8-1-1 ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ཉ༽ 8-1-2 ༄༅། །ཀྲི་ཡ་སམུཙྪ་བིཧར་ཏིསྨ། ༄༅། །རྒྱ་གར་སྐད་དུ། བཛྲ་ཨཱ་ཙརྱ་ཀྲི་ཡཱ་ས་མུཙྪ་ཡ། བོད་སྐད་དུ། རྡོ་རྗེ་སློབ་དཔོན་ གྱི་བྱ་བ་ཀུན་ལས་བཏུས་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ ལོ། །བསམ་གཏན་གར་མཛད་རྔ་ཟླུམ་ཁ་ཡི་སྒྲ་ཡིས་བོས་པའི་ལྷ་རྣམས་ཀྱིས་ནི་ཞབས་ ལ་ཕྱག་བྱས་པ། །འཁྱོག་ཅིང་རྣམ་པར་གཡོ་བའི་སྐུ་ནི་དེ་ནས་གྲངས་མེད་པ་ཡི་གནས་སུ་ ཞབས་ནི་འཇོག་པ་ཅན། །སྨིན་མ་འཁྱོག་པོ་བྲིས་པའི་མིག་ནི་རྗེས་འགྲོ་གཡོ་བའི་དཔུང་ པའི་ཚོགས་ལྡན་ལག་པའི་སོར་མོ་ཡིས། །ཕྱག་རྒྱ་འཆིང་བ་རབ་འཇུག་རིམ་གཡོ་གདོང་ལྡན་ ཧེ་རུ་ཀ་ཡིས་ཁྱེད་ཀྱི་སྡིག་པ་བཅོམ་གྱུར་ཅིག །འགྲོ་མང་མྱ་ངན་ཤིན་ཏུ་སྡུག་བསྔལ་བས། ། མང་པོ་ཀུན་ནས་བལྟ་བར་མི་ནུས་པས། །དེ་ཕྱིར་ཡང་དག་བསྡུས་པའི་ཆོ་ག་ནི། །མཁའ་ འགྲོའི་ལམ་གྱུར་བདག་གིས་ནུས་བཞིན་བྱ། །བདག་གིས་བྱ་བ་ཀུན་ལས་བཏུས། །ང་རྒྱལ་ གྱིས་ནི་བྱས་པ་མིན། །གང་འདིར་ཚིག་གི་སྐྱོན་རྣམས་ནི། །མཁས་པ་ཀུན་གྱིས་བཟོད་པར་ མཛོད། །སྣ་ཚོགས་རྒྱུད་རྣམས་ཀུན་ནས་བླངས། །སྣ་ཚོགས་སློབ་དཔོན་ལུགས་རྣམས་ཀྱང༌། ། མེ་ལོང་གིས་འདིར་བྲི་བྱ་སྟེ། །ཀུན་ནས་གསོལ་འདེབས་དབང་གིས་སོ། །རབ་གནས་ལ་ སོགས་བྱ་བ་ཀུན། །རྡོ་རྗེ་སློབ་དཔོན་སྔོ་འགྲོ་བ། །དེ་ཕྱིར་འཇིག་རྟེན་ཕན་དོན་དུ། །དེ་ཡི་ མཚན་ཉིད་བརྗོད་པར་བྱ། ། དེ་ལ་རེ་ཤིག་དང་པོར་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བརྗོད་པར་བྱ་སྟེ། འཇིག་རྟེན་ དང་འཇིག་རྟེན་ལས་འདས་པའི་ཀུན་ཏུ་སྤྱོད་པ་སྟོན་པ་ནི་སློབ་དཔོན་ནོ། །གཞན་ཡང་སྡིག་ 8-1-3 པ་ལས་རིང་དུ་སོང་ཞིང་ཆོས་ལ་སྤྱོད་པ་དང༌། ངེས་པའི་ཚིག་གིས་ཆོ་ག་སྒྲུབ་པ་ནི་སློབ་ དཔོན་ནོ། །གང་ཡང་རྡོ་རྗེའི་ལམ་སྟོན་པ་པོའི་སློབ་དཔོན་ནི་རྡོ་རྗེ་སློབ་དཔོན་ནོ། །རྡོ་རྗེའི་ སྒྲའི་ཁྱད་པར་གྱིས་ནི་རྡོ་རྗེ་གསུམ་མི་ཕྱེད་པ་ཉིད་རབ་ཏུ་རིག་པར་བྱའོ། །དེ་ཡང་ཇི་ལྟར་ གྱུར་པ་ཞེ་ན། རྙེད་དང་མ་རྙེད་གྲགས་དང་མ་གྲགས་རྣམ་པར་བྲལ་ཞིང་སྨོད་པ་དང་ནི་ བསྟོད་པ་སྤངས། །བདེ་བ་དང་ནི་མི་བདེ་འགོག་ཅིང་འཕེལ་བའི་བློ་གྲོས་སྤྲོ་བ་དང་ལྡན་རབ་ ཏུ་མཁས། །སྙིང་རྗེས་ཀུན་ནས་བསྐོར་ཞིང་སྔགས་ཀྱི་ཚུལ་ལ་རོ་མྱོང་སེར་སྣ་མེད་ཅིང་འདོད་ པའང་མེད། །དེ་ཉིད་ཤེས་པ་ཐོབ་ཅིང་རབ་ཏུ་བརྟན་པའི་བློ་ལྡན་རྟག་ཏུ་སློབ་དཔོན་རྒྱལ་ པོའོ། །དེ་ཡང་མཆོག་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་བ་འདི་ལྟ་སྟེ། སློབ་ དཔོན་རྣམ་གསུམ་རྒྱུད་ལས་ནི། །བདེ་མཆོག་རྒྱ་མཚོར་ཇི་བཞིན་གསུངས། །ཁྱིམ་གནས་ དགེ་ཚུལ་ཞེས་བྱ་དང༌། །དགེ་སློང་ཞེས་པ་རྣམ་གསུམ་འགྱུར། །སློབ་དཔོན་མཆོག་ནི་དགེ་ སློང་སྟེ། །གང་ཕྱིར་དེ་བཞིན་གཤེགས་པས་གསུངས། །འབྲིང་ནི་དགེ་ཚུལ་ཞེས་བྱ་སྟེ། །ཁྱིམ་ ན་གནས་པ་ཐ་མའི་ལུགས། །དབང་བསྐུར་རྣམ་པ་ལྔ་ཐོབ་པ། །ཁྱིམ་ན་གནས་པ་ཐ་མའི་ ལུགས། །དབང་བསྐུར་བཅུ་རྣམས་ཐོབ་པ་ནི། །དགེ་ཚུལ་ཞེས་བྱ་འབྲིང་པོ་ཡིན། །མཆོག་གི་ དབང་བསྐུར་ཐོབ་པ་ནི། །དགེ་སློང་མཆོག་ཡིན་རྡོ་རྗེ་འཛིན། །བསླབ་པའི་གནས་ལྔ་ཐོབ་པ་ དང༌། །བསླབ་པའི་གནས་བཅུ་ལྡན་པ་དང༌། །མཐའ་ཡི་བསླབ་པའི་གནས་ཐོབ་པ། །དེ་ གསུམ་མཉམ་པར་བརྗོད་མ་ཡིན། །མཐའ་ཡི་བསླབ་པ་ཞེས་པ་ནི། །མཐར་ཐུག་གནས་ལ་ སློབ་ཕྱིར་དང༌། །ཟུང་འཇུག་ཏིང་འཛིན་ལ་འབད་ཕྱིར། །མཆོག་ནི་མངོན་སུམ་ཡོད་བཞིན་ དུ། །སྔགས་པ་གཞན་ལ་བསྙེན་བཀུར་མིན། །གནས་གཅིག་གསུམ་ནི་ཡོད་པ་ལས། །གང་ ཚེ་ཁྱིམ་གནས་མཆོད་བྱེད་པ། །དེ་ཚེ་སངས་རྒྱས་ཆོས་དང་ནི། །དགེ་འདུན་ལ་ཡང་གུས་མེད་ འགྱུར། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་ཀྱང་འདི་ལ་མཆོད་པ་མཛད་ 8-1-4 དེ། དེ་གསུངས་པ། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། ། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྣམས། །དུས་གསུམ་བྱོན་ནས་ཕྱག་མཛད་དོ། ། ཞེས་སོ། །གང་ལས་མཆོག་གི་དབང་བསྐུར་བ་ཐོབ་པ་དེ་ལས་ནི་དགེ་སློང་བཅུ་དང་མཉམ་ པར་དོན་དམ་པའི་བསྙེན་པ་ལས་གསུངས་པ། དགེ་ཚུལ་བཅུ་ལས་ལྷག་པའི་ཡོན་ཏན་དགེ་ སློང་མཆོག །དགེ་སློང་བཅུ་ལས་ལྷག་པའི་ཡོན་ཏན་སྔགས་པ་མཆོག །དཔལ་ལྡན་ཚངས་ པར་སྤྱོད་པ་དང་ནི་ཏིང་འཛིན་དང༌། །བྱམས་པ་ལ་སོགས་དེ་ཉིད་ཤིན་ཏུ་རིག་པའོ། །དཔལ་ ལྡན་ཚངས་པར་སྤྱོད་པ་ཞེས་པ་ལ། དཔལ་ལྡན་ཚངས་པར་སྤྱོད་པ་ནི་ལང་འཚོ་ཅན་དང་ རབ་ཏུ་སྦྱོར་བ་ན་འཕོ་བ་མི་སྦྱིན་ཞིང་བདེ་བ་འོང་བ་སྟེ། དུག་གི་དབང་པོ་ཟོས་པ་ན་དུག་གི་ དེ་ཁོ་ན་ཉིད་སྨྲ་བ་པོ་ཡིན་གྱི། མ་ཟོས་པ་ན་ཡང་རབ་ཏུ་གྲུབ་པར་འགྱུར་བ་ནི་མ་ཡིན་ནོ། ། དེའི་ཕྱིར་ཐེག་པ་ཆེན་པོ་ལས་མཆོག་གི་དབང་བསྐུར་བ་ཐོབ་པ་ནི་དགེ་སློང་དུ་མངོན་པར་ བརྗོད་པར་བྱའོ། །གང་གི་ཕྱིར་ཤེས་རབ་དང་ཐབས་ཀྱི་རྣལ་འབྱོར་གྱིས་བླ་མའི་མན་ངག་ ལས་དགའ་བ་ལ་སོགས་པའི་རིམ་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བཅོམ་པ་ འདི་ནི་དོན་དམ་པའི་དགེ་སློང་ངོ༌། །དེ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོ་ལས་དགེ་སློང་རྣམ་པ་ལྔ་ གསུངས་ཏེ། མིང་གི་དགེ་སློང་དང༌། ཚུལ་ཁྲིམས་ལས་སློང་བའི་དགེ་སློང་དང༌། གོས་ཙམ་ འཛིན་པས་ཕྱེ་བའི་དགེ་སློང་དང༌། གསོལ་བ་དང་བཞིས་བསྙེན་པར་རྫོགས་པའི་དགེ་སློང་ དང༌། ཉོན་མོངས་པ་བཅོམ་པའི་དགེ་སློང་ངོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ ཀྱིས་གསུངས་པ། དགེ་སློང་རྡོ་རྗེ་འཛིན་པ་བྱ། །གདུག་པ་འདུལ་བ་དེ་ནི་མཆོག །ཅེས་སོ། ། ཉོན་མོངས་པ་བཅོམ་པ་ཁོ་ན་མཆོག་ཏུ་གདུག་པ་འདུལ་བ་ནུས་པར་འགྱུར་གྱི་གཞན་གྱིས་ ནི་མ་ཡིན་ནོ། །གང་ཞིག་གསོལ་བ་དང་བཞིས་བསྙེན་པ་རྫོགས་པའི་དགེ་སློང་དེ་རྣམས་ནི་ ཉན་ཐོས་ཀྱི་མདོ་སྡེའི་སྤྱོད་པ་ཀུན་ཏུ་སྤྱོད་དོ། །དེ་རྣམས་ལ་འདིར་ནི་དབང་དུ་བྱ་བ་ཉིད་མེད་ 8-1-5 དེ། གང་གི་ཕྱིར་དམན་པ་ལ་མོས་པ་ཉིད་ཀྱི་ཕྱིར་དང་སྐལ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ ཕྱིར་དངུལ་ཆུའི་འདུ་བ་ལས་གསུངས་པ། དེ་ལས་བདེན་པ་གཉིས་ཀྱི་ལུས་ཡོངས་སུ་བཟུང་ བ་རྣམས་དང༌། ཚིག་མཐའ་དག་གི་དོན་ཡོངས་སུ་བཅད་པ་བྱས་པ་རྣམས་དང༌། མཆོག་གི་ བདེ་བ་ཆེན་པོའི་འབྲས་བུ་ལ་མངོན་པར་དགའ་བ་རྣམས་ནི་ཉན་ཐོས་པའི་མདོ་སྡེའི་སྤྱོད་པ་ དང་ལྡན་པ་མ་ཡིན་ནོ། །གང་གི་ཕྱིར་ཉན་ཐོས་ལ་སོགས་པ། དམན་པ་ལ་མོས་པ། རྣམ་པར་ རྟོག་པ་ལ་སྤྱོད་པ། བདག་ཉིད་སྒྲུབ་པ་དང་བྲལ་བ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བྱ་ བའི་ལམ་ལ་མི་གནས་པ། དེ་ཁོ་ན་ཉིད་ཤེས་པ་རྣམས་ལ་དད་པ་མེད་པ། ཐར་པ་ལ་རིང་ བའི་འདུ་ཤེས་ཅན། བདེ་བའི་ཐབས་ལྷག་པར་མ་ཐོབ་པ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ ལ་སོགས་པ་དཀའ་བའི་སྤྱོད་པས་དུས་རིང་པོར་བྱང་ཆུབ་ཚོལ་བ་རྣམས་ཀྱིས་ནི། དེ་ལྟར་ ཡང་ཐོབ་པར་འགྱུར་བ་མ་ཡིན་ཏེ། རྫོགས་པའི་རིམ་པས་ལྷག་པར་འགྲོ་བ་དང་བྲལ་བ་ཉིད་ ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་དངོས་པོར་ གནས་པ་གང༌། །གང་ཞིག་རྒན་པོར་གནས་གྱུར་ཀྱང༌། །གང་ཡང་རྟོག་གེར་དགའ་བའི་ མིང༌། །དེ་ལ་དེ་ཉིད་བསྟན་མི་བྱ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ ཀྱང༌། ཐབས་དང་བྲལ་བའི་ཡེ་ཤེས་ཀྱི། །བསླབ་པ་ཡང་ནི་བསྟན་བྱ་སྟེ། །ཉན་ཐོས་དེ་རྣམས་ དཔའ་ཆེན་ལ། །བཞུགས་པའི་དོན་དུ་ངེས་པའོ། །མཆོག་གི་དང་པོའི་རྣལ་འབྱོར་ཆེན་པོའི་ རྒྱུད་ལས་ཀྱང༌། དཀའ་བའི་བརྟུལ་ཞུགས་མི་བཟད་པས། །ལུས་ནི་སྐམས་གྱུར་སྡུག་བསྔལ་ ཅན། །སྡུག་བསྔལ་རྣམ་པར་གཡེང་པའི་སེམས། །གཡེང་ཕྱིར་དངོས་གྲུབ་གཞན་དུ་འགྱུར། ། དོན་དམ་པའི་བསྙེན་པ་ལས་ཀྱང༌། གོས་དམར་ལུས་ལ་དཀྲིས་པ་དཔལ་ལྡན་བླ་མ་མིན། ། མཁར་སིལ་ལྷུང་ཟེད་ལག་ཐོགས་དཔལ་ལྡན་བླ་མ་མིན། །ཕྱག་དར་ཁྲོད་པས་སྡུག་བསྔལ་ དཔལ་ལྡན་བླ་མ་མིན། །ལྗོན་ཤིང་རྩ་བར་གནས་པ་དཔལ་ལྡན་བླ་མ་མིན། །ཞེས་པ་ལ་ 8-1-6 སོགས་པ་རྒྱ་ཆེར་རོ། །གཞན་ལས་ཀྱང་གསུངས་པ། ཟས་མི་ཟ་བར་སྒོར་ཉལ་ཏེ་བྱིན་པ་ལ་ ནི་དབང་དུ་བྱ་བ་མེད་དོ་ཞེས་སོ། །དེ་ཇི་ལྟར་ཞེ་ན། ཐམས་ཅད་དུ་དགེ་སློང་ལ་ནི་དེ་ལྟར་ དབང་དུ་བྱ་བ་མེད་དོ། །རྣམ་པ་འདིས་ནི་ཡོད་དེ། ཇི་ལྟར་སེམས་ཅན་གྱི་དོན་ཆེན་པོ་མཐར་ ཐུག་པ་གཟིགས་ནས་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པས་འཁོར་ལོས་སྒྱུར་བའི་ གཟུགས་ཀྱིས་སྔགས་ཀྱི་ཚུལ་གྱི་སྤྱོད་པ་ལ་རབ་ཏུ་ཞུགས་པ་དེ་བཞིན་དུ། དགེ་སློང་ཚུལ་ ཁྲིམས་འཛིན་པའི་བརྟུལ་ཞུགས་ལ་སྤྱོད་པ་ཡང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ལྷག་པར་ རྟོགས་པས། ངུར་མིག་ཡོངས་སུ་དོར་ཏེ་གཙུག་ཏོར་ལ་སོགས་པ་བྱས་ནས་རིམ་པ་ཇི་ལྟ་བར་ ཕྲེང་བ་དང་ཆུའི་དབང་གིས་མངོན་པར་དབང་བསྐུར་ཞིང༌། རིག་པ་དང་རྡོ་རྗེ་དང་སྤྱོད་པ་ དང་བརྟུལ་ཞུགས་དང་ལུང་བསྟན་པ་དང་རྗེས་སུ་གནང་བ་དང་དབུགས་དབྱུང་བ་ཇི་སྲིད་པ་ བྱིན་ནས་རྡོ་རྗེ་འཛིན་པར་བྱས་པ་ནའོ། །དེ་ཇི་ལྟར་འདིའི་སྔར་གྱི་སྡོམ་པ་ལས་ཉམས་པར་ མི་འགྱུར་རམ་ཞེ་ན། མ་ཡིན་ཏེ། མཆོག་ལས་ཀྱང་མཆོག་གི་བསླབ་པ་ཡིན་པའི་ཕྱིར་རོ། །ཇི་ ལྟར་དགེ་བསྙེན་ལས་དགེ་ཚུལ་དུ་བྱས་པ་དང༌། དགེ་ཚུལ་ལས་དགེ་སློང་དུ་བྱས་པ་བཞིན་ ནོ། །དེ་ཡང་ཇི་ལྟར་སྙམ་ན། དགེ་སློང་གི་དངོས་པོར་ཡོད་པ་ན་ནི་དགེ་བསྙེན་ལ་སོགས་པའི་ སྡོམ་པའི་དངོས་པོ་ཡོད་པའི་ཕྱིར་རོ། །འདི་ལས་གལ་ཏེ་དེ་བཞིན་དུ་མི་འགྱུར་བ་དེ་ལྟ་ན་ནི། འདོད་ཆགས་དང་བྲལ་བའི་གཟུགས་སྤངས་ནས་མཆོག་ཏུ་སྒེག་པ་ལ་སོགས་པའི་ཉམས་ དང་ལྡན་པས་འཁོར་ལོས་སྒྱུར་བའི་གཟུགས་སུ་མངོན་པར་སྤྲུལ་ཏེ་འདོད་ཆགས་ཀྱིས་དེ་ དང་འདྲ་བའི་འདོད་ཆགས་རབ་ཏུ་ཉམས་པའི་དོན་དུ། བདག་གིས་སྔགས་ཀྱི་ཚུལ་གྱིས་སྤྱོད་ པ་བསྟན་པར་བྱའོ། །ཞེས་པའི་བཅོམ་ལྡན་འདས་ཀྱི་གསུང་སྙིང་ལ་འབབ་པར་མི་འགྱུར་རོ། ། དེའི་ཕྱིར་དགེ་སློང་གི་གཟུགས་ཀྱིས་ནི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པར་མི་རིགས་ཏེ། གང་ ཞིག་མཆོག་གི་འདོད་ཆགས་ཆེན་པོའི་སྤྱོད་པ་ཡིན་པའི་ཕྱིར་རོ། །དགེ་སློང་གི་གཟུགས་ཉིད་ 8-1-7 ཀྱང་འདོད་ཆགས་དང་བྲལ་བའི་སྤྱོད་པ་དང་ལྡན་པ་སྟེ། རྣམ་པ་འདི་ཉིད་སྔགས་ཀྱི་ཚུལ་གྱི་ སྤྱོད་པ་ལ་ནི་རིགས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། དེ་བཞིན་ གཤེགས་པ་ཐམས་ཅད་རབ་ཏུ་གནས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པ། སོར་ བརྒྱད་ལ་སོགས་སྐྲ་དང་ནི། །གོས་དང་རྒྱན་གྱིས་བརྒྱན་བྱས་ཏེ། །རྡོ་རྗེ་འཛིན་པའི་བྱ་བ་བྱ། ། དགེ་སློང་རྡོ་རྗེ་འཛིན་པར་འགྱུར། །གཞན་རྣམས་སུ་ནི་ངེས་པ་མེད། །ཅེས་པ་ལ་སོགས་ པའོ། །གལ་ཏེ་འདོད་ཆགས་དང་བྲལ་བའི་གཟུགས་ཀྱིས་ཀྱང༌། དེ་བཞིན་དུ་འདིར་དབང་དུ་ བྱ་བ་ཐོབ་པ་དེ་ལྟ་ན་ནི། བཅོམ་ལྡན་འདས་ཀྱིས་ཅིའི་དོན་དུ་དེ་ལྟ་བུའི་རྣམ་པའི་གཟུགས་ཀྱི་ སྤྲུལ་པ་བསྟན། གཞན་ཡང་ཀྱེའི་རྡོ་རྗེ་ལས་བྱུང་བ་ཀུ་རུ་ཀུལ་ལའི་རྟོག་པ་ལས་ཀྱང་གསུངས་ པ། གོས་མེད་གཙུག་ཏོར་མེད་པའི་ལུས། །དེ་འདྲ་བླ་མར་མི་བྱ་སྟེ། །ཕྱག་རྒྱའི་དངོས་གྲུབ་ རྣམ་ཉམས་འགྱུར། །ཞེས་སོ། །དེའི་ཕྱིར་གང་ཇི་སྲིད་དགེ་སློང་གི་གཟུགས་ཀྱིས་སྔགས་ཀྱི་ ཚུལ་གྱི་སྤྱོད་པ་ལ་རབ་ཏུ་ཞུགས་པར་གྱུར་པ་དེ་རྣམས་ཀྱིས་ནི་ཉན་ཐོས་ལ་སོགས་པའི་སྤྱོད་ པ་ལེགས་པར་མ་བསྲུངས་ཤིང་སྔགས་ཀྱི་ཚུལ་གྱི་སྤྱོད་པའང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ རྣམས་གཉི་གའི་སྡོམ་པ་ལས་ཉམས་པར་འགྱུར་ཏེ། ཆགས་ལྡན་རྣམས་ཀྱིས་ཤིན་ཏུ་བདེ་བ་ ལ་རབ་ཏུ་མཁྱུད་པ་བཞིན་དུ། དབང་པོ་འབའ་ཞིག་གི་འདོད་པ་ཆེན་པོས་ཡུལ་གྱི་བདེ་བ་ལ་ སྲེད་པར་གྱུར་ནས། བཟའ་བ་དང་བཏུང་བ་ལ་སོགས་པ་བྱས་ན་དམྱལ་བར་འགྲོ་བར་ འགྱུར་རོ། །དེ་ལྟར་ཡང༌། གང་ཞིག་བརྟུལ་ཞུགས་བཟང་ནོས་ནས། །ལེགས་པར་བསྲུང་ བར་མི་བྱེད་པ། །དེ་ནི་ངེས་པར་ཤ་དང་རུས། །འཇིག་པའི་མེ་མ་མུར་དུ་འགྱུར། །གཞན་ ཡང༌། གཟུགས་གཞན་ཡིན་ལ། བྱ་བ་གཞན་དང་འདྲ་བ་ནི་མ་འབྲེལ་བ་སྟེ། གཟུགས་གང་ དང་འདྲ་བ་ཡིན་པ་དེ་དང་འདྲ་བའི་བྱ་བ་ནི་མཆོག་ཏུ་མཛེས་པའོ། །དེ་ལྟར་ཡང༌། རང་ངམ་ གཞན་གྱི་དབང་ཡང་རུང༌། །གནས་སྐབས་གང་དུ་ཅི་སྤྱོད་ཀྱང༌། །བསླབ་པར་གསུངས་པ་ 8-1-8 གང་ཡིན་པའི། །གནས་སྐབས་དེ་ལ་འབད་དེ་བསླབ། །ཅེས་སོ། །རབ་ཏུ་དང་བའི་མཚན་ གྱིས་ཕྱུག །དེ་ཉིད་བཅུ་ལ་རྣམ་པར་མཁས། །དེ་ནི་ཞི་རྒྱས་ལ་སོགས་ལ། །སློབ་དཔོན་དུ་ནི་ རྣམ་ཤེས་བྱ། །བརྡ་ཤེས་དང་བའི་བདག་ཉིད་ཅན། །དམ་ཚིག་ཐམས་ཅད་སྐྱོང་བར་བྱེད། ། གཟོ་ཡི་ཆ་ནི་ཐམས་ཅད་དང༌། །སྔགས་ཀྱི་བསྟན་བཅོས་རབ་འབྱམ་ཤེས། །གཟའ་དང་ སྐར་མ་དུས་སྦྱོར་ཤེས། །འཇིག་རྟེན་སྨོད་ལས་གཞན་དུ་འགྱུར། །རབ་ཏུ་གནས་པ་རབ་ཏུ་ མཛད། །གྲོང་ཁྱེར་གང་དེར་ངེས་པར་ནི། །འདི་ཡིས་སངས་རྒྱས་བཞུགས་གསོལ་བས། ། གང་དུ་ཞི་དང་བཟླས་འཕེལ་ཞིང༌། །ནད་མེད་ཆོས་ཀྱང་འཕེལ་བར་འགྱུར། །ནོར་དང་ཚེ་ དང་བདེ་བ་སྟེར། །བྱེད་པ་པོ་ལ་གྲགས་པ་དང༌། །ཕུན་ཚོགས་བུ་དང་བུ་མོ་འཕེལ། །དེ་ཡི་ཕ་ ཡང་དགའ་བར་འགྱུར། །ཇི་སྲིད་ལྷ་ཉིད་གནས་གྱུར་པ། །དེ་སྲིད་དུས་སུ་སྟོང་ཕྲག་གིས། ། དགའ་ལྡན་དུ་ནི་དེ་ལ་མཆོད། །ལྷ་ཉིད་གནས་པར་གྱུར་པ་ན། །རིང་དུ་འཕེལ་ཞིང་སྐྱེ་བར་ འགྱུར། །དེ་ནས་ཞི་རྒྱས་ལ་སོགས་ལ། །གཞན་གང་ཞིག་ནི་རྣམ་པར་སྨད། །རྒན་པོ་དམ་ ཚིག་ཉམས་པ་དང༌། །བྱ་རོག་སྒྲ་དང་སྣ་ལྡན་ཅན། །སྐམས་པ་ཡན་ལག་མ་ཚང་ལྷག །སྒུར་ པོ་མི་ཐུང་ཐེང་པོ་དང༌། །རྣམ་འགྱུར་ཤ་བཀྲ་ཅན་དྲག་པོ། །གཡོན་ཅན་མ་རུངས་ངན་པར་ ཞུགས། །སྡིག་ཅན་ནད་པ་ཅུང་ཟད་ཤེས། །ལྷ་ཡི་གྲི བ་མས་ཉེ་བར་འཚོ། །མགྲིན་ངག་འོན་ པ་སྦོམ་པོ་དང༌། །སེན་ངན་སྐྲ་ནི་འཁྱོག་པ་ཅན། །ཕྲ་མ་བྱེད་དང་རྟོག་གེ་པ། །མི་ཤེས་རྨངས་ [དམངས]རིགས་ཞིང་ལས་པ། །དེ་བཞིན་སོ་སྟོ་རྐང་ཉེག་དང༌། །ཐམས་ཅད་ཆུ་བུར་ལྦ་བ་ ཅན། །འདི་ཡིས་སངས་རྒྱས་བཞུགས་གསོལ་ན། །ནོར་དང་ཚེ་དང་བུ་རྣམས་ཉམས། །གྲོང་ ཁྱེར་དང་ནི་རྒྱལ་པོ་དང༌། །དེ་བཞིན་བྱེད་པོ་སྐྱོན་བཅས་འགྱུར། །འཆི་བ་རབ་ཏུ་སྟེར་བར་ བྱེད། །དེ་ལྟར་བྱེད་པོ་ངན་པར་བཤད། །དེས་ནི་ཀུན་ཏུ་མ་རུངས་པའི། །ལས་རྣམས་ཐམས་ ཅད་རབ་ཏུ་བྱ། །ཞེས་པ་པཎྜི་ཏ་ཆེན་པོ་དཀྱིལ་འཁོར་གྱི་སློབ་དཔོན་མེ་ལོང་གིས་མཛད་པ། 8-1-9 བྱ་བ་ཀུན་ལས་བཏུས་པ་ལས་སློབ་དཔོན་གྱི་མཚན་ཉིད་ཀྱི་ཆོ་གའོ།། ༡ །། འདིར་བཤད་པའི་མཚན་ཉིད་རྣམས་དང་ལྡན་པའི་སློབ་དཔོན། སྙིང་རྗེ་དང་བྱམས་པའི་ སེམས་དང་ལྡན་པ་སྲིད་པའི་རྒྱ་མཚོའི་ནང་དུ་འཁོར་ཞིང་ལྟུང་བའི་སེམས་ཅན་གྱི་ཁམས་ རྣམས་རྗེས་སུ་འཛིན་ཞིང་འདོད་པའི་དོན་ལ་སྦྱོར་བ། སྔགས་ཀྱི་ཚུལ་མང་དུ་ཐོས་ཤིང་ མཁས་པ། བློ་བརྟན་ཞིང་སེར་སྣ་མེད་པ། སྤྲོ་བའི་ངང་ཚུལ་ཅན་རྣམས་ཀྱིས། ས་ཡོངས་སུ་ བརྟག་པ་དང༌། ས་བདག་ཀླུ་ཡོངས་སུ་བརྟག་པ་དང༌། སའི་སེལ་དབྱུང་བ་དང༌། ས་སེལ་ལ་ ཐིག་བཏབ་པའི་མཚན་མ་དང༌། མཆོད་ཡོན་གྱི་ཆོ་ག་དང༌། རྙིང་པ་གསོ་བ་དང༌། མཆོད་ཡོན་ ལ་སོགས་པ་སྦྱིན་པའི་ངེས་པ་དང༌། སྔོན་དུ་བསྙེན་པའི་ངེས་པའི་དགོས་པ་དང༌། སློབ་མ་ བསྡུ་བ་དང༌། དཀྱིལ་འཁོར་གྱི་ཁང་པ་བྱ་བ་དང༌། ས་ཡོངས་སུ་གཟུང་བ་དང༌། བགེགས་ལ་ ཕུར་བུས་གདབ་པ་དང༌། ནོར་འཛིན་མ་ལྷག་པར་གནས་པ་དང༌། བུམ་པ་ལྷག་པར་གནས་ པ་དང༌། ལྷ་ལྷག་པར་གནས་པ་དང༌། ཐིག་སྐུད་ལྷག་པར་གནས་པ་དང༌། ནམ་མཁའ་ལ་ ཐིག་གདབ་པ་དང༌། དཀར་པོས་ཐིག་གདབ་པ་དང༌། དཀྱིལ་འཁོར་ལ་ཐིག་གདབ་པ་དང༌། ཚོན་གྱི་བཟླས་པ་དང༌། ཚོན་དགྱེ་བ་དང༌། བུམ་པ་དགོད་པ་དང༌། དཀྱིལ་འཁོར་བསྒྲུབ་པ་ དང༌། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བསྡུས་ཏེ་བསྒོམ་པ་དང༌། སྐུ་གཟུགས་ལ་སོགས་པའི་ རབ་ཏུ་གནས་པ་དང༌། བགྲང་ཕྲེང་རབ་ཏུ་གནས་པ་དང༌། བགྲང་ཕྲེང་གི་མཚན་ཉིད་དང༌། རྒྱལ་མཚན་གཟུགས་པ་དང༌། རྫིང་ལ་སོགས་པའི་རབ་ཏུ་གནས་པ་དང༌། ཨཱ་མྲའི་སྐྱེད་མོས་ ཚལ་ལ་སོགས་པའི་རབ་ཏུ་གནས་པ་དང༌། དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་དང༌། དབང་ བསྐུར་བ་དང༌། རང་གིས་དབང་བླང་བ་དང༌། རྩ་བའི་ལྟུང་བ་དང༌། སྦོམ་པོའི་ལྟུང་བ་དང༌། སྦྱིན་སྲེག་དང༌། ཡིད་ཀྱི་སྦྱིན་སྲེག་དང༌། ནང་གི་སྦྱིན་སྲེག་དང༌། ཚོགས་ཀྱི་བཟའ་བ་དང༌། དཀྱིལ་འཁོར་ཉེ་བར་བསྡུ་བ་དང༌། ཡིད་ཀྱི་དཀྱིལ་འཁོར་དང༌། གཏོར་མ་དང༌། གཟའ་ཡུམ་ 8-1-10 ལ་སོགས་པས་བདེ་ལེགས་སུ་བྱེད་པ་དང༌། བགེགས་བསལ་བ་དང༌། སྐུ་གཟུགས་ཀྱི་མཚན་ ཉིད་དང༌། ཁམས་ཀྱི་ཡོན་ཏན་དང༌། ཤིང་ལ་སོགས་པའི་སེལ་དབྱུང་བ་དང༌། མཆོད་རྟེན་གྱི་ མཚན་ཉིད་དང༌། རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་མཚན་ཉིད་དང༌། དྲིལ་བུ་དང་རྡོ་རྗེ་བཟུང་བ་དང༌། ཁ་ཊྭཱཾ་ག་དང་ཌ་མ་རུ་ལ་སོགས་པས་སྣ་ཚོགས་པའི་མཚོན་ཆའི་མཚན་ཉིད་དང༌། ནགས་ཚལ་ གྱི་ལྟད་མོ་དང་ཁྲུའི་ཚད་དང༌། གཎ་ཌིའི་མཚན་ཉིད་དང༌། མཆོད་རྟེན་ལ་སོགས་པའི་སྲོག་ ཤིང་གཟུགས་པ་དང༌། སྒོའི་ཤིང་གཟུགས་པ་དང༌། ཀ་བ་གཟུགས་པ་དང༌། གཙུག་ལག་ཁང་ ལ་སོགས་པའི་སྟེང་དུ་ཤིང་དགོད་པ་དང༌། དྲིའི་གཙང་ཁང་ལ་སོགས་པའི་མཚན་ཉིད་དང༌། ཁང་པ་བརྩེག་མའི་མཚན་ཉིད་དང༌། རྒྱ་ཕུབས་ལ་སོགས་པའི་མཚན་ཉིད་དང༌། བསམ་ གཏན་གྱི་ཁང་པ་ལ་སོགས་པའི་མཚན་ཉིད་དང༌། ཤི་བའི་རུས་བུ་དག་པར་བྱེད་པའི་ཆོ་ག་ སྟེ། ཆོ་ག་དྲུག་ཅུ་རྩ་བཞི་བསྒྲུབ་པར་བྱའོ། ། ༈ དེ་ལ་དགེ་བའི་ཉིན་པར་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་གཙུག་ལག་ཁང་ལ་ སོགས་པའི་ས་ཡོངས་སུ་བརྟག་པར་བྱའོ། །དེ་ལ་དཀར་པོ་དང་དམར་པོ་དང་སེར་པོ་དང་ ནག་པོའི་ཁ་དོག་རྣམས་དང༌། ཁུ་བ་དང་རྡུལ་དང་གཅི་བ་དང་བཤང་བའི་དྲི་རྣམས་དང༌། མངར་བ་དང་སྐ་བ་དང་སྐྱུར་བ་དང་ཚ་བའི་རོ་རྣམས་ནི། རིམ་པ་བཞིན་དུ་བྲམ་ཟེ་ལ་སོགས་ པའི་སར་འགྱུར་རོ། །དཀར་པོའི་ས་ལས་ནི་ཞི་བའི་འབྲས་བུ་སྟེར་ཞིང༌། དམར་པོའི་ཁ་དོག་ ལས་ནི་དབང་དུ་བྱ་བའོ། །དེ་ལས་ཕྱི་མའི་ས་གཉིས་ནི་རྒྱས་པ་དང༌། དྲག་པོ་དང༌། སེར་པོ་ དང་དཀར་ནག་གི་ཁ་དོག་ལས་ཏེ་གཞན་ཉིད་ནི་མ་ཡིན་ནོ། །འཕེལ་བ་དང་ན་བ་དང་འཆི་ བ་དང་མྱ་ངན་དང་ནོར་ཉམས་པ་དང་འཇིགས་པ་རྣམས་དང་གྲོལ་བ་དང་གྲུབ་པར་བྱེད་པ་ དག་ནི། བརྒྱད་གཞོལ་བའི་ས་ལས་ཏེ་རིམ་པས་ཤར་ལ་སོགས་པར་ཤེས་པར་བྱའོ། །གལ་ ཏེ་གཞོལ་བ་དག་པར་བྱས་པའི་ས་ནི་དགེ་བར་བྱེད་པར་བཤད་ཅིང༌། དེ་ལས་ཀྱང་ཤར་ 8-1-11 དང་བྱང་གཞོལ་བ་ནི་ཤིན་ཏུ་བཟང་བར་འགྱུར་རོ། །གྲོག་མའི་མཁར་ཡོད་པ་ལས་ནི་ནད་ དང༌། རྩུབ་མོའི་ས་ལས་ནི་ནོར་ཟད་པ་དང༌། གས་པ་ལས་ནི་མཆོག་གི་འབྲས་བུ་མེད་པ་ དང༌། དམའ་བའི་ས་ལས་ནི་ཡ་ང་ཞིང་མི་འདོད་པ་རྣམས་བྱེད་དོ། །གཞུའི་རྣམ་པ་དང་གྲུ་ གསུམ་དང་ཆུ་ཡོད་པ་དང་ཡོན་པོ་རྣམས་སྤང་བར་བྱ་ཞིང༌། རུས་སྦལ་གྱི་རྒྱབ་ལ་སོགས་པའི་ མཚན་ཉིད་ཅན་གྱི་ས་ཡང་སྤང་བར་བྱའོ། །དེ་ནས་གཞན་ཡང༌། ཤར་དུ་ཨ་ཤྭ་ཐ་དང་ནི། །དེ་ བཞིན་མེར་ནི་ཨར་ཛུ་ན། །ལྷོ་ཡི་ཕྱོགས་སུ་པ་ལཀྵ། །སྲིན་པོར་པཱ་ལ་ཤ་རྣམས་སྤང༌། །ནུབ་ ཀྱི་ཕྱོགས་སུ་ནྱ་གྲོ་དྷ། །རླུང་དུ་ཤལ་མ་ལི་དང་ནི། །བྱང་གི་ཕྱོགས་སུ་བ་ཀུ་ལ། །བྱང་ཤར་ཨུ་ དུམ་བ་ར་སྤང༌། །ཞེས་སོ། །དེ་ནས་མཐོ་གང་ཙམ་བརྐོས་ནས། །ས་དེས་མྱུར་དུ་བཀང་བ་ དང༌། །གལ་དེ་ས་ནི་ལྷག་གྱུར་ན། །དགེ་བར་བྱེད་པ་ཉིད་ཡིན་ནོ། །གལ་དེ་ཉུང་བར་གྱུར་ ན་དེ། །སྐྱོན་བཅས་རིག་ནས་སྤང་བར་བྱ། །སླར་ཡང་དོང་དེར་སོང་བའི་ས། །བླངས་ནས་ མཐོ་གང་ཙམ་ཆུས་བཀང༌། །བཀང་སྟེ་གོམ་པ་བརྒྱར་ཕྱིན་ནས། །སླར་ཡང་འོངས་ཏེ་བརྟག་ པར་བྱ། །ཆུ་ཡིས་གང་ན་ས་བཟང་སྟེ། དམའ་ན་སྔགས་པས་སྤང་བར་བྱ། །གལ་ཏེ་ཆུ་དེ་སྒྲ་ བཅས་ན། །ཀླུ་རྣམས་ ཁ ཡང་དག་ ཀ འཇིགས་པ་སྟོན། །ཕྱི་ནས་ཆོ་ག་མཐོང་བ་ཡིས། །བཟང་ བའི་ལས་ཅན་ཡོངས་སུ་བཟུང༌། །དེ་ལྟར་སའི་མཚན་ཉིད་ཤེས་པའི་སློབ་དཔོན་ཁྲུས་བྱས་ ཤིང་གཙང་བའི་ལུས་ལ་དྲི་བཟང་པོས་བྱུགས་ཏེ་མཆོད་པའི་ཡོ་བྱད་རྣམས་ཡང་དག་པར་ བཤམས་ནས། ཇི་ལྟར་རྙེད་པའི་གོས་དང་རྒྱན་ལ་སོགས་པས་ཆས་སུ་ཞུགས་ལ་ལྷའི་རྣལ་ འབྱོར་ལེགས་པར་བསྒོམ་པར་བྱའོ། །དཀྱིལ་འཁོར་ཁྲུ་བཞིའི་ཚད་དང་ལྡན་པ་གྲུ་བཞི་པའི་ ས་དེར་བ་ལས་བྱུང་བ་ལ་སོགས་པས་ཉེ་བར་བྱུག་པ་བྱས་ལ། དེར་དཀྱིལ་འཁོར་གྱི་འཁོར་ ལོ་བསྒོམས་ཏེ་ཡང་དག་པར་མཆོད་ཅིང་ཕྱོགས་ཀྱི་གཏོར་མ་བྱིན་ནས། པུས་མོ་གཡས་པའི་ ལྷ་ང་ས་ལ་བཙུགས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཐལ་མོ་སྦྱར་ལ། ཕྱོགས་དང་ 8-1-12 ཕྱོགས་བྲལ་རྣམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་དཔའ་རྣམས་དང༌། འཇིག་ རྟེན་སྐྱོང་བ་ལ་སོགས་པ་རྣམས་ལ་ས་བླང་བར་བྱའོ། །ཁམས་གསུམ་གང་དུ་མགོན་པོ་དག ། ཆེན་པོས་མཆོད་པ་བཞུགས་རྣམས་དང༌། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །དྲི་ཟ་དང་ ནི་ལྷ་མིན་སོགས། །དེ་དང་དེ་ལ་འདི་གསོལ་བགྱི། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། ། ས་ཡི་ཆ་ནི་བཟང་པོ་འདིར། །གཙུག་ལག་ཁང་ནི་བཞེངས་གྱུར་ནས། །ཐོས་བསམ་ལ་ སོགས་མཆོག་ཞུགས་པས། །ཆོས་ཉིད་རྟོགས་པར་བྱ་བའི་ཕྱིར། །ཆེ་གེ་བདག་ནི་ཆེ་གེ་མོའི། ། གྲགས་པ་དམ་པ་བྱ་བར་བརྩོན། །གལ་ཏེ་ཁྱེད་ཀྱིས་བཟོད་གནང་ན། །བགྱི་སྟེ་གཞན་དུ་ མ་ཡིན་ནོ། །རྨི་ལམ་ལ་སོགས་མཚན་མ་ཡིས། །ས་བཟང་འདི་ནི་བདག་ལ་གསོལ། །ཞེས་ ལན་གསུམ་བརྗོད་པར་བྱའོ། །དེའི་རྗེས་སུ། ༀ་མུ་ཙི་ལི་སྭཱ་ཧཱ། ༀ་མོ་ཧ་ནི་སྭཱ་ཧཱ། ༀ་དད་ ཏི་ལི་སྭཱ་ཧཱ། ཞེས་པ་རྨི་ལམ་བརྟག་པ་འདིས་ལག་པ་གཡོན་པས་ཁར་ལན་ཉི་ཤུ་རྩ་གཅིག་ བསྔགས་ལ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་མདུན་དུ་མཆོད་པ་སྔོན་དུ་འགྲོ་ བས། མགོ་ལྷོར་བསྟན་ཅིང་ཁ་ཤར་དུ་ཕྱོགས་ལ། གོས་གཙང་མས་བརྒྱན་ཏེ་ཇི་ལྟར་འདོད་ པར་ཉལ་བར་བྱའོ། །རྨི་ལམ་ངན་ན། བདུད་རྩི་འཁྱིལ་པའི་སྔགས་བཟླས་པའམ། དོན་ དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པར་མོས་པ་བྱའོ། །སླར་ཡང་རྨི་ལམ་བརྟག་པ་ བྱས་ནས་ལྷ་རྣམས་ཀྱིས་གནང་བའམ་མ་བཀག་པའི་ས་ལ་འོག་ནས་འཆད་པ་རྣམས་བྱའོ། ། བཀག་པ་ལ་ནི་མ་ཡིན་པ་ཁོ་ནའོ། །རྨི་ལམ་བཟང་ན་ཉི་མ་བཟང་པོ་གཉིས་པ་ལ་སྔ་དྲོའི་ དུས་སུ་ས་གནོན་གྱི་ཕྱག་རྒྱ་དང་རྡོ་རྗེ་དཀྱིལ་དཀྲུང་བཅས་ཏེ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ དང་ལྡན་པས། ༀ་བྷཱུ་ཁཾ་ཞེས་པའི་སྔགས་ཀྱིས་སྟོང་པ་ཉིད་དང༌། ཧཱུཾ་ལཾ་ཧཱུཾ་ཞེས་པས་རྡོ་རྗེའི་ རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་བསྒོམས་ལ། ༀ་མེ་དི་ནི་བཛྲཱ་བྷ་ཝ་བཛྲ་བན་དྷ་ཧཱུཾ་ཞེས་པ་དང་ རྡོ་རྗེ་བསྡམས་པའི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱའོ། །ལག་པ་གཡས་པར་ཟླ་བ་ལ་ཧཱུཾ་ 8-1-13 བསམས་ཏེ་ལན་གསུམ་བརྗོད་ཅིང་དེའི་འོད་ཟེར་དང་སོར་མོའི་རྩེ་མོས་བསྣུན་པས། དེ་དག་ གི་སྒྲ་རྣམས་ཀྱིས་ས་བསྐུལ་བར་གྱུར་པ་ལས། སའི་ལྷ་མོ་སེར་མོ་ལུས་ཕྱེད་དམ་ཐམས་ཅད་ འཐོན་པ་ཕྱག་གཉིས་ན་གསེར་གྱི་བུམ་པ་དང་མི་འཇིགས་པའི་ཕྱག་རྒྱ་ཅན། མཛེས་པའི་ རྒྱན་གྱིས་བརྒྱན་པ་ལ། ཞབས་བསིལ་དང་ཞལ་བསིལ་དང་མཆོད་ཡོན་སྔོན་དུ་འགྲོ་བའི་མེ་ ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་ པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། ། སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་ལྟར་བདག་གིས་བདུད་ ཀྱི་དཔུང༌། །བཅོམ་ནས་གཙུག་ལག་ཁང་སོགས་བགྱི། །ཞེས་ལན་གསུམ་དུ་གསོལ་བ་ བཏབ་པས། གྱིས་ཤིག་ཅེས་གསུང་ནས་དེ་ཉིད་དུ་ཐིམ་སྟེ་སའི་ལྷ་མོ་སའི་ངོ་བོར་གནས་པར་ བསམ་མོ། །དེ་ནས་དེར་བྷྲུཾ་ལས་བྱུང་བའི་འཁོར་ལོ་དང་བྷྲུཾ་ལས་བྱུང་བའི་ཁང་པ་བརྩེགས་ པ་བསྒོམ་པར་བྱའོ། །དེ་ནས་ཁང་པ་བརྩེགས་པའི་ནང་དུ་དྲིའི་མཎྜལ་བྱས་པར། རང་གི་སྙིང་ ཁའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང༌། ཕྱོགས་སྐྱོང་ལ་སོགས་པ་སྤྱན་ དྲངས་ལ། ཞབས་བསིལ་ལ་སོགས་པའི་མཆོད་པ་དང་གཏོར་མ་དབུལ་བ་སྔོན་དུ་འགྲོ་བས་ ལྕེ་ཧཱུཾ་ལས་རྡོ་རྗེར་བྱས་ནས་སྤོས་ཕོར་བཟུང་སྟེ་དྲིལ་བུ་དཀྲོལ་ཞིང༌། བཅོམ་ལྡན་རྡོ་རྗེ་ཆེ་ གེ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །ཡང་དག་ཐུགས་རྗེའི་བདག་ཉིད་ཅན། །ཁྱེད་ ལ་མཆོད་ཡོན་དབུལ་བར་འཚལ། །སློབ་མ་རྣམས་ལ་བརྩེ་དོན་དང༌། །ཁྱེད་རྣམས་ལ་ཡང་ མཆོད་ཕྱིར་དང༌། །སེམས་ཅན་བསོད་ནམས་འཕེལ་དོན་དང༌། །བྱང་ཆུབ་སེམས་ནི་བསྐྱེད་ པའི་ཕྱིར། །དེ་བས་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། ། སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ[བརྩོན]། །བྱང་ཆུབ་སེམས་དཔའ་འབྲས་གནས་ དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་ 8-1-14 པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་དང༌། །གང་གཞན་ལྷ་ ཡི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །རྡོ་རྗེ་ཅན་ཆེན་ཆེ་གེ་བདག ། ཆེ་གེའི་མཆོད་ཡོན་དབུལ་བ་ནི། །བགྱིའོ་དེས་ན་ཁྱེད་རྣམས་ཀྱིས། །ཉེ་བར་གནས་པར་ མཛད་པར་རིགས། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་འཆད་པར་འགྱུར་བའི་ རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པའམ། དེ་དག་མེད་ན་གཞན་གྱི་ཡང་ཉ་གསོན་པོ་ནང་ དུ་བཅུག་པ་རྣམས་རིམ་པ་བཞིན་དུ་གཞག་ནས་ལྷག་པར་གནས་པ་བྱའོ། །ལས་བྱེད་པ་ རྣམས་བགེགས་མཐར་བྱེད་ལ་སོགས་པ་ལས་ཐམས་ཅད་པའི་ལྷ་ཡི་རྣམ་པར་སྤྲུལ་ཏེ། དེ་ དག་གིས་ཁུང་བུ་གྲུ་བཞི་པ་རྒྱར་ཁྲུ་དོ་པ་ཟབས་སུ་དེའི་ཕྱེད་ཁྲུ་གང་པ་རྐོ་བར་བྱའོ། །དེའི་ དབང་ལྡན་དུ་ཟླུམ་པོ་དེའི་ཚད་དམ་དེའི་ཕྱེད་པ་ཡང་ངོ༌། །དེ་གཉི་ག་ཡང་ས་དང་བ་ལས་བྱུང་ བས་བྱུག་པར་བྱའོ། །དེ་ནས་ཁུང་བུ་གྲུ་བཞི་པར་མཆོད་ཡོན་གྱི་སྣོད་ནས་མེ་ཏོག་དཀར་པོའི་ སྙིང་པོར་ངུར་བ་དང་བཅས་པ་ཉིད་མཛུབ་མོ་དང་མཐེ་བོང་གི་རྩེ་མོས་མཐོང་བར་བླངས་ཏེ་ ཡོངས་སུ་བསྐོར་ཞིང་འགྱིང་བའི་ཚུལ་གྱིས་མཛུབ་མོ་དང་གུང་མོ་དང་མིང་མེད་དང་མཐེ་ཆུང་ རྣམས་རིམ་གྱིས་དཀྲོལ་ལ། ༀ་ཨཱཿཧྲཱིཿཔྲ་བ་ར་སད་ཀ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཞེས་པས་ མཆོད་ཡོན་ཕུལ་ནས། ༀ་བྷྲུཾ་ཧཿཧྲཱིཿཔྲ་ཏཱིཙྪ་བྷཱུར་བྷུ་བཿསྭཿསྭཱ་ཧཱ། ཞེས་པའི་སྔགས་ཀྱིས་རིམ་ པ་བཞིན་དུ་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པའི་ཆུ་བླུགས་པས། གྲུ་བཞི་པ་ཇི་ལྟ་བ་ བཞིན་དུ་བཀང་ལ། དེའི་རྒྱུན་གྱིས་ཟླུམ་པོ་དགང་བར་བྱའོ། །དེའི་རྗེས་སུ་ཉ་ལྕིབས་དང་ཉ་ གསོན་པོ་བཅུག་ལ་གཡས་སུ་འཁྱིལ་བར་བལྟ་ཞིང་ཤིང་འོ་མ་ཅན་གྱི་འདབ་མ་བཅུག་ནས། བདག་ཉིད་ཛཾ་ལས་སྐྱེས་པའི་རྡོ་རྗེ་དང་ཛཾ་ལས་ཛཾ་གུ་ལི་སེར་པོ་རྩ་བ་དང་གཡས་པ་དང་ གཡོན་པའི་ཞལ་གསུམ་སེར་བ་དང་ནག་པ་དང་དཀར་བ། གདེངས་ཀ་བདུན་དང་ལྡན་པ་ རིན་པོ་ཆེའི་ཅོད་པན་ཅན། ཕྱག་དྲུག་གི་གཡས་པ་གཉིས་ཀྱིས་རྡོ་རྗེ་དང་མདའ་དང༌། གཡོན་ 8-1-15 པ་དག་གིས་གཞུ་དང་ཞགས་པ་དང་བཅས་པའི་སྡིགས་མཛུབ་འཛིན་པ། ཕྱག་ལྷག་མ་དག་ གིས་རང་འོད་ཀྱི་ཐབས་ལ་འཁྱུད་པ། སྣ་ཚོགས་པའི་ན་བཟའ་དང་སྦྲུལ་གྱིས་བརྒྱན་པ། སྣ་ ཚོགས་ཆུ་སྐྱེས་དང་ཉི་མའི་གདན་ལ་བཞུགས་པ། ཉི་མའི་འོད་ཅན་དུ་བསྒོམས་ཏེ། པད་སྐོར་ ལན་ལྔ་བྱས་ལ། དབང་ཆེན་གྱི་མཐར་ཐུག་པར་བལྟས་པས། ས་གཞི་སྣ་ཚོགས་རྡོ་རྗེའི་རང་ བཞིན་དུ་བསམ་མོ། །ལྟད་མོ་བའི་འཇིག་རྟེན་པ་རྣམས་ཀྱང་སོ་རྩི་དང་མེ་ཏོག་ཕྲེང་བ་དང་ ཙན་དན་ལ་སོགས་པས་ཡང་དག་པར་མཆོད་པར་བྱའོ། །ཞེས་པ་གཙུག་ལག་ཁང་ལ་སོགས་ པ་བྱ་བའི་དོན་དུ་ས་ཡོངས་སུ་བརྟག་པའི་ཆོ་གའོ།། །། ༈ དེ་ནས་ཕུན་སུམ་ཚོགས་པ་མ་ཡིན་པའི་སྐྱོན་ཐམས་ཅད་དང་བྲལ་བར་ཤེས་པའི་ སའི་དུམ་བུ་དེར་ནས་བཏབ་སྟེ་སྐྱེས་ནས་སྔོན་པོར་གྱུར་པ་ལ་བ་ལང་རྣམས་ལོངས་སྤྱོད་དུ་ གཞུག་པར་བྱ་ཞིང༌། དེ་ནས་དེ་རྣམས་ཀྱི་ཆུ་དང་ལྕི་བ་དང་འོ་མ་རྣམས་བསྲེས་ནས་གཏོར་ བས་ཞི་བའི་བདག་ཉིད་ཅན་གཙང་མར་གྱུར་པའི་སའི་འོག་གི་སྐབས་མཐའ་དག་ཏུ་ཀླུ་ལ་ སོགས་པ་བལྟ་བར་བྱའོ། །དེའི་རྗེས་ལ། གཙུག་ལག་ཁང་དང་མཆོད་རྟེན་སྤོང་ཁང་ཁང་ བཟང་ཁང་བརྩེགས་ལྷ་ཁང་ལ་སོགས་བྱེད་འདོད་པ། །དེ་ཡིས་ས་བདག་ཀླུ་ནི་བརྟག་པར་བྱ་ སྟེ་ས་ཡི་དུམ་བུ་གང་དེ་གྲུ་བཞིར་བྱ། །ཕྱོགས་ཀྱི་ས་ཡི་ཆ་རྣམས་སོ་སོར་ཟླ་བ་གསུམ་དང་ཉི་ མ་ཡི་ནི་གྲངས་རྣམས་འདིར། །དབང་ལྡན་ནས་ནི་མེ་ཡི་མཐར་ཐུག་ཤར་གྱི་སའི་ཆ་ནི་དགུ་ བཅུར་རྣམ་པར་དབྱེ། །དེ་བཞིན་མེ་ནས་བདེན་བྲལ་ཕྱོགས་ཀྱི་མཐར་ཐུག་དང༌། །བདེན་ བྲལ་ནས་ནི་རླུང་གི་ཕྱོགས་ཀྱི་མཐར་ཐུག་དང༌། །རླུང་ནས་འབྱུང་པོའི་བདག་པོའི་ཕྱོགས་ ཀྱི་མཐར་ཐུག་རྣམས། །དེ་བཞིན་དུ་ནི་ཆ་ནི་དགུ་བཅུ་ཉིད་དུ་བྱ། །སྟོན་ཟླ་ར་བ་འབྲིང་དང་ ཐ་མའི་བར། །དེ་སྲིད་དབང་ལྡན་ཟུར་གྱི་ཕྱོགས་སུ་མགོ །བདེན་བྲལ་ཟུར་གྱི་ཕྱོགས་ཆར་ མཇུག་མ་སྟེ། །ས་ཡི་དུམ་བུའི་དབུས་སུ་གསང་གནས་བཞག །ལྟེ་བའི་འོག་གི་ཆ་ནི་ལག་ 8-1-16 འགྲོའི་ལུས། །སྟེང་དུ་གདེངས་ཀ་དང་ལྡན་མི་ཡི་ལུས། །གཤིན་རྗེའི་གདོང་ལྡན་ལག་གཡོན་ རྣ་བ་གཡོན། །གཡས་པའང་རིན་ཆེན་དང་བཅས་རྙེད[རྐེད]་པར་བཞག །ས་ཡི་ཆ་དགུ་ རྣམས་སུ་ཁྱབ་པར་ཉལ། །ཕྱོགས་རེར་ཀླུ་ཡི་མགོན་པོ་གཉིད་དེ་གནས། །ས་ཡི་དུམ་བུའི་ སྙིང་པོའི་ཚད་ཇི་བཞིན། །སྲོག་ཤིང་ཤར་ནས་ནུབ་མཐའ་སོགས་འགྲོའི་ལུས། །ཚེས་གཅིག་ གི་ནི་ཉི་མ་ལ་སོགས་པ། །ཉིན་མཚན་རེ་རེ་ལ་ནི་ཆ་རེ་འགྲོ །ཤར་ནས་ཇི་ལྟར་རིགས་པར་ ཆ་རེ་སྤྱོད། །ལྷོ་དང་ནུབ་དང་བྱང་ཕྱོགས་དེ་བཞིན་ནོ། །དགུན་ཟླ་ར་བ་འབྲིང་མཐའི་དཀར་ ཕྱོགས་སོགས། །ཆུ་བདག་ཕྱོགས་སུ་ཁ་བལྟས་ཡང་དག་གནས། །མེ་ཡི་ཕྱོགས་སུ་ཡན་ལག་ མཆོག་འགྲོ་ཞིང༌། །རླུང་གི་ཟུར་ལ་སོགས་པར་མཇུག་མ་འགྲོ །དཔྱིད་ཟླ་ར་བ་འབྲིང་དང་ ཐ་མར་དེ། །གནོད་སྦྱིན་བདག་པོའི་ཕྱོགས་སུ་ཁ་བལྟས་གནས། །བདེན་བྲལ་ཟུར་སོགས་ ཡན་ལག་མཆོག་འགྲོ་ཞིང༌། །དབང་ལྡན་ཟུར་སོགས་ཆར་ནི་མཇུག་མ་འགྲོ །དབྱར་ཟླ་ར་བ་ འབྲིང་དང་ཐ་མའི་དུས། །དེ་ནི་ཤར་གྱི་ཕྱོགས་སུ་ཁ་བལྟས་གནས། །རླུང་གི་ཟུར་སོགས་ཡན་ ལག་མཆོག་འགྲོ་ཞིང༌། །མེ་ཡི་ཕྱོགས་སོགས་ཆར་ནི་མཇུག་མ་འགྲོ། །ལོ་རེ་ལ་ནི་ས་ཀུན་ ཁྱབ་པ་སྟེ། །ལན་ཅིག་ཙམ་གྱིས་ལེགས་པར་འཁོར་བ་མིན། །ཁྱད་པར་ཤེས་ན་ཟླ་བ་ཟླ་བ་ ཡི། །དབྱེ་བས་ལག་འགྲོའི་བདག་པོ་ཡང་དག་རྒྱུ། །ཀླུ་ཡི་བདག་ཉིད་དཀར་པོ་མཛེས་པའི་ གཟུགས། །བསྒོམས་ནས་མཇུག་མ་སོགས་ལ་རིམ་པ་བཞིན། །དེ་ལུས་གནས་པའི་ཀླུ་བདག་ བརྒྱད་པོ་ལ། །འོ་མའི་རོ་སོགས་ཉེར་སྤྱོད་རྣམས་ཀྱིས་མཆོད། །མཇུག་མའི་ཆ་ལ་རིགས་ལྡན་ ཤིན་ཏུ་སྔོ། །གསང་གནས་སྔོ་བསངས་མདོག་ཅན་སྟོབས་ཀྱི་རྒྱུ། །ལྟེ་བར་དུང་སྐྱོང་པད་མའི་ སྡོང་བུ་འདྲ། །དཔུང་པར་པད་མ་ཆེན་པོ་གསེར་གྱི་མདོག །དཱུར་བ་དང་མཚུངས་ནོར་རྒྱས་ སྙིང་ཁར་གནས། །འཇོག་པོ་ཞེས་བྱ་དམར་པོ་མགྲིན་པར་གནས། །རྣ་བར་པད་མ་དཀར་པོ་ འོད་དཀར་ཅན། །སྤྱི་བོར་ཀླུ་ནི་མཐའ་ཡས་སྔོན་པོ་འོ། །ལས་བྱེད་བགེགས་མཐར་བྱེད་པར་ 8-1-17 རྣམ་བསྒོམས་ནས། །རྡོ་རྗེས་མཚན་པའི་སྟོག་ཙེ་བརྟན་པས་གཟུང༌། །ཚིམ་པར་བྱས་ནས་ བདུད་སྡེ་སྐྲོད་བྱེད་པ། །དེ་ཡིས་དང་པོར་ལག་གཡོན་བཟུང་ནས་ནི། །ལྷ་དབང་ནོར་དབང་ ཕྱོགས་སུ་ཁ་བལྟས་ལ། །ཡང་དག་བསྐོར་ནས་ཁམ་བཞི་བརྐོ་བར་བྱ། །ས་དེ་ཞི་བར་སྙིང་ པོའི་སར་གནས་པས། །མེ་སོགས་ཟུར་དུའང་ཕྱི་རོལ་དོར་བར་བྱ། །དེ་ནས་འབད་པས་ས་ ནི་ཁམ་ལྔ་བརྐོ། །ས་ཡི་དུམ་བུའི་དབུས་སུ་མེ་ཏོག་དགྲམ། །ལྔ་པོ་དེ་དག་ལས་རྣམས་བྱེད་ པ་ཡིས། །ཕྱོགས་དང་ཕྱོགས་བྲལ་རྣམས་སུའང་དུ་མར་གཏོར། །ཡང་དག་གནས་པའི་ས་ ནས་ཆ་ནི་ཉི་ཤུ་ཅིག །དོར་བའི་མཐར་ནི་ཆ་དགུ་འབའ་ཞིག་བརྐོ་བར་བྱ། །དེ་ནི་མཆན་ཁུང་ མདུན་གྱི་ཆ་ཡིས་དགེ་བའི་ས། །ཆོས་དོན་འདོད་པ་ཡོན་ཏན་འཕེལ་ཞིང་དངོས་གྲུབ་སྟེར། ། གལ་ཏེ་ཆ་དགུའི་རེ་མིག་རྣམས་སུ་ངེས་གནས་པའི། །ལག་འགྲོའི་མགོ་ཡི་ས་ལ་བརྐོས་ན་ ཕ་མ་དང༌། །བུ་མོ་བུ་དང་སྤུན་ཡ་ཆུང་མ་མནའ་མ་དང༌། །ཕ་ཚན་གཉེན་དང་གྲོགས་པོའི་སྐྱེ་ བོ་འཆི་བར་འགྱུར། །གལ་ཏེ་རྒྱབ་ཏུ་བརྐོས་ན་རང་ཉིད་ཉམས་པའམ། །རང་གི་གནས་ལས་ གཡོ་བའམ་ཉུང་མིན་ནོར་ཟད་འགྱུར། །མཇུག་མ་ལས་ནི་གླང་པོ་རྟ་དང་མ་ཧེ་ར། །བ་ལང་ ཕྱུགས་དང་འཁོར་དང་འབངས་དང་སྟོབས་ཉམས་འགྲུབ། །གལ་ཏེ་ཁམ་ལྔ་བརྐོས་སར་ ཤིང་དང་གྲོག་སྦུར་དང༌། །སྐྲ་དང་སེན་མོ་ཐལ་བ་བྱུང་ན་འཚེ་བ་བྱེད། །རྡོ་ལས་རླུང་འཇིགས་ སྦུན་པ་དང་ནི་འགལ་དུམ་ལས། །སྣ་ཚོགས་རིམས་འབྱུང་རུས་པ་ལས་ནི་ཟུག་ནད་དོ། །དགེ་ དང་མི་དགེའི་མཚན་མ་དུ་མའི་གཟུགས་ཤེས་ནས། །སློབ་དཔོན་གཟོ་བོ་སྦྱིན་བདག་གི་ནི་ སྐྱེ་བོ་ཡིས། །སེལ་མེད་བྱས་པའི་ས་གཞིའི་ཁུང་བུ་ཐམས་ཅད་ནི། །དག་པའི་ས་ཡིས་ཀུན་ ནས་མྱུར་དུ་དགང་བར་བྱ། །དེའི་ཕྱིར་གང་ཞིག་ས་བདག་ཀླུ་དབུས་ཀྱི་ཚངས་ཐིག་དེ་སྲིད་ དུ་ཉལ་བར་ངེས་པར་འཛིན་པ་དེ་རྣམས་ནི་གསུང་རབ་ཀྱི་དོན་མ་རྟོགས་པས་རྒོལ་བར་བྱེད་ པའོ། །དབང་ལྡན་གྱི་ཟུར་ནས་བརྩམས་ཏེ་སྟོན་ཟླ་ར་བ་ལ་སོགས་པ་ཟླ་བ་གསུམ་གསུམ་ 8-1-18 ཉི་མའི་རིམ་པས་ཕྱོགས་ལ་མངོན་པར་ཁྱབ་པར་ཀླུ་ཉལ་ལོ་ཞེས་པ་ནི་མང་དུ་རིག་པ་རྣམས་ ཀྱིའོ། །ཞེས་པ་ས་བདག་ཀླུ་ཡོངས་སུ་བརྟག་པའི་ཆོ་གའོ།། །། ༈ སེལ་དང་བཅས་པའི་ས་ལ་གཙུག་ལག་ཁང་ལ་སོགས་པ་བྱས་ན་སྐྱོན་དུ་འགྱུར་བའི་ ཕྱིར་ས་སེལ་དབྱུང་བ་བརྗོད་པར་བྱའོ། །དང་པོར་རེ་ཞིག་སློབ་དཔོན་གྱིས་མཚན་ཉིད་དང་ ལྡན་པའི་གཞོན་ནུ་མ་རིགས་ལྔ་ལས་བྱུང་བའམ། དེ་མེད་ན་རིགས་གཞན་ལས་བྱུང་བ་ཡང་ རུང༌། རེ་མིག་དགུ་བྱས་པའི་སའི་དབུས་ཀྱི་ཆ་ལ་ཤིན་ཏུ་འཇམ་པའི་གདན་ལ་བཞག་ནས། མཉམ་པར་གཞག་པའི་སེམས་ཀྱིས་དེ་རྣམས་བཅོམ་ལྡན་འདས་ཀྱི་གཟུགས་སུ་འབད་པས་ བསྒོམས་ཏེ། ཡང་དག་པར་མཆོད་ནས་ཚིམ་པ་ལ། ཚིག་གང་དྲིས་པའི་ལན་གྱི་ཡི་གེ་བྱིན་པ་ རྣམས་ངེས་པར་བརྟག་པར་བྱའོ། །འདི་ལྟ་སྟེ། བ་ཀ་ཙ་ཏ་ཨེ་ཧཱ་ཤ་ཡ་ཡཱ། གང་དུ་དྲིས་པར་ གྱུར་པ་ན་ཡི་གེ་འདི་རྣམས་སོ། །ས་གཞི་ཆ་དགུར་བྱས་པ་དེར་ཤར་ལ་སོགས་པའི་སེལ་རིག་ པར་བྱ་སྟེ། དྲིས་པའི་ཚེ། བ་ཞེས་པ་ན། དབང་པོའི་ཕྱོགས་ཀྱི་ཁྲུ་ཕྱེད་དང་གཉིས་ན་མིའི་སེལ་ ཡོད་པས་དེར་གནས་པའི་མི་རྣམས་ངེས་པར་འཆི་བར་བྱེད་དོ། །དྲིས་པའི་ཚེ་ཀ་ཞེས་པ་ན། མེའི་ཕྱོགས་ཀྱི་རྐྱེད་[རྐེད་]པ་ཙམ་ན་བོང་བུའི་སེལ་ཡོད་པས། ས་དེར་གནས་པ་རྣམས་ལ་ རྒྱལ་པོའི་ཆད་པ་དང་བྲང་འགྲོའི་འཇིགས་པ་དང་མི་མཉམ་པ་བྱེད་དོ། །དྲིས་པའི་ཚེ་ཙ་ཞེས་ པ་ན་ལྷོ་ཕྱོགས་ཀྱི་རྐྱེད་[རྐེད་]པ་ཙམ་ན་མིའི་སེལ་ཡོད་པས། ས་དེར་གནས་པ་རྣམས་ཀྱི་ ཁྱིམ་བདག་འཆི་བར་ངེས་པར་བསྐྱེད་དོ། །དྲིས་པའི་ཚེ་ཏ་ཞེས་པ་ན། སྲིན་པོའི་ཕྱོགས་ཀྱི་ཁྲུ་ ཕྱེད་དང་དོ་ཙམ་ན་རུས་པ་ཡོད་པས། ཁང་པ་དེར་གནས་པ་རྣམས་ཀྱི་བྱིས་པ་ཟད་པར་ངེས་ པར་བྱེད་དོ། །དྲིས་པའི་ཚེ། ཨེ་ཞེས་པ་ན་ཆུ་བདག་གི་ཕྱོགས་ཀྱི་ཁྲུ་ཕྱེད་དང་དོ་ན་བྱིས་པའི་ སེལ་ཡོད་པས། བདག་པོ་བསྐྲད་ནས་རྟག་ཏུ་ཁང་པ་དེ་སྟོངས་པར་བྱེད་དོ། །དྲིས་པའི་ཚེ། ཧཱ་ ཞེས་པ་ན་རླུང་གི་ཕྱོགས་ཀྱི་ཁྲུ་བཞི་ན་སྐྱེས་པའི་སེལ་བ་ཡོད་པར་རིག་པས། རྨི་ལམ་ངན་པ་ 8-1-19 རབ་ཏུ་མཐོང་བ་དང་དེའི་གྲོགས་པོ་རྣམ་པར་ཉམས་པར་བྱེད་དོ། །དྲིས་པའི་ཚེ་ཤ་ཞེས་པ་ན་ ལུས་ངན་པོའི་ཕྱོགས་ཀྱི་རྐྱེད་[རྐེད]པ་ཙམ་དེ་ན་གཉིས་སྐྱེས་ཀྱི་སེལ་ཡོད་པས། ཁྱིམ་དེར་ གནས་པ་རྣམས་ནི་ནོར་སྦྱིན་ལྟ་བུའང་ངེས་པར་མྱུར་དུ་ནོར་མེད་པར་བྱེད་དོ། །དྲིས་པའི་ཚེ་ ཡ་ཞེས་པ་ན། དབང་ལྡན་མཚམས་ཀྱི་ཁྲུ་ཕྱེད་དང་དོ་ན་བ་ལང་གི་སེལ་ཡོད་པས། ས་དེར་ གནས་པ་རྣམས་ཀྱི་བ་ལང་དང་ནོར་ཉམས་པར་བྱེད་པར་ཐེ་ཚོམ་མེད་དོ། །དྲིས་པའི་ཚེ་ཡཱ་ ཞེས་པ་ན། དབུས་ན་མིའི་སྐྲ་དང་ཐོད་པ་དང་ཐལ་བ་དང་ལྕགས་ཀྱི་སེལ་འདི་རྣམས་ཡོད་ པས། གང་ཁྱིམ་དེར་གནས་པ་རྣམས་ཀྱི་སོ་སོའི་རིགས་ཟད་པར་བྱེད་པར་ཤེས་པར་བྱའོ། ། དེ་ལྟར་སེལ་རྣམས་སྐྱོན་དང་ལྡན་པར་ཤེས་ནས་རབ་ཏུ་འབད་པས་བཏོན་ཏེ། སླར་ཡང་ དག་པའི་ས་གཞི་དགའ་བ་དེར་ཕུར་བུ་གདབ་པར་བྱའོ། །དངུལ་དང་ཟངས་དང་ཞན་ནེ་ནག་ པོ་དང་ཞན་ནེ་དཀར་པོ་དང་ལྕགས་རྣམས་ལས་བརྡུངས་པ་དང་རྡོ་བ་དང་ཤིང་དང་རུས་པ་ རྣམས་ཀྱི་ནི་མ་བསྟན་ཏེ། རིགས་ངེས་པ་མེད་པ་དང༌། མཐུ་དང་བརྟན་པ་དང༌། ཕུན་སུམས་ ཚོགས་པ་རྣམས་ཟད་པ་དང༌། ནད་སྟེར་བར་བྱེད་པའི་ཕྱིར་རོ། །གསེར་གྱི་ཐུར་མ་ནི་སྐྱེ་བོ་ དང་སྟོབས་དང་བདེ་བ་དང་ནོར་དང་གྲུབ་པ་རབ་ཏུ་སྟེར་བར་བྱེད་པའོ། །ཕུར་བུ་ནི་དགུན་ འབྲུམ་གྱི་ཤིང་ལས་བྱས་པ་སྟེ་ལྕགས་ཀྱིས་བརྡུང་བར་བྱའོ། །ཞེས་པ་ས་སེལ་དབྱུང་བའི་ཆོ་ གའོ།། །། ༈ དེ་ལ་ཐིག་ནི་གདབ་པར་བྱ་སྟེ་ཆོ་ག་བཟང་པོས་མཉམ་པར་བྱས་པའི་ས་གཞི་ལ། །ཡེ་ ཤེས་ལྔའི་བདག་ཉིད་རྣམ་དག་བསྒྲིལ་བ་མདུད་མེད་ལྟེ་བའི་སྟེང་དུ་གནས་པ་དང༌། །བརྟན་ པའི་བསམ་གཏན་དང་ལྡན་བླ་མ་དམ་པའི་སྣ་རྩེའི་དབུས་སུ་མིག་ནི་བལྟ་བ་དང༌། །དྲིལ་བུ་ དང་ནི་བཀྲ་ཤིས་ཀླུ་དང་དུང་དང་གླི ང་བུའི་སྒྲ་རྣམས་སྒྲོགས་ཤིང་བསྟོད་པས་སོ། །བུད་མེད་ གཟོ་མོའི་ལག་པའི་འདབ་ 8-1-20 མས་བླངས་པའི་ཆུ་དང་བསྲེས་ཤིང་རབ་རྒྱས་འབར་བ་ཡི། །མེ་ཏོག་གསེར་བཟང་དང་ མཚུངས་དྲི་ལྡན་མཆོད་ཡོན་སྦྱིན་བདག་གིས་ནི་ཡང་དག་དབུལ་བར་བྱ། །མཚན་མ་ཡང་ནི་ ངེས་པར་བརྟག་པར་བྱ་སྟེ་ཐིག་སྐུད་ཆད་པར་གྱུར་ན་བླ་མ་འཆི། །ལྕེ་སྤྱང་དང་ནི་བྱ་རྒོད་བྱ་ བང་ངུ་བར་གྱུར་ན་རྗེ་བོ་ངེས་པར་འཆི་བར་འགྱུར། །གང་གི་རིགས་ཀྱི་ཁྱད་པར་ལས་སྐྱེས་ སེམས་ཅན་རྣམས་ཀྱིས་ཐིག་སྐུད་ལས་ནི་འགོམས་གྱུར་ན། །དེ་ཡི་རིགས་ཀྱི་རུས་པ་དེར་ནི་ ངེས་པར་ཐིག་སྐུད་ཀྱི་ནི་འོག་གི་ས་ལ་སྟེ། །སྦྱིན་བདག་ཉེ་བར་འོངས་ནས་ཐིག་བྱེད་པ་ན་ གང་གི་མིང་ནི་ཡང་དག་སྒྲོགས་བྱེད་པ། །དེ་ཡི་མིང་དང་རྗེས་འགྲོའི་སེམས་ཅན་ཀེང་རུས་ སྦྱིན་བདག་གནས་པའི་ས་ཡི་དུམ་བུ་ལའོ། །རང་གི་ལུས་ལ་རེག་ན་མྱུར་དུ་ཆོ་གའི་དབང་ ལས་དེ་ཡི་ཚད་ཀྱིས་བརྐོ་བར་བྱ། །དེ་ན་སེལ་ཡོད་རྣམ་པ་མང་པོའི་མཚན་མ་གསུངས་པ་ འདིར་ནི་ཡང་དག་བསྡུས་པ་ཙམ། །རེ་ཞིག་བ་ལང་འོངས་ནས་ལྕི་བ་གཏོང་བར་བྱེད་ན་དེ་ ཡི་ཚད་ཀྱི་གསེར་གནས་ཤིང༌། །བྱིས་པ་དང་ནི་གཞོན་ནུ་མ་གང་ཕྱི་ས་གཏོང་ན་དེའི་ཚད་ ཀྱི་དངུལ་ཡོད་དོ། །སྦལ་པའི་སྒྲ་ལས་ཁྱིམ་ལ་ཆུ་ཡིས་འཇིགས་བྱེད་དུ་བ་ལས་ནི་སེམས་ལ་ སྡུག་བསྔལ་ཏེ། །ནད་པ་ལུས་ཉམས་མཛེ་པོ་ལས་ནི་རང་དབང་མེད་པ་བུད་མེད་མཐོང་ན་ ནད་དང་ལྡན། །ཤང་ཤང་དང་ནི་རྨ་བྱ་ཁུ་བྱུག་ནེ་ཙོ་དག་དང་ངུར་པ་དང་ནི་ངང་པའི་སྒྲ། །དེ་ རྣམས་མགྲིན་པར་སྒྲོགས་པ་མཐོང་ན་དགེ་བ་འཕེལ་བར་བྱེད་ཅིང་ཕུན་སུམ་ཚོགས་པར་ བྱེད། །སེང་གེ་དང་ནི་ཆུ་འཛིན་རྒྱལ་པོའི་གླང་པོའི་སྒྲ་ལས་འབྲུ་དང་ནོར་ཐོབ་འཕེལ་བ་ཉིད། ། བྱིས་པ་བརྩེ་བ་དང་ནི་དུང་དང་བཀྲ་ཤིས་སྒྲ་ལས་དེ་ཡི་ཁྱིམ་དུ་རྫས་རྣམས་འོང༌། །གདུགས་ དང་ཆུ་སྐྱེས་མཁའ་དང་སྙེ་མ་རྒྱལ་མཚན་བུམ་པ་རྒྱན་དང་རྒྱལ་པོའི་ཆུང་མ་དང༌། །ཉ་དང་འོ་ མ་ཞོ་ཡི་དབང་པོ་ཆང་དང་མེ་འབར་འབྲས་བུ་རྣམས་ལས་རྒྱལ་བའོ། །འབྲུ་དང་ནོར་དང་བུ་ སོགས་འཕེལ་ཏེ་མཉམ་མེད་བྱ་བ་ཡོངས་སུ་རྫོགས་པ་དེ་ཡི་ཚེ། །དགེ་སློང་བྲམ་ཟེ་བློ་ལྡན་ 8-1-21 ཕྱུག་པོ་དམ་པའི་སྐྱེ་བོ་ཡང་དག་མཐོང་ན་ཆོས་དང་ལྡན། །ས་ལ་ཐིག་རྣམས་གདབ་པའི་ཆོ་ ག་རབ་ཏུ་བརྩམས་ནས་ལྷ་རྣམས་ཡང་དག་བཀོད་པ་ན། །དེ་ཚེ་མཆོག་གི་རྟགས་ནི་འདི་དག་ ཕན་པ་འཕེལ་བར་བྱེད་པས་ཡོངས་སུ་བརྟག་པར་བྱ། །གཟོ་བོ་སློབ་དཔོན་རྣམ་དཔྱོད་དང་ ལྡན་མཛེས་ཤིང་མཁས་པས་ཀུན་ཏུ་མི་དགེ་བ་རྣམས་སྤང༌། །གང་ཞིག་གནས་རྣམས་ཀུན་ཏུ་ གནས་པའི་སྐྱེ་བོ་རྒྱལ་པོ་སྦྱིན་བདག་རྣམས་ལ་ཇི་ལྟ་བར། །བཀྲ་ཤིས་དང་ནི་དགེ་བ་འཕེལ་ བའི་ཆེད་དུ་དང་པོར་ཤིན་ཏུ་རྣམ་པར་དཔྱད་ནས་དེས། །དམ་པའི་སྐར་མ་གཟའ་དང་སྦྱོར་ བ་ཉི་མ་དགེ་བ་དག་ལ་བྱ་བ་ཡང་དག་བརྩམ། །ཞེས་པ་ས་སེལ་ལ་ཐིག་བཏབ་པའི་མཚན་ མའི་ཆོ་གའོ།། །། ༈ མཆོད་རྟེན་ལ་སོགས་པ་ཡི་གཞི་ལ་གནས་པའི་མཐའ་དག་ལྷ་རྣམས་དང༌། །ཕྱོགས་ སྐྱོང་བ་དང་ཀླུ་དང་ནོར་འཛིན་རྒྱལ་དང་བྱང་ཆུབ་སེམས་དཔའ་རྣམས། །ཕྱི་ཡི་ཆོ་གས་ མཆོད་པར་བྱ་སྟེ་ཡིད་ཀྱི་ཆོ་ག་ཤེས་པ་ཡིས། །ས་ཡི་དུམ་བུའི་སྙིང་པོ་ཡོངས་སུ་དག་པའི་ དབུས་སུ་གནས་པས་སོ། །ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་ནི་དཀྱིལ་འཁོར་མཐའ་དག་ ལས། །ཡང་དག་བྱུང་བའི་རི་རབ་རྩེ་མོའི་སྟེང་དུ་སྣ་ཚོགས་རྡོ་རྗེ་སྟེ། །དེ་ཡི་འོད་ཟེར་འདྲ་ བའི་ཚོགས་རྣམས་ཀྱིས་ནི་མདའ་ཡི་དྲ་བ་དང༌། །རྡོ་རྗེའི་ར་བ་གུར་དང་བླ་རེས་མཐའ་དག་ ལེགས་པར་བསྲུང་བར་བྱ། །དཔལ་ལྡན་སེང་གེ་རྣམ་པར་གནོན་པའི་ཏིང་ངེ་འཛིན་གྱིས་ བར་སྣང་དུ། །བྷྲུྃ་ཡིག་དང་ནི་འཁོར་ལོ་རྒྱལ་པོའི་འོད་ཟེར་ལས་བྱུང་གཞལ་ཡས་ཁང༌། ། གཙུག་ལག་ཁང་དང་ཁང་བཟངས་ཁྱིམ་དང་འགྲོན་ཁང་དང་ནི་ལྷ་ཁང་རྣམས། །མཐའ་དག་ དགེ་འདུན་གྱིས་ནི་ལེགས་པར་ཡོངས་སུ་གང་བ་སེམས་ཀྱིས་བསམ། ། བྷྲུྃ་ཡིག་འོད་ཀྱིས་ཕྲ་རབ་རྡུལ་གྱི་ཚོགས་གྱུར་སོ་ཕག་ལ་སོགས་པ། །མཐའ་དག་པད་ མའི་དབུས་སུ་གནས་པ་རྣམས་ནི་ཡང་དག་མཆོད་བྱ་ཞིང༌། །ཡོངས་སུ་རྫོགས་ཤིང་ཚོས་ 8-1-22 [ཆོས]ལ་མཆོག་ཏུ་འབར་བས་མཛེས་ཤིང་ཟུར་ལྡན་རྣམས། །དྲི་ཡི་ཆུ་དང་ཙན་དན་དམར་ པོའམ་གུར་གུམ་གྱིས་ནི་བྱུག་པར་བགྱི། །གྲོག་ཚང་ཅན་དང་འབུ་ཡི་ཚོགས་ཀྱིས་ཟོས་པ་ དང་ནི་ཆག་པ་དང༌། །ཟུར་ཉམས་པ་དང་མཐའ་དག་ཕྱུགས་ཀྱི་རྐང་རྗེས་ཅན་དང་ཡོན་པོར་ གྱུར། །འདི་རྣམས་སྤངས་ཏེ་པྲྀ་ཡང་ཀུ་དང་མེ་ཏོག་རྣམས་དང་ལེ་བརྒན་རྩི། །སིན་དྷཱུ་ ར་དང་འཁུར་བ་དཀར་པོའི་ཚངས་སྐུད་ཏིལ་ལ་སོགས་པས་ཀྱང༌། །ཡང་དག་ཚིམ་པར་ བྱས་ཏེ་རྩིག་མཁན་གཟོ་བོའི་ཚོགས་ནི་མཁས་པ་རྣམས། །གསེར་གྱི་གདུབ་བུ་རྣམས་དང་ རྣ་རྒྱན་ལག་པ་ཡི་ནི་སོར་གདུབ་དང༌། །གོས་དང་གསེར་དང་བཟའ་བ་བཏུང་བ་གོ་ཡུ་དང་ ནི་མེ་ཏོག་གིས། །ལྟད་མོ་བ་དང་མི་ཡི་བདག་པོའང་ཡང་དག་ཡོངས་སུ་ཚིམ་པར་བྱ། །ཤར་ དང་བྱང་དུ་ཁ་ཕྱོགས་དེ་བཞིན་གཤེགས་དང་ཟླ་བ་ཉི་མ་དག །བལྟས་ནས་རྒྱས་པའི་སེམས་ ཀྱིས་བླ་མ་དང་ནི་གཟོ་བོའི་གཙོ་བོ་ཡིས། །ཟླ་བ་དང་ནི་ཉི་མའི་ལམ་ནས་འཛིན་མའི་རླུང་ནི་ རྒྱུ་བ་ན། །བརྩམས་ཏེ་ཕ་གུ་དངུལ་དང་གསེར་གྱི་རུས་སྦལ་སྟེང་དུ་གཞག་པར་བྱ། །དབང་ པོ་དང་ནི་བྱང་དུ་དང་པོར་གནས་པས་བརྟན་པའི་ཡིད་ཀྱིས་ནི། །དེ་རྣམས་མེ་ཡིས་ཟུར་གྱི་ ཕྱོགས་ལ་སོགས་པར་རིམ་པ་ཇི་བཞིན་དུ། །གཡས་སུ་བསྐོར་བའི་རིམ་པས་ངེས་པར་སྦྱར་ ན་རྫོགས་པར་འགྱུར་བ་སྟེ། །སྟོང་ཕྲག་ཕྱོགས་ཀྱི་ཁོར་ཡུག་དག་ཏུ་ཕ་གུ་རྣམས་ནི་གཞག་ པས་སོ། །ཡིད་བཟང་གིས་ནི་དྲིལ་བུ་དཀྲོལ་ཞིང་གཡས་པའི་ཕྱག་ཏུ་རྡོ་རྗེ་ནི། །ལེགས་པར་ གནས་པས་དེ་ནས་ཡོངས་སུ་བཟླས་ཏེ་སྔོན་ལ་ཕྱོགས་བྲལ་རྣམས། །རྣམ་པར་སྣང་མཛད་ ལ་སོགས་བུམ་པའི་ཆུ་ཡིས་མངོན་པར་གཏོར་བྱ་ཞིང༌། །ཉེ་བར་སྤྱོད་པ་ལྔ་ཡི་ཆོ་ག་སློབ་མས་ ཡོངས་སུ་བཟུང་བར་བྱ། །བདེ་གཤེགས་སྲས་ཀྱི་ཚོགས་ཀྱིས་གང་བར་དམ་པའི་ཆོས་ནི་ བཀླག་བྱ་ཞིང༌། །རབ་ཏུ་དགའ་བའི་སྐྱེ་བོ་འདུས་ཤིང་ཀུན་ནས་དགའ་བ་ཚོགས་པའི་དུས། ། གོས་མེད་པ་དང་ལུས་དམན་གྱུར་པའི་སྡུག་བསྔལ་རབ་ཏུ་གྲོལ་བ་ན། །དགེ་བའི་ཚེས་དང་ 8-1-23 དུས་སྦྱོར་ལ་ནི་དང་པོར་རོལ་མོ་གླུ་དབྱངས་བྱ། །ཕ་གུ་ལ་སོགས་པར་གཞག་པ་རྣམས་ལ། སྦྱིན་བདག་དང་མཁས་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་སྤྲོ་བ་དང་བཅས་པས། ཆུའི་རྒྱུན་བསྒྲེང་སྟེ་ཕྱོགས་མཐའ་དག་ཏུ་དགྲམ་པར་བྱའོ། །གཙུག་ལག་ཁང་གི་ཁང་མིག་ གི་རིངས་སུ་ནི་ཕྱེད་ལྷག་པའི་ཚད་དེ། ཞེང་དུ་ཆེ་བ་ནི་མཆོག་གོ །ཞེང་གི་བཞི་ཆ་གསུམ་ དང་མཉམ་པ་ནི་སྟེགས་བུ་དང་མྱོས་པ་བསྲུང་བའི་རྩེ་མོའོ། །དོང་དགང་བ་ནི་དེ་བཞིན་དུ་ སྐེ་རགས་ཙམ་མེ་དང་མདའ་དང་ཐུབ་པར་གསུངས་ཤིང༌། གང་ཡང་ཆུ་དང་རྡོའི་མཐར་ཐུག་ པར་བྱ་སྟེ་རྩིག་པ་ནི་གྲོས་སུ་བྱའོ། །མ་ཐེམ་གྱི་ས་ནི་གདུང་གི་མཐར་ཐུག་པའི་ཚད་གང་ཡིན་ པ་སྟེ། དེ་བཞིན་དུ་རྩེ་མོའི་མཐར་ཐུག་པའི་རིངས་སུ་ནི་ཆ་གསུམ་གྱི་ཚད་དུ་འགྱུར་ཞིང༌། ཆ་རེ་རེ་ནི་ཆ་ཆེན་པོའོ། །ཀ་བ་དང་ནང་གི་དྲ་བ་ནི་ཆ་ལྔའི་ཆ་གསུམ་དུ་གསུངས་སོ། །ཆ་ དང་ཆའི་དུམ་བུ་ཡོངས་སུ་རྫོགས་པའི་ཁོར་ཡུག་གི་ཕྲེང་བར་ཤིང་གི་ལས་ཀ་མཉམ་པའོ། ། སྟེགས་བུ་ལ་ཆ་ལྔའི་ཆ་གཉིས་ནི་རྩིག་པ་ཆེན་པོའི་ཞེང་ངོ༌། །རྩིག་པ་དེ་ལ་ཆ་ལྔའི་ཆ་གཉིས་ ནི་ཕ་གུའི་རིངས་ཀྱིས་ཚད་དོ། །དེ་ཡི་རིངས་སུ་ཡང་ཆ་ལྔ་སྟེ་ཞེང་དུ་ནི་ཆ་གསུམ་དང་ལྡན་ པ་ཕ་གུར་བསྟན་ཏོ། །དེའི་ཆ་གསུམ་གྱི་ཆ་གཅིག་ནི་དཔངས་ཏེ། ཁང་བཟངས་ཀྱི་ཆ་ཐམས་ ཅད་དུའོ། །ༀ་བྷྲུྃ་སརྦ་ཏ་ཐཱ་ག་ཏཱཿསརྦ་བུད་དྷ་ཨཱ་ལ་ཡཾ་ཨ་དྷི་ཏིཥྚན་ཏུ་སྭཱ་ཧཱ། ཞེས་པ་སོ་སོའི་ ཟུར་ལ་ལན་བདུན་གྱིས་ཕ་གུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཞི་བའི་སྦྱིན་སྲེག་གིས་ ཕྱོགས་སྐྱོང་ལ་སོགས་པ་རྣམས་ཀྱང་ཡང་དག་པར་མཉེས་པར་བྱས་ནས། སའི་བདག་པོ་ དང་སྦྱིན་པའི་བདག་པོ་ལ་ཡང་ཞི་བར་བྱ་ཞིང༌། ལྷག་མའི་གཏོར་མ་སྦྱིན་པར་བྱའོ། །སྔ་མ་ དང་འདིར་ཡང་ཆོ་ག་རྣམས་སྤྲོ་བས་ནུས་པ་བཞིན་བྱས་ཏེ། དགེ་འདུན་གྱི་སྟོན་མོ་དང་བླ་མ་ ལ་ཡོན་དབུལ་བར་ཡང་བྱའོ། །ཞེས་པ་གཙུག་ལག་ཁང་དང་མཆོད་རྟེན་དང་དྲིའི་གཙང་ཁང་ དང་གྲོང་ཁང་དང་སྤོས་ཁང་གི་མཆོད་ཡོན་གྱི་ཆོ་གའོ།། །། 8-1-24 ༈ རྫིང་དང་ཆུ་མིག་དང་ཁྲོན་པ་ལ་སོགས་པ་བྱེད་པ་ན་གཏོར་མ་དང་མཆོད་པ་སྔོན་དུ་ འགྲོ་བས་མཆོད་ཡོན་ལ་སོགས་པ་བྱས་ལ། རྣམ་པར་སྣང་མཛད་ཉིད་དུ། ༀ་བཾ་བཛྲ་བ་རུ་ ཎ་ཧཱུཾ་ཞེས་པ་འདིས་རྡོ་རྗེ་ཆུ་བདག་གི་གཟུགས་སུ་བསམས་ནས། དེ་ཡོངས་སུ་གྱུར་པ་ལས་ སྐྱེས་ཏེ། ཀླུ་རིགས་བརྒྱད་ཀྱི་གནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་བཀང་ལ། ༀ་བཛྲ་སཏྭ་ ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་མེ་ཏོག་གཏོར་ནས་དབང་ཆེན་གྱི་གཞི་ལ་ཐུག་པར་ཡན་ལག་ བརྒྱད་དང་ལྡན་པའི་ཆུས་གང་བར་བལྟའོ། །ཞེས་པ་རྫིང་ལ་སོགས་པའི་མཆོད་ཡོན་གྱི་ཆོ་ གའོ།། །། ལུགས་མ་དང་བརྡུངས་མ་དང་བྲིས་མ་ལ་སོགས་པའི་སྐུ་གཟུགས་བྱེད་པ་ན་མཆོད་པ་ དང་གཏོར་མ་སྔོན་དུ་འགྲོ་བས། གཟོ་བོ་རྣམས་བྱེད་པར་འགྱུར་བའི་ལྷའི་རིགས་ཀྱི་བདག་ པོའི་གཟུགས་སུ་བྱས་ཏེ། སྙིང་ཁ་དང་མགྲིན་པ་དང་མགོ་བོ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་ དུ་རྡོ་རྗེ་དང་པད་མ་དང་འཁོར་ལོ་ལ་གནས་པའི་ཧཱུཾ་དང་ཨཱཿདང་ༀ་གྱི་ཡི་གེ་རྣམས་དང༌། གཡོན་པ་དང་གཅིག་ཤོས་ཀྱི་ལག་པ་དག་ལ་ཟླ་བ་དང་རྡོ་རྗེ་དག་དང་ལྡན་པར་སྐ་ཅིག་གིས་ རྣམ་པར་བསྒོམས་ལ། དེ་རྣམས་ཀྱི་སྙིང་ཁ་ལ་སོགས་པ་རྣམས་སུ་རྡོ་རྗེ་དང་བཅས་པའི་ལག་ པ་གཡས་པས་རེག་ཅིང༌། ཧཱུཾ་ཨཱཿༀ་ཞེས་པས་བྱིན་གྱིས་བརླབ་པར་བྱའོ། །འཆད་པར་འགྱུར་ བའི་སྦྱང་བའི་ཆོ་གས་ཤིང་དང་འཇིམ་པ་དང་རྡོ་བ་ལ་སོགས་པའི་རྫས་ཀྱི་དངོས་པོ་གཙང་ མ་རྣམས་སྟོང་པ་ཉིད་དང༌། ཕྱི་ནས་སྐ་ཅིག་ལ་སྙིང་ཁའི་ས་བོན་གྱིས། བྱེད་པར་འགྱུར་བའི་ ལྷའི་གཟུགས་སུ་རྣམ་པར་བསམས་ལ། བཅོམ་ལྡན་ཞེས་པ་ལ་སོགས་པ་ནས། ཉེ་བར་ གནས་པར་མཛད་པའི་རིགས་ཞེས་པའི་མཐར་ཐུག་པ་འཆད་པར་འགྱུར་བ་རྣམས་བརྗོད་ པར་བྱའོ། །ཐམས་ཅད་དུ་ཡང་འདིར་བསྒོམས་པའི་ལྷ་རྣམས་གཤེགས་སུ་གསོལ་བར་བྱའོ། ། ཞེས་པ་སྐུ་གཟུགས་ལ་སོགས་པའི་མཆོད་ཡོན་གྱི་ཆོ་གའོ།། །། 8-1-25 དམ་པའི་ཆོས་འབྲི་བར་བྱེད་པ་ན་མཆོད་པ་དང་གཏོར་མ་སྔོན་དུ་འགྲོ་བས། ཡེ་ཤེས་ ལྔའི་བདག་ཉིད་ཀྱི་ཤོག་བུ་རྣམས་དྷཱི་ཡིག་ཏུ་རྣམ་པར་བསྒོམས་ཏེ་དེའི་འོད་ཟེར་གྱིས་སྤྱན་ དྲངས་པའི་རྫོགས་པའི་སངས་རྒྱས་རྡོ་རྗེ་ཆོས་ཀྱི་བདག་ཉིད་དུའོ། །ཡན་ལག་དགུའི་དམ་ པའི་ཆོས་རྣམས་ནི་སོ་སོའི་སྒྲའི་བདག་ཉིད་ཕན་ཚུན་རྗེས་སུ་ཆགས་པ་སྟེ། སྔ་མ་ལས་མི་ འགྱུར་བའི་ཨ་ཡིག་ཡོངས་སུ་གྱུར་པའོ། །བྲིས་མཁན་རྣམས་ནི་སྔ་མ་བཞིན་དུ་རྣམ་པར་ སྦྱངས་ཏེ་འོད་དཔག་མེད་ཀྱི་གཟུགས་སུ་རྣམ་པར་བསྒོམ་མོ། །རང་ཉིད་ཀྱིས་ཀྱང་ༀ་བཛྲ་ སཏྭ་ཧཱུཾ་ཞེས་པ་འདིས་སྨྱུ་གུ་དང༌། ༀ་ཨཱཿབིགྷ་ནཱན་ཏ་ཀྲྀ་ཏ་ཧཱུཾ་ཞེས་པ་འདིས་སྣག་ཚའི་སྣོད་ ལན་ཉི་ཤུ་རྩ་གཅིག་ཏུ་བྱིན་གྱིས་བརླབ་ཅིང༌། བྲིས་མཁན་གྱི་ལག་པ་གཡོན་པར་སྣག་ཚའི་ སྣོད་ཆོས་ཀྱི་འབྱུང་གནས་དང༌། གཡས་པར་སྨྱུག་གུ་རྡོ་རྗེའི་རང་བཞིན་ཅན་བྱིན་ལ། ༀ་ དྷཱིཿཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སརྦ་ཨཱཛྙཱ་ན་པ་ཊ་ལ་ཨ་པ་ཧཱ་རི་ཎི་ཧྲཱིཿསྭཱ་ཧཱ་ཞེས་པའི་སྔགས་ཀྱིས་རབ་ ཏུ་བཞག་སྟེ། སྣག་ཚའི་སྣོད་དང་སྨྱུག་གུ་དག་སྦྱར་ནས་ཤེས་རབ་དང་ཡེ་ཤེས་གང་ཞིག་ རྣམ་པར་འཕྲོ་བས་གང་བྲིས་པ་དེ་རྣམས་དེས་ཡོངས་སུ་རྫོགས་པའོ་ཞེས་བསམ་པར་བྱའོ། ། བསྒོམས་པའི་ལྷ་རྣམས་ཀྱང་གཤེགས་སུ་གསོལ་བར་བྱའོ་ཞེས་སོ། །རྐྱེད་གསོག་ཅན་དང་ ཚངས་སྐུད་ཅན། །སྣག་ཚ་རྐུ་དང་རལ་པ་ཅན། །ངན་པས་འཚོ་དང་གྱ་གྱུའི་བདག །དམ་ཆོས་ དོན་ལ་ཡོངས་སུ་སྤང༌། །བརྩམས་ཏེ་དང་པོའི་འདབ་མ་ལ། །རྩ་བའི་ཆ་ཡིས་ལེགས་བྲི་ཞིང༌། ། ཕྱི་ནས་རྩེ་མོས་ཡང་དག་བྲི། །འབྲིས་མཁན་ཕན་པར་རྟོག་པས་སོ། །ཀོ་ལའི་རྒྱབ་ཀྱི་རིམ་ པ་ལྟར། །དེ་བཞིན་ཕྲེང་པ་དེ་ཡིས་བྱ། །ཆ་ལྔ་མཉམ་པར་བྱས་ནས་ནི། །གཡས་པ་ལ་ནི་ཆ་ གསུམ་དོར། །གཡོན་ལ་ཆ་གཉིས་དོར་བ་ཡི། །དབུས་སུ་བུག་པ་དགེ་བ་འཐོབ། ཞེས་པ་ནི། བུག་པ་གཅིག་པའི་མཚན་ཉིད་དོ། །ཆ་གསུམ་མཉམ་པར་བྱས་ནས་ནི། །བུག་པ་གཉིས་པ་ དགེ་བ་འཕེལ། ཞེས་པ་དམ་པའི་ཆོས་བྲི་བའི་མཆོད་ཡོན་གྱི་ཆོ་གའོ།། །། 8-1-26 གཙུག་ལག་ཁང་དང་ཁང་རྩེག་ཁང་མིག་གནས་པ་གང༌། །མཆོད་རྟེན་ལ་སོགས་སྐུ་ གཟུགས་བརྙིས་ཤིང་རུལ་བ་དང༌། །ཆག་དང་ཚིག་དང་དུམ་བུར་སོང་དང་ཆ་ཤས་གས། །དེ་ རྣམས་སྦྱིན་བདག་རྒྱལ་པོ་རྣམས་ལ་ཤིས་པ་མིན། །དེ་ཕྱིར་སྐྱེ་རྒྱུའི་འཁོར་དང་སྦྱིན་བདག་ རྒྱལ་པོ་རྣམས། །མཆོག་གི་དོན་དང་བསོད་ནམས་དོན་དང་གྲོལ་དོན་དུ། །ཡང་དག་རྙིང་པར་ གྱུར་རྣམས་གསོ་ཞིང་བསྒྲུབ་བྱ་སྟེ། །གཙོ་བོའི་སློབ་དཔོན་མཆོག་རྣམས་ཀྱིས་ནི་འབད་པས་ སོ། །ཐུབ་པའི་དབང་པོའི་ཚོགས་ལ་མེ་ཏོག་ལ་སོགས་པའི། །ཉེར་སྤྱོད་རྣམས་ཀྱིས་མཆོད་ ནས་གསོལ་བ་གདབ་བྱ་ཞིང༌། །དཔང་དུ་བྱས་ནས་ཕྱོགས་སྐྱོང་རྣམས་དང་ལྷ་ཀུན་དང༌། ། གནས་ཀྱི་བདག་པོར་སྦྱིན་སྲེག་གཏོར་མ་རབ་ཏུ་སྤྱད། །ཚིམ་པར་བྱས་ནས་སྐར་མ་གཟའ་ དང་དུས་ཚིགས་ནི། །དགེ་བ་ཉིད་དང་གཙང་བ་ཉིད་ལ་ངེས་པར་བརྟག །དཔལ་ལྡན་རྡོ་རྗེ་ སེམས་སོགས་རྣམས་བསྒོམས་བདག་ཉིད་ཅན། །སློབ་དཔོན་རང་གི་སྡེ་དང་བཅས་པས་ ལས་རྣམས་བསྒྲུབ། །རང་གི་གསང་སྔགས་བརྒྱ་དང་རྩ་བརྒྱད་བཟླས་ནས་ནི། །རྡོ་རྗེས་ཕྱག་ མཚན་བརྟན་ཞིང་དཔའ་བའི་སློབ་དཔོན་གྱིས། །ཕྲེང་བ་དང་ནི་སྐུད་པ་ལྔ་ལ་རྣམ་བཅིངས་ ཏེ། །སྐུ་གཟུགས་ཡེ་ཤེས་རིགས་དེའི་སྙིང་གནས་མྱུར་བ་ཡིས། །བཀུག་ནས་ས་བོན་ཡི་གེའི་ ཕྲེང་སྐྱེས་གནས་པ་རྣམས། །ཧོ་ཡིག་སྙིང་པོར་བྱས་ནས་འོད་ཀྱི་ཕྲེང་བ་ནི། །ཉེར་སྤྱོད་ལ་ སོགས་སྔོན་དུ་འགྲོ་བའི་ཆོ་ག་ཡིས། །གནས་ལས་རྗེས་སུ་འཐུན་པ་མིན་པར་བསྒོམ་པར་ བྱ། །མཚན་མས་རབ་བརྒྱན་མཛེས་ཤིང་གསར་པ་རྣམ་དག་པའི། །བུམ་པར་བདུད་རྩི་ལྔ་ལ་ སོགས་པས་རབ་རྫོགས་བྱ། །བུམ་པའི་ནང་དུ་གནས་པ་རྣམ་པར་དག་པའི་སྐུ། །བརྟན་པའི་ བདག་ཉིད་ཅན་གྱིས་རྟག་ཏུ་ཡང་དག་མཆོད། །འཁྲུལ་འཁོར་རྣམས་ཀྱིས་གཟོ་བོའི་སྐྱེ་བོས་ རྣམ་བསྐྱོད་[བསྐྱེད]དེ། །རྡོ་བ་དང་ནི་ས་ཡི་རང་བཞིན་རྙིང་པའི་གཟུགས། །འདི་རྣམས་མུ་ སྟེགས་ཅན་གྱི་ཆུ་བོར་དོར་བྱ་ཞིང༌། །ཅི་སྟེ་ཡང་ན་རི་ཕུག་ཟབ་མོའི་ནང་སོགས་སུའོ། །གལ་ 8-1-27 ཏེ་ཤིང་གི་བདག་ཉིད་ཡིན་ན་གོས་གསར་བཅིང༌། །ཏིལ་མར་བྱུགས་ཏེ་ཆོ་ག་ཤེས་པས་ བསྲེག་པར་བྱ། །རྫས་ཀྱི་བདག་ཉིད་ཅན་རྣམས་བཞུ་བར་བྱས་ནས་ནི། །དེ་ཡང་བདག་ཉིད་ ཡོངས་སུ་རྫོགས་པར་བླུག་པར་བྱ། །སྔར་གྱི་ཚད་ལས་མྱུར་དུ་གཟུགས་ནི་མཛེས་པའམ། ། སྔར་བས་ལྷག་པའི་ཡོངས་རྫོགས་སྐུ་ནི་བཞེངས་བྱ་སྟེ། །འབད་པ་ཡིས་ནི་སྙིང་སྟོབས་ལྡན་ པའི་བདག་ཉིད་ཀྱིས། །མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་བསྒྲུབ་པར་བྱ། །བུམ་པའི་ལྟོ་ བའི་རང་གི་ས་བོན་ཕྱུང་ནས་ནི། །ཡེ་ཤེས་རིགས་ནི་སྐུ་གཟུགས་ལ་གནས་རབ་ཏུ་བྱ། །དེ་ལ་ འཆད་འགྱུར་མཆོད་པ་དམ་པ་རིམ་བྱ་སྟེ། །རབ་ཏུ་གནས་པའི་ཆོ་ག་བཞིན་དུ་མྱུར་བས་སོ། ། སོ་ཕག་རང་བཞིན་དང་ནི་རྡོའི་རང་བཞིན་རྙིང་གྱུར་པའི། །མཆོད་རྟེན་རྣམས་ནི་དེ་བཞིན་ ཡོངས་དག་བྱས་ནས་མཐའ་དག་དངོས། །སྙིང་པོར་བྱས་ཏེ་མཆོག་གི་དངོས་གྲུབ་བྱེད་པའི་ སྐྱེ་བོ་ཡིས། །ཤིང་ཡང་དེ་བཞིན་ཉིད་དེ་གསེར་སོགས་རང་བཞིན་བླུག་པར་བྱ། །གཙུག་ ལག་ཁང་དང་ཁང་བཟངས་ཁྱིམ་དང་འགྲོན་ཁང་ལྷ་ཁང་རྣམས། །རྣམ་པར་སྣང་མཛད་རང་ བཞིན་དུ་ནི་ངེས་པར་རབ་བསྒོམས་ནས། །ཡང་དག་གནས་ནས་ལེགས་པར་བཀུག་སྟེ་བུམ་ པའི་ནང་དུ་ནི། །གཞག་ནས་སྔར་གྱི་ཆོ་ག་བཞིན་དུ་ཡང་དག་སྤྱད་པར་བྱ། །སྦྱིན་སྲེག་ཉེར་ སྤྱོད་གཏོར་མ་བཟའ་བ་བཀྲ་ཤིས་བྱས་ནས་ནི། །རབ་འབྱམ་ཐུབ་པའི་གང་ཟག་རྣམས་ནི་ ཤིན་ཏུ་མཉེས་བྱ་སྟེ། །བསྙེན་བཀུར་དང་ནི་མཆོད་པའི་རྒྱན་རྣམས་རྟག་ཏུ་རྣམ་པར་བསྒྲུབ། ། དེ་ལྟར་བྱས་ན་མཐའ་དག་འཇིག་རྟེན་ཕན་པ་ཐོབ་པར་འགྱུར། །ཞེས་པ་རྙིང་པ་གསོ་བའི་ མཆོད་ཡོན་གྱི་ཆོ་གའོ།། །། འདིར་ཇི་ལྟར་རིགས་པར་འཆད་བཞིན་པའི་ཆོ་ག་རྣམས་སུ། གསེར་དངུལ་རྡོ་དང་ ཟངས་དང་ཤིང༌། །ས་བྱས་ཉ་ཕྱིས་དུང་དང་ནི། །འདབ་མའི་སྐྱོང་བུ་ཞབས་བསིལ་དང༌། ། བསང་གཏོར་ཞལ་བསིལ་མཆོད་ཡོན་སྣོད། །དེ་ལ་སྣོད་ཅིག་ཏུ་ནས་དང་འོ་མ་དང་མེ་ཏོག་ 8-1-28 དཀར་པོ་དང་ཀུ་ཤ་དང་ཏིལ་དང་འབྲས་ཡོས་དང་བདུད་རྩི་བཅས་པའི་དྲི་དཀར་པོའི་ཆུ་ བླུགས་ལ། ༀ་ཨཱཿཧཱུཾ་ཞེས་པའི་སྔགས་དང་རང་གི་བདག་པོའི་སྔགས་དང༌། འཁྱིལ་པའི་ སྔགས་རྣམས་ཀྱིས་ལན་བདུན་ནམ་བརྒྱ་རྩ་བརྒྱད་དུ་བསྔགས་པར་བྱ་སྟེ། ཞི་བའི་དོན་དུའོ། ། རྒྱས་པའི་དོན་དུ་ནི། ཏིལ་དང་ཞོ་དང་མེ་ཏོག་སེར་པོ་དང་དཱུར་བ་དང་བདུད་རྩི་དང་བཅས་ པའི་དྲི་སེར་པོའི་ཆུ་བླུགས་ལ་དེ་བཞིན་དུ་བཟླས་པར་བྱའོ། །དེ་ནས་རང་གི་གཡོན་ལོགས་ སུ་མཆོད་ཡོན་གྱི་སྣོད་དང༌། ཞབས་བསིལ་གྱི་སྣོད་དང༌། བསང་གཏོར་དང༌། ཞལ་བསིལ་ གྱི་སྣོད་རྣམས་གཞག་པར་བྱ་ཞིང༌། དེ་རྣམས་ཀྱི་མདུན་དུ་བཟེད་ཞལ་གྱི་སྣོད་འབའ་ཞིག་པ་ གསུམ་ཡང་ངོ༌། །དེ་ལ་ཞབས་བསིལ་གྱི་སྣོད་ནས་ཁུ་ཚུར་གཡས་པའི་མཐེ་བོང་དང་མཛུབ་ མོའི་སྐམ་པས། ཆུ་དང་མེ་ཏོག་འགྱིང་བའི་ཚུལ་གྱིས་སོར་མོ་རྣམས་བསྐོར་ཞིང་བླངས་ ལ། འཆད་པར་འགྱུར་བའི་སྔགས་ཀྱིས། མཛུབ་མོ་དང་གུང་མོ་དང་མིང་མེད་དང་མཐེ་ཆུང་ རྣམས་རིམ་གྱིས་དགྲོལ་ཞིང༌། སྣོད་དུ་ལན་གསུམ་དབུལ་བར་བྱའོ། །སྣོད་གཉིས་པའི་ཆུ་ ལག་པ་གཡས་པར་གནས་པའི་ཀུ་ཤའི་ཆུན་པོའི་རྩེ་མོས་བླངས་ནས་བཟེད་ཞལ་གྱི་སྣོད་ གཉིས་པར་ལན་གསུམ་བསང་གཏོར་བྱ་སྟེ། ལས་ཐམས་ཅད་པའི་བུམ་པའི་ཆུས་བསང་ གཏོར་བྱ་བ་ཡང་དེ་བཞིན་ནོ། །སྣོད་གཉིས་པ་ཉིད་ནས་གཡས་པའི་ཁུ་ཚུར་གྱི་མཐེ་བོང་དང་ མཛུབ་མོའི་སྐམ་པས་ཆུ་དང་མེ་ཏོག་བཟུང་ལ། ཞལ་བསིལ་གྱི་ཕྱིར་བཟེད་ཞལ་གཉིས་པ་ ཉིད་དུ། འཆད་པར་འགྱུར་བའི་སྔགས་བརྗོད་ཅིང༌། ཁ་འོག་ཏུ་ཕྱོགས་པའི་ཁུ་ཚུར་གྱི་མཐེ་ ཆུང་དང་མིང་མེད་དང་གུང་མོ་དང་མཛུབ་མོ་རྣམས་རིམ་གྱིས་དགྲོལ་ཞིང་ལན་གསུམ་དུ་ དབུལ་བར་བྱའོ། །གསུམ་པ་མཆོད་ཡོན་གྱི་སྣོད་ཀྱི་ཆུ་ལ་སོགས་པ་རྣམས་སྙིམ་པས་བཟུང་ ལ། ༀ་ཨཱཿཧྲཱིཿཔྲ་བ་ར་སཏ་ཀ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་ཅིང་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས་ སྣོད་གསུམ་པར་ལན་གསུམ་དུ་སོ་སོར་དབུལ་བར་བྱའོ། ། 8-1-29 སྔར་གྱི་ལས་གསུམ་ལ་ནི་ཨརྒཾ་གྱི་གནས་སུ་པཱའ་ཏྱཾ་དང་པྲོཀྵ་ཎཾ་དང་ཨཱ་ཙ་མ་ནཾ་རྣམས་ བརྗོད་པར་བྱའོ། །ཞེས་པ་མཆོད་ཡོན་ལ་སོགས་པའི་མཚན་ཉིད་ཀྱི་ཆོ་གའོ།། །། དེ་ནས་གཙུག་ལག་ཁང་ལ་སོགས་པ་རྫོགས་པའི་རབ་ཏུ་གནས་པའི་དོན་ནམ། དབང་ བསྐུར་བའི་དོན་དུ་གསོལ་བ་བཏབ་པར་གྱུར་པས་སམ། རང་ངམ་གཞན་གྱི་དངོས་གྲུབ་ བསྒྲུབ་པ་ལ་སོགས་པའི་དོན་དུ་གཉེར་བས་སམ། སེམས་ཅན་གྱི་དོན་ཆེན་པོ་མཐོང་བས་ སམ། གཞན་གྱིས་བསྐུལ་བས་ཀྱང་རུང་སྟེ། དཀྱིལ་འཁོར་བྲི་བའི་ཕྱིར་དང༌། ཚོགས་བསག་ པའི་ཕྱིར་དང༌། བགེགས་ཉམས་པར་བྱ་བའི་ཕྱིར་དང༌། བདུད་གཞོམ་པའི་ཕྱིར་སྔོན་དུ་ བསྙེན་པ་བྱའོ། །གལ་ཏེ་ཀུན་མཁྱེན་ལམ་ཤེས་ནི། །བསྙེན་པ་མེད་ན་འགྲུབ་མི་འགྱུར། །དེ་ ཕྱིར་གཉིས་མེད་གནས་ནས་ནི། །རིམ་གཉིས་དེ་ཉིད་རིག་པ་ཡིས། །ལྷ་ཡི་འཁོར་ལོ་ཡང་ དག་བསྒོམ། །སྐྱོ་ན་དེ་ཡི་གསང་སྔགས་བཟླས། །འཁོར་ལོའི་གཙོ་བོའི་འབུམ་བཟླས་ཤིང༌། ། ཡང་ན་རང་གི་ལྷ་ཡི་འབུམ། །དཀྱིལ་འཁོར་པ་ཡི་ཁྲི་ཉིད་དེ། །འདི་ནི་སྔོན་དུ་བསྙེན་པར་ བརྗོད། །དེ་ལྟར་ཏིང་ངེ་འཛིན་གསུམ་ལ་མཁས་པའི་རྣལ་འབྱོར་པས། ཇི་ལྟ་བར་དཀྱིལ་ འཁོར་དང་རྗེས་སུ་འཐུན་པར་སྔོན་དུ་བསྙེན་པའི་བཅུའི་ཆ་ཤས་ཀྱི་སྦྱིན་སྲེག་ཀྱང་བྱའོ། ། ཞེས་པ་སྔོན་དུ་བསྙེན་པའི་ངེས་པ་དང་དགོས་པའི་ཆོ་གའོ།། །། དེའི་རྗེས་ལ་རབ་གནས་ཀྱི་དོན་དུ་ཟླ་བ་ལ་སོགས་པ་གསུངས་པ། མཆུ་དང་དབོ་ཡི་ཟླ་ བ་དེ་བཞིན་ངེས་པར་ས་ག་སྣྲོན་དང་ཆུ་སྟོད་ཟླ་བ་དང༌། །མགོ་སྟེ་དེ་སྲིད་འདི་རྣམས་དགེ་བ་ གཅིག་པུའི་འབྲས་བུ་སྟེར་བའི་ཟླ་བ་དྲུག་ཏུ་གསུངས། །གཟའ་ཡི་མཆོག་གྱུར་བཞི་སྟེ་གཟའ་ ལྷག་བླ་མ་པ་སངས་ཟླ་བ་རྣམས་དང་ལྡན་གྱུར་ན། །གཟའ་རྣམས་ཐམས་ཅད་བདེ་དང་ རྗེས་ཆགས་ནོར་རྣམས་སྟེར་བར་གསུངས་ཏེ་རབ་གནས་དོན་དུའོ། །དང་པོར་བཤད་པའི་ གཉིས་པ་ལ་ནི་རྗེས་སུ་དགེ་བའི་འབྲས་བུར་གསུངས་ཏེ་གང་ཞིག་གསུམ་པ་དང༌། །དེ་ལས་ 8-1-30 དཔལ་ལྡན་ལྔ་པར་འགྱུར་བ་གང་དང་ངེས་པར་བཅུ་པ་བདུན་པ་ཟླ་བ་ཉ་བ་དང༌། །གང་ཞིག་ ཐམས་ཅད་གྲུབ་པ་ལ་ནི་འཐབ་མོ་སྡིག་པ་ཉམས་པར་གསུང་ཏེ་ཚེས་ཀྱི་གྲངས་རྣམས་བདུན། ། བཤད་པ་ལ་ནི་ནོར་ཀུན་གྲུབ་པར་ཐུབ་པས་བསྟན་ཏེ་སངས་རྒྱས་བྱ་བ་ལ་ནི་སྤྲོ་བར་བྱ། ། རྒྱལ་དང་མེ་བཞི་ལྷ་འཚམས་དེ་ཡི་རྗེས་སུ་མགོ་དང་སྣར་མ་དག་དང་དབོ་དང་ལག་རྣམས་ དང༌། །སྣྲོན་དང་སྣྲུབས་དང་རྗེས་འཐུན་གྲོ་བཞིན་རྐང་པར་ལྡན་པའི་ཁྲུམས་དང་ཆུ་སྟོད་ ཆུ་སྨད་ཅེས་བྱ་ལ། །བུ་ལ་སོགས་པ་རྣམས་ནི་འཕེལ་བར་འགྱུར་ཏེ་ངེས་པ་ཉིད་དུ་དབོ་ལ་ འདོད་པའི་དངོས་གྲུབ་འགྱུར། །མེ་བཞི་ལ་ནི་ཡེ་ཤེས་འཐོབ་ཅིང་ནམ་མཁར་དབང་དུ་བྱ་ བ་དག་སྟེ་ལག་ལ་དེ་བཞིན་ཉིད། །སྣར་མ་ལ་ནི་ནོར་རྣམས་འཕེལ་ཞིང་དེ་རྗེས་མགོ་ལ་ཞི་ བའོ་ཆུ་སྟོད་ཆུ་སྨད་རྒྱལ་པོ་ལ། །ཚེ་རིང་བ་དང་བུ་དང་རབ་གསལ་མཁས་པ་དག་དང་བློ་སྟེ་ ཁྲུམས་ལ་དངོས་གྲུབ་འཕེལ་བ་དང༌། །རྒྱལ་ལ་རྟག་ཏུ་རྒྱལ་བ་ཉིད་དུ་འགྱུར་ཞིང་བདེ་བ་ དང་ནི་མཐུ་སྟེ་སྣྲོན་ལ་དོན་རྣམས་འགྲུབ། །ལྷ་འཚམས་ལ་ནི་བདེ་བའོ་རྗེས་སུ་འཐུན་པའི་ གཟའ་ཚོགས་མཐའ་དག་ལ་ནི་མཆོད་སྦྱིན་བྱ་བ་བསྒྲུབ། །མྱུར་དུ་རྫོགས་པ་ཙམ་ཉིད་ལ། ། རབ་ཏུ་གནས་པ་མཆོག་ཏུ་འགྱུར། །འཁོར་ལོས་བསྒྱུར་རྒྱལ་དབང་ཕྱུག་ནི། །ཐོབ་པ་འདི་ ལ་ཐེ་ཚོམ་མེད། །ཚེས་དང་གཟའ་དང་སྐར་མ་མེད། །བགེགས་དང་ལོག་པར་འདྲེན་པའང་ མེད། །བགེགས་དང་སྐར་མ་ལྷ་རྣམས་དང༌། །གཟའ་རྣམས་ཐམས་ཅད་རྗེས་སུ་འཐུན། ཞེས་ གལ་ཏེ་ཡང་གསུངས་པ་དེ་ལྟ་ན་ཡང་འཇིག་རྟེན་པའི་ཀུན་རྫོབ་ལ་བརྟེན་ནས་བྱེད་པ་པོ་ལ་ རྗེས་སུ་འཐུན་ཞིང་དགེ་བའི་དུས་སྦྱོར་ལ་སོགས་པ་ཐམས་ཅད་བསྒྲུབ་པར་བྱའོ། །དེ་བས་ ན་ཟླ་བ་བཅུ་གཉིས་པོ་རྣམས་ལ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པས་ཡུད་ཙམ་ བཟང་པ་ལ་སོགས་པ་ཐམས་ཅད་ལ་བྱ་བ་རྣམས་བྱའོ། །དེའི་རྗེས་སུ་གང་གི་ཚེ་སློབ་མས་ ལན་གཉིས་ལན་གསུམ་དུ་གསོལ་བ་བཏབ་པར་གྱུར་པ་དང༌། དཀྱིལ་འཁོར་བྲི་བའི་དོན་ 8-1-31 དུ་གལ་ཏེ་དེ་ལ་ཉེ་བར་འཁོ་བའི་ཡོ་བྱད་རྣམས་ཚོགས་ན་དེའི་ཚེ་སློབ་མ་མདུན་དུ་གཞག་ ལ། དེའི་ལྟེ་བར་ཉི་མ་ལ་ཧཱུཾ་ཡིག་རྣམ་པར་བསྒོམས་ཏེ། དེའི་འོད་ཟེར་གྱིས་སྙིང་ཁར་གནས་ པའི་ཀཾ་ཡིག་ལས་བྱུང་བའི་སྡིག་པ་ནག་ཅིང་རྣམ་པར་འགྱུར་བའི་གཟུགས་ཅན་གཅེར་བུ་ འབྲས་བུ་འཕྱང་བ་སྐྲ་སེར་པོ་གྱེན་དུ་འགྲེང་བ་རྐང་པ་གསུམ་པ། སྣ་རྩེ་ནས་ཕྱུང་ལ་ཧཱུཾ་ཡིག་ དེ་ཡང་སྙིང་ཁར་འོངས་ཤིང་ཡོངས་སུ་གྱུར་པ་ལས་འཆད་པར་འགྱུར་བའི་ཁྲོ་བོ་ཆེན་པོ་རྡོ་རྗེ་ ཧཱུཾ་མཛད་དུ་རྣམ་པར་བསྒོམ་ནས་ཕྱིར་ཐོན་ཏེ། ༀ་སུམ་བྷ་ནི་སུམ་བྷ་ཧུཾ་ཧཱུཾ་ཕཊ། ༀ་གྲྀཧྣ་གྲྀཧྣ་ ཧུཾ་ཧཱུཾ་ཕཊ། ༀ་གྲྀཧྣཱ་པ་ཡ་གྲྀཧྣཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ༀ་ཨཱ་ན་ཡ་ཧོ་བྷ་ག་བན་བི་དྱཱ་རཱ་ཛ་ཆེ་གེ་མོའི་ སརྦ་པཱ་པཾ་ན་ཤ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བརྗོད་ཅིང་ཕྱག་ན་གནས་པའི་རྡོ་རྗེ་འབར་བས་ཕྱུང་ བའི་སྡིག་པ་རྣམས་སྟོང་པར་མཛད་པར་བསམ་མོ། །སློབ་མའི་སེམས་ཀྱི་བགེགས་རྣམས། བདུད་རྩི་འཁྱིལ་པ་ལྟེ་བའི་འོག་ཕུར་བུའི་རྣམ་པ་ཅན་ལ། ༀ་བཛྲ་ཀཱི་ལ་ཀཱི་ལ་ཡ་ཨ་སྱ་སརྦ་ བིགནྣཱ་བན་དྷ་བན་དྷ་ཧཱུཾ་ཕཊ་ཞེས་རྡོ་རྗེ་ཧཱུཾ་མཛད་ཀྱིས་བཀའ་བསྒོ་བ་དང༌། རང་གིས་ཀྱང་ བརྗོད་ཅིང་ཕུར་བུས་གདབ་པར་བྱ་སྟེ། ཕུར་བུའི་འོད་ཟེར་དྲག་པོ་རྣམས་ཀྱིས་གདུག་པ་ཅན་ རྣམས་བསྲེགས་པར་ཡང་བྱའོ། །སློབ་མ་དེ་ཡང་པཾ་ཡིག་ལས་ཀུན་ཏུ་བཟང་པོའི་གཟུགས་ སུ་བསམས་ཏེ། བསྲུང་བའི་དོན་དུ་སྙིང་ཁར་ཨ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ དང༌། ཨཱཿཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེས་བྱིན་གྱིས་བརླབ་པར་བསྒོམ་ཞིང༌། མགོ་ བོར་ཟླ་བ་ལ་གནས་པའི་ཧུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་འགྲེང་བའི་དབུས་སུ་མཱ་མ་ ཀཱི་བཞུགས་པར་བསྒོམས་ལ། ཡེ་ཤེས་ཀྱི་ལྷ་མོ་དེའི་ཐུགས་ཁའི་ཟླ་བ་ལ་གནས་པའི་རྡོ་རྗེའི་ ལྟེ་བའི་ནང་དུ་ཆུད་པའི་སྔགས་ཀྱི་ཕྲེང་བ་ལས་བྱུང་བ་རྡོ་རྗེ་སེར་པོ་ཕྲ་མོའི་འོད་ཟེར་འཕྲོས་ པས་ལུས་ཐམས་ཅད་ལ་གོ་ཆ་བགོས་པར་བསམས་ཏེ། ༀ་ཨཱཿཤཾ་ཀ་རེ་ཤཱན་ཏི་ཀ་རེ་གྷུཊ་ གྷུཊ་ཊི་ནི་གྷཱ་ཏ་ཡ་གྷཱ་ཏ་ཡ་གྷཱུཊ་ནི་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བསྲུང་ 8-1-32 བར་བྱའོ། །འཁྱིལ་པའི་སྔགས་ཀྱང་བཟླས་པའི་ཆེད་དུ་འདི་ལ་སྦྱིན་ནོ། །དེ་ལྟར་བྱས་ན་འདི་ ལ་བགེགས་རྣམས་ཀྱིས་མི་ཚུགས་ཤིང་ཉེ་བར་མཁོ་བའི་ཡོད་བྱད་རྣམས་ཀྱང་བདེ་བར་རྙེད་ པར་འགྱུར་རོ། །ཞེས་པ་སློབ་མ་ཡང་དག་པར་བསྡུ་བའི་ཆོ་གའོ།། །། དེ་ནས་ཉེ་བར་མཁོ་བ་རྣམས་ཡང་དག་པར་ཚོགས་པ་དང༌། གྲོགས་ཤིན་ཏུ་ཡིད་ གཞུངས་པ་དང་ལྡན་པས། དགེ་བའི་ཚེས་དང་དུས་སྦྱོར་ལ་སོགས་པའི་སྔ་དྲོའི་དུས་སུ། རིག་ མ་དང་བཅས་པའི་ཤིན་ཏུ་ཕན་པ་བྱེད་པས་འཁོར་ལོའི་དབང་ཕྱུག་གི་ལྷའི་རྣལ་འབྱོར་དང་ སྔོན་དུ་བསྙེན་པ་བྱས་ཏེ། གྲོང་རྡལ་དང་གྲོང་ཁྱེར་དང་གྲོང་དང་སྐྱེད་མོས་ཚལ་དང་གཙུག་ ལག་ཁང་དང་ཁྱིམ་རྣམས་ཀྱི་དབང་ལྡན་གྱི་ཕྱོགས་སམ། གང་དུ་ཡིད་ལ་འཐད་པར་གྱུར་པ་ དེར་དཀྱིལ་འཁོར་གྱི་ཁང་པ་བྱའོ། །ཤར་ཕྱོགས་སུ་དཀྱིལ་འཁོར་བྱས་ན་སའི་བདག་པོ་འཆི་ བ་དང༌། སྐྱེ་བོ་རྣམས་ལ་ཉེ་བར་འཚེ་བ་སྣ་ཚོགས་འབྱུང་ངོ༌། །ལྷོ་ཕྱོགས་སུ་ནི་གང་གི་དོན་དུ་ དཀྱིལ་འཁོར་བྱེད་པ་དེ་འཆིའོ། །ཆུར་ནི་སློབ་དཔོན་ནོ། །ལུས་ངན་པོར་ནི་དེར་ཞུགས་པའོ། ། མེར་ནི་ཆར་རོ། །བདེན་བྲལ་དུ་ནི་མུ་གེའོ། །རླུང་དུ་ནི་ཆར་རླུང་ངོ༌། །ཕལ་པའི་རིང་བསྲེལ་ ཅན་གྱི་མཆོད་རྟེན་དང་ཉེ་བར་ནི་འཆིའོ། །ཀླུ་གནས་པའི་ ཆུ་དང་ཉེ་བར་ནི་ཆུ་འབྱུང་ངོ༌། །ཤིང་གི་གྲི བ་མ་ཅན་དུ་ནི་བྱིས་པ་འཆིའོ་ཞེས་ཤེས་པར་ བྱས་ནས་ཐམས་ཅད་ཡོངས་སུ་དོར་ཏེ། ཤར་དང་བྱང་གཞོལ་བ་རབ་ཏུ་ཤིས་པའི་དཀྱིལ་ འཁོར་གྱི་ས་གཞི་ངེས་པར་བརྟགས་ནས། དེར་དྲི་བཟང་པོ་ལ་སོགས་པས་མཎྜལ་བྱའོ། ། དཀྱིལ་འཁོར་གྱི་ལྷ་རྣམས་ཡང་དག་པར་མཆོད་ཅིང་གཏོར་མ་ཕུལ་ནས་ནམ་མཁའ་ལ་ བཏེག་ནས། དེར་གནས་པའི་ཞིང་སྐྱོང་ལ་སོགས་པ་རྣམས་གཏོར་མ་དང་ཉེ་བར་སྤྱོད་པས་ མཆོད་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་ འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱེད་ཀྱིས་གསོལ[སྩོལ]། །ཞེས་ 8-1-33 ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །རྨི་ལམ་ལ་སོགས་པར་གནང་བའམ། མ་བཀག་ པར་ཤེས་ནས། ཉི་མ་གཞན་གྱི་སྔ་དྲོ་ནམ་མཁའི་དཀྱིལ་ན་བཞུགས་པའི་དཔལ་ལྡན་རྡོ་ རྗེ་འཆང་ལ་སོགས་པ་རྣམས་ལ་ཡིད་ཀྱིས་གསོལ་བ་གདབ་ཅིང་རྗེས་སུ་གནང་བར་ཞུས་ ཏེ། ཉི་མའི་གུང་ལ་བསྲུང་བའི་འཁོར་ལོ་དང་བགེགས་ལ་ཕུར་བུས་གདབ་པ་བསྒོམས་པས་ སམ། དྲག་པོའི་སྦྱིན་སྲེག་གིས་བགེགས་བསྐྲད་པར་བྱའོ། །སྦྱིན་སྲེག་གི་ཕྱོགས་ལ་སློབ་མ་ བསྲུང་བའི་དོན་དུ་ཕྱི་དྲོའི་ཚེ་མེའི་ཕྱོགས་སུ་གནས་པའི་ཐབ་ཁུང་དུ་ཞི་བའི་སྦྱིན་སྲེག་ཀྱང་ བྱས་ལ། ས་དེ་ཡང༌། ༀ་ཨཱཿབིགྷྣཱཏ་ཀྲྀ་ཏ་ཧཱུཾ་ཞེས་པ་འདིས་ལས་ཐམས་ཅད་པ་བཟླས་པའི་ ཡུངས་དཀར་དང་ཆུ་དང་ཐལ་བ་རྣམས་ཀྱིས་བསང་བར་བྱའོ། །དེར་རྡོ་རྗེ་དཀྱིལ་དཀྲུང་ བཅས་ཏེ་སའི་ལྷ་མོ་འཆད་པར་འགྱུར་བའི་མཚན་ཉིད་ཅན་བསམས་ལ། ཞབས་བསིལ་ དང༌། ཞལ་བསིལ་དང་མཆོད་ཡོན་དང་མཆོད་པ་རྣམས་སྔོན་དུ་འགྲོ་བས། ལྷ་མོ་ཁྱོད་ནི་ ཞེས་པ་ལ་སོགས་པ་གསུངས་པའི་ཚིགས་སུ་བཅད་པས་ལན་གསུམ་དུ་གསོལ་བ་བཏབ་པ་ དང༌། དེ་ལྟར་གྱིས་ཤིག་ཅེས་བརྗོད་པ་ཅན་ཡིད་ཀྱིས་བཏེགས་ནས་ནམ་མཁའ་ལ་བཞུགས་ སུ་གསོལ་ལོ། །དེ་ནས་ས་གཞི་བགེགས་མེད་པར་རིག་ནས་གཏོར་མ་བྱིན་ཏེ་སྔ་མ་བཞིན་དུ་ ས་བདག་ཀླུའི་མཆན་ཁུང་དུ་མགྲིན་པ་ཙམ་མམ་འདོམ་གང་ཙམ་མམ་ཆུ་ལ་ཐུག་པའམ་རྡོ་ལ་ ཐུག་པའམ། དངོས་གྲུབ་དམན་པ་དང་འབྲིང་དང་མཆོག་གི་དབྱེ་བས་པུས་མོའམ་དཀུའམ་ ལྟེ་བ་ཙམ་དུ་རྐོ་བར་བྱའོ། །དེ་ནས་རྡོ་བ་དང་རུས་པ་དང་སྐྲ་དང་སོལ་བ་ལ་སོགས་པ་སྐྱོན་གྱི་ ཚོགས་སུ་འགྱུར་བ་ཐམས་ཅད་མེད་པར་བྱས་ནས། ས་དེ་ཉིད་དྲི་བཟང་པོའི་ཆུས་གཏོར་ཏེ་ ཁུང་བུ་དགང་བར་བྱ་ཞིང༌། མ་ཁེངས་ན་གཞན་གྱིས་ཀྱང་ངོ༌། །ཧཱུཾ་མཛད་ཀྱི་བདུད་རྩི་འཁྱིལ་ པའི་སྔགས་བཟླས་པའི་དྲིའི་ཆུས་གཏོར་ལ་བརྡུང་བར་བྱ་ཞིང༌། ཁྲུ་ཕྱེད་ཀྱི་དཔངས་དང་ལྡན་ པ་གྲུ་བཞི་པ་ཁྲུ་བཅུ་དྲུག་གི་ཚད་དང་ལྡན་པའམ། ཡང་ན་ཁྲུ་བཅུ་གཉིས་ཀྱི་ཚད་དང་ལྡན་ 8-1-34 པ་མཉམ་པའི་ས་ལ། འཆད་པར་འགྱུར་བའི་ཐིག་གདབ་པའི་ཆོ་གས་ཐིག་གདབ་པར་བྱའོ། ། དེའི་དབུས་སུ་ཁྲུ་བཅུ་གཉིས་སམ་ཁྲུ་བརྒྱད་པའི་ཟླ་བའི་གདན་ཟླུམ་པོ་མཐོ་གང་གི་ཚད་ཀྱི་ དཔངས་དང་ལྡན་པ་དབུས་ཅུང་ཟད་མཐོ་བ་ཤར་དང་བྱང་གཞོལ་བའོ། །དེའི་འོག་ཏུ་སོར་ བརྒྱད་པའི་ཚད་དང་སོར་བཞིའི་དཔངས་དང་ལྡན་པ་པད་མའི་འདབ་མའི་རྣམ་པ་གེ་སར་ དང་བཅས་པའི་སྐྱེ་རགས་བྱའོ། །འོད་ཟེར་ཕྲེང་བའི་མཐར་ཐུག་པར་ཁྲུ་བཅུ་གཉིས་པའི་ དཀྱིལ་འཁོར་ཏེ། ཁྲུ་ཉི་ཤུ་རྩ་བཞིའི་ཚད་དང་ལྡན་པའི་གྲུ་བཞིར་ཐིག་བཞི་གདབ་པར་བྱ་ ཞིང༌། དེ་ལས་ཁྲུ་བཞི་བཞི་ཡོངས་སུ་དོར་བར་སླར་ཡང་ཐིག་བཞི་གདབ་པར་བྱའོ། །དབང་ ལྡན་གྱི་ཕྱོགས་ནས་བཟུང་ནས་ཉི་ཤུ་རྩ་བཞིའི་ཐིག་ལ་ཀ་བ་རྣམས་ཏེ། སྟེགས་བུ་ལ་ཀ་བ་ བཅུ་གཉིས་སོ། །དེའི་སྟེང་དུ་ཐོག་བཞི་པོ་རྣམས་ཏེ་ཟུར་བཞི་པའི་ཐོག་བྱས་ལ། ཀ་བ་ཆུང་ ངུ་བཞི་གཞག་ཅིང་ཟུར་གྱི་མཐར་ཐུག་པར་གདུང་བཞི་གཞག་པར་བྱའོ། །དེའམ་གཞན་གྱི་ ལུགས་ལ་ཡང་རལ་བ་ལ་སོགས་པའི་སྐྱོན་མེད་ཅིང་ལེགས་པར་གནས་པ་བྱ་སྟེ། ཡན་ལག་ བརྒྱད་ཀྱི་སྒོ་བཞི་དང་ལྡན་པ། བུམ་པ་བཟང་པོ་དང་ཕྱོགས་སྐྱོང་བའི་མདོག་ཅན་གྱི་རྒྱལ་ མཚན་དང་ལྡན་པ་གཙུག་ཏོར་དུ་རྣམ་པར་རྒྱལ་བའི་རྒྱལ་མཚན་དཀར་པོ་ཅན། ཆུ་ཤིང་གིས་ ཀ་བ་ལ་ཉེ་བར་མཛེས་པར་བྱས་པ། མཆོད་སྦྱིན་གྱི་ཤིང་གི་རིགས་ཀྱིས་སྒོ་བཞིའི་རྒྱན་བྱས་ པ། མཐར་ཟླ་བའི་གདུགས་ཀྱིས་མཛེས་པ། ཕྲེང་བ་དང་རྔ་ཡབ་ལ་སོགས་པས་བརྒྱན་པའི་ དཀྱིལ་འཁོར་གྱི་ཁང་པ་བྱའོ། །དེ་ནས་ཡང༌། ས་སེལ་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་ བར་མི་ནུས་ན། །ལག་པས་རེག་ལ་སྔགས་བཟླས་བྱ། །དེ་ཉིད་དག་པ་ཆེན་པོ་ཡིན། །ཁང་ བཟངས་བྲག་སྟེང་བ་ལང་ལྷས། །གཙུག་ལག་ཁང་སོགས་ཆུ་འགྲམ་མམ། །སྔོན་འདུས་བྱས་ པའི་གནས་དག་ཏུ། །མ་བརྐོས་ན་ཡང་དག་པ་ཡིན། དེའི་ཕྱིར་ས་འདི་རྣམས་དང་བརྐོས་ཤིང་ བརྡུང་བ་བྱས་པ་རྣམས་ལ་ཡང༌། ༀ་བྷཱུཿཁཾ་ཞེས་བརྗོད་པས་ནམ་མཁར་བྱ་ཞིང༌། དེ་ནས་ཧཱུཾ་ 8-1-35 ལཾ་ཧཱུཾ་ཞེས་པ་འདིས་རྡོ་རྗེའི་རང་བཞིན་དུ་རྣམ་པར་བསྒོམས་ཏེ། ༀ་མེ་དི་ནཱི་བཛྲཱི་བྷ་བ་བན་དྷ་ ཧཱུཾ། ༀ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ༀ་ཨཱཿཧཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་རཀྵ་ཧཱུཾ་ཞེས་པའི་སྔགས་ འདི་བཟླས་ལ་ལག་པས་རེག་ཅིང་ས་གཞི་བྱིན་གྱིས་བརླབ་པར་བྱའོ། །ས་དེའི་དབུས་སུ་ཇི་ ལྟར་འོས་པར་འཁྱིལ་པ་བཟླས་པའི་རིན་པོ་ཆེ་དང་སྨན་དང་འབྲུ་ལྔ་རྣམས་བཅུག་ལ། དེ་ བཟླས་པའི་དྲིའི་ཆུས་བྱུགས་པར༌། ནམ་མཁའ་ལ་གནས་པའི་སའི་ལྷ་མོ་ལ། གཏོར་མ་དང་ ཞབས་བསིལ་ལ་སོགས་པ་ཕུལ་ནས་བསྟིམས་ཏེ། ༀ་ཨཱཿ་ཧཱུཾ་ཞེས་བརྗོད་ཅིང་པད་བསྐོར་ བྱས་ལ་ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །སྣ་ཚོགས་སྟོང་པ་ཉིད་དང་རོ་གཅིག་པའོ་ཞེས་ལྷག་ པར་མོས་པས། ས་གཞི་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་རང་བཞིན་དུ་མོས་པར་ བྱ་བ་ནི་བླ་ན་མེད་པའི་རྣམ་པར་དག་པའོ། །ཞེས་པ་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པའི་ ཆོ་གའོ།། །། དེའི་རྗེས་སུ། སུམ་བརྡེག་རྔ་ལ་སོགས་པ་ནི། །སྙན་པའི་སྒྲ་ལྡན་རབ་ཏུ་བྱ། །དེ་ནས་ མཉམ་པའི་གླུ་བླང་ཞིང༌། །རྡོ་རྗེ་ཅན་དེས་གར་བརྩམ་མོ། །སློབ་དཔོན་ལྔ་དང་ལྷ་མོ་བཞི། ། མི་གཡོའི་བདག་ཉིད་བཞད་གད་མཁན། །དཀྱིལ་འཁོར་ཁང་པར་ངེས་གནས་ནས། །གར་ བྱ་སངས་རྒྱས་ཟློས་གར་བྱ། །ཞེས་པ་འདིའི་རྗེས་སུ་རིམ་པས་འབྲི་བར་བྱའོ། །དེ་ལས་ཆོ་ག་ ཇི་ལྟ་བ་བཞིན་དུ་བྱ་སྟེ། དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པ་གླུ་དང་རོལ་མོ་ལ་སོགས་པ་ དང་ཡང་དག་པར་ལྡན་པས། དཀྱིལ་འཁོར་ལ་ཉེ་བར་མཁོ་བ་དང་བཟའ་བ་དང་བཅའ་བ་ ལ་སོགས་པ་ཚོགས་པ་ན། འབྲི་བར་འགྱུར་བའི་དཀྱིལ་འཁོར་གྱི་རྣལ་འབྱོར་དང་ལྡན་པའི་ རྡོ་རྗེ་ཅན་གྱིས། དམ་ཚིག་འགོངས་པར་དོགས་པ་ཡིས། །སློབ་མ་མ་ཡིན་གཞུག་མི་བྱ། །ཞེས་ པའི་གསུང་གི་ཕྱིར། རང་གི་སློབ་མ་མེད་པར་གྱུར་ནའང་གཞན་གྱི་སློབ་མ་ལ་ཡང་རྡོ་རྗེ་ འཛིན་པའི་སྡོམ་པ་སྦྱིན་ཞིང༌། གསོལ་བ་བརྗོད་པ་སྔོན་དུ་འགྲོ་བ་ལྷག་པར་གནས་པའི་ཆོ་ 8-1-36 གས། ལྷག་པར་གནས་པ་བྱས་ནས་རབ་ཏུ་གཞུག་པར་བྱ་སྟེ། དེ་ལྟར་སློབ་མ་བཞི་རང་རང་ གི་འཁོར་ལོ་སྒྱུར་བའི་རྣལ་འབྱོར་དང་ལྡན་པ་དང༌། དེ་བཞིན་དུ་རྣལ་འབྱོར་མ་བཞི་རང་རང་ གི་འཁོར་ལོས་སྒྱུར་བའི་དཀྱིལ་འཁོར་ཉིད་ཀུན་ནས་བསམས་པ་དང༌། བུད་མེད་མེད་ན་ སྐྱེས་པ་ཉིད་བུད་མེད་ཀྱི་ཆ་ལུགས་དང་ཡང་དག་པར་ལྡན་པ་དང༌། དེ་བཞིན་དུ་གཞན་མི་ གཡོ་བ་བདུད་ཐམས་ཅད་སྡིགས་པར་བྱེད་པའི་མཆོག་རྣམས་སོ། །དེ་ལ་དཀྱིལ་འཁོར་གྱི་ དབང་ལྡན་གྱི་མཚམས་སམ། གཞན་གྱི་ཕྱོགས་ནས་ཀྱང་རུང་ཡོལ་བའི་ནང་དུ་རང་རང་གི་ ལྷའི་མཆོག་[མདོག]དང་མཚུངས་པར་གདོང་དང་ལུས་ལ་སྣག་ཚ་ལ་སོགས་པའི་ཁ་དོག་ གིས་བྱུགས་ལ་ཧཱུཾ་ཡིག་ལས་མིག་འབྲས་བྱས་པ་འབར་བའི་ལྟ་བ་ཅན། ཁྲོ་བོ་ཆེན་པོ་ཁྲོ་ གཉེར་གཡོ་ཞིང་རྣམ་པར་འགྱུར་བའི་སྤྱན་དང་ལྡན་པ། སྐལ་པ་འཇིག་པའི་དུས་ཀྱི་མེ་དང་ འདྲ་བར་བཟོད་པར་དཀའ་བའི་ལྟ་བ་འབར་བས། བདུད་རྣམས་བསྐྲད་པར་བྱ་བ་དང༌། སེམས་ཅན་ཐམས་ཅད་གཉིས་སུ་མེད་པའི་དེ་བཞིན་ཉིད་རོ་གཅིག་པའི་བདེ་བ་ཆེན་པོ་ལ་ རབ་ཏུ་གཞག་པར་བྱ་བའི་ཆེད་དུ་བྱས་པའི་རྡོ་རྗེ་འཛིན་པའི་རྡོ་རྗེ་ཅན་ནག་པོ་ནི་དབུས་སུའོ། ། དེ་བཞིན་དུ་རི་རབ་ལྟར་བརྟན་ཞིང་མི་འགུལ་བའི་མིག་གིས་བྱམས་པར་ལྟ་བ་ཅན་ༀ་ཡིག་ ལས་མིག་འབྲས་བྱས་པ། བདུད་རྩི་བསིལ་བ་དཀར་པོའི་འོད་ཟེར་ཕྲེང་བའི་ལྟ་བས། ཕུན་ སུམ་ཚོགས་པ་དང་བྲལ་བ་རྣམས་དང༌། མེད་པའི་བརྟུལ་ཞུགས་འཛིན་པ་རྣམས་སངས་རྒྱས་ གཏི་མུག་མི་གནས་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་བཞག་པའི་ཆེད་དུ། བྱས་པའི་ འཁོར་ལོ་འཛིན་པའི་རྟག་པ་དཀར་པོ་ནི་ཤར་གྱི་སྒོ་རུའོ། །དེ་བཞིན་དུ་གཡོན་པར་རྟེན་ཞིང་ གཡོན་དུ་རྗེས་སུ་སོང་བའི་ལྟ་བ་ཅན་ཧྲཱིཿཡིག་ལས་མིག་འབྲས་བྱས་པའི་འོད་ཟེར་གྱི་ལྕགས་ ཀྱུས་རྫོགས་པའི་བྱང་ཆུབ་ཏུ་བསྒྱུར་བར་བྱ་བའི་ཉན་ཐོས་ལ་སོགས་པ་རྣམས་འདོད་ཆགས་ ཆེན་པོའི་བྱང་ཆུབ་ལ་རྣམ་པར་གཞག་པའི་ཆེད་དུ་རྗེས་སུ་ཆགས་པ་དམར་པོའི་མདོག་ཅན་ 8-1-37 བྱས་པའི་པད་མ་འཛིན་པའི་གར་གྱི་དབང་ཕྱུག་ནི་ནུབ་ཀྱི་སྒོ་རུའོ། །དེ་བཞིན་དུ་ཇི་ལྟ་བར་ ཁཾ་ཡིག་ལས་མིག་འབྲས་བྱས་པ་འབར་བར་ལྟ་བའི་ལྕགས་ཀྱུས། ཐམས་ཅད་མཁྱེན་པའི་ ལམ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ས་ཐོབ་པའི་དངོས་གྲུབ་མཐོང་བ་རྣམས་དང༌། ཉན་ཐོས་ལ་སོགས་པའི་ལམ་ལ་མོས་པས་སྣ་ཚོགས་པའི་མྱ་ངན་ལས་འདས་པ་མཐོང་བ་ རྣམས། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ངེས་པར་བྱ་བའི་ཆེད་དུ། བྱས་པའི་རལ་ གྲིའམ་སྣ་ཚོགས་རྡོ་རྗེ་འཛིན་པའི་རྟ་མཆོག་ལྗང་གུ་ནི་བྱང་གི་སྒོ་རུའོ། །དེ་བཞིན་དུ་ཛཿཡིག་ ལས་སྐྱེས་པ་སེར་པོའི་མིག་གཡས་སུ་རྟེན་ཞིང་སྟེང་དུ་ལྟ་བའི་ལྕགས་ཀྱུས། ང་རྒྱལ་དང་ གདུག་པ་ཅན་རྣམས་སེར་སྣ་མེད་པར་བྱ་བའི་ཕྱིར་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་ངེས་ པར་སྦྱར་བའི་ཆེད་དུ། བྱས་པའི་རིན་པོ་ཆེ་འཛིན་པའི་རྡོ་རྗེ་ཉི་མ་སེར་པོ་ནི་ལྷོའི་སྒོ་རུ་སྟེ་ ཤར་དང་ནུབ་དང་བྱང་དང་ལྷོའི་ཕྱོགས་ཞེས་པའི་གསུང་གི་ཕྱིར་རོ། །འདི་རྣམས་ཐམས་ཅད་ ཕྱག་གཡོན་པ་ན་མཆོད་ཕྱིར་ཐོགས་དང་འདྲ་བའི་ཁ་ཊྭཱཾ་ཀ་དང་རྡོ་རྗེ་དྲིལ་བུའམ་ཀ་པཱ་ལ་ འཛིན་པ། སྟག་ལས་བྱས་པའི་ཤམ་ཐབས་ཅན། མིའི་རུས་པ་ལ་སོགས་པས་བརྒྱན་པ། བྱས་ པའི་སྐྲ་སེར་པོ་གྱེན་དུ་བཅིངས་པ། ཐོད་པའི་ཕྲེང་བ་དང་སངས་རྒྱས་ལྔའི་ཅོད་པན་ཅན། དཀྱིལ་དཀྲུང་ཕྱེད་པའི་གར་རམ་གཡས་བརྐྱང་གིས་གནས་པ། མིག་གསུམ་པ། བྱས་པའི་ སྣ་ཚོགས་པད་མ་དང་ཉི་མ་ལ་གནས་པ་སྟེ། རྟག་པ་ནི་པད་མ་དང་ཟླ་བའི་གདན་ལ་ཟླ་བའི་ འོད་ཅན་ནོ། །དེ་ཁོ་ན་བཞིན་དུ་བྱམས་པའི་ལྟ་བས་སེམས་ཅན་རྣམས་ཀྱི་ཉེ་བར་འཚེ་བ་ཞི་ བར་བྱ་བའི་ཆེད་དུ་བྱས་པའི་འཁོར་ལོ་འཛིན་པའི་སྤྱན་མ་དཀར་མོ་ཡང་དབང་ལྡན་གྱི་ཟུར་ དུ་སྟེ། ཀྱེའི་རྡོ་རྗེའི་དཀྱིལ་འཁོར་ལ་ནི་གཞན་མེའི་ཟུར་དུའོ། །དེ་ཁོ་ན་བཞིན་དུ་སྙིང་རྗེའི་ལྟ་ བས་གཞན་གྱི་གནོད་པ་མེད་པར་བྱ་བའི་ཕྱེད་དུ་བྱས་པའི་རྡོ་རྗེ་ཆུ་སྐྱེས་ཀྱི་ལག་པ་མ། མཱ་མ་ ཀི་སྔོན་མོ་ཡང་མེའི་ཟུར་དུའོ། །དེ་ཁོ་ན་བཞིན་དུ་རྗེས་སུ་ཆགས་ཤིང་དམར་བའི་ལྟ་བས། 8-1-38 སྐྱེ་བོ་རྣམས་རྗེས་སུ་ཆགས་པར་བྱ་བའི་ཆེད་དུ། བྱས་པའི་པད་མ་འཛིན་པའི་གོས་དཀར་མོ་ དམར་མོ་ནི་བདེན་བྲལ་གྱི་ཟུར་དུའོ། །དེ་ཁོ་ན་བཞིན་དུ་དགུག་པའི་ལྟ་བས་གདུལ་བྱ་རྣམས་ དགུག་པར་བྱ་བའི་ཆེད་དུ། བྱས་པའི་ཨུད་པ་ལ་སྔོན་པོ་འཛིན་པའི་སྒྲོལ་མ་ལྗང་ཁུའི་མདོག་ ཅན་ནི་རླུང་གི་ཟུར་དུའོ། །ཐམས་ཅད་ངེས་པར་སྔར་བཞིན་དུ་མགོ་སྐྱེས་སེར་པོ་གྱེན་དུ་ འཁྱིལ་བ། བྱས་པའི་མིག་གསུམ་ལ་སོགས་པ་དང༌། སོ་སོའི་བཞིན་དང་ལྡན་པ། སྙིང་ཁར་ ཁུ་ཚུར་གཡོན་པའི་མཛུབ་མོ་ཡོད་པ། བྱས་པའི་གོས་སྣ་ཚོགས་ཅན། བྱས་པའི་སྣ་ཚོགས་ཆུ་ སྐྱེས་དང་ཉི་མ་ལ་གནས་པ། དཀྱིལ་དཀྲུང་ཕྱེད་པའི་གར་རམ་གཡོན་བརྐྱང་གིས་གནས་ པའོ། །དེ་ཁོ་ན་བཞིན་དུ་མི་གཡོ་བ་ནི་གསེར་གྱིས་བྱུགས་པའི་རལ་གྲི་དང་ལས་ཅན། སྦྱིན་ བདག་གིས་བྱིན་པ་ཇི་ལྟ་བ་བཞིན་དུ་ཐོབ་པའི་གོས་དང་རྒྱན་ཡོད་པ། འཁོར་བ་དང་མྱ་ངན་ ལས་འདས་པ་དག་ལ་འོག་དང་སྟེང་དུ་བལྟ་བའི་མིག་ཅན། མཆོག་ཉིད་ཀྱི་ཕྱིར་སེར་པོ། མི་ གཡོ་བ་སོར་མོ་ལ་དཀྲིས་པའི་སྦྲུལ་གྱི་ཞགས་པ་འཛིན་པ། འཁོར་ལོས་བསྒྱུར་བའི་ལྷ་མོ་ རྣམས་ལ་བཞད་གད་བྱེད་པའི་མཆོག གཡོན་བརྐྱང་གིས་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་ གནས་པ། ཡང་ན་འཁོར་ལོས་བསྒྱུར་བའི་རྐང་སྟབས་ཀྱིས་གནས་པ། འཁོར་ལོས་བསྒྱུར་ བ་སོ་སོའི་ལྷ་མོ་རྣམས་ལ་ཉེ་བར་བསྐོར་ཞིང་སྣ་ཚོགས་པའི་རིན་པོ་ཆེ་ལ་སོགས་པས་བརྒྱན་ པ། གོས་བཟང་པོ་ཅན། ཐུགས་ཀྱི་དབང་ཕྱུག་གིས་བརྒྱན་པའི་རིན་པོ་ཆེའི་ཅོད་པན་ཅན་ནོ། ། ཐམས་ཅད་ནས་རྡོ་རྗེའི་རྐང་སྟབས་དང༌། རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེའི་གླུ་བླང་བ་དང༌། པད་བསྐོར་ལ་སོགས་པ་དང༌། རྡོ་རྗེའི་རྐང་སྟབས་ལྔའི་གར་གྱིས་སྒོ་རྣམས་སུ་གར་བྱའོ། ། དེའི་རྗེས་ལ་ཡོལ་བའི་ནང་དུ་གཞུག་པའི་དོན་དུ་གླུ་བླང་བར་བྱ་སྟེ། ཧཱུཾ་ཧཱུཾ་དེ་ཧ་བ་ཏུ་སཾ་པཱ་ར་ ཏ་རཱུ་དྭན་དྷཱ་ལིང་ག་ཎ་ཡོ་ཨ་བ་རུ། ཧེ་བཛྫ་ཏུ་ཧཱུཾ་ཏེནྣཱ་ཧཱུཾ་ཏེནྣཱ་ཧཱུཾ། སུ་ར་ན་ར་བན་དི་ཏ་ཙ་ར་ཎ་ བ་རཱུ་ཀུ་སུ་མ་བི་ཎིར་མ་ཡ་རོ་ཥ་ཀ་རཱུ། ཧེ་བཛྫ་ཏུ་ཧཱུཾ་ཏེན་ནཱ་ཧཱུཾ་ཏེ་ནཱ་ཏེ་ཏེ་ཧཱུཾ། བྷ་བ་བི་མུཀ་ཏི་ 8-1-39 བི་ཤེ་ཥ་གུ་ཎ་ཀུཊ་ཊི་ཨ་ཨི། ན་མ་ན་མ་ཧེ་ཧེ་བཛྫ་ཏུ་ཧཱུཾ་གུ་ཎ་པཱི་ཊི་ཨ་ཨི། དེའི་རྗེས་སུ། ཀོ་ལ་ ཨི་རེཊ་ཋི་ཨ་བོ་ལཱ་མུ་མུ་ཎི་རེ་ཀཀ་ཀོ་ལཱ། གྷ་ན་ཀི་བི་ཌ་ཧོ་བཱཛྫ་ཨི་ཀ་རཱུ་ཎེཾ་ཀི་ཨ་ཨི་ན་རོ་ལཱ། མ་ལ་ཡ་ཛེཾ་ཀུན་དུ་རུ་བཱ་ཊ་ཨི་ཊིནྚི་མ་ཏ་ཧིཾ་ན་བཛྫི་ཨ་ཨི། དྷྲུའོ། །ཏ་ཧིཾ་བ་ལུ་ཁཱཛྫ་ཨི་གཱ་ཌྷེཾ་མ་ ཨ་ཎཱ་པིཛྫ་ཨི། ཧ་ལི་ཀཱ་ལིཉྫ་ར་པ་ཎི་ཨ་ཨི་དུན་དུ་རཱུ་ཏ་ཧིཾ་བཛྫ་ཨ་ཨི། དྷྲུའོ། །ཙ་ཨུ་ས་མ་ཀ་ ཐུ་རི་སི་ཧ་ླཱཀཱ་པུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨིན་དྷ་ན་ཤཱ་ལི་ཛ་ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། དྷྲུའོ། ཕེཾ་ཁ་ ཎ་ཁེ་ཊ་ཀ་རན་ཏེ་ཤུད་དྷ་ཨ་ཤུད་དྷ་ན་མུ་ནི་ཨ་ཨི་ནི་ར་ཤུ་ཨང་གེ་ཙ་ཌཱ་ཨི་ཨ་ཨི་ཏ་ཧིཾ་ཛ་ཤ་ ར་ཨ་པ་ཎ་ཨ་ཨི། དྷྲུའོ། །ཞེས་པ་ལ་སོགས་པའི་གླུའི་དབྱངས་ཇི་ལྟ་བ་བཞིན་དུ་ཤེས་པར་ བྱའོ། །ཛཿཧཱུཾ་བཾ་ཧོཿརུ་ཊ་མ་ཊཾ་མ་ར་རི་ཊ། བཞིའོ། །ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ། བཞིའོ། །ཨ་ལ་ལ་ ལ་ལ་ཧོཿ། །དྲུག་གོ །སི་དྷྱ་སི་དྷྱ་བུ་དྷྱ་བུ་དྷྱ་དར་ཤ་ཡ་སརྦཾ། གཉིས་སོ། །ཀ་ཎི་ཀ་ཎི་དྷུ་ཎི་དྷུ་ཎི་ ཧཱུཾ། གཅིག་གོ །རོལ་པའོ། །ཀ་ཊི་ཧཱུཾ་ཛཿ བཞིའོ། གྷེ་གྷེན་དོམ། གཉིས་སོ། །ཊཀ་ཀི་ཧཱུཾ་ཧཱུཾ། བཞིའོ། །ཊ་ཀི་ཧཱུཾ་ཛཿ བཞིའོ། །ཧུ་ལུ་ཧུ་ལུ། བཞིའོ། །ཨ་ལ་ལ་ལ་ལ་ཧོཿ དྲུག་གོ །རུ་ཊ་མ་ཊ། བཞིའོ། །བརྟན་པར་ཏིང་ཏིང་ཤགས་ཀྱི་རོལ་མོའོ། །ཊ་གྷཻ་གྷཻ། གཉིས་སོ། །ཊ་གྷཻ་གྷཻ་གྷཻ། བཞིའོ། །ཊ་གྷཻ་གྷཻ། གཉིས་སོ། །གྷཻཾ། གཅིག་གོ །ཊ་གྷཻཾ། གཉིས་སོ། །གྷཻཾ་ཊ་གྷཻཾ། གཉིས་སོ། ། གཡོ་བའི་རོལ་མོའོ། །ཨཾ་ཨཾ་ཨཾ། གསུམ་མོ། །ཧཾ་ཧཾ་ཧཾ། གསུམ་མོ། བཾ་བཾ་བཾ། གསུམ་མོ། དྷཾ་ དྷཾ་དྷཾ། གསུམ་མོ། །དམ་ཚིག་གསུམ་གྱི་རོལ་མོའོ། །བཻ་ཀཽཾ་ཀཽཾ་ཀཽཾ་ཀཽཾ་ཀཽཾ དྲུག་གོ །བཻ་བ་ཛ་བ། དྲུག་གོ །བཻ་བ་ཛ་བ་ཛ། ལྔའོ། །བཻ་ཀཽཾ་ཀཽཾ་ཀཽཾ་ཀཽཾ་ཀཽཾ དྲུག་གོ །བཻ་ཧཱུཾ་བྷྱོཿ གསུམ་མོ། །ཧཱུཾ་བྷྱོ་ཧཱུཾ་བྷྱོཿ བཞིའོ། །བཻ་རཱུ་ལུ་རཱུ་ལུ་ཧཱུཾ་བྷྱོཿ དྲུག་གོ བཻ་ཀཽཾ་ཀཽཾ་ཀཽཾ་ཀཽཾ་ཀཽཾ དྲུག་གོ །དཔལ་ཧེ་རུ་ཀའི་རྡོ་རྗེའི་ རོལ་མོའོ། །པད་མ་པད་མ་ཧྲིཾ། ལྔའོ། །པད་མ་སྟྲཱིཾ་པད་མ་སྟྲཱིཾ། ལྔའོ། །པད་མ་པད་མ་དྷིཾ། ལྔའོ། ། པད་མ་པད་མ་ཧྲཱིཾ། ལྔའོ། །པད་མ་པད་མ་ཤྲཱིཾ། ལྔའོ། །དཔལ་ལྡན་པད་མའི་ཏིང་ཏིང་ཤགས་ ཀྱི་རོལ་མོའོ། །ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། བཞིའོ། །བཿབཿབཿབཿ བཞིའོ། །ཊཿཊཿཊཿཊཿ བཞིའོ། །ཏྲ་ཏྲ་ཏྲ་ཏྲ་ 8-1-40 ཏྲ། ལྔའོ། །རྒྱལ་པོའི་རོལ་མོའོ། །ཊཀ་ཀི་ཧཱུཾ་ཛཿ འགྱིང་བས་འགྲོ་བའོ། །ཏྲཿཏྲཿཏྲཿཏྲཿ བཞིའོ། ། ཏྲ་ཏྲ་ཏྲ་ཏྲ། བཞིའོ། །མགྱོགས་པས་རབ་ཏུ་མགྱོགས་པའོ། །ཏ་ཌ་བ་ཏ་ཌ་བ་ཧྨེཾ། བདུན་ནོ། ། ཏ་ཌ་བ་ཏ་ཌ་བ་ཏ་ཌ་བ། བཅུ་གཉིས་སོ། །ཤིན་ཏུ་མགྱོགས་པའི་རོལ་མོའི་ཕྱག་རྒྱའོ། །ཞེས་ པ་ལ་སོགས་པའི་རོལ་མོ་རྣམས་དང་པོར་ཏེ། རྔ་ཟླུམ་ལ་སོགས་པ་ཚད་ཇི་ལྟ་བ་བཞིན་དུ་ དཀྲོལ་བར་བྱའོ། །དེའི་རྗེས་ལ་བཞད་གད་མཁན་གྱིས་ཧ་ཡིག་བརྒྱད་ཀྱིས་བཞད་གད་བྱ་བ་ བརྗོད་པར་བྱའོ། །མཛེས་པའི་རྒྱན་ལྡན་དཀྱིལ་འཁོར་འཁོར་ལོར་ནི། །བླ་རེ་གདུགས་དང་ བ་དན་བསྒྲེང་བྱ་ཞིང༌། །སྙན་པའི་སྒྲ་སོགས་རོལ་མོ་དུ་མ་དང༌། །དེ་ཡི་རྗེས་སུ་གླུ་མཆོག་ ཡིད་འོང་བྱ། །འགྲོ་ཀུན་སངས་རྒྱས་ལྔ་ཡི་བདག་ཉིད་འདི། །བལྟས་ནས་སྣ་ཚོགས་ལྷ་ཡི་ ཟློས་གར་བྱ། །གང་དུ་བདེ་ཆེན་གཅིག་པུ་ཞེས་བྱ་བ། །དུ་མའི་སྡེ་ལ་གར་མཛད་གཅིག་པུ་ ཉིད། །ཉན་ཐོས་ཐེག་པར་མི་སློབ་དགེ་སློང་གིས། །དོན་དམ་སྤྱོད་པ་དེ་ནས་དེར་སྤྱད་དེ། ། བྱང་ཆུབ་སྤྱོད་སྤྱད་སངས་རྒྱས་ཡོན་ཏན་ནི། །འདི་རྣམས་ངེས་པར་སྟེར་འགྱུར་རང་བྱུང་ དུའོ། །རྨོངས་པ་གང་གི་བཅིངས་གྱུར་པ། །དེ་ཡོངས་གྲོལ་ན་སངས་རྒྱས་ཏེ། །ཕྱིན་ཅི་ལོག་ འདི་མཐའ་དག་ལ། །བྱང་ཆུབ་རྣམ་པར་བསྒོམ་པར་བྱ། །ཞེས་བརྗོད་པའི་མཐར་ཡོལ་བ་ བསལ་ནས་རིམ་པ་བཞིན་དུ་དབུ་རྒྱན་དང་མིག་དང་ཀོ་སྐོ་དང་མགྲིན་པ་དང་ཕྲག་པ་དང་ དཔུང་པ་དང་སྙིང་ཁ་དང་ལྟེ་བ་དང་པུས་མོ་དང་རྐང་པ་རྣམས་བསྟན་ལ། ས་རབ་ཏུ་དགའ་ བ་ལ་སོགས་པའི་སྒྲིབ་པ་དང་བྲལ་བ་མཚོན་པར་བྱེད་པར་རྡོ་རྗེ་ཅན་གྱིས་ངེས་པར་སྤྲོ་བར་ བྱ་ཞིང༌། རྡོ་རྗེ་སེམས་དཔའི་ཕྱག་རྒྱས་མེ་ཏོག་གི་སྙིམ་པ་སྙིང་ཁར་བཟུང་སྟེ། ལག་པ་དག་ ལ་ཨཾ་ཡིག་ལས་ཟླ་བའི་དཀྱིལ་འཁོར་དང༌། དེར་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་མེ་ཏོག་དཀར་ པོ་དང༌། སོར་མོ་རྣམས་ཀྱང་རྡོ་རྗེའི་རྣམ་པར་བསྒོམ་པར་བྱའོ། །དེ་བཞིན་དུ་གཙོ་བོ་གཞན་ རྣམས་ཀྱིའང་རིམ་པ་བཞིན་ནོ། །དེ་ནས་དཀྱིལ་དཀྲུང་ཕྱེད་པ་བཀུག་ལ་རྐང་པ་གཡས་པ་ 8-1-41 མཉམ་པའི་རྐང་སྟབས་སུ་གནས་པ་བྱ་ཞིང༌། གཡས་བརྐྱང་ལ་སོགས་པའི་རྣམ་པས་སྒོ་ རྣམས་ནས་དཀྱིལ་འཁོར་གྱི་དབུས་སུ་རབ་ཏུ་འཇུག་པར་བྱའོ། །དེ་ནས་མཉམ་པའི་རྐང་ སྟབས་བྱས་ལ་གཡོ་བས་རྣམ་པར་བསྐོར་ཞིང༌། དེའི་རྗེས་སུ། ༀ་ན་མ་སྟེ་ཧཱུཾ། ༀ་ན་མ་མི་ཧཱུཾ། ༀ་ན་མོ་ན་མཿ ཧཱུཾ་སྭཱ་ཧཱ། ཞེས་པས་རིམ་གྱིས་ལངས་ནས་སྤྱི་བོར་དཀྲོལ་ཏེ། པྲ་ཎ་མཱ་མི་སརྦ་ ཏ་ཐཱ་ག་ཏཱ་ན། སརྦ་ཏ་ཐཱ་ག་ཏེ་བྷྱཿཨཱད་མ་ནཾ་ནིར་ཡཱ་ཏ་ཡཱ་མི། ཞེས་པས་འབྲི་བར་འགྱུར་བའི་ དཀྱིལ་འཁོར་གྱི་གཙོ་བོ་ལ་འབུལ་བའི་ཚུལ་བྱ་ཞིང༌། ཤིས་པ་བརྗོད་པའི་ཚིགས་སུ་བཅད་ པ་གདོན་པར་བྱའོ། །དེའི་རྗེས་ལ། ཡཱ་བན་ཏ་སརྦ་སཏྭཱཿ སཏྭཱཿསང་གྲ་ཧེ་ཎ་སང་གྲ་ཧཱི་ཏྭཱཿ ཨཎ་ཌ་ཛཱ་བཱ། ཛ་རཱ་ཡུ་ཛཱ་བཱ། སཾ་སྭེ་ཏ་ཛཱ་བཱ། ཨཽ་པ་པ་དུ་ཀཱ་བཱ། རཱུ་སི་ཎོ་བཱ། ཨ་རཱུ་པི་ཎོ་བཱ། སཾ་ ཛྙི་ནོ་བཱ། ཨ་སཾ་ཛྙི་ནོ་བཱ། ནཻ་བ་སཾ་ཛྙི་ནོ་བཱ། ནཱ་སཾ་ཛྙི་ནོ་བཱ། སརྦེ་ཏེ་སཏྭཱ་མ་ཡཱ་མ་ཧཱ་མུ་ཏྲ་པ་ཏེ་པྲ་ ཏིཥྛཱ་པ་ཡི་ཏ་བྱཱཿ ཞེས་པ་ལན་གསུམ་དུ་བརྗོད་པར་བྱའོ། །དེའི་རྗེས་སུ་དམ་ཚིག་ཆེན་པོའི་གླུ་ བླང་ཞིང་ཐམས་ཅད་དུ་གར་བྱའོ། །དེ་ལ་གླུ་ནི་འདི་ཡིན་ཏེ། །སྟོང་ཉིད་དྲི་མེད་དམ་པའི་ གནས། །རྨི་ལམ་སྒྱུ་མའི་རང་བཞིན་ཉིད། །ཇི་སྲིད་མ་ཞིག་བར་དུ་ནི། །སེམས་ཀྱི་རང་བཞིན་ བསྒོམ་པར་གྱིས། སྤྱན་མའི་འོ། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་བདེ་ཆེན་རྡོ་རྗེ་སྟེ། ། གང་ཞིག་ཡིད་ཀྱིས་མི་སྒོམ་བསྒོམ། །དེས་ནི་མཆོག་གི་དངོས་གྲུབ་འགྲུབ། མཱ་མ་ཀཱིའི་འོ། ། སྔགས་དང་ཡི་གེ་རྣམ་པར་སྤངས། །དེ་ལ་སེམས་མེད་ཐིག་ལེ་མེད། །འདི་དེ་དམ་པའི་བདེ་ ཆེན་ཏེ། །བྲི་བ་མེད་ཅིང་གང་བ་མེད། གོས་དཀར་མོའི་འོ། །གཟུགས་བརྙན་རང་བཞིན་ཇི་ ལྟ་བ། །དེ་ལྟར་དངོས་པོ་བསྒོམ་པར་བྱ། །སྟོང་ཉིད་དྲི་མེད་མཆོག་གི་གནས། །དེ་ལ་བསོད་ ནམས་སྡིག་པ་མེད། སྒྲོལ་མའི་འོ། །ཇི་ལྟར་ཆུ་ནང་ཟླ་བ་དེ། །བདེན་མིན་བརྫུན་པ་མིན་པ་ ལྟར། །དེ་བཞིན་དཀྱིལ་འཁོར་འཁོར་ལོ་ཡི། །ལུས་ཀྱི་རང་བཞིན་རྙོག་པ་མེད། རྡོ་རྗེ་འཛིན་ པའི་འོ། །དེ་ལྟར་འཁོར་ཐམས་ཅད་ལ་གསུངས་སོ། །དེ་ནས། དམ་ཚིག་ཆེན་པོ་གསུངས་པ་ 8-1-42 དང༌། །མིག་ཡོན་མི་གཡོས་རྣམ་གཞད་དེ། །མི་བསྐྱོད་ཡེ་ཤེས་བརྙེས་ལྡན་པའི། སྟོན་པ་ལ་ ནི་བཞད་གད་བྱས། །བཅོམ་ལྡན་ཁྱོད་ཀྱི་དམ་ཚིག་ཅི། །ཧཱུཾ་གི་ཡི་གེའོ། །ཐུབ་པ་ཆེན་པོ་གཞུ་ ཅན་ནམ། །མིན་ང་སྙིང་རྗེ་སྟོབས་ལྡན་དཔལ། །བསྣུན་པའི་བདག་སྟོབས་མིན་ནམ་ཅི། ། སླར་ཡང་གཞན་རྣམས་སུ་ཕྱིན་ནས་ཞུས་པ། ཅི་ཁྱོད་དམ་ཚིག་ༀ་ཡིག་ཡིན། །གང་ཟག་ཐུབ་ ཁྱོད་ཚངས་པའམ། །མིན་ང་དཔལ་ལྡན་རྣམ་སྣང་མཛད། །མེ་བཅོམ་ཁྱོད་ནི་འདོད་པ་བྲལ། ། ཅི་ཁྱོད་དམ་ཚིག་ཨཱཿཡིག་ཡིན། །ཁྱབ་བདག་མཁའ་ལྡི ང་མཁྱེན་ནམ་ཅི། །མིན་ང་དཔལ་ ལྡན་གར་དབང་ཕྱུག །ཁྱོད་ནི་ཟློས་གར་བཞད་གད་མཁན། །ཅི་ཁྱོད་དམ་ཚིག་ཏྲཱཾ་ཡིག་ཡིན། ། ཚ་བ་འཕྲོག་ཁྱོད་གདུགས་ཡིན་ནམ། །མིན་ང་རྡོ་རྗེ་ཉི་མ་དཔལ། །འཁོར་ལོའི་རྣམ་པ་ཇི་ ལྟར་མིན། །ཅི་ཁྱོད་དམ་ཚིག་ཁཾ་ཡིག་ཡིན། །མཁའ་ཁྱོད་སྟོང་ཉིད་རང་བཞིན་ནམ། །མིན་ང་ རྡོ་རྗེ་མགྱོགས་འགྲོ་ཡིན། །རྟ་ཁྱོད་སྔོན་ལ་འགྲོ་བའོ། །ཅི་ཁྱོད་དམ་ཚིག་ཞི་བ་ཉིད། །བུད་ མེད་གཡོ་སྒྱུ་འཛིན་ནམ་ཅི། །མ་ཡིན་བདག་ནི་ལྷ་མོ་སྤྱན། །གལ་ཏེ་སྤྱན་ནི་གཡོ་བར་བཅས། ། ཅི་ཁྱོད་དམ་ཚིག་སྙིང་རྗེ་ཆང༌། །ཨེ་མ་ཆང་འཚོང་མཛེས་མའམ། །མིན་ང་བདག་མའོ་མི་ གཡོ་བ། །གཉེན་ལྡན་བུད་མེད་བདག་མའམ་ཅི། །ཅི་ཁྱོད་དམ་ཚིག་འདོད་ཆགས་ཆེ། །སྨད་ འཚོང་མ་ལ་སྨྲར་ཅི་ཡོད། །མིན་ང་ལྷ་མོ་གོས་དཀར་མོ། །ཇི་ལྟར་དཀར་པོ་འཛིན་མ་ཡིན། ། ཅི་ཁྱོད་དམ་ཚིག་དབང་བྱེད་ཆེ། །བཙུན་མོའི་ཕོ་ཉ་ཡིན་ནམ་ཅི། །མིན་ང་སྒྲོལ་མའོ་མིག་ ཡོན་པོ། །སྒྲོལ་མ་མིག་ནི་བཅོས་པ་ཡིན། །དཔལ་ལྡན་མིག་ཡོན་ནོར་ལྡན་བདག །ངོ་ཚ་མེད་ པ་ཉིད་ནི་ལེགས། །ངོ་ཚ་མེད་ན་སངས་རྒྱས་མེད། །མཐོང་དང་མི་མཐུན་མྱུར་དུ་སྨྲོས། །དེ་ ནས་རྡོ་རྗེ་བཞད་གད་པས་སྨྲས་པ། རྡོ་རྗེ་སེམས་དཔའ་ཞེ་སྡང་ཆེ། །ཐུབ་པ་རྣམ་པར་སྣང་ མཛད་རྨོངས། །འཇིག་རྟེན་དབང་པོ་འདོད་ལ་ཞེན། །རྡོ་རྗེ་སྣང་བྱེད་ཕྲ་མ་བྱེད། །དོན་ཡོད་ སྐྱོན་ཀུན་བྱེད་པ་སྟེ། །འདྲེན་པ་ལྔ་ནི་སྐྱོན་ལྡན་ནོ། །སེམས་ཅན་སྒོང་སྐྱེས་མངལ་སྐྱེས་སམ། ། 8-1-43 དྲོད་གཤེར་སྐྱེས་དང་དེ་བཞིན་དུ། །གཟུགས་ཅན་རྣམས་དང་གཟུགས་མེད་དམ། །བརྫུས་ ནས་སྐྱེས་པར་གྱུར་པ་རྣམས། །ཐམས་ཅད་སངས་རྒྱས་བྱའོ་ཞེས། །ཁྱོད་ཀྱིས་དང་པོར་ གསུང་པ་ཉིད། །ཁྱོད་ནི་སངས་རྒྱས་མཆོག་གྱུར་ནས། །དེ་རྣམས་ཇི་ལྟར་རྒྱལ་མ་མཛད། །དེ་ ཉིད་ཕྱིར་ན་བརྫུན་གསུང་ངམ། །མངའ་བདག་ཇི་ལྟར་འདི་མ་གསུངས། །སེམས་ཅན་བསླུས་ ན་སངས་རྒྱས་ཉིད། །གང་ཁྱོད་འདི་དེ་ངོ་མཚར་རྨད། །མིག་ཡོན་ཉོན་ཅིག འཆི་དང་ཉེར་ འཚེ་མུ་གེ་དང༌། །ཕས་ཀྱི་འཁོར་ལོའི་གནོད་པ་དང༌། །ཆར་མེད་པ་ནི་ཞི་བ་དང༌། །རབ་ གནས་དཀྱིལ་འཁོར་སྦྱིན་སྲེག་ལ། །གང་ངས་རྟག་ཏུ་གར་བྱས་སོ། །སྔགས་དང་བསྒོམ་པར་ ལྡན་གྱུར་པ། །གང་ཞིག་བདག་ནི་རྟག་རོལ་པ། །དེ་ཡི་མདུན་ན་ང་གནས་ཏེ། །དེ་ལ་བརྫུན་ དུ་འགྱུར་བ་མིན། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ གསུངས་པའོ། །འབྲི་བར་འགྱུར་བའི་དཀྱིལ་འཁོར་དང་རྗེས་སུ་འཐུན་པའི་མིང་བཅུག་ནས་ བརྗོད་པར་བྱའོ་ཞེས་པ་མན་ངག་གོ །བཅོམ་ལྡན་འདས་སྔགས་དང་ཕྱག་རྒྱ་ལ་སོགས་པའི་ བསྒོམ་པ་གང་ལགས། མིག་ཡོན་ཉོན་ཅིག དེ་ཉེ་བར་བསྟན་པར་བྱའོ། །དེ་ཉེ་བར་བསྟན་པ་ ནི་དཀྱིལ་འཁོར་གྱི་ས་ཡི་དབུས་སུ་འདུག་ལ་མེ་ཏོག་ལ་སོགས་པ་དང་པོར་ཕུལ་ནས་འབྲི་ བར་འགྱུར་བའི་དཀྱིལ་འཁོར་གྱི་རྣལ་འབྱོར་དང་ལྡན་པས། རྡོ་རྗེ་དང་དྲིལ་བུ་བཟུང་སྟེ། བསྲུང་བའི་འཁོར་ལོ་ལ་སོགས་པས་བགེགས་བསལ་བར་བྱའོ། །གཡས་པས་སྤོས་ཕོར་ བཟུང་ཞིང་གཡོན་པས་རྡོ་རྗེ་དྲིལ་བུ་དཀྲོལ་ཏེ། པུས་མོ་གཡས་པ་ས་ལ་བཙུགས་ནས། ལྕེ་ཧཱུཾ་ ལས་སྐྱེས་པའི་རྡོ་རྗེར་བྱས་ལ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་ བདག་ལ་དགོངས། །འདིར་བདག་ ཁ རྡོ་རྗེ་ཆེ་ ཀ གེ་ཡིས། །དཀྱིལ་འཁོར་དུ་ནི་འཇུག་པར་ བགྱི། །སངས་རྒྱས་ལ་སོགས་ཀུན་བྱོན་འཚལ། །དངོས་གྲུབ་འདིར་ནི་ཡང་དག་གསོལ། ། ཞེས་པས་རྫོགས་པའི་སངས་རྒྱས་ལ་སོགས་པ་རྣམས་ལ་སྙན་གསན་དབབ་ཅིང་མཆོད་ལ་ 8-1-44 སླར་ཡང་མཉམ་པར་བཞག་པར་བྱའོ། །དེའི་རྗེས་ལ། སློབ་མ་བཞི་ཤར་ལ་སོགས་པའི་ ཕྱོགས་སུ་གནས་ཤིང་ཇི་ལྟར་རིགས་པར་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་ དང་ལྡན་པས། འཁོར་ལོ་ལ་སོགས་པ་དང་དྲིལ་བུ་འཛིན་པའམ། སློབ་མ་གཅིག་གིས་ཀྱང་ རིམ་པ་བཞིན་དེ་དང་དེར་སོང་བས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་ པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བསྟན་དུ་ གསོལ། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །མཚན་ཉིད་མིན་པ་ཐམས་ཅད་སྤངས། ། ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་མཆོག་ ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་ འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་ དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ། ཞེས་པའི་ཚིགས་སུ་བཅད་པ་བཞི་པོས་སོ་སོ་ནས་བདག་ཉིད་ལ་གསོལ་བ་འདེབས་སུ་ གཞུག་པར་བྱའོ། །དངོས་སུ་གསོལ་བ་འདེབས་པ་པོ་མེད་པར་གྱུར་ན་བསམ་གཏན་གྱིས་ ཀྱང་དེ་ལྟར་བྱའོ་ཞེས་པ་མན་ངག་གོ །དེ་བཞིན་དུ་ཕྱོགས་བྲལ་རྣམས་ལ་གནས་པ་ཡི་རྣལ་ འབྱོར་མ་བཞི་པོས་ཀྱང་རྒྱུད་ཇི་ལྟ་བ་བཞིན་དུ་བསྐུལ་བར་བྱ་སྟེ། བཞེངས་པའི་ཆེད་དུ་རྡོ་ རྗེའི་གླུ་རྣམས་ཀྱིས་ཡང་དག་པར་བསྐུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་ བ་ལ་སོགས་པས་བསྒོམས་པའི་དཀྱིལ་འཁོར། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་ བརྐྱང་ལ་རྩེ་མོ་སྦྱར་བ་འོག་ཏུ་ཕྱོགས་པས་སྤྱི་བོར་བཟུང་ཞིང༌། ཧཱུཾ་བཛྲ་ཨུད་ཏིཥྛ་ཞེས་བརྗོད་ པས་ནམ་མཁའ་ལ་བདེག་པར་བྱའོ། །དཀྱིལ་དཀྲུང་བཤིག་ནས་ལངས་ཏེ་ཁ་ཤར་དུ་ཕྱོགས་ པས་མཉམ་པའི་རྐང་སྟབས་བྱས་ལ་མགོ་བོར་ཐལ་མོ་སྦྱར་བས་དེ་བཞིན་གཤེགས་པ་ ཐམས་ཅད་ལ་ཕྱག་བྱ་ཞིང༌། སེམས་ཅན་མ་རིག་པའི་མུན་པར་སོང་ཞིང་བདུད་ཀྱིས་བྱིན་ 8-1-45 གྱིས་བརླབས་པ་རྣམས་ལ་མངོན་པར་བལྟས་ལ་བདུད་གསལ་བར་བྱ་བའི་ཕྱིར་སྐ་ཅིག་གིས་ དཀྱིལ་འཁོར་གྱི་དབང་ཕྱུག་གི་སྐུ་ཁྲོ་བོའི་ཆ་བྱད་ཅན་སྨིན་མ་གཉེར་ཞིང་མཆེ་བ་གཙིགས་པ་ ཤིན་ཏུ་ཁྲོས་པས་གཡོ་བ་ལ་སོགས་པ་དང་ལྡན་པ་སྟེ། གཡོན་པའི་མིག་ནི་ཊ་ཡི་ཡི་གེས་ཟླ་ བར་བྱས། །གཡས་པའི་མིག་ནི་མ་ཡི་ཡི་གེས་ཉི་མར་གནས། །ཞབས་ཀྱི་རྡོ་རྗེའི་འོད་ཟེར་དྲ་ བ་འཕྲོ་བ་ཡིས། །བྲང་འགྲོའི་དབང་པོ་སོགས་དང་བདུད་ཀྱི་ཚོགས་རྣམས་བསྲེག །དེ་ལྟར་ མྱུར་སྟབས་རྡོ་རྗེ་ཡི། །ལྟ་བས་བདུད་ལ་རྣམ་བལྟས་ནས། །གང་གང་བགེགས་ཀྱི་དཀྱིལ་ འཁོར་དང༌། །གདུག་པ་ཅན་སོགས་བསྐྲད་པར་བྱ། །འབར་བའི་ཧཱུཾ་ཡིག་ལས་བྱུངབའི། །རྡོ་ རྗེ་རྐང་པའི་འོག་ཏུའང་བཞག །རྡོ་རྗེ་དྲིལ་བུ་གཟུང་བྱ་སྟེ། །གཡས་པར་རྡོ་རྗེ་ཡང་དག་ལྡན། ། བློ་ལྡན་གྱིས་ནི་ཕྱོགས་སུ་བལྟ། །མ་རུངས་སེམས་ཅན་དོན་བརྩོན་པས། །དེར་གནས་གང་ ཞིག་དུག་ཅན་དང༌། །བདུད་དང་བགེགས་དང་ལོག་པར་འདྲེན། །དེ་རྣམས་བསྐྲད་པའི་དོན་ དུ་ནི། །ང་རྒྱལ་ངེས་པར་བསྐྱེད་པར་བྱ། །ཨ་ཧམ་ཨེ་བ་སྭ་ཡམ་བཛྲཱི། །བཛྲ་སཏྭ་སྨྱ་ཧཾ་སྭ་ཡཾ། ། ཨ་ཧཾ་བུད་དྷོ་མ་ཧཱ་རཱ་ཛཱ། །ཨ་ཧཾ་བཛྲཱི་མ་ཧཱ་བ་ལཿ། །ཨ་ཧཾ་ཡོ་གི་ཤྭ་རོ་རཱ་ཛཱ། །བཛྲ་པཱ་ཎི་ཨ་ཧཾ་ དྲི་དྷཾ། །ཞེས་བརྗོད་ཅིང་ང་རྒྱལ་དང་བཅས་པའི་ཚུལ་བྱའོ། །དེ་ནས་འཁོར་ལོ་ལྟར་བསྐོར་ ཞིང་འདི་བརྗོད་པར་བྱའོ། །གང་སུ་དག་ལྷ་དང་ལྷ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོ་དང་ ཡི་དྭགས་དང་ཤ་ཟ་དང་སྙོ་བྱེད་དང་བརྗེད་བྱེད་དང་འབྱུང་པོ་དང་མཁའ་འགྲོ་དང་མཁའ་ འགྲོ་མ་དང་གྲིབ་གནོན་དང་རྒན་པོ་དང་རྒན་མོ་དང་གཡོག་དང་འཁོར་དང་ནམ་མཁའ་ལྡིང་ དང་མིའམ་ཅི་དང་རིག་སྔགས་གྲུབ་པ་ཁྱེད་རྣམས་དེངས་ཤིག སའི་ཕྱོགས་འདིར་རྡོ་རྗེ་སློབ་ དཔོན་ཆེ་གེ་མོ་ཞེས་བྱ་བས། སློབ་མ་ཆེ་གེ་མོའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྫོགས་ པར་བྱ་བའི་དོན་དང༌། སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ ཆེད་དུ། དཔལ་ཆེ་གེ་མོ་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་བྲི་བར་བྱའོ། །དེའི་ཕྱིར་རྡོ་རྗེ་ 8-1-46 འཆང་ཆེན་པོའི་བཀའ་འདི་ཐོས་ནས་མྱུར་དུ་དེངས་ཤིག གང་དག་མི་འགྲོ་བ་དེ་དག་གི་མགོ་ བདག་རྡོ་རྗེ་ཧཱུཾ་མཛད་ཀྱི་རྡོ་རྗེ་རབ་ཏུ་འབར་ཞིང་གསལ་ལ་རབ་ཏུ་གསལ་བའི་ཡེ་ཤེས་ཀྱི་རྡོ་ རྗེ་ཆེན་པོ་འདིས་རྣམ་པ་བརྒྱར་དགས་པར་བྱའོ། །ཞེས་ལན་གསུམ་བརྗོད་ཅིང་ཁྲོ་བོ་མཐའ་ ཡས་པ་སྤྲོས་པས་བགེགས་རྣམས་བསལ་བར་བྱའོ། །འདིར་བསྐོར་བའི་དུས་སུ་སྒོ་སོ་སོར་ བདག་ཉིད་ཀྱི་གཡོན་དུ་གནས་པའི་སློབ་མའི་དྲིལ་བུའི་ནང་དུ་བདག་ཉིད་ཀྱི་རྡོ་རྗེ་རབ་ཏུ་ གཞུག་པར་བྱ་ཞིང༌། དེའི་འཁོར་ལོ་ལ་སོགས་པ་ཡང་བདག་ཉིད་ཀྱི་དྲིལ་བུར་རོ། །དེ་ལྟར་ ཡང༌། རབ་འབེབས་འཛིན་པའི་བྱ་བ་ལ། །དབུས་སུ་གཡོ་བས་རྣམ་བསྐོར་ཞིང༌། །མཆོད་ སོགས་ཕྱི་ནས་མྱུར་བར་ནི། །ང་རྒྱལ་བྱས་ཏེ་དེ་ནས་བརྗོད། །བདུད་རྣམས་བསྐྲག་པར་དེས་ བྱས་ནས། །རྡོ་རྗེ་དྲིལ་བུས་དབབ་བྱ་ཞིང༌། །དབང་ལྡན་ཕྱོགས་ནས་འགྲོ་བ་ཡིས། །རྩེ་ གཅིག་ལ་སོགས་བསྐོར་བར་བྱ། །རིམ་གྱིས་མ་རུངས་དཔའ་བོ་ཆེ། །བསྐལ་པའི་མེ་ལྟར་ བཞེངས་བྱ་ཞིང༌། ། དེ་ལས་བྱུངབའི་འོད་ཚོགས་ཀྱིས། །བདུད་རྣམས་མཐའ་དག་བསྲེག་པར་བྱ། །ཞེས་པ་ ལེགས་བསམ་རྣལ་འབྱོར་བདག །གར་བྱ་ཧཱུཾ་གི་སྒྲ་དབྱངས་བྱ། །སྒེག་པ་དཔའ་བ་མི་སྡུག་ པ། །དྲག་ཤུལ་རྒོད་དང་འཇིགས་སུ་རུང༌། །སྙིང་རྗེ་རྔམ་པ་ཞི་བ་སྟེ། །གར་དགུའི་རོ་དང་ ལྡན་པའོ། །ཞེས་པའི་གསུང་ནི་འདི་ཉིད་ལས། །རིམ་པ་བཞིན་དུ་གར་བྱའོ། །ཞེས་སོ། །དེ་ ལྟར་ཐམས་ཅད་དུ་ཡང་སྒྲུབ་པ་པོ་ཕྱི་མ་རྣམས་ཀྱིས་ཀྱང་ཡོངས་སུ་བསྐོར་བ་བྱ་སྟེ། ཇི་ལྟར་ ཞེ་ན། ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་སུ་གནས་པའི་སློབ་དཔོན་རྣམས་ཀྱིས་ཀུན་ ཏུ་བསྐྱོད་པ་དང་བཅས་པས་རིམ་པ་ཇི་ལྟ་བ་བཞིན་དུ་འདི་དག་བརྗོད་པར་བྱའོ། །ལུས་ངག་ སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། ། བཀའ་ཡི་འཁོར་ལོ་སྦྱོར་བ་པོ། །འཁོར་ལོ་འབར་བའི་གཟུགས་ཀྱིས་ནི། །ལུས་གསུམ་ལས་ 8-1-47 བྱུང་དག་བྱ་སྟེ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འདིར་ནི་འཇིག་འགྱུར་གཞན་དུ་མིན། ། གང་སུ་ལུས་སྲུལ་པོ་རྣམས་དང༌། །ཆེན་པོའི་བགེགས་རྣམས་གཞན་དུ་དེངས། །བདེ་ཆེན་ ཡེ་ཤེས་ཡང་དག་འབྱུང༌། །རྡོ་རྗེ་སེམས་དཔའི་རང་བཞིན་སྐྱེས། །ང་ནི་དཔལ་ལྡན་སྙིང་རྗེའི་ སྟོབས། །བཀའ་ཡི་འཁོར་ལོ་སྦྱོར་བ་པོ། །རིན་ཆེན་འབར་བའི་གཟུགས་ཀྱིས་ནི། །ལུས་ གསུམ་ལས་བྱུང་དག་བྱ་སྟེ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འདིར་ནི་འཇིག་འགྱུར་ གཞན་དུ་མིན། །གང་སུ་གནས་སུ་གནས་པ་ཡི། །ཀླུ་དང་གནོད་སྦྱིན་ལ་སོགས་དང༌། །དྲི་ཟ་ འབྱུང་པོ་འབྱུང་མོ་དང༌། །མཁའ་འགྲོ་ཁྱེད་རྣམས་གཞན་དུ་དེངས། །སེམས་ཅན་དོན་དུ་བྱ་ བ་རྩོམ། །མྱུར་བ་ཉིད་དུ་འགྲོ་བར་གྱིས། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ ཚོགས་ཀུན་ཡང་དག་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །བཀའ་ཡི་འཁོར་ལོ་སྦྱོར་བ་པོ། ། པད་མ་འབར་བའི་གཟུགས་ཀྱིས་ནི། །ལུས་གསུམ་ལས་བྱུང་དག་བྱ་སྟེ། །གལ་ཏེ་ཁ་ཅིག་ བདག་ལས་འདའ། འདིར་ནི་འཇིག་འགྱུར་གཞན་དུ་མིན།། །། གང་སུ་དག་ལྷ་དང་ལྷ་མ་ཡིན་དང་ཀླུ་དང་གནོད་སྦྱིན་དང་ལྟོ་འཕྱེ་ཆེན་པོ་དང་བརྗེད་ བྱེད་དང་འབྱུང་པོ་དང་འབྱུང་མོ་དང་ཤ་ཟ་དང་གསང་བ་པ་དང་དྲི་ཟ་དང་མིའམ་ཅི་དང་གྲིབ་ གནོན་དང་ལུས་སྲུལ་པོ་དང་གཡོག་དང་རྒན་པོ་དང་རྒན་མོ་ལ་སོགས་པ་ཁྱེད་རྣམས་དེངས་ ཤིག གཞན་ཡང་གང་སུ་དག་ས་ཡི་གཞི་འདིར་གནས་པ་ཁྱེད་རྣམས་ཉོན་ཅིག བདག་སློབ་ དཔོན་ཆེ་གེ་མོ་ཞེས་བྱ་བས་ཆེ་གེ་མོའི་མངོན་པར་རྫོགས་པ་བྱང་ཆུབ་པ་ཡོངས་སུ་རྫོགས་ པའི་དོན་དུ། ཆེ་གེ་མོ་ཞེས་བྱ་བའི་དཀྱིལ་འཁོར་དུ་འཇུག་པར་བགྱིའོ། །དེའི་ཕྱིར་བདག་གི་ བཀའ་འདི་ཐོས་ནས་མྱུར་བ་ཉིད་དུ་དེངས་ཤིག གང་དག་མི་འགྲོ་བ་དེ་དག་གི་མགོ། བདག་ ཕྱག་ན་རྡོ་རྗེའི་སྣ་ཚོགས་རྡོ་རྗེའམ་རལ་གྲི་འོད་ཟེར་བརྒྱ་ཕྲག་འབར་བས་རྣམ་པ་བརྒྱར་ དགས་པར་བགྱིའོ་ཞེས་ལན་གསུམ་ང་རྒྱལ་དང་བཅས་པས་ཐམས་ཅད་དུ་བརྗོད་པར་བྱའོ།། །། 8-1-48 ༈ དེ་ལ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་དང་པོར་རྡོ་རྗེ་རྐང་སྟབས་རྣམ་པ་བཞི་ རབ་ཏུ་སྦྱར་བར་བྱའོ། །ཧཱུཾ་ཡིག་ལས་རྡོ་རྗེ་རྩེ་གཅིག་པ་རྐང་པའི་མཐིལ་དུ་བསམས་ནས། ས་ ལ་ཡང་རྣམ་པ་བྱ་ཞིང་ཧཱུཾ་ཡིག་གི་སྔགས་བརྗོད་དེ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དཀུར་གནས་པའི་ གར་རམ། པད་སྐོར་ལ་སོགས་པ་རྣམས་ཀྱིས་བསྐོར་བར་བྱའོ། །དེའི་རྗེས་སུ་རྩེ་གསུམ་ པའང་དེ་བཞིན་ནོ། །དེའི་རྗེས་ནས་དེ་བཞིན་དུ་རྩེ་ལྔ་པའོ། །དེའི་རྗེས་ནས་དེ་བཞིན་དུ་སྣ་ ཚོགས་རྡོ་རྗེ་སྟེ། འོན་ཀྱང་ཕྱིར་ལོག་ནས་བསྐོར་ཞིང་རྣམ་པ་བྱའོ། །བཞི་པོ་འདི་རྣམས་རྡོ་ རྗེས་མཚན་པ་དང་རྡོ་རྗེའི་རྣམ་པ་བྱེད་པས་རྡོ་རྗེའི་རྐང་སྟབས་ཏེ། །སླར་ཡང་སོ་སོར་གཡས་ བརྐྱང་ལ་སོགས་པ་བྱེད་པ་ན་ལན་རེ་བྱའོ། །དེ་ལ་གཡོན་པའི་བྱིན་པ་བསྐུམ་ནས་རྐང་པ་ གཡས་པ་མཐོ་ལྔའི་བར་དུ་འགྱིང་བ་དང་བཅས་པས་བརྐྱང་སྟེ་གནས་པར་བྱའོ་ཞེས་པ་ནི་ གཡས་བརྐྱང་གི་གནས་སོ། །གཡས་པའི་བྱིན་པ་བསྐུམ་ནས་གཡོན་པ་དེ་བཞིན་ནོ་ཞེས་པ་ ནི་གཡོན་བརྐྱང་ངོ༌། །སོར་ཉི་ཤུ་རྩ་དྲུག་གི་བརྒྱར་རྐང་པའི་སོར་མོ་ལོགས་སུ་བསྟན་ཅིང་ པུས་མོ་གཉིས་དྲང་པོར་བྱས་པ་ནི་ས་གའི་སྟབས་ཞེས་བྱ་བའི་གནས་སོ། །ས་གའི་རྐང་ སྟབས་ཉིད་ཁྲུ་དོའི་བར་དུ་ངང་པའི་གཤོག་པ་ལྟར་བྱས་པ་ནི་ཟླུམ་པོའི་རྐང་སྟབས་སོ། །རྐང་ པ་གཉིས་ཀྱི་སོར་མོ་ཕན་ཚུན་སྦྱར་བ་ནི་མཉམ་པའི་རྐང་སྟབས་སོ། །ལྔ་པོ་འདི་རྣམས་བྱེད་ པ་ན་སོ་སོར་སྐོར་བ་ལན་རེ་རྫོགས་པར་བྱའོ། །རྟིང་པ་གཉིས་ཀྱི་བར་ཏུ་སོར་མོ་བཞི་བྱས་ ཤིང་རྐང་པ་གཡོན་པ་དྲང་པོར་བྱས་ཏེ་གཡས་པ་མཐོ་གང་གི་བར་དུ་འགྱིང་བ་དང་བཅས་ པས་ལོགས་སུ་བསྟན་ནས། ཡངས་པ་ཅན་གྱི་སྒྲོལ་མའི་རྐང་སྟབས་ལྟར་བྱས་པ་ནི་སྐྱེས་པའི་ རྐང་སྟབས་སོ། །དེ་ཁོ་ན་བཞིན་དུ་གཡས་པ་བསྲང་ཞིང་གཡོན་པ་ལོགས་སུ་གནས་པ་ནི་ སྐྱེས་པའི་རྐང་སྟབས་ཀྱི་ཟླའོ། །མཉམ་པའི་རྐང་སྟབས་བྱས་ཏེ་མཐོ་གསུམ་གྱི་བར་དུ་རྐང་ 8-1-49 པ་གཡས་པ་གཡོན་པའི་མདུན་དུ་གཟུང་བ་ནི་རྣམ་པར་གཙིགས་པའི་རྐང་སྟབས་སོ། །དེ་ཁོ་ ན་བཞིན་དུ་གཡས་པ་དྲང་པོར་བྱས་ཏེ་གཡོན་པ་གཡས་པའི་མདུན་དུ་མཐོ་གསུམ་གྱི་བར་དུ་ བཟུང་བ་ནི་རྣམ་པར་གཙིགས་པའི་རྐང་སྟབས་ཀྱི་ཟླའོ། །བསྡད་ནས་ཀྱང་རྐང་པའི་མཐིལ་ གཉིས་ཁ་སྦྱར་བ་ནི་ཁ་སྦྱོར་གྱི་རྐང་སྟབས་སོ། །རྐང་པ་གཡས་པས་རྐང་པ་གཡོན་པ་མནན་ པ་ནི་རུས་སྦལ་གྱི་རྐང་སྟབས་སོ། །རྐང་པ་གཅིག་བཏེག་སྟེ་རྐང་པ་གཅིག་གིས་བསྐོར་བ་ནི་ རྐང་གཅིག་གི་སྟབས་སོ། །རྐང་སྟབས་བདུན་པོ་འདི་ནི་གནས་ངེས་པ་མེད་པར་བྱ་སྟེ། བུང་ བའི་དྲ་བ་ཡང་ངོ༌། །རང་རང་གི་རྐང་པའི་སོར་མོ་བཟུང་སོར་མོ་བཟུང་ནས་གཡས་པ་དང་ གཡོན་པ་དག་གིས་ལུས་ཀུན་ནས་གཡོ་བ་ནི་བུང་བའི་དྲ་བའི་རྐང་སྟབས་སོ། །གཡས་ བརྐྱང་ལ་སོགས་པ་བཅུ་གསུམ་པོ་འདི་དག་བྱེད་པ་ན། ཇི་ལྟར་རིགས་པར་རྒྱ་མཚོའི་རླབས་ དང་རི་བོ་བསྐྱོད་པ་དང་རོལ་པའི་བསྐྱོད་པ་དང་ཁྲོ་བོའི་བསྐྱོད་པ་སྟེ་གོམ་པ་བགྲོད་པའི་ཚུལ་ བཞི་དང་ཀུན་ཏུ་བསྐྱོད་པ་དགུ་དང༌། རྡོ་རྗེ་བསྒྲེང་བ་ལ་སོགས་པ་དྲུག་དང༌། རལ་གྲི་ལ་ སོགས་པའི་ཚུལ་ཉི་ཤུ་རྩ་བརྒྱད་བྱའོ། །དེའི་རྗེས་སུ་གཡས་བརྐྱང་གི་གར་བྱས་ལ་ཁ་ལྷོར་ མངོན་པར་ཕྱོགས་ཏེ་གཡོན་པའི་སྡིགས་མཛུབ་སྙིང་ཁར་བཟུང་ནས་གཞོགས་གཡོན་དུ་ས་ ལ་འགྱེལ་བར་བྱ་ཞིང་ནམ་མཁར་བལྟས་ལ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་ བདུད་ཐམས་ཅད་འཕང་བར་བྱའོ་ཞེས་པ་སངས་རྒྱས་ཀྱི་སྟོབས་ཀྱི་ཀུན་ཏུ་བསྐྱེད་པའོ། ། པད་སྐོར་སྔོན་དུ་འགྲོ་བའི་གར་བྱས་ལ་རྡོ་རྗེ་བསླང་ནས་གཡོན་པའི་སྡིགས་མཛུབ་ཀྱིས་ བསྡིགས་ཤིང་ལག་པ་གཡས་པ་རྡོ་རྗེ་དང་བཅས་པའི་དབྱུག་པའི་ཕྱག་རྒྱས་འཕང་བར་བྱའོ། ། མཉམ་པའི་རྐང་སྟབས་ཀྱིས་གནས་ཤིང་འགྱིང་བ་དང་བཅས་པའི་རྡོ་རྗེའི་རྐང་སྟབས་ཀྱིས་ བསྐུམ་ལ་རྐང་པ་གཡས་པ་མཐོ་ཕྱེད་དང་གསུམ་དུ་འཕངས་ནས། གཡོན་པ་བརྟན་པར་ བྱས་ཏེ་རྐང་པ་དག་གཤེགས་པ་ལྟར་གནས་པར་བྱའོ། །དེ་ནས་པུས་མོ་གཡས་པ་བསྐུམ་ལ་ 8-1-50 དབྱུག་པའི་ཕྱག་རྒྱས་འཕང་བར་བྱའོ། །གཡོན་པའི་སྡིགས་མཛུབ་ཀྱིས་བསྡིགས་ནས་ལྟོ་བ་ གཡོན་པ་སྨད་ལ་མིག་གཡོན་པ་བཙུམས་ཏེ་གདོང་བསྐོར་ཞིང་དཀྱིལ་འཁོར་ལ་ལྟས་ནས་ཁྲོ་ གཉེར་བྱའོ་ཞེས་པ་འདར་བར་བྱེད་པའི་ཀུན་ཏུ་བསྐྱོད་པ་སྟེ། དཀུ་གཡས་པའི་ཆར་བསྡུའོ། ། དེ་ཁོ་ན་བཞིན་དུ་རྡོ་རྗེ་བསླང་ནས་མཉམ་པའི་རྐང་སྟབས་ཀྱིས་གནས་ཏེ་རྐང་པ་མཉམ་ པར་མཐོ་ཕྱེད་དང་གསུམ་དུ་བརྐྱང་ལ་རྐང་པ་དག་ཟུར་གསུམ་དུ་བྱ་ཞིང་མདུན་དུ་ལག་པ་ བརྡབས་ནས་དབྱུག་པའི་ཕྱག་རྒྱ་ཕྱར་བས་འཕངས་ལ་སྡིགས་མཛུབ་ནུ་མ་གཡོན་པར་ བཟུང་བར་བྱའོ་ཞེས་པ་སྐྲག་པར་བྱེད་པའི་ཀུན་ཏུ་བསྐྱོད་པ་སྟེ། དཀུ་གཡོན་པའི་ཕྱོགས་སུ་ བསྡུའོ། །དེ་བཞིན་དུ་རྡོ་རྗེ་བསླང་བའི་ཕྱག་རྒྱ་བཅས་ནས་མཉམ་པའི་རྐང་སྟབས་ཀྱིས་ གནས་ཏེ་དབྱུག་པའི་ཕྱག་རྒྱ་ཕྱར་ལ་མིག་གཡས་པ་བཙུམས་ཤིང་གཡོན་པ་ནུ་མར་སྡིགས་ མཛུབ་ལ་བལྟའོ། །གཡོན་པ་རྡོ་རྗེ་རྐང་སྟབས་བྱས་ནས་པུས་མོ་གཡས་པ་བསྐུམ་ལ་རྐང་པ་ བཏེག་སྟེ་ཁྲོ་བ་དང་བཅས་པས་ཅིག་ཅར་གཡོན་པས་འཁོར་ལོ་ལྟར་བསྐོར་བར་བྱའོ། །སླར་ ཡང་རྐང་པ་དེ་བསྐུམ་ལ་གཡོན་བརྐྱང་ཕྱེད་པར་གཞག་སྟེ་རྐང་པ་དག་གཤོག་པ་ལྟར་བརྟན་ པར་གནས་པར་བྱའོ་ཞེས་པ་ཡང་དག་པར་དཀྲུག་པའི་ཀུན་ཏུ་བསྐྱོད་པ་སྟེ་རྡོ་རྗེ་གར་གྱི་སྦྱོར་ བས་དཀུ་གཡས་པའི་ཆར་བསྡུའོ། །དེ་བཞིན་དུ་རྡོ་རྗེ་བསླང་བར་བྱས་ནས་མཉམ་པའི་རྐང་ སྟབས་ཀྱིས་གནས་ཏེ་དབྱུག་པའི་ཕྱག་རྒྱ་ཕྱར་ལ་མིག་གཡོན་པས་ནུ་མར་སྡིགས་མཛུབ་ལ་ བལྟའོ། །པུས་མོ་གཡོན་པ་བསྐུམ་སྟེ་གཡས་པ་རྡོ་རྗེའི་རྐང་སྟབས་བྱས་ནས་གཡོན་དུ་འཕང་ ཞིང་ཅིག་ཅར་ཉིད་དུ་གཡས་པས་བསྐོར་བར་བྱའོ། །དེ་ནས་གཞག་སྟེ་ལྷུང་བའི་རྐང་པ་ བསྐུམ་ནས་གནས་པས་ཟུར་གསུམ་དུ་བྱས་ལ་གཡས་པ་གཤོག་པ་ལྟར་གནས་པར་བྱ་ཞིང་ གཡས་བརྐྱང་དུ་གཞག་པར་བྱའོ་ཞེས་པ་རྣམ་པར་རྨོངས་པའི་ཀུན་ཏུ་བསྐྱོད་པ་སྟེ། གར་ བྱས་ལ་དཀུ་གཡོན་པའི་ཕྱོགས་སུ་བསྡུའོ། །འདི་ཉིད་རྐང་པ་གཡོན་པས་ཡོངས་སུ་བསྐོར་ 8-1-51 ནས་སླར་ཡང་མདུན་དུ་ལག་པ་བརྡབ་པར་བྱ་སྟེ་ཡང་དབྱུག་པ་འཕྱར་བར་བྱའོ་ཞེས་པ་ཁྱད་ པར་མྱུར་བའི་ཀུན་ཏུ་བསྐྱོད་པའོ། །རྣམ་པར་རྨོངས་པའི་ཀུན་ཏུ་བསྐྱོད་པ་དེ་བཞིན་དུ་རྣམ་ པར་བཟློག་པའི་ཀུན་ཏུ་བསྐྱོད་པ་སྟེ་འོན་ཀྱང་ཁ་གདངས་ནས་ལྕེ་དྲིལ་བུ་འཁྲོལ་བའི་རྣམ་ པར་གནས་པས་འཁོར་ལོ་བཞིན་དུ་བསྐོར་བར་བྱའོ། །དེ་བཞིན་དུ་རྡོ་རྗེ་བསླང་ནས་རྐང་པ་ གཉིས་མཐོ་གང་ཙམ་གྱི་བར་དུ་བྱས་ཏེ་གྲུ་གསུམ་བྱ་ཞིང་པུས་མོ་གཡས་པ་ཅུང་ཟད་བསྐུམ་ ལ་པུས་མོ་གཡོན་པ་སྨད་པར་བྱའོ། །ནུ་མ་ལྟོ་བ་གཡོན་གྱི་ཆར་སྨད་དེ་ནུ་མར་སྡིགས་མཛུབ་ བྱ་ཞིང་དཔུང་པའི་དབྱུག་པ་རྣམ་པར་འཕངས་ལ་མཐར་དབྱུག་པ་ལ་བལྟས་ནས་བརྡབ་ཅིང་ གདོང་བསྐོར་བར་བྱའོ། །ཀི་ལཱི་ཀི་ལའི་ཀུན་ཏུ་བསྐྱོད་པ་སྟེ་དཀུ་གཡས་པའི་ཆར་བསྡུའོ། །དེ་ ཉིད་ཀི་ལཱི་ཀཱི་ལ་ཆེན་པོ་སྟེ། གང་གི་ཚེ་དབྱུག་པ་གནས་པ་ལ་བལྟ་བ་ན་དབྱུག་པ་ཕྲག་པ་ གཡས་པའི་ཕྱོགས་ནས་རྒྱབ་ཏུ་དགྱེར་བར་བྱ་ཞིང༌། མིག་གཡོན་པ་བཙུམས་ཏེ་ཁྲོས་པས་ རྐང་པ་རྣམ་པར་བསྐྱོད་པར་བྱའོ། །བསྡུ་བ་ནི་སྔ་མ་བཞིན་ནོ། །གཡོན་པ་ལྟེ་བར་བྱས་ནས་ གཡས་པས་རྡོ་རྗེ་སྙིང་ཁ་བསྒྲེང་བ་ནི་རྡོ་རྗེ་བསྒྲེང་བའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་ མོ་བསླང་བས་སྙིང་ཁར་སྡིགས་མཛུབ་བྱས་ཏེ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བའི་རྡོ་ རྗེ་རྡེག་པའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་འཕེན་པའོ། །སོར་མོ་བཞིའི་རྩེ་མོ་ཡང་དག་པར་བསྐུམ་ པས་མཐེ་བོང་མནན་པ་ནི་རྡོ་རྗེ་ཁུ་ཚུར་རོ། །ཁ་ལས་སྟེང་དང་འོག་ཏུ་ལག་པ་བརྐྱང་བའི་རྣམ་ འགྱུར་དང༌། སྣ་བུག་དང་འགྲམ་པ་དང་མིག་རྣམས་ཀྱིས་སྡིགས་པའི་ཚུལ་བྱས་པ་ནི་རྡོ་རྗེ་ འཇིགས་བྱེད་དོ། །ལག་པ་གཡས་པའི་རྡོ་རྗེ་གཡས་སྐོར་དུ་ཡོངས་སུ་བསྐོར་ནས་རིམ་གྱིས་ རྐང་པ་གཉིས་ས་ལ་འཇོག་པ་ནི་རྡོ་རྗེ་འཁྱིལ་པའོ། །ལག་པ་གཡོན་པ་བརྐྱང་ལ་ལག་པ་དེའི་ རྩ་བར་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་རྩ་བ་བཟུང་ནས་གར་བྱེད་པ་ནི་རྡོ་རྗེའི་ གར་རོ། །རྡོ་རྗེའི་གར་སྔོན་དུ་འགྲོ་བས་ལྟེ་བ་གཉིས་སུ་བཙུགས་ཏེ་མགོ་གཡོན་དུ་སྨད་པ་ནི་ 8-1-52 བུད་མེད་སྒྱུ་མ་བྱེད་པའོ། །ལྟེ་བ་གཉིས་སུ་བཙུགས་པ་ནི་རྡོ་རྗེ་སྒེག་མོའི་ཕྱག་རྒྱའོ། །གཡོན་ པའི་རྡོ་རྗེ་ཁུ་ཚུར་གྱི་སྦུབས་ལས་གཡས་པའི་རྡོ་རྗེ་ཁུ་ཚུར་ཕྱུང་ནས་རལ་གྲིའི་ཚུལ་དུ་བཟུང་ བ་ནི་རལ་གྲི འི་ཚུལ་ལོ། །སྙིང་ཁར་སྡིགས་མཛུབ་བྱས་ཏེ་རྡོ་རྗེ་རྩེ་གསུམ་པ་ཀུན་ཏུ་བསྐྱོད་ པའི་ཚུལ་དུ་བྱས་པ་ནི་རྡོ་རྗེའི་ཚུལ་ལོ། །རྡོ་རྗེ་བསྡམས་པས་བཟུང་བའི་གཏུན་ཤིང་གིས་ བགེགས་བརྡུང་བར་བྱེད་པ་ནི་གཏུན་ཤིང་གི་ཚུལ་ལོ། །ཐལ་མོ་སྦྱར་བ་བཅིངས་ནས་སོར་ མོའི་རྩེ་མོ་ཕན་ཚུན་སྦྱར་བ་ནི་རྡོ་རྗེ་ཐལ་མོའོ། །དེ་བཞིན་དུ་རྩ་བར་ཡང་དག་པར་བསྡམས་ པ་ནི་རྡོ་རྗེ་བསྡམས་པའོ། །སྙིང་ཁར་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་ཆུང་དང་མཛུབ་མོ་དག་རྡོ་ རྗེ་བསྡམས་པ་བྱས་ནས་འཁོར་ལོ་བཞིན་དཀྲོལ་བ་ནི་འཁོར་ལོའི་ཚུལ་ལོ། །གཡས་པའི་རྡོ་ རྗེ་ཁུ་ཚུར་གྱི་མཛུབ་མོ་དང་གུང་མོ་དག་འགྱིང་བ་དང་བཅས་པས་བརྐྱང་ནས་སྟེང་དུ་བཟུང་ བ་ནི་བ་དན་གྱི་ཚུལ་ལོ། །ཐལ་མོ་སྦྱར་བ་པད་མ་བཞིན་དུ་ཁ་ཕྱེ་བ་ནི་པད་མའི་ཚུལ་ལོ། །ཁུ་ ཚུར་གཡས་པའི་མཐེ་བོང་ནང་དུ་བཅུག་སྟེ་མཛུབ་མོ་བརྐྱང་ནས་དཔུང་པའི་སྟེང་དུ་དབྱུག་པ་ ལྟར་བསྒྲེང་བ་ནི་དབྱུག་པའི་ཚུལ་ལོ། །གཡས་པའི་མཛུབ་མོ་འགུགས་པའི་ཚུལ་གྱིས་བཟུང་ བ་ནི་ལྕགས་ཀྱུའི་ཚུལ་ལོ། །ལག་པ་གཡས་པའི་སོར་མོ་རྣམས་བརྐྱང་ལ་བསྐུམ་པ་ནི་ གདེངས་ཀའི་ཚུལ་ལོ། །ལག་པ་གཡོན་པས་གཞུ་བླངས་ཏེ་གཡས་པས་རྣ་བའི་བར་དུ་རྒྱུད་ དྲང་ཞིང་རླུང་བཟུང་བར་བྱ་བ་ནི་གཞུའི་ཚུལ་ལོ། །གཡས་པའི་གུང་མོ་དང་མཛུབ་མོ་དག་གི་ རྒྱབ་ནས་མདའ་དྲང་བར་བྱ་བ་ནི་མདའ་དྲང་བའི་ཚུལ་ལོ། །དེ་དག་ཉིད་ཀྱིས་མདའ་འཕེན་ པའི་ཚུལ་བྱ་བ་ནི་མདའ་འཕེན་པའི་ཚུལ་ལོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་བསྐུམ་ལ་ མདུན་དུ་ངེས་པར་བསྒྲིལ་བར་བྱའོ། །བསྒྲིལ་ཞིང་ངེས་པར་བསྒྲིལ་བ་ནི་ལྷ་དགུག་པའི་ མཆོག་གོ །ཞེས་པ་ལ། བསྒྲིལ་ཞིང་ངེས་པར་བསྒྲིལ་བ་ནི་རྡོ་རྗེ་ངེས་པར་བསྒྲིལ་བའི་ཕྱག་རྒྱ་ བཅིངས་ནས་རྡོ་རྗེ་ངེས་པར་བསྒྲིལ་བའོ། །རྡོ་རྗེ་ངེས་པར་བསྒྲིལ་བ་བྱས་པའི་འོག་ཏུ་རྡོ་རྗེ་ 8-1-53 བསྐོར་ནས་སྟེང་དུ་འགྱིང་བ་དང་བཅས་པས་རྡོ་རྗེ་གཡོ་བར་བྱའོ་ཞེས་པ་ནི་ཁ་ཅིག་གིའོ། ། རང་གི་ཁ་འོག་ཏུ་ཕྱོགས་པས་ལག་པ་གཡོན་པ་དེའི་འོག་ཏུ་རབ་ཏུ་བརྐྱང་སྟེ་ལག་པ་གཡས་ པ་རྒྱབ་ཀྱི་སྟེང་དུ་རབ་ཏུ་ཕྱར་བ་ནི་སེང་གེའི་རྐང་སྟབས་སོ། །ང་རྒྱལ་དང་བཅས་པས་ཀུན་ ཏུ་བལྟ་བར་བྱ་ཞིང༌། འདི་ཉིད་ལྕེ་གཡོ་བ་དང་ལྡན་པ་ནི་སེང་གེའི་གཡལ་མཛུམ་མོ། །དཔུང་ པ་གཡོན་པའི་རྒྱུད་པ་ལ་གཞག་སྟེ་དཔུང་པ་གཡས་པས་འགྲམ་པར་བརྡེག་པའི་ཚུལ་བྱས་ ནས་སྟེང་དུ་གཟུང་སྟེ་ང་རྒྱལ་དང་བཅས་པ་ནི་སེང་གེ་གནོན་པའོ། །འདི་གསུམ་ནི་རིག་པ་ འཛིན་པའི་རྐང་སྟབས་ཀྱིས་བཅིང་བར་བྱའོ། །ཙོག་པུའི་འདུག་སྟངས་ཀྱིས་གནས་པས་ ལག་པ་དག་འགྲམ་པར་བརྡེག་པའི་ཚུལ་བྱ་ཞིང་ལྕེ་ཡིས་ཀྱང་ནམ་མཁའ་ལྡིང་གི་ཕྱག་རྒྱ་ བྱས་ལ་རྡོ་རྗེའི་བལྟ་བས་འོག་ཏུ་ཀླུ་ལ་མངོན་པར་བལྟས་ཏེ་ངེས་པར་བསྐྱོད་པ་ཅིག་གམ་ གཉིས་བྱ་བ་ནི་ནམ་མཁའ་ལྡི ང་གི་འདུག་སྟངས་སོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སྙིང་ ཁར་སྡིགས་མཛུབ་བྱས་ཏེ་གཡས་པས་འུར་རྡོ་བསྐོར་བའི་ཚུལ་བྱ་བ་ནི་འུར་རྡོའི་འོ། །ལག་ པ་གཡོན་པ་པང་པར་གན་རྐྱལ་དུ་གཞག་ལ་ལག་པ་གཡས་པས་མཆོག་སྦྱིན་གྱི་ཚུལ་བྱས་པ་ ནི་མཆོག་སྦྱིན་ནོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སྙིང་ཁར་སྡིགས་མཛུབ་བྱས་ཏེ་ལག་པ་ གཡས་པས་གསོར་བ་སྔོན་དུ་འགྲོ་བས་མདུང་ཐུང་འཕེན་པའི་ཚུལ་བྱ་བ་ནི་མདུང་ཐུང་གི་ ཚུལ་ལོ། །དེ་ཁོ་ན་བཞིན་དུ་འཁྲུལ་ཤིང་འཕེན་པའི་ཚུལ་བྱ་བ་ནི་འཁྲུལ་ཤིང་གི་ཚུལ་ལོ། །རྡོ་ རྗེ་ཁུ་ཚུར་གཉི་གས་མདུང་གིས་འབིགས་པའི་ཚུལ་བྱ་བ་ནི་མདུང་གི་ཚུལ་ལོ། །ཤར་ལ་ སོགས་པའི་ཕྱོགས་རྣམས་སུ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་བྱང་ཆུབ་མཆོག་ ལ་སོགས་པའི་ཕྱག་རྒྱ་བཅིངས་པས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ དང་མངོན་པར་འདུས་མ་བྱས་པ་སྟེ་རྣམ་པར་ཐར་པ་བཞི་རྣམ་པར་དག་པའི་སྒོ་བཞིས་བྱིན་ གྱིས་བརླབ་པར་བྱའོ། །ས་གཞི་ལ་རིག་པ་འཛིན་པའི་རྐང་སྟབས་ཀྱིས་ལྷུང་ནས་གཡོན་པ་ 8-1-54 དང་གཡས་པའི་ལག་པ་དག་གི་ཀ་པཱ་ལ་དང་རྡོ་རྗེ་འཛིན་པའི་ཚུལ་བྱ་བ་ནི་རྡོ་རྗེ་རིག་པ་ འཛིན་པའོ། །དེ་ཁོ་ན་བཞིན་དུ་རིམ་གྱིས་ལག་པ་དག་གིས་རྡོ་རྗེའི་ཕྲེང་བ་འཛིན་པའི་ཚུལ་ བྱ་བ་ནི་རྡོ་རྗེ་ཕྲེང་བ་འཛིན་པའོ། །རྐང་པ་གཡས་པས་ཏཱཎ་ཌ་བ་བྱས་ལ་རྐང་པ་གཡོན་པ་ ཕྱིན་ཅི་ལོག་གིས་སྟེང་དུ་དཔུང་པ་གཡོན་པར་སླེབ་པར་བྱ་ཞིང༌། ལག་པ་གཉིས་ཀྱི་རྡོ་རྗེ་ཁུ་ ཚུར་བཅིངས་ཏེ་མཐེ་ཆུང་གཉིས་ལྕགས་སྒྲོག་ལྟར་བྱས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་ཕྱིན་ ཅི་ལོག་ཏུ་བྱས་སྤྱི་བོར་བཟུང་བ་ནི་ཛཱ་ལན་དྷ་རོ། །དེ་བཞིན་དུ་རྐང་པ་གཡོན་པས་ཀྱང་ངོ༌། ། བསྟོད་པ་བྱེད་པའི་ཚུལ་གྱིས་ཐལ་མོ་སྦྱར་བ་སྙིང་ཁར་བཟུང་བ་ནི་ཕྱག་འཚལ་བའི་ཚུལ་ལོ། ། དཔལ་ཀྱེའི་རྡོ་རྗེ་ལ་སོགས་པ་རྣལ་འབྱོར་མའི་རྒྱུད་དུ་ནི། ཧཱུཾ་ཡིག་གི་སྔགས་བརྗོད་པ་ཉིད་ ཀྱིས་བགེགས་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ་ཞེས་ཏེ་སྔགས་གཞན་གསུངས་པ་ནི་མེད་ དོ། །དཔལ་འདུས་པ་ལ་སོགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི་ཉུང་བ་ལ་དགའ་བ་རྣམས་ ལ་སོ་སོ་རེ་རེ་ཞིང་རྡོ་རྗེའི་རྐང་སྟབས་ཀྱི་སྔགས་རྣམས་གསུངས་པས། དེ་ཡང་འདིར་བརྗོད་ པར་བྱའོ། །དེའི་ཕྱིར་གཉི་ག་ཡང་བདག་གིས་བཤད་པར་བྱ་སྟེ་ཇི་ལྟར་མངོན་པར་དགའ་ བར་བྱའོ། །འདི་ལྟ་སྟེ། ༀ་ཨེ་ཀ་པཱུ་ཙི་ཀ་བཛྲ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་བྷཉྫ་བྷཉྫ་སརྦ་དུཥྚཱ་སུ་རཱན་ ཧཱུཾ་ཕཊ། །ༀ་ཏྲི་ཤཱུ་ཙི་ཀ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་བྷཉྫ་བྷཉྫ་སརྦ་དུཥྚཱ་སུ་རཱན་ཧཱུཾ་ཕཊ། །ༀ་པཉྩ་ཤཱུ་ཙི་ ཀ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་བྷཉྫ་བྷཉྫ་སརྦ་དུཥྚཱ་སུ་རཱན་ཧཱུཾ་ཕཊ། །ༀ་བི་ཤྭ་ཤཱུ་ཙི་ཀ་པ་ད་བཛྲ་མ་ཧཱ་ ཀྲོ་དྷ་བྷཉྫ་བྷཉྫ་སརྦ་དུཥྚཱ་སུ་རཱན་ཧཱུཾ་ཕཊ། །ༀ་ཨཱ་ལཱི་ཌྷ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་བི་གྷཱུར་ཎ་ཡ་བི་ གྷཱུར་ཎ་ཡ་སརྦ་དུཥྚཱ་དེ་བ་ཨཱ་དི་མཱ་རཱན་ཧཱུཾ་ཕཊ། །ༀ་པྲ་ཏི་ཨཱ་ལཱི་ཌྷ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་བི་གྷཱུར་ ཎ་ཡ་བི་གྷཱུར་ཎ་ཡ་སརྦ་དུཥྚཱ་ཡ་མ་ཨཱ་དི་མཱ་རཱན་ཧཱུཾ་ཕཊ། །ༀ་བཻ་ཤཱ་ཀ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་བི་ གྷཱུར་ཎ་ཡ་བི་གྷཱུར་ཎ་ཡ་སརྦ་དུཥྚཱ་ན་གཱན་ཧཱུཾ་ཕཊ། །ༀ་མཎ་ཌ་ལ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་བི་གྷཱུར་ ཎ་ཡ་བི་གྷཱུར་ཎ་ཡ་སརྦ་དུཥྚཱ་ཡཀྵཱན་ཧཱུཾ་ཕཊ། །ༀ་ས་མ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་བི་གྷཱུར་ཎ་ཡ་བི་ 8-1-55 གྷཱུར་ཎ་ཡ་སརྦ་དུཥྚཱ་ཨན་ཏ་རཱི་ཀྵ་མཱ་རན་ཧཱུཾ་ཕཊ། །ༀ་ཛཱ་ཏ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཨཱ་ བེ་ཤ་ཡ་སརྦ་མཱ་རཱན་ཧཱུཾ་ཕཊ། །ༀ་པྲ་ཏི་ཛཱ་ཏ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་བར་ཛ་ཡ་ཨཱ་བར་ཛ་ཡ་ སརྦ་པྲ་སན་ནཱན་ཧཱུཾ་ཕཊ། །ༀ་བི་ཀ་ཊ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་བྷཱི་ཥ་ཡ་བྷཱི་ཥ་ཡ་སརྦ་དུཥྚཱན་ཧཱུཾ་ ཕཊ། །ༀ་པྲ་ཏི་བི་ཀ་ཊ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་བི་གྷཱུར་ཎ་ཡ་བི་གྷཱུར་ཎ་ཡ་སརྦ་དུཥྚཱ་ཧཱུཾ་ཕཊ། །ༀ་ སཾ་པུ་ཊ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་སཱི་ཌ་ཡ་སཱི་ཌ་ཡ་སརྦ་བི་ན་ཡ་ཀན་ཧཱུཾ་ཕཊ། །ༀ་ཀཱུར་མ་པ་ད་ བཛྲ་མ་ཧཱ་ཀྲོ་དྷ་ནཱ་ཤ་ཡ་ནཱ་ཤ་ཡ་སརྦ་བིགྷྣཱན་ཧཱུཾ་ཕཊ། །ༀ་ཨེ་ཀ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་ཀམ་ པ་ཡ་ཨཱ་ཀམ་པ་ཡ་སརྦ་ཀླེ་ཤཱན་ཧཱུཾ་ཕཊ། །ༀ་བྷྲ་མ་ཎཱི་ཛཱ་ལ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་ཛམ་བྷ་ཡ་ ཛམ་བྷ་ཡ་སརྦ་ཏཱིར་ཐི་ཀཱན་ཧཱུཾ་ཕཊ། །ༀ་བུད་དྷ་བ་ལ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་ཀྵེ་པ་ཡ་ཨཱ་ཀྵེ་པ་ཡ་ སརྦ་མཱ་རཱན་ཧཱུཾ་ཕཊ། །ༀ་ཨཱཿཧཱུཾ་ལ་ལ་ལ་ལ་ལ་ལ་ཧེ་ཧེ་གྲ་ས་གྲ་ས་ཀཱ་རཱ་ལ་བ་ད་ན་མ་ཧཱ་ཀྲོ་དྷ་ ཙ་ལ་ཙ་ལ་ཧཱུཾ་ཀཿ། །ༀ་ཨཱཿཧཱུཾ་ལ་ཨཱ་ཧེ་ཨཱ་ཧེ་གྲ་ས་གྲ་ས་ཀ་རཱ་ལ་བ་ད་ན་མ་ཧཱ་ཀྲོ་དྷ་ཏྲཱ་ས་ཏྲཱ་ས་ ཡ་ཏྲཱ་ས་ཡ་ཧཱུཾ་གཿ། །ༀ་ཨཱཿཧཱུཾ་ལ་ཨཱ་ཧེ་ཧེ་གྲ་ས་གྲ་ས་ཀ་རཱ་ལ་བ་ད་ན་མ་ཧཱ་ཀྲོ་དྷ་ཀྵོ་བྷ་ཡ་ཀྵོ་བྷ་ ཡ་ཧཱུཾ་ཙཿ། །ༀ་ཨཱཿཧཱུཾ་ལ་ཨཱ་ཧེ་ཧེ་གྲ་ས་གྲ་ས་ཀ་རཱ་ལ་བ་ད་ན་མ་ཧཱ་ཀྲོ་དྷ་བི་མོ་ཧ་ཡ་བི་མོ་ཧཱ་ཡ་ ཧཱུཾ་ཚཿ། །ༀ་ཨཱཿཧཱུཾ་ལ་ཨཱ་ཧེ་ཧེ་གྲ་ས་གྲ་ས་ཀ་རཱ་ལ་བ་ད་ན་མ་ཧཱ་ཀྲོ་དྷ་གར་ཛ་ཡ་གར་ཛ་ཡ་ཧཱུཾ་ ཛཿ། །ༀ་ཨཱཿཧཱུཾ་ལ་ཨཱ་ཧེ་ཧེ་གྲ་ས་གྲ་ས་ཀ་རཱ་ལ་བ་ད་ན་མ་ཧཱ་ཀྲོ་དྷ་ཧྲཱིཿཥྚཱིཿཧཱུཾ་ཛྷཱཿ། །ༀ་ཨཱཿཧཱུཾ་ལ་ ཨཱ་ཧེ་ཧེ་གྲ་ས་གྲ་ས་ཀ་རཱ་ལ་བ་ད་ན་མ་ཧཱ་ཀྲོ་དྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཧཱུཾ་སཿ། །ༀ་ཨཱཿཧཱུཾ་ལ་ཨཱ་ཧེ་ཧེ་ གྲ་ས་གྲ་ས་ཀ་རཱ་ལ་བ་ད་ན་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཧཿ། །ༀ་མ་ཧཱ་བ་ལ་བཛྲ་ ཨུད་ཀར་ཥ་ཎ་བཛྲ་མ་ཧཱ་ཀྲོ་དྷ་མར་ད་ཡ་མར་ད་ཡ་སརྦ་བིགྷ་ནཱན་ཧཱུཾ་ཕཊ། །ༀ་བཛྲ་ཨཱ་ཀྵེ་པ་ བཛྲ་མ་ཧཱ་ཀྲོ་དྷ་ཨཱ་ཀྵེ་པ་ཡ་ཨཱ་ཀྵེ་པ་ཡ་སརྦ་བྷཱུ་ཏཱན་ཧཱུཾ་ཕཊ། །ༀ་བཛྲ་བྷཻ་ར་བ་བཛྲ་མ་ཧཱ་ཀྲོ་དྷ་ ཤོ་དྷ་ཡ་ཤོ་དྷ་ཡ་སརྦ་ཏྲཻ་དྷཱ་ཏུ་ཀཱན་ཧཱུཾ་ཕཊ། །ༀ་བཛྲ་ཀུཎ་ཊ་ལི་བཛྲ་མ་ཧཱ་ཀྲོ་དྷ་གྲྀཧྣ་བན་དྷ་ཧ་ ན་བི་དྷྭན་ས་ཡ་བཛྲེ་ཎ་མཱ་རཱན་ཧཱུཾ་ཕཊ་ཡ་བྷིན་ད་ཡ་ཧྲ་ད་ཡཾ་ཧཱུཾ་ཕཊ། །ༀ་བཛྲ་ནྲྀར་ཏྱ་ན་མ་ཧཱ་ 8-1-56 ཀྲོ་དྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚ་ནཱ་གཱན་ཧཱུཾ་ཕཊ། །ༀ་སྟྲཱི་མཱ་ཡཱ་ཀ་ར་ཎ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་ན་ཡ་ ཨཱ་ན་ཡ་བི་མར་ད་ཡ་བི་མར་ད་ཡ་སརྦ་ཀིན་ན་ར་ཨཱ་དཱིན་ཧཱུཾ་ཕཊ། །ༀ་ཁཊ་ག་ཨ་བྷི་ན་ཡ་ བཛྲ་མ་ཧཱ་ཀྲོ་དྷ་ཙྪིན་ད་ཙྪིན་ད་སརྦ་དུཥྚ་བི་ནཱ་ཡ་ཀཱན་ཧཱུཾ་ཕཊ། །ༀ་བཛྲ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ ཀྲོ་དྷ་པྲ་མར་ད་ཡ་པྲ་མར་ད་ཡ་སརྦ་དེ་བཱན་ཧཱུཾ་ཕཊ། ༀ་བཛྲ་མུ་ཥ་ལ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་ དྷ་ཀུཊ་ཊ་ཀུཊ་ཊ་སརྦ་བིགྷ་ན་བི་ནཱ་ཡ་ཀཱན་ཧཱུཾ་ཕཊ། །ༀ་ཙཀྲ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་ན་ ཡ་ཨཱ་ན་ཡ་སརྦ་མཎ་ཌ་ལཱན་ཧཱུཾ་ཕཊ། །ༀ་པ་ཏཱ་ཀ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་པྲ་སཱ་ར་ཡ་པྲ་སཱ་ ར་ཡ་སརྦ་པྲེ་ཏཱན་ཧཱུཾ་ཕཊ། །ༀ་པད་མ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་སརྦ་ དུཥྚ་ས་ཏྭཱན་ཧཱུཾ་ཕཊ། །ༀ་དཎ་ཌ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཏཱ་ཌ་ཡ་ཏཱ་ཌ་ཡ་སརྦ་ཤ་ཀྲཱུན་ཧཱུཾ་ ཕཊ། །ༀ་ཨང་ཀུ་ཤ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨ་ཀར་ཥ་ཡ་ཨཱ་ཀར་ཥ་ཡ་སརྦ་དུཥྚ་ས་ཏྭཱཾན་ ཧཱུཾ་ཕཊ། །ༀཕ་ལ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་པྲཧླ་ད་ཡ་པྲཧླ་ད་ཡ་སརྦ་ཏ་ཐཱ་ག་ཏཱན་ཧཱུཾ་ཕཊ། ། ༀ་ཙཱ་པ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཏར་ཛ་ཡ་ཏར་ཛ་ཡ་སརྦ་དུཥྚཱན་ཧཱུཾ་ཕཊ། །ༀ་ཤ་ར་ཨཱ་ ཀར་ཤ་ཎ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་ཀར་ཥ་ཡ་ཨཱ་ཀར་ཥ་ཡ་སརྦ་མཱ་ར་པར་ཥ་དོ་ཧཱུཾ་ཕཊ། ། ༀ་ཤ་ར་ཨུད་ཀྵེ་པ་ཎ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་དེ་ཧི་དེ་ཧི་བ་རཾ་སརྦ་སཏྭཱ་ནཱཾ་ཧཱུཾ་ཕཊ། །ༀ་ བཛྲ་ཨུད་བ་ལི་ཏ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་བན་དྷ་ཡ་བན་དྷ་ཡ་སརྦ་ས་མ་ཡཱན་ཧཱུཾ་ཕཊ། །ༀ་ སིང་ཧ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་སྟམ་བྷ་ཡ་སྟམ་བྷ་ཡ་སརྦ་མ་ཧལ་ལ་ཀ་མ་ཧལ་ལི་ཀ་ཨཱ་དཱིན་ཧཱུཾ་ ཕཊ། །ༀ་སིང་ཧ་བི་ཛྱམ་བྷི་ཏ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་ཏྲཱ་ས་ཡ་ཏྲཱ་ས་ཡ་སརྦ་མ་ཧལ་ལ་ཀ་མ་ཧལ་ ལི་ཀ་ཨཱ་དཱིན་ཧཱུཾ་ཕཊ། །ༀ་སིང་ཧ་ཀྲཱན་ཏ་པ་ད་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་ཀྲཱ་མ་ཡ་ཨཱ་ཀྲཱ་མ་ཡ་སརྦ་མ་ ཧལ་ལ་ཀ་མ་ཧལ་ལི་ཀ་ཨཱ་དཱིན་ཧཱུཾ་ཕཊ། །ༀ་ག་རུ་ཌ་ཨཱ་ས་ན་བཛྲ་མ་ཧཱ་ཀྲོ་དྷ་ཏྲཱ་ས་ཡ་ཏྲཱ་ས་ཡ་ སརྦ་ནཱ་གཱན་ཧཱུཾ་ཕཊ། །ༀ་བྷིན་དཱ་པཱ་ལ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་བྷྲཱ་མ་ཡ་བྷྲཱ་མ་ཡ་སརྦ་དཥྚ་ ན་རཱན་ཧཱུཾ་ཕཊ། །ༀ་བ་ར་ད་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་བ་ར་ད་བ་ར་ད་སརྦ་སིད་དྷིཾ་ཀུ་རུ་ཧཱུཾ་ 8-1-57 ཕཊ། །ༀ་ཤཀ་ཏི་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་མཱ་ར་ཡ་མཱ་ར་ཡ་སརྦ་མཱ་ར་ཨ་ནུ་ཙ་རཱན་ཧཱུཾ་ཕཊ། ། ༀ་ཀ་ཎ་ཡ་ཀྵེ་པ་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་བན་དྷ་བན་དྷ་སརྦ་དུཥྚཱན་ཧཱུཾ་ཕཊ། །ༀ་ཀུན་ཏ་ ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་མཱ་ར་ཡ་མཱ་ར་ཡ་སརྦ་མཱ་རཱན་ཧཱུཾ་ཕཊ། །ༀ་ཙ་ཏུར་མུ་ཁ་ཨ་དྷིཥྚ་ན་ བཛྲ་མ་ཧཱ་ཀྲོ་དྷ་ཨ་དྷིཥྛ་ཨ་དྷིཥྛ་སརྦ་དི་ཤ་ༀ་ཏྲཱཾ་ཧྲཱིཿཨཱཿཧཱུཾ་ཧཱུཾ་ཕཊ། །ༀ་བཛྲ་བི་དྱཱ་དྷ་ར་པ་ད་བཛྲ་ མ་ཧཱ་ཀྲོ་དྷ་ཨཱ་ཀར་ཥ་ཡ་ཨཱ་ཀར་ཥ་ཡ་སརྦ་ཤྲཱ་བ་ཀཱན་ཧཱུཾ་ཕཊ། །ༀ་བཛྲ་མཱ་ལཱ་དྷ་ར་པ་ད་བཛྲ་མ་ ཧཱ་ཀྲོ་དྷ་ཨཱ་བར་ཛ་ཡ་ཨཱ་བར་ཛ་ཡ་སརྦ་པྲ་ཏྱེ་ཀ་ཙར་ཡཱ་ཙཱ་རི་ཎོ་ཧཱུཾ་ཕཊ། །ༀཛཱ་ལན་དྷ་ར་པ་ད་ བཛྲ་མ་ཧཱ་ཀྲོ་དྷ་པྲ་སཱ་ད་ཡ་པྲ་སཱ་ད་ཡ་སརྦ་བོ་དྷི་ས་ཏྭཱན་ཧཱུཾ་ཕཊ། །ༀ་པྲ་ཎཱ་མ་ཨ་བྷི་ན་ཡ་བཛྲ་ མ་ཧཱ་ཀྲོ་དྷ་པྲ་སཱ་ད་ཡ་པྲ་སཱ་ད་ཡ་སརྦ་ཏ་ཐཱ་ག་ཏཱན་ཧཱུཾ་ཕཊ།། །། དེའི་རྗེས་ལ་ཕྱག་འཚལ་བའི་ཚུལ་དང་པད་སྐོར་ཀྱང་བྱས་ནས་དུར་ཁྲོད་ན་བཞུགས་ པའི་དཀྱིལ་འཁོར་གྱི་དབང་ཕྱུག་ལ། དུར་ཁྲོད་ཀྱི་ཚུལ་གྱི་གར་བྱ་ཞིང༌། དམ་ཚིག་ཀྱང་འདི་ རྣམས་ཏེ་དམ་ཚིག་གི་ངེས་པ་འབའ་ཞིག་བྱའོ། །དེ་ཐམས་ཅད་ཚིགས་སུ་བཅད་པས་བརྗོད་ པར་བྱ་སྟེ། ཚིགས་སུ་བཅད་པའི་དོན་གྱི་ཚུལ་རྣམས་ནི་གར་དུ་བྱའོ། །དེ་ལྟར་ཡང༌། ཤར་དུ་ གཏུམ་དྲག་འཇིགས་པར་བྱེད་པར་ལྷ་ཡི་བདག་པོ་ཕྱོགས་ཀྱི་གླང་པོ་ལ་གནས་ཤིང༌། །རྡོ་རྗེ་ དང་ནི་སྡིགས་མཛུབ་ཀུན་ནས་གསལ་ལྡན་རྟག་ཏུ་སེར་པོའོ་དེ་ནས་ནོར་རྒྱས་ནི། །དཀར་པོ་ གདེངས་ཀ་བདུན་དང་ལྡན་པའོ་ཆུ་འཛིན་སྟུག་པོ་གཏུམ་དྲག་ཞེས་བྱ་ཆེན་པོ་ནི། །དྲག་པོའི་ རྫུ་འཕྲུལ་ཆེ་ལྡན་དཀར་པོ་གླང་པོའི་གདོང་ཅན་ཤི་རཱི་ཥ་ཡི་ཤིང་ལ་གནས། །བྱང་དུ་གནོད་ སྦྱིན་དབང་པོ་སེར་པོ་རྟ་ལ་ཡང་དག་གནས་ཤིང་མི་འཇིགས་སྦྱིན་པ་དང༌། །དབྱུག་པ་ཡང་ དག་ལྡན་པའོ་འཇོག་པོ་དམར་པོ་དེ་བཞིན་འུར་འུར་བྱེད་པའི་འཁོར་བྱེད་དེ། །དཔལ་ལྡན་ བྱང་ཆུབ་ཤིང་ལ་མཆེ་གཙིགས་མི་ཡི་གདོང་ཅན་བསིལ་བ་ཉིད་འདིར་ཚང་ཚིང་འཁྲིགས། ། རྟག་ཏུ་འཕེལ་བྱེད་འཇིགས་པ་ཆེ་ལྡན་ཤིན་ཏུ་ཚང་ཚིང་འཁྲིགས་པའི་དུར་ཁྲོད་ཆེན་པོ་འོ། ། 8-1-58 ནུབ་ཏུ་ཆུ་ཡི་བདག་པོ་དཀར་པོ་ཆུ་སྲིན་ལ་ཞོན་འཇིགས་པ་མེད་པར་བྱེད་པ་དང༌། །སྦྲུལ་ ཆེན་ཞགས་པ་ལྡན་པའོ་དེ་བཞིན་གདེངས་ཀའི་བདག་པོ་ལྗང་གུའི་ཀླུ་ནི་སྟོབས་ཀྱི་རྒྱུ། །སྤྲིན་ ནི་ཟབ་མོ་སྒྲོགས་པར་བྱེད་པའོ་དགའ་བ་དང་བཅས་འབར་བས་ཀུན་ནས་ཁྱབ་པ་དེར། ། མྱ་ངན་མེད་པའི་ཤིང་ལ་ཆུ་སྲིན་གདོང་ཅན་ཤིན་ཏུ་དམར་པོའི་རང་བཞིན་འོད་འཕྲོ་བའོ། ། ལྷོར་ནི་གཤིན་རྗེ་ནག་པོ་འཁྲིགས་པའི་དབྱུག་པ་རྣམ་པར་འཛིན་ཞིང་ཞགས་པ་དང་བྲལ་ བ། །རྟག་ཏུ་མ་ཧེ་ལ་ཞོན་དེ་ནས་ཤིན་ཏུ་དཀར་བའི་པད་མ་ལྕེ་གཉིས་བདག་པོ་སྟེ། །ཉི་མ་ སོ་སོར་ཆར་པ་འབེབས་བྱེད་ལྡོག་པར་བྱེད་པའོ་ཙུ་ཏའི་ཤིང་ལ་འཇིགས་བྱེད་ཆེ། །ནག་པོ་ མ་ཧེ་ཁྲོས་པའི་གདོང་པ་དང་ལྡན་སྲིན་པོའོ་དེ་ལྟར་འཇིགས་པར་བྱེད་པ་འོ། །མེའི་མཚམས་ སུ་མེ་ལྷ་དམར་པོ་སྤྱི་བླུགས་འཛིན་ཞིང་སྔགས་ཀྱི་བགྲང་ཕྲེང་དང་ལྡན་པ། །ར་ལ་གནས་ པའོ་པད་མའི་སྡོང་བུ་ལྟ་བུར་དཀར་བའི་ཀླུ་ནི་པད་མ་ཆེན་པོ་སྟེ། །ཆུ་འཛིན་འཇིགས་པར་ བྱེད་པའོ་དེ་ནས་ར་ཡི་གདོང་ཅན་དྲག་ཏུ་རྒོད་པ་ཆེན་པོ་ནི། །དམར་པོ་མཛེས་པ་ཀ་རན་ཛ་ ཡི་ཤིང་ལ་གནས་པའོ་རྒྱ་ཆེན་དྲག་ཏུ་རྒོད་པའོ། །བདེན་བྲལ་དུ་ནི་སྲིན་པོ་ནག་པོ་མགོ་དང་ སྡིགས་མཛུབ་འཛིན་པ་རོ་ལ་གནས་པ་སྟེ། །རློན་པ་འཐོར་བར་བྱེད་པ་འགེངས་བྱེད་དུག་ འཛིན་མཐའ་ཡས་ཀྱང་ནི་སྔོན་པོའི་རང་བཞིན་ཉིད། །ཆེན་པོའི་ཤིང་ལ་ཧུ་ལུ་ཧཱུ་ལུ་ནག་པོ་ དོམ་གྱི་གདོང་པ་དང་ལྡན་ཆེན་པོ་སྟེ། །ཡང་དག་འཕེལ་བྱེད་ཤིན་ཏུ་ཀི་ལི་ཀི་ལི་སྒྲ་རྣམས་ སྒྲོགས་པའི་དུར་ཁྲོད་རྟག་ཏུའོ། །རླུང་དུ་རླུང་ལྷ་དཀར་པོ་མཛེས་པའི་རླུང་གི་བ་དན་འཛིན་ པ་ཤ་བའི་གདན་ཅན་ཏེ། །ལྟོ་འཕྱེ་ཆེན་པོ་ཡི་ནི་བདག་པོ་རིགས་ལྡན་ཡིན་ཏེ་དྲག་པོ་ཆེན་པོ་ སྣ་ཚོགས་ཉིད། །སྤྲིན་ནི་རྟག་ཏུ་འཁོར་བྱེད་དེ་ནས་མི་བཟད་ལྗང་གུ་རི་དགས་གདོང་ཅན་ ཆེན་པོ་ནི། །འཇིགས་པའང་འཇིགས་བྱེད་ཨར་ཛུ་ན་ཡི་ཤིང་ལ་གནས་པ་མུན་པ་མི་བཟད་ དུར་ཁྲོད་དོ། །དབང་ལྡན་དུ་ནི་དབང་ལྡན་དཀར་སེར་གླང་ལ་གནས་ཤིང་མདུང་དང་ཐོད་པ་ 8-1-59 འཛིན་པ་སྟེ། །དེ་ནས་དཀར་སེར་འཁྲེགས་པའི་ལུས་ཅན་ནོར་བུ་ཆེན་པོ་འཛིན་པའི་དཔལ་ ལྡན་དུང་སྐྱོང་ཉིད། །བདེ་འབྱུང་ངེས་པར་རྫུ་འཕྲུལ་ཆེ་ལྡན་གླང་གི་གདོང་ཅན་དཀར་པོ་ འཁྲི་ཤིང་ལ་གནས་ཤིང༌། །སྤྲིན་ནི་གཏུམ་ཞིང་གཏུམ་པོ་རྒྱ་ཆེན་ཆུ་དང་ལྡན་པ་འབད་པས་ དབང་ཕྱུག་ནགས་ཚལ་ལོ། །བརྒྱད་པོ་འདི་རྣམས་སུ་ནི་བརྒྱད་ཀྱི་སྐུ་ལྡན་དྲག་པོའི་དུར་ཁྲོད་ རྣམས་སུ་ཀླུ་རྣམས་ནི། །གདེངས་ཀ་བདུན་གྱིས་བརྒྱན་ཞིང་མི་ཡི་གདོང་ཅན་ཐམས་ཅད་ ཀྱང་ནི་ཕྱོགས་ཀྱི་འདྲེན་པ་སྟེ། །ཤིང་རྣམས་མེ་ཏོག་དང་ནི་འབྲས་བུར་ལྡན་ཞིང་ཆུ་འཛིན་ སྣ་ཚོགས་ཁ་དོག་འབར་བ་ཉིད། །ཤིང་དེ་རྣམས་ལ་རྫུ་འཕྲུལ་ཆེ་ལྡན་ཀི་ལི་ཀི་ལི་བྱེད་པ་དེ་ བཞིན་བརྒྱ་བྱིན་ནོ། །དུར་ཁྲོད་ཀྱི་དཀྱིལ་འཁོར་བརྗོད་པར་བྱ་སྟེ། བསྲེགས་དང་ཀུན་ནས་ བསྲེགས་དང་དུམ་བུར་བྱས་སོགས་རོ་རྣམས་ཤིང་ལ་བཟུང་ཞིང་བཅིངས་གྱུར་པའི། །ཤ་ནི་ བྱ་རྒོད་དྲིལ་བུའི་སྒྲ་ཡིས་ཁེངས་ཤིང་གཡོ་བའི་ལྕེ་སྤྱང་རྣམས་ཀྱིས་ཟ་བ་དང༌། །སྒྲ་སྒྲོགས་ རྣམ་པར་དགྲོད་པའི་བྱ་རྒོད་རྣམས་ཀྱིས་རྒྱུ་མ་བཏོན་ཞིང་གནས་པ་འགའ་ཞིག་ནི། །མཆོག་ གི་རྣལ་འབྱོར་མ་རྣམས་ཀྱིས་ནི་རྟག་ཏུ་བཅད་ནས་མེ་ལ་རང་གིས་འཚོད་པར་བྱེད། །སྲིན་པོ་ རྣམས་ཀྱིས་རོ་ཡི་མགོ་བོ་བཅད་དེ་འཛག་པའི་ཁྲག་ལྡན་མགོ་ནི་བཟུང་བ་དང༌། །འཁྲེགས་ པའི་དབྱུག་པ་དགའ་བའི་མཚོན་ཆ་རྣམས་ཀྱིས་འགའ་ཞིག་ཕན་ཚུན་འཐབ་པར་བྱེད་པ་ ཡོད། །ཨེ་མའོ་འུག་པའི་གདོང་ཅན་རྣམས་ཀྱི་ལག་པའི་ཕེབ་རྡོབ་སྒྲ་ཡིས་ལམ་ནི་འགོག་ བྱེད་ཅིང༌། །རོ་ལངས་དང་ནི་ལུས་སྲུལ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་འགའ་ཞིག་གར་ ནི་བྱེད་པ་མཐོང༌། །འགའ་ཞིག་རང་གི་མགོ་བོ་བཅད་ནས་ཕྲག་པ་དག་ལས་འཛག་པའི་ ཁྲག་ནི་འཐུངབར་བྱེད། །འགའ་ཞིག་རྩེད་མོ་བྱེད་ཅིང་ཨེ་མ་འགའ་ཞིག་ཤུགས་བཅས་ལུས་ ནི་གསུམ་དུ་སྤྲུལ་བར་བྱེད། །འགའ་ཞིག་འགུགས་པར་བྱེད་ཅིང་རབ་ཏུ་གསལ་བས་ཧཱུཾ་ ཡིག་དང་ནི་ཕཊ་ཡིག་སྒྲོགས་པར་བྱེད། །རྣལ་འབྱོར་མ་ནི་འགའ་ཞིག་མི་མགོའི་ཕྲེང་བ་ཁ་ 8-1-60 ཊྭཱཾ་ག་དང་ལྡན་པས་རྒྱུ་བར་བྱེད། །དུར་ཁྲོད་ན་གནས་པའི་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ ཕྱུག་རྣམས་ཀྱི་དམ་ཚིག་གི་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། ལོ་ཡཱིའི་ཞབས་ནི་མཐའ་རྣམས་ གཅོད་པའོ་ཤ་བ་རི་འདིར་རྟག་ཏུ་མདའ་དང་གཞུ་དག་ཕྱག་ན་བསྣམས། །ཉལ་བ་དང་ནི་ ཟ་བ་ཉིད་འདོད་གྲུབ་པ་ཞི་བའི་ལྷ་ཡང་མཆོག་གི་བདེ་བའི་རོ་དང་ལྡན། །པི་བང་ཞབས་ནི་ སྙིང་རྗེ་དང་བཅས་དགའ་བའི་སྒྲ་དབྱངས་དང་ལྡན་པི་བང་སྒྲ་རྣམས་སྒྲོགས་པ་སྟེ། །ཌྷེང་ཀི་ པ་ནི་འབྲུ་རྣམས་རྣམ་བརྡུང་གོས་མེད་ཀར་ཎ་པ་ནི་ལྷན་སྐྱེས་གཙང་མའི་ཡིད་ཅན་ནོ། །སྟོག་ ཙེ་འཛིན་པ་པོ་ནི་སྲིད་གསུམ་མི་མཉམ་མཉམ་པ་ཉིད་དུ་ཡང་དག་མཛད་ནས་བཞུགས་པ་སྟེ། ། བི་རཱུ་པ་ནི་ཆང་མ་རྣམས་ལ་ཉི་མའང་གཏེང་པར་བྱིན་ནས་ཆང་རྣམས་འཐུང་བར་མཛད་ པ་ཉིད། །ཌོམ་བི་བ་ནི་སྟག་ལ་ཞོན་ཞིང་རང་རིགས་བུད་མེད་དག་དང་ལྷན་ཅིག་ཀུན་ནས་ འཁྱུད་དང་ལྡན། །བདེ་བའི་སྟོབས་ལྡན་ཀམ་བ་ལི་ཡང་བསམ་དང་མི་བསམ་རབ་ཏུ་ཉམས་ ཤིང་ལུས་ནི་རྣམ་པར་རྒྱས་པའོ། །དཱ་རི་ཀ་པ་ཡང་ནི་བཟའ་བ་དག་དང་གྲོལ་བར་འདོད་ ཅིང་ན་ཆུང་དགའ་བའི་ཤུགས་དང་བཅས། །གུ་ཌ་རཱི་པའང་རྐེད་པའི་འཁྲུལ་འཁོར་དག་ལ་ མཉམ་པར་བཞག་ཅིང་རླུང་ཡང་གུ་ཌ་གུ་རིར་སྒྲོགས། །རྒྱལ་པོ་ཨིན་དྲ་བྷཱི་ཏི་བསམ་གཏན་ མཆོག་གི་བདེ་བའི་རང་བཞིན་ནམ་མཁར་སེང་གེའི་ཁྲི་ལ་བཞུགས། །རང་གིས་མཁའ་ལ་ གཤེགས་ནས་རལ་གྲི་གྲུབ་པར་མཛད་དེ་དབང་པོ་དུལ་བ་དེ་ཚེ་འོད་མཛད་པའོ། །ཀུ་ཀུ་རི་ པའི་ཞབས་འདི་རང་ཉིད་ཁྱི་མོ་རྣམས་དང་ལྷན་ཅིག་བྱིས་པ་བཞིན་དུ་རྩེ་བ་སྟེ། །ནག་པོ་པ་ ནི་ཕྱག་རྒྱ་བཅིངས་ནས་ཌ་མ་རུའི་ཅ་ཅོའི་སྒྲ་ཡིས་བར་སྣང་དགའ་བར་བྱེད། །སུ་དང་སུ་ཡི་ དོན་བྱེད་པ་ན་གང་འདིའི་སྙིང་རྗེ་ཉིད་ཀྱིས་ཀུན་ནས་བསྐོར་བའི་དབྱངས་ལྡན་པ། །དེ་འདི་ འཕགས་པ་ཀླུ་སྒྲུབ་དབང་ཕྱུག་བརྒྱད་ལ་སོགས་པ་སྟེར་བས་འགྲོ་ལ་ཕན་པ་མཛད་པའོ། ། རྣམ་མང་རོ་ལྡན་རྣམས་སུ་འགའ་ཞིག་ཤེས་རབ་དང་བཅས་དགའ་བའི་སྙོམས་པར་འཇུག་ 8-1-61 པའི་གནས། །འདི་དག་ཤ་ཆེན་ཟ་ཞིང་ཆང་རྣམས་འཐུངས་ཏེ་དམ་པའི་ཀུན་ཏུ་རུ་དག་མཛད་ པ་སྟེ། །རྡོ་རྗེའི་རྐང་སྟབས་དལ་བུས་གར་བྱེད་ཤིན་ཏུ་སྒེག་པས་དེ་ཉིད་ལྡན་པའི་གླུ་ལེན་ ཞིང༌། །རྣལ་འབྱོར་དབང་ཕྱུག་འདི་རྣམས་དགའ་བ་དང་བཅས་སྒྲ་ཡིས་འཁོར་ལོ་མཉམ་ པར་བསྐོར་བར་མཛད། །དགའ་བས་བོ་ལ་ཀཀ་ཀོ་ལ་སྦྱར་བདེ་བའི་ཀུན་དགའ་སྤྲོ་བྱེད་ཀུན་ དུ་རུ་དང་ལྡན། །གསར་དུ་བསྒྲུབས་པའི་ཤ་ཆེན་རྣམས་ཀྱིས་ལག་པ་བརྒྱན་པའི་སྐལ་བ་དང་ ལྡན་འཁོར་ལོ་ཅན། །འོད་ལྡན་ལྷ་མོ་རྣམས་ཀྱི་ཆུ་སྐྱེས་འདབ་མའི་ཆུ་ཡིས་སོ་ཡི་སྒྲིབ་བྱེད་ རྣམ་པར་བྱུགས། །རོ་ཡི་གནས་ཀྱི་གནས་སུ་དམ་བཅས་རོ་མྱོང་བ་ནི་སུ་དག་འགའ་ཞིག་ རྣལ་འབྱོར་པའོ། ། ༈ ཆུ་སྐྱེས་སྣོད་དུ་ཀུན་ནས་བཞག་པའི་ཆང་དང་དེ་ནས་ཤ་ཆེན་རྣམས་དང་ཚོད་མ་ འཐུང་བྱེད་པའི། །དཔལ་ལྡན་སྐལ་བར་ལྡན་པ་རྣམས་ནི་འདུ་བ་ཡོངས་སུ་སྤངས་མིན་དམ་ པའི་རེག་མིན་རྣམས་དང་ལྡན། །འགའ་ཞིག་སྲད་བུ་དག་དང་སྣོད་ལྡན་ཕང་པར་གནས་པའི་ རྒྱུད་མངས་རོལ་མོ་ལ་རྟེན་རོ་མྱོང་ཞིང༌། །རང་གི་འདུན་པས་དཔལ་ལྡན་ཀུན་དུ་རུ་ནི་ཡོངས་ སུ་བསགས་ཀྱང་ངོམས་པ་མེད་པས་གླུ་དབྱངས་ལེན། ། ༈ གང་ཞིག་སྣ་ཚོགས་རྣམས་ནི་རྟག་ཏུ་མེ་ལོངལ་གནས་གཟུགས་བརྙན་འདྲ་བར་ བཟུང་དུ་མེད། །དེ་དང་མཚུངས་པར་དཀྱིལ་འཁོར་འཁོར་ལོ་གཉིས་མེད་དེ་ཡང་མཐའ་ གསུམ་སྤངས་པར་མངོན་སུམ་དུ། །དེ་ཡིས་ཡང་དག་རིག་ཅིང་དབུ་མར་ཆགས་པ་ལས་བྱུང་ རྟག་ཏུ་དཔལ་ལྡན་དབང་པོར་བཅས། །སྟོན་པ་གང་ཞིག་ནམ་མཁའ་དག་དང་མཉམ་ཡང་ སྙིང་རྗེ་དང་བཅས་དེ་ལ་ཀུན་ཏུ་འདུད།། །། ༈ དེའི་རྗེས་ལ་དཀྱིལ་འཁོར་གྱི་དབུས་སུ་ཤིན་ཏུ་འཇམ་པའི་གདན་འཐོན་པོ་ལ་བསྡད་ དེ་ཧཱུཾ་ཡིག་བརྗོད་པ་སྔོན་དུ་འགྲོ་བས་གདན་བཅུ་བཅིང་བར་བྱའོ། །དེ་ལ་རྡོ་རྗེ་དཀྱིལ་དཀྲུང་ 8-1-62 དང་ས་ནོན་གྱི་ཕྱག་རྒྱ་བཅིངས་པ་ནི་རྡོ་རྗེ་གདན་ནོ། ༡ ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅིངས་པ་ ནི་བསམ་གཏན་གྱིའོ། ༢ ། གཡས་པའི་བརླ་དང་བྱིན་པའི་དབུས་སུ་རྐང་པ་གཡོན་པ་བཞག་ ནས། དེའི་སྟེང་དུ་གཡོན་པའི་བརླ་དང་བྱིན་པའི་དབུས་སུ་གཡས་པ་གཞག་པ་ནི་རྡོ་རྗེའི་ དཀྱིལ་དཀྲུང་ངོ༌། ༣ ། བྱིན་པ་གཡས་པར་བྱིན་པ་གཡོན་པ་བཞག་སྟེ་པུས་མོ་གཉིས་སྨད་ པ་ནི་པད་མའི་གདན་ནོ། ༤ ། བརླ་གཡོན་པའི་སྟེང་དུ་རྐང་པ་གཡས་པ་བཞག་ནས་གཡོན་ པ་བརླ་གཡས་པའི་འོག་ཏུ་གཞག་པ་ནི་སེམས་དཔའི་དཀྱིལ་དཀྲུང་ངོ༌། ༥ ། རྐང་པ་གཡོན་ པ་དཀྱིལ་དཀྲུང་ཕྱེད་པར་བྱས་ཏེ་དེ་དང་ཉེ་བར་པུས་མོ་གཡས་པ་སྟེང་དུ་དྲང་པོར་བཞག་ པ་ནི་དཔའ་བོའི་འདུག་སྟངས་སོ། །གཡོན་པ་དཀྱིལ་དཀྲུང་ཕྱེད་པར་བྱས་ནས་དེའི་སྟེང་དུ་ པུས་མོ་གཡས་པ་བསྙལ་ཏེ་གཞག་ལ་རྐང་པ་གཡས་པ་བརླ་གཡོན་པའི་འཐིལ་དུ་གན་རྐྱལ་ དུ་བཞག་པ་ནི་དཔའ་བོའི་འདུག་སྟངས་སོ་ཞེས་ཁ་ཅིག་གོ ༦ ། སྟན་མཐོན་པོ་ལ་གནས་ཏེ་ རྐང་པ་གཉིས་དྲང་པོར་བཟུང་བ་ནི་བཟང་པོའི་འདུག་སྟངས་སོ། ༧ ། རྐང་པ་གཉིས་མཐོ་ གང་གི་བར་དུ་སྟན་ལ་བཀོད་ནས་ཙོག་པུར་གནས་པ་ནི་ཙོག་པུའི་འདུག་སྟངས་སོ། ༨ ། རྐང་ པ་གཡས་པ་སེམས་པའི་དཀྱིལ་དཀྲུང་གིས་ཡང་དག་པར་གནས་ཤིང་གཡོན་པ་འགྱིང་བ་ དང་བཅས་པས་རབ་ཏུ་བརྐྱང་བ་ནི་རོལ་པའི་འདུག་སྟངས་སོ། ༩ ། རྐང་པ་གཉིས་ཁ་སྦྱར་ ཏེ་བསྡད་པ་ནི་བདེ་ལེགས་ཅན་ནོ། ༡༠ ། རྡོ་རྗེའི་རྐང་སྟབས་ལ་སོགས་པ་འདི་རྣམས་སུ་ཇི་ ལྟར་རིགས་པར་རྡོ་རྗེའི་ལྟ་བ་དག་སྟེ། མདུན་དུ་བལྟ་བ་ནི་མངོན་དུ་ཕྱོགས་པ་དང༌། རྒྱབ་ ཀྱི་ནི་ཕྱིར་ཕྱོགས་པ་སྟེ་ལྟ་བ་རྣམ་པ་གཉིས་གསུངས་སོ། །དེ་ལ་སྔགས་ནི་འདི་རྣམས་ཏེ། ༀ་ བཛྲ་ཨཱ་ས་ན་བཛྲ་མ་ཧཱ་ཀྲོ་དྷ་པྲ་མར་ད་ཡ་པྲ་མར་ད་ཡ་སརྦ་བིགྷྣཱན་ཧཱུཾ་ཕཊ། །ༀ་དྷྱཱ་ན་ཨ་བྷི་ ན་ཡ་བཛྲ་མ་ཧཱ་ཀྲོ་དྷཱ་སྠི་ར་ཡ་སྠི་ར་ཡ་སརྦ་ཙེ་ཏཱན་སི་ཧཱུཾ་ཕཊ། །ༀ་བཛྲ་པར་ཡཾ་ཀ་ཨཱ་པ་ན་ཡོ་ བཛྲ་མ་ཧཱ་ཀྲོ་དྷཱ་ནཱ་ཤ་ཡ་ནཱ་ཤ་ཡ་སརྦ་བྷི གྷ་ནཱན་ཧཱུཾ་ཕཊ། །ༀ་པད་མ་ཨཱ་ས་ན་ཨ་བྷི་ན་ཡ་བཛྲ་ 8-1-63 མ་ཧཱ་ཀྲོ་དྷ་བི་དྷྭཾ་ས་ཡ་བི་དྷྭཾ་ས་ཡ་སརྦ་ཤ་ཏྲུན་ཧཱུཾ་ཕཊ། །ༀ་ས་ཏྭ་པར་ཡང་ཀ་ཨཱ་ས་ན་བཛྲ་མ་ ཧཱ་ཀྲོ་དྷ་ཏར་ཛ་ཡ་ཏར་ཛ་ཡ་སརྦ་མ་ཧོ་ར་གཱན་ཧཱུཾ་ཕཊ། །ༀ་བཱི་ར་ཨཱ་ས་ན་བཛྲ་མ་ཧཱ་ཀྲོ་དྷཱ་ཏྲཱ་ས་ ཡ་ཏྲཱ་ས་ཡ་སརྦ་དུཥྚཱན་ཧཱུཾ་ཕཊ། །ༀ་བྷ་ཏྲ་ཨཱ་ས་ན་ཨ་བྷི་ན་ཡ་བཛྲ་མ་ཧཱ་ཀྲོ་དྷ་སུ་ག་ཏ་སུ་ག་ཏ་ སརྦ་སཏྭཱན་ཧཱུཾ་ཕཊ། །ༀ་ཨུད་ཀུ་ཊུ་ཀ་ཨཱ་ས་ན་བཛྲ་མ་ཧཱ་ཀྲོ་དྷ་ཨུད་ཀུ་ཊ་ཡ་ཨུད་ཀུ་ཊ་ཡ་སརྦ་ མཱ་རཱན་ཧཱུཾ་ཕཊ། །ༀ་ས་ལཱི་ལ་ཨཱ་ས་ན་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་སརྦ་མཱ་རཱན་ཧཱུཾ་ ཕཊ། །ༀ་སྭ་སྟི་ཀ་ཨཱ་ས་ན་བཛྲ་མ་ཧཱ་ཀྲོ་དྷ་སྭ་སྟི་སྭ་སྟི་སརྦ་ས་ཏྭ་ནཱན་ཧཱུཾ་ཕཊ། ༡༠ ། ༀ་ཨ་བྷི་ མི་ཁ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་སརྦ་དུཥྚ་སཏྭཱན་ཧཱུཾ་ཕཊ། །ༀ་པ་རཱཾ་མུ་ཁ་བཛྲ་མ་ ཧཱ་ཀྲོ་དྷ་པ་རཱང་མུ་ཁ་ཡ་པ་རཱང་མུ་ཁ་ཡ་སརྦ་བྷི གྷ་ནཱན་ཧཱུཾ་ཕཊ། ༢ ། དེ་ལ་རྡོ་རྗེ་དཀྱིལ་དཀྲུང་ ལ་ཕྱག་རྒྱ་འདི་རྣམས་བཅིང་བར་བྱའོ། །འདི་ལྟ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ལག་ པ་གཡོན་པ་ལྟེ་བར་བྱས་ཏེ་གཡས་པས་སྙིང་ཁར་གསོར་བའི་སྦྱོར་བ་ཡིས་འཛིན་པའི་ཚུལ་ བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ། །སྙིང་ཁར་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་སྡིགས་མཛུབ་ རབ་ཏུ་བརྐྱང་བ་གཡས་པའི་ཁུ་ཚུར་གྱིས་ཀུན་ནས་བཟུང་བ་ནི་རྣམ་པར་སྣང་མཛད་ཀྱིའོ། ། ལག་པ་གཡོན་པ་དཔང་པར་ཡང་དག་པར་བཞག་སྟེ་ལག་པ་གཡས་པ་ས་ལ་རེག་པར་ བཟུང་བ་ནི་མི་བསྐྱོད་པའི་འོ། །དེ་ཁོ་ན་བཞིན་ལ་གཡས་པ་མཆོག་སྦྱིན་བྱས་པ་ནི་རིན་ཆེན་ འབྱུང་ལྡན་གྱིའོ། །དེ་ཁོ་ན་བཞིན་དུ་ལག་པ་དག་པང་པར་བཅིངས་ཏེ་བསམ་གཏན་གྱི་ཚུལ་ དུ་བཟུང་བ་ནི་འོད་དཔག་མེད་ཀྱིའོ། །དེ་ཁོ་ན་བཞིན་ལ་གཡས་པ་མི་འཇིགས་པ་བྱེད་པ་ནི་ དོན་ཡོད་གྲུབ་པའི་འོ། །ༀ་བཛྲ་སཏྭ་ཧཱུཾ། ༀ་ༀ། ༀ་ཧཱུཾ། ༀ་ཏྲཱཾ། ༀ་ཧྲཱིཿ། ༀ་ཁཾ། ཞེས་པ་ནི་རིམ་ པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱའི་སྔགས་སོ།། །། པད་མའི་གདན་ལ་སྒེག་མོ་ལ་སོགས་པའི་ཕྱག་རྒྱ་བཅིང་བར་བྱ་སྟེ། ཧཱུཾ་གི་ཡི་གེ་དང་གླུ་ བླང་བ་དང་གར་བྱ་བ་སྔོན་དུ་འགྲོ་བས་དཀུའི་གནས་སུ་གཡོན་པ་དང་གཡས་པའི་རྡོ་རྗེ་ཁུ་ 8-1-64 ཚུར་གཉིས་བཞག་ནས་འགྱིང་བ་དང་བཅས་པས་གཡོན་དུ་མགོ་ཅུང་ཟད་སྨད་པར་བྱ་བ་ནི་ རྡོ་རྗེ་སྒེག་མོའི་འོ། །དེ་ཁོ་ན་བཞིན་དུ་ཕྲེང་བ་འཆིང་བ་ནི་ཕྲེང་བ་མའི་འོ། །གཡོན་པའི་རྡོ་རྗེ་ ཁུ་ཚུར་གྱི་མཛུབ་མོ་དབྱུག་པ་ལྟར་བསླང་བ་དང་གཡས་པའི་མཛུབ་མོས་གར་གྱི་རྣམ་པར་ བྱས་ནས་གླུ་བླངས་ནས་སྒེག་ཅིང་རྣམ་པར་གཡོ་བས་པི་བང་དཀྲོལ་བ་ནི་གླུ་མའི་འོ། །ལག་ པ་གཉིས་བསྐོར་ཞིང་དཀྲོལ་ནས་གཞོགས་གཉིས་སུ་བསྐོར་ཏེ་སྒེག་ཅིང་སྤྲོ་བ་དང་བཅས་པ་ ཉིད་ཀྱིས་སྤྱི་བོའི་གནས་སུ་གར་གྱི་སྦྱོར་བ་བྱ་བ་ནི་གར་མའི་འོ། །དེ་ལ་ཕྱག་རྒྱའི་སྔགས་ནི་ འདི་རྣམས་ཏེ། ༀ་བཛྲ་ལཱ་སྱེ་ཧཱུཾ། ༀ་བཛྲ་མཱ་ལེ་ཧཱུཾ། ༀ་བཛྲ་གཱི་ཏེ་ཧཱུཾ། ༀ་བཛྲ་ནིར་ཏྱེ་ཧཱུཾ།། །། སེམས་དཔའི་དཀྱིལ་དཀྲུང་ལ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སྟེ། སྙིང་པོར་བཅས་པ་འགུགས་པ་དང༌། །གཉི་གས་ལྕགས་ཀྱུ་འཛིན་པར་ གནས། །མདའ་འགེངས་པ་ཡི་སྦྱོར་བ་དང༌། །ལེགས་པར་བྱེད་པ་ཐུགས་ཁར་གནས། །རྡོ་རྗེ་ གཉིས་ཀྱི་དབང་བསྐུར་དང༌། །སྙིང་ཁར་ཉི་མ་སྟོན་པ་སྟེ། །གཡོན་ནས་དཔུང་པར་དབྱུག་པ་ དང༌། །དེ་བཞིན་གདོང་དུ་ཡོངས་བསྐོར་བའོ། །གཡས་གཡོན་རྣམ་པར་དགྱེས་པ་དང༌། །སྙིང་ ཁར་གཡོན་པས་རལ་གྲི་འཛིན། །འགལ་མེའི་འཁོར་ལོ་བཞིན་དུ་བསྐོར། །རྡོ་རྗེ་གཉིས་ནི་ གདོང་དུ་བསླང༌། །རྡོ་རྗེ་གར་གྱིས་བསྐོར་ནས་ནི། །བཀྲོལ་བའི་ལག་པ་གཙུག་ཏོར་གནས། ། གོ་ཆ་མཐེ་ཆུང་མཆེ་བའི་རྩེ། །ཁུ་ཚུར་གཉིས་ནི་ངེས་བཙིར་བའོ། །ༀ་བཛྲ་སཏྭ་ཧཱུཾ། ༀ་བཛྲ་ རཱ་ཛ་ཛཿ། ༀ་བཛྲ་རཱ་ག་ཧོཿ། ༀ་བཛྲ་སཱ་དྷཱུ་སཿ། ༀ་བཛྲ་རད་ན་ཧཱུཾ། ༀ་བཛྲ་ཏེ་ཛ་ཨཱཿ། ༀ་བཛྲ་ ཀེ་ཏུ་ཏྲཱཾ། ༀ་བཛྲ་ཧཱ་ས་ཧཿ། ༀ་བཛྲ་དྷརྨ་ཧྲཱིཿ། ༀ་བཛྲ་ཏཱིཀྵྞི་དྷཾ། ༀ་བཛྲ་ཧེ་ཏུ་མཾ། ༀ་བཛྲ་བྷཱ་ཥ་ རཾ། ༀ་བཛྲ་ཀར་མ་ཀཾ། ༀ་བཛྲ་རཀྵ་ཧཾ། ༀ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་སན་དྷི་བཾ། ཞེས་པ་ནི་རིམ་ པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱའི་སྔགས་སོ།། །། ༈ དཔའ་བོའི་འདུག་སྟངས་ལ་རྡོ་རྗེ་ཁྲོ་བོ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱ་བྱ་སྟེ། ལག་པ་ 8-1-65 གཉིས་ཀྱིས་ཁུ་ཚུར་བྱས་ནས་གུང་མོའི་རྩེ་མོ་དང་མིང་མེད་ཀྱང་དེ་བཞིན་དུ་རྡོ་རྗེ་བསྡམས་པ་ ལ་གནས་པ་དང༌། མཛུབ་མོ་དག་འཁྱིལ་པའི་རྣམ་པས་བཅིངས་པ་མཐེ་བོང་ལ་མངོན་པར་ ཕྱོགས་པས་ཅུང་ཟད་ཡོན་པོའི་རྣམ་པར་བཀུག་པ་ནི་གཤིན་རྗེ་མཐར་བྱེད་ཀྱིའོ། །གཡོན་ པ་ཁྲོ་བོའི་ཁུ་ཚུར་སྙིང་ཁར་བཞག་སྟེ་གཡས་པའི་ལག་པ་འགྲམ་པར་བརྡེག་པའི་རྣམ་པས་ བསླང་བ་ནི་གཞན་གྱིས་མི་ཐུབ་པའི་འོ། །ལག་པ་གཉིས་ཀྱིས་རྡོ་རྗེ་ཁུ་ཚུར་བྱས་ལ་མཐེ་ཆུང་ དག་ལྕགས་སྒྲོག་གི་མདུད་པར་བཅིངས་ཏེ་མཛུབ་མོ་དག་གི་རྩེ་མོ་སྦྱར་བ་ཡོངས་སུ་བསྐོར་ ནས་སྨིན་ཕྲག་ཏུ་བཟུང་བ་ནི་རྟ་མགྲིན་གྱིའོ། །མཐེ་བོང་དག་གིས་མཐེ་ཆུང་གི་སེན་མོ་མནན་ ཏེ་སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་ཅན་དཔུང་པར་རྡོ་རྗེ་བསྡམས་པས་མཆན་ཁུང་ གི་རྩ་བར་བཟུང་བ་ནི་བདུད་རྩི་འཁྱིལ་པའི་འོ། །ༀ་ཡ་མ་ཨན་ཏ་ཀྲྀཏ་ཧཱུཾ། ༀ་པྲཛྙཱ་ཨན་ཏ་ ཀྲྀཏ་ཧཱུཾ། ༀ་པད་མ་ཨན་ཏ་ཀྲྀཏ་ཧཱུཾ། ༀ་ཨ་མྲྀ་ཏ་ཀུཎ་ཊ་ལི་བིགྷ་ན་ཨན་ཏ་ཀ་ཧཱུཾ་ཞེས་པ་ནི་ གཤིན་རྗེ་འཕགས་པ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱའི་སྔགས་སོ།། །། ༈ བཟང་པོའི་འདུག་སྟངས་ལ་ནི་བྱམས་པ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱ་སྟེ། རྡོ་རྗེ་ཁུ་ ཚུར་གཉིས་བཅིངས་ནས་མཛུབ་མོ་དང་མཐེ་བོང་དང་གུང་མོ་རྣམས་སོ་སོར་ཕན་ཚུན་མངོན་ དུ་ཕྱོགས་པས་ན་ག་གེ་སར་གྱི་མེ་ཏོག་དང་འདྲ་བར་བཟུང་བ་ནི་བྱམས་པའི་འོ། །ཐལ་མོ་ ཡང་དག་པར་སྦྱར་བ་བྱས་ནས་མཛུབ་མོ་དག་གིས་མིང་མེད་མནན་ཏེ་རྣམ་པར་རྒྱས་པའི་ ཨུད་པ་ལའི་རྣམ་པར་བཟུང་བ་ནི་འཇམ་དཔལ་གྱིའོ། །ལག་པ་གཡོན་པ་པང་པར་གན་རྐྱལ་ དུ་གཞག་སྟེ་ལག་པ་གཡས་པ་རབ་ཏུ་བརྐྱང་བས་གླང་པོ་ཆེའི་སྣའི་ཚུལ་བྱས་པ་ནི་སྤོས་ཀྱི་ གླང་པོའི་འོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་སྟེང་དུ་བཀུག་ལ་དེའི་འོག་ཏུ་ལག་པ་གཡས་པས་བ་ དན་འཛིན་པའི་ཚུལ་བྱས་པ་ནི་ཡེ་ཤེས་ཏོག་གིའོ། །ཐལ་མོ་ཡང་དག་པར་སྦྱར་བ་སྙིང་ཁར་ བཟུང་བ་ནི་བཟང་སྐྱོང་གིའོ། །ལག་པ་གཉིས་རབ་ཏུ་བརྐྱང་ནས་སོར་མོ་ཐམས་ཅད་རླབས་ 8-1-66 ལྟར་དགུག་པའི་ཚུལ་བྱ་བ་ནི་རྒྱ་མཚོའི་བློ་གྲོས་ཀྱིའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་ཁར་ གཞག་སྟེ་ལག་པ་གཡས་པས་མཆོག་སྦྱིན་བྱ་བ་ནི་བློ་གྲོས་མི་བཟད་པའི་འོ། །གཡོན་པའི་རྡོ་ རྗེ་ཁུ་ཚུར་པང་པར་བཞག་ནས་ལག་པ་གཡས་པས་རྡོ་རྗེ་ཁུ་ཚུར་བྱས་ཏེ་མཐེ་བོང་དང་མཛུབ་ མོ་དག་གིས་སེ་གོལ་སྦྱིན་པར་བྱ་བ་ནི་སྤོབས་པ་བརྩེགས་ཀྱིའོ། །ལག་པ་གཉིས་ཅུང་ཟད་ རྣམ་པར་ཕྱེ་ནས་པད་མའི་ཚུལ་བྱ་བ་ནི་མཐུ་ཆེན་ཐོབ་ཀྱིའོ། །ལག་པ་གཉིས་ཀྱིས་སྡིག་པ་ རབ་ཏུ་བསྐྱོད་པའི་ཚུལ་བྱ་བ་ནི་ངན་སོང་མེད་པའི་འོ། །ལག་པ་གཉིས་ཡང་དག་པར་སྦྱར་ ནས་རབ་ཏུ་བསྣུན་པའི་ཚུལ་བྱ་བ་ནི་མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་ བློ་གྲོས་ཀྱིའོ། །ལག་པ་གཉིས་རབ་ཏུ་བརྐྱང་སྟེ་འབར་བའི་ཚུལ་བྱ་བ་ནི་འབར་བའི་འོད་ ཀྱིའོ། །ལག་པ་གཡས་པ་མཆོག་སྦྱིན་བྱས་ཏེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་དང་མཐེ་ བོང་རབ་ཏུ་བརྐྱང་བའི་བར་རི་བོང་གིས་མཚན་པའི་ཚུལ་བྱས་པ་ནི་ཟླ་བའི་འོད་ཀྱིའོ། །ལག་ པ་གཉིས་ཀྱིས་བུམ་པའི་ཚུལ་བྱས་ནས་དབང་བསྐུར་བའི་གནས་སུ་བཟུང་བ་ནི་འོད་དཔག་ མེད་ཀྱིའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་ཁེངས་པའི་སྦྱོར་བས་དཀུར་བཞག་སྟེ་གཡས་པའི་རྡོ་རྗེ་ ཁུ་ཚུར་ནམ་མཁའ་ལ་ཡོངས་སུ་བསྐོར་བ་ནི་ནམ་མཁའི་མཛོད་ཀྱིའོ། །ལག་པ་གཡོན་པ་ས་ ལ་རེག་པའི་རྣམ་པར་གཞག་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་དང་མཐེ་བོང་སྦྱར་ བས་འདྲི་བའི་རྣམ་པར་བཟུང་བ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་འོ། །ༀ་མཻཿ། ༀ་ མུཿ། ༀ་གན་དྷ་ཧསྟི་ནེ་ཧཱུཾ། ༀ་ཛྙཱ་ན་ཀེ་ཏུ་ཛྙཱ་ན་བ་ཏི་ཧཱུཾ། ༀ་བྷ་ཏྲ་བ་ཏི་བྷ་ཏྲ་པཱ་ལེ་སྭཱཧཱ། ༀ་སཱ་ ག་རེ་མ་ཧཱ་སཱ་ག་རེ་ཧཱུཾ། ༀ་ཨ་ཀྵ་ཡེ་ཧཱུཾ་ཨ་ཀྵ་ཡ་ཀར་མ་ཨཱ་བ་ར་ཎ་པ་རི་ཤོ་དྷ་ནེ་སྭཱཧཱ། ༀ་པྲ་ཏི་ བྷཱ་ནེ་པྲ་ཏི་བྷཱ་ན་ཀཱུ་ཊེ་ཧཱུཾ། ༀ་སྠཱ་མེ་མ་ཧཱ་སྠཱ་མ་ར་ཏི་སྭཱཧཱ། ༀ་སརྦ་ཨ་པཱ་ཡཾ་ཛ་ཧེ་སརྦ་ཨ་པཱ་ཡ་ བི་ཤོ་དྷ་ནེ་ཧཱུཾ། ༀ་སརྦ་ཤོ་ཀ་ཏ་མོ་ནིར་གྷཱ་ཏ་མ་ཏི་ཧཱུཾ། ༀ་ཛཱ་ལི་ནེ་མ་ཧཱ་ཛཱ་ལི་ནེ་ཧཱུཾ། ༀ་ཙན་ཏྲེ་ ཙན་ཏྲེ་བྱ་བ་ལོ་ཀི་ནེ་ཏེ་སྭཱ་ཧཱ། ༀ་ཨ་མི་ཏ་པྲ་བྷེ་ཨ་མི་ཏ་མ་ཏི་ཧཱུཾ། ༀ་ག་ག་ནེ་ག་ག་ན་བ་ར་ལོ་ 8-1-67 ཙ་ནེ་ཧཱུཾ། ༀ་སརྦ་ནི་བ་ར་ཎ་བི་སྐམ་བྷི་ཎེ་ཧཱུཾ། ཞེས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་བྱམས་པ་ ལ་སོགས་པའི་ཕྱག་རྒྱའི་སྔགས་སོ།། །། ༈ ཙོག་པུའི་འདུག་སྟངས་ལ་ཕོ་ཉ་དང་ཕོ་ཉ་མོ་དང་བྲན་པོ་དང་བྲན་མོའི་ཕྱག་རྒྱ་བཅིང་ བར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་ལྕགས་ཀྱུ་བཅིངས་ནས་མཐེ་ཆུང་ལྕགས་ཀྱུ་ཆེན་ པོ་དང༌། ལག་པ་དག་མདུང་པ་དང༌། གྲི་གུག་གི་རྩེ་མོ་དག་དང༌། རྒྱབ་དག་ཀྱང་བསྡམ་པར་ བྱའོ། །ༀ་བཛྲ་ཨཾ་ཀུ་ཤ་ཧཱུཾ་ཛཿ། ༀ་བཛྲ་པཱ་ཤ་ཧཱུཾ་ཧཱུཾ། ༀ་བཛྲ་སྥོ་ཊ་ཧཱུཾ་བཾ། ༀ་བཛྲ་ཨཱ་བེ་ཤ་ཧཱུཾ་ ཧོཿ། ཞེས་པ་ནི་ཕོ་ཉ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱའི་སྔགས་སོ། ། ཐལ་མོ་སྦྱར་བ་བྱས་ནས་མཛུབ་མོ་དང་གུང་མོ་ཚིགས་དབུས་མར་འཁྱིལ་པའི་རྣམ་པས་ གཞག་སྟེ་མཐེ་བོང་མཛུབ་མོའི་ལ་སོགས་ཀྱི་རྩ་བར་བཟུང་བ་ནི་བསྐུལ་བྱེད་མའི་འོ། །རྡོ་རྗེ་ བསྡམས་པ་བྱས་ནས་མཛུབ་མོ་གཉིས་སྦྱར་བ་བསྒྲེངས་ཏེ་མཐེ་བོང་གཉིས་སྟེང་དུ་རིན་པོ་ ཆེའི་རྣམ་པས་བཟུང་བ་ནི་རིན་ཆེན་འོད་ཀྱིའོ། །ལག་པ་གཉིས་རབ་ཏུ་བརྐྱང་ནས་ཐལ་མོ་ སྦྱར་བ་བྱས་པའི་བར་དུ་རང་གི་མཐེ་ཆུང་གི་སེན་མོ་མཐེ་བོང་དག་གིས་བསྒྲིབས་ཤིང་སོར་ མོ་ལྷག་མ་རྣམས་སོ་སོར་རྩེ་མོ་སྦྱར་བ་བྱས་ཏེ་བཟུང་བ་ནི་ཁྲོ་གཉེར་ཅན་གྱིའོ། །ལག་པ་ གཉིས་སོ་སོ་རེ་རེར་བརྐྱང་ཞིང་རྡོ་རྗེ་ཁུ་ཚུར་བྱས་ནས་མཐེ་ཆུང་དང་འཛུབ་མོ་དག་ལྕགས་ སྒྲོག་ལྟར་བཅིངས་ཏེ་ཁྱེར་བ་ནི་རྡོ་རྗེ་ལྕགས་སྒྲོག་མའི་འོ། །ༀ་ཙ་ལེ་ཙུ་ལེ་ཙུན་དེ་སྭཱ་ཧཱ། ༀ་ རཏ་ན་ཨུལ་ཀེ་རཏ་ན་ཛྭཱ་ལི་ནི་སྭཱ་ཧཱ། ༀ་བྷྲྀ་ཀུ་ཊི་བྷྲྀཿསྭཱ་ཧཱ། ༀ་བཛྲ་ཤྲིང་ཁ་ལེ་ཧཱུཾ་ཕཊ་སྭཱ་ ཧཱ། ཞེས་པ་ཕོ་ཉ་མོ་རྣམས་ཀྱི་ཕྱག་རྒྱའི་སྔགས་སོ། །ལག་པ་དག་རབ་ཏུ་བརྐྱང་ནས་མཐེ་ བོང་གིས་རང་གི་མཐེ་ཆུང་དང་མིང་མེད་ཀྱི་སེན་མོ་མནན་ལ་ལག་པ་གཡོན་པའི་དབུས་སུ་ ལག་པ་གཡས་པའི་གུང་མོ་དང་འཛུབ་མོ་དག་གཞག་ཅིང་སྙིང་ཁར་བཟུང་ནས་གཡོན་པའི་ ཁུ་ཚུར་གྱི་ཤུབས་ལས་ལག་པ་གཡས་པ་འདྲེན་པའི་ཚུལ་བྱས་ཏེ་རལ་གྲི་འདྲེན་པའི་ཚུལ་དུ་ 8-1-68 བཟུང་བ་ནི་འདྲེན་པར་བྱེད་པ་མི་གཡོ་བའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་ཕན་ཚུན་རྒྱབ་སྦྱར་བ་ བྱས་ན་མཐེ་ཆུང་ལྕགས་སྒྲོག་ལྟར་བྱས་ཏེ་མཛུབ་མོ་དག་རབ་ཏུ་བརྐྱང་བས་ཞགས་པ་བྱ་བ་ ནི་འདོད་པའི་རྒྱལ་པོའི་འོ། །གཡོན་པ་ཁྲོ་བའི་སོར་མོ་སྙིང་ཁར་བཞག་སྟེ་གཡས་པ་ཁྲོ་བའི་ སོར་མོ་དབྱུག་པའི་རྣམ་པས་བསླང་ནས་བཟུང་བ་ནི་དབྱུག་པ་སྔོན་པོའི་འོ། །གཡོན་པའི་རྡོ་ རྗེ་ཁུ་ཚུར་སྙིང་ཁར་གཞག་སྟེ་གཡས་པའི་རྡོ་རྗེ་ཁུ་ཚུར་རབ་ཏུ་བསྣུན་པའི་ཚུལ་གྱིས་བསླང་ བ་ནི་སྟོབས་པོ་ཆེའི་འོ། །འདོད་པའི་རྒྱལ་པའི་ཕྱག་རྒྱ་བཞིན་ལ་མཛུབ་མོ་གཉིས་བསླང་བ་ ནི་གནོད་མཛེས་རྒྱལ་པོའི་འོ། །ལག་པ་གཉིས་པོ་དག་གི་ཡང་མཐེ་ཆུང་དང་མཐེ་བོང་ཕན་ ཚུན་ལྕགས་སྒྲོག་ལྟར་བྱས་ནས་སོར་མོ་ལྷག་མ་རྣམས་སྟེང་དུ་བ་དན་གསུམ་གྱི་རྣམ་པས་ བརྐྱང་སྟེ་གཡོ་བ་དང་བཅས་པས་ཧཱུཾ་ཞེས་བྱས་པ་ནི་རྡོ་རྗེ་ས་འོག་གིའོ། །བྲན་པོ་དེ་རྣམས་ཀྱི་ ཕྱག་རྒྱའི་སྔགས་ཀྱི་ཚིག་རྣམས་ནི་འདི་དག་སྟེ། ༀ་ཨ་ཙ་ལ་ཧཱུྃ་ཧཱྃ། ༀ་ཊཀ་ཀི་ཧཱུཾ་ཛཿ། ༀ་ནཱི་ ལ་དཎ་ཌ་མ་ཧཱ་དཎ་ཌ་ཧཱུཾ། ༀ་ཀྲོ་དྷ་ཧཱུཾ་ཛཿ། ༀ་སུམ་བྷ་ནི་སུམ་བྷ་ཧཱུཾ་གྲྀཧྣ་གྲྀཧྣ་ཧཱུཾ་གྲྀཧྣཱ་པ་ཡ་གྲ ཧྣཱ་པ་ཡ་ཧཱུཾ་ཨཱ་ན་ཡ་ཧོ་བྷ་ག་བན་བི་དྱཱ་རཱ་ཛ་ཧཱུཾ་ཕཊ། ༀ་བཛྲ་པཱ་ཏཱ་ལ་བྷཉྫ་བྷཉྫ་ཧཱུཾ། པད་སྐོར་གྱི་ གར་སྔོན་དུ་འགྲོ་བས་རྡོ་རྗེ་ཐལ་མོ་སྤྱི་བོར་བཟུང་བ་སྙིང་ཁར་བླངས་ཏེ་མེ་ཏོག་འབུལ་བའི་ ཚུལ་བྱ་བ་ནི་མེ་ཏོག་མའི་འོ། །དེ་ཁོ་ན་བཞིན་དུ་རྡོ་རྗེ་ཁུ་ཚུར་གཉིས་ཕན་ཚུན་རྒྱབ་སྦྱར་ཏེ་ གུང་མོའི་སོར་མོ་བསླང་ནས་སྤོས་འབུལ་བའི་ཚུལ་བྱ་ཞིང་ལག་པ་བསྐོར་བ་ནི་བདུག་སྤོས་ མའི་འོ། །དེ་ཁོ་ན་བཞིན་དུ་རྡོ་རྗེ་བསྡམས་པ་ལས་བྱུང་བའི་མཐེ་བོང་གཉིས་བསླང་སྟེ་སྣང་ གསལ་འབུལ་བའི་ཚུལ་བྱ་ཞིང་ལག་པ་བསྐོར་བ་ནི་སྣང་གསལ་མའི་འོ། །མཐིལ་སྤྲད་པའི་ རྡོ་རྗེ་བསྡམས་པ་བྱས་ལ་མཐེ་བོང་འཁྱིལ་པར་བྱ་ཞིང་མཐེ་ཆུང་རབ་ཏུ་བརྐྱང་བའི་གདོང་ སྦྱར་ནས་ཡོངས་སུ་བསྐོར་བས་དྲི་ཆབ་འབུལ་བའི་ཚུལ་བྱས་ཏེ་གར་བྱ་བ་སྔོན་དུ་འགྲོ་བའི་ ལག་པ་གཉིས་ཀྱིས་བྱུག་པ་བྱ་བ་ནི་དྲི་ཆབ་མའི་འོ། །བྲན་མོ་དེ་རྣམས་ཀྱི་ཕྱག་རྒྱའི་སྔགས་ 8-1-69 ཀྱི་ཚིག་རྣམས་ནི་འདི་དག་ཏུ་འགྱུར་ཏེ། ༀ་བཛྲ་པུཥྤཻ་ཧཱུཾ། ༀ་བཛྲ་དྷཱུ་པེ་ཧཱུཾ། ༀ་བཛྲ་དཱི་པེ་ཧཱུཾ། བཛྲ་གན་དྷེ་ཧཱུཾ།། །། ༈ རོལ་པའི་འདུག་སྟངས་ལ་འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱ་སྟེ། ལག་པ་གཡོན་པའི་རྡོ་རྗེ་ཡང་དག་པར་བསྟན་ནས་ལག་པ་གཡས་པའི་རྡོ་རྗེ་དཀུའི་གནས་ སུ་བཟུང་སྟེ་བསྟན་པ་ནི་བརྒྱ་བྱིན་གྱིའོ། །ལག་པ་གཡས་པའི་མཛུབ་མོ་ཐབ་ཀྱི་རྣམ་པས་ བཀུག་ནས་གུང་མོའི་རྩེ་མོའི་ཚིགས་གསུམ་པར་བཟུང་སྟེ་མཐེ་བོང་མཛུབ་མོའི་ལོགས་ལ་ བརྟེན་ནས་བསྟན་པ་ནི་མེ་ལྷའི་འོ། །ལག་པ་དག་ཁ་ནང་དུ་མངོན་པར་ཕྱོགས་པའི་རྡོ་རྗེ་ བསྡམས་པ་བྱས་ནས་ནང་དུ་མཐེ་བོང་ཟུང་དུ་ཕྱི་རོལ་ཏུ་མིང་མེད་ཀྱི་རྩེ་མོ་བྱས་ཏེ་སྙིང་ཁར་ བཟུང་བ་ནི་གཤིན་རྗེའི་འོ། །ལག་པ་གཡས་པ་ཁུ་ཚུར་བྱས་ལ་གུང་མོ་དང་མཛུབ་མོ་བཀུག་ ནས་ལག་པ་གཡོན་པ་དཀུའི་གནས་སུ་གཞག་སྟེ་རལ་གྲིའི་རྣམ་པར་བཟུང་བ་ནི་བདེན་ བྲལ་གྱིའོ། །ལག་པ་གཡས་པའི་མཛུབ་མོ་དང་མཐེ་བོང་གཅིག་ཏུ་སྦྱར་ནས་གཡོན་པའི་ཁུ་ ཚུར་སྙིང་ཁར་བཟུང་སྟེ་ཞགས་པའི་ཕྱག་རྒྱ་ནི་ཆུ་ལྷའི་འོ། །གཡོན་ པའི་ཁུ་ཚུར་གུང་མོའི་རྩེ་མོ་དང་ལྡན་པ་ལ་མཛུབ་མོ་འཁྱིལ་པའི་རྣམ་པས་ཚིགས་ གསུམ་པར་བཟུང་སྟེ་མངོན་དུ་ཕྱོགས་པས་རབ་ཏུ་བརྐྱང་ཞིང་དཀུའི་གནས་སུ་ལག་པ་ གཡས་པ་གཞག་ནས་བསྟན་པ་ནི་རླུང་ལྷའི་འོ། །ལག་པ་གཉིས་ནང་དུ་མངོན་པར་ཕྱོགས་ པའི་རྡོ་རྗེ་བསྡམས་པ་བྱས་ལ་དེའི་རྒྱབ་ཏུ་མཐེ་ཆུང་གཉིས་ཀྱི་རྩེ་མོ་མིང་མེད་གཉིས་ལ་སོ་སོ་ རེ་རེར་ཡང་དག་པར་བཟུང་བ་ནི་ལུས་ངན་པོའི་འོ། །ལག་པ་གཉིས་གཅིག་ཏུ་སྦྱར་ཏེ་ཐལ་ མོ་སྦྱར་བ་བྱས་ལ་མཐེ་ཆུང་དང་མིང་མེད་མཐིལ་དུ་རྡོ་རྗེ་བསྡམས་པ་བྱ་ཞིང་མཐེ་བོང་ཟུང་ གུང་མོ་ལ་བརྟེན་ནས་གུང་མོའི་རྩེ་མོར་རྡོ་རྗེའི་རྣམ་པས་འཛུབ་མོ་གཉིས་བཀུག་སྟེ་བཟུང་བ་ ནི་དབང་ལྡན་གྱིའོ། །ཐལ་མོ་སྦྱར་བའི་རྣམ་པས་ལག་པ་ཡང་དག་པར་བཟུང་སྟེ་སྟེང་དུ་བལྟ་ 8-1-70 བ་ནི་ཚངས་པ་ལ་སོགས་པ་རྣམས་ཀྱིའོ། །ལག་པ་གཉིས་གཅིག་ཏུ་སྦྱར་ཏེ་རྣམ་པར་ཕྱེ་ལ་ སོར་མོའི་རྩེ་མོ་རྣམས་ཕན་ཚུན་ཡང་དག་པར་སྦྱར་ནས་མཐེ་བོང་ཟླུམ་པོའི་རྣམ་པར་བྱ་ཞིང་ འོག་ཏུ་བལྟ་བ་ནི་སའི་ལྷ་མོ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱའོ། །དེ་ནས་ཕྱག་རྒྱའི་སྔགས་ཀྱི་ ཚིག་རྣམས་སུ་འགྱུར་ཏེ། ན་མོ་བཛྲཱ་སྱ་དི་ཤི་དི་ཤི་བཛྲ་པཱ་ཎེ་རཀྵ་རཀྵ་སྭཱ་ཧཱ། ༀ་ཨག་ནེ་ཨེ་ ཧྱེ་ཧི་ཀ་པི་ལ་ཨཱ་ཀ་པི་ལ་ཛྭ་ལ་ཛྭ་ལ་ཧ་ཧ་ཤི་ཁི་ཏོ་ལི་བི་རཱུ་པ་ཨཱ་ཀྵ་སྭཱ་ཧཱ། །ༀ་ཡ་མཱ་ཡ་སྭཱ་ཧཱ། ༀ་སརྦ་བྷཱུ་ཏ་བྷ་ཡང་ཀ་ར་ཀུ་རུ་ཀུ་རུ་སྭཱ་ཧཱ། །ༀ་ཏྲྀ་ཏྲྀ་པུ་ཊ་ཏྲྀ་ཏྲྀ་ཤི་ཁི་ཏོ་ལི་བི་རཱུ་པ་ཨཱ་ཀྵ་སྭཱ་ ཧཱ། །ༀ་སུ་ས་ཁཱ་ཁ་ཁུ་ཁཿསྭཱ་ཧཱ། །ༀ་ཀུ་བེ་རཱ་ཡ་སྭཱ་ཧཱ། །ༀ་ཛྷུྫཾ་ཛྷུྫཾ་ཤི་བཿསྭཱ་ཧཱ། །ཞེས་པ་ནི་བརྒྱ་ བྱིན་ལ་སོགས་པ་བརྒྱད་པོ་རྣམས་ཀྱི་ཕྱག་རྒྱའི་སྔགས་སོ། །ༀ་ཨཱུར་དྷ་པྲཧྨ་ཎེ་སྭཱ་ཧཱ། །ༀ་སཱུར་ ཡཱ་ཡ་གྲ་ཧ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། །ༀ་ཙན་ཏྲཱ་ཡ་ན་ཀྵ་ཏྲ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། །ཞེས་པ་ནི་ཚངས་ པ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱའི་སྔགས་སོ། །ༀ་ཨ་དྷཿཔྲྀ་ཐི་ནྱཻ་སྭཱ་ཧཱ། །ༀ་ཨ་སུ་རེ་བྷྱཿསྭཱ་ ཧཱ། །ༀ་ནཱ་གེ་བྷྱཿསྭཱ་ཧཱ། ། ཞེས་པ་ནི་སའི་ལྷ་མོ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱའི་སྔགས་སོ། །དེ་ལྟར་སྒྱུ་འཕྲུལ་དྲ་ བ་ལས་གསུངས་པ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་ཐུན་མོང་བའི་འདུག་སྟངས་དང་ཕྱག་ རྒྱ་དང་སྔགས་ཀྱི་ཚིག་རྣམས་ཀྱི་ངེས་པ་ཉིད་བཅིངས་པའོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞི་ དྲིའི་ཆུས་བྱུགས་ལ། མེ་ཏོག་དང་སྤོས་ལ་སོགས་པ་དང་ཟུར་བཞི་དང་སྒོ་བཞིར་སྤོས་ཕོར་ལ་ སོགས་པ་དང༌། གར་དང་གླུ་ལ་སོགས་པས་ཡང་དག་པར་མཆོད་ནས། ལག་པས་རེག་ཅིང་ དཀྱིལ་འཁོར་གྱི་བདག་པོའི་སྔགས་བརྒྱ་རྩ་བརྒྱད་དང་ཡི་གེ་བརྒྱ་པ་ཡང་ལན་བདུན་ཡོངས་ སུ་བཟླས་ཏེ། དེ་ཉིད་དུ་ལྷའི་འཁོར་ལོ་སྤྲོ་ཞིང་བསྡུ་བས་ཉལ་བར་བྱའོ། །ཞེས་པ་ས་ཡོངས་ སུ་བཟུང་བའི་ཆོ་གའོ།། ༡༢ །། དེ་ནས་སྔ་བར་ལངས་ལ་འགྲོ་བ་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པའི་ཆེད་དུ་སླར་ 8-1-71 ཡང་བགེགས་མེད་པར་བྱའོ་ཞེས་རྣམ་པར་བསམས་ནས། སྐ་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ ལ། རེ་ཕས་སྔོན་དུ་ཉི་མ་རྣམ་སྒོམས་ནས། །ཉི་དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ ལས་ནི་ར་བ་དང༌། །གུར་བཅིངས་པ་ཡང་རྣམ་པར་བསྒོམ་པ་ཉིད། །ཞེས་པ་འདིས་རྡོ་རྗེའི་ གུར་ལ་སོགས་པ་བསྒོམས་ཏེ། དེའི་དབུས་སུ་རང་ཉིད་དཀྱིལ་འཁོར་གྱི་དབང་ཕྱུག་གི་རྣལ་ འབྱོར་དང་ལྡན་པས་སྙིང་ཁར་གནས་པའི་ཧཱུཾ་ཡིག་ལས་རྣམ་པར་སྤྲོས་པའི་འོད་ཟེར་གྱིས་ ཕྱོགས་བཅུའི་བགེགས་རྣམས་བཀུག་ནས་ཧཱུཾ་ཡིག་ལས་སྤྲོས་པའི་ཁྲོ་བོ་བཅུ་ལ་གཏད་པར་ བྱའོ། །ཁྲོ་བོ་དེ་རྣམས་ཀྱིས་ཀྱང་སྲིད་དུ་སོར་བཅོ་བརྒྱད་པའམ་སོར་བཅུ་གཉིས་པའམ་སོར་ བརྒྱད་པ། སྦོམས་སུ་རིམ་པ་ཇི་ལྟ་བ་བཞིན་དུ་སོར་དྲུག་པ་དང་བཞི་པ་དང་ཕྱེད་དང་གསུམ་ པ། སེང་ལྡེང་ལས་བྱས་པའམ་རུས་པ་ལས་བྱས་པའམ་ལྕགས་ལས་བྱས་པ། སྣོད་གསར་ པར་གནས་ཤིང་ཡུངས་དཀར་དང་ཙན་དན་དམར་པོས་བྱུགས་པ་ཚོན་སྐུད་ལྔས་དཀྲིས་ཤིང་ ཡང་དག་པར་མཆོད་པ། ཡི་གེ་གསུམ་གྱིས་སྔགས་ཤིང་མེ་ཏོག་དམར་པོའི་ཕྲེང་བ་བཅིངས་ པའི་ཕུར་པ་བཅུ་པོ་དེ་རྣམས་ལྟེ་བའི་འོག་ཏུ་རྩེ་གཅིག་པའི་རྣམ་པ་དང་སྟེང་དུ་བདག་ཉིད་ ཀྱི་གཟུགས་ཅན་ཁྲོ་བོའི་རྣམ་པ་བསྐལ་པའི་མཐའི་མེ་ལྟར་འབར་བར་རྣམ་པར་བསྒོམས་ ནས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ཞིང༌། ཕྱག་གཡས་པས་གཙོ་བོའི་མཚན་མ་ ཡོངས་སུ་གྱུར་པའི་རྡོ་རྗེ་ཐོ་བ་མེ་ཏོག་དམར་པོའི་ཕྲེང་བ་བཅིངས་པ་བཟུང་སྟེ། སྒྲ་རིང་པོར་ བརྗོད་པའི་ཧཱུཾ་ལས་བྱུང་བའི་ཁྲོན་པ་བཅུར། དབང་པོ་ལ་སོགས་པ་བཅུའི་གཟུགས་ཅན་གྱི་ བགེགས་འཁོར་དང་བཅས་པ་རྣམས་རབ་ཏུ་བཅུག་ལ་སྤྱི་བོར་ཕུར་པས་གདབ་པར་བྱའོ། ། སྔགས་ནི་འདི་རྣམས་ཏེ། ༀ་ཨཱཿཧཱུཾ་ཡ་མཱན་ཏ་ཀྲྀཏ་སརྦ་དུཥྚ་ཨིན་ཏྲ་ཨུ་པ་ཨཱིན་ཏྲཱན་ས་པ་རི་ བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། །ༀ་ཨཱཿཧཱུཾ་པྲཛྙཱ་ཨན་ཏ་ཀྲྀཏ་སརྦ་དུཥྚ་ཡ་མཱན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ ཧཱུཾ་ཕཊ། །ༀ་ཨཱཿཧཱུཾ་པད་མ་ཨན་ཏ་ཀྲྀཏ་སརྦ་དུཥྚ་ནཱ་གཱན་ས་པ་རི་ཝཱ་རན་ཀཱི་ལ་ཡ་ཧཱུཾ་ཕཊ། །ༀ་ 8-1-72 ཨཱཿཧཱུཾ་བིགྷ་ན་ཨན་ཏ་ཀྲྀཏ་སརྦ་དུཥྚ་ཀུ་བེ་རཱན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། །ༀ་ཨཱཿཧཱུཾ་ཨ་ ཙ་ལ་སརྦ་དུཥྚ་ཨཱི་ཤཱ་ནཱན་ས་པ་རི་ཝཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། །ༀ་ཨཱཿཧཱུཾ་ཊཀ་ཀི་སརྦ་དུཥྚ་ཨག་ ནཱིན་ས་པ་རི་ཝཱ་རཱན་ཀི་ལ་ཡ་ཧཱུཾ་ཕཊ། །ༀ་ཨཱཿཧཱུཾ་ནཱི་ལ་དཎ་ཌ་སརྦ་དུཥྚ་ནཻ་ཏྲྀ་ཏཱིན་ས་པ་རི་ཝཱ་ རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། །ༀ་ཨཱཿཧཱུཾ་མ་ཧཱ་བ་ལ་སརྦ་དུཥྚ་བཱ་ཡུན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ། ༀ་ཨཱཿཧཱུཾ་ཨུཥྞཱི་ཥ་ཙཀྲ་བར་ཏི་ན་སརྦ་དུཥྚ་ཨར་ཀ་ཙན་ཏྲ་སི་ཏཱ་མ་ཧཱན་ས་པ་རི་ཝཱ་རཱན་ཀཱི་ལ་ ཡ་ཧཱུཾ་ཕཊ། །ༀ་ཨཱཿཧཱུཾ་སུམ་བྷ་རཱ་ཛཱ་སརྦ་དུཥྚ་བེ་མ་ཙི་ཏྲི་པྲྀ་ཐི་ཝཱི་དེ་བ་ཏཱཿས་པ་རི་བཱ་རཱན་ཀཱི་ ལ་ཡ་ཧཱུཾ་ཕཊ། །ཞེས་པའི་སྔགས་རྣམས་ཀྱིས་དཀྱིལ་འཁོར་གྱི་ཁང་པའི་ཕྱིའི་ཕྱོགས་བཅུ་པོ་ རྣམས་སུ་འཇིམ་པའི་གོང་བུ་བཅུ་བྱས་པར་སློབ་དཔོན་གྱིས་གདབ་ཅིང་བརྡུང་བར་བྱ་སྟེ། མི་ནུས་ན་སྒོའི་སློབ་དཔོན་རྣམས་ཀྱིས་སོ། །གཙུག་ཏོར་གྱི་ནི་ཤར་གྱི་ཕུར་པ་ལས་ཤར་དུ་ སྟེ། གནོད་མཛེས་ཀྱི་ནི་ནུབ་ཀྱི་ཕུར་པ་ལས་ནུབ་ཏུ་གདབ་ཅིང་བརྡུང་བར་བྱའོ། །ཕུར་པའི་ གཟུགས་ཅན་གྱི་ཁྲོ་བོ་རྣམས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་རྣམས་ཀྱིས་ མཉེས་པར་བྱ་ཞིང༌། ཉི་མ་སོ་སོ་ལ་ཐུན་གསུམ་དུ་གཏོར་མ་དང་ལྷ་བཤོས་དང་རོལ་མོ་དང་ མེ་ཏོག་དང་བདུག་སྤོས་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །ཡང་ན་སེང་ལྡེང་ལ་ སོགས་པའི་ཕུར་པ་མེད་ན་ཡང་ཇི་ལྟར་བརྗོད་པའི་བསྒོམ་པ་ཁོ་ནས་ཕུར་བུ་གདབ་པ་དང་ བརྡུང་བར་བྱ་སྟེ། ལག་པ་གན་རྐྱལ་དུ་གནས་པ་བསྒྱུར་ནས། ༀ་བཛྲ་ཧཱུཾ་ཞེས་བརྗོད་ཅིང་ས་ གཞིར་བགེགས་ལ་བསྣུན་ཏེ་དེ་ལྟར་ལྷག་པར་མོས་པར་བྱའོ། །ཞེས་པ་བགེགས་ལ་ཕུར་ བུས་གདབ་པའི་ཆོ་གའོ།། ༡༣ །། དེའི་རྗེས་ལ་འཆད་པར་འགྱུར་བའི་དཀྱིལ་འཁོར་ལ་ཐིག་གདབ་པའི་ཆོ་གས་དཀྱིལ་ འཁོར་ཇི་ལྟ་བའི་རྗེས་སུ་འབྲངས་ཏེ་ཐིག་འདེབས་པ་དང་འབྲི་བའི་དཀྱིལ་འཁོར་གྱི་ས་ གཞིར་བསྡད་ལ། དབུས་སུ་དྲིའི་མཎྜལ་བྱས་པར་བཾ་ལས་བྱུང་བའི་སའི་ལྷ་མོ་རྣམ་པར་ 8-1-73 བསྒོམས་ནས། ལག་པ་གཡས་པར་ཟླ་བ་ལ་ཧཱུཾ་གསུམ་བསམས་ཏེ་སོར་མོའི་རྩེ་མོ་ས་ལ་ ལན་གསུམ་བསྣུན་པ་དང༌། དེའི་སྒྲ་དང་འོད་ཟེར་རྣམས་ཀྱིས་ཡང་དག་པར་བསྐུལ་བ་ལས་ འཐོན་པའི་སའི་ལྷ་མོ་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པ་དགེས་པའི་ཐུགས་ཅན་ སེར་མོ་ཞི་བའི་གོས་དཀར་པོ་བསྣམས་པ་རྒྱན་ཐམས་ཅད་དང་ལྡན་པ་ཞལ་གཅིག་མ་ཕྱག་ གཉིས་ཀྱི་གཡོན་པས་བུམ་པ་བཟང་པོ་འཛིན་ཞིང་གཅིག་ཤོས་ཀྱིས་མི་འཇིགས་པ་མཛད་པ་ མདུན་དུ་གནས་པ་ལ་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་པའི་དེ་ མ་ཐག་ཏུ། ༀ་ཚུར་བྱོན་ཚུར་བྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་ གྱིས་རབ་གང་མ། །བཟང་པོའི་རྒྱན་གྱིས་རྣམ་བརྒྱན་མ། །དོ་ཤལ་རྐང་གདུབ་སྒྲ་ལྡན་མ། །རྡོ་ རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་ནི་བཞེས་ནས་སུ། །དཀྱིལ་འཁོར་ལས་ནི་ ལེགས་གྲུབ་མཛོད། །ཧྲཱི་ཧཱི་ཧཱི་ཧཱི་ཧཱཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ལ་ལྷག་པར་གནས་པ་ བྱའོ། །དེ་ཡང་དེ་བཞིན་དུ་གྱིས་ཤིག་ཅེས་གསུང་ནས་དེ་ཉིད་དུ་ཐིམ་པར་བསམ་མོ། །ཞེས་ པ་ནོར་འཛིན་མ་ལྷག་པར་གནས་པའི་ཆོ་གའོ།། ༡༤ །། དེ་ནས་དཀྱིལ་འཁོར་གྱི་ས་གཞིར་བདུད་རྩི་ལྔ་དང་བཅས་པའི་དྲི་བཟངས་ལ་ༀ་ ཨཱཿཧཱུཾ་གིས་བསྔགས་པས་ཉེ་བར་བྱུག་ཅིང་མེ་ཏོག་བཟང་པོ་གཅལ་དུ་འགྲེམས་སུ་བཅུག་ སྟེ། ཕྱི་དྲོའི་དུས་སུ། ཁྲུས་དང་གཙང་སྦྲ་དྲི་ཞིམ་ལུས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། ། དཀར་པོ་བསྒྱུར་བའི་གོས་འཛིན་པ། །དེ་ཡི་གཙུག་ཏོར་རྣམ་པར་བརྒྱན། །ཞེས་པའི་གསུང་ གི་ཕྱིར། སྦྱིན་པའི་བདག་པོས་ཕུལ་བའི་དོ་ཤལ་དང་རྐང་གདུབ་དང་དཔུང་རྒྱན་དང་རྣ་རྒྱན་ དང་ལག་གདུབ་དང་རྐྱེད་རྒྱན་དང་སོར་གདུབ་ལ་སོགས་པའི་རྒྱན་གྱིས་བརྒྱན་ནས། རིམ་པ་ ཇི་ལྟ་བ་བཞིན་དུ། ༀ་ཨཱཿཧཱུཾ་སྭཱ་ཧཱ། ༀ་བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ། ཞེས་པ་དག་ལན་བདུན་བཟླས་ པའི་གསེར་གྱི་དབུ་རྒྱན་དང་གོས་ལ་སོགས་པས་བརྒྱན་ཞིང༌། དཀྱིལ་འཁོར་གྱི་སའི་དབུས་ 8-1-74 སུ་འདུག་ལ་ཤར་དུ་མངོན་པར་ཕྱོགས་པའམ། ཕྱོགས་གཞན་ལ་ནི་དཀྱིལ་འཁོར་གྱི་ཤར་ དུ། ནུབ་ཏུ་མངོན་པར་ཕྱོགས་པས་འདུག་སྟེ། འཁོར་ལོའི་དབངཕྱུག་གི་རྣལ་འབྱོར་དང་ལྡན་ པས། ལྷ་རྣམས་ཀྱི་གནས་སུ་ཙན་དན་ལ་སོགས་པའི་མཎྜལ་བྱས་ལ། ཇི་ལྟ་བར་དམ་ཚིག་ གི་འཁོར་ལོ་རྣམ་པར་བསྒོམས་ནས། དེར་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་ པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་ཏུ་བཅུག་སྟེ་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་ བ་ཇི་སྙེད་པ་བྱའོ། །བསྒོམས་པའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ཤར་ལ་སོགས་པའི་ཕྱོགས་ སུ་གནས་པའི་བུམ་པ་རྣམས་སམ། ཕྱོགས་གཞན་ལ་ནི་བྱང་དུ་ཕྱོགས་པས་དབང་ལྡན་གྱི་ མཚམས་ན་གནས་པའི་བུམ་པ་རྣམས་ལྷག་པར་གནས་པ་བྱའོ། །དེ་ལ་ཞི་བ་ལ་སོགས་པའི་ དབྱེ་བས། དེ་རྣམས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ལྟར་ཡང་ཞི་བ་དང་རྒྱས་པ་དག་གི་ བུམ་པའི་ལྟོ་བའི་ཟླུམས་སུ་ནི་སོར་བཅུ་དྲུག་གོ །ལྟོ་བའི་འོག་ནས་ཁ་དང་མཆུའི་བར་ཇི་སྲིད་ པའི་དཔངས་སུ་ནི་སོར་ཉི་ཤུའོ། །འོག་ཏུ་འཕྱང་བའི་མཆུའི་ཚད་ནི་སོར་གཉིས་སོ། །མགྲིན་ པ་ནི་སོར་དྲུག་གོ །མཆུའི་མཐའ་ནས་མཆུའི་མཐའི་བར་ཇི་སྲིད་པའི་ཁ་ནི་སོར་བརྒྱད་དོ། ། སོར་བརྒྱད་ཀྱི་ཆ་གཉིས་ནི་ཁའི་བུག་པའོ། །ཆ་གཅིག་གིས་ནི་མཆུ་གཉིས་ཀྱི་ཞེང་ངོ༌། །དབྱེ་ བ་དང་བསྐྲད་པ་དག་གི་བུམ་པའི་ལྟོ་བའི་ཟླུམས་སུ་ནི་སོར་བཅུ་གཉིས་སོ། །དཔངས་སུ་ནི་ སོར་ཉི་ཤུ་རྩ་བཞིའོ། །མགྲིན་པ་ཡོན་པོ་སྟེ་སོར་བརྒྱད་དོ། །ཁ་ནི་སོར་དྲུག་གོ །མཆུ་དག་ནི་ སོར་རེ་རེའོ། །དབང་དང་དགུག་པ་དག་གི་བུམ་པ་ནི་གཟོ་འོས་ཇི་ལྟར་བྱས་པའོ། །རེངས་ པའི་བུམ་པ་ནི་ཐུང་བ་སྟེ་ཟླུམས་དང་དཔངས་སུ་སོར་བཅུ་དྲུག་གོ །མགྲིན་པ་ནི་སོར་བཞིའོ། ། ཁ་ནི་སོར་དྲུག་གོ །མཆུ་ནི་སྦོམ་ཞིང་སོར་གཉིས་པའོ། །ལས་ཐམས་ཅད་པ་ལ་ནི་ཞི་བ་ལ་ སོགས་པའི་ལས་ལ་བརྗོད་པའི་བུམ་པ་རྣམས་གཟུང་བར་བྱའོ། །རྩ་བ་དང་ནི་ནག་པོ་མེད། ། མཆུ་འཕྱང་མགྲིན་རིང་ལྟོ་བ་ཆེ། །ཞེས་རྒྱུད་གཞན་ལས་གསུངས་པ་ཡང་སོར་བཅུ་དྲུག་པ་ 8-1-75 ལ་སོགས་པ་རྣམས་ལ་རིག་པར་བྱའོ། །དེའི་ཕྱིར་མཚན་ཉིད་དང་ལྡན་པ་གསུངས་པ། གསེར་ རམ་དངུལ་ལམ་ཟངས་མའམ། །ཡང་ན་ས་ལས་བྱས་པ་ཉིད། །ཇི་ལྟར་རྙེད་པའི་བུམ་པ་ནི། ། རྟུལ་ཞུགས་ཅན་གྱིས་དཀྱིལ་འཁོར་དགོད། །བྱི་རུ་དང་ནི་གསེར་དང་དངུལ། །པད་མ་རཱ་ ག་མུ་ཏིག་སྟེ། །རིན་ཆེན་ལྔར་ནི་བསྟན་པ་རྣམས། །བུམ་པའི་ལྟོ་བར་རབ་ཏུ་གཞུག །ནས་ དངགྲོ་དང་མོན་སྲན་དང༌། །ཏིལ་དང་དེ་བཞིན་སོ་བ་སྟེ། །འབྲུ་ལྔ་རྣམས་སུ་བསྟན་པ་ནི། ། བུམ་པའི་ལྟོ་བར་བཞུགས་པར་བྱ། །བྲྀ་ཧ་ཏི་དང་ཀཎ་ཌ་ར། །ས་ཧ་དེ་བ་ཨ་པར་ཛིཏ། །དཎ་ ཌོད་པ་ལའི་རྩ་བ་སྟེ། །སྨན་ལྔ་རྣམས་ཀྱང་རབ་གཞུག་བྱ། །ཨཱ་མྲ་ཨུ་དུམ་བ་ར་དང༌། །ཨ་ཤོ་ ཀ་དང་ཨ་ཤྭད་ཐ། །དེ་བཞིན་ནཱ་ག་གེ་སར་ཏེ། །ཡལ་འདབ་ལྔ་རྣམས་བྱིན་པ་ཡིས། །བུམ་ པའི་ཁ་ནི་བརྒྱན་པར་བྱ། །བུམ་པ་རྣམས་ཀྱི་མགྲིན་པ་ནི། །གོས་དཀར་ཆེན་པོས་བཅིང་བར་ བྱ། །ཆོ་ག་མཁས་པས་གོས་སྟེང་དུ། །སྲད་བུ་དཀར་བཟངས་དགོད་པར་བྱ། །དཀྱིལ་འཁོར་ པ་ནི་ཐམས་ཅད་ཀྱི། །ས་བོན་ཡང་ན་མཚན་མའང་རུང༌། །ཙན་དན་ལ་སོགས་མངོན་འདུས་ བྱས། །མཁས་པས་བུམ་པའི་ལོགས་ལ་བྲི། །རིན་ཆེན་ལ་སོགས་ལྡན་པ་འདིར། །རང་གི་ རྒྱུད་ལས་མངོན་བསྔགས་པའི། །ལྷ་ཡི་གྲངས་བཞིན་བློ་ལྡན་གྱིས། །ཆུ་དང་བཅས་པ་དགོད་ པར་བྱ། །ཞེས་པ་དེ་ལྟ་བུའི་གཟུགས་ཅན་གྱི་བུམ་པ་རྣམས་བླ་རེའི་འོག་ཏུ་འཆད་པར་འགྱུར་ བའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མཚན་མ་དགོད་པའི་རིམ་པས་སོ་སོ་རེ་རེར་དྲི་བཟང་པོ་ ལ་སོགས་པའི་མཎྜལ་གྱི་སྟེང་དུ་རྗེས་སུ་མཐུན་པའི་གདན་ལ་དཀྱིལ་འཁོར་གྱི་རྣམ་པའམ་ ཕྲེང་བར་བྱས་ཏེ། ༀ་བཛྲ་ཤི་ཁ་ར་རུ་ཊ་མ་ཊ་དི་ཤཾ་བན་དྷ་བན་དྷ་ཧཱུཾ་ཞེས་ལན་བདུན་བཟླས་ པའི་སྲད་བུ་དཀར་པོས་མགྲིན་པར་དཀྲིས་ནས་མདུན་དུ་དགོད་པར་བྱ་ཞིང༌། དང་པོར་སྟོང་ པ་ཉིད་དུ་བྱས་པའི་མཐར་བཾ་གི་ཡི་གེ་ལས་རིན་པོ་ཆེའི་རང་བཞིན་དུ་བསྒོམ་པར་བྱའོ། །ཇི་ སྐད་གསུངས་པའི་རིན་པོ་ཆེ་ལྔ་རྣམས་མེད་ན་རིན་པོ་ཆེ་གཞན་རབ་ཏུ་གཞུག་པར་བྱ་ཞིང༌། 8-1-76 ཁ་ཅིག་ཏུ་ནི་སོ་བའི་གནས་སུ་སྲན་མ་སྟེ། ཡལ་འདབ་ལྔ་རྣམས་མེད་ན་ཆོ་ག་རྗེས་སུ་ཤེས་པ་ རྣམས་ཀྱིས་བྱང་ཆུབ་ཀྱི་ཤིང་གི་ཡལ་འདབ་གཅིག་པུས་ཀྱང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་ གསུངས་སོ། །ཇི་སྐད་གསུངས་པའི་སྨན་རྣམས་མེད་ན་སྨན་གཞན་དག་རབ་ཏུ་གཞུག་པར་ བྱའོ། །འབྱོར་པ་ཆུང་ན་རྣམ་པར་རྒྱལ་བ་དང་ལས་ཐམས་ཅད་པ་དག་ལ་རིན་པོ་ཆེ་སྙིང་པོར་ བྱའོ། ། དེར་ཡང་རྣམ་པར་རྒྱལ་བའི་བུམ་པ་ལ་ནི་ངེས་པར་རིན་པོ་ཆེ་སྙིང་པོར་བྱའོ། །རྣམ་པར་ རྒྱལ་བའི་བུམ་པ་ལ་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་སྣ་ཚོགས་ཆུ་སྐྱེས་ལ་གནས་པའི་ཇི་ ལྟར་རིགས་པར་ཟླ་བའམ་ཉི་མར་བདག་པོའི་མཚན་མའམ་ས་བོན་དང༌། དེ་ལས་གཞན་ པའི་བུམ་པ་རྣམས་ལ་ནི་སྣ་ཚོགས་ཆུ་སྐྱེས་ལ་གནས་པའི་ཟླ་བའམ་ཉི་མར་ཇི་ལྟ་བར་རང་ རང་གི་མཚན་མའམ་ས་བོན་ནམ་ལྷ་རྣམས་བྲི་བར་བྱའོ། །དཀྱིལ་འཁོར་གང་དུ་ལྷ་ཇི་སྙེད་ པ་དེ་སྙེད་དུ་དེ་རྣམས་ཀྱི་བུམ་པའོ། །ཡང་ན་ཕོ་བྲང་གི་སྙིང་པོར་གནས་པ་རྣམས་ཁོ་ནའི་འོ། ། དེ་ལ་རིགས་ཀྱི་ཡུམ་རྣམས་ཀྱི་ནི་བཞིའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ནི་ལྔའོ། །ཡང་ ན་དེ་བཞིན་གཤེགས་པ་རྣམས་ཁོ་ནའི་ལྔའོ། །ཡང་ན་བདག་པོའི་གཅིག་དང༌། དེ་བཞིན་ གཤེགས་པ་བཞིའི་གཅིག་དང༌། རིགས་ཀྱི་ཡུམ་བཞིའི་གཅིག་དང༌། གཟུགས་རྡོ་རྗེ་མ་ལ་ སོགས་པ་དྲུག་གི་གཅིག་དང༌། ཁྲོ་བོ་བཞིའི་གཅིག་སྟེ་ལྔའོ། །ཡང་ན་གཙོ་བོ་ཁོ་ནའི་གཅིག་ གོ །ཕྱོགས་འདི་རྣམས་ལ་ནི་ལས་ཐམས་ཅད་པའི་བུམ་པ་ལྷག་པར་བྱ་སྟེ། སློབ་མ་ལ་ སོགས་པ་གསང་བའི་དོན་དུའོ། །ཁ་ཅིག་ནི་འདི་མི་འདོད་ཅིང་བུམ་པ་གཉིས་པ་ཡང་མེད་ན། རྣམ་རྒྱལ་བའི་བུམ་པ་ལ་གཙོ་བོའི་མཚན་མའི་གཡོན་དུ་ལས་ཐམས་ཅད་པའི་མཚན་མ་བྲི་ བར་བྱའོ། །ཞེས་པ་ནི་ཕྱོགས་གཞན་ཏེ། དེའི་མཚན་མ་ནི་བགེགས་མཐར་བྱེད་ཀྱིའོ། །རྣམ་ པར་སྣང་མཛད་ལ་སོགས་པའི་ཡང་མཚན་མ་བཞི་ཕྱོགས་བཞིར་བྲིའོ་ཞེས་པའི་ཕྱོགས་ལ་ནི་ 8-1-77 གཙོ་བོའི་མཚན་མ་རྣམ་པར་སྣང་མཛད་ཀྱི་མཚན་མའི་སྟེང་དུའོ། །ཁ་ཅིག་ཏུ་ནི་དེར་གནས་ པ་ཉིད་མཆུའི་སྟེང་དུའོ་ཞེས་བཤད་དོ། །སྤྱན་མ་ལ་སོགས་པ་རྣམས་ཀྱི་ཡང་ཕྱོགས་བྲལ་ བཞི་རུའོ་ཞེས་པ་ནི་ཕྱོགས་གཞན་ནོ། །ཡང་ན། སངས་རྒྱས་ལྔ་དང་ལྷ་མོ་བཞི། །ཁྲོ་བོ་བཞི་ ཡི་བུམ་པ་རྣམས། །སོ་སོའི་འཁྱིལ་པའི་གཅིག་དང་ནི། །གཟུགས་ཀྱི་རྡོ་རྗེ་སོགས་དྲུག་ལ། ། གཅིག་སྟེ་མཚན་མ་ལྡན་པའོ། ། ཞེས་པས་བཅོ་ལྔའོ། །དེ་ལྟར་བརྗོད་པའི་ཕྱོགས་རྣམས་ལས་ཕྱོགས་གཞན་དུ་འགའ་ ཞིག་བརྗོད་པ་དེ་དག་ནི་རིགས་པ་མ་ཡིན་ནོ། །དེ་ལྟར་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ ལ་ཉི་ཤུ་དང་བཅུ་དང་དྲུག་དང་གཉིས་དང་གཅིག་དང་བཅོ་ལྔ་སྟེ་བུམ་པའི་གྲངས་རྣམ་པར་ བཞག་པའོ། །བསྡུས་པའི་རིམ་པའི་དཀྱིལ་འཁོར་དུ་ལྔ་པ་གཉིས་ཀྱི་ཕྱོགས་ལ་ནི་དེ་བཞིན་ གཤེགས་པ་རྣམས་ཀྱི་གཅིག་དང༌། ཡུམ་རྣམས་ཀྱི་གཅིག་དང༌། གཟུགས་རྡོ་རྗེའི་མ་ལ་ སོགས་པ་བཞིའི་གཅིག་དང༌། བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་གཅིག་དང༌། ཁྲོ་བོ་བཅུའི་ གཅིག་གོ་ཞེས་པ་ནི་ཁྱད་པར་རོ། །ཡང་ན། རང་ཕྱོགས་སྲས་གཉིས་དག་གི་གཅིག །ཁྲོ་དྲུག་ བཙུན་མོ་རྣམས་ཀྱི་ཡང༌། །སྙིང་པོར་གནས་དང་སྒོ་སྐྱོང་དང༌། །བགེགས་དགྲའི་རེ་རེའི་ཉི་ ཤུའོ། །ཞེས་པ་ནི་ཁ་ཅིག་གིའོ། །ཁ་སྦྱོར་ལས་གསུངས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ དུ་ཕྱོགས་གཉིས་པའི་ལྔ་པ་ལ་ནི་ཕོ་བྲང་གི་སྙིང་པོར་གནས་པ་རྣམས་ཀྱི་གཅིག་དང༌། ཕོ་ བྲང་གཉིས་པར་གནས་པ་རྣམས་ཀྱི་གཅིག་དང༌། ཕྱོགས་བརྒྱད་ཀྱི་ལྷ་མོ་རྣམས་ཀྱི་གཅིག་ དང༌། ཟུར་གྱི་ལྷ་མོ་རྣམས་ཀྱི་གཅིག་དང༌། སྒོ་སྐྱོང་རྣམས་ཀྱི་གཅིག་གོ་ཞེས་པ་ནི་ཁྱད་པར་རོ། ། ཡང་ན་དེ་བཞིན་གཤེགས་པ་རྣམས་དང་རིགས་ཀྱི་ཡུམ་རྣམས་དང་སྒོ་སྐྱོང་རྣམས་ཀྱི་བུམ་ པ་རེ་རེ་དང༌། རིམ་པ་གཉིས་པའི་ཕྱོགས་ཀྱི་ལྷ་མོ་རྣམས་ཀྱི་གཅིག་དང༌། ཕྱོགས་བྲལ་ཀྱི་ལྷ་ མོ་རྣམས་ཀྱི་གཅིག་དང༌། རིམ་པ་གསུམ་པའི་ཕྱོགས་ཀྱི་གཡོན་ན་གནས་པ་རྣམས་ཀྱི་གཅིག་ 8-1-78 དང༌། གཡས་ན་གནས་པ་རྣམས་ཀྱི་གཅིག་དང༌། ཟུར་ན་གནས་པ་རྣམས་ཀྱི་གཅིག་དང༌། དེའི་ཕྱིར་རོལ་གྱི་ཟུར་ན་གནས་པ་རྣམས་ཀྱི་གཅིག་དང༌། ལས་ཐམས་ཅད་པའི་གཅིག་སྟེ་ དེ་ལྟར་ཉི་ཤུའོ་ཞེས་པ་ནི་ཁ་ཅིག་གིའོ། །དཔལ་བདེ་མཆོག་གི་དཀྱིལ་འཁོར་ལ་ནི་འཁོར་ལོ་ ལྔ་ལ་སོ་སོར་རེ་རེ་སྟེ་ལྔའོ། །ཡང་ན་སྙིང་པོའི་ཕོ་བྲང་དུ་གནས་པ་རྣམས་ཁོ་ནའི་ལྔའོ། །ཡང་ ན་འདི་རྣམས་ཀྱི་རྣམ་པ་ལྔ་དང་འཁོར་ལོ་བཞིའི་བཞི་སྟེ་དགུའོ། །ཡང་ན་དབུས་ཀྱི་ཕོ་བྲང་ དང་དམ་ཚིག་གི་འཁོར་ལོ་ལ་གནས་པ་རྣམས་ཀྱི་སྟེ་བཅུ་གསུམ་མོ། །ཐུགས་ཀྱི་འཁོར་ལོ་ལ་ ཕྱོགས་སུ་གནས་པ་རྣམས་ཀྱི་གཅིག་དང༌། ཕྱོགས་བྲལ་དུ་གནས་པ་རྣམས་ཀྱི་གཅིག་གོ །དེ་ བཞིན་དུ་གསུང་གི་འཁོར་ལོ་དང་སྐུའི་འཁོར་ལོ་ལ་ཡང་སྟེ་བཅུ་དགུའོ། །ཕྱོགས་འདི་རྣམས་ སུ་ལྷ་སོ་སོའི་དགོད་པ་ལ་ཡང་ལས་ཐམས་ཅད་པ་དུམ་སྐྱེས་མའི་ལྷག་པ་དགོད་པར་བྱའོ། ། འདིའི་རྗེས་སུ་འབྲངས་ནས་དཀྱིལ་འཁོར་གཞན་རྣམས་ལ་ཡང་ཇི་ལྟར་རིགས་པར་བུམ་ པའི་གྲངས་རིག་པར་བྱའོ། །དེ་ལ་གཙོ་བོ་ཡིན་པའི་ཕྱིར་དང་བྱ་བ་མང་བའི་ཕྱིར་རྣམ་རྒྱལ་ བུམ་པའི་སྟེང་དུ། ༀ་བཛྲ་ཨ་མྲྀ་ཏ་ཨུ་ད་ཋཿཧཱུཾ་ཞེས་པ་འདི་དང་ཡི་གེ་གསུམ་གྱིས་ཀྱང་ལན་ བདུན་བསྔགས་པས་ཡེ་ཤེས་ཀྱི་བདུད་རྩིར་བྱས་ཤིང༌། རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་ དང་ཇི་ལྟར་རྙེད་པའི་བདུད་རྩི་ལྔ་དང་དྲི་བཟང་པོའི་ཆུ་དང་ལྡན་པ་ཧཱུཾ་གིས་བསྔགས་ནས། དུང་ཆོས་སམ་པད་མའི་སྣོད་དུ་མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་དང་བཅས་པ་གཞག་ ལ། ནང་དུ་ༀ་ཏཔ་ཏེ་མ་ཧཱ་ཏཔ་ཏེ་སྭཱ་ཧཱ་ཞེས་པས་དྲངས་པའི་ལྷའི་གང་གཱའི་ཆུའི་ངོ་བོའི་ཆུ་ ལ། ལྷའི་འཁོར་ལོ་གདན་དང་བཅས་པ་སྐ་ཅིག་གིས་རྣམ་པར་བསམས་ཏེ། རང་གི་སྙིང་ ཁའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་པའི་མདུན་དུ་ཞབས་བསིལ་ དང་ཞལ་བསིལ་དང་མཆོད་ཡོན་རྣམས་དབུལ་བར་བྱའོ། །དེ་ནས་དམ་ཚིག་གི་འཁོར་ལོ་ལ་ རབ་ཏུ་བཅུག་སྟེ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་སྔར་ 8-1-79 བླུགས་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསྒོམ་མོ། །མཚན་མ་ཡང་དམ་ཚིག་གི་ལྷ་ཡེ་ཤེས་ ཀྱི་ལྷ་དང་གཅིག་ཏུ་གྱུར་པར་རོ། །དེ་ནས་རྡོ་རྗེ་དང་འབྲེལ་པའི་མེ་ཏོག་གི་མཐར་གཡོན་ པའི་ཁུ་ཚུར་གྱིས་བཟུང་ནས་ཧཱུཾ་གིས་བསྔགས་ཏེ། འཁོར་ལོའི་དབང་ཕྱུག་གི་སྙིང་པོའི་ སྔགས་བརྒྱ་རྩ་བརྒྱད་དམ། ༀ་བཛྲ་ཨུ་ད་ཀ་ཧཱུཾ། ཞེས་པ་འདིས་ཆུ་ལ་མངོན་པར་བསྔགས་ལ། དེར་འཁྱིལ་པས་བསྔགས་པའི་མེ་ཏོག་དཀར་པོ་གསུམ་གཞུག་པར་བྱའོ། །གཞན་ཡང་བུམ་ པ་གང་ཞིག་ལྷ་གང་གི་ཡིན་པ་དེ་ལ་ནི། དེའི་སྔགས་བརྒྱ་རྩ་བརྒྱད་དམ་ལན་ཉི་ཤུ་རྩ་གཅིག་ གམ་བདུན་གྱིས་བསྔགས་པར་བྱ་སྟེ། རྡོ་རྗེའི་མེ་ཏོག་གི་ཕྲེང་བའི་མཐར་གཟུང་ནས་སོ། །དེ་ བཞིན་དུ་མེ་ཏོག་ཀྱང་གཞུག་པར་བྱའོ། །དེ་ནས་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་ རྣམས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། བསྲུང་བའི་དོན་དུ་ལས་ཐམས་ཅད་ པའི་ཆུས་དེའི་ཡལ་འདབ་ཀྱིས་བསངས་ཏེ། འདིར་ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ པ་དེ་སྲིད་དུ་བགེགས་རྣམས་བཟློག་པར་མཛོད་ཅེས་བརྗོད་ཅིང་གཏོར་མ་ཕུལ་ནས་ཉེ་བར་ རེག་ལ། མི་བསྐྱོད་རྡོ་རྗེ་ཞེས་པ་ལ་སོགས་པའི་བསྟོད་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ བར་བྱའོ། །བུམ་པ་དེ་རྣམས་ལས་ཆུ་ཉུང་ཟད་ཉུང་ཟད་བླངས་ལ་དཀྱིལ་འཁོར་གྱི་ཁང་ པའི་ཤར་སྒོའི་བྱང་གི་ཆར་མན་ཇི་ལ་གནས་པའི་དུང་ཆོས་ལ་སོགས་པར་གཞག་པར་བྱ་སྟེ་ བདག་ཉིད་དང་སློབ་མ་རྣམས་ལ་བསང་གཏོར་བྱ་བའི་དོན་དུའོ། །ལས་ཐམས་ཅད་པའི་ བུམ་པ་ཉིད་ཀུ་ཤའི་ཆུན་པོ་དང་ལྡན་པ་དེའི་དོན་དུ་དེར་གཞག་པར་བྱའོ་ཞེས་པ་ནི་གཞན་ ལས་སོ། །བུམ་པ་རྣམས་ལ་མངོན་པར་བསྔགས་པ་དང་མཆོད་པ་ལ་སོགས་པ་རྣམས་ནི་ཉི་ མ་སོ་སོར་ཐུན་གསུམ་མམ་ཐུན་ཅིག་ཏུ་བྱའོ། །འཁོར་ལོའི་དབང་ཕྱུག་ལ་སོགས་པའི་སྔགས་ ནི་དཀྱིལ་འཁོར་སོ་སོའི་སྒྲུབ་ཐབས་ལ་སོགས་པ་རྣམས་སུ་བལྟ་བར་བྱའོ། །མདོར་བསྡུས་ པ་ནི་སླར་ཡང་འདི་ཉིད་དུ་འཆད་པར་འགྱུར་བ་སྟེ། དཀྱིལ་འཁོར་གྱི་ལྷའི་གཟུགས་དང་ཁ་ 8-1-80 དོག་དང་མཚན་མ་ལ་སོགས་པ་བརྗོད་པའི་དུས་སུའོ། །འདིར་དཀྱིལ་འཁོར་ལ་སོགས་པའི་ ལས་ལ་ཉེ་བར་མཁོ་བའི་དོན་དུ་དང་པོར་རྡུལ་ཚོན་དཀར་པོ་ལ་སོགས་པས་པད་མ་འདབ་ བརྒྱད་པ་བྲིས་པའི་ལྟེ་བ་ལ་རྣམ་པར་རྒྱལ་བའི་བུམ་པའམ་ལས་ཐམས་ཅད་པའི་བུམ་པ་ གཞག་པར་བྱའོ། །ཤར་གྱི་འདབ་མ་ལ་འཆད་པར་འགྱུར་བའི་ཆོ་གས་ལྷག་པར་གནས་པ་ བྱས་པའི་ཚོན་སྣ་ལྔའི་ཐིག་སྐུད་གསེར་ལ་སོགས་པའི་སྣོད་དུ་གནས་པའོ། །ལྷོ་རུ་རྡོ་རྗེའོ། ། བྱང་དུ་རྡོ་རྗེ་དྲིལ་བུའོ། །ནུབ་དང་ཟུར་གྱི་འདབ་མ་རྣམས་ལ་ཇི་ལྟར་རིགས་པར་རྡུལ་ཚོན་ ལྔའི་སྣོད་རྣམས་སོ། །དེར་འཁྱིལ་པའི་སྔགས་བཟླས་ཏེ་བུམ་པའི་ཆུས་རྡུལ་ཚོན་དང་ཐིག་ སྐུད་རྣམས་ལ་བསང་གཏོར་བྱའོ། །ཞེས་པ་བུམ་པ་ལྷག་པར་གནས་པའི་ཆོ་གའོ།། ༡༥ །། ༈ དེ་ནས་དཀྱིལ་འཁོར་གྱི་ས་གཞི་དྲི་བཟང་ལ་སོགས་པས་བྱུག་ཅིང་མེ་ཏོག་གཅལ་དུ་ འགྲེམས་སུ་བཅུག་སྟེ། དེར་ཇི་ལྟར་འབྱུང་བའི་བདག་པོ་ལྔའི་ལེ་ཚེ་རྣམས་སུ་མཎྜལ་གྲུ་བཞི་ པ་བྱ་ཞིང༌། ལྷ་གཞན་རྣམ་ལ་ཟླུམ་པོ་སྟེ། བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་པོ་རྣམས་ ཀྱིས་བྱའོ། །ནུབ་ཏུ་ཕྱོགས་པས་མཎྜལ་དེ་རྣམས་སུ་རངགི་སྙིང་ཁའི་ས་བོན་གྱི་འོད་ཟེར་ གྱིས། འབྲི་བར་འགྱུར་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཇི་ལྟར་རིགས་པར་ཆུ་སྐྱེས་ལ་གནས་ པའི་ཟླ་བའམ་ཉི་མ་ལ་བཞུགས་སུ་གསོལ་ལ་ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བའི་ མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱས་ཏེ། པུས་མོ་གཡས་པ་ས་ལ་བཙུགས་ཤིང་ ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པར་བྱས་པ་ལ་ཧཱུཾ་བཀོད་ནས། ལག་པ་གཡས་པས་སྤོས་ ཕོར་ཐོགས་ཏེ་གཡོན་པས་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང༌། བཅོམ་ལྡན་རྡོ་རྗེ་ཆེ་གེ་མཆོག །རིག་ པའི་རྒྱལ་པོ་ཁྱོད་ལ་འདུད། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་འབྲི་ བར་བདག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་དོན་དང༌། །ཁྱེད་རྣམས་ལ་ཡང་མཆོད་ཕྱིར་ དང༌། །སེམས་ཅན་བསོད་ནམས་སྤེལ་དོན་དང༌། །བྱང་ཆུབ་སེམས་ནི་བསྐྱེད་པའི་ཕྱིར། །དེ་ 8-1-81 བས་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པའི་རིགས། །སངས་རྒྱས་ འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་ དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་ནས་ དང༌། སེམས་ཅན་བསྟན་ལ་མངོན་དགའ་དང༌། །གང་སུ་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ ལ་ཡང་དག་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཆེ། །ཆེ་གེ་འབྱུང་བའི་དཀྱིལ་འཁོར་ ནི། །ཇི་ལྟར་ནུས་པ་ཉེར་སྤྱོད་པས། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །ཞེས་དོན་མངོན་དུ་བྱེད་ ཅིང་ལན་གསུམ་བརྗོད་པས་གསོལ་བ་གདབ་པར་བྱའོ། །ཞེས་པ་ལྷ་ལྷག་པར་གནས་པའི་ ཆོ་གའོ།། ༡༦ །། ༈ དེའི་རྗེས་ལ་ཡེ་ཤེས་ཀྱི་ཐིག་ལ་སོགས་པའི་དོན་དུ་དཀྱིལ་འཁོར་གྱི་ས་གཞིའི་སྟེང་ གི་ནམ་མཁར། དཀྱིལ་འཁོར་གྱི་འཁོར་ལོ་བློས་བཀོད་ནས་ཡང་དག་པར་མཆོད་དེ། ཤར་དུ་ མངོན་པར་ཕྱོགས་ཤིང་དཀྱིལ་འཁོར་གྱི་དབང་གི་རྣལ་འབྱོར་དང་ལྡན་པས། གཞོན་ནུ་མ་མ་ ཉམས་པས་བཀལ་བའམ་དཔའ་བོའི་རིན་གྱིས་ཉོས་པའི་སྐུད་པ་ལྔ་པ་ལྔ་སྣོད་ལྔར་གནས་ པ་རྣམས་དྲི་ཞིམ་པོ་དང་ལྡན་པའི་ཁ་དོག་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་ཁུ་ དང་ནག་པོ་རྣམས་དང༌། ཡུངས་དཀར་གྱི་ཕྱེ་མ་དང་བདུད་རྩི་ལྔ་བསྲེས་པ་རྣམས་ཀྱིས་སོ་ སོར་ཁ་བསྒྱུར་བ། ལག་པ་གཡོན་པའི་མཐིལ་དུ་སོར་མོའི་རྩེ་མོ་ནས་བརྩམས་ཏེ་མཐེ་བོང་ གི་བར་ཇི་སྲིད་པར་རྣམ་པར་བཀོད་ལ། བུཾ་ཨཱཾ་ཛྲཱི་ཁཱཾ་ཧཱུཾ་གི་ཡི་གེ་རྣམས་ལས་བསྐྱེད་པའི་དེ་ བཞིན་གཤེགས་པ་ལྔའི་ངོ་བོར་གྱུར་པར་བསྒོམས་ཏེ། ནམ་མཁའ་ལ་བཞུགས་སུ་གསོལ་ བའི་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་བསྡུས་པར་གྱུར་པའི་དེ་བཞིན་གཤེགས་ པ་ལྔའི། ཐུགས་ཁར་བུཾ་ཡིག་ལ་སོགས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་སྐུད་པ་འོད་ཟེར་དང་ བཅས་པར་བལྟ་ཞིང༌། ༀ་ཨཱཿཤཱ་ཤྭ་ཏ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་ཧཱུཾ་ཞེས་པ་ 8-1-82 འདིས་རྣམ་པར་སྣང་མཛད་ལ་གསོལ་བ་གདབ་པར་བྱ་སྟེ། མིང་ཡོངས་སུ་བསྒྱུར་ནས་རིན་ ཆེན་འབྱུང་ལྡན་ལ་སོགས་པ་རྣམས་ལ་ཡང་ངོ༌། །མིག་གཉིས་ཛཿཡིག་ལས་སྐྱེས་པའི་ཟླ་བ་ དང་ཉི་མ་སེར་པོའི་རང་བཞིན་དུ་བྱས་ཏེ། ༀ་དཱིཔ་ཏ་ཏྲྀ་ཥྚི་ཨང་ཀུ་ཤི་ཛཿ ཞེས་བརྗོད་ཅིང༌། རབ་ཏུ་མྱུར་བར་གཡོ་བའི་མིག་གི་རྫི་མ་འདེགས་ཤིང་འགུགས་པ་འབར་བའི་ལྟ་སྟངས་ ལྕགས་ཀྱུ་ལྟ་བུས། རྣམ་པར་སྣང་མཛད་ལ་སོགས་པས་བསྐུལ་བ་དེ་རྣམས་རང་རང་གི་ཁ་ དོག་ཅན་གྱི་ཐིག་སྐུད་ལག་པར་གནས་པ་རྣམས་ལ་ཐིམ་པར་བསྒོམ་མོ། །དེ་ཉིད་ཀྱི་ཕྱིར་ དེ་རྣམས་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་ཅན་ནོ་ཞེས་རྣམ་པ་བརྒྱའི་ དབྱེ་བས་ཕྱེ་མར་གྱུར་པའི་ཐིག་སྐུད་རྣམས་སོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་ གཟུགས་སམ་བགེགས་མཐར་བྱེད་ལ་སོགས་པའི་གཟུགས་ཀྱིས་སློབ་མ་ཐིག་སྐུད་འཛིན་ པ་དང་ལྷན་ཅིག་དང་པོར་སྐུད་པ་ལྔ་ལྔ་རེ་རེར་བསྒྲིལ་བའི་ཐིག་སྐུད་བྱ་ཞིང༌། དེའི་རྗེས་ལ་ དེ་བཞིན་དུ་ལྔ་རྣམས་གཅིག་ཏུ་བསྒྲིལ་བའི་ཐིག་སྐུད་བྱ་སྟེ། ༀ་ཨཱཿ ཨ་ནྱ་ཨ་ནུ་ག་ཏཱཿ སརྦ་ དྷར་མཱཿ སྤ་རས་སྤ་ར་ཨ་ནུ་པྲ་བིཥྚཱཿ སརྦ་དྷརྨཱཿ ཨ་ཏི་ཨན་ཏ་ཨ་ནུ་པྲ་བིཥྚཱཿ སརྦ་དྷརྨཱཿ ༀ་ ཨཱཿ ཧཱུཾ་ཞེས་བརྗོད་ཅིང་བསྒྲིལ་བའི་ཐིག་སྐུད་སློབ་དཔོན་དང་སློབ་མའི་ལག་པ་གཡོན་པ་ དག་གི་མཛུབ་མོ་ནས་བརྩམས་ཏེ་སོར་མོ་བཞིའི་ནང་དུ་བཅུག་ཅིང་རྒྱབ་ནས་དཀྲིས་ལ་སླར་ ཡང་བཅུག་ཅིང་དཀྲིས་ནས་རྡོ་རྗེ་ཁུ་ཚུར་བྱས་པའི་མཐེ་བོང་དང་མཛུབ་མོའི་རྒྱབ་ཀྱིས་ས་ལ་ སྦྱར་ཏེ་མནན་པའི་བར་གྱི་ལྷག་མ་མ་གཏོགས་པ། ཇི་ལྟ་བར་སྲིད་དུ་དཀྱིལ་འཁོར་གྱི་ཉིས་ འགྱུར་དང༌། སྦོམས་སུ་ནས་ཉི་ཤུ་ཆས་ལྷག་པའི་སློབ་དཔོན་གྱི་ནས་ཀྱི་ཚད་དུ་འགྱུར་རོ། ། ནས་བདུན་གྱིས་སོར་ཚིགས་སོ་ཞེས་ཆོས་མངོན་པ་ལས་བཤད་པའོ། །སྦོམས་སུ་སྒོ་འཁོར་ ལོའི་བརྒྱད་ཆའི་ཉི་ཤུ་ཆར་བཤད་པ་ནི་སོར་ཉི་ཤུ་རྩ་བཞིའི་བདག་ཉིད་ཁྲུ་གང་པའི་དཀྱིལ་ འཁོར་ཁོ་ནའི་ཡིན་ཏེ། ཁྲུ་གཉིས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་ཚད་ཀྱང་དེས་ཉེ་བར་ 8-1-83 མཚོན་ནས་ཚད་དང་ལྡན་པ་རིག་པར་བྱའོ། །དེ་བཞིན་དུ་ཁྲུ་དྲུག་པའི་ཚད་ཅན་གྱི་དཀྱིལ་ འཁོར་ལ་ནི་ཐིག་སྐུད་སྦོམས་སུ་མཐེ་ཆུང་གི་ཚད་དུ་བྱ་ཞིང༌། གཞན་དུ་རྗེས་སུ་འཐུན་པ་བྱའོ་ ཞེས་པ་ནི་ཀུན་དགའ་སྙིང་པོ་ལ་སོགས་པའི་འོ། །ཐིག་སྐུད་བསྒྲིལ་བའི་མཐར་དཀྱིལ་འཁོར་ གྱི་ས་གཞིར། དྲིའི་ཆུ་དང་བདུད་རྩི་ལྔ་དང་ཙན་དན་ལ་སོགས་པའི་དྲི་བཟང་གིས་བྱུགས་ལ་ ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་གསེར་ལ་སོགས་པའི་སྣོད་གཙང་མར་གཞག་ཅིང༌། མེ་ཏོག་དང་བདུག་སྤོས་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས། ལག་པས་རེག་ ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བར་བྱའོ། །གཡས་པ་དང་གཅིག་ཤོས་ཀྱི་མིག་ དག་མ་དང་ཊའི་ཡི་གེ་དག་ལས་ཉི་མ་དང་ཟླ་བ་དག་ཏུ་བལྟས་ཏེ། སྔར་གསུངས་པའི། བཛྲ་ དྲྀཥྚིམ་ཞེས་པས་བརྟན་པར་བྱས་ལ། འཁྱིལ་པ་བཟླས་པའི་བདུད་རྩིའི་ཆུ་དང་ཡུངས་དཀར་ དང་དྲིའི་ཆུས་གཏོར་ནས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་ཡང་དག་པར་རེག་ཅིང༌། ༀ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་པ་འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ལྷག་པར་ གནས་པ་བྱའོ། །ཞེས་པ་ཐིག་སྐུད་ལྷག་པར་གནས་པའི་ཆོ་གའོ།། ༡༧ །། ༈ སླར་ཡང་དཀྱིལ་འཁོར་གྱི་ས་ལ། ༀ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཞེས་པའི་སྔགས་ཀྱིས་ བུམ་པ་ཐམས་ཅད་ཀྱི་ཆུས་བསང་གཏོར་བྱས་པའི་གཙང་མར་དྲིས་བྱུགས་ནས་ཕྱི་རོལ་ཏུ་ མེ་ཏོག་གཅལ་དུ་བཀྲམ་ལ། ནམ་མཁའི་མཐིལ་དུ་གནས་པར་ཡང༌། འབྲི་བར་འགྱུར་བའི་ དཀྱིལ་འཁོར་ཡངདག་པར་དམིགས་ཏེ། མཆོད་ཡོན་འབུལ་བ་སྔོན་དུ་འགྲོ་བས་ཡང་དག་ པར་མཆོད་ཅིང་བསྟོད་ནས། རང་ཉིད་དེའི་རྣལ་འབྱོར་དང་ལྡན་པས་སྒྲུབ་པའི་གྲོགས་པོ་ རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་བསྒོམ་ཞིང༌། རང་དང་དེའི་གཡས་པ་དང་ གཅིག་ཤོས་ཀྱི་མིག་དག་ཛཿཡིག་ལས་སྐྱེས་པའི་ཟླ་བ་དང་ཉི་མ་འོད་ཟེར་སེར་པོ་ཅན་དུ་ བསམ་མོ། །མཉམ་པའི་རྐང་སྟབས་ཀྱིས་ཐིག་སྐུད་དེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ 8-1-84 པ་ལྟེ་བར་བཟུང་ཞིང༌། སྒྲུབ་པའི་གྲོགས་པོ་དེ་དེ་ལྟར་ཐིག་སྐུད་བཟུང་བ་ལ། ཛྫཿ ཛྫཿ ཛྫཿ ཞེས་པའི་ཛྫཿ ཡིག་གསུམ་གྱིས་བསྐུལ་ཏེ། སྒྲུབ་པའི་གྲོགས་པོས་ཀྱང་ཛྫཿ ཛྫཿ ཛྫཿ ཞེས་པའི་ ཛྫཿ ཡིག་གསུམ་གྱིས་དྲངས་ནས། དེ་ཁོ་ན་བཞིན་དུ་མངོན་དུ་ཕྱོགས་ཤིང་གནས་པས། ནུབ་ ཕྱོགས་སུ་གནས་ཏེ་ཤར་དུ་ཁ་བལྟ་བ་དང༌། ལྷོར་གནས་ཏེ་བྱང་དུ་ཁ་བལྟ་བས། ཚངས་ཐིག་ གཉིས་ལྟེ་བ་དང་མཉམ་པའི་བར་སྣང་ལ་བརྐྱང་སྟེ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་ པའི་མཐེ་བོང་དང་སོར་མོ་དག་གིས་ཐིག་སྐུད་བཟུང་བ་འདེབས་ཤིང་སེ་གོལ་གྱི་སྒྲ་བྱའོ། ། ཐིག་གདབ་པ་ཐམས་ཅད་དུ་ཡང༌། ༀ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾཧཱུཾ་ༀ་སྭཱ་ཧཱ་ཨཱཿ ཞེས་ བརྗོད་པར་བྱའོ། །སྒྲ་འདི་ནི། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་ བྱོན་ཅིག །ཞེས་པ་སྟེ། ཐིག་གི་སྒྲ་ཡིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ མཉམ་པར་བྱོན་ནས་ཐིག་རྣམས་ལ་ཐིམ་པར་བསྒོམ་མོ་ཞེས་པའི་བརྡའི་དོན་ཏོ། །ཐམས་ ཅད་དུ་ཡང་སློབ་དཔོན་དང་སྒྲུབ་པའི་གྲོགས་པོ་གཡས་བསྐོར་གྱིས་འགྲོ་ཞིང༌། དཔལ་བདེ་ མཆོག་གི་དཀྱིལ་འཁོར་དང་དཔལ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ལ་ནི་གཡོན་བསྐོར་གྱིས་ ཏེ། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་ཡང་ལྷག་པར་མོས་པར་བྱའོ། །ཞེས་པ་ནམ་མཁའ་ ལ་ཐིག་གདབ་པའི་ཆོ་གའོ།། ༡༨ །། དེ་ལ་དང་པོར་དཀྱིལ་འཁོར་གྱི་ཁང་པ་བྱ་བ་རྩོམ་པའི་དུས་སུ་ཡོངས་སུ་དག་པའི་ས་ལ་ ཚངས་པའི་ཐིག་གཉིས་པོ་ཆོ་ག་འདིས་བརྟན་པར་བྱས་ཏེ་བཏབ་ལ། ཕྱི་ནས་ཟླ་བའི་གདན་ ལ་མཚན་མ་བྱ་ཞིང༌། མཚན་མའི་རྗེས་སུ་འབྲངས་ནས་དཀྱིལ་འཁོར་ལ་ཚངས་པའི་ཐིག་ གཉིས་གདབ་པར་བྱའོ། །དེ་ལ་འདི་ནི་རིམ་པ་སྟེ། དང་པོ་ཕུར་བུ་མཉམ་པར་གཟུགས། ། མཐོ་གང་པའི་ཟླུམ་པོ་གཅིག །བྱས་ནས་ཉི་མའི་རིམ་པ་ཡིས། །གྲི བ་མ་འགྲོ་དང་འོང་བ་ ཉིད། །དེར་ནི་ཐིག་ལེ་གཉིས་སྦྱིན་ཞིང༌། །ཚད་དེ་དེ་བཞིན་གཞན་དུ་ཡང༌། །ཐིག་ལེར་བཟུང་ 8-1-85 ནས་དེར་ཐིག་སྟེ། །བྱ་རོག་རྗེས་དེར་མཚན་མ་བྱ། །དང་པོ་ནུབ་དང་ཤར་དག་སྟེ། །སླར་ ཡང་ལྷོ་དང་བྱང་དག་ཏུ། །མཁའ་ཡི་ཐིག་གཉིས་བཞིན་དུ་དེར། །ཚངས་པའི་ཐིག་གཉིས་ འགྲོ་བར་བྱ། །དེ་དག་མཉམ་པར་སྨད་པ་ཡི། །ལག་པ་དག་གིས་རབ་ཏུ་གདབ། །སླར་ཡང་ ཚངས་ཐིག་ལ་བཟུང་ནས། །བྱ་རོག་རྗེས་དེར་མཚན་མ་བྱ། །དེར་ནི་ཟུར་གྱི་ཐིག་གཉིས་ཏེ། ། རྩ་བའི་ཐིག་ཀྱང་རིམ་པས་གདབ། །གཡོན་པ་དཀྱིལ་དཀྲུང་ཕྱེད་པ་དང༌། །རྐང་པ་གཡས་ པ་འདུག་པས་སོ། །དེ་ལ་བཟློག་ནས་འདུག་པ་ཡི། །སློབ་མ་ལྷན་ཅིག་བློ་ལྡན་གྱིས། དཀྱིལ་ འཁོར་ཐིག་གདབ་རྡོ་རྗེ་ཅན། །ནམ་མཁའི་ཐིག་གི་མོས་པ་བྱ། ། ༈ དེ་བཞིན་དུ་ཐིག་གདབ་པ་གཞན་རྣམས་ལ་ཡང་ངོ༌། །མཚན་མ་མེད་པས་འགྲུབ་མི་ འགྱུར། །ཐིག་སྐུད་ཆད་ན་བླ་མ་ཟད། །དམན་དང་ལྷག་པ་ལས་ནི་ནད། །ཕྱོགས་རྨོངས་ན་ ནི་སློབ་མ་འཁྲུལ། །ཞེས་པ་དེ་ལྟར་ཤེས་ནས་འབད་པར་བྱ་ཞིང༌། གལ་ཏེ་ཐིག་འདེབས་པ་ ན་འགའ་ཞིག་ཏུ་འབྱོར་པ་མེད་པ་དང༌། གྲོགས་པོ་མེད་པ་དང་མི་དགའ་བར་གྱུར་ན། དེའི་ ཚེ་ཕུར་བུ་ལ་བཅིངས་ནས་རང་ཉིད་ཀྱིས་ཐིག་གདབ་པར་བྱའོ། །དེར་ཡང་ཤིན་ཏུ་མཉམ་ བཞག་པའི། །སྤོབ་དཔོན་སློབ་མ་ལྷན་ཅིག་ཏུ། །རིམ་འདིས་བློ་དང་ལྡན་པ་ཡིས། །དཀར་ པོའི་ཐིག་ནི་གདབ་པར་བྱ། །ཆུ་བདག་གནས་པའི་སློབ་དཔོན་དང༌། །མངོན་པར་ཕྱོགས་ པའི་སློབ་མ་ནི། །དབང་པོའི་ཕྱོགས་སུ་གནས་པས་ཀྱང༌། །འདིར་ནི་ཚངས་པའི་ཐིག་གདབ་ བྱ། །གཤིན་རྗེའི་ཕྱོགས་དང་ལུས་ངན་པོར། །གནས་པའི་གསང་སྔགས་རིག་པ་དང༌། །ལྷན་ ཅིག་པ་ཡི་སློབ་མ་ཡིས། །ཡང་དག་ཚངས་ཐིག་གཉིས་པ་གདབ། །མེ་མཚམས་གནས་པའི་ སློབ་དཔོན་དང༌། །རླུང་དུ་གནས་ཤིང་རང་གི་ནི། །ལྷག་པའི་ལྷ་ཡི་སྦྱོར་ལྡན་པས། །ཟུར་ གྱི་ཐིག་ནི་གདབ་པར་བྱ། །དབང་ལྡན་ཕྱོགས་གནས་བླ་མ་དང༌། །བདེན་བྲལ་སོང་བའི་སློབ་ མ་ཡིས། །ཟུར་གྱི་ཐིག་ནི་གཉིས་པ་ཡང༌། །ཡང་དག་པར་ནི་གདབ་པར་བྱ། །མེ་མཚམས་ 8-1-86 གནས་པའི་སློབ་དཔོན་དང༌། །ངེས་པར་མངོན་ཕྱོགས་སློབ་མ་ནི། །དབང་ལྡན་མཚམས་ སུ་གནས་པ་ཡིས། །རྩ་བའི་ཐིག་ཉིད་གདབ་པར་བྱ། །དེ་ཉིད་དུ་གནས་རྡོ་རྗེ་ཅན། །བདེན་ བྲལ་དུ་ནི་གནས་པའི་བུ། །མཁས་པ་ཐིག་རྣམས་ཤེས་པ་ཡིས། །ལྷོ་ཡི་ཐིག་ནི་གདབ་པར་ བྱ། །དེ་ཉིད་དུ་གནས་སློབ་མ་དང༌། །རླུང་དུ་གནས་པའི་སྔགས་པ་དག །བདེན་བྲལ་རླུང་དུ་ གནས་པ་ཡིས། །གསུམ་པའི་ཐིག་ནི་གདབ་པར་བྱ། །དེ་ཉིད་དུ་གནས་རྡོ་རྗེ་ཅན། །ཞི་བའི་ ཕྱོགས་སུ་གནས་པའི་བུ། །ལས་རྣམས་ཤེས་པས་ཕྱི་ནས་ནི། །རྩ་ཐིག་བཞི་པ་གདབ་པར་བྱ། ། བཅོམ་ལྡན་འདས་ཀྱིས་མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཇི་ལྟ་བ་བཞིན་དུ་གསུངས་པ། དང་ པོར་ཚངས་པའི་ཐིག་ཡིན་ཏེ། །གཉིས་པ་ཟུར་གྱི་ཐིག་ཡིན་ནོ། །གསུམ་པ་ལ་ནི་ངོས་བཞི་རུ། ། ཐིག་བཞི་རབ་ཏུ་གདབ་པར་བྱ། །ཞེས་སོ། །དེ་ལ་འདིར་རྩ་བའི་ཐིག་གི་བརྒྱད་ཆ་ནི་སྒོའོ། ། སྒོའི་བཞི་ཆ་ནི་ཆ་ཆུང་སྟེ། ཆ་ཆུང་དང་སོར་དང་ཀྲྀ་ཤ་དང་ཆ་ཤས་ཞེས་རྣམ་གྲངས་སོ། །ཆ་ ཆུང་གཉིས་ཀྱི་བདག་ཉིད་ནི་ཆ་སྟེ། ཆ་ཆུང་བཞི་ནི་ཆ་ཆེན་ནོ། །ཞི་བ་ཞེས་པ་ནི་ཆ་ཆུང་ཕྱེད་ ལ་རྣམ་པར་བལྟ་བར་བྱའོ། །ཞེས་པ་དཀར་པོས་ཐིག་གདབ་པའི་ཆོ་གའོ།། ༡༩ །། ད་ནི་དཀྱིལ་འཁོར་ཐམས་ཅད་ལ་ཐུན་མོང་བའི་དཀྱིལ་འཁོར་གྱི་ཐིག་བརྗོད་པར་བྱ་སྟེ། ཆ་གཅིག་དང་ནི་ཆ་ཆུང་བདུན། །གསུམ་པའི་མཐར་ནི་བཞི་པ་ལ། །ཆ་ཆུང་ཆ་དང་ཆ་ཆུང་ ཆ། །ཆ་ཆུང་རེ་རེ་མཉམ་པར་བྲི། །རའི་རྩེ་མོའི་མཐར་ཐུག་པ། །དེ་ནས་གེ་སར་ཟླུམ་པོའི་ ཐིག །པད་མའི་ཕྲེང་བའི་ཆ་ཆུང་གཉིས། །རྡོ་རྗེ་ཕྲེང་བའི་ཆ་ཆུང་གཉིས། །འོད་ཟེར་ཕྲེང་བའི་ ཆ་ཆུང་བཞི། །ཐམས་ཅད་ཀྱང་ནི་ཟླུམ་པོར་བྱ། །དེ་ལྟར་རབ་ཏུ་བརྐྱང་བའི་ཐིག །དཀྱིལ་ འཁོར་ཀུན་ལ་ཡང་དག་འགྲོ །ལྷ་ཡི་དབྱེ་བ་ཅུང་ཟད་ཀྱིས། །རྩ་བའི་དཀྱིལ་འཁོར་ནང་དུ་ནི། ། ཐིག་གི་དབྱེ་དང་ཕྱི་རོལ་ཏུ། །དབྱེར་མེད་བློ་ལྡན་གྱིས་རིག་བྱ། །ད་ནི་རིམ་པ་ཇི་ལྟ་བར། ། སྒོ་སོགས་དབྱི་བ་བརྗོད་པར་བྱ། །སྟེང་དུ་བདུན་ཏེ་གཉིས་ངོས་སུ། །གཉིས་ནི་སྟེང་དུ་ངོས་ 8-1-87 གཉིས་སུའོ། །སྟེང་དུ་གསུམ་གསུམ་སྟོང་པ་ལ། །བཞི་ནི་སྟེང་དུ་དེ་བཞིན་སླར། །སྟེགས་བུར་ དྲུག་ཀྱང་དེ་བཞིན་དབྱི། །གོས་དང་ཀ་བར་གསུམ་གསུམ་མོ། །ཚངས་པའི་གཉིས་སུ་རེ་ཁ་ བཞི། །ཕྱོགས་སུ་ཡང་ནི་གཉིས་གཉིས་དབྱི། །གོས་ཀྱི་མཐར་ཡང་དེ་བཞིན་དབྱི། རིན་ཆེན་ དྲ་ཕྱེད་དབུས་གནས་དང༌། །ཤར་བུ་དང་ནི་མདའ་ཡབ་དང༌། །ཚོན་དང་སྟེགས་པའི་སར་ དེ་བཞིན། །ཟུར་ལས་ལྷག་པའི་རེ་ཁ་ཡི། །ཐིག་རྣམས་ཐམས་ཅད་ཀུན་ནས་དབྱི། །འདིས་ ནི། སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །སྟེགས་བུ་དང་ནི་བྲལ་བར་འདོད། །སྒོ་ཡི་ཚད་ཀྱིས་ སྒོ་ཁྱུད་དེ། །དེ་བཞིན་ལྷ་ཡི་སྣམ་བུ་འོ། །སྟེགས་བུ་ཀུན་ནས་སྒོ་ཡི་ཕྱེད། །དེ་བཞིན་འགྲམ་ དང་ལོགས་དང་ནི། །དྲ་བ་དྲ་ཕྱེད་ཉི་ཟླ་དང༌། །མེ་ཏོག་ཕྲེང་བའི་སྣམ་བུའོ། །ཚོན་གྱི་ས་ནི་ དེའི་ཕྱེད་དེ། །རྩ་ཐིག་ས་ལས་ཕྱི་རོལ་དུའོ། །ཞེས་པ་འདི་བཤད་པ་ཡིན་ནོ། །ལྷའི་སྣམ་བུ་ ནི་རྩ་བའི་ཐིག་གི་ནང་དུའོ། །སྟེགས་བུ་ལ་ནི་གཟུངས་ཀྱི་སྣམ་བུ་དང་གར་གྱི་སྣམ་བུ་ཞེས་ ཀྱང་བརྗོད་དོ། །འཕགས་པ་ཀླུའི་བློའི་ཞབས་ནི་མིག་སྨན་གྱི་སྣམ་བུ་བར་གྱི་སྣམ་བུ་དང་ཡ་ ཕུབས་ཀྱི་སྣམ་བུ་ཡང་མི་བཞེད་དེ། དེ་ཡང་སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ལྷ་ཡི་སྣམ་བུ་ དེ་བཞིན་ནོ། །སྒོ་ཡི་ཚད་ཀྱིས་སྒོ་ཁྱུད་དེ། །འགྲམ་དང་ལོགས་ཀྱང་དེ་བཞིན་ནོ། །ཞེས་པའི་ ལུང་ལས་སོ། །འདིར་ནི་སྒོ་དང་རྟ་བབས་དག་གི་དབུས་སུ་བར་གྱི་ས་ལ་བར་གྱི་སྣམ་བུ་དང་ མུན་པའི་སྣམ་བུ་དང་སྟོང་པ་ཞེས་ཀྱང་བརྗོད་དོ།། །། ༈ རྟ་བབས་སྒོ་ལས་སུམ་འགྱུར་ཏེ། །དེ་ཡང་སྣམ་བུ་བཅུ་གཅིག་པ། །བྲེ་ཕུལ་ཤར་བུ་ རིན་ཆེན་དང༌། །རྨིག་པ་རྣམས་ནི་ཆ་ཆུང་བཞི། །མུན་པ་ཆ་ཆུང་ཕྱེད་དང་གཉིས། །བབ་རན་ ལ་ནི་ཆ་ཆུང་གཅིག །དེ་བཞིན་སླར་ཡང་མུན་པ་སྟེ། །ཤར་བུ་དེ་བཞིན་ནོར་བུ་དང༌། །རྨིག་ པ་ཆ་ཆུང་རེ་རེར་འགྱུར། །མདའ་ཡབ་ཀྱང་ནི་ཆ་ཆུང་ངོ༌། །འདི་རྣམས་དཔངས་ཀྱི་ཚད་དུ་ ནི། །བཤད་དེ་རྒྱ་ཡང་བརྗོད་པར་བྱ། །བཅུ་དྲུག་བྲེ་ཕུལ་ཚད་དུ་འགྱུར། །ཤར་བུ་ལ་ནི་བཅོ་ 8-1-88 བརྒྱད་བཤད། །རིན་ཆེན་རྨིག་པ་དེ་བཞིན་བྱ། །མུན་པ་ལ་ནི་བཅུ་བཞིར་འགྱུར། །བབ་རན་ ལ་ནི་བཅུ་དྲུག་ཡིན། །སླར་ཡང་མུན་པ་བཅུ་གཉིས་ཏེ། །ཤར་བུ་ལ་ནི་བཅུ་བཞི་དང༌། །ནོར་ བུ་རྨིག་པ་དེ་བཞིན་ཉིད། །མདའ་ཡབ་ལ་ནི་བཅུར་འགྱུར་ཏེ། །ཆོས་ཀྱི་འཁོར་ལོ་ཆ་ཆུང་ གཉིས། །རྭ་ལ་ཆ་ཆུང་གཉིས་དེ་རྣམས། །དཀྱིལ་འཁོར་ཀུན་ལ་ཀུན་ཏུ་འགྲོ །ཆ་ཆུང་ཕྱེད་དང་ བཞི་པའི་ཐིག །ཚངས་པ་ལས་ནི་བཟུང་བྱས་ནས། །ཆ་ཆུངབདུན་པའི་ཟླུམ་པོ་དེར། །འཁྱོག་ པོའི་དོན་དུ་རབ་མཛེས་བྱ། །ཚངས་པའི་གཡས་དང་གཡོན་དག་ཏུ། །སླར་ཡང་ཆ་ཆུངགསུམ་ གྱི་བར། །དེ་བཞིན་ཉིད་དུ་ཟླུམ་པོ་བསྐོར། །ཟླ་ཕྱེད་ལྟ་བུ་མཛེས་པ་བྱ། །དེ་ཉིད་ནང་དུ་ཟླུམ་ པོ་ནི། །སླར་ཡང་ཆ་ཆུང་ཕྱེད་ཀྱི་བར། །རིན་ཆེན་ལ་སོགས་བྲི་དོན་དུ། །བློ་བཟང་གིས་ནི་དེ་ བཞིན་བསྐོར། །ནང་དུ་ལྷག་པའི་རེ་ཁ་ཀུན། །ཀུན་ནས་རབ་ཏུ་དབྱི་བར་བྱ། །སྣམ་བུ་རྣམས་ ཀྱི་སྟེང་འོག་ཏུ། །ཐིག་ནི་སྦྱིན་བྱ་གཉིས་པ་ལ། །མཛེས་པའི་དོན་དུ་འབད་པས་དེར། །འཁྱོག་ པོ་ཡི་ནི་ནང་དུ་ཡང༌། །ཚངས་པ་ལ་ནི་ཆ་ཆུང་བཞིར། །བཟུང་ནས་སླར་ཡང་སྒོ་གསུམ་པར། ། རྭ་ཡི་དོན་དུ་མཛེས་པའི་ཐིག །ཟླ་བ་ཕྱེད་པ་ལྟ་བུ་བསྐོར། །དེ་ཉིད་གཡས་དང་གཡོན་དག་ ཏུ། །ཆ་ཆུང་གསུམ་གྱི་བར་དུ་ཡང༌། །དེ་བཞིན་ཉིད་དུ་ཟླུམ་པོ་བསྐོར། །རྡོ་རྗེ་སློབ་དཔོན་ མཁས་པས་སོ། །ཆུ་སྲིན་ཁ་ལས་འཐོན་པའི་རྭ། །འབར་བའི་ཕྲེང་བས་རྣམ་པར་བརྒྱན། །རྟ་ བབས་སྟེང་དུ་འཁོར་ལོའི་ངོས། །གཉིས་སུ་རི་དགས་རི་དགས་མོ། །ཆ་ཆུང་ཕྱེད་ལས་རིང་ བར་ནི། །མགྲིན་པ་གྱེན་དུ་འགྲེང་བ་བྲི། །དེ་དག་གི་ནི་མཇུག་མ་རུ། །མཛེས་པའི་གདུགས་ གཉིས་བྲི་བར་བྱ། །རྟ་བབས་འོག་ཏུ་བླ་རི་ནི། །དྲིལ་བུར་བཅས་ཤིང་རྔ་ཡབ་ལྡན། །གྲུབ་པ་ རིག་པ་འཛིན་པའམ། །སྙིང་པོར་མཁའ་འགྲོ་མ་ཉིད་གཉིས། །ལག་པར་མཆོད་རྫས་འཛིན་ པ་དག །སླར་ཡང་དཀྱིལ་འཁོར་འཇུག་པའོ། །ངང་པ་བྱ་ཁྱུང་མི་འམ་ཅི། །སེང་གེ་ལ་སོགས་ རབ་མཛེས་རྣམས། །སྣམ་བུ་རྣམས་ཀྱི་མཐར་བྲི་ཞིང༌། །དེ་བཞིན་བ་དན་ཕྲ་མོ་རྣམས། །རྭ་ 8-1-89 ཡི་གཡས་དང་གཡོན་དུ་ཡང༌། །བུམ་པར་གནས་པའི་དཔག་བསམ་ཤིང༌། །རིན་ཆེན་བརྒྱད་ དང་མཉམ་པར་ལྡན། །འཁྲི་ཤིང་རྣམས་ཀྱིས་ཡོངས་སུ་བརྒྱན། །སྣ་ཚོགས་མེ་ཏོག་འབྲས་ བུ་དང༌། །སྣ་ཚོགས་བྱ་ཀུན་སྒྲ་སྒྲོགས་དང༌། །གྲུབ་པ་རིག་པ་འཛིན་རྣམས་ཀྱིས། །ཀུན་ནས་ ཡོངས་སུ་བསྐོར་བ་དང༌། །སྤྲིན་ལ་ངེས་པར་གནས་པའི་གཟུགས། །དེ་རྣམས་ཐམས་ཅད་ བྲི་བྱ་ཞིང༌། །སྒོ་རྣམས་སུ་ནི་རྒྱལ་མཚན་བྱ། །བུམ་པ་གནས་པའི་གཡས་གཡོན་དུ། །སེང་ གེ་ངང་པ་རྨ་བྱ་དང༌། །ཆུ་སྲིན་ཉ་རྣམས་ཀྱིས་མཚན་ཞིང༌། །བ་དན་སྣ་ཚོགས་གཡོ་བ་ཅན། ། དྲིལ་བུ་སིལ་སིལ་སྒྲོགས་པའོ། །ཟུར་རྣམས་སུ་ནི་གདུགས་བྱ་ཞིང༌། །གཞན་ཡང་བ་དན་ཕྲ་ མོ་རྣམས། །མཚན་མ་སོགས་དང་བྲལ་བ་སྟེ། །སྣ་ཚོགས་མདོག་ཅན་ཀུན་ནས་བྱ། །གཞན་ ཡང་དུར་ཁྲོད་རྣམས་ཀྱི་ནི། །ཁྱད་པར་དཀྱིལ་འཁོར་རྣམས་ལ་ཡང༌། །འོད་ཟེར་ཕྲེང་བ་ཆ་ ཆུང་གཉིས། །རྡོ་རྗེ་ཕྲེང་བ་ཆ་ཆུང་གཅིག །པད་མའི་ཕྲེང་བ་དེ་བཞིན་བྱ། །དུར་ཁྲོད་ལ་ནི་ ཆ་ཆུང་བཞི། །སྐལ་ལྡན་མཉམ་པར་འོངས་པ་ན། །རབ་ཏུ་འབད་པས་བྲི་བྱ་སྟེ། །སྐལ་མེད་ ཡང་དག་འོངས་པ་ན། །དམ་ཚིག་བསྲུང་བས་མི་བྱ་ཉིད། དེ་ནི་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་ ཀྱང་གསུངས་ཏེ། ཚོན་གྱི་ས་ཡི་ཉིས་འགྱུར་ཚད། །ཕྱི་རོལ་འོད་ཀྱི་དཀྱིལ་འཁོར་ཏེ། །འཁོར་ ས་དེ་ཡི་ཕྱི་རོལ་ཏུ། །ཤིང་སོགས་དུར་ཁྲོད་བརྒྱད་པའོ། །ཞེས་པའི་གསུང་གིས་སོ། །གཞན་ ཡང་ཀུན་དགའ་སྙིང་པོའི་རྟ་བབས་ཀྱང་བརྗོད་པར་བྱ་སྟེ། མི་བདག་ཉེས་པ་གསུམ་ཉི་མ། ། མི་བདག་ཕྱོགས་དང་མི་རྣམ་གསུམ། །ཕྱོགས་ཏེ་ཐད་ཀར་ཆ་ཆུང་རྣམས། །རྟ་བབས་སྣམ་ བུའི་རིམ་པ་ཡིན། །ཞེས་པའང་ཀུན་ཏུ་འགྲོ་བའོ། །གཞན་ཡང༌། ཕྱོགས་གང་ལ་སྒོ་འཁོར་ ལོའི་བཅུ་ཆ་འམ། འཁོར་ལོའི་དགུ་ཆར་འགྱུར་བ་ལ་ནི། དཀྱིལ་འཁོར་ལ་ཡང་དག་མདའ་ ཡབ་ཀྱི་མཐར་ཐུག་པ་ལ་ཆ་ཆུང་དྲུག་ཅུ་རྩ་བཞི་སྟེ། ཕྱོགས་དེ་ལ་ནི་རྟ་བབས་ཀྱི་རྒྱར་ཆ་ཆུང་ བཅུ་གཉིས་དང་དཔངས་སུ་ཆ་ཆུངབཞིར་འགྱུར་རོ། །འོན་ཀྱང་སྣམ་བུ་ནི་བཅུ་གཅིག་སྟེ། དེ་ 8-1-90 ལྟར་ཡང༌། ཤར་བུ་རིན་ཆེན་གནས་དང་གསེར། །ཆུ་སྲིན་དེ་ནས་གསེར་དང་ནི། །གནས་ དངརིན་ཆེན་ཡང་དག་གནས། །གསེར་དང་མདའ་ཡབ་དེ་དག་གོ །གནས་ཞེས་པ་ནི་རྨིག་ པའི་རྣམ་གྲངས་སོ། །ཆ་ཆེན་ཆ་ཡི་དབྱེ་བ་ཡིས། །དཔངས་ཀྱི་ཚད་རྣམས་ཤེས་བྱ་སྟེ། །ནོར་ བུ་ནོར་དང་ཉི་མ་དང༌། །རྒྱལ་བ་ནོར་དང་རྒྱལ་བ་དང༌། །ཉི་མ་ནོར་དང་ཉི་མ་དང༌། །རྒྱལ་ བ་ནོར་རྣམས་རིམ་པ་བཞིན། །དཔངས་ཀྱི་ཚད་དུ་བཤད་པ་སྟེ། །རྒྱར་ནི་འདི་རྣམས་བརྗོད་ པར་བྱ། །ཚངས་པའི་གཡས་དང་གཡོན་དག་ཏུ། །ཆ་ཆུང་ཕྱེད་བཅས་ཆུ་གཏེར་མཐར། །ཆ་ ཆུང་ཕྱེད་དང་གཉིས་པའི་ཐིག །དེ་བཞིན་ཆ་ཆུངགཉིས་ནས་ནི། །སྣམ་བུ་གཉིས་པ་གསུམ་པ་ དག །ཆ་ཆུང་གཉིས་དང་ཆ་ཆུང་བཞི། །ཆ་ཆུང་བཞི་ནས་བཞི་པ་ནི། །ཆ་ཆུང་གཉིས་ཏེ་ཕྱེད་ དང་ནི། །བཞི་ནས་ཕྱེད་དང་གསུམ་པ་དང༌། །གསུམ་ནས་དྲུག་པ་ཆ་ཆུང་གསུམ། །དེ་ནས་ ཆ་ཆུང་བརྒྱད་པ་གསུམ། །བདུན་པ་གཅིག་དང་མཐར་དྲུག་པའོ། །དེའི་ཕྱིར་ཆ་ཆུང་རིག་བྱེད་ མཐར། །ཟླུམ་པོ་ཆ་ཆུང་གཉིས་དེ་བཞིན། །ཆ་ཆུང་གཉིས་པ་ཟླུམ་པོའི་ཐིག །དེ་ནི་ཆ་ཆུང་ བཞིའི་མཐར་རོ། །ཞེས་པ་རྒྱར་རྟ་བབས་སྒོ་ལས་སུམ་འགྱུར་གྱི་ཕྱོགས་ཀྱང་ངོ༌། །དེ་ལྟར་ ཕྱོགས་གཉིས་ཀ་ཡང་བདག་གིས་བརྗོད་དོ། །ཕྱོགས་གཉིས་པ་ལ་སྙིང་པོའི་དཀྱིལ་འཁོར་ ལས་ཉིས་འགྱུར་དུ་ཕྱིའི་དཀྱིལ་འཁོར་གསུངས་པ་ནི་པད་མའི་གེ་སར་གྱི་ཟླུམ་པོའི་ཐིག་ ཚུན་ཆད་དོ། །ཕྱོགས་དང་པོ་ལ་ནི་འཁོར་དང་བཅས་པའི་སྙིང་པོའི་དཀྱིལ་འཁོར་ལས་འོད་ ཟེར་ཕྲེང་བའི་བར་ཇི་སྲིད་པའོ། །རྟ་བབས་ཀྱི་ཀ་བ་ལས་ཕ་རོལ་པད་མའི་གེ་སར་ཟླུམ་པོའི་ ཐིག་ལས་ཚུ་རོལ་ཏུ་ཆ་ཆུང་བཅུ་བཞི་པའི་རྟ་བབས་སོ་ཞེས་པ་ནི་ཕྱོགས་གཉིས་ཀ་དང་ཡང་ མི་མཐུན་པས་སྤངས་སོ། །འདིར་སྒོ་དང་སྒོ་ཁྱུད་ཀྱི་མཚམས་སུ་ཆ་ཆུང་གཅིག་ལ་ཟླ་ཚེས་ལ་ གནས་པའི་རིན་པོ་ཆེ་དམར་པོའམ་སེར་པོའམ་ལྗང་ཁུའམ་ནག་པོ་ཡང་རུང་སྟེ། སྟེང་དུ་རྡོ་ རྗེ་ཕྱེད་པས་མཚན་པའམ་ཡོངས་སུ་རྫོགས་པའི་རྡོ་རྗེས་མཚན་པ་བྲིའོ། །དེ་ལྟར་ཡང༌། ཚོན་ 8-1-91 གྱི་ས་ལས་ཕྱི་ཡི་ཟུར། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །ཟླ་བ་རིན་ཆེན་རྡོ་རྗེས་མཚན། ། ཀུན་ནས་ཡོངས་སུ་འབར་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །རྟ་བབས་ཀྱི་ཀ་བ་རྣམས་ ནི་སྟེགས་བུ་གྲུ་བཞི་པ་ལ་གནས་པའི་བུམ་པ་ལ་གནས་པའོ། །དེ་ལྟར་ཡང༌། ཆུ་སྲིན་ཁ་ནས་ རྭ་ཡི་བར། །རྟ་བབས་སྒོ་ལས་སུམ་འགྱུར་ཏེ། །སྟེགས་བུ་བུམ་པ་ལས་བྱུང་བའི། །རྟ་བབས་ ཀ་བ་ངེས་པར་གནས། །ཞེས་གསུངས་སོ། །དེ་རྣམས་ཀྱི་རྩ་བ་དང་རྩེ་མོ་ལ་ནོར་བུས་སྤྲས་ པའོ། །དབུས་སུ་གླང་པོ་ཆེའི་སྟེང་དུ་དཔུང་པས་བཏེག་པའི་སེང་གེའོ། །རྟ་བབས་ཀྱི་གདུང་ ལས་འཕྱང་བའི་རིན་པོ་ཆེའི་པ་ཏྲ་འཕྲོ་བ་ལས་ཇི་ལྟར་མཛེས་པར་དཔྱངས་པའི་ཁ་དོག་ དམར་པོ་དང་སེར་པོ་ལ་སོགས་པའམ་སྣ་ཚོགས་པའི་གོས་དང་རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ ཡབ་རྣམས་སོ། །ཁ་ཅིག་ཏུ་ནི་དར་དཔྱངས་ཀྱི་སྣམ་བུ་ལ་གླ་པོ་ཆེའི་སྟེང་དུ་སེང་གེའི་ཁ་ནས་ འཕྱང་བའི་དོ་ཤལ་དང༌། ཀ་བའི་དབུས་སུ་མེ་ལོང་ཉིད་དོ་ཞེས་གསུངས་སོ། །རིན་པོ་ཆེའི་ སྣམ་བུ་ལ་ནི་ཟུར་ལ་གྲུ་གསུམ་དང་གྲུ་བཞི་དང་ཐིག་ལེ་དང་ཟླུམ་པོ་རྣམས་གོ་རིམ་བཞིན་ དུ་རིན་པོ་ཆེས་སྤྲས་པ་ནི་ཀ་བ་སོ་སོའི་གཞོགས་སུའོ། །དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུ་ལ་ ནི་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་མུ་ཏིག་གི་དོ་ཤལ་སྐུད་ པ་དམར་པོ་ལ་བརྒྱུས་ཤིང་ངོས་གཉིས་དང་སྟེང་དང་འོག་ཏུ་གསེར་གྱིས་སྤྲས་པའི་ནོར་བུ་ དབུས་ན་ཡོད་པ་དང༌། དོ་ཤལ་གྱི་ངོས་དག་ཏུ་ཅུང་ཟད་འཕྱང་བའི་རིན་པོ་ཆེའི་ཕྲེང་བ་དྲང་ ཞིང་རྩེ་མོ་ལ་གསེར་གྱིས་བཅིངས་པའི་ནོར་བུ་སྦོམ་པོ་དང་ལྡན་པས་མཛེས་པའི་དྲ་བ་ཕྱེད་ པའོ། །ཁ་ཅིག་ཏུ་ནི་རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ཡབ་དང་དྲིལ་བུའི་མཐར་རྔ་ཡབ་འཕྱང་བའོ། ། ཁ་ཅིག་ཏུ་ནི་དྲ་བ་ཕྱེད་པའི་ངོས་དག་ཏུ་ཡིད་དུ་འོང་བའི་མེ་ཏོག་གི་ཕྲེང་བའི་དྲ་བ་ཕྱེད་པ་ འཕྱང་ཞིང༌། དེའི་ངོས་སུ་སྣ་ཚོགས་པའི་གོས་ཀྱི་དྲ་བ་ཕྱེད་པའོ་ཞེས་གསུངས་སོ། །གཞན་ ནི་ཟུར་རྣམས་སུ་ཡིད་དུ་འོང་བའི་མེ་ཏོག་གི་ཕྲེང་བའི་དོ་ཤལ་ཕྱེད་པ་དང༌། དར་གྱི་ཆུན་པོའི་ 8-1-92 དོ་ཤལ་རྣམས་སོ་ཞེས་སོ། །ཁ་ཅིག་ཏུ་ནི་དོ་ཤལ་གྱི་ནང་དུ་པད་མ་ལ་ཟླ་ཚེས་དང་རྡོ་རྗེ་ཕྱེད་ པས་མཚན་པའི་ཉི་མའི་དཀྱིལ་འཁོར་རོ། །ཁ་ཅིག་ཏུ་ནི་རིན་པོ་ཆེའོ། །ཁ་ཅིག་ཏུ་ནི་པད་མ་ ལ་གནས་པའི་རྡོ་རྗེའོ། །དེ་ལྟ་བུ་འདི་ནི་རྩ་བའི་དཀྱིལ་འཁོར་ལས་ཕྱི་རོལ་ཏུ་ཐིག་གདབ་ ཅིང་བྲི་བའི་རིམ་པ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་ཐུན་མོང་བའོ།། །། ༈ ད་ནི་ནང་གི་ཁྱད་པར་རྣམས་བརྗོད་པར་བྱ་སྟེ། སྔར་གྱི་ཐིག་རྣམས་རབ་བརྐྱང་ལ། ། ཚངས་ལས་ཆ་ཆུང་ཐུབ་པ་ནས། །ཟླུམ་པོ་གཅིག་ནི་སྦྱིན་བྱ་སྟེ། །དེ་ནས་ཆ་ཆུང་ནོར་མཐར་ ཡང༌། །དེར་ནི་རྡོ་རྗེའི་ཕྲེང་བ་བྱ། །འོད་ཕྲེང་མཐར་ནི་ཆ་ཆུང་ཉིད། །ཚངས་པའི་གཡས་དང་ གཡོན་དག་ཏུ། །ཆ་ཆུང་གཉིས་གཉིས་བར་དུ་སླར། །ཀ་བའི་སྣམ་བུ་ཆ་ཆུང་རེ། །ཡང་དག་ བསྲུངས་ནས་གཞན་རྣམས་དབྱི། །རེ་མིག་རྣམས་ཀྱི་སྙིང་པོ་ནི། །གྲུ་བཞིའོ་ཕྱོགས་རྣམས་ དེ་ཉིད་དེ། །ཕྱོགས་བྲལ་སྤྱན་མ་ལ་སོགས་པའི། །གྲུ་གསུམ་དུ་ཡང་འགྱུར་བ་ཡིན། །གང་ ཞིག་མཐར་ནི་ལྷ་སྣམ་ལ། །གཟུགས་ཀྱི་རྡོ་རྗེ་མ་སོགས་པ། །ལྷག་པའི་རེ་ཁཱ་གང་ཡིན་པ། ། དེ་རྣམས་ཐམས་ཅད་ཀུན་ནས་དབྱི། །དེ་ལྟ་བུའི་རིམ་པ་ཡི། །འཇམ་པའི་རྡོ་རྗེའི་དཀྱིལ་ འཁོར་འགྱུར། །གཙོ་བོ་གཞན་ནང་དུ་དགོད་པའི་ཐིག་ཀྱང་འདིའོ། །འདིས་ནི། གྲུ་བཞི་པ་ ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པ་སྟེ། །ཐིག་བཞི་དང་ནི་མཉམ་པར་ལྡན། །ཕྱི་ ཡི་དཀྱིལ་འཁོར་ཐིག་གདབ་བྱ། །དེ་ཡི་ནང་དུ་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་ལྟ་ བུ་ཡིན། །ཕྱིའི་འཁོར་ལོའི་ཕྱེད་དུ་ནི། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ། །འཁོར་ལོའི་ཀ་བ་ སོགས་ཀྱིས་བརྒྱན། །རྡོ་རྗེ་ཕྲེང་བས་བསྐོར་ཞིང་མཛེས། །འཁོར་ལོའི་ཀ་སོགས་ཐིག་རྣམས་ ཀྱི། །ས་ནི་ཚོན་གྱི་ས་དང་མཉམ། །ཞེས་པའང་བཤད་པ་ཡིན་ནོ། ། ༈ བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་ལ་ཡང་ཐིག་གི་ཚུལ་འདི་ཉིད་ དོ། །སླར་ཡང་ཁྱད་པར་བརྗོད་པར་བྱ་སྟེ། སྙིང་པོར་ཟླུམ་པོ་གཉིས་བྱིན་ནས། །ཚངས་དང་ 8-1-93 ཟུར་གྱི་ཐིག་དག་གི། བར་དུ་ཀ་བ་ཆ་ཆུང་རེ། །ནམ་མཁའི་ཐིག་གིས་བརྒྱད་དུ་འགྱུར། ། ཕྱོགས་དང་མཚམས་ཀྱང་གྲུ་གསུམ་མོ། །བར་གྱི་ཟླུམ་པོ་གཉིས་ལ་ཡང༌། །གཟུགས་ཀྱི་རྡོ་ རྗེ་མ་སོགས་དང༌། །རིན་ཆེན་བྱང་ཆུབ་སེམས་རྣམས་གནས། །ནང་ན་གནས་པའི་རེ་ཁཱ་ དང༌། །སྣམ་བུར་ལྷག་པའི་རེ་ཁཱ་དབྱི། །ཞེས་པའོ། །དཔལ་ལྡན་ཁ་སྦྱོར་རྒྱུད་གསུངས་པའི། ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི། །སོ་བདུན་བདག་ཉིད་དཀྱིལ་འཁོར་ལ། །ཚངས་ པའི་གཡས་དང་གཡོན་དག་ཏུ། །ཕྱེད་བཅས་ཆ་ཆུང་བར་དོར་ནས། །ཆ་ཆུང་ཕྱེད་པའི་ཐིག་ གཉིས་གདབ། །ཆ་ཆུང་གསུམ་དོར་ཟླུམ་པོ་ནི། །ཆ་ཆུང་ཕྱེད་པར་རྡོ་རྗེའི་ཕྲེང༌། །ཕྱེད་ལ་ འོད་ཟེར་ཕྲེང་བར་འགྱུར། །ཆ་ཆུང་གསུམ་གྱི་བར་ནས་སླར། །ཆ་ཆུང་ཕྱེད་པར་ཟླུམ་པོ་དེའི། ། དབུས་སུ་པད་མའི་ཕྲེང་བའོ་ཡང༌། །ཆ་ཆུང་གསུམ་ནས་ཟླུམ་པོ་སྟེ། །སླར་ཡང་ཆ་ཆུང་ཕྱེད་ པར་དེའི། །དབུས་སུ་འཁོར་ལོའི་ཕྲེང་བའོ། །གཞན་གྱི་ས་ལ་ཆ་ཆུང་གསུམ། ། ༈ དཔལ་ལྡན་ཡེ་ཤེས་མཁའ་འགྲོ་མའི། །འཁོར་ལོ་བཅུ་གསུམ་བདག་ཉིད་མཛེས། ། ཚངས་པའི་ཐིག་ལས་ཆ་ཆུང་ནི། །གསུམ་ལས་ཐིག་གཉིས་ཆ་ཆུང་འགྱུར། །སླར་ཡང་ཆ་ ཆུང་དྲུག་དོར་ནས། །ཟླུམ་པོ་གཅིག་ནི་བསྐོར་བར་བྱ། །སླར་ཡང་ཆ་ཆུང་ཟླུམ་པོ་ལ། །རྡོ་རྗེ་ ཕྲེང་བའི་མཚན་མ་སྟེ། །འོད་ཟེར་ཕྲེང་བའི་དོན་དུ་གཞན། །ཆ་ཆུང་བར་ནས་སླར་ཡང་ངོ༌། ། གཞན་གྱི་ས་ལ་ཆ་ཆུང་བཞི། །ལྷག་པའི་རེ་ཁཱ་དབྱི་བར་བྱ། ། ༈ གང་ཞིག་བཅུ་བདུན་གྱི་ནི་བདག་ཉིད་ཅན། །ཀྱེའི་རྡོ་རྗེ་རྒྱལ་པོ་རྣམ་བཞི་དང༌། །རྡོ་ རྗེ་བདུད་རྩི་བཞི་དང་བདག་མེད་ལྷ། །ཀུ་རུ་ཀུལ་ལེའི་དཀྱིལ་འཁོར་རྣམས་ལ་ནི། །ཚངས་ པའི་ཐིག་ལས་ཕྱི་ངོས་སུ། །ཟླུམ་པོའི་ཐིག་བཞི་སྦྱིན་བྱ་སྟེ། །ཆ་ཆུང་བརྒྱད་ཆ་དང་བཅས་ པའི། །ཆ་ཆུང་ཕྱེད་དང་གསུམ་མཐའ་དང༌། །རྐང་པར་བཅས་པའི་ཆ་ཆུང་ལྔར། །འདབ་མའི་ དོན་དུ་གཉིས་པ་དང༌། །གསུམ་པ་རྡོ་རྗེའི་ཕྲེང་བ་ནི། །བརྒྱད་ཆར་བཅས་པའི་ཆ་ཆུང་དང༌། ། 8-1-94 བཞི་པ་འོད་ཕྲེང་ཆ་ཆུང་ངོ་། །ལྷག་མའི་ས་ནི་ཆ་ཆུང་དྲུག །ནང་དུ་ཚངས་པའི་ཐིག་དང་ནི། ། ཟུར་གྱི་ཐིག་རྣམས་དབྱི་བར་བྱ། ། ༈ ཀྱེའི་རྡོ་རྗེ་དགུ་ཡི་བདག་ཉིད་ཅན། །རྣམ་བཞི་འདི་ཡི་སྐུ་ཡི་དཀྱིལ་འཁོར་ལ། ། ཚངས་པ་དོར་ནས་ཀྱང་ནི་ཆ་ཆུང་ལྔར། །ཟླུམ་པོའོ་གཞན་ནི་ཉིས་འགྱུར་ཚད་ཡིན་ནོ། །དེའི་ ཕྱི་རོལ་ཆ་ཆུང་ཟླུམ་པོ་ལ། །རྡོ་རྗེ་ཕྲེང་བ་ཡིས་ནི་མཚན་པ་སྟེ། །དེ་ཉིད་ལས་ནི་བུམ་པའི་ཕྲེང་ བའོ་ཞེས། །གསང་སྔགས་རིག་པ་འགའ་ཞིག་སྨྲ་བར་བྱེད། ། ༈ སངས་རྒྱས་ཐོད་པའི་སྐུ་དང་ནི། །སྒྱུ་མ་ཆེན་མོ་ཞེས་བྱ་ལའང༌། །དེ་མཉམ་དཀྱིལ་ འཁོར་རབ་གསུངས་ཏེ། །ཚད་འདི་ལ་ནི་ལྷག་ཆད་མེད། ། ༈ རྡོ་རྗེ་ཧཱུཾ་མཛད་མགོན་པོ་ཡི། །དཀྱིལ་འཁོར་ཐིག་ལ་ངེས་པར་ནི། །ཚངས་པའི་ཐིག་ གི་ངོས་གཉིས་སུ། །ཆ་ཆུང་ཕྱེད་དང་གསུམ་དོར་ནས། །གེ་སར་གྱི་ནི་ཟླུམ་པོར་འགྱུར། །ཆ་ ཆུང་ལྔ་ནས་འདབ་མའི་འོ། །དེ་ནས་ཆ་ཆུང་ཡོངས་དོར་ཏེ། །ཕྱོགས་དང་ཕྱོགས་བྲལ་རྣམས་ སུ་ཡང༌། །ཆ་ཆུང་ཕྱེད་དང་བརྒྱད་པ་ཡི། །པད་མ་བརྒྱད་དུའང་འགྱུར་བ་ཡིན། །ཤར་དང་ ནུབ་ཀྱི་སྒོ་ཉིད་དུ། །ཆ་ཆུང་གསུམ་པའི་པད་མ་བྱ། ། ༈ འཁོར་ལོ་བདེ་མཆོག་ཕག་མོ་ཡི། །དཀྱིལ་འཁོར་ཐིག་ནི་ཇི་ལྟ་བར། །རྩ་ཐིག་ ནས་ཕྱེད་ཕྱེད་དང་བཞི། །ཕྱེད་དེ་ཕྱེད་དང་བཞི་དང་ཕྱེད། །ཕྱེད་དང་བཞི་དང་བཞི་ཆ་དང༌། ། འདབ་མའི་ཕྱེད་དང་གསུམ་ནས་ནི། །དེར་ནི་བླ་མའི་ཟླུམ་པོ་རྣམས། །བསྐོར་བར་བྱ་ཞིང་དེ་ ནས་ནི། །རྩིབས་ཀྱི་དོན་དུ་ཐིག་གདབ་སྟེ། །ཚངས་པའི་གཡས་དང་གཡོན་དག་ཏུ། །ཆ་ཆུང་ ཕྱེད་དང་གཉིས་ཀྱི་བར། །སྤངས་ནས་ཐིག་ནི་རབ་སྦྱིན་བྱ། །རྩ་ཐིག་དག་གི་བར་དུའོ། །ཆ་ ཆུང་ཕྱེད་ཀྱི་བར་དོར་ནས། །སླར་ཡང་ཐིག་ནི་དེ་བཞིན་གདབ། །ཟུར་དུ་ཡང་ནི་དེ་བཞིན་ ཉིད། །སྔགས་པས་ཐིག་བཞི་སྦྱིན་པར་བྱ། །ཚངས་པ་ལས་ནི་ངེས་སོང་ཐིག །ཇི་སྲིད་ཆ་ཆུང་ 8-1-95 གཉིས་ཀྱི་ཕྱིར། །སླར་ཡང་དེ་ལས་རྣམ་སོང་སྟེ། །དེ་ཉིད་དུ་ནི་དེ་བཞིན་འཇུག །དེ་ལས་ཀྱང་ ནི་ངེས་སོང་ཐིག །སླར་ཡང་ཆ་ཆུང་གཉིས་ཀྱི་བར། དེ་ལས་སླར་ཡང་རྣམ་སོང་ནས། །ཐིག་ དེ་ལ་ནི་རབ་ཏུ་འཇུག །སླར་ཡང་དེ་ལས་ངེས་སོང་ནས། །ཇི་སྲིད་ཆ་ཆུང་གཉིས་ཀྱི་བར། ། སླར་ཡང་དེ་ལས་རྣམ་སོང་སྟེ། །ཚངས་པ་དེར་ནི་རབ་ཏུ་འཇུག །ཇི་ལྟར་གཡས་སུ་དེ་བཞིན་ གཡོན། །ཕྱོགས་སུ་དེ་བཞིན་མཚམས་སུ་ཡང༌། །དེ་ཡི་ཡང་ནི་ནང་དུ་ཐིག །ཆ་ཆུང་ཕྱེད་ཀྱི་ བར་དེ་བཞིན། །དེ་ཉིད་རིམ་པའི་སྦྱོར་བ་ཡིས། །གཡས་དང་གཡས་མིན་དག་ལ་བྱ། །ཐིག་ ལེའི་དཀྱིལ་འཁོར་དགའ་བ་ཅན། །བདེ་མཆོག་རྒྱ་མཚོ་ལས་བྱུངབའོ། །རྩིབས་ཀྱི་ངོས་སུ་ ཤིན་ཏུ་ནི། །མི་བཟད་རྡོ་རྗེ་བཞི་ཡིས་བསྐོར། །ལྷག་མ་པད་མ་འདབ་བརྒྱད་དེ། །ཚད་འདི་ ལས་ནི་ལྷག་ཆད་མིན། །ཐུགས་སོགས་འཁོར་ལོའི་མུ་ཁྱུད་ལ། །པད་མ་རྡོ་རྗེ་འཁོར་ལོའི་ ཕྲེང༌། །ཟླུམ་པའི་ཐིག་དང་རྩིབས་ཀྱིས་བསྐོར། །ཡང་དག་བསྲུངས་ནས་གཞན་རྣམས་དབྱི། ། ༈ ཉི་ཤུ་རྩ་ལྔའི་བདག་ཉིད་ཅན། །མགོན་པོ་སངས་རྒྱས་ཐོད་པ་ལའང༌། །དེ་མཉམ་ དཀྱིལ་འཁོར་རབ་གསུངས་ཏེ། །སླར་ཡང་ཁྱད་པར་ཅུང་ཟད་ནི། །ཟླུམ་པོ་དྲུག་པའི་ནང་ དོར་ནས། །འདབ་མའི་དོན་དུ་ཆ་ཆུང་ལྔའི། །ཟླུམ་པོ་གཅིག་ནི་སྦྱིན་བྱ་སྟེ། །གེ་སར་དོན་དུ་ རབ་མཛེས་པའོ། ། ༈ དཔལ་ལྡན་རྣལ་འབྱོར་ནམ་མཁའ་ཡི། །འཁོར་ལོར་རྩ་ཐིག་ནང་དུ་ཡང༌། །ཆ་ཆུང་ ཕྱེད་དང་བཞི་དོར་ནས། །ཟླུམ་པོ་གཅིག་ནི་བསྐོར་བར་བྱ། །སླར་ཡང་ཆ་ཆུང་ཟླུམ་པོ་ལ། ། རྡོ་རྗེའི་ཕྲེང་བ་རབ་མཛེས་པའོ། །དེ་ནས་ཆ་ཆུང་གསུམ་དོར་ནས། །ཟླུམ་པོ་གཅིག་ནི་སྦྱིན་ བྱ་སྟེ། །བསྡུས་པའི་རིམ་པའི་དཀྱིལ་འཁོར་ལ། །ཐིག་རྣམས་བཤད་པ་ཇི་བཞིན་ནོ། །གཞན་ གྱི་ཐིག་རྣམས་ཐམས་ཅད་ནི། །དཀྱིལ་འཁོར་འདིར་ཡང་དེ་བཞིན་ཉིད། །རྩ་བའི་ཐིག་གི་ 8-1-96 ནང་དུ་གཞལ་ཡས་ཁང་གཉིས་པའི་ཐིག་ཀྱང་འཆད་པར་འགྱུར་བའི་བཞི་བཅུ་རྩ་གསུམ་ གྱི་བདག་ཉིད་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལྟ་བུའོ་ཞེས་པ་ནི་གཞན་དག་གོ །སྙིང་པོའི་ གཞལ་ཡས་ཁང་ལས་གཞལ་ཡང་གཉིས་པ་ནི་ཟླུམ་པོའོ་ཞེས་པ་ཁ་ཅིག་གིའོ། །གཞན་དག་ ནི་འདིར་གཞལ་ཡས་ཁང་མེད་དེ་རྡོ་རྗེའི་ཕྲེང་བ་སྔར་བཞིན་ནོ་ཞེས་སོ། ། ༈ བཅུ་གསུམ་གྱི་ནི་བདག་ཉིད་ཅན། །ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཡང༌། །ཚངས་ལས་ ཆ་ཆུང་བདུན་མཐའ་དང༌། །བརྒྱད་ཀྱི་མཐར་ཡང་ཐིག་གདབ་སྟེ། །ཀུན་ནས་ཟུར་གྱི་ཐིག་ ལའོ། །རྡོ་རྗེའི་ཕྲེང་བའི་མཚན་མ་བྱ། །ཕྱོགས་སུ་རྡོ་རྗེའི་རྭ་ལྔ་སྟེ། །ཀུན་ནས་ཆ་ཆུང་བརྒྱད་ པའོ། ། ༈ དཔལ་ལྡན་རྡོ་རྗེ་སྒྲོལ་མའི་ལྷའི། །དཀྱིལ་འཁོར་ཐིག་གི་ངེས་པ་ནི། །ཚངས་ལས་ ཆ་ཆུང་གསུམ་གྱི་མཐར། །གེ་སར་རྩེ་མོའི་ཟླུམ་པོ་སྟེ། །དེའི་ཕྱིར་ཆ་ཆུང་དྲུག་ནས་བསྐོར། ། འདབ་མའི་ཕྲེང་བའི་མཚན་མའོ། །དེར་གནས་ཚངས་དང་དེ་བཞིན་སླར། །ཟུར་གྱི་ཐིག་ ཀྱང་དབྱི་བར་བྱ། ། ༈ དཔལ་ལྡན་འཇམ་པའི་རྡོ་རྗེ་ཡི། །དཀྱིལ་འཁོར་ཐིག་ནི་ཇི་བཞིན་སླར། །ཉེར་ལྔའི་ བདག་ཉིད་འོད་ཟེར་ཅན། །དཀྱིལ་འཁོར་ལ་ཡང་དེ་བཞིན་ནོ། ། ༈ བཅུ་གསུམ་གྱི་ནི་བདག་ཉིད་ཅན། །བསྲུང་བ་ལྔ་ཡི་དཀྱིལ་འཁོར་ལའང༌། །ཚངས་ པའི་ཐིག་ལས་ཆ་ཆུང་གཉིས། །གེ་སར་རྩེ་མོའི་ཟླུམ་པོ་སྟེ། །དེ་ནས་ཆ་ཆུང་བཞི་ནས་བསྐོར། ། འདབ་མའི་དོན་དུ་རབ་མཛེས་པའོ། །དེ་ནས་ཆ་ཆུང་བར་ཕྱོགས་སུ། །ཆ་ཆུང་བརྒྱད་པའི་ པད་མ་སྟེ། །ཐིག་དེ་རྣམས་ཀྱི་ཕྱི་རོལ་ཏུ། །ཀུན་ནས་གྲུ་བཞི་སྦྱིན་པར་བྱ། །ཚངས་པའི་ཐིག་ དང་དེ་བཞིན་དུ། །སླར་ཡང་ཟུར་གྱི་ཐིག་རྣམས་དབྱི། །གསུམ་ལྷག་པའི་བརྒྱད་ཕྱེད་ཅན། ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལའང༌། །རྩ་བ་ཡི་ནི་ནང་དུ་ཐིག །ཆ་ཆུང་བརྒྱད་དུ་སྦྱིན་པར་ 8-1-97 བྱ། །དེ་ཉིད་གཉིས་པ་ནང་མ་ཡི། །དཀྱིལ་འཁོར་གྱི་ནི་རྩ་ཐིག་ཡིན། །རྟ་བབས་མེད་ཅིང་སྒོ་ ཁྱུད་བཅས། །སྒོ་རྣམས་དང་ནི་མཉམ་པར་ལྡན། །རྩ་བའི་ནང་གི་མཐར་ཐུག་པར། །ཀུན་ ནས་ཟླུམ་པོ་སྦྱིན་པར་བྱ། །སླར་ཡང་ཆ་ཆུང་ཟླུམ་པོ་ལ། །རྡོ་རྗེ་ཡི་ནི་མཚན་མ་སྟེ། །ཚངས་ པའི་གཡས་དང་གཡོན་དག་ཏུ། །ཆ་ཆུང་གཉིས་གཉིས་ཀྱི་ནི་བར། །སྤངས་ནས་ཐིག་ནི་རབ་ སྦྱིན་བྱ། །ཟླུམ་པོའི་ཐིག་གཉིས་བར་དུའོ། །ཆ་ཆུང་བར་ནས་སླར་ཡང་ཐིག །ཀ་བའི་དོན་དུ་ དེ་བཞིན་སྦྱིན། །རེ་མིག་དགུར་ནི་འགྱུར་བ་ཡིན། །ཚངས་པའི་ཐིག་ལ་སོགས་པ་དབྱི། ། ༈ དེ་ཉིད་བསྡུས་པ་ལས་ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་འཁོར་ལ་ནི་ནང་གི་གཞལ་ ཡས་ཁང་པ་རྟ་བབས་དང་བཅས་པའོ་ཞེས་གསུངས་སོ། ། ༈ བཞི་བཅུ་རྩ་གསུམ་བདག་ཉིད་ཅན། །འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ། །རྩ་ བའི་ཐིག་གི་ནང་དུ་ཐིག །རང་གི་སྒོ་ཚད་གཉིས་ཀྱི་བར། །དེར་ཡང་སྔགས་པས་སྦྱིན་པར་བྱ། ། ཟུར་ཐིག་གཉིས་ཀྱི་བར་དུ་འོ། །དེ་ཉིད་གཉིས་པ་ནང་གི་ནི། །དཀྱིལ་འཁོར་གྱི་ཡང་རྩ་ཐིག་ ཡིན། །རྟ་བབས་མེད་ཅིང་སྒོ་དང་ནི། །སྒོ་འགྲམ་སོགས་དང་ཡང་དག་ལྡན། །དཀྱིལ་འཁོར་ གསུམ་པའང་དེ་བཞིན་དུ། །དེ་ཡི་ཡང་ནི་ནང་དུ་བྱ། །ཇི་ལྟར་རྡོ་རྗེ་དབྱིངས་བཞིན་ནང༌། །དེ་ བཞིན་འདིར་ཡང་རེ་མིག་དགུ། །དེ་ཉིད་སྔགས་པ་རྣམས་ཀྱིས་བྱ། །རྡོ་རྗེ་ཕྲེང་བས་ལེགས་ པར་བསྐོར། ། ༈ གསུང་གི་དབང་ཕྱུག་འཁོར་ལོ་ལའང༌། །འཁོར་ལོ་ཐམས་ཅད་མཚུངས་པར་ཕྱིའི། ། ཐིག་གདབ་པ་ནི་ཤེས་བྱ་སྟེ། །ཁྱད་པར་སླར་ཡང་བརྗོད་པར་བྱ། །ཀུན་ནས་ཟླུམ་པོ་བཟང་ པོ་ཡིས། །ཕྱི་རོལ་གྱི་ནི་འཁོར་ལོ་བྱ། །གོས་འོག་རྩ་བ་ནས་བཟུང་སྟེ། །ཕ་རོལ་གོས་ཀྱི་འོག་ ནས་ཐིག །ཐིག་གི་རིམ་པ་མ་འདས་པར། །ཟླུམ་པོ་བདུན་ནི་བསྐོར་བར་བྱ། །རྩ་བའི་ཐིག་ གི་ནང་དག་ཏུ། །སྒོ་གཉིས་ཀྱི་ནི་བར་སྤངས་ནས། །ཐིག་གཅིག་རབ་ཏུ་སྦྱིན་བྱ་སྟེ། །ཟུར་ 8-1-98 ཐིག་གཉིས་ཀྱི་བར་དུའོ། །ཐིག་དེ་ཡང་ནི་དཀྱིལ་འཁོར་ནི། །གཉིས་པ་ཡི་ཡང་རྩ་བ་ཡིན། ། རྟ་བབས་མེད་ཅིང་སྒོ་ཁྱུད་བཅས། །སྒོ་རྣམས་དང་ནི་མཉམ་པར་ལྡན། །དེ་ཡི་ནང་དུ་གསུམ་ པ་ཡི། །དཀྱིལ་འཁོར་གྱི་ནི་རྩ་བ་སྟེ། །སྒོ་གཉིས་ཡོངས་སུ་དོར་བ་ནས། །ཐིག་ཀྱང་དེ་བཞིན་ གདབ་པར་བྱ། །རྟ་བབས་མེད་ཅིང་སྒོ་འགྲམ་དང༌། །སྒོ་དང་སྒོ་ཁྱུད་སོགས་ཀྱིས་བརྒྱན། ། འདི་ཡི་ཡང་ནི་ནང་དག་ཏུ། །དཀྱིལ་འཁོར་བཞི་པའང་དེ་བཞིན་ཉིད། །རྡོ་རྗེ་དབྱིངས་ཀྱི་ ནང་ཇི་བཞིན། །དེ་བཞིན་འདིར་ཡང་རེ་མིག་དགུའོ། །རྭ་ཡི་ཕྱི་རོལ་གྱུར་པ་འདིར། །གསེར་ གྱི་ས་ལ་སོར་བཞི་སྟེ། །རྡོ་རྗེའི་ཕྲེང་བ་དེ་བཞིན་བྱ། །རིན་ཆེན་ཕྲེང་བ་དེ་བཞིན་སླར། །པད་ མའི་ཕྲེང་བའང་དེ་བཞིན་ཉིད། །འཁོར་ལོའི་ཕྲེང་བ་སླར་དེ་བཞིན། །ལྷག་མའི་གནས་ལ་དེ་ བཞིན་དུ། །ཕྱི་རོལ་འོད་ཟེར་སོར་བཅུ་གཉིས། །ཞེས་པ་ནི་འཁོར་དང་བཅས་པ་འོད་ཟེར་ གྱི་མཐར་ཐུག་པ་ལ་ཁྲུ་བཅུ་དྲུག་གི་ཚད་དང་ལྡན་པའི་དཀྱིལ་འཁོར་གྱི་ཐིག་བརྗོད་པ་སྟེ། གཞན་དུ་ཡང་འདིའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། ། ༈ སུམ་ཅུ་རྩ་གཉིས་བདག་ཉིད་ལྷ། །འཕགས་ལུགས་འཁོར་ལོ་ཇི་ལྟ་བར། །དེ་ཉིད་ རིམ་པའི་སྦྱོར་བ་ཡིས། །ངན་སོང་སྦྱོང་བའི་འཁོར་ལོའོ། །ཁྱད་པར་རྡོ་རྗེ་ཕྲེང་བ་ཡི། །ནང་ དུ་རིག་པར་བྱ་བ་སྟེ། །རྡོ་རྗེའི་ཕྲེང་བ་སོགས་སྤངས་ནས། །འཁོར་ལོ་སེར་པོ་རྩིབས་བརྒྱད་ པའོ། ། ༈ རྩ་བའི་ཐིག་གི་ནང་དག་ཏུ། །འདིར་ནི་སྒོ་ཡི་བར་སྤངས་ནས། །ཐིག་གསུམ་རབ་ ཏུ་སྦྱིན་བྱ་སྟེ། །ཟུར་ཐིག་གཉིས་ཀྱི་བར་དུ་འོ། །ཆ་ཆུང་རིག་བྱེད་སྤངས་ནས་ཀྱང༌། །ཐིག་ གཅིག་སླར་ཡང་བྲི་བར་བྱ། །སླར་ཡང་ཆ་ཆུང་བཞི་སྤངས་ནས། །དེ་བཞིན་དུ་ཡང་ཐིག་སྦྱིན་ ནོ། །དབུས་སུ་རེ་མིག་དགུ་པ་སྟེ། །འཇམ་པའི་རྡོ་རྗེའི་ཟླུམ་པོ་ཡི། །ཕོ་བྲང་བཞིར་ནི་ཤེས་ པར་བྱ། །འབྱུང་པོ་འདུལ་བའི་དཀྱིལ་འཁོར་རོ། ། 8-1-99 ༈ ད་ནི་མཁའ་འགྲོ་ལྔ་རྣམས་ཀྱི། །དཀྱིལ་འཁོར་ཐིག་ནི་བརྗོད་པར་བྱ། །སོ་སོའི་ ངོས་སུ་ཚངས་པ་ལས། །ཆ་ཆུང་ཕྱེད་དང་ལྔ་སྤངས་པར། །བྱ་སྟེ་དེ་ལ་ཆ་བཅུ་གཉིས། །ཆ་ནི་ གཉིས་གཉིས་ངོས་དག་ཏུ། །སྤངས་པར་རྩ་བའི་ཐིག་བྱ་ཞིང༌། །ནང་གི་ས་ཡི་བརྒྱད་ཆ་ཡི། ། ཚད་དེས་སྒོ་དང་སྒོ་ལོགས་སོགས། །བྱ་སྟེ་རྟ་བབས་མེད་པའོ། །ཆ་ཆུང་སྤངས་ནས་ཕྱོགས་ རྣམས་སུ། །དཀྱིལ་འཁོར་བཞི་པོ་རྣམས་ལ་ཡང༌། །རིམ་པ་འདི་ཡི་སྦྱོར་བ་ཡིས། །མཁས་ པས་ཐིག་རྣམས་སྦྱིན་པར་བྱ། །ཕྱོགས་སུ་དཀྱིལ་འཁོར་ཕྱི་ཡི་ས། །ཆ་ཆུང་ཕྱེད་དང་གཉིས་ པར་ཤེས། །རྡོ་རྗེ་མཁའ་འགྲོའི་འཁོར་ལོར་ཡང༌། །རྩ་བའི་དཀྱིལ་འཁོར་ནང་དུ་ནི། །ཐིག་ གཅིག་རབ་ཏུ་སྦྱིན་བྱ་སྟེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །སླར་ཡང་ཆ་ཆུང་གཅིག་ནས་ཐིག ། རྡོ་རྗེའི་ཕྲེང་བའི་མཚན་མ་སྟེ། །ཟླ་ཕྱེད་མཉམ་པའི་རྣམ་པ་ཡིས། །དབུས་སུ་ལེགས་པར་ མཛེས་པར་བྱ། །སངས་རྒྱས་མཁའ་འགྲོའི་འཁོར་ལོར་ནི། །འཁོར་ལོའི་ཕྲེང་བར་ཟླུམ་པོ་ ཉིད། །རིན་ཆེན་མཁའ་འགྲོའི་རིན་ཆེན་གྱིས། །ཀུན་ནས་ལེགས་པར་བསྐོར་བ་ནི། །རིན་ ཆེན་ཆ་བརྒྱད་ལྟ་བུ་སྟེ། །དེ་ཡི་དབུས་སུ་སླར་ཡང་བྱ། །པད་མའི་མཁའ་འགྲོའི་འཁོར་ལོར་ ནི། །ཆ་ཆུང་དག་ལ་པད་མའི་ཕྲེང༌། །གྲུ་བཞི་པ་དང་པད་མ་ཡི། །རྣམ་པ་དེའི་དབུས་སུ་བྱ། ། སྣ་ཚོགས་མཁའ་འགྲོའི་འཁོར་ལོར་ཡང༌། །རལ་གྲི འི་ཕྲེང་བ་ཆ་ཆུང་སྟེ། །དེ་ཡི་དབུས་སུ་ གྲུ་གསུམ་བྱ། །རྡོ་རྗེ་སློབ་དཔོན་མཁས་པས་སོ། །རང་རང་དཀྱིལ་འཁོར་ཚད་ཀྱིས་ནི། །སྒོ་ ལ་སོགས་པ་རབ་ཏུ་བརྟག ། ༈ འཁོར་ལོ་བསྒྱུར་དྲུག་དཀྱིལ་འཁོར་ལ། །མཁས་པས་ཐིག་རྣམས་སྦྱིན་བྱ་སྟེ། །ཚངས་ ལས་གཡས་དང་གཡོན་དག་ཏུ། །ཆ་ཆུང་བཞི་བཞི་སྤངས་ནས་སུ། །ཆ་ཆུང་བརྒྱད་པོ་འདི་ རྣམས་ལ། །དཀྱིལ་འཁོར་རྣམ་པར་རྫོགས་པར་བྱ། །བཅུ་གཉིས་ཆར་ནི་མཉམ་བྱས་ནས། ། ཆ་ནི་གཉིས་གཉིས་ངོས་དག་ཏུ། །སྤངས་ཏེ་སྒོ་ལ་སོགས་པ་བྱ། །སླར་ཡང་རྟ་བབས་མེད་ 8-1-100 པའོ། །དཀྱིལ་འཁོར་ཆེན་པོའི་ཚད་ཀྱིས་ནི། །ཆ་ཆུང་གཉིས་ཉིད་སྤངས་པར་ཡང༌། །ཚད་ཀྱི་ དོན་དུ་བསྒྲུབ་པ་པོས། །ཟླུམ་པོའི་ཐིག་ཀྱང་བསྐོར་བར་བྱ། །སླར་ཡང་དེ་ཡི་ཕྱི་རོལ་དུ། །ཆ་ ཆུང་བཅུ་ཡི་བར་ནས་བསྐོར། །ཆ་ལྔ་རྣམས་སུ་བྱས་པ་ལ། །དཀྱིལ་འཁོར་ལྔ་པོ་དེ་བཞིན་བྱ། ། ཕྱི་ནས་ཟླུམ་པོ་དག་དང་ནི། །གཞན་ཡང་ལྷག་པའི་རེ་ཁཱ་དབྱི། །ནང་མ་དང་ནི་ལྷན་ཅིག་ཏུ། ། དཀྱིལ་འཁོར་དྲུག་ཏུ་འགྱུར་བ་ཡིན། ། དཀྱིལ་འཁོར་རྣམས་ཀྱི་ནང་ཉིད་དུ། །ལྟེ་བའི་དོན་དུ་ཆ་ཆུང་གསུམ། །དེའི་ཕྱིར་འདབ་ མའི་དོན་དུ་ཡང༌། །ཆ་ཆུང་དྲུག་པའི་ཟླུམ་པོ་བྱ། །ཕྱི་རོལ་ཕྱོགས་དང་ཕྱོགས་བྲལ་དུའང༌། ། ཆ་ཆུང་དྲུག་པའི་པད་མ་བརྒྱད། །དེ་ཡི་ཕྱི་ནས་ཟླུམ་པོ་གཅིག །ཆ་ཆུང་བར་ནས་སླར་དེ་ བཞིན། །རང་རང་དཀྱིལ་འཁོར་ཚད་ཀྱིས་ནི། །སྒོ་སོགས་མཚན་ཉིད་ཤེས་པར་བྱ། ༈ གཞན་ཕོ་བྲང་བདུན་པའི་དཀྱིལ་འཁོར་ལ་སོགས་པའི་གཞལ་ཡས་ཁང་གི་ཁྱད་པར་ རྣམས་ཀྱང་བཤད་པའི་རྗེས་སུ་འབྲངས་ཏེ་དཔགས་ལ་མཁས་པ་རྣམས་ཀྱིས་ཐིག་གདབ་ པར་བྱའོ། ། ༈ སླར་ཡང་དཔལ་དུས་ཀྱི་འཁོར་ལོར་གསུངས་པའི་དཀྱིལ་འཁོར་ལ་ནི། འདིར་ བརྗོད་པའི་རྒྱུད་གཞན་མཐའ་དག་ཏུ་གསུངས་པའི་ཆོ་ག་རྣམས་ལས། ཉི་མའི་ཤིང་རྟ་ལ་ སོགས་པ་གདུལ་བར་བྱ་བའི་དོན་དུ། བྱ་བ་མི་འདྲ་བར་གསུངས་སོ། །དེའི་ཕྱིར་རྫོགས་པའི་ རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཉིད་སྣ་ཚོགས་ པའི་སྐུས་དཀྱིལ་འཁོར་མ་ལུས་པའི་དབང་ཕྱུག་ཡིན་པས། མངོན་པར་འདོད་པ་ཐམས་ཅད་ བསྐྱེད་ཅིང་འབྱུང་བའོ་ཞེས་བརྟན་པར་ལྷག་པར་མོས་པ་བྱས་ན། རྒྱུད་གཞན་གྱི་ཆོ་གས་ཀྱ་ རབ་ཏུ་གནས་པ་ལ་སོགས་པ་རྗེས་སུ་གནང་ཞིང་མི་འགལ་བས་མངོན་པར་འདོད་པ་སྒྲུབ་ པར་བྱེད་དོ། །དེས་ན་དུས་ཀྱི་འཁོར་ལོའི་བྱ་བ་རབ་ཏུ་སྤྲོས་པ་རྣམས་ཡོངས་སུ་དོར་ནས། 8-1-101 དཀྱིལ་འཁོར་གྱི་ཐིག་གདབ་པ་ཙམ་བརྗོད་པར་བྱའོ། །རྡུལ་ཚོན་དགྱེ་བ་ཙམ་ཡང་འཆད་ པར་འགྱུར་བའི་རྡུལ་ཚོན་དགྱེ་བའི་སྐབས་སུ་བརྗོད་པར་བྱའོ། །འདིར་སློབ་དཔོན་གྱི་འཐེབ་ སོར་ཉི་ཤུ་རྩ་བཞི་ནི་ཁྲུ་སྟེ། ཁྲུ་བཞི་ནི་དཀྱིལ་འཁོར་རོ། །དེ་ཉིས་འགྱུར་སྲིད་དུ་ཁྲུ་བརྒྱད་པའི་ ཚངས་ཐིག་གཉིས་གདབ་པར་བྱའོ། །དེའི་རྗེས་ལ་དེ་བཞིན་དུ་ཟུར་ཐིག་གཉིས་སོ། །ཐིག་ སྐུད་ཀྱི་སྦོམས་སུ་ནི་སློབ་དཔོན་གྱི་ནས་ཀྱི་ཚད་དོ། །དེ་ལ་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོའི་ དྲུག་ཆ་ནི་འཐེབ་སོར་ཕྱེད་ཀྱི་ཚད་དེ། ཆ་ཆུང་དུ་ཐ་སྙད་གདབས་པར་བྱའོ། །སྙིང་པོ་ཉིད་དུ་ ཐིག་བཟུང་ནས། །ལྟེ་བའི་དོན་དུ་ཆ་ཆུང་གཉིས། །དེ་ནས་འདབ་མའི་ཆ་ཆུང་བཞིར། །རྡོ་རྗེ་ ཅན་གྱི་ཟླུམ་པོ་བྱ། །དེ་ནས་བར་མེད་པར་ནི་ཐིག །ཀུན་ནས་གྲུ་བཞི་པ་ཡིན་ཏེ། ཆ་ཆུང་བར་ ནས་སླར་ཡང་སྦྱིན། །རྡོ་རྗེའི་ཕྲེང་བས་མཚན་པའོ། །ཆ་ཆུང་བཞིའི་བར་སྤངས་ནས། །ཟུར་ གཉིས་དག་ལ་ཐུག་པའི་ཐིག །སླར་ཡང་ཆ་ཆུང་བར་དོར་ནས། །རྡོ་རྗེ་ཕྲེང་བའི་ཐིག་གདབ་ པོ། །འདིའི་དབུས་སུ་པད་མ་ནི། །རབ་མཛེས་ཆ་ཆུང་བཞི་པ་སྟེ། །ངོས་ནི་གཉིས་པོ་དག་ཏུ་ ཡང༌། །ཆ་ཆུང་རེ་རེའི་ཀ་བ་བྱ། །དེ་དག་གི་ནི་ངོས་སུ་རྒྱར། །ཆ་ཆུང་གསུམ་པའི་བུམ་པ་སྟེ། ། སླར་ཡང་ཀ་བ་ཆ་ཆུང་ཉིད། །སྲིད་དུ་ཆ་ཆུང་བཞི་པའོ། །ཕྱི་ནས་དེ་ཡི་མཐའ་མ་ཡི། །ཕྱི་རོལ་ ཏུ་ནི་ཐིག་གདབ་སྟེ། །ཆ་ཆུང་ཐུབ་པ་ཡོངས་དོར་ནས། །ཟུར་ཐིག་གཉིས་ཀྱི་བར་དུའོ། །དེའི་ ཕྱི་རོལ་ལྷ་སྣམ་ལ། །ཆ་ཆུང་བཞི་ནི་སྤངས་པར་ཏེ། །དེ་ནས་ཆ་ཆུང་བར་སྤངས་ནས། །རྩ་ ཐིག་རབ་ཏུ་གདབ་པར་བྱ། །རྩ་བའི་ཐིག་གི་མཐར་ཐུག་པ། །ཐུགས་ཀྱི་དཀྱིལ་འཁོར་མཆོག་ ཡིན་ཞིང༌། །འཁོར་ལོའི་བརྒྱད་ཆ་སྒོ་ཡིན་ཏེ། །དེ་ཡི་དྲུག་ཆ་ཆ་ཆུང་ངོ༌། །དེ་ལ་ཐ་སྙད་བྱས་ པ་ནི། །དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལའོ། །སྒོ་ཡི་ཚད་ཀྱིས་སྒོ་ཁྱུད་དེ། །འགྲམ་དང་ ལོགས་དང་དེ་བཞིན་ནོ། །དེ་ཡི་ཕྱེད་ཀྱིས་སྟེགས་བུར་འགྱུར། །སྟེགས་བུའི་ཕྱེད་ཀྱིས་ཚོན་ གྱི་ས། །དྲ་བ་སྟེགས་བུའི་ཚད་དུ་འགྱུར། །རིན་ཆེན་ས་ནི་དེ་ཡི་ཕྱེད། །ཤར་བུ་དང་ནི་མདའ་ 8-1-102 ཡབ་ས། །ཚོན་གྱི་ས་དང་མཉམ་པ་ཉིད། །ཀ་བ་ཆ་ཆུང་ཕྱེད་དང་གཉིས། །བར་ནི་རིན་ཆེན་ ལ་སོགས་བརྒྱན། །ཆ་ཆུང་ཕྱེད་དང་བརྒྱད་པ་ཡི། །དཔངས་སུ་ཡང་དག་གནས་པ་སྟེ། །དེ་ཡི་ སྟེང་དུ་གནས་པ་ཡི། །རྟ་བབས་རྩེག་མ་གསུམ་པར་འགྱུར། །སྟེང་དུ་སྒོ་ལས་སུམ་འགྱུར་གྱི། ། ཚད་ལྡན་མཛེས་པར་གྱུར་པ་དེར། །རྩེག་མ་དང་པོ་ཆ་ཆུང་དྲུག །གཉིས་པ་ལ་ནི་ཕྱེད་དང་ ལྔ། །གསུམ་པ་ཆ་ཆུང་ཕྱེད་དང་བཞི། །རྒྱ་ཕུབས་ཆ་ཆུང་གཉིས་པར་བརྗོད། །དེ་ཉིད་སྟེང་དུ་ གནས་པ་ཡི། །བུམ་པ་ཆ་ཆུང་གཉིས་པར་འགྱུར། །དེ་ལ་རྩེག་མ་དང་པོར་ནི། །སྣམ་བུ་དང་ པོ་ཆ་ཆུང་གཅིག །ཉི་ཤུ་རྩ་བཞི་རིང་བའོ། །དེ་ཡི་སྟེང་དུ་ཆ་ཆུང་གཅིག །མྱོས་པ་བསྲུང་བའི་ སྣམ་བུ་སྟེ། །རིངས་སུ་ཆ་ཆུང་བཅུ་དྲུག་པའོ། །དེའི་སྟེང་གི་དབུས་སུ་ནི། །མཆོད་པའི་ལྷ་མོའི་ གནས་ཉིད་ཀྱང༌། །ཆ་ཆུང་བཞི་པ་རབ་མཛེས་པ། །རྡོ་རྗེ་སློབ་དཔོན་མཁས་པས་བྱ། །དེའི་ ཡང་ནི་ངོས་དག་ཏུ། །ཆ་ཆུང་རེ་རེའི་ཀ་བ་བྱ། །སླར་ཡང་མཆོད་པའི་ལྷ་མོའི་གནས། །ངོས་ གཉིས་དག་ཏུ་དེ་བཞིན་ཏེ། །ཕྱིར་ཞིང་ཆ་ཆུང་ཀ་བ་དག །ངོས་དག་ཏུ་ཡང་དེ་བཞིན་ཉིད། ། ངོས་གཉིས་དག་ཏུའང་སོ་ལྡན་གྱི། །དབང་པོ་མནན་པའི་སེང་གེ་སྟེ། །སེང་གེའི་མགོ་བོས་ སྟེང་དུ་འདེགས། །དེ་དག་སྤྱི་བོར་དེ་བཞིན་སླར། །སྣམ་བུ་ཆ་ཆུང་ཕྱེད་པར་འགྱུར། །བཅོ་ བརྒྱད་དུ་ཡང་རིང་བ་འོ། །དེ་སྟེང་སྣམ་བུར་གྱུར་པ་ནི། །མྱོས་པ་བསྲུང་བ་ཞེས་བྱ་བ། །བར་ ནི་ཆ་ཆུང་གཅིག་པར་འགྱུར། །རིངས་སུ་ཆ་ཆུང་བཅུ་གཉིས་པའོ། །དེ་སྟེང་དེ་བཞིན་རིང་བ་ ཡི། །སྣམ་བུའི་བར་ལ་ཆ་ཆུང་གསུམ། །དེར་ནི་རྐང་པས་དམན་པ་ཡི། །ཆ་ཆུང་གིས་ནི་ཀ་ བཞི་བྱ། །ལྷ་མོ་རྣམས་ཀྱི་གནས་རྣམས་ཀྱང༌། །ཀ་བའི་བར་དུ་ཡང་དག་གནས། །ཆ་ཆུང་ གསུམ་དང་ལྡན་པ་ཡི། །གནས་གསུམ་སླར་ཡང་སྔགས་པས་བྱ། །ཀ་བའི་ཕྱི་རོལ་ངོས་དག་ ཏུ། །གདུང་འདེགས་པ་ཡི་ལྷ་མོ་བྱ། །དེ་ཡི་སྤྱི་བོར་སླར་ཡང་དཔངས། །ཆ་ཆུང་ཕྱེད་པའི་སྣམ་ བུར་འགྱུར། །དེ་ཉིད་ཆ་ཆུང་བཅོ་ལྔ་ཡི། །རིངས་སུ་ཡང་དག་གནས་པ་ཡིན། །དེ་སྟེང་མྱོས་པ་ 8-1-103 བསྲུང་བ་ཡི། །སྣམ་བུ་ལ་ནི་ཆ་ཆུང་སྟེ། །རིངས་སུ་ཆ་ཆུང་བརྒྱད་པར་འགྱུར། །དེ་སྟེང་ཆ་ཆུང་ གཉིས་པ་སྟེ། །དེ་ཡང་རིངས་སུ་དེ་བཞིན་ཉིད། །འདི་ལ་ཡང་ནི་ཀ་བ་བཞི། །ཆ་ཆུང་ཕྱེད་པའི་ ཚད་དང་ལྡན། །རིངས་སུ་ཆ་ཆུང་གཉིས་པར་གནས། །གནས་གསུམ་ཆ་ཆུང་གཉིས་པ་ཡང༌། ། ཀ་བའི་བར་དུ་ཡང་དག་གནས། །ཕྱི་རོལ་ཀ་བའི་ནང་དག་ཏུ། །སྔར་བཞིན་གདུང་འདེགས་ ལྷ་མོ་འོ། །དེ་སྟེང་ཆ་ཆུང་ཕྱེད་པ་ཡི། །སྣམ་བུ་ཆ་ཆུང་བཅུ་གཉིས་སུ། །དེ་ནི་རིང་བར་གྱུར་པ་ ཡིན། །དེ་སྟེང་རྒྱ་ཕུབས་ཡང་དག་གནས། །ཆ་ཆུང་བརྒྱད་དུ་རིང་བ་སྟེ། །དེ་ཡི་སྟེང་དུ་བུམ་ པ་གནས། །དེ་ཡི་གཡས་དང་གཡས་མིན་དུ། །རྒྱལ་མཚན་དང་ནི་བ་དན་བྱ། །སྣམ་བུ་ཀུན་ གྱི་རྩེ་མོ་ལ། །དྲིལ་བུ་མེ་ལོང་རྔ་ཡབ་དང༌། །རྒྱལ་མཚན་ལ་སོགས་ཁྱད་པར་གྱིས། །དེར་ ཡང་བརྒྱན་པར་བྱ་བ་ཡིན། །ཐུགས་ཀྱི་དཀྱིལ་འཁོར་ཕྱི་རོལ་ཏུ། །གསུང་གི་དཀྱིལ་འཁོར་ བྱ་བ་སྟེ། །ཐུགས་ཀྱི་ཉིས་འགྱུར་ཚད་ཀྱིས་ནི། །དེ་ཡི་ཚད་རྣམས་རབ་ཏུ་བརྟག །སོ་སོའི་ ཕྱོགས་ཀྱི་ཆ་རྣམས་སུ། །དེ་ལ་ཆ་ཆུང་བཅུ་གཉིས་ནི། །ཐུགས་ཀྱི་དཀྱིལ་འཁོར་རྩིག་སོགས་ དང༌། །མདའ་ཡབ་རྣམས་ཀྱིས་བསྒྲིབས་པའོ། །དེ་ཡི་ཕྱི་རོལ་ཐིག་གཅིག་ནི། །ཆ་ཆུང་བདུན་ གྱི་བར་དུ་སླར། །ཆ་ཆུང་དག་ནི་བཞི་རྣམས་ཀྱིས། །སླར་ཡང་ལྷ་ཡི་སྣམ་བུ་འོ། །ཆ་ཆུང་བཞི་ པའི་པད་མར་འགྱུར། །དེ་ཡི་ཕྱོགས་སུ་གྱུར་པ་ཡང༌། །ཐུགས་ཀྱི་རྟ་བབས་འོག་རྣམས་སུ། ། ཤེས་པར་བྱ་སྟེ་མདོར་བསྡུ་ན། །མྱོས་པ་བསྲུང་བའི་སྣམ་བུ་སོགས། །རྩེག་མ་གཉིས་པ་དག་ ལ་ཡང༌། །ཆ་ཆུང་བཞི་ཡི་བར་དུ་ནི། །ཀུན་ནས་འབད་པས་བྲི་བར་བྱ། །ཀ་བ་གཉིས་ཀྱི་བར་ ལ་ཡང༌། །ཆ་ཆུང་ཕྱེད་དག་བསྒྱུར་བས་སོ། །ལྷ་ཡི་སྣམ་བུའི་ཐིག་ལས་ནི། །ཕྱི་རོལ་ཆ་ཆུང་ བར་རྣམས་སུ། །རྩ་ཐིག་རབ་ཏུ་སྦྱིན་བྱ་སྟེ། །ཟུར་ཐིག་གཉིས་ཀྱི་བར་དུའོ། །སྒོ་དང་རྟ་བབས་ དག་ཀྱང་དེར། །སྔར་གྱི་རིམ་པས་བྲི་བར་བྱ། །འོན་ཀྱང་ཐུགས་ཀྱི་དཀྱིལ་འཁོར་ཚད། །ཉིས་ འགྱུར་གྱི་ནི་ཚད་ཀྱིས་སོ། །གསུང་གི་དཀྱིལ་འཁོར་རྩ་བ་ལས། །ཕྱི་རོལ་སྐུ་ཡི་དཀྱིལ་འཁོར་ 8-1-104 མཆོག །དེ་ལས་ཉིས་འགྱུར་ཚད་ཀྱིས་ནི། །དེ་ཡི་ཚད་རྣམས་རབ་གཞལ་བྱ། །སོ་སོའི་ཕྱོགས་ ཀྱི་ཆ་རྣམས་སུ། །ཆ་ཆུང་ཉི་ཤུ་རྩ་བཞི་ནི། །གསུང་གི་དཀྱིལ་འཁོར་རྩིག་སོགས་དང༌། །མདའ་ ཡབ་རྣམས་ཀྱིས་བསྒྲིབས་པ་འོ། །ཆ་ཆུང་དྲག་པོ་དེར་སྤངས་ནས། །ཐིག་ནི་ཟུར་གཉིས་བར་ དུ་སྟེ། །སླར་ཡང་ཆ་ཆུང་ཉི་མ་ནི། །སྤངས་ནས་ལྷ་རྣམས་དེ་བཞིན་ནོ། །སྣམ་བུ་འདི་དེ་ཉིད་ ལ་ནི། །པད་མ་ཡང་ནི་བཅུ་གཉིས་ཏེ། །དེ་རྣམས་ཆ་ཆུང་བཅུ་གཉིས་པའོ། །དེ་ལ་ཡང་ནི་ཆ་ བདུན་གྱི། །དབུས་ཀྱི་ཆ་ཡིས་ལྟེ་བ་སྟེ། །དེ་ཡི་གཡས་དང་གཡས་མིན་དུ། །འདབ་མ་རྣམས་ ནི་བཞི་བྱ་ཞིང༌། །དེ་ཡི་གཡས་དང་གཡོན་དག་ཏུ། །འདབ་མ་རྣམས་ནི་བརྒྱད་དུ་བྱ། །དེའི་ ཡང་གཡས་དང་གཡོན་རྣམས་སུ། །འདབ་མ་བཅུ་དྲུག་རྣམས་སུ་འགྱུར། །དེ་ཡང་རིམ་པ་ གསུམ་པ་སྟེ། །རིམ་པ་གསུམ་དུ་གྱུར་པས་ཀྱང༌། །འདབ་མ་ཉི་ཤུ་རྩ་བརྒྱད་དོ། །ལྷ་ཡི་སྣམ་ བུའི་ཐིག་ལས་ནི། །ཕྱི་རོལ་ཏུ་ཡང་རྩ་བའི་ཐིག །ཆ་ཆུང་བར་ནས་སྦྱིན་བྱ་སྟེ། །ཟུར་ཐིག་ གཉིས་ཀྱི་བར་དུ་འོ། །སྒོ་དང་རྟ་བབས་དག་གི་ཚད། །སྔར་བརྗོད་ཇི་བཞིན་འདིར་ཡང་སྟེ། ། འོན་ཀྱང་གསུང་གི་དཀྱིལ་འཁོར་ཚད། །ཉིས་འགྱུར་དག་གིས་རབ་གཞལ་བྱ། །ཆུ་ཡི་ཁོར་ ཡུག་ཕྱེད་དུ་ཡང༌། །རྟ་བབས་ཀྱིས་ཀྱང་ཁྱབ་པ་འོ། །གསུང་གི་དཀྱིལ་འཁོར་རྟ་བབས་ལས། ། ཕྱི་རོལ་སྐུའི་དཀྱིལ་འཁོར་གྱི། །སྒོ་ཡི་དབུས་སུ་ཤིང་རྟ་ནི། །ཆ་ཆུང་བཅུ་གཉིས་པ་རྣམས་བྱ། ། ས་ཡི་ཁོར་ཡུག་ལ་ཡང་ནི། །ཆ་ཆུང་དག་ནི་བཅུ་གཉིས་བྱ། །དེ་ཡི་ཕྱི་ནས་ཆུ་ཡི་ནི། །ཁོར་ ཡུག་ཆ་ཆུང་ཉེར་བཞི་སྟེ། །དེའི་ཕྱིར་མེ་ཡི་ཁོར་ཡུག་ལ། །སླར་ཡང་ཆ་ཆུང་ཉེར་བཞི་འོ། །དེ་ ནས་རླུང་གི་ཁོར་ཡུག་ལ། །ཆ་ཆུང་ཉི་ཤུ་རྩ་བཞིར་འགྱུར། །དེ་ལས་ཕྱི་རོལ་ནམ་མཁའ་ཡི། ། ཁོར་ཡུག་ཆ་ཆུང་བཅུ་གཉིས་སོ། །ས་སོགས་ཁོར་ཡུག་དྲུག་པོ་ཡི། །དང་པོར་ཟླུམ་པོ་རབ་ཏུ་ སྦྱིན། །འོད་ཕྲེང་མཐར་ཡང་ཟླུམ་པོ་སྟེ། །ཟླུམ་པོ་བདུན་དུ་འགྱུར་བ་ཡིན། །ཐུགས་ཀྱི་རྡོ་རྗེའི་ དཀྱིལ་འཁོར་ཏེ། །དཀྱིལ་འཁོར་གསུམ་གྱི་བདག་ཉིད་མཆོག །འདི་ཡི་ཐིག་སྐུད་ཁྲུ་བརྒྱད་ 8-1-105 དེ། །འཛིན་མའི་ཟླུམ་པོ་ཇི་སྲིད་དུའོ། །ཞེས་པ་ནི་ཕྱོགས་གཅིག་གོ ། ༈ གང་གི་ཚེ་འདིར་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོའི་ཚད་དང་གསུང་གི་དཀྱིལ་འཁོར་ གྱི་སྒོའི་ཚད་བསྡོམས་ནས། སྒོ་ཆ་ཆུང་བཅོ་བརྒྱད་དུ་ཡོངས་སུ་བརྟགས་ཏེ་དེའི་དྲུག་ཆ་ལ་ ཆ་ཆུང་གི་ཐ་སྙད་བྱེད་པ་དེའི་ཚེ། ཆ་ཆུང་དེས་གཙོ་བོའི་པད་མའི་ལྟེ་བ་ལ་སོགས་པ་ནས་ འོད་ཀྱི་ཁོར་ཡུག་གི་མཐར་ཐུག་པར་ཆ་ཆུང་གི་གྲངས་བྱའོ། །དེའི་ཚེ་ནི་ཐུགས་རྡོ་རྗེ་གཙོ་བོ་ སྟེ། དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་ལ་ཁྲུ་བཅུ་གཉིས་དང༌། དེའི་ཉིས་ འགྱུར་གྱི་ཐིག་སྐུད་ཁྲུ་ཉི་ཤུ་རྩ་བཞི་ནི་སའི་ཁོར་ཡུག་གི་དང་པོ་ཇི་སྲིད་དུའོ་ཞེས་པ་ཕྱོགས་ གཉིས་པའོ། ། ༈ གང་གི་ཚེ་བཅོམ་ལྡན་འདས་ཐུགས་རྡོ་རྗེ་གསུང་རྡོ་རྗེའི་གནས་སུ་གྱུར་ན་གསུང་ རྡོ་རྗེ་ནི་གཙོ་བོ་སྟེ། དེ་ལས་གཞན་པའི་ལྷ་ལ་སོགས་པ་དགོད་པ་ནི་ཕྱོགས་དང་པོ་བཞིན་ ནོ། །གང་གི་ཚེ་ཡང་དབུས་ཀྱི་དཀྱིལ་འཁོར་ཁྲུ་བཞི་པ་དང༌། དེའི་ཉིས་འགྱུར་གཉིས་པ་དང་ དེའི་ཉིས་འགྱུར་གསུམ་པ་ཡིན་པ་དེའི་ཚེ་ཁྲུ་བཅུ་དྲུག་གི་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ གསུང་གི་དཀྱིལ་འཁོར་དང༌། དེའི་ཉིས་འགྱུར་གྱི་ཐིག་སྐུད་ཁྲུ་སུམ་ཅུ་སོ་གཉིས་ནི་སའི་ཁོར་ ཡུག་གི་དང་པོ་ཇི་སྲིད་དུའོ་ཞེས་པ་ཕྱོགས་གསུམ་པའོ། ། ༈ གང་གི་ཚེ་དང་པོར་བརྗོད་པའི་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོའི་ཚད་དང༌། དང་ པོར་བརྗོད་པའི་སྐུའི་དཀྱིལ་འཁོར་གྱི་སྒོའི་ཚད་བསྡོམས་ནས་སྒོ་ཆ་ཆུང་སུམ་ཅུར་ཡོངས་ སུ་བརྟགས་ཏེ། དེའི་དྲུག་ཆ་ལ་ཆ་ཆུང་དུ་ཐ་སྙད་བྱེད་པ་དེའི་ཚེ། ཆ་ཆུང་དེས་གཙོ་བོའི་པད་ མའི་ལྟེ་བ་ལ་སོགས་པ་ནས་འོད་ཀྱི་ཁོར་ཡུག་གི་མཐར་ཐུག་པར་ཆ་ཆུང་གི་གྲངས་བྱ་ཞིང༌། བཅོམ་ལྡན་འདས་ཐུགས་རྡོ་རྗེ་ཡང་སྐུ་རྡོ་རྗེའི་གནས་སུ་བྱའོ། །སྐུ་རྡོ་རྗེ་ནི་གཙོ་བོ་སྟེ་དེ་ལས་ གཞན་པའི་ལྷ་ལ་སོགས་པ་དགོད་པ་ནི་ཕྱོགས་དང་པོ་བཞིན་ནོ། །དེའི་ཚེ་སྐུ་རྡོ་རྗེ་གཙོ་བོའི་ 8-1-106 དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་ལ་ཁྲུ་ཉི་ཤུ་དང༌། དེའི་ཉིས་འགྱུར་གྱི་ ཐིག་སྐུད་ཁྲུ་བཞི་བཅུ་ནི་སའི་ཁོར་ཡུག་གི་དང་པོ་ཇི་སྲིད་དུའོ་ཞེས་པ་ཕྱོགས་བཞི་པའོ། ། ༈ དེ་ལྟར་ཡང་དྲི་མ་མེད་པའི་འོད་ལས། ཐིག་སྐུད་ཁྲུ་བརྒྱད་པ་ཞེས་པ་ནི་རྩ་བ་ལ་ ཁྲུ་བརྒྱད་ཅེས་བྱ་བ་སྟེ། དཀྱིལ་འཁོར་གྱི་ནི་ཉིས་འགྱུར་རོ་ཞེས་རྣམ་པར་བཀྲལ་ནས། དེ་ ལ་དང་པོའི་སངས་རྒྱས་སུ། ཐུགས་ཀྱི་དཀྱིལ་འཁོར་ལ་ཁྲུ་བཅུ་གཉིས་བྱ་ཞིང༌། དེའི་ཉིས་ འགྱུར་གྱི་ཐིག་སྐུད་ནི་ཁྲུ་ཉི་ཤུ་རྩ་བཞིའོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ལ་ཁྲུ་བཅུ་ དྲུག་གོ །སྐུའི་དཀྱིལ་འཁོར་ལ་ཁྲུ་ཉི་ཤུའོ་ཞེས་པ་ནི་ངེས་པ་སྟེ། ཐིག་སྐུད་ནི་དེའི་ཉིས་འགྱུར་ རོ་ཞེས་གསུངས་སོ། །དབང་གི་དོན་དུ་ནི་དབུས་ཀྱི་དཀྱིལ་འཁོར་ཙམ་ཡང་བསྐོར་བར་རྗེས་ སུ་གནང་སྟེ། ཇི་སྐད་དུ། དབང་གི་དོན་དུ་དཀྱིལ་འཁོར་རམ་ནི་རིགས་ཀྱི་དབང་གིས་ཕྱི་ཡི་ འཁོར་ལོས་རབ་ཏུ་དམན་པར་འགྱུར། །ཞེས་གསུངས་སོ། །གང་ཡང་ཁམས་གསུམ་རྣམ་ པར་རྒྱལ་བའི་རྒྱུད་ལས་སྒོ་འཁོར་ལོའི་དགུ་ཆ་དང༌། དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད་ ལས་འཁོར་ལོའི་བཅུ་ཆར་གསུངས་པ་དེ་དག་ནི་སློབ་དཔོན་རྣམས་ད་ལྟ་ཐ་སྙད་མི་མཛད་ མོད། བདག་གིས་ནི་ཡོངས་སུ་བྱས་སོ། །དཀྱིལ་འཁོར་གྱི་ཚད་རྣམས་ཀྱང་རབ་ཏུ་གྲགས་པ་ བརྗོད་ཀྱི། འདི་ཙམ་ཁོ་ན་ནི་མ་ཡིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། འཛམ་བུའི་ གླི ང་གི་དབང་ཕྱུག་གམ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིས། །ཕྱི་རོལ་དཀྱིལ་འཁོར་བྲི་བྱ་ སྟེ། །ཀུན་ནས་དཔག་ཚད་བར་དུའོ། །གདུལ་བྱའི་སྐྱེ་བོའི་བསམ་པ་ལ། །མཁས་པ་མཉམ་ པར་བལྟས་ནས་ནི། །འདོད་པས་ཚད་ནི་བྱས་པ་ལ། ཉེས་པ་ཅུང་ཟད་ཡོད་མ་ཡིན། །རང་གི་ འདོད་པས་དཀྱིལ་འཁོར་ཀུན། །ལག་པའི་མཐིལ་དུ་བྲི་བྱས་ནའང༌། །བསྟན་བཅོས་ལས་ གསུངས་དོན་བྱེད་དེ། །ས་སྟེང་སོགས་སུ་སྨོས་ཅི་དགོས། །ཞེས་གསུངས་སོ། །དཔག་ཏུ་མེད་ པའི་དབྱེ་བས་ཐ་དད་པའི་དཀྱིལ་འཁོར་རྣམས་ཇི་ཙམ་ཞིག་མངོན་པར་བརྗོད་པའམ་བྱ་བར་ 8-1-107 ནུས། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་འཁོར་ཇི་ལྟ་དེ་བཞིན་དུ། ། རབ་ཏུ་བརྟག་པ་སུ་ཡིས་ནུས། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །དཀྱིལ་འཁོར་བརྟག་པ་ འགྲུབ་པ་ཡིན། ཞེས་པ་དཀྱིལ་འཁོར་ལ་ཐིག་གདབ་པའི་ཆོ་གའོ།། ༢༠ །། དེ་ནས་གཏོར་མ་བྱིན་ལ། བཾ་ལཾ་རཾ་ཡཾ་ཧཾ་རྣམས་ཀྱི་ས་བོན་ལས་གྲུབ་པའི་དཀར་པོ་དང་ སེར་པོ་དང་དམར་པོ་དང་ལྗང་ཁུ་དང་ནག་པོའི་ཚོན་རྣམས། རིམ་པ་ཇི་ལྟ་བ་བཞིན་དུ། ཟླ་ བ་ཆུ་ཤེལ་དང་ཀར་ཀེ་ཊ་ན་དང་པད་མ་རཱ་ག་དང་མ་ར་ཀ་ཏ་དང་ཨིན་དྲ་ནཱི་ལ་ལས་བྱུང་བ་ རྣམས་སམ། ཡང་ན་མུ་ཏིག་དང་གསེར་དང་བྱི་རུ་དང་བསྲེས་པ་དང་མུ་མེན་ལས་བྱུང་བ་ རྣམས་སམ། བསྲེས་པ་ནི་འདིར་མུ་ཏིག་ལ་སོགས་པ་བཞི་པོ་རྣམས་སོ། །ཡང་ན་ཁམས་ ལས་བྱུང་བའམ། འབྲས་ལས་བྱུང་བའམ། མེ་ཏོག་ལས་བྱུང་བའམ། ཇི་ལྟར་རིགས་པར་སོ་ ཕག་དང་སོལ་བ་དང་རུས་པའི་ཕྱེ་མ་ལ་སོགས་པས་ཀྱང་རུང༌། ལེགས་པར་འདུས་བྱས་པའི་ བཟང་པོ་རྣམས། བུཾ་ཨཾ་ཧྲཱིཿཁཾ་ཧཱུཾ་རྣམས་ལས་གྲུབ་པའི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་ བོར་བསམས་ནས། ནམ་མཁའ་ལ་བཀོད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ ཁར་བུཾ་ལ་སོགས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཚོན་རྣམས། ཐིག་སྐུད་འདུ་བར་བརྗོད་པའི་ འབར་བའི་ལྟ་སྟངས་ཀྱི་བཀུག་སྟེ་བཅུག་པས། ཡེ་ཤེས་ཀྱི་ཚོན་དང་ལྷན་ཅིག་རོ་གཅིག་ཏུ་ གྱུར་པ་རྣམས་ལ། བུཾ་ཞེས་པ་ལ་སོགས་པས་མངོན་པར་བསྔག་ཅིང༌། ༀ་བཛྲ་ཙི་ཏྲ་ས་མ་ཡ་ ཧཱུཾ་ཞེས་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བསྔག་གོ །དེ་བཞིན་དུ་འབར་བའི་ལྟ་བས་ཡང་ དག་པར་གཟི་བརྗིད་བསྐྱེད་ཅིང༌། རེ་རེ་ལ་ཧཱིཿཡིག་བཀོད་ནས། བདེན་པ་གང་གིས་སེམས་ ཅན་རྣམས་རྡུལ་ཚོན་མང་ཞིང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་རྣམས་ ལ་ཆགས་པས་རྗེས་སུ་ཆགས་པར་གྱུར་པའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ ཅིག་ཅེས་བདེན་པའི་བྱིན་གྱིས་བརླབས་ཀྱིས་སྦར་བར་བྱ་སྟེ། ལྷ་བསྒོམ་པ་ཕུལ་དུ་བྱུང་བ་ 8-1-108 ལས་ནི་འབར་བར་འགྱུར་རོ། །དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས་སྣོད་སར་པར་ བཞག་པར་བྱའོ། །ཞེས་པ་རྡུལ་ཚོན་གྱི་བཟླས་པའི་ཆོ་གའོ།། ༢༡ །། དེ་ནས་དཀྱིལ་འཁོར་གྱི་ལྟེ་བར་གནས་པའི་ཕུར་བུ་དཀྱིལ་འཁོར་ཇི་ལྟ་བར་འཆད་ པར་འགྱུར་བའི་ལས་ཐམས་ཅད་པའི་བསྔགས་ཀྱིས་བཏོན་ནས། རང་གི་ལག་པའི་རྡོ་རྗེ་ལ་ བསྟིམས་ཏེ། ཕུར་བུའི་ཁུང་བུ་རིན་པོ་ཆེ་ལྔ་དང་ཚོན་སྣ་ལྔས་བཀང་བས་མཉམ་པོར་བྱས་ ལ། དྲིལ་བུའི་སྒྲ་དང་རྡོ་རྗེའི་གླུས་མཚན་མ་ངན་པ་བསལ་བར་བྱའོ། །ཆོས་དབྱིངས་འདི་ནི་ དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་མཛད། །རང་ཉིད་རྒྱལ་པོ་རྡོ་རྗེ་འཆང༌། །དེ་ བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བའི། །འཁོར་ལོའི་ནང་ དུ་ཡང་དག་བཞུགས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དཀྱིལ་འཁོར་བདག་གིས་བྲི་ བར་བྱ། །ཞེས་པས་ཆོས་ཀྱི་དབྱིངས་རྣམ་པར་དག་པར་མོས་ལ། ལག་པ་གཡས་པ་རྡོ་རྗེས་ མཚན་ཞིང་གཡོན་པའི་ཁུར་ཚུར་གྱིས། ༀ་བཛྲ་རང་ག་ས་མ་ཡ་ༀ་ཨཱཿཧཱུཾ་ཞེས་པའམ། ༀ་ བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་ནང་དུ་ཤར་དུ་ཕྱོགས་པར་འདུག་པས་ དབང་ལྡན་གྱི་མཚམས་ནས་བརྩམས་ཏེ་གཡས་བསྐོར་དུ་ཚོན་དགྱེ་བར་བྱའོ། །ཕྱི་ནས་ཇི་ལྟ་ བ་བཞིན་དུ་སྒོའི་སློབ་དཔོན་ལ་སོགས་པ་གཞན་གྱིས་ཀྱང་ངོ༌། །སྦོམས་སུ་སྒོའི་ཉི་ཤུ་ཆའི། ། རེ་ཁཱ་ཡང་དག་དྲང་བྱ་སྟེ། །མཉམ་ཞིང་དྲང་པོ་མ་ཆད་པ། །ཇི་ལྟར་རིགས་པའོ་ཕན་ཚུན་གྱི། ། བར་གྱི་ཚད་ནི་ནས་ཙམ་ལ། །འོག་དང་སྟེང་ནི་ཅི་མཛེས་བྱ། །སྦོམ་པོར་བཀྱེ་ན་ནད་འབྱུང་ སྟེ། །ཕྲ་མོ་ཡིས་ནི་ནོར་རྣམས་ཉམས། །ཡོན་པོ་ཡིས་ནི་རྣམ་པར་སྡང༌། །ཆད་ན་བླ་མ་སློབ་མ་ འཆི། །གཡས་བསྐོར་མིན་པར་བཀྱེ་ན་ནི། །ཚོན་རྣམས་ཕུར་བུས་བཏབ་པར་འགྱུར། །ཕུར་ བུས་བཏབ་པ་ནི་དངོས་གྲུབ་ཀྱི་རྒྱུ་མ་ཡིན་པ་སྟེ། ཕན་ཚུན་འདྲེས་པས་ནི་རིགས་འཆད་པར་ འགྱུར་རོ། །ཉེས་པ་ཞི་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ཉིད་མེད་ 8-1-109 པའི་བསམ་སྦྱོར་ལས། །གང་ཞིག་ཚོན་བཀྱེའི་ཉེས་པ་སྟེ། །བཟང་པོའི་དེ་ཉིད་བསམ་སྦྱོར་ ལས། །སུས་ཀྱང་བར་ཆད་བྱ་མི་ནུས། །དཀྱིལ་འཁོར་ཇི་ལྟ་བ་དེ་བཞིན། །ཇི་སྲིད་དུ་ནི་དེ་ ཉིད་བརྟག །ཞེས་སོ། །ཚོན་གྱི་རེ་ཁཱ་རྣམས་ཀྱང་རིན་པོ་ཆེ་དཀར་པོ་ལ་སོགས་པའི་རང་ བཞིན་གྱི་ཐུར་མ་ལ་སོགས་པའི་ངོ་བོར་ལྷག་པར་མོས་པ་བྱའོ། །འཇུག་པ་དང་འབྱུང་བ་ ལས་ཐིག་དང་ཚོན་ལ་འགོམ་པའི་སྡིག་པས་འཇིགས་པའི་ཕྱིར། རྡོ་རྗེ་ཤུགས་ཀྱིས་ཡེ་ཤེས་ ཀྱི་ཚོན་གྱི་རེ་ཁཱ་ཡིད་ཀྱིས་ནམ་མཁའ་ལ་བཏེག་ལ། ༀ་བཛྲ་བེ་གཱ་ཀྲ་མ་ཧཱུཾ་ཞེས་བཟླ་ཞིང་ རྩ་བའི་ཐིག་གི་ནང་དུ་དཀྱིལ་འཁོར་བྲི་བའི་ཕྱིར་འཇུག་པའམ་འབྱུ་ངབར་བྱའོ། །དེ་ལ་དང་ པོར་ལྷ་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་ཕྱི་དང་ནང་གི་དཀྱིལ་འཁོར་གྱི་སྤྱིའི་ཁ་དོག་གི་རིམ་ པ་བརྗོད་པར་བྱའོ། །ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དང་ དབུས་ཀྱི་གཙོ་བོའི་རིམ་དོག་གི་རིམ་པ་ཇི་ལྟ་བ་བཞིན་དུ། ཕྱིའི་རེ་ཁཱ་ནས་བརྩམས་ཏེ་ནང་ གི་རེ་ཁཱའི་བར་དུ་ཚོན་སྣ་ལྔའི་རྩིག་པའི་རེ་ཁཱ་རྣམས་ཀྱི་ཁ་དོག་གོ །ཕྱོགས་དང་དབུས་སུ་ལྷ་ གཞན་འགོད་པ་ན་རྒྱས་འདེབས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་གི་རིམ་པའོ། །བསྒོམ་ བྱའི་དཀྱིལ་འཁོར་ལ་རྩིག་པ་ལྔ་པོ་འདི་དག་རིན་པོ་ཆེ་ཁ་དོག་ལྔ་ལས་གྲུབ་ཅིང་བར་ནི་ནས་ ཙམ་མོ་ཞེས་པ་ཁ་ཅིག་གོ །རྩིག་པ་འདི་ནི་གཅིག་ཉིད་རིམ་གྱིས་སྟེང་ནས་སྟེང་དུ་ཁ་དོག་ ལྔའི་རིན་པོ་ཆེ་ལས་བྱས་པའོ་ཞེས་པ་ནི་གཞན་དག་གོ །འདིར་འདོད་པ་དང་པོ་ལ་རིན་པོ་ ཆེའི་སྣམ་བུའི་ས་གཞི་དམར་པོ་དང༌། དྲ་བ་དང་དྲ་བ་ཕྱེད་པའི་ས་གཞི་ནག་པོའོ། །འདོད་ པ་གཉིས་པ་ལ་ནི་དང་པོའི་ཁ་དོག་གི་རིན་པོ་ཆེའི་རང་བཞིན་གྱི་ཆ་ཉིད་རྣམ་པར་བཀྲ་བའི་ རིན་པོ་ཆེའི་སྣམ་བུ་སྟེ། ཡང་ན་དེ་ལ་ཁ་དོག་གཞན་གྱི་རིན་པོ་ཆེ་ལས་གྲུབ་པ་བཀོད་པ་ནི་ རིན་པོ་ཆེའི་སྣམ་བུའོ། །ལྔ་པའི་ཁ་དོག་གི་རིན་པོ་ཆེའི་རང་བཞིན་གྱི་ཆ་ཉིད་སྣ་ཚོགས་པའི་ དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུའམ། ཡང་ན་དེ་ལ་ཁ་དོག་གཞན་གྱི་རིན་པོ་ཆེ་ལས་གྲུབ་པ་ 8-1-110 བཀོད་པ་ནི་དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུའོ། །ཕྱོགས་གཞན་བརྗོད་པ་ནི་དེའི་སྟེང་དུ་རིན་ པོ་ཆེའི་སྣམ་བུ་དོ་ཤལ་གྱི་སྣམ་བུ་ལྟ་བུའོ། །འདོད་པ་གཉིས་ཀ་ལ་ཡང་སྟེགས་བུ་ནི་ཤེལ་ ལམ་གསེར་གྱི་རང་བཞིན་ནམ་པད་མ་རཱ་གཱའི་རང་བཞིན་ནམ། རིན་པོ་ཆེ་གཞན་ཡང་རུང་ སྟེ་ཇི་ལྟར་མཛེས་པའོ། །རིན་པོ་ཆེའི་ཤར་བུ་དང་མདའ་ཡབ་རྣམས་ནི་དཀར་པོའོ། །རིན་ པོ་ཆེའི་ཤར་བུ་དང་མདའ་ཡབ་དང་དར་དཔྱངས་ཀྱི་བར་གྱི་ས་གཞི་ནི་སྔོན་པོ་སྟེ་ནམ་མཁའི་ ངོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བར་གྱི་སྣམ་བུ་ལ་མུན་པའི་སྣམ་བུ་ཞེས་བརྗོད་དོ། ། གདུང་ནི་ཇི་ལྟར་མཛེས་པའི་རིན་པོ་ཆེ་ལས་བྱས་པ་སྟེ་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་ པ་ཏྲ་འཕྲོ་བ་ལ་སོགས་པས་བརྒྱན་པའོ། །རྟ་བབས་ཀྱི་ཀ་བ་རྣམས་ནི་རང་རང་གི་ཕྱོགས་ཀྱི་ དེ་བཞིན་གཤེགས་པའི་ཁ་དོག་གོ །ཀྱོག་པོའི་ནང་གི་བླ་བྲེས་ཀྱི་འོག་གི་ས་ཡང་དེ་རང་གི་དེ་ བཞིན་གཤེགས་པའི་ཁ་དོག་གི་འོད་ཀྱིས་སྤྲས་པའི་ནམ་མཁའི་རང་བཞིན་ནོ། །རྟ་རྨིག་དང་ བབ་རན་གྱི་ཁ་དོག་ནི་ཇི་ལྟར་མཛེས་པ་སྟེ་ཆུ་སྲིན་གྱི་སྣམ་བུ་ཡང་ངོ༌། །འཁོར་ལོ་རྣམས་ནི་ གསེར་གྱི་ཁ་དོག་སྟེ། རིན་པོ་ཆེ་གཞན་ལས་ཀྱང་བྱས་པའོ་ཞེས་ཁ་ཅིག་གོ །རི་དྭགས་དང་ རི་དྭགས་མོ་ནི་གསེར་གྱི་རང་བཞིན་ལ་རིན་པོ་ཆེ་གཞན་གྱིས་སྤྲས་པའོ། །སྣ་ཚོགས་རྡོ་རྗེའི་ ལྟེ་བ་ནི་ནག་པོ་སྟེ། ཁ་ཅིག་ཏུ་ནི་གཙོ་བོའི་དེ་བཞིན་གཤེགས་པའི་མདོག་གོ །རྭ་དབུས་མ་ རྣམས་ནི་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་སྟེ། དེ་ལས་གཞན་པ་རྣམས་ ནི་དེ་དག་གི་ངོས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་གོ །རྭ་ལྔ་པ་ལ་ནི་དེ་ལས་གཞན་པའི་ ཕྱོགས་དང་དབུས་ཀྱི་དེ་བཞིན་གཤེགས་པའི་མདོག་སྟེ་ཇི་ལྟར་རིགས་པའོ། །ཕྱོགས་གཅིག་ གི་རྭ་ཐམས་ཅད་ཀྱང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་གོ་ཞེས་པ་ཁ་ཅིག་ཏུ་ སྟེ། འཁོར་ལོའི་དབང་པོ་ཞལ་བཞི་པ་ཉིད་ལ་རང་རང་གི་ཕྱོགས་ཀྱི་ཞལ་གྱི་མདོག་གོ་ཞེས་ པ་ནི་ཕྱོགས་གཞན་ནོ། །བུམ་པ་བཟང་པོ་རྣམས་ནི་གསེར་ལས་བྱས་པའོ། །དཔག་བསམ་ 8-1-111 གྱི་ཤིང་རྣམས་ནི་དེ་ལས་གཞན་པའི་ཤིང་ལྟ་བུའོ། །པད་མའི་ལྟེ་བ་ནི་ལྗང་ཁུ་སྟེ་གེ་སར་ནི་ སེར་པོ་ཡིན་ལ་འདབ་མ་རྣམས་ནི་སྣ་ཚོགས་པའི་མདོག་གོ །དེའི་ས་གཞི་ནི་དམར་པོ་ཤས་ ཆེ་བའི་དཀར་པོ་སྟེ། ཆོས་འབྱུང་གི་ཆའི་རེ་ཁཱ་ནི་དཀར་པོའོ། །ཁོར་ཡུག་གི་ཕྱོགས་ལ་ཡང་ ཤེལ་ཉིད་ཡིན་ན་རེ་ཁཱ་དཀར་པོའམ། གསེར་གྱི་མདོག་ཡིན་ན་སེར་པོའོ། །རྡོ་རྗེ་རྣམས་ དང་དེའི་རེ་ཁཱ་ཡང་ནག་པོ་སྟེ། གཞན་དུ་དཀར་པའམ་སེར་པོ་ཞེས་གསུངས་སོ། །རྡོ་རྗེའི་ ས་གཞིའི་མདོག་ནི་ཇི་ལྟར་མཛེས་པ་སྟེ། བསྒོམ་བྱའི་དཀྱིལ་འཁོར་ལ་འོག་རླུང་གི་དཀྱིལ་ འཁོར་གྱི་མཐའ་ནས་སྟེང་དུ་ཡང་འོག་མིན་གྱི་མཐའ་ཇི་སྲིད་དུ་རྡོ་རྗེའི་རྭ་བ་གནས་པའི་ཕྱིར་ དང༌། རླུང་ལ་སོགས་པ་རྣམས་ཀྱང་ཇི་ལྟར་རིགས་པར་ཁ་དོག་སྣ་ཚོགས་པ་ཡིན་པའི་ཕྱིར་ རོ། །འོད་ཟེར་རྣམས་ནི་ཁ་དོག་ལྔ་པ་སྟེ་འཕྲོ་བའི་ཚུལ་ལོ། ། ༈ འཇམ་པའི་རྡོ་རྗེའི་ནི། རྫོགས་སངས་ཡེ་ཤེས་སྐུ་ཡིན་ཕྱིར། །ངག་དབང་རྡོ་རྗེའི་ རིགས་སུ་བརྗོད། །ཆོས་སྐུའི་བདག་ཉིད་ལེགས་དག་པ། །འདི་ནི་ཐུགས་ཀྱི་དཀྱིལ་འཁོར་ རོ། །ཞེས་བྱ་བའི་རིགས་པས། དཀར་པོ་སེར་པོ་དེ་བཞིན་དམར། །ལྗང་ཁུ་དང་ནི་ནག་པོ་ ཉིད། །རྩིག་པ་ཡི་ནི་ཚོན་ཞེས་གསུངས་སོ། །གང་གི་ཚེ། ཆོས་རྣམས་རང་བཞིན་གྱིས་ནི་ དཀར། །དེས་ན་ངག་དབང་འདི་དཀར་ཉིད། །ཅེས་གསུངས་པས། གསུང་རྡོ་རྗེ་དཀར་པོ་ གཙོ་བོར་གྱུར་བ་དེའི་ཚེ་ནི། དཀར་པོ་དང་སེར་པོ་དང་ནག་པོ་དང་ལྗང་ཁུ་དང་དཀར་པོའི་ ཚོན་གྱི་རེ་ཁཱའོ། ། ༈ ཁ་སྦྱོར་དུ་གསུངས་པའི་རྡོ་རྗེ་སེམས་དཔའ་དཀར་པོ་ཡིན་ན་ཡང་མི་བསྐྱོད་པ་དང་ ལྷན་ཅིག་རོ་གཅིག་པ་ཉིད་དུ་བསྟན་པའི་ཕྱིར་ནང་གི་རྩིག་པ་ནག་པོ་ཉིད་དོ། །གཞན་དུ་ནི་ དཀར་པོ་ཁོ་ན་ཡིན་ཏེ། ཇི་ལྟར་གསུང་རྡོ་རྗེ་གཙོ་བོར་གྱུར་པས་ཁ་ཅིག་ཏུ་དཀར་པོ་ཉིད་དུ་ འགྱུར་རོ་ཞེས་སོ། །རྩ་བའི་ཐིག་གི་ནང་གི་དཀྱིལ་འཁོར་དུ་ཡང་ཟུར་ཐིག་གཉིས་གཉིས་ཀྱི་ 8-1-112 ཡོངས་སུ་བཅད་པའི་ཕྱོགས་བཞིའི་ས་གཞི་རྣམས་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་ པའི་ཁ་དོག་གོ །བསྒོམ་བྱའི་དཀྱིལ་འཁོར་གྱི་ཕྱོགས་བཞིའི་ཐོག་རྣམས་ཀྱང་དེ་བཞིན་ནོ། ། ཀ་བ་རྣམས་ཀྱང་དེ་བཞིན་ཏེ། རང་རང་གི་རེ་མིག་གི་དེ་བཞིན་གཤེགས་པའི་མཚན་མའི་ ཕྲེང་བས་མཚན་པའོ། །གཙོ་བོའི་ས་གཞི་ནི་གཙོ་བོའི་མདོག་གོ །སྣ་ཚོགས་པད་མའི་འདབ་ མ་ནི། །བདེན་བྲལ་ལྗང་ཁུ་དབང་ལྡན་ནག །མེ་དང་རླུང་ནི་སེར་པོ་སྟེ། །ཕྱོགས་རྣམས་ཀྱི་ ནི་དམར་པོའོ། །གཙོ་བོའི་སྣམ་བུ་ལ་ནི་གཙོ་བོའི་མཚན་མའི་ཕྲེང་བ་སྟེ། རེ་ཁཱ་གཞན་གྱི་ ལེགས་པའི་ཡོན་ཏན་དང་ཁ་དོག་ནི་ཇི་ལྟར་མཛེས་པའོ། ། ༈ དཔལ་ལྡན་བདེ་མཆོག་གི་དཀྱིལ་འཁོར་ལ་ནི་ཐུགས་ཀྱི་འཁོར་ལོ་ནག་པོའོ། །དེའི་ རྩིབས་ཀྱི་བར་རྣམས་ནི་དམར་པོ་སྟེ། གསུང་གི་འཁོར་ལོའི་ལྟེ་བ་ཡིན་པའི་ཕྱིར་རོ། །གསུང་ གི་འཁོར་ལོ་ནི་དམར་པོའོ། །དེའི་རྩིབས་ཀྱི་བར་རྣམས་ནི་དཀར་པོ་སྟེ། སྐུའི་འཁོར་ལོའི་ལྟེ་ བ་ཡིན་པའི་ཕྱིར་རོ། །སྐུའི་འཁོར་ལོ་ནི་དཀར་པོའོ། །དེའི་རྩིབས་ཀྱི་བར་རྣམས་ནི་ཤར་ལ་ སོགས་པའི་ཕྱོགས་རྣམས་སུ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་ཁ་ དོག་གོ །མུ་ཁྱུད་གསུམ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་ནག་པོ་དང་པད་མ་དམར་པོ་དང་ འཁོར་ལོ་དཀར་པོའི་ཕྲེང་བ་རྣམས་ཀྱིས་བསྐོར་བའོ། །ཕྱི་རོལ་ནས་བརྩམས་ཏེ་ནང་གི་བར་ དུ་ལྗང་ཁུ་དང་དཀར་པོ་དང་དམར་པོ་དང་སེར་པོ་དང་ནག་པོའི་ཁ་དོག་གི་རེ་ཁཱ་ལྔའོ། །ཤར་ དང་བྱང་དང་ནུབ་དང་ལྷོ་དང་དབུས་ཀྱི་ས་གཞི་དང་ཐོག་རྣམས་ཀྱང་དཀར་པོ་དང་ལྗང་ཁུ་ དང་དམར་པོ་དང་སེར་པོ་དང་ནག་པོའི་ཁ་དོག་གོ །གཞན་དག་ནི་རེ་ཁཱ་ལྔ་དང་ས་གཞི་དང་ ཐོག་རྣམས་ནག་པོ་དང་ལྗང་ཁུ་དང་དམར་པོ་དང་སེར་པོ་དང་དཀར་པོ་དང་བསྲེས་པའི་སྔོན་ པོའི་མདོག་གོ་ཞེས་ཟེར་རོ། །དེ་ལྟར་སྔ་མ་དང་ཕྱི་མར་ཁ་དོག་གི་རིམ་པ་ཡོངས་སུ་བསམས་ ནས་རྡུལ་ཚོན་དགྱེ་བར་བྱའོ། །དེ་ལ་སྐལ་བ་དང་མི་ལྡན་པ་འདུས་པ་ན་མཚན་མ་དང་ཕྱག་ 8-1-113 རྒྱ་ཉིད་ཇི་ལྟར་རིགས་པར་བྲི་བར་བྱའོ། །སྐལ་བ་དང་ལྡན་པ་འདུས་པ་ན་ནི་ལྷའི་སྐུ་བྲི་ བར་བྱ་ཞིང༌། བྲིས་སྐུའམ་ལུགས་མའམ་འབུར་དུ་བཏོད་པའམ་ལེགས་པར་འདུས་བྱས་པ་ གཞག་པར་བྱའོ། །དེ་ལྟར་ཡང༌། ཀླུའི་བློའི་ཞབས་ཀྱིས། ཇི་ལྟར་ནུས་པས་དཀྱིལ་འཁོར་དུ། ། ས་བོན་དགོད་བྱ་ཡང་ན་ནི། །མཚན་མའམ་ལྷ་ཡི་གཟུགས་ཉིད་དེ། །ལུགས་མའམ་འབུར་ མ་གཞག་པར་བྱ། །ཞེས་གསུངས་སོ། །ཕྱག་རྒྱ་བྲི་བར་ནི་མངོན་པར་བརྗོད་པ་བླ་མའི་རྒྱུད་ ལས་གསུངས་སོ། །མི་ནུས་ན་ནི་བྲིས་པའི་ཕྱག་རྒྱའམ་མཚན་མ་བཞག་པར་བྱ་སྟེ། ཚོན་ནམ་ ཡང་ན་པིར་རྣམས་ཀྱིས། །བྲིས་པ་རྣམས་ཀྱིས་རྣམ་པར་སྤྲས། ཞེས་སོ། ། ༈ དེའི་ཕྱིར་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་ནི། ལྟེ་བར་ཟླ་བ་ལ་བཅོམ་ལྡན་ འདས་འཇམ་པའི་རྡོ་རྗེའི་རལ་གྲི་སྔོ་བསངས་སོ། །ཤར་དུ་ཟླ་བ་ལ་རྣམ་པར་སྣང་མཛད་ ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའོ། །ལྷོར་ཉི་མ་ལ་རིན་ཆེན་འབྱུང་ལྡན་གྱི་རིན་པོ་ཆེ་ ལྗང་ཁུ་ཆ་དགུ་པའོ། །ནུབ་ཏུ་ཉི་མ་ལ་འོད་དཔག་མེད་ཀྱི་པད་མ་དམར་པོ་འདབ་མ་བརྒྱད་ པའོ། །བྱང་དུ་ཉི་མ་ལ་དོན་ཡོད་གྲུབ་པའི་རལ་གྲི་ལྗང་ཁུའོ། །མེར་ཟླ་བ་ལ་སྤྱན་མའི་མིག་ འབྲས་ནག་པོ་ཅན་གྱི་མིག་དཀར་པོ་གཉིས་སྤྲིན་ལ་གནས་པའོ། །བདེན་བྲལ་དུ་ཟླ་བ་ལ་ མཱ་མ་ཀཱིའི་རྡོ་རྗེ་ནག་པོ་རྩེ་ལྔ་པ་སྟེ། རྒྱུད་དུ་དེ་ལྟར་གསུངས་པའི་ཕྱིར་རོ། །རླུང་དུ་ཟླ་བ་ལ་ གོས་དཀར་མོའི་པད་མ་དམར་པོ་ཁ་བྱེ་ཞིང་ཡུ་བ་རྩ་བ་དང་བཅས་པའོ། །དབང་ལྡན་དུ་ཟླ་ བ་ལ་སྒྲོལ་མའི་ཨུད་པ་ལ་ཁ་དོག་སྔོ་སེར་རོ། །མེ་ལ་སོགས་པའི་ཟུར་བཞི་དང༌། ཤར་སྒོའི་ གཡོན་དང་གཡས་སུ་ཆ་ཆུང་གཉིས་གཉིས་སྤངས་པའི་འགྲམ་དག་ཏུ་ཟླ་བ་རྣམས་ལ། རིམ་ པ་ཇི་ལྟ་བ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ མ་རྣམས་ཀྱི་མེ་ལོང་དཀར་པོ་དང་དྲི་ཟའི་པི་ཝང་སྔོན་པོ་དང་དྲི་སེར་པོའི་དུང་དང་རོའི་སྣོད་ དམར་པོ་དང་སྣ་ཚོགས་པའི་གོས་དང་ཆོས་འབྱུང་དཀར་པོ་རྣམས་སོ། །ཤར་ལ་སོགས་པའི་ 8-1-114 སྒོར་ཉི་མ་རྣམས་ལ་གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པད་མ་མཐར་བྱེད་ དང་བགེགས་མཐར་བྱེད་རྣམས་ཀྱི་གོ་རིམ་ཇི་ལྟ་བ་བཞིན་རྡོ་རྗེའི་ཐོ་བ་ནག་པོ་དང་རྡོ་རྗེས་ མཚན་པའི་དབྱུག་པ་དཀར་པ་དཀར་པོ་དང་པད་མ་དམར་པོ་དང་རྡོ་རྗེ་ཁ་གྱེས་པ་སྔོན་པོའོ། ། འདིར་ཟླ་བ་དང་ཉི་མ་བཅུ་དགུ་ནི་སྣ་ཚོགས་པད་མ་ལ་གནས་པའོ། །མཚན་མ་ཐམས་ཅད་ ནི་འོད་ཟེར་དང་བཅས་པ་རང་རང་གི་ཕྱོགས་སུ་མགོ་བསྟན་ནས་གནས་པ་སྟེ། འཁོར་ལོའི་ དབང་ཕྱུག་གི་ནི་ནུབ་ཏུ་མགོ་བསྟན་པའོ། །དེ་ལྟར་ཕྱི་མ་རྣམས་སུ་ཡང་ངོ༌། ། ༈ རྡོ་རྗེ་སེམས་དཔའི་འཁོར་ལོའི་དབང་ཕྱུག་ཉིད་ལ་ནི་དབུས་སུ་ཆུ་སྐྱེས་དང་ཟླ་བ་ལ་ ཞི་བའི་རྡོ་རྗེ་སྔོན་པོའོ། །ཁ་ཅིག་ནི་སྣ་ཚོགས་རྡོ་རྗེའོ་ཞེས་སོ། །དབུས་ཀྱི་འོད་ཟེར་གྱི་ཐིག་ ཟླུམ་པོ་ལ་ཚོན་གྱི་རེ་ཁཱ་མི་བྱའོ་ཞེས་པ་མན་ངག་གོ །ཟླུམ་པོའི་ཐིག་གི་ཕྱི་རོལ་ཏུ་ཚངས་ ཐིག་གི་ངོས་སོ་སོར་ཆ་ཆུང་བཞི་སྤངས་ནས་བུམ་པ་ཆ་ཆུང་བཞི་པ་སྟེ། བདུད་རྩིས་གང་བའི་ གསེར་གྱི་བུམ་པ་བརྒྱད་དོ་ཞེས་པ་ཕྱོགས་གཅིག་གི་སྟེ། གཞན་དག་ནི་རིན་པོ་ཆེའི་རང་ བཞིན་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་གོ་ཞེས་སོ། །འདི་དང་ཕྱི་མ་ རྣམས་ལ་ཡང་དབུས་སུ་དེ་བཞིན་གཤེགས་པ་གཞན་གྱི་མཚན་མ་འགོད་པ་ན་དེའི་གནས་སུ་ དབུས་ཀྱི་མཚན་མ་བྲི་བར་བྱའོ། ། ༈ བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་ལ་དབུས་སུ་ཉི་མ་ལ་མི་བསྐྱོད་ པའི་རྡོ་རྗེ་རྩེ་ལྔ་པ་ཁ་གྱེས་པ་ཨིན་ཏྲ་ནཱི་ལ་ལྟ་བུ་དང༌། རེག་བྱ་རྡོ་རྗེ་མའི་སྣ་ཚོགས་པའི་གོས་ སོ། །རྣམ་པར་སྣང་མཛད་ལ་སོགས་པ་རིམ་པ་དང་པོ་དང་གཉིས་པར་གནས་པ་བཅུ་གཉིས་ པོ་རྣམས་ཀྱི་མཚན་མ་རྣམས་ནི་སྔ་མ་བཞིན་ནོ། །རིམ་པ་གསུམ་པར་སྒོའི་འགྲམ་གྱི་སྣམ་བུ་ ལ་ཚངས་པའི་ཐིག་ལས་ཆ་ཆུང་བཞི་སྤངས་པར། གཡོན་དུ་བྱམས་པའི་ཀླུ་ཤིང་གི་མེ་ཏོག་ འཁོར་ལོ་དང་བཅས་པ་དང༌། གཡས་སུ་སའི་སྙིང་པོའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་ 8-1-115 པའོ། །ལྷོར་དེ་བཞིན་དུ་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོའི་རྡོ་རྗེ་དང་ཆ་དགུ་པའི་རིན་པོ་ ཆེ་མ་ར་ཀ་ཏའོ། །ནུབ་ཏུ་དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་དང་འཇམ་པའི་དབྱངས་ཀྱི་པད་ མ་དམར་པོ་དང་རྡོ་རྗེའོ། །བྱང་དུ་དེ་བཞིན་དུ་སྒྲིབ་པ་རྣམ་པར་སེལ་བ་དང་ཀུན་ཏུ་བཟང་ པོའི་རལ་གྲི་དང་རྡོ་རྗེའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དུ་གཤིན་ རྗེ་གཤེད་ལ་སོགས་པ་རྣམས་ཀྱི་རྡོ་རྗེའི་ཐོ་བ་དང་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་དང་ པད་མ་དམར་པོ་དང་སྣ་ཚོགས་རྡོ་རྗེའོ། །མེ་ལ་སོགས་པའི་ཟུར་རྣམས་སུ་མི་གཡོ་བ་དང་ འདོད་པའི་རྒྱལ་པོ་དང་དབྱུག་པ་སྔོན་པོ་དང་སྟོབས་པོ་ཆེ་རྣམས་ཀྱི་རལ་གྲི་དང་རྡོ་རྗེ་དང་རྡོ་ རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་རྡོ་རྗེས་མཚན་པའི་དབྱུག་པ་ནག་པོའོ། །གཙུག་ཏོར་ འཁོར་ལོས་སྒྱུར་བའི་རྡོ་རྗེ་སྔོན་པོ་ནི་གཤིན་རྗེ་གཤེད་ཀྱི་མཚན་མའི་ཕྱི་ངོས་སུ་སྟེ། གཞན་ དག་ནི་འཁོར་ལོ་སེར་པོའོ་ཞེས་སོ། །གནོད་མཛེས་ཀྱི་རྡོ་རྗེ་ནི་པད་མ་མཐར་བྱེད་ཀྱི་མཚན་ མའི་ཕྱི་ངོས་སུའོ། །བྱམས་པ་ལ་སོགས་པ་བརྒྱད་ཀྱི་མཚན་མ་ནི་ཟླ་བ་ལ་གནས་པ་སྟེ། གཤིན་རྗེ་གཤེད་ལ་སོགས་པ་བཅུའི་མཚན་མ་ནི་ཉི་མ་ལ་གནས་པའོ། །འདིར་ཉི་མ་དང་ཟླ་ བ་སུམ་ཅུ་རྩ་གཅིག་ནི་སྣ་ཚོགས་པད་མ་ལ་གནས་པ་སྟེ། བུམ་པ་བྲི་བ་ནི་སྔ་མ་བཞིན་ནོ། ། ༈ ཁ་སྦྱོར་དུ་གསུངས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་དབུས་སུ་ཟླ་བ་ལ་རྡོ་ རྗེ་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་སྔོན་པོའོ། །ཤར་དུ་ཟླ་བ་ལ་རྣམ་པར་སྣང་མཛད་ཀྱི་འཁོར་ ལོ་དང༌། ལྷོར་ཉི་མ་ལ་རིན་ཆེན་དབང་པོའི་རིན་པོ་ཆེ་དང༌། ནུབ་ཏུ་ཉི་མ་ལ་སྣང་བ་མཐའ་ ཡས་ཀྱི་མདའ་དང༌། བྱང་དུ་ཉི་མ་ལ་དོན་ཡོད་གྲུབ་པའི་སྣ་ཚོགས་རྡོ་རྗེའོ། །སྤྱན་མ་ཡི་ནི་ སྤྲིན་ལ་གནས་པའི་མིག་དང༌། མཱ་མ་ཀཱིའི་མདའ་དང༌། གོས་དཀར་མོའི་མདའ་དང༌། སྒྲོལ་ མའི་ཨུད་པ་ལ་དམར་པོའོ། །རིམ་པ་གཉིས་པ་ལ་ཤར་ཕྱོགས་སུ་དྲག་མོའི་མདའ་དང༌། ལྷོར་ རྡོ་རྗེ་གཟུགས་མའི་རྡོ་རྗེ་དང༌། ནུབ་ཏུ་འདོད་ཆགས་རྡོ་རྗེ་མའི་རལ་གྲི་དང༌། བྱང་དུ་རྡོ་རྗེ་ཞི་ 8-1-116 བ་མོའི་གཏུན་ཤིང་ཐུང་ངུ་དང༌། དབང་ལྡན་དུ་རྡོ་རྗེ་གནོད་སྦྱིན་མོའི་དབྱུག་པ་དཀར་སེར་ དང༌། མེར་རྡོ་རྗེ་མཁའ་འགྲོ་མའི་པད་མ་དམར་སེར་དང༌། བདེན་བྲལ་དུ་སྒྲ་རྡོ་རྗེ་མའི་ཤག་ ཏི་དང༌། རླུང་དུ་ས་རྡོ་རྗེ་མའི་བུམ་པ་དཀར་ལྗང་ངོ༌། །རིམ་པ་གསུམ་པ་ལ། ཤར་ཕྱོགས་སུ་ བཞད་མའི་རྡོ་རྗེ་དང༌། ལྷོར་སྒེག་མོའི་རྡོ་རྗེ་དང་ནུབ་ཏུ་གླུ་མའི་འཁར་རྔ་དང༌། བྱང་དུ་གར་ མའི་རྡོ་རྗེ་རྩེ་གསུམ་པ་ལྗང་ཁུ་དང༌། དབང་ལྡན་དུ་གླི ང་བུ་མའི་གླི ང་བུ་དང༌། མེར་པི་བང་ མའི་པི་ཝང་དང༌། བདེན་བྲལ་དུ་རྔ་ཟླུམ་མའི་རྔ་ཟླུམ་དང༌། རླུང་དུ་རྫ་རྔ་མའི་རྫ་རྔའོ། །ཕྱིའི་ སྣམ་བུ་ལ་མེར་མེ་ཏོག་མའི་མེ་ཏོག་གི་ཕྲེང་བ་དང༌། བདེན་བྲལ་དུ་བདུག་སྤོས་མའི་སྤོས་ མེ་དང༌། རླུང་དུ་མར་མེ་མའི་མར་མེའི་མཆོད་སྡོང་དང༌། །དབང་ལྡན་དུ་དྲི་མའི་དྲིའི་དུང་ ཆོས་དང༌། ཤར་དུ་མེ་ལོང་མའི་མེ་ལོང་དང༌། ལྷོར་རོ་མའི་རོའི་སྣོད་དང༌། ནུབ་ཏུ་རེག་བྱ་ མའི་གོས་སྣ་ཚོགས་དང༌། བྱང་དུ་ཆོས་མའི་ཆོས་འབྱུང་དཀར་པོའོ། །ཤར་ལ་སོགས་པའི་ སྒོ་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དུ། རྡོ་རྗེ་ལྕགས་ཀྱུ་མ་དང་རྡོ་རྗེ་ཞགས་པ་མ་དང་རྡོ་རྗེ་ ལྕགས་སྒྲོག་མ་དང་རྡོ་རྗེ་དྲིལ་བུ་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་ ཕྲེང་བའི་བདག་ཉིད་ཀྱི་རྡོ་རྗེ་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་རྣམས་ཏེ་ཉི་མ་ལ་གནས་པའོ། ། འདིར་བརྗོད་པའི་ཉི་མའི་གདན་ལ་གནས་པའི་མཚན་མ་བདུན་ལས་གཞན་པའི་མཚན་མ་ རྣམས་ནི་ཟླ་བའི་གདན་ལ་གནས་པ་སྟེ། ཉི་མ་དང་ཟླ་བ་སུམ་ཅུ་རྩ་བདུན་པོ་འདི་རྣམས་ནི་ སྣ་ཚོགས་པད་མའི་སྟེང་དུ་ཐོད་པ་རྣམས་ལ་གནས་པའོ། །བུམ་པ་བྲི་བ་ནི་སྔ་མ་བཞིན་ཏེ། ཐིག་ཟླུམ་པོ་དྲུག་པ་ལས་ཕྱི་རོལ་ཏུའོ་ཞེས་པ་ནི་ཁྱད་པར་རོ། ། ༈ ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་ལ་དབུས་དང་ཤར་དང་བྱང་དང་ནུབ་དང་ལྷོ་ རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དུ། ཡེ་ཤེས་མཁའ་འགྲོ་མ་དང་རྡོ་རྗེ་མཁའ་འགྲོ་མ་དང་མི་ བཟད་མཁའ་འགྲོ་མ་དང་རོ་ལངས་མ་དང་གཏུམ་མོ་རྣམས་ཀྱི་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ 8-1-117 རྣམས་སོ། །དབང་ལྡན་དང་མེ་དང་བདེན་བྲལ་དང་རླུང་རྣམས་སུ་སེང་གེ་མོ་དང་སྟག་མོ་དང་ ལྕེ་སྤྱང་མོ་དང་འུག་པ་མོ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་རྣམས་སོ། །ཤར་དང་བྱང་དང་ནུབ་དང་ ལྷོའི་སྒོ་རྣམས་སུ་རྒྱལ་དབང་མོ་དང་གསལ་བྱེད་མོ་དང་འཇིབ་བྱེད་མོ་དང་འདར་བྱེད་མོ་ རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་ལག་པ་གཉིས་སྙིམ་པ་ཁ་ཕྱེ་བ་དང་ཐལ་མོ་སྦྱར་བ་དང་ སྙིམ་པ་ཁྲག་གིས་བཀང་བ་དང་རྡོ་རྗེ་ཐལ་མོ་ལས་མཐེ་བོའི་རྩེ་མོ་གཉིས་དང་མཛུབ་མོའི་རྩེ་ མོ་གཉིས་སྦྱར་བའོ། །འདིར་མཚན་མ་དང་ཕྱག་རྒྱ་རྣམས་ནི་སྣ་ཚོགས་པད་མ་དང་ཉི་མ་ལ་ གནས་པའོ། །བསྒོམ་བྱའི་དཀྱིལ་འཁོར་ལ་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་སྣ་ཚོགས་ པད་མ་རྣམས་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་སེང་གེ་ལྔ་དང་མཆེ་བ་ཅན་དཀར་པོ་དང་རིན་པོ་ ཆེ་སྣ་བདུན་གྱི་ཕུང་པོ་དང་མ་ཧེ་དང་གདེངས་ཅན་གྱི་དབང་པོ་བརྒྱད་ཀྱི་མཇུག་མ་དང་རོ་ བཞི་ལ་གནས་པ་སྟེ། སོ་སོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ནི་སྐལ་བ་དང་མི་ལྡན་པ་འདུས་ པ་ན་བྲི་བར་མི་བྱའོ། །གཞན་དུ་ནི་ངལ་བས་འཇིགས་པའི་ཕྱིར་དང་སྦྱིན་བདག་བསྡུས་པ་ལ་ དགའ་བས་སོ། །སྐལ་བ་དང་ལྡན་པ་རབ་ཏུ་དང་བར་བྱ་བའི་དོན་དང་སྦྱིན་བདག་གི་དབང་ ལས་ནི་བྲི་བར་བྱའོ། །དེ་བཞིན་དུ་ཕྱི་མ་རྣམས་ལ་ཡང་ཇི་ལྟར་འབྱུང་བར་བྲི་བ་དང་མི་བྲི་ བར་རིག་པར་བྱའོ། །ཕྱི་ངོས་ཀྱི་ཐིག་ཟླུམ་པོའི་ཕྱི་རོལ་ཏུ་བུམ་པ་བྲིའོ། ། ༈ བཅུ་བདུན་གྱི་བདག་ཉིད་ཀྱེའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ། སྣ་ཚོགས་ཆུ་སྐྱེས་ ཀྱི་ལྟེ་བར་ཁྲོ་བོའི་རྡོ་རྗེ་སྔོན་པོའོ། །ཤར་དང་ལྷོ་ལ་སོགས་པ་དང་བྱང་དང་མེ་ལ་སོགས་ པའི་འདབ་མ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ། རྡོ་རྗེ་དྲག་མོ་དང་རྡོ་རྗེ་གཟུགས་མ་དང་ རྡོ་རྗེ་འདོད་ཆགས་མ་དང་རྡོ་རྗེ་ཞི་བ་མོ་དང་རྡོ་རྗེ་གནོད་སྦྱིན་མོ་དང་རྡོ་རྗེ་མཁའ་འགྲོ་མ་ དང་སྒྲ་རྡོ་རྗེ་མ་དང་ས་རྡོ་རྗེ་མ་རྣམས་ཀྱི་མདའ་དང་རྡོ་རྗེ་དང་རལ་གྲི་དང་གཏུན་ཤིང་ཐུང་ངུ་ དང་དབྱུག་པ་སེར་པོ་དང་པད་མ་དམར་སེར་དང་ཤག་ཏི་དང་བུམ་པ་དཀར་ལྗང་ངོ༌། །རིམ་ 8-1-118 པ་གཉིས་པ་ལ་དབང་ལྡན་དང་མེ་ལ་སོགས་པ་རྣམས་སུ་གླིང་བུ་མ་དང་པི་ཝང་མ་དང་རྔ་ ཟླུམ་མ་དང་རྫ་རྔ་མ་རྣམས་ཀྱི་གླི ང་བུ་དང་པི་ཝང་དང་རྔ་ཟླུམ་དང་རྫ་རྔ་རྣམས་སོ། །ཤར་ལ་ སོགས་པའི་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་མ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་ རྡོ་རྗེ་དྲིལ་བུ་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལྕགས་སྒྲོག་དང་རྡོ་རྗེ་ དྲིལ་བུ་རྣམས་སོ། །མཚན་མ་བཅུ་བདུན་པོ་འདི་རྣམས་ནི་ཐོད་པ་དང་ཉི་མ་ལ་གནས་པ་སྟེ། གླི ང་བུ་མ་ལ་སོགས་པ་བརྒྱད་ཀྱི་ནི་ཐོད་པའི་འོག་ཏུ་སྣ་ཚོགས་པད་མའོ། །ཕྱག་གཉིས་པ་ དང་ཕྱག་བཞི་པ་ལ་ནི་ཐོད་པ་མེད་དོ། ། ༈ ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་ལ་སྣ་ཚོགས་པད་མའི་ལྟེ་བར་ཁྲོ་བོའི་རྡོ་རྗེ་སྔོན་ པོའོ། །ཤར་ལ་སོགས་པ་དང་དབང་ལྡན་ལ་སོགས་པའི་འདབ་མ་རྣམས་ལ། གོ་རིམ་ཇི་ལྟ་ བ་བཞིན་དུ་གཽ་རཱི་དང་ཙཽ་རཱི་དང་རོ་ལངས་མ་དང་གྷས་མ་རཱི་དང་པུཀྐ་སཱི་དང་རི་ཁྲོད་མ་དང་ གཏུམ་མོ་དང་རབ་ཏུ་རྨོངས་བྱེད་མ་རྣམས་ཀྱི་མདའ་དང་རྡོ་རྗེ་དང་ཐོད་པ་ཁྲག་དང་བཅས་པ་ ལ་གནས་པའི་རུས་སྦལ་དང་ཚིལ་གྱིས་གང་བའི་ཐོད་པ་ལ་གནས་པའི་སྦྲུལ་དང་ཤས་གང་ བའི་ཐོད་པ་ལ་གནས་པའི་སེང་གེ་དང་ཁུ་བ་དང་བཅས་པའི་ཐོད་པ་ལ་གནས་པའི་དགེ་སློང་ དང་ཁྲག་དང་བཅས་པའི་ཐོད་པ་ལ་གནས་པའི་སྟག་དང་ཆང་གི་སྣོད་རྣམས་སོ། །རིམ་པ་ གཉིས་པའི་ཟུར་རྣམས་སུ་གླི ང་བུ་ལ་སོགས་པའི་མཚན་མ་རྣམས་ནི་སྔ་མ་བཞིན་ནོ། །ཤར་ ལ་སོགས་པའི་སྒོ་རྣམས་སུ་རྟ་གདོང་མ་དང་ཕག་གདོང་མ་དང་ཁྱི་གདོང་མ་དང་སེང་གེ་མོ་ རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་རྣམས་ སོ། །མཚན་མ་བཅུ་བདུན་པོ་འདི་རྣམས་ནི་ཉི་མ་ལ་གནས་པ་སྟེ། གླི ང་བུ་མ་ལ་སོགས་པ་ བརྒྱད་ཀྱི་ནི་ཉི་མའི་འོག་ཏུ་སྣ་ཚོགས་པད་མ་རྣམས་སོ། །དབུས་ཀྱི་འོད་ཟེར་གྱི་ཕྱི་རོལ་ཏུ་ བུམ་པ་རྣམས་ནི་སྔ་མ་བཞིན་ནོ། ། 8-1-119 ༈ བདག་མེད་མའི་དཀྱིལ་འཁོར་ལ་སྣ་ཚོགས་པད་མའི་ལྟེ་བ་དང་ཤར་ལ་སོགས་པའི་ འདབ་མ་རྣམས་ལ་གོ་རིམ་ཇི་ལྟ་བ་བཞིན་དུ་བདག་མེད་མ་དང་རྡོ་རྗེ་མ་དང་དཀར་མོ་དང་ཆུ་ མ་དང་རྡོ་རྗེ་མཁའ་འགྲོ་མ་རྣམས་དང་རིམ་པ་གཉིས་པར་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་ དུ་བརྗོད་པའི་དཀར་མོ་ལ་སོགས་པ་རྣམས་ཀྱི་རྡོ་རྗེའོ། །གླི ང་བུ་མ་ལ་སོགས་པའི་མཚན་མ་ ནི་སྔ་མ་བཞིན་ཏེ། རྟ་གདོང་མ་ལ་སོགས་པའི་གྲི་གུག་རྣམས་སོ། །རྟ་གདོང་མའི་ཕྱི་ངོས་སུ་ མཁའ་སྤྱོད་མའི་རྡོ་རྗེ་སྟེ། ཁྱི་གདོང་མའི་ཕྱི་ངོས་སུ་ས་སྤྱོད་མའི་རྡོ་རྗེའོ། །འདིར་གྲི་གུག་བཞི་ ནི་ཉི་མ་ལ་གནས་པ་སྟེ། མཚན་མ་གཞན་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའོ། །ཕྱིའི་ དཀར་མོ་ལ་སོགས་པ་བཅོ་བརྒྱད་པོ་རྣམས་ཀྱི་ཟླ་བ་དང་ཉི་མ་ནི་སྣ་ཚོགས་པད་མ་ལ་གནས་ པའོ། །གླི ང་བུ་མ་ལ་སོགས་པ་བརྒྱད་མེད་པ་ན་ལྷག་མ་ལྷ་མོ་བཅོ་ལྔ་པོ་རྣམས་ཀྱི་ནི་ཟླ་བ་ལ་ གྲི་གུག་རྣམས་སོ། །དཀར་མོའི་ཕྱི་ངོས་སུ་མཁའ་སྤྱོད་མའི་མཚན་མ་སྟེ། རོ་ལངས་མའི་ཕྱི་ ངོས་སུ་ས་སྤྱོད་མའི་འོ། ། ༈ དེ་བཞིན་དུ་ཀུ་རུ་ཀུལླེའི་དཀྱིལ་འཁོར་ལ་ཡང་ཡིན་ཏེ། ཁྱད་པར་ནི་ཟླ་བ་ལ་ཡུ་བ་ དང་བཅས་པའི་ཨུད་པ་ལ་དམར་པོ་ཁ་འབུས་པ་ཡོད་པའི་མདའ་འོ། །འདིར་ལྷ་མོ་བཅོ་ལྔ་ པོ་རྣམས་ཀྱང་ཀུ་རུ་ཀུལླེ་བཞིན་དུ་ཁ་དོག་དམར་པོའོ། ། ༈ རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དང་པོ་ལ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བ་དང༌། ཤར་ལ་ སོགས་པ་དང་དབང་ལྡན་ལ་སོགས་པའི་འདབ་མ་རྣམས་ལ་གོ་རིམ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་ བདུད་རྩི་དང་ཞི་བ་མོ་དང་ཞི་གདོང་མ་དང་ཟླ་ལྡན་མ་དང་རི་བོང་ཅན་མ་དང་ཟླ་བའི་དཀྱིལ་ འཁོར་མ་དང་ཟླ་ཚེས་མ་དང་ཡིད་འོང་མ་དང་ཡིད་ཚིམ་བྱེད་མ་རྣམས་ཀྱི་རྡོ་རྗེའོ། །ཁྱད་པར་ ནི་ཟླ་ཚེས་མའི་ཟླ་བ་ཆ་གཅིག་པའོ། །རིམ་པ་གཉིས་པ་ལ་དབང་ལྡན་ལ་སོགས་པ་རྣམས་ སུ་མེ་ཏོག་མ་དང་བདུག་སྤོས་མ་དང་མར་མེ་དང་དྲི་ཆབ་མ་རྣམས་ཀྱི་མེ་ཏོག་གི་ཟ་མ་ཏོག་ 8-1-120 དང་སྤོས་ཕོར་དང་མར་མེའི་མཆོད་སྡོང་དང་དྲིའི་དུང་ཆོས་རྣམས་སོ། །ཤར་ལ་སོགས་པའི་ སྣམ་བུ་ལ་གླི ང་བུ་མ་ལ་སོགས་པ་རྣམས་ཀྱི་གླི ང་བུ་ལ་སོགས་པ་བཞིའོ། །ཤར་ལ་སོགས་ པའི་སྒོ་རྣམས་སུ་ཁྲོ་གཉེར་རིམ་པར་ལྡན་དང་འཇིགས་སྡིགས་དང་རྟ་གཟུགས་དང་ཚོགས་ ཀྱི་གཙོ་བོ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་ བུ་རྣམས་སོ། །མཚན་མ་ཉི་ཤུ་རྩ་གཅིག་པོ་འདི་རྣམས་ནི་ཟླ་བ་ལ་གནས་པ་སྟེ། མེ་ཏོག་མ་ ལ་སོགས་པ་བཅུ་གཉིས་ཀྱི་ཟླ་བའི་འོག་ཏུ་སྣ་ཚོགས་འདམ་སྐྱེས་རྣམས་སོ། །ཡང་ན་དཀྱིལ་ འཁོར་པ་ཐམས་ཅད་ལ་ཆོས་འབྱུང་བྲི་བར་བྱའོ། །འདི་ཉིད་ཁོ་ན་བྲི་བར་བྱའོ་ཞེས་པ་ནི་ གཞན་དག་གོ ། ༈ རྡོ་རྗེ་བདུད་རྩི་གཞན་གསུམ་གྱི་དཀྱིལ་འཁོར་གྱི་མཚན་མ་རྣམས་ནི་རྡོ་རྗེ་བདུད་ རྩིའི་རྒྱུད་དུ་རིག་པར་བྱའོ། ། ༈ དགུའི་བདག་ཉིད་ཀྱེའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་ ཉི་མ་ལ་རྡོ་རྗེ་སྔོན་པོ་ཁ་གྱེས་པའོ། །ཤར་ལ་སོགས་པ་དང་དབང་ལྡན་ལ་སོགས་པའི་འདབ་ མར་ཟླ་བ་རྣམས་ལ་གོ་རིམ་ཇི་ལྟ་བ་བཞིན་དུ་གཽ་རཱི་དང་ཆོམ་རྐུན་མ་དང་རོ་ལངས་མ་དང་ གྷས་སྨ་རཱི་དང་པུཀྐ་སཱི་དང་རི་ཁྲོད་མ་དང་གཏུམ་མོ་དང་གཡུང་མོ་རྣམས་ཀྱི་གྲི་གུག་དང་ཅང་ ཏེའུ་དང་རུས་སྦལ་དང་སྦྲུལ་དང་སེང་གེ་དང་དགེ་སློང་དང་འཁོར་ལོ་དང་རྡོ་རྗེ་རྣམས་སོ། ། ཕྱག་བཅུ་དྲུག་པའི་ཉི་མ་ལ་སྣ་ཚོགས་རྡོ་རྗེ་མཚན་པའི་ཐོད་པ་དཀར་པོའོ་ཞེས་པ་ནི་ཁྱད་ པར་རོ། །ཕྱིའི་ཟླུམ་པོ་ལས་ཕྱི་རོལ་ཏུ་བུམ་པ་རྣམས་སོ། ། ༈ སྒྱུ་མ་ཆེན་མོའི་དཀྱིལ་འཁོར་ལ་པད་མ་དམར་པོའི་ལྟེ་བར་ཉི་མ་ལ་བཅོམ་ལྡན་ འདས་སྒྱུ་མ་ཆེན་མོའི་ངོ་བོ་པད་མའི་སྣོད་དོ། །ཤར་ལ་སོགས་པའི་འདབ་མར་ཟླ་བ་རྣམས་ ལ་གཡས་སྐོར་དུ་རྡོ་རྗེ་མཁའ་འགྲོ་མ་དང་རིན་ཆེན་མཁའ་འགྲོ་མ་དང་པད་མའི་མཁའ་འགྲོ་ 8-1-121 མ་དང་སྣ་ཚོགས་མཁའ་འགྲོ་མ་རྣམས་ཀྱི་རྡོ་རྗེ་དང་རིན་པོ་ཆེའི་སྙེ་མ་དང་སྣ་ཚོགས་ཆུ་སྐྱེས་ དང་རལ་གྲི འོ། །སངས་རྒྱས་མཁའ་འགྲོ་མ་ནི་རྡོ་རྗེ་སེམས་དཔའ་ལ་འཁྱུད་ནས་གནས་པའི་ ཕྱིར་དེའི་མཚན་མ་ཐ་དད་དུ་མི་དགོད་དོ། ། ༈ དགུའི་བདག་ཉིད་སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་ བར་ཉི་མ་ལ་ཅང་ཏེའུ་འོ། །ཤར་དང་བྱང་དང་ནུབ་དང་ལྷོ་དང་དབང་ལྡན་དང་མེ་དང་བདེན་ བྲལ་དང་རླུང་གི་འདབ་མར་ཉི་མ་རྣམས་ལ་སྣ་ཚོགས་བདེ་མ་དང་འདོད་མ་དང་ས་འོག་ གནས་མ་དང་ལེགས་བཟང་མ་དང་ཆང་འཚོང་མ་དང་འབྱུང་མོ་དང་ཕྱག་བཞི་མ་དང་ནམ་ མཁའ་ལ་གནས་མ་རྣམས་ཀྱི་གྲི་གུག་རྣམས་སོ། ། ༈ རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ལ་དབུས་སུ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྡོ་རྗེའོ། །ཤར་ལ་ སོགས་པར་གཡོན་བསྐོར་དུ་རྡོ་རྗེ་དབྱུག་པ་དང་རྡོ་རྗེ་ཉི་མ་མེ་དང་རྡོ་རྗེ་གཙུག་ཏོར་དང་རྡོ་རྗེ་ འཁྱིལ་པ་རྣམས་དང༌། མེ་ལ་སོགས་པར་གཡས་བསྐོར་དུ་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་དུས་ དང་ནག་པོ་ཆེན་པོ་དང་རྡོ་རྗེ་སྡིགས་པ་དང་གཙུག་ཏོར་དང་རྡོ་རྗེ་ས་འོག་རྣམས་ཀྱི། རྡོ་རྗེ་ཐོ་ བ་དང་རྡོ་རྗེ་དབྱུག་པ་དང་ཆུ་སྐྱེས་དམར་པོ་དང་སྣ་ཚོགས་རྡོ་རྗེ་དང་ལྕགས་ཀྱུ་དང་དགྲ་སྟ་ དང་རྩེ་གསུམ་དང་རལ་གྲི་དང་འཁོར་ལོ་དང་རྡོ་རྗེའི་གཏུན་ཤིང་རྣམས་ཏེ། མཚན་མ་ཐམས་ ཅད་ནི་སྣ་ཚོགས་ཆུ་སྐྱེས་དང་ནི་ཉི་མ་ལ་གནས་པའོ། །ཡང་ན་ཤར་ལ་སོགས་པའི་ཕྱོགས་ སུ་གཡས་སྐོར་དུ་གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པད་མ་མཐར་བྱེད་ དང་བགེགས་མཐར་བྱེད་རྣམས་ཀྱི་རྡོ་རྗེ་ཐོ་བ་དང་རྡོ་རྗེས་མཚན་པའི་དབྱུག་པ་དང་པད་མ་ དམར་པོ་དང་སྣ་ཚོགས་རྡོ་རྗེ་སྟེ། མེ་ལ་སོགས་པའི་མཚམས་སུ་མི་གཡོ་བ་དང་འདོད་པའི་ རྒྱལ་པོ་དང་དབྱུག་སྔོན་ཅན་དང་སྟོབས་པོ་ཆེ་རྣམས་ཀྱི་རལ་གྲི་དང་རྡོ་རྗེ་དང་རྡོ་རྗེ་མཚན་ པའི་དབྱུག་པ་སྔོན་པོ་དང་རྡོ་རྗེས་མཚན་པའི་དབྱུག་པའོ། །གཤིན་རྗེ་གཤེད་ཀྱི་མཚན་མ་ 8-1-122 ལས་ཕྱི་ངོས་སུ་གཙུག་ཏོར་འཁོར་ལོ་ཅན་གྱི་རྡོ་རྗེ་སྟེ། པད་མ་མཐར་བྱེད་ཀྱི་མཚན་མ་ལས་ ཕྱི་ངོས་སུ་གནོད་མཛེས་ཀྱི་རྡོ་རྗེའོ། །མཚན་མ་བཅུ་གཅིག་པོ་འདི་རྣམས་ནི་སྣ་ཚོགས་ཆུ་ སྐྱེས་དང་ཉི་མ་ལ་གནས་པའོ། །ཡང་ན་བགེགས་དགྲའི་རྡོ་རྗེ་ཁ་གྱེས་པའོ། །མེ་ལ་སོགས་ པ་རྣམས་སུ་འདོད་པའི་རྒྱལ་པོ་དང་དབྱུག་སྔོན་ཅན་དང་སྟོབས་པོ་ཆེ་དང་མི་གཡོ་བ་རྣམས་ ཀྱི་ལྕགས་ཀྱུ་དང་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་རྩེ་གསུམ་དང་རལ་གྲི འོ། །གཙུག་ ཏོར་ཅན་གྱི་འཁོར་ལོ་ནི་སེར་པོ་སྟེ། གཞན་རྣམས་ནི་བཤད་མ་ཐག་པ་སྔ་མ་བཞིན་ནོ། །ཡང་ ན་གཤིན་རྗེ་གཤེད་ལ་སོགས་པ་བཞི་པོ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་ རྗེ་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་རྣམས་ཏེ། གཞན་ནི་བཤད་མ་ཐག་པ་སྔ་མ་བཞིན་ནོ། ། ༈ དཔལ་ལྡན་བདེ་མཆོག་གི་དཀྱིལ་འཁོར་ལ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་གནས་པའི་ ཉི་མ་ལ་དཔལ་ལྡན་བདེ་མཆོག་གི་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་ཁ་གྱེས་པའོ། །ཕྱོགས་བཞིའི་འདབ་ མ་ལ་མཁའ་འགྲོ་མ་དང་ལཱ་མཱ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་རྣམས་ཀྱི་གྲི་གུག་གོ ། མཚམས་ཀྱི་འདབ་མ་རྣམས་ལ་པད་མའི་སྣོད་རྣམས་སོ། །བུམ་པའི་སྟེང་དུའོ་ཞེས་པ་ཁ་ ཅིག་གོ །ཐུགས་ཀྱི་འཁོར་ལོ་ལ་སོགས་པའི་རྩིབས་ཉི་ཤུ་རྩ་བཞི་ལ། རབ་གཏུམ་མ་དང་ གཏུམ་མིག་མ་དང་འོད་ལྡན་མ་དང་སྣ་ཆེན་མ་དང་དཔའ་བོའི་བློ་ཅན་མ་དང་མིའུ་ཐུང་མ་ དང་ལང་ཀའི་དབང་ཕྱུག་མ་དང་ཤིང་གྲི བ་མ་དང་ས་སྲུངས་མ་དང་འཇིགས་བྱེད་ཆེན་མོ་དང་ རླུང་གི་ཤུགས་ཅན་མ་དང་ཆང་འཐུང་མ་དང་སྔོ་བསངས་ལྷ་མོ་དང་ཤིན་ཏུ་བཟང་མོ་དང་རྟ་ རྣ་མ་དང་བྱ་གདོང་མ་དང་འཁོར་ལོའི་ཤུགས་ཅན་མ་དང་དུམ་སྐྱེས་མ་དང་ཆང་འཚོང་མ་དང་ འཁོར་ལོའི་གོ་ཆ་མ་དང་ཤིན་ཏུ་དཔའ་མོ་དང་སྟོབས་ཆེན་མོ་དང་འཁོར་ལོ་བསྒྱུར་མ་དང་ བརྩོན་འགྲུས་ཆེན་མོ་རྣམས་ཀྱི་གྲི་གུག་གོ །དཔའ་བོ་རྣམས་ཀྱི་མཚན་མ་ནི་གཙོ་བོ་མ་ཡིན་ པ་ཉིད་ཀྱི་ཕྱིར་བྲི་བར་མི་བྱའོ། །སྒོ་རྣམས་སུ་ཁྭ་གདོང་མ་དང་འུག་གདོང་མ་དང་ཁྱི་གདོང་མ་ 8-1-123 དང་ཕག་གདོང་མ་རྣམས་དང༌། མཚམས་རྣམས་སུ་གཤིན་རྗེ་བརྟན་པ་དང་གཤིན་རྗེ་ཕོ་ཉ་ མ་དང་གཤིན་རྗེ་མཆེ་བ་མ་དང་གཤིན་རྗེ་འཇོམས་པ་མོ་རྣམས་ཀྱི་སྣ་ཚོགས་ཆུ་སྐྱེས་དང་ཉི་ མ་ལ་གྲི་གུག་གོ །འདིར་ཤར་ལ་སོགས་པའི་ཕྱོགས་སུ་གཡོན་བསྐོར་དང་མེ་ལ་སོགས་པའི་ མཚམས་སུ་གཡས་སྐོར་གྱིས་མཚན་མ་དགོད་པར་བྱའོ། །ཕྱི་ངོས་ཀྱི་ཟླུམ་པོའི་ཐིག་ལས་ཕྱི་ རོལ་གྱི་མཚམས་ཀྱི་ཆར་བུམ་པ་རྣམས་བྲི་བར་བྱའོ། །དེ་ལས་གཞན་པའི་འཁོར་ལོ་སྡོམ་ པ་དང་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གྱི་མཚན་མ་རྣམས་ནི་འཆད་པར་འགྱུར་བའི་ལྷ་བསྒོམ་ པའི་གནས་སྐབས་སུ་རིག་པར་བྱའོ། ། ༈ ཉི་ཤུ་རྩ་ལྔའི་བདག་ཉིད་སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལ་དབུས་སུ་སྣ་ཚོགས་ པད་མར་ཉི་མ་ལ་ཌ་མ་རུའོ། །ལྷ་མོ་ཉི་ཤུ་རྩ་བཞིའི་གྲི་གུག་རྣམས་ཏེ། ཤར་ལ་སོགས་པའི་ ཕྱོགས་རྣམས་སུ་གཡོན་སྐོར་དུ། མེ་ལ་སོགས་པའི་མཚམས་རྣམས་སུ་གཡས་སྐོར་གྱིས་སོ། ། དེ་ལ་འཁོར་ལོ་ནག་པོའི་རྩིབས་ཀྱི་སྟེང་དུ་ཕྱོགས་ཀྱི་འདབ་མ་རྣམས་ལ་ལེགས་ཕྲེང་ཅན་ མ་དང་ཐོད་པ་ཅན་མ་དང་འཇིགས་མ་དང་མི་ཐུབ་མ་རྣམས་ཀྱིའོ། །མཚམས་ཀྱི་འདབ་མ་ལ་ ཐོད་པ་རྣམས་སོ། །དེ་ནས་རྡོ་རྗེ་སྔོན་པོའི་ཕྲེང་བའོ། །རིམ་པ་གཉིས་པར་རྩིབ་བརྒྱད་དམར་ པོ་ལ་གནས་པའི་ཆུ་སྐྱེས་ཀྱི་འདབ་མ་བརྒྱད་ལ་ཕྱོགས་རྣམས་སུ་མཛེས་པའི་སྐ་རགས་ཅན་ མ་དང་གཟུགས་ཅན་མ་དང་རྣམ་པར་རྒྱལ་མ་དང་འདོད་ཅན་མ་རྣམས་ཀྱིའོ། །མཚམས་ རྣམས་སུ་དུས་ཅན་མ་དང་མཚོ་ཆེན་མོ་དང་བྱེད་མ་དང་གསོད་མ་རྣམས་ཀྱིའོ། །དེ་ནས་རྡོ་རྗེ་ དམར་པོའི་ཕྲེང་བའོ། །རིམ་པ་གསུམ་པར་རྩིབས་བརྒྱད་དཀར་པོ་ལ་གནས་པའི་པད་མའི་ འདབ་མ་བརྒྱད་ལ་ཕྱོགས་རྣམས་སུ་སྒྲོལ་མ་དང་འཇིགས་མཐོང་མ་དང་ལེགས་མཐོང་མ་ དང་ ཁ དཀའ་ ཀ ཐུབ་གམ་རྣམས་ཀྱིའོ། །མཚམས་རྣམས་སུ་དགེ་བ་དང་གྲི བ་གནོན་མ་དང་ དུས་མཚན་མོ་དང་གྲགས་ཆེན་མོ་རྣམས་ཀྱིའོ། །དེ་ནས་རྡོ་རྗེ་དཀར་པོའི་ཕྲེང་བའོ། །སྒོའི་ 8-1-124 པད་མ་རྣམས་ལ་མཛེས་མ་དང་ནོར་འཛིན་མ་དང་སྐལ་བཟང་མ་དང་མཐོང་བ་ཡིད་འོང་མ་ རྣམས་ཀྱིའོ། །པད་མ་ཉི་ཤུའི་སྟེང་དུ་ཉི་མ་གྲི་གུག་ཞེས་གདམས་སོ། ། ༈ རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་ལ་གཙོ་བོའི་སྣ་ཚོགས་པད་མ་དང་ཟླ་བར་རྡོ་ རྗེ་སྔོན་པོ་རྩེ་ལྔ་པའོ། །ཤར་དང་བྱང་དང་ནུབ་དང་ལྷོའི་རེ་མིག་རྣམས་སུ་པད་མ་དང་ཉི་མ་ ལ་གནས་པའི་ཁ་ཊྭཱཾ་ག་རྣམས་སོ། །དབང་ལྡན་དང་མེ་ལ་སོགས་པའི་རེ་མིག་རྣམས་སུ་ཁ་ ཊྭཱཾ་ག་དང་ལྕགས་ཀྱུ་དང་དགྲ་སྟ་དང་དབྱུག་པའོ། །ཤར་ལ་སོགས་པའི་རེ་མིག་གི་ཁ་ཊྭཱཾ་ག་ རྣམས་ཀྱི་ཕྱི་རོལ་ཏུ་རིམ་པ་ཇི་ལྟ་བ་བཞིན་དུ་ཁར་བསྡུས་པའི་ལག་པ་གཉིས་དང་ཐལ་མོ་ སྦྱར་བ་དང་ཁྲག་གི་སྙིམ་པ་དང་གཏུན་ཤིང་སྟེ། ཁ་ཊྭཱཾ་ག་ལ་སོགས་པའི་མཚན་མ་རྣམས་ནི་ པད་མ་དང་ཉི་མ་ལ་གནས་པའོ། །འོད་ཟེར་གྱི་ཁོར་ཡུག་གི་ཕྱི་རོལ་ཏུ་ཤར་ཕྱོགས་སུ་བདུད་ རྩིའི་ཐོད་པ་གསུམ་དང༌། བྱང་དུ་སྒྲོན་མའི་ཐོད་པ་གསུམ་དང༌། ནུབ་ཏུ་གཏོར་མའི་ཐོད་པ་ གསུམ་དང༌། ལྷོར་བཏུང་བའི་ཐོད་པ་གསུམ་མོ། །དབང་ལྡན་དུ་སྙེམས་པའི་ལག་པ་དང་ དྲིའི་སྣོད་དོ། །མེར་པི་བང་དང་མེ་ཏོག་གི་ཟ་མ་ཏོག་གོ །བདེན་བྲལ་དུ་སྡིགས་མཛུབ་ཀྱི་ ལག་པ་དང་སྤོས་སྣོད་དོ། །རླུང་དུ་ཐལ་མོ་དང་མར་མེའོ། །དེ་ནས་རྡོ་རྗེའི་ཕྲེང་བའི་ཕྱི་རོལ་ ཏུ་ཤར་ལ་སོགས་པའི་སྣམ་བུ་རྣམས་ལ་སོ་སོར་བཞི་བཞི་དང༌། སྒོ་དང་མཚམས་རྣམས་སུ་ བརྒྱད་དེ་ཁ་ཊྭཱཾ་ག་ཉི་ཤུ་རྩ་བཞིའོ། །བདུད་རྩིའི་ཐོད་པ་ལ་སོགས་པ་ནི་མཚོ་སྐྱེས་དང་ཉི་མ་ ལ་གནས་པའོ། ། ༈ གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས་སུ་བཅོམ་ལྡན་ འདས་གཤིན་རྗེ་གཤེད་ཀྱི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཁ་གྱེས་པའོ། །ཤར་དང་ལྷོ་ལ་སོགས་པའི་ རྭའི་རྩ་བ་རྣམས་སུ་རྟག་པ་དང་རིན་ཆེན་དབང་པོ་དང་སྣང་བ་མཐའ་ཡས་དང་དོན་ཡོད་ གྲུབ་པ་རྣམས་ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་དང་རིན་པོ་ཆེ་ལྗང་ཁུ་ཆ་དགུ་པ་དང་ 8-1-125 པད་མ་དམར་པོ་འདབ་མ་བརྒྱད་པ་དང་རལ་གྲི་ལྗང་ཁུ་རྣམས་སོ། །སྣ་ཚོགས་རྡོ་རྗེའི་མེ་དང་ བདེན་བྲལ་ལ་སོགས་པའི་ཟུར་རྣམས་སུ་རྡོ་རྗེ་ཙར་ཙི་ཀཱ་དང་རྡོ་རྗེ་ཕག་མོ་དང་དབྱངས་ཅན་ མ་དང་དཀར་མོ་རྣམས་ཀྱི་འཁོར་ལོ་དང་རྡོ་རྗེ་དང་པད་མ་དང་རལ་གྲི འོ། །དེ་ནས་རྡོ་རྗེའི་ ཕྲེང་བ་སྟེ། དེ་ནས་སྣ་ཚོགས་རྡོ་རྗེའི་ཕྱོགས་སོ་སོར་རྭ་ལྔའོ། །ཤར་དང་ལྷོ་ལ་སོགས་པའི་སྒོ་ རྣམས་སུ་ཐོ་བ་གཤིན་རྗེ་གཤེད་དང་དབྱུག་པ་གཤིན་རྗེ་གཤེད་དང་པད་མ་གཤིན་རྗེ་གཤེད་ དང་རལ་གྲི་གཤིན་རྗེ་གཤེད་རྣམས་ཀྱི་རྡོ་རྗེ་རྩེ་མོ་ཉི་ཤུ་པས་མཚན་པའི་ཐོ་བ་དང་དབྱུག་པ་ དཀར་པོ་དང་པད་མ་དང་རལ་གྲི འོ། །འདིར་རྟག་པ་དང་ལྷ་མོ་རྣམས་ཀྱི་མཚན་མ་ནི་ཟླ་བ་ ལ་གནས་པ་སྟེ། གཞན་རྣམས་ནི་ཉི་མ་ལ་གནས་པའོ། །ཉི་མ་དང་ཟླ་བ་རྣམས་ཀྱི་འོག་ཏུ་སྣ་ ཚོགས་པད་མའོ། །དཀྱིལ་འཁོར་གྱི་མཚམས་རྣམས་སུ་པད་མ་ལ་གནས་པའི་ཐོད་པ་བཞི་ སྟེ། ངོས་གཞན་དུ་ནི་བུམ་པ་རྣམས་སོ། ། ༈ རྡོ་རྗེ་སྒྲོན་མའི་དཀྱིལ་འཁོར་ལ་སྣ་ཚོགས་པད་མའི་ལྟེ་བར་ཟླ་བ་ལ་རྡོ་རྗེ་རྩེ་དགུ་པ་ གསེར་གྱི་མདོག་ཅན་ནོ། །ཤར་དང་ལྷོ་ལ་སོགས་པའི་འདབ་མར་ཟླ་བ་རྣམས་ལ་མེ་ཏོག་ སྒྲོལ་མ་དང་བདུག་སྤོས་སྒྲོལ་མ་དང་སྣང་གསལ་སྒྲོལ་མ་དང་དྲིའི་སྒྲོལ་མ་རྣམས་ཀྱི་མེ་ཏོག་ གི་ཕྲེང་བ་དང་སྤོས་ཕོར་དང་སྣང་གསལ་གྱི་ཀོང་བུ་དང་དྲིའི་སྣོད་རྣམས་སོ། །མེ་ལ་སོགས་ པའི་འདབ་མ་རྣམས་སུ་རྟག་པ་དང་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་ པ་རྣམ་པར་དག་པའི་འཁོར་ལོ་དང་རྡོ་རྗེ་དང་པད་མ་དང་རལ་གྲི་རྣམས་སོ། །ཤར་དང་ལྷོ་ ལ་སོགས་པའི་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་མ་དང་རྡོ་རྗེ་ཞགས་པ་མ་དང་རྡོ་རྗེ་ལྕགས་སྒྲོག་ མ་དང་རྡོ་རྗེ་དྲིལ་བུ་མ་རྣམས་ཀྱི་ལྕགས་ཀྱུ་ལ་སོགས་པ་སྔ་མ་བཞིན་ཏེ་སྣ་ཚོགས་ཆུ་སྐྱེས་ དང་ཉི་མ་ལའོ། །རྡོ་རྗེ་ལྕགས་ཀྱུ་མའི་ཕྱི་ངོས་སུ་གཙུག་ཏོར་མའི་འཁོར་ལོ་ནི་སྣ་ཚོགས་པད་ མ་དང་ཉི་མ་ལ་སྟེ། རྡོ་རྗེ་ལྕགས་སྒྲོག་མའི་ཕྱི་ངོས་སུ་གནོད་མཛེས་མའི་སྦྲུལ་ཞགས་ནི་སྣ་ 8-1-126 ཚོགས་ཆུ་སྐྱེས་དང་ཉི་མ་ལའོ། །མེ་ལ་སོགས་པའི་ཟུར་རྣམས་སུ་ཆུ་སྐྱེས་ལ་སྤྱན་མ་དང་མཱ་ མ་ཀཱི་དང་གོས་དཀར་དང་སྒྲོལ་མ་རྣམ་པར་དག་པའི་བྱང་ཆུབ་སེམས་ཀྱི་བུམ་པ་དང་རི་རབ་ དང་མེ་ཐབ་དང་རྒྱལ་མཚན་ཆེན་པོའོ། །པད་མའི་ཕྱིར་རོལ་ཏུ་བུམ་པ་རྣམས་སོ། ། ༈ འོད་ཟེར་ཅན་གྱི་དཀྱིལ་འཁོར་ལ་དབུས་སུ་སྣ་ཚོགས་པད་མར་ཟླ་བའམ་ཉི་མ་ལ་ མདའ་སྟེ། མཚན་མོ་ཟླ་བ་ལ་གནས་ཤིང་ཉིན་པར་ཉི་མ་ལ་གནས་པས་ལྷ་མོ་རྣམ་པར་རྒྱུ་ བའི་ཕྱིར་རོ། །ཤར་དང་ལྷོ་ལ་སོགས་པའི་ཕྱོགས་རྣམས་སུ་ཨར་ཀ་མ་སི་དང་ཨན་ཏར་དྷཱ་ མ་སི་དང་ཏེ་ཛོ་མ་སིའི་ལྷ་མོ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་ཁབ་དང་སྐུད་པ་དང་བཅས་ པའི་ཁབ་དང༌། མྱ་ངན་མེད་པའི་ཡལ་ག་དང་མདའ་རྣམས་སོ། །མེ་དང་སྲིན་པོ་ལ་སོགས་ པའི་མཚམས་རྣམས་སུ་ཨུ་ད་ཡ་མ་སི་དང་གུལ་མ་སི་དང་བ་ན་མ་སི་དང་ཙི་བ་ར་མ་སི་ རྣམས་ཀྱི་ནི་གོ་རིམ་བཞིན་དུ་ཨར་ཀ་མ་སི་ལ་སོགས་པའི་མཚན་མ་བཞིན་ནོ། །ཕྱིའི་ཕོ་བྲང་ གི་སྣམ་བུའི་ཤར་དུ་མ་ཧཱ་ཙཱི་བཱ་ར་མ་སི་དང་བཱ་ར་ཧ་མུ་ཁིའི་ལྷ་མོ་དག་གི་རྡོ་རྗེ་དང་ལྕགས་ཀྱུ་ དག་གོ །ལྷོར་པ་དཱ་ཀྲ་མ་སི་དང་བ་ར་ལེའི་ལྷ་མོ་དག་གི་མྱ་ངན་མེད་པའི་འདབ་མ་དག་གོ ། ནུབ་ཏུ་པ་རཱ་ཀྲ་མ་སི་དང་བ་ད་ལེའི་ལྷ་མོ་དག་གི་མདའ་དག་གོ །བྱང་དུ་ཨུར་མ་མ་སི་དང་ བ་རཱ་ལིའི་ལྷ་མོ་དག་གི་ཁབ་དག་གོ །མེ་ལ་སོགས་པའི་ཟུར་རྣམས་སུ་བཏ་ཏཱ་ལི་དང་བ་དཱ་ ལི་དང་བ་རཱ་ལི་དང་བ་རཱ་ཧ་མུ་ཁི་རྣམས་ཀྱི་ཁབ་དང་སྐུད་པ་དང་བཅས་པའི་ཁབ་དང་མྱང་ ངན་མེད་པའི་ལོ་མ་དང་མདའ་རྣམས་སོ། །ཤར་སྒོར་ཨཱ་ལོའི་ལྷ་མོའི་རྡོ་རྗེ་ལྕགས་ཀྱུ་དང༌། ལྷོར་ཏཱ་ལོའི་ལྷ་མོའི་རྡོ་རྗེ་ཞགས་པ་དང༌། ནུབ་ཏུ་ཀཱ་ལོའི་ལྷ་མོའི་རྡོ་རྗེ་ལྕགས་སྒྲོག་དང༌། བྱང་དུ་སཏ་ས་ལོ་སམ་བ་མཱུར་དྷ་ཊིའི་ལྷ་མོའི་རྡོ་རྗེ་དྲིལ་བུའོ། །འདིར་སྒོ་སྐྱོང་མ་རྣམས་ཀྱི་ མཚན་མ་ནི་པད་མ་དང་ཉི་མ་ལ་སྟེ། གཞན་རྣམས་ནི་པད་མ་དང་ཟླ་བ་ལའོ། ། ༈ བསྲུང་བ་ལྔའི་དཀྱིལ་འཁོར་ལ་དབུས་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་ཟླ་བ་ལ་སོ་སོར་ 8-1-127 འབྲང་མ་ཆེན་མོའི་རིན་པོ་ཆེའི་ཆུན་པོའོ། །ཤར་དང་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་སྟོང་ཆེན་ མོ་རབ་ཏུ་འཇོམས་མའི་འཁོར་ལོའོ། །ལྷོར་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གསང་སྔགས་ ཆེན་མོ་རྗེས་སུ་འཛིན་མའི་རྡོ་རྗེའོ། །ནུབ་ཏུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་བསིལ་བའི་ཚལ་ ཆེན་མོའི་པད་མའོ། །བྱང་དུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་རྨ་བྱ་ཆེན་མོའི་རྨ་བྱའི་མཇུག་ སྒྲོའོ། །རིམ་པ་གཉིས་པར་མེ་ལ་སོགས་པའི་མཚམས་རྣམས་སུ་ནག་མོ་དང་དུས་མཚན་ མོ་དང་ནག་མོའི་རྣ་བ་མོ་དང་དཀར་མོ་རྣམས་ཀྱི་དུང་དང་རྡོ་རྗེ་མཚན་པའི་རྒྱལ་མཚན་ དང་དགྲ་སྟ་དང་རྩེ་གསུམ་རྣམས་སོ། །སྣམ་བུ་རྣམས་ལ་བུམ་པའོ། །ཤར་ལ་སོགས་པའི་ སྒོ་རྣམས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་རྡོ་རྗེ་ ལྕགས་ཀྱུ་ལ་སོགས་པ་བཞིའོ། ། ༈ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སྣ་ཚོགས་པད་མའི་ལྟེ་བར་ཟླ་བ་ལ་བཅོམ་ལྡན་ འདས་རྡོ་རྗེ་དབྱིངས་ཀྱི་རྡོ་རྗེ་རྩེ་ལྔ་པ་དཀར་པོའོ། །ལྟེ་བའི་ཤར་ལ་སོགས་པའི་ཕྱོགས་ཀྱི་ འདབ་མར་ཟླ་བ་རྣམས་ལ་གོ་རིམ་ཇི་ལྟ་བ་བཞིན་དུ་གཡས་སྐོར་གྱིས་སེམས་དཔའ་རྡོ་རྗེ་ མ་དང་རིན་ཆེན་རྡོ་རྗེ་མ་དང་ཆོས་ཀྱི་རྡོ་རྗེ་མ་དང་ལས་ཀྱི་རྡོ་རྗེ་མ་རྣམས་ཀྱི་རྡོ་རྗེ་རྩེ་ལྔ་པ་ དམར་པོ་དང་རྡོ་རྗེ་རྩེ་ལྔ་པའི་རྩེ་མོ་ཅན་གྱི་རིན་པོ་ཆེ་དང་རྡོ་རྗེ་རྩེ་ལྔས་མཚན་པའི་ཆུ་སྐྱེས་ འདབ་བརྒྱད་དཀར་ཞིང་དམར་བ་དང་དེ་བཞིན་གཤེགས་པ་ལྔའི་ཁ་དོག་གི་སྣ་ཚོགས་རྡོ་ རྗེའོ། །ཤར་ལ་སོགས་པའི་པད་མའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་རྣམས་ལ་རིམ་པ་ཇི་ལྟ་ བ་བཞིན་དུ་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་ པ་རྣམས་ལ་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་དང་རྡོ་རྗེ་རིན་པོ་ཆེ་དང་རྡོ་རྗེ་པད་མ་དང་སྣ་ཚོགས་རྡོ་རྗེ་ རྣམས་སོ། །མི་བསྐྱོད་པའི་པད་མའི་ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མར་ཟླ་བ་རྣམས་ ལ་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་རྒྱལ་པོ་དང་རྡོ་རྗེ་ཆགས་པ་དང་རྡོ་རྗེ་ལེགས་པ་རྣམས་ཀྱི་ 8-1-128 རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་རྩེ་ལྔ་པ་དང་རྡོ་རྗེ་ལྕགས་ཀྱུ་དང་མདའ་དང་རྡོ་རྗེའོ། །རིན་ ཆེན་འབྱུང་ལྡན་གྱི་ཆུ་སྐྱེས་ལ་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་གཟི་བརྗིད་དང་རྡོ་རྗེ་ཏོག་དང་རྡོ་རྗེ་ བཞད་པ་རྣམས་ཀྱི་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་གཉིས་ཀྱིས་མཚན་པའི་རིན་པོ་ཆེའི་ཕྲེང་བ་དང་ཉི་ མ་དང་ཡིད་བཞིན་ནོར་བུའི་རྒྱལ་མཚན་དང་སོའི་ཕྲེང་བ་དང་ལྡན་པའི་རྡོ་རྗེའོ། །འོད་དཔག་ མེད་ཀྱི་རྡོ་རྗེ་ཆོས་དང་རྡོ་རྗེ་རྣོན་པོ་དང་རྡོ་རྗེ་རྒྱུ་དང་རྡོ་རྗེ་སྨྲ་བ་རྣམས་ཀྱི་པད་མ་དམར་པོ་ དང་རལ་གྲི་དང་འཁོར་ལོ་རྩིབས་བརྒྱད་པ་དང་རྡོ་རྗེ་རྩེ་གཅིག་པའི་ལྕེའོ། །དོན་ཡོད་གྲུབ་ པའི་རྡོ་རྗེ་ལས་དང་རྡོ་རྗེ་བསྲུང་བ་དང་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་ཁུ་ཚུར་རྣམས་ཀྱི་སྣ་ཚོགས་ རྡོ་རྗེ་དང་རྡོ་རྗེའི་གོ་ཆ་ག་དང་རྡོ་རྗེ་མཚན་པའི་མཆེ་བ་དང་རྡོ་རྗེ་རྩེ་ལྔ་པའོ། །མི་བསྐྱོད་པ་ལ་ སོགས་པ་སོ་སོའི་བྱང་ཆུབ་སེམས་དཔའ་གསུམ་པའི་མཚན་མ་ནི་བྱང་གི་འདབ་མ་དང་བཞི་ པའི་མཚན་མ་ནི་ནུབ་ཀྱི་འདབ་མ་ལ་བྲི་བར་བྱའོ། །མེ་ལ་སོགས་པའི་པད་མའི་ལྟེ་བར་ཟླ་ བ་རྣམས་ལ་རྡོ་རྗེ་སྒེག་མོ་དང་རྡོ་རྗེ་ཕྲེང་བ་མ་དང་རྡོ་རྗེ་གླུ་མ་དང་རྡོ་རྗེ་གར་མ་རྣམས་ཀྱི་རྡོ་ རྗེ་དང་རིན་པོ་ཆེའི་ཕྲེང་བ་དང་པི་ཝང་དང་རྡོ་རྗེའོ། །སྙིང་པོའི་གཞལ་ཡས་ཁང་ལས་ཕྱི་རོལ་ གྱི་སྣམ་བུ་རྣམས་ལ། ཤར་དུ་བྱམས་པ་དང་མཐོང་བ་དོན་ཡོད་དང་ངན་སོང་ཀུན་འདྲེན་དང་ མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་རྣམས་ཀྱི་པད་མ་དང་ཟླ་བ་ལ་ རྡོ་རྗེ་རྩེ་ལྔ་པ་རྣམས་སོ། །ལྷོར་སྤོས་ཀྱི་གླང་པོ་དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་ཡེ་ ཤེས་ཏོག་རྣམས་ཀྱི་ཆུ་སྐྱེས་དང་ཟླ་བ་ལ་རྡོ་རྗེ་རིན་པོ་ཆེ་རྣམས་སོ། །ནུབ་ཏུ་འོད་དཔག་མེད་ དང་ཟླ་འོད་དང་བཟང་སྐྱོང་དང་དྲ་བ་ཅན་གྱི་འོད་རྣམས་ཀྱི་ཆུ་སྐྱེས་དང་ཟླ་བ་ལ་རྡོ་རྗེ་པད་མ་ རྣམས་སོ། །བྱང་དུ་རྡོ་རྗེའི་སྙིང་པོ་དང་བློ་གྲོས་མི་ཟད་པ་དང་སྤོབས་པ་བརྩེགས་པ་དང་ཀུན་ ཏུ་བཟང་པོ་རྣམས་ཀྱི་ཆུ་སྐྱེས་དང་ཟླ་བ་ལ་སྣ་ཚོགས་རྡོ་རྗེ་རྣམས་སོ། །ཕྱིའི་དཀྱིལ་འཁོར་གྱི་ མེ་ལ་སོགས་པའི་ཟུར་རྣམས་སུ་ཆུ་སྐྱེས་དང་ཟླ་བ་ལ་རྡོ་རྗེ་བདུག་སྤོས་མ་དང་རྡོ་རྗེ་མེ་ཏོག་ 8-1-129 མ་དང་རྡོ་རྗེ་སྣང་གསལ་མ་དང་རྡོ་རྗེ་དྲི་ཆབ་མ་རྣམས་ཀྱི་མཚན་མ་ནི་སྔ་མ་བཞིན་ནོ། །ཤར་ ལ་སོགས་པའི་སྒོ་རྣམས་སུ་པད་མ་དང་ཟླ་བ་ལ་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་ ལྕགས་སྒྲོག་དང་རྡོ་རྗེ་འབེབས་པ་རྣམས་ཀྱི་མཚན་མའོ། །སྣམ་བུ་རྣམས་ལ་ནི་བུམ་པའོ། ། ༈ བཞི་བཅུ་རྩ་གསུམ་གྱི་བདག་ཉིད་ཅན་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་ཕྱིའི་ དཀྱིལ་འཁོར་གྱི་རྩིག་པ་ལྔ་ནི་སྔོན་པོ་དང་དམར་པོ་དང་དཀར་པོ་དང་ལྗང་ཁུ་དང་སེར་པོ་ སྟེ། ཤར་ལ་སོགས་པའི་ཕྱོགས་རྣམས་དང་དབུས་ཀྱི་ས་གཞི་ཐམས་ཅད་ཀྱང་ངོ༌། །དཀྱིལ་ འཁོར་གཉིས་པ་ལ་སྔོན་པོ་དང་དཀར་པོ་དང་སེར་པོའི་རྩིག་པ་གསུམ་སྟེ། འཁོར་ལོ་གསུམ་ པ་ལ་ནི་དཀར་པོའི་རྩིག་པ་གཅིག་གོ །དེ་ལ་དབུས་ཀྱི་ས་གཞི་སེར་པོར་སྣ་ཚོགས་པད་མ་ དང་ཟླ་བ་ལ་འཇམ་དཔལ་གྱི་རལ་གྲི་ཡུ་བ་སེར་པོ་ཅན་ནོ། །ཤར་ལ་སོགས་པའི་རེའུ་མིག་ཏུ་ ཉི་མ་རྣམས་ལ་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་ གྲུབ་པ་རྣམས་ཀྱི་རྡོ་རྗེ་སྔོན་པོ་དང་རིན་པོ་ཆེ་དང་པད་མ་དཀར་པོ་དང་རལ་གྲི འོ། །དབང་ ལྡན་ལ་སོགས་པའི་རེའུ་མིག་ཏུ་ཟླ་བ་ལ་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་ མ་རྣམས་ཀྱི་རྡོ་རྗེ་སེར་པོ་དང་རྡོ་རྗེ་སྔོན་པོ་དང་རྡོ་རྗེ་དཀར་པོ་དང་རྡོ་རྗེ་ལྗང་ཁུའོ། །རིམ་པ་ གཉིས་པའི་དཀྱིལ་འཁོར་ལ་ཤར་ལ་སོགས་པའི་ཕྱོགས་སུ་ཟླ་བ་ལ་སེམས་དཔའ་རྡོ་རྗེ་མ་ དང་རིན་ཆེན་རྡོ་རྗེ་མ་དང་ཆོས་ཀྱི་རྡོ་རྗེ་མ་དང་ལས་ཀྱི་རྡོ་རྗེ་མ་རྣམས་ ཀྱི་མཚན་མ་ལ་ནི་མི་བསྐྱོད་པ་ལ་སོགས་པའི་བཞིན་ནོ། །དབང་ལྡན་ལ་སོགས་པའི་ མཚམས་སུ་ཟླ་བ་རྣམས་ལ་སྐུལ་བྱེད་མ་དང་རིན་ཆེན་སྐར་མདའ་དང་ཁྲོ་གཉེར་ཅན་དང་ རྡོ་རྗེ་ལྕགས་སྒྲོག་མ་རྣམས་ཀྱི་རལ་གྲི་དང་རིན་པོ་ཆེ་སེར་པོ་དང་རྡོ་རྗེ་དཀར་པོ་དང་རྡོ་རྗེ་ ལྕགས་སྒྲོག་ལྗང་ཁུ་རྣམས་སོ། ། རིམ་པ་གསུམ་པའི་དཀྱིལ་འཁོར་ལ་ཤར་དུ་ཟླ་བ་རྣམས་ལ་བྱམས་པ་དང་འཇམ་ 8-1-130 དཔལ་དང་སྤོས་ཀྱི་གླང་པོ་དང་ཡེ་ཤེས་ཏོག་རྣམས་ཀྱི་མེ་ཏོག་དང་བཅས་པའི་ཀླུ་ཤིང་གི་ ཡལ་ག་དང་རལ་གྲི་དང་བུམ་པ་ལ་གནས་པའི་ལག་ལྡན་དང་ཡིད་བཞིན་གྱི་ནོར་བུ་སེར་ པོའོ། །ལྷོར་ཟླ་བ་ལ་བཟང་སྐྱོང་དང་བློ་གྲོས་རྒྱ་མཚོ་དང་བློ་གྲོས་མི་བཟད་པ་དང་སྤོབས་པ་ བརྩེགས་པ་རྣམས་ཀྱི་མདའ་དམར་པོ་དང་དཀར་པོ་དང་སེར་པོ་དང་ལྗང་ཁུའོ། །ནུབ་ཏུ་ཟླ་ བ་རྣམས་ལ་མཐུ་ཆེན་ཐོབ་པ་དང་ངན་སོང་ཀུན་འདྲེན་དང་མྱ་ངན་དང་མུན་པ་ཐམས་ཅད་ ངེས་པར་འཇོམས་པའི་བློ་གྲོས་དང་དྲ་བ་ཅན་གྱི་འོད་རྣམས་ཀྱི་པད་མ་དཀར་པོ་དང་མདའ་ དཀར་པོ་དང་མདའ་སེར་པོ་དང་ཨུད་པ་ལ་གནས་པའི་ཉི་མའོ། །བྱང་དུ་ཟླ་བ་རྣམས་ལ་ཟླ་ འོད་དང་འོད་དཔག་མེད་དང་ནམ་མཁའི་མཛོད་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ རྣམས་ཀྱི་ཨུད་པ་ལ་ལ་གནས་པའི་ཟླ་བ་དང་བུམ་པ་དམར་པོ་དང་མདའ་སེར་པོ་དང་མདའ་ སྔོན་པོའོ། །འདིར་གོ་རིམ་ཇི་ལྟ་བ་བཞིན་དུ་ཤར་ལ་སོགས་པའི་སྒོ་རྣམས་ཀྱི་ངོས་གཉིས་ ཀྱི་སྣམ་བུ་རྣམས་ལ་མཚན་མ་གཉིས་གཉིས་སོ། །ཤར་ལ་སོགས་པའི་སྒོར་ཉི་མ་རྣམས་ ལ་གཤིན་རྗེ་མཐར་བྱེད་དང་གཞན་གྱིས་མི་ཐུབ་པ་དང་རྟ་མགྲིན་དང་བདུད་རྩི་འཁྱིལ་པ་ རྣམས་ཀྱི་རལ་གྲི་ཡུ་བ་ནག་པོ་ཅན་དང་རྡོ་རྗེ་སེར་པོ་དང་རྡོ་རྗེ་དབྱུག་པ་དམར་པོ་དང་རལ་ གྲི་ཡུ་བ་ནག་པོ་ཅན་ནོ། །དབང་ལྡན་ལ་སོགས་པའི་མཚམས་སུ་ཉི་མ་རྣམས་ལ་མི་གཡོ་ བ་དང་འདོད་པའི་རྒྱལ་པོ་དང་དབྱུག་སྔོན་ཅན་དང་སྟོབས་པོ་ཆེ་རྣམས་ཀྱི་རལ་གྲི་དང་རྡོ་ རྗེ་སྔོན་པོ་དང་རྡོ་རྗེའི་དབྱུག་པ་སྔོན་པོ་དང་རྡོ་རྗེའི་དབྱུག་པ་སྔོན་པོའོ། །གཤིན་རྗེ་གཤེད་ ཀྱི་མཚན་མའི་ཕྱི་ངོས་སུ་ཉི་མ་ལ་གནོད་མཛེས་ཀྱི་རལ་གྲི་སྟེ། རྟ་མགྲིན་གྱི་མཚན་མའི་ཕྱི་ ངོས་སུ་ཉི་མ་ལ་རྡོ་རྗེ་ས་འོག་གི་རྡོ་རྗེ་ལྕགས་ཀྱུའོ། །ཟླ་བ་དང་ཉི་མ་ཐམས་ཅད་ཀྱི་འོག་ཏུ་ སྣ་ཚོགས་འདམ་སྐྱེས་ཏེ། སྣམ་བུ་རྣམས་ལ་ནི་བུམ་པའོ། །ཁ་ཅིག་ཏུ་ནི་གཤིན་རྗེ་གཤེད་ཀྱི་ མཚན་མའི་ཕྱི་ངོས་སུ་ཉི་མ་ལ་གཙུག་ཏོར་འཁོར་ལོ་བསྒྱུར་བའི་འཁོར་ལོ་དང་དེའི་ཕྱི་ངོས་ 8-1-131 སུ་གནོད་མཛེས་ཀྱི་རལ་གྲི འོ་ཞེས་གསུངས་སོ། ། ༈ ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ལ་ནང་གི་འཁོར་ལོ་རྡུལ་ཚོན་ དཀར་པོས་དགང་བར་བྱ་སྟེ། གཞན་རྣམས་ནི་སྔ་མ་བཞིན་ནོ། །ནང་གི་དཀྱིལ་འཁོར་གྱི་ དབུས་སུ་སྣ་ཚོགས་པད་མའི་ལྟེ་བར་ཟླ་བ་ལ་འཇམ་པའི་དབྱངས་ཀྱི་རལ་གྲི་ཡུ་བ་སེར་པོ་ ཅན་ནོ། །ཤར་ལ་སོགས་པ་དང་དབང་ལྡན་ལ་སོགས་པའི་འདབ་མར་ཟླ་བ་རྣམས་ལ་རིམ་ པ་ཇི་ལྟ་བ་བཞིན་དུ་གཡས་སྐོར་གྱིས་གཙུག་ཏོར་ཆེན་པོ་དང་གདུགས་དཀར་པོ་དང་གཟི་ བརྗིད་ཕུང་པོ་དང་རྣམ་པར་རྒྱལ་བའི་གཙུག་ཏོར་དང་འོད་ཟེར་རྣམ་པར་འཕྲོ་བ་དང་ འཕགས་པ་དང་ཆེར་འཕགས་དང་རྒྱལ་བ་རྣམས་ཀྱི་འཁོར་ལོ་སེར་པོ་རྣམས་སོ། །ཤར་གྱི་ རེའུ་མིག་གི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་མི་བསྐྱོད་པའི་རྡོ་རྗེ་སྔོན་པོ་སྟེ། དབང་ ལྡན་ལ་སོགས་པའི་མཚམས་སུ་སྣ་ཚོགས་པད་མ་དང་ཟླ་བ་རྣམས་ལ་རྡོ་རྗེ་སེམས་དཔའ་ དང་རྡོ་རྗེ་རྒྱལ་པོ་དང་རྡོ་རྗེ་ཆགས་པ་དང་རྡོ་རྗེ་ལེགས་པ་རྣམས་ཀྱི་རྡོ་རྗེ་དང་རྡོ་རྗེ་ལྕགས་ཀྱུ་ དང་མདའ་དང་རྡོ་རྗེའོ། །ལྷོའི་རེའུ་མིག་གི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་རིན་ཆེན་ འབྱུང་ལྡན་གྱི་ཡིད་བཞིན་གྱི་ནོར་བུ་སེར་པོའི་རྒྱལ་མཚན་ཏེ། དབང་ལྡན་ལ་སོགས་པའི་ མཚམས་སུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་ཉི་མ་དང་རྡོ་རྗེ་ ཏོག་དང་རྡོ་རྗེ་བཞད་པ་རྣམས་ཀྱི་རྡོ་རྗེ་རྩེ་ལྔ་པ་གཉིས་ཀྱིས་མཚན་པའི་རིན་པོ་ཆེའི་ཕྲེང་བ་ དང་ཉི་མའི་དཀྱིལ་འཁོར་དང་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་སོའི་ཕྲེང་བ་དང་ལྡན་ པའི་རྡོ་རྗེའོ། །ནུབ་ཀྱི་རེའུ་མིག་གི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་སྣང་བ་མཐའ་ ཡས་ཀྱི་པད་མ་དམར་པོ་སྟེ། དབང་ལྡན་ལ་སོགས་པའི་མཚམས་སུ་སྣ་ཚོགས་ཆུ་སྐྱེས་དང་ ཟླ་བ་རྣམས་ལ་རྡོ་རྗེ་ཆོས་དང་རྡོ་རྗེ་རྣོན་པོ་དང་རྡོ་རྗེ་རྒྱུ་དང་རྡོ་རྗེ་སྨྲ་བ་རྣམས་ཀྱི་པད་མ་དང་ རལ་གྲི་དང་ཆོས་ཀྱི་འཁོར་ལོ་དང་རྡོ་རྗེ་རྩེ་གཅིག་པའི་ལྕེའོ། །བྱང་གི་རེའུ་མིག་གི་དབུས་སུ་ 8-1-132 སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་དོན་ཡོད་གྲུབ་པའི་རལ་གྲི་སྟེ། དབང་ལྡན་ལ་སོགས་པའི་ མཚམས་སུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ་རྡོ་རྗེ་ལས་དང་རྡོ་རྗེ་བསྲུང་བ་དང་རྡོ་རྗེ་ གནོད་སྦྱིན་དང་རྡོ་རྗེ་ཁུ་ཚུར་རྣམས་ཀྱི་རྡོ་རྗེ་རྩེ་གསུམ་དང་རྡོ་རྗེ་གོ་ཆ་དང་རྡོ་རྗེས་མཚན་པའི་ མཆེ་བ་དང་རྡོ་རྗེ་རྩེ་ལྔ་པའོ། །དབང་ལྡན་ལ་སོགས་པའི་མཚམས་ཀྱི་རེའུ་མིག་རྣམས་སུ་ཆུ་ སྐྱེས་དང་ཟླ་བ་རྣམས་ལ་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་ཀྱི་ མཚན་མ་རྣམས་ནི་འཇམ་དབྱངས་དང་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་དང་དོན་ཡོད་ གྲུབ་པ་རྣམས་ཀྱི་མཚན་མ་བཞིན་ནོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་སྣ་ཚོགས་ཆུ་སྐྱེས་ དང་ཉི་མ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལྕགས་སྒྲོག་དང་རྡོ་རྗེ་ འབེབས་པ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའོ། །སྙིང་པོའི་དཀྱིལ་འཁོར་འདི་ལས་ དཀྱིལ་འཁོར་གཉིས་པར་ཤར་དུ་སྣ་ཚོགས་པད་མ་དང་ཟླ་བ་རྣམས་ལ་ས་བཅུ་གཉིས་པོ་ མོས་པས་སྤྱོད་པ་དང་རབ་ཏུ་དགའ་བ་དང་དྲི་མ་མེད་པ་དང་འོད་བྱེད་པ་དང་འོད་འཕྲོ་བ་ དང་སྦྱང་དཀའ་བ་དང་མངོན་དུ་གྱུར་པ་དང་རིང་དུ་སོང་བ་དང་མི་གཡོ་བ་དང་ལེགས་པའི་ བློ་གྲོས་དང་ཆོས་ཀྱི་སྤྲིན་དང་ཀུན་ཏུ་འོད་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་གཡས་བསྐོར་ གྱིས་པད་མ་དམར་པོ་དང་ཡིད་བཞིན་གྱི་ནོར་བུ་དང་པད་མ་དཀར་པོ་དང་སྣ་ཚོགས་པད་མ་ ལ་གནས་པའི་ཉི་མ་དང་ཨུད་པ་ལ་དང་ནོར་བུ་མ་ར་ཀ་ཏ་དང་པད་མ་ལ་གནས་པའི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་སྣ་ཚོགས་ཆུ་སྐྱེས་ཀྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་དང་ཡུ་བ་ དང་བཅས་པའི་པད་མ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་དམར་པོ་དང་ཨུད་པ་ལའི་ སྟེང་དུ་རལ་གྲི་དང་ཆོས་ཀྱི་སྤྲིན་གྱིས་ཡོངས་སུ་བསྐོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ པོ་ཏི་དང་པད་མ་ལ་བཞུགས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུའོ། །ལྷོར་སྣ་ ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་པོ་རིན་པོ་ཆེ་པད་མ་དང་ 8-1-133 སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ དང་ཐབས་དང་སྟོབས་དང་སྨོན་ལམ་དང་ཡེ་ཤེས་དང་རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ ཀྱི་པད་མ་སྟེང་དུ་ཟླ་བའི་དཀྱིལ་འཁོར་དང་འབྲས་བུ་སྣ་ཚོགས་པའི་རིན་པོ་ཆེའི་སྙེ་མ་དང་ ལོ་མ་དང་བཅས་པའི་མྱ་ངན་མེད་པའི་མེ་ཏོག་གི་ཆུན་པོ་དང་པད་མ་དཀར་པོ་དང་ཨུད་པ་ལ་ སྔོན་པོ་དང་པད་མ་དཀར་པོ་དང་པད་མ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ ཏི་དང་ཆུ་སྐྱེས་སེར་པོ་ལ་གནས་པའི་རྡོ་རྗེ་དང་ཨུད་པ་ལ་ལ་གནས་པའི་རལ་གྲི་དང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་རིན་པོ་ཆེ་སྣ་ཚོགས་པའི་འབྲས་བུས་བརྒྱན་པའི་བྱང་ ཆུབ་ཀྱི་ཤིང་གི་འཁྲི་ཤིང་དང་ཨུད་པ་ལ་ལ་གནས་པའི་སྣ་ཚོགས་རྡོ་རྗེའོ། །ནུབ་ཏུ་སྣ་ཚོགས་ ཆུ་སྐྱེས་དང་ཟླ་བ་རྣམས་ལ་དབང་བཅུ་གཉིས་པོ་ཚེ་དང་སེམས་དང་ཡོ་བྱད་དང་ལས་དང་སྐྱེ་ བ་དང་རྫུ་འཕྲུལ་དང་མོས་པ་དང་སྨོན་ལམ་དང་ཡེ་ཤེས་དང་ཆོས་དང་དེ་བཞིན་ཉིད་དང་ སངས་རྒྱས་ཀྱི་བྱང་ཆུབ་ལ་དབང་བ་རྣམས་ཀྱི་ནོར་བུ་པད་མ་རཱ་ག་ལ་གནས་ཤིང་ཏིང་ངེ་ འཛིན་གྱི་ཕྱག་རྒྱ་དང་ལྡན་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པའི་སྐུ་གཟུགས་དང་རྡོ་རྗེ་ དམར་པོ་རྩེ་ལྔ་པ་དང་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་ པའི་མདོག་ཅན་གྱི་ཛཱ་ཏིའི་འཁྲི་ཤིང་དང་པད་མ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་དང་པྲི་ ཡང་གུའི་མེ་ཏོག་གི་སྙེ་མ་དང་ཨུད་པ་ལ་སྔོན་པོ་དང་ཨུད་པ་ལ་ལ་གནས་པའི་རལ་གྲི་དང་ པད་མ་ལ་གནས་པའི་བུམ་པ་བཟང་པོ་དང་འདམ་སྐྱེས་དཀར་པོ་དང་ཆུ་སྐྱེས་སེར་པོ་ལ་ གནས་པའི་རྡོ་རྗེ་རྩེ་ལྔ་པའོ། །བྱང་དུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ་གཟུངས་མ་བཅུ་ གཉིས་པོ་དབྱིག་གི་བློ་གྲོས་མ་དང་རིན་ཆེན་སྐར་མདའ་མ་དང་གཙུག་ཏོར་རྣམ་པར་རྒྱལ་མ་ དང་འོད་ཟེར་ཅན་མ་དང་རི་ཁྲོད་ལོ་མ་ཅན་དང་ཛཾ་གུ་ལི་དང་སྒོ་མཐའ་ཡས་མ་དང་སྐུལ་བྱེད་ མ་དང་ཤེས་རབ་འཕེལ་མ་དང་ལས་ཀྱི་སྒྲིབ་པ་རྣམ་པར་སེལ་མ་དང་ཡེ་ཤེས་མི་ཟད་པའི་ཟ་ 8-1-134 མ་ཏོག་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ལྡན་མ་རྣམས་ཀྱི། འབྲས་ཀྱི་སྙེ་མ་དང་ ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་ནོར་བུ་ཟླ་བ་ཆུ་ཤེལ་གྱི་བུམ་པ་དང་སྐུད་པ་དང་ བཅས་པའི་ཁབ་དང་རྨ་བྱའི་མཇུག་སྒྲོ་དང་དུག་གི་མེ་ཏོག་གི་ཆུན་པོ་དང་པད་མ་དམར་པོ་ལ་ གནས་པའི་མི་ཟད་པའི་གཏེར་ཆེན་པོའི་བུམ་པ་དང་རིལ་བ་སྤྱི་བླུགས་ཕྲེང་བ་དཔྱངས་པ་ དང་ཨུད་པ་ལ་སྔོན་པོ་ལ་གནས་པའི་རལ་གྲི་དང་རྡོ་རྗེ་རྩེ་གསུམ་པས་མཚན་པའི་པད་མ་ དཀར་ཞིང་དམར་བ་དང་རིན་པོ་ཆེའི་ཟ་མ་ཏོག་དང་པད་མ་ལ་གནས་པའི་རིན་པོ་ཆེ་སྣ་ ཚོགས་པའི་དཔེ་སྒྲོམ་མོ། །ཤར་ལ་སོགས་པའི་སྒོར་ཆུ་སྐྱེས་དང་ཉི་མ་རྣམས་ལ་ཆོས་སོ་སོ་ ཡང་དག་པར་རིག་པ་དང་དོན་སོ་སོ་ཡང་དག་པར་རིག་པ་དང་ངེས་པའི་ཚིག་སོ་སོ་ཡང་དག་ པར་རིག་པ་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་རྡོ་རྗེའི་ལྕགས་ཀྱུ་དང་རིན་ པོ་ཆེའི་ཞགས་པ་དང་མཐའ་གཉིས་སུ་པད་མས་མཚན་པའི་ལྕགས་སྒྲོག་དང་རྡོ་རྗེ་རྩེ་གསུམ་ པས་མཚན་པའི་དྲིལ་བུའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་སྒེག་མོ་དང་ཕྲེང་བ་མ་དང་ གླུ་མ་དང་གར་མ་རྣམས་ཀྱི་རྡོ་རྗེ་དང་རིན་པོ་ཆེའི་ཕྲེང་བ་དང་པི་ཝང་དང་རྡོ་རྗེའོ། །དཀྱིལ་ འཁོར་གསུམ་པར་ཤར་ཕྱོགས་སུ་པད་མ་དང་ཟླ་བ་རྣམས་ལ་ཀུན་ཏུ་བཟང་པོའི་ཨུད་པ་ལ་ ལ་གནས་པའི་རལ་གྲི་དང་བློ་གྲོས་མི་ཟད་པའི་རལ་གྲི་དང་སའི་སྙིང་པོའི་པད་མ་ལ་གནས་ པའི་དཔག་བསམ་གྱི་ཤིང་དང་ནམ་མཁའི་སྙིང་པོའི་རིན་པོ་ཆེའོ། །ལྷོར་ནམ་མཁའི་མཛོད་ ཀྱི་ཡིད་བཞིན་གྱི་ནོར་བུ་དང་ཕྱག་ན་རིན་ཆེན་གྱི་རིན་པོ་ཆེ་དང་བློ་གྲོས་རྒྱ་མཚོའི་དུང་དང་རྡོ་ རྗེ་སྙིང་པོའི་རྡོ་རྗེའོ། །ནུབ་ཏུ་སྤྱན་རས་གཟིགས་དབང་ཕྱུག་གི་པད་མ་དང་མཐུ་ཆེན་ཐོབ་ཀྱི་ རལ་གྲི་དང་ཟླ་བའི་འོད་ཀྱི་རྡོ་རྗེ་དང་བཅས་པའི་འཁོར་ལོ་དང་དྲ་བ་ཅན་གྱི་འོད་ཀྱི་རལ་ གྲི འོ། །བྱང་དུ་པད་མ་དང་ཟླ་བ་རྣམས་ལ་འོད་དཔག་མེད་དང་སྤོབས་པ་བརྩེགས་དང་མྱ་ ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང་སྒྲིབ་པ་ཐམས་ཅད་རྣམ་པར་ 8-1-135 སེལ་བ་རྣམས་ཀྱི་སྣ་ཚོགས་པད་མ་དང་པད་མ་ལ་གནས་པའི་རལ་གྲི་དང་རྡོ་རྗེ་རྩེ་ལྔ་པ་དང་ རལ་གྲི འོ། །ཤར་ལ་སོགས་པའི་སྒོར་ཆུ་སྐྱེས་དང་ཉི་མ་རྣམས་ལ་གཤིན་རྗེ་མཐར་བྱེད་དང་ ཤེས་རབ་མཐར་བྱེད་དང་པད་མ་མཐར་བྱེད་དང་བགེགས་མཐར་བྱེད་རྣམས་ཀྱི་ལྕགས་ཀྱུ་ དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་རྣམས་སོ། །དབང་ལྡན་ལ་སོགས་པའི་མཚམས་ སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ་འཇིག་རྟེན་གསུམ་ལས་རྣམས་པར་རྒྱལ་བ་དང་རྡོ་ རྗེ་ཉི་མ་མེ་ལྟར་འབར་བ་དང་ཧེ་རུ་ཀ་རྡོ་རྗེ་དང་རྟ་མཆོག་རྣམས་ཀྱི་རལ་གྲི་དང་རྡོ་རྗེ་དང་རྡོ་ རྗེ་དང་སྣ་ཚོགས་རྡོ་རྗེའོ། །གཤིན་རྗེ་གཤེད་ཀྱི་མཚན་མའི་ཕྱི་རོལ་ཏུ་གཙུག་ཏོར་འཁོར་ལོ་ ཅན་གྱི་འཁོར་ལོ་སེར་པོ་སྟེ། པད་མ་མཐར་བྱེད་ཀྱི་མཚན་མའི་ཕྱི་རོལ་ཏུ་གནོད་མཛེས་ཀྱི་རྡོ་ རྗེའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་མཚན་མ་བཞིའི་ཕྱི་ངོས་ དཀྱིལ་འཁོར་གསུམ་པ་ཁོ་ནའི་ཟུར་གྱི་ནང་དུ་རེ་ཁཱ་སྦྱིན་པར་བྱའོ། །དེའི་ཕྱི་རོལ་གྱི་གནས་ ཀྱི་མེ་ལ་སོགས་པའི་ཟུར་ཐིག་རྣམས་ཀྱི་གཡས་ལོགས་སུ་གནས་པའི་པད་མ་དང་ཟླ་བ་ རྣམས་ལ་མེ་ཏོག་མ་དང་བདུག་སྤོས་མ་དང་མར་མེ་དང་དྲི་ཆབ་མ་རྣམས་ཀྱི་མེ་ཏོག་གི་སྣོད་ དང་སྤོས་ཕོར་དང་རིན་པོ་ཆེའི་སྒྲོན་མའི་མཆོད་སྡོང་དང་དུང་ངོ༌། །གཡོན་ལོགས་སུ་གནས་ པའི་པད་མ་དང་ཟླ་བ་རྣམས་ལ་རྡོ་རྗེ་གཟུགས་མ་དང་རྡོ་རྗེ་སྒྲ་མ་དང་རྡོ་རྗེ་རོ་མ་དང་རྡོ་རྗེ་ རེག་བྱ་མ་རྣམས་ཀྱི་མེ་ལོང་དང་པི་ཝང་དང་རོའི་སྣོད་དང་སྣ་ཚོགས་པའི་གོས་སོ། །ཕྱི་རོལ་ རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་པད་མ་རྣམས་ལ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ དབང་པོ་དང་གཤིན་རྗེ་དང་ཆུ་བདག་དང་ལུས་ངན་པོ་རྣམས་ཀྱི་རྡོ་རྗེ་དང་དབྱུག་པ་ནག་པོ་ དང་ཀླུའི་ཞགས་པ་དང་ལྕགས་ཀྱུའོ། །དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ དབང་ལྡན་དང་མེ་ལྷ་དང་སྲིན་པོ་དང་རླུང་ལྷ་རྣམས་ཀྱི་རྩེ་གསུམ་དང་བླུགས་གཟར་དང་ རལ་གྲི་དང་རླུང་རས་སོ། །དེ་ནས་དབང་ལྡན་གྱི་ཕྱི་ངོས་ནུས་ཉེ་བར་དབང་ལྡན་གྱི་མཚམས་ 8-1-136 ནས་བརྩམས་ཏེ་མཚན་མ་རྣམས་རིམ་གྱིས་བྲི་བར་བྱའོ། །དེ་ལ་ཚངས་པའི་བགྲང་ཕྲེང་དང་ ཁྱབ་མཇུག་གི་འཁོར་ལོ་དང་དབང་ཕྱུག་ཆེན་པོའི་རྩེ་གསུམ་དང་གདོང་དྲུག་གི་ཤག་ཏི་དང་ ཚངས་མའི་ཕྲེང་བ་དང་དྲག་མོའི་རྩེ་གསུམ་དང་ཁྱབ་འཇུག་མའི་འཁོར་ལོ་དང་གཞོན་ནུ་ མའི་ཤག་ཏི་དང་དབང་མོའི་རྡོ་རྗེ་དང་ཕག་མོའི་ཉ་རོ་ཧི་ཏ་དང་ཙཱ་མུནྚིའི་གྲི་གུག་དང་བྷྲིང་གི་ ཎིའི་ཕྲེང་བ་དང་ཚོགས་བདག་གི་དགྲ་སྟ་དང་ནག་པོ་ཆེན་པོའི་རྩེ་གསུམ་དང་དགའ་བྱེད་ དབང་ཕྱུག་གི་རྫ་རྔ་དང་ཉི་མའི་པད་མ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་དང་ཟླ་བའི་ཀུ་ མུ་ད་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་དང་མིག་དམར་གྱི་གྲི་སྒྱུར་དང་གཟའ་ལྷག་གི་ མདའ་དང་ཕུར་བུའི་བགྲང་ཕྲེང་དང་སྤེན་པའི་དབྱུག་པ་ནག་པོ་དང་སྒྲ་གཅན་གྱི་ཟླ་བ་དང་ མཇུག་རིངས་ཀྱི་ཀླུའི་ཞགས་པ་དང་སྟོབས་བཟངས་ཀྱི་གཤོལ་དང་རྒྱལ་བར་བྱེད་པའི་མེ་ ཏོག་གི་ཕྲེང་བ་དང་སྦྲང་རྩིར་བྱེད་པའི་ཆུ་སྲིན་གྱི་རྒྱལ་མཚན་དང་དཔྱིད་ཀྱི་ལྷའི་མདའ་དང༌། མཐའ་ཡས་དང་ནོར་རྒྱས་དང་འཇོག་པོ་དང་སྟོབས་ཀྱི་རྒྱུ་དང་པད་མ་དང་པད་མ་ཆེན་པོ་ དང་དུང་སྐྱོང་དང་རིགས་ལྡན་རྣམས་ཀྱི་ཐལ་མོ་སྦྱར་བ་སྟེ། ཡང་ན་རང་རང་གི་ཕའི་མཚན་ མ་དང་འདྲ་བའི་མཚན་མའོ། །དེ་ལ་མཐའ་ཡས་དང་རིགས་ལྡན་གྱི་རིགས་ནི་བྲམ་ཟེ་སྟེ་མེ་ ལྷའི་བུའོ། །ནོར་རྒྱས་དང་དུང་སྐྱོང་ནི་རྒྱལ་རིགས་ཏེ་དབང་པོའི་འོ། །འཇོག་ པོ་དང་པད་མ་ཆེན་པོ་ནི་རྗེ་རིགས་ཏེ་རླུང་ལྷའི་འོ། །སྟོབས་ཀྱི་རྒྱུ་དང་པད་མ་ནི་དམངས་ རིགས་ཏེ་ཆུ་ལྷའི་འོ། །ཐག་བཟངས་རིས་དང་སྟོབས་ལྡན་དང་རབ་ཏུ་ཚིམ་བྱེད་དང་རྣམ་པར་ སྣང་བྱེད་ལ་སོགས་པ་ལྷ་མ་ཡིན་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་ནི་རལ་གྲི་ལ་སོགས་པའི་ མཚོན་ཆ་སྣ་ཚོགས་པའོ། །ནམ་མཁའ་ལྡི ང་གི་དབང་པོའི་ཐལ་མོ་སྦྱར་བ་དང་མིའམ་ཅིའི་ རྒྱལ་པོ་ལྗོན་པའི་པི་ཝང་དང་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་པི་ཝང་དང་རིག་པ་འཛིན་པའི་ རྒྱལ་པོ་དོན་ཐམས་ཅད་གྲུབ་པའི་མེ་ཏོག་གི་ཕྲེང་བའོ། །གང་བ་བཟང་པོ་དང་ནོར་བུ་བཟང་ 8-1-137 པོ་དང་ནོར་སྦྱིན་དང་རྣམ་ཐོས་ཀྱི་བུ་དང་ཙི་བི་ཀུཎ་ཊ་ལི་དང་ཀི་ལི་མཱ་ལི་དང་སྒོའི་དབང་པོ་ དང་སྤྱོད་པའི་དབང་པོ་སྟེ་གནོད་སྦྱིན་གྱི་དབང་པོ་རྣམས་ཀྱི་ཤིང་ཐོག་བཱི་ཛ་པཱུ་ར་ཀ་རྣམས་ སོ། །འཕྲོག་མའི་ནི་ཆང་བུ་གཉིས་སོ། །ཐ་སྐར་དང་བྲ་ཉེ་དང་སྨིན་དྲུག་དང་སྣར་མ་དང་མགོ་ དང་ལག་དང་ནབ་སོ་དང་རྒྱལ་དང་སྐག་དང་མཆུ་དང་གྲེ་དང་དབོ་དང་མེ་བཞི་དང་ནག་པ་ དང་ས་རི་དང་ས་ག་དང་ལྷ་འཚམས་དང་སྣྲོན་དང་སྣུབས་དང་ཆུ་སྟོད་དང་ཆུ་སྨད་དང་གྲོ་ བཞིན་དང་མོན་གྲེ་དང་མོན་གྲུ་དང་ཁྲུམས་སྟོད་དང་ཁྲུམས་སྨད་དང་ནམ་གྲུ་དང་བྱི་བཞིན་ རྣམས་ཀྱི་ལག་པ་ཐལ་མོ་སྦྱར་བའི་ཕྱག་རྒྱ་རྣམས་སོ། །འདིར་ཡང་སྒོ་རྣམས་སུ་རྡོ་རྗེ་ལྕགས་ ཀྱུ་ལ་སོགས་པ་སྟེ། དཀྱིལ་འཁོར་བཞི་པ་ལ་ནི་བུམ་པ་རྣམས་སོ། ། ༈ ངན་སོང་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ལ་རྡོ་རྗེའི་ཕྲེང་བ་སྔོན་པོའི་ནང་དུ་འཁོར་ ལོ་སེར་པོ་རྩིབས་བརྒྱད་པའི་ལྟེ་བར་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་སེར་པོའོ། །ཤར་ལ་སོགས་ པའི་རྩིབས་རྣམས་སུ་ས་ནོན་གྱི་ཕྱག་རྒྱ་དཀར་པོ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་སྔོན་པོ་དང་ བསམ་གཏན་གྱི་ཕྱག་རྒྱ་དམར་པོ་དང་མི་འཇིགས་པའི་ཕྱག་རྒྱ་ལྗང་ཁུ་རྣམས་སོ། །མེ་ལ་ སོགས་པའི་རྩིབས་རྣམས་སུ་ཉི་མ་དང་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་རལ་གྲི་དང་ གདུགས་རྣམས་སོ། །རྡོ་རྗེ་ཕྲེང་བའི་ཕྱི་རོལ་གྱི་མེ་ལ་སོགས་པའི་མཚམས་རྣམས་སུ་སྒེག་མོ་ ལ་སོགས་པའི་མཚན་མའོ། །ཤར་ལ་སོགས་པའི་སྣམ་བུ་རྣམས་ལ་སྒོའི་གཡོན་དུ་མཚན་མ་ གཉིས་ཏེ་གཡས་སུ་ཡང་ངོ༌། །དེ་ལ་ཀླུ་ཤིང་གི་མེ་ཏོག་དང་སྤྱན་དང་བཅས་པའི་ཆུ་སྐྱེས་དང་ ལྕགས་ཀྱུ་དང་དབྱུག་པ་དང་དུང་དང་རལ་གྲི་དང་པད་མ་ལ་གནས་པའི་ཆོས་ཀྱི་སྒྲོམ་དང་ ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་བདུད་རྩིའི་བུམ་པ་དང་པད་མ་ལ་གནས་པའི་ཟླ་ བའི་གཟུགས་དང་རིན་པོ་ཆེ་དང་རྡོ་རྗེའི་གུར་དང་རྡོ་རྗེ་དང་བཅས་པའི་ཨུད་པ་ལ་དང་བདུད་ རྩིའི་བུམ་པ་དང་ཆུ་སྐྱེས་ལ་གནས་པའི་རིན་པོ་ཆེ་དང་རིན་པོ་ཆེའི་སྙེ་མའོ། །མེ་ལ་སོགས་ 8-1-138 པའི་མཚམས་རྣམས་སུ་མེ་ཏོག་མ་ལ་སོགས་པའི་མཚན་མ་སྟེ། སྒོ་རྣམས་སུ་ནི་རྡོ་རྗེ་ལྕགས་ ཀྱུ་ལ་སོགས་པའོ། །མཚན་མ་སུམ་ཅུ་སོ་བདུན་པོ་རྣམས་ཀྱང་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་ གནས་པ་སྟེ། མགྲིན་པ་སྔོན་པོ་ལ་སོགས་པའི་མཚན་མ་ནི་མི་བྲི་བ་ཡང་ངོ༌། ། ༈ འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་ལ་རྩིག་པ་ལྔ་དང་ཤར་ལ་སོགས་པའི་ས་གཞི་ ནི་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་ཁུ་དང་ནག་པོའོ། །ཐིག་གི་རེ་ཁཱ་གསུམ་ནི་ དཀར་པོ་དང་དམར་པོ་དང་ནག་པོའི་ཁ་དོག་སྟེ། ཐིག་གི་རེ་ཁཱ་གཅིག་དང་རྡོ་རྗེ་ཕྲེང་བའི་ རེ་ཁཱ་ནི་ནག་པོའོ། །སྙིང་པོའི་ཕོ་བྲང་གི་དབུས་ཀྱི་རེ་མིག་ཏུ་སྣ་ཚོགས་པད་མ་དང་ཟླ་བ་ལ་ བཅོམ་ལྡན་འདས་འབྱུང་པོ་འདུལ་བྱེད་ཀྱི་རྡོ་རྗེ་རྩེ་ལྔ་པ་སྔོན་པོའོ། །ཤར་དུ་ཉི་མ་ལ་དབང་ ཕྱུག་ཆེན་པོའི་རྩེ་གསུམ་དང༌། ལྷོར་ཉི་མ་ལ་ཁྱབ་འཇུག་གི་འཁོར་ལོ་དང༌། ནུབ་ཏུ་ཟླ་བ་ལ་ ཚངས་པའི་བགྲང་ཕྲེང་དང༌། བྱང་དུ་ཉི་མ་ལ་སྨིན་དྲུག་གི་བུའི་ཤག་ཏི་དང༌། དབང་ལྡན་དུ་ ཟླ་བ་ལ་ཚོགས་བདག་གི་དགྲ་སྟ་དང༌། མེར་ཉི་མ་ལ་ཉི་མའི་པད་མ་ལ་གནས་པའི་ཉི་མའི་ དཀྱིལ་འཁོར་དང༌། བདེན་བྲལ་དུ་ཉི་མ་ལ་སྒྲ་གཅན་གྱི་ཟླ་བའི་དཀྱིལ་འཁོར་དང༌། རླུང་ དུ་ཟླ་བ་ལ་དགའ་བྱེད་དབང་ཕྱུག་གི་ཌ་མ་རུའོ། །རིམ་པ་གཉིས་པར་ཤར་ལ་སོགས་པའི་ ཕྱོགས་རྣམས་སུ་དཔལ་མོ་དང་ཐིག་ལེ་མཆོག་མ་དང་ཟླ་བ་མོ་དང་དཀའ་བཟློག་མ་རྣམས་ ཀྱི་ཟླ་བ་ལ་པད་མ་དཀར་པོ་དང་སྤོས་ཕོར་དང་མར་མེའི་མཆོད་སྡོང་གདེངས་ཀའི་རྣམ་པའི་ ལག་པའོ། །མེ་ལ་སོགས་པ་རྣམས་སུ་རིན་ཆེན་དཔལ་མོ་དང་དབྱངས་ཅན་མ་དང་ལྷའི་ མཛེས་མ་དང་ཀུན་ཏུ་འབྱོར་མ་རྣམས་ཀྱི་ཟླ་བ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དྲིའི་དུང་ ཆོས་དང་པི་བང་དང་རིན་པོ་ཆེའི་ཕྲེང་བ་དང་རྡོ་རྗེ་རྩེ་གསུམ་པའོ། །རིམ་པ་གསུམ་པར་ཤར་ ལ་སོགས་པའི་ཕྱོགས་རྣམས་སུ་དབང་པོ་དང་གཤིན་རྗེ་དང་ཆུ་ལྷ་དང་ལུས་ངན་པོ་རྣམས་ ཀྱི་ཟླ་བ་ལ་གནས་པའི་རྡོ་རྗེ་དང་ཉི་མ་ལ་གནས་པའི་ཐོད་པས་མཚན་པའི་དབྱུག་པ་དང་ཟླ་ 8-1-139 བ་ལ་གནས་པའི་ཀླུའི་ཞགས་པ་དང་ཟླ་བ་ལ་གནས་པའི་དབྱུག་ཐོའོ། །མེ་ལ་སོགས་པའི་ མཚམས་རྣམས་སུ་མེ་ལྷ་དང་བདེན་བྲལ་དང་རླུང་ལྷ་དང་ཟླ་བ་རྣམས་ཀྱི་ཉི་མ་ལ་གནས་ པའི་ཕྲེང་བ་དང་ཉི་མ་ལ་གནས་པའི་རལ་གྲི་དང་ཟླ་བ་ལ་གནས་པའི་རླུང་རས་དང་ཀུ་མུ་ ད་ལ་གནས་པའི་ཟླ་བའོ། །ཟླ་བའི་མཚན་མ་དང་ཉེ་བར་དབང་ལྡན་གྱི་ཉི་མ་ལ་རྩེ་གསུམ་ མོ། །རིམ་པ་བཞི་པར་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་སེང་གེའི་རྒྱལ་མཚན་འཛིན་མ་ དང་རྣམ་པར་འབྱོར་མ་དང་པད་ཆེན་ལྡན་མ་དང་ཆང་འཕྲོག་མ་རྣམས་ཀྱི་ཟླ་བ་རྣམས་ལ་ སེང་གེའི་རྒྱལ་མཚན་དང་ལྕགས་ཀྱུ་དང་མདའ་དང་ཡིད་བཞིན་གྱི་ནོར་བུའོ། །དབང་ལྡན་ ལ་སོགས་པ་རྣམས་སུ་མཆོག་འཕྲོག་མ་དང་རིན་ཆེན་དབང་ཕྱུག་མ་དང་བརྒྱན་མ་དང་འགྲོ་ སྐྱོང་མ་རྣམས་ཀྱི་ཟླ་བ་རྣམས་ལ་མེ་ཏོག་གི་སྣོད་དང་སྤོས་ཕོར་དང་དྲིའི་དུང་ཆོས་དང་མར་ མེའི་མཆོད་སྡོང་ངོ༌། །འདིར་ཉི་མ་དང་ཟླ་བ་ཐམས་ཅད་སྣ་ཚོགས་པད་མ་ལ་གནས་པ་སྟེ། རིམ་པ་བཞི་པར་ནི་བུམ་པ་རྣམས་སོ། ། ༈ མཁའ་འགྲོ་ལྔའི་དཀྱིལ་འཁོར་ལ་དབུས་ཀྱི་གཞལ་ཡས་ཁང་གི་དབུས་ཀྱི་ཤེས་རབ་ དང་བཅས་པའི་ཀྱེའི་རྡོ་རྗེའི་གྲི་གུག་དང་ཐོད་པའོ། །ཤར་ལ་སོགས་པའི་སྒོར་དཀར་མོ་དང་ ཆོམ་རྐུན་མ་དང་རོ་ལངས་མ་དང་གྷསྨ་རཱི་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་ སྒྲོག་དང་དྲིལ་བུའོ། །དབང་ལྡན་ལ་སོགས་པའི་མཚམས་སུ་པུཀྐ་སཱི་དང་རི་ཁྲོད་མ་དང་ གཏུམ་མོ་དང་གཡུང་མོ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་བུམ་པ་དང་རི་རབ་དང་མེ་ཐབ་དང་ རྒྱལ་མཚན་ཆེན་པོའི་བ་དན་ནོ། ། དེ་ལས་ཤར་གྱི་གཞལ་ཡས་ཁང་གི་དབུས་སུ་རྟག་པའི་ཐོད་པ་ལ་གནས་པའི་རྨ་བྱ་སྟེ། ཤར་ལ་སོགས་པའི་སྒོར་སྐམ་པ་མ་དང་ཞགས་པ་མ་དང་དོལ་ཟླུམ་མ་དང་ལྕགས་ཀྱུ་འཛིན་ མ་རྣམས་ཀྱི་སྐམ་པ་དང་ཞགས་པ་དང་ཉ་རྒྱ་ཟླུམ་པོ་དང་ལྕགས་ཀྱུ་དང༌། དབང་ལྡན་ལ་ 8-1-140 སོགས་པར་མེ་ཏོག་མ་དང་བདུག་སྤོས་མ་དང་མར་མེ་མ་དང་དྲི་ཆབ་མ་རྣམས་ཀྱི་མེ་ཏོག་གི་ སྣོད་དང་སྤོས་ཕོར་དང་མར་མེའི་མཆོད་སྡོང་དང་དྲི་སེར་པོས་གང་བའི་དུང་ཆོས་སོ། །ལྷོའི་ གཞལ་ཡང་ཁང་གི་དབུས་སུ་རྡོ་རྗེ་ཉི་མའི་ཐོད་པ་ལ་གནས་པའི་བྱ་ཀ་རཎ་ཌ་བ་སྟེ། ཤར་ ལ་སོགས་པའི་སྒོར་ཉི་ལག་མ་དང་མར་མེ་མ་དང་རིན་ཆེན་སྐར་མདའ་མ་དང་ཕྱག་ན་ཀློག་ ཐོགས་མ་རྣམས་ཀྱི་ཉི་མའི་དཀྱིལ་འཁོར་དང་མར་མེའི་མཆོད་སྡོང་དང་རིན་པོ་ཆེ་དང་གློག་ གི་ཕྲེང་བ་དང༌། དབང་ལྡན་ལ་སོགས་པར་སྒེག་མོ་དང་ཕྲེང་བ་མ་དང་གླུ་མ་དང་གར་མ་ རྣམས་ཀྱི་རྡོ་རྗེ་དང་རིན་པོ་ཆེའི་ཕྲེང་བ་དང་འཁར་རྔ་དང་རྡོ་རྗེའོ། ། ནུབ་ཀྱི་གཞལ་ཡས་ཁང་གི་དབུས་སུ་པད་མ་གར་གྱི་དབང་ཕྱུག་གི་ཐོད་པ་ལ་གནས་ པའི་དོམ་སྟེ། ཤར་ལ་སོགས་པའི་སྒོར་པད་མ་མ་དང་ཆོས་འབྱུང་མ་དང་སྒྲོག་མ་དང་རང་ འཁྱུད་མ་རྣམས་ཀྱི་པད་མ་དང་ཆོས་འབྱུང་དང་སྒྲོག་དང་རྡོ་རྗེ་དང༌། དབང་ལྡན་ལ་སོགས་ པར་གླིང་བུ་མ་དང་པི་བང་མ་དང་རྔ་ཟླུམ་མ་དང་རྫ་རྔ་མ་རྣམས་ཀྱི་རང་རང་གི་རོལ་མོ་ རྣམས་སོ། །བྱང་གི་གཞལ་ཡས་ཁང་གི་དབུས་སུ་རྟ་མཆོག་གི་ཐོད་པ་ལ་གནས་པའི་གཟའ་ ལྷག་སྟེ། ཤར་ལ་སོགས་པའི་སྒོར་སྒོ་ལྕགས་མ་དང་ལྡེ་ཀྱོག་མ་དང་སྒོ་གླེགས་མ་དང་ཡོལ་ བ་འཛིན་མ་རྣམས་ཀྱི་སྒོ་ལྕགས་དང་ལྡེ་ཀྱོག་དང་སྒོ་གླེགས་དང་ཡོལ་བ་དང༌། དབང་ལྡན་ ལ་སོགས་པར་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་ཀྱི་འཁོར་ལོ་དང་ རྡོ་རྗེ་དང་པད་མ་དང་ཨུད་པ་ལའོ། །ཕྱིའི་དཀྱིལ་འཁོར་ཆེན་པོའི་སྒོ་རྣམས་སུ་དཀར་མོ་ལ་ སོགས་པའི་མཚན་མ་རྣམས་ཏེ། དབང་ལྡན་ལ་སོགས་པར་པུཀྐཱ་སཱི་ལ་སོགས་པའི་མཚན་མ་ རྣམས་སོ། །མཚན་མ་འདི་རྣམས་ཐམས་ཅད་ནི་སྣ་ཚོགས་པད་མ་དང་ཉི་མ་ལ་གནས་པ་སྟེ། རྟག་པ་ཁོ་ནའི་ཟླ་བའི་གདན་ལ་གནས་པའོ། །དཀྱིལ་འཁོར་སོ་སོ་ལ་བདུད་རྩིའི་བུམ་པ་ རྣམས་ཏེ། ཁ་ཅིག་ནི་དཀྱིལ་འཁོར་ཆེན་པོ་ཁོ་ན་ལའོ་ཞེས་སོ། ། 8-1-141 ༈ འཁོར་ལོས་སྒྱུར་བ་དྲུག་གི་དཀྱིལ་འཁོར་ལ་མཚན་མ་རྣམས་ནི་སྣ་ཚོགས་པད་མ་ དང་ཉི་མ་ལ་གནས་པ་སྟེ། སངས་རྒྱས་མཁའ་འགྲོ་ཁོ་ནའི་ཟླ་བ་ལ་གནས་པའོ། །གཞལ་ ཡས་ཁང་དྲུག་པོ་རྣམས་ཀྱི་ཟུར་རྣམས་སུ་སྣ་ཚོགས་པད་མ་ལ་གནས་པའི་ཐོད་པ་རྣམས་སོ། ། དེ་ལ་སྙིང་པོའི་དཀྱིལ་འཁོར་གྱི་དབུས་ཀྱི་པད་མ་ལ་རྡོ་རྗེ་སེམས་དཔའི་རྡོ་རྗེ་སྟེ། མཚམས་ ཀྱི་འདབ་མ་རྣམས་ལ་མཁའ་འགྲོ་མ་དང་ལཱ་མཱ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་རྣམས་ ཀྱི་ཅང་ཏེའུ་རྣམས་སོ། །འདིར་དགོད་པའི་རིམ་པ་ནི་ཤར་ལ་སོགས་པའི་སྒོ་རྣམས་སུ་གཡོན་ སྐོར་དང་མེ་ལ་སོགས་པའི་མཚམས་རྣམས་སུ་གཡས་བསྐོར་གྱིས་སོ། །སྒོའི་ཆུ་སྐྱེས་རྣམས་ ལ་ཐོད་པའི་དུམ་བུ་དང་རབ་གཏུམ་མོ་དག་དང་ཀེང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་ མ་དག་དང་ཀེང་རུས་དང་འོད་ལྡན་མ་དག་དང་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མོ་ དག་གི་རྡོ་རྗེ་བཞི་སྟེ། ཁོར་ཡུག་གི་དབུས་སུ་ནི་རྡོ་རྗེའི་ཕྲེང་བའོ། །སངས་རྒྱས་མཁའ་འགྲོའི་ དཀྱིལ་འཁོར་ལ་དབུས་སུ་འཁོར་ལོ་དང༌། སྒོའི་ཆུ་སྐྱེས་རྣམས་ལ་ཆང་དགྲ་དང་དཔའ་བོའི་ བློ་ཅན་མ་དག་དང་འོད་དཔག་མེད་དང་མིའུ་ཐུང་མ་དག་དང་རྡོ་རྗེའི་འོད་དང་ལང་ཀའི་ དབང་ཕྱུག་མ་དག་དང་རྡོ་རྗེའི་སྐུ་དང་ཤིང་གྲི བ་མ་དག་གི་འཁོར་ལོ་རྣམས་ཏེ། ཁོར་ཡུག་ གི་དབུས་སུ་འཁོར་ལོའི་ཕྲེང་བའོ། །རིན་ཆེན་མཁའ་འགྲོའི་དཀྱིལ་འཁོར་ལ་དབུས་སུ་རིན་ པོ་ཆེ་དང༌། སྒོའི་ཆུ་སྐྱེས་རྣམས་ལ་མྱུ་གུ་ཅན་དང་ས་སྲུང་མ་དག་དང་རྡོ་རྗེ་རལ་པ་ཅན་དང་ འཇིགས་བྱེད་ཆེན་མོ་དག་དང་དཔའ་བོ་ཆེན་པོ་དང་རླུང་ཤུགས་མ་དག་དང་རྡོ་རྗེ་ཧཱུཾ་མཛད་ དང་ཆང་འཐུང་མ་དག་གི་རིན་པོ་ཆེ་རྣམས་ཏེ། ཁོར་ཡུག་གི་དབུས་སུ་རིན་པོ་ཆེའི་ཕྲེང་བའོ། ། པད་མ་མཁའ་འགྲོའི་དཀྱིལ་འཁོར་ལ་དབུས་སུ་པད་མ་དང༌། སྒོའི་ཆུ་སྐྱེས་རྣམས་ལ་ཤིན་ ཏུ་བཟང་པོ་དང་སྔོ་བསངས་ལྷ་མོ་དག་དང་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་དག་དང་ འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ་དག་དང་མིག་མི་བཟང་དང་བྱ་གདོང་མ་དག་གི་པད་མ་ 8-1-142 རྣམས་ཏེ། ཁོར་ཡུག་གི་དབུས་སུ་པད་མའི་ཕྲེང་བའོ། །རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་ལ་ དབུས་སུ་རྡོ་རྗེ་དང༌། སྒོའི་ཆུ་སྐྱེས་རྣམས་ལ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་དག་ དང་རིན་ཆེན་རྡོ་རྗེ་དང༌། དུམ་སྐྱེས་མ་དག་དང་རྟ་མགྲིན་དང་ཆང་འཐུང་མ་དག་དང་ནམ་ མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་དག་གི་རྡོ་རྗེ་རྣམས་ཏེ་ཁོར་ཡུག་གི་དབུས་སུ་རྡོ་རྗེའི་ ཕྲེང་བའོ། །སྣ་ཚོགས་མཁའ་འགྲོའི་དཀྱིལ་འཁོར་ལ་དབུས་སུ་སྣ་ཚོགས་རྡོ་རྗེ་དང༌། སྒོའི་ཆུ་ སྐྱེས་རྣམས་ལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་དག་དང་པད་མ་གར་གྱི་དབང་ཕྱུག་དང་སྟོབས་ ཆེན་མོ་དག་དང་རྣམ་པར་སྣང་མཛད་དང་འཁོར་ལོ་བསྒྱུར་མ་དག་དང་རྡོ་རྗེ་སེམས་དཔའ་ དང་བརྩོན་འགྲུས་ཆེན་མོ་དག་གི་སྣ་ཚོགས་རྡོ་རྗེ་རྣམས་ཏེ། ཁོར་ཡུག་གི་དབུས་སུ་སྣ་ཚོགས་ རྡོ་རྗེའི་ཕྲེང་བའོ། །གཞལ་ཡས་ཁང་ཆེན་པོའི་སྒོ་རྣམས་སུ་ཁ་གདོང་མ་དང་འུག་གདོང་མ་ དང་ཁྱི་གདོང་མ་དང་ཕག་གདོང་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་ རྗེ་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་རྣམས་ཏེ། མཚམས་རྣམས་སུ་ནི་གཤིན་རྗེ་བརྟན་མ་དང་ གཤིན་རྗེ་ཕོ་ཉ་མ་དང་གཤིན་རྗེ་མཆེ་བ་དང་གཤིན་རྗེ་འཇོམས་པ་མ་རྣམས་ཀྱི་མེ་ལོང་དང་ པི་ཝང་དང་དྲིའི་དུང་ཆོས་དང་རོའི་སྣོད་རྣམས་སོ། །བུམ་པ་རྣམས་ནི་ཇི་ལྟར་རིགས་པར་རོ། ། དེ་ལྟར་བརྗོད་པའི་རྗེས་སུ་འབྲངས་ནས་དཀྱིལ་འཁོར་གཞན་རྣམས་ལ་ཡང་རྡུལ་ཚོན་དགྱེ་ བ་ཤེས་པར་བྱ་སྟེ། འདིར་ནི་གཞུང་མངས་པས་འཇིགས་ནས་མ་བསྟན་ནོ། ། ༈ དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་ནི་ཚོན་གྱི་ཁ་དོག་གི་རིམ་པ་བཤད་པ་རྣམས་ དང་ཕལ་ཆེར་མི་མཐུན་པས་རྡུལ་ཚོན་གྱི་ཁ་དོག་གི་རིམ་པ་བརྗོད་པར་བྱའོ། །ཐུགས་ཀྱི་ འཁོར་ལོའི་རྡོ་རྗེ་ཕྲེང་བ་གཉིས་པའི་མཐར་ཐུག་པའི་ནང་གི་ས་གཞི་ཐམས་ཅད་ནི་ནག་པོའོ། ། ཐུགས་དང་གསུང་དང་སྐུའི་དཀྱིལ་འཁོར་གྱི་ཤར་གྱི་ས་གཞི་ཐམས་ཅད་ནག་པོ་དང༌། ལྷོའི་ 8-1-143 དམར་པོ་དང༌། ནུབ་ཀྱི་སེར་པོ་དང༌། བྱང་གི་དཀར་པོའོ། །སྟེགས་བུ་རྣམས་ནི་དཀར་པོའོ། ། རིན་པོ་ཆེའི་སྣམ་བུ་ནི་དམར་པོ་སྟེ་དེ་ལ་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའོ། །དྲ་བ་དང་དྲ་ བ་ཕྱེད་པའི་ས་གཞི་ནི་ནག་པོ་སྟེ། དེར་ དྲ་བ་དང་དྲ་བ་ཕྱེད་པ་རྣམས་ནི་དཀར་པོའོ། །ས་གཞི་ནག་པོ་ལ་རིན་པོ་ཆེའི་ཤར་བུ་ རྣམས་ནི་དཀར་པོ་དང༌། ས་གཞི་ནག་པོ་ལ་མདའ་ཡབ་རྣམས་ཀྱང་དཀར་པོའོ། །རྟ་བབས་ ཀྱི་ཀ་བ་རྣམས་ནི་སེར་པོའོ། །ཐུགས་ཀྱི་དཀྱིལ་འཁོར་ལ་གཙོ་བོའི་གདན་པད་མ་ལྗང་ཁུ་སྟེ། ཞི་བ་ལ་སོགས་པ་རྣམས་ལ་ནི་དཀར་པོ་ལ་སོགས་པའི་ཁ་དོག་ཏུ་འགྱུར་རོ། །རྡོ་རྗེའི་ཕྲེང་ བ་དང་ཀ་བ་བཅུ་དྲུག་ནི་ནག་པོ་སྟེ། ཤར་དུ་རལ་གྲི་ནག་པོ་དང་ལྷོར་རིན་པོ་ཆེ་དམར་པོ་ དང༌། ནུབ་ཏུ་འཁོར་ལོ་སེར་པོ་དང༌། བྱང་དུ་པད་མ་དཀར་པོ་རྣམས་དང་ལྡན་པའོ། །བུམ་ པ་བརྒྱད་ནི་དཀར་པོ་སྟེ་པད་མ་ལ་གནས་ཤིང་པད་མས་ཁ་བརྒྱན་པའོ། །ཐམས་ཅད་དུ་པད་ མའི་གདན་རྣམས་ཀྱི་སུམ་ཆ་ནི་ལྟེ་བའོ། ། རྡོ་རྗེའི་ཕྲེང་བ་གཉིས་པ་ནི་ལྗང་ཁུ་སྟེ་ལྷ་སྣམ་ནི་དཀར་པོའོ། །རྩིག་པའི་རེ་ཁཱ་གསུམ་ ནི་ནང་ནས་བརྩམས་ཏེ་དཀར་པོ་དང་དམར་པོ་དང་ནག་པོའི་ཁ་དོག་གོ །དེ་རྣམས་ཀྱི་ས་ནི་ ཆ་དགུར་བྱ་སྟེ། དེ་ལ་ཆ་གཅིག་དོར་ནས་ཆ་གཉིས་ལ་རེ་ཁཱ་རེ་རེའོ། །སྒོ་དང་སྒོ་འཁྱུད་ཀྱི་ མཚམས་རྣམས་སུ་རྡོ་རྗེ་དང་རིན་པོ་ཆེས་སྤྲས་པའོ། །རྟ་བབས་བཅུ་གཉིས་ནི་སྣ་ཚོགས་པའི་ ཁ་དོག་གོ །གསུང་གི་དཀྱིལ་འཁོར་གྱི་ལྷ་སྣམ་ནི་དཀར་པོ་སྟེ། དེའི་པད་མ་བརྒྱད་ནི་ཟླ་བ་ དང་ཉི་མ་དང་བྲལ་བ་ཕྱོགས་རྣམས་སུ་དམར་པོ་དང༌། མཚམས་རྣམས་སུ་དཀར་པོའོ། །རེ་ ཁཱ་ལྔ་ནི་ནང་ནས་བརྩམས་ཏེ་ལྗང་ཁུ་དང་ནག་པོ་དང་དམར་པོ་དང་དཀར་པོ་དང་སེར་པོའི་ མདོག་ཅན་རྣམས་སོ། །དེ་རྣམས་ཀྱི་ས་གཞི་ཆ་བཅོ་ལྔར་བྱས་ལ་དེར་སྔ་མ་བཞིན་དུ་རེ་ཁཱ་ བྱའོ། །སྐུའི་དཀྱིལ་འཁོར་གྱི་ལྷ་སྣམ་ནི་དཀར་པོ་སྟེ། 8-1-144 དེའི་པད་མ་རྣམས་ནི་ཟླ་བ་དང་ཉི་མ་དང་བྲལ་བའོ། །རེ་ཁཱ་ལྔ་ནི་གསུང་གི་དཀྱིལ་ འཁོར་བཞིན་ནོ། ། རྟ་བབས་ཀྱི་ཀ་བའི་འོག་གི་སྟེགས་བུའི་གནས་སུ་ཀླུའི་གདན་རྣམས་ཏེ་རེ་རེ་ཞིང་ཆ་ ཆུང་བཅུ་གཉིས་པའོ། །དེ་ལ་ཤར་ཕྱོགས་སུ་ཟླུམ་པོ་ནག་པོ་གཉིས་ཀྱི་སྟེང་དུ་རྒྱལ་མཚན་ དག་དང༌། ལྷོར་གྲུ་གསུམ་དམར་པོ་གཉིས་ལ་བཀྲ་ཤིས་ཀྱིས་མཚན་པ་དང༌། ནུབ་ཏུ་གྲུ་བཞི་ སེར་པོ་གཉིས་ལ་རྡོ་རྗེས་མཚན་པ་དང༌། བྱང་དུ་ཟླ་བ་ཕྱེད་པའི་རྣམ་པ་དཀར་པོ་གཉིས་ལ་ པད་མས་མཚན་པའོ། །ཤར་གྱི་གཡས་ཀྱི་ཟླུམ་པོའི་གཡས་སུ་ཀླུའི་རྒྱལ་པོ་རྒྱལ་བ་ཞེས་བྱ་ བའི་བདུད་རྩིའི་བུམ་པ་སྟེ། ནུབ་ཀྱི་གཡོན་གྱི་གྲུ་བཞིའི་གཡོན་དུ་རྣམ་པར་རྒྱལ་བ་ཞེས་བྱ་ བའི་བདུད་རྩིའི་བུམ་པའོ། །རྟ་བབས་རྣམས་ ཀྱི་རིམ་པ་དང་པོའི་མྱོས་པ་བསྲུང་བའི་སྟེང་གི་དབུས་ཀྱི་གྲུ་བཞི་ལ། ཤར་དུ་ཆོས་ཀྱི་ འཁོར་ལོ་ནག་པོ་སྟེ། དེའི་གཡས་དང་གཡོན་དུ་རི་དྭགས་དང་རི་དྭགས་མོ་ནག་པོའོ། །ལྷོར་ བུམ་པ་བཟང་པོ་དམར་པོའི་མདོག་ཅན་ཏེ། དེའི་གཡས་དང་གཡོན་དུ་དུང་དང་པད་མ་ དམར་པོའོ། །ནུབ་ཏུ་བྱང་ཆུབ་ཀྱི་ཤིང་སེར་པོ་སྟེ། དེའི་གཡས་དང་གཡོན་དུ་མི་འམ་ཅི་ དང་མིའམ་ཅི་མོ་སེར་མོའོ། །བྱང་དུ་རྔ་བོ་ཆེ་དཀར་པོ་སྟེ། དེའི་གཡས་དང་གཡོན་དུ་དབྱུག་ པ་དང་ཐོ་བ་དཀར་པོའོ། །མདའ་ཡབ་དང་ཁོར་ཡུག་གི་བར་གྱི་ས་ནི་ནག་པོ་སྟེ། དེ་ལ་ཇི་ ལྟར་རིགས་པར་མཆོད་པའི་ཡོ་བྱད་རྣམས་བྲི་བར་བྱའོ། །སའི་ཁོར་ཡུག་ནི་སེར་པོ་སྟེ། དེ་ ལ་དབང་ལྡན་གྱི་མཚམས་ནས་འཆར་བཞིན་པའི་ཟླ་བ་ཉ་བའི་དཀྱིལ་འཁོར་ཆ་ཆུང་བཅུ་ གཉིས་པ་དང༌། བདེན་བྲལ་དུ་ནུབ་བཞིན་པའི་ཉི་མ་ཆ་ཆུང་བཅུ་གཉིས་པའོ། །ཆུའི་ཁོར་ ཡུག་དཀར་པོ་དང་མེའི་ཁོར་ཡུག་དམར་པོ་དང་རླུང་གི་ཁོར་ཡུག་ནག་པོའོ། །མེ་དང་རླུང་གི་ ཁོར་ཡུག་དེ་དག་གི་དབུས་སུ་སོ་སོར་ཆ་ཆུང་བཅུ་གཉིས་པ་རྩིབས་བརྒྱད་པའི་དུར་ཁྲོད་ཀྱི་ 8-1-145 འཁོར་ལོ་བརྒྱད་དེ། །ཕྱོགས་རྣམས་སུ་དམར་པོ་དང་མཚམས་རྣམས་སུ་དཀར་པོའོ། །ཤར་ གྱི་འཁོར་ལོའི་ཕྱི་ངོས་སུ་སྟོང་པའི་དཀྱིལ་འཁོར་ཏེ། ནུབ་ཀྱི་འཁོར་ལོའི་ཕྱི་ངོས་སུ་ཡང་སྟོང་ པའི་དཀྱིལ་འཁོར་རོ། །སྟོང་པའི་དཀྱིལ་འཁོར་གཉིས་པོ་བྲི་བ་ནི་སྒྲུབ་ཐབས་ཀྱི་ལེའུར་ གསུངས་པའི་ཚུལ་ཏེ། བཅུ་ཆར་ལ་ཡང་མཚན་མ་ནི་གྲི་གུག་གོ །རླུང་གི་ཁོར་ཡུག་ལ་ནི་སྣ་ ཚོགས་པའི་མཚན་མ་བྲི་བར་བྱ་སྟེ། འདིར་འདོད་པས་སྤྱོད་པ་ནི་མ་ཡིན་ནོ། །ནམ་མཁའི་ ཁོར་ཡུག་ནི་ནག་པོའོ། །དེའི་ལོགས་གཉིས་སུ་ཆ་ཆུང་གསུམ་གསུམ་བྱས་པར་རེ་ཁཱའི་ཟླུམ་ བསྐོར་གཉིས་ཏེ། དབུས་ཀྱི་ཆ་ཆུང་དྲུག་ལ་རྡོ་རྗེའི་ཕྲེང་བ་ལྗང་ཁུ་བྱའོ། །འོད་ཟེར་འབར་བ་རྣམས་ནི་ཁ་ དོག་ལྔ་པའོ། །ཡང་སྙིང་པོའི་དཀྱིལ་འཁོར་ལ་ཤར་ཕྱོགས་ཀྱི་རྡུལ་ཚོན་ནག་པའི་དཔངས་ ནི་ནས་ཀྱི་རྐང་པ་གཅིག་སྟེ། ལྷོའི་དམར་པོ་ནི་གཉིས་དང༌། ནུབ་ཀྱི་སེར་པོ་ནི་བཞི་དང༌། བྱང་གི་དཀར་པོ་ནི་གསུམ་མོ། །རྩིགས་པའི་རེ་ཁཱ་རྣམས་ཀྱི་དཔངས་ནི་རྡུལ་ཚོན་སེར་པོའི་ སུམ་འགྱུར་ཏེ་རྡོ་རྗེའི་ཕྲེང་བ་རྣམས་ཀྱང་ངོ༌། །རེ་ཁཱ་གཞན་རྣམས་ནི་རྡུལ་ཚོན་སེར་པོ་ལས་ ཉིས་འགྱུར་ཏེ། པད་མ་རྣམས་ནི་སྣམ་བུ་ལས་ཉིས་འགྱུར་ཉིད་དོ། །ཟླ་བ་དང་ཉི་མ་དག་ནི་ ཆུ་སྐྱེས་ཀྱི་རེ་ཁཱ་ལས་སོ། །དེ་ལྟར་བརྗོད་པའི་དཔངས་ལས་ཉིས་འགྱུར་ནི་གསུང་གི་དཀྱིལ་ འཁོར་གྱི་དཔངས་ཏེ། དེ་རྣམས་ལས་ཉིས་འགྱུར་ནི་སྐུའི་དཀྱིལ་འཁོར་ལའོ། །མདའ་ཡབ་ ལས་ཕྱི་རོལ་གྱི་མཆོད་པའི་ས་གཞི་ལ་ནི་ནས་གཅིག་སྟེ། ས་ལ་སོགས་པའི་ཁོར་ཡུག་དང་རེ་ཁཱ་ཟླུམ་པོ་གཉིས་ཀྱི་དཔངས་ནི་སྐུའི་དཀྱིལ་འཁོར་ གྱི་རྩིག་པའི་རེ་ཁཱའི་ཚད་དུའོ། །གཞན་དུ་རྡུལ་ཚོན་དགྱེ་བ་ནི་ཐམས་ཅད་དུ་ཉིས་འགྱུར་གྱི་ དབྱེ་བ་མཚུངས་པ་སྟེ། ས་གཞི་ཐམས་ཅད་ལའོ། །དེ་ལ་གཙོ་བོའི་ལྟེ་བ་དང་མཉམ་པོའི་ དཀར་པོ་དང་དམར་པོ་དང་ནག་པོ་དང༌། སེར་པོའི་ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་དུས་ 8-1-146 མེའི་དཀྱིལ་འཁོར་གྱི་སྟེང་དུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རྡོ་རྗེ་སྔོན་པོ་རྩེ་གསུམ་ པའོ། །ཤར་གྱི་འདབ་མ་ལ་སྤོས་ཕོར་ནག་པོ་དང༌། ལྷོར་མར་མེ་དམར་པོ་དང༌། ནུབ་ཏུ་དུང་ སེར་པོ་དང༌། བྱང་དུ་ལྷ་བཤོས་དཀར་པོ་སྟེ། མེ་ལ་སོགས་པ་རྣམས་སུ་ནག་པོ་དང་དམར་པོ་ དང་སེར་པོ་དང་དཀར་པོའི་རྔ་ཡབ་རྣམས་སོ། ། དེའི་ཕྱི་རོལ་གྱི་དབང་ལྡན་དུ་ཆོས་ཀྱི་དུང་དཀར་པོ་དང༌། མེར་ཡིད་བཞིན་གྱི་ནོར་བུ་ ནག་པོ་དང༌། བདེན་བྲལ་དུ་ཆོས་ཀྱི་གཎ་ཌི་དམར་པོ་དང༌། རླུང་དུ་དཔག་བསམ་གྱི་ཤིང་ སེར་པོའོ། །རིམ་པ་གཉིས་པར་ཤར་དུ་ཆུ་སྐྱེས་དཀར་པོ་དང་ཉི་མ་ལ་རལ་གྲི་ནག་པོ་དང༌། མེར་ཆུ་སྐྱེས་དམར་པོ་དང་ཟླ་བ་ལ་ཨུད་པ་ལ་སྔོན་པོ་དང༌། ལྷོར་ཆུ་སྐྱེས་དཀར་པོ་དང་ཉི་མ་ ལ་རིན་པོ་ཆེ་ཆ་དགུ་པ་དམར་པོ་དང༌། བདེན་བྲལ་དུ་ཆུ་སྐྱེས་དམར་པོ་དང་ཟླ་བ་ལ་པད་མ་ དམར་པོ་དང༌། ནུབ་ཏུ་ཆུ་སྐྱེས་དཀར་པོ་དང་ཉི་མ་ལ་འཁོར་ལོ་སེར་པོ་དང༌། རླུང་དུ་ཆུ་སྐྱེས་ དམར་པོ་དང་ཟླ་བ་ལ་འཁོར་ལོ་སེར་པོ་དང༌། བྱང་དུ་ཆུ་སྐྱེས་དཀར་པོ་དང་ཉི་མ་ལ་པད་མ་ དཀར་པོ་དང༌། དབང་ལྡན་དུ་ཆུ་སྐྱེས་དམར་པོ་དང་ཟླ་བ་ལ་ཨུད་པ་ལ་དཀར་པོའོ། །རིམ་པ་ གསུམ་པའི་སྣམ་བུ་ལ་སྒོ་སོ་སོའི་ངོས་དག་ཏུ་གཉིས་ཞེས་པས་པད་མ་བརྒྱད་དེ། དེའི་དྲུག་ ལ་ནི་ཉི་མ་དང༌། ནུབ་དང་བྱང་གི་སྒོའི་གཡོན་དག་ཏུ་ཟླ་བའོ། མཚམས་རྣམས་སུ་པད་མ་ དང་ཟླ་བ་བཞིའོ། །དེ་རྣམས་སུ་དབང་ལྡན་ནས་བརྩམས་ནས་མེ་ལོང་དང་རྡོ་རྗེ་དང་རལ་གྲི་ དང་གོས་དང་རྡོ་རྗེ་དང་རིན་པོ་ཆེ་དང་རོའི་སྣོད་དང་ཆོས་འབྱུང་དང་འཁོར་ལོ་དང་དྲིའི་དུང་ དང་པི་ཝང་དང་པད་མ་རྣམས་ཏེ། དཀར་པོ་དང་སྔོན་པོ་དང་ནག་པོ་དང་ནག་པོ་དང་ལྗང་ཁུ་ དང་དམར་པོ་དང་དམར་པོ་དང་ལྗང་ཁུ་དང་སེར་པོ་དང་སེར་པོ་དང་སྔོན་པོ་དང་དཀར་པོའོ། ། ཤར་གྱི་སྒོར་པད་མ་དང་ཉི་མ་ལ་རལ་གྲི་ནག་པོ་དང་ལྷོར་དབྱུག་པ་དམར་པོ་དང་ནུབ་ཏུ་ པད་མ་སེར་པོ་དང་བྱང་དུ་ཐོ་བ་དཀར་པོའོ། །འདིར་ཉི་མའི་དཀྱིལ་འཁོར་རྣམས་ནི་ཆུ་སྐྱེས་ 8-1-147 དཀར་པོ་ལ་གནས་ཤིང་ཟླ་བའི་དཀྱིལ་འཁོར་རྣམས་ནི་ཆུ་སྐྱེས་དམར་པོ་ལ་གནས་པའོ། ། སྟེགས་བུ་ལ་རྟ་བབས་ཀྱི་ཀ་བའི་རྩ་བར་ཤར་གྱི་གཡོན་དུ་དུང་ཆོས་ནག་པོ་དང་གཡས་སུ་ མེ་ཏོག་གི་ཕྲེང་བ་སྔོན་པོ་སྟེ། ལྷོར་སྤོས་ཕོར་དམར་པོ་དང་མར་མེའི་མཆོད་སྡོང་དང༌། ནུབ་ ཏུ་ཅོད་པན་སེར་པོ་དང་དོ་ཤལ་སེར་པོ་དང༌། བྱང་དུ་འབྲས་བུ་དཀར་པོ་དང་བདུད་རྩིས་ བཀང་བའི་སྣོད་དཀར་པོའོ། །སྟེགས་ བུ་ཐམས་ཅད་དུ་ནི་མཆོད་པ་རྣམ་པ་སྣ་ཚོགས་འཛིན་པའི་ལྷ་མོ་རྣམས་སོ། །རྟ་བབས་ ཀྱི་མཆོད་པའི་ལྷ་མོའི་གནས་ལ་ཤར་གྱི་དབུས་སུ་གོས་དང་ལྷོར་པད་མ་དང་ནུབ་ཏུ་རྔ་པ་ཊ་ ཧ་དང་བྱང་དུ་རྡོ་རྗེའོ། །གསུང་གི་དཀྱིལ་འཁོར་དུ་ནི་པད་མའི་ལྟེ་བ་དང་འདབ་མ་རྣམས་ལ་ ཤར་དུ་གྲི་གུག་ནག་པོ་རྣམས་དང༌། མེར་འཁོར་ལོ་ནག་པོ་རྣམས་དང་གཤིན་རྗེར་དབྱུག་པ་ དམར་པོ་རྣམས་དང་བདེན་བྲལ་དུ་ཤག་ཏི་དམར་པོ་རྣམས་དང༌། ནུབ་ཏུ་རྡོ་རྗེ་སེར་པོ་རྣམས་ དང༌། རླུང་དུ་ཚངས་པའི་དབྱུག་གུ་རྩེ་མོ་ཅན་སེར་པོ་རྣམས་དང༌། བྱང་དུ་རྩེ་གསུམ་དཀར་ པོ་རྣམས་དང༌། དབང་ལྡན་དུ་པད་མ་དཀར་པོ་རྣམས་སོ། །སྐུའི་དཀྱིལ་འཁོར་གྱི་སྣམ་བུ་ ལ་ཡང་པད་མའི་ལྟེ་བ་དང་འདབ་མ་རྣམས་ལ་མཚན་མ་རྣམས་ཏེ། དེ་ལ་ཤར་སྒོའི་གཡས་ སུ་རལ་གྲི་རྣམས་དང༌། མེར་དཔག་བསམ་གྱི་ཤིང་རྣམས་དང༌། ལྷོ་སྒོའི་གཡོན་དུ་རྡོ་རྗེས་ མཚན་པའི་དབྱུག་པ་རྣམས་དང༌། གཡས་སུ་ཤག་ཏི་རྣམས་དང༌། བདེན་བྲལ་དུ་ཤག་ཏིའམ་ ཡང་ན་མདུང་རྣམས་དང༌། ནུབ་སྒོའི་གཡོན་དུ་རིན་པོ་ཆེའམ་ཡང་ན་དབྱུག་ཐོ་རྣམས་དང་ གཡས་རྡོ་རྗེ་རྣམས་དང༌། རླུང་དུ་ཁབ་རྣམས་དང༌། བྱང་སྒོའི་གཡོན་དུ་མདུང་རྩེ་གསུམ་པ་ རྣམས་དང༌། གཡས་སུ་ཞགས་པ་རྣམས་དང༌། དབང་ལྡན་དུ་དགྲ་སྟ་རྣམས་དང༌། ཤར་སྒོའི་ གཡོན་དུ་འཁོར་ལོ་རྣམས་སོ། །ཤར་སྒོར་དབྱུག་པ་དང༌། དེའི་ཕྱི་རོལ་ཏུ་རྡོ་རྗེ་ལྗང་ཁུ་དང༌། ལྷོར་སྒོར་མདའ་དམར་པོ་དང༌། ནུབ་སྒོར་དབྱུག་ཐོ་སེར་པོ་དང༌། དེའི་ཕྱི་རོལ་རྩེ་གསུམ་ 8-1-148 སྔོན་པོ་དང༌། བྱང་སྒོར་གཏུན་ཤིང་དཀར་པོ་སྟེ། དབྱུག་པ་ལ་སོགས་པའི་མཚན་མ་འདི་ རྣམས་ནི་པད་མ་དང་ཉི་མ་ལ་གནས་པའོ། །གསུང་དང་སྐུའི་དཀྱིལ་འཁོར་དག་གི་ཕྱོགས་ཀྱི་ པད་མ་རྣམས་ནི་དམར་པོ་སྟེ། མཚམས་ཀྱི་འདབ་མ་རྣམས་ནི་དཀར་པོའོ། །འདིར་གསུང་གི་ དཀྱིལ་འཁོར་གྱི་སྟེགས་བུ་ལ་ཤར་སྒོའི་གཡས་སུ་ཨུད་པ་ལ་དང་གོས་དང་གྲི་གུག་དང་འཁོར་ལོ་དང་ ཁ་ཊྭཱཾ་ག་རྣམས་ནག་པོ་སྟེ། གཡོན་དུ་གྲི་གུག་དང་རལ་གྲི་དང་གྲི་གུག་དང་གྲི་གུག་རྣམས་ ནག་པོའོ། །ལྷོ་སྒོའི་གཡས་སུ་པད་མ་དང་རོའི་སྣོད་དང་དབྱུག་པ་དང་ཤག་ཏི་དང་པད་མ་ རྣམས་དམར་པོ་སྟེ། གཡོན་དུ་མདའ་དང་དགྲ་སྟ་དང་གྲི་གུག་དང་གྲི་གུག་རྣམས་དམར་པོའོ། ། ནུབ་སྒོའི་གཡས་སུ་འཁོར་ལོ་དང་དྲིའི་དུང་ཆོས་དང་རྡོ་རྗེ་དང་ཁབ་དང་འཁོར་ལོ་རྣམས་ སེར་པོ་སྟེ། གཡོན་དུ་ཆོས་འབྱུང་ལྗང་ཁུ་དང་འཁོར་ལོ་དང་གྲི་གུག་དང་གྲི་གུག་རྣམས་སེར་ པོའོ། །བྱང་སྒོའི་གཡས་སུ་ཨུད་པ་ལ་དང་མེ་ལོང་དང་རྩེ་གསུམ་དང་པད་མ་དང་ཨུད་པ་ ལ་རྣམས་དཀར་པོ་སྟེ། གཡོན་དུ་པི་ཝང་སྔོན་པོ་དང་ཐོ་བ་དང་གྲི་གུག་དང་གྲི་གུག་རྣམས་ དཀར་པོའོ། །དེ་ལྟར་མཚན་མ་སུམ་ཅུ་རྩ་དྲུག་པོ་རྣམས་ནི་སྐུའི་དཀྱིལ་འཁོར་གྱི་སྟེགས་བུ་ རྣམས་ལ་ཡང་ངོ༌། །དེ་ནས་འཇམ་པའི་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་དཀྱིལ་འཁོར་ བྲིས་པ་རྣམ་པ་ཐམས་ཅད་དུ་གསལ་བར་གྱུར་པར་ཤེས་ནས། ཧཱུཾ་ཡིག་དང་འཁྱིལ་པ་བཟླས་ པའི་བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུས་དཀྱིལ་འཁོར་གྱི་ཕྱི་ངོས་སུ་བྱུགས་ལ། ཆུ་དེས་ འཁོར་ལོ་བསང་ཞིང༌། རྡུལ་ཚོན་ལྷག་མ་རྣམས་ལ་ༀ་ཨཱཿཧཱུཾ་བཛྲ་མུཿ ཞེས་པས་ཡེ་ཤེས་ཀྱི་ ཚོན་གཤེགས་སུ་གསོལ་ཏེ། སྣོད་ན་ཡོད་པའི་ཚོན་རྣམས་དབེན་པར་བཞག་པར་བྱའོ། ། ཞེས་པ་ཚོན་དགྱེ་བའི་ཆོ་གའོ།། ༢༢ །། ༈ དེའི་རྗེས་སུ་སྔར་ལྷག་པར་གནས་པ་བྱས་པའི་བུམ་པ་རྣམས་གཡས་སྐོར་དུ་དགོད་ 8-1-149 པར་བྱའོ། །དེ་ལ་འཁོར་ལོའི་དབང་པོའི་རྣམ་པར་རྒྱལ་བའི་བུམ་པ་ནི་དཀྱིལ་འཁོར་གྱི་ འཁོར་ལོའི་གཡས་ཕྱོགས་ནས་བསྐོར་ཏེ། རྡོ་རྗེ་ར་བའི་བདག་ཉིད་ཀྱི་ཁོར་ཡུག་དང་འབར་ བའི་ཕྲེང་བའི་ས་གཞིའི་ཕྱི་རོལ་ཏུ། དཀྱིལ་འཁོར་གྱི་ཤར་སྒོའི་ཐད་ཀའི་གནས་ལས་ཅུང་ ཟད་གཡས་སུ་བཞག་པར་བྱའོ། །གཡོན་ལོགས་སུ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་གཡས་ བསྐོར་གྱིས་རྣམ་པར་སྣང་མཛད་དང་སྤྱན་མ་དང་ལས་ཐམས་ཅད་པའི་བུམ་པ་སྟེ། གཡས་ སུ་གཟུགས་རྡོ་རྗེ་མ་དང་ཆོས་དབྱིངས་རྡོ་རྗེ་མ་དང་གཤིན་རྗེ་མཐར་བྱེད་རྣམས་ཀྱིའོ། །ལྷོའི་ གཡོན་དུ་རིན་ཆེན་འབྱུང་ལྡན་དང་མཱ་མ་ཀཱི་དག་དང༌། གཡས་སུ་སྒྲ་རྡོ་རྗེ་མ་དང་ཤེས་རབ་ མཐར་བྱེད་དག་གིའོ། །ནུབ་ཀྱི་གཡོན་དུ་སྣང་བ་མཐའ་ཡས་དང་གོས་དཀར་མོ་དག་དང༌། གཡས་སུ་དྲི་རྡོ་རྗེ་མ་དང་པད་མ་མཐར་ཕྱེད་དག་གིའོ། །བྱང་གི་གཡོན་དུ་དོན་ཡོད་གྲུབ་ པ་དང་སྒྲོལ་མ་དག་དང༌། གཡས་སུ་རོ་རྡོ་རྗེ་མ་དང་རེག་བྱ་རྡོ་རྗེ་མ་དང་བགེགས་མཐར་ བྱེད་རྣམས་ཀྱིའོ། །གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་རྣམས་ཀྱི་ནི་མེ་ལ་སོགས་པའི་ མཚམས་རྣམས་སུའོ་ཞེས་པ་ཁ་ཅིག་གི་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་མ་ཐག་ཏུ་ ཁྲོ་བོ་རྣམས་ཀྱི་དང་རིགས་ཀྱི་ཡུམ་རྣམས་ཀྱི་ནི་སྒོའི་གཡས་རྣམས་སུའོ་ཞེས་པ་གཞན་དག་ གིའོ། །འདིའི་རྗེས་སུ་འབྲངས་ནས་ཕྱོགས་གཞན་རྣམས་སུ་ཡང་དགོད་པ་ཤེས་པར་བྱའོ། ། འདོད་པ་གཞན་ཡང་ཡོད་མེད་དེས་ཅི་ཞིག་བྱ། དེ་ལྟར་འདི་ནི་འཇམ་པའི་རྡོ་རྗེའི་དཀྱིལ་ འཁོར་ལ་བུམ་པ་དགོད་པའོ། །བསྡུས་པའི་རིམ་པའི་དཀྱིལ་འཁོར་ལ་གཡོན་དུ་རིགས་ཀྱི་ ཡུམ་གྱི་དེ་མ་ཐག་ཏུ་དང༌། གཡས་སུ་ཡང་དང་པོར་བྱང་ཆུབ་སེམས་དཔའ་བརྒྱད་པོ་རྣམས་ ཀྱིའོ། །ཟུར་གྱི་ཁྲོ་བོ་རྣམས་ལི་ཟུར་རྣམས་སུ་དང༌། གཤིན་རྗེ་མཐར་བྱེད་ཀྱི་རྗེས་ལ་གཙུག་ ཏོར་འཁོར་ལོ་བསྒྱུར་བའི་དང༌། པད་མ་མཐར་བྱེད་ཀྱི་རྗེས་ལ་གནོད་མཛེས་ཀྱི་སྟེ་ཁྱད་ པར་རོ། །འདི་དག་གི་རྗེས་སུ་འབྲངས་ཏེ་དཀྱིལ་འཁོར་གཞན་རྣམས་ལ་བུམ་པ་དགོད་པ་ 8-1-150 ནི་རྟོགས་སླ་བས་འདིར་མ་བཀོད་དོ། །ཟུར་བཞིའི་བུམ་པ་རྣམས་ལ་ནི་སྒྲོ་དང་བཅས་པའི་ མདའ་བཞི་སྟེ། ༀ་བཛྲ་ཡཀྵ་ཧཱུཾ་ཞེས་པའི་སྔགས་ཀྱིས་དགོད་པར་བྱའོ། །དུས་ཀྱི་འཁོར་ལོ་ ལ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་ཕྱི་རོལ་ཏུ་ཤར་ལ་སོགས་པའི་ཕྱོགས་ རྣམས་སུ་བུམ་པ་བཞི་དང༌། ཤར་དུ་རྒྱལ་བའི་བུམ་པ་ཡང་སྟེ་ལྔ་པའོ། །དེའི་སྟེང་དུ་ རྣམ་པར་རྒྱལ་བའི་བུམ་པ་ནི་དུང་ཆོས་ཏེ་དྲུག་པའོ་ཞེས་པ་བུམ་པ་ལྔའི་ཕྱོགས་ལའོ། །བུམ་ པ་བཅུའི་ཕྱོགས་ལ་ནི་ཕྱོགས་བརྒྱད་དུ་བུམ་པ་བརྒྱད་དང༌། ནུབ་ཀྱི་བུམ་པ་ལས་ཕྱི་རོལ་ཏུ་ སོར་གཉིས་སྤངས་པར་རྣམ་པར་རྒྱལ་བའི་བུམ་པ་དང༌། ཤར་གྱི་བུམ་པ་ལས་ཕྱི་རོལ་ཏུ་ སོར་གཉིས་སྤངས་པར་རྒྱལ་བའི་བུམ་པ་སྟེ། དེའི་སྟེང་དུ་རྣམ་པར་རྒྱལ་བ་ཆེན་པོའི་བུམ་པ་ དུང་ཆོས་ནི་བཅུ་གཅིག་པའོ། །དེ་བཞིན་དུ་བརྒྱ་ཕྲག་སྟོང་གི་བུམ་པ་རྣམས་ལ་ཡང་རྣམ་པར་ རྒྱལ་བ་ཆེན་པོ་ནི་དུང་ཆོས་ཏེ། ཞི་བ་དང་རྒྱས་པ་དང་ལས་ཐམས་ཅད་པ་ལ་ཡང་ངོ༌། །ཞེས་ པ་བུམ་པ་དགོད་པའི་ཆོ་གའོ།། ༢༣ །། ༈ དེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ཕྱོགས་བཞིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སོགས་པའི་དམ་པའི་ཆོས་བཞི་ཀླག་པར་བྱའོ། །ག་པུར་དང་ཨ་ག་རུ་དང་དུ་རུ་སྐ་ལ་སོགས་ པའི་སྤོས་ཕོར་བརྒྱད་བཞག་པར་བྱའོ། །རྣམ་པ་སྣ་ཚོགས་པའི་ན་བཟའ་སྟོང་ལ་སོགས་ པའམ། ལྷ་སོ་སོ་ལ་རེ་རེ་ལ་སོགས་པ་ཇི་ལྟར་ནུས་པ་ཡང་རུང་སློབ་མ་ལ་སོགས་པར་བཞག་ པ་དང༌། གདུགས་དང་རྒྱལ་མཚན་དང་བ་དན་རྣམས་ཧཱུཾ་ཡིག་དང་བདག་པོའི་སྔགས་ཀྱིས་ བཟླས་པ། ༀ་སྤ་ར་ཎ་ཁཾ་ཞེས་པས་ཕུལ་ནས་གནས་ཇི་ལྟ་བར་གཞག་པར་བྱ་སྟེ། རྟ་བབས་ དང་གོས་བཟང་པོ་དང་དྲིལ་བུ་དང་བཅས་པའི་རྔ་ཡབ་དང་བུམ་པ་གང་བ་དང་ལོ་མ་དང་ བཅས་པའི་ཆུ་ཤིང་གི་སྡོང་པོའི་ཀ་བ་རྣམས་ཀྱང་ངོ༌། ། དེ་ནས་ཁྲུས་བྱས་ཤིང་དྲི་ཞིམ་པོའི་ལུས་སྟོད་གཡོགས་དང་གཙུག་ཏོར་དང་རྒྱན་དང་ 8-1-151 བཅས་པས་འཁྱིལ་པ་བཟླས་པའི་ཆུས་དཀྱིལ་འཁོར་བསངས་ཏེ་ཡི་གེ་གསུམ་དང་འཁྱིལ་ པའི་སྔགས་ཀྱིས་བསྲུངས་ནས། རྡོ་རྗེ་དང་དྲིལ་བུ་བཟུང་སྟེ་ཤར་གྱི་སྒོ་དང་ཉེ་བར་ནུབ་ཏུ་ཁ་ བལྟས་པས་འདུག་ལ། འཁོར་ལོའི་དབང་པོའི་རྣལ་འབྱོར་དང་ལྡན་པས་བྲིས་པའི་དཀྱིལ་འཁོར་སྐ་ཅིག་གིས་ སྟོང་པ་ཉིད་ཀྱི་རྗེས་སུ། བསྲུང་བའི་འཁོར་ལོ་དང་བགེགས་ལ་ཕུར་བུས་བཏབ་པ་ལ་སོགས་ པའི་ཆོ་ག་འཁོར་དང་བཅས་པས། བསྒོམ་པར་བྱ་བའི་དཀྱིལ་འཁོར་གྱི་རང་བཞིན་དུ་ངེས་ པར་བརྟགས་ནས། བཙུན་ མོ་མཛེས་ཤིང་ལྟས་བཟང་བ། །ལོ་གྲངས་བཅུ་དྲུག་ལོན་རྙེད་ནས། །དྲི་དང་མེ་ཏོག་གིས་ བརྒྱན་ཏེ། ། དེ་ཡི་དབུས་སུ་འདོད་པ་བྱ། །ཡོན་ཏན་སྐེ་རགས་མཱ་མ་ཀཱིར། །ཤེས་རབ་ཅན་གྱིས་དེ་ བྱིན་བརླབ། ། ཞི་བ་སྤྲོ་བྱས་སངས་རྒྱས་གནས། །ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན། །ཞེས་ གསུངས་པས་རབ་ཏུ་སྒྲུབ་པའི་ཕྱིར་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་སམ། དེ་ མེད་ན་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་ཡང་དག་པར་བསྐྱོད་པའི་དགའ་བའི་ སྒྲས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ། ཞབས་བསིལ་དང་ཞལ་བསིལ་དང་མཆོད་ཡོན་ དབུལ་བ་སྔོན་དུ་འགྲོ་བས་རང་གི་ནང་དུ་བཅུག་ནས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་པ་ རྡོ་རྗེའི་ལམ་ནས་པད་མར་ཕྱུང་བའི་ཡེ་ཤེས་ཀྱི་ལྷའི་འཁོར་ལོའི་བདག་ཉིད་སྤྲོས་ཏེ། དམ་ ཚིག་གི་འཁོར་ལོ་ལ་ཇི་ལྟ་བར་ཞུགས་པར་བསམས་ནས། མིག་དང་སྐུ་ལ་སོགས་པ་བྱིན་ གྱིས་བརླབ་ཅིང༌། དེ་མ་ཐག་ཏུ་རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་ བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱིས་དབང་བསྐུར་ནས་ཇི་ལྟར་རིགས་པར་རྒྱས་གདབ་ 8-1-152 སྟེ། རིགས་མི་ཤེས་པ་རྣམས་ནི་མི་བསྐྱོད་པའམ་རྡོ་རྗེ་སེམས་དཔས་སོ། ། དེ་ནས་ལྷ་མོ་སྤྲོས་པ་རྣམས་ཀྱིས་ཡིད་ཀྱི་རང་བཞིན་གྱི་མཆོད་པས་མཆོད་ཅིང༌། བསིལ་ བའི་རས་དང་རས་ཟུང་བླ་རེ་ལས་དཔྱངས་པ་དང་གོས་དང༌། ཡི་གེ་གསུམ་གྱིས་བསྔགས་ པའི་བཟའ་བ་དང་བཅའ་བ་དང་ལྷག་པ་དང་གཞིབ་པ་དང་བཏུང་བའི་ཉེ་བར་སྤྱད་པ་ལ་ སོགས་པ་དང༌། གསེར་དང་བུ་མོ་དང་གླང་པོ་ཆེ་དང་རྟ་དང་བ་ལང་ལ་སོགས་པ་ཕུལ་ལ། གཟུགས་རྡོ་རྗེ་མ་ལ་སོགས་པའི་ངོ་བོ་ཕྱི་རོལ་གྱི་རྣལ་འབྱོར་མ་བཅུ་དྲུག་གམ་བརྒྱད་དམ་ བཞིས་རང་རང་གི་མཆོད་པས་མཆོད་ནས། དྲིལ་བུ་དཀྲོལ་ཞིང་མི་བསྐྱོད་རྡོ་རྗེ་ཞེས་པ་ལ་ སོགས་བསྟོད་དེ། རང་དང་ཤེས་རབ་ཀྱི་མེ་ཏོག་དང་བཅས་པའི་བྱང་ཆུབ་ཀྱི་སེམས་པད་ མའི་སྣོད་དུ་བཅུག་པ་བདུད་རྩི་དང་བཅས་པ་ཕུལ་བས་དེ་རྣམས་བདུད་རྩི་མྱངས་པས་ཚིམ་ པར་གྱུར་ཅིང་བདེ་བ་ཆེན་པོའི་རང་བཞིན་དུ་མོས་པར་བྱས་ལ། འཁོར་ལོའི་དབང་པོའི་སྔགས་བརྒྱ་རྩ་བརྒྱད་དང་དེ་ལས་གཞན་དཀྱིལ་འཁོར་པའི་ སྔགས་ཉི་ཤུ་རྩ་གཅིག་དང་ཡི་གེ་བརྒྱ་པ་བཟླས་པར་བྱའོ། །འཆད་པར་འགྱུར་བའི་ཆོ་གས་ འབྱུང་པོ་ཐམས་ཅད་པའི་གཏོར་མ་བཏང་བར་བྱ་སྟེ། ཡོད་ན་སྒྲུབ་པའི་གྲོགས་པོ་དཀྱིལ་ འཁོར་དུ་གཞག་ནས་ཕྱི་རོལ་ཏུ་བྱུང་ལ། ཤར་ལ་སོགས་པའི་ཕྱོགས་སུ་འཆད་པར་འགྱུར་ བའི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་གས་རང་གི་འདོད་པའི་ལྷ་དང་དབང་པོ་ལ་ སོགས་པ་ལ་གཏོར་མ་དབུལ་བར་བྱའོ། །དེ་ནས་ལག་པ་གཡས་པ་གན་རྐྱལ་དུ་བྱས་ལ་གུང་ མོ་དང་མིང་མེད་ཅུང་ཟད་བཀུག་པ་ཁ་ལ་མངོན་དུ་ཕྱོགས་པར་གཟུང་བར་བྱའོ། །དེའི་རྩེ་ མོས་ལག་པ་གཉིས་པུས་མོའི་ནང་དུ་བྱས་ནས་ཙོག་ཙོག་པོར་འདུག་སྟེ་མི་སྨྲ་བར་ལག་པའི་ ཟེ་འབྲུའི་ཆས་ཁ་ལ་ལན་མང་དུ་བྱབ་ཅིང༌། ལན་གཉིས་སམ་གསུམ་དུ་རྣ་བའི་བུ་ག་གཉིས་ དང་མིག་དག་དང་ཁ་དང་ལག་པ་དག་དང་ལྟེ་བ་དང་མགོ་བོ་ལ་རེག་པར་བྱའོ་ཞེས་པས་ཉེ་ 8-1-153 རེག་གི་ཆོ་ག་བྱའོ། །དེ་ནས་གྲུབ་ན་ལྷག་པ་ལ་སོགས་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་ཞི་ བ་དང་དཀྱིལ་འཁོར་ཚིམ་པར་བྱ་བའི་རྒྱས་པའི་སྦྱིན་སྲེག་འཆད་པར་འགྱུར་བ་བྱས་ནས། ཁམས་གསུམ་རྣམ་པར་རྒྱལ་བའི་རྣལ་འབྱོར་དང་ལྡན་པས་མེ་ཏོག་གི་ཕྲེང་བ་བླངས་ཏེ། ༀ་ སུམ་བྷ་ནི་སུམ་བྷ་ནི་ཧཱུཾ་ཧཱུཾ་ཕཊ། ༀ་གྲྀཧྣ་གྲྀཧྣ་ཧཱུཾ་ཧཱུཾ་ཕཊ། ༀ་གྲྀཧྣཱ་པ་ཡ་གྲྀཧྣཱ་ པ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་ཨཱ་ན་ཡ་ཧོ་བྷ་ག་ཝན་བུ་དྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་དཔལ་ཁ་སྦྱོར་དུ་ གསུངས་པའི་ཁམས་གསུམ་རྣམ་པར་རྒྱལ་བའི་སྔགས་ཟློས་ཤིང་རྡོ་རྗེ་ཤུགས་ཀྱིས་དཀྱིལ་ འཁོར་དུ་ཞུགས་ལ། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ཏེ་རྡོ་རྗེའི་རྐང་པས་དེ་ཁོ་ན་བཞིན་ དུ། ༀ་ཧཱུཾ་ཕཊ་ཅེས་པ་དང༌། ༀ་ཧཱུཾ་ཨཱཿཕཊ་ཅེས་པ་དང༌། ༀ་ཧཱུཾ་ཨཱཿཨཱཿཕཊ་ཅེས་པ་དང༌། ༀ་ ཧཱུཾ་ཧ་ན་མཱ་ར་ཡ་དུཥྚཱན་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨཿཨཿཧཱུཾ་ཧྲཱིཾ་ཕཊ་ཅེས་པའི་སྔགས་བཞི་རིམ་པ་ཇི་ལྟ་ བ་བཞིན་དུ་ཟློས་པའི་ཤར་དང་ལྷོ་ལ་སོགས་པའི་སྒོའི་སློབ་དཔོན་རྣམས་དང་ལྷན་ཅིག་ཏུ་ གཡས་སྐོར་གསུམ་བྱས་ནས། ལྷག་པ་དང་མ་ཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར་འཁོར་ ལོ་ལ་བལྟས་ཏེ་ཕྲེང་བ་བཅོམ་ལྡན་འདས་ལ་དབུལ་ཞིང༌། བསྐོར་བའི་གྲངས་ཇི་ལྟ་བ་བཞིན་ དུ་ནུབ་སྒོ་ལ་སོགས་པ་བཞིར་གནས་པས། ཤར་སྒོ་ལ་སོགས་པ་བཞི། ༀ་བཛྲ་ཨུད་གྷཱ་ཊ་ཡ་ ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་ཕྱེ་བར་བསམས་ཏེ། ༀ་ས་མ་ཡཾ་པྲ་བི་ཤཱ་མི་ཞེས་ བརྗོད་ནས་གར་བྱེད་ཅིང་ཕྲེང་བ་བླངས་ལ་རང་གི་མགོ་ལ་བཅིངས་ཏེ་འཁོར་ལོ་ལ་ཕྱག་ འཚལ་ནས། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་སྐལ་བ་ཐམས་ཅད་གསོལ་ཅིག་ཅེས་ གསོལ་བ་གདབ་ཅིང་བསྒོམ་པ་དང་བཟླས་པ་བྱའོ། འདིར་དཀྱིལ་འཁོར་གྱི་ཁང་པ་ལས་ ཕྱི་རོལ་ཏུ། རྣམ་པར་སྣང་མཛད་དང་དེའི་རིགས་ཀྱི་ལྷ་རྣམས་ཀྱི་བ་དན་ནི་མེར་དགོད་པར་ བྱའོ། །རིན་ཆེན་དབང་པོ་དང་དེའི་རིགས་ཀྱི་ལྷ་རྣམས་ཀྱི་བདེན་བྲལ་དུའོ། །སྣང་བ་མཐའ་ ཡས་དང་དེའི་རིགས་ལས་བྱུང་བ་རྣམས་ཀྱི་རླུང་དུའོ། །དོན་ཡོད་གྲུབ་པ་དང་དེའི་རིགས་ཀྱི་ 8-1-154 ལྷ་རྣམས་ཀྱི་དབང་ལྡན་དུའོ། །འཁོར་ལོའི་དབང་པོའི་ཤར་ཕྱོགས་སུ་སྟེ། དེའི་རིགས་ཀྱི་ ལྷ་རྣམས་ཀྱི་རང་རང་གི་ཕྱོགས་སུའོ་ཞེས་པ་ཁ་ཅིག་གོ །དབང་པོར་ནི་ཁྱབ་འཇུག་གི་ནག་ པོ་དང་ཟླ་བའི་དཀར་པོ་དང་ཉི་མའི་དམར་པོ་དང་མེས་པོའི་སེར་པོ་སྟེ། ནུབ་ཏུ་སའི་ལྷ་མོའི་ སེར་པོ་དང་ཐག་བཟང་རིས་ཀྱི་ནག་པའོ། ། དབང་ལྡན་དུ་ནི་ཚོགས་ཀྱི་བདག་པོའི་དཀར་པོ་སྟེ། མ་འབྱོར་ན་ཇི་ལྟར་ནུས་པའི་བ་ དན་དབུལ་བར་བྱའོ། །ཞེས་པ་དཀྱིལ་འཁོར་བསྒྲུབ་པ་འཁོར་དང་བཅས་པའི་ཆོ་གའོ།། ༢༤ ། ། ༈ འདིར་བརྗོད་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཁ་དོག་ལ་སོགས་པ་བསྒོམ་པའི་ རིམ་པ་ཤེས་པར་བྱ་བའི་ཕྱིར་ཡང་དག་པར་བསྡུས་ནས་མཆོག་ཏུ་གྱུར་པའི་སེམས་ཅན་ རྣམས་ལ་བཤད་པར་བྱའོ། །འདིར་གང་གི་ཕྱིར། ཆུང་ངུ་དང་འབྲིང་པོའི་རིམ་པ་དག་གི་ཏིང་ ངེ་འཛིན་ལེགས་པར་བསྒོམས་པ་ལས་ཤེས་རབ་མཆོག་ཏུ་གྱུར་པ་རྣམས་ལ། བཅོམ་ལྡན་ འདས་ཀྱིས། རྣམ་པ་ཀུན་གྱི་མཆོག་ལྡན་མ། །སྤྲོ་ཞིང་བསྡུད་པའི་བྱེད་པ་པོ། །སྐ་ཅིག་གིས་ ནི་ཡེ་ཤེས་རྫོགས། །རྣལ་འབྱོར་རྫོགས་པར་བརྗོད་པར་བྱ། །ཞེས་གསུངས་པ་དེའི་ཕྱིར། རང་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་པའི་མངོན་པར་སྤྲོ་བ་ དང་ལྡན་པས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ ལ་སོགས་པ་གཟུགས་བརྙན་གྱི་རང་བཞིན་སྟོང་པ་ཉིད་དང་རོ་གཅིག་པར་ངེས་པར་ བྱས་ནས། འོད་ གསལ་བར་ཞུགས་པ་ལས། སྐ་ཅིག་གིས་ཡན་ལག་དང་བཅས་པའི་གཞལ་ཡས་ཁང་ གི་དབུས་སུ། དཀྱིལ་འཁོར་པས་ཡོངས་སུ་བསྐོར་ཞིང་རིགས་ཀྱི་བདག་པོའི་དབུ་རྒྱན་དང་ཐུགས་ 8-1-155 ཁའི་ས་བོན་དང་ ལྡན་པ། སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པས་བདེ་བ་ཆེན་པོའི་རང་བཞིན་ཅན་དཔལ་ རྡོ་རྗེ་སེམས་དཔའ་དང་འཇམ་པའི་རྡོ་རྗེ་ལ་སོགས་པའི་སྐུ་དཔག་ཏུ་མེད་པའི་དེ་བཞིན་ གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་ལ་སོགས་པ་སྤྲོས་ཏེ། ཆོས་སྟོན་ པ་ལ་སོགས་པས་སྐལ་བ་ཇི་ལྟ་བ་བཞིན་དུ་གཞན་ལ་ཕན་པ་མཛད་ནས། བསོད་ནམས་ཀྱི་ ཚོགས་མཐར་ཕྱིན་པ་ལ་འཇོག་ཅིང་བསྡུད་པ་བསམ་གྱིས་མི་ཁྱབ་པའི་སྐུར་འཆར་བར་བྱའོ། ། དེ་ལ་ཡན་ལག་ལ་སོགས་པ་ནི་འདི་ཡིན་ཏེ། ས་འོག་གི་མཐར་ཐུག་པར་ཇི་ལྟར་མངོན་པར་ འདོད་པའི་རྒྱར་ཅིག་ཏུ་སྲ་ཞིང་འཁྲེགས་ལ་འབར་བའི་རྡོ་རྗེའི་ས་གཞི་སྐལ་པའི་མཐའི་མེ་ ལྟར་འབར་བའི་འོད་ཟེར་འབར་བའི་ཕྲེང་བས་མཚམས་བཅིངས་པ་དང༌། ས་འོག་ནས་སྟེང་ གི་བར་དུ་ཤིན་ཏུ་མཐོ་བ་འཐུག་ཅིང་འཁྲེགས་ལ་སྲ་ཞིང་འབར་བའི་རྡོ་རྗེའི་ར་བ་དང༌། རྡོ་ རྗེ་ར་བའི་སྟེང་དུ་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་སྟེང་རྡོ་རྗེའི་མདའི་དྲ་བ་ དང་འོག་རྡོ་རྗེའི་བླ་རེས་བརྒྱན་པའི་རྡོ་རྗེའི་གུར་འབར་བའོ། ། དེའི་ནང་དུ་གནས་པར་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་འཁོར་ལོ་རྩིབས་བཅུ་ པ་སེར་པོ་གཡས་སྐོར་དུ་འཁོར་བའོ། །དེའི་རྩིབས་ལ་ཤར་དུ་གཤིན་རྗེ་མཐར་བྱེད་ནག་པོ། དཀར་པོ་དང་དམར་པོའི་ཞལ་ཅན། རྡོ་རྗེ་ཐོ་བ་ནག་པོ་དང་རལ་གྲི་དང་ནོར་བུ་དང་པད་མ་ འཛིན་པའོ། །ལྷོར་ཤེས་རབ་མཐར་བྱེད་དཀར་པོ་ནག་པོ་དང་དམར་པོའི་ཞལ་ཅན་རྡོ་རྗེ་ མཚན་པའི་དབྱུག་པ་དཀར་པོ་དང་རལ་གྲི་དང་ནོར་བུ་དང་པད་མ་འཛིན་པའོ། །ནུབ་ཏུ་པད་ མ་མཐར་བྱེད་དམར་པོ། སྔོན་པོ་དང་དཀར་པོའི་ཞལ་ཅན། པད་མ་དམར་པོ་དང་རལ་གྲི་ དང་ནོར་བུ་དང་འཁོར་ལོ་འཛིན་པའོ། ། བྱང་དུ་བགེགས་མཐར་བྱེད་ནག་པོ། དཀར་པོ་དང་དམར་པོའི་ཞལ་ཅན། རྡོ་རྗེ་ཁ་གྱེས་ 8-1-156 པ་དང་རལ་གྲི་དང་ནོར་བུ་དང་པད་མ་འཛིན་པའོ། །མེར་འདོད་པའི་རྒྱལ་པོ་སྔོན་པོ། དཀར་ པོ་དང་དམར་པོའི་ཞལ་ཅན། ལྕགས་ཀྱུ་དང་རལ་གྲི་དང་ནོར་བུ་དང་མཚོ་སྐྱེས་འཛིན་པའོ། ། བདེན་བྲལ་དུ་དབྱུག་སྔོན་ཅན་ནག་པོ། དཀར་པོ་དང་དམར་པོའི་ཞལ་ཅན། དབྱུག་པ་སྔོན་ པོ་དང་རལ་གྲི་དང་ནོར་བུ་དང་ཆུ་སྐྱེས་འཛིན་པའོ། །རླུང་དུ་སྟོབས་པོ་ཆེ་ནག་པོ། དཀར་ པོ་དང་དམར་པོའི་ཞལ་ཅན། རྩེ་གསུམ་དང་རལ་གྲི་དང་ནོར་བུ་དང་པད་མ་འཛིན་པའོ། ། དབང་ལྡན་དུ་མི་གཡོ་བ་སྔོན་པོ་མི་གཡོ་བ་དཀར་པོ་དང་དམར་པོའི་ཞལ་ཅན། རལ་གྲི་ དང་རྡོ་རྗེ་དང་ནོར་བུ་དང་པད་མ་འཛིན་པའོ། ། སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སེར་པོ། སྔོན་པོ་དང་དམར་པོའི་ཞལ་ཅན། འཁོར་ལོ་སེར་པོ་དང་རལ་གྲི་དང་ནོར་བུ་དང་པད་མ་འཛིན་པའོ། །འོག་ཏུ་གནོད་མཛེས་ རྒྱལ་པོ་སྔོན་པོ། དཀར་པོ་དང་དམར་བའི་ཞལ་ཅན་རྡོ་རྗེ་དང་རལ་གྲི་དང་ནོར་བུ་དང་པད་མ་འཛིན་ པའོ། །དེ་ལ་གཙུག་ཏོར་དང་འདོད་པའི་རྒྱལ་པོ་དང་མི་གཡོ་བ་དང་གནོད་མཛེས་རྣམས་ནི་ རིན་པོ་ཆེའི་ཅོད་པན་ཅན། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེས་བརྒྱན་ཞིང་འགྱིང་བར་གྱུར་ པ། མཆེ་བ་ཅུང་ཟད་གཙིགས་པ་སྟོན་ཞིང་ཁྲོས་པའི་སྨ་ར་དང་ལྡན་པའོ། །དེ་ལས་གཞན་པ་ རྣམས་ནི་རྣམ་པར་འགྱུར་བའི་གཟུགས་ ཅན་སྨིན་མ་འཁྱོག་པ་དང་བཅས་པ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་སྨིན་མ་དང་སྨ་ར་ སེར་བ་མཆེ་བ་གཙིགས་ཤིང་ཞལ་གདངས་པ་ལྗགས་འགྱུར་བ་གད་རྒྱངས་དང་ལྡན་པ་དྲག་ པོའི་ཀླུ་བརྒྱད་ཀྱིས་བརྒྱན་པ། སྐུ་སྦོམ་ལ་ཐུང་ཞིང་རགས་པ་ལྟོ་བ་འཕྱང་བའོ། །བཅུ་པོ་འདི་ དག་ནི་གཡོན་བརྐྱང་ཞིང་གཡས་བསྐུམ་པས་རྩིབས་ཀྱི་རྩེ་མོ་ལ་ཅུང་ཟད་མ་རེག་པའི་སྣ་ ཚོགས་ཆུ་སྐྱེས་ཉི་མ་དང་བཅས་པའི་གདན་ལ་བརྟན་པར་གནས་པ། ཉི་མའི་འོད་ཅན་རབ་ 8-1-157 ཏུ་ཁྲོ་བ་དང་འབར་བས་ཤིན་ཏུ་འཇིགས་པ། དུས་མཐའི་མེ་ལྟ་བུའི་འོད་དང་ལྡན་པའི་རང་གི་སྤྲུལ་པ་དཔག་ཏུ་མེད་པའི་ཚོགས་ཀྱིས་ ཀྱང་ཁམས་གསུམ་མཐའ་ཡས་པ་ན་གནས་པའི་བགེགས་ཀྱི་ཚོགས་མ་ལུས་པ་ཡང་དང་ཡང་ དུ་བརླག་པར་བྱེད་པ། ཕྱག་དྲུག་པ་རྩ་བའི་ཕྱག་དག་གིས་རང་དང་འདྲ་བའི་ཤེས་རབ་ལ་ འཁྱུད་པ་ཞལ་གསུམ་པ་རྩ་བའི་ཞལ་སྐུ་མདོག་ལྟ་བུ། གཡས་པ་དང་གཡོན་པ་ནི་བརྗོད་ཟིན་ པ་ཇི་ལྟ་བ་བཞིན་ཏེ། ཞལ་རེ་རེ་ལ་ཡང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་མོ། །འཁོར་ ལོ་ཡང་རྒྱུན་མི་འཆད་པར་དྲག་ཏུ་འཁོར་བས་བརྟན་པར་གནས་པ་ལྟ་བུ་སྟེ་འབར་བའི་ ཚོགས་དཔག་ཏུ་མེད་པ་འཕྲོ་བའོ། །དེའི་ལྟེ་བའི་ནང་འོག་གི་རྩིབས་ཀྱི་སྟེང་དུ་ཆོས་འབྱུང་གྲུ་ གསུམ་པ་དཀར་པོ་ཤིན་ཏུ་ཡངས་པའི་ནང་དུ། འོག་ གི་ཟུར་ལ་གནས་པའི་སྣ་ཚོགས་པད་མའི་སྟེང་དུ་སྣ་ཚོགས་རྡོ་རྗེ་དང་བཅས་པའོ། །རྡོ་ རྗེ་དེའི་ཕྱོགས་ཀྱི་རྭ་རྣམས་དང་ལྟེ་བ་ནི་ཇི་ལྟར་རིགས་པར་རྣམ་པར་སྣང་མཛད་ལ་སོགས་ པའི་སྐུ་མདོག་དང་འདྲ་བའོ། །དེར་རིན་པོ་ཆེ་ཁ་དོག་ལྔ་ལས་ཡོངས་སུ་རྫོགས་ཤིང་འོད་ གསལ་བའི་ཐུབ་པའི་དབང་པོའི་དཀྱིལ་འཁོར་སྣ་ཚོགས་པའི་འོད་ཀྱིས་ཕྱོགས་ཀྱི་འཁོར་ལོ་ ཐམས་ཅད་ཁྱབ་པའི་གཞལ་ཡས་ཁང་ངོ༌། །དེའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་ དཔའ་འཇམ་པའི་རྡོ་རྗེའི་སྐུ་གུར་གུམ་གྱི་མདོག་ལྟ་བུ། གཡས་དང་གཡོན་གྱི་ཞལ་ནག་པོ་ དང་དཀར་པོ། རྩ་བའི་ཕྱག་དག་གིས་རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་པ། རལ་གྲི་དང་ མདའ་དང་ཨུད་པ་ལ་དང་གཞུ་འཛིན་པ། རིན་པོ་ཆེའི་ཅོད་པན་ཅན། སྣ་ཚོགས་པའི་རིན་པོ་ ཆེ་ལ་སོགས་པས་བརྒྱན་ཞིང་འོད་ཟེར་མཐའ་ཡས་པའོ། །དེའི་ཤར་ཕྱོགས་སུ་རྣམ་པར་སྣང་ མཛད་དཀར་པོ། གཡས་པ་དང་གཅིག་ཤོས་ཀྱི་ཞལ་ནག་པོ་དང་དམར་པོ། ཕྱག་རྣམས་ན་ འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་དང་རལ་གྲི་དང་ནོར་བུ་དང་པད་མ་འཛིན་པའོ། །ལྷོར་ 8-1-158 རིན་ཆེན་འབྱུང་ལྡན་སེར་པོ། ཆ་དགུ་པའི་རིན་པོ་ཆེ་མ་རཀྟ་དང་རལ་གྲི་དང་འཁོར་ལོ་དང་ པད་མ་འཛིན་པའོ། །ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ། པད་མ་དམར་པོ་དང་ རལ་གྲི་དང་ནོར་བུ་དང་འཁོར་ལོ་འཛིན་པའོ། །བྱང་དུ་དོན་ཡོད་གྲུབ་པ་ལྗང་ཁུ། རལ་ གྲི་དང་འཁོར་ལོ་དང་ནོར་བུ་དང་པད་མ་འཛིན་པའོ། །འདི་གསུམ་གྱི་གཡས་པ་དང་གཅིག་ ཤོས་ཀྱི་ཞལ་ནི་ནག་པོ་དང་དཀར་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་རིན་པོ་ཆེའི་ཅོད་ པན་དང་ལྡན་ཞིང་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེས་བརྒྱན་པའོ། །མེར་སྤྱན་མ་རྣམ་པར་ སྣང་མཛད་དང་མཚུངས་པའོ། །བདེན་བྲལ་དུ་མཱ་མ་ཀཱི་མི་བསྐྱོད་པ་ལྟ་བུ། ཨུད་པ་ལ་དམར་ པོ་དང་རལ་གྲི་དང་ནོར་བུ་དང་ཆུ་སྐྱེས་འཛིན་པ་སྟེ། སྒྲུབ་ཐབས་ཐམས་ཅད་ལས་དེ་ལྟར་ བཤད་པའི་ཕྱིར་རོ། །རླུང་དུ་གོས་དཀར་མོ་སྣང་བ་མཐའ་ཡས་དང་མཚུངས་པའོ། །དབང་ ལྡན་དུ་སྒྲོལ་མ་རིན་ཆེན་འབྱུང་ལྡན་ལྟ་བུ། ཨུད་པ་ལ་སེར་པོ་དང་རལ་གྲི་དང་ནོར་བུ་དང་ཆུ་ སྐྱེས་འཛིན་པའོ། །དེ་ནས་དབུས་ཀྱི་རིམ་པ་ལས་ཕྱི་རོལ་ཏུ་མེའི་མཚམས་སུ་གཟུགས་རྡོ་རྗེ་ མ་རྣམ་པར་སྣང་མཛད་ལྟ་བུ། མེ་ལོང་དམར་པོ་དང་རལ་གྲི་དང་ནོར་བུ་དང་ཆུ་སྐྱེས་འཛིན་ པའོ། །བདེན་བྲལ་དུ་སྒྲ་རྡོ་རྗེ་མ་མི་བསྐྱོད་པ་ལྟ་བུ། པི་ཝང་སྔོན་པོ་དང་རལ་གྲི་དང་ནོར་བུ་ དང་ཆུ་སྐྱེས་འཛིན་པའོ། །རླུང་དུ་དྲི་རྡོ་རྗེ་མ་རིན་ཆེན་འབྱུང་ལྡན་ལྟ་བུ། དྲིའི་དུང་ཆོས་སེར་པོ་ དང་རལ་གྲི་དང་འཁོར་ལོ་དང་ཆུ་སྐྱེས་འཛིན་པའོ། །དབང་ལྡན་དུ་རོ་རྡོ་རྗེ་མ་སྣང་བ་མཐའ་ ཡས་ལྟ་བུ། རོའི་སྣོད་དམར་པོ་དང་རལ་གྲི་དང་ནོར་བུ་དང་འཁོར་ལོ་འཛིན་པའོ། ། ཤར་སྒོའི་གཡོན་ལོགས་སུ་རེག་བྱ་རྡོ་རྗེ་མ་དོན་ཡོད་གྲུབ་པ་ལྟ་བུ། གོས་སྣ་ཚོགས་དང་ རལ་གྲི་དང་ནོར་བུ་དང་ཆུ་སྐྱེས་འཛིན་པའོ། །ཤར་སྒོའི་གཡས་ལོགས་སུ་ཆོས་དབྱིངས་རྡོ་རྗེ་ མ་རྡོ་རྗེ་སེམས་དཔའ་ལྟ་བུ། ཆོས་འབྱུང་དཀར་པོ་དང་རལ་གྲི་དང་ནོར་བུ་དང་ཆུ་སྐྱེས་འཛིན་ པའོ། །འཇམ་པའི་རྡོ་རྗེ་ལ་སོགས་པའི་ལྷ་འདི་རྣམས་ནི་ཞལ་གསུམ་པ་ཕྱག་དྲུག་པ་ཕྱག་ 8-1-159 མཚན་དང་པོ་གཉིས་གཡས་པ་དག་གིས་དང་གཞན་པ་གཉིས་གཡོན་པ་དག་གིས་འཛིན་པ་ སྟེ། ཐམས་ཅད་ཀྱི་རྩ་བའི་ཞལ་ནི་སྐུ་མདོག་བཞིན་ནོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ གཤིན་རྗེ་མཐར་བྱེད་དང༌། ཤེས་རབ་མཐར་བྱེད་དང༌། པད་མ་མཐར་བྱེད་དང༌། བདུད་ རྩི་འཁྱིལ་པ་རྣམས་སོ། །འདིར་འཇམ་པའི་རྡོ་རྗེ་དང་རྣམ་པར་སྣང་མཛད་དང་ལྷ་མོ་བཅུ་པོ་ རྣམས་ནི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་དཀྱིལ་དཀྲུང་གིས་བཞུགས་པ་སྟེ། གཞན་རྣམས་ནི་ ཉི་མ་ལའོ། །ཟླ་བ་དང་ཉི་མ་རྣམས་ཀྱི་འོག་ཏུ་སྣ་ཚོགས་འདམ་སྐྱེས་སོ། །དེ་བཞིན་གཤེགས་ པ་རྣམས་ཀྱི་རྩ་བའི་ཕྱག་དག་གིས་རང་འོད་ཀྱི་ཤེས་རབ་ལ་འཁྱུད་པ་སྟེ། ལྷ་མོ་རྣམས་ཀྱང་ རང་འོད་ཀྱི་ཐབས་ལའོ། །དབུ་ལ་རིགས་ཀྱི་བདག་པོ་སྟེ། འཇམ་པའི་རྡོ་རྗེ་ལ་སོགས་པའི་ དེ་བཞིན་གཤེགས་པ་རྣམས་དང་མཱ་མ་ཀཱི་དང་སྒྲ་རྡོ་རྗེ་མ་དང་བསྲུང་པའི་འཁོར་ལོ་ལ་གནས་ པའི་ཁྲོ་བོ་བརྒྱད་ལ་མི་བསྐྱོད་པའོ། །སྤྱན་མ་དང་གཟུགས་རྡོ་རྗེ་མ་དང་གཤིན་རྗེ་མཐར་བྱེད་ རྣམས་ལ་རྣམ་པར་སྣང་མཛད་དེ། དྲི་རྡོ་རྗེ་མ་ལ་ནི་རིན་ཆེན་དབང་པོའོ། །གོས་དཀར་མོ་དང་ རོ་རྡོ་རྗེ་མ་དང་པད་མ་མཐར་བྱེད་རྣམས་ལ་འོད་དཔག་མེད་དེ། སྒྲོལ་མ་དང་རེག་བྱ་རྡོ་རྗེ་ མ་ལ་ནི་དོན་ཡོད་གྲུབ་པའོ། །ཆོས་དབྱིངས་རྡོ་རྗེ་མ་ལ་རྡོ་རྗེ་འཛིན་པ་སྟེ། གཞན་རྣམས་ལ་ ནི་མི་བསྐྱོད་པའོ། །འདིར་རྡོ་རྗེ་སེམས་དཔའ་ནི་སྐུ་མདོག་དཀར་པོ་ལ་ཅུང་ཟད་དམར་བའི་ མདངས་དང་ལྡན་པ། གཡས་པ་དང་གཅིག་ཤོས་ཀྱི་ཞལ་ནི་སྔོན་པོ་དང་དམར་པོ། རྩ་བའི་ ཕྱག་དག་གིས་རང་འོད་ཀྱི་ཤེས་རབ་ལ་འཁྱུད་པ། རྡོ་རྗེ་སྔོན་པོ་དང་རལ་གྲི་དང་ནོར་བུ་དང་ པད་མ་འཛིན་པ། སྣ་ཚོགས་པད་མ་དང་ཟླ་བའི་གདན་ལ་རྡོ་རྗེ་དཀྱིལ་དཀྲུང་གིས་བཞུགས་ པ། ཟླ་བའི་འོད་ཅན་རིན་པོ་ཆེའི་ཅོད་པན་དང་རིན་པོ་ཆེའི་རྒྱན་དང་ལྡན་པ་མི་བསྐྱོད་པས་ རྒྱས་བཏབ་པའོ། །འདིར་འཇམ་པའི་རྡོ་རྗེའི་ཐུགས་ཁར་དམ་ཚིག་སེམས་དཔའ་ལྟ་བུའི་ཡེ་ ཤེས་སེམས་དཔའ་སྟེ། དེའི་ཐུགས་ཁའི་ཟླ་བར་རལ་གྲི འི་ཡུ་བ་ལ་གནས་པའི་ཟླ་བ་ལ་ས་ 8-1-160 བོན་མཾ་ངོ༌། །རྟག་པ་དང་རིན་ཆེན་དབང་པོ་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་དང་ མི་བསྐྱོད་པ་རྣམས་ཀྱི་ཐུགས་ཁར་ཕྱག་མཚན་ལ་ཇི་ལྟར་རིགས་པར་ཟླ་བའམ་ཉི་མ་ལ་བུཾ་ཨཱཾ་ ཛཱུཾ་ཁཾ་ཧཱུཾ་ངོ༌། །སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ལ། ལཱཾ་མཱཾ་པཱཾ་ཏཱཾ་ཛཱཿཧཱུཾ་བཾ་ཧོཿཁཾ་རཾ་མོ། །ཁྲོ་བོ་ རྣམས་ལ་ནི་ཧཱུཾ་ངོ་ཞེས་པ་ས་བོན་ཏེ། འཁོར་ལོའི་དབང་པོ་ལ་སོགས་པའི་ཐུགས་ཁར་སྔགས་ རྣམས་དགོད་པར་བྱའོ། །ༀ་ཨཱཿམཾ་ཧཱུཾ་འཁོར་ལོའི་དབང་པོ་མི་བསྐྱོད་པ་དང་ལྷན་ཅིག་དབྱེར་ མེད་པའི་འོ། །ༀ་ཨཱཿཛི་ན་ཛིཀ་ཧཱུཾ་རྣམ་པར་སྣང་མཛད་ཀྱིའོ། །ༀ་ཨཱཿརཏ་ན་དྷྲྀ ཀ་ཧཱུཾ་རིན་ ཆེན་འབྱུང་ལྡན་གྱིའོ། །ༀ་ཨཱཿཨཱ་རོ་ལི་ཀ་ཧཱུཾ་འོད་དཔག་མེད་ཀྱིའོ། །ༀ་ཨཱཿཔྲཛྙཱ་དྷྲྀ ཀ་ཧཱུཾ་ དོན་ཡོད་གྲུབ་པའི་འོ། །ༀ་ཨཱཿམོ་ཧ་ར་ཏི་ཧཱུཾ་སྤྱན་མའི་འོ། །ༀ་ཨཱཿདྭེ་ཥ་ར་ཏི་ཧཱུཾ་མཱ་མ་ཀཱིའི་འོ། ། ༀ་ཨཱཿརཱ་ག་ར་ཏཻ་ཧཱུཾ་གོས་དཀར་མོའི་འོ། །ༀ་ཨཱཿབཛྲ་ར་ཏི་ཧཱུཾ་སྒྲོལ་མའི་འོ། །ༀ་ཨཱཿརཱུ་པ་ བཛྲེ་ཛཿཧཱུཾ་གཟུགས་རྡོ་རྗེ་མའི་འོ། །ༀ་ཨཱཿཤབ་ད་བཛྲེ་ཧཱུཾ་ཧཱུཾ་སྒྲ་རྡོ་རྗེ་མའི་འོ། །ༀ་ཨཱཿགན་དྷ་ བཛྲེ་བཾ་ཧཱུཾ་དྲི་རྡོ་རྗེ་མའི་འོ། །ༀ་ཨཱཿར་ས་བཛྲེ་ཧོཿཧཱུཾ་རོ་རྡོ་རྗེ་མའི་འོ། །ༀ་ཨཱཿསྤར་ཤ་བཛྲེ་ཁཾ་ ཧཱུཾ་རེག་བྱ་རྡོ་རྗེ་མའི་འོ། །ༀ་ཨཱཿདྷར་མ་དྷཱ་ཏུ་བཛྲེ་རཾ་ཧཱུཾ་ཆོས་དབྱིངས་རྡོ་རྗེ་མའི་འོ། །ༀ་ཨཱཿཡ་ མཱན་ཏ་ཀྲྀཏ་ཧཱུཾ་གཤིན་རྗེ་གཤེད་ཀྱིའོ། །ༀ་ཨཱཿ པྲཛྙཱན་ཏ་ཀྲྀཏ་ཧཱུཾ་ཤེས་རབ་མཐར་བྱེད་ཀྱིའོ། །ༀ་ཨཱཿཔད་མཱན་ཏ་ཀྲྀཏ་ཧཱུཾ་པད་མ་ མཐར་བྱེད་ཀྱིའོ། ། ༀ་ཨཱཿབིགྷ་ནཱན་ཏ་ཀྲྀཏ་ཧཱུཾ་བགེགས་མཐར་བྱེད་ཀྱིའོ། །གང་གི་ཚེ་འཇམ་པའི་རྡོ་རྗེ་ དང་དབྱེར་མེད་པའི་ མི་བསྐྱོད་པ་འཁོར་ལོའི་དབང་པོར་གྱུར་པ་དེའི་ཚེ། ༀ་ཨཱཿབཛྲ་དྷྲྀ ཀ་ཧཱུཾ་ཞེས་པ་ འདིའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་ཡེ་ ཤེས་སེམས་དཔའ་བཞུགས་པ་ལ་སོགས་པ་ནི་མ་བཤད་དོ། །དེའི་རྗེས་ལ་མིག་གི་མངོན་ 8-1-161 པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པས་ མཛེས་པར་བྱས་པའི་ཡི་དམ་གྱི་ལྷའི་སྐུ་ལེགས་པར་ཡོངས་སུ་དག་ཅིང་རྣམ་པ་ཐམས་ཅད་ ཡོངས་སུ་རྫོགས་པ་ལ་རྒྱུན་མི་འཆད་པར་ཡང་དང་ཡང་དུ་ལྷག་པར་མོས་པ་བརྟན་པར་བྱའོ། ། སྙིང་པོའི་སྔགས་ལ་སོགས་པ་བསྟན་པ་ནི་བུམ་པ་ལྷག་པར་གནས་པ་ལ་སོགས་པ་ཉེ་བར་ སྦྱར་བའི་དོན་དུའོ། །གང་གི་ཚེ་དབུས་སུ་དེ་བཞིན་གཤེགས་པ་ལ་གཞན་གཙོ་བོར་གྱུར་པ་ དེའི་ཚེ་དབུས་སུ་གནས་པ་དེའི་གནས་སུ་དགོད་དོ། ། འོད་དཔག་ཏུ་མེད་པ་དཀར་པོར་ཡང་འགྱུར་ཏེ། ཆོས་རྣམས་དཀར་པོའི་རང་བཞིན་ གྱིས། །འདིར་ནི་གསུང་གི་དབང་ཕྱུག་དཀར། །ཞེས་གསུངས་པའི་ཕྱིར་རོ། །འདི་དང་འཆད་ པར་འགྱུར་བའི་དཀྱིལ་འཁོར་རྣམས་སུ། གང་གི་དཀྱིལ་འཁོར་གྱི་ལྷའི་གཙོ་བོའི་གནས་ གང་དུ་བཤད་པ་དེར། གཙོ་བོ་དེ་ཉིད་དཀྱིལ་འཁོར་གྱི་དབང་པོ་ལ་མངོན་པར་ཕྱོགས་ཤིང༌། དེ་དང་མཁྱུད་པ་ནི་དེ་ལ་མངོན་པར་ཕྱོགས་པ་ཉིད་དེ། གཞན་གྱི་གནས་སུ་ཕྱིན་པའི་ཕྱིར་ རོ། །འདིར་གཞལ་ཡས་ཁང་གི་ཡན་ལག་ནི་རྣམ་པ་གསུམ་སྟེ། རྡོ་རྗེའི་ས་གཞི་ལ་སོགས་ པས་ཡོངས་སུ་བསྐོར་བའི་རྡོ་རྗེའི་གུར་དང༌། བསྲུང་བའི་འཁོར་ལོ་དང་ཆོས་ཀྱི་འབྱུང་གནས་ སོ། །དེ་ལ་རྡོ་རྗེའི་གུར་ནི་འཆད་པར་འགྱུར་བའི་གཞལ་ཡས་ཁང་ཐམས་ཅད་ལ་སྟེ། བསྲུང་ བའི་འཁོར་ལོ་དང༌། ཆོས་ཀྱི་འབྱུང་གནས་ནི་འགའ་ཞིག་ཁོ་ན་ལ་འཆད་པར་འགྱུར་རོ། །བྲི་ བར་བྱ་བའི་གཞལ་ཡས་ཁང་རྣམས་ལ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཆོས་འབྱུང་ངམ། ཆོས་ཀྱི་ དབྱིངས་ཀྱི་ཁོངས་སུ་ཆུད་པ་མཚོན་པའི་ཆེད་དུ་རྡོ་རྗེའི་ཕྲེང་བ་བྲི་བར་བཤད་དོ། །ཇི་ལྟར་ ཕྱི་རོལ་དེ་བཞིན་ནང་ཞེས་པས་རྫོགས་པའི་རིམ་པའི་དཀྱིལ་འཁོར་རྟོགས་པའི་བྱ་བའི་ཆེད་ དུ་འཇིག་རྟེན་ཁམས་ཀྱི་ཁོར་ཡུག་མཚོན་པའི་རྡོ་རྗེ་ཕྲེང་བ་བྲི་བ་ནི་ངེས་པར་རོ། །འདིར་ སྲུང་བའི་འཁོར་ལོ་ནི་དེ་ལྟ་མ་ཡིན་པས་བྲི་མི་དགོས་ཏེ། བགེགས་བཟློག་པ་ནི་གཞན་གྱིས་ 8-1-162 ཀྱང་བྱེད་པའི་ཕྱིར་རོ། །གཞན་ཡང་སྟོང་པ་ཉིད་ཁོ་ན་བཅོམ་ལྡན་འདས་མ་སྟེ། བགེགས་ཀྱི་ ཚོགས་མ་ལུས་པ་རྩ་བ་དང་བཅས་པ་བརླག་པར་བྱེད་པའི་ནུས་པ་རབ་ཏུ་གྱུར་པས། དེ་ལ་ལྷག་པར་མོས་པ་བརྟན་པ་ཉིད་བསྐྱེད་པའི་ཆེད་དུ། བྲི་བར་བྱ་བའི་དཀྱིལ་འཁོར་ ལ་སྲུང་བའི་འཁོར་ལོ་བྲི་བར་མ་བསྟན་ནོ། །བསྒོམ་པར་བྱ་བའི་དཀྱིལ་འཁོར་ལ་ཡང་ཁ་ ཅིག་ཏུ་བསྒོམ་པར་གསུངས་ཀྱི། ཐམས་ཅད་ལ་ནི་མ་ཡིན་ནོ། །བགེགས་བསལ་བའི་རྗེས་ ལ་སྟོང་པ་ཉིད་ལ་རབ་ཏུ་ཞུགས་པས་བསྒོམ་པར་བྱ་བའི་དཀྱིལ་འཁོར་ལ་སྲུང་བའི་འཁོར་ ལོ་མེད་དེ། དེའི་ཕྱིར་མི་འབྲིའོ་ཞེ་ན། དེ་ལྟ་ན་ཁོར་ཡུག་མཚོན་པའི་རྡོ་རྗེའི་ར་བ་ཡང་མི་བྲི་ བར་འགྱུར་རོ། །ཡང་གཞལ་ཡས་ཁང་བསྐྱེད་པའི་དུས་སུ་དེ་ཡང་བསྐྱེད་དོ་ཞེ་ན། མ་ཡིན་ ཏེ། བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་ར་བ་ལན་གཉིས་བསྐྱེད་པར་གང་ནས་ཀྱང་མ་གསུངས་ པས། ལན་གཉིས་བསྐྱེད་པས་ཅི་ཞིག་བྱ། གཅིག་ཅར་རྫོགས་པ་ཉིད་ཀྱི་རྡོ་རྗེའི་ས་གཞི་དང་ མཚམས་བཅིངས་པ་དང་རྡོ་རྗེའི་ར་བ་ལ་སོགས་པ་མ་ལུས་པ་ཀུན་བརྟགས་པ་སྟོང་པ་ཉིད་ ཀྱི་རང་བཞིན་སྒྱུ་མའི་ངོ་བོ་གནས་པ་ཉིད་དོ། །དེ་ལྟར་བསྲུང་བའི་འཁོར་ལོ་ཡོད་ཀྱང་དཀྱིལ་ འཁོར་དུ་མི་བྲི་བའི་འཐད་པ་བརྗོད་པ་ཉིད་དོ། །ཁ་ཅིག་ནི་བསྲུང་བའི་འཁོར་ལོ་བྲི་བར་བྱའོ་ ཞེས་ཀྱང་འདོད་དོ། །ཞེས་པའི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་རོ། ། ༈ བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་ལ་ཡང་གཞལ་ཡས་ཁང་གི་མཐར་ ཐུག་པ་ནི་སྔ་མ་བཞིན་ཏེ། ཁྲོ་བོ་རྣམས་ཀྱི་ཁྱད་པར་ནི་འཆད་པར་འགྱུར་རོ། །གཞལ་ཡས་ ཁང་གི་དབུས་སུ་མི་བསྐྱོད་པ་ནག་པོ་དྲག་པོ། གཡས་པ་དང་ཅིག་ཤོས་ཀྱི་ཞལ་དཀར་པོ་དང་ དམར་པོ། ཕྱག་གཡས་པ་རྣམས་ཀྱིས་ཁྲོ་བོའི་རྡོ་རྗེ་དང་འཁོར་ལོ་དང་པད་མ་རྣམས་དང་ གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཡིད་བཞིན་གྱི་ནོར་བུ་དང་རལ་གྲི་འཛིན་པ། རང་དང་འདྲ་ བའི་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པའོ། །དེའི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རྣམ་པར་ 8-1-163 སྣང་མཛད་ལ་སོགས་པ་སྟེ། མེ་ལ་སོགས་པའི་མཚམས་རྣམས་སུ་སྤྱན་མ་ལ་སོགས་པའོ། ། དེ་ལ་རྣམ་པར་སྣང་མཛད་ནི་དཀར་པོ་ཞི་བ། དཀར་པོ་དང་ནག་པོ་དང་དམར་པོའི་ཞལ་ ཅན། འཁོར་ལོ་དང་རྡོ་རྗེ་དང་པད་མ་དཀར་པོ་དང༌། དྲིལ་བུ་དང་ནོར་བུ་དང་རལ་གྲི་འཛིན་ པའོ། །བཤད་ཟིན་པ་དང་འཆད་པར་འགྱུར་བའི་ཕྱག་མཚན་རྣམས་ནི་རིམ་པ་བཞིན་དུ་ཕྱག་ གཡས་པར་དང་པོ་ནས་སྟེང་ནས་འོག་ཏུ་དང༌། གཡོན་པར་འོག་ནས་སྟེང་དུ་རིག་པར་བྱའོ། ། རྩ་བ་དང་གཡས་པ་དང་གཡོན་པའི་རིམ་པས་ཞལ་གྱི་ཁ་དོག་གསུམ་ཡང་རིག་པར་བྱའོ། ། རིན་ཆེན་འབྱུང་ལྡན་ནི་སེར་པོ་སྟེ། །སེར་པོ་དང་ནག་པོ་དང་དམར་པོའི་ཞལ་ཅན། ནོར་ བུ་དང་རྡོ་རྗེ་དང་འཁོར་ལོ་དང་དྲིལ་བུ་དང་པད་མ་སེར་པོ་དང་རལ་གྲི་འཛིན་པའོ། །སྣང་ བ་མཐའ་ཡས་ནི་དམར་པོ། དམར་པོ་དང་ནག་པོ་དང་དཀར་པོའི་ཞལ་ཅན། ཕྱག་གཡོན་ པས་དྲིལ་བུ་དང་བཅས་པའི་པད་མ་དམར་པོའི་ཡུ་བ་ཐུགས་ཁར་བཟུང་བ་ཕྱག་གཡས་པས་ ཁ་འབྱེད་པ་སྟེ། གཞན་རྣམས་ཀྱིས་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་རལ་གྲི་འཛིན་ པའོ། །དོན་ཡོད་གྲུབ་པ་ནི་ལྗང་ཁུ་སྟེ། ལྗང་ཁུ་དང་ནག་པོ་དང་དཀར་པའི་ཞལ་ཅན། རལ་ གྲི་དང་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་དང་དྲིལ་བུ་དང་པད་མ་ལྗང་ཁུ་དང་ནོར་བུ་འཛིན་པའོ། ། དེ་བཞིན་གཤེགས་པ་ལྔ་པོ་འདི་དག་དང་འཆད་པར་འགྱུར་བའི་ཀུན་ཏུ་བཟང་པོའི་བར་ནི་ རལ་བའི་ཐོར་ཅོག་དང་རིན་པོ་ཆེའི་ཅོད་པན་ཅན། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་ གྱིས་བརྒྱན་པའོ། ། སྤྱན་མ་ནི་རྣམ་པར་སྣང་མཛད་དང་མཚུངས་པ་སྟེ། འོན་ཀྱང་པད་མ་དཀར་པོའི་གནས་ སུ་ཨུད་པ་ལ་དཀར་པོའོ། །མཱ་མ་ཀཱི་ནི་མི་བསྐྱོད་པ་དང་མཚུངས་པ་སྟེ། འོན་ཀྱང་པད་མའི་ གནས་སུ་ཨུད་པ་ལ་སྔོན་དམར་རོ། །གོས་དཀར་མོ་ནི་སྣང་བ་མཐའ་ཡས་དང་མཚུངས་ པའོ། །སྒྲོལ་མ་ནི་དོན་ཡོད་གྲུབ་པ་དང་མཚུངས་པ་སྟེ། སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་དང་ 8-1-164 ཨུད་པ་ལ་སྔོ་སེར་དང་དྲིལ་བུ་དང་རིན་པོ་ཆེ་དང་རལ་གྲི་འཛིན་པའོ། །རིམ་པ་གཉིས་པ་ལ་ མེའི་མཚམས་སུ་གཟུགས་རྡོ་རྗེ་མ་སྤྱན་མ་ལྟ་བུ་སྟེ། འོན་ཀྱང་ཕྱག་དང་པོ་དག་གིས་མེ་ལོང་ དམར་པོ་འཛིན་པའོ། །བདེན་བྲལ་དུ་སྒྲ་རྡོ་རྗེ་མ་སེར་མོ། སེར་པོ་དང་ནག་པོ་དང་དཀར་ པོའི་ཞལ་ཅན། རྩ་བའི་ཕྱག་གཉིས་ཀྱིས་པི་ཝང་སྔོན་པོ་སྒྲེང་བ་སྟེ། ཕྱག་ལྷག་མ་རྣམས་ཀྱིས་ རྡོ་རྗེ་དང་ཨུད་པ་ལ་སྔོན་པོ་དང་རིན་པོ་ཆེ་དང་རལ་གྲི་འཛིན་པའོ། །རླུང་དུ་དྲི་རྡོ་རྗེ་མ་གོས་ དཀར་མོ་ལྟ་བུ་རྩ་བའི་ཕྱག་དག་གིས་དྲིའི་དུང་ཆོས་སེར་པོ་འཛིན་པའོ། །དབང་ལྡན་དུ་རོ་ རྡོ་རྗེ་མ་ལྗང་ཁུ། ལྗང་ཁུ་དང་ནག་པོ་དང་དཀར་པོའི་ཞལ་ཅན། ཕྱག་དང་པོ་དག་གིས་རོའི་ སྣོད་དམར་པོ་འཛིན་པ་སྟེ། ལྷག་མ་རྣམས་ཀྱིས་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་རལ་ གྲི་འཛིན་པའོ། །རིམ་པ་གསུམ་པའི་ཤར་གྱི་སྣམ་བུ་ལ་བྱམས་པ་དང་སའི་སྙིང་པོའོ། ། ལྷོར་ཕྱག་ན་རྡོ་རྗེ་དང་ནམ་མཁའ་སྙིང་པོའོ། ནུབ་ཏུ་འཇིག་རྟེན་དབང་ཕྱུག་དང་འཇམ་ པའི་དབྱངས་ སོ། །བྱང་དུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་ཏུ་བཟང་པོའོ། བརྒྱད་པོ་འདི་ རྣམས་ནི་རྩ་བའི་རིགས་ཀྱི་བདག་པོ་དང་མཚུངས་པ་སྟེ། འོན་ཀྱང་བྱམས་པ་ནི་རྩ་བའི་ཕྱག་ གིས་ཡལ་ག་དང་བཅས་པའི་ཀླུ་ཤིང་གི་མེ་ཏོག་འཛིན་པའོ། །ཤར་ལ་སོགས་པའི་སྒོ་དང་ མེ་ལ་སོགས་པའི་མཚམས་དང་སྟེང་དང་འོག་ཏུ་ཡང་རིམ་པ་ཇི་ལྟ་བ་བཞིན་དུ་ཁྲོ་བོ་བཅུའོ། ། དེ་ལ་གཤིན་རྗེ་གཤེད་ནག་པོ་ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན་རྡོ་རྗེ་ཐོ་བ་ དང་འཁོར་ལོ་དང་རྡོ་རྗེ་དང་ཐུགས་ཁར་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་དྲིལ་བུ་ དང་དགྲ་སྟ་འཛིན་པའོ། །ཤེས་རབ་མཐར་བྱེད་དཀར་པོ་དཀར་པོ་དང་ནག་པོ་དང་དམར་ པའི་ཞལ་ཅན་རྡོ་རྗེ་དང་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་དང་རལ་གྲི་དང་ཐུགས་ཁར་ ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་དྲིལ་བུ་དང་དགྲ་སྟ་འཛིན་པའོ། །པད་མ་མཐར་ 8-1-165 བྱེད་དམར་པོ་དམར་པོ་དང་ནག་པོ་དང་དཀར་པོའི་ཞལ་ཅན། པད་མ་དམར་པོ་དང་རལ་གྲི་ དང་གཏུན་ཤིང་དང་དྲིལ་བུ་དང་དགྲ་སྟ་དང་ཞགས་པ་འཛིན་པའོ། །བགེགས་མཐར་བྱེད་ སྔོན་པོ། སྔོན་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན། སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་དང་ གཏུན་ཤིང་དང་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་དྲིལ་བུ་དང་དགྲ་སྟ་འཛིན་པའོ། ། མི་གཡོ་བ་སྔོན་པོ་སྔོན་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན། རལ་གྲི་དང་རྡོ་རྗེ་དང་ འཁོར་ལོ་དང་སྡིགས་མཛུབ་དང་དགྲ་སྟ་དང་ཞགས་པ་འཛིན་པའོ། །འདོད་པའི་རྒྱལ་པོ་སྔོན་ པོ། སྔོན་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན། ཕྱག་དག་གིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ མཛད་ཅིང༌། གཞན་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་ཞགས་པ་དང་ལྕགས་ཀྱུ་འཛིན་པའོ། ། དབྱུག་སྔོན་ཅན་ནག་པོ། ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན། རྡོ་རྗེས་མཚན་ པའི་དབྱུག་པ་སྔོན་པོ་དང་རལ་གྲི་དང་འཁོར་ལོ་དང་ཐུགས་ཁར་ཞགས་པ་དང་བཅས་པའི་ སྡིགས་འཛུབ་དང་པད་མ་དང་དགྲ་སྟ་འཛིན་པའོ། །སྟོབས་པོ་ཆེ་ནག་པོ། ནག་པོ་དང་དཀར་ པོ་དང་དམར་པོའི་ཞལ་ཅན། རྡོ་རྗེས་མཚན་པའི་དབྱུག་པ་དང་རལ་གྲི་དང་འཁོར་ལོ་དང་ ཐུགས་ཁར་ཞགས་པ་དང་བཅས་པའི་སྡིགས་འཛུབ་དང་པད་མ་དང་དགྲ་སྟ་འཛིན་པའོ། ། གཙུག་ཏོར་འཁོར་ལོས་བསྒྱུར་བ་ནག་པོ། ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན། རྩ་བའི་ཕྱག་དག་གིས་གཙུག་ཏོར་སྤྱི་བོར་འཛིན་པ། ལྷག་མ་རྣམས་ཀྱིས་རྡོ་རྗེ་དང་པད་མ་ དང་སྡིགས་འཛུབ་དང་རལ་གྲི་འཛིན་པ་སྟེ། ཕྱག་གཉིས་ཐལ་མོ་གན་རྐྱལ་དུ་མཉམ་པར་ བརྐྱང་བའི་སྲིན་ལག་གཉིས་ཀྱི་སེན་མོའི་སྟེང་དུ་མཐེ་བོང་གཉིས་ཀྱི་སེན་མོས་མནན་ཏེ་མཐེ་ ཆུང་གཉིས་བརྐྱང་བའོ། །དེ་བཞིན་དུ་གུང་མོ་གཉིས་ཀྱི་སེན་མོ་མཉམ་པར་ཡང་དག་པར་ རྩེ་སྤྲད་ལ་འཛུབ་མོ་གཉིས་དབུས་སུ་རྭའི་རྣམ་པ་ནི་ཀུན་ཏུ་སྣང་བ་ཞེས་བྱ་བ་གཙུག་ཏོར་གྱི་ ཕྱག་རྒྱའོ་ཞེས་པ་ཁ་ཅིག་གི་སྟེ། འགའ་ཞིག་ནི་གཞན་ནོ། །གནོད་མཛེས་ནག་པོ། ནག་པོ་ 8-1-166 དང་དཀར་པོ་དང་དམར་པོའི་ཞལ་ཅན། རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་ཐུགས་ཁར་ ཞགས་པ་དང་བཅས་པའི་སྡིགས་འཛུབ་དང་པད་མ་དང་རལ་གྲི་འཛིན་པའོ། །མི་བསྐྱོད་པ་ ལ་སོགས་པ་འདི་རྣམས་ནི་སྣ་ཚོགས་པད་མའི་ལྟེ་བར་གོ་རིམ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་རྩེ་ལྔ་ པ་དང་འཁོར་ལོ་དང་ཆ་དགུ་པའི་རིན་པོ་ཆེ་མ་རཀྟ་དང་པད་མ་དམར་པོ་དང་སྣ་ཚོགས་རྡོ་རྗེ་ དང༌། འཁོར་ལོ་དང་རྡོ་རྗེ་དང་པད་མ་དང་སྣ་ཚོགས་རྡོ་རྗེ་དང༌། འཁོར་ལོ་དང་རྡོ་རྗེ་དང་པད་ མ་དང་སྣ་ཚོགས་རྡོ་རྗེ་དང༌། ཀླུ་ཤིང་གི་མེ་ཏོག་དང་འཁོར་ལོ་དང་རྡོ་རྗེ་དང་རིན་པོ་ཆེ་དང་ པད་མ་དང་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེ་དང་རྡོ་རྗེ་དང༌། རྡོ་རྗེ་ཐོ་བ་དང་རྡོ་རྗེ་དང་ཆུ་སྐྱེས་དམར་ པོ་དང་སྣ་ཚོགས་རྡོ་རྗེ་དང་རལ་གྲི་དང་རྡོ་རྗེ་ཁུ་ཚུར་དང༌། དབྱུག་པ་སྔོན་པོ་དང་དབྱུག་པ་ ནག་པོ་དང་རྡོ་རྗེ་དང་རྡོ་རྗེ་ལ་གནས་པའི་ཉི་མ་དང་ཟླ་བ་ལ་བཞུགས་པ་ཞལ་གསུམ་ཕྱག་ དྲུག་པའོ། །ཡང་གཞན་ལས་ནི་ལྷ་རྣམས་ཀྱི་རང་གི་མདོག་ལྟ་བུའི་རིན་པོ་ཆེ་ལས་བྱས་པའོ། ། དེ་ལ་རྣམ་པར་སྣང་མཛད་དང་ལྷ་མོ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ཟླ་བ་ལ་ གནས་པ་སྟེ། གཞན་རྣམས་ནི་ཉི་མ་ལ་གནས་པའོ། །མི་བསྐྱོད་པ་ལ་སོགས་པ་རྣམས་ནི་རྡོ་ རྗེའི་དཀྱིལ་དཀྲུང་ཅན་ནོ། །ཁྲོ་བོ་རྣམས་ནི་ཞབས་གཡས་བརྐྱང་བ་གཡོན་བསྐུམ་པ། ཞལ་ སོ་སོ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། འབར་ཞིང་སྒྲ་སྒྲོགས་པ། ཤིན་ ཏུ་འཇིགས་སུ་རུང་བ། བསྲུང་བའི་འཁོར་ལོར་བཤད་པའི་རྣམ་པར་འགྱུར་བའི་གཟུགས་ལ་ སོགས་པའི་ཁྱད་པར་དང་ལྡན་པའོ། །འདིར་ནི་འཁོར་ལོའི་དབང་ཕྱུག་ཁོ་ན་ཡུམ་དང་བཅས་ པ་སྟེ། གནོད་མཛེས་ཀྱི་མཐར་ཐུག་པའི་ལྷ་གཞན་རྣམས་ནི་ཡུམ་མེད་པའོ། །བསྲུང་བའི་ འཁོར་ལོ་ལ་གནས་པའི་གཤིན་རྗེ་མཐར་བྱེད་ལ་སོགས་པ་ནི་རང་འོད་ཀྱི་ཤེས་རབ་དང་ བཅས་པ་སྟེ། དེ་ཡང་གོ་རིམ་བཞིན་དུ་རྡོ་རྗེ་རོ་ལངས་མ་དང་གཞན་གྱིས་མི་ཐུབ་མ་དང་ཁྲོ་ གཉེར་ཅན་མ་དང་རལ་གཅིག་མ་དང་སྣ་ཚོགས་རྡོ་རྗེ་མ་དང་སྣ་ཚོགས་རིན་ཆེན་མ་དང་སྣ་ 8-1-167 ཚོགས་པད་མ་དང་སྣ་ཚོགས་ལས་མ་དང་ནམ་མཁའ་འི་རྡོ་རྗེ་མ་དང་ས་འཛིན་མ་རྣམས་སོ། ། མི་བསྐྱོད་པ་ལ་ཐུགས་ཁར་ཡེ་ཤེས་སེམས་དཔའ་ཕྱག་གཉིས་པ་དམར་པོ་ཤེས་རབ་དང་ བཅས་པ་སྟེ། དེའི་ཐུགས་ཁར་ཧཱུཾ་ནག་པོའོ། །རྣམ་པར་སྣང་མཛད་ཀྱི་ཐུགས་ཁར་ༀ་དང༌། རིན་ཆེན་ དབང་པོ་ལ་སྭཱ་དང༌། སྣང་བ་མཐའ་ཡས་ལ་ཨཱཿདང༌། དོན་ཡོད་གྲུབ་པ་ལ་ཧཱའ་དང༌། སྤྱན་ མ་ལ་སོགས་པའི་ལྷ་མོ་རྣམས་ལ་ལཱཾ་མཱཾ་པཱཾ་ཏཱཾ་ཛཿཧཱུཾ་བཾ་ཧོཿདང༌། རེག་བྱ་རྡོ་རྗེ་མ་ལ་ཁཱཾ་དང༌། བྱམས་པ་ལ་སོགས་པ་བརྒྱད་པོ་རྣམས་ལ། མཻཾ་ཐླཱིཾ་ༀ་ༀ་ༀ་ཧཱུཾ་ༀ་སཾ་དང༌། ཁྲོ་བོ་བཅུ་པོ་རྣམས་ ལ་ཧཱུཾ་ངོ༌། །མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་སྙིང་པོའི་སྔགས་ནི་འཇམ་པའི་རྡོ་རྗེའི་དཀྱིལ་ འཁོར་དུ་གསུངས་པ་ཉིད་དེ། བྱམས་པ་ལ་སོགས་པ་རྣམས་ཀྱི་ནི། ༀ་ཨཱཿམཻ་ཏྲེ་ཡ་མཻཾ་ཧཱུཾ། ༀ་ ཨཱཿཀྵི་ཏི་གར་བྷ་ཐླཱིཾ་ཧཱུཾ། ༀ་ཨཱཿབཛྲ་པཱ་ནེ་ༀ་ཧཱུཾ། ༀ་ཨཱཿཁ་གར་བྷ་ༀ་ཧཱུཾ། ༀ་ཨཱཿལོ་ཀེ་ཤྭ་ར་ༀ་ ཧཱུཾ། ༀ་ཨཱཿམཉྫུ་གྷོ་ཥ་ཧཱུཾ་ཧཱུཾ། ༀ་ཨཱཿསརྦ་ནི་བ་ར་ཎ་བྷིསྐཾབྷི་ན་ༀ་ཧཱུཾ། ༀ་ཨཱཿས་མན་ཏ་བྷ་ཏྲ་སཾ་ ཧཱུཾ། ༀ་ཨཱཿཨ་ཙ་ལ་ཧཱུཾ་ཧཱུཾ། ༀ་ཨཱཿཊཀ་ཀི་རཱ་ཛ་ཧཱུཾ་ཧཱུཾ། ༀ་ཨཱཿ་ནཱི་ལ་དཎ་ཌ་ཧཱུཾ་ཧཱུཾ། ༀ་ཨཱཿམ་ཧཱ་ བ་ལ་ཧཱུཾ་ཧཱུཾ། ༀ་ཨཱཿཨུཥྞཱི་ཥ་ཧཱུཾ་ཧཱུཾ། ༀ་ཨཱཿསུམ་བྷ་ཧཱུཾ་ཧཱུཾ། གང་གི་ཚེ་མི་བསྐྱོད་པ་དང་དབྱེར་མེད་ པའི་རྡོ་རྗེ་སེམས་དཔའ་འཁོར་ལོའི་དབང་པོར་གྱུར་པ་དེའི་ཚེ་འདིའི། ༀ་ཨཱཿཧཱུཾ་ཧཱུཾ་ཞེས་པའི་ སྔགས་སོ། །རིགས་ཀྱི་བདག་པོ་ནི། མི་བསྐྱོད་པ་དང་ཀུན་ཏུ་བཟང་པོ་དག་གི་གོང་དུ་བརྗོད་ པའི་རྡོ་རྗེ་སེམས་དཔའ་སྟེ། འོན་ཀྱང་རྡོ་རྗེ་དང་འཁོར་ལོ་དང་པད་མ་དང༌། དྲིལ་བུ་དང་ནོད་ བུ་དང་རལ་གྲི་འཛིན་པ། རང་དང་འདྲ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་ཡང་དག་པར་ འཁྱུད་པའོ། །དེ་བཞིན་གཤེགས་པ་རྣམས་དང་མཱ་མ་ཀི་དང་ཕྱག་ན་རྡོ་རྗེ་དང་འཇམ་པའི་ དབྱངས་དང་གཙུག་ཏོར་འཁོར་ལོ་བསྒྱུར་བ་དང་གནོད་མཛེས་རྒྱལ་པོ་རྣམས་ཀྱི་མི་བསྐྱོད་ པའོ། །སྤྱན་མ་དང་གཟུགས་རྡོ་རྗེ་མ་དང་བྱམས་པ་དང་སའི་སྙིང་པོ་དང་གཤིན་རྗེ་མཐར་ 8-1-168 བྱེད་དང་མི་གཡོ་བ་རྣམས་ཀྱི་རྣམ་པར་སྣང་མཛད་དོ། །སྒྲ་རྡོ་རྗེ་མ་དང་ནམ་མཁའི་སྙིང་པོ་ དང་ཤེས་རབ་མཐར་བྱེད་དང་འདོད་པའི་རྒྱལ་པོ་རྣམས་ཀྱི་རིན་ཆེན་དབང་པོའོ། །གོས་ དཀར་མོ་དང་དྲི་རྡོ་རྗེ་མ་དང་འཇིག་རྟེན་དབང་ཕྱུག་དང་པད་མ་མཐར་བྱེད་དང་དབྱུག་སྔོན་ ཅན་རྣམས་ཀྱི་སྣང་བ་མཐའ་ཡས་སོ། །སྒྲོལ་མ་དང་རོ་རྡོ་རྗེ་མ་དང་རེག་བྱ་རྡོ་རྗེ་མ་དང་རྣམ་ པར་སེལ་བ་དང་བགེགས་མཐར་བྱེད་དང་སྟོབས་པོ་ཆེ་རྣམས་ཀྱི་དོན་ཡོད་གྲུབ་པའོ། །རྒྱས་ འདེབས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ནི་རང་འོད་ཀྱི་ཡུམ་དང་བཅས་པ་འཁོར་ལོས་ བསྒྱུར་བའི་གཟུགས་ཅན་ནོ། ། ༈ དཔལ་ཀུན་ཏུ་ཁ་སྦྱོར་དུ་གསུངས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི་རྡོ་རྗེ་ གུར་གྱི་ནང་དུ་བསྲུང་བའི་འཁོར་ལོའི་ལྟེ་བར་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་ དང་རི་རབ་ཀྱི་སྟེང་དུ་ཆོས་འབྱུང་གི་དབུས་སུ་གཞལ་ཡས་ཁང་ངོ༌། །བསྲུང་བའི་འཁོར་ལོ་ ལ་གཤིན་རྗེ་གཤེད་ནི་ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ་ལྕགས་ཀྱུ་དང་འཁོར་ལོ་དང་རྡོ་རྗེ་ དང་གཡོན་པ་གསུམ་གྱིས་ཐུགས་ཁར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་ དང་དགྲ་སྟ་འཛིན་པའོ། །ཤེས་རབ་མཐར་བྱེད་ནི་རྡོ་རྗེ་ཞགས་པ་དང་རྡོ་རྗེ་དང་རལ་གྲི་དང་ ཐུགས་ཁར་སྡིགས་འཛུབ་དང་དྲིལ་བུ་དང་དགྲ་སྟའོ། །པད་མཐར་བྱེད་ནི་ལྕགས་སྒྲོག་དང་ པད་མ་དང་རལ་གྲི་དང་དྲིལ་བུ་དང་དགྲ་སྟ་དང་ཞགས་པའོ། །བགེགས་དགྲ་ནི་རྡོ་རྗེ་དྲིལ་ བུ་དང་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་གཏུན་ ཤིང་དང་དགྲ་སྟའོ། །མི་གཡོ་བའི་རལ་གྲི་དང་འཁོར་ལོ་དང་རྡོ་རྗེ་དང་སྡིགས་མཛུབ་དང་ དགྲ་སྟ་དང་ཞགས་པའོ། །འདོད་པའི་རྒྱལ་པོ་ནི་གཡས་པ་དང་གཅིག་ཤོས་ཀྱི་ཕྱག་གཉིས་ ཀྱི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་ལྕགས་ཀྱུ་དང་རལ་གྲི་དང་རྡོ་རྗེ་དང་ཞགས་པའོ། །དབྱུག་ སྔོན་ཅན་ནི་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་རལ་གྲི་དང་འཁོར་ལོ་དང་སྡིགས་ 8-1-169 མཛུབ་དང་བཅས་པའི་ཞགས་པ་དང་པད་མ་དང་དགྲ་སྟའོ། །སྟོབ་པོ་ཆེ་ནི་རྩེ་གསུམ་དང་ རལ་གྲི་དང་འཁོར་ལོ་དང་ཐུགས་ཁར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་པད་ མ་དང་དགྲ་སྟའོ། །གཙུག་ཏོར་འཁོར་ལོས་བསྒྱུར་བ་ནི་གཡས་པ་དང་གཅིག་ཤོས་ཀྱི་ཕྱག་ གཉིས་ཀྱིས་གཙུག་ཏོར་གྱི་ཕྱག་རྒྱ་དང་འཁོར་ལོ་དང་པད་མ་དང་སྡིགས་མཛུབ་དང་རལ་ གྲི འོ། །གནོད་མཛེས་ནི་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་ཐུགས་ཁར་སྡིགས་མཛུབ་ དང་བཅས་པའི་ཞགས་པ་དང་པད་མ་དང་རལ་གྲི འོ། །བཅུ་པོ་འདི་རྣམས་ནི་དབུ་ལ་ཐོད་པ་ ལྔས་བརྒྱན་པ། འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་ལྔ་དང་ལྡན་པ། མི་མགོའི་ཕྲེང་བ་མགུལ་ ལ་འཕྱང་བ། གོ་རིམ་ཇི་ལྟ་བ་བཞིན་དུ། རྣམ་པར་སྣང་མཛད་དང་རིན་ཆེན་དབང་པོ་དང་ འོད་དཔག་མེད་དང་དོན་ཡོད་གྲུབ་པ་དང༌། རྟག་པ་དང་རིན་ཆེན་དབང་པོ་དང་འོད་དཔག་ མེད་དང་དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པ་དང་མི་བསྐྱོད་པས་རྒྱས་བཏབ་པའོ། །གཞལ་ ཡས་ཁང་གི་སྙིང་པོར་རྡོ་རྗེ་འཛིན་པ་འཛུལ་པ་དང་བཅས་པ། ཅུང་ཟད་དམར་བའི་མདངས་ དང་ལྡན་པའི་སྐུ་མདོག་དཀར་པོ། རལ་པའི་ཐོར་ཅོག་ནག་པོ་ལ་གནས་པའི་ནོར་བུ་དང་ སྣ་ཚོགས་རྡོ་རྗེ་དང་དེའི་འོག་ཏུ་གཡོན་ངོས་སུ་གནས་པའི་ཟླ་བ་ཕྱེད་པ་དྲི་མ་མེད་པ་དང༌། སངས་རྒྱས་ལྔའི་ཅོད་པན་ཅན། དཔྲལ་བའི་སྟེང་དུ་ཐོད་པ་ལྔ་དང༌། འཁོར་ལོ་དང་རྣ་ཆ་ དང་མགུལ་རྒྱན་དང་ལག་གདུབ་དང་སྐ་རགས་དང་ཐལ་ཆེན་རྣམས་ཀྱིས་བརྒྱན་པ། ཞལ་ གསུམ་པ་གཡས་པ་དང་ཅིག་ཤོས་ཀྱི་ཞལ་སྔོན་པོ་དང་དམར་པོ། ཞལ་རེ་རེ་ལ་སྤྱན་གསུམ་ གསུམ་དང་ལྡན་པ། ཕྱག་དྲུག་པ། རྡོ་རྗེ་དང་དྲིལ་བུས་རྣམ་པར་མཛེས་པའི་ཕྱག་གཉིས་ ཀྱིས་རང་དང་འདྲ་བའི་ཤེས་རབ་ལ་མཁྱུད་ཅིང་ཆུ་སྐྱེས་ལ་མཉམ་པར་སྦྱོར་བའི་དགའ་བ་ དང་ལྡན་པ། ཕྱག་གཡས་པ་དག་གིས་རལ་གྲི་དང་ལྕགས་ཀྱུ་དག་དང༌། གཡོན་པ་དག་གིས་ ཐོད་པ་དང་ཞགས་པ་བསྣམས་པ། ཉི་མའི་འོད་ཀྱི་དཀྱིལ་འཁོར་ཅན། སྣ་ཚོགས་པད་མ་དང་ 8-1-170 ཐོད་པ་དང་ཟླ་བའི་གདན་ལ་དཀྱིལ་དཀྲུང་ཕྱེད་པས་བཞུགས་པ་གར་གྱི་ཉམས་དགུ་དང་ ལྡན་པའོ། །དེའི་ཐུགས་ཁར་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་ དཀར་དམར་སེམས་དཔའི་དཀྱིལ་དཀྲུང་ཅན་སངས་རྒྱས་ལྔས་སྤྲས་པའི་རིན་པོ་ཆེའི་ཅོད་ པན་དང་རིན་པོ་ཆེས་བརྒྱན་པ། རྡོ་རྗེ་དྲིལ་བུ་དང་བཅས་པའི་ཕྱག་གཉིས་ཀྱིས་རང་དང་འདྲ་ བའི་ཤེས་རབ་ལ་མཁྱུད་པ་སྟེ། དེའི་ཐུགས་ཁར་ཏིང་ངེ་འཛིན་སེམས་དཔའི་རང་བཞིན་ཧཱུཾ་ ཡིག་ནག་པོའོ། འདིར་སེམས་དཔའ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་གི་ཤར་དུ་རྣམ་པར་ སྣང་མཛད་དཀར་པོ་ཞི་བ་ཕྱག་བཞི་པ་གཡས་པ་དག་གིས་འཁོར་ལོ་དང་དྲིལ་བུ་དང་གཡོན་ པ་དག་གིས་ཐོད་པ་དང་ཞགས་པ་འཛིན་པའོ། །ལྷོར་རིན་ཆེན་དབང་པོ་སེར་པོ་ཕྱག་བཞི་ པ། གཡས་པ་དག་གིས་རིན་པོ་ཆེ་དང་ལྕགས་ཀྱུ་དང་གཡོན་པ་དག་གིས་ཐོད་པ་དང་ཞགས་ པའོ། །ནུབ་ཏུ་འོད་དཔག་མེད་དམར་པོ་ཕྱག་བཞི་པ། གཡས་པ་དག་གིས་མདའ་དང་པད་ མ་དང༌། གཡོན་པ་དག་གིས་གཞུ་ཞགས་པའོ། །བྱང་དུ་དོན་ཡོད་གྲུབ་པ་ལྗང་ཁུ་ཕྱག་བཞི་ པ། གཡས་པ་དག་གིས་རྡོ་རྗེ་དང་ལྕགས་ཀྱུ་དང་གཡོན་པ་དག་གིས་དྲིལ་བུ་དང་ཐོད་པའོ། ། དབང་ལྡན་དུ་སྤྱན་མ་དཀར་མོ་ཕྱག་བརྒྱད་མ་གཡས་པ་རྣམས་ཀྱིས་འཁོར་ལོ་དང་རྡོ་རྗེ་ དང་རལ་གྲི་དང་མདའ་དང༌། གཡོན་པ་རྣམས་ཀྱིས་ཐོད་པ་དང་དྲིལ་བུ་དང་ཞགས་པ་དང་ གཞུའོ། །མེར་མཱ་མ་ཀཱི་སྔོན་མོ་ཕྱག་བཅུ་གཉིས་མ། གཡས་པ་རྣམས་ན་མདའ་དང་རལ་གྲི་ དང་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པད་མ་དང༌། གཡོན་པ་རྣམས་ཀྱིས་གཞུ་དང་ ལྕགས་ཀྱུ་དང་དྲིལ་བུ་དང་ཞགས་པ་དང་ཐོད་པ་དང་ཁ་ཊཱཾ་གའོ། །བདེན་བྲལ་དུ་གོས་དཀར་ མོ་དམར་མོ་ཕྱག་བརྒྱད་མ། གཡས་པ་རྣམས་ཀྱིས་མདའ་དང་པད་མ་དང་རལ་གྲི་དང་རྡོ་རྗེ་ དང༌། གཡོན་པ་རྣམས་ཀྱིས་གཞི་དང་ཐོད་པ་དང་ཞགས་པ་དང་དྲིལ་བུའོ། །རླུང་དུ་སྒྲོལ་མ་ ལྗང་ཁུ་ཕྱག་བརྒྱད་མ། གཡས་པ་རྣམས་ཀྱིས་ཨུད་པ་ལ་དམར་པོ་དང་རལ་གྲི་དང་ལྕགས་ 8-1-171 ཀྱུ་དང་མདའ་དང༌། གཅིག་ཤོས་རྣམས་ཀྱིས་འཁོར་ལོ་དང་ཞགས་པ་དང་ཐོད་པ་དང་གཞུའོ། ། རིམ་པ་གཉིས་པ་ལ་ཤར་ཕྱོགས་སུ། རྡོ་རྗེ་དྲག་མོ་དཀར་མོ་མདའ་དང་ལྕགས་ཀྱུ་དང་གཞུ་ དང་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཐོད་པ་ཅན་ནོ། །ལྷོར་རྡོ་རྗེ་གཟུགས་མ་སེར་མོ་རྡོ་རྗེ་ དང་མདུང་དང་ཞགས་པ་དང་ཁྲག་གིས་གང་བའི་ཐོད་པ་ཅན་ནོ། །ནུབ་ཏུ་འདོད་ཆགས་རྡོ་རྗེ་ མ་དམར་མོ་རལ་གྲི་དང་རྡོ་རྗེ་དང་དྲི་ཆུས་གང་བའི་ཐོད་པ་དང་དྲིལ་བུ་ཅན་ནོ། །བྱང་དུ་རྡོ་རྗེ་ ཞི་བ་མ་ལྗང་ཁུ་ཐལ་ཆར་དང་བ་དན་གསུམ་པ་དང་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་ཐོད་པ་ ཅན་ནོ། །དབང་ལྡན་དུ་རྡོ་རྗེ་གནོད་སྦྱིན་མོ་དཀར་སེར་དབྱུག་པ་དང་ཨུད་པ་ལ་དང་ཐོད་པ་ དང་ཌ་མ་རུ་ཅན་ནོ། ། མེར་རྡོ་རྗེ་མཁའ་འགྲོ་མ་དམར་སེར་པད་མ་དང་མེ་ལོང་དང་རྐང་མར་གྱིས་གང་བའི་ ཐོད་པ་དང་དགྲ་སྟ་ཅན་ནོ། །བདེན་བྲལ་དུ་སྒྲ་རྡོ་རྗེ་མ་སྔོ་དམར་ཤག་ཏི་དང་དུང་དང་འཁོར་ ལོ་དང་ཁྲག་གིས་གང་བའི་ཐོད་པ་ཅན་ནོ། །རླུང་དུ་ས་རྡོ་རྗེ་མ་དཀར་ལྗང་པད་མ་དང་རྡོ་རྗེ་ དང་བདུད་རྩི་དང་སྒྲོན་མས་གང་བའི་ཐོད་པ་མི་ལྤགས་ཀྱིས་གཡོགས་པ་དང་དྲིལ་བུ་ཅན་ ནོ། །བརྒྱད་པོ་འདི་རྣམས་ནི་ཕྱག་བཞི་མ་ཕྱག་མཚན་དང་པོ་གཉིས་ནི་གཡས་པ་དག་གིས་ ཏེ། གཞན་གཉིས་ནི་གཡོན་པ་དག་གིས་འཛིན་པའོ། །རིམ་པ་གསུམ་པ་ལ་ཤར་ཕྱོགས་སུ་ བཞད་མ་དམར་མོ་ཕྱག་གཉིས་རྡོ་རྗེ་དྲིལ་བུ་དང་བཅས་པས་མངོན་པར་བཞད་པའི་ཚུལ་ ཅན་ནོ། །ལྷོར་སྒེག་མོ་སྔོན་མོ་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་སྙེམས་པ་དང་བཅས་ པར་མངོན་པར་སྒེག་པའི་ཚུལ་ཅན་ནོ། །ནུབ་ཏུ་གླུ་མ་སེར་མོ་སྐུ་ཅུང་ཟད་གཡོ་ཞིང་སྒེག་པའི་ ཕྱག་གཉིས་ཀྱིས་ཏིང་ཏིང་ཤགས་འཛིན་པའོ། །བྱང་དུ་གར་མ་ལྗང་ཁུ་པད་སྐོར་གྱི་ཚུལ་ལ་ སོགས་པའི་གར་གྱིས་གཡོ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་དང་རྡོ་རྗེ་དྲིལ་བུ་འཛིན་ པའོ། །དབང་ལྡན་དུ་གླི ང་བུ་མ་དམར་མོའོ། །མེར་པི་ཝང་མ་སེར་མོ་ཕྱག་གཉིས་སྒེག་པའི་ 8-1-172 ཉམས་ཀྱིས་སྐུ་ཅུང་ཟད་གཡོ་བའོ། །བདེན་བྲལ་དུ་མུ་ཀུན་ད་མ་དཀར་མོའོ། ། རླུང་དུ་རྫ་རྔ་མ་དུ་བའི་མདོག་ཅན་ཏེ། བཞི་པོ་འདི་རྣམས་ནི་ཕྱག་གཉིས་ཀྱིས་རང་རང་ གི་རོལ་མོ་སྒྲོགས་པའོ། །དེ་ནས་ཕྱིའི་སྣམ་བུ་ལ་མེ་མཚམས་སུ་མེ་ཏོག་མ་དཀར་མོ་གཡོན་ པ་དང་གཅིག་ཤོས་ཀྱི་ཕྱག་གིས་མེ་ཏོག་གི་ཕྲེང་བ་དང་འཁོར་ལོ་འཛིན་པའོ། །བདེན་བྲལ་ དུ་བདུག་སྤོས་མ་དུ་བའི་མདོག་ཅན་གཡོན་པ་དང་གཅིག་ཤོས་ཀྱི་ཕྱག་གིས་བདུག་སྤོས་ཀྱི་ སྣོད་དང་རིན་པོ་ཆེ་འཛིན་པའོ། ། རླུང་དུ་མར་མེ་མ་གསེར་གྱི་མདོག་ཅན་གཡོན་པ་དང་གཡས་པའི་ཕྱག་གིས་མར་མེའི་ མཆོད་སྡོང་དང་པད་མ་འཛིན་པའོ། །དབང་ལྡན་དུ་དྲི་ཆབ་མ་དམར་མོ་གཡོན་པ་དང་གཅིག་ ཤོས་ཀྱི་ཕྱག་གིས་དྲིའི་དུང་ཆོས་དང་རལ་གྲི་འཛིན་པའོ། །ཤར་དུ་མེ་ལོང་མ་དཀར་མོ་ཕྱག་ གཉིས་ཀྱིས་མེ་ལོང་འཛིན་པའོ། །ལྷོར་རོ་མ་དམར་མོ་ཕྱག་གཉིས་ཀྱིས་རོའི་སྣོད་འཛིན་པའོ། ། ནུབ་ཏུ་རེག་བྱ་མ་ལྗང་ཁུ་ཕྱག་གཉིས་ཀྱིས་སྣ་ཚོགས་པའི་གོས་འཛིན་པའོ། །བྱང་དུ་ཆོས་མ་ དཀར་མོ་ཕྱག་གཉིས་ཀྱིས་ཆོས་འབྱུང་དཀར་པོ་འཛིན་པའོ། །འདི་རྣམས་དང་རྣམ་པར་སྣང་ མཛད་ལ་སོགས་པའི་ལྷ་རྣམས་ནི་ཞལ་གཅིག་པ་སྤྱན་གསུམ་པ། རལ་པའི་ཅོད་པན་ནག་ པོ་ལ་ཐོད་པ་ལྔ་དང་འཁོར་ལོ་ལ་སོགས་པས་བརྒྱན་པ་ལྷའི་ན་བཟའ་གྱོན་པ་དཀྱིལ་དཀྲུང་ ཕྱེད་པའི་གར་གྱིས་བཞུགས་པའོ། །སྒོ་རྣམས་ལ་ཤར་དུ་རྡོ་རྗེ་ལྕགས་ཀྱུ་མ་ནམ་མཁའ་ལྟར་ སྔོ་བསངས། ཞལ་གཡས་པ་དང་གཅིག་ཤོས་ནག་པོ་དང་དཀར་པོ། ཕྱག་དྲུག་གི་གཡས་པ་ རྣམས་ཀྱིས་ལྕགས་ཀྱུ་དང་རལ་གྲི་དང་འཁོར་ལོ་དང༌། གཡོན་ པ་རྣམས་ཀྱིས་ཞགས་པ་དང་སྡིགས་མཛུབ་དང་དྲིལ་བུ་འཛིན་པའོ། །ལྷོར་རྡོ་རྗེ་ཞགས་ པ་མ་དཀར་སེར། ཞལ་གཡས་པ་དང་གཅིག་ཤོས་ནག་པོ་དང་དམར་པོ། ཕྱག་དྲུག་གི་ གཡས་པ་རྣམས་ཀྱིས་ཞགས་པ་དང་རྡོ་རྗེ་དང་རལ་གྲི་དང༌། གཡོན་པ་རྣམས་ཀྱིས་འཁོར་ལོ་ 8-1-173 དང་དྲིལ་བུ་དང་སྡིགས་མཛུབ་ དང་བཅས་པའི་ཞགས་པའོ། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ཞལ་གཡས་པ་དང་ གཅིག་ཤོས་ནག་པོ་དང་དཀར་པོ། ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་ལྕགས་སྒྲོག་དང་རྡོ་ རྗེ་དང་རལ་གྲི་དང༌། གཡོན་པ་རྣམས་ཀྱིས་འཁོར་ལོ་དང་དྲིལ་བུ་དང་ལྕགས་ཀྱུའོ། །བྱང་དུ་ རྡོ་རྗེ་དྲིལ་བུ་མ་ལྗང་ཁུ་ཞལ་གཡས་པ་དང་གཅིག་ཤོས་ནག་པོ་དང་དཀར་པོ། ཕྱག་དྲུག་གི་ གཡས་པ་རྣམས་ཀྱིས་དྲིལ་བུ་དང་རྡོ་རྗེ་དང་རལ་གྲི་དང༌། གཡོན་པ་རྣམས་ཀྱིས་འཁོར་ལོ་ དང་ལྕགས་ཀྱུ་དང་ཞགས་པའོ། ། བཞི་པོ་འདི་རྣམས་ནི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། དབུ་སྐྲ་དམར་སེར་འབར་ ཞིང་གྱེན་དུ་བརྫེས་པ། ཐོད་པ་ལྔ་དང༌། འཁོར་ལོ་ལ་སོགས་པས་བརྒྱན་པ། སྟག་གི་ལྤགས་ པའི་གོས་ཅན། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་གར་གྱིས། སྣ་ཚོགས་པད་མ་ དང་ཐོད་པ་དང་ཉི་མ་ལ་བཞུགས་པའོ། །རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ ཡོད་གྲུབ་པ་རྣམས་ནི་སྣ་ཚོགས་ཆུ་སྐྱེས་དང་ཐོད་པ་དང་ཉི་མ་ལ་སྟེ། ལྷ་གཞན་ཐམས་ཅད་ སྣ་ཚོགས་པད་མ་དང་ཐོད་པ་དང༌། ཟླ་བའི་གདན་ལ་གནས་པའོ། །ཐམས་ཅད་ཀྱང་ཉི་མའི་ འོད་ཟེར་དང་ལྡན་པ་ཉིད་དོ། །འདིར་རྡོ་རྗེ་སེམས་དཔའ་ཁོ་ན་ཡུམ་དང་བཅས་པ་སྟེ། ལྷ་ གཞན་ཐམས་ཅད་ནི་ཡུམ་མེད་པའོ་ཞེས་པ་ནི་ཕྱོགས་གཅིག་གོ །རང་དང་འདྲ་བའི་ཤེས་ རབ་དང་བཅས་པའོ་ཞེས་པ་ནི་གཉིས་པའོ། །རིགས་ཀྱི་བདག་པོ་ནི་རྡོ་རྗེ་སེམས་དཔའ་ལ་ སོགས་པའི་དེ་བཞིན་གཤེགས་པ་རྣམས་དང་མཱ་མ་ཀཱི་དང་སྒྲ་རྡོ་རྗེ་མ་དང་གླུ་མ་དང་རེག་བྱ་ རྡོ་རྗེ་མ་དང་ཆོས་དབྱིངས་རྡོ་རྗེ་མ་རྣམས་ཀྱི་མི་བསྐྱོད་པའོ། །སྤྱན་མ་དང་རྡོ་རྗེ་དྲག་མོ་དང་ ས་རྡོ་རྗེ་མ་དང་མེ་ཏོག་མ་དང་བཞད་མ་དང་གླིང་བུ་མ་དང་མེ་ལོང་མ་དང་རྡོ་རྗེ་ལྕགས་ཀྱུ་ མ་རྣམས་ཀྱི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་མཁའ་འགྲོ་མ་དང་རྡོ་རྗེ་གཟུགས་མ་དང་བདུག་ 8-1-174 སྤོས་མ་དང་སྒེག་མོ་དང་པི་ཝང་མ་དང་རྡོ་རྗེ་ཞགས་པ་མ་རྣམས་ཀྱི་རིན་ཆེན་འབྱུང་ལྡན་ནོ། ། གོས་དཀར་མོ་དང་རྡོ་རྗེ་ཆགས་པ་མ་དང་མར་མེ་མ་དང་དྲི་ཆབ་མ་དང་མུ་ཀུན་ད་མ་དང་ རྡོ་རྗེ་ལྕགས་སྒྲོག་མ་རྣམས་ཀྱི་སྣང་བ་མཐའ་ཡས་སོ། །སྒྲོལ་མ་དང་རྡོ་རྗེ་ཞི་བ་མ་དང་རྡོ་རྗེ་ གནོད་སྦྱིན་མོ་དང་གར་མ་དང་རོ་མ་དང་རྫ་རྔ་མ་དང་རྡོ་རྗེ་དྲིལ་བུ་རྣམས་ཀྱི་དོན་ཡོད་གྲུབ་ པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ཐུགས་ཁའི་ས་བོན་ནི་དཀྱིལ་འཁོར་ལ་ དགོད་པའི་རིམ་པས། ཧཱུཾ་བུཾ་ཨཱ་ཧྲིཿཁཾ། བྷྲུཾ་ཧཱུཾ་ཧྲཱིཿཏཱཾ། ཨཾ་ཨཱཾ་ཨིཾ་ཨཱིཾ་ཨུཾ་ཨཱུཾ་ཨཾ་ཨཱཿ རྀཾ་ཧཾ་ཨཱཾ་ རཱྀཾ་ལཾ་སཾ་ཁཾ་གཾ བཾ་ལྀཾ་ནཾ་རཾ་ༀ་ཨཽཾ་ཨེཾ་ཨཻཾ་ཛཿཧཱུཾ་བཾ་ཧོཿ ཞེས་པའོ། །རྡོ་རྗེ་སེམས་ དཔའི་སྙིང་པོའི་སྔགས་ནི། ༀ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧཾ་སྭཱ་ཧཱ། ཞེས་པའོ། །རྡོ་རྗེ་དྲིལ་བུ་མའི། ༀ་ཨཱཿ བཛྲ་གྷཎ་ཌེ་ཧོཿ ཧཾ་སྭཱ་ཧཱ། ཞེས་པ་སྟེ་ལས་ཐམས་ ཅད་པའི་སྔགས་སོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་ལ་འཁོར་ལོ་དབང་ཕྱུག་གི་སྙིང་ པོའི་སྔགས་ཉིད་ཀྱིས་ལྷ་གཞན་རྣམས་ཀྱི་སྙིང་པོའི་སྔགས་ཀྱི་བསྒྲུབ་བྱ་ཡང་འགྲུབ་པས་དེ་ རྣམས་ནི་མ་བྲིས་ཏེ་གཞུང་མངས་པས་འཇིགས་པས་སོ། །དེ་བཞིན་དུ་སྔ་མ་དང་ཕྱི་མ་རྣམས་ ལ་རིག་པར་བྱའོ། ། ༈ ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་ནི་རྡོ་རྗེའི་གུར་གྱི་ནང་དུ་སྣ་ཚོགས་པད་མ་ དང་སྣ་ཚོགས་པད་མའི་ལྟེ་བར་གནས་པའི་གཞལ་ཡས་ཁང་གི་དབུས་སུ། གདུགས་དཀར་ པོ་དང་བཅས་པའི་སེང་གེ་ལ་གནས་པའི་སྣ་ཚོགས་པད་མ་དང་ཉི་མ་ལ། ཡེ་ཤེས་མཁའ་ འགྲོ་མ་སྔོན་མོ་སྟེ། འདིའི་ ཅོད་པན་དར་གྱིས་བཅིངས་པའི་སྟེང་དུ་རྡོ་རྗེས་མཚན་ཞིང་སངས་རྒྱས་ལྔ་འཕྲོ་བས་ བརྒྱན་པ། རྩ་བའི་ཞལ་ཁྲོ་ཞིང་གད་རྒྱངས་དང་བཅས་པ་གཡས་དཀར་ཞིང་བཞད་པ་དང་ བཅས་པ། གཡོན་དམར་ཞིང་སྒེག་པ་དང་བཅས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། 8-1-175 ཕྱག་གཡས་པ་གསུམ་ན་སྟེང་དུ་བསྟན་པའི་ཁ་ཊྭཱཾ་ག་དང་དགྲ་སྟ་དང་རྡོ་རྗེ་དང༌། གཡོན་ པ་གསུམ་ན་དྲིལ་བུ་དང་ཁྲག་གིས་གང་བའི་ཐོད་པ་དང་རལ་གྲི འོ། །འདིའི་ཤར་ཕྱོགས་ སུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ་སྒེག་པའི་ཉམས་ཅན་དང༌། བྱང་དུ་མི་བཟད་མཁའ་འགྲོ་ མ་གསེར་གྱི་མདོག་ཅན་དང༌། ནུབ་ཏུ་རོ་ལངས་མ་སྔོན་མོ་དང་། ལྷོར་གཏུམ་མོ་དམར་མོ་ སྟེ། བཞི་པོ་འདི་རྣམས་ཀྱང་སེང་གེ་ལ་གནས་པའི་སྣ་ཚོགས་པད་མ་དང་ཉི་མ་ལ་བཞུགས་ པ། གཡས་པ་དང་གཅིག་ཤོས་ཀྱི་ཕྱག་གཉིས་ཀྱི་སྟེང་དུ་བསྒྲེང་བའི་ཁ་ཊྭཱཾ་ག་དང་ཁྲག་གིས་ གང་བའི་ཐོད་པ་འཛིན་པའོ། །དབང་ལྡན་དུ་སེང་གེ་མོ་སེང་གེའི་གདོང་པ་ཅན། གཡོན་པ་ དང་གཡས་པའི་ལུས་ཕྱེད་ཕྱེད་དཀར་པོ་དང་སེར་པོ། གླང་པོ་ཆེ་དཀར་པོ་ལ་གནས་པའོ། ། མེར་སྟག་མོ་སྟག་གི་གདོང་པ་ཅན། གཡོན་པ་དང་གཡས་པའི་ལུས་ཕྱེད་ཕྱེད་སྔོན་པོ་དང་ དཀར་པོ་རིན་པོ་ཆེ་སྣ་བདུན་གྱི་ཕུང་པོ་ལའོ། །བདེན་བྲལ་དུ་ལྕེ་སྤྱང་མོ་ལྕེ་སྤྱང་གི་གདོང་པ་ ཅན་གཡོན་པ་དང་གཡས་པའི་ལུས་ཕྱེད་ཕྱེད་ནག་པོ་དང་དམར་པོ་མ་ཧེ་ལའོ། །རླུང་དུ་འུག་ པ་མོ་འུག་པའི་གདོང་པ་ཅན་གཡོན་པ་དང་གཡས་པའི་ལུས་ཕྱེད་ཕྱེད་སེར་པོ་དང་དམར་པོ་ ཀླུ་བརྒྱད་ཀྱི་མཇུག་མ་ལའོ། །བཞི་པོ་འདི་རྣམས་ནི་གཡས་པ་དང་གཡོན་པའི་ཕྱག་གཉིས་ རྡོ་རྗེ་ལྕགས་ཀྱུ་དང་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་ཞགས་པས་བརྒྱན་ཞིང་སྣ་ཚོགས་ཆུ་ སྐྱེས་དང་ཉི་མ་ལ་གནས་པའོ། །དེ་ནས་སྒོ་རྣམས་ལ་ཤར་དུ་རྒྱལ་བའི་དབང་ཕྱུག་མ་དཀར་ མོ་ཕྱག་གཉིས་ཀྱིས་ཐལ་མོ་ཁར་བཅུག་པའོ། །བྱང་དུ་གསལ་བྱེད་མ་སེར་མོ་མར་མེ་ལྟ་བུའི་ ཐལ་མོ་སྦྱར་བ་སྤྱི་བོར་འཛིན་པའོ། ། ནུབ་ཏུ་འཇིབ་བྱེད་མ་དམར་མོ་ཁྲག་གིས་གང་བའི་སྙིམ་པ་སྟེང་དུ་བཀན་པ་ཁའི་ཐད་ ཁར་བཟུང་ནས་ཁྲག་གི་རྒྱུན་འཐུང་པར་བྱེད་པའོ། །ལྷོར་གམ་པོ་ཛཱི་ནག་མོ་རྡོ་རྗེའི་སྙིམ་ པ་ལ་མཐེ་བོང་གི་རྩེ་མོ་གཉིས་ཕན་ཚུན་སྦྱར་ཏེ་སྡིགས་མཛུབ་གཉིས་ཀྱི་རྩེ་མོ་བརྐྱང་ནས་ 8-1-176 གསང་བའི་གནས་སུ་བཞག་པས་རང་གི་བྷ་ག་སྟོན་པར་བྱེད་པའོ། །བཞི་པོ་འདི་རྣམས་ནི་ སྣ་ཚོགས་ཆུ་སྐྱེས་ལ་གནས་པའི་ཡི་དྭགས་ཀྱི་སྙིང་ཁར་ཉི་མ་ལ་བཞུགས་པའོ། །རྡོ་རྗེ་མཁའ་ འགྲོ་མ་ལ་སོགས་པ་བཅུ་གཉིས་ནི་ཞལ་གཅིག་པ་སྤྱན་གསུམ་པའོ། །ལྷ་མོ་བཅུ་གསུམ་པོ་ ཐམས་ཅད་ཀྱང་ལྷའི་རིན་པོ་ཆེ་དང་ལྷའི་གོས་དང་དབུ་ལ་ཐོད་པ་ལྔའི་ཕྲེང་བ་ཅན། ཕྱག་ རྒྱ་ལྔ་དང་ལྡན་པ་སེམས་པའི་དཀྱིལ་མོ་དཀྲུང་ཅན། ཀླུའི་རྒྱལ་པོ་བརྒྱད་ཀྱིས་རྣམ་པར་ མཛེས་པ། སྐལ་པའི་མཐའི་མེ་འབར་བའི་འོད་ལྟ་བུའི་འོད་ཟེར་གྱི་ཚོགས་ཀྱིས་འབར་ཞིང་ འཇིགས་སུ་རུང་བ་སྟེ། གོ་རིམ་ཇི་ལྟ་བ་བཞིན་དུ། མི་བསྐྱོད་པ་དང་རྟག་པ་དང་རིན་ཆེན་ དབང་པོ་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པ་དང་རྣམ་པར་སྣང་ མཛད་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང༌། རྟག་པ་དང་རིན་ཆེན་དབང་པོ་ དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་རྣམས་ཀྱི་རྒྱས་བཏབ་པའོ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཨཱ་ཨཱིཾ་ ཨཱུཾ་རིཾ། མཱྀཾ་ཨཻཾ་ཨཱཽཾ་ཨཿ ཞེས་པ་འདི་རྣམས་ནི་ཐུགས་ཁའི་ས་བོན་ནོ། །ༀ་ཧྲཱིཿསྭཱཧཱ་ཞེས་ པ་ནི་ཡེ་ཤེས་མཁའ་འགྲོ་མའི་སྙིང་པོའོ། །ༀ་བེཏ་ཏཱ་ལཱི་ཧཱུཾ་སྭཱ་ཧཱ་ཞེས་པ་ནི་རོ་ལངས་མའི་སྟེ། ལས་ཐམས་ཅད་པའི་སྔགས་སོ། ། ༈ བཅུ་བདུན་གྱི་བདག་ཉིད་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་ཆོས་ཀྱི་ འབྱུང་གནས་ཀྱི་སྙིང་པོར་གནས་པའི་གཞལ་ཡས་ཁང་གི་དབང་སུ། སྣ་ཚོགས་ཆུ་སྐྱེས་ཀྱི་ ལྟེ་བ་ལ་གནས་པའི་རོའི་སྙིང་ཁར་ཁྲག་གིས་གང་བའི་ཐོད་པའི་སྟེང་དུ་ཉི་མ་གནས་པའི་ ཀྱེའི་རྡོ་རྗེ་རྣམ་པ་གསུམ་སྟེ། བཞི་པ་ནི་རོ་དང་བྲལ་བའོ། །དེ་ལ་འཇིག་རྟེན་གསུམ་ཀུན་ཏུ་ བསྐྱོད་པ་ནག་པོ། སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཐོད་ པ་ལྔ་དང་ཕྱག་རྒྱ་དྲུག་དང་མི་མགོ་རློན་པའི་ཕྲེང་བས་བརྒྱན་པ། རྒྱབ་ཀྱི་ཆར་སྟག་གི་ལྤགས་ པའི་སྨད་གཡོགས་ཅན། ཞབས་གཡོན་པའི་བརླ་ལ་ཞབས་གཡས་པའི་རྩེ་མོ་ཡང་དག་པར་ 8-1-177 བཞག་པའི་དཀྱིལ་དཀྲུང་ཕྱེད་པས་གནས་པ། དམར་ ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པའི་ཞལ་གཅིག་པ་ཕྱག་གཉིས་པ། ཕྱག་གཡོན་གྱིས་ རྡོ་རྗེས་མཚན་པའི་ཐོད་པ་ཁྲག་གིས་གང་བ་འཛིན་པས་འཆད་པར་འགྱུར་བའི་གཟུགས་ ཅན་གྱི་བདག་མེད་མ་ལ་འཁྱུད་པ། ཕྱག་གཡས་ཀྱིས་རྡོ་རྗེ་རྩེ་ལྔ་པའི་དབྱུག་པ་བརྡེག་པའི་ ཚུལ་དུ་འཛིན་པའོ། ། ༈ ཡང་ཕྱག་བཞི་པ་ནི་ཕྱག་གཉིས་པ་ལྟ་བུ་སྟེ། ཕྱག་གཞན་པ་གཉིས་ཀྱིས་རང་དང་འདྲ་ བའི་རྡོ་རྗེ་ཕག་མོ་ལ་ཡང་དག་པར་འཁྱུད་པའོ་ཞེས་པ་ཉིད་ནི་ཁྱད་པར་རོ། ། ༈ ཡང་ཕྱག་དྲུག་པ་ནི་ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་གསུམ་པ། ཞལ་རེ་ རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། རལ་པའི་ཅོད་པན་གྱིས་བརྒྱན་པ། ཕྱག་གཡོན་པ་ རྣམས་ཀྱིས་རྡོ་རྗེ་དྲིལ་བུ་དང་གཞུ་དང་ཐོད་པ་དང༌། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་མདའ་ དང་རྩེ་གསུམ་འཛིན་པ། རྡོ་རྗེ་དྲིལ་བུ་དང་ལྡན་པའི་ཕྱག་གཉིས་ཀྱིས་རང་དང་འདྲ་བའི་རྡོ་རྗེ་ལུ་གུ་རྒྱུད་མ་ལ་ འཁྱུད་པ་སྟེ། གཞན་ནི་ཇི་ལྟར་རིགས་པར་སྔ་མ་བཞིན་ནོ། །དེ་ལྟར་ཧེ་རུ་ཀ་གསུམ་གྱི་ཤར་ ལ་སོགས་པའི་འདབ་མ་བརྒྱད་ལ། རྡོ་རྗེ་དྲག་མོ་ལ་སོགས་པ་བརྒྱད་དོ། །འདི་དག་གི་ཕྱི་ རོལ་གྱི་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ། གླི ང་བུ་མ་དང་པི་ཝང་མ་དང་མུ་ཀུན་ ད་མ་དང་རྫ་རྔ་མའོ། ཤར་ལ་སོགས་པའི་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་མ་དང་རྡོ་རྗེ་ཞགས་པ་ མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་རྡོ་རྗེ་དྲིལ་བུ་མའོ། །ལྷ་མོ་བཅུ་དྲུག་པོ་འདི་དག་ནི་གོང་གི་ དང་འདྲ་བ་ལ་ཡབ་དང་བྲལ་བའོ། །ཧེ་རུ་ཀ་གསུམ་གྱི་རིགས་ཀྱི་བདག་པོ་ནི་མི་བསྐྱོད་པ་ སྟེ། ཐུགས་ཁའི་ས་བོན་ནི་ཧཱུཾ་ངོ༌། །སྙིང་པོའི་སྔགས་ནི་ༀ་ཨཱཿཧཱུཾ་ཧྲཱིཿསྭཱ་ཧཱ་ཞེས་པའོ། །སོ་སོའི་ སྔགས་ནི་རིམ་པ་ཇི་ལྟ་བ་བཞིན་དུ། ༀ་ཏྲཻ་ལོཀྱ་ཨཱ་ཀྵེ་པ་ཧུཾ་ཧུཾ་ཧུཾ་ཕཊ་སྭཱ་ཧཱ། ༀ་ཛྭ་ལ་ཛྭ་ལ་བྷྱོ་ 8-1-178 ཧུཾ་ཧུཾ་ཧུཾ་ཕཊ་སྭཱ་ཧཱ། ༀ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པའོ། ། ༈ ཀྱེའི་རྡོ་རྗེ་བཞི་པ་ནི་ཕྱག་བཅུ་དྲུག་པ་སྟེ་མི་བསྐྱོད་པས་རྒྱས་བཏབ་པ། བདག་མེད་ མ་དང་སྙོམས་པར་འཇུག་པའོ། །འོན་ཀྱང་འདི་ལ་གོང་དུ་བཤད་པའི་རོའི་གནས་སུ་བདུད་ བཞི་སྟེ། དེའང་ ཕུང་པོའི་བདུད་ཀྱི་ངོ་བོ་ཚངས་པ་སེར་པོ་དང༌། ཉོན་མོངས་པའི་བདུད་ཁྱབ་འཇུག་ནག་ པོ་དང༌། འཆི་བདག་གི་བདུད་དབང་ཕྱུག་དཀར་པོ་དང༌། ལྷའི་བུའི་བདུད་བརྒྱ་བྱིན་དམར་སེར་ རོ། །དེ་རྣམས་ལ་བཅོམ་ལྡན་འདས་ཀྱི་ཞབས་བཞིའི་གཉིས་དཀྱིལ་དཀྲུང་ཕྱེད་པ་དང༌། གཞན་པ་དག་གི་གཡོན་བསྐུམ་ཞིང་གཡས་བརྐྱང་བས་བཞུགས་པ། སྐུ་མདོག་ནག་པོ་དང་ སྣ་ཚོགས་རྡོ་རྗེ་ལ་སོགས་པ་ནས་སྨད་གཡོགས་ཀྱི་བར་སྔར་བཤད་པའི་ཁྱད་པར་དང་ལྡན་ པ། ཞལ་བརྒྱད་པ་སྤྱན་ཉི་ཤུ་རྩ་བཞི་པ། རྩ་ཞལ་ནག་པོ་གད་མོ་ཅན། གཡས་དཀར་པོ། གཡོན་དམར་པོ། སྟེང་མ་མཆེ་བ་གཙིགས་ པ་ལྷག་མ་རྣམས་ནག་པའོ། །ཕྱག་གཡས་པ་རྣམས་ན་རྡོ་རྗེ་དང་རལ་གྲི་དང་མདའ་དང་ འཁོར་ལོ་དང་ཐོད་པ་དང་དབྱུག་པ་དང་རྩེ་གསུམ་དང་ལྕགས་ཀྱུ་དང༌། གཡོན་པ་རྣམས་ན་ དྲིལ་བུ་དང་པད་མ་དང་གཞུ་དང་ཁ་ཊྭཱཾ་ག་བསྒྲེང་བ་དང་ཐོད་པ་དང་རིན་པོ་ཆེ་དང་སྡིགས་ མཛུབ་དང་ཞགས་པའོ། ། ཤར་གྱི་འདབ་མ་ལ་གཽ་རི་དམར་སེར་(སེར་སྐྱར་འོད་ཟེར)། ཕྱག་གཡས་པ་གཉིས་ན་ མདའ་ཕྱུང་བ་དང་རྡོ་རྗེ་གྲི་གུག་དང༌། གཡོན་པ་གཉིས་ན་གཞུ་དང་ཉ་རོ་ཧི་ཏ་དང་བཅས་ པའི་ཐོད་པ་ཁྲག་གིས་གང་བ་ཅན་ནོ། །ལྷོར་ཆོམ་རྐུན་མ་དམར་མོ་རྡོ་རྗེ་དང་ཌ་མ་རུ་དང་ ལྕགས་ཀྱུ་དང་ཕག་པ་དང་བཅས་པའི་ཐོད་པ་ཁྲག་གིས་གང་བ་ཅན་ནོ། །ནུབ་ཏུ་རོ་ལངས་ 8-1-179 མ་དཀར་སེར། རལ་གྲི་དང་རུས་སྦལ་དང་བཅས་པའི་ཐོད་པ་ཁྲག་གིས་གང་བ་དང་ཆང་ གིས་གང་བའི་ཐོད་པ་དང་དྲི་ཆུས་གང་བའི་ཐོད་པ་ཅན་ནོ། །བྱང་དུ་གྷསྨ་རི་ལྗང་ཁུ་ཅུང་ཟད་ སེར་བ། རྐང་མར་གྱིས་གངབའི་ཐོད་པ་ལ་གནས་པའི་སྦྲུལ་དང་མི་འཇིགས་པའི་ཕྱག་རྒྱ་ དང་རྡོ་རྗེས་མཚན་པའི་མེ་ཐབ་དང་དགྲ་སྟ་ཅན་ནོ། །དབང་ལྡན་དུ་པུཀྐ་སཱི་སེར་མོ་ཤ་ཆེན་ གྱིས་གང་བའི་ཐོད་པ་ལ་གནས་པའི་སེང་གེ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་དང་དཔག་བསམ་ ཤིང་གི་ཡལ་ག་དང་རིན་པོ་ཆེ་ཅན་ནོ། །མེར་རི་ཁྲོད་མ་དཀར་མོ་ཁུ་བས་གང་བའི་ཐོད་པ་ ལ་གནས་པའི་དགེ་སློང་དང་རྡོ་རྗེ་དང་ཁ་ཊྭཱཾ་ག་དང་ཞགས་པ་ཅན་ནོ། །བདེན་བྲལ་དུ་གཏུམ་ མོ་སྔོན་མོ་གཡས་ན་ཁྲག་གིས་གང་བའི་ཐོད་པ་ལ་སྟག་དང་གཡོན་ན་པད་མ་དཀར་པོ་དང་ ཕྱག་གཉིས་ན་རླུང་རས་ཅན་ནོ། །རླུང་དུ་གཡུང་མོ་ནག་མོ་ཆང་གི་ཐོད་པ་དང་རྩེ་གསུམ་དང་ བདུད་རྩི་ལྔའི་ཐོད་པ་ལ་གནས་པའི་ལྕེ་སྤྱང་དང་ཐོང་གཤོལ་ཅན་ནོ། །འདི་དག་གི་ཕྱི་རོལ་ གྱི་མཚམས་རྣམས་སུ་གླི ང་བུ་མ་ལ་སོགས་པ་བཞི་སྔ་མ་བཞིན་དུའོ། །སྒོ་རྣམས་ལ་ཤར་དུ་རྟ་ གདོང་མ་ནག་མོ་སྟེ། ཞལ་རྣམས་ནི་ནག་པོ་དང་དཀར་པོ་དང་སེར་པོ་དང་སྟེང་དུ་རྟའི་གདོང་ པ་ལྗང་ཁུའོ། །ལྷོར་ཕག་གདོང་མ་སེར་མོ་སྟེ་ཞལ་རྣམས་ནི་སེར་པོ་དང་ནག་པོ་དང་དཀར་ པོ་དང་སྟེང་དུ་ཕག་གི་གདོང་པ་དམར་པོའོ། །ནུབ་ཏུ་ཁྱི་གདོང་མ་དམར་མོ་སྟེ། ཞལ་རྣམས་ ནི་དམར་པོ་དང་ནག་པོ་དང་དཀར་པོ་དང་སྟེང་དུ་ཁྱིའི་གདོང་པ་སེར་པོའོ། །བྱང་དུ་སེང་གེ་ གདོང་མ་ལྗང་ཁུ་སྟེ་ཞལ་རྣམས་ནི་ལྗང་ཁུ་དང་ནག་པོ་དང་དཀར་པོ་དང་སྟེང་དུ་སེང་གེའི་ གདོང་པ་དམར་པོའོ། །འདི་ལྟར་རྩ་བ་དང་གཡས་པ་དང་གཅིག་ཤོས་དང་སྟེང་གི་རིམ་པས་ ཞལ་བཞི་པའོ། །སྒོ་སྐྱོང་མ་རྣམས་ཕྱག་བཞི་མ་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་བཞིན་དུ་ཕྱག་ མཚན་འཛིན་པ། སྣ་ཚོགས་ཆུ་སྐྱེས་དང་ཁྲག་གིས་གང་བའི་ཐོད་པ་དང་རོའི་སྟེང་དུ་གཡས་ བསྐུམ་ཞིང་གཡོན་བརྐྱང་བས་གནས་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་ཞིང་བརྫེས་པའོ། ། 8-1-180 ལྷ་གཞན་རྣམས་ནི་དཀྱིལ་དཀྲུང་ཕྱེད་པ་ཅན་ཐམས་ཅད་ཀྱང་ཞལ་རེ་རེ་ཞིང་སྤྱན་གསུམ་ གསུམ་པ། ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ་ཡབ་མེད་པའོ། །བཅོམ་ལྡན་འདས་ཀྱི་ཐུགས་ ཁའི་ས་བོན་ནི་ཧཱུཾ་ངོ༌། །སྙིང་པོའི་སྔགས་ནི། ༀ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པའོ། ། གྷསྨ་རཱིའི་ༀ་ༀ་སྭཱ་ཧཱ་ཞེས་པ་སྟེ་ལས་ཐམས་ཅད་པའི་སྔགས་སོ། ། ༈ བདག་མེད་མའི་དཀྱིལ་འཁོར་ནི་རྡོ་རྗེའི་གུར་གྱི་ནང་དུ་ཆོས་འབྱུང་གི་སྙིང་པོར་ གནས་པའི་གཞལ་ཡས་ཁང་གི་དབུས་སུ། སྣ་ཚོགས་པད་མའི་ལྟེ་བར་བདག་མེད་མ་སྟེ། ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མར། རྡོ་རྗེ་མ་དང་དཀར་མོ་དང་ཆུ་མ་དང་རྡོ་རྗེ་མཁའ་ འགྲོ་མ་རྣམས་སོ། །རིམ་པ་གཉིས་པར་སྣ་ཚོགས་པད་མ་རྣམས་ལ་ཤར་ལ་སོགས་པ་རྣམས་ ལ། གཽ་རཱི་དང༌། ཆོམ་རྐུན་མ་དང་རོ་ལངས་མ་དང་གྷསྨ་རི་རྣམས་ཏེ། དབང་ལྡན་ལ་སོགས་ པར་པུཀྐ་སཱི་དང་རི་ཁྲོད་མ་དང་གཏུམ་ མོ་དང་གཡུང་མོ་རྣམས་སོ། །བདག་མེད་མའི་སྟེང་དུ་ཤར་གྱི་ངོས་ཀྱི་ཆུ་སྐྱེས་ལ་གནས་ པའི་མཁའ་སྤྱོད་མ་སྟེ་སྟེང་ཞལ་ཅན་ནོ། །འོག་ཏུ་ནུབ་ཀྱི་ངོས་ཀྱི་པད་མ་ལ་གནས་པའི་ས་ སྤྱོད་མ་སྟེ་འོག་ཞལ་ཅན་ནོ། །འདིའི་ཕྱི་རིམ་ལ་གནས་པའི་གཽ་རཱི་ལ་སོགས་པ་བརྒྱད་ནི་ཕྱག་ བཅུ་དྲུག་པའི་དཀྱིལ་འཁོར་བཞིན་དུ་སེར་པོ་ལ་སོགས་པའི་མདོག་ཅན་ཏེ་གཞན་བདུན་ནི་ སྔོན་མོའོ། །བཅོ་ལྔ་པོ་ཡང་དཀྱིལ་དཀྲུང་ཕྱེད་པས་རོ་དང་ཟླ་བ་ལ་གནས་པ། ཞལ་གཅིག་ པ། སྤྱན་གསུམ་དམར་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་སྟག་གི་ལྤགས་པའི་ཤམ་ ཐབས་ཅན། ཕྱག་བཞི་མ་གཡས་པ་དག་གིས་རྡོ་རྗེ་དང་གྲི་གུག་དང༌། གཡོན་པ་དག་གིས་ ཐོད་པ་དང་གྱེན་དུ་བསྒྲེང་བའི་ཁ་ཊྭཱཾ་ག་འཛིན་པ། དབུ་ལ་ཐོད་པ་ལྔའི་ཕྲེང་བ་ཅན། ཕྱག་རྒྱ་ལྔ་དང་ལྡན་པའོ། །མཚམས་རྣམས་སུ་གླི ང་བུ་ མ་ལ་སོགས་པ་བཞི་ནི་སྔ་མ་བཞིན་དུའོ། །སྒོ་རྣམས་ལ། ཤར་དུ་རྟ་གདོང་མ་དཀར་སྔོ་དང༌། 8-1-181 ལྷོར་ཕག་གདོང་མ་སེར་སྔོ་དང༌། ནུབ་ཏུ་ཁྱི་གདོང་མ་དམར་སྔོ་དང༌། བྱང་དུ་སེང་གདོང་མ་ ལྗང་སྔོ་སྟེ། བཞི་པོ་འདི་རྣམས་ཀྱང་གཡས་བརྐྱང་ཞིང་གཡོན་བསྐུམ་པས་ཉི་མ་ལ་གནས་ པ། གཡས་པ་དང་གཡོན་པའི་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་མིང་དང་རྗེས་ སུ་འཐུན་པའི་ཞལ་གཅིག་མ། ཁ་དོག་གཉིས་གཉིས་དང་ལྡན་པ། ཁྱད་པར་གཞན་རྣམས་ནི་ བདག་མེད་མ་དང་མཚུངས་པའོ། ། བདག་མེད་མ་ལ་སོགས་པ་རྣམས་ལ་གོ་རིམ་བཞིན་དུ། མི་བསྐྱོད་པ་དང༌། རྟག་པ་དང་ རིན་ཆེན་དབང་པོ་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པ་དང་རྟག་ པ་དང་རིན་ཆེན་དབང་པོ་དང་སྣང་བ་མཐའ་ཡས་དང༌། མི་བསྐྱོད་པ་དང་རྟག་པ་དང་རིན་ ཆེན་དབང་པོ་དང་སྣང་བ་མཐའ་ཡས་དང་སྣང་བ་མཐའ་ཡས་དང་རྣམ་པར་སྣང་མཛད་ཀྱིས་ རྒྱས་བཏབ་པ་སྟེ། གླི ང་བུ་མ་ལ་སོགས་པ་དང་རྟ་གདོང་མ་ལ་སོགས་པ་རྣམས་ལ། རྣམ་པར་ སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་རྣམས་ ཀྱིས་སོ། །བདག་མེད་མའི་ཐུགས་ཁའི་ས་བོན་ནི་ཨཾ་སྟེ། ༀ་ཨཾ་སྭཱ་ཧཱ་ཞེས་པ་ནི་སྙིང་པོའོ། ། ༀ་ༀ་སྭཱ་ཧཱ་ཞེས་པ་ནི་གྷསྨ་རཱིའི་སྟེ་ལས་ཐམས་ཅད་པའི་སྔགས་སོ། །ཡང་བདག་མེད་མ་ལ་ སོགས་པ་ལྷ་མོ་བཅོ་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་ཏེ། དེ་ཡང་ལྷ་མོ་ཐམས་ཅད་སྐུ་མདོག་ནག་མོ་གཡས་པ་དང་གཡོན་པའི་ཕྱག་གཉིས་ཀྱིས་ གྲི་གུག་དང་ཐོད་པ་འཛིན་པ། མཆོད་ཕྱིར་ཐོགས་པ་ཅན་ཁ་ཊྭཱཾ་ག་དང་བཅས་པ་སྟེ། གཞན་ རྣམས་ནི་སྔ་མ་བཞིན་ནོ། །ༀ་ཨཱཿབཛྲ་གྷསྨ་རཱི་ༀ་ཧཱུཾ་སྭཱ་ཧཱ་ཞེས་པ་གྷསྨ་རཱིའི་སྔགས་ཏེ་ལས་ ཐམས་ཅད་པའོ། ། ༈ གང་གི་ཚེ་དཀྱིལ་འཁོར་གྱི་དབང་མོ་ཀུ་རུ་ཀུལླེར་གྱུར་པ་ན་སྐུ་མདོག་དམར་མོ་ཕྱག་ བཞི་མ་གཡས་པ་དག་གིས་མདའ་དང་ལྕགས་ཀྱུ་དང༌། གཡོན་པ་དག་གིས་ཨུད་པ་ལ་དམར་ 8-1-182 པོ་དང་གཞུ་ འཛིན་པ། ཞལ་གཅིག་པ་སྤྱན་གསུམ་པ། སྣང་བ་མཐའ་ཡས་ཀྱིས་རིགས་ཀྱི་བདག་པོ་ བྱས་པའོ། ། རྡོ་རྗེ་མ་ལ་སོགས་པ་བཅུ་བཞིའང་སྐུ་མདོག་དམར་མོ་ཕྱག་གཉིས་ཀྱིས་མདའ་དང་གཞུ་ འཛིན་པ་སྟེ། བཅོ་ལྔ་པོ་ཐམས་ཅད་ཀྱང་པད་མ་དམར་པོ་དང་རོའི་སྙིང་ཁར་ཟླ་བ་ལ་དཀྱིལ་ དཀྲུང་ཕྱེད་པས་གནས་པའོ། །ཀུ་རུ་ཀུལླེའི་ཐུགས་ཁའི་ས་བོན་ནི་ཧྲཱིཿའོ། །ༀ་ཀུ་རུ་ཀུལླེ་ ཧྲཱིཿསྭཱ་ཧཱ་སྙིང་པོའོ། །གཞན་ནི་སྔ་མ་བཞིན་དུ་གྱུར་པ་དེའི་ཚེ་ཀུ་རུ་ཀུལླེའི་དཀྱིལ་འཁོར་དུ་ འགྱུར་རོ། ། ༈ རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་ནི་རྡོ་རྗེའི་གུར་གྱི་ནང་དུ་ཆོས་འབྱུང་གི་སྙིང་པོར་ གནས་པའི་གཞལ་ཡས་ཁང་གི་དབུས་སུ། སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་ཟླ་བ་ལ། དཔལ་ རྡོ་རྗེ་བདུད་རྩི་སེམས་དཔའི་དཀྱིལ་དཀྲུང་ཅན། མེ་ཏོག་པྲི་ཡང་གུ་ལྟ་བུར་སྔོ་བསངས། རྩ་ བ་དང་གཡས་པ་དང་གཅིག་ཤོས་ཀྱི་ཞལ་གསུམ་མེ་ཏོག་པྲི་ཡང་གུ་ལྟ་བུར་སྔོ་བསངས་དང་ དཀར་པོ་དང་དམར་པོ། སྣ་ཚོགས་པའི་ལག་གདུབ་དང་རྐང་གདུབ་ལ་སོགས་པ་དང༌། གོས་ རྣམས་ཀྱིས་བརྒྱན་པ། ཕྱག་དྲུག་པ། རྡོ་རྗེ་དྲིལ་བུ་དང་བཅས་པའི་ཕྱག་གཉིས་ཀྱིས་རང་འོད་ ཀྱི་ཤེས་རབ་མ་ལ་འཁྱུད་པ། གཡས་པ་དག་གིས་འཁོར་ལོ་དང་རལ་གྲི་དང༌། གཡོན་པ་ དག་གིས་ཞགས་པ་དང་ལྕགས་ཀྱུ་འཛིན་པ། འོད་དམར་པོའི་དཀྱིལ་འཁོར་ཅན་ཞི་བ་དང་ སྒེག་པའི་ཉམས་ཀྱི་ཕུང་པོའོ། །འདབ་མ་རྣམས་ལ་ཤར་དུ་ཞི་བ་མོ་དཀར་མོ། དཀར་བ་དང་ ནག་པ་དང་དམར་བའི་ཞལ་གསུམ་མའོ། །ལྷོར་ཞི་གདོང་མ་སེར་མོ། སེར་བ་དང་དཀར་ བ་དང་དམར་བའི་ཞལ་གསུམ་མའོ། །ནུབ་ཏུ་ཟླ་ལྡན་མ་དམར་མོ། དམར་བ་དང་ནག་པ་ དང་དཀར་བའི་ཞལ་གསུམ་མའོ། །བྱང་དུ་རི་བོང་ཅན་མ་ལྗང་ཁུ་ལྗང་བ་དང་དཀར་བ་དང་ 8-1-183 དམར་བའི་ཞལ་གསུམ་མའོ། །མེར་ཟླ་དཀྱིལ་མ་སྔོན་མོ་སྔོ་བ་དང་དཀར་བ་དང་དམར་བའི་ ཞལ་གསུམ་མའོ། །བདེན་བྲལ་དུ་ཟླ་ཚེས་མ་མེ་ཏོག་པྲི་ཡང་གུ་ལྟར་སྔོ་བསངས་སྔོ་བསངས་ དང་དཀར་བ་དང་དམར་ཞལ་གསུམ་མའོ། །རླུང་དུ་ཡིད་འོང་མ་ཨུད་པ་ལ་སྔོན་པོའི་མདོག་ ཅན། སྔོ་བ་དང་དཀར་བ་དང་དམར་བའི་ཞལ་གསུམ་མའོ། །དབང་ལྡན་དུ་ཡིད་ཚིམ་པར་ བྱེད་མ་གསེར་གྱི་མདོག་ཅན་སེར་བ་དང་དཀར་བ་དང་དམར་བའི་ཞལ་གསུམ་མའོ། །ལྷ་ མོ་འདི་རྣམས་འཁོར་ལོའི་དབང་ཕྱུག་ལྟ་བུའི་ཕྱག་མཚན་འཛིན་པ་སྟེ། འོན་ཀྱང་འཁོར་ལོའི་ གནས་སུ་ཟླ་བའི་དཀྱིལ་འཁོར་རོ། །ཟླ་ཚེས་མ་ནི་ཟླ་བའི་ཆ་གཅིག་འཛིན་པའོ། །རིམ་པ་ གཉིས་པར་དབང་ལྡན་གྱི་མཚམས་ སུ་མེ་ཏོག་མ་དཀར་མོ་དཀར་བ་དང་ནག་པ་དང་དམར་བའི་ཞལ་གསུམ་མའོ། །མེར་ བདུག་སྤོས་མ་དུ་བའི་མདོག་དང་དཀར་བ་དང་དམར་བའི་ཞལ་གསུམ་མའོ། །བདེན་བྲལ་ དུ་མར་མེ་མ་གསེར་གྱི་མདོག་ཅན། སེར་བ་དང་དཀར་བ་དང་ནག་པའི་ཞལ་གསུམ་མའོ། ། རླུང་དུ་དྲི་ཆབ་མ་དམར་མོ། དམར་བ་དང་དཀར་བ་དང་ནག་པའི་ཞལ་གསུམ་མའོ། །འདི་ རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་གཡས་ཀྱི་ཕྱག་དང་པོས་མེ་ཏོག་གི་ཟ་མ་ཏོག་དང་སྤོས་ ཕོར་དང་མར་མེའི་མཆོད་སྡོང་དང་དྲིའི་དུང་ཆོས་འཛིན་པ་སྟེ། ཕྱག་ལྷག་མ་རྣམས་ཀྱིས་ནི་ གཙོ་བོའོ་ཕྱག་མཚན་ནོ། །དེ་ནས་ཤར་ལ་སོགས་ པའི་སྣམ་བུ་ལ་གླིང་བུ་མ་དང་པི་ཝང་མ་དང་མུ་ཀུན་ད་མ་དང་རྫ་རྔ་མ་རྣམས་ནི་དམར་ མོ་དང་སེར་མོ་དང་དཀར་མོ་དང་དུ་བའི་མདོག་ཅན། ཞལ་གཅིག་མ་ཕྱག་གཉིས་མ། གླི ང་ བུ་ལ་སོགས་པའི་སྒྲ་སྒྲོགས་པར་བརྩོན་པའོ། །སྒོ་རྣམས་ལ་ཤར་དུ་ཁྲོ་གཉེར་རིམ་པར་ལྡན་ ནམ་མཁའ་ལྟར་སྔོ་བསངས་དང་ནམ་མཁའ་སྔོ་བསངས་དང་དཀར་པོ་དང་དམར་པོའི་ཞལ་ 8-1-184 གསུམ་པའོ། །ལྷོར་འཇིགས་སྡིགས་དཀར་པོ། དཀར་པོ་དང་ནག་པོ་དང་དམར་པོའི་ཞལ་ གསུམ་པའོ། །ནུབ་ཏུ་རྟའི་གཟུགས་དམར་པོ། དམར་པོ་དང་དཀར་པོ་དང་ནག་པོའི་ཞལ་ གསུམ་པའོ། །བྱང་དུ་ཚོགས་ཀྱི་གཙོ་བོ་ལྗང་ཁུ། ལྗང་ཁུ་དང་དཀར་པོ་དང་དམར་པོའི་ཞལ་ གསུམ་པའོ། །འདི་རྣམས་ནི་འགྱིང་བའི་ཁྲོ་བོ་འགྱིང་བའི་རྐང་སྟབས་ཀྱིས་བཞུགས་པ། འཁོར་ལོའི་དབང་ཕྱུག་གི་ཕྱག་མཚན་འཛིན་པ་སྟེ། ཁྱད་པར་ནི་ཕྱག་གཡས་ཀྱི་དང་ པོས་རིམ་པ་ཇི་ལྟ་བར་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་འཛིན་པ། མཆེ་ བ་ཅུང་ཟད་གཙིགས་པའོ། །འདིར་ནི་འཁོར་ལོའི་དབང་པོའི་གཟུགས་བརྙན་དེ་བཞིན་ གཤེགས་པ་ལྔ་དང་རྡོ་རྗེས་མཚན་ པའི་རིན་པོ་ཆེ་སྣ་ཚོགས་པའི་ཅོད་པན་དང་ལྡན་པའོ། །དེ་ལས་གཞན་པའི་ལྷ་ཉི་ཤུ་པོ་ རྣམས་ནི་རྡོ་རྗེ་བདུད་རྩི་དང་པོ་ཏིས་མཚན་པའི་རིན་པོ་ཆེའི་ཅོད་པན་ཅན། ཟླ་བ་ལ་གནས་ པ། གཙོ་བོ་ལྟ་བུར་རྣམ་པ་སྣ་ཚོགས་པའི་གོས་དང་རིན་པོ་ཆེ་ལ་སོགས་པས་བརྒྱན་པའོ། ། མེ་ཏོག་མ་ལ་སོགས་པ་བཅུ་གཉིས་པོ་རྣམས་ཀྱི་ཟླ་བའི་འོག་ཏུ་སྣ་ཚོགས་པད་མའོ། །རྡོ་ རྗེ་བདུད་རྩིའི་ཐུགས་ཁའི་ས་བོན་ནི་ཧཿའོ། །ༀ་ཧཿབཛྲ་ཨ་མྲྀ་ཏ་སྭཱ་ཧཱ་ཞེས་པ་ནི་སྙིང་པོ་ སྟེ། ལས་ཐམས་ཅད་པ་ཡང་འདི་ཉིད་དོ། །རྡོ་རྗེ་བདུད་རྩི་གཞན་གསུམ་འདི་ལྟར་རྣམ་པར་ བསྒོམ་པའི་རིམ་པ་ནི་རྡོ་རྗེ་བདུད་རྩིའི་རྒྱུད་ལས་རིག་པར་བྱ་སྟེ། མངས་པས་འཇིགས་ནས་ འདིར་མ་བཤད་དོ། ། ༈ དགུའི་བདག་ཉིད་ཧེ་རུ་ཀ་བཞིའི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་ཆོས་ཀྱི་འབྱུང་ གནས་ ལ་གཞལ་ཡས་ཁང་ངོ༌། །ཕྱག་བཅུ་དྲུག་པ་ལ་སླར་ཡང་འཇམ་པའི་རྡོ་རྗེའི་དཀྱིལ་ འཁོར་ལྟ་བའི་བསྲུང་བའི་འཁོར་ལོ་རྩིབས་བཅུ་པ་ཡང་ཡོད་དོ་ཞེས་པ་ནི་ཕྱོགས་གཉིས་ 8-1-185 པའོ། །གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བའི་སྟེང་དུ་གན་རྐྱལ་དུ་གནས་ པའི་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་དང་ལྷའི་དབང་པོ་སྟེ་བདུད་བཞིའི་རང་ བཞིན་ཅན་གྱི་སྙིང་ཁར་ཉི་མ་ལ་གནས་པའི་ཞབས་བཞི་པ། གཅེར་བུ་གར་གྱི་ཉམས་དགུ་ དང་ལྡན་པ། ཞབས་གཉིས་དཀྱིལ་དཀྲུང་ཕྱེད་པ་དང༌། གཞན་གཉིས་གཡོན་བསྐུམ་ཞིང་ གཡས་བརྐྱང་བའི་གར་སྟབས་ཅན། སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་སྐྲ་དམར་སེར་གྱེན་ དུ་བརྫེས་པ། དཔྲལ་བའི་སྟེང་དུ་མི་མགོ་སྐམ་པོ་ལྔས་བརྒྱན་པ། སངས་རྒྱས་ལྔའི་ཅོད་པན་ཅན། སྐུ་མདོག་ནག་པོ་ཕྱག་བཅུ་དྲུག་པ། གད་རྒྱངས་དང་ བཅས་པའི་ཞལ་བརྒྱད་པ་ཞལ་རེ་རེ་ལ་དམར་ཞིང་ཟླུམ་པའི་སྤྱན་གསུམ་གསུམ་ཡོད་པ། རྩ་ བའི་ཞལ་ནག་པོ། གཡས་པ་རྣམས་དཀར་པོ་དང་ནག་པོ། གཡོན་པ་རྣམས་དམར་པོ་དང་ ནག་པོ་དང་ནག་པོ། སྟེང་མ་དུ་བའི་མདོག་ཅན་རྣམ་པར་འགྱུར་བ། ཞལ་ཐམས་ཅད་སྨིན་མ་ འཁྱོག་པོ་དང་བཅས་པ་ཁྲོ་གཉེར་ཅན་མཆེ་བའི་མྱུ་གུ་གཙིགས་པ། །ཕྱག་གཡས་པ་བརྒྱད་ ཀྱི་ཐོད་པ་རྣམས་ན་གླང་པོ་ཆེ་དང་རྟ་དང་བོང་བུ་དང་གླང་དང་རྔ་མོ་དང་མི་དང་ཤ་ར་བྷ་དང་ བྱི་ལ་རྣམས་དང༌། གཡོན་པ་བརྒྱད་ཀྱི་ཐོད་པ་རྣམས་ན་ས་དང་ཆུ་དང་མེ་དང་ཟླ་བ་དང་ཉི་མ་ དང་གཤིན་རྗེ་དང་ནོར་སྦྱིན་རྣམས་འཛིན་པ། འཁོར་ལོ་དང་རྣ་ཆ་དང་མགུལ་རྒྱན་དང་ལག་གདུབ་དང་སྐ་རགས་དང་ཐལ་ཆེན་ རྣམས་དང༌། མི་མགོ་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། དཔུང་རྒྱན་དང་རྐང་ གདུབ་རྣམས་ཀྱིས་བརྒྱན་པའོ། །འདིའི་ཡུམ་ནི་བདག་མེད་མ་ནག་མོ་གཅེར་བུ་གྲི་གུག་དང་ ཐོད་པར་ལྡན་པའི་ཕྱག་གཡས་པ་དང་གཡོན་པ་དག་གིས་བཅོམ་ལྡན་འདས་ལ་ཡང་དག་ པར་འཁྱུད་པ། གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གར་སྟབས་ཅན། ཕྱག་རྒྱ་ལྔ་དང་ལྡན་ པ། ཞལ་གཅིག་མ་མཆེ་བ་གཙིགས་མ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། དབུ་ 8-1-186 སྐྲ་དམར་སེར་འབར་ཞིང་གྱེན་དུ་བརྫེས་པ། དཔྲལ་བའི་མཚམས་སུ་ཐོད་པ་ལྔས་བརྒྱན་པ། མགྲིན་པར་མི་མགོ་སྐམ་པོའི་ཕྲེང་བ་ འཕྱང་བ། རྐང་གདུབ་ལ་སོགས་པས་བརྒྱན་པའོ། །ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་ མར་གནས་པའི་ཚངས་པ་དང་དབང་པོ་དང་ཉེ་དབང་དང་དྲག་པོ་རྣམས་ཀྱི་སྙིང་ཁའི་སྟེང་དུ་ ཟླ་བ་ལ་གཽ་རཱི་ལ་སོགས་ པ་སྟེ། དབང་ལྡན་ལ་སོགས་པའི་འདབ་མར་གནས་པའི་གཤིན་རྗེ་དང་ལུས་ངན་དང་ སྲིན་པོ་དང་ཐག་བཟངས་རིས་རྣམས་ཀྱི་སྙིང་ཁའི་སྟེང་དུ་ཟླ་བ་ལ་པུཀྐ་སི་ལ་སོགས་པའོ། ། དེ་ལ་གཽ་རཱི་ནག་མོ་གཡས་པ་ན་གྲི་གུག་དང་གཡོན་པ་ན་ཉ་རོ་ཧི་ཏ་འཛིན་པའོ། །ཆོམ་རྐུན་ མ་དམར་མོ་ཕྱག་གཡས་པ་དང་གཡོན་པ་དག་གིས་ཌ་མ་རུ་དང་ཕག་པ་འཛིན་པའོ། །རོ་ ལངས་མ་གསེར་གྱི་མདོག་ཅན་ཕྱག་གཡས་པ་དང་གཡོན་པ་དག་གིས་རུས་སྦལ་དང་པད་ མའི་སྣོད་འཛིན་པའོ། །གྷསྨ་རཱི་ལྗང་ཁུ་ཕྱག་གཡས་པ་དང་གཡོན་པ་དག་གིས་སྦྲུལ་དང་རྣལ་ འབྱོར་གྱི་སྣོད་འཛིན་པའོ། །པུཀྐ་སཱི་སྔོན་མོ་ཕྱག་གཡས་པ་དང་གཡོན་པ་དག་གིས་སེང་གེ་ དང་དགྲ་སྟ་འཛིན་པའོ། །རི་ཁྲོད་མ་དཀར་མོ་ཕྱག་གཡས་པ་དང་གཡོན་པ་དག་གིས་དགེ་ སློང་དང་སིལ་བྱེད་འཛིན་པའོ། །གཏུམ་མོ་ནམ་མཁའ་ལྟར་སྔོ་བསངས་ཕྱག་གཡས་པ་དང་ གཡོན་པ་དག་གིས་འཁོར་ལོ་དང་ཐོང་གཤོལ་འཛིན་པའོ། །གཡུང་མོ་སྣ་ཚོགས་པའི་མདོག་ ཅན་ཕྱག་གཡས་པ་དང་གཡོན་པ་དག་གིས་རྡོ་རྗེ་དང་སྡིགས་མཛུབ་འཛིན་པའོ། །བརྒྱད་པོ་ འདི་རྣམས་ནི་དཀྱིལ་དཀྲུང་ཕྱེད་པའི་གར་གྱིས་བཞུགས་པ་སྟེ། ཁྱད་པར་གཞན་རྣམས་ནི་ སྔར་བརྗོད་པའི་བདག་མེད་མ་བཞིན་ནོ། །རིགས་ཀྱི་བདག་པོ་ནི་ཧེ་རུ་ཀ་དང་བདག་མེད་མ་ དག་གི་མི་བསྐྱོད་པའོ། །གཽ་རཱི་ལ་སོགས་པ་རྣམས་ཀྱི་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་ དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་ཏེ། པུཀྐ་སཱི་ལ་སོགས་པ་རྣམས་ཀྱི་ཡང་ངོ༌། ། 8-1-187 ༈ ཡང་ཕྱག་གཉིས་པ་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པ་ན་གཡས་པས་རྡོ་རྗེ་གྱེན་དུ་ འཕྱར་ཞིང༌། གཡོན་པས་རྡོ་རྗེ་ཐོད་པ་འཛིན་པས་བདག་མེད་མ་ལ་འཁྱུད་པ། ཁ་ཊྭཱཾ་ག་ཡང་ དཔུང་པ་གཡོན་པ་ལ་བརྟེན་པའོ། ། ༈ ཡང་ཕྱག་བཞི་པ་འཁོར་ལོའི་དབང་ཕྱུག་ཏུ་གྱུར་པ་ན་ཕྱག་གཡས་པས་རྡོ་རྗེ་སྔོན་པོ་ དང༌། གཡོན་པས་ཁྲག་གིས་གང་བའི་ཐོད་པ་འཛིན་པ། ཕྱག་ལྷག་མ་དག་གིས་རྡོ་རྗེ་ཕག་མོ་ ལ་འཁྱུད་པའོ། ། ༈ ཡང་ཕྱག་དྲུག་པ་འཁོར་ལོའི་དབང་པོར་གྱུར་པ་ན། རྩ་བ་དང་གཡས་པ་དང་གཡོན་ པའི་ཞལ་གསུམ་སྔོན་པོ་དང་དཀར་པོ་དང་དམར་པོ་ཕྱག་གཡས་པ་དག་གིས་རྡོ་རྗེ་དང་གྲི་ གུག་དང༌། གཡོན་པ་དག་གིས་རྩེ་གསུམ་དང་དྲིལ་བུ་འཛིན་པ། ལྷག་མ་དག་གིས་རྡོ་རྗེ་ལུ་ གུ་རྒྱུད་མ་ལ་འཁྱུད་པ་སྟེ། རྡོ་རྗེ་ལུ་གུ་རྒྱུད་མ་ནི་སྐུ་མདོག་དང་ཞལ་དང་ཕྱག་ལ་སོགས་པ་ རྣམས་བདག་མེད་མ་དང་མཚུངས་པར་ཡན་ལག་མེད་པའི་རྡོ་རྗེའི་ཞབས་ཀྱིས་གསུངས་སོ། ། ཕྱག་གཉིས་པ་ལ་སོགས་པ་འདི་རྣམས་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེ་འབྲུ་ལ་རོའི་སྙིང་ཁར་ཉི་མ་ ལ་དཀྱིལ་དཀྲུང་ཕྱེད་པའི་གར་སྟབས་མཛད་པ། མི་བསྐྱོད་པས་རྒྱས་བཏབ་པ། སྣ་ཚོགས་ རྡོ་རྗེས་མཚན་པའི་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མི་མགོ་ལྔས་བརྒྱན་པ། སྨིན་མ་ འཁྱོག་པ་དང་བཅས་པའི་ཁྲོ་གཉེར་ཅན་མཆེ་བ་གཙིགས་པ། ཕྱག་བཅུ་དྲུག་པ་བཞིན་དུ་ འཁོར་ལོ་ལ་སོགས་པས་བརྒྱན་པ། གཽ་རཱི་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ བའོ། །ལྷ་མོ་ཐམས་ཅད་ནི་ཐབས་དང་བྲལ་བ་སྟེ། རྡོ་རྗེ་ཕག་མོ་དང་རྡོ་རྗེ་ལུ་གུ་རྒྱུད་ལ་ནི་ མི་བསྐྱོད་པས་རྒྱས་བཏབ་པའོ། །ཀྱེའི་རྡོ་རྗེ་རྣམ་པ་བཞིའི་ཐུགས་ཁའི་ས་བོན་ནི་ཧཱུཾ་ངོ༌། །ༀ་ དེ་བ་པི་ཙི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ནི་ཕྱག་བཅུ་དྲུག་པའི་སྙིང་པོའོ། །ༀ་ཏྲཻ་ལོ་ཀྱ་ཨཱ་ཀྵེ་ 8-1-188 པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ནི་ཕྱག་གཉིས་པའི་འོ། །ༀ་ཛྭ་ལ་ཛྭ་ལ་བྷྱོ་ཧུཾ་ཧུཾ་ཧུཾ་ཕཊ་སྭཱ་ཧཱ་ཞེས་ པ་ཕྱག་བཞི་པའི་འོ། །ༀ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ཕྱག་དྲུག་པའི་འོ། །ༀ་ ཨཱཿབཛྲ་གྷསྨ་རཱི་ༀ་ཧཱུཾ་སྭཱ་ཧཱ་ཞེས་པ་ནི་གྷསྨ་རཱིའི་སྟེ་ལས་ཐམས་ཅད་པའོ། ། ༈ སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་ནི་རྡོ་རྗེའི་གུར་གྱི་ནང་དུ་གནས་པའི་ཆོས་འབྱུང་གི་ དབུས་སུ་གཞལ་ཡས་ཁང་སྟེ། ཁ་ཅིག་ནི་རྡོ་རྗེའི་གུར་གྱི་ནང་དུ་ཆོས་འབྱུང་མེད་པར་གཞལ་ ཡས་ཁང་ངོ་ཞེས་སོ། །གཞལ་ཡས་ཁང་གི་དབུས་སུ་པད་མ་དམར་པོ་འདབ་མ་བརྒྱད་པའི་ ལྟེ་བར་ཉི་མ་ལ། སྒྱུ་མ་ཆེན་མོ་ལས་འབྱུང་བའི་ཧེ་རུ་ཀ་ནག་པོ། ཉི་མའི་འོད་ཟེར་ཅན། འབར་བའི་ཕྲེང་བ་འཁྲིགས་པ། འགྱིང་བའི་ཁྲོ་བོ་དབུ་སྐྲ་དམར་སེར་འབར་ཞིང་གྱེན་དུ་ བརྫེས་པ། །ཐོད་པའི་ཕྲེང་བའི་ཅོད་པན་ཅན། རྩ་བ་དང་གཡས་པ་དང་རྒྱབ་དང་གཡོན་པའི་ ཞལ་བཞི་སྔོན་པོ་དང་སེར་པོ་དང་དཀར་པོ་དང་ལྗང་ཁུ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་ སྤྱན་གསུམ་གསུམ་པ། ཕྱག་བཞི་པ། གཡས་པ་དག་གིས་ཐོད་པ་དང་མདའ་དང༌། གཡོན་པ་ དག་གིས་ཁ་ཊྭཱཾ་ག་དང་གཞུ་འཛིན་པ། ཕྱག་ རྒྱ་དྲུག་དང་ལྡན་པ། མིའི་ལྤགས་པའི་ན་བཟའ་འཛིན་པ། དཀྱིལ་དཀྲུང་ཕྱེད་པའི་གར་ གྱིས་བཞུགས་ པའོ། །དཔལ་ལྡན་སངས་རྒྱས་མཁའ་འགྲོ་མ་ནི་སྐུ་མདོག་དམར་མོ། དམར་པོ་དང་ སེར་པོ་དང་དཀར་པོ་དང་ལྗང་ཁུའི་ཞལ་ཅན། གཙོ་བོ་ལྟ་བུའི་མཚོན་ཆ་འཛིན་པ། ཕྱག་ གཉིས་ཀྱིས་དེའི་མགུལ་ནས་འཁྱུད་པའོ། །འདབ་མ་རྣམས་ལ་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་ སྔོན་མོ། སྔོན་མོ་དང་སེར་པོ་དང་དཀར་པོ་དང་ལྗང་ཁུའི་ཞལ་ཅན་རྡོ་རྗེ་དང་ཐོད་པ་དང་དྲིལ་ བུ་དང་ཁ་ཊྭཱཾ་ག་འཛིན་པའོ། ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། སེར་པོ་དང་སྔོན་པོ་དང་དཀར་པོ་དང་ལྗང་ཁུའི་ 8-1-189 ཞལ་ཅན། རིན་པོ་ཆེའི་པ་ཏྲ་དང་རྩེ་གསུམ་དང་མགྲིན་པ་ནས་བརྩིར་བའི་ལྕེ་སྤྱང་དང་བ་ དན་འཛིན་པའོ། ། ནུབ་ཏུ་པད་མ་མཁའ་འགྲོ་མ་དཀར་མོ། དཀར་པོ་དང་སེར་པོ་དང་སྔོན་པོ་དང་ལྗང་ཁུའི་ ཞལ་ཅན། སྣ་ཚོགས་པད་མ་དང་མདའ་དང་ཐོད་པ་དང་གཞུ་འཛིན་པའོ། །བྱང་དུ་སྣ་ཚོགས་ མཁའ་འགྲོ་མ་ལྗང་ཁུ། ལྗང་ཁུ་དང་སེར་པོ་དང་དཀར་པོ་དང་སྔོན་པོའི་ཞལ་ཅན། །རལ་གྲི་ དང་ཌ་མ་རུ་དང་ཞགས་པ་དང་ཐོད་པ་འཛིན་པའོ། །ཐམས་ཅད་ཕྱག་རྒྱ་ལྔ་དང་ལྡན་པ། ཟླ་ བའི་གདན་དང་འོད་ཅན་ཏེ། འདི་རྣམས་ཀྱི་ཁྱད་པར་རྣམས་ནི་གཙོ་མོ་ལྟ་བུའོ། །རིགས་ཀྱི་ བདག་པོ་ནི་བཅོམ་ལྡན་འདས་ཀྱི་མི་བསྐྱོད་པ་སྟེ། སངས་རྒྱས་མཁའ་འགྲོ་མ་ལ་སོགས་ པ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་རྟག་པ་དང་མི་བསྐྱོད་པ་དང་རིན་ཆེན་དབང་པོ་དང་ གསུང་གི་དབང་ཕྱུག་དང་དོན་ཡོད་གྲུབ་པ་རྣམས་སོ། །བཅོམ་ལྡན་འདས་ཀྱི་ཐུགས་ཁའི་ས་ བོན་ནི་ཧཱུཾ་ངོ༌། །ༀ་ཧཱུཾ་ཧཱུཾ་སྙིང་པོའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་ཡང༌། ༀ་ༀ་ ཧཱུཾ། ༀ་ཧཱུཾ་ཧཱུཾ། ༀ་སྭཱ་ཧཱུཾ། ༀ་ཨཱཿཧཱུཾ། ༀ་ཧཱ་ཧཱུཾ་ཞེས་པ་སྟེ། སྣ་ཚོགས་མཁའ་འགྲོ་མའི་སྔགས་ནི་ ལས་ཐམས་ཅད་པའི་འོ། ། ༈ བཅོམ་ལྡན་འདས་སངས་རྒྱས་ཐོད་པ་ལྷ་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་ནི་རྡོ་ རྗེའི་གུར་གྱི་ནང་དུ་ཆོས་འབྱུང་ལ་གནས་པའི་གཞལ་ཡས་ཁང་གི་དབུས་སུ། སྣ་ཚོགས་ཆུ་ སྐྱེས་ཀྱི་ལྟེ་བ་ལ་རོའི་སྙིང་ཁར་ཉི་མ་ལ། ཤེས་རབ་མ་དང་བྲལ་བའི་བཅོམ་ལྡན་འདས་ཏེ། སྐུ་མདོག་ལ་སོགས་པ་ནི་འཆད་པར་འཁོར་ལོ་གསུམ་ལ་གནས་པའི་དཔལ་ལྡན་སངས་ རྒྱས་ཐོད་པ་བཞིན་ནོ། །ཤར་དང་བྱང་དང་ནུབ་དང་ལྷོའི་འདབ་མ་རྣམས་ལ་རིམ་པ་ཇི་ལྟ་ བ་བཞིན་དུ། སྣ་ཚོགས་བདེ་མ་དང་འདོད་མ་དང་ས་འོག་ན་གནས་མ་དང་ལེགས་བཟང་མ་ རྣམས་ནི་སྐུ་མདོག་སྔོན་མོ་གཡས་བསྐུམ་ཞིང་གཡོན་བརྐྱང་བ། སྟག་གི་ལྤགས་པའི་ཤམ་ 8-1-190 ཐབས་ཅན། ཕྱག་གཡས་པ་དག་གིས་གྲི་གུག་དང་ཐོད་པ་དང༌། གཡོན་པ་དག་གིས་ཁ་ཊྭཱཾ་ ག་དང༌། ཌ་མ་རུ་འཛིན་པའོ། །དབང་ལྡན་དང་མེ་དང་བདེན་བྲལ་དང་རླུང་གི་འདབ་མ་ རྣམས་ལ། ཆང་འཚོང་མ་དང་འབྱུང་མོ་དང་ཕྱག་བཞི་མ་དང་ནམ་མཁའ་ལ་གནས་མ་རྣམས་ ནི་སེར་མོ་ན་བཟའ་སེར་པོ་གྱོན་པ་འོད་ཟེར་སེར་པོ་འཕྲོ་བ། ཞབས་གཉིས་གཡས་བརྐྱང་ ཞིང་གཡོན་བསྐུམ་པ། ཀླུ་བརྒྱད་ཀྱིས་བརྒྱན་པ། ཕྱག་གཡས་པ་དག་གིས་གྲི་གུག་དང་ཌ་མ་ རུ་དང༌། གཡོན་པ་དག་གིས་ཁ་ཊྭཱཾ་ག་དང་པད་མའི་སྣོད་འཛིན་པའོ། །བརྒྱད་པོ་འདི་རྣམས་ ཀྱང་ཉི་མའི་དཀྱིལ་འཁོར་ལ་གར་གྱི་ཚུལ་གྱིས་གནས་པ། དབུ་སྐྲ་དམར་སེར་འབར་ཞིང་ གྱེན་དུ་བརྫེས་པ། དབུ་ལ་ཐོད་པ་ལྔའི་ཕྲེང་བ་དང་ལྡན་པ། ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་ པ། མི་མགོ་རློན་པ་ལྔ་བཅུ་མགུལ་དུ་འཕྱང་བ། མཆེ་བ་ཅུང་ཟད་གཙིགས་པའི་ཞལ་གཅིག་ པ། སྤྱན་གསུམ་པ། ཕྱག་བཞི་པའོ། །བཅོམ་ལྡན་འདས་ལ་ནི་མི་བསྐྱོད་པ་ལ་སོགས་པའི་ སངས་རྒྱས་ལྔས་རྒྱས་བཏབ་པ་སྟེ། སྣ་ཚོགས་བདེ་མ་ལ་སོགས་པ་རྣམས་ལ་མི་བསྐྱོད་པ་ དང་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་རྣམས་ཀྱིས་སོ། ། ཆང་འཚོང་མ་ལ་སོགས་པ་རྣམས་ ཀྱི་ཡང་དེ་རྣམས་ཉིད་དོ། །ཡང་ན་བཅོམ་ལྡན་འདས་འདི་དང་ཕྱོགས་ཀྱི་ལྷ་མོ་རྣམས་ ཀྱང་དཀར་པོ་སྟེ། མཚམས་ཀྱི་ལྷ་མོ་རྣམས་དམར་མོའོ། །འདི་ནི་ཡུམ་དང་བྲལ་བའམ་ཡུམ་ དང་བཅས་པའོ། ། ༈ རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ནི་རྡོ་རྗེའི་གུར་གྱི་ནང་དུ་ཆོས་འབྱུང་ལ་གཞལ་ཡས་ ཁང་གི་དབུས་སུ། སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་སྟེང་དུ། གཡོན་བསྐུམ་ཞིང་གཡས་བརྐྱང་ བའི་ཞབས་དག་གིས་འཇིགས་བྱེད་དང་དུས་མཚན་མནན་པའི་བཅོམ་ལྡན་འདས་འཇིག་ རྟེན་གསུམ་ལས་རྣམ་པར་རྒྱལ་བ། ཁྲོ་བོ་བསྐལ་པའི་དུས་ཀྱི་མེ་ལྟར་འོད་ཟེར་འབར་ཞིང༌། 8-1-191 འགྲོ་བ་མ་ལུས་པའི་བགེགས་ ཀྱི་ཚོགས་ཐམས་ཅད་རབ་ཏུ་གསོལ་བར་མཛད་པ། སྐུ་མདོག་སྔོན་པོ་རྣམ་པར་འགྱུར་ ཞིང་གདངས་པའི་ཞལ་གསུམ་པ། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་སྔོན་པོ་ དང་སེར་པོ་དང་ལྗང་ཁུ། མཆེ་བ་གཙིགས་ཤིང་རབ་ཏུ་གཏུམ་པ་ལྗགས་འདྲིལ་ཞིང༌། ཤིན་ཏུ་ འཇིགས་སུ་རུང་བ། ཞལ་རེ་རེ་ཞིང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་པ། སྨིན་མ་གཡོ་ བ་དང་བཅས་པའི་ཁྲོ་གཉེར་ཅན་དཔྲལ་བའི་སྟེང་ན་ཐོད་པ་ལྔའི་ཕྲེང་བ་དང་ལྡན་པ། ཁྲག་ འཛག་པའི་མི་མགོ་ལྔ་བཅུའི་ཕྲེང་བ་མགུལ་པར་འཕྱང་བ། ཕྱག་རྒྱ་དྲུག་དང་ལྡན་པ། ཀླུ་ མཐའ་ཡས་སྔོན་པོས་དབུ་སྐྲ་འབར་ཞིང་དམར་སེར་གྱེན་དུ་བཅིངས་པ། འཇོག་པོ་དམར་ པོས་རྣ་རྒྱན་བྱས་པས། པད་མ་ཆེན་པོ་པད་མའི་རྩ་བ་ལྟ་བུ་དཀར་པོས་མགུལ་བརྒྱན་བྱས་ པས། སྟོབས་ཀྱི་རྒྱུ་དུར་བ་ལྟ་བུ་ལྗང་ཁུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་དཀར་པོས་ སྐ་རགས་བྱས་པ། པད་མ་དཀར་པོ་ཀུན་དའི་མེ་ཏོག་ལྟར་མཛེས་པས་རྐང་གདུབ་བྱས་པ། དུང་སྐྱོང་སེར་པོས་ལག་གདུབ་བྱས་པ། རིགས་ལྡན་དུ་བ་ལྟ་བུ་ཁྲ་བོས་དཔུང་བརྒྱན་བྱས་ པ། རྡོ་རྗེ་སེམས་དཔས་རྒྱས་བཏབ་པ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་དག་གིས་འཇིག་ རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་མཛད་པས། རང་དང་འདྲ་བའི་ཤེས་རབ་མ་ལ་ སྙོམས་པར་ཞུགས་པ། །ཕྱག་གཡས་པ་དག་གིས་ལྕགས་ཀྱུ་དང་ཞགས་པ་དང༌། གཡོན་པ་ དག་གིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །འདིའི་ཤར་ཕྱོགས་སུ་རྡོ་རྗེ་དབྱུག་པ་སྔོན་པོ། རྩ་ བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་སྔོན་པོ་དང་སེར་པོ་དང་ལྗང་ཁུ། ཕྱག་གཡས་ པ་དག་གིས་རྡོ་རྗེ་ཐོ་བ་དང་སྡིགས་འཛུབ་དང་བཅས་པའི་རྡོ་རྗེ་གྱེན་དུ་འཕྱར་བ། གཡོན་ པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །བྱང་དུ་རྡོ་རྗེ་ཉི་མ་སེར་པོ་སེར་པོ་དང་སྔོན་ པོ་དང་ལྗང་ཁུའི་ཞལ་ཅན། ཕྱག་དང་པོས་རྡོ་རྗེ་དབྱུག་པ་འཛིན་པའོ། །རྡོ་རྗེ་ལ་སོགས་པའི་ 8-1-192 ཕྱག་མཚན་རྣམས་ནི་རྡོ་རྗེ་དབྱུག་པའི་ལྟ་བུ་སྟེ། འཆད་པར་འགྱུར་བ་རྣམས་ཀྱང་ངོ༌། །ནུབ་ ཏུ་རྡོ་རྗེ་གཙུག་ཏོར་དམར་པོ། དམར་པོ་དང་དཀར་པོ་དང་ལྗང་ཁུའི་ཞལ་ཅན། ཕྱག་ན་པད་ མ་དམར་པོའོ། །ལྷོར་རྡོ་རྗེ་འཁྱིལ་པ་ལྗང་ཁུ། ལྗང་ཁུ་དང་དཀར་པོ་དང་སེར་པོའི་ཞལ་ཅན། ཕྱག་ན་སྣ་ཚོགས་རྡོ་རྗེས་མཚན་པའོ། །མེར་རྡོ་རྗེ་གནོད་སྦྱིན་དུ་བའི་མདོག་ཅན། དུ་བའི་ མདོག་དང་སེར་པོ་དང་ལྗང་ཁུའི་ཞལ་ཅན། ལྕགས་ཀྱུ་འཛིན་པའོ། །བདེན་བྲལ་དུ་རྡོ་རྗེ་ དུས་དམར་པོ། དམར་པོ་དང་སེར་པོ་དང་ལྗང་ཁུའི་ཞལ་ཅན། ཕྱག་ན་དགྲ་སྟའོ། །རླུང་དུ་ ནག་པོ་ཆེན་པོ་སྔོན་པོ། སྔོན་པོ་དང་སེར་པོ་དང་ལྗང་ཁུའི་ཞལ་ཅན། ཕྱག་ན་རྩེ་གསུམ་མོ། ། དབང་ལྡན་དུ་རྡོ་རྗེ་འཇིགས་རུང་ནག་པོ་མིག་ཡོན། ནག་པོ་དང་སེར་པོ་དང་ ལྗང་ཁུའི་ཞལ་ཅན། ཕྱག་ན་རལ་གྲི འོ། །རྡོ་རྗེ་དབྱུག་པ་ལ་སོགས་པ་བརྒྱད་པོ་འདི་ རྣམས་ནི་རིམ་པ་ཇི་ལྟ་བར། གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པད་མ་ མཐར་བྱེད་དང་བདུད་རྩི་འཁྱིལ་པ་དང་འདོད་པའི་རྒྱལ་པོ་དང་དབྱུག་སྔོན་ཅན་དང་སྟོབས་ པོ་ཆེ་དང་མི་གཡོ་བ་རྣམས་ཀྱི་མིང་གཞན་ནོ། །སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་ དཀར་པོ། དཀར་པོ་དང་སྔོན་པོ་དང་ལྗང་ཁུའི་ཞལ་ཅན་ཕྱག་ན་འཁོར་ལོའོ། །འོག་ཏུ་རྡོ་རྗེ་ ས་འོག་གནོད་མཛེས་ཀྱི་མིང་གི་རྣམ་གྲངས་ཅན་སྔོན་པོ། སྔོན་པོ་དང་སེར་པོ་དང་ལྗང་ཁུའི་ ཞལ་ཅན། ཕྱག་ན་རོལ་པ་དང་བཅས་པའི་རྡོ་རྗེ་གཏུན་ཤིང་སྟེ། འདིའི་ཕྱག་གཡོན་པ་ན་ཀླུའི་ ཞགས་པ་སྡིགས་མཛུབ་དང་བཅས་པ་དང་ཁ་ཊྭཱཾ་གའོ། ། རྡོ་རྗེ་དབྱུག་པ་ལ་སོགས་པའི་ཁྲོ་བོ་འདི་རྣམས། ཕྱག་མཚན་གྱི་གཙོ་བོ་དང་ཐོད་པས་ མཚན་པའི་ཕྱག་དག་གིས་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་པ། དབུ་སྐྲ་དམར་སེར་འབར་ ཞིང་གྱེན་དུ་འཁྱིལ་བ། རང་རང་གི་རིགས་ཀྱི་བདག་པོས་ཅོད་པན་མཛེས་པར་བརྒྱན་པ། སྨིན་མ་གཡོ་བ་དང་བཅས་པའི་ཁྲོ་གཉེར་ཅན། ཞལ་མཆེ་བ་གཙིགས་པ། །ཞལ་རེ་རེ་ལ་ 8-1-193 དམར་ཞིང་ཟླུམ་པའི་སྤྱན་གསུམ་གསུམ་པ། མི་མགོའི་ཕྲེང་བ་དང་ཕྱག་རྒྱ་ལྔ་ལ་སོགས་པ་ དང་ཀླུའི་རྒྱལ་པོ་བརྒྱད་ཀྱིས་བརྒྱན་པ། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ་གནས་པའི་ ཕྱོགས་སྐྱོང་བརྒྱད་དང༌། སྟེང་དུ་ཚངས་པ་དང་འོག་ཏུ་ཐག་བཟང་རིས་རྣམས་མནན་པའི་ གཡས་བརྐྱང་གིས་བཞུགས་པ། རང་གི་རིགས་ཀྱི་བདག་པོས་རྒྱས་བཏབ་པ་སྟེ། འཇམ་པའི་ རྡོ་རྗེའི་དཀྱིལ་འཁོར་གྱི་རྩིབས་བཅུ་པའི་འཁོར་ལོ་ཇི་ལྟ་བ་བཞིན་ནོ། །བཅོམ་ལྡན་འདས་རྡོ་ རྗེ་ཧཱུཾ་མཛད་ཀྱི་ཐུགས་ཁའི་ས་བོན་ནི་ཧཱུཾ་ངོ༌། །ༀ་ཁ་བཛྲ་དྷྲྀ ཀ་བཛྲ་ཧཱུཾ་ཕཊ་ཞེས་པ་ནི་སྙིང་ པོའོ། །ༀ་བཛྲ་ཀུན་ཊ་ལི་བཛྲ་ཧཱུཾ་ཕཊ་ཞེས་པ་ནི་རྡོ་རྗེ་འཁྱིལ་པའི་སྔགས་ཏེ་ལས་ཐམས་ཅད་ པའོ། ། ༈ ཡང་ན་ཤར་ལ་སོགས་པའི་ཕྱོགས་དང་མཚམས་དང་སྟེང་དང་འོག་ཏུ་སྣ་ཚོགས་པད་ མ་དང་ཉི་མ་རྣམས་ལ་གཡས་སྐོར་གྱིས་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་བཅུ་སྟེ། འདི་དག་ཐམས་ཅད་ཀྱི་གནས་དང་སྐུ་མདོག་ལ་སོགས་པ་ནི་བསྡུས་པའི་རིམ་པའི་དཀྱིལ་ འཁོར་དུ་གསུངས་པ་ཇི་ལྟ་བ་བཞིན་ནོ། ། ༈ ཡང་ན་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་རྩིབས་བཅུ་པའི་འཁོར་ལོ་ཇི་ལྟ་བ་ བཞིན་ནོ། ། ༈ ཡང་དཔལ་ཀུན་ཏུ་ཁ་སྦྱོར་གྱི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་ནོ། ། ཕྱོགས་འདི་གསུམ་ཀ་ལ་ཡང༌། ༀ་ཨཱཿབིགྷ་ནཱན་ཏ་ཀྲྀཏ་ཧཱུཾ་ཕཊ་ཞེས་པ་ནི་བགེགས་ མཐར་བྱེད་ཀྱི་སྔགས་ཏེ་ལས་ཐམས་ཅད་པའོ། ། ༈ བདེ་མཆོག་གི་དཀྱིལ་འཁོར་ནི་རྡོ་རྗེའི་གུར་གྱི་ནང་རི་རབ་ཀྱི་སྟེང་དུ་སྣ་ཚོགས་ཆུ་ སྐྱེས་ཀྱི་ཟེ་འབྲུ་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བར་གནས་པའི་གཞལ་ཡས་ཁང་གི་དབུས་སུ་བཅོམ་ ལྡན་འདས་ཏེ། གཡས་བརྐྱང་གི་ཞབས་དག་གིས། སྣ་ཚོགས་པད་མའི་ལྟེ་བའི་སྟེང་དུ་ཉི་མ་ 8-1-194 ལ་གནས་པའི་འཇིགས་བྱེད་དང་དུས་མཚན་མནན་པའི། སྐུ་མདོག་ནག་པོ། ཤར་དང་བྱང་ ལ་སོགས་པའི་ཞལ་བཞི་ནི་ནག་པོ་དང་ལྗང་ཁུ་དང་དམར་པོ་དང་སེར་པོ། ཞལ་རེ་རེ་ལ་སྤྱན་ གསུམ་གསུམ་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཕྱག་བཅུ་གཉིས་པ། རྡོ་རྗེ་དང་དྲིལ་ བུར་བཅས་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་ཕག་མོ་ལ་འཁྱུད་པ། ཕྱག་གཉིས་ཀྱིས་རྒྱབ་ཏུ་གླང་པོ་ ཆེ་དཀར་པོའི་ལྤགས་པ་ཁྲག་དང་བཅས་པ་བརྒྱངས་ནས་འཛིན་པ། དེ་དག་ལས་གཞན་པའི་ ཕྱག་གཡས་པ་རྣམས་ཀྱིས་ཌ་མ་རུ་དང་དགྲ་སྟ་དང་གྲི་གུག་དང་རྩེ་གསུམ་པ་དང༌། གཡོན་ པ་རྣམས་ཀྱིས་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་ཁྲག་གིས་གང་བའི་ཐོད་པ་དང་རྡོ་རྗེ་ཞགས་ པ་དང་ཚངས་པའི་མགོ་བོ་འཛིན་པ། འཛག་པའི་མི་མགོ་ལྔ་བཅུའི་ཕྲེང་བ་མགུལ་དུ་འཕྱང་ བ། ཕྱག་རྒྱ་དྲུག་དང་ལྡན་པ། མིའི་རྒྱུས་པའི་མཆོད་ཕྱིར་ཐོགས་བྱས་པ། དཔྲལ་བའི་སྟེང་ དུ་ཐོད་པ་ལྔ་དང་ལྡན་པ། ནོར་བུ་དང་གཡོན་ངོས་སུ་གནས་པའི་ཟླ་བ་ཕྱེད་པ་དང་སྣ་ཚོགས་ རྡོ་རྗེ་རྣམས་ཀྱིས་མནན་པའི་རལ་པའི་ཐོར་ཅོག་ནག་པོ་ཅན། རྣམ་པར་འགྱུར་ཞིང་གདངས་ པའི་ཞལ་མཆེ་བ་གཙིགས་པ། གར་གྱི་ཉམས་དགུའི་ཚོགས་དང་ལྡན་པའོ། ། རྡོ་རྗེ་ཕག་མོ་ནི་དམར་མོ་ཞལ་གཅིག་མ་སྤྱན་གསུམ་པ། སྐྲའི་ཚོགས་གྲོལ་བ་གཅེར་ བུ། ཐོད་པའི་དུམ་བུས་རྐེད་པའི་རྒྱན་བྱས་པ། མཁྱུད་པའི་ཕྱག་གིས་བཟུང་བའི་ཐོད་པ་ཁྲག་ གིས་གང་བ་འཛག་པའི་རྒྱུན་གཙོ་བོ་ལ་སྟོབས་པ། སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་སྟེང་ དུ་འཕྱར་བས་གདུག་པ་ཅན་རྣམས་སྡིགས་པ། ཁྲག་དང་བྲལ་བའི་མི་མགོ་སྐམ་པོའི་ཕྲེང་བ་ ཅན། ཉི་མའི་འོད་ཀྱི་དཀྱིལ་འཁོར་ཅན། ཕྱག་རྒྱ་ལྔ་དང་ལྡན་པ། ཅུང་ཟད་བཞད་པ། ཟླ་ མཚན་འབབ་པ་དང་བཅས་པ། བ་སྤུ་གྱེན་དུ་ལངས་པའོ། །དེ་ནས་ཤར་ལ་སོགས་པའི་ ཕྱོགས་རྣམས་ལ་གཡོན་སྐོར་དང༌། མེ་ལ་སོགས་པའི་མཚམས་རྣམས་ལ་གཡས་བསྐོར་གྱིས་ དགོད་པར་བྱའོ། །དེ་ལ་ཕྱོགས་ཀྱི་འདབ་མ་རྣམས་སུ་མཁའ་འགྲོ་མ་དང་ལཱ་མཱ་དང་དུམ་སྐྱེས་ 8-1-195 མ་དང་གཟུགས་ཅན་མ་རྣམས་ནི། ནག་མོ་དང་ལྗང་ཁུ་དང་དམར་མོ་དང་སེར་མོའི་མདོག་ ཅན། ཞལ་གཅིག་མ། སྤྱན་གསུམ་པ། སྐྲ་གྲོལ་བ་ཕྱག་བཞི་མ། གཡོན་པ་དག་གིས་ཁ་ཊྭཱཾ་ ག་དང་ཐོད་པ་དང༌། གཡས་པ་དག་གིས་ཌ་མ་རུ་དང་གྲི་གུག་འཛིན་པ། གཡས་བརྐྱང་གིས་ གནས་པའོ། །མཚམས་ཀྱི་འདབ་མ་རྣམས་ལ་བྱང་ཀྱི་སེམས་དང་ཁྲག་དང་བདུད་རྩི་ལྔ་སྒྲོན་ མ་ལྔ་རྣམས་གྲུབ་པའི་དངུལ་ཆུ་ལྟ་བུའི་བདུད་རྩིར་གྱུར་པས་གང་བའི་པད་མའི་སྣོད་རྣམས་ ཏེ། ཡང་ན་བཞི་ཆར་ཡང་བདུད་རྩི་ལྔས་གང་བའོ། །དེ་ནས་ཐུགས་ཀྱི་འཁོར་ལོ་ལ་རྩིབས་ རྣམས་སུ་ཤར་དུ་ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོ་དང༌། བྱང་དུ་ཀེང་རུས་ཆེན་མོ་དང་ གཏུམ་པའི་མིག་ཅན་མ་དང༌། ནུབ་ཏུ་ཀེང་རུས་དང་འོད་ལྡན་མ་དང༌། ལྷོར་མཆེ་བ་རྣམ་པར་ གཙིགས་མ་དང་སྣ་ཆེན་མོ་དང༌། མེར་ཆང་དགྲ་དང་དཔའ་བོའི་བློ་ཅན་མ་དང༌། བདེན་བྲལ་ དུ་འོད་ལྡན་མེད་དང་མིའུ་ཐུང་མ་དང༌། རླུང་དུ་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མ་དང་ དབང་ལྡན་དུ་རྡོ་རྗེའི་སྐུ་དང་ཤིང་གྲི བ་མའོ། །རིམ་པ་དེ་བཞིན་དུ་གསུང་གི་འཁོར་ལོ་ལ། མྱུ་ གུ་ཅན་དང་ས་སྲུངས་མ་དང༌། རྡོ་རྗེ་རལ་ཅན་དང་འཇིགས་བྱེད་མོ་དང༌། དཔའ་བོ་ཆེན་པོ་ དང་རླུང་གི་ཤུགས་ཅན་མ་དང༌། རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་དང་ཤིན་ཏུ་བཟང་པོ་དང་ སྔོ་བསངས་ལྷ་མོ་དང༌། རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་དང༌། འཇིགས་བྱེད་ཆེན་པོ་དང་ རྟ་རྣ་མ་དང༌། མིག་མི་བཟང་དང་བྱ་གདོང་མའོ། །དེ་བཞིན་དུ་སྐུའི་འཁོར་ལོ་ལ། སྟོབས་ པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་དང༌། རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་དང༌། རྟ་མགྲིན་ དང་ཆང་འཚོང་མ་དང་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་དང༌། དཔལ་ཧེ་རུ་ཀ་དང་ ཤིན་ཏུ་དཔའ་མོ་དང༌། པད་མ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་དང༌། རྣམ་པར་སྣང་ མཛད་དང་འཁོར་ལོས་བསྒྱུར་མ་དང༌། རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོའོ། །དེ་ ལ་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་རྣམས་ནི་ཞལ་གཅིག་པ། སྤྱན་གསུམ་པ། རལ་ 8-1-196 པའི་ཐོར་ཚུགས་ཅན། དཔྲལ་བར་གནས་ཤིང་རྡོ་རྗེའི་ཕྲེང་བས་མཚན་པའི་དཔའ་བོའི་དར་ དཔྱངས་དང་ལྡན་པ། ཕྱག་བཞི་པ། འཁྱུད་པའི་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་དང༌། གཡོན་ པས་ཁ་ཊྭཱཾ་ག་དང༌། གཡས་པས་ཌ་མ་རུ་འཛིན་པ། ཚངས་པའི་སྐུད་པ་ཅན། དཔུང་རྒྱན་དང་ལྡན་པ། མཆེ་བ་གཙིགས་པའི་ཞལ་ཅན། ཕྱག་རྒྱ་ལྔ་དང་ལྡན་པ། གཡས་བརྐྱང་གིས་གནས་པའོ། །རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་རྣམས་ནི་ཞལ་ གཅིག་མ་སྤྱན་གསུམ་མ། དྲག་པོའི་གཟུགས་ཅན་མ། སྐྲ་གྲོལ་བ་གཅེར་བུ་ཕྱག་གཉིས་མ་ འཁྱུད་པའི་ཕྱག་གིས་ཐོད་པ་དང༌། གཡས་པས་གདུག་པ་ཅན་སྡིགས་པར་བྱེད་པའི་གྲི་གུག་ འཛིན་པའོ། སྒོ་རྣམས་ལ་ཁ་གདོང་མ་དང་འུག་གདོང་མ་དང་ཁྱི་གདོང་མ་དང་ཕག་གདོང་མ་ རྣམས་ནི་མཁའ་འགྲོ་མ་ལ་སོགས་པ་བཞིན་ཏེ། འདི་རྣམས་ཀྱི་ཞལ་ནི་མིང་དང་རྗེས་སུ་འཐུན་པའོ། །མཚམས་རྣམས་སུ་གཤིན་རྗེ་ བརྟན་པ་མ་དང་གཤིན་རྗེ་ཕོ་ཉ་མ་དང་གཤིན་རྗེ་མཆེ་བ་མ་དང་གཤིན་རྗེ་འཇོམས་པ་མ་ རྣམས་ནི་མིའི་ཞལ་ཅན་ཏེ། གཡས་པ་དང་གཡོན་གྱི་སྐུ་ཕྱེད་ཕྱེད་གཡས་དང་གཡོན་གྱི་ལྷ་མོ་ རྣམས་ཀྱི་སྐུ་དང་འདྲ་བའོ། ། བརྒྱད་པོ་འདི་རྣམས་ནི་རོའི་གདན་ཅན་ཉིད་དོ། །མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་ ཐམས་ཅད་ཀྱང༌། འཛག་པའི་མི་མགོའི་ཕྲེང་བ་མགུལ་དུ་འཕྱང་བ། རྡོ་རྗེའི་ཕྲེང་བས་དཔྲལ་ བར་མཚན་པ། ཕྱག་རྒྱ་ལྔ་དང་ལྡན་པ། སྐ་རགས་ལ་སྒྲ་དང་བཅས་པའི་གཡེར་ཁ་ལ་སོགས་ པས་རྣམ་པར་བརྒྱན་པའོ། །རིགས་ཀྱི་བདག་པོ་ནི་བཅོམ་ལྡན་འདས་ཀྱི་མི་བསྐྱོད་པ་སྟེ། རྡོ་ རྗེ་ཕག་མོའི་རྣམ་པར་སྣང་མཛད་དང༌། མཁའ་འགྲོ་མ་ལ་སོགས་པའི་རིན་ཆེན་དབང་ཕྱུག་ གོ །ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་ཀྱི་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་ དང་རྟག་པ་རྣམས་ཏེ། དམ་ཚིག་གི་འཁོར་ལོ་ལ་གནས་པ་རྣམས་ཀྱི་ནི་དོན་ཡོད་གྲུབ་པའོ། ། 8-1-197 བཅོམ་ལྡན་འདས་ཀྱི་ཐུགས་ཁའི་ས་བོན་ནི་ཧཱུཾ་ངོ༌། ། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ་ཞེས་པ་ནི་སྙིང་པོའོ། །ༀ་ ཁཎ་ཌ་རོ་ཧེ་ཧུཾ་ཧུཾ་ཕཊ་སྭཱ་ཧཱ་ཞེས་པ་ནི་དུམ་སྐྱེས་མའི་སྔགས་ཏེ། ལས་ཐམས་ཅད་པའོ། ། ༈ ཡང་ན་འཁོར་ལོའི་དབང་ཕྱུག་ལ་སོགས་པ་ནས་གཤིན་རྗེ་འཇོམས་པ་མའི་མཐར་ ཐུག་པ་ཐམས་ཅད་ཞལ་གཅིག་པ་ཕྱག་གཉིས་པའོ། །དེ་ལ་དཔའ་བོ་ཉི་ཤུ་རྩ་ལྔ་ནི་འཁྱུད་ པའི་གཡས་དང་གཡོན་གྱི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །མཁའ་འགྲོ་མ་ ལ་སོགས་པ་བཞི་དང༌། ཁ་གདོང་མ་ལ་སོགས་པ་རྣམས་ནི་གཡོན་པས་ཐོད་པ་དང་དཔུང་པ་ ལ་རྟེན་པའི་ཁ་ཊྭཱཾ་ག་དང༌། གཡས་པས་ཌ་མ་རུ་འཛིན་པ་སྟེ། གཞན་ཐམས་ཅད་སྔ་མ་བཞིན་ ནོ། ། ༈ ཡང་ན་འཁོར་ལོའི་དབང་ཕྱུག་ལ་སོགས་པ་ཕྱག་གཉིས་པ་ཉིད་ཀྱི་ཕྱོགས་ལ་ནི་ དཔལ་བདེ་མཆོག་དང་རྡོ་རྗེ་ཕག་མོ་གསེར་གྱི་མདོག་ཅན་ནམ་ཡང་ན་སྔོན་པོ་སྟེ། བཅོམ་ ལྡན་འདས་ནི་ཕྱག་གཡས་པས་རྡོ་རྗེ་གསོར་བར་མཆོག་ཏུ་བརྩོན་པ། གཡོན་པས་ཐོད་པ་ དང་ཁ་ཊྭཱཾ་ག་འཛིན་པའམ་ཡང་ན་རྡོ་རྗེ་དང་དྲིལ་བུའི་ཕྱག་གཉིས་ཀྱིས་འཁྱུད་པར་མཛད་ པའོ། །མཁའ་འགྲོ་མ་ལ་སོགས་པ་བཞི་ནི་སེར་པོ་གཡས་པས་ཌ་མ་རུ་འཛིན་པའོ། །ཐུགས་ ཀྱི་འཁོར་ལོའི་དཔའ་བོ་རྣམས་ནི་ནག་པོ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ་སྟེ་དཔའ་མོ་རྣམས་ ནི་དཀར་མོ་ཕྱག་གཡས་པ་རྡོ་རྗེ་དང་བཅས་པའི་སྡིགས་འཛུབ་ཅན་ནོ། །གསུང་གི་འཁོར་ ལོའི་དཔའ་བོ་རྣམས་ནི་དམར་པོ་པད་མ་དང་པད་མའི་དྲིལ་བུ་འཛིན་པ་སྟེ། མཁའ་འགྲོ་མ་ རྣམས་ནི་ནག་མོ་གཡས་པ་པད་མ་དང་བཅས་པའི་སྡིགས་མཛུབ་ཅན་ནོ། །སྐུའི་འཁོར་ལོའི་ དཔའ་བོ་རྣམས་ནི་དཀར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པ་སྟེ། ལྷ་མོ་རྣམས་ནི་ དམར་མོ་གཡས་པ་སྡིགས་མཛུབ་དང་བཅས་པའི་འཁོར་ལོ་འཛིན་པའོ། །དཔའ་བོ་ཐམས་ 8-1-198 ཅད་ཡུམ་ལ་འཁྱུད་པར་བརྩོན་ཞིང་གཡས་བརྐྱང་གིས་བཞུགས་པ་སྟེ། དཔའ་ མོ་རྣམས་ནི་དེའི་བརླ་གཉིས་ལ་འཁྲིལ་བའི་ཚུལ་ལོ། །ཁ་གདོང་མ་ལ་སོགས་པ་ནི་ གཡས་པ་སྡིགས་ མཛུབ་དང་བཅས་པའི་གྲི་གུག་འཛིན་པ་སྟེ། ལྷ་མོ་ཐམས་ཅད་ཕྱག་གཡོན་པས་ཐོད་པ་ འཛིན་པའོ། ། གཤིན་རྗེ་བརྟན་མ་ལ་སོགས་པ་ནི་གཡས་པས་ཌ་མ་རུ་དང༌། གཡོན་པ་སྡིགས་མཛུབ་ དང་བཅས་པས་མི་མགོ་འཛིན་པའོ། །མཁའ་འགྲོ་མ་ལ་སོགས་པ་རྣམས་དང་ཁ་གདོང་མ་ ལ་སོགས་པ་རྣམས་ཀྱི་གཡོན་པ་ན་ཁ་ཊྭཱཾ་གའོ། །བཅུ་གཉིས་པོ་འདི་རྣམས་ནི་དཀྱིལ་དཀྲུང་ ཕྱེད་པའི་གར་གྱིས་གནས་པ་སྟེ། གཞན་ཐམས་ཅད་ནི་སྔ་མ་བཞིན་ནོ་ཞེས་པ་བདེ་མཆོག་གི་ དཀྱིལ་འཁོར་རྣམ་པ་གསུམ་མོ། ། ༈ གང་གི་ཚེ་འདི་རྣམས་ལ་དཔའ་བོ་ཉི་ཤུ་རྩ་ལྔ་མི་བསྒོམ་པར་རྡོ་རྗེ་ཕག་མོ་དཀྱིལ་ འཁོར་གྱི་གཙོ་མོར་གྱུར་པ་དེའི་ཚེ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གསུམ་མོ། །རྡོ་རྗེ་ཕག་མོའི་ ཐུགས་ཁའི་ས་བོན་ནི་བཾ་ངོ༌། །ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧུཾ་ཕཊ་ཞེས་པ་ནི་སྙིང་པོའོ། །བདེ་ མཆོག་ཕྱག་གཉིས་པ་ལ་སོགས་པའི་ལྷ་འདི་རྣམས་ཀྱི་ཕྱག་གཡས་སུ་གནས་པའི་ཕྱག་ མཚན་ནི་བྲི་བྱའི་དཀྱིལ་འཁོར་ལ་ཡང་བྲི་བར་བྱའོ། ། ༈ བཅོམ་ལྡན་འདས་སངས་རྒྱས་ཐོད་པ་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་ འཁོར་ནི་རྡོ་རྗེའི་གུར་གྱི་ནང་དུ་ཆོས་འབྱུང་གི་སྙིང་པོར་གནས་པའི་གཞལ་ཡས་ཁང་གི་ དབུས་སུ། འཁོར་ལོ་ནག་པོ་རྩིབས་བརྒྱད་པ་ལ་གནས་པའི་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་རོ་ གན་རྐྱལ་གྱི་སྙིང་ཁར་ཉི་མའི་དཀྱིལ་འཁོར་ལ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་ ནག་པོ་དཀྱིལ་དཀྲུང་ཕྱེད་པ་ཅན། 8-1-199 གར་གྱི་ཉམས་དགུ་དང་ལྡན་པས་གར་མཛད་པ། ཞལ་གཅིག་པ། སྤྱན་གསུམ་དམར་ ལ་ཟླུམ་པ། ཕྱག་བཞི་པ་གཡས་པ་དག་གིས་ཌ་མ་རུ་དང་གྲི་གུག་དང༌། གཡོན་པ་དག་གིས་ ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཕྱག་རྒྱ་དྲུག་དང་ལྡན་པ། མི་མགོ་རློན་པ་ལྔ་བཅུའི་ཕྲེང་བ་ མགྲིན་པ་ལ་འཕྱང་བ། གཉིས་འཐུང་གི་ལྤགས་པའི་ཤམ་ཐབས་རྒྱབ་ན་ཅུང་ཟད་དཔྱངས་ པ། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཅོག་ནག་པོ་ཅན། དཔྲལ་ བའི་མཐར་ཐོད་པ་ལྔས་བརྒྱན་པ། སངས་རྒྱས་ལྔའི་ཅོད་པན་ཅན་ནོ། །མངའ་བདག་འདིའི་དགའ་བ་ནི་སྣ་ཚོགས་བདེ་མ། ན་བཟའ་མེད་པ་མི་མགོའི་ཕྲེང་བ་ཅན། དབུ་སྐྲ་སིལ་བུར་གྲོལ་ཞིང་གྱེན་དུ་འབར་བ་ཐོད་པ་ ལྔས་དབུ་ལ་མཚན་པ། མཆེ་བ་ཅུང་ཟད་གཙིགས་པ་སྐུ་མདོག་དམར་མོ་ཞལ་གཅིག་མ་སྤྱན་ གསུམ་མ། ཕྱག་གཡོན་པ་བདག་པོའི་མགྲིན་པ་ལ་འཁྱུད་པས་ཐོད་པའི་ཁྲག་གི་རྒྱུན་འཛག་ པ་ཡབ་ལ་སྟོབས་པ། ཕྱག་གཡས་པ་ན་གྲི་གུག་བརྡེག་པའི་ཚུལ་ཅན་ནོ། །རྩིབས་ནག་པོའི་ སྟེང་གི་འདབ་མ་རྣམས་ལ། ཤར་དུ་ལེགས་ཕྲེང་ཅན་མ་དང༌། བྱང་དུ་ཐོད་པ་ཅན་མ་དང་ནུབ་ ཏུ་འཇིགས་མ་དང༌། ལྷོར་ཐུབ་དཀའ་མའོ། །དབང་ལྡན་ལ་སོགས་པའི་འདབ་མ་རྣམས་ལ་ གཡས་བསྐོར་གྱིས་ཁུ་བ་དང་རྡུལ་དང་བདུད་རྩི་དང་སྒྲོན་མ་ལྔས་གང་བའི་པད་མའི་སྣོད་དེ། རིམ་པ་དང་པོ་འདི་ནི་རྡོ་རྗེའི་ཕྲེང་བ་སྔོན་པོའི་ཁོར་ཡུག་ཅན་ནོ། །དེ་ནས་རིམ་པ་གཉིས་པའི་ རྩིབས་བརྒྱད་དམར་པོ་ལ་གནས་པའི་པད་མ་བརྒྱད་ནི་རྡོ་རྗེའི་ཕྲེང་བ་དམར་པོས་བསྐོར་བ་ སྟེ། དེའི་རྩིབས་རྣམས་ལ་ཤར་དུ་དགེ་བའི་སྐ་རགས་མ་དང༌། བྱང་དུ་གཟུགས་ཅན་མ་དང༌། ནུབ་ཏུ་རྣམ་པར་རྒྱལ་མ་དང༌། ལྷོར་འདོད་ཅན་དང༌། དབང་ ལྡན་དུ་དུས་ཅན་མ་དང༌། །མེར་མཚོན་ཆེན་མ་དང༌། བདེན་བྲལ་དུ་བྱེད་མ་དང་རླུང་ དུ་གསོད་མའོ། །དེ་ནས་རིམ་པ་གསུམ་པའི་རྩིབས་བརྒྱད་དཀར་པོ་ལ་གནས་པའི་པད་མ་ 8-1-200 བརྒྱད་ནི་རྡོ་རྗེའི་ཕྲེང་བ་དཀར་པོའི་ཁོར་ཡུག་ཅན་ཏེ། དེའི་རྩིབས་རྣམས་ལ། ཤར་དུ་སྒྲོལ་ མ་དང་བྱང་དུ་འཇིགས་མཐོང་མ་དང་ནུབ་ཏུ་ལེགས་མཐོང་མ་དང་ལྷོར་མི་ཐུབ་མ་དང་དབང་ ལྡན་དུ་དགེ་མ་དང༌། མེར་གྲི བ་གནོན་མ་དང༌། བདེན་བྲལ་དུ་དུས་མཚན་མ་དང༌། རླུང་དུ་ གྲགས་ཆེན་མའོ། །སྒོ་རྣམས་སུ་ཤར་གྱི་པད་མ་ལ་མཛེས་མ་དང༌། བྱང་གི་པད་མ་ལ་ནོར་ འཛིན་མ་དང༌། ནུབ་ཀྱི་པད་མ་ལ་སྐལ་བཟང་མ་དང༌། ལྷོའི་པད་མ་ལ་མཐོང་དགའ་མའོ། ། འདི་རྣམས་ཐམས་ཅད་གཡས་པ་དང་གཡོན་པའི་ཕྱག་དག་གིས་གྲི་གུག་དང་ཐོད་པ་འཛིན་ པ། སོ་ཅུང་ཟད་སྟོན་པ། ཞལ་གཅིག་མ་སྤྱན་གསུམ་པ། རུས་པའི་རྒྱན་གྱིས་བརྒྱན་པ། མི་ མགོའི་ཕྲེང་བ་དང་བྲལ་བ། དབུ་སྐྲ་སིལ་བུ་དམར་སེར་གྱི་ཚོགས་གྱེན་དུ་འབར་བ། བྱང་ སེམས་འཛག་པ། ཉི་མ་ལ་དཀྱིལ་དཀྲུང་ཕྱེད་པའི་གར་གྱིས་གནས་པའོ། །སྒོ་སྐྱོང་མ་རྣམས་ ནི་གཡས་བསྐུམ་ཞིང་གཡོན་བརྐྱང་བ་སྟེ། ཐམས་ཅད་སྟག་གི་ལྤགས་པའི་ན་བཟའ་ཅན་སྐུ་ མདོག་སྔོན་མོའོ། །ཡང་ན་ལེགས་ཕྲེང་མ་ལ་སོགས་པ་བཞི་ནག་མོ་དང༌། རིམ་པ་གཉིས་ པ་ལ་གནས་པ་རྣམས་དཀར་སེར་དང༌། རིམ་པ་གསུམ་པ་ལ་གནས་པ་རྣམས་ལྗང་ཁུ་དང་ སྒོའི་ལྷ་མོ་རྣམས་ནག་མོའོ། །བཅོམ་ལྡན་འདས་ལ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་ གཤེགས་པ་ལྔས་རྒྱས་བཏབ་པ་སྟེ། སྣ་ཚོགས་བདེ་མ་ལ་རྣམ་པར་སྣང་མཛད་དང༌། ལེགས་ ཕྲེང་མ་ལ་སོགས་ པ་བཞི་ལ་རིན་ཆེན་དབང་པོ་དང་རིམ་པ་གཉིས་པ་ལ་གནས་པ་རྣམས་ལ་སྣང་བ་ མཐའ་ཡས་དང༌། རིམ་པ་གསུམ་པ་ལ་གནས་པ་རྣམས་ལ་རྣམ་པར་སྣང་མཛད་དང༌། སྒོའི་ ལྷ་མོ་རྣམས་ལ་དོན་ཡོད་གྲུབ་པས་སོ། །བཅོམ་ལྡན་འདས་ཀྱི་ཐུགས་ཁའི་ས་བོན་ནི་ཧཱུཾ་ངོ༌། ། ༀ་བུད་དྷ་ཀ་པཱ་ལི་ནཱི་ཨཱཿཧཱི་ཧཻ་ཧཱུཾ་ཕཊ་སྙིང་པོའོ། ལས་ཐམས་ཅད་པའི་སྔགས་ཀྱང་འདི་ཉིད་ ཀྱིས་བྱའོ། ། 8-1-201 ༈ རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་ནི་རྡོ་རྗེའི་གུར་གྱི་ནང་དུ་རླུང་དང་མེ་དང་ཆུ་ དང་སའི་དཀྱིལ་འཁོར་གྱི་སྟེང་དུ་རྒྱ་མཚོ་ཆེན་པོ་ལ་སོགས་པས་ཡོངས་སུ་བསྐོར་བའི་རི་ རབ་ཀྱི་སྤྱི་བོར་སྣ་ཚོགས་ཆུ་སྐྱེས་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་གཞལ་ཡས་ཁང་ གི་སྙིང་པོར། རིམ་པ་དབུས་མའི་ལྟེ་བར་སེང་གེའི་སྟེང་དུ་སྣ་ཚོགས་པད་མ་དང་ཟླ་བ་ལ། སེམས་དཔའི་དཀྱིལ་དཀྲུང་གིས་བཞུགས་པའི་བཅོམ་ལྡན་འདས་རྣལ་འབྱོར་ནམ་མཁའ་ སྐུ་མདོག་ནག་པོ། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་གསུམ་ནག་པོ་དང་དཀར་ པོ་དང་དམར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། ཕྱག་རྒྱ་དྲུག་དང་ལྡན་པ། ཐོད་པ་ ལྔའི་ཕྲེང་བ་དཔྲལ་བར་གནས་པ། ནོར་བུ་དང་ཟླ་བ་ཕྱེད་པ་དང་སྣ་ཚོགས་རྡོ་རྗེས་མཚན་ པའི་རལ་པ་ནག་པོའི་ཐོར་ཅོག་ཅན། དེ་བཞིན་གཤེགས་པ་ལྔ་འཕྲོ་བའི་དབུ་རྒྱན་དང་ལྡན་ པ། སྟག་གི་ལྤགས་པའི་ཤམ་ཐབས་རྒྱབ་ཏུ་ཅུང་ཟད་འཕྱང་བ། ཕྱག་དྲུག་པ། རྡོ་རྗེ་དང་ དྲིལ་བུ་བསྣམས་པའི་ཕྱག་དག་གིས་ཡེ་ཤེས་མཁའ་འགྲོ་མ་དཀར་མོའམ་ནག་མོ་ལ་འཁྱུད་ པ། གཡས་པ་དག་གིས་ནུ་མ་དང་མདའ་དང༌། གཡོན་པ་དག་གིས་པད་མའི་སྣོད་དང་གཞུ་ འཛིན་པའོ། །དེ་ནས་རེ་མིག་རྣམས་ལ་ཤར་དུ་གླང་པོ་ཆེའི་རྒྱལ་པོ་ལ་འགྱིང་བའི་ཚུལ་གྱིས་ གནས་པའི་རྡོ་རྗེ་མཁའ་འགྲོ་མ་དཀར་མོའོ། །བྱང་དུ་རྨ་བྱ་ལ་དཀྱིལ་དཀྲུང་ཕྱེད་པས་གནས་ པའི་མི་བཟད་མཁའ་འགྲོ་མ་སེར་མོ་སྦྲུལ་གྱིས་བརྒྱན་པའོ། །ནུབ་ཏུ་ནམ་མཁའ་ལྡི ང་ལ་ ཙོག་པུ་འདུག་སྟངས་ཀྱིས་གནས་པའི་རོ་ལངས་མ་དམར་མོའོ། །ལྷོར་མིའམ་ཅིའི་གདན་ ལ་དཀྱིལ་དཀྲུང་ཕྱེད་པས་གནས་པའི་གཏུམ་མོ་སྔོན་མོ་དབུ་སྐྲ་དམར་པོ་གྲོལ་ཞིང་སྤྱི་བོར་ ཐལ་མོ་སྦྱར་བའོ། །འདིར་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་ལྔ་ནི་གཡས་པ་དང་གཡོན་ པའི་ཕྱག་གཉིས་ཀྱིས་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ ནི་གླང་པོ་ཆེ་ལ་སོགས་པ་དང་པད་མ་དང་ཉི་མ་ལ་གནས་པ། གླང་པོ་ཆེའི་ལྤགས་པའི་སྨད་ 8-1-202 གཡོགས་དང་མིའི་ལྤགས་པའི་སྟོད་གཡོགས་ཅན་ནོ། །དབང་ལྡན་དུ་སེང་གེ་ལ་འགྱིང་བའི་ ཚུལ་གྱིས་གནས་པའི་སེང་གེ་མ་དཀར་སེར་ཕྱག་གཉིས་མ་གཡས་པས་སྟེང་དུ་འཕྱར་བའི་ ཁ་ཊྭཱཾ་ག་དང༌། གཡོན་པས་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པའོ། །མེར་རྡོ་རྗེ་ ཕག་ལ་ཟླུམ་པོའི་ཚུལ་གྱིས་གནས་པའི་སྟག་མོ་དཀར་ནག ཕྱག་གཉིས་མ་གཡས་པ་དང་ གཡོན་པས་ལྕགས་ཀྱུ་དང་ཞགས་པ་འཛིན་པའོ། །བདེན་བྲལ་དུ་མ་ཧེ་ལ་དཀྱིལ་དཀྲུང་ཕྱེད་ པས་གནས་པའི་ལྕེ་སྤྱང་མོ་ལྕེ་སྤྱང་གི་གདོང་པ་ཅན་དམར་ནག་ཕྱག་གཉིས་ཀྱིས་དགྲ་སྟ་ དང་ཞགས་པ་འཛིན་པའོ། །རླུང་དུ་ལྕེ་སྤྱང་ལ་ཙོག་པུའི་འདུག་སྟངས་ཀྱིས་གནས་པའི་འུག་ པ་མ་འུག་པའི་གདོང་པ་ཅན་དམར་སེར་ཕྱག་གཉིས་ཀྱིས་དབྱུག་པ་དང་ཞགས་པ་འཛིན་ པའོ། །འདི་རྣམས་ནི་རང་རང་གི་གཞོན་པ་རྣམས་ལ་པད་མ་དང་ཉི་མར་གནས་པའོ། །ཤར་ དུ་རྡོ་རྗེ་མཁའ་འགྲོ་མའི་རྒྱབ་ཏུ་མཁའ་འགྲོ་མ་དཀར་མོ་ཕྱག་གཉིས་ཀྱི་རྩེ་མོ་ཁར་བཅུག་ པ་དང༌། བྱང་དུ་མི་བཟད་མཁའ་འགྲོ་མའི་རྒྱབ་ཏུ་མར་མེ་མ་སེར་མོ་སྤྱི་བོར་མར་མེ་ལྟ་བུའི་ ཐལ་མོ་སྦྱར་བ་དང༌། ནུབ་ཏུ་རོ་ལངས་མའི་རྒྱབ་ཏུ་འཇིབ་བྱེད་མ་དམར་མོ་སྙིམ་པ་ཁྲག་ གིས་བཀང་ནས་ཞལ་དུ་གསོལ་བ་དང༌། ལྷོར་གཏུམ་མོའི་རྒྱབ་ཏུ་ཀམ་བོ་ཛཱི་ནག་མོ་ཕྱག་ དག་གིས་ཐུགས་ཁར་གཏུན་ཤིང་འཕྱར་བ་སྟེ། བཞི་པོ་འདི་རྣམས་ནི་པད་མ་དང་ཉི་མ་དང་ རོ་ལ་གནས་པའོ། །དེ་ནས་རྡོ་རྗེའི་ཕྲེང་བ་དང་འོད་ཟེར་གྱི་འཁོར་ཡུག་གི་ཕྱི་རོལ་ཏུ་ཟླུམ་ པོའི་རིམ་པར་པད་མ་དང་ཟླ་བ་རྣམས་ལ། ཤར་ཕྱོགས་སུ་པུཀྐ་སཱི་དང་དྲཱ་མི་ཌཱི་དང་གཏུམ་མོ་ རྣམས་ཕྱག་གཉིས་ཀྱིས་བདུད་རྩིའི་སྣོད་འཛིན་པའོ། །བྱང་དུ་མི་བཟད་མ་དང་ཁྲག་མ་དང་ ཤ་མ་རྣམས་ནི་སྒྲོན་མ་ལྔས་གང་བའི་པད་མའི་སྣོད་འཛིན་པའོ། །ནུབ་ཏུ་དྲག་ཤུལ་མ་དང་ འབར་མ་དང་མི་སྡུག་མ་རྣམས་གཏོར་མའི་སྣོད་འཛིན་པའོ། །ལྷོར་ཐོད་པ་མ་དང་རྡོ་རྗེ་མ་ དང་བུམ་པ་ཅན་མ་རྣམས་བཏུང་བའི་སྣོད་འཛིན་པའོ། །དབང་ལྡན་དུ་སྒེག་མོ་སྙེམས་པའི་ 8-1-203 ཕྱག་རྒྱ་ཅན་དང་དྲི་ཆབ་མ་དྲིའི་སྣོད་འཛིན་པའོ། །མེར་པི་ཝང་མ་པི་ཝང་སྒྲོགས་པ་དང་མེ་ ཏོག་མ་མེ་ཏོག་འཐོར་བའོ། །བདེན་བྲལ་ཏུ་གླུ་མ་ཁའི་ཐད་ཀར་མཛུབ་མོ་གཡོ་བ་དང་བདུག་ སྤོས་མ་སྤོས་དང་བཅས་པའི་སྤོས་ཕོར་འཛིན་པའོ། །རླུང་དུ་གར་མ་གར་གྱི་ཚུལ་གྱིས་སྟེང་དུ་ ཐལ་མོ་སྦྱར་བ་དང་མར་མེ་མ་མར་མེ་དང་བཅས་པའི་མར་མེའི་སྣོད་འཛིན་པའོ། །ཡེ་ཤེས་ མཁའ་འགྲོ་མ་ལ་སོགས་པའི་ལྷ་སུམ་ཅུ་རྩ་གསུམ་པོ་འདི་རྣམས་ནི་ཕྱག་གཉིས་པ། ཞལ་ གཅིག་པ་སྤྱན་གསུམ་པ་སྐྲ་གྲོལ་བ། དབུ་ལ་ཐོད་པའི་ཕྲེང་བ་ཅན་ནོ། །མི་བཟད་མཁའ་འགྲོ་ མ་ནི་དབུ་སྐྲ་གྱེན་དུ་བརྫེས་པ་སྟེ། སེང་གེ་མ་ལ་སོགས་པ་ནི་གོས་དམར་པོ་གྱོན་པའོ། །པུཀྐ་སཱི་ལ་སོགས་པ་དང༌། མེའི་ མཚམས་ཀྱི་ལྷ་མོ་དག་ནི་དཀར་མོའོ། །མི་བཟད་མ་ལ་སོགས་པ་དང་དབང་ལྡན་གྱི་ལྷ་མོ་ དག་ནི་སེར་མོའོ། ། དྲག་ཤུལ་མ་ལ་སོགས་པ་དང་རླུང་གི་མཚམས་ཀྱི་ལྷ་མོ་དག་ནི་དམར་མོའོ། །ཐོད་པ་མ་ ལ་སོགས་པ་དང་བདེན་བྲལ་གྱི་ལྷ་མོ་དག་ནི་ནག་མོའོ། །དེ་ནས་རྡོ་རྗེ་ཕྲེང་བའི་ཁོར་ཡུག་ གི་ཕྱི་རོལ་གྱི་རིམ་པར་སྒོ་རྣམས་དང་སྣམ་བུ་རྣམས་ལ་ཆུ་སྐྱེས་དང་ཟླ་བའི་གདན་རྣམས་ ཏེ། དེ་ལ་ཤར་སྒོར་ཁྱབ་འཇུག་ནག་པོ་དང༌། བྱང་དུ་ཚངས་པ་སེར་པོ་དང༌། ནུབ་ཏུ་དབང་ ཕྱུག་དཀར་པོ་དང༌། ལྷོར་གདོང་དྲུག་དམར་པོ་དང༌། དབང་ལྡན་གྱི་མཚམས་སུ་དབང་པོ་ སེར་པོ་དང༌། མེར་ལུས་ངན་སེར་པོ་དང༌། བདེན་བྲལ་དུ་གཤིན་རྗེ་ནག་པོ་དང༌། རླུང་དུ་ཆུ་ ལྷ་དཀར་པོའོ། །ལྷའི་སྣམ་བུ་ལ། ཤར་དུ་ཀེང་རུས་འཇིགས་བྱེད་དང༌། ཁ་ཊྭཱཾ་གའི་སྲིན་པོ་ དང༌། ཚོགས་ཀྱི་དབང་ཕྱུག་དང༌། དྲིལ་བུའི་རྣ་བ་ཅན་རྣམས་དཀར་པོའོ། །བྱང་དུ་གཏུམ་ མོའི་དབང་ཕྱུག་དང༌། འདུན་པའི་ལྷ་དང༌། རིམས་ཀྱི་དབང་ཕྱུག་དང༌། ཛྷཾ་ཀ་ར་འཇིགས་སུ་ རུང་བ་རྣམས་སེར་པོའོ། །ནུབ་ཏུ་དྲག་པའི་འདོད་པ་དང༌། །ཤན་ཌི་ལའི་དབང་ཕྱུག་དང༌། ཌ་ 8-1-204 མ་རུའི་འདུལ་བྱེད་དང༌། སྒྲས་འཇིགས་བྱེད་རྣམས་དམར་པོའོ། ། ལྷོར་ཏུམ་བུ་རའི་དབང་ཕྱུག་དང༌། སྠཱ་ར་ཎཱ་དོ་དང༌། མཆེ་བ་གཙིགས་པ་དང༌། གཞུ་ འཛིན་རྣམས་ནག་པོའོ། །ཁྱབ་འཇུག་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་འདི་རྣམས་ནི་ཞལ་ གཅིག་པ་སྤྱན་གསུམ་པ། ཕྱག་བཞི་པ། གཡས་པ་དག་གིས་ཁ་ཊྭཱཾ་ག་དང་རྩེ་གསུམ་འཛིན་ པ། གཡོན་པ་དག་གིས་ལྷ་མོ་ལ་འཁྱུད་པ་དང་ཐོད་པ་འཛིན་པ། རལ་པ་ནག་པོའི་ཐོར་ཅོག་ དང་ཐོད་པ་ལྔའི་ཕྲེང་བ་ཅན། ཕྱག་རྒྱ་ལྔ་དང་ལྡན་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན་ ནོ། །འདི་རྣམས་ཀྱི་ལྷ་མོ་རྣམས་ཀྱང་ཕྱག་གཡས་པ་དང་གཡོན་པ་དག་གིས་ཁ་ཊྭཱཾ་ག་དང་ ཐོད་པ་འཛིན་པའོ། །འདིར་དཔལ་ལྡན་རྣལ་འབྱོར་ནམ་མཁའ་ལ་མི་བསྐྱོད་པ་ལ་སོགས་ པ་དེ་བཞིན་གཤེགས་པ་ལྔས་རྒྱས་བཏབ་པ་སྟེ། ཡེ་ཤེས་མཁའ་འགྲོ་མ་ལ་མི་བསྐྱོད་པའམ་ རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་བཞི་དང༌། མཁའ་འགྲོ་མ་ལ་སོགས་པ་བཞི་ལ། རྟག་པ་དང་རིན་ཆེན་དབང་པོ་དང་སྣང་བ་མཐའ་ཡས་ དང་དོན་ཡོད་གྲུབ་པ་རྣམས་ཀྱིས་ཏེ། སེང་གེ་མ་ལ་སོགས་པ་བཞི་ལ། མི་བསྐྱོད་པ་དང་རྣམ་ པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་རྣམས་ཀྱིས་སོ། ། ཚངས་པ་ལ་རྣམ་པར་སྣང་མཛད་ཀྱིས་ཏེ། དབང་ཕྱུག་ཆེན་པོ་ལ་སྣང་བ་མཐའ་ཡས་ ཀྱིས་སོ། །ལྷ་གཞན་དཀར་པོ་རྣམས་ལ་རྣམ་པར་སྣང་མཛད་དང༌། སེར་པོ་རྣམས་ལ་རིན་ ཆེན་དབང་པོ་དང༌། དམར་པོ་རྣམས་ལ་ཚེ་དཔག་མེད་དང༌། ནག་པོ་རྣམས་ལ་མི་བསྐྱོད་པས་སོ། །དཀྱིལ་ འཁོར་གྱི་དབང་ཕྱུག་གི་ཐུགས་ཁའི་ས་བོན་ནི་ཧཱུཾ་ངོ༌། །ༀ་ཧཱུཾ་ཧཿསྭཱ་ཧཱ་ཞེས་པ་ནི་སྙིང་པོའོ། ། ༀ་ཡུཾ་ཡཿསྭཱ་ཧཱ་ཞེས་པ་ནི་རོ་ལངས་མའི་སྟེ་ལས་ཐམས་ཅད་པའི་སྔགས་སོ། །ཞེས་པ་རིམ་ པ་གསུམ་གྱི་དཀྱིལ་འཁོར་རོ། །སྙིང་པོའི་དཀྱིལ་འཁོར་གཞལ་ཡས་ཁང་ལྟ་བུ་ལ། མཁའ་ 8-1-205 འགྲོ་མ་ལ་སོགས་པ་བཞི་པོ་རྣམས་སྒོ་རྣམས་སུའོ་ཞེས་པ་གཞན་དག་གིའོ། །རིམ་པ་གཉིས་ པའང་གཞལ་ཡས་ཁང་གི་གཟུགས་སོ་ཞེས་པ་ནི་གཞན་དག་གི་སྟེ། དེ་ཡང་ཟླུམ་པོའོ་ཞེས་ པ་ཁ་ཅིག་གིའོ། ། ༈ གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ནི་རྡོ་རྗེའི་གུར་གྱི་ནང་དུ་ཆོས་འབྱུང་གི་ལྟོ་བར་ གནས་པའི་གཞལ་ཡས་ཁང་གི་དབུས་སུ། སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་སྟེང་དུ་གནས་པའི་ མ་ཧེ་ནག་པོ་ཁྲོས་པ་རུས་པའི་རྒྱན་གྱིས་བརྒྱན་པའི་རྒྱབ་ཏུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ། གཡས་བསྐུམ་ཞིང་གཡོན་བརྐྱང་བའི་རྐང་སྟབས་ཀྱིས་གཤིན་རྗེ་མནན་ནས་བཞུགས་པའི་ གཤིན་རྗེ་གཤེད་ནག་པོ། སྨིན་མ་དང་སྨ་ར་ལངས་ཤིང་དབུ་སྐྲ་གྱེན་དུ་བརྫེས་པ། རྡོ་རྗེའི་ རྒྱན་གྱིས་བརྒྱན་པ། སྐུ་བོངས་ཐུང་ཤིང་གསུས་པ་འཕྱང་བ། རགས་པ། མི་མགོའི་ཕྲེང་བ་ མགུལ་པར་འཕྱང་བ་ལྗགས་འགྱུར་བ། མཆེ་བ་འབར་ཞིང་གཙིགས་པ། རྩ་བ་དང་གཡས་པ་ དང༌། གཡོན་པའི་ཞལ་ནག་པོ་དང་དཀར་པོ་དང་དམར་པོ། ཕྱག་དྲུག་པ། གྲི་གུག་དང་ཐོད་ པར་ལྡན་པའི་གཡས་པ་དང་གཡོན་པའི་ཕྱག་དག་གིས་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་ པ། གཡས་པ་དག་གིས་རྡོ་རྗེ་དང་རལ་གྲི་དང༌། གཡོན་པ་དག་གིས་འཁོར་ལོ་དང་པད་མ་ འཛིན་པ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་བཞིན་དུ་མཐའ་ཡས་ལ་སོགས་པའི་ཀླུ་ རྣམས་ཀྱིས་བརྒྱན་པའོ། །འདིའི་ཤར་དུ་རྣམ་པར་སྣང་མཛད་དཀར་པོ། རྩ་བ་དང་གཡས་པ་ དང་གཡོན་པའི་ཞལ་གསུམ་དཀར་པོ་དང་ནག་པོ་དང་དམར་པོ། ཕྱག་གཡས་པ་དག་གིས་ འཁོར་ལོ་དང་རལ་གྲི་དང༌། གཡོན་པ་དག་གིས་རིན་པོ་ཆེ་དང་ཆུ་སྐྱེས་འཛིན་པའོ། །ལྷོར་ རིན་ཆེན་དབང་པོ་གསེར་བཙོ་མའི་མདོག་ལྟ་བུ། སེར་པོ་དང་སྔོན་པོ་དང་དཀར་པོའི་ཞལ་ གསུམ་པ། ཕྱག་གཡས་པ་དག་གིས་རིན་པོ་ཆེ་དང་རལ་གྲི་དང༌། གཡོན་པ་དག་གིས་འཁོར་ ལོ་དང་པད་མ་འཛིན་པའོ། །ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ། དམར་པོ་དང་ནག་པོ་ 8-1-206 དང་དཀར་པོའི་ཞལ་གསུམ་པ། ཕྱག་གཡས་པ་དག་གིས་པད་མ་དང་རལ་གྲི་དང༌། གཡོན་ པ་དག་གིས་ནོར་བུ་དང་འཁོར་ལོ་འཛིན་པའོ། །བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ། ལྗང་ཁུ་དང་ནག་པོ་དང་དཀར་པོའི་ཞལ་གསུམ་པ། ཕྱག་གཡས་པ་དག་གིས་རལ་གྲི་དང་ འཁོར་ལོ་དང༌། གཡོན་པ་དག་གིས་ནོར་བུ་དང་པད་མ་འཛིན་པའོ། །བཞི་ཆར་ཡང་འཁོར་ ལོའི་དབང་པོའི་མཚན་ཉིད་ཅན་གྱི་ཁྲོ་བོ། གཡས་པ་དང་ཅིག་ཤོས་ཀྱི་རྩ་བའི་ཕྱག་དག་གིས་ གྲི་གུག་དང༌། ཐོད་པ་འཛིན་པས་རང་དང་འདྲ་བའི་ཡུམ་ལ་འཁྱུད་པའོ། །མེའི་མཚམས་སུ་ རྡོ་རྗེ་ཙར་ཙི་ཀཱ་སྐུ་དང་ཕྱག་མཚན་རྣམས་གཏི་མུག་གཤིན་རྗེ་གཤེད་ལྟ་བུའོ། །བདེན་བྲལ་ དུ་རྡོ་རྗེ་ཕག་མོ་ཕག་ཞལ་ཅན་མ་ཞེ་སྡང་གཤིན་རྗེ་གཤེད་ལྟ་བུའོ། །རླུང་དུ་རྡོ་རྗེ་དབྱངས་ ཅན་མ་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུའོ། ། དབང་ལྡན་དུ་གཽ་རཱི་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུའོ། །འདིར་རྣམ་པར་སྣང་མཛད་ལ་ སོགས་པ་ནི་སྣ་ཚོགས་རྡོ་རྗེའི་རྩ་བ་རྣམས་སུ་སྟེ། མཚམས་རྣམས་སུ་ནི་རྡོ་རྗེ་ཙར་ཙི་ཀཱ་ལ་ སོགས་པ་རང་དང་འདྲ་བའི་ཐབས་དང་བཅས་པའོ། །སྒོ་རྣམས་ལ། ཤར་དུ་ཐོ་བ་གཤིན་རྗེ་ གཤེད་ནག་པོ། ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན། ཕྱག་གཡས་པ་དག་གིས་ ཐོ་བ་དང་རལ་གྲི་དང༌། གཡོན་པ་དག་གིས་ནོར་བུ་དང་པད་མ་འཛིན་པའོ། །ལྷོར་དབྱུག་པ་ གཤིན་རྗེ་གཤེད་དཀར་པོ། དཀར་པོ་དང་སྔོན་པོ་དང་དམར་པོའི་ཞལ་ཅན། ཕྱག་གཡས་པ་ དག་གིས་དབྱུག་པ་དང་རལ་གྲི་དང༌། གཡོན་པ་དག་གིས་པད་མ་དང་འཁོར་ལོ་འཛིན་པའོ། ། ནུབ་ཏུ་པད་མ་གཤིན་རྗེ་གཤེད་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུའོ། །བྱང་དུ་རལ་གྲི་ གཤིན་རྗེ་གཤེད་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུ་ལས་ཅུང་ཟད་སྔོ་བའོ། །ཐམས་ཅད་ཀྱང་ ཁྲོ་བོ་ཀླུ་རྣམས་ཀྱིས་བརྒྱན་པ། འཇིགས་པའི་གད་རྒྱངས་ཅན། དབུ་སྐྲ་དམར་སེར་གྱེན་དུ་ འབར་བ། མཆེ་བ་གཙིགས་པའི་ཞལ་ཅན། རྩ་བའི་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་ 8-1-207 པས་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་པའོ། །འདིར་རྣམ་པར་སྣང་མཛད་དང་ལྷ་མོ་རྣམས་ ནི་སྣ་ཚོགས་པད་མ་དང་ཟླ་བའི་གདན་ལ་སྟེ། ལྷ་གཞན་རྣམས་ནི་སྣ་ཚོགས་པད་མ་དང་ཉི་ མ་ལ་གནས་པའོ། །དཀྱིལ་འཁོར་གྱི་མེ་ལ་སོགས་པའི་མཚམས་བཞིར་སྣ་ཚོགས་པད་མ་ ལ་གནས་པའི་ཐོད་པ་བཞི་ནི་ཁུ་བ་དང་རྡུལ་དང་བདུད་རྩི་ལྔ་དང་སྒྲོན་མ་ལྔས་གང་བའོ། ། རིགས་ཀྱི་བདག་པོ་ནི་གཤིན་རྗེ་གཤེད་ནག་པོའི་སྤྱི་བོར་རང་ཉིད་དེ། རྣམ་པར་སྣང་མཛད་ ལ་སོགས་པ་བཞིའི་ཡང་དེ་བཞིན་ནོ། །དེ་རྣམས་ནི་གོ་རིམ་ཇི་ལྟ་བར་སྤྱན་མ་ལ་སོགས་ པ་བཞི་དང་ཐོ་བ་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཀྱི་ཡང་ངོ༌། །བཅོམ་ལྡན་འདས་ཀྱི་ ཐུགས་ཀྱི་ས་བོན་ནི་ཡའོ། །ༀ་ཧྲཱིཿཥྚྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ནི་སྙིང་པོ་སྟེ། ལས་ཐམས་ཅད་པའི་སྔགས་ཀྱང་འདི་ཡིན་ནོ། ། ༈ རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་ནི། རྡོ་རྗེའི་གུར་གྱི་ནང་དུ་ཆོས་འབྱུང་གི་སྙིང་པོར་ གཞལ་ཡས་ཁང་གི་དབུས་སུ། སྣ་ཚོགས་པད་མ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་ལ། བཅོམ་ལྡན་འདས་མ་རྡོ་རྗེ་སྒྲོལ་མ། གསེར་གྱི་མདོག་ལྟ་བུ། སངས་རྒྱས་ལྔའི་ཅོད་པན་ཅན། རྩ་བ་དང་གཡས་པ་དང་རྒྱབ་དང་གཡོན་གྱི་ཞལ་བཞི་གསེར་གྱི་མདོག་དང་དཀར་པོ་དང་ སྔོན་པོ་དང་དམར་པོ། ཕྱག་བརྒྱད་མ། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་ཞགས་པ་དང་མདའ་ དང་དུང་རྣམས་འཛིན་པ། གཡོན་པ་རྣམས་ནི་ཨུད་པ་ལ་སེར་པོ་དང་གཞུ་དང་ལྕགས་ཀྱུ་དང་ སྡིགས་མཛུབ་ཅན་ནོ། །ཤར་གྱི་འདབ་མ་ལ་མེ་ཏོག་སྒྲོལ་མ་དཀར་མོ་ཕྱག་དག་གིས་མེ་ཏོག་ གི་ཕྲེང་བ་འཛིན་པ་དང༌། ལྷོར་བདུག་སྤོས་སྒྲོལ་མ་ནག་མོ་ཕྱག་དག་གིས་བདུག་སྤོས་ཀྱི་ སྣོད་འཛིན་པ་དང༌། ནུབ་ཏུ་མར་མེ་སྒྲོལ་མ་སེར་མོ་ཕྱག་གཉིས་ཀྱིས་མར་མེའི་ཀོང་བུ་འཛིན་ པ་དང༌། བྱང་དུ་དྲི་ཆབ་སྒྲོལ་མ་དམར་མོ་ཕྱག་གཉིས་ཀྱིས་དྲི་ཆབ་ཀྱི་དུང་ཆོས་འཛིན་པ་སྟེ། ལྷ་མོ་བཞི་པོ་འདི་རྣམས་ཀྱང་ཟླ་བ་ལ་གནས་པའོ། །མེ་ལ་སོགས་པའི་འདབ་མ་རྣམས་ལ་ 8-1-208 རྣམ་པར་སྣང་མཛད་ལ་སོགས་པའི་མདོག་ལྟ་བུའི་འཁོར་ལོ་དང་རྡོ་རྗེ་དང་པད་མ་དང་རལ་ གྲི འོ། །རིམ་པ་གཉིས་པ་ལ་སྒོ་རྣམས་སུ། ཤར་དུ་རྡོ་རྗེ་ལྕགས་ཀྱུ་མ་དཀར་མོས་ཕྱག་གཡས་ པས་ལྕགས་ཀྱུ་འཛིན་པ་དང༌། ལྷོར་རྡོ་རྗེ་ཞགས་པ་མ་སེར་མོ་ཕྱག་གཡས་པས་ཞགས་པ་ འཛིན་པ་དང༌། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ཕྱག་གཡས་པས་རྡོ་རྗེས་མཚན་པའི་ ལྕགས་སྒྲོག་འཛིན་པ་དང༌། བྱང་དུ་རྡོ་རྗེ་དྲིལ་བུ་མ་ལྗང་ཁུ་ཕྱག་གཡས་པས་རྡོ་རྗེ་དྲིལ་བུ་ འཛིན་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་གནས་པའི་སྣ་ཚོགས་པད་མ་རྣམས་ལ། སྤྱན་མ་ལ་སོགས་པ་རྣམ་པར་དག་པའི་བྱང་ཆུབ་སེམས་ཀྱི་བུམ་པ་དང་རི་རབ་དང་མེ་ཐབ་ དང་རྒྱལ་མཚན་ཆེན་པོའོ། །སྟེང་དུ་གཙུག་ཏོར་རྣམ་པར་རྒྱལ་མ་དཀར་མོ་ཕྱག་གཡས་པས་ འཁོར་ལོ་འཛིན་པ་སྟེ། འོག་ཏུ་གནོད་མཛེས་མ་སྔོན་མོ་གཡས་པས་ཀླུའི་ཞགས་པ་འཛིན་ པའོ། །ལྷ་མོ་དྲུག་པོ་འདི་རྣམས་ནི་ཕྱག་གཡོན་པ་སྡིགས་མཛུབ་དང་བཅས་པ་སྟེ། སྣ་ཚོགས་ པད་མ་དང་ཉི་མ་ལ་གནས་པའོ། །བཅུ་པོ་འདི་རྣམས་ཀྱང་ཞལ་གཅིག་མ་སྤྱན་གཉིས་མའོ། ། བཅུ་གཅིག་པོ་རྣམས་ཀྱང་རྡོ་རྗེ་དཀྱིལ་དཀྲུང་ཅན། གསེར་གྱི་རྣ་ཆ་གཡོ་བ། རྣམ་པ་སྣ་ ཚོགས་པའི་གོས་དང་རིན་པོ་ཆེས་བརྒྱན་པ་པད་མ་རཱ་གའི་འོད་ཟེར་འཕྲོ་བའོ། །རིགས་ཀྱི་ བདག་པོ་ནི་རྡོ་རྗེ་སྒྲོལ་མའི་རིན་ཆེན་དབང་པོའོ། །མེ་ཏོག་སྒྲོལ་མ་ལ་སོགས་པ་ཡི་ནི་རྣམ་ པར་སྣང་མཛད་དང་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་རྣམས་ཏེ། རྡོ་ རྗེ་ལྕགས་ཀྱུ་མ་ལ་སོགས་པ་རྣམས་ཀྱི་ཡང་ངོ༌། །གཙུག་གཏོར་རྣམ་པར་རྒྱལ་མའི་རིན་ཆེན་ དབང་པོ་སྟེ། གནོད་མཛེས་མའི་མི་བསྐྱོད་པའོ། །བཅོམ་ལྡན་འདས་མའི་ཐུགས་ཁའི་ས་བོན་ ནི་ཏཱཾ་ངོ༌། །ༀ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་པ་ནི་སྙིང་པོ་སྟེ་ལས་ཐམས་ཅད་པའི་སྔགས་ཀྱང་ འདིའོ། ། ༈ འོད་ཟེར་ཅན་གྱི་དཀྱིལ་འཁོར་ནི་རྡོ་རྗེའི་གུར་གྱི་ནང་དུ་གནས་པའི་ཆོས་འབྱུང་གི་ 8-1-209 དབུས་སུ་གཞལ་ཡས་ཁང་སྟེ། ཁ་ཅིག་ནི་ཆོས་འབྱུང་མེད་པར་རི་རབ་ཀྱི་སྟེང་དུ་གཞལ་ཡས་ ཁང་ངོ་ཞེས་སོ། །གཞལ་ཡས་ཁང་གི་ལྟེ་བར་མཆོད་རྟེན་གྱི་ཕུག་གི་སྙིང་པོར་སྣ་ཚོགས་ཆུ་ སྐྱེས་ལ་གནས་པའི་ཟླ་བའམ་ཉི་མ་ལ། གཡས་བསྐུམ་ཞིང་གཡོན་བརྐྱང་བས་གནས་པའི་ བཅོམ་ལྡན་འདས་མ་འོད་ཟེར་ཅན་སེར་མོ་རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་ཅན། དབུ་སྐྲ་ ལ་མཆོད་རྟེན་གྱིས་བརྒྱན་པ། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་དང་ལྡན་པ། ཞལ་ གསུམ་མ་རྩ་བའི་ཞལ་སེར་པོ། གཡས་ཞལ་དཀར་བ། གཡོན་ཞལ་ནག་པོ་ཕག་པའི་གདོང་ ཅན་ཁྲོས་པ་ཁྲོ་གཉེར་དང་ཟུར་མིག་ཏུ་ལྡན་པ་ལྗགས་འདྲིལ་བ་འཇིགས་སུ་རུང་བ། ཕྱག་ དྲུག་མ། གཡས་པ་རྣམས་ཀྱིས་མདའ་དང་རྡོ་རྗེ་དང་ཁབ་འཛིན་པ། གཡོན་པ་རྣམས་ཀྱིས་ གཞུ་དང་སྐུད་པ་དང་མྱ་ངན་མེད་པའི་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པ། སྨད་ གཡོགས་སྔོན་པོ་གྱོན་པ། རྣམ་པར་བཀྲ་བའི་སྟོད་གཡོགས་སྔོན་པོ་ཅན། སེར་པོའི་མདོག་ ཅན་གྱི་ཕག་པ་ལ་གནས་ཤིང༌། དེའི་མདོག་ཅན་གྱི་ཕག་པས་ཡོངས་སུ་བསྐོར་བ། མྱ་ངན་ མེད་པའི་མེ་ཏོག་གི་ཕྲེང་བས་དབུ་ལ་བརྒྱན་པའོ། །ཤར་ཕྱོགས་སུ་ཨར་ཀ་མ་སི་མེ་ཏོག་བན་ དྷུ་ཀའི་མདོག་ཅན། གཡས་པ་དང་གཡོན་པའི་ཕྱག་གིས་ཁབ་དང་སྐུད་པ་འཛིན་པའོ། །ལྷོར་ མར་ཀ་མ་སི་སེར་མོའི་མདོག་ཅན། གཡས་པས་སྐུད་པ་དང་བཅས་པའི་ཁབ་དང༌། གཡོན་ པས་མྱ་ངན་མེད་པའི་ཡལ་ག་འཛིན་པའོ། །ནུབ་ཏུ་ཨན་ཏར་དྷཱ་ན་མ་སི་སེར་མོ་གཡས་པས་ མྱ་ངན་མེད་པའི་ཡལ་ག་དང༌། གཡོན་པས་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་ པའོ། ། བྱང་དུ་ཏེ་ཛོ་མ་སི་དམར་མོའི་མདོག་ཅན་གཡས་པ་དང་གཡོན་པའི་ཕྱག་གིས་མདའ་ དང་གཞུ་འཛིན་པའོ། །མེ་ལ་སོགས་པའི་མཚམས་སུ། ཨུ་ད་ཡ་མ་སི་དང༌། གུལ་མ་མ་ སི་དང༌། བ་ན་མ་སི་དང༌། ཙཱི་བ་ར་མ་སི་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་ཨར་ཀ་མ་སི་ལ་ 8-1-210 སོགས་པའི་སྐུ་མདོག་དང་ཕྱག་མཚན་ཅན་ནོ། །རིམ་པ་ཕྱི་མའི་སྣམ་བུ་རྣམས་ལ། ཤར་དུ་མ་ ཧཱ་ཙཱི་བ་ར་མ་སི་དང༌། བ་རཱ་ཧ་མུ་ཁི་མཆེ་བ་གཙིགས་པ། འཇིགས་སུ་རུང་བ། གཡས་པས་རྡོ་ རྗེ་ལྕགས་ཀྱུ་དང༌། གཡོན་པས་རྡོ་རྗེ་ཞགས་པ་འཛིན་པའོ། །ལྷོར་པ་དཱ་ཀྲ་མ་སི་དང༌། བ་ར་ ལི་སེར་མོ། གཡས་པས་མྱ་ངན་མེད་པའི་ཡལ་ག་དང༌། གཡོན་པས་རྡོ་རྗེ་འཛིན་པའོ། །ནུབ་ ཏུ་པ་རཱ་ཀྲ་མ་སི་དང༌། བ་ད་ལེ་དམར་མོ། གཡས་པ་དང་གཡོན་པ་དག་གིས་མདའ་དང་གཞུ་ འཛིན་པའོ། །བྱང་དུ་ཨཱུར་མ་མ་སི་དང༌། བ་རཱ་ལི་ལྗང་ཁུ་གཡས་པ་དང་གཡོན་པའི་ཕྱག་གིས་ ཁབ་དང་སྐུད་པ་འཛིན་པའོ། །མེའི་མཚམས་སུ་བཏ་ཏཱ་ལི་དམར་མོའི་མདོག་ཅན། གཡས་ པ་དང་གཡོན་པའི་ཕྱག་དག་གིས་ཁབ་དང་སྐུད་པ་འཛིན་པའོ། །བདེན་བྲལ་དུ་བ་དཱ་ལི་སེར་ མོ་གཡས་པས་སྐུད་པ་དང་བཅས་པའི་ཁབ་དང༌། གཡོན་ པས་ཡལ་འདབ་དང་བཅས་པའི་མྱ་ངན་མེད་པའི་མེ་ཏོག་གི་ཆུན་པོ་འཛིན་པའོ། །རླུང་ དུ་བ་རཱ་ལི་དཀར་མོ་གཡས་པ་དང་གཡོན་པ་དག་གིས་མྱ་ངན་མེད་པའི་ཡལ་ག་དང་ཞགས་ པ་འཛིན་པའོ། ། དབང་ལྡན་དུ་བ་རཱ་ཧ་མུ་ཁི་དམར་མོ་ཕྱག་གཉིས་ཀྱིས་མདའ་དང་གཞུ་འཛིན་པའོ། ། ཤར་ལ་སོགས་ པའི་སྒོ་རྣམས་སུ། ཨཱ་ལོ་དང༌། ཏཱ་ལོ་དང༌། ཀཱ་ལོ་དང༌། སད་པ་ལོ་སཾ་བ་མཱུར་དྷ་ཊི་རྣམས་ ནི་རིམ་པ་ཇི་ལྟ་བ་བཞིན་དུ་དཀར་མོ་དང་སེར་མོ་དང་དམར་མོ་དང་ལྗང་ཁུ་སྟེ། ཕྱག་གཉིས་ མ། རྡོ་རྗེ་ལྕགས་ཀྱུ་དང༌། ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་འཛིན་པའོ། །ཨར་ཀ་མ་སི་ ལ་སོགས་པའི་ལྷ་མོ་ཉི་ཤུ་རྩ་བཞི་པོ་འདི་རྣམས་མངོན་པར་གསར་དུ་བྱུང་བའི་ལང་ཚོ་ཅན། སྤྱི་བོར་མཆོད་རྟེན་གྱིས་བརྒྱན་པ། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་དང་ལྡན་པ་རྣམ་ པར་བཀྲ་བའི་གོས་སྔོན་པོས་སྟོད་གཡོགས་བྱས་པ། ཕག་ཞལ་གཅིག་མ། སྤྱན་གསུམ་མ། 8-1-211 ཕྱག་གཉིས་མ། གསེར་གྱི་མདོག་ཅན་གྱི་ཕག་པ་ལ་གནས་ཤིང༌། གསེར་གྱི་མདོག་ཅན་གྱི་ ཕག་པས་ཡོངས་སུ་བསྐོར་བའོ། ། སྒོ་སྐྱོང་མ་རྣམས་ནི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གཡས་བརྐྱང་གིས་གནས་པ་སྟེ། གཞན་ཉི་ཤུ་པོ་ནི་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་གཡོན་བརྐྱང་གིས་གནས་པའོ། །རིགས་ཀྱི་ བདག་པོ་ནི་འོད་ཟེར་ཅན་མའི་རྟག་པའོ། །ཤར་ལ་སོགས་པའི་ཕྱོགས་ལ་བསྐོར་བ་རྣམས་ ཀྱི་མི་བསྐྱོད་པ་དང་རིན་ཆེན་དབང་པོ་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་རྣམས་ ཏེ། མེ་ལ་སོགས་པའི་མཚམས་ལ་བསྐོར་བ་རྣམས་ཀྱི་འང་དེ་བཞིན་ནོ་ཞེས་པ་ནི་ཁ་ཅིག་གོ ། ཡང་ན་དཀར་མོ་རྣམས་ཀྱི་རྣམ་པར་སྣང་མཛད་དང༌། ནག་མོ་རྣམས་ཀྱི་མི་བསྐྱོད་པ་དང༌། སེར་མོ་རྣམས་ཀྱི་རིན་ཆེན་འབྱུང་ལྡན་དང༌། ལྗང་ཁུ་རྣམས་ཀྱི་དོན་ཡོད་གྲུབ་པའོ་ཞེས་པ་ནི་ གཞན་ནོ། །འོད་ཟེར་ཅན་གྱི་ཐུགས་ཁའི་ས་བོན་ནི་མཱཾ་ངོ༌། །ༀ་མཱ་རཱི་ཙྱཻ་སྭཱ་ཧཱ་ཞེས་པ་ནི་སྙིང་ པོའོ། །ༀ་མ་རཱི་ཙྱཻ་ཧཱུཾ་སརྦ་བིགྷ་ནན་ཨུད་པཱ་ད་ཡ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ལས་ཐམས་ཅད་པའི་ སྔགས་སོ། ། ༈ བསྲུང་བ་ལྔའི་དཀྱིལ་འཁོར་ནི་རྡོ་རྗེའི་གུར་གྱི་ནང་དུ་རི་རབ་ཀྱི་སྟེང་གི་གཞལ་ ཡས་ཁང་གི་དབུས་སུ། སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་བཅོམ་ལྡན་འདས་མ་སོ་སོ་འབྲང་མ་ ཆེན་མོ་སེར་མོ་འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན། ཞལ་བཞི་མ་རྩ་བའི་ཞལ་སེར་མོ། གཡས་དཀར་བ། རྒྱབ་སྔོ་བ། གཡོན་དམར་བ། ཕྱག་བཅུ་གཉིས་མ། གཡས་པ་རྣམས་ཀྱིས་རིན་པོ་ཆེའི་པ་ཏྲ་དང་ འཁོར་ལོ་དང་རྡོ་རྗེ་དང་མདའ་དང་རལ་གྲི་དང་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་པ་ རྣམས་ཀྱི་རྡོ་རྗེ་དང་ཞགས་པ་དང་རྩེ་གསུམ་དང་གཞུ་དང་དགྲ་སྟ་དང་དུང་རྣམས་འཛིན་པ་ དབུ་ལ་མཆོད་རྟེན་གྱིས་བརྒྱན་པ། རྡོ་རྗེའི་དཀྱིལ་དཀྲུང་ཅན་མའོ། །དེའི་ཤར་ཕྱོགས་སུ་སྣ་ 8-1-212 ཚོགས་པད་མ་དང་ཟླ་བ་ལ་སྟོང་ཆེན་མོ་རབ་ཏུ་འཇོམས་མ། རོལ་པའི་ཀུན་ནས་བསྐྱོད་པས་ བཞུགས་པ། སྐུ་མདོག་དཀར་མོ། ཟླ་བའི་འོད་ཀྱི་དཀྱིལ་འཁོར་ཅན། ཞལ་བཞི་མ། རྩ་བའི་ ཞལ་དཀར་མོ། གཡས་སྔོ་བ། རྒྱབ་སེར་བ། གཡོན་ལྗང་ཁུ། ཕྱག་བཅུ་མ། གཡས་པ་རྣམས་ ཀྱིས་པད་མ་ལ་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་དང༌། མཆོག་སྦྱིན་དང་ལྕགས་ཀྱུ་དང་ མདའ་དང་རལ་གྲི་དང༌། གཡོན་པ་རྣམས་ཀྱིས་རྡོ་རྗེ་དང་སྡིགས་མཛུབ་དང་ཞགས་པ་དང་ གཞུ་དང་དགྲ་སྟ་རྣམས་འཛིན་པའོ། །ལྷོར་སྣ་ཚོགས་པད་མ་དང་ཉི་མ་ལ། གསང་སྔགས་ རྗེས་སུ་འཛིན་པ་ཆེན་མོ་རྡོ་རྗེའི་དཀྱིལ་དཀྲུང་ཅན་མ། ནག་མོ་ཉི་མའི་འོད་ཅན། རྩ་བ་དང་ གཡས་པ་དང་གཡོན་པའི་ཞལ་རྣམས་ནག་པོ་དང༌། དཀར་པོ་དང་དམར་པོ། ཕྱག་བཅུ་ གཉིས་མ། གཡས་པ་དང་གཡོན་པའི་ཕྱག་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་དང༌། གཞན་ པ་གཉིས་ཀྱིས་བསམ་གཏན་གྱི་ཕྱག་རྒྱ་མཛད་པ། གཡས་པའི་གཞན་རྣམས་ཀྱིས་རྡོ་རྗེ་ དང་མདའ་དང་མཆོག་སྦྱིན་དང་མི་འཇིགས་པའི་ཕྱག་རྒྱ་དང༌། གཡོན་པ་རྣམས་ཀྱི་སྡིགས་ འཛུབ་དང་བཅས་པའི་ཞགས་པ་དང་གཞུ་དང་རིན་པོ་ཆེའི་པ་ཏྲ་དང་པད་མས་མཚན་པའི་ བུམ་པ་འཛིན་པའོ། །ནུབ་ཏུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་བསིལ་བའི་ཚལ་ཆེན་མོ་དཀྱིལ་ དཀྲུང་ཕྱེད་པས་བཞུགས་པ་དམར་ མོ། ཉི་མའི་འོད་ཅན། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་དམར་པོ་དང་ དཀར་པོ་དང་ནག་པོ། ཕྱག་བརྒྱད་མ། གཡས་པ་རྣམས་ཀྱིས་པད་མ་དང་བཅས་པའི་མི་ འཇིགས་པའི་ཕྱག་རྒྱ་དང་མདའ་དང་རྡོ་རྗེ་དང་རལ་གྲི་དང་གཡོན་པ་རྣམས་ཀྱིས་སྡིགས་ མཛུབ་དང་བཅས་པའི་ཞགས་ པ་དང་གཞུ་དང་རིན་པོ་ཆེའི་རྒྱལ་མཚན་དང་ཐུགས་ཁར་པོ་ཏི་འཛིན་པའོ། །བྱང་དུ་ སྣ་ཚོགས་པད་མ་དང་ཟླ་བ་ལ་རྨ་བྱ་ཆེན་མོ་སེམས་དཔའི་དཀྱིལ་དཀྲུང་གིས་བཞུགས་པ། 8-1-213 ལྗང་ཁུ་ཟླ་བའི་འོད་ཅན། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་ལྗང་ཁུ་དང་ནག་ པོ་དང་དཀར་པོ། ཕྱག་བརྒྱད་མ། གཡས་པ་རྣམས་ཀྱིས་རྨ་བྱའི་མཇུག་སྒྲོ་དང་མདའ་དང་ མཆོག་སྦྱིན་དང་རལ་གྲི་དང༌། གཡོན་པ་རྣམས་ཀྱིས་ལྷུང་བཟེད་ལ་གནས་པའི་དགེ་སློང་ དང་གཞུ་དང་པང་དུ་གནས་པའི་བུམ་པ་རིན་པོ་ཆེ་འབར་བ་འབབ་པ་ཅན་དང་སྣ་ཚོགས་རྡོ་ རྗེ་ལ་རིན་པོ་ཆེས་མཚན་པའི་རྒྱལ་མཚན་འཛིན་པའོ། ། རིམ་པ་གཉིས་པ་ལ་མེའི་མཚམས་སུ་དུས་མ་ནག་མོ་ཕྱག་དག་གིས་དུང་འཛིན་པ་དང༌། བདེན་བྲལ་ དུ་དུས་མཚན་མ་སེར་མོ་ཕྱག་དག་གིས་རྡོ་རྗེས་མཚན་པའི་རྒྱལ་མཚན་འཛིན་པ་དང༌། རླུང་དུ་དུས་ཀྱི་རྣ་བ་མ་དམར་མོ་ཕྱག་དག་གིས་དགྲ་སྟ་འཛིན་པ་དང༌། དབང་ལྡན་དུ་དཀར་ མོ་སྐུ་མདོག་དཀར་མོ་ཕྱག་དག་གིས་རྩེ་གསུམ་འཛིན་པ་སྟེ། བཞི་པོ་འདི་དག་ནི་ཞལ་ གཅིག་ཕྱག་གཉིས་མའོ། །དགུ་པོ་འདི་རྣམས་ནི་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་དང་ གོས་དང་རིན་པོ་ཆེའི་ཅོད་པན་ཅན། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། རིམ་པ་ ཇི་ལྟ་བ་བཞིན་དུ། རིན་ཆེན་དབང་པོ་དང་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་སྣང་ བ་མཐའ་ཡས་དང་དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པ་དང་རིན་ཆེན་དབང་པོ་དང་སྣང་བ་ མཐའ་ཡས་དང་རྣམ་པར་སྣང་མཛད་རྣམས་ཀྱིས་རྒྱས་བཏབ་པའོ། །ཤར་ལ་སོགས་པའི་སྒོ་ རྣམས་སུ་སྣ་ཚོགས་པད་མ་དང་ཉི་མ་ལ། རྡོ་རྗེ་ལྕགས་ཀྱུ་མ་དང་རྡོ་རྗེ་ཞགས་པ་མ་དང་རྡོ་ རྗེ་ལྕགས་སྒྲོག་མ་དང་རྡོ་རྗེ་དྲིལ་བུ་མ་རྣམས་ནི་སྔ་མ་བཞིན་ནོ། །སོ་སོར་འབྲང་མ་ཆེན་མོ་ ལ་སོགས་པ་རྣམས་ཀྱི། ས་བོན་ནི་པྲཾ་དང༌། ༀ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་ ཕཊ་སྭཱ་ཧཱ་ཞེས་པ་ནི་སྙིང་པོ་དང༌། ས་བོན་ནི་བུཾ་དང༌། ༀ་ཨཱཿམ་ཧཱ་ས་ཧ་པྲ་པྲ་མར་དཱ་ནཱི་བུཾ་ཧཱུཾ་ ནི་སྙིང་པོ་དང༌། ས་བོན་ནི་ཧཱུཾ་དང༌། ༀ་ཨཱཿམ་ཧཱ་མན་ཏྲ་ཨ་ནུ་སཱའ་རི་ཎི་ཧཱུཾ་ཧཱུཾ་ནི་སྙིང་པོ་དང༌། 8-1-214 ས་བོན་ནི་ཛྲཱིཾ་དང༌། ༀ་ཨཱཿམ་ཧཱ་ཤཱི་ཏ་བ་ཏི་ཛྲཱིཾ་ཧཱུཾ་ཧཱུཾ་ནི་སྙིང་པོ་དང༌། ས་བོན་ནི་མཾ་དང༌། ༀ་མ་ ཧཱ་མཱ་ཡུ་རཱི་བི་དྱཱ་རཱ་ཛྙཱི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པ་ནི་སྙིང་པོའོ། །དགོས་པའི་དབང་གིས་འདི་ རྣམས་གང་ཡང་རུང་བས་འཁོར་ལོའི་དབང་ཕྱུག་མ་བྱ་སྟེ། འཁོར་ལོའི་དབང་ཕྱུག་མའི་སྙིང་ པོའི་སྔགས་ནི་ལས་ཐམས་ཅད་པའི་སྔགས་སོ། ། ༈ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེའི་གུར་གྱི་ནང་དུ་གླི ང་རྣམས་དང་ཉེ་བའི་གླི ང་ རྣམས་དང་རྒྱ་མཚོ་བདུན་ལ་སོགས་པས་ཡོངས་སུ་བསྐོར་བའི་རི་རབ་ཀྱི་སྟེང་དུ་གཞལ་ཡས་ ཁང་སྟེ། དེའི་ དབུས་སུ་སེང་གེའི་སྟེང་དུ་སྣ་ཚོགས་པད་མའི་ལྟེ་བ་ལ། བཅོམ་ལྡན་འདས་རྣམ་པར་ སྣང་མཛད་དཀར་པོ་རྡོ་རྗེའི་དཀྱིལ་དཀྲུང་གིས་བཞུགས་པ། ཉི་མའི་འོད་ཅན། སངས་རྒྱས་ ལྔས་སྤྲས་པའི་རིན་པོ་ཆེའི་ཅོད་པན་གྱིས་བརྒྱན་པའི་རལ་པའི་ཐོར་ཅོག་དང་ལྡན་པ་རྣམ་པ་ སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་དང་གོས་ཅན། ཞི་བ། དཀར་པོ་དང་སེར་པོ་དང་དམར་པོ་ དང་ལྗང་ཁུའི་ཞལ་བཞི་པ། ཕྱག་ བརྒྱད་པ་གཡས་པ་དང་གཡོན་པ་དག་གིས་རྡོ་རྗེ་དང་བཅས་པའི་བྱང་ཆུབ་མཆོག་གི་ ཕྱག་རྒྱ་འཛིན་པ། གཞན་པ་དག་གིས་བསམ་གཏན་གྱི་ཕྱག་རྒྱ་འཛིན་པ། གཡས་པ་དག་ བགྲང་ཕྲེང་དང་མདའ་འཛིན་པ། གཡོན་པ་དག་གིས་འཁོར་ལོ་དང་གཞུ་འཛིན་པའོ། །ཡང་ ན་འདི་ནི་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོ་རྡོ་རྗེ་དང་བཅས་པའི་བྱང་ཆུབ་ མཆོག་གི་ཕྱག་རྒྱ་འཛིན་པ་སྟེ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་འཛུབ་མོ་བསླང་བ་གཡས་པའི་ རྡོ་རྗེ་ཁུ་ཚུར་གྱིས་བཟུང་བ་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱའོ། །འདབ་མ་རྣམས་ལ། མདུན་ དུ་སེམས་མ་རྡོ་རྗེ་མ་སྔོན་མོ་གཡས་པས་རྡོ་རྗེ་རྩེ་ལྔ་པ་དམར་པོ་དང༌། གཡོན་པས་སྡིགས་ མཛུབ་དང་བཅས་པའི་ཞགས་པ་འཛིན་པའོ། །གཡས་སུ་རིན་ཆེན་རྡོ་རྗེ་མ་སེར་མོ་གཡས་ 8-1-215 པས་རྡོ་རྗེ་རྩེ་ལྔ་པའི་རྩེ་མོར་རིན་པོ་ཆེས་མཚན་པ་འཛིན་ཞིང༌། གཡོན་པས་སྡིགས་མཛུབ་ མཛད་པའོ། །རྒྱབ་ཏུ་ཆོས་ཀྱི་རྡོ་རྗེ་མ་དམར་མོ་གཡས་པས་རྡོ་རྗེ་རྩེ་ལྔ་པས་མཚན་པའི་པད་ མ་འདབ་བརྒྱད་དཀར་དམར་དང༌། གཡོན་པས་པད་མ་འཛིན་པའོ། །གཡོན་དུ་ལས་ཀྱི་རྡོ་ རྗེ་མ་ལྗང་ཁུ་གཡས་པས་དེ་བཞིན་གཤེགས་པའི་མདོག་ཅན་གྱི་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་ གཉིས་པ་འཛིན་ཞིང༌། གཡོན་པས་སྡིགས་མཛུབ་མཛད་པའོ། །དེ་ནས་ཤར་ཕྱོགས་སུ་གླང་ པོ་ཆེའི་དབང་པོའི་སྟེང་དུ་སྣ་ཚོགས་པད་མའི་ལྟེ་བ་ལ་མི་བསྐྱོད་པ་སྔོན་པོ་རྡོ་རྗེའི་དཀྱིལ་ དཀྲུང་གིས་བཞུགས་པ། ཕྱག་གཡས་པའི་སོར་མོ་གུང་མོས་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་བཟུང་ནས་ ས་གནོན་གྱི་ཚུལ་མཛད་ཅིང༌། ཕྱག་གཡོན་པ་གན་རྐྱལ་དུ་པང་དུ་བཞག་པའོ། །འདབ་མ་ རྣམས་ལ་མདུན་དུ་རྡོ་རྗེ་སེམས་དཔའ་དཀར་པོ་ཕྱག་གཡས་པའི་སོར་མོ་གུང་མོས་ཐུགས་ ཁར་གསོར་བའི་སྦྱོར་བས་རྡོ་རྗེ་དང༌། གཡོན་པའི་ཁུ་ཚུར་གྱིས་ཁེངས་པ་དང་བཅས་པས་ དྲིལ་བུ་དཀུར་བརྟེན་ནས་འཛིན་པའོ། ། གཡས་སུ་རྡོ་རྗེ་རྒྱལ་པོ་སེར་པོ་ཕྱག་གཡས་པར་གནས་པའི་རྡོ་རྗེ་ལྕགས་ཀྱུས་འགུགས་ པའི་ཚུལ་མཛད་ཅིང༌། གཡོན་པས་ཞགས་པ་འཛིན་པའོ། །ཁ་ཅིག་ནི་ཕྱག་གཉིས་ཀྱིས་རྡོ་རྗེ་ ལྕགས་ཀྱུ་འཛིན་ པས་འགུགས་པའི་ཚུལ་བྱེད་པའོ་ཞེས་སོ། །གཡོན་དུ་རྡོ་རྗེ་ཆགས་པ་དམར་པོ་གཡོན་ པ་དང་གཅིག་ ཤོས་དག་གིས་གཞུ་དང་མདའ་འཛིན་པའོ། །རྒྱབ་ཏུ་རྡོ་རྗེ་ལེགས་པ་མ་རཀྟའི་མདོག་ལྟ་ བུ་རྡོ་རྗེ་དང་བཅས་པའི་ཕྱག་གཉིས་ཀྱིས་ཐུགས་ཁར་ལེགས་སོ་སྦྱིན་པའི་ཚུལ་མཛད་པའོ། ། ལྷོར་རྟའི་སྟེང་དུ་སྣ་ཚོགས་པད་མའི་ལྟེ་བ་ལ་རིན་ཆེན་འབྱུང་ལྡན་སེར་པོ་རྡོ་རྗེའི་དཀྱིལ་ དཀྲུང་གིས་བཞུགས་པ། གཡས་པ་རྡོ་རྗེས་མཚན་པའི་རིན་པོ་ཆེ་སོར་མོ་གུང་མོས་བཟུང་ 8-1-216 ནས་མཆོག་སྦྱིན་གྱི་ཚུལ་མཛད་ཅིང༌། གཡོན་པ་གན་རྐྱལ་དུ་པང་པར་བཞག་པའོ། །འདབ་ མ་རྣམས་ལ་མདུན་དུ་རྡོ་རྗེ་རིན་ཆེན་སེར་པོ་གཡས་པ་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་ མཐའ་གཉིས་ལ་རྡོ་རྗེ་གཉིས་ཀྱིས་མཚན་པའི་རིན་པོ་ཆེའི་ཕྲེང་བ་རང་གི་དབང་བསྐུར་བའི་ གནས་སུ་འཆིང་བར་མཛད་ཅིང༌། གཡོན་པས་རྡོ་རྗེ་དྲིལ་བུ་སྙེམས་པ་དང་བཅས་པས་འཛིན་ པའོ། །གཡས་སུ་རྡོ་རྗེ་གཟི་བརྗིད་དམར་པོ་ཕྱག་གཉིས་ཀྱིས་ཉི་མ་ཐུགས་ཁར་འཛིན་པས་ འོད་གསལ་བར་མཛད་པའོ། །གཡོན་དུ་རྡོ་རྗེ་ཏོག་ལྗང་ཁུ་ཕྱག་གཉིས་ཀྱིས་ཡིད་བཞིན་གྱི་ ནོར་བུའི་རྒྱལ་མཚན་འཛིན་ཞིང་གཡོན་གྱི་དཔུང་པའི་གནས་སུ་འཕྱར་བའོ། ། རྒྱབ་ཏུ་རྡོ་རྗེ་བཞད་པ་དཀར་པོ་གཡས་པ་དང་གཡོན་པའི་ཕྱག་དག་གིས་སོའི་ཕྲེང་བ་ རྡོ་རྗེ་གཉིས་དང་ལྡན་པ་བཟུང་ནས་ཞལ་གྱི་ཐད་ཀར་འཇོག་པའོ། །ནུབ་ཏུ་རྨ་བྱའི་སྟེང་དུ་སྣ་ ཚོགས་པད་མའི་ལྟེ་བ་ལ་སྣང་བ་མཐའ་ཡས་དམར་པོ་རྡོ་རྗེའི་དཀྱིལ་དཀྲུང་གིས་བཞུགས་ པ། ཕྱག་གཡོན་པ་དང་གཡས་པ་གན་རྐྱལ་དུ་པང་པའི་སྟེང་དུ་གཞག་ནས་ཏིང་ངེ་འཛིན་ གྱི་ཕྱག་རྒྱ་མཛད་དེ་གཡས་པའི་སོར་མོ་གུང་མོས་རྡོ་རྗེས་མཚན་པའི་པད་མ་འཛིན་པའོ། ། འདབ་མ་རྣམས་ལ་མདུན་དུ་རྡོ་རྗེ་ཆོས་དཀར་དམར་གཡོན་པས་ཁེངས་པ་དང་བཅས་པས་ པད་མའི་ཡུ་བ་འཛིན་ཞིང༌། གཡས་པས་ཁ་འབྱེད་པའོ། །གཡས་སུ་རྡོ་རྗེ་རྣོན་པོ་ནམ་མཁའ་ ལྟར་སྔོ་བསངས་གཡོན་པས་ཐུགས་ཁར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང༌། གཡས་ པས་རལ་གྲི་འཕྱར་ཐབས་སུ་འཛིན་པའོ། །གཡོན་དུ་རྡོ་རྗེ་རྒྱུ་གསེར་གྱི་མདོག་ཅན། ཕྱག་ གཡོན་པར་གནས་པའི་འཁོར་ལོ་རྩིབས་བརྒྱད་པ། ཕྱག་གཡས་པའི་སོར་མོ་གུང་མོས་ འགལ་མེའི་འཁོར་ལོ་ལྟར་བསྐོར་ཞིང་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་འཛིན་པའོ། །རྒྱབ་ཏུ་རྡོ་ རྗེ་གསུང་བ་དམར་པོ་གཡོན་པས་ཆོས་ཀྱི་དུང་དང༌། གཡས་པས་རྡོ་རྗེ་རྩེ་གཅིག་པ་ལྟ་བའི་ ལྕགས་འཛིན་པའོ། །བྱང་དུ་ནམ་མཁའ་ལྡི ང་གི་སྟེང་དུ་སྣ་ཚོགས་པད་མའི་ལྟེ་བ་ལ། 8-1-217 དོན་ཡོད་གྲུབ་པ་ལྗང་ཁུ་རྡོ་རྗེའི་དཀྱིལ་དཀྲུང་གིས་བཞུགས་པ། ཕྱག་གཡས་པའི་སོར་ མོ་གུང་མོས་སྣ་ཚོགས་རྡོ་རྗེ་འཛིན་པས་མི་འཇིགས་པ་སྦྱིན་པའི་ཚུལ་མཛད་ཅིང༌། གཡོན་པ་ གན་རྐྱལ་དུ་པང་པར་བཞག་པའོ། །འདབ་མ་རྣམས་ལ་མདུན་དུ་རྡོ་རྗེ་ལས་ལྗང་ཁུ་གཡས་ པས་སྙིང་ཁར་བསླང་བའི་སྦྱོར་བས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་འཛིན་ཞིང༌། གཡོན་ པས་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་དཀུར་བརྟེན་པ་སྟེ། ཡང་ན་ཕྱག་གཉིས་ཀྱི་ཐལ་མོ་ སྤྱི་བོར་སྦྱར་ནས་སྣ་ཚོགས་རྡོ་རྗེ་འཛིན་པའོ། །གཡས་སུ་རྡོ་རྗེ་བསྲུང་བ་སེར་པོ་ཕྱག་གཉིས་ ཀྱིས་རྡོ་རྗེའི་གོ་ཆ་འཛིན་པའོ། །གཡོན་དུ་རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་དག་གི་མཐེའུ་ཆུང་ གཉིས་ཀྱི་རྡོ་རྗེ་མཆེ་བའི་མཚོན་གྱི་རྩེ་མོ་རང་གི་ཞལ་དུ་འཛིན་པས་གདུག་པ་ཅན་རྣམས་ འཇིགས་པར་མཛད་པའོ། །རྒྱབ་ཏུ་རྡོ་རྗེ་ཁུ་ཚུར་སེར་པོ་ཁུ་ཚུར་གྱི་མཚམས་སུ་རྡོ་རྗེ་སྟེ། རྡོ་ རྗེ་ཁུ་ཚུར་དག་གིས་བཟུང་བའི་རྡོ་རྗེ་རྩེ་ལྔ་པ་བསྣམས་པའོ། ། དབུས་ཀྱི་གཞལ་ཡས་ཁང་གི་མེའི་པད་མ་ལ་རྡོ་རྗེ་སྒེག་མོ་དཀར་མོ་རྡོ་རྗེ་དཀུར་བརྟེན་ པའི་ཕྱག་རྒྱ་དང་ལྡན་པའི་ཕྱག་དག་གིས་རྡོ་རྗེ་གཉིས་འཛིན་པའོ། །བདེན་བྲལ་གྱི་པད་མ་ ལ་ཕྲེང་བ་མ་སེར་མོ་ཕྱག་དག་གིས་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །རླུང་གི་པད་མ་ལ་གླུ་ མ་དམར་མོ་ཕྱག་དག་གིས་པི་ཝང་སྒྲོགས་པའོ། །དབང་ལྡན་གྱི་པད་མ་ལ་གར་མ་ལྗང་ཁུ་ རྡོ་རྗེ་རྩེ་གསུམ་པ་བཟུང་བའི་ཕྱག་དག་གིས་གར་མཛད་པའོ། །དབུས་ཀྱི་གཞལ་ཡས་ཁང་ གི་ཕྱི་རོལ་གྱི་སྣམ་བུའི་ཤར་གྱི་པད་མ་རྣམས་ལ། བྱམས་པ་དང་མཐོང་བ་དོན་ཡོད་དང་ངན་ སོང་ཀུན་འདྲེན་དང་མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་རྣམས་ནི་མི་བསྐྱོད་ པ་ལྟ་བུའོ། །ལྷོའི་པད་མ་རྣམས་ལ་སྤོས་ཀྱི་གླང་པོ་དང་དཔའ་བར་འགྲོ་བ་དང་ནམ་མཁའ་ མཛོད་དང་ཡེ་ཤེས་ཏོག་རྣམས་ནི་རིན་ཆེན་འབྱུང་ལྡན་ལྟ་བུའོ། ། ནུབ་ཀྱི་པད་མ་རྣམས་ལ་དཔག་མེད་འོད་དང་ཟླ་བའི་འོད་དང་བཟང་སྐྱོང་དང་དྲ་བ་ 8-1-218 ཅན་གྱི་འོད་རྣམས་ནི་སྣང་བ་མཐའ་ཡས་ལྟ་བུའོ། །བྱང་གི་པད་མ་རྣམས་ལ་རྡོ་རྗེ་སྙིང་པོ་དང་ བློ་གྲོས་མི་བཟད་པ་དང་སྤོབས་པ་བརྩེགས་པ་དང་ཀུན་ཏུ་བཟང་པོ་རྣམས་ནི་དོན་ཡོད་གྲུབ་ པ་ལྟ་བུའོ། །ཡང་ན་ཤར་ལ་སོགས་པའི་སྣམ་བུ་རྣམས་ལ་བྱམས་པ་ལ་སོགས་པ་སྐལ་བ་ བཟང་པོའི་བྱང་ཆུབ་སེམས་དཔའ་སྟོང་དུ་བཞིས་མ་ཚང་བ་བསྒོམ་པར་བྱའོ། །དེ་དག་མཚན་ རྣམས་ནི་རྣམ་པར་རྒྱས་པས་འཇིགས་ནས་མ་བཤད་དེ། གལ་ཏེ་འདོད་ན་བདག་གིས་བྱས་ པའི་མཚན་ཡང་དག་པར་བརྗོད་པའི་ འགྲེལ་པ་རྣལ་འབྱོར་སྙིང་པོའི་ཕྲེང་བ་ལས་རྟོགས་པར་བྱའོ། །མེའི་མཚམས་ཀྱི་པད་ མ་ལ་རྡོ་རྗེ་བདུག་སྤོས་མ་དཀར་མོ་དང༌། བདེན་བྲལ་གྱི་པད་མ་ལ་རྡོ་རྗེ་མེ་ཏོག་མ་སེར་མོ་ དང༌། རླུང་གི་པད་མ་ལ་རྡོ་རྗེ་མར་མེ་མ་དཀར་དམར་དང༌། དབང་ལྡན་གྱི་པད་མ་ལ་རྡོ་རྗེ་ དྲི་ཆབ་མ་ལྗང་ཁུ་སྟེ། བདུག་སྤོས་མ་ལ་སོགས་པ་འདི་རྣམས་སྔར་དང་འདྲ་བའི་ཕྱག་མཚན་ འཛིན་པའོ། །ཤར་ལ་སོགས་པའི་སྒོའི་པད་མ་རྣམས་ལ། རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་ པ་དང་རྡོ་རྗེ་ལྕགས་སྒྲོག་དང་རྡོ་རྗེ་འབེབས་པ་རྣམས་ནི་རིམ་པ་བཞིན་དུ་དཀར་པོ་དང་སེར་ པོ་དང་དམར་པོ་དང་ལྗང་ཁུ་སྟེ་སྔར་དང་འདྲ་བའི་ཕྱག་མཚན་འཛིན་པའོ། །འདིར་བཅོམ་ ལྡན་འདས་རྡོ་རྗེ་དབྱིངས་ལས་གཞན་པའི་ལྷ་ཐམས་ ཅད་ནི་ཞལ་གཅིག་པ་ཕྱག་གཉིས་པ། རྣམ་པ་སྣ་ཚོགས་པའི་གོས་དང་རིན་པོ་ཆེས་ བརྒྱན་པ། རིན་པོ་ཆེའི་ཅོད་པན་ཅན་ནོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་མ་གཏོགས་པ་ནི་ དཀྱིལ་འཁོར་གྱི་དབང་ ཕྱུག་ལ་མངོན་དུ་ཕྱོགས་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་ དཔའ་བཅུ་དྲུག་ནི་རང་རང་གི་བདག་པོ་དེ་བཞིན་གཤེགས་པ་ལ་མངོན་དུ་ཕྱོགས་པའོ། ། རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་ལྷ་རྣམས་ནི་ཇི་ 8-1-219 སྐད་བཤད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བ་ལ་གནས་ཤིང་ཉི་མའི་འོད་ཟེར་ཅན་ནོ། ། དེ་བཞིན་གཤེགས་པ་ལྔ་ལས་གཞན་པའི་ལྷ་བཞི་བཅུ་རྩ་བརྒྱད་ནི་སེམས་དཔའི་དཀྱིལ་ དཀྲུང་གིས་བཞུགས་པའོ། །འདིར་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་རྣམ་པར་སྣང་མཛད་ ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ལ་རང་དང་འདྲ་བའི་རྡོ་རྗེ་སེམས་ དཔས་རྒྱས་བཏབ་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་མི་བསྐྱོད་པ་ ལ་སོགས་པའི་དེ་བཞིན་གཤེགས་པ་བཞིའི་རིགས་ཀྱི་བདག་པོ་ནི་རྣམ་པར་སྣང་མཛད་དོ། ། སེམས་མ་རྡོ་རྗེ་མ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་དང་སྒེག་མོ་དང་བདུག་སྤོས་ མ་དང་བྱམས་པ་ལ་སོགས་པ་བཞི་དང་རྡོ་རྗེ་ལྕགས་ཀྱུ་རྣམས་ཀྱི་མི་བསྐྱོད་པའོ། །རིན་ཆེན་ རྡོ་རྗེ་མ་དང་རྡོ་རྗེ་རིན་ཆེན་ལ་སོགས་པ་བཞི་དང་ཕྲེང་བ་མ་དང་མེ་ཏོག་མ་དང་སྤོས་ཀྱི་གླང་ པོ་ལ་སོགས་པ་བཞི་དང་རྡོ་རྗེ་ཞགས་པ་རྣམས་གྱི་རིན་ཆེན་འབྱུང་ལྡན་ནོ། །ཆོས་ཀྱི་རྡོ་རྗེ་ མ་དང་རྡོ་རྗེ་ཆོས་ལ་སོགས་པ་བཞི་དང་གླུ་མ་དང་མར་མེ་མ་དང་དཔག་མེད་འོད་ལ་སོགས་ པ་བཞི་དང་རྡོ་རྗེ་ལྕགས་སྒྲོག་རྣམས་ཀྱི་སྣང་བ་མཐའ་ཡས་སོ། །ལས་ཀྱི་རྡོ་རྗེ་མ་དང་རྡོ་རྗེ་ ལས་ལ་སོགས་པ་བཞི་དང་གར་མ་དང་དྲི་ཆབ་མ་དང་རྡོ་རྗེ་སྙིང་པོ་ལ་སོགས་པ་བཞི་དང་རྡོ་ རྗེ་འབེབས་པ་རྣམས་ཀྱི་དོན་ཡོད་གྲུབ་པའོ། །འདིར་ནང་གི་གཞལ་ཡས་ཁང་གི་སྒོ་རྣམས་ ལ་ཡང་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བསྒོམ་པར་བྱའོ་ཞེས་པ་ནི་ཕྱོགས་གཞན་ནོ། །རྣམ་པར་ སྣང་མཛད་ཀྱི་ཐུགས་ཁའི་ས་བོན་ནི་ཨའོ། །ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཡོ་གཱི་ཤྭ་ར་ཧཱུཾ་ཞེས་པ་ནི་ སྙིང་པོའོ། །ༀ་བཛྲ་ཡཀྵ་ཧཱུཾ་ཞེས་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྟེ་ལས་ཐམས་ཅད་པའི་སྔགས་སོ། ། གང་ཡང་རྡོ་རྗེ་རྩེ་མོ་ལ་སོགས་པའི་རྒྱུད་རྣམས་ སུ་རྣམ་པ་གཞན་གྱིས་ཀྱང་ལྷའི་རྣམ་པའི་ཁྱད་པར་གསུངས་པ་དེ་དག་ནི་མངས་པས་ འཇིགས་ནས་མ་བཤད་དོ། ། 8-1-220 ༈ བཞི་བཅུ་རྩ་གསུམ་གྱི་བདག་ཉིད་ཅན་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ནི་རྡོ་རྗེའི་ གུར་ལ་སོགས་པ་ནས་གཞལ་ཡས་ཁང་གི་བར་དུ། དང་པོར་བཤད་པའི་འཇམ་པའི་རྡོ་རྗེའི་ དཀྱིལ་འཁོར་བཞིན་ནོ། །འོན་ཀྱང་འདིར་ཁྲོ་བོ་རྣམས་ནི་འཆད་པར་འགྱུར་བའི་གཟུགས་ ཅན་ནོ་ཞེས་པ་ནི་ཕྱོགས་གཅིག་སྟེ། རྡོ་རྗེ་གུར་གྱི་ནང་རི་རབ་ཀྱི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་ ཀྱི་ལྟེ་བ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་ངོ་ཞེས་པ་ནི་གཉིས་པའོ། ། ཕྱོགས་གཉིས་ཀ་ལ་ཡང་མཆོད་རྟེན་དཀར་པོའི་ནང་དུ་གཞལ་ཡས་ཁང་ངོ༌། །དེའི་ལྟེ་བར་ སེང་གེའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ། སེམས་དཔའི་དཀྱིལ་དཀྲུང་གིས་བཞུགས་ པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་འཇམ་པའི་རྡོ་རྗེ་ནི་སྐུ་མདོག་ གསེར་བཙོ་མ་ལྟ་བུ་སྡུག་ཅིང་ཡིད་དུ་འོང་བ། མེ་ཏོག་སྣ་ཚོགས་ཀྱི་མཛེས་པའི་ཟུར་ཕུད་ གསུམ་གྱིས་རྣམ་པར་རྒྱན་པ། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་སེར་པོ་དང་ སྔོན་པོ་དང་དཀར་པོ། ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་རལ་གྲི་དང་མཆོག་སྦྱིན་དང་མདའ་ དང༌། གཡོན་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་ཆུ་སྐྱེས་སྔོན་པོ་དང་ གཞུ་འཛིན་པ། རང་དང་འདྲ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སྙོམས་པར་བཞུགས་ པའོ། །དེའི་ཤར་གྱི་རེ་མིག་ལ་གླང་པོ་ཆེའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ། མི་བསྐྱོད་ པ་སྔོན་པོ་འགྱིང་བའི་ཚུལ་གྱིས་གནས་པ། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་ སྔོན་པོ་དང་དཀར་པོ་དང་དམར་པོ། ཕྱག་བརྒྱད་པ་གཡས་པའི་སོར་མོ་གུང་མོས་ཐུགས་ ཁར་རྡོ་རྗེ་གྱེན་དུ་བསྒྲེང་བ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་དཀུར་བརྟེན་པ། གཞན་གཡས་པ་རྣམས་ཀྱིས་རལ་གྲི་དང་ལྕགས་ཀྱུ་དང་མདའ་དང་གཡོན་པ་རྣམས་ཀྱིས་ནུ་ མ་དང་ཞགས་པ་དང་གཞུ་འཛིན་པའོ། །ལྷོར་རྟའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་རིན་ ཆེན་འབྱུང་ལྡན་སེར་པོ་སེམས་དཔའི་དཀྱིལ་མོ་དཀྲུང་ཅན། རྩ་བ་དང་གཡས་པ་དང་གཡོན་ 8-1-221 པའི་ཞལ་རྣམས་སེར་པོ་དང་སྔོན་པོ་དང་དཀར་པོ། ཕྱག་དྲུག་པ། རྩ་བའི་ཕྱག་དག་གིས་ མཉམ་གཞག་གི་ཕྱག་རྒྱ་མཛད་པ། གཡས་པ་དག་གིས་རིན་པོ་ཆེ་དང་རལ་གྲི་དང༌། གཡོན་ པ་དག་གིས་འཁོར་ལོ་དང་རྡོ་རྗེ་འཛིན་པའོ། །ནུབ་ཏུ་རྨ་བྱའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ ཉི་མ་ལ་སྣང་བ་མཐའ་ཡས་དཀར་པོ་སེམས་དཔའི་དཀྱིལ་དཀྲུང་ཅན། རྩ་བ་དང་གཡས་པ་ དང་གཡོན་པའི་ཞལ་རྣམས་དཀར་པོ་དང་སྔོན་པོ་དང་དམར་པོ། ཕྱག་དྲུག་པ། གཡོན་པས་ སྒེག་པ་དང་བཅས་པས་པད་མའི་ཡུ་བ་ཐུགས་ཁར་བཟུང་ སྟེ་གཡས་པས་ཁ་འབྱེད་པ། གཡས་པ་དག་གིས་བགྲང་ཕྲེང་དང་རྡོ་རྗེ་འཛིན་ཞིང༌། གཡོན་པ་དག་གིས་ནུ་མ་དང་སྤྱི་བླུགས་འཛིན་པའོ། །བྱང་དུ་ནམ་མཁའ་ལྡི ང་གི་སྟེང་དུ་སྣ་ ཚོགས་ཆུ་སྐྱེས་དང་ཉི་མ་ལ་དོན་ཡོད་གྲུབ་པ་དམར་པོ་སེམས་དཔའི་དཀྱིལ་དཀྲུང་ཅན། རྩ་ བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་དམར་པོ་དང་སྔོན་པོ་དང་དཀར་པོ། ཕྱག་དྲུག་ པ། དང་པོ་གཉིས་ཀྱིས་བསམ་གཏན་གྱི་ཕྱག་རྒྱ་བཅིངས་པ། གཡས་པ་དག་གིས་རལ་གྲི་ དང་རྡོ་རྗེ་དང༌། གཡོན་པ་དག་གིས་ནུ་མ་དང་ལྕགས་ཀྱུ་འཛིན་པའོ། །དབང་ལྡན་དུ་སྤྱན་མ་ སེར་མོ་སེམས་དཔའི་དཀྱིལ་དཀྲུང་ཅན། ཕྱག་བརྒྱད་མ། གཡས་པ་རྣམས་ཀྱིས་མཆོག་སྦྱིན་ དང་མི་འཇིགས་པ་དང་འཁོར་ལོ་དང་མདའ་དང༌། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་ བཅས་པའི་ཞགས་པ་དང་རིན་པོ་ཆེའི་སྙེམ་མ་དང་བགྲང་ཕྲེང་དང་གཞུ་འཛིན་པའོ། །མེར་ མཱ་མ་ཀཱི་སྔོན་མོ་ཁྲོ་བ་དང་བཅས་པས་རྒོད་པ་སེམས་དཔའི་དཀྱིལ་དཀྲུང་ཅན། ཕྱག་དྲུག་ མ་གཡས་པ་རྣམས་ཀྱིས་མི་འཇིགས་པ་དང་རྡོ་རྗེ་དང་མདའ་དང༌། གཡོན་པ་རྣམས་ཀྱིས་ སྡིགས་མཛུབ་དང་ཞགས་པ་དང་གཞུ་འཛིན་པའོ། །བདེན་བྲལ་དུ་གོས་དཀར་མོ་དཀར་མོ་ འགྱིང་བའི་ཚུལ་གྱིས་གནས་པ། ཕྱག་དྲུག་མ་གཡས་པ་རྣམས་ཀྱིས་མི་འཇིགས་པ་དང་རྡོ་རྗེ་ དང་མདའ་དང༌། གཡོན་པ་རྣམས་ཀྱིས་པད་མ་དང་བགྲང་ཕྲེང་དང་གཞུ་འཛིན་པའོ། ། 8-1-222 རླུང་དུ་སྒྲོལ་མ་ར་ཀ་ཏ་ལྟ་བུ་སེམས་དཔའི་དཀྱིལ་དཀྲུང་ཅན། ཕྱག་དྲུག་མ་གཡས་པ་ རྣམས་ཀྱིས་མི་འཇིགས་པ་དང་རྡོ་རྗེ་དང་མདའ་དང༌། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་ དང་ཨུད་པ་ལ་དང་གཞུ་འཛིན་པའོ། །རིམ་པ་གཉིས་པའི་ཤར་ལ་སོགས་པའི་ཕྱོགས་རྣམས་ སུ། སེམས་མ་རྡོ་རྗེ་མ་དང་རིན་ཆེན་རྡོ་རྗེ་མ་དང་ཆོས་ཀྱི་རྡོ་རྗེ་མ་དང་ལས་ཀྱི་རྡོ་རྗེ་མ་རྣམས་ ཀྱི་སྐུ་མདོག་དང་ཕྱག་དང་མཚོན་ཆ་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པ་ལ་ སོགས་པ་རྣམས་དང་མཚུངས་པའོ། ། འོན་ཀྱང་ནུ་མ་འཛིན་པ་མེད་པར་སེམས་མ་རྡོ་རྗེ་མ་དང་རིན་ཆེན་རྡོ་རྗེ་མ་དང་ལས་ ཀྱི་རྡོ་རྗེ་མ་རྣམས་ནི་སྡིགས་འཛུབ་འཛིན་པ་སྟེ། ཆོས་ཀྱི་རྡོ་རྗེ་མ་ནི་ཞགས་པ་འཛིན་པའོ། ། དབང་ལྡན་དུ་ཙུན་ད་མ་ཟླ་བའི་མདོག་ཅན་ཕྱག་ཉི་ཤུ་རྩ་དྲུག་མ། རྩ་བའི་ཕྱག་དག་གིས་ ཐུགས་ཁར་རྩ་བའི་ཕྱག་རྒྱ་དང༌། གཡས་པ་རྣམས་ཀྱིས་མི་འཇིགས་པ་དང་རལ་གྲི་དང་རིན་ པོ་ཆེའི་ཕྲེང་བ་དང་བཱི་ཛ་པཱུ་ར་དང་མདའ་དང་དགྲ་སྟ་དང་དབྱུག་ཐོ་དང་ཐོ་བ་དང་ལྕགས་ཀྱུ་ དང་རྡོ་རྗེ་དང་བ་དན་གསུམ་གྱི་ཚུལ་དང་བགྲང་ཕྲེང་རྣམས་དང༌། གཡོན་པ་རྣམས་ཀྱིས་ཡིད་ བཞིན་ནོར་བུའི་རྒྱལ་མཚན་དང་པད་མ་དང་སྤྱི་བླུགས་དང༌། ཞགས་པ་དང་གཞུ་དང་ཤག་ཏི་ དང་འཁོར་ལོ་དང་རལ་གྲི་དང་སྡིགས་མཛུབ་དང་བུམ་པ་བཟང་པོ་དང་མཚོན་རྩེ་གཅིག་པ་ དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པ། ཀན་ཙུ་ཀའི་སྟོད་གཡོགས་བཅིངས་པ། བླ་གོས་ཕྲག་པ་ལ་གཟར་པ། གར་གྱི་ཉམས་དགུའི་རང་བཞིན་ཅན། རྩ་བའི་ཞལ་དཀར་པོ། གཡས་པའི་ཞལ་སྔོན་པོ་ལྗགས་འདྲིལ་ཞིང་མཆེ་བ་ཅུང་ཟད་ གཙིགས་པ། གཡོན་པ་སེར་པོ་མ་མཆུ་མནན་པའོ། །ཐལ་མོ་ཡང་དག་པར་སྦྱར་ཏེ་མཛུབ་ མོ་གཉིས་གུང་མོའི་ཚིགས་བར་པ་ལ་ཟླུམ་པོའི་རྣམ་པར་བཞག་ཅིང༌། མཐེ་བོང་དག་མཛུབ་ མོའི་ལོགས་ཀྱི་རྩ་བར་འཛིན་པ་ནི་འདིའི་རྩ་བའི་ཕྱག་རྒྱའོ། །མེར་རིན་ཆེན་སྐར་མདའ་མ་ 8-1-223 སེར་མོ་ཕྱག་དྲུག་མ། དང་པོ་གཉིས་ཀྱིས་ཐུགས་ཁར་རིན་པོ་ཆེ་ཁ་སྦྱོར་འཛིན་པ། གཡས་ པ་དག་གིས་མི་འཇིགས་པ་དང་མདའ་དང༌། གཡོན་པ་དག་གིས་སྡིགས་མཛུབ་དང་གཞུ་ འཛིན་པའོ། །བདེན་བྲལ་དུ་ཁྲོ་གཉེར་ཅན་མ་དཀར་མོ་ཕྱག་དྲུག་མ་གཡས་པ་རྣམས་ཀྱིས་རྡོ་ རྗེ་དང་དབྱུག་པ་དང་མདའ་དང༌། གཡོན་པ་དག་གིས་སྡིགས་མཛུབ་དང་སྤྱི་བླུགས་དང་གཞུ་ འཛིན་པའོ། །རླུང་དུ་རྡོ་རྗེ་ལྕགས་སྒྲོག་མ་ལྗང་ཁུ་ཕྱག་དྲུག་མ། གཡས་པ་རྣམས་ཀྱིས་རྡོ་རྗེ་ དང་རྡོ་རྗེ་ལྕགས་སྒྲོག་དང་མདའ་དང༌། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་ཞགས་པ་ དང་གཞུ་འཛིན་པའོ། །སྤྱན་མ་ལ་སོགས་པའི་ལྷ་མོ་བཅུ་གཉིས་པོ་འདི་རྣམས་ནི་རོལ་པའི་ ཀུན་ཏུ་བསྐྱོད་པ་དང་ལྡན་པས་ཟླ་བའི་གདན་ལ་བཞུགས་ཤིང་འོད་ཟེར་དམར་པོའི་དཀྱིལ་ འཁོར་ཅན། རང་རང་གི་རིགས་ཀྱི་བདག་པོ་བཞིན་དུ་ཞལ་གསུམ་པའོ། །རིམ་པ་གསུམ་ པའི་དཀྱིལ་འཁོར་གྱི་སྣམ་བུ་རྣམས་ལ། ཤར་དུ་བྱམས་པ་གསེར་གྱི་མདོག་ཅན་ཕྱག་དང་ པོ་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་ཅིང༌། གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་པས་མེ་ཏོག་དང་བཅས་པའི་ཀླུ་ཤིང་གི་ཡལ་ག་འཛིན་པ་དང༌། འཇམ་དཔལ་དམར་ པོའི་གཟུགས་ཅན་ཕྱག་དང་པོ་གཉིས་ཆོས་འཆད། དེའི་འོག་མ་གཉིས་རལ་གྲི་དང་གླེགས་ བམ། དེའི་འོག་མ་གཉིས་ཀྱིས་མདའ་གཞུ་འཛིན་པ། ཁྱད་པར་དུ་ཤེས་རབ་མ་དང་བྲལ་བ་ དང༌། སྤོས་ཀྱི་གླང་པོ་ལྗང་ཁུ་གཡོན་པས་བུམ་པར་གནས་པའི་གླང་པོ་ཆེའི་སྣ་འཛིན་ཞིང༌། གཡས་པས་མཆོག་སྦྱིན་པ་དང༌། ཡེ་ཤེས་ཏོག་སེར་པོ་གཡོན་པས་ཡིད་བཞིན་ནོར་བུའི་རྒྱལ་མཚན་འཛིན་ཞིང༌། གཡས་ པས་མཆོག་སྦྱིན་པའོ། །ལྷོར་བཟང་སྐྱོང་སྐུ་མདོག་དམར་པོ་གཡོན་པས་རིན་པོ་ཆེ་འཛིན་ ཞིང༌། གཡས་པས་མཆོག་སྦྱིན་པ་དང༌། བློ་གྲོས་རྒྱ་མཚོ་དཀར་པོ་ཕྱག་གཉིས་ཀྱི་སོར་མོ་ ཐམས་ཅད་བརྐྱང་བས་ཆུ་རླབས་ཀྱི་ཚུལ་མཛད་པ་དང༌། བློ་གྲོས་མི་བཟད་པ་གསེར་གྱི་ 8-1-224 མདོག་ཅན་གཡོན་པའི་ཁུ་ཚུར་ཐུགས་ ཁར་བཞག་སྟེ། གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་དང༌། སྤོབས་པ་བརྩེགས་པ་ ལྗང་ཁུ་གཡོན་པའི་ཁུ་ཚུར་པང་དུ་བཞག་ཅིང་གཡས་པས་སེ་གོལ་ཏོག་པའོ། །ནུབ་ཏུ་མཐུ་ ཆེན་ཐོབ་པ་དཀར་པོ། གཡོན་པས་ཅུང་ཟད་ཁ་ཕྱེ་བའི་པད་མ་དཀར་པོ་འཛིན་ཞིང༌། གཡས་ པས་མཆོག་སྦྱིན་པ་དང༌། ངན་སོང་ཀུན་འདྲེན་དཀར་པོ་ཕྱག་གཉིས་ཀྱིས་སྡིག་པ་སྤྲུག་པའི་ ཚུལ་ཅན་དང༌། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་སེར་པོ་ཕྱག་ གཉིས་ཁ་སྦྱར་བ་བརྡེག་པའི་ཚུལ་ཅན་དང༌། དྲ་བ་ཅན་གྱི་འོད་དམར་པོ་གཡོན་པས་ཨུད་ པ་ལ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་ཞྀ ང༌། གཡས་པས་མཆོག་སྦྱིན་པའོ། ། བྱང་དུ་ཟླ་འོད་དཀར་པོ་གཡོན་པས་ཨུད་པ་ལར་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་ ཞིང༌། གཡས་པས་མཆོག་སྦྱིན་པ་དང༌། འོད་དཔག་མེད་དམར་པོ་ཕྱག་གཉིས་དབང་བསྐུར་ བའི་བུམ་པ་འཛིན་པ་དང༌། ནམ་མཁའ་མཛོད་སེར་པོ་གཡོན་པ་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་ ཞིང༌། གཡས་པ་ནམ་མཁའ་ལ་བསྐོར་བ་དང༌། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྔོན་ པོའམ་དཀར་པོ་གཡོན་པས་ས་ལ་རེག་ཅིང༌། གཡས་པའི་ཁུ་ཚུར་གྱི་མཛུབ་མོ་དང་མཐེ་བོང་ སྦྱར་ཏེ་དྲི་བའི་ཚུལ་གྱིས་གནས་པའོ། །བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་འདི་ རྣམས་ནི་ཟླ་བའི་གདན་དང་ཟླ་བའི་འོད་ཅན། སེམས་དཔའི་དཀྱིལ་དཀྲུང་གིས་བཞུགས་པ། སྤྱན་གསུམ་པ། རང་ཕྱོགས་ཀྱི་བདག་པོ་དང་འདྲ་བར་ཞལ་གསུམ་པ་ཕྱག་དྲུག་ གི་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱ་དང༌། གཉིས་ཀྱིས་གཞུ་དང་མདའ་འཛིན་པའོ། ། བྱམས་པ་དང་འཇམ་དཔལ་གཉིས་ནི་མཉམ་གཞག་གི་ཕྱག་རྒྱ་མེད་པའོ། །འཇམ་པའི་རྡོ་ རྗེ་ལ་སོགས་པའི་ལྷ་ཐམས་ཅད་རྣམ་པ་སྣ་ཚོགས་པའི་གོས་དང་རིན་པོ་ཆེའི་རྒྱན་དང་འཛུམ་ བག་དང་བཅས་པའི་ཞལ་དང༌། སྒེག་པའི་ཉམས་དང་ལྡན་པའོ། །ཤར་སྒོར་མ་ཧེའི་སྟེང་དུ་ 8-1-225 གཤིན་རྗེ་མཐར་བྱེད་ནག་པོ་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་རལ་གྲི་དང་རྡོ་རྗེ་དང་མདའ་ འཛིན་པ། གཡོན་པས་ཞགས་པ་དང་བཅས་པའི་སྡིགས་མཛུབ་གྱེན་དུ་བསྒྲེང་བས་སྡིགས་ པར་བྱེད་པ། གཉིས་པས་འཁྱུད་པའི་ལྷ་མོའི་ནུ་མ་ནས་འཛིན་པ་སྟེ། དེ་ཡང་ཕྱག་གཉིས་མ་ དཀར་མོ་ཕྱག་གཡོན་པས་འདམ་སྐྱེས་འཛིན་ཞིང༌། གཡས་ པས་ཀུན་ནས་འཁྱུད་པར་བརྩོན་པའོ། །གཡོན་པའི་གསུམ་པས་དངུལ་གྱི་གཞུ་འཛིན་ པ། མ་རཀྟ་ལྟར་ལྗང་བའི་ལྷ་མོ་ཕྱག་གཉིས་མ་གཡས་པ་ཨུད་པ་ལ་སྔོན་པོ་འཛིན་ཞིང༌། ཕྱག་ གཡོན་པ་མགུལ་པ་ལ་འཁྱུད་པས་གཡས་ཕྱོགས་ནས་རྣམ་པར་མཛེས་པ། ཞབས་དྲུག་པ། གསུས་པ་འཕྱང་བ། ཞལ་དྲུག་ནི་སྔོན་པོ། རྩ་བའི་ཞལ་གད་རྒྱངས་དང་བཅས་པ། གཉིས་ པ་འཇིགས་པར་བྱེད་པ། གསུམ་པ་གདངས་པ། བཞི་པ་དྲག་པོ་ཆེན་པོ། ལྔ་པ་རྡོ་རྗེའི་མཆེ་ བ་ཅན། དྲུག་པ་སྤྱི་བོར་གནས་ཤིང་ལྗགས་འདྲིལ་བའོ། །ཡང་ན་སྤྱི་བོར་གནས་པ་སྔོན་པོ། རྩ་བའི་ཞལ་ལ་སོགས་པ་རྣམས་གཡས་བསྐོར་གྱིས་སྔོན་པོ་དང་དཀར་པོ་དང་སེར་པོ་དང་ དམར་པོ་དང་ལྗང་ཁུ་རྣམས་སོ། །ལྷོ་སྒོར་གཞན་གྱིས་མི་ཐུབ་པ་སེར་པོ་རྩ་བ་དང་གཡས་ པ་དང་གཡོན་པའི་ཞལ་རྣམས་སེར་པོ་དང་ནག་པོ་དང་དཀར་པོ། ཕྱག་དྲུག་པ། གཡས་པ་ རྣམས་ཀྱིས་རྡོ་རྗེ་དང་དབྱུག་ཐོ་དང་མདའ་འཛིན་ཞིང༌། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་ དང་བཅས་པའི་ཞགས་པ་དང་ནུ་མ་དང་གཞུ་འཛིན་པའོ། ། ནུབ་ཏུ་རྟ་མགྲིན་དམར་པོ་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་དམར་པོ་ དང་སྔོན་པོ་དང་དཀར་པོ་ཕྱག་དྲུག་པ། གཡས་པ་རྣམས་ཀྱིས་རྡོ་རྗེ་དབྱུག་པ་དང་ཀ་ཎ་ཡ་ དང་མདའ་འཛིན་ཞིང༌། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ ནུ་མ་དང་གཞུ་འཛིན་པའོ། །བྱང་དུ་བདུད་རྩི་འཁྱིལ་པ་སྔོན་པོ་ཞབས་ཀྱིས་བགེགས་མནན་ པ། ཕྱག་དྲུག་པ། གཡས་པ་རྣམས་ཀྱིས་རལ་གྲི་དང་དགྲ་སྟ་དང་མདའ་འཛིན་ཞིང༌། གཡོན་ 8-1-226 པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང་གཞུ་འཛིན་པའོ། ། དབང་ལྡན་གྱི་མཚམས་སུ་རིན་པོ་ཆེའི་རི་བོའི་སྟེང་དུ་མི་གཡོ་སྔོན་པོ། མིག་ཡོ་བ། ཕྱག་དྲུག་ པ་གཡས་པ་རྣམས་ཀྱིས་རལ་གྲི་དང་ཞགས་པ་དང་མདའ་འཛིན་ཞིང༌། གཡོན་པ་རྣམས་ ཀྱིས་སྡིགས་འཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང་གཞུ་འཛིན་པ། གཡོན་ངོས་སུ་ འཕྱང་བའི་གོས་སྔོན་པོ་ཅན། ཁྲག་གིས་བརླན་ཞིང་ལྗགས་འདྲིལ་བའི་ཞལ་གདངས་པའོ། ། མེར་འདོད་པའི་རྒྱལ་པོ་སྔོན་པོ། ཕྱག་དྲུག་པ། དང་པོ་གཉིས་ཀྱིས་རང་གི་ཕྱག་རྒྱ་མཛད་པ། གཡས་པ་དག་གིས་རྡོ་རྗེ་དང་མདའ་དང༌། གཡོན་པ་དག་གིས་ནུ་མ་དང་གཞུ་འཛིན་པ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་ཕན་ཚུན་རྒྱབ་སྦྱར་ནས་མཐེ་ཆུང་གཉིས་ལུ་གུ་རྒྱུད་ལྟར་བྱས་ཏེ་སྡིགས་ མཛུབ་གཉིས་རབ་ཏུ་བརྐྱང་ནས་ཞགས་པ་ལྟར་བྱས་པ་ནི་འདོད་པའི་རྒྱལ་པོའི་ཕྱག་རྒྱའོ། ། བདེན་བྲལ་དུ་དབྱུག་སྔོན་ཅན་སྔོན་པོ་ཕྱག་དྲུག་པ། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་དབྱུག་ པ་དང་མདའ་དང༌། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་ མ་དང་གཞུ་འཛིན་པའོ། །རླུང་དུ་སྟོབས་པོ་ཆེ་སྔོན་པོ་ཕྱག་བརྒྱད་པ། གཡས་པ་རྣམས་ཀྱིས་ རྡོ་རྗེ་དང་དབྱུག་པ་དང་རལ་གྲི་དང་མདའ་དང༌། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་ བཅས་པའི་ཞགས་པ་དང་ནུ་མ་དང་ཐོ་བ་དང་གཞུ་འཛིན་པའོ། །འཁོར་ལོའི་དབང་ཕྱུག་གི་ སྟེང་དུ། གནོད་མཛེས་རྒྱལ་པོ་སྔོན་པོ་ཕྱག་དྲུག་པ། ཕྱག་གཉིས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་ རྒྱ་བཅིངས་པ། གཡས་པ་དག་གིས་རལ་གྲི་དང་མདའ་འཛིན་ཞིང༌། གཡོན་པ་དག་གིས་ནུ་ མ་དང་གཞུ་འཛིན་པ་སྟེ། འདིར་འདོད་པའི་རྒྱལ་པོའི་ཕྱག་རྒྱ་དེ་ཉིད་ཀྱི་མཛུབ་མོ་གཉིས་ གྱེན་དུ་བསྒྲེང་བ་ནི་གནོད་མཛེས་རྒྱལ་པོའི་འོ། །འོག་ཏུ་རྡོ་རྗེས་ས་འོག་སྔོན་པོ་ཕྱག་དྲུག་པ། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་ལྕགས་ཀྱུ་དང་མདའ་འཛིན་ཞིང༌། གཡོན་པ་རྣམས་ཀྱིས་ནུ་ མ་དང་ཞགས་པ་དང་བཅས་པའི་རྩེ་གཅིག་པ་དང་གཞུ་འཛིན་པའོ། །བགེགས་མཐར་བྱེད་ 8-1-227 ལ་སོགས་པ་བདུན་ནི་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་གསུམ་སྔོན་པོ་དང་སེར་ པོ་དང་དམར་པོའོ། །ཁྲོ་བོ་བཅུ་པོ་རྣམས་ཀྱང་ཁྲོས་པའི་ལྟ་སྟངས་ཅན་སྤྱན་གསུམ་དམར་ བ་སྨིན་མ་གཡོ་བ། རྩ་བའི་ཞལ་ཅུང་ཟད་ཕྱེ་བ། གཡས་པའི་ཞལ་གདངས་པ་གཡོན་པའི་ ཞལ་ཚེམས་ཀྱིས་མ་མཆུ་མནན་པ། མཆེ་བ་གཙིགས་པ། སྟག་གི་ལྤགས་པའི་གོས་གྱོན་པ། ཐོད་པའི་ཕྲེང་བའི་ཅོད་པན་ཅན། སྐྲ་དང་སྨ་ར་སེར་པོ་གྱེན་དུ་བརྫེས་པ། རོལ་པའི་ཀུན་ ཏུ་བསྐྱོད་པ་ཅན། ཀླུ་བརྒྱད་ཀྱིས་བརྒྱན་པ། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གཡོན་བརྐྱང་ གིས་གནས་པ་སྟེ། གཤིན་རྗེ་མཐར་བྱེད་ནི་གཡས་བརྐྱང་ངམ་རྡོ་རྗེ་དཀྱིལ་དཀྲུང་གིས་སོ། ། དཀྱིལ་འཁོར་འདིར་གནོད་མཛེས་རྒྱལ་པོའི་ངོ་བོ་ཉིད་ཀྱིས་གནས་པའི་གཙུག་ཏོར་འཁོར་ ལོས་བསྒྱུར་བ་ནི་དཀྱིལ་འཁོར་པ་ཉིད་དུ་ལོགས་སུ་མ་བཤད་དེ། དཔལ་སྒྱུ་འཕྲུལ་དྲ་བའི་ རྒྱུད་ལས་རྣལ་འབྱོར་རྒྱས་པར་བསྟན་པ་ལའོ། །བར་མའི་རིམ་པར་བསྟན་པ་ལ་ནི། འཇམ་ པའི་རྡོ་རྗེའི་སྤྱི་གཙུག་གི་སྟེང་ དུ་རིན་པོ་ཆེའི་རི་ལ་གནས་པའི་པད་མ་དང་ཉི་མ་ལ་རྡོ་རྗེ་དཀྱིལ་དཀྲུང་གིས་བཞུགས་ པའི་གཙུག་ཏོར་འཁོར་ལོས་བསྒྱུར་བ་སེར་པོ། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་ རྣམས་སེར་པོ་དང་སྔོན་པོ་དང་དཀར་པོ། ཕྱག་བརྒྱད་པ། དང་པོ་གཉིས་ཀྱིས་ཏིང་ངེ་འཛིན་ གྱི་ཕྱག་རྒྱ་མཛད་པ། གཡས་པ་རྣམས་ཀྱིས་འཁོར་ལོ་དང་བགྲང་ཕྲེང་དང་མདའ་འཛིན་ཞིང༌། གཡོན་པ་རྣམས་ཀྱིས་རྡོ་རྗེ་དང་ནུ་མ་དང་གཞུ་འཛིན་པ། རྣམ་པ་སྣ་ཚོགས་པའི་གོས་དང་ རིན་པོ་ཆེའི་རྒྱན་དང་རལ་པའི་ཅོད་པན་ཅན། སྤྱན་མ་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་ ཀྱིས་གཞོགས་གཉིས་སུ་རྣམ་པར་བརྒྱན་པའོ་ཞེས་གསུངས་སོ། །དེའི་རྗེས་སུ་འབྲངས་ནས་ རྣལ་འབྱོར་རྒྱས་པ་ལ་ཡང༌། གཙུག་ཏོར་འཁོར་ལོས་བསྒྱུར་བ་དཀྱིལ་འཁོར་པར་ཐ་དད་དུ་ དང༌། དེའི་སྟེང་དུ་གནོད་མཛེས་རྒྱལ་པོ་ཤེས་པར་བྱའོ་ཞེས་པ་ནི་ཁ་ཅིག་གིའོ། །ལྷ་བཞི་བཅུ་ 8-1-228 རྩ་གསུམ་པོ་རྣམས་ཀྱང་ཞལ་རེ་རེ་ཞིང་སྤྱན་གསུམ་པའོ། ། འདིར་ནུ་མ་འཛིན་པར་བཤད་པ་འདི་ཡང༌། མི་བསྐྱོད་པ་ལ་སོགས་པ་བཞི་ནི་རང་དང་ འདྲ་བའི་ཤེས་རབ་མ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་སྟེ། ཁྲོ་བོ་རྣམས་ནི་རང་དང་འདྲ་ བའི་ཤེས་རབ་མ་གཡོན་ལོགས་སུ་གནས་པ་རྣམས་ཀྱིའོ་ཞེས་ཤེས་པར་བྱའོ། །གཤིན་རྗེ་ མཐར་བྱེད་ལས་གཞན་རྣམས་ལ་ཤེས་རབ་མ་མེད་ཅིང༌། དེའི་ནུ་མ་འཛིན་པའི་ཚུལ་གྱིས་ རང་གི་ནུ་མ་འཛིན་པའོ་ཞེས་པ་ནི་གཞན་ནོ། །འདིར་རྣམ་པར་སྣང་མཛད་ཀྱི་རང་བཞིན་ འཇམ་པའི་རྡོ་རྗེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ལ། རང་དང་འདྲ་བའི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་ པའི་རང་བཞིན་མི་བསྐྱོད་པའི་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་དང་སྤྱན་མ་དང་ ཙུན་ད་རྣམས་ལ་འཇམ་པའི་རྡོ་རྗེ་དང༌། མཱ་མ་ཀཱི་དང་སེམས་མ་རྡོ་རྗེ་མ་དང་བྱམས་པ་ལ་ སོགས་པ་བཞི་དང་ཁྲོ་བོ་བཅུ་ལ་མི་བསྐྱོད་པ་དང༌། རིན་ཆེན་རྡོ་རྗེ་མ་དང་རིན་ཆེན་སྐར་ མདའ་མ་དང་བཟང་སྐྱོང་མ་ལ་སོགས་པ་བཞི་ལ་རིན་ཆེན་འབྱུང་ལྡན་དང༌། གོས་དཀར་མོ་ དང་ཆོས་ཀྱི་རྡོ་རྗེ་མ་དང་ཁྲོ་གཉེར་ཅན་མ་དང་མཐུ་ཆེན་ཐོབ་པ་ལ་སོགས་པ་བཞི་ལ་སྣང་བ་ མཐའ་ཡས་དང༌། སྒྲོལ་མ་དང་ལས་ཀྱི་རྡོ་རྗེ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་ཟླ་འོད་ལ་སོགས་ པ་བཞི་ལ་དོན་ཡོད་གྲུབ་པས་སོ། །འཇམ་པའི་རྡོ་རྗེའི་ཐུགས་ཁའི་ས་བོན་ནི་མུཿའོ། །ༀ་ ཨཱཿཞེས་པ་ནི་སྙིང་པོའི་སྔགས་སོ། །ༀ་ཨ་མྲྀ་ཏ་ཀུཎ་ཊ་ལི་བིགྷ་ནཱན་ཏ་ཀ་ཧཱུཾ་ཞེས་པ་ལས་ ཐམས་ཅད་པའི་འོ། ། ༈ ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ལ་རྡོ་རྗེ་གུར་ལ་སོགས་པ་ བསྒོམ་པའི་རྣམས་པར་བཞག་པ་ནི་བཤད་མ་ཐག་པའི་དཀྱིལ་འཁོར་བཞིན་ནོ། །གཞན་ འདིར་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་རྣམས་ནི་འཆད་པར་འགྱུར་བའི་གཟུགས་ཅན་ 8-1-229 ཏེ། མཆོད་རྟེན་ནི་འདི་ལ་མེད་དོ། །གཞལ་ཡས་ཁང་གི་ལྟེ་བར་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེ་འབྲུ་ ལ་གནས་པའི་སེང་གེའི་སྟེང་དུ། པད་མ་དང་ཟླ་བ་ལ། འཇམ་པའི་དབྱངས་རྡོ་རྗེའི་དཀྱིལ་ དཀྲུང་གིས་བཞུགས་པ། ཉི་མ་གཞོན་ནུའི་དཀྱིལ་འཁོར་གྱི་འོད་དང་ལྡན་པ། གསེར་གྱི་ མདོག་ཅན། ཨིན་ཏྲ་ནཱི་ལ་ལྟ་བུའི་ཟུར་ཕུད་དང་ལྡན་པ། རྡོ་རྗེ་དང་རིན་པོ་ཆེ་དང་པད་མ་དང་ སྣ་ཚོགས་རྡོ་རྗེའི་ཕྲེང་བའི་ཅོད་པན་གྱི་སྟེང་དུ་སངས་རྒྱས་ལྔ་དང་རིན་པོ་ཆེའི་ཅོད་པན་ཅན། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་དང་ན་བཟའ་ཅན། སྒེག་པ་ལ་སོགས་པའི་ཉམས་ཀྱི་ ཚོགས་དང་ལྡན་པ། རྩ་བ་དང་གཡས་པ་དང་རྒྱབ་དང་གཡོན་གྱི་ཞལ་རྣམས་ནི་སེར་པོ་དང་ སྔོན་པོ་དང་དམར་པོ་དང་དཀར་པོ། ཕྱག་བརྒྱད་ཀྱི་གཉིས་ཀྱིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ མཛད་པ། གཡས་པ་རྣམས་ཀྱིས་རལ་གྲི་དང་མདའ་དང་རྡོ་རྗེ་དང༌། གཡོན་པ་རྣམས་ཀྱིས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་གཞུ་དང་རྡོ་རྗེ་དྲིལ་བུ་བསྣམས་པའོ། །འདབ་ མ་བརྒྱད་ལ་གནས་པའི་སེང་གེའི་སྟེང་དུ་པད་མ་དང་ཟླ་བའི་དཀྱིལ་འཁོར་རྣམས་ལ་ཤར་ ལ་སོགས་པའི་ཕྱོགས་རྣམས་སུ་གཙུག་ཏོར་ཆེན་པོ་དང་གདུགས་དཀར་པོ་དང་གཟི་བརྗིད་ ཕུང་པོ་དང་རྣམ་པར་རྒྱལ་བའི་གཙུག་ཏོར་རྣམས་དང༌། དབང་ལྡན་ལ་སོགས་པའི་མཚམས་ རྣམས་སུ་འོད་ཟེར་རྣམ་པར་འཕྲོ་བ་དང་འཕགས་པ་དང་ཆེར་འཕགས་དང་རྒྱལ་བ་རྣམས་ ཏེ། གཙུག་ཏོར་བརྒྱད་པོ་འདི་རྣམས་ནི་རྡོ་རྗེའི་དཀྱིལ་དཀྲུང་དང་རིན་པོ་ཆེའི་ཅོད་པན་ཅན་ སྐུ་མདོག་སེར་པོ་ཕྱག་གཉིས་ཀྱི་གཡས་པས་འཁོར་ལོ་གྱེན་དུ་བཟུང་བ། གཡོན་པས་རང་ གི་གདན་ལ་མནན་པའོ། །དེ་ནས་ཤར་གྱི་རེ་མིག་གི་དབུས་སུ་གླང་པོ་ཆེའི་རྒྱལ་པོ་ལ་མི་ བསྐྱོད་པ་སྔོན་པོ་ཞལ་བཞི་པ། རྩ་བའི་ཞལ་སྔོན་པོ་ཁྲོ་ཞིང་སྒེག་པ་དང་བཅས་པ། གཡས་ པ་དཀར་པོ་གདངས་ཤིང་དྲག་པ། རྒྱབ་མ་སེར་པོ་དཔའ་བ། གཡོན་པ་དམར་པོ་མཆེ་བ་ གཙིགས་ཤིང་མ་མཆུ་མནན་པ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་རལ་གྲི་དང་རྡོ་རྗེ་དང་ 8-1-230 མདའ་དང་ལྕགས་ཀྱུ་འཛིན་ཞིང༌། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་དྲིལ་བུ་དང་གཞུ་ དང་ཞགས་པ་འཛིན་པ། རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་རྒྱལ་པོ་དང་རྡོ་རྗེ་ཆགས་པ་དང་རྡོ་རྗེ་ ལེགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །ལྷོའི་རེ་མིག་གི་དབུས་སུ་རྟའི་རྒྱལ་པོ་ལ་རིན་ ཆེན་འབྱུང་ལྡན་སེར་པོ། སེར་པོ་དང་ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་བཞི་པ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་མདའ་དང་ལྕགས་ཀྱུ་འཛིན་ཞིང༌། གཡོན་པ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་རྡོ་རྗེ་དྲིལ་བུ་དང་ཞགས་པ་ དང་གཞུ་འཛིན་པ། རྡོ་རྗེ་རིན་ཆེན་དང་རྡོ་རྗེ་ཉི་མ་དང་རྡོ་རྗེ་ཏོག་དང་རྡོ་རྗེ་བཞད་པ་རྣམས་ ཀྱིས་ཡོངས་སུ་བསྐོར་བའོ། །ནུབ་ཀྱི་རེ་མིག་གི་དབུས་སུ་རྨ་བྱ་ལ་སྣང་བ་མཐའ་ཡས་དམར་ པོ། དམར་པོ་དང་ནག་པོ་དང་དཀར་པོ་དང་སེར་པོའི་ཞལ་བཞི་པ། ཕྱག་བརྒྱད་ཀྱི་གཡས་ པ་རྣམས་ཀྱིས་རྡོ་རྗེ་དང་མདའ་དང་རལ་གྲི་དང་ལྕགས་ཀྱུ་འཛིན་ཞིང༌། གཡོན་པ་རྣམས་ ཀྱིས་པད་མ་དང་གཞུ་དང་ཞགས་པ་དང་དྲིལ་བུ་འཛིན་པ། རྡོ་རྗེ་ཆོས་དང་རྡོ་རྗེ་རྣོན་པོ་དང་ རྡོ་རྗེ་རྒྱུ་དང་རྡོ་རྗེ་གསུང་བ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །བྱང་གི་རེ་མིག་གི་དབུས་ སུ་ནམ་མཁའ་ལྡི ང་ལ་དོན་ཡོད་གྲུབ་པ་ལྗང་ཁུ། ཞལ་བཞིའི་རྩ་བ་ལྗང་ཁུ་མཆེ་བ་གཙིགས་ པ། གཡས་པ་སེར་པོ་ཞི་བ། རྒྱབ་མ་དམར་པོ་སྒེག་པ་དང་བཅས་པ། གཡོན་པ་དཀར་པོ་ ཞི་བ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་རལ་གྲི་དང་རྡོ་རྗེ་དང་མདའ་དང་ལྕགས་ཀྱུ་ འཛིན་ཞིང་གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་དྲིལ་བུ་དང་གཞུ་དང་ཞགས་པ་འཛིན་ པ། རྡོ་རྗེ་ལས་དང་རྡོ་རྗེ་བསྲུང་བ་དང་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་ཁུ་ཚུར་རྣམས་ཀྱིས་ཡོངས་ སུ་བསྐོར་བའོ། །མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ནི་རང་རང་གི་ བཞོན་པའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་རྡོ་རྗེའི་དཀྱིལ་དཀྲུང་གིས་བཞུགས་པ་རྣམ་ པ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་དང་གོས་དང་ཅོད་པན་ཅན་ནོ། །རྡོ་རྗེ་སེམས་དཔའ་ལ་ 8-1-231 སོགས་པ་བཅུ་དྲུག་པོ་རྣམས་ནི་དབང་ལྡན་ལ་སོགས་པའི་མཚམས་སུ་གནས་པའི་སྣ་ཚོགས་ ཆུ་སྐྱེས་དང་ཟླ་བ་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྐུ་མདོག་ལ་སོགས་ པ་ཅན་ནོ། །འདི་དག་ཀྱང་ཕྱོགས་སུ་གནས་པའོ་ཞེས་པའི་ཕྱོགས་ཀྱང་ཡོད་དོ། །དབང་ལྡན་ ལ་སོགས་པའི་མཚམས་སུ་གནས་པའི་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ། སེམས་དཔའི་ དཀྱིལ་དཀྲུང་ཅན་གྱི་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་ནི་རིམ་པ་ ཇི་ལྟ་བ་བཞིན་དུ་འཇམ་པའི་དབྱངས་དང་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་དང་དོན་ཡོད་ གྲུབ་པ་ལྟ་བུའོ། །སྒོ་རྣམས་ལ་ཤར་དུ་རྡོ་རྗེ་ལྕགས་ཀྱུ་དམར་སེར་རྡོ་རྗེ་ལྕགས་ཀྱུ་དང་ཞགས་ པ་འཛིན་པ་གཡས་བརྐྱང་གིས་གནས་པ་དང༌། ལྷོ་རུ་རྡོ་རྗེ་ཞགས་པ་སེར་པོ་རྡོ་རྗེ་ཞགས་པ་ འཛིན་པ་གཡོན་བརྐྱང་གིས་གནས་པ་དང༌། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དམར་པོ་ཕྱག་གཉིས་ ཀྱིས་རྡོ་རྗེ་ལྕགས་སྒྲོག་འཛིན་པ་ས་གའི་སྟབས་ཀྱིས་གནས་པ་དང༌། བྱང་དུ་རྡོ་རྗེ་འབེབས་ པ་ལྗང་ཁུ་རྡོ་རྗེ་བསྡམས་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པ་ཟླུམ་པོའི་སྟབས་ཀྱིས་ གནས་པ་སྟེ། བཞི་པོ་འདི་རྣམས་ནི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པ། ཞལ་གཅིག་ པ་ཕྱག་གཉིས་པ་སྤྱན་གསུམ་པ། དབུ་སྐྲ་དང་སྨ་ར་སེར་པོ་གྱེན་དུ་བརྫེས་པ། ཀླུ་བརྒྱད་ཀྱི་ རྒྱན་གྱིས་བརྒྱན་པའོ། །སྙིང་པོའི་དཀྱིལ་འཁོར་འདི་ལས་ཕྱི་རོལ་དཀྱིལ་འཁོར་གཉིས་པ་ ལ། ཤར་ཕྱོགས་སུ་དབང་ལྡན་ནས་བརྩམས་ནས་གཡས་བསྐོར་གྱིས་རིམ་པ་ཇི་ལྟ་བ་བཞིན་ དུ། ས་མ་བཅུ་གཉིས་ནི་ཕྱག་གཉིས་མ་གཡས་པ་རྣམས་ཀྱིས་རྡོ་རྗེ་འཛིན་ཞིང༌། གཡོན་པས་ རང་རང་གི་ཕྱག་མཚན་འཛིན་པ་སྟེ། དེ་ལ་མོས་པས་སྤྱོད་པའི་ས་མ་པད་མ་དམར་པོ་ལྟ་བུ་ ཆུ་སྐྱེས་དམར་པོ་འཛིན་པ་དང༌། རབ་དགའ་མ་དམར་མོ་ཡིད་བཞིན་གྱི་ནོར་བུ་འཛིན་པ་ དང༌། དྲི་མེད་མ་དཀར་མོ་ཆུ་སྐྱེས་དཀར་པོ་འཛིན་པ་དང༌། འོད་བྱེད་མ་དམར་མོ་སྣ་ཚོགས་ ཆུ་སྐྱེས་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་པ་དང༌། འོད་འཕྲོ་མ་མ་ར་ཀ་ཏའི་མདོག་ 8-1-232 ཅན་ཨུད་པ་ལ་སྔོན་པོ་འཛིན་པ་དང༌། སྦྱང་དཀའ་མ་སེར་མོ་པང་པར་གནས་པའི་ཕྱག་ གན་རྐྱལ་གྱིས་མ་ར་ཀ་ཏའི་ནོར་བུ་འཛིན་པ་དང༌། མངོན་དུ་གྱུར་མ་གསེར་གྱི་མདོག་ཅན་ པད་མའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པ་དང༌། རིང་དུ་སོང་མ་ནམ་ མཁའ་ལྟར་སྔོ་བསངས་སྣ་ཚོགས་ཆུ་སྐྱེས་ལ་གནས་པའི་སྣ་ཚོགས་རྡོ་རྗེ་འཛིན་པ་དང༌། མི་ གཡོ་མ་ཟླ་བའི་མདོག་ཅན་ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་དམར་པོས་མཚན་པའི་པད་ མའི་ཡུ་བ་ཁེངས་པ་དང་བཅས་པས་འཛིན་པ་དང༌། ལེགས་པའི་བློ་གྲོས་མ་དཀར་མོ་རལ་ གྲིས་མཚན་པའི་ཨུད་པ་ལ་འཛིན་པ་དང༌། ཆོས་ཀྱི་སྤྲིན་མ་སེར་པོ་ཆོས་ཀྱི་སྤྲིན་གྱིས་ཡོངས་ སུ་བསྐོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པ་དང༌། ཀུན་ཏུ་འོད་མ་ཉིན་གུང་ གི་ཉི་མའི་མདོག་ཅན་པད་མའི་སྟེང་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཚོན་པར་བྱེད་ པའི་སངས་རྒྱས་ཀྱི་སྐུ་གཟུགས་འཛིན་པའོ། །ལྷོར་ཕ་རོལ་ཏུ་ཕྱིན་མ་བཅུ་གཉིས་ནི་ཕྱག་ གཉིས་མ་གཡས་པ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་བུ་འཛིན་ཞིང༌། གཡོན་པས་རང་རང་གི་ ཕྱག་མཚན་འཛིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་ཕྱག་གཉིས་ཀྱིས་ལྷག་པའོ། །དེ་ ལ་རིན་པོ་ཆེ་པད་མའི་ཕ་རོལ་ཏུ་ཕྱིན་མ་དམར་མོ་པད་མ་ལ་གནས་པའི་ཟླ་བའི་ དཀྱིལ་འཁོར་འཛིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་མ་དཀར་དམར་གྱི་མདོག་ཅན་ སྣ་ཚོགས་པའི་སོ་བའི་སྙེ་མ་འཛིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་ཡལ་ ག་དང་བཅས་པའི་མྱ་ངན་མེད་པའི་མེ་ཏོག་གི་ཆུན་པོ་འཛིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ ཕྱིན་མ་སེར་མོ་ཆུ་སྐྱེས་དཀར་པོ་འཛིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་མ་མ་ར་ཀ་ ཏའི་མདོག་ཅན་ཨུད་པ་ལ་སྔོན་པོ་འཛིན་པ་དང༌། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་མ་ནམ་ མཁའ་ལྟར་སྔོ་བསངས་པད་མ་དཀར་པོ་འཛིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ གསེར་གྱི་མདོག་ཅན་པད་མ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་པོ་ཏི་འཛིན་ 8-1-233 ཞིང་ཕྱག་གཉིས་ཀྱིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ་དང༌། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་ མ་པྲི་ཡང་ཀུ་ལྟར་ལྗང་ཁུ་ཆུ་སྐྱེས་སེར་པོ་ལ་གནས་པའི་རྡོ་རྗེ་འཛིན་པ་དང༌། སྨོན་ལམ་གྱི་ཕ་ རོལ་ཏུ་ཕྱིན་མ་ཨུད་པ་ལ་སྔོན་པོའི་མདོག་ཅན་ཨུད་པ་ལ་སྔོན་པོ་ལ་གནས་པའི་རལ་གྲི་ འཛིན་པ་དང༌། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་མ་དམར་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་ འཛིན་པ་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་སྣ་ཚོགས་པའི་རིན་པོ་ཆེའི་འབྲས་ བུས་བརྒྱན་པའི་བྱང་ཆུབ་ཀྱི་ཤིང་གི་ཡལ་ག་འཛིན་པ་དང༌། རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་མ་ སྣ་ཚོགས་མདོག་ཅན་ཨུད་པ་ལ་སྔོན་པོ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་འཛིན་པའོ། །ནུབ་ཏུ་ དབང་མ་བཅུ་གཉིས་ནི་ཕྱག་གཉིས་མ་གཡས་པ་རྣམས་ཀྱིས་ཨུད་པ་ལ་འཛིན་ཞིང༌། གཡོན་ པས་སྙེམས་པ་དང་བཅས་པས་རང་རང་གི་ཕྱག་མཚན་འཛིན་པ་སྟེ། དེ་ལ་ཚེ་ལ་དབང་མ་ དཀར་དམར་གྱི་མདོག་ཅན་ནོར་བུ་པད་མ་རཱ་ག་ལ་གནས་ཤིང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་ གྱི་སངས་རྒྱས་ཚེ་དཔག་ཏུ་མེད་པའི་སྐུ་གཟུགས་འཛིན་པ་དང༌། །སེམས་ལ་དབང་མ་དཀར་ མོ་རྡོ་རྗེ་རྩེ་ལྔ་པ་དམར་པོ་འཛིན་པ་དང༌། ཡོ་བྱད་ལ་དབང་མ་སེར་མོ་ཡིད་བཞིན་གྱི་ནོར་ བུའི་རྒྱལ་མཚན་འཛིན་པ་དང༌། ལས་ལ་དབང་མ་ལྗང་ཁུ་སྣ་ཚོགས་རྡོ་རྗེ་འཛིན་པ་དང༌། སྐྱེ་ བ་ལ་དབང་མ་སྣ་ཚོགས་མདོག་ཅན་རྣམ་པ་སྣ་ཚོགས་པའི་མདོག་ཅན་གྱི་ཛཱ་ཏིའི་ཁྲི་ཤིང་ འཛིན་པ་དང༌། རྫུ་འཕྲུལ་ལ་དབང་མ་ནམ་མཁའ་ལྟར་སྔོ་བསངས་པད་མ་ལ་གནས་པ་ཡི་ཉི་ མ་དང་ཟླ་བའི་དཀྱིལ་འཁོར་འཛིན་པ་དང༌། མོས་པ་ལ་དབང་མ་པད་མའི་རྩ་བ་ལྟར་དཀར་ བ་པྲི་ཡང་ཀུའི་མེ་ཏོག་གི་སྙེ་མ་འཛིན་པ་དང༌། སྨོན་ལམ་ལ་དབང་མ་སེར་མོ་ཨུད་པ་ལ་སྔོན་ པོ་འཛིན་པ་དང༌། ཡེ་ཤེས་ལ་དབང་མ་སྔོན་མོ་ཨུད་པ་ལ་སྔོན་པོ་ལ་གནས་པའི་རལ་གྲི་ འཛིན་པ་དང༌། ཆོས་ལ་དབང་མ་དཀར་མོ་པད་མ་ལ་གནས་པའི་བུམ་པ་བཟང་པོ་འཛིན་པ་ དང༌། དེ་བཞིན་ཉིད་མ་དཀར་མོ་ཕྱག་གཡས་པས་པད་མ་དཀར་པོ་འཛིན་ཞིང༌། གཡོན་པས་ 8-1-234 རྡོ་རྗེ་རིན་པོ་ཆེའི་སྙེ་མ་འཛིན་པ་དང༌། སངས་རྒྱས་ཀྱི་བྱང་ཆུབ་མ་གསེར་ཞུན་མ་ལྟ་བུ་ གཡས་པས་ཆུ་སྐྱེས་སེར་པོ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་འཛིན་ཞིང་གཡོན་པས་ཡིད་བཞིན་ གྱི་ནོར་བུའི་རྒྱལ་མཚན་གྱི་སྟེང་དུ་འཁོར་ལོ་འཛིན་པའོ། །བྱང་དུ་གཟུངས་མ་བཅུ་གཉིས་ནི་ ཕྱག་གཉིས་མ་གཡས་པ་རྣམས་ཀྱིས་སྣ་ཚོགས་རྡོ་རྗེ་དང༌། གཡོན་པས་སྙེམས་པ་དང་བཅས་ པས་རང་རང་གི་ཕྱག་མཚན་འཛིན་པ་སྟེ། དེ་ལ་ནོར་གྱི་བློ་གྲོས་མ་སེར་མོ་འབྲས་གྱི་སྙེ་མ་ འཛིན་པ་དང༌། རིན་ཆེན་སྐར་མདའ་མ་དམར་མོ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་ པ་དང༌། གཙུག་ཏོར་རྣམ་པར་རྒྱལ་མ་དཀར་མོ་ནོར་བུ་ཟླ་བ་ཆུ་ཤེལ་གྱི་བུམ་པ་འཛིན་པ་ དང༌། འོད་ཟེར་ཅན་མ་དཀར་དམར་སྐུད་པ་དང་བཅས་པའི་ཁབ་འཛིན་པ་དང༌། རི་ཁྲོད་ལོ་ མ་ཅན་མ་ལྗང་ཁུ་རྨ་བྱའི་མཇུག་སྒྲོ་འཛིན་པ་དང༌། དུག་སེལ་མ་དཀར་མོ་དུག་གི་མེ་ཏོག་གི་ ཆུན་པོ་འཛིན་པ་དང༌། སྒོ་མཐའ་ཡས་མ་མེ་ཏོག་པྲི་ཡང་ཀུ་ལྟར་ལྗང་ཁུ་ཆུ་སྐྱེས་དམར་པོ་ལ་ གནས་པའི་མི་ཟད་པའི་གཏེར་ཆེན་པོའི་བུམ་པ་འཛིན་པ་དང༌། ཙུན་ད་མ་དཀར་མོ་བགྲང་ ཕྲེང་འཕྱང་བའི་རིལ་བ་སྤྱི་བླུགས་འཛིན་པ་དང༌། ཤེས་རབ་འཕེལ་མ་དཀར་མོ་ཨུད་པ་ལ་ སྔོན་པོ་ལ་གནས་པའི་རལ་གྲི་འཛིན་པ་དང༌། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་མ་ ལྗང་ཁུ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་པད་མ་དཀར་དམར་འཛིན་པ་དང༌། ཡེ་ཤེས་མི་ཟད་ པའི་ཟ་མ་ཏོག་དམར་པོ་རིན་པོ་ཆེའི་ཟ་མ་ཏོག་འཛིན་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་ ཆོས་ཀྱི་མཛོད་མ་སེར་མོ་པད་མ་ལ་གནས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་དཔེ་སྒྲོམ་འཛིན་པའོ། ། སྒོ་རྣམས་ལ་ཤར་དུ་ཆོས་སོ་སོར་ཡང་དག་པར་རིག་མ་དཀར་དམར་ཕྱག་གཉིས་ཀྱིས་ ལྕགས་ཀྱུ་དང་ཞགས་པ་འཛིན་པ་དང༌། ལྷོར་དོན་སོ་སོར་ཡང་དག་པར་རིག་མ་མ་ར་ཀ་ཏའི་ མདོག་ཅན་གཡས་པ་དང་གཡོན་པའི་ཕྱག་དག་གིས་རིན་པོ་ཆེའི་ཞགས་པ་འཛིན་པ་དང༌། ནུབ་ཏུ་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་མ་དམར་མོ་ཕྱག་གཉིས་ཀྱིས་མཐའ་གཉིས་ 8-1-235 སུ་པད་མས་མཚན་པའི་ལྕགས་སྒྲོག་འཛིན་པ་དང༌། བྱང་དུ་སྤོབས་པ་སོ་སོར་ཡང་དག་པར་ རིག་མ་མ་ར་ཀ་ཏ་ལྟར་ལྗང་ཁུ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དྲིལ་བུ་ འཛིན་པའོ། །མཚམས་རྣམས་སུ། མེར་སྒེག་མོ་སེར་མོ་སྒེག་པ་དང་བཅས་པའི་ཕྱག་དག་ གིས་རྡོ་རྗེ་གཉིས་འཛིན་པ་དང༌། བདེན་བྲལ་དུ་ཕྲེང་བ་མ་དམར་སེར་ཕྱག་གཉིས་ཀྱིས་རིན་ པོ་ཆེའི་ཕྲེང་བ་འཛིན་པ་དང༌། རླུང་དུ་གླུ་མ་དམར་མོ་ཕྱག་དག་གིས་པི་ཝང་སྒྲོགས་པ་དང༌། དབང་ལྡན་དུ་གར་མ་ལྗང་ཁུ་ཕྱག་གཉིས་གར་གྱི་ཚུལ་གྱིས་རྡོ་རྗེ་རྩེ་གསུམ་པ་དང་དྲིལ་བུ་ འཛིན་པའོ། །མོས་པས་སྤྱོད་པའི་ས་མ་ལ་སོགས་པའི་ལྷ་མོ་འདི་རྣམས་ཐམས་ཅད་ནི་རྣམ་ པ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་དང་ན་བཟའ་དང་རིན་པོ་ཆེའི་ཅོད་པན་ཅན། ཅུང་ཟད་ འཛུམ་ཞིང་སྒེག་པའི་ཉམས་དང་ལྡན་པ། སྣ་ཚོགས་ཆུ་སྐྱེས་དང་ཟླ་བའི་དཀྱིལ་འཁོར་ལ་ སེམས་དཔའི་དཀྱིལ་དཀྲུང་གིས་བཞུགས་པ་སྟེ། ཁྱད་པར་སྒོ་སྐྱོང་མ་རྣམས་ནི་ཉི་མའི་ དཀྱིལ་འཁོར་ལའོ། །གཞན་དག་ནི་དེ་རྣམས་ཀྱང་ཟླ་བ་ལ་གནས་པའོ་ཞེས་སོ། །དཀྱིལ་ འཁོར་གསུམ་པ་ལ་དབང་ལྡན་ནས་བརྩམས་ནས་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་ལ་ སྣམ་བུ་རྣམས་ཀྱི་ཤར་དུ་ཀུན་ཏུ་བཟང་པོ་སེར་པོ་གཡས་པ་མཆོག་སྦྱིན་དང་གཡོན་པས་ ཨུད་པ་ལ་ལ་གནས་པའི་རལ་གྲི་འཛིན་པ་དང༌། བློ་གྲོས་མི་བཟད་པ་སེར་པོ་གཡས་པས་ རལ་གྲི་དང་གཡོན་པ་མི་འཇིགས་པས་པད་མ་འཛིན་པ་དང༌། སའི་སྙིང་པོ་སེར་པོ་གཡས་ པས་ས་གནོན་མཛད་ཅིང་གཡོན་པས་པད་མ་ལ་གནས་པའི་དཔག་བསམ་གྱི་ཤིང་འཛིན་པ་ དང༌། ནམ་མཁའི་སྙིང་པོ་ལྗང་ཁུ་གཡས་པས་རིན་པོ་ཆེ་ཐམས་ཅད་ཀྱི་ཆར་འབེབས་ཤིང་ གཡོན་པས་ཡིད་བཞིན་གྱི་ནོར་བུ་འཛིན་པའོ། །ལྷོ་རུ་ནམ་མཁའི་མཛོད་སེར་པོ་གཡས་པས་ ཡིད་བཞིན་གྱི་ནོར་བུ་དང་གཡོན་པས་བུམ་པ་བཟང་པོ་ལ་འཕྱང་བའི་དཔག་བསམ་གྱི་ཤིང་ འཛིན་པ་དང༌། ཕྱག་ན་རིན་ཆེན་ལྗང་ཁུ་གཡས་པས་རིན་པོ་ཆེ་དང་གཡོན་པས་ཆུ་སྐྱེས་ལ་ 8-1-236 གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་པ་དང༌། བློ་གྲོས་རྒྱ་མཚོ་དཀར་པོ་གཡས་པས་དུང་ དང་གཡོན་པས་རལ་གྲི་འཛིན་པ་དང༌། རྡོ་རྗེ་སྙིང་པོ་ཨུད་པ་ལ་སྔོན་པོའི་མདོག་ཅན་གཡས་ པས་རྡོ་རྗེ་དང་གཡོན་པས་ས་བཅུ་པའི་གླེགས་བམ་འཛིན་པའོ། །ནུབ་ཏུ་སྤྱན་རས་གཟིགས་ དབང་ཕྱུག་དཀར་པོ་གཡས་པས་མཆོག་སྦྱིན་དང་གཡོན་པས་ཆུ་སྐྱེས་འཛིན་པ་དང༌། མཐུ་ ཆེན་ཐོབ་པ་སེར་པོ་གཡས་པས་རལ་གྲི་དང་གཡོན་པས་པད་མ་འཛིན་པ་དང་ཟླ་འོད་དཀར་ པོ་གཡས་པས་འཁོར་ལོ་དང་གཡོན་པས་ཆུ་སྐྱེས་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་ པ་དང༌། དྲ་བ་ཅན་གྱི་འོད་དཀར་དམར་གཡས་པས་རལ་གྲི་དང་གཡོན་པས་ཆུ་སྐྱེས་ལ་ གནས་པའི་ཉི་མ་འཛིན་པའོ། །བྱང་དུ་འོད་དཔག་མེད་དཀར་པོ་གཡས་པས་སྣ་ཚོགས་ཆུ་ སྐྱེས་དང་གཡོན་པས་ཆུ་སྐྱེས་ལ་གནས་པའི་བུམ་པ་འཛིན་པ་དང༌། སྤོབས་པ་བརྩེགས་པ་ སེར་པོ་གཡས་པ་སེ་གོལ་ཏོག་ཅིང་གཡོན་པས་པད་མ་ལ་གནས་པའི་རལ་གྲི་འཛིན་པ་དང༌། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་གུར་གུམ་ལྟ་བུ་གཡས་རྡོ་རྗེ་ རྩེ་ལྔ་པ་དང་གཡོན་པས་ཤག་ཏི་འཛིན་པ་དང༌། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྔོན་པོ་ གཡས་པས་རལ་གྲི་དང་གཡོན་པས་སྣ་ཚོགས་རྡོ་རྗེས་མཚན་པའི་བ་དན་འཛིན་པའོ། །བཅུ་ དྲུག་པོ་འདི་རྣམས་ནི་སྣ་ཚོགས་པད་མ་དང་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའི་དཀྱིལ་ དཀྲུང་ཅན། རིན་པོ་ཆེའི་ཅོད་པན་དང་སྣ་ཚོགས་པའི་རིན་པོ་ཆེ་དང་ན་བཟས་བརྒྱན་པ། ཞལ་གཅིག་པ་ཕྱག་གཉིས་པ་རྣམས་སོ། །སྒོ་རྣམས་ལ། ཤར་དུ་མ་ཧེ་ལ་གཤིན་རྗེ་མཐར་ བྱེད་ནག་པོ་གསུས་པ་འཕྱང་བ་ཞལ་དྲུག་པ་ཕྱག་དྲུག་པ་ཞབས་དྲུག་པ། ཕྱག་གཡས་པ་ རྣམས་ཀྱིས་ལྕགས་ཀྱུ་དང་རལ་གྲི་དང་མདའ་དང༌། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་ དང་བཅས་པའི་ཞགས་པ་དང་དྲིལ་བུ་དང་གཞུ་འཛིན་པ་སྟེ། ཞལ་དང་ཞབས་ཀྱི་ཁྱད་པར་ནི་ སྔ་མ་བཞིན་ནོ། །ལྷོ་རུ་ཤེས་རབ་མཐར་བྱེད་སེར་པོ་ཞལ་བཞི་པ་རྩ་བའི་ཞལ་སྒེག་པ་དང་ 8-1-237 བཅས་པ། གཡས་གདངས་པ། རྒྱབ་མ་དྲག་པོ་ཆེན་པོ། གཡོན་པ་ཞི་བ། ཡང་ན་འདི་རྣམས་ རིམ་པ་ཇི་ལྟ་བར་སེར་པོ་དང་སྔོན་པོ་དང་དམར་པོ་དང་ལྗང་ཁུའོ། །འདིའི་ཕྱག་བརྒྱད་ཀྱི་ གཡས་པ་རྣམས་ཀྱིས་ཞགས་པ་དང་རྡོ་རྗེ་དང་རལ་གྲི་དང་མདའ་དང༌། གཡོན་པ་རྣམས་ ཀྱིས་ཐུགས་ཁར་ལྕགས་ཀྱུ་དང་རྡོ་རྗེ་དྲིལ་བུ་དང་ཤག་ཏི་དང་གཞུ་འཛིན་པའོ། །ནུབ་ཏུ་པད་ མ་མཐར་བྱེད་དམར་པོ། ཞལ་དམར་པོ་བཞི་པ། རྩ་བ་དང་གཡས་དང༌། རྒྱབ་དང་གཡོན་གྱི་ ཞལ་རྣམས་སྒེག་པ་དང་དྲག་པ་དང་བཞད་པ་དང་ཞི་བའི་ཉམས་དང་ལྡན་པ། ཡང་ན་འདི་ རྣམས་དམར་པོ་དང་ནག་པོ་དང་སེར་པོ་དང་དཀར་པོ། ཕྱག་བརྒྱད་ཀྱི་གཉིས་ཀྱིས་རྡོ་རྗེ་ ལྕགས་སྒྲོག་དང༌། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་མདའ་དང༌། གཡོན་པ་རྣམས་ ཀྱིས་དྲིལ་བུ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་གཞུ་འཛིན་པ་སྟེ། གསུམ་པོ་ འདི་དག་ནི་རོལ་པའི་ཀུན་ཏུ་བསྐྱོད་པས་གནས་པའོ། །བྱང་དུ་བགེགས་མཐར་བྱེད་སྔོན་པོ། ཞལ་སྔོན་པོ་བཞི་པ། ཡང་ན་འདི་རྣམས་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་ཁུ། ཕྱག་ བརྒྱད་ཀྱི་གཉིས་ཀྱིས་རྡོ་རྗེ་བསྡམས་པའི་ཚུལ་གྱིས་དྲིལ་བུ་དང༌། གཡས་པ་རྣམས་ཀྱིས་ རལ་གྲི་དང་མདའ་དང་ལྕགས་ཀྱུ་དང༌། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ ཞགས་པ་དང་གཞུ་དང་དྲིལ་བུ་འཛིན་པ། གཡོན་བརྐྱང་གིས་ལོག་འདྲེན་མནན་ནས་ བཞུགས་པའོ། །མཚམས་རྣམས་ལ། དབང་ལྡན་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ སྔོན་པོ། ཞལ་སྔོན་པོ་བཞིའི་རྩ་བ་ཁྲོ་ཞིང་སྒེག་པ་དང་བཅས་པ། གཡས་དྲག་པོ། རྒྱབ་དཔའ་ བ། གཡོན་མི་སྡུག་པའི་ཉམས་ཅན། ཡང་ན་འདི་རྣམས་སྔོན་པོ་དང་སེར་པོ་དང་དམར་པོ་ དང་དཀར་པོ། ཕྱག་བརྒྱད་ཀྱི་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཁར་བཟུང་ནས་རྡོ་རྗེ་ཧཱུཾ་ མཛད་ཀྱི་ཕྱག་རྒྱ་མཛད་པ། གཡས་པ་རྣམས་ཀྱིས་རལ་གྲི་དང་ལྕགས་ཀྱུ་དང་མདའ་དང༌། གཡོན་པ་རྣམས་ཀྱིས་རྡོ་རྗེ་དང་ཞགས་པ་དང་གཞུ་འཛིན་པ། གཡོན་བརྐྱང་གི་སྟབས་ཅན། 8-1-238 ཞབས་གཡོན་པས་དབང་ཕྱུག་ཆེན་པོའི་མགོ་དང༌། ཞབས་གཡས་པས་ཨུ་མའི་ནུ་མ་མནན་ པའོ། །མེར་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ནག་པོ། སྒེག་པ་དང་དཔའ་བ་དང་འཇིགས་སུ་རུང་ བ་དང་སྙིང་རྗེའི་ཉམས་དང་ལྡན་པའི་ཞལ་ནག་པོ་བཞི་པ། ཡང་ན་འདི་རྣམས་སྔོན་པོ་དང་ དཀར་པོ་དང་སེར་པོ་དང་དམར་པོ། འདིའི་ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་ རལ་གྲི་དང་མདའ་དང་འཁོར་ལོ་འཛིན་ཞིང༌། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཞགས་པ་ དང་གཞུ་དང་ཁ་ཊྭཱཾ་ག་དང་འབྲེལ་པའི་བ་དན་འཛིན་པ། ཆུང་མ་དང་བཅས་པའི་ཁྱབ་འཇུག་ གཡས་བརྐྱང་གིས་མནན་ནས་བཞུགས་པའོ། ། བདེན་བྲལ་དུ་ཧེ་རུ་ཀ་སྔོན་པོ། ཞལ་སྔོན་པོ་བཞིའི་རྩ་བ་དྲག་པོ། གཡས་པ་རབ་ཏུ་ དགའ་བས་བཞད་པ། རྒྱབ་མ་ཟ་བར་རྔམ་པ། གཡོན་པ་སྒེག་པ་དང་བཅས་པས་ཡང་ན་ འདི་རྣམས་སྔོན་པོ་དང་དམར་པོ་དང་ལྗང་ཁུ་དང་དཀར་པོ། འདིའི་ཕྱག་བརྒྱད་ཀྱི་གཡས་པ་ རྣམས་ཀྱིས་རྡོ་རྗེ་རྩེ་ལྔ་པ་དང་མདའ་དང་ཁྲག་གིས་གང་བའི་ཐོད་པ་དང༌། གཡོན་པ་རྣམས་ ཀྱིས་སྙིང་ཁར་པད་མ་ཁ་བྱེ་བ་དང་གཞུ་དང་ཁ་ཊྭཱཾ་ག་དྲིལ་བུ་བ་དན་དུ་བཅས་པ་འཛིན་པ། གཉིས་ཀྱིས་འཇིགས་བྱེད་ཆེན་པོའི་ལྤགས་པ་རླུང་རས་ལྟ་བུ་འཛིན་པ། ཆུང་མ་དང་བཅས་ པའི་ཚངས་པ་གཡོན་བརྐྱང་གིས་མནན་ནས་བཞུགས་པའོ། །རླུང་དུ་རྟ་མཆོག་ལྗང་ཁུ་ཞལ་ ལྗང་ཁུ་བཞི་པ། རྩ་ཞལ་ཁྲོ་ཞིང་སྒེག་པ་དང་བཅས་པ། གཡས་པ་དྲག་པོ་གཡོན་པ་ཚངས་ པའི་གདོང་ཅན། ཡང་ན་འདི་རྣམས་ལྗང་ཁུ་དང་སྔོན་པོ་དང་དཀར་པོ་སྟེ་སྤྱི་བོར་རྟ་མགོ་ལྗང་ ཁུ། འདིའི་ཕྱག་བརྒྱད་ཀྱི་གཡས་པ་སྣ་ཚོགས་རྡོ་རྗེ་བ་དན་གསུམ་པ་དང་ལྡན་པས་བསྒྲེང་ བའི་ཚུལ་དང་གཉིས་པས་བ་དན་གསུམ་པའི་ཚུལ་དང་གཉིས་ཀྱིས་རལ་གྲི་དང་མདའ་ དང༌། གཡོན་པ་ཕུབ་དང་བཅས་པའི་ཕྱག་གིས་སྣ་ཚོགས་ཆུ་སྐྱེས་དང་གསུམ་གྱིས་ཤག་ཏི་ དང་དབྱུག་པ་དང་གཞུ་འཛིན་པ། གཡས་བརྐྱང་བ་དང་གཡོན་བརྐྱང་པ་སྟེ་ཞབས་བཞི་པ། 8-1-239 གཡས་པ་གཅིག་གིས་དབང་མོ་དང་དཔལ་མོ་དང་གཉིས་པས་དགའ་མ་དང་རངས་མ་དང༌། གཡོན་པ་གཅིག་གིས་དབང་པོ་དང་སྦྲང་རྩིར་བྱེད་པ་དང༌། གཉིས་པས་རྒྱལ་བར་བྱེད་པ་ དང་དཔྱིད་ཀྱི་ལྷ་མནན་ནས་བཞུགས་པའོ། །འཁོར་ལོའི་དབང་ཕྱུག་གི་སྟེང་གི་ནམ་མཁར་ གཙུག་ཏོར་འཁོར་ལོས་བསྒྱུར་བ་སེར་པོ། །ཞལ་སེར་པོ་བཞི་པ། ཡང་ན་སེར་པོ་དང་སྔོན་པོ་ དང་དམར་པོ་དང་དཀར་པོའི་ཞལ་བཞི་པ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་འཁོར་ལོ་ དང་ལྕགས་ཀྱུ་དང་རལ་གྲི་དང་མདའ་དང༌། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཞགས་པ་དང་ བགྲང་ཕྲེང་དང་གཞུ་འཛིན་པ། རོལ་པའི་ཀུན་ཏུ་བསྐྱོད་པས་བཞུགས་པའོ། །འོག་ཏུ་གནོད་ མཛེས་རྒྱལ་པོ་ནག་པོ་དྲག་པོ་དང་ཞི་བ་དང་བཞད་པ་དང་སྒེག་པའི་ཉམས་དང་ལྡན་པའི་ ཞལ་ནག་པོ་བཞི་པ། ཡང་ན་ནག་པོ་དང་དཀར་པོ་དང་དམར་པོ་དང་སེར་པོའི་ཞལ་བཞི་ པ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་ལྕགས་ཀྱུ་དང་རལ་གྲི་དང་མདའ་དང༌། གཡོན་པ་རྣམས་ཀྱི་དྲིལ་བུ་དང་ཞགས་པ་དང་རྡོ་རྗེ་རྩེ་གཅིག་པ་དང་གཞུ་འཛིན་པ། གཡོན་ བརྐྱང་གིས་བཞུགས་པའོ། །ཁྲོ་བོ་བཅུ་པོ་འདི་རྣམས་ནི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་ གནས་པ། ཞལ་རེ་རེ་ཞིང་དམར་ལ་ཟླུམ་པའི་སྤྱན་གསུམ་པ། སྨིན་མ་འཁྱོག་པ་དང་བཅས་ པ། སྟག་གི་ལྤགས་པའི་གོས་དང་སྨད་གཡོགས་ཅན་ཐོད་པའི་ཕྲེང་བའི་ཅོད་པན་དང་ལྡན་ པ། དབུ་སྐྲ་དམར་སེར་འབར་བ་གྱེན་དུ་བཅིངས་པ། སྨ་ར་དམར་སེར་ཅན་གདེངས་ཅན་ གྱི་དབང་པོ་བརྒྱད་དང་ལྡན་པས་འཇིགས་སུ་རུང་བའོ། །དཀྱིལ་འཁོར་གསུམ་པ་ཉིད་ཀྱི་གྲྭ་ བཞིའི་ནང་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་ཁྲོ་བོ་བཞིའི་ཕྱིའི་རེ་ ཁཱའི་ཕྱི་རོལ་གྱི་གནས་སུ། མེ་ལ་སོགས་པའི་ཟུར་ཐིག་བཞི་པོ་རྣམས་ཀྱི་གཡས་ལོགས་སུ་མེ་ ཏོག་མ་ལ་སོགས་པ་དང༌། གཡོན་ལོགས་སུ་རྡོ་རྗེ་གཟུགས་མ་ལ་སོགས་པ་སྟེ། དེ་ལ་མེ་ཏོག་ མ་སེར་མོ་ཕྱག་ན་མེ་ཏོག་གི་སྣོད་ཅན་དང༌། བདུག་སྤོས་མ་ནག་མོ་ཕྱག་ན་སྤོས་ཕོར་ཅན་ 8-1-240 དང༌། མར་མེ་མ་དམར་མོ་ཕྱག་ན་རིན་པོ་ཆེའི་སྒྲོན་མའི་མཆོད་སྡོང་ཅན་དང༌། དྲི་ཆབ་མ་ ལྗང་ཁུ་ཕྱག་ན་དྲིའི་དུང་ཅན་དང༌། རྡོ་རྗེ་གཟུགས་མ་སེར་མོ་ཕྱག་ན་མེ་ལོང་ཅན་དང༌། རྡོ་རྗེ་ སྒྲ་མ་ལྗང་ཁུ་ཕྱག་ན་པི་ཝང་ཅན་དང༌། རྡོ་རྗེ་རོ་མ་དམར་མོ་ཕྱག་ན་དྲིའི་སྣོད་ཅན་དང༌། རྡོ་རྗེ་ རེག་བྱ་མ་སྣ་ཚོགས་པའི་མདོག་ཅན། ཕྱག་ན་གོས་སྣ་ཚོགས་ཅན་ནོ། །བརྒྱད་པོ་འདི་རྣམས་ ནི་ཕྱག་གཉིས་མ་རིན་པོ་ཆེའི་ཅོད་པན་ཅན། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེ་དང་གོས་ཀྱིས་ བརྒྱན་པ། པད་མ་དང་ཟླ་བ་ལ་སེམས་དཔའི་དཀྱིལ་དཀྲུང་གིས་བཞུགས་པའོ། ། ༈ བཞི་པ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ལ། དབང་པོའི་ཕྱོགས་སུ་ས་སྲུང་དཀར་པོ་ ལ་གནས་པའི་དབང་པོ་སེར་པོ་རྡོ་རྗེ་དང་ནུ་མ་འཛིན་པ་དང༌། གཤིན་རྗེར་མ་ཧེ་ལ་གཤིན་ རྗེ་ནག་པོ་དབྱུག་པ་དང་མདུང་འཛིན་པ་དང༌། ཆུར་ཆུ་སྲིན་ལ་ཆུ་བདག་དཀར་པོ་གདེངས་ཀ་ བདུན་པ་ཀླུའི་ཞགས་པ་དང་དུང་འཛིན་པ་དང༌། ལུས་ངན་དུ་མི་ལ་ལུས་ངན་སེར་པོ་ལྕགས་ ཀྱུ་དང་དབྱུག་ཐོ་འཛིན་པ་དང༌། དབང་ལྡན་དུ་གླང་ལ་གནས་པའི་དབང་ལྡན་དཀར་པོ་རྩེ་ གསུམ་དང་ཐོད་པ་འཛིན་པ། ཐོད་པ་དང་རལ་པའི་ཐོར་ཅོག་དང་ཟླ་བ་ཕྱེད་པ་དང་ལྡན་ ཞིང་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན་མགྲིན་པ་སྔོན་པོ་དང༌། མེར་ར་ལ་མེ་ལྷ་དམར་པོ་ བླུགས་གཟར་དང་སྤྱི་བླུགས་འཛིན་པ་དང༌། བདེན་བྲལ་དུ་རོ་ལ་སྲིན་པོའི་བདག་པོ་བདེན་ བྲལ་སྔོན་པོ་རལ་གྲི་དང་ཕུབ་འཛིན་པ་དང༌། རླུང་དུ་རི་དྭགས་ལ་རླུང་ལྷ་སྔོན་པོ་རླུང་རས་ འཛིན་པ་སྟེ། བརྒྱད་པོ་འདི་རྣམས་ནི་ཕྱག་བཞི་པ། གཡས་པས་ཕྱག་མཚན་དང་པོ་དང༌། གཡོན་པས་གཉིས་པ་འཛིན་ཞིང་རང་སྣང་གི་བཙུན་མོ་ལ་འཁྱུད་པ། གཉིས་ཀྱིས་སྤྱི་བོར་ ཐལ་མོ་སྦྱར་ནས་འདུད་པའོ། །དབང་ལྡན་དང་ཉེ་བའི་ཕྱི་རོལ་ཏུ་དབང་ལྡན་གྱི་ཕྱོགས་ནས་ བརྩམས་ནས་རིམ་པས་ཚངས་པ་ལ་སོགས་པ་སྟེ། དེ་ཡང་ངང་པ་ལ་ཚངས་པ་སེར་པོ་ཞལ་ བཞི་པ། ཕྱག་བཞི་པ་བགྲང་ཕྲེང་དང་ཆུ་སྐྱེས་འཛིན་ཞིང༌། གཡས་པ་དང་གཅིག་ཤོས་དག་ 8-1-241 ཐལ་མོ་སྦྱར་བས་དབྱུག་པ་དང་སྤྱི་བླུགས་འཛིན་པའོ། །མཁའ་ལྡི ང་ལ་ཁྱབ་འཇུག་ནག་པོ་ ཕྱག་བཞི་པ་འཁོར་ལོ་དང་དུང་འཛིན་ཞིང༌། གཡས་པ་དང་གཡོན་པ་དག་སྤྱི་བོར་ཐལ་མོ་ སྦྱར་བས་དབྱུག་ཐོ་དང་སཱ་རཾ་གའི་གཞུ་འཛིན་པའོ། །གླང་ལ་དབང་ཕྱུག་ཆེན་པོ་དཀར་པོ་རི་ བོང་ཅན་གྱིས་མཚན་པའི་རལ་པའི་ཐོར་ཅོག་ཅན། ཕྱག་བཞི་པ་སྤྱི་བོར་ཐལ་མོ་སྦྱར་བ་དང་ རྩེ་གསུམ་དང་ཐོད་པ་འཛིན་པའོ། །རྨ་བྱ་ལ་གདོང་དྲུག་དམར་པོ་ཞལ་དྲུག་པ་ཕྱག་དྲུག་པ་ གཡས་པ་དག་གིས་ཤག་ཏི་དང་རྡོ་རྗེ་དང༌། གཡོན་པ་དག་གིས་ཁྱིམ་བྱ་དང་དྲིལ་བུ་འཛིན་ ཞིང༌། གཉིས་ཀྱིས་ཐལ་མོ་སྦྱར་བའོ། །འདི་རྣམས་ཀྱང་སྔ་མ་བཞིན་དུ་རང་སྣང་གི་བཙུན་མོ་ ལ་འཁྱུད་པའོ། །ཚངས་མ་ནི་ཚངས་པ་དང་མཚུངས་པའོ། །དྲག་མོ་ནི་དྲག་པོ་དང་མཚུངས་ པའོ། །ཁྱབ་འཇུག་མ་ནི་ཁྱབ་འཇུག་དང་མཚུངས་ པའོ། །གཞོན་ནུ་མ་ནི་གདོང་དྲུག་དང་མཚུངས་པའོ། །དབང་མོ་ནི་དབང་པོ་དང་ མཚུངས་པའོ། ། ཕག་མོ་ནག་མོ་འུག་པ་ལ་གནས་པ་ཕྱག་བཞི་མ་གཡས་པ་དང་གཡོན་པ་དག་གིས་རོ་ ཧི་ཏའི་ཉ་དང་ཐོད་པ་འཛིན་ཞིང་གཉིས་ཀྱིས་ཐལ་མོ་སྦྱར་བའོ། །ཡི་དྭགས་ཀྱི་སྟེང་དུ་ཙཱ་ མུནྚི་དམར་མོ་ཕྱག་བཞི་མ་གཡས་པ་དང་གཡོན་པ་དག་གིས་གྲི་གུག་དང་ཐོད་པ་འཛིན་ཞིང་ གཞན་པ་དག་གིས་ཐལ་མོ་སྦྱར་བའོ། །བྷྲིང་གི་མ་ནག་མོ་ཤིན་ཏུ་སྐེམས་མ་བགྲེང་ཕྲེང་དང་ སྤྱི་བླུགས་འཛིན་ཞིང་གཉིས་ཀྱིས་ཐལ་མོ་སྦྱར་བའོ། །བྱི་བ་ལ་ཚོགས་བདག་དཀར་པོ་གླང་ པོ་ཆེའི་གདོང་པ་ཅན་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་དང་ལྡན་པ། ཕྱག་བཞི་པ་གཡས་པ་དག་ གིས་རྩེ་གསུམ་དང་ལ་དུ་དང༌། གཡོན་པ་དག་གིས་དགྲ་སྟ་དང་ལ་ཕུག་འཛིན་པའོ། །ནག་ པོ་ཆེན་པོ་ནག་པོ་རྩེ་གསུམ་དང་ཐོད་པ་འཛིན་པའོ། ། དགའ་བྱེད་དབང་ཕྱུག་ནག་པོ་རྫ་རྔ་ལ་ཞོན་ཞིང་རྫ་རྔ་བརྡུང་བ་ལ་བརྩོན་པའོ། །རྟ་ 8-1-242 བདུན་པའི་ཤིང་རྟ་ལ་ཉི་མ་དམར་པོ་གཡས་པ་དང་གཡོན་པ་དག་གིས་པད་མ་ལ་གནས་ པའི་ཉི་མའི་དཀྱིལ་འཁོར་འཛིན་པའོ། །ངང་པ་ལ་ཟླ་བ་དཀར་པོ་གཡས་པ་དང་གཡོན་པ་ དག་གིས་ཀུ་མུ་ད་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་པའོ། །རྭ་ལ་བཀྲ་ཤིས་དམར་ པོ་གཡས་པས་ཆུ་གྲི་དང་གཡོན་པས་མིའི་མགོ་བོ་ཟ་བའི་ཚུལ་གྱིས་འཛིན་པའོ། །པད་མ་ལ་ གཟའ་ལག་སེར་པོ་མདའ་དང་གཞུ་འཛིན་པའོ། ། སྦལ་པའམ་ཐོད་པ་ལ་ཕུར་བུ་དཀར་པོ་བགྲེང་ཕྲེང་དང་སྤྱི་བླུགས་འཛིན་པའོ། །པ་བ་ སངས་དཀར་པོ་པད་མ་ལ་གནས་པ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པའོ། །རུས་སྦལ་ལ་ སྤེན་པ་ནག་པོ་དབྱུག་པ་འཛིན་པའོ། །སྒྲ་གཅན་དམར་ནག་ཕྱག་དག་གིས་ཉི་མ་དང་ཟླ་ བ་འཛིན་པའོ། །མཇུག་རིངས་ནག་པོ་རལ་གྲི་དང་ཀླུའི་ཞགས་པ་འཛིན་པའོ། །གླང་པོ་ལ་ སྟོབས་བཟངས་དཀར་པོ་རལ་གྲི་དང་གཤོལ་འཛིན་པའོ། །ཁུ་བྱུག་གི་ཤིང་རྟ་ལ་རྒྱལ་བར་ བྱེད་པ་ལྗང་ཁུ་ཕྱག་བཞི་པ་གཡས་པ་དག་གིས་མེ་ཏོག་གི་ཕྲེང་བ་དང་མདའ་དང༌། གཡོན་ པ་དག་གིས་བཏུང་བའི་སྣོད་དང་གཞུ་འཛིན་པའོ། །ནེ་ཙོའི་ཤིང་རྟ་ལ་སྦྲང་རྩིར་བྱེད་པ་ དཀར་པོ་ཕྱག་བཞི་པ། གཡས་པ་དག་གིས་ཆུ་སྲིན་གྱི་རྒྱལ་མཚན་དང་མདའ་དང༌། གཡོན་ པ་དག་གིས་བཏུང་བའི་སྣོད་དང་གཞུ་འཛིན་པའོ། །སྤྲེའུ་ལ་དཔྱིད་ཀྱི་ལྷ་དཀར་པོ་ཕྱག་བཞི་ པ། གཡས་པ་དག་གིས་མདའ་དང་རལ་གྲི་དང༌། གཡོན་པ་དག་གིས་གཞི་དང་བཏུང་བའི་ སྣོད་འཛིན་པའོ། །མཐའ་ཡས་དང་ནོར་རྒྱས་དང་འཇོག་པོ་དང་སྟོབས་ཀྱི་རྒྱུ་དང་པད་མ་དང་ པད་མ་ཆེན་པོ་དང་དུང་སྐྱོང་དང་རིགས་ལྡན་རྣམས་ནི་གདེངས་ཀ་བདུན་དང་ལྡན་པ་ཐལ་མོ་ སྦྱར་བ་སྟེ། ཡང་ན་རང་རང་གི་(མཐའ་ཡས་དང་རིགས་ལྡན་གྱི་ཡབ་མེ་ལྷ་དང༌། ནོར་རྒྱས་ དང་དུང་སྐྱོང་གི་ཡབ་དབང་པོ་དང༌། འཇོག་པོ་དང་པད་ཆེན་གྱི་ཡབ་རླུང་ལྷ་དང༌། སྟོབས་ རྒྱུ་དང་པད་མའི་ཡབ་ཆུ་ལྷ་)ཡབ་ཀྱི་ཕྱག་མཚན་གཙོ་བོ་དང་ལྡན་པས་ཐལ་མོ་སྦྱར་བའོ། ། 8-1-243 ཐགས་བཟངས་རིས་དང་སྟོབས་ལྡན་དང་ཚིམ་བྱེད་དང་རྣམ་པར་སྣང་བྱེད་ལ་སོགས་པ་ལྷ་ མ་ཡིན་གྱི་དབང་པོ་ཆེན་པོ་རྣམས་ནི་ནག་པོ་གཡུལ་འགྱེད་པའི་གོ་ཆ་གྱོན་པ་རལ་གྲི་དང་ ཕུབ་ལ་སོགས་པ་སྣ་ཚོགས་པའི་མཚོན་ཆ་ཕྱག་ན་འཛིན་པའོ། །ནམ་མཁའ་ལྡི ང་གི་དབང་པོ་ གཤོག་པ་རབ་ཏུ་བརྐྱང་བ། པུས་མོའི་བར་དུ་དཀར་པོ། དེའི་སྟེང་ནས་ལྟེ་བའི་བར་སེར་པོ། དེའི་སྟེང་ནས་མགྲིན་པའི་བར་དམར་པོ། དེའི་སྟེང་ནས་སྤྱི་བོའི་བར་ནག་པོ། ཕྱག་དག་གིས་ ཐལ་མོ་སྦྱར་བའོ། །མིའམ་ཅིའི་དབང་པོའི་རྒྱལ་པོ་དམར་སེར་པི་ཝང་གི་སྒྲ་སྒྲོགས་པར་ བརྩོན་པའོ། །དྲི་ཟའི་རྒྱལ་པོའི་དབང་པོ་ཟུར་ཕུད་ལྔ་པ་སེར་པོ་པི་ཝང་གི་སྒྲ་སྒྲོགས་པའོ། ། རིག་པ་འཛིན་པའི་རྒྱལ་པོའི་དབང་པོ་དོན་ཐམས་ཅད་གྲུབ་པ་དཀར་པོ་མེ་ཏོག་གི་ཕྲེང་བ་ འཛིན་པའོ། ། གང་བ་བཟང་པོ་སྔོན་པོ་དང༌། ནོར་བུ་བཟང་པོ་སེར་པོ་དང༌། ནོར་སྦྱིན་དམར་པོ་དང༌། རྣམ་ཐོས་ཀྱི་བུ་སེར་པོ་དང་ཙི་བི་ཀུནྚ་ལཱི་དམར་པོ་དང༌། ཀེ་ལི་མཱ་ལཱི་ལྗང་ཁུ་དང༌། སྒོའི་དབང་ པོ་སེར་པོ་དང༌། སྤྱོད་པའི་དབང་པོ་སེར་པོ་སྟེ། གང་བ་བཟང་པོ་ལ་སོགས་པ་གནོད་སྦྱིན་གྱི་བདག་པོ་ འདི་རྣམས་ནི་གཡས་པ་དང་གཡོན་པའི་ཕྱག་དག་གིས་བཱི་ཛ་པུ་ར་ཀའི་འབྲས་བུ་དང་ནེའུ་ལེ་ འཛིན་པའོ། །འཕྲོག་ མ་སེར་མོ་ཆང་བུ་གཉིས་འཛིན་པ་བུ་དང་བཅས་པའོ། །ཐ་སྐར་དཀར་པོ་དང༌། བྲ་ཉེ་ ལྗང་ཁུ་དང༌། སྨིན་དྲུག་སྔོ་བསངས་དང༌། སྣར་མ་དམར་སྐྱ་དང༌། མགོ་ནག་པོ་དང༌། ལག་ སེར་པོ་དང༌། ནམ་སོ་སེར་པོ་དང༌། རྒྱལ་སྔོ་བསངས་དང༌། སྐག་དཀར་པོ་དང༌། མཆུ་སེར་ པོ་དང༌། ཏྲེ་མེ་ཏོག་པྲི་ཡང་གུ་ལྟར་ལྗང་སེར་དང༌། དབོ་ལྗང་ཁུ་དང༌། མེ་བཞི་དཀར་པོ་དང༌། ནག་པ་ལྗང་ཁུ་དང༌། ས་རི་སེར་པོ་དང༌། ས་ག་ནག་པོ་དང༌། ལྷ་འཚམས་ལྗང་ཁུ་དང༌། སྣྲོན་ 8-1-244 སེར་པོ་དང༌། སྣྲུབས་སེར་པོ་དང༌། ཆུ་སྟོད་ནག་པོ་དང༌། ཆུ་སྨད་དཀར་པོ་དང༌། །གྲོ་བཞིན་ དཀར་སེར་དང༌། མོན་གྲེ་ནག་པོ་དང༌། མོན་གྲུ་སེར་པོ་དང༌། ཁྲུམས་སྟོད་ལྗང་ཁུ་དང༌། ཁྲུམས་སྨད་སེར་པོ་དང༌། ནམ་གྲུ་དཀར་སེར་དང༌། བྱི་བཞིན་སྔོ་བསངས་སྟེ། ཐ་སྐར་ལ་ སོགས་པའི་ལྷ་འདི་རྣམས་ནི་གཡོ་བ་དང་བཅས་པའི་སྟོད་གཡོགས་ཡོངས་སུ་འཛིན་པ་ཐལ་ མོ་སྦྱར་བའོ། །གཞན་ཡང་ལྷ་རྣམས་ནི་འཁོར་ལོས་འདྲེན་པའི་ཁང་བརྩེགས་ལ་གནས་པར་ ཤེས་པར་བྱ་སྟེ། དབང་པོ་ལ་སོགས་པའི་ལྷ་འདི་རྣམས་ནི་པད་མ་ལ་གནས་པ། རེ་རེའང་ འཁོར་དཔག་ཏུ་མེད་པས་ཡོངས་སུ་བསྐོར་བ། འབྱོར་པ་ཇི་ལྟ་བ་བཞིན་དུ་རྣམ་པ་སྣ་ཚོགས་ པའི་གོས་དང་རིན་པོ་ཆེས་བརྒྱན་པ། དཀྱིལ་འཁོར་གྱི་དབང་པོ་བཅོམ་ལྡན་འདས་ལ་ཕྱག་ འཚལ་ཞིང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་སྒྲ་ཕྱོགས་ཐམས་ཅད་དུ་སྒྲོགས་པའོ། །ཤར་ ལ་སོགས་པའི་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་སྒོ་སྐྱོང་རྣམས་ནི་སྙིང་པོའི་ དཀྱིལ་འཁོར་ཇི་ལྟ་བ་བཞིན་ནོ། །འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་ བདག་ཉིད་འཇམ་པའི་དབྱངས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ ལ་རང་དང་འདྲ་བའི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པའོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ ཤེས་ཀྱི་རང་བཞིན་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་དང་གཙུག་ཏོར་ བརྒྱད་དང་སྤྱན་མ་རྣམས་ལ་འཇམ་པའི་དབྱངས་ཀྱིས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་ པ་བཞི་དང་མཱ་མ་ཀཱི་དང་རྡོ་རྗེ་ལྕགས་ཀྱུ་དང་ས་མ་བཅུ་གཉིས་དང་ཆོས་སོ་སོར་ཡང་དག་ པར་རིག་པ་དང་སྒེག་མོ་དང་ཀུན་ཏུ་བཟང་པོ་ལ་སོགས་པ་བཞི་དང་ཁྲོ་བོ་བཅུ་དང་མེ་ཏོག་ མ་དང་གཟུངས་མ་དང་ཤར་ཕྱོགས་ན་གནས་པའི་ལྷ་རྣམས་ལ་མི་བསྐྱོད་པས་སོ། །རྡོ་རྗེ་ རིན་ཆེན་ལ་སོགས་པ་བཞི་དང་རྡོ་རྗེ་ཞགས་པ་དང་ཕ་རོལ་ཏུ་ཕྱིན་མ་བཅུ་གཉིས་དང་དོན་ སོ་སོར་ཡང་དག་པར་རིག་མ་དང་ཕྲེང་བ་མ་དང་ནམ་མཁའ་མཛོད་ལ་སོགས་པ་བཞི་དང་ 8-1-245 བདུག་སྤོས་མ་དང་སྒྲ་མ་དང་ལྷོ་ཕྱོགས་ན་གནས་པའི་ལྷ་རྣམས་ལ་རིན་ཆེན་འབྱུང་ལྡན་གྱིས་ སོ། །རྡོ་རྗེ་ཆོས་ལ་སོགས་པ་བཞི་དང་གོས་དཀར་མོ་དང་རྡོ་རྗེ་ལྕགས་སྒྲོག་དང་ཚེ་ལ་དབང་ མ་ལ་སོགས་པ་བཅུ་གཉིས་དང་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་མ་དང་གླུ་མ་དང་ སྤྱན་རས་གཟིགས་ལ་སོགས་པ་བཞི་དང་མར་མེ་མ་དང་རོ་མ་དང་ནུབ་ཕྱོགས་ན་གནས་པའི་ ལྷ་རྣམས་ལ་འོད་དཔག་མེད་ཀྱིས་སོ། །རྡོ་རྗེ་ལས་ལ་སོགས་པ་བཞི་དང་རྡོ་རྗེ་འབེབས་པ་ དང་གཟུངས་མ་བཅུ་གཉིས་དང་སྤོབས་པ་སོ་སོར་ཡང་དག་པར་རིག་མ་དང་གར་མ་དང་ འོད་དཔག་མེད་ལ་སོགས་པ་བཞི་དང་དྲི་ཆབ་དང་རེག་བྱ་མ་དང་བྱང་ཕྱོགས་ན་བཞུགས་ པའི་ལྷ་རྣམས་ལ་དོན་ཡོད་གྲུབ་པས་རྒྱས་བཏབ་པའོ། །འཇམ་པའི་དབྱངས་ཀྱི་ཐུགས་ཁའི་ ས་བོན་མུཿའོ། །ཨ་ཨཱཿསརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ་ཧ་ར་ཧ་ར། ༀ་ཧཱུཾ་ཧྲཱིཿབྷ་ག་བན་ཛྙཱ་ན་མཱུར་ ཏི་བཱ་གཱི་ཤྭ་ར། མ་ཧཱ་པཱ་ཙ། སརྦ་ དྷརྨ་ག་ག་ན་ཨ་མ་ལ་སུ་པ་རི་ཤུད་དྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གར་བྷ་ཨཱཿཞེས་པ་སྙིང་པོའི་སྔགས་ སོ། །ༀ་ཨ་མྲྀ་ཏ་ཀུཎ་ཊ་ལི་བིགྷ་ནཱན་ཏ་ཀ་ཧཱུཾ་ཞེས་པ་བདུད་རྩི་འཁྱིལ་པའི་སྔགས་ཏེ་ ལས་ཐམས་ཅད་པའོ། ། ༈ ངན་སོང་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་རླུང་དང་མེ་དང་ཆུ་ དང་ས་དང་རི་རབ་ཀྱི་སྟེང་གི་གཞལ་ཡས་ཁང་གི་དབུས་སུ། ནང་གི་དཀྱིལ་འཁོར་འཁོར་ལོ་ རྩིབས་བརྒྱད་པ་སེར་པོ་རྡོ་རྗེ་ཕྲེང་བ་སྔོན་པོས་བསྐོར་བ་སྟེ། འགའ་ཞིག་ཏུ་འཁོར་ལོ་རྩིབས་ བརྒྱད་པ་སྔོན་པོར་གསུངས་ལ། གཞན་དུ་ནི་འདིའི་འཁོར་ལོའི་ལྟེ་བ་སྔོན་པོ་དང༌། རྩིབས་ རྣམས་ཀྱི་ཤར་དཀར་པོ་ལྷོ་ནག་པོ་དང་ནུབ་དམར་པོ་དང་བྱང་ལྗང་ཁུའོ་ཞེས་གསུངས་སོ། ། འཁོར་ལོའི་ལྟེ་བར་སྣ་ཚོགས་པད་མ་ལ་གནས་པའི་སེང་གེའི་སྟེང་དུ། བཅོམ་ལྡན་འདས་ དཔལ་ཤཱཀྱ་སེང་གེ་རྣམ་པར་སྣང་མཛད་ཆེན་པོ་གསེར་གྱི་མདོག་ཅན་ཆོས་ཀྱི་འཁོར་ལོའི་ 8-1-246 ཕྱག་རྒྱ་མཛད་པའོ། །ཤར་གྱི་རྩིབས་ལ་རྡོ་རྗེ་གཙུག་ཏོར་དཀར་པོ་ས་ནོན་གྱི་ཕྱག་རྒྱ་ཅན་ནོ། ། ལྷོའི་རྩིབས་ལ་རིན་ཆེན་གཙུག་ཏོར་སྔོན་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་ནོ། །ནུབ་ཀྱི་རྩིབས་ ལ་པད་མའི་གཙུག་ཏོར་དམར་པོ་བསམ་གཏན་གྱི་ཕྱག་རྒྱ་ཅན་ནོ། །བྱང་གི་རྩིབས་ལ་སྣ་ ཚོགས་གཙུག་ཏོར་ལྗང་ཁུ་མི་འཇིགས་པ་རབ་ཏུ་སྦྱིན་པའོ། ། མེའི་རྩིབས་ལ་གཟི་བརྗིད་གཙུག་ཏོར་དཀར་དམར་འདྲེས་པའི་མདོག་ཅན་ཕྱག་ གཡས་པས་ཉི་མ་འཛིན་ཞིང༌། གཡོན་པ་དཀུར་བརྟེན་པའོ། །བདེན་བྲལ་གྱི་རྩིབས་ལ་རྒྱལ་ མཚན་གཙུག་ཏོར་དམར་ པོ་དང་འདྲེས་པའི་ནག་པོ་ཕྱག་དག་གིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་ པའོ། །རླུང་གི་རྩིབས་ལ་རྣོན་པོའི་གཙུག་ཏོར་ནམ་མཁའ་ལྟར་སྔོ་བསངས་ཕྱག་གཡས་པས་ རལ་གྲི་དང་གཡོན་པས་པོ་ཏི་འཛིན་པའོ། །དབང་ལྡན་གྱི་རྩིབས་ལ་གདུགས་ཅན་གཙུག་ ཏོར་དཀར་པོ་ཕྱག་དག་གིས་གདུགས་འཛིན་པའོ། །རྡོ་རྗེ་ཕྲེང་བའི་ཕྱིར་རོལ་མེ་ལ་སོགས་ པའི་མཚམས་རྣམས་སུ། སྒེག་མོ་དང་ཕྲེང་བ་མ་དང་གླུ་མ་དང་གར་མ་རྣམས་ནི་དཀར་མོ་ དང་སེར་མོ་དང་དམར་མོ་དང་སྣ་ཚོགས་ཀྱི་མདོག་ཅན་ཕྱག་གཉིས་མའོ། །སྣམ་བུ་རྣམས་ལ་ སྒོའི་གཡོན་དུ་བྱང་ཆུབ་སེམས་དཔའ་གཉིས་དང་གཡས་སུ་གཉིས་ཏེ། དེ་ཡང་ཤར་གྱི་སྣམ་ བུ་ལ་བྱམས་པ་སེར་པོ་གཡས་པས་ཀླུ་ཤིང་གི་མེ་ཏོག་དང༌། གཡོན་པས་སྤྱི་བླུགས་འཛིན་པ་ དང༌། མཐོང་བ་དོན་ཡོད་སེར་པོ་ཕྱག་གཡས་པས་སྤྱན་དང་བཅས་པའི་པད་མ་འཛིན་ཞིང༌། གཡོན་པའི་ཁུ་ཚུར་དཀུར་བརྟེན་པ་དང༌། ངན་སོང་ཀུན་འདྲེན་དཀར་པོ་ཕྱག་གཉིས་ཀྱིས་ ལྕགས་ཀྱུ་འཛིན་པ་དང༌། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་ དཀར་སེར་བསྲེས་པའི་མདོག་ཅན་ཕྱག་གཡས་པ་དབྱུག་པ་འཛིན་ཞིང༌། གཡོན་པའི་ཁུ་ ཚུར་དཀུར་བརྟེན་པའོ། །ལྷོ་ཕྱོགས་སུ་སྤོས་ཀྱི་གླང་པོ་དཀར་ལྗང་གཡས་པས་དྲིའི་དུང་ཆོས་ 8-1-247 འཛིན་ཞིང་གཡོན་པའི་ཁུ་ཚུར་དཀུར་བརྟེན་པ་དང༌། དཔའ་བར་འགྲོ་བ་དཀར་པོ་གཡས་ པས་རལ་གྲི་འཛིན་ཞིང༌། གཡོན་པའི་ཁུ་ཚུར་དཀུར་བརྟེན་པ་དང༌། ནམ་མཁའི་མཛོད་ དཀར་སེར་གཡས་པ་པད་མ་ལ་གནས་པའི་ཆོས་ཀྱི་མཛོད་འཛིན་ཞིང༌། གཡོན་པའི་ཁུ་ཚུར་ དཀུར་བརྟེན་པ་དང༌། ཡེ་ཤེས་ཏོག་སྔོན་པོ་གཡས་པ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ འཛིན་ཞིང་གཡོན་པའི་ཁུ་ཚུར་དཀུར་བརྟེན་པའོ། །ནུབ་ཏུ་བདུད་རྩིའི་འོད་དཀར་པོ་གཡས་ པ་ཅོད་པན་གྱི་སྟེང་དུ་བདུད་རྩིའི་བུམ་པ་འཛིན་ཞིང༌། གཡོན་པའི་ཁུ་ཚུར་དཀུར་བརྟེན་པ་ དང༌། ཟླ་བའི་འོད་དཀར་པོ་གཡས་པ་པད་མ་ལ་གནས་པའི་ཟླ་བའི་གཟུགས་འཛིན་ཞིང༌། གཡོན་པའི་ཁུར་ཚུར་དཀུར་བརྟེན་པ་དང༌། བཟང་སྐྱོང་དཀར་པོ་གཡས་པ་འབར་བའི་འོད་ ཅན་གྱི་རིན་པོ་ཆེ་འཛིན་ཞིང༌། གཡོན་པའི་ཁུར་ཚུར་དཀུར་བརྟེན་པ་དང༌། དྲ་བ་ཅན་གྱི་འོད་ དམར་པོ་གཡས་པ་རྡོ་རྗེའི་གུར་འཛིན་ཞིང་གཡོན་པའི་ཁུ་ཚུར་དཀུར་བརྟེན་པའོ། །བྱང་དུ་རྡོ་ རྗེ་སྙིང་པོ་སྔོ་སྐྱ་གཡས་པ་རྡོ་རྗེ་དང་བཅས་པའི་ཨུད་པ་ལ་སྔོན་པོ་འཛིན་ཞིང༌། གཡོན་པའི་ ཁུ་ཚུར་དཀུར་བརྟེན་པ་དང༌། བློ་གྲོས་མི་ཟད་པ་དཀར་པོ་ཕྱག་གཉིས་ཀྱིས་ཡེ་ཤེས་ཀྱི་བདུད་ རྩིའི་བུམ་པ་འཛིན་པ་དང༌། སྤོབས་པ་བརྩེགས་པ་དམར་པོ་གཡས་པ་ཆུ་སྐྱེས་ལ་གནས་པའི་ རིན་པོ་ཆེ་བརྩེགས་པ་འཛིན་ཞིང༌། གཡོན་པ་དཀུར་བརྟེན་པ་དང༌། ཀུན་ཏུ་བཟང་པོ་གསེར་ གྱི་མདོག་ཅན་གྱི་ཕྱག་གཡས་པ་རིན་པོ་ཆེའི་སྙེ་མ་འཛིན་ཞིང༌། གཡོན་པའི་ཁུ་ཚུར་དཀུར་ བརྟེན་པའོ། །དཀྱིལ་འཁོར་གྱི་མེ་ལ་སོགས་པའི་མཚམས་རྣམས་སུ་མེ་ཏོག་མ་དང་བདུག་ སྤོས་མ་དང་མར་མེ་མ་དང་དྲི་ཆབ་མ་རྣམས་ནི་དཀར་མོ་དང་ནག་མོ་དང་དམར་མོ་དང་ལྗང་ ཁུ་སྟེ་མེ་ཏོག་ལ་སོགས་པ་འཛིན་པའོ། །སྒོ་རྣམས་ལ་ཤར་དུ་རྡོ་རྗེ་ལྕགས་ཀྱུ་དཀར་པོ་ཕྱག་ གཉིས་ཀྱི་ལྕགས་ཀྱུ་འཛིན་པ་དང༌། ལྷོ་རུ་རྡོ་རྗེ་ཞགས་པ་སྔོན་པོ་ཕྱག་གཉིས་ཀྱིས་ཞགས་པ་ འཛིན་པ་དང༌། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དམར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་ལྕགས་སྒྲོག་འཛིན་ 8-1-248 པ་དང༌། བྱང་དུ་རྡོ་རྗེ་འབེབས་པ་ལྗང་ཁུ་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པའོ། །ལྷ་སུམ་ ཅུ་རྩ་བདུན་པོ་འདི་རྣམས་ཀྱང་རྣམ་པ་སྣ་ཚོགས་པའི་གོས་དང་རིན་པོ་ཆེས་བརྒྱན་པ། རིན་ པོ་ཆེའི་ཅོད་པན་ཅན། སྤྱན་གཉིས་ པ། ཕྱག་གཉིས་པ། སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ་སེམས་དཔའི་དཀྱིལ་དཀྲུང་ གིས་བཞུགས་ པའོ། །འདིར་རྣམ་པར་སྣང་མཛད་ཆེན་པོ་ལ་རང་དང་འདྲ་བའི་རྣམ་པར་སྣང་མཛད་ ཀྱིས་རྒྱས་བཏབ་པའོ། །རྡོ་རྗེ་གཙུག་ཏོར་ལ་སོགས་པ་བཞི་ལ་རྣམ་པར་སྣང་མཛད་ཆེན་པོས་ སོ། །ཤར་ཕྱོགས་ དང་མེའི་མཚམས་ན་གནས་པའི་ལྷ་རྣམས་ལ་རྡོ་རྗེའི་གཙུག་ཏོར་གྱིས་སོ། །ལྷོ་ཕྱོགས་ དང་བདེན་བྲལ་གྱི་མཚམས་ན་གནས་པ་རྣམས་ལ་རིན་ཆེན་གཙུག་ཏོར་གྱིས་སོ། །ནུབ་ ཕྱོགས་དང་རླུང་གི་མཚམས་ན་གནས་པ་རྣམས་ལ་པད་མའི་གཙུག་ཏོར་གྱིས་སོ། །བྱང་ ཕྱོགས་དང་དབང་ལྡན་ན་གནས་པ་རྣམས་ལ་སྣ་ཚོགས་གཙུག་ཏོར་གྱིས་སོ། །འདིར་ཕྱིའི་ དཀྱིལ་འཁོར་གྱི་ལྷའི་གནས་ཀྱི་སྣམ་བུ་ལ་ཟླ་བའི་དཀྱིལ་འཁོར་ཉི་ཤུ་རྩ་བརྒྱད་པོ་བལྟ་བར་ བྱའོ་ཞེས་རྒྱུད་ལས་གསུངས་པའི་ཕྱིར་འདོད་ཡོན་གྱི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་བཅུ་ དྲུག་འགོད་པ་ནི་ཡང་དག་པར་མི་གནས་སོ། ། ཁ་ཅིག་ནི་ནང་གི་དཀྱིལ་འཁོར་ཞེས་རྒྱུད་ལས་གསུངས་པས། ཕྱིའི་གཞལ་ཡས་ཁང་ གི་ནང་དུ་གཞལ་ཡས་ཁང་གཉིས་པའོ་ཞེས་སྨྲའོ། །འགའ་ཞིག་ཏུ་ནི་རྣམ་པར་སྣང་མཛད་ ཆེན་པོ་ལ་སོགས་པའི་དེ་བཞིན་གཤེགས་པ་དགུ་པོ་གཙུག་ཏོར་དང་བཅས་པ་དགེ་སློང་གི་ ཆ་ལུགས་འཛིན་པའོ་ཞེས་བཤད་དོ། །དེ་ནི་མི་རིགས་ཏེ་ཆགས་པ་དང་ལྡན་པའི་གཟུགས་ ཅན། འཁོར་ལོས་བསྒྱུར་བའི་གཟུགས་སུ་མངོན་པར་སྤྲུལ་པའོ་ཞེས་བཅོམ་ལྡན་འདས་ 8-1-249 ཀྱིས་གསུངས་པའི་ཕྱིར་རོ། །པད་མའི་ཕྲེང་བས་ཡོངས་སུ་བསྐོར་བ་དང་ཁོར་ཡུག་གི་ནང་དུ་ དབང་ལྡན་གྱི་མཚམས་ནས་བརྩམས་ཏེ་གཡས་བསྐོར་གྱིས་མགྲིན་པ་སྔོན་པོ་ལ་སོགས་པ་ དགོད་པར་བྱ་སྟེ་དེ་ཡང་དབང་ལྡན་ནས་གླང་ལ་མགྲིན་པ་སྔོན་པོ་དཀར་པོ་སྦྲུལ་གྱི་མཆོད་ ཕྱིར་ཐོགས་པ་ཅན། ཕྱག་གཡས་པ་དག་ན་རྡོ་རྗེ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་པ་ དག་ན་རྩེ་གསུམ་དང་རལ་གྲི འོ། །ནམ་མཁའ་ལྡི ང་ལ་ཁྱབ་འཇུག་ནག་པོ་གཡས་པ་དག་ན་ དབྱུག་ཐོ་དང་རྡོ་རྗེ་དང༌། གཡོན་པ་དག་ན་དུང་དང་འཁོར་ལོའོ། ། རྡོ་རྗེ་གསེར་མ་ཁྱབ་འཇུག་ལྟ་བུ་སྟེ་ཁྱད་པར་ནི་གསེར་གྱི་མདོག་ཅན་ནོ། །རྨ་བྱ་ལ་རྡོ་ རྗེ་དྲིལ་བུ་ཞལ་དྲུག་པ་དམར་པོ་གཡས་པ་དག་ན་ཤག་ཏི་དང་རྡོ་རྗེ་དང་གཡོན་པ་དག་ན་ ཁྱིམ་བྱ་དང་རྡོ་རྗེ་དྲིལ་བུའོ། །རྡོ་རྗེ་གཞོན་ནུ་མ་ནི་རྡོ་རྗེ་དྲིལ་བུ་ལྟ་བུའོ། །ངང་པ་ལ་མི་སྨྲ་རྡོ་ རྗེ་སེར་པོ་ཞལ་བཞི་པ་གཡས་པ་དག་ན་རྡོ་རྗེ་དང་བགྲང་ཕྲེང་དང་གཡོན་པ་དག་ན་དབྱུག་ པ་དང་སྤྱི་བླུགས་སོ། །རྡོ་རྗེ་ཞི་བ་མ་ནི་ཚངས་པ་ལྟ་བུའོ། །སོ་ལྡན་གྱི་དབང་པོ་དཀར་པོ་མཆེ་ བ་དྲུག་པ་དང་ཟླ་བ་ལ། རྡོ་རྗེ་མཚོན་ཆ་སེར་པོ་ཕྱག་གཡས་པས་རྡོ་རྗེ་འཛིན་ཞིང༌། གཡོན་ པས་རྡོ་རྗེ་དཀུར་བརྟེན་པའོ། ལྷ་མོ་རྡོ་རྗེ་ཁུ་ཚུར་མ་ནི་རྡོ་རྗེ་མཚོན་ཆ་ལྟ་བུའོ། །རྟ་བདུན་གྱི་ ཤིང་རྟ་ལ་རྡོ་རྗེ་འཁྱིལ་པ་ཁྲོ་བོ་དམར་པོ་ཕྱག་གཡས་པ་ན་པད་མ་དང༌། གཡོན་པ་ན་པད་མ་ ལ་གནས་པའི་ཉི་མའི་དཀྱིལ་འཁོར་རོ། །རྡོ་རྗེ་བདུད་རྩི་མ་ནི་རྡོ་རྗེ་འཁྱིལ་པ་ལྟ་བུའོ། །ངང་ པ་ལ་རྡོ་རྗེའི་འོད་ཁྲོ་བོ་དཀར་པོ་ཕྱག་གཡས་པ་ན་རྡོ་རྗེ་དང༌། གཡོན་པ་ན་པད་མ་ལ་གནས་ པའི་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་མདོག་མ་ནི་རྡོ་རྗེའི་འོད་ལྟ་བུའོ། །ར་ལ་རྡོ་རྗེ་དམར་ སེར་ཁྲོ་བོ་དམར་པོ་ཕྱག་གཡས་པ་ན་རྡོ་རྗེ་དང་གཡོན་པས་མི་མགོ་བཟུང་ནས་ཟ་བའི་ཚུལ་ ལོ། །རྡོ་རྗེ་སྐེ་རགས་མ་ནི་རྡོ་རྗེ་དམར་སེར་ལྟ་བུའོ། །པད་མ་ལ་རྡོ་རྗེ་ཞི་བ་ཁྲོ་བོ་སེར་པོ་ མདའ་དང་གཞུ་ཅན་ནོ། །རྡོ་རྗེ་ཞི་བ་ནི་རྡོ་རྗེ་ཞི་བ་ལྟ་བུའོ། །སྦལ་པ་ལ་རྡོ་རྗེ་བླ་མ་ཁྲོ་བོ་སེར་ 8-1-250 པོ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པའོ། །རྡོ་རྗེ་བླ་མ་མ་ནི་རྡོ་རྗེ་བླ་མ་ལྟ་བུའོ། །པད་མ་ལ་ རྡོ་རྗེ་པ་བ་སངས་ཁྲོ་བོ་དཀར་པོ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པའོ། །རྡོ་རྗེ་པ་བ་སངས་ མ་ནི་རྡོ་རྗེ་པ་བ་སངས་ལྟ་བུའོ། །རུས་སྦལ་ལ་རྡོ་རྗེ་དབྱུག་པ་ཁྲོ་བོ་ནག་པོ། གཡས་པ་ན་རྡོ་ རྗེ་དང་གཡོན་པ་ན་དབྱུག་པའོ། རྡོ་རྗེ་དབྱུག་པ་མ་ནི་རྡོ་རྗེ་དབྱུག་པ་ལྟ་བུའོ། །རྡོ་རྗེ་སྒྲ་གཅན་ ཁྲོ་བོ་དམར་ནག་གཡས་པ་དང་གཡོན་པའི་ཕྱག་དག་ན་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ ཅན་ནོ། །རྡོ་རྗེ་ལྷ་མིན་མོ་ནི་རྡོ་རྗེ་སྒྲ་གཅན་ལྟ་བུའོ། །རྡོ་རྗེ་མཇུག་རིངས་ཁྲོ་བོ་ནག་པོ་རལ་ གྲི་དང་ཀླུའི་ཞགས་པ་འཛིན་པའོ། །རྡོ་རྗེ་ཀླུ་མ་ནི་རྡོ་རྗེ་མཇུག་རིངས་ལྟ་བུའོ། །བཞི་པོ་འདི་ དག་དང་རྡོ་རྗེ་ཞི་བ་ལ་སོགས་པ་དྲུག་ནི་རྒྱུད་གཞན་ལས་གསུངས་པ་ལྟར་བྲིས་པའོ། །གླང་ པོ་ཆེ་ལ་རྡོ་རྗེ་གླང་སྣ་དཀར་པོ་གཡས་པ་ན་རྡོ་རྗེ་དང༌། གཡོན་པ་ན་ཐོང་གཤོལ་ལོ། །རྡོ་རྗེ་ འདུལ་བ་མ་ནི་རྡོ་རྗེ་གླང་སྣ་ལྟ་བུ་སྟེ། གཡོན་པས་ཁ་ཊྭཱཾ་ག་འཛིན་པ་ནི་ཁྱད་པར་རོ། །ཁུ་ བྱུག་གི་ཤིང་རྟ་ལ་རྡོ་རྗེ་ཕྲེང་བ་ཅན་ལྗང་ཁུ་གཡས་པ་ན་རྡོ་རྗེ་དང་གཡོན་པ་ན་མེ་ཏོག་གི་ཕྲེང་ བའོ། །རྡོ་རྗེ་གདན་མ་ནི་རྡོ་རྗེ་ཕྲེང་བ་ཅན་ལྟ་བུ་སྟེ། ཕྱག་གཡོན་པས་ཤག་ཏི་འཛིན་པ་ནི་ ཁྱད་པར་རོ། །ནེ་ཙོའི་ཤིང་རྟ་ལ་རྡོ་རྗེ་དབང་ཅན་སེར་པོ་གཡས་པ་ན་རྡོ་རྗེ་དང་གཡོན་པ་ན་ ཆུ་སྲིན་གྱི་རྒྱལ་མཚན་ནོ། །རྡོ་རྗེ་དབང་ཅན་མ་ནི་རྡོ་རྗེ་དབང་ཅན་ལྟ་བུ་སྟེ། སྐུ་མདོག་དམར་ མོ་ནི་ཁྱད་པར་རོ། །སྦལ་པའི་ཤིང་རྟ་ལ་རྣམ་པར་རྒྱལ་བའི་རྡོ་རྗེ་དཀར་པོ་རྡོ་རྗེ་དང་རལ་གྲི་ འཛིན་པའོ། །རྡོ་རྗེ་གདན་མ་ནི་རྡོ་རྗེ་རྣམ་པར་རྒྱལ་བ་ལྟ་བུའོ། །མེ་ཏོག་གི་ཤིང་རྟ་ལ་རྡོ་རྗེ་ གཏུན་ཤིང་སེར་པོ་གཡས་པ་དང་གཡོན་པ་དག་གིས་རྡོ་རྗེ་དང་གཏུན་ཤིང་འཛིན་པའོ། །རྡོ་ རྗེ་ཕོ་ཉ་མོ་ནི་རྡོ་རྗེ་གཏུན་ཤིང་ལྟ་བུ་སྟེ། གཡོན་པས་ཁ་ཊྭཱཾ་ག་འཛིན་པ་ནི་ཁྱད་པར་རོ། །ར་ལ་ རྡོ་རྗེ་མེ་དམར་པོ་གཡས་པ་དག་ན་རྡོ་རྗེ་དང་གོ་ཆ་དང༌། གཡོན་པ་དག་ན་དབྱུག་པ་དང་སྤྱི་ བླུགས་འཛིན་པའོ། །རྡོ་རྗེ་འབར་བ་མ་ནི་རྡོ་རྗེ་མེ་ལྟ་བུའོ། །མ་ཧེ་ལ་རྡོ་རྗེ་དུས་ནག་པོ་རྡོ་རྗེ་ 8-1-251 དང་ལྕགས་ཀྱུ་འཛིན་པའོ། །རོ་ལངས་ལ་རྡོ་རྗེ་དུས་མ་ནག་མོ་རྡོ་རྗེ་དང་ཁ་ཊྭཱཾ་ག་འཛིན་པའོ། ། ཀླུ་ལྷག་མ་ཅན་ལ་རྡོ་རྗེ་ལྕགས་ཀྱུ་སྔོན་པོ་ཕག་པའི་གདོང་པ་ཅན་རྡོ་རྗེ་དང་ལྕགས་ཀྱུ་འཛིན་ པའོ། །སྐྱེས་བུ་ལ་རྡོ་རྗེ་གདོང་མ་སྔོན་མོ་ཕག་པའི་གདོང་ཅན་མ་རྡོ་རྗེ་དང་རལ་གྲི་འཛིན་ པའོ། །ཆུ་སྲིན་ལ་རྡོ་རྗེ་ཀླུ་དཀར་པོ་གདེངས་ཀ་བརྒྱད་དང་ལྡན་པ་གཡས་པ་ན་རྡོ་རྗེ་དང་ གཡོན་པ་ན་ཀླུའི་ཞགས་པ་ཅན་ནོ། །ཆུ་སྲིན་ལ་རྡོ་རྗེ་ཆུ་སྲིན་མ་དཀར་མོ་གདེངས་ཀ་བརྒྱད་ དང་ལྡན་པ་གཡས་པ་ན་རྡོ་རྗེ་དང་གཡོན་པ་ན་རྡོ་རྗེས་མཚན་པའི་ཆུ་སྲིན་ཅན་ནོ། །རི་དྭགས་ ལ་རྡོ་རྗེ་རླུང་སྔོན་པོ་གཡས་པ་ན་རྡོ་རྗེ་དང་གཡོན་པ་རླུང་རས་ཅན་ནོ། །རྡོ་རྗེ་ཤུགས་ཅན་མ་ ནི་རྡོ་རྗེ་རླུང་ལྟ་བུའོ། །རོ་ལངས་ལ་རྡོ་རྗེ་འཇིགས་བྱེད་སྔོན་པོ་དང་རྡོ་རྗེ་དང་དབྱུག་ཐོ་འཛིན་ པའོ། །རྡོ་རྗེ་རྣམ་པར་གཙིགས་མ་ནི་རྡོ་རྗེ་འཇིགས་བྱེད་ལྟ་བུ་སྟེ། གཡོན་པས་ཞགས་པ་ འཛིན་པ་ནི་ཁྱད་པར་རོ། །བྱི་བ་ལ་རྡོ་རྗེ་ལོག་འདྲེན་དཀར་པོ་གླང་པོ་ཆེའི་གདོང་པ་ཅན་ཕྱག་ གཡས་པ་དག་གིས་རྡོ་རྗེ་དང་དགྲ་སྟ་འཛིན་ཞིང༌། གཡོན་པ་དག་གིས་རྩེ་གསུམ་དང་དབྱུག་ ཐོ་འཛིན་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན་ནོ། །བྱི་བ་ལ་སྲུལ་མོ་སྔོན་མོ་གཡས་པ་ན་རྡོ་ རྗེ་དང་གཡོན་པ་ན་ཕྱགས་ཤིང་ཅན་ནོ། །སྡིགས་མ་ལྗང་ཁུ་གཡས་པ་ན་རྡོ་རྗེ་དང་གཡོན་པ་ ན་རལ་གྲི་འགེས་བྱེད་འཛིན་པའོ། །དཔལ་མོ་སེར་མོ་གཡས་པ་ན་རྡོ་རྗེ་དང་གཡོན་པ་པད་ མ་ཅན་ནོ། །དབྱངས་ཅན་མ་དཀར་མོ་གཡས་པ་ན་རྡོ་རྗེ་དང་གཡོན་པ་ན་པི་ཝང་ཅན་ནོ། ། སེང་གེ་ལ་བགྲོད་དཀའ་མ་ལྗང་ཁུ་གཡས་པ་དག་ན་རྡོ་རྗེ་དང་འཁོར་ལོ་དང་གཡོན་པ་ དག་ན་ལྡེ་མེན་དང་རལ་གྲི་ཅན་ནོ། །འདིར་མགྲིན་པ་སྔོན་པོ་ལ་སོགས་པའི་ལྷ་རྣམས་ཀྱི་ ཕྱག་གཡས་པ་རྣམས་སུ་ཇི་ལྟར་འབྱུང་བའི་རྡོ་རྗེ་རྣམས་ནི་རྩེ་མོ་གསུམ་པར་རིག་པར་བྱའོ། ། ནུབ་ཏུ་རྡོ་རྗེ་ཀླུ་དང་ཉེ་བར་པད་མ་ལ་སའི་ལྷ་མོ་གསེར་གྱི་མདོག་ཅན་ཕྱག་དག་གིས་བདུད་ རྩིའི་བུམ་པ་འཛིན་པའོ། ། 8-1-252 ལྷ་མ་ཡིན་རྣམས་ནི་སྣ་ཚོགས་པའི་མདོག་ཅན་གོ་ཆ་དང་བཅས་པ་རལ་གྲི་འཛིན་པ་ རས་བལ་གྱི་གདན་འཇམ་པ་ཅན་ནོ། །ཀླུ་རྣམས་ནི་ནོར་བུ་དང་ལྡན་པའི་གདེངས་ཀ་ཅན་ བཙུན་མོ་དང་བཅས་པ་ཐལ་མོ་སྦྱར་བའོ། །ཁོར་ཡུག་གི་ཕྱི་རོལ་མཚམས་རྣམས་སུ། མེར་ མནར་མེད་ལ་སོགས་པའི་དམྱལ་བ་རྣམས་དང༌། བདེན་བྲལ་དུ་ཡི་དྭགས་ཀྱི་འགྲོ་བ་རྣམས་ དང༌། རླུང་དུ་བྱོལ་སོང་གི་འགྲོ་བ་རྣམས་དང༌། དབང་ལྡན་དུ་མིའི་འགྲོ་བ་རྣམས་གནས་པ་ སྟེ། རིམ་པ་འདི་ནི་རྒྱུད་གཞན་ལས་བྲིས་པའོ། །གཞན་དག་ནི་རྡོ་རྗེ་འཇིགས་བྱེད་དང་ཉེ་ བར་སའི་ལྷ་མོ་དང་གནོད་སྦྱིན་རྣམས་དང༌། རྡོ་རྗེ་དུས་དང་ཉེ་བར་ལྷ་མ་ཡིན་རྣམས་སོ་ཞེས་ པ་ལ་སོགས་པ་བརྗོད་པར་བྱེད་དོ། །འཁོར་ལོའི་དབང་ཕྱུག་གི་ཐུགས་ཁར་ཟླ་བ་ལ། ༀ་མུ་ ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ་ཞེས་པའི་སྔགས་ཏེ། འདི་ཉིད་ནི་སྙིང་པོའོ། ༀ་ན་མོ་བྷ་ག་བ་ཏེ་ (སརྦ་རྒྱ་དཔེ་ལ་མེད་)དུར་ག་ཏི་པ་རི་ཤོ་ན་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏེ། ས་མྱཀ་སཾ་ བུད་དྷཱ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པ་བི་ཤོ་དྷ་ནེ། ཤུད་དྷེ་བི་ཤུད་དྷེ། སརྦ་ཀར་ མ་ཨཱ་བ་ར་ཎ་བི་ཤུད་དྷེ་སྭཱ་ཧཱ་ཞེས་པ་ཕྲེང་བའི་སྔགས་སོ། །རྡོ་རྗེ་འབེབས་པའི་སྔགས་ནི། ༀ་ སརྦ་བིད་སརྦ་ཨ་པཱ་ཡ་ག་ཏི་ཧ་ན་བི་ཤོ་དྷ་ནི་ཧཱུཾ་ཧོཿཕཊ་ཅེས་པ་སྟེ། ལས་ཐམས་ཅད་པའོ། ། ༀ་བཛྲ་ཡཀྵ་ཧཱུཾ་ཞེས་པ་ནི་གཞན་དག་གོ ། ༈ འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་རི་རབ་ཀྱི་སྟེང་སྣ་ཚོགས་ ཆུ་སྐྱེས་ཀྱི་ཟེ་འབྲུ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་དུ་གཞལ་ཡས་ཁང་གི་ལྟེ་བ་ ལ་གླང་པོ་ཆེའི་རྒྱལ་པོའི་སྟེང་ངམ་གླང་པོ་ཆེ་དང་བྲལ་བ་ཡང་རུང༌། སྣ་ཚོགས་པད་མ་དང་ ཟླ་བ་ལ། གཞན་གྱིས་མི་ཐུབ་པའི་འབྱུང་པོ་ཆེན་པོ་དཀར་པོ་ཟླ་བ་ཕྱེད་པས་མཚན་པའི་ རལ་པའི་ཐོར་ཅོག་དང་སྨ་ར་དམར་སེར་ཅན། ཐོད་པ་ལྔ་དང་ལྡན་པ་མིག་གསུམ་པ་མཆེ་བ་ གཙིགས་པ་གསུས་པ་འཕྱང་བ་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་དང་སྟག་གི་ལྤགས་པའི་སྨད་ 8-1-253 གཡོགས་ཅན། ལག་པ་བཞིའི་གཡས་དག་གིས་གྲི་གུག་དང་ཌ་མ་རུ་འཛིན་ཞིང༌། གཡོན་པ་ དག་གིས་ཐོད་པ་དང་རྩེ་གསུམ་འཛིན་པ་དྲག་པ་སྟེ། དེ་གཡོན་བརྐྱང་གིས་མནན་པའི་འབྱུང་ པོ་འདུལ་བྱེད་དྲག་པོ་ཆེན་པོ་སྐུ་མདོག་སྔོན་པོ་ཐོད་པ་ལྔས་མཚན་པའི་ཅོད་པན་ལ་དེ་བཞིན་ གཤེགས་པ་ལྔའི་དབུ་རྒྱན་དང་ལྡན་པ། དབུ་སྐྲ་དམར་ སེར་གྱེན་དུ་བཅིངས་པ། ན་བཟའ་སྔོན་པོ་མནབས་པ་མཆེ་བ་གཙིགས་པའི་ཞལ་ཅན། སྤྱན་གསུམ་ དམར་བ། བཞད་པའི་གད་རྒྱངས་ཅན། ཕྱག་བཞིའི་གཡས་པས་རྡོ་རྗེ་སྔོན་པོ་ཁ་གྱེས་ པ་གསོར་ཞིང༌། གཡོན་པས་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། གཉིས་ཀྱིས་ ཕྱག་རྒྱ་བཅིངས་པ་སྟེ། ཕྱག་རྒྱ་ནི་མིང་མེད་གཉིས་བསྣོལ་ནས་མཛུབ་མོ་གཉིས་བསྐུམ་སྟེ། མཐེ་ཆུང་དང་གུང་མོ་ཡང་མཐེ་བོང་རྒན་པོས་མནན་པའོ་ཞེས་པ་འདི་གསུངས་སོ། །ཀླུའི་ རྒྱལ་པོ་བརྒྱད་ཀྱིས་བརྒྱན་པ་སྟེ། དེ་ཡང་སྟོབས་ཀྱི་རྒྱུ་སྔོན་པོས་སྤྱི་བོར་བཅིངས་པ། མགྲིན་པ་ལ་འཇོག་པོ་དམར་པོ། དགའ་བོ་དང་ཉེར་དགའ་སེར་པོས་ནི་རྣ་རྒྱན། མཐའ་ཡས་དཀར་པོས་ནི་ཚངས་སྐུད་ནོར་ རྒྱས་དཀར་པོས་ནི་སྐ་རགས། ཕྱག་རྒྱའི་ཕྱག་དག་གི་དཔུང་པར་ནི་རིགས་ལྡན་ཕུག་རོན་གྱི་ མདོག་ཅན། ཕྱག་གཞན་པ་གཉིས་ཀྱི་དཔུང་པ་ལ་དུང་སྐྱོང་དཀར་པོ། རྐང་གདུབ་དག་ནི་ པད་མ་དང་པད་མ་ཆེན་པོ་དམར་པོའོ། །རེ་མིག་རྣམས་ལ་ཤར་དུ་གླང་དང་ཉི་མ་ལ་དབང་ ཕྱུག་ཆེན་པོ་མཚན་མ་གྱེན་དུ་ལངས་པ་ཐོད་པའི་ཕྲེང་བ་ཅན་ཐལ་བའི་མདོག་ཅན། སྤྱན་ གསུམ་པ་ཟླ་བ་ཕྱེད་པས་མཚན་པའི་རལ་བའི་ཐོར་ཅོག་ཅན། སྦྲུལ་གྱི་མཆོད་ཕྱིར་ཐོགས་ པ་དང་བཅས་པ། ཕྱག་བཞིའི་གཡས་པ་དག་གིས་གྲི་གུག་དང་ཌ་མ་རུ་འཛིན་ཞིང༌། གཡོན་ པ་དག་གིས་ཐོད་པ་དང་རྩེ་གསུམ་འཛིན་པའོ། །ལྷོར་ནམ་མཁའ་ལྡི ང་དང་ཉི་མ་ལ་ཁྱབ་ 8-1-254 འཇུག་ནག་པོ་རིན་པོ་ཆེའི་ཅོད་པན་ཅན། གཡས་པ་དག་གིས་རྔ་ཡབ་དང་དུང་འཛིན་ཞིང༌། གཡོན་པ་དག་གིས་འཁོར་ལོ་དང་དབྱུག་ཐོ་འཛིན་པའོ། །ནུབ་ཏུ་ངང་པ་དང་ཟླ་བ་ལ་ཚངས་ པ་དཀར་པོ་ཞལ་བཞི་པ་ཕྱག་བཞིའི་གཡས་པ་དག་གིས་བགྲང་ཕྲེང་དང་གདུགས་ཀྱི་ཡུ་བ་ འཛིན་ཞིང༌། གཡོན་པ་དག་གིས་པད་མ་དང་སྤྱི་བླུགས་འཛིན་པའོ། །བྱང་དུ་རྨ་བྱ་དང་ཉི་མ་ ལ་སྨིན་དྲུག་གི་བུ་དམར་པོ་གཙུག་ཕུད་གསུམ་དང་ལྡན་པ་གཡས་པས་རྔ་ཡབ་དང་གཡོན་ པས་ཤག་ཏི་འཛིན་པའོ། །དབང་ལྡན་དུ་བྱི་བ་དང་ཟླ་བ་ལ་ཚོགས་བདག་དཀར་པོ་གླང་པོ་ ཆེའི་གདོང་པ་ཅན་སྤྱན་གསུམ་པ་སྤྱི་བོར་ཟླ་བ་ཕྱེད་པས་མཚན་པ། གཡས་པ་དག་གིས་ལ་ ཕུག་དང་དགྲ་སྟ་དང༌། གཡོན་པ་དག་གིས་རྩེ་གསུམ་དང་ཐོད་པ་འཛིན་པའོ། །མེར་ཉི་མའི་ དཀྱིལ་འཁོར་ལ་ཉི་མ་དམར་པོ་གཡས་པ་དང་གཡོན་པ་དག་གིས་པད་མ་ལ་གནས་པའི་ཉི་ མའི་དཀྱིལ་འཁོར་འཛིན་པའོ། །བདེན་བྲལ་དུ་ཤིང་རྟ་ལ་གནས་པའི་ཉི་མ་དང་ཟླ་བ་ལ་སྒྲ་ གཅན་དམར་ནག་དབུ་སྐྲ་དམར་སེར་གྱེན་དུ་འབར་བ། མིག་དང་སྨིན་མ་དང་སྨ་ར་དམར་ སེར་འབར་བ། མཆེ་བ་བཞི་པ་ཞལ་གདངས་པ། ཕྱག་དག་གིས་ཉི་མ་དང་ཟླ་བར་བཅས་ པའི་ཐལ་མོ་སྦྱར་བའོ། །རླུང་དུ་ཟླ་བ་ལ་དགའ་བྱེད་དབང་ཕྱུག་སེར་པོ་གར་བྱེད་པས་སྤྱི་ བོར་ཟླ་བ་ཕྱེད་པ་ཅན་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་དང་ལྡན་པ་གཡས་པ་དང་གཅིག་ཤོས་ དག་གིས་ཌ་མ་རུ་དང་རྩེ་གསུམ་འཛིན་པའོ། །རིམ་པ་གཉིས་པའི་ཤར་ཕྱོགས་སུ་ཟླ་བ་ལ་ དཔལ་མོ་དཀར་མོ་ཐུགས་ཁར་ཐལ་མོ་སྦྱར་བས་མེ་ཏོག་པད་མ་འཛིན་པའོ། །ལྷོ་རུ་ཟླ་བ་ལ་ ཐིག་ལེ་མཆོག་མ་དམར་མོ་སྤོས་སྣོད་འཛིན་ཞིང་གར་བྱེད་པའོ། ། ནུབ་ཏུ་ཟླ་བ་ལ་རི་བོང་ཅན་མ་དམར་མོ་མར་མེ་འཛིན་པའོ། །བྱང་དུ་ཟླ་བ་ལ་དཀའ་ བཟློག་མ་སེར་མོ་སྤྱི་བོར་གདེངས་ཀའི་རྣམ་པར་བྱས་པའི་ལག་པ་བཟློག་ཅིང་གར་བྱེད་ པའོ། །མེར་ཟླ་བ་ལ་རིན་ཆེན་དཔལ་མོ་དམར་མོ་དྲིལ་བུ་འཛིན་པའོ། །བདེན་བྲལ་དུ་ཟླ་བ་ 8-1-255 ལ་དབྱངས་ཅན་མ་ལྗང་ཁུ་པི་ཝང་སྒྲོགས་པའོ། །རླུང་དུ་ཟླ་བ་ལྷ་མཛེས་མ་ནག་མོ་རིན་པོ་ ཆེའི་ཕྲེང་བ་འཛིན་པའོ། །དབང་ལྡན་དུ་ཟླ་བ་ལ་ཀུན་འབྱོར་མ་སེར་མོ་གར་བྱེད་ཅིང་ཕྱག་ ན་རྡོ་རྗེ་རྩེ་གསུམ་པ་འཛིན་པའོ། །རིམ་པ་གསུམ་པའི་ཤར་དུ་ས་སྲུང་དཀར་པོ་དང་ཟླ་བ་ལ་ བརྒྱ་བྱིན་སེར་པོ་རིན་པོ་ཆེའི་ཅོད་པན་ཅན། གཡས་པས་མི་འཇིགས་པ་སྦྱིན་ཞིང༌། གཡོན་ པ་རྡོ་རྗེའི་མཚོན་ཆ་ཅན་ནོ། །ལྷོར་མ་ཧེ་དང་ཉི་མ་ལ་གཤིན་རྗེ་ནག་པོ་གསུས་པ་འཕྱང་ བ། སྤྱན་དང་སྨིན་མ་དང་སྨ་ར་དང་རལ་པ་དམར་སེར་ཅན་གོས་སེར་པོ་གྱོན་པ། གཡས་པ་ ཐོད་པས་མཚན་པའི་དབྱུག་པ་འཛིན་ཞིང༌། གཡོན་པ་སྡིགས་མཛུབ་དང་བཅས་པ་ཞགས་ པ་འཛིན་པའོ། །ནུབ་ཏུ་ལག་འགྲོ་དང་ཟླ་བ་ལ་ཆུ་ལྷ་དཀར་པོ་གདེངས་ཀ་བདུན་དང་ལྡན་ པ། གཡོན་པས་ཀླུའི་ཞགས་པ་འཛིན་པ། གཡས་པས་མཆོག་སྦྱིན་པའོ། །བྱང་དུ་གནོད་སྦྱིན་ ལ་གནས་པའི་ལུས་ངན་པོ་སེར་པོ་ཤ་རྒྱས་ཤིང་གསུས་པ་འཕྱང་བ་རིན་པོ་ཆེའི་ཅོད་པན་ གཡས་པ་དང་གཡོན་པ་དག་གིས་དབྱུག་ཐོ་དང་ནེའུ་ལེ་འཛིན་པའོ། །མེར་ར་དང་ཉི་མ་ལ་ མེ་ལྷ་དམར་པོ་རལ་པ་གསུམ་དང་ལྡན་པ་སྐྲ་དང་སྨ་ར་སེར་ཞིང་འབར་བ་གསུས་པ་འཕྱང་ བ། རིལ་བ་དང་མཆོད་ཕྱིར་ཐོགས་པ་ཅན། གཡས་པ་དག་གིས་མཆོག་སྦྱིན་དང་བགྲང་ཕྲེང་ འཛིན་ཞིང༌། གཡོན་པ་དག་གིས་དབྱུག་པ་རྩེ་གསུམ་པ་དང་སྤྱི་བླུགས་འཛིན་པའོ། །བདེན་ བྲལ་དུ་རོ་ལངས་དང་ཉི་མ་ལ་སྲིན་པོ་ནག་པོ་སྨ་ར་དམར་སེར་ཅན། གཡས་པས་རལ་གྲི་ དང་གཡོན་པས་མི་ཤས་གང་བའི་ཐོད་པ་འཛིན་པའོ། །རླུང་དུ་རི་དྭགས་དང་ཟླ་བ་ལ་རླུང་ལྷ་ སྔོན་པོ་གཙུག་ཕུད་གསུམ་དང་ལྡན་པ། ཕྱག་དག་གིས་རླུང་རས་འཛིན་པའོ། །དབང་ལྡན་དུ་ ངང་པ་དང་ཟླ་བ་ལ་ཟླ་བ་དཀར་པོ་གཡོན་ པ་ན་ཀུ་མུ་ད་ལ་གནས་པའི་དཀྱིལ་འཁོར་དང་གཡས་པས་མཆོག་སྦྱིན་པའོ། །དབང་ ལྡན་ཡང་དབང་ཕྱུག་ཆེན་པོ་ལྟ་བུའོ། །རིམ་པ་བཞི་པའི་ཤར་དུ་ཟླ་བ་ལ་སེང་གེའི་རྒྱལ་ 8-1-256 མཚན་འཛིན་མ་དཀར་མོ་སེང་གེའི་རྒྱལ་མཚན་འཛིན་པའོ། །ལྷོ་རུ་ཟླ་བ་ལ་རྣམ་པར་འབྱོར་ མ་དམར་མོ་ལྕགས་ཀྱུ་འཛིན་པའོ། །ནུབ་ཏུ་པད་མ་ལྡན་མ་ཆེན་མོ་དཀར་མོ་གཞུ་དང་མདའ་ འཛིན་པའོ། །བྱང་དུ་ཟླ་བ་ལ་ཆང་འཕྲོག་མ་དམར་མོ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ འཛིན་པའོ། །དབང་ལྡན་དུ་ཟླ་བ་ལ་མཆོག་འཕྲོག་མ་སེར་མོ་ཐུགས་ཁར་མེ་ཏོག་དང་བཅས་ པའི་ཐལ་མོ་སྦྱར་བའོ། །མེར་ཟླ་བ་ལ་རིན་ཆེན་དབང་ཕྱུག་མ་སེར་མོ་སྤོས་ཕོར་འཛིན་པའོ། ། བདེན་བྲལ་དུ་ཟླ་བ་ལ་བརྒྱན་མ་སེར་མོ་དྲིའི་དུང་ཆོས་འཛིན་པའོ། །རླུང་དུ་ཟླ་བ་ལ་འགྲོ་ སྐྱོང་མ་སེར་མོ་མར་མེའི་མཆོད་སྡོང་འཛིན་པའོ། ། འདིར་གང་ལ་ཁྱད་པར་གྱི་ཚིག་མེད་པ་དེ་ནི་ཉི་མ་དང་ཟླ་བ་ཐམས་ཅད་སྣ་ཚོགས་པད་ མ་ལ་གནས་པ་སྟེ། ལྷ་ཐམས་ཅད་སེམས་དཔའི་དཀྱིལ་དཀྲུང་ཅན། རྣམ་པ་སྣ་ཚོགས་པའི་ གོས་དང་རིན་པོ་ཆེས་ བརྒྱན་པའོ། །འདིར་འཁོར་ལོའི་དབང་ཕྱུག་གི་རིགས་ཀྱི་དབང་པོ་ནི་མི་བསྐྱོད་པ་སྟེ། ཐུགས་ཁའི་ས་བོན་ནི་ཧཱུཾ་ངོ༌། །ཧཱུཾ་བཛྲ་ཕཊ་ཅེས་པ་ནི་སྙིང་པོ་སྟེ། ཡང་ན། ༀ་བྷཱུ་ཏ་ཌཱ་མ་ར། བྷཱུ་ཏ་ཨ་དྷི་པ་ཏི། ཨ་ཀྵོ་བྷྱ་ཀི་རཱི་ཊི་ན། སརྦ་བྷཱུ་ཏ། པྲེ་ཏ་པི་ཤཱ་ཙཱན་སཱ་དྷ་ཡ་ཧཱུཾ་ཕཊ་ཅེས་པའོ། ། ལས་ཐམས་ཅད་པའི་སྔགས་ཀྱང་འདི་ཉིད་དེ། ཡང་ན་བགེགས་མཐར་བྱེད་ཀྱི་སྔགས་སོ། ། ༈ མཁའ་འགྲོ་ལྔའི་དཀྱིལ་འཁོར་ནི་རྡོ་རྗེའི་ས་གཞི་ལ་སོགས་པ་ནས་གཞལ་ཡས་ཁང་ གི་མཐར་ཐུག་པར་སྔར་གྱི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་བཞིན་ནོ། །དེ་ལ་དབུས་ཀྱི་ གཞལ་ཡས་ཁང་གི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་སྟེ། ཤར་ལ་སོགས་པའི་ སྒོ་རྣམས་སུ་གཽ་རཱི་ལ་སོགས་པ་རྣམས་དང༌། དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ པུཀྐ་སི་ལ་སོགས་པ་རྣམས་སོ། །དེ་ཡང་གཽ་རཱི་དཀར་མོ་གཡས་པས་ལྕགས་ཀྱུ་འཛིན་པ་དང༌། ཙཽ་རཱི་སེར་མོ་ཞགས་པ་འཛིན་པ་དང༌། བེཏྟ་ལཱི་དམར་མོ་ཕྱག་དག་གིས་ལྕགས་སྒྲོགས་འཛིན་ 8-1-257 པ་དང༌། གྷསྨ་རཱི་ལྗང་ཁུ་རྡོ་རྗེ་དྲིལ་བུ་འཛིན་པ་དང༌། པུཀྐ་སཱི་སྔོན་མོ་བྱང་ཆུབ་སེམས་ཀྱི་བུམ་ པ་འཛིན་པ་དང༌། ཤཱ་བ་རཱི་དཀར་མོ་རི་རབ་འཛིན་པ་དང༌། ཙནྚ་ལཱི་སྔོན་མོ་མེ་ཐབ་འཛིན་ པ་དང༌། ཊོམ་བི་ནི་སྣ་ཚོགས་མདོག་ཅན་རྒྱལ་མཚན་ཆེན་པོ་འཛིན་པའོ། །ཤར་གྱི་གཞལ་ ཡས་ཁང་གི་དབུས་སུ་ཟླ་བ་ལ་སངས་རྒྱས་མཁའ་འགྲོ་དཀར་པོ་སྟེ། རྩ་བའི་ཞལ་དཀར་པོ་ གཡོན་པ་དམར་པོ་ལྷག་མ་རྣམས་སྔོན་པོ། གཡས་པའི་ཐོད་པ་བརྒྱད་པོ་རྣམས་ན་རྨ་བྱ་དང་ མ་ཧེ་དང་ཆུ་སྲིན་དང་ཉ་དང་གླང་པོ་ཆེ་དང་རུས་སྦལ་དང་ཀླུ་ལྷག་མ་ཅན་(སྦྲུལ་ལ་ཟེར་) དང་ངང་པ་རྣམས་དང༌། གཡོན་པའི་ཐོད་པ་བརྒྱད་པོ་རྣམས་ན་ད་བྱིད་དང་སྲོག་ཆགས་ཛྱེཥྛི་ དང་སྦྲུལ་ཧ་ལཱ་ཧ་ལ་དང་ཨཱཉྫ་ནཱ་བྷོ་དང་བྱི་བ་དང་གཡག་དང་དྲི་ཅན་དང་ཙཱ་ཏ་ཀ་རྣམས་སོ། ། ཤར་ལ་སོགས་པའི་སྒོ་རྣམས་སུ་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་རིམ་པ་ཇི་ལྟ་ བར་ལྷ་མོ་རྣམས་སོ། །དེ་ཡང་སྐམ་པ་མ་སྔོན་མོ་སྐམ་པ་འཛིན་པ་དང༌། ཞགས་པ་མ་སེར་ མོ་ཞགས་པ་འཛིན་པ་དང༌། དོལ་ཟླུམ་མ་དམར་མོ་ཉ་རྒྱ་ཟླུམ་པོ་འཛིན་པ་དང༌། ལྕགས་ཀྱུ་ མ་ལྗང་ཁུ་ལྗགས་ཀྱུ་འཛིན་པ་དང༌། མེ་ཏོག་མ་དཀར་མོ་མེ་ཏོག་གི་ཟ་མ་ཏོག་འཛིན་པ་དང༌། བདུག་སྤོས་མ་ནག་མོ་སྤོས་ཕོར་འཛིན་པ་དང༌། མར་མེ་མ་སེར་མོ་མར་མེའི་མཆོད་སྡོང་ འཛིན་པ་དང༌། དྲི་ཆབ་མ་སེར་མོ་དྲི་སེར་པོས་གང་བའི་དུང་ཆོས་འཛིན་པའོ། །ལྷོའི་དཀྱིལ་ འཁོར་གྱི་དབུས་སུ་རིན་ཆེན་མཁའ་འགྲོ་སེར་པོ་སྟེ། འདིའི་རྩ་བ་དང་གཡོན་པའི་ཞལ་དག་ ནི་སེར་པོ་དང་དཀར་པོ་ལྷག་མ་རྣམས་ནི་སྔོན་པོ། གཡས་པའི་ཐོད་པ་རྣམས་ན་བྱ་ཀ་རཎ་ ཊ་དང་ངུར་པ་དང་ལུག་དང་ཙ་ཀོ་ར་དང་ཁྲ་དང་ཧོར་པ་དང་འོལ་བ་དང་ཀུ་ར་རྣམས་དང༌། གཡོན་པ་རྣམས་ན་སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང་རིགས་ལྡན་དང་པད་མ་དང་པད་མ་ཆེན་ པོ་དང་འཇོག་པོ་དང་ནོར་རྒྱས་དང་མཐའ་ཡས་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་ དང་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ལྷ་མོ་རྣམས་ཏེ། 8-1-258 དེ་ཡང་ཉི་ཕྱག་མ་དཀར་མོ་ཉི་མའི་དཀྱིལ་འཁོར་འཛིན་པ་དང༌། མར་མེ་མ་སྔོན་མོ་མར་ མེའི་མཆོད་ སྡོང་འཛིན་པ་དང༌། རིན་ཆེན་སྐར་མདའ་མ་སེར་མོ་རིན་པོ་ཆེ་འཛིན་པ་དང༌། གློག་ ཕྱག་མ་ལྗང་ཁུ་གློག་གི་འཁྲི་ཤིང་འཛིན་པ་དང༌། སྒེག་མོ་དམར་མོ་སྙེམས་ཤིང་སྒེག་པ་དང་ བཅས་པའི་ཚུལ་གྱི་ཕྱག་གཉིས་ཀྱིས་རྡོ་རྗེ་འཛིན་པ་དང༌། ཕྲེང་བ་མ་དམར་མོ་ཕྱག་དག་གིས་ རིན་པོ་ཆེའི་ཕྲེང་བ་འཛིན་པ་དང༌། གླུ་མ་དམར་སྐྱ་ཕྱག་དག་གིས་ཏིང་ཏིང་ཤགས་སྒྲོགས་པ་ དང༌། གར་མ་སྣ་ཚོགས་མདོག་ཅན་རྡོ་རྗེ་དང་བཅས་པའི་ཕྱག་དག་གིས་གར་བྱེད་པའོ། ནུབ་ ཀྱི་དཀྱིལ་འཁོར་གྱི་དབུས་སུ་པད་མ་མཁའ་འགྲོ་དམར་པོ་སྟེ། འདིའི་རྩ་བ་དང་གཡོན་པའི་ ཞལ་དག་ནི་དམར་པོ་དང་དཀར་པོ་ལྷག་མ་རྣམས་ནི་སྔོན་པོ། གཡས་པའི་ཐོད་པ་རྣམས་ ན་དོམ་དང་བྱ་རྒོད་དང་བསེ་དང་བ་མེན་དང་སྟག་དང་སྤྲེའུ་དང་ཆུ་སྲིན་དང་ལྕེ་སྤྱང་རྣམས་ དང༌། གཡོན་པ་རྣམས་ན་ཁྭ་དང་འུག་པ་དང་སོ་བྱ་དང་སེང་གེ་དང་བྱ་བཞད་དང་ར་དང་རི་ དྭགས་དང་ཕག་པ་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པའི་ མཚམས་རྣམས་སུ་ལྷ་མོ་རྣམས་ཏེ། དེ་ཡང་པད་མ་མ་དཀར་མོ་པད་མ་འཛིན་པ་དང༌། ཆོས་ འབྱུང་མ་སེར་མོ་ཆོས་འབྱུང་འཛིན་པ་དང༌། ལྕགས་སྒྲོག་མ་ནག་མོ་ཕྱག་དག་གིས་ལྕགས་ སྒྲོག་འཛིན་པ་དང༌། རང་འཁྱུད་མ་ལྗང་ཁུ་སངས་རྒྱས་ལ་རྗེས་སུ་ཆགས་པ་འཆིང་བའི་ཕྱག་ གཉིས་རྡོ་རྗེ་དང་ཐོད་པ་འཛིན་པས་རང་ལ་འཁྱུད་པར་བརྩོན་པ་དང༌། གླི ང་བུ་མ་དམར་མོ་ ཕྱག་དག་གིས་གླི ང་བུ་བཟུང་ནས་སྒྲོགས་པ་དང༌། པི་བང་མ་སེར་མོ་ཕྱག་གཉིས་ཀྱིས་པི་ བང་སྒྲེང་བ་ལ་བརྩོན་པ་དང༌། རྔ་ཟླུམ་མ་དཀར་མོ་ཕྱག་དག་གིས་རྔ་བོ་ཆེ་བརྡུང་བ་དང༌། རྫ་ རྔ་མ་དུ་བའི་མདོག་ཅན་ཕྱག་དག་གིས་རྫ་རྔ་བརྡུང་བ་ལ་བརྩོན་པའོ། །བྱང་གི་གཞལ་ཡས་ ཁང་གི་དབུས་སུ་སྣ་ཚོགས་མཁའ་འགྲོ་དུར་བ་ལྟར་ལྗང་ཁུ་སྟེ། །འདིའི་རྩ་བའི་ཞལ་ནི་རྟ་ 8-1-259 གདོང་ལྗང་ཁུ་གཞན་རྣམས་ནི་ལྷའི་ཞལ་ཅན། ཕྱོགས་ཁ་ཅིག་ནི་རྩ་བའི་ཞལ་ཡང་ལྷའི་ཡིན་ ལ། གཡོན་པ་དཀར་པོ། ལྷག་མ་རྣམས་ནི་སྔོན་པོའོ། །གཡས་པའི་ཐོད་པ་རྣམས་ན་གཟའ་ ལག་དང་ཕུར་བུ་དང་མཇུག་རིངས་དང་སྒྲ་གཅན་དང་མིག་དམར་དང་པ་བ་སངས་དང་སྤེན་ པ་དང་ཁྱབ་འཇུག་རྣམས་དང༌། གཡོན་པ་རྣམས་ན་དབང་པོ་དང་ཆུ་ལྷ་དང་ཚངས་པ་དང་ དྲག་པོ་དང་འདོད་པའི་ལྷ་དང་སྟོབས་བཟང་དང་ཐག་བཟངས་རིས་དང་སྟོབས་ཅན་རྣམས་ སོ། །ཤར་ལ་སོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ལྷ་མོ་ རྣམས་ཏེ། དེ་ཡང་སྒོ་ལྕགས་མ་དཀར་མོ་སྒོ་ལྕགས་འཛིན་པ་དང༌། ལྡེ་ཀྱོག་མ་སེར་མོ་ལྡེ་ ཀྱོག་འཛིན་པ་དང༌། སྒོ་གླེགས་མ་དམར་མོ་སྒོ་གླེགས་འཛིན་པ་དང༌། ཡོལ་བ་འཛིན་མ་ནག་མོ་ཡོལ་བ་འཛིན་པ་དང༌། སྤྱན་མ་དཀར་མོ་འཁོར་ལོ་འཛིན་པ་ དང༌། མཱ་མ་ཀི་སྔོན་མོ་རྡོ་རྗེ་འཛིན་པ་དང༌། གོས་དཀར་མོ་པད་མ་འཛིན་པ་དང༌། སྒྲོལ་མ་ ལྗང་ཁུ་ཨུད་པ་ལ་སྔོན་པོ་འཛིན་པའོ། །གཞལ་ཡས་ཁང་ཆེན་པོའི་སྒོ་རྣམས་དང་དབང་ལྡན་ ལ་སོགས་པ་རྣམས་སུ་གཽ་རཱི་ལ་སོགས་པ་དང་པུཀྐ་སཱི་ལ་སོགས་པ་རྣམས་ཏེ་སྔ་མ་བཞིན་ནོ། ། འདིར་རྡོ་རྗེ་མཁའ་འགྲོའི་གདན་དང་སྐུ་མདོག་དང་དབྱིབས་དང་ཞལ་དང་ཕྱག་ལ་སོགས་ པ་རྣམས་ནི། དགུའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་ཕྱག་བཅུ་དྲུག་པའི་ཀྱེའི་རྡོ་རྗེ་ཇི་ ལྟ་བ་སྟེ། ཀུན་ནས་འཁྱུད་པའི་བདག་མེད་མ་ཡང་དེ་བཞིན་ནོ། །འཁོར་ལོ་ལ་སོགས་པའི་ མཁའ་འགྲོ་བཞི་བརྗོད་པའི་ཁྱད་པར་གཞན་རྣམས་ནི་རྡོ་རྗེ་མཁའ་འགྲོ་དང་མཚུངས་པའོ། ། དེ་རྣམས་ལ་འཁྱུད་པའི་ལྷ་མོ་རྣམས་ནི་རིམ་པ་ཇི་ལྟ་བར་སྤྱན་མ་དང་མཱ་མ་ཀཱི་དང་གོས་ དཀར་མོ་དང་སྒྲོལ་མ་རྣམས་ཏེ། དཀར་མོ་དང་སེར་མོ་དང་དམར་མོ་དང་ལྗང་ཁུ་དང༌། གྲི་ གུག་དང་སྡིགས་མཛུབ་དང་ལྡན་པའི་ཕྱག་གཉིས་མ་རྣམས་སོ། ། མཁའ་འགྲོ་ལྔ་པོ་རྣམས་ཀྱང་རེ་རེ་ཞིང་སངས་རྒྱས་ལྔའི་ཅོད་པན་ཅན་ནོ། །ཐམས་ 8-1-260 ཅད་དུ་གཞལ་ཡས་ཁང་གི་ལྷ་མོ་རྣམས་ནི་གཅེར་བུ་སྤྱན་གསུམ་དམར་ལ་ཟླུམ་པ་མཆེ་བ་ གཙིགས་པ་ཞལ་གཅིག་མ་ཕྱག་གཉིས་མ་དབུ་སྐྲ་འབར་ཞིང་གྱེན་དུ་བརྫེས་པ། དཔྲལ་བའི་ དབྱེས་ལ་གནས་པའི་ཐོད་པ་ལྔ་དང་མི་མགོ་སྐམ་པོའི་ཕྲེང་བའི་དོ་ཤལ་དང་ཕྱག་རྒྱ་ལྔས་ རྣམ་པར་བརྒྱན་པ། སྣ་ཚོགས་ཆུ་སྐྱེས་དང་རོ་དང་ཉི་མ་རྣམས་ལ་གཡོན་བརྐྱང་གི་གར་གྱིས་ གནས་པའོ། །ཁྱད་པར་མ་བཤད་པ་རྣམས་ནི་ཐུགས་ཁའི་གཡོན་པའི་ཁུ་ཚུར་གྱི་སྡིགས་ མཛུབ་ཀྱིས་སྡིགས་པར་མཛད་པ་སྟེ། །འཁྱུད་པའི་ལྷ་མོ་རྣམས་ལ་ནི་གདན་ཐ་དད་པ་མེད་ དོ། །གཽ་རཱི་ལ་སོགས་པ་བརྒྱད་ལ་རིམ་པ་ཇི་ལྟ་བ་བཞིན་དུ་རོའི་གདན་གྱི་གནས་སུ་ཚངས་ པ་དང་དབང་པོ་དང་ཉེ་དབང་དང་དྲག་པོ་དང་གཤིན་རྗེ་དང་ལུས་ངན་དང་བདེན་བྲལ་དང་ ཐགས་བཟངས་རིས་རྣམས་སོ་ཞེས་པ་ནི་ཕྱོགས་གཞན་ནོ། །མཁའ་འགྲོ་རྣམས་དང་གཽ་རཱི་ ལ་སོགས་པ་ནི་རྡོ་རྗེ་མཁའ་འགྲོ་ལ་མངོན་པར་ཕྱོགས་པ་ལྷ་མོ་གཞན་རྣམས་ནི་རང་རང་གི་ བདག་པོ་ལ་མངོན་པར་ཕྱོགས་པའོ། །ཀྱེའི་རྡོ་རྗེའི་སྤྱི་བོར་རྡོ་རྗེ་འཛིན་པ་དང་རྡོ་རྗེ་སྟེ། སྒོ་ དང་མཚམས་ཀྱི་ལྷ་མོ་རྣམས་ལ་ཐུགས་དང་རྟག་པ་དང་རིན་ཆེན་དབང་པོ་དང་འོད་དཔག་ མེད་རྣམས་སོ། །རྟག་པ་ལ་འཁོར་ལོ་འཛིན་པ་དང་འཁོར་ལོ་སྟེ། སྒོ་དང་འཚམས་ཀྱི་ལྷ་མོ་ རྣམས་ལ་ཐུགས་དང་རིན་ཆེན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་སོ། །རྡོ་རྗེ་ ཉི་མ་ལ་རིན་ཆེན་འཛིན་པ་དང་ཡིད་བཞིན་གྱི་ནོར་བུ་སྟེ། སྒོ་དང་མཚམས་ཀྱི་ལྷ་མོ་རྣམས་ ལ་སྐུ་དང་ཐུགས་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་སོ། །པད་མ་གར་གྱི་ དབང་ཕྱུག་ལ་པད་མ་འཛིན་པ་དང་རྡོ་རྗེ་པད་མ་སྟེ། སྒོ་དང་མཚམས་ཀྱི་ལྷ་མོ་རྣམས་ལ་སྐུ་ དང་རིན་ཆེན་དང་མི་བསྐྱོད་པ་དང་ཚེ་དཔག་མེད་རྣམས་སོ། །རྟ་མཆོག་ལ་རལ་གྲི་འཛིན་པ་ དང་རལ་གྲི་སྟེ། སྒོ་དང་མཚམས་ཀྱི་ལྷ་མོ་རྣམས་ལ་སྐུ་དང་ཐུགས་དང་འོད་དཔག་མེད་དང་ དོན་ཡོད་གྲུབ་པ་རྣམས་སོ། །ཕྱི་རོལ་གྱི་གཽ་རཱི་ལ་སོགས་པ་རྣམས་ལ་ནི་སྔ་མ་བཞིན་ནོ། །རྡོ་ 8-1-261 རྗེ་ལ་སོགས་པའི་མཁའ་འགྲོ་རྣམས་ཀྱི་ཐུགས་ཁའི་ས་བོན་ནི་རིམ་པ་ཇི་ལྟ་བ་བཞིན་དུ། ཧཱུཾ་ ༀ་ཏྲཾ་ཨཱཿཁཾ་ཞེས་པའོ། །སྙིང་པོའི་སྔགས་ནི། ༀ་དྷ་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ། མར་ད་མར་ད། བཛྲ་དྷྲྀ ཀ་ཕཊ་སྭཱ་ཧཱ། ༀ་ཤཱ་ཤྭ་ཏ། པ་ར་མ་ཤཱ་ཤྭ་ཏ། ཨེ་ཧྱེ་ཧི་ཛི་ན་ཛིཀ་ཧཱུཾ་ ཕཊ་སྭཱ་ཧཱ། ༀ་བཛྲ་སཱུར་ཡ་ཏ་མོ་བི་དྷ་མ་ན། ས་མ་ཡ་སྟྭཾ། ཨ་ཧཾ་རད་ན་དྷྲྀ ཀ་ཕཊ་སྭཱ་ ཧཱ། ༀ་བཛྲ་དྷརྨ་ས་མ་ཡ་སྟྭཾ། ཧུ་ལུ་ཧུ་ལུ། ཨཱ་རོ་ལིཀ་ཕཊ་སྭཱ་ཧཱ། ༀ་ཧུཾ་ཧུཾ་ཧི་ཧི་པྲཛྙཱ་དྷྲྀ ཀ་ ཕཊ་སྭཱ་ཧཱ། ཞེས་པ་རྣམས་སོ། །ན་མཿ ས་མན་ཏ་བུད་དྷེ་བྷྱོཿ ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཥྚཾ་ ཨུཏ་ཀཊ། བྷཻ་ར་བཱ་ཡ། བཛྲ་སན་དོ་ཧ་དར་པཱ་ཡ། ཨ་མྲྀ་ཏ་ཀུཎ་ཊ་ལི་ཧཱུཾ་ཞེས་པ་ནི་ བགེགས་མཐར་བྱེད་ཀྱི་སྔགས་ཏེ་ལས་ཐམས་ཅད་པའོ། །མཁའ་འགྲོ་ལྔ་པོ་འདི་རྣམས་ལས་ གང་ཡང་རུང་བ་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱ་སྟེ། རེ་རེ་ཞིང་ཡང་དཀྱིལ་འཁོར་ སོ་སོའོ། དེ་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གང་ཞིག་སངས་རྒྱས་མགོན་པོ་ཉིད། །དབུས་སུ་གྱུར་པའི་དཀྱིལ་འཁོར་ལ། །དེ་ཉིད་ ཀྱི་ནི་དཀྱིལ་འཁོར་གསུངས། །དཀྱིལ་འཁོར་སྙིང་པོ་ཡོངས་འཛིན་ཕྱིར། །དཀྱིལ་འཁོར་རེ་ རེ་བསྒོམ་པའམ། ། ཡང་ན་བསྡུས་པའི་དཀྱིལ་འཁོར་རོ། །ཞེས་པས་སོ། ། ༈ འཁོར་ལོས་བསྒྱུར་བ་དྲུག་གི་དཀྱིལ་འཁོར་ནི་རྡོ་རྗེའི་ས་གཞི་ལ་སོགས་པ་ནས་ རྩིབས་བཅུ་པའི་འཁོར་ལོའི་མཐར་ཐུག་པ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་ ཏེ། རྩིབས་བཅུ་པའི་འཁོར་ལོ་ལ་ཁྲོ་བོ་བཅུའོ། །གཞན་འཇིག་རྟེན་གསུམ་ལས་རྣམས་པར་ རྒྱལ་བའི་ཁྲོ་བོའི་དཀྱིལ་ འཁོར་ལས་བཤད་པའི་རྡོ་རྗེ་དབྱུག་པ་ལ་སོགས་པ་ནས་རྡོ་རྗེ་ས་འོག་གི་བར་ལྟ་བུའོ་ ཞེས་པ་ནི་ཁྱད་པར་རོ། །འདིར་འཁོར་ལོ་རྩིབས་བཅུ་པའི་ལྟེ་བའི་ནང་ཆོས་ཀྱི་འབྱུང་གནས་ 8-1-262 ཀྱི་དབུས་སུ་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་དང་རི་རབ་ཀྱི་སྟེང་དུ་སྣ་ཚོགས་ ཆུ་སྐྱེས་དང་རྡོ་རྗེའི་ལྟེ་བ་ལ་གཞལ་ཡས་ཁང་ཆེན་པོ་སྟེ། ཕྱོགས་གཞན་ལ་ནི་འདིར་ཆོས་ འབྱུང་མེད་པའོ། །གཞལ་ཡས་ཁང་ཆེན་པོའི་ལྟེ་བར་གནས་པའི་གཞལ་ཡས་ཁང་གི་དབུས་ སུ་གནས་པའི་སེང་གེའི་སྟེང་དུ། སྣ་ཚོགས་པད་མ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་གྱི་ དབུས་སུ་བཞུགས་པའི་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ་ཞེས་མངོན་པར་བརྗོད་པ་བླ་ མ་ལས་གསུངས་པའི་ཕྱིར། ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་གྱི་སྟེང་དུ་རྡོ་ རྗེའི་དཀྱིལ་དཀྲུང་གིས་བཞུགས་པའི་ཡེ་ཤེས་མཁའ་འགྲོ་རྡོ་རྗེ་སེམས་དཔའ་དཀར་པོའམ་ ནག་པོ། རྡོ་རྗེ་དང་རྡོ་རྗེ་དྲིལ་བུར་བཅས་པའི་གཡས་པ་དང་གཅིག་ཤོས་ཀྱི་ཕྱག་དག་གིས་ ལྷ་མོ་ལ་འཁྱུད་པའོ། །དེ་ནི་རྡོ་རྗེ་དང་སྡིགས་མཛུབ་དང་བཅས་པའི་ཕྱག་གཡས་བརྐྱང་ ཞིང༌། ཕྱག་གཡོན་ཐོད་ཁྲག་གིས་གང་བ་འཛིན་པས་འཁྱུད་པ། སྐུ་མདོག་དམར་མོ་ཡེ་ཤེས་ མཁའ་འགྲོ་མ་སྟེ། མིང་གཞན་ཆོས་ཀྱི་དབྱིངས་ཀྱི་དབྱངས་ཕྱུག་མ་ཞེས་པ་དང༌། རྡོ་རྗེ་ཕག་ མོ་ཞེས་པར་ཡང་གྲགས་སོ། །དེ་ནས་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གཡས་བསྐོར་ གྱིས་སངས་རྒྱས་མཁའ་འགྲོ་ལ་སོགས་པ་ལྔ་པོ་དགོད་པར་བྱ་སྟེ། དེ་དག་གི་འཁོར་རྣམས་ ནི་དཀྱིལ་འཁོར་སོ་སོའི་ཤར་ལ་སོགས་པའི་སྒོ་རྣམས་སུ་གཡོན་བསྐོར་དང༌། མེ་ལ་སོགས་ པའི་མཚམས་རྣམས་སུ་གཡས་སྐོར་གྱིས་སོ། །རྡོ་རྗེ་སེམས་དཔའི་མཚམས་རྣམས་སུ་རིམ་ པ་ཇི་ལྟ་བར། མཁའ་འགྲོ་མ་དང་ལཱ་མ་དང་དུམ་སྐྱེས་མ་དང་གཟུགས་ཅན་རྣམས་ནི། སྔོན་ མོ་དང་སེར་མོ་དང་དམར་མོ་དང་ལྗང་ཁུ་རྣམས་ཏེ་གཡས་བརྐྱང་གིས་བཞུགས་པའོ། །སྒོ་ རྣམས་སུ་ཐོད་པའི་དུམ་བུ་དང་ཀེ་རུས་ཆེན་པོ་དང་ཀེང་རུས་དང་མཆེ་བ་རྣམ་པར་གཙིགས་ པ་རྣམས་ནི་ནག་པོ་སྟེ། རྡོ་རྗེ་དང་རྡོ་རྗེ་དྲིལ་བུར་བཅས་པའི་ཕྱག་དག་གིས་རབ་ཏུ་གཏུམ་མོ་ དང་གཏུམ་པའི་མིག་ཅན་མ་དང་འོད་ལྡན་མ་དང་སྣ་ཆེན་མོ་ཐལ་བ་དཀར་པོའི་མདོག་ཅན་ 8-1-263 རྣམས་ལ་འཁྱུད་པའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་གཞལ་ཡས་ཁང་གི་དབུས་སུ་སེང་ གེའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་གནས་པའི་ཚངས་པའི་སྙིང་ཁར་རྡོ་རྗེ་དཀྱིལ་ དཀྲུང་གིས་བཞུགས་པའི་རྡོ་རྗེ་མཁའ་འགྲོ་དཀར་པོ་སྟེ། འཁོར་ལོས་མཚན་པའི་དྲིལ་བུ་ འཛིན་པའི་གཡས་པ་དང་གཡོན་པའི་ཕྱག་དག་གིས་སངས་རྒྱས་མཁའ་འགྲོ་མ་དཀར་མོ་ ལ་འཁྱུད་པའོ། །སྒོ་རྣམས་ལ་ཆང་དགྲ་དང་འོད་དཔག་མེད་དང་རྡོ་རྗེའི་འོད་དང་རྡོ་རྗེའི་སྐུ་ རྣམས་ནི་དཀར་པོ་སྟེ། འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པའི་ཕྱག་དག་གིས། དཔའ་ བོའི་བློ་ཅན་མ་དང་མིའུ་ཐུང་མ་དང་ལང་ཀའི་དབང་ཕྱུག་མ་དང་ཤིང་གྲིབ་མ་སེར་མོ་རྣམས་ ལ་འཁྱུད་པའོ། །རིན་ཆེན་འབྱུང་ལྡན་གྱི་གཞལ་ཡས་ཁང་གི་དབུས་སུ་རྟའི་སྟེང་དུ་སྣ་ཚོགས་ ཆུ་སྐྱེས་དང་ཉི་མ་ལ་གནས་པའི་ལྷའི་བུ་ཉི་མའི་སྙིང་ཁར་རྡོ་རྗེ་དཀྱིལ་དཀྲུང་གིས་བཞུགས་ པའི་རིན་ཆེན་མཁའ་འགྲོ་སེར་པོ་སྟེ། རིན་པོ་ཆེ་དང་རིན་པོ་ཆེས་མཚན་པའི་དྲིལ་བུ་འཛིན་ པའི་གཡས་པ་དང་གཡོན་པའི་ཕྱག་དག་གིས་རིན་ཆེན་མཁའ་འགྲོ་མ་སེར་མོ་ལ་འཁྱུད་ པའོ། །སྒོ་རྣམས་ལ་མྱུ་གུ་ཅན་དང་རྡོ་རྗེ་རལ་པ་ཅན་དང་དཔའ་བོ་ཆེན་པོ་དང་རྡོ་རྗེ་ཧཱུཾ་མཛད་ རྣམས་ནི་སེར་པོ་སྟེ། རིན་པོ་ཆེ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པའི་ཕྱག་དག་གིས། ས་སྲུང་ མ་དང་འཇིགས་བྱེད་ཆེན་མོ་དང་རླུང་ཤུགས་ མ་དང་ཆང་འཐུང་མ་ལྗང་ཁུ་རྣམས་ལ་འཁྱུད་པའོ། །སྣང་བ་མཐའ་ཡས་ཀྱི་གཞལ་ཡས་ ཁང་གི་དབུས་སུ་རྨ་བྱའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་དབང་ཕྱུག་ཆེན་ པོའི་སྙིང་ཁར་རྡོ་རྗེ་དཀྱིལ་དཀྲུང་གིས་བཞུགས་པའི་པད་མ་མཁའ་འགྲོ་དམར་པོ་སྟེ། པད་ མ་དང་པད་མས་མཚན་པའི་དྲིལ་བུ་འཛིན་པའི་གཡས་པ་དང་གཡོན་པའི་ཕྱག་དག་གིས། པད་མ་མཁའ་འགྲོ་མ་དམར་མོ་ལ་འཁྱུད་པའོ། །སྒོ་རྣམས་ལ་ཤིན་ཏུ་བཟང་པོ་དང་རྡོ་རྗེ་ བཟང་པོ་དང་འཇིགས་བྱེད་ཆེན་པོ་དང་མིག་མི་བཟང་རྣམས་ནི་དམར་པོ་སྟེ། པད་མ་དང་ 8-1-264 པད་མའི་དྲིལ་བུ་འཛིན་པའི་ཕྱག་དག་གིས། སྔོ་བཟངས་ལྷ་མོ་དང་ཤིན་ཏུ་བཟང་མོ་དང༌། རྟ་རྣ་མ་དང་བྱ་གདོང་མ་དཀར་མོ་རྣམས་ལ་འཁྱུད་པའོ། །མི་བསྐྱོད་པའི་གཞལ་ཡས་ཁང་ གི་དབུས་སུ་གླང་པོ་ཆེའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་ཁྱབ་འཇུག་གི་སྙིང་ཁར་རྡོ་རྗེ་ དཀྱིལ་དཀྲུང་གིས་བཞུགས་པའི་རྡོ་རྗེ་མཁའ་འགྲོ་ནག་པོ་སྟེ། རྡོ་རྗེ་དང་རྡོ་རྗེས་མཚན་པའི་ དྲིལ་བུ་འཛིན་པའི་གཡས་པ་དང་གཡོན་པའི་ཕྱག་དག་གིས་རྡོ་རྗེ་མཁའ་འགྲོ་མ་ལ་འཁྱུད་ པའོ། །དེ་ནི་དམར་པོའམ་ནག་མོའོ། །སྒོ་རྣམས་ལ་སྟོབས་པོ་ཆེ་དང་རིན་ཆེན་རྡོ་རྗེ་དང་རྟ་ མགྲིན་དང་ནམ་མཁའི་སྙིང་པོ་རྣམས་ནི་ནག་པོ་སྟེ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པའི་ཕྱག་ དག་གིས། འཁོར་ལོའི་ཤུགས་ཅན་མ་དང་དུམ་སྐྱེས་མ་དང་ཆང་འཚོང་མ་དང་འཁོར་ལོའོ་ གོ་ཆ་མ་སེར་མོ་རྣམས་ལ་འཁྱུད་པའོ། །དོན་ཡོད་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་ ནམ་མཁའ་ལྡིང་གི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་ལྷའི་བུ་ཟླ་བའི་སྙིང་ ཁར་རྡོ་རྗེ་དཀྱིལ་དཀྲུང་གིས་བཞུགས་པའི་སྣ་ཚོགས་མཁའ་འགྲོ་ལྗང་ཁུ་སྟེ། སྣ་ཚོགས་རྡོ་ རྗེ་དང་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པའི་གཡས་པ་དང་གཡོན་པའི་ཕྱག་དག་ གིས་སྣ་ཚོགས་མཁའ་འགྲོ་མ་ལྗང་ཁུ་ལ་འཁྱུད་པའོ། །སྒོ་རྣམས་ལ་དཔལ་ཧེ་རུ་ཀ་དང་པད་ མ་གར་གྱི་དབང་ཕྱུག་དང་རྣམ་པར་སྣང་མཛད་དང་རྡོ་རྗེ་སེམས་དཔའ་རྣམས་ནི་ལྗང་ཁུ་ སྟེ། །སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེའི་དྲིལ་བུ་འཛིན་པའི་ཕྱག་དག་གིས་ཤིན་ཏུ་དཔའ་ མོ་དང་སྟོབས་ཆེན་མོ་དང་འཁོར་ལོས་བསྒྱུར་མ་དང་བརྩོན་འགྲུས་ཆེན་མོ་དུ་བ་ལྟར་སྔོ་སྐྱའི་ མདོག་ཅན་རྣམས་ལ་འཁྱུད་པའོ། །དཔའ་བོ་ཉི་ཤུ་རྩ་བཞི་ནི་གཡས་བསྐྱང་གིས་གནས་པའོ། ། འདིར་མཁའ་འགྲོ་མ་ལ་སོགས་པ་བཞི་ནི་གཡོན་པས་ཐོད་པ་དང་ཁ་ཊྭཱཾ་ག་དང་གཡས་པས་ ཌ་མ་རུ་འཛིན་པའོ། །ཡེ་ཤེས་མཁའ་འགྲོ་མ་དང་རབ་ཏུ་གཏུམ་མོ་ལ་སོགས་པ་རྣམས་ནི་ ཕྱག་གཡས་པས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་གདེངས་པའོ། །སངས་རྒྱས་མཁའ་ 8-1-265 འགྲོ་མ་དང་དཔའ་བོའི་བློ་ཅན་མ་ལ་སོགས་པ་རྣམས་ནི་འཁོར་ལོ་དང་བཅས་པའི་སྡིགས་ མཛུབ་བོ། །རིན་ཆེན་མཁའ་འགྲོ་མ་དང་ས་སྲུང་མ་ལ་སོགས་པ་རྣམས་ནི་རིན་པོ་ཆེ་དང་ བཅས་པའི་སྡིགས་མཛུབ་བོ། །པད་མའི་མཁའ་འགྲོ་མ་དང་སྔོ་བསངས་ལྷ་མོ་ལ་སོགས་པ་ རྣམས་ནི་པད་མ་དང་བཅས་པའི་སྡིགས་མཛུབ་བོ། །རྡོ་རྗེ་མཁའ་འགྲོ་མ་དང་འཁོར་ལོའི་ ཤུགས་ཅན་མ་ལ་སོགས་པ་རྣམས་ནི་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་བོ། །སྣ་ཚོགས་ མཁའ་འགྲོ་མ་དང་ཤིན་ཏུ་དཔའ་མོ་ལ་སོགས་པ་རྣམས་ནི་སྣ་ཚོགས་རྡོ་རྗེ་དང་བཅས་པའི་ སྡིགས་མཛུབ་བོ། །ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་ཀྱང་འཁྱུད་པར་བྱེད་པ་ གཡོན་པའི་ཕྱག་གིས་འཛག་པའི་ཁྲག་གིས་གང་བའི་ཐོད་པ་འཛིན་པའོ། །དཀྱིལ་འཁོར་ ཆེན་པོའི་སྒོ་རྣམས་ལ། ཁ་གདོང་མ་དང་འུག་གདོང་མ་དང་ཁྱི་གདོང་མ་དང་ཕག་གདོང་མ་ རྣམས་ནི་མིང་དང་རྗེས་སུ་འཐུན་པའི་ཞལ་ཅན་ཏེ། རིམ་པ་ཇི་ལྟ་བར་སྔོན་མོ་དང་སེར་མོ་ དང་དམར་མོ་དང་ལྗང་ཁུའི་མདོག་ཅན། ཕྱག་གཡས་པ་རྣམས་ཀྱིས་ལྕགས་ཀྱུ་དང་ཞགས་ པ་དང་ལྕགས་སྒྲོག་དང་དྲིལ་བུ་འཛིན་པའོ། །མཚམས་རྣམས་ལ་གཤིན་རྗེ་བརྟན་པ་མ་ དང་གཤིན་རྗེ་ཕོ་ཉ་མ་དང་གཤིན་རྗེ་མཆེ་བ་མ་དང་གཤིན་རྗེ་འཇོམས་པ་མ་རྣམས་ནི་མིའི་ གདོང་ཅན་ཏེ། གཡས་དང་གཡོན་གྱི་སྐུའི་ཕྱེད་ཕྱེད་གཡས་དང་གཡོན་གྱི་ལྷ་མོའི་མདོག་ ཅན། ཕྱག་གཡས་པ་རྣམས་ཀྱིས་མེ་ལོང་དང་པི་བང་དང་དྲིའི་དུང་ཆོས་དང་རོའི་སྣོད་འཛིན་ པའོ། །ལྷ་མོ་བརྒྱད་པོ་འདི་རྣམས་ཀྱང་གཡོན་པས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། གཡས་ བརྐྱང་གིས་གནས་པའོ། །གཞལ་ཡས་ཁང་དྲུག་པོ་རྣམས་ཀྱི་མཚམས་རྣམས་སུ་བྱང་ཆུབ་ཀྱི་ སེམས་ལ་སོགས་པས་གང་བའི་ཐོད་པ་རྣམས་ཏེ་སྣ་ཚོགས་ཆུ་སྐྱེས་ལ་གནས་པའོ། །མཁའ་ འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་པ་མའི་མཐར་ཐུག་པ་རྣམས་ནི་སྣ་ཚོགས་པད་ མ་དང་ཉི་མ་ལ་གནས་པའི་རོ་རྣམས་ལ་བཞུགས་པའོ། །འཁོར་ལོས་བསྒྱུར་བ་རྣམས་ཀྱང་ 8-1-266 རོ་ལ་གནས་པའོ་ཞེས་པ་ནི་ཕྱོགས་གཞན་ནོ། །ལྷ་ཕོ་རྣམས་ནི་སྐུ་རྒྱབ་ཏུ་འཕྱང་བའི་སྟག་ གི་ལྤགས་པའི་ཤམ་ཐབས་དཀྲིས་པ། མཆོད་ཕྱིར་ཐོགས་པ་ཅན། མི་མགོ་རློན་པའི་ཕྲེང་བ་ མགྲིན་པ་ལ་འཕྱང་བ། རལ་པ་ནག་པོའི་ཐོར་ཅོག་ཅན་ནོ། །ལྷ་མོ་རྣམས་ནི་གཅེར་བུ་དབུ་ སྐྲ་ནག་པོ་གྲོལ་ཞིང་མི་མགོ་སྐམ་པོའི་ཕྲེང་བ་མགྲིན་པ་ལ་འཕྱང་བའོ། །ལྷ་མོ་བཞི་བཅུ་རྩ་ གཉིས་པོ་རྣམས་ཀྱང་ཞལ་གཅིག་མ་ཕྱག་གཉིས་མ་སྤྱན་གསུམ་མ། རྡོ་རྗེའི་ཕྲེང་བས་མཚན་ པའི་དཔྲལ་བའི་སྟེང་དུ་ཐོད་པ་ལྔས་བརྒྱན་པ། དཔུང་བརྒྱན་དང་གཡེར་ཁ་ལ་སོགས་པས་ མངོན་པར་བརྒྱན་པ། ཕྱག་རྒྱ་ལྔ་དང་ལྡན་པའོ། །འཁོར་ལོས་བསྒྱུར་བ་དྲུག་ནི་མཆོག་གི་ ཕྱག་རྒྱ་དྲུག་དང་ལྡན་པ་ནོར་བུ་དང་ཟླ་བ་ཕྱེད་པ་དང་སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་ ཐོར་ཅོག་ཅན་ནོ། །ལྷ་མོ་སུམ་ཅུ་རྩ་བཞི་པོ་རྣམས་ནི་རང་རང་གི་འཁོར་ལོའི་དབང་པོ་ལ་ མངོན་པར་ཕྱོགས་པའོ། །འཁོར་ལོས་བསྒྱུར་བ་ལྔ་དང་ཁ་གདོང་མ་ལ་སོགས་པ་རྣམས་ནི་ དབུས་ཀྱི་འཁོར་ལོའི་དབང་པོ་ལ་མངོན་པར་ཕྱོགས་པའོ། །དཔའ་བོ་རྣམས་ནི་རང་རང་གི་ ཤེས་རབ་ལ་མངོན་པར་ཕྱོགས་པའོ། དེ་ལྟར་འདི་ནི་ཕྱོགས་གཅིག་གོ །འཁོར་ལོས་བསྒྱུར་ བ་དྲུག་པོ་འདི་དག་ཀྱང་གཡས་བརྐྱང་གི་ཞབས་ཅན་ནོ། །ཞེས་པའི་ཁྱད་པར་ནི་ཕྱོགས་ གཉིས་པའོ། །ཕྱོགས་གཉིས་པོ་འདི་དག་ལ་ཡང་ཡེ་ཤེས་མཁའ་འགྲོ་དང་སངས་རྒྱས་མཁའ་ འགྲོ་དང་དེ་དག་གི་འཁོར་རྣམས་ཀྱང་སེང་གེའི་སྟེང་དུ་གནས་པ་དང༌། རིན་ཆེན་མཁའ་འགྲོ་ དང་དེའི་འཁོར་རྣམས་ཀྱང་རྟའི་སྟེང་དུ་གནས་པ་དང༌། པད་མའི་མཁའ་འགྲོ་དང་དེའི་འཁོར་ རྣམས་ཀྱང་རྨ་བྱའི་སྟེང་དུ་གནས་པ་དང༌། རྡོ་རྗེ་མཁའ་འགྲོ་དང་དེའི་འཁོར་རྣམས་ཀྱང་གླང་ པོ་ཆེའི་སྟེང་དུ་གནས་པ་དང༌། སྣ་ཚོགས་མཁའ་འགྲོ་དང་དེའི་འཁོར་རྣམས་ཀྱང་ནམ་མཁའ་ ལྡི ང་གི་སྟེང་དུ་གནས་པའོ། །ཡེ་ཤེས་མཁའ་འགྲོ་ལ་སོགས་པ་འདི་དག་ནི་རྡོ་རྗེའི་དཀྱིལ་ དཀྲུང་ཅན་ནོ། །ཁ་གདོང་མ་ལ་སོགས་པ་འདི་དག་ཕྱོགས་སྐྱོང་བ་བརྒྱད་པོ་རྣམས་ལ་གཡས་ 8-1-267 བརྐྱང་གིས་གནས་པའོ་ཞེས་པ་ནི་ཕྱོགས་གསུམ་པའོ། ། ཕྱོགས་འདི་དག་དང་ཕྱོགས་གཞན་རྣམས་ལ་ཡང་ཡེ་ཤེས་མཁའ་འགྲོ་ལ་སོགས་པ་ རྣམས་ནི་ཞལ་གཅིག་ཕྱག་བཞི་པ་ཉིད་ལ་སོགས་པ་དང༌། ཞལ་གསུམ་ཕྱག་དྲུག་པ་ཉིད་ལ་ སོགས་པ་དང༌། ཞལ་ལྔ་ཕྱག་དྲུག་པ་ཉིད་ལ་སོགས་པ་དང༌། ཞལ་བཞི་ཕྱག་བཅུ་གཉིས་ པ་ཉིད་ལ་སོགས་པ་དང༌། ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཉིད་ལ་སོགས་པ་ཡང་བཅོམ་ལྡན་ འདས་ཀྱིས་རབ་ཏུ་སྤྲོས་ནས་གསུངས་མོད། གཞུང་རྣམ་པར་རྒྱས་པས་འཇིགས་ནས་འདིར་ མ་བསྟན་ནོ། །རིགས་ཀྱི་བདག་པོ་ནི་འཁོར་ལོས་བསྒྱུར་བ་དྲུག་པོ་རྣམས་རང་རང་གི་དཀྱིལ་ འཁོར་པ་རྣམས་ཀྱི་སྟེ། རྡོ་རྗེ་མཁའ་འགྲོ་ནི་འཁོར་ལོས་བསྒྱུར་བ་ལྔའི་འོ། །དེའི་ནི་ཡེ་ཤེས་ མཁའ་འགྲོ འོ། །ཁ་གདོང་མ་ལ་སོགས་པ་རྣམས་ཀྱི་ནི་སྣ་ཚོགས་མཁའ་འགྲོ་སྟེ། ཡེ་ཤེས་ མཁའ་འགྲོ འོ་ཞེས་པ་ནི་ཁ་ཅིག་གིའི་འོ། །ཐུགས་ཁའི་ས་བོན་རྣམས་ནི་ཡེ་ཤེས་མཁའ་འགྲོ་ ལ་སོགས་པ་རྣམས་ཀྱི་རིམ་པ་ཇི་ལྟ་བར། བཾ་བྷྲུཾ་ཨཱཾ་ཧྲཱིཾ་ཧཱུཾ་ཁཾ་ངོ༌། །སྙིང་པོའི་སྔགས་རྣམས་ནི། ༀ་ཤྲཱི་མ་ཧཱ་སུ་ཁ་བཛྲ་སཏྭ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ༀ་ཤྲཱི་བུད་དྷ་ཌཱ་ཀ་ཨ་ལ་ ལ་ལ་བྷྲུཾ་ཨཱཿ ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཕཊ་སྭཱ་ཧཱ། ༀ་ཤྲཱི་རད་ན་ཌཱ་ཀཱི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཕཊ་ སྭཱ་ཧཱ། ༀ་ཤྲཱི་པད་མ་ཌཱ་ཀ་ཧྲཱིཿཨཱཿཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཕཊ་སྭཱ་ཧཱ། ༀ་ཤྲཱི་བཛྲ་ཌཱ་ཀ་ཨཱཿཧཱུཾ་ ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཕཊ་སྭཱ་ཧཱ། ༀ་ཤྲཱི་བི་ཤྭ་ཌཱ་ཀ་ཧཱོཿ ཁཾ་ཨཱཿཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ རཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའོ། །ༀ་ཁཾ་ཧཱུཾ་ཕཊ་ཅེས་པ་ནི་དུམ་སྐྱེས་མའི་སྟེ་ལས་ཐམས་ཅད་པའི་ སྔགས་སོ།། །། ༈ དཔལ་དུས་ཀྱི་འཁོར་ལོ་ལ་ནི་རྡོ་རྗེ་གུར་གྱི་ནང་དུ་སྲུང་བའི་འཁོར་ལོ་རྩིབས་བཅུ་ པའོ། ། དེའི་ཤར་དང་ལྷོ་དང་ནུབ་དང་བྱང་གི་རྩིབས་རྣམས་ལ་ཤིན་ཏུ་སྟོབས་དང་རྨུགས་བྱེད་ 8-1-268 དང་རེངས་བྱེད་དང་ཁེངས་བྱེད་རྣམས་ཏེ། མིང་གཞན་ནི་བགེགས་མཐར་བྱེད་དང་ཤེས་རབ་ མཐར་བྱེད་དང་གཤིན་རྗེ་མཐར་བྱེད་དང༌། པད་མ་མཐར་བྱེད་རྣམས་སོ། །མེ་ལ་སོགས་ པའི་རྩིབས་རྣམས་ལ། དབྱུག་སྔོན་ཅན་དང་འདོད་པའི་རྒྱལ་པོ་དང་སྟོབས་པོ་ཆེ་དང་མི་གཡོ་བ་རྣམས་སོ། ། སྟེང་གི་རྩིབས་ལ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སྟེ། འོག་གི་རྩིབས་ལ་གནོད་མཛེས་ རྒྱལ་པོའོ། །དེ་སྐད་དུ་ཡང༌། རྩ་བ་ལས། སླར་ཡང་འཁོར་ལོའི་རྩིབས་བཅུ་ལ་ནི་ཕྱོགས་དང་ཕྱོགས་བྲལ་དུ་གནས་ ཁྲོ་བོའི་ཚོགས་ནི་སྒོམ་པར་བྱ། །ཞེས་པ་དང༌། དྲི་མ་མེད་པའི་འོད་ལས་ཀྱང༌། སྲུང་བའི་ འཁོར་ལོར་ཁྲོ་བོ་ལ་སོགས་པ་སྤྲོ་བར་བྱ་སྟེ་དཀྱིལ་འཁོར་གྱི་ས་གཞི་བསྲུང་བའི་དོན་དུའོ་ ཞེས་གསུངས་སོ། །ཁྲོ་བོ་འདི་རྣམས་ནི་འཆད་པར་འགྱུར་བའི་གཟུགས་ཅན་ནོ། །བསྲུང་ བའི་འཁོར་ལོའི་ལྟེ་བའི་ནང་དུ་ཆོས་ ཀྱི་འབྱུང་གནས་ཏེ། གང་ཡང་དྲི་མ་མེད་པའི་འོད་ལས། ཕྱི་རོལ་ཏུ་སྐྱེ་བའི་མཚན་མ་ནི་ ནམ་མཁའི་ཁམས་མཐའ་ཡས་པ་སྟེ་ནང་དུ་ནི་ཤེས་རབ་ཀྱི་ཆོས་འབྱུང་ཟུར་གསུམ་པའོ་ཞེས་ གསུངས་པས། ཕྱི་རོལ་གྱི་ནམ་མཁའི་ཁམས་ཉིད་དཀྱིལ་འཁོར་ལ་ཆོས་ཀྱི་འབྱུང་གནས་ཀྱི་ གཟུགས་སུ་བསྒོམ་པར་བྱའོ། །ཆོས་འབྱུང་གི་དབུས་སུ་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་ འཁོར་ལ་གནས་པའི་རི་རབ་དང་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་དང་ཉི་མ་དང་ཐིག་ལེ་ནག་ པོའི་གཟུགས་ཅན་སྒྲ་གཅན་གྱི་དཀྱིལ་འཁོར་གྱི་སྟེང་དུ་གནས་ཤིང༌། ཕྱི་རོལ་ནས་རྡོ་རྗེའི་ འོད་ཟེར་དང་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་འཁོར་ཡུག་གིས་ཡོངས་སུ་བསྐོར་ བའི་གཞལ་ཡས་ཁང་ཆེན་པོའོ། །ཡང་ན་སྲུང་བའི་འཁོར་ལོ་ནི་བགེགས་ཉེ་བར་ཞི་བ་ཙམ་ གྱི་དགོས་པའོ་ཞེས་པས། བགེགས་བཅོམ་པའི་རྗེས་ནས་མ་བསམས་ཤིང༌། ཆོས་འབྱུང་ཡང་ 8-1-269 མ་བསྒོམས་པར། སྲུང་བའི་གུར་གྱི་ནང་དུ་ནམ་མཁའ་ལ་རླུང་ལ་སོགས་པའི་དཀྱིལ་འཁོར་ དང་སྒྲ་གཅན་གྱི་དཀྱིལ་འཁོར་གྱི་མཐར་ཐུག་པའི་སྟེང་དུ་གནས་ཤིང༌། ཕྱི་རོལ་ནས་འོད་ ཟེར་ལ་སོགས་པའི་ཁོར་ཡུག་རྣམས་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་ཆེན་པོའོ། ། དེའི་ཕྱེད་དུ་གསུང་གི་དཀྱིལ་འཁོར་དང༌། དེའི་ཕྱེད་དུ་ཐུགས་ཀྱི་དཀྱིལ་འཁོར་དང༌། དེའི་ཕྱེད་དུ་བདེ་བ་ཆེན་པོའི་འཁོར་ལོ་དང༌། དེའི་ཕྱེད་དུ་བཅོམ་ལྡན་འདས་ཀྱི་པད་མ་ ལྗང་ཁུ་སྟེ། པད་མའི་སུམ་ཆ་ནི་པད་མའི་ལྟེ་བའོ། །དེའི་སྟེང་ནས་སྟེང་དུ་གནས་པའི་ཟླ་བ་ དང་ཉི་མ་དང་སྒྲ་གཅན་དང་དུས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཡན་ལག་མེད་པ་དང་དྲག་ པོ་གན་རྐྱལ་བའི་སྙིང་ཁར་གཡས་བརྐྱང་གི་གར་གྱིས་བཞུགས་པའི་བཅོམ་ལྡན་འདས་དུས་ ཀྱི་འཁོར་ལོ་སྟེ། སྐུ་མདོག་ནག་པོ་ནོར་བུ་དང་ཟླ་བ་ཕྱེད་པ་དང་སྣ་ཚོགས་རྡོ་རྗེས་མཚན་ པའི་རལ་པའི་ཐོར་ཅོག་ཅན། རྡོ་རྗེའི་ནོར་བུ་དང་རྡོ་རྗེའི་རྣ་ཆ་དང་རྡོ་རྗེའི་མགུལ་རྒྱན་དང་རྡོ་ རྗེའི་ལག་གདུབ་དང་རྡོ་རྗེའི་སྐ་རགས་དང་རྡོ་རྗེའི་རྐང་གདུབ་དང་རྡོ་རྗེའི་དར་དཔྱངས་དང་ རྡོ་རྗེའི་ཕྲེང་བ་དང་སྟག་གི་ལྤགས་པ་འཕྱང་བའི་ཤམ་ཐབས་ཅན། ཞལ་བཞི་པ་སྤྱན་བཅུ་ གཉིས་པའོ། །དེ་ཡང་རྩ་བའི་ཞལ་ནག་པོ་མཆེ་བ་གཙིགས་ པ་དྲག་པོ། གཡས་པ་དམར་པོ་ཆགས་པ་དང་བཅས་པ། རྒྱབ་མ་སེར་མོ་ཏིང་ངེ་འཛིན་ ལ་གནས་པ། གཡོན་པ་དཀར་པོ་ཞི་བའོ། །དབུས་དང་གཡས་དང་གཡོན་གྱི་མགྲིན་པ་ གསུམ་ནི་སྔོན་པོ་དང་དམར་པོ་དང་དཀར་པོ་སྟེ་བཅོམ་ལྡན་འདས་ནི་མགྲིན་པ་གསུམ་པའོ། ། གཡས་པའི་ཕྲག་པ་དང་པོ་སྔོན་པོ་དང་གཉིས་པ་དམར་པོ་དང་གསུམ་པ་དཀར་པོ་སྟེ། དེ་ བཞིན་དུ་གཡོན་པའི་ཡང་སྔོན་པོ་དང་དམར་པོ་དང་དཀར་པོའོ། །དེ་ལྟར་ན་ཕྲག་པ་དྲུག་ དང༌། དཔུང་པ་བཅུ་གཉིས་དང༌། ཉེ་བའི་དཔུང་པ་ནས་བརྩམས་ཏེ་ཕྱག་ཉི་ཤུ་རྩ་བཞིའོ། ། དེ་ལ་གཡས་ཀྱི་དཔུང་པ་གཉིས་སྔོན་པོ་དང་གཉིས་དམར་པོ་དང་གཉིས་དཀར་པོ་སྟེ། དེ་ 8-1-270 བཞིན་དུ་གཡོན་གྱི་ཡང་ངོ༌། །དེ་བཞིན་དུ་ཕྱག་བཞི་ནག་པོ་དང་བཞི་དམར་པོ་དང་བཞི་ དཀར་པོ་སྟེ། གཡས་པ་དང་གཡོན་པ་རྣམས་ཀྱིའོ། །ཕྱག་རེ་རེའང་སོར་མོ་ལྔ་པ་སྟེ། དེ་དག་ རེ་རེ་ཞིང་ཡང་ཚིགས་གསུམ་པའོ། །དེ་ཡང་མཐེ་བོང་སེར་པོ་དང་མཛུབ་མོ་དཀར་པོ་དང་ གུང་མོ་དམར་པོ་དང་སྲིན་ལག་ནག་པོ་དང་མཐེ་ཆུང་ལྗང་ཁུ་སྟེ། ཕྱག་གི་མཐིལ་ནས་སོར་མོ་ ཐམས་ཅད་ཀྱི་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ་དང་གཉིས་པ་དམར་པོ་དང་གསུམ་པ་དཀར་ པོའོ། །དེ་རྣམས་ཀྱང་སོར་གདུབ་རྣམས་ཀྱི་འོད་དང་ལྡན་པའོ། །གཡས་པའི་ཕྱག་རྣམས་ ཀྱི་ནག་པོ་རྣམས་ན་རྡོ་རྗེ་དང་རལ་གྲི་དང་རྩེ་གསུམ་དང་གྲི་གུག་དང༌། དམར་པོ་རྣམས་ན་ མེའི་མདའ་དང་རྡོ་རྗེ་ལྕགས་ཀྱུ་དང་ཌ་མ་རུ་དང་ཐོ་བ་དང༌། དཀར་པོ་རྣམས་ན་འཁོར་ལོ་ དང་མདུང་དང་དབྱུག་པ་དང་དགྲ་སྟ་རྣམས་སོ། །གཡོན་པའི་ནག་པོ་རྣམས་ན་རྡོ་རྗེ་དྲིལ་བུ་ དང་ཕུབ་དང་ཁ་ཊྭཱཾ་ག་ཁ་བྱེ་བ་དང་ཁྲག་གིས་གང་བའི་ཐོད་པ་དང༌། དམར་པོ་རྣམས་ན་གཞུ་ དང་ཞགས་པ་དང་ནོར་བུ་རིན་པོ་ཆེ་དང་པད་མ་དཀར་པོ་དང༌། དཀར་པོ་རྣམས་ན་དུང་དང་ མེ་ལོང་དང་རྡོ་རྗེ་ལྕགས་སྒྲོག་དང་ཚངས་པའི་མགོ་བོ་རྣམས་སོ། །བརླ་ནས་བརྩམས་ནས་ དམར་པོའི་མདོག་ཅན་གྱི་ཞབས་གཡས་པའི་མཐིལ་དམར་པོས། འདོད་པའི་ལྷ་དམར་པོ་ གདོང་གཅིག་པ་ལག་པ་བཞིས་མེ་ཏོག་གི་མདའ་ལྔ་དང་གཞུ་དང་ཞགས་པ་དང་ལྕགས་ ཀྱུ་འཛིན་པའི་སྙིང་ཁར་མནན་ཞིང༌། བརླ་ནས་བརྩམས་ནས་དཀར་པོའི་ཞབས་གཡོན་ པའི་མཐིལ་དཀར་པོས་དྲག་པོ་དཀར་པོ་གདོང་གཅིག་པ་མིག་གསུམ་པ་ལག་པ་བཞིས་རྩེ་ གསུམ་དང་ཌ་མ་རུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའི་སྙིང་ཁར་མནན་པའོ། །འདོད་ལྷའི་ གཞོགས་སུ་དགའ་མ་དང་དབང་ཕྱུག་ཆེན་པོའི་གཞོགས་སུ་དཀར་མོ་སྟེ། ལྷ་མོ་འདི་དག་ ནི་དམན་པའི་བཞིན་དང་ལྡན་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་འཇུས་པའོ། །བཅོམ་ ལྡན་འདས་ལ་འཁྱུད་པའི་སྣ་ཚོགས་ཡུམ་ནི་གཡོན་བརྐྱང་གིས་གནས་པ། གསེར་གྱི་མདོག་ 8-1-271 ཅན་ཕྱག་གཡས་པ་རྣམས་ཀྱིས་གྲི་གུག་དང་ལྕགས་ཀྱུ་དང་ཌ་མ་རུ་དང་བགྲང་ཕྲེང་རྣམས་ དང༌། གཡོན་པ་རྣམས་ཀྱིས་ཐོད་པ་དང་ཞགས་པ་དང་པད་མ་དཀར་པོ་དང་རིན་པོ་ཆེ་རྣམས་ འཛིན་ པའོ། །འདབ་མ་རྣམས་ལ། ཤར་དུ་ནག་མོ་འབར་མ་ནག་མོ་ཕྱག་གཡས་པ་རྣམས་ཀྱིས་ བདུག་སྤོས་ཀྱི་སྣོད་དང་ཙན་དན་གྱི་སྣོད་དང་གུར་གུམ་གྱི་སྣོད་དང་བླ་རྩི་དང་བཅས་པའི་ག་ བུར་གྱི་སྣོད་དང༌། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་པད་མ་དང་ལྷའི་ལྗོན་པའི་མེ་ཏོག་དང་ སྣ་ཚོགས་པའི་མེ་ཏོག་གི་ཕྲེང་བ་འཛིན་པའོ། །ལྷོ་རུ་དམར་མོ་འབར་བ་དམར་མོ་གཡས་ པ་རྣམས་ཀྱིས་མར་མེ་དང་དོ་ཤལ་དང་ཅོད་པན་དང་ལག་གདུབ་དང༌། གཡོན་པ་རྣམས་ ཀྱིས་གོས་དང་སྐ་རགས་དང་རིན་པོ་ཆེའི་རྣ་རྒྱན་དང་རྐང་གདུབ་འཛིན་པའོ། །ནུབ་ཏུ་སེར་ མོ་འབར་མ་སེར་མོ་གཡས་པ་རྣམས་ཀྱིས་དུང་དང་གླིང་བུ་དང་ནོར་བུ་དང་ཌ་མ་རུ་དང༌། གཡོན་པ་རྣམས་ཀྱིས་པི་བང་དང་རྔ་ཟླུམ་དང་འཁར་ རྔ་དང་ཟངས་དུང་འཛིན་པའོ། །བྱང་དུ་དཀར་མོ་འབར་མ་དཀར་མོ་གཡས་པ་རྣམས་ ཀྱིས་འོ་མའི་སྣོད་དང་ཆུའི་སྣོད་དང་ལྷའི་སྨན་དང་ཆང་གི་སྣོད་དང་གཡོན་པ་རྣམས་ཀྱིས་ བདུད་རྩིའི་སྣོད་དང་གྲུབ་པའི་བཅུད་ཀྱི་སྣོད་དང་བདུད་རྩིའི་འབྲས་བུ་དང་བཟའ་བའི་སྣོད་ འཛིན་པའོ། །མེ་ལ་སོགས་པ་རྣམས་སུ་དུ་བ་མ་དང་སྨིག་རྒྱུ་མ་དང་མར་མེ་མ་དང་མཁའ་ གསལ་མའི་ལྷ་མོ་རྣམས་ཏེ། རིམ་པ་ཇི་ལྟ་བར་ནག་མོ་དང་དམར་མོ་དང་སེར་མོ་དང་དཀར་ མོའི་མདོག་ཅན། ཕྱག་བརྒྱད་ཀྱིས་རང་རང་གི་མདོག་ཅན་གྱི་རྔ་ཡབ་བརྒྱད་བརྒྱད་འཛིན་ པའོ། །དེ་དག་གི་རྒྱབ་ཀྱི་ཕྱི་རོལ་ཏུ་ཡིད་བཞིན་གྱི་ནོར་བུ་དང་ཆོས་ཀྱི་གན་ཌི་དང་དཔག་ བསམ་གྱི་ཤིང་དང་ཆོས་ཀྱི་དུང་རྣམས་ཏེ། ནག་པོ་དང་དམར་པོ་དང་སེར་པོ་དང་དཀར་པོའོ། ། ནག་མོ་འབར་མ་ལ་སོགས་པ་བརྒྱད་ནི་མཉམ་པའི་རྐང་སྟབས་ཀྱིས་གནས་པའོ། །སྣ་ 8-1-272 ཚོགས་ཡུམ་ལ་སོགས་པའི་ལྷ་མོ་ཐམས་ཅད་ཕྱག་རྒྱ་ལྔ་དང་ལྡན་པ་ཕྱག་བརྒྱད་མ་སྤྱན་བཅུ་ གཉིས་མ་ཞལ་བཞི་མའོ། །དེ་ཡང་ཤར་དང་ལྷོ་དང་ནུབ་དང་བྱང་གི་རིམ་པས་སྣ་ཚོགས་ཡུམ་ གྱི་ཞལ་རྣམས་ནི་སེར་པོ་དང་དཀར་པོ་དང་སྔོན་པོ་དང་དམར་པོ་སྟེ། དེ་བཞིན་ལྷ་མོ་སེར་ མོ་དག་གི་ཡང་ངོ༌། །ནག་མོ་དག་གི་ནི་ནག་པོ་དང་དམར་པོ་དང་སེར་པོ་དང་དཀར་པོའོ། ། དམར་མོ་དག་གི་ནི་དམར་པོ་དང་སེར་པོ་དང་དཀར་པོ་དང་སྔོན་པོའོ། །དཀར་མོ་དག་གི་ དཀར་པོ་དང་ནག་པོ་དང་དམར་པོ་དང་སེར་པོའོ། །རིམ་པ་གཉིས་པ་དང་གསུམ་པ་དག་གི་ ལྷ་རྣམས་ནི་ཞལ་གསུམ་པ་སྤྱན་དགུ་པ་ཕྱག་དྲུག་པ་རྣམས་སོ། །དེ་ཡང་ཕྱོགས་རྣམས་ལ་ ཤར་དུ་དོན་ཡོད་གྲུབ་པ་ནག་པོ་ནག་པོ་དང་དམར་པོ་དང་དཀར་པོའི་ཞལ་ཅན་གཡས་པ་ རྣམས་ཀྱིས་རལ་གྲི་དང་གྲི་གུག་དང་རྩེ་གསུམ་དང༌། གཡོན་པ་རྣམས་ཀྱིས་ཕུབ་དང་ཐོད་པ་ དང་ཁ་ཊྭཱཾ་ག་འཛིན་པ་སྤྱན་མས་འཁྱུད་པའོ། །ལྷོ་རུ་རིན་ཆེན་འབྱུང་ལྡན་དམར་པོ་དམར་པོ་ དང་དཀར་པོ་དང་ནག་པོའི་ཞལ་ཅན། གཡས་པ་རྣམས་ཀྱིས་མེའི་མདའ་དང་ལྕགས་ཀྱུ་དང་ ཌ་མ་རུ་དང༌། གཡོན་པ་རྣམས་ཀྱིས་གཞུ་དང་རྡོ་རྗེ་ཞགས་པ་དང་ཆ་དགུའི་རིན་པོ་ཆེ་འཛིན་ པ། མཱ་མ་ཀཱིས་འཁྱུད་པའོ། །ནུབ་ཏུ་རྣམ་པར་སྣང་མཛད་སེར་པོ་སེར་པོ་དང་དཀར་པོ་དང་ ནག་པོའི་ཞལ་ཅན། གཡས་པ་རྣམས་ཀྱིས་འཁོར་ ལོ་དང་དབྱུག་པ་དང་མི་འཇིགས་པ་མཛད་པས་རྡོ་རྗེ་དང༌། གཡོན་པ་རྣམས་ཀྱིས་དུང་ དང་རྡོ་རྗེ་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་འཛིན་པ། སྒྲོལ་མས་འཁྱུད་པའོ། །བྱང་དུ་སྣང་བ་ མཐའ་ཡས་དཀར་པོ་དཀར་པོ་དང་ནག་པོ་དང་དམར་པོའི་ཞལ་ཅན། གཡས་པ་རྣམས་ཀྱིས་ ཐོ་བ་དང་མདུང་དང་རྩེ་གསུམ་དང༌། གཡོན་པ་རྣམས་ཀྱིས་པད་མ་དཀར་པོ་དང་མེ་ལོང་དང་ བགྲང་ཕྲེང་འཛིན་པ། གོས་ དཀར་མོས་འཁྱུད་པའོ། །བཞི་པོ་འདི་རྣམས་ནི་ཆུ་སྐྱེས་དཀར་པོ་དང་ཉི་མ་ལ་གནས་པ། 8-1-273 རལ་པའི་ཐོར་ཅོག་ཅན་ཏེ། ཞལ་རྣམས་ནི་རྩ་བ་དང་གཡས་པ་དང་གཡོན་པའི་རིམ་པས་སོ། ། མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་རྣམས་སུ་པད་མ་དམར་པོ་དང་ཟླ་བ་ལ། སྒྲོལ་ མ་དང་གོས་དཀར་མོ་དང་སྤྱན་མ་དང་མཱ་མ་ཀཱི་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་དོན་ཡོད་ གྲུབ་པ་དང་རིན་ཆེན་དབང་པོ་དང་རྟག་པ་དང་སྣང་བ་མཐའ་ཡས་རྣམས་དང་མཚུངས་པ་སྟེ། རྣམ་པར་སྣང་མཛད་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་དང་རིན་ཆེན་འབྱུང་ལྡན་ རྣམས་དང་སྙོམས་པར་ཞུགས་པའོ། ། ཡང་ན་སྒྲོལ་མའི་ཁ་ཊྭཱཾ་གའི་གནས་སུ་ཨུད་པ་ལ་སྟེ། གཞོགས་བརྒྱད་དུ་ནི་བདུད་རྩིའི་ བུམ་པ་བརྒྱད་དོ། །རིམ་པ་གསུམ་པའི་སྣམ་བུ་ལ། ཤར་སྒོའི་གཡོན་ངོས་སུ་ཀུན་ཏུ་བཟང་པོ་ སྔོན་པོ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ་དང་གཡོན་པ་རྣམས་ཀྱིས་དྲིལ་ བུ་དང་ཐོད་པ་དང་ཚངས་པའི་མགོ་བོ་འཛིན་པ། ཡང་ན་ཚངས་པའི་མགོ་བོའི་གནས་སུ་ཨུད་ པ་ལ་སྟེ། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དང་སྙོམས་པར་འཇུག་པའོ། །གཡས་སུ་ནམ་མཁའི་ སྙིང་པོ་དོན་ཡོད་གྲུབ་པ་ལྟ་བུ་ལ་དྲི་རྡོ་རྗེ་མས་འཁྱུད་པའོ། །ལྷོ་སྒོའི་གཡོན་དུ་ཕྱག་ན་རྡོ་རྗེ་ ལྗང་ཁུ། གཡས་པ་རྣམས་ཀྱི་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ་དང༌། གཡོན་པ་རྣམས་ཀྱིས་དྲིལ་ བུ་དང་ཐོད་པ་དང་ཚངས་པའི་མགོ་བོ་འཛིན་པ། སྒྲ་རྡོ་རྗེ་མས་འཁྱུད་པའོ། །གཡས་སུ་སའི་ སྙིང་པོ་རིན་ཆེན་འབྱུང་ལྡན་ལྟ་བུ་གཟུགས་རྡོ་རྗེ་མ་དང་སྙོམས་པར་འཇུག་པའོ། །ནུབ་སྒོའི་ གཡོན་དུ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ཕྱག་ན་རྡོ་རྗེ་ལྟ་བུ་ལ་ཀུན་ཏུ་བཟང་པོས་འཁྱུད་པའོ། ། གཡས་སུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རྣམ་པར་སྣང་མཛད་ལྟ་བུ་ལ་རེག་བྱ་རྡོ་རྗེ་ མས་འཁྱུད་པའོ། །བྱང་སྒོའི་གཡོན་དུ་སྒྲ་རྡོ་རྗེ་མ་ཀུན་ཏུ་བཟང་པོ་ལྟ་བུ་ལ་ཕྱག་ན་རྡོ་རྗེས་ འཁྱུད་པའོ། །གཡས་སུ་འཇིག་རྟེན་དབང་ཕྱུག་སྣང་བ་མཐའ་ཡས་ལྟ་བུ་ལ་རོ་རྡོ་རྗེ་མས་ འཁྱུད་པའོ། །མེར་རེག་བྱ་རྡོ་རྗེ་མ་སྒྲོལ་མ་ལྟ་བུ་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་ 8-1-274 འཁྱུད་པའོ། །བདེན་བྲལ་དུ་རོ་རྡོ་རྗེ་མ་གོས་དཀར་མོ་ལྟ་བུ་ལ་འཇིག་རྟེན་དབང་ཕྱུག་གིས་ འཁྱུད་པའོ། །རླུང་དུ་དྲི་རྡོ་རྗེ་མ་སྤྱན་མ་ལྟ་བུ་ལ་ནམ་མཁའི་སྙིང་པོས་འཁྱུད་པའོ། །དབང་ ལྡན་དུ་གཟུགས་རྡོ་རྗེ་མ་མཱ་མ་ཀཱི་ལྟ་བུ་ལ་སའི་སྙིང་པོས་འཁྱུད་པའོ། །འདིར་དོན་ཡོད་གྲུབ་ པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་རྡོ་རྗེའི་ གདན་གྱིས་བཞུགས་པ་སྟེ། སྒྲོལ་མ་ལ་སོགས་པའི་ལྷ་མོ་རྣམས་ནི་པད་མའི་འདུག་སྟངས་ ཀྱིས་བཞུགས་པའོ། །སྒོ་རྣམས་ལ་ཤར་དུ་ཁྲོ་བོ་ཤིན་ཏུ་སྟོབས་དོན་ཡོད་གྲུབ་པ་ལྟ་བུ་ལ་ རེངས་བྱེད་མས་ཡང་དག་པར་འཁྱུད་པ་སྟེ། དེ་ཡང་སྤྱན་མ་ལྟ་བུའོ། །ལྷོ་རུ་རྨུགས་བྱེད་ རིན་ཆེན་དབང་པོ་ལྟ་བུ་ལ་ཁེངས་བྱེད་མས་སྙོམས་པར་ཞུགས་པ་སྟེ། དེ་ཡང་མཱ་མ་ཀཱི་ལྟ་ བུའོ། །ནུབ་ཏུ་རེངས་བྱེད་རྣམ་པར་སྣང་མཛད་ལྟ་བུ་ལ་ཤིན་ཏུ་སྟོབས་མས་འཁྱུད་པ་སྟེ། དེ་ ཡང་སྒྲོལ་མ་ལྟ་བུའོ། །བྱང་དུ་ཁེངས་བྱེད་ཚེ་དཔག་མེད་ལྟ་བུ་ལ་རྨུགས་བྱེད་མས་ཡང་དག་ པར་འཁྱུད་པ་སྟེ། དེ་ཡང་གོས་དཀར་མོ་ལྟ་བུའོ། །འོན་ཀྱང་ཁྲོ་བོ་འདི་རྣམས་ནི་གཡས་ བརྐྱང་གིས་གནས་པ་སྟེ། ཁྲོ་བོའི་ལྷ་མོ་རྣམས་ནི་གཡོན་བརྐྱང་གིས་གནས་པའོ། །འདིར་ ལྷ་ཕོ་རྣམས་ཀྱི་གདན་ནི་པད་མ་དཀར་པོ་ལ་ཉི་མ་རྣམས་ཏེ་ལྷ་མོ་རྣམས་ཀྱི་གདན་ནི་པད་ མ་དམར་པོ་ལ་ཟླ་བའི་དཀྱིལ་འཁོར་རྣམས་སོ། །ཡང་ན་ནག་པོ་དང་དཀར་པོ་དང་ལྗང་ཁུ་ རྣམས་ཟླ་བ་ལ་གནས་པ་དང༌། དམར་པོ་དང་སེར་པོ་རྣམས་དང་ཀུན་ཏུ་བཟང་པོ་དང་སྒྲ་རྡོ་ རྗེ་མ་ནི་ཉི་མའི་དཀྱིལ་འཁོར་ལ་གནས་པ་སྟེ། དེ་དག་གི་རིགས་པ་ཡང་དྲི་མ་མེད་པའི་འོད་ ལས་གསུངས་པའོ། །འདིར་གང་གི་གནས་སུ་ལྷ་རྣམས་གང་གསུངས་པ་དེ་ནི་དེའི་གཙོ་བོ་ ཡིན་པའི་ཕྱིར་འཁོར་ལོའི་དབང་པོ་ལ་མངོན་པར་ཕྱོགས་པ་སྟེ། དེའི་པང་དུ་གནས་པ་ནི་མ་ ཡིན་ནོ། ། འདིར་འདབ་མ་བརྒྱད་ཀྱི་ལྷ་མོ་རྣམས་དང་བུམ་པ་རྣམས་དང་ཆོས་ཀྱི་དུང་ལ་སོགས་ 8-1-275 པ་སྤངས་ནས་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གྱི་ཐུགས་ཀྱི་དཀྱིལ་འཁོར་ཡང་བསྒོམ་པར་ བྱའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་ཉེ་བར་བསྐོར་བ་ཡང་དཔལ་འདུས་པ་ལྟ་བུར་འགྱུར་ རོ། །སྟེགས་བུ་རྣམས་ལ་ཤར་གྱི་གཡོན་རྟ་བབས་ཀྱི་ཀ་བའི་རྩ་བའི་གཡོན་དུ་དྲི་ཆབ་མ་ནག་ མོ་དྲིའི་དུང་ཆོས་འཛིན་པ་དང༌། གཡས་སུ་ཕྲེང་བ་ནག་མོ་མེ་ཏོག་གི་ཕྲེང་བ་འཛིན་པའོ། །ལྷོ་ རུ་བདུག་སྤོས་མ་དམར་མོ་བདུག་སྤོས་ཀྱི་སྣོད་འཛིན་པ་དང༌། མར་མེ་མ་དམར་མོ་མར་མེའི་ མཆོད་སྡོང་འཛིན་པའོ། །ནུབ་ཏུ་སྒེག་མོ་སེར་མོ་ཅོད་པན་སེར་པོ་འཛིན་པ་དང་བཞད་མ་ སེར་མོ་དོ་ཤལ་སེར་པོ་འཛིན་པའོ། །བྱང་དུ་བདུད་རྩི་མའམ་མིང་གཞན་ཞལ་ཟས་མ་ཞེས་ བྱ་བ་དཀར་མོ་འབྲས་བུ་དཀར་པོ་འཛིན་པ་དང༌། འབྲས་བུ་མི་ཟད་མའམ་མིང་གཞན་བདུད་ རྩིའི་འབྲས་བུ་མ་ཞེས་བྱ་བ་དཀར་མོ་བདུད་རྩིས་གང་བའི་སྣོད་འཛིན་པའོ། །སྟེགས་བུ་ ཐམས་ཅད་ལ་ཡང་རྣམ་པ་སྣ་ཚོགས་པའི་མཆོད་པ་འཛིན་པའི་ལྷ་མོ་གྲངས་མེད་པའོ། །ཤར་ གྱི་རྟ་བབས་ཀྱི་མཆོད་པའི་ལྷ་མོའི་གནས་སུ་གར་མ་སྔོན་མོ་གར་གྱི་ཚུལ་གྱིས་གོས་འཛིན་པ་ དང༌། ལྷོར་འདོད་མ་དམར་མོ་པད་མ་འཛིན་པ་དང༌། ནུབ་ཏུ་སིལ་སྙན་མ་སེར་མོ་རྔ་པ་ཊ་ཧ་ བརྡུང་བ་དང༌། བྱང་དུ་གླུ་མ་དཀར་མོ་རྡོ་རྗེ་འཛིན་པ་སྟེ། བདུད་རྩི་མ་ལ་སོགས་པ་དགོད་པ་ འདི་དག་ནི་དབང་བསྐུར་བའི་ལེའུའི་རིམ་པའོ། །གང་ཡང་སྒྲུབ་ཐབས་ཀྱི་ལེའུའི་འགྲེལ་པ་ ལས། བྱང་དུ་སིལ་སྙན་མ་དང་གར་མ་དང༌། ནམ་མཁར་གླུ་མ་དང་འདོད་མ་དང༌། འོག་ཏུ་ ཞལ་ཟས་མ་དང་བདུད་རྩིའི་འབྲས་བུ་མ་ཞེས་གསུངས་པ་དེ་ལ་ཡང་དབང་བསྐུར་བའི་ལེའུ་ ལས་གསུངས་པའི་དགོད་པ་འདི་ལྟར་རིག་པར་བྱ་སྟེ། གཞུང་དེ་དག་རྗེས་སུ་འཐུན་པར་ སྦྱོར་བ་ཉིད་ཀྱི་ཕྱིར་རོ། །གཞན་ དུ་ན་སྔ་མ་དང་ཕྱི་མ་དག་འགལ་བར་འགྱུར་རོ། །ལྷ་མོ་བཅུ་གཉིས་པོ་འདི་དག་ནི་པད་ མའི་འདུག་སྟངས་ཀྱིས་གནས་པའོ། ། 8-1-276 གསུང་གི་དཀྱིལ་འཁོར་ལ་ཕྱོགས་ཀྱི་པད་མ་རྣམས་ནི་དམར་པོ་དང༌། མཚམས་ཀྱི་ རྣམས་ནི་དཀར་པོ་སྟེ། དེ་རྣམས་ཉི་མ་དང་ཟླ་བ་དང་བྲལ་བ་ལ་ས་གའི་འདུག་སྟངས་ཀྱིས་ གནས་པའི་ལྷ་མོ་རྣམས་སོ། །དེ་ཡང་ཡི་དྭགས་དམར་པོའི་སྟེང་དུ་གནས་པའི་ཤར་གྱི་ཆུ་ སྐྱེས་ཀྱི་ལྟེ་བ་ལ། ཙར་ཙི་ཀཱ་ནག་མོ་ཞལ་གཅིག་མ་སྤྱན་གསུམ་མ། ཕྱག་གཡས་པ་དག་གིས་ གྲི་གུག་དང་རྩེ་གསུམ་དང༌། གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། དབང་པོས་ འཁྱུད་པ་སྟེ། མདུན་ལ་སོགས་པའི་འདབ་མ་བརྒྱད་ལ་འཇིགས་མ་དང་དྲག་མོ་དང་དུས་ཀྱི་ མཆེ་བ་མ་དང་མེ་འབར་གདོང་མ་དང་རླུང་ཤུགས་མ་དང་རབ་གཏུམ་མ་དང་དྲག་མིག་མ་ དང་སྣ་ཆེན་མ་རྣམས་སོ། །ནམ་མཁའ་ལྡི ང་གི་སྟེང་དུ་གནས་པའི་མེའི་ཆུ་སྐྱེས་ཀྱི་ལྟེ་བ་ལ། ཁྱབ་འཇུག་མ་ནག་མོ་གཡས་པ་དག་གིས་འཁོར་ལོ་དང་དབྱུག་པ་དང་གཡོན་པ་དག་གིས་ པད་མ་དང་དུང་འཛིན་པ་ཚངས་པས་འཁྱུད་པ་སྟེ། འདབ་མ་རྣམས་ལ་དཔལ་མོ་དང་སྒྱུ་མ་ མོ་དང་གྲགས་མ་དང་ཕུན་སུམ་ཚོགས་མ་དང༌། རྣམ་པར་རྒྱལ་མ་དང་དཔལ་རྒྱལ་མ་དང་ དཔལ་རྒྱལ་བྱེད་མ་དང་དཔལ་ལྡན་འཁོར་ལོ་མ་རྣམས་སོ། །མ་ཧེའི་སྟེང་དུ་ལྷོའི་ཆུ་སྐྱེས་ཀྱི་ ལྟེ་བ་ལ་ཕག་མོ་དམར་མོ་ཕག་གི་ཞལ་ཅན་གཡས་པ་དག་གིས་དབྱུག་པ་དང་རལ་གྲི་དང༌། གཡོན་པ་དག་གིས་ལྕགས་སྒྲོག་དང་ཕུབ་འཛིན་པ། དྲག་པོས་འཁྱུད་པ་སྟེ། འདབ་མ་རྣམས་ ལ་ཀེང་རུ་སུ་མ་དང་དུས་མཚན་མ་དང་རབ་ཁྲོས་གདོང་མ་དང་དུས་ཀྱི་ལྕེ་མ་དང་གཙིགས་ མ་དང་ནག་མོ་དང་དྲག་མོ་དང་གཟུགས་ངན་མ་རྣམས་སོ། །རྨ་བྱའི་སྟེང་དུ་བདེན་བྲལ་གྱི་ཆུ་ སྐྱེས་ཀྱི་ལྟེ་བ་ལ་གཞོན་ནུ་མ་དམར་མོ་ཞལ་དྲུག་མ་གཡས་པ་དག་གིས་ཤག་ཏི་དང་ལྕགས་ ཀྱུ་དང༌། གཡོན་པ་དག་གིས་རིན་པོ་ཆེ་དང་ཞགས་པ་འཛིན་པ། ཚོགས་བདག་གིས་འཁྱུད་ པ་སྟེ། འདབ་མ་རྣམས་ལ་པད་མ་དང་ལུས་མེད་མ་དང་གཞོན་ནུ་མ་དང་རི་དྭགས་ཀྱི་བདག་ པོས་འགྲོ་མ་དང་རིན་ཆེན་ཕྲེང་བ་མ་དང་མིག་མཛེས་མ་དང་རུལ་པ་མ་དང་བཟང་མོ་རྣམས་ 8-1-277 སོ། །ས་སྲུང་གི་སྟེང་དུ་ནུབ་ཀྱི་ཆུ་སྐྱེས་ཀྱི་ལྟེ་བ་ལ་དབང་མོ་སེར་མོ་གཡས་པ་དག་གིས་རྡོ་རྗེ་ དང་མདའ་དང༌། གཡོན་པ་དག་གིས་དྲིལ་བུ་དང་གཞུ་འཛིན་པ། བདེན་བྲལ་གྱིས་འཁྱུད་པ་ སྟེ། འདབ་མ་རྣམས་ལ་རྡོ་རྗེའི་འོད་མ་དང་རྡོ་རྗེའི་ལུས་མ་དང་གསེར་ལྡན་མ་དང་ཨཱུར་བ་སཱི་ དང་བཀྲ་བའི་རི་མོ་མ་དང་ཆུ་ཤིང་མ་དང་ཟུག་རྔུ་མེད་མ་དང་ཤིན་ཏུ་སྒྲོལ་མ་རྣམས་སོ། །ངང་ པའི་སྟེང་དུ་རླུང་གི་ཆུ་སྐྱེས་ཀྱི་ལྟེ་བ་ལ་ཚངས་མ་སེར་མོ་ཞལ་བཞི་མ། གཡས་པ་དག་གིས་ པད་མ་དང་ཚངས་པའི་དབྱུག་པ་དང༌། གཡོན་པ་དག་གིས་སྤྱི་བླུགས་དང་པར་བུ་འཛིན་པ། ཁྱབ་འཇུག་གིས་སྙོམས་པར་འཇུག་པ་སྟེ། འདབ་མ་རྣམས་ལ་མཆོད་སྦྱིན་འདོན་མ་དང་ པད་མའི་སྤྱན་མ་དང་ཆུ་སྐྱེས་ལྡན་མ་དང་བློ་གྲོས་མ་དང་ངག་གི་དབང་ཕྱུག་མ་དང་གླུ་མ་དང་ གློག་མ་དང་དྲན་མ་རྣམས་སོ། །གླང་གི་སྟེང་དུ་བྱང་གི་ཆུ་སྐྱེས་ཀྱི་ལྟེ་བ་ལ། དྲག་མོ་དཀར་ མོ་གཡས་པ་དག་གིས་རྩེ་གསུམ་དང་ཅང་ཏེའུ་དང༌། གཡོན་པ་དག་གིས་ཁ་ཊྭཱཾ་ག་དང་སྦྲུལ་ ཞགས་འཛིན་པ༌། གཤིན་རྗེས་འཁྱུད་པ་སྟེ། འདབ་མ་རྣམས་ལ་གཽ་རཱི་མ་དང་གཾ་ག་མ་དང་ རྟག་མ་དང་མྱུར་མ་དང་འདེགས་མ་དང་མཚོན་བྱེད་མ་དང་དམར་སེར་མ་དང་ནག་མོ་རྣམས་ སོ། །སེང་གེའི་སྟེང་དུ་དབང་ལྡན་གྱི་ཆུ་སྐྱེས་ཀྱི་ལྟེ་བ་ལ་དཔལ་མོ་དཀར་མོ་གཡས་པ་དག་ གིས་པད་མ་དང་བགྲང་ཕྲེང་དང་གཡོན་པ་དག་གིས་པད་མ་དང་རིན་པོ་ཆེ་འཛིན་མ། གདོང་ དྲུག་གིས་འཁྱུད་པ་སྟེ། འདབ་མ་རྣམས་ལ་དཔལ་དཀར་མོ་དང་ཟླ་བའི་རི་མོ་ཅན་མ་དང་རི་བོང་འཛིན་ཞལ་ མ་དང་ངང་བའི་མདོག་ཅན་མ་དང་འཛིན་མ་དང་པད་མའི་དབང་ཕྱུག་མ་དང་སྐར་མིག་མ་ དང་དྲི་མ་མེད་པའི་རི་བོང་འཛིན་མ་རྣམས་སོ། །ཙར་ཙི་ཀཱ་ལ་སོགས་པའི་ལྷ་མོ་བདུན་ཅུ་ རྩ་གཉིས་པོ་འདི་དག་ནི་ཕྱག་བཞི་མ་སྤྱན་གསུམ་མ་སྟེ། འདིར་འདབ་མའི་ལྷ་མོ་རྣམས་ ནི་རོལ་པའི་རྐང་སྟབས་ཀྱིས་གནས་པ། ཁ་དོག་ལ་སོགས་པ་རྣམས་རང་རང་གི་གཙོ་མོ་ 8-1-278 དང་མཚུངས་པ། རང་རང་གི་གཙོ་མོ་ལ་གཟིགས་པའོ། །གཙོ་མོ་བརྒྱད་པོ་འདི་དག་ནི་ས་ གའི་རྐང་སྟབས་ཀྱིས་གནས་པ། འཁོར་ལོའི་དབང་ཕྱུག་ལ་གཟིགས་པ་སྟེ། བརྒྱད་པོ་འདི་ རྣམས་ཀྱི་འཁྱུད་པ་པོ་ས་གའི་རྐང་སྟབས་ཀྱིས་གནས་པའི་རྗེས་སུ་གཙོ་བོ་རྣམས་ནི་དེ་ལ་ མངོན་དུ་ཕྱོགས་པའོ། །སྐུའི་དཀྱིལ་འཁོར་གྱི་སྣམ་བུ་རྣམས་ལ་པད་མ་བཅུ་གཉིས་ཏེ། དེ་ ཡང་ཕྱོགས་ཀྱི་པད་མ་རྣམས་དམར་པོ་དང་མཚམས་ཀྱི་པད་མ་རྣམས་དཀར་པོའོ། །པད་མ་ རེ་རེ་ཞིང་ཡང་འདབ་མ་རྣམས་ནི་རིམ་པ་དང་པོ་ལ་བཞི་དང་གཉིས་པ་ལ་བརྒྱད་དང་གསུམ་ པ་ལ་བཅུ་དྲུག་སྟེ། དེ་དག་གི་ཕྱིའི་རིམ་པའི་མདུན་གྱི་འདབ་མ་ནས་བརྩམས་ནས་གཡས་ སྐོར་གྱིས་ཚེས་གཅིག་ལ་སོགས་པའི་ལྷ་མོ་རྣམས་དགོད་པར་བྱའོ། །ལྟེ་བ་ལ་ཉ་དང་གནམ་ སྟོང་དག་ནི་གཙོ་བོ་ཉིད་ཀྱིས་གནས་པ་ཡིན་ལ། དེ་ཡང་ཉ་ནི་ཤེས་རབ་དང་གནམ་སྟོང་ནི་ ཐབས་ཏེ་བདེན་བྲལ་ལ་སོགས་པའོ། །ལྷ་ཐམས་ཅད་ནི་ཕྱག་བཞི་པའོ། །དེ་ལ་ཤར་སྒོའི་ གཡས་ཕྱོགས་སུ་ཡི་དྭགས་དམར་པོའི་སྟེང་དུ་པད་མའི་ལྟེ་བ་ལ། བདེན་བྲལ་ནག་པོ་སྲིན་ མོ་མེ་འབར་གདོང་མས་ཡང་དག་པར་འཁྱུད་པ། གཡས་པ་དག་ན་རལ་གྲི་དང་གྲི་གུག་ དང༌། གཡོན་པ་དག་ན་ཕུབ་དང་ཐོད་པ་ཅན་ཏེ། འདིར་ནི་ནག་པའི་ཚེས་རྣམས་སོ། །མེར་ རི་དྭགས་ཀྱི་སྟེང་དུ་པད་མའི་ལྟེ་བ་ལ་རླུང་ལྷ་ནག་པོ་རབ་ཏུ་གཏུམ་མོས་འཁྱུད་པ། གཡས་ པ་དག་ན་དཔག་བསམ་ཤིང་དང་ཡོངས་འདུའི་མེ་ཏོག་དང༌། གཡོན་པ་དག་ན་ཨིན་ཏྲ་ནཱི་ ལ་དང་ཨུད་པ་ལ་སྔོན་པོ་ཅན་ཏེ། འདིར་ནི་ས་གའི་ཚེས་རྣམས་སོ། །ལྷོ་སྒོའི་གཡོན་ཕྱོགས་ སུ་མ་ཧེའི་སྟེང་དུ་པད་མའི་ལྟེ་བ་ལ། གཤིན་རྗེ་དམར་པོ་དུས་མས་ཡང་དག་པར་འཁྱུད་པ། གཡས་པ་དག་ན་དབྱུག་པ་དང་རལ་གྲི་དང་གཡོན་པ་དག་ན་ལྕགས་སྒྲོག་དང་ཞགས་པ་ཅན་ ཏེ། འདིར་ནི་དབོའི་ཚེས་རྣམས་སོ། །གཡས་ཕྱོགས་སུ་ལུག་གི་སྟེང་དུ་པད་མའི་ལྟེ་བ་ལ་མེ་ ལྷ་དམར་པོ་ཆུ་ལྷ་མོས་འཁྱུད་པ། གཡས་པ་དག་ན་ཤག་ཏི་དང་དབྱུག་པ་དང༌། གཡོན་པ་ 8-1-279 དག་ན་པད་མ་དང་སྤྱི་བླུགས་ཅན་ཏེ། འདིར་ནི་སྣྲོན་གྱི་ཚེས་རྣམས་སོ། །བདེན་བྲལ་དུ་རྨ་ བྱའི་སྟེང་དུ་པད་མའི་ལྟེ་བ་ལ་གདོང་དྲུག་དམར་པོ། དཔལ་མོས་འཁྱུད་པ། གཡས་པ་དག་ ན་ཤག་ཏི་དང་མདུང་དང༌། གཡོན་པ་དག་ན་རིན་པོ་ཆེ་དང་མེ་ལོང་ཅན་ཏེ། འདིར་ནི་ཆུ་ སྟོད་ཀྱི་ཚེས་རྣམས་སོ། །ནུབ་སྒོའི་གཡོན་ཕྱོགས་སུ་གླང་པོ་ཆེའི་སྟེང་དུ་པད་མའི་ལྟེ་བ་ལ་ ལུས་ངན་པོ་སེར་པོ་ལུས་ངན་མོས་ཡང་དག་པར་འཁྱུད་པ། གཡས་པ་དག་ན་ནོར་བུ་རིན་པོ་ ཆེ་དང་དབྱུག་ཐོ་དང༌། གཡོན་པ་དག་ན་ནེའུ་ལེ་དང་པད་མ་ཅན་ཏེ། འདིར་ནི་རྒྱལ་གྱི་ཚེས་ རྣམས་སོ། །གཡས་ཕྱོགས་སུ་གླང་པོ་ཆེའི་སྟེང་དུ་པད་མའི་ལྟེ་བ་ལ། དབང་པོ་སེར་པོ་རླུང་ ལྷ་མོས་ཡང་དག་པར་འཁྱུད་པ། གཡས་པ་དག་ན་རྡོ་རྗེ་དང་མེའི་མདའ་དང༌། གཡོན་པ་ དག་ན་དྲིལ་བུ་དང་གཞུ་ཅན་ཏེ། འདིར་ནི་ཐ་སྐར་གྱི་ཚེས་རྣམས་སོ། །རླུང་དུ་ངང་པའི་སྟེང་དུ་པད་མའི་ལྟེ་བ་ལ། ཚངས་ པ་སེར་པོ་གློག་མས་ཡང་དག་པར་འཁྱུད་པ། གཡས་པ་དག་ན་ཁབ་དང་བགྲང་ཕྲེང་དང་ གཡོན་པ་དག་ན་པད་མ་དང་སྤྱི་བླུགས་ཅན་ཏེ། འདིར་ནི་སྨིན་དྲུག་གི་ཚེས་རྣམས་སོ། །བྱང་ སྒོའི་གཡོན་ཕྱོགས་སུ་གླང་གི་སྟེང་དུ་པད་མའི་ལྟེ་བ་ལ། དྲག་པོ་དཀར་པོ་གཽ་རཱིས་ཡང་དག་ པར་འཁྱུད་པ། གཡས་པ་དག་ན་རྩེ་གསུམ་དང་མདའ་དང༌། གཡོན་པ་དག་ན་སྦྲུལ་གྱིས་ དཀྲིས་པའི་ཁ་ཊྭཱཾ་ག་དང་གཞུ་ཅན་ཏེ། འདིར་ནི་མགོའི་ཚེས་རྣམས་སོ། །གཡས་ཕྱོགས་སུ་ཆུ་སྲིན་གྱི་སྟེང་དུ་པད་མའི་ལྟེ་བ་ལ། རྒྱ་མཚོ་དཀར་པོ་ཕག་མོས་ཡང་དག་པར་འཁྱུད་པ། གཡས་པ་དག་ན་ཞགས་པ་དང་རིན་པོ་ ཆེ་དང༌། གཡོན་པ་དག་ན་སྦྲུལ་ཞགས་དང་ནོར་བུ་ཟླ་བ་ཆུ་ཤེལ་ཅན་ཏེ། འདིར་ནི་གྲོ་བཞིན་ གྱི་ཚེས་རྣམས་སོ། །དབང་ལྡན་དུ་བྱི་བའི་སྟེང་དུ་པད་མའི་ལྟེ་བ་ལ། ཚོགས་བདག་དཀར་པོ་ གཞོན་ནུ་མས་ཡང་དག་པར་འཁྱུད་པ། གཡས་པ་དག་ན་དགྲ་སྟ་དང་རྡོ་རྗེ་དང༌། གཡོན་པ་ 8-1-280 དག་ན་ཞགས་པ་དང་རིན་པོ་ཆེ་ཅན་ཏེ། འདིར་ནི་ཁྲུམས་སྟོད་ཀྱི་ཚེས་རྣམས་སོ། །ཤར་སྒོའི་ གཡོན་ཕྱོགས་སུ་ནམ་མཁའ་ལྡི ང་གི་སྟེང་དུ་པད་མའི་ལྟེ་བ་ལ། ཁྱབ་འཇུག་ནག་པོ་དཔལ་ མོས་ཡང་དག་པར་འཁྱུད་པ། གཡས་པ་དག་ན་འཁོར་ལོ་དང་དབྱུག་ཐོ་དང༌། གཡོན་པ་དག་ ན་པད་མ་དང་དུང་ཅན་ཏེ། འདི་ནི་མཆུའི་ཚེས་རྣམས་སོ། །འདིར་ལྷ་རྣམས་ནི་རྡོ་རྗེའི་འདུག་ སྟངས་ཀྱིས་གནས་པ་སྟེ། ནག་པ་ལ་སོགས་པའི་ཚེས་ཀྱི་ལྷ་མོ་རྣམས་ནི་རོལ་པའི་རྐང་ སྟབས་ཀྱིས་གནས་པ། རང་རང་གི་བདག་པོ་བདེན་བྲལ་ལ་སོགས་པའི་སྐུ་མདོག་དང་ཕྱག་ མཚན་དང་དབྱིབས་རྣམས་དང་མཚུངས་པ། དེ་དག་ལ་གཟིགས་པའོ། །དེ་རྣམས་ནི་འཁོར་ ལོའི་དབང་ཕྱུག་ལ་སྟེ། །དེ་རྣམས་ཀྱིས་འཁྱུད་པ་རྣམས་ནི་དེ་ཉིད་ལ་གཟིགས་པའོ། །སྒོ་ རྣམས་ལ། ཤར་དུ་ཕག་ནག་པོ་བདུན་གྱིས་དྲངས་པའི་ཤིང་རྟ་ནག་པོ་ལ། དབྱུག་སྔོན་ཅན་དོན་ཡོད་གྲུབ་པ་ལྟ་བུ་སྟེ། འདི་ལ་འཁྱུད་པའི་འོད་ཟེར་ཅན་མ་ནི་ སེར་མོ། ཕྱག་གཡས་པ་དག་གིས་འཁོར་ལོ་དང་དབྱུག་པ་དང༌། གཡོན་པ་དག་གིས་དུང་ དང་རིན་པོ་ཆེ་འཛིན་པའོ། །ལྷོར་རུ་རྟ་དམར་པོ་བདུན་གྱིས་དྲངས་པའི་ཤིང་རྟ་དམར་པོ་ ལ་འདོད་པའི་རྒྱལ་པོ་རིན་ཆེན་འབྱུང་ལྡན་ལྟ་བུ་སྟེ། འདི་ལ་འཁྱུད་པའི་ཙུན་ད་དཀར་མོ་ གཡས་པ་དག་གིས་ཐོ་བ་དང་མདུང་དང༌། གཡོན་པ་དག་གིས་པད་མ་དང་མེ་ལོང་འཛིན་ པའོ། །ནུབ་ཏུ་གླང་པོ་ཆེ་སེར་པོ་བདུན་གྱིས་དྲངས་པའི་ཤིང་རྟ་སེར་པོ་ལ། སྟོབས་པོ་ཆེ་རྣམ་ པར་སྣང་མཛད་ལྟ་བུ་སྟེ། འདི་ལ་འཁྱུད་པའི་རྡོ་རྗེ་ལྕགས་སྒྲོག་མ་གཡས་པ་དག་གིས་རལ་ གྲི་དང་རྡོ་རྗེ་དང༌། གཡོན་པ་དག་གིས་ཕུབ་དང་སྦྲུལ་འཛིན་པའོ། །བྱང་དུ་སེང་གེ་དཀར་པོ་ བདུན་གྱིས་དྲངས་པའི་ཤིང་རྟ་དཀར་པོ་ལ། མི་གཡོ་བ་སྣང་བ་མཐའ་ཡས་ལྟ་བུ་སྟེ། འདི་ ལ་འཁྱུད་པའི་ཁྲོ་གཉེར་ཅན་མ་དམར་མོ་གཡས་པ་དག་གིས་མདའ་དང་ལྕགས་ཀྱུ་དང༌། གཡོན་པ་དག་གིས་གཞུ་དང་ཞགས་པ་འཛིན་པའོ། །འཁོར་ལོའི་དབང་ཕྱུག་གི་སྟེང་གི་ནམ་ 8-1-281 མཁའ་ལ་མིག་གསུམ་པ་ཁ་དོག་ལྔ་པའི་ནམ་མཁའ་ལྡིང་གིས་དྲངས་པའི་ཤིང་རྟ་ལྗང་ཁུ་ལ། གཙུག་ཏོར་འཁོར་ལོས་བསྒྱུར་བ་ཕྱག་ན་རྡོ་རྗེ་ལྟ་བུ་སྟེ། འདིའི་ཤེས་རབ་མ་ཤིན་ཏུ་སྔོན་མོ་ སྐུ་མདོག་སྔོན་མོ་གཡས་པ་དག་གིས་གྲི་གུག་དང་རྡོ་རྗེ་དང་གཡོན་པ་དག་གིས་ཐོད་པ་དང་ དྲིལ་བུ་འཛིན་པའོ། །འཁོར་ལོའི་དབང་ཕྱུག་གི་འོག་གི་ས་འོག་ཏུ་རྐང་པའི་བརྒྱད་པའི་སེང་ གེ་ནག་པོ་བདུན་གྱིས་དྲངས་པའི་ཤིང་རྟ་ནག་པོ་ལ། གནོད་མཛེས་རྒྱལ་པོ་ཀུན་ཏུ་བཟང་པོ་ ལྟ་བུ་སྟེ། འདིའི་ ཤེས་རབ་མ་དྲག་སྤྱན་མ་ལྗང་ཁུ། གཡས་པ་དག་གིས་དགྲ་སྟ་དང་རྩེ་གསུམ་དང༌། གཡོན་པ་དག་གིས་སྦྲུལ་ཞགས་དང་ཁ་ཊྭཱཾ་ག་འཛིན་པའོ། །འདིར་དབྱུག་སྔོན་ཅན་ལ་སོགས་ པའི་ཁྲོ་བོ་རྣམས་ནི་ཤིང་རྟའི་སྟེང་དུ་པད་མ་དཀར་པོ་དང་ཉི་མ་རྣམས་ལ་གཡས་བརྐྱང་གིས་ གནས་པ་སྟེ། གཙོ་བོ་རྣམས་ནི་རང་རང་གི་གནས་ན་གནས་པའི་ཕྱིར་འཁོར་ལོའི་དབང་པོ་ ལ་གཟིགས་པའོ། །འོད་ཟེར་ཅན་མ་ལ་སོགས་པ་ནི་གཡོན་བརྐྱང་གིས་གནས་པའི་རྗེས་སུ་ གཙོ་མོ་སྟེ། གཞན་གྱི་གནས་སུ་ཕྱིན་པའི་ཕྱིར་ཁྲོ་བོ་རྣམས་ལ་གཟིགས་པའོ། །འདིར་ཤིང་རྟ་ རྣམས་ཀྱི་ནག་པོ་ལ་སོགས་པའི་ཁ་དོག་ཉིད་ནི། སྒོ་ཡི་དབུས་སུ་གནས་པའི་ཤིང་རྟ་རྣམས་ ནི་རིགས་ཀྱི་དབང་གིས་འགྱུར་བ་ཡིན་ཞེས་པ་འདིས་བསྟན་ཏེ། དེའི་རྗེས་སུ་འབྲངས་ནས་ ཕག་པ་ལ་སོགས་པ་རྣམས་ཀྱང་ངོ༌། །རྟ་བབས་ཀྱི་ཀ་བའི་འོག་གི་སྟེགས་བུའི་གནས་རྣམས་ དང་སྟེང་དང་འོག་ཏུ་ཀླུ་རྣམས་སོ། །དེ་ཡང་ཤར་གྱི་སྒོའི་གཡོན་དང་གཡས་དག་ཏུ་རླུང་གི་ དཀྱིལ་འཁོར་དག་ལ་གྲངས་ཇི་ལྟ་བར་པད་མ་དང་སྟོབས་ཀྱི་རྒྱུ་དག་ནི་ནག་པོ་སྟེ། ཁྱི་གདོང་ མ་དང་ཁ་གདོང་མས་འཁྱུད་པའོ། །ལྷོའི་སྒོར་མེའི་དཀྱིལ་འཁོར་དག་ལ་ནོར་རྒྱས་དང་དུང་ སྐྱོང་དག་ནི་དམར་པོ་སྟེ། ལྕེ་སྤྱང་གདོང་མ་དང་མཁའ་ལྡི ང་གདོང་མས་འཁྱུད་པའོ། །ནུབ་ ཀྱི་སྒོར་སའི་དཀྱིལ་འཁོར་དག་ལ་འཇོག་པོ་དང་པད་ཆེན་དག་ནི་སེར་པོ་སྟེ། ཕག་གདོང་ 8-1-282 མ་དང་བྱ་རྒོད་གདོང་མས་འཁྱུད་པའོ། །བྱང་གི་སྒོར་ཆུའི་དཀྱིལ་འཁོར་དག་ལ་མཐའ་ཡས་ དང་རིགས་ལྡན་དག་ནི་དཀར་པ་སྟེ། སྟག་གདོང་མ་དང་འུག་གདོང་མས་འཁྱུད་པའོ། །སྟེང་ གི་ནམ་མཁར་སྟོང་པའི་དཀྱིལ་འཁོར་ལ་རྒྱལ་བ་ནི་ལྗང་ཁུ་སྟེ་སྔོན་མོས་འཁྱུད་པའོ། །འོག་ གི་ས་འོག་ཏུ་སྟོང་པའི་དཀྱིལ་འཁོར་ལ་རྣམ་པར་རྒྱལ་བ་ནི་སྔོན་པོ་སྟེ། རྡོ་རྗེའི་མིག་ཅན་ མས་ཡང་དག་པར་འཁྱུད་པའོ། །ཀླུ་ཐམས་ཅད་ཀྱང་རྡོ་རྗེའི་གདན་གྱིས་བཞུགས་པ། ཕྱག་ བཞི་པ་གཡས་པ་དག་གིས་བདུད་རྩིའི་བུམ་པ་དང་རྡོ་རྗེ་དང་གཡོན་པ་དག་གིས་པད་མ་རིན་ པོ་ཆེ་འཛིན་པའོ། །སའི་དཀྱིལ་འཁོར་གྱི་མཚམས་སུ་དབང་ལྡན་ནས་ཟླ་བའི་དཀྱིལ་འཁོར་ ཡོངས་སུ་རྫོགས་པ་འཆར་བཞིན་པ་དང༌། བདེན་བྲལ་དུ་ཉི་མ་ནུབ་པར་འགྲོ་བཞིན་པའོ། ། མེ་དང་རླུང་གི་ཁོར་ཡུག་གི་དབུས་སུ་དུར་ཁྲོད་ཆེན་པོ་རྣམས་ལ་འཁོར་ལོ་རྩིབས་བརྒྱད་པ་ རྣམས་ཏེ། ཕྱོགས་རྣམས་སུ་དམར་པོ་དང་མཚམས་ རྣམས་སུ་དཀར་པོའོ། །དེ་ལ་ཤར་གྱི་འཁོར་ལོར་ཁྱི་གདོང་མ་ནག་མོ་དང༌། ལྷོ་རུ་ཕག་ གདོང་མ་དམར་མོ་དང༌། ནུབ་ཏུ་ལྕེ་སྤྱང་གདོང་མ་སེར་མོ་དང༌། བྱང་དུ་སྟག་གདོང་མ་དཀར་ མོའོ། །མེ་ལ་སོགས་པ་རྣམས་སུ་ཁ་གདོང་མ་དང་བྱ་རྒོད་གདོང་མ་དང་མཁའ་ལྡི ང་གདོང་ མ་དང་འུག་གདོང་མ་རྣམས་ནི་ནག་མོ་དང་དམར་མོ་དང་སེར་མོ་དང་དཀར་མོའོ། །སྟེང་གི་ ནམ་མཁར་ཤིང་རྟ་ལ་སྔོན་མོ་སྐུ་མདོག་སྔོན་མོ་སྟེ། འདིའི་ཤིང་རྟ་ནི་ཤིན་ཏུ་སྔོན་མོའི་ལྟ་ བུའོ། །འོག་གི་ས་འོག་ཏུ་ཤིང་རྟ་ལ་རྡོ་རྗེའི་མིག་ཅན་མ་ལྗང་སྟེ་འདིའི་ཤིང་རྟ་ནི་དྲག་སྤྱན་ མའི་ལྟ་བུའོ། །ཁྱི་གདོང་མ་ལ་སོགས་པ་འདི་དག་ནི་ཟླུམ་པོའི་སྟབས་ཀྱིས་གནས་པ། སྔར་ བཤད་པའི་པད་མ་ལ་སོགས་པས་འཁྱུད་པ། གཡས་པ་དང་གཡོན་པའི་ཕྱག་གཉིས་ཀྱིས་གྲི་ གུག་དང་ཐོད་པ་འཛིན་པ། སྤྱན་གསུམ་མ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ་མི་མགོའི་ཕྲེང་ བ་མགུལ་དུ་འཕྱང་བའོ། །སྔར་གྱི་འཁོར་ལོ་བརྒྱད་པོ་རྣམས་ཀྱི་འོག་ཏུ་རིམ་པ་ཇི་ལྟ་བར་ 8-1-283 བསེ་དང་དོམ་དང་སེང་གེ་དང་འབྲི་དང་བྷེ་རུཎ་ཊ་དང་ཁྲུང་ཁྲུང་དང་མིག་སྔོན་དང་བྱ་མ་བྱི་ རྣམས་སོ། །དུར་ཁྲོད་འདི་དག་ཉིད་ལ་རླུང་གི་འཁོར་ཡུག་གི་ཤར་དང་མེའི་མཚམས་སུ་རླུང་ གི་དཀྱིལ་འཁོར་དག་ལ་གནས་པའི་ཟླ་བ་དང་ཉི་མའོ། །ལྷོ་དང་བདེན་བྲལ་དུ་མེའི་དཀྱིལ་ འཁོར་དག་ལ་གནས་པའི་གཟའ་ལག་དང་མིག་དམར་རོ། །ནུབ་དང་རླུང་དུ་སའི་དཀྱིལ་ འཁོར་དག་ལ་གནས་པའི་མཇུག་རིངས་དང་སྤེན་པའོ། །བྱང་དང་དབང་ལྡན་དུ་ཆུའི་དཀྱིལ་ འཁོར་དག་ལ་གནས་པའི་པ་བ་སངས་དང་ཕུར་བུའོ། །སྟེང་དུ་སྟོང་པའི་དཀྱིལ་འཁོར་ལ་སྒྲ་ གཅན་ཏེ། འོག་ཏུ་སྟོང་པའི་དཀྱིལ་འཁོར་ལ་དུས་མེའོ། །དེ་བཞིན་དུ་འདིར་རླུང་གི་ཁོར་ཡུག་ལ་ བརྟན་པ་དང་ཨ་ག་སྟི་དང་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་ཁྱིམ་བཅུ་གཉིས་དང་ཆ་བཅུ་དྲུག་དང་ ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་རྣམས་དང༌། དགའ་བོ་དང་ནག་པོ་ཆེན་པོ་དང་དྲིལ་བུའི་རྣ་ བ་ཅན་དང་བྷྲྀང་གི་ཎི་དང་ཞིང་སྐྱོང་རྣམས་དང་ཕོ་ཉ་མོ་རྣམས་དང་འཕྲོག་མ་རྣམས་དང་ གྲུབ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། སྣ་ཚོགས་པའི་སྐུ་མདོག་དང་ཕྱག་མཚན་དང་ དབྱིབས་ཅན་བྱེ་བ་ཕྲག་ཕྱེད་དང་བཞིའོ། ། འདིར་ཟླ་བ་ལ་སོགས་པའི་ལྷ་རྣམས་ནི་རྡོ་རྗེའི་གདན་གྱིས་གནས་པ་སྟེ། ལྷ་མོ་རྣམས་ ནི་རོལ་པའི་སྟབས་ཀྱིས་གནས་པའོ། །གསུང་གི་དཀྱིལ་འཁོར་གྱི་སྟེགས་བུ་ལ་འདོད་མའི་ ལྷ་མོ་རྣམས་སོ། །དེ་ཡང་ཤར་གྱི་སྟེགས་བུ་ལ་སྒོའི་གཡས་སུ། དབྱེ་བར་འདོད་མ་སྒྲོལ་མ་ལྟ་ བུ་དང༌། གོས་འདོད་མ་རེག་བྱ་རྡོ་རྗེ་མ་ལྟ་བུ་དང༌། ལུས་འཕྲུག་པར་འདོད་མ་ཙཱ་མུན་ཊཱི་ལྟ་ བུ་དང༌། འཆིལ་མ་འདོར་བར་འདོད་མ་ཁྱབ་འཇུག་མ་ལྟ་བུ་དང༌། སྐྲོད་པར་འདོད་མ་ཤིན་ ཏུ་སྟོབས་མ་ལྟ་བུ་སྟེ། སྒོའི་གཡོན་དུ་ཀུན་ཏུ་གདུང་བར་འདོད་མ་ཤིན་ཏུ་སྔོན་མོ་ལྟ་བུ་དང༌། རེག་བྱ་འདོད་མ་རྡོ་རྗེ་ལྕགས་སྒྲོག་མ་ལྟ་བུ་དང༌། ཡན་ལག་བསྐྱོད་པར་འདོད་མ་ཁྱི་གདོང་ 8-1-284 མ་ལྟ་བུ་དང༌། ལྷག་མ་ཟ་བར་འདོད་མ་ཁ་གདོང་མ་ལྟ་བུའོ། །ལྷོའི་སྒོའི་གཡས་སུ་བསྐྱོད་ པར་འདོད་མ་གོས་དཀར་མོ་ལྟ་བུ་དང༌། ཟས་འདོད་མ་རོ་རྡོ་རྗེ་མ་ལྟ་བུ་དང༌། ལུས་ཀྱི་དྲི་མ་ འདོད་མ་ཕག་གདོང་མ་ལྟ་བུ་དང༌། གར་འདོད་མ་གཞོན་ནུ་མ་ལྟ་བུ་དང༌། སྐེམས་པར་འདོད་ མ་རྨུགས་བྱེད་མ་ལྟ་བུ་སྟེ། གཡོན་དུ་འགུགས་པར་འདོད་མ་ཁྲོ་གཉེར་ཅན་ལྟ་བུ་དང༌། རྒྱུག་ པར་འདོད་མ་དྲག་སྤྱན་མ་ལྟ་བུ་དང་བཤང་གཅི་ཟག་པར་འདོད་མ་ཕག་གདོང་མ་ལྟ་བུ་དང༌། གཡུལ་ངོ་འདོད་མ་བྱ་རྒོད་གདོང་མ་ལྟ་བུའོ། །ནུབ་ཀྱི་སྒོའི་གཡས་སུ་རེངས་པར་འདོད་མ་ སྤྱན་མ་ལྟ་བུ་དང༌། དྲི་འདོད་མ་དྲི་རྡོ་རྗེ་མ་ལྟ་བུ་དང༌། མལ་ལ་བསྙེས་པར་འདོད་མ་དབང་མོ་ ལྟ་བུ་དང༌། ཆུ་ལས་རྐྱལ་བར་འདོད་མ་ཚངས་མ་ལྟ་བུ་དང༌། གཉེན་འདོད་མ་རེངས་བྱེད་མ་ ལྟ་བུ་སྟེ། གཡོན་དུ་འཁྲིག་པ་འདོད་མ་ཆོས་དབྱིངས་རྡོ་རྗེ་མ་ལྟ་བུ་དང༌། ཕུར་བུས་འདེབས་ པར་འདོད་མ་འོད་ཟེར་ཅན་མ་ལྟ་བུ་དང༌། སླུ་འདོད་མ་ལྕེ་སྤྱང་གདོང་མ་ལྟ་བུ་དང༌། སྦྲུལ་ འཆིང་བར་འདོད་མ་མཁའ་ལྡི ང་གདོང་མ་ལྟ་བའོ། །བྱང་གི་སྒོའི་གཡས་སུ། རྒྱས་པ་འདོད་ མ་མ་མཱ་ཀི་ལྟ་བུ་དང༌། རྒྱན་འདོད་མ་གཟུགས་རྡོ་རྗེ་མ་ལྟ་བུ་དང༌། མལ་སྟན་འདོད་མ་དྲག་མོ་ ལྟ་བུ་དང༌། རྒྱལ་སྲིད་འདོད་མ་དཔལ་མོ་ལྟ་བུ་དང༌། འཇམ་པར་སྨྲ་འདོད་མ་ཁེངས་བྱེད་མ་ ལྟ་བུ་སྟེ། གཡོན་དུ་རོལ་མོ་འདོད་མ་སྒྲ་རྡོ་རྗེ་མ་ལྟ་བུ་དང༌། འཆིང་བར་འདོད་མ་ཙུན་དཱ་ལྟ་བུ་ དང༌། རྩོད་པ་མང་པོ་འདོད་མ་སྟག་གདོང་མ་ལྟ་བུ་དང༌། བྱིས་པ་སྡིགས་པར་འདོད་མ་འུག་ གདོང་མ་ལྟ་བུའོ། །ལྷ་མོ་སུམ་ཅུ་རྩ་དྲུག་པོ་འདི་རྣམས་བསྒོམ་པར་བྱ་སྟེ། གང་ཡང་གསོད་ པར་འདོད་མ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་བསྐྱེད་པ་དང་བསྐྱེད་པར་འདོད་མ་ནི་སྣ་ ཚོགས་ཡུམ་གྱིས་བསྐྱེད་པའོ་ཞེས་གསུངས་པའི་འདོད་མ་གཉིས་པོ་དེ་དག་ནི་ཇི་ལྟར་རིགས་ པར་འདོད་མ་གཞན་དག་ལ་འདུ་བའི་ཕྱིར་ཐ་དད་དུ་བསྒོམ་པར་བྱ་བ་མ་ཡིན་ནོ། །གཞན་ ཡང་གང་དང་གང་འདོད་པ་དེ་ཐམས་ཅད་ནི་འདོད་མ་སུམ་ཅུ་སོ་དྲུག་པོ་འདི་ཉིད་ལ་ཇི་ལྟར་ 8-1-285 རིགས་པར་བསྡུ་བར་བྱའོ་ཞེས་པའི་བསམ་པ་ཁོ་ནའོ། །བསྡུ་བར་བྱ་བ་རྣམས་ཉེ་བར་མཚོན་ པར་བྱེད་པ་ལ་གཞན་དེ་དག་འདོད་མ་ཅིག་སྟེ། དེ་ལྟར་ན་འདོད་མ་སུམ་ཅུ་རྩ་བདུན་ཞེས་ གསུངས་སོ། །དེ་ཉིད་ཀྱི་ཕྱི་དྲི་མ་མེད་པའི་འོད་ལས། གཞན་ཡང་གང་ཅུང་ཟད་སེམས་ཅན་ རྣམས་ཀྱིས་བྱ་བར་འདོད་པ་དེ་ཐམས་ཅད་ནི་འདིར་རྣལ་འབྱོར་མ་རྣམས་ཀྱི་བྱ་བ་ཁམས་ཀྱི་ དབང་གིས་སོ་ཞེས་གསུངས་སོ། །དེ་བས་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ལྷ་སུམ་ཅུ་རྩ་དྲུག་ གི་ས་བོན་དགོད་པར་བྱ་བར་བཤད་དེ། འོན་ཀྱང་ཕུར་བུས་འདེབས་པར་འདོད་མའི་ས་བོན་ སཿ ཞེས་པ་ནི་ཤར་སྒོའི་གཡོན་དུ་དགོད་པར་གསུངས་ལ། སླུ་འདོད་མའི་ས་བོན་ཀཿ ཞེས་ པ་ནི་ལྷོ་སྒོའི་གཡོན་དུའོ། །སྦྲུལ་འཆིང་བར་འདོད་མའི་ས་བོན་ལཿ ཞེས་པ་ནི་བྱང་སྒོའི་ གཡོན་དུ་སྟེ། དེ་ལྟར་འདོད་མའི་ལྷ་མོ་བསྒོམ་པ་ནི་མ་ཡིན་ནོ། །གང་ཡང་དྲི་མ་མེད་པའི་འོད་ལས། འདོད་མ་སུམ་ཅུ་རྩ་བདུན་ནི་གསུང་གི་དཀྱིལ་འཁོར་ལ་རང་གི་རིགས་ཀྱི་དབྱེ་བས་རང་རང་ གི་ཕྱོགས་སུའོ་ཞེས་གསུངས་པས། འདི་དག་ཐམས་ཅད་ཀྱང་ངེས་པར་འདོད་པར་རྟོགས་ པར་བྱའོ། །དེ་ལྟ་མ་ཡིན་ ན་མང་དུ་གསུངས་པའི་འདོད་མ་སུམ་ཅུ་རྩ་དྲུག་ཅེས་པའི་ཚིག་རྣམས་ཕན་ཚུན་འགལ་ བར་འགྱུར་རོ། །འདོད་མ་འདི་རྣམས་ལ་བཟློག་པའི་རང་བཞིན་ཕྱིར་འདོད་མ་སུམ་ཅུ་རྩ་ དྲུག་ནི་སྐུའི་དཀྱིལ་འཁོར་གྱི་སྟེགས་བུ་རྣམས་ལ་སྔ་མ་བཞིན་དུ་རང་གི་རིགས་ཀྱི་དབང་ གིས་རང་རང་གི་ཕྱོགས་རྣམས་སོ། །འཁོར་ལོའི་དབང་ཕྱུག་ལ་སོགས་པའི་དེ་བཞིན་ གཤེགས་པ་རྣམས་ལས་གཞན་པའི་ལྷ་ཐམས་ཅད་ནི་སྣ་ཚོགས་པའི་རིན་པོ་ཆེའི་ཅོད་པན་ ཅན་ནོ། །འདིར་གང་གི་ཚེ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའི་ངོ་བོར་ རྣམ་པར་བཞག་པ་དེའི་ཚེ་མི་བསྐྱོད་པ་ལྗང་ཁུའི་མདོག་ཅན་གྱིས་རྒྱས་བཏབ་པའོ། །དེ་ 8-1-286 བཞིན་དུ་གང་གི་ཚེ་སྣ་ཚོགས་ཡུམ་མི་བསྐྱོད་པའི་རང་བཞིན་ཡིན་པ་དེའི་ཚེ་མི་བསྐྱོད་པ་སྔོན་ པོའི་གཟུགས་ཅན་གྱི་རྡོ་རྗེ་སེམས་དཔའ་སྔོན་པོས་སོ། །དེ་བཞིན་དུ་སྣ་ཚོགས་ཡུམ་ནི་རྡོ་རྗེ་ དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན་ཏེ། དེ་ལྟར་ན་ཡེ་ཤེས་དང་རྣམ་ཤེས་དག་ཕན་ཚུན་ རྒྱས་བཏབ་པར་འགྱུར་རོ། །དེ་སྐད་དུ་ཡང༌། དྲི་མ་མེད་པའི་འོད་ལས། མཆོག་གི་རྒྱལ་བའི་ བདག་པོ་ནི་ཡེ་ཤེས་ཀྱི་ཕུང་པོ་ཡིན་ལ། སྣ་ཚོགས་ཡུམ་ནི་རྣམ་པར་ཤེས་པའི་ཁམས་ཏེ། རྣམ་ པར་ཤེས་པ་ནི་ནམ་མཁའི་ཁམས་སོ་ཞེས་གསུངས་སོ། །འདིར་ཡེ་ཤེས་ནི་སྟོང་པ་ཉིད་དང་ སྙིང་རྗེ་རོ་གཅིག་པ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། གང་གི་ཚེ་དུས་ཀྱི་འཁོར་ལོ་ རྣམ་པར་ཤེས་པའི་ཕུང་པོ་ཡིན་པ་དེའི་ཚེ་སྣ་ཚོགས་ཡུམ་ནི་ནམ་མཁའི་ཁམས་རྡོ་རྗེ་དབྱིངས་ ཀྱི་དབང་ཕྱུག་མའི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། འཁྱུད་པར་གྱུར་ པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་སྣ་ཚོགས་ཡུམ་ཞེས་པ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ ཕྱུག་མ་དང་ལྷན་ཅིག་རྣམ་པར་ཤེས་པ་པད་མའི་སྙིང་པོ་ལ་བདེ་བ་ཆེན་པོ་ཞེས་གསུངས་སོ། ། དོན་ཡོད་གྲུབ་པ་དང་རིན་ཆེན་དབང་པོ་དང་རྣམ་པར་སྣང་མཛད་དང་སྣང་བ་མཐའ་ཡས་ རྣམས་ལ་ནི་མི་བསྐྱོད་པ་ལྗང་ཁུས་རྒྱས་བཏབ་པ་སྟེ། ཡང་ན་དོན་ཡོད་གྲུབ་པ་ལ་རིན་ཆེན་ དབང་པོ་དང་རིན་ཆེན་འབྱུང་ལྡན་ལ་སྣང་བ་མཐའ་ཡས་དང༌། དེ་ལ་རྣམ་པར་སྣང་མཛད་ དང༌། དེ་ལ་མི་བསྐྱོད་པ་ལྗང་ཁུས་སོ། །ཀུན་ཏུ་བཟང་པོ་དང་སྒྲ་རྡོ་རྗེ་མ་དང་གནོད་མཛེས་ རྒྱལ་པོ་དང་ཤིན་ཏུ་སྔོན་མོ་དང་སྔོན་མོ་དང་དྲག་མོ་དང་རྨུགས་བྱེད་དང་རྣམ་པར་རྒྱལ་བའི་ ཀླུ་རྣམས་ལ་ནི་མི་བསྐྱོད་པ་སྔོན་པོའི་གཟུགས་ཅན་གྱི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ་སྟེ། ཕྱག་ན་རྡོ་རྗེ་དང་ཆོས་དབྱིངས་རྡོ་རྗེ་མ་དང་གཙུག་ཏོར་འཁོར་ལོས་བསྒྱུར་ བ་དང་དྲག་སྤྱན་མ་དང་ཁྱབ་འཇུག་མ་དང་གཤིན་རྗེ་དང་རྒྱལ་བའི་ཀླུ་རྣམས་ལ་མི་ བསྐྱོད་པ་ལྗང་ཁུས་སོ། །ལྷ་གཞན་ནག་པོ་རྣམས་ལ་དོན་ཡོད་གྲུབ་པ་དང༌། དམར་པོ་རྣམས་ 8-1-287 ལ་རིན་ཆེན་འབྱུང་ལྡན་དང་སེར་པོ་རྣམས་ལ་རྣམ་པར་སྣང་མཛད་དང༌། དཀར་པོ་རྣམས་ ལ་སྣང་བ་མཐའ་ཡས་ཀྱིས་སོ། །རྒྱས་འདེབས་ཀྱི་དེ་བཞིན་གཤེགས་པ་དྲུག་པོ་འདི་དག་ ནི་འཁོར་ལོས་བསྒྱུར་བའི་གཟུགས་སམ་གཙུག་ཏོར་དང་བཅས་ཤིང་རྣམ་སྦྱར་འཛིན་པ་ས་ ནོན་ལ་སོགས་པའི་ཕྱག་རྒྱ་དང་ལྡན་པའོ། ། བཅོམ་ལྡན་འདས་འཁོར་ལོའི་དབང་ཕྱུག་གི་ཐུགས་ཁའི་ས་བོན་ནི་ཧཱུཾ་སྟེ། སྔགས་ གཞན་ནི་རྣམ་པར་རྒྱས་པས་འཇིགས་ནས་མ་བརྗོད་དོ། །ཞེས་པ་ཡང་དག་པར་བསྡུས་པའི་ རིམ་པས་དཀྱིལ་འཁོར་ གྱི་ལྷ་ཐམས་ཅད་ཀྱི་སྐུ་མདོག་དང་ཕྱག་མཚན་དང་ཕྱག་དང་ཞལ་ལ་སོགས་པ་བསྒོམ་ པའི་ཆོ་གའོ།། ༢༥ །། ༈ དེ་ནས་དེར་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་རས་བྲིས་ལ་སོགས་པའི་དཀྱིལ་འཁོར་ རམ་ཡིད་ ཀྱི་དཀྱིལ་འཁོར་མངོན་སུམ་དུ་བྱས་པར། ཇི་ལྟར་བཤད་པའི་མཆོད་པ་ལ་སོགས་པ་ སྔོན་དུ་འགྲོ་བས། སློབ་མ་རབ་ཏུ་གནས་པ་བཞིན་དུ་སྐུ་གཟུགས་ལ་སོགས་པའི་རབ་ཏུ་ གནས་པ་ཡང་བྱའོ། ། དེ་ལ་དཀྱིལ་འཁོར་གཞན་དུ་ཡང་སྔར་བཤད་པའི་ཆོ་གས་དང་པོར་བུམ་པ་ལྷག་པར་ གནས་པ་དང་དགོད་པ་བྱས་ནས། སྐུ་གཟུགས་ལ་སོགས་པ་སྟོང་པ་ཉིད་ཀྱི་རྗེས་ལ་ས་བོན་ ལ་སོགས་པ་ལས་རྫོགས་པའམ་སྐ་ཅིག་གིས་ཀྱང་རུང་སྟེ་དམ་ཚིག་སེམས་དཔའི་ངོ་བོ་ ཐུགས་ཁའི་ས་བོན་དང་བཅས་པ་བསམས་ལ། གོས་གསར་པ་དམར་པོ་ལ་སོགས་པ་གཡོག་ ཅིང་མེ་ཏོག་དང་ལྡན་པར་བྱའོ། །དེ་ནས་འདིའི་མེ་ཏོག་གི་ཕྲེང་བ་བླངས་ཏེ་སྦྱིན་པའི་བདག་ པོ་དང་སྐུ་གཟུགས་ལ་སོགས་པ་ལྷན་ཅིག་སློབ་མ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ 8-1-288 སོགས་པ་གང་ཡང་རུང་བའི་དཀྱིལ་འཁོར་དུ་གཞུག་པར་བྱའོ། །སློབ་དཔོན་གྱིས་ཀྱང་སྐུ་ གཟུགས་ལ་སོགས་པ་ལྷག་པའི་ལྷའི་མཚན་མའམ་དེའི་རིགས་ ཀྱི་བདག་པོའི་མཚན་མ་ལ་མེ་ཏོག་འབུལ་དུ་གཞུག་གོ །དེ་ནས་དཀྱིལ་འཁོར་གྱི་ཁང་ པའི་ཕྱི་རོལ་ཏུ་ཤར་གྱི་ཕྱོགས་སམ། དེར་སྐབས་མེད་ན་དབང་ལྡན་དུ་ཧ་ཅང་མི་རིང་ཞིང་ ཡིད་དུ་འོང་བའི་གནས་ སུ་ཁྲུས་ཀྱི་སྟེགས་བུ། འོད་ཟེར་དང་བཅས་པའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་དང་ལྡན་ པ། དེའི་ཕྱེད་དུ་མཐོ་བ། ས་སེལ་ལ་སོགས་པའི་ཉེས་པ་དང་བྲལ་བའི་ས་ལས་བྱས་པའམ། སོ་ཕག་ལ་སོགས་པ་ལས་བྱས་པའམ། དེ་མེད་ན་ཇི་ལྟར་རྙེད་པའམ་ཇི་ལྟར་གནས་པའི་ གཞིར་ཡང་རུང་སྟེ། འབྲས་བཏགས་པའི་ཁུ་བ་ལ་སོགས་པས་བྲི་པའི་སྟེགས་བུ་ཕྱོགས་དང་མཚམས་སུ་ བུམ་པ་བརྒྱད་བཞག་པ། ཤིན་ཏུ་འཇམ་པ། བདུད་རྩི་དང་བཅས་པའི་བའི་རྣམ་པ་ལྔ་ལ་ སོགས་པས་བྱུགས་པ། བླ་རེ་དང་གདུགས་དཀར་པོ་དང་རྒྱལ་མཚན་དང་བ་དན་དང་བུམ་པ་གང་བ་དང་མེ་ ཏོག་དང་གར་དང་གླུ་དང་རོལ་མོ་ལ་སོགས་པས་སམ་ཇི་ལྟར་རྙེད་པས་ཀྱང་རུང་ཡིད་དུ་འོང་ བ་བྱས་ནས། ཚེས་དང་གཟའ་དང་སྐར་མ་དང་ཡུད་ཙམ་ལ་སོགས་པ་བཟང་པོ་ལ་ཁྲུས་བྱས་ ཤིང་དོ་ཤལ་དང་རྐང་གདུབ་དང་དཔུང་རྒྱན་དང་རྣ་རྒྱན་དང་གདུབ་བུ་དང་སོར་གདུབ་ལ་ སོགས་པས་བརྒྱན་པའམ། །ཇི་ལྟར་རྙེད་པས་བརྒྱན་པའི་སློབ་དཔོན་རྡོ་རྗེ་སེམས་དཔའི་ སྐུ་རིག་མ་དང་བཅས་པས། སྟེགས་བུ་དེའི་དབུས་སུ་སྒོ་ནུབ་ཏུ་བསྟན་པའི་རེ་ཁཱ་གྲུ་བཞི་ པ་གཅིག་གིས་བསྐོར་བའི་སྣ་ཚོགས་ཆུ་སྐྱེས་རྡུལ་ཚོན་ནམ་འབྲས་བཏགས་པའི་ཁུ་བ་ལ་ སོགས་པས་བྲི་བར་བྱ་སྟེ། ཡང་ན་རིམ་པ་གཉིས་པ་གྲུ་བཞི་པ་རྟ་བབས་མེད་པའོ། །ཤར་ལ་ 8-1-289 སོགས་པའི་སྣམ་བུ་རྣམས་ལ་འཁོར་ལོ་དང་རིན་པོ་ཆེ་དང་པད་མ་དང་རལ་གྲི་རྣམས་དང༌། མཚམས་རྣམས་སུ་སྤྱན་དང་རྡོ་རྗེ་དང་པད་མ་དང་ཨུད་པ་ལ་རྣམས་ཏེ། དབུས་སུ་སྣ་ཚོགས་ཆུ་སྐྱེས་འདབ་མ་བརྒྱད་པའོ། །དེའི་སྟེང་དུ་པད་མ་འདབ་བརྒྱད་ བྲིས་པའི་ཤིང་སྟན་ནམ། ཟླ་བའི་དཀྱིལ་འཁོར་བྲིས་པའི་རས་ལ་སོགས་པས་གཡོག་པའི་ སེང་གེའི་ཁྲི་ལ། ཁྲུས་ཀྱི་དཀྱིལ་འཁོར་གྱི་པད་མའི་ལྟེ་བའི་སྟེང་དུ། འཇོག་པར་མོས་པ་ལ་ སོགས་པས་གཞག་ནས་སམ། ཁྲུས་ཀྱི་དཀྱིལ་འཁོར་མེད་པར་ཡང་དེ་བཞིན་ཏེ། གཞན་ དུ་ཡང་ཤིང་སྟན་ལ་སོགས་པར་བསྒོམས་པའི་དཀྱིལ་འཁོར་ལ། སྐུ་གཟུགས་དང་རས་ རིས་དང་གླེགས་བམ་དང་མཆོད་རྟེན་ལ་སོགས་པ་ཤར་དུ་མངོན་པར་ཕྱོགས་པའམ་གཞན་ དུ་ཕྱོགས་པར་ཡང་གཞག་པར་བྱའོ། །གང་ཡང་གནས་གཞན་དུ་བསྐྱོད་པར་མི་ནུས་པའི་ གཙུག་ལག་ཁང་དང་མཆོད་རྟེན་དང་དྲིའི་གཙང་ཁང་དང་སྐུ་གཟུགས་ལ་སོགས་པ་དེ་དག་ ནི་སྔ་མ་བཞིན་དུ་དམ་ཚིག་སེམས་དཔའི་གཟུགས་སུ་བསྒོམས་ལ་དཀྱིལ་འཁོར་བསྟན་པར་ མོས་པ་བྱས་ཏེ། དེ་དག་ལ་ཁྲུས་ཀྱི་སྟེགས་བུ་ནི་དགོས་པ་མེད་དོ། །གཉི་ག་ལ་ཡང་སྐྱོན་མེད་ པའི་དུས་སུ་སྐུ་གཟུགས་ལ་སོགས་པ་མདུན་དུ་བྱ་སྟེ། དེ་ལ་མངོན་དུ་ཕྱོགས་པས་མཆོད་ཡོན་ ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་སམ། མཆོད་ཡོན་ལ་སོགས་པ་མ་ཕུལ་ཡང་རུང་ སྟེ་སྦྱང་བ་བྱའོ། །དེ་ཡང་ༀ་ཨཱཿབིགྷ་ནཱན་ཏ་ཀྲྀཏ་ཧཱུཾ་ཞེས་འཁྱིལ་པའི་སྔགས་དང་ཧཱུཾ་ཡིག་ ལན་བདུན་བཟླས་པའི་དོན་གྲུབ་གཡས་པ་དང་གཅིག་ཤོས་ཀྱི་ཁུ་ཚུར་གྱིས་བཟུང་ནས་རེ་རེ་ ཞིང་གཡོན་བསྐོར་དུ་ལན་གཉིས་སུ། ༀ་སརྦ་པཱ་པ་ད་ཧ་ན་བཛྲ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པ་ད་ ཧ་སྭཱ་ཧཱ་ཞེས་ བརྗོད་ཅིང་བྱབས་ལ་དོན་གྲུབ་མེར་དོར་ཏེ། གཡས་བསྐོར་གྱིས་ཀྱང་དེ་བཞིན་ནོ། །དེ་ ལྟར་གཡོན་དང་གཡས་སུ་ཆུ་ཡིས་ཀྱང་བྱ་ཞིང༌། དེ་བཞིན་དུ་ཁམ་ཕོར་དཀར་པོ་རྣམས་དང༌། 8-1-290 དེ་བཞིན་དུ་དུར་བའི་མྱུ་གུ་དང་བཅས་པའི་བ་ལྕིའི་ཆང་བུ་རྣམས་དང༌། དེ་བཞིན་དུ་མར་ མེ་དང་བཅས་པའི་ཟན་གྱི་ཆང་བུ་རྣམས་དང༌། དེ་བཞིན་དུ་སེང་རས་རྣམས་ཀྱིས་ཀྱང་སྟེ། འོན་ཀྱང་ཁམ་ཕོར་ལ་སོགས་པ་མེར་འདོར་བ་ནི་མ་ཡིན་ནོ། །དེ་ནས་ལག་པ་དག་གིས་སྐུ་ གཟུགས་ལ་སོགས་པ་ལ་ཉེ་རེག་བྱ་ཞིང་འཁོར་ལོའི་དབང་ཕྱུག་གི་སྔགས་ཀྱིས་སྐུ་གཟུགས་ ལ་སོགས་པ་ལ་ཇི་ལྟར་རིགས་པར་དངོས་སུའམ་ མེ་ལོང་ལ་གཟུགས་བརྙན་ཤར་བའི་ཐུགས་ཁར་དྲིའི་བྱུག་པ་དང་དབུ་ལ་མེ་ཏོག་གི་ཕྲེང་ བ་འཆིང་བ་དང་མདུན་དུ་མཆོད་ཡོན་དབུལ་བ་བྱས་ནས། མར་མེས་ཡོངས་སུ་བསྐོར་ཏེ་ འཁྱིལ་པ་དང་ཧཱུཾ་ཡིག་ལན་བདུན་བཟླས་པའི་མར་དང་བཅས་པའི་སྤོས་དཀར་གྱིས་བདུག་ པར་བྱའོ། །ཞེས་པ་སྦྱང་བའི་ཆོ་གའོ། ། ༈ དེའི་རྗེས་ལ་འཁྱིལ་པ་བཟླས་པའི་དུར་བའི་ཆུན་པོས་ཟངས་ཀྱི་སྣོད་ན་གནས་ པའི་ཞོ་དང་འོ་མ་དང་མར་དང་སྦྲང་རྩི་དང་ཀ་ར་བསྲེས་པའི་བདུད་རྩི་ལྔ་རྣམས་དང༌། དེའི་ རྗེས་ལ་བའི་འོ་མ་དང་ཞོ་དང་མར་དང་ལྕི་བ་དང་བའི་ཆུ་སྟེ་བའི་རྣམ་པ་ལྔས་སྐུ་གཟུགས་ ལ་སོགས་པ་བཀྲུ་བར་རིགས་པ་རྣམས་ལ། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ ཞེས་པའི་སྔགས་ཀྱིས་བྱུགས་ པར་བྱའོ། །རས་བྲིས་དང་གླེགས་བམ་དང་ས་ལ་སོགས་པ་ལས་བྱས་པའམ་བྲིས་པའི་སྐུ་ གཟུགས་ལ་སོགས་པ་ནི་མེ་ལོང་ལ་གཟུགས་བརྙན་ཤར་བ་ལའོ། །དེ་ནས་འཁྱིལ་པ་བཟླས་ པའི་དྲི་ཞིམ་པོའི་ཆུ་གཙང་མས་བཀྲུས་ནས། འཁར་བའི་སྣོད་དུ་བཞག་པའི་ནྱ་གྲོ་དྷ་དང་ཨུ་དུམ་བ་ར་དང་པཱཀྵ་དང་པིསྦ་ལ་དང་གན་ དྷ་མུན་ཌ་སྟེ་ཤིང་ལྔའི་ཤུན་པའི་ཕྱེ་མས་རྣམ་པར་མཉེས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་ དྷ་ནེ་སྭཱ་ཧཱ་ཞེས་པའི་སྔགས་ཟློས་ཤིང༌། མཁར་གཞོང་ན་གནས་པའི་དྲི་ཞིམ་པོའི་ཏིལ་མར་ གྱིས་བྱུགས་ཏེ་མཉེས་ནས། འཁར་གཞོང་ན་གནས་པའི་སྐྱུ་རུ་རས་བྱུག་པར་བྱའོ། །དེ་ལྟར་ 8-1-291 བཀྲུས་ནས་འཁར་གཞོང་ན་གནས་པའི་ཡུང་བས་བྱུགས་ཏེ་བཀྲུས་ལ། ཤྲཱི་ཁཎ་ཌ་དང་ཙན་ དན་དམར་པོ་དང་གུར་ཀུམ་དང་གྲན་ཐི་ཀ་དང་ཨ་ཀ་རུ་རྣམས་སམ། གུར་གུམ་དང་ཨ་ཀ་ རུ་དང་བླ་རྩི་དང་ག་པུར་ལ་སོགས་པ་ཇི་ལྟར་རྙེད་པས་ཀྱང་རུང་བས་བྱུགས་ནས། སྙིང་ཁའི་ ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱི་བུམ་པས་ འཁྲུད་བཞིན་པ་དང་བཀྲ་ཤིས་ཀྱི་གླུ་དང་སྣ་ཚོགས་པའི་རོལ་མོ་སྔོན་དུ་འགྲོ་བས། རྣམ་པར་ རྒྱལ་བ་ལ་སོགས་པའི་བུམ་པའི་ཆུ་དང་དུང་ཆོས་སམ་གཞན་དུ་བླུགས་པ་རྣམས་ཀྱིས། ཇི་ ལྟར་བལྟམས་པ་ཙམ་གྱིས་ནི་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བ་བརྗོད་ཅིང་སྐུ་ཁྲུས་ གསོལ་བར་བྱའོ། །དེ་ལ་གོས་པའི་ཆུ། ན་བཟའ་འཇམ་པོས་ཕྱིས་ནས་ཇི་ལྟར་ནུས་པའི་ན་ བཟའ་ལ་སོགས་པས་བརྒྱན་པར་བྱའོ། །དེ་ནས་སྙིང་ཁའི་སྔགས་ཀྱི་འོད་ཟེར་གྱིས་རབ་ཏུ་ གནས་པར་བྱ་བའི་ཡེ་ཤེས་སེམས་དཔའ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ སོགས་པའི་ལྷ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། མཆོད་ཡོན་ལ་སོགས་པ་སྔོན་ དུ་འགྲོ་བས་པུས་མོ་གཡས་པ་ས་ལ་བཙུགས་ནས། གཡོན་པས་དྲིལ་བུ་དཀྲོལ་ཞིང་གཡས་ པས་སྤོས་ཕོར་བཟུང་སྟེ། ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་བྱས་ལ། བཅོམ་ལྡན་ཆེ་གེ་རྡོ་རྗེ་མཆོག ། རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་དོན་དང༌། །ཁྱེད་རྣམས་ལ་ཡང་ མཆོད་ཕྱིར་དང༌། ། སེམས་ཅན་བསོད་ནམས་སྤེལ་དོན་དང༌། །བྱང་ཆུབ་སེམས་ནི་བསྐྱེད་པའི་ཕྱིར། ། མགོན་པོ་ཐུགས་རྗེས་བདག་ཉིད་ཅན། །ཁྱེད་ཀྱི་རབ་གནས་བགྱིད་པར་འཚལ། །དེ་ཕྱིར་ བཅོམ་ལྡན་བདག་གུས་ལ། ། བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། ། འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །སྔགས་ཀྱི་ལྷ་གཞན་གང་ལགས་དང༌། །ལྷ་ 8-1-292 དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ ལ་མངོན་དགའ་བ། །གང་གཞན་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་ སུ་གསོལ། །རྡོ་རྗེ་ཅན་ཆེན་ཆེ་གེ་བདག །ཆེ་གེའི་རབ་ཏུ་གནས་པ་ནི། །བགྱིའོ་དེ་ཕྱིར་ཁྱེད་ རྣམས་ཀྱིས། །ཉེ་བར་གནས་པར་མཛད་པར་རིགས། །ཞེས་ལན་གསུམ་བརྗོད་པར་བྱའོ། ། དེ་ལྟར་འདིར་རིགས་ཞེས་པའི་བར་གྱིས་རབ་ཏུ་གནས་པའི་དོན་དུ་ལྷག་པར་གནས་པ་ དང༌། ལྷག་མ་རྣམས་ཀྱི་ནི་ཉེ་བར་གནས་པར་གསོལ་བ་བཏབ་ནས། ནམ་མཁར་གནས་ པའི་ལྷའི་འཁོར་ལོ་ཡང་དག་པར་མཆོད་དེ་ཕྱག་འཚལ་ཞིང་བསྟོད་ལ། ༀ་བཛྲ་པུ་ན་རཱ་ག་མ་ནཱ་ཡ་མུཿ ཞེས་པས་གཤེགས་སུ་གསོལ་བར་བྱའོ། །ཁྲུས་བྱས་པའི་ སྐུ་གཟུགས་ ལ་སོགས་པའི་ཐུགས་ཁ་དང་སྤྱི་བོ་དང་མགྲིན་པ་དང་ཕྱག་དང་སྤྱི་གཙུག་རྣམས་སུ་ ཡང་དག་པར་བྱུགས་ནས་མཆོད་ལ། འཁྱིལ་པའི་སྔགས་ཀྱིས་རྡོ་རྗེ་དང་བཅས་པའི་ལག་པ་ གཡས་པས་ལན་གསུམ་རེག་ཅིང༌། ཇི་ལྟར་རིགས་པར་རང་ཉིད་ཀྱི་སྔགས་སམ་འཁྱིལ་པའི་ སྔགས་བཟླ་བར་བྱ་སྟེ། ཕྱོགས་ཀྱི་གཏོར་མ་ཡང་དབུལ་ལོ། །གང་དུ་ལྷ་ལྷག་པར་གནས་པ་ མ་བྱས་པར་རབ་ཏུ་གནས་པ་བྱེད་པ་ལ་ནི་ལྷག་པར་མོས་པ་བརྟན་པར་བྱའོ། །དེས་ན་ལྷག་ པར་གནས་པ་མ་བྱས་པ་ཉིད་ལྷག་པར་གནས་པའི་དོན་དུ་བརྗོད་དེ། རབ་ཏུ་གནས་པའི་ དོན་དུ་འཆད་པར་འགྱུར་བའི་ཆོ་ག་ཐམས་ཅད་ཉི་མ་གཅིག་ལ་བྱའོ། །འོན་ཀྱང་སྦྱང་བ་ལ་ སོགས་པའི་ཆོ་ག་འཐུན་པ་རྣམས་ནི་ལན་གཅིག་ཁོ་ན་བྱའི་སླར་ཡང་མ་ཡིན་ནོ། །དེ་ལ་ཡང་ སྦྱིན་པའི་བདག་པོ་ལ་ནུས་པ་ཡོད་ན་ནི་བསོད་ནམས་ཀྱི་ཚོགས་ཉེ་བར་བསག་པའི་དོན་དུ་ ལྷག་པར་གནས་པ་བྱ་བ་ཉིད་དོ། །ཞེས་པ་ལྷ་ལྷག་པར་གནས་པའི་ཆོ་གའོ།། །། ༈ དེའི་རྗེས་ལ་སྔ་བར་དེ་བཞིན་དུ་ཁྲུས་ཀྱི་སྟེགས་བུ་ཡིད་དུ་འོང་བ་བྱེད་དུ་བཅུག་ནས་ 8-1-293 ཡུད་ཙམ་ལ་སོགས་པ་བཟང་བ་ལ། དེ་ལྟར་རྒྱན་དང་ལྡན་པའི་སློབ་དཔོན་རྡོ་རྗེ་འཆང་གི་ངོ་ བོ་ཤེས་རབ་དང་བཅས་པ་འདུག་སྟེ་གཏོར་མ་དང་མཆོད་པ་སྔོན་དུ་འགྲོ་བས་སྐུ་གཟུགས་ ལ་སོགས་པ་དེ་ལྟར་གཞག་པ་དང༌། ལྷ་ཁང་ལ་སོགས་པ་ཇི་ལྟར་གནས་པ་རྣམས་དམ་ཚིག་ སེམས་དཔའི་གཟུགས་སུ་བསྐྱེད་པར་བྱའོ། །དེ་ཡང་རྒྱུད་དང་མངོན་པར་རྟོགས་པ་དང་སྒྲུབ་ ཐབས་ལ་སོགས་པ་ལྷའི་ཁྱད་པར་བསྐྱེད་པའི་རིམ་པ་རིག་པས། ལྷའི་ཁྱད་པར་སོ་སོར་བྱས་ པ་གང་ཡིན་པ་དེ་སྟོང་པ་ཉིད་ཀྱི་རྗེས་ལ་རིམ་པ་ཇི་ལྟ་བ་བཞིན་ནམ་གཅིག་ཅར་ཡང་རུང་ སྟེ། ཇི་ལྟ་བུའི་དམ་ཚིག་སེམས་དཔའི་གཟུགས་སུ་བསྒོམས་པར་བྱའོ། །གླེགས་བམ་རྣམས་ ནི་ཡི་གེའི་ཚོགས་མ་ལུས་པ་སྟོང་པ་ཉིད་ཀྱི་རྗེས་སུ་པད་མ་དམར་པོ་དང་ཉི་མ་ལ་ཧྲཱིཿཡིག་ དམར་པོ་ལས་བྱུང་བའི་ཆུ་སྐྱེས་དང་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་གོས་དཀར་མོས་འཁྱུད་ པའི་སྣང་བ་མཐའ་ཡས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཡང་དག་པར་བྱུང་བའི་ཡི་གེའི་རྣམ་ པ་རྣམས་སྣང་བ་མཐའ་ཡས་ཀྱི་གཟུགས་བརྙན་ཤར་བའི་དམ་ཚིག་སེམས་དཔར་གནས་སོ་ ཞེས་བསམ་པར་བྱའོ། །མར་མེ་མཛད་དང་གཙུག་ལག་ཁང་ལ་སོགས་པ་རྣམས་ནི་སྟོང་པ་ ཉིད་ཀྱི་རྗེས་སུ་པད་མ་དང་ཟླ་བ་ལ་བྷྲུཾ་དཀར་པོ་ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པ་ དང་བྷྲཱུཾ་ལས་བྱུང་བའི་རྣམ་པར་སྣང་མཛད་སྤྱན་མས་འཁྱུད་པ་ལས། མར་མེ་མཛད་ཀྱི་རྣམ་ པའམ་གཙུག་ལག་ཁང་གི་གཟུགས་སམ་དྲིའི་གཙང་ཁང་གི་གཟུགས་སམ་མཆོད་རྟེན་གྱི་ གཟུགས་ སུའོ། །འོན་ཀྱང་གཙུག་ལག་ཁང་ནི་རྣམ་པར་སྣང་མཛད་ཤེས་རབ་དང་བཅས་པའི་ གཟུགས་བརྙན་ཤར་བའི་དམ་ཚིག་སེམས་དཔའི་གཟུགས་སུ་གནས་པ་སྟེ། དེ་བཞིན་དུ་ དྲིའི་གཙང་ཁང་དང་མཆོད་རྟེན་ཡང་བསྒོམ་པར་བྱའོ། །དེ་ལྟར་དམ་ཚིག་སེམས་དཔའ་ བསྐྱེད་ནས་མཆོད་ཡོན་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་སྔ་མ་བཞིན་དུ་སྦྱང་བ་ 8-1-294 བྱའོ། །དེ་ནས་དེ་མ་ཐག་ཏུ་བརྗོད་པའི་ཆོ་གས་བདུད་རྩི་ལྔས་བྱུག་པ་ལ་སོགས་པ་དང་གུར་ གུམ་ལ་སོགས་པས་བྱུག་པ་དང་བཀྲུ་བ་དང་གོས་པའི་ཆུ་ཕྱི་བའི་མཐར་ཐུག་པ་རྣམས་བྱས་ ནས་དཀྱིལ་འཁོར་གྱི་ཁང་པར་གཞུག་ཅིང་དཀྱིལ་འཁོར་གྱི་དབང་ལྡན་གྱི་མཚམས་སམ་ དེར་སྐབས་མེད་ན་གཞན་དུ་ཡང་རུང་སྟེ་ཧ་ཅང་ཡང་མི་རིང་བར་དཀྱིལ་འཁོར་ལ་མངོན་ དུ་ཕྱོགས་པར་སྐུ་གཟུགས་ལ་སོགས་པ་གཞག་པར་བྱའོ། །གཙུག་ལག་ཁང་ལ་སོགས་པ་ བསྐྱོད་པར་མི་ནུས་པ་རྣམས་ནི་རང་གི་གནས་ན་གནས་པ་ཁོ་ནའོ། །ཇི་ལྟར་རིགས་པར་ དེ་དག་གི་ཐུགས་ཁའི་ས་བོན་དང་མིག་ལ་སོགས་པ་དང་སྐུ་ལ་སོགས་པ་རྣམས་བྱིན་གྱིས་ བརླབ་པ་སྒོམ་པ་སྔོན་དུ་འགྲོ་བས། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་བདག་ ཉིད་ཇི་ལྟ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ལ་སོགས་པ་དེ་མ་ཐག་ཏུ་བརྗོད་པ་ རྣམས་བྱ་སྟེ། བཅོམ་ལྡན་ཞེས་པ་ནས་རིགས་ཞེས་པའི་བར་ལན་གསུམ་བརྗོད་ཅིང༌། ཇི་ ལྟར་རིགས་པར་སྙིང་ཁའམ་ལྷ་རྣམས་ཀྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་བཀུག་ནས། རང་ཉིད་ཇི་ལྟ་བའི་དམ་ཚིག་སེམས་དཔའ་ལ་གཞུག་ཅིང་རོ་གཅིག་ཏུ་བྱ་སྟེ་དབང་དུ་བྱའོ། ། དེ་ནས་རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་ གཤེགས་པ་དང་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་ མཆོད་ནས་སྐུ་གཟུགས་ལ་སོགས་པ་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། ། འགྲོ་བ་སྐྱབས་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། ། དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་བྱ་བའི་ཚིགས་སུ་བཅད་པས་གསོལ་བ་གདབ་ པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱང་ཤེས་རབ་དང་སྙོམས་པར་ཞུགས་པས་ཆགས་ པ་ཆེན་པོས་ཞུ་བར་གྱུར་ནས། རང་གི་རྣམ་པར་སྣང་མཛད་གྱི་ལམ་ནས་ཞུགས་ཏེ་རྡོ་རྗེའི་ ལམ་ནས་ཕྱུང་བའི་ཁུ་བ་དེ་རྣམས་ཀྱིས། སྐུ་གཟུགས་ལ་སོགས་པ་ཁ་ནས་པད་མར་ཞུགས་ 8-1-295 པ་ལ་དབང་བསྐུར་ནས་སླར་ཡང་ཞལ་ཕྱག་ལ་སོགས་པའི་གཟུགས་ཀྱི་པད་མ་ལས་ཕྱིར་ ཕྱུང་བ་ལ། ནམ་མཁའ་ཀུན་ནས་གང་བར་བཞུགས་པའི་སྤྱན་མ་ལ་སོགས་པའི་རིག་མ་ རྣམས་དང་ལྷན་ཅིག་གདུགས་དང་རྒྱལ་མཚན་དང་གར་དང་གླུ་དང་རོལ་མོའི་སྒྲ་དང་མེ་ཏོག་ དང་གུར་གུམ་ལ་སོགས་པའི་ཆར་འབེབས་བཞིན་པ་དང༌། ཕྱག་གིས་བྱང་ཆུབ་ཀྱི་སེམས་ཀྱི་ བདུད་རྩིས་གང་བའི་བུམ་པ་དཀར་པོ་ཅུང་ཟད་ཡོ་བར་བཟུང་བས་སྐུ་གཟུགས་ལ་སོགས་པ་ པད་མ་ལས་ཕྱིར་ཕྱུང་བ་དེ་ལ་དབང་བསྐུར་བཞིན་པ་དང་གཟུགས་རྡོ་རྗེ་མ་ལ་སོགས་པས། བཀྲ་ཤིས་གང་ཞིག་ཅེས་པ་ལ་སོགས་་པའི་བཀྲ་ཤིས་ཀྱི་གླུ་རྣམས་རྣལ་འབྱོར་མ་རྣམས་ཀྱིས་ ལེན་བཞིན་པ་དང༌། བདག་ཉིད་ཀྱིས་ཀྱང་བཀྲ་ཤིས་དེ་རྣམས་ལེན་བཞིན་པས། རྣམ་པར་ རྒྱལ་བ་ལ་སོགས་པའི་བུམ་པའི་ཆུ་གཅིག་ཏུ་བྱས་པ་དུང་ཆོས་སུ་བླུགས་པའམ་རིམ་པ་ཇི་ལྟ་ བ་བཞིན་དུ་རེ་རེས་ཀྱང༌། ལག་པས་འདབ་མ་དང་བཅས་པའི་རྡོ་རྗེ་བཟུང་བའི་རྩེ་མོ་ལས་ འབབ་ པའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ངོ་བོས། ཇི་ལྟར་བལྟམ་པ་ཙམ་གྱིས་ནི། །དེ་ བཞིན་གཤེགས་ ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ བགྱི། ༀ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ། ༀ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་ ཞེས་བརྗོད་ཅིང༌། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་བླ་མ་དམ་པ་དཀྱིལ་འཁོར་གྱི་ གཙོ་བོའི་གཟུགས་ཀྱིས་འཁྲུར་འཇུག་པ་དང༌། ཁྲུས་གསོལ་བར་བརྟན་པར་མོས་པས་དབང་ བསྐུར་བར་བྱའོ་ཞེས་པ་ཆུ་ཡི་དབང་ངོ༌། །དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་ པའི་རིན་པོ་ཆེ་དང་རས་ལ་སོགས་པ་ལས་བྱས་པའི་དབུ་རྒྱན། ༀ་ཨཱཿབཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་ བརྗོད་ཅིང་དཀྱིལ་འཁོར་གྱི་དབང་པོའི་གཟུགས་ཅན་རྡོ་རྗེ་འཛིན་པ་བླ་མ་ཉིད་ཀྱིས་སྐོན་ 8-1-296 པར་མཛད་དོ་ཞེས་བརྟན་པར་མོས་པས་སྐུ་གཟུགས་ ལ་སོགས་པའི་ལྷའི་དབུ་ལ་སྐོན་པར་བྱའོ་ཞེས་པ་ཅོད་པན་གྱི་དབང་ངོ༌། །དཔའ་བོ་ལ་ ནི། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་པའི་སྔགས་ཀྱིས་དཔྲལ་བར་དར་དཔྱངས་བཅིང་བར་བྱའོ། །སངས་ རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དི་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང༌། །ཞེས་བརྗོད་ཅིང་རྡོ་རྗེ་དེ་བཞིན་དུ་རྡོ་རྗེ་སེམས་ དཔའ་ཉིད་ཀྱིས་གཏོད་པར་ལྷག་པར་མོས་པས་གཏད་པར་བྱའོ། །དེ་ཡང་སྐུ་གཟུགས་ལ་ སོགས་པའི་ལྷ་རྣམས་ཀྱིས་གཟུང་བར་ལྷག་པར་མོས་པ་བྱ་སྟེ། རྡོ་རྗེའི་དབང་ངོ༌། །ༀ་བཛྲ་ ཨ་དྷི་པ་ཏི་སྟྭཱཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཱཾ་ཞེས་བརྗོད་ཅིང་དེ་ལྟར་ལྷག་པར་མོས་པས་ དྲིལ་བུ་གཏད་པར་བྱ་སྟེ། དེ་ཡང་སྐུ་གཟུགས་ལ་སོགས་པའི་ལྷས་བཟུང་བར་མོས་པར་བྱ་ བ་ནི་དྲིལ་བུའི་དབང་ངོ༌། །ༀ་བཛྲ་སཏྭ་སྟྭཱཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏཿ། ༀ་ཆེ་གེ་ མོ་བཛྲ་སྟྭཱཾ་ཞེས་བརྗོད་ཅིང་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ཉིད་སྐུ་གཟུགས་ལ་སོགས་པ་ལ་ རང་ཉིད་ཇི་ལྟ་བ་བཞིན་དུ་མིང་འདོགས་པར་ལྷག་པར་མོས་པས་བརྗོད་ པར་བྱ་སྟེ་མིང་གི་དབང་ངོ༌། །སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་རྡོ་རྗེ་དང་དྲིལ་བུར་ བཅས་པའི་ཕྱག་གིས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་འཁྱུད་པའི་ཚུལ་བྱས་པར་བསྒོམས་ལ། དེ་མ་ ཐག་ཏུ་བརྗོད་པའི་ཆུའི་དབང་གི་ཆོ་གས་མངོན་པར་དབང་བསྐུར་ཏེ་རང་རང་གི་རིགས་ཀྱི་ བདག་པོས་སྤྱི་བོར་རྒྱས་གདབ་པོ། །རིགས་མི་ཤེས་པ་རྣམས་ལ་ནི་མི་བསྐྱོད་པའམ་རྡོ་རྗེ་ སེམས་དཔས་རྒྱས་གདབ་པར་བྱ་སྟེ། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་ ལྷ་མོ་གཞན་རྣམས་ནི་དེ་ཉིད་དུ་ཡེ་ཤེས་དཔའི་ངོ་བོར་བཅུག་ནས། ༀ་སུ་པྲ་ཏིཥྛི་ཏ་བཛྲེ་སྭཱ་ཧཱ་ ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པོ། ། གཙུག་ལག་ཁང་དང་མཆོད་རྟེན་ལ་ནི༌། ༀ་ཧཱུཾ་ཧྲཱིཿབྷྲཱུཾ་ཁཾ་བཛྲཱི་བྷ་བ་ཌྀ་ཌྷྂ་ཏིཥྛ་བྷྲཱུཾ་ 8-1-297 ཁཾ་ཞེས་པའི་སྔགས་ཀྱིས་ཏེ། གླེགས་བམ་རྣམས་ལ་ནི། ༀ་སུ་པྲ་ཏིཥྛི་ཏ་བཛྲེ་སྭཱ་ཧཱ། ༀ་ཧཱུཾ་ ཧྲཱིཿསྟྭཱཾ་ཞེས་བྱ་བའི་སྔགས་དག་གིས་སོ་ཞེས་པ་སློབ་དཔོན་གྱི་དབང་ངོ༌། །དེའི་རྗེས་སུ་སྐུ་ གཟུགས་ལ་སོགས་རྗེས་སུ་མཐུན་ཞིང་སྦྱིན་པའི་བདག་པོ་བསོད་ནམས་སྤེལ་བར་མངོན་ པར་འདོད་པ་དང་བསྟུན་ནས། གསེར་གྱི་ཐུར་མ་དངུལ་གྱི་ཀོང་བུར་གཞག་པ་མར་དང་སྦྲང་ རྩིར་བསྐུས་པས། ༀ་ཙཀྵུཿཙཀྵུཿས་མན་ཏ་ཙཀྵུཿབི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད་ཅིང་མིག་སྨན་ གྱིས་སྐུ་གཟུགས་ཀྱི་སྤྱན་དབྱེ་བར་བྱའོ། །གླེགས་བམ་ལ་སོགས་པ་ལ་ནི་ལྷ་རྣམས་མེ་ལོང་ ལ་བསྒོམས་པའི་གཟུགས་བརྙན་ལ་སྟེ། ཞི་བ་ལ་སོགས་པའི་དོན་དུ་སྦྱིན་པའི་བདག་པོ་ལ་ གཟིགས་པ་མཆོག་གི་ལྷ་ཉིད་དུ་ལྷག་པར་མོས་པར་བྱའོ། །དེ་ནས་ༀ་བཛྲ་སཏྭ་ཨཱཿཞེས་ པའི་སྔགས་ཀྱིས་མེ་ལོང་བསྟན་པར་བྱའོ། །མདའ་འཕང་བ་ལ་སོགས་པ་ཡང་བསྒོམ་པར་ བྱ་སྟེ་ཐམས་ཅད་རྗེས་སུ་གནས་པའོ། །དེའི་རྗེས་སུ་འཁོར་ལོའི་དབང་པོའི་སྐུ་རྡོ་རྗེ་འཛིན་ པ་རང་གི་ཐུགས་ཁའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་ དེ་བཞིན་གཤེགས་པའི་ཚོགས་རིག་མ་དང་བཅས་པ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་བཅུག་ ཅིང་ཞུ་བར་གྱུར་པས་བདེ་བ་ཆེན་པོ་ཉམས་སུ་མྱོང་ནས། རྡོ་རྗེ་དང་པད་མ་དག་གི་ཁ་ནས་ སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ། སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ཀྱི་ཞལ་དུ་རབ་ ཏུ་འབེབས་པར་བསམ་པར་བྱའོ་ཞེས་པ་གསང་བའི་དབང་ངོ༌། །དེ་ནས་རྡོ་རྗེ་འཛིན་པ་དེས་ གཏད་པའི་ལྷ་མོ་དང་སྙོམས་པར་ཞུགས་པས་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ལྷན་ ཅིག་སྐྱེས་པའི་དགའ་བའི་རང་བཞིན་དུ་མོས་པར་བྱའོ་ཞེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ ངོ༌། །དེའི་རྗེས་སུ་རྡོ་རྗེ་སེམས་དཔའ་དེས་རབ་ཏུ་བསྟན་པའི་དབང་བཞི་པའི་རང་བཞིན་ གྱིས་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་བག་ཆགས་དང་བཅས་པའི་སྒྲིབ་པ་སྤངས་པའི་ བདེ་བ་ཆེན་པོ་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པར་མོས་པར་བྱའོ་ཞེས་པ་དབང་བཞི་པའོ། ། 8-1-298 དེ་ནས་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ལ་རང་རང་གི་སྙིང་པོའི་སྔགས་ཀྱིས་ན་བཟའ་ ལ་སོགས་པ་དབུལ་བར་བྱའོ། །ཡང་ན། ༀ་ཨཱཿབཛྲ་བཱ་ས་སེ་ཧཱུཾ་སྭཱ་ཧཱ། ༀ་ཨཱཿབཛྲ་པུཥྤེ་ཧཱུཾ་ སྭཱ་ཧཱ། ༀ་ཨཱཿབཛྲ་དྷཱུ་པེ་ཧཱུཾ་སྭཱ་ཧཱ། ༀ་ཨཱཿབཛྲ་དཱི་པེ་ཧཱུཾ་སྭཱ་ཧཱ། ༀ་ཨཱཿབཛྲ་ནཻ་བེ་དྱེ་ཧཱུཾ་སྭཱ་ཧཱ། ༀ་ ཨཱཿབཛྲ་གན་དྷེ་ཧཱུཾ་སྭཱ་ཧཱ། ༀ་སརྦ་ཨ་བྷ་ར་ཎ་བུ་བྷཱུ་ཥ་ཎེ་ཧཱུཾ་སྭཱ་ཧཱ་ཞེས་པའི་སྔགས་འདི་རྣམས་ ཀྱིས་སོ། །ༀ་ཨཱཿསརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། འབྲས་བུ་དང་མེ་ཏོག་ལ་སོགས་པ་དངོས་པོ་སྣ་ ཚོགས་པ་བསང་བའི་སྔགས་སོ། །ༀ་ཛྲཾ་སྭཱ་ཧཱ་འབྲས་བུ་དབུལ་བའི་སྔགས་སོ། །དེའི་རྗེས་སུ་ འཆད་པར་འགྱུར་བའི་ཆོ་གས་ཞི་བའི་སྦྱིན་སྲེག་གིས་ཚིམ་པར་བྱས་ནས། སྦྱིན་སྲེག་གི་ཐབ་ ཀྱི་མེའམ་དེ་མེད་ན་མེ་གཞན་ལ་ཡང་ཙ་རུའི་བཟའ་བ་བསྒྲུབ་པར་བྱའོ། །ཕྱི་ནས་འོ་ཐུག་ དང་དམ་ཚིག་གི་རྫས་དང་གི་ཧང་ཡང་ཕུལ་ཏེ། ༀ་དི་བྱ་ཨནྣེ་ས་མཱ་དྷི་དྷྱཱ་ན་པྲཱི་ཎ་ནེ་སྭཱ་ཧཱ་ཞེས་ པའི་སྔགས་བརྗོད་ཅིང་སྐུ་གཟུགས་དང་གླེགས་བམ་ལ་སོགས་པ་ལ་བསྒོམས་པའི་གཟུགས་ བརྙན་ཤར་བའི་ལྷ་རྣམས་གསོལ་དུ་གཞུག་པར་བྱའོ། །དེ་ནས་ཞལ་བསིལ་དང་ཙན་དན་ལ་ སོགས་པའི་ཕྱེ་མ་དང་སོ་རྩི་རྣམས་ཀྱང་ཕུལ་ནས། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་པས་དམ་ཚིག་བསྒྲག་ པར་བྱའོ། །དེ་ནས་སྣང་བ་མཐའ་ཡས་ཤེས་རབ་དང་བཅས་པ་གླེགས་བམ་གྱི་ཡི་གེ་རྣམས་ ལ་བཅུག་ནས་ཡི་གེའི་གཟུགས་དང་རྣམ་པར་སྣང་མཛད་རིག་མ་དང་བཅས་པ་གཙུག་ལག་ ཁང་ངམ་མཆོད་རྟེན་རྣམས་ལ་བཅུག་ནས། གཙུག་ལག་ཁང་གི་གཟུགས་ནི་རྫོགས་པའི་ སངས་རྒྱས་དང་དེའི་ཆོས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པའི་རྟེན་དང་ ཏིང་ངེ་འཛིན་སྣ་ཚོགས་པའི་གཞི་དང༌། མཆོད་རྟེན་གྱི་གཟུགས་ནི་འཁོར་བ་ཇི་སྲིད་དུ་འགྲོ་ བའི་དོན་བྱ་བའི་ཕྱིར༌། རྡོ་རྗེ་སེམས་དཔའ་ལ་སོགས་པས་བྱིན་གྱིས་བརླབས་པར་བསམ་ པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་ཕུལ་ནས་ཐལ་མོ་སྦྱར་ཏེ། ཇི་ལྟར་རྫོགས་པའི་ སངས་རྒྱས་ཀུན། །དགའ་ལྡན་དུ་ནི་རབ་བཞུགས་ནས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ 8-1-299 ལྟར། །དེ་བཞིན་སྐུ་གཟུགས་འདིར་བཞུགས་མཛོད། །འདིར་ནི་མགོན་པོ་རྟག་བཞུགས་ ནས། །མེ་ཏོག་ལ་སོགས་མཆོད་པ་འདི། །བྱང་ཆུབ་སེམས་ནི་རྣམ་སྤེལ་ཕྱིར། །ཆེ་གེའི་དོན་ དུ་བཞེས་སུ་གསོལ། ། ཞེས་པ་འདིས་ཡུན་རིང་དུ་གནས་པའི་དོན་དུ་གསོལ་བ་བཏབ་ནས་འཁྱིལ་པའི་སྔགས་ བཟླས་ཤིང་སྐུ་གཟུགས་ལ་སོགས་པའི་འོག་དང་བར་དང་སྟེང་གི་ཆ་རྣམས་ལ་ལག་པ་ གཡས་པ་རྡོ་རྗེ་གསོར་བས་ལན་གསུམ་བསྐོར་ནས་བརྟན་པར་བྱ་སྟེ། མི་བསྐྱོད་རྡོ་རྗེ་ཡེ་ ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་ རྗེའི་དབྱངས་ཁྱོད་ཕྱག་འཚལ་ལོ། ། རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་ མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཁྱོད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ཁྱོད་ཕྱག་འཚལ་ལོ། །རྡོ་ རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་ བརྙེས། །རྡོ་རྗེའི་གསུང་ཁྱོད་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ ཐམས་ཅད་ཡོངས་རྫོགས་མཛད། ། དག་པ་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། ཞེས་བྱ་བའི་ཚིགས་ སུ་བཅད་པ་རྣམས་ཀྱིས་བསྟོད་པར་བྱའོ། །ཆོ་ག་མ་ཚང་བ་ལ་སོགས་པའི་ཉེས་པ་ཞི་བར་བྱ་ བའི་ཆེད་དུ། ༀ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ་ཞེས་པ་ལ་སོགས་པ་ཡི་གེ་བརྒྱ་པའི་སྔགས་ ལན་གསུམ་བརྗོད་ནས། མ་རྙེད་ཡོངས་སུ་མ་ཤེས་དང༌། །མ་ནུས་པ་ཡིས་ཆད་པའམ། ། གཞན་ཡང་ནོངས་པ་གང་བགྱིས་པ། ། དེ་ཀུན་ཐུགས་རྗེས་བཟོད་མཛད་རིགས། །ཞེས་པས་བཟོད་པར་གསོལ་ཏེ། རྫོགས་ 8-1-300 སངས་རྒྱས་དང་ལྷ་མོ་དང༌། །དེ་སྲས་རྣམས་དང་ཚངས་ལ་སོགས། །ལྷ་ཀླུ་རྣམས་ཀྱིས་ཆོ་ ག་གང༌། །མ་ཚང་ལ་སོགས་བཟོད་མཛད་རིགས། །མེ་དང་ས་ཆུ་རླུང་རྣམས་ལས། །སྐུ་ གཟུགས་ཡུན་རིང་བསྲུང་དུ་གསོལ། །སྦྱིན་བདག་རྣམས་དང་དེ་སྲས་སོགས། །སློབ་མ་ རྣམས་དང་བདག་ལ་ཡང༌། །དེ་རྣམས་མཉེས་ནས་ཐམས་ཅད་དུ། །ཞི་རྒྱས་བདེ་ལེགས་ མཛད་དུ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འདིར་ནི་བྱོན་པར་ མཛོད། །ཞེས་པས་ལན་གསུམ་གསོལ་བ་གདབ་ཅིང་ཕྱོགས་ཀྱི་གཏོར་མ་རྣམས་དང་འབྱུང་ པོ་ཐམས་ཅད་པའི་གཏོར་མ་ཡང་དབུལ་བར་བྱའོ། །འདིར་ནི་སྣང་བ་མཐའ་ཡས་གཙོ་བོའི་ དཀྱིལ་འཁོར་དུ་གླེགས་བམ་རབ་ཏུ་གནས་པར་བྱ་སྟེ། རྣམ་པར་སྣང་མཛད་གཙོ་བོ་ལ་ནི་ གཙུག་ལག་ཁང་ལ་སོགས་པའོ། །མི་བསྐྱོད་པ་གཙོ་བོའམ་རྡོ་རྗེ་སེམས་དཔའ་གཙོ་བོ་ལ་ནི་ སྐུ་གཟུགས་ཐམས་ཅད་དང་རིགས་མི་ཤེས་པ་རྣམས་ཀྱང་རབ་ཏུ་གནས་པར་བྱའོ། །ཡང་ན་ ལྷ་གང་གི་རིགས་གང་ཡིན་པ་ཤེས་པ་ན་རིགས་དེའི་དེ་བཞིན་གཤེགས་པ་གཙོ་བོའི་དཀྱིལ་ འཁོར་དུའོ། །འགའ་ཞིག་ཏུ་ནི། སྐུ་གང་རབ་ཏུ་གནས་བྱ་བར། །རྒྱུད་གང་ལས་ནི་རྣམ་བཞག་ པ། །དེར་ནི་དེ་ཡི་དཀྱིལ་འཁོར་བྱ། །ཡང་ན་རང་གི་ལྷག་པའི་ལྷ། །སློབ་དཔོན་རང་གི་ གང་ཡིན་པ། ། དེ་ཡི་དབྱེ་བ་མཐོང་བས་བྱ། །ཞེས་སོ། །འདིར་དེ་ཡི་ཞེས་པ་ནི་སྐུ་གཟུགས་ཀྱི་སྟེ། དེ་ ཉིད་དཀྱིལ་འཁོར་གྱི་བདག་པོ་ཉིད་ཀྱིས་སོ། །རང་གི་ལྷག་པའི་ལྷ་ནི་སྐུ་དེ་རིགས་ཀྱི་བདག་ པོ་དེ་བཞིན་གཤེགས་པ་སྟེ། འདིར་ནི་དེའི་དཀྱིལ་འཁོར་བྱའོ། །ཡང་ན་སློབ་དཔོན་རང་གི་ ནི་བདག་ཉིད་ཀྱི་དཀྱིལ་འཁོར་བྱ་སྟེ་འདིས་གང་བསྒོམ་པ་དེ་ཉིད་ནི་འདིའི་ཞེས་པ་ཕྱོགས་ གསུམ་དུ་བརྗོད་དོ། ། འདིས་ནི་རྒྱུད་གཞན་གང་ཡང་རུང་བར་གསུངས་པའི་ཆོ་ག་དེ་ལྟ་བུའི་དཀྱིལ་འཁོར་ 8-1-301 དུ་ཡང༌། རྒྱུད་གཞན་དུ་གསུངས་པའི་ལྷ་རྣམས་ཀྱི་རབ་ཏུ་གནས་པ་རིགས་ཏེ། ཇི་ལྟར་ གསུངས་པའི་གཙོ་བོའི་དཀྱིལ་འཁོར་ཉིད་ཀྱིས་དེའི་རིགས་ཀྱི་དཀྱིལ་འཁོར་རྣམས་བསྡུས་ པའི་ཕྱིར་རོ། །མདོར་བསྡུས་པའི་རབ་ཏུ་གནས་པ་ནི། སྐུ་གཟུགས་ལ་སོགས་པ་སྟོང་པ་ཉིད་ ཀྱི་རྗེས་ལ་སྐ་ཅིག་གིས་དེ་དང་དེའི་དམ་ཚིག་སེམས་དཔའི་སྤྱན་དང་སྐུ་ལ་སོགས་པ་བྱིན་ གྱིས་བརླབས་པ་བསྐྱེད་ནས། དེ་ལ་དེའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་ཁའི་ས་བོན་གྱི་ འོད་ཟེར་གྱིས་བཀུག་པ་བཅུག་ལ། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ དེ་བཞིན་གཤེགས་པ་ལ་སོགས་པས་དབང་བསྐུར་ཞིང་རང་གིས་ཀྱང་བུམ་པའི་ཆུས་མངོན་ པར་དབང་བསྐུར་ཏེ། མཆོད་ནས་དེའི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ་ཞེས་པས་སྐུ་ གཟུགས་ལ་སོགས་པ་རབ་ཏུ་གནས་པར་འགྱུར་རོ། །གང་གི་ཚེ་དེ་བཞིན་གཤེགས་པའི་ གདུང་ལ་བཀུར་སྟིའི་ཁྱད་པར་བྱ་བར་འདོད་ན་དེའི་ཚེ་བསྒྲུབ་པའི་དུས་ཉིད་དུ་སྐུ་གཟུགས་ དབུའམ་རྒྱབ་ཏུ་མཆོད་རྟེན་གྱི་ནང་སྟོང་པ་བྱ་སྟེ། གྲུབ་ན་གྲོ་ག་ལ་གུར་གུམ་དང་གི་ཧང་དག་ གིས། ན་མོ་བྷ་ག་བ་ཏེ་ཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏེ་ས་མྱཀ་སཾ་བུད་དྷཱ་ཡ། ཏདྱ་ ཐཱ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུན་ཏྱེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་ དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཞེས་པའི་གཟུངས་ཀྱི་ཁྱད་པར་བྲིས་ནས་ དེས་ཁྲུས་བྱས་པའི་གདུང་ལ་དཀྲིས་ཏེ། ༀ་མན་ཏྲ་དྷཱ་ཏུ་གར་བྷ་ཡ་སྭཱ་ཧཱ་ཞེས་བརྗོད་ཅིང་སྟོང་ པར་གཞུག་གོ །ༀ་བཛྲ་དྷཱ་ཏུ་གར་བྷཱ་ཡ་སྭཱ་ཧཱ་ཞེས་བརྗོད་ཅིང་རྡོ་རྗེའི་དགག་པས་སྟོང་པའི་ སྒོ་བཀག་ནས་སྔ་མ་བཞིན་དུ་རབ་ཏུ་གནས་པ་བྱའོ། །གཞན་དག་ཏུ་ནི་ཀྱེའི་རྡོ་རྗེ་དང་བདེ་ མཆོག་ལ་སོགས་པའི་སྐུ་གཟུགས་ལ་ཡང༌། འདུས་པའི་དམ་ཚིག་སེམས་དཔའ་བསྐྱེད་པ་ དང་ཡེ་ཤེས་པའི་དཀྱིལ་འཁོར་གཞུག་པ་དང་མངོན་པར་དབང་བསྐུར་བ་བྱས་པས་རབ་ཏུ་ གནས་པར་འགྱུར་བ་ཉིད་དེ། འདས་པ་ནི་བླ་ན་མེད་པའི་ཕྱིར་རོ། །དེའི་རྗེས་ལ་དེ་མ་ཐག་ 8-1-302 ཏུ། འདུས་པའི་དམ་ཚིག་པ་དང་ཡེ་ཤེས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་ནི་བདེ་མཆོག་ལ་ སོགས་པའི་གཟུགས་སུ་གསལ་བར་བསྒོམ་པར་བྱ་སྟེ། དེའི་སྐུ་གཟུགས་ཀྱང་དེའི་གཟུགས་ ཉིད་དུ་ཅི་ལྟར་འགལ་ཞེས་གསུངས་སོ། །རིག་མ་རབ་ཏུ་གནས་པའི་སློབ་དཔོན་རྡོ་རྗེ་འཆང་ གི་གཟུགས་སམ་རིག་མའི་བདག་པོའི་གཟུགས་སུ་བྱས་ཏེ། རིག་མ་ལ་རིག་མའི་བདག་པོ་ དང་དེའི་ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པ་ཆོ་ག་ཇི་ལྟ་བ་བཞིན་དུ་བསྒོམ་པར་ བྱའོ། །དེ་བཞིན་དུ་ཇི་ལྟར་རིགས་པར་བསྒྲུབ་བྱའི་ཁྱད་པར་རྣམས་ཀྱང་ངོ༌། །དེ་ནས་རིག་ མའི་བདག་པོ་ནི་སྔགས་རྣམས་དང་བསྒྲུབ་བྱ་རྣམས་ནི་རང་གི་མིང་ལ་བཅུག་ནས། རིག་ མའི་སྤྱི་བོའི་བུ་གའམ་ཁ་ནས་བཅུག་སྟེ་རྡོ་རྗེའི་ལམ་ནས་ཕྱུང་བ་ལྷ་མོའི་པད་མར་བཞུགས་ པ་ལ། སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དེ་ལྟར་ཞུགས་ པ་རྣམས་ཀྱིས་དབང་ བསྐུར་ཞིང༌། ཕྱིར་བྱུང་བ་རྣམས་ཀྱིས་ཕྱིར་བྱུང་བ་རྣམས་ལ་དབང་བསྐུར་བའི་ཚེ་བུམ་ པའི་ཆུས་མངོན་པར་དབང་བསྐུར་བར་བྱ་སྟེ། ཡང་དག་པར་མཆོད་ནས་རིག་མའི་བདག་ པོའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །ཞེས་པ་རིག་མ་རབ་ཏུ་གནས་པའི་ཆོ་གའོ།། ༢༦ །། ༈ སློབ་དཔོན་རྡོ་རྗེ་འཆང་གི་གཟུགས་ཀྱིས་ལག་པ་གཡས་པའི་སོར་མོ་རྣམས་རྡོ་རྗེ་རྩེ་ ལྔ་པའི་ངོ་བོར་སྐ་ཅིག་གིས་བསྒོམས་པ་ལ་ཨཱཿཡིག་ལས་སྐྱེས་པའི་ཉི་མ་ཨཱཿཡིག་གིས་བྱིན་ གྱིས་བརླབས་པ་དང༌། ལག་པ་གཡོན་པའི་སོར་མོ་རྣམས་པད་མའི་འདབ་མའི་རྣམ་པར་ སྐ་ཅིག་གིས་བསམས་པ་ལ་ཨ་ཡིག་ལས་སྐྱེས་པའི་ཟླ་བ་དེས་བྱིན་གྱིས་བརླབས་པར་རྣམ་ པར་བསྒོམས་ནས། དེ་དག་གི་བར་དུ་བཟུང་བའི་ཕྲེང་ཐག་གི་སྐུད་པ་དབུས་མ་རྡོ་རྗེ་སེམས་ དཔའི་རང་བཞིན་དང༌། ཕྱོགས་དང་ཕྱོགས་བྲལ་གྱི་སྐུད་པ་རྣམས་ཕྱག་ན་པད་མ་དང་བྱམས་ 8-1-303 པ་དང་ནམ་མཁའི་མཛོད་དང་ཀུན་ཏུ་བཟང་པོ་དང་ཕྱག་ན་རྡོ་རྗེ་དང་འཇམ་དཔལ་དང་སྒྲིབ་ པ་ཐམས་ཅད་རྣམ་པར་སེལ་བ་དང་སའི་སྙིང་པོ་རྣམས་ཀྱི་རང་བཞིན་དང༌། ཕྲེང་རྡོག་རྣམས་ རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་རང་བཞིན་དང༌། མདོ་འཛིན་ནི་ སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་ཀྱི་མཆོད་རྟེན་གྱི་རང་བཞིན་དུ་སྐ་ཅིག་གིས་ ལྷག་པར་མོས་ནས། སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་རྡོ་རྗེ་སེམས་དཔའ་ལ་ སོགས་པ་རྣམས་རང་ཉིད་ཇི་ལྟ་བ་ལ་བཅུག་སྟེ། ཨཀྑ་རུ་ཀཱ་ར་ཎ་རཱུ་ཨ་སོ་ཧི་ཨ་མན་ཏ་བི་སཱ་ རུ་ག་ཎི་ཨ། ཨ་སཾ་ཁ་ཨ་ལིཀྐ་སིརྫ་ཨུ་ཏཏ་ཏ་བི་སཱ་རུ། ༀ་པ་དེ་པ་དེ་མ་ཧཱ་ཛྙཱ་ནཾ་སརྦ་བུད་དྷ་ མ་ཧཾ་བྷ་བེ་ཧཱུཾ་ཧཱུཾ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་ཅིང༌། བུམ་པའི་ཆུས་ མངོན་པར་དབང་བསྐུར་ནས་མཆོད་པར་བྱའོ་ཞེས་པ་ཕྲེང་བ་རབ་ཏུ་གནས་པའོ། ། མདོར་བསྡུས་པ་ནི་བགྲང་ཕྲེང་གསུང་རྡོ་རྗེར་རྣམ་པར་བསྒོམས་ནས་ཡེ་ཤེས་སེམས་ དཔའ་དང་གཅིག་ཏུ་བྱས་ཏེ། དེ་ཡོངས་སུ་གྱུར་པ་ལས་བགྲང་ཕྲེང་གི་རྣམ་པར་བསམས་ལ་ བུམ་པའི་ཆུས་མངོན་པར་དབང་བསྐུར་ཞིང་མཆོད་ནས་གསུང་རྡོ་རྗེའི་སྙིང་པོ་བརྒྱ་རྩ་བརྒྱད་ བཟླས་སོ་ཞེས་པ་མདོར་བསྡུས་པས་བགྲང་ཕྲེང་རབ་ཏུ་གནས་པའི་ཆོ་གའོ།། ༢༧ །། ༈ ད་ནི་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་གསུངས་པའི་བགྲང་ཕྲེང་གི་ཆོ་ག་བྲི་བར་བྱ་སྟེ། ཞི་རྒྱས་དེ་བཞིན་དབང་དང་ནི། །མངོན་སྤྱོད་དང་ནི་ལས་ཀུན་ལ། །རྡོ་རྗེ་འཛིན་པས་མཉམ་ བཤད་པ། །བོ་དོ་ཙེ་ནི་རབ་ཏུ་བསྟན། །ཤེལ་དང་ཉ་ཕྱིས་དག་དང་ནི། །མུ་ཏིག་དང་ནི་ཁམས་ ཀུན་སྐྱེས། །དེ་བཞིན་དུང་གིས་མི་བདག་རྣམས། །ཚེ་དང་ལང་ཚོ་འཕེལ་བར་བྱེད། །གསེར་ དང་དེ་བཞིན་དངུལ་དང་ནི། །པད་མའི་ས་བོན་དེ་བཞིན་མཆོག །འདི་ཡི་སྦྱོར་བའི་སྔགས་ ཀྱིས་ནི། །དབང་ཕྱུག་ལྷག་པར་འགྲོ་བར་འགྱུར། །གུར་ཀུམ་ལ་སོགས་དྲི་བཟང་དང༌། །ཁྱད་ པར་དུ་ནི་བྱི་རུ་དང༌། །ཙན་དན་དམར་པོ་དག་དང་ནི། །དེ་བཞིན་དམར་པོ་གཞན་ལ་ཡང༌། ། 8-1-304 སྒྲུབ་པ་པོ་ཡིས་རིལ་བུ་བྱ། །སྔགས་ཀྱི་རྒྱལ་པོའི་སྦྱོར་བ་ཡིས། །དབང་དང་རྗེས་སུ་ཆགས་ པ་མཆོག །སྒྲུབ་པ་པོ་ལ་འབྲས་རབ་སྟེར། ། རུ་རག་ཤ་དང་དེ་བཞིན་དུ། །ལུང་ཏང་ས་བོན་མི་རུས་ཏེ། །འདི་ཡི་བཟླས་པས་དྲག་པོ་ དང༌། །མངོན་སྤྱོད་ལ་ནི་འབྲས་རབ་སྟེར། །ཞི་བ་ལ་ནི་བརྒྱ་ཕྲག་གཅིག །རྒྱས་ལ་དེ་བཞིན་ ལྷག་པ་བརྒྱད། །དབང་ལ་ཉི་ཤུ་རྩ་ལྔ་སྟེ། །སྔགས་སྒྲུབ་པ་ལ་བརྒྱ་ཕྲག་ཕྱེད། །རིལ་བུ་དྲུག་ ཅུའི་སྦྱོར་བ་ནི། ། དྲག་པོ་མངོན་སྤྱོད་ལས་ལའོ། །སྔགས་ཀྱི་ནུས་པས་གྲུབ་འགྱུར་ཏེ། །སྙིང་རྗེའི་བདག་ ཉིད་སྔགས་པས་སོ། །རིལ་བུ་ཐམས་ཅད་དགྲ་བཅོམ་སྟེ། །སྟེང་དུ་མཆོད་རྟེན་ཡོངས་སུ་ བརྟག །མཆོད་རྟེན་ཆོས་ཀྱི་དཔང་པོའི་ཕྱིར། །ཆོས་ཀྱི་དབྱིངས་ནི་དབུས་སུའོ། །དངོས་གྲུབ་ ཀུན་བྱེད་ཞི་བ་ལ། །གསེར་ གྱི་སྐུད་པས་བརྒྱུ་བར་བྱ། །ཡང་ན་རས་བལ་སྐུད་པ་ནི། །གཞོན་ནུ་མ་ཡི་བཀལ་བས་སོ། ། བྱ་རོག་སྒྲོ་ཡི་སྐུད་པ་ཡིས། །བསྐྲད་པའོ་བུང་བུ་རྣམས་དང་ནི། །དེ་བཞིན་རྔ་མོའི་སྐྲ་ཡིས་ ཀྱང༌། །མཁས་པ་ཡིས་ནི་བསྐྲད་པར་བྱ། །མ་ཧེའི་སྐྲ་ཡི་སྐུད་པ་ཡིས། །རྣམ་པར་སྡང་བའོ་ རྟ་ཡིས་ཀྱང༌། །དུར་ཁྲོད་སྐྲ་ཡི་སྐུད་པ་དང༌། །ཁྱི་ཡི་སྤུ་ཡི་བསྲེས་པ་ཡིས། །རིལ་བུ་བརྒྱུས་ན་ ཡང་དག་པར། །ཁྲོ་བའི་ལས་ནི་མཉམ་པར་སྤྱད། ལས་གང་ལ་ནི་སྐུད་པ་གང༌། །བཤད་པ་ ཡང་ནི་མདོར་བསྡུས་པའོ། །ཞི་བ་དང་ནི་རྒྱས་པ་དང༌། །དབང་དང་མངོན་སྤྱོད་ལས་ལ་ཡང༌། ། སོར་མོ་སོགས་ལ་མཉམ་བཞག་ནས། །མཁས་པས་རིམ་པ་ཇི་བཞིན་བྱ། །དེ་བཞིན་མཐེ་ བོང་མཉམ་སྦྱར་ནས། །ཐམས་ཅད་འགུགས་ པའི་རང་བཞིན་དུ། །མཉམ་པར་གཞག་སྟེ་བཟླས་བྱས་ན། །འགྲུབ་འགྱུར་འདི་ལ་ཐེ་ ཚོམ་མེད། ། 8-1-305 ཞེས་པ་སྣ་ཚོགས་པའི་ལས་ཀྱི་བགྲང་ཕྲེང་གི་ཆོ་གའོ།། ༢༨ །། ༈ ལེགས་པར་གྲུབ་པའི་ལྷ་ཡི་གནས་དང་སྤོས་ཁང་དང༌། །གཙུག་ལག་ཁང་དང་ཁང་ བཟང་ཁང་མིག་འདུན་ཁང་རྣམས། །མཉམ་པར་བལྟས་ནས་དམ་པའི་སྒོ་ཡི་དབུས་ཀྱི་རྩེར། ། རྒྱལ་མཚན་རྣམས་ནི་ངེས་པར་གཟུགས་པར་རབ་ཏུ་བྱ། །གསེར་དང་ནོར་བུ་ཉི་མའི་རྡོ་རྗེ་ དངུལ་དང་ནི། ། འཇིམ་པ་མཆོག་དང་ཤིང་ལས་བྱས་པ་ཉིད་ཀྱང་སྟེ། །ལེགས་པར་གནས་པ་དྲང་ཞིང་ བརྟན་པ་རབ་འབར་བ། །ཆ་གསུམ་མཉམ་པ་ལེགས་པར་ཡང་དག་དགོད་པར་བྱ། །རྒྱལ་ བའི་དབང་པོའི་ཁང་བརྩེགས་རྣམས་དང་ཁང་དམིག་དང༌། །འདུན་ཁང་རྣམས་ཀྱི་ཚད་ལ་ སྒོ་ནི་རིང་བའི་ཚད། །དེ་ཕྱེད་ཚད་ནི་སྤོ་ཁང་རྣམས་དང་ཁང་ཆེན་ལ། །ལེགས་པར་འཇུག་སྟེ་ རྒྱ་ལ་ཡང་ནི་དེ་བཞིན་ཉིད། །རྒྱལ་མཚན་ཇི་སྙེད་བུམ་པ་དང་ནི་མཚུངས་པ་སྟེ། །ཐུབ་པའི་ དབང་པོའི་ཡེ་ཤེས་བདུད་རྩིས་གང་བ་ཉིད། །བདུད་རྩིའི་འོད་ཅན་དམ་པའི་དཀྱིལ་འཁོར་ རང་བཞིན་གྱིས། །ལེགས་པར་བཀྲུས་ནས་གཙུག་ལག་ཁང་གི་དབུས་སུའོ། །དེ་བསླང་བ་ ནི་བྷྲུཾ་ལས་བྱུང་བའི་མཆོད་རྟེན་གཟུགས། །རྣམ་པར་བསམས་ནས་གདུགས་དང་གོས་དང་ རྒྱན་གྱིས་བརྒྱན། །མེ་ཏོག་གོས་དང་སྐུད་པ་ལྔས་བཅིངས་བཟླས་བྱས་ཏེ། །མཉམ་པར་ གཟུགས་བྱ་རྡོ་རྗེ་དང་བཅས་ལག་པས་སོ། །ཤར་དུ་གནས་པས་རྒྱལ་བའི་དབང་པོའི་གསང་ སྔགས་དང༌། །ལྷོ་རུ་གནས་པས་རྒྱལ་མཚན་རྩེ་མོའི་སྔགས་དང་ནི། །ནུབ་ཏུ་གནས་བཅས་ འོད་དཔག་མེད་པའི་གསང་སྔགས་དང༌། བྱང་ནས་ཀྱང་ནི་ཐུབ་པའི་རྒྱན་གྱི་ཡིད་ཀྱིས་ཏེ། ། གཡས་སྐོར་དུ་ནི་ཀུན་ནས་རབ་ཏུ་འགྲོ་བྱ་ཞིང༌། །མེ་ཏོག་གོས་དང་སྐུད་པར་བཅས་པའི་ ལག་པ་ཡིས། །རབ་ཏུ་གནས་བྱ་མེ་ཏོག་མཆོད་ཡོན་འབྲས་སོགས་ཀྱིས། །བུམ་པས་མངོན་ པར་དབང་བསྐུར་བྱ་སྟེ་འབད་པས་སོ། །རོལ་མོ་དང་བཅས་དུང་དང་རག་དུང་རྣམས་ཀྱིས་ 8-1-306 ནི། སྒྲ་དང་བཅས་ཤིང་བུམ་པ་རྣམས་དང་མཉམ་ལྡན་པས། །བུད་མེད་སྐྱེས་བོ་རྣམས་ཀྱི་ བཀྲ་ཤིས་གླུ་དབྱངས་དང༌། །ལྷན་ཅིག་པའི་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་སོ། །རྒྱལ་བ་རྣམ་ པར་སྣང་མཛད་ཀྱི་སྔགས་ནི། ༀ་སཱུཀྵྨེ་སཱུཀྵྐྵེ། ས་མེ་ས་མ་ཡེ། ཤཱན་ཏེ་ཤཱན་ཏེ། དཱན་ཏེ་དཱན་ ཏེ། ཨ་ས་མཱ་རོ་པེ། ནི་རཱ་ལམ་བེ་ནི་རཱ་ཀུ་ལེ་ནིར་བཱ་ནེ་ཡ་ཤོ་བ་ཏི་མ་ཧཱ་ཏེ་ཛོ་སརྦ་བུད་དྷ་ཨ་ དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཤར་ནས་ལན་ཉི་ཤུ་རྩ་གཅིག་གོ །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་ སྔགས་ཆེན་པོ་ནི། ༀ་དྷྭ་ཛ་ཨ་གྲ་ཀེ་ཡཱུ་རི་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། ཛ་ཡ་བཱ་ཧི་ནི། ཤང་ ཀ་རི། པྲ་བྷང་ཀ་རི། པྲ་བྷཉྫ་ནི། བྷཉྫ་བྷཉྫ། མོ་ཧ་ཡ་མོ་ཧ་ཡ། བྷ་ག་བ་ཏི་ཛ་ཡ་བཱ་ཧི་ནི། ཛ་ཡོ་ ཏ་རི། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཧ་ས་ཧ་ས། གྲ་ས་གྲ་ས། ཧཱུཾ་ཧཱུཾ། ཧཻ་ཧཻ། ལ་གྷུ་ལ་གྷུ། ལམ་ བོ་ད་རི། ཏྲི་ནེ་ཏྲེ། ཙ་ཏུར་བཀ་ཀྲེཙ་ཏུར་དཾཥྚེ། ཙ་ཏུར་བྷུ་ཛེ། ཨ་སི་མུ་ཁ་ལ། ཙཀྲ། ཏྲི་ཤཱུ་ལ། བཛྲ་ཀ་བ་ཙ་དྷཱ་རི་ཎི། རཀྵ་རཀྵ་མཱཾ། བྷ་ག་བ་ཏི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། ཧཱུཾ་ཧཱུཾ་ཕཊ། བྷཉྫ་བྷཉྫ། བི་དྷྭཾ་ས་ཡ་ བི་དྷྭཾ་ས། སརྦ་ཤ་ཏྲུན། ཏྲུཊ་ཏྲུཊ། ཏཱུཊ་ཏཱུཊ། ཨུལ་ཀཱ་མུ་ཁི། ཨུལ་ཀཱ་དྷཱ་རི་ཎི། ཏྲཻ་ལོཀྱ་མ་ཐ་ནི། རཀྵ་རཀྵ་མཱཾ། ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མུཉྩ་མུཉྩ། ཨ་ཊ་ཊ་ཧཱ་སཾ། བྷྲ་མ་བྷྲ་མ་ཡ། ཏྲཱ་ཤ་ཡ། བུད་དྷཱ་ས་ཏྱེན། དྷར་མ་ས་ཏྱེ་ན། སཾ་གྷ་ས་ ཏྱེ་ན། ས་ཏྱ་བཱ་དི་ནཱཾ་ས་ཏྱེ་ན། བུད་དྷ་ས་ཏྱཾ་མཱ་ཏི་ཀྲ་མ། ས་ཏྱ་བཱ་དི་ནཱཾ་ས་ཏྱཾ་མཱ་ཏི་ཀྲ་མ། ལམ་བོ་ ད་རི། ཀུཊ་ཀུཊ། ཀུ་ཊཱ་པ་ཡ་ཀུ་ཊཱ་པ་ཡ། རུ་ཏྲ་མཱ་ན་ཡ། བིཥྞུ་མཱ་ན་ཡ། ཙན་ཏྲ་སཱུར་ཡ་མཱ་ན་ཡ། ཏྲཻ་ལོ་ཀྱ་ཨ་དྷི་པ་ཏི་མཱ་ན་ཡ། སརྦ་ཡཀྵ་རཱཀྵ་ས། ཀུམ་བྷཱཎ་ཊ། མ་ཧོ་ར་ག ཨཱ་དཱི་ནཱཾ་མཱ་ན་ཡ། མཱཾ། རཀྵ་རཀྵ། རཀྵཱ་པ་ ཡ། རཀྵཱ་པ་ཡ། ཙུ་ལུ་ཙུ་ལུ། པུཥྤ་མཱ་ལི་ནི་རུན་དྷ་རུན་དྷ། རཱུ་ནི་རཱུ་ནི། ཛྷ་ཊི་ཛྷ་ཊི། ཙི་ཊི་ཙི་ 8-1-307 ཊི། བྷྲྀ་ཀུ་ཊི་མུ་ཁི་པ་ར་སཻ་ནྱ་ཀུ་ལོཙྪ་ད་ན་ཀ་རི། ཧ་ལ་ཧ་ལ། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ། དྷྭཾ་ དྷྭཾ། ཧེ་ཧེ། ཀྲཱུ་ཎ་མ་ཏི་ཛམ་བཱུ་དྷྭ་ཛེ། བུད་དྷ་ཨ་བ་ལོ་ཀི་ཏེ། རཀྵ་རཀྵ་མཱཾ། སརྦ་ཏ་ཐཱ་ག་ཏ་ཨ་ བ་ལོ་ཀི་ཏེ་སྭཱ་ཧཱ་གུ་ཎ་རཱ་ཛ་པྲ་བྷཱ་པ་ཨུད་ཏ་མེ་སྭཱ་ཧཱ། ཙན་ཏྲ་ཨར་ཀ་བི་མ་ལེ་སྭཱ་ཧཱ། སརྦ་གྲ་ཧ་ ན་ཀྵ་ཏྲ་དྷྱཱ་མཱི་ཀ་ར་ཎི་སྭཱ་ཧཱ། རཀྵ་རཀྵ་ཨི་མཾ་སྠཱ་ནཾ་སརྦ་བྷ་ཡེ་བྷྱཿསྭཱ་ཧཱ། ལྷོ་ནས་ལན་གཅིག་ གོ །འོད་དཔག་མེད་ཀྱི་སྔགས་ཀྱི་རྒྱལ་པོ་ནི། ༀ་ཨ་མི་ཏེ། ཨ་མི་ཏེ། ཨ་མི་ཏ་ཨུད་བྷ་བེ། ཨ་ མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱན་ཏེ། ཨ་མི་ཏ་བི་ཀྲཱན་ཏ་གཱ་མི་ནི། ཨ་མི་ཏ་ཨཱ་ཡུར་དཱ་ཏེ། དྷརྨ་ དྷཱ་ཏུ་ཛྙཱ་ན། ག་ག་ན་པ་རི་ཀཱིར་ཏི་ཏེ། སརྦ་ཀར་མ་ཀླེ་ཤ་ཀྵ་ཡཾ་ཀ་རཱི་ཡེ་སྭཱ་ཧཱ། ནུབ་ནས་ལན་ བདུན་ནོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་གཟུངས་ཀྱི་སྔགས་ནི། ༀ་བོ་དྷི་བོ་དྷི། སརྦ་བོ་དྷི། སརྦ་ཏ་ཐཱ་ ག་ཏ་གོ་ཙི་རི། དྷ་ར་དྷ་ར། ཧ་ར་ཧ་ར། པྲ་ཧ་ར་པྲ་ཧ་ར། མ་ཧཱ་བོ་དྷི་ཙིཏ་ཏ་དྷ་ར། ཙུ་ལུ་ཙུ་ལུ། རསྨི་སཾ་ཙོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཀྟཻ། གུ་ཎ་ག་ག་ནེ་ཤུད་དྷ། གུ་ཎ་ཨ་བ་བྷཱ་སེ། མི་ལི་ མི་ལི་ག་ག་ན་ཏ་ལ་པྲ་ཏིཥྛི་ཏེ། ཤ་མ་ཤ་མ། པྲ་ཤ་མ་པྲ་ཤ་མ། སརྦ་པཱ་པ་པྲ་ཤ་མ་ནེ། སརྦ་པཱ་ པ་བི་ཤོ་དྷ་ནི། ཧུ་ལུ་ཧུ་ལུ། མ་ཧཱ་བོ་དྷི་མཱར་ག་སཾ་པྲསྠི་ཏེ། སརྦ་ཏ་ཐཱ་ག་ཏ་མུ་ཏྲེ་སྭཱ་ཧཱ། བྱང་ནས་ལན་བདུན་ནོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤས་ཏ་ དཱིས་ཏེ། ཛྭ་ལ་ཛྭ་ལ་དྷརྨ་དྷཱ་ཏུ་གར་བྷེ་སྭཱ་ཧཱ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུན་ཏེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་ བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷེ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཤར་ཉིད་ནས་སོ་ཞེས་པ་རྒྱལ་མཚན་ གཟུགས་པའོ།། །། ༈ རྡོ་རྗེ་ཨ་བ་དྷཱུ་ཏཱི་བརྟན་པའི་ཡུ་བར་གནས། །སུམ་ཅུ་རྩ་གཉིས་འདབ་མ་ངེས་པར་ འཆིང་བྱེད་པ། ། ཧཾ་ཡིག་ལས་སྐྱེས་པད་མ་རྣམ་པར་དག་པའི་གདུགས། །ཀུན་ནས་མཛེས་པ་འབར་ བའི་མཐའ་དང་ལྡན་པ་ཉིད། །དཔལ་ལྡན་ཆོས་ཀྱི་དབྱིངས་ཀྱིས་མཚན་ཞིང་མཛེས་པའི་ 8-1-308 གཟུགས། །རིན་ཆེན་ཏྲ་བ་ཕྱེད་པའི་ཕྲེང་བ་སྐྱེས་པས་མཛེས། །སེམས་ཀྱི་འཐོན་པོ་འཕྲོག་ པར་བྱེད་པའི་རྒྱལ་བས་མཚན། ། གདུགས་ལ་རབ་ཏུ་གནས་ཞེས་སྦྱོར་བ་རིགས་པ་ཡིན། །ༀ་ན་མཿ ས་མན་ཏ་བུད་དྷ་ བོ་དྷི་སཏྭཱ་ནཱཾ། ཨཱ་ཙན་ཏྲ་ཙྪ་ཏྲ་ཨ་ཝ་ལཱི་སྭཱ་ཧཱ། བརྒྱ་དང་རྩ་བརྒྱད་བཟླས་པར་བྱའོ་ཞེས་པ་ གདུགས་ཀྱིའོ།། །། ཡེ་ཤེས་མེ་ལོང་ཆེན་པོ་རབ་འབར་ཞིང༌། །རྡོ་རྗེའི་བདག་ཉིད་མཛེས་པའི་ཡུ་བར་ གནས། །རི་རབ་པད་མའི་གདན་ལ་སེང་གེ་ལ། །སོགས་པའི་རྒྱལ་མཚན་ཆེན་པོ་དགའ་ བ་ཆེ། །ཨ་ཀ་ག་མ་སའི་ས་བོན་ལས་བྱུང་བའི། །གཞན་གྱིས་མི་ཐུབ་བུམ་པ་མཁའ་ལྡི ང་ཆུ་ སྲིན་སོགས། །ཉ་དང་རྨ་བྱ་ནོར་བུ་རི་དྭགས་སེང་གེས་མཚན། །ཟླ་བའི་ཐིག་ལེ་དམ་པའི་ གཟུགས་དང་ལྡན་པ་ཉིད། །ༀ་ཨཱཿ བཛྲ་དྷྭ་ཛ་བ་ཏི་ཛ་ཡོད་ཏ་རི་སྭཱ་ཧཱ། ཞེས་པས་ཏེ་རྒྱལ་མཚན་གྱིའོ།། །། ཤེས་རབ་ལས་བྱུང་དམ་པའི་གྲགས་དང་ཡོན་ཏན་མཆོག་གི་ཕུན་ཚོགས་ཅན། །པཾ་གི་ ས་བོན་ལས་བྱུང་རྣམ་པ་སྣ་ཚོགས་ལྡན་པའི་བ་དན་རྣམས། །ༀ་ཨཱཿབཛྲ་ཀེ་ཏུ་བཛྲ་པ་ཏཱ་ཀེ་ ཨ་དྷི་ཏིཥྛི་པཾ་སྭཱ་ཧཱ་ཞེས་པས་ཏེ་བ་དན་གྱིའོ།། །། དམ་པའི་གསེར་དང་རིན་པོ་ཆེ་དང་མུ་ཏིག་འབར་བ་སྣ་ཚོགས་པའི། །ཡུ་བར་སྒྱེག་ཅིང་ བཀྲ་ཤིས་ཆེན་པོ་འབྱུང་བའི་རྔ་ཡབ་རྣམས་ཀྱང་ངོ༌། །ཙཾ་གི་ས་བོན་ལས་རྔ་ཡབ་རྣམས་སུ་སྟེ། ༀ་ཙུ་རུ་ཙཱ་མ་རི་སྭཱ་ཧཱ། ཞེས་པ་ནི་རྔ་ཡབ་ཀྱིའོ།། །། གཏོར་མ་སྦྱིན་སྲེག་ལ་སོགས་ཆོ་ག་ཡིས། །རྒྱས་པའི་ཡིད་ཀྱིས་མཐའ་དག་ལྷ་ཡི་ཚོགས། ། གྲོང་ཁྱེར་གནས་སོགས་ནོར་ལས་སྐྱེས་རྣམས་ཀྱིས། །མཉེས་པར་བྱ་སྟེ་བསོད་ནམས་ 8-1-309 དོན་དུའོ། ། རྒྱལ་མཚན་ལ་སོགས་པ་གཟུགས་པའི་རབ་ཏུ་གནས་པའོ།། ༢༩ །། ༈ སྦྱིན་པའི་བདག་པོ་ལ་ནུས་པ་ཡོད་ན་ཆུའི་འགྲམ་དུ་རྣམ་པར་སྣང་མཛད་གཙོ་བོར་ གྱུར་པའི་དཀྱིལ་འཁོར་བཞེངས་ཏེ་འཁོར་ལོའི་དབང་ཕྱུག་གི་རྣལ་འབྱོར་དང་ལྡན་པས། རྫིང་ལ་སོགས་པའི་ཕྱོགས་སུ་གཏོར་མ་གཏང་ནས། ཆུ་སྟོང་པར་གྱུར་པར་བསམས་ལ། བྷྲཱུཾ་ ལས་སྐྱེས་པའི་འཁོར་ལོ་དང༌། བྷྲཱུཾ་ལས་རྫོགས་ཤིང་སྤྱན་མ་དང་སྙོམས་པར་ཞུགས་པའི་ རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཆུ་ལྷ་དཀར་པོ་མིའི་གདོང་པ་ལ་གདེངས་ ཀ་བདུན་དང་ལྡན་པ། ཕྱག་གཡོན་པ་ཀླུའི་ཞགས་པ་འཛིན་པས་མཛེས་མ་ལ་འཁྱུད་ཅིང་ སྙོམས་པར་ཞུགས་པ། གཡས་པ་འགྱིང་བ་དང་བཅས་པས་ཨུད་པ་ལ་སྔོན་པོ་བསྣམས་པ། ལྟེ་བའི་འོག་ནས་སྦྲུལ་གྱི་རྣམ་པ་ཅན་གྱི་དམ་ཚིག་སེམས་དཔའ་རྣམ་པར་བསྒོམས་ནས། དེ་ ལ་རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་རྣམ་པར་སྣང་མཛད་ལ་མཆོད་ ཡོན་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས། ༀ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་པས་རབ་ ཏུ་བཅུག་སྟེ། མངོན་པར་དབང་བསྐུར་བ་ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ ཅིང༌། དེ་ཡོངས་སུ་གྱུར་པའི་གཟུགས་བརྙན་དང་ལྡན་པས། ཡེ་ཤེས་ཀྱི་བདུད་རྩིའི་རང་ བཞིན་དྲི་བཟང་བ་དང་རོ་ཞིམ་པ་དང་ཡང་བ་དང་དྲི་མ་མེད་པ་དང་འཇམ་པ་དང་བསིལ་བ་ དང་མགྲིན་པ་དང་ལྟོ་བ་ལ་མི་གནོད་པ་སྟེ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་དབང་ཆེན་གྱི་ མཐིལ་ལ་ཐུག་པར། ཀླུ་རིགས་བརྒྱད་ཀྱི་གནས་དང༌། རླབས་ཀྱི་ཕྲེང་བ་དང་ལྡན་པར་ཀུན་ ནས་བསྒོམ་པར་བྱའོ། །དེ་ལ་ཡང་ཆུའི་འཐིལ་དུ་གཟོ་བྱས་པའི་ཀླུ་བརྒྱད་འཆད་པར་འགྱུར་ བའི་གཟུགས་ཅན་སྐ་ཅིག་གིས་དམ་ཚིག་སེམས་དཔའི་གཟུགས་སུ་བྱས་པ་སྙིང་ཁའི་ས་བོན་ གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་རྣམས་གཞག་པར་བྱ་ 8-1-310 ཞིང༌། དེར་ཡང༌། ཀུ་མུ་ད་དང་ཨུད་པལ་པད་མ་དང་ལྡན་པའི། །རྫིང་དང་འབབ་ཆུ་ཁྲོན་པ་ ལ་སོགས་རྣམས་སུ་ནི། །དེ་ཡི་ཟབས་སུ་ཉིས་འགྱུར་དུ་ནི་བསླང་བ་ཡི། །ཟླུམ་པོར་གྱུར་པ་ཆུ་ ལྷའི་བདག་ཉིད་ཅན་གྱི་ཤིང༌། །གདེངས་ཀ་བདུན་གྱིས་མཚན་པའི་རྩེ་མོ་དང་ལྡན་པ། །ཆུ་ཡི་ དབུས་སུ་བཞག་པར་བྱ་སྟེ་ཤིང་ཆེན་པོ། །ཕྱོགས་དང་ཕྱོགས་བྲལ་རྣམས་སུ་ཡང་ནི་ཀླུ་རྣམས་ ཏེ། །གདེངས་ཀ་དགུ་དང་ལྡན་པ་རྣམས་ནི་རིམ་པས་སོ། །ཤིང་གི་དངོས་པོ་མེད་ན་ཤེལ་ ལས་ནི། །ལེགས་པར་བྱས་པའི་ཆུ་ལྷ་ཡི་ནི་རྒྱལ་པོ་སྟེ། །དེ་ཡི་ཆུ་ནི་དཀར་པོའི་མདོག་ཅན་ ཞིམ་པ་ཡི། །རོ་དང་ལྡན་ཞིང་བསིལ་ལ་དྲི་མ་མེད་པའོ། །དེ་ཡི་ཕྱི་རོལ་ཤར་དུ་མཐའ་ཡས་ གསེར་གྱི་ནི། །རང་བཞིན་པད་མའི་མཚན་མ་སྤྱི་བོར་ལྡན་པ་སྟེ། །ཆུ་ནི་མིག་སྨན་ཕྱེ་བའི་ མདོག་ཅན་ཚ་བ་དང༌། །ཁ་ཞིང་དུག་དང་མཚུངས་པ་འཇིགས་སུ་རུང་བའོ། །ལྷོ་རུ་ར་གན་ མཉམ་པའི་རང་བཞིན་པད་མ་ནི། །དཔལ་གྱི་བེའུ་མཚན་པ་སྤྱི་བོར་ལྡན་པ་སྟེ། །དེ་ཡི་ཆུ་ནི་ ཀུན་ད་ཟླ་བ་པད་རྩ་དང༌། །མཚུངས་ཤིང་དངར་ལ་ཁ་བ་དང་ཡང་ལྡན་པའོ། །ནུབ་ཏུ་ཟངས་ ཀྱི་རང་བཞིན་འཇོག་པོ་འཇིགས་རུང་བ། །སྤྱི་བོར་དགའ་བ་འཁྱིལ་པ་དང་ནི་ལྡན་པ་སྟེ། །དེ་ ཡི་ཆུ་ནི་གུར་གུམ་དང་མཚུངས་སྐ་བ་སྟེ། །ཚ་བ་ཤིན་ཏུ་ཁ་བ་དང་ཡང་ལྡན་པའོ། ། ནོར་སྦྱིན་ཕྱོགས་སུ་དངུལ་ལས་སྤྲུལ་པ་ཀླུ་ཡི་ནི། །མངའ་བདག་ནོར་རྒྱས་གདེངས་ཀའི་ སྤྱི་བོར་ཨུད་པ་ལ། །སྔོན་པོ་མཚན་པའི་དེའི་ཆུ་ནི་ལྗང་ཁུ་དང༌། །སེར་པོ་ཚ་ཞིང་ཁ་བ་དང་ ཡང་ལྡན་པའོ། ། དབང་ལྡན་དུ་ནི་ཞ་ཉེ་དཀར་པོ་ལས་བྱས་པའི། །པད་མ་ཆེན་པོ་སྤྱི་བོར་རྩེ་གསུམ་ མཚན་པ་སྟེ། ། དེ་ཡི་ཆུ་ནི་གསེར་གྱི་འོད་ཅན་རླབས་མེད་པ། །ཞིམ་པ་དང་ནི་ཚ་ཞིང་དྲོ་བར་གྱུར་པའོ། ། མེའི་མཚམས་སུ་ཞ་ཉེ་ནག་པོ་ལས་བྱས་པའི། །ཀླུ་དབང་དུང་སྐྱོང་སྤྱི་བོར་བཀྲ་ཤིས་ཀྱིས་ 8-1-311 མཚན་པ། །ཆུ་ནི་གུར་ཀུམ་ཡུང་བ་དང་ཡང་མཚུངས་པ་སྟེ། །དངར་བ་དང་ནི་སྐ་བའི་རོ་ཅན་ ཚིམ་བྱེད་པའོ། །བདེན་ བྲལ་དུ་ནི་འཁར་བ་དག་ལས་བྱས་པ་ཡི། །ཀླུ་ཡི་དབང་པོ་སྟོབས་ཀྱི་རྒྱུ་ནི་མགྲིན་པ་ལ། ། རི་མོ་རྣམ་པ་གསུམ་གྱིས་གྱེན་དུ་མཚན་པ་སྟེ། །ཆུ་ནི་དཀར་པོ་ཞིམ་ཞིང་བསིལ་ལ་དགའ་ བའོ། །རླུང་གི་ཕྱོགས་སུ་ལྕགས་ལས་སྤྲུལ་པའི་རིགས་ལྡན་ཆེ། །མགྲིན་པར་ཟླ་བའི་ཆ་ཤས་ རྣམས་ཀྱིས་མཚན་པ་སྟེ། ། ཆུ་ནི་དམར་ཞིང་སེར་པོའི་མདོག་ཅན་རོ་དངར་ཞིང༌། །སྐ་བ་དང་ལྡན་བསིལ་ཞིང་དྲི་མ་ མེད་པའོ། ། ཆུ་རྣམས་ཁ་དོག་དབྱེ་བ་དག་དང་རོ་ཡི་ནི། །དབྱེ་བའི་ཁྱད་པར་རྟགས་ལས་རྗེས་སུ་ ཤེས་བྱ་སྟེ། ། ཀླུ་རྣམས་ཀྱི་ནི་རིགས་རྣམས་དག་དང་གནས་རྣམས་ལ། །ཀུན་ནས་བྱ་བའི་དོན་རྣམས་ ཡང་དག་འབད་བའོ། །གང་ཡང་ཐང་སོགས་གནས་རྣམས་ལ་ནི་དབང་བྱེད་པ། །ཀླུ་ཡི་ མངའ་བདག་རྣམས་ནི་ཇི་ལྟར་འདོད་བཞིན་གསུངས། །ཞིང་རྣམས་སུ་ནི་ཆུ་དམིག་ལ་གནས་ མཐའ་ཡས་ཏེ། །ལྷ་ཡི་གནས་ལ་ཀླུ་ཡི་རྒྱལ་པོ་ནོར་རྒྱས་སོ། །སངས་རྒྱས་གནས་ཀྱི་རྫིང་དང་ རྫིང་བུར་དགའ་བོ་དང༌། ། ཉེར་དགའ་བོ་སྟེ་ཡུར་བ་ཡི་ནི་ཆུ་རྣམས་ལ། །རི་ཡི་རྩེ་དང་རི་ཤོད་རྣམས་ལ་དུང་སྐྱོང་ སྟེ། །སྟོབས་ཀྱི་རྒྱུ་ནི་རྒྱ་མཚོ་རྣམས་དང་འབབ་ཆུ་ལའོ། །གླི ང་གི་ཆུ་ཀླུང་ལྟེང་ཀའི་ས་ལ་རབ་ གནས་ཤིང༌། ། བྱས་པའི་ནགས་ཚལ་དགའ་བ་ལ་གནས་འཇོག་པོའི་དབང༌། །སྐྱེད་ཚལ་མེ་ཏོག་རྒྱས་ པས་དགའ་བའི་ཆ་དང་ནི། །མཚོ་ཕྲན་རྣམས་དང་མཚོ་ལ་ཀླུ་རྒྱལ་ནག་པོ་ཆེ། །པད་མ་ཆེན་ 8-1-312 པོ་ཆུ་སྐྱེས་དུམ་བུ་ལ་ཤེས་བྱ། །ཁྲོན་པ་དང་ནི་ཁྲོན་ཆུ་རྣམས་ལ་རིགས་ལྡན་ཀླུ། །ཆུ་མིག་ མཉམ་པའི་ཆུ་ཡི་རོ་ཡི་ཁྱད་པར་ལའོ། །ཀླུ་རྒྱལ་པད་མ་ཨུད་པལ་ནགས་ཚལ་སོགས་ལ་སྟེ། ། འོ་མ་མར་དང་ཀ་ར་རྣམས་དང་སྦྲང་རྩི་དང༌། །དངུལ་ཆུ་ཆུ་རྒྱུན་རྣམས་ཀྱིས་ཡང་དག་མངོན་ པར་མཆོད། །དཱུར་བ་རྣམས་དང་ཀུན་ད་རྣམས་ནི་ཏིལ་སོགས་ཀྱིས། །ཆུ་ཡི་འགྲམ་དུ་སྦྱིན་ སྲེག་ལ་སོགས་བྱ་བ་ཉིད། །བདུད་རྩི་ལྔ་རྣམས་ སྦྲང་རྩི་དང་ནི་ལྡན་པ་དང༌། །འོ་མ་མར་གྱིས་ཆང་དང་བྲལ་བའི་གཏོར་མ་སྦྱིན། །འདི་ དག་རྣམས་ཀྱི་སྔགས་ཀྱིས་ནི་ཆོ་ག་ཡིས། །སློབ་དཔོན་ཆེན་པོ་རྣམས་ཀྱིས་མཐའ་དག་ཡང་ དག་བྱ། །ༀ་ཨཱཿབ་རུ་ཧཱུཾ་ཎཱ་ཡ་སྭཱ་ཧཱ། ༀ་ཨཱཿཨ་ནན་ཏཱ་ཡ་ཧཱུཾ་སྭཱ་ཧཱ། ༀ་ཨཱཿཔད་མཱ་ཡ་ཧཱུཾ་སྭཱ་ ཧཱ། ༀ་ཨཱཿཏཀྵ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ༀ་ཨཱཿབ་སུ་ཀི་ནེ་ཧཱུཾ་སྭཱ་ཧཱ། ༀ་ཨཱཿམ་ཧཱ་པད་མཱ་ཡ་ཧཱུཾ་སྭཱ་ཧཱ། ༀ་ ཨཱཿཤཾ་ཁ་པཱ་ལཱ་ཡ་ཧཱུཾ་སྭཱ་ཧཱ། ༀ་ཨཱཿཀར་ཀོ་ཊ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ༀ་ཨཱཿཀུ་ལི་ཀཱ་ཡ་ཧཱུཾ་སྭཱ་ཧཱ་ཞེས་པ་ སྙིང་པོའི་སྔགས་རྣམས་སོ། །མེ་ཏོག་དཀར་པོས་ཡང་དག་པར་མཆོད་དེ། ལག་པ་གཡོན་པ་ གདེངས་ཀའི་ཚུལ་བྱ་ཞིང་ལག་པ་གཡས་པ་མཆོག་སྦྱིན་གྱི་ཚུལ་དུ་བརྐྱང་ལ། ༀ་ཨ་ནན་ཏ། བཱ་སུ་ཀི། ཏཀྵ་ཀ ཀར་ཀོ་ཊ་ཀ པད་མ། མ་ཧཱའ་པད་མ། ཤཾ་ཁ་པཱ་ལ། ཀུ་ལི་ཀ བ་རུ་ཎ་པཱ་ལ། དེ་བ་ཏི། མ་ཧཱ་དེ་བ་ཏི། སོ་མ་ཤི་ཁི། མ་ཧཱ་ཤི་ཁི། དཎ་ཊ་དྷ་ར། མ་ཧཱ་དནྚ་དྷ་ར། ཨ་པཱ་ལཱ་ལ། ཧུ་ལུ་ཧུ་ལུ། ནན་དོ་པ་ནན་ད། སཱ་ག་ར་མ་ཧཱ་སཱ་ག་ར། ཨ་ན་བ་ཏཔ་ཏ་མ་ཧཱ་ཏཔ་ཏ་ཤྲི་ཀཱན་ཏི། མ་ཧཱ་ཀན་ཏི། སུ་རཱུ་པ་མ་ཧཱ་སུ་རཱུ་པ། བྷ་ཏྲཱ་ཧི་ཀ མ་ཧོ་ད་ར་ཤི་ལི། མ་ཧཱ་ཤི་ལི། ཨཱ་གཙྪ་ཏ་ ཨཱ་གཙྪ་ཏ། མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ། བྷཱུར་བྷུ་བ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ཀླུའི་གཏོར་མའི་སྔགས་ བརྗོད་ཅིང་འོ་མའི་གཏོར་མ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཡུན་རིང་དུ་གནས་པར་བྱ་ བའི་དོན་དུ་གསོལ་བ་བཏབ་ལ། ཡི་གེ་བརྒྱ་པ་བཏོན་ནས་བཟོད་པར་གསོལ་ཏེ། བྱིན་གྱིས་ བརླབས་པའི་འོ་མའི་གཏོར་མ་དེ་རྣམས་ཕྱོགས་བརྒྱད་རྣམས་སུ་དབུལ་ཞིང༌། དེའི་ཕྱི་རོལ་ 8-1-313 ཏུའང་གཏོར་བར་བྱའོ། །གཞོན་ནུ་མ་རྣམས་ཀྱང་ཚིམ་པར་བྱའོ། །ཞེས་པ་རྫིང་དང་ཆུ་མིག་ དང་ཁྲོན་པ་རབ་ཏུ་གནས་པའི་ཆོ་གའོ།། ༣༠ །། ༈ ཨ་མྲའི་སྐྱེད་མོས་ཚལ་ལ་སོགས་པའི་རབ་ཏུ་གནས་པའི་ཆོ་ག་ནི། ཕྱོགས་ཀྱི་གཏོར་ མ་ཕུལ་ནས། རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱིས། ཤིང་གི་གཙོ་བོ་སྟོང་པ་ཉིད་ཀྱི་རྗེས་ ལ། རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བསམས་ཏེ། དེ་ལ་ཡེ་ཤེས་སེམས་དཔའ་རྣམ་པར་ སྣང་མཛད་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་བཞུག་ཅིང༌། བུམ་པའི་ཆུས་མངོན་ པར་དབང་བསྐུར་ལོ། དེ་ཡོངས་སུ་གྱུར་པའི་ཤིང་དེ་དང༌། དེ་ཉིད་ཀྱི་ཚེ་ཤིང་གཞན་རྣམས་ ཀྱང་དེ་ཡོངས་སུ་གྱུར་པར་ལྷག་པར་མོས་པར་བྱའོ། །ཤིང་གི་གཙོ་བོ་དེ་དང་དེ་དག་ལ། བྱིན་ གྱིས་བརླབས་པའི་ལྷའི་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། འབྲས་བུ་ལ་སོགས་ པ་རྣམས་ཀྱིས་གཞན་གྱི་དོན་བྱེད་པའི་སྐྱེད་མོས་ཚལ་ལ་སོགས་པ་ཡུན་རིང་དུ་གནས་པར་ གསོལ་བ་བཏབ་ནས། ཕྱོགས་ཀྱི་གཏོར་མ་རྣམས་དབུལ་བར་བྱའོ། །ཞེས་པ་ཀུན་དགའ་ར་ བ་ལ་སོགས་པ་རབ་ཏུ་གནས་པའི་ཆོ་གའོ།། ༣༡ །། ༈ བརྗོད་པའི་ཆོ་ག་འདི་རྣམས་ཐམས་ཅད་ལ། ལས་གང་ལ་སྔགས་མ་བརྗོད་པ་དེར་ ནི་ལས་ཐམས་ཅད་པའི་སྔགས་བཟླས་སོ། །ཞེས་ཡོངས་སུ་བཤད་པར་བྱའོ། །བཅོམ་ལྡན་ འདས་ཀྱིས་གང་གསུངས་པ། །གལ་ཏེ་བདེ་གཤེགས་བསྟན་པ་ལ། །དད་པའི་རིགས་ཀྱི་བུ་ འོངས་ན། །དང་པོར་གསུམ་ལ་སྐྱབས་འགྲོ་སྦྱིན། །ཕྱི་ནས་བྱང་ཆུབ་ཀྱི་ནི་སེམས། །དེ་ནས་ བསླབ་པའི་གནས་ལྔ་དང༌། ། གསོ་སྦྱོང་ལ་སོགས་མཉམ་པར་ལྡན། །མི་དགེ་བཅུ་ནི་ཡོངས་སྤོང་བ། །བྱིན་ནས་དགེ་ བསྙེན་དུ་ནི་བྱ། །འདིའི་སྔོན་དུ་འགྲོ་བ་བརྗོད་པར་བྱ་སྟེ། དེ་ལ་དང་པོར་རིམ་པ་འདིས་བླ་ མའི་མཎྜལ་བྱའོ། ། 8-1-314 ༀ་བཾ་བཛྲ་ཨུ་ད་ཀེ་ཧཱུཾ་ཞེས་པས་ཆུ་སྦྱང་ངོ༌། །ཇི་ལྟར་བལྟམ་པ་ཙམ་གྱིས་ནི། །དེ་བཞིན་ གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་ཁྲུས་གསོལ་ ལོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཤྲི་ཡེ་ཧཱུཾ། འདིས་ཁྲུས་བྱའོ། །ༀ་ཧྲཱིཿསྭཱ་ཧཱ། ལག་པ་ དང་རྐང་པ་བཀྲུ་བ་དང་ཞལ་བསིལ་གྱི་སྔགས་སོ། །ན་མོ་བྷ་ག་ཝ་ཏེ་པུཥྤ་ཀེ་ཏུ་རཱ་ཛཱ་ཡ་ཏ་ཐཱ་ ག་ཏཱ་ཡ། ཨར་ཧ་ཏེ་ས་མྱཀ་སཾ་བུད་དྷཱ་ཡ། ཏད་ཡ་ཐཱ། ༀ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ། སུ་པུཥྤེ། པུཥྤེ་ ཨུད་བྷ་ཝེ། པུཥྤེ་སཾ་བྷ་ཝེ། པུཥྤེ་ཨ་ཝ་ཀཱིར་ཎེ་སྭཱ་ཧཱ། ཞེས་པས་མེ་ཏོག་སྦྱང་བར་བྱའོ། །ༀ་ བཛྲ་བྷཱུ་མི་ཧཱུཾ་ཕཊ་འདིས་ས་ལ་ཆུས་མངོན་པར་གཏོར་བར་བྱའོ། །ༀ་བཛྲ་སཏྭ་སརྦ་བིགྷ་ནཱ་ ནུད་པཱ་ར་ཡ་ཧཱུཾ་ཕཊ། འདིས་ས་སྦྱང་བར་བྱའོ། །སྦྱིན་པ་ལྕི་བ་ཆུ་དང་བཅས་པ་ཚུལ་ཁྲིམས་ ཡང་དག་བྱུག་པ་ཡིན། །བཟོད་པ་གྲོག་སྦུར་ཕྲ་མོ་སེལ་བ་བརྩོན་འགྲུས་བྱ་བ་ལེགས་ གནས་པ། །བསམ་གཏན་འཕྲལ་དུ་སེམས་གཅིག་བྱེད་པ་ཤེས་རབ་རི་མོ་ལེགས་འབར་བ། ། ཤེས་རབ་ཕ་རོལ་ཕྱིན་དྲུག་འདི་རྣམས་ཐུབ་པའི་མཎྜལ་བྱས་པས་ཐོབ་པར་འགྱུར། །བདེ་ གཤེགས་ཁང་པ་མཆོག་འདིར་ལུས་ཀྱི་ལས་རྣམས་བྱས་པ་ཡིས། །ནད་རྣམས་ཀུན་ལས་ རྣམ་པར་གྲོལ་བ་གསེར་གྱི་ལུས་སུ་འགྱུར། །ལྷ་མི་ཁྱད་འཕགས་ཟླ་བ་བཞིན་དུ་གསལ་ཞིང་ མཛེས་པ་དང༌། །ནོར་དང་གསེར་ནི་ཕུན་ཚོགས་རྒྱལ་བའི་རིགས་སུ་སྐྱེ་བར་འགྱུར། ། ཞེས་པས་མཎྜལ་བྱེད་དོ། །ༀ་སུ་རེ་ཁེ་བཛྲ་རེ་ཁེ། ཨ་དྷི་ཏིཥྛན་ཏུ་སརྦ་ཏ་ཐཱ་ག་ཏཱཿསྭཱ་ཧཱ། འདིས་མཎྜལ་གྱི་དབུས་སུ་པད་མ་འདབ་མ་བརྒྱད་པ་བྲིའོ། །ༀ་ཙན་ཏྲ། ཨར་ཀ་བི་མ་ལེ་ སྭཱ་ཧཱ། འདིས་མཎྜལ་གྱི་དབུས་སུ་མེ་ཏོག་གཅིག་དབུལ་བར་བྱའོ། །ༀ་ཨཱཿཧཱུཾ་འདིས་སྐུ་དང་ གསུང་དང་ཐུགས་བྱིན་གྱིས་བརླབ་པ་ལན་གསུམ་བྱའོ། །ༀ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་ ས་རི་རཀྵ་རཀྵ་མཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདིས་མེ་ཏོག་གཅིག་སྤྱི་བོར་སྦྱིན་ནོ། །ༀ་ཨཱ་ས་ན་ བཛྲེ་ཧཱུཾ། འདིས་གདན་ལ་མེ་ཏོག་གཅིག་སྦྱིན་ནོ། །ༀ་སུཾ་སུ་མེ་ར་ཝེ་ན་མཿ། འདིས་མཎྜལ་གྱི་ 8-1-315 དབུས་སུ་མེ་ཏོག་གཅིག་དབུལ་ལོ། ། ༀ་ཧཱུཾ་ཨཱུར་དྷ་མེ་ར་ཝེ་ན་མཿ ༀ་ཧཱུཾ་མ་དྷྱ་མེ་ར་ཝེ་ན་མཿ ༀ་ཧཿཨ་དྷོ་མེ་ར་ཝེ་ན་མཿ འདིས་རི་རབ་ཀྱི་སྟེང་དང་དབུས་དང་འོག་ཏུ་མེ་ཏོག་དབུལ་ལོ། །ༀ་ཡཾ་སཱུ་བ་ནི་དེ་ཧཱ་ཡ་ན་ མཿ འདིས་རི་རབ་ཀྱི་ཤར་དུ་མེ་ཏོག་དབུལ་ལོ། །ༀ་རཱཾ་ཛམ་བུ་དྭཱི་པཱ་ཡ་ན་མཿ ལྷོ་རུའོ། །ༀ་ ལཾ་ཨ་པ་ར་གོ་དཱ་ནཱི་ཡཱ་ཡ་ན་མཿ ནུབ་ཏུའོ། །ༀ་ཝཾ་ཨུད་ཏ་ར་ཀུ་ར་ཝེ་ན་མཿ བྱང་དུའོ། །ༀ་ ཡཱཿཨུ་པ་དྭཱི་པཱ་ཡ་ན་མཿ ༀ་རཱཿཨུ་པ་དྭཱི་པཱ་ཡ་ན་མཿ ༀ་ལཱཿཨུ་པ་དྭཱི་པཱ་ཡ་ན་མཿ ༀ་ཝཱཿཨུ་པ་ དྭཱི་པཱ་ཡ་ན་མཿ འདིས་མེ་ལ་སོགས་པའི་ཟུར་རྣམས་སུ་མེ་ཏོག་དབུལ་ལོ། །ༀ་ཡཾ་ག་ཛ་རཏ་ ནཱ་ཡ་ན་མཿ ༀ་རཾ་ཨ་ཤྭ་རཏ་ནཱ་ཡ་ན་མཿ ༀ་ལཾ་པུ་རུ་ཥ་རཏ་ནཱ་ཡ་ན་མཿ ༀ་ཝཾ་སྟྲཱི་རཏ་ནཱ་ཡ་ ན་མཿ ཤར་ལུས་འཕགས་པོ་ལ་སོགས་པའི་ནང་དུ་མེ་ཏོག་དབུལ་ལོ། །ༀ་ཡཱཿཙཀྲ་རཏ་ནཱ་ ཡ་ན་མཿ ༀ་རཱཿཁཊ་ག་རཏ་ནཱ་ཡ་ན་མཿ ༀ་ལཱཿམ་ཎི་རཏ་ནཱ་ཡ་ན་མཿ ༀ་ཝཱཿསརྦ་ནི་དྷཱ་ནེ་བྷྱོ་ ན་མཿ མེ་ལ་སོགས་པའི་ཟུར་རྣམས་ཀྱི་ནང་དུ་མེ་ཏོག་དབུལ་ལོ། །ༀ་ཨཱཿབཛྲ་གུ་ར་ཝེ་ཨི་དཾ་ བཛྲ་པུཥྤཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། འདིས་དབུས་ཀྱི་རི་རབ་ཀྱི་ཁང་པ་བརྩེགས་པའི་ནང་སྣ་ཚོགས་ཆུ་ སྐྱེས་དང་ཟླ་བའི་སྟེང་དུ། བླ་མ་རྡོ་རྗེ་སེམས་དཔར་བསམས་པ་ལ། མེ་ཏོག་སྙིམ་པ་གསུམ་ སྤྱི་བོར་དབུལ་བར་བྱའོ། །ༀ་ཨཱཿབཛྲ་གུ་ར་ཝེ་བཛྲ་དྷཱུ་པེ་ཧཱུཾ། ༀ་ཨཱཿབཛྲ་གུ་ར་ཝེ་བཛྲ་དི་པེ་ ཧཱུཾ། ༀ་ཨཱ་བཛྲ་གུ་ར་ཝེ་བཛྲ་གན་དྷེ་ཧཱུཾ། ༀ་ཨཱཿབཛྲ་གུ་ར་ཝེ་བཛྲ་ནཻ་ཝེ་དྱེ་ཧཱུཾ། ༀ་ཨཱཿབཛྲ་གུ་ ར་ཝེ་བཛྲ་དར་ཤ་ན་ཕཱ་ལཱ་ཡ་ཧཱུཾ། རིམ་པ་འདི་ཉིད་ཀྱིས་གཞན་དུ་ཡང་གང་ཅུང་ཟད་ཐམས་ ཅད་ཆོ་ག་འདིས་དབུལ་བར་བྱའོ་ཞེས་པའོ། །སླར་ཡང་མེ་ཏོག་གི་སྙིམ་པ་ཕུལ་ཏེ། སངས་ རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ ལོ། །གསུམ་རྣམས་ལ་ཡང་རྟག་ཕྱག་འཚལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ། སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡིད་རང༌། །སངས་རྒྱས་བྱང་ 8-1-316 ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་ཏུ་སྐྱབས་སུ་ མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་ཏུ་ནི་སེམས་འདི་བགྱིའོ། །བྱང་ཆུབ་ མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། ། སེམས་ཅན་ཐམས་ཅད་བདག་གིས་འགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་ འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྱུར་བར་ཤོག །སྡིག་པ་ཐམས་ཅད་ བཤགས་པར་བགྱི། ། བསོད་ནམས་ལ་ཡང་རྗེས་ཡིད་རང༌། །བྱས་ནས་བསྙེན་གནས་སྤྱད་པར་བགྱི། ། འཕགས་པའི་ཡན་ལག་བརྒྱད་གསོ་སྦྱོང༌། །ཞེས་པའི་ཚིགས་སུ་བཅད་པ་འདིས་དཀོན་ མཆོག་གསུམ་གྱི་ངོ་བོ་བླ་མ་ལ་བསྟོད་པ་བྱའོ། །དེ་ནས། བླ་མ་བྱང་ཆུབ་སེམས་རྣམས་ལ། ། རིན་ཆེན་མཎྜལ་ཡོངས་རྫོགས་པས། ། དངོས་པོ་ཐམས་ཅད་དབུལ་བགྱི་སྟེ། འགྲོ་བས་ཀུན་མཁྱེན་ཐོབ་ཆེད་དུའོ། །ཅོག་བརྒྱད་ ལྡན་པའི་རི་རབ་ནི། །གླི ང་དང་ཉེ་གླི ང་མཛེས་པ་དང༌། །རིན་ཆེན་བརྒྱད་དང་ཡང་དག་ལྡན། ། བླ་མེད་སྟེར་བ་པོ་ལ་འབུལ། །ཞེས་པས་དབུལ་བར་བྱའོ། །གང་གི་བཀའ་དྲིན་འོད་ཀྱིས་ གསལ་བྱས་བདག་ཉིད་ཀྱི། །དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་སྟེ། མིག་སྐྱོན་ མེད་རྣམས་རོལ་པར་བཅས་ཏེ་སྟེང་དུ་ནི། །ལྟ་གྱུར་བླ་མ་ཉི་མ་དེ་ལ་ཕྱག་འདི་བགྱིད། །ཅེས་ པས་མེ་ཏོག་རབ་ཏུ་གཏོར་ཏེ་ཕྱག་འཚལ་བར་བྱའོ་ཞེས་པ་བླ་མའི་མཎྜལ་ལོ།། །། དེ་ནས་སྦྱིན་པ་ལྕི་བ་ཞེས་པའི་ཚིགས་སུ་བཅད་པ་བརྗོད་ནས་སྔར་གྱི་མཎྜལ་གསུམ་ བྱ་སྟེ། དེ་ལ་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ ཡོད་གྲུབ་པ་རྣམས་འཁོར་དང༌། མི་བསྐྱོད་པ་གཙོ་བོར་བྱས་པའི་མཎྜལ་ནི། སངས་རྒྱས་ཀྱི་ མཎྜལ་ལོ། །བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་འཁོར་དང༌། 8-1-317 རྣལ་འབྱོར་བླ་ན་མེད་པའི་རྒྱུད་གཙོ་བོར་བྱས་པ་ནི་ཆོས་ཀྱི་མཎྜལ་ལོ། །བྱམས་པ་དང་ནམ་ མཁའི་མཛོད་དང་ཀུན་ཏུ་བཟང་པོ་དང་ཕྱག་ན་རྡོ་རྗེ་དང་འཇམ་པའི་དབྱངས་དང་སྒྲིབ་པ་ ཐམས་ཅད་རྣམ་པར་སེལ་བ་དང་སའི་སྙིང་པོ་དང་ཡེ་ཤེས་བླ་མ་རྣམས་འཁོར་དང༌། འཇིག་ རྟེན་དབང་ཕྱུག་གཙོ་བོར་བྱས་པ་ནི་དགེ་འདུན་གྱི་མཎྜལ་ལོ།། །། མཎྜལ་ལ་གསུམ་པོ་འདི་རྣམས་སུ་ཤར་ལ་སོགས་པ་ནས་གཡས་བསྐོར་གྱིས་ཏེ། ༀ་གྱི་ ཡི་གེ་དང་པོ་དང༌། ན་མཿའི་སྒྲ་མཐར་བཅུག་ནས་སོ་སོར་རང་རང་གི་མཚན་བརྗོད་པས་སྔར་ གྱི་མཎྜལ་དུ་མེ་ཏོག་དབུལ་བར་བྱའོ། །དེ་ལྟར་བརྗོད་པའི་རིམ་པས་མཎྜལ་བཞི་པོ་བྱས་ ནས། དད་པས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དགེ་བའི་ཚེས་དང་གཟའ་དང་དུས་སྦྱོར་ ལ་སོགས་པ་ལ། གཙང་ཞིང་གཙང་བའི་གོས་བགོས་ཏེ་ཡིད་དུ་འོང་བ་རབ་ཏུ་སྟོན་པའི་དེ་ བཞིན་གཤེགས་པ་ལ་སོགས་པའི་སྐུ་གཟུགས་ལ་མཆོད་པ་དེའི་མཆོག་ཇི་ལྟ་བར་རྣམ་པར་ བསྒོམས་ལ། མེ་ཏོག་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས། དཀོན་མཆོག་གསུམ་ལ་ཕྱག་ འཚལ་བར་བྱའོ། །དེ་བཞིན་དུ་ཇི་ལྟར་ནུས་པའི་མཆོད་པ་དང་ཡོན་ཕུལ་ནས། ཐུགས་རྗེ་ དང་རྣམ་མཁྱེན་ལྡན་པའི་བླ་མ་ལ་མེ་ཏོག་གི་སྙིམ་པ་སྔོན་དུ་འགྲོ་བས་ཞབས་དག་ལ་ཕྱག་བྱ་ ཞིང༌། པུས་མོའི་ལྷ་ང་ས་ལ་བཙུགས་པའམ་ཙོག་ཙོག་པོར་འདུག་ལ། ཐལ་མོ་སྦྱར་ཏེ་གནས་ པས་འདི་ལྟར་གསོལ་བ་ལ་ལན་གསུམ་གདབ་པར་བྱའོ། །དགེ་བའི་བཤེས་གཉེན་བདག་ ལ་སྡིག་པ་བཤགས་པ་དང༌། སྐྱབས་གསུམ་འགྲོ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྩལ་དུ་ གསོལ་ཞེས་པས་སོ། །དེ་ནས་བླ་མས་ལྷག་པའི་བསམ་པ་རབ་ཏུ་འཕེལ་བས་སློབ་མ་བལྟས་ ཏེ། ཇི་ལྟར་ནུས་པ་སྦྱིན་པར་བྱའོ་ཞེས་ཁས་བླང་བ་སྔོན་དུ་འགྲོ་བས་འདི་ལྟར་སྦྱིན་པར་ བྱའོ། །ཚེ་དང་ལྡན་པ་ཁྱོད་འདི་སྐད་སྨྲོས་ཤིག ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཡང་ དག་པར་བཞུགས་པའི་སངས་བཅོམ་ལྡན་འདས་རྣམས་དང་བྱུང་ཆུབ་སེམས་དཔའ་ཆེན་ 8-1-318 པོ་རྣམས་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ ཞེས་བགྱི་བས་གང་ཅུང་ཟད་ལུས་དང་ངག་དང་ཡིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་རྣམས་དང་མ་དང་ཕ་དང༌། དེ་ལས་གཞན་པའི་སེམས་ཅན་ཡང་དག་པར་འོངས་པ་ རྣམས་ལ། སྐྱེ་བ་འདི་འམ་སྐྱེ་བ་གཞན་མཐའ་ཡས་པ་རྣམས་སུ། བདག་གིས་སྡིག་པའི་ལས་ བགྱིས་པའམ་བགྱིད་དུ་སྩལ་པའམ་བགྱིད་པ་ལ་རྗེས་སུ་ཡིད་རང་བ་དེ་ཐམས་ཅད་གཅིག་ཏུ་ བསྡུས་ཤིང་སྡོམས་ཏེ་བཟླུམས་ལ་མཉམ་པར་བྱས་ནས། སངས་རྒྱས་དང་བྱང་ཆུབ་དཔའ་ རྣམས་དང༌། སློབ་དཔོན་གྱི་སྤྱན་སྔར། མ་ལུས་པར་རབ་ཏུ་བཤགས་ཤིང་སོ་སོར་བཤགས་ པར་བགྱིའོ། །ཤེས་པ་དང་དྲན་པ་རྣམས་སོ་སོར་མི་བགྱིད་དོ། དེ་བཞིན་དུ་ལན་གསུམ་མོ། ། དེ་ནས་བདག་མིང་འདི་ཞེས་བགྱི་བ། དེ་ལྟར་སྡིག་པ་བཤགས་ཏེ། ཉི་མ་འདི་ནས་ཉེ་བར་ བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་ རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཅན་ཐམས་ཅད་མཁྱེན་པ་ཐམས་ཅད་ གཟིགས་པ། ཐམས་ཅད་དུ་དགྲའི་འཇིགས་པ་མེད་པ། སྐྱེས་བུ་ཆེན་པོ་མི་ཕྱེད་པའི་སྐུ། བླ་ན་ མེད་པའི་སྐུ། ཆོས་ཀྱི་སྐུ། རྐང་གཉིས་རྣམས་ཀྱི་མཆོག་ལ་སྐྱབས་སུ་མཆིའོ། །དེ་ནས་བདག་ མིང་འདི་ཞེས་བགྱི་བ། དེ་ལྟར་སྡིག་པ་བཤགས་ཏེ། ཉི་མ་འདི་ནས་ཉེ་བར་བཟུང་ནས་ཇི་ སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཆོས་རྣམས་ཀྱི་རབ་མཆོག་བླ་ན་མེད་པ་ཐེག་པ་ ཆེན་པོའི་ཆོས་ལ་སྐྱབས་སུ་མཆིའོ། །དེ་ནས་བདག་མིང་འདི་ཞེས་བགྱི་བ། དེ་ལྟར་སྡིག་པ་ བཤགས་ཏེ། ཉི་མ་འདི་ནས་ཉེ་བར་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དུལ་བའི་ཚོགས་རྣམས་ཀྱི་ཕྱིར་མི་ལྡོག་པ་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་ མཆིའོ། །དེ་བཞིན་དུ་ལན་གསུམ་མོ། །དེ་ནས་བདག་མིང་འདི་ཞེས་བགྱི་བ་འདི་ལྟར་བསྟན་ པ་ལས་མ་འདས་པར། ཉི་མ་འདི་ནས་ཉེ་བར་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ 8-1-319 ཀྱི་བར་དུ། གསུམ་ལ་སྐྱབས་སུ་འགྲོ་བས། མཐའ་ཡས་པའི་སེམས་ཅན་གྱི་ཁམས་རྣམས་ ངེས་པར་བསྒྲལ་བའི་ཕྱིར་དང༌། མངོན་པར་བསྒྲལ་བའི་ཕྱིར་དང༌། འཁོར་བའི་སྡུག་བསྔལ་ ལས་ཡོངས་སུ་སྐྱབ་པའི་ཕྱིར་དང༌། ཐམས་ཅད་མཁྱེན་པ་པའི་ཡེ་ཤེས་ལ་སོ་སོར་དགོད་པའི་ ཆེད་དུ། ཇི་ལྟར་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ རྣམས་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང༌། སངས་རྒྱས་ཀྱི་དོན་དུ་ལྷག་པར་གཤེགས་པར་གྱུར་པ་དང༌། ལྷག་པར་གཤེགས་པ་ དང༌། ལྷག་པར་གཤེགས་པར་འགྱུར་བ་དང་། ཇི་ལྟར་རྫོགས་པའི་སངས་རྒྱས་དེ་རྣམས་ ཐམས་ཅད་ཀྱིས་སྒྲིབ་པ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་སངས་རྒྱས་ཀྱི་སྤྱན་གྱི་མཁྱེན་ པས་གཟིགས་པ་དང༌། ཇི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་མཁྱེན་ནས་མངོན་པར་རྗེས་སུ་ མཁྱེན་པ་ལྟར། ཆོ་ག་དེ་ཉིད་ཀྱིས་བདག་མིང་འདི་ཞེས་བགྱི་བ། སློབ་དཔོན་གྱི་དྲུང་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །དེ་བཞིན་དུ་ལན་གསུམ་མོ། །དེ་རིང་ ནས་བདག་བྱང་ཆུབ་སེམས་དཔར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སློབ་དཔོན་གྱིས་གཟུང་དུ་གསོལ། ཞེས་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་སྔོན་ དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ།། །། བསླབ་པའི་གནས་ལྔ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་དེ་ཡང་གསོལ་བ་འདེབས་ པར་གྱུར་ན་སློབ་མའི་ཆེད་དུ་འདི་ལྟར་སྦྱིན་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་འདི་སྐད་སྨྲོས་ ཤིག སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་ འཚོའི་བར་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་ ཆེ་གེ་མོ་ཞེས་བགྱི་བས་ཀྱང་ཉིན་པར་འདི་ནས་ཉེ་བར་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་ 8-1-320 གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་ བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པའོ། །རྗེས་སུ་བསྒྲུབ་ པོ་རྗེས་སུ་བགྱིད་དོ། །གཞན་ཡང༌། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་ དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང་འདོད་པས་ལོག་ པར་གཡེམ་པ་དང་བརྫུན་དུ་སྨྲ་བ་དང་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་ བག་མེད་པའི་གནས་སྤངས་ཏེ། མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་ དང་བརྫུན་དུ་སྨྲ་བ་དང་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་ གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་ཆེ་གེ་མོ་ཞེས་བགྱི་བས་ཀྱང་ཉིན་པར་འདི་ ནས་ཉེ་བར་བཟུང་སྟེ་ཇི་སྲིད་བར་དུ། མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་ པ་དང་བརྫུན་དུ་སྨྲ་བར་དང་འབྲུའི་ཆང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་ གནས་སྤངས་ཏེ། མ་བྱིན་པར་ལེན་པ་དང་འདོད་པའི་ལོག་པར་གཡེམ་པ་དང་བརྫུན་དུ་སྨྲ་ བ་དང་འབྲུའི་ཆང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་ པར་བགྱིའོ། །ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་ པ་ལ་རྗེས་སུ་སློབ་པོ་རྗེས་སུ་བསྒྲུབ་པོ་རྗེས་སུ་བགྱིད་དོ། །དགེ་བསྙེན་དུ་ཡང་བདག་སློབ་ དཔོན་གྱིས་བཟུང་དུ་གསོལ། དེ་བཞིན་དུ་ལན་གཉིས་དང་གསུམ་དུ་ཡང་ངོ༌།། །། འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བྱ་བར་འདོད་པ་དེའི་ཚེ་སྔར་ བཞིན་དུ་གསོལ་བ་བཏབ་པར་གྱུར་པ་དང་། སློབ་མའི་ཆེད་དུ་གསུམ་ལ་སྐྱབས་སུ་འགྲོ་བ་ བྱིན་ནས། བསླབ་པའི་གནས་བརྒྱད་པོ་འདི་ལྟར་སྦྱིན་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་འདི་ སྐད་སྨྲོས་ཤིག སློབ་དཔོན་ དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བགྱི་བ། དུས་འདི་ནས་ཉེ་བར་བཟུང་ནས་ཇི་ 8-1-321 སྲིད་མཚན་མོ་སོང་བ་དང༌། ཇི་སྲིད་ཉི་མ་ཤར་བའི་མཐར་ཐུག་པར། སྲོག་གཅོད་པ་ཐམས་ ཅད་དང་གཞན་གྱི་ནོར་འཕྲོག་པ་དང༌། མི་ཚངས་པར་སྤྱོད་པ་དང་ངག་གི་དབྱེ་བ་ལས་ བརྫུན་དུ་སྨྲ་བ་དང༌། མྱོས་པར་འགྱུར་བའི་བཏུང་བ་དང་དུས་མ་ཡིན་པའི་ཁ་ཟས་དང་ཕྲེང་ བ་དང་ཁ་དོག་འཆང་བ་དང་གར་དང་གླུ་དང་རོལ་སྒེག་དང་མལ་སྟན་འཐོན་པོ་རྣམས་ལ་དེ་ རིང་ནས་བདག་དགའ་བ་དང་བྲལ་བར་བགྱི་སྟེ། དགྲ་བཅོམ་པའི་ཡོན་ཏན་བརྒྱད་ལ་འཇུག་ པས་སོ། །དེ་བཞིན་དུ་ལན་གསུམ་སྟེ། བདག་གི་གསོ་སྦྱོང་གི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་ དག་པར་བླངས་པར་འདི་ནི་སེམས་ཀྱི་རྒྱན་དང་སེམས་ཀྱི་ཡོ་བྱད་དང་སེམས་ཅན་ཐམས་ ཅད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུའོ་ཞེས་པའོ། །དེ་ནས་ བླ་མས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ་ཞིང་སློབ་མས་ལེགས་སོ་ཞེས་པའོ། །གང་ཕྱིར་ དགེ་བ་མ་ལུས་གསོ་བ་དང༌། །བསགས་པའི་སྡིག་པ་འདིར་ནི་སྦྱོང་བྱེད་པ། །དེ་ནི་གསོ་དང་ རྣམ་པར་སྦྱོང་བྱེད་པས། །དེ་བཞིན་གཤེགས་པས་གསོ་སྦྱོང་ཞེས་སུ་གསུངས། །ཞེས་པ་གསོ་ སྦྱོང་གི་ཆོ་གའོ།། །། ༈ འདི་ཉིད་ཀྱི་སྡོམ་པ་ནི་གོ་མིའོ་ཞེས་སོ། ༣༢ ༈ ། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ རམ་དཀྱིལ་འཁོར་གཞན་དུ་ཡང་རུང་སྟེ་སྔར་བརྗོད་པའི་ཆོ་གས་དང་པོར་བུམ་པར་གནས་ པ་དང་དགོད་པ་དང་ཉེ་བར་སྤྱོད་པ་ལྔ་ལ་སོགས་པའི་མཆོད་པ་བྱས་ནས། སློབ་མ་ལེགས་ པར་ཡོངས་སུ་བརྟགས་ པ། ང་རྒྱལ་ལ་སོགས་པའི་སྐྱོན་དང་བྲལ་བ། དགེ་བསྙེན་ལ་སོགས་པའི་བསླབ་པ་ལ་ གནས་པ། ལེགས་པར་ཐོས་པ་ལ་སོགས་པ་ཡོངས་སུ་བྱང་ཤིང་གུས་པ་དང་ལྡན་པ། རྡོ་རྗེ་ སེམས་དཔའི་སྡོམ་པ་བཟུང་བའི་ནུས་པ་དང་ལྡན་ན། རིགས་དང་གཟུགས་ཀྱི་ཡོན་ཏན་དང་ བྲལ་བ་རྣམས་ཀྱང་ལྷག་པར་གནས་པ་བྱ་སྟེ། གལ་ཏེ་དེ་དག་ཀྱང་དད་པས་རྡོ་རྗེ་སེམས་ 8-1-322 དཔའི་སྡོམ་པ་ཤིན་ཏུ་དོན་དུ་གཉེར་ ཞིང་རྡོ་རྗེ་ཐེག་པ་ལ་སྟོན་པ་གཞན་མི་ཚོལ་བར་གྱུར་ནའོ། །དེ་ནི་བཅོམ་ལྡན་འདས་ ཀྱིས་ཕྱེད་དང་བཞི་བརྒྱ་བ་ལས་གསུངས་ཏེ། གཟུགས་ངན་ཡོན་ཏན་མེད་པ་དང༌། །དམན་ པའང་ལྷག་པར་གནས་པར་བྱ། །འཁོར་ནི་བཞི་པོ་རྣམས་ལ་ཡང༌། །དཀྱིལ་འཁོར་དག་ཏུ་ཆོ་ ག་གནང༌། །རང་རང་བསླབ་པ་ལེགས་པར་ལྡན། །ཐེག་ཆེན་ལ་དགའི་བསམ་པ་ཅན། །ཞེས་ སོ། །འཁོར་བཞི་ནི་དགེ་སློང་དང་དགེ་སློང་མ་དང༌། དགེ་བསྙེན་དགེ་བསྙེན་མའོ། །ཆོ་ག་ནི་ གཞུག་པ་ལ་སོགས་པའོ། ། ལྡན་པ་ནི་ལྷུར་བྱེད་པའོ། །ཐེག་ཆེན་ལ་དགའི་བསམ་པ་ཅན། །ཞེས་པ་འདིས་ཐེག་ པ་འདི་ལ་ཡིད་ཀྱི་ལས་གཙོ་བོར་སྟོན་པར་བྱེད་དེ་འགལ་བ་སྤང་བའི་དོན་དུའོ། །བཅོམ་ ལྡན་དས་ཀྱིས་རང་བཞིན་གྱིས་ཁ་ན་མ་ཐོ་བའི་ལས་ཉིད་ལ་ཡང་ཀུན་སློང་གི་ཁྱད་པར་ལས་ ལྷུང་བར་མི་འགྱུར་བ་མང་པོ་རབ་ཏུ་བསྟན་ཏོ། །དེ་ལྟར་ཡང༌། གདོལ་པ་སྨྱིག་མ་མཁན་ལ་ སོགས། །གསོད་དོན་དོན་དུ་སེམས་པ་པོ། །དེ་རྣམས་ཀྱེ་རྡོ་རྗེ་ཤེས་ན། །འགྲུབ་འགྱུར་འདི་ ལ་ཐེ་ཚོམ་མེད། །ཅེས་པ་དང༌། གཞན་དུ་ཡང༌། སེམས་དགེ་བ་ལ་ལྟུང་མེད་དེ། །སྙིང་བརྩེར་ ལྡན་ཞིང་བྱམས་ཕྱིར་རོ། །ཞེས་པ་དང༌། སྙིང་རྗེར་ལྡན་ཞིང་དོན་མཐོང་ལ། །བཀག་པ་ཡང་ ནི་གནང་བ་ཡིན། །ཞེས་པ་ལྟར་གང་ཞིག་སླར་ཡང་བསོད་ནམས་ཉེ་བར་བསགས་པ་མང་ དུ་ཐོས་པ་ལ་སོགས་པའོ། །ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་དང་སྟོང་པ་ཉིད་དུ་རོ་གཅིག་ པར། ཤིན་ཏུ་བརྟན་པར་ལྷག་པར་མོས་པ་བྱེད་པ་དེ་ལ་ནི། དགེ་སློང་དང་རྡོ་རྗེ་འཛིན་པའི་ སྡོམ་པ་དག་ལ་འགལ་བའི་དྲི་མ་ག་ལ་ཡོད། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་ སློང་རྡོ་རྗེ་འཛིན་པ་བྱ་ཞེས་གསུངས་སོ། །དེ་ནི་ངེས་པར་ཁས་བླང་དགོས་ཏེ། གཞན་དུ་ན་ དུས་མཚུངས་པར་གཉི་གར་ཇི་ལྟར་འགྱུར། བག་ཆགས་རབ་ཏུ་སད་པ་ལས། དགེ་སློང་གིས་ 8-1-323 ཉམས་སུ་མྱོང་བའི་བདེ་བ་དེའི་སྦྱོར་བའི་བདེ་བ་རྨི་ལམ་དུ་མཐོང་ན། རྨི་ལམ་དུ་མཐོང་བའི་ ཕྱི་རོལ་གྱི་ཡན་ལག་དབང་པོ་གཉིས་ཀྱི་བདེ་བའི་མཐར་ཐུག་པ་ཉམས་སུ་མྱོང་ན་ཡང་ལྟུང་ བ་མེད་དོ། །ཞེས་འདུལ་བར་བསྟན་པ་རྟོགས་པར་བྱའོ། །གལ་ཏེ་ཡང་སྐྱེ་བོ་ངན་པའི་སྤྱོད་ ཡུལ་དུ་རབ་ཏུ་བསྟན་པར་འགྱུར་ན་ནི། དེའི་ཚེ་དེ་ལ་ཡང་ཡེ་ཤེས་ཀྱི་ཕྱག་རྒྱས་གསང་བ་ དང་ཤེས་རབ་ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་བ་སྦྱིན་པར་བྱ་སྟེ། སྐྱེ་བོ་ངན་པ་མེད་ན་ ནི་ལས་ཀྱི་ཕྱག་རྒྱ་ཉིད་ཀྱིས་སོ། །དེ་ཁོ་ན་ཉིད་ལ་ལྷག་པར་མོས་པ་མི་བརྟན་པའི་དགེ་སློང་ ལ་ནི་དད་པ་དང་ལྡན་ཡང་ཕྱིའི་ཤེས་རབ་མའི་དབང་བཟུང་བ་བཀག་སྟེ། གཞན་དུ་ན་སྡོམ་ པ་སྔ་མ་ཉམས་པས་དོན་མེད་པ་ཆེན་པོར་འགྱུར་རོ། །གལ་ཏེ་ཡང་བླ་མ་བསྒོམ་པ་ལ་བརྟན་ པར་གྱུར་ན་ནི། དེའི་ཚེ་དེ་ལ་ཡང་དེས་གཏད་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་ཤེས་རབ་ཡེ་ཤེས་ ཀྱི་དབང་བསྐུར་བ་སྦྱིན་པར་བྱའོ། །དེ་བླངས་པ་ལ་ཡང་ཚངས་པར་སྤྱོད་པ་དང་བྲལ་བའི་ དོགས་པ་ནི་མེད་དེ་ལུས་ཀྱི་ལས་མེད་པའི་ཕྱིར་རོ། །དེ་ཡང་སྔར་ཁྱིམ་ན་གནས་པ་ཡིན་ན་ནི་ ཉམས་སུ་མྱོང་བའི་བདེ་བ་དྲན་དུ་བཅུག་ལ་དགའ་བ་ལ་སོགས་པའི་དབྱེ་བ་སོ་སོར་བསྟན་ པར་བྱའོ། །བླ་མ་ཡང་དགེ་སློང་དུ་གྱུར་པ་ཉིད་ན་ནི་གསང་བའི་མངོན་པར་དབང་བསྐུར་བ་ ལ་སོགས་པ་སྟེར་བ་ན། ཐམས་ཅད་བརྗོད་པས་འཚམས་སྦྱར་བར་བྱའོ། །ཧ་ཅང་སྤྲོས་པས་ ཆོག་ཏེ་སྐབས་སུ་བབ་པ་བརྗོད་པར་བྱའོ། །དེའི་རྗེས་སུ་སློབ་མས་མཎྜལ་བྱས་ནས་མེ་ཏོག་ བཟུང་བའི་ཐལ་མོ་སྦྱར་ཞིང་པུས་མོ་ས་ལ་བཙུགས་པ་རྣམས་ལ། སྔགས་ཀྱི་ཚུལ་གྱི་སྐལ་བ་ དང་ལྡན་པ་ནི། འཇིག་རྟེན་འདི་ཉིད་ཀྱི་མངོན་པར་མཐོ་བ་དོན་དུ་གཉེར་བས་མ་ཡིན། འཇིག་རྟེན་ཕ་རོལ་གྱི་མངོན་པར་མཐོ་བའི་ཆེད་དུ་ཡང་མ་ཡིན་གྱི། འོན་ཀྱང་དེ་ བཞིན་གཤེགས་པའི་སྐུ་གསུམ་གྱི་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་ དུ་འཇུག་པར་བྱའོ། །དེ་ལྟ་ན་ནི་མངོན་པར་མཐོ་བ་གཉིས་ཀྱང་ཐོབ་པར་འགྱུར་རོ་ཞེས་ 8-1-324 བསྒྲགས་ནས། སློབ་མ་རྣམས་རང་གི་ལུས་ལ་ཁ་ནས་བཅུག་སྟེ། རང་གི་རྡོ་རྗེའི་ལམ་ནས་ འཐོན་པ། རང་འོད་ཀྱི་ཤེས་རབ་མའི་པད་མར་གནས་པ་རྣམས་ལ། སྙིང་ཁའི་ས་བོན་གྱི་ འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་ཤེས་རབ་དང་བཅས་པ་ཁ་ནས་ཞུགས་ཤིང་ ཞུ་བར་གྱུར་པ་རྣམས་ཀྱིས་མངོན་པར་དབང་བསྐུར་བར་བསམས་ནས། དཀྱིལ་འཁོར་གྱི་ ཤར་སྒོར་གཞག་སྟེ་འཇུག་པར་གསོལ་བ་འདེབས་སུ་གཞུག་གོ །སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཆུ་ སྲིན་ལ་སོགས་འཇིགས་རུང་བ། །སྲིད་པའི་མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་སྟོན་ པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། ། དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་ རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་ པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བརྗོད་པས་སོ། །དེའི་ རྗེས་སུ་སློབ་མ་གཅིག་གཙོ་བོར་བྱས་ཏེ། བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །གསང་སྔགས་ སྤྱོད་ཚུལ་ཆོ་ག་རྣམས། ། ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །སྐུ་གསུང་ཐུགས་ ཀྱི་རྡོ་རྗེ་ཅན། །དུས་གསུམ་བྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་ སེང་གེ་སོགས། ། མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོའི་སྟོབས་ཆེན་བཅོམ། །འཇིག་ རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདའ། །དེ་བས་ཀུན་མཁྱེན་ ཐོབ་བྱའི་ཕྱིར། ། བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་རང་གིས་བརྗོད་ལ། དེ་ནས། དཀོན་མཆོག་ 8-1-325 གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་ རྗེས་ཡིད་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་ལན་གསུམ་བརྗོད་དུ་གཞུག་ གོ །དེ་ལྟར་ཐུན་མོང་གི་སྡོམ་པ་ཅན་གྱིས་སློབ་དཔོན་གྱི་སྡོམ་པ་བཟུང་བའི་ཕྱིར། འཁོར་ལོ་ ཕྱིར་མི་ལྡོག་པའི་དབང༌། །དམ་པ་བདག་ལ་མགོན་པོས་སྩོལ། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། ། སློབ་དཔོན་གྱི་ནི་ཕྲིན་ལས་དང༌། ། སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་བགྱིད། །ཅེས་ཁྱད་པར་དུ་གསོལ་ བ་འདེབས་པ་བྱེད་དུ་བཅུག་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱ་སྟེ། སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་ སུ་གསོལ། བདག་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས་ཉེ་བར་བཟུང་སྟེ། ཇི་སྲིད་བྱང་ཆུབ་ སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་ མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། ། དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོ་བརྟན་པོར་བདག་ གིས་བཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། ། སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་མཆོག་ཏུ་བཟུང༌། །རྡོ་རྗེའི་རིགས་ ཆེན་བསྡུས་པ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །དེ་ཉིད་ཀྱིས་ནི་རབ་ཏུ་གཟུང༌། །སློབ་དཔོན་ དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། ། ཉིན་རེ་ཞིང་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་སོ་སོར་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་ བའི། །པད་མའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ 8-1-326 རྣམས་སོ་སོར་གཟུང༌། །ལས་ཀྱི་རིགས་ཆེན་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ཡང་དང་ ལྡན། །དེ་ཉིད་སོ་སོར་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སེམས་ཅན་ ཀུན་གྱི་དོན་བགྱིད་ཕྱིར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་ཡང་དག་བསྐྱེད་བགྱིས་ ཤིང༌། །སྡོམ་པ་མ་ལུས་བཟུང་བགྱིས་ནས། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་ བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་བགྱི། ། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་དུ་བཅུག་པས་སོ། །དེའི་ རྗེས་སུ་བདུད་རྩི་འཁྱིལ་པའི་སྔགས་ཀྱི་བསྲུངས་ནས། དེ་རྣམས་ཀྱི་སྙིང་ཁ་དང་མགྲིན་པ་ དང་སྤྱི་བོ་རྣམས་ལ། རྡོ་རྗེ་དང་པད་མ་དང་འཁོར་ལོའི་སྟེང་དུ། ཉི་མ་དང་ཟླ་བ་ལ་གནས་ པའི། ཧཱུཾ་ཨཱཿༀ་གྱི་ཡེ་གེ་ནག་པོ་དང་དམར་པོ་དང་དཀར་པོ་རྣམས་བསམས་ཏེ་དེ་རྣམས་ བརྗོད་ཅིང་སྙིང་ཁ་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་དྲིའི་ཆུ་རྡོ་རྗེ་དང་བཅས་པས་ཡང་དག་ པར་རེག་ནས། མགོ་བོར་མེ་ཏོག་དང༌། མདུན་དུ་བདུག་སྤོས་དང་མར་མེ་དང༌། སྙིང་ཁར་ སླར་ཡང་དྲི་སྦྱིན་པར་བྱའོ། །དེ་ནས་ཨ་ཤྭ་ཐ་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པ་དྲང་ པོ་སྲོག་ཆགས་མེད་པ་མ་གས་པ་རྨ་མེད་པ། དྲི་བཟངས་ཀྱི་ཆུས་བཀྲུས་པ་རྩེ་མོར་མེ་ཏོག་ བཅིངས་པ་སློབ་མ་རྣམས་ལ་སྦྱིན་ཞིང༌། དེ་རྣམས་ཀྱིས་ཀྱང་ཁྲུ་བཞི་པ་གྲུ་བཞིའི་དཀྱིལ་ འཁོར། བའི་ལྕི་བ་ལ་སོགས་པར་བྱུགས་པར། ཤར་རམ་བྱང་དུ་ཕྱོགས་པས་སོ་ཤིང་ༀ་བཛྲ་ ཧཱ་ས་ཧཾ་ཞེས་བརྗོད་ནས་རྩེ་མོ་འཆོས་ཏེ་མ་གས་པ་སྟེང་དུ་བལྟ་བས་ལྟོས་པ་མེད་པར་མདུན་ དུ་དོར་བར་བྱའོ། །དེ་རྣམས་ལ་སོ་ཤིང་ལྷུང་བའི་རྗེས་སུ་འབྲངས་ནས་འབྱུང་བར་འགྱུར་ བའི་དངོས་གྲུབ་བརྗོད་པར་བྱ་སྟེ། ཤར་དང་བྱང་དང་ནུབ་དང་ལྷོ་དང་སྟེང་དང་འོག་ཏུ་ ཕྱོགས་པར་ལྷུང་ན། རིམ་པ་ཇི་ལྟ་བ་བཞིན་དུ། ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ དང་རིག་པ་འཛིན་པ་དང་ས་འོག་གི་དངོས་གྲུབ་རྣམས་སོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ལྷུང་ 8-1-327 ན་ནི་དངོས་གྲུབ་མེད་དོ། །དེའི་རྗེས་སུ་བཾ་ཡིག་ལས་སྐྱེས་ཤིང་དེ་བཟླས་པའི་ཆུས་ཁ་བཀྲུ་ བའི་ཕྱིར་བྱིན་ནས། འཁྱིལ་པ་ལན་བདུན་བཟླས་པའི་དྲིའི་ཆུ་ཁྱོར་བ་གསུམ། ༀ་ཧྲཱིཿབི་ཤུད་ དྷ། སརྦ་དྷརྨ། སརྦ་པཱ་པཱ་ནི་ཙཱ་སྱ། ཤོ་དྷ་ཡ། སརྦ་བི་ཀལ་པཱན། ཨ་པ་ན་ཡ་ཧཱུཾ་ཞེས་བརྗོད་ ཅིང་འཐུང་དུ་གཞུག་གོ །དེ་ནས་དེ་རྣམས་ཕྱི་རོལ་ཏུ་བཞག་ལ། ཧཱུཾ་ལས་སྐྱེས་ཤིང་དེ་བཟླས་ པའམ་འཁྱིལ་པ་བཟླས་པའི་ཀུ་ཤ་མང་པོ་རྩེ་མོ་མ་ཉམས་པ་སྟན་དུ་གདིང་བའི་དོན་དང༌། དེ་བཞིན་དུ། དྷཱིཿཡིག་ལས་སྐྱེས་ཤིང་དེ་དང་འཁྱིལ་པ་བཟླས་པའི་ཀུ་ཤ་སྔས་ཀྱི་དོན་དུ། ༀ་ བཛྲ་ཏཱིཀྵྞ་བཾ་ཞེས་པའི་སྔགས་ཀྱིས་སྦྱིན་ནོ། །དེའི་རྗེས་སུ་གཞོན་ནུ་མས་བཀལ་བའི་སྐུད་པ་ སློབ་མའི་ལུས་ཀྱི་ཚད་སུམ་ལྟ་བ་ལ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མདུད་པ་གསུམ་བྱས་ པ། དེ་རྣམས་ཀྱི་དཔུང་པ་གཡས་པའམ། བུད་མེད་རྣམས་ཀྱི་གཡོན་པར། ༀ་བུད་དྷ་མཻ་ཏྲཱི་ རཀྵ་རཀྵ་སརྦཱན་སྭཱ་ཧཱ་ཞེས་བརྗོད་ཅིང་རང་ཉིད་ཀྱིས་བཅིངས་ནས་ཡང་དག་པར་བསྲུངས་ ལ་སྤྲོ་བ་བསྐྱེད་པར་བྱ་སྟེ། བསྐལ་པ་བྱེ་བ་དུ་མ་རུ། ། མངོན་དུ་སྡིག་པ་གང་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ ཅད་ཟད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱིས། །བློ་གྲོས་ཤིན་ཏུ་དྲི་མེད་པ། ། དེ་དག་རྣམས་ཀྱི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་ཞི། །བདག་ཉིད་ཆེན་ པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དི་རིང་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཅན། ། བདག་ཉིད་ཆེན་པོ་སྲས་བཅས་ཀྱིས། །བསྟན་འདི་ཀུན་ལ་ཡོངས་སུ་བཟུང༌། །གནས་པ་སྐྱེ་ བར་འགྱུར་བ་ནི། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་ པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་གིས་ཁྱེད་རྣམས་ འགྲོ་འགྱུར་བས། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་པ་ཉན་དུ་བཅུག་ནས་ སོ། །དེ་ནས་དེ་རྣམས་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས། བཟླས་པའི་དོན་དུ་འཁྱིལ་ 8-1-328 པའི་སྔགས་བརྗོད་དུ་བཅུག་སྟེ། གང་ཅུང་ཟད་རྨི་ལམ་དུ་མཐོང་བ་དེ་ཐམས་ཅད་ནང་པར་ བདག་ལ་སྨྲོས་ཤིག་ཅེས་མངོན་པར་བརྗོད་ནས། དཀྱིལ་འཁོར་གྱི་ཁང་པའི་ནང་ངམ་ཡོལ་ བ་ལ་སོགས་པས་བཅད་པར་རམ། གཞན་དུ་ཡང་རུང་སྟེ་སེང་གེའི་ཉལ་སྟབས་ཀྱིས་ཉལ་དུ་ གཞུག་གོ །རང་ཉིད་ཀྱང་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་བསྲུང་བའི་དོན་དུ་འཁྱིལ་ པའི་སྔགས་བཟླས་པར་བྱའོ། །འདིར་སྡོམ་པ་གང་སློབ་དཔོན་དུ་མི་བྱེད་པ་ལ་ཡང་སྟེར་བ་ དེ་ནི་ཐུན་མོང་བ་སྟེ། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱི་མཚན་ཉིད་ དོ། །གང་ཡང་སློབ་དཔོན་དུ་བྱེད་པ་ལ་སྟེར་བ་དེ་ནི་སློབ་དཔོན་གྱི་སྡོམ་པ་སྟེ། རིགས་ལྔས་ ཡང་དག་པར་བསྡུས་པའོ། །དེ་བས་ན་འདི་ནི་སྡོམ་པ་གཉིས་སྦྱིན་པ་སྔོན་དུ་འགྲོ་བ་ཅན་གྱི་ སློབ་མ་ལྷག་པར་གནས་པའི་ཆོ་གའོ།། །། ༈ དེའི་རྗེས་སུ་བླ་མས་ནང་པར་གཏོར་མ་ཕུལ་ཏེ། དཀྱིལ་འཁོར་གྱི་ཁང་པ་ནས་འཐོན་ ལ། སློབ་མ་རྣམས་ལ་རྨི་ལམ་དྲི་ཞིང༌། རི་ལ་ལྷུང་བ་ལ་སོགས་པས་མཚོན་པ་མི་དགེ་བའི་ རྨི་ལམ་ནི་འཁྱིལ་པའི་སྔགས་ཀྱིས་བསྲུང་བར་བྱའོ། །སླར་ཡང་དཀྱིལ་འཁོར་གྱི་ཁང་པར་ འཇུག་པའི་དུས་སུ་སློབ་མ་རྣམས་ཀྱིས། ༀ་པྲ་བི་ཤ་བྷ་ག་ཝན་མ་ཧཱ་སུ་ཁ་མོཀྵ་སུ་རཾ་སརྦ་ སིད་དྷི་སུ་ཁ་པྲ་དཾ་པ་ར་མ་སུ་ཁོཏ་ཏ་མ་སི་དྷྱ་ཛཿཧཱུཾ་བཾ་ཧོཿ པྲ་སི་དྷྱ་སྭཱ་ཧཱ་ཞེས་ཡང་དག་པར་ སྤྲོ་བར་བྱའོ། །དེ་ནས་ལངས་ནས་རྣལ་འབྱོར་གྱི། །དབང་ཕྱུག་རབ་རྒྱས་སྤྱན་འབར་བ། ། གཡས་བསྐོར་བྱས་ནས་འཁོར་ལོ་ཡི། །སྒོ་དབྱེ་བདུད་རྣམས་གཞོམ་པར་བྱ། །ནུབ་ཀྱི་སྒོ་ རུ་གནས་བྱས་ནས། །གཡོན་བརྐྱང་སྟབས་ཀྱིས་སྤྲོ་བ་ཡིས། །ཤར་སྒོ་དབྱེ་ཞིང་འདི་བརྗོད་ ཅིང༌། །རྡོ་རྗེ་ཧཱུཾ་མཛད་ཕྱག་རྒྱ་བྱ། །ༀ་བཛྲ་ཨུད་གྷཱ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། དེ་བཞིན་ བྱང་ཕྱོགས་ཡང་དག་གནས། །ཁྲོ་བོའི་ལྟ་བས་དེ་ལྟར་བརྗོད། །ལྷོ་ཡི་སྒོ་ནི་ངེས་པར་དབྱེ། ། ཁྲོ་བོའི་ཕྱག་རྒྱའི་རྣམ་ཐར་བྱ། །ཤར་གྱི་ཕྱོགས་སུ་ཡང་དག་གནས། །དེ་བཞིན་རྣལ་འབྱོར་ 8-1-329 ནུབ་ཏུ་ཕྱོགས། །ཆུ་ཡི་སྒོ་ནི་ངེས་པར་དབྱེ། །ཁྲོ་བོའི་ཕྱག་རྒྱའི་རྣམ་ཐར་བྱ། །དེ་བཞིན་ལྷོ་ ཕྱོགས་ཡང་དག་གནས། །གཡས་བསྐོར་གྱིས་ནི་སྔ་མ་བཞིན། །ནོར་སྦྱིན་གནས་པའི་སྒོ་དབྱེ་ ཞིང༌། །དེ་ལྟར་སླར་ཡང་འཇུག་པར་བྱ། །མེ་ཏོག་གི་ཕྲེང་བ། ༀ་པ་ར་མ་སུ་ཁཱ་ཤ་ཡ། སཱུ་ལ་ ལི་ཏ་བི་ལཱ་ས་ན་མི་ཏཻར་ན་མཱ་མི་བྷ་ག་ཝན་ཏཾ་ཛཿ ཧཱུཾ་བཾ་ཧོཿ ཧི་ཧི་ཧི་ཧི་ཧཱི་པྲ་ཏཱི་ཙྪཀུ་སུ་མཱཉྫ་ ལི་ནཱ་ཐ་ཧོ་ཞེས་པའི་སྔགས་ཀྱིས་དཀྱིལ་འཁོར་དུ་དོར་ནས། སླར་ཡང་བཟུང་སྟེ། ཕྲེང་བའི་ དབང་བསྐུར་བའི་བསམ་པས་མགོ་བོར་བཅིང་བར་བྱའོ། །འཁོར་ལོའི་དབང་ཕྱུག་ནི་བླ་མ་ མངོན་སུམ་དུ་གྱུར་པར་ལྷག་པར་མོས་པ་བྱ་ཞིང༌། དེ་ལས་སྟེར་བཞིན་པ་ཕྲེང་བའི་དབང་ བཟུང་བ་ལ་སོགས་པ་འཆད་པར་འགྱུར་བའི་དབང་བསྐུར་བ་མཐའ་དག་དང༌། ཆོ་ག་ཇི་ལྟ་ བ་བཞིན་དུ་སློབ་དཔོན་གྱི་ལས་ཐམས་ཅད་ལ་རྗེས་སུ་གནང་བ་ཐོབ་པར་བྱས་ལ། སློབ་མ་ གཞུག་པའི་ཆེད་དུ། བདེ་བ་ཆེན་པོའི་བདག་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་དེ་ཁོ་ ན་ཉིད་ཀྱི་བསྟོད་པ་སྔོན་དུ་འགྲོ་བས། དཀྱིལ་འཁོར་གྱི་དངོས་གྲུབ་ཞུ་ཞིང༌། བདེན་པའི་ བྱིན་བརླབས་ཀྱང་བྱ་སྟེ། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག ། སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །མི་བསྐྱོད་རྡོ་རྗེར་དེང་བདག་སྒྲུབས། །ཀུན་མཆོག་ དངོས་གྲུབ་ཆེན་པོ་སྟེ། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་ འགྱུར་མཆོག་ཏུ་བདག་བསྒྲུབས་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། ། འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་ དེ་ཉིད་བདག་བསྒྲུབས་མཛོད། །ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་ བཞིན་གཤེགས། ། ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་སྒྲུབས་མཛོད། ། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཆེན་མཆོག་གི་ཕྱག་རྒྱ་ཅན། །གྲུབ་པའི་རྡོ་རྗེ་ཆེར་ 8-1-330 གསལ་བ། །རྡོ་རྗེ་སྙེམས་པར་བདག་བསྒྲུབས་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། ། སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ཉིད། །འདོད་པ་མཆོག་ གི་དམ་ཚིག་མཆོག །བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་ འཁོར་གྱི། །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་ལ་འདོད་པ་ཡོངས་རྫོགས་མཛོད། ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། ། གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ ཡང་དག་བྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་ རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་བརྗོད་པས་སོ། །འདི་ནི་སློབ་དཔོན་ འཇུག་པའོ།། །། ༈ དེ་ནས་ལྷག་པར་གནས་པ་བྱས་ཤིང་སྡོམ་པ་གཉིས་དང་ལྡན་པའི་སློབ་མ་ཤར་གྱི་ སྒོར་ཡོལ་བས་བཅད་པར་བཞག་ནས། དྲི་ཞིམ་པོ་ལ་སོགས་པས་ཡང་དག་པར་བྱས་པ་རྣམ་ པར་སྣང་མཛད་ཀྱི་གཟུགས་སམ་འཁོར་ལོའི་དབང་ཕྱུག་གི་གཟུགས་སུ་དམིགས་ནས། ༀ་ སརྦ་ཏ་ཐཱ་ག་ཏ་ཨ་ནུཏ་ཏ་ར་བོ་དྷི་ཨ་ལཾ་ཀཱ་ར་ཝསྟྲ་པཱུ་ཛཱ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་ པའི་སྔགས་ཀྱིས་གོས་དམར་པོའམ་གཞན་ཡང་རུང་བས་སྨད་གཡོགས་བྱས་ལ། ༀ་བཛྲ་ རཀྵ་ཧཾ་ཞེས་པས་སྟོད་གཡོགས་བྱ་ཞིང༌། ༀ་བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ་ཞེས་པས་གཙུག་ཏོར་བྱའོ། ། ༀ་ཙཀྵུར་བན་དྷ་ཝ་ར་མཱ་ན་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་མིག་དར་བཅིང་ཞིང༌། ཨཱཿཁཾ་བཱི་ར་ ཧཱུཾ་ཞེས་པས་མེ་ཏོག་གི་ཕྲེང་བ་བཟུང་ནས་ཡོན་ཕུལ་བ། ལས་ཐམས་ཅད་པའི་སྔགས་ཀྱིས་ ཆུས་བསངས་ཏེ། རྣལ་འབྱོར་མའམ་ལས་ཀྱི་རྡོ་རྗེ་ཅན་གྱིས་བཟུང་ལ། དེ་ནས་རང་གི་སློབ་ མ་ལ་དྲི་བར་བྱ་སྟེ། དགའ་བ་ལ་དགའ་ཁྱོད་སུ་ཀྱེ། སློབ་མ་དེ་རྣམས་ཀྱིས་ཀྱང༌། སྐལ་བཟང་ བདག་ནི་བདེ་ཆེན་ལའོ། །དེ་ནས་དེས། ༀ་སརྦ་ཡོ་ག་ཙིཏ་ཏ་ཨུད་པཱ་ད་ཡཱ་མི་ཞེས་བརྗོད་ 8-1-331 ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་ལ། སྙིང་ཁར་རྡོ་རྗེ་མེ་ཏོག་དང་བཅས་པ་བཟུང་ནས། ༀ་སུ་ ར་ཏེ་ས་མ་ཡ་སྟྭཱཾ་ཧོཿསི་དྷྱ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བརྗོད་དེ། དེང་ཁྱོད་ལ་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱིས་བྱིན་གྱིས་བརློབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་ རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པར་ཡང་མི་བྱའོ་ཞེས་བརྗོད་པར་བྱའོ། །ༀ་ཨཱཿཡ་མཱན་ཏ་ ཀྲྀཏ་ཧཱུཾ་ཞེས་བརྗོད་ཅིང་ཁྲིད་ལ། ཨཱཿཁཾ་བཱི་ར་ཧཱུཾ་ཞེས་པ་འདིས་ཡོལ་བའི་ནང་དུ་བཅུག་ ནས། མ་ཧཱ་ར་ཏ་སུ་ཏྲྀ་དྷ་སུ་ཏོ་ཥྱ་སུ་སུ་ཁོ་བཛྲ་ས་ཏྭཱ་ཨཱ་དྱ་སི་དྷྱ་མཱཾ་ཞེས་བརྗོད་པས་གཡས་ བསྐོར་བྱ་ཞིང༌། ཐལ་མོ་སྦྱར་ལ་དཀྱིལ་འཁོར་གྱི་ཤར་སྒོའི་ཕྱི་རོལ་ཏུ་ཕྱིན་ནས་ཕྱག་འཚལ་ བར་བྱ་སྟེ་སྔགས་འདི་རྣམས་འདོན་བཞིན་པས་སོ། །ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་སྠཱ་ནཱ་ཡ་ཨཱད་ མཱ་ནཾ་ནིར་ཡཱ་ཏ་ཡཱ་ཏ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ཨ་དྷི་ཏིཥྛ་མཱཾ། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཨུ་པ་ སྠཱ་ནཱ་ཡ། ཨཱད་མཱ་ནཾ་ནིར་ཡཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ན་ཨ་དྷི་ཏིཥྛ་མཱཾ། ལྷོ་རུ་སྙིང་ ཁར་ཐལ་མོ་སྦྱར་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཨ་བྷི་ཥེ་ཀཱ་ཡ། ཨཱཏ་མཱ་ནཾ་ནིར་ཡཱ་ཏ་ཡཱ་མི། སརྦ་ ཏ་ཐཱ་ག་ཏ་བཛྲ་རཏ་ན་ཨ་བྷི་ཥིཉྩ་མཱཾ། ནུབ་ཏུ་དཔྲལ་བར་ཐལ་མོ་སྦྱར་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་ པཱུ་ཛཱ་པྲ་བར་ཏ་ནཱའ་ཡ། ཨཱཏ་མཱ་ནཾ་ནིར་ཡཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བར་ཏ་ཡ་མཱཾ། བྱང་དུ་སྙིང་ཁར་ཐལ་མོ་སྦྱར་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཀར་མ་ཎེ། ཨཱཏ་མཱ་ནཾ་ནིར་ཡཱ་ཏ་ཡཱ་ མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀར་མ་ཀུ་རུ་མཱཾ། ཞེས་པའི་སྔགས་ལྔས་མི་བསྐྱོད་པ་ལ་སོགས་པའི་ དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱེད་དུ་བཅུག་སྟེ། སླར་ཡང་ཤར་སྒོའི་ཕྱི་རོལ་ནས་རབ་ ཏུ་དང་བས། ༀ་གུ་རུ་ཙ་ར་ཎ་ཨུ་པ་སྠཱ་ནཱ་ཡ། ཨཱཏ་མཱ་ནཾ་ནིར་ཡཱ་ཏ་ཡཱ་ཏ་མི། ༀ་སརྦ་སཏྭ་པ་རི་ ཏྲ་ཎཱརྠཱ་ཡ། ཨཱཏ་མཱ་ནཾ་ནིར་ཡཱ་ཏ་ཡཱ་ཏ་མི། ཞེས་པ་རྣམས་དོན་གོ་བ་སྔོན་དུ་འགྲོ་བས་འདོན་དུ་ གཞུག་པར་བྱའོ། །དེ་ནས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ 8-1-332 ཀྱིས། དེའི་ཕྱིར་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་ མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་ནས། མགོ་བོར་རྡོ་རྗེ་བཟུང་ཞིང་ དྲིལ་བུ་དཀྲོལ་ལ། ཁྱོད་ཀྱི་དམ་ཚིགས་རྡོ་རྗེ་འདིས། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། ། འདི་སྨྲས་ན་ནི་སྤྱི་བོ་འགེམས། ། ཞེས་བརྗོད་པར་བྱའོ། །སླར་ཡང་སྙིང་ཁར་རྡོ་རྗེ་བཟུང་སྟེ། དི་རིང་རྡོ་རྗེ་སེམས་དཔའ་ རང༌། །ཁྱོད་ཀྱི་སྙིང་ལ་ཡང་དག་གནས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་ གཤེགས། །ཞེས་པ་འདིས་མནའ་བྱས་ནས། བདུད་རྩི་ལྔ་པད་མའི་སྣོད་དུ་གནས་པ་ལ་ཡི་གེ་ གསུམ་གྱིས་བསྔགས་པ་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་བཞག་པ། ༀ་བཛྲ་ཨ་མྲྀ་ཏ་ ཨུ་ད་ཀ་ཋཿ ཞེས་པ་བདུན་བཟླས་ཏེ་མིང་མེད་དང་མཐེ་བོང་གིས་བཟུང་བའི་སྣོད་ཀྱི་ཁས། དེའི་ཁར་སྦྱིན་ཞིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། ། དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཅེས་བརྗོད་པས་ མནའི་བཏུང་བ་བྱེད་དུ་བཅུག་ལ། དེང་ནས་བརྩམས་ཏེ་ཁྱེད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་ བརྗོད་པར་བྱའོ། །ཞེས་པ་དམ་ཚིག་གི་ཆུ་སྦྱིན་པའོ།། །། ༈ དེ་རྗེས་སློབ་མས་འདི་བརྗོད་དེ། །རང་ཉིད་མཉམ་པར་གཞག་པས་དབབ། །སློབ་ དཔོན་གྱིས་བསྐུལ་ཚིག་གིས་ནི། །དངོས་གྲུབ་ཐམས་ཅད་རབ་བསྒྲུབ་ཕྱིར། །དེ་བཞིན་ གཤེགས་པ་ཐམས་ 8-1-333 ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ ཅིག་ཅེས་སོ། ། དེ་ནས། རྐང་པའི་འཐིལ་ནས་སྟེང་ཀུན་ཏུ། །ལུས་ལ་བུག་པ་རྣམ་བསལ་ཞིང༌། དེ་ཡི་ རྐང་པའི་འོག་ཏུ་ནི། །འབར་བཅས་མེ་ཡི་དཀྱིལ་འཁོར་བསྒོམ། །དེ་ཡི་སྟེང་དུའང་ཛྷཻ་ཡིག་ནི། ། དམར་པོའི་མདོག་ཅན་རྣམས་བསམས་ཏེ། །དེ་ལས་བྱུང་བའི་མེ་འོད་ཀྱིས། །བརྟུལ་ཤུགས་ ཅན་གྱི་ལུས་རྣམས་སྦྱང༌། །དེ་བཞིན་འོད་ནི་གསལ་བྱ་ཞིང༌། །མཁས་པས་བསླང་པ་བྱས་ ནས་སླར། །སློབ་མའི་སྙིང་མགྲིན་མགོ་བོ་ལ། །ཧཱུཾ་ཧཿཨཱཿཞེས་རྣམས་པར་དགོད། །དྲིལ་བུ་ སྒྲ་ནི་སྒྲོགས་ལྡན་པ། །འཛིན་པ་ཡིས་ནི་དབབ་པར་བྱ། །དེ་བཞིན་གཤེགས་རྣམས་དབབ་པ་ ཡི། །དོན་དུ་སྔགས་འདི་བརྗོད་པར་བྱ། །འདི་དེ་དམ་ཚིག་རྡོ་རྗེ་སྟེ། རྡོ་རྗེ་སེམས་དཔའ་ཞེས་ སུ་བརྗོད། རྡོ་རྗེའི་ཡེ་ཤེས་བླ་ན་མེད། ། འདི་ཉིད་དུ་ནི་འབབ་པར་ཤོག །ༀ་བཛྲ་ཨཱ་བེ་ཤ་ཨཿཨཿཨཿཨཿ། གལ་ཏེ་ཕེབས་པ་ ཉིད་མིན་ན། ། སྔགས་འདི་ཡང་ནི་བརྟན་པར་བརྗོད། །དེ་ནས་ཨཱཿཡིག་འོད་ཟེར་གྱིས། །ཡེ་ཤེས་ སེམས་དཔའ་རབ་བསྐུལ་བྱ། །ཨཱ་བེ་ཤ་ཡ་སྟོ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ། ཧཱུཾ་ཧཿཨཱཿཛྷཻཿ། ། འདར་བའམ་བ་སྤུ་ལྡང་བར་བྱེད། །བརྒྱལ་བའམ་གང་གིས་གར་བྱེད་པའམ། །དེ་དག་སྟེང་ དུ་འཕར་བ་ཡང༌། ། ཕེབས་པའི་མཚན་ཉིད་རིག་པར་བྱ། །དགའ་ཞིང་ལྟ་བས་ཞུགས་པ་ཡི། །སློབ་མའི་ལྕེ་ ལ་ཨཱཿཡིག་དགོད། །ཡི་གེ་བརྒྱ་པས་བརྟན་བྱ་སྟེ། །མཁས་པས་དགེ་དང་མི་དགེ་དྲི། །ཕེབས་ པ་གཏོང་བར་བྱེད་པ་ནི། །སྔགས་ཀྱི་རིམ་པ་འདི་ཡིས་རིག །ངེས་པར་ཞུགས་པའི་ལྷ་རྣམས་ སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ནས། རང་གི་སྙིང་ཁའི་ས་བོན་ལ་སྟིམ་ཞིང་སློབ་ 8-1-334 མའི་མགོ་བོར་རྡོ་རྗེ་བཟུང་ལ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་པ་ལ་སོགས་ པ་སྔོན་དུ་འགྲོ་བའི་ཧཱུཾ་ཧཿཨཱཿཛྷཻཿ མུ་ཞེས་པས་གཤེགས་སུ་གསོལ་བར་བྱ་སྟེ། འདི་ནི་དབབ་པའི་ཆོ་གའོ།། །། ༈ དེ་ནས་སློབ་མ་དཀྱིལ་འཁོར་དུ་མངོན་པར་ཕྱོགས་པ་ལ། ཁྱོད་ཀྱིས་མིག་གིས་ བལྟས་པ་ལ་ཇི་ལྟར་སྣང་ཞེས་དྲིས་ཏེ། དེ་ན་རེ་དཀར་པོ་དང་སེར་པོ་དང་དམར་པོ་དང་ ལྗང་ཁུ་དང་ནག་པོར་སྣང་ངོ་ཞེས་ཟེར་ན། རིམ་པ་ཇི་ལྟ་བ་བཞིན་དུ་ཞི་བ་དང་རྒྱས་པ་དང་ དབང་དང་མངོན་སྤྱོད་ཀྱི་དངོས་གྲུབ་ལ་སྐལ་བ་དང་ལྡན་པར་གོ་བར་བྱ་ཞིང༌། འདིའི་མཐེ་ བོ་གཉིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་བཟུང་ལ། རྡོ་རྗེའི་རྐང་སྟབས་ཀྱི་གར་ གྱི་ཚུལ་གྱིས། འཁྱིལ་པའི་སྔགས་བརྗོད་ཅིང་བསྐོར་བ་གསུམ་བྱེད་དུ་བཅུག་ནས། བདེན་ པའི་བྱིན་གྱིས་བརླབས་འདི་བྱ་སྟེ། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་ མ་གཞུག་པ་འདི། །ལྷ་རྣམས་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པ་དེ་བཞིན་ཤོག ། འདིའི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ ཡང་ཅི་འདྲ་བ། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་པ་འདི་བརྗོད་པས་སོ། །དེ་ནས་ སྔར་བཟུང་བའི་མེ་ཏོག་གི་ཕྲེང་བ་ཡི་གེ་ཏྲཾ་གིས་བསྔགས་པ་ལས། ཡང་ཞིང་མ་རྙིངས་པའི་མེ་ ཏོག་གཅིག་བཏོན་ལ་དེའི་ལག་པ་ཐལ་མོ་སྦྱར་བར་སྦྱིན་པར་བྱ་ཞིང༌། དེས་དེའི་ཚེ་མེ་ཏོག་གི་ཕྲེང་བར་ལྷག་པར་མོས་ཏེ། བདག་ཉིད་ཀྱང་ཡི་གེ་གསུམ་གྱིས་ འོད་གསལ་ཞིང་སྡིག་པ་དང་བྲལ་བར་མོས་ལ། བླ་མས་དེ་ལྟར་བྱིན་གྱིས་བརླབས་པ་དང༌། གུས་པ་སྔོན་ཏུ་འགྲོ་བས་དཀྱིལ་འཁོར་པ་དང་བཅས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་ མདུན་ན་གནས་བཞིན་པར་དམིགས་པའི་དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་ནས། དེའི་ དབུ་ལ་མེ་ཏོག་གཏོར་བར་བྱ་སྟེ། ༀ་ཏིཥྛ་བཛྲ་ཏྲྀ་ཌྷོ་མེ་བྷ་ཝ། ཤཱ་ཤྭ་ཏོ་མེ་བྷ་ཝ། ཧྲྀ་ད་ 8-1-335 ཡཾ་མེ། ཨ་དྷི་ཏིཥྛ། སརྦ་སིད་དྷི་མེ་པྲ་ཡཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ ཨཱཿཁཾ་བཱི་ར་ཧཱུཾ། པྲ་ཏཱིཙྪ་ཀུ་སུ་མཱཉྫ་ ལིཾན་ཐ་ཧོཿ ཞེས་པའི་སྔགས་བརྗོད་པས་སོ། །རེ་ཁཱ་ལྔའི་ནང་དུ་མེ་ཏོག་ལྷུང་བ་དང་རྗེས་སུ་ འཐུན་པར་འདིའི་རིགས་ལ་སོགས་པ་བསྟན་པར་བྱ་ཞིང༌། དེའི་རྣལ་འབྱོར་ཀྱང་སྦྱིན་ནོ། །དངོས་གྲུབ་ཀྱང་མཚོན་པར་བྱ་སྟེ། གལ་ཏེ་སངས་རྒྱས་ ཀྱི་དབུའམ་གཙུག་ཏོར་རམ་མཛོད་སྤུ་ལ་མེ་ཏོག་ལྷུང་ན་དེའི་ཚེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ པོ། །སྤྱན་ནམ་ཞལ་ལ་ལྷུང་ན་དེའི་ཚེ་སྔགས་ཀྱི་དངོས་གྲུབ་པོ། །སྐུའི་སྟོད་ལ་ནི་མཆོག་སྟེ། བར་ལ་ནི་འབྲིང་དང༌། འོག་གི་ཆ་ལ་ནི་དམན་པའོ། །སྐུ་ལས་ཤིན་ཏུ་རིང་བར་གྱུར་པ་ལ་ནི་ཡུན་རིང་པོ་སྟེ། ཉེ་ བ་ལ་ནི་མྱུར་བར་རབ་ཏུ་འགྲུབ་པོ། །ལྷ་རྣམས་ཀྱི་རང་གི་གནས་ནི་རེ་མིག་ལ་སོགས་པས་ རྣམ་པར་བཅད་པ་ལས་ཤེས་པར་བྱ་སྟེ། གལ་ཏེ་ལྷ་གཉིས་ཀྱི་བར་དུ་ལྷུང་ན་དེའི་ཚེ་མེ་ཏོག་ གང་ལ་ཉེ་བར་གྱུར་པ་དེའི་རིགས་སུ་འགྱུར་རོ། །མཉམ་པ་ཉིད་ལ་ནི་གཉི་གའི་ཆོ་ག་འགྲུབ་ སྟེ། དེའི་ཚེ་དེ་རྣམས་གང་ལ་དད་པ་དེའི་རིགས་སུ་འགྱུར་རོ། །རེ་ཁཱ་ལྔའི་ཕྱི་རོལ་ཏུ་ལྷུང་ ན་སླར་ཡང་ལན་གསུམ་གྱིས་བར་དུ་དོར་བར་བྱ་སྟེ། དེ་ལ་ཡང་ཕྱི་རོལ་ཏུ་ལྷུང་ན་ནི་དངོས་ གྲུབ་ཕྲ་མོའོ། །ཕྱིའི་རེ་ཁཱ་ཟླུམ་པོ་རྣམས་དང༌། ཕྱིའི་རྡོ་རྗེ་ཕྲེང་བའི་ཕྱི་རོལ་ཏུ་ལྷུང་ན་ནི་དངོས་ གྲུབ་མེད་དེ། འདི་ལ་དཀྱིལ་འཁོར་ཡང་བསྟན་པར་མི་བྱའོ། །སྔགས་བཟླས་པ་ལ་སོགས་ པས་སྐལ་བ་དང་ལྡན་པ་ཉིད་དུ་བསྒྲུབས་ནས་སྐབས་གཞན་དུ་དེ་གཞུག་པར་བྱའོ། །དེ་ནས་ མེ་ཏོག་དེ་བཟུང་ནས་ༀ་པྲ་ཏི་གྲྀཧྣ་ཏྭཾ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ། ཞེས་བརྗོད་དེ་སློབ་མའི་ མགོ་བོ་ལ་བཅིང་ངོ༌། །འདི་ནི་ཕྲེང་བའི་མངོན་པར་དབང་བསྐུར་བའི་ཆོ་གའོ།། །། ༈ འདིར་ཕེབས་པར་གྱུར་པ་ན་དགེ་བ་ལ་སོགས་སྨྲས་པའི་མཐར། ༀ་ཏིཥྛ་བཛྲ་ཞེས་ པ་འདིས་ཕེབས་པ་བརྟན་པར་བྱ་ཞིང༌། མིག་གི་སྣང་བ་དྲི་བ་ལ་སོགས་པ་ནས་མགོ་བོར་ 8-1-336 བཅིངས་བའི་མཐར་ ཐུག་པར་བྱས་ཏེ། ངེས་པར་ཞུགས་པའི་ལྷ་གཤེགས་སུ་གསོལ་བར་བྱའོ། །མི་ནུས་པས་ ནི་འབེབས་ པའི་ཆོ་ག་མ་བྱས་པར། དམ་ཚིག་གི་ཆུ་སྦྱིན་པའི་འཇུག་ཐོགས་སུ། མིག་གི་སྣང་བ་དྲི་ བ་ལ་སོགས་པ་བྱའོ་ཞེས་འཆད་དོ། །དེའི་རྗེས་སུ་སློབ་མའི་མིག་གཉིས་ལ་འབར་བ་དང་ བཅས་པའི་ༀ་གཉིས་རྣམ་པར་བསྒོམས་ཏེ། དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་མིག་ ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་མིག་ནི་དབྱེ་བར་མཛོད། །ༀ་ ཛྙཱ་ན་ཙཀྵུ་ཧཱུཾ་ཨཱཿ ཞེས་བརྗོད་ཅིང་གདོང་གཡོགས་བསལ་བར་བྱའོ། །དེ་ནས་ཀྱེའི་རྡོ་རྗེ་ལྟོས་ ཤིག་ཅེས་སྨྲས་ནས། ད་ནི་དད་པའི་ཤུག་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱི་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱི། །རྡོ་རྗེ་པད་མ་རྩེ་རོལ་བས། །གསང་ སྔགས་རྣམས་ལ་སྒྲུབས་པ་གྱིས། །ཞེས་བརྗོད་དོ། ། དེ་ནས་རིམ་བཞིན་དཀྱིལ་འཁོར་གྱི། །དེ་ཉིད་རབ་ཏུ་གསལ་བར་བྱ། །ལྷ་རྣམས་དེ་དག་ ཐམས་ཅད་ཀྱི། །ངོ་བོའང་ཉེ་བར་བསྟན་པར་བྱ། །འཕགས་པའི་བདེན་པས་གྲུབ་བཞིར་ འགྱུར། །ཚངས་པའི་གནས་པས་ཟུར་རྣམས་ཏེ། །སྒོ་རྣམས་བསྡུ་བའི་དངོས་པོར་བརྗོད། ། སོ་སོར་བཞིར་ནི་ཡང་དག་ཤེས། །དད་དབང་ལ་སོགས་སེམས་གང་ཡིན། །ར་བ་ལྔར་ནི་ ཡང་དག་བྱུང༌། །རྫུ་འཕྲུལ་རྐང་བ་བཞི་པོ་ནི། །སྒོ་ཁྱུད་རྣམ་བཞི་དེ་རྣམས་སོ། །དེ་ཡི་དབུས་ སུ་འཁོར་ལོ་གང༌། །དཀྱིལ་འཁོར་བརྒྱད་ལ་མཚུངས་པ་སྟེ། །རྣམ་པར་ཐར་པ་བརྒྱད་པོ་ འདིས། །དངོས་གྲུབ་ཐབས་ཅད་རབ་ཏུ་འགྲུབ། །དངོས་གྲུབ་ཆེན་པོའི་ཕུང་པོ་ཀུན། །ཀ་ བ་ལྟ་བུར་རབ་ཏུ་འགྱུར། །འཕགས་ལམ་ཡན་ལག་བརྒྱད་པོ་ནི། །ཀ་བ་བརྒྱད་ཅེས་བྱ་བར་ 8-1-337 བཤད། །ཆོས་ཀྱི་དབྱིངས་ཀྱི་དོན་གྱི་བརྡར། །འཁོར་ལོའི་ནང་དུ་དཀྱིལ་འཁོར་ཏེ། །ཐུགས་ ཀྱི་དཀྱིལ་འཁོར་འདི་ཉིད་ནི། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །བསམ་གཏན་རྣམས་ནི་ རྟ་བབས་འདིར། །བ་དན་རང་བཞིན་དེ་བཞིན་ཏེ། །བྱང་ཆུབ་འབྲས་བུར་གྱུར་པ་ནི། །སྒོ་ རྣམས་སུ་ནི་དཔག་བསམ་ཤིང༌། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། ། སངས་རྒྱས་ལྔ་ནི་རབ་ཏུ་བསྟན། །སྤྱན་མ་ལ་སོགས་ལྷ་མོ་བཞི། །ས་ལ་སོགས་པའི་རང་ བཞིན་ཉིད། །འདོད་པ་ལྔ་ཡི་རང་བཞིན་གྱིས། །གཟུགས་ཀྱི་རྡོ་རྗེ་སོགས་དེ་བཞིན། །མིག་ ལ་སོགས་པའི་རང་བཞིན་ཡང༌། །ས་ཡི་སྙིང་པོ་ལ་སོགས་སོ། །ལག་སོགས་ངོ་བོ་ཁྲོ་བོའི་ དབང༌། །གཤིན་རྗེའི་དགྲ་སོགས་རབ་བསྟན་ཏེ། །སྐུ་ཡི་འཁོར་ལོར་གནས་སངས་རྒྱས། ། རིམ་བཞིན་མི་བསྐྱོད་ལ་སོགས་མགོན། །ཕྱི་ཡི་འཁོར་ལོར་སློབ་མ་ལ། །གསལ་བྱ་སྙིང་ རྗེའི་བདག་ཉིད་ཅན། །ཞེས་པའོ། ། རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་བཞུགས་སོ། །རྣལ་འབྱོར་དཀྱིལ་ འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༌། །གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ ཆེན་པོར་བདག་དབང་བསྐུར། །ཞེས་བརྗོད་དུ་བཅུག་ནས། དམ་ཚིག་བསྒྲག་པར་བྱ་སྟེ། ཧོཿ ཧོཿ ཧོཿ ཞེས་པའོ། །སློབ་མ་གཞུག་པའི་ཆོ་གའོ།། །། དེའི་རྗེས་ལ་ཆུའི་དབང་གི་དོན་དུ། བླ་མ་ལ་ཇི་ལྟར་འབྱོར་བའི་ཡོན་ཕུལ་ནས། པུས་མོ་ ས་ལ་བཙུགས་ཤིང་ཐལ་མོ་སྦྱར་ཏེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་ བ་ལྟར། ། བདག་ཀྱང་སྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དིང་བདག་སྩོལ། །ཞེས་བརྗོད་ ཅིང་གསོལ་བ་གདབ་པར་བྱའོ། །དེ་ནས་དཀྱིལ་འཁོར་ཕྱི་རོལ་ཏུ། །ཤར་གྱི་ཕྱོགས་སུ་ དཀྱིལ་འཁོར་ཏེ། །ཡང་ན་དབང་ལྡན་སྔགས་པས་བྲི། །གྲུ་བཞི་པ་ལ་སྒོ་བཞི་པ། །ཁྲུ་དོ་རིམ་ 8-1-338 པ་གཉིས་པ་ཉིད། །དེ་དབུས་སྣ་ཚོགས་འདམ་སྐྱེས་ཏེ། །དཀར་དམར་དེ་བཞིན་ནག་པོ་ཡིས། ། ར་བ་གསུམ་ནི་དེ་ལ་བྲི། ར་བའི་རྡུལ་ཚོན་ལྡན་བྱས་ནས། །ཕྱག་རྒྱ་བཞི་ནི་དགོད་བྱ་སྟེ། ། ཤར་དུ་འཁོར་ལོ་ལྷོར་རིན་ཆེན། །ནུབ་ཏུ་ཆུ་སྐྱེས་གེ་སར་བཅས། །ནོར་སྦྱིན་སྣ་ཚོགས་རྡོ་རྗེ་ གཞག བུམ་པ་ཡང་ནི་དགོད་པར་བྱ། །ཞེས་པ་ཁྲུས་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ།། །། ཕྲེང་བའི་དབང་བསྐུར་བྱས་ནས་ནི། །སློབ་མ་བཟུང་ནས་མཎྜལ་གྱི། །དབུས་སུ་པད་ མར་ཡང་དག་གཞག །ལྷ་ཡི་ང་རྒྱལ་འཛིན་པས་སོ། །སློབ་དཔོན་ཚོགས་དང་བཅས་པ་ཡིས། ། ཤིས་བརྗོད་ཚིགས་བཅད་སྔོན་འགྲོ་བས། །བུམ་པ་ལས་བྱུང་རྣམས་ཀྱིས་ནི། །རྡོ་རྗེ་སློབ་མ་ བཀྲུ་བར་བྱ། །ཏིལ་གྱི་གང་བུ་ལྟར་གང་བའི། །བུམ་པ་འཛིན་པའི་རྒྱལ་བ་རྣམས། །དི་རིང་ ཁྱོད་ལ་དབང་བསྐུར་གྱིས། །ཤེས་ནས་ཡིད་ནི་བདེ་བར་གྱིས། །ཞེས་བརྗོད་ནས་སློབ་མ་རྡོ་ རྗེ་འཆང་གི་གཟུགས་སུ་བསྒོམས་ཏེ། སྔར་བརྗོད་པའི་ཆོ་གས་སྦྱང་བ་བྱའོ། །དེ་ནས་གཞན་ ཡང་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་ གཤེགས་པ་དང་རིག་པའི་ལྷ་མོ་རྣམས་ཀྱང་སྤྱན་དྲངས་ནས་ཡང་དག་པར་མཆོད་དེ་སློབ་མ་ དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱབ་པའི་ཆེད་དུ་དབང༌། ། ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་པའི་ཚིགས་སུ་ བཅད་པས་གསོལ་བ་བཏབ་པ་དང༌། དེ་བཞིན་གཤེགས་པ་དེ་རྣམས་ཤེས་རབ་དང་སྙོམས་ པར་ཞུགས་པས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་པ། རྣམ་པར་སྣང་མཛད་ཀྱི་སྒོ་ནས་ ཞུགས་ཏེ་རྡོ་རྗེའི་ལམ་ནས་བྱུང་བའི་ཁུ་བ་དེ་རྣམས་ཀྱིས། ཁ་ནས་ལྷ་མོའི་པད་མར་ཞུགས་ པའི་སློབ་མ། སྐ་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ། ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་མི་བསྐྱོད་པ་ ཤེས་རབ་དང་བཅས་པའི་གཟུགས་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་མངོན་པར་ དབང་བསྐུར་ནས། སླར་ཡང་ཕྱག་དང་ཞལ་ལ་སོགས་པའི་སྐུ་རྣམས་ཀྱིས་པད་མ་ལས་ཕྱུང་ 8-1-339 སྟེ། ནམ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པའི་རིག་མ་རྣམས་དང་ལྷན་ཅིག་ པས། གདུགས་དང་རྒྱལ་མཚན་དང་བ་དན་དང་ན་བཟའ་དང་རོལ་མོའི་སྒྲ་དང་གླུ་དང་གར་ དང་མེ་ཏོག་དང་བདུག་སྤོས་དང་གུར་ཀུམ་ལ་སོགས་པའི་ཆར་རྣམས་དང༌། ཕྱག་གིས་ཅུང་ ཟད་ཡོ་བར་གཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་རྣམས་ཀྱིས། སློབ་ མ་པད་མ་ལས་ཕྱུང་བ་དེ་རྣམས་ལ་མངོན་པར་དབང་བསྐུར་བཞིན་པ་དང༌། གཟུགས་རྡོ་རྗེ་ མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། ། ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་བསྐྱེད་མཛད་ བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ ཞིག་མཐའ་དག་རྡོ་རྗེའི་རིགས་དང་ལྡན། །ཞེ་སྡང་ཟིལ་གནོན་སྐྱེ་བ་ཡོངས་སུ་སྦྱོངས་བ་པོ། ། དེ་ནི་མི་བསྐྱོད་མགོན་པོ་ཞེས་བྱའི་མཚན་འཆང་བ། ། དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཐའ་ དག་གཏི་མུག་རིགས་དང་ལྡན། །རྣམ་པར་སྣང་མཛད་རྟག་ཏུ་སྲིད་པའི་སྡུག་བསྔལ་འཕྲོག ། གཏི་མུག་ཟིལ་གནོན་སྐྱེ་བ་ཡོངས་སུ་སྦྱོང་བ་པོ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་ བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཐའ་དག་རིན་ཆེན་རིགས་དང་ལྡན། །དབུལ་བའི་ སྡུག་བསྔལ་ཡོངས་སུ་གྲོལ་བའི་ཆེད་དུ་བརྩོན། །ང་རྒྱལ་ཟིལ་གནོན་སྐྱེ་བ་ཡོངས་སུ་སྦྱོང་བ་ པོ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཐའ་ དག་པད་མའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲ་བ་རྣམས་འཇོམས་ཤིང༌། ། འདོད་ཆགས་ཟིལ་གནོན་སྐྱེ་བ་ཡོངས་སུ་སྦྱོང་བ་པོ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཐའ་དག་ལས་ཀྱི་རིགས་དང་ལྡན། །བརྫུན་སྨྲར་ དགའ་བ་རྣམས་ལ་སྙིང་རྗེའི་བདག་ཉིད་ཅན། །དེ་རྣམས་ཕྲག་དོག་སྡིག་ལས་གྲོལ་བའི་ 8-1-340 བརྙན་པ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་ པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། ། སངས་རྒྱས་པད་མ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །དེས་ནི་དི་རིང་ཁྱོད་ལ་ཞི་བྱེད་ བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ ན་གྲགས་ཤིང་ལྷ་དང་མིས་མཆོད་པའི། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེས་ ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་ དཔལ་གྱི་གཞི། ། དེས་ནི་དི་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །ཅེས་པ་ལ་སོགས་པའི་བཀྲ་ཤིས་ཀྱི་གླུ་ རྣམས་ཀྱིས་བཀྲ་ཤིས་ཉེ་བར་སྦྱོར་བཞིན་པ་ལ། རང་གིས་ཀྱང་དེ་རྣམས་ཀྱི་གླུ་རབ་ཏུ་བླང་ ཞིང༌། དང་པོར་རྣམ་པར་རྒྱལ་བའི་བུམ་པ་དང་དེ་ནས་དེ་བཞིན་གཤེགས་པ་བཞིའི་བུམ་པ་ དང༌། དེ་ནས་ལྷ་མོ་བཞིའི་བུམ་པ་དང༌། དེ་ནས་ཇི་ལྟར་རིགས་པར་དཀྱིལ་འཁོར་པའི་བུམ་ པའི་ཆུ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ངོ་བོ་རྣམས་ཡལ་འདབ་དང་བཅས་པའི་རྡོ་རྗེའི་ ལག་པ་གཡས་པའི་ཁུ་ཚུར་གྱིས་བཟུང་བའི་རྡོ་རྗེ་རྩེ་མོས་བླུགས་ཏེ། ༀ་མ་ཧཱ་སུ་ཁ་བཛྲ་སཏྭ་ ཨ་བྷི་ཥེ་ཀེ་ཎ་ཏྭཾ་ཨ་བྷི་ཥིཉྩཱ་མི། སརྦ་ཏ་ཐཱ་ག་ཏཱ་ཨ་དྷི་པ་ཏི་ཏྭེ་བ་དྲྀ་ཌྷོ་བྷ་ཝ། ཞེས་བརྗོད་ ཅིང༌། དབང་བསྐུར་ཆེན་པོ་རྡོ་རྗེ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །རྡོ་རྗེའི་གསང་ གསུམ་ཡང་དག་བྱུང༌། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ༀ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་ སུ་ར་ཏ་སྟྭཱཾ་ཨ་ཧཾ། ཞེས་བརྗོད་པས་མངོན་པར་དབང་བསྐུར་བར་བྱའོ། །ཡང་ཁྲུས་ཀྱི་དཀྱིལ་ འཁོར་མེད་ན། དཀྱིལ་འཁོར་གྱི་ཤར་སྒོར་སློབ་མ་ཉེ་བར་གཞག་པ་ལ། རྣམ་པར་རྒྱལ་བ་ ལ་སོགས་པའི་བུམ་པ་རྣམས་ལས་ཆུ་ཉུང་ཟད་ཉུང་ཟད་བསྡུས་ཏེ་པད་མའི་སྣོད་དམ་དུང་ 8-1-341 ཆོས་སུ་བཟུང་བ་རྣམས་བླུགས་ཤིང་དབང་བསྐུར་བར་བྱའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་མ་ འབྱོར་ན་ཡང་རས་ལ་སོགས་པ་ལ་གནས་པའི་དཀྱིལ་འཁོར་འབའ་ཞིག་ཏུ། རྣམ་པར་རྒྱལ་ བའི་བུམ་པའི་ཆུ་ཉིད་མི་བསྐྱོད་པའི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོས་མཐོང་བར་ དབང་བསྐུར་བར་བྱའོ། །དེའི་ཚེ་དེ་རྣམས་བདེ་བ་ཆེན་པོ་ལ་མཉམ་པར་གཞག་པར་འགྱུར་ རོ་ཞེས་བསམ་པར་བྱའོ། །ཞེས་པ་ནི་ཆུའི་དབང་བསྐུར་བ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། ། འགའ་ཞིག་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ་ཞེས་སོ།། །། ༈ ཁྲུས་ཀྱི་དཀྱིལ་འཁོར་རིམ་པ་ལས། །ཆུ་ཡི་དབང་བསྐུར་ཡང་དག་ཐོབ། །རྒྱན་རྣམས་ རབ་འཛིན་གང་ཡིན་པ། །དཀྱིལ་འཁོར་ཆེན་པོའི་ངོས་སུའོ། །དམར་པོའི་གོས་ནི་འཛིན་ གྱུར་པ། །རྒྱལ་བའི་རྒྱན་རྣམས་ཀྱིས་ནི་བརྒྱན། །ཅོད་པན་དཀར་པོ་ཡང་དག་འཛིན། །གླུ་ འདི་ཡིས་ནི་དགའ་བར་བྱ། །བདེ་བ་ཆེན་པོ་ཆགས་པ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེན་པོ། །ཤེས་ རབ་ཆེན་པོ་ཡེ་ཤེས་ཆེ། །རྡོ་རྗེ་སེམས་དཔར་དེང་བདག་སྒྲུབས། །སངས་རྒྱས་ཀུན་གྱི་རྡོ་རྗེ་ ཆེ། །རྡོ་རྗེའི་དབང་ཕྱུག་བླ་ན་མེད། ། དབང་བསྐུར་ཐམས་ཅད་ཀུན་དོན་དུ། །ཐམས་ཅད་དངོས་གྲུབ་བདེ་རབ་སྩོལ། །ཇི་ བཞིན་དང་པོའི་སངས་རྒྱས་དོན་དམ་བདེ་བ་སྟོན་པ་པོ། །ཇི་བཞིན་འདོད་པ་ཐར་པ་ནོར་ དང་ཆོས་རྣམས་སྟེར་བ་པོ། ། ཇི་བཞིན་ཡེ་ཤེས་ལྔ་དང་ཤིན་ཏུ་དགའ་བའི་གྲོགས་བྱེད་པ། །ཇི་བཞིན་ཕྱག་ན་རྡོ་རྗེ་ བདེ་བ་ཆེན་པོའི་མགོན་པོ་ཉིད། །སླར་ཡང་འདིར་ནི་བླ་མ་ཡིས། །དཀྱིལ་འཁོར་བསྐོར་བ་ གསུམ་བྱས་ཏེ། །དེ་ནས་ཤར་དུ་གནས་པ་ཡི། །སྒོ་ཕྱེ་ནས་ནི་རྣམ་པར་གཞུག །སངས་རྒྱས་ ཀུན་གྱི་དབང་བསྐུར་གྱིས། ། བླ་མས་སློབ་མ་བསྡུ་བྱ་སྟེ། །མགོ་བོའི་དབུས་སུ་དཔྲལ་བ་དང༌། །ལོགས་གཉིས་དེ་ 8-1-342 བཞིན་སྤྱི་བོ་དང༌། །རྒྱབ་ཏུའང་ཕྱག་རྒྱ་ཡང་དག་བཞག །སྔགས་འདི་རྗེས་སུ་བརྗོད་པར་བྱ། ། ༀ་བཛྲ་དྷཱ་ཏྭཱི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུཾ། ༀ་སཏྭ་བཛྲི་ཨ་བྷི་ཥིཉྩ་བྷྲཾ། ༀ་རཏ་ན་བཛྲི་ཨ་བྷི་ཥིཉྩ་ཏྲཱཾ། ༀ་ དྷརྨཱ་བཛྲི་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་བཛྲི་ཨ་བྷི་ཥིཉྩ་ཏཱཾ། དབང་བསྐུར་ཆེན་པོ་ཞེས་པ་ལ་སོགས་ པའི་ཚིགས་སུ་བཅད་པ་དང༌། ༀ་ ཨཱཿབཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ་ཞེས་བརྗོད་ཅིང༌། སླར་ཡང༌། ༀ་ཧཱུཾ་ཏྲཾ་ཧྲཱི་ ཨཿ ཞེས་པའི་སྔགས་ཀྱིས་དཔྲལ་བར་དར་དཔྱངས་བཅིངས་ལ། བཛྲ་ཏུ་ཥྱ་ཧོ་ཞེས་བརྗོད་ པས་མཉམ་པ་ཉིད་དུ་དགྱེས་པར་བྱའོ་ཞེས་པ་ནི་ཅོད་པན་གྱི་དབང་བསྐུར་བ་སྟེ། མཉམ་པ་ ཉིད་ཀྱི་ཡེ་ཤེས་སོ།། །། དེ་ནས་སློབ་མ་ཧྲཱི་དང་པད་མ་ཡོངས་སུ་གྱུར་པ་ལས་སྣང་བ་མཐའ་ཡས་ཀྱི་གཟུགས་ ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ། རྡོ་རྗེའང་སྣང་བ་མཐའ་ཡས་ཀྱི་བདག་ཉིད་ དེ། སློབ་མའི་སྙིང་ཁར་བཟུང་ནས། སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང༌། །དི་རིང་ཁྱོད་ལ་ བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་བཟུང༌། །ཞེས་ བརྗོད་ཅིང་སློབ་མའི་སྙིང་ཁ་དང་མགྲིན་པ་དང་མགོ་བོ་རྣམས་ལ་རྡོ་རྗེས་རེག་ནས། ལག་ པ་གཡས་པར་རྡོ་རྗེ་སྦྱིན་པར་བྱའོ་ཞེས་པ་ནི་རྡོ་རྗེའི་དབང་བསྐུར་བ་སྟེ་སོ་སོར་རྟོག་པའི་ཡེ་ ཤེས་སོ།། །། ༈ དེ་ནས་སློབ་མ་ཁཾ་དང་རལ་གྲི་ལས་སྐྱེས་པའི་དོན་ཡོད་གྲུབ་པའི་གཟུགས་ཡེ་ཤེས་ སེམས་དཔའ་དང་དབྱེར་མེད་པ་ལ། དྲིལ་བུའང་དོན་ཡོད་གྲུབ་པ་ཡོངས་སུ་གྱུར་པ་སྟེ། ལག་ པ་གཡོན་པར་བྱིན་ལ། རྡོ་རྗེ་དང་དྲིལ་བུར་ལྡན་པའི་ལག་པ་དག་གིས་ཕྱག་རྒྱ་ལ་འཁྱུད་པའི་ ཚུལ་བྱེད་དུ་བཅུག་ནས། ༀ་བཛྲ་ཨ་དྷི་པ་ཏི་ཏྭཱཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཱཾ་ཞེས་བརྗོད་ ཅིང༌། ༀ་བཛྲ་གྷ་ཎ་ཊ་ཨཿ ཨཿ བཅོམ་ལྡན་བཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་གྱུར་ 8-1-343 པར་མཛོད། །ཅེས་ཀྱང་འདོན་དུ་གཞུག་གོ་ཞེས་པ་ནི་དྲིལ་བུའི་དབང་བསྐུར་བ་སྟེ། བྱ་བ་ གྲུབ་པའི་ཡེ་ཤེས་སོ།། །། ༈ དེའི་རྗེས་སུ་ༀ་དང་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་གཟུགས་ཡེ་ ཤེས་སེམས་དཔའ་དང་རོ་གཅིག་པར་བསམས་པ་ལ། མགོ་བོར་རྡོ་རྗེ་དང་དྲིལ་བུ་མཉམ་ པར་བཟུང་སྟེ། ༀ་བཛྲ་སཏྭ་ཏྭཾ་ཨ་བྷི་ཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏཿ ཀྱེ་དཔལ་ཆེ་གེ་མོ་རྡོ་ རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སི་དྷྱ་ས་མ་ཡ་སྟྭཾ་བྷཱུར་བྷུ་ཝཿ སྭཱ་ཞེས་པས་མེ་ཏོག་ལྷུང་ བའི་རྗེས་སུ་འབྲངས་ནས། རང་གི་རིགས་ཀྱི་མིང་གིས་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ ཅན་གྱི་མངོན་པར་དབང་བསྐུར་བར་བྱའོ། །དེ་ལ་རྡོ་རྗེ་སེམས་དཔའི་མིང་རྣམས་ནི། མཆོག་ གི་དང་པོ་དང༌། དཔེ་མེད་དང༌། ཤིན་ཏུ་དགའ་བ་དང༌། རོ་མཉམ་པ་དང༌། རྣམ་པར་རྒྱལ་བ་ དང༌། ཨ་ལ་ལ་དང༌། སེམས་དཔའ་དང༌། བདེ་བ་ཆེན་པོ་དང༌། ཡན་ལག་མེད་པ་དང༌། ཡེ་ ཤེས་དང༌། ལྷན་ཅིག་སྐྱེས་པའི་རྡོ་རྗེ་རྣམས་སོ། ། རེ་རེ་ལ་ཡང་རྡོ་རྗེའི་སྒྲ་མངོན་པར་སྦྱར་བར་བྱ་སྟེ། དེ་བཞིན་གཤེགས་པ་དྲུག་གི་མིང་ རྣམས་ཁོ་ན་ལའོ། །མི་བསྐྱོད་པའི། བཞད་པ་དང༌། རྣམ་པར་སྒེག་པ་དང༌། དགའ་བ་དང༌། སྒེག་པ་དང༌། རོལ་བ་དང༌། རང་བྱུང་དང༌། ཞེ་སྡང་དང༌། ཧེ་དང༌། སྙིང་རྗེ་དང༌། ཐུགས་དང༌། ཧཱུཾ་མཛད་དང༌། མི་བསྐྱོད་རྡོ་རྗེ་རྣམས་སོ། །རྣམ་པར་སྣང་མཛད་ཀྱི། ༀ་མཛད་དང༌། རྟག་པ་ དང༌། དེ་བཞིན་གཤེགས་པ་དང༌། གཏི་མུག་དང༌། སྒྱུ་མ་དང༌། སངས་རྒྱས་དང༌། གཟུགས་ དང༌། སྐུ་དང༌། རྣམ་པར་སྣང་མཛད་རྡོ་རྗེ་རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི། ཡིད་བཞིན་ ནོར་བུ་དང༌། མཁའ་དང༌། ནམ་མཁའ་དང༌། གཟི་བརྗིད་དང༌། བདུད་ལས་རྒྱལ་བ་དང༌། འོད་བྱེད་དང༌། ང་རྒྱལ་དང༌། རིན་ཆེན་རྡོ་རྗེ་རྣམས་སོ། །སྣང་བ་མཐའ་ཡས་ཀྱི། འདོད་ ཆགས་དང༌། སྤྱན་རས་གཟིགས་དང༌། ཆོས་དང༌། པད་མ་དང༌། རྡོ་རྗེ་མྱུ་གུ་དང༌། ཤིན་ཏུ་ 8-1-344 དགའ་བའི་མྱུ་གུ་དང༌། དཔག་མེད་དང༌། པད་མའི་མྱུ་གུ་དང༌། མཆོག་གི་དགའ་བ་དང༌། ཤིན་ཏུ་དགའ་བའི་དགའ་བ་དང༌། སྙིང་རྗེའི་མྱུ་གུ་དང༌། གསུང་དང༌། སྣང་བ་མཐའ་ཡས་རྡོ་ རྗེ་རྣམས་སོ། །དོན་ཡོད་གྲུབ་པའི། རྟ་མཆོག་དང༌། དམ་ཚིག་དང༌། མཆོག་དང༌། ཕ་རོལ་ཏུ་ ཕྱིན་པ་དང༌། ལས་དང༌། རླུང་དང༌། རེག་བྱ་དང༌། ཕྲག་དོག་དང༌། དོན་ཡོད་རྡོ་རྗེ་རྣམས་སོ། །བུད་མེད་རྣམས་ལ། རྡོ་རྗེ་སེམས་དཔའི། རྡོ་རྗེ་ཤུགས་མ་ དང༌། རྡོ་རྗེ་རྣམ་པར་རོལ་མ་དང༌། རྡོ་རྗེ་མྱོས་མ་དང༌། རྡོ་རྗེ་ཀོང་ཀ་ཎ་དང༌། རྡོ་རྗེ་བཞིན་མ་ དང༌། རྡོ་རྗེ་བ་དན་མ་དང༌། རྡོ་རྗེ་ཕྲེང་བ་མ་དང༌། རྡོ་རྗེ་འཆར་མ་ཞེས་པའོ། །མི་བསྐྱོད་པའི། རྡོ་རྗེ་བདག་མེད་མ་དང༌། རྡོ་རྗེ་ཕྱག་མ་དང༌། རྡོ་རྗེ་ཕྲེང་བ་མ་དང༌། རྡོ་རྗེ་བྱེད་མ་དང༌། རྡོ་ རྗེ་མཱ་མ་ཀཱི་དང༌། ཞེ་སྡང་དགའ་མ་ཞེས་པའོ། །རྣམ་པར་སྣང་མཛད་ཀྱི། རྡོ་རྗེ་མཁའ་འགྲོ་མ་ དང༌། རྡོ་རྗེ་གཽ་རཱི་དང༌། སངས་རྒྱས་མཁའ་འགྲོ་མ་དང༌། རྡོ་རྗེ་རྣམ་སྣང་མ་དང༌། རྡོ་རྗེ་སྒེག་ མོ་དང༌། རྡོ་རྗེ་སྤྱན་མ་དང༌། གཏི་མུག་དགའ་མ་ཞེས་པའོ། །རིན་ཆེན་འབྱུང་ལྡན་གྱི། རྡོ་རྗེ་ སྒྲོལ་མ་དང༌། རྡོ་རྗེ་དོ་ཤལ་མ་དང༌། རྡོ་རྗེ་དབུགས་འབྱིན་མ་དང༌། རྡོ་རྗེ་འབར་མ་དང༌། རྡོ་ རྗེ་ང་རྒྱལ་མ་དང༌། ང་རྒྱལ་རྡོ་རྗེ་མ་དང༌། རྡོ་རྗེ་ནམ་མཁའ་མ་དང་ནམ་མཁའ་རྡོ་རྗེ་མ་དང༌། ནམ་མཁའ་དགའ་མ་ཞེས་པའོ། །སྣང་བ་མཐའ་ཡས་ཀྱི། རྡོ་རྗེ་འདོད་ཆགས་མ་དང༌། འདོད་ ཆགས་རྡོ་རྗེ་མ་དང༌། རྡོ་རྗེ་གླུ་མ་དང༌། རྡོ་རྗེ་ཨེ་མ་བདེ་དང༌། རྡོ་རྗེ་རོ་ལངས་མ་དང༌། རྡོ་རྗེ་ བློ་གྲོས་མ་དང༌། རྡོ་རྗེ་བཞད་མ་དང༌། རྡོ་རྗེ་གོས་དཀར་མོ་དང༌། འདོད་ཆགས་དགའ་མ་ ཞེས་པའོ། །དོན་ཡོད་གྲུབ་པའི། རྡོ་རྗེ་སྙེམས་མ་དང༌། རྡོ་རྗེ་སྒྱུ་མ་དང༌། རྡོ་རྗེ་རྒོད་མ་དང༌། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང༌། དམ་ཚིག་རྡོ་རྗེ་མ་དང༌། རྡོ་རྗེ་དགའ་མ་ཞེས་པའོ། །མིང་གི་ དབང་བསྐུར་བ་སྟེ། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ།། །། ༈ སྔར་བཤད་པའི་དབང་བསྐུར་བ་འདི་རྣམས་ལ་སོ་སོར་བྱང་ཆུབ་རྡོ་རྗེ་སངས་རྒྱས་ 8-1-345 ལ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་གསོལ་བ་གདབ་ཅིང༌། དབང་བསྐུར་ཆེན་པོ་ རྡོ་རྗེ་ནི་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་ཀྱང་བཀྲུ་བར་བྱའོ། །ཕྲེང་བ་དང་ཆུ་ལ་ སོགས་པའི་དབང་བསྐུར་བ་དྲུག་པོ་འདི་རྣམས་ནི། མ་རིག་གཉེན་པོ་ནུས་པ་ཉིད་དུ་བསྒྲུབ་ པར་བྱེད་པའི་ཕྱིར་རིག་པའི་དབང་བསྐུར་བ་ཞེས་བརྗོད་དོ། །དབང་འདི་རྣམས་བསྐུར་བའི་ སློབ་མ་ནི་བྱ་བ་དང་སྤྱོད་པའི་རྒྱུད་ཉན་པ་དང་འཆད་པ་དང་སྔགས་བསྒྲུབ་པ་ལ་དབང་བར་ འགྱུར་རོ། །སླར་ཡང་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཀྱང་ངོ་ཞེས་སློབ་དཔོན་དུ་རློམ་ པའི་འདོད་པ་ནི་ལུང་དང་མི་ལྡན་ཏེ། ལྷན་ཅིག་སྐྱེས་པའི་དབང་དང་སྡོམ་པ་དང་བྲལ་བ་ རྣམས་ལ། དེའི་རང་གི་ངོ་བོ་མངོན་པར་བརྗོད་པར་བཅོམ་ལྡན་འདས་ཀྱི་རྒྱུད་གང་དུ་ཡང་ མ་བསྟན་ཞིང་རིགས་པ་ཡང་མ་ཡིན་ནོ། །དབང་འདི་རྣམས་སློབ་དཔོན་གྱི་དབང་དོན་དུ་ མི་གཉེར་བ་ལ་ནི་ཐུན་མོང་གི་སྡོམ་པ་སྦྱིན་པ་སྔོན་དུ་འགྲོ་བས་བསྐུར་བར་བྱ་སྟེ། དོན་དུ་ གཉེར་བ་ལ་ནི་གཉི་གའི་སྒོམ་པ་སྦྱིན་པ་སྔོན་དུ་འགྲོ་བས་སོ།། །། ༈ དེ་ནས་སློབ་མས་ཡོན་ཕུལ་ལ་ཐལ་མོ་སྦྱར་ཏེ། གང་གི་བདག་ནི་ཁྱོད་དྲིན་ལས། ། རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེའི་གཏེར་ ཀྱེ་བདག་ལ་སྩོལ། །ཞེས་བརྗོད་ཅིང་བླ་མ་ལ་གསོལ་བ་བཏབ་པ་དེ་ལ། རྡོ་རྗེ་ཧཱུཾ་ལས་སྐྱེས་ པའི་རྡོ་རྗེ་སེམས་དཔའི་གཟུགས་སུ་བསམས་ནས། ཐོག་མཐའ་མེད་པའི་སེམས་དཔའ་ ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སེམས་ དཔའ་བདག་པོའི་བདག །བཅོམ་ལྡན་འདས་མཆོག་གི་དང་པོའི་སྐྱེས་བུ་ཞེས་བརྗོད་ཅིང་ ལག་པ་གཡས་པར་རྡོ་རྗེ་སྦྱིན་པར་བྱ་སྟེ། རྡོ་རྗེའི་དམ་ཚིག་གོ །དེ་ནས་དྲིལ་བུ་ཨཱཿལས་སྐྱེས་ པར་བསམས་ནས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོར་ བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བརྗོད་ 8-1-346 ཅིང་ལག་པ་གཡོན་པར་དྲིལ་བུ་སྦྱིན་པར་བྱ་སྟེ། དྲིལ་བུའི་དམ་ཚིག་གོ །སློབ་མས་ཀྱང་དྲིལ་ བུ་དེ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་མཆོག་ སེམས་དཔའ་ཡི། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་བརྗོད་ཅིང་དཀྲོལ་བར་བྱའོ། ། དེ་ནས་གཞན་ཡང་ཕྱག་རྒྱའི་དམ་ཚིག་གསུངས་པ། ཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཕྱག་ རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གིས་ལས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ ཏུ་བསྒྲགས། །འདིས་ནི་ལྷག་པའི་བདག་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱར་བྱིན་གྱིས་བརླབས་པ་ལ་ ལག་པས་འཁྱུད་པའི་ཚུལ་བྱའོ་ཞེས་པ་ཕྱག་རྒྱའི་དམ་ཚིག་གོ །མཆོག་གི་དང་པོ་ལས་གང་ གསུངས་པ། རྡོ་རྗེ་དེ་ཉིད་ཀྱིས་ནི་བཟུང༌། །དྲིལ་བུ་ཆོས་ཀྱིས་དཀྲོལ་ནས་ནི། །དམ་ཚིག་ གིས་ནི་ཕྱག་རྒྱ་ཆེ། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །ཞེས་སོ། །དམ་ཚིག་གསུམ་ སྦྱིན་པའི་ཆོ་གའོ།། །། ༈ དེའི་རྗེས་ལ་དམ་ཚིག་གསུམ་བཟུང་བ་ནི། སློབ་མ་རྡོ་རྗེ་སེམས་དཔའི་གཟུགས་སུ་ བསྒོམས་ཏེ། སྙིང་ཁའི་ས་བོན་གྱིས་བསྐུལ་བའི་ལྷ་མོ་རྣམས་དང་དེ་བཞིན་གཤེགས་པ་བཞུགས་ པ་རྣམས་ཀྱིས་མངོན་པར་དབང་བསྐུར་བཞིན་པར་རྣམ་པར་བསམས་ལ། དབང་བསྐུར་ ཆེན་པོ་རྡོ་རྗེ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་གསུམ་ཡང་དག་འབྱུང་བའི་ གནས། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ༀ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ ཡ་ཤྲེ་ཡེ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་པས་དབང་བསྐུར་བར་བྱའོ། །དེ་ནས་མི་བསྐྱོད་པ་ཅོད་པན་དུ་ བསམས་ཏེ། གཞན་དེ་བཞིན་གཤེགས་པ་རྣམས་དང་ལྷ་མོ་རྣམས་ཡེ་ཤེས་སེམས་དཔའི་ ངོ་བོས་བཅུག་ལ། ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་ཅིང༌། དེ་ རྣམས་ལ་མེ་ཏོག་ལ་སོགས་པ་དབུལ་བར་བྱའོ། །གང་གསུངས་པ། ཤེས་རབ་བཅུ་དྲུག་ལོན་ 8-1-347 པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་ གྱི་ནི་དབང་དུ་འདོད། །ཅེས་སོ། །དེའི་རྗེས་སུ་མདོར་བསྡུས་པས་དཀྱིལ་འཁོར་གྱི་དེ་ཁོ་ན་ ཉིད་དཀྱིལ་འཁོར་གྱི་རྣམ་པར་དག་པ་ཡང་བརྗོད་པར་བྱའོ། །ཕུང་པོ་དྲི་མེད་ཉིད་ནི་དཀྱིལ་ འཁོར་ཏེ། །མཐའ་དག་ལྷ་མོའི་ཚོགས་ཀྱང་རྣམ་པར་ངེས། །ཧེ་རུ་ཀ་དང་དཔའ་བོ་དེ་བཞིན་ གཤེགས། །དེར་ཡང་ལུས་དང་རོ་ཡི་རྒྱུན་ལས་རྟོགས། །ཞེས་པ་ཕྱིར་མི་ལྡོག་པའི་དབང་ བསྐུར་བ་སྟེ། མིང་གཞན་སློབ་དཔོན་གྱི་དབང་གི་ཆོ་གའོ།། །། ༈ དེ་ནས་རྡོ་རྗེ་སེམས་དཔའི་རྣམ་པར་བལྟས་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ ཡང་དག་པར་མཆོད་ཅིང་བསྟོད་དེ། དགག་པ་དང་བཅས་པའི་མེ་ཏོག་གཅིག་གིས་སློབ་ མ་ལ་བསྣུན་ནས་འདི་རྣམས་བརྗོད་པར་བྱའོ། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། ། སྲས་དང་བཅས་པ་རྣམ་རོལ་ཕྱིར། །རྡོ་རྗེས་སྙེམས་མའི་རྣལ་འབྱོར་གྱིས། །དགའ་མཆོག་ བདེ་བའི་མཆོད་པ་གྱིས། ཨཱཿ། །སྒེག་དང་བཅས་པས་ཕྲེང་བ་འཕང༌། །སངས་རྒྱས་ཐམས་ ཅད་མཆོད་པར་བྱ། །འདི་རྣམས་འབྲལ་བར་མི་འགྱུར་ཏེ། །ཕྲེང་བ་འདི་ནི་བརྒྱན་ཡིན་ ནོ། །ༀ། །ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་གྱིས། །དེ་ཡིས་བདེ་ གཤེགས་དངོས་གྲུབ་ནི། །ཤིན་ཏུ་བདེ་བ་ཐོབ་པར་འགྱུར། །གཱི། དེ་ཉིད་ཐལ་མོའི་གར་ གྱིས་ནི། །རྫོགས་སངས་རྒྱས་ལ་རྗེས་ཆགས་པའི། །སངས་རྒྱས་འདུལ་བའི་ཕྲིན་ལས་ཀྱིས། ། གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོཿ། །རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །དམ་ ཚིག་བརྟུལ་ཞུགས་ལེགས་བསྒོས་པའི། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། ། ཡེ་ཤེས་ཀྱིས་ནི་ཚུལ་དུ་གྱིས། །ཨཿ། །སངས་རྒྱས་རྣམས་ལ་མེ་ཏོག་དོར། །བྱང་ཆུབ་ ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་དང་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་ པར་གྱིས། །བྷྲུཾ། །ཆོས་ཀྱི་མེ་ནི་ལེགས་སྦར་བས། །རྡོ་རྗེ་ཆོས་དང་འདྲ་བར་རང༌། །སེམས་ 8-1-348 ཅན་མ་རིག་ལྡོངས་རྣམས་ལ། །ཡེ་ཤེས་སྣང་བས་གསལ་བར་གྱིས། །པྲ། །རྒྱལ་བ་རྣམས་ ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་གཟིགས་པ་ ཡིས། །བྱང་ཆུབ་ལུས་ཅན་རྣམས་ལ་བསྐོར། །གཿ། །དེ་ནས་རང་གི་སྙིང་པོ་ལ་སོགས་པའི་ སྔགས་བརྒྱ་རྩ་བརྒྱད་དམ་ལན་གསུམ་དུ་བཟླས་ཏེ། བཅོམ་ལྡན་བདག་གིས་སྦྱིན་ལགས་ ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་ཅིང་སློབ་མ་ལ་སྦྱིན་པར་བྱའོ། །སློབ་ མས་ཀྱང༌། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། ། ཞེས་པ་འདིས་བཟུང་ནས་ལན་གསུམ་དུ་བཟླས་སོ། །སྔགས་གཏད་པའི་ཆོ་གའོ།། །། ༈ དེའི་རྗེས་སུ་གསེར་རམ་དངུལ་གྱི་སྣོད་དུ་བཞག་པའི་སྦྲང་རྩི་དང་མིག་སྨན། ཐུར་ མས་བླངས་ནས་དེ་དག་ཉིད་ཀྱིས་བསྐུ་ཞིང་སྔགས་ཀྱི་དེ་ཁོ་ན་ཉིད་རིག་པས། ༀ་བཛྲ་ནེ་ ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་ བཞིན། །བུ་ཁྱོད་ཀྱི་ནི་མེ་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་བརྗོད་ པར་བྱ་སྟེ་མིག་སྨན་གྱི་ཆོ་གའོ།། །། ༈ དེ་ནས་མེ་ལོང་བླངས་ལ། ཨཱཿཡིག་གིས་མངོན་པར་བསྔགས་ནས་སློབ་མའི་གདོང་ ལ་བསྟན་ ཞིང༌། ཚིགས་སུ་བཅད་པ་འདི་བརྗོད་པར་བྱ་སྟེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། ། གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ ཡང་དག་བྱུང༌། ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེ་ནི་གསལ་དག་རྙོག་པ་མེད། སངས་རྒྱས་ཀུན་ བདག་བདག་ཉིད་ནྀ། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་མེད་ཅིང་གནས་མེད་ པར། །ཆོས་རྣམས་དེ་ལྟར་ 8-1-349 ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེས། ། ཞེས་པའོ། །མེ་ལོང་བསྟན་པའི་ཆོ་གའོ།། །། ༈ དེ་ནས་ཧོཿཡིག་ལས་བྱུང་བའི་གཞུ། ཧོཿཞེས་བརྗོད་ཅིང༌། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ ག་ཡ་སྭ་ཞེས་པས་བྱིན་ནས། མདའ་འཕང་བའི་ཚེ་ཡང་སློབ་མས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ ར་ག་ཡཱ་མི་ཞེས་བརྗོད་ཅིང་བགེགས་ལ་འབིགས་པའི་བསམ་པས་ཕྱོགས་བཞིར་མདའ་བཞི་ འཕང་བར་བྱ་སྟེ། སྟེང་དུ་གཅིག་དང་འོག་ཏུ་གཞན་ནོ་ཞེས་པ་མདའ་འཕང་བའི་ཆོ་གའོ།། །། ༈ དབང་བསྐུར་བ་འདི་རྣམས་ཐམས་ཅད་དུ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ ཤྲི་ཡེ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་པས་མངོན་པར་དབང་བསྐུར་བར་བྱའོ། །ཞེས་པ་སློབ་དཔོན་གྱི་ དབང་བསྐུར་ཏེ་ལུས་རྣམས་པར་སྦྱོང་བའོ། །དེ་ནས་འཆད་པར་འགྱུར་བའི་དམ་ཚིག་གི་ འཁོར་ལོའི་ཆོ་གས་དམ་ཚིག་བྱས་ནས། ཡོལ་བས་བཅད་པ་ལ་སོགས་པས་དབེན་པར་ བྱས་པར༌། སློབ་མ་ལ་རབ་ཏུ་བསྟན་པའི་ཆེད་དུ། གཟུགས་དང་ལང་ཚོ་ལ་སོགས་པས་ བརྒྱན་ཞིང༌། དམ་ཚིག་དང་སྡོམ་པ་དང་སྐལ་བར་ལྡན་པའམ། དེ་མ་རྙེད་ན་གཞན་ཡང་ རུང་བའི་ཤེས་རབ་མ། བླ་མ་ལ་གསང་བའི་དབང་གི་དོན་དུ་དབུལ་བར་བྱའོ། །དེ་ལ་བླ་མ་ རྡོ་རྗེ་སེམས་དཔའི་ངོ་བོ་ལྷག་པར་མོས་པས་ཐལ་མོ་སྦྱར་ཏེ། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་ ལས། བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོ་རྗེས་ སུ་བཟུང་བར་མཛོད། །ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ་པར་བྱའོ། །དེ་ནས་རིམ་ པས་དམ་ཚིག་ལ་ཉེ་བར་བཞག་སྟེ། དེ་ལ་ཏིང་ངེ་འཛིན་གསུམ་གྱིས་དགེ་བའི་བླ་མས། ཐ་ མལ་པའི་བུད་མེད་ཀྱི་གཟུགས་སྟོང་པ་ཉིད་ཀྱི་རྗེས་ལ་ལྷ་མོའི་གཟུགས་སུ་བསྐྱེད་པ་དེ་དང༌། རྡོ་རྗེ་དང་པད་མ་འདུ་བྱ་བ་སྔོན་དུ་འགྲོ་བས་སྙོམས་པར་འཇུག་པ་བྱ་ཞིང༌། ༀ་སརྦ་ཏ་ཐཱ་ག་ ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱད་མ་ཀོ་ཧཾ་ཞེས་བརྗོད་ནས། སྙིང་ཁའི་ས་བོན་གྱི་འོད་ཟེར་ 8-1-350 གྱིས། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་སྤྱན་མ་ལ་སོགས་པ་དང་ སྙོམས་པར་འཇུག་པ་བཀུག་སྟེ། རྣམ་པར་སྣང་མཛད་ཀྱི་སྒོ་ནས་བདག་ཉིད་ལ་བཅུག་པ་ རྣམ་པ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་པ་ཨ་བ་དྷཱུ་ཏཱི་ནས་འགྲོ་བར་བསམས་ལ། རྡོ་རྗེ་ ནོར་བུར་ལྷན་ཅིག་སྐྱེས་པ་བརྟན་པར་བྱ་ཞིང༌། མཐེ་བོ་དང་མིང་མེད་དག་གིས་རྡོ་རྗེ་ནོར་བུ་ བཙིར་ནས་པད་མ་ལས་ཕྱུང་བའི་དེ་བཞིན་གཤེགས་པ་ཞུ་བ་དེ་རྣམས་རང་གི་བྱང་ཆུབ་ཀྱི་ སེམས་དང་དབྱེར་མེད་པར་མོས་པར་བྱས་ཏེ། གསུང་རྡོ་རྗེའི་ངོ་བོས་སློབ་མ་རྣམས་ལའོ། ། ཐབས་དང་ཤེས་རབ་སྦྱོར་བ་མཐོང་ན་མ་དད་པར་དོགས་པས་གདོང་གཡོགས་བཅིངས་ལ། དེར་འཇུག་པ་རྣམས་རྣལ་འབྱོར་མའམ་ལས་ཀྱི་རྡོ་རྗེ་ཅན་གྱིས་བཟུང་ནས་གཞུག་པར་བྱ་སྟེ། པུས་མོ་བཙུགས་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཞིང༌། བཅོམ་ལྡན་ཞི་བ་ཆེན་པོ་ ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། ། མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེའི་སྦྱོར་ལས་ཡང་དག་བྱུང༌། །ཇི་ལྟར་ཁྱོད་ནི་བདག་ ཉིད་ཆེ། ། ཁྱབ་བདག་བདག་ཀྱང་དེ་འདྲར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་ སྐྱབས་མེད་བདག་ལ་སྐྱོབས། །ཞེས་པས་བླ་མ་ལ་བསྟོད་པ་བྱའོ། །དེ་ནས་བླ་མས་ལངས་ ཏེ། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་ སེམས་ནི་བཟང་པོ་ཡིས། ། དེ་བཞིན་བུ་ཁྱོད་དབང་བསྐུར་བགྱི། ཞེས་པའི་ཚིགས་བཅད་བརྗོད་པ་སྔོན་དུ་འགྲོ་ བས། ༀ་ཨཱཿབཛྲ་ ཌྷྲྀ ཀ་ཧཱུཾ་ཞེས་པ་ལ་སོགས་པ་དཀྱིལ་འཁོར་གྱི་དབང་ཕྱུག་གི་སྔགས་རྣམས་རྒྱུད་ཇི་ ལྟ་བ་བཞིན་དུ་བརྗོད་པས་སློབ་མའི་ཁར་དབབ་པར་བྱའོ། །དེས་ཀྱང་རྣམ་པར་སྣང་མཛད་ 8-1-351 ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བློས་ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་བརྗོད་ ཅིང་བཏུང་བར་བྱའོ། །ཤེས་རབ་ཀྱིས་ཀྱང་ལངས་ནས་གོས་མེད་པ་ཉིད་དུ་ལྷུང་བའི་ཆུ་སྐྱེས་ ནས་གནས་པ་དེ་བཞིན་གཤེགས་པའི་བདུད་རྩིའི་ཐིག་ལེ་རྣམས་དེའི་ཁར་གཞུག་པར་བྱ་སྟེ། དེས་ཀྱང་དེ་བཞིན་དུ་བཏུང་བར་བྱའོ། ། ཞེས་གསང་བའི་མངོན་པར་དབང་བསྐུར་བ་སྟེ་ངག་རྣམ་པར་སྦྱོང་བའོ།། །། ༈ དེའི་རྗེས་ལ་དེའམ་གཞན་ཡང་རུང་བའི་ཤེས་རབ་མ་དམ་ཚིག་དང་སྡོམ་པ་ལ་ གནས་པའམ། གཞན་ཡང་རུང་སྟེ་གཟུགས་དང་ལང་ཚོ་ཅན་ལ་སོགས་པ་དང་ལྡན་ཞིང༌། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་ལས། །གསང་བའི་དབང་བསྐུར་བླ་མེད་ཐོག །ཤེས་རབ་ཡེ་ ཤེས་དབང་བསྐུར་གྱིས། །མགོན་པོ་རྗེས་སུ་བཟུང་བར་མཛོད། ཅེས་པའི་ཚིགས་སུ་བཅད་ པས་གསོལ་བ་བཏབ་པ་ཅན་གྱི་སློབ་མ་ལ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱི། །བསྟེན་ བྱར་སངས་རྒྱས་རྣམས་ཀྱིས་བསྟན། །འཁོར་ལོའི་རིམ་པའི་སྦྱོར་བ་ཡིས། །དམ་པའི་བདེ་ བ་མྱང་བར་གྱིས། །དགའ་སྦྱིན་གནས་སྦྱིན་ལྷ་མོ་འདི། །སྣ་ཚོགས་གཟུགས་ཅན་ཡིད་འོང་ མ། །ཟུངས་ཤིག་ཟུངས་ཤིག་སེམས་དཔའ་ཆེ། །ཟུང་ལ་མཆོད་པ་དག་ཏུ་གྱིས། །ཞེས་གོ་ བར་བྱས་ནས་གཏད་པར་བྱའོ། །དེ་ནས་རིག་མས་ཀྱང་འདོད་ལྷ་བཞིན་དུ་སྒྲུབ་པ་པོ་ལ་ རྣམ་པར་བལྟ་ཞིང༌། གོས་དང་བྲལ་བ་ལ་མེ་ཏོག་གི་རྒྱན་རྣམས་ཀྱིས་བརྒྱན་ཏེ་ལངས་ནས་ གཡོན་བརྐྱང་ལ་སོགས་པ་རྣམས་ཀྱི་སྒེག་པར་བྱས་ལ། གཡས་བརྐྱང་གི་རྐང་སྟབས་ཀྱི་ ཚུལ་དང་ཟླུམ་པོའི་རྐང་སྟབས་དང༌། ཙོག་པུ་རྣམས་ཀྱང་བྱ་ཞིང༌། བཞི་མཉམ་ལ་སོགས་པ་ རྣམས་ཀྱིས་དྲི་ཞིམ་པར་བྱས་ཏེ། ཆུ་སྐྱེས་གསལ་པོར་ཉེ་བར་བསྟན་ནས་དགའ་བས་འདི་ ཉིད་བརྗོད་པར་བྱའོ། ། ཨེ་མ་ང་ཡི་པད་མ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་ 8-1-352 བྱེད་པ། ། དེ་ཡི་མདུན་ན་ང་གནས་སོ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པད་མར་བྱ་བ་ཇི་ བཞིན་གྱིས། ། བདེ་ཆེན་རྒྱལ་པོ་རང་ཉིད་ཀྱང༌། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷ་ཛ་མོ་ཀྵ་ཧོཿ ཞེས་ འདོན་པས་སོ། །དེས་ཀྱང་ལངས་ནས་དེ་དང་འོ་བྱས་ལ་ཡང་དག་པར་འཁྱུད་དེ་གནས་པར་ བྱའོ། །དེ་ལ་བླ་མས་དགའ་བ་ལ་སོགས་པའི་དབྱེ་བ་བཤད་པར་བྱ་སྟེ། རྡོ་རྗེ་པད་མར་རབ་ གཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །བསྐྱོད་བྱས་དེ་ནི་དགའ་བ་ཡིས། །སེམས་ནི་ བསྐྱེད་ཅིང་བསྒོམ་པར་བྱ། །རྣལ་འབྱོར་ཅན་གྱིས་བྱང་ཆུབ་སེམས། །ཇི་སྲིད་གཤེགས་པར་ མི་བྱ་བར། །གང་ཡང་དགའ་བདེ་སྐྱེས་ཐོབ་པ། །དེ་སྲིད་རྒྱུན་མི་འཆད་པར་བསྟེན། །དངོས་ གྲུབ་ཀུན་གྱི་རྟེན་གྱུར་པ། །བྱང་ཆུབ་སེམས་ནི་ལྷུང་བ་ན། །རྣམ་ཤེས་ཕུང་པོ་བརྒྱལ་འགྱུར་ བས། །མ་སྨད་དངོས་གྲུབ་ག་ལ་ཡོད། ། མཁའ་དབྱིངས་རྡོ་རྗེ་སྦྱོར་བ་ཡི། །རེག་པ་རྨད་བྱུང་ཆེན་པོ་སྟེ། །བདེ་བ་སྐྱེས་པ་གང་དེ་ ནི། །མཆོག་ཏུ་དགའ་བའི་བྱེད་པ་པོ། །ཞེས་པ་དང༌། ནམ་མཁའི་པད་མ་ནོར་བུ་ཡི། །ཟེ་འབྲུ་ གཏམས་པའི་གནས་དག་ལ། །རྡོ་རྗེ་དཀྱིལ་དཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་ པར་བལྟ། །ངེས་པར་སྐྱེས་པའི་ཡེ་ཤེས་གང༌། །ཡེ་ཤེས་དེ་ནི་དྲི་མེད་གཟུགས། །མཆོག་དང་ དགའ་བྲལ་དག་གི་དབུས། །མཚན་ཉིད་བལྟས་ཏེ་བརྟན་པར་བྱ། །ཞེས་པས་བླ་མའི་བཀའ་ དྲིན་ལས་དགའ་བ་སོ་སོའི་དབྱེ་བ་དང་ལྡན་པས། རང་ཉིད་ལྷའི་སྐུ་དང་ཤེས་རབ་མ་ལྷ་མོའི་ གཟུགས་སུ་བསྐྱེད་ནས། ཧྲཱིཿདང་ཧཱུཾ་དག་ལས་སྐྱེས་པའི་པད་མ་དང་རྡོ་རྗེ་དག་གི་ཟེ་འབྲུ་དང་ ནོར་བུ་དག་ཨཱཿདང་ༀ་དག་ལས་སྐྱེས་པ་དང༌། རྡོ་རྗེ་ཁར་ཕཊ་ཡིག་སེར་པོ་རྣམ་བསྒོམས་ལ། གཡོན་གྱི་ཆར་གནས་པའི་རྩ་དང་མཛུབ་མོ་དང་ལྕེ་རྣམས་ཀྱི་རྩེ་མོར་ཡང་ཧྲཱིཿཡིག་དམར་པོ་ 8-1-353 གནས་ཤིང༌། ཤཱིཏ་ཡིག་སྔོན་དུ་འགྲོ་བས་ཡང་དག་པར་བསྐུལ་ཏེ། ༀ་ཤཱི་ཤཱི་ཤཱི་ཤཱི་ཧ་ཧ་ཧ་སྭཱ་ ཧཱ་ཞེས་པ་དང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱད་མ་ཀོ་ཧཾ་ཞེས་པའི་སྔགས་ བཟླ་ཞིང༌། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ ལ་སོགས་པ་ལུས་ལ་བཅུག་སྟེ། བླ་མས་ཀྱང་རྣམ་པར་སྣང་མཛད་དང་སྤྱན་མ་ལ་སོགས་པ་ དཔག་ཏུ་མེད་པ་བཅུག་པ་དང་རོ་གཅིག་ཏུ་གྱུར་པས་དགའ་བ་བརྩམས་པར་བྱའོ། །གང་ཚེ་ རྣལ་འབྱོར་ཡེ་ཤེས་མཐོང༌། །བདེ་བས་གནས་ཏེ་འགྱུར་བ་མེད། ། ཐུན་ཚོད་ཡང་ན་ཉིན་ཞག་གམ། །ཕྱོགས་དང་ཟླ་བ་ལོ་ཡིས་སམ། །སྐལ་པའམ་བསྐལ་ པ་སྟོང་ཕྲག་ཏུ། །ཡེ་ཤེས་མངོན་སྦྱོར་གནས་པར་བྱ། །ཞེས་པ་དང༌། སློབ་མས་དེ་ཡི་ཆ་ བཟུང་སྟེ། །པད་མའི་ནང་དུ་སྤྲོ་བར་བྱ། །དེ་ནས་བཅུད་ལེན་སེམས་ཀྱིས་ནི། །བྱང་ཆུབ་སྔོན་ དུ་བཟུང་བར་བྱ། །ཞེས་པ་ཤེས་རབ་ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་བ་སྟེ། ཐུགས་རྡོ་རྗེ་ རྣམ་པར་སྦྱོང་བའོ།། །། ༈ དེའི་རྗེས་སུ། ཤེས་རབ་ཡེ་ཤེས་དབང་བསྐུར་གྱིས། །སེམས་ཀྱི་རྡོ་རྗེ་རྣམ་པར་ སྦྱངས། ། ད་ནི་བདག་ལ་བཞི་པ་ཡང༌། །འདྲེན་པས་བཀའ་དྲིན་མཛད་པར་གསོལ། །ཞེས་པས་ གསོལ་བ་བཏབ་པ་ཅན་གྱི་སློབ་མ་ལ། སྔར་གྱི་དོན་གྱི་ཡང་དག་པའི་དེ་ཁོ་ན་ཉིད་ཚིག་གིས་ བསྟན་པར་བྱ་སྟེ། ཇི་སྐད་གསུངས་པའི་ཆོ་གས་མངོན་སུམ་དུ་བཟུང་བའི་ཤེས་རབ་ཡེ་ཤེས་ཀྱི་དབང་ བསྐུར་བ་དེ་བཞིན་དུ་བཞི་པར་མངོན་པར་བརྗོད་ཅིང་འབྲས་བུར་གྱུར་པའི་དབང་བསྐུར་བ་ རིན་པོ་ཆེ་བཤད་པར་བྱའོ། །མ་ཡིན་པར་གཞན་དུ་ན་དམ་ཚིག་ཟད་པའི་འཇིགས་པ་དེ་ནི་ བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཇི་ལྟར་གསུངས་པའི་ཆོ་གས་དབང་བསྐུར་སྦྱིན། །སློབ་ 8-1-354 མའི་མོས་པའི་ཡིད་ནི་ཡང་དག་བརྟག །རྒྱ་ཆེན་ཟབ་མོའི་ཚུལ་ལ་ལྷག་མོས་ན། །དབང་ བསྐུར་རིན་ཆེན་དེ་ཉིད་ཚིག་གིས་སྦྱིན། ། ཞེས་པ་དང༌། སླར་ཡང༌། དབང་བསྐུར་མེད་ན་རྣལ་འབྱོར་པ། །རྣལ་འབྱོར་ཉིད་ལས་ བསླུ་བར་བྱེད། །མཁའ་ལ་ཁུ་ཚུར་བསྣུན་པ་དང༌། །རི་དྭགས་སྐོམ་ནི་འཐུང་བྱེད་པའོ། །བྱང་ ཆུབ་སེམས་དཔའི་འདུལ་བ་ལ་ཡང་སྡོམ་པ་མེད་ན་ནི་ཐར་པ་འཛིན་པ་མ་ཡིན་ནོ་ཞེས་སོ། ། འོ་ན་འདི་ནི་རྒྱ་ཆེན་པོ་ལ་ལྷག་པར་མོས་པའོ་ཞེས་བྱ་བར་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། དེ་གསུངས་པ། ཆུ་སྐྱར་ལས་ནི་ཆུ་ཡོད་དང༌། །དུ་བ་ལས་ནི་མེར་ཤེས་བཞིན། །བྱང་ཆུབ་ སེམས་དཔའ་བློ་ལྡན་གྱི། ། རིགས་ནི་མཚན་མ་དག་ལས་ཤེས། །ཤིན་ཏུ་རབ་དང་ཆུ་སྐྱེས་གདོང༌། །དགའ་བ་རབ་ རྒྱས་ལུས་ལས་སྐྱེ། །དེ་ཉིད་བལྟས་ནས་མཁས་པ་ཡིས། །དམ་པའི་སློབ་མ་རྗེས་སུ་བཟུང༌། ། ཞེས་སོ། །དེ་ཉིད་ཀྱེའི་རྡོ་རྗེར་ཡང་གསུངས་པ། དབང་བསྐུར་རྣམ་གསུམ་དབྱེར་མེད་པ། ། རྒྱུད་འདི་ལ་ནི་རྣམ་པར་གནས། །སློབ་དཔོན་གསང་བ་ཤེས་རབ་དང༌། །བཞི་པ་དེ་ཡང་ དེ་བཞིན་ནོ། །སྐད་ཅིག་རྒོད་དང་ལག་པས་ཐོབ། །དེ་ཡང་འཁྱུད་པས་རྒྱུད་ལ་སྟེ། རྒོད་པ་ དག་པ་སློབ་དཔོན་ཉིད། །ལྟ་བ་གསང་བ་དེ་བཞིན་ཏེ། །ལག་ཆངས་ལས་ནི་ཤེས་རབ་ཉིད། ། གཉིས་གཉིས་འཁྱུད་ལ་དེ་ཡང་ངོ༌། ། དགའ་བ་དང་ནི་མཆོག་དགའ་ཉིད། །དགའ་བྲལ་ལྷན་སྐྱེས་དེ་བཞིན་ཏེ། །སྣ་ཚོགས་ དང་ནི་རྣམ་སྨིན་དང༌། །རྣམ་ཉེད་དེ་བཞིན་མཚན་ཉིད་བྲལ། །དབང་གི་རིམ་པའི་ཆོ་ག་ཀུན། ། ཤེས་རབ་ཡན་ལག་ཆགས་ལས་སྐྱེ། །དགའ་བའི་བདེ་བ་ཅུང་ཟད་དེ། །མཆོག་ཏུ་དགའ་བ་ དེ་བས་ལྷག །དགའ་བྲལ་དགའ་བ་ཆགས་བྲལ་ཡིན། །ལྷག་མ་ལྷན་ཅིག་སྐྱེས་དགར་འགྱུར། ། དང་པོ་རེག་པར་འདོད་པ་སྟེ། །གཉིས་པ་བདེ་བར་འདོད་པ་ཡིན། །གསུམ་པ་འདོད་ཆགས་ 8-1-355 འཇིག་པ་ཉིད། །དེས་ན་བཞི་པ་བསྒོམ་པར་བྱ། །སྣ་ཚོགས་དང་པོའི་དགའ་བ་སྟེ། །རྣམ་ སྨིན་ལ་ནི་མཆོག་དགའ་བ། །རྣམ་ཉེད་དགའ་བྲལ་དགའ་བ་ཡིན། །མཚན་བྲལ་ལྷན་ཅིག་ སྐྱེས་དགའ་ཉིད། །འཁྱུད་དང་འོ་བྱེད་ལ་སོགས་པ། །སྣ་ཚོགས་རྣམ་པ་སྣ་ཚོགས་བརྗོད། ། རྣམ་སྨིན་དེ་ལས་བཟློག་པ་སྟེ། །ཡང་དག་བདེ་བའི་ཡེ་ཤེས་སྤྱོད། །རང་གི་བདེ་བ་སྤྱད་པ་ ཡི། །གོས་ནི་རྣམ་པར་ཉེད་པར་གསུངས། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་ དང་ཆགས་བྲལ་རྣམ་པར་སྤངས། །དེ་ཉིད་ཀྱི་ཕྱིར་གསུངས་པ། འདོད་ཆགས་མ་ཡིན་ཆགས་ བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་ ཅིག་སྐྱེས་པ་བྱང་ཆུབ་བརྗོད། །དེ་ཉིད་ནག་པོ་ཞལ་ཀྱིས་གསུངས། ། རེག་པ་ལ་སོགས་སྣ་ཚོགས་ཡིན་ཏེ་པད་མར་རྡོ་རྗེ་གནས་པ་གང་ཡིན་དེ་ནི་རྣམ་སྨིན་ནོ། ། ཕྱི་ནས་བསྲུབས་པ་ལས་སྐྱེས་ཆགས་པའི་མེ་ཡི་བསྲེགས་ནས་འགྲོན་ལ་ཞེན་པའི་ཕུང་པོ་ རྣམ་ཉེད་ཡིན། ། དེ་ལ་ཡིད་ནི་འཛིན་པས་རླུང་དག་ལྷན་ཅིག་སྤྱོད་ཅིང་ཆུ་སྐྱེས་ལ་ནི་ཆགས་པར་གྱུར་པའི་ མེ། །དེ་འདིར་རྫོགས་པའི་བྱང་ཆུབ་ལམ་སྟེ་མཐའ་དག་རྒྱལ་བའི་སྐུ་ནི་རྣལ་འབྱོར་དགྲོད་བྱ་ མཚན་བྲལ་ལོ། །དཱ་རི་ཀ་པའི་ཞབས་ཀྱིས་ཀྱང་གསུངས་པ། ནོར་བུའི་རྩ་བར་རབ་ཏུ་གནས་ པ་སྣ་ཚོགས་དགའ་བ་ཙམ་ཡིན་ཏེ། །སླར་ཡང་ནོར་བུའི་དབུས་སུ་ལྷག་མའོ་རྣམ་རྟོག་དང་ བཅས་གཡོ་བ་དང༌། ། དེ་ལས་སྟེང་དུ་སྤྱི་བོའི་མཐར་ནི་འཛག་ཅིང་འཕོ་བ་མེད་པའི་གཟུགས། །ལྷན་ཅིག་སྐྱེས་ པ་འདམ་སྐྱེས་ལ་གནས་རྒྱས་པ་ལས་ནི་གཞན་པ་ཅི། །འབི་རུ་པ་ཞེས་བྱ་བའི་ཞབས་ཀྱིས་ ཀྱང་གསུངས་པ། ཇི་སྙེད་རང་བཞིན་འོད་གསལ་བསིལ་ཟེར་ཅན་གྱི་སྒོ་ལས་ཁུ་བ་ལྟུང་བ་མ་ཡིན་པར། ། 8-1-356 ལྷ་མོའི་པད་མའི་འདབ་མའི་ནང་དུ་རོ་མཉམ་པར་གྱུར་པ་རྒྱལ་བའི་ཚོགས་རྣམས་ཀྱིས། ། རྡོ་རྗེའི་སྤྱི་བོའི་རྩེ་མོར་སྤྲོ་ཞིང་སྙིང་རྗེས་མི་ཕྱེད་འགྲོ་ལ་མཛད་པ་ཅན། །དེ་རྙེད་དཔལ་ལྡན་ སྙིང་རྗེའི་སྟོབས་ནི་ལྷན་ཅིག་སྐྱེས་པར་ཤེས་བྱ་ཁྱབ་བདག་གཟུངས། །ཨིན་ཏྲ་བྷཱུ་ཏིའི་ཞབས་ ཀྱིས་ཀྱང་གསུངས་པ། ཇི་སྲིད་རྡོ་རྗེ་ནོར་བུར་རྡོ་རྗེ་གསུམ་ནི་བསྲེགས་ཤིང་གཡོ་བའི་ཟླ་བ་རླུང་གིས་ནི། །ཆུ་ སྐྱེས་གནས་ཀྱི་ལྟེ་བའི་ནང་དུ་འགྲོ་བར་འདོད་པའི་སྐ་ཅིག་འདི་ལ་བརྟན་གྱུར་པ། །གང་དུ་ རང་དང་གཞན་ལ་སོགས་པའི་རྣམ་རྟོག་བྲལ་གྱུར་བྱ་བ་རྣམས་ནི་དམན་པའི་ཡིད། །ཤེས་ པར་བྱ་སྟེ་ལྷན་ཅིག་སྐྱེས་པའི་དེ་བཞིན་ཉིད་ནི་སླར་ཡང་རིགས་པར་འགྲོ་བས་གསལ། ། གཞན་ཡང༌། དེ་ཡི་རྩ་བར་མ་ཡིན་འབོ་ལའི་སྙིང་པོར་མིན། །པད་མའི་ནང་དུ་སྦྱོར་བ་མེད་ པའང་མ་ཡིན་ཏེ། །ཇི་སྙེད་རྡོ་རྗེའི་རྩེ་ལས་འཕོ་བ་མེད་གྱུར་པ། །དེ་སྙེད་མཚན་ཉིད་བྲལ་ ལས་ལྷན་སྐྱེས་མཚན་ཉིད་དོ། །ཞེས་པ་ལ་སོགས་པའོ། །དོན་འདི་ཉིད་དཔལ་གསང་བ་ འདུས་པ་ལས་ཀྱང་གསུངས་པ། བསྒྲུབ་བྱ་སྒྲུབ་བྱེད་ཡང་དག་སྦྱོར། །གང་དེ་བསྙེན་པར་ གསུངས་པ་སྟེ། །རྡོ་རྗེ་པད་མ་མཉམ་སྦྱོར་བ། །ཉེ་བར་སྒྲུབ་པ་ཞེས་བརྗོད་དོ། །ཧཱུཾ་ཕཊ་ཡི་ གེ་ཡང་དག་ལྡན། །སྒྲུབ་པ་ལ་ནི་གཡོ་བར་གསུངས། །ངོ་བོ་ཉིད་ཀྱིས་རང་བདེ་ཞི། །སྒྲུབ་པ་ ཆེན་པོ་ཞེས་བརྗོད་དོ། །བསྒྲུབ་བྱ་ནི་ཤེས་རབ་དང་སྒྲུབ་བྱེད་ནི་ཐབས་ཏེ། དེ་དག་ཡང་དག་པར་སྦྱོར་བ་ནི་བསྙེན་པའོ། །པད་མར་རྡོ་རྗེ་རབ་ཏུ་ཞུགས་པ་ནི་ཉེ་ བར་བསྒྲུབ་པའོ། །གཡོ་བ་ནི་སྒྲུབ་པའོ། །ངོ་བོ་ཉིད་ཀྱིས་རང་ཉིད་བདེ་ཞིང་ཞི་བ་ནི་སྒྲུབ་ པ་ཆེན་པོར་གསུངས་སོ། །བསྒྲུབ་བྱ་དང་ནི་སྒྲུབ་བྱེད་དག །རྡོ་རྗེ་རབ་ཞུགས་མཐར་དགའ་ བ། །ཤིན་ཏུ་བསྐྱོད་པའི་བྱང་སེམས་ཀྱི། །མཐར་ནི་མཆོག་ཏུ་དགའ་བའོ། །འཕོ་བ་ལས་ ནི་དགའ་བྲལ་གྱི་དགའ་བ་སྟེ། གང་གི་ཚེ་འདི་དག་གི་དབུས་སུ་རང་ཉིད་བདེ་ཞིང་ཞི་བར་ 8-1-357 གྱུར་པ་དེའི་རྗེས་ལྷན་ཅིག་སྐྱེས་པའི་དགའ་བའོ་ཞེས་སོ། །དེ་ཉིད་དཔལ་ཀྱེའི་རྡོ་རྗེར་ཡང་ གསུངས་པ། དེ་ནི་ཐོག་མ་དབུས་མཐའ་མིན། །སྲིད་མིན་མྱ་ངན་འདས་པའང་མིན། །འདི་ ནི་མཆོག་གི་བདེ་ཆེན་ཏེ། །གཞན་མིན་གཞན་པ་མིན་པའང་མིན། །མཆོག་ཏུ་དགའ་བ་སྲིད་ པར་བརྗོད། །དགའ་བྲལ་ལས་ནི་མྱ་ངན་འདས། །དབུ་མ་དགའ་བ་ཙམ་ཉིད་དེ། །འདིས་ནི་ ལྷན་ཅིག་སྐྱེས་པའང་སྤངས། །མཆོག་ཏུ་དགའ་བས་ཡང་དག་ཐོབ། །སྣ་ཚོགས་སྤངས་པའི་ སྐ་ཅིག་ལ། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་བཟུང་བར་གྱིས། །ཇི་ སྲིད་བྱང་ཆུབ་མཐར་ཐུགས་པར། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པ་ རྒྱ་ཆེར་རོ། །འོ་ན་ཇི་ལྟར་རྣམ་པ་གསུམ་པོ་དེ་དག་དབྱེར་མེད་པར་གསུངས་ཞེ་ན། འབྲས་བུ་རྒྱུ་ལས་གཞན་མིན་ཕྱིར། །རྣམ་གསུམ་མངོན་དུ་རབ་གྲགས་ཏེ། །དགའ་ བྲལ་དགའ་བའི་དབུས་དག་ཏུ། །བཞི་པ་རྣམ་པར་བསལ་ཕྱིར་རོ། །འོ་ན་ཇི་ལྟར་འདི་དག་ གི་དབུས་ཉིད་དུ་རབ་ཏུ་གསལ་བར་བཤད་ཅེ་ན། མཆོག་གི་མཐའ་དང་དགའ་བྲལ་དབུས། ། སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་པའི་གསུང་ལས་སོ། །སྟོང་དང་སྟོང་མིན་ཞེས་པ་ཇི་ལྟར་ཞེ་ ན། ཐོག་མ་ཐ་མ་མེད་ཞི་བ། ། དངོས་དང་དངོས་མེད་བདག་ཉིད་གཙོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་ སེམས་ཞེས་བརྗོད་པར་བྱ། །ཞེས་པའི་གྲུབ་པའི་མཐའ་ལས་སོ། །འདི་ཉིད་ཐབས་གང་གིས་ བསྐྱེད་པར་བྱ་ཞེ་ན། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །རང་བྱིན་བརླབ་པའི་རིམ་པ་ཡིས། །བྱང་ ཆུབ་སེམས་ནི་བསྐྱེད་པར་བྱ། །ཀུན་རྫོབ་དོན་དམ་གཟུགས་ཅན་ནོ། །འདི་དག་ནི་ངག་གིས་ བརྗོད་པར་མི་ནུས་ཏེ་གང་དང་གང་གི་ཕྱིར་ཞེ་ན། སོ་སོ་རང་རིག་ཡེ་ཤེས་འདི། །ངག་གི་ ལམ་འདས་སྤྱོད་ཡུལ་ཏེ། །རང་བྱིན་བརླབ་པའི་རིམ་པས་འདི། །ཀུན་མཁྱེན་ཡེ་ཤེས་དེའི་ 8-1-358 རང་བཞིན། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་ རིམ་པ་ཉེར་བསྟེན་དང༌། །བདག་ཉིད་བསོད་ནམས་ལས་ཤེས་བྱ། །བླ་མའི་ཞབས་ཀྱི་བཀའ་ དྲིན་དང༌། །རང་ཉིད་བསོད་ནམས་ཆེ་ལྡན་པ། ། འཛིན་པ་ལས་སྐྱེ་ཡེ་ཤེས་ནི། །ངག་གི་ལམ་འདས་སྤྱོད་ཡུལ་ལོ། །དེ་གསུངས་པ། གང་ གིས་འདི་ནི་བརྗོད་པར་བྱེད་པའི་ཚེ། །ཐམས་ཅད་མཁྱེན་པའང་ཚིག་གིས་ཕོངས་གྱུར་པ། ། བྱེད་པ་དང་བྲལ་འགྲོ་ལ་རྟག་ཏུ་ཤར། །བདེ་བའི་རྒྱལ་པོ་གཅིག་ཉིད་རྒྱལ་གྱུར་ཅིག །ས་ར་ ཧ་པའི་ཞབས་ཀྱིས་ཀྱང་གསུངས་པ། དེ་ཡི་དེ་ཉིད་བླ་མ་ཡི། །གསུང་ལས་སློབ་མས་རྟོགས་ པར་འགྱུར། །ལྷན་སྐྱེས་གནས་སྐབས་བདུད་རྩིའི་རོ། །གང་དུ་སྨྲ་ཞིང་ཇི་ལྟར་ཤེས། །སླར་ ཡང༌། འདི་ནི་བློ་ཡི་སྤྱོད་ཡུལ་མ་ཡིན་ཚིག་གི་སྤྱོད་པ་ལས་རིང་དུ་གྱུར་ཅིང་བླ་མས་དངོས་ པོའི་གཏམ་གྱི་འཇུག་པས་སྟོང༌། རྒྱུད་ཀྱི་རིམ་པས་སྙིང་རྗེ་ལ་སོགས་ཡོན་ཏན་འཇུག་འགྱུར་ བ། །རང་ཉིད་དད་དང་ལྡན་པའི་སྙིང་ལ་གོ་འཕང་སྟེར་བར་བྱེད། །འོ་ན་བྱང་ཆུབ་སེམས་ ཀྱིས་སའི་མཚན་ཉིད་ཅི་ཞེ་ན། དེ་གསུངས་པ། དབང་པོ་རྣམས་ ནི་རང་ཉིད་བཞིན། །ཡིད་ནི་ནང་དུ་ཞུགས་པ་བཞིན། །ཚིག་ནི་ཉམས་པ་བཞིན་དུ་འཇུག ། ལུས་ནི་བདེ་བས་ཡང་དག་བརྒྱལ། །དབང་པོའི་ཚོགས་ནི་ཉམས་ཤིང་འཇུག་པ་མེད། །རྣམ་ རྟོག་མ་རྫོགས་སྲིད་པའི་ས་བོན་ཏེ། །དགའ་བའི་རང་བཞིན་འདི་ནི་ནམ་མཁའ་ཡི། །མེ་ཏོག་ བསིལ་བའི་རོ་ལ་མྱང་བའོ། །དབང་པོའི་ལམ་ནི་རྣམ་པར་ཞི་གྱུར་ཅིང༌། །ཉམས་པར་གྱུར་ པའི་རང་བཞིན་གང་ཡིན་པ། །དེ་ཡི་འབྲས་བུ་ལྷན་སྐྱེས་དགའ་བ་སྟེ། །ལུས་ཀྱི་མེ་ཏོག་བླ་ མའི་ཞལ་ལས་དྲིས། །དེ་ཉིད་གསུངས་པ། གང་ཞིག་ཤར་བས་དུས་རྣམས་མཉམ་ཞིང་སྤྱི་ བོར་གནས། །ཡུལ་དང་དབང་པོ་མཚུངས་པ་དེ་ལ་ཕྱག་འཚལ་ལོ། །གང་ཡང་མངོན་དགའ་ རྒྱལ་བའི་མཛེས་སྐུ་གཅིག་པུ་ཉིད། ། 8-1-359 སད་འགྱུར་དེ་ཡང་མཁས་པའི་སྙིང་ལ་བཅང་བར་གྱིས། །སླར་ཡང༌། བློ་ཡི་རྣམ་རྟོག་ མཐའ་དག་བཅོམ་ན་ནི། །གང་འདིར་དམ་པའི་བདེ་བའི་སྟོབས་བྱེད་དོ། །བྱ་བ་དེ་ཡང་ མཁས་པ་རྣམས་ཀྱིས་བྱ། །གཞན་ཡང་ཕུན་ཚོགས་བསམ་པ་དང་ལྡན་ཉིད། །ཞེས་པ་ལ་ སོགས་པ་རྒྱ་ཆེར་རོ། །དེའི་ཕྱིར་ཡང་དག་པའི་བླ་མ་དམ་པ་ལ་སློབ་མ་དམ་པས་གུས་པར་བྱ་ ཞིང༌། སྐུ་གསུམ་ལ་འཇུག་པའི་ བདེ་བ་ཆེན་པོ་རང་གི་ངོ་བོ་ཉིད་སོ་སོ་རང་གིས་རིག་པར་བྱའོ་ཞེས་པའོ།། །། ༈ དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་མ་དེའི་ལག་པ་སློབ་མའི་ལག་པར་གཏད་ཅིང༌། མེ་ཏོག་གི་ཕྲེང་བ་བཅིངས་ནས། དེ་གཉིས་རང་གི་ལག་པ་གཡོན་པས་བཟུང་སྟེ། རྡོ་རྗེ་དང་ བཅས་པའི་ལག་པ་གཡས་པ་སློབ་མའི་མགོ་བོར་བཞག་ལ། དཀྱིལ་འཁོར་གྱི་མདུན་དུ། འདིར་ནི་ཁྱེད་རྣམས་དཔང་པོ་ལགས། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་དེ་བཞིན་ གཤེགས་པ་རྣམས་དཔང་པོར་བཙུགས་ཏེ། ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་ གསུམ་འདི་ཡང་དག་པ་མིན། །དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ ཅིག །འདི་དེ་སངས་རྒྱས་ཐམས་ ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་ མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ཅིང་རིག་མའི་བརྟུལ་ཞུགས་བཟུང་བར་བྱ་སྟེ། འདི་ ནི་རིག་མའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ།། །། ༈ དེ་ནས་སློབ་མ་རྡོ་རྗེ་སེམས་དཔའི་གཟུགས་སུ་རྣམ་པར་བསྒོམས་ལ། འདི་དེ་སངས་ རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། ། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་བརྗོད་ནས་རྡོ་རྗེ་ལག་པ་གཡས་པར་སྦྱིན་ཞིང༌། དེས་ཀྱང་ༀ་སརྦ་ཏ་ཐཱ་ག་ཏ་སིད་དྷི་བཛྲ་ས་མ་ཡེ་ཏིཥྛ་བཛྲ་ཨེ་ཥ་ཏྭཱཾ་དྷ་ར་ཡཱ་མི་བཛྲ་སཏྭཱ་ཧཱིཿ 8-1-360 ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་དེ་བཟུང་བར་བྱའོ་ཞེས་པ་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ།། །། ༈ དེ་ནས་སངས་རྒྱས་ཐོད་པ་དང་བདེ་མཆོག་དང་ཀྱེའི་རྡོ་རྗེ་ལ་སོགས་པ་གང་ཡང་རུང་ བའི་སྙིང་པོའི་སྔགས་ཀྱིས་ཁ་ཊྭཱཾ་ག་དང་ཌ་མ་རུ་དང་པད་མའི་སྣོད་རྣམས་སུ་ལན་གསུམ་ བཟླས་ལ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །དེས་ན་ཁ་ཊྭཱཾ་ ཅང་ཏེའུ་སྣོད། ། བྱིན་པ་དཔའ་བོས་བཟུང་བར་གྱིས། །ཞེས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་འཛིན་ དུ་གཞུག་གོ ། ཁ་ཊྭཱཾ་ག་ལ་སོགས་པ་ལས་གཞན་སྤྱོད་པའི་ཡན་ལག་རྒྱུད་དུ་གསུངས་པ་རྣམས་ཀྱང༌། དེ་དང་དེའི་འཁོར་ལོའི་དབང་ཕྱུག་གི་སྙིང་པོའི་སྔགས་ཀྱིས་བཟླས་ལ། རྡོ་རྗེ་སེམས་དཔའ་ ཞེས་པ་ལ་སོགས་པས་འཛིན་དུ་གཞུག་གོ །དེ་ལྟར་ཡང་དཔལ་གསང་བ་འདུས་པ་ལས། ཐོར་ཚུགས་ཅོད་པན་འཛིན་པ་གཟུགས། །ཁ་དོག་དཀར་པོ་ལྟ་བུ་ཆེ། །ཐམས་ཅད་ཆོ་ག་ བཞིན་དུ་བྱ། །སྔགས་ཀྱི་སྡོམ་པས་ཡང་དག་བསྡམས། །སྡོང་བུ་རྩ་བ་འབྲས་བུ་སྟེ། །ལོངས་ སྤྱོད་ཀུན་ལ་མཉམ་པར་སྤྱད། །ཞེས་པ་ལ་སོགས་པས་རིག་མའི་བརྟུལ་ཞུགས་ཡང་དག་ པར་བླངས་ཏེ་སྤྱོད་པའི་བརྟུལ་ཞུགས་བྱ་བར་གསུངས་སོ། །གང་ཡང་བཙུན་མོའམ་སྐྱེས་ པ་སྤྱོད་པའི་བརྟུལ་ཞུགས་ཞུ་ན། དེ་རྣམས་རྡོ་རྗེ་ཕག་མོའི་གཟུགས་སམ་བདག་མེད་མའི་ གཟུགས་སམ། མེ་ཏོག་ལྷུང་བ་དང་རྗེས་སུ་མཐུན་པའི་རིགས་ཀྱི་ལྷ་ཡི་གཟུགས་དང༌། སྐྱེས་ པ་རྣམས་བདེ་མཆོག་དང་ཀྱེའི་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་གཟུགས་སུ་རྣམ་པར་ བསམས་ལ། དེ་དང་དེ་ལ་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་ཀྱི་ལྷ་ རྣམས་གཞུག་ཅིང༌། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་ 8-1-361 མེད། །མགུལ་གྱི་ཕྲེང་བ་རིན་ཆེན་དབང༌། །ལག་པ་རྣམ་པར་སྣང་མཛད་དྲན། །སྐེ་རགས་ལ་ ནི་དོན་ཡོད་གནས། །ཡན་ལག་ཀུན་ལ་རྡོ་རྗེ་འཛིན། །ཞེས་གསུངས་པས། རིམ་པ་ཇི་ལྟ་བ་ བཞིན་དུ། འཁོར་ལོ་དང་རྣ་ཆ་དང་མགུལ་རྒྱན་དང་གདུ་བུ་དང་སྐེ་རགས་དང་ཐལ་བ་རྣམས་ མི་བསྐྱོད་པ་དང་འོད་དཔག་མེད་དང་རིན་ཆེན་འབྱུང་ལྡན་དང་རྣམ་པར་སྣང་མཛད་དང་དོན་ ཡོད་གྲུབ་པ་དང་རྡོ་རྗེ་སེམས་དཔའི་གཟུགས་སུ་སྐ་ཅིག་གིས་བསམས་ཏེ། དེ་དང་དེའི་ཡེ་ ཤེས་སེམས་དཔའ་དེ་བཞིན་དུ་སྤྱན་དྲངས་པ་བཅུག་ནས། མི་བསྐྱོད་པ་ལ་སོགས་པ་ཡོངས་ སུ་གྱུར་པ་ལས་འཁོར་ལོ་ལ་སོགས་པའི་ཕྱག་རྣམས་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་ ཉིད་དོ་ཞེས་བྱ་བར་ལྷག་པར་མོས་ལ། ༀ་དྷ་ར་དྷ་ར་དྷཱ་ར་ཡ་དྷཱ་ར་ཡ་མར་ད་མར་ད་བཛྲ་ དྷྲྀ ཀ་ཕཊ་སྭཱ་ཧ་ཞེས་པའི་སྔགས་ལན་གསུམ་བཟླས་པའི་འཁོར་ལོ། དེ་དང་དེའི་མགོ་ བོར་རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་ཏེ། བུད་མེད་ཀྱི་ཕྱོགས་ ལ་ནི་དཔའ་བོ་ཞེས་པའི་ཚབ་ཏུ་ལྷ་མོ་ཞེས་པ་བཅུག་ཅིང་བརྗོད་པས་གཞག་པར་བྱའོ། །ༀ་ བཛྲ་དྷརྨ་ས་མ་ཡ་སྟྭཱཾ་ཧུ་ལུ་ཧུ་ལུ་ཨཱ་རོ་ལིཀ་ཕཊ་སྭཱ་ཧཱ་ཞེས་པ་ལན་གསུམ་བཟླས་པའི་རྣ་རྒྱན་ གཉིས་ནི་རྣ་བ་དག་ལའོ། །ༀ་བཛྲ་སཱུཪྻ་ཏ་མོ་བི་དྷ་མ་ན་ས་མ་ཡ་སྟྭཱཾ་ཨ་ཧཾ་རཏ་ན་ཌྷྲྀ ཀ་ ཕཊ་སྭཱ་ཧཱ་ཞེས་པ་ལན་གསུམ་བཟླས་པའི་མགུལ་རྒྱན་ནི་མགྲིན་པར་རོ། །ༀ་ཤཱ་ཤྭ་ཏ་པ་ར་ མ་ཤཱ་ཤྭ་ཏ་ཨེ་ཧྱེ་ཧི་ཛི་ན་ཛིཀ་ཕཊ་སྭཱ་ཧཱ་ཞེས་པ་ལན་གསུམ་བཟླས་པའི་ལག་གདུབ་གཉིས་ ནི་ལག་པ་དག་ལ་གདུ་བུ་བཞིན་དུའོ། །ༀ་ཕུཿཕུཿ ཧི་ཧྀ་ཧི་པྲཛྙཱ་ཌྷྲི ཀ་ཕཊ་སྭཱ་ཧཱ་ཞེས་ལན་ གསུམ་བཟླས་པ་སྐེ་རགས་ནི་རྐེད་པ་ལའོ། །ཡང་དག་གནས་ཞེས་པའི་རྗེས་ལ་རིམ་པ་ཇི་ལྟ་ བ་བཞིན་ཏུ། འཁོར་ལོ་བསྐྱོད་པའི་གཟུགས། །ཞེས་པ་དང༌། རྣ་རྒྱན་གཉིས་ནི་གསུང་རྡོ་རྗེ། ། ཞེས་པ་དང༌། མགུལ་གྱི་ཕྲེང་བ་རིན་ཆེན་འབྱུང༌། །ཞེས་པ་དང༌། ལག་གདུབ་བརྟག་པའི་ བདག་ཉིད་དོ། ། 8-1-362 ཞེས་པ་དང༌། སྐེ་རགས་དོན་ཡོད་གྲུབ་པ་ནི། །ཞེས་པ་བཅུག་སྟེ། རྡོ་རྗེ་སེམས་དཔལ་ ཞེས་པ་ལ་སོགས་པ་བརྗོད་པར་བྱའོ། །ༀ་བཛྲ་ས་ཏྭ་ཧཱུཾ་ཞེས་པ་ལན་གསུམ་བཟླས་པའི་ཐལ་ བ་ནི་ཡན་ལག་ཐམས་ཅད་ལ་དགོད་པར་བྱའོ། །བུད་མེད་རྣམས་ཀྱིས་ནི་ཐལ་བ་དང་བྲལ་ བའི་ཕྱག་རྒྱ་བཟུང་བར་བྱ་སྟེ། སྐྱེས་པ་རྣམས་ཀྱིས་ནི་ཐལ་བ་དང་ལྷན་ཅིག་ཕྱག་རྒྱ་དྲུག་གོ། །། ༈ གང་ཡང་བུད་མེད་དམ་སྐྱེས་པ་ལྟ་སྟངས་ལ་སོགས་པའི་ནུས་པ་ཐོབ་པས་གཞན་ དོན་དུ་དཔའ་བོའི་སྤྱོད་པའི་བརྟུལ་ཞུགས་བླང་བར་འདོད་ན། དེ་རྣམས་རྡོ་རྗེ་ཕག་མོའི་ གཟུགས་དང༌། བདེ་མཆོག་གི་གཟུགས་ཡེ་ཤེས་སེམས་དཔའ་དང་རོ་གཅིག་ཏུ་རྣམ་པར་ བསམ་ལ། འཁོར་ལ་སོགས་པ་སྔར་བཞིན་དུ་མོས་པ་བྱ་ཞིང༌། མགོ་བོའི་ཕྲེང་བ་ལ་སོགས་ པ་རྣམས་རང་རང་གི་སྔགས་ཀྱིས་ལྷ་ཡི་རང་བཞིན་དུ་མོས་ཏེ། ༀ་བཛྲ་བཻ་རོ་ཙཱ་ནཱི་ཡེ་ཧཱུཾ་ཧཱུཾ་ ཕཊ་སྭཱ་ཧཱ་ཞེས་པ་ལན་གསུམ་བཟླས་ནས་འཁོར་ལོ་ལ་སོགས་པ་དེ་བཞིན་དུ་བསྒོམ་པར་ བྱའོ། །སངས་རྒྱས་ལྔའི་བདག་ཉིད་ཀྱི་ཐོད་པ་ལྔ་སྤང་སྟེ། བཻ་རོ་ཙ་ནའི་སྔགས་གང་ཡིན། ། མགོ་བོར་ཐོད་པས་བརྒྱན་པའོ། །ཞེས་གང་གསུངས་པའོ། །ཐོད་པ་ནི་འདིར་འཁོར་ལོའི་ གཟུགས་ཀྱང་ངོ༌། །ༀ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ལན་གསུམ་བཟླས་པའི་རྣ་རྒྱན་གཉིས་ཏེ། ཡི་གེ་བདུན་པའི་གསང་སྔགས་ཀྱིས། །རྣ་རྒྱན་གྱིས་ནི་རྣ་བར་མཛེས། ། ཞེས་གང་གསུངས་པའོ། །རྡོ་རྗེ་ཕག་མོའི་རྩ་བའི་སྔགས་སམ། ༀ་སརྦ་བུད་དྷ་ཞེས་པ་ ལ་སོགས་པའི་སྔགས་ཀྱིས་ལན་གསུམ་བཟླས་པའི་མགུལ་རྒྱན་ཏེ། རྡོ་རྗེ་ཕག་མོའི་སྔགས་ གང་ཡིན། །མགྲིན་ པར་མགུལ་རྒྱན་རྣམ་པར་བརྒྱན། །ཞེས་གང་གསུངས་པའོ། །ༀ་ཧཿན་མ་ཧི་སྭཱ་ཧཱ་ཧཱུཾ་བཽ་ ཥཊ་ཧེ་ཧཱུཾ་ཧཱུཾ་ཧོ་ཕཊ་ཧཾ་ཞེས་པ་ལན་གསུམ་བཟླས་པའི་གདུ་བུ་གཉིས་ཏེ། དཔའ་བོའི་གོ་ཆ་ 8-1-363 དྲུག་གིས་ནི། ། ཕྱག་རྒྱ་འདི་ནི་ལས་ལ་མཛེས། །ཞེས་གང་གསུངས་པའོ། །ༀ་བཾ་ཧཱཾ་ཡོཾ་ཧྲཱིཾ་མོཾ་ཧྲེཾ་ཧྲཱིཾ་ཧཱུཾ་ ཧཱུཾ་ཕཊ་ཕཊ་ཅེས་པ་ལན་གསུམ་བཟླས་པའི་སྐ་རགས་ཏེ། རྣལ་འབྱོར་མ་དྲུག་ཞེས་པ་ཡི། ། སྔགས་ཀྱིས་སྐེ་རགས་རྒྱན་དུ་བྱ། །ཞེས་གང་གསུངས་པའོ། །ༀ་ཤྲཱིའ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ ཧུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སམ་བ་རཾ་སྭཱ་ཧཱ་ཞེས་པ་ལན་གསུམ་བཟླས་པའི་མི་མགོ་ལྔ་བཅུའི་ཕྲེང་ བ་ནི་མགྲིན་པ་ལ་སྟེ། ལྷ་ཡི་སྙིང་པོའི་སྔགས་ཀྱིས་ནི། །བརྒྱ་ཕྱེད་ཕྲེང་བས་རྣམ་པར་རྒྱན། ། ཞེས་གང་གསུངས་པའོ། །ༀ་སརྦ་བུད་དྷ་ཌཱ་ཀི་ནཱི་ཡེ་བཛྲ་བར་ཎ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་ པ་ལན་གསུམ་བཟླས་པའི་སྟག་གི་ལྤགས་པ་ནི་ཤམ་ཐབས་ཀྱི་ཆེད་དུ་སྟེ། སངས་རྒྱས་ཀུན་ གྱི་མཁའ་འགྲོ་མས། །ལྤགས་པའི་གོས་ནི་འཛིན་པ་མཆོག །ཅེས་གང་གསུངས་པའོ། །ༀ་ པྲ་ཙཎ་ཌེ་ཧུཾ་ཧཱུཾ་ཕཊ་ཅེས་པ་ལ་སོགས་པ་ནས། ༀ་རཱུ་པི་ཎཱི་ཡེ་ཧཱུཾ་ཧུཾ་ཕཊ་ཅེས་པའི་བར་སྔགས་ སུམ་ཅུ་རྩ་དྲུག་གིས་ལན་གསུམ་བཟླས་ཤིང༌། འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་ སྔགས་ཀྱིས། གང་བའི་སྣོད་ནི་ལག་པར་ཏེ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་ མའི། །སྔགས་ཀྱིས་བཏུང་བའི་ཐོད་པའོ། །ཞེས་གང་གསུངས་པའོ། །ཁ་ཊྭཱཾ་ག་དང་ཌ་ མ་རུ་ལ། ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ་ཞེས་པ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ཀྱིས་ལན་ གསུམ་མངོན་པར་བསྔགས་ཏེ། རྡོ་རྗེ་སེམས་དཔལ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་ པས་སོ། །སླར་ཡང་སྔགས་དེ་ཉིད་ཀྱིས་ལན་གསུམ་བཟླས་པའི་ཚངས་སྐུད་དང༌། མགྲིན་ པར་འཕྱང་བའི་དོ་ཤལ་དང༌། རྡོ་རྗེའི་རྒྱན་དང༌། རྐུན་མའི་སྐྲ་ལས་བྱས་པའི་ཅོད་པན་དང༌། སྐོར་གཉིས་པའི་སྐེ་རགས་དང༌། ཐལ་བ་དང༌། དཔུང་རྒྱན་དང༌། རྐང་གདུབ་དང༌། གཡེར་ཁ་རྣམས་ནི་རང་རང་གི་ གནས་སུ་སྟེ། 8-1-364 དཔའ་བོའི་རྩ་བའི་སྔགས་ཀྱིས་གང༌། །ཚངས་སྐུད་ལ་སོགས་གནས་སུ་གདགས། ། ཞེས་གང་གསུངས་པའོ། །དེ་ལ་ཕྲེང་གཅིག་གིས་ནི་ཚངས་སྐུད་བྱའོ། །ཕྲེང་བརྒྱད་ཀྱིས་ནི་ སྐེ་རགས་ཏེ། དེ་ཉིད་བུད་མེད་ཀྱི་རྐེད་པར་བཅུ་དྲུག་གིས་སོ། །ཉི་ཤུ་རྩ་ལྔས་ནི་དོ་ཤལ་ལོ། ། གང་ཡང༌། སྐུད་པ་གཅིག་གིས་ཚངས་སྐུད་དེ། །སྐུད་པ་བརྒྱད་ཀྱིས་སྐེ་རགས་ཉིད། །བུད་ མེད་བཅུ་དྲུག་ཤེས་པར་བྱ། ། ཉི་ཤུ་རྩ་ལྔའི་ཕྲེང་བ་ཅན། །ཞེས་གསུངས་པའོ། །ཡང་ན་མིའི་རྒྱུས་པ་ལས་བྱས་པའམ་ སྐྲ་ལས་བྱས་པའི་ཚངས་སྐུད་དོ། །འདིར་འཁོར་ལོ་ལ་སོགས་པ་དང་རྡོ་རྗེའི་རྒྱན་རྣམས་ ནི་ཇི་ལྟར་རིགས་པར་མིའི་རུས་པ་ལས་བྱས་པའོ། །དེ་ལ་གཅིག་ནི་སྤྱི་བོར་ཏེ། དེ་སྐད་དུ། ཐོད་པའི་དུམ་བུར་སོར་ལྔ་པར། །བྱས་པའི་ཅོད་པན་འཛིན་པར་བྱེད། །ཅེས་གསུངས་སོ། ། དཔའ་བོའི་སྤྱོད་པའི་བརྟུལ་ཞུགས་ཉིད་ལ། རྒྱལ་བུ་གཞོན་ནུའི་བརྟུལ་ཞུགས་ཀྱི་སྤྱོད་པ་ དང༌། རྡོ་རྗེ་ཐོད་པའི་སྤྱོད་པའི་བརྟུལ་ཞུགས་ཞེས་ཀྱང་དཔལ་སཾ་པུ་ཊའི་རྒྱུད་དུ་གསུངས་སོ། ། དེའི་རྗེས་སུ་ཕྱག་རྒྱ་ལྔ་ལ་སོགས་པ་རྣམས་ལ་རྟག་ཏུ་མཆོད་པ་བྱའོ། །ཞེས་པ་སྤྱོད་འཇུག་ གི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ།། །། ༈ དེ་ནས་མཆོག་སྦྱིན་བླ་མ་ཡིས། །ཕྱག་བརྐྱང་ཡང་དག་ལུང་བསྟན་བྱ། །རང་ཉིད་དེ་ བཞིན་གཤེགས་གྱུར་ནས། །སློབ་མ་རྡོ་རྗེ་འཛིན་བདག་ཉིད། །གཡོན་པས་ཆོས་གོས་འཛིན་ པ་དང༌། ། གཡས་པ་མཆོག་སྦྱིན་ཕྱག་ལྡན་པས། །དེ་བཞིན་གཤེགས་ཀུན་ལྷན་ཅིག་ཏུ། །ཚིགས་ བཅད་འདི་ཉིད་བརྗོད་པར་བྱ། །སྲིད་པའི་ངན་འགྲོ་ལས་བཏོན་ལས། །སྲིད་མཐའ་ཤིན་ཏུ་ གྲུབ་བྱའི་ཕྱིར། ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱོད་འདིར་ལུང་བསྟན་བགྱི། །ཀྱེ་ 8-1-365 ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ། སི་དྷྱ་ས་མ་ཡ་སྟྭཱཾ་བྷཱུར་བྷུ་ཝཿ སྭཿ ཞེས་ པའི་སྔགས་བརྗོད་ཅིང་སློབ་མ་ལུང་བསྟན་པར་བྱ་སྟེ། གང་ཡང་འདི་ལྟར་ལུང་བསྟན་པ་ལ་ དེ་བཞིན་གཤེགས་པ་ཐམས་ ཅད་ཀྱིས་དབྱངས་གཅིག་ཏུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་ སྟོན་པར་མཛད་དོ་ཞེས་པ་ལུང་བསྟན་པའི་ཆོ་གའོ།། །། ༈ རིག་མ་དང་རྡོ་རྗེ་དང་སྤྱོད་པའི་བརྟུལ་ཞུགས་དང༌། ལུང་བསྟན་པ་འདི་རྣམས་ལ། རྒྱུད་ལ་སོགས་པ་ཁ་ཅིག་ཏུ་ནི་དབང་བསྐུར་བ་ཉིད་ཀྱི་ཐ་སྙད་བྱས་སོ། །དེའི་རྗེས་སུ། སློབ་ མ་རྣམ་པར་སྣང་མཛད་ལ། །སོགས་པའི་གཟུགས་བསམས་གདན་གྱི་མདུན། །འཁོར་ལོ་ རིན་ཆེན་དེ་བཞིན་དུ། །པད་མ་དང་ནི་རྡོ་རྗེ་སྟེ། །རྗེས་སུ་གནང་བ་དེ་རྣམས་སྦྱིན། །ཚིགས་ སུ་བཅད་པ་འདི་རྣམས་བརྗོད། །སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་ འདུལ་བ་ཡི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཛ་ཡ་ཛ་ཡ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏེ་ པྲ་བར་ཏ་ཡ་དྷརྨ་ཙཀྲཾ ། སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་ ནས། །ཇི་ལྟར་སྣ་ཚོགས་འདུལ་བ་ཡི། །སངས་རྒྱས་རིན་ཆེན་རབ་ཏུ་སྟོན། །ༀ་བཛྲ་རཏ་ན་ སརྦ་དྷརྨ་བི་ཤུད་དྷ་ཛྙཱ་ན་ཨ་བྷི་ཥེ་ཀ་པྲཱསྟ་ༀ་ༀ་ༀ། །སེམས་ཅན་ཀུན་ལ་ཕན་དོན་དུ། །འཇིག་ རྟེན་ཀུན་ལ་ཐམས་ཅད་ནས། ། ཇི་ལྟར་སྣ་ཚོགས་འདུལ་བ་ཡི། །འདོད་ཆགས་དག་པ་རབ་ཏུ་སྟོན། །ༀ་བཛྲ་དྷརྨ་སརྦ་ དྷརྨ་བི་ཤུད་དྷ་ཛྙཱ་ན་རཱ་ག་པད་མ་ད་ལ་སྭ་བྷཱ་ཝ་བཛྲི་ཨཱཿ། །སེམས་ཅན་ཀུན་ལ་ཕན་དོན་དུ། ། འཇིག་རྟེན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་བ་ཡི། །རྡོ་རྗེའི་མཆོད་པ་ རབ་ཏུ་བསྐོར། །ༀ་བཛྲ་ཀར་མ་སརྦ་དྷརྨ་བི་ཤུད་དྷ་ཛྙཱ་ན་སརྦ་པཱུ་ཛཱ་སྭ་བྷཱ་ཝ་ཨཿ། །སླར་ཡང་ 8-1-366 ཁྱད་པར་གྱི་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། ༀ་བཛྲ་བྷ་རཾ་ཞེས་བརྗོད་ཅིང་ཨཱ་ཡིག་ལས་ སྐྱེས་པའི་དུང་དང༌། གཡོན་པར་དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུ་དབྱངས་ཐ་མ་བརྗོད་ ཅིང་བྱིན་ལ། སློབ་མ་དེ་དྲིལ་བུ་འཁྲོལ་དུ་གཞུག་ཅིང༌། ཐམས་ཅད་ནམ་མཁའི་མཚན་ཉིད་ ཅན། །ནམ་མཁའ་ལ་ཡང་མཚན་ཉིད་མེད། ། ནམ་མཁའ་མཉམ་པར་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །དེང་ནས་ བརྩམས་ཏེ་དང་བཅས་པའི། །སེམས་ནི་བསྐྱེད་པ་ཙམ་གྱིས་ནི། །ཆོས་ཀྱི་འཁོར་ལོ་རབ་ ཏུ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་སུ་གང་བར་གྱིས། །ཞེས་པས་སོ། ། སླར་ཡང༌། རྣམ་པ་སྣ་ཚོགས་ལས་བྱས་པའི། །རིན་ཆེན་བདུན་ནི་གཏད་པར་བྱ། །གྲི་གུག་ དང་ནི་ཁ་ཊྭཱཾ་ཀ །བགྲང་ཕྲེང་གླེགས་བམ་སཾ་བོ་ར། །གྱོ་མོ་རྣལ་འབྱོར་དབྱུག་པ་ཡང༌། །ཞེས་ བརྗོད་པའི་མཐར༌། པད་མའི་ལག་པས་ལྷམ་དང་ནི། །རྣལ་འབྱོར་པ་ཡི་བསྒོམ་ཐག་རྣམས། ། ལེགས་པར་དགའ་བའི་བསམ་པ་ཡིས། །སྔགས་ཆེན་དེ་ཡིས་སྦྱིན་པར་བྱ། །ཐེ་ཚོམ་མེད་ པའི་བསམ་པ་ཡིས། །ཁྱོད་འདིར་བློ་གྲོས་ངན་མི་བྱ། །གསང་སྔགས་སྤྱོད་པའི་ཚུལ་མཆོག་ ནི། །མཉམ་མེད་རང་གིས་རབ་གསལ་བྱ། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་བཏགས་ བྱས་པ་གཟོ་བ་ཡིན། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། ། ཁྱེད་ལ་རྟག་ཏུ་ཀུན་བསྲུང་མཛད། །ཤེས་རབ་ཐབས་ཀྱི་རང་བཞིན་བདག །ཡིད་བཞིན་ ནོར་བུ་ལྟར་མཐོ་བས། །སྐྱོ་མེད་དོགས་དང་བྲལ་བ་ཡིས། །དེ་ལྟར་སེམས་ཅན་དོན་གྱིས་ ཤིག །ཅེས་བརྗོད་དོ། །དེས་ཕྱག་བྱས་ལ། གཙོ་བོས་ཇི་ལྟར་བཀའ་བསྒོ་བ། །དེ་བཞིན་དུ་ནི་ བདག་གི་བགྱི། ཞེས་ བརྗོད་པར་བྱ་སྟེ། རྗེས་སུ་གནང་བ་སྦྱིན་པའི་ཆོ་གའོ།། །། ༈ དེའི་རྗེས་སུ། སྤྱི་བོ་རུ་ནི་གདུགས་བཟུང་ནས། །བསྐོར་བ་བྱེད་དུ་བཅུག་ནས་ནི། ། 8-1-367 དཀྱིལ་འཁོར་སྒོར་ནི་ཐལ་སྦྱོར་བ། །གདུགས་བཅས་དབབ་ཅིང་འདི་བརྗོད་བྱ། །རྒྱུད་ རྣམས་འཛིན་པར་གྱུར་པ་ཡི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་བརྗོད་པས་དེ་ལྟར་ དཀྱིལ་འཁོར་གྱི་དབང་ཕྱུག་ ལ་གསོལ་བ་བཏབ་ལ་གདུགས་གཞན་དུ་གཞག་ནས་སློབ་མའི་སྙིང་ལ་འབབ་པར་ བརྗོད་པར་བྱ་སྟེ། ད་ནི་ཁྱེད་རྣམས་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་ རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱིས་ཀྱང་དགོངས་པར་འགྱུར། །སེམས་ཅན་ རྣམས་ལ་བརྩེ་དོན་དུ། །ཁྱེད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་པས་བྲི་བར་ བྱ། །སྒྲུབ་པ་པོ་རྣམས་སྔགས་ལ་(རྒྱུད་ལ་ཟེར་)སྦྱོར། །མཆོག་ཏུ་གསང་བ་དམ་པ་ཡིས། ། དཀྱིལ་འཁོར་མཐོང་ཞིང་རབ་ཞུགས་པས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །ཕྱིན་ཆད་འཆི་བ་ཡོང་མེད་དེ། ། སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། ། སྲིད་པ་ཤིན་ཏུ་མཐའ་གྲུབ་པོ། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་ དབང་བསྐུར་ཏེ། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །རྗེ་བོ་ཉིད་དུ་ཁྱོད་ངེས་སོ། །འདོད་ ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་ བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོད་པ་ཀུན་ལས་སྤྱོད་པས་ཁྱོད། །གང་ལའང་ འཇིགས་པ་མེད་པར་གྱིས། །ཤ་ལྔ་བདུད་རྩི་ལྔ་བཟའ་བྱ། །དེ་ལས་གཞན་ཡང་དམ་ཚིག་ བསྲུངས། །སྲོག་ཆགས་བསད་པར་མི་བྱ་ཞིང༌། །བུད་མེད་རིན་ཆེན་སྤང་མི་བྱ། །སློབ་དཔོན་ སྤང་བར་མི་བྱ་སྟེ། །སྡོམ་པ་ལས་ནི་འདའ་མི་བྱ། ། ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་ 8-1-368 སྡིག་པ་མེད། །རྡོ་རྗེ་སེམས་དཔའི་གསུང་ཇི་བཞིན། །ཞེས་པའོ། །དབུགས་དབྱུང་བ་སྦྱིན་ པའི་ཆོ་གའོ།། །། ༈ དབུགས་དབྱུང་བྱིན་ནས་སློབ་མ་ལ། །བླ་མས་དམ་ཚིག་སྤྱོད་རིག་བྱ། །རིགས་ལྔ་ ལས་ནི་ཡང་དག་བྱུང༌། །དམ་ཚིག་ལྔ་ནི་མཉན་པར་གྱིས། །སངས་རྒྱས་ཆོས་དང་དགེ་འདུན་ ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དགའ་བའི། །དམ་ ཚིག་སྡོམ་པ་ཡིན་པར་འདོད། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱིས་བཟུང་བར་ བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བྱར་བརྗོད། །སློབ་དཔོན་བརྙས་ པར་མི་བྱ་སྟེ། །བླ་མ་སངས་ རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་ གསུངས། ། རིན་ཆེན་རིགས་ལ་དེ་བཞིན་དུ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་ཆོས་ དང་མི་འཇིགས་ བྱམས། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་ ཁྱོད་ཀྱིས་བཟུང་བར་བྱ། །འདི་ནི་པད་མའི་རིགས་དག་པའི། །དམ་ཚིག་སྡོམ་པ་མཆོག་ཡིན་ ནོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་ བཟུང་བར་བྱ། ། མཆོད་པའི་ལས་ཀྱང་ཅི་ནུས་གྱིས། །འདི་ལས་གཞན་ཡང་བཅུ་བཞི་ནི། །རྡོ་རྗེའི་ཐེག་ ལ་ཕམ་པར་བཤད། །ཉིན་ལན་གསུམ་དང་མཚན་ལན་གསུམ། །ཉིན་རེ་ཞིང་ནི་བཟླས་པར་ བྱ། །བཤེས་གཉེན་ རྡོ་རྗེའི་སྤུན་ཟླ་དང༌། །རྣལ་འབྱོར་མ་རྣམས་བསྙེན་བཀུར་བྱ། །སྤང་བར་མི་བྱ་དོར་མི་ 8-1-369 བྱ། །ཇི་ལྟར་ནུས་བཞིན་ཡང་དག་སྤྱད། །ཐེག་པ་དམན་པ་འདོད་མི་བྱ། །སེམས་ཅན་དོན་ལ་ རྒྱབ་ཕྱོགས་མིན། །འཁོར་བ་ཡོངས་སུ་མི་སྤོང་ཞིང༌། །མྱང་ངན་འདས་ལ་རྟག་དགའ་མིན། ། ལྷ་རྣམས་དང་ནི་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་བཞོན་པ་མཚོན་ ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ ཡང་མི་བླང་ངོ༌། །འདོད་པས་ལོག་པར་མི་སྤྱད་ཅིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །སེམས་ ཅན་གདུལ་ཕྱིར་མ་གཏོགས་པ། ། བྱ་བ་མ་ཡིན་ཐམས་ཅད་སྤང༌། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་མ་ཀུན་ བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། ངག་གི་རྣམ་པ་བཞི་རྣམས་དང༌། །ཡིད་ ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོངས། །འདི་དག་དམ་ཚིག་ཡིན་པར་ གསུངས། །ད་ནི་ཁྱོད་ཀྱིས་བསྲུང་བར་བྱ། །དེ་བཞིན་དེས་ཀྱང་བརྗོད་པར་བྱ། །སློབ་དཔོན་ བདག་ཉིད་ཆེན་པོ་སྟེ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་དུ་ནི་བདག་གིས་བགྱི། ། དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་བདེ་སྟེར་སྣོད་དུ་ གྱིས། །འགྲོ་བ་བདེ་བ་ཉུང་ལས་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཕྱིན་ པར་འགྱུར། །གཞན་ཡང༌། གང་དག་ཆོ་ག་ཇི་ལྟ་བ་བཞིན་དུ་མངོན་པར་དབང་བསྐུར་བ་ལ་ དགེ་བ་ཉིད་ཀྱི་ཕྱིར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྡུག་པའི་བུ་ དང་འདྲ་བར་ཐུགས་དང་བས་ཡང་དག་པར་དགོངས་པར་མཛད་པ་འདི་ནི་ཆོས་རྣམས་ཀྱི་ ཆོས་ཉིད་ཡིན་ནོ་ཞེས་སོ། །དམ་ཚིག་བསྒྲག་པའི་ཆོ་གའོ།། །། ༈ དེ་ལྟར་མངོན་པར་དབང་བསྐུར་བ་ཐོབ་ཅིང་དབུགས་དབྱུང་བས་དགའ་བའི་སློབ་ མས་ཀྱང༌། དེ་བཞིན་དུ་བགྱིའོ་ཞེས་པ་དང༌། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་ 8-1-370 གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ དེང་བདག་གྱུར། ། ཞེས་བརྗོད་པར་བྱའོ།། །། ༈ དེ་ནས་རྗེས་སུ་འཐུན་པའི་ཡོན། །སློབ་མ་ལས་ནི་བླང་བྱ་སྟེ། །དེས་ཀྱང་དཀྱིལ་ འཁོར་དེ་ཉིད་ནི། །མངོན་དུ་བྱས་ནས་སླར་ཡང་དབུལ། །རྒྱལ་སྲིད་ས་གཞི་ཆུང་མ་དགའ་ བའི་བུ་དང་བྲན་མོ་དང་ནི་དེ་བཞིན་བྲན་བཟང་དང༌། །གླང་པོ་རྟ་དང་ནོར་དང་སོ་བ་གསེར་ དང་ཤིང་རྟ་གོས་དང་མཚོན་ཆ་དེ་བཞིན་དུ། །ཕུན་ཚོགས་མ་ཧེ་རྣམས་དང་ཁྱིམ་སོགས་ མཆོག་དེ་རྣམས་དང་དམ་པ་རྣམས་ཀྱང་བསྟེན་པ་སྟེ། །བདག་ཉིད་ཀྱང་ནི་ངེས་པར་བྱ་ གཞན་ཅིའང་སློབ་མ་རྣམས་ཀྱིས་རིག་པའི་བླ་མ་ལའོ། །དེ་མ་བྱས་ན་བསོད་ནམས་ཅི། ། སྙུང་གནས་དང་ནི་དཀའ་ཐུབ་གང༌། །བླ་ན་མེད་མཛད་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་ མཆོད་པར་བྱ། །དེ་ལ་ཕུལ་བས་སངས་རྒྱས་རྣམས། །ཀུན་ ལ་རྟག་ཏུ་ཕུལ་བར་འགྱུར། །དེ་ལ་སྦྱིན་པས་བསོད་ནམས་ཚོགས། །ཚོགས་ལས་དངོས་ གྲུབ་བླ་ན་མེད། །མདོར་ན་དེ་འདྲའི་བྱ་བ་རྣམས། །བླ་མ་དམ་པ་མཉེས་བཞིན་བྱ། །བླ་མ་ མཉེས་ན་དངོས་གྲུབ་ལས། །གཞན་མིན་ཞེས་ནི་ཐུབ་པས་གསུངས། །ཞེས་པ་ལ་སོགས་ པའོ།། །། ༈ ད་ནི་དབང་གི་དག་པ་བཤད་དེ། འདིར་མེ་ཏོག་ལྷུང་བས་ཉེ་བར་མཚོན་པའི་དེ་ བཞིན་གཤེགས་ པའི་རང་བཞིན་གྱིས། སློབ་མ་རང་བཞིན་གྱིས་ཡོངས་སུ་དག་པ་ངེས་པར་གསལ་བར་ བྱ་བའི་ཕྱིར། མགོ་བོར་ཕྲེང་བའི་མངོན་པར་དབང་བསྐུར་བའོ། །མ་རིག་པའི་དྲི་མ་འཁྲུ་ བར་ནུས་པ་ཉིད་དུ་བསྒྲུབ་པའི་ཕྱིར་ཆུ་ཡི་མངོན་པར་དབང་བསྐུར་བའོ། །རྒྱས་འདེབས་ཀྱི་ 8-1-371 དེ་བཞིན་གཤེགས་པ་འདུས་བྱ་བ་བསྐྱེད་པ་དང་གཙུག་ཏོར་བསྐྱེད་པར་ནུས་པ་ཉིད་ཀྱི་ཆེད་ དུ་ཅོད་པན་གྱི་མངོན་པར་དབང་བསྐུར་བའོ། །ཉོན་མོངས་པ་ལ་སོགས་པའི་དགྲ་རྩ་བ་ནས་ འདོན་པ་ཉིད་ཀྱི་ཕྱིར་དཔའ་བོའི་དར་དཔྱངས་བཅིང་བ་ནི་ཅོད་པན་གྱི་དབང་གི་འཁོར་ཡིན་ ཏེ། ཁ་ཅིག་ཏུ་ནི་དབང་བསྐུར་བ་ཐ་དད་པར་བརྗོད་དོ། །དབྱེར་མེད་པའི་ཡེ་ཤེས་སྐྱེ་བར་ འགྱུར་བ་ནུས་པ་ཉིད་དུ་བསྒྲུབ་པའི་ཕྱིར་རྡོ་རྗེའི་མངོན་པར་དབང་བསྐུར་བའོ། །སྟོང་པ་ཉིད་ དང་སྙིང་རྗེ་དབྱེར་མེད་པ་བླ་ན་མེད་པའི་ཡེ་ཤེས་འབྱུང་བའི་མངའ་བདག་ཆོས་འབྱུང་རྟོགས་ པར་བྱ་བའི་ཆེད་དུ། ཆོས་འབྱུང་མཚོན་པར་བྱེད་པ་དྲིལ་བུ་སྒྲ་དང་བཅས་པའི་མངོན་པར་ དབང་བསྐུར་བའོ། །བདག་པོ་དེའི་ཆེད་དུ་མངོན་པར་དབང་བསྐུར་བ་ནི་བདག་པོའི་དབང་ དུ་ཡང་བརྗོད་དོ། །འབྱུང་བར་འགྱུར་བ་ན་ཐུབ་པའི་དབང་པོའི་གོ་འཕང་གི་མིང་དུ་འོས་པའི་ ས་བོན་བསྒྲུབ་པའི་ཆེད་དུ་མིང་གི་མངོན་པར་དབང་བསྐུར་བའོ། །འདི་ནས་བརྩམས་ཏེ་རྣམ་ པར་དག་པ་ཟུང་འཇུག་གི་བྱང་ཆུབ་རྟོགས་པར་བྱ་བའི་ཆེད་དུ་བརྩོན་པར་གྱིས་ཤིག་ཅེས་ ངེས་པར་བྱ་བར་དགོངས་ནས་དེའི་རང་བཞིན་གྱི་རྡོ་རྗེ་འཛིན་པ་ལ་སྦྱོར་བ་ནི་རྡོ་རྗེའི་དམ་ ཚིག་གོ །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པའི་ངེས་པ་སྟེར་བའི་དེ་བཞིན་ཉིད་རྟོགས་ པ་ལ་སྦྱར་བའི་ཆེད་དུ་སྒྲ་དང་བཅས་པའི་དྲིལ་བུའི་དམ་ཚིག་གོ །ཤེས་རབ་དང་ཐབས་ཀྱི་ རང་བཞིན་བདེ་བ་ཆེན་པོའི་བདག་ཉིད་རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་ཤིན་ཏུ་བརྟན་ པར་ནུས་པ་ཉིད་དུ་བསྒྲུབ་པའི་ཕྱིར་ཕྱག་རྒྱའི་དམ་ཚིག་གོ །དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མ་རྡོ་ རྗེའི་གུར་ལས། དམ་ཚིག་གཉིས་ཀྱི་འཁོར་ཅན་ཕྱག་རྒྱའི་དམ་ཚིག་ཁོ་ན་རྫོགས་པའི་སངས་ རྒྱས་ཀྱི་དབང་དུ་གསུངས་སོ། །རྒྱུད་གཞན་དུ་ནི་དམ་ཚིག་གསུམ་སློབ་དཔོན་གྱི་དབང་གི་ འཁོར་དུ་གསུངས་ཏེ། དེ་ལྟར་ཡང་སྔར་ཤེས་རབ་བཅུ་དྲུག་ཞེས་པ་ལ་སོགས་པས་གསུངས་སོ། །དྲི་མ་འཁྲུད་ 8-1-372 པར་ནུས་པ་ཉིད་ནི་དམ་ཚིག་གསུམ་གྱི་རྣམ་པར་གཞག་པ་གཉི་ག་ལ་མི་འགལ་ལོ། །ཇི་ལྟར་ ས་བཅུ་པ་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཕྱོགས་བཅུའི་དེ་བཞིན་ གཤེགས་པ་རྣམས་ཀྱི་མངོན་པར་དབང་བསྐུར་བ་དེ་བཞིན་དུ། དམ་ཚིག་གསུམ་དང་བཅས་ པ་འདི་ཡང༌། དེ་རྣམས་དང་བླ་མས། དཔག་ཏུ་མེད་པའི་སེམས་ཅན་གྱི་ཕུང་པོ་ལ་གཞལ་དུ་ མེད་པའི་ཆོས་སྟོན་པ་ལ་སོགས་པའི་སློབ་དཔོན་དུ་བྱ་བའི་ཆེད་དུ། ཁམས་གསུམ་གྱི་ཆོས་ ཀྱི་རྒྱལ་སྲིད་ལ་དབང་བས་ན་སློབ་དཔོན་གྱི་དབང་བསྐུར་བ་ནི། ཕྱིར་མི་ལྡོག་པ་རྣམས་དང་ འདྲ་བས་ན་ཕྱིར་མི་ལྡོག་པའི་དབང་སྟེ། ཕྱིར་མི་ལྡོག་པ་ཉིད་ཀྱི་ས་བོན་ཉིད་ཀྱང་སྐྲུན་པར་ བྱེད་པའོ། །དེའི་ཕྱིར་དེ་ལ་ལྟོས་ནས་ཕྱིར་མི་ལྡོག་པར་བྱ་བའི་ཆེད་དུ་དབང་བསྐུར་བ་དང༌། ཕྱིར་མི་ལྡོག་པར་བྱེད་པའི་དབང་བསྐུར་བ་ནི་ཕྱིར་མི་ལྡོག་པ་དང་ལྡན་པའི་དབང་དང༌། ཕྱིར་མི་ལྡོག་པའི་དབང་དུ་བརྗོད་དོ། །དེ་ཉིད་ཀྱི་ཕྱིར། རྡོ་རྗེ་གསང་བ་ཡེ་ཤེས་ཀྱིས། །སློབ་ དཔོན་ཞེས་བྱ་གསུམ་དུ་བརྗོད། །ཅེས་པའི་ལུགས་ནི་བློ་གྲོས་ངན་པ་རྣམས་ཁོ་ནའི་ཡིན་ ནོ། །འདི་དག་ལ་སོགས་པས་ནི་ཉན་ཐོས་ཀྱི་དམ་ཚིག་གིས་རྩེ་བ་སྤང་བར་བྱའོ་ཞེས་པའི་ ངེས་པའི་ཆེད་དུ། རྫོགས་པའི་སངས་རྒྱས་རྡོ་རྗེ་འཛིན་པས་རྡོ་རྗེ་སྙིང་པོ་དང་ལྷན་ཅིག་རབ་ ཏུ་སྦྱོར་བས་རྩེ་བར་བྱ་བའི་དོན་དུ་གང་གིས་མེ་ཏོག་འཐོར་བའོ། །རྫོགས་པའི་སངས་རྒྱས་ རྡོ་རྗེ་འཛིན་པ་རྟག་ཏུ་རང་གི་དམ་ཚིག་ལ་མཆོད་པར་བྱའོ་ཞེས་པ་ནི་ཕྲེང་བ་ཀུན་ནས་འཕང་ བའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་དམ་པའི་ཆོས་ཐམས་ཅད་ཡང་ དག་པར་བརྗོད་པའི་དོན་དུ་ༀ་གྱི་ཡེ་གེ་དང་སྭཱའི་ཡི་གེ་ཀློག་པའོ། །སངས་རྒྱས་གར་རབ་ཏུ་ བསྐོར་ཞིང་གར་གྱི་རྗེས་སུ་ཆགས་པས་སྐྱེ་བོ་རྣམས་གདུལ་བའི་ཆེད་དུ་ཏིང་ཏི་ཤགས་འཛིན་ པའོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་འཇུག་པའི་དོན་དུ་སྤོས་ཀྱིས་ཀུན་ ཏུ་བསྐྱོད་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་ཡང་དག་པར་འབྱོར་ཞིང༌། མཚན་སུམ་ 8-1-373 ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་རྣམ་པར་མཛེས་པའི་དེ་བཞིན་གཤེགས་པའི་སྐུ་ཐོབ་ པའི་ཆེད་དུ་མེ་ཏོག་ངེས་པར་འགྲེམས་པའོ། །མ་རིག་པའི་མུན་པ་ལྷུང་བའི་སེམས་ཅན་ རྣམས་ཡེ་ཤེས་ཀྱི་སྒྲོན་མས་ཡང་དག་པར་སྣང་བར་བྱ་བའི་ཆེད་དུ་སྣང་གསལ་འབུལ་ལོ། ། འབྱུང་བར་འགྱུར་བ་ན་ཐུབ་པའི་དབང་པོའི་སེམས་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་ཐོབ་པར་བྱ་བའི་ཆེད་དུ་དྲི་ འབུལ་བའོ། །བགེགས་མེད་པ་ཉིད་དང༌། ཞི་བ་ལ་སོགས་པའི་དངོས་གྲུབ་ཀྱི་ས་བོན་དགོད་ པ་དང༌། དོན་དམ་པའི་སྔགས་ཀྱིས་དངོས་གྲུབ་ཀྱི་ཞིང་དག་པར་བྱ་བའི་ཆེད་དུ་སྔགས་ བརྗོད་པའོ། །མི་ཤེས་པའི་རབ་རིབ་བསལ་ནས་ལྷའི་མིག་གི་མངོན་པར་ཤེས་པ་བསྐྱེད་པའི་ ཆེད་དུ་མིག་སྨན་ནོ། །དེ་བཞིན་དུ་ཡང་གཟུགས་བརྙན་དང་འདྲ་བར་སྣ་ཚོགས་པར་བལྟ་བ་ འདུས་བྱ་བའི་ཆེད་དུ་མེ་ལོང་གི་དབང་ངོ༌། །བདུད་བཞི་ལས་རྣམ་པར་རྒྱལ་ནས། ཤིན་ཏུ་ཕྲ་ བའི་ཆོས་ཀྱི་དབྱིངས་ཀྱི་འབེན་ལ་སླེབ་པའི་ས་བོན་དགོད་པའི་ཆེད་དུ་མདའ་འཕང་བའོ། ། དད་པ་དང་ཤེས་རབ་ཀྱི་ཞིང་དུ་བྱ་བའི་དོན་དང༌། དམ་ཚིག་བསྲུང་བའི་དོན་དང༌། ངག་ དག་པའི་དོན་དུ་གསང་བའི་མངོན་པར་དབང་བསྐུར་བའོ། །ཕུལ་དུ་ཕྱིན་པའི་ཡེ་ཤེས་འདི་ ལ་ཡོད་པས་ཤེས་རབ་ནི་ཕྱི་རོལ་གྱི་གཞོན་ནུ་མ་ཡིན་ལ། དེ་ལས་ཡེ་ཤེས་ནི་སེམས་རྣམ་ པར་རྟོག་པ་དང་བྲལ་བ་སྟེ། རྣམ་པར་དག་པ་དང་ལྷན་ཅིག་སྐྱེས་པའི་དགའ་བ་ནི་ཤེས་རབ་ ཡེ་ཤེས་ཀྱི་མངོན་པར་དབང་ བསྐུར་བའོ། །ཡེ་ཤེས་དེ་ཉིད་དྲི་མ་དང་བྲལ་ཞིང་ཡོངས་སུ་དག་པར་རྟོགས་པ་ནི་བཞི་ པའི་མངོན་པར་དབང་བསྐུར་བའོ། །འདི་དག་ནི་བདེ་བ་ཆེན་པོའི་རོས་ཡིད་འཁྲུད་པར་བྱེད་ པའི་ཕྱིར་ན་དབང་ངོ༌། །འདི་དང་འབྲེལ་པ་ཁོ་ནར་ཤེས་རབ་ཉིད་ཟག་པ་མེད་པའི་བདེ་བ་ དམ་པ་འཕེལ་ཞིང་མངོན་སུམ་དུ་བྱེད་པའི་ཐབས་ཡིན་པའི་ཕྱིར། ལས་དང་པོ་པ་ལ་སོགས་ 8-1-374 པའི་གནས་སྐབས་སུ་ཡང་སྤང་བར་མི་བྱའོ་ཞེས་པ་ནི་རིག་མའི་བརྟུལ་ཞུགས་སོ། །གང་ཚེ་ རྣམ་པར་མི་རྟོག་པས། །ལས་ཀུན་ཐབས་དང་བཅས་པར་སྤྱོད། །རྣམ་པར་མི་རྟོག་སྒོམ་པ་ ནི། །བརྟུལ་ཞུགས་རྣམས་ཀྱི་བླ་མའི་བླ། །ཞེས་རྡོ་རྗེ་མཁའ་འགྲོ་ལས་གསུངས་པའི་ཕྱིར་ བརྟུལ་ཞུགས་གཞན་གྱིས་ཅི་ཞིག་བྱ། དེས་ན་ཡེ་ཤེས་ལྔའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ ཀྱི་བརྟུལ་ཞུགས་ཁོ་ན་ལས་ཤིན་ཏུ་སྦྱོར་བའི་ཕྱིར་རྡོ་རྗེའི་བརྟུལ་ཞུགས་སོ། །སྤྱོད་པ་དང་ བྲལ་ན་ཡང་བྱང་ཆུབ་ཀྱི་སེམས་མི་རྟོགས་སོ་ཞེས་བསླབ་པའི་དོན་དུ་སྤྱོད་པའི་བརྟུལ་ཞུགས་ ཏེ་དེ་ནི་རྣམ་པ་གསུམ་མོ། །དེ་ལ་དང་པོ་ནང་གི་བདག་ཉིད་ཀྱི་ཕྱག་རྒྱ་གསུམ་དང་སྦྱོར་བ་ ནི་མཆོག་སྟེ། དེ་ལྟར་ཡང༌། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཅེང་ཏེའུ་ཤེས་རབ་ཏུ་ནི་རྟགས། །ཞེས་ པ་དང༌། སྔགས་ནི་བཏུང་བའི་ཐོད་པའོ། །ཞེས་གསུངས་སོ། །ལྷ་ཡི་སྐུ་དང་གཞོམ་དུ་མེད་ པའི་ངོ་བོ་གཏུམ་མོ་སྒྲ་ཙམ་དང་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་རྟེན་ ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ། དེ་ལྟར་གསུམ་ནི་མཚོན་པར་བྱེད་པའོ། །གཉིས་པ་ནི་ དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པ་བསྐྱེད་པ་ ལ་སྦྱོར་བ་ལྷུར་བྱེད་པ་སྟེ། རྣལ་འབྱོར་མ་དང་སྤྱོད་པའི་བརྟུལ་ཞུགས་སོ། །གསུམ་པ་ནི་ལྟ་ སྟངས་བཞི་དང་མངོན་པར་ཤེས་པ་ལ་སོགས་པའི་ནུས་པ་ཐོབ་པར་གྱུར་པ་ན་སེམས་ཅན་གྱི་ དོན་བསྒྲུབ་པ་ལྷུར་བྱེད་པ་སྟེ། །འཇིག་རྟེན་ལས་ཕྱི་རོལ་ཏུ་གྱུར་པའི་རྣལ་འབྱོར་པའམ་རྣལ་ འབྱོར་མ་ནང་གི་བདག་ཉིད་ཀྱི་རྒྱན་མ་ལུས་པའི་དོན་གྱི་མཐུ་མཆོག་ཏུ་བྱེད་པ་སྟོང་པ་ཉིད་ དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་འབྱུང་བ་ལ་ངེས་པར་སྦྱོར་བའོ། ། དེ་ལྟར་ཡང་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལས། དང་པོར་མཉམ་གཞག་རྣལ་འབྱོར་ པས། །འབད་དེ་ནུས་པ་བསྐྱེད་པར་བྱ། །ནུས་པ་བསྐྱེད་པའི་རྗེས་ལ་ནི། །བརྟུལ་ཞུགས་སྤྱོད་ པ་ཡིད་འོང་བ། །རིགས་ལྔ་མཉམ་པར་ཀུན་སྤྱོད་པ། །རིགས་གཅིག་ཏུ་ནི་ཡང་དག་བརྟག། 8-1-375 མི་རྟོག་སེམས་གཅིག་བདག་ཉིད་ཀྱིས། ། འདོད་པ་ལྔ་ལ་སྤྱད་པར་བྱ། །དེ་ལྟར་དཔལ་ལྡན་ཧེ་རུ་ཀའི། །ཡེ་ཤེས་བསམ་པ་ཀུན་ རྫོགས་མཛད། ། ཤེས་རབ་ཆེ་ལྡན་དེ་ཡི་ནི། །གཉིས་མེད་ཡེ་ཤེས་བརྟུལ་ཞུགས་བཟང༌། །སྤྱོད་པའི་ བརྟུལ་ཞུགས་ལ་ཞུགས་པའི། །རྣལ་འབྱོར་རབ་ངེས་ཤེས་པར་བྱ། །ཞེས་གསུངས་སོ། ། འབྱུང་བར་འགྱུར་ན་ཐུབ་པའི་དབང་པོའི་གོ་འཕང་དུ་འོས་པ་འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་དབང་ཕྱུག་ཐོབ་པའི་ཆེད་དུ། གླེགས་བམ་དང༌། ཐོད་ལོ་ཀོར་དང༌། སཾ་བོ་ར་ འཛིན་པའོ། །རྒྱལ་སྲིད་ལ་སོགས་ པའི་བདེ་བ་ལ་ལྟོས་པ་མེད་པར་བྱ་བའི་ཆེད་དུ། བསོད་སྙོམས་ལ་རྟེན་པར་གྱུར་པའོ། ། མི་ཆོད་པའི་བསམ་གཏན་དང་བཟླས་པ་བྱ་བའི་ཆེད་དུ་གྱོ་མོའི་སྣོད་དང་རྣལ་འབྱོར་པའི་ དབྱུག་པ་འཛིན་པའོ། །མ་རིག་པ་ཐམས་ཅད་གཅད་པར་བྱ་བའི་ཆེད་དུ་གྲི་གུག་འཛིན་པའོ། ། འདི་དག་ཐམས་ཅད་ཀྱང་སྤྱོད་པའི་བརྟུལ་ཞུགས་ཉིད་ཀྱི་འཁོར་ཡིན་ནོ། །ཁམས་གསུམ་ དང་དབྱེར་མེད་པའི་ཆོས་ཉིད་རྟོགས་པའི་རིམ་པའི་རྣལ་འབྱོར་དང་ལྡན་པ་ནི་ཁྱོད་ཡིན་ནོ་ ཞེས་གཟེངས་བསྟོད་པའི་དོན་དུ་ལུང་བསྟན་པའོ། །དེ་ལྟར་ཡང༌། བྷཱུར་ཞེས་པ་ནི་ས་སྟེངས་ ཀྱི་འཇིག་རྟེན་ནོ། །བྷུ་ཝ་ཞེས་པ་ནི་རླུང་གི་དཀྱིལ་འཁོར་ལ་སོགས་པའི་འཁོར་དང་བཅས་ པའི་ས་འོག་གོ །སྭ་ཞེས་པ་ནི་མཐོ་རིས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མུན་སྐྱེ་མཆེད་ཀྱི་ མཐར་ཐུག་པའོ། །དེ་གསུམ་ཅར་ཡང་ཁྱོད་ཡིན་ཏེ། གང་གི་ཕྱིར་དེ་རྣམས་ཀྱི་རང་བཞིན་དེ་ ཁོ་ན་ཉིད་ཀྱི་དམ་ཚིག་སྟེ་རབ་ཏུ་དགའ་བའི་ས་ལ་སོགས་པ་རིམ་གྱིས་རྟོགས་པར་ནུས་པ་ ཉིད་ཀྱི་ཕྱིར་རོ་ཞེས་པ་ནི། ས་མ་ཡ་སྟྭཾ་བྷཱུར་བྷུ་ཝ་སྭཿ ཞེས་པ་འདིའི་དོན་ཏོ། །ཆོ་ག་ཇི་ལྟ་ བ་བཞིན་དུ་དངོས་གྲུབ་བསྒྲུབས་ཏེ་ཆོས་བསྟན་པ་ལ་སོགས་པ་རྣམས་ཀྱིས་སེམས་ཅན་གྱི་ 8-1-376 དོན་གྱིས་ཤིག་ཅེས་པ་ནི་རྗེས་སུ་གནངབའོ། །ཁྱོད་ཀྱིས་འདོད་པ་རྣམས་ལ་ཉེ་བར་ལོངས་ སྤྱོད་ཀྱང་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བའི་སངས་རྒྱས་ཉིད་དེ་རིང་ངོ་ཞེས་དཀྱིལ་ འཁོར་དུ་འཇུག་པ་ལ་སོགས་པ་བྱས་པས་རྒྱས་པར་འོས་པ་ལ་མངོན་པར་སྦྱོར་བ་རྟོགས་ པར་བྱ་བའི་ཆེད་དུ་དབུགས་དབྱུང་བའོ། །ཕྱི་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་དམ་ཚིག་ གསུམ་བསྲུང་བའི་དོན་དུ་དམ་ཚིག་བསྒྲག་པའི་ཆོ་གའོ། །རྡོ་རྗེའི་བརྟུལ་ཞུགས་ལ་སོགས་ པ་ལྔ་པོ་འདི་རྣམས་ཀྱང་སློབ་དཔོན་གྱི་དབང་གི་རྗེས་དང༌། རིག་པའི་དབང་གི་རྗེས་ལ། དེ་ དང་དེ་ཙམ་གྱིས་ཚིམ་པ་རྣམས་ལ་ཤེས་པར་བྱའོ་ཞེས་པ་ནི་ཁ་ཅིག་ཏུའོ། །སྔགས་དང་མིག་ སྨན་དང་མེ་ལོང་དང་མདའ་འཕང་བ་རྣམས་ནི་རིག་པའི་དབང་གི་རྗེས་ལའོ། །རིག་མའི་ བརྟུལ་ཞུགས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་རྗེས་མ་ཡང་ཁ་ཅིག་ཏུའོ། །ཁ་ཅིག་ ཏུ་ནི་སླར་ཡང་སྔགས་ལ་སོགས་པ་དང་སྤྱོད་པའི་བརྟུལ་ཞུགས་དང༌། ཕྱིར་རྗེས་སུ་གནང་ བ་དང༌། དམ་ཚིག་གསུམ་ནི་སྐལ་བ་དང་ལྡན་པ་རྣམས་ལ་ཡང་མ་བཤད་དེ། ཇི་ལྟ་རིགས་ པར་དབང་གཞན་རྣམས་སུ་དེ་དང་དེའི་དོན་ཡོད་པ་ལ་དགོངས་པས་སོ། །ཁ་ཅིག་ཏུ་རྗེས་སུ་ གནང་བ་དང་དབུགས་དབྱུང་བ་དག་ཕྱིར་མི་ལྡོག་པའི་དབང་དུ་བསྡུས་ཏེ། འདིར་ནི་ཐམས་ ཅད་ཐ་དད་དུ་བརྗོད་དོ། །གང་ཡང་མཁའ་འགྲོ་མ་རྡོ་རྗེའི་གུར་ལས། དང་པོ་ཆུ་ཡི་དབང་ཡིན་ཏེ། །གཉིས་པ་ཅོད་པན་གྱི་ནི་དབང༌། །གསུམ་པ་རྡོ་རྗེའི་དབང་ གིས་ཏེ། ། བཞི་པ་རང་གི་བདག་པོ་ཡིན། །ལྔ་པ་མིང་གི་དབང་ཡིན་ཏེ། །དྲུག་པ་རྫོགས་པའི་སངས་ རྒྱས་དབང༌། །བུམ་པའི་དབང་ནི་བདུན་པ་སྟེ། །བརྒྱད་པ་གསང་བའི་དབང་ཡིན་ནོ། །དགུ་ པ་ཤེས་རབ་དབང་བསྐུར་ཏེ། །དེ་ཉིད་རྡོ་རྗེའི་སྦྱོར་བ་ཡིས། །ཀུན་ཏུ་རྡོ་རྗེའི་བརྟུལ་ཞུགས་ སྦྱིན། །རང་ཉིད་སྟོན་པས་ལུང་སྟོན་ཏེ། །འདི་དག་དབང་ཆོག་རིམ་པའོ། །ཞེས་གསུངས་ 8-1-377 ཤིང༌། འདི་ཉིད་རྟག་པའི་རྒྱལ་པོ་གཉིས་པར་ཡང༌། སློབ་དཔོན་གསང་བ་ཤེས་རབ་དང༌། ། བཞི་པ་དེ་ཡང་དེ་བཞིན་ནོ། ། ཞེས་གསུངས་སོ། །དེ་ལ་ཆུ་དང་ཅོད་པན་དང་རྡོ་རྗེ་དང་བདག་པོ་དང་མིང་དང་སློབ་ དཔོན་གྱི་དབྱེ་བས་དྲུག་ནི་བུམ་པའི་དབང་སྟེ། ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་ དང་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་བུམ་པས་མངོན་པར་དབང་བསྐུར་བའི་ཕྱིར་ རོ། །སློབ་དཔོན་གྱི་དབང་ནི་མཆོག་ཏུ་ཉེ་བར་བླང་བར་བྱ་བ་ཉིད་ཀྱིས་ཕུལ་དུ་བྱུང་བ་དང་ བཅས་པར་དབང་བསྐུར་བའི་ཕྱིར། བུམ་པའི་དབང་ནི་བདུན་པ་སྟེ་ཞེས་གསུངས་ལ། སློབ་ དཔོན་གྱི་དབང་དེ་འབྱུང་བའི་རྒྱུ་ཡིན་པས་ཆུ་ཡི་ལ་སོགས་པ་ལྔ་ཡང་སློབ་དཔོན་གྱི་དབང་དུ་ བརྗོད་དེ། དེས་ན་ཐམས་ཅད་འགལ་བ་མེད་དོ། །ཞེས་པ་འདི་ནི་གཞན་དབང་བསྐུར་བའི་ ཆོ་གའོ།། ༣༣ །། ༈ རང་ཉིད་ཀྱང་དམ་ཚིག་ཉམས་ན་འདི་ལྟ་བུའི་དབང་བསྐུར་བ་ཉིད་ཇི་ལྟར་སློབ་ དཔོན་འཇུག་ པའི་ཆོ་གར་བཟུང་ཞིང་བཤད་པ་དེ་བཞིན་དུ་བླང་བར་བྱའོ། །འོན་ཀྱང་གལ་ཏེ་བླ་མ་ དམ་པ་ཤིན་ཏུ་རིང་བ་དང་ལམ་བགྲོད་པ་དཀའ་བ་ལ་སོགས་པའི་ཉེ་བར་འཚེ་བས་བགྲོད་ མི་ནུས་པའི་ཕྱོགས་ན་གནས་པ་ན་སྟེ། གཞན་དུ་མ་ཡིན་ནོ། །རྟག་ཏུ་ཡི་དམ་བྱེད་པས་ནི་ ཤེས་རབ་དང་ཐབས་རོ་གཅིག་པ་རང་གི་འདོད་པའི་ལྷའི་རྣལ་འབྱོར་གྱིས་ཡིད་ཀྱི་རང་ བཞིན་གྱི་དཀྱིལ་འཁོར་བསྒོམས་ནས། དཀྱིལ་འཁོར་གྱི་དབང་ཕྱུག་ལས་ཆུའི་དབང་ལ་ སོགས་པ་དང༌། གསང་བ་དང་ཤེས་རབ་ཡེ་ཤེས་དང༌། བཞི་པའི་མཐར་ཐུག་པ་རྣམས་དང༌། དབུགས་དབྱུང་བའི་མཐར་ཐུག་པ་བླང་བར་བྱའོ་ཞེས་པ་རང་དབང་བསྐུར་བའི་ཆོ་གའོ།། ༣༤ །། 8-1-378 ༈ རྡོ་རྗེ་སེམས་དཔའི་སྡོམ་པ་དང་ལྡན་པ་འདིའི་ཡང་ལྟུང་བ་ནི་རིགས་རྣམ་པ་གཉིས་ ཏེ། རྩ་བའི་ལྟུང་བ་དང་སྦོམ་པོའི་ལྟུང་བའོ། །དེ་རྣམས་ཇི་ལྟར་ན། བླ་མ་དམ་པའི་ཐུགས་ དཀྲུགས་པ། ། རྩ་བའི་ལྟུང་བ་དང་པོར་གསུངས། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་ གཉིས་པར་བརྗོད་པ་ཡིན། །རྡོ་རྗེའི་སྤུན་ལ་ཁྲོས་པ་ཡིས། །ཉེས་པ་གསལ་བྱས་གསུམ་པ་ སྟེ། །སེམས་ཅན་རྣམས་ལ་བྱམས་པ་སྤོང༌། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་ རྩ་བ་བྱང་ཆུབ་སེམས། ། དེ་སྤོང་བ་ནི་ལྔ་པ་སྟེ། །རང་དང་གཞན་གྱི་གྲུབ་པའི་མཐའི། །ཆོས་ལ་སྨོད་པ་དྲུག་པ་ ཡིན། །ཡོངས་ སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་སྟེ། །ཕུང་པོ་སངས་རྒྱས་ལྔ་ བདག་ཉིད། ། དེ་ལ་སྨོད་པ་བརྒྱད་པའོ། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ སྟེ། །གདུག་ པ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པའོ། །ཐོག་མཐའ་བྲལ་བའི་ཆོས་རྣམས་ ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་ བཅུ་གཉིས་པ། ། དམ་ཚིག་ལས་ནི་ཇི་བཞིན་རྙེད། །མི་བསྟེན་པ་ནི་བཅུ་གསུམ་པ། །ཤེས་རབ་རང་བཞིན་ བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པའོ། །ཞེས་པ་ནི་རྩ་བའི་ལྟུང་བའོ།། ༣༥ །། ༈ རྣལ་འབྱོར་སྡོམ་ལྡན་རྣལ་འབྱོར་མར། །རྣལ་འབྱོར་པ་གང་སྟོབས་ཀྱིས་རྩེ། །སྦོམ་ པོའི་ལྟུང་བ་དང་པོར་བཤད། །དེ་ལ་ཐོ་འཚམས་པ་ཡང་ངོ༌། །རྒྱུད་ལས་གསུངས་པའི་རྗེས་ 8-1-379 འབྲངས་ནས། །བྱིན་བརླབས་མེད་པའི་བདུད་རྩི་ཡང༌། །དེ་ཡི་སྦོམ་པོའི་ལྟུང་བ་ནི། །གཉིས་ པ་རབ་ཏུ་སྐྱེ་བར་བརྗོད། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང༌། །དམ་ཚིག་ལ་ནི་སྨོད་པ་དག ། རྣལ་འབྱོར་པ་དེའི་སྦོམ་པོ་ཡི། །ལྟུང་བ་གསུམ་པར་བཤད་པ་ཡིན། །གང་ཚེ་གསང་བའི་ ཆོས་མཐོང་བ། །གཡོ་སྒྱུའི་བློ་ཡིས་མི་སྦེད་པར། །རབ་ཏུ་གསལ་བར་བྱས་ན་དེའི། །སྦོམ་ པོའི་ལྟུང་བ་བཞི་པར་འགྱུར། ། གང་ཞིག་དད་པའི་སེམས་ཅན་ནི། །གསང་བའི་ཆོས་ལ་དགའ་བ་ལ། །ཕྱིན་ཅི་ལོག་ནི་ འཆད་བྱེད་པ། །སྦོམ་པོའི་ལྟུང་བ་ལྔ་པར་འགྱུར། །ཉན་ཐོས་ཐེག་པ་པ་རྣམས་དང༌། །ཞག་ བདུན་ལྷན་ཅིག་གནས་པ་གང༌། །དེ་ལ་སྦོམ་པོའི་ལྟུང་བ་ནི། །ཤིན་ཏུ་ལྕི་བ་དྲུག་པ་སྐྱེ། ། རྣལ་འབྱོར་ངེས་པར་མི་ཤེས་པར། །རྣལ་འབྱོར་མངོན་པའི་ང་རྒྱལ་སེམས། །དེ་ཡི་སྦོམ་པོའི་ ལྟུང་བ་ནི། །བདུན་པར་འགྱུར་ཏེ་ཐེ་ཚོམ་མེད། །སྣོད་དུ་གྱུར་པའི་སེམས་ཅན་གང༌། །ཕྱི་ཡི་ ཆོས་ལ་དགའ་བ་ལ། །གསང་བའི་ཆོས་རྣམས་ཡང་དག་འཆད། །དེ་ཡི་སྦོམ་པོའི་ལྟུང་བ་ནི། ། བརྒྱད་པ་ཉིད་དུ་འགྱུར་བ་ཡིན། །ཞེས་པ་ནི་སྦོམ་པོའི་ལྟུང་བའོ།། །། ༈ དེའི་ཕྱིར་ལྟུང་བ་གཉིས་ཀྱིས་བཟུང་བས་དམ་ཚིག་མེད་ན། ཇི་ལྟར་ནུས་པའི་སྟོན་མོ་ སྦྱིན་པ་སྔོན་དུ་འགྲོ་བའི་འབུལ་བ་བྱས་ནས། བླ་མ་དམ་པའི་མདུན་དུ་སྡིག་པ་བཤགས་པ་ དང་སྔར་གྱི་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བརྩམས་ཏེ་སྔར་བཞིན་དུ་རྡོ་རྗེ་འཛིན་ པའི་སྡོམ་པ་བཟུང་བར་བྱའོ་ཞེས་པ་གདམས་པ་དང་བཅས་ཤིང་འཁོར་དང་བཅས་པའི་ དབང་གི་ཆོ་གའོ། ། ༈ འདིར་ཞི་བ་ལ་སོགས་པའི་དོན་དུ་སྦྱིན་སྲེག་བྱའོ་ཞེས་སྔར་གསུངས་ཏེ། དེས་ན། དཀྱིལ་འཁོར་སྦྱིན་སྲེག་དང་བྲལ་བའི། །རབ་གནས་འདིར་ནི་བསྟན་པ་མེད། །དེ་ཕྱིར་སློབ་ 8-1-380 མར་ཕན་འདོད་པས། །སྦྱིན་སྲེག་ཆོ་ག་ཡང་དག་བྱ། །སེམས་ཅན་དབྱེ་བས་མཐའ་ཡས་ཏེ། ། རིགས་ཀྱི་དབྱེ་བས་རྣམ་པ་ལྔ། །ལས་ཀྱི་དབྱེ་བས་རྣམ་པ་བཞི། །ཐབ་ཁུང་ཞེས་བྱའི་མཚན་ ཉིད་ནི། །རྣམ་མང་བརྗོད་པ་ཡོངས་སྤངས་ནས། །བདག་གིས་ད་ནི་ལེགས་བསྡུས་ཏེ། །ཞི་བ་ ལ་སོགས་རབ་དབྱེ་བས། ། ཐབ་ཁུང་མཚན་ཉིད་བརྗོད་པར་བྱ། །ཞི་བའི་ཐབ་ཁུང་ཟླུམ་པོ་སྟེ། །ཁ་ཁྱེར་འདམ་ སྐྱེས་གེ་སར་བཅས། །དབུས་སུ་འདམ་སྐྱེས་འདབ་བརྒྱད་དང༌། །སོར་བརྒྱད་པའི་འཁོར་ལོ་ དགོད། །རྒྱར་ནི་ཀུན་ནས་ཁྲུ་གང་ལ། །སོར་བཞི་ཡང་དག་སྤངས་པའོ། །ཁ་ཁྱེར་ལ་ནི་སོར་ བཞི་སྟེ། །རྒྱ་ནི་དཔངས་ ཀྱི་ཚད་ཡིན་ནོ། །རྒྱས་པ་ལ་ནི་གྲུ་བཞི་འམ། །གང་ཡང་ཟུར་བརྒྱད་ཁྲུ་དོ་འོ། །ཀུན་ནས་ སོར་བརྒྱད་སྤངས་པ་སྟེ། །དབུས་སུ་ཆུ་སྐྱེས་འདབ་བརྒྱད་ལ། །སོར་དྲུག་པ་ཡི་རིན་པོ་ཆེའོ། ། རྒྱར་ནི་དཔངས་ཀྱི་ཚད་ལྡན་པའི། །སོར་མོ་བརྒྱད་པའི་ཁ་ཁྱེར་གྱིས། །ཀུན་ནས་ཡོངས་སུ་ འཁོར་བའོ། ། དབང་ལ་ཞི་རྒྱས་ཐབ་དེ་བཞིན། །ཅུང་ཟད་ཁ་ནི་རྒྱས་པའོ། །སྟེགས་བུ་ལ་སོགས་ཞི་ བ་ཡི། །ཐབ་ཁུང་བཞིན་དུ་བཤད་པར་བྱ། །དགུག་པ་ལ་ཡང་དེ་བཞིན་འདོད། །པད་མའི་ དབུས་སུ་དབང་ལ་ནི། །བྷ་ག་ལྟ་བུ་འདོད་པ་སྟེ། །དགུག་པའི་དབུས་སུ་ལྕགས་ཀྱུ་དགོད། ། རྡོ་རྗེ་རྩེ་གཅིག་རྣམ་པ་ཅན། །མངོན་སྤྱོད་ལ་ནི་བརྗོད་པར་བྱ། །རྩུབ་ཅིང་གསེག་མའི་ས་ཡི་ ཆར། །ཐབ་ཁུང་གྲུ་གསུམ་རྒྱ་ལ་ནི། །སོར་མོ་ཉི་ཤུ་པ་ཡི་ཚད། །སོར་མོ་གསུམ་ནི་ངས་པ་སྟེ། ། རྒྱ་དང་དཔངས་ནི་ཚད་མཉམ་པ། ། ཕྱི་རོལ་ཁ་ཕྱིར་གཞོལ་གྱུར་པའི། །ཁ་ཁྱེར་སོར་མོ་གསུམ་པའོ། །མཐིལ་དབུས་རྩེ་ གསུམ་ལ་གནས་པའི། །རྡོ་རྗེ་རྣོན་པོ་སོར་བརྒྱད་པ། །རྩེ་མོ་བྱང་དུ་ཕྱོགས་པ་སྟེ། །རོ་ 8-1-381 བསྲེགས་ཐལ་བ་རྔ་མོའི་བྲུན། །མེ་ཏོག་དྲི་ངན་ལ་སོགས་གཏོར། །ལས་ཀུན་པའི་ཐབ་ཁུང་ ནི། །ཞི་བའི་ཐབ་དང་མཉམ་པ་སྟེ། །འོན་ཀྱང་རབ་རྒྱས་པད་མ་འདྲ། །ཁ་ཁྱེར་རྡོ་རྗེ་ཕྲེང་ བས་བསྐོར། །དབུས་སུ་མཉམ་པར་གནས་པ་ནི། །རྡོ་རྗེ་རིན་ཆེན་ཆུ་སྐྱེས་དང༌། །སྣ་ཚོགས་ རྡོ་རྗེས་ཡོངས་བསྐོར་བདག །འཁོར་ལོ་རྩིབས་བརྒྱད་མཛེས་པའོ། །ཞི་དང་དབང་གི་ཐབ་ནི་ ཤར། །རྒྱས་པ་བྱང་གི་ཕྱོགས་སུ་སྟེ། །ལྷོ་ཕྱོགས་སུ་ནི་དགུག་པ་བཤད། །གཤིན་རྗེའི་ཕྱོགས་ སུ་མངོན་སྤྱོད་དོ། །ཞི་དང་རྒྱས་དང་དེ་བཞིན་དུ། །དབང་དང་མངོན་སྤྱོད་ཐབ་ཀྱི་སར། །བྱུག་ པ་འཛིམ་པ་མེ་ཏོག་དྲི། །དཀར་སེར་དམར་པོ་ནག་པོའོ། །རྒྱ་ཡི་ཆ་ཡི་ཚད་གང་ཡིན། །དེ་ཡི་ ཕྱེད་ནི་ཟབས་སུ་འདོད། །རང་རང་ཐབ་དབྱིབས་ཁ་ཁྱེར་ཏེ། ། ས་སོགས་མ་ལུས་དབང་བཞིན་ནོ། །ལས་ཀྱི་དབྱེ་བས་ཐབ་རྣམས་ལ། །རྡུལ་ཚོན་རང་ བཞིན་དགྲམ་པར་བྱ། །སློབ་དཔོན་ལ་ཡང་དེ་དང་དེའི། །ཡོལ་བ་ལ་གནས་དུས་ལྡན་འགྱུར། ། ཞེས་པ་ཐབ་ཁུང་གི་ཆོ་གའོ།། །། ༈ དགང་གཟར་གསེར་དང་ཟངས་ལས་བྱས། །དེ་བཞིན་ནིམ་པའི་རང་བཞིན་བསྟན། ། མཆོད་ སྦྱིན་ཤིང་ལས་བྱས་པའང་རུང༌། །དེ་དག་གི་ནི་ཡུ་བ་ཡི། །སོར་མོ་ཉི་ཤུ་རྩ་བཞི་པའི། ། ཚད་ཅན་ཟླུམ་པོར་འདོད་པ་སྟེ། །རྡོ་རྗེ་ལ་སོགས་ཁུ་ཚུར་གྱིས། །བཟུང་དུ་རུང་ཞིང་སྦོམ་པ་ ཉིད། །ཡུ་བའི་རྩེ་མོར་འདབ་མ་ནི། །སོར་བཞི་པ་སྟེ་གྲུ་བཞིའོ། །ཟབས་སུ་སོར་གཉིས་གྲུ་ བཞི་ཡང༌། །དབུས་སུ་རྡོ་རྗེས་མཚན་པ་ཉིད། །དགང་གཟར་རྩེ་མོར་བུག་པ་ནི། །སོར་གང་ ཙམ་དུ་རབ་བསྟན་ཏེ། །ཆུ་སྐྱེས་འདབ་མ་སོར་བཞི་པའི། །དབུས་སུ་རྩེ་གསུམ་དགོད་པར་ བྱ། །ཡུ་བའི་རྩ་བར་སོར་དྲུག་པའི། །རྡོ་རྗེ་རིན་ཆེན་གྱིས་མཚན་འདོད། །བླུགས་གཟར་ཡུ་ བ་དགང་གཟར་བཞིན། །རྩ་བར་རྡོ་རྗེའི་དབྱུག་པ་ཉིད། །བླུགས་གཟར་ཀུན་ཏུ་ཁྲུ་གང་ཙམ། ། 8-1-382 རྩེ་མོར་ཀུན་ནས་སོར་གཉིས་པའི། །ཆུ་སྐྱེས་འདབ་མའི་རྣམ་པ་སྟེ། །དབུས་སུ་རྡོ་རྗེ་དགོད་ པར་བྱ། །དགང་གཟར་བླུགས་གཟར་མེད་གྱུར་ན། །སོར་མོ་ལྔ་དང་གསུམ་པོ་ཡང༌། །རབ་ཏུ་ སྦྱར་བ་དག་གིས་ནི། །བདེ་ལེགས་རྫོགས་པར་གཞན་དག་གསུངས། །ཞེས་པ་དགང་གཟར་ དང་བླུགས་གཟར་གྱི་ཆོ་གའོ།། །། ༈ ཨཱ་ཤཱད་ཐ་དང་པླཀྵ་སོགས། །འོ་མ་ཅན་ཤིང་ལོ་མར་བཅས། །རྩེ་མོ་མཉམ་བཅད་ མཐོ་གང་ཙམ། །བརླན་ཅན་རྨ་མེད་རྩེ་མོ་དག །འོ་མ་སྦྲང་རྩི་མར་ལ་བསྙུགས། །རྩེ་གཅིག་ དཀར་པོའི་དྲི་མིས་བྲན། །ཟུང་དག་མཉམ་པར་གྱུར་པ་ཡི། །ཡམ་ཤིང་རྣམས་ཀྱིས་སྦྱིན་ སྲེག་བྱ། །ཆགས་པ་གས་པ་ཕྲ་དང་སྦོམ། །རྩེ་མོ་མཉམ་དང་རྩེ་གཉིས་པ། །སྐམ་པོ་སྒུར་པོ་ མི་འདོད་པར། །ཤེས་བྱ་བསྲེག་བྱ་གཞན་བཤད་བྱ། །ཞོ་དང་འོ་མ་ཟས་མཆོག་དང༌། །དཱུར་ བ་འབྲས་ཡོས་ནས་དང་ཏིལ། །ཀུ་ཤཱ་ཙཱུ་ཏའི་འདབ་མ་དང༌། །མེ་ཏོག་དཀར་པོའི་འདབ་མ་ དང༌། །ཙན་དན་པྲི་ཡང་གུ་དང་ནི། །མེ་ཏོག་ཐང་ཆུའི་སྲེག་རྫས་གསུངས། །ཇི་ལྟར་རྙེད་པས་ སྦྱིན་བསྲེག་བྱ། །སྦྲང་དང་མར་བསྲེས་ཞི་བ་ལའོ། །རྒྱས་པར་ཡམ་ཤིང་དེ་རྣམས་ཉིད། །ཚད་ ནི་གང་ཞིག་ཁྲུ་གང་སྟེ། །འོ་མ་ཞོ་དང་མར་བསྲེས་པ། །ལག་བཟུང་སེར་པོའི་དྲི་ཡིས་བྲན། ། ཟས་མཆོག་གོང་བུ་ཞོ་ཟན་དང༌། །ཀར་ཎི་ཀ་ར་ཏིལ་ཆེན་པོ། །པད་མ་དང་ནི་དཔལ་འབྲས་ དང༌། །སཱ་ལིའི་འབྲས་དང་འབྲུ་རྣམས་གང༌། །དེ་བཞིན་ནཱ་ག་གེ་སར་བཅས། །མེ་ཏོག་བརྒྱ་ པ་ལྷན་ཅིག་ཏུ། །ཀུན་ནས་མངར་གསུམ་བསྲེས་པ་ཡི། །སྲེག་རྫས་རྒྱས་ལ་ཇི་བཞིན་འདོད། ། ཙམ་པ་ཀ་དང་ཨ་ཤོ་ཀ །བ་ཀུ་ལ་དང་པྲི་ཡང་གུ ། ལ་ཀུ་ཙ་དང་ཨ་མྲ་སོགས། །སོར་ལྔའོ་ནཱ་ ག་གེ་སར་གྱི། །གེ་སར་རྣམས་དང་དམར་པོ་ཡི། །འབྲས་བུ་རྣམས་དང་མེ་ཏོག་གི། བསྲེག་ རྫས་རྣམས་ནི་དབང་ལའོ། ༈ ། དགུག་པ་ལ་ཡང་དེ་བཞིན་ཉིད། །འོན་ཀྱང་ཚེར་ལྡན་ལྕགས་ ཀྱུའི་དབྱིབས། །ལས་ཀུན་པ་ལ་འདབ་ལྡན་པའི། །ཨུ་དུམ་བཱ་ར་པ་ལཱ་ཤ །པླཀྵ་ཨ་ཤཱད་ཐ་ 8-1-383 སེང་ལྡེང༌། །ས་མཱི་ཨ་པ་མཱར་ག་དང༌། །ཨར་ཀ་ཀསྨདྱ་ཨ་མྲ། །བཻ་ཀཾ་ཀ་ཏ་ནྱ་གྲོ་དྷ། ། གསར་པའི་ཡམ་ཤིང་འདི་རྣམས་བཟུང༌། །མཛུབ་གང་རྩེ་གཅིག་སྦྱིན་སྲེག་འགྱུར། ༈ ། མངོན་སྤྱོད་ལ་ནི་ཡུངས་དཀར་དང༌། །ཚ་བའི་ཏིལ་མར་ཁྲག་དང་ནི། །ནིམ་པའི་འདབ་མ་ སྐྱེ་ཚེ་དང༌། །རྔ་མོ་ལ་སོགས་བྲུན་རྣམས་དང༌། །བཤང་གཅི་རོ་བསྲེགས་ཐལ་བ་དང༌། །སྐྲ་ དང་ཚེར་མ་ཁྭ་སོགས་ཀྱི། ། བཤོག་པ་རུས་པ་རྐང་པའི་རྔུལ། །ཤ་ཆེན་ཚིལ་བུ་ལ་སོགས་པའི། །རྫས་འདི་རྣམས་ དང་དགྲ་ཡི་ལུས། །བྱས་ནས་དུམ་བུར་བཅད་པ་ལ། །རེ་རེར་དུག་དང་ཁྲག་ལན་ཚ། །མངོན་ པར་བསྲེས་པའི་སྲེག་རྫས་འགྱུར། །གང་ཞིག་ཞི་དང་རྒྱས་པའི་རྫས། །གང་ཡིན་བདག་ཉིད་ བཟའ་བ་ཡང༌། །མར་དང་བསྲེས་པའི་གུ་གུལ་དང༌། །སྤོས་དཀར་དེ་ཀུན་རྟག་ཏུ་སྦྱར། །སྭཱ་ ཧཱའི་བདག་ཉིད་སྔགས་ཀྱི་ནི། །དབྱེ་བས་སྦྱིན་བསྲེག་ནང་དུ་བྱ། །དྲི་དང་མེ་ཏོག་ཉེར་སྤྱོད་ རྣམས། །ལས་ཀྱི་སྦྱོར་བས་བྱ་བ་ཉིད། །ཞེས་པ་སྲེག་རྫས་ཀྱི་ཆོ་གའོ།། །། ༈ ཞི་བའི་བུད་ཤིང་ཐབ་ཁུང་ལས། །ཅུང་ཟད་ཐུང་བའི་མཆོད་སྦྱིན་ཤིང༌། །འབྲོག་ དགོན་བ་ལང་ལྕི་བ་དག །སྲོག་ཆགས་མེད་པ་ལྷན་ཅིག་འདོད། ༈ ། རྒྱས་པའི་བུད་ཤིང་ འབྲོག་དགོན་པའི། །བ་ལང་ལྕི་བ་མ་གཏོགས་པ། །ཇི་སྐད་གསུངས་བཞིན་བསྟན་པ་སྟེ། ། རང་གི་ཐབ་མཉམ་འབྲས་བུར་བཅས། །དབང་ལ་ནིམ་པའི་སྐྱུར་བའི་ཤིང༌། །མེ་ཏོག་ལྡན་ པའི་བུད་ཤིང་སྟེ། །དགུག་པར་ཚེར་མ་ཅན་ཤེས་བྱ། །མངོན་སྤྱོད་ལ་ནི་སྐམ་པོ་དང༌། །ཚ་བ་ ཚེར་ལྡན་དྲི་ངན་དང༌། །དེ་བཞིན་དུར་ཁྲོད་སྐྱེས་པའི་ཤིང༌། །བོང་བུ་རྔ་མོ་ལ་སོགས་སྦངས། ། ལས་ཀུན་པ་ལའང་དེ་རྣམས་ཀུན། །ཞེས་པ་བུད་ཤིང་གི་ཆོ་གའོ།། །། ༈ ཞི་བར་དཀར་པོའི་ཚིས་གཅིག་ནས། །བརྩམས་ཏེ་དཀར་པོའི་གོས་སོགས་ཅན། ། སྲོད་ལ་ཤར་དུ་ཁ་བལྟས་ནས། །སྟན་བཟང་པད་མའི་གདན་གྱིས་འདུག །ལས་དང་རྗེས་ 8-1-384 མཐུན་བསམ་གཏན་བསྒྲུབ། །བྱམས་དང་སྙིང་རྗེ་དང་ལྡན་པས། །ལས་དང་མཐུན་པའི་རྣལ་ འབྱོར་པས། །ཞི་བའི་ཡིད་ཀྱིས་ཡང་དག་སྤྱད། ༈ ། རྒྱས་པར་ཟླ་བ་གང་བ་ནས། །བརྩམས་ ཏེ་སེར་པོའི་གོས་སོགས་ ཅན། །སྔ་གྲོ་ཤར་དུ་ཁ་བལྟས་ནས། །བཟང་པའི་འདུག་སྟངས་ཀྱིས་གནས་བརྩམ། ༈ ། དབང་ལ་དམར་པོའི་གོས་སོགས་ཅན། །ནུབ་ཏུ་ཁ་བལྟས་མཐོན་པོའི། །གདན་ལ་རྡོ་རྗེའི་ དཀྱིལ་དཀྲུང་གནས། །བདེ་ཞིང་དགའ་བས་བྱ་བར་གསུངས། ༈ ། དགུག་པ་ལ་ནི་ཐམས་ ཅད་མཚུངས། །འོན་ཀྱང་སྟེང་དུ་ཁ་བལྟས་འདོད། །ལྷ་རྣམས་མཉེས་པར་བྱེད་པ་ལའང༌། ། ནུབ་ཏུ་ཁ་བལྟས་ཡང་དག་སྤྱད། ༈ ། མངོན་སྤྱོད་སྔོན་པོའི་གོས་སོགས་སམ། །གང་ཡང་ཁྲོ་ ཞིང་ཁྲག་ལྡན་གོས། །ཁ་ནི་གཤིན་རྗེར་བལྟས་ཏེ་འདུག །བཀྲ་བའི་སྟན་ནམ་རྩུབ་མོའི་ས། ། བསྒྲུབ་བྱའི་གཟུགས་བརྙན་བྲང་ལ་ནི། ། བརྟན་པར་ཀུན་ནས་གནས་པའམ། །ཡང་ན་སྟན་ནི་མེད་པར་ཡང༌། །རྐང་པས་རྐང་པ་ མནན་ཏེ་བསྡད། །ནག་པོ་ཡི་ནི་ཚེས་གཅིག་གི། ཉི་མ་གུང་ངམ་མཚན་ཕྱེད་ལ། །སོ་རྣམས་ འཆའ་ཞིང་སྨིན་མ་དག །ཁྲོ་གཉེར་བསྡུས་ཏེ་སྤྱད་པར་བྱ། ༈ ། རེངས་དང་རྨོངས་པ་དབང་ ལྡན་བལྟ། །དེ་བཞིན་རྡོ་རྗེ་དཀྱིལ་དཀྲུངས་ཏེ། །བོ་ཥཊ་སྔགས་ཀྱི་མཐར་ལྡན་པས། །ཐབ་ ཁུང་གྲུ་བཞིར་བྱས་པ་ལ། །སེར་དང་དཀར་པོའི་རྒྱན་གྱིས་སྤྲས། །རྒྱས་མཚུངས་ཆོ་གས་ཡང་ དག་གནས། །བསྐྲད་ལ་དེ་བཞིན་མེར་ཕྱོགས་ཏེ། །རྔ་མོ་ལ་སོགས་སྦངས་ཀྱིས་བྱུག །དཀར་ ནག་གིས་རྒྱན་དུག་གིས་བྲིས། །རྫས་དང་སྔགས་ནི་འདི་དག་སྟེ། །ཁྭ་ཏ་ལ་སོགས་བཤོགས་ པ་མཆོག །སྤེལ་ཚིག་དང་ནི་ཡང་དག་ལྡན། ། འདིར་ནི་ཁྭ་སོགས་གཤོག་པ་དང༌། །ཆེ་གེ་མོ་ཨུཙྪཱ་ཊ་ཡ། །ཧཱུཾ་ཕཊ་ཅེས་པའི་སྔགས་ རྣམས་ནི། ། 8-1-385 བྲིས་པ་དག་དང་ལྡན་པའོ། ༈ ། དབྱེ་བ་དེ་བཞིན་བདེན་བྲལ་དུ། །ཕྱོགས་ཏེ་རྐང་པ་ བཟློག་པས་འདུག །སེར་པོ་ནག་པོས་རྣམ་པར་བརྒྱན། །ཚ་བའི་ཏིལ་མར་དུག་གིས་བྲི། ། ཐམས་ཅད་དུ་ཕྱོགས་དང་ཕྱོགས་བྲལ་གང་དང་གང་དུ་བལྟས་པའི་ཐད་ཀའི་ཕྱོགས་དང་ ཕྱོགས་བྲལ་གཞན་དུ་གནས་པས་སོ། །ཡང་ན་དོན་དམ་པར་ཕྱོགས་རང་རྒྱུད་པ་མ་ཡིན་པའི་ ཕྱིར། ཇི་ལྟ་བ་བཞིན་དུ་ངེས་པར་གནས་པ་དེ་ཡིས་ང་རྒྱལ་ཆེན་པོའི་ཡིད་ཀྱི་ཏིང་ངེ་འཛིན་ དང་ལྡན་པས་དེ་ཁོ་ན་བཞིན་ཐམས་ཅད་བྱའོ་ཞེས་པ་སྒྲུབ་པ་པོའི་མཚན་ཉིད་ཀྱི་ཆོ་གའོ།། །། ༈ གསེར་དངུལ་རྡོ་དང་ཟངས་དང་ཤིང༌། །ས་བྱས་ཉ་ཕྱིས་དུང་དང་ནི། །འདབ་མའི་ སྐྱོང་བུ་ཞབས་བསིལ་དང༌། །བསང་གཏོར་ཞལ་བསིལ་མཆོད་ཡོན་སྣོད། ༈ ། ཞི་བར་དེར་ ནས་འོ་མ་དང༌། ། དཀར་པོའི་དྲི་སོགས་འདུས་བྱས་ཏེ། །སྔགས་རིག་བདག་ཉིད་སྔགས་པ་ཡིས། །ཆུ་ལ་ སྭཱ་ཧཱའི་མཐའ་ ཅན་བཟླས། ༈ ། རྒྱས་པར་དེར་ནི་ཏིལ་ཞོ་བསྲེ། །སེར་པོའི་དྲི་སོགས་འདུས་བྱས་ཏེ། ། ཆུ་ལ་ༀ་ཡིག་མཐའ་ཅན་གྱི། །རང་གི་སྔགས་ཀྱིས་བཟླས་པར་བྱ། ༈ ། དབང་ལ་དམར་པོའི་ དྲི་ལ་སོགས། ། འདུས་བྱ་ཆུ་ལ་ཧོཿཡིག་གི། མཐའ་ཅན་སྔགས་ཀྱིས་བཟླས་པ་བྱ། ༈ ། དགུག་པར་ཛཿ་ ཡིག་མཐའ་ཅན་བདུན། ༈ ། མངོན་སྤྱོད་ལ་ནི་ཁྲག་དང་བཅས། །བ་ལང་ཆུ་དང་ཀོ་དྲ་བ། ། ནག་དང་ངན་པའི་དྲི་སོགས་ལྡན། །ཆུ་ལ་ཕཊ་མཐའི་སྔགས་བཟླས་བྱ། །ཀུན་ཏུ་དྲི་དང་མེ་ ཏོག་དང༌། །ཀུ་ཤ་འབྲས་ཡོས་ཏིལ་དང་ལྡན། །ལས་དང་རྗེས་འཐུན་ཆུ་ལ་ནི། །ཇི་ལྟར་རྙེད་ པ་རབ་ཏུ་གཞུག །མཆོད་ཡོན་གྱི་ཆོ་གའོ།། །། 8-1-386 ༈ མཆོད་ཡོན་སྣོད་དང་དེ་བཞིན་དུ། །ལས་ཀུན་པའི་ཆུ་ཡི་སྣོད། །ལས་ཀུན་པའི་ སྔགས་དང་ནི། ། རང་གི་སྔགས་ཀྱིས་བསྔགས་པར་བྱ། །པད་མའི་སྣོད་གཉིས་གཡོན་ལོགས་སུ། །རྣམ་ པར་བཀོད་པར་གྱུར་པའི་ཆུ། །ལག་པ་གཡས་པས་བཟུང་བ་ཡིས། །ཡམ་ཤིང་སོགས་ལ་ བསང་གཏོར་བྱ། ། བསྲེག་པར་བྱ་བའི་རྫས་རྣམས་གཞན། །རང་གི་གཡས་སུ་བཞག་བྱ་སྟེ། །གསད་དང་ སྐྲད་དང་དགུག་པ་ལ། །བསང་གཏོར་དགོད་པ་བཟློག་སྟེ་བྱ། །དགོད་པའི་ཆོ་གའོ།། །། ༈ ཞི་བར་འོ་མ་ཅན་གྱི་ཤིང༌། །བསྲུབས་པའམ་གང་ཡང་དགོན་པའི་མེ། །རྒྱས་པར་ ནགས་ཆེན་ཚིག་པའམ། །རྒྱལ་པོ་ལ་སོགས་ཁྱིམ་བྱུང་མེ། ༈ ། དབང་ལ་སྨད་འཚོང་རྗེ་རིགས་ ཁྱིམ། ༈ ། དགུག་པར་གར་མཁན་འགྲོན་སོགས་ལས། །དྲག་པོར་རོ་བསྲེག་རུས་པའམ་རྡོ། །རྡོལ་ པའི་ཁྱིམ་ནས་བྱུང་བའི་མེ། །དྲག་པོའི་དགུག་པར་ཡང་འདི་ཉིད། །ཇི་བཞིན་རང་རང་ལས་ ཀུན་ལའོ། །ཞེས་པ་མེའི་མཚན་ཉིད་ཀྱི་ཆོ་གའོ།། །། ༈ དེ་ནས་མེ་རྣམས་བླང་བྱ་སྟེ། །གཙང་མའི་སྣོད་དུ་ཡང་དག་གཞག །གཏོར་མ་སྦྱིན་ ཞིང་བསྲུང་བ་བྱ། །སྔོན་དུ་དྲིལ་བུ་དཀྲོལ་བ་ཉིད། །བགེགས་མཐར་བྱེད་པའི་སྔགས་དང་ནི། ། དེ་ནས་སླར་ཡང་ཡི་གེ་གསུམ། །མཆོད་ཡོན་ཞབས་བསིལ་ལ་སོགས་དབུལ། །སྔགས་དེ་ དག་ནི་བཟླས་པའི་ཆུ། །ཀུ་ཤའི་རྩེ་མོས་བཟུང་བ་ཡིས། །ལན་གསུམ་གཡས་བསྐོར་གཏོར་ བར་བྱ། ༈ ། མངོན་སྤྱོད་ལ་ནི་གཡོན་པ་ཡིས། །མཆོད་ཡོན་ལ་སོགས་ཐམས་ཅད་བྱ། །སྐམ་ པོའི་རྩ་དང་ལྷན་ཅིག་མེ། ། ཐབ་ཁུང་དུ་ནི་རབ་ཏུ་གཞུག །ༀ་ཛྭ་ལ་ཛྭ་ལ་ཧཱུཾ་བརྗོད། །རླུང་ཡབ་ལས་བྱུང་རླུང་དང་ 8-1-387 ནི། །རིགས་ཀྱི་སྙིང་པོ་བདུན་བཟླས་པའི། །བླུགས་གཟར་གནས་པའི་མར་གྱིས་སྦར། །དེ་ ཡིས་ཡང་དག་འབར་བའི་མེར། །བསད་ལ་ཚ་བའི་ཏིལ་མར་རོ། །ཀུ་ཤ་སར་པ་མ་གྲུག་པ༌། ། ལྗང་ཁུ་བ་ལང་རྣ་བ་ཙམ། །ༀ་བཛྲ་ས་ཏྭ་ཨཱཿ་ཞེས། །སྔགས་ཀྱིས་ཡོངས་སུ་བཟླས་པ་རྣམས། ། སྒྲུབ་པོས་དང་པོར་ཀུ་ཤ་གཉིས། །གཡོན་ནས་ཁ་ཁྱེར་སོ་སོ་ལ། །རྩེ་མོ་ཤར་དུ་བསྟན་པ་ དང༌། །གཤིན་རྗེར་ཕྱོགས་དང་ནུབ་ཏུ་བསྟན། །རྩེ་མོ་བྱང་དང་དེ་ནས་ཤར། །ཐབ་ལ་ཀུ་ ཤས་གཡོག་པར་བྱ། །རྒྱས་དང་དབང་དང་མངོན་སྤྱོད་ཀྱི། །ཐབ་ལ་རིམ་པ་ཇི་བཞིན་དུ། །རྩེ་ མོ་བྱང་དང་རྩེ་མོ་ནུབ། །རྩེ་མོ་ལྷོ་རུ་དེ་བཞིན་ཉིད། །དང་པོར་ཀུ་ཤ་གཉིས་གཡོན་ནས། །དེ་ ལྟར་ཁ་ཁྱེར་ལ་ཡང་དགོད། །འདིར་ཡང་སྒྲུབ་པ་པོ་གང་དུ་མངོན་པར་ཕྱོགས་པ་དེ་ལ་ལྟོས་ ནས་ཤར་ལ་སོགས་པའི་ཕྱོགས་ཀྱི་ཐ་སྙད་བྱས་ཏེ། དོན་དམ་པར་ན་ཕྱོགས་དངོས་པོར་མེད་པའི་ཕྱིར་རོ། །དེ་ནས་སྔགས་རིག་རང་གི་ལྷག་ པའི་ལྷའི། །ས་བོན་ལས་ནི་ཐབ་ཁུང་བསྐྱེད། །མེ་རྣམས་འབར་བར་ཤེས་གྱུར་ནས། །དེ་ དབུས་བདག་མེད་བསྒོམ་པར་བྱ། །དེ་ནས་རཾ་ཡིག་ལས་སྐྱེས་པའི། །གྲུ་གསུམ་མེ་ནི་བསྐྱེད་ པའི་དབུས། །པད་མ་ཉི་མ་ལ་གནས་པའི། །རཾ་ཡིག་ས་བོན་ལས་བྱུང་ལྷ། །བོང་ཐུང་ལྟོ་ བ་འཕྱང་ཞིང་རྒྱས། །ཞལ་གསུམ་ཕྱག་དྲུག་འབར་བ་སྟེ། །སྤྱན་གསུམ་རལ་པའི་ཅོད་པན་ ཅན། །སྨ་ར་མཆོད་ཕྱིར་ཐོགས་དང་ལྡན། །ལས་དང་རྗེས་མཐུན་སྐུ་མདོག་དང༌། །གོས་དང་ རྒྱན་རྣམས་དག་གིས་བརྒྱན། །དང་པོའི་ཕྱག་གཉིས་རོལ་པ་ཡིས། །རང་འོད་ལ་ནི་ཡང་དག་ འཁྱུད། །གཡོན་ན་དབྱུག་པ་སྤྱི་བླུགས་ཏེ། ། གཡས་ན་བགྲང་ཕྲེང་མི་འཇིགས་སྦྱིན། །དེ་བཞིན་དུ་རྣམ་པར་ཤེས་པའི་འོད་ཟེར་གྱི་ ཕྲེང་བ་དང༌། རྒྱས་འདེབས་ཀྱི་རིགས་ཀྱི་དབང་པོ་དང་ཡང་དག་པར་ལྡན་པ། མེའི་དཀྱིལ་ འཁོར་ལ་གནས་པའི་ས་བོན་རཾ་དེ་ཉིད་དང༌། སྙིང་ཁར་མེ་ལྷ་རྣམ་པར་སྒོམས་ལ། དམ་ 8-1-388 ཚིག་སེམས་དཔའི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས། ནམ་མཁའ་ནས་དམ་ཚིག་ སེམས་དཔའ་དང་འདྲ་བའི་མེ་ལྷ་ཡེ་ཤེས་སེམས་དཔའ་མེའི་འཚམས་ནས་བྱོན་པ། དྲང་ སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། རྩ་བའི་ཞལ་ནི་སྐུ་མདོག་དང་འཐུན་པ་སྟེ། དེ་ཉིད་ དཀར་པོ་ཡིན་ན་གཡས་པ་དང་གཡོན་པའི་ཞལ་ནག་པོ་དང་དམར་པོ་དག་དང་སེར་པོ་དང་ དམར་པོ་དང་ལྗང་ཁུ་འདི་ལ་ནི་སྔོན་པོ་དང་དཀར་པོ་དག་དང༌། སྔོན་པོ་ཉིད་ལ་ནི་དཀར་ པོ་དང་དམར་པོ་དག་རྣམ་པར་བལྟས་ནས། གཡས་པའི་མཐེ་བོ་མི་འཇིགས་པ་བསྐྱོད་པ་ དང་སྔགས་འདིས་སྤྱན་དྲང་བར་བྱའོ། །ༀ་ཨེ་ཧི་ཨེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རི་ཥི། དྭི་ཛ་ས་ཏ་མ་ གྲྀ་ཧཱི་ཏྭཱ། ཨཱ་ཧུ་ཏིང༌། ཨཱ་ཧཱ་ར། ཨ་སྨིན་སན་ནི་ཧི་ཏོ་བྷ་ཝ། ཞེས་པས་སྤྱན་དྲངས་པ་ན་ དེ་དང་ལྷན་ཅིག་འོངས་པའི་བགེགས་གཤིན་རྗེ་གཤེད་ལ་སོགས་པས་བསྐྲད་ནས། དེ་ཉིད་ ཛཿཧཱུཾ་བཾ་ཧོཿཞེས་བརྗོད་པས་རིམ་པ་ཇི་ལྟ་བ་བཞིན་དུ་དགུག་པ་དང་གཞུག་པ་དང་བཅིང་བ་ དང་མཉེས་པར་བྱའོ། །དེ་ནས་ༀ་ཨཱཿཧཱུཾ་ཨར་གྷཾ་པྲ་ཏཱིཙྪ་ཧཱུཾ་ཞེས་པ་འདིས་མཆོད་ཡོན་དབུལ་ ཞིང༌། ཨར་གྷཾ་གྱི་སྒྲའི་གནས་སུ་པཱ་དྱཾ་ཞེས་པ་ལ་སོགས་པ་བཅུག་པས་ཞབས་བསིལ་དང་ ཞལ་བསིལ་དང་བསང་གཏོར་རྣམས་ཀྱང་ཕུལ་ནས། ལས་དང་རྗེས་སུ་མཐུན་པའི་མེ་ཏོག་ ལ་སོགས་པ་རྣམས་དང༌། གསང་བའི་མཆོད་པས་ཀྱང་མཆོད་པར་བྱའོ། ༈ ། དེ་ལ་འདིའི་ མཆོད་ཡོན་ལ་སོགས་པའི་རིམ་པ་ནི། ཀུ་ཤ་ཡི་ནི་ཆུན་པོ་ཡིས། །དང་པོའི་སྣོད་དུ་བསང་གཏོར་གསུམ། །ཀུན་ཏུ་བཟླས་བྱས་ ཆུ་ཡིས་ཏེ། ། དེ་ཉིད་དུ་ནི་ཞལ་བསིལ་དབུལ། །ཁུ་ཚུར་འོག་ཏུ་ཕྱོགས་པ་ཡིས། །མཛུབ་མོས་མེ་ཏོག་ བཟུང་བྱས་ནས། །མཐེ་ཆུང་མིང་མེད་གུང་མོ་དང༌། །མཛུབ་མོ་རིམ་གྱིས་བཀྲོལ་བས་སོ། ། གཉིས་པ་དུང་གིས་མཆོད་ཡོན་ཏེ། གཉིས་པ་ཉིད་དུ་སོ་སོར་དབུལ། །རྡོ་རྗེའི་སྙིམ་པ་ཕྱེ་ 8-1-389 བས་སོ། །གསུམ་པ་ཞབས་བསིལ་དབུལ་བྱ་སྟེ། །ཁུ་ཚུར་མཛུབ་མོ་མཐེ་བོང་གི། སྐམ་པས་ བཟུང་བའི་མེ་ཏོག་རྣམས། །སངས་ རྒྱས་རྣམས་ཀྱི་སྤྱན་སྔ་རུ། །སོར་མོས་རིམ་གྱིས་ལན་གསུམ་བསྐོར། །མཛུབ་མོ་གུང་མོ་ མིང་མེད་དང༌། །མཐེ་ཆུང་རྣམས་ནི་དཀྲོལ་བས་སོ། །ཞེས་པ་ནི་མན་ངག་གོ །དེ་ནས། ༀ་ བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ། ཛྭཱ་ལ་ཡ། སརྦ་བྷསྨཱི་ཀུ་རུ་སརྦ་དུཥྚཱན་ཧཱུཾ་ཕཊ་ཏྲི་ཤྱ་ཛཿཧཱུཾ་ས་མ་ཡ་སྟྭཾ་ ས་མ་ཡ་ཧཾ་ཞེས་པ་གསུམ་གྱིས་དམ་ཚིག་བསྒྲག་པར་བྱའོ། ༈ ། དེ་ནས། དྲིལ་བུ་ཡོངས་གྱུར་ དགང་གཟར་ཏེ། །བླུགས་ གཟར་རྡོ་རྗེ་ལས་བྱུང་འདོད། །ཞེས་བསམས་གསང་སྔགས་རིག་པ་ཡིས། །རིམ་པ་ འདིས་ནི་སྦྱིན་བསྲེག་བྱ། །ལག་པ་གཡོན་པ་གན་རྐྱལ་དུ། །མར་གྱིས་གང་བའི་དགང་གཟར་ བཟུང༌། །གཡས་པའི་ཁུ་ཚུར་ཁས་ཕུབ་ཀྱིས། །བླུགས་གཟར་གན་རྐྱལ་མར་གྱིས་གང༌། ། ཀུན་ན་དགང་གཟར་ལ་གནས་པ། །བྱང་ཆུབ་མཆོག་གིས་དེ་དག་བཟུང༌། །ལག་པ་པུས་ མོའི་ནང་བྱས་ནས། །ཏིང་འཛིན་མཆོག་ནི་བསམ་བྱ་སྟེ། །སླར་ཡང་རྡོ་རྗེ་མེ་ལྷའི་ཁར། །ལྕེ་ ལ་[རུཾ་[ཧཱུཾ]ཡིག་དགོད་པར་བྱ། །དགང་གཟར་གཡས་བསྐོར་བྱས་ནས་ནི། །སྲེག་བླུགས་ རྫོགས་པར་དབུལ་བར་བྱ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ༀ་ཨག་ན་ཡེ། ཨཱ་དཱི་པྱ། ཨཱ་དཱི་ པྱ། ཨཱ་བི་ཤ། ཨཱ་བི་ཤ། མ་ཧཱ་ཤྲི་ཡེ། ཧ་བྱ་ཀ་བྱ། བཱ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་པས་སྦྱིན་བདག་གི་ ནུས་པའི་དབང་གིས་བསྲེག་བླུགས་རྫོགས་པ་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་དབུལ་ བར་བྱའོ། །ༀ་ཨག་ན་ཡེ་སྭཱ་ཧཱ་ཞེས་པ་ནི་མར་གྱི་སྲེག་བླུགས་ཀྱི་སྔགས་སོ། ༈ ། ཞི་རྒྱས་ལ་ སོགས་ལས་རྣམས་ལ། །བྱང་ཆུབ་མཆོག་དང་ནོར་བུ་དང༌། །པད་མ་ཁྲོ་བོའི་ཁུ་ཚུར་བཞིས། ། དགང་གཟར་བླུགས་གཟར་བཟུང་བ་བསྟན། །མངོན་སྤྱོད་ཚ་བའི་ཏིལ་མར་དང༌། །དུག་ དང་བཅས་པས་སྦྱིན་བསྲེག་བྱ། །ཁྲོ་བ་ཡིས་ནི་གཡོན་སྐོར་ཏེ། །ལག་པ་པུས་མོའི་ཕྱི་ནས་སོ། ། 8-1-390 འདམ་སྐྱེས་འདབ་མ་སོ་གཉིས་སྣོད། །མར་གང་བུ་ག་ཅུང་ཟད་ནས། །ཀུ་ཤའི་རྩེ་མོ་ལས་ འཛག་པ། ། ཐབ་ཀྱི་སྟེང་དེར་དགོད་པར་བྱ། །ཡེ་ཤེས་ཀྱི་ནི་རྒྱུན་རབ་ཏུ། །ཐབ་ཁུང་ལྟེ་བར་འབབ་ པར་བྱ། ། དྲག་པོར་ཚ་བའི་ཏིལ་མར་དང༌། །དུག་དང་བཅས་པ་འབབ་པའོ། །དགང་གཟར་དང་ བླུགས་གཟར་དག་གི་ཁ་ལ་ཡི་གེ་གསུམ་དགོད་པར་བྱ་ཞིང༌། རང་གི་ལྷའི་ས་བོན་ལས་བྱུང་ བར་བསྒོམ་པར་བྱའོ། །ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བ་དང༌། དབང་དུ་བྱ་བའི་དགུག་ པ་རྣམས་ལ། སྭཱ་ཧཱ་དང༌། ༀ་དང༌། ཧོཿདང་ཛཿསྟེ་དྲག་པོ་ལ་ནི་ཧཱུཾ་ཧཱུཾ་ཕཊ་ཅེས་པ་སྔར་གྱི་ མཐར་བརྗོད་པར་བྱ་ཞིང༌། ཞལ་ཅུང་ཟད་གདངས་པ་དང༌། དྲག་པོ་དང་དྲག་པོའི་དགུག་པ་ ནི་ཞལ་ཤིན་ཏུ་གདངས་པ་ལའོ། ། དེ་ནས་འབར་བའི་མཚན་མ་ནི། བགེགས་དང་བྲལ་བ་མཚོན་བྱ་སྟེ། །འོད་ཟེར་དང་ བཅས་གཡས་སྐོར་དང༌། །སྣུམ་ཞིང་དེ་བཞིན་དུ་བ་མེད། །གསེར་དང་དངུལ་དང་བྱི་རུ་ སོགས། །འདྲ་ཞིང་རྔ་ཡབ་དབྱིབས་འདྲ་དང༌། །རྩེ་གསུམ་རྡོ་རྗེ་དུང་དང་ནི། །ཆུ་སྐྱེས་ཉ་དང་ དཔལ་བེ་འདྲ། །བུམ་པ་བཀྲ་ཤིས་གདུགས་དང་ནི། །རྒྱལ་མཚན་རལ་གྲི་བླུགས་གཟར་ དབྱིབས། །རྔ་སྒྲ་ཟབ་མོ་དྲི་ཞིམ་ལྡན། །ཤིན་ཏུ་དྲི་མ་མེད་པ་དང༌། །མེ་ཏོག་བཻདཱུཪྻ་འདྲ་དང༌། ། དབང་པོའི་གཞུ་དང་མཚུངས་རྣམས་དགེ། ཞེས་པ་ཐུན་མོང་བསྟན་པ་སྟེ། ༈ ། ད་ནི་ཁྱད་ པར་བརྗོད་པར་བྱ། །ཞི་བར་ཁ་དོག་དཀར་པོར་སྣང༌། །རྒྱས་པ་ལ་ནི་སེར་པོར་མཚུངས། ། དབང་ལ་དམར་ཞིང་རྩེ་མོ་མཆོག །མངོན་སྤྱོད་ལ་ནི་སྔོ་ནག་གོ །རྩེ་མོ་གཅིག་པ་མཆོག་ཏུ་ བསྟན། །རྩེ་མོ་གཉིས་པ་འབྲིང་པར་འདོད། །རྩེ་གསུམ་འབར་བ་དམན་པ་ཡིན། །སྒྲུབ་པས་ མདོར་བསྡུས་ཤེས་པར་བྱ། །རྣམ་པར་ཆད་ཅིང་འབར་བར་དཀའ། །རྩུབ་པོའི་སྒྲ་ལྡན་དེ་མི་ 8-1-391 འདོད། །མེ་སྟག་འཕྲོ་དང་དེ་བཞིན་དུ། །འོད་ཟེར་དམན་དང་དུ་བ་མང༌། །རི་ཡི་དྲི་དང་རུལ་ པའི་དྲི། །ཁ་དོག་མི་སྣུམ་རྩེ་མོ་གུག །དེ་བཞིན་གཡོན་དུ་འཁོར་བ་དང༌། །སྲེག་པོར་མེ་ཡིས་ བལྡག་པའི་དབྱིབས། །དྲག་པོའི་ལས་ལ་ཤིས་པ་སྟེ། །དེ་ལྟར་མི་དགེའི་མཚན་མའོ། །དེ་ བཞིན་ཤེས་ནས་བགེགས་བསལ་སྟེ། །ལས་རྣམས་ཐམས་ཅད་རང་གིས་བྱ། །ཡན་ ལག་དེ་དག་ཉིད་ཀྱིས་ནི། །མར་གྱི་སྲེག་བླུགས་བདུན་དབུལ་ལོ། །སླར་ཡང་མར་ སོགས་སྔགས་རྣམས་ཀྱིས། །སྔར་བཞིན་དགང་གཟར་མར་གྱིས་དགང༌། །སྲེག་བླུགས་ རྫོགས་པ་གསུམ་མམ་བདུན། །ཡང་ན་གཅིག་རྣམས་དབུལ་བར་བྱ། །དེ་ལ་དང་པོར་སྔགས་ འདི་རྣམས་ཀྱིས་ཡམ་ཤིང་ལ་སོགས་པ་སྦྱང་བར་བྱ་སྟེ། ༀ་ཨཱཿཧཱུཾ་སྭཱ་ཧཱ་ཡམ་ཤིང་སྦྱང་བའོ། ། ༀ་ཤྲིཾ་སྭཱ་ཧཱ་མར་སྦྱང་བའོ། །ༀ་སྭ་སྭཱ་ཧཱ་རྫས་རྣམས་བཀྲུ་བའོ། །ༀ་ཛྲིཾ་སྭཱ་ཧཱ་འབྲུ་རྣམས་སྦྱང་ བའོ། །ༀ་ཀུ་རུ་ཀུ་རུ་སྭཱ་ཧཱ་རྫས་གཞན་རྣམས་སྦྱང་བའི་སྔགས་སོ། །འདིར་ནི་རིམ་པས་ཡམ་ ཤིང་དག །བསྲེགས་ནས་ཡམ་ཤིང་མེ་ལ་མར། །ཏིལ་དང་དཱུར་བ་འབྲས་ཞོ་ཟན། །ཀུ་ཤ་ལ་ སོགས་བསྲེག་པར་བྱ། །དེ་ལ་ཡམ་ཤིང་རྣམས་རིམ་གྱིས་བཟུང་སྟེ། འཆད་པར་འགྱུར་བའི་ རང་རང་གི་སྔགས་ཀྱིས་ཡམ་ཤིང་དང་དཱུར་བ་དང་ཀུ་ཤ་རྣམས་མིང་མེད་དང་མཐེ་བོང་གིས་ བླངས་ནས་སོ། །རྩ་བ་དང་ནི་རྩེ་མོ་ཡིས། །ཞི་འགྱུར་རྒྱས་ལ་དེ་བཞིན་ནོ། །རྩེ་མོས་དབང་ སྟེ་དེ་བཞིན་དགུག །རེངས་དང་རྨོངས་པ་དག་ལའང་དེ། །རྩ་བའི་ཆ་ཡིས་འཆི་བར་འགྱུར། ། དབུས་ཀྱིས་བསྐྲད་པར་འདོད་པ་ཡིན། །སྙིང་རྗེ་ལྡན་པས་དེ་ཤེས་ནས། ། སྦྱིན་སྲེག་ཆོ་ག་ཇི་བཞིན་བྱ། །ༀ་བཛྲ་བྲཧྨ་ཎེ་སྭཱ་ཧཱ། པ་ལཱ་ཤའི་འོ། །ༀ་བཛྲ་ཡཛྙཱ་ཡ་སྭཱ་ ཧཱ་ཨུ་དུམ་བ་རའི་འོ། །ༀ་ས་ཧ་ཀཱ་རཱ་ཡ་སྭཱ་ཧཱ། ཨཱ་མྲའི་འོ། །ༀ་ཀ་དམ་པཱ་ཡ་སྭཱ་ཧཱ། ཀ་དམ་ པའི་འོ། །ༀ་སརྦ་ཏོ་བྷ་ཏྲཱ་ཡ་སྭཱ་ཧཱ། གམ་བྷ་རིའི་འོ། །ༀ་བོ་དྷི་བྲིཀྵཱ་ཡ་སྭཱ་ཧཱ། ཨ་ཤྭཏ་ཐའི་འོ། ། ༀ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། པླཀྵའི་འོ། །ༀ་བཛྲ་ཤི་བཱ་ཡ་སྭཱ་ཧཱ། ས་མཱིའི་འོ། །ༀ་བཛྲ་ཀུ་བེ་རཱ་ཡ་སྭཱ་ 8-1-392 ཧཱ། ནྱ་གྲོ་དྷའི་འོ། །ༀ་བཛྲ་གཱ་ཊཱ་ཡ་སྭཱ་ཧཱ། སེང་ལྡེང་གིའི་འོ། །ༀ་བཛྲ་ཨ་ཤོ་ཀཱ་ཡ་སྭཱ་ཧཱ། མྱ་ ངན་མེད་པའི་འོ། །ༀ་བཛྲ་ལ་ཀུ་ཙཱ་ཡ་སྭཱ་ཧཱ། ལ་ཀུ་ཙའི་འོ། །ༀ་བཛྲ་ཨར་ཀཱ་ཡ་སྭཱ་ཧཱ། ཨར་ ཀཱའི་འོ། །ༀ་བཛྲ་ཤྲུ་བཱ་ཡ་སྭཱ་ཧཱ། བཻ་ཀང་ཀའི་འོ། །ༀ་བཛྲ་བྷི ལ་ལོ་ཌྡྷ་ཀཱ་ཡ་སྭཱ་ཧཱ། བྷིལ་ལོ་ཌྷ་ ཀའི་འོ། །ༀ་བཛྲ་མ་ད་ནཱ་ཡ་སྭཱ་ཧཱ། མྱོས་བྱེད་ཚེར་མ་ཅན་གྱིའོ། །ༀ་བཛྲ་ཤི་ཁ་རཱ་ཡ་སྭཱ་ཧཱ། ཨཱ་ པཱ་མཱར་གའི་འོ། །ༀ་བཛྲ་ཨཾ་ཀུ་ཤཱ་ཡ་སྭཱ་ཧཱ། འདི་ནི་ཚེར་མ་ཅན་གྱི་ཤིང་ཐམས་ཅད་ཀྱིའོ། །ༀ་ཨག་ནེ་ཡེ་སྭཱ་ཧཱ། མར་གྱིའོ། །ༀ་སརྦ་ པཱ་པ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ་ཏིལ་གྱིའོ། །ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བ་དང་མེ་ཏོག་ན་དའི་ འོ། །ༀ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་ཆག་པ་རྣམས་ཀྱིའོ། །ༀ་སརྦ་སམ་པ་དེ་སྭཱ་ཧཱ། ཞོ་ཟན་ དང་བུར་ཟན་དང་ཟས་མཆོག་རྣམས་ཀྱིའོ། །ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཏིལ་མར་གྱིས་ བྱུགས་པའི་ཀུ་ཤ་རྣམས་ཀྱིའོ། ། ༀ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བའི་འོ། །ༀ་བཛྲ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ༀ་བཛྲ་གྷསྨ་ རཱ་ཡ་སྭཱ་ཧཱ། གྲོའི་འོ། །ༀ་བཛྲ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ། སྲན་མ་ཥའི་འོ། །ༀ་བཛྲ་ལཱ་ཛཱ་ཡ་སྭཱ་ཧཱ། འབྲས་ཡོས་ཀྱིའོ། ། ཡང་ན་ཚིམ་པར་བྱེད་པའི་ཆེད་དུ་སོ་བ་ལ་སོགས་པ་རྣམས་ལྷའི་སྔགས་ཀྱིས་སོ། །པྲི་ ཡང་གུ་དང་ཙན་དན་དང་གུ་གུལ་གྱི་རིལ་བུ་ལ་སོགས་པའི་རྫས་ཀྱི་ཁྱད་པར་རྣམས་ནི་ལྷའི་ སྔགས་ཁོ་ནས་བསྲེག་པར་བྱའོ། །བསྲེག་བྱའི་རྫས་ཐམས་ཅད་ཀྱང་བཤང་བ་ལ་སོགས་ པའི་བདུད་རྩི་ལྔས་བྲན་ཞིང༌། བདུད་རྩིའི་དངོས་པོར་བསྒོམས་པས་བསྲེག་བླུགས་བྱའོ་ཞེས་ མན་ངག་རིག་ཅིང་མང་དུ་མཁྱེན་པ་རྣམས་གསུང་ངོ༌། །ཐམས་ཅད་དུ་ཁུ་བའི་རྫས་རྣམས་ནི་ ཞལ་དུའོ། །ཡམ་ཤིང་དང་མི་རུས་ཀྱི་ཕྱེ་མ་ལ་སོགས་པ་རྣམས་ནི་འོད་ཀྱི་དཀྱིལ་འཁོར་ལའོ། ། ཞོ་ཟན་དང་བཟའ་བ་དང་ཞལ་བསིལ་དང་ཏིལ་དང་དཱུར་བ་དང་ཆུ་རྣམས་ནི་ཕྱག་ཏུའོ། །དྲི་ 8-1-393 ནི་ཐུགས་ཁར་རོ། །མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་འབར་བ་ལའོ། །ཞབས་བསིལ་ ནི་ཞབས་དག་ལའོ། །མར་མེ་དང་མཆོད་ཡོན་ནི་མདུན་དུ་སྟེ། མཆོད་ཡོན་གྱི་ཆུ་ནི་སྣོད་དུ་ བླུགས་པར་བྱའོ། །དེའི་རྗེས་སུ་ཞལ་བསིལ་དང་བསང་གཏོར་བྱས་ནས། མེ་ལྷ་ནི་འབར་ བའི་རྣམ་པས་ཐབ་ཏུ་འམ། རང་གི་གཟུགས་ཀྱིས་མེའི་ཕྱོགས་སུ་བཞག་པར་བྱའོ། །ཞེས་པ་ མེ་ལྷ་མཉེས་པར་བྱ་བའི་ཆོ་གའོ།། །། ༈ སྦྱིན་སྲེག་ལ་ནི་ཉེར་མཁོ་ཀུན། །ཇི་ལྟར་གསུངས་བཞིན་སྔགས་པ་ཡིས། །ཆོ་ག་ བཞིན་བྱ་གསང་གཏོར་བྱ། །སླར་ཡང་མཉམ་བཞག་མེ་དབུས་སུ། །རྟག་པ་ལ་སོགས་ཆོ་ག་ བཞིན། །ལས་དང་རྗེས་མཐུན་བསམ་བྱས་ནས། །སྲེག་བླུགས་གང་སོགས་སྔ་མ་བཞིན། །ཕྱི་ ཡི་རྫས་སོགས་དབུལ་ བར་བྱ། །ཀུན་གྱི་མཐར་ཡང་བདག་པོའི་ས། །སྙིང་པོ་ཉི་ཤུ་རྩ་གཅིག་གམ། །བདུན་ ནམ་དེ་བཞིན་གསུམ་བཟླས་པའི། །མར་གྱི་བསྲེག་བླུགས་རྣམས་ཀྱིས་སྦར། །སླར་ཡང་ བདག་པོའི་སྙིང་པོའི་སྔགས། །བཟླས་པས་སྲེག་བླུགས་གང་བ་བྱ། །ཤིན་ཏུ་མཉམ་བཞག་དེ་ ཉིད་བཟླས། །བརྟུལ་ཞུགས་ ཅན་གྱིས་མཆོད་ཡོན་དབུལ། །དེ་ནས་བསང་གཏོར་དང་ཞལ་བསིལ་དང༌། གོས་སར་ པ་དང༌། རྡོ་ཐལ་མེད་པའི་སོ་རྩི་དང༌། དྲག་པོའི་ལས་ལ་ནི་རྡོ་ཐལ་དང་བཅས་པའི་སོ་རྩི་ ཕུལ་ནས། སྔར་བཞིན་ དུ་ཡང་དག་པར་མཆོད་ཅིང་བསྟོད་དེ་ཕྱག་བྱས་ནས། མཆོད་ཡོན་དབུལ་ཞིང༌། མེ་ཏོག་ དང་བཅས་པའི་ཐལ་མོ་སྙིང་ཁར་སྦྱར་ལ། བཅོམ་ལྡན་འདས་ལ་བཟོད་པར་གསོལ་བའི་ ཆེད་དུ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་བདག་རྨོངས་བློ་ཡིས་ནི། །ཉེས་བྱས་ཅུང་ ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །དེ་ཀུན་མགོན་ཁྱོད་བཟོད་པར་ 8-1-394 མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་ལས། །འདིར་ནི་བྱ་བ་ གང་བགྱིས་པ། །དེ་ཀུན་གཙོ་བོ་བཟོད་མཛད་རིགས། །ཞེས་པས་བཟོད་པར་གསོལ་ནས། མངོན་པར་འདོད་པ་གྲུབ་པའི་ཆེད་དུ་གསོལ་བ་གདབ་ཅིང༌། ཆད་པ་དང་ལྷག་པའི་ཉེས་པ་ ཞི་བར་བྱ་བའི་ཆེད་དུ། ཐར་པའི་བསམ་པས། ༀ་བཛྲ་ས་ཏྭཱ་ཨཱཿ ཞེས་མང་དུ་བརྗོད་ནས། ཡི་ གེ་བརྒྱ་པ་བཀླག་པར་བྱའོ། །ༀ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་ཌྷི་ ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིད་དྷིཾ་མེ་པྲ་ཡཙྪ། སརྦ་ཀར་མ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་ མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ དེའི་རྗེས་ལ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་ མཛད། །རྗེས་སུ་འཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། ། སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པས་ཡང་དག་པར་བསྐུལ་ནས་རང་གི་སྔགས་ ཡི་གེ་གསུམ་གྱི་ནང་དུ་བཅུག་པའི་མཐར་མུཿ ཞེས་པའི་ཡི་གེ་བརྗོད་ཅིང༌། རང་གི་བདག་ པོའི་མགོན་པོ་ཡིད་ཀྱིས་ཆོ་ག་བཞིན་དུ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་མེ་ལྷ་ཐབ་ ཁུང་དུ་སྤྱན་དྲངས་ཏེ། སླར་ཡང་ཡང་དག་པར་མཆོད་ནས། བསང་གཏོར་དང་ཞལ་བསིལ་ དང༌། རྡོ་ཐལ་མེད་པའི་སོ་རྩི་དང༌། དྲག་པོ་ལ་ནི་རྡོ་ཐལ་དང་བཅས་པའི་སོ་རྩི་དང༌། གོས་ སར་པ་ཡང་ཕུལ་ལ། ཡོ་བྱད་ལྷག་མ་རྣམས་ཀྱིས་སྦྱིན་སྲེག་བྱས་ནས། དྲིལ་བུ་དཀྲོལ་ཞིང༌། མི་བསྐྱོད་རྡོ་རྗེ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟོད་པར་བྱའོ། །ཆོ་ ག་འདི་ནི་ཕལ་ཆེར་རང་གི་མངོན་པར་འདོད་པའི་དངོས་གྲུབ་སྒྲུབ་པའི་ཆེད་དུའོ། །རབ་ ཏུ་གནས་པ་ལ་སོགས་པ་གཞན་གྱི་དོན་འདོད་པ་རྣམས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། ཡོན་ ཕུལ་བའི་སློབ་མའི་མཐེ་བོ་གཡོན་པའི་མཐེ་ཆུང་གིས་བཟུང་ནས། ཐབ་ཁུང་ལ་གཡས་སྐོར་ གསུམ་བྱས་ལ། བླུགས་གཟར་གྱིས་མགོ་ལ་གཡས་བསྐོར་གྱིས་བྱུགས་པས་ལན་བདུན་དུ་ 8-1-395 སྲེག་བླུགས་བྱས་ཏེ། སྲེག་བླུགས་གང་བ་འབུལ་དུ་གཞུག་པར་བྱའོ། །འཁྱིལ་པས་བཟླས་ པའི་སྲུང་སྐུད་དེའི་ལག་པ་ལ་བཅིངས་ཏེ་བསང་གཏོར་བྱའོ། །ཡོད་པར་གྱུར་ན་རྒྱལ་པོ་ལ་ སོགས་པའི་དགེ་བ་ལ་དམིགས་ནས་ཀྱང་སྲེག་བླུགས་རྫོགས་པ་དབུལ་བར་བྱ་སྟེ། དེ་ལྟར་ ཡང༌། རྒྱལ་པོ་དང༌། འཇིག་རྟེན་སྐྱོང་བ་རྣམས་དང༌། སེམས་ཅན་ཐམས་ཅད་དང༌། སློབ་མ་ རྣམས་དང༌། གང་ལ་མངོན་པར་འདོད་པ་རྣམས་ཀྱི་ཡང་བསྲེག་བླུགས་སོ་སོར་ལན་གསུམ་ བྱ་ཞིང༌། རེ་རེ་ཞིང་ཆོ་ག་བཞིན་དུ་བྱ་སྟེ། ཡོན་ཡང་དབུལ་དུ་གཞུག་པར་བྱའོ་ཞེས་གསུངས་ སོ། །དེའི་རྗེས་སུ་ཞལ་བསིལ་ཕུལ་ནས་བསང་གཏོར་བྱ་ཞིང་ཡང་དག་པར་མཆོད་དེ་མཆོད་ ཡོན་ཕུལ་ལ། བཟོད་པ་གསོལ་ཞིང་མངོན་པར་འདོད་པའི་དངོས་གྲུབ་ཞུས་ནས། ༀ་བཛྲ་ ས་ཏྭ་ཨཱཿཞེས་བརྗོད་པས་སྔ་མ་བཞིན་དུ་གཤེགས་པར་ཡང་དག་པར་བསྐུལ་ལ། ༀ་མུཿཞེས་ བརྗོད་ཅིང་ཆོ་ག་བཞིན་དུ་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་ཉི་མ་རེ་རེ་ཞིང་ངམ་ བཤད་པའི་དུས་སམ་ཐུན་གསུམ་མམ་ཐུན་བཞིར་བྱའོ། །དེ་ནས་འོ་མ་དང་འབྲས་མ་ཆག་པ་ དང་མར་དང༌། སྦྲང་རྩི་དང༌། ཀ་ར་རྣམས་དགང་གཟར་བླུགས་གཟར་གྱིས་བླུགས་ཅིང༌། དེ་ དག་མེད་ན་པིམ་པ་ལའི་འདབ་མའམ། སོར་མོ་ཡང་དག་པར་བརྐྱང་ཞིང་སྦྱར་བས། མན་ ཇིའི་སྟེང་དུ་གནས་པའི་ཟངས་ལ་སོགས་པར་ཙ་རུའི་བཟའ་བ་བླུགས་ལ། ལས་དང་རྗེས་སུ་ འཐུན་པའི་དྲིས་བྱུགས་ཏེ། མགུལ་པར་མེ་ཏོག་གི་ཕྲེང་བ་བཅིངས་ནས། གཡོན་པའི་དྲིལ་ བུ་དང་ལྷན་ཅིག་ཕྲེང་བ་བཟུང་ལ། གཡས་པའི་བགྲང་ཕྲེང་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ བདུད་རྩིར་བྱས་པར་བསྒོམ་ཞིང་སྔགས་བཟླས་པར་བྱའོ། །བདུད་རྩིའི་རང་བཞིན་དུ་འོ་ ཐུག་རྫོགས་པར་བྱས་ནས། ཐབ་ཁུང་གི་མེ་ལྷ་ཇི་ལྟ་བཞིན་དུ་རང་ཉིད་རྣལ་འབྱོར་ལ་མཉམ་ པར་བཞག་པས། ལྷ་དང་འཇིག་རྟེན་སྐྱོང་བ་དང་བདག་ཉིད་དང་སྦྱིན་བདག་རྣམས་ཀྱང་ ཚིམ་པར་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པ་ཡི། །ལྷག་མའོ་སྡིག་པ་ཉམས་བྱེད་ཟོ། །ཞེས་ 8-1-396 སློབ་དཔོན་གྱིས་བརྗོད་ཅིང༌། ལྷག་མ་དོན་དུ་གཉེར་བ་རྣམས་ལ་ཡང་བགོ་བཤའ་བྱའོ། །མེ་ གཞིལ་བ་ནི་ཞི་བ་ལ། །འོ་མའོ་རྒྱས་པ་བསྒྲུབ་པ་ལ། །སེར་པོའི་ཆུ་ཡིས་དབང་དྲག་ལ། །འོ་ མ་དམར་དང་ནག་པོས་སོ། །ཞེས་པ་ལྷ་མཉེས་པར་བྱ་བའི་ཆེད་དུ་ཕྱི་རོལ་གྱི་སྦྱིན་སྲེག་གི་ཆོ་ གའོ།། ༣༧ །། ༈ འདི་རྣམས་ཐམས་ཅད་ཆད་པ་དང་ལྷག་པ་མེད་པར་ཡིད་ཀྱིས་བསྒོམ་པར་བྱས་ན་ ངེས་པར་མངོན་པར་འདོད་པ་རྣམས་རྫོགས་པར་འགྱུར་རོ་ཞེས་པས། ཕྱི་རོལ་གྱི་དངོས་པོ་ རྣམས་ལ་ལྟོས་པ་མེད་པ་ནི་ཡིད་ཀྱི་སྦྱིན་བསྲེག་གོ། ༣༨ །། ༈ རང་གི་འདོད་པའི་ལྷའི་རྣལ་འབྱོར་དང་ལྡན་པས། དེའི་ངོ་བོ་འམ། རྡོ་རྗེ་སེམས་ དཔའི་གཟུགས་སམ། རིམ་པ་ཇི་ལྟ་བ་བཞིན་དུ་རང་རང་གི་རང་བཞིན་རྣམ་པར་དག་པ་རྣམ་ པར་སྣང་མཛད་ལ་སོགས་པའི་ངོ་བོས། གཟུགས་ལ་སོགས་པའི་འདོད་པ་ལྔ་ཇི་ལྟར་རྙེད་པ་ ལ་ཐེ་ཚོམ་མེད་པར་ལོངས་སྤྱོད་པར་བྱ་སྟེ། ཟ་བའི་དུས་སུ་ནི་རང་གི་བཟའ་བ་ཐམས་ཅད་ མཉམ་པ་ཉིད་དུ་རྣམ་པར་དག་པའི་བདུད་རྩིར་བྱས་ནས། ལྟེ་བའི་ཐབ་ཁུང་གི་མེས་འཁྱུད་ ཅིང༌། སྙིང་ཁར་གནས་པའི་རང་གི་འདོད་པའི་ལྷའི་འཁོར་ལོ་ལག་པའི་དགང་གཟར་ལ་ སོགས་པས་ཆོ་ག་བཞིན་དུ་ཡང་དག་པར་མཉེས་པར་བྱའོ་ཞེས་པ་ཕྱིའི་རྫས་ཀྱིས་ནང་གི་ སྦྱིན་སྲེག་གི་ཆོ་གའོ།། ༣༩ །། ༈ དེ་ནས་ཆོ་ག་ཇི་ལྟ་བ་བཞིན་དུ་ཞི་བ་དང་རྒྱས་པའི་སྦྱིན་སྲེག་བྱ་སྟེ། རང་ཉིད་ཀྱིས་ དཀྱིལ་འཁོར་ཡང་དག་པར་མཆོད་ནས། ཐམས་ཅད་ཇི་ལྟར་ནུས་པས་དེ་བཞིན་གཤེགས་ པ་ལ་སོགས་པ་རྣམས་ལ་མཆོད་པ་གྱིས་ཤིག་ཅེས་སློབ་མ་ལ་སོགས་པ་རྣམས་མཆོད་པ་བྱེད་ དུ་བཅུག་ལ། དེར་ཞུགས་པ་རྣམས་ཀྱང་དམ་ཚིག་གི་ཀུན་ཏུ་སྤྱོད་པས་ཚིམ་པར་བྱའོ། །དེ་ལ་ འདི་ནི་དམ་ཚིག་གི་ཆོ་ག་སྟེ། 8-1-397 དང་པོར་རྡོ་རྗེ་སེམས་དཔའ་དང༌། །ཆོས་སྟོན་དེ་བཞིན་དཔའ་བོ་དང༌། །དཔའ་མོའི་ དབང་ཕྱུག་ལ་བཏུད་ནས། །ཚོགས་ཀྱི་སྟོན་མོ་བདག་གིས་བཤད། །སྟོན་མོ་དེ་བཞིན་སྟོན་མོ་ ཆེ། །ཚོགས་ཀྱི་འཁོར་ ལོ་འཁོར་ལོ་ཆེ། །མཚན་མོའི་འཁོར་ལོ་མཚན་མོར་བཤད། །དེ་བཞིན་ཕྱོགས་ཕྲེང་ འཁོར་ལོའོ། ། དགེ་འདུན་ཐུན་མོང་སྟོན་མོ་སྟེ། །གཎ་ཌི་བརྡུངས་པ་སྟོན་མོ་ཆེ། །ཚོགས་པ་ལྷན་ཅིག་ འཁོར་ལོ་སྟེ། ། དེ་བས་ལྷག་པ་འཁོར་ལོ་ཆེ། །ཉིན་རེ་འམ་ཟླ་བ་སོ་སོའམ། །དེ་བཞིན་དུ་ནི་ལོ་རེའམ། ། བརྒྱད་དང་བཅུ་བཞི་གཞན་ཡང་འདིར། །རྒྱས་པ་ཡི་ནི་ཚེས་རྣམས་ལ། །མཆོད་རྟེན་རྣམས་ ནི་ངེས་པར་བྱ། ། དམ་ཚིག་བསྲུང་བའི་དོན་དུ་སྟེ། །འདུས་སྟོན་མཚན་མོའི་འཁོར་ལོ་ཡང༌། །བྱང་ཆུབ་ འགྲུབ་པའི་ཆེད་དུ་བྱ། །བཟའ་བཅའ་དེ་བཞིན་དགམ་བྱ་དང༌། །གཞིབ་དང་བལྡག་པ་མྱང་ བྱ་རྣམས། །བཏུང་བ་ལ་སོགས་མཉམ་ལྡན་པའི། །རོ་དྲུག་ལྡན་པ་སྟོན་མོར་འདོད། །ཡོ་བྱད་ ཐམས་ཅད་བསྒྲུབས་ནས་ནི། །ཁྱད་པར་དུས་ལ་སྤྱན་དྲང་བྱ། །དང་པོར་མཎྜལ་བྱས་ནས་ ནི། །མེ་ཏོག་རྣམས་དང་སོ་རྩི་སྦྱིན། །སངས་རྒྱས་དགེ་འདུན་ཡོ་བྱད་རྣམས། །སྔ་མོར་ཉེ་ བར་དབུལ་བྱ་སྟེ། །གླུ་གར་དེ་བཞིན་རོལ་མོ་ཡིས། །དེ་བཞིན་གཤེགས་ལ་བསྙེན་བཀུར་བྱ། ། དེར་ཡང་སྨོན་ལམ་བྱས་ནས་ནི། །དགེ་འདུན་སྟོན་མོ་བརྩམ་པར་བྱ། །བ་བྱུང་བྱུགས་པའི་ ས་ཡི་ཆར། །མེ་ཏོག་དེ་བཞིན་བདུག་སྤོས་ལྡན། ། གྱོ་མོ་གསེག་མ་རྣམས་བསལ་ནས། །གདན་རྣམས་རབ་ཏུ་བརྟག་པར་བྱ། །སངས་རྒྱས་ རྗེས་སུ་རིམ་པ་ཡིས། །ཀུན་ལ་ཕྱག་སོགས་བྱས་ནས་ཀྱང༌། །ཇི་བཞིན་གདན་ལ་ཡང་དག་ 8-1-398 འདུག །ལུས་ངག་སེམས་ནི་ཡང་དག་བསྡམ། །ནག་པོ་ཆེན་པོར་གཏོར་མ་སྦྱིན། །དེ་བཞིན་ དུ་ཡང་གོང་བུའི་ཟས། །ཁང་པར་བཟའ་བར་འདོད་རྣམས་ཀྱང༌། །དེ་ལྟར་འདོད་བཞིན་ ཡང་དག་བཞག །སོ་རྩི་དེ་བཞིན་སྣོད་རྣམས་ཀྱང༌། །འདག་ཆལ་དང་ནི་སོ་ཤིང་དང༌། །དྲི་ ཡི་ཆུ་རྣམས་དེ་ནས་སྦྱིན། །བྱིན་པ་འདུས་པས་ལོངས་སྤྱད་དེ། །སླར་ཡང་ཞལ་བསིལ་ལ་ སོགས་དབུལ། །འདུས་པ་རྣམས་ལ་ཡོན་ཕུལ་ཏེ། །དེ་ཀུན་བསོད་ནམས་ཐུན་མོང་དུ། །བློ་ ལྡན་མཁས་པ་རྣམས་ཀྱིས་བྱ། །ཕྱག་འཚལ་བཟོད་པར་གསོལ་ནས་ནི། །དགེ་འདུན་སྟོན་མོ་ གཤེགས་སུ་གསོལ། །ཞེས་པ་ནི་སྟོན་མོའོ།། །། ༈ ཆོས་སྒྲོགས་ཉིད་དང་དེ་བཞིན་དུ། །གནས་བརྟན་ཉེ་བར་སྤྱན་འདྲེན་དང༌། །ཁྱད་པར་ དུས་ཀྱི་སྤྱན་འདྲེན་ལའང༌། །གཎ་ཌི་ཀུན་ནས་བརྡུང་བར་བྱ། །སྔར་བཞིན་བདེ་གཤེགས་ སྤྱན་དྲངས་ཏེ། ། བླ་ན་མེད་པའི་མཆོད་པ་དང༌། །ཉེར་སྤྱོད་ལྔ་ཡི་མཆོད་པ་རྣམས། །དེ་ཉིད་ཀྱིས་ནི་མཆོད་ པར་བྱ། ། ལྷག་མའི་རྡོ་རྗེ་འཁོར་དང་བཅས་པ་སྤྱན་དྲངས་ཏེ། ཞི་བ་ལ་སོགས་པའི་གཟུགས་ཀྱིས། བཏུང་བའི་དོན་དུ་ལག་པ་གཉིས་རབ་ཏུ་བརྐྱང་བར་བལྟས་ལ། འཁོར་ལོ་བསྐོར་བའི་མདུན་ དུ་བཟའ་བའི་ཁྱད་པར་རྣམས་བླངས་ནས། དེར་གཞུག་པར་བྱ་ཞིང༌། དམ་ཚིག་གི་སྤོས་ལ་ སོགས་པ་སྦྱིན་པར་བྱའོ། །དེ་ནས་སྔགས་བརྗོད་ཅིང་ལག་པ་གཉིས་ཁ་དང་ཉེ་བར་རབ་ཏུ་ བརྐྱང་སྟེ། ཁ་བདུད་རྩིས་གང་བའི་གཏོར་ནས་ལྷག་མའི་རྡོ་རྗེ་འཁོར་དང་བཅས་པ་དེས་ མགུ་བར་འགྱུར་རོ། །འཁོར་དང་བཅས་པ་རྨི་ལམ་དུ་མཐོང་ཞིང་བྱ་བ་ཡང་བྱེད་པར་འགྱུར་ རོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ༀ་ཀུ་རུ་ཀུ་རུ། བཏ་ཏ་ལི། བཏ་ཏ་ལི། མ་ཧཱ་བཏ་ཏ་ལི། སིད་དྷེ་མུ་ཁེ། སྨ་ཤཱ་ན་བཱ་སི་ནེ། པྲེ་ཏ་མུ་ཁེ། ཙཎ་ཊ་ཀ་རཱ་ལི། རུ་དྷི་ར་པྲི་ཡེ། ས་མ་ཡ་རཱ་ཀྵི། 8-1-399 ཡོ་གཱམ་བ་རི། ཀི་ལ་ཀི་ལ། རཱ་བེ་པི་ཏྲྀ་བ་ན་མ་དྷྱེར། བྷུ་ཛ་ཧ། ས་ཧ་ག་ན་དཱུ་ཏེ། དྷཱུ་མཱཾ་གཱ་ རི། ཙཎ་ཊ་ཀ་རཱ་ལི། ཏིཥྛ་སྭཱི་ཀུ་རུ་ཀུ་རུ་ཧཱུཾ། གྲྀཧྣ་གྲྀཧྣ། སརྦ་དུཥྚཱན། བྷཀྵ་བྷཀྵ། ཧོཿ ཕྲཻཾ་ཕྲཻཾ། ཆེ་གེ་མོའི། སརྦ་བིགྷ་ན་ཤཱན་ཏིཾ་ཀུ་རུ་ཀུ་རུ་ཕཊ་ སྭཱ་ཧཱ། ཞེས་པ་ནི་ཐམས་ཅད་དུ་ལྷག་མའི་གཏོར་མའི་སྔགས་སོ། །དེ་ནས་དེར་ནི་དྲི་བཟང་ཆུ། ། ཞལ་བསིལ་རྣམས་ནི་སྦྱིན་པར་བྱ། །དྲི་དང་མེ་ཏོག་སོ་རྩི་རྣམས། །བྱིན་ནས་སློབ་དཔོན་ སྔོན་འགྲོ་བས། །སྦྱིན་པའི་ཚིགས་སུ་བཅད་པ་བརྗོད། །དེ་ཡི་འབྲས་བུ་ཡོངས་སུ་བསྔོ། ། ནུས་པ་ཡིས་ནི་ཡོན་ཕུལ་ནས། ། ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ། །དེ་ལ་སྦྱིན་པའི་ཚིགས་སུ་བཅད་པ་ནི། དུད་ འགྲོའི་སྐྱེ་གནས་རྣམས་ལ་ཡོན་ནི་བརྒྱ་འགྱུར་སྡིག་པ་ཅན་གྱི་མི་ལ་སྟོང་ཕྲག་སྟེ། །ཚུལ་ ཁྲིམས་ལྡན་པ་རྣམས་ལ་སྟོང་ཕྲག་བརྒྱ་འགྱུར་དུ་ནི་གསུང་གི་དབང་ཕྱུག་གིས་རབ་གསུངས། ། ཕྱི་རོལ་འདོད་པ་རྣམས་ལ་ཆགས་བྲལ་ཉེ་བར་གནས་པ་ལ་ནི་བྱེ་བ་བརྒྱ་ཕྲག་བརྒྱ། །ལམ་ ལ་གནས་པ་རྣམས་ལ་སླར་ཡང་ཚད་མེད་འབྲས་བུ་སྟེར་བ་ཡོན་ལས་ཡང་དག་འབྱུང༌། ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་ པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱ་སྟེ། །རྒ་ནད་འཆི་བའི་རླབས་ཆེན་ འཁྲུགས་པ་ཡི། ། སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །ཞེས་པས་བསོད་ནམས་ཡོངས་སུ་བསྔོ་ བར་བྱའོ། ། ཞེས་པ་ནི་ཚོགས་ཀྱི་འཁོར་ལོའོ།། །། ༈ འདི་ཉིད་ཕྱིར་རོལ་དུ་སོང་ནས། དུར་ཁྲོད་དུ་ནི་བྱེད་པ་ན། །སྐལ་བ་དང་ལྡན་སློབ་ དཔོན་གྱིས། །འཁོར་ལོ་ཆེན་པོར་དེ་བརྗོད་བྱ། །མེ་ཏོག་བདུག་སྤོས་སྣང་གསལ་དང༌། །དེ་ 8-1-400 བཞིན་དྲི་དང་ཕྲེང་བ་སྤོས། །ཇི་ལྟར་ཡོད་བཞིན་བཏུང་བ་དང༌། །བཟའ་བ་རྣམས་ཀྱང་རིག་ པར་བྱ། །དབུས་སུ་བཏུང་བ་ཡི་ནི་སྣོད། །དེར་ནི་གཡོ་བ་མེད་པར་བཞག །[བདག་[ལྷག] མའི་འཁོར་ལོ་སྤྱན་དྲངས་ལ། །བསྙེན་བཀུར་བྱས་ཏེ་རབ་ཏུ་གཞུག །དེ་ཡི་སྟེང་དུ་ཐོད་པ་ ནི། །མཚན་ཉིད་དང་ལྡན་དགོད་པར་བྱ། །མེ་ཏོག་སྤོས་སོགས་མཆོད་པ་རྣམས། །ལས་ཀྱི་ རྡོ་རྗེ་ཅན་གྱིས་དབུལ། །བདུད་རྩི་ལྔ་དང་ཤ་ལྔ་རྣམས། །སྔགས་ཀྱིས་བྱིན་གྱིས་བརླབས་ ནས་སླར། །ཡོ་བྱད་ཐམས་ཅད་རབ་ཏུ་གཞུག །ལྷ་ཡི་རྣམ་པའི་རྣལ་འབྱོར་གྱིས། །སྣ་ཚོགས་ བཤེས་གཉེན་སོགས་ཐོད་པར། །བཏུང་བའི་སྣོད་རྣམས་རབ་ཏུ་བརྟག །བཟའ་དང་བཏུང་ བ་ལ་སོགས་ཀུན། །ཇི་ལྟར་སྔར་གྱི་དེ་བཞིན་འདིར། །སྔགས་ཀྱི་ཁུ་བའི་རང་བཞིན་ཕྱིར། ། སྔགས་ཀྱི་བཏུང་བ་ཞེས་པར་དྲན། །སྔགས་ཀྱི་ལྷ་ཡི་རྣལ་འབྱོར་བདག ། སྔགས་ཀྱི་བཏུང་བ་ཡང་དག་སྤྱད། །ཚོགས་ཀྱི་འཁོར་ལོ་གཤེགས་གསོལ་བྱ། །གོ་ཡུའི་ འབྲས་བུ་ལ་སོགས་དབུལ། །བླ་མར་གུས་པས་ཕྱག་བྱས་ནས། །གནས་ཇི་ལྟ་བར་བྱོན་པར་ གསོལ། །ཞེས་པ་ནི་འཁོར་ལོ་ཆེན་པོའོ།། །། ༈ རི་ཡི་ཕུག་དང་སྨན་ལྗོངས་དང༌། །རྒྱ་མཚོའི་འགྲམ་དང་སྐྱེད་མོས་ཚལ། །ནགས་ ཚལ་དག་གམ་རྫིང་བུར་ཡང༌། །མཚན་མོའི་འཁོར་ལོ་ཡང་དག་བརྩམ། །བདུད་རྩི་ལྔ་དང་ ཤ་ལྔ་རྣམས། །སངས་ རྒྱས་ལྔའི་རང་བཞིན་དགེ། སྟན་ལྔ་ལ་ནི་མཉམ་པར་འདུག །རིགས་ལྔ་དག་ཏུ་རྣམ་པར་ གནས། ། བརྡ་དང་དགོངས་པར་ནན་ཏན་བྱས། །རྣལ་འབྱོར་པ་ཉིད་འོངས་གྱུར་ན། །དེ་ལ་སྔོན་ དུ་གནད་སྦྱིན་ཏེ། །མཚན་མོའི་འཁོར་ལོའི་ཀུན་ནས་བརྩམ། །སྒོ་བཞི་རྣམས་སུ་ཁྲོ་བོ་བཞི། ། གནོད་མཛེས་གཙུག་ཏོར་ལས་བྱེད་པ། །གཟུགས་ཀྱི་རྡོ་རྗེ་མ་ལ་སོགས། །རྣལ་འབྱོར་མ་ 8-1-401 རྣམས་རང་སར་དགོད། ། སློབ་དཔོན་མི་ཡི་ལྤགས་པ་ལ། །བ་ལང་སོགས་ལ་གཞན་རྣམས་ཀྱང༌། །མཚན་མོ་ དག་པོའི་བློ་ཡིས་ནི། །སངས་རྒྱས་ལྔ་རྣམས་མཆོད་པར་བྱ། །ཁྲི་ལ་སོགས་པར་མཉམ་ གནས་པའི། །དཔའ་བོ་དཔའ་མོའི་དབང་ཕྱུག་མཉམ། །དེ་ནས་འཁོར་ལོ་བྱིན་གྱིས་བརླབ། ། མཉམ་པར་སྙིང་རྗེ་བརྟན་པས་སོ། །ཚིགས་བཅད་ལན་གསུམ་བརྗོད་པ་ཡིས། །སྟེང་དུ་མེ་ ཏོག་སོགས་ཏོར་ཏེ། །དེ་ཚེ་དེ་རྣམས་སྤྱན་དྲང་བྱ། །ཡང་དང་ཡང་དུ་ཕྱག་བྱའོ། །མཚན་མོའི་ འཁོར་ལོ་གསལ་བྱས་ནས། །ཡེ་ཤེས་འཁོར་ལོ་རབ་ཏུ་གཞུག །འཇམ་པའི་རྡོ་རྗེའི་བདག་ ཉིད་ཀྱི། །རྣལ་འབྱོར་པ་ཡིས་དཀྱིལ་འཁོར་མཆོད། །མཆོད་ནས་རྣལ་འབྱོར་མ་འཁོར་ལོ། ། ཇི་ལྟར་དགའ་བ་མི་སྤང་སྟེ། །གཡས་དང་གཡས་མིན་སྦྱོར་བ་ཡིས། །ཀུན་སྤྱོད་དེར་ནི་ བརྟག་པར་བྱ། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་དུ། ། གང་གསུངས་ཚོགས་ཀྱི་འདུས་པ་རྣམས། །ཆོ་གས་དེས་མཆོད་དམ་ཚིག་གི། ཀུན་སྤྱོད་ རིག་པའི་བླ་མས་སོ། །རྣམ་པ་ལྔ་ནི་རྣམ་དག་པའི། །དེ་བཞིན་གཤེགས་རྣམས་མཆོད་པར་ བྱ། །སྙིང་རྗེར་ཞུགས་ པའི་རྣལ་འབྱོར་པས། །སེམས་ཅན་དོན་བྱ་ངེས་པར་རོ། །རྡོ་རྗེ་པད་མར་རབ་གནས་ པས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །དེར་ནི་དགའ་བ་སོགས་དབྱེ་བའི། །དེ་བཞིན་ཉིད་ ལས་དེ་ཉིད་རྟོགས། ། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ལྷ་ཡི་གཟུགས་སུ་སེམས་པའམ། །རྣམ་པར་ མི་རྟོག་རང་བཞིན་ལས། །དེར་ནི་རྣལ་འབྱོར་པས་གནས་བྱ། །མཚན་མོའི་འཁོར་ལོའི་ཆོ་ག་ ལ། །འགའ་ཡང་དོར་བ་ཉིད་ཡོད་མིན། །མ་མ་སྲིང་མོ་ཉིད་དང་ནི། །བུ་མོ་དང་ནི་ཚ་མོ་དང༌། ། བདག་ཅན་དེ་བཞིན་ཆུང་མ་དང༌། །སྒྱུག་མོ་དང་ནི་དེ་བཞིན་ཡང༌། །ཕ་ཡི་སྲིང་མོ་མ་རྣམས་ 8-1-402 ཏེ། །ཤེས་རབ་བརྒྱད་རྣམས་གྲུབ་མཆོག་སྟེར། །དེ་རྣམས་མཆོད་པའི་བྱ་བ་ནི། །བོ་ལ་ཀཀ་ ཀོ་ལ་སྦྱར་ནས། །སངས་རྒྱས་ཉིད་ནི་སངས་རྒྱས་ཀུན། །རང་གིས་ཡང་ཡང་རྟོགས་པར་བྱ། ། སྔགས་ཀྱི་བཟླས་མེད་དཀའ་ཐུབ་མེད་ཅིང་སྦྱིན་སྲེག་མེད། །དཀྱིལ་འཁོར་ཅན་ཡང་མེད་ ཅིང་དཀྱིལ་འཁོར་ཡང་ནི་མེད། །དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་ དཀྱིལ་འཁོར་ཅན་དང་དེ་ནི་དཀྱིལ་འཁོར་ཡང༌། ། མདོར་བསྡུས་ན་ནི་སེམས་ནི་འདུས་པའི་གཟུགས་ཅན་ཉིད། །ཡིད་ནི་བརྟན་ནམ་གཡོ་ འམ་ཅི། ། རང་གི་སེམས་ལ་སོ་སོར་བརྟག །གང་བཤད་འཇིགས་པའི་གཟུགས་ཅན་གྱི། །སྤྱོད་པ་ ལོངས་སྤྱོད་ཕྱིར་མ་གསུངས། །དེ་ལྟའི་ཆོ་གའི་མཚན་མོ་ཡི། །འཁོར་ལོར་སློབ་བཟང་དབང་ བསྐུར་སླར། །སྒོམ་ པའི་སྟོབས་ཀྱིས་དངོས་གྲུབ་ནི། །འདི་ཉིད་ཀྱི་ནི་སྲིད་པར་སྐྱེ། །སྒོམ་པ་ལ་སོགས་དེ་ བཞིན་འདིར། །ཉུང་བའམ་བྱས་པ་མེད་ན་ཡང༌། །གལ་ཏེ་ལྟུང་བ་མེད་གྱུར་ན། །བདུན་པར་ དེ་ཡི་དངོས་གྲུབ་འགྱུར། །ཨེ་མ་ཐབས་དང་ནུས་པ་ཡིས། །ཐེག་པ་ཆེན་པོར་ལེགས་འོངས་ ནས། །འདོད་ལྡན་མ་ལ་བརྟན་འཁྱུད་དེ། །འདོད་པའི་ལྷ་ནི་བསྟེན་པར་བྱ། །སྔར་བཞིན་ གཏོར་མ་མཆོད་པ་སོགས། ། བྱས་ནས་འཁོར་ལོ་གཤེགས་སུ་གསོལ། །འཁོར་ལོའི་དབང་པོར་ཕྱག་བྱས་ནས། །ཇི་ ལྟར་བདེ་བར་གནས་པར་བྱ། །ཞེས་པ་ནི་མཚན་མོའི་འཁོར་ལོའོ།། །། ༈ འཐུང་སྤྱོད་ཀྱི་ནི་དམ་ཚིག་བྱ། །དེ་ཡང་གྲོང་གི་དབུས་རྣམས་སམ། །དཀྱིལ་འཁོར་ ཁང་པའི་ཕྱི་རོལ་དུའང༌། །མཁས་པས་ཕྱོགས་ཕྲེང་སྦྱིན་པར་བྱ། །གདོང་ནི་འགའ་ཡང་མི་ལྟ་ སྟེ། །ཡོངས་ 8-1-403 སུ་དྲི་ཉིད་འགའ་ཡང་མིན། །སྣ་ཚོགས་གཟུགས་ཀྱི་སེམས་ཅན་རྣམས། །ངེས་པར་ དེར་ནི་འོངས་གྱུར་ན། །བྱོན་ནམ་བྱོན་པ་ལེགས་ཞེས་བྱ། །འདབ་མའམ་སྣོད་རྣམས་རབ་ཏུ་ བརྟག །བཟའ་བཏུང་ ལ་སོགས་དེ་རྣམས་སྦྱིན། །ཐམས་ཅད་ཇི་ལྟར་འདོད་བཞིན་བྱ། །དང་པོ་བར་དང་ མཐའ་རྣམས་སུ། ། གཏོར་མ་གསུམ་ནི་མཁས་པས་སྦྱིན། །སོ་རྩི་དྲི་དང་མེ་ཏོག་སོགས། །ཕུལ་ནས་འཁོར་ ལོ་གཤེགས་སུ་གསོལ། །ཞེས་པ་ནི་ཕྱོགས་ཕྲེང་འཁོར་ལོའོ།། །། ༈ དམ་ཚིག་གང་ལ་ཐམས་ཅད་རྣལ་འབྱོར་མར་གྱུར་ཅིང་བདེ་བའི་དོན་དུ་འཁོར་ལོའི་ དབང་ཕྱུག་མའི་གཡོན་ཕྱོགས་སུ་ཐབས་གཅིག་ཡོད་པར་གྱུར་པ་ནི་དཔའ་མོའི་དབང་ཕྱུག་ མའི་འཁོར་ལོའོ། །གང་དུ་ཐམས་ཅད་དཔའ་མོར་གྱུར་ཅིང་བདེ་བའི་དོན་དུ་འཁོར་ལོའི་ དབང་ཕྱུག་གི་གཡོན་ཏུ་རྣལ་འབྱོར་མ་ཅིག་ཡོད་པར་གྱུར་པ་ནི་དཔའ་བོའི་འཁོར་ལོའོ། ༈ ། འཁོར་ལོ་འདི་གཉིས་ཉིན་པར་ཡང་དགའ་བ་ན་བུག་པ་མེད་པའི་ཁང་པར་ཐུན་གཉིས་ ཡན་ཆད་བྱ་བར་ཤེས་པར་བྱའོ། །དེའི་ཕྱིར་དཔའ་བོ་དང་དཔའ་མོའི་དབང་ཕྱུག་གི་འཁོར་ ལོ་དག་ལ་གལ་ཏེ་ཤེས་རབ་གཅིག་དང་ཐབས་གཅིག་ཀྱང་མེད་པར་གྱུར་ན། དེའི་ཚེ་སྦྱིན་ པའི་བདག་པོའི་བསོད་ནམས་ལས་བཟློག་པར་འགྱུར་རོ། །ཤེས་རབ་ཐབས་ཀྱི་བདེ་བ་དག ། མེད་ན་འཁོར་ལོ་ཐོབ་མི་འགྱུར། །གང་ཞིག་ཤེས་རབ་ཀྱིས་དམན་པའི། །འཁོར་ལོ་དེ་ནི་ རྩེད་མོ་དང༌། །ལྷན་ཅིག་པའི་འཁོར་ལོའོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་གསུང་ལས་སོ། ། ཞེས་པ་ཚོགས་ཀྱི་འཁོར་ལོའི་ཆོ་གའོ།། ༤༠ །། ༈ དེ་གསུངས་པ། ཚོགས་ཀྱི་འཁོར་ལོའི་ཆོ་གས་དཀྱིལ་འཁོར་གྱི་ཁང་པར་བཟའ་བ་ དང་བཏུང་ 8-1-404 བ་ལ་སོགས་པ་རྣམས་འཁོར་ལོ་ལ་ཕུལ་ཏེ་དེར་ཞུགས་པ་རྣམས་ཡང་དག་པར་ཚིམ་ པར་བྱའོ། །དེ་རྣམས་དང་ལྷན་ཅིག་མཚན་མོ་མི་ཉལ་བར་གར་དང་གླུ་ལ་སོགས་པ་དང༌། བྱང་ཆུབ་ཀྱི་སེམས་རྟོགས་པས་ཡང་དག་པར་མཆོད་ནས། ཁྱེད་རྣམས་ཀྱིས་འཇུག་པ་འདི་ སུ་ལ་ཡང་སྨྲ་བར་མི་བྱའོ་ཞེས་བརྗོད་པར་བྱའོ། །དེ་ནས་སློབ་མ་རྣམས་གཞག་སྟེ། ཕྱི་རོལ་ ཏུ་ཕྱོགས་ཀྱི་གཏོར་མ་དང་མཆོད་པ་ལ་སོགས་པ་བྱས་ལ་ནང་དུ་ཞུགས་ནས་འཁོར་ལོ་ལ་ ཕྱག་འཚལ་ཏེ། མཆོད་ཡོན་ལ་སོགས་པ་འཁོར་ལོའི་དབང་པོ་ལ་ཕུལ་ནས། དགེ་བ་རྣམས་ ཡོངས་སུ་བསྔོས་ཏེ། དཀྱིལ་འཁོར་ལ་ལན་གསུམ་གཡས་སྐོར་བྱས་ལ། བཅོམ་ལྡན་འདས་ ལ་མངོན་པར་ཕྱོགས་པས་ཤར་སྒོར་འདུག་སྟེ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས། མ་ རྙེད་ཞེས་པ་ལ་སོགས་པས་བཟོད་པར་གསོལ་ཞིང༌། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ། ཅེས་པ་ལ་སོགས་པ་དང༌། ༀ་ཨཱཿཧཱུཾ་བཛྲ་མུཿ ཞེས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་ སུ་གསོལ་ནས། རང་གིས་སྤྲུལ་པའི་དཀྱིལ་འཁོར་བདག་ཉིད་ལ་བསྟིམས་ ཏེ། ༀ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུད་པན་ན་ཏྭཱཏ། ༀ་ཨཱཿཧཱུཾ་མུཿ ཞེས་འདོན་ཞིང་ ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་པས་དྲིལ་བུ་དཀྲོལ་ཞིང་ལག་པར་གནས་པའི་རྡོ་རྗེས་ ཤར་གྱི་སྒོ་ནས་བརྩམས་ཏེ་ཚངས་པའི་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དུ་དབྱི་ ཞིང༌། མགོ་བོ་ལ་རྡུལ་ཚོན་ཅུང་ཟད་བླུགས་ནས་པད་མ་ལ་སོགས་པ་དབྱི་བར་བྱའོ། །དེ་ ནས་སྒོ་རྣམས་དང་ཟུར་རྣམས་ཀྱང་ལག་པ་ན་གནས་པའི་རྡོ་རྗེའི་རྩེ་མོས་མངོན་པར་གཞིག་ པར་བྱའོ། །དེའི་རྗེས་སུ་ༀ་བཛྲ་ཀཱི་ལ་ཨུད་ཀཱི་ལ་ཡ། སརྦ་ཀཱི་ལན་བཛྲ་དྷ་ར་ཨཱཛྙཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ ཧཱུཾ་ཕཊ་ཧོཿ ཞེས་པ་ཧཱུཾ་བཞི་པས། གཡོན་བརྐྱང་དང་སྐམ་པའི་ཕྱག་རྒྱས་ཕུར་པ་རྣམས་བཏོན་ ལ། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིད་དྷ་ལོ་ཙ་ནེ། སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ་ཞེས་པ་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་བཀྲུ་བར་བྱའོ། །ཕུར་ 8-1-405 པའི་ལྷ་རྣམས་ཀྱང་གཤེགས་སུ་གསོལ་ཞིང༌། ཕུར་པའི་ཁུང་བུ་རྣམས་ཀྱང་དགང་བར་བྱའོ། ། ཞི་བ་ལ་སོགས་དོན་དུ་གཉེར་བ་རྣམས་ལ་རྡུལ་ཚོན་ཅུང་ཟད་སྦྱིན་པར་བྱའོ། །དེ་བཞིན་ དཀྱིལ་འཁོར་ཁང་པ་ཉིད་དུ་སྐྱེ་བོ་མེད་པར་བྱས་ནས་རྡུལ་ཚོན་ཡང་དག་བསྡུས། །ཕྱི་ནས་བ་ ལས་བྱུང་བ་རྣམས་ཀྱིས་འདི་ལྟར་མཐའ་དག་འཁོར་ལོ་ལ་ནི་མཁས་པས་གཏོར། །དེ་ནས་ བ་བྱུང་རྣམས་ཀྱིས་བྱུག་པ་རབ་ཏུ་བྱ་སྟེ་རི་མོ་རྣམས་ཀྱང་བྱུག་པར་བྱ། །མེ་ཏོག་རྣམས་ནི་ ངེས་པར་དགྲམ་ཞིང་ཕྱག་བྱས་ནས་ནི་ས་ཡི་ལྷ་མོ་མཉེས་པར་བྱ། །ཕྱི་ནས་དཔལ་ལྡན་རྣམ་ རྒྱལ་རྡུལ་ཚོན་རྣམས་ཀྱིས་རབ་ཏུ་བཀང་སྟེ་ཐབས་ཀྱི་ཐལ་བ་སོགས། །བགེགས་དགྲའི་བུམ་ པར་དེ་བཞིན་ཉིད་དེ་ཆོ་གས་དམ་པའི་གོས་རྣམས་འདི་དག་མགྲིན་པ་ལའོ། །རྣལ་འབྱོར་མ་ ཡིས་བཟུང་ཞིང་གླང་ཆེན་སྟེང་དུ་དེ་ལྟར་མཐོན་པོར་སྤྲོ་བསྡུ་ཁྱེར་ནས་ནི། །ཀླུ་ཡི་གཏོར་མ་ བྱས་ནས་ཆུ་ཀླུང་རྣམས་སམ་མཚོ་རྣམས་སུ་ནི་བླུགས་པར་བྱ། །ཆོ་ག་འདིས་ནི་སྦྱིན་བདག་ གི་བྱིན་པའི་རས་ཀྱིས་བརྒྱན་པའི་རྣལ་འབྱོར་མ་རྣམས་ཀྱིས་བཟུང་བ། འདོ་ལི་ལ་གནས་ པའི་སློབ་དཔོན་ནམ་སློབ་མས་དྲིལ་བུའི་སྒྲ་དང༌། བཀྲ་ཤིས་ཀྱི་གླུ་དང༌། རོལ་མོའི་སྒྲ་དང་ གདུགས་དང་རྒྱལ་མཚན་དང༌། བ་དན་ལ་སོགས་པའི་མཆོད་པ་རྣམས་དང་ལྡན་པས་ཁྱེར་ ནས། ཆུ་ཀླུང་ཆེན་པོ་དང༌། མཚོ་ཆེན་པོ་དང༌། ཆུ་ཟབ་མོའི་འགྲམ་དུ་འདུག་ལ། བ་བྱུང་ གིས་བྱུགས་པའི་སའི་ཆར་དཀར་པོའི་དྲིས་མཎྜལ་བྱས་ཏེ། དེའི་དབུས་སུ་འདབ་མ་བརྒྱད་ པའི་པད་མ་བྲིས་ནས། ལྟེ་བར་རྡོ་རྗེ་སེམས་དཔའ་དང༌། འདབ་མ་བརྒྱད་ལ་ཀླུ་རྣམས་སྔ་མ་ བཞིན་དུ་མཆོད་ཅིང༌། ཀླུ་གཏོར་གྱི་སྔགས་ཀྱིས་འོ་ཐུག་གི་གཏོར་མ་ཕུལ་ནས་མཆོད་དེ། ཀླུ་ རྣམས་ལ་བྱིན་གྱིས་བརླབས་པའི་རྡུལ་ཚོན་གཏད་ནས་ཆུ་ལ་བསྐུར་བར་བྱའོ། །ཀླུ་རྣམས་ ཀྱིས་བཀུར་བསྟི་ཆེན་པོས་ས་འོག་གི་གཞི་ལ་ཁྱེར་བར་བསམ་པར་བྱའོ། །གང་དུ་རྡུལ་ཚོན་ ཁྱེར་བའི་བུམ་པ་དེ་དག་ཆུས་བཀང་ནས་དེ་ཁོ་ན་བཞིན་དུ་ཁྱེར་ཏེ། དེ་དག་གིས་ཞི་བའི་དོན་ 8-1-406 དུ་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་གཏོར་བར་བྱའོ།། །། ༈ ཕྱི་ནས་དེ་ཡིས་ཆེན་པོའི་བསམ་པ་ཡིས་ནི་མཐའ་དག་གཉེན་དང་བཅས་པའི་རིགས་ རྣམས་ཀྱིས། །སྤྲོ་བ་ཆེན་པོས་ཆོ་ག་བཞིན་དུ་གཞོན་ནུ་མའི་སྟོན་མོ་བདེ་བ་ཆེན་པོ་བྱ། །སྡུག་ བསྔལ་ཅན་ལའང་འབྱོར་པའི་རྗེས་སུ་མཐུན་པའི་སྦྱིན་པ་དྲི་མེད་མཁས་པས་སྦྱིན་པར་བྱ། ། དགེ་འདུན་རྣམས་ལ་ཡང་ནི་སྟོན་མོ་གོས་དང་བཅས་ཤིང་ཡོན་དང་བཅས་པ་གུས་པས་སོ། ། དེ་ལ་གཞི་ནི་གཞོན་ནུ་མ་མཆོད་པའི་ཆོ་ག་སྟེ། གཞོན་ནུ་མ་རྣམས་ལྷ་མོའི་གཟུགས། །ཡང་ དག་གནས་པ་ཆོ་གས་མཆོད། ། དཀྱིལ་འཁོར་ཡང་དག་བྱས་ནས་ནི། །ས་དེར་ནུས་པས་སྤྱད་པར་བྱ། །དཀྱིལ་འཁོར་ གང་དུ་ལྷ་མོ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གཞོན་ནུ་མ་རྣམས། ཉི་མ་སྔོན་མ་ལ་མཎྜལ་ལ་སོགས་ པ་སྔོན་དུ་འགྲོ་བས་སྙན་གསན་དབབ་པར་བྱ་ཞིང༌། དེ་ནས་གཅིག་གམ་གཉིས་སམ་གསུམ་ མམ་བཞི་ལ་སོགས་པ་སྦྱིན་བདག་གི་ནུས་པའི་དབང་གིས་མཆོད་པར་བྱའོ། །དེ་ཡང་རྡུལ་ ཚོན་དོར་བའི་རྗེས་སུ་དྲི་བཟང་ལ་སོགས་པས་ཁྲུས་བྱ་ཞིང༌། གོས་དམར་པོས་བརྒྱན་པར་ བྱས་ནས་གུས་པ་དང་བཅས་ཏེ་སྤྱན་དྲངས་པ་རྣམས་བཅོམ་ལྡན་འདས་མ་བཞིན་དུ་ཡོངས་ སུ་བརྟགས་ལ། ཞབས་བསིལ་དང་ཞལ་བསིལ་ལ་སོགས་པ་ཕུལ་ནས། དཀྱིལ་འཁོར་གྱི་ ཁང་པར་གཞུག་པར་བྱའོ། །ཤར་དུ་མངོན་པར་ཕྱོགས་པར་བྱས་ནས་ཀུ་ཤའི་ཆུན་པོ་རྣམས་ གདན་གྱི་འོག་ཏུ་བྱིན་ལ། དེའི་སྟེང་དུ་འདུག་པར་བྱའོ། ། དེའི་རྗེས་སུ་སློབ་དཔོན་གྱིས་ཇི་ལྟ་བར་དཀྱིལ་འཁོར་དུ་ས་བོན་དང་མཚན་མ་ཡོངས་ སུ་གྱུར་པ་ལས་སྐད་ཅིག་གིས་དཀྱིལ་འཁོར་གྱི་དབང་ཕྱུག་རྣམ་པར་བསྒོམས་ཏེ། ཡེ་ཤེས་ སེམས་དཔའ་དང་དབྱེར་མེད་པ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ནས། མགོ་བོར་སིན་དུ་ར་ དང༌། མགྲིན་པར་སྐུད་པའི་ཕྲེང་བ་དང༌། མིག་ལ་ཐུར་མས་མིག་སྨན་དང༌། མེ་ཏོག་དམར་ 8-1-407 པོའི་རྒྱན་རྣམས་ཀྱང་སྦྱིན་པར་བྱའོ། །དེ་ནས་བཞི་མཉམ་ལ་སོགས་པ་ཇི་ལྟར་རྙེད་པའམ་ དྲི་བཟངས་ཀྱིས། དཔྲལ་བ་དང་སྙིང་ཁ་དང་ལག་པ་དང་རྐང་པ་དག་ལ་བྱུག་པར་བྱའོ། ། གཏོར་མ་བྱིན་ཏེ་དེ་ནས་ནི། །སྔགས་པས་བཟའ་བ་དེ་དག་དབུལ། །བཟའ་དང་བཅའ་དང་ དེ་བཞིན་འགམ། །མྱང་དང་གཞིབ་དང་བལྡག་པ་དང༌། ། ཙ་རུ་སྒྲོན་མ་ཆང་བཅས་ཀུན། །ཡང་དག་སྦྱངས་ཏེ་དབུལ་བར་བྱ། །བསྟོད་དང་མཆོད་ པ་ཡང་དག་ལྡན། །སྔགས་ཀྱི་བཟླས་པར་རྟག་ཏུ་བརྩོན། །ཕྱག་རྒྱ་ཆེན་མོ་མངོན་འདོད་པའི། ། མཁས་པ་གཞོན་ ནུ་མ་རྣམས་མཆོད། །དེ་ལྟར་ཡང༌། ཆང་དང་ཤ་རྣམས་ཀྱིས་ཀྱང་རྡོ་རྗེའི་ལྷ་མོ་རྣམས། ། མྱུར་བར་རབ་ཏུ་འབད་པས་སོ་སོར་བྱེད་ན། །གུས་དང་ལྡན་པས་དེ་རྣམས་མཆོད་བྱེད་སྐྱེ་ བོ་ནི། །དཔལ་ལྡན་རྡོ་རྗེའི་ཐེག་པར་མངོན་དགར་གནས་དེ་ལ། །ཡང་དག་ཚིམ་པར་སེམས་ ལ་མཆོག་ནི་སྟེར་བར་འགྱུར། །དེ་ཡི་ལག་པར་མཆོག་རྣམས་ངེས་པར་གནས་པའོ། །ཞེས་ བཅོམ་ལྡན་འདས་ཀྱིས་དཔལ་སྡོམ་པ་འབྱུང་བ་ལས་གསུངས་སོ། །དགེ་དང་མི་དགེའི་ མཚན་མ་རྣམས། །རྒྱས་པར་དེར་ནི་ཤེས་བྱ་སྟེ། །ཡང་དག་བསྡུས་ཕྱིར་འདིར་མ་བརྗོད། ། བདག་ནི་མངས་པས་འཇིགས་ཕྱིར་རོ། །དེ་ནས་ཞལ་བསིལ་ཕུལ་ནས་ནི། །དྲི་བཟང་རྣམས་ ཀྱིས་ལག་པ་བྱུག །སོ་རྩི་རྣམས་དང་ཡོན་ཕུལ་ནས། །ལག་པར་མེ་ཏོག་རབ་ཏུ་དབུལ། །ཤིས་ པ་བརྗོད་པ་དེས་ཐོབ་ནས། །བསོད་ནམས་ཡོངས་སུ་བསྔོ་བར་བྱ། །ཐམས་ཅད་གཤེགས་ གསོལ་བྱས་ནས་ནི། །ཕྱག་བྱ་རང་ཁྱིམ་བྱོན་པར་གསོལ། ། ཞེས་པས་དཀྱིལ་འཁོར་དུ་གཞོན་ནུ་མའི་མཆོད་པ་བྱས་ནས། དེའི་རྗེས་སུ། བཟའ་ དང་བཅའ་དང་འགམ་པ་རྣམས་དང་སྣ་ཚོགས་རོ་མཆོག་རྣམས་དང་བཏུང་དང་གཞིབ་དང་ བལྡག་པ་དང༌། །མེ་ཏོག་སོ་རྩི་རྣམས་དང་དེ་ཡི་རྗེས་སུ་གོས་རྣམས་དང་ནི་ཡོན་རྣམས་རབ་ 8-1-408 ཏུ་དབུལ་བྱ་སྟེ། །འཁོར་ལོའི་ཁང་པར་འཁོར་ལོ་ལའོ་དེ་རྗེས་འབྱོར་པས་གཟོ་བོ་འདུས་ པ་རྣམས་ཀྱང་ཚིམ་པར་བྱ། །ཕྱི་ནས་རབ་གནས་བྱས་པའི་ལྷ་དང་དེ་རྗེས་ལྗོངས་ཀྱི་སྐྱེ་བོ་ མཆོད་པར་བྱ་ཞིང་ཚིམ་པར་བྱ། །ཁང་པ་རྣམས་དང་སྒོ་དང་སྟེགས་བུ་ལྷག་པར་གནས་པའི་ ཆོ་ག་དང་ནི་ཐབ་ཁུང་ཁྲི་རྣམས་ལས། །གང་གང་དངོས་པོ་རབ་ཕུལ་དེ་དང་དེ་རྣམས་མཐའ་ དག་འདིར་ནི་སློབ་དཔོན་རྒྱལ་པོ་ཉིད་ཀྱི་སྟེ། །འདི་རྣམས་སློབ་དཔོན་ལས་ནི་གཞན་གྱིས་མ་ ཡིན་དེ་བཞིན་གཟོ་བོ་རྣམས་ལའང་ཅུང་ཟད་ཉིད་མི་འགྱུར། །དེ་རྣམས་ཐམས་ཅད་སྦྱིན་པ་ དང་ནི་བསོད་ནམས་ལ་ཡང་བླ་མའི་རང་ཉིད་འདོད་པས་སྦྱར་བར་བྱ། །སྦྱིན་བདག་རྣམས་ ཀྱིས་རབ་ཏུ་གནས་པ་བྱས་པའི་སྐུ་གཟུགས་ལ་སོགས་བསྐྱོད་དུ་རུང་བ་རྣམས། །རོལ་མོ་ ལ་སོགས་པའི་མཆོད་པས་རང་གི་གནས་སུ་ཁྱེར་ལ་མཆོད་པ་བྱའོ། །མན་ངག་རྣམས་ཀྱིས་ ཡོངས་སུ་སྦྱངས་པའི་དགེ་བ་མཆོད་སྦྱིན་རྣམས་ཀྱི་འབྲས་བུར་འགྱུར་བ་ནི། །གཉི་གས་ སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་ཅིང་ཕན་པར་བྱེད་པའི་སྦྱིན་པས་སྦྱིན་བདག་བདེ། །སློབ་ དཔོན་གྱིས་ཀྱང་སེམས་ཅན་ཀུན་ལ་བདེ་བ་སྦྱིན་པ་ཐོབ་ཅིང་རབ་གནས་བདག་ཉིད་ཀྱི། ། རྒྱལ་པོ་གནས་ཀྱི་བདག་པོ་རྣམས་དང་སྐྱེ་བོ་རྣམས་ལ་ངེས་པར་ཀུན་ཏུ་དགེ་བ་སྐྱེ། །ཞེས་པ་ དཀྱིལ་འཁོར་ཉེ་བར་བསྡུ་བའི་ཆོ་གའོ།། ༤༡ །། ༈ དེ་ལྟར་འདི་ནི་བྲིས་པའི་དཀྱིལ་འཁོར་གྱི་ཆོ་ག་སྟེ། ཡིད་ཀྱིས་རྗེས་སུ་བསྒྲུབ་པའི་ཆོ་ ག་ཉིད་ འབྲས་བུ་དང་ལྡན་ནོ། །ཞེས་པས་ཡིད་ཀྱི་ཆོ་ག་ཁོ་ན་མཆོག་ཡིན་ནོ། །དེའི་ཕྱིར་དཀྱིལ་ འཁོར་གྱི་མངའ་བདག་གི་གཟུགས་ཀྱིས་ས་ཡོངས་སུ་བཟུང་བ་ལ་སོགས་པ་དང༌། སྐུ་ གཟུགས་ལ་སོགས་པའི་རབ་གནས་དང༌། སློབ་མ་ལ་མངོན་པར་དབང་བསྐུར་བ་དང༌། གཤེགས་སུ་གསོལ་བ་དང༌། ཞི་བའི་སྦྱིན་བསྲེག་གི་མཐར་ཐུག་པ་ཐམས་ཅད་ཡིད་ཀྱིས་ 8-1-409 བྱའོ། །དེ་ཉིད་ཀྱི་ཕྱིར་འདི་ལྟར་གང་གི་ཚེ་འདི་དག་ཐམས་ཅད་ཡོ་བྱད་འགའ་ཞིག་དང་བྲལ་ བས་བྱ་བར་མི་ནུས་པའམ། མི་རིག་པའམ། མ་རྙེད་པ་དེའི་ཚེ་བསམ་པས་ཐམས་ཅད་བྱའོ། ། ཕྱི་རོལ་གྱི་དངོས་པོ་ཡོད་པ་ལ་ཡང་བསམ་གཏན་ཁོ་ན་གཙོ་བོ་ཡིན་ནོ། །འཇིག་རྟེན་པས་ མཐོང་བ་ན་སྦྱིན་པ་ལ་མངོན་པར་དད་པ་ལ་སོགས་པས་བསོད་ནམས་འཕེལ་བར་བྱ་བའི་ ཆེད་འབའ་ཞིག་ཏུ་ཕྱིའི་ཆོ་ག་འདོད་དོ། །ཡོ་བྱད་དང་བྲལ་བས་ནི་བསམ་པ་ཁོ་ནས་ཆོ་ག་ ཐམས་ཅད་བསྒྲུབ་པར་བྱའོ། །དེའང༌། དངོས་པོ་ཐམས་ཅད་མེད་གྱུར་ན། ། བསམས་པ་ཉིད་ཀྱིས་ཡོངས་སུ་བརྟག །ཅེས་གསུངས་སོ། །དེའི་ཕྱིར་ལས་དང་པོ་པས་ ཀྱང་སེམས་བརྟན་པོས་ཡིད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་རབ་ཏུ་གནས་པ་ལ་སོགས་པ་བྱ་ ཞིང༌། སྐལ་བ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱང་མངོན་པར་དབང་བསྐུར་བར་བྱའོ། །དེ་ལྟར་ ཡང་དཔལ་ལྡན་སངས་རྒྱས་ཐོད་པའི་རྒྱུད་དུ། ཤེས་རབ་པད་མའི་ནང་དུ་ནི། །དཔག་ཚད་བྱེ་ བའི་དཀྱིལ་འཁོར་ལ། །རིམ་གསུམ་དཀྱིལ་འཁོར་དེ་དབུས་སུ། །མཁས་པས་སློབ་མ་དབང་ བསྐུར་བྱ། །ཞེས་གསུང་ཞིང༌། གཞན་དུ་ཡང༌། ཡིད་ཀྱིས་འགའ་ཞིག་ཉིད་དུ་ནི། །རྒྱལ་བས་ དཀྱིལ་འཁོར་བྱ་བར་བཞེད། །ཅེས་གསུངས་ཏེ། ཡིད་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ།། ༤༢ །། ༈ འདིར་བརྗོད་པའི་ཆོ་ག་རྣམས་དང༌། བྱ་བ་གཞན་རྣམས་ལ་ཡང་དང་པོ་དང་མཐར་ བགེགས་ ཐམས་ཅད་ཉེ་བར་ཞི་བའི་ཆེད་དུ་གཏོར་མ་སྦྱིན་པར་བྱའོ། །དེ་ལ་འདི་ནི་ཆོ་ག་སྟེ། རེ་ ཤིག་དང་པོར་སློན་དཔོན་ཇི་ལྟར་རྙེད་པའི་ཅོད་པན་ལ་སོགས་པས་རྣམ་པར་བརྒྱན་པ་ དཔལ་རྡོ་རྗེ་སེམས་དཔའི་གཟུགས་ཀྱི་མདུན་དུ། ཤ་ཀ་ཊ་དང༌། པི་ཀ་ཊ་ལ་སོགས་པའི་ སྣོད་ཆེན་པོ་རྣམས་སུ། ཟན་དང་འཁུར་བ་དང་འབྲས་འཁུར་དང་ལ་དུ་དང༌། ཛཾ་བུ་ཊི་ལ་ སོགས་པ་དང༌། ཉ་དང་ཤ་དང་ཙོང་དང་སྒོག་སྐྱ་དང་ཆང་དང་ཆུ་དང་འོ་མ་ལ་སོགས་པ་དང༌། 8-1-410 མེ་ཏོག་ལ་སོགས་པ་དང་ལྡན་ལ། བླ་རེ་ལ་སོགས་པས་བརྒྱན་པ། རོལ་མོ་ལ་སོགས་པས་ མདུན་དུ་བརྡར་བའམ། ཟན་དང་ཆུ་ལ་སོགས་པ་ཙམ་ཡང་རུང་ཇི་ལྟར་རྙེད་པ་ཡང་དག་པར་ བཀོད་ནས། བཟའ་བ་དང་བཅའ་བ་དང་བལྡག་པ་དང་བཏུང་བ་ལ་སོགས་པ་རྣམས། སྔར་ ཚོགས་ཀྱི་འཁོར་ལོར་བཤད་པའི་བདུད་རྩི་སྒྲུབ་པའི་ཆོ་གས་བདུད་རྩིར་བསྐྱེད་པར་བྱའོ། ། དེ་ནས་བསྡུས་པའི་རིམ་པའི་ཆོ་གའམ། ཡན་ལག་བཞི་པའི་ཆོ་གའམ། ས་བོན་ལ་སོགས་ པ་ལས་སམ། སྐད་ཅིག་གིས་ཀྱང་རུང༌། རྡོ་རྗེ་སེམས་དཔའི་གཟུགས་ཀྱི་མདུན་དུ། དྲི་བཟང་ ལ་སོགས་པས་མཎྜལ་བྱས་པར། རང་གི་འཁོར་ལོའི་དབང་ཕྱུག་ལ་སོགས་པའི་དེ་བཞིན་ གཤེགས་པ་ལ་སོགས་ཐམས་ཅད་ཡང་དག་པར་མཆོད་ནས། མི་བསྐྱོད་རྗེ་ལ་སོགས་པའི་ ཚིགས་སུ་བཅད་པ་དྲིལ་བུ་འཁྲོལ་བ་སྔོན་དུ་འགྲོ་བས་བསྟོད་དེ། རང་གི་སྙིང་ཁའི་ས་བོན་ གྱི་འོད་ཟེར་གྱིས། ཁྲོ་བོ་དང་བཅས་པའི་སྲུང་བའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བ་ལ་གནས་ པའི་གཞལ་ཡས་ཁང་གི་ནང་ན་བཞུགས་པའི་དཀྱིལ་འཁོར་དང༌། དབང་པོ་ལ་སོགས་པ་ འཁོར་དང་བཅས་པ་དང༌། ཀླུ་རྣམས་དང༌། སེམས་ཅན་ཐམས་ཅད་ཀྱང་བཀུག་ནས། དབང་ པོ་ལ་སོགས་པ་སྐ་ཅིག་གིས་འོད་གསལ་བར་རབ་ཏུ་ཞུགས་པའི་རྗེས་ལ། འདུས་པའི་ལྷ་ ཤེས་རབ་དང་བཅས་པའི་ངོ་བོར་རྣམ་པར་བསམས་ཏེ། མདུན་དུ་ཞབས་བསིལ་ལ་སོགས་ པ་སྔོན་དུ་འགྲོ་བས། དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་བསོར་ཏེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་ པའི་བྱང་ཆུབ་ཀྱི་སེམས་སུ་ལྷག་པར་མོས་པ་དང༌། འཁོར་གསུམ་ཡོངས་སུ་དག་པས་གཏོར་ མ་རྣམས། ༀ་ཨཱཿ ཆེ་གེ་མོ་བཛྲ་ཞེས་རང་གི་འཁོར་ལོའི་དབང་པོ་ལ་སོགས་པ་ནས་གནོད་ མཛེས་ཀྱི་བར་གྱི་ལྷ་རྣམས་རེ་རེ་ཞིང་མིང་ནས་སྤྲོས་ཤིང་དེ་དག་གི་ས་བོན་ཡང་བརྗོད་དེ། སརྦ་དུཥྚ་ས་མ་ཡ་མུ་ཏྲ་པྲ་བྷཉྫ་ཀ མ་མ་ཤཱན་ཏི་རཀྵཉྩ་ཀུ་རུ་སྭཱ་ཧཱ་ཧཱུཾ། ༀ་སརྦ་ཏྲྱ་དྷྭ་ཛ་ད་ཤ་དིཀ་ ལོ་ཀ་དྷཱ་ཏུ་ཨ་ནན་ཏ། ག་ག་ན་ས་མུ་ཏྲ་མེ་གྷ་བྷཱུ་ཧ་པྲ་ས་ར། པ་ར་མ་ཨ་ནུ་ར་ཛོ་མཎ་ཌ་ལ་ས་ 8-1-411 པ་རཾ་པ་ར། ཨན་ཏར་ག་ཏ་ས་མཱ་པ་ཏྱ། ཨ་བ་སྠི་ཏཱ། དྷརྨཱ་དྷཱ་ཏུ་ས་མ་བ་རཎཱ། ཨཱ་ཀཱ་ཤ་དྷཱ་ཏུ་ པཪྻཱ་བ་པཱ་ནཱཾ། སརྦ་ཏྲྱ་དྷྭ་ཛ། ད་ཤ་དིཀ་ལོ་ཀ་དྷཱ་ཏུ་ཨ་ནན་ཏ། མེ་གྷ་བྱཱུ་ཧ་པྲ་ས་ར། ག་ག་ན་ ས་མ་སརྦ་ལོ་ཀ་པཱ་ལཱཿ སརྦ་ས་ཏྭཱཥྩ། ཏདྱ་ཐཱ། བཛྲ་ཨ་ཡུ་དྷ་མཱ་ཡཱ་བཛྲ། བཛྲ་ཨ་ན་ལ། བཛྲ་ ཀཱ་ལ། བཛྲ་མུ་ཥ་ལ་ནཱ་ག་བཛྲ། བཛྲ་ཨ་ནི་ལ། བཛྲ་བྷཻ་ར་བ། བཛྲ་ཤཽཎ་ཊ། བཛྲ་ཀྲོ་དྷ། བཛྲ་ ཀུཎ་ཌ་ལི། བཛྲ་པྲ་བྷ་མོ་ན། བཛྲ་བེ་མ་ཙི་ཏྲི། པྲི་ཐི་བཱི་དེ་བ་ཏཱ། སཱ་པ་རི་ཝཱ་རཱཿ ཨི་མཾ་པུཥྤ་དྷཱུ་ པ་དཱི་པ་གན་དྷ་ནཻ་ཝེ་དྱ། ཨཱ་དི་སཾ་ཡུ་ཏ། བ་ལི་ཨུ་པ་ཧཱ་རཾ། པྲ་ཏཱིཙྪ་ཨུ་པ་བྷུ་ཛྱ། མ་མ་ཧི་ར་ཎྱ། སུ་བར་ཎམ། དྷ་ན། དྷཱ་ནྱ། ཨཱ་ཡུ། ཡཽ་བ་ན། ཨ་རོ་གྱ། སད་སུ་ཁ་པྲ་ཧཱ་ར་ཀཱན། སརྦ་བིགྷ་ ན། བི་ནཱ་ཡ་ཀཱན། སརྦ་དུཥྚ་པྲ་དུཥྚཱན། མ་ནུ་ཥྱ། ཨ་མ་ནུ་ཥྱཱན། ཛམ་བྷ་ཡ་ཏ། སྟམ་བྷ་ཡ་ཏ། བན་དྷ་ཡ་ཏ། བི་དྷྭཾ་ས་ཡ་ཏ། མ་མི་ཧི་ར་ཎྱ། སུ་བར་ཎ། དྷ་ན། དྷ་ནྱ། ཨཱ་ཡུ། ཡཽ་བ་ན། ཨ་རོ་ གྱེ། སད་མུ་ཁཱ་ནི་མ་ཧཱ་སུ་ཁ་པྲ་བྲིད་དྷ་ཡེ། ཡཱ་བད། ཨཱ་བོ་དྷ་མཎ་ཌ་པར་ཡན་ཏཾ། ཌྜྷཽ་ཀ་ཡེ་ཏ། སད་ས་ཧཱ་ཡ་ཏཾ། ཤཱན་ཏིཾ། རཀྵཉྩ་ཀུ་རུ་ཏ་ཧཱུཾ་ཞེས་པ་སྔགས་རྣམས་དང༌། ཀླུ་གཏོར་གྱི་སྔགས་ ཀྱིས་ཀྱང་དབུལ་བར་བྱའོ། །དེ་རྣམས་ཀྱང་རང་གི་དཀྱིལ་འཁོར་གྱི་བདག་པོ་ནས་བརྩམས་ ཏེ་གནོད་མཛེས་ཀྱི་མཐར་ཐུག་པ་རྣམས་དང༌། དེ་ནས་དབང་པོ་ལ་སོགས་འཁོར་དང་བཅས་པ་རྣམས་དང༌། དེའི་རྗེས་སུ་ཀླུ་རྣམས་ དང༌། དེ་ནས་སེམས་ཅན་ཐམས་ཅད་ཀྱི་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་དེ་ རྣམས་ཀྱི་འོད་ཟེར་གྱི་སྦུ་གུས་སམ། ཡིད་ཀྱིས་བདུད་རྩི་བཀུག་པ་རྣམས་ཉེ་བར་གསོལ་ བས། བདེ་བ་ཆེན་པོའི་རང་བཞིན་སྟོང་པ་ཉིད་དང་རོ་གཅིག་པར་ཇི་སྲིད་འདོད་ཀྱི་བར་དུ་ བསམ་པར་བྱའོ། །ཞལ་བསིལ་དང་དྲི་བཟང་པོ་ཅན་གྱི་ཙན་དན་དང༌། སོ་རྩི་ལ་སོགས་པ་ རྣམས་ཕུལ་ནས་ཡང་དག་པར་མཆོད་དེ། བྱ་བ་སྒྲུབ་པ་ལྷུར་བྱེད་པ་རྣམས་ལ་བཟོད་པར་ གསོལ་ཞིང༌། སྔར་བཤད་པའི་ཡི་གེ་བརྒྱ་པའི་སྔགས་བཟླས་ལ། ༀ་ཡོ་ག་ཤུད་དྷཱཿ སརྦ་ 8-1-412 དྷརྨཱཿ ཡོ་ག་ཤུད་དྷོ་ཧཾ་ཞེས་བརྗོད་ནས། པད་སྐོར་དང་འཁྱུད་པའི་ཕྱག་རྒྱ་བྱས་ཏེ་རང་གི་ ལྷའི་འཁོར་ལོ་བདག་ཉིད་ལ་རབ་ཏུ་གཞུག་གོ །སྲུང་བའི་འཁོར་ལོ་ལ་གནས་པའི་ཁྲོ་བོ་ བཅུ་དང༌། དབང་པོ་ལ་སོགས་པ་སྲུང་ཞིང་མངོན་པར་འདོད་པ་སྒྲུབ་པ་ལ་མཁས་པ་རྣམས་ དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་གྱི་ཕྱོགས་བཅུར་རྣམ་པར་དགོད་པར་བྱ་སྟེ། དཀྱིལ་ འཁོར་གྱི་ལས་རྩོམ་པ་ནས་བཟུང་སྟེ་ཇི་སྲིད་མཐར་ཐུག་པའི་བར་དུའོ། །རྡུལ་ཚོན་གྱི་དཀྱིལ་ འཁོར་གཤེགས་སུ་གསོལ་བའི་རྗེས་སུ་ནི་གཏོར་མ་སྦྱིན་པ་ལ་སོགས་པ་བྱས་ནས་ཁྲོ་བོ་ རྣམས་བདག་ཉིད་ལ་རབ་ཏུ་གཞུག་ཅིང༌། སེ་གོལ་གསུམ་བྱས་ནས་དབང་པོ་ལ་སོགས་པ་ རྣམས་གནས་ཇི་ལྟ་བར་གཤེགས་སུ་གསོལ་ལོ། །གཞན་དུ་ཡང་ཉི་མ་སོ་སོ་དང་ཐུན་སོ་སོ་ ལ་གཏོར་མ་འབུལ་བ་ནི། དེ་ལྟ་ཉིད་དོ། །འདི་ནི་གཤེགས་སུ་གསོལ་བའི་སྔགས་ཏེ། ཁྱེད་ ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གནང༌། །སངས་རྒྱས་ ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་བྱོན་པར་མཛད་དུ་གསོལ། །མུཿ ཞེས་པ་དང༌། ༀ་ ཨཱཿ་ཧཱུཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུད་པན་ན་ཏྭཱཏ་ཧཱུཾ་མུཿ ཞེས་པའམ། ༀ་ཨཱཿ་ཧཱུཾ་བཛྲ་མུཿ ཞེས་བརྗོད་པས་གཤེགས་སུ་གསོལ་ལོ། །འདིར་ ཞི་བ་ལ་སོགས་པའི་བྱ་བ་གཙོ་ཆེ་བའི་དབྱེ་བས་དུས་དང་ཕྱོགས་དང་ཁ་དོག་གི་དབྱེ་ བ་རྟོགས་པར་བྱའོ། །དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཤར་ལ་སོགས་པའི་ཕྱོགས་རྣམས་ སུ། ཁྲོ་བོ་བཅུའི་གོང་བུ་རྣམས་དང་ཉེ་བར་གཏོར་མ་ཟན་ལ་སོགས་པས་སྐོན་པ་ལ་སོགས་ པ་བཀང་བའམ། ཁཾ་ཕོར་རྣམས་སམ་སྙིམ་པས་དབུལ་བར་བྱའོ། །སའི་གོང་བུ་རྣམས་ལས་ ཕྱི་རོལ་ཏུ་སའི་གོང་བུ་བཅོ་ལྔ་དང༌། དེ་དག་མེད་ན་མཎྜལ་རྣམས་ཀྱི་སྟེང་དུ། དབང་པོ་ལ་ སོགས་པ་བཅོ་ལྔ་པོ་རྣམས་ལ་སྦྱིན་པར་བྱའོ། །དབང་པོའི་གཡས་ཕྱོགས་སུ་སྒྱུ་མ་རྡོ་རྗེ་ སྟེ་ཁྱབ་འཇུག་དང༌། རྡོ་རྗེ་འཇིགས་བྱེད་ནི་ལུས་ངན་དེ་དེའི་གཡས་ཕྱོགས་སུ་ལོག་འདྲེན་ 8-1-413 དང༌། རྡོ་རྗེ་ཁྲོ་བོ་ནི་དབང་ལྡན་ཏེ། དབང་ལྡན་དང་ཉེ་བའི་དབང་ལྡན་དག་གི་དབུས་སུ་ཉི་ མ་དང་ཟླ་བ་དང་ཚངས་པ་རྣམས་དང༌། ཆུ་ལྷ་དང་བདེན་བྲལ་གྱི་བར་དུ་ཐག་བཟངས་རིས་ དང་སའི་ལྷ་མོ་དག་ལའོ། །དེ་ལྟར་དབང་པོ་ལ་སོགས་པའི་བ་དན་བཅོ་ལྔ་ནི་རང་རང་གི་ཁ་ དོག་ཅན་ཏེ་རང་རང་གི་ཕྱོགས་སུའོ། །དབང་པོ་ལ་སོགས་པའི་གོང་བུ་ལས་ཕྱི་རོལ་ཏུ། སའི་ གོང་བུ་བརྒྱད་དམ། བ་བྱུང་གིས་མཎྜལ་བྱས་པ་རྣམས་སུ་ཀླུ་རྣམས་ལ་ཁཾ་ཕོར་དུ་འོ་ཐུག་ལ་ སོགས་པ་སྦྱིན་པར་བྱའོ། །ཕྱི་རོལ་དུ་ཡང་གཏོར་མའི་ཟན་ལ་སོགས་པ་ལ། མར་དང་སྦྲང་རྩི་ དང་ཆུ་དང་ཆང་དང་འོ་མ་སྟེ་རྒྱུན་རྣམ་པ་ལྔས་གཡས་བསྐོར་དུ་གཏོར་བར་བྱའོ། །གཞན་ གྱི་དོན་དུ་གཏོར་མ་སྦྱིན་པ་ན་ཡང་སྔགས་ལ་ཇི་ལྟར་ཡོད་པའི་བདག་ལའམ་བདག་གི་ ཞེས་པ་ནི་ཇི་ལྟར་གནས་པ་བཞིན་དུ་གླག་པར་བྱ་སྟེ། དེ་ཡང་བདག་ཉིད་དུ་ལྷག་པར་མོས་ པར་བྱའོ། །འདི་ལ་ཕན་བཏགས་པ་ན་བདག་ཉིད་ལ་ཕན་བཏགས་པར་འགྱུར་རོ་ཞེས་པའི་ བསམ་པས་དེའི་བྱ་བ་འགྲུབ་པར་འགྱུར་ཏེ། བར་དག་ཏུ་ཡང་དེའི་དོན་རྣམ་པར་ཤེས་པར་ བྱའོ། །ཞེས་པ་འདུས་པའི་འབྱུང་པོ་ཐམས་ཅད་སའི་གཏོར་མའི་ཆོ་གའོ།། །། དྷརྨཱ་དྷཱ་ཏུ་ས་མ་བ་ས་ར་ཎཱའ་ཞེས་པ་ནི་སྟོང་པ་ཉིད་དང་རོ་གཅིག་པ་དང་སྟོང་པ་ཉིད་ ཀྱི་མཐར་ཐུག་པ་ཞེས་པའི་དོན་ཏོ། །གཏོར་མའི་ཆོ་ག་ལ་ཁྲོ་བོ་བཅུ་པོ་རྣམས་ཀྱི་གཏོར་མ་ རྣམས་སོ་སོའི་སྔགས་རྒྱུད་དུ་གསུངས་པ་རྣམས་ཀྱི་འབུལ་བ་ནི་ཤིན་ཏུ་ཁྱད་པར་དུ་བསྔགས་ པར་འགྱུར་ཏེ། སྔགས་ དེ་རྣམས་ཀྱང་མངས་པས་འཇིགས་ནས་འདིར་མ་བརྗོད་དོ། །གང་ཡང་དཔལ་འཁོར་ ལོ་སྡོམ་པའི་རྣལ་འབྱོར་དང་ལྡན་པས། དྲི་བཟང་ལ་སོགས་པའི་མཎྜལ་བྱས་པར། རང་གི་ འཁོར་ལོ་ཡང་དག་པར་མཆོད་ཅིང་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དེ། རང་གི་སྙིང་ ཁར་གནས་པའི་ཧ྄ཱུཾ་ཡིག་གི་འོད་ཟེར་རྣམས་ཀྱིས། ཁྲོ་བོ་དང་བཅས་པའི་བསྲུང་བའི་འཁོར་ 8-1-414 ལོ་རྩིབས་བཅུ་པའི་ལྟེ་བར་ཆུད་པའི་གཞལ་ཡས་ཁང་གི་ནང་ན་གནས་པའི་དཀྱིལ་འཁོར་ དང༌། སྲུང་བའི་འཁོར་ལོའི་ཕྱི་རོལ་གྱི་ཕྱོགས་རྣམས་སུ་དབང་པོ་ལ་སོགས་པ་འཁོར་དང་ བཅས་པ་དང༌། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱང་ནང་དུ་བཀུག་ནས། དཔྲལ་བའི་ སྟེང་དུ་འབར་བའི་ཕྱག་རྒྱ་བཅིངས་ཏེ་འགྱིང་བ་དང་བཅས་པས། ཕེམ་ཞེས་པ་ལན་གསུམ་ བརྗོད་ཅིང༌། མདུན་དུ་དཀྱིལ་འཁོར་སྤྱན་དྲང་ངོ༌། །ༀ་ཀཀ་ཀ་ཀ་ཌྡྷ་ན། བན་དྷ་བན་དྷ་ན། ཁཀ་ཁ་ཁཱ་ད་ན། སརྦ་དུཥྚཱ་ནཱཾ། ཧ་ན་ཧ་ན། གྷག་གྷ་གྷཱ་ཏ་ཡ། ཆེ་གེ་མོའི་ཤཱན་ཏིཾ་ཀུ་རུ་ཧཱུཾ་ཧཱུཾ་ ཕཊ་ཕཊ་ཛཿསྭཱ་ཧཱ་ཞེས་པ་འདིས་དབང་པོ་ལ་སོགས་པ་བཀུག་ནས། སྐད་ཅིག་གིས་སྟོང་པ་ ཉིད་ལ་རབ་ཏུ་ཞུགས་པའི་རྗེས་ལ་རིག་མ་དང་བཅས་པ་བདེ་མཆོག་གི་ལྷའི་སྐུར་རྣམ་པར་ བསྒོམས་ཏེ། ཞབས་བསིལ་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་ཞིང་སྔ་མ་བཞིན་དུ་འཁོར་ གསུམ་ཡོངས་སུ་དག་པས། ལག་པ་གཡོན་པའི་མཐིལ་དུ་ཟླ་བ་ལ་གནས་པའི་ཧཱུཾ་ལས་སྐྱེས་ པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་བདུད་རྩིའི་སྣོད་བཀོད་པའམ་བསྒོམས་པ་ལ། ལག་པ་གཡས་ པ་རྡོ་རྗེ་ཁུ་ཚུར་བྱས་པའི་སྡིགས་མཛུབ་བརྐྱང་བས་དེ་སྟོན་ཅིང༌། བཅོམ་ལྡན་འདས་དང༌། དེའི་ཤེས་རབ་མ་དང་མཁའ་འགྲོ་མ་ལ་སོགས་པ་དང༌། ཁྭ་གདོང་མ་ལ་སོགས་པ་རྣམས་ ལ། ཇི་ལྟར་རིགས་པར་ཕྱོགས་སུ་གཡོན་བསྐོར་དང༌། མེའི་ཟུར་ནས་བརྩམས་ནས་ཕྱོགས་ བྲལ་རྣམས་སུ་གཡས་བསྐོར་གྱིས་བསྐོར་ཏེ། ༀ་བཛྲ་ཌཱ་ཀ་ཨི་མཾ་བ་ལིཾ་གྲྀཧྣ་གྲྀཧྣ་ཧཱུཾ་ ཕཊ། ༀ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ་ཏྲྀ་ཤྱ་ཧོཿ ཞེས་པའི་སྔགས་ལན་ཅིག་དང་གཉིས་དང་ གསུམ་དང་བཞི་དང་ལྔ་བརྗོད་པས་ཕུལ་ནས། འཁོར་ལོ་གསུམ་གྱི་ལྷ་རྣམས་ལ། ༀ་ཀ་ར་ ཀ་ར། ཀུ་རུ་ཀུ་རུ། བན་དྷ་བན་དྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿ ཕེཾ་ ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་ར་ཨན་ཏྲ་མཱ་ལཱ་བ་ལམ་བི་ནེ། གྲྀཧྣ་གྲྀཧྣ་སཔ་ཏ་པཱ་ཏ་ལ་ག་ཏ་བྷུ་ཛ་གཱ་སར་པཾ་བཱ་ཏར་ཛ་ཡ་ཏར་ཛ་ཡ། ཨཱ་ཀཊ་ཨཱ་ 8-1-415 ཀཊ། ཧྲཱིཾ་ཧྲཱིཾ། ཛྙཽཾཎ་ཛྙཽཾཎ། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་ དྷི་ལི། ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ལན་ཅིག་བརྗོད་པས་དབུལ་བར་བྱའོ། །དེའི་རྗེས་ སུ་སྲུང་བའི་འཁོར་ལོའི་རྩིབས་ལ་གནས་པོའི་ཁྲོ་བོ་བཅུ་པོ་རྣམས་ལ། ༀ་ཁ་བཛྲ་དྷྲི ཀ བཛྲ་ ཧཱུཾ་ཀཱ་ར། བཛྲ་ཧཱུཾ་ཕཊ། ༀ་བཛྲ་དཎ་ཌ། བཛྲ་ཧཱུཾ་ཕཊ། ༀ་བཛྲ་ཨ་ན་ལཱརྐ་བཛྲ་ཧཱུཾ་ཕཊ། ༀ་བཛྲ་ ཀུཎ་ཊི་བཛྲ་ཧཱུཾ་ཕཊ། ༀ་བཛྲ་ཡཀྵ་བཛྲ་ཧཱུཾ་ཕཊ། ༀ་བཛྲ་ཀཱ་ལ་བཛྲ་ཧཱུཾ་ཕཊ། ༀ་བཛྲ་མ་ཧཱ་བ་ལཱ་ བཛྲ་ཧཱུཾ་ཕཊ། ༀ་བཛྲ་བྷཱི་ཥ་ཎ་བཛྲ་ཧཱུཾ་ཕཊ། ༀ་བཛྲ་ཨུཥྞཱི་ཙཀྲ་བར་ཏི་བཛྲ་ཧཱུཾ་ཕཊ། ༀ་བཛྲ་པཱ་ ཏཱ་ལ་བཛྲ་ཧཱུཾ་ཕཊ། ཞེས་པའི་སྔགས་བཅུའི་ཕཊ་ཅེས་པའི་སྔོན་དུ། ཨི་མཾ་བ་ལིཾ་གྲི ཧྣ་གྲི ཧྣ། ཆེ་ གེ་མོའི་ཤཱན་ཏིཾ་ཀུ་རུ་རཀྵ་ཀུ་རུ། ཞེས་པ་བཅུག་ལ་ལན་རེ་བརྗོད་པ་རྣམས་ཀྱིས་གཡོན་དང་ གཡས་སུ་བསྐོར་བ་དག་དང་སྟེང་དང་འོག་ཏུ་དབུལ་བར་བྱའོ། །དེའི་ཕྱི་རོལ་ཏུ་དབང་པོ་ལ་ སོགས་པ་རྣམས་ལ། ༀ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་དེ་ཝ་ན་ག ཡཀྵ། རཀྵ། ས། བྷཱུ་ཏ། པྲེ་ཏ། པི་ཤ་ཙི། ཨུན་མཱ་ད། ཨ་པ་སྨཱ་ར། ཌཱ་ཀ་ ཌཱ་ཀི་ནཱི། ཨཱ་དཱ་ཡ། ཨི་མཾ་བ་ལིཾ་གྲྀཧྣ་ཏུ། ས་མ་ཡ་རཀྵན་ཏུ། སརྦ་སིད་དྷིཾ་མེ་པྲ་ཡཙྪནྟུ། ཡ་ ཐཻ་བཾ། ཡ་ཐིཥྚཾ། བྷུཉྫ་ཐ། པི་བ་ཐ། ཛི་གྷ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦཱ་ཀ་ར་ཏཱ་ཡཱ་སད་སུ་ཁ་བི་ ཤིད་དྷ་ཡེ། ས་ཧཱ་ཡི་ཀཱ་བྷ་བན་ཏུ། ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པ་འདི་ལན་བཞི་བརྗོད་པས་བསྐོར་ ཕྱོགས་གཉིས་དང་སྟེང་དང་འོག་ཏུ་དབུལ་བར་བྱའོ། །འདིར་ཡང་དེ་རྣམས་དང་དཀྱིལ་ འཁོར་གྱི་བདག་པོ་ནས་བརྩམས་ཏེ་གནོད་མཛེས་ཀྱི་མཐར་ཐུག་པ་ཞེས་པ་ལ་སོགས་པ་ དང་སྔགས་རྣམས་ཀྱང་ཤེས་པར་བྱའོ། །ཡི་གེ་བརྒྱ་པ་ནི་འདིར་གཞན་ཡིན་ཏེ། ༀ་བཛྲ་ཧེ་རུ་ ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་དྲི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀ་ཏོ་ མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིད་དྷིཾ་མེ་པྲ་ཡཙྪ། སརྦ་ཀར་མ་སུ་ཙ་མེ་ཙིཏ་ཏཾ་ཤྲེ་ཡཿ ཀུ་རུ་ ཧཱུཾ ཧ་ཧ་ཧ་ཧ་ཧོཿ བྷ་ག་བན་བཛྲ་ཧེ་རུ་ཀ མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུཾ་ 8-1-416 ཕཊ་སྭཱ་ཧཱ་ཞེས་པའོ། །འདིར་བཤད་པའི་ཁྲོ་བོ་བཅུ་མངོན་པར་བརྗོད་པ་བླ་མར་གསུངས་པ་ རྣམས་ཀྱི་སྐུ་མདོག་དང་ཕྱག་ལ་སོགས་པ་ནི་ཡང་དག་པར་བསྡུས་ པ་སྟེ་སྔར་བརྗོད་པའི་དཔལ་བདེ་མཆོག་གི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །བདེ་ མཆོག་གི་འབྱུང་པོ་ཐམས་ཅད་པའི་གཏོར་མའོ།། །། ༈ ཡང་ན་དཔལ་ཀྱེའི་རྡོ་རྗེའི་གཟུགས་ཀྱིས། སྙིང་ཁར་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་ གྱིས། ཁྲོ་བོ་དང་བཅས་པའི་སྲུང་བའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བར་ཆུད་པའི་གཞལ་ ཡས་ཁང་ན་བཞུགས་པའི་དཀྱིལ་འཁོར་དང༌། སྲུང་བའི་འཁོར་ལོའི་ཕྱི་རོལ་གྱི་ཕྱོགས་ རྣམས་སུ་དབང་པོ་ལ་སོགས་པ་འཁོར་དང་བཅས་པ་དང༌། སེམས་ཅན་དཔག་ཏུ་མེད་པ་ རྣམས་ཀྱང་བཀུག་ནས། དབང་པོ་ལ་སོགས་པ་འོད་གསལ་བར་རབ་ཏུ་ཞུགས་པ་རྣམས་ ཤེས་རབ་དང་བཅས་པའི་ཧེ་རུ་ཀའི་གཟུགས་སུ་གྱུར་པར་རྣམ་པར་བསམས་ལ། ཞབས་ བསིལ་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས། སྔ་མ་བཞིན་དུ་སྦྱངས་པའི་གཏོར་མ་རྣམས། ༀ་དེ་བ་པི་ཙུ་བཛྲ་ཨི་མཾ་བ་ལིཾ་གྲྀཧྣ་གྲྀཧྣ། ཆེ་གེ་མོའི་ཤཱན་ཏིཾ། རཀྵཱཉྩ། ཀུ་རུ་ཧཱུཾ་ཧཱུཾ་ཧཱུཾ་ ཕཊ་སྭཱ་ཧཱ་ཞེས་པའི་སྔགས་ཀྱི་བཅོམ་ལྡན་འདས་ལ་དབུལ་བར་བྱ་སྟེ། ༀ་ཨཱཿནཻ་ར་ཨཱཏ་མ་ ཞེས་པ་ལ་སོགས་པས་མཚན་ནས་བརྗོད་ཅིང་དེ་རྣམས་ཀྱི་ས་བོན་ཡང་སྨོས་ནས། ཨི་མཾ་བ་ ལིཾ་གྲྀཧྣ་གྲྀཧྣ། ཆེ་གེ་མོའི་ཤཱན་ཏིཾ་རཀྵཱཉྩ་ཀུ་རུ་སྭཱ་ཧཱ་ཧཱུཾ་ཞེས་པ་འདིས་བདག་མེད་མ་ ལ་སོགས་པ་རྣམས་ལའོ། །ན་མཿ ས་མན་ཏ་བུད་དྷེ་བྷྱོ། ན་མོ་བཛྲ་མུད་ག་ར་ཧསྟཱ་ཡ། ཙཎ་ ཌ་མཎ་ཌ་ལ་ཨཱཀྵེ་པ་ཀ་རཱ་ཡ་ཧཱུཾ་ཕཊ། ན་མཿས་མུན་ཏ་བུད་དྷེ་བྷྱོ། མ་ཧཱ་དཎ་ཌ་དྷ་ར་བི་བི་དྷ། སུ་ར་ཨ་སུ་ར་མར་ད་ན། བྷཱུ་ཏཱན་ནིར་མ་ཐ་ཧཱུཾ་ཕཊ། ན་མཿ ས་མུན་ཏ་བུད་དྷེ་བྷྱོ། ཧུ་ལུ་ཧུ་ལུ་ མ་ཧཱ་པད་མ་ཨ་མྲྀ་ཏཱི་ཀུ་རུ། མ་ཧཱ་བི་ཥཱ་ན་ཨཱཿ ན་མཿ ས་མུན་ཏ་བུད་དྷེ་བྷྱོ། ན་མོ་བཛྲ་ཀྲོ་ དྷཱ་ཡ། མ་ཧཱ་དཾཥྚོ་ཨུད་ཀ་ཊ་བྷཻ་ར་བཱ་ཡ། བཛྲ་སཾ་དོ་ཧ་དར་པཱ་ཡ། ཨ་མྲྀ་ཏ་ཀུཎ་ཊ་ལི་ཧཱུཾ། 8-1-417 ན་མཿ ས་མུན་ཏ་བུད་དྷེ་བྷྱོ། ན་མོ་ཨ་ཙ་ལ་ཀཱན། ཙེཊྚེ་ཙེཊྚེ། མོཊྚ་མོཊྚ། ཏུཊྚ་ཏུཊྚ། གྷ་གྷ། གྷཱ་ ཏ་ཡ་གྷཱ་ཏ་ཡ་ཧཱུཾ་ཕཊ། ན་མཿ ས་མུན་ཏ་བུད་དྷེ་བྷྱོ། ཊཀྐི་ཧཱུཾ་ཛཿ ན་མཿ ས་མུན་ཏ་བུད་དྷེ་བྷྱོ། ༀ་ཡ་མ་དཎ་ཌཱ་ཡ། ནཱི་ལ་ཡ། ནཱི་ལ་དཎ་ཌཱ་ཡ། ཏུ་རུ་ཏུ་རུ། མུ་རུ་མུ་རུ། སརྦ་དུཥྚཱན་མཱ་ར་ཡ་ཧཱུཾ་ ཕཊ། ན་མཿ ས་མན་ཏ་བུད་དྷེ་བྷྱོ། ན་མོ་མ་ཧཱ་བ་ལཱ་ཡ། ཨུཙྪུ་ཥྨ་ཀྲོ་དྷ་རཱ་ཛཱ་ཡ། སརྦ་ནཱ་གཱ་ནཱཾ་ཧྲི་ ད་ཡ་ཏཱ་ཌ་ཡ་ཧཱུཾ་ཕཊ། ན་མཿ ས་མན་ཏ་བུད་དྷཱ་ནཱཾ། ན་མཿ ས་མན་ཏ་དྷརྨཱ་ནཱཾ། ན་མཿ ས་མན་ ཏ་སཾ་གྷཱ་ནཱཾ། ༀ་སི་ཏཱ་ཏ་པ་ཏྲ། ༀ་བི་མ་ལ། ༀ་ཤང་ཀ་ར། ༀ་པྲ་ཏྱང་གི་ར། བཛྲ་ཨུཥྞཱི་ཥ་ཙཀྲ་ བར་ཏི། སརྦ་ཡན་ཏྲ་མན་ཏྲ། མཱུ་ལ་ཀརྨ་བན་དྷ་ན། ཏཱ་ཊ་ན། ཀཱི་ལ་ནཾ་བཱ། མ་མ་ཀྲྀ་ཏེ་ཡེ་ ན་ཀེ་ན་ཙིཏ། ཀྲྀ་ཏང་ཏཏ། སརྦནྟུ། ཙྪིན་ད་ཙྪིན་ད། བྷིན་ད་བྷིན་ད། ཙི་རི་ཙི་རི། མི་རི་མི་ རི། མ་ར་མ་ར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། །ༀ་སུམ་བྷ་ནི་སུམ་བྷ་ཧཱུཾ། གྲྀཧྣ་ གྲྀཧྣ་ཧཱུཾ། གྲྀཧྣཱ་པ་ཡ་གྲྀཧྣཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བ་ག་བན། བི་དྱཱ་རཱ་ཛཱ་ཧཱུཾ་ཕཊ། ཞེས་པའི་སྔགས་བཅུས་ཤར་ལ་སོགས་པ་དང་དབང་ལྡན་ལ་སོགས་པར་གཡས་བསྐོར་དང་ སྟེང་དང་འོག་ཏུ་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཅུ་པོ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ གསུངས་པ་རྣམས་ལའོ། །ༀ་ཨིན་ད། ཛ་མ། ཛ་ལ། ཛཀྑ བྷུ་ཏ། བི་ཧིན། བཱ་ཨུ། རཀྵ། ཙན་ད། པུ་ཛ། མཱ་ད། བཔྤ། ཏ་ལ་པ་ཏ་ལ། ཨཊྚ་སཔྤ། སཱ་དཱ། ཨི་དཾ་བིཾ། བྷཱུཉྩ། ཛི་གྷ། ཕུལ་ ལ། དྷཱུ་པ། མཾ་ས། སིང་གྷ། ཨམ་བྷ། ཀྐཛྫ་སསྦ། སཱ་དྷ། ཁན་ཏི། ཁུ་ཎི། ཕེ་ཌ་གཱ་ད། ༀ་ཨཱ་ ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱཱ་ནུད་པཎ་ན་ཏྭཱཏ་ༀ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་དབང་ པོ་ལ་སོགས་པ་རྣམས་ལའོ། །ༀ་ཨིན་ད་ཞེས་པ་ལ་སོགས་པ་མིང་ནས་འབོད་པ་རྣམས་ནི་ རང་རང་གི་ཕྱོགས་ཀྱི་སེམས་ཅན་དཔག་ཏུ་མེད་པ་མཚོན་པར་བྱེད་པའོ། །གཱ་ད་ཞེས་པ་ནི་ ལུས་ལའོ། །འདིར་ཡང་དེ་རྣམས་ཀྱི་དཀྱིལ་འཁོར་གྱི་མངའ་བདག་ནས་བརྩམས་ཏེ་གནོད་ མཛེས་ཀྱི་མཐར་ཐུག་པ་ཞེས་པ་ལ་སོགས་པ་ནི་འདུས་པའི་གཏོར་མའི་ཆོ་ག་བཞིན་དུ་ཤེས་ 8-1-418 པར་བྱའོ། །འདིར་ཡང་ཁྲོ་བོའི་སྔགས་རྣམས་ཀྱི་ཧཱུཾ་ཡིག་རྣམས་དང་ཨཱཿཡིག་གི་སྣོད་དུ། ཨི་ མཾ་བ་ལིཾ་གྲྀཧྣ་གྲྀཧྣ་ཞེས་བརྗོད་པར་བྱ་སྟེ། ཁྲོ་བོ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ ལ་སོགས་པ་ནི་སྔར་བཤད་པའི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་བཞིན་ནོ་ཞེས་པ་ནི་ཀྱེའི་ རྡོ་རྗེའི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་གའོ།། །། ༈ དེ་བཞིན་དུ་ཁྱིམ་དང་གཙུག་ལག་ཁང་ལ་སོགས་པ་བསྲུང་བ་དང་བདེ་ལེགས་སུ་བྱ་ བའི་དོན་དུ། དཔལ་ལྡན་དཔུང་པ་བཟང་པོས་ཞུས་པ་རྣལ་འབྱོར་གྱི་རྒྱུད་ཆེན་པོར་གསུངས་ པའི་སྔགས་ཀྱི་ཚིགས་སུ་བཅད་པ་རྣམས་ཀྱིས་ཆོ་ག་བཞིན་དུ་གཏོར་མ་སྦྱིན་པར་བྱའོ། །དེ་ ལ་འདི་ནི་ཆོ་ག་སྟེ། ཞོ་དང་འོ་མ་དང་སྦྲང་རྩི་དང་ཀ་ར་དང༌། ཤ་མེད་པའི་ཚོད་མ་དང་བཟའ་ བ་དང༌། དྲི་བཟང་པོའི་ཆུ་དང༌། དྲི་བཟང་པོ་ཅན་གྱི་མེ་ཏོག་དཀར་པོའི་ཐོད་དང༌། རྩེ་མོར་ མེ་ཏོག་གི་ཕྲེང་བ་དང༌། མེ་ཏོག་སིལ་མ་དང༌། ཙན་དན་དཀར་པོ་ལ་སོགས་པ་དྲི་བཟང་པོའི་ རྫས་རྣམས་དང༌། ཨ་ག་རུ་དང༌། གུ་གུལ་དང༌། ཡན་ལག་བཅུ་པའི་བདུག་སྤོས་དང༌། སྣང་ གསལ་ལ་སོགས་པ་ཇི་སྙེད་པ་དང་ཇི་ལྟར་ནུས་པ་བདེ་ལེགས་སུ་འགྱུར་བའི་དོན་རྣམས་ ཉེ་བར་བསོག་པར་བྱའོ། །གྲོང་ཁྱེར་ལ་སོགས་པའི་བགེགས་ཞི་བའི་ཆེད་དུ། ཤ་ཀ་ཊ་ལ་ སོགས་པའི་སྣོད་ཆེན་པོ་ཞེས་པ་ནི་རྣམ་པར་རྒྱས་པ་ཉིད་དེ། འཁུར་བ་དང་ཏིལ་དང་འབྲས་ཡོས་དང་ཟན་དང༌། སྲྀད་སིན་ན་དང་ཛམ་བུ་ཊི་ཀ་ དང༌། ངེས་པ་ཉིད་དུ་འབྱོར་པ་དང་རྗེས་སུ་མཐུན་པ་རྣམས་སྦྱིན་བདག་ལས་ཉེ་བར་བླང་ ཞིང༌། འདི་རྣམས་ཐམས་ཅད་ཆ་གཉིས་སུ་ཡོངས་སུ་བརྟགས་ལ། དྲི་བཟང་པོས་རྣམ་པར་ བྱུགས་པ་རྣམས། ཆུ་ཤིང་གི་འདབ་མའམ་[སྐོན་པ་[ཞིབ་མ་]གསར་བ་ལ་སོགས་པར་ བཞག་པར་བྱའོ། །སློབ་དཔོན་གྱིས་ཁྲུས་དང་གཙང་སྦྲ་དང་དྲི་ཞིམ་པོའི་ཡན་ལག་དང་ལྡན་ པས། གོས་གཙང་མ་ལུས་ལ་བགོས་ནས་ཇི་ལྟར་རྙེད་པའི་ཅོད་པན་ལ་སོགས་པས་བརྒྱན་ 8-1-419 ནས། སྙིང་རྗེ་དང་བྱམས་པ་ཡོངས་སུ་གནས་པའི་ཡིད་ཀྱིས། ས་གཞི་རྒྱ་ཆེན་པོར་པུས་མོ་ གཡས་པའི་ལྷ་ང་བཙུགས་ཏེ་ལག་པ་ཐལ་མོ་སྦྱར་བ་བྱས་ནས། ཤར་རམ་བྱང་དུ་ཁ་བལྟས་ ནས། ཆ་གཅིག་གིས་གདོན་རྣམས་མཆོད་པའི་ཆེད་དུ་ཚིགས་སུ་བཅད་པ་འདི་རྣམས་བརྗོད་ པར་བྱའོ། །ལྷ་དང་ལྷ་མིན་ཀླུ་དང་གྲུབ་པ་ཀུན། །འདབ་བཟང་ནམ་མཁའ་ལྡི ང་དང་ལུས་ སྲུལ་པོ། །དྲི་ཟ་གནོད་སྦྱིན་གདོན་གྱི་རིགས་རྣམས་དང༌། །གང་ཡང་ས་ལ་གནས་པའི་ལྷ་ རྣམས་ནི། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གི་པུས་མོ་ས་ལ་བཙུག་ ནས་ནི། །ཐལ་མོ་སྦྱར་ཏེ་ཁྱོད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་ དུ་འདིར་གཤེགས་ཤིག །འབྱུང་པོ་གང་དག་འདིར་ནི་ལྷག་གནས་དང༌། །དགའ་བའི་ཚལ་ གང་ལྷ་ཡི་གནས་གང་དང༌། །ཤར་ནུབ་རི་དང་ཉི་མའི་ཁྱིམ་རྣམས་དང༌། །རི་བོ་ཀུན་ལ་གང་ དག་གནས་པ་དང༌། །ཆུ་བོ་ཀུན་དང་ཆུ་བོ་འདུས་རྣམས་དང༌། །རིན་ཆེན་གནས་ན་གང་དག་ གནས་བྱས་དང༌། ། མཚོ་དང་རྫིང་བུ་ལྟེང་ཀ་ཁྲོན་པ་དང༌། །ཁྲུས་ཀྱི་ཆུ་དང་རི་ཡི་ཆུ་རྣམས་དང༌། །གྲོང་དང་ ཕྱུགས་ལྷས་རྣམས་དང་བས་མཐའ་དང༌། །ཁང་སྟོང་དག་དང་ལྷ་ཡི་ཁྱིམ་རྣམས་དང༌། །དཀའ་ ཐུབ་གནས་དང་ཚོགས་ཁང་གླང་ཆེན་བྲེས། །འབྱུང་པོ་གང་ཡང་སྣ་ཚོགས་ཕུག་གནས་དང༌། ། ལམ་སྲང་རྣམས་དང་ཚོང་འདུས་བཞི་མདོ་དང༌། །གང་དག་ཤིང་གཅིག་དྲུང་དང་ལམ་པོ་ ཆེ། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང༌། །སེང་གེ་གླང་པོ་དོམ་གྱི་གནས་རྣམས་དང༌། ། འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང༌། །གང་ཡང་གླི ང་མཆོག་དག་ན་གནས་ བྱས་དང༌། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །དེ་རྣམས་རབ་ཏུ་དགེས་པར་གྱུར་ ནས་སུ། །མེ་ཏོག་དྲི་དང་ཕྲེང་བ་བདུག་སྤོས་དང༌། །གཏོར་མ་སྣང་གསལ་ཆོ་གས་གུས་ འབུལ་གྱིས། །འདི་རྣམས་བཞེས་ནས་གསོལ་ཞིང་བཏུང་བར་མཛོད། །འདིར་ཡང་ལས་ཀྱི་ 8-1-420 འབྲས་བུ་ལྡན་པར་མཛོད། །དེ་ལྟར་གདོན་རྣམས་ལ་མཆོད་པ་བྱས་ནས། ཕྱོགས་ཀྱི་མཆོད་ པ་གཅིག་པའི་ཡིད་ཀྱིས་རབ་ཏུ་བྱའོ་ཞེས་པས་ཆ་གཞན་གྱིས་ཕྱོགས་ཀྱི་བདག་པོ་རྣམས་ མཆོད་པའི་ཆེད་དུ་ཚིགས་སུ་བཅད་པ་འདི་རྣམས་བརྗོད་པར་བྱའོ། །དབང་ པོ་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །ཁྱད་འཕགས་གཏོར་མ་འདི་ནི་བཞེས་སུ་ གསོལ། ། མེ་དང་གཤིན་རྗེ་བདེན་བྲལ་ས་ཡི་བདག །ཆུ་བདག་རླུང་དང་ནོར་གྱི་བདག་པོ་དང༌། ། དབང་ལྡན་འབྱུང་པོའི་བདག་པོའི་ལྷ་རྣམས་དང༌། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང༌། ། ལྷ་རྣམས་ཀུན་དང་གང་ཡང་ས་སྟེངས་ཀླུ། །ས་འཛིན་ལྷ་དང་གསང་བའི་ཚོགས་བཅས་ལ། ། སོ་སོ་སོ་སོར་རེ་རེ་ཕུལ་བ་རྣམས། །ཚིམ་ཞིང་ཐོབ་པས་བཞེས་པར་མཛད་ནས་སུ། །རང་ རང་ཕྱོགས་སུ་ལེགས་པར་བཞུགས་ནས་ཀྱང༌། །རང་རིགས་སྡེ་དང་སྲས་བཅས་གྲོགས་དང་ བཅས། །སྤོས་དང་ཁ༽མེ་ཏོག་ཀ༽གཏོར་མ་ག༽ཞལ་ཟས་རྣམས། །འདི་དག་གསོལ་ཞིང་ བསྣམས་ཏེ་བཏུང་མཛད་ནས། །འདིར་ཡང་ལས་ཀྱི་འབྲས་བུ་ལྡན་པར་མཛོད། །དེ་ནས་ ཁྱིམ་དང་གཙུག་ལག་ཁང་དང་གྲོང་ཁྱེར་ལ་སོགས་པའི་དབང་ལྡན་གྱི་འཚམས་སུ་ཡོ་བྱད་ དེ་རྣམས་ཐམས་ཅད་གཞག་པར་བྱའོ། །ཞོ་དང་ཟན་དང་ཛཾ་བུ་ཌི་ཀ་རྣམས་སྣོད་གཅིག་ཏུ་ བསྲེས་ནས་པི་ཊ་ཀ་ལ་སོགས་པར་གཞག་པར་བྱ་ཞིང༌། ཏིལ་དང་འབྲས་ཡོས་ནི་སྣོད་སོ་ སོར་བྱས་ནས། གཡས་བསྐོར་གྱིས་ཁྱིམ་ལ་སོགས་པའི་ཕྱི་རོལ་ཏུ་ཞུགས་ཏེ་གཏོར་མ་སྦྱིན་ པར་བྱའོ། །སྣང་གསལ་ལ་སོགས་པའི་ཡོ་བྱད་གཞན་རྣམས་ནི་དབང་ལྡན་གྱི་འཚམས་ ཉིད་དུ་གཞག་པར་བྱ་ཞིང༌། སྤོས་དང་ཆུ་ནི་དོར་བར་བྱའོ། །དེ་ལྟར་ཡང་གཏོར་མ་བྱིན་ པའི་ཟན་ལ་སོགས་པ་ནི་ཇི་ལྟ་བར་དབང་ལྡན་གྱི་འཚམས་ཇི་སྲིད་པར་རོ་ཞེས་སོ། །སྔ་ དྲོའམ་དུས་ཁྱད་པར་ཅན་གྱིས་དུས་སུ་གཏོར་མ་དབུལ་བར་བྱ་ཞིང༌། སྔ་དྲོའི་ཉི་མ་ལ་གཏོར་ 8-1-421 མ་བྱིན་པའི་ཕྱི་ནས་སློབ་དཔོན་གྱིས་ཁ་ན་མ་ཐོ་བ་མེད་པའི་བཟའ་བ་རྣམས་ཆུ་ཚོད་བདུན་ ན་བཟའ་བར་བྱ་སྟེ། ཉི་མ་རྒས་པ་ན་ཡང་གཏོར་མ་མང་དུ་དབུལ་བ་ཉིད་དོ། །སློབ་དཔོན་ལ་ ཡང་ཇི་ལྟར་ནུས་པའི་ཡོན་དབུལ་བར་བྱ་སྟེ། འདི་དག་ནི་བགེགས་ཉེ་བར་ཞི་བའི་དོན་དང༌། གཞན་ཡང་འདོད་པའི་བྱ་བའི་དོན་དང༌། བསོད་ནམས་ཀྱི་དོན་དུ་ཡང་རྗེས་སུ་གནས་པའོ་ཞེས་པ་ནི་དཔུང་པ་བཟང་པོས་ཡོངས་ སུ་ཞུས་པའི་མདོ་རྒྱུད་ཆེན་པོར་གསུངས་པའི་གཏོར་མའི་ཆོ་གའོ།། །། ༈ གཏོར་མ་བཞི་པོ་འདི་དག་ཀྱང་བསྐྱེད་པའི་རིམ་པ་ལའོ། །རྫོགས་པའི་རིམ་པ་ལ་ནི་ ཤེས་རབ་དང་ཐབས་ལས་གཡོ་བ་མེད་པའི་སེམས་ཀྱིས་དགོངས་པར་གསོལ་བ་ཙམ་གྱིས་ སྤྱན་དྲངས་པའི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་རང་འདོད་པའི་དཀྱིལ་འཁོར་གྱི་ དབང་ཕྱུག་ལ་སོགས་པའི་ལྷ་དང་བཅས་པའི་དབང་པོ་ལ་སོགས་པ་རྣམས་ལ། ཡེ་ཤེས་ཀྱི་ རོ་དང་ཐ་མི་དད་པའི་གཏོར་མ་འབུལ་བ་ནི་གཏོར་མའི་ཆོ་གའོ།། ༤༣ །། ༈ གདོན་སོགས་ཉེས་པ་ཉེ་བར་ཞི་བའི་ཆེད་ཉིད་དང༌། །དབུལ་བའི་སྡུག་བསྔལ་རབ་ ཏུ་ཉམས་ པར་བྱ་ཕྱིར་དང༌། །ཚེ་ཐུང་བ་རྣམས་ཚེ་ནི་འཕེལ་བའི་རྒྱུ་ཡི་ཕྱིར། །དཀྱིལ་འཁོར་གསུམ་ གྱིས་བདེ་ལེགས་བྱེད་པ་རབ་ཏུ་བསྟན། །དེ་ཕྱིར་མི་རྣམས་རང་ལ་ཕན་པའི་བསམ་པ་ཡིས། ། གདོན་གྱི་ཉེས་པ་ཉེ་བར་ཞི་བ་ཉིད་བྱ་སྟེ། །ཆོ་ག་འདི་ནི་ཤིན་ཏུ་རྣམ་དག་ཐུགས་ལྡན་པའི། ། སངས་རྒྱས་རྣམས་ཀྱིས་འགྲོ་བའི་དོན་རྒྱུར་གསུངས་ཕྱིར་རོ། །གཟའ་ཡུམ་གྱི་ནི་དཀྱིལ་ འཁོར་ལ། །ཐིག་རྣམས་བྲི་བར་བྱས་ཏེ་སླར། །རྩ་བའི་ཐིག་གི་ནང་དུ་ནི། །ཆ་ཆུང་བཞི་ནི་ སྤངས་བྱས་ནས། །སྔགས་པས་དེར་ནི་སྦྱིན་བྱ་སྟེ། །ཟུར་ཐིག་གཉིས་ཀྱི་བར་དུའོ། །དེ་ཡི་ ནང་དུ་ཟླུམ་པོ་ནི། །དེ་ཡི་མཐར་ཐུག་བར་དུ་བྱ། །ཆ་ཆུང་གཅིག་ནས་སླར་ཡང་བསྐོར། །དེ་ 8-1-422 ལ་རྡོ་རྗེ་ཕྲེང་བ་བྱ། །ལྷག་མ་དེ་ཡང་ཆ་གསུམ་ལ། ། པད་མ་འདབ་མ་བརྒྱད་པ་བྱ། །དེ་ལ་ཟུར་ཐིག་ལ་སོགས་རྣམས། །གསང་སྔགས་རིག་ པས་དབྱི་བར་བྱ། །རྩ་བའི་ཐིག་གི་ནང་དུ་ནི། །སྒོ་ཡི་བར་ནི་སྤངས་པ་དང༌། །དེ་ཡི་ནང་དུ་ ཐིག་བྱ་སྟེ། །ཆ་ཆུང་བཞི་ཡི་བར་དེ་བཞིན། །ལྷག་མ་པད་མ་འདབ་བརྒྱད་ཚད། །འདི་ལས་ ལྷག་དང་ཆད་པ་མིན། ། ནོར་རྒྱུན་མ་ཡི་དཀྱིལ་འཁོར་ཏེ། །ཆོ་ག་རིག་པ་རྣམས་ཀྱིས་བྱ། །ཚངས་ལས་ཆ་ཆུང་ རིག་བྱེད་མཐར། །ཟླུམ་པོ་གཅིག་ནི་བསྐོར་བར་བྱ། །དེ་ནས་ཆ་ཆུང་ཕྱེད་སྤངས་ཏེ། །ཟླུམ་ པོ་གཉིས་པའི་ཐིག་ཡིན་ནོ། །དེ་ནས་ཆ་ཆུང་བཞི་སྤངས་པར། །རྩིབས་ཀྱི་ཟླུམ་པོ་གསུམ་ པ་སྟེ། །དེ་ནས་ཆ་ཆུང་ཡོངས་དོར་བར། །མུ་ཁྱུད་ཟླུམ་པོ་བཞི་པ་འོ། །དེ་ནས་ཆ་ཆུང་གཉིས་ སྤངས་ནས། །ཟླུམ་པོ་གེ་གསར་ཐིག་ཡིན་ཏེ། །ཆ་ཆུང་རིག་བྱེད་སྤངས་ནས་ནི། །ཟླུམ་པོ་པད་ མའི་འདབ་མའི་ཡང༌། །དེ་ཡི་ཕྱི་རོལ་ཟླུམ་པོ་གསུམ། །ཆ་ཆུང་གཉིས་གཉིས་བར་དུའོ་སླར། ། པད་མ་འདབ་བརྒྱད་བྲི་བྱ་སྟེ། ། ཕྱོགས་དང་ཕྱོགས་བྲལ་རྣམས་སུ་འོ། །རྣམ་པར་རྒྱལ་མའི་འཁོར་ལོ་ནི། །དོན་ཀུན་གྲུབ་ པར་བྱེད་པ་སྟེ། །སེམས་ཅན་ཀུན་ལ་ཕན་བལྟས་ནས། །འདི་ནི་ཡེ་ཤེས་རྡོ་རྗེས་བྱ། །༈ ། ། དེ་ལ་དང་པོར་གཟའ་ཡུམ་གྱི་ཆོ་ག་བྲི་བར་བྱའོ། །དབུས་ཀྱི་ལྟེ་བར་པད་མ་དཀར་པོའི་ སྟེང་དུ་གུར་གུམ་གྱི་དྲིའི་མཎྜལ་ལ་ལྷ་ཉི་མ་བསམ་པར་བྱ་སྟེ། དཀའ་ཐུབ་ཅན་གྱི་གཟུགས་ འཛིན་པ་སྐུ་མདོག་དམར་པོ། ཕྱག་དག་གིས་ཆུ་སྐྱེས་དཀར་པོ་བསྣམས་པ། ཉི་མ་བྱེ་བའི་ འོད་དང་མཚུངས་པའོ། །འདི་ལ་ནི་འོ་ཐུག་གི་བཟའ་བ་དང་ཀུན་དུ་རུའི་བདུག་སྤོས་ཀྱང་ དབུལ་བར་བྱ་སྟེ། ༀ་ཨཱཿམེ་གྷ་ཨུལ་ཀཱ་ཡ་སྭཱ་ཧཱ་ཞེས་པ་སྙིང་པོའི་སྔགས་ཀྱིས་དབུལ་བར་ བྱའོ། །ཤར་གྱི་པད་མར་ཆུ་སྐྱེས་དམར་པོའི་སྟེང་དུ་པྲི་ཡང་གུའི་དྲིའི་མཎྜལ་ལ་ཟླ་བ་ནི་བྲམ་ 8-1-423 ཟེའི་གཟུགས་འཛིན་པ། སྐུ་མདོག་དཀར་པོ་རལ་བའི་ཅོད་པན་ཅན། ཕྱག་དག་གིས་བགྲང་ ཕྲེང་དང་མེ་ཏོག་ཀུ་མུ་ད་ལ་གནས་པའི་སྤྱི་བླུགས་འཛིན་པའོ། །འདི་ལ་ནི་མར་གྱི་བཟའ་བ་ དང་ཐང་ཆུའི་བདུག་སྤོས་དབུལ་བར་བྱ་སྟེ། ༀ་ཙན་ཏྲ་ཨ་མྲྀ་ཏ་བི་ཀྲ་མཱ་ཡ་ཤཱི་ཏ་ཨང་ཤ་ བེ་ཨཿསྭཱ་ཧཱ། ལྷོའི་འདབ་མར་པད་མ་དཀར་པོའི་སྟེང་དུ་ཙན་དན་གྱི་དྲིའི་མཎྜལ་ལ། བཀྲ་ ཤིས་ནི་དགེ་སློང་གི་གཟུགས་འཛིན་པ། སྐུ་མདོག་དམར་པོ། གོས་དམར་པོ་དང་ཅོད་པན་ ཅན། གཡོན་པས་ཤག་ཏི་འཛིན་ཞིང་གཡས་པ་མཆོག་སྦྱིན་མཛད་པའོ། །འདི་ལ་ནི་སྲན་ མ་ནག་པོའི་ཟན་ནམ་བུ་རམ་གྱི་ཟན་གྱི་བཟའ་བ་དང༌། གུ་གུལ་གྱི་བདུག་སྤོས་ཀྱང་དབུལ་ བར་བྱ་སྟེ། ན་མོ་རཀྟ་ཨང་ག་ར་སོ་ཛྭ་ལ་ཀུ་མཱ་རཱ་ཡ་སྭཱ་ཧཱ། ནུབ་ཀྱི་འདབ་མར་ཆུ་སྐྱེས་དམར་ པོའི་སྟེང་དུ་ཨ་ག་རུ་ནག་པོའི་དྲིའི་མཎྜལ་ལ། གཟའ་ལྷག་ཏུ་གྲགས་པ་ནི་ཚངས་པར་སྤྱོད་ པ་ཅན། སྐུ་མདོག་སེར་པོ་པདྨ་ར་དམར་པོ་ཅན། གཡས་པ་དང་གཡོན་པ་དག་གིས་བགྲང་ ཕྲེང་དང་སྤྱི་བླུགས་འཛིན་པའོ། །འདི་ལ་ནི་སྲན་མུད་ག་དང་རྒྱ་སྲན་སྦྱར་བའི་བཟའ་བ་དང༌། གན་དྷ་ར་སའི་བདུག་སྤོས་ཏེ། རཱ་ཛ་པུ་ཏྲ་བུ་དྷ་སུ་པཱི་ཏ་བར་ཎཱ་ཡ་ན་མཿ ༀ་བུ་དྷཱ་ཡ་སྭཱ་ཧཱ། བྱང་གི་འདབ་མར་ཆུ་སྐྱེས་དཀར་པོའི་སྟེང་དུ། དེ་བ་དཱ་རུའི་དྲིའི་མཎྜལ་ལ། ཕུར་བུ་ནི་དགེ་ སྦྱོང་གི་རྣམ་པ། གསེར་བཙོ་མའི་འོད་ཅན། པདྨ་ར་དམར་པོ་དང་ལྡན་པ། བགྲང་ཕྲེང་དང་ སྤྱི་བླུགས་འཛིན་པའོ། །འདི་ལ་ནི་ཞོ་ཟན་ནམ་འོ་ཐུག་གི་བཟའ་བ་དང༌། སྦྲང་དང་མར་གྱི་ བདུག་སྤོས་ཏེ། ལོ་ཧི་ཏ་བར་ཎ་ནིར་ག་མཱ་ཡ། བྲྀ་ཧས་པ་ཏ་ཡེ། ༀ་ན་མོ་བྷོ་གྷས་པ་དཱ་ ཡ་སྭཱ་ཧཱ། མེའི་འདབ་མར་ཙན་དན་གྱི་དྲིའི་མཎྜལ་ལ། པ་སངས་ནི་ཕྱུགས་བདག་གི་བརྟུལ་ ཞུགས་འཛིན་པ་སྐུ་མདོག་དཀར་པོ། རལ་པའི་ཅོད་པན་ཅན། བགྲང་ཕྲེང་དང་སྤྱི་བླུགས་ འཛིན་པའོ། །འདི་ལ་ནི་འོ་ཐུག་གི་བཟའ་བ་དང་ག་པུར་གྱི་བདུག་སྤོས་ཀྱང་དབུལ་བར་ བྱ་སྟེ། ༀ་ན་མཿ ཤུ་ཀྲ་ཨ་དྷི་པ་ཏ་ཡེ། ཨ་ཤུ་ར་ཨུད་ཏ་མཱ་ཡ། ཤུད་དྷེ་བི་ར་ཛེ་སྭཱ་ཧཱ། བདེན་ 8-1-424 བྲལ་གྱི་འདབ་མར་འདམ་སྐྱེས་དཀར་པོའི་སྟེང་དུ། སྔོན་པོ་དང་ཙན་དན་གྱི་དྲིའི་མཎྜལ་ལ། སྤེན་པ་ནག་པོ་ནི་ཕྱོགས་ཀྱི་གོས་ཅན་དུ་ཤེས་པར་བྱ་སྟེ། སེར་སྐྱའི་རལ་པའི་ཅོད་པན་དང་ སྨ་ར་ཅན། བགྲང་ཕྲེང་དང་འཁར་བསིལ་འཛིན་པའོ། །འདི་ལ་ནི་སྲན་ནག་ལས་སྦྱར་བའི་ ཟན་གྱི་བཟའ་བ་དང༌། གན་དྷ་ར་སའི་བདུག་སྤོས་དབུལ་བར་བྱ་སྟེ། ༀ་ཤ་ན་ནཱི་ལ་ཨཱ་བྷི་ སུ་ཀྲྀཥྞཱ་ཡ། ཀྲྀཥྞཱ་བར་ཎཱ་བྷུཀ་སྭཱ་ཧཱ། རླུང་གི་འདབ་མར་ཆུ་སྐྱེས་དམར་པོའི་སྟེང་དུ་ པཎྜི་ཏ་ག་རའི་དྲིའི་མཎྜལ་ལ། སྒྲ་གཅན་ནི་ཐོད་པ་དང་ལྡན་པ། ལུས་ཕྱེད་ཉི་མའི་ཤིང་རྟ་ལ་ གནས་ཤིང་འཇིགས་སུ་རུང་བའི་སྤྱན་གཉིས་དང་ལྡན་པ། མཆེ་བ་རྣམ་པར་གཙིགས་ཤིང༌། སྨིན་མའི་ཁྲོ་གཉེར་དཔྲལ་བར་བསྡུས་པ། ཁ་དོག་ལྔ་པའི་སྤྲིན་གྱི་དབུས་ན་གནས་པ། ཕྱག་ དག་གིས་ཟླ་བ་དང་ཉི་མ་ཟླ་བའི་ཚུལ་གྱི་གནས་པའོ། །འདི་ལ་ནི་ཉ་དང་ཤའམ་ཏིལ་ལས་ སྦྱར་བའི་བཟའ་བ་དང༌། བིལ་བའི་བདུག་སྤོས་ཏེ། ༀ་ན་མོ་བི་ཀྲྀ་ཏ་བཀ་ཀྲ་རུ་དྷི་ར་རཱ་ ཧོ། བྷྲིང་ག་ཨཉྫ་ན་སན་ནི་བྷཱ་ཡ། ཨ་མྲྀ་ཏ་པྲི་ཡཱ་ཡ་སྭཱ་ཧཱ། དབང་ལྡན་གྱི་འདབ་མར་པད་ མ་དམར་པོའི་སྟེང་དུ་སྦྱར་སྤོས་ཀྱི་དྲིའི་མཎྜལ་ལ། གཏུམ་པོའི་གཟུགས་ཅན་མཇུག་རིངས་ ནི་དུ་བའི་མདོག་ཅན། ཐལ་མོ་སྦྱར་བ། ཀླུའི་རྣམ་པ་ཅན་གྱི་མཇུག་མ་འཁྱིལ་བའོ། །འདི་ ལ་ནི་མར་གྱི་ཁ་བའི་འཁུར་བའི་བཟའ་བ་དང༌། སྤོས་དཀར་གྱི་བདུག་སྤོས་ཀྱང་དབུལ་བར་ བྱའོ། །ༀ་ན་མོ་དྷཱུ་མྲ་ཨཱ་བྷ་བར་ཎ་སན་ནི་བྷཱ་ཡ་ཛྱོ་ཏིཿ ཀེ་ཏ་བེ་སྭཱ་ཧཱ། དཀྱིལ་འཁོར་གྱི་ཤར་ གྱི་སྒོར་སངས་རྒྱས་བཅོམ་ལྡན་འདས་གསེར་གྱི་མདོག་ཅན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་ པའོ། །ལྷོའི་སྒོར་ཕྱག་ན་རྡོ་རྗེ་སྔོ་བསངས་ཕྱག་གཡས་པས་རྡོ་རྗེ་ཐུགས་ཁར་འཛིན་ཞིང་ཕྱག་ གཡོན་པ་ས་ལ་གནས་པའོ། ། ནུབ་ཀྱི་སྒོར་འཇིག་རྟེན་དབང་ཕྱུག་དམར་པོ་གཡས་པས་མཆོག་སྦྱིན་དང་གཡོན་པས་ མི་འཇིགས་པ་མཛད་པའོ། །བྱང་གི་སྒོར་འཇམ་དཔལ་གཞོན་ནུ་གུར་གུམ་གྱི་མདོག་ཅན་ 8-1-425 ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའོ། །དབང་ལྡན་དུ་ནི་གཟའ་ཐམས་ཅད་དེ། སྣ་ཚོགས་པའི་ མདོག་དང་སྣ་ཚོགས་པའི་དབྱིབས་དང་རྣམ་པ་སྣ་ཚོགས་པའི་གཟུགས་ཅན་ནོ། །མེར་ནི་ རྒྱུ་སྐར་ཐམས་ཅད་དེ། རང་རང་གི་བཞོན་པ་ལ་ཡང་དག་པར་གནས་ཤིང་ཐམས་ཅད་ཐལ་ མོ་ཡང་དག་པར་སྦྱར་བའོ། །བདེན་བྲལ་དུ་ནི་ཉེར་འཚེ་བྱེད་པ་ཐམས་ཅད་དེ། འཇིགས་ སུ་རུང་བའི་གཟུགས་ཅན་ནོ། །རླུང་དུ་ནི་རྗེ་བཙུན་མ་རིག་པ་ཆེན་མོ་སྟེ་དཀར་པོ་དང་སྔོན་ པོ་དང་དམར་པོའི་ཞལ་གསུམ་མ། རྩ་བའི་ཕྱག་དག་ནི་རྣམ་པར་བཤད་པའི་ཕྱག་རྒྱ་མཛད་ ཅིང༌། གཡས་པ་དག་ན་པད་མ་དང་རིན་པོ་ཆེ་འབར་བ་དང༌། གཡོན་པ་དག་ན་ཞགས་པ་ དང་ཤག་ཏི་བསྣམས་པ། རིན་པོ་ཆེའི་ཅོད་པན་ཅན། ཟླ་བའི་གདན་ལ་རྡོ་རྗེ་དཀྱིལ་དཀྲུངས་ ཀྱིས་བཞུགས་པ། ལོ་བརྒྱད་གཉིས་ལོན་པ། རྒྱན་ཐམས་ཅད་དང་ལྡན་པའོ། །དཀྱིལ་འཁོར་ གྱི་སྒོའི་ཕྱི་རོལ་ཏུ་ཤར་དུ་ཡུལ་འཁོར་སྐྱོང་དང་ལྷོ་རུ་འཕགས་སྐྱེས་པོ་དང༌། ནུབ་ཏུ་སྤྱན་མི་ བཟང་དང་བྱང་དུ་ལུས་ངན་པོ་ནི། སེར་པོ་དང་ནག་པོ་དང་དམར་པོ་དང་སེར་པོ་སྟེ། རང་ རང་གི་ཕྱག་མཚན་དང་ལྡན་པའོ། །དེ་ལ་སངས་རྒྱས་ལ་སོགས་པའི་ཞལ་ཟས་ནི། སངས་ རྒྱས་ལ་འོ་ཐུག་དང༌། ཕྱག་རྡོར་ལ་འོ་མ་དང༌། འཇིག་རྟེན་དབང་ཕྱུག་ལ་བུ་རམ་གྱི་ཟན་དང༌། འཇམ་དཔལ་ལ་ཞོའི་ཟན་དང༌། གཟའ་ཐམས་ཅད་ལ་མར་གྱི་ཟན་དང༌། རྒྱུ་སྐར་ཐམས་ཅད་ ལ་ཞོའི་ཟན་དང༌། ཉེར་འཚེ་བྱེད་པ་ཐམས་ཅད་ལ་སྲན་ནག་གི་ཟན་ནོ། །བཅོམ་ལྡན་འདས་ ལ་འོ་མ་དང་དྲི་བཟང་པོའི་བདུག་སྤོས་དང༌། ཐམས་ཅད་ལ་སྤོས་དཀར་གྱི་བདུག་སྤོས་དང་ རང་རང་གི་མདོག་ཅན་གྱི་བ་དན་དང༌། རང་རང་གི་མདོག་ཅན་གྱི་སྡོང་བུ་རྣམས་ལ་མར་ གྱི་སྣང་གསལ་དང༌། རང་རང་གི་མདོག་ཅན་གྱི་རས་བཟང་པོ་རྣམས་ཀྱང་དབུལ་བར་བྱའོ། ། སངས་རྒྱས་ལ་སོགས་པའི་སྔགས་ཀྱི་ཚིག་རྣམས་ནི། ༀ་ན་མོ་བུད་དྷཱ་ཡ་སྭཱ་ཧཱ། ༀ་བཛྲ་དྷ་ར་ ཡ་ན་མཿསྭཱ་ཧཱ། ༀ་པད་མ་དྷ་རཱ་ཡ་ན་མཿསྭཱ་ཧཱ། ༀ་ཀུ་མཱ་རཱ་ཡ་ན་མཿསྭཱ་ཧཱ། ༀ་སརྦ་གྲ་ཧཱ་ཎཱཾ་ན་ 8-1-426 མཿསྭཱ་ཧཱ། ༀ་སརྦ་ན་ཀྵ་ཏྲཱ་ཎཱཾ་སྭཱ་ཧཱ། ༀ་སརྦ་ཨུ་པ་ཏྲཱ་བཱ་ནཱཾ་སྭཱ་ཧཱ། ༀ་མ་ཧཱ་བི་དྱེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ ཧཱ། ༀ་ཌྷྲྀ་ཏ་རཥྚཱ་ཡ་སྭཱ་ཧཱ། ༀ་བི་རུ་ཊ་ཀཱ་ཡ་སྭཱ་ཧཱ། ༀ་བི་རུ་པ་ཨཀྵཱ་ཡ་སྭཱ་ཧཱ། ༀ་ཀུ་བེ་རཱ་ ཡ་སྭཱ་ཧཱ། འདི་རྣམས་ཐམས་ཅད་ལ་རང་རང་གི་སྔགས་ དེ་ཉིད་ཀྱིས་མཆོད་ཡོན་དབུལ་བར་བྱ་སྟེ། དེ་ཡང་ཉི་མ་ལ་ནི་ཏིལ་དམར་པོ་དང་ཟངས་ དང་ཙན་དན་དམར་པོས་སོ། །ཟླ་བ་ལ་ནི་དངུལ་དང་ཏིལ་དཀར་པོ་དང་ཙན་དན་དཀར་ པོས་སོ། །བཀྲ་ཤིས་ལ་ནི་ཟངས་དང་འབྲས་དམར་པོ་དང་ཙན་དན་དམར་པོས་སོ། །གཟའ་ ལག་ལ་ནི་ནས་དང་བྱི་རུ་དང་གུར་གུམ་གྱིས་སོ། །ཕུར་བུ་ལ་ནི་གསེར་དང་ཡུངས་དཀར་ དང་གུར་གུམ་གྱིས་སོ། །པ་སངས་ལ་ནི་མུ་ཏིག་དང་འབྲས་མ་ཆག་པ་དང་ཙན་དན་དཀར་ པོས་སོ། །སྤེན་པ་ལ་ནི་ལྕགས་དང་སྲན་ནག་དང་གླ་རྩིས་སོ། །སྒྲ་གཅན་ལ་ནི་ལྕགས་དང་ ཏིལ་ནག་པོ་དང་དྲི་ཐམས་ཅད་ཀྱིས་སོ། ། མཇུག་རིངས་ལ་ནི་ལྕགས་དང་སྲན་མུད་ག་དང་དྲི་བཟང་པོས་སོ། །ལྷག་མ་རྣམས་ལ་ ནི་མར་དང་སྦྲང་རྩིས་དུང་བཀང་སྟེ་རིན་པོ་ཆེ་ལྔ་བཅུག་ནས་མཆོད་ཡོན་དབུལ་ལོ། །ཛཿཧཱུཾ་ བཾ་ཧོཿ ཞེས་པའི་སྔགས་ཀྱིས་དགུག་པ་དང་གཞུག་པ་དང་བཅིང་བ་དང་མཉེས་པའི་ཆོ་གས་ རོ་མཉམ་པར་གྱུར་པར་རྣམ་པར་བསམས་ཏེ། སྔར་བཤད་པའི་མེ་ཏོག་དང་བདུག་སྤོས་ལ་ སོགས་པས་སོ་སོའི་སྔགས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ལ་འདི་དག་གིས་རིམ་ པ་ཇི་ལྟ་བར་འདི་རྣམས་ཐམས་ཅད་མཆོད་པ་བྱས་ནས་གཟའ་རྣམས་ཀྱི་སྙིང་པོའི་སྔགས་ རྣམས་རེ་རེ་ཞིང་ལན་བརྒྱ་དང་རྩ་བརྒྱད་བཟླས་པར་བྱའོ། །དེའི་རྗེས་སུ་གཟའ་རྣམས་ཀྱི་ ཡུམ་ཞེས་བྱ་བའི་གཟུངས་ལན་བདུན་བླག་པར་བྱའོ། །དེ་ནས་གཟའ་ཡུམ་གྱི་སྙིང་པོའི་ སྔགས་བརྒྱ་རྩ་བརྒྱད་དམ་སྟོང་ངམ་གཞན་ཡང་ཇི་ལྟར་ནུས་པ་ཡོངས་སུ་བཟླས་ཏེ། རང་གི་ མངོན་པར་འདོད་པའི་དངོས་གྲུབ་ཞུས་ནས། ཡི་གེ་བརྒྱ་པས་བརྟན་ 8-1-427 པར་བྱ་ཞིང༌། ཆོ་ག་བཞིན་དུ་གཤེགས་སུ་གསོལ་ལ། སྔར་བཞིན་དུ་ཆུ་ཀླུང་གི་ཆུ་རྣམས་ ལ་དོར་བར་བྱའོ། །ཕྱི་ནས་སློབ་དཔོན་ལ་སོགས་པ་རྣམས་ཁ་ན་མ་ཐོ་བ་མེད་པའི་བཟའ་བ་ ལ་སྤྱད་པར་བྱ་ཞིང༌། ཡོན་ལ་སོགས་པ་ཇི་ལྟར་ནུས་པ་དབུལ་བར་བྱའོ་ཞེས་པ་གཟའ་ཡུམ་ གྱིས་བདེ་ལེགས་སུ་བྱེད་པའི་ཆོ་གའོ།། །། ༈ ནོར་རྒྱུན་མའི་ཆོ་ག་བཤད་པར་བྱའོ། །སྟོང་པ་ཉིད་བསྒོམས་པའི་མཐར་ཧྲཱིཿཡིག་ ཡོངས་སུ་གྱུར་པ་ལས་པད་མ་སེར་པོའི་སྟེང་དུ་ཨ་ཡིག་ལས་ཟླ་བའི་དཀྱིལ་འཁོར་དང༌། སླར་ཡང་དེའི་སྟེང་དུ་བུཾ་ཡིག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་རི་བོ་དང༌། དེའི་སྟེང་དུ་བུཾ་ ཡི་གེའི་ས་བོན་ལས་ནོར་རྒྱུན་མ་བསྒོམ་པར་བྱ་སྟེ། སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་དྲུག་ མ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པ། དེ་བཞིན་གཤེགས་པའི་ཅོད་པན་ཅན། ཕྱག་ གཡས་ཀྱི་དང་པོ་མཆོག་སྦྱིན་གྱི་ཕྱག་རྒྱས་གཏེར་སྟོན་པར་མཛད་པ། གཉིས་པས་རིན་པོ་ ཆེའི་ཆར་འབེབས་པ། གསུམ་པས་དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པ་རྒྱ་མཚོ་ངེས་པར་ སྒྲོགས་པ་ལ་ཕྱག་མཛད་པ། ཕྱག་གཡོན་གྱི་དང་པོས་བུམ་པ་བཟང་པོ་དང༌། གཉིས་པས་ འབྲས་ཀྱི་སྙེ་མ་དང༌། གསུམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པ། རྒྱན་ཐམས་ཅད་དང་ལྡན་པ་བསམ་པར་བྱའོ། །སྣམ་བུ་གཉིས་པ་ལ་ནུབ་ཀྱི་ཕྱོགས་སུ་དེ་ བཞིན་གཤེགས་པ་རྡོ་རྗེ་འཛིན་པ་རྒྱ་མཚོ་ངེས་པར་སྒྲོགས་པ་སེར་པོ་རྡོ་རྗེ་དཀྱིལ་དཀྲུང་གི་ བརླ་ལ་ཕྱག་གཡོན་པ་བཞག་ཅིང་གཡས་པས་མཆོག་སྦྱིན་མཛད་པའོ། །གཡས་སུ་འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་དང༌། གཡོན་དུ་ཕྱག་ན་རྡོ་རྗེ་སྟེ། དེ་དག་ཀྱང་དམར་པོ་དང་ ལྗང་ཁུ། མཆོག་སྦྱིན་དང་རྡོ་རྗེའི་ཕྱག་ཅན། གཡོན་པ་དག་ནི་རྒྱལ་པོ་རོལ་པའི་ཚུལ་གྱིས་ གནས་པ། རྡོ་རྗེའི་དཀྱིལ་དཀྲུང་གིས་བཞུགས་པའོ། །ཤར་དུ་ལྷ་མོ་ཨི་ལཱ་ཉེ་བར་འཁོ་བ་ ཐམས་ཅད་ལ་དབང་བྱེད་པ་སེར་མོའོ། །དེའི་གཡོན་དུ་ཆུ་བདག་རོ་བཅུད་ལ་དབང་བྱེད་པ་ 8-1-428 དཀར་པོའོ། ། དེའི་གཡས་སུ་ཛམ་བྷ་ལ་སྔོན་པོའོ། །མེའི་འཚམས་སུ་ཙི་པི་ཀུཎ་ཊ་ལི་ཅུང་ཟད་དམར་ མོའོ། །བདེན་ བྲལ་དུ་ཀི་ལི་མཱ་ལི་མ་ར་ཀ་ཏ་ལྟར་ལྗང་བའོ། །རླུང་དུ་སྒོའི་དབང་པོ་སེར་པོའོ། །དབང་ ལྡན་དུ་སྤྱོད་པའི་དབང་པོ་དཀར་སེར་རོ། །སྣམ་བུ་གསུམ་པ་ལ་མེ་སྦས་པའི་ལྷ་མོ་ལྗང་ཁུའོ། ། བདེན་བྲལ་དུ་ཤིན་ཏུ་སྦས་པའི་ལྷ་མོ་དམར་མོ་གདུགས་འཛིན་པའོ། །རླུང་དུ་ལྷ་མོ་དབྱངས་ ཅན་མ་སེར་མོ་རྒྱལ་མཚན་གྱི་ཕྱག་ཅན་ནོ། །དབང་ལྡན་དུ་ཟླ་བ་ཆུ་ཤེལ་གྱི་ལྷ་མོ་དཀར་མོ་ བ་དན་གྱི་ཕྱག་ཅན་ནོ། ། ཤར་དུ་གང་བ་བཟང་པོ་གུར་གུམ་གྱི་འོད་ཅན། ན་གུ་ལཱི་དང་བཱི་ཛ་པུ་ར་ཀའི་ཕྱག་ཅན་ ནོ། །ལྷོར་ནོར་བུ་བཟང་པོ་སྔོན་པོ་འོད་དང་ལྡན་པའི་རིན་པོ་ཆེ་དང་བཱི་ཛ་པུ་ར་ཀའི་ཕྱག་ ཅན་ནོ། །ནུབ་ཏུ་ནོར་སྦྱིན་དམར་པོ་བུམ་པ་བཟང་པོ་དང་བཱི་ཛ་པུ་ར་ཀའི་ཕྱག་ཅན་ནོ། །བྱང་ དུ་རྣམ་ཐོས་སྲས་སེར་པོ་རིན་པོ་ཆེའི་མྱུ་གུ་དང་བཱི་ཛ་པུ་ར་ཀའི་ཕྱག་ཅན་ནོ། །ཐམས་ཅད་ སེམས་དཔའི་སེམས་དཔའི་དཀྱིལ་དཀྲུང་ཅན་ཏེ། གང་མ་བཤད་པ་དེ་རྣམས་ནི་གཡས་པ་ བཱི་ཛ་པུ་ར་ཀའི་ཕྱག་ཅན་དང༌། ཕྱག་གཡོན་པ་བརླ་ལ་གནས་པའོ། །འདི་དག་ནི་ལྷ་རྣམས་ དགོད་པའི་རིམ་པའོ། །བཅོམ་ལྡན་འདས་མའི་རྩ་བའི་སྔགས་ནི། ༀ་བ་སུ་དྷཱ་རེ་སྭཱ་ཧཱ། ༀ་ ལཀྵྨཱི་བྷཱུ་ཏ་ལ་ནི་བཱ་སི་ནཱི་ཡེ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ཐམས་ཅད་ལ་དང་པོར་ༀ་ཡིག་དང་ མཐར་སྭཱ་ཧཱ་དང་རང་རང་གི་མིང་སྤེལ་བའི་སྔགས་ཀྱིས་མཆོད་པར་བྱའོ། །དེ་ནས་གང་སུ་ ཡང་རུང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་མཆོག་ཏུ་དད་པ་དང་ལྡན་པས། ནོར་རྒྱུན་མའི་སྐུ་ གཟུགས་སམ་བྲིས་སྐུ་རབ་ཏུ་བཀོད་དེ། ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས། ཉི་མ་རེ་ རེ་ཞིང་མ་ཆད་པར་མཉམ་པར་བཞག་སྟེ་གཟུངས་རྣམས་མ་ཆད་པར་བཀླག་པར་བྱའོ། །དེ་ 8-1-429 ཡི་རིམ་པས་ནི་ཐམས་ཅད་དུ་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ནས་ཉིན་པར་སྔ་མོ་ནས་ རྡུལ་ཚོན་སེར་པོའི་དཀྱིལ་འཁོར་བྱས་ཏེ། བརྟུལ་ཞུགས་དང་ལྡན་པས་མཚན་མོ་འདས་ པར་བྱས་ནས། སླར་ཡང་སྔ་མོར་དྲི་བཟང་པོའི་ཆུས་ཁྲུས་བྱས་ལ་གཙང་ཞིང་དྲི་མ་མེད་པའི་ གོས་གྱོན་ཏེ་ཚངས་པར་སྤྱོད་པར་གྱུར་པས། དགེ་བའི་གནས་སུ་སྐུ་གཟུགས་སམ་བྲིས་སྐུ་ རབ་ཏུ་བཀོད་ལ། ཙན་དན་གྱི་མཎྜལ་བྱས་ཏེ་ཐེ་ཚོམ་མེད་པར་གཟུངས་རྣམ་པར་མ་ཆད་ པ་ལན་གསུམ་བཀླག་པར་བྱའོ། །དེ་ལྟ་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་ཁྱིམ་སྐྱེས་ བུ་ཆེན་པོ་དང་འཚམ་པར་ནོར་གྱི་རྒྱུན་གྱིས་གང་བར་འགྱུར་ཏེ། ནོར་ཐམས་ཅད་དང་སོ་བ་ དང་གསེར་དང་དངུལ་དང་ཉེ་བར་མཁོ་བ་ཐམས་ཅད་ཀྱིས་སོ། །ཉེ་བར་འཚེ་བ་ཐམས་ཅད་ ཀྱང་མེད་པར་འགྱུར་རོ། །གང་ཡང་དེ་བཞིན་ཉིད་དུ་མཎྜལ་ཟླུམ་པོ་བྱས་ནས། སླར་ཡང་ སྔ་མོར་དྲི་ཞིམ་པོའི་ཆུས་ཁྲུས་བྱས་ལ། གཙང་ཞིང་དྲི་མ་མེད་པའི་གོས་གྱོན་ཏེ། མྱོས་བྱེད་ ཀྱི་བཏུང་བ་ལ་སོགས་པ་དང་བྲལ་ཞིང༌། ཁ་ན་མ་ཐོ་བ་མེད་པ་དང་ལན་ཚ་མེད་པའི་བཟའ་ བ་དང༌། ཚངས་པར་སྤྱོད་པ་དང་ལྡན་པར་གྱུར་པས། རྒྱས་པའི་དོན་དུ་རང་གི་ཁྱིམ་མམ། གཞན་གྱི་ཁྱིམ་མམ། དགེ་བའི་གནས་སམ། མཛོད་མིག་གི་ཁང་པར་ཙན་དན་གྱི་མཎྜལ་ རྒྱ་བཞི་པ་བྱས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང༌། འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སྔགས་ ཀྱི་ལྷ་རྣམས་ཀྱི་སྤྱན་སྔར་ཇི་ལྟར་འབྱོར་པའི་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། ཤིན་ཏུ་མཉམ་ པར་བཞག་པས་བཅོམ་ལྡན་འདས་མ་དེ་ཉིད་བསྒོམ་པར་བྱ་ཞིང༌། སེམས་རྩེ་གཅིག་པས་ སྦྱིན་བདག་ལ་ཕན་པ་དང་བདེ་བའི་བསམ་པ་དང༌། དད་པ་དང་ལྡན་པ་དང་མཆོག་ཏུ་ཐེ་ ཚོམ་མེད་པས། གཟུངས་འདི་ཉིན་མཚན་གཅིག་གམ་ཉིན་མཚན་བདུན་དུ་གཞན་དང་མི་སྨྲ་ ཞིང་རྒྱུན་མ་ཆད་པར་བཀླག་པར་བྱའོ། །སློབ་དཔོན་གྱིས་དེ་བཞིན་ཉིད་དུ་བརྟུལ་ཞུགས་ 8-1-430 དང་ལྡན་པས་མཚན་མོ་གསུམ་དུ་བྱ་ཞིང་ཉིན་མོ་གསུམ་དུ་བྱས་ནས་མཆོད་པ་དང་གཏོར་མ་ དང་ཉེ་བར་མཁོ་བ་ཐམས་ཅད་ཀྱིས་མཆོད་པར་བྱའོ། །དེ་བཞིན་ཉིད་དུ་སྦྱིན་བདག་གིས་ ཀྱང་བརྟུལ་ཞུགས་དང་ལྡན་པས་ཐམས་ཅད་བརྩམ་པར་བྱ་ཞིང༌། ཀློག་པའི་དུས་སུ་ཡང་ཇི་ ལྟར་ནུས་པས་སེམས་ཅན་རྣམས་ལ་གསེར་ལ་སོགས་པའི་སྦྱིན་པ་བཏང་བར་བྱ་སྟེ། དེ་ནས་ བཀླགས་པས་གྲུབ་པར་འགྱུར་རོ། །དེ་ནས་མིག་བཙུམ་པ་ཙམ་ལ་ནོར་རྒྱུན་མས་སྐྱེས་བུ་ ཆེན་པོ་དང་འཚམ་པའི་ནོར་གྱི་རྒྱུན་གྱིས་སྦྱིན་བདག་གི་ཁྱིམ་ཡོངས་སུ་འགེངས་ པར་འགྱུར་ཏེ། ནོར་ཐམས་ཅད་དང་སོ་བ་དང་གསེར་དང་དངུལ་དང་ཉེ་བར་མཁོ་བ་ ཐམས་ཅད་ཀྱིས་སོ། །ཉེ་བར་འཚེ་བ་ཐམས་ཅད་ཀྱང་མེད་པར་འགྱུར་རོ། །དེ་ནས་སྔར་ བཞིན་རྡུལ་ཚོན་གྱི་དཀྱིལ་འཁོར་གཤེགས་སུ་གསོལ་ལ་རྡུལ་ཚོན་ཐམས་ཅད་མཛོད་མིག་ གི་ཁང་པར་བཅུག་ནས་བཞག་ པར་བྱ་སྟེ། གང་དུ་རྡུལ་ཚོན་བཅུག་པ་དེར་ནི་ཐམས་ཅད་ཟད་པ་མེད་པར་འགྱུར་རོ། ། རྒྱལ་མཚན་དང་བ་དན་ལ་སོགས་པ་གཞན་རྣམས་ནི་ཆུ་ཀླུང་གི་ཆུ་ལ་དོར་བར་བྱའོ། །སློབ་ དཔོན་ལ་སོགས་རྣམས་ཀྱང་ཁ་ན་མ་ཐོ་བ་མེད་པའི་བཟའ་བ་དང་ཡོན་ལ་སོགས་པས་ མཉེས་པར་བྱའོ་ཞེས་པ་ནོར་རྒྱུན་མའི་གཟུངས་བཀླག་པའི་ཆོ་གའོ།། །། ༈ རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་ ཞེས་བྱ་བའི་གཟུངས་འདི་ནི། འཆི་བ་ཆད་པ་ཆེན་པོ་འཛིན་པ་རྣམས་དག་པར་བྱེད་ཅིང་སྡིག་ པ་སེལ་བ་སྟེ། གང་སུ་དག་ཚེ་རིང་བར་འདོད་པ་རྣམས་ཀྱིས་འཆད་པར་འགྱུར་བའི་རིམ་ པས་དེ་ཉིད་བཀླག་པར་བྱའོ། །རྣམ་པར་རྒྱལ་བའི་སའི་ཕྱོགས་འགའ་ཞིག་ཏུ་འཇིམ་པ་དང་ བ་བྱུང་རྣམས་ཀྱིས་ཉེ་བར་བྱུགས་ཏེ་དྲི་བཟང་པོའི་ཆུས་མངོན་པར་གཏོར་ལ། བླ་རེ་འབར་ བ་བྲི་བར་བྱས་ནས་རྡུལ་ཚོན་དཀར་ 8-1-431 པོས་རྩིབས་བརྒྱད་པའི་འཁོར་ལོ་ལེགས་པར་རྣམ་པར་བརྒྱན་པ་དགོད་པར་བྱའོ། ། དེའི་དབུས་སུ་ནི་དེ་བཞིན་གཤེགས་པ་རང་བཞིན་རྣམ་པར་རྒྱས་པའི་གཙུག་ཏོར་ཏེ། རིམ་ པ་ཇི་ལྟ་བར་ཤར་ལ་སོགས་པའི་ཕྱོགས་ཀྱི་རྩིབས་རྣམས་སུ། (རྩིབས་བརྒྱད་ཀྱི་ལྷ་འདི་ རྣམས། ཞལ་གསུམ་ཕྱག་བརྒྱད་པ། སྐུ་མདོག་ཤར་དང་ཤར་ལྷོ་དཀར། ལྷོ་དང་ལྷོ་ནུབ་སེར། ནུབ་དང་ནུབ་བྱང་དམར། བྱང་དང་བྱང་ཤར་ལྗང་ཁུ། ཕྱག་མཚན་ཐམས་ཅད་གཙོ་མོར་ལྟ་ བུའོ། །) ནམ་མཁའ་མཚུངས་པར་རྒྱས་པའི་གཙུག་ཏོར་དང༌། སའི་སྙིང་པོ་རྒྱས་པའི་གཙུག་ ཏོར་དང༌། ནོར་བུ་སྙིང་པོ་རྒྱས་པའི་གཙུག་ཏོར་དང༌། རྡུལ་གྱི་སྙིང་པོ་རྒྱས་པའི་གཙུག་ཏོར་ དང༌། དཔག་མེད་སྙིང་པོ་རྒྱས་པའི་གཙུག་ཏོར་དང༌། གཟི་བརྗིད་སྙིང་པོ་རྒྱས་པའི་གཙུག་ ཏོར་དང༌། རྔའི་སྒྲ་དབྱངས་རྒྱས་པའི་གཙུག་ཏོར་དང༌། རླུང་གི་སྒྲ་དབྱངས་རྒྱས་པའི་གཙུག་ ཏོར་རྣམས་དགོད་པར་བྱའོ། །དེའི་ཕྱི་རོལ་ཏུ་(པད་མ་འདབ་མ་བཅུ་དྲུག་གི་ལྷ་འདི་རྣམས། དབང་ལྡན་ནས་བརྩམས་ཏེ། ཤར་གྱི་བཞི་དཀར་པོ། ལྷོའི་བཞི་སེར་པོ། ནུབ་ཀྱི་དམར་ པོ། བྱང་གི་ལྗང་ཁུ། ཐམས་ཅད་ཕྱག་གཡོན་པའི་ཐེབ་སྲིན་གྱིས་པད་མའི་རྩ་བ་ཐུགས་ཁར་ འཛིན་ཅིང༌། པད་མའི་སྟེང་དུ། ཟླ་ཚེས་ཆོས་འབྱུང་གིས་མཚན་པ་དང༌། གཡས་པའི་རྡོ་རྗེར་ ཁུ་ཚུར་གྱིས་རིམ་པ་བཞིན། ཤར་ཕྱོགས་པས་རྡོ་རྗེ། ལྷོ་པས་རིན་ཆེན། ནུབ་པས་པད་མ། བྱང་པས་རྡོ་རྗེར་རྒྱ་གྲམ་འཛིན་པ། ཞབས་རྡོ་རྗེའི་དཀྱིལ་དཀྲུངས་ཅན་ནོ། །)འདབ་མ་བཅུ་ དྲུག་པའི་པད་མ་ཤིན་ཏུ་མཛེས་ པ་བྱས་ནས། རེ་རེ་ཞིང་འདབ་མ་སོ་སོ་ལ་རིམ་པ་ཇི་ལྟ་བར་ཟླ་བ་བཅུ་དྲུག་ལ་དེ་བཞིན་ གཤེགས་པ་བཅུ་དྲུག་དགོད་པར་བྱ་སྟེ། ནང་སྟོང་པ་ཉིད་རྒྱས་པའི་གཙུག་ཏོར་དང༌། ཕྱི་སྟོང་ པ་ཉིད་རྒྱས་པའི་གཙུག་ཏོར་དང༌། ཕྱི་ནང་སྟོང་པ་ཉིད་རྒྱས་པའི་གཙུག་ཏོར་དང༌། སྟོང་པ་ 8-1-432 ཉིད་སྟོང་པ་ཉིད་རྒྱས་པའི་གཙུག་ཏོར་དང༌། དོན་དམ་པ་སྟོང་པ་ཉིད་རྒྱས་པའི་གཙུག་ཏོར་ དང༌། འདུས་བྱས་སྟོང་པ་ཉིད་རྒྱས་པའི་གཙུག་ཏོར་དང༌། འདུས་མ་བྱས་སྟོང་པ་ཉིད་རྒྱས་ པའི་གཙུག་ཏོར་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རྒྱས་པའི་གཙུག་ཏོར་དང༌། དོར་ བ་མེད་པ་སྟོང་པ་ཉིད་རྒྱས་པའི་གཙུག་ཏོར་དང༌། རང་བཞིན་སྟོང་པ་ཉིད་རྒྱས་པའི་གཙུག་ ཏོར་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་རྒྱས་པའི་གཙུག་ཏོར་དང༌། རང་གི་མཚན་ཉིད་ སྟོང་པ་ཉིད་རྒྱས་པའི་གཙུག་ཏོར་དང༌། མི་དམིགས་པ་སྟོང་པ་ཉིད་རྒྱས་པའི་གཙུག་ཏོར་ དང༌། དངོས་པོ་མེད་པ་སྟོང་པ་ཉིད་རྒྱས་པའི་གཙུག་ཏོར་དང༌། ངོ་བོ་ཉིད་སྟོང་པ་ཉིད་རྒྱས་ པའི་གཙུག་ཏོར་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྒྱས་པའི་གཙུག་ཏོར་རྣམས་ སོ། །དེ་བཞིན་གཤེགས་པ་འདི་དག་གི་གདན་གྱི་མཎྜལ་བྱས་ནས་དུས་ཇི་ལྟ་བར་མེ་ཏོག་གི་ ཚོགས་ཀྱིས་མཆོད་པར་བྱའོ། །འདིའི་སྟེང་དུ་མན་ཇིའི་ཁར་ཆུའི་སྣོད་དུ་རྣམ་པར་སྣང་མཛད་ སྙིང་པོའི་མཆོད་རྟེན་བཞག་ཅིང༌། གསེར་གྱི་སྣོད་དུ་ནི་སྔགས་དང་བཅས་པའི་སྒྲུབ་པ་པོའི་ མིང་མངོན་པར་བྲིས་པ་བཞག་སྟེ་བུམ་པ་ཆུས་དགང་བར་བྱའོ། །པད་མའི་ཕྱི་རོལ་གྱི་ཕྱོགས་ བཞིར་བུམ་པ་གང་བ་བཞི་གཞག་པར་བྱ་ཞིང༌། འདབ་མ་དང་བཅས་པ་དང༌། གདུགས་དང་ བ་དན་གྱིས་ཉེ་བར་མཛེས་པ་བྱས་ནས། སླར་ཡང་ཤར་དུ་བགེགས་(ཤར་ལ་སོགས་པའི་ ཕྱོགས་བཞིར། བདུད་བཞི་ཞི་བར་བྱེད་པའི་ལྷ་མོ་འདི་རྣམས་སྐུ་མདོག་ནག་མོ། ཞལ་གཅིག་ ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེར། གཡོན་སྡིགས་མཛུབ། སྦྲུལ་དང༌། སྟག་གིས་རྒྱན་པ། པད་ཉི་ལ་གཡོན་རྐྱང་གིས་བཞུགས་པའོ། །)རབ་ཏུ་ཞི་བར་བྱེད་ པའི་ལྷ་མོ་རྣམ་པར་རྒྱལ་མ་དང༌། ལྷོ་རུ་འཆི་བ་རབ་ཏུ་ཞི་བར་བྱེད་པའི་ལྷ་མོ་རྣམ་པར་རྒྱལ་ མ་དང༌། ནུབ་ཏུ་ཉོན་མོངས་པ་རབ་ཏུ་ཞི་བར་བྱེད་པའི་ལྷ་མོ་རྣམ་པར་རྒྱལ་མ་དང༌། བྱང་དུ་ ཕུང་པོ་ན་བ་རབ་ཏུ་ཞི་བར་བྱེད་པའི་ལྷ་མོ་རྣམ་པར་རྒྱལ་མ་རྣམས་སོ། །(མེ་ལ་སོགས་པའི་ 8-1-433 མཚམས་ཀྱི་ལྷ་མོ་འདི་རྣམས། སྐུ་མདོག་དཀར་མོ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ ཀྱིས་རིན་པོ་ཆེའི་བུམ་པ་ཐུགས་ཁར་འཛིན་པ། རིན་པོ་ཆེ་དང༌། དར་གྱི་ནམ་བཟའ་གསོལ་ བ། པད་ཟླ་ལ་བཞེངས་ནས་བཞུགས་པའོ། །)མེར་རྡོ་རྗེའི་ཕྲེང་བའི་ཚེ་སྦྱིན་མ་དང༌། བདེན་ བྲལ་དུ་སྒྱུ་མ་ཆེན་མོ་དང༌། རླུང་དུ་གསེར་འོད་མ་དང༌། དབང་ལྡན་དུ་གསེར་གྱི་ཕྲེང་བའི་ཚེ་ སྦྱིན་མ་རྣམས་ཏེ། སྣོད་བཞི་ཆུས་ཡོངས་སུ་བཀང་ནས་དྲི་བཟང་པོ་དང་བསྲེས་ཏེ་མེ་ཏོག་གི་ ཕྲེང་བ་འཕྱང་བ་བཞི་དགོད་པར་བྱའོ། །རེ་ཁ་གསུམ་གྱི་ནང་དུ་རྡུལ་ཚོན་བཀྱེ་བ་ལ། དང་ པོ་ལ་སོགས་པར་ཕྲེང་བར་བཀོད་དེ། སཱ་ལི་ཟན་ནམ་འཇིམ་པ་རློན་པ་ལ་མཆོད་རྟེན་སྟོང་ བྱ་ཞིང༌། གལ་ཏེ་མ་འབྱོར་ན་བརྒྱ་བཞག་པར་བྱའོ། །ཕྱོགས་བཞིར་བསྙེན་བཀུར་ཆེན་པོས་ མཆོད་པ་བྱས་ནས་དཱུར་བ་དང་མེ་ཏོག་ཀུན་ད་བཟུང་སྟེ། ཆོས་སྟོན་པ་པོས་གཟུངས་འདི་ བླག་པར་བྱ་ཞིང༌། མཆོད་རྟེན་གྱི་སྟེང་དུ་སོ་སོར་མཆོད་པ་བྱས་ལ་རབ་ཏུ་གནས་པར་བྱའོ། ། འབྲས་མ་ཆག་པ་དང་དཱུར་བ་དང་ཀུན་ད་སྟོང་གིས་དབུས་ཀྱི་མཆོད་རྟེན་གྱི་སྟེང་དུ་བླུགས་ ནས་མཆོད་པར་བྱ་ཞིང༌། མེ་ཏོག་དང་བདུག་སྤོས་དང་སྣང་གསལ་དང་དྲི་དང་གཏོར་མ་དང་ ཞལ་ཟས་དང་གདུགས་དང་བ་དན་ལ་སོགས་པའི་མཆོད་པ་ཐམས་ཅད་རེ་རེ་ཞིང་ངེས་པར་ སྟོང་སྟོང་གི་ཕྲེང་བ་བྱས་ནས་ཡང་དག་པར་མཆོད་པར་བྱའོ། །ཡོངས་སུ་རྫོགས་པ་ཇི་སྲིད་ པར་མར་མེའི་ཕྲེང་བ་མ་ཆད་པར་བྱ་ཞིང༌། རྟག་ཏུ་མཉམ་པར་གཞག་པས་གཙང་མའི་དངོས་ པོར་བྱའོ། །ཆོས་སྟོན་པ་པོ་སློབ་དཔོན་དང་ལས་ཀྱི་རྡོ་རྗེ་རྣམས་ཀྱིས་དྲི་བཟང་པོས་ཁྲུས་ བྱས་ཏེ་དཀར་པོའི་གོས་དང་རྒྱན་གྱིས་བརྒྱན་པའི་དངོས་པོར་བྱ་ཞིང༌། བསྡམས་པ་དང་ལྡན་ པས་ཤར་དུ་མངོན་པར་ཕྱོགས་པས་ཀླག་པར་བྱའོ། །དེ་ལྟར་བྱས་ན་ཞག་བདུན་གྱི་ཚེ་ནི་ལོ་ བདུན་གྱི་ཚེར་འགྱུར་ཞིང༌། ལོ་བདུན་གྱི་ཚེ་ནི་ལོ་བདུན་ཅུར་འཚོ་བར་འགྱུར་ལ། དུས་མ་ ཡིན་པར་འཆི་བ་ཡང་མེད་པར་འགྱུར་རོ་ཞེས་པ་(འདི་ལ། འཁོར་ལོ་རྩིབས་བརྒྱད་པའི་ཕྱི་ 8-1-434 རོལ་ཏུ་པད་མ་འདབ་མ་བཅུ་དྲུག དེའི་ཕྱི་རོལ་ཏུ་པད་མ་འདབ་མ་བརྒྱད་པ་བྱའོ། །)གཙུག་ ཏོར་རྣམ་པར་རྒྱལ་བ་ཀློག་པའི་ཆོ་གའོ།། ༤༤ །། ༈ འདིར་གལ་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་པ་ལ་སོགས་པ་ན། ས་འོག་ནས་ཆུ་ རྡོལ་བ་དང་མེ་དང་རླུང་དང་སྤྲིན་དང་ཐོག་དང་མི་དང་ལྷའི་སྡེ་དང༌། གླང་པོ་ལ་སོགས་ཀྱི་ ཉེ་བར་འཚེ་བ་ལྷས་བྱས་པའམ། མི་ལ་སོགས་པས་བྱས་པ་འབྱུང་བ་སྲིད་དེ། དེའི་ཚེ་ཆོ་ག་ ཇི་ལྟ་བ་བཞིན་དུ་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་ར་བ་དང་གུར་དང་མདའི་དྲ་བ་དང་བླ་ རེ་རྣམས་ཀྱི་ནང་གི་བར་སྣང་ལ་གནས་པའི་རྩིབས་ཀྱི་རྩེ་མོ་ལ་བརྟན་པར་བཞུགས་པའི་ཁྲོ་ བོ་བཅུ་ཤིན་ཏུ་འཇིགས་སུ་རུང་བར་བྱིན་གྱིས་བརླབས་ལ། རྩིབས་བཅུ་པའི་འཁོར་ལོ་སེར་ པོ་གཡས་སུ་འཁོར་བའི་ལྟེ་བའི་དབུས་སུ་གནས་པའི་གཞལ་ཡས་ཁང་གི་རྣམ་པར་དཀྱིལ་ འཁོར་ཁང་པ་ཤིན་ཏུ་བརྟན་པར་སྐད་ཅིག་གིས་ལྷག་པར་མོས་པ་བྱ་སྟེ། རྡོ་རྗེའི་རང་བཞིན་ ཉིད་ལ་སོགས་པས་བགེགས་ཐམས་ཅད་བཟློག་པར་འགྱུར་རོ་ཞེས་སོ། །གང་ཡང་རྒྱུན་མི་ འཆད་པར་སྙིང་རྗེ་ཆེན་པོ་དང་རོ་གཅིག་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གོམས་པར་བྱེད་ པ་དེ་ལ་ནི་དཔག་ཏུ་མེད་པའི་བགེགས་རྣམས་ཀྱང་རབ་ཏུ་ཞི་བར་འགྱུར་ཏེ། དེའི་ཆེད་དུ་ནི་ རིམ་པ་འདི་རྣམས་མ་ཡིན་ནོ། །གང་ཡང་དཀྱིལ་འཁོར་གྱི་འཁོར་༴༴པ་ཉིད་དང་རོ་གཅིག་ པར་ཤིན་ཏུ་བརྟན་པར་སྒོམ་པར་བྱེད་པ་དེ་ལ་ནི་བགེགས་ཐམས་ཅད་དང་ཉེས་པ་གཞན་ ཡང་འབད་པ་མེད་པར་ཉམས་པར་འགྱུར་ཏེ་རྨི་ལམ་དུ་ཡང་མི་སྣང་ངོ༌། །དེའི་ཆེད་དུ་ཡང་ རིམ་པ་འདི་དག་མ་ཡིན་ནོ་ཞེས་པ་བགེགས་བཟློག་པའི་ཆོ་གའོ།། ༤༥ །། སངས་རྒྱས་རྣམ་པ་བྱས་པའི་འབྲས། །བཅོམ་ལྡན་འདས་ཀྱིས་གང་གསུངས་ཏེ། །དེས་ ན་སངས་རྒྱས་རྣམས་ཀྱི་སྐུའི། །མཚན་ཉིད་འདིར་ཡང་བྲི་བར་བྱ། །སྐུ་གཟུགས་མཚན་ཉིད་ ཐམས་ཅད་ནི། །རབ་རྫོགས་བདེ་བ་སྟེར་བ་པོ། །གང་ཚེ་དེ་ཉིད་རྣམ་ཉམས་འགྱུར། །དེ་ཚེ་ 8-1-435 སྡུག་བསྔལ་རབ་སྦྱིན་བྱེད། །བདེ་བ་ཅི་ཞེ་ན། དེ་བཤད་པ། བཅོམ་ལྡན་འདས་ཀྱི་མཆོད་ རྟེན་རྣམས་དང་སྐུ་གཟུགས་ལ་ཡང་ཕྲ་རབ་རྡུལ་ནི་ཇི་སྙེད་པ། །དེ་སྙེད་དེ་དག་བྱེད་པ་པོ་ནི་ ལྷ་ཡི་ས་གཞི་ངེས་པ་ཉིད་དུ་རྒྱལ་སྲིད་དང༌། །གཟུགས་དང་གཟུགས་མེད་ཏིང་ངེ་འཛིན་གྱི་ ཕུན་སུམ་ཚོགས་པ་མཐའ་དག་སྤྱད་པར་གྱུར་ནས་ཀྱང༌། །བདེ་བ་ཀུན་རྫོགས་མཐར་ནི་སྐྱེ་ རྒར་ལྟུང་བ་བྲལ་ནས་སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །དེའི་ཕྱིར་གཟུགས་ཀྱི་སྐུ་ཡི་ མཚན་ཉིད་བཤད་པར་བྱའོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་རྡོ་ རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་སྐུའི་རིང་བར་ནི་དཔུང་པ་གཉིས་ངོས་སུ་རབ་ཏུ་བརྐྱང་བ་སྟེ། ཞེང་དུ་ཡང་ངོ༌། །ཚད་རྣམས་ཅི་ཞེ་ན། རང་གི་སོར་གྱི་སོར་ཕྱེད་དང་བཅས་པའི་བཅུ་གཉིས་ ནི་མཐོའོ། །མཐོ་དེ་ཉིད་བཅུ་ལ་ནི་སོར་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱའོ། ། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ནི་སོར་བཅུ་གཉིས་ལ་མཐོའོ། །མཐོ་དེ་ཉིད་དགུ་ ལ་སོར་བརྒྱ་དང་བརྒྱད་དེ་དཔངས་དང་ཞེང་དུ་ཡང་ངོ༌། །བྱང་ཆུབ་སེམ་དཔའ་རྣམས་ཀྱི་ཡང་ སོར་བཅུ་གཉིས་པའི་མཐོ་བཅུ་པ་ཉིད་དོ། །ཐོང་ཞིང་ལྟོ་བ་འཕྱང་བ་རྣམས་དང་ཁྲོ་བོ་རྣམས་ ཀྱི་ཡང་མཐོ་བརྒྱད་པ་སྟེ། སོར་དགུ་བཅུ་རྩ་དྲུག་གོ །རོལ་པའི་ཁྲོ་བོ་རྣམས་ཀྱི་ནི་མཐོ་བཅུ་ པ་དང་སོར་བརྒྱ་དང་ཉི་ཤུ་པ་སྟེ་དཔངས་དང་ཞེང་དུ་ཡང་ངོ༌། །ཡན་ལག་དང་ཉེ་བའི་ཡན་ ལག་ཐམས་ཅད་ཀྱང་ཤེས་པར་བྱའོ། །སྟོན་པ་ཆོས་འཆད་པ་ལ་བྱོན་པའི་དུས་སུ་ཤཱ་རིའི་ བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ མི་བཞུགས་པ་ན་དད་པ་དང་ལྡན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཀྱིས་ཇི་ལྟར་ བསྒྲུབ་པ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཤཱ་རིའི་བུ་ང་ཡོངས་སུ་མྱ་ངན་ལས་འདས་པར་གཤེགས་པ་ན་ཡང༌། མཆོད་པ་ དང་བསྙེན་བཀུར་བྱ་བའི་དོན་དུ་སྐུ་གཟུགས་བྱའོ། །ནྱ་གྲོ་དྷའི་དཀྱིལ་འཁོར་ནི་ཇི་སྙེད་པའི་ 8-1-436 ཞེང་དེ་སྙེད་པའི་ལུས་ཏེ་ཇི་སྙེད་པའི་སྐུ་ཡང་དེ་སྙེད་པའི་ཞེང་ངོ༌། །ཐམས་ཅད་དུ་ཡན་ལག་ དང་ཉེ་བའི་ཡན་ལག་སྟེ་ལུས་ཀྱི་ཆ་ཤས་རྣམས་སྦོམ་ཞིང་སྣུམ་པ་དང༌། རོལ་པ་དང་སྒེག་པ་ དང་བདུན་མཐོ་དང་འགྲམ་པ་ཆེ་བ་ཉིད་དང་སྤྱི་བོ་གདུགས་ཀྱི་རྣམ་པ་དང་ཕྲག་པ་ལེགས་ པར་གནས་པ་དང་གཙུག་ཏོར་ལ་སོགས་པ་ཤིན་ཏུ་ལེགས་པར་གནས་པའོ། །དེ་ལ་དཔངས་ དང་ཞེང་དང་མཐོ་བ་དང་ཚིགས་བཀུམ་པ་དང་བརྐྱང་བ་རྣམས་ཀྱི་ཚད་ནི་སངས་རྒྱས་ཀྱི་སྐུ་ རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ངོ་ཞེས་པའི་གསུང་ལས་སོ། །དེ་ལ་སྣུམ་པ་ ནི་ལྤགས་པ་སྣུམ་པའོ། །རོལ་པ་ནི་ཡིད་འཕྲོག་པའོ། །སྒེག་པ་ནི་གསུམ་དུ་འཁྱོག་པ་ཉིད་ལ་ སོགས་པའི་ཡོན་ཏན་གྱིས་སོ། །བདུན་མཐོ་བ་ཞེས་པ་ལ་བདུན་ནི་ལུས་ཀྱི་ཆ་ཤས་ཡིན་ཞིང༌། མཐོ་བ་ནི་ངེས་པར་མཐོ་བ་དང་ཤིན་ཏུ་མཐོ་བ་ཞེས་པའི་རྣམ་གྲངས་སོ། །དེ་དག་གང་ཞེ་ ན། ཞབས་གཉིས་དང་ཕྱག་གཉིས་དང་ཕྲག་པ་གཉིས་དང་མགུལ་པ་རྣམས་སོ། །གཞན་ནི་ རབ་ཏུ་གྲགས་ཏེ། ཅུང་ཟད་མཐོ་བ་ཡང་མཐོ་བ་ཞེས་བྱའོ། །དེ་ལ་གཙུག་ཏོར་ནི་སོར་བཞི་སྟེ་ སྐྲའི་གནས་ཀྱང་ངོ༌། །དེ་བཞིན་ཉིད་དུ་དཔྲལ་བ་དང་ཤངས་ལའོ། །ཤངས་ཀྱི་འོག་ནས་ཀོས་ ཀོའི་མཐར་ནི་ནས་བཞི་ལྷག་པའི་སོར་བཞིའོ། །འདི་ཉིད་ནི་ཆ་ཆུང་ཕྱེད་དང་བཅུ་གསུམ་སྟེ་ ཞལ་གྱི་ཆའོ། །ཀོས་ཀོ་ནི་སོར་གཉིས་སུ་འགྱུར་པ་དཔངས་ལ་སྟེ་རྒྱ་ལ་ཡང་དེ་བཞིན་དུ་སོར་ བཞིར་འདོད་དོ། །འགྲམ་པ་དག་ལ་སོར་བཞི་སྟེ་རྣ་བའི་རྩ་བར་སོན་པ་ལའོ། །སྤྱན་གྱི་འོག་ གི་ལྤགས་པ་དག་ལས་འོག་གི་ཆ་ནི་འཁུར་བར་འགྱུར་རོ། །དེ་དག་ནི་སོར་གཉིས་སུ་མཐོ་ བ་དང༌། རྒྱར་ཡང་དེ་དག་སོར་གཉིས་པ་སྟེ། བྱང་ཆུབ་སེམས་དཔའ་ལ་ལྟོས་པའི་འོ། །ལྷག་ མ་དང་བཅས་ཤིང་ཡོངས་སུ་རྫོགས་པར་གྱུར་པས་སེང་གེ་ཆེན་པོའི་འགྲམ་པ་ཇི་ལྟ་བ་ནི་ རྫོགས་པའི་སངས་རྒྱས་དང་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་སྟེ་ཅུང་ཟད་མཐོ་བའོ་ཞེས་པའི་ དོན་ཏོ། །ཁྲོ་བོ་རྣམས་ཀྱི་ནི་ལེབ་མོར་རྣམ་པར་རྒྱས་ཤིང་ལྷག་པའོ། །མ་མཆུའི་རྒྱ་ལ་སོར་ 8-1-437 གཉིས་ཏེ་དཔངས་ལ་ནི་ཆ་ཆུང་གསུམ་མོ། །སོར་སུམ་ཆ་ལ་ནི་ཆ་ཆུང་ཞེས་བྱའོ། །མཆུའི་ དབུས་ནི་བིམ་པའི་འབྲས་བུ་ལྟ་བུའོ། ། སོར་ཅིག་ནི་ཞལ་གྱི་གྲུ་སྟེ་ཞལ་གྱི་ཞེང་ལ་སོར་བཞིའོ། །ཇི་ལྟ་བར་སྐྱེས་ཤིང་བཀོད་ པའི་ཚེམས་བཞི་བཅུ་ནི་རྒྱལ་པོའི་ཚེམས་ལ་སོགས་པའི་རིམ་པས་སོ། །ཡ་མཆུ་དག་ལ་སོར་ ཕྱེད་དང་ནས་བཞི་ནི་རྒྱ་དང་དཔངས་དག་ལའོ། །ཤངས་ཀྱི་རྩེ་མོའི་འོག་ཏུ་མཆུ་ལ་སོར་སུམ་ ཆ་པད་འདབ་ཀྱི་རྣམ་པ་སྟེ་སྨྲ་རའི་དབུས་ནི་མཆུ་སྒྲོས་སོ། །ཤངས་ཀྱི་ཞེང་ལ་ནི་སོར་གཉིས་ ཏེ་དེའི་ཕྱེད་སོར་ནི་དཔངས་ལའོ། །སངས་རྒྱས་རྣམས་ཀྱི་ནི་ཅུང་ཟད་ལྷག་པའོ། །ཤིན་ཏུ་ ཁྲོས་པ་རྣམས་ཀྱི་ཅུང་ཟད་ལེབ་ཅིང་ངོས་སུ་སོན་པའོ། །སོར་ཕྱེད་པར་མཉམ་ཞིང་ཟླུམ་པ་ནི་ ཤངས་ཀྱི་བུག་པའོ། །དེའི་ཤངས་ཀྱི་ཀ་བ་དང་ཤངས་ཀྱི་རྩེ་མོའི་འཁྱོག་པོའི་རྒྱ་ལ་སོར་ཕྱེད་ དོ། །སྤྱན་གྱི་སྦུབས་ལ་སོར་བཞིའོ། །དེའི་དབུས་ལ་སོར་གཅིག་གི་བརྒྱའོ། །སྨིན་མའི་འོག་ ནས་བརྩམས་ཏེ་འོག་གི་མཐར་ཐུག་པ་ལ་སོར་གསུམ་མོ། །སྤྱན་དག་གི་བར་དུ་ཤངས་ཀྱི་རྩ་ བ་ལ་སོར་གཅིག་གོ །སྨིན་མ་ནི་སོར་བཞི་སྟེ་དེ་ནི་གཞུའི་རྣམ་པའོ། །དབུས་ཀྱི་ཞེང་ལ་སོར་ གཉིས་ཏེ་རྡོ་རྗེ་འཛིན་པ་རྣམས་ཀྱིའོ། །ཁྲོ་བོ་རྣམས་ཀྱི་ནི་འཁྱོག་པོའོ། །སངས་རྒྱས་རྣམས་ ཀྱི་ཏིང་ངེ་འཛིན་གྱི་གཟིགས་སྟངས་ལ་ནས་གཉིས་ཏེ་རྒྱར་སོར་གཉིས་དང་ནས་དྲུག་ལྷག་པ་ ཉའི་རྣམ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཞེང་ལ་ནས་བཞི་དང་རིང་བར་ནས་ཉི་ ཤུ་སྟེ་ཨུད་པ་ལའི་རྣམ་པའོ། །ཐམས་ཅད་བུད་མེད་སྒེག་མོ་རྣམས་ཀྱི་ནི་རིང་བར་ནས་བཅོ་ བརྒྱད་དང་ཞེང་ལ་ནས་དྲུག་སྟེ་ཉའི་ལྟོ་བའི་རྣམ་པའོ། །ཤངས་དང་ཉེ་བའི་སྤྱན་གྱི་མཐའ་སྟེ་ ནང་ཟུར་ལ་ནས་བཞིའོ། །ཕ་རོལ་གྱི་མཐའ་སྟེ་ཕྱི་ཟུར་ལ་ཡང་ནས་བཞིའོ། །སྤྱན་གྱི་ནོར་བུ་ ལ་སོར་གསུམ་མོ། །འབུར་པོར་ནས་གཉིས་སུ་མཐོ་བའོ། །ནག་པོ་ལ་ནི་མཉམ་པར་ནས་ ལྔའི་ཚད་དེ་ཞལ་གྲྭའི་ཐིག་དང་མཉམ་པའོ། །སྤྱན་གྱི་དབུས་སུ་པུ་ཏ་ལི་ཀ་ནི་སོར་ཕྱེད་དང་ 8-1-438 གཉིས་ཀྱི་ལྔ་ཆའི་ཞེང་སྟེ། སོར་གཅིག་ནི་སྤྱན་འབྲས་ཡིན་ལ། སོར་གསུམ་ཆའི་བཞི་ཆ་ནི་ རབ་ཏུ་གསལ་བ་སྤྱན་གྱི་བུའོ། །པད་མའི་འདབ་མའི་རྣམ་པ་ཅན་གྱི་སྤྱན་གྱི་སྦུབས་ནི་སོར་ གསུམ་མོ། །ནང་ཟུར་གྱི་ཆ་ནི་ཤངས་ཀྱི་བུ་གའི་ཐིག་དང་མཉམ་པའོ། །སྤྱན་འབྲས་དང་ མཉམ་པར་ཀོས་ཀོ་དང་ཞལ་གྱི་གྲ་ཟུར་དེ་བཞིན་ནོ། །སྨིན་མ་དག་གི་བར་ལ་ནི་སོར་ཕྱེད་ དང་གཉིས་སོ། །དེ་ཉིད་དུ་མཛོད་སྤུ་ནི་སོར་གཅིག་པ་སྟེ་ཟླ་བ་གང་བ་ལྟ་བུའོ། །ཤངས་དང་ མཛོད་སྤུ་དང་གཙུག་ཏོར་རྣམས་ཀྱི་ཐིག་ནི་མཚུངས་པའོ། །སྨིན་མ་དག་གི་རི་མོ་དང་མཉམ་ པར་སྙན་དག་སྟེ། དཔངས་སུ་སོར་བཞི་དང་ཞེང་དུ་སོར་གཉིས་སོ། །དེའི་འདབ་མ་ནི་ནས་ བཞིའོ། །དེ་དག་གི་སྟེང་གི་འདབ་མ་ལའང་ནས་བཞི་སྟེ། དེའི་དཔངས་སུ་ནི་སོར་གཅིག་ གོ །བུག་པ་ལ་ནི་ནས་བཞིའོ། །འགྲམ་པ་དང་སྙན་གྱི་བུག་པའི་བར་དུ་སྙིན་གྱི་འཁྱིལ་བ་ནི་ གདེངས་ཀའི་རྣམ་པ་སྟེ་ནས་གཉིས་སོ། །སྙན་ཤལ་དག་ནི་སོར་བཞིར་རིང་བ་སྟེ། སྦོམས་སུ་ ནི་ཇི་ལྟར་མཛེས་པའོ། །སྔར་གྱི་གཙུག་ཏོར་ལ་སོགས་པ་ནས་འགྲིན་པའི་མཐར་ཐུག་པ་ལ་ ནས་བཞི་ལྷག་པའི་སོར་ཉི་ཤུར་བཤད་དོ། །ད་ནི་མགྲིན་པ་ལ་སོགས་པ་ནས་ལོང་བུའི་འོག་ གི་མཐར་ཐུག་པའི་ཆ་དབྱེ་བར་བྱ་སྟེ། མགྲིན་པ་ལ་ནི་སོར་བཞིའོ། །མགྲིན་པ་ནས་ཐུགས་ཁ་ ལ་སོར་ཕྱེད་དང་བཅུ་གསུམ་མོ། །ཐུགས་ཁ་ནས་ལྟེ་བའི་མཐར་ཐུག་པ་ལ་ཡང་དེ་བཞིན་ནོ། ། ལྟེ་བ་ནས་གསང་གནས་ཀྱི་མཐར་ཐུག་པ་ལ་ཡང་སོར་ཕྱེད་དང་བཅུ་གསུམ་མོ། །བརླ་ལ་ནི་ སོར་ཉི་ཤུ་རྩ་ལྔ་སྟེ། བྱིན་པ་ལ་ཡང་དེ་བཞིན་ནོ། །པུས་མོ་ལ་སོར་དྲུག་གོ །ལོང་བུ་ལ་སོར་ གཉིས་སོ། །ལོང་བུའི་འོག་ཏུ་སོར་བཞིའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་དང་རྡོ་རྗེ་ འཛིན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱང་མཐོ་བཅུ་པར་བཤད་པའི་རྣམ་པར་དབྱེ་ སྟེ། གཞན་རྣམས་ནི་ཇི་ལྟར་རིགས་པར་ཤེས་པར་བྱའོ། །སྤྱི་བོའི་ནོར་བུ་ནི་ཇི་ལྟར་མཛེས་ ཤིང་དྲི་མ་མེད་པ་བྱའོ། །རྡོ་རྗེ་འཛིན་པ་རྣམས་ཀྱི་ནི་གཙུག་ཏོར་གྱི་དབུས་སུ་རལ་པའི་ཅོད་ 8-1-439 པན་སོར་བཅུ་གཉིས་པ་བྱ་ཞིང༌། དཔའ་བོ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ རལ་པའི་ཅོད་པན་སོར་བརྒྱད་པའོ་ཞེས་པ་ཁྱད་པར་ཏེ། སོར་བཅུ་པའོ་ཞེས་པ་ནི་འགའ་ ཞིག་གིའོ། །གཙུག་ཏོར་གྱི་འོག་ཏུ་བསྐོར་བ་ལ་སོར་བཅུ་གཉིས་སོ། །དཔྲལ་བའི་སྟེང་དུ་ནི་ གདུགས་ཀྱི་རྣམ་པ་སྟེ། སྔོན་པོ་གཡས་སུ་འཁྱིལ་བ་ནི་སྟེང་དུ་ཡང་ངོ༌། །སྤྱི་བོ་ནི་མཐོ་བ་སྟེ། སྙན་གྱི་མདུན་དང་རྒྱབ་ཏུ་བསྐོར་བ་ལ་སོར་སུམ་ཅུ་སོ་གཉིས་ནི་སྤྱི་བོའི་རྒྱའོ། །མགྲིན་པའི་ ཞེང་ལ་སོར་བརྒྱད་དེ། དེའི་མཐའ་སྐོར་ལ་སོར་ཉི་ཤུ་རྩ་བཞིའོ། །མགྲིན་པའི་སོར་བརྒྱད་ སྤངས་ནས་སྙན་དང་ཉེ་བའི་སོར་བཞི་དང་བཅས་པའི་སོར་བཅུ་གཉིས་ནི་ཕྲག་པའི་ཟླུམ་པོ་ ལ་འགྱུར་ཏེ་མཚན་ཉིད་དང་ལྡན་པ་རྣམས་ལའོ། །ཕྲ་བའི་གནས་དང་བྲལ་བའི་ཕྲག་པ་ནས་ གྲུ་མོའི་བར་ལ་སོར་ཉི་ཤུ་ནི་དཔུང་པའོ། །གྲུ་མོ་ལ་ནི་སོར་གཅིག་གོ །གྲུ་མོའི་འོག་ནས་ནོར་ བུ་འཆིང་བའི་སྟེང་ནི་ཕྱག་ངར་ཏེ་སོར་བཅུ་དྲུག་གོ །ནོར་བུ་འཆིང་བ་ལ་ནི་སོར་གཅིག་གོ ། ནོར་བུ་འཆིང་བའི་འོག་ནས་སོར་མོ་གུང་མོའི་རྩེ་མོའི་མཐར་ཐུག་པ་ལ་ནི་སོར་བཅུ་ གཉིས་ཏེ་ཕྱག་འདབ་བོ། །དེ་ལྟར་སོར་ལྔ་བཅུའོ། །དཔུང་པའི་དབུས་ནས་བསྐོར་བ་ལ་སོར་ ཉི་ཤུ་སྟེ། ཉེ་བའི་དཔུང་བའི་དབུས་ནས་བསྐོར་བ་སོར་བཅུ་དྲུག་གོ །ནོར་བུ་འཆིང་བའི་ མཐའ་བསྐོར་ལ་ནི་སོར་བཅུ་གཉིས་ཏེ། ནོར་བུ་འཆིང་བ་ནས་ཕྱག་གི་མཐིལ་ལ་སོར་བདུན་ ནོ། །སོར་མོ་གུང་མོ་ལ་ཆ་ཆུང་ལྔའོ། །དེའི་ཚིགས་ཕྱེད་ཀྱིས་ཐུང་བ་ནི་མཛུབ་མོ་སྟེ། མིང་མེད་ ནི་དེ་དང་མཉམ་པའོ། །ཚིགས་གཅིག་གིས་ཐུང་བ་ནི་མཐེ་ཆུང་སྟེ། སོར་མོ་ཐམས་ཅད་ནི་ ཚིགས་གསུམ་པའོ། །དེ་རྣམས་ཀྱི་ཚིགས་ཕྱེད་ཀྱིས་སེན་མོའོ། །ནོར་བུ་འཆིང་བ་ལས་སོར་ བཞི་སྤངས་ནས་སེན་མོའི་རྩེ་མོ་ཇི་སྲིད་པ་ལ་སོར་བཞི་ནི་མཐེ་བོང་སྟེ་ཚིགས་གཉིས་པའོ། ། ནས་ཕྱེད་ནི་སེན་མོའི་རྩ་བའོ། །མཐེ་བོང་གི་མཐའ་སྐོར་ལ་ནི་སོར་བཞིའོ། །མཐེ་བོང་ནས་ མཛུབ་མོ་ལ་ནི་སོར་བཞིའམ་གསུམ་མོ། །ནོར་བུ་འཆིང་བ་ནས་མཐེ་ཆུང་གི་རྩ་བའི་མཐར་ 8-1-440 ཐུག་པ་ལ་ནི་སོར་ལྔའོ། །ཕྲག་པ་ནས་མཆན་ཁུང་གི་མཐར་ ཐུག་པ་ལ་སོར་དགུ་སྟེ། མཆན་ཁུང་ནས་ནུ་མ་ཇི་སྲིད་པ་ལ་སོར་བཅུ་དྲུག་གོ །བྲང་དང་ རྒྱབ་དག་གི་མཐའ་སྐོར་ལ་སོར་ལྔ་བཅུ་དྲུག་སྟེ། ནུ་མ་དག་གི་བར་ལ་སོར་ཕྱེད་དང་བཅུ་ གསུམ་མོ། །ནུ་མ་ནས་ལྟེ་བའི་བར་ལ་སོར་བཅུ་དྲུག་གོ །ལྟེ་བ་ནས་བརྩམས་ཏེ་རྒྱབ་དང་ ལྷན་ཅིག་ལྟེ་བ་ཇི་སྲིད་པ་ལ་སོར་བཞི་བཅུ་རྩ་དྲུག་གོ །ལྟེ་བའི་ཁུང་བུ་ལ་སོར་ཅིག་སྟེ་མཐའ་ སྐོར་ལ་ཡང་ངོ༌། །དེ་བཞིན་དུ་རྐེད་པའི་རྒྱ་ལ་སོར་བཅོ་བརྒྱད་དོ། །ཚང་ར་དག་གི་རྒྱ་དང་ དཔངས་ལ་ནི་སོར་བཞི་བཞིའོ། །བརླའི་ རྩ་བ་དག་དབུས་ལ་སོར་བཅུ་གཉིས་ཏེ། མཐའ་སྐོར་དུ་ནི་སུམ་འགྱུར་རོ། །དེ་དག་གི་ བར་གྱི་དཔངས་ལ་སོར་ལྔའོ། །རྒྱ་ལ་སོར་བཞི་ནི་སྒོང་ངའི་ཤུབས་དག་ལའོ། །དེའི་སྟེང་ དུ་སོར་གཉིས་ཀྱི་ཞེང་ནི་གསང་བ་ལ་སྟེ་རིང་བ་ལ་ནས་གཉིས་ལྷག་པའི་དྲུག་གོ །བརླའི་ དབུས་ཀྱི་མཐའ་སྐོར་ལ་སོར་སུམ་ཅུ་རྩ་གཉིས་སོ། །པུས་མོའི་མཐའ་སྐོར་ལ་སོར་ཉི་ཤུ་རྩ་ བརྒྱད་དོ། །བྱིན་པའི་དབུས་ཀྱི་མཐའ་སྐོར་ལ་སོར་ཉི་ཤུ་རྩ་བཞི་སྟེ། བྱིན་པའི་འོག་གི་མཐའ་ སྐོར་ལ་ནི་སོར་ཉི་ཤུ་རྩ་གཅིག་གོ ། ཞབས་ཀྱི་ལོང་བུའི་འོག་ཏུ་བཏིང་བ་ལ་སོར་བཞི་སྟེ། འོག་དང་སྟེང་ལ་སོར་དྲུག་གོ ། ཞེང་གི་བརྒྱ་ཡོངས་སུ་བསྐོར་བ་ལ་ནི་སོར་བཅོ་བརྒྱད་དེ། ལོང་བུ་ལས་ཕ་རོལ་མཐེ་བོང་གི་ སེན་མོའི་རྩེ་མ་ཇི་སྲིད་པ་ལའོ། །ཞབས་དག་ལ་ནི་སོར་བཅུ་གཉིས་ཏེ། ཞེང་ལ་སོར་དྲུག་གོ ། སྟེང་དང་འོག་ཏུ་སོར་གཉིས་ཏེ་ཞབས་དག་གི་ངོས་ཀྱི་ཞེང་ལའོ། །ཞབས་ཀྱི་སོར་མོ་ལྔ་ནི་ ཚིགས་གཉིས་གཉིས་པའོ། ། དེ་རྣམས་ཀྱི་རྩེ་མོར་ཚིགས་ཕྱེད་ཀྱིས་སེན་མོའོ། །ཞབས་ཀྱི་མཐེ་བོང་གི་ཟླུམས་ལ་སོར་ ལྔ་སྟེ། རིང་བར་ནི་སོར་གསུམ་མོ། །དེ་དང་མཉམ་པའི་མཛུབ་མོའོ། །དེ་ལས་ནས་ཕྱེད་ཀྱིས་ 8-1-441 དམན་པ་ནི་གུང་མོའོ། །དེ་ལས་བརྒྱད་ཆས་དམན་པ་ནི་མིང་མེད་དེ། དེ་ལས་ཀྱང་བརྒྱད་ ཆས་དམན་པ་ནི་མཐེ་ཆུང་ངོ༌། །སོར་མོ་རྣམས་ཀྱི་དཔངས་ལ་ནི་སོར་གཅིག་སྟེ། སོར་མོའི་རྩེ་ མོ་ནི་སོར་ཕྱེད་ཀྱིས་མཐོ་བའོ། ། ཞབས་དག་གི་ཕྱི་རོལ་གྱི་སྟེང་ནི་རུས་སྦལ་གྱི་རྒྱབ་དང་མཚུངས་པ་སྟེ། དེ་དག་གི་འོག་ ཏུ་འཁོར་ལོ་ལ་སོགས་པས་བརྒྱན་པའོ། །བྱ་གག་གི་སྒོ་ང་དང་ཏིལ་གྱི་རྣམ་པ་དང་གྲུ་བཞི་ དང་ཟླུམ་པོ་རྣམས་ཐམས་ཅད་དུ་མཉམ་པའི་རྟགས་ཀྱི་ཞལ་བྱ་སྟེ་རྣམ་པ་བཞིའོ། །རྫོགས་ པའི་སངས་རྒྱས་རྣམས་དང་རྡོ་རྗེ་འཛིན་པ་རྣམས་ཀྱི་ཞལ་ནི་བྱ་གག་གི་སྒོ་ངའི་རྣམ་པའོ། ། སྤྱན་མ་ལ་སོགས་པའི་ལྷ་མོ་གཞོན་ནུ་རྣམས་ཀྱི་ནི་ཏིལ་གྱི་གཟུགས་ཀྱི་རྣམ་པའོ། །བྱམས་ པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞལ་ནི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དང་ འདྲ་བའོ། །རོལ་པའི་ཁྲོ་བོ་རྣམས་ཀྱི་ནི་བྱང་ཆུབ་སེམས་དཔའ་རྣམས་དང་འདྲ་བའོ། །ཐུང་ ཞིང་ལྟོ་བ་འཕྱང་བའི་ཁྲོ་བོ་རྣམས་ཀྱི་ཞལ་ནི་མཎྜལ་གྱི་རྣམ་པ་སྟེ་ཟླུམ་པའོ། །གཤིན་རྗེ་ལ་ སོགས་པ་རྣམས་ཀྱི་གདོང་ནི་གྲུ་བཞི་སྟེ་སྣུམ་པའི་ལྟ་བ་ཅན་ནོ། །གྲུ་བཞི་དང་ཟླུམ་པོའི་ཞལ་ གཉིས་ནི་རྣམ་པར་འགྱུར་བའི་རྣམ་པ་ཅན་ནོ། །ཞི་བའི་ཞལ་རྣམས་ནི་མཉམ་པར་གཟིགས་ པ་དང་རབ་ཏུ་དང་བ་དང་སྣུམ་པ་དང་ངེས་པར་གཟིགས་པ་ན་སྟེ། དུ་མ་ཡིན་པ་དང་མི་རིགས་པ་དང་འོག་ཏུ་མ་ཡིན་པར་ཐམས་ཅད་མཐོང་བས་བྱའོ་ཞེས་ པའོ། ། སྤྱན་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་ཀྱི་ནི་གཙུག་ཏོར་དང་གསང་བ་དང་བརླ་དང་ རྒྱབ་ཀྱི་ཟླུམ་པ་ལས་སོར་བཅུ་དང་བཅས་པ་འཁྲེགས་ཤིང་སྟུག་པའི་ནུ་མ་དག་གོ །ལྟེ་བའི་ ཟླུམ་ལས་བཅུའི་ཆ་སྤངས་ནས་རྐྱེད་པའི་གནས་འཁྲེགས་པ་བྱའོ། །བྱང་ཆུབ་སེམས་དཔའི་ རྣམས་ཀྱི་ཚད་ལས་བྲང་གི་བཅུའི་ཆ་དང་གསང་བའི་ཆ་ཡིས་ཀྱང་དཔའ་མོ་རྣམས་ཀྱི་ནུ་མ་ 8-1-442 ཟུང་དག་གོ །ཁ་གདོངས་མ་ལ་སོགས་པ་རྣམས་ཀྱི་ནི་དེ་དག་གི་མཐོ་གཉིས་ཀྱིས་ནུ་མ་དག་ སྟེ་འཁྲེགས་པའོ། །བཅོམ་ལྡན་འདས་དཔལ་བདེ་མཆོག་གི་ནི་སྔར་བྱས་པའི་མཚན་ཉིད་ ཅན་གྱི་ཞལ་གྱི་གནས་ལས་ནས་བཞི་སྤངས་ནས། ཆ་བཅུ་གཉིས་ཀྱི་ཞེང་ལ་འོག་གི་ཟུར་ དག་ཏུ་ཆ་ཕྱེད་དང་གཉིས་དང་ཕྱེད་དང་གསུམ་དོར་བའི་ཟླུམ་པོ་ནི་བཅོམ་ལྡན་འདས་ཀྱི་རྩ་ བ་དང་གཡོན་པ་དང་གཡས་པ་དང་རྒྱབ་ཀྱི་ཞལ་རྣམས་སོ། །བཅོམ་ལྡན་འདས་ཀྱི་གཡས་ པའི་ཞལ་ནི་བྱའི་སྒོང་ང་དང་འདྲ་བ་སྟེ། རྡོ་རྗེ་ཕག་མོ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་ དང་ལྷ་མོ་གཞོན་ནུ་རྣམས་ཀྱི་ཡང་ངོ༌། །རྒྱབ་ཀྱི་ཞལ་ནི་ཏིལ་གྱི་གཟུགས་ཀྱི་རྣམ་པ་སྟེ་མཁའ་ འགྲོ་མའི་འོ། །རྩ་བའི་ཞལ་དང་འདྲ་བ་ནི་ལཱ་མཱའི་འོ། །གཡོན་པའི་ཞལ་དང་འདྲ་བར་ཨ་མྲ་ ལྟ་བུ་ནི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་ཡང་ངོ༌། །ཁྭ་གདོང་མ་ལ་སོགས་ པ་རྣམས་ཀྱི་ནི་ཁྭ་ལ་སོགས་པའི་གདོང་དང་འདྲ་བའོ། །བཅོམ་ལྡན་འདས་ཀྱི་གཡོན་པ་དང་ གཡས་པ་དང་རྒྱབ་ཀྱི་ཞལ་རྣམས་ནི། སྤྱན་ནི་རྒོད་པ་དང་འཇིགས་པ་དང་མི་སྡུག་པ་དང་ འདྲའོ་ཞེས་པ་ནི་ཁྱད་པར་རོ། །དབང་པོ་དང་དབང་ལྡན་དང་རླུང་ལྷ་དང་ཆུ་ལྷ་དང་ཉེ་དབང་ དང་ཚངས་པ་རྣམས་ནི་མཐོ་དགུ་པ་སྟེ་བྱའི་སྒོང་ངའི་ཞལ་ལའོ། །ཐགས་བཟངས་རིས་དང་ བདེན་བྲལ་དང་གཤིན་རྗེ་ནི་ཁྲོ་བོའི་རང་བཞིན་ནོ། །ལུས་ངན་པོ་དང་མེ་ལྷ་ནི་རོལ་པ་ཐུང་ངུ་ མཐོ་བརྒྱད་པ་སྟེ་བྱའི་སྒོང་ངའི་ཞལ་ལོ། །ཞི་བའི་གཟའ་རྣམས་དང་ཉི་མ་ཡང་བརྒྱ་བྱིན་དང་ འདྲ་བའི་ཚད་དུ་འདོད་དོ། །དྲག་པོ་རྣམས་ནི་ཁྲོ་བོའི་རང་བཞིན་ནོ། །སྒྲ་གཅན་ནི་ལུས་ཕྱེད་ པ་སྟེ། མཇུག་རིངས་ནི་ལུས་ཕྱེད་ཀླུའི་རྣམ་པའོ། །ཀླུ་རྣམས་ཐམས་ཅད་མཐོ་དགུ་པ་སྟེ་བྱའི་ སྒོང་ངའི་ཞལ་ལོ། །བ་ཌུ་དང་མིའུ་ཐུང་དང་ཚོགས་བདག་རྣམས་ནི་མཐོ་ལྔ་པ་བྱའོ། །དེ་ལ་ མཐོ་གཅིག་གིས་ནི་ཞལ་ལོ། །མགྲིན་པ་ནས་གསང་བ་ཇི་སྲིད་པ་ལ་ཀུན་ཏུ་མཐོ་གཉིས་སོ། ། གསང་བ་ནས་རྐང་མཐིལ་ཇི་སྲིད་པ་ལ་མཐོ་གཉིས་ཏེ། དེ་ལྟར་ན་མཐོ་ལྔའོ། །དེ་ལ་རྫོགས་ 8-1-443 པའི་སངས་རྒྱས་རྣམས་ཀྱི་ནི་སྙིང་རྗེ་དང་ཞི་བའི་ཉམས་དང་ལྡན་པའོ། ། རྡོ་རྗེ་འཛིན་པ་རྣམས་ཀྱི་ཞལ་དང་སྐུ་ཐམས་ཅད་ནི་ཉམས་དང་ལྡན་པའོ། །བྱང་ཆུབ་ སེམས་དཔའ་ལ་སོགས་པ་རྣམས་ཀྱི་ནི་སྒེག་པའི་ཉམས་ལྷག་པའོ་ཞེས་པ་རབ་ཏུ་བརྐྱང་སྟེ་ བརྗོད་པའོ།། ༤༦ །། ༈ དེ་རྣམས་ཀྱི་སྐུའི་མཚན་རྣམས་དང་དཔེ་བྱད་རྣམས་དང་རྗེས་སུ་དཔེ་བྱད་རྣམས་ བརྗོད་པར་ བྱའོ། །འདི་ལྟ་སྟེ། ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོ་རྩིབས་སྟོང་བས་མཚན་པ་ ཉིད་དང༌། ༡ ཞབས་རུས་སྦལ་དང་འདྲ་བར་ལེགས་པར་རབ་ཏུ་གནས་པ་ཉིད་དང༌། ༢ ཕྱག་ དང་ཞབས་ཀྱི་སོར་མོ་རྣམས་ངང་པའི་རྒྱལ་པོ་ལྟར་དུ་དྲ་བས་འབྲེལ་པ་ཉིད་དང༌། ༣ ཕྱག་ དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དང༌། ༤ ཕྱག་གཉིས་དང་ཞབས་གཉིས་དང་ ཕྲག་པ་གཉིས་དང་མགྲིན་པ་རྣམས་ཡང་དག་པར་མཐོ་བར་རབ་ཏུ་བསྟན་པས་སྐུའི་བདུན་ མཐོ་བ་ཉིད་དང༌། ༥ སོར་མོ་རྣམས་རིང་བ་ཉིད་དང༌། ༦ གཏིང་པ་ཡངས་པ་ཉིད་དང༌། ༧ སྐུ་ ཆེ་ཞིང་དྲང་བ་ཉིད་དང༌། ༨ ཞབས་ཀྱི་ལོང་བུ་མི་མངོན་པ་ཉིད་དང༌། ༩ སྐུའི་སྤུ་རྣམས་གྱེན་ དུ་ཕྱོགས་པ་ཉིད་དང༌། ༡༠ བྱིན་པ་རི་དྭགས་ཨེ་ཎེ་ཡའི་ལྟ་བུ་ཉིད་དང༌། ༡༡ ཕྱག་རིང་བ་ཉིད་ དང༌། ༡༢ འདོམས་ཀྱི་གསང་བ་སྦུབས་སུ་ནུབ་པ་ཉིད་དང༌། ༡༣ གསེར་གྱི་ཁ་དོག་ཅན་ཉིད་ དང༌། ༡༤ ལྤགས་པ་སྲབ་པ་ཉིད་དང༌། ༡༥ བ་སྤུ་རྣམས་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་པ་ ཉིད་དང༌། ༡༦ ཞལ་མཛོད་སྤུས་བརྒྱན་པ་ཉིད་དང༌། ༡༧ སྐུ་སྟོད་སེང་གེའི་ལྟ་བུ་ཉིད་དང༌། ༡༨ དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང༌། ༡༩ ཐལ་གོང་བར་མེད་པ་ཉིད་དང༌། ༢༠ ལྗགས་ལ་རོ་ བྲོ་བའི་མཆོག་ཉིད་དང༌། ༢༡ ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང༌། ༢༢ གཙུག་ཏོར་སྤྱི་བོར་ གནས་པ་ཉིད་དང༌། ༢༣ ལྗགས་རིང་ཞིང་སྲབ་པ་ཉིད་དང༌། ༢༤ ཚངས་པའི་དབྱངས་དང་ 8-1-444 ལྡན་པ་ཉིད་དང༌། ༢༥ འགྲམ་པ་སེང་གེའི་ལྟ་བུ་ཉིད་དང༌། ༢༦ ཚེམས་དཀར་བ་ཉིད་དང༌། ༢༧ བདུད་བཞི་མཐར་མཛད་པ་ཉིད་ཀྱི་ཕྱིར་མཆེ་བ་བཞི་པོ་མ་གཏོགས་པ་བཅོམ་ལྡན་འདས་ཀྱི་ ཚེམས་མཉམ་པ་ཉིད་དང༌། ༢༨ ཚེམས་ཐགས་བཟང་བ་ཉིད་དང༌། ༢༩ ཚེམས་བཞི་བཅུ་ཚང་བ་ཉིད་དང༌། ༣༠ སྤྱན་ མཐོན་མཐིང་ཉིད་དང༌། ༣༡ སྤྱན་གྱི་རྫི་མ་བའི་ལྟ་བུ་ཉིད་དོ། །༣༢ ཞེས་པ་ནི་མཚན་སུམ་ཅུ་ རྩ་གཉིས་སོ།། །། ༈ དཔེ་བྱད་རྣམས་བརྗོད་པར་བྱ་སྟེ། སེན་མོ་ཟངས་ཀྱི་མདོག་འདྲ་བ་ཉིད་དང༌། སེན་མོ་ མདོག་སྣུམ་པ་ཉིད་དང༌། སེན་མོ་མཐོ་བ་ཉིད་དང༌། སོར་མོ་རྣམས་ཟླུམ་པ་ཉིད་དང༌། སོར་མོ་ རྣམས་རྒྱས་པ་ཉིད་དང༌། སོར་མོ་རྣམས་བྱིན་གྱིས་ཕྲ་བ་ཉིད་དང༌། རྩ་ཤིན་ཏུ་མི་མངོན་པར་ གནས་པ་ཉིད་དང༌། རྩ་མདུད་པ་མེད་པ་ཉིད་དང༌། ལོང་བུ་མི་མངོན་པ་ཉིད་དང༌། ཞབས་མི་ མཉམ་པ་མེད་པ་ཉིད་དང༌། སེང་གེའི་སྟབས་སུ་གཤེགས་པ་ཉིད་དང༌། གླང་པོ་ཆེའི་སྟབས་ སུ་གཤེགས་པ་ཉིད་དང༌། ངང་པའི་སྟབས་སུ་གཤེགས་པ་ཉིད་དང༌། ཁྱུ་མཆོག་གི་སྟབས་ སུ་གཤེགས་པ་ཉིད་དང༌། གཡས་ཕྱོགས་སུ་གཤེགས་པ་ཉིད་དང༌། མཛེས་པར་གཤེགས་ པ་ཉིད་དང༌། མི་གཡོ་བར་གཤེགས་པ་ཉིད་དང༌། སྐུ་འཁྲིལ་བག་ཆགས་པ་ཉིད་དང༌། སྐུ་ བྱི་དོར་བྱས་པ་ལྟ་བུ་ཉིད་དང༌། སྐུ་རིམ་པར་འཚིམ་པ་ཉིད་དང༌། སྐུ་གཙང་བ་ཉིད་དང༌། སྐུ་ འཇམ་པ་ཉིད་དང༌། སྐུ་རྣམ་པར་དག་པ་ཉིད་དང༌། མཚན་རྣམས་ཡོངས་སུ་རྫོགས་པ་ཉིད་ དང༌། སྐུའི་ཁོ་ལག་ཡངས་ཤིང་བཟང་བ་ཉིད་དང༌། གོམ་པ་སྙོམས་པ་ཉིད་དང༌། སྤྱན་རྣམ་ པར་དག་པ་ཉིད་དང༌། སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང༌། སྐུ་ཞུམ་པ་མེད་པ་ཉིད་དང༌། སྐུ་ རྒྱས་པ་ཉིད་དང༌། སྐུ་ཤིན་ཏུ་གྲི མས་པ་ཉིད་དང༌། ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་ འབྱེས་པ་ཉིད་དང༌། གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དང༌། དཀུ་ཟླུམ་ 8-1-445 པ་ཉིད་དང༌། དཀུ་སྐབས་ཕྱིན་པ་ཉིད་དང༌། དཀུ་མ་རྙོངས་པ་ཉིད་དང༌། ཕྱལ་ཕྱང་ངེ་བ་ཉིད་ དང༌། ལྟེ་བ་ཟབ་པ་ཉིད་དང༌། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་ཉིད་དང༌། ཀུན་ནས་ལྟ་ན་ སྡུག་པ་ཉིད་དང༌། ཀུན་ཏུ་སྤྱོད་པ་གཙང་བ་ཉིད་དང༌། སྐུ་ལ་སྨེ་བ་དང་ནག་བག་མེད་པ་ཉིད་ དང༌། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དང༌། ཕྱག་གི་རི་མོ་མདངས་ཡོད་པ་ཉིད་ དང༌། ཕྱག་གི་རི་མོ་ཟབ་པ་ཉིད་དང༌། ཕྱག་གི་རི་མོ་རིང་བ་ཉིད་དང༌། ཞལ་ཧ་ཅང་མི་རིང་ བ་ཉིད་དང༌། མཆུ་བིམ་པ་ལྟར་དམར་བ་ཉིད་དང༌། ལྗགས་མཉེན་པ་ཉིད་དང༌། ལྗགས་སྲབ་ པ་ཉིད་དང༌། ལྗགས་དམར་བ་ཉིད་དང༌། འབྲུག་གི་སྒྲ་དང་ལྡན་པ་ཉིད་དང༌། གསུང་སྙན་ ཅིང་མཉེན་ལ་འཇམ་པ་ཉིད་དང༌། མཆེ་བ་ཟླུམ་པ་ཉིད་དང༌། མཆེ་བ་རྣོ་བ་ཉིད་དང༌། མཆེ་ བ་དཀར་བ་ཉིད་དང༌། མཆེ་བ་བཞི་པོ་མ་གཏོགས་པ་ཞེས་པའི་མཆེ་བ་རྣམས་ཀྱང་མཉམ་པ་ ཉིད་དང༌། མཆེ་བ་རྣམས་བྱིན་གྱི་ཕྲ་བ་ཉིད་དང༌། ཤངས་མཐོ་བ་ཉིད་དང༌། ཤངས་གཙང་བ་ ཉིད་དང༌། སྤྱན་ཡངས་པ་ཉིད་དང༌། རྫི་མ་སྡུག་པ་ཉིད་དང༌། སྤྱན་དཀར་ནག་འབྱེས་ཤིང་ པད་མའི་འདབ་མ་ལྟ་བུ་ཉིད་དང༌། སྨིན་ཚུགས་རིང་བ་ཉིད་དང༌། སྨིན་མ་འཇམ་པ་ཉིད་ དང༌། སྨིན་མ་སྣུམ་པ་ཉིད་དང༌། སྨིན་མའི་སྤུ་མཉམ་པ་ཉིད་དང༌། ཕྱག་རིང་ཤིང་རྒྱས་པ་ཉིད་ དང༌། སྙན་མཉམ་པ་ཉིད་དང༌། སྙན་གྱི་དབང་པོ་མ་ཉམས་པ་ཉིད་དང༌། དཔྲལ་བ་ལེགས་ པར་འབྱེས་ཆེ་བ་ཉིད་དང༌། དཔྲལ་བ་དབྱེས་ཆེ་བ་ཉིད་དང༌། དབུ་ཤིན་ཏུ་རྒྱས་པ་ཉིད་དང༌། དབུ་སྐྲ་བུང་བ་ལྟར་ནག་པ་ཉིད་དང༌། དབུ་སྐྲ་སྟུག་པ་ཉིད་དང༌། དབུ་སྐྲ་འཇམ་པ་ཉིད་དང༌། དབུ་སྐྲ་མ་འཛིངས་པ་ཉིད་དང༌། དབུ་སྐྲ་མི་གཤོར་བ་ཉིད་དང༌། དབུ་སྐྲ་དྲི་ཞིམ་པ་ཉིད་དང༌། ཕྱག་དང་ཞབས་ཀྱི་མཐིལ་ལ་དཔལ་བེའུ་དང་བཀྲ་ཤིས་ དང་དགའ་བ་འཁྱིལ་བས་བརྒྱན་པ་ཉིད་ཀྱང་ངོ་ཞེས་པའོ།། །། ༈ སྔོན་དང་སྔོན་གྱི་སྐྱེ་བ་རྣམས་སུ་རྣམ་པ་མང་པོའི་བསོད་ནམས་ཉེ་བར་བསགས་པའི་ 8-1-446 དགེ་བའི་རྩ་བ་ལས་བཅོམ་ལྡན་འདས་ཀྱི་དཔེ་བྱད་བརྒྱད་ཅུ་གསུངས་ཤིང༌། ཆོས་ཀྱི་དུང་གི་ མདོ་སྡེ་ལས་ཀྱང་བཅོམ་ལྡན་འདས་ལ་རི་མོ་བརྒྱད་ཅུས་རྗེས་སུ་མཚན་པར་གསུངས་པ་ནི། འདི་ལྟ་སྟེ། གང་ ཡང་འཇམ་དཔལ་དཔེ་བྱད་བརྒྱད་ཅུ་རྗེས་སུ་འགྲུབ་པའི་བསོད་ནམས་ཀྱི་ཕུང་པོ་ དེ་ཉིད་ཀྱི་བསོད་ནམས་ཀྱི་ཕུང་པོ་དུ་མ་བྱེ་བ་འབུམ་བརྒྱ་སྟོང་དུ་བསྒྱུར་བས་ནི་དེ་བཞིན་ གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་ལ་མཚན་གཅིག་བསྐྱེད་པར་འགྱུར་རོ། །དེ་བཞིན་ དུ་སོ་སོར་རི་མོ་རྣམས་རྗེས་སུ་མཚོན་པར་འགྱུར་རོ། །རི་མོ་བརྒྱད་ཅུས་རྗེས་སུ་མཚན་པ་དེ་ བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་ལ་མངོན་པར་སྐྱེ་བར་ནི་གྱུར་བ་ནི་འདི་ལྟ་ སྟེ། གདུགས་དང་རྒྱལ་མཚན་དང་དཔལ་བེའུ་དང་ཕྲེང་བ་དང་ལྕགས་ཀྱུ་དང་ཅོད་པན་དང་ རལ་གྲི་དང་བུམ་པ་དང༌། གླང་པོ་དང་རྟ་དང་སྟག་དང་ནམ་མཁའ་ལྡི ང་དང་ཆུ་སྲིན་དང་ཉ་ དང་རུས་སྦལ་དང་རྨ་བྱ་དང་ཀ་ལ་བིང་ཀ་དང་ཤང་ཤང་དང་ཙ་ཀོ་དང་ར་དང་ངུར་པ་དང་ནེ་ ཙོ་དང་ངང་པ་དང་ཕུག་རོན་དང༌། རྡོ་རྗེ་དང་ཆུ་གཏེར་ཆེན་པོ་དང༌། འདོད་འཇོ་དང་བ་ལང་དང་ཀླུ་དང་ར་དང་ཁྱུ་མཆོག་དང༌། རི་དང་ཤིང་བིལ་བ་དང༌། རི་ དགས་ནག་པོ་དང༌། ནོར་བུ་རིན་པོ་ཆེ་དང༌། དུང་གི་མཆོག་དང༌། འཁོར་ལོ་དང་གཞུ་དང་ མདའོ།། ༤༧ །། ༈ སེལ་གྱི་གཟུགས་རྣམས་རྣམ་པ་མང་པོ་འདྲེས་པ་མཐོང་ནས་ཆུ་ལ་ངེས་པར་དོར་བར་ བྱ། ། སྙིང་པོར་ཡོད་ཅིང་གནས་པར་གྱུར་ན་རིགས་འཆད་དངོས་གྲུབ་མེད་ཅིང་ནད་རྣམས་སྐྱེ་ བར་འགྱུར། ། དེ་བཞིན་དུ་ཡང༌། གོས་ལ་སྐྲ་ལ་སོགས་པ་རྣམས། །བསལ་ནས་རང་བྱུང་མེ་ཏོག་དང༌། ། 8-1-447 དཔག་ཏུ་མེད་པ་ཡང་དག་བསྲེས། །བྱུགས་པའི་རས་བྲིས་མཆོག་ཡིན་ནོ། །ཤེས་རབ་ཐབས་ ནི་མཉམ་སྦྱོར་བ། །སྙིང་ལ་བཟུང་ནས་སྔགས་རིག་པས། །འབྲི་བར་འགྱུར་བའི་ལྷའི་སྔགས་ བརྒྱ་དང་རྩ་བརྒྱད་ཀྱིས་ངེས་པར་བསྔགས་ནས་རས་བྲིས་བྱས་ནས་ཕུན་སུམ་ཚོགས་པ་དང་ བདེ་བ་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་པ་ཤིང་ལ་སོགས་པ་གནས་པའི་སེལ་དབྱུང་བའི་ ཆོ་གའོ།། ༤༨ །། ༈ མཆོད་རྟེན་གྱི་བུམ་པ་ནི་གསེར་དང་འབྲས་ཀྱི་ཕུང་པོ་དང་འཁྲི་ཤིང་དུ་གྲགས་པའི་ དབྱེ་བས་ གྲངས་ཇི་ལྟ་བ་བཞིན་དུ་ཋ་ཡིག་གི་དབྱིབས་དང་གཙུག་ཏོར་ལྟ་བུ་དང་བྱའི་སྒོང་ང་དང་ ཏིལ་ལྟ་བུའོ། །གྲུ་བཞི་པའི་ས་ལ་ཆ་བཅུ་གཉིས་སུ་བྱས་ཏེ། ཕྱེད་དང་གཉིས་དང་ཕྱེད་དང་ གསུམ་གྱི་ཆ་ཟུར་གཉིས་སུ་དོར་ནས་ཟླུམས་པ་ལས་བུམ་པར་འགྱུར་རོ། །བུམ་པའི་ཕྱེད་ ཀྱིས་ནི་བང་རིམ་དུ་འགྱུར་ཞིང༌། བུམ་པའི་ཕྱེད་ཀྱིས་ནི་ཁྲིའོ། །དེ་བཞིན་དུ་བྲེ་དང་རྩེ་མོའི་ མཐར་ཏེ། སྐུ་གཟུགས་ཀྱི་དབང་གིས་གདུགས་སོ། །དེའང་གཅིག་དང་གསུམ་དང་ལྔ་དང་ བཅུ་གསུམ་ནི་རྫོགས་པའི་སངས་རྒྱས་དང་རྡོ་རྗེ་འཛིན་པ་རྣམས་ཀྱིའོ། །དགུ་དང་བདུན་ནི་ ཉན་ཐོས་དང་རང་སངས་རྒྱས་དག་གིའོ། །འདོད་ཆགས་ཀྱི་ཁམས་དང་མ་བྲལ་བ་རྣམས་ ཀྱི་མཆོད་རྟེན་ལ་ནི་པད་མ་ཟུམ་པ་ལྟ་བུ་སྟེ་གཞན་དུ་མ་ཡིན་ནོ། །དེ་ལྟར་ན་སྐུ་གཟུགས་ཀྱི་ དབྱེ་བས་སྲོག་ཤིང་གཟུགས་པར་བྱའོ། །སངས་རྒྱས་བཞིའི་ཁྲི་དང་སླར་ཡང་རྣམ་པར་སྣང་ མཛད་ནི་གཙོ་བོར་བྱ་ཞིང༌། བུམ་པའི་ཕྱི་རོལ་བཟང་པོ་བཞི་ལ་སངས་རྒྱས་བཞིས་རྣམ་པར་ མཛེས་པའོ། །ཟུར་ལ་ཀ་བས་བཏེག་པ་བྱ་ཞིང་བྱང་ཆུབ་སེམས་ དཔའ་ལ་སོགས་པས་བརྒྱན་པའོ། །གདུགས་ཀྱི་རྣམ་པ་ནི་སྲོག་ཤིང་གི་སྟེང་དུ་སྟེ་ཆར་ ཁབས་ཀྱི་མིང་ཅན་ནོ། །དོ་ཤལ་དང་དོ་ཤལ་ཕྱེད་པ་དང་དྲིལ་བུ་ལ་སོགས་པ་དང་གཡེར་ 8-1-448 ཁའི་དྲ་བས་བརྒྱན་པའོ། ། དེའི་སྟེང་དུ་ནོར་བུ་བྱ་སྟེ་པད་མ་ཟུམ་པ་ནི་མཐར་རོ་ཞེས་པ་ཁ་ཅིག་གིའོ། །ཆོ་ག་མཚན་ ཉིད་དང་ལྡན་པ་བྱ་སྟེ་ཆོ་ག་རིམ་པ་རྣམས་ཀྱིས་སོ་ཞེས་པ་མཆོད་རྟེན་གྱི་མཚན་ཉིད་ཀྱི་ཆོ་ གའོ།། ༤༩ །། ༈ ད་ནི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་ལ་སོགས་པ་ཕྱག་མཚན་རྣམས་ཀྱི་མཚན་ཉིད་བརྗོད་ པར་བྱའོ། ། མཐོ་གང་གི་དཔངས་དང་ཞེང་ལ་ཆ་བཅུ་གཉིས་པའི་ས་སྟེ་དེའི་དཔངས་ནི་སུམ་འགྱུར་ རོ། །སྔ་མ་དང་ཕྱི་མའི་ཆ་དག་གི་ཟུར་བཞི་པོ་རྣམས་སུ་ཕྱེད་དང་བཅས་པའི་རེ་མིག་ལ་ བསྐོར་ནས་ཚངས་པའི་ཐིག་གི་དབུས་ཀྱི་གཡོན་དང་གཡས་དག་གི་རེ་མིག་གཉིས་གཉིས་ ཡོངས་སུ་དོར་ཏེ། སྔ་མ་དང་ཕྱི་མ་དག་གི་རེ་མིག་གི་དབུས་ཀྱི་ཚངས་པའི་ཐིག་གི་མཐར་ ཐིག་བཞི་བཏབ་པ་ལས་དབུས་ཀྱི་རྩེ་མོའོ། །རྩེ་མོ་གཉི་གའི་ངོས་དག་ཏུ་ཆ་གཉིས་གཉིས་ ཕྱིས་པ་ལས་ཆ་གཉིས་གཉིས་ཀྱིས་རྩེ་མོ་བཞིའོ། །ཆ་གཉིས་ཀྱི་དཔངས་ནི་ཆུ་སྲིན་གྱི་ཁ་ནས་ འབྱུང་བའོ། །ཆ་གཉིས་ཀྱི་རྩ་བ་ནི་སེང་གེའི་སྣ་ཤིན་ཏུ་མཛེས་པའོ། །ངོས་སུ་ཆ་གཉིས་ཀྱི་ དཔངས་དང་ཆ་བཞིའི་དུམ་བུ་ནི་ཟླ་བ་ཕྱེད་པའི་རྣམ་པའོ། །ཆ་བརྒྱད་དུ་མཐོ་ཞིང་འཁྱོག་པ་ ནི་གསུམ་དུ་འཁྱོག་པ་སྟེ། འོད་ཟེར་འཕྲོ་བ་གསུམ་གྱིས་རྣམ་པར་མཛེས་པའོ། །དབུས་ཀྱི་ ཆ་ལ་ནི་ཚངས་ཐིག་གི་དབུས་ནས་ཕྱོགས་བཞིར་ཐིག་གཉིས་དོར་ཏེ་ཟླུམ་པོར་བསྐོར་བས་ ལྟེ་བའོ། །དེའི་སྟེང་དུ་ཆ་ཕྱེད་པའི་རྐེད་ཆིངས་དོར་ནས་ཆ་གཉིས་པོ་དག་གིས་རྣམ་པར་རྒྱས་ པའི་པད་མའོ། །རྐེད་ཆིངས་ཀྱི་ཁྱུད་མོའི་སྟེང་དང་འོག་ཏུ་ཁྱུད་མོ་ཕྲ་མོ་གཉིས་དེ་དང་སྦྱར་ཏེ་ བྱའོ། །རྐེད་ཆིངས་ལ་ནི་རིན་པོ་ཆེའི་ཕྲེང་བ་བྱའོ། །ཆ་ཕྱེད་ཀྱིས་ནི་གེ་སར་རོ། །ཆ་གཅིག་ གིས་ནི་ཟླ་བ་རྫོགས་པ་སྟེ་ལྷག་མ་རྣམས་ཕྱིས་པ་ནི་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་རྡོ་ 8-1-449 རྗེར་འགྱུར་རོ། །སོར་བཞི་ནས་བརྩམས་ཏེ་སོར་ཉི་ཤུའི་བར་གྱི་རྡོ་རྗེ་བྱ་སྟེ་སོར་ཉི་ཤུ་ལས་ གོང་དུ་ནི་མི་བྱའོ་ཞེས་པ་ལུང་ལས་སོ། །ཁྲོ་བོའི་ནི་ཟུར་རྣམས་སུ་ཆ་རེ་དོར་ནས་ཁ་གྱེས་ པའོ། །རྩེ་མོ་གཉིས་དོར་བ་ལས་ནི་རྩེ་གསུམ་པའོ། །རྩེ་མོ་བཞི་དོར་བ་ལས་ནི་རྩེ་གཅིག་པ་ སྟེ་ཀླུ་ཀུན་ནས་བསྐྱོད་པར་བྱེད་པའོ། །རྩེ་དགུ་པ་ནི་ཟུར་རྣམས་སུ་རྩེ་མོ་བཞི་བྱས་པ་སྟེ་འོན་ ཀྱང་དབུས་བུའི་རྩེ་མོ་ནི་ཟླུམ་པོའོ། །རྩེ་མོ་བཅུ་གཉིས་པའི་སྣ་ཚོགས་རྡོ་རྗེ་ནི་ལྟེ་བའི་ཕྱོགས་ བཞིར་རྩེ་མོ་གསུམ་བྱས་པའོ། །དེ་ཉིད་རྩེ་མོ་ལྔ་པར་བྱས་པ་ལས་རྩེ་མོ་ཉི་ཤུ་པའི་སྣ་ཚོགས་ རྡོ་རྗེའོ། །སླར་ཡང་དེ་ཉིད་ལ་སྟེང་དང་འོག་ཏུ་རྩེ་མོ་ལྔ་ལྔ་བྱིན་པ་ལས་རྩེ་མོ་སུམ་ཅུ་པའི་སྣ་ ཚོགས་རྡོ་རྗེའོ་ཞེས་པའོ།། །། ༈ དྲིལ་བུ་ནི་སྔར་གྱི་ཆ་རྣམས་སྔར་དང་འདྲ་བ་སྟེ། དབུས་ཀྱི་ཆ་ཕྱེད་ཀྱིས་ཟླ་བའོ། །ཆ་ ཕྱེད་ཀྱིས་གེ་སར་རོ། །ཆ་གཅིག་གིས་པད་མའོ། །ཆ་བཞིས་ཤེས་རབ་ཀྱི་ཞལ་ལོ། །ཆ་བཞི་ པ་བུམ་པའོ། ། ཆ་གཉིས་ཀྱིས་བུམ་པའི་གདན་ནོ། །ཆ་གཞན་རྣམས་ཀྱི་ཟུར་དག་ལས་ཆ་བཞི་སྤངས་ ནས་འདབ་མ་བརྒྱད་པའི་པད་མ་སྟེ། ལྟེ་བ་དང་གེ་སར་དང་ལྡན་པའོ། །ལྟེ་བའི་སྟེང་གདན་ གྱི་འོག་ཏུ་རི་མོ་གསུམ་པ་མགྲིན་པའི་གཟུགས་ཅན་བྱའོ། །ཆ་ཕྱེད་བྱས་པའི་རྐེད་ཆིངས་ གཉིས་ཀྱི་དབུས་སུ་རྡོ་རྗེའི་ཕྲེང་བ་རྣམ་པར་མཛེས་པ་ཆ་གཅིག་གོ །དབུས་སུ་དོ་ཤལ་དང་དོ་ ཤལ་ཕྱེད་པ་རྣམ་པར་གནས་པ་ཆ་བཞིའོ། །སྔ་མ་བཞིན་དུ་འོག་ཏུ་རྡོ་རྗེའི་ཕྲེང་བ་མཛེས་པ་ ཆ་གཅིག་གོ །ཀུན་ནས་ངེས་པར་སོང་བའི་མུ་འཁྱུད་ལ་ཆ་གཅིག་སྟེ་རྡོ་རྗེ་འཛིན་པ་ཆེན་པོའི་ འོ། །མི་བསྐྱོད་པའི་ནི་ཅུང་ཟད་ཁ་གྱེས་པའོ། །དོ་ཤལ་དང་དོ་ཤལ་ཕྱེད་པས་བརྒྱན་པའི་ དབུས་སུ་དོ་ཤལ་གྱི་སྙིང་པོར་ཕྱོགས་སུ་འཁོར་ལོ་དང་རིན་པོ་ཆེ་དང་པད་མ་དང་སྣ་ཚོགས་ རྡོ་རྗེའོ། །ཡང་ན་སྣ་ཚོགས་རྡོ་རྗེའི་གནས་སུ་རལ་གྲི་སྟེ། རྣམ་པར་སྣང་མཛད་ལ་སོགས་ 8-1-450 པ་རྣམས་ཀྱིའོ། །ཕྱོགས་བྲལ་རྣམས་སུ་སྤྱན་དང་རྡོ་རྗེ་དང་ཡུ་བ་དང་བཅས་པའི་པད་མ་ དང་ཨུད་པ་ལ་རྣམས་ཏེ་སྤྱན་མ་ལ་སོགས་པ་རྣམས་ཀྱིའོ། །འོག་དང་སྟེང་དུ་རྡོ་རྗེ་ཕྲེང་བའི་ གནས་ལ་འཁོར་ལོ་དང་རིན་པོ་ཆེ་དང་པད་མ་དང་སྣ་ཚོགས་རྡོ་རྗེའི་ཕྲེང་བའོ་ཞེས་པ་ནི་དེ་ བཞིན་གཤེགས་པའི་རིགས་ཀྱི་དབྱེ་བས་རྟོགས་པར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་ པ་རྣམས་ཀྱི་གནས་སུ་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་མཚན་མ་ཉིད་དོ། །འདིར་དྲིལ་ བུའི་མགྲིན་པ་ནས་བརྩམས་ཏེ་འཁར་བ་དག་པའི་རང་བཞིན་ནོ། །དེའི་སྟེང་དུ་ཆ་གཉིས་ནི་ གསེར་ལ་སོགས་པའི་རང་བཞིན་གྱི་རྡོ་རྗེ་ཡང་ངོ༌། །དྲིལ་བུ་ཁ་ཅིག་ནི་ཆུ་སྐྱེས་ཅུང་ཟད་ཁ་བྱེ་ བ་ཅན་ནོ། །ཁ་ཅིག་ནི་བ་ལང་གི་གདོང་ལྟ་བུའོ། །ཁ་ཅིག་ནི་པད་མའི་རྣམ་པ་ཡང་ངོ་ཞེས་པ་ ནི་ཁྱད་པར་རོ།། ༥༠ །། ༈ འདིར་རྡོ་རྗེའི་དབུས་དང་ཤར་ལ་སོགས་པའི་རྩེ་མོ་དང་ལྟེ་བའི་མཐར་ཐུག་པ་རྣམས་ ལ་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་ལ་སོགས་པ་བསམ་པར་བྱའོ། །ཡང་ན་དབུས་སུ་ རྣམ་པར་སྣང་མཛད་དེ། ཤར་ལ་སོགས་པའི་འདབ་མ་རྣམས་སུ་བྱམས་པ་དང་སའི་སྙིང་པོ་ དང་ཕྱག་ན་རྡོ་རྗེ་དང་ནམ་མཁའ་མཛོད་དང་འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་དང་ སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་ཏུ་བཟང་པོ་དང༌། ཆ་བརྒྱད་པ་ལ་རྡོ་རྗེ་སེམས་ དཔའ་འོ། །པད་མ་གཞན་གྱི་ཤར་ལ་སོགས་པའི་འདབ་མ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་མ་དང་ རྡོ་རྗེ་ཞགས་པ་མ་དང་རྡོ་རྗེ་འཕྲོ་བ་མ་དང་རྡོ་རྗེ་འབེབས་པ་མ་རྣམས་ཏེ། མེ་ལ་སོགས་པ་ རྣམས་སུ་སྐུལ་བྱེད་མ་དང་རིན་ཆེན་སྐར་མདའ་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་གཞན་གྱིས་ མི་ཐུབ་མ་རྣམས་སོ། །ཕྱོགས་གཞན་གྱི་རྩེ་མོ་རྣམས་ལ་ནི་དབུས་སུ་ཡེ་ཤེས་མཁའ་འགྲོ་མ་ སྟེ། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དང༌། བྱང་དུ་དྲག་མོ་མཁའ་འགྲོ་མ་དང༌། ནུབ་ཏུ་རོ་ལངས་ མ་དང༌། ལྷོ་རུ་གཏུམ་མོ་རྣམས་སོ། །དྲིལ་བུའི་སྟེང་དུ་ཁ་འོག་ཏུ་ཕྱོགས་པའི་པད་མའི་རྣམས་ 8-1-451 ལ་གཡས་བསྐོར་གྱིས་ཕྱོགས་སུ་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་ དང༌། ཕྱོགས་བྲལ་དུ་ནོར་འཛིན་མ་དང་སྐུལ་བྱེད་མ་དང་ཁྲོ་གཉེར་ཅན་མ་དང་རྡོ་རྗེ་ཕྲེང་བ་ མ་རྣམས་སོ། །བུམ་པའི་སྟེང་གི་ཞལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྐུའོ། ། དེའི་སྟེང་དུ་པད་མ་དང་ཟླ་བ་དང་རྡོ་རྗེ་རྣམས་ཀྱང་སྔ་མ་བཞིན་ནོ། །མི་བསྐྱོད་པའི་ལ་ སོགས་པའི་ལྷ་འདི་རྣམས་ཀྱི་སྐུ་མདོག་ལ་སོགས་པ་ནི་སྔར་བཤད་པའོ། །དེ་ནས་དམ་ཚིག་ སེམས་དཔའི་ལྷ་རྣམས་བསྐྱེད་དེ་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་ སྤྱན་དྲངས་པ་ལ་མཆོད་ཡོན་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་དེ་རྣམས་ལ་རབ་ཏུ་ གཞུག་ཅིང༌། ཆོ་ག་བཞིན་དུ་རབ་གནས་བྱས་ནས་མཆོད་པ་ལ་སོགས་པ་བྱས་ལ། ལྷ་རྣམས་ ཡོངས་སུ་གྱུར་པ་ལས་རྩེ་མོ་ལ་སོགས་པའི་གཟུགས་སུ་ཡང་དག་པར་གནས་པའོ། །རྡོ་རྗེ་ ཐབས་ཀྱི་རང་བཞིན་དང་དྲིལ་བུ་ཤེས་རབ་ཀྱི་བདག་ཉིད་དང༌། གཉི་ག་ཡང་དོན་དམ་པ་ བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ཞེས་ཤིན་ཏུ་བརྟན་པར་མོས་པ་བྱས་ནས། ༀ་སརྦ་ ཏ་ཐཱ་ག་ཏ་སིད་དྷི་བཛྲ་ས་མ་ཡེ་ཏིཥྛ་ཨེ་ཥ་ཏྭཱཾ་དྷཱ་ར་ཡཱ་མི་ཧཱིཿ ཧི་ཧི་ཧི་ཧི་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ བརྗོད་ཅིང་རྡོ་རྗེ་གཡས་པའི་རྒན་པོ་དང་མིང་མེད་དག་གིས་དང༌། ༀ་བཛྲ་གྷཎ་ཊ་ཧཱུཾ་ཞེས་ བརྗོད་ཅིང་དྲིལ་བུ་ཡང་གཡོན་པ་དག་གིས་བཟུང་ནས་དེ་གཡོན་པའི་དཀུར་གཞག་སྟེ། རྡོ་ རྗེ་སེམས་དཔའ་ལ་སོགས་པ་མཉེས་པར་བྱའོ་ཞེས་ལྷག་པར་མོས་པས། སོ་ཧི་ཨི་བཛྫ་མུལླཱ་ ལུ་ཏཱ་རི་ཨ་ས་ཏྭ་བི་མོཀྑ་དྷརྨ་བི་མོཀྑེཾ་བཱཛྫ་ཏུ་ཧཱུཾ་བཱཛྫ་ཨུཙྪཱ་ཊ་དྷ་རཾ་ཏུ་ཧཱུཾ་ཧཱུཾ་ཧཱུཾ་ཧོཿ ཞེས་བརྗོད་ ཅིང་རྡོ་རྗེ་གསོར་བར་བྱའོ། །དེ་ནས་རྡོ་རྗེ་གཡས་པའི་དཀུར་གནས་པའམ་གསོར་ཞིང༌། ༀ་ བཛྲ་དྷརྨ་ར་ཎི་ཏ་པྲ་ར་ཎི་ཏ། སམྤྲ་ར་ཎི་ཏ། སརྦ་བུད་དྷ་ཀྵེ་ཏྲ་པྲ་ཙཱ་ལི་ཏེ། པྲཛྙཱ་པཱ་ར་མི་ཏ་ནཱ་ ད་སྭཱ་བྷཱ་བེ། བཛྲ་ས་ཏྭ་ཧྲྀ་ད་ཡ་སཾ་ཏོ་ཥ་ཎི། ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། ཞེས་བརྗོད་ལ་དྲིལ་བུ་ དཔུང་པའི་དབྱུག་པ་བསྐྱོད་པས་དང་པོར། ལྟེ་བ་སྙིང་ཁ་དེ་ནས་མགྲིན། །ཁ་དང་སྣ་ཡི་བུ་ག་ 8-1-452 གཉིས། །རྣ་བ་དག་དང་མིག་དག་དང༌། །དེ་བཞིན་སྤྱི་བོར་དྲིལ་བུ་དཀྲོལ། །ཞེས་སོ། །སླར་ ཡང་རྡོ་རྗེ་གསོར་བ་སྔོན་དུ་འགྲོ་བས་རྒྱུད་ལས་འདི་ལྟར་གསུངས་པའི་སྔགས་བརྗོད་ཅིང་ དྲིལ་བུ་དཀྲོལ་བར་བྱའོ་ཞེས་ཏེ། པད་སྐོར་རྣམ་པ་གསུམ་མམ་རྣམ་པ་ལྔ་པུས་མོའི་ཁོངས་སུ་ བྱའོ་ཞེས་པ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་མཚན་ཉིད་ལ་སོགས་པའི་ཆོ་གའོ།། ༥༡ །། ༈ ཌ་མ་རུ་ལ་ནི་ཁའི་ཚད་གྲུ་བཞི་པའི་ས་ལ་ཆ་བཅུ་གཉིས་ཏེ། ཚངས་ཐིག་གཉིས་ བཏབ་ནས། ཚངས་པའི་ཐིག་ནས་བཟུང་སྟེ་ལྟེ་བ་ནས་གཡས་དང་གཡོན་གྱི་ཟུར་ཇི་སྲིད་ པར་བསྐོར་ཞིང༌། ཚངས་པ་དང་ཟུར་གྱི་ཐིག་གི་མཐའ་རྣམས་ཕྱིས་པ་ལས་ཌ་མ་རུར་འགྱུར་ རོ། །ཆང་པས་བཟུང་བར་རན་པའི་སྦོམ་པ་དང་རྣ་བའི་མཐར་ཐུག་པར་རིང་བ་ནི་ཡུ་བ་སྟེ། གདོང་གི་ཚད་ཀྱི་གྲུ་བཞིའི་ས་ལ་སྔ་མ་བཞིན་དུ་རྩེ་མོ་གསུམ་པའི་རྡོ་རྗེ་ཡུལ་རེ་རེར་སྟེང་དུ་ བརྐྱང་བ་ལས་རྩེ་གསུམ་དུ་འགྱུར་རོ། ། དེ་ནས་ཁ་ཊྭཱཾ་ག་ནི་དམ་ཚིག་གི་རྡོ་རྗེ་ལྟ་བུའི་རྡོ་རྗེས་རྩེ་མོར་རྣམ་པར་མཛེས་པ་སྟེ། དེའི་ འོག་ཏུ་མི་མགོ་སྐམ་པོ་གསུམ་གྱིས་མཛེས་ཤིང་སྣ་ཚོགས་རྡོ་རྗེས་དབུས་སུ་བརྒྱན་པ། རྩེ་མོ་ གཅིག་པའི་རྡོ་རྗེ་གཅིག་ནི་རྩ་བའི་གནས་སུའོ་ཞེས་པ་གཅིག་གོ །དབྱུག་པའི་སྟེང་དུ་སྐམ་ པོ་དང་རློན་པའི་མི་མགོ་གཉིས་དང༌། དེའི་སྤྱི་བོར་སྣ་ཚོགས་རྡོ་རྗེ་དང༌། དེའི་ལྟེ་བར་བུམ་ པ་ཟླུམ་པོ་འདབ་མ་ལ་སོགས་པས་ཁ་བརྒྱན་པ་དང༌། ཁའི་སྟེང་དུ་དམ་ཚིག་གི་རྡོ་རྗེ་སྟེ། བ་ དན་ལྔ་རབ་ཏུ་འཕྱང་བའོ། །ཞེས་པ་ནི་གཉིས་པའོ། །གཉི་གའང་ཡུ་བའི་སྟེང་སྦོམ་ཞིང་ དབུས་ནས་ཕྲ་བ་སྟེ་དྲིལ་ཆུང་ལ་སོགས་པས་བརྒྱན་པའོ། །མགོ་བོ་ལ་སོགས་པ་རྣམས་ཇི་ ལྟར་མཛེས་པ་བྱའོ་ཞེས་སོ། །མཐོའི་ཚད་གྲུ་བཞི་པ་ཆ་བཅུ་གཉིས་ཀྱི་ས་ལ་ཆང་ཟུང་ཆ་བཞི་ ནི་དབུས་སུའོ། །དེ་བཞིན་དུ་ཆ་བཞི་ནི་འཁྱོག་པ་སྟེ་རྩེ་མོའི་རྣམ་པའོ། །ཆ་བརྒྱད་ཀྱི་ཟུར་ ནས་ཆ་དགུའི་ཟུར་ཇི་སྲིད་པར་འཁྱོག་པ་ནི་གྲི་གུག་སྟེ། ཆང་བཟུང་གི་སྟེང་དུ་རྡོ་རྗེ་ཕྱེད་པས་ 8-1-453 བརྒྱན་པའོ། །ཐོད་པ་ནི་གསེར་གྱི་སྒོ་དང་ཡང་དག་ལྡན། །རྣམ་པར་ཤེས་བྱ་མི་ཡི་མགོ །བྲམ་ ཟེ་ལ་སོགས་ལས་བྱས་པ། །རེ་རེའི་ཐོས་པ་འཕེལ་བའོ། །ཁ་དོག་དམན་གྱུར་ཐོད་པ་དང༌། ། རྣ་བའི་སྟེང་དུ་བུག་པ་དང༌། །རྒྱབ་ཏུ་བུག་པ་དུམ་བུ་ཅན། །བུད་མེད་རྣམས་ཀྱི་རྟག་ཏུ་ཡང༌། ། མཁས་པ་རྣམ་ཤེས་དང་ལྡན་པའི། །སྔགས་པས་དེ་བཞིན་མགོ་ཞེས་བྱ། །དཔྲལ་བ་རྣ་བའི་ དུང་དག་ལ། །མི་ཏིག་ཕྲེང་འདྲའི་རི་མོར་གྱུར། །གཅིག་གཉིས་གསུམ་བཞིའི་དུམ་བུ་དང༌། ། བཅུ་དྲུག་བཅུ་གཉིས་རི་བོང་ཅན། །བ་ལང་གདོང་དང་དཀར་དམར་གྱུར། །ཅུང་ཟད་ རིང་ཞིང་མཛེས་པ་དང༌། །པད་མའམ་པད་མ་འདྲ་བའི་དབྱིབས། །སེར་དམར་དཀར་པོ་ དེ་ལྟ་བུའི། །ཐོད་པ་རབ་ཏུ་བསྟན་པ་སྟེ། །ལྷག་མ་རྣམས་ནི་རྣམ་པར་སྤང༌། །ཞེས་པའོ། ༈ ། རང་གི་འདོད་པས་འཁྱིལ་པ་བྱས་ཏེ་སོར་གཉིས་སུ་སྦོམ་པ་མཐའ་གཉིས་ལ་རྡོ་རྗེས་བརྒྱན་ པ་ནི་ཞགས་པའོ། །མགྲིན་པ་ནས་ཁྲག་འཛག་པའི་གདོང་བཞི་པ་ནི་ཚངས་པའི་མགོ་བོའོ། ༈ ། དགྲ་སྟའི་ཁ་ནི་ཞལ་གྱི་ཚད་དེ། ཡུ་བ་ནི་ཁྲུ་དོ་བ་མཐའ་བསྐོར་དུ་སོར་དྲུག་པ་སྟེང་དུ་རྡོ་ རྗེས་བརྒྱན་པའོ། ༈ ། དེ་དང་འདྲ་བ་ལ་ལྕགས་ཀྱུ་ནི་མཐོ་གང་བ་རྩེ་མོ་གུག་པའོ། ༈ ། གླང་པོ་ ཆེའི་ལྤགས་པ་ནི་རྣ་བའི་བར་དུ་འཛིན་པའོ། ༈ ། ཐོ་བ་ནི་སྣ་ཚོགས་རྡོ་རྗེ་དང་འདྲ་བ་སྟེ། འོན་ ཀྱང་ཕྱོགས་གཅིག་གི་རྩེ་མོ་རྣམས་གཅིག་པ་ཟླུམ་པོའི་ཡུ་བ་དང་ལྡན་པའོ། ༈ ། གཞུ་ནི་མཐོ་ བཅུ་པ་སྟེ། ཞེང་ལ་སོར་བཞི་པ་ཆང་བཟུང་གི་རིང་བར་སོར་བཅུ་དྲུག་པ། འཁྱོག་པའི་དབུས་ ལ་སོར་བརྒྱད་པ། མཐའ་སྐོར་གྱི་ཟླུམས་ལ་སོར་དགུ་པ། མཆོག་མ་རྣམ་པར་རྒྱས་ཤིང་རྒྱུད་ ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །ཕྲག་པ་བརྟན་པར་བྱས་ནས་དཔུང་པ་གཡོན་པ་ བརྐྱང་བའི་ཁུ་ཚུར་གྱིས་དབུས་ནས་བཟུང་སྟེ། གཡས་པས་མིག་མདའ་ཇི་ལྟ་བ་བཞིན་དུ་ལྟེ་ བའི་དབང་གིས་མདེའུའི་བར་དུ་རྡོ་རྗེ་ཁུ་ཚུར་གྱིས་ཁྲུ་དོ་པའི་མདའ་སྣ་དང་མཆུའི་ཐད་ནས་ རྣ་བའི་བར་ཇི་སྲིད་པར་འཐེན་ནས། ཅུང་ཟད་གཡོ་བ་དང་བཅས་པས་ངོས་སུ་འཛིན་པའོ། ། 8-1-454 རིང་བར་སོར་སུམ་ཅུ་རྩ་དྲུག་པ། འཁྲུལ་འཁོར་གྱི་ཞེང་ལ་སོར་བཞི་པ། སོར་བཞིར་ རིང་བའི་སྐམ་པས་དབུས་ནས་བཟུང་བ། སོར་བཞི་བཞི་ངོས་སུ་གྱེས་པ་ཀླུའི་གདེངས་ཀའི་ རྣམ་པས་མཛེས་པ། དེ་དག་གི་དབུས་སུ་ཀོས་ཀོ་ལྟ་བུ་སོར་གང་དུ་རྣམ་པར་རྒྱས་པ། དཔངས་ཀྱི་མཐར་སོར་ བཞི་པའི་ཡུ་བ་མཛེས་པ་དང་ལྡན་པ། ལས་དང་རྗེས་སུ་མཐུན་པར་སོར་བརྒྱད་པའི་ཚད་ ལ་སོར་གཅིག་པའི་འདབ་མ་ཅན་གྲུ་བཞི་དང་གདུགས་དང་ཟླ་བ་ཕྱེད་པའི་རྣམ་པ་ཅན་གྱི་ སྐྱོང་བྱེད་དང་ལྡན་པ། སོར་གཉིས་པའི་སྙིང་པོས་རྣམ་པར་མཛེས་པར་བྱས་པ་ནི་རལ་གྲི འོ། ། འཁོར་ལོ་ལ་ནི་ཆ་གཅིག་གིས་ལྟེ་བ་ཟླུམ་པོ་དང་དེའི་ཕྱི་རོལ་དུ་ཆ་ཕྱེད་ཀྱི་སྙིང་པོའི་མུ་ཁྱུད་ ཟླུམ་པོ་དང༌། སླར་ཡང་དེའི་ཕྱི་རོལ་ཏུ་རྐང་པ་དང་བཅས་པའི་ཆ་གཅིག་གིས་རྩིབས་ཀྱི་ ཟླུམ་པོ་དང༌། དེའི་ཕྱི་རོལ་ཏུ་ཡང་ཆ་ཕྱེད་ཀྱིས་མུ་ཁྱུད་ཟླུམ་པོའོ་ཞེས་པ་སྟེ་རྩིབས་བཞི་པ་ལ་ སོགས་པ་འཁོར་ལོ་ཐམས་ཅད་ཀྱི་ཚད་དོ། །ལྕགས་སྒྲོག་གིས་རྩེ་མོར་བཅིངས་པའི་ལྕགས་ ཀྱི་བིལ་བ་ཅན་ནི་ཀ་ཎ་ཡའོ། །མདའ་ལྟ་བུ་སྒྲོ་གསུམ་དང་ལྡན་ཞིང་གདོང་གི་ཚད་ཅན་ནི་ འཕང་མདུང་ངོ༌། །དེ་དང་འདྲ་བ་ལ་སྒྲོ་དང་ལྡན་ཞིང་རིང་བ་ལ་ཊྭཱཾ་གའི་རྣམ་པ་ཅན་ནི་མདའ་ བོ་ཆེའོ། །མདུང་དང་རྡོ་ལ་སོགས་པ་རྣམས་ཀྱི་ཚད་ནི་རབ་ཏུ་གྲགས་པ་ཉིད་ཀྱི་ཕྱིར་མ་བྲིས་ སོ། །མཚོན་ཆ་ཐམས་ཅད་འཛིན་པ་ན་རྣ་བའི་སྟེང་དུ་བསྟན་ཏོ་ཞེས་པ་མཚོན་ཆའི་མཚན་ ཉིད་ཀྱི་ཆོ་གའོ།། ༥༢ །། ༈ མཆོད་རྟེན་དང་འགྲོན་ཁང་དང་གཙུག་ལག་ཁང་ལ་སོགས་པ་རབ་ཏུ་བརྩམས་པ་ ཡང་དག་པར་གནས་པ་ལ་མཆོག་ཏུ་འབད་པ་ན། གཎ་ཌཱི་དང་སྲོག་ཤིང་དང་རྩེ་མོར་གནས་ པ་དང་སྒོ་ལ་སོགས་པ་དང་ཀ་བ་བསྐྱེད་པའི་ཤིང་རྣམས་ཀྱི། དཔངས་དང་ཞེང་དང་ཁོ་ལག་ དང་ཟླུམ་རྣམས་ཀྱང༌། གནས་ཀྱི་བདག་པོ་དང་ཐིག་འཛིན་པ་ལ་སོགས་པ་མཐའ་དག་དག་ 8-1-455 གིས་དེ་དག་གི་ཚད་ཡོངས་སུ་གྲོས་བྱས་ནས། སློབ་དཔོན་དང་ཤིང་མཁན་རྣམས་ལྷན་ཅིག་ ནགས་ཚལ་གྱི་ལྟད་མོ་འགྲོ་བར་བྱའོ། ། ཚོགས་པ་ན་ཕུན་སུམ་ཚོགས་པའི་སྐར་མ་དང་གཟའ་དང་ཉི་མ་བཟང་པོ་བརྟགས་ཏེ་ སྔགས་པས་བགེགས་མཐར་བྱེད་ཀྱི་གཟུགས་ཀྱིས་དུས་ཡོངས་སུ་བརྟགས་པ་ལ། ཤར་དང་ བྱང་གི་ཕྱོགས་སུ་ཁ་བལྟས་ནས་ནགས་ཚལ་དང་རི་དང་དགའ་བའི་ས་གཞི་མཆོག་གི་ཆ་ལ་ རབ་ཏུ་འཇུག་པར་བྱའོ། ། བཟང་པོའི་གནས་སུ་སྐྱེས་ལ་སྟུག་ཅིང་སྣུམ་པ། སྔོ་བསངས་དང་དམར་པོ་དང་སེར་ པོའི་མདོག་ཅན། འབྲས་བུ་ཞིམ་པོ་དང་ལྡན་ཞིང་དྲི་བཟང་བ། མེ་ཏོག་ལ་སོགས་པ་དང་འོ་ མས་འབྱོར་བ། ཡལ་ ག་དང་ལོ་མ་ཡོངས་སུ་རྫོགས་ཤིང་ཡོན་ཏན་དང་རིགས་དང་བཞོན་པ་དང་ལྡན་པ། དྲང་པོའི་ཤིང་སྐྱེས་ནས་ལོ་བརྒྱ་ལྷག་ཅིང་ཉིས་བརྒྱའི་བར་དང་ལྡན་པ་དར་ལ་བབ་པ་རྣམས་ ཏེ། ཤིང་སུཾ་ནཱ་ག་དང༌། ནཱ་ག་གེ་སར་དང༌། ཤྲཱི་བཱ་ས་དང༌། ཨ་ཤྭད་ཐ་དང༌། ཤིམ་ཤམ་དང༌། མྱ་ངན་མེད་པ་དང༌། ཛམ་བུ་དང༌། པ་ལཱ་ཤ་དང༌། ཙན་དན་དང༌། ཀིང་ཤུ་ཀ་དང༌། ཀཾ་ཀེལླི་ དང༌། ཏཱ་ལ་དང༌། སཱ་ལ་དང༌། ཨ་མྲ་དང༌། ཙམ་པ་ཀ་དང༌། བིལ་བ་དང༌། ཙན་དན་དམར་པོ་ དང༌། བཻ་ཀང་ཀ་ཏ་དང༌། བ་ཀུ་ལ་དང༌། རོ་ཧི་ཎི་དང་སེང་ལྡེང་དང༌། ཤྲཱི་པར་ཎ་དང༌། ཤཏིན་ ཏུ་དང༌། ཤཱ་ར་ཀ་དང༌། སྦྲང་གི་ཤིང་དང༌། ཨར་ཛུ་ན་དང༌། དེ་བ་དཱ་རུ་དང༌། བ་ཊའི་རིགས་ ཁང་བཟངས་ལ་སོགས་པའི་ལས་ལ་འོས་པ་རྣམས་སོ། །གཞོན་པ་དང་རྒས་པ་དང་ཡན་ ལག་འཁྱོག་པ་རྣམས་ནི་མ་ཡིན་ཏེ། གཞོན་པ་ནི་ལོ་བརྒྱ་མ་ལོན་པ་དང་རྒས་པ་ནི་ལོ་ཉིས་ བརྒྱ་ལྷག་པའོ། །སྐམ་པོ་དང་གཅིག་བུ་དང་ཡལ་ག་ཆད་པ་དང་ཚིག་པ་དང་འདབ་མ་ཉིལ་བ་ དང་ཡན་ལག་གས་པ་དང༌། དུར་ཁྲོད་དང་ཁུང་བུ་དང་བྱ་སྐྱིབས་དང་ལྷའི་གནས་དང་ལམ་ 8-1-456 དུ་སྐྱེས་པ་དང༌། ཚ་བ་དང་ཁ་བ་དང༌། གྲོང་གི་མི་གཙང་བའི་ཡུལ་དུ་གནས་པ་དང༌། མཚེའུ་ དང་ཆུ་ཀླུང་གི་ངོགས་སུ་སྐྱེས་པ་ལ་སོགས་པ་རྣམས་དང༌། བྱ་དང་ལག་འགྲོའི་ཚང་བཅས་པ་ དང་རྡོ་རྗེས་བསྣུན་པས་དུམ་བུར་སོང་བ་རྣམས་སྤངས་ཏེ། དེ་རྣམས་ཀྱི་ནང་ནས་རིགས་ཤིང་ ཀུན་ནས་བཟང་བ་རྣམས་འདིར་བརྟག་པར་བྱའོ། །དེ་ལ་ཡང་ཐུན་མཚམས་ཀྱི་དུས་སུ་བཟོ་ བོ་དང་བཅས་པའི་ཤིང་མཁན་རྣམས་ཡང་དག་པར་བསྲུང་བར་བྱ་ཞིང༌། བདུད་རྩི་འཁྱིལ་ པའི་རྣལ་འབྱོར་དང་ལྡན་ཞིང་སྤྲོ་བ་དང་བཅས་པས། བདེ་བར་གཤེགས་པ་སྲས་དང་བཅས་ པ་དང༌། ཕྱོགས་ཀྱི་ལྷ་རྣམས་དང༌། ནགས་ཚལ་གྱི་ཤིང་གི་ལྷ་རྣམས་མཐའ་དག ཉེ་བར་སྤྱོད་ པ་ལྔས་ཡང་དག་པར་མཆོད་དེ། ཕྱོགས་ཀྱི་གཏོར་མ་བྱས་ནས། གཟོ་བོ་དང་བཅས་པའི་ སྔགས་པ་རྣམས་བཟའ་བ་དང་བཏུང་བས་ཡོངས་སུ་ཚིམ་པར་བྱས་ལ། བདེ་བར་གཤེགས་ པ་དང་ལྷ་རྣམས་ལ། བཅོམ་ལྡན་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ གསོལ་བ་གདབ་པར་བྱའོ། །ལྷན་ཅིག་ཏུ་རབ་ཏུ་དགའ་བའི་སེམས་དང་ཞི་བའི་ཡིད་དང༌། གཉིས་སུ་མེད་པའི་རྣལ་འབྱོར་གྱིས་ཉལ་བར་བྱ་སྟེ། རྨི་ལམ་བཟང་ན་ཡང་དག་པར་འགྲུབ་ ཅིང༌། རྨི་ལམ་ངན་ན་ལས་ཐམས་ཅད་པའི་བཟླས་པ་བྱའོ། །ནང་པར་སྔ་བར་དཔལ་ལྡན་ རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་གྱིས། མཆོད་པ་ཐམས་ཅད་དང་ཡང་དག་པར་ལྡན་པས་ ཤིང་གི་རྒྱལ་པོ་དེ་ལ་གནས་པའི་ཕྱོགས་ཀྱི་ལྷའི་གཟུགས་ཅན་རྣམས་ཡང་དག་པར་མཆོད་ པར་བྱ་སྟེ། སཱ་ལ་དང་ཐང་ཤིང་དང་ཏི་ན་སེའི་ཤིང་རྣམས་ལ་ཡང་དག་པར་གནས་པའི་ལྷ་མོ་ ནི་འཇིག་རྟེན་གྱི་མ་མོ་དང༌། དེ་ལ་གནས་པའི་ཞིང་སྐྱོང་ནི་རི་རབ་ཆེན་པོ་ཞེས་བྱ་བ་འདིའོ། ། སུཾ་ནཱ་ག་དང༌། ནཱ་ག་གེ་སར་དང་ཙམ་པ་དང་མྱ་ངན་མེད་པ་རྣམས་ཀྱི་ལྷ་མོ་ནི་གསང་བ་མ་ དང༌། དེ་རྣམས་བསྲུང་བའི་ཞིང་སྐྱོང་ནི་སྟོབས་པོ་ཆེ་ཞེས་བྱ་བའོ། །ཨ་རུ་རའི་ཤིང་དང༌། ཧཱ་ རཱི་ཏི་དང་བ་ཊའི་ཤིང་ལ་ཀར་ཎ་མོ་ཊི་ཀ་དང་ཧེ་ཏུའོ། །ཙུ་ཏའི་ཤིང་ལ་ཨཾ་བི་ཀ་དང༌། ཨ་ན་ 8-1-457 ལའོ། །ཏཱ་ལའི་ཤིང་ལ་ཤང་ཀ་རི་ཀ་དང༌། སྐྲ་གྱེན་དུ་བརྫེས་པའོ། །ཀ་དམ་ པའི་ཤིང་ལ་ལྷ་མོ་གཞིན་བཟང་མོ་དང༌། འཇམ་འབྲས་ཀྱི་ཤིང་ལ་ལྷ་མོ་འཇམ་འབྲས་ ལ་གནས་མ་སྟེ། ཞིང་གི་བདག་པོ་དག་ནི་དྲིལ་བུ་ཆེན་པོའོ། །སྦྲང་གི་ཤིང་ལ་སྐྱེས་བུའི་དབང་ཕྱུག་དང་ ཤེ་ཀཱའོ། ། གསེར་ཤིང་ལ་ལྷ་མོ་གཏུམ་མོ་དང་ཞིང་སྐྱོང་སྐྱེ་བ་བཟང་པོའོ། །ཤལ་མ་ལིའི་ཤིང་ལ་ ལྷ་མོ་ཆེན་མོ་མེ་ཞལ་དང༌། སྟར་ཀའི་ཤིང་ལ་འདོད་མ་སྟེ། ཞིང་སྐྱོང་དག་ནི་འཇིགས་པའོ། ། ཤྲྀང་གའི་ཤིང་ལ་ཕུན་ཚོགས་ཆེན་མོ་དང༌། ཞིང་སྐྱོང་མེ་གདོང་ཞེས་བྱ་བ་རྣམས་སོ། ། གནས་ལ་སོགས་པའི་དབྱེ་བ་རིགས་པ་འདི་རྣམས་ཏེ། མང་བས་འཇིགས་ནས་མ་བཤད་ པའི་ཕྱག་དང་སྐུ་མདོག་དང་མཚོན་ཆ་དང་སྔགས་རྣམས་ནི་རྒྱུད་ཀྱི་ནང་ནས་འབད་པས་ ངེས་པར་བཟུང་བར་བྱའོ། །གཙུག་ལག་ཁང་སོགས་རྒྱུ་རུ་ནི། །དེ་རིང་ཤིང་གཅོད་བདག་ སྤྲོ་བས། །ཁྱེད་རྣམས་ད་ནི་བཟོད་མཛད་ནས། །ཤིང་གཞན་ལ་ནི་གནས་པར་མཛོད། །ཤིང་ གཞན་རྒན་པོ་ལ་སོང་བའི་ལྷ་རྣམས་མཐའ་དག་ལ་གཏོར་མ་དང་མཆོད་པ་ལ་སོགས་པའི་ ཁྱད་པར་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །ཤིང་མཁན་བགེགས་མཐར་བྱེད་ ཀྱི་གཟུགས་ཅན་བཏུང་བ་དང་བཟའ་བ་དང་སོ་རྩི་དང་ཕྲེང་བ་དང་ཙན་དན་དང་གོས་དང་ གསེར་རྣམས་ཀྱིས་ཡང་དག་པར་མཉེས་པར་བྱས་ལ། སྟ་རེའི་སོ་ལ་རྡོ་རྗེ་སྦྲང་རྩིས་ཡང་དག་ པར་བྱུགས་ནས་ལག་པ་གཡས་པ་བསྟོད་དེ། དགེ་བའི་ཡིད་ཀྱིས་ཤར་དུ་བྱང་དུ་ཕྱོགས་པས་ ཉི་མ་ལ་བལྟ་ཞིང་བཅད་པར་བྱའོ། །ལྷན་ཅིག་པའི་གཙོ་བོ་རྣམས་སྲུང་བའི་ཆེད་དུ་དཔལ་ ལྡན་རྨ་བྱ་ཆེན་མོ་བཀླག་པར་བྱའོ། །མཆོག་དང་མཆོག་མ་ཡིན་པའི་མཚན་མ་རྣམས་སྔགས་ པ་ཆེན་པོས་ཀུན་ནས་བལྟ་བར་བྱ་སྟེ། མཆོག་མ་ཡིན་ན་ནི་དེ་རྣམས་སྤང་བར་བྱ་ཞིང༌། 8-1-458 མཆོག་ཡིན་ན་མཁས་པས་ཐམས་ཅད་ཡང་དག་པར་སྤྱད་པར་བྱའོ། །བྱང་གི་ཕྱོགས་སུ་ འགྱེལ་ན་སྦྱིན་པ་པོ་ལ་ནོར་དང་ལས་འགྲུབ་པ་ལ་སོགས་པ་སྟོན་པའོ། །དབང་ལྡན་གྱི་ཟུར་ དུ་འགྱེལ་ན་རིག་པ་དང་ཡེ་ཤེས་ཡང་དག་པ་ལ་སོགས་པ་སྟོན་པའོ། །དབང་པོའི་ཕྱོགས་སུ་ ཤིང་འགྱེལ་ན་རྒྱལ་བ་དང་འབྱོར་པའི་ཁྱད་པར་ཡང་དག་ལ་སོགས་པ་སྟོན་པའོ། །གཞན་གྱི་ བར་དུ་མ་རེག་པར་འགྱེལ་ན་བདེ་བ་དང་མཆོག་གོ །མེའི་འཚམས་སུ་ནི་མེའི་འཇིགས་པའོ། ། ཡི་དྭགས་ཀྱི་བདག་པོའི་ཕྱོགས་སུ་སོང་བ་ན་འཆི་བ་སྟོན་པའོ། །བདེན་བྲལ་དུ་ནི་ནད་ཀྱི་ འཇིགས་པའོ། །ཆུ་དང་རླུང་དུ་སོང་ན་ཆུ་དང་རླུང་གི་འཇིགས་པའོ། །ཤིང་གཞན་ལ་ཉེད་པ་ དང་བཅས་ཤིང་སོང་ན་རྗེ་བོའི་འཇིགས་པ་སྟོན་པའོ། །འདར་ཞིང་ངུ་བས་རིང་པོར་ལྷུང་ན་ སྦྱིན་པ་པོ་ལ་སྡུག་བསྔལ་འཐོབ་པའོ། །གཅོད་པའི་དུས་སུ་ཁྱི་དང་རྔ་མོ་དང་སྦྲུལ་དང་ཕག་ པ་དང་ལྕེ་སྤྱང་དང་བོང་བུ་དང་བྱ་རོག་དང་བྱ་རྒོད་དེ་གདུག་པ་ཅན་རྣམས་མཐོང་ན་འཆིང་ བའི་འཇིགས་པ་དང་བགེགས་མང་བར་འགྱུར་རོ། །གལ་ཏེ་བཅད་པ་ན་ཤིང་ལ་ཁྲག་འཛག་ ན་སྦྱིན་པ་པོ་འཆི་བ་ལ་སོགས་པ་སྟོན་པའོ། །ཞོ་དང་མར་དང་སྦྲང་དང་འོ་མ་བྱུང་ན་གསོད་ པ་དང་འཆིང་བའི་འཇིགས་པ་ལ་སོགས་པ་སྟོན་པའོ། །དངར་བ་དང་སྐ་བའི་རོ་ལ་སོགས་ པ་དང་དག་པ་དང་སྔོ་བསངས་དང་དྲི་བཟང་པོ་གནམ་ས་དང་རོའི་རྒྱུན་སྣུམ་པ་དང་བཅས་ པ་འབབ་པ་ནི་རང་བཞིན་པར་བསྟན་ཏོ། །གཅོད་པ་ན་ཤིང་གང་བཟུང་བའི་ཁ་དོག་གི་རྣམ་ པར་དབྱེ་བ་མཐོང་བ་གང་ཡིན་པ་དེའི་ཁ་དོག་གི་རྣམ་པའི་དབྱེ་བ་ལས་སྙིང་པོའི་རྣམ་པ་རྒྱུ་ མཚན་ཤེས་པས་བསྟན་ཏེ། བཙོད་ཁ་དང་སེར་སྐྱ་དང་སེར་པོ་དང་ཕུག་རོན་གྱི་མདོག་དང་ རལ་གྲི འི་མདོག་དང་དམར་པོ་དང་སྔོ་བསངས་རྣམས་ལས་སོ། །བཙོད་ཀྱི་ཁ་དོག་གི་རྟགས་ ལས་ནི་སྦལ་པ་རྗེས་སུ་ཤེས་པར་བྱ་སྟེ་དེས་ནི་ནད་དོ། །སེར་སྐྱ་ལས་ནི་ནང་ན་བྱི་བ་སྟེ་དེས་ ནི་ཆོམ་རྐུན་དང་གློའི་ནད་བསྐྱེད་པར་བྱེད་དོ། ། 8-1-459 སེར་པོ་ལས་ནི་ད་དབྱིག་སྟེ་དེས་ཀྱང་ནོར་ཉམས་པ་སྐྱེད་པར་བྱེད་དོ། །ཕུག་རོན་ གྱི་མདོག་ལས་ནི་ཁྱིམ་གྱི་ད་དབྱིག་སྟེ་དེས་ཀྱང་རྒྱལ་པོས་དབུལ་པོར་བྱེད་དོ། །སྐྱ་རེང་ གི་མདོག་ལས་ནི་རྩངས་པ་ཡོད་པ་སྟེ་དེས་ནི་འདིར་སྣ་ཚོགས་པའི་ནད་དུ་འགྱུར་རོ། །སྔོ་ བསངས་ལས་ནི་སྦྲུལ་འབྱུང་སྟེ་དེས་ཀྱང་སྦྱིན་བདག་ཆེན་པོའི་ནོར་ཟད་པའོ། །རལ་གྲི འི་ ཁ་དོག་གི་དབྱེ་བ་ལས་ནི་ཆུ་སྟེ་དེའི་འཇིགས་པར་འགྱུར་རོ། །དཔལ་བེའུ་དང་འཕེལ་ལྡན་ དང་དགའ་བ་འཁྱིལ་བ་དང་འཁོར་ལོ་དང་བཀྲ་ཤིས་དང་ཆུ་སྐྱེས་དང་གདུགས་དང་ལྕགས་ ཀྱུ་དང་བུམ་པ་དང་རྒྱལ་མཚན་དང་རྔ་ཡབ་རྣམས་ནི་ཆེན་པོའི་མཚན་མར་བསྟན་ཏོ། །དེ་ ལྟ་བུ་སོགས་དགེ་དང་མི་དགེ་བ། །མཐའ་དག་སློབ་དཔོན་ཆེན་པོས་ལེགས་བརྟགས་ནས། ། གཅད་པ་དང་ནི་གཤོགས་པ་དེ་སྙེད་པ། །ཤིང་གི་མཆོག་ལ་བློ་དང་ལྡན་པས་བྱ། །རྩ་བ་དང་ ནི་རྩེ་མོ་དབུས་ཀྱི་ཆར། །འཛེར་པ་ཅན་རྣམས་ཀུན་ཏུ་བལྟས་ནས་སྤང༌། །ཀུན་ལ་བཅུ་ཡི་ཆ་ ནི་ལྷག་པ་སྟེ། །ཚད་ལ་སོགས་པ་ཐམས་ཅད་དུ་ནི་བྱ།། །། ༈ དེ་ནས་མཆོད་རྟེན་ལ་སོགས་པ་བསྒྲུབ་པའི་ཆེད་དུ་རྡོའི་ཁྱད་པར་དམ་པར་གནས་ པ་རྣམས་ཡོངས་སུ་ཤེས་པར་བྱ་སྟེ། རིའི་ཤོད་དང་ཆུ་ཀླུང་གི་འགྲམ་དང་བཟང་པོའི་འཇུག་ ངོགས་དང་ལྷ་ཉེ་བར་ལོངས་སྤྱོད་པའི་ཤིང་དང་ཕུག་དང༌། ལྷའི་དབང་པོ་དང་ནོར་སྦྱིན་དང་ ཕྱུགས་བདག་དང་ཚངས་པ་རྣམས་དང་ལྷན་ཅིག་འགྲོགས་པའི་སྟེང་ནས་ལྷུང་བ་དང༌། ཤར་ དང་བྱང་དང་སྟེང་གི་ཕྱོགས་སུ་ཁ་བལྟས་པའི་རྡོ་རྣམས་ནི་བསྔགས་སོ། །ཤར་དུ་ཕྱོགས་པས་ ནི་རང་འདོད་པ་སྟེར་ཞིང༌། ལུས་ངན་དུ་ཕྱོགས་པས་བུ་དང་བུ་མོ་དང་རིགས་བསྐྱེད་པར་བྱེད་ དོ། །དབང་ལྡན་དུ་ཕྱོགས་པས་ནི་གྲོལ་བའི་འབྲས་བུ་སྟེར་ཞིང༌། སྟེང་དུ་ཕྱོགས་པས་ཐམས་ ཅད་དུ་མཁའ་ལ་སྤྱོད་པ་འགྲུབ་པོ། ། མཆོད་རྟེན་གྱི་ཉེ་འཁོར་དང་དུར་ཁྲོད་དང་ལམ་གྱི་བཞི་མདོ་དང་དམར་པོ་དང་མྱུར་དུ་ 8-1-460 བྲོས་པ་དང༌། གྲོག་མའི་ཤིང་དང་འབྱར་བ་དང་ཁ་དོག་མང་པོ་དང་གཞན་གྱིས་ལས་བྱས་ པའི་རྡོ་རྣམས་དོར་བར་བྱའོ། །འཁར་བ་དྲི་མ་མེད་པ་ལྟ་བུས་ནི་སྦྱིན་པ་པོ་ལ་འཆི་བ་སྟེར་ བར་བྱེད་པ་སྟེ་དེ་ནི་གསོད་པར་འགྱུར་རོ། །དཀར་པོ་དང་སེར་པོ་དང་དམར་པོའི་ཁ་དོག་ རྣམས་ལས་སྐྱོན་བྱེད་པ་ནི་རི་མོ་ནག་པོ་དང་མཉམ་པར་ལྡན་པ་ཡིན་པས། གང་གིས་སྙིང་ པོར་མཚན་མ་མཐོང་བ་ན་སྤང་བར་བྱ་སྟེ་སྐྱོན་མང་བའི་ཕྱིར་རོ། །བྱིས་པ་དང་ལང་འཚོ་དང་ བར་མ་དང་རྒན་པ་སྟེ་རྣམ་པ་བཞི་ནི་རྡོའི་རིགས་རྣམས་སོ། །བྱིས་པ་ནི་ཤིན་ཏུ་འཇམ་ཞིང་ གཟོང་བསྣུན་པ་དང་ལྷན་ཅིག་ཕ་གུ་ལྟ་བུར་འགྱུར་བའོ། ། རྒན་པོ་ནི་རྩུབ་ཅིང་ཁ་དོག་ངན་པ་དབྱངས་དང་བྲལ་བ་སྦལ་པ་ལྟ་བུ་སྟེ་དམན་པའོ། ། བར་མ་ནི་སྲ་བའི་ཡོན་ཏན་དང་ལྡན་ཞིང༌། དྲི་ཞིམ་པ་དང་སྒྲ་ཟབ་པ་དང་བསིལ་བ་དང་ འཁྲེགས་པའོ། །བརྟན་པ་དང་མཉེན་པ་དང་ཤིན་ཏུ་སྣུམ་པ་ནི་ལང་འཚོ་སྟེ་འདོད་པ་སྟེར་ བས་མཆོག་གོ །དཀར་པོ་དང་སེར་པོ་དང་ལྗང་ཁུ་དང་དམར་པོ་དང་སྔོ་བསངས་ཀྱི་ཁ་དོག་ དང་འོད་དང་ལྡན་པ་ཡང་ལང་འཚོ་ཅན་ ནོ། །རིགས་ལ་སོགས་པའི་དབྱེ་བས་ཕྱེ་བ་ཤེས་པར་བྱས་ནས། སྔགས་ལ་སོགས་པས་ ཀྱང་བསྔགས་ པར་བྱའོ། །རྡོ་བ་བཟང་པོ་ནི་ནག་པོ་ཡིན་ཡང་གལ་ཏེ་རི་མོ་དཀར་པོ་ཕྲ་མོ་དང་ཐིག་ལེ་ རྣམས་དང་ཡང་དག་པར་ལྡན་ན་བློ་དང་གཉེན་དང་ལྡན་པར་འགྱུར་རོ་ཞེས་པ་ནགས་ཚལ་ གྱི་ཆོ་གའོ།། ༥༣ །། ༈ གཎ་ཌཱི་རྣམ་པ་བཞི་ནི་སྐུའི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བས་ཤེས་པར་བྱའོ། །ཐམས་ ཅད་དུ་བླ་ན་མེད་པའི་དག་པས་ཉི་ཤུ་ལྷག་པའི་ཆ་བརྒྱད་ནི་སྲིད་དུ་སྟེ། འཇིགས་ཚོགས་ལ་ ལྟ་བའི་རིའི་རྩེ་མོ་ཉི་ཤུ་རྣམ་པར་བསྙིལ་བའི་དོན་དུའོ། །རྒྱར་ནི་བཞི་ལྷག་པའི་ཆ་ཉི་ཤུར་ 8-1-461 ཡང་དག་པར་བལྟའོ། ། བདེན་པའི་རྣམ་པ་བཅུ་དྲུག་གིས་དེ་ནི་ཆ་བཅུ་དྲུག་པར་བཤད་དོ། །དབུས་ཀྱི་ཆ་ལྔའི་ ཆ་གཅིག་ནི་དམའ་བ་ཟླུམ་པོའི་ཆ་སྟེ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་ པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོའོ། །འདི་དག་ནི་འཇིགས་ ཚོགས་རྣམ་པར་དག་པ་སྟེ་དེས་ན་འདིར་ཆ་ཤས་ལྔ་པའི་ཆར་བཀོད་པའོ། ༡ ། རིང་བར་སོར་ བརྒྱ་དང་བཅུ་པ་ནི་རབ་ཏུ་སྦྱོར་བའི་ལམ་གྱི་རྣམ་པར་ཤེས་པའི་རྣམ་པར་དག་པའོ། །དེའི་ རྒྱར་ནི་ཉི་ཤུ་རྩ་གཉིས་ཏེ་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་རྣམ་པར་དག་པའོ། །ཟུར་བཅུ་ གཉིས་དང་མཉམ་པར་ལྡན་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་རྣམ་པའོ། ༢ ། ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་རབ་ཏུ་ཉམས་པའི་ལམ་སྒོམ་པའི་རྣམ་པས་དེའི་ཚད་ནི་ དེ་སྙེད་དུ་རིང་བའོ། །སྟོང་པ་ཉིད་ཀྱི་རྣམ་པ་ཉི་ཤུ་ནི་ཁོར་ཡུག་ཏུ(༢༠)འོ། །རྣམ་པར་ཐར་ པ་བརྒྱད་རྣམ་པར་དག་པས་ཟུར་བརྒྱད་ཀྱིས་བརྒྱན་པའི་གཎ་ཌཱིའོ། ༣ ། སོར་མོ་བཞི་དང་ མཉམ་ལྡན་པའི། །སོར་མོ་བརྒྱད་ཅུ་སྲིད་དུ་བསྟན། །སྲིད་ནི་ཆོས་ཀྱི་ཕུང་(༨༤༠༠༠)པོའོ། ། མ་འདྲེས་ཆོས་ཀྱི་རྣམ་པ་ཡི། །ཡོངས་སུ་བསྐོར་བར་བཅོ་བརྒྱད་དེ། །ལག་པའི་འདབ་མ་ (སོར་མོ་)དེ་ཚད་ཤེས། །༤འདི་རྣམས་ཀྱི་ནི་ཚད་བཤད་པ། །རྒྱ་དང་དཔངས་ཀྱི་རིམ་པའོ། ། དེ་ཉིད་བཅུ་དྲུག་རྣམ་པ་ཡིས། །དེ་ཚད་ཟླུམ་པོ་གཞན་ནི་དབུས། །བདེན་པ་བཅུ་གཉིས་ ཁྱད་པར་ལས། །ཟླུམ་པོའི་བདག་ཉིད་གཎ་ཌཱིའོ། །ནོར་བུའི་རྩ་བར་འོད་ཟེར་གནས། ། ཁམས་གསུམ་སེམས་ ཅན་དབྱངས་རྣམ་པ། །བརྩམ་པར་བྱ་ཞེས་ཚིགས་བཅད་གཉིས། །ཡོངས་སུ་དག་པའི་ དྲིལ་བུ་ཟུང༌། ། རྩེ་མོར་སོར་བཞི་སོར་གསུམ་དང༌། །སོར་མོ་ཕྱེད་དང་གསུམ་དང་གཉིས། །སྦལ་པའི་ 8-1-462 གདོང་དང་འདྲ་བ་ནི། །སངས་རྒྱས་ཡེ་ཤེས་རྣམ་པ་མཆོག །གསུམ་གཅིག་ལྔ་དང་བདུན་གྱི་ ནས། །དམན་པ་ཚད་རྣམས་ཀུན་ལ་བཟང༌། །འདིར་ནི་ཚད་རྣམས་བཤད་ལས་གང༌། །ཡིད་ ལ་འཐད་པ་དེ་རྣམས་བྱ། ། སྣ་ཚོགས་ཚོན་རྣམས་ཀྱིས་ནི་ལེགས་པར་བྱུགས། །གང་ཡང་ཚད་ལྡན་ཚོན་གྱི་ཕྲེང་བ་ འབར། ། དམར་པོའི་ཚོན་གྱིས་འབར་ཞིང་ས་བཟང་སྐྱེས། །བརྡུངས་ན་དབྱངས་བཟང་བ་ནི་གཎ་ ཌཱིའོ། །རྣམ་པ་མང་པོའི་ཡོན་ཏན་ཚོགས་དང་ལྡན། །ཁྲུས་སོགས་ཆོ་ག་རིག་པའི་སྔགས་པ་ ཡིས། །དབང་ལྡན་ཟུར་གྱི་ཆ་ལ་གསེར་དང་ནི། །རིན་ཆེན་ལ་སོགས་ཁྲི་ལ་ཆུ་སྐྱེས་གནས། ། ཐེའུ་དང་ལེགས་པར་མཉམ་པར་ལྡན་པའི་གཎ་ཌཱི་དང་པོར་རབ་ཏུ་གནས་པ་བྱ་སྟེ། དྷཱི་ཡིག་ གི་ས་བོན་ལས་སྐྱེས་པའི་གཎ་ཌཱི་ཆེན་པོ་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ལ། ༀ་དྷཱིཿཤྲུ་ ཏི་སྨྲྀ་ཏི་ཞེས་པ་ལ་སོགས་པ་རྩ་བའི་སྔགས་ལན་བརྒྱ་རྩ་བརྒྱད་དང༌། རྒྱུ་ལས་སྐྱེས་པ་ རྣམ་པར་དག་པ་ཡེ་དྷརྨའི་ཚིགས་སུ་བཅད་པ་ལན་གསུམ་བཟླས་པས་སོ། །ཆུང་བ་ཆ་གསུམ་ ཕྲ་ཞིང་ན་ཀུ་ལ། །འདྲ་བ་ཟླུམ་པོ་ཡི་ནི་རྣམ་པ་ཅན། །སྟུག་ཅིང་སྲ་བའི་ཤིང་ལས་ངེས་བྱས་ པ། །གང་ཡང་དམར་པོ་ཡི་ནི་ཚོན་གྱིས་བྱུགས། །མཆོག་ གི་དང་པོའི་ས་བོན་ལས་བྱུང་བའི། །ཐེའུ་རྡོ་རྗེའི་རང་བཞིན་རྣམ་པར་དག །རིང་བར་ཆ་ ནི་བཅུ་གཉིས་པ་ཡིན་ཏེ། །ཡོངས་སུ་ཟླུམས་ལ་སོར་མོ་དྲུག་པའོ། །བཅུ་གཉིས་ཆ་ནི་གསུང་ རབ་ཡན་ལག་སྟེ། །དྲུག་ཀྱང་ཕ་རོལ་ཕྱིན་པ་དག་པ་ཉིད། །ཆོས་ཀྱི་ཡན་ལག་འཁོར་ལོ་ བསྐོར་བ་ན། །ལུགས་འབྱུང་ལུགས་ལས་བཟློག་པའི་རྣམ་པ་ལས། །སྤྲོ་དང་བསྡུད་པའི་དག་ པས་རྣམ་གསུམ་དུ། །ཡན་ལག་དྲུག་གི་སྦྱོར་བ་ལྟ་བུར་བརྡུང༌། །སྐུ་གསུམ་ལ་ནི་རྣམ་པར་ ཐིམ་པ་དང༌། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ཚུལ་གྱིས་སོ། །གཙུག་ལག་གང་དུ་ཆོ་ག་ 8-1-463 དྲན་པ་ཡིས། །རྟག་ཏུ་ཉིན་བཞིན་ལན་གསུམ་བཞིའམ་ལྔར། །ཞི་སྒོམ་དམིགས་པས་གཎ་ ཌཱི་བརྡུང་བྱེད་ན། །གནས་དེར་ཡོན་ཏན་ཚོགས་ཀྱིས་ཕུན་ཚོགས་པའི། །དགེ་སྦྱོང་རྣམས་ནི་ བརྟན་པར་ངེས་གནས་འགྱུར། །གང་ཡང་སྒྲ་ནི་ཐོས་པར་གྱུར་པ་དེར། །ནོར་དང་སྐྱེ་བོ་ཕུན་ ཚོགས་རྒྱུན་ལྡན་འགྱུར། །བྱིན་གྱིས་བརླབ་པའི་སྔགས་ནི། ༀ་དྷཱིཿཤྲུ་ཏི་སྨྲྀ་ཏི་མ་ཏི་ག་ཏི་ བི་ཛ་ཡེ་པྲཛྙེ་པྲཛྙ་བ་ལ་དྷཱིཿདྷཱ་ར་ཎི་སྭཱ་ཧཱ། གཎ་ཌཱིའི་མཚན་ཉིད་ཀྱི་ཆོ་གའོ།། ༥༤ །། ༈ ༀ་སཱུ་ཀྵྨེ་སཱུ་ཀྵྨེ་ཤཱན་ཏེ་ཤཱན་ཏེ་དཱན་ཏེ་དཱན་ཏེ། ཨ་ས་མཱ་རོ་སེ། ནི་རཱ་ལཾ་བྷེ། ནི་རཱ་ཀུ་ལེ། ནིར་ བཱ་ཎེ། ཡ་ཤོ་བཱ་ནི། མ་ཧཱ་ཏེ་ཛེ། སརྦ་བུད་དྷ་ཨ་དྷིཥྛི་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ་ཞེས་པ་ནི་རྣམ་ པར་སྣང་མཛད་ ཀྱི་གཟུངས་ཏེ། སྔགས་འདིས་མཆོད་རྟེན་ལ་སོགས་རྣམས་ལ་སྲོག་ཤིང་གཟུགས་པར་ བྱའོ།། ༥༥ །། ༈ ཁང་བཟངས་རྣམས་ཀྱི་བརྒྱད་དང་བཅུའི་ཆ་ཤས་ཀྱི་ཞེང་ནི་སྒོའི་དབུས་ཀྱི་ཆ་ལ་ སྟེ། དེའི་ཚད་ཀྱིས་ཡལ་འདབ་དང༌། དེའི་ཉིས་འགྱུར་ནི་སྒོའི་དཔངས་སུ་བསྟན་ཞིང༌། སྒོ་ ཁྱུད་དང་དཔུང་པ་དང་རེ་བཞི་རྣམས་ནི་དེའི་ཆ་ལྔ་པར་བཤད་དོ། །ལེགས་པར་འབྱོར་ཞིང་ འཚམས་རྣམས་འབྲེལ་པ་རིན་པོ་ཆེ་དང་ཆུ་སྐྱེས་རྣམ་པར་ཕྱེ་བའི་གཟུགས་ཡང་དག་པར་ གནས་པའོ། །དྲི་མ་དང་བྲལ་བའི་བསམ་གཏན་ལ་གནས་པས་ཧཱུཾ་ཡིག་ལས་ཡང་དག་པར་ བསྐྱེད་པ་ནི་སྒོ་ཆེན་པོ་སྟེ། དད་པའི་དབང་པོ་ལ་སོགས་པ་དང་དག་པའི་བསམ་གཏན་ནི་ མཛེས་པའི་རྟ་བབས་དང་ལྡན་པའོ། །སྔགས་པས་སྔ་མ་བཞིན་དུ་སྒོ་རྣམས་ལ་སོ་སོར་ལན་ བརྒྱ་དང་རྩ་བརྒྱད་ཀྱིས་ཡང་དག་པར་བཟླ་པར་བྱ་སྟེ། ཤར་ལ་སོགས་པའི་ཕྱོགས་སུ་ཡང་ དག་པར་གནས་པ་རྣམས་གཤིན་རྗེ་གཤེད་ཀྱི་སྔགས་དང༌། ལྷོའི་ཕྱོགས་སུ་ཡང་དག་པར་ 8-1-464 གནས་པ་ནི་དཔའ་བོའི་རྒྱལ་པོ་ཤེས་རབ་མཐར་བྱེད་ཀྱི་སྔགས་དང༌། ནུབ་ཀྱི་ཕྱོགས་ཀྱི་ཆར་ གནས་པ་ནི་པད་མ་མཐར་བྱེད་ཀྱི་སྙིང་པོའི་སྔགས་དང༌། བྱང་གི་ཕྱོགས་ཀྱི་ཆར་གནས་པ་ནི་ དཔའ་བོའི་རྒྱལ་པོ་བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་སོ། །ལེགས་པར་རྣམ་པར་ཕྱེ་བའི་ ཚད་དུ་བསླང་བའི་སྒོ་རྣམས་ཆོ་ག་བཞིན་དུ་ལེགས་པར་མཆོད་པར་བྱའོ་ཞེས་པ་སྒོ་བསླང་ བའོ་ཆོ་གའོ།། ༥༦ །། ༈ རིན་ཆེན་དང་བཅས་རྡོ་ཡི་སྟེང་དུ་གནས། །ཟླུམས་དང་སྲིད་ཀྱི་ཚད་རྣམས་ཡང་དག་ ལྡན། ། གྲུ་བཞི་ལ་སོགས་ཡོན་ཏན་མང་ལྡན་ཞིང༌། །སྙིང་པོ་བརྟན་ཞིང་མི་འཁྱོག་ལེགས་པའི། ། ཀ་བ་ཐམས་ཅད་རྩེ་མཉམ་སེང་གེ་ལ། །སོགས་པའི་ཏིང་འཛིན་སྟེགས་བུར་ཡང་དག་ གནས། །སྟོང་ཉིད་རྣམ་པར་ཐར་པ་རྣམ་དག་པས། །ཧཱུཾ་གི་ཡི་གེ་ལས་སྐྱེས་རྡོ་རྗེ་སྟེ། །ཕྱོགས་ དང་ཕྱོགས་བྲལ་རྣམས་སུ་ལེགས་པར་གཟུགས། །རང་རང་ཕྱོགས་ཀྱི་ཁྲོ་རྒྱལ་སྙིང་པོའི་ སྔགས། །ལན་ནི་བརྒྱ་དང་རྩ་བརྒྱད་རྣམས་སུ་ཡང༌། །སོ་སོར་རིམ་པས་ཡང་དག་བཟླས་ པར་བྱ། །ཞེས་པ་ནི་ཀ་བ་གཟུགས་པའི་ཆོ་གའོ།། ༥༧ །། ༈ གཙུག་ལག་ཁང་ལ་སོགས་པའི་སྟེང་གནས་པར། །མྱུར་བར་ཤིང་རྣམས་ལྡན་པ་ མངོན་པར་བཟུང༌། །འདབ་མ་རྙིངས་པའི་དུས་དག་ཏུ། །སྐར་མ་མགོ་ལ་སོགས་པ་བསྔགས་ པ་ཡིན། ། གསེར་དང་དངུལ་རྣམས་དག་གི་པད་མར་ནི། །རིགས་བྱེད་མའི་གཟུངས་ནི་མཉམ་པར་ ལྡན། །ན་མོ་རཏ་ན་ཏྲ་ཡཱ་ཡ། ན་མོ་བུད་དྷ་བྷོ་དྷི་ས་ཏྭེ་བྷྱོ། ན་མོ་ཨཥྚ་མ་ཧཱ་ཨརྱ་ཕུངྒ་ལཱ་ཡ། ན་ མཿ སཔྟ་བྷྱོ་བུད་དྷ་ཀོ་ཊི་བྷྱཿ ཏདྱ་ཐཱ། ༀ་ཧྲིཿཧྲཱིཿཧྲཱིཿ སརྦ་ནཱ་གཱ་ནཱཾ་ཨ་ནན་ཏ་ཀུ་ལཱ་ནཱཾ། བཱ་སུ་ ཀི་ཀུ་ལཱ་ནཾ། ཏཀྵ་ཀི་ཀུ་ལཱ་ནཱཾ། ཤང་ཁ་པཱ་ལ་ཀུ་ལཱ་ནཱཾ། ཀར་ཀོ་ཊ་ཀ་ཀུ་ལ་ནཱཾ། པད་མ་ཀུ་ལཱ་ནཱཾ། 8-1-465 མ་ཧཱ་པད་མ་ཀུ་ལཱ་ནཱཾ། བ་ལཱ་ཧ་ཀུ་ལཱ་ནཱཾ། པུཎྜ་རཱི་ཀ་ཀུ་ལཱ་ནཱཾ། གྷ་ན་ཀུ་ལཱ་ནཱཾ། མེ་གྷ་ཀུ་ལཱ་ནཱཾ། ཛ་ལ་དྷ་ར་ཀུ་ལཱ་ནཱཾ། ཛཱི་མཱུ་ཏ་ཀུ་ལ་ནཱཾ། སཾ་བར་ཏ་ཀུ་ལཱ་ནཱཾ། ཨཻ་རཱ་བ་ཀུ་ལཱ་ནཱཾ། ཀུ་མུ་ད་ཀུ་ལཱ་ ནཱཾ། ཀཧྨཱ་ར་ཀུ་ལཱ་ནཱཾ། སཽ་གན་དྷི་ཀ་ཀུ་ལཱ་ནཱཾ། ཧ་ན་ཧ་ན་ཤ་རེ་ཎ། བན་དྷ་བན་དྷ་ཙཱ་པེ་ན། ཏཱ་ ཊ་ཡ་ཏཱ་ཊ་ཡ་ཨུ་པ་ལེ་ན། བྷཱི་ཏཱ་ནཱཾ་ཨ་བྷ་ཡཾ་དེ་ཧི་པྲ་ལ་ཡང་ཀཱ་ལ་ཨི་བ་ཛ་ཨ་དྷ་རཾ་ཨ་བ་ཏ་ར་ ཡ། བར་ཥན་ནཱ་གཱན་བ་ཤཱི་ཀུ་རུ་ཀུ་རུ་ཕུཿ། ཀཱ་རཱ་པ་ཡ་ཀཱ་རཱ་པ་ཡ་ཕུཿཕུཿ། ༀ་ཀུ་རུ་ཀུལ་ལེ་ ཧྲིཿཧཱུཾ་ཕཊ་སྭཱ་ཧཱ། །ཤིན་ཏུ་བརྟན་པའི་བྱ་འདབ་རྒྱན་དང་བཅས། །བླ་རེ་མང་པོའི་ཚོགས་ཀྱིས་ དཀྱིལ་འཁོར་སྲུང༌། །སྟེགས་བུའི་ཚད་ཀྱི་ཉིས་འགྱུར་རབ་འཕྱང་བ། །ཚད་དང་ལྡན་པ་བྱ་ འདབ་ཆེན་པོའོ། །ལན་ནི་བརྒྱ་དང་རྩ་བརྒྱད་རྣམས་སུ་ཡང༌། ། དཔལ་ལྡན་གཙུག་ཏོར་འཁོར་ལོས་བསྒྱུར་བའི་སྔགས། །ཡང་དག་བཟླས་ཤིང་མཆོད་ བྱ་གཏོར་མ་དང༌། །སྦྱིན་སྲེག་ཆོ་ག་བློ་ཆེན་ལྡན་པས་བྱ། །བུམ་པའི་ཆ་ཡིས་མངོན་པར་ དབང་བསྐུར་ཞིང༌། ། གདུགས་དང་གོས་དང་འདབ་མས་བརྒྱན་པར་བྱ། །ཞེས་པའི་སྔགས་ནི། ན་མཿ་ས་མན་ ཏ་བུད་དྷེ་བྷྱཿ ༀ་པྲ་ཏྱང་གཱི་ར་ཨུཥྞཱི་ཥ་ཙཀྲ་བར་ཏི་སརྦ་ཡན་ཏྲ་མན་ཏྲ་བན་དྷ་ཨིན་ཏྲ་བྷུ་བ་ནཾ་ བན་དྷ། མ་ཧཱ་བྷུ་བ་ནཾ་བན་དྷ། མ་ཧཱ་བྲྀཥྚིཾ་བན་དྷ། བྲྀཀྵ་དེ་བ་ཏཱཾ་བན་དྷ། དྷཱ་ར་ཡ་ཨི་ ཧ་བཱ་སི་ནཱཾ། ཡེ་ནི་ཀེ་ན་ཙིཏ། ཀྲྀཏ་བྷ་ཡ་ཨཱ་དི་ཀཾ ཙྪིན་དྷ་ཙྪིན་དྷ། བྷིན་ད་བྷིན་ད། ཙི་རི་ ཙི་རི། གི་རི་གི་རི། མི་རི་མི་རི། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཙུག་ལག་ཁང་ལ་སོགས་པའི་སྟེང་དུ་ ཤིང་དགོད་པའི་ཆོ་གའོ།། ༥༨ །། ༈ ད་ནི་སྐུ་གཟུགས་ལ་སོགས་པའི། །ལྷ་རྣམས་བཞུགས་པའི་ཆེད་དུ་ཡང༌། །ཁང་ཆུང་ དང་ནི་ཆེན་པོ་ཡི། །རྩིག་པའི་ཁང་བ་བྱ་བར་འདོད། །འདེགས་པའི་ས་ཡི་ཚད་ཀྱིས་ནི། །ཆུང་ ངུ་ལ་སོགས་དབྱེ་བ་ལས། །མདའ་བཞི་ལ་སོགས་ནས་ནི་མདའ། །སུམ་ཅུ་རྩ་དྲུག་བར་དུ་ 8-1-466 བྱ། །ལེགས་པའི་ཚད་ལྡན་སྐྱེས་བུ་ཡིས། །སོར་མོ་ལ་སོགས་ལྷན་ཅིག་ཏུ། །ཁྲུ་གཅིག་བྱས་ པ་ཁྲུ་ཤིང་སྟེ། །མདའ་ཤིང་ཞེས་པའང་བརྗོད་པར་བྱ། །བཅུ་གཉིས་ཁྲུ་ཡི་མཐར་ཐུག་པ། །དེ་ ནི་ཆུང་ངུར་གྲགས་པ་སྟེ། །ཁྲུ་ནི་ཉི་ཤུ་རྩ་བཞི་ཡི། །མཐར་ཐུག་པ་ནི་བར་མ་ཡིན། །སུམ་ཅུ་ རྩ་དྲུག་ཁྲུ་ཡི་མཐའ། །དེ་ནི་མཆོག་ཏུ་གྲགས་པའོ། །འདི་རྣམས་དབྱེར་བ་ཡིས་ནི་འདིར། ། འདེགས་པའི་ས་ཡི་ཆ་འཕེལ་བས། །ཚོགས་པར་གྱུར་པ་འབའ་ཞིག་དེར། །ཁྲུ་ཤིང་བཅུ་ དྲུག་པ་ཡང་བྱ། །སྙིང་པོར་ཁང་མིག་བཞི་པ་དང༌། །ཕྱི་རོལ་རེ་མིག་རྩིག་པ་རྣམས། །མང་པོ་ རྐང་པའི་ཆ་ཡིས་ནི། །རྩིག་པ་རྣམས་ནི་འཕེལ་བར་འདོད། ། གང་ལ་སྟེང་དུ་ཁུར་ཆེ་ན། །ལྷ་པར་ཡང་ནི་བྱ་བ་སྟེ། །འདེགས་པའི་འཁོར་ས་མེད་པ་ དང༌། །ཁང་མིག་མེད་པ་མཛེས་མ་ཡིན། །ཡོད་པ་དེར་ནི་ཆ་ལྔ་པའི། །དགའ་བའི་སྐེ་རགས་ རྐེད་པར་བྱ། །ལྷ་རྣམས་འགལ་བ་མེད་པར་ནི། །འོད་དང་ལྷན་ཅིག་མཐོང་བ་དང༌། །ཀུན་ ལ་ཀུན་ཏུ་གྲགས་བྱའི་ཕྱིར། །དེ་དོན་སྒོ་ནི་རིང་བ་ཉིད། །ལྷ་རྣམས་གང་དུ་མི་འགལ་བར། ། བཞེངས་པ་ཉིད་ཀྱང་ཡང་དག་འདོད། །སྒོ་ཡི་ཕྱེད་ཀྱི་ཤིང་ཚད་འགྱུར། །ཉེ་བར་གནས་པ་ མིན། །འགལ་བ་མེད་པས་ལྷ་ཡི་ཕྱིར། །རིང་བའི་སྒོ་ནི་བཤད་པ་ཡིན། །ཤིན་ཏུ་ཆུང་རྣམས་ མི་འགལ་བས། །མཆོད་བྱ་རྣམས་ཀྱང་བསྟན་པ་སྟེ། །ཆ་ཡིས་རྣམ་པར་རྒྱས་པ་ཡང༌། །རབ་ མཛེས་དོན་དུ་ཀུན་ལ་གྲགས། །འགྲོ་བ་ཡི་ནི་ཁང་ཆུང་བཞི། །སྙིང་པོའི་ཁང་པའི་སྲིད་དུ་བྱ། ། འདེགས་པའི་རྒྱ་དང་མཉམ་པའི་དཔངས། །འདེགས་ པའི་དཔངས་ཀྱི་ཚད་ཡིན་ནོ། །རྣམ་རྒྱས་འགར་ནི་ཡང་དག་བསྡུས། །མཛེས་པའི་རྗེས་ སུ་མཐུན་པ་བྱ། །སྒོ་ལ་སོགས་པའི་རྣམ་འཇུག་པ། །སྔོན་སོགས་སློབ་དཔོན་རྣམས་ཀྱིས་ གསུངས། །བཞི་དྲུག་བརྒྱད་རྣམས་ཆ་ཤས་ཀྱིས། །ཆུང་ངུ་ལ་སོགས་གྲགས་རྣམས་ལ། །ཤིན་ ཏུ་ཆུང་དང་རྣམ་རྒྱས་པའི། ། 8-1-467 རྩིག་པར་གསུངས་ཏེ་སླར་གཞན་མིན། །ཤིན་ཏུ་ཆུང་དང་རབ་ཆེས་པ། །དེ་དག་མཛེས་ པར་འགྱུར་མ་ཡིན། །བཞི་པའི་ཆ་ཤས་ཉིད་ཀྱི་ཆའི། །སྒོ་རྣམས་ཀུན་ཏུ་མི་འདོད་དེ། །གྲགས་ པ་བཞིན་དུ་མདའ་བརྒྱད་དང༌། །དེ་བཞིན་ཉིད་དུ་སྒོ་རྣམས་འདོད། །ཁྲུ་དོ་གསུངས་པའི་ གཅིག་གི་ཆས། །མཉམ་ པ་ཆ་གསུམ་གྲགས་པ་ལ། །བཅུ་ལ་སོགས་པའི་སྒོ་བྱ་འདིར། །ཅུང་ཟད་ལྷག་པ་ལྷག་ པའོ། །དྲུག་གི་ཆ་ཤས་ཉིད་ཀྱིས་ནི། །བར་མར་ལྡན་པའི་སྒོ་སོགས་དེ། །སྒོ་ནི་ཉི་ཤུ་རྩ་གཉིས་ ལས། །ཉུང་མིན་ཇི་ལྟར་མཛེས་པ་བྱ། །སོ་སོར་དེ་རྣམས་ལ་ནི་སླར། །སྒོ་དང་འགྲམ་ལོགས་ ལ་སོགས་བྱ། །ཀུན་ལ་མཆོག་ཏུ་གྲགས་པ་ནི། །བརྒྱད་ཀྱི་ཆ་ཤས་རྣམས་ཀྱིས་འཇུག །རིམ་ པས་སྒོ་ལ་སོགས་པ་རྣམས། ། ཤེས་ལྡན་ཉིད་ལ་ངེས་པར་བསྟན། །འཕེལ་དང་ཉུང་བའང་མཛེས་བྱ་སྟེ། །ཉུངས་པ་མ་ ཡིན་ལྷག་པ་མིན། །འཁོར་ས་མེད་པའི་འདེགས་བྱེད་ནི། །ཁང་ཆུང་རྣམས་ལས་ཉིས་འགྱུར་ འདོད། །ཉིས་འགྱུར་ སླར་ཡང་དེ་ཡི་ནི། །དྲུག་དང་བདུན་ལ་སོགས་པ་ཡང༌། །གྲུ་བཞི་པ་ཡི་ཁང་ཆུང་ བསྔགས། །ཀ་བ་མཉམ་པའི་ས་ལ་སྟེ། །མན་ངག་གིས་ནི་ཁང་ཆུང་ཡང༌། །གང་ཞིག་གཅིག་ པ་སླར་ཡང་འདོད། ། འདེགས་པ་དེ་ཡི་སྙིང་པོ་ཉིད། །ཅུང་ཟད་སྟོང་པར་ལྷ་གནས་གཅིག །འཁོར་སར་ཁང་ ཆུང་གཅིག་པ་གང༌། །དེ་ཡང་དེ་བཞིན་སླར་ཡང་ངོ༌། །རྩིག་པར་བཅས་པའི་འཁོར་ས་འདིར། ། ཁང་ཆུང་བགྲོད་ པའི་སྐས་དང་ལྡན། །ཁང་པའི་ངོས་གཉིས་དག་ཏུ་ཡང༌། །ཁང་ཆུང་ནང་ནི་རྫོགས་པ་ ཅན། །ཕྱོགས་ 8-1-468 བཞིར་ཁང་ཆུང་རྣམས་ཀྱིས་ཀྱང༌། །དེ་ནི་རྣམ་པར་མཛེས་པའོ། །གང་ཞིག་འདེགས་པ་ གཅིག་བཅས་པའི། །སྙིང་པོ་དེར་ནི་ལྷ་གནས་བཞི། །ཤིན་ཏུ་ཆེན་པོར་གྲགས་པ་ནི། །ཁང་ ཆུང་གཉིས་གཉིས་ལྡན་པར་བྱ། །ནང་གི་འཁོར་ས་དང་བཅས་པའི། །སོ་སོར་སྒོ་ནི་ཕྱོགས་ ཕྱོགས་སུའོ། །དེའི་བར་ཁང་ཆུང་དང་འདེགས་པས། །མཉམ་པར་འཁོར་བ་ཤིན་ཏུ་མཛེས། ། འཁོར་ས་ལམ་གྱི་རྩིག་པ་རྣམས། །ལྷན་ཅིག་བར་བར་དག་ཏུ་བྱ། །འདིར་ནི་དེ་ཉིད་སྙིང་ པོའི་སྟེང༌། །དྲི་ཡི་གཙང་ཁང་བརྟན་པ་ཆེ། །ཁང་པ་བརྩེག་མའམ་དེ་ལས་གཞན། །ཐམས་ ཅད་ཤིན་ཏུ་བརྟན་པར་བྱ། །འཁོར་ས་དང་བཅས་འདེགས་པ་དང༌། །ཁང་ཆུང་ངོས་སུ་རྩིག་ པ་སྟེ། །འདེགས་པའི་རྩིག་པ་མཉམ་པར་བྱ། ། ལས་དང་གནས་ལ་འཇུག་པས་སོ། །འཁོར་ས་རྣམས་དང་ཁང་ཆུང་རྣམས། །མཐོ་དམན་ རྗེས་སུ་མཐུན་པ་དག །འདིར་ནི་ཇི་ལྟར་རིགས་པ་བྱ། །ལས་རྣམས་ཤེས་པའི་གཟོ་བོས་སོ། ། བརྟན་པའི་དོན་དུ་འདེགས་པ་དང༌། །རྨང་ལ་སོགས་པའི་ལས་ལ་ཡང༌། །རྩིག་པའི་ཆ་ཡི་ རྐང་པ་ཡི། །ཕྱེད་ཀྱིས་ཀྱང་ནི་འཕེལ་བའང་འདོད། །འདེགས་པའི་དཔངས་ནི་རྣམ་བཟུང་ བ། །འདེགས་པའི་རྒྱ་ཡི་ཚད་ཡིན་ཏེ། །ཆ་གཉིས་སླར་ཡང་སྟེང་དུ་ནི། །ཆུང་བར་བཟོ་བོ་ ཡང་དག་འདོད། །རྡོ་བའི་ལས་ནི་གནས་དོན་དུ། །གཉིས་ཀྱི་ཆ་ཡིས་གཞན་དག་སླར། །དེ་ ནི་མཐོ་བར་འདོད་པ་སྟེ། །འགའ་ཞིག་དེའི་སྟེང་དུའང་འཆད། །དྲིའི་གཙང་ཁང་དེ་ཡི་སྟེང་དུ། ། བརྒྱད་ཀྱི་ཆའམ་བདུན་དོན་འདོད། །ཇི་ལྟའི་ཆ་ཡི་ཁང་བརྩེགས་ནི། །སྔར་བཤད་པ་ཡང་ བསྟན་པའོ། །དེ་ལྟའི་རིམ་པ་བདག་གིས་བྱས། ། མཛེས་པར་རྣམ་དཔྱོད་ཇི་ལྟའི་རིམ། །འདེགས་པའི་སྟེང་དུ་དྲིའི་གཙང་ཁང༌། །ལྷ་ཡི་ ཁྱད་པར་གྱིས་ད་བརྗོད། །སྟེང་དུ་བདུན་གྱི་ཆ་རྣམས་སམ། །རྣམ་བརྒྱད་ཆ་སྟེ་སླར་ཡང་གང༌། ། བཅོ་བརྒྱད་སྟེང་གི་རྒྱ་ཡིན་ཏེ། །དེ་ཡང་བཞི་བཞིའི་ཆ་ཤས་ཅན། །ཕྱི་རོལ་རྣམས་སུ་ཆ་ཤས་ 8-1-469 བཞི། །རེ་རེའང་བདུན་པ་བརྒྱད་པ་སྟེ། །དེ་དག་ཆ་ཆས་རབ་བསྐོར་བ། །ངོས་གཉིས་རི་མོ་ མཛེས་དོན་དུའོ། །བཞི་ཡི་ཆ་ཤས་ངོས་གཉིས་དང༌། །རབ་མཐོ་གང་གི་དབུས་སུ་གནས། ། དེ་རྣམས་ཆ་བཅུས་ཕུང་པོར་འདོད། ། བཱ་རེན་དྲ་བའི་གཟོ་བོའི་ལུགས། །དྲི་གཙང་ཁང་སོགས་སྤྲུལ་པ་ལ། །ངོས་གཉིས་དེར་ ཡང་བཟོ་བོ་ཡིས། །ཆ་ཤས་དགུ་པའི་རྒྱར་ལྡན་པའི། །དྲི་གཙང་ཁང་ཡང་ངེས་པར་འཇུག ། སྔ་གསུངས་རྗེས་སུ་རིམ་པ་ལའང༌། །གཉིས་གཉིས་ཆ་ནི་རབ་འཇུག་སྟེ། །དབུས་སུ་གནས་ པའི་ལྔ་ཡི་ཆ། །འདི་ནི་ཕུང་པོར་རབ་ཏུ་གྲགས། །གཞན་ཡང་ཆ་ལྔའི་ཆ་ཤས་རྣམས། །དེར་ བྱ་དཔངས་སུ་གཉིས་སླར་ཡང༌། ། གསུམ་གྱི་ཆ་འདིར་ཕུང་པོ་དང༌། །དཔུང་པར་གཟོ་བོ་རྣམས་ཀྱིས་འདོད། །རབ་འཇུག་ ལྔ་པར་ཐིག་ལ་ཐིག །བཟུང་ནས་གཞན་ཡང་གསུམ་པ་དང༌། །གཉིས་པར་འོག་གི་ཟུར་དག་ སྟེ། །དྲི་གཙང་མར་མེའི་རྩེ་མོ་མཚུངས། །གལ་ཏེ་རྣམ་གསུམ་ཞེས་བཤད་རྣམས། །དབྱེ་བ་ མེད་དེ་བལྟ་བ་ནའོ། །དབྱེ་བ་མེད་ལ་གང་དུ་འབྱེད། །བློ་ལྡན་མི་འགྱུར་ཞེས་མཐོང་ངོ༌། །དྲི་ ཡི་གཙང་ཁང་གསུམ་གྱི་ཆ། །སྟེང་དུ་རབ་འཇུག་ཤེས་བྱ་སྟེ། །རྩ་བར་ཡང་ནི་རབ་འཇུག་ དང༌། །ནས་ཀྱི་སྙིང་པོའང་མི་འདོད་དོ། ། ཟླུམ་པོའི་དྲི་གཙང་ཁང་གི་ལས། །ཡང་ན་གྲུ་བཞིའི་ལུས་ཅན་ཏེ། །ཕུང་པོའི་རྗེས་མཐུན་ དག་པ་ཉིད། །གང་ཞིག་ད་ནི་ཆ་རྣམས་དབྱེ། །ཆ་ཤས་བརྒྱད་ཀྱིས་ཡན་ལག་བརྒྱད། །ཇི་ ལྟར་མཐོང་བའི་ལས་རྣམས་ཀྱིས། །ཆ་ཤས་བཅུ་གཉིས་པར་ཡང་འགྱུར། །དྲི་ཡི་གཙང་ ཁང་ལྷག་པ་ཡང༌། །ཇི་སྙེད་སུམ་ཅུ་རྩ་དྲུག་པའི། །ཤིན་ཏུ་ཟླུམ་པོའི་གཟུགས་ཅན་བྱ། །གང་ ཡང་དྲི་ཡི་གཙང་ཁང་འདི། །གྲུ་བཞི་པར་ཡང་བལྟ་བར་བྱ། །དེ་ལྟའི་གཟུགས་རྣམས་མངོན་ འདོད་པས། །དེ་སྙེད་ཆ་ཤས་རྣམས་ཀྱང་བྱ། །ལྷ་ཡི་རིགས་ལ་རྣམ་སྤྲུལ་པའི། །རིམ་པ་ཉིད་ 8-1-470 དེ་གཞན་དུ་མིན། །བར་བར་ལ་སོགས་སྣམ་བུ་རྣམས། །དྲི་གཙང་ཁང་སོགས་ལུས་ལ་ནི། ། འཕེལ་བ་དང་ནི་ཐུང་བ་ཡང༌། །རྐང་པས་ཇི་ལྟར་མཛེས་པའང་བྱ། །སྣམ་བུ་གཞུང་ཤིང་ སོགས་པ་རྣམས། །ཉེ་བར་བསྟན་པ་ཇི་བཞིན་བྱ། །གཞན་ དང་གཞན་གྱི་ལས་རྣམས་ཀྱང༌། །ཇི་ལྟ་ཇི་ལྟ་བཞིན་དུ་བྱ། །མགྲིན་པའི་དཔངས་ཆ་ རྐང་པས་དམན། །གཞན་ཡང་ཆུང་སོགས་གྲགས་རྣམས་ལ། །ཡོངས་སུ་རྫོགས་ཆ་ཉིད་ཀྱིས། ། སྤྱི་བོའི་དཔངས་སུ་འདོད་པའོ། །ཕུང་པོར་བྱས་པ་དེ་ནས་ལྔའི། །ཆ་འདི་རྣམས་ཀྱི་གང་ལ་ གསུམ། །དེ་ནི་མགྲིན་པའི་ཟླུམ་ལ་བྱ། །མགྲིན་པ་ཉེ་བའི་མཐར་གནས་པའོ། །འདི་འམ་ ཐམས་ཅད་ཀྱི་ནི་ཚད། ། མགྲིན་པའི་རྒྱ་ལ་འདོད་པ་སྟེ། །ཕུང་པོའི་ཆ་ཡི་ཕྱེད་ཀྱི་ཆ། །སྔོན་གྱི་གཟོ་བོ་རྣམས་ཀྱི་ ལུགས། ། ཆེན་པོ་ཡི་ནི་ཕྱེད་ཀྱི་ཆས། །མགྲིན་པའི་དཔངས་དག་ལྷག་པ་མིན། །རྐང་པས་དམན་ པའམ་གཞན་ཡང་ཕྱེད། །སྤྱི་བོ་ཡི་ནི་དཔངས་ལ་འདོད། །སྤྱི་བོར་གང་ཞིག་འཆི་མེད་གནས། ། སྐྱུ་རུ་ར་གནས་ལྟ་བུར་འགྱུར། །རྒྱ་དང་ཕུང་པོའི་ཚད་ཀྱིས་ནི། །ཅུང་ཟད་དེ་ནི་ལྷག་པ་ ཡང༌། །སྤྱི་བོའི་གསུམ་གྱི་ཆ་ཡིས་ནི། །སྟེང་གི་སྤྱི་བོར་འདོད་པ་ཡིན། །དཔངས་འདིར་ཇི་ ལྟར་མཛེས་པ་སྟེ། །མཐོ་དང་དམའ་བ་དེ་བཞིན་ནོ། །མཆོད་རྟེན་རྒྱ་ནི་གཅིག་གིས་དམན། ། མཆོད་རྟེན་དཔངས་ནི་གཉིས་ཀྱི་ཆ། །ཞེས་ འདིར་དཔངས་དང་རྒྱ་ལ་འགྱུར། །མཆོད་རྟེན་སྤྱི་བོའི་སྟེང་དུའོ། །མགྲིན་མཐའ་ཇི་སྲིད་ རེ་རེ་ཞིང༌། ། བྱ་སྟེ་དེ་ཡི་སྟེང་དུའོ། །བརྟན་པའི་གདུགས་དང་སྣམ་བུར་བཅས། །གདུགས་ལ་དྲིལ་བུ་ མེ་ལོང་ངོ༌། ། 8-1-471 ཞེས་པ་དྲིའི་གཙང་ཁང་ལ་སོགས་པའི་མཚན་ཉིད་ཀྱི་ཆོ་གའོ།། ༥༩ །། ༈ འདེགས་པའི་ལྷན་ཅིག་འཕེལ་བ་ཡིས། །དེར་ནི་ལྔ་ཡི་ཆ་ལྡན་བྱ། །འདིར་གང་ གསུམ་གྱི་ཆ་ལྡན་པ། །དེ་ཡི་དཔངས་ཅན་ཁང་བརྩེག་གོ །སྟེང་དུ་འཕེལ་བཅས་འདེགས་ པའི་དཔངས། །དེ་བཞིན་དུ་ཡང་ཁང་བརྩེགས་འགྱུར། །ལེགས་པར་དཔངས་སུ་གནས་ པ་འདིར། །མཐོ་བའང་གཞན་དང་ལྡན་པར་འགྱུར། །སྔར་བཞིན་ཕུང་པོ་རྣམ་གནས་པས། ། འདིར་ཡང་ཁང་བརྩེག་རྣམ་གནས་ཉིད། །གཞན་དང་གཞན་གྱི་ལས་རྣམས་ནི། །ཤེས་པ་ རྣམས་ཀྱིས་མཛེས་པར་བྱ། །ཁང་བརྩེག་ཉིད་ནི་རིང་བ་དང༌། །ཕྱོགས་འདིར་ཐུང་བའང་ འདོད་པ་སྟེ། །གང་དུ་མགྲིན་སོགས་རྣམ་དབྱེ་བ། ། དེས་སླད་འདིར་ཡང་སྔ་མ་བཞིན། །ཞེས་པ་ཁང་པ་བརྩེག་མའི་ཆོ་གའོ།། ༦༠ །། ༈ གསུམ་གྱི་ལྷ་རྣམས་གནས་པའི་ཕྱིར། །རྒྱ་ཕུབས་འགའ་ཡང་བལྟ་བྱ་སྟེ། །ཝཱ་རེན་ ཏྲ་པའམ་ཌཱ་བི་ཌིའི། །ཉེ་བར་བསྟན་པ་ཇི་བཞིན་བྱ། །ལྔ་ཡི་ཆའམ་དྲུག་གི་ཆའི། །རྒྱ་ཕུབས་ ཡང་དག་གནས་པར་འདོད། །འདེགས་པའི་ཆ་དང་མཉམ་པའི་དཔངས། །བ་རཎ་ཌ་གནས་ སྟེང་དུའོ། །རྒྱ་ཕུབས་དབུས་ཀྱི་ལུས་ལ་ནི། །ཌཱ་བུ་ཌ་བ་དུམ་བུ་གཉིས། །དུམ་བུ་གཅིག་པའི་ རྒྱ་ཕུབས་ནི། །ཝཱ་རེན་ཊ་དང་གཽ་ཌའི་ལུགས། །རྒྱབ་ཀྱི་རྩེ་མོ་ཡང་དག་བསྡུས། །ངོས་རྣམས་ རྣམ་རྒྱས་མཁས་པ་ཡིས། ། དབུས་སུ་གཞུང་ཤིང་སྣམ་བུ་རྣམས། །མཐོང་ན་མཛེས་པར་འགྱུར་བ་བྱ། །རྔ་ཟླུམ་ མཚུངས་པ་དབུས་ཀྱི་སྟེང༌། །ངོས་གཉིས་གཞུང་ཤིང་མཐོ་བ་སྟེ། །ཌཱ་བི་ཌ་པ་གཞུང་ཕྱེད་ ཀྱིས། །བུམ་པ་སེང་གེ་རབ་མཛེས་འདོད། །ཝཱ་རེན་ཏྲ་པའི་རྒྱ་ཕུབས་ཀྱི། །ལས་ནི་ཡུལ་ རྣམས་ཀུན་ཏུ་མཐོང༌། །ཌཱ་བི་ཌ་པའི་རྒྱ་ཕུབས་ནི། །གང་དུ་ཆ་ཤས་སོགས་ལ་མཐོང༌། །སླར་ ཡང་ཁང་བཟང་ཆེན་པོ་གཞན་ཡང་སྟེ། །རི་རབ་མན་དི་ར་དང་ཕུན་ཚོགས་མཐར་གནས་ 8-1-472 ཁང་པ་དགྲོད་པའི་ཁང་བརྩེགས་བཟང་པོ་དང༌། །གླང་པོ་སེང་གེ་ངང་པ་བུ་ལྡན་མཁའ་ལྡི ང་ རིག་བྱེད་གནས་རྣམས་ལ་ནི་རྒྱ་ཕུབས་བཤད། ། རིག་བྱེད་ཞལ་གྱི་ཉིས་འགྱུར་ཞལ་རྣམས་དང་ནི་རྒྱལ་པོའི་ཁང་པ་རྣམས་ལའང་དེ་ཉིད་ དེ། །ཟླུམ་པོ་ཉིད་དང་དྲུག་དང་བཞིའི་དབྱེ་བས་རྒྱན་ལའང་ཇི་བཞིན་འཇུག་པར་ཤེས་པར་ བྱ། །ཤེས་ནས་བཟང་པོ་ཤིན་ཏུ་བཟང་པོ་དགའ་བ་པད་མ་བཟང་པོ་གསུམ་དང་ལྔ་པ་དང༌། ། དཔལ་བེའུ་ཕྱེད་དང་དུམ་བུ་མེད་ཅེས་བྱ་བ་ལྡན་པ་དེ་ནི་འཕེལ་ལྡན་བདག་ཉིད་དེ། །ཁྱིམ་ གང་རྒྱལ་པོའི་བདེ་བ་ལྡན་ལ་བཤད་ཅིང་གཞན་ཡང་ཁང་པ་བརྩེག་མ་རྣམས་ལའང་དྲན། ། བུམ་པའི་སྟེངས་སུ་ཟླ་བ་དྲ་སྒོ་རྣམས་ནི་གོ་སྤུའི་ཤིང་ལས་ཕུན་ཚོགས་འཇུག་པ་ཉིད། །འདི་ དག་དབྱེ་བ་བཞི་ཡིས་བརྒྱན་པ་རྣམས་དང་དེ་ལ་སོགས་པ་རྣམས་ནི་གྲོང་ཁྱེར་ཏེ། །ལཱ་ཊཱ་ཀྵཱ་ དང་དེ་ནས་བ་ཎཱ་ཊ་ཀ་རབ་གསལ་ཞེས་བྱ་དེ་བཞིན་ཌཱ་བི་ཌ། །བསམ་པའི་དབང་གིས་ཆུང་ ངུའི་གནས་དང་ཆེན་པོའང་སྣ་ཚོགས་སེམས་ཅན་རྣམས་ལ་རྣམ་པར་བསྟན། །མ་བཤད་པ་ རྣམས་ཐོས་ལ་རྣམ་པར་རྒྱས་པའང་ཆོ་ག་ཤེས་པ་རྣམས་ཀྱིས་དེ་བཞིན་བྱ། །གཙུག་ལག་ ཁང་རྣམས་ནི་རྐང་པའི་དབྱེ་བས་མི་རྣམས་ཤེས་པར་བྱ་བ་སྟེ། ། བརྒྱའི་གནས་ཀྱི་སྟེང་དུ་ནི་མི་བྱའོ་ཞེས་པ་རྒྱ་ཕུབས་ལ་སོགས་པའི་མཚན་ཉིད་ཀྱི་ཆོ་ གའོ།། ༦༡ །། ༈ བསམ་གཏན་དོན་ནམ་ལྷ་རྣམས་ཀྱི། །ཁང་པ་ལ་ནི་ཐོག་གཅིག་སྟེ། །སངས་རྒྱས་ གནས་པའི་དོན་དུ་ཡང༌། །སངས་རྒྱས་བཞི་ཡི་གདན་རིམ་བཞིན། །གནས་པའམ་དགའ་བ་ བསྟེན་པ་ཡི། ། རྟག་ཏུ་རྣལ་འབྱོར་རྒྱལ་པོ་ཡིས། །ཡིད་སོགས་དང་འཐུན་ཁང་པ་ཉིད། །བསམ་གཏན་ ལ་སོགས་སྒྲུབ་ཕྱིར་བྱ། །དཀྱིལ་འཁོར་ལྟ་བུ་ཆ་བཞི་པའི། །ཁང་མ་བརྩེག་མ་ཡང་བྱ་སྟེ། ། 8-1-473 ཁང་བརྩེག་ལ་ནི་ཁང་ཆུང་འགྱུར། །དེ་ནི་རྟ་བབས་དང་བཅས་བྱ། །ཇི་སྙེད་པ་ལ་ཀ་བའི་ ཆ། །སླར་ཡང་རྣམ་པར་གནས་གྱུར་པ། །དེ་སྙེད་འདུན་ཁང་སྟེང་གི་དཔངས། །ཉུང་བ་ མིན་པ་གཞན་ཡང་འདོད། །ཁང་པ་བརྩེག་མ་ལ་སོགས་ཆ། །དེ་རྣམས་སྔར་བཞིན་རབ་ཏུ་ གྲགས། །སླར་ཡང་བརྗོད་པར་འགྱུར་བ་རྣམས། །འདིར་ནི་དེ་ལྟ་དེ་ལྟར་བྱ། །དེ་དག་སྟེང་ དུའང་མགྲིན་པ་དང༌། །དྲི་མེད་སྙིང་པོ་མཛེས་པ་སྟེ། །ཁང་བརྩེག་ལ་འདོད་མཆོད་རྟེན་དང༌། ། འདུན་ཁང་ལ་ཡང་སླར་དེ་ཉིད། །གཙུག་ལག་ཁང་ངམ་ཚོགས་ཁང་ངམ། །དེ་བཞིན་ཁང་པ་ གཞན་ལ་ཡང༌། །དྲ་སྒོ་རྣམས་ནི་མི་འགལ་བར། །བྱ་སྟེ་དེ་ལས་གཞན་དུ་མིན། །གཟུགས་ རྣམས་ཇི་ལྟ་བའི་གནས། །མཆོག་གི་ལས་ཀྱི་གྲོགས་པོ་ཡིས། །བྱ་སྟེ་སླར་ཡང་ཁང་པ་ཉིད། ། ཞེས་འདི་བྱ་བའི་རིམ་པའོ། །ཁང་པ་བཞི་དང་བསམ་གཏན་གྱི་ཁང་པ་ལ་སོགས་པའི་ མཚན་ཉིད་ཀྱི་ཆོ་གའོ།། ༦༢ །། ༈ ད་ནི་རྡོ་རྗེ་སློབ་དཔོན་རྣམས་ཀྱི་ཡོངས་སུ་འདས་པ་ཐ་མ་དགའ་བར་བྱེད་པའི་ཆོ་ག་ བརྗོད་བྱ་སྟེ། གཞན་དོན་ལ་དགེས་ཤི་བ་འཚོ་མཛད་མ། །སྤྱན་མར་གྲགས་པའི་ལྷ་མོར་ཕྱག་ འཚལ་ནས། ། ཤི་བ་ཡང་དག་འཚོ་བྱེད་སྦྱོར་བ་ཡིས། །ཤི་བ་བདེ་འགྲོར་ངེས་སྦྱོར་བཤད་པར་བྱ། །ཤི་ བའི་ཁང་པ་ཤིན་ཏུ་དབེན་པར་ནི། །ཉེར་སྤྱོད་ཀུན་དང་ལྡན་པས་རྣལ་འབྱོར་པ། །མེ་ཏོག་ དཀར་པོའི་ཕྲེང་བས་གཙུག་ཏོར་བཅིངས། །ཞི་ཞིང་དཀར་པོའི་དྲི་ཡིས་རྣམ་པར་བྱུགས། ། དཀར་པོའི་གོས་དང་རྒྱན་ལྡན་ཤར་དུ་ཞལ། །བལྟས་པའམ་ཡང་ན་དེ་རུ་མོས་པ་ཡིས། །རྡོ་ རྗེ་དང་ནི་རྡོ་རྗེ་དྲིལ་བུ་བཟུང༌། ། འཇམ་ཞིང་ཡངས་པ་མཐོ་བའི་སྟན་ལ་འདུག །ཙན་དན་དཀར་པོ་ལ་སོགས་དྲི་རྣམས་ དང༌། །བདུད་ 8-1-474 རྩི་ལྔ་སྦྱར་ཆུ་ཡིས་མདུན་དུ་ནི། །མཎྜལ་ཉེ་བར་བྱུགས་ཏེ་དཀར་པོ་ཡི། །མེ་ཏོག་རྣམས་ ཀྱིས་ཉེ་བར་མཛེས་པར་བྱ། །ཨར་གྷ་ལ་སོགས་རང་གི་སྔགས་རྣམས་ནི། །སྭཱ་ཧཱའི་མཐའ་ ཅན་ལེགས་བཟླས་ བསྐུལ་ཚིག་དང༌། །སྙིང་ཁའི་ཟླ་བར་རང་གི་ས་བོན་རྣམས། །བལྟས་ནས་གནས་ལ་ སོགས་པ་བསྲུང་བར་བྱ། །དེ་ལ་གནས་བདག་རྣལ་འབྱོར་བསྲུང་བའི་སྔགས། །ༀ་ཨཱཿབིགྷྣཱ་ ཏ་ཀྲྀཏ་ཧཱུཾ་ཞེས་པའོ། །ཡང་ན་ན་མཿ ས་མན་ཏ་སོགས་སོ། །ཆོ་ག་བཞིན་དུ་སྒྲུབ་ཤེས་ རྣལ་འབྱོར་པས། །སྤྱན་མའི་རྣལ་འབྱོར་རབ་ཏུ་རྣམ་བསྒྲུབས་ནས། །སྙིང་ཁའི་ས་བོན་རྩེ་ ལས་ལེགས་གྲུབ་འོད། །འཁོར་ལོས་མཚན་པའི་ལྕགས་ཀྱུ་སྤྲོ་བར་བྱ། །དེ་ཡིས་འཇིག་རྟེན་ ཕ་རོལ་གནས་པའི་སེམས། །ཤིན་ཏུ་དམར་ཞིང་གསལ་བ་དགུག་བྱ་སྟེ། །ཆོས་ཀྱི་སྒོ་ཡི་ གཟུགས་སམ་ཡང་ན་ནི། །རླུང་མེད་མི་གཡོའི་མར་མེ་ལྟ་བུ་ཡིས། །འོངས་ནས་ཤི་བ་དེ་ཡི་ ཤེས་པ་ནི། །སྙིང་ཁར་སྤྱི་བོ་ནས་ནི་གཞུག་པར་བྱ། ། དེ་ནི་ཤེས་པ་ཡང་དག་ལྡན་པ་ཡིས། །དེ་རྗེས་ལངས་ནས་འདུག་པར་བལྟ་བར་བྱ། ། དེའི་སྙིང་ཁར་མོ་ཧ་ར་ཏི་ཞེས། །བཀོད་ནས་དེའི་འོད་ཟེར་ཕྲེང་འབར་བས། །དེ་ཡི་ལུས་ནི་ སྟོང་པར་བྱས་ནས་སུ། །ལྷག་མ་རྣམ་པར་རིག་བྱེད་ཙམ་དུ་བལྟ། །དེ་ཡི་རྗེས་སུ་མི་ཧ་ར་ཏི་ ཞེས། །རབ་བརྗོད་དེ་ནི་སྤྱན་མའི་གཟུགས་སུ་བསམ། །དེ་ཡི་མིག་དང་ལུས་ལ་སོགས་པ་ རྣམས། །ཐམས་ཅད་དུ་ནི་བྱིན་གྱིས་བརླབ་པར་བྱ། །སྙིང་པོ་ཡེ་ཤེས་ལྷ་ཡི་ཐུགས་ཁ་ཡི། །ཟླ་ བ་ལ་གནས་རྩ་སྔགས་འོད་ཟེར་དང༌། ། ལྷ་མོའི་སྤྲིན་གྱིས་བདུད་རྩིའི་འོད་ཅན་གྱིས། །རོ་ལྡན་བུམ་པ་རྣམས་ཀྱིས་དབང་བསྐུར་ བྱ། །རང་གི་ལུས་ལས་ངེས་པར་སྤྲོས་ནས་ནི། །ནམ་མཁའི་དཀྱིལ་འཁོར་ཁྱབ་པར་འཕྲོ་བ་ ཡི། །འོད་ཟེར་གོང་བུར་གྱུར་པའི་ཚོགས་རྣམས་ཀྱིས། །དེ་རྗེས་སྤྱན་མའི་སྤྲིན་གྱིས་དབང་ 8-1-475 བསྐུར་བྱ། །དེ་ཡི་སྔགས་བཟླས་ཆུ་ཡིས་གང་བ་ཡི། །བུམ་པ་ཡིས་ཀྱང་དེ་བཞིན་དབང་ བསྐུར་བྱ། །མགོ་བོ་ལ་ནི་ཅོད་པན་སྦྱིན་བྱ་སྟེ། །ལག་པ་དག་ལ་རྡོ་རྗེ་དྲིལ་བུ་ཡང༌། །དེ་རྗེས་ སྔགས་པས་ཀུ་ཤའི་རྩེ་མོ་ལ། ། རྡོ་རྗེ་རྩེ་གཅིག་རྣོན་པོ་རྣམ་བསྒོམས་ནས། །དེ་ནི་མེ་དང་མཚུངས་པར་བསམ་པར་བྱ། ། དེ་རྗེས་མཉམ་གཞག་སེམས་ཀྱིས་དེ་ཡི་ནི། །སྙིང་ཁར་བཀོད་པའི་ཤེས་པ་རྣམ་འཕྲོ་བར། ། ཡང་དག་བསྐུལ་ ནས་འབར་བར་གྱུར་པ་རྣམས། །རྡོ་རྗེའི་རྩེ་ནས་རླུང་གིས་བསྐྱོད་པར་བྱ། །མེ་ཡི་འོད་ ཟེར་རྣམས་ཀྱིས་རེག་པ་ཡི། །དངུལ་ཆུ་བཞིན་དུ་དེ་ནི་འཕར་བ་བསམ། །སྟེང་གི་ལམ་ནས་ རྣམ་པར་གྲོལ་བའམ། །ཡང་ན་རྣམ་དག་སངས་རྒྱས་ཞིང་དུའོ། །གལ་ཏེ་ཤེས་པ་ལམ་གཞན་ ནས་སོང་ན། །འཁོར་ བའི་རྒྱ་མཚོ་རུ་ནི་ལྟུང་བར་འགྱུར། །དེ་ཡི་ཕྱིར་ན་སྟེང་གི་ལམ་ནས་སུ། །དེ་ནི་ངེས་པར་ འཕོ་བར་བྱ་བ་ཡིན། །སྤྱི་བོ་ནས་ནི་གཟུགས་མེད་འགྲོ་བ་སྟེ། །མཛོད་སྤུ་ནས་ནི་གཟུགས་ ཀྱི་ཁམས་སུ་གྲགས། །མིག་དག་ལས་ནི་མི་ཡི་འགྲོ་བ་ཉིད། །རྣ་བ་དག་ལས་གྲུབ་པའི་ལྷ་རུ་ འགྲོ །སྣ་བུག་དག་ནས་གནོད་སྦྱིན་ཉིད་དུ་སྟེ། །ཁ་ནས་དྲི་ཟ་ཉིད་དུ་ངེས་པར་འགྲོ །ལྟེ་བ་ ནས་ནི་འདོད་པའི་ལྷ་རུ་སྟེ། །ཁུ་བའི་སྦུབས་ནས་ཡི་དྭགས་འགྲོ་བར་རོ། །ཆུ་ཡི་ལམ་ནས་ དུད་འགྲོའི་སྐྱེ་གནས་ཏེ། །བཤང་ བའི་ལམ་ནས་དམྱལ་བའི་འགྲོ་བར་རོ། །ངེས་པར་འགྲོ་བར་ཤེས་བྱ་དེ་ཡི་ཕྱིར། །ལམ་ དེ་དག་ནི་རྣམ་པར་སྤང་བར་བྱ། །དེ་ནས་དེ་ཐར་པའི་གྲོང་ཁྱེར་དུ་གཞག་པའི་ཕྱིར་མདུན་དུ་ སྦྱིན་སྲེག་གསུངས་པ་ལས་ཡོངས་སུ་རྫོགས་པའི་ཆོ་གའམ། རྫས་གཅིག་པའི་སྦྱིན་སྲེག་གི་ ཕྱོགས་པའི་ཆོ་གས། སྦྱིན་བདག་གིས་རབ་ཏུ་བྱིན་ཞིང་སྤྱད་པར་བྱ་བའི་ཡོ་བྱད་ཐམས་ཅད་ 8-1-476 རྡོ་རྗེ་སློབ་དཔོན་གྱིས་ཡེ་ཤེས་ཀྱི་མེ་ལ་ཞི་བའི་སྦྱིན་སྲེག་བྱའོ། །དེའི་ཚེ་ཡང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་རྣམས་བཀླག་པར་བྱའོ། །དེའི་མཐར་ ཐམས་ཅད་བསྡུས་ཏེ་སྦྱིན་བདག་ལས་ཡོན་བསླང་ཞིང༌། སྦྱིན་བདག་གིས་ཀྱང་འབྱོར་པ་ དང་རྗེས་སུ་འཐུན་པར་གོས་དང་རྒྱན་དང་མལ་ཆ་དང་ཁྲི་དང་ཁང་པ་དང་ཞིང་དང་བྲན་པོ་ དང་བྲན་མོ་ལ་སོགས་པའི་ཡོན་རྣམས་སློབ་དཔོན་ལ་དད་པས་དབུལ་བར་བྱའོ། །དེ་ནས་ཤི་ བ་ལ་བྱ་བ་བྱེད་པའི་སྐྱེ་བོ་སྣ་ཚོགས་པ་རྣམས་བོས་ཏེ་ཡི་གེ་གསུམ་བཟླས་པའི་ཚངས་སྐུད་ གདགས་པར་བྱའོ། །དེ་ནས་ཤི་བ་འཁྱེར་བ་རྣམས་འཇིག་རྟེན་སྐྱོང་བ་རྣམས་སུ་ལྷག་པར་ མོས་པ་བྱ་སྟེ། གདུགས་འཛིན་པ་ནི་ལྷ་ཡི་རྒྱལ་པོ་དང༌། རྔ་ཡབ་འཛིན་པ་ནི་ཚངས་པ་དང༌། རལ་གྲི་འཛིན་པ་ནི་ཁྱབ་འཇུག་དང༌། བསྟོད་པ་འདོན་པ་ནི་བདེ་བྱེད་དང༌། སྟེང་དུ་ལུས་ལ་བྱ་བ་བྱེད་པ་ནི་གཤིན་རྗེ་དང༌། བུམ་པ་འཛིན་པ་ནི་ཆུ་ལྷ་དང༌། དགང་ གཟར་བླུགས་གཟར་འཛིན་པ་ནི་མེ་ལྷ་དང༌། བཟའ་བའི་སྟོན་མོ་འཛིན་པ་ནི་བདེན་བྲལ་ དང༌། བ་དན་འཛིན་པ་རྣམས་ནི་རླུང་ལྷ་རྣམས་སུའོ། །གཞན་རྣམས་ཀྱང་ལྷ་དང་ལྷ་མ་ཡིན་ རྣམས་སུ་ལྷག་པར་མོས་པར་བྱའོ། །དེ་ནས་ཡི་གེ་བརྒྱ་པའི་སྔགས་ལན་བདུན་བཟླས་ཏེ་ རང་གི་དགེ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་བྱས་ནས་ལྡང་བར་ བྱ་ཞིང༌། ལངས་ནས་ཀྱང་རྡོ་རྗེ་སློབ་དཔོན་རྡོ་རྗེ་འཛིན་པའི་རང་བཞིན་གྱིས། སངས་རྒྱས་ ཐམས་ཅད་སྐྱེད་པར་མཛད་མ་སྤྱན་མའི་སྔགས་དང༌། ངན་སོང་སྦྱོང་བའི་རྒྱུད་ལས་གསུངས་ པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྔགས་བཟློས་བཞིན་པས་སྔོན་དུ་འགྲོ་བར་བྱའོ། ། ལམ་དུ་ཡང་འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་ཡང་དག་པར་འཁྱེར་བཞིན་པ་དང༌། ཉེ་བར་ དགའ་བས་བསྟོད་པ་བྱེད་བཞིན་པ་དང༌། ལྷ་རྣམས་ཀྱིས་རོལ་མོ་དང་མཆོད་པ་བྱེད་པར་ བལྟ་བར་བྱ་ཞིང༌། སྣ་ཚོགས་པའི་རོལ་མོའི་སྒྲ་རྣམས་དང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ 8-1-477 དང༌། རྡོ་རྗེའི་གླུ་རྣམས་དང༌། དྲིལ་བུ་དང་ཆ་ལང་དང་འཁར་རྔ་དང་གླི ང་བུ་དང་པི་བང་གི་སྒྲ་ རྗེས་སུ་འགྲོ་བ་རྣམས་དང༌། ཉེ་བར་སྤྱོད་པ་ལྔའི་མཆོད་པ་རྣམས་དང་བ་དན་དང་གོས་དང་ གདུགས་དང་འཁོར་མང་པོ་དང་ལྡན་པས་ཕའི་ནགས་སུ་དལ་བུས་འཁྱེར་བར་བྱའོ། །དེར་ ནི་འོ་མ་ཅན་གྱི་ཤིང༌། །ལེགས་པར་རྣམ་བཀོད་རྩིག་པར་བྱ། །དེ་སྟེང་དེ་ནི་བཞག་ནས་སུ། ། བུམ་པའི་ཆུ་ཡིས་བསང་བར་བྱ། །དེ་ནས་བསྒྲུབས་ཤིང་གཙང་བ་ཡི། །མེ་ཡིས་ཡོངས་སུ་ སྦར་བར་བྱ། །རོ་ཡི་སྙིང་ཁ་དེ་ཉིད་དུ། །བསྲེག་བླུགས་གང་བ་གསུམ་སྦྱིན་བྱ། །མེ་ནི་ཡང་ དག་ཚིམ་དོན་དུ། །དྲི་དང་ཏིལ་སོགས་བྱུག་པར་བྱ། །ཇི་སྲིད་ཐལ་བར་གྱུར་གྱི་བར། །དེ་ སྲིད་སྦྱིན་བདག་མཉམ་བཞག་ལེགས། །སྔར་བཞིན་ཐེག་ཆེན་ཆེར་འབྱུང་བའི། །མདོ་སྡེ་ རྣམས་ནི་བཀླག་པར་བྱ། །འཁར་རྔ་ཅང་ཏེའུ་རྗེས་འགྲོ་བའི། །རྡོ་རྗེའི་གླུ་ཡང་བླང་བར་བྱ། ། དེ་ལྟར་སྐྱེ་བོ་འགའ་ཞིག་གྲོལ་བའི་ལམ་ལ་སྦྱར་ཡང༌། མི་དགེ་བ་ཤིན་ཏུ་མང་ཞིང་སྟོབས་ ཆེ་བས་ལམ་ངན་པར་སོང་ན། དེའི་ཕྱིར་དེའི་ལམ་ངན་པར་འགྲོ་བ་ཡོངས་སུ་འཕྲོག་པའི་ཆེད་དུ། ཉི་མ་དེ་ཉིད་ནས་ བརྩམས་ཏེ་ཉི་མ་བརྒྱད་དུ་ངན་སོང་སྦྱོང་བའི་རྒྱུད་ལས་གསུངས་པའི་ཆོ་གས་ངན་སོང་ ཡོངས་སུ་སྦྱོང་བ་ལ་སོགས་པའི་བྱ་བའི་རིམ་པ་རྣམས་བྱའོ། །དེ་ལ་ཇི་སྲིད་དེ་ཡི་རུས་པ་མ་ འོངས་པ་དེ་སྲིད་དུ་དེའི་གོས་ལ་དེའི་མིང་སྨོས་པ་སྔོན་དུ་འགྲོ་བས་བྱ་བ་བྱ་ཞིང༌། འོངས་ ནས་ནི་དེའི་རུས་པ་དང་གོས་ལ་ཡང་བྱ་སྟེ་ཉིན་ཞག་བརྒྱད་ཇི་སྲིད་པར་བྱའོ། །དེར་ཡང་ལྷོ་ ཡི་ཕྱོགས་ཀྱི་ཆ་ལ་ནི། །ཁྲུ་གང་ཙམ་གྱི་སྟེགས་བུ་གྲུ་བཞི་བྱ། །བ་ཡི་ལྕི་བ་སར་མ་ལྷུང་བས་ བྱུག །བ་ཡི་རྣམ་ལྔ་མཉམ་པས་མངོན་པར་གཏོར། །དེར་ཡང་དཀྱིལ་འཁོར་མ་ལ་ཡའི་ནི། ། ཙན་དན་དཀར་པོས་བྱུགས་ཤིང་མེ་ཏོག་གིས། །མཛེས་བྱས་བདེ་སྟེང་བུམ་པ་རྣམ་པར་ དགོད། །མཚན་ཉིད་དང་ལྡན་སྨན་དང་ཡལ་ག་དང༌། །ནོར་བུ་དྲི་བཟང་འབྲུ་ལྔ་རྣམས་དང་ 8-1-478 ལྡན། །གདུགས་དང་བ་དན་རྣམས་ཀྱིས་ཉེ་བར་མཛེས། །མགྲིན་པར་སྔོན་པོའི་གོས་ཀྱིས་ རྣམ་པར་དཀྲིས། །ཉེ་བར་སྤྱོད་པ་ལྔ་དང་ཡང་དག་ལྡན། །ཀུ་ཤའི་གདན་ལ་ཡང་དག་གཞག་ བྱ་སྟེ། །རྒྱ་ཆེན་རང་གི་རིགས་བདག་མཚན་མས་མཚན། །ཡི་གེ་གསུམ་ལྡན་རྩ་བའི་ས་བོན་ གྱིས། །དེ་ནི་ལྷག་པར་གནས་པར་བྱ་བ་ཡིན། །སྔགས་པས་ཡང་ན་ཁྲུས་ཀྱི་སྔགས་རྣམས་ནི། ། ལན་གྲངས་བརྒྱ་དང་རྩ་བརྒྱད་བཟླས་པས་སོ། །དེ་ནས་མདུན་དུ་དཀར་པོའི་རྡུལ་ཚོན་ གྱིས། །ལྟེ་བར་བཅས་ཤིང་མུ་ཁྱུད་འབར་བར་བཅས། །འཁོར་ལོ་རྩིབས་བརྒྱད་བྲིས་ནས་ མེ་ཏོག་ནི། །དཀར་པོ་མཛེས་པས་རྣམ་པར་སྤྲས་བྱས་ནས། །དེ་ཡི་དབུས་སུ་བུམ་པ་སྟོང་པ་ ཡི། །སྟེང་དུ་བུག་པ་དང་བཅས་ཁམ་སྐྱོགས་གཞག །དེ་རྗེས་དེ་ཡི་རུས་པ་ཁམ་སྐྱོགས་དེར། ། ལྷག་མ་མེད་པར་ཡང་དག་དགོད་པར་བྱ། །ཏིང་འཛིན་གསུམ་དང་རྣམ་པར་ལྡན་པ་ཡིས། ། འདི་ཡི་ཕྱིར་བཟློག་ཆོ་ག་སླར་ཡང་བྱ། །ཡུངས་དཀར་མེ་ཏོག་མཉམ་པར་ལྡན་པ་རྣམས། ། རིམ་པ་བཞིན་དུ་གསང་སྔགས་རབ་བརྗོད་པས། །དེའི་རུས་པའམ་ཡང་ན་གོས་དག་གམ། ། དེ་ཡི་མིང་ལ་ཡང་དག་བསྣུན་པར་བྱ། །དེ་ནས་ཀྱི་སྔགས་ཀྱི་ཚིག་ཏུ་འགྱུར་བ་ནི། ༀ་སརྦ་ པཱ་པ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ༀ་སརྦ་པཱ་པ་བི་ཤོ་དྷ་ན་བཛྲ་ཧཱུཾ་ཕཊ། ༀ་སརྦ་ཀརྨ་ཨཱ་བ་ར་ཎཱ་ནི་ བྷསྨཱི་ཀུ་རུ་ཧཱུཾ་ཕཊ། ༀ་བྷྲུཾ་བི་ནཱ་ཤ་ཡ་ཨཱ་ཝ་ར་ཎཱ་ནི་ཛཱུཾ་ཧཱུཾ་ཕཊ། ༀ་དྷྲཱུཾ་བི་ཤོ་དྷ་ཡ་ཨཱ་ཝ་ར་ཎཱ་ནི་ ཧཱུཾ་ཕཊ། ༀ་སརྦ་ཀརྨ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་ཝ་ར་ཎཱ་ནི་ ཧཱུཾ་ཕཊ། ༀ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཧཱུཾ་ཧ་ར་ཧ་ར་སརྦ་ཨཱ་ཝ་ ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཧཱུཾ་སརྦ་ཨཱ་ཝ་ར་ཎཱ་ནི་བི་སྥོ་ཊ་ཡ་ཧཱུཾ་ཕཊ། ༀ་བྷྲྀ་ཏ་བྷྲྀ་ཏ་སརྦ་ཨཱ་ ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཏྲཱཊ་ཏྲཱཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཙྪིན་ད་ཙྪིན་ད་སརྦ་ཨཱ་ཝ་ར་ཎཱ་ ནི་ཧཱུཾ་ཕཊ། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏཱུན་ཧཱུཾ་ཕཊ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ 8-1-479 ཏཱུན་ཧཱུཾ་ཕཊ། ༀ་མ་ཐ་མ་ཐ་སརྦ་ཏིཪྻ་ཀ་ག་ཏི་ཧེ་ཏཱུན་ཧཱུཾ་ཕཊ། ཞེས་པ་ནི་རུས་པ་ལ་སོགས་པ་ ལ་བསྣུན་པའི་སྔགས་སོ། །དེ་ནས་ལྷག་པར་གནས་པ་བྱས་པའི་བུམ་པའི་ཆུས་དེའི་རུས་པ་ ལ་སོགས་བཀྲུ་བར་བྱ་སྟེ་སྔགས་རྣམས་བརྗོད་བཞིན་པས་སོ། །སྔགས་ནི། ༀ་ན་མོ་བྷ་ག་ ཝ་ཏེ་སརྦ་དུར་ག་ཏི་པ་རི་ཤོ་དྷ་ན་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏེ་སམ་མྱཀ་སཾ་བུད་དྷཱ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ། བོ་ཤོ་དྷ་ནེ་བི་ཤོ་དྷ་ནེ། སརྦ་པཱ་པ་བི་ཤོ་དྷ་ནེ། ཤུད་དྷེ་བི་ཤུད་ དྷེ་སརྦ་ཀརྨ་ཨཱ་ཝ་ར་ཎཱ་བི་ཤུད་དྷེ་སྭཱ་ཧཱ། ཞེས་པ་ནི་རུས་པ་ལ་སོགས་པ་བཀྲུ་བའི་སྔགས་སོ། ། དེ་ནས་མེ་ཏོག་གཏོར་ཞིང་སྔགས་བཟླས་པས་ལམ་ཡང་དག་པར་བསྟན་པར་བྱ་སྟེ། སྔགས་ ནི། ༀ་རཏ་ནེ་རཏ་ནེ། རཏ་ན་སཾ་བྷ་ཝེ། རཏ་ན་ཀི་ར་ཎེ། རཏ་ན་མཱ་ལ་བི་ཤུད་དྷེ། ཤོ་དྷ་ཡ་ སརྦ་པཱ་པཾ་ཧཱུཾ་ཏྲཱཊ། འགྲོ་བ་བསྟན་པའི་སྔགས་སོ། །དེ་ནས་མེ་ཏོག་དེ་རྣམས་ཆུ་ལ་གཏོར་ཞིང་ ལམ་རྣམ་པར་སྦྱང་བར་བྱ་སྟེ། སྔགས་ནི། ༀ་པད་མེད་པད་མེ། པད་མ་ཨུད་བྷ་བེ། སུ་ཁཱ་ བ་ཏྱཱཾ་གཙྪ་ཏུ་སྭཱ་ཧཱ། ཞེས་པ་ནི་ལམ་སྦྱང་བའི་སྔགས་སོ། །སྔགས་ཚིག་དེ་དང་དེ་རྣམས་ལ། ། བསྐུལ་བའི་ཚིག་རྣམས་སྤེལ་བར་བྱ། །ལམ་སྦྱང་བའི་སྔགས་རྣམས་ཀྱིས། །མེ་ཏོག་ཆར་ ཡང་རབ་ཏུ་དབབ། །བཀྲ་ཤིས་ཚིགས་བཅད་འདོན་པ་ལ། །མཉམ་བཞག་འདོན་དུ་གཞུག་ པར་བྱ། །ཐུན་གསུམ་ཡང་ན་ཐུན་གཅིག་ལ། །ཉི་མ་སོ་སོར་དེ་བཞིན་བྱ། ། ཆོ་ག་ཇི་ལྟར་བཤད་དེ་ལྟར། །ཡང་དག་མཆོད་ཅིང་ཐམས་ཅད་བསྡུ། །དེ་ལ་བཀྲ་ཤིས་ ཀྱི་ཚིགས་སུ་བཅད་པ་ནི། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་ལ་ཕན་པར་དགེས། །སངས་ རྒྱས་སྐྱོན་བྲལ་རྣམ་པར་དག་པའི་བློ་ལྡན་པ། །ཤེས་རབ་ཡན་ལག་འདུས་པས་མཛེས་པ་ བདེ་བའི་བདག །དེས་ནི་ཁྱེད་རྣམས་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་ གང་ཞིག་ལྷ་དང་ལྷ་མིན་མིས་མཆོད་པ། །ཆོས་ནི་དེ་ཡི་བསྟན་པ་བླ་ན་མེད་པ་ཉིད། །འཇིག་ རྟེན་གསུམ་དུ་རབ་ཏུ་གསལ་ཞིང་བདག་མེད་པ། །དེས་ནི་ཁྱེད་རྣམས་དབང་བསྐུར་མཆོག་ 8-1-480 ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རབ་མཆོག་ཆོས་རྣམས་རྟག་ཏུ་འཛིན། །དམ་པའི་ སར་ཞུགས་རྒྱལ་བའི་སྲས་པོ་ཚོགས་ཀྱི་མཆོག །སེམས་ ཅན་རྣམས་ལ་ཕན་པར་མཁས་ཤིང་ཤིན་ཏུ་ཤིས། །དེས་ནི་ཁྱེད་རྣམས་དབང་བསྐུར་ མཆོག་ལ་བཀྲ་ཤིས་ཤོག །ཞེས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དེ་རྣམས་ཀྱང་རུས་པ་ འཁྲུད་པའི་དུས་སུ་འདོན་པའམ་འདོན་དུ་གཞུག་པར་བྱའོ། །དེ་ནས་གཤེགས་སུ་གསོལ་ བའི་སྔགས་ནི། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་ སྩལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། ། མུཿ ཞེས་པའོ། །དེ་ནས་མཚན་མོ་ཚོགས་ཀྱི་འཁོར་ལོ་བྱས་ཏེ་ཐམས་ཅད་ཡང་དག་པར་ བསྡུ་བར་བྱའོ། །འབྱོར་པ་ཡོད་ན་ངན་སོང་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆོ་ག་ཇི་ལྟ་བ་ བཞིན་དུ་བཞེངས་ཏེ། ཇི་ལྟར་གསུངས་པའི་ཆོ་ག་རྣམས་བསྒྲུབ་པར་བྱའོ། །སླར་ཡང་རྡོ་རྗེ་ སློབ་དཔོན་གྱིས་སྦྱིན་བདག་ལ་ཡོན་བླང་བར་བྱ་སྟེ། དེས་ཀྱང་འབྱོར་པ་དང་རྗེས་སུ་མཐུན་ པ་རབ་ཏུ་དབུལ་བར་བྱ་ཞིང༌། བཀྲུས་པའི་གོས་ཀྱང་སློབ་དཔོན་ཉིད་ལ་དབུལ་བར་བྱའོ། ། ཡང་གསུངས་པ། ཤི་བ་ལ་དམིགས་གང་ཡིན་རྣམས། །རང་གི་གཉེན་གྱིས་སློབ་དཔོན་ དབུལ། །དེ་ནི་མཐོ་རིས་ལམ་ཆས་སུ། །དེ་ལ་སྦྱིན་ཞེས་ཤེས་པར་བྱ། །གང་ཞིག་ཅུང་ཟད་ ཞི་དོན་གྱིས། །སྦྱིན་པ་དེས་འདི་ངེས་པར་ནི། །བདེ་བ་ཅན་གྱི་སར་འགྲོ་བ། །ཞག་བདུན་སྔ་ བར་རབ་སྦྱིན་བྱེད། །དེ་ལྟར་གང་ཡིན་ཀུན་བྱས་ཏེ། །ཆོ་གས་ཡུལ་ཅན་ཀུན་བྱས་ན། །སྡིག་ པ་ཐམས་ཅད་སྤངས་ནས་ནི། །བདེ་བ་ཅན་དུ་ངེས་པར་འགྲོ། །དེ་རྗེས་དེ་རུས་རྣམ་སྦྱང་བྱ། ། ཞིབ་མོར་རྡོ་བས་བཏགས་ནས་ནི། །ཆུ་ཀླུང་ཤིན་ཏུ་རྒྱ་ཆེན་ལ། །མཆོད་པ་བྱས་ཏེ་དོར་བར་ བྱ། །ཡང་ན་ས་འཛིན་ཆེན་པོ་ནི། །མཐོན་པོའི་རྩེ་མོའི་མཐར་འཛེགས་ནས། །ཤིན་ཏུ་ཤུགས་ དྲག་རྗེས་མཐུན་པའི། །རླུང་ལ་དེ་ནི་བསྐུར་བར་བྱ། །ཤིན་ཏུ་དྲག་པོའི་ལས་ཀྱི་དབང་དུ་གྱུར་ 8-1-481 པ་ཡིས། །གལ་ཏེ་བདེ་སྟེར་བདེ་བ་ཅན་དུ་མ་སོང་ན། །ངེས་པར་འདི་ནི་ངན་པའི་འགྲོ་བ་ སྤངས་ནས་སུ། །སུམ་ཅུ་རྩ་གསུམ་པའི་གནས་སུ་འགྲོ་བར་འགྱུར། །རྡོ་རྗེ་སློབ་དཔོན་རྣམས་ ཀྱི་འདས་པ་ཐ་མ་དགའ་བར་བྱེད་པའི་མཚན་ཉིད་ཀྱི་ཆོ་གའོ།། ༦༣ །། དེ་ལྟར་སློབ་དཔོན་རྣམས་ཀྱི་བྱ་བ་བསྡུས་པའམ་དངོས་གྲུབ་ཆེན་པོའི་རྒྱུར་ནི་རབ་ཏུ་ སད་པ་ལས། །སྣ་ཚོགས་གཞུང་ལས་འོངས་པ་ལ་སོགས་མང་པོའི་ལུགས་ཀྱི་མེ་ཏོག་ཚུལ་ནི་ བདུད་རྩིའི་གཟུགས་ཅན་ཏེ། །གང་ཞིག་བྱས་ལས་སྐྱེས་པའི་བསོད་ནམས་རྒྱལ་སྲས་རྣམས་ ཀྱི་ཆེན་པོའི་སའི་ཚོགས་ཀྱི་རྒྱུར་གྱུར་པ། །དེ་ཡི་འཇིག་རྟེན་གསུམ་གྱི་འཇིག་རྟེན་རྒྱལ་ མཆོག་ཀུན་དགའ་དང་ལྡན་ཁང་བཟངས་རབ་འཇུག་ཤོག །ཅེས་པ་སློབ་དཔོན་གྱི་བྱ་བ་ཀུན་ ལས་བཏུས་པ། རྣམ་པར་གྲགས་པའི་དཀྱིལ་འཁོར་གྱི་སློབ་དཔོན་ཆེན་པོ་པཎྜི་ཏ་ཨ་བ་དྷཱུ་ཏཱི་ པ་དཔལ་ལྡན་འགྲོ་བའི་མེ་ལོང་གིས་མཛད་པ་རྫོགས་སོ།། ༈ །། རྡོ་རྗེ་སློབ་དཔོན་རྣམས་ལ་ཉེ་བར་མཁོ་བའི་ཆོ་ག་མཐའ་ཡས་པ་ཕྱོགས་གཅིག་ཏུ་ བསྡུས་པའི་བསྟན་བཅོས་ཆེན་པོ་འདི་ཉིད་ནི། དཔལ་ལྡན་བླ་མ་དམ་པ་དྷརྨ་ཀཱིར་ཏི་ཤྲཱི་བྷ་ ཏྲའི་ཐུགས་དགོངས་རྣམ་པར་དག་པའི་སྒོ་ནས་བཀའ་ལུང་སྙན་པས་བསྐུལ་ཞིང༌། མཐུན་ རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་པ་ལ་བརྟེན་ནས། འབི་ཀྲ་མ་ཤཱི་ལའི་པཎྜི་ཏ་ཆེན་པོ་མཉྫུ་ ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ ལ་ཕབ་པའོ། །བསྟན་པ་རིན་པོ་ཆེ་དང་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ ཅིག། ༈ །།དཔལ་ལྡན་དྷརྨ་ཀཱིར་ཏིའི་གསུང་གི་བདུད་རྩིས་བསྐུལ་བར་གྱུར་པ་ལས། ། འཇིག་རྟེན་ཕན་པར་ངེས་པར་དགའ་བའི་པཎྜི་ཏ་དང་མ་ཏི་ཡིས། །ཆོ་ག་ཀུན་ལས་བཏུས་ པའི་རིན་ཆེན་ཕུང་པོ་རྣམ་པར་གསལ་བྱས་པའི། །དགེ་བས་ འཇིག་རྟེན་རྣམས་ནི་བདེ་བ་ཆེན་པོ་ཉིད་དང་ལྡན་གྱུར་ཅིག ། 8-1-482 ༈ ཕུན་སུམ་ཚོགས་པ་ཀུན་ནས་འབར་ཞིང་གྲགས་པ་གསལ་བར་ལྡན་པས་འདི་ནི་ རྟག་ཏུ་གནས་ གྱུར་ཅིག །ནད་དང་མུ་གེ་ལས་གྲོལ་དགྲ་ཡི་ལྷག་མ་མེད་པའི་ས་སྐྱོང་ཡུན་རིང་ཕྱོགས་ རྣམས་སྲུང་གྱུར་ཅིག །ཚུལ་ཁྲིམས་སོགས་ལྡན་ཡོན་གནས་རྣམས་ནི་གསུང་རབ་མཛོད་ རྣམས་ཀུན་ནས་འཕེལ་བ་ཉིད་གྱུར་ཅིག །ཉི་མ་ཟླ་བ་ཇི་བཞིན་ཉིན་དང་མཚན་དུ་དཔལ་ ལྡན་དྷརྨ་ཀཱིར་ཏ་དགེ་ཞིང་ཤིས་གྱུར་ཅིག། ༈ ཅེས་པ་དག་ཀྱང་པཎྜི་ཏས་མཛད་པའི་སྨོན་ ལམ་བསྒྱུར་བ་སྟེ། ཇི་ལྟ་བ་བཞིན་དུ་གྲུབ་པར་གྱུར་ཅིག །མཾ་ག་ལཾ་བྷ་ཝ་ཏུ། ཤུ་བྷཾ་མ་སྟུ་སརྦ་ ཛ་ག་ཏཾ། དགེའོ།། །། མ་ཡིག་འབྲས་དཔེ་རྙིང་༼ཕྱི་མ། ༨༣༡༽ གཞན་སྡེ་དགེའི་བསྟན་འགྱུར་རྒྱུད་ཀྱི་༼བུ༽དུམ་དུ་བཞུགས་པ་དེ་དང་མི་འདྲ་བས་ཁྱད་པར་ཆེ། བརྡ་དག་གི་ཆ་ཅུང་ཟད་རེ་བཅོས་པ་མ་གཏོགས་འབྲས་དཔེ་རྙིང་རང་སོར་ལྟར་བཞག་ཡོད། མཁས་པ་རྣམས་ཀྱིས་མ་ཡིག་གཉིས་ལ་བསྡུར་ཏེ་དཔྱད་པར་ཞུ།