞིང་། ༀ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་པ་གསུམ་མམ་བདུན་གྱིས་བསངས། ༀ་ཀ་ལ་རཱུ་པ་སརྦ་ སཏྭ་ད་མ་ཀ་མ་ཧཱ་བྷུ་ཏ་དྷི་པ་ཏ་ཡེ། ཨི་མཾ་བྷ་ལ ་གྲི ཧྣ་གྲི ཧྣ་ཧབ་བྱ་ཀབ་བྱ་ཨ་པ་ན་ཡ་སྭཱཧཱ། ཞེས་ལན་གསུམ་མམ་བདུན་གྱིས་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་སོ། །དེ་ནས་ བདག་བསྐྱེད་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ་ཐོགས་པ་མྱུར་དུ་ བགྲོད་པ་དུ་མ་སྤྲོས་ཏེ། དགྲ་བགེགས་ཀྱི་བསམ་པ་ངན་པ་ཐམས་ཅད་བཀུག་ནས། ལིང་ག་ ལ་བསྟིམ་པར་བསམ་ཞིང་། ཁྲོ་བོའི་ང་རྒྱལ་དང་ཏིང་ངེ་འཛིན་བརྟན་པོས་ཤིན་ཏུ་འཇིགས་ པའི་ང་རོ་དང་བཅས་པས་ཁྲོ་བོའི་ཕོ་ཉ་བསྐུལ་བར་བྱ་སྟེ། ཧཱུཾ་ཛཿའཇམ་དཔལ་ཁྲོས་པས་ གཤིན་རྗེ་གཤེད། །དཔལ་ཆེན་རྔམ་པའི་དཀྱིལ་འཁོར་ནས། །ཁྲོ་བོ་ཕོ་ཉ་བྲན་གྱི་ཚོགས། །ཧཱུཾ་ཛ་བཀའ་བཞིན་སྤྲོས་ནས་ནི། །དུས་གསུམ་གཏོགས་པའི་གདོན་རྣམས་དང་། །མ་རིག་ མུན་པའི་བགེགས་རྣམས་དང་། །ལས་དང་ཉོན་མོངས་བདུད་ཀྱི་ཚོགས། །མྱུར་དུ་ཁུག་ལ་ གཟུགས་ལ་སྟིམ། །ཕྱོགས་བཅུ་འབྱུང་པོའི་དཀྱིལ་འཁོར་དང་། །ཁམས་གསུམ་སྒོ་གསུམ་ ཕུང་པོའི་ཁམས། །སྐྱེ་མཆེད་ལས་དབང་ཡུལ་དང་བཅས། །དེ་ལས་གཞན་ན་གནས་ཀྱང་ རུང་། །སངས་རྒྱས་བསྟན་ལ་གནོད་བྱེད་དང་། །འགྲོ་མངས་འཚེ་དང་བདག་ཅག་ལ། །སྡང་ པའི་དགྲ་དང་གནོད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རྡོ་རྗེ་ལྕགས་ ཀྱུའི་ཚོགས་སྤྲོས་ནས། །མྱུར་ཞིང་ཤིན་ཏུ་མྱུར་བར་ནི། །ཁུག་ཅིག་བཛྲ་ཨཾ་གུ་ཤ། །མགྱོགས་ པར་ཁུག་ལ་གཟུགས་ལ་སྟིམ། །རྡོ་རྗེ་ཞགས་པའི་ཚོགས་སྤྲོས་ནས། །ཆིངས་ཅིག་བཛྲ་པ་ཤ་ ཧཱུཾ། །རྡོ་རྗེ་ལྕགས་སྒྲོག་ཚོགས་སྤྲོས་ནས། །སྡོམ་ཅིག་བཛྲ་སྤོ་ཊ་བཾ། །རྡོ་རྗེ་དྲིལ་བུའི་ཚོགས་ 1-1-448 སྤྲོས་ནས། །ཕོབ་ཅིག་བཛྭ་ཨ་ཝེ་ཤ། ཁྲོ་བོ་རྡོ་རྗེའི་ཚོགས་སྤྲོས་ནས། །ཕྱེ་མར་གྱིས་ཅིག་བཛྲ་ ཕཊ། །རྡོ་རྗེ་རལ་གྲི འི་ཚོགས་སྤྲོས་ནས། །ངེས་པར་ཆོད་ཅིག་ཁཊ་ག་ན། །རྡོ་རྗེ་རྩེ་གསུམ་ ཚོགས་སྤྲོས་ནས། །ཕྱེ་ཅིག་བཛྲ་ཏྲི་ཤུ་ལ། །རྡོ་རྗེ་གྲི ་ཁུག་ཚོགས་སྤྲོས་ནས། །བསྣུན་ཅིག་བཛྲ་ ཀརྟ་རི། །རྡོ་རྗེ་མདའ་ཡི་ཚོགས་སྤྲོས་ནས། །རྒྱོབ་ཅིག་བཛྲ་བཱེ་ཎ་ན། །རྡོ་རྗེར་ཕུར་པའི་ ཚོགས་སྤྲོས་ནས། །ཐོབ་ཅིག་བཛྲ་ཀི་ལ་ཡཱ། །རྡོ་རྗེ་ཐོ་བའི་ཚོགས་སྤྲོས་ནས། །བརྡུངས་ཅིག་ བཛྲ་མུད་ག་ཊེ། །རྡོ་རྗེ་འཁོར་ལོའི་ཚོགས་སྤྲོས་ནས། །ཆོད་ཅིག་བཛྲ་ཙཀྲ་ཎ། །རྡོ་རྗེ་མདུང་ གིས་ཚོགས་སྤྲོས་ནས། །ཚབས་ཆེར་ཕུག་ཅིག་ཀུན་དྷེ་ཎ། །རྡོ་རྗེ་དབྱུག་པའི་ཚོགས་སྤྲོས་ ནས། །རྒྱོབ་ཅིག་བཛྲ་དཎ་ཌེ་ན། །རྡོ་རྗེ་དགྲ་སྟའི་ཚོགས་སྤྲོས་ནས། །ཆོད་ཅིག་བཛྲ་པར་ཤུ་ ལ། །དུམ་བུ་མང་པོར་བྱས་ནས་ནི། །འབྱུང་པོ་རྣམས་ཀྱི་གཏོར་མ་མཛོད། །ཁྲོ་བོ་བྲན་གཡོག་ ཕོ་ཉ་དང་། །མཁའ་འགྲོ་རྣམས་ཀྱིས་ཞལ་དུ་གསོལ། །ཞེས་བརྗོད་དོ། །དེ་ལྟར་བཀུག་ཅིང་ སྟིམ་པས་ལིང་ག་དང་། གཏོར་མ་ཐམས་ཅད་གནོད་བྱེད་ཀྱི་བསམ་ངན་ལས་གྱུར་པའི་ བདུད་རྩིའི་རྒྱ་མཚོར་བསམ་སྟེ། བཅོམ་ལྡན་འདས་འཁོར་དང་བཅས་པས་གྲི ་ཁུག་གིས་ གཏུབས་ཤིང་ཐོད་པར་བཅུས་ནས་གསོལ་བར་དམིགས་ལ། ༀ་ཀ་ལ་རཱུ་པ་སརྦ་སཏྭ་ད་མ་ ཀ་མ་ཧཱ་བྷུ་ཏ་དྷི་ཏ་པ་ཡེ། ཨེ་དམ་བྷ་ལིང་གྲི ཧྣ་གྲི ཧྣ། གྲི ཧྣ་པ་ཡ། གྲི ཧྣ་པ་ཡ། སརྦ་དུཎྜ་སཏྭ་ མ་ར་ཡ་ཧཱུཾ་ཕཊ། བྲཧྨ་ཡ་ན་མཿ ༀ་ༀ་ཨིནྡྲ་ཡ་ན་མཿཧྲིཿ ༀ་ཡ་མ་ཡ་ན་མ་ཥྚི ཿ ཝ་རུ་ཎ་ཡེ་ན་མ་ ཝི། ཀུ་བེ་ར་ཡ་ན་མ་ཀྲི ། ཨི་ཤ་ན་ཡ་ན་མ་ཏ། ཨགྣེ་ཡེ་ན་མ་ན། ནི་རི་ཏ་ཡེ་ན་མཿན། བཱ་ཡ་བཱེ་ ན་མ་ཧཱུཾ། བ་སུ་དྷ་ར་ཡ་ན་མ་ཕཊ། ཧ་ཧ་ཧེ་ཧཻ་ཧོ་ཧཽ་ཧཱུཾ་ཧཱུཾ་ཕ ་ཕ ་ཕ ་སྭཱཧཱ། ཞེས་པ་དྲུག་ཅུ་རྩ་བཞི་ བཟླས་ཏེ། ལིང་ག་དྲུག་ཅུ་རྩ་བཞི་ཡོད་ན། ལིང་ག་རེ་རེ་ཞིང་གཏོར་མར་བཅུག་ལ་སྔགས་རེ་ བཟླས། ལིང་ག་གཅིག་ལས་མེད་ན་གཏོར་མར་ཕུལ་ནས་སྔགས་འཕྲེང་བ་ལ་བགྲང་ངོ་། །དེ་ ནས་འཛམ་བུ་གླིང་དང་གླིང་གཞན་དག །མཆོད་བསྟོད་ཚོགས་ཀྱིས་རབ་བཀང་དང་། །སྟོང་ 1-1-449 གསུམ་ལ་སོགས་དེ་བཞིན་དེ། །བླ་མ་གཤིན་རྗེ་གཤེད་ལ་འབུལ། །ༀ་ཧྲཱིཿཥྚི ཿཧ། ཞེས་པས་ མཆོད་ཡོན་འབུལ་ཏེ། དེ་བཞིན་བསང་གཏོར། མེ་ཏོག་བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས་སིལ་སྙན་རྣམས་ལ་སྦྱར་ནས། རིམ་པ་བཞིན་སྔགས་འདི་རྣམས་དང་བཅས་པས་ འབུལ་ཏེ། ༀ་ཧཱུཾ་ཧཱུཾ་ཕཊ་ཕཊ། ༀ་ཀུ་མ་ར་རཱུ་པི་ཎི་ཛ་ཛ་ཧཱུཾ་ཧཱུཾ་ཧ་སྭཱཧཱ། ༀ་ཧྲིཿཧ་ཧཱ་ཧེ་ཧཻ་ཕཊ་ ཕཊ་སྭཱཧཱ། ༀ་དིསྟ་ལོ་ཙྪ་ན་ཝི་ཀྲི ་ཏཱ་ན་ན་མ་ཧཱ་ཨདྷི་ཧ་ས་དྷ་ན་དི་ད་ཧ་ཡ་སྭཱཧཱ། ༀ་ༀ་ཀྲི ་ཏཱ་ན་ ན་དུནྜ་སཏྭ་ད་མ་ཀརྦབ་ཨརྒྷཾ་པྲ་ཏི་ཙྪ། གཏོར་མ་བྱིན་གྱིས་བརླབས་པའི་སྔགས་དང་། ༀ་ བཛྲ་ཤཔྟ་ཨ་ཧཱུཾ། ཞེས་སོ། །དེ་ནས་ༀ་ཨ་པན་ཙ་ཨ་མྲི་ཏ་བཛྲ་ཧཱུཾ། ཞེས་པས་ནང་མཆོད་ འབུལ་ཏེ། ༀ་ཨཿརུ་པ་ཧཱུཾ། དེ་བཞིན་དུ་ཤཔྟ། གྷནྡེ། ར་ས། སྤར་ཤ། དྷརྨ་དྷ་ཏུ། རྣམས་ལ་ སྦྱར་ཏེ། གཟུགས་སྒྲ་ལ་སོགས་དྲུག་པོ་འདི། །ཞེས་སོགས་སྒྲུབ་ཐབས་ཀྱི་ཚིག་གིས་གསང་ མཆོད་འབུལ། དུར་ཁྲོད་རྒྱན་གྱིས་རྣམ་བརྒྱན་པའི་ཞེས་སོགས་ཀྱིས་བསྟོད་ནས། གཤིན་རྗེ་ གཤེད་པོ་འཁོར་དང་བཅས། །མཆོད་ཅིང་གཏོར་མ་འདི་སྣོམ་ལ། །ཞེས་སོགས་ཀྱིས་འཕྲིན་ ལས་གཞོལ། དེ་ནས་ལས་གཤིན་གྱི་གཏོར་མ་བསང་སྦྱང་བྱིན་གྱིས་བརླབས་ཏེ། གཙོ་བོའི་ ཞབས་དྲུང་དུ་སྐྱེད་པ་དང་། གཏོར་མ་འབུལ་བ་སྒྲུབ་ཐབས་ལྟར་བྱས་ལ། ལས་གཤིན་གྱི་ གཏོར་མ་དེ། གཏོར་མ་ཕྱེ་བར་བཅུག་ནས། ལས་གཤིན་བསྐུལ་བར་བྱ་སྟེ། ཧཱུཾ་ཡ། འཆི་ བདག་ནག་པོ་ལྷོ་ཕྱོགས་ཀྱིས། །རིམ་པ་བདུན་གྱི་ས་འོག་ནས། །སྲོག་ལ་རྔམ་པའི་གཤིན་རྗེ་ ནི། །ནག་པོ་མ་ཧེའི་གདན་སྟེང་དུ། །ཡ་ལས་བྱུང་བའི་དབྱུག་པ་ནི། །ཐོད་པའི་མཚན་པ་ལས་ བྱུང་བ། །སྟེང་ནས་ཁྲོས་པ་མ་ཧེའི་གདོང་། །ཟ་བྱེད་ཞལ་གདངས་མཆེ་བ་གཙིགས། །ཁྲོས་ པའི་སྤྱན་རྩ་དམར་པོ་འཁྲུག །སྐྲ་སེར་སྨ་ར་གྱེན་དུ་བརྫེས། །ལག་གཡོན་ཞགས་པས་དགྲ་ བགེགས་འཆིང་། །ལག་པ་དབྱུག་པས་རྡུལ་དུ་རློག །ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས། །བྲན་དང་བཅས་པའི་དུས་ལ་བབ། ཤ་ཆེན་ཁྲག་ཆེན་པོ་ཡིས། །གཏོར་མ་རྒྱ་མཚོའི་མཆོད་ 1-1-450 པར་བཞེས། །རྒྱལ་བས་བསྒོས་པའི་དམ་ཚིག་དང་། །ཐུགས་རྗེས་དགྲ་བགེགས་མྱུར་དུ་ སྒྲོལ། །བསྟན་དང་འགྲོ་མངས་གནོད་བྱེད་དང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནོད་ཅིང་གདུག་པའི་སེམས་ལྡན་པའི། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཟུང་ ཅིག་ཆིངས་ཅིག་རྣམ་པར་སྡོམས། །ཁུག་ཅིག་གྲོངས་ཅིག་དབང་དུ་བསྡུས། །སོད་ཅིག་སྐྲོད་ ཅིག་རེངས་པར་གྱིས། །ཕྱེ་ཅིག་ནོན་ཅིག་སྨུགས་པར་གྱིས། །ཐུལ་ཅིག་ཆོམ་ཅིག་རྣམ་པར་ ཤིག །རྡུལ་ཕྲན་ཙམ་ཡང་མེད་པར་མཛོད། །ཞེས་བརྗོད་དོ། །དེ་ནས་ཉེས་པ་བཟོད་པར་ གསོལ་བ་དང་། བསྔོ་བ་སྨོན་ལམ་སྒྲུབ་ཐབས་བཞིན་བྱས་ལ། ཡེ་ཤེས་པ་གཤེགས་གསོལ་ བྱས། ༀ་རྒྱལ་བར་གྱུར་ཅིག་གསུངས་ནས། འཁོར་དང་བཅས་པ་ནམ་མཁའ་ལ་གཤེགས་ པར་བསམ། གཏོར་མ་དམིགས་པའི་ཕྱོགས་སུ་རོལ་མོ་དང་། མཚོན་ཆ་དང་སྔགས་དང་ བཅས་པས་སྡིགས་ཤིང་གྱེར་ཏེ། །སློབ་དཔོན་གྱིས་བདེན་སྟོབས་དང་སྨོན་ལམ་བརྗོད་ནས་ དོར་བར་བྱའོ། །དེ་ནས་ནང་དུ་ལོག་སྟེ་ལས་ཀྱི་རྗེས་བསྡུས་ནས། བཀྲ་ཤིས་བརྗོད། དཔའ་ ཟས་དཔའ་བོའི་སྟོན་མོ་བཞིན་བཟའ་འོ། །ཡང་ཆོ་ག་ཕྲལ་འདི་དང་འདྲ་བ་ལ་བཤམ་ཚུལ་མི་ འདྲ་བ་ཅི་རིགས་སུ་ཡོད་པ་ནི་བླ་མའི་ཞལ་ལས་བླང་བར་བྱའོ། །འདི་བསད་ལས་ཡིན་ཡང་། མངོན་ཤེས་མེད་པ་ལ་དྲག་ལས་ཆེན་པོ་རྣམས་བཀག་པའི་ཕྱིར། བྱང་ཆུབ་སེམས་ཀྱིས་ སྟོབས་བསྐྱེད་ནས། གནོད་བྱེད་བཟློག་པའི་ཕྱིར་བྱ་སྟེ། དེ་ལྟར་བྱས་ན་ཉེས་པས་མི་གོས་ ཞིང་། བར་ཆད་ཞི་བའི་མན་ངག་དམ་པར་འགྱུར་རོ། །ཁྲོ་བོའི་དབང་པོ་རྡོ་རྗེ་འཇིགས་བྱེད་ ཀྱི་གཏོར་མའི་ཆོ་ག་བླ་མའི་མན་ངག་བཞིན། སློབ་མའི་དོན་དུ། ཞང་སྟོན་བསོད་ནམས་ གྲགས་ཀྱིས་སྦྱར་བའོ།། །།དགེ་བས་འགྲོ་ཀུན་བདུད་ལས་རྒྱལ་བར་གྱུར་ཅིག། ཤུབྷཾ། ཞུས་དག མ་ཡིག༼ཕྱི་ར༡༧༽གཅིག་པུ་ཡིན། གསུང་ཕྱུག་གཉིས་ཐེངས་གསུམ་པ ༢༠༡༨ ༩ ༥ གྲུབ། 1-1-451 ༄༅། །བཤགས་ཆུང་རྩ་བརྒྱུད་མ་བཞུགས་སོ། ། ༄༅། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་དང་། །སངས་ རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །ཁྱེད་ལ་ མཁྱེན་བརྩེ་འཕྲིན་ལས་ནི། །བསམ་གྱིས་མི་ཁྱབ་མངའ་བས་ན། །བླ་མ་སངས་རྒྱས་བྱང་ སེམས་རྣམས། །དགོངས་པ་ཡོངས་སུ་རྫོགས་པར་མཛོད། །ཕན་བདེ་རབ་འབྱམས་འབྱུང་ བའི་གཞི། །ཐུབ་དབང་བསྟན་པ་རབ་རྒྱས་ཤིང་། །ཁྱད་པར་བླ་མེད་རྡོ་རྗེ་ཐེག །ཕྱོགས་དུས་ ཀུན་ནས་རྒྱས་པར་མཛོད། །བསྟན་པའི་རྩ་ལག་བསྟན་འཛིན་གྱི། །སྐྱེས་བུ་དམ་པ་ཐམས་ ཅད་ཀྱང་། །བསྟན་པའི་བྱ་བ་ཀུན་འཕེལ་ཞིང་། །སྐུ་ཚེ་འདུ་བྱེད་བརྟན་པར་མཛོད། །ནམ་ མཁའ་མཉམ་པའི་སེམས་ཅན་ཀྱང་། །ཁམས་དྲུག་ལྡན་པའི་ལུས་ཐོབ་ནས། །རིམ་གཉིས་ སྒོམ་པའི་སྣོད་གྱུར་ཏེ། །རྡོ་རྗེ་འཆང་ཆེན་འགྲུབ་པར་མཛོད། །སྦྱིན་བདག་འཁོར་དང་བཅས་ རྣམས་ཀྱང་། །བསོད་ནམས་ཡེ་ཤེས་ཚོགས་རབ་རྫོགས། །ཉོན་མོངས་ཤེས་བྱའི་སྒྲིབ་ཀུན་ སྦྱངས། །སྐུ་གཉིས་ཟུང་འཇུག་ཐོབ་པར་མཛོད། །གནས་སྐབས་ཚེ་འདིར་བརྟན་གཡོ་ཡི། །གནོད་པ་ཐམས་ཅད་ཉེར་ཞི་ནས། །སྲིད་ཞིའི་དཔལ་གྱིས་ལེགས་བགོས་ཤིང་། །ཡིད་ལ་ འདོད་དགུ་འགྲུབ་པར་མཛོད། །བདག་ཅག་གནས་པའི་ས་ཀུན་ཏུ། །འགྲོ་ཀུན་ཉེར་འཚེ་ཀུན་ དང་བྲལ། །ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས། །རྟག་ཏུ་བདེ་ལ་སྤྱོད་པར་ཤོག །མདོར་ ན་གང་དང་གང་གསོལ་བའི། །གནས་སྐབས་མཐར་ཐུག་གཉིས་ཀྱི་དོན། །ཆོས་དང་ལྡན་པ་ ཐམས་ཅད་ཀུན། །ཡིད་བཞིན་དུ་ནི་འགྲུབ་པར་མཛོད། །ཅེས་པ་འདི་ཉིད་ཞང་སྟོན་བསོད་ནམས་གྲགས་ 1-1-452 ཀྱིས་མཛད་པའོ།། འདིའི་མ་ཡིག་ཀ་རྟགས་མེད་འཛམ་ཐང་བྲིས་མ་ཞིག་གོ། གསུང་ཕྱུག་གཉིས་ཐེངས་གསུམ་པ ༢༠༡༨ ༩ ༥ གྲུབ། ༄༅། །རྩ་བའི་ལྟུང་བ་ཆ་མཐུན་དང་བཅས་པའི་བསྐང་བཤགས་ཆེན་མོ་ ཞེས་བྱ་བ་བཞུགས། ༄༅། །ན་མོ་གུ་རུ་བྷྱོཿ ན་མ་མཧཱ་ས་མཱ་ཡ། རྩ་བ་དང་ཡན་ལག་གི་ལྟུང་བ་བཤགས་པ་ བསྐང་བཤགས་ཆེན་མོ་ཞེས་བྱ་བ་བླ་མ་དང་དཔལ་དམ་ཚིག་ལ་ཕྱག་འཚལ་ལོ། །དགོངས་སུ་ གསོལ་བ་ནི། སངས་རྒྱས་ཡབ་ཡུམ་སྲས་བཅས་འདུས་པའི་དངོས། །ཉན་ཐོས་རང་རྒྱལ་རྣམས་ ཀྱི་འདྲེན་པའི་མཆོག །སོ་སོའི་སྐྱེ་བོའི་དཔུང་གཉེན་སྐྱབས་དང་མགོན། །དགོས་འདོད་ འབྱུང་གནས་བླ་མ་དགོངས་སུ་གསོལ། །མདོག་དབྱིབས་ཕྱག་མཚན་རྣམ་པ་ཀུན་ལྡན་ཡང་། །ཀུན་ཁྱབ་ངོ་བོ་གཅིག་པ་ཆོས་སྐུ་དང་། །གང་འདུལ་དེར་སྟོན་གཟུགས་ཀྱི་སྐུར་བསྡུས་པའི། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ། །རྒྱལ་བའི་སྤྱན་སྔར་རྒྱལ་བའི་བསྟན་ པ་དང་། །བསྟན་འཛིན་སྐྱེས་བུ་སྐྱོང་བར་ཞལ་བཞེས་ཤིང་། །ཡེ་ཤེས་སྤྱན་ལྡན་རྫུ་འཕྲུལ་ མཐུ་སྟོབས་ཅན། །མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་དགོངས་སུ་གསོལ། །བཤགས་པ་བྱ་བ་ནི། བདག་ཅག་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཀྱང་། །སྒོ་གསུམ་མ་རིག་མ་གུས་བག་མེད་དང་། །ལེ་ ལོ་ལ་སོགས་ཉོན་མོངས་དབང་གྱུར་པས། །གསང་སྔགས་དམ་ཚིག་འགལ་པའི་ཉེས་བགྱིས་ རྣམས། །མཁྱེན་བརྩེ་ནུས་ལྡན་བླ་མ་ཡི་དམ་ལྷ། །དམ་ཅན་རྣམས་ལ་རང་གནོང་འགྱོད་པའི་ བཤགས། །མཐོལ་ཞིང་བཟོད་པར་གསོལ་ལོ་བཟོད་པར་བཞེས། །སླན་ཆད་བསྡོམ་མོ་ 1-1-453 ཉམས་ཆགས་བསྐང་དུ་གསོལ། །དབང་རྒྱུད་མན་ངག་སྟོན་པའི་བླ་མ་མཆོག །གཞན་དོན་ ཉམས་ལ་མི་དགྱེས་གྱུར་པ་དེའི། །སྤྱན་སྔར་མི་དགེ་བགྱིས་པས་ཐུགས་དཀྲུགས་ཏེ། །རྩ་ ལྟུང་དང་པོའི་ཉེས་པ་གོས་པ་རྣམས། །མཁྱེན༴ དམ་ཅན༴ མཐོལ༴ སླན་ཆད༴ བླ་མ་རྒྱལ་བ་ སྲས་དང་བཅས་པའི་བཀའ། །མི་དགེ་བཅུ་པོ་སྤངས་པར་གསུང་ལས་འདས། །བླ་མའི་ལྐོག་ ཏུ་མི་དགེ་གང་རུང་བགྱིས། །རྩ་ལྟུང་གཉིས་པའི་ཉེས་པ་གོས་པ་རྣམས། །མཁྱེན༴ དམ་ཅན༴ མཐོལ༴ སླན་ཆད༴ བླ་མ་གཅིག་གི་གསང་སྔགས་དམ་ཚིག་གིས། །བསྡུས་པའི་རྡོ་རྗེ་སྤུན་ གྲོགས་རྒན་ནམ་གཞོན། །བསླབ་སྡོམ་ལྡན་ལ་ཁྲོས་པའི་ཐུགས་འགལ་བགྱིས། །རྩ་ལྟུང་ གསུམ་པའི༴ མཁྱེན༴ དམ་ཅན༴ མཐོལ༴ སླན་ཆད༴ འགྲོ་ཀུན་ཕ་མ་བདེ་གཤེགས་སྙིང་པོ་ ཅན། །དྲིན་ཅན་གུས་བྱར་མ་རྟོག་འགའ་ཞིག་ལ། །ཤིན་ཏུ་ཆེན་པོའི་མཁྱེན་བཟུང་བྱམས་པ་ བཏང་། །རྩ་ལྟུང་བཞི་པའི༴ མཁྱེན༴ དམ་ཅན༴ མཐོལ༴ སླན་ཆད༴ སྙོམས་འཇུག་དགོངས་ པ་མ་རྟོགས་འཛག་བདེ་ལ། །ལམ་དུ་བསམ་ནས་ཀུན་རྫོབ་ཕྱག་རྒྱ་བསྟེན། །བདེ་ཆེན་རྟེན་ མཆོག་བྱང་སེམས་ཉམས་པར་བྱས། །རྩ་ལྟུང་ལྔ་པའི༴ མཁྱེན༴ དམ་ཅན༴ མཐོལ༴ སླན་ ཆད༴ སྔགས་དང་ཕར་ཕྱིན་རང་གཞན་གྲུབ་པའི་མཐའ། །དེ་ཉིད་ཟབ་མོ་གཅིག་པ་ཡིན་པ་ ལ། །མིང་ལ་འཁྲུལ་ནས་དེ་ཁོ་ཉིད་ལ་སྨད། །རྩ་ལྟུང་དྲུག་པའི༴ མཁྱེན༴ དམ་ཅན༴ མཐོལ༴ སླན་ཆད༴ ཉན་ཐོས་ཐེག་པ་འབའ་ཞིག་ལ་གནས་ཤིང་། །ཐེག་ཆེན་ལ་སྡང་མ་སྨིན་མི་རྣམས་ ལ། །བདེ་སྟོང་མངོན་སུམ་རྟོག་པའི་ཐབས་བསྟན་པས། །རྩ་ལྟུང་བདུན་པའི༴ མཁྱེན༴ དམ་ ཅན༴ མཐོལ༴ སླན་འཆད༴ ཕུང་པོ་ལམ་གྱི་རྟེན་གྱུར་ཟས་སོགས་ཀྱིས། །བསྐྱངས་ནས་ཆོས་ ལ་སྤྱད་བྱ་ཡིན་པ་ལ། །བསྙུང་གནས་མཚོན་གྱིས་གཅོད་སོགས་ཉོན་མོངས་བྱས། །རྩ་ལྟུང་ བརྒྱད་པའི་ཉེས་པ་གོས་པ་རྣམས། །མཁྱེན་བརྩེ་ནུས་ལྡན༴ དམ་ཅན་རྣམས་ལ༴ མཐོལ་ཞིང་ བཟོད༴ སླད་འཆད་སྡོམ་མོ་ཉམས་ཆགས༴ ཀུན་རྫོབ་སྐྱེས་པའི་སྟོང་ཉིད་རང་སྟོང་དང་། 1-1-454 །དོན་དམ་མ་སྐྱེས་གཞན་སྟོང་མ་རྟོགས་ཏེ། །སྟོང་ཉིད་དག་པའི་ཆོས་ལ་མ་དད་བྱས། །རྩ་ ལྟུང་དགུ་པའི༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ གདུག་རྩུབ་སེམས་འཆང་ངག་ ནས་བྱམས་ཚིག་སྨྲ། །བསྟན་དང་བླ་མ་གསང་སྔགས་སྨོད་རྣམས་ལ། །བཟོད་པར་གསོལ་ ཞིང་ཚར་བཅད་མ་བྱས་པས། །རྩ་ལྟུང་བཅུ་པའི༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ ཆད༴ མིང་སོགས་བྲལ་བའི་ཆོས་དབྱིངས་རྟག་ཏུ་གནས། །མཁའ་ཁྱབ་དོན་དམ་བདེན་པར་ གྲུབ་པ་ལ། །ཡིད་མ་ཆེས་ཏེ་ཐེ་ཚོམ་སེམས་གཉིས་བརྟགས། །རྩ་ལྟུང་དྲག་པོའི༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ སྐྱོན་མེད་ཡོན་ཏན་ལྡན་པའི་རྣལ་འབྱོར་པ། །དེ་ལས་ ཆགས་སྡང་དབང་གིས་སྒྲོ་བཏགས་ནས། །སྐྱོན་བརྗོད་ཡོན་ཏན་རྣམས་ལ་སྐུར་པ་བཏབ། །རྩ་ལྟུང་ཉི་མའི༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ རྣལ་འབྱོར་ཕོ་མོ་ནུས་ལྡན་ འདུས་པ་ཡི། །ཚོགས་ཀྱི་འཁོར་ལོ་ཤ་ལྔ་བདུད་རྩི་ལྔ། །ལོངས་སྤྱོད་དམ་རྫས་བྱིན་པ་རྟོགས་ པ་སྤངས། །རྩ་ལྟུང་འདོད་པའི༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ བུད་མེད་ རྣམས་ཀྱང་རང་བཞིན་རིགས་དང་ལྡན། །གསང་སྔགས་ཉམས་ལེན་སྣོད་དུ་རུང་པ་ལ། །སྐྱེ་ དམན་སྣོད་མ་ཡིན་ཞེས་ཀུན་ལ་སྨད། །རྩ་ལྟུང་མ་ནུའི༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ བླ་མ་སྐུའི་གྲི བ་མ་ཞབས་ལྷམ་སོགས། །འགོམ་དང་གུས་ཚིག་མེད་པར་མཚན་ བརྗོད་དང་། །བླ་མ་བཞེངས་ཚེ་རང་ཉིད་ཉལ་འདུག་དང་། །ཉེས་མེད་ཕྱོགས་སུ་མ་གནང་ སྔོན་འགྲོ་དང་། །བླ་མའི་ཕྱག་རྫས་མ་བསྲུང་འཁོར་ལ་བརྙས། །ཆོས་ལྡན་གསུང་བཅག་ ལས་ལ་ལེ་ལོ་བགྱིས། །བླ་མས་མངོན་སུམ་བླ་མའི་མ་གནང་པར། །མལ་སྟན་འདུག་དང་ རྐང་འཇོག་གཙུག་ཏོར་བཅས། །རྐེད་པར་ལག་བཞག་མཉེད་དང་མཆིལ་སོགས་འདོར། །རྐང་པ་བརྐྱང་དང་འཆད་དང་རྩོད་པ་སྨྲ། །ཡན་ལག་མཉེ་དང་གླུ་གར་རོལ་མོ་བྱས། །ཀ་བ་ སོགས་ལ་བརྟེན་དང་སོར་མོ་བསྲང་། །ལུས་གཅུ་སྒེག་ཆོས་ལ་སོགས་བགྱིས་པ་དང་། །བླ་ 1-1-455 མའི་སློབ་མ་རང་གི་སློབ་མར་བསྡུས། །རང་གི་སློབ་མ་བསྙེན་བཀུར་མ་བཟློག་དང་། །བླ་མ་ བཞུགས་པས་ཡུལ་དུ་དབང་བསྐུར་དང་། །རབ་གནས་ལ་སོགས་མ་གནང་བར་བགྱིས་དང་། །གནང་ནས་གནས་པའི་ཡོན་གྱིས་ཕུད་མ་ཕུལ། །དེ་སོགས་བླ་མར་མ་གུས་བྱས་པ་ཡི། །རྩ་ ལྟུང་དང་པོའི་ཆ་མཐུན་ཉེས་བྱས་རྣམས། །མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ བླ་ མས་ལྐོག་ཏུ་བླ་མ་མི་མཉེས་པའི། །འགྲོ་ཆགས་ཉལ་འདུག་སྨྲ་བརྗོད་སོ་ནམ་ཚོང་། །བཞོན་ པ་བཟའ་བཏུང་གོས་ལ་སྤྱོད་སོགས་བྱས། །རྩ་ལྟུང་གཉིས་པའི་ཆ༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ རྡོ་རྗེ་སྤུན་ལ་ཅོ་དྲིས་འཕྱས་བཏགས་ཤིང་། །ཆོས་ཀྱི་སྤུན་གྲོགས་ གཞན་ལའང་སྒོ་གསུམ་གྱིས། །མ་གུས་བགྱིས་པའི་ཐུགས་དང་འགལ་བ་སོགས། །རྩ་ལྟུང་ གསུམ་པའི༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ སེམས་ཅན་མགུར་བྱས་གསུང་པ་ མ་རྟོགས་ཏེ། །ཁྲོས་པའི་དབང་གིས་གནས་སྐབས་བྱམས་པ་བཏང་། །འགྱོད་པ་མ་བྱས་ བསད་པའི་ཤ་ཟོས་སོགས། །རྩ་ལྟུང་བཞི་པའི༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ འཛིན་པ་མ་ཐོས་ཡུལ་ངན་བག་ཆགས་ངན། །གདོན་དང་ནད་དང་ཉོན་མོངས་དྲག་པོ་ཡི། །རྐྱེན་གྱི་སྐྱོན་དུ་མཐོང་བཞིན་བྱང་སེམས་བྱས། །རྩ་ལྟུང་ལྔ་པའི༴ མཁྱེན༴ དམ་ཅན༴ མཐོལ་ ཞིང་༴ སླན་ཆད༴ ཀུན་གྱི་ཆོས་ཉིད་གཅིག་ལ་བཟང་ངན་ཕྱེ། །ལྟ་བསྒོམ་སྤྱོད་པ་ཆོས་མཐུན་ འགོག་པ་དང་། །གཞན་ཡང་སྐྱོན་མེད་ཚིགས་ལ་སྐྱོན་བརྗོད་སོགས། །རྩ་ལྟུང་དྲུག་པའི༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ དབང་གིས་སྨིན་པར་མ་བྱས་སེམས་ཅན་དང་། །བྱས་ཀྱང་སྔགས་ལ་མ་གུས་སྣོད་མིན་ལ། །དཀྱིལ་འཁོར་ལྷ་སྔགས་ཕྱག་རྒྱ་གར་སོགས་ བསྟན། །རྩ་ལྟུང་བདུན་པའི༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ སྤྱོད་ལམ་རྩང་ པོའི་ཚེ་ལ་གནོད་པ་བྱས། །ན་བ་སྨན་དཔྱད་རིམ་གྲོ་མ་བཅོས་དང་། །ཕྱི་མ་དལ་འབྱོར་སྤང་ བའི་ལས་བགྱིས་སོགས། །རྩ་ལྟུང་བརྒྱད་པ༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ 1-1-456 ཆོས་ལ་རང་བཟོ་བཟང་དང་ངན་དུ་ཕྱེ། །བཀའ་མིན་བཀའ་སྨྲ་བཀའ་ལ་བཀའ་མིན་བརྗོད། །ཆོས་སྨྲས་སྐུ་གསུང་ཐུགས་ལ་འཕྱས་བཏགས་སོང་། །རྩ་ལྟུང་དགུ་པ༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ ཆོས་རྫུན་སེམས་ཅན་བསླས་ན་འཇིག་རྟེན་སྒྲུབས། །ཚོང་དང་རྩིས་ ལ་བསླུ་བྲིད་བྱས་པ་དང་། །བྲེ་སྲང་འཇལ་ལུགས་གཡོ་སྒྱུ་བྱས་ལ་སོགས། །རྩ་ལྟུང་བཅུ་ པའི༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ དགེ་སྡུག་བྱས་པའི་འབྲས་བུ་བདེ་སྡུག་ མྱོང་། །དགྲ་བཅོམ་འཇིག་རྟེན་བྱོན་དང་བདེན་བཞི་དང་། །སྐྱེ་བ་སྔ་ཕྱི་ཡོད་སོགས་ཡིད་མ་ ཆེས། །རྩ་ལྟུང་དྲག་པོའི་ཆ༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ དམ་སྡོམ་ཉམས་ པའི་ཉེས་པ་གླིང་པ་དང་། །འོན་སོགས་སྐྱོན་ཅན་མི་ལ་སྐྱོན་ནས་བརྗོད། །ཐ་ནས་དུད་འགྲོ་ སོགས་ལའང་སྐྱོན་ནས་བརྗོད། །རྩ་ལྟུང་ཉི་མའི༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ ཆད༴ དཔའ་བོའི་སྟོན་མོ་སྡིག་མེད་ཤ་དང་ཆང་། །དམ་རྫས་ཅུང་ཟད་བསྟེན་པ་སྤོང་བ་དང་། །སྔགས་ཀྱིས་སྤྱོད་པར་སྨད་པར་བྱས་ལ་སོགས། །རྩ་ལྟུང་འདོད་པའི༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ ཉན་ཐོས་པ་དང་མུ་སྟེགས་ཅན་སོགས་དང་། །ངན་སོང་གསུམ་དང་ ལྐུག་པར་སྐྱེས་སོགས་ལ། །དམན་པར་བཟུང་ནས་སྨད་ཅིང་བརྙས་པ་བྱས། །རྩ་ལྟུང་མ་ནུའི༴ མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ བྲིས་སྐུ་གླེགས་བམ་རྡོ་རྗེ་དྲིལ་བུ་དང་། །རུས་ རྒྱན་ཁ་ཊྭཱཾ་ཐོད་ཕུར་ཌཱ་མ་རུ། །དགང་གཟར་བླུག་གཟར་རྔེ་ཆུང་བགྲང་ཕྲེང་སོགས། །མི་ འབྲལ་དམ་ཚིག་བྲལ་བའི་ཉེས་བྱས་དང་། །ཉིན་མཚན་ལན་དྲུག་སྦྱིན་པ་བཞི་མ་གྲུབ། །བླ་ མ་རྒྱལ་བ་སྲས་བཅས་མ་མཆོད་དང་། །ཐུན་གསུམ་རིམ་གཉིས་བསྒོམ་བཟླས་གཡེལ་པ་ སོགས། །བསྒྲུབ་པའི་དམ་ཚིག་ཉམས་པའི་ཉེས་བྱས་དང་། །རྟག་ཏུ་དཀྱིལ་འཁོར་མཆོད་ རྟེན་བཞེངས་པ་དང་། །རབ་གནས་སྦྱིན་སྲེག་གཏོར་མ་སློབ་མར་བསྡུས། །ཆོས་བཤད་ སོགས་ཀྱི་གཞན་ཕན་མ་ནུས་ཏེ། །གཞན་དོན་དམ་ཚིག་ཉམས་པའི་ཉེས་བྱས་རྣམས། ། 1-1-457 མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ རྒྱུན་པར་ཤ་ལྔ་བདུད་རྩི་ལྔ་མ་འབྱོར། །ཚོགས་ ཀྱི་འཁོར་ལོ་བྱེད་པའི་ནུས་མ་ཐོབ། །ཟས་ལ་བདུད་རྩི་རན་འཛིན་བརྗོད་པ་ཡི། །བཟའ་བའི་ དམ་ཚིག་ཉམས་པའི་ཉེས་བྱས་དང་། །ཉན་ཐོས་ལ་སོགས་དམ་ཚིག་མེད་པའམ། །དམ་ཚིག་ ཉམས་དང་དམ་ཚིག་མ་དག་པའི། །མི་དང་ཚོགས་འདྲེས་སྤྱོད་ཡུལ་གཅིག་གྱུར་པས། །ངན་ པའི་གྲོགས་དང་འགྲོགས་པའི་ཉེས་བྱས་དང་། །དེ་ལས་གཞན་ཡང་སྦོམ་པོ་ལྟུང་བ་ནི། །གྲངས་མ་ངེས་པར་གསུངས་པ་དེ་དག་ལ། །མི་ཤེས་དབང་གིས་ངེས་དང་མ་ངེས་སྤྱད། །རྡོ་ རྗེ་ཐེག་པའི་ཉེས་ལྟུང་བགྱིས་སོ་འཚལ། །མཁྱེན༴ དམ་ཅན༴ མཐོལ་ཞིང་༴ སླན་ཆད༴ དེ་ ལྟར་བཤགས་པའི་དགེ་བས་འགྲོ་བ་ཀུན། །ཉེས་ལྟུང་སྒྲིབ་པ་གསུམ་པོ་དག་གྱུར་ཏེ། །ཚོགས་གསུམ་གང་གི་སྐུ་གསུམ་ཐོབ་ནས་ནི། །རང་གཞན་གཉིས་དོན་རྣམ་གསུམ་རྒྱུར་ གྱུར་ཅིག །འདིའི་ཆོ་ག་ནི་དཀྱིལ་འཁོར་ཆེན་པོ་ཚུལ་བཞིན་དུ་བཞེངས་ཏེ། བདག་འཇུག་བླང་པའི་བར་བསྒྲུབ་ཅིང་། མཆོད་ པའི་ཆོ་ག་ནི་རྒྱས་པའི་མཐར་མཁའ་འགྲོ་ཆོས་སྐྱོང་གི་གཏོར་ཚོགས་ཀྱི་མཉེས་པར་བྱས་པའི་རྗེས་སམ། ཡང་ན་དཀྱིལ་འཁོར་ བྲིས་པ་མེད་པར་བདེ་དང་། མདུན་བསྐྱེད་མཆོད་ཅིང་བསྟོད་པའི་རྗེས། མཁའ་འགྲོ་ཆོས་སྐྱོང་ལ་གཏོར་ཚོགས་ཕུལ་པའི་རྗེས་སུ། བླ་མ་དང་ལྷག་པའི་ལྷ་ལ་བསྟོད་པ་ཇི་ལྟར་འོས་པ་དང་བཅས་པས་ཕྱག་བྱས་ཏེ། དེ་ནས་སྟོབས་བཞི་དང་ལྡན་པའི་སྒོ་ནས་ཚིག་ འདི་སྐད་དོ། །གསུང་མཐོན་པོའི་དབྱངས་དང་གང་ཡང་རུང་བའི་འདོན་པར་བྱ་སྟེ། ཚུལ་དེས་ཉེས་ལྟུང་ཐམས་ཅད་དག་པར་གྱུར་ ནས་གདོད་མི་ཟ་བའི་འདི་ཆོ་ག་ལ་འབད་པར་བྱའོ། །རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་ལྟུང་བ་བཤགས་པ་བསྐང་བཤགས་ ཆེན་མོ་ཞེས་བྱ་བ། དགེ་སློང་འཛིན་པ་བསོད་ནམས་གྲགས་ཀྱིས་དབེན་གནས་དཔལ་སྡིངས་ཀྱི་གཙུག་ལག་ཁང་དུ་སྦྱར་བས་ མཛད་པ་རྫོགས་སོ།། །། བསྐང་བ་འདིའི་མ་ཡིག་དགོན་པ་ལ་ཁའི་དམར་ཆེན་ནང་དུ་ཡོད།