7-1-1 ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ཇ༽ 7-1-2 ༄༅། །ཆོས་རྗེ་ཐམས་ཅད་མཁྱེན་པའི་བསྟོད་པ་ཉིད་ཀྱི་རྒྱུད་སྡེ་དང་ ལག་ལེན་གྱི་བཀའ་བབས་ས་བཟང་མ་ཏི་ པཎྜི་ཏས་མཛད་པ་ བཞུགས་སོ། ། ༄༅། །ༀ་ན་མཿ གུ་རུ་ཝེ་ཤྲཱི་ཀཱ་ལ་ཙཀྲ་ཡ། བླ་མའི་རྣལ་འབྱོར་གྱི་དོན་དྲན་པའི་སྒོ་ ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་ཀུན་ མཁྱེན་ཆེན་པོ་ལ་བསྟོད་ཅིང་ཕྱག་འཚལ་བ་དང་གསོལ་བ་གདབ་པར་བྱ་སྟེ། དེ་ཡང་དངོས་ སུ་རྩ་བའི་བླ་མ་ལ་བསྟོད་པའི་ཤུགས་ལས་བརྒྱུད་པའི་བླ་མ་རྣམས་ཀྱང་དྲན་པ། ཚིག་བཟུང་ སླ་ཞིང་མཚན་ཡང་ཡང་སྨོས་པ་དང༌། དད་པ་སྐྱེད་པར་བྱེད་པའི་འདི་དག་གིས་སོ། །དེ་ལ་ ཚིགས་བཅད་དང་པོ་ནི་ཆོས་རྗེ་ཡབ་སྲས་བཞི། མཚན་སྤེལ་དང་སྦྱར་བ་ཡིན་ལ། དེ་ལས་ ཕལ་ཆེ་བའི་རྐང་པ་ཕྱི་མ་གཉིས་ནི་མཚུངས་པ་སྦྱོར་ཞིང༌། འགའ་ཞིག་ཕྱི་མ་ཁོ་ན་སྦྱར་པས་ ཀྱང་ཕྱག་འཚལ་ཏེ་མཆོད་པ་ལ་སོགས་པའི་ཡན་ལག་བདུན་པ་དང་ཁ་དོན་དུ་ཡང་བྱའོ། ། གསོལ་འདེབས་ཀྱི་སྐབས་སུ་ནི། །ཕྱག་འཚལ་ཐམས་ཅད་ཀྱི་མཐར་གསོལ་བ་འདེབས་སོ་ བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་འམ། བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། ཞེས་ པ་དང༌། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །ཞེས་པ་ལ་སོགས་པའམ། ནམ་མཁའི་མཐའ་ དང་མཉམ་པའི་སེམས་ཅན་རྣམས། །ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །གནས་ 7-1-3 སྐབས་ཆོས་སྤྱོད་སྒྲུབ་པ་འཕེལ་བ་དང༌། །མཐར་ཐུག་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབ་ ཏུ་གསོལ། །ཞེས་པ་ལ་སོགས་པ་སྦྱར་ཏེ་གསོལ་བ་ཡུན་རིང་དུ་གདབ་པར་བྱའོ། ། ཡོད་མེད་ལ་སོགས་མཐའ་གཉིས་ཀུན་སྤངས་ཏེ། ། རང་བས་གཞན་གཅེས་བྱང་སེམས་མཐར་ཕྱིན་ནས། ། ཡོན་ཏན་རྒྱ་མཚོ་འགྲོ་ཀུན་སྨིན་མཛད་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། དང་པོའི་སངས་རྒྱས་འོད་གསལ་ཆོས་སྐུ་དང༌། ། བདེ་ཆེན་ངོ་བོ་ཉིད་སྐུ་ཟུང་འཇུག་ཏུ། ། སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། ལོངས་སྤྱོད་རྫོགས་སྐུ་དུས་ཀྱི་འཁོར་ལོ་དང༌། ། སྤྲུལ་སྐུ་ཤཱཀྱ་ཐུབ་པའི་གསུང་རབ་རྣམས། ། སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། ཟླ་བཟང་འཇམ་དབྱངས་གྲགས་པ་པད་དཀར་སོགས། ། ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་གསུངས་པ་རྣམས། ། སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། དུས་ཞབས་ཆེན་པོའི་སྙན་རྒྱུད་མན་ངག་དང༌། ། གཉིས་པ་ན་ལེན་དྲྭ་པ་གསང་རྒྱུད་རྣམས། ། 7-1-4 སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། པཎ་ཆེན་ཟླ་བ་བཟང་པོའི་འགྲེལ་བཤད་དང༌། ། འབྲོ་སྟོན་ལོ་ཙྪས་བསྒྱུར་བའི་གསུང་རབ་རྣམས། ། སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། ལྷ་རྗེ་སྒོམ་པའི་མན་ངག་ཟབ་མོ་དང༌། ། སྒྲོ་སྟོན་གནམ་ལ་བརྩེགས་ཀྱི་གསུང་སྒྲོས་རྣམས། ། སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། གྲུབ་ཐོབ་ཡུ་མོ་གསལ་སྒྲོན་རྣམ་བཞི་དང༌། ། དྷརྨ་ཤྭ་ར་སྤྲུལ་སྐུའི་མན་ངག་རྣམས། ། སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། མཁས་པ་ནམ་མཁའ་འོད་ཀྱི་ལེགས་བཤད་དང༌། ། གྲུབ་ཐོབ་སེ་མོ་ཆེ་ཡི་རྣམ་ཐར་རྣམས། ། སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། ཆོས་རྗེ་འཇམ་དབྱངས་གསར་མའི་ལེགས་བཤད་དང༌། ། ཀུན་མཁྱེན་ཆོས་སྐུ་འོད་ཟེར་མན་ངག་རྣམས། ། 7-1-5 སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་རྗེ་ལ་ཕྱག་འཚལ་ལོ། ། ཀུན་སྤངས་ཆོས་རྗེ་བྱང་སེམས་ཆེན་པོ་དང༌། ། མཁས་བཙུན་ཡོན་ཏན་རྒྱ་མཚོའི་གསུང་རྒྱུན་རྣམས། ། སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། ལུང་རིགས་དབང་ཕྱུག་སྒྲ་བསྒྱུར་དབང་པོ་དང༌། ། མཁན་ཆེན་ཕྱོགས་རྒྱལ་མཁས་བཙུན་དཀོན་རྒྱལ་རྣམས། ། ཉིད་ཀྱི་རྒྱལ་ཚབ་དམ་པར་དབང་བསྐུར་བ། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། གཞི་ཡི་མཐར་ཐུག་དོན་དམ་ཆོས་ཀྱི་དབྱིངས། ། བདེ་གཤེགས་སྙིང་པོ་མཁའ་ལྟར་ཀུན་ཁྱབ་པ། ། སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། ལམ་གྱི་མཐར་ཐུག་ལམ་བཟང་རྡོ་རྗེ་ཡི། ། རྣལ་འབྱོར་ཡན་ལག་དྲུག་དང་ལྡན་པའི་མཆོག ། སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། འབྲས་བུའི་མཐར་ཐུག་དྲི་བྲལ་ཆོས་ཀྱི་སྐུ། ། མངོན་དུ་གྱུར་པས་སྤངས་རྟོགས་མཐར་ཕྱིན་པ། ། 7-1-6 སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། ཐེག་པའི་མཐར་ཐུག་ཐེག་པ་ཆེན་པོ་དང༌། ། གྲུབ་མཐའི་མཐར་ཐུག་དབུ་མ་ཆེན་པོའི་དོན། ། སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། གསུང་རབ་མཐར་ཐུག་འཁོར་ལོ་གསུམ་པ་དང༌། ། གསང་སྔགས་མཐར་ཐུག་རྣལ་འབྱོར་བླ་མེད་དོན། ། སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། སྟོང་ཉིད་མཐར་ཐུག་དམིགས་བཅས་གཞན་སྟོང་དང༌། ། སྙིང་རྗེའི་མཐར་ཐུག་དམིགས་མེད་བདེ་བ་ཆེ། ། སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། ཐབས་ཀྱི་མཐར་ཐུག་འགྱུར་མེད་བདེ་ཆེན་དང༌། ། ཤེས་རབ་མཐར་ཐུག་འོད་གསལ་སྟོང་པ་ཉིད། ། སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། ཕྱག་རྒྱའི་མཐར་ཐུག་ཕྱག་རྒྱ་ཆེན་མོ་དང༌། ། བཟླས་པའི་མཐར་ཐུག་རྡོ་རྗེའི་བཟླས་པའི་དོན། ། 7-1-7 སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། ལུང་གི་མཐར་ཐུག་ངེས་དོན་ཟབ་མོ་དང༌། ། རིག་པའི་མཐར་ཐུག་ཆོས་ཉིད་རིག་པའི་དོན། ། སྐལ་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། དོན་དམ་ཆོས་སྐུ་ངང་ལས་མ་གཡོས་བཞིན། ། ཀུན་རྫོབ་གཟུགས་སྐུའི་རྣམ་འཕྲུལ་མཐའ་ཡས་པས། ། དཔག་ཡས་གདུལ་བྱའི་ཚོགས་ཀུན་སྨིན་པ་ཡི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། ཁྱད་པར་མངའ་རིས་བོད་ཀྱི་གདུལ་བྱ་ལ། ། ངེས་དོན་ཟབ་མོའི་ཆོས་འཁོར་རབ་བསྐོར་ནས། ། ཡང་དག་ལྟ་བའི་སྣང་བ་རྒྱས་མཛད་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། རླབས་ཆེན་དགེ་བའི་བྱ་བ་མཐར་ཕྱིན་ཞིང༌། ། འགྲོ་དོན་མཐར་ཕྱིན་སྐུ་ཚེ་མཐར་ཕྱིན་པས། ། བདེ་བར་བདེ་བ་ཅན་དུ་གཤེགས་གྱུར་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། བདེ་བ་ཆེན་པོའི་ངང་ལས་མ་གཡོས་བཞིན། ། སྡུག་བསྔལ་སྣ་ཚོགས་ཀྱིས་གདུངས་འགྲོ་བ་རྣམས། ། 7-1-8 རྣམ་དག་ལེགས་པའི་ལམ་ལ་དགོད་མཛད་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། མི་འགྱུར་ཡེ་ཤེས་དབྱིངས་ལས་མ་གཡོས་བཞིན། ། མི་ཤེས་མུན་པས་བསྒྲིབས་པའི་འགྲོ་བ་རྣམས། ། ལེགས་བཤད་སྣང་བའི་རྒྱུན་གྱིས་སྐྱོང་མཛད་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། ། རབ་འབྱམས་ཞིང་གི་མཆོད་རྫས་ཅི་མཆིས་རྣམས། ། མཆོད་གནས་བླ་མ་མཆོག་ལ་གུས་པས་འབུལ། ། སྡིག་སྒྲིབ་ཉེས་ལྟུང་མ་ལུས་སོ་སོར་བཤགས། ། རྣམ་དག་དགེ་བ་ཀུན་ལ་རྗེས་ཡི་རང་། ། མཁའ་མཉམ་སེམས་ཅན་འཁོར་བའི་རྒྱ་མཚོ་ལས། ། བསྒྲལ་སླད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། ། ཡོངས་དག་ཞིང་དུ་སྐལ་ལྡན་གདུལ་བྱའི་དོན། ། སླན་ཆད་མྱ་ངན་མི་འདའ་བཞུགས་སུ་གསོལ། ། སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་ལ། ། རྟག་ཏུ་གུས་པའི་ཡིད་ཀྱིས་སྐྱབས་སུ་མཆི། ། རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ཅིང༌། ། བྱང་ཆུབ་སྤྱོད་པའང་རྗེས་སུ་གནས་པར་བགྱི། ། དགེ་བ་འདི་ཡིས་མཁའ་མཉམ་འགྲོ་བ་ཀུན། ། རྣམ་རྟོག་མ་རིག་མུན་པ་ལས་གྲོལ་ཏེ། ། 7-1-9 མི་རྟོག་ཡེ་ཤེས་སྣང་བ་རབ་རྒྱས་ནས། ། ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག ། ཚེ་འདིར་འགལ་རྐྱེན་བར་ཆད་ཉེར་ཞི་ཞིང༌། ། མཐུན་རྐྱེན་བསམ་པ་ཆོས་བཞིན་འགྲུབ་པ་དང༌། ། མཉམ་བཞག་ཏིང་འཛིན་ཟབ་མོ་འཕེལ་བ་དང༌། ། རྗེས་ཐོབ་གཞན་ཕན་རྒྱ་ཆེར་འགྲུབ་གྱུར་ཅིག ། ཕྱི་མར་བདེ་བ་ཅན་དུ་སྐྱེ་བ་དང༌། ། སྐྱེས་མ་ཐག་ཏུ་ཆོས་རྗེ་དང་མཇལ་ཞིང༌། ། མཇལ་མ་ཐག་ཏུ་ས་བཅུ་ཡོངས་རྫོགས་ནས། ། རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་གྱུར་ཅིག ། ཅེས་པ་འདི་ནི་ཆོས་རྗེ་བ་བདེ་བར་གཤེགས་པའི་དུས་སུ། མཁན་པོ་རྒྱལ་འབུམ་པས་ བསྐུལ་ནས། པཎྜི་ཏ་མ་ཏིས་བསྡེབས་པ་ལས། སླར་ཡང་ཕྱག་མཆོད་ཀྱི་དོན་དུ་ཡན་ལག་ བདུན་པའང་ཚང་བར་བྱས་པ་ལགས་པས། དད་པ་ཅན་རྣམས་ཀྱིས་བཟུང་ནས། ཁ་དོན་ དང་ཕྱག་མཆོད་པ་དང་གསོལ་འདེབས་ལ་བརྩོན་པར་ཞུ། བསྡུས་པ་ལ་མོས་པ་ལ་ཚིགས་ བཅད་དང་པོ་དང་གཞི་ལམ་འབྲས་གསུམ་མན་ཆད་འདོན་པས་ཀྱང་རུང་བས། རྒྱས་བསྡུས་ སྐབས་དང་སྦྱར་ཏེ་བྱའོ། །འདི་བཞིན་བསྒྲུབ་པའི་དད་ལྡན་རྣམས། །ལྷ་བཞིན་ཕུན་ཚོགས་ དང་ལྡན་ཞིང༌། །ཆོས་བཞིན་བསམ་པ་འགྲུབ་གྱུར་ནས། །དེ་བཞིན་གཤེགས་པ་ཉིད་གྱུར་ ཅིག །མངྒ་ལཾ། 7-1-10 ༄༅། །སྦྱོར་བ་ཡན་ལག་དྲུག་པའི་འཁྲིད་རིམ་གྱི་ སྡོམ་བཞུགས་སོ། ། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡེ། མཆོག་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་བྱ། །རྡོ་རྗེ་ སེམས་དཔའ་བསྒོམ་སྟེ་སྒྲིབ་པ་སྦྱང་(ཡིག་བརྒྱས)། །མཎྜལ་ཆོ་གས་ལུས་དང་ལོངས་སྤྱོད་(ཐམས་ ཅད)དབུལ། །བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་བ་(དྲག་ཏུ)གདབ། ༡ ། བསྐྱེད་པའི་རིམ་ པས་(དྲན་ཙམ) ཐ་མལ་རྣམ་རྟོག་སྤང༌། །སྒོ་གསུམ་དབེན་པར་གནས་པས་མི་རྟོག་(པ)བསྒོམ། ། སོར་སྡུད་ངང་ལ་(སྒོ་གསུམ) གཡོ་བ་མེད་པར་བཞག༢ ། དེ་ཡང་ཡིད་ལ་ཅི་ཡང་མི་བསམ་ པའམ(ལྡེར་བཟོ་ལྟ་བུ)། །ཡང་ན་རིག་པ་(སྤྲེའུ་སྒོ་གཅིག་ནས་བཏོན་པ་ལྟ་བུ)རྩེ་གཅིག་ཉིད་དུ་བསྒྲིམ། ། (སྤུན་གསུམ་བར་མ་དང་འགྲོགས་པ་ལྟ་བུ)སྔ་ཕྱིར་མི་བསམ་ད་ལྟར་འཛིན་མེད་པའམ། །(རྔ་མོ་ཁལ་བཀྲོལ་ བ་ལྟ་བུ)གློད་ནས་རང་གྲོལ་ངང་ལ་འཇོག་པ་སྟེ། ༣ ། སྤོགས་ཆོག་བྱེད་བཅིངས་དྲག་ཏུ་བརྩོམ་ པའོ། །བསམ་གཏན་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ལ། །ཤེས་རབ་རྟོག་(པ)དཔྱོད་(པ) དགའ་(བ)བདེ་(བ)རྩེ་གཅིག་བཞག །(ཁྱད་པར་ན)དབུ་མ་(འམ)སྣ་སྒོ་(འམ)སྣང་བའི་སྟེང་དུའང་ (འོད་གསལ་བསྒོམ)བསྒོམ། །གཉིད་དང་(ཤུགས་ཆད་སོགས)སྤྱོད་ལམ་ཀུན་ལའང་དེ་བཞིན་ཉིད་ (བསྒོམ)། ༤ ། སྲོག་རྩོལ་རྡོ་རྗེའི་བཟླས་པས་རྩ་ལམ་སྦྱང༌། །འཇམ་རླུང་དགང་གཏོང་སྦྱོར་བས་ (རླུང)དབུ་མར་གཞུག །རྩུབ་རླུང་བུམ་པ་ཅན་གྱིས་དེ་ཉིད་(སེ་གོལ་སོ་དྲུག་དོན་ཉིས་བརྒྱ་བརྒྱད་སོགས་ ཀྱིས)བཅིང༌། །དྲག་རླུང་བཙན་ཐབས་སྦྱོར་བས་(རོ་རྐྱང་གི)ལམ་གཉིས་དགག(འོག་སྒོ་འགགས་ན་ སྟེང་རླུང་བཏང་སྟེ་དགྲོལ)། །འཛིན་པ་གཏུམ་མོ་འབར་བྱེད་དྲག་རླུང་གིས། །སྲོག་ཐུར་བསྲེ་ཞིང་ 7-1-11 བདུད་(དང་ཉོན་མོངས་པ)གཞོམ་འཆི་མེད་བསྒྲུབ། །ལྕེ་གསུམ་བསྐྱོད་པའི་སྦྱོར་བས་བདུད་རྩི་ བཏུང༌། །བྱང་སེམས་ཐིག་ལེ་འཕོ་མེད་རྣལ་འབྱོར་བསྒོམ། །རྗེས་དྲན་ཕྱག་རྒྱ་རྗེས་སུ་དྲན་ པ་སྟེ། །རླུང་སྦྱོར་རིམ་པས་བྱང་ཆུབ་སེམས་(གྱེན་དུ)བཟུང་ནས། །ལས་དང་ཡེ་ཤེས་ཕྱག་རྒྱ་ ཆེན་མོ་ལ། །(སྐབས)ཇི་ལྟར་འོས་པའི་དུས་སུ་སྙོམས་འཇུག་བྱ། །ཏིང་འཛིན་མི་འགྱུར་བདེ་བ་ ཆེན་པོ་དང༌། །འོད་གསལ་རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །ཟུང་འཇུག་ངང་ལ་རྩེ་གཅིག་ གནས་པ་སྟེ། །སློབ་(པའི་ཏིང་ངེ་འཛིན་དང)དང་མི་སློབ་འཕགས་པའི་ལམ་ལ(འང་ཏིང་ངེ་འཛིན་པ)འོ། ། གཞི་ལ་གནས་པ་དོན་དམ་ཆོས་དབྱིངས་ཏེ། །ལམ་ཟབ་རྡོ་རྗེའི་རྣལ་འབྱོར་བསྒོམ་པ་ཡི། ། འབྲས་བུ་དྲི་བྲལ་ཆོས་སྐུ་མངོན་དུ་འགྱུར། །འདི་ཉིད་ཆོས་རྣམས་ཀུན་གྱི་མཐར་ཐུག་ཉིད། ། དེ་ལྟར་ཤིན་ཏུ་ཟབ་པའི་མན་ངག་གི། སྡོམ་འདི་དཔལ་ལྡན་དྷརྨའི་བཀས་བསྐུལ་ནས། །བློ་ ལྡན་མ་ཏིས་བྲིས་པའི་དགེ་བ་ཡིས། འགྲོ་ཀུན་ཟབ་མོའི་ལམ་ལ་འཇུག་གྱུར་ཅིག །སྣོད་མིན་ ལ་ཤིན་དུ་གསང་བར་ཡང་གདམས་སོ། ཨིཐི། ༄༅། །ༀ་ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། (ངོས་བཟུང་དང་བགྲང་བ་བྱེད་པའང་ཡོད)སྔོན་འགྲོ་གགས་ སེལ་རྡོ་རྗེའི་བཟླས་པའི་རླུང་སྦྱོར་དག་གིས་རྩ་ལམ་སྦྱང༌། །འབྱོངས་ནས་འཇམ་རླུང་དགང་ གཏོང་སྦྱོར་བས་སྲོག་རྣམས་དབུ་མའི་ཐིག་ལེར་གཞུག །ཆུད་ནས་རྩུབ་རླུང་བུམ་པ་ཅན་ གྱིས་སྲོག་རྣམས་དབུ་མའི་ཐིག་ལེར་བཅིང༌། །ཆུད་འཆིངས་མིན་ན་དྲག་རླུང་བཙན་ཐབས་ སྦྱོར་བས་ཉི་ཟླའི་ལམ་གཉིས་དགག །བཀག་པས་འོག་སྒོ་བཙན་ཐབས་འགགས་ནས་ སྟེང་སྲོག་བཏང་བའི་སྦྱོར་བས་དགྲོལ། །སྤྱིའི་སྡོམ་མོ། །(རླུང་ནང་དུ)འཇུག་དང་(ནང་དུ)གནས་ (ཕྱིར)དང་འབྱུང་(བ)རྣམས་རིམ་པ་བཞིན། །ༀ་(དཀར་པོ)ཧཱུྃ་(ནག་པོ་)ཨཱཿ(དམར་པོ)འི་རྣམ་པར་ རྗེས་དྲན་པས། །(སྣ་བུག་གཡོན་ནས)སྐུ་གསུང་(གཡས་ནས)ཐུགས་(དབུས་ནས)ཀྱི་རྡོ་རྗེའི་བཟླས་ པ་བྱ(ཐུགས་ཀྱི་སྐབས་སུ་ཧཱུྃ་རིང་དུ་བྱའོ)། །དོན་དམ་ཆོས་(རྡོ་རྗེའི་བཟླས་པ་ནི)ཉིད་(འོད་གསལ)ངང་དུའང་ 7-1-12 མཉམ་པར་བཞག །རྡོ་རྗེའི་བཟླས་པའོ། །(རླུང་གང་ནས)རྒྱུ་(བའི)ཕྱོགས་(ཀྱི)མཆན་ཁུང་(དུ་ལག་པ་ བཅུག་ནས)བསྡམས་(པའི་ཕྱག་རྒྱ་བཅའ)ཤིང་འོག་སྒོའང་བསྡམ། །གཞན་(མ་བསྡམས་པའི)ཕྱོགས་(ཀྱི) སྣ་(བུག་འཛུབ་མོས)དགག་(ཕྱོགས) དེར་བལྟས་(ཤིང)བསྐོར་ནས་ནི། །བསྡམས་(པའི)ཕྱོགས་ནས་ (སྟེང་རླུང་དལ་བུ་རྔུབས་ཏེ)དགང་དེར་བལྟས་(ཤིང་རླུང་སེམས)བརྟན་པར་བཟུང༌། །(མི་ཐུབ་ན)འཛུབ་ མོ་སྤོས་ཏེ་གཞན་(མ་བསྡམས་ཕྱོགས)ནས་དལ་བུས་(ཕྱིར་བུས་ཏེ)བཏང༌། འཇམ་རླུང་དགང་ བཏང་ངོ༌། །༣(རླུང)མཉམ་(རྒྱུའི)ཚེ་དབུས་(སུ)བལྟས་(ཏེ)སྟེང་རླུང་ཕྱིར་(སངས)བུས་ནས། །མྱུར་ (དུ) བཀུག་(ཅིང་རྔུབས་ལ)འོག་རླུང་བསྡམས་(ལྟོ་བར་རླུང་)ཏེ་ཁ་སྦྱོར་ཅིང་(རེངས་སུ་བཞུག)། །མི་རྟོག་ ཏིང་འཛིན་(བསྒོམ)བདེ་(བའི་མྱོས་བྱེད་བླུད)སྟོང་(ཉིད)ངང་ལ་(མཉམ་པར)བཞག། (མི་ཐུབ་པ་ན)འོག་སྒོ་ འཐེན་ནས་(སྣ་བུག་གཉིས་ཀ་ནས)མཉམ་པར་དལ་བུས་(ཕྱིར་བུས་ཏེ)བཏང༌། །རྩུབ་རླུང་བུམ་པ་ཅན་ ནོ། ༤ ། (དཀྱིལ་དཀྲུང་བཅས་ཏེ)ལུས་བསྲང་དབུགས་(བུམ་པ་ཅན་སོགས་རང་སོར)བཟུང་(སེམས)མི་རྟོག་ (པ)ལ་གནས་པས། །མགྲིན་པའི་གཡས་དང་གཡོན་གྱི་འཕར་བའི་རྩ། །(ལག་པའི) མཐེབ་ (ཆེན་དང)སོར་(མོ་རྣམས)གྱིས་བཙལ་(ནས)རིམ་གྱིས་མནན་ཞིང་བཙིར། །བརྗོད་དུ་མེད་པའི་ ཡེ་ཤེས་ངེས་པར་སྐྱེ། །དྲག་རླུང་བཙན་ཐབས་སོ། ༥ ། དེ་ལྟར་(སྟེང་སྲོག)བཀག་པས་འོག་གི་ སྒོ། །བཙན་ཐབས(སུ) འགགས(ཏེ་དྲི་ཆེན་དྲི་ཆུ་སྲི་བ)སོགས་འགའ་བྱུང་ན། །(ཐོག་མར)སྲོག་ཐུར་ འབྲེལ་བ་(ནང་དུ)རྔུབས་ནས་ནི། །ཕྱི་རོལ་(ཏུ་ཧ་རིང་ཐུང་ལ་སོགས་འདོན་ཞིང་རླུང)རིང་དུ་བཏང་བས་ དགྲོལ། །གགས་སེལ་གྱི་རླུང་སྦྱོར་རོ། ༦ ། སྲོག་རྩོལ་རླུང་སྦྱོར་ལྔ་ཡིས་སྡོམ། །སློབ་མས་ བསྐུལ་ནས་མ་ཏིས་བྲིས། །དགེ་བས་ཟབ་ལམ་མཐར་ཕྱིན་ནས། །སྐུ་བཞིའི་གོ་འཕང་ཐོབ་ གྱུར་ཅིག༧ ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲཱཪྵ་ཡེ། འཛིན་པ་གཏུམ་མོ་འབར་བྱེད་དྲག་རླུང་ནི། །(མཉམ་ རྒྱུའི་དུས་སུ) འོག་སྒོ་མཐེན་ནས་ཕྱི་(རྒྱུ)རླུང་(འབུད་པ)ཧཱུཾ་རིངས་ཀྱིས། །(སངས་ཀྱིས)བཏོན་ལ་ནང་ 7-1-13 (དུ)རླུང་ཧཱུྃ་འཐུང་གིས་(བདུད་རྩི་འཐུང་བའི་རྣམ་པས)རྔུབས་ཏེ། །(སྟེང)སྲོག་(དང་འོག)མཐུར་(གཉིས) བསྲེས་ནས་གསང་གནས་(སུ)ནོན་པར་མནན་(ལ)། །སླར་ཡང་(གསང་གནས་ནས)ཐིག་ལེ་(དབུ་མ་ ན་ཡར)འདྲེན་པའི་དམིགས་པ་ཡིས། །འོག་སྒོ་(བསྡམས་ཏེ)གསང་གནས་བཀུམ་ཞིང་ལུས་(མགོ་ འདར་ཕྲིལ་ཙམ་དུ་དཔྲལ་བའི་ཐིག་ལེས)བསྒྲིམས་ལ། །གསང་རླུང་ཧཱུྃ་རིངས་ཀྱིས་ནི་སྟེང་དུ་ འཐེན། །(རླུང་)ཁ་སྦྱོར་(བུམ་པ་ཅན)བཅིངས་ལ་(བདེ་སྟོང)ཟུང་འཇུག་ངང་དུ་(མཉམ་པར)བཞག ། ལྕེ་གསུམ་བསྐྱོད་པས་བདུད་རྩི་བཏུང་བ་ནི། །(མཉམ་རྒྱུའི་དུས་སུ་རླུང་ཕྱིར)དབྱུང་བའི་སྦྱོར་བ་སྔར་ (གྱི་དྲག་རླུང)དང་མཚུངས་པ་ཉིད། །རྔུབ་པ(འི་དུས་སུ་ནམ་མཁའ་ནས)་བདུད་རྩི་འཐུང་བའི་དམིགས་ པ་ཡིས། །ཁ་ནས་(སོ་བར་ནས་ཧུབས་ཏེ)དགང་ཞིང་ལྟེ་འོག་(ཏུ)ཁ་སྦྱོར་(བུམ་པ་ཅན)བཅིང༌། །དཔྲལ་ བར་ཐིག་ལེ་(དཀར་པོ)དབྱངས་(ཡིག་དཀར་པོ་རྣམས)ཀྱི་སྐོར་བ་དང༌། །ལྕེ་རྩེ་(དང)ལྕེ་ཆུང་ལས་ཀྱི་ བདུད་རྩིའི་རྒྱུན། །བྱུང་བས་ལུས་ཀུན་ཡོངས་སུ་གང་བར་བསམ། །(ནམ་མཁའ་ཟོས་པས)བཀྲེས་ (པ་སེལ) (ལྕེ་ཆུང་འཐུང་པས)སྐོམ་(པ་སེལ)དུག་སོགས་ནད་ཀུན་སེལ་བའི་མཆོག །རྗེས་དྲན་(མོས་ པ་ཙམ་གྱིས་བསྒོམས་པའི)དུས་སུའང་ཕྱི་རླུང་ཧཱུྃ་ཕཊ་ཀྱིས། །བཏོན་ལ་ནང་རླུང་(རྔུབ་པ་ན)ཛཿཧཱུཾ་བཾ་ཧོ་ ཧིས། །(རིམ་པ་བཞིན)ཡེ་ཤེས་(ཀྱི་བདུད་རྩི་)དགུག་(པ་དང་)གཞུག་(པ་དང་)བཅིངས་(བ་དང་) མཉེས་ (པ་དང་) རོ་མཉམ་(པར་མོས་པ)བྱ། །གསང་རླུང་(གྱེན་དུ་འཐེན་པ་ན)ལཱྀ་ཨཱུ་རྀ་ཨཱིའི་རྣམ་པ་ཡིས་(རིམ་ པ་བཞིན)། །ཐིག་ལེ་ལྟེ་(བ་དང)སྙིང་(ཁ་དང་)མགྲིན་པ་(དང་)དཔྲལ་བར་དྲང་(བར་བསམ)། །གཞན་ ཡང་ཕྱི་ནང་སྔར་དང་འདྲ་བ་ལ། །གསང་རླུང་(འདྲེན་པ་ན་ཐིག་ལེའི་རིམ་པ་ལྟར)ཨཱལ་ཨཽ་ཨཱར་ཨཻའི་ རྣམ་པ་དང༌། །ལཱ་ཝཱ་རཱ་ཡཱ་སོགས་ཀྱིས་སྟེང་དུ་དྲང་(མཚན་ཉིད་པ་འཛིན་པ་ཐོབ་པ་ན་བསྒོམ)། །ཏིང་ འཛིན་རྗེས་མཐུན་(པ་ནི)བདེ་སྟོང་ཟུང་འཇུག་ལ། །རྩེ་གཅིག་གང་དུ་མཉམ་པར་འཇོག་པ་སྟེ། ། མཚན་ཉིད་པ་ནི་(ས་དང་པོ་དང༌། མཐོང་ལམ་ལ་སོགས་པ)འཕགས་པའི་ལམ་ཐོབ་ནས། །(འཕོ་ཆེན་ བཅུ་གཉིས་ཀྱིས་རླུང་རིམ་གྱིས་འགགས་ཏེ)བཅུ་གཉིས་(ཀྱི)ས་ལ་(རིམ་གྱིས་ཐོབ་པ)རིམ་གྱིས་འཕེལ་བའོ། ། 7-1-14 དེ་ལྟར་སྦྱོར་བ་ཡན་ལག་དྲུག་པོ་རྣམས། །རྗེས་མཐུན་པ་(མོས་པ་ཡིད་ལ་བྱེད་པས)ནི་སྟན་ཐོག་ གཅིག་ཏུའང་བསྒོམ། །མཚན་ཉིད་པ་ནི་སྔ་མ་སྔ་མ་ལ། །བརྟེན་ནས་ཕྱི་མ་ཕྱི་མ་འབྱུང་བར་ (བ་ལ་ཡིད་ཆེས་ཤིང་སྤྲོ་བར་བྱའོ)འགྱུར། ཞེས་པ་འདི་ཡང་མ་ཏིས་བྲིས། །དགེ་བས་འགྲོ་དྲུག་སེམས་ ཅན་རྣམས། །སྦྱོར་དྲུག་ལམ་ལ་ལེགས་ཞུགས་ནས། །རྒྱལ་བ་རིགས་དྲུག་ཐོབ་གྱུར་ཅིག །ཤུ་ བྷཾ། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། རླུང་སྦྱོར་གགས་སེལ་མན་ངག་ནི། འཁྲུལ་འཁོར་དང་ ནི་དམིགས་པའོ། །འཁྲུལ་འཁོར་འདུག་དང་ཉལ་བ་དང༌། །ལངས་ཏེ་བྱ་བ་གསུམ་ཡིན་ནོ། ། འདུག་པ་དཀྱིལ་དཀྲུང་གཡས་གཡོན་དུ། །རྡོ་རྗེ་ཁུ་ཚུར་བཅངས་ནས་སུ། །ཚང་ར་གཞི་ལ་ བརྡེབས་པ་དང༌། །བྱིན་པ་འམ་རྐང་སོར་མཐེ་བོང་ནས། །བཟུང་ནས་སྔར་བཞིན་བརྡེབས་ པའོ། །ཉལ་བ་རྐང་པའི་མཐིལ་གཉིས་ནི། །ངོས་ལ་དྲག་ཏུ་བརྡེབས་པ་ཡིན། །ལངས་པ་ འཕྱོང་ཞིང་རྐང་པའི་མཐིལ། །ས་ལ་དྲག་ཏུ་བརྡེབས་པ་དང༌། །མཉམ་པའི་སྟབས་ཀྱིས་ གཏིང་པ་གཉིས། །བཏེག་ཅིང་མཉམ་དུ་བརྡེབས་པའོ། །ཀུན་ལ་སྟེང་རླུང་མནན་པ་ཡི། ། བུམ་པ་ཅན་གྱི་སྦྱོར་བས་བྱ། །གལ་ཏེ་རང་གི་མི་ནུས་ན། །གཞན་གྱི་རྐང་པའི་མཐིལ་ནས་ བརྡུང༌། །ཡང་ན་སྟན་གྱི་གྲ་ཟུར་ནས། །བཏེག་ནས་གཞི་ལ་བརྡེབས་པའོ། །དམིགས་པ་ (ལུས་སྲོང་ར་ཕྲུ་མ་བུས་པ་ལྟ་བུའི་དབུས་ན)དབུ་མ་སྟོང་པ་ཡི། །ངང་ནས་རང་གི་སེམས་ཉིད་འདི། ཐིག་ ལེའི་(གསལ་པོ)རྣམ་པས་(ཧྲི་ལི་ལི)བབས་པར་བསྒོམ། །དེ་ཡང་འཁོར་ལོ་བཞི་(དང་གསུམ་དང་དྲུག) སོགས་ཀྱི། །ཐད་ཀར་ཐིག་ལེ་(དཀར་པོ་སོགས)རང་རང་མདོག །རིམ་གྱིས་བབས་ཏེ་གཅིག་ལ་ གཅིག །ཐིམ་ཞིང་ཐུར་དུ་བབས་པར་བསྒོམ། །དེ་ཡང་འོག་ཏུ་གསེར་(གྱི་ས)གཞི་ལ། །ཐིམ་པ་ ཉིད་དུ་བསམ་བྱ་ཞིང༌། །(དེས་ཀྱང་མ་ཕེབས་ན)འཇིག་རྟེན་རིམ་པ་མང་པོ་ཡི། །གསེར་གྱི་(ས)གཞི་ ལ་ཐིམ་པར་བསྒོམ། །དེ་རྣམས་(སྙིང་ཁ་ཙམ་དུ་བབས་པ་སོགས)གང་གིས་གྲོལ་བ་ཡི། །བར་སྐབས་ 7-1-15 དེ་ལ་ཉེ་བར་བཞག །ཧ་ཅང་(འབེབས་པ)མངས་ན་(སེམས)བྱིང་བའི་རྒྱུ། །དེས་ན་(རང་གི)ཁམས་ ཀྱི་ཚོད་དང་སྦྱར། །སྐབས་དོན་ཤེས་པ་གློད་པ་གཅེས། །ཆགས་སྡང་གང་ལའང་མཐར་མི་ བཟུང༌། །དཀོན་མཆོག་གསུམ་ལ་བློ་གཏད་དེ། །གང་ཡང་དགའ་བདེའི་དཔལ་དུ་བསྒྱུར། ། ཤིན་ཏུ་ཟབ་པའི་མན་ངག་འདིས་ཀྱང་མང་པོ་ལ་ཕན་པར་གྱུར་ཅིག །ཅེས་པ་མ་ཏིས་བརྗེད་ བྱང་ངོ༌། །མངྒ་ལཾ་བྷ་ཝནྟུ། ། མ་ཡིག་འབྲས་སྤུངས་ཡིག་རྙིང་ཕྱི་ཀ ༢༩༦ 7-1-16 ༄༅། །དཔལ་དུས་ཀྱི་འཁོར་ལོའི་སྤྱི་ཆིངས་ལེའུ་དང་མདོར་བསྡུས་ སོ་སོས་བརྗོད་བྱའི་ཁྱད་པར་འདི་ཙམ་སྟོན་ ཞེས་པ་བཞུགས། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། དོན་གཉིས་མཐར་ཕྱིན་(རྩ་རྒྱུད་གསུངས་པ)རྒྱལ་བ་དང༌། ། དེ(འི་)སྲས་མཁྱེན་རབ་(དང་)ཐུགས་རྗེ་ཅན། །(བསྡུས་རྒྱུད་མཛད་པ)འཇམ་དབྱངས་(རྒྱུས་འགྲེལ་ མཛད་པ)འཇིག་རྟེན་མགོན་པོ་སོགས། །དམ་པ་རྣམས་ལ་ཕྱག་འཚལ་ནས། །ཐེག་པ་གསུམ་ ལས་ཆེན་པོ་མཆོག །གྲུབ་མཐའ་བཞི་ལས་དབུ་མ་མཆོག །རྒྱུད་སྡེ་བཞི་ལས་བླ་མེད་མཆོག ། (ཐབས་ཤེས)གཉིས་མེད་དུས་ཀྱི་འཁོར་ལོའི་དོན། །འཆད་པའི་མན་ངག་སྤྱི་ཆིངས་དང༌། ། ལེའུ་མདོར་བསྡུས་སོ་སོ་ཡི། །མིང་དང་གྲངས་དང་དེ་དག་གིས། །བརྗོད་བྱ་འདི་དང་འདི་ སྟོན་ཞེས། །རྟོགས་ནས་སྤྱི(འི་)རྣམ་(པ)དྲན་པ་དང༌། །ཁྱད་པར་(ཆོས་ཀྱི་རྣམ་གྲངས)གང་དགོས་ བལྟ་བ་ལ། །ཉེར་མཁོའི་སྡོམ་འདི་བྱས་པས་ཀྱང༌། །རང་དང་གཞན་ལ་ཕན་པ་ཉིད།། །། ༈ དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད། །(རྒྱུས་འགྲེལ)དྲི་མེད་འོད་ཀྱིས་འཆད་པ་ལ། ། བཤད་པ་ལ་འཇུག་(པ)བཤད་པ་དངོས། །བཤད་པའི་དགེ་བ་བསྔོ་བ་སྟེ། །(གསུམ་ལས)དངོས་ ལ་གསུང་བར་ཞལ་བཞེས་ནས། །གསུངས་པའི་དོན་ལ་གླེང་གཞི་དང༌། །རྒྱུད་དོན་ཕུན་སུམ་ ཚོགས་པ་དང༌། །བསྡུ་བ་རྫོགས་པའི་བྱ་བའོ། །རྒྱུད་དོན་(ལ་གཉིས་ལས)ཞུས་ལན་(གྱིས་)མདོར་ བསྟན་ནས། །ལན་(གྱིས་རྒྱས་པར་བཤད་པ)ལ་ཕྱི་(འཇིག་རྟེན)ནང་(ལུས)གཞན་(དོན་དམ)གསུམ་སྟེ། ། 7-1-17 གཞན་ལ་མངོན་དུ་བྱེད་ཐབས་དང༌། །མངོན་དུ་བྱས་པའི་འབྲས་བུའོ། །བྱེད་ཐབས་(ལ་ གཉིས)དབང་དང་སྒྲུབ་ཐབས་ཏེ། །འབྲས་བུ་དོན་དམ་ཡེ་ཤེས་སྐུ། །ཞིབ་རྣམས་བསྡུས་དོན་ ཉིད་ལས་གསལ།། །། ༈ ལེའུ་ལྔ་ལ་(རིམ་པ་ལྟར)མདོར་བསྡུས་ནི། །བཅུ་དང་བདུན་དང་དྲུག་དང་ལྔ། །བཞི་སྟེ་ མཚན་(བཟང་པོ་སོ་གཉིས)གྱི་གྲངས་དང་མཐུན། །བཤད་པ་ལ་འཇུག་(པ་ལ་མདོར་བསྡུས)དང་པོ་ གསུམ(སྟེ་དེ་ཡང་)། །འདོད་(པའི)ལྷ་(དང་)དམ་པའི་ལམ་བསྟན་ནས། །(བཤད་བྱའི)དོན་ལ་བཏུད་ ཏེ་འཆད་(པར་དམ་བཅའ)ཚུལ་དང༌། །བརྗོད་བྱ་སོགས་གཟིགས་(ནས)རྩ་རྒྱུད་(གསུངས་པའི་འབྲེལ་ བཀོད་པ)དང༌། །སྟོན་འཁོར་འབྲེལ་(པར་སྒྲུབ)པས་བསྡུས་པའི་རྒྱུད། །གསུངས་ཚུལ་(གྱི)འབྲེལ་ བཀོད་(ནས)འཇུག་པའོ། །(དངོས་ལ)གླེང་གཞི་(སྟོན་པ)བཞི་པ་(དང་)ལྔ་པ་སྟེ། །(བཞི་པས)སྟོན་པ་ ཞུ་པོ་འབྲེལ་ཚུལ་གྱིས། །བཞུགས་པའི་གནས་སོགས་བཤད་པ་དང༌། །(ལྔ་པས)སྟོན་པ་པོ་ སོགས་(པ)བསྡུས་པ་ཡིས། །བརྗོད་བྱ་ལ་སོགས་བཤད་པའོ། །(རྒྱུད་དོན་ལ)ཞུས་ལན་(གྱིས) མདོར་བསྟན་(ནི)དྲུག་པ་སྟེ། །དཀྱིལ་འཁོར་(དང་)དབང་སོགས་བསྡུས་པ་ཡིན། །(རྒྱས་བཤད་ལ་ ཕྱི)འཇིག་རྟེན་འཆགས་ཚུལ་བདུན་པ་སྟེ། །གནས་ཚུལ་བཤད་པ་བརྒྱད་པ་ཡིན། །ཁྱད་པར་ སྐར་རྩིས་དགུ་པ་སྟེ། །དབྱངས་འཆར་འཁྲུལ་འཁོར་བཅུ་པའོ།། །། ༈ ཅུང་ཟད་ཞིབ་དུ་བཤད་པ་ན། །དུས་འཁོར་(དང་)དང་པོའི་སངས་རྒྱས་(ལ་བསྟན་པ་ དང་བཤད་པས་འདུད་པ)དང༌། །བྱང་ཆུབ་སེམས་དང་ཨེ་ཝཾ་དང༌། །(སྣ་ཚོགས)ཡུམ་དང་ཡབ་དང་ གསུངས་ཚུལ་དང༌། །རྡོ་རྗེའི་རྣལ་འབྱོར་(དང་)ཉི་ཟླ་དང༌། །སྣོད་བཅུད་དག་པའི་རྣམ་འགྱུར་ ལ། །བཏུད་ཏེ་[དེ་] མཆོད་པར་བརྗོད་པ་དང༌། །ཁྱེངས་སྐུངས་ནས་ནི་རྒྱལ་བའི་མཐུས། ། རྒྱས་འབྲེལ་བྲི་ཞིང་མཉན་ཚུལ་དང༌། །(དེས)ལོག་པའི་བཤད་པ་འཇོམས་ཚུལ་དང༌། །ཕྱག་ རྒྱ་མཆོག་དམན་ཁྱད་པར་དང༌། །སྒྲ་དང་དོན་གྱི་ཁྱད་པར་དང༌། །ཤེས་རབ་(ཡེ་ཤེས)མཆོག་ 7-1-18 དམན་(གྱི)ཁྱད་པར་དང༌། །འཕོ་བ་ཡོད་མེད་ཁྱད་པར་དང༌། །རྣམ་རྟོག་ཡོད་མེད་ཁྱད་པར་ གྱིས། །ལམ་དང་ལམ་མིན་དབྱེ་བ་དང༌། །ལམ་བཟང་སྣོད་ལ་སྦྱིན་ཚུལ་དང༌། །སྣོད་མིན་(ལ་ བྱིན་པའི)བར་ཆད་སྤང་ཚུལ་དང༌། །(ལམ་གྱི)ངོ་བོ་བྱེད་ལས་འབྲས་བུ་དང༌། །(ཕན་ཡོན)འཇིགས་ པ་བཅུ་དྲུག་སེལ་ཚུལ་དང༌། །འདོད་པའི་གོ་འཕང་ཐོབ་ཚུལ་གྱིས། །ལམ་མཆོག་ཉམས་ སུ་བླང་ཚུལ་དང༌། །དུས་ཀྱི་འཁོར་ལོ་མཆོག་གི་ལམ། །གཞན་ལ་ཕན་ཕྱིར་བཤད་བྱ་ཞེས། ། སྟོན་པ་(བཤད་བྱའི་དོན་ལ་བཏུད་དེ་བཤད་པར་དམ་བཅའ་བ)མདོར་བསྡུས་དང་པོ་ཡིན།། ༡ །། (སྔོན་དུ)རྩ་རྒྱུད་གསུངས་ཚུལ་(དང་)དེ་ཉིད་ལས། །བསྡུས་རྒྱུད་(དང་)རྒྱས་འགྲེལ་འབྱུང་ ཚུལ་དང༌། །འཆད་བྱེད་(རིགས་ལྡན)འབྱུང་ཚུལ་མདོར་བསྟན་ནས། །ལེའུ་ལྔ་ཡི་གནས་ཚུལ་ གྱིས། །བརྗོད་བྱ་བརྗོད་[རྗོད]བྱེད་འབྲེལ་པ་དང༌། །དགོས་པ་དང་ནི་ཉིང་དགོས་དང༌། ། གདུལ་བྱ་མཆོག་ལ་གསུངས་ཚུལ་དང༌། །སྡིག་ཅན་གྲོལ་བའི་དགོངས་པ་དང༌། །དམ་རྫས་ བསྟེན་པའི་དགོངས་པ་དང༌། །གནས་དང་འཁོར་དང་སྟོན་པ་དང༌། །ཞུ་བ་པོ་དང་རྒྱུད་ཉིད་ ཀྱི། །ངོ་བོ་ཉིད་དང་ཁྱད་པར་གྱིས། །རྩ་རྒྱུད་གསུངས་ཚུལ་རྒྱུས་བཤད་དང༌། །དེ་ཉིད་ལས་ ནི་རིགས་ལྡན་རྣམས། །འབྱུང་ཚུལ་སྟོན་པ་གཉིས་པ་ཡིན།། ༢ །། སྔོན་དུ་ཐུབ་དབང་སྟོན་པ་དང༌། །ཟླ་བཟང་འཁོར་དུ་འབྲེལ་པ་ལ། །དམན་པའི་ལོག་ རྟོག་དགག་པ་དང༌། །ཕྱི་ནང་འཁོར་ལོ་བསྒྱུར་བ་རྣམས། །རིམ་གྱིས་འབྱུང་ཚུལ་ལུང་བསྟན་ དང༌། །འཇམ་པའི་དབྱངས་ཀྱིས་བྲམ་ཟེ་རྣམས། །བཏུལ་ནས་བསྡུས་རྒྱུད་བསྡུས་ཚུལ་དང༌། ། བཤད་ཚུལ་སྟོན་པ་གསུམ་པ་ཡིན(བཤད་པའི་དོན་གྱི་འབྲེལ་བཀོད་དེ་འཇུག་པའོ)།། ༣ །། (དངོས་ལ)གསུང་བར་ཞལ་གྱིས་བཞེས་པ་དང༌། །འཚམས་སྦྱར་གླིང་[གླེང་]གཞི་མདོར་ བསྟན་དང༌། །བསྟན་བཤད་བསྡུ་བས་གླེང་གཞིའི་དོན། །ཨེ་ཝཾ་མིན་པས་བསྟན་ཚུལ་དང༌། ། དོན་དང་སྒྲ་དང་ལུང་སོགས་ཀྱིས། །ཨེ་ཝཾ་གིས་ཀྱང་བསྟན་ཚུལ་དང༌། །དེ་དག་གཅིག་པར་ 7-1-19 རྟོགས་པ་ལ། །མན་ངག་ཟབ་མོ་དགོས་ཚུལ་དང༌། །ཉེས་དམིགས་ཡང་ཚུལ་བསྟན་པ་ཡིས། ། གནས་ཀྱི་རྒལ་ལན་རྒྱས་བཤད་དང༌། །ཟློས་པ་དང་ནི་འགལ་བའི་སྐྱོན། །སྤངས་ཏེ་སྐུ་བཞི་ བསྟན་པ་ཡིས། །སྟོན་པའི་རྒལ་ལན་རྒྱས་བཤད་དང༌། །བསྡུས་ཏེ་ལུང་དང་སྦྱར་བ་དང༌། ། གནས་མིན་གུས་པ་སྨད་པ་དང༌། །གུས་བྱའི་ཡོན་ཏན་བསྔགས་པ་དང༌། །ཁྱད་པར་ངོས་ བཟུང་སྟོན་འཁོར་དག །འབྲེལ་པར་སྒྲུབ་པ་བཞི་པ་ཡིན(གནས་ལ་སོགས་པ་བཤད་པའོ)།། ༤ །། བརྗོད་བྱ་བདེན་གཉིས་ལ་བརྟེན་ནས། །རྡོ་རྗེའི་རྣལ་འབྱོར་ངོས་བཟུང་སྟེ། །དེ་ཉིད་ དཔེ་དང་ཡོད་མེད་དང༌། །སྲིད་ཞིའི་མཐའ་དང་སྐ་ཅིག་ལས། །འདས་ཞིང་རང་བཞིན་ཕྱོགས་ མེད་དང༌། །དེ་ཉིད་དགའ་བ་བཞིར་དབྱེ་ཞིང་། །དགའ་བ་དང་ནི་སྐུ་དབྱེ་བས། །དེ་ཉིད་བཅུ་ དྲུག་དབྱེ་བ་དང༌། །རྣལ་འབྱོར་མཁྱེན་པ་བྱང་ཆུབ་བཞིས། །སྐུ་བཞི་ལ་སོགས་དབྱེ་བ་དང༌། ། བརྗོད་[རྗོད]བྱེད་ཨཱ་ལི་ཀཱ་ལི་དང༌། །དགོས་པ་དང་ནི་ཉིང་དགོས་དང༌། །བསྟོད་ཅིང་བསྡུ་ བ་ལྔ་པ་ཡིན(ཆོས་བསྟན་པ་ལ་སོགས་པ་བཤད་པའོ)།། ༥ །། མཚམས་སྦྱར་དམ་བཅའ་གདམས་པ་དང༌། །འགྱུར་མེད་ལྔ་དང་དབྱངས་ཀྱིས་ཝཾ། ། དྲུག་དང་གསལ་བྱེད་ཀྱིས་ནི་ཨེ། །སྒྲུབ་ཅིང་ཐུང་རིང་ལུས་བསམ་དང༌། །སོ་དྲུག་ཁམས་ ཀྱི་རྣམ་འགྱུར་དང༌། །ཐབས་དང་ཤེས་རབ་མཚན་ཉིད་དང༌། །རིགས་ཀྱིས་དབྱེ་བ་རྣམས་ ཀྱིས་ནི། །རྡོ་རྗེ་སེམས་དཔའི་དོན་བསྟན་ཞིང༌། །རིགས་དང་རིགས་ཅན་དབྱེ་བ་དང༌། །རང་ བཞིན་སྐྱེས་བུའི་དབྱེ་བ་དང༌། །ཚད་སོགས་སྣ་ཚོགས་འབྱུང་བ་དང༌། །དཀྱིལ་འཁོར་དབང་ རྣམས་ཞུས་ཚུལ་དང༌། །གཞན་དུ་ངེས་དོན་སྦས་ཚུལ་དང༌། །རྒྱུད་འདིར་གསལ་བར་བསྟན་ ཚུལ་དང༌། །དེས་ན་འཇུག་པར་གདམས་པ་ཡིས། །ཞུ་བ་ཡི་ནི་རྒྱུ་མཚན་རྣམས། །སྟོན་པ་ མདོར་བསྡུས་དྲུག་པའོ།། ༦ །། (རྒྱུད་དོན་ལ་ཕྱི་འཇིག་རྟེན་ནི)ཁམས་ཀྱི་དབྱེ་བ་ལ་སོགས་ཀྱིས། །ཞུས་པ་མཉེས་ནས་གསུངས་ 7-1-20 ཚུལ་དང༌། །ཐེག་གསུམ་རྒན་པའི་དབྱེ་སོགས་ཀྱིས། །ཕྱི་ཁས་ལེན་པའི་རྒྱུ་མཚན་དང༌། ། རྣམ་བཅུ་དབང་ལྡན་བསྟན་པ་དང༌། །བདུན་ཟུང་རྣམས་ཀྱི་དབྱེ་བ་དང༌། །ལུས་མེད་རྡོ་རྗེ་ སྒྲུབ་ཚུལ་གྱིས། །ཆ་མེད་ཀུན་འགྲོ་བཤད་པ་དང༌། །ཟླ་བའི་ཆ་ཤས་འཕེལ་འགྲིབ་དང༌། །ཡི་ གེ་རྣམས་དང་སྤྱོད་ཚུལ་གྱིས། །ཉི་མའི་ཉིན་མཚན་འཕེལ་འགྲིབ་དང༌། །ཟླ་ཉིའི་ངེས་དོན་ བསྟན་པ་དང༌། །ཉིན་མཚན་ཆུ་ཚོད་ཡི་གེ་ཡིས། །རྡོ་རྗེའི་ཟླ་ཉི་བཤད་པ་རྣམས། །བརྗོད་བྱའི་ དོན་ཏེ་བརྗོད་[རྗོད]བྱེད་ནི། །ཀུན་གྱི་སྐྱེ་གནས་ཡི་གེ་དང༌། །དེ་ཡི་གནས་དང་སྒོམ་ཚུལ་ གྱིས། །འཇིག་རྟེན་(ཇི་ལྟར)འཆགས་ཚུལ་(གྱིས་བསྟན་པ)བདུན་པ་ཡིན།། ༧ །། ཚད་གསུངས་བའི་དགོངས་པ་དང༌། །སྟེང་འོག་ཐད་ཀ་མཐའ་སྐོར་གྱི། །ཚད་དང་ལུས་ ལ་སྦྱར་བ་དང༌། །འཇལ་བྱེད་རྣམས་ཀྱིས་སྣོད་ཀྱི་ཚད། །སྲིད་པ་སུམ་བཅུ་སོ་གཅིག་ཏུ། ། དབྱེ་ཞིང་གསུམ་དུ་བསྡུ་བ་དང༌། །སྐལ་[བསྐལ་]པའི་ཚད་ཀྱིས་བཅུད་བསྟན་ནས། །ཁྱད་ པར་ས་འོག་ས་སྟེང་དང༌། །གླིང་བཞི་དང་ནི་ལྷུན་པོའི་ཚད། །གནས་ལ་སོགས་པའི་དབྱེ་བ་ དང༌། །ཕྱོགས་སྐྱོང་རྣམས་ཀྱི་གནས་ཚུལ་དང༌། །འཁོར་ལོས་བསྒྱུར་བ་འཁོར་ཚུལ་དང༌། །དེ་ ལས་དུས་བཞི་འབྱུང་ཚུལ་དང༌། །རང་རང་དབུགས་ལས་ཉིན་ཞག་དང༌། །ནུས་པའི་ཞག་ལ་ དུས་བཞི་དང༌། །ཉིན་ཞག་དུས་ཀྱི་དབྱེ་བ་དང༌། །ཚེ་ལོ་བརྒྱ་པའི་དགོངས་པ་ཡིས། །ནང་ ཚན་ཚད་ཏེ་[དེ་](ཇི་ལྟར་གནས་ཚད་གྱི་བཤད་པ)བརྒྱད་པ་ཡིན།། ༨ །། ཉུང་ངུའི་བྱེད་པ་འཇུག་དུས་དང༌། །(གང་དུ་སྤྱོད་པའི)ལོ་ཟླ་རྣམ་པར་དག་པ་དང༌། །(ཇི་ ཙམ་སྤྱོད་པའི་ལོངས་སྤྱོད་ནི)གཟའ་དང་སྐར་མ་ཉི་མ་ཡི། །ངེས་པ་བཙལ་དང་(ངེས་པ)སྦྱིན་པ་དང༌། ། གཟའ་ཚེས་ཉི་སྐར་ཟླ་སྐར་དང༌། །སྦྱོར་བ་བྱེད་པ་དག་པ་དང༌། །ཡན་ལག་སྐར་ཁྱིམ་ཞིང་ བདག་རྣམས། །བསྟན་ཞིང་བརྟགས་པ་དགག་པ་དང༌། །བདེ་སྡུག་ལས་ལས་འབྱུང་ཚུལ་ དང༌། །ལོ་དང་ཁྱིམ་འཕོའི་ངེས་པ་དང༌། །དེ་ཡང་གྲིབ་མའི་ངེས་པ་དང༌། །རྩ་བའི་རྒྱུད་ལས་ 7-1-21 གསུངས་ཚུལ་དང༌། །བསྡུས་པའི་རྒྱུད་དུ་སྦས་ཚུལ་དང༌། །ཉིན་ཞག་སོ་སོའི་འཕོ་ཚུལ་གྱིས། ། ཡན་ལག་ལྔ་ཡི་ལོངས་སྤྱོད་དང༌། །སྒྲ་གཅན་གྱི་ནི་ལོངས་སྤྱོད་དང༌། །གཟའ་ལྔ་སྤྱི་ཡི་ཉིན་ ཞག་དང༌། །དལ་བར་ཁྱིམ་དང་སྐར་མ་ཡི། །ལས་ཀྱིས་བཀྲ་ཤིས་དག་པ་དང༌། །གཟའ་ལག་ ཕུར་བུ་པ་སངས་དང༌། །སྤེན་པ་རྣམ་པར་དག་པ་དང༌། །འགྲོས་བཞི་མཇུག་རིངས་འཆར་ ཚུལ་དང༌། །གཟའ་རྣམས་ཀྱི་ནི་འཆར་ནུབ་དང༌། །འཐབ་ཚུལ་དང་ནི་མཐུན་ཚུལ་དང༌། །ཟླ་ བའི་མཐོ་བ་འཆར་ཚུལ་དང༌། །ཉི་ཟླར་སྒྲ་གཅན་འཇུག་ཚུལ་དང༌། །ཁྱིམ་གྱི་(ཇི་ལྟར་འཁོར་བའི) འགོ་ལ་དགོད་པ་དང༌། །དེ་ཡི་ཐད་ཀའི་རྒྱ་དང་ནི། །དགྲོད་[བགྲོད]པ་ཉིན་མཚན་འཕེལ་ འགྲིབ་དང༌། །མཁའ་ལ་ཉི་ཁྱིམ་འཁོར་བ་ཡིས། །ས་ལ་དུས་བཞི་འཁོར་ཚུལ་དང༌། །ཉི་ཁྱིམ་ དུམ་བུ་བཅུ་གཉིས་སུ། །སྟེང་འོག་ལྷོ་བྱང་འཁོར་ཚད་དང༌། །ཉི་ཁྱིམ་དབང་གིས་ལོ་དུས་ དང༌། །ཕྱོགས་ཀྱི་ཆ་རྣམས་འཁོར་ཚུལ་དང༌། །ཉིན་ཞག་དུས་རྣམས་འཁོར་ཚུལ་དང༌། །ཉི་མ་ འགྲོ་བའི་མགྱོགས་ཚད་དང༌། །ཉིན་མཚན་འཕེལ་འགྲིབ་དུས་ཚད་དང༌། །དུས་སྦྱོར་འཆར་ བའི་ཡུན་ཚད་དང༌། །(དེ་ཙམ་སྤྱོད་པའི)རྒྱུ་མཚན་(ནི)དབུ་མའི་ལོ་བརྒྱའི་དབུགས། །བསགས་པ་ དུས་ཀྱི་འཁོར་ལོ་དང༌། །དེ་ཡིས་དམན་པའི་ལོ་བརྒྱ་ལ། །གཟའ་བརྒྱད་ཀྱིས་ནི་སྤྱོད་ཚུལ་ཏེ། ། དེ་ཡང་རྒྱུ་སྐར་ཁྱིམ་རྐང་དང༌། །ཁྱིམ་གསུམ་གྱི་ནི་ལོངས་སྤྱོད་ཀྱིས། །གཟའ་ལྔའི་རྐང་པ་ འབྱུང་ཚུལ་དང༌། །ཟླ་བར་སྤྱོད་པའི་ལོངས་སྤྱོད་དང༌། །མ་སྤྱད་ཟླ་བའི་ཆ་ཉམས་པས། །སྒྲ་ གཅན་རྐང་པ་འབྱུང་ཚུལ་དང༌། །རྐང་པའི་ལོངས་སྤྱོད་བཙལ་བ་དང༌། །རྐང་པ་ཇི་ལྟར་སྤྱོད་ པ་ཡིས། །མཇུག་རིངས་རྐང་པ་འབྱུང་ཚུལ་དང༌། །དངོས་དང་སྣོན་འབྲིད་ལ་སོགས་ཀྱིས། ། གཟའ་རྣམས་དཀྱིལ་འཁོར་འབྱུང་ཚུལ་དང༌། །རྒྱུ་སྟོབས་ཉི་ཟླའི་རྐང་པ་དང༌། །ཟླ་བར་སྒྲ་ གཅན་འཇུག་ཚུལ་དང༌། །(སྤྱད་ནས་སྟོང་པར་འཇུག་ཚུལ་ནི)དུས་བཞིའི་ལོ་རྣམས་ངོས་བཟུང་ནས། ། སྟོང་པར་འཇུག་ཅིང་འབྱུང་ཚུལ་དང༌། །སླར་ཡང་ངེས་པ་འབྱུང་ཚུལ་ཏེ། །དེ་ལྟར་(གང་དུ་སྤྱོད་ 7-1-22 པའི)ལོ་ཟླ་(ཇི་ཙམ་སྤྱོད་པའི)ལོངས་སྤྱོད་དང༌། །(ཇི་ལྟར་འཁོར་བའི)འགོ་ལ་(དེ་ཙམ་སྤྱོད་པའི)རྒྱུ་མཚན་(དེ་ ལྟར་སྤྱད་ནས)སྟོངས་ཚུལ་གྱིས། །སྐར་རྩིས་དངོས་ཏེ་དུས་འཁོར་གྱི། །ཡི་གེ་ངོས་བཟུང་ངེས་པ་ དང༌། །དཀྱིལ་འཁོར་ལྷར་ནི་དག་ཚུལ་དང༌། །བསྡུ་བ་སྟོན་པ་དགུ་པ་ཡིན།། ༩ །། དག་པའི་དབྱངས་རྣམས་ངོས་བཟུང་ནས། །ཚེས་དང་ཕྱོགས་ལ་འཆར་ཚུལ་དང༌། །དེ་ རྣམས་གནས་སྐབས་གསལ་བྱེད་དང༌། །བཅས་པ་ཕྱོགས་གཉིས་ལ་འཆར་དང༌། །རྒྱུ་སྐར་ ཡུད་ཙམ་གཟའ་བཅུ་དང༌། །དཀྱིལ་འཁོར་དྲུག་བཅུ་[ཅུ]འཆར་ཚུལ་དང༌། །དེ་ལྟར་ཤར་ བའི་འབྲས་བུ་དང༌། །སྣ་ལ་འཆར་དང་དྲིས་པ་ཡི། །དབྱངས་ལ་འཆར་སོགས་ཕྲ་མོ་དང༌། ། འཇིག་རྟེན་པ་ཡི་ཐ་སྙད་ལྟར། །བཟང་ངན་འབྲས་བུ་བསྟན་པ་དང༌། །སྐར་མའི་སྟོབས་དང་ གདེངས་ཅན་སྟོབས། །ཚེ་ཡི་གནས་སྐབས་བསྟན་པ་དང༌། །རྟེན་འབྲེལ་བཅུ་གཉིས་ཟླ་བ་ དང༌། །ཚེས་ལ་ཇི་ལྟར་འཆར་ཚུལ་ནི། །འབྲས་བུར་བཅས་པ་བསྟན་པ་དང༌། །ས་ཡི་སྟོབས་ ནི་སྤྱིར་བསྟན་ནས། །རྣལ་འབྱོར་མ་དང་བིཥྚིའི་སྟོབས། །དྲག་པོའི་སྟོབས་དང་ཐུན་ཕྱེད་དང༌། ། རྩ་བའི་སྒྲ་གཅན་སྟོབས་བཤད་ཅིང་། །དེ་ལས་གང་བཟུང་བསྟན་པ་དང༌། །འཁྲུལ་འཁོར་ལ་ ཡང་རྡོ་བ་དང༌། །ཆུ་དང་རླུང་གི་འཁྲུལ་འཁོར་དང༌། །གྲི་གུག་གུར་དང་ལྕགས་མདའ་དང༌། ། རལ་གྲི་དང་ནི་ཤིང་རྟ་དང༌། ཁང་རྩེག་ཁྱོགས་དང་ཆུ་འདྲེན་ཚུལ། །སྒྲུབ་ཚུལ་གདམས་པ་ བཅུ་པ་ཡིན། །༡༠ །། ནང་ལེར་ལུས་ཀྱི་འཆགས་ཚུལ་ནི། །མངལ་དུ་ས་བོན་འཛིན་ཚུལ་དང༌། །གནས་སྐབས་ བཅུ་རུ་འགྱུར་ཚུལ་དང༌། །ལུས་ཀྱི་ཆ་ཤས་འགྲུབ་ཚུལ་དང༌། །དེ་རྣམས་འཕགས་པའི་བདེན་ པ་བཞིས། །སྟོན་པ་མདོར་བསྡུས་དང་པོ་ཡིན། །༡ །། རྩ་དང་ཁམས་ལས་རིགས་ངེས་ཚུལ། །རྩ་ཁམས་འཕེལ་ཚུལ་རང་བཞིན་སོགས། །ས་ སོགས་(ཕྱི་རོལ་གྱི་ཆོས་རྣམས་ནང་དུ)ལུས་ལ་གནས་ཚུལ་དང༌། །ཕྱི་ནང་མཐུན་པར་རླུང་རྒྱུ་ཚུལ། ། 7-1-23 ཀུན་འབྱུང་བདེན་པ་ལ་སོགས་སུ། །གནས་ཚུལ་སྟོན་པ་གཉིས་པ་ཡིན། །༢ །། རིགས་ལྡན་ཀླ་ཀློའི་འཁྲུག་པ་རྣམས། །ནང་དུ་ལུས་ལ་གནས་ཚུལ་དང༌། །དཔལ་ལྡན་ རྒྱུ་སྐར་དཀྱིལ་འཁོར་གྱི། །ལྷ་རྣམས་ལུས་ལ་གནས་ཚུལ་དང༌། །རྒྱུད་བསྡུས་ཚུལ་དང་རྩ་ སྲུང་ཚུལ། །ལ་སོགས་སྟོན་པ་གསུམ་པ་ཡིན། །༣ །། ཟླ་ཉིའི་དུས་མིན་འཆི་ལྟས་དང༌། །དབུ་མའི་དུས་སུ་འཆི་བ་དང༌། །རྩ་རྣམས་ཇི་ལྟར་ འཆད་ཚུལ་དང༌། །འཁོར་ལོ་བཞི་ལ་ཟླ་རྐང་དང༌། །ཟླ་ཉིའི་དབྱངས་དང་གསལ་བྱེད་རྣམས། ། རྒྱུ་ཚུལ་སོགས་དང་འཆི་བ་ཡི། །རྒྱུ་མཚན་ཁམས་ཀྱི་རྣམ་འགྱུར་སོགས། །སྟོན་པ་མདོར་ བསྡུས་བཞི་པ་ཡིན། །༤ །། འཕོ་བའི་སྐ་ཅིག་བསྟན་པ་དང༌། །རང་བཞིན་གནས་སྐབས་ངེས་པ་དང༌། །ལས་འབྲས་ ལ་ནི་སྤྱོད་ཚུལ་གྱིས། །སྐྱེ་འཆིའི་རྒྱུ་རྣམས་བསྟན་པ་དང༌། །དེ་ལས་སྐྱེ་བ་ལེན་ཚུལ་དང༌། ། སྤང་བྱ་གཉེན་པོའི་ཁྱད་པར་དང༌། །འཆི་བ་རྒྱུ་བས་དུས་ཟ་ཚུལ། །དེ་ཡིས་རྩ་དང་ཁམས་ འདོར་ཚུལ། །ཀུན་རྫོབ་སྐྱེ་འགག་རྒྱུར་གྱུར་པ། །སྐ་ཅིག་མཚན་ཉིད་དུས་འཁོར་གྱི། །ངེས་ པ་སྟོན་པ་ལྔ་པ་ཡིན། ༥ ། དངོས་གྲུབ་དོན་དུ་ལུས་བསྲུང་ཚུལ། །དུས་མིན་འཆི་བ་སླུ་བ་དང༌། ། ལུས་ཀྱི་ནད་རྣམས་ཞི་ཐབས་དང༌། །བཅུད་ལེན་སོགས་དང་རྫས་སྒྲུབ་ཚུལ། །དྲི་དང་སྤོས་ སོགས་སྦྱོར་ཚུལ་དང༌། །བྱིས་པ་གསོ་བའི་རྒྱུད་ལ་སོགས། །སྟོན་པ་མདོར་བསྡུས་དྲུག་པ་ ཡིན། །༦ །། མཚུངས་པའི་ཆོས་རྣམས་སྤྱིར་བསྟན་ནས། །མི་མཚུངས་པ་ཡི་ཁྱད་པར་ལ། །སངས་ རྒྱས་པ་དང་ལྷ་གསུམ་དང༌། །གཞན་གྱི་བསྟན་པ་ངོས་བཟུང་སྟེ། །དེ་རྣམས་རིགས་པས་ དཔྱད་པ་ནི། །ཚངས་པ་ཁྱབ་འཇུག་དབང་ཕྱུག་པའི། །འཁྲུལ་པ་རྣམས་ནི་དགག་པ་དང༌། ། བྱེ་བྲག་སྨྲ་དང་མདོ་སྡེ་པ། །སེམས་ཙམ་པ་ཡི་འདོད་པ་རྣམས། །བཀག་ནས་དབུ་མ་ཆེན་ 7-1-24 པོའི་དོན། །སྟོན་པ་མཆོག་གི་ལྟ་བ་དང༌། །སྟག་གཟིག་རྒྱང་འཕན་ཟད་བྱེད་པའི། །འདོད་པ་ རྣམས་ཀྱང་དགག་པ་དང༌། །གདམས་ཤིང་བསྟོད་པས་མཇུག་བསྡུ་སོགས། །རང་དང་གཞན་ གྱི་ལྟ་བ་རྣམས། །རིགས་པས་དཔྱད་པ་བདུན་པ་ཡིན། །༧ །། དབང་ལེར་དཔོན་སློབ་བརྟགས་པ་དང༌། །དབང་དང་མཆོད་པའི་དུས་འཚམས་ [མཚམས]དང༌། །ས་ཕྱོགས་ཐབ་དང་ཕུར་བུ་དང༌། །བུམ་པ་དུས་དང་ཡོ་བྱད་དང༌། །འདུག་ སྟངས་བགྲང་ཕྲེང་མཆོད་རྫས་དང༌། །འཁྲུལ་འཁོར་སོགས་ཀྱིས་ལས་བརྒྱད་དང༌། །ལས་ བཅུ་གཉིས་དང་སློབ་དཔོན་གྱི། །ངེས་པ་ལ་སོགས་ལས་རབ་འབྱམས། །སྟོན་པ་མདོར་ བསྡུས་དང་པོ་ཡིན། །༡ །། བདུད་བསྲེག་རྟེན་དང་རྟེན་[བརྟེན]པ་ཡི། །སྲུང་འཁོར་སྒོམས་[བསྒོམས]ཏེ་མཆོད་ ཅིང་བསྡུ། །ས་དང་ལྷ་ལ་གསོལ་གདབ་ཅིང༌། །ཕུར་བུས་གདབ་དང་ཟུག་རྔུ་དབྱུང༌། །དུས་ དང་སློབ་མ་ཐིག་སྐུད་སོགས། །ལྷག་པར་གནས་པ་གཞུང་གི་དོན། །ཞལ་དག་རིགས་ དྲུག་དགོད་པ་དང༌། །རྡོ་རྗེ་རྣམ་བཞི་དག་པ་དང༌། །ཡན་ལག་དྲུག་དགོད་སྲུང་འཁོར་སྒོམ། ། མཆོད་ཅིང་དཀྱིལ་འཁོར་སྔོན་འགྲོ་བས། །ཡུལ་དང་གྲོང་བདག་ལྷ་མོ་མཆོད། །བདུད་ གཞོམ་ཕུར་བུ་གདབ་པ་དང༌། །ས་གཞི་བཅག་དང་ལྷག་གནས་དང༌། །བུམ་པ་ཐིག་སྐུད་ རྡུལ་ཚོན་དང༌། །རྡོ་རྗེ་དྲིལ་བུ་སློབ་མ་དང༌། །མལ་སྟན་ལྷག་གནས་མཚན་མ་བརྟག །ངན་ ན་འབད་ཏེ་[དེ]བསལ་བ་ནི། །གཏོར་མ་སྦྱིན་དང་སྲུང་འཁོར་བསྒོམ། །དབང་བླང་ཕྱག་རྒྱ་ མཚོན་ཆ་དང༌། །ཀླུ་རྒྱལ་དགོད་ཅིང་བཟླས་པ་བྱ། །ཐིག་གདབ་ལ་སོགས་སྤྱི་ཡི་དོན། །ས་ ཡོངས་བཟུང་བ་གཉིས་པ་ཡིན། །༢ །། ཐུན་མོང་དུ་ནི་ཐིག་གདབ་ཅིང༌། །ཚོན་དགྱེ་རྣམ་པར་དག་པ་བསྟན། །ཁྱད་པར་དུ་ཡང་ ཐིག་གདབ་ཅིང༌། །ས་བོན་སོ་སོར་དགོད་པ་དང༌། །ལས་ཀྱི་རྡོ་རྗེའི་ངེས་པ་སོགས། །དཀྱིལ་ 7-1-25 འཁོར་བྲི་བ་གསུམ་པ་ཡིན། །༣ །། ཞི་རྒྱས་ཐབ་བཞི་སྤྱིར་བསྟན་དང༌། །ལས་ཀུན་པ་ཡི་ཁྱད་པར་དང༌། །ལས་བརྒྱད་ཐབ་ ཀྱི་མཚན་ཉིད་དང༌། །རང་བཞིན་སོ་སོར་བཤད་པ་དང༌། །སྲུང་སོགས་མེ་ལྷ་མེ་བུད་ཤིང༌། ། སྤྱན་དྲང་མཆོད་དང་རྣམ་དག་དང༌། །ཡམ་ཤིང་བསྲེག་རྫས་བསྲེག་བླུགས་དབུལ། །ཤིས་ བརྗོད་གཤེགས་གསོལ་ཉེར་མཁོ་སྒྲུབ། །དཀྱིལ་འཁོར་བྲིས་ནས་བུམ་པ་དགོད། །རབ་ གནས་བྱས་ཏེ་མཆོད་པ་དབུལ། །སྔགས་ཀྱི་ཐོག་མཐའི་ངེས་པ་དང༌། །རྡུལ་ཚོན་ཕྱག་རྒྱའི་ ས་བོན་དང༌། །ཡན་ལག་དྲུག་དང་བཟླས་པའི་སྔགས། །མཆོད་པའི་སྔགས་སོགས་དེ་ཉིད་ དང༌། །གསོལ་གདབ་སྡོམ་བཟུང་སོ་ཤིང་སོགས། །ཡེ་ཤེས་དབབ་དང་བརྟུལ་ཞུགས་སྦྱིན། ། མེ་ཏོག་དོར་སོགས་སྔོན་འགྲོ་བས། །བུམ་པ་ཆས་གཞུག་དབང་བདུན་བསྐུར། །ཆོས་བཤད་ དབང་གི་རྣམ་དག་བསྟན། །དམ་ཚིག་སྲུང་སོགས་དཀྱིལ་འཁོར་དུ། །དབང་སྐུར་བ་ནི་བཞི་ པ་ཡིན། །༤ །། སློབ་དཔོན་བདག་པོའི་རབ་གནས་དང༌། །སྐུ་གཟུགས་སོགས་ཀྱི་རབ་གནས་དང༌། ། སློབ་མ་གཞུག་པའི་དབང་བསྐུར་དང༌། །སློབ་དཔོན་ཆེན་པོའི་དབང་བསྐུར་དང༌། །གཉི་ གའི་སྡོམ་པ་སྦྱིན་པ་དང༌། །དབང་གི་རབ་བྱེད་བཤད་པ་དང༌། །ཕྱག་རྒྱའི་རྣམ་དག་བཤད་ པ་དང༌། །ཚོགས་ཀྱི་འཁོར་ལོ་དགོད་ཅིང་མཆོད། །རིགས་ཀྱི་དབྱེ་བ་སྣ་ཚོགས་དང༌། །དམ་ ཚིག་བཞི་ཡི་བསྟེན་ཚུལ་དང༌། །ས་ཆུ་མཁའ་དང་ལུས་སོགས་ཀྱི། །དམ་ཚིག་སོ་དྲུག་དབྱེ་བ་ དང༌། །རིགས་ཀྱི་དབྱེ་བ་མཆོད་ཚུལ་དང༌། །ཕྱི་ནང་རྫས་བཅུའི་མཆོད་པ་དང༌། །རིགས་ཀྱི་ མཚན་མ་བརྟག་པ་དང༌། །དམ་རྫས་ལྷ་དང་ཕྱི་ནང་གི། གནས་ལ་སོགས་པར་དག་པ་དང༌། ། གནས་སོགས་ཕྱི་ནང་རྣམ་གཞག་དང༌། །རྣལ་འབྱོར་མ་ཡི་རྣམ་དག་དང༌། །དབང་ཐོབ་སྤྱོད་ པ་ལྔ་པ་ཡིན། །༥ །། 7-1-26 རྒྱལ་བ་དྲུག་གི་ཕྱག་རྒྱ་དང༌། །དུས་ཀྱི་འཁོར་ལོ་ཁྲོ་བོ་ཡི། །མཚན་མ་སོགས་ཀྱི་ཕྱག་རྒྱ་ དང༌། །སོ་སོའི་རིགས་ཀྱི་ཕྱག་རྒྱ་དང༌། །ཕན་ཚུན་ཕྲད་པའི་ཕྱག་རྒྱ་དང༌། །ཕྱག་རྒྱའི་ལན་ དང་མཐའ་ཡས་ཚུལ། །ལྟ་སྟངས་བརྡ་དང་ཡི་གེའི་བརྡ། །གདམས་པའི་ཚུལ་དང་བཅས་ པ་དང༌། །དབང་ཡོན་དབུལ་བའི་ངེས་པ་དང༌། །སྙིང་རྗེའི་དབང་དང་ཀུན་སྤངས་དབང་། ། གཤེགས་གསོལ་དཔའ་བོའི་སྟོན་མོ་དང༌། །ལམ་དང་དབང་གི་ཡོན་ཏན་དང༌། །དམ་ཚིག་ སྲུང་སོགས་དྲུག་པ་ཡིན། །༦ །། སྒྲུབ་ལེར་སྒྲུབ་བྱ་ངོས་བཟུང་ནས། །གནས་སྲུང་བ་དང་སྡིག་བཤགས་སོགས། །སྟོན་པ་ མདོར་བསྡུས་དང་པོ་ཡིན། །༡ །། རྟེན་གྱི་འཁོར་ལོ་རྣམ་དག་དང༌། །རྟེན་[བརྟེན]པ་གཙོ་བོ་ཡ་ཡུམ་ལས། །ལྷ་རྣམས་ སྤྲོ་དང་སྙིང་རྗེའི་དབང༌། །སྐྱེད་[བསྐྱེད]པའི་རིམ་པས་སྐུ་རྫོགས་པ། །དཀྱིལ་འཁོར་རྒྱལ་ མཆོག་གཉིས་པ་ཡིན། །༢ །། ཞུ་བ་གླུས་བསྐུལ་བཞེངས་ནས་འཁོར། །སྤྲོས་ཏེ་ཡེ་ཤེས་རོ་མཉམ་དང༌། །རྒྱས་འདེབས་ རིགས་ཅན་རྣམ་དག་སོགས། །སྲོག་དང་ལྷ་བསྐྱེད་ལས་རྒྱལ་མཆོག། །དབང་རྫོགས་པ་ནི་ གསུམ་པ་ཡིན། །༣ །། ཐིག་ལེ་ཕྲ་མོའི་རྣལ་འབྱོར་དང༌། །ཡན་ལག་བཞི་དང་དྲུག་ལ་སོགས། །རིམ་གཉིས་ སྒྲུབ་ཐབས་བཞི་པ་ཡིན། །༤ །། ལྷ་དང་སྔགས་རྫས་འཁྲུལ་འཁོར་དང༌། །ཚོགས་གཉིས་རིམ་གཉིས་ལ་སོགས་པ། །སྣ་ ཚོགས་སྒྲུབ་ཐབས་ལྔ་པ་ཡིན། །༥ །། ཡེ་ཤེས་ལེའུར་ལྷ་དང་རྒྱུད། །སོ་སོའི་རྣམ་དབྱེ་རྣམ་དག་དང༌། །སྡོམ་པ་འདུས་པ་སྒྱུ་ འཕྲུལ་སོགས། །རྣལ་འབྱོར་མ་རྒྱུད་ལ་སོགས་པ། །སྤྲོ་བ་མདོར་བསྡུས་དང་པོ་ཡིན། །༡ །། 7-1-27 སྐུ་བཞི་རིགས་དྲུག་ཕྲིན་ལས་དང༌། །རྣམ་དག་གཞི་ལམ་འབྲས་བུ་སོགས། །ཟབ་མོའི་ ངེས་པ་གཉིས་པ་ཡིན། །༢ །། མི་འགྱུར་ཡེ་ཤེས་ངོས་བཟུང་ནས། །དེ་ལ་ལོག་རྟོག་དགག་པའི་ཚུལ། །བརྟགས་པའི་ ཆོས་དང་མི་བསམ་ཙམ། །ལས་ཀྱི་ཕྱག་རྒྱ་བརྟེན་པ་དང༌། བླ་མའི་བཀའ་ཙམ་ལ་རྟེན་དང༌། ། འཕོ་བའི་བག་ཆགས་མ་སྤངས་པར། །མཆོག་གི་གོ་འཕང་འདོད་པ་འགོག །དེ་ཡང་སྐྱེད་ [བསྐྱེད]རིམ་དོན་དམ་གྱི། །སངས་རྒྱས་ལམ་དུ་འདོད་པ་དང༌། །ལུས་འདི་སངས་རྒྱས་ ཡིན་པ་དང༌། །དོན་དམ་སངས་རྒྱས་གཟུགས་ཅན་དུ། །འདོད་པའི་འཁྲུལ་པ་དགག་པ་དང༌། ། བཤང་བ་ལ་སོགས་ཟོས་པ་དང༌། །དཀྱིལ་འཁོར་མངོན་དུ་བྱས་ཙམ་དང༌། །བདུད་རྩི་ཟ་ བ་གོམས་པ་ཡིས། །མཆོག་ཐོབ་འདོད་པ་དགག་པ་དང༌། །ཟབ་མོའི་དགོངས་པ་མ་ཤེས་ པར། །ཅི་ཡང་མེད་ཅིང་མི་བསམས་པ། །ཙམ་གྱི་མཆོག་འཛིན་འགོག་པ་དང༌། །དབང་གི་ རྣམ་དབྱེ་མ་ཤེས་པར། །གསུམ་པ་བཞི་པར་འདོད་པ་དང༌། །དབང་པོ་གཉིས་སྦྱོར་མེད་པ་ ན། །རང་རིག་མེད་པར་འདོད་པ་དང༌། །ལུས་མེད་པ་ལ་འཕོ་བ་ཡི། །བག་ཆགས་མེད་པར་ འདོད་པ་རྣམས། །བཀག་ནས་བག་ཆགས་དབང་གིས་ནི། །སེམས་ཅན་རིས་དང་སངས་ རྒྱས་ཀྱི། །ཆོས་རྣམས་དུ་མར་འགྱུར་ཚུལ་དང༌། །ཚོགས་གཉིས་སྒྲུབས་ན་མཆོག་འགྲུབ་ཀྱི། ། ཕྲ་མོའི་བྱིན་བརླབས་ལ་སོགས་ལ། །ཡིད་ཆེས་ཙམ་གྱིས་བླ་མའི་བཀའ། །མཆོག་ཏུ་འཛིན་ པ་དགག་པ་དང༌། །འཕོ་བའི་བག་ཆགས་མ་སྤངས་པར། །མངོན་ཤེས་ལ་སོགས་མི་འགྲུབ་ ཅིང༌། །ཡན་ལག་བཅུ་གཉིས་མི་འགག་ལ། །བདུད་བཞི་བཅོམ་པར་མི་འཐད་པར། །སྟོན་པ་ མཆོག་ཏུ་མི་འགྱུར་བའི། །ཡེ་ཤེས་གྲུབ་པ་གསུམ་པ་ཡིན། །༣ །། དབུགས་ཀྱི་ས་བོན་བསྟན་པ་དང༌། །དབུགས་རྣམས་ལུས་ལ་སྒྲུབ་ཚུལ་དང༌། །གྲུབ་པ་ འབྲས་བུའི་རང་བཞིན་གྱིས། །ནང་དང་གཞན་གྱི་ཡན་ལག་དང༌། །འཇིག་རྟེན་བསྟུད་དང་ 7-1-28 འབྱུང་བ་དང༌། །དཀྱིལ་འཁོར་སྐུ་གཟུགས་མཆོད་རྟེན་སོགས། །སྣ་ཚོགས་བརྟན་གཡོར་ གནས་ཚུལ་གྱིས། །ཕྱི་དང་གཞན་གྱི་ཡན་ལག་དང༌། །ཐར་པ་སྒྲུབ་པའི་ཆོས་དང་ནི། །འཚོ་ བ་སྒྲུབ་པའི་ཐབས་རྣམས་དང༌། །དངོས་གྲུབ་སྒྲུབ་པའི་ལམ་སོགས་ཀྱིས། །གདུལ་བྱ་འདུལ་ བའི་ཡན་ལག་དང༌། །ཆོས་རྣམས་ཡང་དག་བསྡུ་སོགས་དང༌། །བསྟོད་པའི་ཚུལ་གྱིས་བསྡུ་ བ་དང༌། །བསྡུ་བ་རྫོགས་པའི་བྱ་བ་སོགས། །སྣ་ཚོགས་འདུལ་བ་བཞི་པ་ཡིན། །༤ །། དེ་ལྟར་དུས་ཀྱི་འཁོར་ལོའི་ལེའུ་དང༌། །མདོར་བསྡུས་སོ་སོས་བརྗོད་བྱ་འདི་སྟོན་ཞེས། ། གནས་སྐབས་གསལ་བར་སྟོན་པའི་སྡོམ་འདི་ཡང༌། །རང་དང་གཞན་ལ་ཕན་ཕྱིར་མ་ཏིས་ བསྡེབས། །དགེ་བས་འགྲོ་ཀུན་ཟབ་ཡངས་རྒྱུད་སྡེ་བཞིའི། །མཐར་ཐུག་དུས་ཀྱི་འཁོར་ལོའི་ དོན་རྟོགས་ནས། །བསྙེན་སྒྲུབ་རྣམ་བཞིའི་རྣལ་འབྱོར་མཐར་ཕྱིན་ཏེ། །རྒྱལ་བ་སྐུ་བཞིའི་གོ་ འཕང་ཐོབ་གྱུར་ཅིག། །། ༈ དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་པོ་ལ་འཇུག་པའི་མན་ངག་བརྗོད་བྱའི་ སྤྱི་རྣམ་དྲན་ཞིང་རྗོད་བྱེད་གང་དགོས་བལྟ་བ་ལ་ཉེ་བར་མཁོ་བ་འདི་ཡང༌། བོད་ཀྱི་པཎ་ཌི་ཏ་ མ་ཏིས་དགེ་ལྡན་ས་བཟངས་སུ་སྦྱར་བའོ། །བསྟན་པ་རིན་པོ་ཆེ་དང་སེམས་ཅན་མང་པོ་ལ་ ཕན་ཐོགས་པར་གྱུར་ཅིག །མཾ་ག་ལཾ་བྷ་ཝ་ཏུ། ཛྙཱ་ན་ཤྲཱིའིའོ། ། ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-29 ༄༅། །ཁམས་ལེའི་དཀའ་བའི་གནས་རྣམས་ཀྱི་འཕྲང་སྒྲོལ་གྱི་ མན་ངག་དང་ནང་ལེའི་དཀའ་བའི་གནས་རྣམས་ཀྱི་ འཕྲང་སྒྲོལ་གྱི་མན་ངག་རྣམས་ བཞུགས་པ་ལགས་སོ། ། ༄༅། །ན་མཿཀཱ་ལ་ཙཀྲཱ་ཡ། ཟླ་(ཁམས་ལེ་)བའི་ཆ་ཤས་ཕེལ་འགྲིབ་ནི། །དཀར་ཕྱོགས་ བཅོ་ལྔ་ལྔ་ཚན་གསུམ་(སྟེ)། །མུན་པ་བསལ་བ་ཆུང་(དང་)འབྲིང་(དང་)ཆེ་(བས་སོ)། །(དེ་རྣམས་ཀྱང་ སྙིང་སྟོབས་ལ་སོགས་)ཡོན་ཏན་གསུམ་གྱི་བདག་ཉིད་ཅན(ཏེ)། །རེ་རེའང་དགའ་(བ་དང་)བཟང་(པོ་ དང་)རྒྱལ་(བ་དང་)སྟོང་(པ་དང་)རྫོགས(པའོ)། །(དེ་རྣམས་ཀྱང་)བུ་མོ་(དང་)གཞོན་ནུ་(མ་དང་)ལང་ཚོ་ མ(དང་)། །རྒན་མོ་(དང་)ཡོངས་སུ་སྨིན་པ་སྟེ། །(རིམ་པ་བཞིན་)ནམ་མཁའ་(དང་)རླུང་(དང་)མེ་(དང་) ཆུ་(དང་)སའི་ཁམས་(སོ)། །(ཡི་གེ་ནི་)དབྱངས་ཐུང་(༡༥)བསྐྱེད་རིམ་ཐིག་ལེ་ཅན(ནོ)། །དེ་ལ་ དཀར་པོའི་ཚེས་གཅིག་སོགས། །རིམ་གྱིས་ཤར་བ་ལ་བརྟེན་ནས། །ནག་པོའི་ཚེས་གཅིག་ ལ་སོགས་པ། །རིམ་གྱིས་ནུབ་པ་ཉིད་འགྱུར་ཏེ། །དེ་ཡང་རང་ས་ནས་བསྒྲངས་པའི། །ཡོངས་ སུ་སྨིན་པ་གསུམ་གྱི་མཐར། ༡༦༥ །དཀར་པོའི་ཚེས་གཅིག་ལ་སོགས་པ། །རང་རང་(གི་)ཐད་ ཀའི་ཚེས་(སོ་སོ་)ལའོ(ནུབ་པའོ)། །(དེ་བཞིན་)ནག་ཕྱོགས་བཅོ་ལྔའང་ལྔ་ཚན་གསུམ(སྟེ)། །མུན་ པ་འཇུག་པ་ཆུང་(ངུ་དང་)འབྲིང་(དང་)ཆེ(བའོ)། །(དེ་རྣམས་ཀྱང་)ཡོན་ཏན་གསུམ་གྱི་བདག་ཉིད་ ཅན(ཏེ)། །རེ་རེའང་དགའ་(བ་དང་)བཟང་(པོ་དང་)རྒྱལ་(བ་དང་)སྟོང་(པ་དང་)རྫོགས(པའོ)། །(དེ་ 7-1-30 རྣམས་ཀྱི་རིམ་པ་བཞིན་)བྱིས་པ་གཞོན་ནུ་ལང་ཚོ་དང༌། །རྒན་པོ་ཡོངས་སུ་སྨིན་པ་སྟེ། །ས་ཆུ་མེ་ རླུང་ནམ་མཁའི་ཁམས(སོ)། །(ཡི་གེ་ནི་)དབྱངས་རིང་(པོ་༡༥)བསྡུད་རིམ་རྣམ་བཅད་ཅན(ནོ)། ། དེ་ལ་ནག་པོའི་ཚེས་གཅིག་སོགས། །རིམ་གྱིས་ཤར་བ་ལ་རྟེན་ནས། །དཀར་པོའི་ཚེས་ གཅིག་ལ་སོགས་པ། །རིམ་གྱིས་ནུབ་པ་ཉིད་འགྱུར་ཏེ། །དེ་ཡང་རང་ས་ནས་བསྒྲངས་པའི། ། ཡོངས་སུ་སྨིན་པ་གསུམ་གྱི་མཐར། །(བཅུ་དྲུག་པ་)ནག་པོའི་ཚེས་གཅིག་ལ་སོགས་པ། །རང་ རང་(དག་གི་)ཐད་ཀའི་ཚེས་(སོ་སོ་ལ་)ལ་འོ(ནུབ་པའོ)། །(དཀར་ཕྱོགས་ལ་)བུ་མོ་(ནག་ཕྱོགས་ལ་)བྱིས་པ་ ལ་སོགས་པ། །ཐབས་ཤེས་(གོ་)བཟློག་ནས་གསུངས་པ་ཡིན། །ལུང་གི་ཚིག་གམ་ལུས་(དང་)བསམ་(པའི)མམ(དབྱེ་བའམ)། ། རྒྱ་དཔེ་འམ་འགྱུར་གྱི་ཁྱད་པར་ཉིད(དུ་རིག་པར་བྱའོ)། །ཟླ་བའི་ དཀྱིལ་འཁོར་ཆ་བཅོ་ལྔར། །ཕྱེ་བའི་སྟེང་ནས་དཀར་ནག་གི། ཤིང་བུ་གཉིས་ཀྱང་ཆ་བཅོ་ ལྔར། །ཕྱེ་ནས་ཚེས་གྲངས་བཏབ་པ་ཡི། །ཚེས་གཅིག་གིས་ནི་བཅོ་ལྔ་དག །རིམ་གྱིས་དེད་ པས་དཀར་ནག་གི། འཕེལ་འགྲིབ་གསལ་བར་རྟོགས་པར་འགྱུར། །ཞེས་པའང་མ་ཏིས་ མན་ངག་ཡིན། །ཤུ་བྷཾ། །(ཆན་ཡིག་ལེགས་པོ་མི་ཤེས་སོ། །) ༄༅། །ན་མཿཤྲི་ཀཱའ་ལ་ཙཀྲཱ་ཡ། ཁམས་ལེའི་ང་གཉིས་ལ་སོགས་པར། །རྒྱུ་སྐར་ཁྱིམ་ དང་འཇིག་རྟེན་སྤྱིའི། །འགོ་ལའི་རྣམ་གཞག་གསུངས་པ་རྣམས། །བདེ་བླག་རྟོགས་ཕྱིར་འདི་ ལྟར་བཤད། །འགོ་ལའི་རྒྱ་ལ་ཁྱིམ་གནས་ཤིང༌། །ཁྱིམ་གྱི་ནང་ན་སྐར་མ་གནས། །རྒྱུ་སྐར་ སྟེང་ནས་གཟའ་བརྒྱད་པོ། །ལྷོ་བྱང་བགྲོད་པའི་ཚུལ་གྱིས་སྤྱོད། །སྒྲ་གཅན་དུས་མེ་དུས་རྟག་ ཏུ། །ཉིན་མཚན་མཉམ་པའི་ལམ་ནས་རྒྱུ། ། ༈ འཇིག་རྟེན་སྤྱི་ཡི་འགོ་ལའི་རྒྱ། །མེ་ནས་གསིལ་བའི་རི་ཡི་བར། །དཔག་ཚད་བདུན་ ཁྲི་ལྔ་སྟོང་སྟེ། །ཕྱོགས་རྣམས་ཀུན་ཏུ་མཉམ་པ་ཉིད། །དེ་ལ་ཤར་གྱི་ཕྱེད་ནས་ནི། །ནུབ་ཀྱི་ ཕྱེད་ཀྱི་བར་ལ་ཁྱིམ། །ལུག་ལ་སོགས་པ་དྲུག་གནས་ཏེ། །བྱང་ངམ་གཡོན་གྱི་ཁྱིམ་དྲུག་ཡིན། ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽། 7-1-31 ནུབ་ཀྱི་ཕྱེད་ནས་ཤར་ཕྱེད་བར། །སྲང་ལ་སོགས་པ་དྲུག་གནས་ཏེ། །ལྷོ་འམ་གཡས་ཀྱི་ཁྱིམ་ དྲུག་ཡིན། །བྱང་གི་དྲུག་ལ་ཐ་སྐར་ནས། །ནག་པ་ཕྱེད་ཀྱི་བར་དུ་ནི། །རྒྱུ་སྐར་ཕྱེད་བཅས་ བཅུ་གསུམ་གནས། །ལྷོ་ཡི་དྲུག་ལ་འང་ནག་པའི། །ཕྱེད་ནས་ནམ་གྲུའི་མཐར་ཐུག་པ། །རྒྱུ་ སྐར་ཕྱེད་བཅས་བཅུ་གསུམ་གནས། །ཁྱིམ་རེར་སྐར་མ་གཉིས་གཉིས་དང༌། །བཞི་ཆ་རེ་རེའི་ ཆུ་ཚོད་གྲངས། །མདའ་ཡོན་ཟླ་བ་རེ་རེའོ། །གཙོ་བོར་ཉི་མའི་རྒྱུ་ཚུལ་གྱིས། །དཀར་སེང་བུ་ མོ་སྲང་སྡིག་གཞུ། །ལྷོ་བགྲོད་ཀྱི་ནི་ཁྱིམ་དྲུག་སྟེ། །ཆུ་སྲིན་བུམ་ཉ་ལུག་གླང་འཁྲིག །བྱང་ བགྲོད་ཀྱི་ནི་ཁྱིམ་དྲུག་ཡིན། །ལྷོ་བགྲོད་རྫོགས་ནས་དགུན་ཉི་ལྡོག །བྱང་བགྲོད་རྫོགས་ནས་ དབྱར་ཉི་ལྡོག །ཉིན་མཚན་མཉམ་པའི་དུས་སུ་ནི། །ཐ་སྐར་མགོ་ནས་ནག་པའི་ཕྱེད། །ལུག་ གི་ཁྱིམ་ནས་སྲང་གི་བར། །ཚངས་ཐིག་ལྟ་བུའི་རི་མོ་ལས། །ལྷོ་བྱང་(གཉིས་ཀ་)གཞུ་ཡི་རྣམ་ པར་འགྱུར། །དེ་ལྟར་ལུག་ནས་བུ་མོའི་བར། །བྱང་ཕྱེད་ཕྱོགས་ཀྱི་མེ་རི་ལ། །རེག་པའི་ཚུལ་ གྱིས་འཁོར་བ་ན། །ལྷོ་ཕྱེད་ཕྱོགས་ལ་འདའ་མི་སྲིད། །དེ་བཞིན་སྲང་ནས་ཉ་ཡི་བར། །ལྷོ་ ཕྱེད་ཕྱོགས་ཀྱི་མེ་རི་ལ། །(ཉི་མ)རེག་པའི་ཚུལ་གྱིས་འཁོར་བ་ན། །བྱང་ཕྱེད་ཕྱོགས་ལ་མདའ་ མི་སྲིད། །དེས་ན་ལྷོ་བྱང་ཟླུམ་པོ་ཕྱེད། །གཞུ་ཡི་རྣམ་པར་གསུངས་པ་སྟེ། །དེ་དག་ལ་བརྟེན་ རྒྱུ་སྐར་ཀྱང༌། །གཞུ་ཡི་རྣམ་པ་ལྟ་བུར་གནས། །ཁྱད་པར་གླིང་འདིར་གངས་རི་ནས། །མེ་ཡི་ བར་གྱི་ཆ་དྲུག(ཏུ་ཕྱེ་བས་)ལ། །ཆ་རེར་ཁྱིམ་རེར་ཟླ་བ་རེ། །(ཉི་མ་)གནས་པའི་ཚུལ་གྱིས་ལྷོ་བྱང་ བགྲོད། །གཡས་གཡོན་ཆ་ལ་ཁྱིམ་དྲུག་དྲུག(བཞག་པའོ)། །དབུས་ནས་ཉིན་མཚན་མཉམ་པའི་ ལམ(མོ)། །དེ་ཡང་ཉ་ནས་ལུག་གི་བར། །སྟོན་དུས་ཉིན་མཚན་མཉམ་པ་སྟེ། །བུ་མོ་ནས་ནི་ སྲང་གི་བར། །སྤྱིད་དུས་ཉིན་མཚན་མཉམ་པ་ཉིད། །དེ་དང་སྔར་གྱི་ཟླུམ་པོ་ཕྱེད། །གཞུ་ཡི་ རྣམ་པར་གསུངས་པ་དག །དོན་གྱི་ངོ་བོ་གཅིག་ཡིན་ཏེ། །ལུག་སོགས་གཡོན་གྱི་ཁྱིམ་དྲུག་ ལ། །གནས་ཚེ་ལྷོ (འི་མེ་)ལ་མི་རེག་ཅིང༌། །སྲང་སོགས་གཡས་ཀྱི་ཁྱིམ་དྲུག་ལ། །གནས་ 7-1-32 ཚེ་བྱང་ལ་མི་རེག་ཕྱིར(རོ)། །གླིང་འདིར་གཡས་གཡོན་ཆ་དྲུག་ཏུ། །ཕྱེ་བའང་ཕྱི་རོལ་ཁྱིམ་ རྣམས་ལ། །(ཉི་མ་)གནས་ཚེ་འདི་ནས་རྒྱུའོ་ཞེས། །ལམ་གྱི་དབྱེ་བ་ཤེས་ཕྱིར་ཡིན། །གླིང་ གཞན་རྣམས་ལའང་རིགས་པ་མཚུངས། །ཕྱོགས་བཞི་ལ་ནི་ཁྱིམ་གཉིས་གཉིས། །མཚམས་ བཞི་ལ་ནི་ཁྱིམ་རེ་རེ། །མེ་ལ་རེག་པའི་ཁྱིམ་བཅུ་གཉིས། །མཉམ་པ་ཉིད་དུ་གནས་པ་ན། ། པད་འདབ་བཟང་པོ་བཞིན་དུ་གསུངས། །(གླིང་རེར་ཁྱིམ་བཅུ་གཉིས་ཡོད་པ་ཡིན་ནོ་)ཁྱིམ་དང་སྐར་ མའི་འགོ་ལ་ཡི། །ཁོར་ཡུག་རི་རབ་གངས་རི་ལ། །བསྐོར་ནས་བྱང་ཕྱོགས་གངས་རི་དང༌། ། ལྷོ་ཕྱོགས་མེ་ལ་རེག་པས་འཁོར། །གཟའ་དང་སྐར་མ་ཐམས་ཅད་ཀྱང༌། །ཁྱིམ་གྱི་འགོ་ལ་ ལ་རྟེན་ནས། །གཡས་སྐོར་ཉིད་དུ་རི་རབ་ལ། །ཉིན་ཞག་རེ་ལ་ལན་རེ་འཁོར། ། ༈ སྐར་མའི་འགྲོས་ནི་གཅིག་པོ་ཉིད། །གཟའ་བརྒྱད་ཀྱི་ནི་རང་གི་འགྲོས། །ཁྱིམ་ལ་ རིམ་གྱིས་འཕོ་བ་ཡིས། །མགྱོགས་བུལ་སྣ་ཚོགས་དག་གིས་ནི། །གཡོན་སྐོར་དུ་ནི་སྤྱོད་ པ་ཉིད། །སྒྲ་གཅན་དུས་མེའི་རང་འགྲོས་ཀྱང༌། །ཁྱིམ་ལ་རིམ་གྱིས་འཕོ་བ་སྟེ། །སྤྱོད་ཚུལ་ གཡས་སྐོར་ཉིད་དུ་མཚུངས། ། ༈ (གླིང་རེ་ཁྱིམ་བཅུ་གཉིས་ཡོད་པ་ཡིན་ནོ་)ཁྱིམ་དང་སྐར་མའི་འགོ་ལ་ནི། །རང་རང་གནས་ནས་ རྟག་ཏུ་འཁོར། །ཉི་མ་ལ་སོགས་གཟའ་རྣམས་ནི། །དེ་དག་སྟེང་ནས་རིམ་གྱིས་སྤྱོད། ། ༈ ཉི་མ་ཁྱིམ་ལ་སྤྱོད་ཚུལ་གྱིས། །ས་ཡི་དུམ་བུ་བཅུ་གཉིས་སུ། །བྱང་དུ་བགྲོད་པ་བཅུ་ གཉིས་དང༌། །ལྷོ་རུ་བགྲོད་པ་བཅུ་གཉིས་གསུངས། །གླིང་འདིར་ཐུབ་པས་ཆོས་བསྟན་པས། ། འདི་ནས་བརྩམས་ཏེ་གསལ་བར་གསུངས། །དེ་ཡི་རིགས་པས་གླིང་གཞན་གི། བགྲོད་པ་ རྣམས་ཀྱང་དཔྱད་པས་ཤེས། །ཞིབ་པར་རི་མོར་བཀོད་ལས་གཟིགས། །ཞེས་པ་འདི་ཡང་མ་ ཏིས་བྲིས། །དགེ་བས་ཀུན་མཁྱེན་མྱུར་ཐོབ་ཤོག །ཤུ་བྷཾ་སིད་དྷིར་བྷ་བ་ཏུ། ༄༅། །ཆུ་གྲོན་ཁྲུམས་ཐ་སྨིན་དྲུག་མགོ །རྒྱལ་མཆུ་དབོ་ནག་ས་ག་སྣྲོན། །ཀར་སེང་བུ་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-33 མོ་སྲང་སྡིག་གཞུ། །ཆུ་སྲིན་བུམ་ཉ་ལུག་གླང་འཁྲིག །ལྷོ་བགྲོད་ཀྱི་ནི་ཁྱིམ་དྲུག་དང༌། །བྱང་ བགྲོད་ཀྱི་ནི་ཁྱིམ་དྲུག་ཡིན། ། ༄༅། །ན་མོ་ལོ་ཀེ་ཤྭ་རཱ་ཡ། །ཁམས་ལེའི་ང་དྲུག་ང་བདུན་པར། ཉི་མ་ཁྱིམ་ལ་འཁོར་ བ་ཡི། །དབང་གིས་དུམ་བུ་བཅུ་གཉིས་སུ། །བྱང་བགྲོད་ལྷོ་བགྲོད་བཅུ་གཉིས་གསུངས། ༈ ། དེ་ཡང་གླིང་འདིར་ཆུ་སྲིན་གྱི། །ཁྱིམ་དུ་ཉི་མ་ཆུད་པ་ན། །བྱང་དུ་བགྲོད་པ་དང་པོ་སྟེ། །དེ་ བཞིན་དུ་ནི་གཡས་སྐོར་གྱིས། །གླིང་རེར་བུམ་པ་ནས་བརྩམས་ཏེ། །གཞུ་ཡི་བར་གྱི་ཁྱིམ་རེ་ ལ། །ཉི་མ་ཆུད་པར་གྱུར་པ་ན། །བྱང་དུ་བགྲོད་པའི་ཚུལ་གྱིས་འཁོར། ༈ ། གླིང་འདིར་ཉི་མ་ ཀར་ཀ་ཊར། །ཆུད་པ་ལྷོ་བགྲོད་དང་པོ་སྟེ། །དེ་ལྟར་གཡས་སྐོར་རིམ་པ་ཡིས། །འཁྲིག་པའི་ བར་གྱི་ཁྱིམ་རེ་ལ། །ཉི་མ་ཞུགས་པར་གྱུར་པ་ན། །ལྷོ་རུ་བགྲོད་པའི་ཚུལ་གྱིས་འཁོར། ༈ ། བྱང་བགྲོད་རྣམས་ནི་མེ་རི་དང༌། །བྲལ་ནས་འཁོར་བའི་ཚུལ་གྱིས་ཏེ། །ལྷོ་བགྲོད་རྣམས་ ཀྱང་གངས་རི་དང༌། བྲལ་ནས་འཁོར་བའི་ཚུལ་གྱིས་སོ། ༈ ། སྔར་ནི་ཁྱིམ་དང་རྒྱུ་སྐར་རྣམས། ། གཡོན་སྐོར་གྱི་ནི་རིམ་པས་གསུངས། །ཁྱིམ་དང་སྐར་མ་གནད་གཅིག་པས། །སྔོན་སུམ་དུ་ ཡང་དེ་ལྟར་སྣང༌། ༈ ། འདིར་ནི་བྱང་བགྲོད་ལྷོ་བགྲོད་རྣམས། །གཡས་སྐོར་གྱི་ནི་རིམ་པས་ གསུངས། །དེ་ལྟར་གཡོན་སྐོར་གཡས་སྐོར་གཉིས། །འགལ་བ་ལྟ་བུར་སྣང་ན་ཡང༌། ༈ ། ཉི་ མ་རང་གི་བགྲོད་པ་ཡིས། །རྒྱུ་སྐར་སྟེང་ནས་སྤྱོད་པ་དང༌། །ཁྱིམ་ལ་རིམ་གྱིས་འཕོ་བ་དག ། གཅིག་པས་གཡོན་སྐོར་ཉིད་དུ་འཁོར། ༈ ། ཁྱིམ་གྱི་འགོ་ལ་ལ་རྟེན་ནས། །སྣང་འགྲོས་ གཡས་སྐོར་འཁོར་བ་དང༌། །བྱང་བགྲོད་ལྷོ་བགྲོད་བཅུ་གཉིས་པོ། །གཅིག་པས་གཡས་སྐོར་ དུ་ཡང་གསུངས། ༈ ། དེ་ལྟར་ཁྱིམ་གྱི་འགོ་ལ་ལ། །རྟེན་པའི་སྣང་འགྲོས་གཡས་སྐོར་དང༌། ། ཁྱིམ་དུ་འཕོ་བའི་རང་འགྲོས་དག །གཡོན་སྐོར་ཉིད་ལ་འགལ་བ་མེད། ༈ ། མེ་ལ་རེག་པར་ ཁྱིམ་གྱི་མིང༌། །སྣང་འགྲོས་གཡས་སྐོར་བཀོད་པ་དང༌། དེ་དག་རྩ་བར་རང་འགྲོས་ཀྱང༌། ། 7-1-34 གཡོན་སྐོར་རིམ་པས་བཀོད་ལ་ལྟོས། །ཞེས་པ་འདི་ཡང་མ་ཏིས་བྲིས། །དགེ་བས་ཀུན་ མཁྱེན་མྱུར་ཐོབ་ཤོག ། ༄༅། །ན་མོ་ཛྙཱ་ན་བཛྲཱ་ཡ། ཉི་མའི་བུ་ལོན་ཡེ་ཤེས་ཆ། །རགས་པ་སུམ་བཅུས་ཐོབ་པ་ ནི། །འཕོ་ཆུང་རེ་ལ་དབུགས་བཅུ་གཉིས། །འཕོ་ཆེན་རེ་ལ་དབུགས་དྲུག་བཅུ། །ཞག་ལ་ཆུ་ སྲང་བརྒྱ་ཉི་ཤུ། །ཟླ་རེར་ཆུ་ཚོད་དྲུག་བཅུ་རེ། །ལོ་རེ་ལ་ནི་ཞག་བཅུ་གཉིས། །ལོ་བརྒྱ་ལ་ནི་ ལོ་གསུམ་དང༌། །ཟླ་བ་ཕྱེད་པ་བརྒྱད་དུ་འགྱུར། །བར་མ་སུམ་བཅུ་རྩ་གཉིས་ཀྱིས། །ཐོབ་པ་ འཕོ་ཆུང་རེ་ལ་དབུགས། །བཅུ་གཅིག་དང་ནི་བཞི་ཆ་རེ། །འཕོ་ཆེན་རེ་རེ་ལ་ནི་དབུགས། །ལྔ་ བཅུ་རྩ་དྲུག་བཞི་ཆ་རེ། །ཞག་ལ་ཆུ་སྲང་བརྒྱ་དང་ནི། །བཅུ་གཉིས་དང་ནི་དབུགས་གསུམ་ རེ། །ཟླ་བ་རེ་ལ་ཆུ་ཚོད་ནི། ལྔ་བཅུ་རྩ་དྲུག་བཞི་ཆ་རེ། །ལོ་རེ་ལ་ནི་ཞག་བཅུ་གཅིག །ཆུ་ ཚོད་བཅོ་ལྔ་རེ་རེ་སྟེ། །ལོ་བརྒྱ་ལ་ནི་ལོ་གསུམ་དང༌། ཕྱོགས་གསུམ་དག་ཏུ་འགྱུར་བ་ཡིན། ། ཞིབ་མོ་ཕྱེད་བཅས་སོ་གཉིས་ཆ། །འཕོ་ཆུང་རེ་ལ་དབུགས་བཅུ་གཅིག །དབུགས་ཀྱི་བཅུ་ གསུམ་ཆ་རེའོ། །འཕོ་ཆེན་རེ་ལ་དབུགས་ང་ལྔ། །དབུགས་ཀྱི་བཅུ་གསུམ་ཆ་ལྔ་རེ། །ཞག་ ལ་ཆུ་སྲང་བརྒྱ་དང་བཅུ། །དབུགས་བཞི་དང་ནི་དེ་ཉིད་ཀྱི། །བཅུ་གསུམ་ཆ་ཤས་བརྒྱད་རེའོ། ། ཟླ་རེར་ཆུ་ཚོད་ང་ལྔ་དང༌། །ཆུ་སྲང་ཉེར་གསུམ་དབུགས་གཅིག་གི། བཅུ་གསུམ་ཆ་ཤས་ དྲུག་རེའོ། །ལོ་རེ་ལ་ནི་ཞག་བཅུ་གཅིག །ཆུ་ཚོད་བཞི་དང་ཆུ་སྲང་ནི། །སོ་དྲུག་དབུགས་ལྔ་ དབུགས་གཅིག་གི། བཅུ་གསུམ་ཆ་ཤས་བདུན་རེའོ། ལོ་བརྒྱ་ན་ནི་ལོ་གསུམ་དང༌། ཞག་ནི་ ཉེར་བདུན་ཆུ་ཚོད་ནི། །ཞེ་གཅིག་ཆུ་སྲང་སོ་གཉིས་དང༌། །དབུགས་གཅིག་དབུགས་ཀྱི་བཅུ་ གསུམ་ཆ། །བཅུ་གཅིག་རེར་ནི་འགྱུར་བ་ཡིན། ༈ ། ཟླ་བའི་བུ་ལོན་ཡེ་ཤེས་ཆ། །ཉི་མ་ཡི་ནི་ ཕྱེད་ཡིན་ཏེ། །ཐམས་ཅད་སོ་སོར་གཉིས་གཉིས་ཀྱིས། །བགོས་པའི་ཐོབ་ནོར་གང་ཡིན་པའོ། ། འདི་ཡི་རྣམ་བཞག་རྒྱུད་འགྲེལ་ཆེར། །ཡང་ཡང་གསུང་པ་རྟོགས་བྱའི་ཕྱིར། །མ་ཏིས་བྲིས་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-35 པའི་དགེ་བ་ཡིས། །ཉི་ཟླ་དབུ་མར་འཇུག་གྱུར་ཅིག །ཤུ་བྷཾ་སརྦ་ཛ་ག་ཏཱཾ། ༄༅། །ཁམས་ལེའི་དོན་བཞི་དོན་ལྔ་པར། །ཕྱེད་བཅས་སུམ་བཅུས་བསྒྱུར་བ་ན། ། བསྒྱུར་བྱ་གང་ཡིན་ཆ་གཉིས་བཞག །ཆ་གཅིག་རངས་པོ་རྣམས་ཀྱིས་བསྒྱུར། །ཆ་གཅིག་ལ་ ནི་གཉིས་ཀྱིས་བགོ །ཐོབ་ནོར་བསྒྱུར་ཟིན་རྣམས་ལ་སྦྱིན། །ལྷག་མ་བྱུང་ནའང་གནས་འོག་ མར། །ཕབ་ནས་བགོས་ཏེ་རང་སར་སྦྱིན། །ཁམས་ལེའི་ཚིགས་བཅད་དོན་བདུན་པར། །སྒྲ་ གཅན་གྱི་ནི་ཟླ་གཉིས་ཀྱི། །ལོངས་སྤྱོད་ཆུ་ཚོད་བཅོ་ལྔ་ལ། །ཕྱོགས་ཀྱི་ལོངས་སྤྱོད་དེ་ཡི་ནི། ། བཞི་ཆས་བགོད་པར་བྱེད་པ་ན། །བཅོ་ལྔ་ཆ་གཉིས་གཅིག་ལ་ནི། །བཞི་ཡིས་བགོས་པས་ གསུམ་ཐོབ་ཅིང༌། །ལྷག་མ་སྲང་དུ་གསིལ་བ་ལ། །བཞི་ཡིས་བགོས་པས་ཞེ་ལྔ་ཐོབ། །དེ་དག་ རྐང་པས་དམན་པ་བཞིའོ། །ཞེ་ལྔ་ལ་ནི་བཅོ་ལྔ་ཡིས། །ཐོབ་པ་ཆུ་ཚོད་བཞི་ཆ་སྟེ། །གསུམ་ ཡང་བཞིས་བསྒྱུར་བཞི་ཆར་བསིལ། །དེ་དག་བསྲེས་པ་བཅོ་ལྔས་འགོད། །བགོ་བྱ་བཞིས་ བསྒྱུར་བཞི་ཆར་བསིལ། །ཐོབ་ནོར་ཆུ་ཚོད་བཞི་པོ་ནི། །འཇུག་རིངས་ཉིན་ཞག་ལོངས་སྤྱོད་ དོ། ། ༈ ཁམས་ལེའི་དོན་བརྒྱད་པར། ཉི་མ་དང་དུ་བ་དཀྱིལ་འཁོར་དང་ལོངས་སྤྱོད་མཚུངས་ ནའང་(རྐང་པའི་དབང་གིས)། དུ་བ་མྱུར་བ་དང་འཁྱོག་པོར་རྒྱུའོ(རྐང་ལ)། །དེ་ཡང་ལོ་གསུམ་གྱི་ བར་ལ་ཞག་རེ་ལ་ཆུ་སྲང་གཉིས་གཉིས་དང༌། དབུགས་གསུམ་གསུམ་བསགས་པས། ཆུ་ ཚོད་ཞེ་ལྔ་འབྱུང༌། ཕྱོགས་གསུམ་གྱིས་ཞག་རེ་ལ་ཆུ་ཚོད་གཉིས་གཉིས་སྤྱོད་པས་ཆུ་ཚོད་ དགུ་བཅུ་འབྱུང༌། དེ་གཉིས་བསྲེས་པས། མདའ་ཡོན་ཟླ་བ་སྟེ་བརྒྱ་སོ་ལྔ་འབྱུང༌། དུ་བ་དེ་ ཉི་མ་ལས་ཆུ་ཚོད་བརྒྱ་དང་ལྔ་འཕགས་ནས། བརྒྱ་སོ་ལྔ་འཕགས་ཀྱི་བར་འགྲོ(ལོ་གསུམ་ཕྱོགས་ གསུམ)། སླར་ཡང་བརྒྱ་དང་སོ་ལྔའི་(ལོ་གསུམ་ཕྱོགས་གསུམ་)བར་དུ་འོང༌། དེས་ན་(ཟླ་ཕྱེད་ཕར་འགྲོ་ཟླ་ ཕྱེད་ཚུར་འོང་པའི་)ཟླ་བ་གཅིག་གི་བར་ལ་དུ་བ་མཐོང་ངོ༌། །དེ་ནས་ཟླ་བ་གཅིག་དང་ལོ་དྲུག་གི་ 7-1-36 བར་ལ་ཉི་མར་འཇུག་ཅིང་མི་མཐོང༌། སླར་ཡང་ལོ་གསུམ་དང་ཟླ་བ་གཅིག་སོང་བ་ན། འགྲོ་ བ་དང་ལྡོག་པའི་བར་ཟླ་གཅིག་མཐོང༌། དེ་ནས་ཟླ་བ་གཅིག་དང་ལོ་གསུམ་གྱི་བར་ལ། ཉི་ མར་འཇུག་ཅིང་མི་མཐོང་ངོ༌། །སླར་ཡང་ལོ་གསུམ་དང་ཟླ་བ་གཅིག་ནས་འཆར་རོ། །དེའི་ ཕྱིར་སྲོད་ལ་ལན་གཅིག་ནུབ་ཏུ་མཐོང་བ་སྟེ། ནུབ་ནས་ལོ་དྲུག་དང་ཟླ་བ་གཉིས་ནས་ཐོ་ རངས་ཤར་དུ་(ཟླ་བ་གཅིག་)མཐོང་ངོ༌། །(མཐོང་བ་ཟླ་གཅིག་འདས་ནས་)ཡང་ནུབ་སྟེ། ལོ་དྲུག་དང་ཟླ་ བ་གསུམ་སྲོད་ལ་ནུབ་ཏུ་ཟླ་བ་གཅིག་མཐོང་ངོ༌། །(དེ་ནས་)སྲོད་ལ་ཤར་ནས་སྲོད་ལ་འཆར་གྱི་ བར་ལ། ལོ་བཅུ་གཉིས་དང་ཟླ་བ་དྲུག་འགྲོ་མོད། འོན་ཀྱང་དུ་བ་མཐོང་བའི་བར་ཟླ་གཅིག་ པོ་བཅད་པས་ལོ་བཅུ་གཉིས་དང་ཟླ་བ་ལྔ་འགྲོ་འོ། །ཐོ་རངས་ཤར་ནས་ཐོ་རངས་འཆར་གྱི་ བར་དུ་འང་དེ་དང་འདྲའོ། །དེ་བས་ན་དུ་བ་ལན་ཅིག་ཤར་བ་མཐོང་ནས། དུ་བ་འཆར་ཚུལ་ མཐའ་ཡས་པ་རྣམས་ཀྱང་ཤེས་པར་འགྱུར་རོ། །ཞེས་པའང་མ་ཏིས་མན་ངག་ཡིན། །དགེ་ བས་ཀུན་མཁྱེན་ཐོབ་པར་གྱུར་ཅིག ༄༅། །མི་ལོ་ཉི་ཁྲི་ཆིག་སྟོང་དང༌། །དྲུག་བརྒྱད་(ནི་)དུས་བཞི་ཆུང་ངུའི་ཚད། །(མིན་ལ་ དེ་ནི་)ནུས་པ་(སྟེ་)འོག་མིན་(པའོ་)ཞག་གཅིག་(ཡིན་)སྟེ། །(དེ་ཡང་)གཙོ་བོ་སྲིད་རྩེ(བ)འི་དབུགས་ གཅིག་ཡིན(ནོ)། །དེས་ན་དུས་བཞི་ཆུང་ངུ་དང༌། །ནུས་པའི་ཞག་དང་གཙོ་བོའི་དབུགས། ། བརྒྱ་དང་ཉིས་བརྒྱ་ལ་སོགས་གྲངས། །མ་ཉམས་ཉིད་དུ་རིག་པར་བྱ། །གཙོ་བོ་སྲིད་རྩེའི་ དབུགས་ཉིས་བརྒྱ(ནི)། །དུས་བཞི་ཆེན་པོའི་ཚད་ཡིན་ཏེ། །(དེ་ལ་ནི་)མི་ལོ་ཁྲི་ཕྲག་གཉིས་ལྷག་ པའི། །འབུམ་ཕྲག་བཞི་བཅུ་རྩ་གསུམ་མོ། །མངྒ་ལཾ། བྷཝཏུ། ༄༅། །ནང་ལེའི་ལྔ་བཅུ་རྩ་བཞི་པར། །ཞག་གཅིག་དབུགས་ཀྱི་འཁོར་ལོ་ལ། །ཉི་ མའི་བུ་ལོན་སོ་གཉིས་ཀྱིས། །དྲུག་བརྒྱ་བདུན་བཅུ་རྩ་ལྔ་ཐོབ། །སྲང་དུ་དྲིལ་བས་བརྒྱ་བཅུ་ གཉིས། །ལྷག་མ་དབུགས་གསུམ་སྲང་ནི་ཕྱེད། །ཆུ་སྲང་ལྔ་བཅུ་རྩ་དྲུག་བཞི་ཆ་ལ། །ཆུ་ཚོད་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-37 རེ་རེར་བྱེད་པ་ན། །ང་དྲུག་བཞིས་བསྒྱུར་བཞི་ཆ་(གཅིག་)བསྲེས། །བགོ་བྱ་བརྒྱ་དང་བཅུ་ གཉིས་པའོ། །བཞིས་བསྒྱུར་དབུགས་གསུམ་སྲང་ཕྱེད་པོ། །བཞི་ཆས་གཉིས་སུ་བྱས་པའང་ བསྲེ། །དེ་ལས་ཐོབ་པའི་ཆུ་ཚོད་གཉིས། །ཟླ་བ་གཅིག་དུ་བསགས་པ་ལས། །དྲུག་བཅུ་ཐུན་ འཚམས་བཞི་དང་བཅས། །གསུང་གི་ལྷ་མོ་དྲུག་བཅུ་བཞིའོ། །མཾ་ག་ལཾ། དགེའོ། ། ༄༅། །ན་མོ་ལོ་ཀེ་ཤྭ་རཱ་ཡ། ནང་ལེའི་ང་གཅིག་ལ་སོགས་པར། །ལྷ་ཡི་རྣམ་དབྱེ་ གསུངས་ཚུལ་ལ། །རིགས་ལྔ་ཡུམ་ལྔ་ནུས་མ་བཅུ། །སེམས་དཔའ་སེམས་མ་བཅུ་གཉིས་ དང༌། །ཁྲོ་བཅུ་རྣལ་འབྱོར་གཙོ་མོ་བརྒྱད། །ལྷ་ཆེན་བཅུ་གཉིས་ཀླུ་ཆེན་བརྒྱད། །རབ་གཏུམ་ བརྒྱད་རྣམས་ཐབས་ཤེས་ཀྱིས། །ཕྱེ་བས་བརྒྱ་དང་ལྔ་བཅུ་དྲུག །པད་མའི་ལྟེ་བར་བཞུགས་ པའི་ལྷ། །དེ་ལ་གཟུངས་མ་བཅུ་གཉིས་དང༌། །དྲུག་བཅུ་རྩ་བཞི་རྣལ་འབྱོར་མ། །ཚེས་ཀྱི་ལྷ་ མོ་སུམ་བརྒྱ་དང༌། །ཞེ་བརྒྱད་ཐབས་དང་ཤེས་རབ་ཀྱིས། །ཕྱེ་བའི་བརྒྱད་བརྒྱ་ཞེ་བརྒྱད་ནི། ། བསྣན་པས་སྟོང་ཕྲག་གཅིག་དང་བཞི། །དུས་ཀྱི་འཁོར་ལོའི་ལྷ་གྲངས་སོ། །དེ་ལ་འཁོར་ལོ་ སྡོམ་ཆེན་ལྷ། །དོན་གཉིས་ཕྱག་རྒྱ་དྲུག་དང་བཅས། །བསྣན་ཞིང་གཙོ་བོ་ཡབ་ཡུམ་གཉིས། ། ཁྱབ་བྱེད་དུ་ནི་བསྡུས་པ་ལས། །སྟོང་དང་བརྒྱད་བཅུ་འབྱུང་བ་ནི། །ལོ་གསུམ་ཉི་མའི་ཆོས་ བསྟན་ཏེ། །རྣལ་འབྱོར་མ་རྒྱུད་ཤེས་རབ་ལྷ། ། ༈ རྒྱུ་འཕྲུལ་དྲ་བ་གསུམ་ལ་ལྷ། །ཞེ་གསུམ་ཞེ་ལྔ་ཞེ་དགུ་དང༌། །འདུས་པའི་རིགས་དྲུག་ ལ་ཡང་ལྷ། །དགུ་དང་བཅུ་གསུམ་བཅུ་དགུ་དང༌། །ཉེར་ལྔ་སོ་གཉིས་སོ་བཞི་རྣམས། །ཐབས་ དང་ཤེས་རབ་ཀྱིས་ཕྱེ་བའི། །ལྔ་བརྒྱ་སུམ་བཅུ་སོ་བརྒྱད་ལ། །གཙོ་བོ་ཡབ་ཡུམ་གཉིས་ བསྣན་པས། །ལྔ་བརྒྱ་བཞི་བཅུ་འབྱུང་བ་ནི། །ཟླ་ཕྱེད་གསུམ་གྱི་ཞག་ཞེ་ལྔ། །དུས་སྦྱོར་བཅུ་ གཉིས་ཀྱིས་བསྒྱུར་གྲངས། །ཕྱོགས་གསུམ་ཟླ་བའི་ཆོས་ཅན་ཏེ། །རྣམ་འབྱོར་ཐབས་ཀྱི་རྒྱུད་ ཀྱི་ལྷའོ། །དེ་དག་སྡོམ་པས་རྒྱུ་སྐར་གྱི། །ཆུ་ཚོད་གྲངས་དང་མཚུངས་པ་ཡི། །སྟོང་དང་དྲུག་ 7-1-38 བརྒྱ་ཉི་ཤུ་ནི། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་རོ། །ལོ་གསུམ་ཉིན་ཞག་སྟོང་བརྒྱད་བཅུ། ། བདུན་གྱིས་བགོས་ཐོབ་བརྒྱ་ང་བཞིར། །ལྷག་མ་གཉིས་བསྣན་བརྒྱ་ང་དྲུག །པད་མའི་ལྟེ་ བའི་ལྷ་གྲངས་སོ། །བཅོ་ལྔས་ཐོབ་པའི་དོན་གཉིས་ནི། །འཁོར་ལོ་སྡོམ་ཆེན་ལྷ་ཡི་གྲངས། ། སུམ་བཅུས་ཐོབ་པ་སོ་དྲུག་ནི། །རྣལ་འབྱོར་སུམ་བཅུ་རྩ་དྲུག་རྒྱུད། །བརྒྱ་དང་བརྒྱད་བཅུས་ ཐོབ་པ་དྲུག །སྤྱི་ཡི་ཕྱག་རྒྱ་དྲུག་ཡིན་ནོ། །ཕྱོགས་གསུམ་ཉིན་ཞག་ཞེ་ལྔ་ལ། །བདུན་གྱིས་ ཐོབ་པ་དྲུག་དང་ནི། །ལྷག་མ་གསུམ་ནི་རིམ་པ་བཞིན། །ཕྱི་དང་ནང་གི་ཕྱག་རྒྱ་ཡིན། །ཞེས་ པའང་བློ་ལྡན་མ་ཏིས་བྲིས། །སྐལ་ལྡན་གཞན་ལ་འང་ཕན་གྱུར་ཅིག །སརྦ་སིད་དྷིར་བྷ་བན་ ཏུ། མཾ་ག་ལཾ་བྷ་ཝ་ཏུ། ཧེ ༄༅། །ན་མོ་བཛྲ་ས་ཏྭ་ཡ། །དཔལ་ལྡན་དུས་འཁོར་ལ་བཏུད་ནས། །ནང་ལེའི་རེ་ གཅིག་ལ་སོགས་པར། །འཆི་ལྟས་དང་ནི་རྩ་གཅོད་ཚུལ། །གསུང་པ་རྟོགས་ཕྱིར་འདི་ལྟར་ དཔྱད། ༈ ། ཉི་ཟླ་དབུ་མ་གསུམ་ཀ་ལའང༌། །མངལ་བཟུང་པ་ཡི་ཟླ་བ་གང༌། །དེ་ནི་ཆུ་སྲིན་ དུས་སྦྱོར་ཡིན། །དེ་ནས་བདུན་པ་ཀར་ཀ་ཊའི། །ཟླ་བར་སྲོག་ནི་རབ་ཏུ་སྐྱེ། །ཉིན་ཞག་(གཅིག་ ལའང་)དུས་སྦྱོར་བཅུ་གཉིས་(ཡོད་པ་ཉིད་)ཀྱི། །(ཉིན་ཞག་གི་དུས་སྦྱོར་)གང་ལ་བྱིས་པ་སྐྱེས་པ(འི་དུས་ སྦྱོར)་དེར། །དང་པོར་སྲོག་(མངལ་དུ་ཉིན་ཞག་གི་དུས་སྦྱོར་)ཀྱང་སྐྱེས་པར་ངེས། །འཆི་ལྟས་ཞག་ཀྱང་ དུས་སྦྱོར་དེའི། །མིང་ཅན་རྩ་དེ་ཉིད་ནས་བཅོམ། །དེ་ཕྱིར་མཉམ་པའི་དུས་སྦྱོར་ལ། །སྐྱེས་ ནས་ཉི་མའི་འཆི་ལྟས་ཏེ། །མི་མཉམ་པ་ཡི་དུས་སྦྱོར་ལ། །སྐྱེས་ན་ཟླ་བའི་འཆི་ལྟས་འབྱུང༌། ། (སྤྱིར་)ཉི་ཟླ་ཡོན་ཏན་གསུམ་དང་ལྔའི། །བདག་ཉིད་ཡིན་ཡང་(ཁྱད་པར་གྱི་)འཆི་ལྟས་ཀྱི། །དུས་ སུ་དེ་དག་བཟློག་ཏེ་བཟུང༌། ༈ ། གཡོན་(ཐུར་སེལ་)པ་ཟླ་བའི་འཆི་ལྟས་ནི། །ལོ་གསུམ་ཟླ་བ་ སོ་དྲུག་གི། བར་ལ་ཟླ་བ་གསུམ་གསུམ་ན། །འཆི་ལྟས་ཞག་ཀྱང་གསུམ་གསུམ་གྱིས། །(དང་ པོ་ལ་སོགས་པ་)རྩ་འདབ་རེ་རེ་འདོར་བ་ཡི། །ཚུལ་གྱིས་རྩ་འདབ་(དང་པོ་ལ་སོགས་པ་)བཅུ་གཉིས་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-39 གཅོད། །འོན་ཀྱང་ཕྱི་མའི་ཟླ་བ་གསུམ། །འདབ་མ་དང་པོ་གཅོད་ཚེ་སོང༌། །དེ་ཡི་ཉིན་ཞག་ ཕྱི་མ་ཡང༌། །དབུ་མར་རྒྱུ་བས་(དབུ་མ་)དེ་ཉིད་གཅོད། ༦༡ ། གཡས་པ་(སྲོག་)ཉི་མའི་འཆི་ལྟས་ ཀྱང༌། །(ལོ་གསུམ་གྱི་)ཟླ་བ་སུམ་བཅུ་རྩ་དྲུག་གི། བར་ལ་རྩ་འདབ་བཅུ་གཉིས་པོ། །དང་པོ་ལྔ་ ནི་འཆི་ལྟས་ཞག(༥ ༡༠ ༡༥ ༢༠ ༢༥ སྟེ་)༡། །ལྔ་ལྔ་འཕེལ་བ་དང་བཅས་པའི། །མདའ་མེ་འཇིག་ རྟེན་(༣༣༥)མདའ་ཆུ་མེ་(༣༤༥)གསུམ། །མཁའ་རི་ཟླ་བ(༡༧༠)མིག་སྤྲུལ་དང་(༨༢)། །རི་མདའི་ (༥༧)ཞག་གིས་རིམ་གྱིས་འདོར། །དྲུག་པ་གཅིག་འཕེལ་ཀླུ་མིག་གིས། །འདོར་ཞིང་བདུན་པ་ གཅིག་འཕེལ་ཏེ། །(འཕོ་ཞག་མ་འདྲེས་པར་)འཆི་ལྟས་ཞག་(ཁོ་ན་ཏེ་འཕོ་ཞག་དང་སྲོག་)ཉིད་སྐར་མས་ (༢༧)འདོར། །བརྒྱད་པ་ལ་སོགས་(༡༢་པའི་བར་ནི་)འཆི་ཞག་ཉིད། །(གཡས་ཉིད་ནས་ལོ་གསུམ་རྒྱུ་བས་ རྩ་འདབ་རིམ་པ་བཞིན་)ཚེས་(༡༥)ཕྱོགས་(༡༠)མདའ་(༥)དང་ཡོན་ཏན་(༣)དང༌། །མིག་གིས་(༢) འདོར་ཏེ་ཕྱི་མ་གཅིག །དབུ་མར་རྒྱུ་བས་དེ་ཉིད་གཅོད། །དེ་དག་དུས་མིན་འཆི་བར་བརྗོད། (༦༤)། དབུ་མ་དུས་སུ་འཆི་བ་ནི། །སྐྱེས་བུ་ཚེ་ལོ་བརྒྱ་པ་ལ། །ཕྱེད་བཅས་ཟླ་བས་དམན་པ་ཡི། ། ལོ་གཅིག་བར་ལ་འཆི་བ་ནི། །མི་རྒྱུ་དེ་ནས་ལོ་དྲུག་བར། །དབུགས་(དྲུག་ཏུ་)སུ་འཕེལ་ཞིང་ (དེ་ནས་ལོ་)དྲུག་བཅུའི་(བགྲོད་པ་གཅིག་ལ་རྒྱུ་བ་དང༌། གཅིག་ལ་མི་རྒྱུ་བའི་ཚུལ་གྱིས་)བར། །ཆུ་སྲང་(སྔ་མ་ལྟར་)དུ་(དྲུག་བཅུར་)འཕེལ་དེ་ནས་ལོ། །སུམ་བཅུའི་བར་(ཟླ་བ་གསུམ་ན་རྒྱུ་བ་རེ་དང་གསུམ་ན་མི་རྒྱུ་བ་དེ་སྤེལ་ མ་)ལ་དབྱུ་གུར་འཕེལ(དྲུག་བཅུར་)། །རི་བུག་ལོ་ནས་(འཆི་ལྟས་)ཞག་(དུ་)ལོངས་ཏེ། །ལོ་གསུམ་ ཕྱོགས་གསུམ་(དང་)མངལ་བཟུང་བའི། །ཟླ་བ་གཅིག་དང་འཚོ་ཞག་གཅིག །སྡོམ་པ་དུས་ མདའ་དྲག་པོའི་(༡༡༥༦)ཞག །རིམ་གྱིས་རྫོགས་པ་ལ་རྟེན་ནས། །དཀྱིལ་འཁོར་དྲུག་བཅུ་ ཡོན་ཏན་གསུམ། །ཕུང་པོ་ལ་སོགས་ལྔ་ཚན་དྲུག །དྲུག་པ་ཡེ་ཤེས་ཆ་རྣམས་འདོར། །དེ་(རྒྱས་ པར་བཤད་པ་)ཡང་མཁའ་མེ་བུ་གའི་ཞག །གཡོན་དང་གཡས་ཀྱི་དུས་སྦྱོར་ལ། །རྒྱུ་བ་རེ་དང་ འཕོ་བ་རེ། །སྤེལ་བ་རིམ་གྱིས་བསགས་པ་ཡིས། །(ལྟེ་བའི་རྩ་འདབ་བཅུ་གཉིས་ལ་ལྔ་ལྔ་སྟེ)དཀྱིལ་ 7-1-40 འཁོར་དྲུག་བཅུའི་ནུས་པ་འདོར། །དེ་ཡང་གཅིག་(རྒྱུ་གཅིག་འཕོ་)གསུམ་(རྒྱུ་གསུམ་འཕོ་)ལྔ་ཡི་ཞག ། རྒྱུ་བ་རེ་དང་འཕོ་བ་རེ། །སྤེལ་བས་གཡོན་ན་གནས་པ་ཡི། །ནམ་མཁའི་དཀྱིལ་འཁོར་ དྲུག་པོ་འདོར། །(རྒྱུ་བ་གཉིས་འཕོ་བ་)གཉིས་པ་དང་རྒྱུ་བ་བཞི་འཕོ་བཞི་དང་དྲུག་གི་ཞག །རྒྱུ་བ་ རེ་དང་འཕོ་བ་རེ། །སྤེལ་བས་གཡས་ན་གནས་པ་ཡི། །ས་ཡི་དཀྱིལ་འཁོར་དྲུག་པོ་འདོར། ། དེ་བཞིན་བདུན་(དང་)དགུ་(དང་)བཅུ་གཅིག་གིས། །གཡོན་གྱིས་རླུང་གི་དཀྱིལ་འཁོར་(དྲུག་ པོ་)འདོར། །བརྒྱད་དང་བཅུ་དང་བཅུ་གཉིས་ཀྱིས། །གཡས་ཀྱི་ཆུ་ཡི་དཀྱིལ་འཁོར་(དྲུག་པོ་) འདོར༌། །བཅུ་གསུམ་བཅོ་ལྔ་བཅུ་བདུན་གྱིས། །གཡོན་གྱི་མེ་ཡི་དཀྱིལ་འཁོར་(དྲུག་པོ་) འདོར། །བཅུ་བཞི་བཅུ་དྲུག་བཅོ་བརྒྱད་ཀྱི། །གཡས་ཀྱི་མེ་ཡི་དཀྱིལ་འཁོར་(དྲུག་པོ་)འདོར། ། བཅུ་དགུ་ཉེར་གཅིག་ཉེར་གསུམ་གྱིས། །གཡོན་གྱི་ཆུ་ཡི་དཀྱིལ་འཁོར་(དྲུག་པོ་)འདོར། །ཉི་ ཤུ་ཉེར་གཉིས་ཉེར་བཞི་ཡིས། །གཡས་ཀྱི་རླུང་གི་དཀྱིལ་འཁོར་(དྲུག་པོ་)འདོར། །ཉེར་ལྔ་ཉེར་ བདུན་ཉེར་དགུ་ཡིས། །གཡོན་གྱི་ས་ཡི་དཀྱིལ་འཁོར་(དྲུག་པོ་)འདོར། །ཉེར་དྲུག་ཉེར་བརྒྱད་ སུམ་བཅུ་ཡིས། །གཡས་ཀྱི་ནམ་མཁའི་དཀྱིལ་འཁོར་(དྲུག་པོ་)འདོར། ༈ ། མིག་བུག་ཟླ་བའི་ ཉིན་ཞག་ཀྱང༌། །སོ་གཅིག་ནས་ནི་སོ་གསུམ་བར། །རྒྱུ་བ་དང་ནི་འཕོ་བ་ཡིས། །ཡོན་ཏན་ གསུམ་གྱི་ནུས་པ་འདོར། །དེ་(རྒྱས་པར་བཤད་ན་)ཡང་གཡོན་པ་མི་མཉམ་(པའི་རྩར་)རྩར། །སོ་ གཅིག་རྒྱུ་(བ་སོ་གཅིག་)དང་འཕོ་བ་ཡིས། །བད་ཀན་དང་ནི་སྙིང་སྟོབས་དང༌། །ལུས་ཀྱི་ཁམས་ ཀྱི་རྩ་རྣམས་གཅོད། །གཡས་པ་མཉམ་པའི་འདབ་མ་ལ། །སོ་གཉིས་རྒྱུ་(བ་སོ་གཉིས་)དང་འཕོ་ བ་ཡིས། །འཁྲིས་པ་དང་ནི་རྡུལ་དག་དང༌། །ངག་གི་ཁམས་ཀྱི་རྩ་རྣམས་གཅོད། །གཡོན་གྱི་ འདབ་མར་སོ་གསུམ་དག །རྒྱུ་བ་དང་ནི་(སོ་གསུམ་)འཕོ་བ་ཡིས། །རླུང་དང་མུན་པ་དག་དང་ ནི། །སེམས་ཀྱི་ཁམས་ཀྱི་རྩ་རྣམས་གཅོད། ༈ ། སོ་གསུམ་གཡས་ནས་རྒྱུ་བ་ཡིས། །ལྔ་ཚན་ དྲུག་གི་ནུས་པ་འདོར། །དེ་ཡང་(རྒྱས་པར་བཤད་ན་)ལོ་གསུམ་ཕྱོགས་གསུམ་གྱི། །ལྷག་མར་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-41 གྱུར་པ་ཞག་གསུམ་དང༌། །མངལ་བཟུང་བ་ཡི་ཟླ་གཅིག་པོ། །འཕོ་བ་མེད་པར་གཡས་ཉིད་ ནས། །རྒྱུ་བ་(འཆི་ཞག་)འགའ་ཞིག་བསགས་པ་ཡིས། །ཕུང་པོ་ལྔ་དང་ཁམས་ལྔ་དང༌། །དབང་ པོ་ལྔ་དང་ཡུལ་ལྔ་དང༌། །ལས་དབང་ལྔ་དང་བྱ་བ་ལྔ། །ལྔ་ཚན་དྲུག་གི་རྩ་རྣམས་གཅོད། ༈ ། ལྷག་མ་མཚོ་བའི་ཉིན་ཞག་གཅིག །དབུ་མ་ཉིད་ནས་རྒྱུ་བའི་ས?། །ཡེ་ཤེས་ཕུང་པོ་ཡེ་ཤེས་ ཁམས། །ཡིད་ཀྱི་དབང་པོ་དང་ནི་སྒྲ། །མཆོག་དབང་ཞུ་བ་འཕོ་བ་སྟེ། །དྲུག་པ་ཡེ་ཤེས་ཆར་ གྱུར་པའི། །ནུས་པ་འདོར་ཞིང་རྩ་རྣམས་གཅོད། །རྩ་རྣམས་གཅོད་པའི་དོན་ཡང་འདིར། ། ནམ་མཁའ་ལ་སོགས་སྲོག་རླུང་རྣམས། །རང་གནས་གང་དེར་མི་རྒྱུ་བས། །རྩ་རྣམས་རིམ་ ཀྱིས་བསྐམ་པའོ། (༦༦)། རྩ་རྣམས་ཇི་ལྟར་གཅོད་ཚུལ་ནི། །དབུ་(སྔར་བཞིན་དུ་)མས་དུས་སུ་འཆི་ བ་ན། །ཕྱེད་བཅས་ཟླ་བས་སྨན་པ་ཡི། །རི་བུག་ལོ་རྣམས་རྫོགས་པ་དང༌། །ལོ་གསུམ་གྱིས་ ནི་ལྟེ་བ་དང༌། །ལས་(ཀྱི་འཁོར་ལོ་)དང་བྱ་བའི་འཁོར་ལོ(འི་རྩ་རྣམས་)གཅོད། །ཕྱོགས་གསུམ་ གྱིས་ནི་དཔྲལ་བ་དང༌། །མགྲིན་པ་སྙིང་ཁའི་རྩ་རྣམས་གཅོད། །མངལ་བཟུང་བ་ཡི་ཟླ་བ་ ཡིས། །གསང་གནས་འཁོར་ལོའི་རྩ་རྣམས་གཅོད། །འོན་ཀྱང་དྲུག་ཆ་མ་རྟོགས་པའོ། ༈ ། དེ་ ཡང་(རྒྱས་པར་བཤད་ན་ལོ་གསུམ་གྱི་སྟོང་བརྒྱད་བཅུའི་ནང་ནས་)ཉིན་ཞག་བཅོ་བརྒྱད་ལ། །ཕྱོགས་སུ་བྱས་ པ་(ཐ་སྙད)རེ་རེ་ཡིས། །ལྟེ་བའི་རྩ་འདབ་དྲུག་བཅུ་པོ། །རིམ་པ་བཞིན་དུ་རེ་རེ་འདོར། །ལས་ དང་བྱ་བའི་འཁོར་ལོ་ཡི། །རྩ་འདབ་སུམ་བརྒྱ་དྲུག་བཅུ་པོ། །(ལོ་གསུམ་གྱི་)ཉིན་ཞག་སྟོང་དང་ བརྒྱད་བཅུ་ཡི། །གསུམ་གསུམ་གྱིས་ནི་རེ་རེ་འདོར། །ཕྱོགས་གསུམ་ཉིན་ཞག་ཞེ་ལྔ་ལ(ཆུ་ ཚོད་དུ་བསིལ་ཞིང་འགོད་བྱེད་དང་གཉིས་ཀ་བཞི་ཆར་བསིལ)། །ཆུ་ཚོད་ང་དྲུག་བཞི་ཆ་རེ། །ཞག་རེར་བྱས་ པས་ཞེ་བརྒྱད་འབྱུང༌། །དེ་བཞིན་མངལ་བཟུང་ཟླ་བ་ཡང༌། །ཉིན་ཞག་སུམ་བཅུ་སོ་གཉིས་ (སུ་བྱ་)ཏེ། །དེ་དག་སྡོམ་པ་བརྒྱད་བཅུ་ཡིས། །མགྲིན་པའི་རྩ་འདབ་(རྒྱུ་སྐར་དང་མཚུངས་)ཉེར་ བརྒྱད་དང༌། །དཔྲལ་བའི་(ཟླ་རྐང་དང་མཉམ་)བཅུ་བཞི་གསང་གནས་ཀྱི། །རྩ་འདབ་(གསལ་བྱེད་ 7-1-42 དང་མཉམ་)སུམ་བཅུ་རིམ་གྱིས་གཅོད། །སླར་ཡང་(ལྷག་མ་)མགྲིན་པའི་རྩ་བཞི་དང༌། །དཔྲལ་ བ་(དང་)གསང་བའི་གཉིས་གཉིས་ཏེ། །སྟོང་པའི་རྩ་བརྒྱད་གཅོད་པ་དང་། །ལྷན་ཅིག་སྙིང་ ཁའི་(རྩ་འདབ་)བརྒྱད་ཀྱང་གཅོད། །ལྷག་མ་འཚོ་བའི་ཞག་གཅིག་གིས། ཀུན་གྱི་ལྟེ་བ་(དབུ་མ་) གཅོད་པར་བྱེད། ༈ ། སྔར་གྱི་དྲུག་ཆ་ལུས་པ་ནི། །འཆི་ཁར་ཉིན་ཞག་དྲུག་གི་བར(ལ)། །ལྟེ་ བའི་བར་སྐོར་དང་བཅས་པ་ཡི། །དོན་གཉིས་དྲུག་ཆ་བཅུ་གཉིས་དང༌། །(རགས་པ་)མགྲིན་ པའི་དྲུག་ཆ་དྲུག་ཙམ་(ཏེ་ལྔ་ལྷག་)དང༌། །དཔྲལ་བའི་དྲུག་ཆ་གསུམ་ཙམ་(ཅུང་མེད་)དང༌། །སྙིང་ ཁའི་ཕྱེད་དང་གཉིས་(ཅུང་མེད་)ཙམ་དང༌། །ལས་དང་བྱ་བའི་འཁོར་ལོ་ཡི། །དྲུག་ཆ་དྲུག་བཅུ་ པོ་རྣམས་གཅོད། ༈ ། འཆི་ཁའི་བར་དུ་ཞག་དང་རྩའི། །ལྷག་མ་གང་ལུས་དེ་དག་ལའང༌། ། དབུགས་ཀྱི་འཁོར་ལོ་མ་ཉམས་པར། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དགུ། (༦༧)། སླར་(རགས་པ་ བཤད་ཟིན་)ཡང་ཉི་ཟླའི་བུ་ལོན་གྱིས། །རྩ་འདབ་ཕྲ་མོ་(རྣམས་རིམ་གྱིས་)གཅོད་ཚུལ་ནི། །ཟླ་བ་ སུམ་བཅུ་རྩ་གཉིས་དང༌། །སྟོང་པའི་ཟླ་ལྷག་གཅིག་འབྱུང་བ། །(སྔར་བཞིན་)ཆུ་ཚོད་ང་དྲུག་ བཞི་ཆ་ལ། །ཞག་རེར་(ཞག་)བྱས་པའི་སོ་གཉིས་ཀྱིས། །རྩ་འདབ་དྲུག་བཅུ་རྩ་བཞི་གཅོད། ། དེ་ཡི་རིགས་པས་ཞག་རེ་ལ། །རྩ་འདབ་གཉིས་གཉིས་གཅོད་པར་ངེས། །དེ་(རྒྱས་པར་བཤད་ ན་)ཡང་ཉིན་ཞག་སོ་སོའི་དབུགས(ཀྱི་དཀྱིལ་འཁོར་)། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ། །ཉི་ཟླའི་ བུ་ལོན་ཡེ་ཤེས་ཆ། །(སོ་གཉིས་ཀྱིས་བགོས་པས་ཞག་རེ་ལ་)དྲུག་བརྒྱ་བདུན་བཅུ་རྩ་ལྔ་འཐོབ། །འཕོ་ ཆེན་རེ་རེ(གཅིག་གཉིས་པོ)འི་ཐོབ་སྐལ་ལ། །ལྔ་བཅུ་རྩ་དྲུག་བཞི་ཆ་འབྱུང༌། །དེ་དག་ཆུ་(༦༧༥པོ་) སྲང་དུ་གྲིལ་ནས། །ཆུ་(བགོས་བྱ་བགོས་བྱེད་གཉིས་ཀ་བཞི་ཆར་བསིལ་ཏེ་)སྲང་ང་དྲུག་བཞི་ཆ་ལ། །ཆུ་ ཚོད་རེ་རེར་བྱས་པ་ཡི། །ཆུ་ཚོད་གཉིས་གཉིས་སྟོང་པའི་རྩར། །འབབ་པས་ཉིན་ཞག་རེ་རེ་ ལ། །རྩ་འདབ་གཉིས་གཉིས་གཅོད་པར་བྱེད། །ཆུ་(༦༧༥ ཆུ་སྲང་དྲིལ་བ་ལ་དྲུག་བཅུས་བགོས་པས་)སྲང་ དྲུག་བཅུ་ཆུ་ཚོད་རེར། །བྱེད་ན་ཞེ་ལྔའི་དབུགས་ཀྱིས་འཆད། །ལོའི་ཞག་སུམ་བརྒྱ་དྲུག་བཅུ་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-43 ཡིས། །རྩ་འདབ་བདུན་བརྒྱ་ཉི་ཤུ་གཅོད། །ལོ་བརྒྱའི་ཉིན་ཞག་སྟོང་ཕྲག་ནི། །སུམ་བཅུ་དྲུག་ གི་རྩ་འདབ་ཀྱང༌། །སྟོང་ཕྲག་བདུན་བཅུ་རྩ་གཉིས་གཅོད། ༈ ། (ཆུ་ཚོད་གཉིས་སུ་)དཀའ་བའི་ གནས་རྣམས་རྟོགས་བྱེད་པའི། །མན་ངག་འདི་ཡང་མ་ཏིས་བྲིས། །དགེ་བས་འཆི་ལྟས་ཀུན་ སྤངས་ནས། །འཆི་མེད་བདེ་ཆེན་ཐོབ་གྱུར་ཅིག །མཾ་ག་ལཾ་བྷ་ཝ་ཏུ། ༄༅། །ནང་ལེའི་དྲུག་བཅུ་རྩ་དྲུག་པར། །འཆི་བའི་ཉིན་ཞག་རྒྱུ་བའི་གྲངས(རེ་ལྔའི་ བགོས)། །སུམ་བཅུ་རྩ་བཞིར་འཇོག་པ་ན། །ལོ་གསུམ་ཕྱོགས་གསུམ་ཉིན་ཞག་རྣམས། །ཕྱེད་ བཅས་སོ་ཡིས་འགོད་པ་ལ། །ཕྱེད་པོ་བསྲེ་ཕྱིར་སོ་གཉིས་པོའང་(གཉིས་ཀྱིས་བསྒྱུར་ནས)། །ཕྱེད་ དུ་བསིལ་(ཏེ་ཕྱེད་བསྲེས་)བས་རེ་ལྔ་སྟེ། །བགོ་(༡༡༢༥)བྱ་འང་(གཉིས་ཀྱིས་བསྒྱུར་ནས་)ཕྱེད་དུ་བསིལ་ བ་ལས། །ཞག་སུམ་བཅུ་རྩ་བཞི་ཐོབ། །ལྷག་མ་(དྲུག་བཅུས་སྒྱུར་ཏེ་)དབྱུ་གུར་བསིལ་བ་ལས། ། (རེ་ལྔས་)སོ་དྲུག་(༨)སྲང་དུ་བསིལ་བ་ལས། །ང་ལྔ་དབུགས་སུ་བསིལ་བ་ལས། གཉིས་ལྷག་ ཙམ་གཅིག་ཐོབ་པ་ན། །དབུགས་སྲང་ཞག་དང་གྲངས་སྙམ་ཕྱིར། །ཆུ་ཚོད་གཉིས་ཕབ་ཆུ་ སྲང་དང༌། །བསྲེས་པས་བརྒྱ་དང་དོན་ལྔ་ལ། །(ཞག་གི་གྲངས་)སོ་བཞིས་བགོས་པས་ལྔ་ཐོབ་ སྟེ། །ཞག་རེ་ཆུ་ཚོད་རེ་རེ་དང༌། །ཆུ་སྲང་ལྔ་ལྔ་ལྷག་ཙམ་སྟེ། །ཞེས་པའང་སྐབས་ཀྱི་མན་ངག་ ཡིན། །ཤུབྷཾ། ༄༅། །ན་མོ་བཛྲ་ཙནྟྲཱ་ཡ། ནང་ལེའི་བདུན་བཅུ་དོན་གསུམ་པར། །སྙིང་(༨)མགྲིན་(༣༢) དཔྲལ་བ་(༡༦)ལྟེ་བ་(༦༤)ཡི། །རྩ་འདབ་བརྒྱ་དང་ཉི་ཤུ་ལ། །ཟླ་རྐང་ཇི་ལྟར་རྒྱུ་ཚུལ་ནི། །རྐང་ པ་བདུན་ལ་གོ་རིམ་བཞིན། །བྱིས་པ་(༡)གཞོན་(༢)ནུ་ལང་ཚོ་(༣)དང༌། །ཤིན་ཏུ་ལང་ཚོ་(༤) རྒན་པོ་(༥)དང༌། ཤིན་དུ་རྒན་པོ་(༦)སྨིན་པར་(༧)བརྗོད། ༈ ། ཚེས་(གཅིག་ནས་)བདུན་པར་ལ་ བརྒྱ་ཉི་ཤུ། །སྤྱོད་ཚེ་གང་ཟིན་རྐང་པའི་གནས། །དེ་ཉིད་དང་པོར་བྱས་ཏེ་གཉིས་པ་སོགས། ། ལུགས་ལས་བཟློག་(ཕྱི་འགྲོས་པས་)རིག་པར་བྱ། ༈ ། (དེའང)ཚེས་གཅིག་ལ་ནི་བྱིས་པའི་ལྔ། ། 7-1-44 (ཚེས་)གཉིས་པར་གཞོན་ནུའི་བཅུ་དང་ནི། །(ཚེས་)གསུམ་པར་ལང་ཚོའི་བཅོ་ལྔ་དང༌། །(ཚེས་) བཞི་པར་ཤིན་ཏུ་ལང་ཚོ་ནས། །བྱིས་པའི་བར་གྱི་བཅུ་དགུ་དང༌། །ལྔ་པར་རྒན་པོའི་ཉེར་ གཉིས་དང༌། །དྲུག་པར་ཤིན་ཏུ་རྒན་པོ་ནས། །བྱིས་པའི་བར་གྱི་ཉེར་བཞི་དང༌། །བདུན་ པར་སྨིན་པའི་ཉེར་ལྔ་རྣམས། །(སྔ་མ་རྣམས་ཟླས་ཤིང་བསྒྲངས་ཏེ་)སྡོམ་པས་བརྒྱ་དང་ཉི་ཤུར་འགྱུར། ། (ཚེས་)བརྒྱད་པར་(འཁོར་ལོ་)ཀུན་གྱི་ལྟེ་བར་ཐིམ། ༈ ། སླར་ཡང་(སྔ་རྐང་རྫོགས་ནས་)ཚེས་ཞག་ བདུན་གྱི་བར(ལ)། །ཕྱི་རྐང་བདུན་པོ་རྒྱུ་བ་ཡང༌། །སྔ་མའི་ཚུལ་གྱིས་ཤེས་(གྲངས་ཚུལ་)བྱ་སྟེ། ། དེ་ཡང་འཁོར་ལོ་བཞི་ལ(རྒྱུ)འོ། ༈ ། དེ་བཞིན་(དུ་)རིམ་(གྱི་)མིན་ཕྱོགས་ལ་ཡང༌། །སྔ་རྐང་ བརྒྱད་དང་ཉི་ཤུ་དང༌། །ཕྱི་རྐང་བརྒྱ་དང་ཉི་ཤུ་པོ། །རྩ་འདབ་བརྒྱ་དང་ཉི་ཤུ་ལ། །ཟླ་ཕྱེད་ བར་དུ་ལན་གཉིས་རྒྱུ། །མདོར་ན་ཟླ་བ་རེ་རེ་ལ། །སྔ་རྐང་ཕྱི་རྐང་(གཉིས་དང་)རིམ་པ་དང༌། ། རིམ་པ་མིན་པ(གཉིས་ཀྱི)ས་ཕྱེ་བ་ཡི། །(ཟླ་རྐང་)བརྒྱ་དང་ཉི་ཤུ་ཚར་བཞི་པོ། །འཁོར་ལོ་བཞི་ལ་ (བསྐོར་ནས་ཟླ་བའི་ནུས་པ་)རྒྱུ་བར་གསུངས། །ཞེས་པ་འདི་ཡང་མ་ཏིས་བཀོད། ༈ ། ཤུ་བྷུཾ་སརྦ་ས་ ཏྭ་ནཾ། ༄༅། །ན་མོ་རཏྣ་གུ་ར་བེ། ནང་ལེའི་དོན་བཞི་དོན་ལྔ་པར། །སྙིང་(༨)མགྲིན་(༣༢) དཔྲལ་བ་(༡༦)ལྟེ་བ་ཡི(༦༤)། །རྩ་འདབ་བརྒྱ་དང་ཉི་ཤུ་ལ། །ཟླ་བ་ཉི་མའི་བདག་ཉིད་ཀྱི། ། དབྱངས་དང་གསལ་བྱེད་རྒྱུ་ཚུལ་ནི། ༈ ། ཟླ་བ་རེ་རེའི་དཀར་ཕྱོགས་ལ། །དབྱངས་ཐུང་ བསྐྱེད་པའི་རིམ་པ་ནི། །ཐིག་ལེ་མེད་ཡོད་ཀྱིས་ཕྱེ་བ། །(ཨ་ཨཾ་སོགས་)སུམ་བཅུ་ཚེས་རེའི་སྔ་ཕྱི་ ཡི། །ཆ་རེ་ལ་ནི་ཡི་གེ་རེ། །སྤྱོད་ཅིང་དེ་ཡང་སྙིང་ཁ་དང༌། །མགྲིན་པ་དཔྲལ་བའི་རྩ་འདབ་ རྣམས། །གཉིས་གཉིས་ལ་ནི་ཡི་གེ་རེ། །རྒྱུ་སྡེ་བཞི་ནི་མགྲིན་པ་དང༌། །དཔྲལ་བའི་གེ་སར་ ལྟེ་བ་ལའོ། ༈ ། ནག་ཕྱོགས་ལ་ནི་རིང་པོའི་དབྱངས། །བསྡུད་རིམ་རྣམ་བཅད་ཡོད་མེད་ཀྱིས། ། ཕྱེ་བ་(ལཱཿལཱ་སོགས་)སུམ་བཅུ་ཚེས་རེ་ཡི། །སྔ་ཕྱི་ཆ་ཡི་གེ(ཡིག་འབྲུ་གཉིས་ཙམ་མི་གསལ)། །སྤྱོད་ཅིང་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-45 དེ་ཡང་ལྟེ་བ་ཡི། །རྩ་འདབ་གཉིས་གཉིས་དག་ལ་ཡང༌། །ཡི་གེ་རེ་རེ་རྒྱུ་བ་སྟེ། །གཉིས་ནི་གེ་ སར་ལྟེ་བ་ལའོ། ༈ ། དེ་བཞིན་དཀར་པོའི་ཕྱོགས་ལ་ཡང༌། །གསལ་བྱེད་རྩེག་མ་སུམ་བཅུ་ ནི། །རིང་པོ་སྡུད་པའི་རིམ་པ་ལ། །རྣམ་བཅད་ཡོད་མེད་ཀྱིས་ཕྱེ་བའི། །ཡི་གེ་(སྶཱཿསྶཱ་སོགས་) དྲུག་བཅུ་ཚེས་རེ་ཡི། །ཐུན་འཚམས་རེ་ལ་རེ་རེ་སྤྱོད། །དེ་ཡང་(རྩ་འདབ་བཞི་སྟོང་པ་སྟེ་གཞན་)ལྟེ་ བའི་དྲུག་བཅུ་ལ། །ཡི་གེ་རེ་རེ་རྒྱུ་བས་སོ། །ནག་ཕྱོགས་ལ་ཡང་རྐྱང་པ་ཡི། །གསལ་བྱེད་ སུམ་བཅུ་ཐུང་ངུ་ནི། །བསྐྱེད་རིམ་ཐིག་ལེ་མེད་ཡོད་ཀྱིས། །ཕྱེ་བ་(ང་ངཾ་སོགས་)དྲུག་བཅུ་ཚེས་རེ་ ཡི། །ཐུན་འཚམས་རེ་ལ་ཡི་གེ་རེ། །སྤྱོད་ཅིང་དེ་ཡང་དཔྲལ་བ་དང༌། །མགྲིན་པ་སྙིང་ཁའི་རྩ་ འདབ་(༥༦)ལ། །ཡི་གེ་རེ་རེ་རྒྱུ་བ་སྟེ། །(ཕྱི་མ་)བཞི་ནི་སྙིང་ཁའི་ལྟེ་བ་དང༌། །གེ་སར་སྤྱིའི་རྩེ་མོ་ ལའོ། ༈ ། ཡར་ངོར་འཁོར་ལོ་གོང་མ་ལ། །ཟླ་བ་བསྐྱེད་རིམ་རྒྱུ་བའི་ཚེ། །ལྟེ་བར་ཉི་མ་སྡུད་ རིམ་རྒྱུ། །མར་ངོར་ལྟེ་བའི་འཁོར་ལོ་ལ། ། ཟླ་བ་སྡུད[བསྡུ]་རིམ་རྒྱུ་བའི་ཚེ། །གོང་མར་ཉི་མ་བསྐྱེད་རིམ་རྒྱུ། ༈ ། བསྐྱེད་རིམ་ གཡོན་ནས་གཡས་སྐོར་ཏེ། །བསྡུད་[བསྡུ]རིམ་གཡས་ནས་གཡོན་སྐོར་ཉིད། ༈ ། ཞིབ་པར་ རྩ་འཁོར་ཡི་གེ་ཅན། །བཀོད་པ་བལྟས་པས་གསལ་བར་རྟོགས། །ཞེས་པ་འདི་ཡང་མ་ཏིས་ བྲིས། །དགེ་བས་གཞན་ལ་ཕན་གྱུར་ཅིག །སྭསྟི་སིདྡྷིར་བྷ་ཝ་ཏུ། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། ནང་ལེའི་ཚིགས་བཅད་བརྒྱ་དང་གསུམ་པར་ཡང༌། ། (དང་པོ་)མངལ་བཟུང་ནས་(མཐར་)ནི་རྩ་རྣམས་རྫོགས་ཀྱི་བར། །ཡི་གེ་རིམ་གྱིས་འཕེལ་ཚུལ་ གསུངས་པ་ནི། །མངལ་གྱི་ཟླ་ཕྱེད་དང་པོར་གསལ་བྱེད་རྣམས། (༡)། བསྐྱེད་རིམ་ཨ་ཡིག་ཐུང་ ངུ་ཞུགས་པ་དང༌། །ཟླ་ཕྱེད་ཕྱི་མར་གསལ་བྱེད་བསྡུད་[བསྡུ]རིམ་ལ། །ཨཱ་ཡིག་རིང་པོ་སྲོག་ ཏུ་ཞུགས་པ་སྟེ། །ཞག་རེ་ལ་ནི་ཡི་གེ་གཉིས་གཉིས་སོ། (༢)། དེ་ལྟར་རྩ་མེད་ཟླ་བ་(ཉ་བ་ལྟ་བུ་) གཅིག་རྫོགས་ནས། །(དེ་ནས་ཡང་)ཟླ་བ་དང་པོ་ལྔ་ཡི་དཀར་ཕྱོགས་ལ། །ཁུ་(བ་)བའི་ནམ་ 7-1-46 མཁའ་རླུང་མེ་ཆུ་སའི་ཁམས། །(ཤེས་རབ་)རྡུལ་ལ་འཇུག་པ་ཐུང་ངུ་བསྐྱེད་རིམ་སྟེ། (༣)། ནག་ ཕྱོགས་ལྔ་པོ་རྣམས་ལ་རིམ་པ་བཞིན། །(ཤེས་རབ་)རྡུལ་གྱི་ས་ཆུ་མེ་རླུང་ནམ་མཁའི་ཁམས། ། (ཐབས་)ཁུ་བ་ལ་འཇུག་རིང་པོ་བསྡུད་[བསྡུ]རིམ་ཡིན། །(དེ་ནས་ཟླ་བ་)དྲུག་པ་ལ་སོགས་ལྔ་ལ་ འང་(ཐབས་ཤེས་རབ་ཀྱི་དབྱེ་བ་)དེ་བཞིན་ཉིད། (༤)། (ཟླ་བ་)བཅུ་གཅིག་པ་ལ་བསྐྱེད་རིམ་(གསལ་བྱེད་) ཐིག་ལེ་སྟེ། །བཅུ་གཉིས་པ་ལ་སྡུད་[བསྡུ]རིམ་རྣམ་བཅད་ཅན། །དེ་ལྟར་བཅུ་གཉིས་ཟླ་ བས་ཕུང་པོ་དང༌། །ཁམས་དང་དབང་པོ་ལས་དབང་ཡུལ་བཅས་འགྲུབ། །དེ་ཡི་(ཟླ་བ་བཅུ་ གཉིས་པོ་)ཞག་རེར་རྩ་ནི་ཉིས་བརྒྱ་རེ། །འཕེལ་བས་(རྩ་)བདུན་ཁྲི་ཉིས་སྟོང་རྫོགས་འགྱུར་ ཞིང༌། །དང་པོ(རྩ་མེད་པ)འི་ཟླ་བ་དང་བཅས་བཅུ་གསུམ་ལ། (༣)། ཡི་གེ་སྟོང་དང་ཉི་ཤུ་འཕེལ་ བའོ། ༈ ། དེ་ཡང་འདི་ལྟར་མངལ་གྱི་ཟླ་ཕྱེད་དང་པོ་ལ། ཀ་ཡིག་ལ་སོགས་པའི་གསལ་བྱེད་ སུམ་བཅུ་པོ་རྣམས་དབྱངས་ཐུང་ངུས་བྱིན་གྱིས་བརླབས་ཏེ། ང་གྷ་ག་ཁ་ཀ། ཉ་ཛྷ་ཛ་ཚ་ཙ། ཎ་ ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ྈྐ་ཤ་ཥ་ྉྤ་ས། ཞེས་པ་ཨ་ཡིག་ཐུང་ངུ་སྲོག་དུ་ ཞུགས་པ་སྤྲོ་བའི་རིམ་པ་རྣམས་ཞག་རེ་རེ་ལ་ཡི་གེ་གཉིས་གཉིས་སོ། །ཟླ་ཕྱེད་ཕྱི་མ་ལ་ དབྱངས་ཡིག་རིང་པོས་བྱིན་གྱིས་བརླབས་པ་སྟེ། སཱ་ྉྤ་ཥཱ་ཤཱ་ྈྐ། ཏཱ་ཐཱ་དཱ་དྷཱ་ནཱ། པཱ་ཕཱ་བཱ་བྷཱ་མཱ། ཊཱ་ཋཱ་ཌཱ་ཌྷཱ་ཎཱ། ཙཱ་ཚཱ་ཛཱ་ཛྷཱ་ཉཱ། ཀཱ་ཁཱ་གཱ་གྷཱ་ངཱ༌། ཞེས་པ་ཨཱ་ཡིག་རིང་པོ་སྲོག་ཏུ་ཞུག་བསྡུ་བའི་ རིམ་པ་རྣམས་ཞག་རེ་རེ་ལ་ཡི་གེ་གཉིས་གཉིས་སོ། །དེ་ལྟར་རྩ་མེད་པ་ཉིའི་རྣམ་པའི་ཟླ་བ་ གཅིག་རྫོགས་ནས། དེའི་རྗེས་སུ་ཕུང་པོ་ལྔ་དང་ཁམས་ལྔ་བསྐྱེད་པའི་ཟླ་བ་ལྔ་ལ་ནི་དཀར་ ཕྱོགས་ལ། །ཨ་ཨྀ་རྀ་ཨུ་ལྀ་(ཕུང་པོ་ལྔ་ཐབས་)དང༌། ནག་ཕྱོགས་ལ། ལཱི་ཨཱུ་རཱྀ་ཨཱི་ཨཱ་(ཁམས་ལྔ་ཤེས་ རབ་)རྣམས་ཀྱིས་བྱིན་གྱིས་བརླབས་པའི་གསལ་བྱེད་རྣམས་(ཐུང་ངུས་ཐབས་)སྤྲོ་བ་དང་(རིང་པོས་ ཤེས་རབ་)བསྡུད་པའི་དབྱེ་བས་ཞག་རེ་ལ་ཡི་གེ་གཉིས་གཉིས་ཏེ། ཟླ་བ་དང་པོའི་དཀར་ ཕྱོགས་ལ་(ཐབས་)ཞུ་བའི་ནམ་མཁའི་ཁམས་རྡུལ་ལ་རབ་ཏུ་འཇུག་པའི་ནི། ང་ཡིག་ནས་ས་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-47 ཡིག་གི་བར་སྔ་མ་ལྟར་(ང་གྷ་ག་ཁ་ཀ་ཞེས་སོགས་)ཨ་ཡིག་ཐུང་ངུས་བྱིན་གྱིས་བརླབས་པ་སུམ་ བཅུ་པོ་རྣམས་སྤྲོ་བའི་རིམ་པས་སོ། (སླཱྀ་ྉྤྀ་ཥླཱྀ་ཤླཱྀ་ྈྐྀ་ཞེས་སོགས་) ། དེ་ ཉིད་ཀྱི་ནག་ཕྱོགས་ལ་(ཤེས་རབ་)རྡུལ་གྱི་སའི་ཁམས་(ཐབས་)ཞུ་བ་ལ་རབ་ཏུ་འཇུག་པ་ནི། སླཱྀ་ནས་ངྀ་བར་ལཱྀ་ཡིག་རིང་པོས་བྱིན་གྱིས་བརླབས་པ་སུམ་བཅུ་པོ་ རྣམས་བསྡུ་བའི་རིམ་པས་སོ། །དེ་བཞིན་འབྱུང་བ་དང་མི་འབྱུང་པ་དག་ལ་རྡུལ་གྱི་ས་དང་ ནམ་མཁའི་ཁམས་དག་ཁུ་བའི་ཁམས་ལ་རབ་ཏུ་འཇུག་གོ །ཞེས་པ་འདི་ནི་རྭ་འགྱུར་ལ་ སོགས་པ་ན་མེད་པ་ཉིད་ལེགས་པར་མངོན་ནོ། (༡)། དེ་ནས་ཟླ་བ་གཉིས་པའི་དཀར་ཕྱོགས་ ལ་ཞུ་བའི་རླུང་གི་ཁམས་རྡུལ་ལ་རབ་ཏུ་འཇུག་པ་ནི། ངི་ཡིག་ནས་སི་ཡིག་གི་བར་(ངི་གྷི་གི་ཁི་ ཀི་ཞེས་སོགས་)ཨི་ཡིག་ཐུང་ངུས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་སྤྲོ་བའི་རིམ་པས་ སོ། །དེ་ཉིད་ཀྱི་ནག་ཕྱོགས་ལ་རྡུལ་གྱི་ཆུའི་ཁམས་ཞུ་བ་ལ་རབ་ཏུ་འཇུག་པ་ནི། སཱུ་ཡིག་ནས་ ངཱུ་ཡིག་བར་(སཱུ་ྉྤ་ཥཱུ་ཤཱུ་ྈྐ་ཞེས་སོགས)། ཨཱུ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་ སུམ་བཅུ་བསྡུ་བའི་རིམ་པས་སོ། (༢)། དེ་ནས་ཟླ་བ་གསུམ་པའི་དཀར་ཕྱོགས་ལ། ཞུ་བའི་མེའི་ ཁམས་རྡུལ་ལ་རབ་ཏུ་འཇུག་པ་ནི། །ངྀ་ནས་སྀ་བར་(ངྀ་གྷྲྀ་གྲྀ་ཁྀ་ ཀྀ་ཤེས་སོགས་)རི་ཡིག་ཐུང་ངུས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་སྤྲོ་བའི་རིམ་ པས་སོ། །དེ་ཉིད་ཀྱི་ནག་ཕྱོགས་ལ་རྡུལ་གྱི་མེའི་ཁམས་ཞུ་བ་ལ་རབ་ཏུ་འཇུག་པ་ནི། སྀ་ ནས་ངྀ་ཡིག་གི་བར་(སྀ་ྉྤྀ་ཥྀ་ཤི་ྈྐྀ་ཞེས་སོགས་)རཱི་ཡིག་རིང་པོས་བྱིན་གྱིས་ བརླབས་པའི་གསལ་བྱེད་སུམ་བཅུ་བསྡུ་བའི་རིམ་པས་སོ། །དེ་ནས་ཟླ་བ་བཞི་པའི་དཀར་ ཕྱོགས་ལ་ཞུ་བའི་ཆུའི་ཁམས་རྡུལ་ལ་རབ་ཏུ་འཇུག་པ་ནི། ངུ་ཡིག་ནས་སུ་ཡིག་གེ་བར་(ངུ་གྷུ་ གུ་ཁུ་ཀུ་ཞེས་སོགས་)ཨུ་ཡིག་ཐུང་ངུས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་སྤྲོ་བའི་རིམ་ པས་སོ། (༣)། དེ་ཉིད་ཀྱི་ནག་ཕྱོགས་ལ་རྡུལ་གྱི་རླུང་གི་ཁམས་ཞུ་བ་ལ་རབ་ཏུ་འཇུག་པ་ནི། སཱི་ 7-1-48 ཡིག་ནས་ངཱི་ཡིག་གི་བར་(སཱྀ་ྉྤྀ་ཥཱི་ཤཱི་ྈྐྀ་ཞེས་སོགས)ཨཱི་ཡིག་རིང་པོས་བྱིན་གྱིས་ བརླབས་པའི་གསལ་བྱེད་སུམ་བཅུ་བསྡུ་བའི་རིམ་པས་སོ། (༤)། དེ་ནས་ཟླ་བ་ལྔ་པའི་དཀར་ ཕྱོགས་ལ་ཞུ་བའི་སའི་ཁམས་རྡུལ་རབ་ཏུ་འཇུག་པ་ནི། །ངྀ་ནས་སླྀའི་བར་(ངྀ་ གྷླྀ་གླྀ་ཁླྀ་ཀླྀ་ཞེས་སོགས་)ལི་ཡིག་ཐུང་ངུས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ བཅུ་སྤྲོ་བའི་རིམ་པས་སོ། །དེ་ཉིད་ཀྱི་ནག་ཕྱོགས་ལ་རྡུལ་གྱི་ནམ་མཁའི་ཁམས་ཞུ་བ་ལ་རབ་ ཏུ་འཇུག་པ་ནི། སཱ་ཡིག་ནས་ངཱ་ཡིག་གི་བར་(སཱ་ྉྤ་ཥཱ་ཤཱ་ྈྐ་ཞེས་སོགས་)ཨཱ་ཡིག་རིང་པོས་བྱིན་གྱིས་ བརླབས་པའི་གསལ་བྱེད་སུམ་བཅུ་བསྡུ་བའི་རིམ་པས་སོ། (༥)། དེ་ནས་དབང་པོ་དང་ལས་ཀྱི་ དབང་པོ་ཡུལ་དང་བཅས་པས་བྱིན་གྱིས་བརླབས་པའི་ཆེད་དུ། ཟླ་བ་དྲུག་པ་ལ་སོགས་པ་ལྔ་ ནི། དཀར་ཕྱོགས་ནག་ཕྱོགས་གཉིས་ཀྱང་ཕྱེད་སྔ་ཕྱི་རེ་རེར་བྱས་ཏེ། ཆ་བཞི་བཞིར་བྱས་པ་ ལས། དཀར་ཕྱོགས་ཀྱི་ཕྱེད་སྔ་མ་ལྔ་ལ། ཨ་ཨེ་ཨར་ཨོ་ཨལ་(དབང་པོ་ལྔ་ཐབས་)ཕྱེད་ཕྱི་མ་ལྔ་ ལ། ཧ་ཡ་ར་ཝ་ལ། (ལས་དབང་ལྔ་ཐབས)ནག་ཕྱོགས་ཀྱི་ཕྱེད་སྔ་མ་ལྔ་ལ། ཨཱལ་ཨཽ་ཨཱར་ཨཻ་ཨཱ་ (ཡུལ་ལྔ་ཤེས་རབ་)ཕྱེད་ཕྱི་མ་ལྔ་ལ། ལཱ་ཝཱ་རཱ་ཡཱ་ཧཱ། (བྱ་བ་ལྔ་ཤེས་རབ་)རྣམས་ཀྱི་བྱིན་གྱི་བརླབས་ པའི་གསལ་བྱེད་བཞི་བཞི་ཞག་རེ་རེ་ལ་འཇུག་གོ །དེ་ལྟར་ཡི་གེ་(ཐུང་རིང་)ཉི་ཤུ་པོ། །(དེ་བཞིན་ དུ་)གསལ་བྱེད་སུམ་བཅུ་ལ་(སྲོག་ཏུ་)ཞུགས་པས། །སུམ་བཅུ་ཚན་པ་ཉི་ཤུར་འགྱུར(ཏེ་དྲུག་ བརྒྱའོ)། །ཚེས་རེར་ཡི་གེ་བཞི་བཞིའོ། །(ཡོན་ཏན་གྱི་)ཨ་(དང་)ཧས་(ཡ་ཎ་འདི་རྒྱུར་བ་དྲུག་བཅུ་ཟླ་བ་)དྲུག་ གི་དཀར་ཕྱོགས་(སྔ་ཕྱི་གཉིས་)ཏེ། །ཨཱལ་(ཡོན་ཏན་གྱི་)ལཱས་(དང་ཡ་ཎའི་བསྒྱུར་བ་དྲུག་བཅུས་)དེ་བཞིན་ ནག་ཕྱོགས་ཡིན(སྔ་ཕྱི་གཉིས)། །ཨེ་(ཡོན་ཏན་དང་ཡ་ཎ་)ཡས་(དེ་བཞིན་དུ་)བདུན་པའི་དཀར་ཕྱོགས་ ཏེ། ཨཽ་(དང་)ཝཱས་དེ་ཡི་ནག་ཕྱོགས་ཡིན། །ཨར་(དང་)རས་བརྒྱད་པའི་དཀར་ཕྱོགས་ཏེ། ཨཱར་ (དང་)རཱས་དེ་ཡི་ནག་ཕྱོགས་ཡིན། ཨོ་(དང་)ཝས་དགུ་པའི་དཀར་ཕྱོགས་ཏེ། །ཨེ་(དང་)ཡཱས་དེ་ ཡི་ནག་ཕྱོགས་ཡིན། །ཨལ་(དང་)ལས་བཅུ་པའི་དཀར་ཕྱོགས་ཏེ། །ཨཱ་(དང་)ཧཱས་དེ་ཡི་ནག་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-49 ཕྱོགས་ཡིན། །དཀར་ཕྱོགས་(ཐམས་ཅད་གསལ་བྱེད་)བསྐྱེད་རིམ་(དབྱངས་)ཐུང་ངུ་(བསྐྱེད་རིམ་)སྟེ། ། ནག་ཕྱོགས་བསྡུད་[བསྡུ]རིམ་(དབྱངས་)རིང་པོ་(བསྡུ་རིམ་)ཡིན། །དཀར་ཕྱོགས་ནག་ཕྱོགས་ གཉི་ག་ཡི། །ཚེས་བརྒྱད་རྣམས་ཀྱི་ཕྱེད་འཚམས་སུ། །དབྱངས་ཡིག་རེ་རེས་བྱིན་བརླབས་ པའི། །གསལ་བྱེད་སུམ་བཅུ་རྫོགས་པར་འགྱུར། །དེ་ཡང་ཟླ་བ་དྲུག་པའི་དཀར་ཕྱོགས་ལ་ ཞུ་བའི་ནམ་མཁའི་ཁམས་རྡུལ་ལ་རབ་ཏུ་འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་གྱི་གཅིག་གི་ ཐུན་འཚམས་བཞི་ལ། ང་གྷ་ག་ཁ། གཉིས་ལ། ཀ་ཉ་ཛྷ་ཛ། གསུམ་ལ། ཚ་ཙ་ཎ་ཌྷ། བཞི་ལ། ཌ་ཋ་ཊ་མ། ལྔ་ལ། བྷ་བ་ཕ་པ། དྲུག་ལ། ན་དྷ་ད་ཐ། བདུན་ལ། ཏ་ྈྐ་ཤ་ཥ། ཞེས་པ་ལྟར་ང་ ཡིག་ནས་ཥ་ཡིག་གི་བར་ཡི་གེ་བཞི་བཞི་དང་བརྒྱད་ཀྱི་ཕྱེད་སྔ་མ་ལ་ྉྤ་ས་སྟེ་ཡོན་ཏན་གྱི་ཨ་ ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་དང༌། ཕྱེད་(དཀར་ཕྱོགས་བརྒྱད་ཀྱི་)ཕྱི་མ་ ལ། དྷ་གྷ་དང་དགུ་ནས་བཅོ་ལྔའི་བར་བདུན་གྱི་དགུ་ལ། གྷ་ཁྷ་ཀྷ་ཉྷ། བཅུ་ལ། ཛྷྷ་ཛྷ་ཚྷ་ཙྷྱ། བཅུ་གཅིག་ལ། ཎྷ་ཌྷྷ་ཊྷ་ཋྷ། བཅུ་གཉིས་ལ༌། །ཊྷ་མྷ་བྷ་བྷྷ། བཅུ་གསུམ་ལ། ཕྷ་པྷ་ནྷ་དྷ། བཅུ་ བཞི་ལ། ཌྷ་ཐྷ་ཏྷ་ྈྐྷ། བཅོ་ལྔ་ལ། ཤྷ་ཥྷ་ྉྤྷ་སྷ། ཞེས་པ་གྷ་ནས་ས་འི་བར་ཡི་གེ་བཞི་བཞི་སྟེ་ ཧ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་སྤྲོ་བའི་རིམ་པས་སོ། དེའི་ནག་ ཕྱོགས་ལ་རྡུལ་གྱི་སའི་ཁམས་ཞུ་བ་ལ་རབ་ཏུ་འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་གྱི་ གཅིག་ལ། སཱ་ལ། ྉྤ་ལ། ཥཱ་ལ། ཤཱ་ལ། གཉིས་ལ། ྈྐ་ལ། ཏཱ་ལ། ཐཱ་ལ། དཱ་ལ། གསུམ་ལ། དྷཱ་ ལ། ནཱ་ལ། སཱ་ལ། ཕཱ་ལ། བཞི་ལ། བཱ་ལ། བྷཱ་ལ། མཱ་ལ། ཊཱ་ལ། ལྔ་ལ། ཐཱ་ལ། ཌཱ་ལ། ཌྷཱ་ལ། ཎཱ་ལ། དྲུག་ལ། ཙཱལ། ཚཱལ། ཛཱལ། ཛྷཱལ། བདུན་ལ། ཉཱལ་ཀཱལ་ཁཱལ་གཱལ། བརྒྱད་ཀྱི་ ཕྱེད་སྔ་མ་ལ། གྷཱལ་ངཱལ་ཏེ་འཕེལ་བའི་ཨཱལ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་ སུམ་བཅུ་དང༌། ཕྱེད་ཕྱི་མ་ལ། སླཱ་ྉྤླཱ་དང༌། དགུ་ནས་བཅོ་ལྔའི་བར་བདུན་གྱི་དགུ་ལ། ཥླཱ་ ཤླཱ་ྈྐླཱ་ཏླཱ། བཅུ་ལ། ཐླཱ་དླཱ་དྷླཱ་ནླཱ། བཅུ་གཅིག་ལ། པླཱ་ཕླཱ་བླཱ་བྷླཱ། བཅུ་གཉིས་ལ། མླཱ་ཊླཱ་ཋླཱ་ 7-1-50 ཌླཱ། བཅུ་གསུམ་ལ། ཌྷླཱ་ཎླཱ་ཙླཱ་ཚླཱ། བཅུ་བཞི་ལ། ཛླཱ་ཛྷླཱ་ཉླཱ་ཀླཱ། བཅོ་ལྔ་ལ། ཁླཱ་གླཱ་གྷླཱ་ངླཱ༌། ཞེས་པ་ཥླཱ་ནས་ང་བ་བར་ཡི་གེ་བཞི་བཞི་སྟེ། ལཱ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་ གསལ་བྱེད་སུམ་བཅུ་བསྡུ་བའི་རིམ་པས་སོ། (༦)། དེ་ནས་ཟླ་བ་བདུན་པའི་དཀར་ཕྱོགས་ལ། ཞུ་བའི་རླུང་གི་ཁམས་རྡུལ་ལ་རབ་ཏུ་འཇུག་པ་ནི་ཕྱེད་སྔ་མའི་ཚེས་བདུན་ལ། ངེ་གྷེ་གེ་ཁེ། ཀེ་ཉེ་ཛྷེ་ཛེ། ཚེ་ཙེ་ཎེ་ཌྷེ། ཌེ་ཋེ་ཊེ་མེ། བྷེ་བེ་ཕེ་པེ། ནེ་དྷེ་དེ་ཐེ། ཏེ་ྈྐེ་ཤེ་ཥེ། ཞེས་པའི་བར་ཡི་གེ་ བཞི་བཞི་དང་བརྒྱད་ཀྱི་ཕྱེད་སྔ་མ་ལ། ྉྤེ་སེ་སྟེ་ཡོན་ཏན་གྱི་ཨེ་ཡིག་གིས་བྱིན་གྱིས་བརླབས་ པའི་གསལ་བྱེད་སུམ་བཅུ་དང༌། ཕྱེད་ཕྱི་མ་ལ། ངྻ་གྷྻ་དང་དག་ནས་བཅོ་ལྔའི་བར་བདུན་ལ། གྻ་ཁྻ་ཀྻ་ཉྻ། ཛྷྻ་ཛྻ་ཚྻ་ཙྻ། ཎྻ་ཌྷྻ་ཌྻ་ཋྻ། ཌྻ་མྻ་བྷྻ་བྻ། ཕྻ་པྻ་ནྻ་དྷྻ། དྻ་ཐྻ་ཏྻ་ྈྐྻ། ཤྻ་ ཥྻ་ྉྤྻ་སྻ། ཞེས་པའི་བར་ཡི་གེ་བཞི་བཞི་སྟེ། ཡ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་ བྱེད་སུམ་བཅུ་སྤྲོ་བའི་རིམ་པས་སོ། །དེའི་ནག་ཕྱོགས་ལ་རྡུལ་གྱི་ཆུ་ཡི་ཁམས་ཞུ་བ་ལ་རབ་ ཏུ་འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་ལ། སཽ་ྉྤཽ་ཥཽ་ཤཽ། ྈྐཽ་ཏཽ་ཐཽ་དཽ། དྷཽ་ནཽ་པཽ་ཕཽ། བཽ་བྷཽ་མཽ་ ཊཽ། ཋཽ་ཌཽ་ཌྷཽ་ཎཽ། ཙཽ་ཚཽ་ཛཽ་ཛྷཽ། ཉཽ་ཀཽ་ཁཽ་གཽ། ཞེས་པའི་བར་ཡི་གེ་བཞི་བཞི་དང༌། བརྒྱད་ཀྱི་ཕྱེད་ སྔ་མ་ལ། གྷཽ་ངཽ་སྟེ་འཕེལ་བའི་ཨཽ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་ དང༌། ཕྱེད་ཕྱི་མ་ལ་ས་ྉྤ་དང་དགུ་ནས་བཅོ་ལྔའི་བར་བདུན་ལ། ཥྺ་ཤྺ་ྈྐྺ་ཏྺ། ཐྺ་དྺ་དྷྺ་ནྺ། པྺ་ ཕྺ་བྺ་བྷྺ། མྺ་ཊྺ་ཋྺ་ཌྺ། ཌྷྺ་ཎྺ་ཙྺ་ཚྺ། ཛྺ་ཛྷྺ་ཉྺ་ཀྺ། ཁྺ་གྺ་གྷྺ་ངྺ༌། ཞེས་པའི་བར་ཡི་གེ་བཞི་ བཞི་སྟེ། ཝཱ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་བསྡུ་བའི་རིམ་པས་ སོ། །དེ་ནས་ཟླ་བ་བརྒྱད་པའི་དཀར་ཕྱོགས་ལ། །ཞུ་བའི་མེའི་ཁམས་རྡུལ་ལ་རབ་ཏུ་འཇུག་ པ་ནི། ཕྱེད་སྔ་མའི་ཚེས་བདུན་ལ། ངར་གྷར་གར་ཁར། ཀར་ཉར་ཛྷར་ཛར། ཚར་ཙར་ཎར་ ཌྷར། ཌར་ཋར་ཊར་མར། བྷར་བར་ཕར་པར། ནར་དྷར་དར་ཐར། ཏར་ྈྐར་ཤར་ཥར། ཞེས་ པའི་བར་ཡིག་གེ་བཞི་བཞི་དང༌། བརྒྱད་ཀྱི་ཕྱེད་སྔ་མ་ལ། ྉྤར་སར་ཡོན་ཏན་གྱིས་ཨར་ཡིག་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-51 གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་དང༌། (༧) ཕྱེད་ཕྱི་མ་ལ། ངྼ་གྷྼ་དང་དགུ་ ནས་བཅོ་ལྔའི་བར་བདུན་ལ། གྼ་ཁྼ་ཀྼ་ཉྼ། ཛྷྼ་ཛྼ་ཚྼ་ཙྼ། ཎྼ་ཌྷྼ་ཌྼ་ཋྼ། ཊྼ་མྼ་བྷྼ་བྼ། ཕྼ་ པྼ་ནྼ་དྷྼ། དྼ་ཐྼ་ཏྼ་ྈྐྼ། ཤྼ་ཥྼ་ྉྤྼ་སྼ། ཞེས་པའི་བར་ཡི་གེ་བཞི་བཞི་སྟེ། ར་ཡིག་གིས་བྱིན་ གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་སྤྲོ་བའི་རིམ་པས་སོ། །དེའི་ནག་ཕྱོགས་ལ་རྡུལ་གྱི་ མེའི་ཁམས་ཞུ་བ་ལ་རབ་ཏུ་འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་ལ། སཱར་ྉྤཱ་ཥཱར་ཤཱར། ྈྐཱ་ ཏཱར་ཐཱར་དཱར། དྷཱར་ནཱར་པཱར་ཕཱར། བཱར་བྷཱར་མཱར་ཊཱར། ཋཱར་ཌཱར་ཌྷཱར་ཎཱར། ཙཱར་ཚཱར་ཛཱར་ ཛྙཱར། ཉཱར་ཀཱར་ཁཱར་གཱར། ཞེས་པའི་བར་ཡི་གེ་བཞི་བཞི་དང༌། བརྒྱད་ཀྱི་ཕྱེད་སྔ་མ་ལ། ། གྷཱར་ངཱར་ཏེ་འཕེལ་བའི་ཨཱར་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་དང༌། ཕྱེད་ཕྱི་མ་ལ། ས་ྉྤ་དང་དགུ་ནས་བཅོ་ལྔའི་བར་བདུན་ལ། ཥྼཱ་ཤྼཱ་ྈྐྼཱ་ཏྼཱ། ཐྼཱ་དྼཱ་དྷྼཱ་ནྼཱ། པྼཱ་ཕྼཱ་བྼཱ་ བྷྼཱ། མྼཱ་ཊྼཱ་ཋྼཱ་ཌྼཱ། ཌྷྼཱ་ཎྼཱ་ཙྼཱ་ཚྼཱ། ཛྼཱ་ཛྷྼཱ་ཉྼཱ་ཀྼཱ་ཁྼཱ་གྼཱ་གྷྼཱ་ངྼ༌ཱ། ཞེས་པའི་བར་ཡིག་གེ་བཞི་བཞི་སྟེ། །རཱ་ ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་བསྡུ་བའི་རིམ་པས་སོ། (༨) ། དེ་ ནས་ཟླ་བ་དགུ་པའི་དཀར་ཕྱོགས་ལ་ཞུ་བའི་ཆུའི་ཁམས་རྡུལ་ལ་རབ་ཏུ་འཇུག་པ་ནི། ཕྱེད་སྔ་ མའི་ཚེས་བདུན་ལ། ངོ་གྷོ་གོ་ཁོ། ཀོ་ཉོ་ཛྷོ་ཛོ། ཚོ་ཙོ་ཎོ་ཌྷོ། ཌོ་ཋོ་ཊོ་མོ། བྷོ་བོ་ཕོ་པོ། ནོ་དྷོ་དོ་ཐོ། ཏོ་ྈྐོ་ཤོ་ཥོ། ཞེས་པའི་བར་ཡི་གེ་བཞི་བཞི་དང༌། བརྒྱད་ཀྱི་ཕྱེད་སྔ་མ་ལ། །ྉྤོ་སོ་སྟེ་ཡོན་ཏན་གྱི་ ཨོ་ཡིག་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་དང༌། ཕྱེད་ཕྱི་མ་ལ། ང་ག་དང་དགུ་ ནས་བཅོ་ལྔའི་བར་བདུན་ལ། གྺ་ཁྺ་ཀྺ་ཉྺ། ཛྷྺ་ཛྺ་ཚྺ་ཙྺ། ཎྺ་ཌྷྺ་ཊྺ་ཋྺ། ཊྺ་མྺ་བྷྺ་བྺ། ཕྺ་པྺ་ནྺ་དྷྺ། དྺ་ ཐྺ་ཏ་ྺ ྈྺ། ྐ ཤ་ྺ ཥ་ྺ ྉྤྺ་སྺ། ཞེས་པའི་བར་ཡི་གེ་བཞི་བཞི་སྟེ། ཝ་ཡིག་གིས་བྱིན་གྱིས་བརླབས་ པའི་གསལ་བྱེད་སུམ་བཅུ་སྤྲོ་བའི་རིམ་པས་སོ། །དེ་དག་གི་ནག་ཕྱོགས་ལ་རྡུལ་གྱི་རླུང་གི་ ཁམས་ཞུ་བ་ལ་རབ་ཏུ་འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་ལ། སཻ་ྉྤཻ་ཥཻ་ཤཻ། ྈྐཻ་ཏཻ་ཐཻ་དཻ། དྷཻ་ ནཻ་པཻ་ཕཻ། བཻ་བྷཻ་མཻ་ཊཻ། ཋཻ་ཌཻ་ཌྷཻ་ཎཻ། ཙཻ་ཚཻ་ཛཻ་ཛྷཻ ། ཉཻ་ཀཻ་ཁཻ་གཻ། ཞེས་པའི་བར་ཡི་གེ་བཞི་བཞི་དང༌། 7-1-52 བརྒྱད་ཀྱི་ཕྱེད་སྔ་མ་ལ། གྷཻ་ངཻ་འཕེལ་བའི་ཨཻ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་ སུམ་བཅུ་དང༌། ཕྱེད་ཕྱི་མ་ལ། སྻཱ་ྉྤ་དང་དགུ་ནས་བཅོ་ལྔའི་བར་བདུན་ལ། ཥྻཱ་ཤྻཱ་ྈྐྻཱ་ཏྻཱ། ཐྻཱ་དྻཱ་དྷྻཱ་ནྻཱ། པྻཱ་ཕྻཱ་བྻཱ་བྷྻཱ། མྻཱ་ཊྻཱ་ཐྻཱ་ཌྻཱ། ཌྷྻཱ་ཊཱྻ་ཙྻཱ་ཚྻཱ། ཛྻཱ་ཛྷྻཱ་ཉཱྻ་ཀྻཱ། ཁྻཱ་གྻཱ་གྷྻཱ་ངཱྻ༌། ཞེས་པའི་བར་ ཡི་གེ་བཞི་བཞི་སྟེ། ཡཱ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་བསྡུ་བའི་ རིམ་པས་སོ། ༩ ། དེ་ནས་ཟླ་བ་བཅུ་པའི་དཀར་ཕྱོགས་ལ། ཞུ་བའི་ས་ཡི་ཁམས་རྡུལ་ལ་རབ་ ཏུ་འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་ལ། ངལ་གྷལ་གལ་ཁལ། ཀལ་ཉལ་ཛྷལ་ཛལ། ཚལ་ཙལ་ཎལ་ཌྷལ། ཌལ་ཋལ་ཊལ་མལ། བྷལ་བལ་ཕལ་པལ། ནལ་དྷལ་དལ་ཐལ། ཏལ་ ྈྐལ་ཤལ་ཥལ། ཞེས་པའི་བར་ཡི་གེ་བཞི་བཞི་སྟེ། བརྒྱད་ཀྱི་ཕྱེད་སྔ་མ་ལ། ྉྤལ་སལ་སྟེ་ཡོན་ ཏན་གྱི་ཨལ་ཡིག་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་དང༌། ཕྱེད་ཕྱི་མ་ལ། ང་གྷླ་ དང་དགུ་ནས་བཅོ་ལྔའི་བར་བདུན་ལ། གླ་ཁླ་ཀླ་ཉླ། ཛྷླ་ཛླ་ཚླ་ཙླ། ཎླ་ཌྷླ་ཌླ་ཥླ། ཊླ་མླ་བྷླ་བླ། ཕླ་པླ་ ནླ་དྷླ། དླ་ཐླ་ཏླ་ྈྐླ། ཤླ་ཥླ་ྉྤླ་སླ། ཞེས་པའི་བར་ཡི་གེ་བཞི་བཞི་སྟེ། ལ་ཡིག་གིས་བྱིན་གྱིས་ བརླབས་པའི་གསལ་བྱེད་སུམ་བཅུ་སྤྲོ་བའི་རིམ་པས་སོ། །དེའི་ནག་ཕྱོགས་ལ། རྡུལ་གྱི་ནམ་ མཁའི་ཁམས་ཁུ་བ་ལ་རབ་ཏུ་འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་ལ། སཱ་ྉྤཱ་ཥཱ་ཤཱ། ྈྐཱ་ཏཱ་ཐཱ་ དཱ། དྷཱ་ནཱ་པཱ་ཕཱ། བཱ་བྷཱ་མཱ་ཊཱ། ཋཱ་ཌཱ་ཌྷཱ་ཎཱ། ཙཱ་ཚཱ་ཛཱ་ཛྷཱ། ཉཱ་ཀཱ་ཁཱ་གཱ། ཞེས་པའི་བར་ཡི་གེ་བཞི་ བཞི་དང་། བརྒྱད་ཀྱི་ཕྱེད་སྔ་མ་ལ། གྷཱ་ངཱ་སྟེ་འཕེལ་བའི་ཨཱ་ཡིག་རིང་པོས་བྱིན་གྱིས་བརླབས་ པའི་གསལ་བྱེད་སུམ་བཅུ་དང༌། ཕྱེད་ཕྱི་མ་ལ། ས་ྉྤ་དང་དགུ་ནས་བཅོ་ལྔའི་བར་བདུན་ལ། ཥྷཱ་ཤྷཱ་ྈྐཱ་ཏྷཱ། ཐྷཱ་དྷཱ་དྷྷཱ་བྷཱ། པྷཱ་ཕྷཱ་བྷཱ་བྷྷཱ།མྷཱ་ཊྷཱ་ཐྷཱ་ཌྷཱ། ཌྷྷཱ་ཎྷཱ་ཙྷྱཱ་ཚྷཱ། ཛྷཱ་ཛྷྷཱ་ཉྷཱ་ཀྷཱ་ཁྷཱ་གྷཱ་ གྷ་དྷཱ༌། ཞེས་པའི་བར་ཧཱ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་བསྡུ་ བའི་རིམ་པས་སོ། ༡༠ ། དེ་ནས་ཟླ་བ་བཅུ་གཅིག་པའི་ཚེས་སུམ་བཅུ་ལ། །ྉྤཾ་ནས་སཾ་གི་བར་ ཐིག་ལེས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་སྤྲོ་བའི་རིམ་པ་དང༌། ༡༡ ཟླ་བ་བཅུ་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-53 གཉིས་པའི་ཚེས་བཅུ་གསུམ་ལ། སཿནས་ངཿའི་བར་རྣམ་པར་གཅད་པས་བྱིན་གྱིས་བརླབས་ པའི་གསལ་བྱེད་སུམ་བཅུ་བསྡུ་བའི་རིམ་པས་འཇུག་སྟེ། ༡༢ དེ་ལྟར་མངལ་བཟུང་བའི་ཟླ་བ་ གཅིག་གི་རྗེས་ལ། ཟླ་བ་བཅུ་གཉིས་ཀྱི་ཕུང་པོ་དང༌། ཁམས་དང༌། སྐྱེད་བྱེད་ལ་སོགས་པ་ འགྲུབ་ཅིང༌། དེ་དག་ཞག་རེ་རེ་ལ། རྩ་ཉིས་བརྒྱ་ཉིས་བརྒྱ་འཕེལ་བས། བདུན་ཁྲི་ཉིས་སྟོང་ རྫོགས་ལ། མངལ་གྱི་ཟླ་བ་གཅིག་དང་ལྷན་ཅིག ཟླ་བ་བཅུ་གསུམ་ལ་ཡི་གེ་སྟོང་དང་ཉི་ཤུ་ པོ་འདི་རྣམས་འཕེལ་ལོ། །ཞེས་པ་ཡང་དཀའ་བའི་གནས་གཏན་ལ་འབེབས་པའི་མན་ངག་ གོ །འདི་ཡང་དམ་པའི་ལེགས་བཤད་ལ། །རྟེན་ནས་བློ་ལྡན་མ་ཏིས་བྲིས། །དགེ་བས་འགྲོ་ ཀུན་དགའ་བའི་གནས། །ཀུན་ལ་མཁས་པ་ཉིད་གྱུར་ཅིག །ཅེས་པའི་ཡི་གེ་པ་ནི་དཔལ་ལྡན་ རིན་ཆེན་བདག་གིས་དག་པར་བྲིས། མཾ་ག་ལཾ་བྷ་ཝ་ཏུ་ཤུ་བྷཾ། །དགེ་ལེགས་འཕེལ་ཧེ། ༄༅། །ན་མོ་ཛྙཱ་ན་བཛྲཱ་ཡ། ལྀ་སོགས་དབྱངས་བརྒྱད་སྐབས་སུ་ནི། །ཕྱེད་དང་བརྒྱད་ ཀྱིས་ཕྱེད་དང་བརྒྱད། །བསྒྱུར་ཕྱིར་ཕྱེད་པོ་བསྲེ་བའི་སླད། །བདུན་པོ་གཉི་ག་(སོ་སོར་གཉིས་ཀྱིས་ བསྒྱུར་བས་༡)ཉིས་འགྱུར་ལ། །ཕྱེད་པོ་(སོ་སོར་)བསྲེས་པས་བཅོ་ལྔ་(པ་གཉིས་)སྟེ། །བཅོ་ལྔས་བཅོ་ ལྔ་བསྒྱུར་བ་ན། །ཉིས་བརྒྱ་ཉི་ཤུ་རྩ་ལྔ་འབྱུང༌། །གཉི་ག་(བསྒྱུར་བྱ་སྒྱུར་བྱེད་)གཉིས་ཀྱིས་བསྒྱུར་ བ་ན། །དེ་(༢༢༥)ནི་བཞི་ཆའི་ཕུང་པོ་ཡིན། །དེ་ཕྱིར་བཞི་ཡིས་བགོས་པ་ལས། །ལྔ་བཅུ་རྩ་ དྲུག་བཞི་ཆ་འབྱུང༌། །ཡང་ན་ཕྱེད་དང་བརྒྱད་ཀྱི་དོན། །(ཕྱེད་པ་)བཅོ་ལྔས་རངས་པོ་བདུན་ པོ་དང༌། །ཕྱེད་པ་གཅིག་པོ་(སྟེང་དང་འོག་ཏུ་)སོ་སོར་བསྒྱུར། །གོང་མ་བརྒྱ་དང་ལྔ་པོ་ནི། །ཕྱེད་ ཀྱི་ཕུང་པོ་ཡིན་པའི་ཕྱིར། །གཉིས་ཀྱི་བགོས་པས་ང་གཉིས་འབྱུང༌། །ལྷག་མ་ཕྱེད་གཅིག་ ལུས་པ་ནི། །བཞི་ཆ་གཉིས་ཀྱི་ངོ་བོ་སྟེ། །འོག་མ་ཕྱེད་ཀྱིས་ཕྱེད་བསྒྱུར་བ། །བཞི་ཆའི་ཕུང་ པོར་(བཅོ་ལྔ་)བསྲེས་པ་ལས། །བཅུ་བདུན་ལ་ནི་བཞིས་ཐོབ་(པ)བཞི། །སྟེང་དུ་བསྲེས་པའི་ང་ དྲུག་སྟེ། །ལྷག་མ་གཅིག་ནི་བཞི་ཆའོ། །ཡི་གེ་ལམ་སོགས་བདུན་ཚན་བདུན། །བཞི་བཅུ་རྩ་ 7-1-54 དགུའི་བདག་ཉིད་དེ། །འོག་གི་ཧ་ཡིག་གིས་དམན་པའི། །ཡི་གེ་ཕྱེད་པ་(ཧླྀ་སོགས་)བདུན་པོ་ ལ། །གོང་གི་ཕྱེད་པ་(ལཱཾ་སོགས་)བདུན་པོ་དག །བསྣན་པས་ལྔ་བཅུ་རྩ་དྲུག་སྟེ། །ཧ་ཡིག་ཕྱེད་ ནི་བཞི་ཆ་འོ། །ལ་སོགས་སྲོག་མེད་བདུན་པོ་ནི། །ལཱཾ་སོགས་རྣམས་ཀྱི་(ཕྱེད་)དབྱངས་ཡིག་ ཨཱཾ། །བླངས་ཏེ་(ཕྱེད་)གསལ་བྱེད་བཞག་པ་ན། །(ལ་ཞེས་སོགས་)འདི་ལྟར་འགྱུར་ཞེས་མཚོན་ པ་འོ། །སྒྲ་མདོ་ལས་ཀྱང་ལྀ་སོགས་(ཨུ་རྀ་ཨི་རྣམས་)ཀྱིས། །(རང་དང་)འདྲ་ཡིག་(ལྀ་སོགས་)མིན་ པའི་དབྱངས་(གང་རུང་)མཐོང་ན། །(ལྀ་)ལ་(རིམ་པ་བཞིན་)ཝ་(ཨུ་)ར་(རི་)ཡ(ཨི་)ར(སྲོག་མེད་པ་) འགྱུར་བ་དང༌། །ཨ་ཡིག་(ནི་)ལྀ་ལ་ཨལ་དང་ནི། །ཨུ་ལ་ཨོ་དང་རྀ་ལ་ཨར། །ཨི་ལ་ཨེ་རུ་ འགྱུར་བ་དང༌། །མ་ཡིག་རྗེས་སུ་ང་རོ་དང༌། །ར་ཡིག་རྣམ་པར་གཅད་བྱ་ཞེས། །བཤད་པ་ དང་ཡང་ཆ་མཐུན་པའོ། །འདི་ཡང་དཀའ་བར་གྲགས་པས་ན། །དེ་ཉིད་བདེ་ལེགས་[བླག] རྟོགས་བྱའི་ཕྱིར། །མན་ངག་འདི་ཡང་མ་ཏིས་བྲིས། །དགེ་བས་བདེ་ཆེན་ཐོབ་གྱུར་ཅིག །ཛྙཱ་ ན་སིད་དྷི་བྷ་བ་ཏུ། གཅིག་ཞུས། མ་ཡིག་འབྲས་སྤུངས་ཡིག་རྙིང་ཕྱི་ཀ ༡༠༡ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-55 ༄༅། །ལྔ་བསྡུས་ཉུང་གསལ་སྒྲོན་མེ་ བཞུགས་སོ། ། ༄༅། །ༀ་སྭསྟི་སིདྷཾ། མི་འགྱུར་བདེ་ཆེན་དུས་འཁོར་ལོ། །ལྷག་པའི་ལྷར་གྱུར་འཇམ་ དབྱངས་དང༌། །བླ་མའི་ཞབས་རྡུལ་སྤྱིས་མཆོད་ནས། །ལྔ་བསྡུས་ཉུང་གསལ་སྒྲོན་མེ་བྲི། ། ཟིལ་གནོན་ལ་སོགས་འདས་པའི་ལོ། །ཉིས་བསྒྱུར་ནག་སོགས་འདས་ཟླ་བསྲེ། །གནས་ གཉིས་འོག་མ་མིག་གིས་བསྒྱུར། །མཁའ་དབང་བསྲེས་ལ་མདའ་རོས་བགོ། །རྙེད་པ་སྟེང་ སྦྱིན་ཟླ་དག་གོ །ཟླ་དག་གནས་གསུམ་དབུས་མ་ནི། །སོས་བསྒྱུར་ནོར་ལྷས་རྣམ་པར་བརྒྱན། ། འོག་ཏུ་ཟུང་བསྲེ་དུས་ཀྱིས་བགོ །རྙེད་པས་དབུས་སྦྱང་དེ་ཡི་ལྷག །མཁའ་རོས་བགོས་ ལྷག་ཆུ་ཚོད་ཡིན། །རྙེད་པ་མདས་བརྒྱན་སྟེང་དུ་སྦྱིན། །རིས་བགོ་ལྷག་མ་གཟའ་གནས་སོ། ། གནས་གཉིས་འོག་མར་ནོར་ལྷ་ཕྱོགས། །བྱིན་ལ་དུས་ཉིས་བགོས་ལྷག་ཆ། །སྟེང་མ་ལག་ པས་བསྒྱུར་བ་ལ། །རྙེད་པ་ཟུང་བཅས་གཞུག་པར་བྱ། །ཀླུ་ལག་གིས་བགོས་ལྷག་མ་རིལ། ། གནས་གསུམ་དབུས་མ་དྲག་པོས་བསྒྱུར། །ཐུབ་པ་མཚོས་བརྒྱན་འོག་མ་ལ། །ཡོན་ཏན་ མིག་བསྲེ་བུག་མེས་བསྒོ། །རྙེད་པས་དབུས་སྦྱང་མཁའ་རོས་བགོ། ལྷག་མས་ཆུ་ཚོད་རྙེད་པ་ ནི། །དེ་ཉིད་དང་བཅས་སྟེང་མ་ནི། །གཉིས་ཀྱིས་བསྒྱུར་བ་ལ་བྱིན་སྟེ། །འཁོར་ལོས་བགོས་ ལྷག་སྐར་མ་འོ།། །། གཟའ་ཚེས་སྦྱིན་དབྱུག་གུར་?དབྲི། །སླར་ཡང་རིལ་པོར་ཚེས་གྲངས་སྦྱིན། །དེ་ཉིད་ གནས་གཉིས་གཞག་པ་ཡི། །གཅིག་ལ་རི་བསྲེ་ཆུ་ཟླས་བགོ །ཐོབ་པས་གཟའ་ནོར་འཕེལ་ ལྔ་བསྡུས་ཉུང་གསལ་སྒྲོན་མེ། 7-1-56 འགྲིབ་བརྟག །གཅིག་ཤོས་ཆུ་ཟླས་བགོས་ལྷག་གིས། །རི་བོང་ཅན་གྱི་རྐང་པ་བཟུང༌། །ཟླ་ མིག་མེ་ཆུ་འབྱུང་དབང་མདའ། །སྔ་མའོ་ཕྱི་མ་དེ་ལས་བཟློག །སྔ་ཕྱིར་སྤྱད་དང་མ་སྤྱད་ བཟུང༌། མ་སྤྱད་སྔོན་མས་ཆ་ཤས་བསྒྱུར། །དུས་ཉིས་བགོས་ཐོབ་ཆུ་ཚོད་དོ། །ལྷག་མ་མཁའ་ རོས་བསྒྱུར་ཐོབ་སྲང༌། །དབྱུག་གུ་ཉི་ཤུ་རྩ་ལྔ་ལ། །རྐང་པའི་ཆུ་ཚོད་དག་གིས་སྦྱང༌། །དེ་ དང་ཡང་དག་རྒྱུ་བ་གཉིས། །རྐང་འཚམས་འདས་ན་བསྲེ་བ་དང༌། །མ་འདས་འོག་མས་གོང་ མ་སྦྱང༌། །དེ་ལས་གཅིག་ཕབ་དྲུག་ཅུ་ལ། །འོག་ན་གནས་པའི་ཆུ་སྲང་གིས། །སྦྱངས་པའི་ ལྷག་མ་གཟའ་ནོར་དུ། །རྙེད་པ་མཉམ་སྦྱིན་མི་མཉམ་དབྲི། །ཚེས་གྲངས་གནས་གཉིས་སྟེང་ ཆུས་བསྒྱུར། །འོག་ལ་མེས་ཐོབ་སྟེང་དུ་སྦྱིན། །དེ་ལ་མཁའ་རོས་བགོས་ཐོབ་པ། །སྐར་མར་ སྦྱིན་ཞིང་ལྷག་ཆུ་ཚོད། །འོག་གི་ལྷག་མ་ཉི་ཤུས་བསྒྱུར། །ཆུ་སྲང་དུ་སྦྱིན་ཉི་བར་རོ། །དེ་ཉིད་ གནས་གཉིས་བཀོད་བྱས་ལ། །གཅིག་ལ་འཁོར་ཕྱེད་ལོངས་ན་དོར། །ལྷག་མའི་སྐར་གནས་ མཁའ་རོས་བསྒྱུར། །དབྱུག་བསྲེ་འབྱུང་མེ་ཟླ་བས་བགོ །ཐོབ་པས་ཉི་རྐང་གཟུགས་ཆུ་དུས། ། བཟློག་པ་དང་བཅས་གནས་དྲུག་བཟུང༌། །སྔ་ཕྱིར་ཟོས་དང་མ་ཟོས་བསྡོམ། །རྐང་པ་སྔོན་ མས་ལྷག་མ་བསྒྱུར། །འབྱུང་པ་མེ་ཟླས་བགོས་ཐོབ་པ། །ཡང་དག་རྒྱུ་བའི་ཆུ་ཚོད་ཡིན། ། ལྷག་མ་དྲུག་ཅུས་བསྒྱུར་ཐོབ་སྲང༌། །རྐང་པས་དབྱུག་གུ་དྲག་པོ་སྦྱང༌། །དེ་དང་ཡང་དག་ རྒྱུ་བ་གཉིས། །འཚམས་འདས་བསྲེ་ཞིང་མ་འདས་ན། །འོག་མས་གོང་སྦྱང་དེ་ལས་གཅིག ། ཕབ་པའི་དྲུག་ཅུ་སྲང་གིས་སྦྱང༌། །དེ་དག་གཟའ་ཉིའི་ལོངས་སྤྱོད་དུ། །བྱང་བགྲོད་ལ་སྦྱིན་ ལྷོ་བགྲོད་དོར། །ཉི་མ་དག་པ་གནས་གཉིས་གཞག །གཅིག་ལ་སྐར་མར་ཚེས་གྲངས་སྦྱིན། ། གཞན་དུ་ཚེས་གྲངས་དུས་ཀྱིས་བསྒྱུར། །དེ་ལ་གཟའ་ཡི་ཆུ་ཚོད་བསྲེ། །དྲུག་ཅུས་ཐོབ་པས་ སྐར་མ་སྦྱང༌། །ལྷག་མས་ཆུ་ཚོད་སྦྱང་བར་བྱ། །གཟའ་ཡི་ཆུ་སྲང་དག་གིས་ནི། །སྐར་མའི་ ཆུ་སྲང་སྦྱང་བར་བྱ། །གཟའ་དང་ཟླ་ཉིའི་སྐར་མའི་གནས། །རི་དང་འཁོར་ལོས་བགོ་བར་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-57 བྱ། །ལྷག་མ་གཟའ་དང་རྒྱུ་སྐར་གྱི། །རྣམ་པར་དག་པ་མངོན་སུམ་འཆར། །ཉི་ཟླ་གཉིས་ བསྲེས་སྦྱོར་བ་སྟེ། །ཚེས་གྲངས་མིག་བསྒྱུར་ཟླ་བས་སྦྱང༌། །ཐུབ་པས་བགོས་ལྷག་བྱེད་པ་ འོ།། །། བླ་མའི་ལེགས་བཤད་འོད་བརྒྱའི་ཕྲེང༌། །བདག་བློ་པད་མའི་ཚལ་དུ་ལྷུང༌། །དེ་རྟེན་ རྩིས་ཀྱི་མངར་རྩི་འཁྲུངས། །བློ་གསལ་བུང་བའི་དགའ་སྟོན་མཛོད། །ཅེས་པ་དཔལ་ལྡན་བླ་ མ་དམ་པ་དྷརྨཱ་ཤྲཱི་བྷ་དྲའི་བཀའ་དྲིན་ལས། དུས་ཀྱི་འཁོར་ལོའི་ཚུལ་ཅུང་ཟད་རྟོགས་པ། བློ་ གྲོས་རྒྱལ་མཚན་དཔལ་བཟང་པོས་སྦྱར་བའོ།། །། དགེ། 7-1-58 དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །གསང་སྔགས་ཟློས་པའི་མན་ངག་བཞུགས། ། དག་པར་བྲི་ཞིང་དག་པར་བཟླས། །རྒྱས་བསྡུས་ཇི་ལྟར་པའང་བཟུང༌། ༄༅། །ༀ་ན་མོ་བཛྲ་ས་ཏྭ་ཡ། སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །དུས་ཀྱི་ འཁོར་ལོ་ལ་བཏུད་ནས། །དེ་ཡི་གསང་སྔགས་ཟློས་པ་ཡི། །མན་ངག་འདིར་ཡང་གསལ་བར་ བཤད། །དེ་ལ་བཟླས་པའི་ཡུམ་འགྲང་[བགྲང]ཕྲེང་གི་རྒྱུ་ནི་ལས་སྣ་ཚོགས་ཀྱི་དབང་གིས་ རྣམ་གྲངས་མང་པོར་ཡང་གསུངས་མོད། འདིར་ཉམས་སུ་བླང་བར་བྱ་བའི་དོན་དུ། ཞི་བ་ལ་ ཤེལ་དང་རྒྱས་པ་ལ་ཤེལ་མུ་ཏིག་གི་འབྲས་བུའོ(དབང་ལ་བོ་དེ)། །གྲངས་ནི། (སཾ་པུ་ཊིར) སྔགས་ ཀྱི་བཟླས་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཡིན་ནོ། །ཞི་བ་ལ་ནི་བརྒྱ་ཕྲག་བཞི། །དེ་བཞིན་ རྒྱས་ལ་ལྷག་པ་བརྒྱད(མངོན་སྤྱོད་ལ་ནི་བཅུ་ཉིད)། །ཅེས་ཀྱང་གསུངས་མོད། (སྒྲུབ་ལེར)འདིར་ མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་ནི་བརྒྱ་རྩ་བཅུ་(ཙ་དང་དགུག་པ་ལ་ ཙན་དན་དམར་པོའི་ས་བོན)གཉིས་ཏེ། དེ་རྣམས་ལས་སྐུ་དང་གསུང་དང་ཐུགས་དང་ ཡེ་ཤེས་ཀྱི་གནས་རྣམས་སྤངས་ནས། ལྷག་མ་བརྒྱད་དང་བརྒྱད་པོ་རྣམས་བགྲང་ཕྲེང་ལ་སྟེ། ལྷུན་པོ་ལ་ཞལ་བཞིའོ་ཞེས་གསུངས་པས་མཚན་དཔེ་རྣམ་པར་དག་པ་བརྒྱ་དང་བཅུ་གཉིས་ ལས་སྐུ་གསུང་ཐུགས་དང་ཡེ་ཤེས་བཞི་ཐམས་ཅད་ལ་ཁྱབ་བྱེད་ཡིན་པས་ལོགས་སུ་མི་བྱེད་ པར་ཕྲེང་[རྟོག་བརྒྱད་[རྡོག་བརྒྱ]དང་བརྒྱད་ཡིན་ལ། ལྷུན་པོའི་ཞབས་བཞི་རྣམ་པར་དག་ པས་མདོ་འཛིན་ནི་བཞི་བརྩེག་གམ་ཞལ་བཞི་པའོ། །ཕྲེང་ཐག་ནི། (སྡོམ་འབྱུང་)ཇི་ལྟར་ལས་ཀྱི་ ཁྱད་པར་གྱིས། །བགྲང་ཕྲེང་སྲད་བུ་དག་ཀྱང་བྱ། །ཞེས་སོགས་གསུངས་མོད། འདིར་ནི་ཞི་ 7-1-59 བ་དང་རྒྱས་པ་ལ་གཞོན་ནུ་མས་རལ་བལ་ལ་བཀལ་བའི་སྐུད་པའོ། །བྱིན་གྱིས་བརླབས་པ་ ནི། འགྲང་[བགྲང]ཕྲེང་ལ་ནི་ཧཱུཾ་གི་ཡི་གེ་ནོར་བུ་ཡོངས་སུ་བགྲང་བ་རྣམས་ནི་མཚན་དང་ དཔེ་བྱད་རྣམས། ཞེས་པ་ལྟར་བསངས་ཤིང་སྦྱངས་ཏེ་སྟོང་པའི་ངང་ལས་ཕྲེང་རྟོག་[རྡོག] རྣམས་རྡོ་རྗེ་འཛིན་པར་བསྐྱེད་ནས། སྙིང་ཁའི་འདོད་[འོད]ཟེར་གྱིས་ཧཱུཾ་དང་དབྱངས་གསལ་ བྱེད་ཀྱི་ཡི་གེ་མཚན་དང་དཔེ་བྱད་ཀྱི་ངོ་བོ་རྣམས་སྤྱན་དྲངས་ཏེ་ཕྲེང་རྟོག་[རྡོག]རྣམས་ལ་ བསྟིམས་པའོ། །འགྲང་[བགྲང་]བའི་ཚུལ་ནི་ལག་པ་གཡས་གཡོན་རྡོ་རྗེ་དང་པད་མ་ཐབས་ ཤེས་དབྱེར་མེད་དུ་བསམས་ནས། གཡོན་པ་ཕྲེང་བ་བཟུང་སྟེ། གཡས་པའི་མཐེ་བོ་ལྕགས་ ཀྱུའི་རྣམས་[རྣམ]པས་ལྷ་ཐམས་ཅད་འགུགས་པའི་བསམས་པས། (རྡོ་རྗེ་མཁའ་འགྲོར)ཞི་བ་ ལ་ནི་ཁྲོ་བོར་(མཛུབ་མོར)དགོད། །རྒྱས་པ་ལ་ནི་དབུས་དེ་ཉིད(གུང་མོ)། །དབང་ལ་མིང་མེད་ ཅེས་སུ་གསུངས། །མཐའ་མ་ལ་ནི་མངོན་སྤྱོད་ཉིད། །ཅེས་པ་ལྟར་ཞི་རྒྱས་དབང་དྲག་གི་ དོན་དུ་མཛུབ་མོ་སོ་སོ་གཞག་ནས་འདྲེན་པའམ། ཡང་ན་འདི་ཉིད་ཀྱི་ལས་སོ་སོའི་ཁམས་ དང་མཐུན་པའི་མཛུབ་མོ་ལ་འཇོག་སྟེ། གང་ག་བྱ་བ་ཉེ་བར་སྦྱར་བར་འགྱུར་བས་ཡོན་ཏན་ དབང་གིས་དེ་ནི་སྦྱར་བར་བྱ། །ཞེས་པའི་རིགས་པས་ཐོག་མར་མཆོག་གི་ཕྱག་རྒྱས་བགྲང་ ཕྲེང་དང་ལྕེ་ལ་རེག་ནས་བཟླས་པར་བྱའོ། །དམིགས་པ་ནི་ལྷ་རྣམས་ཀྱི་ཐུགས་ཁར་རང་རང་ གི་ས་བོན་ལ་རང་རང་གི་སྔགས་ཀྱིས་བསྐོར་བར་བསམས་ཏེ། སངས་རྒྱས་བྱང་ཆུབ་སེམས་ དཔའ་དང༌། །མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ ནི་སྙན་གསན་འབེབས་པར་བརྗོད། །ཅེས་པ་ལྟར་འདོད་པའི་དོན་ལ་གསོལ་བ་འདེབས་ པའི་ཚུལ་གྱིས་ཟློས་པའོ། །བཟླས་བྱའི་སྔགས་ནི། རྡོ་རྗེ་སྙིང་པོར། ས་བོན་ཉེ་བའི་སྙིང་པོ་ དང༌། །སྙིང་པོ་དང་ནི་རྩ་བའི་སྔགས། །ཡེ་ཤེས་ཐུགས་དང་གསུང་དང་སྐུ། །རིམ་བཞིན་སྒོམ་ [བསྒོམ]བྱ་བཟླས་བྱ་སྟེ། །ཇི་སྲིད་དངོས་གྲུབ་གྱུར་བགྱི་[གྱི]བར། །འབད་པས་བཟླས་བྱ་ 7-1-60 མཆོད་པར་བྱ། །ཞེས་ས་བོན་གྱི་ཡི་གེ་ནི་ཡེ་ཤེས་རྡོ་རྗེ་བསྒོམ་པར་བྱ་བའི་དོན་དང༌། ཉེ་སྙིང་ ཐུགས་རྡོ་རྗེ་དང་སྙིང་པོ་གསུང་རྡོ་རྗེ་དང་རྩ་སྔགས་སྐུ་རྡོ་རྗེ་ནི་བཟླས་པར་བྱ་བར་གསུངས་ ཤིང༌། །འདིར་ནི་(སྒྲུབ་ལེར)མིང་གི་དང་པོ་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་མིའི་བདག་པོ་ལྷ་དང་ལྷ་ མོ་རྣམས་ཀྱིའོ། །མིང་གི་ཡི་གེ་ཐམས་ཅད་གསུང་གི་རྡོ་རྗེ་དེ་ལས་ལྷག་པ་དག་ཀྱང་སྐུའི་རྡོ་རྗེ་ སྟེ། །དེ་ལས་ཡན་ལག་སོ་སོའི་སྔགས་ནི་རྣམ་པ་མང་པོར་འགྱུར་ཏེ་བཀླགས་པས་འགྲུབ་པ་ བརྒྱ་ལམ་ན། །བསྒོམ་བྱ་མཆོད་བྱ་བཟླས་བྱ་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ཐུགས་ གསུང་སྐུའི་དབྱེ་བས་སོ། །ཞེས་མིང་གི་དང་པོ་ནི་ཐུགས་རྡོ་རྗེ་སྟེ། ལྷ་རྣམས་བསྒོམ་པའི་ས་ བོན་གྱི་དོན་དང༌། མིང་ཡོངས་སུ་རྫོགས་པ་ནི་གསུང་རྡོ་རྗེ་སྟེ། ཐོག་མར་ༀ་དང་མཐར་ན་མཿ སྦྱར་ནས་མཆོད་པའི་དོན་དང་། འགྲེལ་པར་མིང་གི་ཡི་གེ་ལས་ལྷག་པའི་ཡི་གེ་ཐུགས་དང་ གསུང་གི་ཡི་གེ་དང་བཅས་པ་རྣམས་ནི་སྐུ་རྡོ་རྗེའོ་ཞེས་པ་དང༌། ཡེ་ཤེས་ལེའུར་ཐུགས་རྡོ་རྗེ་ ཧུཾ་ཡིག་ཐུང་ངུ་དང་གསུང་རྡོ་རྗེ་རིང་པོ་སྟེ་མཐར་ནི་ཕཊ་ཀྱི་ཡི་གེའོ་ཞེས་གསུངས་པས་བསྙེན་ པའི་དུས་སུ་མཚན་སོ་སོའི་དང་པོར་སྐུ་རྡོ་རྗེ་ༀ་ཡིག་དང༌། མཚན་ལས་ལྷག་པ་ཐུགས་རྡོ་རྗེ་ ཧུཾ་ཡིག་ཐུང་ངུ་དང༌། གསུང་རྡོ་རྗེ་ཧཱུཾ་ཡིག་རིང་པོ་དང༌། མཐར་སྐུ་གསུང་ཐུགས་གསལ་བར་ བྱེད་པ་ཕཊ་ཡིག་སྦྱར་ཏེ་བཟླས་པར་བྱ་ཞིང༌། ལས་སོ་སོ་ལ་སྦྱོར་བ་ན་ཞི་བ་ལ་ན་མཿདང༌། རྒྱས་པ་ལ་སྭཱཧཱའི་མཐའ་ཅན་ལ་སོགས་པར་འགྱུར་རོ། །སྐུ་རྡོ་རྗེ་དེ་ལས་གཞན་པ་ཕྲེང་བའི་ སྔགས་གང་ཡིན་པ་དེ་ནི་ཡན་ལག་སོ་སོའི་སྔགས་ཏེ་ཞེས་པ་དང༌། ཡན་ལག་སོ་སོ་ལ་དང་ པོར་སྐུ་རྡོ་རྗེ་དང་མཐར་ཐུགས་རྡོ་རྗེ་ཧཱུཾ་ཕཊ་ཅེས་པ་བྱིན་ལ་བཟླས་པར་བྱའོ་ཞེས་གསུངས་ པ་ནི་རྐང་པ་བདུན་ཅུ་རྩ་གཉིས་པ་ལྟ་བུའོ། །རྩ་སྔགས་སྙིང་པོ་ཉེ་སྙིང་ལ་སོགས་པའི་སྒྲུབ་ ཐབས་སུ་བཤད་པ་རྣམས་ཡིན་ལ། འདིར་བཟླས་པར་བྱ་བ་སྐུ་རྡོ་རྗེའི་སྔགས་ནི། མཆོད་ པའི་སྐབས་ཀྱི་མཚན་རྣམས་ལ་བཞི་པའི་རྣམ་དབྱེ་མི་དགོས་ཤིང་ཐོག་མཐའི་ལྷག་པོ་རྣམས་ 7-1-61 སྦྱར་ནས་ཟློས་པ་སྟེ། ༀ་ཤྲཱི་ཀཱ་ལ་ཙཀྲ་ཧུཾ་ཧཱུཾ་(དཔལ་དུས་ཀྱི་འཁོར་ལོ)ཕཊ། ༀ་ཕྲེཾ་བི་(སྣ་ཚོགས་ཡུམ)ཤྭ་ མཱ་ཏཱ་ཧུཾ་ཧཱུཾ་ཕཊ་ཅེས་པ་དང༌། ནུས་མ་རྣམས་ལ། ༀ་དཱ་ན་པཱ་ར་མི་ཏཱ་(སྦྱིན་པའི་ཕ་རོལ་དུ་ཕྱིན་མ)ཧུཾ་ཧཱུཾ་ ཕཊ་ཅེས་པ་ལ་སོགས་པའམ། ཡང་ན། ཀྲྀཥྞ་དཱིས་ཏཱ(ནག་མོ་འབར་མ)། རཀྟ་དཱིས་ཏཱ(དམར་མོ་འབར་ མ)། ཤྭོ་ཏ་དཱིས་ཏཱ(དཀར་མོ་འབར་མ)། པཱི་ཏ་དཱིས་ཏཱ(སེར་མོ་འབར་མ)། དྷཱུ་མ(དུ་བ་མ)། མ་རི་ཙཱི(སྨིག་སྒྱུ་ མ)། ཁ་དྱོ་ཏཱ(མེ་ཁྱེར་མ)། པྲ་དཱི་པ(མར་མེ་མ)། ཞེས་པ་དང༌། གཞན་རྣམས་ཀྱང་རིམ་པ་ལྟར་ཏེ། ཙིན་ཏ་མ་ཎི(ཡིད་བཞིན་ནོར་བུཿ) དྷརྨ་གཎ་ཌཱི(ཆོས་ཀྱི་གཎ་ཌེ)། དྷརྨ་ཤཾང་ཁ(ཆོས་ཀྱི་དུངཿ) ཀལ་པ་ བྲིཀྵ(དཔག་བསམ་གྱི་ཤིངཿ) བཛྲ་ས་ཏྭ(རྡོ་རྗེ་སེམས་དཔའཿ) ཨ་ཀྵོ་བྷྱ(མི་བསྐྱོད་པཿ) ཨ་མོ་གྷ་སད་དྷི(དོན་ ཡོད་གྲུབ་པཿ) རཏ་ན་སཾ་བྷ་ཝ(རིན་ཆེན་འབྱུང་ལྡནཿ) ཨ་མི་ཏཱ་བྷ(འོད་དཔག་མེདཿ) བཻ་རོ་ཙ་ན(རྣམ་པར་ སྣང་མཛདཿ) པྲཛྙཱ་པཱ་ར་མི་ཏཱ(ཤེས་རབ་ཕ་རོལ་ཕྱིན་མ)། ལོ་ཙ་ནཱ(སྤྱན་མ)། མཱ་མ་ཀཱི(བདག་མ)། པཱཎ་ཌ་ རཱ(གོས་དཀར་མོ)། ཏཱ་རཱ(སྒྲོལ་མ)། བཛྲ་དྷཱ་ཏྭཱི་ཤྭ་རཱི(རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ)། ཛ་ཡ་གྷ་ཊ(རྒྱལ་བའི་བུམ་ པཿ) བི་ཛ་ཡ་གྷ་ཊ(རྣམ་པར་རྒྱལ་བའི་བུམ་པཿ)། བཛྲ་པཱ་ཎི(ཕྱག་ན་རྡོ་རྗེཿ) ཁ་གར་བྷ(ནམ་མཁའི་སྙིང་པོཿ) ཀྵི་ཏི་གར་བྷ(སའི་སྙིང་པོཿ) ལོ་ཀེ་ཤྭ་ར(འཇིག་རྟེན་དབང་ཕྱུགཿ)སརྦ་ནི་ཝ་ར་ཎ་བི་སྐམ་བྷཱི(སྒྲིབ་པ་ཐམས་ ཅད་རྣམ་པར་སེལ་བཿ) ས་མན་ཏ་བྷ་ཏྲ(ཀུན་ཏུ་བཟང་པོཿ) གན་དྷ་བཛྲཱ(དྲི་རྡོ་རྗེ་མ)། རུ་པ་བཛྲཱ(གཟུགས་ རྡོ་རྗེ་མ)། ར་ས་བཛྲཱ(རོ་རྡོ་རྗེ་མ)། སྤར་ཤ་བཛྲཱ(རེག་བྱ་རྡོ་རྗེ་མ)། ཤབ་ད་བཛྲཱ(སྒྲ་རྡོ་རྗེ་མ)། དྷརྨ་དྷཱ་ཏི་ བཛྲ(ཆོས་ཁམས་རྡོ་རྗེ་མ)། ཨུཥྞྀ་(གཙུག་ཏོར་ཅན)ནཱན་ཏ་ཀ(བགེགས་མཐར་བྱེདཿ) པྲཛྙཱན་ཏ་ཀ(ཤེས་རབ་ མཐར་བྱེདཿ) པད་མཱན་ཏ་ཀ(པད་མ་མཐར་བྱེདཿ) ཡ་མན་ཏ་ཀཱ(གཤིན་རྗེ་མཐར་བྱེདཿ) སྟམ་བྷི་ནཱི(རེངས་ བྱེད་མ)། མཱ་ནི་ནཱི(ཁེངས་བྱེད་མ)། སྟོ་བྷི་ནཱི(རྨུགས་བྱེད་མ)། ཨ་ཏི་བཱིར་ཡཱ(ཤིན་ཏུ་བརྩོན་འགྲུས་མ)། ཨ་ ཏི་ནཱི་ལཱ(ཤིན་ཏུ་སྔོན་མོ)། །སརྦ་དྷཱ་ར་ཎཱི་(གཟུངས་མ་ཐམས་ཅད)ཞེས་པ་རྣམས་ནི་ཐུགས་ཀྱི་དཀྱིལ་ འཁོར་གྱིའོ། །བཛྲ་ཙར་ཙི་ཀཱ(རྡོ་རྗེ་ཙར་ཙི་ཀ) བཛྲ་ཝ་རཱ་ཧཱི(རྡོ་རྗེ་ཕག་མོ)། བཛྲ་མ་ཧེ་ཤྭ་རཱི(རྡོ་རྗེ་དབང་ ཆེན་མོ)། བཛྲ་ཨཻན་ཏྲཱི(རྡོ་རྗེ་དབང་མོ)། བཛྲ་བྲཧྨ་ཎཱི(རྡོ་རྗེ་ཚངས་པ)། བཛྲ་མ་ཧཱ་ལ་ཀྵྨཱི(རྡོ་རྗེ་དཔལ་ཆེན་མོ)། 7-1-62 བཛྲ་ཀཽ་མཱ་རཱི(རྡོ་རྗེ་གཞོན་ནུ་མ)། བཛྲ་བཻཥྞ་ཝཱི(རྡོ་རྗེ་ཁྱབ་འཇུག་མ)། ཨཥྚ་ཨཥྚ་ཀེ་ན་ཙ་ཏུ(བརྒྱད་པ་བརྒྱད་ཀྱི་ དྲུག་ཅུཿ) ཥཥྚི་བཛྲ་ཡོ་གི་ནཱི(རྩ་བཞིའི་རྡོ་རྗེ་རྣལ་འབྱོར་མ)། ཥཊ་ཏྲིཾ་ཤད་ཨིཙྪཱ(འདོད་མ་སུམ་ཅུ་རྩ་དྲུག)། ཞེས་ པ་ནི་གསུང་གི་དཀྱིལ་འཁོར་གྱིའོ།། །། བཛྲ་ནཻར་རི་ཏྱེ(རྡོ་རྗེ་བདེན་བྲལཿ) བཛྲ་བཱ་ཡུ(རྡོ་རྗེ་རླུང་ལྷཿ) བཛྲ་ཨག་ནི(རྡོ་རྗེ་མེ་ལྷཿ) བཛྲ་ཀར་ ཏི་ཀ(རྡོ་རྗེ་གདོང་དྲུགཿ) བཛྲ་ཨུ་ད་དྷི(རྡོ་རྗེ་ཆུ་གཏེརཿ) བཛྲ་བི་ནཱ་ཡ་ཀ(རྡོ་རྗེ་ལོག་འདྲེནཿ) བཛྲ་ཨིན་ཏྲ(རྡོ་ རྗེ་དབང་པོཿ) བཛྲ་བྲཧྨ(རྡོ་རྗེ་ཚངས་པཿ) བཛྲ་ཨཱིཤྭ་ར(རྡོ་རྗེ་དབང་ཕྱུགཿ) བཛྲ་ཡཀྵ(རྡོ་རྗེ་གནོད་སྦྱིནཿ) བཛྲ་ བིཥྞཱ(རྡོ་རྗེ་ཁྱབ་འཇུགཿ) བཛྲ་ཡ་མ(རྡོ་རྗེ་གཤིན་རྗེཿ) ཞེས་པ་ལྷ་ཆེན་པོ་བཅུ་གཉིས། སྐྱེད་[བསྐྱེད] པའི་གོ་རི་[རིམ] བཞིན་དང༌། དེ་རྣམས་ཀྱི་ཡུམ་བརྒྱད་ནི་གསུང་གི་གཙོ་མོ་བརྒྱད་འདུ་བས། དེ་མ་འདུས་པ་བཞི་ནི། ཝཱ་རུ་ཎཱི(ཆུ་ལྷ་མོ)། ཝཱ་ཡ་ཝཱི(རླུང་ལྷ་མོ)། ཡཱ་མ་ནཱི(གཤིན་རྗེ་མོ)། ཡཀྵི་ཎཱི་(གནོད་སྦྱིན་མོ)། ཞེས་པ་དང༌། མ་ཧཱ་བ་ལ(སྟོབས་པོ་ཆེཿ) ཨ་ཙ་ལ(མི་གཡོ་བཿ) ཊཀྐི་རཱ་ཛ(འདོད་པའི་རྒྱལ་པོཿ) ནཱི་ལ་དཎ་ཌ(དབྱུག་པ་ སྔོན་པོཿ) སུམ་བྷ་རཱ་ཛ(གནོད་མཛེས་རྒྱལ་པོཿ) རཽ་ཏྲ་ཨཀྵ(དྲག་སྤྱན་མ)། བཛྲ་ཤྲིཾ་ཁ་ལཱ(རྡོ་རྗེ་ལྕགས་སྒྲོག་ མ)། ཙུན་དྷ་(བསྐུལ་བྱེད་མ)། བྷྲི་ཀུ་ཊི(ཁྲོ་གཉེར་ཅན་མ)། མཱ་རཱི་ཙཱི(འོད་ཟེར་ཅན་མ)། ཞེས་པ་ཁྲོ་བོ་ཆེན་ པོ་ལྔ་ཡུམ་དང་བཅས་པ་དང༌། པྲ་ཏྱ་ཀ་མཱ་ས་བྷེ་དེ་ན(སོ་སོའི་ཟླ་བའི་དབྱེ་བས)། ཥཥྠི་ཨུད་ཏ་ར་ཏྲི་ ཤ་ཏ་(དྲུག་ཅུ་ལྷག་པའི་སུམ་བརྒྱ)བཛྲ་ཏི་ཐི་དེ་ཝི(རྡོ་རྗེ་ཚེས་ཀྱི་ལྷ་མོ)། ཞེས་པ་ལོའི་ལྷ་རྣམས་ དང༌། ཥཊ་ཏྲིཾ་ཤཏ་པྲ་ཏཱིཙྪ་(དྲུག་དང་སུམ་ཅུའི་ཕྱིར་འདོད་མ)། ཞེས་པ་ཕྱིར་འདོད་མ་རྣམས་དང༌། བཛྲ་ ཛ་ཡ(རྡོ་རྗེ་རྒྱལ་བཿ) བཛྲ་བི་ཛ་ཡ(རྡོ་རྗེ་རྣམ་པར་རྒྱལ་བཿ) བཛྲ་པད་མ(རྡོ་རྗེ་པད་མཿ) བཛྲ་ཀར་ཀོ་ཊ་ ཀ(རྡོ་རྗེ་སྟོབས་ཀྱི་རྒྱུཿ) བཛྲ་བཱ་སུ་ཀི(རྡོ་རྗེ་ནོར་རྒྱསཿ) བཛྲ་ཤཾ་ཁ་པཱ་ལ(རྡོ་རྗེ་དུང་སྐྱོངཿ) བཛྲ་ཨ་ནན་ ཏ(རྡོ་རྗེ་མཐའ་ཡསཿ) བཛྲ་ཀུ་ལི་ཀ(རྡོ་རྗེ་རིགས་ལྡནཿ) བཛྲ་ཏཀྵ་ཀ(རྡོ་རྗེ་འཇོག་པོཿ) བཛྲ་མ་ཧཱ་པད་མ་ (རྡོ་རྗེ་པད་མ་ཆེན་པོ)ཞེས་པ་ཀླུའི་རྒྱལ་པོ་རྣམས་ཏེ་སྐུའི་དཀྱིལ་འཁོར་གྱིའོ། ། 7-1-63 ༈ ཤྭ་ནཱ་སྱ(ཁྱི་གདོང་མཿ) ཤུ་[སཱུ]ཀ་རཱ་སྱ(ཕག་གདོང་མ)། བྱཱ་གྷྲ་སྱ(སྟག་གདོང་མ)། ཛཾ་བུ་ཀཱ་ སྱ(ལྕེ་སྤྱང་གདོང་མ)། ག་རུ་ཊཱ་སྱ(ནམ་མཁའ་ལྡི ང་གདོང་མ)། ཨུ་ལཱུ་ཀཱ་སྱ(འུག་གདོང་མ)། གྲྀ་དྷཱ་སྱཱ(བྱ་རྒོད་ གདོང་མ)། ཀཱ་ཀཱ་སྱཱ(བྱ་རོག་གདོང་མ)། བཛྲཱ་ཀྵཱི(རྡོ་རྗེ་མིག་མ)། ནཱི་ལ(སྔོན་མོ)། སརྦ་བྷཱུ་ཏཱ(འབྱུང་པོ་ཐམས་ ཅདཿ) ཞེས་པ་ནི་དུར་ཁྲོད་ཀྱིའོ། །བཛྲ་ཙན་དྲ(རྡོ་རྗེ་ཟླ་བཿ) བཛྲ་སཱུརྨ[སཱུཪྻཱ](རྡོ་རྗེ་ཉི་མཿ) བཛྲ་མཾ་ ག་ལ(རྡོ་རྗེ་བཀྲ་ཤིསཿ) བཛྲ་བུ་དྷ(རྡོ་རྗེ་གཟའ་ལགཿ) བཛྲ་བྲྀ་ཧས་པ་ཏི(རྡོ་རྗེ་ཕུར་བུཿ) བཛྲ་ཤུ་ཀྲ(རྡོ་རྗེ་ཁུ་ བཿ) བཛྲ་ཤ་ནཻཤྩ་ར(རྡོ་རྗེ་དལ་འགྲོཿ) བཛྲ་ཀེ་ཏུ(རྡོ་རྗེ་མཇུག་རིངསཿ) བཛྲ་རཱ་ཧུ(རྡོ་རྗེ་སྒྲ་གཅནཿ) བཛྲ་ཀཱ་ ལ་ཨག་ནི(རྡོ་རྗེ་དུས་མེཿ) བཛྲ་དྷྲུ་བ(རྡོ་རྗེ་བརྟན་པ)། བཛྲ་ཨ་ག་སྟྱ(རྡོ་རྗེ་རི་བྱིཿ) སརྦ་ན་ཀྵ་ཏྲ(རྒྱུ་སྐར་ ཐམས་ཅདཿ) དྭ་ད་ཤ་རཱ་སི(ཁྱིམ་བཅུ་གཉིསཿ) ཥོ་ཊ་ཤ་ཀ་ལ(ཆ་བཅུ་དྲུགཿ) ད་ཤ་དིཀ་པཱ་ལཱ(ཕྱོགས་བཅུ་ སྐྱོང་བཿ) བཛྲ་ནན་ཏི་ཀེ་ཤྭ་ར(རྡོ་རྗེ་དགའ་བྱེད་དབང་ཕྱུག)། བཛྲ་མ་ཧཱ་ཀཱ་ལ(རྡོ་རྗེ་ནག་པོ་ཆེན་པོཿ) བཛྲ་ གྷཎ་ཊ་ཀར་ཎ(རྡོ་རྗེ་དྲིལ་བུ་རྣ་བ་ཅནཿ) བཛྲ་བྷྲཾ་གི་ཎི(རྡོ་རྗེ་ཉམ་ཆུང་མཿ) སརྦ་ཀྵེ་ཏྲ་པཱ་ལ(ཞིང་སྐྱོང་ཐམས་ ཅདཿ) སརྦ་དྷུ་ཏི(ཕོ་ཉ་ཐམས་ཅདཿ) ཧཱ་རི་ཏཱི(འཕྲོག་མ)། སརྦ་སིད་དྷི(གྲུབ་པ་ཐམས་ཅདཿ) ཞེས་པ་ན་ཕྱི་ རོལ་འཇིག་རྟེན་པ་རྣམས་ཀྱིའོ།། །། ༈ དྷརྨ་ཙཀྲ(ཆོས་ཀྱི་འཁོར་ལོཿ) བྷ་དྲ་གྷ་ཊ(བུམ་པ་བཟང་པོཿ) བཛྲ་དུན་དུ་བྷི (རྡོ་རྗེ་རྔ་བོ་ཆེཿ) བོ་ དྷི་བྲིཀྵ(བྱང་ཆུབ་ཀྱི་ཤིངཿ) ཞེས་པ་ནི་མཚན་མ་བཞིའི་འོ། །དེ་ལྟར་མཚན་རྣམས་ཐམས་ཅད་ཀྱི། ། དང་པོར་ༀ་གྱི་ཡི་གེ་དང༌། །མཐར་ནི་ཧུཾ་ཧཱུཾ་ཐུང་རིང་དང༌། །ཕཊ་ཡིག་སྦྱར་ཏེ་བཟླས་པར་བྱ། ། ཞེས་པ་འདི་ཡང་རྒྱུད་འགྲེལ་གྱི། །དགོངས་པ་ཇི་བཞིན་མ་ཏིས་བྲིས། །དགེ་བས་གསང་ སྔགས་རྒྱལ་པོ་ལ། །བརྟེན་ནས་དོན་ཆེན་འགྲུབ་གྱུར་ཅིག། ༈ །།མཾ་ག་ལཾ་བྷ་བ་ཏུ། ༄༅། །ན་མཿཀཱ་ལ་ཙཀྲཱ་ཡ། གསུང་དང་སྐུ་ཡི་འཁོར་རྣམས་དང༌། །གཟུངས་མ་རྣམས་ དང་འདོད་མ་དང༌། །ཕྱིར་འདོད་མ་ཡི་སྔགས་རྣམས་ཀྱང༌། །ཟློས་པར་འདོད་ན་འདི་ལྟར་ བཤད། །བྷཱི་མཱ(འཇིགས་མཿ) ཝཱ་ཡུ་བེ་གཱ(རླུང་ཤུགས་མ) ཨུ་གྲཱ(དྲག་མོ)། ཀ་ལ་དཾཥྚ(དུས་ཀྱི་མཆེ་བ་མ)། 7-1-64 ཛ་ལད་ཨ་ན་ལ་མུ་ཁཱ(མེ་འབར་གདོང་མ)། པཱ་ཙཎ་ཌཱ་རོ་(རབ་གཏུམ་མ)ཏྲཱཀྵཱི(དྲག་མིག་མ)། སྠཱུ་ལ་ནཱ་ པཱ(སྣ་ཆེན་མ)། ཞེས་པ་དང༌། ཀཾ་ཀཱ་ལཱི(ཀེང་རུས་མ)། ཀཱ་རཱ་ལཱི(གཙིགས་མ)། ཀཱ་ལ་རཱ་ཏྲཱི(དུས་མཚན་ མ)། སཱ་ཀུ་པི་ཏ་བ་ད་ནཱ(རབ་ཁྲོས་གདོང་མ)། ཀཱ་ལ་ཛྭཾ་ཧྲཱ(དུས་ཀྱི་ལྕེ་མ)། ཀཱ་ལཱི(བདག་མོ)། གྷོ་རཱ(དྲག་ མོ)། བི་རཱུ་པཱ(གཟུགས་ངན་མ)། ཞེས་པ་དང༌། གཽ་རི(གཽ་རི་མ)། ཏོ་ཏ་ལཱ(འདེགས་མ)། གཾ་གཱ(གང་ག་མ)། ནི་ཏྱཱ(རྟག་མ)། ཏུ་རི་ཏཱ(མྱུར་མ)། ལཀྵྨ་ཎཱ(མཚོན་བྱེད་མ)། སང་ག་ལཱྀ(དམར་སེར་མ)། ཀྲྀཥྞཱ(ནག་མོ)། ཞེས་པ་དང༌། བཛྲཱ་བྷཱ(རྡོ་རྗེའི་འོད)། ཙི་ཏྲ་ལེ་ཁཱ(བཀྲ་བའི་རི་མོ)། བཛྲ་གཱ་ཏཱ(རྡོ་རྗེ་ལུས་མ)། ཀ་ན་ཀ་བ་ ཏཱི(གསེར་ལྡན་མཿ) ཨཱུར་བ་སཱི(ཨུར་བ་སཱི)། རམ་བྷཱ(རཾ་བྷཱ་ལ)། ཨ་ཧ་ལྱ(ཟུག་རྔུ་མེད་མ)། སུ་ཏཱ་རཱ(ཤིན་ཏུ་ སྒྲོལ་མ)། ཞེས་པ་རྣམས་ནི་ཕྱོགས་མ་བཞིའི་འཁོར་རོ། །སཱ་བི་ཏྲཱི(མཆོད་སྦྱིན་འདོན་མ)། ཝཱ་གཱི་ཤྭ་ རྭི(ངག་གི་དབང་ཕྱུག་མ)། པད་མ་ནེ་ཏྲཱ(པད་མའི་སྤྱན་མ)། ཛ་ལ་ཛ་བ་ཏཱི(ཆུ་སྐྱེས་ལྡན་མ)། བུད་དྷཱི(བློ་གྲོས་ མ)། གཱ་ཡ་ཏྲཱི(གླུ་ལེན་མ)། བི་དྷུཏ(གློག་མ)། སྨྲྀ་ཏཱི(དྲན་མ)། ཞེས་པ་དང༌། ཤྲཱི་ཤེ་ཏཱ(དཔལ་དཀར་ མོ)། དྷྲྀ་ཏཱི(འཛིན་མ)། ཙན་དྲ་ལེ་[རེ]ཁཱ(ཟླ་བའི་རི་མོ)། ཤ་ཤ་དྷ་ར་བ་ད་ནཱ(རི་བོང་འཛིན་ཞལ་མ)། ཧཱཾ་ས་ བར་ཎཱ(ངང་པའི་མདོག་མ)། པད་མེ་ཤཱ(པད་མའི་དབང་མོ) ཏཱ་ར་ནེ་ཏྲཱ(དཀར་མིག་མ)། བི་མ་ལ་ཤ་ཤ་དྷ་ ར(དྲི་མེད་རི་བོང་འཛིན་མ)། ཞེས་པ་དང༌། པད་མཱ་མ(པད་མཱ་མ)། རཏ་ན་མཱ་ལཱ(རིན་ཆེན་ཕྲེང་མ)། ཨ་ནང་ གཱ(ལུས་མེད་མ) ཀུ་མཱ་རཱི(གཞོན་ནུ་མ)། མྲྀ་ག་པ་ཏི་ག་མ་ནཱ(རི་དྭགས་བདག་པོས་འགྲོ་མ)། སུ་ནི་ཏྲཱ(མིག་ མཛེས་མ)། ཀླིན་ནཱ་(རུལ་མ)བྷ་ཏྲཱ་(བཟང་མོ)ཞེས་པ་དང༌། ཤྲཱི(དཔལ་མོཿ) བི་ཛ་ཡཱ(རྣམ་པར་རྒྱལ་མ)། མཱ་ ཡཱ(རྒྱུ་མ་མ)། ཀཱིར་ཏཱི(གྲགས་མཿ) ལཀྵྨཱི(དཔལ་མོཿ) ཤྲཱི་ཛ་ཡཱ(དཔལ་རྒྱལ་མ)། ཤྲཱི་ཛ་ཡན་ཏཱི(དཔལ་ རྒྱལ་བྱེད་མ)། ཤྲི་ཙཀྲི (དཔལ་འཁོར་ལོ་ལ)། ཞེས་པ་རྣམས་ནི་མཚམས་མ་བཞིའི་འཁོར་ཏེ། དེ་ལྟར་ རགས་པའི་སྡེ་ཚན་ནི་ཕྱོགས་མཚམས་ཀྱི་གོ་རིམ་དང༌། ནང་ཚན་གྱི་རིམ་པ་ནི་ས་བོན་གྱི་ གོ་རིམ་དང་མཐུན་པར་བསྡེབས་པའོ། །སྐུའི་གཙོ་བོ་རྣམས་སྔར་བཤད་ཟིན་མོད་འོན་ཀྱང་ འཁོར་དང་སྦྱོར་བ་ན། ༀ་བཛྲ་ནཻར་རྀ་ཏྱཿཙཾ་བཛྲ་ཧུཾ་ཧཱུཾ་ཕཊ། ༀ་ཛྲཾ་བཛྲ་ཧུཾ་ཧཱུཾ་ཕཊ། དེ་བཞིན་ 7-1-65 དུ་ཉ་བཛྲ་ནས་ཙྀ་བཛྲའི་བར་དུ་སྦྱོར་བ་དང༌། ༀ་བཱ་ཡུཿཉཿ བཛྲ་ཧུཾ་ཧཱུཾ་ཕཊ། ༀ་ཛྲཱཾ་བཛྲ་ཧུཾ་ཧཱུཾ་ ཕཊ། དེ་བཞིན་དུ་ཙཱ་བཛྲ་ན། ཉཾ་བཛྲའི་བར་དུ་སྦྱོར་བ་ལ་སོགས་པ་སྒྲུབ་ཐབས་སུ་བསྟན་ པ་ལྟར་རྒྱས་པར་སྦྱར་ཏེ་ཤེས་པར་བྱའོ། །ཐུགས་ཀྱི་སྟེགས་བུ་ལ་གནས་པའི་གཟུངས་མ་ རྣམས་ཀྱི་ནི། ༀ་བཛྲ་གན་དྷཱ་(རྡོ་རྗེ་དྲི་ཆབ་མ)ཧུཾ་ཧཱུཾ་ཕཊ། དེ་བཞིན་དུ་སྦྱར་ཏེ་མཱ་ལཱ(ཕྲེང་བ་མ)། དྷཱུ་ པཱ། (བདུག་སྤོས་མ) དཱི་པཱ། (མར་མེ་མ) ནཻ་བེ་དྱ(ཞལ་ཟས་མ)། ཨ་ཀྵ་ཏ་ཕ་ལཱ(འབྲས་བུ་མ་ཉམས་མ)། ལཱ་ སྱཱ(སྒེག་མོ་མ)། ཧཱ་སྱཱ(བཞད་མ)། བཱ་དྱ(རོལ་མོ་མ)། ནྲྀ་ཏཱ(གར་མ)། གཱི་ཏྱ(གླུ་མ)། ཀཱ་མཱ(འདོད་མ)། ཞེས་ པ་རྣམས་སོ། །གསུང་གི་སྟེགས་བུ་ལ་གནས་པའི་འདོད་མ་རྣམས་ཀྱི་ནི། ༀ་བི་དྭེ་ཤ་ཨིཙྪཱ་ ཧུཾ་ཧཱུཾ་ཕཊ། དེ་བཞིན་དུ་སྦྱར་ཏེ། ཨ་གུ་ཀ(གོས)བ་ད་ན་ག་ཏ་ཀ་བོ་ཏོ་སར་ཛ་ན(ཁ་ན་གནས་ པའི་མཆིལ་མ་འདོར་མ)། སྤར་ཤ (རེག་བྱ) ཨུཙྪཥྚ་བྷ་ཀྵ(ལྷག་མ་ཟ་བ)། སན་ཏཱ་པ(ཀུན་ཏུ་གདུང་མ)། ཨུཙྪ་ཊ(སྐྲོད་པ)། ཞེས་པ་དང༌། པཽཥྚི་ཀ(རྒྱས་པ) བྷཱུ་ཥ་ཎ(རྒྱན)། རཱ་ཛྱ(རྒྱལ་སྲིད)། བན་དྷ(འཆང་བ)། དཱ་ར་ཀ་ཀྲོ་ཤ་ན(བྱིས་པ་སྡིག་པ)། བཱ་དྱ(རོལ་མོ)། མྲྀ་དུ་བ་ཙ་ན(འཇམ་པར་སྨྲ་བ)། ཨཱ་ས་ན(སྟན)། བ་ ཧུ་ཀ་ལ(བརྩོད་མང་)། ཞེས་པ་དང༌། སྟམ་བྷ་ན(རེངས་པ)། གན་དྷ(དྲི)། ཀཱ་ཡ་ཀཎ་ཌཱུ་ཡ་ན(ལུས་ལ་ འཕྲུག་པ)། སརྦ་ཨང་ག་ཀྵོ་ད་ན(ཡན་ལག་ཀུན་བསྐྱོད་པ)། ཞེས་པ་དང༌། སྟོ་བྷ་ན (བསྐྱོད་པ)། བྷོ་ཛ་ ན(ཟས)། ནྲྀ་ཏྱ(གར)། ཨཱ་ཀྲྀཥྚ(འགུགས་པ)། སཾ་གྲཱ་མ(གཡུལ)། དྷཱ་བ་ན(རྒྱུག་པ)། ཤོ་ཤ་ཎ (སྐེམས་པ)། ཨ་གོ་མ་ལ(ལུས་ཀྱི)། མུ་ཏྲ་བིཊ་སྭཱ་བ་ཎ(བཤང་གཅི་ཟག་པར)། ས་ཡ་སི་ཧཱ་བ་ན(ཆུ་ལ་རྐྱལ་བ)། ཀཱི་ལ་ ན(ཕུར་བུས་འདེབས་པ)། ཨ་ཧི་བན་དྷ་ན(སྦྲུལ་འཆིང་བ)། མཻ་ཐུ་ན(འཁྲིག་པ)། བན་དྷ་ན(གཉེན་འདུན)། ཤ་ཡ་ནེ་མཛྲ(མལ་ལ་མཉེས་པ)། ས་ཏྭཱོ་ནཱཾ་པཉྩ་ན་(སེམས་ཅན་བསྡུ་བ)ཞེས་པ་རྣམས་ནི་ཕྱོགས་བཞིར་ དགུ་དགུ་གནས་པའི་རིམ་པ་དང་མཐུན་པར་བསྡེབས་པ་སྟེ་ཐམས་ཅད་ཀྱི་མཐར་ཨིཙྪ་ ཞེས་པ་སྦྱར་པའོ། །སྐུའི་སྟེགས་བུ་ལ་གནས་པ་ཕྱིར་འདོད་མ་རྣམས་ཀྱི་ནི། གཞན་ཐམས་ ཅད་སྔར་དང་འདྲ་བ་ལ། ཨིཙྪཱ་ཞེས་པའི་ཚབ་ཏུ་པྲ་ཏཱིཙྪ་ཞེས་པ་སྦྱར་བ་སྟེ། ཐམས་ཅད་ལ་ 7-1-66 ཡང་སྔར་བཤད་པ་ལྟར་ཐོག་མར་སྐུ་རྡོ་རྗེ་ༀ་ཡིག་དང༌། མཐར་ཐུགས་རྡོ་རྗེ་ཧུཾ་ཡིག་ཐུང་ངུ་ དང༌། གསུང་རྡོ་རྗེ་ཧཱུཾ་ཡིག་རིང་པོ་དང༌། སྐུ་གསུང་ཐུགས་གསལ་བར་བྱེད་པ་ཕཊ་ཡིག་སྦྱར་ ཏེ་བཟླས་པར་བྱའོ། །ཐམས་ཅད་རྫོགས་པར་ཟློས་པ་ན་ཐུགས་དཀྱིལ་གྱི་སརྦ་དྷཱར་ཎི་ཞེས་ པའི་གོང་དུ། བཛྲ་གན་དྷཱ་ལ་སོགས་པ། གཟུངས་མ་བཅུ་གཉིས་དང༌། གསུང་གི་བཛྲ་ཙར་ ཙི་ཀཱ་ལ་སོགས་པ་གཙོ་མོ་བརྒྱད་པོའི་མཐར། བྷཱི་མ་ལ་སོགས་པ་རང་རང་གི་འཁོར་བརྒྱད་ བརྒྱད་སྦྱར་བ་དང༌། ཥཊ་དྲི་ཤཏ་ཨི་ཙྪཱ་ཞེས་པའི་གོང་དུ། བི་དྭོ་ཤ་ཨིཙྪ་ལ་སོགས་པའི་འདོད་ མ་རྣམས་དང་སྐུའི་བཛྲ་ནཻ་རྀ་དྱ་ལ་སོགས་པའི་མཐར་ཙཾ་བཛྲ་ལ་སོགས་པ་སོ་སོར་སྦྱོར་བ་ དང༌། ཥཊ་ཏྲིཾ་ཤཏ་པྲ་ཏཱིཙྪ་ཞེས་པའི་གོང་དུ་བི་དྭེ་ཥ་པྲ་ཏཱིཙྪཱ་ཞེས་པ་ལ་སོགས་པ་ཕྱིར་འདོད་མ་ རྣམས་ཀྱི་སྔགས་སྦྱར་ཏེ་བཟླས་པར་བྱའོ། ། ཞེས་པ་འདི་ཡང་ས་བཟང་པཎྜི་ཏས། །རྒྱ་དཔེའི་ནང་ནས་བཏུས་ཏེ་དག་པར་བྲིས། ། དགེ་བ་འདིས་ཀྱང་སྐལ་ལྡན་སྐྱེ་བོ་རྣམས། །རྣམ་དག་ལེགས་པའི་ལམ་ལ་འཇུག་གྱུར་ཅིག ། ཤུ་བྷ་མ་སྟུ་སརྦ་ཛ་ག་ཏཱཾ།། ༈ །། མ་ཡིག་འབྲས་སྤུངས་དཔེ་རྙིང༌། ཕྱི་ཀ ༡༦༩ 7-1-67 ༄༅། །ཆོས་རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུད་སྡེ་དང་ལག་ལེན་གྱི་ བཀའ་བབས་ས་བཟང་མ་ཏི་པཎྜི་ཏས་མཛད་པའི་ བློ་གྲོས་སེང་གེའི་དྲིས་ལན་ བཞུགས་སོ། ། ༄༅། །ན་མོ་མཉྫུ་ནཱ་ཐ་ཡ། བདེན་གཉིས་གནས་ལུགས་གཞི་ཡི་དོན་རྟོགས་ཏེ། །ཚོགས་ གཉིས་ཟུང་འཇུག་ཟབ་མོའི་ལམ་བསྒོམས་པས། །སྐུ་གཉིས་ཡོངས་རྫོགས་འབྲས་བུ་མཆོག་ བརྙེས་པ། །དོན་གཉིས་མཐར་ཕྱིན་རྒྱལ་བ་རྣམས་ལ་འདུད། །༡སྦྱང་གཞི་རང་བཞིན་རྣམ་ དག་ཆོས་ཀྱི་དབྱིངས། །སྦྱོང་བྱེད་ལམ་གྱིས་དྲི་མ་ཀུན་སྦྱངས་ཏེ། །སྦྱང་འབྲས་དག་པ་གཉིས་ ལྡན་མངོན་གྱུར་པ། །ཀུན་མཁྱེན་རྒྱལ་བ་ཁྱོད་ལ་བདེ་ལེགས་མཛོད། །༢རྣམ་དག་ལུང་ལ་ བློ་གྲོས་རབ་གསལ་ཞིང༌། །རིགས་པས་སེང་གེའི་ང་རོས་ཕས་རྒོལ་འཇོམས། །ལུང་རིགས་ དབང་ཕྱུག་བློ་གྲོས་སེང་གེ་ཡིས། །གསུང་ཡིག་སྙན་པ་རྟེན་དང་བཅས་པ་འཕྲོད། །༣ཐོས་ བསམ་སྒོམ་གསུམ་ལྡན་པའི་བཤེས་གཉེན་ཁྱེད། །འཆད་རྩོད་རྩོམ་པའི་ཚུལ་ལ་རབ་མཁས་ པས། །རྒྱལ་བའི་བསྟན་དང་གདུལ་བྱ་མང་པོ་ལ། །ཕན་པ་མཛད་ཅེས་སྙན་པ་རིམ་པར་ཐོས། ། ༤གཞི་ལམ་འབྲས་བུ་ལྟ་སྒོམ་སྤྱོད་པའི་ཚུལ། །ཁྱེད་རང་མཁས་མོད་བདག་ལའང་དད་པ་ ཡིས། །དེ་དག་མདོར་བསྡུས་བསྟན་པ་ཆོས་ཀྱི་ཕྲིན། །བསྐུར་ཞེས་གསུངས་པའི་ལན་དུ་འདི་ སྐད་གསོལ། །༥གཞི་དང་ལམ་དང་འབྲས་བུ་གནས་སྐབས་སུ། །བདེ་སྟོང་ཟུང་འཇུག་དོན་ 7-1-68 དམ་ཆོས་ཀྱི་དབྱིངས། །རང་བཞིན་འགྱུར་བ་མེད་པར་གནས་པ་ནི། །རྒྱུན་མི་འཆད་པ་རྒྱུད་ ཀྱི་དོན་དུ་འང་གསུངས། །༦དེ་ཡང་རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས། །མ་དག་སེམས་ ཅན་ཀུན་ལའང་ཐོག་མེད་ནས། །དྲི་བཅས་དེ་བཞིན་ཉིད་དུ་གནས་པ་ལ། །གཞི་ཡི་གནས་ སྐབས་རྒྱུ་ཡི་རྒྱུད་ཅེས་བྱ། །༧དེ་ཉིད་རྣམ་དག་ལེགས་པའི་ལམ་ཞུགས་ནས། །དྲི་མ་ཕྱོགས་ རེ་ཙམ་གྱིས་དག་པ་ཡི། །ཆོས་ཉིད་དོན་དམ་རིམ་གྱིས་སྣང་བ་ལ། །ལམ་གྱི་གནས་སྐབས་ ཐབས་ཀྱི་རྒྱུད་ཅེས་བྱ། །༨ས་དང་ལམ་གྱི་རིམ་པ་མཐར་ཕྱིན་ནས། །སྒྲིབ་གཉིས་བག་ཆགས་ བཅས་པ་རབ་སྤངས་ཏེ། །དག་པ་གཉིས་ལྡན་མངོན་དུ་གྱུར་བ་ལ། །ཤིན་ཏུ་རྣམ་དག་འབྲས་ བུའི་རྒྱུད་ཅེས་བྱ། །༩ཆོས་ཅན་སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་ པ་རྣམས་ལ་ཁྱད་ཡོད་ཀྱང༌། །ཆོས་ཉིད་ནམ་ཡང་འགྱུར་བ་མེད་པ་ལ། །དེ་བཞིན་ཉིད་ཅེས་ གསུངས་པ་དང་ཡང་མཐུན། །༡༠གཞི་འབྲས་དབྱེར་མེད་རང་བཞིན་འདུས་མ་བྱས། །ལམ་ དངོས་འདུས་བྱས་ཡིན་ཡང་དམིགས་ཡུལ་ལའང༌། །ལམ་ཞེས་བཏགས་ནས་གནས་སྐབས་ ཐམས་ཅད་དུ། །འགྱུར་བ་མེད་པ་ཆོས་ཉིད་རྒྱུད་གྱི་དོན། །༡༡གཞི་ལ་བདེ་གཤེགས་སྙིང་པོ་ རང་བཞིན་རིགས། །ས་ལ་གཏེར་བཞིན་གདོད་ནས་གནས་པ་དང༌། །རྒྱས་འགྱུར་རིགས་ཀྱང་ ལྗོན་པའི་ཤིང་བཞིན་དུ། །རིམ་གྱིས་རྒྱས་ཤིང་འཕེལ་བར་འགྱུར་བ་ལ། །༡༢ལམ་དུ་མཉམ་ བཞག་མི་རྟོག་ཏིང་འཛིན་གྱིས། །ཡེ་ཤེས་ཚོགས་མཆོག་བདེ་བར་བསགས་པ་དང༌། །རྗེས་ ཐོབ་འགྲོ་ལ་ཕན་པ་སྣ་ཚོགས་ཀྱི། །བསོད་ནམས་ཚོགས་བསགས་སྨོན་ལམ་སྦྱངས་པ་ཡིས། ། ༡༣འབྲས་བུ་དྲི་བྲལ་དོན་དམ་ཆོས་ཀྱི་སྐུ། །མངོན་དུ་གྱུར་པས་རང་དོན་ཕུན་ཚོགས་འགྲུབ། ། སྨོན་འབྲས་ཀུན་རྫོབ་གཟུགས་སྐུའི་འཕྲིན་ལས་ཀྱིས། །གཞན་དོན་ཕུན་ཚོགས་རྒྱུན་མི་ འཆད་པར་འགྲུབ། །༡༤གཞི་ཡི་མཐར་ཐུག་དོན་དམ་ཆོས་ཀྱི་དབྱིངས། །རང་བཞིན་རྣམ་ དག་རང་གཞན་ཐམས་ཅད་ལ། །ནམ་མཁའ་ལྟ་བུར་ཁྱབ་པར་རྟོགས་པ་ཡིས། །སྤྲོ་དང་གུས་ 7-1-69 དང་ཤེས་རབ་ཡེ་ཤེས་འབྱུང༌། །༡༥ལམ་གྱི་མཐར་ཐུག་ཟབ་ལམ་རྡོ་རྗེ་ཡི། །རྣལ་འབྱོར་ཡན་ ལག་དྲུག་གི་དོན་བསྒོམས་ན། །མ་དག་འཁྲུལ་སྣང་རིམ་གྱིས་འགག་པ་ལས། །གནས་གྱུར་ དག་པའི་སྣང་བ་རིམ་གྱིས་འཆར། །༡༦འབྲས་བུའི་མཐར་ཐུག་དྲི་བྲལ་ཆོས་ཀྱི་སྐུ། །གཙང་ བདག་བདེ་དང་རྟག་པའི་ཡོན་ཏན་གྱི། །ཕ་རོལ་ཕྱིན་པ་མངོན་དུ་གྱུར་པ་ན། །ཟག་མེད་བདེ་ བ་ཆེ་ལ་རྟག་ཏུ་གནས། །༡༧ཁྱད་པར་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས། །ཀུན་རྫོབ་འཁྲུལ་ སྣང་དོན་ལ་མེད་པ་ལ། །མེད་པར་མཁྱེན་ཏེ་དོན་དམ་ཆོས་ཀྱི་དབྱིངས། །ཡོད་པར་གཟིགས་ ནས་དེ་བཞིན་ལམ་རབ་སྟོན། །༡༨རྒྱུ་འབྲས་བསླུ་བ་མེད་ལ་ཡིད་ཆེས་པ། །འཇིག་རྟེན་པ་ཡི་ ཡང་དག་ལྟ་བ་སྟེ། །ཀུན་རྫོབ་རང་རང་ངོ་བོས་སྟོང་པའི་ཚུལ། །རྟོགས་པའང་སྟོང་ཉིད་ལྟ་བ་ ཐུན་མོང་ལ། །༡༩དོན་དམ་ཆོས་དབྱིངས་གློ་བུར་དྲི་མ་ཡིས། །སྟོང་ཞིང་རང་གི་ངོ་བོས་མི་སྟོང་ བ། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་རྟོགས་པ་ནི། །ཐུན་མོང་མ་ཡིན་ཡང་དག་ལྟ་བ་ལགས། ། ༢༠བསྒོམ་པའང་བསྐྱེད་རིམ་དམིགས་པ་སྣ་ཚོགས་དང༌། །རྫོགས་རིམ་ལ་ཡང་དམིགས་ མེད་རང་སྟོང་གི། ངང་དུ་བཞག་ནས་དངོས་འཛིན་འགོག་པ་ནི། །ཐུན་མོང་བ་སྟེ་ཀུན་ལ་ གྲགས་ལགས་མོད། །༢༡རྫོགས་རིམ་མཐར་ཐུག་དོན་དམ་སྟོང་པ་ཉིད། །ངང་དུ་བཞག་པས་ བདེ་སྟོང་ཟུང་འཇུག་གི། ཉམས་མྱོང་རིམ་གྱིས་འཕེལ་བར་འགྱུར་བ་ནི། །ཐུན་མོང་མ་ཡིན་ གསང་སྔགས་ཟབ་མོའི་དོན། །༢༢སྤྱོད་པ་ཐུན་མོང་པ་ནི་འདུལ་བ་ཡི། །གཞུང་བཞིན་ཚུལ་ ཁྲིམས་རྣམ་དག་བསྲུངས་པ་དང༌། །ཐེན་ཆེན་གཞུང་བཞིན་སེམས་བསྐྱེད་བཟང་པོ་ཡིས། ། ཕ་རོལ་ཕྱིན་དྲུག་ཉམས་སུ་ལེན་པའོ། །༢༣ཐུན་མོང་མ་ཡིན་སྔགས་ཀྱི་ཚུལ་ལ་ཡང༌། །དང་ པོའི་ལས་ཅན་རྣམས་ཀྱི་འཇིག་རྟེན་པ། །མ་དད་གྱུར་པ་སྤངས་ཏེ་ཡུལ་རིགས་དང༌། །མཐུན་ པའི་སྒོ་ནས་དད་པར་གྱུར་པ་སྦྱང༌། །༢༤མངོན་ཤེས་ལ་སོགས་ཡོན་ཏན་མ་ཐོབ་པར། །སྨྱོན་ གཏམ་བརྟུལ་ཞུགས་སྤྱོད་པ་སྣ་ཚོགས་དང༌། །ཆགས་ལམ་ལ་སོགས་ངན་པའི་སྤྱོད་པ་དང༌། ། 7-1-70 བསད་བསྐྲད་ལ་སོགས་དྲག་པའི་སྤྱོད་པ་སྤང༌། །༢༥དམ་རྫས་ཤ་ཆང་བསྟེན་པར་གསུངས་ པ་ཡང༌། །གོ་ཀུ་ལ་སོགས་ལས་ཀྱིས་ཤི་བ་དང༌། །མྱོས་པར་མི་འགྱུར་ཅུང་ཟད་བསྟེན་པ་སྟེ། ། སྲོག་ལ་གནོད་དང་བག་མེད་སྤྱོད་པ་མིན། །༢༦ཁྱད་པར་འཚོ་བ་རྣམ་པར་དག་འཚལ་བས། ། བསད་ཤ་སྤྱད་པའི་ཉེས་དམིགས་མདོ་རྒྱུད་ལས། །གསུངས་པ་ཇི་བཞིན་གདུལ་བྱ་རྣམས་ ལ་ཡང༌། །གསུངས་ཏེ་དུག་བཞིན་སྤོང་དུ་འཇུག་པ་གཅེས། །༢༧དུག་ཟོས་པས་ནི་ཚེ་འདིའི་ འཚོ་བ་དང༌། །བྲལ་བ་ཙམ་གྱིས་དམྱལ་བར་འཕེན་མི་ནུས། །བསད་ཤ་ཟོས་ནས་བསྐལ་ བ་བྱེ་བ་རུ། །དམྱལ་བར་འཚེད་ཅེས་རྣམ་ངག་ལུང་ལས་གསུངས། །༢༨ཀུན་རྫོབ་སྟོང་ཚུལ་ འཁོར་ལོ་བར་པའི་དོན། །དོན་དམ་སྟོང་ཚུལ་འཁོར་ལོ་ཐ་མའི་དོན། །མེད་ལ་མེད་དང་ཡོད་ ལ་ཡོད་ཅེས་པར། །སྟོན་པས་གཉིས་ཀའང་མཐར་ཐུག་དགོངས་པ་གཅིག །༢༩ཀུན་རྫོབ་ ལམ་ཁྱེར་ཡོངས་གྲགས་ཕྱག་རྒྱ་ཆེ། །དོན་དམ་ལམ་ཁྱེར་ཟབ་ལམ་ཕྱག་རྒྱ་ཆེ། །གཉིས་ཀ་ འང་འགལ་བ་མེད་པར་ཡོངས་ཤེས་ནས། །མཐར་ཐུག་ཟབ་མོའི་དོན་ལ་མཉམ་པར་བཞག ། ༣༠རྗེས་ཐོབ་ཐོབ་པའི་དུས་སུ་རང་གི་སྒོ་གསུམ་ལ། །བརྟགས་ནས་ཞི་ཞིང་དུལ་བར་གནས་ པ་སྟེ། །མཉམ་བཞག་སྤྱོད་པ་ཕ་རོལ་ཕྱིན་མཆོག་ལ། །རྩེ་གཅིག་གཡོ་བ་མེད་པར་གནས་ པའོ། །༣༡ལྟ་བའི་མཐར་ཐུག་གཞུང་ལུགས་ཐམས་ཅད་ཀྱི། །ངེས་དོན་ལགས་མོད་ཇི་བཞིན་ རྟོགས་པ་ཉུང༌། །ཐེག་ཆེན་རྒྱུད་བླར་ཤིན་ཏུ་གསལ་བར་བསྟན། །དེ་སླད་དེ་ལ་འཆད་ཉན་ མཛད་པ་ལེགས། །༣༢ཟབ་ལམ་བསྒོམ་པ་ཉམས་ལེན་ཐམས་ཅད་ཀྱི། །གཙོ་བོ་ལགས་མོད་ དེ་ལ་འཇུག་པ་ཉུང༌། །དུས་ཀྱི་འཁོར་ལོར་ཤིན་ཏུ་གསལ་བར་བསྟན། །དེ་སླད་དེ་ལ་ཉམས་ ལེན་མཛད་པ་ལེགས། །༣༣སྤྱོད་པ་ཞི་དུལ་དམ་པ་ཐམས་ཅད་ཀྱིས། །མཛད་རྒྱུ་ལགས་མོད་ དེ་བཞིན་མཛད་པ་ཉུང༌། །སྤྱོད་འཇུག་གཞུང་ལས་ཤིན་ཏུ་གསལ་བར་བསྟན། །དེ་སླད་དེ་ བཞིན་སྤྱོད་པ་ཤིན་ཏུ་ལེགས། །༣༤ལྟ་སྒོམ་སྤྱོད་པ་རྣམ་པར་དག་པ་ལགས། །འབྲས་བུ་རྒྱུད་ 7-1-71 བླ་ཉིད་ནས་གསུངས་པ་ལྟར། །མཆོག་གསུམ་མཐར་ཐུག་རྫོགས་པར་བྱང་ཆུབ་ཆེ། །ཡོན་ ཏན་འཕྲིན་ལས་བཅས་པའི་ཅིས་མི་འགྲུབ། །༣༥གཞི་ལ་རང་བྱུང་ཡེ་ཤེས་གནས་ནའང༌། ། ལམ་ལ་བརྩོན་པའི་འབད་པ་དང་བྲལ་ན། །འབྲས་བུ་འགྲུབ་པར་དཀའ་མོད་ཁྱེད་ལྟ་བུ། ། བརྩོན་འགྲུས་ལྡན་པས་མཆོག་བདེའི་གོ་འཕང་འཐོབ། །༣༦ཞིབ་པར་བདག་གིས་ཟབ་མོའི་ རྒྱུད་བླ་དང༌། བྱང་ཆུབ་སྤྱོད་འཇུག་རྒྱ་ཆེན་མངོན་པ་ཡི། །འགྲེལ་པར་རང་ཉིད་ཇི་ལྟར་འདོད་ པའི་དོན། །གསལ་བོར་བཀོད་པ་རྣམས་ཀྱང་གཟིགས་ན་གསལ། །༣༧སླར་ཡང་དགེ་བའི་ བཤེས་གཉེན་བསམ་གཏན་པ། །གསུམ་གྱིས་བདག་ལ་ལྟ་སྒོམ་སྤྱོད་འབྲས་ཀྱི། །ཚུལ་ལས་ བརྩམས་ཏེ་དྲིས་པའི་ལན་འདི་ཡང༌། །དད་པས་འབུལ་ལོ་མཁས་པས་གཟིགས་ན་གསལ། ། ༣༨དེ་སོགས་དོན་ལ་ཉེས་པའི་ཆ་མཆིས་ན། །བློ་གྲོས་ཡངས་པས་བཟོད་པར་མཛད་པ་དང༌། ། ལེགས་ཆ་མཆིས་ན་སེང་གེ་ང་རོ་ཡིས། །སྐལ་ལྡན་གདུལ་བྱའི་ཚོགས་ལ་བསྟན་དུ་གསོལ། ། ༣༩མཐར་ཐུག་བསྒོམ་པ་ཟབ་ལམ་མ་ཐོབ་པས། །ལམ་ལ་གསལ་བོར་བཤད་ན་རྩ་ལྟུང་ འབྱུང༌། །དམན་པ་རྣམས་ཀྱིས་མཆོག་ལ་སྨོད་པ་སྲིད། །དེས་ན་སྐལ་མེད་རྣམས་ལ་གསང་ དུ་གསོལ། །༤༠དེ་ལྟར་གདམས་པའི་དགེ་བ་གང་ཡིན་པ། །དེ་ཡི་སྐལ་ལྡན་སྐྱེ་བོའི་ཚོགས་ རྣམས་ཀྱིས། །དེ་ཉིད་ཟབ་མོའི་གནས་ལུགས་ལེགས་རྟོགས་ནས། །དེ་བཞིན་གཤེགས་པའི་ གོ་འཕང་མྱུར་ཐོབ་ཤོག །༤༡ཅེས་པ་གཟིགས་པའི་རྟེན་དུ་སངས་རྒྱས་ཀྱི། །སྐུ་གཟུགས་དར་ ལ་པར་དུ་བཏབ་པ་ཞིག །འབུལ་ལོ་བཞེས་ནས་སངས་རྒྱས་བསྟན་པ་ལ། །སྔར་བཞིན་ཕན་ པ་རྒྱ་ཆེན་མཛད་དུ་གསོལ། །༤༢འདི་ནི་ས་བཟང་མ་ཏི་པཎ་ཌི་ཏས། །སློབ་དཔོན་ཆེན་པོ་ བློ་གྲོས་སེང་གེ་ཡིས། །དྲིས་པའི་གསུང་ལན་མདོར་བསྡུས་བཀོད་པ་སྟེ། །སྐྱེས་བུ་དམ་པ་ གཞན་ལའང་ཕན་གྱུར་ཅིག །༤༣མཁའ་མཉམ་འགྲོ་ལ་མཁའ་ལྟར་ཀུན་ཁྱབ་པར། །གཞི་ལ་ གནས་པ་དོན་དམ་ཆོས་ཀྱི་དབྱིངས། །ཟབ་མོའི་ལམ་གྱིས་སྒྲིབ་པ་ཀུན་སྦྱངས་ཏེ། །འབྲས་བུ་ 7-1-72 རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག །༤༤གནས་སྐབས་སུ་ཡང་ལྟ་བ་རྣམ་དག་ཅིང༌། །སྒོམ་ པ་རྣམ་དག་སྤྱོད་པ་རྣམ་དག་པས། །རྒྱལ་བའི་བསྟན་དང་སེམས་ཅན་མང་པོ་ལ། །ཕན་པ་ འབའ་ཞིག་རྟག་ཏུ་བྱེད་གྱུར་ཅིག །༤༥ ཤུ་བྷཾ། མ། སྡུ་སརྦ་ཛ་ག་ཏཾ། མངྒ་ལཾ། བྷ་ཝན་ཏུ། 7-1-73 ༄༅། །དཔལ་དུས་ཀྱི་འཁོར་ལོའི་ཐིག་ཚད་ གསལ་བྱེད་བཞུགས་སོ། ། ༄༅། །དཔལ་དུས་ཀྱིས་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་ལ་ཉེ་བར་འཁོ་[མཁོ]བའི་ མན་ངག་ཐིག་ཚོན་གསལ་བྱེད་ཅེས་བྱ་བ། དཔལ་ལྡན་བླ་མ་དམ་པ་རྣམས་དང་དཔལ་དུས་ ཀྱི་འཁོར་ལོ་ཕྱག་འཚལ་ལོ། དེ་ལ་དང་པོར་ཐིག་གི་མན་ངག་ནི། དཀྱིལ་འཁོར་དབུས་སུ་ ཕུར་བུ་བཟུང་བྱས་སྟེ[ཏེ]། ཁྲུ་བཞིའི་མཐའ་ནས་དང་པོར་བཟླུམ་[ཟླུམ]པོར་བསྐོར། །དེ་ ལས་ཆ་ཆུང་ཉི་མའི་ཕྱི་ནས་ཀྱང༌། བསྐོར་བ་ས་ཡི་ཁོར་ཡུག་ཚད་ཡིན་ཏེ། ཆུ་མེ་རླུང་རྣམས་ དེ་ཡིས་ཉིས་འགྱུར་བསྐོར། ནམ་མཁའ་ས་བཞིན་འོད་ཟེར་ཉིས་འགྱུར་ཉིད། །ཟླུམ་པོ་དང་ པོའི་ཚད་དུ་ཚངས་ཐིག་གཉིས། །གཉིས་པའི་ཚད་དུ་ཟུར་གྱི་ཐིག་གཉིས་གདབ། །ཚངས་ ཐིག་ཕྱེད་དུ་སྐུ་ཡི་རྩ་ཐིག་སྟེ། །དེ་ཡི་ཕྱེད་དུ་གསུང་གི་རྩ་ཐིག་དང༌། །གསུང་གི་ཕྱེད་དུ་ཐུགས་ ཀྱི་རྩ་ཐིག་ཡིན། །ཐུགས་ཀྱི་ཕྱེད་དུ་བདེ་བ་ཆེན་པོ་སྟེ། །དེ་ཡི་ཕྱེད་དུ་གཙོ་བོའི་པད་མ་ཡིན། ། དེ་དང་དེ་ཡི་ཚད་དང་མཚན་མ་ནི། །ཟུར་ལ་ལོ་ཐུབས་ཡང་ཡང་བཙལ་བས་རྙེད། །དེ་ཡང་ འདི་ལྟར་ཚངས་ཐིག་མཐའ་ནས་མཐར། །ལོ་ཐུབས་བྱས་པས་སྐུ་ཡི་རྩ་ཐིག་རྙེད། །རྩ་ཐིག་ འདི་དང་ཚངས་ཐིག་ཕྲད་མཚམས་ནས། །ལོ་ཐུབས་གཉིས་པས་གསུང་གི་རྩ་ཐིག་རྙེད། །དེ་ བཞིན་གསུམ་པས་ཐུགས་ཀྱི་རྩ་ཐོག་དང༌། །བཞི་པས་བདེ་བ་ཆེན་པོ་རྙེད་པར་འགྱུར། །བདེ་ ཆེན་འཁོར་ལོ་ཆ་ཕྲན་ཉེར་བཞི་པའི། །དབུས་ནས་གཉིས་བཞིའི་ལྟེ་བ་འདབ་མ་བསྐོར། །དེ་ ནས་ཆ་གཅིག་གདུང་ཡིན་དེ་རྒྱུན་གྱི། །གཡས་གཡོན་མ་བཞི་ཀ་བ་རྣམས་ཀྱི་སྤངས། །གདུང་ 7-1-74 ནས་བཞི་སྤངས་ཕྱི་གདུང་ཆ་ཕྲན་གཅིག །ཚངས་ནས་གཉིས་སྤངས་ཀ་བ་ཆ་ཕྲན་རེའོ། །སྐུ་ གསུང་ཐུགས་ཀྱི་བར་གྱི་ས་གང་ཡིན། །དེ་ཡི་ཕྱེད་དུ་སོ་སོའི་མདའ་ཡབ་ཐིག །ཚངས་ཐིག་ མཐའ་དང་སྐུ་ཡི་རྩ་ཐིག་བར། །འདི་ཡི་ཕྱེད་དུ་འང་སྐུ་ཡི་མདའ་ཡབ་སྟེ། །ཟུར་ཐིག་རྣམས་ ཀྱི་མཐའ་ནས་མཐའ་རུ་འོ། །དེ་ལྟར་དཀྱིལ་འཁོར་གསུམ་པོ་རང་རང་གི། རྩ་ཐིག་ནས་ནི་ ཀྲ་མ་ཤཱིར་ཥིའི་བར། །གང་ཡིན་དེ་ནི་ཕྱེད་དུ་བགོ་བྱ་ཞིང༌། །དེ་ཡི་ནང་མ་དབུས་དོར་མཐའ་ གཉིས་བདབ། །ཕྱི་མ་ཕྱེད་བགོ་དེ་ཡི་ཕྱི་ཡང་ཕྱེད། །སྐུ་ཡི་སྒོ་ཁྱུད་བདེ་ཆེན་འཁོར་ལོའི་(ཕྱིའི) ཚད། །དེ་བཞིན་སྒོ་ལོགས་ཐུགས་ཀྱི་མདའ་ཡབ་ཚད། །རྟ་བབས་ཀ་བ་གསུང་གི་རྩ་ཐིག་ ཚད། །གསུང་གི་སྒོ་ཁྱུད་གཙོ་བོའི་པད་མའི་(ཕྱིའི)ཚད། །རྟ་བབས་ཀ་བ་ཐུགས་ཀྱི་རྩ་ཐིག་ ཚད། །དེ་བཞིན་ཁོ་ནར་ཐུགས་ཀྱི་སྒོ་ཁྱུད་ཀྱང༌། །ཕྱོགས་བཞིའི་རྒྱལ་བའི་གཡས་གཡོན་ཀ་ བའི་(ཕྱིའི)ཚད། །རྟ་བབས་ཀ་བ་བདེ་ཆེན་འཁོར་ལོའི་ཚད། །རང་རང་རྩ་ཐིག་ནང་དུ་ཆ་ཆུང་ གཅིག །སྤང་པར་དཀྱིལ་འཁོར་སོ་སོའི་ལྷ་རྣམ་[སྣམ]སྟེ། །སྐུ་ཡི་ལྷ་རྣམ་[སྣམ]རང་གི་སྒོ་ ཡི་ཕྱེད། །ནང་མ་གཉིས་ལ་ཆ་ཆུང་བཞི་བཞི་འོ། །སྐུ་ལ་བྱེད་ཀྱི་ནང་ནས་བླང་བྱ་ཞི[ཞིང་]། ། གསུང་དང་ཐུགས་ལ་ཕྱི་བཅད་ལྷ་མོའི་གནས། །སོ་སོའི་མདའ་ཡབ་མཐར་ཡང་རང་རང་གི དཀྱིལ་འཁོར་སོ་གཉིས། རྟ་བབས་དོན་དུ་སྒོ་ཚད་གསུམ་གསུམ་བདབ[གདབ]། །དང་པོའི་ ནང་ནས་སུམ་ཆ་ཕྱེ་བ་ཡི། །ཕྱེད་ཕྱེད་གདུང་དང་འོག་མའི་མྱོས་སྲུང་སྟེ། །བར་མ་དབུས་དོར་ མཐའ་གཉིས་བཏབ་པ་ཡི། །མཐའ་གཉིས་ནང་ནས་སུམ་ཆ་སུམ་ཆ་གདབ། །དེ་དག་རིམ་ བཞིན་འོག་དང་བར་མའི་གདུང༌། །ལྷ་མ་བར་དང་གོང་གི་མྱོས་སྲུང་ཉིད། །གསུམ་པ་ཡང་ ནི་ཆ་གསུམ་ཕྱེ་བ་ཡི། །དབུས་མའི་ནང་ནས་ཆ་ཆུང་ཕྱེད་བཏབ་པས། །གོང་མའི་གདུང་ཡིན་ ལྷག་མ་རྒྱ་ཕུབས་ཏེ། །ཕྱི་མ་བུམ་པའི་ཏོག་དང་རྒྱལ་མཚན་ཚད༌། །འདི་དག་དཔངས་ཀྱི་ཚད་ ཡིན་རྒྱ་ལ་ཡང༌། །རྟ་བབས་ཞིང་དུ་སྒོ་བཞི་ཉེར་བཞིར་བསིལ། །ཀ་བཞིའི་བར་གསུམ་ལྷ་ 7-1-75 གནས་གྲུ་བཞི་སྟེ། །མྱོས་སྲུང་རང་རང་ཀ་བའི་ཕྱི་དང་མཉམ། །གདུང་རྣམས་ཀ་བ་དག་ལས་ ཅུང་ཟད་རིང༌། །འོག་གི་གདུང་ནི་ཆ་ཕྲན་ཉེར་བཞི་སྟེ། །འོག་མའི་མྱོས་སྲུང་ཆ་ཆུང་བཅུ་དྲུག་ པ། །ཀ་བ་(ཆུང་)ཆ་གཅིག་གདུང་ནི་(ཆ་ཆུང་)གཅིག་གིས་རིང༌། །གཉིས་པའི་མྱོས་སྲུང་ཆ་ཆུང་ བཅུ་གཉིས་པ། །ཀ་བ་བཞི་གསུམ་ཕྱེད་དང་གཉིས་རིང་གདུང༌། །གསུམ་པའི་མྱོས་སྲུང་ཆ་ ཆུང་བརྒྱད་པ་སྟེ། །ཀ་བ་(ཆ་)ཆ་ཕྱེད་གདུང་ནི་(ཆ་ཆུང་)གཉིས་ཀྱིང་[ཀྱི]རིང༌། རྒྱ་ཕུབས་(ཀྱི) སྟེང་འོག་(གཉིས་པོ་རིམ)གསུམ་པའི་ཀ་(པའི་ཕྱི་དང་)གདུང་(གི)དང་(ཕྱི)། །མཉམ་ཞིང་བུམ་ པ(འི་སྤངས་ལ)ཆ་ཆུང་གཉིས་པའོ། །དེ་ནས་གདན་རྣམས་རིམ་གྱིས་དགོད་པ་ནི། །གཙོ་བོའི་ པད་མ་ཆ་ཆུང་བཅུ་གཉིས་པ། །བདེ་ཆེན་འཁོར་ལོའི་ཕྱོགས་འཚམས་[མཚམས]པད་མ་ བརྒྱད། །ཐུགས་ཀྱི་ལྷ་སྣམ་པད་མ་བཅུ་གཉིས་དང༌། སྒོ་བཞིར་བཞི་དང་གསུང་གི་ལྷ་རྣམ་ [སྣམ]ལ། པད་མ་བརྒྱད་རྣམས་ཆ་ཆུང་བཞི་པའོ། །སྐུ་ཡི་ལྷ་སྣམ་པད་མ་བཅུ་གཉིས་དང༌། ། མེ་རླུང་དབུས་སུ་དུར་ཁྲོད་འཁོར་ལོ་བརྒྱད། །ཆ་ཆུང་བཅུ་གཉིས་པ་ཡིན་ཐམས་ཅད་ཀྱང༌། ། ལྟེ་བར་རང་རང་མདབ་[འདབ]མ་རེ་རེའི་ཚད། །ཟླུམ་པོ་ཀུན་ཀྱང་དབུས་ནས་ཕྱེད་ཀྱིས་ བསྐོར། །སྐུ་ཡི་སྒོ་བཞི་ཤར་ནུབ་རྟ་བབས་རྩེར། །ཤིང་རྟ་རྣམས་ཀྱང་ཆ་ཆུང་བཅུ་གཉིས་པ། ། རྟ་བབས་ཀ་བའི་འོག་ཏུ་ཀླུ་གདན་བརྒྱད། །ཤར་དུ་ཟླུམ་པོ་ལྷོ་རུ་གྲུ་གསུམ་སྟེ། །ནུབ་ཏུ་ གྲུབ་[གྲུ]བཞི་བྱང་དུ་ཟླུམ་པོ་ཕྱེད། །དབང་ལྡན་བདེན་བྲལ་ཟླ་ཉིའི་དཀྱིལ་འཁོར་རྣམས། ། ཆ་ཆུང་བཅུ་གཉིས་གཙོ་བོའི་པད་མ་བཞིན། །དེ་སོགས་ཆ་ཡི་དབྱེ་བ་ཇི་རྙེད་པ། །ཡང་དང་ ཡང་དུ་བཙལ་བས་རྙེད་པར་འགྱུར། །དེ་ཕྱིར་དང་པོར་ཚད་ཀྱི་དོན་ཙམ་དུ། །སྐམ་ཐིག་ཁོ་ ནས་འདི་དག་རིང་པོར་གདབ། །དེ་ལྟར་བྱས་ན་ཇི་སྐད་བསྟན་པ་ཡི། །ཐིག་གི་མཚན་ཉིད་ གསལ་བར་རྟོགས་པར་འགྱུར། །དེ་ལྟར་ཚད་དང་མཚན་མ་ཀུན་ཤེས་ནས། །ཕྱོགས་ཀྱི་ ཡོངས་འཇོམས་འགོངས་པར་མི་འགྱུར་བར། །མཉམ་དང་མི་མཉམ་རྐང་པས་ཐིག་ཐུང་དུ། ། 7-1-76 ཚོན་གྱི་ཁུ་བ་ལས་དང་མཐུན་པར་གདབ། །དེ་ལྟར་ཁོར་ཡུག་ཐིག་དང་སྣད་[སྣོད]གྱི་ཚད། ། གང་དེའང་བླ་མའི་གསུང་དང་སྤེལ་ནས་བཀོད། །དགེ་བས་འགྲོ་རྣམས་ཆོས་ཀུན་མཉམ་ ཉིད་དོན། །དོན་དམ་དཀྱིལ་འཁོར་མྱུར་དུ་མཐོང་གྱུར་ཅིག །ཅེས་པ་ཐིག་གདབ་པའི་ངེས་པ་ སྟེ། དང་པོའོ།། ༈ །། འགྱུར་མེད་དྲུག་གི་རང་བཞིན་ཅན། རྒྱལ་བ་དྲུག་ལ་ཕྱག་འཚལ་ནས། །ཕྱོགས་ཁམས་ དྲུག་གི་དབྱེ་བ་ཡིས། །ཁ་དོག་དྲུག་གི་ངེས་པ་བཤད། །སྟེང་ཕྱོགས་ལྗང་གུ་ནམ་མཁའི་ ཁམས། །འོག་ཕྱོགས་སྔོན་པོ་ཡེ་ཤེས་ཁམས། །ཤར་ཕྱོགས་ནག་པོ་རླུང་གྱི་[གི]ཁམས། ། ལྷོ་ཕྱོགས་དམར་པོ་མེ་ཡི་ཁམས། །བྱང་ཕྱོགས་དཀར་པོ་ཆུ་ཡི་ཁམས། །ནུབ་ཕྱོགས་སེར་ པོ་ས་ཡི་ཁམས། །མེ་དང་བདེན་བྲལ་དབང་ལྡན་རླུང༌། །རིམ་བཞིན་རླུང་མེ་ཆུ་སའི་ཁམས། ། ཕན་ཚུན་ཐད་ཀར་ཐབས་ཤེས་ཏེ། །དེ་ཡང་རླུང་ས་ཐབས་ཤེས་ཉིད། །ཆུ་མེ་ཡང་ནི་ཐབས་ ཤེས་ལ། །ནམ་མཁའ་ཡེ་ཤེས་ཐབས་ཤེས་སོ། །བསྐོར་ཚུལ་ཕལ་ཆེར་སྐྱེད་[བསྐྱེད]རིམ་ ལྟར། །ནམ་མཁའ་རླུང་མེ་ཆུ་ས་ཉིད། །དེ་ལ་དང་པོར་ཐུན་མེ་དུ། །རྟེན་གྱི་འཁོར་ལོ་བཤད་ བྱས་སྟེ[ཏེ]། །གཙོ་བའི་པད་མའི་འོག་གཞི་དང༌། །རྡོ་རྗེ་ཕྲེང་བ་ནང་མ་ནི། །སྔོན་པོའི་ཕྱི་མ་ ལྗང་ཁུའི་མདོག །བར་པ་ཐམས་ཅད་ཕྱོགས་མདོག་ཉིད། །ཕྱོགས་བཞིའི་ཀ་བ་ནག་པོ་ལ། ། རིགས་(རྒྱལ་པ)བཞིའི་མཚན་མ་(རལ་གྲི་ལ་སོགས་པ)ཁམས་བཞིའི་མདོག། བུམ་པ་བཅུ་ནི་དཀར་ པོ་སྟེ། །ལྷ་རྣམས་ཀུན་ཀྱང་དཀར་པོར་མཚུངས། །ཐུགས་ཀྱི་ར་བ་ནང་ནས་ནི། །རིམ་བཞིན་ ནག་དམར་དཀར་པོ་སྟེ། །གསུང་དང་སྐུ་ཡི་ར་བ་ནི། །ནམ་མཁའ་རླུང་མེ་ཆུ་སའི་མདོག ། ཀུན་ལ་སྟེགས་བུ་དཀར་པོ་སྟེ། །རིན་ཆེན་སྣམ་བུ་དམར་པོ་ལ། །རིན་ཆེན་སྣ་ཚོགས་རྣམ་ པར་བཀྲས། །དྲ་ཕྱེད་ཤར་བུ་མདའ་ཡབ་རྣམས། །དཀར་པོའི་འོག་གཞི་ནག་སེར་མཚུངས། ། ཟུར་གྱི་སྣ་ཚོགས་རྡོ་རྗེ་དང༌། །སྒོ་བཞིའི་འཚམས་[མཚམས་]ཀྱི་རིན་ཆེན་ཡང༌། །ཁམས་ 7-1-77 ཀྱི་དབྱེ་བའམ་སྣ་ཚོགས་ཉིད། །རྟ་བབས་ཀ་ཐུང་ཏོག་རྣམས་ནི། །སེར་པོའི་རྒྱ་ཕུབས་སྔོན་ པོ་སྟེ། །རེ་མིག་རྣམས་ནི་ནག་པོ་ལ། །མཆོད་པའི་ལྷ་མོ་སྣ་ཚོགས་མདོག །སྐུ་ཡི་རྟ་བབས་ ལ་གནས་པའི། །འཁོར་ལོ་བུམ་པ་རྔ་ཆེན་ཤིང༌། །མཚན་མར་བཅས་པ་ཕྱོགས་མདོག་ཏེ། རྒྱན་ཀུན་ཇི་ལྟར་མཛེས་པའི་མདོག །ཕྱི་རོལ་མཆོད་པའི་ས་གཞི་ནི། །སེར་པོ་འམ་ཡང་ན་ ཕྱོགས་མདོག་སྟེ། །དེ་ལ་པད་མ་བུམ་པ་སོགས། །སྣ་ཚོགས་མཆོད་རྫས་སྣ་ཚོགས་མདོག ། ས་ཆུ་མེ་རླུང་ཁོར་ཡུག་རྣམས། །རང་རང་མདོག་སྟེ་ས་ལ་ནི། །དབང་ལྡན་ཟླ་བ་བདེན་བྲལ་ དུ། །ཉི་མའོ་དཀར་དམར་མདོག་ཅན་ཉིད། །ནམ་མཁའ་རྡོ་རྗེ་ལྗང་ཁུ་སྟེ། །དེ་ཡི་གཞི་མ་སྔོན་ པོ་ཉིད། །ཡང་ན་དེ་ལས་བཟློག་པའང་བཟུང༌། །འོད་ཟེར་ཁ་དོག་ལྔ་འབར་བའོ། །དེ་ནས་ གདན་རྣམས་བཤད་བྱ་སྟེ། །སྙིང་པོའི་པད་ལ་ལྗང་ཁུ་ཡི། །ལྟེ་བར་ཟླ་ཉི་སྒྲ་གཅན་གདན། ། དཀར་དམར་ནག་པོའི་མདོག་ཅན་ནོ། །བདེ་ཆེན་ཕྱོགས་བཞིའི་པད་མ་དཀར། །འཚམས་ [མཚམས]བཞི་དམར་པོའི་མདོག་ཅན་ཉིད། །ཐུགས་ཀྱི་ཕྱོགས་བཞིའི་གཡས་དང་ནི། །ཤར་ དང་ལྷོ་ཡི་གཡོན་རྣམས་དཀར། །འཚམས་[མཚམས]བཞི་བྱང་དང་ནུབ་ཀྱི་གཡོན། །དམར་ པོ་དེ་བཞིན་སྒོ་བཞི་ལ། །ཤར་དང་བྱང་དུ་དམར་པོ་སྟེ། །ལྷོ་དང་ནུབ་ཏུ་དཀར་པའི་མདོག ། དཀར་པོ་ཀུན་གྱི་ལྟེ་བ་ལའང༌། །ཉི་གདན་དམར་པོའི་མདོག་ཅན་སྟེ། །དེ་བཞིན་དམར་ པོའི་ལྟེ་བར་ཡང༌། །ཟླ་གདན་དཀར་པོའི་མདོག་ཅན་ཉིད། །གསུང་དང་སྐུ་ཡི་པད་མ་དང༌། ། དུར་ཁྲོད་བརྒྱད་ཀྱི་འཁོར་ལོ་ནི། །ཕྱོགས་རྣམས་དམར་པོའོ་མཚམས་བཞི་དཀར། །ཤིང་རྟ་ ཀླུ་གདན་ཕྱོགས་ཀྱི་མདོག །དེ་ནས་མཚན་མ་དགོད་པ་ནི། །སྙིང་པོའི་པད་མའི་ལྟེ་བ་ལ། །རྡོ་ རྗེ་སྔོན་པོ་རྩེ་གསུམ་པ། །ཕྱོགས་བཞིའི་འདབ་མར་སྤོས་ཕོར་དང༌། །མར་མེ་ལྷ་བཤོས་དུང་ ཆོས་ཏེ། །མཚམས་བཞི་ལ་ནི་རྔ་ཡབ་ཉིད། །གྲུ་ཆོད་བཞིར་ནི་ནོར་བུ་དང༌། །གཎ་ཌི་དུང་ དང་དཔག་བསམ་ཤིང༌། །ཐུགས་ཀྱི་པད་མ་ཉེར་བཞི་ཡི། །ལྟེ་བར་ཉི་ཟླའི་དཀྱིལ་འཁོར་ 7-1-78 ལ། །ཤར་དང་མེར་ནི་རལ་གྲི་དང༌། །ལྷོ་དང་བདེན་བྲལ་རིན་ཆེན་དང༌། །བྱང་དང་དབང་ ལྡན་དཔད་[པད]མ་དང༌། །ནུབ་དང་རླུང་དུ་འཁོར་ལོ་དང༌། །སྒོ་བཞིའི་གཡོན་དུ་རྡོ་རྗེ་ ཉིད། །སྟེགས་བུར་གཡོན་དང་གཡས་རྣམས་སུ། །ཤར་དུ་དྲི་དང་མེ་ལྟོག་[ཏོག]དང༌། །ལྷོ་ རུ་སྤོས་དང་མར་མེ་དང༌། །བྱང་དུ་ཞལ་ཟས་འབྲས་བུ་དང༌། །ནུབ་ཏུ་རྒྱན་དང་དོ་ཤལ་ཉིད། ། རྟ་བབས་རི་[རེ]མིག་གསུམ་པ་ལ། །ཤར་དང་ནུབ་ཏུ་གོས་དང་རྔ༌། །བྱང་དང་ལྷོ་རུ་རྡོ་རྗེ་ དང༌། །དཔད་[པད]མ་ཉིད་[ཏེ་སྟེ་[དེ་སྟེང་]འོག་གིའོ། །གསུང་གི་འདབ་བརྒྱད་ཐམས་ཅད་ ལ། །ཤར་དུ་གྲི་གུག་མེར་འཁོར་ལོ། །ལྷོ་རུ་དབྱུག་པ་བདེན་བྲལ་དུ། །ཤག་ཏི་བྱང་དུ་རྩེ་ གསུམ་པ། །དབང་ལྡན་དུ་ནི་པད་མ་སྟེ། །ནུབ་ཏུ་རྡོ་རྗེ་རླུང་དུ་ཁབ། །སྟེགས་བུར་འདོད་མ་ སོ་དྲུག་ནི། །ཕྱོགས་བཞིར་བརྒྱད་བརྒྱད་མཚམས་བཞིར་བཞི། །སྐུ་ཡི་པད་མ་བཅུ་གཉིས་ཀྱི། ། ཕྱོགས་ཀྱི་གཡས་དང་འཚམས་[མཚམས]བཞི་ལ། །ཤར་དུ་རལ་གྲི་མེར་ལྗོན་ཤིང༌། །ལྷོ་ རུ་ཤག་ཏི་བདེན་བྲལ་མདུང༌། །བྱང་དུ་ཞགས་པ་དབང་ལྡན་དུ། །དགྲ་སྟའོ་ནུབ་ཏུ་རྡོ་རྗེ་སྟེ། ། རླུང་དུ་ཁབ་ཡིན་གཡོན་རྣམ་[རྣམས]སུ། །བྱང་དུ་རྩེ་གསུམ་ནུབ་བེ་ཅོན། །ཤར་དུ་འཁོར་ ལོ་ལྷོར་དབྱུག་པ། །ཀུན་ལ་ལྟེ་བར་གཉིས་གཉིས་དང༌། །འདབ་མ་ཉི་ཤུ་རྩ་བརྒྱད་ལ། །རེ་ རེས་ཕྱེ་བས་སུམ་བཅུ་[ཅུ]ཉིད། །སྒོ་བཞི་སྟེང་འོག་ཤིང་རྟ་ལ། །དབྱུག་པ་མདའ་དང་གཏུན་ ཤིང་དང༌། །བེ་ཅོན་རྡོ་རྗེ་རྩེ་གསུམ་ཉིད། །ཀླུ་ཡི་གདན་ལ་ཐིག་ལེ་དང༌། །བཀྲ་ཤིས་ད་[པད] མ་རྡོ་རྗེས་སྟེ། །སྐུ་ཡི་སྟེགས་བུ་ལ་གནས་པའི། །ཕྱིར་འདོད་མ་རྣམས་འདོད་མ་བཞིན། །དུར་ ཁྲོད་འཁོར་ལོ་གྲི་གུག་ཉིད། །ཀུན་ཀྱང་ཤར་དང་ཤར་ལྷོ་ནག །ལྷོ་དང་ལྷོ་ནུབ་དམར་པ་སྟེ། ། བྱང་དང་དབང་ལྡན་དཀར་པོའི་མདོག །ནུབ་དང་ནུབ་བྱང་སེར་པོའོ། །ཕྱོགས་སུ་གཅིག་ གིས་ལྷག་མ་རྣམས། །ཤར་དང་བྱང་གཡོན་རེ་རེ་སྔོ། །ལྷོ་དང་ནུབ་གཡོན་རེ་རེ་ལྗང༌། །རླུང་ གི་མཚན་མ་སྣ་ཚོགས་མདོག །དཔངས་ཀྱང་གསུམ་པོ་ཉིས་འགྱུར་གྱིས། །འཕེལ་ཡང་རང་ 7-1-79 རང་ཁ་དོག་ལྔ། །མཉམ་ཞིང་ར་བ་སུམ་འགྱུར་ཏེ། །རེ་ཁཱ་གཞན་ནི་ཉིས་འགྱུར་ཉིད། །ཁོར་ ཡུག་རྣམས་ཀྱི་རེ་ཁཱ་ནི། །སྐུ་ཡི་ར་བའི་ཚད་ཀྱིས་ཏེ། །གཅོད་དང་བཞི་རྣམས་ཕལ་ཆེར་ཡང༌། ། ཐབས་དང་ཤེས་རབ་དབྱེས་བས་སོ། །ཕྱོགས་མདོག་གཞི་ལ་ལྷ་རྣམས་དང༌། །ལྷ་སྣམ་གཞི་ ལ་དཔད་[པད]མ་དང༌། །པད་མའི་ལྟེ་བར་ཉི་ཟླ་ཡང༌། །བརྩེགས་ཕྱིར་རིམ་གྱིས་མཐོ་བ་ འོ། །མཚོན་བྱེད་ཚོན་གྱི་དབྱེ་བ་འདི། །བློ་གྲོས་རྒྱལ་མཚན་དཔལ་གྱིས་དཀོད། །འགྲོ་ཀུན་ མཚོན་བྱ་དོན་དམ་གྱི། །དཀྱིལ་འཁོར་མྱུར་དུ་མཐོང་གྱུར་ཅིག །ཅེས་པ་ཚོན་དགྱེ་བའི་ངེས་ པ་སྟེ་གཉིས་པའོ། །ཡེ་ཤེས་མེ་ལ་ཕྱག་འཚལ་ནས། །དེ་ལ་མཆོད་པ་བྱ་བའི་ཕྱིར། །ལས་ ཀུན་པ་དང་སོ་སོ་ཡི། །ཞི་རྒྱས་ཐབ་བཞི་འདིར་བཤད་བྱ། །དེ་ཡང་རྒྱས་པ་ལས་ཀུན་པའི། ། ཐབ་ཁུང་ཁྲུ་བཞི་གྲུ་བཞིར་གདབ། །སླར་ཡང་ཁྲུ་གང་ཕྱིར་[ཕྱི]རོལ་དུ[ཏུ]། །གྲུ་བཞི་ མཉམ་པར་བཏབ་པ་ལ། །མཆུ་དང་རེ་ཁཱ་ཁ་ཁྱེར་དང༌། །རེ་ཁཱའི་དཀྱིལ་འཁོར་སྣམ་བུ་སྟེ། ། ནང་ནས་རིམ་བཞིན་སོར་དྲུག་དང༌། །གསུམ་དང་བཅུ་གཉིས་སོར་གསུམ་མོ། །ཁ་ཁྱེར་ དབུས་སུ་སོར་བདུན་དང༌། །ལྔ་ཆའི་ས་ལ་རྡོ་རྗེ་བྲི། །དབུས་སུ་ཁྲུ་དོས་བདེ་ཆེན་སྟེ། །གཙོ་ བོའི་པད་མ་ཁྲུ་གང་ཉིད། །ཐབས་ཀྱི་ཐིག་ལས་ནང་དུ་ནི། །སོར་གཉིས་དོར་བར་སོར་བརྒྱད་ པའི། །ལྷ་སྣམ་ཞི་ལ་དེ་ཚད་ཀྱིས། །པད་མ་འདབ་བརྒྱད་བཅུ་དྲུག་བྲི། །བདེ་ཆེན་པད་མ་ བུམ་པ་སོགས། །ཐུགས་ཀྱི་དཀྱིལ་འཁོར་ཇི་བཞིན་ལ། །རེ་ཁཱ་ཡན་ཆད་ལྗང་ཁུ་སྟེ། །ཕྱག་ མཚན་རྣམས་ནི་ཕྱོགས་ཀྱི་མདོག །དེ་བཞིན་ཞི་བའི་ལས་ཀུན་པ། །དཔད་[པད]མ་ཁ་ཁྱེར་ ཁ་དོག་སོགས། །སྔར་བཞིན་ཆ་ནི་སྔར་གྱི་ཕྱེད། །དབྱིབས་ནི་ཀུན་ནས་ཟླུམ་པོའོ། །ཐབས་ ཀྱི་ཕྱི་རོལ་ནག་པོའི་སར། །སློབ་དཔོན་མཆོད་ཡོན་བསྲེག་རྫས་གདན། །རྒྱས་ལ་འདབ་ བརྒྱད་ཁྲུ་དོ་པ། །ཞི་ལ་དེ་ཕྱེད་གཉིས་ཀ་ཡི། །ལྟེ་བར་དབུས་ཀྱི་མཚན་མས་མཚན། །ཐབ་ ཀྱི་དབྱིབས་ཀྱིས་བསྐོར་བ་བྲི། །འདི་གཉིས་དབུས་སུ་བྱ་བའོ། །སོ་སོ་བ་ཡི་བརྒྱས་[རྒྱས] 7-1-80 པ་ནི། །བྱང་དུ་བྱ་སྟེ་སློབ་དཔོན་དང༌། །སྒོ་ནི་དབང་ལྡན་ཕྱོགས་པ་སྟེ། །ཐབ་ནི་ཁྲུ་དོ་གྲུ་བཞི་ པའི། །དབུས་སུ་པད་མ་འདབ་བརྒྱད་བྲི། །དེ་ཡང་ཕྱི་རོལ་ཁྲུ་ཕྱེད་ལ། །མཆུ་ནི་སོར་བཞི་ཁ་ ཁྱེར་བརྒྱད། །ཁ་ཁྱེར་དབུས་སུ་སོར་ལྔར་ནི། །ལྔ་ཆས་དམན་པར་མཚན་མ་བྲི། །ཞི་ལ་ཟླུམ་ པོ་དེ་ཡི་ཕྱེད། །དབང་ལྡན་དུ་སྟེ་བྱང་དུ་ཕྱོགས། །གཉིས་གའི་དབུས་ཀྱི་པད་མ་ལ། །རིགས་ ལྔ་ཡུམ་བཞིའི་མཚན་མ་བྲི། །ལྟེ་བ་དང་ནི་ཁ་ཁྱེར་དུ། །རྒྱས་པ་ལ་ནི་འཁོར་ལོའི་(ཕྲེང་བ)སྟེ། ། ཞི་བ་ལ་ནི་པད་མ(འི་ཕྲེང་བ)ཉིད། །དེ་དག་གི་ནི་ཤུལ་དུ་ཡང༌། །དབུས་ཀྱི་རྡོ་རྗེ་བྲི་བར་བྱ། ། ཞི་རྒྱས་གཉིས་ཀའི་ཐབ་སོགས་དཀར། །ཕྱི་རོལ་ནག་པོའི་ཕྱོགས་མདོག་ལ། །སློབ་དཔོན་ མཆོད་ཡོན་བསྲེག་རྫས་གདན། །མཚུངས་པར་འདབ་བརྒྱད་ཁྲུ་གང་པའི། །ལྟེ་བར་རང་རང་ མཚན་མ་ཅན། །ཐབ་ཀྱི་དབྱིབས་ཀྱིས་བསྐོར་བ་བྲི། །ཐབ་རྣམས་ཀུན་ལ་ཐུན་མོས་[མོང་] དུ། །ཁ་ཁྱེར་རེ་ཁཱའི་མཐའ་ནས་ནི། །ཕྱོགས་བཞི་ཁྲུ་དོ་གྲུ་བཞི་ལ། །རང་རང་བརྒྱད་ཆའི་སྒོ་ གཅིག་སྟེ། །སྒོ་ཡི་བཞི་ཆས་ར་བ་གསུམ། །ནང་ནས་ནག་དམར་དཀར་བའི་མདོག །སྒོ་ཡི་ སྟེང་དུ་རྟ་བབས་ཀྱང༌། །རང་རང་སྒོ་ཡི་སུམ་འགྱུར་སྟེ། །སྣམ་བུ་བཅུ་གཅིག་ལ་སོགས་པ། ། དཀྱིལ་འཁོར་རྟ་བབས་ཇི་བཞིན་ནོ། །ར་བའི་ནང་དུ་ཕྱོགས་མདོག་སྟེ། །མེ་ལྷའི་མདུན་ནི་ ནག་པོའི་ས། །གཡས་སུ་དམར་པོ་གཡོན་ཕྱོགས་དཀར། །སྒོ་ཡི་ཕྱོགས་ནི་སེར་པོའོ། །དེ་ ལྟར་ཐབ་བཞིའི་ཚད་དང་མདོག །བློ་གྲོས་རྒྱལ་མཚན་དཔལ་གྱིས་བྲིས། །དགེ་བས་སྒྲིབ་ གཉིས་ཚོགས་འཇོམས་པའི། །ཡེ་ཤེས་མེ་ཆེན་རྒྱས་གྱུར་ཅིག །ཅེས་པ་ཐབ་ཀྱི་ཚད་དང་ཁ་ དོག་གི་ངེས་པ་སྟེ་གསུམ་པའོ། །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆོ་ག་ལ་ཉེ་བར་ འཁོ་[མཁོ་]བའི་མན་ངག་ཐིག་ཚོན་གསལ་བྱེད་ཅེས་བྱ་བ་བོད་ཀྱི་པཎྜི་ཏ་འཇམ་དབྱངས་ བློ་གྲོས་ཀྱིས་བྲིས་པ་རྫོགས་སོ། །འདིས་འགྲོ་བ་མང་པོ་ལ་ཕན་པར་གྱུར་ཅིག །མཾ་ག་ལཾ་བྷ་ ཝཏུ། 7-1-81 ༄༅། །དཔལ་དུས་ཀྱི་འཁོར་ལོའི་དབང་གོང་མ་བཞིའི་ ཆོ་གའི་རིམ་པ་བཞུགས་སོ། ། ༄༅། །ན་མཿཤྲཱི་ཀ་ལ་ཙཀྲ་ཡེ། བདག་གི་བླ་མ་མཁན་ཆེན་རིན་པོ་ཆེའི་ཞལ་མངའ་ [སྔ]ནས། དུས་ཀྱི་འཁོར་ལོའི་དབང་གོང་མ་ཁྲིད་ཀྱི་དུས་སུ་སྐུར་བའི་སྐབས་སུ། འདིར་ རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་དབང་བཞི་པ་རྫོགས་རིམས་[རིམ]ཕྱག་རྒྱ་ཆེན་མོ་ བསྒོམ་པའི་སྔོན་དུ། རྒྱལ་བས་གསུངས་པའི་ཆོ་གས་དབང་མཆོག་སླང་[བླངས]ནས། ཞེས་ གསུངས་པས། གསང་སྔགས་ཀྱི་དོན་ཉམས་སུ་ལེན་པ་ལ། སྤྱིར་དབང་ཐོབ་དགོས་ཤིང༌། ཁྱད་པར་དུ་དབང་གོང་མ་མ་ཐོབ་ན། རྫོགས་རིམས་[རིམ]ཕྱག་རྒྱ་ཆེན་མོ་བསྒོམ་པའི་སྣོད་ དུ་མི་རུང་བས། དབང་གོང་མས་རྒྱུད་སྨིན་པར་བྱས་པ་ཤིག་དགོས། དེ་ཡང་བདེ་མཆོག་དང་ སྐྱེ་[ཀྱཻ]རྡོར་ལ་སོགས་རྣལ་འབྱོར་བླ་མེད་ཀྱི་དབང་བཞི་ཚང་པར་ཆོ་ག་རྣམ་དག་གི་སྒོ་ནས་ སྐུར་ཤེས་པ་ཞིག་ཐོབ་ན་དེས་ཕྱོག་[ཆོག]མོད་ནའང༌། བླ་མ་གོང་མའི་ཕྱག་ལེན་ལ། དུས་ འཁོར་ཁོ་ནའི་དབང་གོང་མ་སྐུར་བ་འདི་མཛད་གདའ་གསུང༌། དེའང་ཤེས་རབ་ཀྱི་ནུ་མ་ལ་ རེག་པ་བུམ་པའི་དབང༌། བདུད་རྩི་མྱང་བ་དང་འཁྱུད་ཅིང་བསང་[གསང]བར་རྡོ་རྗེ་སྐྱོད་པ་ ལས་སྐྱེས་པའི་བདེ་བ་གསང་བའི་དབང༌། ཤེས་རབ་དང་སྦྱར་བས་བྱང་ཆུབ་ཀྱི་སེམས་ཞུ་བ་ ལས་བྱུང་བའི་བཞི་པ་ལྷན་ཅིག་སྐྱེས་དགའི་སྐ་ཅིག་གི་བདུད་རྩི་རྟོགས་པ་དབང་གསུམ་པ་ དང་བཞི་པ་རྣམས། མཐའ་གཅིག་ཏུ་ངེས་པར་འཛིན་པའི་དབང་སྟེ། ལམ་གྱི་རྒྱུ་རུ་སྟན་ [བསྟན]པ་ཡིན། འཇིག་རྟེན་ལས་འདས་པའི་དབང་ནི། རྒྱུད་ལས། འཇིག་རྟེན་འདས་པའི་ 7-1-82 དབང་གང་མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ། །ཞེས་པས་ མཆོག་གི་རྒྱལ་བའི་བདག་པོ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་མཆོག་ཕྱ་རྒྱ་ཆེན་མོ་ལ་རྗེས་སུ་སྦྱོར་ བ་ལས་སྐྱེས་པའི་མི་འགྱུར་བའི་བདེ་བའོ། །གལ་ཏེ་ཕྱག་རྒྱ་ཆེན་མོ་དང་སྙོམ་པར་ཞུགས་པ་ ལས་བྱུང་བའི་འགྱུར་བ་མེད་པའི་བདེ་བ་དབང་བཞི་པ་ཡིན་ན། ཕྱག་རྒྱ་ཆེན་མོ་རང་གང་ ཡིན་སྙམ་ན། རྒྱུད་དུ། སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལ་སྐྱེས་པ་མེ་ལོང་གི་ནི་ གཟུགས་རྙན་[བརྙན]ལྟ་བུ་ཉིད། །ཅེས་པ་ནས། བདེ་མཉམ་གཏེར་[སྟེར]བར་བྱེད། །ཅེས་ པའི་བར་ཤླཽ་ཀ་གཅིག་གི་གསུངས་པའི་དོན་ཕྱག་རྒྱ་ཆེན་མོ་ནི་རྟོག་པས་རྟག་པའི་ཆོས་ ཐམས་དང་བྲལ་བ་ཕྱི་རོལ་ཀྱི་དོན་མེད་པ་རང་གི་སེམས་ཀྱི་སྣང་བ་[བརྩམ་ཏེ[ཙམ་སྟེ]། དེ་ ཡང་ཕྱི་རོལ་ཀྱི་དབང་པོ་ལས་སྐྱེས་པ་མ་ཡིན་གྱི་རང་གི་ཡིད་ཀྱི་སྐྱེ་བ་སྔ་མའི་བག་ཆགས་ཀྱི་ སྟོབས་ལས་སྐྱེས་པ་མེ་ལོང་གི་ནང་དུ་རང་གི་མིག་གི་གཟུགས་སྙན་[བརྙན]ཤར་བ་རང་གི་ མིག་གི་[གིས]མཐོང་བ་བཞིན་དུ། རྣལ་འབྱོར་པས་རང་གི་སེམས་ཀྱི་བྱིན་བརླབས་གྱིས་ སྟོབས་ཀྱིས། ནམ་མཁའི་ཁམས་ལ་བེམ་པོ་ཁམས་གསུམ་པ་མེད་པར་བེམ་པོ་མིན་པའི་སྲིད་ པ་གསུམ་གྱི་སྣང་བ་མངོན་སུམ་དུ་མཐོང་བ་རྣམ་པ་ཐམས་ཀྱི་མཆོག་དང་ལྡན་པའི་རྟོང་ [སྟོང]པ་ཉིད་ནི་ཕྱག་རྒྱ་ཆེན་མོ་སྟེ། ཕྱག་རྒྱ་ཆེན་མོ་གང་གི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ དང་སངས་རྒྱས་ཐམས་ཅད་ཀྱི་རྟེན་[བསྟེན]ཅིང་རྣལ་འབྱོར་དབང་པོ་མཐའ་དག་གི་སྟེན་ [བསྟེན]བྱ་སྟེ། འཇིག་རྟེན་གསུམ་པོ་སྣང་བར་བྱེད་པའི་ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་སྟེ། ཡང་དག་པའི་ཡེ་ཤེས་ཀྱི་སྲིད་པའི་དྲི་མ་འཕྲོག་ཅིང་སྒོ་གསུམ་གྱི་སྒྲིབ་པ་དང༌། ཕྱི་རོལ་མ་ རིག་པ་ལ་འཇུག་པའི་བདུད་ཚོགས། ཡུལ་གཟུགས་སྒྲ་ལ་སོགས་པ་དང་བཅས་པ་མཐའ་ དག་སྲེག་པ་སྟེ་འཇོམས་པར་བྱེད་ཅིང༌། ལུས་ལ་ཕྱགས་པའི་བློ་[གློ]བུར་བའི་བག་ཆགས་ ཀྱི་སྒྲིབ་པ་ཐམས་ཅད་འཇོམས་པར་བྱེད་པ་ནི་རྣལ་འབྱོར་རྣམས་ཀྱི་ལོ་གཅིག་ཏུ་སྟེན་པའི་ 7-1-83 སྦྱོར་བས་བདེ་[མཉམས་གྱི་[ཉམས་ཀྱི་]དབང་བཞི་པ་སྟེར་བར་བྱེད་དེ། ཡང་དག་རྫོགས་ པའི་བྱང་ཆུབ་སླད་དུ་རྒྱལ་བ་མཆོག་གི་སྐྱེད་མ་མཆོག་གི་ཕྱག་རྒྱ་གོས་པ་མེད། །རྣམ་པར་ འགྱུར་པ་མེད་ཅིང་མཁའ་མཉམས་[མཉམ]མུན་བཅོམ་ཁྱབ་བྱེད་རྣལ་འབྱོར་དག་གིས་སྒྲོད་ [བསྒྲོད]བྱ་རྩེགས་པར་གནས། །ཡེ་ཤེས་གཟི་བརྗིད་སྲིད་པའི་དྲི་མ་འཕྲོག་ཅིང་དུས་ཀྱི་ འཁོར་ལོས་རྗེས་སུ་རིག་པ་སྒོམ་པར་བྱ། །ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་ མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ[སྟེ]། །འཇིག་རྟེན་གསུམ་པོ་སྣང་བར་བྱེད་ ཅིང་དྲི་མེད་ཀློག་[གློག]དང་མཚུངས་པའི་འདིར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་ དབྱེར་མེད་ཡུལ་དང་རྣམ་པར་བྲལ་བ་སྣང་བ་ཙམ་ནི་མཁའ་ལ་གནས་པ་ཡི། །སེམས་དང་ སེམས་བྱུང་ལ་ནི་བདག་གིས་འཁྱུད་དེ་འགྲོ་བ་དུ་མའི་གཟུགས་ཀྱི་དེ་ནི་གཅིག་པུའོ། །ཞེས་ སོ། །འོ་ན་ཕྱག་རྒྱ་དེ་སྟེན་པ་ལས་སྐྱེས་པའི་དབང་བཞི་པ་དེ་རང་གང་ཡིན་སྙམ་ན། ཤེས་ རབ་ཡེ་ཤེས་དག་ནི་སེམས་དང༌། དེའི་སྣང་བ་དག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་འགྱུར། དབང་ ནི་དྲི་མེད་རི་བོང་ཅན་མཚུངས་མེད་དེ་གཟུགས་བརྙན་ལྟ་བུ་འདི་ལ་ཉོན་མོངས་པ་འབྱུང་ ཞིང༌། དེའི་དབང་གི་ལས་ཟག་པ་དང་བཅས་པ་ཀུན་དུ་[ཏུ]སྤྱད་པ་ལས། རིགས་དྲུག་གི་ འགྲོ་བར་སྐྱེས་ནས། དམྱལ་བར་ཚ་གྲང་དང་གཅོད་འདྲལ་ལ་སོགས་པའི་སྡུག་བསྔལ་དང༌། [ཡིད་རྟགས་[ཡི་དྭགས]སུ་བཀྲེས་ཞིང་[ཤིང]སྐོམ་པ་ལ་སོགས་པའི་སྡུག་བསྔལ་དང༌། དུད་འགྲོ་གཅིག་ལ་གཅིག་ཟ་བ་དང་བཀོལ་བཙོག་ལ་སོགས་པའི་སྡུག་བསྔལ་དང༌། མི་ རྣམས་ལ་ཡང་མཐུན་[ཐུན]མོང་དུ་སྐྱེ་རྒ་ན་འཆི་དང༌། ཁྱད་པར་དུ་འབྱོར་པ་བསྲུང་བ་དང༌། ཕོངས་པ་ཚོལ་བ་ལ་སོགས་པའི་སྡུག་བསྔལ་དང༌། ལྷ་རྣམས་ལ་ཡང་འཆི་འཕོ་ལྟུང་འགྱུར་ ལ་སོགས་པས་སྡུག་བསྔལ་སྟེ། མདོར་ན་ཁམས་གསུམ་པོ་མཐའ་དག་ཚོར་བ་གསུམ་གྱིས་ སྡུས་[བསྡུས]ཤིང༌། དེ་ཐམས་ཅད་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ཡིན་པས། སློ་ 7-1-84 [གློ]བུར་གྱི་དྲི་མ་མཐའ་དག་སྤངས་ནས་རང་བྱུང་གི་ཡེ་ཤེས་མངོན་དུ་གྱུར་པའི་ཐར་པ་བླ་ ན་མེད་པ་ཐམས་ཅད་མཁྱེན་པའི་གོ་འཕངས་[འཕང]ཐོབ་པར་བྱ་དགོས་ལ། དེ་ཡང༌། འཁོར་བར་མི་ཉིད་དུ་ནི་བརྒྱ་ལམ་ཞིག་ན་གྱུར་ཀྱང་ཆོས་ཀྱི་བློ་ནི་བརྒྱ་ལམ་ཞིག་ནའོ། །དེ་ ལས་དགེ་བའི་དབང་གི་སངས་རྒྱས་ལ་ནི་རྗེས་ཆགས་གྱུར་ཀྱང་དང་པོའི་ཐེག་པར་རབ་ཏུ་ འཇུག །དེ་ལས་དཔལ་ལྡན་རྡོ་རྗེ་ཐེག་པ་བསྒོམ་པ་ལ་ནི་བློ་གྲོས་མ་ལུས་འཇུག་པ་བརྒྱ་ལམ་ ནའོ། །དེའི་ཕྱིར་སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕངས་[འཕང]དག་འ་[ལ] འཇུག་པ་ཨེ་མ་ཤིན་དུ་[ཏུ]དཀའ། །ཞེས་པ་ལྟར་དལ་འབྱོར་གྱི་ལུས་ཐོབ་ཅིང༌། སངས་རྒྱས་ ཀྱི་སྟན་[བསྟན]པ་རིན་པོ་ཆེ་དང་འཇལ་[མཇལ]ནས་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ སྐྱེས་ཏེ། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་བསྒོམ་པའི་རྟེན་ཕུན་སུམ་ མཚོགས་[ཚོགས]པ་ཤིན་དུ་[ཏུ]རྙེད་པར་དཀའ་བའི་མཆོག་རྙེད་པའི་སྐབས་འདིར་འབད་ དགོས་ཤིང༌། དེ་ཡང་དང་པོར་རེ་ཞིག་སློབ་མ་ལ། དབང་རྣམས་ལན་གཅིག་བསྐུར་བ་ཡིས། ། དེ་ཚེ་གསང་ཆེན་བཤད་པ་ཡི། །སྣོད་དུ་ངེས་པར་འགྱུར་བ་ཡིན། །ཞེས་པ་ལྟར་ལམ་ཟབ་མོ་ རིམ་གཉིས་རྣལ་འབྱོར་སྒོམ་པ་ལ་དབང་བའི་དོན་དུ་ཐོག་མར་སྨིན་པར་བྱེད་པའི་དབང་ བསྐུར་བ་ཡང་དག་པར་སླང་[བླང་]དགོས་པས། དེ་ལ་བསོད་ནམས་ཀྱི་ཚོགས་ཀྱི་དོན་དང༌། ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་རྒྱ་ཆེན་པོ་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང་བར་བྱ་ བའི་ཕྱིར། བྱིས་པ་སྐྱེས་པ་མ་ཡིས་ནི། །འཁྲུད་བྱེད་ཆུ་ཡིས་དབང་བསྐུར་རོ། །དེ་ཡི་གཙུག་ པུད་[ཕུད]རབ་བཞག་པ། །དབུ་བརྒྱན་དུ་ནི་ཡོངས་སུ་བརྟགས། །དེ་ཡི་རྣ་བ་འབུགས་ལ་ སོགས། །དར་དཔྱངས་དབང་དུ་ཤེས་པར་བྱ། །བྱིས་པ་རྒོད་དང་སྨྲ་བ་ཉིད། །རྡོ་རྗེ་གྲིལ་ [དྲིལ]བུའི་དབང་ཉིད་དེ། །ལྔ་པ་ལོངས་སྤྱོད་བརྟུལ་ཞུགས་སོ། །མིང་ནི་མིང་གི་དབང་ བསྐུར་ཉིད། །ཕ་ཡིས་བརྟག་དུ་[ཏུ]ཀློག་ལ་སོགས། །གཏེར་བར་བྱེད་པ་རྗེས་སྣང་[གནང] 7-1-85 ཡིན། །རྣམ་པ་བདུན་པོ་འདི་ཉིད་ནི། །དབང་བདུན་དུ་ནི་རབ་ཏུ་བཤད། །ཅེས་པ་ལྟར། བྱིས་ པ་འཇུག་པའི་དབང་བདུན་གྱི་ཆོ་ག་སྔོན་དུ་སོང་ནས། ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དང༌། མཆོག་གི་དངོས་གྲུབ་ཀྱི་དོན་དུ། ཟབ་མོ་རྫོགས་པའི་རིམས་[རིམ]པ་བསྒོམ་པ་ལ་དབང་ བར་བྱེད་པ་དབང་གོང་མ་བཞིའི་ཆོ་ག་བྱེད་པ་ལ་ཡང༌། གང་གི་དབང་བསྐུར་བའི་རྟེན་རྡོ་རྗེ་ སློབ་དཔོན་ནི། དང་པོར་ཡང་དག་བརྟེན་[བསྟེན]བྱའི་བླ་མ་དག་ཀྱང་དམ་ཚིག་ལྡན་ཞིང་རྡོ་ རྗེ་ཐེག་ལ་ལྷག་པར་གནས། །དེ་ཉིད་སྒོམ་ཞིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་ཞིང་ བཟོད་པའི་ངང་ཚུལ་ལམ་ལ་ཞུགས། །སློབ་མ་རྣམས་ལ་ལམ་འདི་སྦྱིན་པར་བྱེད་ཅིང་དམྱལ་ བའི་འཇིགས་འཕྲོགས་[འཕྲོག]དེ་ཉིད་ལ་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེ་ དབྱུག་པ་དེ་ཡང་འཛིན་མའི་གཞི་ལ་རྡོ་རྗེ་སེམས་པར་རབ་གྲགས་པའོ། །ཞེས་པ་ལྟར་དམ་ ཚིག་རྣམ་པར་དག་པ་དང་ལྡན་ཞིང༌། གསང་སྔགས་ཀྱི་ཆོས་ལ་ལྷག་པར་མཁས་པ་ཟབ་མོའི་ དེ་ཁོ་ཉིད་སྒོམ་ཞིང་སྒོ་གསུམ་གྱི་སྤྱོད་པ་དྲི་མ་དང་བྲལ་བ། བཞན་[གཞན]དོན་གྱི་དཀའ་ སྤྱད་ལ་སོགས་པ་བཟོད་ཅིང༌། སློབ་མ་ལ་ལམ་རྣམ་དག་སྟན་[བསྟན]ནས་ཡོན་ཏན་ཁྱད་ པར་ཅན་བསྐྱེད་ནུས་པ་ལ་སོགས་པ་དམ་པའི་མཚན་ཉིད་དང་ལྡན་པ་ལ་སངས་རྒྱས་ཀྱི་ངོ་ བོར་མོས་པ་བསྐྱེད་པ་ཡིན་ཤིང་[ཞིང]། གང་ལ་དབང་བསྐུར་བའི་རྡོ་རྗེ་སློབ་མ་ཡང༌། ཟབ་ ཅིང་རྒྱ་ཆེ་ལ་སེམས་བླ་མི་[མའི]ངེས་པ་ལ་དགའ་གཏོང་བའི་ངང་ཚུལ་དང་ལྡན་ཡོན་ཏན་ ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་པའི་སེམས་ལྡན་དེ་ཉིད་ཐོབ་པ་ ཤིན་ཏུ་སྦེད། །གདུག་པ་རྣམ་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་བླ་མ་ཤིན་དུ་[ཏུ]མཁས་པ་ རྣམས་ཀྱིས་བསྡུ་བྱ་བ། །ཤེས་རབ་དབང་ལ་སོགས་པའི་རྒྱུད་སྡེ་[བཞན་ཞེ་[གཞན་ཞེས་]བྱ་ བ་འབྲིང་པོ་རྣམས་ནི་བསོད་ནམས་དག་གི་རྒྱུར། །ཞེས་པ་ལྟར་ཟབ་རྒྱས་ཀྱི་ཆོས་ལ་མོས་ ཤིང༌། བླ་མའི་བཀའ་བཞིན་དུ་སྒྲུབ་ནུས་པ། ཆོས་ཕྱོགས་སུ་བཏོང་ཕོད་ཆེ་ཞིང༌། ཡོན་ཏན་ 7-1-86 ལ་ཡོན་ཏན་དུ་ཤེས་པ། ཐར་པ་ཆེན་པོའི་བདེ་བ་འདོད་ཅིང༌། རྒྱུད་བསྡེ་[སྡེ]ཟབ་མོ་ལ་ལྷག་ པར་གུས་པ། བློ་[རྟན་ཤིང་[བརྟན་ཞིང་]ཡོན་ཏན་ཀྱང་སྦེད་པ། སྡིག་པའི་གྲོགས་པོ་སྤངས་ པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན། ཇི་ལྟར་དབང་བསྐུར་བའི་ཆོ་གའི་རིམས་ [རིམ]པ་ལ་ཡང༌། སྔོན་དུ་གསོལ་བ་གདབ་པ་ནི། མཎྜལ་རྒྱ་ཆེན་པོར་དམིགས་ནས། བླ་མ་ དུས་ཀྱི་འཁོར་ལོ་སྐུ་བཞིའི་བདག་ཉིད་ཅན་ལ་ཡོན་དུ་ཕུལ་སྟེ[ཏེ]། ཐལ་མོ་སྦྱར་ནས་དོན་ ཡིད་ལ་བྱེད་བཞིན་པས། བདག་ནི་མ་ཟད་[བཟད]འཁོར་བས་འཇིགས་པས་དི་[དེ]རིང་ ཉིད་ནས་རྒྱལ་བ་རྣམས་ལ་ལྷག་པར་སྐྱབས་སུ་མཆི། །ངེས་པར་སྲིད་པའི་འཇིགས་འཕྲོག་ ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་ལན་གསུམ་རྗོད་ [བརྗོད]པས་སོ། །དེ་བཞིན་དུ་སྡོམ་པ་བཟུང་བ་ནི། མ་ཐོབ་པ་ཐོབ་པར་བྱ་བའི་དོན་དང༌། ཐོབ་ཟིན་གྱི་ཉམས་ཆགས་སོར་ཆུད་པར་བྱ་བའི་དོན་དུ། བླ་མ་སངས་རྒྱས་བྱང་ཆུབ་སེམས་ དཔའ་ནམ་མཁའ་ལྟར་ཁྱབ་པར། གཞུགས་[བཞུགས]པའི་སྤྱན་སྔར་གསང་སྔགས་ཀྱི་དམ་ ཚིག་དང་སྡོམ་པ་མཐའ་དག་སླང་[བླང]ལ་ཡང་དག་པར་སྲུང་སྙམ་པའི་བསམ་པ་དང་ལྡན་ པས། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་གྲིལ་[དྲིལ]བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་པར་ བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་ བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་དག་ནི་ བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་ བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ཞེས་ལན་གསུམ་རྗོད་[བརྗོད]པར་བྱའོ། །སྐབས་ འདིར་གཏོར་མ་ལ་སོགས་པས། བགེགས་སྦྱང་བ་དང༌། ཏིལ་བསྲེགས་སྟེ་[ཏེ]སྒྲིབ་པ་སྦྱོང་ བའང་མཛད། འགའ་ཞིག་དམ་ལ་བཞག་དང་ཡེ་ཤེས་འབེབས་པའང་བྱེད་པ་ཡོད། དེ་ནས་ དངོས་བཞི་[གཞི་]དབང་བཞི་ཡང་དག་པར་བསྐུར་བའི་ཆོ་ག་སྟེ། དེ་ཡང༌། སེམས་ཅན་ 7-1-87 རྣམས་ཀྱི་དངོས་གྲུབ་ཕྱིར། །དབང་ནི་རྣམ་པ་བཞི་རུ་བཤད། །ཅེས་པ་ལྟར། སེམས་ཅན་ ཐམས་ཅད་གདོད་མ་ནས་རྣམ་པར་དག་པ་རྡོ་རྗེ་བཞིའི་རང་བཞིན་ཅན་དུ་གནས་པ་དེ། སྒྲིབ་ པ་དང་བྲལ་བ་དེ་པ་སྐུ་བཞིའི་གོ་འཕངས་[འཕང]ཐོབ་པར་བྱེད་པ་ལ། གནས་སྐབས་ རིགས་བཞིའི་ཀུན་དུ་[ཏུ]རྟོག་པ་སྤངས་ནས། ཚད་མེད་པ་བཞི་དང༌། རྣམ་པར་ཐར་པ་སྒོ་ བཞི་ལ་སོགས་པའི་ཏིང་ངེ་འཛིན་རིམ་གྱི་སྒོམ་དགོས་ལ། དེའི་སྔོན་དུ་ཡང༌། དབང་ནི་བཞི་ ཡི་གྲངས་ཀྱི་ནི། དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་པ་ལྟར་ལམ་ཟབ་མོ་བསྒོམ་པ་ལས་ དགའ་བ་བཞིའི་ཉམས་མྱོང་ཁྱད་པར་ཅན་སྐྱེ་བ་མཚོར་པའི་རྡར། དབང་གི་དུས་སུ་ཡང་ དཔེའི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་དོན་དུ་དབང་གོང་མ་བཞི་བསྐུར་བར་བྱ་སྟེ། དེ་ཐམས་ ཅད་ཀྱང༌། གསོལ་བ་གདབ་ཅིང་བྱིན་གྱིས་རླབས། །དགའ་བ་སྐྱེད་ཅིང་ང་རྒྱལ་བཟུང༌། ། ཞེས་པ་ལྟར་བཞི་བཞིར་རིག་པར་བྱའོ། ། དེ་ལ་དང་པོར་བུམ་པའི་དབང་གི་དོན་དུ། བླ་མ་དུས་ཀྱི་འཁོར་ལོ་སྐུ་རྡོ་རྗེ་སྤྲུལ་པའི་ སྐུའི་ངོ་བོ་ལ་མཎྜལ་ཕུལ་ནས་གསོལ་གདབ་པ་ནི། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་ རྡོ་རྗེ་གསུམ་གྱི་དངོས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་བརླབས་གནས་སུ་དེང་བདག་མཛོད། ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་གྱི་དངོས། །སྐུ་ཡི་རྡོ་ རྗེ་ཅན་གྱིས་ནི། །བྱིན་བརླབས་གསུས་སུ་དིང་བདག་མཛོད། །ཅེས་པ་དང༌། ༀ་ༀ་པྲཛྙཱ་ཨུ་པ་ ཡཽ་ཀ་ལ་ཤ་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་ཧུཾ་ཧཱུྃ་ཕཊ་བུམ་པའི་དབང་སྐུར་བ་བདག་ལ་སྩལ་དུ་གསོལ། ཅེས་པས་སོ། །དེ་ནས་བླ་མ་མཉེས་པར་གྱུར་པས་སློབ་མའི་ལུས་ཀྱི་ཐིག་ལེ་དང་སད་པའི་ གནས་སྐབས་འགགས་ཤིང༌། དགའ་བའི་དགའ་བ་རྫོགས་ནས། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྒྱུ་ འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པའི་དོན་དུ། ལུས་ལ་བུམ་པའི་དབང་དང༌། སྐུ་རྡོ་རྗེའི་ བྱིན་གྱི་བརླབས་གྱིས་བྱིན་གྱི་རླབས་པར་བསམ་ཞིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ 7-1-88 སྐུ་རྡོ་རྗེས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་སོགས་བརྗོད་ཅིང་དྲིལ་བུ་དཀྲོལ་མེ་ཏོག་དོར་རོ། ། རང་གི་ཕྱག་རྒྱ་ཤིན་དུ་[ཏུ]མཛེས་ཤིང་ཡིད་དུ་འོང་བར་མོས་པས་ནུ་མ་ལ་རེག་པའི་དགའ་ བདེ་བསྐྱེད་པར་བྱ་སྟེ། དེ་ལས་བྱུང་བའི་བདེ་བས་ཉེ་བར་མཚོན་པ་དགའ་བའི་དགའ་བ་ནི་ བུམ་པའི་དབང་ཡིན་ལ། དེས་སྔགས་ཀྱི་ཚུལ་ལ་དགེ་ཚུལ་དུ་འགྱུར་ཞིང༌། རིམ་གྱི་ལམ་ཟབ་ མོ་སྒོམ་པས་དུས་སྦྱོར་བརྒྱད་[བརྒྱད]ཀྱི་རླུང་འགགས་པ་ལས། ས་རྒྱད་[བརྒྱད]པ་མི་གཡོ་ བ་ཐོབ་པ་སངས་རྒྱས་ཀྱི་སྲས་སུ་འགྱུར་བས། དེའི་ང་རྒྱལ་འཛིན་དུ་བཞུགས་པར་བྱ་སྟེ། ༀ་ ༀ་བཛྲ་སཏྭེ་ན་(རྡོ་རྗེ་སེམས་དཔའ)བཛྲ་ཀ་ལ་(རྡོ་རྗེ་བུམ་པའི་)ཤ་ཨ་བྷི་ཥེ་(དབང་བསྐུར་བས་)ཀེ་ན་ཨ་བྷི་ ཥེ་ཀ་ཏོ་(མངོན་པར་དབང་བསྐུར་ཏེ་)བཛྲ་སཏྭ་པུ་ཏྲོ་ཨ་ཙ་ལ་བྷཱུ་མི་ལབ་ཏྭོ་ཧྂ(རྡོ་རྗེ་སེམས་དཔའི་ སྲས་ནུས་སོ། །མི་གཡོ་བའི་ས་ཐོབ་པ་ང་ཡིན)། ཞེས་པས་སོ། ། དེ་བཞིན་དུ་གཉིས་པ་གསང་བའི་དབང་གི་དོན་དུ། བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་ རྫོགས་པའི་སྐུའི་ངོ་བོ་ལ་མཎྜལ་ཕུལ་ནས། གསོལ་བ་གདབ་པར་བྱ་སྟེ། དཔལ་ལྡན་གསུང་ གི་རྡོ་རྗེ་འཛིན། །ཞེས་སོགས་གསུང་དུ་འདོན་པ་སྤོས་པ་དང༌། ༀ་ཨཱཿ་པྲཛྙཱ་ཨུ་པཱ་ཡཽ(ཤེས་རབ་ ཐབས་དག་གི)། གུ་ཧྱེ་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་(གསང་བའི་ངོར་དབང་བསྐུར་བས་བདག་ལ་སྩལ་དུ་གསོལ)ཧུཾ་ཧཱུཾ་ ཕཊ། ཅེས་པས་སོ། །དེ་ནས་ༀ་དྭ་ད་ཤ་ཨཾ་ག་ནི་རོ་དྷ་ཀ་རྀ་ཎེ་ཧཱུཾ་(བཅུ་གཉིས་ཀྱི་ཡན་ལག་འགོག་པར་ བྱེད་པ་)ཕཊ། ཅེས་པས་གདོང་གཡོགས་བཅིངས་ལ། བླ་མ་མཉེས་པར་གྱུར་པས་སློབ་མའི་ ངག་གི་ཐིག་ལེ་དང༌། རྨི་ལམ་གྱི་གནས་སྐབས་འགགས་ཞིང་[ཤིང]མཆོག་དགའི་དགའ་བ་ རྫོགས་ནས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་པའི་ དོན་དུ། ངག་ལ་གསང་བའི་དབང་དང་གསུང་རྡོ་རྗེའི་བྱིན་གྱིས་རླབས་ཀྱིས་བྱིན་གྱིས་རླབ་ པར་བྱ་ཞིང༌། ལྷའི་རྣལ་འབྱོར་དང་ལྡན་པས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་བཛྲ་ས་བྷ་ ཝ་ཨཏྨ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པ་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ང་ཡིན་)ཀོ་ཧཾ། ཞེས་ 7-1-89 བརྗོད་ཅིང་གསང་བའི་མཆོད་པ་བྱ་[བྱས]ཏེ། དེ་བཞིན་གཤེགས་པ་ཡུམ་དང་བཅས་པ་ རྣམས་འོད་ཟེར་གྱི་བཀུག་ནས་བདག་ཉིད་ལ་བཅུག་པ་ཞུ་བར་གྱུར་པའི་བདུད་རྩི་མཐེ་འོང་ དང་མིང་མེད་ཀྱིས་སླངས་[བླངས]པ་སློབ་མ་དག་པའི་ལྕེ་ལ་སྦྱིན་པར་བྱ་སྟེ། ཇི་ལྟར་འདས་ པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །དེ་བཞིན་བདག་གི་བྱང་ ཆུབ་སེམས། །བཟང་པོས་བུ་ཁྱོད་དབང་བསྐུར་བགྱི། །ཞེས་རྗོད་[བརྗོད]པས་སོ། །སློབ་ མས་ཀྱང་དེ་བཞིན་ཐམས་ཅད་འདུས་པའི་སློས། ཨ་ཧ་མ་ཧཱ་སུ་(ཨེ་མ་བདེ་བ་ཆེན་པོ་)ཁཾ་ཞེས་རྗོད་ [བརྗོད]ཅིང་བཏུང་བར་བྱའོ། །སླར་ཡང་ༀ་དེ་ཝནྟྲ་ཡ་ནཊྚུ་གྷཱ་ཊ་ཡ་(ལྷའི་དབང་པོ་འདྲེན་བྱེད་རབ་ ཏུ་དབྱེ་བར་མཛོད་)སྭཱཧཱ། ཞེས་པས་མིག་དབྱེ་ཞིང་ཤེས་རབ་གྱི་བྷ་ག་མངོན་སུམ་དུ་སྟན་[བསྟན] པ་སློབ་མས་བལྟས་པར་མོས་པའི་དགའ་བ་བསྐྱེད་དེ། དེ་མཐོང་བ་ལས་འབྱུང་བའི་བདེ་ བས་ཉེ་བར་མཚོན་པ་མཆོག་དགའི་དགའ་བ་ནི། གསང་བའི་དབང་ཡིན་ལ། དེས་སྔགས་ཀྱི་ ཚུལ་ལ་དགེ་སློང་དུ་འགྱུར་ཞིང༌། རིམས་[རིམ]གྱིས་ལམ་ཟབ་མོ་སྒོམ་སྟེ། དུས་སྦྱོར་དགུའི་ རླུང་འགགས་པ་ལས། ས་དགུ་པ་ལེགས་པའི་བློ་གྲོས་ཐོབ་པ་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་ འགྱུར་བས། དེའི་ང་རྒྱལ་འཛིན་དུ་བཞུགས་པར་བྱ་སྟེ། ༀ་ཨཱཿ(རྡོ་རྗེ་སེམས་པ་གསང་བའི་མངོན་པར་ དབང་བསྐུར་བས་མངོན་པར་དབང་བསྐུར་སྟེ། རྡོ་རྗེ་སེམས་དཔའི་རྒྱལ་ཚབ། དགུ་པའི་ས་ཐོབ་པ་ང་ཡིན་)བཛྲ་སཏྭེ་ན་ གུ་ཧྱེ་ཨ་བྷི་ཥེ་ཀོ་ན་ཨ་བྷི་ཥེཀྟོ་བཛྲ་སཏྭ་ཡུ་ཝ་ར་ཛོ་ན་ཝ་བྷཱུ་མི་ལབ་ཏྭོ་ཧཾ། ཞེས་པས་སོ། །དེ་ བཞིན་དུ་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ། བླ་མ་ཐུགས་རྡོ་རྗེ་ཆོས་སྐུའི་ངོ་ བོ་ལ་མཎྜལ་ཕུལ་ནས་གསོལ་བ་གདབ་པར་བྱ་སྟེ། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན་ཅེས་ སོགས་དང༌། ༀ་ཧཱུཾ་པྲཛྙཱ་ཨུ་པཱ་ཡཽ་བཛྲ་སཏྭ་བི་(ཤེས་རབ་ཐབས་དག་གིས་རྡོ་རྗེ་སེམས་དཔའ་དང་སྣ་ཚོགས་ཡུམ་ དག་གིས་)ཤྭ་མཱ་ཏ་རོ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་ད་ཏཱ་ཏཱཾ་(ཤེས་རབ་ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་བ་བདག་ ལ་སྩལ་དུ་གསོལ)ཧུཾ་ཧཱུཾ་ཕཊ། ཅེས་པས་སོ། །དེ་ནས་བླ་མ་མཉེས་པར་གྱུར་པས་སློབ་མའི་སེམས་ 7-1-90 ཀྱི་ཐིག་ལེ་དང༌། གཉིད་སྟུག་གི་གནས་སྐབས་འགགས་ཞིང་[ཤིང]ཁྱད་པར་གྱི་དགའ་བ་ རྫོགས་ནས། ཐུགས་རྡོ་རྗེ་ཆོས་སྐུ་རྣམ་པ་ལྔས་མངོན་པར་བྱང་ཆུབ་པའི་དོན་དུ། སེམས་ལ་ ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། ཐུགས་རྡོ་རྗེའི་བྱིན་གྱིས་[རླབས་གྱིས་[བརླབས་ཀྱིས] བྱིན་གྱིས་བརླབ་[བརླབས་]པར་བྱ་ཞིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་ རྗེས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་རྗོད་[བརྗོད]དེ་གྲིལ་[དྲིལ]བུ་དཀྲོལ་ཞིང་མེ་ ཏོག་གཏོར་ནས། འདིར་ནི་ཁྱེད་རྣམས་དཔང་པོ་ལགས། །བདག་གིས་འདི་ལ་འདི་གཏད་དོ། ། ཞེས་པ་དང༌། །གཟུགས་མ་ཡིད་འོང་འདི་ཁྱོད་ཀྱིས། །རྟེན་[བསྟེན]བྱར་སངས་རྒྱས་རྣམས་ ཀྱིས་བརྟགས། །འཁོར་ལོའི་རིམ་པའི་སྦྱོར་བ་ཡིས། །དམ་པའི་བདེ་བ་མྱང་བར་གྱིས། །རྡོ་ རྗེ་དཀྱིལ་དཀྲུང་གྱིས་སེམས་ནི། །ནོར་བུའི་ནང་དུ་གནས་ལྟ་བས། །ཞེས་གོ་བར་བྱས་ལ། རྡོ་རྗེ་སེམས་དཔའ་དཔང་དུ་བྱས་སྟེ[ཏེ]། ཕྱག་རྒྱའི་དཔྲལ་བ་མགྲིམ་[མགྲིན]པ་སྙིང་ཁ་ལྟེ་ བ་གཙུག་ཏོར་རྣམས་སུ། ༀ་ཨཱཿ་ཧཱུྃ་ཧོཿསྭཱ་ཧཱ་རྣམས་བཀོད་ནས་སྦྱིན་པར་བྱ་ཞིང༌། དེས་ཀྱང་ གོས་མེད་པའི་ཆུ་སྐྱེས་སློབ་མ་ལ་སྟན་[བསྟན]ཏེ། ཨེ་མ་ང་ཡི་པད་མ་འདི། །བདེ་བ་ཐམས་ ཅད་ཡང་དག་ལྡན། །གང་གི་ཆོ་གས་རྟེན་བྱེད་པ། །དེ་ཡི་མདུན་ན་ང་གནས་སོ། །སངས་རྒྱས་ རྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ དུ་ནི་རྟག་[དུ་གཞུགས[ཏུ་གཞུག]། །བྷ་ཛ་མཀྵོ་(ཐར་པའི་སྒོར་)ཧོཿ ཞེས་རྗོད་[བརྗོད]པ་དང༌། སློབ་མས་རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས། ༀ་ཤཱི་བཱི་ཤི་ཧ་ཧ་སྭཱ་ཧཱ། ཞེས་པ་དང༌། ༀ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པ། རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ང་ཡིན་)སརྦ་ཏ་ཐཱ་ག་ཏ་ ནུ་ར་ག་ཎ་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ་ཧཾ། ཞེས་རྗོད་[བརྗོད]ཅིང༌། གསང་བའི་མཆོད་པ་བྱས་པ་ ལས། དགའ་བ་བཞིའི་དབྱེ་བ་རིག་པར་བྱ་ཏེ[སྟེ]། བླ་མས་ཀྱང་[རིམས་ཀྱིས་[རིམ་གྱིས་] ངོ་སྤྲད་པར་བྱའོ། །དེ་ལྟ་བུའི་སྦྱོར་བ་ལས་བྱུང་བའི་བདེ་བས་མཚོན་པ་དགའ་བྲལ་གྱི་དགའ་ 7-1-91 བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་ལ། དེས་བསྔགས་[སྔགས]ཀྱི་ཚུལ་ལ་གནས་བརྟན་ དུ་འགྱུར་ཞིང༌། རིམ་གྱི་ལམ་ཟབ་མོ་སྒོམ་པས། དུས་སྦྱོར་བཅུའི་རླུང་འགགས་པ་ལས་ས་ བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པ་སངས་རྒྱས་གཉིས་པར་འགྱུར་བས། དེའི་ང་རྒྱལ་འཛིན་དུ་ བཞུགས་པར་བྱ་སྟེ། ༀ་ཧཱུཾ་བཛྲ་སཏཱེ་(རྡོ་རྗེ་སེམས་དཔའ་)པྲཛྙཱ་ཛྙཱ་ན་ཨ་བྷི་ཥེ་ཀེ་ན(ཤེས་རབ་ཡེ་ཤེས་ཀྱི་ མངོན་པར་དབང་བསྐུར་བས)། (མངོན་པར་དབང་བསྐུར་ཏེ)ཨ་བྷཱི་ཥིཀྟོ་དི་ཏཱི་ཡ། བཛྲ་དྷ་(རྡོ་རྗེ་འཆང་ང་ཡིན་)རོ་ ཧཾ། དྷརྨ་མེ་གྷ་བྷཱུ་མི་ལབ་ཏཱོ་(ཆོས་ཀྱི་ས་ཐོབ་པ་ང་ཡིན)ཧཾ། ཞེས་པས་སོ། །དེ་དག་ནི་རིམས་[རིམ] གྱིས་བཞུགས་པའི་དོན་དུ་འགྱུར་བའི་བདེ་བས་མཚོན་པ་ཀུན་རྫོབ་ཀྱི་དབང་གསུམ་སྟེ། རབ་ཏུ་བྱུང་བ་དང་རྒན་པོ་ལ་ནི་ཚིག་གིས་སྦྱིན་པར་བྱ་ཞིང༌། དེས་ཀྱང་ཡིད་ལ་བསམ་པར་ བྱ་བ་ཁོ་ནའོ། ། ཚུལ་ཁྲིམས་ཀྱི་ཚོགས་ཀྱི་དོན་དུ་འཇིག་རྟེན་པའི་དབང་གོང་མ་གསུམ་གྱི་ཆོ་གའོ། །དེ་ ནས་བླ་མས་དམ་ཚིག་གི་ངེས་པ་སྦྱིན་པར་བྱས་སྟེ[ཏེ]། འདིར་སེམས་ཅན་ཐམས་ཅད་ཀྱི་ དགའ་བ་མཐུན་[ཐུན]མོང་བ་ཐིག་ལེ་གྲོལ་བ་གསུམ་གྱི་མཐར་ལྷན་ཅིག་སྐྱེས་པའི་དགའ་ བ་ཞེས་རྗོད་པ་གང་ཡིན་པ་དེ་ནི་ངེས་པའི་དོན་མ་ཡིན་ཏེ། འཕོ་བའི་བག་ཆགས་མ་སྤངས་ པའི་ཕྱིར་རོ། །ངེས་པའི་དོན་དུ་ནི་རྣལ་འབྱོར་གྱི་སྟོབས་ཀྱི་འཕོ་བ་མེད་པའི་བདེ་བ་ཆེན་པོ་ སྟེ། དེས་ན་ཁྱེད་ཀྱི་རྣམ་པ་ཐམས་ཅད་དུ་བསྲུང་བར་བྱའོ། །ཞེས་པ་དང༌། ལས་ཀྱི་ཕྱག་རྒྱའི་ རབ་སྦྱོར་དང༌། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང༌། །བདེ་བ་ཆེན་པོ་བྱང་ཆུབ་སེམས། ། བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ། །བྷ་གར་ལིང་ག་རབ་བཞག་ནས། །བྱང་ཆུབ་ སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་ པར་བྱ། །བསྲུང་བ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་རོལ་ཕྱིན་བཅུ་ཐོབ་ 7-1-92 པ་ཡིས། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །འདི་ཡི་རྫོགས་སངས་རྒྱས་ཀུན་ གྱི། །ཆོས་ཀྱི་འཁོར་ལོ་རབ་དུ་[ཏུ]བསྐོར། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །སྟོང་ཉིད་ སྙིང་རྗེས་དབྱེར་མེད་པ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་ མ་ཡིན། །སྐྱོབ་པ་ཀུན་གྱི་སྡོམ་པ་ནི། །གལ་ཏེ་ཁྱོད་བསྲུང་བདག་གི་བུ། །དེ་ཚེ་སངས་རྒྱས་ ཐམས་ཅད་ཀྱི། །བྱིན་བརླབས་རྫོགས་བྱང་ཆུབ་པར་འགྱུར། །ཅི་སྟེ་ཆགས་པས་ཟིལ་མནན་ བདག །གཙོ་བོའི་མདུན་དུ་བླང་ནས་ནི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་ངུ་འབོད་དུ་ འགྲོ་འགྱུར། །དམན་པའི་སེམས་ལས་སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་སེམས་ལྷུང་འགྱུར། ། དེ་ཚེ་ཕྱག་རྒྱར་ཤེས་ནས་ནི། །པདྨའི་ཕྱི་རོལ་རང་ལྕེས་སླང་[བླང]། །ཞེས་པའི་དོན་དང༌། གལ་ཏེ་གཡོ་རྒྱུའི་དབང་གི་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ ལོ། །ཞེས་པ་དང༌། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་ བ་རི་བོང་འཛིན་པར་འགྱུར། །དེའི་བཀའ་ལས་འགོངས་པས་བཞན་[གཞན]དུ་འགྱུར་ཏེ་ ངེས་པར་དེ་བཞིན་སྤུན་ལ་ཁྲོས་པ་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་ བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ ལ་སྨོད་པ་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་སྦྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ལས་ ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང༌། །སྒྱུ་ཡི་བྱམས་པ་དང་ནི་མིང་ སོགས་བྲལ་བའི་བདེ་བ་གཏེར་[སྟེར]ལ་གཏོགས་པ་ཕྱོགས་དང་དྲག་པོའོ། །དག་པའི་ སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མ་དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན། ། བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེའི་ཐེག་པར་གནས་པ་རྣམས་ ལའོ། །ཞེས་པ་རྣམས་ཀྱི་དོན་བཤད་ནས། ལྟུང་བར་འགྱུར་བ་མཐའ་དག་སྤང་བར་གདམ་ པར་བྱའོ། །རླར་[སླར]ཡང་སློབ་མས་མཎྜལ་ལ་སོགས་པའི་ཡོན་ཕུལ་ནས། བཅོམ་ལྡན་ 7-1-93 འདས་བདག་ལ་དབང་བསྐུར་བའི་རབ་ཏུ་དབྱེ་བའི་བཀའ་དྲིན་སྣང་[གནང་]བར་མཛད་དུ་ གསོལ། ཞེས་གསོལ་བ་བཏབ་པ་དང༌། བླ་མས་བུ་ཁྱོད་ཉོན་ཅིག་ཀུན་རྫོབ་ཏུ་སེམས་ཅན་ ཐམས་ཅད་ལ་མཐུན་[ཐུན]མོང་གི་བདེ་བ་དགའ་བ་བཅུ་དྲུག་གི་མཚན་ཉིད་ཇི་ལྟ་བ་བཞིན་ དུ། རྣལ་འབྱོར་པ་རྣམས་ལ་ཡང༌། སད་པ་དང་རྨི་ལམ་དང་ཤིན་ཏུ་སྙི ད་[གཉིད]ལོག་པ་དང་ བཞིའི་གནས་སྐབས་བསྐྱེད་[སྐྱེད]པར་བྱེད་པ་དང་ལུས་དང་ངག་དང་སེམས་དང་ཡེ་ཤེས་ ཀྱི་ཐིག་ལེ་དཔྲལ་བ་དང༌། འགྲིན་[མགྲིན]པ་དང༌། སྙིང་ཁ་དང༌། ལྟེ་བར་གནས་པ་རྣམས་ རྣལ་འབྱོར་གྱི་སྟོབས་ཀྱིས་འཕོ་བ་མེད་པར་བྱས་པ་ལ་བྱུང་བའི་བདེ་བ། སྤྲུལ་པ་དང་ལོངས་ སྤྱོད་རྫོགས་པ་དང༌། ཆོས་དང་ངོ་བོ་ཉིད་ཀྱི་སྐུ་སྟེ། དེ་དག་རེ་རེ་ཞིང་ཡང༌། སྐུ་དང་གསུང་ དང་ཐུགས་དང་ཡེ་ཤེས་ཀྱི་བདག་ཉིད། དགའ་བ་དང་མཆོག་དགའ་དང་ཁྱད་པར་གྱི་དགའ་ བ་དང་ལྷན་ཅིག་སྐྱེས་པའི་དགའ་བའི་དབྱེ་བས་ཕྱེ་བའི་དགའ་བ་བཅུ་དྲུག་པོ་འདི་དག་གོ ། ཞེས་པ་དང༌། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་རྣ་[སྣ]ཚོགས་འབར་བའི་འོད། །རྡོ་ རྗེ་དཀྱིལ་དཀྲུང་རྫོགས་སངས་རྒྱས། །སངས་རྒྱས་ཡང་དག་རྗེད་ཆོས་འཛིན། །ཞེས་པ་དང༌། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན། །ཆ་མེད་ཆ་ལས་འདས་པ་ པོ། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཞེས་པ་ལ་སོགས་པའི་དོན་བཤད་ནས། འཕོ་བ་ མེད་པ་དོན་དམ་པའི་བདེ་བ་སྤྲོས་པ་དང་བྲལ་ཞིང༌། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་ པ་ལ་འདུན་པར་བྱའོ། ། དེ་ནས་གོང་མའི་ཡང་གོང་མ་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཕྱག་རྒྱ་ཆེན་ མོའི་མན་ངག་ཞུ་བའི་དོན་དུ། བླ་མ་དམ་པ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ལ། གསེར་གྱི་ མེ་ཏོག་ལ་སོགས་པའི་མཎྜལ་ཕུལ་ནས་གསོལ་བ་གདབ་པར་བྱ་སྟེ། སྒྲིབ་པ་ཐམས་ཅད་ བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེས་གང་བ། །ཡེ་ 7-1-94 ཤེས་སྐུ་ཁྱོད་ལ་འདུད་དོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་གང་མི་འགྱུར་ བ། །མགོན་པོས་དབང་བསྐུར་དེ་ཡིས་ནི། །ད་ནི་བདག་ལ་བཀའ་དྲིན་མཛོད། །བུ་དང་ཆུང་ མ་སོགས་བཅས་པ། །བདག་ནི་དུས་ཀུན་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་ བར། །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །ཞེས་པ་དང༌། ༀ་ཧོཿ (ཤེས་རབ་དང་ཐབས་ཀྱི་ བདག་ཉིད་ཅན་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་བ་བདག་ལ་སྩལ་དུ་གསོལ)པྲཛྙཱ་ཨུ་ པཱ་ཡོ་ཨཱཏྨ་ཀཾ་བཛྲ་སཏྭ་མ་ཧཱ་མུ་ཏྲ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་པྲ་ཡཙྪ་ༀ་ཨཱཿཧཱུཾ་ཧོ། ཞེས་པས་སོ། །དེ་ ལ་བླ་མ་མཉེས་པར་གྱུར་པས། སློབ་མའི་ཆགས་པའི་ཐིག་ལེ་དང་བཞི་པའི་གནས་སྐབས་ འགགས་ཤིང༌། ལྷན་ཅིག་སྐྱེས་པའི་དགའ་བ་རྫོགས་ནས་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་སྐ་ ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་དོན་དུ། ཆགས་རྟོགས་ལ་ཕྱག་རྒྱ་ ཆེན་མོའི་དབང་དང༌། ཡེ་ཤེས་རྡོ་རྗེའི་བྱིན་གྱིས་བརླབས་ཀྱིས་བྱིན་གྱི་བརླབ་པར་བྱ་ཞིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རྗོད་ ལ། དབང་བཞི་པ་དེ་ཉིད་མན་ངག་གིས་སྦྱིན་པར་བྱ་སྟེ། ལུས་བསམ་གཏན་གྱིས་ཆོས་དྲུག་ དང་ལྡན་པ་དང༌། ངག་སྨྲ་རྗོད་ཐམས་ཅད་སྤང་པ་དང༌། སེམས་ཟབ་མོ་སྟོང་པ་ཉིད་དང་ སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་རྣམ་པར་མི་ཏོག་[རྟོག]པའི་ངང་དུ་ བཞག་པར་བྱ་ཞིང༌། ཇི་ལྟར་འདས་པའི་སངས་རྒྱས་ཀྱི། །བྱང་ཆུབ་སྲས་རྣམས་དབང་སྐུར་ ལྟར། །བདག་གིས་སང་[གསང་]ཆེན་དབང་གིས་ནི། །ཁྱེད་ཀྱི་སེམས་རྒྱུད་དབང་བསྐུར་ རོ། །ཞེས་རྗོད་ལ། དེ་ཡང་རྒྱུད་ཐམས་ཅད་ཀྱི་ངེས་པའི་དོན་ཟབ་མོ་རྫོགས་པའི་རིམ་པ་སྒོམ་ པའི་མན་ངག་ནི། ཡན་ལག་དྲུག་གི་རྣལ་འབྱོར་ཉིད་ཡིན་ཏེ། སོ་སོར་སྡུད་དང་བསམ་གཏན་ དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ ཡན་ལག་དྲུག་ཏུ་མདོད[འདོད]། །ཅེས་པ་དང༌། ཡན་ལག་དྲུག་སྒོམ་རྣལ་འབྱོར་པས། ། 7-1-95 དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་པ་ལྟར་རོ། །དེ་ཡང༌། རྣམ་ཏོག་[རྟོག]མ་རིག་ ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མིར་[མི]རྟོག་ཏིང་འཛིན་ལ་གནས་ན། ། མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་པ་ལྟར་འཁོར་བའི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ བཟུང་[གཟུང]འཛིན་གྱི་རྣམ་པར་རྟོག་པ་ཐམས་ཅད་སྤངས་ནས། མྱ་ངན་ལས་འདས་པའི་ ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནི་ནམ་མཁའ་ལྟ་ བུ་སྒོམ་པ་ལས་འགྲུབ་སྟེ། སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། ། ཞེས་པ་དང༌། ཐམས་ཅད་ནམ་མཁའི་མཚན་ཉིད་ཏེ[དེ]། །ནམ་མཁའ་ལ་ཡང་མཚན་ཉིད་ མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བ། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་པ་ དང༌། དངོས་པོ་མེད་སྒོམ་པ་མེད། །སྒོམ་[བསྒོམ]པར་བྱ་བ་དངོས་པོ་མིན། །དེ་ལྟར་དངོས་ པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་ལྟར་རོ། །དེ་ཡང༌། ལུས་ལ་ ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། ། ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་པ་དང༌། ཡེ་ཤེས་འདི་ནི་ཆེ་ཕྲ་ཞིང༌། །རྡོ་རྗེ་ནམ་ མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་[ཐར་སྦྱིན་[མཐར་ཕྱིན]ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ ཕ། །ཞེས་པ་ལྟར། གདོད་མ་ནས་ལྷུན་གྱིས་གྲུབ་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ སྔོན་དུ་བྱས་པ་ལས་ཐོབ་པར་ཕྱག་རྒྱ་ཆེན་པོ་སྟོན་པའི་གཞུང་མཐའ་དག་ལ་གསུངས་སོ། ། ཞེས་སྟན་[བསྟན]པས་སོ། །དེ་ལྟ་བུའི་ཏིང་ངེ་འཛིན་ནམ་མཁའ་ལྟ་བུའི་རྣལ་འབྱོར་གོམས་ པར་བྱས་པས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་རང་བཞིན་གྱི་འོད་ གསལ་བ། གཞོམ་དུ་མེད་ཅིང་རྡུལ་ཕྲ་རབ་ཀྱི་ཆོས་ལས་རྣམ་པར་འདས་པ། སོ་སོ་རང་གི་ རིག་པའི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་དགའ་བ་ནི་དབང་བཞི་པ་ཡིན་ལ། དེའི་ངག་དུ་མཉམ་ པར་བཞག་ནས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱས་པ་ལས། དུས་སྦྱོར་བཅུ་གཉིས་ཀྱི་རླུང་ 7-1-96 འགགས་ནས། སྐྱེ་དགུའི་བདག་པོ་ས་བཅུ་གཉིས་ཀྱི་དབང་ཕྱུག་རྡོ་རྗེ་སེམས་དཔའ་དོན་ཆེན་ པོ་མཆོག་ཏུ་མི་འགྱུར་བ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། བཅོམ་ལྡན་འདས་དུས་ ཀྱི་འཁོར་ལོ་ཨེ་ཝཾ་ཡི་གེའི་གོ་འཕངས་[འཕང]ཐོབ་པར་འགྱུར་བས། དེའི་ང་རྒྱལ་འཛིན་ དུ་བཞུག་[གཞུག]པར་བྱ་སྟེ། ༀ་ཧོཿདྷརྨ་དྷཱ་ཏུ་ཨ་ཀྵ་ར། ཙ་ཏུར་ཐ། ཨ་བྷི་ཥེ་ཀེ་ན། ཨ་བྷི་ ཥེཀྟོ །བཛྲ་སཏྭེ་ན། ཨཏྨ་ན་ཧཾ(ཆོས་ཀྱི་དབྱིངས་མི་འགྱུར་བ་བཞི་པའི་མངོན་པར་དབང་བསྐུར་བས། མངོན་པར་ དབང་བསྐུར་ཏེ། རྡོ་རྗེ་སེམས་པ། བདག་ཉིད)། ད་ཏཱི་ཡོ་དྭ་ད་ཤ་བྷུ་མི་ལབ་དྷོ་ཧཾ(གཉིས། ས་བཅུ་གཉིས། ཐོབ་པ་ ངའོ)། བཛྲ་སཏྭ་མ་ཧཱ་ཨརྠ(རྡོ་རྗེ་སེམས་དཔའ་ཆེན་པོའི་དོན)། པ་ར་མ་ཨ་ཀྵ་ར(མཆོག་ཏུ་མི་འགྱུར་བ)། ཏྲཻ་ ལོ་ཀྱ་བིཛཱ་ཡ(འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བཿ)ཀཱ་ལ་ཙཀྲོ (དུས་ཀྱི་འཁོར་ལོ)། བྷ་ག་ ཝཱན(བཅོམ་ལྡན་འདས)། ཨེ་ཝཾ་ཀཱ་ར(ཨེ་ཝཾ་ནི་ཡི་གེ)། ཞེས་པས་སོ། །འཇུག་[མཇུག]ཏུ་ཡོན་དབུལ་ ཞིང་དམ་ཚིག་སྲུང་བར་གདམ་པ་ནི། མཎྜལ་རྒྱ་ཆེན་པོར་དམིགས་ནས། བླ་མ་དམ་པ་སྐུ་ བཞིའི་བདག་ཉིད་ཅན་ལ། དབང་བཞི་རྫོགས་པར་ཞུས་པའི་ཡོན་དུ་ཕུལ་ཏེ། གཙོ་བོས་ཇི་ ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གི་བགྱི། །ཞེས་པ་དང༌། དེང་ནས་བརྩམ་ སྟེ་བདག་དྲན་[བྲན]དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཀྱི། །ཁྱེད་ཀྱི་སློབ་མར་བཟུང་ བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་རྗོད་ལ་སྔར་བཤད་པ་ལྟར་རྩ་བའི་སྟུང་ [ལྟུང]བ་བཅུ་བཞི་སྤངས་བར་བྱ་ཞིང༌། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་བཞན་ [གཞན]གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་སྟེ། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་ རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་དག་གོ །སྣ་ཚོགས་གཙོ་བོའི་གསུང་འདི་སྲིད་ པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱེད་ཀྱི་སྐྱང་[ཀྱང]ནི་སྐྱང་[བསྐྱང]བར་བྱ། །ཞེས་པ་ ལྟར་སླབ་པའི་སྣས་[གནས་]ལྔ་སྟན་[བསྟན་]པ་དང༌། ཆོ་ལོ་ཁ་ན་མ་ཐོ་བ་དང་བཅས་པའི་ ཟས་དང་ཚིག་ངན་ཀློག་པ་འབྱུང་བོ་ལྷ་མིན་དབང་པོའི་ཆོས། །བ་ལང་བུད་མེད་བྱིས་པ་སྐྱེས་ 7-1-97 པ་རྣམས་དང་ལྷ་མི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་ བླ་མ་དགེ་མདུན་[འདུན]ཡིད་བརྟན་རྣམས་ལ་འཁུ་བ་ཡང༌། །དབང་པོ་རྣམས་ནི་ཀུན་ནས་ ཆགས་པ་དག་སྟེ་དེ་ལྟར་སྲིད་པའི་བདག་པོའི་རྟུལ་[བརྟུལ]ཞུགས་ཉི་ཤུ་ལྔ། །ཞེས་པ་ལྟར་ ཉེ་བའི་སྡིག་པ་ལྔ་དང༌། གསོད་པ་བཞན་[གཞན]ལྔ་དང༌། འཁུ་བ་ལྔ་དང༌། ཆགས་པ་ལྔ་ སྤོང་བ་སྟེ། རྟུལ་ཞུགས་ཉི་ཤུ་རྩ་ལྔ་ལ་གནས་པར་བྱ་སྟེ། དམ་ཚིག་སྲུང་ཞིང་དབང་གི་སྨིན་ པར་བྱས་པ་ལྟར། ལམ་ཟབ་མོ་གོམས་པས་རིང་བོར་མི་ཐོགས་པར་ཐམས་བཅད་[ཅད] མཁྱེན་པའི་གོ་འཕངས་[འཕང]ཐོབ་པར་འགྱུར་རོ། །ཞེས་ཀྱང་རྗོད་པར་བྱའོ། །འདི་ཡང་ དཔལ་ལྡན་དྷརྨའི་བསྐས་[བཀས]བསྐུལ་ནས། །བློ་ལྡན་བློ་གྲོས་རྒྱལ་མཚན་དཔལ་གྱིས་ བསྡེབས། །དགེ་བས་འགྲོ་ཀུན་ཟབ་མོའི་ལམ་ཞུགས་ནས། །རྒྱལ་བ་སྐུ་བཞིའི་གོ་འཕངས་ [འཕང]ཐོབ་གྱུར་གཅིག[ཅིག]། དཔལ་དུས་ཀྱི་འཁོར་ལོའི་དབང་གོང་མ་བཞིའི་ཆོ་གའི་ རིམས་[རིམ]པ། སྙིང་པོ་རབ་གསལ་གནང་[སྣང་]བ་ཞེས་བྱ་བ་འདི་ནི། དཔལ་ལྡན་བླ་མ་ དམ་པ་རྣམས་ཀྱི་མན་ངག་དང༌། ཕྱག་ལེན་ཇི་ལྟ་བ་བཞིན་དུ། བོད་ཀྱི་པཎྜི་ཏ་མ་ཏིས་དགའ་ ལྡན་བྱམ་པའི་གླིང་དུ་སྦྱར་བའོ། །འདིས་སྐལ་བ་དང་ལྡན་པའི་འགྲོ་བ་མང་པོ་ལ་ཕན་པ་ རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག དབང་བཞི་བསྐུར་བར་གསོལ་བ་འདེབས་པའི་སྐབས་སུ་ ནི། དཔལ་ལྡན་བླ་མ་དམ་པ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་བདག་གི་ལུས་ཀྱི་ཐིག་ལེ་དང༌། སད་པའི་ གནས་སྐབས་འགགས་ཞིང་[ཤིང]དགའ་བའི་དགའ་བ་རྫོགས་ནས། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་རྗོད་ན་ཤིན་ཏུ་ལེགས་པའོ། །མཾགལཾ བྷ་ཝནྟུ། ཤུབྷཾ། 7-1-98 ༄༅། །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་ སློབ་མ་ཡོངས་སུ་སྨིན་པར་བྱེད་པའི་ཆོ་གའི་རིམ་པ་ དབང་དོན་རབ་གསལ་སྣང་བ་ཞེས་བྱ་བ་ བཞུགས་སོ། ། འདི་ནི་དུས་འཁོར་དབང་གི་ཟུར་འདེབས་ཏེ། །ཞིབ་རྣམས་འདི་ཡི་བདག་འཇུག་ཉིད་ན་གསལ། ། འདི་དག་རྒྱས་པའི་ཚུལ་དུ་བཀོད་པ་སྟེ། །བསྡུས་པའི་ཚུལ་ལ་མོས་ནའང་གཞན་དུ་གསལ། ། ༄༅། །ༀ་ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་ སློབ་མ་ཡོངས་སུ་སྨིན་པར་བྱེད་པའི་ཆོ་གའི་རིམ་པ་དབང་དོན་རབ་གསལ་སྣང་བ་ཞེས་བྱ་ བ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བདེ་སྟོང་ཟུང་འཇུག་དབྱིངས་ལས་ མ་གཡོས་བཞིན། །ཞི་ཞིང་ཁྲོ་བའི་རྣམ་འཕྲུལ་སྣ་ཚོགས་ཀྱིས། །སྐལ་ལྡན་གདུལ་བྱའི་ ཚོགས་རྣམས་སྨིན་མཛད་པ། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལ་བཏུད་ནས། ༈ ། དེ་ཡི་དཀྱིལ་ འཁོར་ཆེན་པོར་སློབ་མ་རྣམས། །ཡོངས་སུ་སྨིན་པར་བྱ་ཕྱིར་དབང་བསྐུར་གྱི། །ཆོ་གའི་རིམ་ པ་འདིར་ཡང་གསལ་བར་བྱ། །བློ་ལྡན་དོན་གཉེར་རྣམས་ལའང་ཕན་གྱུར་ཅིག། དེ་ཡང་དོན་ གཉིས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་འདོད་པའི་སྐལ་ བ་དང་ལྡན་པ་རྣམས་ཀྱིས། བདེན་གཉིས་ཟུང་དུ་འཇུག་པའི་ལྟ་བ་རྣམ་པར་དག་པ་ལ་ 7-1-99 བརྟེན་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མྱུར་དུ་རྫོགས་པར་བྱ་བའི་ཆེད་དུ། ཐེག་པ་ཆེན་པོའི་མཐར་ཐུག་གསང་སྔགས་ཟབ་མོའི་སྒོར་ཞུགས་སྟེ། གྲོལ་བར་བྱེད་པའི་ ལམ་སྐྱེད་[བསྐྱེད]པ་དང་རྫོགས་པའི་རིམ་པ་སྒོམ་པ་ལ་འབད་དགོས་ཤིང༌། དེ་དག་གི་སྔོན་ དུ་ཡང་སྨིན་པར་བྱེད་པའི་དབང་བསྐུར་བ་རྣམ་པར་དག་པ་བླང་དགོས་ལ། དེའི་ཚུལ་ཡང་ དང་པོར་སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་གའི་སྐབས་སུ་རྒྱས་པར་ བསྟན་ཟིན་ནས། འདིར་ནི་དེ་དང་མི་ཟློས་པར། སློབ་མ་གཞན་གཞུག་ཅིང་དབང་བསྐུར་ བའི་མན་ངག་མདོར་བསྡུས་ཏེ་བསྟན་པར་བྱའོ། །དེ་ལ་སྤྱིའི་སྡོམ་ནི་སྔོན་དུ་སློབ་དཔོན་སློབ་ མ་ལེགས་བརྟགས་ནས། བསྙེན་སྒྲུབ་སྔོན་དུ་སོང་བའི་བླ་མ་ཡིས། །མཚན་ཉིད་ལྡན་པའི་ སློབ་མ་ཡོངས་སུ་བཟུང༌། །དུས་དང་གནས་སོགས་བརྟགས་ཏེ་ཆོ་ག་བརྩམ། །དེ་ཡང་ས་དང་ ལྷ་དང་རྫས་ལྔ་དང༌། སློབ་མ་མལ་སྟན་ལྷག་པར་གནས་པ་བྱ། །མཚན་མ་བརྟག་ཅིང་ངན་ན་ འབད་པས་བསལ། །ཐིག་གདབ་ཚོན་དགྱེ་སྦྱིན་སྲེག་བུམ་པ་དགོད། །མདུན་བསྐྱེད་སྒྲུབ་ ཅིང་མཆོད་དེ་བདག་འཇུག་བླང༌། །སློབ་མ་རིམ་གྱིས་འཇུག་ཅིང་དབང་བདུན་དང༌། །གོང་ མ་བཞིན་དང་བདག་པོའི་དབང་བསྐུར་སྦྱིན། །མཇུག་ཏུ་ཕན་ཡོན་ལ་སོགས་ལེགས་པར་ བཤད། །ཅེས་པ་ལྟར་དང་པོར་གང་གིས་དབང་བསྐུར་བའི་བླ་མ་ཡང་ལེགས་པར་ཡོངས་སུ་ བརྟགས་ནས་བསྟེན་པར་རིགས་ཏེ། དཔལ་དོན་དམ་པའི་བསྙེན་པ་ལས། འདོད་པའི་དངོས་ གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་བར། །མ་ལུས་རྡོ་རྗེའི་ཐེག་པར་ཐམས་ཅད་མཁྱེན་པས་ གསུངས། །དེ་ཕྱིར་སློབ་མ་རྣམས་ཀྱིས་བླ་མ་གསེར་བཞིན་དུ། །ཡོངས་སུ་བརྟགས་ན་སྡིག་ པ་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་ཤིང༌། དཔལ་ལྡན་དྲི་མ་མེད་པའི་འོད་ལས་ཀྱང༌། འདིར་སྔགས་ཀྱི་ཚུལ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འདོད་པའི་ སློབ་མ་རྣམས་ཀྱིས། དང་པོར་བླ་མ་བསྟེན་པར་བྱ་སྟེ། དེའང་རྡོ་རྗེ་སློབ་དཔོན་ཡོངས་སུ་ 7-1-100 བརྟག་པ་གསུངས་པའི་ཆོ་གས་ཡང་དག་པར་ཡོངས་སུ་བརྟགས་ནས་སོ། །རྣམ་པ་གཞན་དུ་ ན་ཡོངས་སུ་བརྟགས་པའི་མཚན་ཉིད་དང་བྲལ་བའི་བླ་མ་བསྟེན་པས་སློབ་མ་རྣམས་ཀྱི་ཆོས་ ཕྱིན་ཅི་ལོག་ཏུ་འགྱུར་ཏེ་ཆོས་ཕྱིན་ཅི་ལོག་པས་དམྱལ་བར་འགྲོ་བར་འགྱུར་རོ། །ཞེས་ གསུངས་པའོ། །དེ་ལ་དམ་པའི་མཚན་ཉིད་དང་ལྡན་པ་ནི། རྩ་བའི་རྒྱུད་ལས། བརྟན་ཞིང་ དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། ། སྙིང་རྗེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོང་[ཡོངས]ཤེས་ཤིང༌། །དཀྱིལ་ འཁོར་འབྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་ཏེ། །དང་བའི་ བདག་ཉིད་དབང་པོ་ཐུལ། །ཞེས་པ་དང༌། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས་ཀྱང༌། དང་པོར་ ཡང་དག་བསྟེན་བྱའི་བླ་མ་དག་ཀྱང་དམ་ཚིག་ལྡན་ཞིང་རྡོ་རྗེའི་ཐེག་ལ་ལྷག་པར་གནས། །དེ་ ཉིད་བསྒོམས་ཤིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་ཞིང་བཟོད་པའི་ངང་ཚུལ་ལམ་ལ་ ཞུགས། །སློབ་མ་རྣམས་ལ་ལམ་ནི་སྦྱིན་པར་བྱེད་ཅིང་དམྱལ་བའི་འཇིགས་འཕྲོག་དེ་ཉིད་ ལས་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེའི་དབྱུག་པ་དེ་ཡང་འཛིན་མའི་གཞི་ལ་རྡོ་ རྗེ་སེམས་དཔར་རབ་གྲགས་པའོ། །ཞེས་པ་དང༌། སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ ཞལ་ན་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་གསུངས་པ་ལྟར་བསྟེན་པར་བྱ་ ཞིང་དམ་པ་མ་ཡིན་པ་ནི། ང་རྒྱལ་དང་ལྡན་ཁྲོ་བས་ཟིལ་མནན་དམ་ཚིག་རྣམ་བྲལ་རྫས་ལ་ བརྐམ་ཞིང་ཐོས་པ་དག་ཀྱང་མེད། །སློབ་མ་རྣམས་ནི་སླུ་བ་དོན་དུ་གཉེར་ཞིང་མཆོག་གི་བདེ་ བའི་གནས་ལས་སེམས་ཉམས་དབང་མ་བསྐུར། །ལོངས་སྤྱོད་དག་ལ་ཀུན་ཆགས་བག་མེད་ རྩུབ་པོའི་ཚིག་དང་བཅས་ཤིང་དབང་པོའི་དོན་དུ་འདོད་ལྡན་པ། །དེ་ཉིད་དམྱལ་བ་བཞིན་དུ་ སློབ་མ་མཁས་པ་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་རྒྱུ་རུ་སྤངས་བར་བྱ། །ཞེས་གསུངས་པ་ ལྟར་སྤང་བར་བྱ་སྟེ། དྲི་མ་མེད་པའི་འོད་ལས། དེའི་ཕྱིར་རྣམ་པ་ཀུན་ཏུ་ཡོངས་སུ་བརྟགས་ 7-1-101 ནས། སྐྱོན་དང་བྲལ་བའི་བླ་མ་བསྟེན་པར་བྱ་ཞིང༌། སྐྱོན་དང་ལྡན་པ་དག་སྤང་བར་བྱ་སྟེ། ཞེས་གསུངས་པ་ལྟར་རོ། །གལ་ཏེ་དུས་ཀྱི་དབང་གིས་སྐྱོན་ཡོན་འདྲེས་པར་གྱུར་ན། གང་ལ་ ཡོན་ཏན་ལྷག་པ་དེ་བཟུང་བར་བྱ་སྟེ། དོན་དམ་བསྙེན་པ་ལས། རྩོད་ལྡན་དབང་གིས་བླ་མ་ སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། །རྡོ་དང་ ཤིང་གི་རང་བཞིན་སངས་རྒྱས་རྣམས་ཀྱིས་ནི། །སྐྱེ་བ་འབུམ་ཕྲག་གིས་ཀྱང་སངས་རྒྱས་མི་ སྟེར་ལ། །སྐྱེ་བ་འདི་ཉིད་དུས་ནི་གང་ཞིག་རྟག་པར་ནི། །བླ་མ་སྟེན་པ་ཡིས་ནི་བདེ་བ་སྟེར་ བར་མཛད། །ཞེས་པ་ལྟར་ཤེས་པར་བྱ་ཞིང༌། དེ་བཞིན་དུ་སློབ་དཔོན་གསུམ་གྱི་རིམ་པ་ ཡང༌། (རྩ་རྒྱུད་ལས་)དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་ཏེ། ། འབྲིང་ནི་དགེ་ཚུལ་ཉིད་དུ་བརྗོད། །ཁྱིམ་ན་གནས་པ་ཐ་མ་ཡིན། །ཞེས་པ་དང༌། ས་ཐོབ་མ་ གཏོགས་ཁྱིམ་པ་ནི། །རྒྱལ་པོས་བླ་མར་མི་བྱ་སྟེ། །དེ་ལ་ཐོས་པ་ཡོངས་ཤེས་པ། །གང་ཞིག་ རྟགས་ཅན་བྱ་བ་ཉིད། །ས་ཐོབ་མ་གཏོགས་སློབ་དཔོན་ནི། །གང་ཚེ་ཁྱིམ་གནས་མཆོད་བྱེད་ པ། །དེ་ཚེ་སངས་རྒྱས་ཆོས་དང་ནི། །དགེ་འདུན་རྣམས་ལ་གུས་མེད་འགྱུར། །ལྷ་ཁང་སོགས་ ཀྱི་རབ་གནས་སོགས། །རྟགས་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་དག་ན་གསུམ་ཡོད་ ན། །ཁྱིམ་པ་གོས་དཀར་ཅན་གྱིས་མིན། །ཞེས་པ་ལྟར་རིག་པར་བྱའོ། །གང་ལ་དབང་བསྐུར་ བར་བྱ་བའི་སློབ་མ་ཡང༌། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་གཏོང་བའི་ངང་ ཚུལ་དང་ལྡན་ཡོན་ཏན་ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་པའི་སེམས་ ལྡན་དེ་ཉིད་ཐོབ་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་བླ་མ་ ཤིན་ཏུ་མཁས་པ་རྣམས་ཀྱིས་བསྡུ་བར་བྱ། །ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་གཞན་ ཞེས་བྱ་བ་འབྲིང་པོ་རྣམས་ནི་བསོད་ནམས་དག་གི་རྒྱུར། །ཞེས་གསུངས་པ་ལྟར་མཆོག་གི་ 7-1-102 དངོས་གྲུབ་འདོད་པ་རྣམས་རྫོགས་པའི་རིམ་པ་བསྒོམ་པའི་དོན་དུ་དབང་གོང་མ་རྣམས་ ཀྱིས་བསྡུ་བར་བྱ་ཞིང༌། ཐུན་མོང་གི་དངོས་གྲུབ་འདོད་པ་རྣམས་བསྐྱེད་པའི་རིམ་པ་བསྒོམ་ པའི་དོན་དུ་དབང་བདུན་གྱིས་བསྡུ་བར་བྱའོ། །དབང་གི་བསྡུ་བར་བྱ་བ་མ་ཡིན་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། གང་ཞིག་རྒྱུད་ཀྱི་རྒྱལ་པོ་ལས་ནི་རྒྱལ་བ་མཆོག་གི་སྤྱོད་པ་ ཐོས་ཤིང་དབང་ནི་བླངས་ནས་ཀྱང༌། །སླར་ཡང་ཕྲག་དོག་བྱེད་ན་དམྱལ་བ་བརྒྱད་པོ་ཇི་སྲིད་ ཉིད་དུ་རབ་ཏུ་འཇུག་པར་འགྱུར་བ་སྟེ། །གང་ན་མི་དགེའི་འབྲས་བུའི་དབང་གིས་དམྱལ་བ་ རྣམས་ནི་ཁབ་རྩེའི་ས་ལ་ཀུན་ཏུ་རྒྱུ་བར་བྱེད། །དེ་ཕྱིར་མི་རྣམས་སེམས་ནི་ཕྲག་དོག་ཡོད་ཀྱི་ བར་དུ་དབང་ནི་བླང་བར་བྱ་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར། ཕྲག་དོག་ལ་སོགས་པའི་ སྐྱོན་གྱིས་རྩ་བའི་ལྟུང་བ་བཅུ་བཞི་ལ་སོགས་པའི་ལྟུང་བ་རྣམས་ཡང་བར་མི་ནུས་པ་དང༌། རྟུལ་ཞུགས་ཉི་ཤུ་རྩ་ལྔ་ལ་སོགས་པའི་དམ་ཚིག་རྣམས་སྐྱོང་བར་མི་བྱེད་པ་ལ་ཐམས་ཅད་དུ་ དབང་བསྐུར་བ་སྦྱིན་པར་མི་བྱ་ཞིང་འོན་ཀྱང་བླ་མ་སྟེན་[བསྟེན་]ཅིང་སྨོད་པར་མི་བྱེད་ན་ སླབ་[བསླབ]པའི་གནས་ལྔས་བསྡུ་བར་བྱའོ། །ཞེས་པ་ལྟར་ཇི་ལྟར་རིགས་པའི་ཚུལ་གྱིས་ བསྡུ་བར་བྱའོ། །ཐོག་མར་སློབ་དཔོན་གྱིས་ཀྱང་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་ བྱ་ཞིང༌། ཁྱད་པར་བསྐྱེད་རིམ་གསལ་བའི་སྒོ་ནས་ཐུགས་(རྡོ་རྗེ་སྙིང་པོས་ཉེ་སྙིང་)དང་(སྙིང་པོ་ གསུང་དང་(རྩ་སྔགས་)སྐུའི་བཟླས་པ་རྣམས་དང་(འོད་ཟེར་)ཡེ་ཤེས་དབབ་པའི་དོན་དུ་བཟླས་ པ་བྱེ་བ་དང་སྦྱིན་བསྲེག་འབུམ་ཕྲག་བཅུ་ལ་སོགས་པའི་བསྙེན་པ་ཇི་ལྟར་གྲུབ་པ་བྱའོ། ། དང་པོར་ཡོངས་སུ་བརྟགས་པའི་སློབ་མ་ཡོངས་སུ་བཟུང་བའི་དོན་དུ་གསེར་གྱི་མེ་ཏོག་ལ་ སོགས་པའི་མཎྜལ་སྔོན་དུ་འགྲོ་བས་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་ འདས་གང་དུ་འཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཀྱང་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་ ཐོབ་པར་ལུང་སྟོན་ཅིང༌། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བདེ་བ་མཆོག་ཏུ་མི་འགྱུར་ 7-1-103 བས་ཡང་དག་པར་བསྡུས་པའི་ཕྱག་རྒྱ་ཆེན་མོ་ཐོབ་པར་ལུང་སྟོན་པ་དཔལ་དུས་ཀྱི་འཁོར་ ལོའི་དཀྱིལ་འཁོར་དུ་བཞུག་[གཞུག]པ་དང་དབང་བསྐུར་བས་མངོན་པར་དབང་བསྐུར་དུ་ གསོལ། ཞེས་པ་དང༌། (དུས་ཞབས་པས)སྐྱེ་བ་མང་པོའི་སྡིག་པ་ནི། །བསགས་པ་རྣམ་པར་ འཇིག་བྱེད་པ། །སྡོམ་པ་སོ་སོར་བཟུང་བར་བགྱི། །དཔའ་བོ་དུས་ཀྱི་འཁོར་ལོར་མཛོད། ། ཅེས་པ་ལ་སོགས་པ་ཇི་ལྟར་རིགས་པའི་ཚིག་གིས་སོ། །བླ་མས་ཀྱང་དེ་ལྟར་ཁས་བླངས་ཏེ། དཔལ་ལྡན་དྲི་མ་མེད་པའི་འོད་ལས། དང་པོར་དཀྱིལ་འཁོར་དུ་གསོལ་གདབ་པའི་དུས་ དང༌། བར་དུ་ས་ལ་སོགས་པ་བཟུང་བ་དང༌། མཐར་དཀྱིལ་འཁོར་དུ་འཇུག་པའི་དུས་ཐམས་ ཅད་དུ། མཎྜལ་བྱས་ནས་སོ་ཤིང་བྱིན་ཏེ་བསྲུང་བ་བྱའོ། །ཞེས་གསུངས་པ་ལྟར་འཆད་པར་ འགྱུར་བའི་ཆོ་གས་སོ་ཤིང་བྱིན་ནས་མགོ་བོ་སྙིང་ཁ་གཙུག་ཏོར་རྣམས་སུ་རིམ་པ་ལྟར། ཨཱུ་ ཨཱི་ཨཱ་ཞེས་པ་ཐབས་ཀྱི་རིགས་གསུམ་དང༌། ལྟེ་བ་མགྲིན་པ་གསང་བ་རྣམས་སུ་ལཱྀ་རཱི་ ཨཿཞེས་པ་ཤེས་རབ་ཀྱི་རིགས་གསུམ་བཀོད་དེ། བགེགས་མཐར་བྱེད་ལ་སོགས་པའི་སྒོམ་ བཟླས་ཀྱང་བྱིན་ནས་བསྲུང་བ་བྱའོ། །འདི་དག་ནི་ལོ་ལ་སོགས་པའི་སྔོན་དུའང་བྱ་བར་ གསུངས་མོད་ཀྱི་ཅི་སྟེ་མ་གྲུབ་ན་སའི་ཆོ་ག་སློབ་མ་ལྷག་པར་གནས་པའི་སྔོན་དུ་བྱ་སྟེ་ཆོ་ག་ ཚང་བའི་དོན་དུ་སྐབས་ཇི་ལྟར་འོས་པར་རོ། །ཐམས་ཅད་དུ་ཡང་ཕྱིའི་བགེགས་ཞི་བར་བྱ་ བའི་ཆེད་དུ་སངས་རྒྱས་དང་རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་བཟའ་བ་དང་བཏུང་བ་ལ་སོགས་ པའི་མཆོད་པ་བྱ་ཞིང༌། འབྱུང་པོ་རྣམས་ལའང་ཉིན་ཞག་སོ་སོར་གཏོར་མ་སྦྱིན་པར་བྱའོ། ། གང་གི་ཚེ་དབང་བསྐུར་བའི་དུས་ཚིགས་ནི། ནག་པའི་མཐར་ནི་དཀར་པོའི་ཚིགས་ལ་ གཞན་ལ་ཕན་པའི་བླ་མས་དཀྱིལ་འཁོར་དག་ནི་བཞེངས་བྱས་ལ། །སྡིག་པའི་དྲི་མ་འཕྲོག་ པའི་དབང་བདུན་རྣམས་ནི་བསོད་ནམས་དོན་དུ་བུ་རྣམས་དག་ལ་སྦྱིན་པར་བྱ། །ཞེས་པ་ ལྟར་ནག་པའི་ཉའམ་བདུད་རྣམས་བཅོམ་པའི་ཉིན་ཞག་དག་ལ་ཡང་ཞེས་པས་ས་གའི་ཉ་ལ་ 7-1-104 སོགས་པ་ཉ་བཅུ་གཉིས་པོ་གཟའ་སྐར་དང་དུས་སྦྱོར་ལ་སོགས་པ་བཟང་པོ་དང་ལྡན་པ་ རྣམས་ལ་དབང་བདུན་བསྐུར་བར་བྱ་སྟེ། ཐིག་གདབ་པ་ནི་བཅུ་གཉིས་པའི་ཉིན་ཞག་དང༌། འདོད་པ་མ་ནུའི་ཉིན་ཞག་དག་ལ་དཔལ་ལྡན་རྡུལ་ཚོན་དགྱེ་ཞེས་པ་ལྟར་ཚོན་དགྱེ་བ་ནི་བཅུ་ གསུམ་པ་དང༌། བཅུ་བཞི་པའི་ཉིན་ཞག་ལ་བྱ་བར་གསུངས་ཤིང༌། དེ་དག་གི་ཤུགས་ལ་བཅུ་ གཅིག་པའི་ཉིན་ཅིག་ལ་ལྷག་གནས་རྣམས་དང༌། རྫོགས་པ་དག་ལ་ས་ནི་སྦྱང་དང་བཟུང་བ་ དག་ཀྱང་ཞེས་པ་ལྟར། ས་སྦྱང་བ་ལ་སོགས་པ་ནི་བཅུ་པ་ལ་སོགས་པ་གང་བ་གསུམ་ལ་བྱའོ། དེ་ལྟར་མ་གྲུབ་ནའང༌། དབང་བསྐུར་དང་ནི་རབ་གནས་སོགས། །ཡར་གྱི་ངོ་ལ་བརྟག་པར་ བྱ། །གཟའ་དང་རྒྱུ་སྐར་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཉི་ཤུ་དགུ་དང་ གནམ་སྟོང་ལ། །ནམ་ཡང་བྱ་བ་མ་ཡིན་ནོ། །ཞེས་པ་དང༌། དག་པའི་དུས་སྦྱོར་གཟའ་ལ་ སོགས་པས་མི་ཡི་བདག་པོ་མཚན་མོ་གཞན་ལའང་རབ་ཏུ་གནས་པར་འགྱུར། །ཞེས་པ་ལྟར་ དམིགས་བསལ་ཅན་མ་གཏོགས་པའི་དུས་སྦྱོར་ལ་སོགས་པ་བཟང་པོ་དང་ལྡན་པའི་ཚེས་ གྲངས་གཞན་ལའང་བྱ་བར་གསུངས་སོ། །གང་དུ་དབང་བསྐུར་བའི་གནས་ཁང་ནི། ཞི་བ་ དང་རྒྱས་པ་ལ་གྲོང་ལ་སོགས་པའི་དབང་ལྡན་ནམ་བྱང་དང༌། ལས་ཐམས་ཅད་པ་ལ་དབུས་ སུ་སྟེ། གང་ན་ས་སྐྱོང་ཆོས་ལྡན་ཞིང༌། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེ་གནས་ས་ འཛིན་བརྩོད་མེད་པ། །དེར་གནས་རྣལ་འབྱོར་བརྩམ་པར་བྱ། །ཞེས་པ་ལ་སོགས་པ་ གསུངས་པ་ལྟར། ཡིད་དང་མཐུན་པའི་ས་ཕྱོགས་ལེགས་པར་བརྟགས་པར་རོ། །གང་ཞིག་ དབང་བསྐུར་བའི་ཆོ་ག་ལ། ས་ཆོག་སྟ་གོན་དངོས་གཞི་གསུམ་ལས་དང་པོ་ལ་ས་གཞི་བརྟག་ དང་བསླང་བ་དང༌། སྦྱང་བ་དང་ནི་བཟུང་བས་སོ། །བརྟག་པ་ནི་ཞི་རྒྱས་ཀྱི་ལས་གཙོ་བོར་ བཟུང་ནས་སྔར་བཤད་པའི་ས་ཕྱོགས་སུ་ཁ་དོག་དཀར་པོ་དང་ཙན་དན་ལ་སོགས་པ་མཆོག་ གི་དྲི་བྲོ་བ་ཁ་བ་དང་སྐ་བའི་རོ་དང་ལྡན་པར་དོང་བྲུས་ཏེ། ས་དེ་ཉིད་ཀྱིས་བཀང་བ་ན། མཐོ་ 7-1-105 ན་བཟང་ཞིང་མཉམ་ན་འབྲིང༌། །དམའ་ན་ངན་པར་ཤེས་པར་བྱ། །ཡང་དང་པོ་དེ་ཉིད་མཐོ་ གང་ཙམ་དུ་བྲུས་ཏེ་བཅགས་པ་ཆུས་ཡོངས་སུ་བཀང་ནས་གོམ་པ་བརྒྱར་ཕྱིན་ཏེ་ལོག་སྟེ་ བལྟས་པ་ན། གང་ན་དགེ་ཤིང་དམའ་ན་ངན༌། །སྒྲ་བཅས་ཀླུ་ཡིས་འཇིགས་པ་འབྱུང༌། །ཞེས་ པ་ལྟར་རོ། །བརྟགས་ནས་དགེ་བར་ཤེས་ཏེ་བསླང་བ་ནི་མངོན་པའི་འབྱུང་པོ་ས་བདག་རྒྱལ་ པོ་ལ་སོགས་པ་ལ་ཚིག་གིས་བསླང་ཞིང་མི་སྟེར་ན་རིན་གྱིས་ཀྱང་ཉོས་ལ། མི་མངོན་པ་ལ་ བསླང་བ་ནི། ཡུལ་དང་གྲོང་བདག་མཆོད་ཏེ་[དེ]གསོལ་བ་གདབ། །ས་ཡི་ལྷ་མོ་སྐྱེད་ཅིང་ སྤྱན་དྲངས་མཆོད། །གསོལ་གདབ་གཤེགས་གསོལ་ཞེས་པ་ལ་སོགས་པས་བདག་འཇུག་ཏུ་ བསྟན་པ་ལྟར་བྱའོ། །སྦྱང་བ་ལ་ལས་དང་བྱ་བས་སྦྱང་བའི་ཆེད་དུ་ས་བདག་ལྟོ་འཕྱེ་བརྟག་ པ་ནི་ས་དེ་ཉེ་འཁོར་དང་བཅས་པ་གྲུ་བཞིར་གཅལ་བ་ལ། སྟོན་ཟླ་བ་གསུམ་ལ་ཤར་དུ་མགོ་ དང༌། ནུབ་ཏུ་མཇུག་མ་གནས་ཤིང༌། གདོང་ལྷོར་ཕྱོགས་པས་ཉལ་བའི་ལུས། སྲིད་དུ་ཆ་དགུ་ པའི་གསང་གནས་དབུས་སུ་བྱས་པ་ལ་མས་ཆད་སྦྲུལ་གྱི་རྣམ་པ་དང་སྟེང་དུ་གདེངས་ཀ་དང་ བཅས་པའི་སྐྱེས་བུ་ལག་པ་གཡོན་པ་རྣ་བར་བཞག་ནས་གཡས་པ་རིན་པོ་ཆེ་དཀུར་འཛིན་ པའི་རྣམ་པ་ཅན་དེ་ཉིད་དབང་ལྡན་ནས་མེའི་བར་ཆ་དགུ་བཅུར་ཕྱེ་བ་ལ་ཉིན་ཞག་རེ་རེ་ཞིང་ འཕོ་བར་ཤེས་པར་བྱ་སྟེ། དབང་ལྡན་ནས་མེའི་བར་དུ་མགོ་དང་བདེན་བྲལ་ནས་རླུང་གི་ བར་དུ་མཇུག་མ་འགྲོ་བའི་ཚུལ་གྱིསོ། །དེ་བཞིན་དུ་དགུན་ཟླ་གསུམ་དང༌། སྤྱིད་[དཔྱིད]ཟླ་ གསུམ་དང་དབྱར་ཟླ་གསུམ་ལའང་རིམ་པ་ལྟར། ལྷོ་དང་ནུབ་དང་བྱང་དུ་མགོའོ་བསྟན་ནས་ ཉལ་བར་ཤེས་པར་བྱ་ལ་དེའི་མཆན་ཁུང་གཡོན་པའི་ས་སྟོང་ནས་བརྩམས་ཏེ། ཆུའམ་རྡོ་ལ་ ཐུག་པར་རིམ་གྱིས་བརྐོས་པ་ན་རིན་པོ་ཆེ་དང་དུང་དང་འཆིང་བུ་མཐོང་ན་དགེ་བར་ཤེས་ ཤིང༌། མི་རུས་དང་སོལ་བ་དང་རྭ་ལ་སོགས་པའི་ཟུག་རྔུ་བྱུང་ན། བསལ་ནས་ཙན་དན་ དཀར་པོའི་ཆུས་བྲན་པའི་ས་དཀར་པོ་ཁ་བ་དང་སྐ་བའི་རོ་དང་ལྡན་པས་བཀང་སྟེ་ཤེལ་དང་ 7-1-106 དུང་དང་རིན་པོ་ཆེ་ལ་སོགས་པའི་གཏེར་བཅུག་ལ་ས་སྟེགས་བཅའ་བོ། །ཁང་བཟངས་ [བཟང]བྲག་སྟེངས་[སྟེང]བ་ལང་ལྷས། །གཙུག་ལག་ཁང་སོགས་ཆུ་འགྲམ་དང༌། །སྔོན་ འདུས་བྱས་པའི་གནས་དག་ཏུ། །མ་རྐོས་ན་ཡང་དག་པ་ཡིན། །ཞེས་པ་ལྟར་ཁང་བཟངས་ [བཟང]ལ་སོགས་པ་རྣམས་སུ། ལྟོ་འཕྱེ་བརྟག་པ་དང༌། བརྐོ་བ་དང་སེལ་དབྱུང་བ་ལ་ སོགས་པ་མི་དགོས་ཤིང་ཡིག་གེ་དྲུག་པ་བཟླས་པའི་ཡུངས་དཀར་དང་ཆུ་དང་ཐལ་བས་ བསྣུན་ཏེ་བགེགས་བསྐྲད་ལ་བ་བྱུང་ལྔས་བྱུག་པར་བྱའོ། །སྔགས་དང་ཏིང་ངེ་འཛིན་གྱིས་ སྦྱང་བ་ནི། ས་སེལ་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །ལག་པ་རེག་ ནས་སྔགས་བཟླས་བྱ། །དེ་ཉིད་དག་པ་མཆོག་ཏུ་འགྱུར། །ཞེས་པ་ལྟར། ༀ་བྷཱུ་(ས)ཁཾ་(མཁའ་) ཞེས་པས་ས་གཞི་ནམ་མཁར་བསམ་ལ་ཧཱུཾ་ལཾ་ཧཱུཾ་ཞེས་པས་རྡོ་རྗེའི་ས་གཞིར་བསྐྱེད་ཏེ[དེ]། ༀ་མེ་དྷི་ནཱི་བཛྲ་བྷ་ཝ་(ས་གཞི་རྡོ་རྗེར་གྱུར་ཅིག)བཛྲ་བན་དྷ་(རྡོ་རྗེས་ཆིངས་)ཧཱུཾ། ༀ་ཧ་ན་(བསྣུན་)ཧ་ན་ (བསྣུན་)བཛྲ་ཀྲོ་(རྡོ་རྗེ་ཁྲོ་བོ་)དྷ་ཧཱུཾ། ༀ་ཨཱཿཧཱུཾ་ཤོ་དྷ་ཡ་(སྦྱོངས་)ཤོ་དྷ་ཡ་(སྦྱོངས་)རཀྵ་(བསྲུངས་)རཀྵ་ (བསྲུངས་)ཧཱུཾ་ཧཱུཾ་ཞེས་བརྗོད་ཅིང་ཐལ་མོ་ས་ལ་གཞག་པས་བྱིན་གྱིས་བརླབས་ནས་ཡིག་གེ་དྲུག་ པ་ལ་སོགས་པའི་སྔགས་བཟླ་ཞིང་ཁམས་གསུམ་སྟོང་ཉིད་དང་རོ་གཅིག་པས་ས་གཞི་རྣམ་ པར་དག་པའི་རང་བཞིན་ཉིད་དུ་མོས་པ་ནི་བླ་ན་མེད་པའི་སྦྱང་བའོ། །དེ་ནས་ས་ཡོངས་སུ་ བཟུང་བ་ནི། དཀྱིལ་འཁོར་གྱི་ས་གཞི་མེ་ཏོག་ལ་སོགས་པས་བརྒྱན་པའི་དབུས་སུ་རྒྱན་ ཐམས་ཅད་དང་ལྡན་པའི་སློབ་དཔོན་ལ་སོགས་པ་ལྷའི་རྣལ་འབྱོར་དང་ལྡན་པས་འདུག་སྟེ། ནམ་མཁའ་གང་བའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ། མཆོད་པ་ཕུལ་ནས། མ་ལུས་ ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །ཞེས་པ་ལ་སོགས་ པས་སྙན་གསན་དབབ་ཅིང་ཕྱོགས་བཞི་ནས། སེམས་ཅན་(གསང་འདུས་སུ་)ཀུན་གྱི་སེམས་ཆེན་ པོ། །ཞེས་པ་ལ་སོགས་པས་གསོལ་བ་བཏབ་པ་ལས་སྒོམས་པའི་དཀྱིལ་འཁོར་ནམ་མཁའ་ 7-1-107 ལ་བཏེག་ནས་ལངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གུས་པས་ ཕྱག་འཚལ་བ་དང༌། འདོད་པའི་དོན་ལ་སྨོན་པའི་སྒོ་ནས་ཤིས་(སྟེང་ན་ཞེས་སོགས་སམ། བཀྲ་ཤིས་ གང་ཞིག་སོགས་)པ་བརྗོད་པ་དང༌། དངོས་དང་ཡིད་ལས་བྱུང་བའི་འབྱོར་པས་མཆོད་པ་(བཅུ་ གཉིས་སོགས་)དབུལ་བ་དང༌། སེམས་ཅན་མ་རིག་པའི་མུན་པར་ལྷུང་ཞིང་བདུད་ཀྱིས་བྱིན་གྱིས་ བརླབས་པ་རྣམས་ལ་བལྟས་ནས་བྱང་ཆུབ་ལ་དགོད་པར་འདོད་པས་(ཨཱཿབོ་དྷིཿཤཱ་ར་ཎ་ཡ་མི་ཞེས་ སོགས་ཀྱིས་)སེམས་བསྐྱེད་པ་དང༌། སྐ་ཅིག་གིས་(བཛྲ་བྷེ་ར་བ་ཧཾ་ཞེས་པས་)ཁྲོ་བོའི་དབང་པོར་བསྒོམ་ ཏེ་(ༀ་ཧཾ་ཧཿསོགས་)ཕྱག་རྒྱ་དང༌། མཚོན་ཆ་དང༌། ཀླུའི་རྒྱན་རྣམས་བཀོད་ཏེ་[དེ](མིག་བྱིན་གྱིས་ བརླབ་པ་སོགས་ནས་)རྡོ་རྗེའི་བལྟ་[ལྟ]སྟངས་ཀྱིས་ཕྱོགས་ཕྱོགས་ཐམས་ཅད་དུ་བལྟ་ཞིང༌། ང་ནི་ རང་ཉིད་རྡོ་རྗེ་ཅན། །ཞེས་པ་ལ་སོགས་པས་ང་རྒྱལ་བསྐྱེད་པ་དང༌། རྡོ་རྗེའི་རྐང་སྟབས་ཀྱིས་ བསྐོར་ཞིང་དབུས་སུ་འོངས་ཏེ་སྔགས་དང་བཅས་པས། རྡོ་རྗེ་འཇིགས་བྱེད་དུ་གསལ་བཏབ་ ནས། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ཞེས་པ་ལ་ སོགས་པས་བགེགས་ལ་བཀའ་བསྒོ་ཞིང༌། ཁྲོ་བོ་དུ་མ་འཕྲོས་པས་བགེགས་རྣམས་བཅོམ་སྟེ་ དཀྱིལ་འཁོར་གྱི་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པ་དང༌། ཁྲོ་བོའི་ང་རྒྱལ་དང་ ལྡན་པས་རྡོ་རྗེའི་འགྲོས་བཞི་ལ་སོགས་པའི་བསྐོར་བ་དང་སྤེལ་ནས། དབུས་སུ་གཡོན་དང་ གཡས་ཀྱི་རྐང་མཐིལ་དག་ལ་ཧཱུཾ་ཧཱུཾ་བཀོད་ཅིང་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་རེག་ནས་བྱིན་གྱིས་ བརླབས་ཏེ་གཡས་རྐྱང་དང་གཡོན་རྐྱང་དང༌། མཉམ་པའི་སྟབས་དང་དེ་བཞིན་དུ། ཤར་དུ་ ཡཾ་ཡཿ བཀོད་ཅིང་རལ་གྲིའི་ཕྱག་རྒྱས་རེག་ནས་ཟླུམ་པོའི་སྟབས་དང༌། ལྷོ་རུ་རཾ་རཿ་བཀོད་ ཅིང་རིན་པོ་ཆེའི་ཕྱག་རྒྱ་རེག་ཅིང་རོལ་པའི་སྟབས་དང་ནུབ་ཏུ་ལཾ་ལཿབཀོད་ཅིང་འཁོར་ལོའི་ ཕྱག་རྒྱས་རེག་ནས་ས་གའི་སྟབས་དང༌། བྱང་དུ་ཝཾ་ཝཿབཀོད་ཅིང་པད་མའི་ཕྱག་རྒྱས་རེག་ ནས་ཏཱཎ་ཌ་བའི་ཕྱག་རྒྱ་སྟབས་ཀྱིས་བཅག་ཅིང༌། བྱིན་གྱིས་བརླབ་པ་དང༌། སླར་ཡང་(ༀ་ཨཱཿ་ 7-1-108 ཧཱུཾ། )སྔགས་དང་བཅས་པས་དུས་ཀྱི་འཁོར་ལོ་(ཀཱ་ལ་ཙཀྲ་)གདུལ་དཀའ་(དུར་དཱ་ན་ཀཱ་ད་མ་ཀ་)འདུལ་ བ་སྐྱེ་རྒ་འཆི་བ་མཐར་བྱེད་པ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་གསལ་བཏབ་ ནས། སེམས་ཅན་ཐམས་ཅད་ལ་(སརྦ་སཏྭོ་ས་ཀ་ར་)གནོད་པ་བྱེད་པར་དགའ་བ་སྟེང་ (ཨུར་དྷ་)ལ་སོགས་པའི་ཕྱོགས་བཅུ་ན་གནས་པ་ཐམས་ཅད་རྡོ་རྗེའི་ལྕགས་ཀྱུས་(བཛྲ་ཨཾ་ཀུ་ཤེ་ན་) རིམ་པ་བཞིན་བཀུག་སྟེ། (ཨཱཀྲི་ཥྱ་) རྡོ་རྗེའི་ཞགས་པས་(བཛྲ་པ་ཤེ་ན་)ལག་པ་རྣམས་བཅིང་ནས། རྡོ་རྗེའི་ལྕགས་སྒྲོགས་(བཛྲ་ཤྲིང་ཁ་ལ་ཡ)གིས་རྐང་པ་རྣམས་བསྡམས་པ། རྡོ་རྗེ་ཕུར་བུ་ཁྲོ་བོའི་ རྒྱལ་པོ་ཞལ་དྲུག་པ་ཕྱག་དྲུག་པ་ཞབས་དྲུག་པ་ལྟེ་བ་མན་ཆད་མདུང་གི་རྣམ་པས་གྱུར་པས་ སྤྱི་བོ་ནས་གདབ་ཅིང༌། རྡོ་རྗེ་ཐོ་བས་བརྡུངས་པས་གསང་གནས་ཀྱི་མཐར་ཐུག་པར་ཕུག་སྟེ་ བདེ་བ་ཆེན་པོར་རོ་གཅིག་པར་བསམས་ཏེ། ཕྱོགས་བཅུ་བསྲུང་བའི་དོན་དུ་ཁྲོ་བོ་ཆེན་པ་ [པོ]རྣམས་ལ་ཡང་གསོལ་བ་བཏབ་ལ། ལྷག་མ་ནམ་མཁའི་ཁམས་(ཨ་ཀ་ཤ་དྷ་ཏུ་)ལ་སོགས་ པ་ན་གནས་པ་རྣམས་ཀྱང་བཀུག་(ཨ་ཀྲ་ཥྱ་)ནས་དུར་ཁྲོད་ཀྱི་ས་གཞི་མེ་རབ་ཏུ་འབར་བ་ལ་ བརྡབ་ཅིང་རྡོ་རྗེས་ཕྱེ་མར་མཛད་དུ་གསོལ། ཞེས་པ་ལ་སོགས་པ་དང༌། མཐར་སེམས་ཅན་ (སརྦ་སཏྭ་ནཾ་)ཀུན་ལ་ཞི་རྒྱས་དང༌། བསྲུང་སྐྱོབ་སྦ་བ་མཛད་དུ་གསོལ། ཞེས་པས་གསོལ་བ་ གདབ་ཅིང༌། ཁྲོ་བོའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ལ་མཆོད་པ་དང་བསྟོད་པ་བྱ་སྟེ། དེ་དག་གི་ཚུལ་ཡང་ཞིབ་པར་ལོགས་སུ་བཀོད་པ་ཤེས་པར་བྱའོ། །དེ་ཙམ་མི་སྤྲོ་ན་ཡང་ བདག་འཇུག་ཏུ་བསྟན་པ་ལྟར་བྱས་པས་ཀྱང་རུང་བས་རྒྱས་བསྡུས་ཇི་ལྟར་མོས་པ་བྱའོ། །དེ་ ནས་སྟ་གོན་ལ། ས་དང་ལྷ་དང་རྫས་ལྔ་དང༌། །སློབ་མ་མལ་སྟན་ལྷག་གནས་བྱ། །ཞེས་པའི་ ས་ལྷག་གནས་ནི་ས་ཆོག་དང་ཡང་གཅིག་པར་བཞེད་མོད་འོན་ཀྱང་དཀྱིལ་འཁོར་གྱི་ས་གཞི་ དྲི་ལ་སོགས་པས་མཆོད་ཏེ[དེ]། སྔར་ནམ་མཁར་གཤེགས་སུ་གསོལ་བའི་ལྷ་མོ་མདུན་གྱི་ ས་གཞི་ལ་སྤྱན་དྲངས་ནས་བཞུགས་པར་བསམ་ཞིང་ཞལ་ཕྱག་ལ་སོགས་པ་སྔར་བཞིན་ 7-1-109 གསལ་བཏབ་ལ། (སཾ་བུ་ཌིར་)ༀ་ཚུར་སྤྱོན་ཚུར་སྤྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། ། རིན་ཆེན་ཀུན་གྱིས་རབ་གང་མ། །བཟང་པོའི་རྒྱན་གྱིས་རྣམ་བརྒྱན་མ། །དོ་ཞལ་[ཤལ] རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་ནི་བཞེས་ནས་ སུ། །དཀྱིལ་འཁོར་ལས་ནི་ལེགས་གྲུབ་མཛོད། །ཞེས་[ཅེས]པ་ལ་སོགས་པ་བརྗོད་ཅིང་ མཆོད་པ་ཕུལ་ཏེ་གསོལ་བ་བཏབ་ནས། ༀ་ཨཱཿ་ལཾ་ཧཱུཾ་ཞེས་པ་ལ་སོགས་པ་བརྗོད་པས་ མཉེས་ཤིང་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་ནས་རྡོ་རྗེའི་ས་གཞིར་གྱུར་པར་བསམ་ལ་སླར་ ཡང་མཆོད་ཡོན་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་ལྷ་ལྷག་པར་གནས་པ་དང༌། བུམ་པ་ ལ་སོགས་པ་རྫས་ལྔ་ལྷག་པར་གནས་པའང་རྒྱས་པར་བདག་མཇུག་ཏུ་བསྟན་པ་ལྟར་བྱ་སྟེ། རྫས་ལྔའི་ཁྱད་པར་ཞིབ་ཆ་རྣམས་ནི་ལོགས་སུ་བསྟན་པ་ལྟར་ཤེས་པར་བྱའོ། །སློབ་མ་ལྷག་ གནས་ཀྱི་སྔོན་ནམ། སྔར་མ་བྱས་ན་སློབ་མ་ཡོངས་སུ་བཟུང་བ་ལ་སོགས་པའི་སྐབས་ཇི་ལྟ་ བར་སློབ་མ་རྣམས་ཁྲུས་བྱས་སྟེ་མཎྜལ་ཕུལ་ནས་གནས་པ་ལ། ནམ་མཁའི་མཐའ་དང་ མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་ཆོས་ཟབ་མོ་ཞུས་ལ་ཉམས་སུ་བླང་སྙམ་དུ་སེམས་བསྐྱེད་ ནས་འཇུག་པར་བགྱིད། དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་འཇུག་པ་ དང༌། དབང་བསྐུར་བའི་ཆོ་ག་རྣམ་པར་དག་པ་ནོད་པར་འདོད་པ་དེ་ཤིན་ཏུ་ལེགས། དེའི་རྒྱུ་ མཚན་ཡང༌། (རྒྱུད་ལས)སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་ཆེན་པོའི་སངས་རྒྱས་གཞན་ འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །དེ་རྣམས་རྣམ་པར་མི་རྟོག་པ་ཡིས་མཉེས་པར་ བྱས་ན་དཔག་མེད་སྲིད་པ་དག་ནི་གཅོད་པར་བྱེད། །ཞེས་པ་ལྟར་དོན་དམ་པར་སེམས་ཅན་ ཐམས་ཅད་རང་བཞིན་རྣམ་དག་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ནའང༌། ཀུན་རྫོབ་བློ་[གློ] བུར་གྱི་དྲི་མ་མ་སྤངས་ཀྱི་བར་ལ། (རྒྱུད་ལས) མངལ་དུ་མངལ་ན་གནས་པའི་སྡུག་བསྔལ་ 7-1-110 བཙའ་བའི་དུས་དང་བྱིས་པའི་དངོས་པོ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུ་ལང་ཚོ་དག་ལ་ བུད་མེད་དང་བྲལ་ནོར་དང་འབྱོར་པ་ཉོན་མོངས་སྡུག་བསྔལ་ཆེན་པོ་གང༌། །རྒན་པོ་ཉིད་ལ་ འཆི་བའི་འཇིགས་པ་སྡུག་བསྔལ་སླར་ཡང་འགྲོ་བ་དྲུག་ཏུ་འཇིགས་སྟེར་ངུ་འབོད་ལ་སོགས་ ཏེ། །སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་སྡུག་ བསྔལ་འཛིན་པར་བྱེད། །ཞེས་པ་ལྟར་ཁམས་གསུམ་འཁོར་བ་འགྲོ་བ་རིས་དྲུག་གང་དུ་སྐྱེས་ ཀྱང་སྡུག་བསྔལ་འབའ་ཞིག་ལ་སོགས་སྤྱད་པས། འཁོར་བའི་བྱ་བ་སྙིང་པོ་མེད་པ་ལ་ཆགས་ པ་སྤངས་ཏེ། རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱི་བགྲོད་བྱ་མིན་པ་རྣམ་པ་ ཐམས་ཅད་པ། །གསུང་གི་རྡོ་རྗེ་སེམས་ཅན་རྣམས་ལ་རང་སྙིང་སྐད་རྣམས་དག་གིས་ཆོས་ནི་ གོ་བར་བྱེད་པའོ། །རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་ མཐའ་དག་པ་ལ་གནས། །དྲི་མེད་ནོར་བུ་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ ཤེས་རྡོ་རྗེའོ། །ཞེས་པ་ལྟར་སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པ་ཐར་པ་མཐར་ཐུག་རྫོགས་པའི་ སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་དགོས། དེ་ལ་ཡང༌། (རྒྱུད་ལས)འཁོར་བར་མི་ཉིད་དུ་ནི་ འགྱུར་བ་དག་ཀྱང་རྒྱ་ལམ་ན་སྟེ་ཆོས་ཀྱི་བློ་ནི་རེས་འགའ་ན། །དེ་ལས་དགེ་བའི་དབང་གིས་ སངས་རྒྱས་ལ་ནི་རྗེས་ཆགས་གྱུར་ཀྱང་དང་པོའི་ཐེག་པར་རབ་ཏུ་འཇུག དེ་ལས་དཔལ་ལྡན་ རྡོ་རྗེའི་ཐེག་པ་བསྒོམ་པ་ལ་ནི་བློ་གྲོས་མ་ལུས་རྒྱ་ལམ་དག་ན་འཇུག དེ་ལས་སངས་རྒྱས་ ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ཏུ་དཀའ། །ཞེས་པ་ལྟར་ རྙེད་པར་དཀའ་བའི་མཆོག་དལ་འབྱོར་གྱིས་ལུས་རིན་པོ་ཆེ་ཐོབ་ཅིང་མཇལ་བར་དཀའ་ བའི་སངས་རྒྱས་ཀྱི་བསྟན་པ། བསྟན་པའི་སྙིང་པོ་ཐེག་པ་ཆེན་པོ་ཐེག་ཆེན་གྱི་མཐར་ཐུག་ གསང་སྔགས་ཟབ་མོ། གསང་སྔགས་ཀྱི་མཐར་ཐུག་རྣལ་འབྱོར་བླ་མེད། དེའི་འང་སྙིང་པོ་ གཉིས་སུ་མེད་པའི་རྒྱུད་དཔལ་དུས་ཀྱི་འཁོར་པོའི་བསྟན་པ་དང་འཇལ་བའི་དུས་སུ། (རྒྱུད་ 7-1-111 ལས)ཆོས་ནི་སེམས་ཅན་ཕན་པ་ཡུལ་དང་རྣམ་པ་བྲལ་བ་དག་སྟེ་ཆོས་མིན་དག་ཀྱང་གནོད་ པའོ། །འཚེ་བ་རིག་བྱེད་ཚད་མ་ཅན་ནི་བདེ་བའི་འབྲས་བུ་མི་སྟེར་དུས་ཀུན་དུ་ནི་སྡུག་ བསྔལ་སྟེར། །དམ་པའི་བྱམས་ལྡན་རྨོངས་པའི་ཚིག་ལས་མཆོག་གི་བདེ་བ་བྱེད་ཅིང་སེམས་ ཅན་བདེ་ལ་རྗེས་སུ་ཆགས། །དེ་ཕྱིར་སེམས་ཅན་དོན་ནི་གཅིག་པུ་ཉིད་དང་མི་བདག་ཡིད་ ཀྱིས་རང་བཞིན་མེད་པ་བསྒོམ་པར་གྱིས། །ཞེས་པ་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པ་ བསོད་ནམས་ཀྱི་ཚོགས་དང༌། སྟོང་པ་ཉིད་སྒོམ་པ་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་རིམ་པ་ གཉིས་ཀྱི་རྣལ་འབྱོར་སྒོམ་པ་ལ་འབད་འཚལ། དེའི་ཡང་སྔོན་དུ། འདིར་ནི་དབང་བསྐུར་ རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པའོ། །ཞེས་པ་ དང༌། དང་པོར་རེ་ཤིག་[ཞིག]སློབ་མ་ལ། དབང་རྣམས་ལན་གཅིག་བསྐུར་བ་ཡིས། །དེ་ཚེ་ གསང་ཆེན་བཤད་པ་ཡི། །སྣོད་དུ་ངེས་པར་འགྱུར་བ་ཡིན། །ཞེས་པ་ལྟར་ལམ་བསྒོམ་པ་ དང༌། རྒྱུད་ཉན་པ་ལ་དབང་བའི་དོན་དང༌། སྒྲིབ་པ་སྦྱངས་ཏེ་ཡོན་ཏན་ཁྱད་པར་ཅན་སྤེལ་ བའི་ཆེད་དུ། སྨིན་པར་བྱེད་པའི་དབང་བསྐུར་བ་ཡང་དག་པར་བླང་དགོས། དེ་ལ། གང་ གིས་དབང་བསྐུར་བའི་སློབ་དཔོན། གང་ལ་དབང་བསྐུར་བའི་སློབ་མ། གང་ཚེ་དབང་ བསྐུར་བའི་དུས་ཚིགས། གང་དུ་དབང་བསྐུར་བའི་གནས་ཁང༌། སྔར་བསྟན་པ་ལྟར་བཤད་ ནས། གང་ཞིག་དབང་བསྐུར་བའི་ཆོ་ག་ལ། ས་ཆོག་སྟ་གོན་དངོས་གཞི་གསུམ་གྱི་དང་པོ་ དང༌། སྟ་གོན་ལའང་གང་གིས་བྱིན་གྱིས་བརློབ་པར་མཛད་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ ལ་མཆོད་ཅིང་བསྟོད་ཏེ[དེ]། གསོལ་བ་བཏབ་པའི་སྒོ་ནས། ལྷ་ལྷག་པར་གནས་པ་དང༌། དབང་བསྐུར་ཞིང་སྒྲིབ་པ་སྦྱོང་བ་ལ་བུམ་པ་ཆུའི་བྱ་བ་ལ་འཇུག་པས། བུམ་པ་ལྷག་པར་ གནས་པ་དང༌། དཀྱིལ་འཁོར་ཆེན་པོ་བཞེངས་པ་ལ་ཉེ་བར་འཁོ་[མཁོ]བའི་ཐིག་སྐུད་དང་ རྡུལ་ཚོན་ལྷག་པར་གནས་པ་དང༌། དབང་རྫས་དང་ཕྱག་མཚན་གྱི་གཙོ་བོ་ཐབས་དང་ཤེས་ 7-1-112 རབ་མཚོན་པར་བྱེད་པ་རྡོ་རྗེ་དང་དྲིལ་བུ་ལྷག་པར་གནས་པ་རྣམས་གྲུབ་ནས། སློབ་མ་ལྷག་ པར་གནས་པ་ལ། སེམས་བསྐྱེད་ནང་དབང་གསོལ་གདབ་མཉམ་པར་གདམས། །ཐུན་མོང་ ཁྱད་པར་སྡོམ་བཟུང་བྱིན་བརླབས་མཆོད། །སོ་ཤིང་ཁྱོར་ཆུ་སྲུང་སྐུད་ཀུ་ཤ་སྦྱིན། །བསྲུང་ ཞིང་བྱིན་བརླབ་ཆོས་བཤད་རྨི་ལམ་བརྟག །ཅེས་པ་རྣམས་ཀྱི་དང་པོ་སེམས་བསྐྱེད་པ་ནི། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་བཞུག་[གཞུག]པར་བྱ། ། དེ་ལས་གཞན་ནི་བསོད་ནམས་འདོད། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ ཡི། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་ འགྲུབ་མི་འགྱུར། །སྐྱེས་བུ་འཇིག་རྟེན་ཕ་རོལ་གཉེར། །འབད་པ་མེད་པར་འདི་འབྲས་ འགྲུབ། །ཅེས་གསུངས་པ་ལྟར། ཐེག་ཆེན་མཐར་ཐུག་གསང་སྔགས་ཀྱི་ཆོས་ལ་འཇུག་པ་ལ་ བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཅིག་དགོས། རང་དོན་དུ་ཚེ་འདིའི་ཕུན་ སུམ་ཚོགས་པ་ལ་སོགས་པ་གནས་སྐབས་ཟག་བཅས་ཀྱི་བདེ་བ་དོན་གཉེར་བས་ཞུགས་ན་ དེའང་མི་འགྲུབ་ན། ཟག་མེད་ཀྱི་བདེ་བ་ལྟ་སྨོས་ཀྱང་ཅི་དགོས། གཞན་དོན་དུ་མཐར་ཐུག་ མཆོག་གི་དངོས་གྲུབ་དོན་དུ་གཉེར་བས་ཞུགས་ན། གནས་སྐབས་ཀྱི་ཕུན་སུམ་ཚོགས་པ་ རྣམས་ཞོར་ལས་བྱུང་བའི་ཚུལ་གྱིས་འགྲུབ་པ་ཡིན། (རྒྱན་ལས)སྐྱེ་བོ་རྨོངས་པ་རང་གི་བདེ་དོན་ བརྩོན། །དེ་མ་ཐོབ་པས་རྟག་ཏུ་སྡུག་བསྔལ་འགྱུར། །བརྟན་པ་རྟག་ཏུ་གཞན་དོན་བརྩོན་པ་ ནི། །གཉི་གའི་དོན་བྱས་མྱ་ངན་འདའ་བར་འགྱུར། །ཞེས་པ་ལྟར་བླུན་པོ་རྣམས་རང་དོན་ འབའ་ཞིག་སྒྲུབས་[བསྒྲུབས]པས་དེའང་མ་གྲུབ་པར་འཁོར་བའི་སྡུག་བསྔལ་འབའ་ཞིག་ ལ་ལོངས་སྤྱོད། བྱང་ཆུབ་སེམས་དཔའ་རྣམས་གཞན་དོན་ཁོ་ན་མཛད་པས་དོན་གཉིས་ མཐར་ཕྱིན་པའི་མྱ་ངན་ལས་འདས་པ་རྫོགས་པའི་སངས་རྒྱས་ཀྱི་བདེ་བ་ཆེན་པོ་ཐོབ་པ་ཡིན་ 7-1-113 ཏེ་དེ་བས་ན་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ བསྒྲལ་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་དགོད་དེའི་ཆེད་དུ་ཐོག་མར་རང་ཉིད་གྲོལ་ བར་བྱེད་པ་གསང་སྔགས་ཀྱི་ལམ་ཟབ་མོ་ཉམས་སུ་བླངས་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་ དངོས་གྲུབ་སྙིང་པོ་དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་པར་བྱ། དེའི་སྔོན་དུའང་སྨིན་པར་བྱེད་ པ་དབང་བསྐུར་བའི་ཆོ་ག་རྣམ་པར་དག་པ་ཞུ་སྙམ་དུ་མདུན་[འདུན]པ་བསྐྱེད་པའོ། །དེ་ ལྟར་སེམས་བསྐྱེད་པ་ལ་ནང་གི་དབང་བསྐུར་བ་ནི། སློབ་མ་རྣམས་བླ་མའི་ཞལ་ནས་ཞུགས་ ཏེ། རྡོ་རྗེའི་ལམ་ནས་འཐོན་ཞིང་ཤེས་རབ་ཀྱི་པད་མར་གནས་པ་ལ། ཐུགས་ཁའི་འོད་ཟེར་ གྱིས་དེ་བཞིན་གཤེགས་པ་ཡུམ་དང་བཅས་པ་ཐམས་ཅད་བཀུག་སྟེ་ཞལ་ནས་ཞུགས་ཤིང༌། ཞུ་བར་གྱུར་པས་དབང་བསྐུར་དྲི་མ་དང་བླ་མ་ཡི་དམ་གྱི་སྲས་སུ་གྱུར་པ། རང་རང་གི་གནས་ སམ་དཀྱིལ་འཁོར་གྱི་ཤར་དུ་འཁོད་པར་མོས་པ་བྱའོ། །སྲས་སུ་གྱུར་པ་དེས་བླ་མ་ལ་གསོལ་ བ་བདབ་པ་ནི། (བླ་མ་ལྔ་བཅུ་པར་)མཎྜལ་ཐལ་སྦྱར་སྔོན་འགྲོ་བས། །ཉན་སོགས་འདོད་ན་ གསོལ་གསུམ་གདབ། །ཅེས་པ་ལྟར་སྔར་བཤམས་པའི་མཎྜལ་རྒྱ་ཆེན་པར་[པོར]མོས་པ་ ཡོན་ཏུ་ཕུལ་ཏེ་སྙི མ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས། (རྡོ་རྗེ་ཕྲེང་བར་)སྐྱེ་རྒ་འཆི་བ་ ན་ཀྲ་ཡི། །ཞེས་པ་ལ་སོགས་པ་ལན་གསུམ་བརྗོད་པས་སོ། །དེའི་ལན་དུ་མཉན་པར་གདམ་ ཤིང་སྤྲོ་བ་བསྐྱེད་པ་ནི། (རྣམ་སྣང་མངོན་བྱང་དུ་)བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །ཁྱོད་ནི་ཚུལ་ ཆེན་སྣོད་ཡིན་པས། །གསང་སྔགས་སྤྱོད་ཚུལ་ཆོ་ག་རྣམས། །ཁྱོད་ལ་ཡང་དག་བསྟན་པར་བྱ། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་བྱོན་པའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་ མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། ། གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོའི་ སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་ 7-1-114 འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཞེས་[ཅེས] པ་ལྟར་བླ་མ་ཡི་དམ་གྱི་སྲས་སུ་གྱུར་པ་ཁྱོད་རྣམས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ ཟབ་མོ་བཤད་པར་བྱ་བའི་སྣོད་ཡིན་པས། སྨིན་གྲོལ་གྱི་ཐབས་རིམ་གྱིས་ཡང་དག་པར་ བསྟན་པར་བྱའོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་གསང་སྔགས་ཀྱི་ཚུལ་ཁོ་ན་ ལ་བརྟེན་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ཡིན་ལ། ཁྱད་པར་སྟོན་པ་ཤཱཀྱའི་ རྒྱལ་པོ་འདི་ཉིད་ཀྱིས་ཀྱང་ནང་དོན་དུ་གསང་སྔགས་ལ་བརྟེན་ནས་བདུད་བཏུལ་ཞིང་ཆོས་ ཀྱི་འཁོར་ལོ་བསྐོར་ནས་མི་གནས་པའི་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་ལ་བཞུགས་ པ་ཡིན་པས། ཁྱེད་རྣམས་ཀྱིས་ཀྱང་ཐམས་ཅད་མཁྱེན་པ་ཐོབ་པའི་གསང་སྔགས་ཀྱི་ཆོས་ ཟབ་མོ་ལ་སྒྲུབ་པ་སྙིང་པོ་གྱིས་ཤིག དེ་ཡང་རྟོག་པ་ཐམས་ཅད་ཡང་དག་བསྡུས་ནས་ནི། ། ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ནས་བློ་ལ་ཧེ་རུ་ཀ་སོགས་པའི། །བདེ་ བར་གཤེགས་པ་རྣམས་ཀྱིས་བྱིན་མི་བརློབ། །ཞེས་པ་ལྟར། ང་རྒྱལ་དང་མ་དད་པ་ལ་སོགས་ པ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཏེ་བསམ་པ་བཟང་པོ་དང་ལྡན་པའི་ སེམས་རྩེ་གཅིག་པས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་ཅེས་པའི་དོན་ཏོ། །དེ་ ལྟར་གུས་ཤིང་སྤྲོ་བའི་སྒོ་ནས་ཐུན་མོང་གི་སྡོམ་པ་བཟུང་བའི་ཆེད་དུ། བྱང་ཆུབ་མ་ཐོབ་ཀྱི་ བར་དུ་དཀོན་མཆོག་རིན་པོ་ཆེ་གསུམ་ལ་སྐྱབས་སུ་མཆི། སྡིག་པ་དང་སྒྲིབ་པ་ཐམས་ཅད་ འཐོལ་ཞིང་བཤགས་སྟེ་[ཏེ]སླན་ཆད་སྤོང༌། འཁོར་འདས་ཀྱི་དགེ་བ་ཐམས་ཅད་ལ་རྗེས་སུ་ ཡི་རང༌། བྱང་ཆུབ་ཆེན་པོ་ཐོབ་པའི་ཆེད་དུ་བསམ་པ་སེམས་བསྐྱེད་དང་ལྡན་པས་སྦྱོར་བ་ སེམས་ཅན་ཐམས་ཅད་ལ་ཕན་པ་བྱ། དེ་ལྟར་བྱས་པའི་དགེ་བ་ལ་བརྟེན་ནས་གཞན་དོན་དུ་ སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་པས། (གུར་ལས་)དཀོན་མཆོག་གསུམ་ལ་བདག་སྐྱབ་ མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་ 7-1-115 བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་ སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། ། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་ མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་ རྒྱས་འགྲུབ་པར་ཤོག །ཞེས་པ་ལན་གསུམ་བརྗོད་དུ་བཞུག་[གཞུག]གོ། །ཁྱད་པར་དུ་ རིགས་ལྔ་དང་འབྲེལ་པ་སློབ་དཔོན་གྱི་སྡོམ་པ་བཟུང་བའི་ཕྱིར། འཁོར་ལོ་ཕྱིར་མི་ལྡོག་པའི་ དབང༌། །དམ་པ་བདག་ལ་སྩལ་ནས་ནི། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་ཕྲིན་ ལས་ཡོངས་སུ་གསུངས། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་གསང་མཆོག་བཤད་ དུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་བགྱི། །ཞེས་ པས་གསོལ་བ་བཏབ་ནས། བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར་རིགས་ ལྔ་སྤྱི་དང་ཁྱད་པར་གྱི་སྡོམ་པ་མཐའ་དག་བཟུང༌། དེའང་བསམ་པ་སེམས་བསྐྱེད་པ་བཟང་ པོ་དང་ལྡན་པས། སྦྱོར་བ་ཚུལ་ཁྲིམས་གསུམ་རྟག་ཏུ་བསྲུང༌། རྣམ་པར་སྣང་མཛད་ཀྱི་རིགས་ ལ་དཀོན་མཆོག་གསུམ་སྐྱབས་གནས་སུ་བཟུང༌། མི་བསྐྱོད་པའི་རིགས་ལ་རྡོ་རྗེ་དྲིལ་བུ་ཕྱག་ རྒྱ་ལ་རྟེན་[བརྟེན]ནས་སྐུ་གསུང་ཐུགས་ཀྱི་དམ་ཚིགས་གསུམ་བསྲུང༌། རིན་ཆེན་འབྱུང་ལྡན་ གྱི་རིགས་ལ། ཆོས་དང་ཟང་ཟིང་མི་འཇིགས་བྱམས་པའི་སྦྱིན་པ་བཞི་རྟག་ཏུ་སྦྱིན། འོད་ དཔག་མེད་ཀྱི་རིགས་ལ་ཕྱི་དང་གསང་བ་ཐེག་པ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ གུས་པས་བཟུང༌། དོན་ཡོད་གྲུབ་པའི་རིགས་ལ་སྡོམ་པ་མཐའ་དག་དང་ལྡན་པས་མཆོད་ པའི་ལས་ལ་བརྩོན་པར་བྱ། མདོར་ན་བསམ་པ་བཟང་པོ་དང་ལྡན་པས་སྡོམ་པ་ཐམས་ཅད་ བཟུང་སྟེ་སེམས་ཅན་ཐམས་ཅད་བྱང་ཆུབ་ཆེན་པོ་ལ་དགོད་སྙམ་པས། (སཾ་བུ་ཌིར་)སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་ 7-1-116 བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་ གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། ། དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་ སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་ བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་ རྒྱས་རྣལ་འབྱོར་ལས་སྐྱེས་པ། །སྡོམ་པ་དེང་ནི་བརྟན་པར་བཟུང༌། །རྡོ་རྗེའི་རིགས་མཆོག་ ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་ དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ ལ། །ཉིན་རེ་ཞིང་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་ བྱུང་བའི། །པད་མའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། ། ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་ བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། ། བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་ རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་ འདས་ལ་དགོད། །ཞེས་པ་ལན་གསུམ་བརྗོད་དུ་གཞུག་གོ། །སྡོམ་པ་དང་ལྡན་པ་བྱིན་གྱིས་ བརླབ་པའི་དོན་དུ་སྔར་བཞིན་གནས་དྲུག་ཏུ་ཐབས་ཀྱི་རིགས་གསུམ་དང༌། ཤེས་རབ་ཀྱི་ རིགས་གསུམ་བཀོད་ནས། རིགས་དྲུག་གིས་ཀྱང་བྱིན་གྱིས་བརླབ་ཅིང༌། སྙིང་ཁ་མགྲིན་པ་ དཔྲལ་བ་རྣམས་སུ། སྒྲ་གཅན། ཉི་མ། ཟླ་བ། རྣམས་ལ་ནག་པོ་དམར་པོ་དཀར་པོའི་མདོག་ ཅན། ཧཱུཾ་ཨཱཿༀ་རྣམས་བརྗོད་ཅིང་བཀོད་ཏེ་[དེ]དྲིའི་ཆུ་རྡོ་རྗེ་མེ་ཏོག་དང་བཅས་པས་རེག་ 7-1-117 ནས། ཐུགས་གསུང་སྐུའི་རྡོ་རྗེ་རྣམས་ཀྱང་ཐིམ་པར་མོས་པ་བྱ་སྟེ། དེ་ལྟར་བྱིན་བརླབས་ ཞུགས་པ་ལ་མཆོད་པ་ལྔའམ་བཅུ་གཉིས་ཀྱིས་ཀྱང་མཆོད་པར་བྱའོ། །དེ་ནས་སོ་ཤིང་སྦྱིན་ པ་ནི། (རྣམ་སྣང་མངོན་བྱང་དུ)ཤར་རམ་བྱང་དུ་ཁ་ལྟས་ཏེ། ཨུ་དུཾ་བ་ར་ཨ་ཤྭ་ཐ། །ཤིན་དུ་བཟང་པོ་ བསྲུང་བྱ་ཞིང༌། །མེ་ཏོག་དྲི་ལ་སོགས་བསྐུས་པའི། །སོ་ཤིང་དག་ནི་འཆར་བཞུག་[གཞུག] གོ །ཞེས་ཀྱང་གསུངས་པ་ལྟར། ལས་དང་རྗེས་སུ་མཐུན་པའི་མཎྜལ་གྲུ་བཞི་པ་བ་བྱུང་ལྔས་ བྱུག་པ་ལ་སོགས་པ་བྱས་ཏེ། སློབ་མ་ཤར་དུ་མངོན་པར་ཕྱོགས་པ་ལ། ཨུ་དུམ་བ་ར་འམ་འོ་ མ་ཅན་གྱི་ཤིང་གཞན་ཡང་རུང༌། སོར་བཅུ་གཉིས་པ་མི་འཁྱོག་ཅིང་སྲོག་ཆགས་དང་རྨ་མེད་ པ་དྲི་ཞིམ་པོས་བྱུགས་པ། མགོ་བོར་མེ་ཏོག་གི་ཕྲེང་བ་བཅིངས་པ་དྲི་ལ་སོགས་པས་མཆོད་ ནས། རྡོ་རྗེའི་སོ་ཤིང་རྣམ་ཐར་གྱི། །སྒོ་བཞི་རྣམ་དག་རང་བཞིན་ཅན། །སྐུ་གསུང་ཐུགས་ དང་ཡེ་ཤེས་དང༌། །ཞལ་དང་སོ་ལ་སོགས་པ་ཡི། །དྲི་མ་རྣམ་པར་སྦྱོངས་ཤིག་སྦྱོངས། །ཞེས་ པའི་དོན་དང་ལྡན་པའི་སྔགས་ཀྱིས་སྦྱིན་བྱ་ཞིང་དེས་ཀྱང་རྩེ་མོས་སོ་བྲུད་ནས་མཎྜལ་གྱི་ དབུས་སུ་དོར་བར་བྱ་སྟེ། ༀ་ཨཱཿ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ལྟར་སོ་ཤིང་དོར་བ་ཡིས། ། ལུས་ངག་སེམས་དང་ཡེ་ཤེས་དང༌། །ཁ་དང་སོ་ལ་སོགས་པ་ཡི། །དྲི་མ་དག་པར་མོས་པ་ བྱའོ། །མགོ་གང་དུ་ཕྱོགས་པ་དང་རྗེས་སུ་མཐུན་པའི་ལས་རབ་འབྱམས་ཡང་འགྲུབ་པར་ ཡང་ཤེས་པར་བྱ་སྟེ། དབང་ལྡན་བྱང་དུ་ཞི་རྒྱས་དང༌། །མེ་དང་ཤར་དུ་བསད་བསྐྲད་དང༌། ། བདེན་བྲལ་ལྷོ་རུ་དབང་དགུག་དང༌། །རླུང་དང་ནུབ་ཏུ་རྨོངས་རེངས་ཏེ། །སྟེང་དང་འོག་ཏུ་ ལས་ཀུན་པའམ། །མཁའ་སྤྱོད་ས་སྤྱོད་འགྲུབ་པར་འགྱུར། །ཞེས་ཀྱང་ལུང་བསྟན་པར་བྱའོ། ། དེ་ནས་ཁྱོར་ཆུ་བླུད་པ་ནི། (གསང་བ་སྤྱི་རྒྱུད་དུ)གསང་སྔགས་དག་གི་སྤོས་ཀྱི་ཆུ། །ཁྱོར་བར་ བླུགས་པ་ལན་གསུམ་བླུད། །ཅེས་པ་ལྟར་བྂ་ལས་བྱུང་བའི་དྲི་ཞིམ་པོའི་ཆུ། བྂ་དང་ཡིག་གེ་ དྲུག་པས་བསྔགས་[སྔགས]པ་ཁྱོར་བ་གསུམ། །ངོ་ཚ་ཤེས་པ་རྣམ་པར་དག་པའི་ཆོས། ། 7-1-118 སྡིག་པ་ཐམས་ཅད་ངེས་པར་འདི་ཡིས་སྦྱོངས། །རྣམ་པར་རྟོག་པ་ཐམས་ཅད་བསལ་བར་ མཛོད། །ཅེས་པའི་དོན་དང་ལྡན་པའི་སྔགས་ཀྱིས་སྦྱིན། དེས་ཀྱང་སྡིག་པ་དང་སྒྲིབ་པ་ཐམས་ ཅད་བྱང་ཞིང་དག་པར་མོས་པར་བྱའོ། །བསྲུང་བསྐུད་[སྲུང་སྐུད]སྦྱིན་པ་ནི། སྐུད་པ་དམར་ པོ་ཁྱད་པར་དུ། །དཔུང་པར་བཅིངས་ཏེ་རབ་ཏུ་བསྲུངས། །ཞེས་པ་ལྟར་སྐུད་པ་དམར་པོ་ ལུས་ཚད་དང་མཉམ་པ་སེམས་ལྟབ་ཏུ་སྒྲིལ་བ་ལ་མདུད་པ་གསུམ་བྱས་པ་ཧཱུཾ་ལས་བྱུང་བ་ཧཱུཾ་ དང་ཡི་གེ་དྲུག་པས་དཔུང་པར་བཅིངས་ཏེ་སངས་རྒྱས་བྱམས་པའི་ཐམས་ཅད་བསྲུངས་ཤིག་ བསྲུངས། །ཞེས་པའི་དོན་ཅན། ༀ་བུདྷ་མཻཏྲི་རཀྵ་རཀྵ་སརྦཱན་སྭཱཧཱ། ཞེས་པ་བརྗོད་ཅིང་བསྲུང་ བར་བྱའོ། །དེ་ནས་ཀུ་ཤ་རྩེ་མོ་མ་ཉམས་པ་བསངས་ཏེ་ཧཱུཾ་ལས་བྱུང་བ་ཧཱུཾ་དང་ཡིག་གེ་དྲུག་པ་ བཟླས་པ་དང༌། ཡི་གེ་དྷཱིའི་སྔགས་བཟླས་པའི། །ཀུ་ཤཱ་དེ་ལ་རབ་ཏུ་སྦྱིན། །ཞེས་པ་ལྟར་དྷཱི་ ལས་བྱུང་བ་དྷཱི་དང་ཡིག་གེ་དྲུག་པས་སྔགས་པ་དག །སྟན་དང་སྔས་ཀྱི་དོན་དུ་རྡོ་རྗེ་རྣོན་པོའི་ དོན་ཅན། ༀ་བཛྲ་ཏིཀྵྞབཾ་ཞེས་པའི་སྔགས་ཀྱིས་སྦྱིན་པར་བྱ་སྟེ། གནས་སྐབས་དང་རྨི་ལམ་ གསལ་བ་དང་མཐར་ཐུག་ཀུ་ཤའི་གདན་ལ་མངོན་པར་འཚང་རྒྱ་བའི་རྟེན་འབྲེལ་བསྒྲིག་ པའི་ཆེད་དུའོ། །དེ་ནས་སློབ་མ་བསྲུང་བའི་དོན་དུ་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ༀ་ དཀར་པོ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿ་དམར་པོ། སྙིང་ཁར་སྒྲ་གཅན་གྱི་དཀྱིལ་ འཁོར་ལ་ཧཱུཾ་ནག་པོ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོ་སེར་པོ། གཙུག་ཏོར་དུ་ནམ་ མཁའི་དཀྱིལ་འཁོར་ལ་ཧཾ་ལྗང་ཁུ། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵ༔སྔོན་པོ་དག་ དགོད་ཅིང༌། དེ་རྣམས་ཀྱི་འོད་ཀྱིས་རྒྱལ་བ་རིགས་དྲུག་སྤྱན་དྲངས་པ་ལུས་ཀྱི་གནས་དྲུག་ཏུ་ ཐིམ་ནས། ཉིན་མཚན་དུས་དྲུག་ཏུ་བསྲུང་བ་མཛད་པར་མོས་པ་བྱའོ། །སླར་ཡང་བྱིན་གྱིས་ བརླབ་པའི་དོན་དུ་མཁའ་ཁྱབ་མཁའི་རྡོ་རྗེ་ཅན་ཞེས་པ་ལྟར། དོན་དམ་པའི་རྡོ་རྗེ་སེམས་ དཔའ་དུས་ཀྱི་འཁོར་ལོ་ནམ་མཁའ་ལྟར་ཁྱབ་པར་བཞུགས་པའི་སྐུ་གསུང་ཐུགས་སློབ་མའི་ 7-1-119 ལུས་ངག་སེམས་ལ་ཐིམ་པར་བསམ་ཞིང༌། རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །རྡོ་རྗེ་དུས་ཀྱི་ འཁོར་ལོ་ནི། །སློབ་མར་མངོན་དུ་ཕྱོགས་པར་མཛོད། །ཡང་དག་པར་ནི་མཉེས་པར་མཛོད། ། མཆོག་རྣམས་སྩལ་བར་མཛད་དུ་གསོལ། །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་མཛོད་ཅེས་ པའི་དོན་ཅན་གྱི་སྔགས་ཀྱིས་བྱིན་གྱིས་བརླབ་ཅིང༌། སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་ བརླབས་ནས་མཆོག་ཀྱང་སྩལ་བར་མོས་པ་བྱའོ། །དེ་ལ་ཆོས་བཤད་ཅིང་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་བ་རའི་མེ་ཏོག་བཞིན། །བརྒྱ་ལམ་ཡང་ན་རེས་ འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་ བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་ པར་ནུས། །སྔོན་ཆད་སྡིག་པ་གང་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་ དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་ མཉམ་མེད་དི་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ ཀྱིས། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུངས་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ ཁྱེད་རྣམས་ཐེག་ཆེན་དུ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། ། ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་[དུངས]བས་ན། །རང་བྱུང་ སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་ འགྱུར། །ཞེས་གསུངས་པ་ལྟར། ཨུ་དུམ་བཱ་རའི་མེ་ཏོག་དཀོན་པ་བཞིན་དུ་སངས་རྒྱས་ འཇིག་རྟེན་དུ་འབྱུང་བ་དཀོན། བྱོན་ནས་ཀྱང་དམ་པའི་ཆོས་གསུང་བ་དཀོན། ཆོས་ཀྱི་ནང་ 7-1-120 ནས་ཀྱང་ཐེག་པ་ཆེན་པོ་གསུང་བ་དཀོན། ཐེག་ཆེན་གྱི་ནང་ནས་ཀྱང་མཐར་ཐུག་གསང་ སྔགས་ཀྱི་ཆོས་ཟབ་མོ་འབྱུང་བ་དཀོན། དཀོན་པ་ཙམ་དུ་ཕན་ཡོན་ཡང་ཤིན་དུ་ཆེ་བ་ཡིན་ཏེ། གཞན་ལས་ཁྱད་པར་དུ་འཕགས་པའི་ཚུལ་གྱིས་རང་གཞན་གྱི་དོན་མཐར་ཕྱིན་པར་བྱེད་པ་ ཡིན། མུན་པའི་ཕུག་ཏུ་སྒྲོན་མ་སྦར་བ་བཞིན་དུ་དཀྱིལ་འཁོར་ཆེན་པོ་མཐོང་བ་ཙམ་གྱིས་ ཀྱང་ཡུན་རིང་པོར་བསགས་པའི་སྡིག་པ་ཟད་པར་བྱེད་ན། དེའི་སྤྱོད་པ་ལ་ཞུགས་ན་ལྟ་སྨོས་ ཀྱང་ཅི་དགོས། འདིའི་ཚུལ་གྱི་སྒོམ་བཟླས་ལ་རྩོན་[བརྩོན]པར་བྱས་ན་སྡིག་པ་ཟད་པས་ ངན་སོང་དུ་མི་ལྟུང༌། ལམ་གཞན་པས་མྱུར་བས་མཆོག་མྱུར་ཏུ་འཐོབ། ཐབས་གཞན་པས་ མང་བས་དངོས་གྲུབ་མཐའ་ཡས་པ་འགྲུབ། དཀའ་ཐུབ་དང་[རྟུལ་ཤུགས་[བརྟུལ་ཞུགས] དྲག་པོ་ལ་འབད་མི་དགོས་པས་ལྷུན་གྱིས་གྲུབ་བཞིན་དུ་འབྱུང༌། ལམ་བདེ་ཞིང་འཇུག་པ་ བདེ་བས་བདེ་བ་ནས་བདེ་བར་འགྲོ་ཞིང་འབྲས་བུ་བདེ་བ་ཆེན་པོའི་གོ་འཕང་ཐོབ་པར་ འགྱུར་བ་ཡིན། དེ་བས་ན་རྙེད་པར་དཀའ་བའི་མཆོག་ལེགས་པར་རྙེད་པ་ཡིན་པས་དགའ་ བ་དང་སྤྲོ་བ་ཆེན་པོ་བསྐྱེད་འཚལ། དེ་ལྟར་བྱས་ན་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ རྗེས་སུ་འཛིན་ཞིང་དགོངས་པར་མཛད་པས་གང་དང་གང་དུ་སྐྱེས་པ་དེར། ཐེག་པ་ཆེན་པོ་ ལམ་མཆོག་ཏུ་གྱུར་པ། རྡོ་རྗེ་ཐེག་པའི་དཔལ་དང་ལྡན་པས་འགྲོ་ཞིང་དོན་གཉིས་མཐར་ ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་འགྱུར་རོ། །ཞེས་པ་ ལ་སོགས་པ་རྒྱས་བསྡུས་སྐབས་དང་སྦྱར་ཏེ་བརྗོད་པར་བྱའོ། །དེ་ནས་རྨི་ལམ་བརྟག་པ་ནི། བུ་ཀྱེ་སང་ནི་དཀྱིལ་འཁོར་དག །མཐོང་བར་འགྱུར་རོ་ཉོལ་ཅིག་དང༌། །རྨི་ལམ་མཐོང་བ་ གང་ཡིན་པ། །དེ་ཀུན་དང་པོར་ང་ལ་སྨྲོས། །ཞེས་པས་ཇི་ལྟར་བདེ་བའི་གནས་སུ། ཀུ་ཤའི་ སྟན་ལ་སེང་གེའི་འདུག་སྟབས་ཀྱིས། ཉོན་མོངས་པ་ཅན་གྱི་རྣམ་རྟོག་སྤངས་ཏེ་ལྷ་དང་བླ་མ་ ཡིད་ལ་བྱེད་ཅིང་ཉོལ་ཅིག་སྒོས་ཏེ། བླ་མ་སངས་རྒྱས་དགེ་སློང་དང༌། །སྐུ་གཟུགས་མཆོད་ 7-1-121 རྟེན་མཐོང་ཞིང་མཆོད། །རྒྱལ་པོས་དབང་བསྐུར་སློབ་མ་འཛིན། །མདོ་སྡེ་ཀློག་པ་ལ་སོགས་ ཤིས། །རྒྱ་སྐྱེགས་རི་ལ་འཛེགས་པ་དང༌། །ཀ་ར་ཝི་རའི་མེ་ཏོག་ཐུ། །ཕྲེང་བ་དམར་པོ་གྱོན་ པ་དང༌། །སྲིན་པོས་ཟོས་པ་ལ་སོགས་ངན། །ཞེས་བསྡུས་པ་ལྟར་བཟང་པོ་མཐོང་ན་དགའ་ བ་བསྒོམ་ཞིང༌། ངན་པ་མཐོང་ན་བགེགས་མཐར་བྱེད་ཀྱི་བསྒོམ་བཟླས་ལ་སོགས་པས་ཞི་ བར་བྱའོ། །ཡི་གེ་དྲུག་པས་ཀྱང་བསྲུང་ཞིང༌། རེ་ཤིག་[ཞིག]བཟླས་པའི་དོན་དུའང༌། དེ་ ཉིད་སྦྱིན་པར་བྱ་སྟེ་སློབ་མ་ལྷག་པར་གནས་པའོ། །དེ་ནས། རྡོ་རྗེ་པད་མའི་འདབ་མ་ཡི། ། སྙིང་པོའམ་མངལ་ཏེ་དབུས་སུ་ནི། །རྡོ་རྗེ་བདེ་ཆེན་གཉིད་བགྱིའོ། །དེ་བཞིན་གཤེགས་པ་ མཛད་ཇི་བཞིན། །ཞེས་པའི་དོན་ཅན་གྱི་སྔགས་ཀྱིས་མལ་སྟན་ལྷག་པར་གནས་པ་བྱས་ཏེ་ ཉལ་ནས་མཚན་མ་བཟང་ངན་བརྟག་ཅིང་ངན་ན་བསལ་བའི་དོན་དུ་སྒྲུབ་ཐབས་སུ་བསྟན་ པ་ལྟར་བསྲུང་བའི་འཁོར་ལོ་རྒྱས་པར་བསྒོམས་ནས། བཟླས་པ་བྱ་ཞིང༌། གཏོར་མ་རྒྱ་ཆེར་ དབུལ་བར་བྱ་སྟེ་ཇི་སྲིད་དགེ་བའི་མཚན་མ་མ་རྙེད་ཀྱི་བར་དུའོ། །རྙེད་ནས་ཀྱང༌། མལ་སྟན་ སྤངས་ནས། རྡོ་རྗེ་དང་དྲིལ་བུ་འཛིན་པས། སླར་ཡང་གཏོར་མ་སྦྱིན་པར་བྱ་སྟེ་སྟ་གོན་གྱི་ཆོ་ གའོ། །དངོས་གཞི་ལ། ཐོག་མར་སློབ་དཔོན་གྱི་བྱ་བ་ནི། ཐིག་གདབ་ཚོན་དགྱེ་བུམ་པ་ དགོད། །བདག་བསྐྱེད་སྒོམས་ཏེ་བཟླས་པ་བྱ། །མདུན་བསྐྱེད་སྒྲུབས་ཏེ་མཆོད་པ་དབུལ། ། བདག་ཉིད་འཇུག་ཅིང་དབང་བསྐུར་བླང༌། །ཞེས་པ་རྣམས་བདག་འཇུག་ཏུ་བསྟན་པ་ལྟར་ ཤེས་པར་བྱ་ཞིང༌། བུམ་པ་དགོད་པའི་སྔོན་དུ་སྒོ་རྣམས་བསྲུང་བའི་དོན་དང་ས་ཡོངས་སུ་ བཟུང་བའི་སྔོན་དུ་ཕྱོགས་སོ་སོའི་བྱ་བ་རྣམས་སྒྲུབ་པ་ལ་སོགས་པའི་དོན་དུ། སྐབས་ཇི་ལྟ་ བར་རྩ་བའི་ལྟུང་བ་དང་བྲལ་ཞིང༌། [རྟུལ་ཤུགས་[བརྟུལ་ཞུགས]ཉི་ཤུ་རྩ་ལྔ་དང་ལྡན་པ་ རང་གིས་དབང་བསྐུར་བ་བཞི་རྡོ་རྗེ་དྲིལ་བུ་དང་བཅས་པས་རྗེས་སུ་གནང་བ་བྱིན་ཏེ་སྒོ་ རྣམས་སུ་དགོད་པར་བྱའོ། །དེ་བཞིན་དུ་ལས་ཐམས་ཅད་ལ་མཁས་ཤིང༌། དེ་ཉིད་བཅུ་ཤེས་ 7-1-122 པའི་སློབ་མ་བཟང་པོ་ལྔ་པ་ཡང༌། སྦྱིན་བསྲེག་[སྲེག]ལ་སོགས་པའི་ལས་ཀྱི་རྡོ་རྗེ་ཅན་དུ་ བྱས་ཏེ། རང་གིས་དབང་བསྐུར་བ་མེད་ན་སྤྱི་དང་ཁྱད་པར་གྱི་སྡོམ་པ་འཛིན་དུ་གཞུག་ཅིང༌། སློབ་མ་ལྷག་གནས་ཙམ་བྱས་ཏེ་བསྐོའོ། །ལས་ཀྱི་རྡོ་རྗེ་ཅན་མེད་ན་སྦྱིན་སྲེག་ལ་སོགས་པའི་ ལས་རྣམས་རང་ཉིད་ཀྱིས་བྱ་སྟེ། ལས་སོ་སོ་བའམ། ཐམས་ཅད་པའི་ཞི་རྒྱས་ཀྱི་སྦྱིན་བསྲེག་ [སྲེག]ནི་དེ་དག་གི་ཆོ་ག་རབ་གསལ་སྣང་བར་བསྟན་པ་ལྟར་ཤེས་པར་བྱའོ། །དེ་བཞིན་དུ་ བུམ་པ་རྣམས་སྐྱོང་བའི་རྣལ་འབྱོར་མ་རྣམས་ཀྱང༌། རྩ་ལྟུང་དང་བྲལ་ཞིང་[རྟུལ་ཤུགས་ [བརྟུལ་ཞུགས]དང་ལྡན་པ་རྙེད་ན་དགོད་ཅིང་ཕྱོགས་བཞིར་མདོ་ཀློག་པ་རྣམས་ཀྱང་དགོད་ པར་བྱའོ། །དེ་ནས་སློབ་མ་བཞུག་[གཞུག]ཅིང་དབང་བསྐུར་བ་ལ། (འགྲེལ་པར)རྣམ་པར་ བཅས་ཀྱང་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་དེ་ཡིས་མཁྱུད[འཁྱུད]། །སྐྱེ་ འཇིག་སྤངས་པའི་འགྱུར་མེད་བདེ་བ་དང་ལྡན་རྒོད་པ་ལ་སོགས་བདེ་བ་སྤངས། །སངས་ རྒྱས་རྣམས་ཀྱིས་བསྐྱེད་མཛད་སྐུ་གསུམ་རྣམས་དང་ལྡན་ཞིང་དུས་གསུམ་ཡང་དག་རིག ། ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ལ་ཕྱག་འཚལ་ལོ། ། ཞེས་པ་ལྟར་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དུས་ཀྱི་འཁོར་ལོ་དང༌། རྣམ་པ་ཐམས་ ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྣ་ཚོགས་ཡུམ། དོན་དམ་བདེ་སྟོང་ཟུང་འཇུག་རང་ གཞན་ཐམས་ཅད་ཀྱི་སྙིང་པོར་བཞུགས་པ་ཡིན་ནའང༌། གནས་སྐབས་གློ་བུར་གྱི་དྲི་མ་སྒྲིབ་ གཉིས་བག་ཆགས་དང་བཅས་པ་མ་སྤངས་ཀྱི་བར་ལ། (རྒྱུད་བླར་)མི་གཙང་བ་ལ་དྲི་ཞིམ་མེད་ བཞིན་དུ་འགྲོ་ལྔ་དག་ལ་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚ་ལ་སོགས་ རེག་སྐྱེས་བཞིན། །ཞེས་པ་ལྟར་སྲིད་པ་སུམ་བཅུ་རྩ་གཅིག་གང་དུ་སྐྱེས་ཀྱང༌། སྡུག་བསྔལ་ ལས་མ་འདས་པས། འཁོར་བའི་སྐྱོན་མ་ལུས་པ་སྤངས་ཏེ། (འགྲེལ་པར)དང་པོར་དཔལ་ལྡན་ དུས་ཀྱི་འཁོར་ལོ་དང་ནི་སྲིད་གསུམ་བསྐྱེད་མ་འབད་པ་ཡིས་ནི་སྒྲུབ་[བསྒྲུབ]པར་བྱ། །དེ་ 7-1-123 ནས་ས་གཞིའི་གནས་དག་ཏུ་ནི་གང་ཞིག་ཞི་བ་ལ་སོགས་ལས་རྣམས་མཐའ་དག་སྒྲུབ་ [བསྒྲུབ]པར་བྱ། །ཕ་དང་མ་ཡིས་རྣམ་པར་དམན་པའི་བུ་ནི་ཡོད་པ་མིན་པར་དུས་ཀུན་ཏུ་ནི་ འཇིག་རྟེན་གྲགས། །དེ་ཕྱིར་བདེ་མཉམ་འབྲས་སྟེར་གཉིས་པོ་སྒྲུབ་[བསྒྲུབ]པར་བྱ་སྟེ་རྣམ་ པ་གཞན་དུ་དངོས་གྲུབ་ཐོབ་པ་མིན། །ཞེས་པ་ལྟར་དོན་གཉིས་མཐར་ཕྱིན་པ་དུས་ཀྱི་འཁོར་ ལོ་ཤེས་རབ་དང་བཅས་པའི་གོ་འཕང་ཐོབ་པར་བྱ་དགོས་དེ་ལ་ཡང༌། སངས་རྒྱས་རྣམས་ ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་ དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་པ་ལྟར་བདེན་གཉིས་ཟུང་འཇུག་རྟོགས་པའི་ལྟ་ བ་རྣམ་དག་ལ་བརྟེན་ནས། རྡོ་རྗེ་ཅན་བདག་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་ བརྟེན། །གཅིག་ནི་བསྐྱེད་པའི་རིམ་པ་སྟེ། །གཞན་ནི་རྫོགས་པའི་རིམ་པའོ། །ཞེས་པ་ལྟར་ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ། རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་ བགྱིད་འཚལ། དེའི་སྔོན་དུའང་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་བསྐྱེད་[སྐྱེད]པའི་རིམ་པ་ བསྒོམ་པ་ལ་དབང་བར་བྱེད་པ་དབང་བདུན་བསྐུར་བ། ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་རྫོགས་ པའི་རིམ་པ་སྒོམ་པ་ལ་དབང་བར་བྱེད་པ་དབང་གོང་མ་བཞི་བསྐུར་བ། དེ་དག་གིས་ཡོངས་ སུ་སྨིན་ཅིང་ལམ་རྣམ་དག་བསྒོམས་ཏེ་གཞན་དོན་ནུས་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ བསྐུར་བ། མཇུག་ཏུ་དེ་དག་གི་ཕན་ཡོན་ལ་སོགས་པ་བསྟན་པ་སྟེ། བཞི་ལས་དང་པོར། (མངོན་བརྗོད་འབུམ་པར་)འཇིག་རྟེན་ཀུན་རྫོབ་བདེན་པ་ཡིས། །འཇིག་རྟེན་དངོས་གྲུབ་སྒྲུབ་པའི་ ཕྱིར། །སྔགས་བཟླས་དེ་བཞིན་བསམ་གཏན་དང༌། རྣམ་རྟོག་སྒོམ་པ་རབ་ཏུ་གསུངས། །ཞེས་ གསུངས་པར་ལྟར། །ཐོག་མར་ཐ་མལ་གྱི་རྣམ་རྟོག་སྤང་བའི་དོན་དང༌། རང་གཞན་ཐམས་ ཅད་ཡི་དམ་གྱི་ལྷར་ཤེས་པའི་སྒོ་ནས་བསོད་ནམས་ཀྱི་ཚོགས་བསག་པའི་དོན་དང་ལམ་ བསྐྱེད་པའི་རིམ་པ་འཁོར་དང་བཅས་པ་བསྒོམ་པ་ལ་དབང་བའི་དོན་དུ། །དཀྱིལ་འཁོར་ 7-1-124 ཆེན་པོར་དབང་བདུན་གྱིས་མངོན་པར་དབང་བསྐུར་བར་བྱེད་པ་ལ། ཐོག་མར་དཀྱིལ་ འཁོར་དུ་གཞུག་པ། བཅུག་ནས་དབང་རྣམས་རིམས་གྱིས་བསྐུར་བ་གཉིས་ལས། དང་པོ་ ལའང༌། ཡོལ་བའི་ཕྱི་ནས་འཇུག་པ་དང༌། ནང་ནས་འཇུག་པ་གཉིས་ལས། དང་པོ་ལ། གསོལ་གདབ་སྡོམ་བཟུང་ན་བཟའ་དབུལ། །སོ་ཤིང་ཁྱོར་ཆུ་གདོང་གཡོགས་སྦྱིན། །བསང་ ཞིང་བྱིན་བརླབས་སྤྲོ་བ་དྲི། །སེམས་བསྐྱེད་གསང་གདམས་ནང་དུ་བཞུག[གཞུག]། །ཅེས་ པ་ལྟར་དང་པོར་གསོལ་བ་གདབ་པ་ནི། །རང་གཞན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱི་ འཇིགས་པས་ཉེན་ནས་དེ་ལས་སྐྱོབ་པའི་ནུས་པ་དང་ལྡན་པ། རྒྱལ་བ་སྲས་དང་བཅས་པ་ རྣམས་ཀྱི་ཞབས་ལ་དུས་འདི་ནས་བྱང་ཆུབ་ཀྱི་བར་དུ་སྒོ་གསུམ་གྱི་སྤྱོད་པ་རྣམ་པར་དག་པ་ དང་ལྡན་པས་སྐྱབས་སུ་མཆི། སྲིད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས། དམ་ཚིག་ དང་སྡོམ་པ་རྣམ་པར་དག་པ་ལ་གནས་ཤིང༌། བྱང་ཆུབ་ཀྱི་སེམས་དང་ལྡན་པས་བླ་མ་དཀོན་ མཆོག་གསུམ་གྱི་སྐྱབས་འོག་ཏུ་ཆུད་ཏེ་[དེ]ཐར་པ་ཆེན་པོའི་གྲོང་ཁྱེར་བདེ་བ་ཆེན་པོའི་ འབྱོར་པ་དང་ལྡན་པར་མྱུར་དུ་གཞུག་དུ་གསོལ་སྙམ་དུ་ཡིད་ལ་བྱེད་པས་སོ། །སྡོམ་པ་བཟུང་ པ་ནི། འདོད་པའི་རྡོ་རྗེ་མི་བསྐྱོད་པའི་རིགས་ལ་གནས་པས། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས་ དང༌། བླ་མ་དམ་པ་གུས་པས་བསྟེན་པར་བགྱི། །རིན་པོ་ཆེ་རིན་ཆེན་འབྱུང་ལྡན་གྱི་རིགས་ལ་ གནས་པས། རིན་ཆེན་ལྕགས་ཟས་བ་གླང་རྟ། །གླང་ཆེན་བུ་མོ་ས་གཞི་དང༌། །འདོད་པའི་ ཆུང་མ་རང་གི་ཤ །སྦྱིན་པ་རྣམ་པ་བཅུ་རུ་འདོད། །ཅེས་པ་ལྟར་སྦྱིན་པ་རྣམ་པ་བཅུ་རྟག་ཏུ་ བཏང་བར་བགྱི། འཁོར་ལོ་རྣམ་པར་སྣང་མཛད་ཀྱི་རིགས་ལ་གནས་པས་ཤ་ལྔ་བདུད་རྩི་ལྔ་ དང༌། ཕུང་པོ་དང་དབང་པོའི་ཚོགས་བསྲུང་བའི་དམ་ཚིག་རྣམས་བསྐྱང་བར་བགྱི། །རལ་གྲི་ དོན་ཡོད་གྲུབ་པའི་རིགས་ལ་གནས་པས། །བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ ལ་གུས་པའི་སྒོ་ནས་མཆོད་པ་བགྱི། ཆུ་སྐྱེས་སྣང་བ་མཐའ་ཡས་ཀྱི་རིགས་ལ་གནས་པས། 7-1-125 མི་འཛག་པའི་ཚངས་པར་སྤྱོད་པའི་སྡོམ་པ་ལ་གནས་པར་བགྱི། རྒྱལ་བ་བསྐྱེད་མཛད་རྡོ་རྗེ་ སེམས་དཔའི་རིགས་ལ་གནས་པས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བྱང་ཆུབ་ཆེན་པོ་ སྒྲུབ་པར་བགྱིའོ། །སྙམ་དུ་ཡིད་ལ་སྨོན་ཞིང་སེམས་བསྐྱེད་པས་སོ། །སློབ་མ་ཆས་སུ་བཞུག་ ཅིང་ན་བཟའ་ལ་སོགས་པ་དབུལ་ན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །བླ་ན་མེད་ པའི་བྱང་ཆུབ་ཀྱི། །གོས་དང་རྒྱན་གྱི་མཆོད་པའི་སྤྲིན། །རྒྱ་མཚོ་འཕྲོ་བའི་དམ་ཚིག་གོ །ཞེས་ པའི་དོན་ཅན་གྱི་སྔགས་ཀྱིས་སྨད་གཡོགས་དང་རྡོ་རྗེ་བསྲུང་བའི་སྔགས་ཀྱིས་སྟོད་གཡོགས་ དང་རྡོ་རྗེ་གཙུག་གཏོར་གྱི་སྔགས་ཀྱིས་གཙུག་ཏོར་སྦྱིན་ཤིང་[ཞིང]། སྔར་བཞིན་སོ་ཤིང་ དང་ཁྱོར་ཆུའང་བྱིན་ལ། སྔོན་ཆད་དཀྱིལ་འཁོར་ཆེན་པོ་མ་མཐོང་བའི་བརྡར། །ཡན་ལག་ བཅུ་གཉིས་འགོག་པར་བྱེད། །ཅེས་པའི་སྔགས་ཀྱིས་གདོང་གཡོགས་བཅིངས་ཏེ། སྙི མ་པ་ མེ་ཏོག་དང་བཅས་པས་དཀྱིལ་འཁོར་དུ་འཇུག་པའི་དོན་དུ། །(གཤེད་དམར་གྱི་རྒྱུད་དུ་)ཨུ་དུམ་བ་ [བཱ]ར་མན་ད་ར། །ཡོངས་འདུ་དང་ནི་མ་ལི་ཀ །ཀར་ཎི་ཀ་ཡི་ཕྲེང་བ་འདི། །ལེགས་པར་ ནོས་ལ་བུས་ཟུང་ཤིག[ཞིག] ། ཅེས་པ་དང་མཁའི་དཔའ་བོ་ཞེས་པའི་སྔགས་ཀྱིས། །མེ་ཏོག་ གི་ཕྲེང་བའང་སྦྱིན་ནོ། །དུང་གི་ཆུས་བགེགས་དང་བར་དུ་གཅོད་པ་རྣམས་བསངས་ཏེ། གནས་དྲུག་ཏུ་རིགས་དྲུག་གིས་བྱིན་གྱིས་བརླབ་ཅིང་རིགས་དང་མོས་པ་ལ་སོགས་པ་སྤྲོ་བ་ དྲིས་ནས། སྙིང་ཁར་ཟླ་བ་ལ་རྡོ་རྗེ་བསྒོམས་ཏེ། ཐམས་ཅད་དུ་རྣལ་འབྱོར་གྱི་སེམས་སྐྱེད་ པར་བགྱིའོ། །ཞེས་པའི་སྔགས་ཀྱིས་སེམས་བསྐྱེད་ལ། །ཤིན་དུ་དགའ་བའི་དམ་ཚིག་ཉིད། ། གྲུབ་པོ་རྡོ་རྗེ་ཇི་བཞིན་བདེ། །ཞེས་པའི་སྔགས་ཀྱིས་བརྟན་པར་བྱ་ཞིང་ཡི་དམ་གྱི་བྱིན་ བརླབས་འཇུག་པ་ལ་གསང་སྔགས་ཀྱི་ཀུན་དུ་སྤྱོད་པ་ཐུན་མོང་མ་ཡིན་པ་རྣམས་སྐལ་བ་དང་ མི་ལྡན་པ་རྣམས་ལ་གསང་དགོས་ཞེས་པས་གསང་བར་གདམས་ཏེ། གཤིན་རྗེ་མཐར་བྱེད་ ཀྱི་སྔགས་ཀྱིས་ཁྲིད་ནས། མཁའི་དཔའ་བོའི་སྔགས་ཀྱིས་ཡོལ་བའི་ནང་དུ་གཞུག་པར་བྱའོ། ། 7-1-126 ནང་གི་འཇུག་པ་ལའང༌། བསྐོར་ཞིང་ཕྱག་བྱ་དམ་ལ་གཞག །ཡེ་ཤེས་ཕབ་སྟེ་རྟུལ་ཤུགས་ [བརྟུལ་ཞུགས]སྦྱིན། །བདེན་པ་བརྗོད་དེ་མེ་ཏོག་དོར། །མིག་དབྱེ་ལྷ་བསྟན་ཆེད་དུ་བརྗོད། ། ཅེས་པ་ལྟར་དགའ་བ་ཆེན་པོ་ཤིན་ཏུ་བསྟན། །ཤིན་ཏུ་ཚིམ་པ་ཤིན་ཏུ་བདེ། །རྡོ་རྗེ་སེམས་ དཔའ་དེ་རིང་ནི། གྲུབ་པར་མཛོད་ཅིག་བདག་ལའོ། །ཞེས་པའི་དོན་དྲན་པའི་སྔགས་བརྗོད་ བཞིན་པས། དཀྱིལ་འཁོར་ཆེན་པོ་ལ་བསྐོར་བ་བྱ་སྟེ། ཤར་ནས། དེ་བཞིན་གཤེགས་པ་ ཐམས་ཅད་ལ། །མཆོད་དང་བསྙེན་བཀུར་བྱ་བའི་ཕྱིར། །བདག་ཉིད་ངེས་པར་དབུལ་བར་ བགྱི། །དེ་བཞིན་གཤེགས་པ་ཐམས་ཅད་དང༌། །རྡོ་རྗེ་སེམས་དཔས་བདག་ལ་ནི། །བྱིན་ གྱིས་བརླབ་པར་མཛད་དུ་གསོལ། །ཞེས་པ་དང༌། ནུབ་ནས། སངས་རྒྱས་ཀུན་ལ་མཆོད་པ་ དང༌། །བསྙེན་ཅིང་བཀུར་བར་བྱ་བའི་ཕྱིར། །བདག་ཉིད་ངེས་པར་དབུལ་བར་བགྱི། །དེ་ བཞིན་གཤེགས་པ་ཐམས་ཅད་དང༌། །རྡོ་རྗེ་རྣམ་པར་སྣང་མཛད་ཀྱིས། །བདག་ལ་བྱིན་གྱིས་ བརླབ་ཏུ་གསོལ། །ཞེས་པ་དང༌། ལྷོ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ། །མཆོད་ དང་དབང་བསྐུར་ཞུ་བའི་ཕྱིར། །བདག་ཉིད་ངེས་པར་དབུལ་བར་བགྱི། །དེ་བཞིན་གཤེགས་ པ་ཐམས་ཅད་དང༌། །རིན་ཆེན་རྡོ་རྗེ་བདག་ལ་ནི། །མངོན་པར་དབང་བསྐུར་མཛད་དུ་ གསོལ། །ཞེས་པ་དང་བྱང་ནས། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །མཆོད་དང་རབ་ཏུ་ འཇུག་པའི་ཕྱིར། །བདག་ཉིད་ངེས་པར་དབུལ་བར་བགྱི། །དེ་བཞིན་གཤེགས་པ་ཐམས་ ཅད་དང༌། །རྡོ་རྗེ་ཆོས་ཀྱིས་བདག་ལ་ནི། །རབ་ཏུ་འཇུག་པར་མཛད་དུ་གསོལ། །ཞེས་པ་དང་ སླར་ཡང་ཤར་ནས། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །མཆོད་དང་ཕྲིན་ལས་ཞུ་བའི་ ཕྱིར། །བདག་ཉིད་ངེས་པར་དབུལ་བར་བགྱི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ། བདག་ལ་རྡོ་རྗེའི་ཕྲིན་ལས་མཛོད། །ཞེས་[ཅེས]པ་དང་། བླ་མའི་ཞབས་ལ་བསྙེན་བཀུར་ ཕྱིར། །བདག་ཉིད་ངེས་པར་དབུལ་བར་བགྱི། །སེམས་ཅན་ཐམས་ཅད་བསྐྱབ་དོན་དུ། ། 7-1-127 བདག་ཉིད་ངེས་པར་དབུལ་བར་བགྱི། །ཞེས་པ་རྣམས་ཀྱི་དོན་དྲན་པའི་སྔགས་ཀྱིས་ཕྱག་ བྱ་ཞིང༌། །གསོལ་བ་བཏབ་པས་བྱིན་བརླབས་ཀྱང་ཞུགས་པར་མོས་པ་བྱའོ། །དེ་ནས་ཕན་ ཡོན་དང་ཉེས་དམིགས་དང༌། ཕན་ཡོན་ཉེས་དམིགས་གཉི་ཀ་[ག]དང༌། བླ་མའི་བཀའ་ མཉན་པ་རྣམས་ཀྱི་སྒོ་ནས་དམ་ལ་བཞག་ཅིང༌། ཡེ་ཤེས་དབབ་བའི་དོན་དུ་དད་པ་བསྐྱེད་ པའི་ཕྱིར་འདི་སྐད་ཅེས་ཀྱང་བྱ་སྟེ། །དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་ མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །བཞེས་གསུངས་པ་དེ་ ལ་དད་པ་གང་ཞེ་ན། ཡོད་པ་ཉིད་དང་ཡོན་ཏན་ཅན་དང༌། ནུས་པ་རྣམས་ལ། མངོན་པར་ ཡིད་ཆེས་པ་དང༌། དང་བ་དང་། འདོད་པ་སྟེ་ཞེས་པ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་ འབྲས་སླུ་བ་མེད་པར་མངོན་པར་ཡིད་ཆེས་པའི་དད་པ་བརྟན་པོ་དང་ལྡན་པའི་སྒོ་ནས་དགེ་ སྡིག་ལ་བླང་དོར་ཚུལ་བཞིན་དུ་བྱ་ཞིང༌། ཡོན་ཏན་དང་ལྡན་པ་སངས་རྒྱས་བྱང་ཆུབ་སེམས་ པ་[དཔའ]རྣམས་ལ། །དང་བའི་དད་པ་བསྐྱེད་དེ་རང་གིས་བྱང་ཆུབ་སྒྲུབ་པར་ནུས་པ་འདོད་ པའི་དད་པ་ལྡན་པའི་སྒོ་ནས་གསོལ་བ་བཏབ་ན་བྱིན་བརླབས་འཇུག་པ་ཆོས་ཉིད་ཡིན། དེ་ ཡང༌། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ མངའ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང༌། །ཞེས་པ་དང༌། (རྒྱུད་བླར། ) འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་ དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཞེས་པ་ལྟར་དོན་དམ་པའི་ སངས་རྒྱས་འདུས་མ་བྱས་ཤིང༌། གདོད་མ་ནས་ལྷུན་གྱིས་གྲུབ་པ་སོ་སོ་རང་གིས་རིག་པར་ བྱ་བའི་ཡེ་ཤེས་ཀྱི་སྐུ་ནམ་མཁའ་ལྟར་ཁྱབ་པར་བཞུགས་ལ། མཁྱེན་པའི་ཡེ་ཤེས་དག་གིས་ ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་པ་ལྟར་གདུལ་བྱ་གང་ན་ཡོད་པ་ཐམས་ ཅད་མངོན་སུམ་དུ་མཁྱེན་ཅིང༌། འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་ 7-1-128 གཟིགས། །ཐུགས་རྗེ་ཆེན་པ་[པོ]དང་ལྡན་པ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། ཞེས་ པ་ལྟར་ཐུགས་རྗེ་ཆེན་པོས་ཀྱང་ཐམས་ཅད་ལ་ཁྱབ་པར་གཟིགས་ནས། །རྟག་ཏུ་ཐམས་ཅད་ ལ་ཁྱབ་པའི། །ཆོས་དབྱིངས་ནམ་མཁའི་དཀྱིལ་དུ་ནི། །སངས་རྒྱས་ཉི་མ་གདུལ་བྱ་ཡི། །རི་ ལ་ཇི་ལྟར་འོས་པར་འབབ། །ཞེས་པ་ལྟར་རང་རང་གི་སྐལ་བ་དང་མཐུན་པར་ཕྲིན་ལས་ འཇུག་པར་གསུངས། །དེ་ལྟ་ནའང་ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་ སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། །ཞེས་པ་ ལྟར་དད་པས་གསོལ་བ་མ་བཏབ་ན་བྱིན་བརླབས་མི་འཇུག་ཅིང་དད་པ་བར་མ་ལ་བྱིན་ བརླབས་ཀྱང་བར་མ་ཙམ་འཇུག་ལ། གང་ཕྱིར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ ཅད་ལ། །སངས་རྒྱས་ཉི་མའི་དཀྱིལ་འཁོར་ནི། །དཔག་ཏུ་མེད་པ་གཅིག་ཅར་འཆར། །ཞེས་ པ་ལྟར་དད་པ་ཆེན་པོས་གསོལ་བ་རྩེ་གཅིག་ཏུ་བཏབ་ན། །བྱིན་བརླབས་ཀྱང་གཅིག་ཅར་དུ་ འཇུག་པས་དད་ཅིང་གུས་པའི་སྒོ་ནས་གསོལ་བ་ཐོབ་[ཐོབས]ཤིག །ཅེས་པའི་ལ་སོགས་པ་ རྒྱས་བསྡུས་ཇི་ལྟར་རིགས་པ་བརྗོད་པས་སོ། །དམིགས་པ་གསལ་པོ་ལ་མཉམ་པར་བཞག་ ནས་ཤ་ལྔ་བདུད་རྩི་ལྔ་དང་སྦྱར་བའི་སྤོས་ཀྱིས་བདུག་ཅིང༌། དབབ་སྟེ་སྐུ་ཕེབས་ན་ནམ་ མཁར་འགྲོ་བ་ལ་སོགས་པ་སྐུའི་བྱ་བ་དང༌། གསུང་ཕེབས་ན། །སྲིད་པ་གསུམ་ལས་རྒྱལ་ བའི་སྨྲ་བ་པོར་འགྱུར་བ་དང༌། ཐུགས་ཕེབས་ན་དུས་གསུམ་གྱི་ལྐོག་ཏུ་གྱུར་པ་རྣམས་ཤེས་ པ་དང༌། ཡེ་ཤེས་ཕེབས་ན་མངོན་པར་ཤེས་པ་དང་ལྡན་ཞིང་ས་བཅུའི་དབང་ཕྱུག་ཏུ་འགྱུར་ བར་གསུངས་ལ། ལུས་ངག་ཡིད་གསུམ་ལས་སུ་རུང་བར་གྱུར་ནའང་སྐུ་གསུང་ཐུགས་ཀྱི་ བྱིན་བརླབས་ཞུགས་པའི་དོན་ཏོ། །གདོང་གཡོགས་དང་བཅས་པས་དཀྱིལ་འཁོར་ལ་བལྟར་ བཞུག་[གཞུག]ཅིང༌། ཇི་ལྟར་མཐོང་བའི་ཁ་དོག་དང་མཐུན་པར་ནག་པོར་སྣང་ན་བསད་ བསྐྲད་དང༌། དམར་པོར་སྣང་ན། དབང་དགུག་དང༌། དཀར་པོར་སྣང་ན་ཞི་རྒྱས་དང༌། སོར་ 7-1-129 པོར་སྣང་ན་རྨོངས་རེངས་དང༌། ལྗང་ཁུར་སྣང་ན་ལས་ཐམས་ཅད་པ་སྟེ་ལས་རབ་ འབྱམ[འབྱམས]་རྣམས་ཀྱང་འགྲུབ་པར་འགྱུར་རོ། །ཞེས་ལུང་བསྟན་པར་བྱའོ། །དེ་ནས་ རྟུལ་[བརྟུལ་ཞུགས]ཉི་ཤུ་རྩ་ལྔ་སྦྱིན་པར་བྱ་སྟེ། ཡོད་པའི་སྡིག་དང་ཉེ་བའི་སྡིག་པ་དང༌། གསོད་འཁུ་དབང་པོ་མངོན་པར་བསྟེན་པ་སྟེ། །ཆོམ་རྐུན་ལྔ་པ་ལྔ་པོ་འདི་དག་ནི། །རིན་པོ་ ཆེ་ནི་རྟག་ཏུ་འཕྲོག་པར་བྱེད། །ཞེས་པ་ལྟར་བསླབ་པའི་གནས་ལྔ་དང་འགལ་བ་ཡོད་པའི་ སྡིག་པ་དང༌། རྒྱན་པོ་འགྱེད་པ་དང་བསད་ཤ་ཟ་བ་ལ་སོགས་པ་ཉེ་བའི་སྡིག་པ་ལྔ་དང༌། བ་ གླང་གསོད་པ་ལ་སོགས་པ་གསོད་པ་ལྔ་དང་གྲོགས་པོ་སླུ་བ་ལ་སོགས་པ་འཁུ་བ་ལྔ་དང༌། དབང་པོ་ལྔ་ཡུལ་ལྔ་ལ་ལྷག་པར་ཆགས་པ་ལྔ་སྟེ་ལམ་ཟབ་མོ་བསྒོམ་པའི་མི་མཐུན་པའི་ ཕྱོགས་ལྔ་ཚན་ལྔ་པོ་འདི་དག་རྣམ་པར་སྤངས་ཏེ། གཉེན་པོ་[རྟུལ་ཤུགས་[བརྟུལ་ཞུགས] རྣམ་པར་དག་པ་ལ་གནས་པར་བྱའོ། །ཞེས་པས་སོ། །དེ་ནས་སློབ་དཔོན་ནམ་ལས་ཀྱི་རྡོ་ རྗེའི་ལག་པ་གཡས་པ་རྡོ་རྗེ་དང་བཅས་པས་སློབ་མའི་མཐེ་བོང་ནས་བཟུང་སྟེ། བསྐོར་བ་ ལན་གསུམ་བྱ་ཞིང་བདེན་པ་བརྗོད་ནས་རིགས་ཡོངས་སུ་བརྟག་པའི་ཆེད་དུ། །རིགས་ལྔའི་ མཚན་མ་ལ་མེ་ཏོག་དོར་བར་བྱ་སྟེ། དེ་བཞིན་གཤེགས་པའི་རིགས་རྣམ་པར་སྦྱོངས་ཞེས་ པའི་སྔགས་ཀྱིས་སོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ནི་མ་ཡིན་གྱི་དེ་ཞིག་ན་དེ་བཞིན་ གཤེགས་པའི་མཆོད་རྟེན་བཤིག་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །མེ་ཏོག་དེ་ཉིད་སེམས་ དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་བཟུང་བར་གྱིས། །ཞེས་པའི་སྔགས་ཀྱིས་ ཕྲེང་བའི་དབང་གི་དོན་དུ་སློབ་མའི་མགོ་བོར་བཅིངས་ལ། ལྷའི་དབང་པོ་རབ་ཏུ་དབྱེ་བ་ མཛོད་ཅིག་ཅེས་པའི་སྔགས་ཀྱིས་མིག་དབྱེ་ཞིང༌། མེ་ཏོག་གང་དུ་ལྷུང་གྱུར་པ། །དེ་ནི་ཁྱོད་ཀྱི་ རིགས་ཀྱི་ལྷ། །ཞེས་པ་ལྟར་མེ་ཏོག་གང་ལ་ཕོག་པ་དེ་ནི་དེའི་རིགས་ཀྱི་ལྷ་སྟེ། དེའི་རིགས་ དང་མཐུན་པའི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་རོ་ཞེས་གོ་བར་བྱའོ། ། 7-1-130 དེ་ནས་ཀྱེའི་རྡོ་རྗེ་ལྟོས་ཤིག་ཅེས་པས་རིགས་ཀྱི་ལྷ་དང་གཙོ་བོ་ནས་བརྩམས་ཏེ་དཀྱིལ་ འཁོར་བསྟན་ནས། །སྟ་གོན་དུ་བཤད་པ་ལྟར་མཐོང་བའི་ཕན་ཡོན་ཡང་གོ་བར་བྱས་ལ་ དགའ་བ་བསྒོམ་ཞིང་ཆེད་དུ་བརྗོད་པ་བྱ་སྟེ། ཐོག་མར་དཀྱིལ་འཁོར་དུ་བཞུག་[གཞུག] པའི་ཆོ་གའོ།། །། ༈ བཅུག་ནས་དབང་བདུན་བསྐུར་བར་བྱེད་པ་ལ། དུས་ནི་མི་འགྱུར་བདེ་ཤེས་པ། ། ཐབས་ནི་སྙིང་རྗེའི་མཚན་ཉིད་ཏེ[དེ]། འཁོར་ལོ་ཤེས་བྱའི་རྣམ་འགྲོ་དཔལ། །ཤེས་རབ་ སྟོང་ཉིད་བདག་ཉིད་དོ། །ཞེས་པ་ལྟར་དུས་དང་འཁོར་ལོ་ཤེས་དང་ཤེས་བྱ། ཐབས་དང་ཤེས་ རབ་དམིགས་པ་མེད་པའི་སྙིང་རྗེ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང༌། དམིགས་ པ་དང་བཅས་པའི་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེན་མོ་ཟུང་དུ་འཇུག་པ་དོན་ དམ་པ་ཡེ་ཤེས་ཀྱི་སྐུ་བརྟན་གཡོ་ཐམས་ཅད་ལ་ཁྱབ་པར་བཞུགས་པ་ཡིན་ནའང༌། ཇི་སྲིད་ ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ལས་ནི་ཡང་ལས་ཏེ། ། ལས་ལས་ཀྱང་ནི་སྐྱེ་བར་འགྱུར། །ཞེས་པ་ལྟར་ཟག་པ་དང་བཅས་པའི་ཕུང་པོ་ཁམས་དང་ སྐྱེ་མཆེད་འདི་མ་འགགས་ཀྱི་བར་ལ་ཁམས་གསུམ་འཁོར་བར་སྡུག་བསྔལ་འབའ་ཞིག་ལ་ ལོངས་སྤྱོད་པས་འཁོར་བ་ཡིན་བདེ་བ་མི་རྟག་པ། ཐོབ་པ་མིན་ཡང་རྨོངས་ཆེན་ཚོལ་བར་ བྱེད། །ཡང་དག་རྒྱལ་སྲིད་འབྱོར་པ་ཐོབ་པ་ཡང༌། །ཐར་པའི་དོན་དུ་བརྟན་རྣམས་འདོར་ བར་བྱེད། །ཞེས་[ཅེས]པ་ལྟར་འཁོར་བའི་བདེ་བ་ཟག་བཅས་ལ་ཆགས་པ་སྤངས་ཏེ། གང་ དུ་ངེས་པར་རིགས་ཀྱི་གཟུགས་ནི་ཉམས་པར་གྱུར་བ་དེ་ནི་ཆེན་པོའི་གཟུགས་སུ་གསུངས། ། གང་དུ་འཁོར་བའི་སྡུག་བསྔལ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཚོར་བ་ཆེན་པོར་གསུངས་པ་ སྟེ། །གང་དུ་འཁོར་བའི་འདུ་ཤེས་ཉམས་པ་ཉིད་དུ་གྱུར་པ་དེ་ནི་རྒྱལ་བའི་འདུ་ཤེས་ཆེན་ པོའོ། །གང་དུ་འཁོར་བའི་འཕེལ་བ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་རྡོ་རྗེའི་འདུ་བྱེད་ཁོ་ནའོ། ། 7-1-131 གང་དུ་གཉིད་ལ་སོགས་པའི་གནས་སྐབས་ཉམས་པ་ཉིད་དུ་གྱུར་པ་དེ་ནི་རྣམ་པར་ཤེས་ པར་གསུངས། གང་དུ་ཤེས་པ་མིན་པའི་དངོས་པོ་ཉམས་པ་ཉིད་དུ་འགྱུར་པ་དེ་ནི་ཐུབ་པའི་ ཡེ་ཤེས་ཉིད། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་ཕུང་པོ་དྲུག་སྒྲིབ་པ་དང་བྲལ་བ་རྒྱལ་ བ་རིགས་དྲུག །ཁམས་དྲུག་སྒྲིབ་པ་དང་བྲལ་བ་ལྷ་མོ་དྲུག་དབང་པོ་དྲུག་སྒྲིབ་པ་དང་བྲལ་ བ། སེམས་དཔའ་དྲུག །ཡུལ་དྲུག་སྒྲིབ་པ་དང་བྲལ་བ་སེམས་མ་དྲུག ལས་ཀྱི་དབང་པོ་ དྲུག་སྒྲིབ་པ་དང་བྲལ་བ་ཁྲོ་བོ་དྲུག །ལས་ཀྱི་དབང་པོའི་བྱ་བ་དྲུག་སྒྲིབ་པ་དང་བྲལ་བ། །ཁྲོ་ མོ་དྲུག་སྟེ། དྲུག་དྲུག་སུམ་བཅུ་རྩ་དྲུག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མངོན་སུམ་ དུ་གྱུར་པར་བྱ་དགོས། དེ་ལའང་བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། ཚོགས་གཉིས་ཚོགས་ནི་བསགས་པ་ པོ། ཞེས་པ་དང་བསྐྱེད་པའི་རིམ་པ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐབས་ཀྱི་གདང་བུ་ལྟ་བུར་བསྟན། །ཞེས་ པ་ལྟར་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་སྐྱེད་[བསྐྱེད]པ་དང་རྫོགས་ པའི་རིམ་པ་བསྒོམ་དགོས་ཤིང༌། དེའི་འང་ཐོག་མར་སྐྱེད་[བསྐྱེད]པའི་རིམ་པ་སྒོམ་པ་ལ་ དབང་བའི་དོན་དང༌། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྩ་དང་རླུང་ལ་སོགས་པའི་སྒྲིབ་ པ་སྦྱངས་སྟེ[ཏེ]། གནས་སྐབས་བྱང་ཆུབ་སེམས་དཔའི་ས་ལ་སོགས་པ་རིམ་གྱིས་ཐོབ་ པའི་དོན་དུ། ལུས་ངག་སེམས་དང་ཆགས་པའི་སྒྲིབ་པ་སྦྱངས་ཏེ། མཐར་ཐུག་རྫོགས་པའི་ སངས་རྒྱས་ཀྱི་སྐུ་བཞི་ཐོབ་པའི་དོན་དུ། །དབང་བདུན་གྱིས་མངོན་པར་དབང་བསྐུར་བར་ བྱེད་པ་ལའང༌། ཐུན་མོང་གསོལ་གདབ་སྦྱང་བ་ཤིས་བརྗོད་བྱ། །སྒོ་བཞིར་གསོལ་གདབ་ རྡོ་རྗེ་བཞིར་བྱས་ཏེ། །སོ་སོར་གསོལ་གདབ་དབང་བསྐུར་རྟོགས་པ་བསྐྱེད། །དག་པ་བཞི་ དང་དམ་ཚིག་ཐོན་དུས་བསྟན། །ཞེས་པ་ལྟར་མཎྜལ་རྒྱ་ཆེན་པོར་དམིགས་ནས། བླ་མ་དུས་ 7-1-132 ཀྱི་འཁོར་ལོ་སྐུ་བཞི་རྡོ་རྗེའི་བཞིའི་ངོ་བོ་ལ་ཡོན་དུ་ཕུལ་ཏེ། རང་གཞན་ཐམས་ཅད་ཀྱི་སྒྲིབ་ པ་བཞི་སྦྱང་བའི་ཆེད་དུ། ཐུན་མོང་དུ་དབང་བདུན་གྱིས་མངོན་པར་དབང་བསྐུར་ཏུ་གསོལ་ སྙམ་དུ་གསོལ་བ་གཏབ་ཅིང༌། ཡུངས་དཀར་ཆུ་དང་ཁམ་ཕོར་ལྗི་ཟན་རས། ཞེས་པ་རྣམས་ ཀྱིས་བྱམས་ནས་དོར་ཏེ། །དྲི་དང་མེ་ཏོག་ཡོན་ཆབ་མར་མེ་སྤོས། །ཞེས་པ་རྣམས་ཀྱིས་ཀྱང་ མཆོད་ཅིང་སྦྱང་བ་བྱས་ལ། སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་ནས་ ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་དང༌། །མི་ཡི་འཇིག་རྟེན་དུ་ནི་ཕྱོགས་དང་ཕྱོགས་ བྲལ་དུ་གནས་ཁྲོ་བོའི་དབང་པོ་བཙུན་མོར་བཅས་རྣམས་དང༌། ས་འོག་ཏུ་ནི་གདེངས་ཅན་ དབང་པོ་གང་དག་གདོན་ཚོགས་མི་དགེ་དུས་ཀུན་ཏུ་ནི་འཆིང་བྱེད་པ། །དེ་རྣམས་ཐམས་ ཅད་ཉིན་ཞག་སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱོང་བར་བྱེད་གྱུར་ཅིག །ཞེས་ པ་དང་བཀྲ་ཤིས་གང་ཞིག་ཅེས་པ་ལ་སོགས་པས་ཤིས་པ་བརྗོད་པར་བྱའོ། །དེ་ནས་བསྐོར་ བ་བྱས་ནས་སྒོ་བཞིར་ཁྲིད་དེ་སློབ་དཔོན་གཙོ་བོའི་རྣམ་པར། གནས་པ་ལ་གསོལ་བ་བཏབ་ ནས་ནང་ཆོག་གིས་རྡོ་རྗེ་བཞིར་བྱ་བ་དང༌། སོ་སོར་གསོལ་བ་བཏབ་ནས་དབང་བསྐུར་ཏེ་ རྟོགས་པ་བསྐྱེད་པ་ནི་བདག་འཇུག་ཇི་ལྟ་བ་བཞིན་ཡིན་ལ། དབང་བདུན་པོ་ཐམས་ཅད་ལ་ ཡང་མཚུངས་པར། གསོལ་བ་བཏབ་སྟེ་དག་བྱ་དང༌། །དག་བྱེད་གཉི་ག་ལྷར་བསྐྱེད་ནས། བྱིན་གྱིས་བརླབ་ཅིང་དབང་བསྐུར་ཏེ། །སོ་སོའི་ལྷ་བསྟིམ་དབང་དོན་བཤད། །ཅེས་པ་ ལྟར་སོ་སོར་གསོལ་བ་བཏབ་སྟེ། དག་བྱ་སློབ་མའི་ཁམས་ལྔ་ལ་སོགས་པ་དང༌། དག་བྱེད་ དབང་རྫས་དུང་གི་ཆུ་ལ་སོགས་པ་རྣམས་ཡུམ་ལྔ་ལ་སོགས་པའི་ལྷར་བསྐྱེད་ནས། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཁམས་ལྔའི་ངོ་བོ། །ལྷ་མོ་ལྔས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ པ་ལ་སོགས་པས་བྱིན་གྱིས་བརླབ་ཅིང༌། ཆུ་ལ་སོགས་པས་དབང་བསྐུར་ཏེ། དཀྱིལ་འཁོར་ གྱི་ཡུམ་ལྔ་ལ་སོགས་པའི་ལྷའང་བསྟིམས་ནས། བྱིས་པ་ཆུ་ཡིས་འཁྲུད་པ་དང་མཐུན་པར་ 7-1-133 ཆུའི་དབང་ཐོབ་ཅེས་པ་ལ་སོགས་པས། དབང་དོན་བཤད་པར་བྱའོ། །ཁྱད་པར་གསོལ་བ་ གདབ་པ་དང་། དབང་བསྐུར་བའི་སྔགས་རྣམས་ཀྱི་དོན་གོ་བའི་ཆེད་དུ་ཆུའི་དབང་གི་སྐབས་ སུ། (བཛྲ་སོགས་)རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས། རྡོ་རྗེ་བདུད་རྩིའི་བུམ་པ་ཡིས། །མངོན་པར་ དབང་བསྐུར་བདག་ལ་གསོལ། །ཞེས་པའི་དོན་དྲན་པས་གསོལ་བ་གདབ་ཅིང༌། (ཨ་སོགས་) ཡུམ་ལྔས་(པཉྩ་སོགས་)ཁམས་ལྔ་རྣམས་པར་སྦྱོངས་ཞེས་པས་དབང་བསྐུར་བ་དང༌། ཅོད་པན་ གྱི་སྐབས་སུ་(སརྦ་སོགས་)སངས་རྒྱས་ཀུན་གྱི་རྡོ་རྗེའི་ཅོད་པན་ནི། བདག་ལ་སངས་རྒྱས་ལྔ་ བདག་བཅིང་དུ་གསོལ། ཞེས་པའི་དོན་དྲན་པས་གསོལ་བ་གདབ་ཅིང༌། རྒྱལ་བ་ལྔ་ཡི་བྱིན་ བརླབས་ཀྱིས། །དེ་བཞིན་གཤེགས་ལྔ་ཡོངས་དག་གྱུར། །ཞེས་པས་དབང་བསྐུར་བ་དང༌། དར་དཔྱངས་ཀྱི་སྐབས་སུ། (སརྦ་སོགས་)ཕ་རོལ་ཕྱིན་ཀུན་བདག་ལ་ནི། །རྡོ་རྗེའི་དར་དཔྱངས་ བཅིང་དུ་གསོལ། །ཞེས་པའི་དོན་དྲན་པས་གསོལ་བ་གདབ་ཅིང༌། (ཨ་ཨཱ་སོགས་ཀྱི་དོན་)ནུས་མ་ བཅུའི་བྱིན་བརླབས་ཀྱིས། །(ད་ཤ་སོགས་)ཕ་རོལ་ཕྱིན་བཅུ་ཡོངས་རྫོགས་འགྱུར། །ཞེས་པས་ དབང་བསྐུར་བ་དང༌། རྡོ་རྗེ་དྲིལ་བུ་སྐབས་སུ་(ཛྙ་ན་སོགས་)ཡེ་ཤེས་རྣམ་ཤེས་རང་བཞིན་དང༌། ། སྙིང་རྗེ་ཤེས་རབ་བདག་ཉིད་ཅན། །རྡོ་རྗེ་རྡོ་རྗེ་དྲིལ་བུ་དག །གཡས་དང་གཡོན་གྱི་ལག་ པ་རུ། །བདག་ལ་རྡོ་རྗེ་སེམས་དཔའ་ནི། །ཤེས་རབ་དང་བཅས་སྩལ་དུ་གསོལ། །ཞེས་པའི་ དོན་དྲན་པས་གསོལ་བ་གདབ་ཅིང༌། དུས་ཀྱི་འཁོར་ལོ་ཡབ་ཡུམ་གྱིས། །(སུརྱ་སོགས་)ཉི་ཟླ་ རྣམ་པར་སྦྱང་བར་མཛོད། །ཅེས་པས་དབང་བསྐུར་བ་དང༌། རྟུལ་[བརྟུལ]ཞུགས་ཀྱི་སྐབས་ སུ། (སརྦ་སོགས་)ཐམས་ཅད་བྱང་ཆུབ་སེམས་དཔའ་ནི། །བཙུན་མོར་བཅས་པ་ཐམས་ཅད་དུ། ། འདོད་པ་ཀུན་ལ་ཉེར་སྤྱོད་པའི། །རྡོ་རྗེའི་རྟུལ་[བརྟུལ]ཞུགས་བདག་ལ་སྩོལ། །ཞེས་པའི་ དོན་དྲན་པས་གསོལ་བ་གདབ་ཅིང་(ཨ་ཨཱ་སོགས་ཀྱི་དོན་)བྱང་ཆུབ་སེམས་དཔའ་ཡབ་ཡུམ་གྱིས། ། (བི་ཥ་སོགས་) ཡུལ་དང་དབང་པོ་རྣམ་པར་སྦྱོངས། །ཞེས་པས་དབང་བསྐུར་བ་དང༌། མིང་ 7-1-134 གི་སྐབས་སུ་(སརྦ་སོགས་)ཁྲོ་རྒྱལ་བཙུན་མོས་བཅས་པ་ཐམས་ཅད་ཀྱིས། །བྱམས་དང་སྙིང་ རྗེ་དགའ་དང་བཏང་སྙོམས་པ། །ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་ཅན། །རྡོ་རྗེ་སྔོན་ འགྲོའི་མིང་ནི་བདག་ལ་སྩོལ། ཞེས་པའི་དོན་དྲན་པས་གསོལ་བ་གདབ་ཅིང༌། །(ཧ་ཧཱ་སོགས་ ཀྱི་དོན་)ཁྲོ་བོའི་རྒྱལ་པོ་ཡབ་ཡུབ་གྱིས། (ཙ་ཏུར་སོགས་)ཚངས་པའི་གནས་བཞི་རྣམ་དག་གྱུར། ། ཞེས་པས་དབང་བསྐུར་བ་དང༌། རྗེས་གནང་གི་སྐབས་སུ་པད་མ་རྡོ་རྗེའི་མཚན་མ་ཅན། ། ཤེས་རབ་ཐབས་དང་དཀྱིལ་འཁོར་གྱི། །མངའ་བདག་རྡོ་རྗེ་བདེ་བ་ཡི། །ཡེ་ཤེས་ཡན་ ལག་བདག་ལ་སྩོལ། །ཞེས་པའི་དོན་དྲན་པས་གསོལ་བ་གདབ་ཅིང༌། །(ཧཾ་ཀྵཿའི་དོན་)རྡོ་རྗེ་ སེམས་དཔའ་ཡབ་ཡུམ་གྱིས། །(དྷརྨཱ་སོགས་)ཆོས་ཀྱི་འཁོར་ལོ་རབ་བསྐོར་མཛད། །ཅེས་པས་ དབང་བསྐུར་བ་རྣམས་བཞུག་[གཞུག]པར་བྱའོ། །དབང་བདུན་རྫོགས་པ་དང༌། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི། །བདུན་གྱིས་མངོན་པར་དབང་བསྐུར་བས། །ས་བདུན་ཐོབ་པ་ ང་ཡིན་ནོ། །ཞེས་པའི་སྔགས་ཀྱིས་ང་རྒྱལ་བཟུང་ཞིང༌། །དམ་ཚིག་དབང་དང་དཀྱིལ་འཁོར་ ལྷའི་རྣམ་དག་རྣམ་པ་བཞི་ཡིན་ནོ། །ཞེས་པ་ལྟར་དག་པ་བསྟན་ནས་དམ་ཚིག་བསྲུང་བའི་ དོན་དུ་རྩ་ལྟུང་རྣམས་སྤང་བར་གདམས་ཏེ། །རྒན་པ་བཀུར་བའི་དོན་དུ་ཐོབ་དུས་བསྟན་པ་ ནི། །ཚེ་འདི་བདེ་བ་དོན་དུ་གཉེར་བ་རྣམས་རྒན་པ་བཞི་ལས། ནོར་གྱིས་རྒན་པ་རྒྱལ་པོ་ལ་ བཀུར་སྟི་བྱེད་མོད། །གཏན་གྱི་བདེ་བ་དོན་དུ་གཉེར་བ་རྣམས་ཀྱིས་ནི་ཡེ་ཤེས་ཀྱིས་རྒན་ པ་དང་ཐོས་པས་རྒན་པ་དག་ཀྱང་བཀུར་བར་བྱ་ཞིང༌། དཀའ་ཐུབ་ཀྱིས་རྒན་པ་ལ་གཉིས་ ཀྱི་རབ་ཏུ་བྱུང་བ་རྣམས་བསླབ་པས་རྒན་པ་ལ་བཀུར་སྟི་བྱེད་པ་དང་མཐུན་པར་སྔགས་པ་ རྣམས་ཀྱིས་དབང་གིས་རྒན་པ་ལ་བཀུར་སྟི་གྱིས་ཤིག་ཅེས་པའི་དོན་ཏེ། དབང་བདུན་གྱི་ཆོ་ གའོ།། །། ༈ དེ་ནས་ཡེ་ཤེས་ཀྱི་ཚོགས་ཀྱིས་དོན་རྫོགས་པའི་རིམ་པ་བསྒོམ་པར་བྱེད་པ་ལ། 7-1-135 དབང་གོང་མ་རྣམས་བསྐུར་བའི་དོན་དུ། བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་གསང་ བའི་དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེའང་(དེ)བཞིན་ནོ། །ཞེས་ པ་ལྟར་དོན་དམ་པའི་སྐུ་བཞི་རྡོ་རྗེ་བཞི་ནམ་མཁའ་ལྟར་ཁྱབ་པས་རང་གཞན་ཐམས་ཅད་ ཀྱི་སྙིང་པོར་བཞུགས་པ་ཡིན་ནའང༌། །(གུར་དུ་)ནམ་མཁའ་ལྟ་བུར་དྲི་མ་མེད། །ངན་པར་ བརྟགས་པའི་རྣམ་རྟོག་གིས། །རིན་ཆེན་སེམས་ནི་དྲི་ཅན་བྱས། །སེམས་དག་པས་ནི་དག་ པར་འགྱུར། །ཞེས་པ་ལྟར་གནས་སྐབས་རིགས་བཞིའི་རྣམ་རྟོག་མ་འགགས་ཀྱི་བར་ལ། ། ཀུན་ནས་ཉོན་མོངས་པ་གསུམ་ཁོར་ཡུག་ཏུ་འཁོར་བའི་དབང་གིས་སྡུག་བསྔལ་འབའ་ ཞིག་ལ་ལོངས་སྤྱོད་པས་འཁོར་བའི་སྐྱོན་ཐམས་ཅད་སྤངས་ཏེ། །ཀུན་ཤེས་ཀུན་རིག་དམ་ པ་པོ། །རྣམ་པར་ཤེས་པ་ཆོས་ཉིད་འདས། །གཉིས་མེད་ཡེ་ཤེས་ཚུལ་འཆང་བ། །རྣམ་པར་ རྟོག་མེད་ལྷུན་གྱིས་གྲུབ། །ཞེས་[ཅེས]པ་ལྟར་ཐར་པ་མཐར་ཐུག་མི་རྟོག་ཡེ་ཤེས་ཀྱི་སྐུའི་ གོ་འཕང་ཐོབ་པར་བྱེད་པ་ལ་ཉེས་པ་ཐམས་ཅད་ཀྱི་རྩ་བ་རྣམ་རྟོག་སྤང་དགོས། །དེ་ལ་ཡང་ ཕལ་པའི་གནས་སྐབས་བཞོམ་[གཞོམ]པའི་ཕྱིར། །བསྒོམ་པ་ཡང་དག་རབ་ཏུ་བསྒྲགས། ། ཞེས་པ་ལྟར། ཐ་མལ་རྣམ་རྟོག་གི་གཉེན་པོར་རྒྱ་ཆེན་པོ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་ དབང་བར་བྱེད་པ་དབང་བདུན་གྱིས་མངོན་པར་དབང་བསྐུར་བ་སོང་ནས་དོན་དམ་བདེན་ པས་གསུངས་པ་ནི། ཡེ་ཤེས་སྐུ་ནི་རབ་སྒྲུབ་ཕྱིར། །ཀུན་རྟོག་ཐམས་ཅད་སྤངས་པ་ཡི། །སྒོམ་ པ་དེ་བཞིན་གཤེགས་པས་གསུངས། །ཞེས་པ་ལྟར་རྣམ་རྟོག་མཐའ་དག་གི་གཉེན་པོར་ཟབ་ མོ་རྫོགས་པའི་རིམ་པ་སྒོམ་པ་ལ་དབང་བར་བྱེད་པ་དབང་གོང་མ་རྣམས་ཀྱང་བླང་འཚལ་ དེའང༌། །སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར། །དབང་ནི་རྣམ་པ་བཞི་རུ་བཤད། །ཅེས་ པ་དང༌། དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་པ་ལྟར་ གཞི་ལ་རྡོ་རྗེ་བཞི་རང་བཞིན་གྱིས་རྣམ་པར་དག་པར་བཞུགས་པ་དེ་ཉིད་ལམ་བསྙེན་སྒྲུབ་ 7-1-136 བཞི་ཉམས་སུ་བླངས་ཏེ་གནས་སྐབས་རིགས་བཞིའི་སྒྲིབ་པ་སྦྱངས་ནས། འབྲས་བུ་མཆོག་ གི་དངོས་གྲུབ་རྒྱལ་བ་སྐུ་བཞིའི་གོ་འཕང་ཐོབ་པར་བྱེད་པ་ལ་ཞུ་བདེ་འགྱུར་མེད་ཀྱི་དགའ་ བ་བཞི་རིམ་གྱིས་བསྐྱེད་པའི་དོན་དུ་རྣམ་པར་དག་པའི་དབང་བཞི་བསྐུར་བ་ལའང༌། སྔོན་ དུ་སྔར་བཞིན་བདག་ནི་མི་བཟད་ཅེས་པ་ལ་སོགས་པས་གསོལ་བ་གདབ་ཅིང༌། འདོད་པའི་ རྡོ་རྗེ་ལ་ནི་ཞེས་པ་ལ་སོགས་པས་སྡོམ་པ་བཟུང་ནས་སྤྱི་དང་མཐུན་པར་ཆོས་ཟབ་མོ་ལ་བར་ དུ་གཅོད་པའི་བགེགས་སྦྱང་བ་དང༌། ཡོན་ཏན་བསྐྱེད་པ་ལ་བར་དུ་གཅོད་པའི་སྒྲིབ་པ་སྦྱང་ བ་རྣམས་ཀྱང་བྱ་སྟེ། དངོས་གཞི་ལ། ཐུན་མོང་དུ་གསོལ་བ་བཏབ་པ། །སོ་སོར་དབང་བཞི་ བསྐུར་བ། དབང་བཞིའི་དག་པ་བསྟན་པའོ། །དང་པོ་ནི། མཎྜལ་རྒྱ་ཆེན་པོར་དམིགས་ཏེ་ བླ་མ་དམ་པ་སྐུ་བཞིའི་བདག་ཉིད་ཅན་ལ་ཕུལ་ནས། རང་གཞན་ཐམས་ཅད་ཀྱི་ལུས་ངག་ ཡིད་དང་ཆགས་པའི་སྒྲིབ་པ་སྦྱངས་ཏེ། །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེའི་བྱིན་བརླབས་ ཞུགས་ནས། བདེ་བ་ཆེན་པོས་རྒྱུད་ཡོངས་སུ་གང་བ་དོན་དམ་ཡེ་ཤེས་ཀྱི་སྐུའི་གོ་འཕང་ཐོབ་ པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་མོས་པའི་སྒོ་ནས་སོ། །སོ་སོར་དབང་བཞི་པོ་ཐམས་ ཅད་ལའང་མཐུན་པར། མཎྜལ་དབུལ་ཞིང་གསོལ་བ་གདབ། །བྱིན་གྱིས་བརླབ་ཅིང་དབང་ བསྐུར་སྦྱིན། །དགའ་བ་བསྐྱེད་ཏེ་ང་རྒྱལ་བཟུང༌། །དབང་དོན་བཤད་ཏེ་རྟོགས་པ་བསྐྱེད། ། ཅེས་པ་རྣམས་རིམ་པ་ལྟར་སྦྱར་ཏེ། །ཁྱད་པར་བུམ་དབང་གི་སྐབས་སུ་བླ་མ་སྐུ་རྡོ་རྗེ་སྤྲུལ་ པའི་སྐུའི་ངོ་བོ་ལ་ལུས་ལོངས་སྤྱོད་ཕུལ་ནས་རང་གཞན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་སྦྱང་ བའི་དོན་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བྱིན་བརླབས་འཇུག་པའི་དོན་དང་ འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མྱུར་དུ་ཐོབ་པའི་དོན་དང་ལམ་བསྙེན་པའི་ཡན་ལག་སྐུ་རྡོ་ རྗེའི་རྣལ་འབྱོར་སྒོམ་པ་ལ་དབང་བའི་དོན་དང་ཞུ་བདེ་འགྱུར་མེད་ཀྱི་དགའ་བའི་དགའ་བ་ རྒྱུད་ལ་བསྐྱེད་པའི་དོན་དུ། བུམ་པའི་དབང་བསྐུར་བ་ཞུ་སྙམ་པས། དཔལ་ལྡན་ཞེས་པ་ལ་ 7-1-137 སོགས་པ་དང༌། ཤེས་རབ་ཐབས་ཀྱི་བུམ་པ་ཡི། །མངོན་པར་དབང་བསྐུར་བདག་ལ་སྩོལ། ། ཞེས་པའི་དོན་དྲན་པའི་སྔགས་ཀྱིས་གསོལ་བ་བཏབ་ནས། བྱིན་བརླབས་འཇུག་པའི་དོན་ དུ། །རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱི་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་ པ། །ཞེས་པ་དང༌། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་མོས་པ་ཐ་དད་ཀྱི། །རང་རང་ བསམ་པས་སེམས་ཅན་གྱིས། །མཐོང་བ་སྤྲུལ་བའི་མཚན་ཉིད་དོ། །ཞེས་པ་ལྟར་དོན་དམ་ སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ། ནམ་མཁའ་ལྟར་ཁྱབ་པར་བཞུགས་ པ་ལ་མོས་གུས་རྩེ་གཅིག་ཏུ་བྱས་ཏེ། རང་རང་གི་དཔྲལ་བའི་ༀ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་ཐམས་ཅད་སྐུ་རྡོ་རྗེ་སྐུ་མདོག་དཀར་པོའི་རྣམ་པས་བྱོན་ནས་དཔྲལ་བར་ཐིམ་ པས་ལུས་ཀྱི་སྒྲིབ་པ་དག་སྐུའི་བྱིན་བརླབས་ཞུགས་ལུས་བདེ་བ་ཆེན་པོས་གང་བར་མོས་པ་ གྱིས་ཤིག་ཅེས་བརྗོད་ལ། བླ་མ་མཉེས་པར་གྱུར་པས་བྱིན་གྱིས་བརླབ་ཅིང༌། དབང་བསྐུར་ སྟེ་དགའ་བ་བསྐྱེད་ནས། རྡོ་རྗེ་སེམས་དཔའི་རྡོ་རྗེའི་ཡི། །བུམ་པའི་དབང་གིས་དབང་བསྐུར་ བས། །རྡོ་རྗེ་སེམས་དཔའ་ཡི་ནི་སྲས། །མི་གཡོའི་ས་ཐོབ་ང་ཡིན་ནོ། །ཞེས་པའི་དོན་དྲན་ པའི་ང་རྒྱལ་བཟུང་ཞིང༌། དབང་དོན་བཤད་པར་བྱའོ། །དེ་བཞིན་དུ་གསང་དབང་གི་སྐབས་ སུ། །བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་ངོ་བོ་ལ་ལུས་ལོངས་སྤྱོད་ཕུལ་ནས། རང་ གཞན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་སྦྱང་བའི་དོན་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་གསུང་གི་བྱིན་བརླབས་འཇུག་པའི་དོན་དང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་ པའི་སྐུ་མྱུར་དུ་ཐོབ་པའི་དོན་དང༌། ལམ་ཉེ་བར་བསྒྲུབ་པའི་ཡན་ལག་གསུང་རྡོ་རྗེའི་རྣལ་ འབྱོར་བསྒོམ་པ་ལ་དབང་བའི་དོན་དང་ཞུ་བདེ་འགྱུར་མེད་ཀྱི་མཆོག་དགའི་དགའ་བ་རྒྱུད་ ལ་བསྐྱེད་པའི་དོན་དུ། །གསང་བའི་དབང་ཞུ་སྙམ་པས། དཔལ་ལྡན་ཞེས་པ་ལ་སོགས་པ་ དང༌། ཤེས་རབ་ཐབས་ཀྱི་གསང་བ་ཡི། །མངོན་པར་དབང་བསྐུར་བདག་ལ་སྩོལ། །ཞེས་ 7-1-138 པའི་དོན་ཅན་གྱི་སྔགས་ཀྱིས་གསོལ་བ་བཏབ་ནས། བྱིན་བརླབས་འཇུག་པའི་དོན་གསུང་ གི་རྡོ་རྗེ་སེམས་ཅན་ཐམས་ཅད་རང་སྙིང་སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པའོ། ། ཞེས་པ་དང༌། གང་ཞིག་སེམས་ཅན་ཀུན་གྱི་སྒྲས། རྫུ་འཕྲུལ་བདག་ཉིད་རབ་གསལ་བྱེད། ། སེམས་ཅན་བསམ་པའི་དབང་གིས་འདི། །ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །ཞེས་ པ་ལྟར་དོན་དམ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་གཞོམ་དུ་མེད་པའི་རང་སྒྲ་རྣམ་པ་ ཐམས་ཅད་པ་ནམ་མཁའ་ལྟར་ཁྱབ་པར་བཞུགས་པ་ལ། མོས་གུས་རྩེ་གཅིག་ཏུ་བྱ་སྟེ། རང་ རང་གི་མགྲིན་པའི་ཨཱཿལས་འོད་ཟེར་འཕྲོས་པས། སངས་རྒྱས་ཐམས་ཅད་གསུང་རྡོ་རྗེ་སྐུ་ མདོག་དམར་པོའི་རྣམ་པས་བྱོན་ནས་མགྲིན་པར་ཐིམ་པས། ངག་གི་སྒྲིབ་པ་དག་གསུང་གི་ བྱིན་བརླབས་ཞུགས། ངག་བདེ་བ་ཆེན་པོས་གང་བར་མོས་པ་གྱིས་ཤིག་ཅེས་བརྗོད་ལ་བླ་ མ་མཉེས་པར་གྱུར་པས་བྱིན་གྱིས་བརླབ་ཅིང༌། དབང་བསྐུར་ཏེ་དགའ་བ་བསྐྱེད་ནས། (བཛྲ་ སོགས་)རྡོ་རྗེ་སེམས་དཔའ་གསང་བ་འི། །དབང་གིས་མངོན་པར་དབང་བསྐུར་བས། །རྡོ་རྗེ་ སེམས་དཔའི་རྒྱལ་ཚབ་སྟེ། །དགུ་པའི་ས་ཐོབ་ང་ཡིན་ནོ། །ཞེས་པའི་དོན་དྲན་པས་ང་རྒྱལ་ བཟུང་ཞིང་དབང་དོན་བཤད་པར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ་བླ་མ་ཐུགས་རྡོ་རྗེ་ ཆོས་ཀྱི་སྐུའི་ངོ་བོ་ལ། ལུས་ལོངས་སྤྱོད་ཕུལ་ནས། རང་གཞན་ཐམས་ཅད་ཀྱི་སེམས་ཀྱི་སྒྲིབ་ པ་སྦྱང་བའི་དོན་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་བརླབས་འཇུག་ པའི་དོན་དང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་མྱུར་དུ་ཐོབ་པའི་དོན་དང༌། ལམ་སྒྲུབ་པའི་ ཡན་ལག་ཐུགས་རྡོ་རྗེའི་རྣལ་འབྱོར་བསྒོམ་པའི་དོན་དང༌། ཞུ་བདེ་འགྱུར་མེད་ཀྱི་ཁྱད་པར་ གྱི་དགའ་བ་རྒྱུད་ལ་བསྐྱེད་པའི་དོན་དུ། ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་སྙམ་པས། དཔལ་ ལྡན་ཞེས་པ་ལ་སོགས་པ་དང༌། (པྲཛྙཱ་སོགས་)ཤེས་རབ་དང་ནི་ཐབས་དག་སྟེ། །རྡོ་རྗེ་སེམས་ དཔའ་སྣ་ཚོགས་ཡུམ། །ཤེས་རབ་ཡེ་ཤེས་དབང་བསྐུར་བ། །བདག་ལ་སྩལ་བར་མཛད་དུ་ 7-1-139 གསོལ། །ཞེས་པའི་དོན་ཅན་གྱི་སྔགས་ཀྱིས་གསོལ་བ་བཏབ་ནས་བྱིན་བརླབས་འཇུག་པའི་ དོན་དུ། རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་ པ་ལ་གནས། ཞེས་པ་དང༌། མི་རྟག་པ་མིན་རྟག་པའང་མིན། །གཅིག་མིན་དུ་མའི་མཚན་ ཉིད་མིན། །དངོས་མིན་ དངོས་པོ་མེད་པའང་མིན། །འདི་ནི་རྟེན་བྲལ་[འབྲེལ]ཆོས་སྐུའོ། །ཞེས་པ་ལྟར་དོན་ དམ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་སེམས་ཀྱི་རང་བཞིན་འོད་གསལ་རྣམ་པ་ཐམས་ཅད་པ་ནམ་ མཁའ་ལྟར་ཁྱབ་པར་བཞུགས་པ་ལ་མོས་གུས་རྩེ་གཅིག་ཏུ་བྱས་ཏེ་རང་རང་གི་སྙིང་ཁའི་ཧཱུཾ་ ལས་འོད་ཟེར་འཕྲོས་པས། སངས་རྒྱས་ཐམས་ཅད་ཐུགས་རྡོ་རྗེ་སྐུ་མདོག་ནག་པོའི་རྣམ་ པས་བྱོན་ནས་སྙིང་ཁར་ཐིམ་པས། སེམས་ཀྱི་དྲི་མ་དག་ཐུགས་ཀྱི་བྱིན་བརླབས་ཞུགས། ། སེམས་བདེ་བ་ཆེན་པོས་གང་བར་མོས་པ་གྱིས་ཤིག །ཅེས་བརྗོད་ལ་བླ་མ་མཉེས་པར་ གྱུར་པས་བྱིན་གྱིས་བརླབ་ཅིང༌། དབང་བསྐུར་ཏེ་དགའ་བ་བསྐྱེད་ནས་རྡོ་རྗེ་སེམས་དཔའ་ ཤེས་རབ་ཡེ་ཤེས་ཀྱི། །དབང་བསྐུར་གྱིས་ནི་མངོན་པར་དབང་བསྐུར་བས། །གཉིས་པ་རྡོ་ རྗེ་འཛིན་པ་ང་ཡིན་ཏེ། ཆོས་ཀྱི་སྤྲིན་གྱི་ས་ཐོབ་ང་ཡིན་ནོ། །ཞེས་པའི་དོན་དྲན་པས་ང་རྒྱལ་ བཟུང་ཞིང་དབང་དོན་བཤད་པར་བྱའོ། །དབང་བཞི་པའི་སྐབས་སུ་བླ་མ་ཡེ་ཤེས་རྡོ་རྗེ་ངོ་ བོ་ཉིད་ཀྱི་སྐུ་ལ་ལུས་ལོངས་སྤྱོད་ཕུལ་ནས། རང་གཞན་ཐམས་ཅད་ཀྱི་ཆགས་རྟོག་གི་སྒྲིབ་ པ་སྦྱང་བའི་དོན་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བྱིན་བརླབས་འཇུག་ པའི་དོན་དང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་མྱུར་དུ་ཐོབ་པའི་དོན་དང༌། ལམ་སྒྲུབ་ པ་ཆེན་པོའི་ཡན་ལག་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ལ་དབང་བའི་དོན་དང༌། ཞུ་བདེ་ འགྱུར་མེད་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་རྒྱུད་ལ་བསྐྱེད་པའི་དོན་དུ་དབང་བཞི་པ་ཞུ་སྙམ་ པས། དཔལ་ལྡན་ཞེས་པ་ལ་སོགས་པ་དང༌། ཤེས་རབ་ཐབས་ཀྱི་བདག་ཉིད་ཅན། །(པྲཛྙཱ་ 7-1-140 སོགས་)རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེའི། །ཡེ་ཤེས་མངོན་པར་དབང་བསྐུར་བ། །བདག་ལ་ སྩལ་བར་མཛད་དུ་གསོལ། །ཞེས་པའི་དོན་ཅན་གྱི་སྔགས་ཀྱིས་གསོལ་བ་བཏབ་ནས་བྱིན་ བརླབས་འཇུག་པའི་དོན་དུ། དྲི་མེད་ནོར་བུ་ལྟ་བུ་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་ ཏེ་ཉིད་ཡེ་ཤེས་རྡོ་རྗེའོ། །ཞེས་པ་དང་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང༌། །ཆགས་དང་ཆགས་ བྲལ་རྣམ་པར་སྤངས། །ཤེས་རབ་མ་ཡིན་ཐབས་ཀྱང་མིན། འདི་ནི་ངོ་བོ་ཉིད་སྐུ་གཞན། ། ཞེས་པ་ལྟར་དོན་དམ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་བདེ་བ་ཆེན་པོ་རྣམ་པ་ཐམས་ཅད་པ། ནམ་མཁའ་ལྟར་ཁྱབ་པར་བཞུགས་པ་ལ་མོས་གུས་རྩེ་གཅིག་ཏུ་བྱས་ཏེ། རང་རང་གི་ལྟེ་ བའི་ཧོ༔ལས་འོད་ཟེར་འཕྲོས་པས། སངས་རྒྱས་ཐམས་ཅད་ཡེ་ཤེས་རྡོ་རྗེ་སྐུ་མདོག་སེར་ པོའི་རྣམ་པར་བྱོན་ནས། ལྟེ་བར་ཐིམ་པས་ཆགས་རྟོག་གི་སྒྲིབ་པ་དག །ཡེ་ཤེས་ཀྱི་བྱིན་ བརླབས་ཞུགས། །ཆགས་པ་བདེ་བ་ཆེན་པོས་གང་བར་མོས་པ་གྱིས་ཤིག་ཅེས་བརྗོད་ལ། བླ་ མ་མཉེས་པར་གྱུར་པས་བྱིན་གྱིས་བརླབ་ཅིང༌། དབང་བསྐུར་ཏེ་དགའ་བ་བསྐྱེད་ནས། (དྷརྨ་ སོགས་)ཆོས་ཀྱི་དབྱིངས་ནི་འགྱུར་མེད་པ། །བཞི་པའི་དབང་གིས་དབང་བསྐུར་བས། །རྡོ་རྗེ་ སེམས་དཔའི་བདག་ཉིད་ང༌། །གཉིས་པ་བཅུ་གཉིས་ས་ཐོབ་པ། །རྡོ་རྗེ་སེམས་དཔའ་དོན་ ཆེན་པོ། །མཆོག་ཏུ་འགྱུར་བ་མེད་པ་ཅན། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་བ། །དུས་ཀྱི་ འཁོར་ལོ་བཅོམ་ལྡན་འདས། ཨེ་བཾ་གི་ནི་ཡི་གེའོ། །ཞེས་པའི་དོན་དྲན་པས་ང་རྒྱལ་བཟུང་ ཞིང་དབང་དོན་བཤད་པར་བྱའོ། །མཇུག་ཏུ་དབང་བཞིའི་དེ་ཁོ་ན་ཉིད་དང་ཁྱད་པར་ཤེས་ པའི་དོན་དུ་རྣམ་པར་དག་པ་རྣམས་བསྟན་པར་བྱ་སྟེ། དབང་གོང་མ་བཞིའི་ཆོ་གའོ།། །། ༈ དེ་ལྟར་དབང་གིས་ཡོངས་སུ་སྨིན་ཅིང༌། རྣམ་པར་དག་པའི་ལམ་སྒོམས་[བསྒོམས] ནས། གཞན་དོན་ནུས་པ་རྣམས་ལ་རྡོ་རྗེ་སློབ་དཔོན་བདག་པོའི་དབང་བསྐུར་བ་བྱ་སྟེ། དེ་ ཡང་སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་རོ་མཉམ་འགྱུར་མེད་རྟག་པར་ཡང་ནི་འགྱུར་ 7-1-141 བ་སྟེ། །དེ་ལྟར་འབྱུང་བ་ལ་གནས་ཞི་བ་རྣམ་གསུམ་སྲིད་པར་གནས་པ་རང་གི་ལུས་ལ་རིག་ པར་བྱ། །ཞེས་པ་ལྟར་དོན་དམ་བདེ་སྟོང་ཟུང་དུ་འཇུག་སྟ་[པ]རྟག་པ་བརྟན་པ་འགྱུར་བ་ མེད་པ་བརྟན་གཡོ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པར་བཞུགས་པ་ཡིན་ནའང༌། (སྤྱོད་འཇུག་ ལས་)འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང༌། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་ པ། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། ཞེས་ པ་ལྟར་བདག་མེད་ལ་བདག་ཏུ་འཛིན་པ་ལ་སོགས་པ་ཚུལ་མིན་ཡིད་ལ་བྱེད་པའི་རྣམ་རྟོག་ གི་དབང་གིས་རང་ཕྱོགས་ལ་ཆགས་པ་དང༌། གཞན་ཕྱོགས་ལ་སྡང་བ་དང༌། དེ་དག་གི་ གནས་ལུགས་མ་རིག་པའི་གཏི་མུག་ལ་རྟེན་ནས། ལས་ངན་པ་བསགས་ཏེ་འཁོར་བར་སྐྱེས་ ཕྱིན་ཆད་སྡུག་བསྔལ་སྣ་ཚོགས་ལ་ལོངས་སྤྱོད་པས། །དེ་ལས་རྣམ་པར་གྲོལ་བའི་དོན་དུ། ། བདག་ཉིད་མཐོའ་[མཐོ]བར་འདོད་པ་དེས། །ངན་འགྲོ་ངན་དང་ཀླེན་?པར་འགྱུར། །དེ་ ཉིད་གཞན་ལ་ཡོ་?བྱས་ན། །བདེ་འགྲོར་རིམ་འགྲོ་ཐོབ་པར་འགྱུར། །ཞེས་པ་དང༌། འཇིག་ རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །འཇིག་རྟེན་སྡུག་བསྔལ་ ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །ཞེས་པ་དང༌། བདག་བདེ་གཞན་གྱི་སྡུག་ བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། འཁོར་བ་ ན་ཡང་བདེ་བ་མེད། །ཞེས་པ་དང༌། (རྒྱན་ལས་)གཞན་དོན་བརྩོན་ལྡན་སྙིང་རྗེའི་བདག་ཉིད་ འདི། །གང་ཚེ་མནར་མེད་ལ་ཡང་དགར་འཛིན་པ། །དེ་འདྲ་བ་དག་སྲིད་ན་གཞན་རྟེན་ཅན། ། སྡུག་བསྔལ་འབྱུང་བ་དག་གིས་ག་ལ་འཇིགས། །ཞེས་པ་ལྟར་རང་དོན་ལ་ཆགས་པ་སྤངས་ ཏེ་གཞན་དོན་ལ་སྤྲོ་བས་འཇུག་པ་ཐེག་པ་ཆེན་པོའི་ལམ་ལ་འབད་དགོས་ཤིང༌། །ཁྱད་པར་ དུའང་ཐེག་ཆེན་མཐར་ཐུག་གསང་སྔགས་ལ་ཞུགས་ནས་བསོད་ནམས་དང་ཚུལ་ཁྲིམས་དང་ ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་དབང་བདུན་དང་གསུམ་དང༌། གཅིག་གིས་མངོན་པར་དབང་ 7-1-142 བསྐུར་བ་ཐོབ་ཅིང༌། ཐོས་པ་དང་བསམ་པ་དང་སྒོམ་པས་རྒྱུད་ལེགས་པར་སྦྱངས་ཏེ། དེ་ཁོ་ ན་ཉིད་ཀྱི་རྣལ་འབྱོར་ལ་བརྟན་པར་གྱུར་པ། འགྲེལ་བཤད་དང་བཅས་པའི་རྒྱུད་ཀྱི་དེ་ཁོ་ན་ ཉིད་ཤེས་པས་གཞན་གྱི་དོན་ལ་མཐུ་དང་ལྷན་ཞིང༌། དམ་བཅའ་རྟན་[བརྟན]པོ་དང་ལྡན་ པ་རྣམས་ཀྱིས། རྡོ་རྗེ་སློབ་དཔོན་གྱི་དབང་བླངས་ནས། གཞན་དོན་ཕུན་སུམ་ཚོགས་པ་སྒྲུབ་ པ་ལ་འབད་འཚལ། །དེའང་དབང་ཐམས་ཅད་རྫོགས་ནས་ཐོབ་པར་འགྱུར་གྱི། །བུམ་པའི་ དབང་ཙམ་གྱིས་སློབ་དཔོན་དུ་འགྱུར་བ་ནི་མ་ཡིན་ཏེ། དཔལ་ཕྱག་ན་རྡོ་རྗེས། འདིར་དང་ པོར་བུམ་པའི་དབང་བསྐུར་བས་སློབ་དཔོན་དུ་འགྱུར་ན། དེའི་ཚེ་གསང་བ་དང་ཤེས་རབ་ ཡེ་ཤེས་དང་བཞི་པས་ཅི་ཞིག་བྱ་རྡོ་རྗེ་སློབ་དཔོན་ནི་རྡོ་རྗེ་འཆང་གི་མིང་སྟེ། དེ་དང་པོ་བུམ་ པའི་དབང་བསྐུར་བས་ཅི་ལྟར་ཐོབ་པར་འགྱུར། །དེ་བས་ན་འདི་ནི་བྱིས་པའི་སྐྱེ་བོ་རྣམས་ ཀྱི་འཁྲུལ་པ་སྟེ། རིགས་པས་འཐད་པ་མ་ཡིན་ནོ། །ཞེས་པ་དང་རྡོ་རྗེ་སྙིང་པོས་སློབ་དཔོན་ གྱི་དབང་ནི་དྲང་བའི་དོན་དུ་བུམ་པའི་དབང་ཡིན་ལ། ངེས་པའི་དོན་དུ་བཞི་པ་ལ་སོགས་པ་ ཡོངས་སུ་རྫོགས་པ་ཁོ་ན་སློབ་དཔོན་ཞེས་བརྗོད་ཀྱི་བུམ་པ་ཙམ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ ན་སློབ་དཔོན་གྱི་ངེས་ཚིག་དང་མི་ལྡན་པའི་ཕྱིར་རེ་ཞེས་པ་དང༌། སྤྱན་རས་གཟིགས་ཀྱིས་ འདུས་པ་ལ་སོགས་པར་བུམ་པ་ལ་སོགས་པའི་དབང་དེ་ནི་ཀུན་རྫོབ་ཏུ་སློབ་དཔོན་བྱེད་པའི་ ཆེད་དུ་བརྡའ་[བརྡ]ཙམ་སྟེ། དེ་ཁོ་ན་ཉིད་ནི་མ་ཡིན་ནོ་ཞེས་པ་དང༌། བུམ་པ་ལ་སོགས་པའི་ དབང་གིས་མངོན་པར་དབང་བསྐུར་ཏེ། དེ་ནས་རྒྱུད་ཐམས་ཅད་ཤེས་ཤིང་དམ་བཅའ་བ་ལ་ གནས་པའི་སློབ་མ་ནི། རྡོ་རྗེ་སློབ་དཔོན་བདག་པོའི་ཆེད་དུ་དབང་བསྐུར་བར་བྱའོ། །ཞེས་ གསུངས་པ་ལྟར་རོ། ། དེ་ལ་ཡང་མཁས་པ་སྙིང་རྗེ་ཅན་ལ་བདག་པོར་དབང་བསྐུར་བ་དང༌། རྣལ་འབྱོར་ པའམ་གྲུབ་པ་རྣམས་ལ་བདག་པོ་ཆེན་པོར་དབང་བསྐུར་བ་ལ་གཉིས་ལས་འདིར། །བདག་ 7-1-143 པོར་དབང་བསྐུར་བ་ལའང༌། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། །དང་བོ་ལ། ཡོན་ དབུལ་ཞུ་ཞིང་དམ་བཅའ་ཏེ། བསྟོད་ཅིང་གསོལ་བ་གདབ་པའོ། །དངོས་གཞི་ལའང༌། སྔར་ བསྟན་པ་ལྟར། སློབ་དཔོན་གསུམ་གྱི་ཁྱད་པར་ཤེས་པའི་སྒོ་ནས། མཆོག་ཏུ་གྱུར་པ་དག་ལ་ མོས་པར་བྱ་ཞིང༌། དགེ་སློང་རྡོ་རྗེ་འཛིན་པ་ཐོས་པས་རྒན་པ་ཡོད་བཞིན་དུ་ཁྱིམ་པའི་སློབ་ དཔོན་ནི་དགེ་སློང་རྣམས་ཀྱིས་བསྟེན་པར་མི་བྱའོ། །གལ་ཏེ་དཀའ་ཐུབ་དང་ཐོས་པ་གཉི་ ཀས་[གས]རྒན་པ་མ་རྙེད་པར། །ཐོས་པས་རྒན་པའི་ཁྱིམ་པའམ། གསར་བུ་སློབ་དཔོན་དུ་ བསྟེན་དགོས་པ་བྱུང་བའང༌། འཇིག་རྟེན་སྨོད་པ་སྤང་བའི་ཕྱིར། །ཁྱིམ་པའམ་ནི་གསར་བུ་ ལ། །དམ་ཆོས་ལ་སོགས་མདུན་བརྡར་ཏེ། །བརྟུལ་ཤུགས་[ཞུགས]འཛིན་པས་བློས་ཕྱག་ བྱ། །ཞེས་པ་ལྟར་ཆོས་ཉན་པའི་དུས་སུ་ཕྱག་འཚལ་བར་གསུངས་པའང༌། གླེགས་བམ་དང་ སྐུ་གཟུགས་ལ་སོགས་པ་བར་དུ་བཞག་ནས། དེ་ལ། ཕྱག་བྱེད་པར་འཇིག་རྟེན་པས་གོ་བར་ བྱ་སྟེ། བསྟན་པ་ལ་སྨོད་པ་སྤང་བའི་དོན་དུའོ། ཆོས་འཆད་མ་རྟོགས་[གཏོགས]དུས་ཀུན་ཏུ། ། མཆོག་མིན་ལས་དང་ཕྱག་སྤངས་ནས། །སྟན་བསྟབ་པ་དང་ལྡང་བ་དང༌། དོན་བྱ་ལ་སོགས་ བསྙེན་བཀུར་འདིར། །ཐམས་ཅད་བརྟུལ་ཤུགས་[ཞུགས]ཅན་གྱི་བྱ། །ཞེས་པ་ལྟར་སློབ་ དཔོན་ཡིན་ཡང་ཆོས་འཆད་པ་མ་གཏོགས་པ་དུས་ཐམས་ཅད་དུ་རྐང་པ་བཀྲུ་བ་ལ་སོགས་པ་ མཆོག་མིན་གྱི་ལས་དང༌། ཡན་ལག་ལྔའི་ཕྱག་སྤངས་ནས། སྟན་བསྟབ་པ་དང༌། ལྡང་བ་དང༌། ནོར་འབུལ་བ་ལ་སོགས་པས་མཉེས་པར་བྱའོ། །ཞེས་པ་ལ་སོགས་པའང༌། གོ་བར་བྱས་ལ། ། ཤིས་བརྗོད་ཁྲུས་བྱ་ཅོད་པན་སོགས། །སྦྱིན་ཞིང་གོང་མའང་བསྡུས་ཏེ་སྦྱིན། །གནང་ཞིང་ རྡོ་རྗེ་གསུམ་བྱ་སྟེ། །ཆོས་བཤད་ཕྲིན་ལས་རྗེས་གནང་བྱ། །ཞེས་པ་ལྟར། དཀྱིལ་འཁོར་གྱི་ ཕྱི་རོལ་མཉམ་པའི་ས་ལ། །རེ་ཁཱ་གྲུ་བཞི་པ་བྱས་ཏེ། བདག་པོ། རྣམ་པ་གསུམ་སྔར་བསྟན་ པའི་ཆོ་གས་ཤིས་པ་བརྗོད་ཅིང་བུམ་པ་རྣམས་ཀྱིས་བཀྲུ་བར་བྱའོ། །དེ་ཡང་ར་བ་ལྔའི་རེ་ 7-1-144 ཁཱ་ཁྲུ་བཞི་པའི་དབུས་སུ་ཤིང་སྟན་ལ་པད་མ་འདབ་བརྒྱད་ཁྲུ་དོ་པ། མཚན་མ་ལྔ་དང་བྲལ་ བ། ཚོན་སྣ་ལྔས་བྲིས་པའི་སྟེང་དུ་དགེ་སློང་རྡོ་རྗེ་འཛིན་པ་བཀོད་ནས་བུམ་པ་བརྒྱད་དང་ རྒྱལ་བ་རྣམ་པར་རྒྱལ་བ་སྟེ་བཅུ་དང་རྒྱན་ཐམས་ཅད་དང་ལྡན་པའི་བུ་མོ་མ་བཙས་པ་བརྒྱ། གཞོན་ནུ་མ་སྐྱེ་གནས་མ་ཉམས་པ་གཉིས་ཏེ་བཅུས་བཀྲུ་བར་བྱ་ཞིང༌། སྔར་བཞིན་ཅོད་ པན་དང་དར་དཔྱངས་དག་དང༌། སྔགས་ཀྱི་རིམ་པ་ཇི་བཞིན་དུ། །རྣ་ཆ་སྐ་རགས་འགུལ་ རྒྱན་དང༌། གདུབ་བུ་ནོར་བུ་ཐལ་ཆེན་རྒྱ། །ཕྱག་རྒྱ་དྲུག་ཀྱང་སྦྱིན་པར་བྱའོ། །ར་བ་ལྔའི་རེ་ ཁཱ་ཁྲུ་དོ་པའི་དབུས་སུ་པད་མ་དང་བྲལ་བའི་ཤིང་སྟན་འབའ་ཤིག་[ཞིག]ལ། དགེ་ཚུལ་རྡོ་ རྗེ་འཛིན་པ་བཀོད་ནས་བུམ་པ་བཞི་དང༌། རྒྱལ་བ་དང་རྣམ་པར་རྒྱལ་བ་སྟེ་དྲུག་དང་བུ་མོ་ བཞི་དང༌། གཞོན་ནུ་མ་གཉིས་ཏེ་དྲུག་གིས་བཀྲུ་བར་བྱ་ཞིང་དར་དཔྱངས་དང་ཕྱག་རྒྱ་དྲུག་ སྦྱིན་པར་བྱའོ། །ར་བ་གསུམ་གྱི་དེ་ཁཱ་ཁྲུ་གང་པའི་དབུས་སུ། ཕལ་པའི་སྟན་ལ་དགེ་བསྙེན་ རྡོ་རྗེ་འཛིན་པར་བཀོད་ནས། བུམ་པ་གཅིག་དང་རྣམ་པར་རྒྱལ་བ་སྟེ་གཉིས་དང༌། བུ་མོ་ གཅིག་དང་གཞོན་ནུ་མ་གཅིག་སྟེ། གཉིས་ཀྱིས་བཀྲུ་བར་བྱ་ཞིང༌། རྡོ་རྗེའི་སོར་གདུབ་སྦྱིན་ པར་བྱའོ། །བུམ་པ་འཛིན་པའི་རྣལ་འབྱོར་མ་མཚན་ཉིད་དང་ལྡན་པ་མ་རྙེད་ན། དེ་དང་དེར་ མོས་པའི་ལས་ཀྱི་རྡོ་རྗེ་ཅན་དག་གིས་བཀྲུ་བར་བྱའོ། །འདིར་དབང་གོང་མ་ནི་རྣམ་པ་གཉིས་ སྟེ[ཏེ]། གཅིག་ནི་སེམས་ཅན་བཞུག་པའི་དོན་དང༌། ལམ་ཡོངས་སུ་ཤེས་པའི་དོན་དང་རྒྱུད་ ཉན་པ་ལ་དབང་བའི་དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང༌། སྟོན་པ་ པོའི་ཆེད་དུའོ། །ཞེས་གསུངས་པ་ལྟར་དབང་གོང་མ་བཞིའང་མོས་པ་ཡིད་ལ་བྱེད་པའི་ཚུལ་ གྱིས་མདོར་བསྡུས་པ་ཙམ་སྦྱིན་ཞིང༌། རྡོ་རྗེ་དང་དྲིལ་བུ་དང་ཕྱག་རྒྱའི་དམ་ཚིག་གསུམ་དང་ ལྡན་པའི་སྒོ་ནས། སེམས་ཅན་གྱི་དོན་གྱིས་ཤིག་ཅེས་པའི་གནང་བའང་བྱིན་ལ། སྐུ་གསུང་ ཐུགས་ཀྱི་རྡོ་རྗེ་གསུམ་དུ་རིམ་གྱིས་སྐྱེད་པ་ལ། ཚངས་སྐུད་ལ་སོགས་པའང་བྱིན་ནས། ཆོས་ 7-1-145 བཤད་པ་དང༌། ཕྲིན་ལས་ཀྱི་རྗེས་སུ་གནང་བའང་སྦྱིན་པར་བྱ་ཞིང༌། རྡོ་རྗེ་འཆང་ཆེན་པོར་ གྱུར་པ་ལ་མཆོད་ཅིང་རབ་ཏུ་གནས་པར་ཡང་བྱའོ། །རྗེས་ཀྱི་བྱ་བ་ནི། དམ་ཚིམ་སྡོམ་པ་སྦྱིན་ པ་དང༌། །དབང་གི་རབ་བྱེད་བཤད་པའོ། །ཞེས་པ་ལྟར་རོ།། །། ༈ མཇུག་ཏུ་དེ་དག་གི་ཕན་ཡོན་ལ་སོགས་པ་བསྟན་པ་ནི། ཕན་ཡོན་དབུགས་དབྱུང་ དགའ་བ་སྐྱེད། །ཡོན་དབུལ་གདམས་ཤིང་སྨོན་ལམ་གདབ། །ཅེས་པ་ལྟར་གནས་སྐབས་ དང་མཐར་ཐུག་གི་ཕན་ཡོན་ཆེན་པོ་འགྲུབ་ཚུལ་དང༌། འཁོར་བའི་སྡུག་བསྔལ་ལས་དབུགས་ བྱིན་པར་འགྱུར་ཚུལ་དང༌། དོན་ཆེན་པོ་གྲུབ་པ་ལ་དགའ་བ་བསྐྱེད་ཚུལ་རྣམས་ཀྱང་བཤད་ ཅིང༌། དེ་ལྟར་དབང་བསྐུར་བའི་བླ་མ་ལ་སློབ་མས་དངོས་པོ་མཐའ་དག་གི་དྲུག་ཆ་ཡོན་ཏུ་ དབུལ་བར་བྱ་སྟེ། ལུས་དང་ཡན་ལག་ལྔས་ཕྱག་འཚལ་བའི་དོན་དུ་མགོ་དང༌། ལས་ཀྱི་ དབང་པོ་དྲུག་ལ་བདེན་པར་སྨྲ་བའི་དོན་དུ་ངག་དང༌། དབང་པོ་དྲུག་ལས་གཡོ་སྒྱུ་སྤང་བའི་ དོན་དུ་ཡིད་དང༌། །སེམས་ཡོད་མེད་ཀྱི་རྫས་གཉུག་མར་གནས་པ་དང༌། གློ་བུར་དུ་བྱུང་བ་ རྣམས་ཀྱི་དྲུག་ཆ་དང་ཁྱིམ་པ་ཡིན་ན་འདོད་པའི་སྦྱིན་པའི་དོན་དུ་ཆུང་མ་ཡང་དུས་ཀྱི་དྲུག་ཆ་ དབུལ་བར་གསུངས་ཤིང༌། །མདོར་བསྡུ་ན་མཎྜལ་ལ་དམིགས་ནས་ལུས་ལོངས་སྤྱོད་ཐམས་ ཅད་དགེ་ཕྱོགས་སུ་བསྒྱུར་བའི་ཚུལ་གྱི་དབུལ་བར་བྱའོ། །དབང་ཐོབ་ནས་དམ་ཚིག་དང་ སྡོམ་པ་རྣམ་པར་དག་པ་བསྲུང་དགོས་ལ། དེ་དག་རྒྱས་པར་གསང་སྔགས་ཀྱི་གཞུང་ལ་ཐོས་ བསམ་བྱས་པ་ལས་ཤེས་པར་འགྱུར་ཞིང༌། མདོར་བསྡུ་ན་སྔར་བསྟན་པ་ལྟར་སྤང་བྱ་རྩ་བའི་ ལྟུང་བ་བཅུ་བཞི་སྤངས་ནས་གཉེན་པོ་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ལ་གནས་པར་བྱ་བ། །སྐུ་ གསུང་ཐུགས་ཀྱི་དམ་ཚིག་ཏུ་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་སྤངས་ནས། སྒོ་གསུམ་དགེ་ བའི་བྱ་བ་ལ་བརྩོན་པར་བྱ་བ་དང༌། མི་འབྲལ་བའི་དམ་ཚིག་ཏུ། རྡོ་རྗེ་དྲིལ་བུ་ལ་སོགས་པ་ བཟུང་བར་བྱ་བ་དང༌། བཟའ་བའི་དམ་ཚིག་ཏུ་ཟས་ཀྱི་རྣལ་འབྱོར་དང་ལྡན་པས། ལྷ་མཆོད་ 7-1-146 པར་བྱ་བ་དང༌། སྒྲུབ་པའི་དམ་ཚིག་ཏུ་ལས་དང་པོ་པས་སྐྱེད་[བསྐྱེད]རིམ། །རྒྱས་བསྡུས་ ཇི་ལྟར་རིགས་པ་བསྒོམས་ནས། བཟླས་པ་བྱ་བ་དང༌། བརྟན་པ་ཐོབ་ནས་རྫོགས་རིམ་ཟབ་ མོ་གཙོ་བོར་བསྒོམ་པའི་ཚུལ་གྱིས་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བྱའོ། །ཞེས་ ཀྱང་གདམས་ཏེ། རང་གཞན་གྱི་དུས་གསུམ་དུ་བསགས་པའི་དགེ་བ་མཐའ་དག་བློ་ཡུལ་དུ་ བསྡོམ་ནས་སེམས་ཅན་ཐམས་ཅད་ཐུན་མོང་དུ་བྱས་ཏེ། མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་ གི་དངོས་གྲུབ་དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་པའི་དོན་དང༌། གནས་སྐབས་དམ་པའི་ ཆོས་ཐོས་བསམ་སྒོམ་གསུམ་འཕེལ་བའི་ཆེད་དུ། བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས་པ་ ནམ་མཁའ་ལྟར་ཁྱབ་པར་བཞུགས་པའི་སྤྱན་སྔར། །འཁོར་གསུམ་མི་རྟོག་པའི་ཤེས་རབ་ ཀྱིས་ཟིན་པའི་སྒོ་ནས། ཉི་མ་དང་བཅས་ཞེས་པ་ལ་སོགས་པ་སྒྲུབ་ཐབས་སུ་བསྟན་པ་ལྟར་ སྨོན་ལམ་རྣམ་པར་དག་པ་བྱའོ། །དབང་གི་དགའ་སྟོན་དང་ཚོགས་ཀྱི་འཁོར་ལོ་ལ་སོགས་ པའང༌། སྐབས་ཇི་ལྟ་བར་བྱས་ཏེ། བུམ་པའི་སྟེང་གི། སྟོད་དཀོར་དང་། གོས་བཟུང་[ཟུང] རྣམས་དེ་བསྲུང་བ་རྣམས་ལ་དབུལ་ཞིང༌། གཞན་ཡང་ཅོད་པན་དང་སྟོད་དཀོར་དང༌། གོས་ ཟུང་ལ་སོགས་པ་རྣམས་སྒོའི་སློབ་དཔོན་རྣམས་ལ་དབུལ་བར་བྱའོ། །མཆོད་ཅིང་བསྟོད་ ཏེ་དངོས་གྲུབ་བླངས་ནས། བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་བའི་རྗེས་སུ། ལས་ ཐམས་ཅད་པའི་སྦྱིན་སྲེག་བྱས་ལ། རྡུལ་ཚོན་མཐའ་དག་བུམ་པར་བླུགས་ལ་གླང་པོ་ཆེའམ་ ཁྱོགས་ཀྱི་སྟེང་དུ་བཞག་ནས། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པའི་མཆོད་ རྫས་དུ་མ་དང་བཅས་པས་ཁྱེར་ཏེ་རྒྱ་མཚོར་འབབ་པའི་བསྐྱལ་བ་ཀླུ་རྣམས་ཀྱིས་བཀུར་ བསྟིས་སྤྱན་དྲངས་པར་བསམ་ཞིང་སླར་ཡང་བུམ་པ་ཆུས་བཀང་ནས་དཀྱིལ་འཁོར་གྱི་ཁང་ པར་འོངས་ཏེ་བསང་གཏོར་ལ་སོགས་པ་བྱའོ། །དེ་བཞིན་དུ་གཞོན་ནུ་མ་རྣམས་ཀྱང་འོ་ཐུག་ ལ་སོགས་པས་ཚིམ་པར་བྱ་ཞིང༌། སྐབས་ཇི་ལྟ་བར་དཔའ་བོའི་སྟོན་མོའང་བྱ་སྟེ། དགེ་ 7-1-147 སློང་རྡོ་རྗེ་འཛིན་པ་རྣམས་ཤར་དུ་མངོན་པར་ཕྱོགས་པ་དང་དགེ་ཚུལ་རྣམས་བྱང་དུ་ཕྱོགས་ པ་དང༌། དགེ་བསྙེན་རྣམས་ལྷོར་ཕྱོགས་པ་དང༌། དགེ་སློང་མ་དང་དགེ་ཚུལ་མ་དང༌། དགེ་ བསྙེན་མ་ཡོད་ནའང་དེ་དང་མཐུན་པར་རྒན་རིམ་གྱིས་མཁོད་[འཁོད]ལ། བསད་པའི་ཤ་ རྣམས་པ་ཐམས་ཅད་དུ་སྤངས་པའི་བཟའ་བ་དང༌། བཏུང་བ་ལ་སོགས་པ་མཆོད་པའི་ཡོ་ བྱད་རྣམས། །ཤར་གྱི་ས་ལ་བཞག་ཅིང༌། དབུས་སུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ དཀྱིལ་འཁོར་བཀོད་ནས། ཕུད་ཀྱིས་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་དེ། སློབ་དཔོན་ལ་ སོགས་པ་འདུས་པ་ཐམས་ཅད་ཇི་ལྟར་འདོད་པས་མཉེས་པར་བྱས་ནས་སྦྱིན་བདག་གིས་ ཚོགས་ཀྱི་ཡོན་དབུལ་ཞིང༌། མཐར་སློབ་དཔོན་གྱིས་གནང་བ་བྱིན་ནས། རང་རང་གི་གནས་ སུ་གཤེགས་སུ་གསོལ་བར་བྱའོ། །ཚོགས་ཀྱི་གཙོ་བོ་ནི། དགེ་སློང་རྡོ་རྗེ་འཛིན་པས་བྱ་ཞིང༌། དེ་མེད་ན་དགེ་ཚུལ་དང༌། དེའང་མེད་ན་དགེ་བསྙེན་གྱིས་བྱ་ཞིང༌། ཁྱིམ་པ་ནི་མངོན་པར་ ཤེས་པ་ལྔ་མ་ཐོབ་ཀྱི་བར་དུ་རྒན་པར་མི་འགྱུར་ཞིང༌། དེའང་དེ་སྲིད་དུ་དགེ་སློང་ལས་རྒན་ པར་མི་འགྱུར་བའི་ཕྱིར་རོ། །ཅི་སྟེ་རྒན་ཡང་རྨོངས་པར་གྱུར་པས་རྒྱུད་སྟོན་པ་པོ་མ་ཡིན་ན། གཞོན་ཡང་མཁས་པར་གྱུར་པའི་རྒྱུད་སྟོན་པ་པོས་ཚོགས་ཀྱི་གཙོ་བོ་བྱ་ཞིང༌། རྒན་པོ་རྨོངས་ པ་ནི་གནས་ཁང་གཞན་དུ་མཉེས་པར་བྱའོ།། །། ༈ ཀུན་སྤངས་ཀྱི་སློབ་མ་ཆོས་དོན་དུ་གཉེར་བ་རྣམས་ལ་ནི་ཡོ་བྱད་ཅི་ཡང་མེད་ཀྱང༌། དབང་བསྐུར་མཐའ་དག་ཚིག་གིས་སྦྱིན་ཞིང༌། དེས་ཀྱང་ཡིད་ལ་བསམས་པས་འགྲུབ་སྟེ། རྫས་རྣམས་མེད་པའི་མངོན་པར་དབང་བསྐུར་རྒྱལ་བའི་བདག་པོའི་བཀའ་ཡིས་ཀུན་སྤངས་ ལ་ནི་སྦྱིན་པར་བྱ། །ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་ཏིང་ངེ་འཛིན་གྱི་སྒོ་ནས། སེམས་ ཅན་ཐམས་ཅད་ལ་སྙིང་རྗེའི་དབང་བསྐུར་བའང་སྦྱིན་པར་བྱ་སྟེ། དེ་ཡང་སྙིང་ཁའི་ས་བོན་ ལས་འཕྲོས་པའི་འོད་ཟེར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལྕགས་ཀྱུས་སྲིད་པ་གསུམ་ 7-1-148 གྱི་སེམས་ཅན་སྔར་དབང་མ་བསྐུར་བ་ཐམས་ཅད་བཀུག་ནས་དཀྱིལ་འཁོར་དུ་བཅུག་སྟེ། བཤང་བ་དང་གཅི་བ་དང་ཁྲག་དང་རྐང་དང་ཁུ་རྣམ་པར་དག་པའི་བུམ་པ་རྣམས་ཀྱིས་མངོན་ པར་དབང་བསྐུར་བས། དྲི་མ་ཐམས་ཅད་དང་བྲལ་བ་ཟླ་བ་དྲི་མ་མེད་པ་ལྟར་གྱུར་ཅིང༌། རྡོ་ རྗེ་འཆང་གི་ལམ་ཐོབ་ནས། བྱང་ཆུབ་ཀྱི་སྤྱོད་པ་ལ་རྗེས་སུ་གནང་བས། །རང་རང་གི་གནས་ སུ་བཏང་བར་སེམས་པས་སོ། །དབང་བསྐུར་བའི་རིམ་པ་འདི་རྣམས་ལས། གཙོ་བོར་ཐུན་ མོང་གི་དངོས་གྲུབ་དོན་དུ་གཉེར་བ་རྣམས་ལ་ནི་དབང་བདུན་གྱིས་མངོན་པར་དབང་བསྐུར་ ནས། སྐྱེད་པའི་རིམ་པའི་རྣལ་འབྱོར་ལ་སྦྱར་བར་བྱ་ཞིང༌། མཆོག་གི་དངོས་གྲུབ་དོན་དུ་ གཉེར་བ་རྣམས་ལ་ནི། དབང་གོང་མ་བཞི་ཡང་བྱིན་ནས། རྫོགས་པའི་རིམ་པའི་རྣལ་འབྱོར་ ལ་སྦྱར་བར་བྱ་སྟེ། རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྟན་པ་ཐོབ་ཅིང༌། འགྲེལ་བཤད་བཅས་ པའི་རྒྱུད་ཀྱི་དོན་ཤེས་པ་རྣམས་ལ་ནི་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བའང་བྱིན་ནས། གཞན་གྱི་དོན་ལ་སྦྱར་བར་བྱའོ།། །། ༈ འདི་ནི་ཐོག་མར་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ ཅིང་དབང་བླང་བའི་ཚུལ་ཤེས་པ་རྣམས་ཀྱིས་ཕྱི་ནས་སློབ་མ་གཞན་གཞུག་ཅིང༌། དབང་ བསྐུར་བ་ལ་ཉེ་བར་མཁོ་བ་རྣམས་ཟུར་འདེབས་ཀྱི་ཚུལ་དུ་བཀོད་པ་སྟེ། ཞིབ་ཆ་རྣམས་ནི་ བདག་འཇུག་ཏུ་བསྟན་པར་ལྟར་ཤེས་པར་བྱའོ། །དེ་དག་ཀྱང་དཀྱིལ་འཁོར་སྤྱིའི་ཆོ་ག་རྡོ་ རྗེ་ཕྲེང་བ་དང་ཡང་མཐུན་པར་རྒྱས་པར་བཀོད་པ་ཡིན་ལ། གང་དག་ཉུང་ངུ་ལ་མོས་པ་དེ་ དག་གིས་ནི་ཇི་ལྟར་རིགས་པའི་བསྡུས་པའང་ཤེས་པར་བྱ་ཞིང༌། རྒྱུ་མཚན་རྣམས་ནི། རྒྱུད་ འགྲེལ་ཆེན་པོ་ལ་ཐོས་བསམ་བྱས་པ་ལས་ཀྱང་ཤེས་པར་འགྱུར་རོ། །བློ་ལྡན་རྣམས་ཀྱིས་ ཐོག་མར་རིམ་གཉིས་བསྒོམ། །དེ་ནས་སྒྲུབ་མཆོད་བྱ་ཞིང་བདག་འཇུག་བླང༌། །དེ་དག་ ཚུལ་ཡང་སྒྲུབ་ཐབས་བདག་འཇུག་གི། ལག་ལེན་རབ་གསལ་སྣང་བ་དག་ལས་ཤེས། །ཕྱི་ 7-1-149 ནས་སློབ་མ་གཞན་ཡང་སྨིན་བྱའི་ཕྱིར། །དབང་བསྐུར་བྱེད་ཚུལ་འཚམས་སྦྱར་དང་བཅས་ པ། །འདི་ཡང་འདི་འདྲའི་ཚུལ་ལ་མོས་པ་ཡིས། །བསྐུལ་ནས་བློ་གྲོས་རྒྱལ་མཚན་དཔལ་ གྱིས་བཀོད། །གལ་ཏེ་དེ་ལ་ཉེས་པའི་ཆ་མཆིས་ན། །དེ་ཉིད་གཟིགས་པ་རྣམས་ལ་བཟོད་ པར་གསོལ། །ལེགས་པའི་དགེ་བས་འགྲོ་ཀུན་ཐར་པའི་མཆོག །ཐམས་ཅད་མཁྱེན་པའི་གོ་ འཕང་ཐོབ་གྱུར་ཅིག །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་སློབ་མ་ཡོངས་སུ་ སྨིན་པར་བྱེད་པའི་ཆོ་གའི་རིམ་པ་དབང་དོན་རབ་གསལ་སྣང་བ་ཞེས་བྱ་བ་པཎྜི་ཏ་མ་ཏིས་ དགེ་ལྡན་ས་བཟངས་སུ་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བློ་གྲོས་སོ། །བསྟན་པ་རིན་པོ་ཆེ་དང་ སེམས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག། །། མཾགལཾབྷཝཏུ། འདིའི་མ་ཡིག་གི་ཀ་རྟགས། ཕྱི། ཀ ༡༢༩ 7-1-150 ༄༅། །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་སུ་ རྫོགས་པའི་སྒྲུབ་ཐབས་རྒྱས་པ་ལམ་མཆོག་ རབ་གསལ་སྣང་བ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ༀ་ན་མཿཤྲི་ཀ་ལ་ཙཀྲ་ཡ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་སུ་ རྫོགས་པའི་སྒྲུབ་ཐབས་རྒྱས་པ་ལམ་མཆོག་རབ་གསལ་སྣང་བ་ཞེས་བྱ་བ། དཔལ་ལྡན་བླ་ མ་དམ་པ་རྣམས་དང་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །རང་བཞིན་རྣམ་དག་རྡོ་ རྗེ་རྣམ་བཞི་མཁའ་ལྟར་ཀུན་ཁྱབ་ཆོས་ཀྱི་དབྱིངས། །ལམ་ཟབ་རྣམ་དག་བསྙེན་བསྒྲུབ་རྣམ་ བཞིས་གློ་བུར་དྲི་མ་ཀུན་སྦྱངས་ཏེ། འབྲས་བུ་རྣམ་དག་བྱང་ཆུབ་རྣམ་བཞི་མངོན་དུ་མཛད་ པའི་བཅོམ་ལྡན་འདས། །ཕྲིན་ལས་རྣམ་དག་བསྡུ་བ་རྣམ་བཞིས་འགྲོ་ཀུན་སྨིན་མཛད་དེ་ ལ་འདུད། །ཟག་མེད་སྐུ་བཞིའི་ཕུན་ཚོགས་དང་ལྡན་དུས་ཀྱི་འཁོར་ལོ་ལ་བཏུད་དེ། མཁྱེན་ པ་རྣམ་བཞིས་ཡེ་ཤེས་དང་ལྡན་ཀུན་མཁྱེན་གོ་འཕང་ཐོབ་བྱའི་ཕྱིར། །གནས་སྐབས་རིགས་ བཞིའི་ཀུན་རྟོག་མ་ལུས་རིམ་གཉིས་ཟབ་མོས་སྦྱོང་པའི་ཐབས། །རྣལ་འབྱོར་རྣམ་བཞི་ གསལ་བར་སྟོན་པའི་སྒྲུབ་ཐབས་གང་དེ་འདིར་བཤད་བྱ། །རྣམ་ཐར་སྒོ་བཞིའི་རྣམ་པར་ བརྒྱན་པའི་ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །ཚད་མེད་རྣམ་བཞིའི་གོས་དང་རྒྱན་གྱིས་རྣམ་ པར་བརྒྱན་ནས་ལེགས་ཞུགས་ཏེ། །དགའ་བ་རྣམ་བཞིའི་དཔལ་འབྱོར་མཆོག་ལ་སྤྱོད་པར་ 7-1-151 འདོད་པའི་བློ་ལྡན་རྣམས། །བདེན་པ་རྣམ་བཞིའི་ཆོས་ཉིད་རྟོགས་ཕྱིར་ལམ་བཟང་འདི་ལ་ འཇུག་པར་རིགས། །དེ་ཡང་(ཡེ་ལེར་གསུངས་པ་ལྟར)མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དང་ལྡན་པ་ སྐུ་བཞིའི་བདག་ཉིད་ཅན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པས། དེ་ཉིད་ (སྒྲུབ་ལེར་གསུངས་པ་ལྟར)སྒྲུབ་པར་བྱེད་པའི་ཐབས་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་ བྱ་བ་ཡིན་ལ། དེ་ལ་ཡང་(དབང་ལེར་གསུངས་པ་ལྟར)ཐོག་མར་དབང་བསྐུར་བའི་ཆོ་ག་རྣམ་པར་ དག་པ་ཐོབ་པར་བྱ་སྟེ། (ནང་ལེར་གསུངས་པ་ལྟར)ནང་སེམས་ཅན་གྱི་ཁྱད་པར་དམ་ཚིག་དང་སྡོམ་ པ་ལ་གནས་པའི་སྒྲུབ་པ་པོས་(ཁམས་ལེར་གསུངས་པ་ལྟར)གནས་འཇིག་རྟེན་གྱི་ཁྱད་པར་ལས་ དང་རྗེས་སུ་མཐུན་ཞིང་ཡིད་དུ་འོང་བར་གནས་པས། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ བསྐྱེད་པའི་རིམ་པ་ལ་ཡང་འཇུག་པར་བྱ་ཞིང༌། གཙོ་ཆེར་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་རྫོགས་ པའི་རིམ་པ་བསྒོམ་པ་ལ་འབད་པར་བྱའོ། ། ༈ དེ་ལ་ཐོག་མར་བསྐྱེད་པའི་རིམ་པ་གསལ་བར་བསྟན་པའི་ཆེད་དུ། སྡོམ་ནི་སྔོན་འགྲོ་ དངོས་གཞི་རྗེས་གསུམ་སྟེ། །སྔོན་འགྲོ་བདག་དང་གནས་བསྲུང་ཚོགས་གཉིས་བསག ། དངོས་གཞི་དཀྱིལ་འཁོར་རྒྱལ་མཆོག་ལས་རྒྱལ་མཆོག །ཐིག་ལེའི་རྣལ་འབྱོར་ཕྲ་མོའི་རྣལ་ འབྱོར་བསྒོམ། ༡ ། རྗེས་སུ་བཟླས་པ་མཆོད་བསྟོད་ལ་སོགས་བྱ། །ཞལ་དག་པ་དང་རིགས་ དྲུག་དགོད་པ་དང༌། །ལུས་ངག་སེམས་དང་ཡེ་ཤེས་དག་པ་དང༌། །ཡང་ལག་རྣམས་ལ་དགོད་ པ་རྫོགས་པའི་མཐར། ༢ ། ཡུལ་དང་གྲོང་བདག་གཏོར་མས་མཆོད་ནས་སུ། །རང་གི་ལུས་ ཉིད་མ་ལུས་རྡོ་རྗེའི་སྐུར། །བསྒོམས་ནས་འོད་ཟེར་འབར་བའི་ཚོགས་རྣམས་ཀྱིས། །བདུད་ དང་བགེགས་སོགས་བསྲེགས་ཏེ་བདག་ཉིད་བསྲུང༌། ༣ ། སྲུང་འཁོར་དོན་དུ་རྟེན་དང་བཅས་ པ་ཡི། །ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་བསྒོམས་ཏེ། །ལུས་{དང་{ལ}ཕྱག་རྒྱ་རྣམས་དང་ མཚོན་ཆ་དང༌། །ཀླུའི་རྒྱན་རྣམས་བཀོད་ཏེ་[དེ་]ང་རྒྱལ་བཟུང༌། ༤ ། དབང་པོའི་སྒོ་ནས་ 7-1-152 སྲུངས་[སྲུང]མའི་ཚོགས་སྤྲོས་ཏེ། །ཡེ་ཤེས་གཞུག་ཅིང་དབང་བསྐུར་ང་རྒྱལ་བཟུང༌། ། བཀའ་བསྒོ་ཕུར་བུས་གདབ་སོགས་སྔགས་བཟླ་ཞིང༌། མཆོད་ཅིང་བསྟོད་ཏེ་[དེ་]གཤེགས་ གསོལ་གནས་བསྲུང་བའོ། ༥ ། ཚོགས་ཞིང་མཆོད་ཏེ་[དེ་]རྣམ་དག་སྡོམ་པ་བཟུང༌། །ལམ་ བསྟེན་པ་ནི་བསོད་ནམས་ཚོགས་ཡིན་ཏེ། །སྟོང་ཉིད་ལ་སོགས་རྣམ་པར་ཐར་པ་བཞི། །སྒོམ་ པ་ཡེ་ཤེས་ཚོགས་ཏེ་སྔོན་འགྲོའོ། ༦ ། རྟེན་གྱི་འཁོར་ལོ་བསྐྱེད་དེ་དག་པ་བསམ། །མངོན་ བྱང་ལྔ་ལས་གཙོ་བོ་ཡབ་ཡུམ་བསྐྱེད། །སྙོམས་པར་ཞུགས་ཏེ་འཁོར་གྱི་ལྷ་རྣམས་སྤྲོ། །སྙིང་ རྗེའི་དབང་སོགས་དཀྱིལ་འཁོར་རྒྱལ་མཆོག་ཡིན། ༧ ། ཞུ་བར་ཀླུས་བསྐུལ་བ་ལས་སླར་ ཡང་བཞེངས། །ལྷ་རྣམས་སྤྲོས་ཏེ་ཡེ་ཤེས་རོ་མཉམ་བྱ། །བྱིན་གྱིས་བརླབས་ཅིང་དབང་ བསྐུར་རྒྱས་གདབ་སྟེ། །སོ་སོའི་རྣམ་དག་དྲན་པ་ལས་རྒྱལ་མཆོག ༨ ། སྙོམས་པར་ཞུགས་ པའི་ཡས་འབབ་དགའ་བ་བཞིས། །ཐིག་ལེ་རྒྱས་པ་ཐིག་ལེའི་རྣལ་འབྱོར་ཏེ། །འཕོ་བ་མེད་ པར་མས་བརྟན་དགའ་བ་བཞིས། །བདེ་བ་རྒྱས་པ་ཕྲ་མོའི་རྣལ་འབྱོར་ཡིན། ༩ ། བཟླས་པ་ མཆོད་པ་གཏོར་མའི་རིམ་པ་དང༌། དམ་རྫས་བྱིན་བརླབས་ཟས་ཀྱི་རྣལ་འབྱོར་དང༌། ལྷག་ མ་གླུ་དང་ཤིས་བརྗོད་སྨོན་ལམ་དང༌། གཤེགས་གསོལ་ཐུན་འཚམས་[མཚམས་]སྤྱོད་ལམ་ རྗེས་ཀྱི་ཆོས། ༡༠ ། ཞེས་པ་ལྟར་ཉམས་སུ་བླང་བར་བྱ་སྟེ། དང་པོར་སྐྱབས་སུ་འགྲོ་བ་དང་ སེམས་བསྐྱེད་པ་དང་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་སོགས་པ་རྣམས་ཀྱང་གཞན་དང་ མཐུན་པར་བྱ་ཞིང༌། སྔོན་དུ་འགྲོ་བ་བདག་ཉིད་བསྲུང་བའི་ཕྱིར། རྡོ་རྗེའི་ཞལ་དག་པའི་དོན་ དུ་བདུད་རྩིའི་རིལ་བུའམ་དེ་དང་སྦྱར་བའི་ནང་མཆོད་ལྕེ་ལ་བཞག་སྟེ། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ པྲཛྙཱ་(ཤེས་རབ་དང་)ཨུ་པཱ་ཡ(ཐབས་ཀྱི)ཨཱད་མ་ཀ་(བདག་ཉིད་)ཀཱ་ཡ་(སྐུ)ཝཱཀ་(གསུང་)གསུང་ཙིཏ་ཏ་ (ཐུགས)ཛྙཱ་ན(ཡེ་ཤེས་ཀྱི)ཨ་དྷི་པ་ཏེ་(མངའ་བདག)མ་མ་(བདག་གི)ཀཱ་ཡ་(ལུས)ཝཱཀ་(ངག)ཙིཏ་ཏ་(སེམས) ཛྙཱ་ན་(ཡེ་ཤེས་)བཛྲཾ་(རྡོ་རྗེ་རྣམས)བཛྲ་(རྡོ་རྗེ)ཨ་མྲྀ་ཏ་(བདུད་རྩིའི)སྭ་བྷ་ཝཾ་(རང་བཞིན་དུ་)ཀུ་རུ་མཛོད་ཀུ་ 7-1-153 རུ(མཛོད)། སྐན་དྷ་(ཕུང་པོ)དྷཱ་ཏུ་(ཁམས་)ཨཱ་ཡ་ཏ་ནཾ་(སྐྱེ་མཆེད་རྣམས)ནིཿསྭ་བྷཱ་ཝཾ་(རང་བཞིན་མེད་པའི་གཞི་ ཚུགས)སྭཱཧཱ། ཞེས་པས། གཙུག་ཏོར་ནས་ཝཾ་ལས་བྱུང་བའི་རྡོ་རྗེ་ཟླ་བ་ཆ་བཅུ་དྲུག་ཡོངས་སུ་ རྫོགས་པར་ཞུགས་ཏེ། དེས་རྐང་སེན་གྱི་མཐར་ཐུག་པར་མ་དག་པའི་ལུས་སྦྲུལ་གྱི་ཤུན་པ་ ལྟར་ལན་གསུམ་དུ་དོར་བས། ལུས་དང་ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་པ་རྡོ་རྗེ་ བདུད་རྩིའི་རང་བཞིན་ཟླ་བ་དྲི་མ་མེད་པ་ལྟར་གྱུར་པར་བལྟས་ལ། ༀ་སྭ་བྷ་ཝ་ཤུདྷཱ་(རང་ བཞིན་གྱི་དག་པ་)སརྦ་དྷརྨཿ(ཆོས་ཐམས་ཅད)སྭབྷཱ་ཝ་ཤུད་དྷོ་ཧཾ(རང་བཞིན་གྱིས་དག་པ་ང་ཡིན)། ཞེས་ཀྱང་ བརྗོད་པར་བྱའོ། །དེ་ནས་རིགས་དྲུག་དགོད་པར་བྱ་སྟེ། གནས་དྲུག་ཏུ་ༀ་ཨཱཿཧུཾ་ཧོཿཧཾ་ ཀྵཿཡོངས་སུ་གྱུར་པ་ལས་(རིམ་པ་ལྟར)དཔྲལ་བར་སྣང་བ་མཐའ་ཡས་དཀར་པོ་ཞལ་གསུམ་ (ཐམས་ཅད་དུ་རྩ་ཞལ་སྐུ་མདོག་དང་མཐུན)གཡས་གཡོན་(རིམ་པ་བཞིན་)ནག་དམར་མདོག །ཕྱག་དྲུག་ (གཡས་ནས)ཐོ་བ་མདུང་དང་རྩེ་གསུམ་(གཡོན་ན)པད་དཀར་མེ་ལོང་བགྲང་ཕྲེང་འཛིན། །(དེ་ བཞིན་དུ)མགྲིན་པར་རིན་ཆེན་འབྱུང་ལྡན་དམར་པོ་ཞལ་གསུམ་གཡས་གཡོན་དཀར་ནག་ མདོག །ཕྱག་དྲུག་མདའ་དང་ལྕགས་ཀྱུ་ཅང་ཏེ་གཞུ་དང་ཞགས་པ་ནོར་བུ་འཛིན། །སྙིང་ཁར་ དོན་ཡོད་གྲུབ་པ་ནག་པོ་ཞལ་གསུམ་གཡས་གཡོན་ཉི་ཟླའི་མདོག །ཕྱག་དྲུག་རལ་གྲི་གྲི་ གུག་རྩེ་གསུམ་ཕུབ་དང་ཐོད་པ་ཁ་ཊྭཱཾ་འཛིན། །ལྟེ་བར་རྣམ་པར་སྣང་མཛད་སེར་པོ་ཞལ་ གསུམ་གཡས་གཡོན་དཀར་ནག་མདོག །ཕྱག་དྲུག་འཁོར་ལོ་དབྱུག་པ་རྡོ་རྗེ་དུང་དང་ལྕགས་ སྒྲོག་དྲིལ་བུ་འཛིན། །གཙུག་ཏོར་དུ་ནི་མི་བསྐྱོད་ལྗང་ཁུ་ཞལ་གསུམ་གཡས་གཡོན་ཉི་ཟླའི་ མདོག །ཕྱག་དྲུག་རྡོ་རྗེ་གྲི་གུག་དགྲ་སྟ་དྲིལ་བུ་ཐོད་པ་ཚངས་མགོ་འཛིན། །གསང་བར་རྡོ་རྗེ་ སེམས་དཔའ་སྔོན་པོ་ཞལ་གསུམ་གཡས་གཡོན་ཉི་ཟླའི་མདོག །ཕྱག་དྲུག་རྡོ་རྗེ་གྲི་གུག་དགྲ་ སྟ་དྲིལ་བུ་ཐོད་པ་ཚངས་མགོ་འཛིན། །ཞེས་པ་ལྟར་བསྒོམ་པས་སོ། །དེ་ནས་ལུས་དང་ངག་ དང་སེམས་དང་ཡེ་ཤེས་དག་པའི་ཆེད་དུ་ལག་པ་ཕན་ཚུན་མཉེ་ཞིང༌། ༀ་ཧྲཿསརྦ་(ཐམས་ཅད་) 7-1-154 ཨསྟྲ་(མཚོན་ཆའི)རཱ་ཛཱ་(རྒྱལ་པོ)མ་ར་(བདུད)ཀླེ་ཤ་(ཉོན་མོངས་པ)ཨན་ཏ་ཀ་ར་(མཐར་བྱེད་པ)བཛྲ་(རྡོ་རྗེ) ཏཱིཀྵྞཱ་དུཿཁ་(སྣོན་པོ་སྡུག་བསྔལ)ཙྪེ་ད་(གཅོད་པ)མ་མ་(བདག་གི)ཀ་རཾ་(ལག་པ་)བི་ཤོ་དྷ་ཡ་(རྣམ་པར་སྦྱོང་) སྭཱཧཱ་ཞེས་པས་དག་པར་བྱས་ནས། གཡོན་པའི་མཐེ་ཆུང་ལ་སོགས་པའི་རྩ་བའི་ཚིགས་ རྣམས་ལ་ཨ་ཨི་རྀ་ཨུ་ལི། བར་གྱི་ཚིགས་རྣམས་ལ་ཨ་ཨེ་ཨར་ཨོ་ཨལ། རྩེ་མོའི་ཚིགས་ རྣམས་ལ། ཧ་ཡ་ར་ཝ་ལ། རྣམས་དང༌། གཡས་པའི་མཐེ་བོ་ལ་སོགས་པའི་རྩེ་མོའི་ཚིགས་ རྣམས་ལ། ལཱ་ཝཱ་རཱ་ཡཱ་ཧཱ། བར་གྱི་ཚིགས་རྣམས་ལ། ཨཱལ་ཨཽ་ཨཱར་ཨཻ་ཨཱཿ རྩ་བའི་ཚིགས་ རྣམས་ལ། ལཱི་ཨཱུ་རཱྀ་ཨཱི་ཨཱ་རྣམས་བཀོད་ཏེ[དེ]། གཡོན་པ་ཟླ་བ་དང་གཡས་པ་ཉི་མ་དང་གཉི་ ག་སྦྱར་བའི་དབུས་སུ་ཧཱུྂ་ཡིག་འཐིང་[མཐིང་]ཁ་ལས་བྱུང་བའི་སྒྲ་གཅན་རྣམས་ལས་གྲུབ་ པའི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་གཙུག་ཏོར་ནས་རྐང་སེན་གྱི་བར་དུ་རེག་ཅིང༌། ༀ་ཨཱཿཧཱུཾ་ཧོཿཧཾ་ ཀྵཿཀཱ་ཡ་(སྐུ)ཝཀ་གསུང་ཙིཏ་ཏ་(ཐུགས)ཛྙ་ན་(ཡེ་ཤེས་ཀྱི)ཨ་དྷི་པ་ཏེ་(མངའ་བདག)བཛྲ་(རྡོ་རྗེ)ཀཱ་ཡ་ (སྐུ)མ་མ་(བདག་གི་)ཀཱ་ཡ(ལུས་)ཝཱཀ་(ངག)ཙིཏ་ཏ་(སེམས)ཛྙཱ་ན་(ཡེ་ཤེས་)བཛྲཾ་(རྡོ་རྗེ་རྣམས)བཛྲ་ཀཱའ་ ཡ་(རྡོ་རྗེའི་སྐུ)སྭ་བྷཱ་ཝཾ་(རང་བཞིན་དུ)ཀུ་རུ་(མཛོད)ཀུ་རུ་(མཛོད)སྭཱཧཱ། ཞེས་པའི་རྡོ་རྗེ་སྐུར་བལྟས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱ་ཡ་སྭ་བྷཱ་ཝ་ཨཱད་མ་ཀོ་ཧཾ(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན་ གྱི་བདག་ཉིད་ང་ཡིན)། ཞེས་ང་རྒྱལ་བཟུང་བར་བྱའོ། །དེ་ནས་ཡན་ལག་ལ་དགོད་པར་བྱ་སྟེ། ཐལ་མོ་སྦྱར་པའི་མཐེ་བོ་ཟུང་གིས་སྙིང་ཁ་ལ་སོགས་པ་རྣམས་སུ་རེག་ཅིང༌། ༀ་ཧྲིཾ་ཧྲྀ་ད་ཡ་ཡ་ (སྙིང་ཁར་)ན་མཿ ༀ་ཧྲཱུཾ་ཤི་ར་ས་(མགོ་བོར་)སྭཱཧཱ། ༀ་ཧྲྀ་ཤི་ཁཱ་ཡཻ་(གཙུག་ཏོར་དུ)ཝོ་ཥཊ། ༀ་ཧྲཱྀ་ཀ་ཝ་ཙཱ་ ཡ་ཧཱུཾཿ(གོ་ཆ་རུ) ༀ་ཧྲཱཾ་ནེ་ཏྲཱ་ཡ་ཝ་ཥཊ(མིག་ཏུ)། ཅེས་པ་དང༌། གཡོན་པས་ཕྱོགས་ཐམས་ཅད་དུ་ སེ་གོལ་བརྡབ་ཅིང༌། ༀ་ཧྲཱཿ ཨསྟཱ་ཡ་ཕཊ་(མཚོན་ཆར)ཞེས་པས་མཚོན་ཆ་བཀོད་ནས། ༀ་སརྦ་ ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཁ་སྤྱི་བོ་གཙུག་གཏོར་གོ་ཆ)ཧྲི་ད་ཡ། ཤཱི་རཿ ཤི་ཁ། ཀ་ཝ་ ཙ། ནེ་ཏྲ། ཨསྟྲ། བཛྲ་ཥ་ཊཾ་ག་སྭབྷཱ་ཝ་ཨཱད་མ་ཀོ་ཧཾ(གཡོན་མཚོན་ཆ་སྟེ་ཡན་ལག་དྲུག་གི་རང་བཞིན་གྱི་ 7-1-155 བདག་ཉིད་ང་ཡིན)། ཞེས་ང་རྒྱལ་བཟུང་བར་བྱའོ། །དེ་ནས་ཡུལ་དང་གྲོང་གི་བདག་པོ་ལ་གཏོར་ མ་སྦྱིན་པ་སྔོན་དུ་འགྲོ་བས་རང་རང་གི་ལུས་ཉིད་རྡོ་རྗེའི་སྐུར་བསྒོམས་ཏེ། བདུད་བགེགས་ ལ་སོགས་པ་བསྲེག་པར་བྱའོ། དེ་ཡང་ཇི་ལྟར་འབྱོར་པའི་གཏོར་མ་འཆད་པར་འགྱུར་བའི་ ཆོ་གས་སྦྱང་བ་དང་སྤེལ་བ་དང་སྦར་བ་དང་བདུད་རྩིར་བྱས་ནས་(རྡོ་རྗེ་ཁུ་ཚུར་རྒྱབ་སྦྱར་ནས་འཛུབ་མོ་ དང་མཐེ་ཆུང་མདུད་དེ་སྙིང་ཁར་གནས་པ)ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱས་ཡུལ་གྱི་བདག་པོ་སྤྱན་ དྲངས་ཏེ། ༀ་ཨཱཿ་ཧཱུཾ་(ཞིང་སྐྱོང་ཡུལ་བདག)ཆེ་གེ་མོ་(མིང་ཡིག་མཉམ་ན་ཐོག་མཐའ་སྦྱར་བའམ་མི་མཉམ་ན་དབུས་ དང་གསུམ་སྦྱར་བས)ས་པ་རི་ཝཱ་རཱ་ཡ་(འཁོར་དང་བཅས་པ)ཨི་དམ་(འདི་)བ་ལིཾ་(གཏོར་མ)གན་དྷཾ(དྲི)། པུཥྤཾ(མེ་ཏོག)། དྷཱུ་པཾ(བདུག་སྤོས)། པྲ་དཱི་པ(སྒྲོན་མ)། ཨ་ཀྵ་ཏཾ(མ་ཉམ་པ)། ད་དཱ་མ་ཧེ(བདག་གིས་སྦྱིན་ གྱིས)། ས་པ་རི་ཝཱ་རཿ(འཁོར་དང་བཅས་པ) ཤཱི་གྷྲཾ་(མྱུར་དུ)ཨཱ་གཙྪ་ཏུ(བྱོན་པར་མཛོད)། ཛ་ཧཱུཾ་བཾ་ཧོཿ ཨི་ དམ(འདི་)། བ་ལིཾ་(གཏོར་མ་)གྲྀཧྣཱ་ཏུ(བཟུང་བར་མཛོད)། ཁཱ་ད་ཏུ(གསོལ་བར་མཛོད)། བི་ཝ་ཏུ(བཏུང་བར་ མཛོད)། ས་པ་རི་ཝཱ་ར་ཀཿ(འཁོར་དང་བཅས་པ)སརྦ་(ཐམས་ཅད)སཏྭཱ་ནཱཾ(སེམས་ཅན་རྣམས་ལ)། ཤཱན་ཏིཾ(ཞི་ བ་དང་)། པུཥྚིཾ(རྒྱས་པ་དང་)། རཀྵ(བསྲུང་བ་དང་)། ཨཱ་ཝ་ར་ཎ(བསྐྱབ་པ་དང་)། གུས་ཏིཾ(སྦ་བ)། ཀ་རོ་ ཏུ(མཛད་དུ་གསོལ)། ཨི་དཾ་(འདི)སྠཱ་ནཱཾ(གནས)། ཏྱཀ་ཏྭཱ(དོར་ནས)། ཝཱ་ཧྱ་(ཕྱི་རོལ)མཎ་ཊ་ལ་བྷཱུ་མྱཾ(དཀྱིལ་ འཁོར་གྱི་ས་ལ)། ཏིཥྛ་ཏུ་(གནས་པར་མཛོད)ཧཱུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་(རྡོ་རྗེ་འཛིན་པའི་བཀའ་ བཞིན་མཛོད)སྭཱཧཱ། ཞེས་པ་དང༌། (ལག་མཐིལ་དུ་སེར་མོ་ལྔ་ཕྱེད་འཁྱོག་པ)ཁྱིའི་ཕྱག་རྒྱས་གྲོང་གི་བདག་ པོ་སྤྱན་དྲངས་ཏེ། ༀ་ཨཱཿཧཱུཾ། ཆེ་གེ་མོ་(གྲོང་གི་བདག་པོ)ཨཱ་གཙྪ་(བྱོན)ཨཱ་གཙྪ་(བྱོན)ཤཱི་གྷྲཾ་(མྱུར་དུ) ཨི་དཾ་(འདི་)བ་ལིཾ་(གཏོར་མ་)གྲིཧྣ་གྲིཧྣ(ཟུང་ཟུང་)། བྷུཀ་ཏྭཱ(གསོལ་ཞིང་)། སིཏྭཱ(འཐུངས་ཏེ)། ཏྲིས་ཏི་ཀྲྀ་ ཏྭཱ(ཚིམ་པར་བྱས་ནས)། སརྦ་ས་ཏྭཱ་ནཱཾཿ(ཐམས་ཅད་སེམས་ཅན་རྣམས་ལ)ཤཱན་ཏིཾ། ཙིཏ་ཏཾ་ཀྲྀ་(ཞི་བའི་སེམས་སུ་ བྱས་ཏེ)ཏྭཱ། ཨ་པ་རསྠཱ་ནཱཾ་(གཞན་གྱི་གནས་སུ)གཙྪ་(བྱོན)གཙྪ་(བྱོན)སྭཱཧཱ། ཞེས་པས་གཏོར་མ་ཕུལ་ ནས། རེ་ཤིག་[ཞིག་]གནས་གཞན་དུ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་རང་གི་ནང་ 7-1-156 གི་རྩ་རྣམས་རྡོ་རྗེའི་རང་བཞིན་དུ་མོས་པར་བྱ་སྟེ། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ༀ་ དཀར་པོ་ལས་རྡོ་རྗེ་རྩེ་མོ་བཅུ་བདུན་པ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿདམར་པོ་ ལས་རྡོ་རྗེ་རྩེ་མོ་སུམ་བ[ཅུ་]རྩ་གསུམ་པ། སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ་ ལས་རྡོ་རྗེ་རྩེ་མོ་དགུ་པ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿ སེར་པོ་ལས་རྡོ་རྗེ་རྩེ་མོ་དྲུག་ བཅུ་[ཅུ་]རྩ་ལྔ་པ། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ་ལྗང་ཁུ་ལས་རྡོ་རྗེ་རྩེ་མོ་ལྔ་ པ། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿ སྔོན་པོ་ལས་རྡོ་རྗེ་རྩེ་མོ་སུམ་བཅུ་[ཅུ་]རྩ་ གསུམ་པ་རྣམས་ཁམས་ཀྱི་མདོག་ཅན་དང༌། ཕྱི་རོལ་དུ་[ཏུ་]ཡང༌། ལག་པ་གཡོན་གྱི་ཕྲག་ པའི་ཚིགས་ལ། ང་ངི་ངྼྀ་ངུ་ངླྀ་ངཾ༌། གྷ་གྷི་གྷྼྀ་གྷུ་གྷླྀ་གྷཾ། ག་གི་ གྼྀ་གུ་གླྀ་གཾ། ཁ་ཁི་ཁྼྀ་ཁུ་ཁླྀ་ཁཾ། ཀ་ཀི་ཀྼྀ་ཀུ་ཀླྀ་ཀཾ་ རྣམས་དང༌། གཡས་ཀྱི་ཕྲག་པའི་ཚིགས་ལ། ཀྐཱཿ ཀྐླཱྀ་ཀྐཱུ་ཀྐྼཱྀ་ཀྐཱི་ཀྐཱ། ཁྑཱཿ ཁྑླཱྀ་ཁྑཱུ་ཁྑྼཱྀ་ཁྑཱི་ཁྑཱཿ གྒཱཿ གྒླཱྀ་གྒཱུ་གྒྼཱྀ་གྒི་གྒཱ། གྷྒྷཱ༔ གྷྒྷླཱྀ་གྷྒྷུ གྷྒྷྼཱྀ་གྷྒྷཱི་གྷྒྷཱ། ངྔཱཿ ངྔླཱྀ་ངྔཱུ་ངྔྼཱྀ་ངྔཱི་ངྔཱ༌། རྣམས་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ། དེ་བཞིན་དུ་སྦྱར་ཏེ། གྲུ་མོའི་ཚིགས་དག་ལ། ཙ་སྡེ་ལས་བྱུང་བའི་རྡོ་རྗེ་ནག་པོ། འཁྲིག་མའི་ ཚིགས་དག་ལ། ཊ་སྡེ་ལས་བྱུང་བའི་རྡོ་རྗེ་དམར་པོ། རྐང་པ་གཡོན་དང་གཡས་ཀྱི་སྤྱི་མགོའི་ ཚིགས་དག་ལ་པ་སྡེ་ལས་བྱུང་བའི་རྡོ་རྗེ་དཀར་པོ། པུས་མོའི་ཚིགས་དག་ལ་ཏ་སྡེ་ལས་བྱུང་ བའི་རྡོ་རྗེ་སེར་པོ། ལོང་བུའི་ཚིགས་དག་ལ་ས་སྡེ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་སྟེ། དེ་ལྟར་ན་ ལས་ཀྱི་འཁོར་ལོའི་རྡོ་རྗེ་བཅུ་གཉིས་པོ་ཐམས་ཅད་རྩེ་མོ་སུམ་བཅུ་[ཅུ་]རྩ་གཅིག་པ། ལག་ པ་གཡོན་པའི་མཐེ་ཆུང་ལ་སོགས་པའི་རྩ་བའི་ཚིགས་རྣམས་ལ། ང་ངི་ངྀ་ངུ་ངྀ་ངཾ་ ཞེས་པ་ལ་སོགས་པ་དང་གཡས་པའི་མཐེ་བོང་ལ་སོགས་པའི་རྩ་བའི་ཚིགས་རྣམས་ལ། ཀྐཱཿ ཀྐླཱྀ་ཀྐུ་ཀྐྼཱྀ་ཀྐཱི་ཀྐཱ། ཞེས་སོགས་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ། དེ་བཞིན་དུ་བར་ 7-1-157 གྱི་ཚིགས་རྣམས་ལ། ཙ་སྡེ་ལས་བྱུང་བའི་རྡོ་རྗེ་ནག་པོ་རྩེ་མོའི་ཚིགས་རྣམས་ལ་ཊ་སྡེ་ལས་ བྱུང་བའི་རྡོ་རྗེ་དམར་པོ། རྐང་པ་གཡོན་གྱི་མཐེ་ཆུང་ལ་སོགས་པ་དང༌། གཡས་ཀྱི་མཐེ་བོང་ ལ་སོགས་པའི་རྩ་བའི་ཚིགས་རྣམས་ལ་ས་སྡེ་ལས་བྱུང་བའི་རྡོ་རྗེ་དཀར་པོ། བར་གྱི་ཚིགས་ རྣམས་ལ་ཏ་སྡེ་ལས་བྱུང་བའི་རྡོ་རྗེ་སེར་པོ། རྩེ་མོའི་ཚིགས་རྣམས་ལ་ས་སྡེ་ལས་བྱུང་བའི་རྡོ་ རྗེ་སྔོན་པོ་སྟེ། བྱ་བའི་འཁོར་ལོའི་རྡོ་རྗེ་དྲུག་བཅུ་[ཅུ་]པོ་ཐམས་ཅད་རྩེ་མོ་བདུན་པ། གཡོན་ དང་གཡས་ཀྱི་རྣ་བ་དག་ལ་ཨ་ཨཱ་ལས་རྡོ་རྗེ་ལྗང་ཁུ། སྣ་དག་ལ་ཨེ་ཨཻ་ལས་རྡོ་རྗེ་ནག་པོ། མིག་དག་ལས་ཨར་ཨཱར་ལས་རྡོ་རྗེ་དམར་པོ། ལྕེ་དང་ལྕེ་ཆུང་དག་ལ་ཨོ་ཨཽ་ལས་རྡོ་རྗེ་ དཀར་པོ། རྡོ་རྗེ་དང་གསང་བ་(འབྲས་བུ་)དག་ལ་ཨལ་ཨཱལ་ལས་རྡོ་རྗེ་སེར་པོ། ཡིད་དང་ཁུ་ བའི་རྩ་(སྟེ་དབུ་མའི་ཐོག་མཐའ)དག་ལས་ཨཾ་ཨཿལས་རྡོ་རྗེ་སྔོན་པོ་རྣམས་རྩེ་མོ་གསུམ་པ། གཙུག་ ཏོར་དང་མགོ་བོ་དག་ལ་ཧ་ཧཱ་ལས་རྡོ་རྗེ་ལྗང་ཁུ། ལྕེ་དང་རྐན་དག་ལ་ཡ་ཡཱ་ལས་རྡོ་རྗེ་ནག་ པོ། ལག་མཐིལ་དག་ལ་ར་རཱ་ལས་རྡོ་རྗེ་དམར་པོ། རྐང་མཐིལ་དག་ལ་ཝ་ཝཱ་ལས་རྡོ་རྗེ་ དཀར་པོ་བཤང་ལམ་གྱི་གཡོན་དང་གཡས་དག་ལ་ལ་ལཱ་ལས་རྡོ་རྗེ་སེར་པོ་རྣམས་རྩེ་མོ་ལྔ་ པ་སྒོམས་[བསྒོམས་]ཏེ། དེ་རྣམས་ལས་འཕྲོས་པའི་རྡོ་རྗེའི་མེ་དཔུང་སྟེང་དང་འོག་ཏུ་ལྗང་ སྔོན་འབར་བ། ཤར་དང་ཤར་ལྷོར་ནག་པོ་འབར་བ། ལྷོ་དང་ལྷོ་ནུབ་དམར་པོ་འབར་བ། བྱང་དང་བྱང་ཤར་དཀར་པོ་འབར་བ། ནུབ་དང་ནུབ་བྱང་སེར་པོ་འབར་བ་རྣམས་ཀྱིས་ སེམས་ཅན་རྣམས་ལ་འཚེ་བར་བྱེད་པའི་བདུད་དང་བགེགས་དང་སྒྲིབ་པ་མཐའ་དག་ བསྲེགས་ནས་བདེ་བ་ཆེན་པོ་ལ་བཀོད་པར་བསམ་ཞིང༌། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཧྲཿཧྲཿཧྲཿཧྲཱཿར་ ར་ར་ར་བཛྲ་ཨ་ན་ལ(རྡོ་རྗེ་མ)། སརྦ་(ཐམས་ཅད་)ཨ་ཝ་ར་ཎ་(སྒྲིབ་པའི་)དྷརྨ་པྲ་ལ་ཡ་(ཆོས་ཉམས) སྭབྷཱ་ཝ(རང་བཞིན)། སརྦ་(ཐམས་ཅད་)མཱ་ར་(བདུད)ཀཱ་ཡི་ཀ་(རིས་དང་)བིགྷྣ་(བགེགས་)བི་ནཱ་ཡ་ཀ་(ལོག་ འདྲེན)ཨཱ་དཱི་ནཱཾ(ལ་སོགས་པ)། ད་ཤ་(བཅུའི)དིཀ་ག་ཏཱ་ནཱཾ(ཕྱོགས་ན་གནས་པ་རྣམས་ཀྱི)། ཀཱ་ཡ་(ལུས)ཝཱཀ་ 7-1-158 (ངག)ཙིཏ་ཏཱ་ནི(སེམས)། ད་ཧ་(བསྲེགས་)ད་ཧ(བསྲེགས)། པ་ཙ་(ཚོས་)པ་ཙ(ཚོས)། བྷསྨཱི་(ཐར་བར)ཀུ་ རུ་(གྱིས)ཀུ་རུ་(གྱིས)ཧཱུཾ་ཧཱུཾ་ཕཊ་ཕཊ་ཞེས་དྲག་ཏུ་བཏོན་པས་བདུད་གཞོམ་པར་བྱའོ། །དེ་ནས་ བསྲུང་[སྲུང་]བའི་འཁོར་ལོ་བསྒོམ་པར་བྱ་སྟེ། ཧཾ་ལས་ནམ་མཁའི་དཀྱིལ་འཁོར་ཡངས་ པའི་དབུས་སུ། ཡཾ་རཾ་ཝཾ་ལཾ་རྣམས་ལས་བྱུང་བའི་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་ སྟེང་དང༌། འོག་ཏུ་ཧཱུཾ་ལས་བྱུང་བའི་རྡོ་རྗེས་མཚན་པ་བསམ་ཞིང༌། ༀ་ཧཱཾ་ཡཱཾ་རཱཾ་ཝཱཾ་ལཱཾ། བཛྲ་(རྡོ་ རྗེ)ཨཱ་ཀཱ་ཤ(ནམ་མཁའ)། ཝཱ་ཡུ(རླུང་)། ཏེ་ཛ(མེ)། ཨུ་ད་ཀ(ཆུ) པྲི་ཐི་ཝཱི(ས་)བཛྲ་སྭ་བྷཱ་ཝ(རྡོ་རྗེ་རང་ བཞིན)། པཉྩ་དྷཱ་ཏྭ(ལྔའི་ཁམས་རྣམས)། བཛྲ་མཎ་ཌ་ལཱ་ནི་(རྡོ་རྗེ་དཀྱིལ་འཁོར་རྣམས་སུ)ཀུ་རུ་(གྱིས)ཀུ་རུ་ (གྱིས)སྭཱཧཱ་ཞེས་པས་འོག་ཏུ་འབྱུང་བ་ལྔའི་དཀྱིལ་འཁོར་རྣམས་བཀོད་ནས་དེ་དག་འདྲེས་པ་ ལས་རྡོ་རྗེའི་ར་བ་དང་ཁང་པ་ལ་སོགས་པར་བལྟས་ལ། ༀ་ཨཱཿཧཱུྃ་རཿ བཛྲ་(རྡོ་རྗེ)ཙན་ཏྲ་(ཟླ་བ) སཱུཪྻ(ཉི་མ)། ར་ཧུ་(སྒྲ་གཅན)ཀ་ལ་ཨག་ན་ཡ(དུས་མེ་རྣམསཿ) ཀཱ་ཡ་(སྐུ)ཝཱཀ་(གསུང་)ཙིཏ་ཏ་(ཐུགས) ཛྙཱ་ན(ཡེ་ཤེས)། བཛྲ་(རྡོ་རྗེའི)པྲ་ཀ་རཱན་(ར་བ་རྣམས)ཀུ་རུ་(མཛོད)ཀུ་རུ་(མཛོད)སྭཱཧཱ། ཞེས་བརྗོད་ཅིང་ ས་དང་ནམ་མཁའ་འབྱར་བར་སྣང་བའི་འཚམས་[མཚམས]སུ། རྡོ་རྗེའི་ར་བ་གསུམ་དང༌། ཡུལ་འཁོར་གྱི་འཚམས་[མཚམས་]སུ་རྡོ་རྗེའི་ར་བ་ལྔ་དང༌། ཐམས་ཅད་ཀྱི་འོག་ཏུ་མདུང་ དང་རྡོ་རྗེའི་ས་གཞི་དང༌། སྟེང་དུ་རྡོ་རྗེའི་གུར་དང༌། མདའི་དྲ་བ་རྣོན་པོ་རྣམས་དགོད་པར་ བྱའོ། །དེ་བཞིན་དུ་ༀ་ཧུཾ་བི་ཤྭ་(སྣ་ཚོགས་)ཀཱ་ཡ་(སྐུའི)བཛྲ་(རྡོ་རྗེ)བཛྲ་(རྡོ་རྗེ)ཀཱུ་ཊཱ་གཱ་རཾ་(རྩིགས་པའི་ ཁང་པ)ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་ར་བའི་ནང་དུ་རྡོ་རྗེའི་ཁང་པ་བརྩེགས་པ་ཁྲུ་ཉིས་བརྒྱ་པ་ དང༌། ༀ་པཾ་བི་ཤྭ་བཛྲ་པད་མཾ་(སྣ་ཚོགས་རྡོ་རྗེ་པད་མ་)ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་ཁང་པའི་ནང་གི་ འཁོར་ལོ་རྩིབས་བཅུ་པའི་ལྟེ་བའི་དབུས་སུ་ཁྲུ་བཅུ་གཉིས་པའི་པད་མ་དང༌། ༀ་རཿ བཛྲ་ སཱུཪྻ་(རྡོ་རྗེ་ཉི་མ)བཛྲ་སཱུཪྻ་(རྡོ་རྗེ་ཉི་མའི)ཨཱ་ས་ནཾ་(གདན)ཀུ་རུ་ཀུ་རུ་སྭཧཱ། ཞེས་པས་པད་མའི་ལྟེ་བ་ དང་འཁོར་ལོའི་རྩིབས་རྣམས་སུ་ཉི་མའི་གདན་བཀོད་ནས། དབུས་སུ་ཧཱུཾ་ལས་བྱུང་བའི་རྡོ་ 7-1-159 རྗེ་ཡོངས་སུ་གྱུར་པ་ལས་བདག་ཉིད་གཙོ་བོ་ལྟ་བུའི་ཁྲོ་བོ་ཆེན་པོར་བསྒོམ་པར་བྱ་སྟེ། དཔལ་ལྡན་དུས་ཀྱི་འཁོར་ལོ་ལྟ་བུ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས། །སྐུ་མདོག་སྔོན་པོ་ཉི་ཟླའི་ ཞབས་ཀྱིས་བདུད་དང་དྲག་པོའི་སྙིང་ཁར་མནན། །རབ་ཁྲོས་འཇིགས་སུ་རུང་བའི་གཟུགས་ དང་ནག་དམར་དཀར་པོའི་མགྲིན་པ་ཅན། །སྔོ་སོགས་ཞལ་བཞི་མཆེ་བ་གཙིགས་ཤིང་ གཉིས་ལྷག་རྒྱལ་བའི་ཕྱག་གིས་མཛེས། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ལྕགས་ ཀྱུ་ཌ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟ་གཡས་པའི་ཕྱག་རྒྱན་གཡོན་པ་ཡང༌། ། དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་དུང་དང་མེ་ལོང་ ལྕགས་སྒྲོག་ཚངས་པའི་མགོ་བོས་རྣམ་པར་བརྒྱན། །ལྷག་པའི་ཕྱག་གཉིས་ནག་དང་སེར་ བས་བདུད་ཀྱི་མགོ་བོ་ཐོད་ཁྲག་དང༌། །ཁྲག་དང་བཅས་པའི་གླང་ཆེན་ལྤགས་པ་རློན་པ་ འཛིན་ཞིང་སྡིག་འཛུབ་འཕྱར། །སྟག་ལྤགས་དང་ནི་ཐོད་པའི་ཕྲེང་བ་མགོ་བོའི་དོ་ཤལ་ རྣམས་ཀྱིས་བརྒྱན། །རྡོ་རྗེའི་ཕྱག་རྒྱ་དྲུག་དང་ལྡན་ཞིང་དེ་རྣམས་ཀླུའི་དབང་པོས་སྤྲས། ། ཞེས་པ་ལྟར་རོ། །དེ་ལ་ཕྱག་རྒྱ་རྣམས་དགོད་པར་བྱ་སྟེ། ༀ་ཧཾ་ཧཿ བཱ་མ་དཀྵི་ཎ་ཀ་ཎ་ཡོར་ (གཡོན་དང་གཡས་ཀྱི་རྣ་བ་དག་ལ)བཛྲ་ཀུཎ་ཊ་ལེ་(རྡོ་རྗེ་རྣ་རྒྱན)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཨཾ་ཨཿ ཀ་ཊྱཱཾ་ཀཎ་ཋེ་ བཛྲ་མེ་ཁ་ལ་བཛྲ་ཀན་ཋི་ཀེ་(རྐེད་པ་དང་མགྲིན་པར་རྡོ་རྗེ་སྐ་རགས་དང་རྡོ་རྗེ་མགུལ་རྒྱན་དང་)ཧུཾ་ཧཱུྃ་ཕཊ་ཕཊ། ༀ་ཨ་ཨཱ་བཱ་མ་དཀྵི་ཎ་(གཡོན་དང་གཡས་ཀྱི)ཀ་ར་ཡོར་(ཕྱག་དག་ལ)བཛྲ་རུ་ཙ་ཀཽ་(རྡོ་རྗེ་ཕྱག་གདུབ་དག་ཏུ) ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཧ་ཧཱ་པཱ་མ་དཀྵི་ཎ་(གཡོན་དང་གཡས་ཀྱི)པ་ད་ཡོར་(ཞབས་དག་པ)བཛྲ་(རྡོ་རྗེ་)ནུ་པུ་ རེ་(ཞབས་གདུབ་ཏུ)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཧཾ་ཝཾ་པཉྩ་(ལྔའི)ཨཱ་ཀཱ་ར་(རྣམ་པ)མ་ཧཱ་ཤཱུ་ནྱ་(ཆེན་པོ་སྟོང་པའི) སྭཱབྷཱ་བ་(རང་བཞིན)བཛྲ་(རྡོ་རྗེ)ཤི་རོ་མ་ཎི་(སྤྱི་བོའི་ནོར་བུ)ཤི་ར་སི་(སྤྱི་བོར)སརྦཱཾ་(ཐམས་ཅད)གེ་བྷས་མ་ (ཡན་ལག་ལ་ཐལ་བ)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ༀ་ཨར་དྷ་(ཕྱེད་པ)ནཱ་རཱི་ཤྭ་ར་(མི་མེའི་དབང་ཕྱུག་)བཛྲ་(རྡོ་རྗེ) ཨར་དྷ་ཙན་ཏྲ་(ཟླ་བ་ཕྱེད་པ)བཛྲ་པཊྚ་(རྡོ་རྗེ་དར་དཔྱངས་ཀྱི)ཨཱུར་དྷེ་(སྟེང་དུ)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཨ་ཨཿ 7-1-160 ཨཾ་སརྦ་(རྒྱ་དཔེ་ལ་བཛྲ་དུ་སྣང་)སྭ་ར་ཨེ་ཀ་ཏྲི་སྭ་ར་སྭ་བྷཱ་ཝ་(དབྱངས་ཐམས་ཅད་དབྱངས་གསུམ་གྱི་རང་བཞིན་ དུ་གཅིག་པ)བཛྲ་ཡཛྙོ་པ་ཝཱི་ཏ་(རྡོ་རྗེ་མཆོད་ཕྱིར་ཐོགས)སྐན་དྷེ་(ཕྲག་པར)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཀྵཿ དུར་ དཱན་ཏ་(གདུལ་དཀའ་བ)ཨ་བྷི་མཱ་ན་(མངོན་པའི་ང་རྒྱལ)ཀྵ་ཡཾ་ཀ་ར་(ཟད་པར་བྱེད་པ)བྱཱ་གྷྲ་ཙར་མ་(སྟག་གི་ ལྕགས་པ)ཀ་ཊཽ་(རྐེད་པ་ལ)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཧཾ་ཀྵཿ ཏྲིཾ་ཤད་(སུམ་བཅུའི)སྭ་ར་(དབྱངས)སཔ་ཏ་ཏི་ (བདུན་བཅུའི)ཧྲ་སྭ་(ཐུང་ངུའི)དཱིར་གྷ་བྱཉྫ་ན་(རིང་པོ་གསལ་བྱེད་ཀྱི)སྭབྷཱ་བ་(རང་བཞིན)དཻ་དྱ་(ལྷ་མི་ཡིན)ཀུ་ ལ་(རིགས)ཤ་ཏ་སི་རོ་བྷིར་(བརྒྱའི་མགོ་བོ་རྣམས་ཀྱིས)མུཎ་ཊ་མཱ་ལེ་(མགོའི་བོའི་ཕྲེང་བ)སྐན་དྷ་བ་ལཾ་བི་ ནེ་(ཕྲག་པར་འཕྱང་བ)སྐན་དྷེ་(ཕྲག་པ་ལ)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཧ་ཧི་ཧྲྀ་ཧུ་ཧླྀ་པཉྩ་སྐན་དྷ་བི་ཤུད་དྷ་སྭ་ བྷ་བ་ཤི་ར་སེ་ཀ་པཱ་ལེ་མཱ་ལེ་(ཕུང་པོ་ལྔ་རྣམ་པར་དག་པའི་རང་བཞིན་ཐོད་པའི་ཕྲེང་བ་སྤྱི་བོ་ལ)ཧུཾ་ཧཱུཾ་ཕཊ་ཕཊ་ ཅེས་བརྗོད་ཅིང་རྡོ་རྗེའི་རྣ་རྒྱན་དང༌། རྡོ་རྗེའི་སྐ་རགས་དང༌། རྡོ་རྗེ་མགུལ་རྒྱན་དང༌། རྡོ་རྗེའི་ ཕྱག་གདུབ་དང༌། རྡོ་རྗེ་ཞབས་གདུབ་དང༌། རྡོ་རྗེའི་ནོར་བུ་དང༌། རྡོ་རྗེའི་དར་དཔྱངས་དང༌། རྡོ་རྗེ་ཟླ་བ་ཕྱེད་པ་དང༌། །རྡོ་རྗེའི་མཆོད་ཕྱིར་ཐོགས་དང༌། སྟག་གི་ལྤགས་པའི་ཤམ་ཐབས་ དང༌། མགོ་བོའི་དོ་ཤལ་དང༌། ཐོད་པའི་ཕྲེང་བ་རྣམས་ཀྱིས་བརྒྱན་པར་བལྟའོ། ། དེ་ནས་མཚོན་ཆ་རྣམས་ཀྱང་དགོད་པར་བྱ་སྟེ། གཡས་པའི་ཕྱག་རྣམས་སུ། ༀ་ཀྵྼཿ ཀྲོ་ དྷ་བཛྲ་(ཁྲོ་བོའི་རྡོ་རྗེ)ཧུཾ་ཕཊ། ༀ་ཀྵྼཿ བཛྲ་ཁཊ་ག་(རྡོ་རྗེ་རལ་གྲི་)ཧུཾ་ཕཊ། ༀ་ཀྵྼཿ བཛྲ་ཏྲི་ཤཱུ་ལ་(རྡོ་རྗེ་ རྩེ་གསུམ)ཧུཾ་ཕཊཿ ༀ་ཀྵྼཿ བཛྲ་ཀར་ཏི་ཀ་(རྡོ་རྗེ་གྲི་གུག)ཧུཾ་ཕཊ། ༀ་ཀྵྼཿ བཛྲ་བཱ་ན་(རྡོ་རྗེ་མདའ)ཧུཾ་ ཕཊ། ༀ་ཀྵྼཿ བཛྲ་ཨཾ་ཀུ་ཤ་(རྡོ་རྗེ་ལྕགས་ཀྱུ)ཧུཾ་ཕཊཿ ༀ་ཀྵྼཿ བཛྲ་ཌ་མ་རུ་ཀ་(རྡོ་རྗེ་ཅང་ཏེའུ)ཧུཾ་ཕཊ། ༀ་ཀྵྼཿ བཛྲ་མུད་ག་ར་(རྡོ་རྗེ་ཐོ་བ)ཧུཾ་ཕཊ། ༀ་ཀྵྼཿ བཛྲཿཙཀྲ་(རྡོ་རྗེ་འཁོར་ལོ་)ཧུཾ་ཕཊ། ༀ་ཀྵྼཿ བཛྲ་ཀུན་ཏ་(རྡོ་རྗེ་མདུང་)ཧུཾ་ཕཊ། ༀ་ཀྵྼཿ བཛྲ་དཎ་ཊ་(རྡོ་རྗེ་དབྱུག་པ)ཧུཾ་ཕཊ། ༀ་ཀྵྼཿ བཛྲ་པར་ཤུ་ (རྡོ་རྗེ་དགྲ་སྟ)ཧུཾ་ཕཊ། ཅེས་པ་དང༌། གཡོན་པའི་ཕྱག་རྣམས་སུཿ ༀ་ཧྭཱ་བཛྲ་གྷཎ་ཊེ་(རྡོ་རྗེ་དྲིལ་བུ) ཧོཿ ཕྲེཾ་ཕཊ། ༀ་ཧྭཱ་བཛྲ་ཁེ་ཊ་(རྡོ་རྗེ་ཕུབ་)ཧོཿ ཕྲེཾ་ཕཊ། ༀ་ཧྭཱ་བཛྲ་བཛྲ་ཁ་ཊྭཱཾ་ག་(རྡོ་རྗེ་ཁ་ཊཾ་ག)ཧོཿ ཕྲེཾ་ 7-1-161 ཕཊ། ༀ་ཧྭཱཾ་བཛྲ་ཀ་པཱ་ལ་(རྡོ་རྗེ་ཐོད་པ་)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ཙ་པ་(རྡོ་རྗེ་གཞུ)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་ བཛྲ་པཱ་ཤ་(རྡོ་རྗེ་ཞགས་པ)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་རད་ན་(རྡོ་རྗེ་རིན་ཆེན)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ པད་མ་ཧོ་(རྡོ་རྗེ་པད་མ)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ཤཾ་ཁ་(རྡོ་རྗེ་དུང་)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ཨཱ་དར་ཤ་ (རྡོ་རྗེ་མེ་ལོང་)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ཤྲིཾ་ཁ་ལེ་(རྡོ་རྗེ་ལྕགས་སྒྲོག)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་ཙ་ཏུར་བེ་(རིག་ བྱེད་བཞིའི་)ད་མུ་ཁ་སྭ་བྷཱ་ཝ་(རང་བཞིན)བྲཧྨ་ཤི་རཾ་(ཚངས་པའི་མགོ་བོ)ཧོཿ ཕྲེཾ་ཕཊ། ཞེས་པས་སོ། །དེ་ ནས་ༀ་ཀྵ་ཀྵ་ཀྵི་ཀྵི་ཀྵྼྀ་ཀྵྼཱྀ་ཀྵུ་ཀྵཱུ་ཀྵླྀ་ཀྵླཱྀ་ཀྵཾ་ཀྵཿ ཧ་ཧཱ་ཧི་ཧཱི་ ཧྲཱྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧཿ སརྦ་(ཐམས་ཅད་)བིགྷྣ་(བགེགས་)བི་དཱ་རི་ཏ་ (རྣམ་པར་འཇོམས་པའི)ག་ཛ་(གླང་པོའི)ཙར་མ་(ལྤགས་པ)པ་ཊ་ཨར་ཏྲ་(གོས་རློན་པ)རཀ་ཏ་ཤྲ་བ་ཏ་(ཁྲག་ འཛག་པ)ཧུཾ་ཕྲེཾ། ཞེས་བརྗོད་ཅིང་གླང་པོའི་ལྤགས་པ་ཁྲག་དང་བཅས་པ་མགོ་གཡས་སུ་བསྟན་ པའི་རྐང་ལག་གཉིས་ནས་ཕྱག་ལྷག་མ་གཉིས་ཀྱིས་བཟུང་སྟེ་གྱོན་པར་བསམ་མོ། །དེ་ནས་ ཀླུའི་རྒྱལ་པོ་རྣམས་ཀྱིས་བརྒྱན་པར་བྱ་སྟེ། ༀ་ཧུཾ་བཛྲ་(རྡོ་རྗེ་)ཛ་ཡ་(རྒྱལ་བ་)ནཱ་ག་ཨིན་ཏྲ་(ཀླུའི་ དབང་པོ)བཛྲ་(རྡོ་རྗེ)ཛ་ཊཱ་མུ་ཀུ་ཊ་བན་དྷེ་(རལ་པའི་ཅོད་པན་དུ་ཆིངས་ལ)ཏིཥྛ་(གནས་)ཏིཥྛ་(གནས་)ཧུཾ་ཧཱུཾ་ ཕཊ་ཕཊ། ༀ་ཀྵཱུཾ་བཛྲ་(རྡོ་རྗེ་)བི་ཛ་ཡ་(རྣམ་པར་རྒྱལ་བ)ནཱ་ག་ཨིན་ཏྲ་(ཀླུའི་དབང་པོ)བཛྲ་པཊ་ཊ་བན་ དྷེ་(རྡོ་རྗེ་དར་དཔྱངས་ཆིངས་ལ)ཏིཥྛ་ཏིཥྛ་(གནས་)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཧྻཾ་ཧྻཱཾ་བཛྲ་ཀར་ཀོ་ཊ་ཀ་(རྡོ་རྗེ་སྟོབས་ ཀྱི་རྒྱུ་དང་)བཛྲ་པད་མཽ(རྡོ་རྗེ་པད་མོ་དག)། བཱ་མ་(གཡོན་དང་)དཀྵི་ཎ་ཀུཎ་ཊ་ལ་(གཡས་ཀྱི་རྣ་རྒྱན་ལ)ཡོཿ ཏིཥྛ་ཏིཥྛ་(གནས་)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཧྲཾ་ཧྲཱཾ་བཛྲ་བཱ་སུ་(རྡོ་རྗེ་ནོར་རྒྱས་དང་)ཀི ཤཾ་ཁ་པཱ་ལཽ་(དུང་སྐྱོང་དག) བཱ་མ་དཀྵི་ཎ་རུ་ཙ་ཀ་ཡོཿ(གཡོན་དང་གཡས་ཀྱི་ཕྱག་གདུབ་ལ)ཏིཥྛ་ཏིཥྛ་(གནས་)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཧྭཾ་ཧྭཱཾ་ བཛྲ་ཨ་ནན་ཏ་(རྡོ་རྗེ་མཐའ་ཡས་དང་)ཀུ་ལི་ཀཽ་(རིགས་ལྡན་དག)མེ་ཁ་ལཱ་ཀཎ་ཋི་ཀ་ཡོཿ(སྐ་རགས་དང་ མགུལ་རྒྱལ་དག་ལ)ཏིཥྛ་ཏིཥྛ་(གནས་)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཧླཾ་ཧླཱཾ་བཛྲ་ཏཀྵ་ཀ་(རྡོ་རྗེ་འཇོག་པ་དང་)མ་ཧཱ་ པད་མཽ་(པད་མ་ཆེན་པོ་དག)བཱ་མ་(གཡོན་དང་)དཀྵི་ཎ་(གཡས་ཀྱི་)པཱ་ད་ནཱུ་པུ་ར་ཡོཿ(ཞབས་ཀྱི་རྐང་གདུབ་དག་ 7-1-162 ལ)ཏིཥྛ་ཏིཥྛ་(གནས་)ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་པས་ཀླུའི་རྒྱལ་པོ་རྣམས་ཀྱིས་ཅོད་པན་དང༌། དར་ དཔྱངས་དང༌། རྣ་རྒྱན་དང༌། གདུ་བུ་དང༌། རྐ་རགས་དང་མགུལ་རྒྱན་དང༌། ཞབས་གདུབ་ རྣམས་ཀྱིས་སོ། །དེ་ནས་ང་རྒྱལ་བཟུང་བར་བྱ་སྟེ། ༀ་ཧུཾ་ཀྲོ་དྷ་ཨིན་ཏྲོ་ཧཾ་(ཁྲོ་བོའི་དབང་པོ)ཀྲོ་དྷཱ་ ནཱཾ་(ཁྲོ་བོ་རྣམས་ལ)ཨཛྙཱ་དཱ་ཡ་ཀ་(བཀའ་བསྒོ་བ་པོ)སྭཱཧཱ། ཞེས་པས་སོ། །དེ་ནས་བསྲུངས་མའི་ཚོགས་ རྣམས་རིམ་གྱིས་སྤྲོ་བར་བྱ་སྟེ། ཐོག་མར་ཁྲོ་བོ་བཅུ་སྤྲོ་བ་ནི། ཐུགས་ཁར་ཉི་མའི་དཀྱིལ་ འཁོར་ལ་ཧ་ཡ་ར་ཝ་ལ་བརྩེགས་པའི་ཡེ་གེ་རྣམས་བསྒོམས་ནས། ཧ་ཧཱ་དག་ལས་བྱུང་བའི་ རྡོ་རྗེ་ལྗང་སྔོན་ཡོངས་སུ་གྱུར་པ་ལས། གཙུག་གཏོར་ཅན་དང་གནོད་མཛེས་ལྗང་སྔོན་༡ཞལ་ གསུམ་གཡས་གཡོན་ཉི་ཟླའི་མདོག །ཕྱག་དྲུག་རྡོ་རྗེ་གྲི་གུག་དགྲ་སྟ་དྲིལ་བུ་ཐོད་པ་ཚངས་ མགོ་འཛིན། །གཡོན་དང་གཡས་ཀྱི་རྣ་བ་ལས་བྱུང་སྟེང་དང་འོག་ཏུ་བསྲུང་བར་མཛད། །ཡི་ ཡཱི་དག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་གྱུར་པ་ལས། །ཤིན་ཏུ་སྟོབས་དང་དབྱུག་སྔོན་ ནག་པོ་༢ཞལ་གསུམ་གཡས་གཡོན་ཉི་ཟླའི་མདོག །ཕྱག་དྲུག་རལ་གྲི་གྲི་གུག་རྩེ་གསུམ་ ཕུབ་དང་ཐོད་པ་ཁ་ཊྭཱཾ་འཛིན། །གཡོན་དང་གཡས་ཀྱི་སྣ་བུག་ལས་བྱུང་ཤར་དང་ཤར་ལྷོར་ བསྲུང་བར་མཛད། །རྀ་རཱྀ་ལས་བྱུང་རིན་ཆེན་དམར་པོ་ཡོངས་སུ་གྱུར་པ་ལས། ། རྨུགས་བྱེད་དང་ནི་ཊཀི་༣དམར་པོ་ཞལ་གསུམ་གཡས་གཡོན་དཀར་ནག་མདོག །ཕྱག་ དྲུག་མདའ་དང་ལྕགས་ཀྱུ་ཅང་ཏེ་གཞུ་དང་ཞགས་པ་ནོར་བུ་འཛིན། །གཡོན་དང་གཡས་ཀྱི་ མིག་དག་ལས་བྱུང་ལྷོ་དང་ལྷོ་ནུབ་བསྲུང་བར་མཛད། །ཝུ་ཝཱུའུ་དག་ལས་བྱུང་བའི་པད་མ་ དཀར་པོ་ཡོངས་སུ་གྱུར་པ་ལས། །ཁེངས་བྱེད་དང་ནི་མི་གཡོ་༤དཀར་པོ་ཞལ་གསུམ་གཡས་ གཡོན་ནག་དམར་མདོག །ཕྱག་དྲུག་ཐོ་བ་མདུང་དང་རྩེ་གསུམ་པད་ཀར་མེ་ལོང་བགྲང་ཕྲེང་ འཛིན། །ལྕེ་དང་ཆུ་ལམ་དག་ལས་བྱུང་ནས་བྱང་དང་བྱང་ཤར་བསྲུང་བར་མཛད། །ལླྀ་ ལླཱྀ་ལས་བྱུང་འཁོར་ལོ་སེར་པོ་ཡོངས་གྱུར་པ་ལས། །རེངས་བྱེད་དང་ནི་སྟོབས་ཆེན་ 7-1-163 སེར་པོ་༥ཞལ་གསུམ་གཡས་གཡོན་དཀར་ནག་མདོག །ཕྱག་དྲུག་འཁོར་ལོ་དབྱུག་པ་རྡོ་རྗེ་ དུང་དང་ལྕགས་སྒྲོག་དྲྀལ་བུ་འཛིན། །བཤད་ལམ་དང་ནི་གཙུག་གཏོར་ལས་བྱུང་ནུབ་ དང་ནུབ་བྱང་བསྲུང་བར་མཛད། །ཐམས་ཅད་དབུ་སྐྲ་དམར་སེར་གྱེན་བརྫེས་ཞལ་རེའང་ དམར་བའི་སྤྱན་གསུམ་ལྡན། །སྟག་ལྤགས་མགོ་ཕྲེང་སྤྲུལ་རྒྱན་དང་ལྡན་གཡས་བརྐྱང་ ཞབས་ཀྱིས་ཉི་མར་བཞུགས། །ཞེས་པ་ལྟར་རོ། །༡ དེ་བཞིན་དུ་ཟད་པར་བཅུ་སྤྲོ་བ་ནི། ཐུགས་ཁར་ཉི་མ་ལ་ང་ཉ་ཎ་མ་ནན་བརྩེགས་པའི་ཡི་གེ་རྣམས་བསྒོམས་ནས། ང་ངཱ་དག་ ལས་བྱུང་བའི་རྡོ་རྗེ་ལྗང་སྔོན་ཡོངས་སུ་གྱུར་པ་ལས། །ཟད་པར་ནམ་མཁའ་གཉིས་ནི་ལྗང་ སྔོན་ཞེས་སོགས་ཁྲོ་བོ་བཞིན་ནོ། །དེ་བཞིན་དུ་ཉི་ཉཱི་དག་ལས་བྱུང་བའི་རལ་གྲི་ནག་པོ་ ཡོངས་སུ་གྱུར་པ་ལས། །ཟད་པར་རླུང་གཉིས་སྐུ་མདོག་ནག་པོ། ཎྼྀ་ཎྼཱྀ་ ལས་བྱུང་རིན་ཆེན་དམར་པོ་ཡོངས་སུ་གྱུར་པ་ལས། ཟད་པར་མེ་གཉིས་སྐུ་མདོག་དམར་པོ། མུ་མཱུ་དག་ལས་བྱུང་བའི་པད་མ་དཀར་པོ་ཡོངས་སུ་གྱུར་པ་ལས། ཟད་པར་ཆུ་གཉིས་སྐུ་ མདོག་དཀར་པོ། ནླྀ་ནླཱྀ་ལས་བྱུང་འཁོར་ལོ་སེར་པོ་ཡོངས་སུ་གྱུར་པ་ལས། ཟད་ པར་ས་གཉིས་སྐུ་མདོག་སེར་པོ་ཞེས་སོགས་ཁྲོ་བོ་བཞིན་ནོ། །ཐམས་ཅད་ལྷ་ཡི་ན་བཟའ་ དང་ལྡན་སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤྲས། །རང་ཕྱོགས་འབྱུང་བའི་དཀྱིལ་འཁོར་དག་ལ་ རྡོ་རྗེའི་གདན་གྱིས་བཞུགས་པའོ། །ཞེས་པ་ལྟར་རོ། །ཕྱོགས་སྐྱོང་བཅུ་སྤྲོ་བ་ནི། ཐུགས་ཁར་ ཉི་མ་ལ་གྷ་ཛྷ་ཌྷ་བྷ་དྷདྷ་བརྩེགས་པའི་ཡི་གེ་རྣམས་བསྒོམས་ནས། གྷ་གྷཱ་ཁབ་དང་འཁོར་ལོ་ ལས་བྱུང་ཚངས་པ་ཁྱབ་འཇུག་ལྗང་སྔོན་མདོག །ངང་པ་ལ་གནས་ཁབ་དང་བགྲང་ཕྲེང་པད་ མ་སྤྱི་བླུགས་འཛིན་པ་དང༌། །མཁའ་ལྡི ང་ལ་གནས་འཁོར་ལོ་དབྱུགས་པ་པད་མ་དུང་རྣམས་ འཛིན་པ་དག །གཡོན་དང་གཡས་ཀྱི་རྣ་བ་ལས་བྱུང་ཞེས་པ་ལ་སོགས་པ་ནི་ཐམས་ཅད་ལ་ མཚུངས་པ་ཉིད་དོ། །ཛྷི་ཛྷཱི་རལ་གྲི་ལྗོན་ཤིང་ལས་བྱུང་བདེན་བྲལ་རླུང་ལྷ་ནག་པོའི་མདོག། 7-1-164 ཡི་དྭགས་ལ་གནས་རལ་གྲི་གྲི་གུག་ཕུབ་དང་ཐོད་པ་འཛིན་པ་དང༌། །རི་དྭགས་ལ་གནས་ ལྗོན་ཤིང་མེ་ཏོག་ནོར་བུ་ཨུད་པལ་འཛིན་པ་དག །སྣ་བུག་དྷྲྀ་དྷྲཱྀ་དབྱུག་པ་ཤག་ ཏི་ལས་བྱུང་གཤིན་རྗེ་མེ་ལྷ་དམར། །མ་ཧེར་གནས་ཤིང་དབྱུག་པ་རལ་གྲི་ལྕགས་སྒྲོག་ ཞགས་པ་འཛིན་པ་དང༌། །ལུག་ལ་གནས་ཤིང་མདུང་ཐུང་དབྱུག་པ་ཆུ་སྐྱེས་སྤྱི་བླུགས་འཛིན་ པ་དག །མིག་དག་བྷུ་བྷཱུ་ཞགས་པ་རྩེ་གསུམ་ལས་བྱུང་རྒྱ་མཚོ་དྲག་པོ་དཀར་པོའི་མདོག །ཆུ་ སྲིན་ལ་གནས་ཞགས་པ་རིན་ཆེན་སྦྲུལ་ཞགས་ཆུ་ཤེལ་འཛིན་པ་དང༌། །ཁྱུ་མཆོག་ལ་གནས་ རྩེ་གསུམ་མདའ་དང་སྦྲུལ་ལྡན་ཁ་ཊྭཱཾ་གཞུ་འཛིན་དག །ལྕེ་དང་ཆུ་ལམ་དྷླྀ་དྷླཱྀ་རྡོ་ རྗེ་བེ་ཆོན་ལས་བྱུང་དབང་པོ་ནོར་སྦྱིན་སེར། །གླང་པོར་གནས་ཤིང་རྡོ་རྗེ་མངའ་དང་དྲིལ་བུ་ གཞུ་རྣམས་འཛིན་པ་དང༌། །ཁང་བརྩེགས་ལ་གནས་ནོར་བུ་བེ་ཅོན་ནེའུ་ལེ་པད་མ་འཛིན་པ་ དག །བཤང་ལམ་གཙུག་ཏོར། ཐམས་ཅད་ལྷའི་ན་བཟའ་དང་ལྡན་སྣ་ཚོགས་རིན་ཆེན་རྒྱན་ གྱི་སྤྲས། །རང་རང་བཞོན་པ་དག་གི་སྟེང་དུ་རྡོ་རྗེའི་གདན་གྱིས་བཞུགས་པའོ། །ཞེས་པ་ལྟར་ རོ། །གཟའ་བཅུ་སྤྲོ་བ་ནི། ཐུགས་ཁར་ཉི་མ་ལ་ག་ཛ་ཌ་བ་དད་བརྩེགས་པའི་ཡི་གེ་རྣམས་ བསྒོམས་ནས། ག་གཱ་དང་ནི་རྡོ་རྗེ་ལས་བྱུང་སྒྲ་གཅན་དང་ནི་དུས་མེ་དག །ལྗང་ཁུ་དང་ནི་ སྔོན་པོའི་མདོག་ཅན་ཕྱག་བཞི་རྣམས་ན་རིམ་པ་བཞིན། །གཡས་ན་རྡོ་རྗེ་བགྲང་ཕྲེང་དང་ནི་ གཡོན་ན་དྲིལ་བུ་པད་མ་འཛིན། །རྣ་བ། ཛི་ཛཱི་གྲི་གུག་རལ་གྲི་ལས་བྱུང་ཟླ་བ་ཉི་མ་ནག་པོའི་ མདོག །ཕྱག་བཞི་རྣམས་ན་གྲི་གུག་རྩེ་གསུམ་ཐོད་པ་ཁ་ཊྭཾ་འཛིན་པ་དང༌། །རལ་གྲི་དང་ནི་ རྩེ་གསུམ་ཕུབ་དང་ཁ་ཊྭཱཾ་ག་རྣམས་འཛིན་པ་དག །སྣ་བུག ཌྼྀ་ཌྼཱྀ་མདའ་ དང་རྡོ་རྗེ་ལས་བྱུང་གཟའ་ལག་མིག་དམར་དམར། །ཕྱག་བཞི་རྣམས་ན་མངའ་དང་རིན་ཆེན་ གཞུ་དང་མེ་ལོང་འཛིན་པ་དང༌། །རྡོ་རྗེ་ལྕགས་ཀྱུ་རིན་པོ་ཆེ་དང་ཞགས་པ་མེ་ལོང་འཛིན་པ་ དག །མིག་དག བུ་བཱུ་པད་མ་འཁོར་ལོ་ལས་བྱུང་པ་སངས་ཕུར་བུ་དཀར་པོའི་མདོག །ཕྱག་ 7-1-165 བཞི་རྣམས་ན་པད་མ་ཤེལ་ཕྲེང་རིལ་བ་དུང་རྣམས་འཛིན་པ་དང༌། །འཁོར་ལོ་དང་ནི་མུ་ཏིག་ བགྲང་ཕྲེང་པདྨ་སྤྱི་བླུགས་འཛིན་པ་དག །ལྕེ་དང་ཆུ་ལམ་དག དླྀ་དླཱྀ་སྦྲུལ་ ཞགས་ལྕགས་སྒྲོག་ལས་བྱུང་མཇུག་རིངས་སྤེན་པ་སེར། །ཕྱག་བཞི་རྣམས་ན་སྦྲུལ་ཞགས་ དབྱུག་པ་འཁོར་ལོ་ཐོ་བ་འཛིན་པ་དང༌། །ལྕགས་སྒྲོག་དང་ནི་ཐོ་བ་འཁོར་ལོ་རྡོ་རྗེ་ཕུར་བུ་ འཛིན་པ་དག །གཤང་ལམ་གཙུག་ཏོར། ཐམས་ཅད་ལྷ་ཡི་ན་བཟའ་དང་ལྡན་སྣ་ཚོགས་རིན་ ཆེན་རྒྱན་གྱི་སྤྲས། །རང་ཕྱོགས་འབྱུང་བའི་དཀྱིལ་འཁོར་དག་ལ་རྡོ་རྗེའི་གདན་གྱིས་ བཞུགས་པའོ། །ཞེས་པ་ལྟར་རོ། །ཀླུ་བཅུ་སྤྲོ་བ་ནི། ཐུགས་ཁར་ཉི་མ་ལ་ཁ་ཚ་ཋ་ཕ་ཐཐ་ བརྩེགས་པའི་ཡེ་གེ་རྣམས་བསྒོམས་ནས། ཁ་ཁཱ་དང་ནི་རྡོ་རྗེ་ལས་བྱུང་རྒྱལ་དང་རྣམ་རྒྱལ་ ལྗང་སྔོན་དག །རྣ་བ། ཚི་ཚཱི་དང་ནི་རྒྱལ་མཚན་ལས་བྱུང་སྟོབས་རྒྱུ་པད་མ་ནག་པོ་དག། སྣ་ བུག ཋྼྀ་ཋྼཱྀ་བཀྲ་ཤིས་ལས་བྱུང་ནོར་རྒྱས་དུང་སྐྱོང་དམར་པོ་དག །མིག་དག ཕུ་ཕཱུ་དང་ནི་པད་མ་ལས་བྱུང་མཐའ་ཡས་རིགས་ལྡན་དཀར་པོ་དག །ལྕེ་དང་ཆུ་ལམ། ཐླྀ་ ཐླཱྀ་རྡོ་རྗེ་ལས་བྱུང་འཇོག་པོ་པད་ཆེན་སེར་པོ་དག །བཤད་ལམ་གཙུག་ཏོར། ཐམས་ ཅད་སྦྲུལ་མགོའི་གདེངས་ཀ་དང་ལྡན་ཞལ་གཅིག་ཕྱག་བཞིས་རྣམ་པར་བརྗིད། །གཡས་ན་ བུམ་པ་རྡོ་རྗེ་དང་ནི་གཡོན་ན་པདྨ་ནོར་བུ་འཛིན། །ཡིད་འོང་ལྷ་ཡི་ན་བཟའ་དང་ལྡན་སྣ་ ཚོགས་རིན་ཆེན་རྒྱན་གྱིས་སྤྲས། །རང་ཕྱོགས་འབྱུང་བའི་དཀྱིལ་འཁོར་དག་ལ་རྡོ་རྗེའི་ གདན་གྱིས་བཞུགས་པའོ། །ཞེས་པ་ལྟར་རོ། །རབ་གཏུམ་བཅུ་སྤྲོ་བ་ནི། ཐུགས་ཁར་ཉི་མ་ལ་ ཀ་ཙ་ཊ་པ་ཏཏ་བརྩེགས་པའི་ཡི་གེ་རྣམས་བསྒོམས་ནས། ཀ་ཀཱ་གྲི་གུག་ལྗང་སྔོན་ལས་བྱུང་ རོ་ལངས་དང་ནི་གྲུལ་བུམ་དག། རྣ་བ། ཙི་ཙཱི་དག་ལས་བྱུང་བའི་གྲི་གུག་ནག་པོ་ཡོངས་སུ་ གྱུར་པ་ལས། །ཁྱིའི་གདོང་ཅན་མི་འམ་ཅི་དང་བྱ་རོག་གདོང་ཅན་སྐྱེས་བུའམ་ཅི། སྣ་བུག ཊྼྀ་ཊྼཱྀ་ལས་བྱུང་གྲི་གུག་དམར་པོ་ཡོངས་སུ་གྱུར་པ་ལས། །དྲི་ཟ་ཕག་གི་ 7-1-166 གདོང་པ་ཅན་དང་འབྱུང་པོ་བྱ་རྒོད་གདོང་པ་ཅན། །མིག་དག པུ་པཱུ་དག་ལས་བྱུང་བའི་གྲི་ གུག་དཀར་པོ་ཡོངས་སུ་གྱུར་པ་ལས། །སྲིན་པོ་སྟག་གི་གདོང་པ་ཅན་དང་ཡི་དྭགས་འུག་ པའི་གདོང་པ་ཅན། །ལྕེ་དང་ཆུ་ལམ། ཏླྀ་ཏླཱྀ་ལས་བྱུང་གྲི་གུག་སེར་པོ་ཡོངས་སུ་ གྱུར་པ་ལས། །བརྗེད་བྱེད་ལྕེ་སྤྱང་གདོང་པ་ཅན་དང་ནམ་མཁའ་ལྡི ང་ནི་མཁའ་ལྡི ང་ཉིད། བཤང་ལམ་གཙུག་ཏོར། ཐམས་ཅད་ཞལ་གཅིག་ཕྱག་གཉིས་དང་ལྡན་རང་རང་ཕྱོགས་ཀྱི་ མདོག་ཅན་ཏེ། །གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། ། གཡས་པའི་ཕྱག་གིས་གྲི་གུག་འཛིན་ཞིང་གཡོན་པ་ན་ནི་ཐོད་པ་ཉིད། །རང་ཕྱོགས་འབྱུང་ བའི་དཀྱིལ་འཁོར་དག་ལ་ཟླུམ་པོའི་སྟབས་ཀྱིས་བཞུགས་པའོ། །ཞེས་པ་དང༌། འབྱུང་པོ་ བཅུ་དང་ཀླུ་རྒྱལ་བཅུ་ནི་ས་ཆུ་རྣམ་པར་དག་པ་སྟེ། །ར་བ་ལྔ་པའི་ཕྱི་ན་དག་དང་ལུས་ཀྱི་ ཁམས་ཀྱང་བསྲུང་བར་མཛད། །གཟའ་མཆོག་བཅུ་དང་ཕྱོགས་སྐྱོང་བཅུ་ནི་མེ་རླུང་རྣམ་པར་ དག་པ་སྟེ། །ར་བ་གསུམ་པའི་ཕྱི་ནང་དག་དང་ངག་གི་ཁམས་ཀྱང་བསྲུང་བར་མཛད། །ཟད་ པར་བཅུ་དང་ཁྲོ་བོ་བཅུ་ནི་ནམ་མཁའ་ཡེ་ཤེས་དག་པ་སྟེ། །ཁང་པ་བརྩེགས་མའི་ཕྱི་ནང་ དག་དང་ཡིད་ཀྱི་ཁམས་ཀྱང་བསྲུང་བར་མཛད། །ཅེས་པ་ལྟར་སྤྲོས་ནས་གནས་གསུམ་དུ་ༀ་ ཨཱཿཧཱུཾ་དགོད་ཅིང་ལྕགས་ཀྱུ་དང་རྡོ་རྗེ་དང་ཞགས་པ་དང་དྲིལ་བུ་དང་དབྱུག་པའི་ཕྱག་རྒྱ་ བཅས་ཏེ། ཛཿཧཱུཾ་བཾ་ཧོཿཧི་ཞེས་བརྗོད་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་ དགུགས་པ་དང་གཞུག་པ་དང་བཅིང་བ་དང་མཉེས་པ་དང་རོ་མཉམ་པར་གྱུར་པར་ལྟའོ། །དེ་ ནས་དབང་བསྐུར་བའི་དོན་དུ། ༀ་ཧཾ་ཧཱཾ་ཧི་ཧཱི་ཧྲྀ་ཧྲཱྀ་ཧུཾ་ཧཱུཾ་ཧླྀ་ཧླཱྀ་ཨཱ་ཨཱི་རཱྀ་ཨཱུ་ལཱི་བཛྲ་ཌཱ་ཀི་ནྱོ་(རྡོ་རྗེ་ མཁའ་འགྲོ་མ་རྣམས)བཛྲ་ཨ་མྲི་ཏ་གྷ་ཊཻར་(རྡོ་རྗེ་བདུད་རྩིའི་བུམ་པ་རྣམས་ཀྱི)ཨ་བྷི་ཥིཉྩན་ཏུ་མཾ་(མངོན་པར་ དབང་བསྐུར་དུ་གསོལ་བ་བདག་ལ)སྭཱཧཱ། ཞེས་གསོལ་བ་བཏབ་པ་དང༌། ཡུམ་ལྔས་ༀ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་ པཉྩ་དྷཱ་ཏུ་(ལྔའི་ཁམས་)བི་ཤོ་དྷ་ནི་(རྣམ་པར་སྦྱོངས་)སྭཱཧཱ་ཞེས་པས་ཆུའི་དབང་དང༌། ༀ་ཨཾ་ཨིཾ་རྀ་ཨུཾ་ 7-1-167 ལྀ་སརྦ་བུད་དྷ་(སངས་རྒྱས་ཐམས་ཅད་ཀྱི)བཛྲ་མུ་ཀུ་ཊཾ་(རྡོ་རྗེ་ཅོད་པན)མ་མ་(བདག་ལ)པཉྩ་བུད་དྷ་(སངས་ རྒྱས་ལྔའི)ཨད་མ་ཀཾ་(བདག་ཉིད་ཅན)བན་དྷ་ཡན་ཏུ་(བཅིང་ཏུ་གསོལ)ཧུཾ་ཧཱུྃ་ཕཊ། ཞེས་གསོལ་བ་ བཏབ་པ་དང༌། ཡབ་ལྔས། ༀ་ཨ་ཨི་རྀ་ཨུ་ལྀ་པཉྩ་ཏ་ཐཱ་ག་ཏ་(ལྔའི་དེ་བཞིན་གཤེགས་པ)པ་ རི་ཤུད་དྷ་(ཡོངས་སུ་དག་པ)སྭཱཧཱ་ཞེས་པས་ཅོད་པན་གྱི་དབང་དང༌། ༀ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ ཧཿཕྲེཾ་ཧོཿསརྦ་(ཐམས་ཅད་)པཱ་ར་མི་ཏ་(ཕ་རོལ་ཏུ་ཕྱིན་པ་)མ་མ་(བདག་ལ་)བཛྲ་པཊྚཾ་བན་དྷ་ཡན་ཏུ་(རྡོ་ རྗེ་དར་དཔྱངས་བཅིང་དུ་གསོལ)ཧུཾ་ཧཱུཾ་ཕཊ་ཞེས་གསོལ་བ་བཏབ་པ་དང༌། ནུས་མ་བཅུས་ༀ་ཨ་ཨཱ་ཨཾ་ ཨཿ ཧ་ཧཱ་ཧཾ་ཧཿ ཕྲེཾ་ཧོཿ ད་ཤ་པཱ་ར་མི་ཏ་པ་རི་པཱུ་ར་ཎི་(བཅུའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པ)སྭཱཧཱ་ ཞེས་པས་དར་དཔྱངས་ཀྱི་དབང་དང༌། ༀ་ཧུཾ་ཧོཿ བི་ཛྙཱ་ན་ཛྙ་ན་(རྣམ་ཤེས་དང་ཡེ་ཤེས་ཀྱི)སྭ་བྷ་བེ་ (རང་བཞིན)ཀ་རུ་ཎ་(སྙིང་རྗེ་དང་)པྲཛྙཱ་ཨཱད་མ་ཀེ་(ཤེས་རབ་ཀྱི་བདག་ཉིད་ཅན)བཛྲ་(རྡོ་རྗེ)བཛྲ་གྷཎ་ཊེ་(རྡོ་ རྗེ་དྲིལ་བུ)ས་བྱེ་ཏ་ར་(གཡས་པ་དང་ཅིག་ཤོས་ཀྱི)ཀ་ར་ཡོར་(ལག་པ་དག་ལ)མ་མ་(བདག་ལ)བཛྲ་སཏྭཱཿ(རྡོ་རྗེ་ སེམས་དཔའ)ས་པྲཛྙོ་ད་དཱ་ཏུ་(ཤེས་རབ་དང་བཅས་པ་སྩལ་ཏུ་གསོལ)ཧུཾ་ཧཱུྃ་ཕཊ་ཞེས་གསོལ་བ་བཏབ་པ་ དང༌། གཙོ་བོ་ཡབ་ཡུམ་གྱིས། ༀ་ཧཱུཾ་ཧོཿསཱུཪྻ་(ཉི་མ)ཙནྟྲ་(ཟླ་བ)བི་ཤོ་དྷ་ཀ་(རྣམ་པར་སྦྱོང་བ)སྭཱཧཱ། ཞེས་པས་རྡོ་རྗེ་དྲིལ་བུའི་དབང་དང༌། ༀ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ སརྦ་(ཐམས་ཅད་)བོ་དྷི་སཏྭཱཿ(བྱང་ཆུབ་སེམས་དཔའ)ས་བྷཪྻཱཿ(བཙུན་མོ་དང་བཅས་པ)སརྦ་དཱ་(ཐམས་ཅད་ ཀྱི་ཚེ)སརྦ་ཀཱ་མ་(འདོད་པ་ཐམས་ཅད)ཨུ་པ་བྷོ་ག་(ཉེ་བར་ལོངས་སྤྱོད་པ)བཛྲ་བྲ་ཏཾ་མ་མ་ད་དཱན་ཏུ་(རྡོ་རྗེ་ བརྟུལ་ཞུགས་བདག་ལ་སྩལ་ཏུ་གསོལ)སྭཱཧཱ་ཞེས་གསོལ་བ་བཏབ་པ་དང༌། སེམས་དཔའ་ཡབ་ཡུམ་ གྱིས། ༀ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿབི་ཥ་ཡ་(ཡུལ་དང་)ཨིན་ཏྲི་ཡ་(དབང་པོ) བི་ཤོ་དྷ་ནི་(རྣམ་པར་སྦྱོངས)སྭཱཧཱ་ཞེས་པས་བརྟུལ་ཞུགས་ཀྱི་དབང་དང༌། ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ ཝཱ་ལ་ལཱ་སརྦ་ཀྲོ་དྷ་རཱ་ཛཱཿ(ཐམས་ཅད་ཁྲོ་བོའི་རྒྱལ་པོ)ས་བྷཪྻཱ་(བཙུན་མོ་དང་བཅས་པ་)མེ་ཏྲཱི་(བྱམས་པ)ཀ་རུ་ ཎཱའ་(སྙིང་རྗེ་)མུ་དི་ཏ་(དགའ་བ)ཨུ་པེ་ཀྵཱ་(བཏང་སྙོམས)སརྦ་(ཐམས་ཅད་)ས་མ་ཏཱ་(མཉམ་པ་ཉིད་ཀྱི)སྭབྷཱ་ 7-1-168 ཝཱཾ་(རང་བཞིན་)བཛྲ་(རྡོ་རྗེ)བཛྲ་པཱུརྦཾ་(སྔོན་དུ)ག་མཾ་(འགྲོ་བའི)ནཱ་མ་(མིང་)མེ་ད་དན་ཏུ་(བདག་ལ་སྩལ་ཏུ་ གསོལ)ཧུཾ་ཧཱུཾ་ཕཊ། ཞེས་གསོལ་བ་བཏབ་པ་དང༌། ཁྲོ་བོ་ཡབ་ཡུམ་གྱིས་ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ ཝཱ་ལ་ལཱ་ཙ་ཏུར་བྲཧྨ་བི་ཧཱ་ར་བི་ཤུད་དྷ་(ཚངས་པའི་གནས་བཞིན་རྣམ་པར་དག་པ)སྭཱཧཱ། ཞེས་པས་མིང་ གི་དབང་དང༌། ༀ་ཨེ་ཝཾ་པད་མ་བཛྲ་(པད་མ་རྡོ་རྗེའི་)ཙིཧྣཽ་(མཚན་མ)པྲཛྙོ་པཱ་ཡོ་(ཤེས་རབ་ཐབས་དག) མཎ་ཌ་ལཱ་(དཀྱིལ་འཁོར་གྱི)དྷི་པ་ཏཱི་(མངའ་བདག)བཛྲ་སུ་ཁ་(རྡོ་རྗེ་བདེ་བ)ཛྙཱ་ནཱཾ་ག་(ཡེ་ཤེས་ཀྱི་ཡན་ལག)མ་ མ་ད་ད་ཏཱཾ་(བདག་ལ་སྩལ་ཏུ་གསོལ)ཧཾ་ཧ༔ ཧཱུཾ་ཕཊ། ཞེས་གསོལ་བ་བཏབ་པ་དང༌། ཡེ་ཤེས་རྡོ་རྗེས་ ༀ་ཧཾ་ཀྵཿདྷརྨ་ཙཀྲ་པྲ་བར་ཏ་ཀ་(ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ)སྭཱཧཱ། ཞེས་པས་རྗེས་གནང་གི་ དབང་བསྐུར་པས་བསམ་ཞིང༌། དབང་བདུན་ཐོབ་པའི་ང་རྒྱལ་བཟུང་བའི་ཕྱིར། ༀ་སརྦ་ (ཐམས་ཅད)ཏ་ཐཱ་ག་ཏ་སས་ཏ་(དེ་བཞིན་གཤེགས་པ)ཨ་བྷི་ཥེ་ཀ་(བདུན་གྱི་མངོན་པར་དབང་བསྐུར་བ)སས་ ཏ་(བདུན་གྱི་)བྷཱུ་མི་(ས)ལབ་ཏོ་ཧཾ་(ཐོབ་པ་ང་ཡིན)ཞེས་བརྗོད་པར་བྱའོ། །དེ་ནས་དབང་གོང་མའི་ དོན་དུ་ༀ་ༀ་པྲཛྙཱ་ཨུ་པ་ཡཽ་(ཤེས་རབ་ཐབས་དག་གི)ཀ་ལ་ཤ་(བུམ་པའི)ཨ་བྷི་ཥེ་ཀཾ་(མངོན་པར་དབང་ བསྐུར་བ་)མེ་ད་དཱ་ཏཱཾ་(བདག་ལ་སྩལ་ཏུ་གསོལ)ཧུཾ་ཧཱུཾ་ཕཊ། ཞེས་གསོལ་བ་བཏབ་པས། བུམ་པའི་ དབང་བསྐུར་བར་བསམ་ཞིང༌། ༀ་ༀ་བཛྲ་ས་ཏྭེ་ན་(རྡོ་རྗེ་སེམས་དཔའི)བཛྲ་ཀ་ལ་ཤ་ཨ་བྷི་ཥེ་ཀེ་ ཎ་(རྡོ་རྗེ་བུམ་པའི་མངོན་པར་དབང་བསྐུར་བས)ཨ་བྷི་ཥེ་ཀ་ཏོ་(མངོན་པར་དབང་བསྐུར་ཏེ)བཛྲ་(རྡོ་རྗེ་)སཏྭ་པུ་ཏྲོ་ (སེམས་དཔའི་ལུས)ཨ་ཙ་ལཱ་(མི་གཡོ་བའི)བྷཱུ་མི་(ས)ལབ་དྷོ་ཧཾ་(ཐོབ་པ་ང་ཡིན)ཞེས་པས་ང་རྒྱལ་བཟུང་ ངོ༌། དེ་བཞིན་དུ་ༀ་ཨཱཿ པྲཛྙཱ་(ཤེས་རབ་དང་)ཨུ་པཱ་ཡཽ་(ཐབས་དག་གི)གུ་ཧྱ་ཨ་བྷི་ཥེ་ཀཾ་མེ་ད་ད་ཏཱཾ་ (གསང་བའི་མངོན་པར་དབང་བསྐུར་བདག་ལ་སྩལ་ཏུ་གསོལ)ཧུཾ་ཧཱུཾ་ཕཊ་ཞེས་གསོལ་བ་བཏབ་པས་གསང་ བའི་དབང་བསྐུར་བར་བསམ་ཞིང༌། ༀ་ཨཱཿ བཛྲ་ས་ཏྭེ་ན་(རྡོ་རྗེ་སེམས་དཔས)གུ་ཧྱེ་(གསང་བའི)ཨ་ བྷི་ཥེ་ཀེ་ན་(མངོན་པར་དབང་བསྐུར་བས)ཨ་བྷི་ཥིཀ་ཏོ་(མངོན་པར་དབང་བསྐུར་ཏེ)བཛྲ་སཏྭ་ཡུ་བ་རཱའ་ཛོ་ (རྡོ་རྗེ་སེམས་དཔའི་རྒྱལ་ཚབ)ན་བ་བྷཱུ་མི་ལབ་དྷོ་ཧཾ་(དགུ་པའི་ས་ཐོབ་པ་ང་ཡིན)ཞེས་པས་ང་རྒྱལ་བཟུང་ངོ༌། ། 7-1-169 ༀ་ཧཱུཾ་པྲཛྙཱ་ཨུ་པཱ་ཡཽ་(ཤེས་རབ་དང་ཐབས་དག)བཛྲ་སཏྭ་(རྡོ་རྗེ་སེམས་དཔའ)བི་ཤྭ་མཱ་ཏ་རཽ་(ཡུམ་དག་གི) པྲཛྙཱ་ཛྙཱ་ན་(ཤེས་རབ་ཡེ་ཤེས་ཀྱི)ཨ་བྷི་ཥེ་ཀཾ་མེ་ད་ད་ཏཱཾ་(མངོན་པར་དབང་བསྐུར་བ་བདག་ལ་སྩལ་ཏུ་གསོལ)ཧུཾ་ ཧཱུཾ་ཕཊ་ཞེས་གསོལ་བ་བཏབ་པས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བསམ་ཞིང༌། ༀ་ ཧུཾ་བཛྲ་ས་ཏྭེ་ན་(རྡོ་རྗེ་སེམས་དཔས)པྲཛྙཱ་ཛྙཱ་ནེ་ཨ་བྷི་ཥེ་ཀེ་ཎ་ཨ་བྷི་ཥིཀ་ཏོ་དྭི་ཏཱི་ཡ་(ཤེས་རབ་ཡེ་ཤེས་ཀྱི་ མངོན་པར་དབང་བསྐུར་ཏེ་གཉིས་པའི)བཛྲ་དྷ་རོ་ཧཾ་(རྡོ་རྗེ་འཆང་ང་)དྷརྨ་མེ་གྷཱ་(ཆོས་ཀྱི་སྤྲིན་གྱི)བྷཱུ་མི་ལབ་དྷོ་ཧཾ་ (ས་ཐོབ་པ་ང་ཡིན)ཞེས་པས་ང་རྒྱལ་བཟུང་ངོ༌། ༀ་ཧོཿ པྲཛྙཱ་ཨུ་པཱ་ཡ་ཨཱད་མ་ཀཾ་(ཤེས་རབ་དང་ཐབས་ཀྱི་ བདག་ཉིད་ཅན)བཛྲ་པ་ཏྭ་(རྡོ་རྗེ་སེམས་དཔས)མ་ཧ་(ཆེན་པོ)མུ་ཏྲཱ་(ཕྱག་རྒྱ)ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་པྲ་ཡཙྪ་(ཡེ་ ཤེས་ཀྱི་མངོན་པར་དབང་བསྐུར་བ་བདག་ལ་སྩོལ)ༀ་ཨཱཿཧཱུཾ་ཧོཿཕཊ་ཞེས་གསོལ་བ་བཏབ་པས་ཤེས་རབ་ ཡེ་ཤེས་ཆེན་པོས་དབང་བསྐུར་བར་བསམ་ཞིང༌། ༀ་ཧོཿ དྷརྨ་དྷཱ་ཏུ་(ཆོས་ཀྱི་དབྱིངས་)ཨ་ཀྵ་ར་ (འགྱུར་བ་མེད་པ)ཙ་ཏུར་ཐ་(བཞི་པའི་)ཨ་བྷི་ཥེ་ཀེ་ཎ་ཨ་བྷི་ཥིཀ་ཏོ་(མངོན་པར་དབང་བསྐུར་བས་མངོན་པར་ དབང་བསྐུར་ཏེ)བཛྲ་ས་ཏྭེ་ན་ཨཱད་མ་ནཱ་(རྡོ་རྗེ་སེམས་དཔའི་བདག་ཉིད)ཧཾ་དྭི་ཏཱི་ཡོ་དྭཱ་ད་ཤ་བྷུ་མི་(གཉིས་པ་ དང་བཅུ་གཉིས་ཀྱི་ས་)ལབ་དྷོ་(ཐོབ་པ)བཛྲ་ས་ཏྭ་(རྡོ་རྗེ་སེམས་དཔའ)མ་ཧཱརྠཿ(དོན་ཆེན་པོ)པ་ར་མ་(མཆོག་ཏུ) ཨ་ཀྵ་རཿ(མི་འགྱུར་བ)ཏྲཻ་ལོ་ཀྱ་བི་ཛ་ཡཿ(འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ)ཀཱ་ལ་ཙཀྲོ་བྷ་ག་ཝཱན་ (དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས)ཨེ་ཝཾ་ཀཱ་ར་(ཨེ་ཝཾ་ཡི་གེ)ཞེས་པས་ང་རྒྱལ་བཟུང་བར་བྱའོ། །དེ་ ལྟར་དབང་བཅུ་གཅིག་གིས་མངོན་པར་དབང་བསྐུར་བས་དྲི་མ་བག་ཆགས་དང་བཅས་པ་ དག་པར་བྱས་ནས་སྤྱི་བོར་རིགས་ཀྱི་བདག་པོས་རྒྱས་གདབ་པར་བྱ་སྟེ། གཙོ་བོ་དང་སྟེང་ན་ གནས་པ་རྣམས་ལ་མི་བསྐྱོད་པ། འོག་ན་གནས་པ་རྣམས་ལ་རྡོ་རྗེ་སེམས་དཔའ། ཤར་དང་ ཤར་ལྷོ་ན་གནས་པ་རྣམས་ལ་དོན་ཡོད་གྲུབ་པ། ལྷོ་དང་ལྷོ་ནུབ་ན་གནས་པ་རྣམས་ལ་རིན་ ཆེན་འབྱུང་ལྡན། བྱང་དང་བྱང་ཤར་ན་གནས་པ་རྣམས་ལ་སྣང་བ་མཐའ་ཡས། ནུབ་དང་ ནུབ་བྱང་ན་གནས་པ་རྣམས་ལ་རྣམ་པར་སྣང་མཛད་(ཀྱིས་དབུ་བརྒྱན)རྣམས་ཀྱིས་སོ། །དེ་ནས་ 7-1-170 ༀ་སརྦ་ཏ་ཐཱ་ག་ཏ་རཀྵ་ཙཀྲ་སྭ་བྷཱ་བ་ཨཱད་མ་ཀོ་ཧཾ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲུང་བའི་འཁོར་ལོའི་ རང་བཞིན་གྱི་བདག་ཉིད་ང་ཡིན)ཞེས་པས་ང་རྒྱལ་བཟུང་ནས་བཀའ་བསྒོ་བར་བྱ་སྟེ། ༀ་ཧཾ་བཛྲ་ཀྲོ་ དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)མ་ཧཱ་ཨུཥྞཱི་ཥ་(གཙུག་ཏོར་ཆེན་པོ་)ཨཱུར་དྷ་དི་ཤི་(སྟེང་ཕྱོགས)རཀྵཱཾ་(བསྲུང་བ)ཀུ་ རུ་(མཛོད)ཀུ་རུ་(མཛོད)སྭཱཧཱ། ༀ་ཡཾ་བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)ཨ་ཏི་བ་ལ་(ཤིན་ཏུ་སྟོབས) སརྦ་(ཐམས་ཅད)བིགྷྣ་ཨན་ཏ་ཀ་(བགེགས་མཐར་བྱེད)པཱུར་བ་དི་ཤི་(ཤར་ཕྱོགས་སུ)རཀྵཾ་(བསྲུང་བ)ཀུ་རུ་ (མཛོད)ཀུ་རུ་(མཛོད)སྭཱཧཱ། ༀ་རཾ་བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)ཛམ་བྷ་ཀ་(རྨུགས་བྱེད)དུཥྚ་ (གདུག་པའི་)པྲཛྙཱ་(ཤེས་རབ)ཨན་ཏ་ཀ་(མཐར་བྱེད)ད་ཀྵི་ཎ་དི་ཤི་(ལྷོ་ཕྱོགས་སུ)རཀྵཱཾ་(བསྲུང་བ)ཀུ་རུ་ (མཛོད)ཀུ་རུ་(མཛོད)སྭཱཧཱ། ༀ་ཝཾ་བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)མཱ་ན་ཀ་བཱི་རཱ་ག་པད་མ་ཨན་ ཏ་ཀ་(ང་རྒྱལ་ཅན་རྣམ་པར་ཆགས་པའི་པད་མ་མཐར་བྱེད)ཨུད་ཏ་ར་དི་ཤི་(བྱང་ཕྱོགས་སུ)རཀྵཱཾ་(བསྲུང་བ)ཀུ་རུ་ (མཛོད)ཀུ་རུ་(མཛོད)སྭཱཧཱ། ༀ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)སྟམ་བྷ་ཀ་(རེངས་བྱེད)ཡ་མ་ ཨན་ཏ་ཀ་(གཤིན་རྗེ་མཐར་བྱེད)པཤྩི་མ་དི་ཤི་(ནུབ་ཕྱོགས)རཀྵཱཾ་(བསྲུང་བ)ཀུ་རུ་(མཛོད)ཀུ་རུ་(མཛོད) སྭཱཧཱ། ༀ་ལཱཿ བཛྲ་ཀྲོ་དྷ་རཱ་ཛཱ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)མ་ཧཱ་བ་ལ་(སྟོབས་པོ་ཆེ)བཱ་ཡ་བྱཱཾ་དི་ཤི་(རླུང་གི་ཕྱོགས་ སུ)རཀྵཱཾ་(བསྲུང་བ)ཀུ་རུ་(མཛོད)ཀུ་རུ་(མཛོད)སྭཱཧཱ། ༀ་ཝཱཿ བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)ཨ་ཙ་ ལ་(མི་གཡོ་བ)ཨི་ཤཱ་ན་དི་ཤི་(དབང་ལྡན་ཕྱོགས་སུ)རཀྵཱཾ་(བསྲུང་བ)ཀུ་རུ་(མཛོད)ཀུ་རུ་(མཛོད)སྭཱཧཱ། ༀ་རཱཿ བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)ཊཀ་ཀི་(འདོད་པ)ནཻ་རྀ་ཏྱཱཾ་དི་ཤི་(བདེན་བྲལ་གྱི་ཕྱོགས་སུ)རཀྵཱཾ་ (བསྲུང་བ)ཀུ་རུ་(མཛོད)ཀུ་རུ་(མཛོད)སྭཱཧཱ། ༀ་ཡཱཿ བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)ནཱི་ལ་དཎ་ཊ་ (དབྱུག་པ་སྔོན་པོ)ཨག་ནེ་ཡྻཱཾ་དི་ཤི་(མེའི་ཕྱོགས་སུ)རཀྵཱཾ་(བསྲུང་བ)ཀུ་རུ་(མཛོད)ཀུ་རུ་(མཛོད)སྭཱཧཱ། ༀ་ཧཱཿ བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོའི་རྒྱལ་པོ)སུམ་བྷ་(གནོད་མཛེས)ཨ་དྷོ་དི་ཤི་རཀྵཾ་(འོག་ཕྱོགས་སུ་བསྲུང་བ)ཀུ་རུ་ (མཛོད)ཀུ་རུ་(མཛོད)སྭཱཧཱ་ཞེས་པས་སོ། །དེ་ནས་ཁྲོ་བོ་རྣམས་ཀྱིས་ཕྱོགས་བཅུ་ན་གནས་པའི་ བགེགས་དང་ལོག་པར་འདྲེན་པ་རྣམས་ལྕགས་ཀྱུས་བཀུག་ཅིང་ཞགས་པས་བཅིངས་ནས་ 7-1-171 རྡོ་རྗེའི་ཕུར་བུ་རྣོ་ཞིང་རབ་ཏུ་འབར་བ་སྟོད་ཁྲོ་བོའི་གཟུགས་ཅན་རྣམས་ཀྱིས་བཏབ་པར་ བསྒོམས་ཞིང༌། ༀ་ཨཱཿཧོཿཧཾ་ཀྵཿ ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། བཛྲ་ཀཱི་ལ(རྡོ་རྗེ་ཕུར་པའི)། ཀཱ་ཡ་(སྐུ་) ཝཱཀ་(གསུང་)ཙིཏ་ཏ་(ཐུགས་)ཛྙཱ་ན་ཨ་དྷི་པ་ཏེ་(ཡེ་ཤེས་ཀྱི་མངའ་བདག)ཥཊ་མུ་ཁ(ཞལ་དྲུག་པ)། ཥཊ་བྷུ་ ཛ(ཕྱག་དྲུག་པ)། ཥཊ་ཙ་ར་ཎ(ཞབས་དྲུག་པ)། སརྦ་(ཐམས་ཅད)བིགྷྣ་བི་ནཱ་ཡ་ཀ(བགེགས་དང་ལོག་འདྲེན) ཨཱ་དཱི་(ལ་སོགས་པ)དུཥྚཱ་ནཱཾ(གདུག་པ་རྣམས་ཀྱི)། ཀཱ་ཡ་ཝཱཀ་ཙིཏ་ཏ(ལུས་དང་ངག་དང་སེམས)། ཛྙཱ་ནཱ་ནི(ཡེ་ ཤེས་རྣམས་ལ)། ཀཱི་ལ་ཡ(ཕུར་བུས་ཐོབ)། ཀཱི་ལ་ཡ་(ཕུར་བུས་ཐོབ)ཧུཾ་ཧཱུཾ་ཕཊ། ཞེས་དྲག་ཏུ་བརྗོད་ལ། རྡོ་རྗེ་ཐོ་བས་བརྡུངས་པར་བསམ་ཞིང༌། ༀ་ལླཿ བཛྲ་མུད་ག་ར་(རྡོ་རྗེ་ཐོ་བས)མཱ་ར་ཨཱ་དཱི་ནཱཾ(བདུད་ ལ་སོགས་པ་རྣམས་ཀྱི)། སི་ར་སི(མགོ་བོ་དང་)། ཀཎ་ཋེ(མགྲིན་པ་དང་)། ཧྲི་ད་ཡ(སྙིང་ཁ་དང་)། ནཱ་ བྷཽ (ལྟེ་བ་དང་)། གུ་ཧྱ་ཨན་ཏེ(གསང་བའི་མཐར་ཐུག་པར)། བཛྲ་ཀཱི་ལ་ཀཱན(རྡོ་རྗེ་ཕུར་བུ)། ཨཱ་ཀོ་ཊ་ཡ་ (བརྡུངས་)ཨཱ་ཀོ་ཊ་ཡ་(བརྡུངས་)ཀྵཾ་ཀྵཱཾ་ཀྵིཾ་ཀྵཱིཾ་ཀྵྼྀཾ་ཀྵྼཱྀཾ་ཀྵུཾ་ཀྵཱུཾ་ཀྵླྀཾ་ཀྵླཱྀཾ་ཧཱུཾ་ ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཅེས་བརྗོད་དེ། བགེགས་ཀྱི་ཚོགས་རྣམས་བདེ་བ་ཆེན་པོར་རོ་གཅིག་ པར་གྱུར་ཅིང་ལྷག་མ་རྣམས་རིང་དུ་བྲོས་པར་ཡང་བསྒོམ་མོ། །གཞན་ཡང་ཇི་ལྟར་རིགས་ པར་བཅོམ་ལྡན་འདས་ཀྱི་སྔགས་རྐང་པ་བཅུ་དྲུག་པ་བདུད་གཞོམ་པའི་སྔགས་དང་བཅས་ པ་དང༌། ཡན་ལག་སོ་སོའི་སྔགས་རྐང་པ་བདུན་བཅུ་རྩ་གཉིས་པའི་བཟླས་པས་ཀྱང་བདུད་ རྣམས་ཚར་གཅད་པར་བྱ་སྟེ། ༀ་ན་མོ་(ཕྱག་འཚལ་ལོ)བཛྲ་སཏྭཱ་ཡ(རྡོ་རྗེ་སེམས་དཔའ་ལ)། ན་མོ་(ཕྱག་ འཚལ་ལོ)བུད་དྷ་བོ་དྷི་སཏྭེ་བྷྱཿ(སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ)ན་མོ་(ཕྱག་འཚལ་ལོ)བཛྲ་ཀྲོ་ དྷེན་རཱ་ཛེ་བྷྱཿ(རྡོ་རྗེ་ཁྲོ་བོའི་དབང་པོའི་རྒྱལ་པོ་རྣམས་ལ) ན་མོ་(ཕྱག་འཚལ་ལོ)བི་ཤྭ་མཱ་ཏྲེ(སྣ་ཚོགས་ཡུམ་ལ)། ན་མོ་(ཕྱག་འཚལ་ལོ)བུད་དྷ་བོ་དྷི་སཏྭ་དེ་ཝཱི་བྷྱཿ(སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལྷ་མོ་རྣམས་ལ) ན་མོ་ (ཕྱག་འཚལ་ལོ)བཛྲ་ཌཱ་ཀི་ནཱི་བྷྱཿ(རྡོ་རྗེ་མཁའ་འགྲོ་མ་རྣམས་ལ) ༀ་ན་མོ་(ཕྱག་འཚལ་ལོ)བྷ་ག་བ་ཏེ་(བཅོམ་ ལྡན་འདས)ཀཱ་ལ་ཙ་ཀྲ་ཡ(དཔལ་དུས་ཀྱི་འཁོར་ལོ་ལ)། ༡ བཛྲ་བྷཻ་ར་བ་བྷཱི་ཀ་རཱ་ཡ(རྡོ་རྗེ་འཇིགས་བྱེད་ 7-1-172 འཇིགས་པར་བྱེད་པ་ལ)། ༢ མ་ཧཱ་(ཆེན་པོ)ཨིན་ཏྲ་(དབང་པོ)ནཱི་ལ་བར་ཎ་ཤཱ་རཱི་རཱ་ཡ(སྔོན་པོའི་ཁ་དོག་ཅན་ གྱི་སྐུ་ལ)། ༣ མཱ་ར་ཀླེ་ཤ་ཧྲི་ད་ཡཱ་(བདུད་དང་ཉོན་མོངས་པའི་སྙིང་ཁར་)ཀྲཱན་ཏ་(མནན་པའི)སི་ཏ་རཀྟ་ཙ་ར་ ཎཱ་ཡ(དཀར་པོ་དང་དམར་པོའི་ཞབས་ཅན་ལ)། ༤ ཀྲྀཥྞ་རཀྟ་སི་ཏ་ཀཎ་ཋཱ་ཡ(ནག་པོ་དམར་པོ་དཀར་པོའི་མགྲིན་ པ་ལ)། ༥ ནཱི་ལ་(མཐོན་མཐིང་)སི་ཏ་པཱི་ཏ་(དཀར་པོ་སེར་པོ་)རཀྟ་(དམར་པོ)དཾཥྚཱ་ཀ་རཱ་ལོ་གྲ་(མཆེ་བ་ གཙིགས་པ་དྲག་ཅིང་)བྷཱི་ཁ་ཎ་མུ་ཁཱ་ཡ(འཇིགས་སུ་རུང་བའི་ཞབས་ལ)། ༦ ཀྲྀཥྞ་(ནག་པོ་)རཀྟ་(དམར་པོ་)སི་ཏ་ (དཀར་པོའི་)ས་བྱེ་ཏ་(གཡས་པ་དང་)ར་སྐན་དྷཱ་ཡ(ཅིག་ཤོས་ཀྱིས་ཕྲག་པ་ལ)། ༧ དྭཱ་ད་ཤ་བྷུ་ཛཱ་ཡ(བཅུ་ གཉིས་ཀྱི་དཔུང་པ་ལ)། ༨ ཥཊ་(དྲུག་དང་)བིཾ་ཤ་ཏི་ཀ་རཱ་ཡ(ཉི་ཤུའི་ཕྱག་ལ)། ༩ བཛྲ(རྡོ་རྗེ་)། ཁཊ་ག(རལ་ གྲི)། ཏྲི་ཤཱུ་ལ(རྩེ་གསུམ)། ཀརྟི་ཀ(གྲི་གུག) ཝཱ་ཎ(མདའ)། ཨཾ་ཀུ་ཤ(ལྕགས་ཀྱུ) ཌ་མ་རུ་ཀ(ཅང་ཏེའུ) མུད་ག་ར(ཐོ་བ)། ཙཀྲ(འཁོར་ལོ)། ཀུན་ཏ(མདུང་)། དཎ་ཌ(དབྱུག་པ)། པར་ཤུ(དགྲ་སྟ) ། བཛྲ་གྷཎ་ ཊ(རྡོ་རྗེ་དྲིལ་བུ)། ཁེ་ཊ(ཕུབ)། ཁ་ཊྭཱཾ་ག(ཁ་ཊྭཱཾ་ག) ཀ་པཱ་ལ(ཐོད་པ)། ཙཱ་པ(གཞུ)། པཱ་ཤ(ཞགས་པ) རད་ ན(རིན་པོ་ཆེ)། ཀ་མ་ལ(པད་མ)། ཤཾ་ཁ(དུང་)། ཨཱ་དར་ཤ(མེ་ལོང) ཤྲྀ་ཁ་ལ(ལྕག་སྒྲོག)། བྲཧྨ་ཤི་ རོ(ཚངས་པའི་མགོ་བོ)། ག་ཛ་ཙར་མ་དྷྲྀ་ཏ་ཀ་རཱ་ཡ(གླང་པོ་ཆེའི་ལྤགས་པ་འཛིན་པའི་ཕྱག་ལ)། ༡༠ བྱཱ་གྷྲ་ ཙར་མ་ནི་བ་ས་ནཱ་ཡ(སྟག་གི་ལྤགས་པའི་ཤམ་ཐབས་ཅན་ལ)། ༡༡ སྐན་དྷེ་(ཕྲག་པ་ལ)མུཎ་ཊ་མཱ་ལཱ་བ་ལཾ་ བི་ནེ(མགོ་བོའི་ཕྲེང་བ་འཕྱང་བ་ཅན་ལ)། ༡༢ ཤི་ར་སི་བཛྲ་པཊ་ཊ་(སྤྱི་བོར་རྡོ་རྗེ་དར་དཔྱངས་)མུ་ཀུ་ཊེ་(ཅོད་ པན་ཅན)བཛྲ་ཀ་པཱ་ལ་མཱ་ལ་(རྡོ་རྗེ་ཐོད་པའི་ཕྲེང་བ་)ཨར་དྷ་ཙནྚ་དྷ་རཱ་ཡ(ཕྱེད་པའི་ཟླ་བ་འཛིན་པ་ལ)། ༡༣ ཀུན་ཊ་ལ་(རྣ་རྒྱན་ལ)རུ་ཙ་ཀ(ཕྱག་གདུབ) ཀཎ་ཋི་ཀ(མགུལ་རྒྱན) མེ་ཁ་ལཱ(སྐ་རགས)། ནཱུ་པུ་ར(ཞབས་ གདུབ)། བྷསྨ(ཐལ་བ)། ཡཛྙོ་པ་བཱི་ཏ(མཆོད་ཕྱིར་ཐོགས)། ཤི་རོ་(སྤྱི་བོར་)མ་ཎི་(ནོར་བུ)མ་ཧཱ་(ཆེན་པོ)མུ་ ཏྲཱ(ཕྱག་རྒྱ)། ནཱ་ག་(ཀླུའི་)ཨིན་ཏྲ་(དབང་པོས)བི་བྷཱུ་ཥ་ཎཱ་ཡ(རྣམ་པར་བརྒྱན་པ་ལ)། ༡༤ བཛྲ་ཌཱ་ཀི་ནཱི(རྡོ་ རྗེ་མཐའ་འགྲོ་མས་)། སཾ་ཏོ་ཥི་ཏ་ཧྲི་ད་ཡཱ་ཡ(ཡང་དག་པར་མཉེས་པའི་ཐུགས་ལ)། ༡༥ ཨིན་ཏྲ(དབང་པོ)། ཨག་ནི(མེ་ལྷ)། ཡ་མ(གཤིན་རྗེ)། ནཻར་རྀ་ཏྱ(བདེན་བྲལ)། བ་རུ་ཎ(ཆུ་ལྷ)། བཱ་ཡུ(རླུང་ལྷ)། ཀུ་བེ་ 7-1-173 ར(ལུས་ངན)། ཨཱི་ཤ་ན(དབང་ལྡན)། བྲཧྨ(ཚངས་པ)། བིཥྞུ(ཁྱབ་འཇུག)། བི་ནཱ་ཡ་ཀ(ལོག་འདྲེན) ཀར་ཏི་ ཀེ(སྨིན་དྲུག་གི་བུ) ཡ་ནན་དི(དགའ་བྱེད)། མ་ཧཱ་ཀཱ་ལ(ནག་པོ་ཆེན་པོ)། གྲ་ཧ(གཟའ)། ན་ཀྵ་ཏྲ(སྐར་མ)། ཀྵེ་ཏྲ་པཱ་ལ(ཞིང་སྐྱོང་)། སུ་རེན་ཏྲཱ(ལྷའི་དབང་པོ)། ཨ་སུ་རེན་དྲཱ(ལྷ་མིན་དབང་པོ)། ཕ་ནི་ཨིན་ཏྲ(གདེངས་ ཀའི་དབང་པོ)། བྷུ་ཏ་ཨིན་ཏྲ(འབྱུང་བོའི་དབང་པོ)། ན་ར་ཨིན་ཏྲ(མིའི་དབང་པོས)། སཾ་སྟུ་ཏ་ཙ་ར་ཎཱ་ཡ(ཡང་ དག་པར་བསྟོད་པའི་ཞབས་ལ)། ༡༦ ཞེས་པ་དང༌། དེ་བཞིན་དུ། ཧ་ཧཱ་ཀྵ་ཀྵཱ་ང་ངཱ་ྈྐ་ྈྐཱ་ན་ནཱ་མ་མཱ་ཎ་ ཎཱ་ཉ་ཉཱ་ཧུྃ་ཧཱུྃ་ཕྲེཾ་ཕྲེཾ་ཕཊ་ཕ། ཀླྀ་ཀླཱྀ་ཁུ་ཁཱུ་གྲྀ་གྲཱྀ་གྷི་གྷཱི་ཧ་ཧཱ་ཧུྃ་ཧཱུྃ་ཕཊ་ ཕཊ། ཙླྀ་ཙླཱྀ་ཚུ་ཚཱུ་ཛྼྀ་ཛྼཱྀ་ཛྷི་ཛྷཱི་ཡ་ཡཱ་ཧུྃ་ཧཱུྃ་ཕཊ་ཕཊ། ཊླྀ་ ཊླཱྀ་ཋུ་ཋཱུ་ཌྼྀ་ཌྼཱི་ཌྷི་ཌྷཱི་ར་རཱ་ཧུྃ་ཧཱུྃ་ཕཊ། པླྀ་པླཱྀ་ཕུ་ཕཱུ་བྼྀ་ བྼཱྀ་བྷི་བྷཱི་ཝ་ཝཱ་ཧུྃ་ཧཱུྃ་ཕཊ་ཕཊ། ཏླྀ་ཏླཱྀ་ཐུ་ཐཱུ་དྼྀ་དྼཱྀ་དྷི་དྷཱི་ ལ་ལཱ་ཧུྃ་ཧཱུྃ་ཕཊ་ཕཊ། སླྀ་སླཱྀ་ྉྤུ་ྉྤཱུ་ཥྼྀ་ཥྼཱྀ་ཤི་ཤཱི་ཧཾ་ཧཿ ཧུཾ་ཧཱུཾ་ཕཊ་ཕཊ། ཧ་ཧཱ་ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ། ཨ་ཨཱ་ཨཾ་ཨཿ ཧ་ཧཱ་ཧཾ་ཧཿ ཕྲེཾ་ཧོཿ ཞེས་པ་དང༌། དེ་བཞིན་ དུ། ༀ་ཨཱཿཧཱུྃ་ཧོཿཧྃ་ཀྵཿ ཧྐྵྨླྺྼྻྂ་ཀཱ་ལ་ཙཀྲ(དུས་ཀྱི་འཁོར་ལོ) ༡ དུར་དཱན་ཏ་ད་མ་ཀ(གདུལ་དཀའ་འདུལ་བ་ པོ)ཛཱ་ཏི་(སྐྱེ་བ)ཛ་རཱ་(རྒ་བ)མ་ར་ཎ (འཆི་བ)ཨན་ཏ་ཀ(མཐར་བྱེད་པ) ༢ ཏྲཻ་ལོ་ཀྱ་བི་ཛ་ཡ(འཇིག་རྟེན་ གསུམ་ལས་རྣམ་པར་རྒྱལ་བ)། ༣ མ་ཧཱ་(ཆེན་པོའི་)བཱི་ར་(དཔའ་བོའི)ཨཱི་ཤྭ་ར(དབང་ཕྱུག)། ༤ བཛྲ་བྷཻ་ར་ ཝ(རྡོ་རྗེ་འཇིགས་བྱེད)། ༥ བཛྲ་ཀཱ་ཡ(རྡོ་རྗེའི་སྐུ)། ༦ བཛྲ་གཱ་ཏྲ(རྡོ་རྗེའི་ལུས་སམ་གོང་བུ)། ༧ བཛྲ་ནཻ་ཏྲ(རྡོ་ རྗེའི་སྤྱན)། ༨ བཛྲ་ཤྲོ་ཏྲ(རྡོ་རྗེའི་སྙན)། ༩ བཛྲ་གྷྲཱཎ(རྡོ་རྗེའི་ཤངས)། ༡༠ བཛྲ་ཛི་ཧྭ(རྡོ་རྗེའི་ལྗགས)། ༡༡ བཛྲ་དན་ཏ(རྡོ་རྗེའི་ཚེམས)། ༡༢ བཛྲ་ན་ཁ(རྡོ་རྗེའི་སེན་མོ)། ༡༣ བཛྲ་ཀེ་ཤ(རྡོ་རྗེའི་སྐྲ) ༡༤ བཛྲ་ལོ་ མ(རྡོ་རྗེའི་བ་སྦུ)། ༡༥ བཛྲ་ཨཱ་བྷ་ར་ཎ(རྡོ་རྗེའི་རྒྱན)། ༡༦ བཛྲ་ཧཱ་ས(རྡོ་རྗེའི་བཞད་པ)། ༡༧ བཛྲ་གཱི་ ཏ(རྡོ་རྗེའི་གླུ)། ༡༨ བཛྲ་ནྲྀ་ཏྱ(རྡོ་རྗེའི་གར)། ༡༩ བཛྲ་ཡུ་དྷ་ཀ་ར(རྡོ་རྗེའི་མཚོན་ཆ)། ༢༠ བཛྲ་ཀྲོདྷ་རཱ་ ཛ་(རྡོ་རྗེའི་ཁྲོ་བོའི་རྒྱལ་བོའི་)ཨ་དྷི་པ་ཏི(མངའ་བདག)། ༢༡ བཛྲ་ཌཱ་ཀ(རྡོ་རྗེ་མཁའ་འགྲོ་དང་) ༢༢ བཛྲ་ཌཱ་ 7-1-174 ཀི་ནཱི་ཛཱ་ལ་པ་རི་བྲི་ཏ(རྡོ་རྗེ་མཁའ་འགྲོ་མའི་དྲ་བས་ཡོངས་སུ་བསྐོར་བ)། ༢༣ ཤཱི་གྷྲཾ་(མྱུར་དུ་)ཨཱ་གཙྪ་(བྱོན) ཨཱ་གཙྪ(བྱོན)། ༢༤ བཛྲ་ས་ཏྭ་ཛྙཱ་ཡ(རྡོ་རྗེའི་སེམས་དཔའི་བཀའ་ཡིས)། སརྦ་མཱ་ར་(ཐམས་ཅད་བདུད)བིགྷྣ་ (བགེགས)བི་ནཱ་ཡ་ཀ(ལོག་འདྲེན) ཀིམ་ན་ར(མིའམ་ཅི)། ཀིཾ་པུ་རུ་ཥ(སྐྱེས་བུའམ་ཅི)། ག་རུ་ཊ(མཁའ་ལྡི ང་)། གན་དྷརྦ(དྲི་ཟ)། ཡཀྵ(གནོད་སྦྱིན)། རཀྵ་ས(སྲིན་པོ)། བྷཱུ་ཏ(འབྱུང་པོ)། མཧཱ་པྲེ་ཏ(ཡི་དྭགས་ཆེན་པོ)། ཀུམ་བྷཱཎ་ཊ(གྲུལ་བུམ)། ཨ་པསྨཱ་ར(བརྗེད་བྱེད)། ཀྵེ་ཏྲ་པཱ་ལ(ཞིང་སྐྱོང་)། བེ་ཏཱ་ཊ(རོ་ལངས)། པཱུ་ཏ་ ན(སྲུལ་པོ)། དུཥྚ་ནཱའ་ག(གདུག་པའི་ཀླུ་དང་) གྲ་ཧ་ཨཱ་ད་(གཟའ་ལ་སོགས་པ)ཡོ་ཡེ(གང་དག་གང་ཞིག)། སརྦ་(ཐམས་ཅད་)ཛྭ་ར(རིམས)། སརྦ་(ཐམས་ཅད་)བྱཱ་དྷི(ནད)། ཀྵུ་ཏྲ་(ཕྲ་མོའི)ཨུ་པ་ཏྲ་བ་(ཉེ་བར་འཚེ་བ) ཀཱ་རི་ཎཿ(བྱེད་པ) སརྦ་སཏྭཱ་ནཱཾ(སེམས་ཅན་རྣམས་ལ)། སརྦ་(ཐམས་ཅད)ཨ་པ་(གནོད་པ)ཀཱ་ར་(བྱེད་པར) ར་ཏསྟཱན(དགའ་བ)སརྦན་ཛཿ(དེ་རྣམས་ཐམས་ཅད) ཤཱི་གྷྲཾ(མྱུར་དུ་)བཛྲཱཾ་(རྡོ་རྗེ་)ཀུ་ཤེ་ན་(ལྕགས་ཀྱུས་)ཨཱ་ཀྲྀ་ ཥྱཱ་(ཁུག་ཅིག་)ཀྲྀ་ཥྱ(ཁུག་ཅིག) ༢༥ ཨཱུར་དྷ་དི་ཤི( སྟེང་གི་ཕྱོགས་སུ་གནས་པ)ག་ཏ་ནཱཾ་ཀྲྀ་ཥྱཱ་(ཁུག་ཅིག)ཀྲྀ་ ཥྱ(ཁུག་ཅིག)། ༢༦ པཱུར་བ་དི་ཤི་ག་ཏཱ་ནཱ་(ཤར་ཕྱོགས་སུ་གནས་པ་རྣམས་ལ)ཀྲྀ་ཥྱཱ་(ཁུག་ཅིག)ཀྲྀ་ཥྱ(ཁུག་ ཅིག)། ༢༧དཀྵི་ཎ་དི་ཤི་ག་ཏཱ་ནཱ་(ལྷོ་ཕྱོགས་སུ་གནས་པ་རྣམས)ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༢༨ ཨུད་ཏ་ར་ (བྱང་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱེ(ཁུག་ཅིག)། ༢༩ པཤྩི་མ་(ནུབ)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༣༠ བཱ་ཡ་བྱ(རླུང་གི)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲི་ཥྱ(ཁུག་ཅིག)། ༣༡ ཨཱི་ཤཱའ་ན་(དབང་ལྡན)དི་ཤི་ག་ཏཱ་ནཱ་ ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༣༢ ནཻར་རི་ཏྱ་(བདེན་བྲལ)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༣༣ ཨག་ ནེ་ཡ(མེའི་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༣༤ ཨ་དྷོ་(འོག་གི)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ ཅིག)། ༣༥ ཨཱ་ཀཱ་ཤ་མཎ་ཌ་ལ་(ནམ་མཁའི་དཀྱིལ་འཁོར་ན)ག་ཏཱ་ནཱ་ཀྲི་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༣༦ ཝ་ཡུ་ (རླུང་གི)མཎ་ཌ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱི་ཀྲྀ་ཥྱཱ(ཁུག་ཅིག)། ༣༧ དེ་ཛོ་(མེའི་)མཎ་ཌ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ ཥྱ(ཁུག་ཅིག)། ༣༨ ཏོ་ཡ(ཆུའི་)མཎ་ཌ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༣༩ པྲི་ཐྭཱི་མཎ་ཌ་ལ་(སའི་ དཀྱིལ་འཁོར)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༤༠ ཀཱ་མ་དྷཱ་ཏུ་(འདོད་པའི་ཁམས་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ 7-1-175 ཥྱ(ཁུག་ཅིག)། ༤༡ རཱུ་པ་དྷཱ་ཏུ་(གཟུགས་ཀྱི་ཁམས་ན)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༤༢ ཨ་རཱུ་པ་དྷཱ་ཏུ་ (གཟུགས་མེད་པའི་ཁམས་ན)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༤༣ ཀཱ་ཡ་དྷཱ་ཏུ་(ལུས་ཀྱི་ཁམས་ན)ག་ཏཱ་ནཱ་ཀྲྀ་ ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༤༤ ཝཱཀ་དྷཱ་ཏུ་(ངག་གི་ཁམས་ལ)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༤༥ ཙིཏ་ཏ་དྷཱ་ ཏུ་(སེམས་ཀྱི་ཁམས་ལྀ)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀཥྱ(ཁུག་ཅིག)། ༤༦ པཉྩ་སྐན་དྷ་(ཕུང་པོ་ལྔ་ལ)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ ཥྱ(ཁུག་ཅིག)། ༤༧ པཉྩ་དྷཱ་ཏུ་(ཁམས་ལྔ་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༤༨ པཉྩ་ཨིན་ཏྲི་ཡ་(དབང་ པོ་ལྔ་ལ)ག་ཏཱ་ནཱ་ཀྲཾ་ཥྱཱ་ཀྲཾ་ཥྱ(ཁུག་ཅིག)། ༤༩ པཉྩ་བི་ཥ་ཡ་(ཡུལ་ལྔ་ལ)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༥༠ པཉྩ་ཀརྨ་ཨིན་ཏྲ་ཡ་(ལུས་ཀྱི་དབང་པོ་ལྔ་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༥༡ པཉྩ་ཀརྨ་ཨིན་ཏྲི་ ཡ་(ལུས་ཀྱི་དབང་བོའི་)བི་ཥ་ཡ(ཡུལ་ལྔ་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ(ཁུག་ཅིག)། ༥༢ སརྦ་ཏོ་ཡ་ཏྲ་ཀུ་ཏྲ་ཙིཏ་ ཏ་ག་ཏཱ་ནཱཀྲྀ་ཥྱཱ་ཀྲྀཥྱ(གང་སུ་ཡང་རུང་བ་གནས་པ་ཐམས་ཅད་ཁུག་ཅིག་ཁུག་ཅིག)། ༥༣ མ་ཧཱ་སྨ་ཤཱ་ན་(དུར་ཁྲོད་ ཆེན་པོའི)བཛྲ་(རྡོ་རྗེ་)ཨག་ནི་(མེ་)ཛྭ་ལི་ཏ་(འབར་བའི་)བྷཱུ་མྱཱཾ་(ས་གཞི་ལ)ནི་པཱ་ཏ་ཡ(ངེས་པར་སྟོབས)ནི་པཱ་ ཏ་ཡ(ངེས་པར་སྟོབས) ༥༤ བཛྲ་པཱ་ཤེ་ན་(རྡོ་རྗེ་ཞགས་པས)སརྦ་བྷུ་ཛེ་ཥུ་(ཐམས་ཅད་ཀྱི་ལག་པ་རྣམས)བན་ དྷ་ཡ་བན་དྷ་ཡ(ཆིངས་)། ༥༥ བཛྲ་ཤྲྀ་ཁ་ལ་ཡཱའ་(རྡོ་རྗེ་ལྕགས་སྒྲོག་གིས) སརྦ་པཱ་དེ་ཥུ(ཐམས་ཅད་ཀྱི་རྐང་ པ་རྣམས)ནི་རོ་དྷ་ཡ་ནི་རོ་དྷ་ཡ(ངེས་པར་སྡོམས ༢) ༥༦ སརྦ་(ཐམས་ཅད་)སཏྭེ་ཥུ་(སེམས་ཅན་རྣམས་ཀྱི་)ཀཱ་ ཡ་(ལུས་)བཱག་(ངག་)ཙིཏ(སེམས་ལ)། ཨུ་པ་ཏྲ་བ་ཀཱ་ར་ར་ཏཱན་ཏཱན་(ཉེ་བར་འཚེ་བར་བྱེད་པ་དགའ་བ་རྣམས་) མ་ཧཱ་(ཆེན་པོ)ཀྲོ་དྷ་བཛྲེ་ཎ་(ཁྲོ་བོའི་རྡོ་རྗེས)ཙཱུར་ཎྞ་ཡ་ཙཱུར་ཎྞ་ཡ(ཕྱེ་མར་གྱིས་༢)། ༥༧ བཛྲ་ཁཊ་གེ་ན་ (རྡོ་རྗེ་རལ་གྲིས)ནི་ཀྲིན་ཏ་ཡ་ནི་ཀྲིན་ཏ་ཡ(ངེས་པར་གཤོགས་༢)། ༥༨ བཛྲ་(རྡོ་རྗེ་)ཏྲི་ཤུ་ལེ་ན་(རྩེ་གསུམ་ པས)བྷེ་ད་ཡ་བྷེ་ད་ཡ(ཕྱེ་ཅིག་༢)། ༥༩ བཛྲ་ཀར་ཏི་ཀ་ཡཱ་(རྡོ་རྗེ་གྲི་གུག་གིས)ཧ་ན་ཧ་ན(ཆོམས་སམ་རྒྱོབ)། ༦༠ བཛྲ་བཱ་ཎེ་ན་(རྡོ་རྗེ་མདའ་ཡིས)བིན་དབིན་ད(ཕུག༢)། ༦༡ བཛྲ་ཀཱི་ལ་ཀཻཿ(རྡོ་རྗེ་ཕུར་བུ་རྣམས་ཀྱིས) ཀཱི་ལ་ཡ་ཀཱི་ལ་ཡ(ཕུར་བུས་ཐོབ༢)། ༦༢ བཛྲ་མུད་ག་རེ་ཎ་(རྡོ་རྗེ་ཐོ་བས)ཨཱ་ཀོ་ཏྲ་ཡཱ་ཀོ་ཏྲ་ཡ(བརྡུངས་ ༢)། ༦༣ བཛྲ་ཙཀྲེ་ཎ་(རྡོ་རྗེ་འཁོར་ལོས)ཙྪེ་ད་ཡ་ཙྪེ་ད་ཡ(ཆོད༢)། ༦༤ བཛྲ་ཀུན་ཏེ་ན་(རྡོ་རྗེ་མདུང་གིས) 7-1-176 བྷིན་དྷ་བྷིན་དྷ(ཕུག༢)། ༦༥ བཛྲ་དཎ་ཊེ་ཎ་(རྡོ་རྗེ་དབྱུག་པས)ཏཱ་ཌ་ཡ་ཏཱ་ཌ་ཡ(རྒྱོབ༢)། ༦༦ བཛྲ་ པར་ཤུ་ནཱ་(རྡོ་རྗེ་དགྲ་སྟས)ཙྪིན་ད་(གཏུབས་)ཙྪིན་ད(གཏུབས)། ༦༧ ས་ཨར་དྷ་ཏྲི་ཀོ་ཏྲི་(ཕྱེད་དང་བཅས་ པའི་བྱེ་བ་གསུམ་གྱི)ཁཎ་ཌཾ་ཀྲི་ཏྭཱ་(དུམ་བུར་བྱས་ནས)སྨ་ཤཱའ་ན་བྷཱུ་མྱཱཾ་(དུར་ཁྲོད་ས་གཞིར)སརྦ་(ཐམས་ཅད་) བྷཱུ་ཏེ་བྷྱཿ(འབྱུང་བོ་རྣམས་ཀྱི)བ་ལིཾ(གཏོར་མ)ཀུ་རུ་ཀུ་རུ(མཛོད་མཛོད)། ༦༨ བཛྲ་ཌ་མ་རུ་(རྡོ་རྗེ་ཅང་ཏེའུ) ཀེ་ན་བཛྲ་ཌཱ་ཀི་ནཱིཾ་(རྡོ་རྗེ་མཁའ་འགྲོ་མ་རྣམས)ཨཱ་བཱ་ཧ་ཡ་(བོས)ཨཱ་བཱ་ཧ་ཡ(བོས)། ༦༩ བཛྲ་ཌཱ་ཀི་ནཱི་ བྷྱོ་(རྡོ་རྗེ་མཁའ་འགྲོ་མ་རྣམས་)མཱ་ར་ཀཱ་ཡི་ཀཱ་ནཱཾ་(བདུད་ཀྱི་རིས་རྣམས་ཀྱི་)རུ་དྷི་རཾ(ཁྲག)ནི་བེ་ད་ཡ་ནི་བེ་ད་ ཡ(ངེས་པར་གསོལ་དུ་ཆུག༢)། ༧༠ པཉྩ་ཨ་མྲྀ་ཏ་(བདུད་རྩི་ལྔ་)ཧ་རི་ཎེ་བྷྱཿ(འཕྲོག་མ་རྣམས་ཀྱིས) པཉྩ་ཨ་ མྲྀ་ཏཾ་(བདུད་རྩི་ལྔ)ནི་བེ་ད་ཡ་ནི་བེ་ད་ཡ(ངེས་པར་གསོལ་དུ་ཆུག) ༧༡ སརྦ་བཛྲ་ཌཱའ་ཀི་ནཱི་ས་ཧི་ཏཿ(རྡོ་ རྗེ་མཁའ་འགྲོ་མ་འབྲེལ་བ་དང་བཅས་པ་ཐམས་ཅད་ཅད་ཀྱིས)སརྦ་སཏྭཱ་(སེམས་ཅན་ཐམས་ཅད་ལ)ནཱཾ་ཤཱན་ཏི་(ཞི་བ་ དང་)ཀཾ་པཽཥྚིཾ་ཀཾ(རྒྱས་པ་དང་)། རཀྵ(བསྲུང་བ་དང་)ཨ་བ་ར་ཎ(བསྐྱབ་པ་དང་)གུབ་ཏིཾ་(སྦ་བ་དང་)ཀུ་རུ་ཀུ་ རུ་(མཛོད་མཛོད་)ཧུཾ་ཧཱུཾ་ཕཊ། ༧༢ ཞེས་པ་རྣམས་ཀྱིས་སོ། །སླར་ཡང་བཀའ་བསྒོས་ཏེ་ཕྱི་དང་ ནང་གི་མཆོད་པས་མཆོད་ཅིང༌། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་བོ་གདུལ་ཀ་ འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། ཁམས་གསུམ་རྣམས་རྒྱལ་ལ་ཕྱག་འཚལ། །རྗེ་ བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ ཞིང༌། །སྲུངས་[སྲུང་]མ་དྲུག་བཅུའི་[ཅུའི་]ཚོགས་ལ་འདུད། །ཅེས་པ་ལ་སོགས་པས་བསྟོད་ པར་བྱའོ། །དེ་ནས་ཇི་ལྟར་འབྱོར་པའི་གཏོར་མ་ༀ་ཕྲེཾ་བཛྲ་(རྡོ་རྗེ)ཌཱ་ཀི་ནཱི་(མཁའ་འགྲོ་མ)བཛྲ་དྷཱ་ ཏྭཱི་ཤྭ་རཱི་(རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་)ག་ག་ན་སྭ་བྷཱ་ཝ་སརྦ་(ཐམས་ཅད་)ཏྲ་བྱ་(རྫས་)བི་ཤོ་དྷ་ ནི་(རྣམ་པར་སྦྱོང་)སརྦ་(ཐམས་ཅད་)ཏྲ་བྱ་ནི་(རྫས་རྣམས་ཐམས་ཅད)བི་ཤོ་དྷ་ཡ་(རྣམ་པར་སྦྱོངས)ཧཱུཾ་ཕྲེཾ་ཕཊ། ཞེས་པས་བསང་ཞིང་སྭབྷ་ཝས་སྦྱངས་ཏེ་སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་ རཾ་ལས་མེའི་དཀྱིལ་འཁོར་ཨ་ལས་བུམ་པའི་སྒྱེད་པུའི་སྟེང༌། ཀཾ་ལས་ཀ་པཱ་ལ་ཡངས་པའི་ 7-1-177 ནང་དུ་པད་མ་འདབ་མ་བརྒྱད་པའི་ལྟེ་བ་དང་(ཤར་ལྷོ་བྱང་ནུབ)ཕྱོགས་བཞིར། ཨ་ཨི་རྀ་ཨུ་ལྀ་ ལས་བྱུང་བའི་ཁུ་བ་རྐང་ཁྲག་དྲི་ཆུ་དྲི་ཆེན། (རླུང་དབང་བདེན་མེ) མཚམས་བཞི་དང་དབུས་སུ་ལཱྀ་ ཨཱུ་རཱྀ་ཨི་ཨ་ལས་བྱུང་བའི་གླང་པོ་ཆེ་བ་ལང་རྟ་ཁྱི་མིའི་ཤ་རྣམས་བསམས་ལ། ཐུགས་ཁའི་ས་ བོན་གྱིས་བསྐུལ་བའི་རླུང་གིས་སྦར་བའི་མེས་བཞུ་ནས་རོ་གཅིག་ཏུ་གྱུར་པར་བལྟ་ཞིང་ ལག་པ་གཡོན་པ་དང་གཡས་པ་དང་གཉི་ག་དང་བྱ་ཁྱུང་གི་ཕྱག་རྒྱ་རྣམས་བསྟན་ཏེ། དེ་ རྣམས་སུ་ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་དུས་མེ་ལ་གནས་པའི་ༀ་ཨཱཿཧཱུཾ་ཧོཿ རྣམས་ལས་ བྱུང་བའི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེའི་འོད་ཟེར་རྣམས་ཀྱི་སྦྱང་བ་དང་སྤེལ་ བ་དང་སྦར་བ་དང་བདུད་རྩིར་བྱས་པར་མོས་ཤིང༌། ༀ་ༀ་བཛྲ་(རྡོ་རྗེ)ཙན་ཏྲ་(ཟླ་བ)སརྦ་དྷརྨ་ སུ་བི་ཤུད་དྷ་སྭ་བྷཱ་བ(ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་རང་བཞིན)། སརྦ་དྷརྨཱན་(ཆོས་ཐམས་ཅད)བི་ ཤོ་དྷ་ཡ་(རྣམ་པར་སྦྱོངས)སྭཱཧཱ། ༀ་ཨཱཿ བཛྲ་སཱུཪྻ་(རྡོ་རྗེ་ཉི་མ)སརྦ་དྷརྨ་པྲ་བོ་དྷ་ཀ(ཆོས་ཐམས་ཅད་རབ་ཏུ་ སད་པར་བྱེད་པ)སརྦ་དྷརྨཱན་པྲ་བོ་དྷ་ཡ་(ཆོས་ཐམས་ཅད་རབ་ཏུ་སད་[བསྲུང་]པར་མཛོད)སྭཱཧཱ། ༀ་ཧུཾ་བཛྲ་(རྡོ་ རྗེ)ཨ་ན་ལ་(མེ)སརྦ་དྷརྨ་པྲ་དཱི་པ་ཀ(ཆོས་རྣམས་ཐམས་ཅད་རབ་ཏུ་འབར་བར་བྱེད་པ) སརྦ་དྷརྨཱན་པྲ་དི་པ་ ཡ་(ཆོས་རྣམས་ཐམས་ཅད་རབ་ཏུ་འབར་བར་མཛོད)སྭཧཱ། ༀ་ཧོཿ སརྦ་དྷརྨ་བཛྲ་ཨ་མྲི་ཏ་ཀ་ར(ཆོས་ཐམས་ ཅད་རྡོ་རྗེ་བདུད་རྩིར་བྱེད་པ)། སརྦ་དྷརྨཱན་(ཆོས་རྣམས་ཐམས་ཅད)བཛྲ་ཨ་མྲྀ་ཏཾ་(རྡོ་རྗེ་བདུད་རྩིར་)ཀུ་རུ་(མཛོད་) ཀུ་རུ་(མཛོད)སྭཱཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབ་པོ། །དེ་ནས་སངས་རྒྱས་ཡབ་ཡུམ་ བཅས་པ་སྲས་བཅས་གཡོག་འཁོར་དང༌། གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ ཚོགས་པ་རྣམས་ནི། ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌། མཆོག་གི་རྡོ་རྗེ་ སེམས་དཔའ་དག་ནི་གཤེགས་སུ་གསོལ། ཞེས་པ་དང༌། ༀ་ཧ་ཧཱ་ཧི་ཧཱི་བཛྲ་བྷཻ་ར་ཝ་(རྡོ་རྗེ་ འཇིགས་བྱེད)ཨཱ་ཀར་ཥ་ཡ་ཨཱ་ཀྲ་ཥ་ཡ(དགུག་པར་མཛོད་གཉིས)། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ(རབ་ཏུ་གཞུག་ པར་མཛོད་གཉིས)། བན་དྷ་ཡ་བན་དྷ་ཡ(འཆིང་བར་མཛོད་གཉིས)། ཏོ་ཥ་ཡ་ཏོ་ཥ་ཡ(མཉེས་པར་མཛོད་ 7-1-178 གཉིས)། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ནཱཾ(རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི)། ཧྲྀ་ད་ཡ(ཐུགས)། ཧུཾ་ཧཱུཾ་ཕྲེཾ་ཕྲེཾ་ ཕཊ་ཅེས་པས་སྤྱན་དྲངས་ནས། གཙོ་བོ་ལ་ༀ་ཨཱཿ་ཧཱུཾ་ཧོཿ ཤྲཱི་ཀཱ་ལ་ཙཀྲ་(དཔལ་དུས་ཀྱི་འཁོར་ལོ) བཛྲ་བྷཻ་ར་ཝ་(རྡོ་རྗེ་འཇིགས་བྱེད)ཞེས་པའི་མཐར་ས་པ་རི་ཝཱ་རེ་བྷྱཿ(འཁོར་དང་བཅས་པ་རྣམས) མན་ ཆད་སྦྱར་བ་དང༌། རྡོ་རྗེ་རྩེ་ལྔ་པ་དང་གྲི་གུག་དང་རལ་གྲི་དང་རིན་པོ་ཆེ་དང་པད་མ་དང་ འཁོར་ལོའི་ཕྱག་རྒྱ་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་ཁྲོ་བོ་དང་ཟད་པར་དང་ཕྱོགས་སྐྱོང་ དང་གཟའ་དང་ཀླུ་དང་འབྱུང་པོ་རྣམས་སྤྱན་དྲང་ཞིང་ༀ་ཨཱཿཧུཾ་ཧོཿ ཨུཥྞི་ཥ་(གཙུག་ཏོར་)སུམ་བྷ་ (གནོད་མཛེས)ནི་སུམ་བྷ(ངེས་པར་གནོད་མཛེས)། བིགྷ་ནཱན་(བགེགས)ཏ་ཀ(མཐར་བྱེད) ནཱི་ལ་དཎ་ ཊ(དབྱུག་པ་སྔོན་པོ)། པྲཛྙཱན་ཏ་ཀ(ཤེས་རབ་མཐར་བྱེད)ཊཀ་ཀི་རཱ་ཛ(འདོད་པའི་རྒྱལ་པོ)། པད་མཱན་ཏ་ ཀ(པད་མ་མཐར་བྱེད) ཨ་ཙ་ལ(མི་གཡོ་བ)། ཡ་མཱན་ཏ་ཀ(གཤིན་རྗེ་མཐར་ཕྱེད) མ་ཧཱ་བ་ལེ་བྷྱཿ(སྟོབས་པོ་ ཆེ་རྣམས) ཞེས་པ་དང༌། ༀ་ཨཱཿཧཱུཾ་ཧོཿ ཨཱ་ཀཱ་ཤ(ནམ་མཁའ) ཝ་ཡུ(རླུང་)། ཏེ་ཛ(མེ)། ཨུ་ད་ཀ(ཆུ) པྲྀ་ ཐ་བཱི(ས)། སཱ་དྷ་ཏེ་(གྲུབ་པ་)བྷྱཿ(རྣམས) ཞེས་པ་དང༌། ༀ་ཨཱཿཧུཾ་ཧོཿ བྲཧྨ(ཚངས་པ)། བིཥྞཱུ(ཁྱབ་ འཇུག)། ནཻ་རྀ་ཏྱ(བདེན་བྲལ)། ཝཱ་ཡུ(རླུང་ལྷ)། ཡ་མ(གཤིན་རྗེ)། ཨག་ནི(མེ་ལྷ)། ས་མུ་ཏྲ(རྒྱ་མཚོ)། ཨཱི་ ཤྭ་ར(དབང་ཕྱུག)། ཨིན་ཏྲ(དབང་པོ)། ཡཀྵེ་བྷྱཿ(གནོད་སྦྱིན་རྣམས) ཞེས་པ་དང༌། ༀ་ཨཱཿཧུཾ་ཧོཿ རཱ་ ཧུ(སྒྲ་གཅན)། ཀཱའ་ལ་ཨག་ནི(དུས་མེ)། ཙན་དྲ(ཟླ་བ)། སཱུཪྻ(ཉི་མ)། བུ་དྷ(གཟའ་ལག)། མཾ་ག་ལ(བཀྲ་ ཤིས)། ཤུ་ཀྲ(ཁུ་བ་སྟེ་པ་སངས)། བྲྀ་ཧས་པ་ཏི(ཕུར་བུ)། ཀེ་ཏུ་(ཏོག་ཏེ་)ཤ་ནི་(མཇུག་རིངས་)བྷྱཿ(དལ་འགྲོ་ སྟེ་སྤེན་པ་རྣམས) ཞེས་པ་དང༌། ༀ་ཨཱཿཧུཾ་ཧོཿ ཛ་ཡ(རྒྱལ་བ)། བི་ཛ་ཡ(རྣམ་པར་རྒྱལ་བ)། པད་མ(པད་ མ)། ཀར་ཀོ་ཊ་ཀ(སྟོབས་ཀྱི་རྒྱུ)། བཱ་སུ་ཀི(ནོར་རྒྱལ) ཤཾ་ཁ་པཱ་ལ(དུང་སྐྱོང་)། ཀུ་ལི་ཀ(རིགས་ལྡན) ཨ་ ནན་ད(མཐའ་ཡས)། ཏཀྵ་ཀ(འཇོག་པོ) མ་ཧཱ་པད་མེ་(པད་མ་ཆེན་པོ་)བྷྱཿ(རྣམས) ཞེས་པ་དང༌། ༀ་ ཨཱཿཧཱུཾ་ཧོཿ བེ་ཏཱ་ཌ(རོ་ལངས)། བིཀྲྀ་ཏ་མུ་ཁ(རྣམ་པར་འགྱུར་བའི་གདོང་སྟེ་གྲུལ་བུམ)། ཤྭཱ(ཁྱི)། ཀ་ཀཱ(བྱ་ རོགས)། སཱུ་ཀ་ར(ཕག)། གྲྀ་དྷ(བྱ་རྒོད)། བྱ་གྲ(སྟག)། ཨུ་ལཱུ་ཀ(འུག་པ) ཛཾ་བུ་ཀ(ལྕེ་སྤྱང་) ག་རུ་ཊ་མུ་ 7-1-179 ཁེ་བྷྱཿ(ནམ་མཁའ་ལྡི ང་གི་གདོང་[མ་[པ]རྣམས) ཞེས་པ་རྣམས་སྡེ་ཚན་རེ་རེའི་མཐར་ཡང༌། ས་པ་རི་ ཝཱ་རེ་བྷྱཿ(འཁོར་དང་བཅས་པ) ཨི་དཾ་(འདི་)བ་ལིཾ(གཏོར་མ)། གན་དྷཾ(དྲི)། བུཥྤཾ(མེ་ཏོག)། དྷཱུ་ པཾ(བདུག་པ)། དཱི་པཾ(སྒྲོན་མ) ཨ་ཀྵ་ཏཾ(མ་ཉམས་པ)། ད་དཱ་མ་ཧེ་(བདག་གིས་དབུལ་གྱིས)ཏེ་ཙ་ཨཱ་ག་ཏྱ(དེ་ རྣམས་ཀྱང་བྱོན་ནས)། ས་པཱ་རི་ཝཱ་རཿ(འཁོར་དང་བཅས་པ) ཤཱི་གྷྲཾ(མྱུར་དུ)། ཨི་དཾ་(འདི)བ་ལིཾ(གཏོར་མ)། གྲ ཧྣན་ཏུ(བཟུང་བར་མཛོད)། ཁཱ་དན་ཏུ(གསོལ་བར་མཛོད)། པི་བན་ཏུ(བཏུང་བར་མཛོད)། ཛཿཧཱུཾ་བཾ་ཧོཿ སཾ་ ཏྲིཔ་ཏཱ(ཡང་དག་པར་མཉེས་ནས)། སརྦ་སཏྭཱ་ནཱཾ(སེམས་ཅན་ཐམས་ཅད་ལ)། ཤཱན་ཏིཾ(ཞི་བ་དང་)། པུཥྚིཾ(རྒྱས་པ་ དང་)། རཀྵ(བསྲུང་བ་དང་)། ཨཱ་བ་ར་ཎ(བསྐྱབ་པ་དང་)། གུབ་ཏིཾ(སྦ་བ)། ཀུར་བན་ཏུ(མཛད་དུ་གསོལ)། ཧུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་(རྡོ་རྗེ་འཛིན་པའི་བཀའ་བཞིན་མཛོད)སྭཱཧཱ། ཞེས་པ་སྦྱར་བས་ཕུལ་ ནས། མི་འགྱུར་བདེ་སྟོང་དབྱིངས་ལས་མ་གཡོས་བཞིན། །ཐུགས་རྗེའི་དབང་གིས་གདུལ་ དཀའ་འདུལ་བའི་ཕྱིར། །འཇིགས་བྱེད་འཇིགས་སུ་རུང་བའི་སྐུར་སྟོན་པ། །ཁྲོ་བོའི་དབང་ པོ་རྡོ་རྗེ་ཤུགས་ལ་འདུད། །གཙུག་ཏོར་ཅན་དང་གནོད་མཛེས་རྒྱལ་པོ་དང༌། །བགེགས་དགྲ་ དབྱུག་སྔོན་རྨུགས་བྱེད་འདོད་པའི་རྒྱལ། །ཁེངས་བྱེད་མི་གཡོ་རེངས་བྱེད་སྟོབས་པོ་ཆེ། །ཁྲོ་ བོ་ཆེན་པོ་བཅུ་ལ་ཕྱག་འཚལ་ལོ། །ནམ་མཁའ་རླུང་མེ་ཆུ་དང་ས་དག་གིས། །ཟད་པར་ཏིང་ འཛིན་མཆོག་ལ་མངའ་བརྙེས་པས། །ཕྱོགས་བཅུའི་འབྱུང་བ་རྣམ་དག་ཆོས་ཀྱི་དབྱིངས། ། གྲུབ་པ་ཆེན་པོ་བཅུ་ལ་ཕྱག་འཚལ་ལོ། །ཚངས་པ་ཁྱབ་འཇུག་བདེན་བྲལ་རླུང་ལྷ་དང༌། ། གཤིན་རྗེ་མེ་ལྷ་རྒྱ་མཚོ་དྲག་པོ་དང༌། །ལྷ་ཡི་དབང་པོ་དང་ནི་གནོད་སྦྱིན་ཆེ། །ཕྱོགས་སྐྱོང་ ཆེན་པོ་བཅུ་ལ་ཕྱག་འཚལ་ལོ། །སྒྲ་གཅན་དུས་མེ་ཟླ་བ་ཉི་མ་དང༌། །གཟའ་ལྷག་བཀྲ་ཤིས་ པ་སངས་ཕུར་བུ་དང༌། །དུ་བ་མཇུག་རིངས་དང་ནི་སྤེན་པ་སྟེ། །གཟའ་མཆོག་ཆེན་པོ་བཅུ་ལ་ ཕྱག་འཚལ་ལོ། །རྒྱལ་བ་རྣམ་རྒྱལ་སྟོབས་རྒྱུ་པདྨ་དང༌། །ནོར་རྒྱས་དུང་སྐྱོང་མཐའ་ཡས་ རིགས་ལྡན་དང༌། །འཇོག་པོ་དང་ནི་པདྨ་ཆེན་པོ་སྟེ། །ཀླུ་རྒྱལ་ཆེན་པོ་བཅུ་ལ་ཕྱག་འཚལ་ལོ། ། 7-1-180 རོ་ལངས་གྲུལ་བུམ་ཁྱི་དང་བྱ་རོག་དང༌། །ཕག་དང་བྱ་རྒོད་སྟག་དང་འུག་པ་དང༌། །ལྕེ་སྦྱང་ དང་ནི་མཁའ་ལྡི ང་གདོང་ཅན་ཏེ། །འབྱུང་པོ་ཆེན་པོ་བཅུ་ལ་ཕྱག་འཚལ་ལོ། །སྡེ་དྲུག་སྲུངས་ [སྲུང་]མའི་ཚོགས་རྣམས་འཁོར་བཅས་ལ། །འདིར་ནི་གཏོར་མ་དྲི་དང་མེ་ཏོག་དང༌། །སྤོས་ དང་སྣང་གསལ་འབྲས་བུ་བདག་འབུལ་གྱིས། །དེ་རྣམས་འཁོར་དང་བཅས་པ་མྱུར་བྱོན་ ནས། །གཏོར་མ་འདི་རྣམས་བཞེས་ཤིང་གསོལ་བ་དང༌། །བཏུང་བར་མཛད་ཏེ་[དེ་]ཤིན་དུ་ [ཏུ་]མཉེས་པ་ཡིས། །འགྲོ་ལ་ཞི་རྒྱས་བསྲུང་སྐྱོབ་སྦ་བ་རྣམས། །རྡོ་རྗེ་འཛིན་པའི་བཀའ་ བཞིན་མཛད་དུ་གསོལ། །ཞེས་བསྟོད་ཅིང་གསོལ་བ་བཏབ་ནས་གཤེགས་སུ་གསོལ་བར་བྱ་ སྟེ། གསང་བར་ཧཾ་ཡིག་ལ་ཁྲོ་བོའི་འཁོར་ལོ། གཙུག་ཏོར་ཏུ་ཨཾ་ཡིག་ལ་ཟད་པར་གྱི་འཁོར་ ལོ། དཔྲལ་བར་ཨི་ཡིག་ལས་ཕྱོགས་སྐྱོང་གི་འཁོར་ལོ། མགྲིན་པར་ར་ཡིག་ལ་གཟའི་འཁོར་ ལོ། སྙིང་ཁར་ཨུ་ཡིག་ལ་ཀླུའི་འཁོར་ལོ། ལྟེ་བར་ལྀ་ཡིག་ལ་འབྱུང་པོའི་འཁོར་ལོ་རྣམས་སོ། ། དཀྱིལ་འཁོར་དང་གནས་བསྲུང་བའོ་ལ་སོགས་པའི་སྐབས་གཞན་དུ་ཡང་ཐུན་འཚམས་ [མཚམས་]སོ་སོར་གཏོར་མ་དབུལ་བར་བྱའོ།། ༈ །། དེ་ནས་ཚོགས་ཀྱི་ཞིང་མཆོད་པ་དང་བདུན་རྣམ་པར་དག་པའི་ཆེད་དུ། རང་སྐ་ཅིག་གིས་ ཡི་དམ་དུ་གསལ་བའི་ཐུགས་ཁར་པཾ་ལས་པད་མ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཾ་ ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་ པས་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་གྱི་རྣམ་པས་མདུན་གྱི་ནམ་ མཁར་སྤྱན་དྲངས་ལ། འོད་ཟེར་རྣམས་སྙིང་ཁའི་རྡོ་རྗེ་ལ་བསྟིམ་ཞིང༌། ལུས་དཔག་ཏུ་མེད་ པར་སྤྲུལ་ནས་ཐལ་མོ་སྦྱར་ཏེ། ན་མཿ(ཕྱག་འཚལ་ལོ) ཤྲཱི་གུ་རུ་བྷྱཿ(དཔལ་ལྡན་བླ་མ་རྣམས་ལ) ན་མཿ (ཕྱག་འཚལ་ལོ)ཤྲཱི་ཀཱ་ལ་ཙཀྲཱ་མཎ་ཌ་ལ་(དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར)ས་ས་རི་བཱ་རེ་བྷྱཿ(འཁོར་ དང་བཅས་པ་རྣམས་ལ)(འདི་དག་ཤོང་ཡང་གསུངས) གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐ་ཅིག་ཉིད་ལ་ 7-1-181 འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཞབས་པད་ལ་འདུད། །སྟོང་ཉིད་སྙིང་ རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་ པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཞེས་པ་ལ་སོགས་པས་ཕྱག་འཚལ་ནས། སྙིང་ཁའི་ཟླ་བ་ལ་ལྷ་མོ་བཅུ་གཉིས་ཀྱི་ས་བོན་ཡི་གེའི་གོང་བུ་རྣམས་བསམ་ཞིང༌། དེ་དག་ ལས་བྱུང་བའི་ལྷ་མོ་རང་རང་གི་མཆོད་རྫས་འཛིན་པ་དཔག་ཏུ་མེད་པ་སྤྲོས་པས་མཆོད་པར་ བསམས་ཏེ། (སོ་སོའི་ཕྱག་རྒྱ་བྱེད་པ་དང་མི་བྱེད་པའི་ལུགས་གཉིས་ཀའང་ཡོད) ༀ་ཙྪྫྫྷྙ་བཛྲ་(རྡོ་རྗེ)གན་དྷེ་(དྲི་མ) གན་དྷ་(དྲིའི)ཨར་ཙ་ནཾ་ཀུ་རུ་ཀུ་རུ་(མཆོད་པར་མཛོད་མཛོད)སྭཱཧཱ། ༀ་ཙྪྫྫྷྙཱ་བཛྲ་མཱ་ལེ་(རྡོ་རྗེ་ཕྲེང་བ་མ)མཱ་ ལ་(ཕྲེང་བ)ཨར་ཙ་ནཾ་ཀུ་རུ་ཀུ་རུ་(མཆོད་པར་མཛོད་མཛོད)སྭཱཧཱ། ༀ་ཊྛྜྜྷྞ་བཛྲ་དྷཱུ་པེ་(རྡོ་རྗེ་བདུག་སྤོས་མ) དྷཱུ་པ་(བདུག་སྤོས་ཀྱི)ཨར་ཙ་ནཾ་ཀུ་རུ་ཀུ་རུ་(མཆོད་པར་མཛོད་མཛོད)སྭཱཧཱ། ༀ་ཊྛྜྜྷྞཱ་བཛྲ་པྲ་དཱི་པེ(རྡོ་རྗེ་སྒྲོན་ མེ་མ)། པྲ་དཱི་པ་(སྒྲོན་མེའི)ཨར་ཙ་ནཾ་ཀུ་རུ་ཀུ་རུ་(མཆོད་པར་མཛོད་མཛོད)སྭཱཧཱ། ༀ་པྥྦྦྷྨ་བཛྲ་ཨ་མྲྀ་ཏེ་ (རྡོ་རྗེ་བདུད་རྩི་མ)ནཻ་བེ་དྱ་(ཞལ་ཟས་ཀྱི)ཨར་ཙ་ནཾ་ཀུ་རུ་ཀུ་རུ་(མཆོད་པར་མཛོད་མཛོད)སྭཱཧཱ། ༀ་པྥྦྦྷྨཱ་ བཛྲ་ཨ་ཀྵ་ཏེ(རྡོ་རྗེ་མ་ཉམས་མ)ཨ་ཀྵ་ཏ་ཕ་ལ(མ་ཉམས་པའི་འབྲས་བུའི)ཨར་ཙ་ནཾ་(མཆོད་པ)ཀུ་རུ་ཀུ་ རུ་(མཛོད་མཛོད)སྭཱཧཱ། ༀ་ཏྠྡྡྷྣ་བཛྲ་ལཱ་སྱ་(རྡོ་རྗེ་སྒེག་མོ)ཝསྟྲ་ཨ་བྷ་ར་ཎ་པཱུ་ཛཱཾ་(གོས་དང་རྒྱན་གྱིས་མཆོད་པ) ཀུ་རུ་ཀུ་རུ་(མཛོད་མཛོད)སྭཱཧཱ། ༀ་ཏྠྡྡྷྣཱ་བཛྲ་ཧཱ་སྱ་(རྡོ་རྗེ་བཞད་པ)གྷཎ་ཊ་(དྲིལ་བུ)ཨཱ་དར་ཤ་(མེ་ལོང་གི་) པཱུ་ཛཱཾ་ཀུ་རུ་ཀུ་རུ་(མཆོད་པར་མཛོད་མཛོད)སྭཱཧཱ་ༀ་ཀྑྒྒྷྔ་བཛྲ་བཱ་དྱེ་(རྡོ་རྗེ་སིལ་སྙན་མ)བཱ་དྱཾ་(སིལ་སྙན་གྱི)པཱུ་ ཛཱཾ་ཀུ་རུ་ཀུ་རུ་(མཆོད་པར་མཛོད་མཛོད)སྭཱཧཱ། ༀ་ཀྑྒྒྷྔཱ་བཛྲ་ནྲྀ་ཏྱེ་(རྡོ་རྗེ་གར་མ)ནྲྀ་ཏྱཾ་(གར་གྱི)པཱུ་ཛཱཾ་(མཆོད་ པ)ཀུ་རུ་ཀུ་རུ་(མཛོད་མཛོད)སྭཱཧཱ། ༀ་སྉྤྴྵྈྐ་བཛྲ་གཱི་ཏེ་(རྡོ་རྗེ་གླུ་མ)གཱི་ཏཾ་(གླུའི)པཱུ་ཛཱཾ་(མཆོད་པ)ཀུ་རུ་ཀུ་ རུ་(མཛོད་མཛོད)སྭཱཧཱ། ༀ་སྉྤྴྵྈྐཱ་བཛྲ་ཀཱ་མེ་(རྡོ་རྗེ་འདོད་མ)སརྦ་བུད་དྷ་བོ་དྷི་ས་ཏྭཱ་ནཱཾ་(ཐམས་ཅད་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་)ཀྲོ་དྷ་ཨཱ་དཱི་ནཱཾ་(ཁྲོ་བོ་ལ་སོགས་པ་རྣམས་ལ་)བཛྲ་(རྡོ་རྗེ་)སུ་ར་ཏ་(ཤིན་ ཏུ་དགའ་བའི་)པཱུ་ཛཱཾ་(མཆོད་པ)ཀུ་རུ་ཀུ་རུ་(མཛོད་མཛོད)སྭཧཱ། ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་ 7-1-182 དོན་ཡིད་ལ་དྲན་བཞིན་པས། སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་ སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་ སོ་སོར་བཤགས་པར་བགྱི། །ཞེས་(གསེར་འོད་དུ་གསུངས)པ་དང༌། རྫོགས་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། ། དེ་དག་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡིད་ རང༌། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་ བདག་ནི་སྐྱབས་མཆི། །(ཞེས་རྒྱུད་དུ་གསུངས་པ་དང་)རྒྱལ་བ་སྲས་དང་བཅས་པ་རྣམས་ལ་བདག་ ཉིད་འབུལ་ཞིང་གུས་པས་བྲན་དང་འབངས་སུ་མཆི་བར་བགྱི། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་ འཁོར་ལོ་བསྐོར་བར་བསྐུལ་ཞིང་མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས་ཞེས་ (འགྲེལ་བའི་དོན་བསྡུས་པ་དང་)། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་ སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། །ཞེས་(རྒྱུད་དུ་གསུངས)པ་དང༌། སྡོམ་པ་བཟུང་ བའི་ཆེད་དུ། (སྡོམ་བཟུང་འདི་དག་མི་མཛད་པའང་ཡོད་མོད་ཀྱི། ཤོང་ལ་སོགས་པས་མཛད་ཅིང་སྤྱི་དང་ཡང་མཐུན) འདོད་པའི་(མི་བསྐྱོད་པའི་རིགས)རྡོ་རྗེ་ལ་ནི་རྡོ་རྗེ་(དང་)དྲིལ་བུ་(དང་)ཕྱག་རྒྱ་(དང་)བླ་མ་དག་ཀྱང་ སྤྱི་བོས་བཟུང་བར་བགྱི། །རིན་ཆེན་(རིགས)ལ་ནི་(བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ། རིན་ཆེན་ལྕགས་ཟངས་ བ་ལང་རྟ། །གླང་ཆེན་ས་གཞི་བུ་མོ་དང༌། །འདོད་པའི་ཆུང་མ་རང་གི་ཤ། །སྦྱིན་པ་རྣམ་པ་བཅུ་རུ་འདོད། །ཅེས་པ་ལྟར)སྦྱིན་ པ་སྦྱིན་བགྱི་འཁོར་ལོ(འི་རིགས)འདི་ལ་(བདུད་རྩི་ལྔ་དང་ཤ་ལྔ་དྲང་བ་དང་ངེས་པའི་དོན་གྱི)རྒྱལ་བ་མཆོག་ གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི(འི་རིགས)་ལ་ནི་(བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ ལ)མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་(པད་མའི)རིགས་ལ་(མི་འཛག་པའི་ཚངས་པར་སྤྱོད་པའི་)སྡོམ་ པ་དག་ཀྱང་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་ (རྡོ་རྗེ་སེམས་དཔའི)རིགས་ལ་(སྟོང་ཉིད་སྙིང་རྗེ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ)བྱང་ཆུབ་བདག་གིས་ 7-1-183 བསྐྱེད་པར་བགྱི། །ཞེས་བརྗོད་པར་བྱའོ། །དེ་ནས་ལམ་བསྟེན་པའི་དོན་དུ། བྱང་ཆུབ་མཆོག་ ཏུ་སེམས་རབ་བསྐྱེད་དེ་༡བསམ་པ་རྣམ་དག་བགྱི་ཞིང་༢། བདག་དང་བདག་གིར་འཛིན་པ་ སྤངས་ཏེ་༣རྩ་བ་གསུམ་ལ་གནས་པར་བགྱི༡། །ཚོགས་གསུམ་རྫོགས་སླད་སྦྱིན་དང་ཚུལ་ ཁྲིམས་བཟོད་དང་བརྩོན་འགྲུས་བསམ་གཏན་དང༌། །ཤེས་རབ་ཐབས་སྨོན་སྟོབས་དང་ཡེ་ ཤེས་ཕ་རོལ་ཕྱིན་བཅུ་སྤྱད་པར་བགྱི། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་དང་བྲལ་བདེ་དང་ མི་འབྲལ་མཉམ་སྙོམས་པའི། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཚད་མེད་བཞི་ ལ་གནས་བགྱི་ཞིང༌། །སྦྱིན་དང་སྙན་སྨྲས་གཞན་དག་བསྡུས་ཏེ་ཆོས་དོན་སྤྱོད་ལ་བསྐུལ་བ་ དང༌། །བདག་ཀྱང་དེ་དང་མཐུན་པར་འཇུག་པའི་བསྡུ་བ་བཞི་ཡང་བསྟེན་པར་བགྱི། །སྲོག་ གཅོད་རྐུ་འཕྲོག་འདོད་ལོག་བརྫུན་དང་ཚིག་རྩུབ་ཕྲ་མ་ངག་འཁྱལ་དང༌། །བརྣབ་སེམས་ གནོད་སེམས་ལོག་པར་ལྟ་བ་མི་དགེ་བཅུ་པོ་སྤང་བགྱི་ཞིང༌། །འགྱོད་པ་དང་ནི་རྨུགས་པ་ གཉིད་དང་རྒོད་པ་དག་དང་ཐེ་ཚོམ་སྟེ། །རྣམ་གྲོལ་བདེ་ཆེན་སྒྲུབ་པའི་གེགས་གྱུར་སྒྲིབ་པ་ ལྔ་ཡང་སྤང་བར་བགྱི། །ཁམས་གསུམ་འདོད་ཆགས་ཁོང་ཁྲོ་ཞེ་སྡང་མ་རིག་གཏི་མུག་ང་ རྒྱལ་ཏེ། །སྲིད་པའི་སྡུག་བསྔལ་ཀུན་གྱི་རྩ་བ་ཉོན་མོངས་བཞི་པོ་སྤང་བགྱི་ཞིང༌། །འདོད་པ་ སྲེད་པ་མ་རིག་པ་དང་ལྟ་བ་ངན་པའི་ཟག་པ་སྟེ། །ཁམས་གསུམ་འཁོར་བར་འཕེན་པར་བྱེད་ པའི་ཟག་པ་བཞི་ཡང་སྤང་བར་བགྱི། །ཞེས་(འགྲེལ་པའི་དོན་བསྡུས་པ་ལྟར)དམ་བཅའ་ཞིང་ཚོགས་ ཀྱི་ཞིང་གཤེགས་སུ་གསོལ་བར་བྱ་སྟེ། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུའོ། །དེ་ནས་ཡེ་ ཤེས་ཀྱི་ཚོགས་ཀྱི་དོན་དུ་རྣམ་པར་ཐར་པའི་སྒོ་བཞི་བསྒོམ་པར་བྱ་སྟེ། དངོས་པོ་མེད་ལ་ བསྒོམ་[སྒོམ]པ་མེད། །བསྒོམ་པར་བྱ་བ་དངོས་པོ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། ། བསྒོམ་[སྒོམ]པ་དམིགས་སུ་མེད་པའོ། །ཞེས་པས་ཁམས་གསུམ་པོ་མཐའ་དག་རྣམ་པར་ དཔྱད་ན་འབྱུང་བའི་ནུས་པ་ཐིམ་པས་འཇིག་པ་བཞིན་དུ། ཆུས་མེ་རྣམ་པར་ཉམས་པར་བྱས། 7-1-184 མེ་དང་བྲལ་བའི་ས་(ལན་ཚ་ཞུ་བ་ལྟར)ཆུ་ལ་ཐིམ། ཆུ་རླུང་གིས་སྐམས་ཏེ་རླུང་ནམ་མཁའ་ལ་ ཡལ་ནས་ནམ་མཁའ་གཞན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་གྱུར་ པར་མོས་ལ་སེམས་མཉམ་པར་བཞག་ནས། ༀ་ཤཱུ་ནྱ་ཏཱ་(སྟོང་པ་ཉིད)ཛྙཱ་ནཱ་(ཡེ་ཤེས)བཛྲ་སྭབྷཱ་ཝ་ (རྡོ་རྗེའི་རང་བཞིན་གྱི)ཨཱད་མ་ཀོ་ཧཾ(བདག་ཉིད་ང་ཡིན)། ༀ་ཨ་ནི་མི་ཏ་(མཚན་མ་མེད་པ)ཛྙཱ་ན་བཛྲ་སྭ་ བྷཱ་ཝ་ཨད་མ་ཀོ་ཧཾ(བདག་ཉིད་ང་ཡིན)། ༀ་ཨ་པྲ་ཏི་ཧི་ད་(སྨོན་པ་མེད་པ)ཛྙཱ་ན་བཛྲ་སྭབྷཱ་ཝ་ཨད་མ་ཀོ་ ཧཾ(བདག་ཉིད་ང་ཡིན)། ༀ་ཨ་ན་བྷི་སཾ་སྐ་ར་(མངོན་པར་འདུས་མ་བྱས་པ)ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨད་མ་ཀོ་ ཧཾ(བདག་ཉིད་ང་ཡིན)། ཞེས་བརྗོད་པས་སྟོང་ཉིད་མཚན་མེད་སྨོན་པ་མེད་ཅིང་མངོན་པར་འདུས་ མ་བྱས་པའི་ངང་དུ་མཉམ་པར་བཞག་པས་སོ། །དེ་དག་ནི་བསྲུང་བའི་འཁོར་ལོ་རྒྱས་པར་ བསྒོམ་པ་དང༌། ཚོགས་གཉིས་ཉེ་བར་བསག་[བསགས]པ་སྟེ་སྔོན་དུ་འགྲོ་བའོ།། །། དེ་ནས་དངོས་གཞི་རྣལ་འབྱོར་བཞི་ལས་དང་པོ་སྐུ་རྡོ་རྗེའི་རྣལ་འབྱོར་བསྙེན་པའི་ཡན་ ལག་དཀྱིལ་འཁོར་རྒྱལ་མཆོག་ལ། རྟེན་དང་བརྟེན་པ་གཉིས་ལས། རྟེན་གཞལ་ཡས་ཁང་ བསྐྱེད་པ་ནི། སྟོང་པའི་ངང་ལས་ཆོས་འབྱུང་ནམ་མཁའི་ཁམས་ཀྱི་མཐའ་ཡས་པར་རྡོ་རྗེའི་ རང་བཞིན་རྩིབས་བཅུ་པ་ཟླུམ་པོའི་དབུས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་(དཔག་ ཚད་འབུམ་ཕྲག་བཞི་པ)དབུས་སུ་ཟླ་ཁམ་ལ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་ དཀྱིལ་འཁོར་དམར་པོ་(འབུམ་ཕྲག་གསུམ་པ་དབུས་སུ)གྲུ་གསུམ་ལ་བཀྲ་ཤིས་ཀྱིས་མཚན་པ། དེའི་ སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་(འབུམ་ཕྲག་གཉིས་པ་དབུས་སུ)ཟླུམ་པོ་ལ་པད་མས་ མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་(འབུམ་ཕྲག་གཅིག་པ་དབུས་སུ)གྲུ་བཞི་ལ་ རྡོ་རྗེས་མཚན་པ། ཐམས་ཅད་ཀྱི་སྟེང་དང་འོག་ཏུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གཉིས་ གཉིས་དང་ལྡན་པ། སའི་སྟེང་དུ་མཾ་ལས་རི་རབ་ལྷུན་པོ། (འོག་གི་བརྒྱར་སྟོང་ཕྲག་བཅུ་དྲུག་དང་སྟེང་གི་ རྒྱ་ལྔ་བཅུ་པ)དེའི་སྟེང་དུ་(ཕྱེད་ནང་མ་ལ)ཀྵཾ་ལས་སྣ་ཚོགས་ཆུ་སྐྱེས། དེའི་(སུམ་ཆའི)ལྟེ་བར་ཧཾ་ལས་ 7-1-185 ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རྣམ་པར་བཅད་པ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་ དུ་ཐིག་ལེ་ལས་སྒྲ་གཅན་གྱི་དཀྱིལ་འཁོར། (རྣམས་ལྟེ་བ་དང་མཉམ་པ)དེ་རྣམས་མཐའ་དག་གཅིག་ ཏུ་འདྲེས་པ་ཧྐྵྨླྺྼྻྂ་ཞེས་པའི་ས་བོན་གྱི་ཡི་གེར་བསྒོམ་ཞིང༌། དེ་ལས་རླུང་(མེ་ཆུ་ས་ལྷུན་པོ་ཟླ་ཉི)ནས་ སྒྲ་གཅན་གྱི་མཐར་ཐུག་པའི་འཇིག་རྟེན་གྱི་ཁམས་གྲུབ་པར་གྱུར་པར་བསམ་(ཤོང་སོགས་དང་ མཐུན)ལ། དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་གུར་གྱི་རང་བཞིན་འོད་ཟེར་ལྔ་འཕྲོ་བའི་ནང་དུ། རྡོ་རྗེ་ས་གཞི་ལ་བྷྲཱུཾ་ཡིག་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ ཆེན་པོའི་གཞལ་ཡས་ཁང་པ། (ནང་ནས་རིམ་པ་བཞིན)རིན་ཆེན་ལྗང་ཁུ་དང་ནག་པོ་དང༌། དམར་ པོ་དང༌། དཀར་པོ་དང་སེར་པོའི་རྩིག་པ་ལྔ་པ་ལྔ་དང་ལྡན་པའི་སྐུའི་དཀྱིལ་འཁོར་དཔག་ ཚད་འབུམ་ཕྲག་བཞི་པ། དེའི་ཕྱེད་ནང་མ་ལ་དེ་བཞིན་དུ་རྩིག་པ་ལྔ་དང་ལྡན་པའི་གསུང་གི་ དཀྱིལ་འཁོར་དེའི་ཕྱེད་ནང་མ་ལ་རིན་པོ་(ཕྱི་ནས)ཆེ་དཀར་པོ་དང་དམར་པོ་དང་ནག་པོའི་ རྩིག་པ་གསུམ་དང་ལྡན་པའི་ཐུགས་ཀྱི་དཀྱིལ་འཁོར། དེའི་ཕྱེད་ནང་མ་ལ་བདེ་བ་ཆེན་པོའི་ འཁོར་ལོ། དེའི་ཕྱེད་ནང་མ་ལ་གཙོ་བོའི་གནས་རྣམས་ཀྱི་ནང་མ་རྣམས་སྟེང་དུ་འཕགས་ པས་མཆོད་རྟེན་ལྟར་མཛེས་པ། ཐམས་ཅད་སོ་སོར་རྒྱ་ཕུབས་[ཕིབས]དང་ལྡན་ཞིང་རྩེ་མོར་ རྡོ་རྗེ་རིན་པོ་ཏོག་གིས་བརྒྱན་པ་རྩིག་པ་རྣམས་ཀྱི་ཕྱི་རོལ་ནས་སྤྲས་པ། དེའི་སྟེང་དུ་རྒྱ་ ཕུབས་[ཕིབས]འདེགས་པའི་ཀ་ཐུང་རྣམས་ཀྱི་ངོས་ལ་ཆུ་སྲིན་མ་ཀ་རའི་ཁ་ནས་འཕྱང་བའི་ དོ་ཤལ་དང་ཤལ་ཕྱེད་པ་དཀར་པོས་མཛེས་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་བ་ཀུ་ལཱི་ དང་གྱེན་དུ་ཕྱོགས་པའི་ཀྲ་མ་ཤཱིར་ཥ་དཀར་པོ་ཚར་དུ་མངར་[དངར]བ། དཀྱིལ་འཁོར་ གསུམ་པོ་སོ་སོར་སྒོ་བཞི་བཞི་དང་ལྡན་པ། སྒོ་ཁང་རྣམས་ཀྱི་སྟེང་དུ་སྒོ་ལས་སུམ་འགྱུར་གྱི་ རྟ་བབས་ནོར་བུ་གསེར་གྱི་རང་བཞིན་རིམ་པ་གསུམ་པ། རིམ་པ་རེ་རེ་ལ་ཡང་གདུང་དང་ མྱོས་པ་སྲུང་བ་དང་ཀ་ཐུང་རྣམས་ཀྱི་བར་བར་དུ་མཆོད་པའི་ལྷ་མོའི་གནས་གསུམ་གསུམ་ 7-1-186 དང་ལྡན་པ། ལོགས་གཉིས་ནས་(རིམ་པ་འོག་མ་ལ)གླང་པོ་ཆེ་མནན་པའི་སེང་གེ་དང་(གོང་མ་ གཉིས་ལ་)མཆོད་པའི་ལྷ་མོ་དག་གིས་གདུང་འདེགས་བཞིན་པ། སྟེང་དུ་རྒྱ་ཕུབས་[ཕིབས] ཀྱིས་མཛེས་ཤིང༌། བུམ་པའི་ཏོག་གི་གཡས་དང་གཡོན་དུ་རྒྱལ་མཚན་གྱིས་མཚན་པ། སྟེགས་བུའི་སྟེང་དུ་བཙུགས་པའི་ཀ་བ་སེར་པོ་རྣམས་ཀྱིས་བཏེག་པ། སྐུའི་རྟ་བབས་ཀྱི་རིམ་ པ་འོག་མའི་དབུས་ཀྱི་གནས་ལ། ཤར་དུ་ཧཱུྃ་ལས་ཆོས་ཀྱི་འཁོར་ལོ་ནག་པོ་གཡས་དང་ གཡོན་དུ་རི་དྭགས་དང་རི་དྭགས་མོ། ལྷོར་ཨཱཿ ལས་བུམ་པ་བཟང་པོ་དམར་པོ་གཡས་དང་ གཡོན་དུ་དུང་དང་པད་མ། བྱང་དུ་ༀ་ལས་རྔ་བོ་ཆེ་དཀར་པོ་གཡས་དང་གཡོན་དུ་དབྱུག་པ་ དང་ཐོ་བ། ནུབ་ཏུ་ཧོཿལས་བྱང་ཆུབ་ཀྱི་ཤིང་སེར་པོ་གཡས་དང་གཡོན་དུ་མིའམ་ཅི་དང་ མིའམ་ཅི་མོ་རྣམས་དག་ལྡན་པ། ཟུར་རྣམས་སུ་སྣ་ཚོགས་རྡོ་རྗེ་དང་སྒོ་དང་སྒོ་ཁྱུད་ཀྱི་ མཚམས་རྣམས་སུ་རིན་ཆེན་འབར་བས་སྤྲས་པ། གཞན་ཡང་གདུགས་དང་རྒྱལ་མཚན་དང་ བ་དན་དང་དྲིལ་བུ་དང་མེ་ལོང་དང་རྔ་ཡབ་དང་ཕྲེང་བ་ལ་སོགས་པའི་མཆོད་རྫས་དུ་མས་ མཛེས་པར་བརྒྱན་པ། བདེ་བ་ཆེན་པོའི་འཁོར་ལོ་ལ་བུང་བ་ལྟར་ནག་པའི་ཀ་བ་རྣམས་ ཕྱོགས་བཞིར་རིམ་པ་ལྟར་རལ་གྲི་ནག་པོ་དང༌། རིན་པོ་ཆེ་དམར་པོ་དང༌། པད་མ་དཀར་པོ་ དང༌། འཁོར་ལོ་སེར་པོས་ཕྲེང་བས་མཚན་པ། རྡོ་རྗེའི་གདུང་ནང་མ་སྔོན་པོ་དང་ཕྱི་མ་ལྗང་ ཁུས་མཛེས་པར་ཕུབ་ཅིང་རེ་མིག་བཅུ་དྲུག་དང་ལྡན་པ། སྟེང་འོག་གི་ཁ་དོག་ལྷག་མ་རྣམས་ གཙོ་བོའི་ཞལ་གྱི་དབྱེ་བས། ཤར་ནག་པོ། ལྷོ་དམར་པོ། བྱང་དཀར་པོ། ནུབ་སེར་པོ། མཆོད་ པའི་ས་གཞི་ལ་པད་མ་དང་བུམ་པ་བཟང་པོ་ལ་སོགས་པའི་མཆོད་རྫས་དུ་མ་ཉེ་བར་ འཁྲིགས་པ། དེའི་ཕྱི་རོལ་ནས་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁོར་ཡུག་ཆེན་པོ་ ལྔས་ཡོངས་སུ་བསྐོར་བ། སའི་ཁོར་ཡུག་གི་སྟེང་གི་ནམ་མཁའ་ལ་དབང་ལྡན་ནས་ཨཾ་ལས་ ཟླ་བ་གང་བ་འཆར་བཞིན་པ་དང༌། བདེན་བྲལ་དུ་ཨཿལས་ཉི་མའི་དཀྱིལ་འཁོར་ནུབ་བཞིན་ 7-1-187 པ་དག་གིས་མཛེས་པ། ནམ་མཁའི་ཁོར་ཡུག་ལ་རྡོ་རྗེའི་ཕྲེང་བ་རྣམས་ཀྱིས་བརྒྱན་ཞིང༌། ཕྱི་ རོལ་དུ་[ཏུ]ཁ་དོག་ལྔ་དང་ལྡན་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། སྙིང་པོར་ༀ་ལས་ བྱུང་བའི་སྣ་ཚོགས་པད་མའི་ལྟེ་བར་མ་ལས་ཟླ་བ། ར་ལས་ཉི་མ་ཧཱུྃ་ལས་སྒྲ་གཅན་གྱི་དཀྱིལ་ འཁོར། བདེ་ཆེན་འཁོར་ལོའི་ཕྱོགས་བཞིར་ༀ་ལས་པད་མ་དཀར་པོ་ལ་ར་ལས་ཉི་མའི་ དཀྱིལ་འཁོར། མཚམས་བཞིར། ༀ་ལས་པད་མ་དམར་པོ་ལ་མ་ལས་ཟླ་བའི་དཀྱིལ་ འཁོར། དེ་བཞིན་དུ། སྒོ་བཞིའི་ཤར་དང་བྱང་དང་བྱང་དུ་པད་མ་དཀར་པོ་ལ་ཉི་མ། ལྷོ་དང་ ནུབ་ཏུ་པད་མ་དམར་པོ་ལ་ཟླ་བ། ལྷ་སྣམ་ལ་ཕྱོགས་བཞིའི་གཡས་དང་ཤར་དུ་ལྷོའི་གཡོན་ དུ་པད་མ་དཀར་པོ་ལ་ཉི་མ། འཚམས་[མཚམས]བཞི་དང་ནུབ་དང་བྱང་གི་གཡོན་དུ་པད་ མ་དམར་པོ་ཟླ་བ། གསུང་གི་ཕྱོགས་བཞིར་པད་མ་དམར་པོ་དང་མཚམས་བཞི་པད་མ་ དཀར་པོ་རྣམས་འདབ་མ་བརྒྱད་དང་ལྡན་པ། སྐུའི་ཕྱོགས་བཞིར་པད་མ་དམར་པོ་གཉིས་ གཉིས་དང༌། འཚམས་[མཚམས]བཞིར་པད་མ་དཀར་པོ་རེ་རེ་རྣམས་འདབ་མ་ཉི་ཤུ་རྩ་ བརྒྱད་དང་ལྡན་པ། ཤར་སྒོར་ཕག་བདུན་གྱིས་དྲངས་པའི་ཤིང་རྟ་ནག་པོ། ལྷོ་སྒོར་རྟ་བདུན་ གྱིས་དྲངས་པའི་ཤིང་རྟ་དམར་པོ། བྱང་སྒོར་སེང་གེ་བདུན་གྱིས་དྲངས་པའི་ཤིང་རྟ་དཀར་པོ། ནུབ་སྒོར་གླང་ཆེན་བདུན་གྱིས་དྲངས་པའི་ཤིང་རྟ་སེར་པོ། སྟེང་དུ་མཁའ་ལྡི ང་བདུན་གྱིས་ དྲངས་པའི་ཤིང་རྟ་ལྗང་ཁུ། འོག་ཏུ་རྐང་བརྒྱད་བདུན་གྱིས་དྲངས་པའི་ཤིང་རྟ་སྔོན་པོ། མེ་ རླུང་གི་དབུས་སུ་དུར་ཁྲོད་ཀྱི་འཁོར་ལོ་བརྒྱད་ནི། ཕྱོགས་བཞི་དམར་པོ་དང་འཚམས་ [མཚམས]བཞི་དཀར་པོ། སྟེང་འོག་གི་ཤིང་རྟ་གཉིས་ཀྱང་ལྗང་དང་སྔོན་པོའི་མདོག་ཅན། དེ་ལྟར་ཐུབ་པའི་དབང་པོའི་གཞལ་མེད་ཁང་པ་ནོར་བུའི་ཚོགས་ཀྱིས་ཀུན་ནས་འཕྲོ་བ་དང་ ཞིང་སྒྲིབ་པ་མེད་ལ་ཕྱི་ནང་ཀུན་ཏུ་འོད་གསལ་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ ཤིང་རྒྱན་ཐམས་ཅད་མཛེས་པར་བརྒྱན་པ། དབང་པོའི་གཞུ་དང་མེ་ལོང་གི་གཟུགས་བརྙན་ 7-1-188 ལྟར་སྣང་ལ་རང་བཞིན་མེད་པ། རང་གི་སེམས་ཀྱི་སོ་སོར་སྣང་བ་རང་རིག་པའི་ཡེ་ཤེས་ཀྱི་ སྤྱོད་ཡུལ། གཞོམ་དུ་མེད་ཅིང་རྡུལ་ཕྲ་རབ་ཀྱི་ཆོས་ལས་རྣམ་པར་འདས་པ་པྲ་ཕབ་པ་དང་ མཚུངས་པར་བལྟ་བར་བྱའོ། །དེ་ནས་དེ་རྣམས་ཀྱི་རྣམ་པར་དག་པ་དྲན་པར་བྱ་སྟེ། (སྐུའི་དཀྱིལ་ འཁོར་གྱི)ཀ་བ་རྣམས་དང་རྡོ་རྗེ་ཕྲེང་བ་(དང་)སའི་དཀྱིལ་འཁོར་(དང)རྩིག་པ་(རྣམས)ཉིད་ནི་(ལུས་ ཀྱི)རུས་པ་(རྣམ་པར་དག་པ་)རྣམས་ཀྱིས་མཛོད། །ཤ་(དང)ཁྲག་(དང)ཆུ་དང་བཤང་བ་(རྣམ་པར་དག་ པ)རྣམས་ཀྱིས་(རིམ་པ་བཞིན་དུ)ལྷ་(ཤར)དང་གཤིན་རྗེ་(ལྷོ་དང་)ནོར་སྦྱིན་(བྱང་དང་)གཞན་(ནུབ)དུ་ རྡུལ་ཚོན་གདབ་པ་སྟེ། །འཁྲིས་[མཁྲིས]པ་(དང)བད་ཀན་(རྣམ་པར་དག་པ་ཉིད)གྱིས་ནི་ཉི་མ་(དང་) རི་བོང་ཅན་ཡང་(ངོ་)དེ་བཞིན་ཆུ་རྒྱུས་(དག་པ)རྣམས་ཀྱིས་ཆུ་སྐྱེས་(པད་མ)རྣམས(སོ)། །ར་པ་ ལྔ་ཡི་རེ་ཁཱ་(ནི)ས་དང་ཆུ་སྲེག་ཟ་(མེ་དང་)རླུང་དང་ནམ་མཁའ་ལས་སྐྱེས་(པའི་མཐེ་བོ་ལ་སོགས་པའི་ འཛུབ་མོ་ལྔ་རྣམ་པར་དག་པ)རྣམས་ཀྱིས་སོ། །དུས་ཀྱི་རྩ་(ཨ་བ་དྷུ་ཏི་དག་པ)ཡིས་གཙོ་བོ་ཆུ་སྐྱེས་(པད་ མའོ)གཡོ་བ་(རླུང་དང་)མེ་ཡི་དཀྱིལ་འཁོར་(དང་)ལ་སོགས་(པ་སྟེ་ཆུའི་དཀྱིལ་འཁོར་རྣམས་ནི་རིམ་པ་བཞིན) ལྤགས་པ་(དང་)ལ་སོགས་(པ་སྟེ་ཁྲག་དང་དྲོད་རྡུལ་རྣམས་པར་དག་པ་རྣམས)ཀྱིས(སོ)། །ཉི་མའི་སྒོ་རྣམས་ བུག་པ་རྣམས་(རྣ་བ་དང་སྣ་དང་མིག་གི་བུག་པ་གཉིས་གཉིས་དང་ཁ་དང་བཤང་བ་དང་གཅི་བ་དང་ཁུ་བའི་བུག་པ་རེ་རེ་ དང་ནུ་མའི་བུག་པ་གཉིས་ཏེ)ཀྱིས་ནོར་བུའི་རང་བཞིན་བཀོད་པ་(དོ་ཤལ་ལ་སོགས་པ་ནི)སོ་ཡི་ཕྲེང་བ་ (རྣམ་པར་དག་པས་སོ)དེ་བཞིན་ཉིད། །གཡོ་བའི་(རླུང་གི)དཀྱིལ་འཁོར་ལ་གནས་(པའི)དུར་ཁྲོད་ བརྒྱད་དུ་འཁོར་ལོ་(བརྒྱད་པོ)རྣམས་ནི་(ལག་པ་དང་རྐང་པའི)སོར་མོ་(བརྒྱད་བརྒྱད་)རྣམས་ཀྱི་སེན་མོ་ (རྣམ་པར་དག་པ)ཡིས(སོ)། །བ་སྤུ་(རྣམ་པར་དག་པ)རྣམས་ཀྱི་དཀྱིལ་འཁོར་མཐར་ནི་ཕྱོགས་དང་ ཕྱོགས་བྲལ་དག་ཏུ་གནས་པའི་རྡོ་རྗེ(འི་ཕྲེང་བ་དང་)་མེ་ལྕེ་སྟེ(འོད་ཟེར་འབར་བ་རྣམས)། །དེ་ལྟར་ (ཁམས་དྲུག་གི་དབྱེ་བས་གཞན་ལ་སོགས་པའི)མཆོག་གི་ཡོན་ཏན་རྣམ་མང་སྐུ་ཡི་རྡོ་རྗེ་ངེས་པར་དཀྱིལ་ འཁོར་གྱི་ནི་རྣམ་པར་གསུངས། །ཞེས་པ་དང༌། (དོན་དམ་པའི)སངས་རྒྱས་(དོན་དམ་པའི)ཆོས་དང་ 7-1-189 (དོན་དམ་པའི)དགེ་འདུན་ཆེས། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་རོ། །(དོན་དམ་པའི)ཚངས་པའི་ གནས་བཞི་རྣམས་ཀྱིས་ནི། །(ཚངས་ཟུར་གྱི)རྡོ་རྗེའི་ཐིག་ནི་བཞི་པོ་སྟེ། །དྲན་པ་ཉེར་བཞག་བཞི་ རྣམས་ཀྱི། །(རྩ་ཐིག)གྲུ་བཞི་མཉམ་པ(འམ་རྒྱ་དང་དཔངས་མཉམ་པ)དེ་ཉིད་དོ། །(རྟེན་འབྲེལ)ཡན་ལག་ བཅུ་གཉིས་(གདོད་ནས)འགགས་པ་ཡིས། །སྒོ་ནི་བཅུ་གཉིས་པོ་རྣམས་ཏེ། །དེ་བཞིན་(དོན་ དམ་པའི)ས་ནི་བཅུ་གཉིས་ཀྱིས། །རྟ་བབས་དག་ནི་མཛེས་པ་རྣམས(དོན་དམ་པའི)། །འཕགས་ ལམ་ཡན་ལག་བརྒྱད་རྣམས་ཀྱིས། །ཕྱོགས་བརྒྱད་དུ་ནི་དུར་ཁྲོད་རྣམས། །(དམིགས་བཅས་དོན་ དམ་པའི་)སྟོང་ཉིད་བཅུ་དྲུག་ཀ་བ་རྣམས། །(དོན་དམ་གྱི)ཁམས་(ལྔ)རྣམས་ཀྱིས་ཀྱང་ཁང་པ་(ལྔ) བརྩེགས། །(དོན་དམ་གྱི)རྣམ་ཐར་བརྒྱད་ཀྱི་སྒོ་ཁྱུད་(བརྒྱད་བརྒྱད)རྣམས། །(དོན་དམ་པའི་འབྱུང་བ་བཞི་ དྲི་རོ་རེག་བྱ་གཟུགས་ཏེ)གཟུགས་ཅན་(བརྒྱད་དང་ཉི་ཟླའི)ཡོན་ཏན་བརྒྱད་རྣམས་(གདོད་ནས་དག་པ་ཉིད) ཀྱིས། །(རིམ་པ་ལྟར)འགྲམ་(བརྒྱད་བརྒྱད)རྣམས་དང་ནི་ལོགས་(བརྒྱད་བརྒྱད)རྣམས་ཉིད(དེ)། ། ཐུགས་གསུང་སྐུའི་དབྱེ་བས་སོ(སོ་ལའོ)། །ཚུལ་ཁྲིམས་(ཏིང་འཛིན་ཤེས་རབ)ལ་སོགས་ཕུང་པོ་ ལྔས། །ཁ་དོག་ལྔ་ནི་རྣམ་(པར)སྦྱངས་པ(པའོ)། །(དོན་དམ་པའི)ཐེག་པ་གསུམ་གྱི་(ཐུགས་དཀྱིལ་ལ) ར་བ་གསུམ། །(དོན་དམ་པའི)དད་པའི་དབང་པོ་སོགས་ཀྱིས་(གསུང་དཀྱིལ་ལ)ལྔ། །(དོན་དམ་པའི) དད་སོགས་སྟོབས་རྣམས་དག་གིས་(སྐུ་དཀྱིལ་ལ)ལྔ(སྟེ་དེ་ལྟར)། །ཐུགས་གསུང་སྐུ་ཡི་དཀྱིལ་ འཁོར་ལའོ། །(རྡོ་རྗེ་ལྟ་བུ་ལ་སོགས་པའི་དོན་དམ་མ་ཚང་བའི)ཏིང་ངེ་འཛིན་དང་(ཚིག་དང་དོན་ལ་སོགས་པའི་) གཟུངས་(ཀྱི་སྒོ)རྣམས་ཀྱིས། །དཀྱིལ་འཁོར་གསུམ་ལ་སྟེགས་བུ་སྟེ། །(དོན་དམ་བདེ་གཤེགས་སྙིང་ པོའི)ཕ་རོལ་ཕྱིན་བཅུ་རྫོགས་པ་ཡིས། །རིན་ཆེན་སྣམ་བུ་རྣམ་པར་བཀྲ། །(དོན་དམ་བདེ་གཤེགས་ སྙིང་པོའི)མ་འདྲེས་ཆོས་ནི་བཅོ་བརྒྱད་ཀྱིས། །དོ་ཤལ་(དང་)དོ་ཤལ་ཕྱེད་པ་རྣམས། །(དོན་དམ་བདེ་ གཤེགས་སྙིང་པོའི)དབང་(བཅུ)རྣམས་ཀྱིས་ཀྱང་བ་ཀུ་ལཱི། །དགེ་བ(བཅུ)ས་ཀྲ་མ་ཤཱིར་ཥ་འོ། །སྟོང་ ཉིད་ལ་སོགས་རྣམ་ཐར་(སྒོ་བཞི་རྣམས)གྱིས། །དྲིལ་བུའི་སྒྲས་ནི་གང་བ་སྟེ། །(དོན་དམ་བདེ་གཤེགས་ 7-1-190 སྙིང་པོའི)རྫུ་འཕྲུལ་རྐང་པ(བཞི)ས་རྒྱལ་མཚན་གཏམས། །(ཡང་དག་པར)སྤོང་བ(བཞི་རང་བཞིན་དང་ གནས་པ)ས་མེ་ལོང་རབ་ཏུ་འབར། །(དོན་དམ་བདེ་གཤེགས་སྙིང་པོའི)བྱང་ཆུབ་ཡན་ལག་(བདུན)རྔ་ ཡབ་གཡོ། །(གསུང་རབ)ཡན་ལག་དགུ་(རང་བཞིན་པ)ཡིས་ཕྲེང་བས་བརྒྱན། །(དོན་དམ་བདེ་གཤེགས་ སྙིང་པོའི)བསྡུ་བ་བཞི་པོ་རྣམས་ཀྱིས་ནི། །ཟུར་དུ་སྣ་ཚོགས་རྡོ་རྗེས་བརྒྱན། །(དོན་དམ་བདེ་གཤེགས་ སྙིང་པོའི)བདེན་བཞི་རིན་པོ་ཆེ་རྣམས་ཀྱིས། །སྒོ་དང་སྒོ་ཁྱུད་མཚམས་(རྣམས)སུ་སྤྲས། །(དོན་དམ་ བདེ་གཤེགས་སྙིང་པོའི)མངོན་ཤེས་ལྔ་ཡིས་རྟག་ཏུ་ནི། །(ས་སོགས)ཁོར་ཡུག་ཆེན་པོ་ལྔ་ཡིས་བསྐོར། ། རྣམ་པ་ཀུན་མཁྱེན་བྱང་ཆུབ་པས། །རྡོ་རྗེ་ཕྲེང་བས་(མཐའ)ལེགས་པར་བསྐོར། །(དོན་དམ་བདེ་ གཤེགས་སྙིང་པོའི)བདེ་བ་གཅིག་པུའི་ཁོར་ཡུག་གིས། །དེ་བཞིན་ཡེ་ཤེས་རྡོ་རྗེ(འི་འོད་ཟེར)་འབར། ། (དོན་དམ་བདེ་གཤེགས་སྙིང་པོའི)ཐབས་དང་ཤེས་རབ་ཆ་ཡིས་ནི། །ཟླ་བ་ཉི་མ་རྟག་ཏུ་ཤར། ། ཐུགས་སྐུ་གསུང་དང་དག་པ་(ཡེ་ཤེ་རྡོ་རྗེ)ཡིས། །(སྐུའི་རྟ་བབས་ལ)ཆོས་ཀྱི་འཁོར་ལོ་བུམ་པ་ཆེ། ། རྔ་བོ་ཆེ་དང་བྱང་ཆུབ་ཤིང༌། །དེ་བཞིན་(དུ་བཞི་པོ་དེ་སྙིང་པོའི་པད་མའི་གྲྭ་བཞིར)ཡིད་བཞིན་ནོར་བུ་ སོགས(ཀྱང་ངོ་)། །འདི་དག་དཔལ་ལྡན་དུས་འཁོར་གྱི། །དཀྱིལ་འཁོར་ཆོས་དབྱིངས་(ཆོས་དུ་མ་ འདས་པའི་སྐུ)དང་ལྡན(པ་ཉིད་དེ)། །ཞེས་པས་སོ། །རྟེན་[བརྟེན]་པ་ལྷ་བསྐྱེད་པ་ལ། དང་པོར་ མངོན་བྱང་ལྔ་ལས་གཙོ་བོ་ཡབ་ཡུམ་བསྐྱེད་པ་ནི། གདན་དབུས་མའི་སྟེང་དུ། ཨ་ཨི་རྀ་ཨུ་ ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་ཨཾ་རྣམས་གཡོན་བསྐོར་དང༌། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱ་ཨཿརྣམས་གཡས་བསྐོར་མཚན་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་རྣམས་ ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས། གཟུགས་ཀྱི་ཕུང་པོ་ བསྐྱེད་པ་རྣམ་པར་སྣང་མཛད། དེའི་འོག་ཏུ། ལླ་ཝྺ་ཡྻ་ཌྜ་ཌྷྜྷ། ལླ་ཝྺ་ར༹ྼ་ཡྻ་ཧྷ། སྶ་ྉྤྉྤ་ ཥྵ་ཤྴ་ྈྐྈྐ། ཏྟ་ཐྠ་དྡ་དྷྡྷ་ནྣ་མྨ། པྤ་ཕྥ་བྦ་བྷྦྷ་མྨ། ཊྚ་ཋྛ་ཌྜ་ཌྷྜྷ་ཎྞ། ཙྩ་ཚྪ་ཛྫ་ཛྷྫྷ་ཉྙ། ཀྐ་ ཁྑ་གྒ་གྷྒྷ་ངྔ༌། རྣམས་གཡས་བསྐོར་དང༌། ང་གྷ་ག་ཁ་ཀ ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་ 7-1-191 བ་ཕ་པ། ན་དྷ་ད་ཐ་ཏ། ྈྐ་ཤ་ཥ་ྉྤ་ས། ཧ་ཡ་ར་ཝ་ལ། ཌྷ་ཌ་ཡ་ཝ་ལ། རྣམས་གཡོན་བསྐོར་དཔེ་ བྱད་བརྒྱད་བཅུའི་[ཅུའི]ངོ་བོ་རྣམས་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་མཉམ་པ་ ཉིད་ཀྱི་ཡེ་ཤེས། ཚོར་བའི་ཕུང་པོ་བསྐྱེད་པ་རིན་ཆེན་འབྱུང་ལྡན། དེ་དག་གི་དབུས་སུ་ཧཱུྃ་ ཡིག་ཟླབའི་མཚན་མ་ལྟ་བུ་སོ་སོར་རྟོག་པའི་ཡེ་ཤེས། འདུ་ཤེས་ཀྱི་ཕུང་པོ་བསྐྱེད་པ་སྣང་བ་ མཐའ་ཡས། དེ་རྣམས་གཅིག་ཏུ་འདྲེས་པ་ཧི་ཡིག་བྱ་བ་གྲུབ་པའི་ཡེ་ཤེས་འདུ་བྱེད་ཀྱི་ཕུང་པོ་ བསྐྱེད་པ་དོན་ཡོད་གྲུབ་པ། ཆ་ཤས་ཐམས་རྫོགས་པ་ཧཾ་ཡིག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། རྣམ་པར་ཤེས་པའི་ཕུང་པོ་བསྐྱེད་པ་མི་བསྐྱོད་པ་སྟེ། དེ་ལྟར་ཕུང་པོ་ལྔ་རྣམ་པར་དག་པ། ཡེ་ ཤེས་ལྔའི་བདག་ཉིད་བཅོམ་ལྡན་འདས་ནི། ཟླ་བའི་(སྟེ་གཅིག་གི)སྐུ་དང་ཟུང་(སྟེ་གཉིས)གི་ ཞབས་ཏེ་མེ་(༣)ཡི་མགྲིན་པ་ཆུ་གཏེར་(༤)དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག །ཕྲག་པ་དྲུག་ དང་ཉི་མའི་(༡༢)དཔུང་པ་རྒྱལ་བའི་ཕྱག་གི་(༢༤)པད་མ་སྟོང་པ་དྲུག་དང་མེ་ཡི་(༣༦༠)ཚིགས་ ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་སྐྲག་ བཞིན་པ། །རོལ་པས་མནན་ཅིང་སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་འཁོར་ལོ་གཅིག་པུ་(འདི་ མན་ཆད་འགྲེལ་པ་ལྟར་བསྡེབས་པའོ)དྲི་མེད་འོད་འཕྲོ་བ། །ཞབས་གཡས་དམར་པོ་བསྐྱང་བའི་འོག་ ཏུ་འདོད་ལྷ་དམར་པོ་གདོང་གཅིག་པ། ལག་པ་བཞི་ཡིས་(དང་པོར་གཉིས)མདའ་གཞུ་(འོག་མ་ གཡོན་དང་གཡས་ཀྱིས)ཞགས་པ་ལྕགས་ཀྱུ་འཛིན་པ་རབ་བརྫིས་ཤིང༌། །གཡོན་པ་དཀར་པོ་ བསྐུམ་པས་དྲག་པོ་དཀར་པོ་གདོང་གཅིག་མིག་གསུམ་པ། །ལག་པ(བཞི)ས་(གཡས་གཉིས)རྩེ་ གསུམ་ཌ་མ་རུ་དང་(གཡོན་གཉིས་པས)ཐོད་པ་(དང་པོས)ཁ་ཊཱཾ་འཛིན་པ་མནན། །དེ་དག་(གི)དགའ་ མས་མནན་པའི་གདོང་(ཅན)གིས་ཞབས་མཐིལ་འཛིན་ཡང་གཡོ་མི་མངའ། །སྐུ་མདོག་སྔོན་ པོ་གཡས་གཡོན་དབུས་ཀྱི་མགྲིན་པ་ཉི་ཟླ་བུང་བ(དམར་ནག་པ)འི་མདོག །མདུན་ཞལ་ནག་པོ་ མཆེ་བ་གཙིགས་ཤིང་གཡས་ཞལ་དམར་པོ་ཆགས་པར་བཅས། །གཡོན་ཞལ་དཀར་པོ་རབ་ 7-1-192 ཏུ་ཞི་ཞིང་རྒྱབ་ཞལ་སེར་པོ་ཏིང་འཛིན་གནས། ཉི་མའི་(༡༢)སྤྱན་མངའ་(སྤྱི་བོ)སྣ་ཚོགས་རྡོ་རྗེ་ ཟླ་ཕྱེད་སེམས་དཔའི་དབུ་རྒྱན་ཅན། །རྡོ་རྗེ་ནོར་བུ་རྣ་རྒྱན་མགུལ་རྒྱན་(ཕྱག་ཞབས་ཀྱི)གདུབ་བུ་ སྐ་རགས་དར་དཔྱངས་དང༌། །ཕྲེང་བས་རྣམ་བརྒྱན་སྟག་ལྤགས་དང་ལྡན་གཡས་དང་གཡོན་ གྱི་ཕྲག་པ་ནི། །དང་པོ་ནག་པོ་གཉིས་པ་དམར་པོ་གསུམ་པ་དཀར་པོ་དེ་བཞིན་དུ། །དཔུང་ པ་གཉིས་གཉིས་ནག་པོ་དམར་པོ་དཀར་པོའི་མདོག་སྟེ་ཕྱག་རྣམས་ཀྱང༌། །བཞི་བཞི་ནག་ དམར་དཀར་པོའི་མདོག་ཅན་རེ་རེའང་སོར་མོ་ལྔ་ལྔ་ཡི། །མཐེ་བོང་སེར་པོ་འཛུབ་མོ་དཀར་ པོ་གུང་མོ་དམར་པོ་སྲིན་ལག་ནག །མཐེ་ཆུང་ལྗང་ཁུ་རྣམས་ཀྱང་ཚིགས་གསུམ་རིམ་བཞིན་ ནག་དམར་དཀར་བའི་མདོག(ནག་པོ་བཞིས)། རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་(དམར་པོ་བཞིས) མདའ་དང་ལྕགས་ཀྱུ་ཌ་མ་རུ། །ཐོ་བ་(དཀར་པོ་བཞིས)འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ ཀྱི་ཕྱག་བརྒྱན་གཡོན་པ་ཡང༌། །དྲིལ་བུ་ཕུབ་དང་ཁ་ཊཱཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། ། པད་དཀར་དུང་དང་མེ་ལོང་ལྕགས་སྒྲོག་ཚངས་པའི་མགོ་བོས་རྣམ་པར་བརྒྱན། །(དོན་དམ་ པར)དམིགས་མེད་སྙིང་རྗེ་ཆེན་པོ་དང༌། །ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། །འགྱུར་མེད་ མཆོག་གི་ཡེ་ཤེས་དང༌། །དམ་པའི་དོན་གྱི་བདེ་བའོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་ནི་ གསེར་མདོག་གཡོན་བརྐྱང་ཕྱག་བརྒྱད་མ། །བཅུ་གཉིས་སྤྱན་ལྡན་ཞལ་བཞི་མདུན་སེར་ གཡས་དཀར་གཡོན་དམར་རྒྱབ་ཞལ་ནག །སེམས་དཔའི་ཅོད་པན་ཕྱག་རྒྱ་ལྔ་ལྡན་གྲི་གུག་ ལྕགས་ཀྱུ་ཌ་མ་རུ། །བགྲང་ཕྲེང་རྣམས་དང་ཐོད་པ་ཞགས་པ་པད་མ་དཀར་དང་རིན་ཆེན་ འཛིན། །(དོན་དམ་པར)ཤེས་རབ་དང་ནི་ཡེ་ཤེས་ཀྱི། །ཕ་རོལ་ཕྱིན་མ་རང་བཞིན་གྱིས། །འོད་ གསལ་རྣམ་པ་ཐམས་ཅད་ཀྱི། །མཆོག་དང་ལྡན་པའི་སྟོང་པ་ཉིད། །ཞེས་པ་དང༌། ཕྱོགས་ དང་མཚམས་ཀྱི་འདབ་མ་བརྒྱད་ལ། (ཤར་དུ)ནག་མོ་འབར་མ་(གཡས་བཞིས)བདུག་སྤོས་ཙན་ དན་གུར་གུམ་དང་ནི་ག་པུར་སྣོད། །(གཡོན་བཞིས)དྲིལ་བུ་པད་མ་ཡོངས་འདུའི་མེ་ཏོག་སྣ་ 7-1-193 ཚོགས་མེ་ཏོག་ཕྲེང་ལྡན་མ། །(ལྷོར)དམར་མོའི་གཡས་ན་མར་མེ་དོ་ཤལ་ཅོད་པན་དང་ནི་ གདུབ་བུ་སྟེ། །གཡོན་ན་གོས་དང་སྐ་རགས་དང་ནི་རིན་ཆེན་རྣ་རྒྱན་རྐང་གདུབ་འཛིན། །(བྱང་ དུ)དཀར་མོའི་གཡས་ན་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་རྣམས་ཏེ། །གཡོན་ན་བདུད་རྩི་ གྲུབ་པའི་བཅུད་དང་བདུད་རྩི་འབྲས་བུ་འབྲས་ཆན་སྣོད། །(ནུབ་ཏུ)སེར་མོ་འབར་མ་དུང་དང་ གླིང་བུ་ནོར་བུ་དང་ནི་ཌ་མ་རུ། །པི་ཝང་རྔ་དང་འཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བའི་ ཞལ་ལྡན་མ། །དེ་དག་དང་མཚུངས་(མེར)དུ་བ་(མ་ནག་མོ)སྨིག་སྒྱུ་མ་(དམར་མོ)་མེ་ཁྱེར་(མ་དཀར་ མོ)དང་ནི་མར་མེ་མ་(སེར་མོ)། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ཡིས་ རྣམ་བརྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་སེམས་དཔའ་རབ་མཆོད་མ། ། མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་འཁོར་འགགས་པའོ། །ཞེས་པ་ དང༌། དེ་དག་གི་ཕྱི་རོལ་གྱི་གྲྭ་བཞིར། དབང་ལྡན་མཚམས་སུ་རབ་དཀར་ཆོས་ཀྱི་དུང༌། ། བདེན་བྲལ་ཆོས་ཀྱི་གཎ་ཌི་དམར་པོ་སྟེ། །མེར་ནི་ཡིད་བཞིན་ནོར་བུ་བུང་བའི་མདོག །རླུང་ དུ་གསེར་གྱི་མདོག་ཅན་དཔག་བསམ་ཤིང༌། །ཞེས་པ་ལྟར་བསྒོམས་པས་སོ། །དེ་ནས་ སྙོམས་པར་ཞུགས་པ་ལས་འཁོར་གྱི་ལྷ་རྣམས་སྤྲོ་བར་བྱ་སྟེ། འདོད་ཆགས་ཆེན་པོས་གདུལ་ བར་བྱ་བའི་སེམས་ཅན་མཐའ་དག་དང་པོའི་སངས་རྒྱས་བསྟན་པར་བྱ་བའི་སྣོད་དུ་མངོན་ པར་གཟིགས་ནས། ཡུམ་དང་སྙོམས་པར་ཞུགས་པ་ལས། ཤིན་ཏུ་དགའ་བའི་སྒྲས་ཕུང་པོ་ དང་ཁམས་དང་དབང་པོ་དང་ཡུལ་ལ་སོགས་པ་ལྷའི་ངོ་བོར་སྣང་བ་ཐམས་ཅད་རབ་ཏུ་ བཀུག་ནས་རང་གི་ལུས་ལ་ཞུགས་ཤིང༌། དེ་ལས་འཕྲོས་པ་སྣ་ཚོགས་ཡུམ་ལ་ཞུགས་པ་ རྣམས་སླར་ཡང་རང་ལ་ཞུགས་ཏེ། ཟླ་བ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བ་རྡོ་རྗེའི་ལམ་ ནས་ཡུམ་གྱི་པད་མར་འཕྲོས་པ་ལས། ལྷ་དང་ལྷ་མོའི་ཚོགས་སུ་གྱུར་པ་རྣམས་རང་རང་གི་ གནས་སུ་དགོད་པར་བྱའོ། །དེ་ཡང༌། ཨ་ཡིག་དང་ནི་རྡོ་རྗེ་ལས་བྱུང་མི་བསྐྱོད་ལྗང་ཁུ་ཉི་ 7-1-194 ཟླའི་ཞལ། །ཕྱག་དྲུག་རྡོ་རྗེ་གྲི་གུག་དགྲ་སྟ་དྲིལ་བུ་ཐོད་པ་ཚངས་མགོ་འཛིན། །རྡོ་རྗེ་དབྱིངས་ ཀྱི་དབང་ཕྱུག་མས་འཁྱུད་ནམ་མཁར་འཕྲོས་ཏེ་འགྲོ་བའི་དོན། །མཛད་ནས་སླར་ཡང་རང་ ཉིད་ལ་ནི་བདག་པོའི་ཚུལ་གྱིས་རྣམ་པར་ཞུགས། །ཞེས་པ་ལྟར་བསྒོམ་ཞིང༌། དེ་བཞིན་དུ། བདེ་ཆེན་འཁོར་ལོའི་ཕྱོགས་བཞིར། དོན་ཡོད་གྲུབ་པ་(ནག་པོ)ལ་སྤྱན་མ(སེར་མོ)ས་འཁྱུད་པ། རིན་ཆེན་འབྱུང་ལྡན་(དམར་པོ)ལ་མཱ་མ་ཀཱི(དཀར་མོ)ས་འཁྱུད་པ། །སྣང་བ་མཐའ་ཡས་(དཀར་པོ) ལ་གོས་དཀར་མོ(དམར་མོ)ས་འཁྱུད་པ། རྣམ་པར་སྣང་མཛད་(སེར་པོ)ལ་སྒྲོལ་མ(ནག་མོ)ས་ འཁྱུད་པ་ཐབས་གཙོ་བོར་གྱུར་པ། (རྡོ་རྗེའི་གདན་ལ་པད་མའི་གདན་གྱིས་འཁྱུད་པ)མཚམས་བཞིར། སྒྲོལ་མ་(ནག་མོ)ལ་རྣམ་པར་སྣང་མཛད་ཀྱིས་འཁྱུད་པ། གོས་དཀར་མོ་ལ་སྣང་བ་མཐའ་ཡས་ ཀྱིས་འཁྱུད་པ། མཱ་མ་ཀི་ལ་རིན་ཆེན་འབྱུང་ལྡན་གྱིས་འཁྱུད་པ། སྤྱན་མ་ལ་དོན་ཡོད་གྲུབ་ པས་འཁྱུད་པ་ཤེས་རབ་གཙོ་མོར་གྱུར་པ(པད་མའི་གདན་ལ་རྡོ་རྗེའི་གདན་གྱིས་འཁྱུད་པ)། དེ་དག་གི་ བར་དང་སྟེང་འོག་ཏུ། (ཤར)རྐང་དང་(ལྷོར)ཁྲག་དང་(བྱང་དུ)དྲི་ཆུ་(ནུབ་ཏུ)དྲི་ཆེན་རབ་འགགས་ པས། །ཕྱོགས་བཞི་བདུད་རྩི་བུམ་པ་གཉིས་གཉིས་སྟེང་འོག་ཏུ། །ཁུ་ཁྲག་འགགས་པའི་བུམ་ པ་གཉིས་རྣམས་རབ་དཀར་ཞིང༌། །བདུད་རྩིས་ཡོངས་གང་པད་མས་ལེགས་བརྒྱན་པད་ མར་གནས། །སྒོ་བཞིར། བགེགས་མཐར་བྱེད་ལ་རེངས་བྱེད་མས་འཁྱུད་པ། ཤེས་རབ་ མཐར་བྱེད་ལ་ཁེངས་བྱེད་མས་འཁྱུད་པ། པད་མ་མཐར་བྱེད་ལ་རྨུགས་བྱེད་མས་འཁྱུད་པ། གཤིན་རྗེ་མཐར་བྱེད་ལ་རབ་བརྩོན་མས་འཁྱུད་པ། ཐབས་གཙོ་བོར་གྱུར་གྱུར་པ། (གཡས་ བརྐྱང་ལ་གཡོན་བརྐྱང་གིས་འཁྱུད་པ)ལྷོ་ཡི་གཡོན་དང་ཕྱོགས་བཞིའི་གཡས། །ཤར་གྱི་གཡོན་དུ་རིམ་ པ་བཞིན། །ཕྱག་ན་རྡོ་རྗེ་ལ་སྒྲ་རྡོ་རྗེ་མས་འཁྱུད་པ། ནམ་མཁའི་སྙིང་པོ་ལ་དྲི་རྡོ་རྗེ་མས་ འཁྱུད་པ། སའི་སྙིང་པོ་ལ་གཟུགས་རྡོ་རྗེ་མས་འཁྱུད་པ། འཇིག་རྟེན་དབང་ཕྱུག་ལ་རོ་རྡོ་རྗེ་ མས་འཁྱུད་པ། །སྒྲིབ་པ་རྣམ་སེལ་ལ་རེག་བྱ་རྡོ་རྗེ་མས་འཁྱུད་པ། ཀུན་ཏུ་བཟང་པོ་(སྔོན་པོ) 7-1-195 ལ་ཆོས་ཁམས་རྡོ་རྗེ་མ(ལྗང་ཁུ)ས་འཁྱུད་པ་ཐབས་གཙོ་བོར་གྱུར་པ(འདུག་སྟངས་སངས་རྒྱས་བཞིན)། བྱང་གི་གཡོན་དང་འཚམས་[མཚམས]བཞི་དང༌། །ནུབ་ཀྱི་གཡོན་དུ་རིམ་པ་བཞིན། །སྒྲ་རྡོ་ རྗེ་མ་ལ་ཕྱག་ན་རྡོ་རྗེས་འཁྱུད་པ། རེག་བྱ་རྡོ་རྗེ་མ་ལ་སྒྲིབ་པ་རྣམ་པར་སེལ་བས་འཁྱུད་པ། རོ་རྡོ་རྗེ་མ་ལ་འཇིག་རྟེན་དབང་ཕྱུག་གིས་འཁྱུད་པ། གཟུགས་རྡོ་རྗེ་མ་ལ་སའི་སྙིང་པོས་ འཁྱུད་པ། དྲི་རྡོ་རྗེ་མ་ལ་ནམ་མཁའི་སྙིང་པོས་འཁྱུད་པ། ཆོས་ཁམས་རྡོ་རྗེ་མ་ལ་ཀུན་ཏུ་ བཟང་པོས་འཁྱུད་པ། ཤེས་རབ་གཙོ་མོར་གྱུར་པ(འདུག་སྟངས་ཡུམ་ལྔའི་རང་བཞིན)། འདུ་བྱེད་(དང་) རླུང་དང་ངག་གི་དབང་པོ་(དང་)སྣ་དང་རེག་(བྱ་རྣམ་པར་དག་ཅིང་)གཞན་(དུ་གྱུར་ལ)འདུས་མ་བྱས་ (པའི་ལྷ་ནི་རིམ་པ་བཞིན)། །དོན་ཡོད་(གྲུབ་པ་དང་)སྒྲོལ་མ་(དང་)བགེགས་ཀྱི་དགྲ་དང་ནམ་མཁའི་ སྙིང་པོ་(དང་)རེག་བྱ་(རྡོ་རྗེ)མ(སྟེ་ཐམས་ཅད་གཡས་པ)། །རལ་གྲི་(དང་)གྲི་གུག་(དང་)རྩེ་གསུམ་(གཡོན་ པ)ཕུབ་དང་དཔལ་ལྡན་ཐོད་པ་(དང་)ཁ་ཊཱཾ་ཀ །(གཡས་གཡོན)ཉི་ཟླའི་གདོང་ལྡན་(རྩ་ཞལ་སྐུ་མདོག) སྤྲིན་ནག་དང་མཚུངས་(པར་ནག་པོ་སྟེ)ས་ཡི་རིགས་(ཅན་སེར་པོ་རྣམས)ཀྱིས་འཁྱུད་པ་མདུན(ཞལ་གྱི་ ཤར་དང་ཤར་ལྷོ་ནའོ)། །ཚོར་བ་(དང་)མེ་དང་ལག་པའི་དབང་པོ་(དང་)མིག་དང་རོ་(རྣམ་པར་དག་ཅིང་) གཞན་(དུ་གྱུར་པའི་ལྷ་ནི་རིམ་པ་བཞིན)བདེ་བ་ཆེ། །རིན་ཆེན་དབང་པོ་(དང་)གོས་དཀར་མོ་དང་ རྨུགས་བྱེད་(དང་)སའི་སྙིང་པོ(དང་)རོ(རྡོ་རྗེ་མ་སྟེ་ཐམས་ཅད་གཡས་པ)། །མདའ་དང་ལྕགས་ཀྱུ་(དང་) ཌ་མ་རུ་དང་(གཡོན)གཞུ་དང་ཞགས་པ་(དང་)ནོར་བུའི་ཕྱག །(གཡས་གཡོན)དཀར་ནག་གདོང་ ལྡན་(རྩ་ཞལ་དང་སྐུ་མདོག)ཉིན་མོར་བྱེད་འདྲ་(དམར་པོ་སྟེ)ཆུའི་རིགས་(ཅན་དཀར་པོ་རྣམས)ཀྱིས་འཁྱུད་ པ་གཡས(ལྷོ་དང་ལྷོ་ནུབ་ནའོ)། །འདུ་ཤེས་(དང་)ཆུ་དང་རྐང་པའི་དབང་པོ་(དང་)ལྕེ་དང་གཟུགས་ (རྣམ་པར་དག་ཅིང་)གཞན་(དུ་གྱུར)ཡེ་ཤེས་སྐུ(འི་ལྷ་ནི་རིམ་པ་ལྟར)། །སྣང་བ་མཐའ་ཡས་(དང་)མཱ་མ་ཀི་ དང་ཁེངས་བྱེད་(དང་)འཇིག་རྟེན་དབང་པོ་(དང་)གཟུགས(རྡོ་རྗེ་མ་སྟེ་ཐམས་ཅད་གཡས་ན)། །ཐོ་བ་ (དང་)མདུང་དང་རྩེ་གསུམ་(གཡོན་ན) པད་དཀར་མེ་ལོང་དང་ནི་བགྲང་ཕྲེང་ཅན། །(གཡས་གཡོན) 7-1-196 ནག་དང་དམར་བའི་གདོང་ལྡན་(རྩ་ཞལ་དང་སྐུ་མདོག)དཀར་པོ་མེ་ཡི་རིགས་(དམར་པོ་རྣམས)ཀྱིས་ འཁྱུད་པ་གཡོན(བྱང་དང་བྱང་ཤར་ནའོ)། །གཟུགས་ཀྱི་ཕུང་པོ་(དང་)ས་དང་བཤང་ལམ་(གྱི་དབང་པོ) དང་ལུས་དང་དྲི་(རྣམ་པར་དག)ཅིང་གཞན་(དུ་གྱུར་པ)འོད་གསལ་གཟུགས(ཀྱི་ལྷ་ནི་རིམ་པ་ལྟར)། ། རྟག་པ་(རྣམ་སྣང་དང་)སྤྱན་མ་(དང་)རེངས་བྱེད་དང་ནི་(སྒྲིབ་པ)རྣམ་སེལ་(དང་)དྲི་ཡི་རྡོ་རྗེ་མ(སྟེ་ གཡས་པ)། །འཁོར་ལོ་(དང་)དབྱུག་པ་ཁྲོ་བོའི་རྡོ་རྗེ་(དང་གཡོན་པ)དུང་དང་ལྕགས་སྒྲོག་དྲིལ་བུའི་ ཕྱག །(གཡས་གཡོན)དཀར་ནག་གདོང་ལྡན་(རྩ་ཞལ་དང་སྐུ་མདོག)གསེར་གྱི་རི་འདྲ་རླུང་གི་རིགས་ (ཅན་ནག་པོ་རྣམས)ཀྱིས་འཁྱུད་པ་རྒྱབ(ནུབ་དང་ནུབ་བྱང་ནའོ)། །རྣ་བ་(དང་)ཆོས་དབྱིངས་(དང་)ཡིད་ དང་སྒྲ་(རྣམ་པར་དག་ཅིང་)གཞན་ཕྱག་ན་རྡོ་རྗེ་(ལྗང་ཁུ་དང་)ཆོས་དབྱིངས་མ(རྡོ་རྗེ་ལྗང་ཁུ་དང་)། །ཀུན་ (ཏུ)བཟང་(པོ་སྔོན་པོ་དང་)སྒྲ་ཡི་རྡོ་རྗེ་མ་(སྔོན་མོ)སྟེ་ལྗང་སྔོན་ཕན་ཚུན་ཡང་དག་འཁྱུད། །གཡས་ གཡོན་ཉི་ཟླའི་ཞལ་གྱིས་རབ་བརྒྱན་(གཡས་ན)རྡོ་རྗེ་(དང་)གྲི་གུག་(དང་)དགྲ་སྟ་དང༌། །(གཡོན་ ན)དྲིལ་བུ་(དང་)ཐོད་པ་(དང་)ཚངས་པའི་གདོང་ལྡན་སྟོང་པའི་རིགས་རྣམས་ཕྱོགས་བཞིའི་ གཡོན(བྱང་དང་བྱང་ཤར་ནའོ)། །རབ་དཀར་ཆུ་སྐྱེས་མདངས་བཀྲའི་ཟེ་འབྲུར་འོད་སྟོང་བདག་ པོའི་(ཉི་མའི)དཀྱིལ་ལ། །རྡོ་རྗེ་གདན་དང་གཡས་བརྐྱང་སྟབས་བཞུགས་རྒྱལ་(བ་ཡབ)དང་ རྒྱལ་སྲས་(སེམས་དཔའ་དྲུག་རྡོ་རྗེའི་གདན་དང་)ཁྲོ་རྒྱལ་(གཡས་གཡོན་)དང༌། །འདམ་སྐྱེས་དམར་པོའི་ གེ་སེར་སྙིང་པོར་རི་བོང་འཛིན་པའི་དཀྱིལ་འཁོར་ལ། །པད་མའི་གདན་དང་གཡོན་བརྐྱང་ སྟབས་བཞུགས་ཡུམ་དང་སེམས་མ་(རྡོ་རྗེའི་གདན་དང་)ཁྲོ་མོའོ། །འདོད་ཡོན་གྱི་སྣམ་བུ་ལ། ཕྱོགས་བཞི་(དང་)སྟེང་འོག་སོ་སོར་གཉིས་གཉིས་ཕྱོགས་ཀྱི་མདོག་ཅན་ལྷ་མོ་ནི། །(ཤར་དུ)དྲི་ དང་ཕྲེང་བ་(མ་ལྷོར)བདུག་སྤོས་མ་དང་སྣང་གསལ་(མ་བྱང་དུ)བདུད་རྩི་(དང་)འབྲས་བུ་མ། ། (ནུབ་ཏུ)སྒེག་མོ་བཞད་མ་(སྟེང་དུ)སིལ་སྙན་མ་དང་གར་མ་(འོག་ཏུ)གླུ་མ་འདོད་མ་རྣམས། །མིང་ དང་རྗེས་མཐུན་མཆོད་རྫས་འཛིན་ཞིང་གྲངས་མེད་གཟུངས་མའི་ཚོགས་དང་བཅས། །ཞེས་ 7-1-197 པ་དང༌། གསུང་གི་དཀྱིལ་འཁོར་གྱི་ལྷ་སྣམ་ལ། ཕྱོགས་དང་མཚམས་སུ་ཆུ་སྐྱེས་དམར་དང་ དཀར་པོ་ལ་གནས་རྣལ་འབྱོར་མ། །ལྟེ་བའི་རྩ་བརྒྱད་དྲུག་ཅུ་རྩ་བཞི་རྣམ་པར་དག་པའི་ཆོས་ ཅན་ལ། །ཐུན་ཚོད་དང་ནི་དབྱུག་གུ་རྣམ་དག་ཀུན་ནས་བདེ་ལ་སྙོམས་འཇུག་མ། །སྤྱན་ གསུམ་ཕྱག་བཞི་རོལ་པས་ཡོངས་བསྐོར་(གཙོ་མོ་རྣམས)ས་གའི་སྟབས་ཀྱིས་ལེགས་གནས་མ། ། (ཤར་དུ)ཡི་དྭགས་(དམར་པོ)ལ་གནས་ཙར་ཙི་ཀ་ནི་དབང་པོས་འཁྱུད་ཅིང་འཇིགས་མ་དང༌། ། (རྒྱབ་ན)རླུང་ཤུགས་མ་དང་(གཡས་སུ་གསུམ)དྲག་མོ་དུས་ཀྱི་མཆེ་བ་མ་དང་མེ་འབར་གདོང༌། ། (གཡོན་དུ)རབ་གཏུམ་དྲག་མིག་སྣ་ཆེན་མས་བསྐོར་དུས་མཐའི་སྤྲིན་མཚུངས་ཟླ་ཞལ་མ། ། ཐམས་ཅད་གྲི་གུག་རྩེ་གསུམ་ཐོད་པ་ཁ་ཊྭཱཾ་ག་ཡིས་རྣམ་པར་བརྒྱན། །(མེར)མཁའ་ལྡི ང་ལ་ གནས་ཁྱབ་འཇུག་མ་ནི་ཚངས་པས་འཁྱུད་ཅིང་དཔལ་མོ་དང༌། །རྣམ་པར་རྒྱལ་མ་སྒྱུ་མ་ གྲགས་མ་བཀྲ་ཤིས་མ་དང་དཔལ་རྒྱལ་མ། །དཔལ་རྒྱལ་བྱེད་མ་འཁོར་ལོ་མས་བསྐོར་ འཁོར་ལོ་དབྱུག་པ་པད་མ་དང༌། །དུང་གི་ཕྱག་ལྡན་སྤྲིན་ནག་དང་མཚུངས་ཟླ་བའི་ཞལ་ཅན་ རྣམ་པར་གནས། །(ལྷོར)མ་ཧེར་གནས་པའི་ཕག་མོ་ལ་ནི་དྲག་པོས་འཁྱུད་ཅིང་ཀེང་རུས་མ། ། གཙིགས་མ་དུས་མཚན་རབ་ཁྲོས་གདོང་མ་དུས་ཀྱི་ལྕེ་མ་ནག་མོ་དང༌། །དྲག་མོ་དང་ནི་ གཟུགས་ངན་མས་བསྐོར་མེ་ཡི་མདོག་ཅན་ཟླ་ཞལ་མ། །དབྱུག་པ་རལ་གྲི་ལྕགས་སྒྲོག་ཕུབ་ ཀྱིས་རྣམ་པར་བརྒྱན་རྣམས་རྣམ་པར་གནས། །(སྲིན་པོར)རྨ་བྱར་གནས་པའི་གཞོན་ནུ་མ་ནི་ ཚོགས་བདག་གིས་འཁྱུད་པད་མ་མ། །རིན་ཆེན་ཕྲེང་མ་ལུས་མེད་གཞོན་ནུ་རི་དྭགས་བདག་ པོས་འགྲོ་མ་དང༌། །མིག་མཛེས་རུལ་མ་བཟང་མོས་ཡོངས་བསྐོར་བྱི་རུའི་འོད་འཕྲོ་གདོང་ དྲུག་མ། །ཤག་ཏི་ལྕགས་ཀྱུ་རིན་ཆེན་ཞགས་པས་ཉེ་བར་མཛེས་རྣམས་རྣམ་པར་གནས། ། (བྱང་དུ)ཁྱུ་མཆོག་ལ་གནས་དྲག་མོ་ལ་ནི་གཤིན་རྗེས་འཁྱུད་ཅིང་ཕྱོགས་ཀུན་ནས། །གཽ་རཱི་ འདེགས་མ་གཾ་གཱ་མ་དང་རྟག་མ་མྱུར་མ་མཚོན་བྱེད་མ། །དམར་སེར་མ་དང་ནག་མོས་ཡོངས་ 7-1-198 བསྐོར་ཟླ་བའི་མདོག་ཅན་ཟླ་བའི་ཞལ། །རྩེ་གསུམ་ཅང་ཏེ་ཁ་ཊྭཱཾ་ག་དང་ལྟོས་འགྲོས་མཚན་ རྣམས་རྣམ་པར་གནས། །(དབང་ལྡན་དུ)སེང་གེར་གནས་པའི་དཔལ་མོ་ལ་ནི་གཞོན་ནུས་ འཁྱུད་ཅིང་དཔལ་དཀར་མོ། །འཛིན་མ་ཟླ་བའི་རི་མོ་ཅན་དང་རི་བོང་འཛིན་ཞལ་ངང་པའི་ མདོག །པད་མའི་དབང་མོ་སྐར་མིག་མ་དང་དྲི་མེད་རི་བོང་འཛིན་མས་བསྐོར། །ཟླ་འོད་ཟླ་ ཞལ་པད་མ་བགྲང་ཕྲེང་ཆུ་སྐྱེས་རིན་ཆེན་འཛིན་རྣམས་གནས། །(ནུབ་ཏུ)གླང་པོར་གནས་པའི་ དབང་མོ་ལ་ནི་སྲིན་པོས་འཁྱུད་ཅིང་རྡོ་རྗེའི་འོད། །བཀྲ་བའི་རི་མོ་རྡོ་རྗེའི་ལུས་མ་གསེར་ ལྡན་མ་དང་ཨུར་བ་སི། །རམ་བྷ་ཟུག་རྔུ་མེད་མ་དང་ནི་ཤིན་ཏུ་སྒྲོལ་མས་ཡོངས་སུ་བསྐོར་མ། ། གསེར་མདོག་ཟླ་ཞལ་རྡོ་རྗེ་མདའ་དང་དྲིལ་བུ་གཞུ་ཡིས་མཚན་པའོ། །(རླུང་དུ)ངང་པར་ གནས་པའི་ཚངས་མ་ལ་ནི་ནོར་ལྷས་འཁྱུད་ཅིང་མཆོད་སྦྱིན་འདོན། །ངག་གི་དབང་ཕྱུག་པད་ མའི་སྤྱན་མ་ཆུ་སྐྱེས་ལྡན་མ་བློ་གྲོས་མ། །གླུ་མ་ཀློག་མ་དྲན་མས་ཡོངས་བསྐོར་རིག་བྱེད་ གདོང་མ་གསེར་མདོག་མ། །ཕྱག་གི་པད་མ་པད་མ་ཚངས་དབྱུག་སྤྱི་བླུགས་པར་བུས་མཚན་ པའོ། །ཞེས་པ་དང༌། སྐུ་ཡི་དཀྱིལ་འཁོར་ལྷ་སྣམ་ལ། །ཕྱོགས་བཞི་གཡས་དང་མཚམས་བཞི་ དང༌། །བྱང་དང་ནུབ་ཀྱི་གཡོན་གཉིས་དང༌། །ཤར་དང་ལྷོ་ཡི་གཡོན་གཉིས་སུ། །ཟླ་བ་ ཚིགས་ཆེན་ཉི་མའི་ཚེས་དང་རྩ། །རྣམ་དག་ལྷ་ཆེན་བཅུ་གཉིས་འཁོར་དང་བཅས། །སྤྱན་ གསུམ་ཉི་ཟླའི་མདོག་ཅན་པད་མའི་སྟེང༌། །(འཁོར)རོལ་པས་ཡོངས་བསྐོར་(གཙོ་)རྡོ་རྗེའི་ གདན་བཞུགས་པ། །(ཤར་གྱི་གཡས་སུ)སྲིན་མོས་འཁྱུད་ཅིང་ཡི་དྭགས་ལ་གནས་པའི། །བདེན་ བྲལ་ལ་སོགས་ནག་པའི་ཚེས་རྣམས་གཞན། །རལ་གྲི་གྲི་གུག་ཕུབ་དང་ཐོད་པ་ཅན། །དུས་ མཐའི་སྤྲིན་མཚུངས་ཟླ་བའི་ཞལ་ཅན་ནོ། །(མེར)གཏུམ་མོས་འཁྱུད་ཅིང་རི་དྭགས་ལ་གནས་ པའི། །རླུང་(ལྷ་ལ)སོགས་ས་གའི་ཚེས་གཞན་དཔག་བསམ་ཤིང༌། །ཡོངས་འདུའི་མེ་ཏོག་ནོར་ བུ་ཨུད་པལ་འཛིན། །ཟླ་ཞལ་མིག་སྨན་མདོག་ཅན་རྣམ་པར་གནས། །(ལྷོའི་གཡས་སུ)ལུག་ལ་ 7-1-199 གནས་ཤིང་ཆུ་བདག་མོས་འཁྱུད་པའི། །མེ་ལྷ་ལ་སོགས་སྣྲོན་གྱི་ཚེས་རྣམས་གཞན། །མདུང་ ཐུང་དབྱུག་པ་ཆུ་སྐྱེས་སྤྱི་བླུགས་འཛིན། །ཞལ་གཅིག་པད་མ་རཱ་གའི་མདོག་ཅན་ནོ། །(སྲིན་ པོར)དཔལ་མོས་འཁྱུད་ཅིང་རྨ་བྱ་ལ་གནས་པའི། །གདོང་དྲུག་ལ་སོགས་ཆུ་སྟོད་ཚེས་རྣམས་ གཞན། །ཤག་ཏི་མདུང་དང་ནོར་བུ་མེ་ལོང་ཅན། །བྱི་རུའི་འོད་འཕྲོ་གདོང་དྲུག་ལྡན་པའོ། ། (བྱང་གི་གཡས་སུ)ཕག་མོས་འཁྱུད་ཅིང་ཆུ་སྲིན་ལ་གནས་པའི། །རྒྱ་མཚོ་ལ་སོགས་གྲོ་བཞིན་ ཚེས་རྣམས་གཞན། །ཞགས་པ་རིན་ཆེན་སྦྲུལ་ཞགས་(ཟླ་བ)ཆུ་ཤེལ་(གྱི་ནོར་བུ)འཛིན། །ཟླ་བའི་ འོད་ཅན་ཟླ་བའི་ཞལ་ཅན་ནོ། །(དབང་ལྡན)བྱི་བར་གནས་ཤིང་གཞོན་ནུ་མས་འཁྱུད་པའི། ། ཚོགས་བདག་ལ་སོགས་ཁྲུམས་སྟོད་ཚེས་རྣམས་གཞན། །དགྲ་སྟ་རྡོ་རྗེ་ཞགས་པ་ནོར་བུའི་ ཕྱག །ཟླ་ཞལ་ཟླ་བའི་འོད་ལྟར་དཀར་བའོ། །(ནུབ་ཀྱི་གཡས་སུ)གླང་པོར་གནས་ཤིང་རླུང་ལྷ་ མོས་འཁྱུད་པའི། །བརྒྱ་བྱིན་ལ་སོགས་ཐ་སྐར་ཚེས་རྣམས་གཞན། །རྡོ་རྗེ་མདའ་དང་དྲིལ་བུ་ གཞུ་ཡིས་མཚན། །གསེར་མདོག་ཟླ་བའི་ཞལ་ཅན་རྣམ་པར་གནས། །(རླུང་དུ)ཀློག་མས་ འཁྱུད་ཅིང་ངང་པ་ལ་གནས་པའི། །ཚངས་པ་ལ་སོགས་སྨིན་དྲུག་ཚེས་རྣམས་གཞན། །ཁབ་ དང་བགྲང་ཕྲེང་པད་མ་སྤྱི་བླུགས་འཛིན། །ཆུ་ཡི་གསེར་མཚུངས་ཆུ་ཡི་ཞལ་ཅན་ནོ། །(བྱང་གི་ གཡོན་དུ)ཨུ་མས་འཁྱུད་ཅིང་ཁྱུ་མཆོག་ལ་གནས་པའི། །དྲག་པོ་ལ་སོགས་མགོ་བོའི་ཚེས་ རྣམས་གཞན། །རྩེ་གསུམ་མདའ་དང་སྦྲུལ་ལྡན་ཁ་ཊྭཱཾ་གཞུ། །རི་བོང་འཛིན་ཞལ་མཁའ་ལྟར་ སྔོ་བ་འོ། །(ནུབ་ཀྱི་གཡོན་དུ)གླང་པོར་གནས་ཤིང་ནོར་སྦྱིན་མས་འཁྱུད་པའི། །ནོར་བདག་ལ་ སོགས་རྒྱལ་གྱི་ཚེས་རྣམས་གཞན། །ནོར་བུ་བེ་ཅོན་ནེ་ལེ་པད་མའི་ཕྱག །སྔོན་པོ་རི་དྭགས་ མཚན་པའི་ཞལ་ཅན་ནོ། །(ཤར་གྱི་གཡོན་དུ)དཔལ་མོས་འཁྱུད་ཅིང་མཁའ་ལྡི ང་ལ་གནས་པའི། ། ཁྱབ་འཇུག་ལ་སོགས་མཆུ་ཡི་ཚེས་རྣམས་གཞན། །འཁོར་ལོ་དབྱུག་ཐོ་པད་མ་དུང་གིས་ མཚན། །ཞལ་གཅིག་མར་གད་མདོག་ཅན་རྣམ་པར་གནས། །(ལྷོའི་གཡོན་དུ)གཤིན་རྗེ་མས་ 7-1-200 འཁྱུད་མ་ཧེ་ལ་གནས་པའི། །གཤིན་རྗེ་ལ་སོགས་དབོ་ཡི་ཚེས་རྣམས་གཞན། །དབྱུག་པ་ རལ་གྲི་ལྕགས་སྒྲོག་ཞགས་པས་བརྒྱན། །ལྗང་ཁུ་རི་དྭགས་ཅན་ཞལ་རྣམ་པར་གནས། །སྒོ་ བཞི་དང་སྟེང་འོག་གི་ཤིང་རྟར། (ཤར་སྒོར)འོད་ཟེར་ཅན་འཁྱུད་དབྱུག་སྔོན་ནག་པོ་རལ་གྲི་དང་ ནི་རྡོ་རྗེ་ཕུབ་དང་ལྟོས་འགྲོ་འཛིན། །(ལྷོ་སྒོར)ཙུན་དཱས་ལེགས་མཁྱུད་ཊཀ་ཀི་དམར་པོ་མེ་ མདའ་དང་ནི་ལྕགས་ཀྱུ་གཞུ་དང་ཞགས་པས་མཚན། །(བྱང་སྒོར)ཁྲོ་ཉེར་མས་འཁྱུད་མི་གཡོ་ དཀར་པོ་ཐོ་བ་དང་ནི་མདུང་དང་པདྨ་མེ་ལོང་འཛིན། །(ནུབ་སྒོར)ལྕགས་སྒྲོག་མས་འཁྱུད་ སྟོབས་ཆེན་སེར་པོ་འཁོར་ལོ་དང་ནི་དབྱུག་པ་དུང་དང་ནོར་བུའི་ཕྱག །(སྟེང་དུ)སྔོན་མོས་ འཁྱུད་པའི་གཙུག་ཏོར་ལྗང་ཁུ་དགྲ་སྟ་དང་ནི་རྩེ་གསུམ་སྦྲུལ་ཞགས་ཁ་ཊྭཱཾ་ག །(འོག་ཏུ)དྲག་ སྤྱན་མས་འཁྱུད་གནོད་མཛེས་སྔོན་པོ་གྲི་གུག་དང་ནི་རྡོ་རྗེ་ཐོད་པ་དྲིལ་བུ་འཛིན། །ཕག་རྟ་ སེང་གེ་གླང་པོ་མཁའ་ལྡི ང་རྐང་པ་བརྒྱད་ཀྱི་ཤིང་རྟ་ལ་གནས་གཡས་བརྐྱང་སྟབས། །མཐིལ་ བཞི་གསང་བ་གཙུག་གི་རྩ་དག་ཁྲོ་བོའི་ཚོགས་ནི་ཞལ་གཅིག་ཕྱག་བཞིས་བརྗིད་པའོ། །ཁྲོ་ མོ་རྣམས་ནི་རང་རང་གི་རིགས་ཀྱི་ཁྲོ་བོའི་སྐུ་མདོག་དང༌། །ཞལ་དང་ཕྱག་མཚན་རྒྱན་ལྡན་ མ། །གཞན་གྱི་རིགས་ལ་འཁྱུད་པའོ། །སྒོའི་གཡོན་དང་གཡས་ཀྱི་སྟེགས་བུ་དང་སྟེང་དང་ འོག་ཏུ། (ཤར་དུ)སྟོབས་ཀྱི་རྒྱུ་དང་པད་མ་ཆར་སྤྲིན་མདོག །(ལྷོར)ནོར་རྒྱས་དུང་སྐྱོང་བྱི་རུའི་ ཕུང་པོ་འདྲ། །(བྱང་དུ)མཐའ་ཡས་རིགས་ལྡན་ཀུན་དའི་མདོག་ལྟར་གསལ། །(ནུབ་ཏུ)འཇོག་ པོ་པད་མ་ཆེན་པོ་རབ་ཏུ་སེར། །རྒྱལ་(སྟེང་དུ)དང་(འོག་ཏུ)རྣམ་རྒྱལ་ལྗང་(ཁུ་དང་)སྔོན་(པོ་སྟེ་ཐམས་ ཅད་རང་རང་གི)འབྱུང་བ(འི་དཀྱིལ་འཁོར)་ལ། །རྡོ་རྗེའི་གདན་བཞུགས་རིན་ཆེན་རྒྱན་གྱིས་བརྒྱན། ། བུམ་པ་རྡོ་རྗེ་པད་མ་ནོར་བུའི་ཕྱག །རྐང་སོར་ཀླུ་ཆེན་གཏུམ་མོས་འཁྱུད་པའོ། །མེ་རླུང་གི་ མཚམས་སུ་དུར་ཁྲོད་ཀྱི་འཁོར་ལོ་རྣམས་ལ། (ཤར་དུ)མདུང་གི་འབིགས་དང་(མེར)ལྷག་མ་(ཟ་ བ་ལྷོར)བསྲེགས་པའི་རོ། །(ལྷོ་ནུབ་དུ)དྲག་པོའི་གཡུལ་(བྱང་དུ)དང་རུལ་པ་(བྱང་ཤར་དུ)བྱིས་པ་ 7-1-201 གསོད། །(ནུབ་དུ)རྣག་གི་དྲི་དང་(རླུང་དུ)སྦྲུལ་གྱི་ཟོས་པ་ཡི། །དུར་ཁྲོད་ཆེན་པོར་(གྲངས་བཞིན་དུ) བསེ་དང་བྷེ་རུན་ཌ། །དོམ་དང་ཁྲུང་ཁྲུང་འབྲི་དང་བྱ་མ་བྱི། །སེང་གེ་མིག་སྔོན་ལ་གནས་ འཁོར་ལོའི་སྟེང༌། །ཟླུམ་པོའི་སྟབས་ཅན་མི་མགོའི་ཕྲེང་ལྡན་མ། །གཅེར་བུ་(ཞལ་གཅིག)སྤྱན་ གསུམ་(ཕྱག་གཉིས)གྲི་གུག་ཐོད་པ་མ། །ཕྱག་རྒྱ་ལྔ་ལྡན་ཀླུ་ཡིས་རབ་འཁྱུད་མ། །ལུས་ལ་ལག་ པའི་སོར་མོ་རྣམ་དག་མ། །ཁྱི་གདོང་མ་དང་ཁྭ་གདོང་ཕག་གདོང་མ། །བྱ་རྒོད་གདོང་མ་སྟག་ གདོང་འུག་གདོང་མ། །ལྕེ་སྤྱང་གདོང་མ་ནམ་མཁའ་ལྡི ང་གདོང་མ། །སྟེང་འོག་ཤིང་རྟར་སྔོན་ མོ་རྡོ་རྗེའི་མིག །རང་རང་ཕྱོགས་ཀྱི་མདོག་ཅན་རབ་གཏུམ་མ། །འབྱུང་པོའི་ཚོགས་ཀྱི་གཙོ་ མོ་རྣམ་པར་གནས། །རླུང་གི་ཁོར་ཡུག་ལ། སྐྲ་དང་བ་སྤུ་རྣམ་དག་གྲུབ་པ་དང༌། །འབྱུང་པོའི་ ཚོགས་ནི་བྱེ་བ་ཕྱེད་དང་བཞི། །གཟའ་དང་དྲང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོང་ཞིང་ སྐྱོང་ཕོ་ཉ་འཕྲོག་མ་དང༌། །གྷཎ་ཌ་ཀར་ཎ་དགའ་ཕྱེད་ནག་པོ་ཆེ། །བྷྲྀང་གི་ཎི་སོགས་སྣ་ ཚོགས་མདོག་དབྱིབས་ཅན། །མཚན་མ་རྣམ་པ་སྣ་ཚོགས་འཛིན་པའོ། །གསུང་དང་སྐུའི་ སྟེགས་བུ་ལ། སྒྲོལ་མ་དང་ནི་རེག་བྱ་མ་དང་ཁྱབ་འཇུག་(མ)ལྕགས་སྒྲོག་(མ) ཁྭ་གདོང་མ། ། རབ་(ཏུ)སྔོན་(མོ་སྟེ་ཤིན་ཏུ་སྔོན་མོའོ)རབ་བརྩོན་(མ་སྟེ་ཤིན་ཏུ་སྟོབས་མ)ཙར་ཙི་ཀཱ་དང་ཁྱི་གདོང་མས་ བསྐྱེད་བརྒྱ་བྱིན་དུ། །(སྒོ་ཁྱུད་ཀྱི་གཡས་ཀྱི་འགྲམ་ནས་རིམ་པ་བཞིན)དབྱེ་བ་གོས་དང་ མཆིལ་འདོར་རེག་བྱ་ལྷག་མ་ཟ་བ་ཀུན་ཏུ་གདུང༌། །སྐྲོད་དང་ལུས་འཕྲུག་ཡན་ལག་བསྐྱོད་ པར་འདོད་དང་ཕྱིར་འདོད་མ་རྣམ་གནས། །གོས་དཀར་(མ)རོ་(རྡོ་རྗེ)མ་གཞོན་ནུ་མ་དང་ཁྲོ་ གཉེར་ཅན་མ་བྱ་རྒོད་(གདོང)མ། །དྲག་སྤྱན་(མ)རྨུགས་(བྱེད)མ་ཕག་མོ་དང་ནི་ཕག་གདོང་ མས་བསྐྱེད་ལྷོ་ཕྱོགས་སུ། །བསྐྱོད་པ་ཟས་དང་གར་འགུགས་གཡུལ་དང་རྒྱུག་པ་དང་ནི་ སྐྱེམས་པ་དང༌། །ལུས་ཀྱི་དྲི་མ་བཤང་གཅི་ཟག་པར་འདོད་དང་ཕྱིར་འདོད་མ་རྣམས་གནས། ། མཱ་མ་ཀཱི་དང་གཟུགས་(རྡོ་རྗེ)མ་དཔལ་མོ་ཙུན་དཱ་དང་ནི་འུག་གདོང་མ། །སྒྲ་(རྡོ་རྗེ)མ་ཁེངས་ 7-1-202 (བྱེད)མ་དྲག་མོ་དང་ནི་སྟག་གདོང་མས་བསྐྱེད་ནོར་སྦྱིན་དུ། །རྒྱས་པ་རྒྱན་དང་རྒྱལ་སྲིད་ འཆིང་བ་བྱིས་པ་སྡིགས་དང་རོལ་མོའི་སྒྲ། །འཇམ་པར་སྨྲ་དང་མལ་སྟན་རྩོད་མང་འདོད་ དང་ཕྱིར་འདོད་མ་རྣམས་གནས། །སྤྱན་མ་དྲི་(རྡོ་རྗེ)མ་ཚངས་མ་དང་ནི་འོད་ཟེར་ཅན་མ་ མཁའ་ལྡི ང་(གདོང་)མ། །ཆོས་ཀྱི་དབྱིངས་(རྡོ་རྗེ)མ་རེངས་(བྱེད)མ་དབང་མོ་ལྕེ་སྤྱང་(གདོང་)མས་ བསྐྱེད་ཆུ་བདག་ཏུ། །རེངས་པ་དྲི་དང་ཆུ་ལ་རྐྱལ་བ་ཕུར་བུས་འདེབས་དང་སྦྲུལ་འཆིང་འཁྲིག ། གཉེན་འདུན་མལ་(སྟན་ལ)བསྙེས་སེམས་ཅན་སླུ་འདོད་ཕྱིར་འདོད་ཕྱིར་མ་རྣམ་པར་གནས། ། ཞེས་པ་ལྟར་རོ། །དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་སེམས་དཔའི་ཅོད་པན་ཅན་བཅོམ་ ལྡན་འདས་དུས་ཀྱི་འཁོར་ལོ་འཁོར་དང་བཅས་པ་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་ཆོས་ ཀྱི་དབྱིངས་ཀྱི་རང་བཞིན་དུ་བལྟས་ལ། དེའི་ང་རྒྱལ་བཟུང་བར་བྱ་སྟེ། ༀ་སུ་བི་ཤུད་དྷ་དྷརྨ་ དྷཱ་ཏུ་སྭ་བྷཱ་ཝ་ཨཱད་མ་ཀོ་ཧཾ་(ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་བདག་ཉིད་ང་ཡིན)ཞེས་ བརྗོད་པས་སོ། །དེ་ནས་སྙིང་རྗེའི་དབང་བསྐུར་སྦྱིན་པར་བྱ་སྟེ། ཐུགས་ཁ་ནས་འོད་ཟེར་ དཔག་ཏུ་མེད་པ་འཕྲོས་པས་འགྲོ་བ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་བཀུག་ནས་ དཀྱིལ་འཁོར་དུ་ཞུགས་པ་ལ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡུམ་དང་བཅས་པ་ ཐམས་ཅད་སྤྱན་དྲངས་ནས་རང་གི་སྙིང་ཁར་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རྣམས་ གསང་བའི་རྡོ་རྗེ་ལས་འཕྲོས་པས་དབང་བསྐུར་བས། བྱང་ཆུབ་ཀྱི་སེམས་ཀྱིས་རེག་པའི་ སེམས་ཅན་རྣམས་མཆོག་གི་དགའ་བ་དང་བདེ་བས་གང་བའི་ལྷའི་སྐུ་ཐབས་དང་ཤེས་རབ་ ཀྱི་བདག་ཉིད་སྐུ་མདོག་དང་ཞལ་ལ་སོགས་པ་སྣ་ཚོགས་པ་དང་ལྡན་པར་གྱུར་ཅིང༌། དེ་དག་ རེ་རེ་ཞིང་ཡང༌། ཀྵ་ཀྵི་ཀྵྼྀ་ཀྵུ་ཀྵླྀ་ལས་ཕུང་པོ་ལྔ་རྣམ་པར་དག་པ་ཡབ་ལྔ་དང༌། ཀྵཱ་ཀྵཱི་ཀྵྼཱྀ་ཀྵཱུ་ཀྵླཱྀ་ལས་ཁམས་ལྔ་རྣམ་པར་དག་པ་ཡུམ་ལྔ་དང༌། ཀྵ་ཀྵེ་ཀྵར་ཀྵོ་ ཀྵལ་ཀྵཾ་ལས་དབང་པོ་དྲུག་རྣམ་པར་དག་པ་སེམས་དཔའ་དྲུག་དང༌། ཀྵཱ་ཀྵཻ་ཀྵཱར་ཀྵཽ་ཀྵཱལ་ཀྵཿ 7-1-203 ལས་ཡུལ་དྲུག་རྣམ་པར་དག་པ་སེམས་མ་དྲུག་དང༌། ཀྵྷ་ཀྵྻ་ཀྵྼ་ཀྵྺ་ཀྵླ་ལས་ལས་ཀྱི་དབང་པོ་ ལྔ་རྣམ་པར་དག་པ་ཁྲོ་བོ་ལྔ་དང༌། ཀྵྷཱ་ཀྵྻཱ་ཀྵྼཱ་ཀྵྺཱ་ཀྵླཱ་ལས་ལས་ཀྱི་དབང་པོའི་ཡུལ་ལྔ་རྣམ་པར་ དག་པ་ཁྲོ་མོ་ལྔ་སྟེ། མཚན་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་གྱུར་ནས་རང་རང་གི་ཞིང་ དུ་གཤེགས་པར་བསམ་མོ། །དེ་དག་ནི་སྐུ་རྡོ་རྗེའི་རྣལ་འབྱོར་བསྙེན་པའི་ཡན་ལག་དཀྱིལ་ འཁོར་རྒྱལ་མཆོག་གོ ། གཉིས་པ་གསུང་རྡོ་རྗེའི་རྣལ་འབྱོར་ཉེ་བར་སྒྲུབ་པའི་ཡན་ལག་ལས་རྒྱལ་མཆོག་ལ། ཞུ་ བ་ལ་〈གླུས་〈ཀླུས་〉བསྐུལ་བ་ནི། ཨ་དྷཱུ་ཏཱའི་ལམ་དུ་གཙུག་ཏོར་དང་ལྟེ་བར་ཧོཿཡིག་དག་ དང༌། གནས་གསུམ་དུ་ཟླ་བ་ཉི་མ་སྒྲ་གཅན་གྱི་དཀྱིལ་འཁོར་ལ་སྐུ་གསུང་ཐུགས་རྡོ་རྗེའི་ངོ་ བོ་ༀ་ཨཱཿཧཱུཾ་བཀོད་ནས་ཧོཿཡིག་དུས་མེའི་ངོ་བོ་དག་གིས་རྡོ་རྗེ་གསུམ་བཞི་ཞིང་རྡོ་རྗེ་ཅན་ ཤེས་རབ་ནུས་མ་རྣམས་དང་བཅས་པ་འདོད་ཆགས་ཆེན་པོའི་རང་བཞིན་ཟླ་བ་ཞུ་བ་ལྟར་ གྱུར་པ་ལ། ལྷོ་མོ་རྣམས་ཀྱིས་གླུ་དག་མཛད་དེ་བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་ པར་མཛད་པ་པོ། །བདག་ཅག་བསྲུངས་ཤིང་ལྷ་མའི་བླ་མ་རྡོ་རྗེ་ལྡན་པ་འདོད་པ་དོན་གཉེར་ རྣམས་ལ་འདོད་པ་མཛོད། །ཅེས་པའམ། ཡང་ན་ཚད་མེད་པ་བཞིའི་རང་བཞིན་ལྷ་མོ་བཞིས་ རྡོ་རྗེ་བཞིའི་ངོ་བོ་རིམ་པ་ལྟར་བསྐུལ་བ་ནི། (བཏང་སྙོམས་ཚད་མེད)སྤྱན་མ་བདག་ནི་འགྲོ་བའི་ ཡུམ། །རྣལ་འབྱོར་པ་ཡི་རྒྱུ་མཐུན་གནས། །བདག་ནི་དཀྱིལ་འཁོར་རང་བཞིན་གྱིས། །(ཡེ་ ཤེས་རྡོ་རྗེ)དུས་འཁོར་བཞེངས་ལ་བདག་འདོད་མཛོད། །(སྙིང་རྗེ་ཚད་མེད)མཱ་མ་ཀཱི་བདག་སྲི ང་མོ་ སྟེ། །རྣལ་འབྱོར་པ་ཡི་རྣམ་སྨིན་གནས། །བདག་ནི་དཀྱིལ་འཁོར་བཞེངས་ལ་བདག་འདོད་ མཛོད། །(ཐུགས་རྡོ་རྗེ)དུས་འཁོར་བཞེངས་ལ་བདག་འདོད་མཛོད། །(དགའ་བ་ཚད་མེད)གོས་ དཀར་མོ་བདག་བུ་མོ་སྟེ། །རྣལ་འབྱོར་པ་ཡི་སྐྱེས་བུའི་གནས། །བདག་ནི་དཀྱིལ་འཁོར་རང་ བཞིན་གྱིས། །(གསུང་རྡོ་རྗེ)དུས་འཁོར་བཞེངས་ལ་བདག་འདོད་མཛོད། །(བྱམས་པ་ཚད་མེད)སྒྲོལ་ 7-1-204 མ་བདག་ནི་ཚ་མོ་སྟེ། །རྣལ་འབྱོར་པ་ཡི་དྲི་བྲལ་གནས། །བདག་ནི་དཀྱིལ་འཁོར་རང་བཞིན་ གྱིས། །(སྐུ་རྡོ་རྗེ)དུས་འཁོར་བཞེངས་ལ་བདག་འདོད་མཛོད། །ཅེས་པ་དང༌། ཐུན་མོང་དུ། སྟོང་པའི་དཀྱིལ་འཁོར་ཉམས་མྱོང་ནས། །འགྲོ་བ་བསྒྲལ་བའི་བསམ་པ་ཡིས། །སྐུ་གསུང་ ཐུགས་ཀྱི་དཀྱིལ་འཁོར་ནི། །འགྲོ་བའི་མགོན་པོས་སྤྲོ་བར་མཛོད། །ཅེས་པའོ། །གླུ་རྣམས་ གསན་ནས་སྟོང་པ་ཉིད་ལ་བཞུགས་པའི་བཅོམ་ལྡན་འདས་རབ་ཏུ་སད་དེ། འགྲོ་བ་མཐའ་ དག་སྒྱུ་མ་ལྟ་བུར་གཟིགས་ནས་གཞན་གྱི་དོན་དུ་སླར་ཡང་བཞེངས་པ་ནི། དབུས་སུ་ཧཱུཾ་ལས་ བྱུང་བའི་རྡོ་རྗེ་རྩེ་ལྔ་ཡོངས་སུ་གྱུར་པ་ལས། །དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ནག་དམར་ དཀར་བའི་མགྲིན་པ་ཅན། །བཅུ་གཉིས་སྤྱན་ལྡན་ཞལ་བཞི་མདུན་ནག་གཡས་དམར་ གཡོན་དཀར་རྒྱབ་ཞལ་སེར། །ནག་དམར་དཀར་བའི་ཕྲག་པ་དྲུག་དང་དཔུང་པ་བཅུ་གཉིས་ ཉེར་བཞི་ཕྱག །ཕྱག་གཡས་ནག་པོ་བཞི་ཡིས་རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་དང༌། །དམར་ པོ་བཞི་ཡིས་མདའ་དང་ལྕགས་ཀྱུ་ཌ་མ་རུ་དང་ཐོ་བ་སྟེ། །དཀར་པོ་བཞི་ཡིས་འཁོར་ལོ་དང་ ནི་མདུང་དང་དབྱུག་པ་དགྲ་སྟ་བསྣམས། །ཕྱག་གཡོན་ནག་པོ་བཞི་ཡིས་དྲིལ་བུ་ཕུབ་དང་ཁ་ ཊྭཱཾ་ཐོད་པ་དང༌། །དམར་པོ་བཞི་ཡིས་གཞུ་དང་ཞགས་པ་རིན་པོ་ཆེ་དང་པད་མ་སྟེ། །དཀར་ པོ་བཞི་ཡིས་དུང་དང་མེ་ལོང་ལྕགས་སྒྲོག་དང་ནི་ཚངས་མགོ་བསྣམས། །གཡས་བརྐྱང་ གཡོན་བསྐུམ་ཉི་ཟླའི་ཞབས་ཀྱིས་བདུད་དང་དྲག་པོའི་སྙིང་ཁར་མནན། །རྡོ་རྗེའི་ཕྱག་རྒྱ་ དྲུག་དང་ལྡན་ཞིང་སྟག་ལྤགས་ཤམ་ཐབས་གྲོལ་བ་ཅན། །དེ་ཡི་པང་དུ་ཕྲེཾ་ཡིག་དང་ནི་གྲི་ གུག་ལས་བྱུང་སྣ་ཚོགས་ཡུམ། །གསེར་གྱི་མདོག་ཅན་ཞལ་བཞི་མདུན་སེར་གཡས་དཀར་ གཡོན་དམར་རྒྱབ་ཞལ་ནག །ཕྱག་བརྒྱད་གཡས་ན་གྲི་གུག་ལྕགས་ཀྱུ་ཌ་མ་རུ་དང་བགྲང་ ཕྲེང་དང༌། །གཡོན་པ་ན་ནི་ཐོད་པ་ཞགས་པ་པད་དཀར་འདབ་བརྒྱ་རིན་ཆེན་འཛིན། །རབ་ མཛེས་ཕྱག་རྒྱ་ལྔ་དང་ལྡན་ཞིང་གཡོན་བརྐྱང་སྟབས་ཀྱིས་ཡབ་ལ་འཁྱུད། །ཐབས་དང་ཤེས་ 7-1-205 རབ་བདེ་ཆེན་སྟོང་ཉིད་ཟུང་འཇུག་ངང་དུ་མཉམ་པར་བཞུགས། །ཤར་གྱི་འདབ་མར་ཨ་ ཡིག་ལས་བྱུང་སྤོས་ཕོར་ཡོངས་སུ་གྱུར་པ་ལས། །ནག་མོ་འབར་མ་ཞལ་བཞི་མདུན་ནག་ གཡས་དམར་གཡོན་དཀར་རྒྱབ་ཞལ་སེར། །ཕྱག་བརྒྱད་གཡས་ན་བདུག་སྤོས་ཙན་དན་ གུར་གུམ་དང་ནི་ག་པུར་སྣོད། །གཡོན་ན་དྲིལ་བུ་པད་མ་ཡོངས་འདུའི་མེ་ཏོག་སྣ་ཚོགས་མེ་ ཏོག་འཛིན། །ལྷོ་ཡི་འདབ་མར་ཨཿཡིག་ལས་བྱུང་མར་མེ་ཡོངས་སུ་གྱུར་པ་ལས། །དམར་མོ་ འབར་མ་ཞལ་བཞི་མདུན་དམར་གཡས་སེར་གཡོན་ནག་རྒྱབ་ཞལ་དཀར། །ཕྱག་བརྒྱད་ གཡས་ན་མར་མེ་དོ་ཤལ་ཅོད་པན་དང་ནི་གདུ་བུ་སྟེ། །གཡོན་ན་གོས་དང་སྐ་རགས་དང་ནི་ རིན་ཆེན་རྣ་རྒྱན་རྐང་གདུབ་འཛིན། །བྱང་གི་འདབ་མར་ཨཾ་ཡིག་ལས་བྱུང་ཞལ་ཟས་ཡོངས་ སུ་གྱུར་པ་ལས། །དཀར་མོ་འབར་མ་ཞལ་བཞི་མདུན་དཀར་གཡས་ནག་གཡོན་སེར་རྒྱབ་ ཞལ་དམར། །ཕྱག་བརྒྱད་གཡས་ན་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་རྣམས་ཏེ། །གཡོན་ ན་བདུད་རྩི་གྲུབ་པའི་བཅུད་དང་བདུད་རྩིའི་འབྲས་བུ་འབྲས་ཆན་འཛིན། །ནུབ་ཀྱི་འདབ་ མར་ཨཱ་ཡིག་ལས་བྱུང་དྲི་ཆབ་ཡོངས་སུ་གྱུར་པ་ལས། །སེར་མོ་འབར་མ་ཞལ་བཞི་མདུན་ སེར་གཡས་དཀར་གཡོན་དམར་རྒྱབ་ཞལ་ནག །ཕྱག་བརྒྱད་གཡས་ན་དུང་དང་གླིང་བུ་ནོར་ བུ་དང་ནི་ཌ་མ་རུ། །གཡོན་ན་པི་ཝང་རྔ་དང་སྒྲ་སྒྲོགས་འཁར་བའི་རྔ་དང་ཟངས་དུང་འཛིན། ། མཚམས་བཞིར་(མེ་དང་རླུང་དུ)ཧ་ཧཱ་(དབང་ལྡན་དང་བདེན་བྲལ་དུ)ཧཾ་ཧཿལས་བྱུང་རྔ་ཡབ་ཡོངས་སུ་ གྱུར་པ་ལས། །(མེར)ནག་མོ་ལྟ་བུའི་དུ་བ་མ་དང་(སྲིན་པོར)དམར་མོ་ལྟ་བུའི་སྨིག་སྒྱུ་མ། །(དབང་ ལྡན་དུ)དཀར་མོ་ལྟ་བུའི་མེ་ཁྱེར་མ་དང་(རླུང་དུ)སེར་མོ་ལྟ་བུའི་མར་མེ་མ། །ཕྱག་བརྒྱད་རང་ རང་མདོག་དང་མཚུངས་པའི་རྔ་ཡབ་བརྒྱད་བརྒྱད་འཛིན་པ་སྟེ། །ཐམས་ཅད་ཞབས་གཉིས་ མཉམ་པའི་སྟབས་ཅན་ཕྱག་རྒྱ་ལྔའི་རྣམ་པར་བརྒྱན། །དེའི་ཕྱི་རོལ་གྲུ་ཆོད་བཞི་ལ་རྡོ་རྗེ་ བཞི་ཡི་ངོ་བོ་ཉིད། །(དབང་ལྡན་དུ)ༀ་ལས་བྱུང་བའི་ཆོས་ཀྱི་དུང་དང་(སྲིན་པོར)ཨཱཿཡིག་ལས་བྱུང་ 7-1-206 གཎ་ཌཱི་སྟེ། །(མེར)ཧུཾ་ལས་བྱུང་བའི་ཡིད་བཞིན་ནོར་བུ་(རླུང་དུ)ཧོཿཡིག་ལས་བྱུང་བའི་དཔག་ བསམ་ཤིང༌། །ཞེས་པ་ལྟར་བསྒོམ་པས་སོ། །སླར་ཡང་འཁོར་གྱི་ལྷ་རྣམས་སྤྲོ་བའི་ཆེད་དུ་ ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། དཀྱིལ་འཁོར་ལྔའི་རང་བཞིན་གྱི་སངས་ རྒྱས་ནམ་མཁར་བཞུགས་པ་རྣམས་དམ་ཚིག་གི་དཀྱིལ་འཁོར་གྱི་དོན་དུ་རང་གི་ལུས་ལ་ བཅུག་ནས་ཞུ་བར་གྱུར་པ་ཡུམ་གྱི་པད་མར་ཕབ་པ་རྣམས་སོ་སོའི་ས་བོན་ལས་མཚན་མ་ དང༌། མཚན་མ་ལས་ལྷའི་སྐུ་ཡོངས་སུ་རྫོགས་པར་གྱུར་པ་རང་རང་གི་གནས་སུ་སྤྲོ་བར་བྱ་ སྟེ། ཐོག་མར་སྔར་བཞིན་མི་བསྐྱོད་པ་སྤྲོ་བ་འམ། ཡང་ན། ཨཾ་དང་རྡོ་རྗེ་ལས་བྱུང་རྡོ་རྗེ་ སེམས་དཔའ་སྔོན་པོ་ཉི་ཟླའི་ཞལ། །ཕྱག་དྲུག་རྡོ་རྗེ་གྲི་གུག་དགྲ་སྟ་དྲིལ་བུ་ཐོད་པ་ཚངས་ མགོ་འཛིན། །ཤེས་རབ་ཕ་རོལ་ཕྱིན་མས་འཁྱུད་པ་ནམ་མཁར་འཕྲོས་ཏེ་འགྲོ་བའི་དོན། ། མཛད་ནས་སླད་ཡང་རང་ཉིད་ལ་ནི་བདག་པོའི་ཚུལ་གྱིས་རྣམ་པར་ཞུགས། །ཞེས་པ་དང༌། ཕྱོགས་བཞིར་རང་རང་གི་གདན་ལ། ཨི་ལས་བྱུང་བའི་རལ་གྲི་ཡོངས་སུ་གྱུར་པ་ལས། དོན་ ཡོད་གྲུབ་པ་ནག་པོ་ལ་སྤྱན་མ་སེར་མོས་འཁྱུད་པ། དེ་བཞིན་དུ་རྀ་དང་རིན་པོ་ཆེ་ལས་བྱུང་ བའི་རིན་ཆེན་འབྱུང་ལྡན་དམར་པོ་ལ་མཱ་མ་ཀཱི་དཀར་མོས་འཁྱུད་པ། ཨུ་དང་པད་མ་ལས་ བྱུང་བའི་སྣང་བ་མཐའ་ཡས་དཀར་པོ་ལ་གོས་དཀར་མོ་དམར་མོས་འཁྱུད་པ། །ལྀ་དང་ འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་སེར་པོ་ལ་སྒྲོལ་མ་ནག་མོས་འཁྱུད་པ་རྣམས་ ཤར་དང་ལྷོ་དང་བྱང་དང་ནུབ་ཏུ་རིམ་པ་ལྟར་སྤྲོ་ཞིང༌། དེ་བཞིན་དུ། འཚམས་[མཚམས] བཞིར་རང་རང་གི་གདན་ལ། ཨཱི་དང་རལ་གྲི་ལས་བྱུང་བའི་སྒྲོལ་མ་ནག་མོ་ལ་རྣམ་སྣང་ མཛད་སེར་པོས་འཁྱུད་པ། རཱྀ་དང་རིན་ཆེན་ལས་བྱུང་བའི་གོས་དཀར་མོ་དམར་མོ་ལ་སྣང་ བ་མཐའ་ཡས་དཀར་པོས་འཁྱུད་པ། ཨཱུ་དང་པད་མ་ལས་བྱུང་བའི་མཱ་མ་ཀཱི་དཀར་མོ་ལ་རིན་ ཆེན་འབྱུང་ལྡན་དམར་པོས་འཁྱུད་པ། ལཱྀ་དང་འཁོར་ལོ་ལས་བྱུང་བའི་སྤྱན་མ་སེར་མོ་ལ་ 7-1-207 དོན་ཡོད་གྲུབ་པ་ནག་པོས་འཁྱུད་པ་རྣམས་མེ་དང་བདེན་བྲལ་དབང་ལྡན་རླུང་མཚམས་ རྣམས་སུ་རིམ་པ་ལྟར་སྤྲོས་ཏེ། དེ་དག་གི་བར་བར་དང་སྟེང་འོག་ཏུ། ཧི་ཧཱིཾ་ལས་རྐང་དག་ པས་གང་བའི་བུམ་པ་གཉིས་དང༌། ཧྲྀཾ་ཧྲཱྀཾ་ལས་ཁྲག་དག་པས་གང་བའི་བུམ་པ་ གཉིས་དང༌། ཧུཾ་ཧཱུཾ་ལས་དྲི་ཆུ་དག་པས་གང་བའི་བུམ་པ་གཉིས་དང༌། ཧླྀཾ་ཧླཱྀཾ་ ལས་དྲི་ཆེན་དག་པས་གང་པའི་བུམ་པ་གཉིས་དང༌། ཧཾ་ཧཱཾ་ལས་ཁུ་རྡུལ་དག་པས་གང་བའི་ བུམ་པ་གཉིས་རྣམས་དཀར་ཞིང་ཟླུམ་པས་པད་མ་ལ་གནས་ཤིང་པད་མས་ཁ་བརྒྱན་པ་ སྤྲོའོ། །སྒོ་བཞིར་རང་རང་གི་གདན་ལ། ཡཾ་དང་རལ་གྲི་ལས་བྱུང་བའི་བགེགས་མཐར་བྱེད་ ནག་པོ་ལ་རེངས་བྱེད་མ་སེར་མོས་འཁྱུད་པ། རཾ་དང་རིན་ཆེན་ལས་བྱུང་བའི་ཤེས་རབ་ མཐར་བྱེད་དམར་པོ་ལ་ཁེངས་བྱེད་མ་དཀར་མོས་འཁྱུད་པ། ཝཾ་དང་པད་མ་ལས་བྱུང་བའི་ པད་མ་མཐར་བྱེད་དཀར་པོ་ལ་རྨུགས་བྱེད་མ་དམར་མོས་འཁྱུད་པ། ལཾ་དང་འཁོར་ལོ་ལས་ བྱུང་བའི་གཤིན་རྗེ་མཐར་བྱེད་སེར་པོ་ལ་རབ་བརྩོན་མ་ནག་མོས་འཁྱུད་པ། སྔར་བཞིན་ལྷ་ སྣམ་གྱི་སྟེང་དུ་རང་རང་གི་གདན་ལ། ཨ་དང་རྡོ་རྗེ་ལས་བྱུང་བའི་ཕྱག་ན་རྡོ་རྗེ་ལྗང་ཁུ་ལ་སྒྲ་ རྡོ་རྗེ་མ་སྔོན་མོས་འཁྱུད་པ། ཨེ་དང་རལ་གྲི་ལས་བྱུང་བའི་ནམ་མཁའི་སྙིང་པོ་ནག་པོ་ལ་དྲི་ རྡོ་རྗེ་མ་སེར་མོས་འཁྱུད་པ། ཨར་དང་རིན་ཆེན་ལས་བྱུང་བའི་སའི་སྙིང་པོ་དམར་པོ་ལ་ གཟུགས་རྡོ་རྗེ་མ་དཀར་མོས་འཁྱུད་པ། ཨོ་དང་པད་མ་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་ དཀར་པོ་ལ་རོ་རྡོ་རྗེ་མ་དམར་མོས་འཁྱུད་པ། ཨལ་དང་འཁོར་ལོ་ལས་བྱུང་བའི་སྒྲིབ་པ་རྣམ་ སེལ་སེར་པོ་ལ་རེག་བྱ་རྡོ་རྗེ་མ་ནག་མོས་འཁྱུད་པ། ཨཾ་དང་རྡོ་རྗེ་ལས་བྱུང་བའི་ཀུན་དུ་[ཏུ་] བཟང་པོ་སྔོན་པོ་ལ་ཆོས་ཁམས་རྡོ་རྗེ་མ་ལྗང་ཁུས་འཁྱུད་པ། ཨཱ་དང་རྡོ་རྗེ་ལས་བྱུང་བའི་སྒྲ་ རྡོ་རྗེ་མ་སྔོན་མོ་ལ་ཕྱག་ན་རྡོ་རྗེ་ལྗང་ཁུས་འཁྱུད་པ། ཨཻ་དང་རལ་གྲི་ལས་བྱུང་བའི་རེག་བྱ་རྡོ་ རྗེ་མ་ནག་མོ་ལ་སྒྲིབ་པ་རྣམ་སེལ་སེར་པོས་འཁྱུད་པ། ཨཱར་དང་རིན་ཆེན་ལས་བྱུང་བའི་རོ་ 7-1-208 རྡོ་རྗེ་མ་དམར་མོ་ལ་འཇིག་རྟེན་དབང་ཕྱུག་དཀར་པོས་འཁྱུད་པ། ཨཽ་དང་པད་མ་ལས་བྱུང་ བའི་གཟུགས་རྡོ་རྗེ་མ་དཀར་མོ་ལ་སའི་སྙིང་པོ་དམར་པོ་འཁྱུད་པ། ཨཱལ་དང་འཁོར་ལོ་ལས་ བྱུང་བའི་དྲི་རྡོ་རྗེ་མ་སེར་མོ་ལ་ནམ་མཁའི་སྙིང་པོ་ནག་པོས་འཁྱུད་པ། ཨཿདང་རྡོ་རྗེ་ལས་ བྱུང་བའི་ཆོས་ཁམས་རྡོ་རྗེ་མ་ལྗང་ཁུ་ལ་ཀུན་དུ་[ཏུ་]བཟང་པོ་སྔོན་པོས་འཁྱུད་པ་རྣམས་ སྤྲོས་ཏེ། རླུང་གི་རིགས་ཅན་ནག་པོ་བཅུ་ནི་ཞལ་གསུམ་གཡས་གཡོན་ཉི་ཟླའི་མདོག །ཕྱག་ དྲུག་རལ་གྲི་གྲི་གུག་རྩེ་གསུམ་ཕུབ་དང་ཐོད་པ་ཁ་ཊྭཱཾ་འཛིན། །མེ་ཡི་རིགས་ཅན་དམར་པོ་ བཅུ་ནི་ཞལ་གསུམ་གཡས་གཡོན་དཀར་ནག་མདོག །ཕྱག་དྲུག་མདའ་དང་ལྕགས་ཀྱུ་ཅང་ཏེ་ གཞུ་དང་ཞགས་པ་ནོར་བུ་འཛིན། །ཆུ་ཡི་རིགས་ཅན་དཀར་པོ་བཅུ་ནི་ཞལ་གསུམ་གཡས་ གཡོན་ནག་དམར་མདོག །ཕྱག་དྲུག་ཐོ་བ་མདུང་དང་རྩེ་གསུམ་པད་དཀར་མེ་ལོང་བགྲང་ ཕྲེང་འཛིན། །ས་ཡི་རིགས་ཅན་སེར་པོ་བཅུ་ནི་ཞལ་གསུམ་གཡས་གཡོན་དཀར་ནག་མདོག ། ཕྱག་དྲུག་འཁོར་ལོ་དབྱུག་པ་རྡོ་རྗེ་དུང་དང་ལྕགས་སྒྲོག་དྲིལ་བུ་འཛིན། །ནམ་མཁའ་ཡེ་ ཤེས་ལྗང་སྔོན་(རང་ས་ན་གནས་པ་བཞི་དང༌། གཞན་ལ་འཁྱུད་པ་བཞི་སྟེ་)བརྒྱད་ནི་ཞལ་ གསུམ་གཡས་གཡོན་ཉི་ཟླའི་མདོག །ཕྱག་དྲུག་རྡོ་རྗེ་གྲི་གུག་དགྲ་སྟ་དྲིལ་བུ་ཐོད་པ་ཚངས་ མགོ་འཛིན། །ཞེས་པའི་དོན་དྲན་པར་བྱའོ། །འདོད་ཡོན་སྟེགས་བུ་ལ་ཙྪྫྫྷྙ་ཙྪྫྫྷྙཱ་ཊྛྜྜྷྞ་ཊྛྜྜྷྞཱ་པྥྦྦྷྨ་པྥྦྦྷྨཱ་ ཏྠྡྡྷྣ་ཏྠྡྡྷྣཱ་ཀྑྒྒྷྔ་ཀྑྒྒྷྔཱ་སྉྤྈྐྴྵ། སྉྤྈྐྴྵཱ། རྣམས་དང་རང་རང་གི་ཕྱག་མཚན་ལས་བྱུང་བའི། དྲི་ཆབ་མ་དང་ཕྲེང་བ་མ། །བདུག་སྤོས་མ་དང་སྣང་གསལ་མ། །ཞལ་ཟས་མ་དང་འབྲས་བུ་ མ། །སྒེག་པ་མ་དང་བཞད་པ་མ། །སིལ་སྙན་མ་དང་གར་མཁན་མ། །གླུ་དབྱངས་མ་དང་ འདོད་མ་རྣམས། །མིང་དང་རྗེས་མཐུན་ཕྱག་མཚན་ཅན། །གྲངས་མེད་གཟུངས་མའི་ཚོགས་ དང་བཅས། །ཞེས་པ་ལྟར་སྤྲོའོ། ། གསུང་གི་པད་མ་རྣམས་ལ། ལྟེ་བ་དང་མདུན་དང་རྒྱབ་ཀྱི་འདབ་མ་གཉིས་དང༌། གཡས་ 7-1-209 ཀྱི་འདབ་མ་གསུམ་{དང་གཡོན་གྱི་འདབ་མ་གསུམ}ལ་རིམ་པ་བཞིན་ཏེ་ཤར་གྱི་པད་ མར། ཧ་ཧི་ཧཱི། ཡ་ཡི་ཡྼྀ་ཡུ་ཡླྀ་ཡཾ་རྣམས་ལས་བྱུང་པའི་གྲི་གུག་ཡོངས་སུ་གྱུར་ པ་ལས། ལྟེ་བར་ཡི་དྭགས་ལ་གནས་པའི་ཙར་ཙི་ཀ་ནག་མོ་ལ་དབང་པོ་སེར་པོས་འཁྱུད་ པ། འདབ་མ་རྣམས་ལ། (མདུན་དུ)འཇིགས་མ། (རྒྱབ་ཏུ་)རླུང་ཤུགས་མ། (གཡས་སུ)དྲག་མོ་ དུས་ཀྱི་མཆེ་བ་མ་མེ་འབར་གདོང་མ་(གཡོན་དུ)རབ་གཏུམ་མ་དྲག་མིག་མ་སྣ་ཆེན་མ། ཐམས་ ཅད་ནག་མོ། གྲི་གུག་རྩེ་གསུམ་ཐོད་པ་ཁ་ཊྭཱཾ་འཛིན་པ། མེ་འཚམས་[མཚམས་]ཀྱི་པད་ མར། ཀྵ་ཀྵི་ཀྵཱི་ཡཱ་ཡཱི་ཡྼཱྀ་ཡཱུ་ཡླཱྀ་ཡཿ རྣམས་ལས་བྱུང་བའི་འཁོར་ལོ་ཡོངས་ སུ་གྱུར་པ་ལས། ལྟེ་བར་མཁའ་ལྡི ང་ལ་གནས་པའི་ཁྱབ་འཇུག་མ་ནག་མོ་ལ་ཚངས་པ་སེར་ པོས་འཁྱུད་པ། འདབ་མ་རྣམས་ལ། དཔལ་མོ་རྣམ་པར་རྒྱལ་མ་སྒྱུ་མ་གྲགས་མ་བཀྲིས་མ་ དཔལ་རྒྱལ་མ་དཔལ་རྒྱལ་བྱེད་མ་འཁོར་ལོ་མ། ཐམས་ཅད་ནག་མོ་འཁོར་ལོ་དབྱུག་པ་མ་ དུང་རྣམས་འཛིན་པ། ལྷོའི་པད་མར། ཧཿ ཧྲྀ་ཧྲཱྀ་ར་རི་ར༹ྼྀ་རུ་རླྀ་རཾ་ རྣམས་ལས་བྱུང་བའི་དབྱུག་པ་ཡོངས་སུ་གྱུར་པ་ལས། ལྟེ་བར་མ་ཧེ་ལ་གནས་པའི་ཕག་མོ་ དམར་མོ་ལ་དྲག་པོ་དཀར་པོས་འཁྱུད་པ། འདབ་མ་རྣམས་ལ། ཀེ་རུས་མ་གཙིགས་མ་དུས་ མཚན་མ་རབ་ཁྲོས་གདོང་མ་དུས་ཀྱི་ལྕེ་མ་ནག་མོ་དྲག་མོ་གཟུགས་ངན་མ། ཐམས་ཅད་ དམར་མོ། དབྱུག་པ་རལ་གྲི་ལྕགས་སྒྲོག་ཕུབ་རྣམས་འཛིན་པ། བདེན་བྲལ་གྱི་པད་མར། ཀྵཿ ཀྵྼྀ་ཀྵྼཱྀ་རཱ་རཱྀ་ར༹ྼྀ་རཱུ་ཪླཱྀ་རཿ རྣམས་ལས་བྱུང་ བའི་ཤག་ཏི་ཡོངས་སུ་གྱུར་པ་ལས། ལྟེ་བར་རྨ་བྱ་ལ་གནས་པའི་གཞོན་ནུ་མ་དམར་མོ་ལ་ ཚོགས་བདག་དཀར་པོས་འཁྱུད་པ། འདབ་མ་རྣམས་ལ། པད་མ་རིན་ཆེན་ཕྲེང་མ་ལུས་མེད་ མ་གཞོན་ནུ་མ་རི་དྭགས་བདག་པོས་འགྲོ་མ་མིག་མཛེས་མ་རུལ་པ་མ་བཟང་མོ་མ། ཐམས་ ཅད་དམར་མོ་གདོང་དྲུག་མ། ཤག་ཏི་ལྕགས་ཀྱུ་རིན་ཆེན་ཞགས་པ་འཛིན་པ་བྱང་གི་པད་ 7-1-210 མར། ཧཾ་ཧུ་ཧཱུ། ཝ་ཝི་ཝྼྀ་ཝུ་ཝླྀ་ཝཾ་རྣམས་ལས་བྱུང་བའི་རྩེ་གསུམ་ཡོངས་སུ་གྱུར་ པ་ལས། ལྟེ་བར་ཁྱུ་མཆོག་ལ་གནས་པའི་དྲག་མོ་དཀར་མོ་ལ་གཤིན་རྗེ་དམར་པོས་འཁྱུད་ པ། འདབ་མ་རྣམས་ལ། གཽ་རཱི་འདེགས་མ་གཾ་གཱ་མ་རྟག་མ་མྱུར་མ་མཚོན་བྱེད་མ་དམར་སེར་ མ་ནག་མོ། ཐམས་ཅད་དཀར་མོ། རྩེ་གསུམ་ཅང་ཏེ་ཁ་ཊྭཱཾ་ལྟོས་འགྲོ་འཛིན་པ། དབང་ལྡན་ གྱི་པད་མར། ཀྵཾ་ཀྵུ་ཀྵཱུ། ཝཱ་ཝཱི་ཝྼཱྀ་ཝཱུ་ཝླཱྀ་ཝཿ རྣམས་ལས་བྱུང་བའི་པད་མ་ ཡོངས་སུ་གྱུར་པ་ལས། ལྟེ་བར་སེང་གེ་ལ་གནས་པའི་དཔལ་མོ་དཀར་མོ་ལ་གཞོན་ནུ་མ་ དམར་པོས་མཁྱུད་པ། འདབ་མ་རྣམས་ལ་དཔལ་དཀར་མོ་འཛིན་མ་ཟླ་བའི་རི་མོ་ཅན་མ་རི་ བོང་འཛིན་ཞལ་མ་ངང་པའི་མདོག་མ་པད་མའི་དབང་མོ་སྐར་མིག་མ་དྲི་མེད་རི་བོང་འཛིན་ མ། ཐམས་ཅད་དཀར་མོ་པད་མ་བགྲང་ཕྲེང་ཆུ་སྐྱེས་རིན་ཆེན་འཛིན་མ། ནུབ་ཀྱི་པད་མར། ཧཱ་ཧླྀ་ཧླཱྀ་ལ་ལི་ལྼྀ་ལུ་ལླྀ་ལཾ་རྣམས་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་ གྱུར་པ་ལས། ལྟེ་བར་གླང་པོ་ལ་གནས་པའི་དབང་མོ་སེར་མོ་ལ་སྲིན་པོ་ནག་པོས་འཁྱུད་ པ། འདབ་མ་རྣམས་ལ། རྡོ་རྗེ་འོད་མ་བཀྲ་བའི་རི་མོ་མ་རྡོ་རྗེའི་ལུས་མ་གསེར་ལྡན་མ་ཨུར་ བ་སཱི་རཾ་བྷ་ཟུག་རྔུ་མེད་མ་ཤིན་ཏུ་སྒྲོལ་མ། ཐམས་ཅད་སེར་མོ། རྡོ་རྗེ་མདའ་དང་དྲིལ་བུ་ གཞུ་རྣམས་འཛིན་པ། རླུང་མཚམས་ཀྱི་པད་མར། ཀྵ་ཀྵླྀ་ཀྵླཱྀ་ལཱ་ལཱི་ལྼཱྀ་ ལཱུ་ལླཱྀ་ལཿ རྣམས་ལས་བྱུང་བའི་པར་བུ་ཡོངས་སུ་གྱུར་པ་ལས། ལྟེ་བར་ངང་པ་ལ་ གནས་པའི་ཚངས་མ་སེར་མོ་ལ་ནོར་ལྷ་ནག་པོས་འཁྱུད་པ་འདབ་མ་རྣམས་ལ། མཆོད་སྦྱིན་ འདོན་མ་ངག་གི་དབང་ཕྱུག་མ་པད་མའི་སྤྱན་མ་ཆུ་སྐྱེས་ལྡན་མ་བློ་གྲོས་མ་གླུ་མ་གློག་མ་དྲན་ མ། ཐམས་ཅད་སེར་མོ་གདོང་བཞི་མ་པད་མ་ཚངས་དབྱུག་སྤྱི་བླུགས་པར་བུ་འཛིན་པ་རྣམས་ སྤྲོ་ཞིང༌། འདོད་ཡོན་སྟེགས་བུ་ལ་སྔར་བཞིན་རང་རང་གི་རིགས་ལས་བྱུང་བའི་འདོད་མ་ སུམ་ཅུ་རྩ་དྲུག་སྟེ། སྒོའི་གཡས་བཞིར། ཙཿཚཿཛཿཛྷཿཉཿ། ཊཿཋཿཌཿཌྷཿཎཿ པཿཕཿབཿབྷཿམཿ 7-1-211 ཏཿཐཿདཿདྷཿནཿ གཡོན་བཞིར། སཿྉྤཿཥཿཤཿ ྈྐཿཀཿཁཿགཿ གྷཿངཿལཿཝཿ རཿཡཿཧཿཀྵཿ རྣམས་དང་རང་རང་གི་མཚན་མ་ལས་བྱུངབའི། (ཤར་སྒོའི་གཡས་ནས་རིམ་པ་བཞིན་དུ་)དབྱེ་བ་གོས་ དང་འཆིལ་[མཆིལ་]འདོར་རེག་བྱ་ལྷག་མ་ཟ་བ་(གཡོན་ནས་)ཀུན་ཏུ་གདུང་བ་སྐྲོད་དང་ལུས་ འཕྲུག་ཡན་ལག་བསྐྱོད་པར་འདོད་མ་དང༌། (ལྷོ་སྒོའི་གཡས་ནས་)བསྐྱོད་པ་གར་འགུགས་གཡུལ་ དང་རྒྱུག་པ་དང་ནི་སྐྱེམས་པ་དག་དང་ལུས་ཀྱི་དྲི་མ་བཤང་གཅི་ཟག་པར་འདོད་མ་དང༌། (བྱང་སྒོའི་གཡས་ན)རྒྱས་པ་རྒྱན་དང་རྒྱལ་སྲིད་འཆིང་བ་བྱིས་པ་སྡིགས་དང་(གཡོན་ནས་)རོལ་མོའི་ སྒྲ་དང་འཇམ་པར་སྨྲ་དང་མལ་སྟན་རྩོད་མང་འདོད་མ་དང༌། (ནུབ་སྒོའི་གཡས་ནས)རེངས་པ་དྲི་ དང་ཆུ་ལ་རྐྱལ་བ་ཕུར་བུས་འདེབས་དང་སྦྲུལ་འཆིང་འཁྲིག་པ་གཉེན་འདུན་མལ་བསྙེས་ སེམས་ཅན་སླུ་བར་འདོད་མའོ། །ཞེས་པ་ལྟར་སྤྲོའོ། ། སྐུའི་ལྷ་སྣམ་གྱི་པད་མ་རྣམས་ལ། ཕྱོགས་བཞིའི་གཡས་དང་བྱང་དང་ཤར་གྱི་གཡོན་ དུ་ལྟེ་བར་སྡེ་པ་(ཙ་ཊ་པ་ཏ་ས་ཀ་)དྲུག་གི་དང་པོ་ཐིག་ལེ་དང་གསུམ་པ་རྀ་ཡིག་གི་བརྒྱན་པ་ སྟེ། འདབ་མ་རྣམས་ལ། གསལ་བྱེད་བསྐྱེད་རིམ་དབྱངས་ཐུ་ངུ་དང་ཐིག་ལེས་ཕྱེ་བ་དང༌། འཚམས་[མཚམས]བཞི་དང་ནུབ་དང་ལྷོའི་གཡོན་དུ་ལྟེ་བར་སྡེ་པའི་ལྔ་པ་རྣམ་བཅད་དང་ གསུམ་པ་རཱྀ་ཡིག་གིས་བརྒྱན་པ་སྟེ། འདབ་མ་རྣམས་ལ་གསལ་བྱེད་བསྡུད་རིམ་དབྱངས་ རིང་པོ་དང་རྣམ་པར་བཅད་པས་ཕྱེ་བ་རྣམས་ལས་ལྷ་ཆེན་པོ་བཅུ་གཉིས་འཁོར་དང་བཅས་ པ་སྤྲོ་བར་བྱའོ། །ཤར་གྱི་གཡས་སུ། (པད་མའི་ལྟེ་བར)ཙཾ་ཛྼྀ། (ནང་གི་འདབ་མ་བཞི་ལ)ཉ་ཉི་ ཉྼྀ་ཉུ་(བར་གྱི་འདབ་མ་བརྒྱད་ལ)ཉླྀ་ཉཾ་ཛྷ་ཛྷི་ཛྷྼྀ་ཛྷུ་ཛྷླྀ་ཛྷཾ། (ཕྱིའི་འདབ་མ་བཅུ་དྲུག་ ལ)ཛ་ཛི་ཛྼྀ་ཛུ་ཛླྀ་ཛཾ། ཚ་ཚི་ཚྼྀ་ཚུ་ཚླྀ་ཚཾ། ཙ་ཙི་ཙྼྀ་ཙུ་ཙླྀ་ རྣམས་ལས་བྱུང་བའི་རལ་གྲི་ཡོངས་སུ་གྱུར་པ་ལས། ལྟེ་བར་ཡི་དྭགས་ལ་གནས་པའི་བདེན་ བྲལ་ཙཾ་རྡོ་རྗེ་ནག་པོ་ལ་སྲིན་མོ་ཛྼྀ་རྡོ་རྗེ་མ་སེར་(དབང་མོ་ལྟ་བུ)མོས་འཁྱུད་པ། འདབ་ 7-1-212 མ་རྣམས་ལ་ཉ་རྡོ་རྗེ་མ་ཉི་རྡོ་རྗེ་མ་ཉྀ་རྡོ་རྗེ་མ་ཉུ་རྡོ་རྗེ་མ་ལ་སོགས་པ་ནག་པའི་ཚེས་ཀྱི་ ལྷ་མོ་(ཉེར་བརྒྱད)རྣམས་ནག་མོ། (གཙོ་འཁོར)ཐམས་ཅད་རལ་གྲི་གྲི་གུག་ཕུབ་དང་ཐོད་པ་འཛིན་ པ། མེའི་འཚམས་[མཚམས་]སུ་(ལྟེ་བར)ཉཿ ཛྲཱྀ། (ནང་གི་འདབ་མར) ཙཱ་ཙཱི་ཙྼཱྀ་ཙཱུ་ (བར་གྱི་འདབ་མར) ཙླཱྀ་ཙཿ ཚཱ་ཚྼཱྀ་ཚླཱཚྀ་ཚཱུ་ཚྀ་ཚཿ (ཕྱིའི་འདབ་མར) ཛཱ་ཛཱི་ཛྼཱྀ་ཛཱུ་ཛླཱྀ་ཛཿ ཛྷཱ་ཛྷཱི་ཛྷྼཱྀ་ཛྷཱུ་ཛྷླཱྀ་ཛྷཿ ཉཱ་ཉཱི་ཉྼཱྀ་ཉཱུ་ ཉླཱྀ་རྣམས་ལས་བྱུང་བའི་ལྗོན་ཤིང་ཡོངས་གྱུར་པ་ལས། ལྟེ་བར་རི་དྭགས་ལ་གནས་ པའི་རླུང་ལྷ་(ཉཿརྡོ་རྗེ་)ནག་པོ་ལ་གཏུམ་མོ་ཛྼཱྀ་རྡོ་རྗེ་མ་(ཚངས་མ་ལྟ་བུ)སེར་མོས་འཁྱུད་ པ། འདབ་མ་རྣམས་ལ་ཙ་རྡོ་རྗེ་མ་ཙི་རྡོ་རྗེ་མ་ཙྼཱྀ་རྡོ་རྗེ་མ་ཙཱུ་རྡོ་རྗེ་མ་ལ་སོགས་པ་ས་ གའི་ཟླ་བའི་ཚེས་ཀྱི་ལྷ་མོ་(ཉེར་བརྒྱད)རྣམས་ནག་མོ། (གཙོ་འཁོར)ཐམས་ཅད་ལྗོན་ཤིང་(ཡོངས་ འདུའི)མེ་ཏོག་ནོར་བུ་ཨུད་པལ་འཛིན་པ། དེ་བཞིན་དུ་སྦྱར་ཏེ་ལྷོའི་གཡས་སུ་ཊཾ་ཌྼྀ། ཎ་ཎི་ཎྼྀ་ཎུ་ཎླྀ་ཎཾ་ཞེས་སོགས་རྣམས་ལས་བྱུང་བའི་མདུང་ཐུང་ཡོངས་སུ་གྱུར་ པ་ལས། ལྟེ་བར་ལུག་ལ་གནས་པའི་མེ་ལྷ་(ཊཾ་རྡོ་རྗེ་)དམར་པོ་ལ་ཆུ་ལྷ་མོ་ཌྼྀ་རྡོ་རྗེ་མ་ (དྲག་མོ་ལྟ་བུ་རིགས་པ་ལ་རྒྱ་མཚོ་ལྟ་བུ་ཟེར)དཀར་མོས་འཁྱུད་པ། འདབ་མ་རྣམས་ལ་ཎ་རྡོ་རྗེ་མ་ལ་ སོགས་པ་སྣྲོན་གྱི་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་དམར་མོ། ཐམས་ཅད་མདུང་ཐུང་དབྱུག་པ་ཆུ་ སྐྱེས་སྤྱི་བླུགས་འཛིན་པ། བདེན་བྲལ་གྱི་མཚམས་སུ་ཎཿ ཌྼཱྀ། ཊཱ་ཊཱི་ཊྼཱྀ་ཊཱུ་ ཊླཱྀ་ཊཱཿ ཞེས་སོགས་རྣམས་ལས་བྱུང་བའི་ཤག་ཏི་ཡོངས་སུ་གྱུར་པ་ལས། ལྟེ་བར་རྨ་ བྱ་ལ་གནས་པའི་གདོང་དྲུག་(ཎཿརྡོ་རྗེ་)དམར་པོ་ལ་དཔལ་མོ་ཌྼཱྀ་རྡོ་རྗེ་མ་དཀར་མོས་ འཁྱུད་པ། འདབ་མ་རྣམས་ལ་ཊཱ་རྡོ་རྗེ་མ་ལ་སོགས་པ་ཆུ་སྟོད་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ དམར་མོ། ཐམས་ཅད་གདོང་དྲུག་ཅན་ཤག་ཏི་མདུང་དང་ནོར་བུ་མེ་ལོང་འཛིན་པ། བྱང་གི་ གཡས་སུ་པཾ་བྼྀ། མ་མི་མྼྀ་མུ་མླྀ་མཾ་ཞེས་སོགས་རྣམས་ལས་བྱུང་བའི་ 7-1-213 ཞགས་པ་ཡོངས་ཡུ་གྱུར་པ་ལས། ལྟེ་བར་ཆུ་སྲིན་ལ་གནས་པའི་རྒྱ་མཚོ་(པཾ་རྡོ་རྗེ་)དཀར་པོ་ལ་ ཕག་མོ་བྼྀ་རྡོ་རྗེ་མ་དམར་མོས་འཁྱུད་པ། འདབ་མ་རྣམས་ལ། མ་རྡོ་རྗེ་མ་ལ་སོགས་ པ་གྲོ་བཞིན་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་དཀར་མོ། ཐམས་ཅད་ཞགས་པ་རིན་ཆེན་སྦྲུལ་ ཞགས་ཆུ་ཤེལ་འཛིན་པ། དབང་ལྡན་གྱི་མཚམས་སུ། མཿབྼྀ། པཱ་པཱི་པྼཱྀ་པཱུའུ་ པླཱྀ་པཿ ཞེས་སོགས་རྣམས་ལས་བྱུང་བའི་དགྲ་སྟ་ཡོངས་སུ་གྱུར་པ་ལས། ལྟེ་བར་ བྱི་བ་ལ་གནས་པའི་ཚོགས་བདག་(མཿརྡོ་རྗེ་)དཀར་པོ་ལ་གཞོ་ནུ་མ་བྼཱྀ་རྡོ་རྗེ་མ་དམར་ མོས་འཁྱུད་པ། འདབ་མ་རྣམས་ལ། པཱ་རྡོ་རྗེ་མ་ལ་སོགས་པ་ཁྲུམས་སྟོད་ཟླ་བའི་ཚེས་ཀྱི་ལྷ་ མོ་རྣམས་དཀར་མོ། ཐམས་ཅད་དགྲ་སྟ་རྡོ་རྗེ་ཞགས་པ་ནོར་བུ་འཛིན་པ། ནུབ་ཀྱི་གཡས་ སུ། ཏཾ་དྼྀ། ན་ནི་ནྼྀ་ནུ་ནླྀ་ནཾ་ཞེས་སོགས་རྣམས་ལས་བྱུང་བའི་རྡོ་རྗེ་ ཡོངས་སུ་གྱུར་པ་ལས། ལྟེ་བར་གླང་པོ་ལ་གནས་པའི་བརྒྱ་བྱིན་(ཏཾཿརྡོ་རྗེ་)སེར་པོ་ལ་རླུང་ལྷ་མོ་ དྼྀ་རྡོ་རྗེ་མ་(ཙར་ཙི་ཀ་ལྟ་བུ)ནག་མོས་འཁྱུད་པ་རྣམས་ལ་ན་རྡོ་རྗེ་མ་ལ་སོགས་པ་ཐ་སྐར་ ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་སེར་མོ། ཐམས་ཅད་རྡོ་རྗེ་མདའ་དང་དྲིལ་བུ་གཞུ་རྣམས་འཛིན་ པ་རླུང་གི་མཚམས་སུ། ནཿདྼཱྀ། ཏཱ་ཏཱི་ཏྼཱྀ་ཏཱུ་ཏླཱྀ་ཏཿ ཞེས་སོགས་རྣམས་ ལས་བྱུང་བའི་ཁབ་ཡོངས་སུ་གྱུར་པ་ལས། ལྟེ་བར་ངང་པ་གནས་པའི་ཚངས་པ་(ནཿརྡོ་རྗེ་)སེར་ པོ་ལ་ཀློག་མ་དྼཱྀ་རྡོ་རྗེ་མ་(ཁྱབ་འཇུག་མ་ལྟ་བུ)ནག་མོས་འཁྱུད་པ། འདབ་མ་རྣམས་ལ། ཏཱ་རྡོ་རྗེ་མ་ལ་སོགས་པ་སྨིན་དྲུག་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་སེར་མོ། ཐམས་ཅད་གདོང་ བཞི་ཅན་ཁབ་དང་བགྲང་ཕྲེང་པད་མ་སྤྱི་བླུགས་འཛིན་པ། བྱང་གི་གཡོན་དུ། སཾ་ཥྼྀཿ ྈྐ་ྈྐི་ྈྐྼྀ་ྈྐ་ྈྐླྀ་ྈྐཾ་་ཞེས་སོགས་རྣམས་ལས་བྱུང་བའི་རྩེ་གསུམ་ཡོངས་སུ་གྱུར་ པ་ལས། ལྟེ་བར་ཁྱུ་མཆོག་ལ་གནས་པའི་དྲག་པོ་(སཾ་རྡོ་རྗེ་)སྔོན་པོ་ལ་ཨུ་མ་ཥྼྀ་རྡོ་རྗེ་མ་ (གཤིན་རྗེ་ལྟ་བུ་)ལྗང་ཁུས་འཁྱུད་པ། འདབ་མ་རྣམས་ལ་ྈྐ་རྡོ་རྗེ་མ་ལ་སོགས་པ་མགོའི་ཟླ་བའི་ 7-1-214 ཚེས་ཀྱི་ལྷ་མོ་རྣམས་སྔོན་མོ། ཐམས་ཅད་རྩེ་གསུམ་མདའ་དང་ཁ་ཊྭཱཾ་གཞུ་རྣམས་འཛིན་པ། ནུབ་ཀྱི་གཡོན་དུ། ྈྐཿ ཥྼཱྀ་སཱ་སཱི་སྼཱྀ་སཱུ་སླཱྀ་སཿ ཞེས་སོགས་རྣམས་ ལས་བྱུང་བའི་བེ་ཅོན་ཡོངས་སུ་གྱུར་པ་ལས། ལྟེ་བར་གླང་པོ་ལ་གནས་པའི་ནོར་བདག་(ྈྐ་ རྡོ་རྗེ་)སྔོན་པོ་ལ་ནོར་སྦྱིན་ཥྼཱྀ་རྡོ་རྗེ་མ་(ཁྱབ་འཇུག་ལྟ་བུ)ལྗང་ཁུས་འཁྱུད་པ། འདབ་མ་ རྣམས་སཱ་རྡོ་རྗེ་མ་ལ་སོགས་པ་རྒྱལ་གྱི་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་སྔོན་མོ། ཐམས་ཅད་ནོར་ བུ་བེ་ཅོན་ནེ་ལེ་པད་མ་འཛིན་པ། ཤར་གྱི་གཡོན་དུ། ཀཾ་གྼྀ། ང་ངི་ངྼྀ་ངུ་ ངླྀ་ངཾ་ཞེས་སོགས་རྣམས་ལས་བྱུང་བའི་འཁོར་ལོ་ཡོངས་སུ་གྱུར་པ་ལས། ལྟེ་བར་མཁའ་ ལྡི ང་ལ་གནས་པའི་ཁྱབ་འཇུག་(ཀཾ་རྡོ་རྗེ་)ལྗང་ཁུ་ལ་དཔལ་མོ་གྼྀ་རྡོ་རྗེ་མ་(ནོར་བདག་ལྟ་བུ་) སྔོན་མོས་འཁྱུད་པ། འདབ་མ་རྣམས་ལ། ང་རྡོ་རྗེ་མ་ལ་སོགས་པ་མཆུའི་ཟླ་བའི་ཚེས་ཀྱི་ལྷ་ མོ་རྣམས་ལྗང་ཁུ། ཐམས་ཅད་འཁོར་ལོ་དབྱུག་པ་པད་མ་དུང་རྣམས་འཛིན་པ། ལྷོའི་གཡོན་ དུ། ངཿ གྼཱྀ་ཀཱ་ཀཱི་ཀྼཱྀ་ཀཱུ་ཀླཱྀ་ཀཿ ཞེས་སོགས་རྣམས་ལས་བྱུང་བའི་ དབྱུག་པ་ཡོངས་སུ་གྱུར་པ་ལས། ལྟེ་བར་མ་ཧེ་ལ་གནས་པའི་གཤིན་རྗེ་(ངཿརྡོ་རྗེ་)ལྗང་ཁུ་ལ་ གཤིན་རྗེ་མ་གྼཱྀ་རྡོ་རྗེ་མ་(དྲག་པོ་ལྟ་བུ་)སྔོན་མོས་འཁྱུད་པ། འདབ་མ་རྣམས་ལ་ཀཱ་རྡོ་ རྗེ་མ་ལ་སོགས་པ་དབོའི་ཟླ་བའི་ཚེས་ཀྱི་ལྷ་མོ་རྣམས་ལྗང་ཁུ། ཐམས་ཅད་དབྱུག་པ་རལ་གྲི་ ལྕགས་སྒྲོག་ཞགས་པ་འཛིན་པ་རྣམས་སོ། ། སྒོ་བཞི་དང་སྟེང་འོག་གི་ཤིང་རྟ་ལ། ཤར་དུ་ཡ་དང་དབྱུག་པ་ལས་བྱུང་བའི་དབྱུག་སྔོན་ ཅན་ནག་པོ་རལ་གྲི་རྡོ་རྗེ་ཕུབ་དང་ལྟོས་འགྲོ་འཛིན་པ་ལ་འོད་ཟེར་ཅན་(སྟོབས་ཆེན་ལྟ་བུ་)སེར་ མོས་འཁྱུད་པ། ལྷོ་རུ་ར་དང་མེ་མདའ་ལས་བྱུང་བའི་ཊཀ་ཀི་དམར་པོ་མེ་འདའ་ལྕགས་ཀྱུ་ གཞུ་དང་ཞགས་པ་འཛིན་པ་ལ་ཙུན་ད་(མི་གཡོ་བ་ལྟ་བུ་)དཀར་མོས་འཁྱུད་པ། བྱང་དུ་ཝ་དང་ གཏུན་ཤིང་ལས་བྱུང་བའི་མི་གཡོ་བ་དཀར་པོ་ཐོ་བ་མདུང་དང་པད་མ་མེ་ལོང་འཛིན་པ་ཁྲོ་ 7-1-215 གཉེར་ཅན་(ཊག་ཀི་ལྟ་བུ)དམར་མོས་འཁྱུད་པ། ནུབ་ཏུ་ལ་དང་བེ་ཅོན་ལས་བྱུངབའི་སྟོབས་པོ་ ཆེ་སེར་པོ་འཁོར་ལོ་དབྱུག་པ་དུང་དང་ནོར་བུ་འཛིན་པ་ལྕགས་སྒྲོག་མ་(དབྱུག་སྔོན་ལྟ་བུ)ནག་ མོས་འཁྱུད་པ། སྟེང་དུ་ཧཾ་དང་རྡོ་རྗེ་ལས་བྱུང་བའི་གཙུག་ཏོར་ཅན་ལྗང་ཁུ་དགྲ་སྟ་རྩེ་གསུམ་ སྦྲུལ་ཞགས་ཁ་ཊྭཱཾ་ག་འཛིན་པ་ཤིན་ཏུ་(གནོད་མཛེས་ལྟ་བུ་)སྔོན་མོས་འཁྱུད་པ། འོག་ཏུ་ཧཿདང་རྩེ་ གསུམ་ལས་བྱུངབའི་གནོད་མཛེས་སྔོན་པོ་གྲི་གུག་རྡོ་རྗེ་ཐོད་པ་དྲིལ་བུ་འཛིན་པ་ལ་དྲག་ སྤྱན་མ་(གཙུག་ཏོར་ཅན་ལྟ་བུ)ལྗང་ཁུས་འཁྱུད་པ། རྟ་བབས་ཀ་བའི་ནང་རོལ་གྱི་སྟེགས་བུ་དང་ སྟེང་འོག་ཏུ་འབྱུངབའི་དཀྱིལ་འཁོར་རྣམས་ལ། ཤར་དུ་ཧྻ་ཧྻཱ་དང་རྒྱལ་མཚན་ལས་བྱུང་བའི་ སྟོབས་ཀྱི་{ཀྱིས}རྒྱུ་དང་པད་མ་ནག་པོ་ལྕེ་སྤྱངས་གདོང་མ་དང་མཁའ་ལྡིང་གདོང་མ་སེར་ མོས་འཁྱུད་པ། ལྷོ་རུ་ཧྲ་ཧྲཱ་དང་བཀྲ་ཤིས་ལས་བྱུང་བའི་ནོར་རྒྱས་དང་དུང་སྐྱོང་དམར་པོ་ལ་ སྟག་གདོང་མ་དང་འུག་གདོང་མ་དཀར་མོས་འཁྱུད་པ། བྱང་དུ་ཧྭ་ཧྭཱ་དང་པད་མ་ལས་བྱུང་ བའི་མཐའ་ཡས་དང་རིགས་ལྡན་དཀར་པོ་ལ་ཕག་གདོང་མ་དང་བྱ་རྒོད་གདོང་མ་དམར་ མོས་འཁྱུད་པ། ནུབ་ཏུ། ཧླ་ཧླཱ་དང་རྡོ་རྗེ་ལས་བྱུངབའི་འཇོག་པོ་དང་པད་མ་ཆེན་པོ་སེར་པོ་ ལ་ཁྱི་གདོང་མ་དང་བྱ་རོག་གདོང་མ་ནག་མོས་འཁྱུད་པ། སྟེང་དང་འོག་ཏུ་ཧུཾ་ཀྵུཾ་དང་བུམ་པ་ ལས་བྱུང་བའི་རྒྱལ་བ་དང་རྣམ་པར་རྒྱལ་བ་ལྗང་སྔོན་ལ་རྡོ་རྗེ་མིག་དང་སྔོན་མོ་སྔོ་ལྗང་གིས་ འཁྱུད་པ། ཐམས་ཅད་བུམ་པ་རྡོ་རྗེ་པད་མ་ནོར་བུ་འཛིན་པ། མེ་རླུང་གི་མཚམས་སུ། དུར་ ཁྲོད་ཀྱི་འཁོར་ལོ་རྣམས་ལ། ཤར་དང་ཤར་ལྷོར། ཀྑྔྒྒྷྔ་ཉྫྷྫྪྩ་དང་གྲི་གུག་ལས་བྱུང་བའི་ཁྱི་གདོང་ མ་དང་ཁ་གདོང་མ་ནག་མོ་ལ་འཇོག་པོ་དང་པད་མ་ཆེན་པོ་སེར་པོས་འཁྱུད་པ། ལྷོ་དང་ལྷོ་ ནུབ་ཏུ་ཀྵྻྼྺླ་ཎྜྷྜྛྚ་དང་གྲི་གུག་ལས་བྱུང་བའི་ཕག་གདོང་མ་དང་བྱ་རྒོད་གདོང་མ་དམར་མོ་ལ་ མཐའ་ཡས་དང་རིགས་ལྡན་དཀར་པོས་འཁྱུད་པ། བྱང་དང་བྱང་ཤར་དུ་ཧྻྼྺླ་མྦྷྦྥྤ་དང་གྲི་གུག་ ལས་བྱུང་བའི་སྟག་གདོང་མ་དང་འུག་གདོང་མ་དཀར་མོ་ལ་ནོར་རྒྱས་དང་དུང་སྐྱོང་དམར་ 7-1-216 པོས་འཁྱུད་པ། ནུབ་དང་ནུབ་བྱང་དུ་ཥྵྈྐྉྤྶ་ནྡྷྡྠྟ་དང་གྲི་གུག་ལས་བྱུང་བའི་ལྕེ་སྤྱང་ གདོང་མ་དང་མཁའ་ལྡིང་གདོང་མ་སེར་མོ་ལ་སྟོབས་ཀྱི་རྒྱུ་དང་པད་མ་ནག་པོས་འཁྱུད་ པ། (ཀླུ་དང་རབ་གཏུམ་གྱི་ཕྱོགས་མཚམས་ཀྱི་འཁྱུད་མཁན་རྣམས་གོ་རིམ་བཟློག་ནས་འཁྱུད་པར་ཡང་བཞེད་དོ)སྟེང་དང་ འོག་ཏུ་ཧཾ་ཧཿདང་གྲི་གུག་ལས་བྱུང་བའི་སྔོན་མོ་དང་རྡོ་རྗེའི་མིག་ལྗང་སྔོན་ལ་རྣམ་རྒྱལ་དང་ རྒྱལ་བ་སྔོ་ལྗང་གིས་འཁྱུད་པ་ཐམས་ཅད་གྲི་གུག་དང་ཐོད་པ་འཛིན་པ། རླུང་གི་ཁོར་ཡུག་ ལ། ས་བོན་དང་མཚན་མ་སྣ་ཚོགས་ལས་བྱུང་བའི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི་དང༌། གཟའ་བཅུ་དང་བརྟན་པ་དང་རི་བྱི་དང་རྒྱུ་སྐར་ཐམས་ཅད་དང་ཁྱིམ་བཅུ་གཉིས་དང་། ཆ་ བཅུ་དྲུག་དང་ཕྱོགས་བཅུ་སྐྱོང་བ་དང་དགའ་བྱེད་དབང་ཕྱུག་དང་ནག་པོ་ཆེན་པོ་དང་དྲིལ་ བུའི་རྣ་བ་ཅན་དང་བྷྲིང་གི་ཎི་དང་ཞིང་སྐྱོ་ཐམས་ཅད་ཕོ་ཉ་ཐམས་ཅད་དང་འཕྲོག་མ་དང༌། གྲུབ་པ་ཐམས་ཅད་སྣ་ཚོགས་པའི་མདོག་དང་དབྱིབས་དང་ཆ་ལུགས་ཅན་མཚན་མ་རྣམ་པ་ སྣ་ཚོགས་འཛིན་པ་རྣམས་སོ། །འདོད་ཡོན་སྟེགས་བུ་ལ། ཕྱིར་འདོད་མ་སུམ་ཅུ་རྩ་དྲུག་སྟེ། སྒོའི་གཡས་བཞིར། ཙཾ་ཚཾ་ཛཾ་ཛྷཾ་ཉཾ་ཞེས་པ་ལ་སོགས་པ་དང༌། གཡོན་བཞིར་སཾ་ྉྤཾ་ཥཾ་ཤཾ་ཞེས་པ་ ལ་སོགས་པ་སྔར་གྱི་རྣམ་བཅད་ཀྱི་ཚབ་ཏུ་ཐིག་ལེ་སྦྱར་བ་རྣམས་དང་རང་རང་གི་ཕྱག་ མཚན་ལས་བྱུང་བའི་སྔར་གྱི་འདོད་མ་དང་ཞེས་པའི་ཚབ་ཏུ་ཕྱིར་འདོད་མ་ཞེས་པ་སྦྱར་བ་ རྣམས་སྤྲོ་བར་བྱའོ། །(དག་པ་འདིར་བྱེད་པའང་ཡོད)དེ་ནས་ཡེ་ཤེས་སེམས་དཔའ་བསྟིམ་པར་བྱ་སྟེ། ཐུགས་ཁར་ཧུཾ་ཡིག་དང་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཤུགས་འཇིགས་སུ་རུང་བའི་སྐུ་ཅན་རབ་ཏུ་ བཞད་ཅིང་སྒྲ་དྲག་པོ་སྒྲོགས་པ་རྐང་པ་བརྒྱད་པའི་ཤིང་རྟ་ལ་གནས་པ་འཕྲོས་པས། ཡེ་ཤེས་ འཁོར་ལོའི་དབང་ཕྱུག་ལྕགས་ཀྱུས་བཏབ་ཅིང་ཞགས་པས་བཅིངས་ནས་མཚོན་ཆ་རྣམས་ ཀྱིས་{བསྡིགས་{སྡིགས}པར་བྱེད་བཞིན་པས་བཀུག་པར་བསམ་ཞིང་། ལྕགས་ཀྱུའི་ཕྱག་རྒྱ་ བཅས་ལ། ཛཿཞེས་བརྗོད་དེ། རྡོ་རྗེ་ཤུགས་རང་ཉིད་ལ་བཞུག་[གཞུག]ཅིང་ཡེ་ཤེས་པ་ 7-1-217 མཆོད་ཅིང་བསྟོད་ནས། རྨུགས་བྱེད་རེངས་བྱེད་ཁེངས་བྱེད་ཤིན་ཏུ་སྟོབས་ཀྱིས་རིམ་པ་ལྟར་ རྡོ་རྗེ་དང་ཞགས་པ་དང་དྲིལ་བུ་དབྱུག་པ་རྣམས་ཀྱིས་དམ་ཚིག་གི་འཁོར་ལོ་ལ་བཞུག་ [གཞུག]པ་དང་བཅིང་བ་དང་མཉེས་པ་དང་རོ་མཉམ་པར་བྱས་པར་བསམ་ཞིང་རྡོ་རྗེ་ ཞགས་པ་དྲིལ་བུ་དབྱུག་པ་སོ་སོའི་ཕྱག་རྒྱ་བཅས་ལ། ཧཱུཾ་ཝཾ་ཧོཿཧི་ཞེས་བརྗོད་པར་བྱའོ། །ལྷ་ ཐམས་ཅད་ཀྱི་དཔྲལ་བ་མགྲིན་པ་སྙིང་ཁ་ལྟེ་བ་གསང་བ་གཙུག་ཏོར་རྣམས་སུ། ༀ་ཨཱཿཧཱུཾ་ ཧོཿསྭཱཧཱ། ཞེས་བཀོད་པས་ཀྱང་བྱིན་གྱིས་བརླབས་ནས། རོ་མཉམ་པ་བསྒོམ་པར་བྱ་སྟེ། དབུས་ཀྱི་ལྟེ་བར་བཅོམ་ལྡན་འདས། །སྣ་ཚོགས་ཡུམ་དང་མཉམ་སྦྱོར་བ། །ཡེ་ཤེས་པ་དང་ དམ་ཚིག་{དང་{པ}། །དེ་བཞིན་དུ་སྦྱར་ཏེ། འདབ་མར་ནུས་མ་བརྒྱད་དང་ནི། །གྲ་བཞིར་ མཚན་མ་བཞི་པོ་ཡང༌། །ཡེ་ཤེས་པ་དང་དམ་ཚིག་{དང་{པ}། །རོ་མཉམ་ཉིད་དུ་གྱུར་པའོ། ། ཕྱོགས་བཞིར་རྒྱལ་བ་རིགས་བཞི་ལ། །ལྷ་མོ་ཡུམ་བཞིས་འཁྱུད་པ་དང༌། འཚམས་ [མཚམས་]བཞིར་ལྷ་མོ་ཡུམ་བཞི་ལ། །རྒྱལ་བ་ཡབ་བཞིས་འཁྱུད་པ་ཡང༌། ཡེ་ཤེས་པ་དང་ དམ་ཚིག་པ། །རོ་མཉམ་ཉིད་དུ་གྱུར་པའོ། །དེ་དག་བར་དང་སྟེང་འོག་གི། བདུད་རྩི་བུམ་པ་ བཅུ་པོ་ཡང༌། །ཡེ་ཤེས་པ་དང་དམ་ཚིག་པ། །རོ་མཉམ་ཉིད་དུ་གྱུར་པའོ། །ལྷ་སྣམ་སྟེང་དུ་ སེམས་དཔའ་དྲུག །སེམས་མ་དྲུག་གིས་འཁྱུད་པ་དང༌། །དེ་བཞིན་སེམས་མ་དྲུག་ལ་ཡང༌། ། སེམས་དཔའ་དྲུག་གིས་འཁྱུད་པ་རྣམས། ཡེ་ཤེས་པ་དང་དམ་ཚིག་པ། །རོ་མཉམ་ཉིད་དུ་ གྱུར་པའོ། །སྒོ་བཞིར་ཁྲོ་བོའི་རྒྱལ་པོ་བཞི། །ཁྲོ་བོ་བཞི་ཡིས་འཁྱུད་པ་ཡང༌། །ཡེ་ཤེས་པ་དང་ དམ་ཚིག་པ། །གསུང་གི་པད་མར་གཙོ་བོ་བརྒྱད། །ལྷ་ཆེན་བརྒྱད་ཀྱིས་འཁྱུད་པ་ལ། །བརྒྱད་ བརྒྱད་དྲུག་བ[ཅུ་]རྩ་བཞི་ཡི། །རྣལ་འབྱོར་མ་ཡིས་བསྐོར་བ་རྣམས། །ཡེ་ཤེས་པ་དང་དམ་ ཚིག་པ། །རོ་མཉམ་ཉིད་དུ་གྱུར་པའོ། །སྐུ་ཡི་ལྷ་ཆེན་བཅུ་གཉིས་པོ། །ལྷ་མོ་རྣམས་ཀྱིས་ འཁྱུད་པ་ལ། །རང་རང་འཁོར་གྱིས་ཡོངས་བསྐོར་བ། །སུམ་བརྒྱ་དྲུག་བཅུ་[ཅུ་]ཚེས་ཀྱི་ལྷ། ། 7-1-218 ཡེ་ཤེས་པ་དང་དམ་ཚིག་པ། །རོ་མཉམ་ཉིད་དུ་གྱུར་པའོ། །ཁྲོ་ཆེན་དྲུག་པོ་ཡུམ་དང་བཅས། ། ཀླུ་བཅུ་གཏུམ་མོས་འཁྱུད་པ་དང༌། །རབ་གཏུམ་ཀླུ་ཡིས་འཁྱུད་པ་དང༌། །ཁོར་ཡུག་འབྱུང་ པོའི་ཚོགས་རྣམས་ཀྱང༌། །ཡེ་ཤེས་པ་དང་དམ་ཚིག་པ། །རོ་མཉམ་ཉིད་དུ་གྱུར་པའོ། ། གཟུངས་མ་བཅུ་གཉིས་འདོད་མ་དང༌། །ཕྱིར་འདོད་མ་དང་ཉི་ཟླ་རྣམས། །ཡེ་ཤེས་པ་དང་ དམ་ཚིག་པ། །རོ་མཉམ་ཉིད་དུ་གྱུར་པའོ། །ཞེས་པས་སོ། །གཞུང་ལས་རོ་མཉམ་པའི་རྗེས་ སུ་རྒྱས་གདབ་པ་གསུངས་ནའང་ཕྱག་ལེན་ལ་དབང་བསྐུར་བའི་རྗེས་སུ་མཛད་དོ། །དེ་ནས་ བྱིན་གྱིས་བརླབ་པའི་དོན་དུ། དཔྲལ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་ༀ་ལས་བྱུང་བའི་ འཁོར་ལོ་རྩིབས་བརྒྱད་པ་ཡོངས་སུ་གྱུར་པ་ལས། སྐུ་ཡི་རྡོ་རྗེ་དཀར་པོ་ཞལ་གསུམ་གཡས་ གཡོན་ནག་དང་དམར་བའི་མདོག །ཕྱག་དྲུག་(གཡས་)འཁོར་ལོ་རྡོ་རྗེ་པད་མ་(གཡོན་)རལ་གྲི་ དྲིལ་བུ་ནོར་བུ་འཛིན། །ཡུམ་དང་བཅས་པ་ནམ་མཁར་འཕྲོས་ནས་སྐུ་ཡི་རྡོ་རྗེ་འདུལ་བ་ཡི། ། སེམས་ཅན་རྣམས་ལ་ཆོས་ཀུན་བསྟན་ནས་སླར་ཡང་མདུན་གྱི་ནམ་མཁར་བྱོན། །ཞེས་པ་ ལྟར་བསྐྱེད་ནས་སྐུ་རྡོ་རྗེ་འཛིན་པ་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་ གསོལ་བ་བཏབ་པ་དང༌། སྐུའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་བདག་ལ་ མངོན་པར་དབང་བསྐུར་བས་ལུས་ཀྱི་དྲི་མ་དག་པར་བསམ་ཞིང༌། སླར་ཡང་དཔྲལ་བར་ཟླ་ བ་ལ་སྐུ་རྡོ་རྗེ་བཀོད་ནས། (གཙོ་བོ་ལ་གསོལ་བ་གདབ་པ)དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་ རྗེ་གསུམ་གྱི་དངོས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་བརླབས་གནས་སུ་དིང་བདག་མཛོད། ། (འཁོར་ལ་གསོལ་བ་གདབ་པ)ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་ གསུམ་གྱི་དངོས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་བརླབས་གནས་སུ་དིང་བདག་མཛོད། ། ཅེས་ཀྱང་གསོལ་བ་བཏབ་པས་ལུས་ལ་སྐུ་རྡོ་རྗེས་བྱིན་གྱིས་བརླབས་པར་བལྟའོ། །དེ་ བཞིན་དུ། མགྲིན་པར་ར་ལས་ཉི་མའི་དཀྱིལ་འཁོར་ལ་ཨཱཿལས་བྱུང་བའི་པད་མ་དམར་པོ་ 7-1-219 འདབ་མ་བརྒྱད་པ་ཡོངས་སུ་གྱུར་པ་ལས། གསུང་གི་རྡོ་རྗེ་དམར་པོ་ཞལ་གསུམ་གཡས་ གཡོན་དཀར་དང་ནག་པའི་མདོག །ཕྱག་དྲུག་(གཡས་)པད་མ་འཁོར་ལོ་རྡོ་རྗེ་(གཡོན་)ནོར་བུ་ རལ་གྲི་དྲིལ་བུ་འཛིན། །ཡུམ་དང་བཅས་པ་ནམ་མཁར་འཕྲོས་ནས་གསུང་གི་རྡོ་རྗེ་འདུལ་བ་ ཡི། །སེམས་ཅན་རྣམས་ལ་ཆོས་ཀུན་བསྟན་ནས་སླར་ཡང་མདུན་གྱི་ནམ་མཁར་བྱོན། །ཞེས་ པ་ལྟར་བསྐྱེད་ནས། གསུང་རྡོ་རྗེ་འཛིན་པ་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་ གསོལ་བ་བཏབ་པ་དང༌། གསུང་གི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་དབང་བསྐུར་བས་ངག་གི་དྲི་ མ་དག་པར་བསམ་ཞིང་། མགྲིན་པའི་ཉི་མ་ལ་གསུང་རྡོ་རྗེ་བཀོད་ནས། དཔལ་ལྡན་གསུང་ གི་རྡོ་རྗེ་འཛིན། །ཞེས་པ་སོགས་(ཚིགས་བཅད་གཉིས་)སྔ་མ་ལྟར་སྦྱར་ཏེ་གསོལ་བ་བཏབ་པས། ངག་ལ་གསུང་གི་བྱིན་གྱིས་བརླབ་པར་བལྟའོ། །ཐུགས་ཁར་ཨཾ་ལས་སྒྲ་གཅན་གྱི་དཀྱིལ་ འཁོར་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནག་པོ་རྩེ་ལྔ་པ་ཡོངས་སུ་གྱུར་པ་ལས། ཐུགས་ཀྱི་རྡོ་རྗེ་ནག་ པོ་ཞལ་གསུམ་གཡས་གཡོན་དམར་དང་དཀར་བའི་མདོག །ཕྱག་དྲུག་རྡོ་རྗེ་འཁོར་ལོ་པད་ མ་དྲིལ་བུ་རལ་གྲི་ནོར་བུ་འཛིན། །ཡུམ་དང་བཅས་པ་ནམ་མཁར་འཕྲོས་ནས་ཐུགས་ཀྱི་རྡོ་ རྗེ་འདུལ་བ་ཡི། །སེམས་ཅན་རྣམས་ལ་ཆོས་ཀུན་བསྟན་ནས་སླར་ཡང་མདུན་གྱི་ནམ་མཁར་ བྱོན། །ཞེས་པ་ལྟར་བསྐྱེད་ནས། ཐུགས་རྡོ་རྗེ་འཛིན་པ་བདག་ལ་མངོན་པར་དབང་བསྐུར་དུ་ གསོལ་ཞེས་གསོལ་བ་བཏབ་པ་དང༌། ཐུགས་ཀྱི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་དབང་བསྐུར་ བས་སེམས་ཀྱི་དྲི་མ་དག་པར་བསམ་ཞིང༌། སྙིང་ཁའི་སྒྲ་གཅན་ལ་ཐུགས་རྡོ་རྗེ་བཀོད་ནས། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པས་ཀྱང་གསོལ་བ་བཏབ་པས་ སེམས་ལ་ཐུགས་རྡོ་རྗེས་བྱིན་གྱིས་བརླབ་པར་བལྟའོ། །དེ་རྣམས་ཀྱི་ང་རྒྱལ་བཟུང་བའི་ཆེད་ དུ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏ་ཏ་སྭ་བྷཱ་ཝ་ཨཱད་མ་ཀོ་ཧཾ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ གསུང་ཐུགས་ཀྱི་རང་བཞིན་གྱི་བདག་ཉིད་ང་ཡིན)ཞེས་བརྗོད་ཅིང༌། ཤེས་རབ་ཀྱི་ལྟེ་བར་ཧོཿ ལས་སྐུ་རྡོ་ 7-1-220 རྗེ་དང་གསང་བར་སྭཱ་ལས་གསུང་རྡོ་རྗེ་དང་གཙུག་ཏོར་དུ་ཧཱ་ལས་ཐུགས་རྡོ་རྗེ་རྣམས་ཀྱིས་ ཀྱང་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྲུང་འཁོར་དུ་བསྟན་པ་ལྟར་དབང་བཅུ་གཅིག་ གིས་དབང་བསྐུར་ནས་རིགས་ཀྱི་བདག་པོས་རྒྱས་གདབ་པར་བྱ་སྟེ། (མི་བསྐྱོད་པ་དང་རྡོ་རྗེ་སེམས་ དཔའ་རྣམ་ཤེས་ཡེ་ཤེས་སྦྱོར་བའི་ཕྱིར་) གཙོ་བོའི་སྤྱི་བོར་ཐུགས་རྡོ་རྗེ་གཙུག་ཏོར་དང་ཆོས་གོས་ འཛིན་པ་རྡོ་རྗེ་དཀྱིལ་དཀྲུང་གི་གནས་ཤིང་ས་ལ་རེག་པའི་ཕྱག་རྒྱས་དེ་བཞིན་གཤེགས་པ་ ལ་དབུགས་འབྱིན་པར་མཛད་པས་དབུ་བརྒྱན་པར་བསམ་ཞིང༌། དེ་བཞིན་དུ་(གཟུགས་སེམས་ ཀྱིས་སྣང་བར་བྱེད་པའི་ཕྱིར)རྣམ་པར་སྣང་མཛད་ལ་མི་བསྐྱོད་པ། (ལུས་ངག་གི་བརྗོད་པའི་ཕྱིར)སྣང་བ་ མཐའ་ཡས་ལ་རྣམ་པར་སྣང་མཛད། (རྡུལ་གཤེར་བའི་ཆོས་ཅན་གྱི་ཕྱིར)རིན་ཆེན་འབྱུང་ལྡན་ལ་སྣང་ བ་མཐའ་ཡས། (ཤ་ནི་ཁྲག་ལས་བྱུང་བའི་ཕྱིར)དོན་ཡོད་གྲུབ་པ་ལ་རིན་ཆེན་འབྱུང་ལྡན་རྣམས་ གཙུག་ཏོར་དང་ཆོས་གོས་འཛིན་པས་དབུ་བརྒྱན་པར་བསམ་མོ། །གཞན་ཡང་རིན་པོ་ཆེ་སྣ་ ཚོགས་ཀྱི་ཅོད་པན་ཅན་(རྣམ་པར་ཤེས་པའི་རིགས་ཅན)ལྗང་ཁུ་རྣམས་ལ་མི་བསྐྱོད་པ། (འདུ་བྱེད་ཀྱི་ རིགས་ཅན)ནག་པོ་རྣམས་ལ་དོན་ཡོད་གྲུབ་པ། (ཚོར་བའི་རིགས་ཅན)དམར་པོ་རྣམས་ལ་རིན་ཆེན་ འབྱུང་ལྡན། (འདུ་ཤེས་ཀྱི་རིགས་ཅན)དཀར་པོ་རྣམས་ལ་སྣང་བ་མཐའ་ཡས། (གཟུགས་ཀྱི་རིགས་ཅན་) སེར་པོ་ལ་རྣམ་པར་སྣང་མཛད། (ཡེ་ཤེས་རིགས་ཅན་)སྔོན་པོ་རྣམས་ལ་རྡོ་རྗེ་སེམས་དཔས་དབུ་ བརྒྱན་པར་བསྒོམ་མོ། །གཞན་ཡང་གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཨ་ལས་མི་ བསྐྱོད་པ། སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཨི་ལས་དོན་ཡོད་གྲུབ་པ། མགྲིན་པར་ཉི་ མ་ལ་རྀ་ལས་རིན་ཆེན་འབྱུང་ལྡན། དཔྲལ་བར་ཟླ་བ་ལ་ཨུ་ལས་སྣང་བ་མཐའ་ཡས། ལྟེ་ བར་དུས་མེ་ལ་ལྀ་ལས་རྣམ་པར་སྣང་མཛད། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཨཾ་ ལས་རྡོ་རྗེ་སེམས་དཔའ་སྟེ་རིགས་དྲུག་གི་སྒོ་ནས་སྐུ་ཡི་རྒྱས་བཏབ་པ་དང༌། ལྟེ་བར་སའི་ དཀྱིལ་འཁོར་ལ་ལྀ། སྙིང་ཁར་ཆུའི་དཀྱིལ་འཁོར་ལ་ཨུ། མགྲིན་པར་མེའི་དཀྱིལ་འཁོར་ལ་ 7-1-221 རྀ། དཔྲལ་བར་རླུང་གི་དཀྱིལ་འཁོར་ལ་ཨི། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ཨ་སྟེ། རིགས་ལྔའི་སྒོ་ནས་གསུང་གི་རྒྱས་བཏབ་པ་དང༌། དཔྲལ་བར་ཟླ་བ་ལ་ༀ། མགྲིན་པར་ཉི་ མ་ལ་ཨཱཿ། སྙིང་ཁར་སྒྲ་གཅན་ལ་ཧཱུཾ། ལྟེ་བར་དུས་མེ་ལ་ཧོཿ སྟེ་རིགས་བཞིའི་སྒོ་ནས་ཐུགས་ ཀྱི་རྒྱས་བཏབ་པ་དང༌། རྡོ་རྗེ་ནོར་བུ་གཞོམ་དུ་མེད་པ་ལ་ཨ་སྟེ་ཨ་ཡིག་ནི་གདོད་མ་ནས་སྐྱེ་ བ་མེད་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའི་ཞེས་པའི་རིགས་གཅིག་གི་སྒོ་ནས་ཡེ་ཤེས་ཀྱི་ རྒྱས་བཏབ་པར་བསམ་པར་བྱའོ། །དེ་ནས་སོ་སོའི་རྣམ་པར་དག་པ་དྲན་པར་བྱ་སྟེ། ལྷ་མོ་ (དོན་གྲུབ་ལ་སོགས་པ) (ནུས་མ་)རྣམས་སངས་རྒྱས་(བཞི་དང་སྒྲོལ་མ་ལ་སོགས་པ་)རིག་མ་(བཞི་དང་དཔག་ བསམ་གྱི་)ཤིང་དང་བཅས་ཤིང་(ལ་སོགས་པ་མཚན་མ་བཞི)བུམ་པ་དང་བཅས་(པ)རྒྱལ་བ་ཡི་ནི་དག་ པའི་སྐུ། (གཙུག་ཏོར་དང་སྒོ་བཞིའི)ཁྲོ་བོའི་དབང་པོ་(ལྔ་དང་)བྱང་ཆུབ་སེམས་དཔའ་(དྲུག་དང་)ངེས་ པར་རོ་ཡི་རྡོ་རྗེ་མ་(སྟེ་སེམས་མ་དྲུག་པོ་རྣམས)ནི་ཆོས་ཀྱི་སྐུ་དེ་ཉིད། །(གསུང་གི)རྣལ་འབྱོར་མ་(བདུན་ ཅུ་རྩ་གཉིས་པོ)རྣམས་ལོངས་སྤྱོད་(རྫོགས་པའི)སྐུ་སྟེ་(དེ་བཞིན་དུ)རབ་མཆོག་(སྐུའི)ཤིང་རྟ་ལ་གནས་ (པའི་ཁྲོ་བོ་ལྷ་མོར་བཅས་པ་དང་བདེན་བྲལ་ལ་སོགས་པའི)ལྷ་ནི་ཉི་མར་རབ་གྲགས་པ(སྟེ་བཅུ་གཉིས་པོ་འཁོར་ དང་བཅས་པ་དང་)། །ཀླུ་ནི་བརྒྱད་པོ་རྣམས་དང་རབ་གཏུམ་མ་རྣམས་འཁོར་དང་བཅས་པ་ སངས་རྒྱས་ཀྱི་ནི་སྤྲུལ་པའི་སྐུ(མངལ་དང་ཕྱི་རོལ་ལུས་པར་སྐུ་བཞིའི་དག་པའོ)། །དེ་བཞིན་(དུ)སླར་ཡང་ རྒྱལ་བའི་སྐུ་ནི་དབྱེ་བས་གཉིས་སུ་འགྱུར་ཏེ་(གཉིས་པོ་གང་ན་མངལ་གྱི)ཕྱི་རོལ་དག་དང་(མངལ་གྱི) ནང་དུ་ཡང་(ངོ་)། །མངལ་ནས་སྐྱེས་པ་(ལ་མངལ་དུ་སྐུ་བཞི་དང་ཕྱི་རོལ་དུ་སྐུ་བཞི་བསྟན་པ)ཇི་ལྟ་བ་ཉིད་དེ་ བཞིན་ཁོ་ནར་(ཐུགས་ཀྱི་དཀྱིལ་འཁོར་དང་དེའི་ཕྱི་རོལ་གྱི)དཀྱིལ་འཁོར་ལ་ནི་ངེས་པར་(སྐུ་བཞིར་)རབ་ ཏུ་འགྱུར(རོ)། །(དེ་ལ་མངལ་གྱི་སྐུ་བཞི་ནི)སྟོན་པ་(བཅོམ་ལྡན་འདས)ལྷ་མོ་(ནུས་མ་རྣམས་)སོགས་དང་ བུམ་པ་(བརྒྱད་དེ་འདི་རྣམས)ལྷན་སྐྱེས་རྒྱལ་བའི་སྐུ་སྟེ་དཀྱིལ་འཁོར་སྙིང་པོའི་དབུས་སུའོ། ། སངས་རྒྱས་(བཞི་དང་)ལ་སོགས་(པའི་སྒྲས་ཡུམ་བཞི་པོ་རྣམས)ཆོས་ཀྱི་སྐུ་སྟེ་ངེས་པར་རོ་ཡི་རྡོ་རྗེ་མ་ 7-1-222 (སྟེ་སེམས་མ་དྲུག་དང་)སོགས་(པའི་སྒྲས་སེམས་དཔའ་དྲུག་དང་)ལོངས་སྤྱོད་རྫོགས་པའི་སྐུ(འོ)། །(སྒོ་བཞིའི) ཁྲོ་བོ་སྤྲུལ་བའི་སྐུ་རུ་འགྱུར་ཏེ་(ཐུགས་ཀྱི)རིགས་ཀྱི་དབང་གིས་དཀྱིལ་འཁོར་གྱི་ནི་སྙིང་པོར་ ཡང་དག་གནས(ཏེ་མངལ་དུ་སྐུ་བཞིའི་དག་པའོ)། །ཕྱི་(ཕྱི་རོལ་དུ་སྐུ་བཞི་ནི་ཐུགས་ཀྱི)རོལ་དུ་ནི་(གསུང་གི)ཙཱ་ མུཎ་ཌ་ལ་སོགས་པ་ལྷ་མོ་བརྒྱད་པོ་འཁོར་དང་བཅས་པ་དག་པའི་སྐུ(འོ)། །(སྐུའི)ལྷ་(བཅུ་གཉིས་ འཁོར་དང་བཅས་པ)ལ་སོགས་པ་ཆོས་ཀྱི་སྐུ་སྟེ་མཐའ་དག་གདེངས་ཅན་རིགས་(ཀླུ་རྣམས་)ཀྱང་ འདིར་ནི་ལོངས་སྤྱོད་རྫོགས་པའི་སྐུ(འོ)། །(དུར་ཁྲོད་ཀྱི་)གཏུམ་མོ་(འཁོར་དང་བཅས་པ)རྣམས་ནི་ སྤྲུལ་པའི་སྐུར་འགྱུར་(ཏེ་དེ་ཡང་)མི་ཡི་བདག་པོ་སེམས་ཅན་ཀུན་གྱི་དོན་གྱི་སླད་དུ(ཕྱི་རོལ་གྱི་སྐུ་ བཞི་དག་པ)འོ། །(ཡང་སྐུ་དང་རྡོ་རྗེ་བཞི་ཕན་ཚུན་སྦྱར་ནས)སྐུ་ཡི་རྡོ་རྗེ་(དང་)ལྷན་ཅིག་སྐྱེས་པའི་སྐུ་ནི་(ཕན་ ཚུན)ཟུང་དུ་འགྱུར་ཏེ་གཟུགས་ནི་རྫོགས་པའི་སླད་དུ་དུའོ། །གསུང་གི་རྡོ་རྗེ་དང་ནི་ཆོས་ཀྱི་སྐུ་ ཟུང་དུ་འགྱུར་ཏེ་ཆོས་ཉིད་བསྟན་པའི་དོན་དུའོ། །ཐུགས་དང་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ ཟུང་དུ་འགྱུར་ཏེ་སེམས་ཅན་ཀུན་གྱི་དོན་ནི་བྱེད་པ་པོ། །ཡེ་ཤེས་དང་ནི་སྤྲུལ་པའི་སྐུ་དག་ ཟུང་དུ་འགྱུར་ཏེ་སྲོག་ཆགས་རྣམས་ལ་ཐར་པ་སྟེར་པ་ཉིད། །(དེ་ལྟར་སྦྱར་བའི་སྐུ་བཞི་དང་རྡོ་རྗེ་བཞི་པོ་ རྣམས་ཀྱི)ཤེས་རབ་(དང་)ཐབས་ཀྱི་ལུས་དང་བསམ་པ་མཉམ་(པའི་རིགས་རྡུལ་ལས་བྱུང་བ)དང་མི་ མཉམ་(པ་)རིགས་(ཁུ་བ་ལས་བྱུང་བ)ནི་(རིམ་པ་ལྟར)ཉི་(མ་དང་)ཟླ་(བ་དང་)ཨ་སོགས་(དབྱངས་རྣམས་)ཀ་ སོགས་(གསལ་བྱེད་རྣམས་)དང༌། །རྣམ་གསུམ་སྲིད་པ་ལ་གནས་ཡེ་ཤེས་(ཀྱི་དབྱེ་བ་དགའ་བཞིའམ་བཅུ་ དྲུག་དང་)རྣམ་ཤེས་(ཀྱི)དབྱེ་བ་(སྐྱེ་མཆེད་བཅུ་གཉིས་ཀྱི་དབྱེ་བ)དག་གིས་རྣལ་འབྱོར་པ་ཡི་རིག་པར་ བྱ(ཞེས་པ་དང་)། །(དེ་བཞིན་དུ་རྩའི་དག་པ་ནི)བུམ་པ་རྣམས་དང་དུ་བ་ལ་སོགས་(ནུས་མ)བརྒྱད་པོ་ རྣམས་ཀྱིས་སྙིང་ཁར་ཆོས་ཀྱིས་འཁོར་ལོ(འི་རྩ་བརྒྱད་པོ་དག་པ)ར་རབ་ཏུ་འགྱུར། །རིག་མ་(བཞི་ པོ)རྣམས་དང་སངས་རྒྱས་(བཞི་པོ)ཉིད་ཀྱིས་(ལུས་དང་བསམ་པས་ཕྱེ་བ་བཅུ་དྲུག་གི)མགོ་བོར་རྩིབས་ བཅུ་དྲུག་པ་ལྷན་གཅིག་སྐྱེས་པར་རབ་ཏུ་གྲགས(ཤིང་མཚན་མ་བཞི་པོས་གཙུག་ཏོར་གྱི་རྩ་བཞི་རྣམ་པར་ 7-1-223 དག་པ)། །བྱང་ཆུབ་སེམས་དཔའ་ལ་སོགས་(པ་སེམས་མ་དྲུག་དང་ཁྲོ་བོ་བཞི་སྟེ་བཅུ་དྲུག་པོ་ཐབས་ཤེས་ཀྱི་དབྱེ་ བས)ཉིས་འགྱུར་མི་བདག་(སྟེ་སུམ་ཅུ་རྩ་གཉིས)རྣམས་ཀྱིས་མགྲིན་པར་ལོངས་སྤྱོད་རྫོགས་པའི་ འཁོར་ལོ་(དག་པ་)འགྱུར(ཞིང་)། །(འཁོར་གྱི་ལྷ་མོ)འཇིགས་མ་ལ་སོགས་ནོར་(བརྒྱད་)ནི་གདེངས་ ཅན་(བརྒྱད་)དག་གིས་བསྒྱུར་བ་(དྲུག་ཅུ་རྩ་བཞི་པོ)རྣམས་ཀྱིས་ལྟེ་བར་སྤྲུལ་བའི་འཁོར་ལོ་འགྱུར། ། (བཅུ་གཉིས་པོ་འཁོར་དང་བཅས་པ)ལྷ་རྣམས་ཀྱིས་ནི་ལས་ཀྱི་འཁོར་ལོ་ལག་པ་(དང་)རྐང་པའི་ ཚིགས་(བཅུ་གཉིས)ལ་དགུ་བཅུ་དུས་ཀྱིས་(སྟེ་བཞི་ཡིས)བསྣུན་པ་(སུམ་བརྒྱ་དྲུག་བཅུའི་རྩ་དག་པ་)སྟེ། །ཀླུ་ (བརྒྱད)དང་གཏུམ་མོ་(བརྒྱད་དེ)མི་ཡི་བདག་པོ་(བཅུ་དྲུག)རྣམས་ཀྱིས་(ལུས་དང་བསམ་པའི་དབྱེ་བས) སོར་མོའི་ཚིགས་ཀྱི་འཚམས་[མཚམས་]ལ་བྱ་བ་ཞེས་བྱར་འགྱུར། །ལོ་(གཅིག)དང་ཟླ་བ(འི་ དབྱེ་བས་ཁྱིམ་བཅུ་གཉིས)་ལ་སོགས་དབྱེ་བའི་དུས་ཀྱི་(ཡན་ལག་བཅུ་གཉིས་རྒྱུ་དང་འབྲས་བུས་བསྡུས་པ་འགགས་ པ)དཔལ་ལྡན་རྡོ་རྗེ་ཅན་(དུ)འགྱུར་(རོ)མི་ཡི་བདག །ཉིན་ཞག་སོ་སོ་(དུས་སྦྱོར་བཅུ་གཉིས)རྣམ་ པར་དག་པའི་དབང་གིས་སྣ་ཚོགས་ཡུམ་ནི་(རྣམ་པར་དག་པའི)སེམས་ཀྱི་རྣམ་པ་(སྟེ་དེ་ནི་)ཉིན་ མཚན་(དུ་སྲོག་ལ་ཞེན་པའི་རྣམ་ཤེས་འཁོར་བ)མིན། །རླུང་གི་(རླུང་)དག་པས་དུ་བ་ལ་སོགས་(ནུས་མ་བཅུ་ ནི)རང་གི་སྙིང་ཁའི་པད་མར་(མཉམ་གནས་ལ་སོགས་པའི་རྟེན)རྩའི་འཁོར་ལོ་ལ་གནས་རྣམས(དག་ ལ)། །ཉོན་མོངས་(བཞི་པོ)རྣམས་(ཟ་བ་ཉིད)ཀྱིས་དྲག་པོ་ཆུང་མར་བཅས་པ་ཁྱབ་བདག་(གི) ཞབས་(གཡོན་)ཀྱི་འོག་ཏུ་(མནན་ཅིང་)བདུད་ཀྱི་ཚོགས་ཀྱིས་(ཞབས་གཡས་ཀྱི་འོག་ཏུ)བདུད(མནན་ པའོ)། །དེ་བཞིན་(དུ་རིམ་པ་ལྟར)དུང་དང་གཎ་ཌཱི་(དང་)ནོར་བུ་(དང་)ལྗོན་པ་ཞེས་པ་དག་ཀྱང་ སྐུའི་རྡོ་རྗེ་(དང་)ལ་སོགས་(གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས)ཀྱིས(སོ)། །(ཕྱོགས་བཞིའི)བུམ་པ་ བརྒྱད་ནི་བདུད་རྩིའི་ཡན་ལག་(རྐང་དང་ཁྲག་དང་གཅི་བ་དང་བཤང་པ་རྣམས་འགགས་པའི་བུམ་པ་གཉིས་གཉིས་ དག)གིས་ཏེ་རྒྱལ་དང་(དག་པ་རིན་ཆེན་འབྱུང་ལྡན་དང་)རྣམ་རྒྱལ་བུམ་པ་བྱང་ཆུབ་སེམས་(དང་) སོགས་(པ་རྡུལ་འགགས་པ་ཉིད་)ཀྱིས། །འདུ་བྱེད་(གཞན)དོན་ཡོད་གྲུབ་པ་(དང་)ཚོར་བ་(དང་)དྲི་མེད་ 7-1-224 ནོར་བུའི་ཕྱག་(རིན་ཆེན་འབྱུང་ལྡན)དང་འདུ་ཤེས་(གཞན)སྣང་བ་མཐའ་ཡས་ཏེ། །གཟུགས་(གཞན) ནི་འཁོར་ལོ་ཅན་(རྣམ་པར་སྣང་མཛད་དང་)ནོ་(ཡང་)རི་བོང་ཅན་(ཡང་སྟེ་ཁུ་བ་དག་པ་མི་བསྐྱོད་པ)དང་ སྟོབས་(ཏེ་ཤ་དག་པ་དོན་ཡོད་གྲུབ་པ་དང་)ཁྲག་(དག་པ་རིན་ཆེན་འབྱུང་ལྡན་དང་)བཤང་པ་(དག་པ་རྣམ་པར་སྣང་ མཛད་དང་)གཅི་བ་རྣམས་པར་དག་པ(འོད་དཔག་ཏུ་མེད་པ)འོ། །(སྣ་ཚོགས་ཡུམ་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ མ་དང༌། གོས་དཀར་མོ་དང༌། མ་མཱ་ཀི་དང་སྤྱན་མ་སྟེ)ལྷ་མོ་དྲུག་ནི་(རིམ་པ་ལྟར་ཡེ་ཤེས་ནམ་མཁའ་རླུང་མེ་ས་ཆུའི) ཁམས་(འགགས་པས་གཞན་ཁམས་དེ)རྣམས་ཀྱིས་ཏེ་(དེ་བཞིན་དུ)ཡུལ་(དྲུག)དང་ཡུལ་ཅན་རྣམས་ (འགགས་པས་གཞན་ཁམས་དེ་རྣམས་)ཀྱིས་བྱང་ཆུབ་སེམས་དཔའ་(དྲུག་དང་)ཕྱག་རྒྱར་(མ་སྟེ་སེམས་མ་དྲུག་ དང་)བཅས། །(ཐུགས་ཀྱི)ཁྲོ་བོ་ལྔ་ནི་(རིམ་པ་ལྟར་དད་པ་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་ཀྱི)སྟོབས་ ལྔ་རྣམས་ཀྱིས་ཏེ་ངེས་པར་སླར་ཡང་གཞན་པ་(སྐུའི་[ཀླུའི]ཁྲོ་བོ་གནོད་མཛེས། དབྱུག་སྔོན། ཊཀ་ཀི མི་གཡོ་ བ། སྟོབས་པོ་ཆེ)ལྔ་ནི་དབང་པོ་གཞན་(བྷ་ག་ངག་ལག་པ་རྐང་པ་བཤང་ལམ)རྣམས་ཀྱིས། །(དེ་བཞིན་དུ་ལས་ ཀྱི་དབང་པོའི་ཡུལ་རྣམས་འགགས་པས་དྲག་སྤྱན་མ་ལ་སོགས་པའི་ཁྲོ་མོ་རྣམས་སོ)ཙཱའ་མུན་ཌཱ་སོགས་(གསུང་གི་གཙོ་ མོ་བརྒྱད)ཐུན་(ཚོད)བརྒྱད་(འགགས་པ་ཉིད་)ཀྱིས་ཏེ་(དེ་བཞིན་དུ)པད་མའི་འདབ་མར་གནས་རྣམས་ (ནི)ཉི་མའི་དུས་སྦྱོར་(དེ་དུས་སྦྱོར་བཅུ་གཉིས་ཀྱི)ཆུ་ཚོད་(དྲུག་ཅུ་དང་སྟོང་པ་བཞི་རྣམས)ཀྱིས(སོ)། །ལྷ་མིན་ (ཏེ་བདེན་བྲལ)ལ་སོགས་(པ་བཅུ་གཉིས་ནི)ཉི་མ(སྟེ་ཟླ་བ་བཅུ་གཉིས་སོ)འི་ཟླ་བས་(སོ) (འགགས་པས)པད་ མའི་(དེ་བཞིན་དུ་དེ་དག་གི)འདབ་མར་གནས་(པའི་ལྷ་མོ)རྣམས་(མཆོད་པའི་ལྷ་མོ་བཅུ་གཉིས་དང་ལྷན་ཅིག་ སུམ་བརྒྱ་དྲུག་ཅུ་ནི་ཕྱི་རོལ་དུ་ཉིན་ཞག་དང་ནང་དུ)ཆུ་ཚོད་(གཅིག་གི)དབུགས་ཀྱི་གྲངས་ཀྱིས་སོ། །གསང་ བར་མི་བདག་ཉིས་འགྱུར་ཆུ་ཚོད་(དེ་སུམ་ཅུ་རྩ་གཉིས)རྣམས་ཀྱིས་ཀླུ་(བརྒྱད)རྣམས་དང་ནི་གཏུམ་ མོ(ར)་རྣམས་ཀྱང་རྣམ་པར་དག །དེ་བཞིན་(དུ)འདོད་མ་(སུམ་ཅུ་རྩ་དྲུག་དང་)ལ་སོགས་(པ་ཕྱིར་ འདོད་མ་སུམ་ཅུ་རྩ་དྲུག་པོ)དེ་དག་རང་བཞིན་ཡོན་ཏན་དབང་གིས་ལུས་ཀྱི་བྱ་བ་རྣམ་པར་དག །སྐྲ་ རྣམས་ཀྱིས་ནི་གྲུབ་པ་མཐའ་དག་(དེ་བཞིན་དུ)བ་ཡུ་རྣམས་ཀྱིས་དུད་ཁྲོད་ས་གཞི་ལ་གནས་ 7-1-225 འབྱུང་པོའི་ཚོགས། །དེ་ཉིད་(དེ་གཙོ་བོ་ཉི་ཤུ་རྩ་བཞི)རྣམས་ཀྱིས་གཙོ་བོའི་མཚོན་ཆ་(ཉི་ཤུ་རྩ་བཞི་པོ་སྟེ་ དེ་བཞིན་དུ་ས་ལ་སོགས་པའི)རང་བཞིན་(གྱི)ཡོན་ཏན་(དྲི་ལ་སོགས་པའི)དབང་གི་ཁམས་(འགགས་པ་ཉིད) ཀྱིས་ཕྱི་ཡི་ཕྱག་རྒྱ(དྲུག་པོ)འོ། །(སྐུ་གསུང་ཐུགས་ཡེ་ཤེས)རྡོ་རྗེས་ནང་གི་ཕྱག་རྒྱ་(བཞི)རྡོ་རྗེ་འཛིན་ པའི་ཐུགས་ཁར་ཟླ་བའི་སྟེང་དུ་ཡང་དག་གནས་པའོ། །དཔལ་ལྡན་རྡོ་རྗེ་ཅན་དང་སྣ་ཚོགས་ ཡུམ་(རིམ་པ་ལྟར)ནི་རྣམ་གསུམ་(ཏེ་གཙོ་བོ་ཉི་ཤུ་རྩ་བཞི)སྲིད་གནས་(ལྷན་ཅིག་སྐྱེས་པའི་དགའ་བ་མཆོག་ཏུ) འགྱུར་(བ)མེད་(པའི་བདེ་བ་དང་སྟོང་ཉིད་ཀྱི)ཡེ་ཤེས་དབྱེ་བ་ལས(སོ)། །(ཀུན་རྫོབ་ཏུ་འཕོ་བའི་བདེ་བ་ཤིན་ཏུ་ གཉིད་ལོག་པར་འགྱུར་ཞིང༌། དེ་ལས་རྨི་ལམ་དང༌། དེ་ལས་སད་པར་འགྱུར་བ་ལྟར)དཔལ་ལྡན་དག་པ་ལས་ནི་ ཆོས་སྐུར་འགྱུར་ཏེ་ཆོས་ལས་ངེས་པར་ལོངས་སྤྱོད་རྫོགས་སྐུ་བཟང་པོའོ། །ལོངས་སྤྱོད་ལས་ ནི་སྤྲུལ་པའི་སྐུ་རུ་འགྱུར་ཏེ་རྒྱལ་བའི་བདག་པོ་སེམས་ཅན་ཀུན་དོན་བྱེད་པའོ། ། བཞི་པའི་གནས་སྐབས་(དང་)ཤིན་དུ་[ཏུ་]གཉིད་ལོག་(པ་དང་)ངེས་པར་སླར་ཡང་གཞན་ (རྨི་ལམ)དང་ལུས་ཀྱི་དབྱེ་བས་སད་པ་སྟེ། །དེ་ལྟར་ལུས་ཀྱི་རབ་ཏུ་དབྱེ་བས་སྲོག་ཆགས་ རྣམས་ཀྱི་ལུས་ལ་ཡིད་ནི་(གནས་སྐབས)རྣམ་པ་བཞི་རུ་(མངལ་དང་ཕྱི་རུ)གནས། །(དེ་ཡང་)སྤྲུལ་པར་ (ཏེ་སད་པའི་གནས་སྐབས་སུ)ཡིད་ནི་(ཡུལ་རྣམས་ལ)ལོངས་སྤྱོད་བྱེད་པ་པོ་རུ་རབ་ཏུ་འགྱུར་(ཏེ་གང་གིས་ སྤྱོད་ན)ལུས་དང་གི་དབང་པོས་སོ། །ལོངས་སྤྱོད་རྫོགས་ལ་(སྟེ་རྨི་ལམ་དུ)མ་མཐོང་(བའི་ཡུལ་བེམ་པོ་ རྣམས་ལ)སེམས་དཔར་འགྱུར་ཏེ་(དེ་ཡང་)ཡོན་ཏན་(ཏེ་ཡུལ་གྱི་བག་ཆགས་ཀྱི)དབང་གིས་(སོ་དེ་བཞིན་དུ) ཆོས་ཀྱི་སྐུ་ལ་གཉིད་ཀྱང་ངོ༌། །དག་པ་(བཞི་པའི་གནས་སྐབས)ལ་ནི་བདེ་བར་རབ་(ཏུ་)འགྱུར་(ཏེ་ དེ་ཡང་)འདི་ནི་ཉིན་མཚན་དུས་སུ་ཐིག་ལེ་གྲོལ་བ་གསུམ་གྱི་མཐར(བཞི་པ་ལྷན་ཅིག་སྐྱེས་པའི་དགའ་ བའོ)། །དེ་ཕྱིར་དེ་ནི་ཉིན་མཚན་དུས་སུ་(ཡན་ལག་དྲུག་གིས)རྣལ་འབྱོར་པ་ཡིས་བསྒོམ་པར་བྱ་སྟེ་ འགྱུར་མེད་དོན་དུའོ། །(འཁོར་བ་པའི)གཡོན་དུ་སྲོག་ནི་རབ་ཏུ་རྒྱུ་བར་འགྱུར་བ་དེ་བཞིན་དུ་ ནི་གཡས་པ་བསྐུམ་པ་གང་ཡིན་པ། །(དག་པ)དེ་ནི་གཡོན་བརྐྱང་སྟབས་ཏེ་(དེ་བཞིན་དུ་)མཉམ་ 7-1-226 པའི་སྟབས་དང་གཞན་པ་གཡས་བརྐྱང་(ནི་གྲངས་བཞིན་དུ)མེ་(སྟེ་དབུ་མ་ནས་རྒྱུ་བ)དང་ཉི་མའི་(སྟེ་ གཡས་)རྒྱུ་བ་(དག་པ)ལས(སོ) ། ས་ག་དང་ནི་ཟླུམ་པོ་ཉིད་དང་མཆོག་གི་རོལ་པའི་སྟབས་དང་ པད་མ་དང་ནི་རྡོ་རྗེའི་གདན(ནི་རིམ་པ་ལྟར)། །མཉམ་(པ་གཡས)དང་མི་མཉམ་(པ་གཡོན་གྱི)བགྲོད་ པ་དག་ལ་ནམ་མཁའ་(དང་)ལ་སོགས་(ས་རླུང་མེ་ཆུ་ས)རབ་ཏུ་རྒྱུ་བའི་སྲོག་རླུང་རྣམ་པ་ལྔ(དག་པའོ་ ཞེས་པ་དང་)། །(ཡང་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་པོ་རེ་རེ་ལ་ཡང་གསུམ་གསུམ་འགྱུར་ཏེ)དཔལ་ལྡན་རྡོ་ རྗེ་ཅན་ནི་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་(དེ་བཞིན་དུ)མི་(ཡི)བདག་དཀྱིལ་འཁོར་(ནི་རང་རང་གི)སྐུ་ཡི་ རྡོ་རྗེའོ། །ཟླ་བ་ཉི་མ(ལ་སོགས་པ)འི་(རང་རང་གི་གདན)སྟེང་དུ་ཨཱ་ལི་ཀཱ་ལིའི་རིགས་(ཀྱི་ས་བོན་ལས) སྐྱེས་(པ་རང་གི)ལྷ་རྣམས་(ཀྱི)འཁོར་ལོ་(ནི)གསུང་གི་རྡོ་རྗེའོ། །ཞེས་པ་ལ་སོགས་པས་སོ། །དེ་ དག་ནི། གསུང་རྡོ་རྗེའི་རྣལ་འབྱོར་ཉེ་བར་སྒྲུབ་པའི་ཡན་ལག་ལས་རྒྱལ་མཆོག་གོ། །། གསུམ་པ་ཐུགས་རྡོ་རྗེ་སྒྲུབ་པའི་ཡན་ལག་ཐིག་ལེའི་རྣལ་འབྱོར་ནི། ཡབ་ཡུམ་གཉིས་ ཀའི་གནས་དྲུག་ཏུ། ༀ་ཨཱཿཧཱུཾ་ཧོཿསྭཱཧཱ་བཀོད་ཏེ[དེ]། གསང་གནས་ཨཱཿ ལས་པད་མ་ཧཱུཾ་ ལས་བྱུང་བའི་རྡོ་རྗེས་མཚན་པ་དང༌། ཧཱུཾ་ལས་རྡོ་རྗེ་ཨཱཿ ལས་བྱུང་བའི་པད་མས་མཚན་པར་ བསྒོམས་ནས་སྙོམས་པར་ཞུགས་པ་ལས་ལྟེ་བའི་ཧོཿ ཡིག་གློག་དང་མཚུངས་པ་གཏུམ་མོ་ཡེ་ ཤེས་ཀྱི་མེ་རབ་ཏུ་འབར་བས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཅན་གཡོན་ཕུང་པོ་ལྔའི་ རླུང་དང༌། སྤྱན་མ་ལ་སོགས་པའི་རང་བཞིན་ཅན་གཡས་ཁམས་ལྔའི་རླུང་རྣམས་བསྲེགས་ ཤིང༌། མིག་ལ་སོགས་པའི་དབང་པོ་རྣམས་གཟུགས་ལ་སོགས་པའི་ཡུལ་ལ་འཇུག་པ་གཟུང་ འཛིན་གྱི་རྣམ་རྟོག་མཐའ་དག་བསྲེགས་ནས། སྤྱི་བོའི་ཧཾ་ཡིག་ཞུ་བ་ལས་ཐིག་ལེའི་རྒྱུན་ བབས་པས་མགྲིན་པར་སླེབས་པས་དགའ་བ། སྙིང་ཁར་མཆོག་དགའ། ལྟེ་བར་ཁྱད་པར་གྱི་ དགའ་བ། གསང་བར་ལྷན་ཅིག་སྐྱེས་པའི་དགའ་བ་མངོན་དུ་བྱས་པར་བསམ་ཞིང༌། ༀ་སརྦ་ ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི)ཨ་ཛྙཱ་ན་པཱུ་ཛ(ཡེ་ཤེས་ཀྱི་མཆོད་པ)། ཨ་ནུ་རཱ་ག་ཎ(རྗེས་སུ་ 7-1-227 ཆགས་པའི)། བཛྲ་སྭབྷཱ་བ་ཨཱ་མ་ཀོ་ཧཾ་(རང་བཞིན་གྱི་བདག་ཉིད་ང་ཡིན)ཧཾ་ཞེས་ང་རྒྱལ་བཟུང་བར་བྱ་སྟེ་ ཡས་འབབ་ཀྱི་དགའ་བ་བཞི་ལ་བརྟེན་ནས་ཐིག་ལེ་རྒྱས་པ་ལ་དམིགས་པ་ནི་ཐིག་ལེའི་རྣལ་ འབྱོར་རོ།། །། ༈ བཞི་པ་ཡེ་ཤེས་རྡོ་རྗེ་སྒྲུབ་པ་ཆེན་པོའི་ཡན་ལག་ཕྲ་མོའི་རྣལ་འབྱོར་ནི། སླར་ཡང་ བྱང་ཆུབ་སེམས་ཀྱི་ཐིག་ལེའི་ཇི་ལྟར་བྱོན་པ་དེ་བཞིན་དུ་གྱེན་དུ་གཤེགས་པས། ལྟེ་བར་རྒྱུ་ མཐུན་པའི་འབྲས་བུ་ལྷན་ཅིག་སྐྱེས་པའི་སྐུ་དང༌། སྙིང་ཁར་རྣམ་པར་སྨིན་པའི་འབྲས་བུ་ ཆོས་ཀྱི་སྐུ་དང༌། མགྲིན་པར་སྐྱེས་བུ་བྱེད་པའི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དཔྲལ་བར་དྲི་མ་དང་བྲལ་བའི་འབྲས་བུ་སྤྲུལ་བའི་སྐུ་རྣམས་མངོན་དུ་གྱུར་པར་བལྟ་ཞིང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངའ་བདག)། བཛྲ་སཏྭ་ཧཾ(རྡོ་རྗེ་སེམས་ དཔའ་དང་)། དུར་དཱན་ཏ་ད་མ་ཀ་(གདུལ་ཀ་བ་འདུལ་བ་པོ)ཧུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་པས་ང་རྒྱལ་བཟུང་ བར་བྱ་སྟེ། མས་བརྟན་གྱི་དགའ་བ་བཞི་ལ་བརྟེན་ནས་བདེ་བ་རྒྱས་པ་ལ་དམིགས་པ་ནི་ ཕྲ་མོའི་རྣལ་འབྱོར་རོ། །དེ་དག་ནི་བསྐྱེད་རིམ་གྱི་སྐབས་སུ་མོས་པ་ཡིད་ལ་བྱེད་པ་ཙམ་སྟེ། རྫོགས་རིམ་གྱི་སྐབས་སུ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་བསྒོམ་ཚུལ་ནི་ཡན་ལག་དྲུག་གི་རྣལ་ འབྱོར་ལས་ཤེས་པར་འགྱུར་རོ།། ༈ །། ༈ རྗེས་སུ་བཟླས་པ་བྱ་བ་ནི། རང་གི་གྲོགས་སུ་གྱུར་པའི་སྔགས་རྣམས། བགྲང་ཕྲེང་ ལ་སོགས་པ་ལས་དང་རྗེས་སུ་མཐུན་པས་སོ། །དེ་ལ་དུས་ཀྱི་འཁོར་ལོ་ཤེས་རབ་དང་བཅས་ པའི་སྔགས་ནི། ༀ་ཧྐྵྨླྺྼྻྂ་ཞེས་པ་སྟེ་མཐར་སྭཱཧཱ་ཞེས་པ་ལ་སོགས་པ་སྦྱར་བ་དང༌། (སྙིང་པོ་ནི)ༀ་ ཨཱཿཧཱུཾ་ཧོཿ ཧྐྵྨླྺྼྻྂ་ཞེས་པ་དང༌། ཉེ་བའི་སྙིང་པོ་ནི་ༀ་ཧྲཱཾ་ཧྲཱིཾ་ཧྲྼཱྀཾ་ཧྲཱུཾཧཱུཾ་ཧྲྀཾ་ཧྲཿ ཞེས་པའོ། ། དེ་བཞིན་དུ་ཕུང་པོ་ཁམས་དང་བཅས་པ་རྣམ་པར་དག་པ་རྒྱལ་བ་ཡབ་ཡུམ་གྱི་སྔགས་ནི། ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿ ཞེས་པ་དང༌། དབང་པོ་ཡུམ་དང་བཅས་པ་རྣམ་པར་ 7-1-228 དག་པ་སེམས་དཔའ་ཡབ་ཡུམ་གྱི་སྔགས་ནི། ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ ཞེས་པ་དང༌། ལས་དབང་ཡུལ་དང་བཅས་པ་རྣམ་པར་དག་པ་ཁྲོ་བོ་ཡབ་ཡུམ་གྱི་སྔགས་ནི། ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿ ཞེས་པ་རྣམས་ཀྱི་ཐོག་མར་ༀ་དང་མཐར་སྭཱཧཱ་ལ་སོགས་ པ་སྦྱར་བའོ། །གཞན་ཡང་(སྒྲུབ་ལེར་གསུངས་པའི་དོན་བསྡུས་པ)མིང་གི་དང་པོ་ཐུགས་ཀྱི་ རྡོ་རྗེ་བསྒོམ་པའི་དོན་དང་མིང་ཡིག་རྫོགས་པ་གསུང་གི་རྡོ་རྗེ་མཆོད་པའི་དོན་དང༌། (ཚིག་ ཀྱང་)མིང་ལས་ལྷག་པ་སྐུའི་རྡོ་རྗེ་བཟླས་པའི་དོན་དུ་གསུངས་ཤིང༌། (ཚིག་ཀྱང་)མིང་གི་ཡི་གེ་ ལས་ལྷག་པ་ཐུགས་དང་གསུང་གི་ཡི་གེ་དང་བཅས་པ་ནི་སྐུའི་རྡོ་རྗེའི་ཞེས་པ་དང༌། (ཡེ་ཤེས་ ལེའུར)ཐུགས་རྡོ་རྗེ་ཧུཾ་ཡིག་ཐུང་ངུ་གསུང་རྡོ་རྗེ་ཧཱུཾ་ཡིག་རིང་པོ་སྟེ་མཐར་ནི་ཕཊ་ཀྱི་ཡི་གེའོ་ཞེས་ གསུངས་པས་བསྙེན་པའི་དུས་སུ་མཚན་སོ་སོའི་དང་པོར་སྐུ་རྡོ་རྗེ་ༀ་དང་མཚན་ལས་ལྷག་པ་ ཐུགས་རྡོ་རྗེ་ཧུཾ་ཡིག་ཐུང་ངུ་དང༌། གསུང་རྡོ་རྗེ་ཧཱུཾ་ཡིག་རིང་པོ་དང༌། མཐར་སྐུ་གསུང་ཐུགས་ གསལ་བར་{མཛད་པ་ནི་{བྱེད་པ}ཕཊ་ཡིག་སྦྱར་ཏེ་བཟླས་པར་བྱ་ཞིང༌། ལས་སོ་སོ་ལ་ སྦྱོར་བ་ན། ན་མཿ ལ་སོགས་པའི་མཐའ་ཅན་འགྱུར་རོ། དེ་ཡང༌། །ༀ་ཤྲཱི་ཀཱ་ལ་ཙཀྲ་(དུས་ཀྱི་ འཁོར་ལོ)ཧུཾ་ཧཱུཾ་ཕཊ། ༀ་ཕྲེཾ་བི་ཤྭ་མཱ་ཏཱའ་(སྣ་ཚོགས་ཡུམ)ཧུཾ་ཧཱུཾ་ཕཊ་ཞེས་པ་དང༌། ནུས་མ་རྣམས་ ལ། ༀ་དཱ་ན་པཱ་ར་མི་ཏཱ་(སྦྱིན་པའི་ཕ་རོལ་དུ་ཕྱིན་པ)ཧུཾ་ཧཱུཾ་ཕཊ་ཅེས་པ་ལ་སོགས་པའམ་ཀྲྀཥྞ་དཱིཔྟཱ(ནག་ མོ་འབར་མ)། རཀྟ་དཱིཔྟཱ(དམར་མོ་འབར་མ)། ཤྭེ་ཏ་དཱིཔྟཱ(དཀར་མོ་འབར་མ)འི་པཱི་ཏ་དཱིཔྟཱ(སེར་མོ་འབར་མ)། དྷཱུ་མ་མ་(དུ་བ་མ)རི་ཙཱི(སྨིག་རྒྱུ་མ)། ཁ་དྱོ་ཏཱའ་(མེ་ཁྱེར་མ) པྲ་དཱི་པ(མར་མེ་མ)། ཞེས་པ་དང་། གཞན་ རྣམས་ཀྱང་མཆོད་པའི་སྐབས་ཀྱི་མཚན་རྣམས་ལ་བཞི་པའི་རྣམ་དབྱེ་མི་དགོས་ཤིང༌། ཐོག་ མཐའི་(མིང་ལས)ལྷག་པོ་རྣམས་སྦྱར་ཏེ་བཟླས་པར་བྱ་ཞིང༌། རྒྱས་པར་འདོད་ན་འཁོར་དང་ བཅས་པའི་མཚན་ལོགས་སུ་བཀོལ་བ་ལྟར་ཤེས་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་རྐང་པ་ བཅུ་དྲུག་པ་དང༌། བདུན་བཅུ་རྩ་གཉིས་པ། ཕྲེང་བའི་སྔགས་རྣམས་ཀྱང་སྔར་བསྟན་པ་ལྟར་ 7-1-229 བཟླས་པར་བྱའོ།། །། ༈ དེ་ནས་མཆོད་པ་དབུལ་བར་བྱ་སྟེ། (གཞུང་གི་དབུ་ཞབས་ནས)ཆུ་བཞི་(སྐབས་འདིར)མཆོད་ པ་བཅུ་གཉིས་དང༌། གཞན་ཡང་(རྒྱུད་ལས)མཆོད་པ་བཅུ་གསུམ་དང༌། (དུས་ཞབས་པས)རིན་ཆེན་ བདུན་དང་རྫས་བརྒྱད་དང༌། །འདོད་ཡོན་ལ་ཡང་དབུལ་བར་(གསུངས་པ་རྣམས)བྱ། །དེ་ཡང་ཇི་ ལྟར་འབྱོར་པའི་མཆོད་རྫས་རྣམས་ༀ་ཨཱཿཧཱུཾ་ཧྲཿཕཊ་ཅེས་པས་བསང་ཞིང་སྭཱ་བྷཱ་ཝས་སྦྱངས་ ཏེ། སྟོང་པའི་ངང་ལས་ཤེལ་དང་དངུལ་ལ་སོགས་པ་རིན་པོ་ཆེའི་སྣོད་རྣམས་ཀྱི་ནང་དུ་མིང་ ཡིག་གི་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ། བསང་གཏོར་ ཞལ་བསིལ། དྲི་དང་མེ་ཏོག སྤོས་དང་སྣང་གསལ། ཞལ་ཟས་འབྲས་བུ། སྒེག་པ་བཞད་པ། རོལ་མོ་གར་དང༌། གླུ་དབྱངས་འདོད་མ། རིན་ཆེན་གོས་རྒྱན། བ་དན་བླ་རེ་ལ་སོགས་པ་ ཡུལ་ས་དང་ནམ་མཁའ་ཁྱབ་པ། དུས་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བ། ངོ་བོ་བཟང་ ཞིང་རྒྱ་ཆེ་བ། བཀོད་པ་བསམ་གྱིས་མི་ཁྱབ་པ། བྱང་ཆུབ་སེམས་དཔའ་ཀུན་དུ་[ཏུ་]བཟང་ པོའི་རྣམ་པར་ཐར་པ་ལས་འབྱུང་བའི་མཆོད་པའི་སྤྲིན་ལྟ་བུར་མོས་ཤིང༌། ༀ་ཨཱཿཧཱུཾ་ཧོཿ ཞེས་ པས་བྱིན་གྱིས་བརླབས་ནས། མདུན་གྱི་ནམ་མཁར་རྒྱས་བསྡུས་སྐབས་དང་སྦྱར་བའི་ཡེ་ ཤེས་ཀྱི་འཁོར་ལོ་དྭངས་ཤིང་གསལ་བར་བསྒོམས་པ་ལ་དབུལ་བར་བྱའོ། །དང་པོར་ཆུ་བཞི་ དབུལ་བ་ནི། ༀ་ཨཱཿཧཱུྃ་ཧོཿ ཏྲཻ་དྷཱ་ཏུ་ཀེ་ཤྭ་ར(ཁམས་གསུམ་གྱི་དབང་ཕྱུག)། ཀཱ་ལ་ཙཀྲ་(དུས་ཡི་འཁོར་ལོ) ཨཱརྒཾ་པྲ་ཏཱིཙྪ་(མཆོད་ཡོན་སོ་སོར་བཞེས)ས་པ་རི་ཝཱ་རཿ(འཁོར་དང་བཅས་པ)ཏྭཱཾ་(ཁྱེད)བྷ་ག་ཝཱན(བཅོམ་ལྡན་ འདས)། མེ་(བདག་ལ)བ་ར་དོ་(མཆོག་སྩལ་ཏུ་གསོལ)ཤི་ཥྱ་ནཱཾ་ཙ་(སློབ་མ་རྣམས་ལ་ཡང་)ཞེས་པའི་རྗེས་སུ། (དེ་ཉིད་བོད་སྐད་དུ་བསྡེབས་པ)སྐུ་བཞིའི་བདག་ཉིད་(ནི་ཡི་གེ་བཞིའི་དོན་ནོ)ཁམས་གསུམ་དབང་ཕྱུག་ ཆེ(ཆེ་ཞེས་པ་ནི་ཁ་བསྐང་བའོ)། །དུས་ཀྱི་འཁོར་ལོ་མཆོད་ཡོན་སོ་སོར་བཞེས། །བཅོམ་ལྡན་འདས་ ཁྱོད་འཁོར་དང་བཅས་པ་ཡིས། །བདག་དང་(སློབ་མ་ལ་ནི)འགྲོ་ལ་(ཞེས་པར་འདོན་པ་བསྒྱུར་བའོ) 7-1-230 མཆོག་རྣམས་བསྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཀཱ་ལ་ཙཀྲ་པ་པ་རི་ཝཱ་རཿ(དེ་བཞིན་ གཤེགས་པ་ཐམས་ཅད་དང་དཔལ་དུས་ཀྱི་འཁོར་ལོ་འཁོར་དང་བཅས་པ) ཨརྒྷཾ་པྲ་ཏཱིཙྪ་ན་(མཆོད་ཡོན་སོ་སོར་བཞེས) མཿ དེ་བཞིན་དུ་སྦྱར་ཏེ། ཞབས་བསིལ། པཱདྱཾ། བསང་གཏོར། པྲོ་ཀྵ་ཎཾ(བསང་གཏོར)། ཞལ་ བསིལ། ཨ་ཙ་མ་ནཾ་(ཞབས་བསིལ) ཞེས་པ་རྣམས་ཀྱིས་སོ། །མཆོད་པ་བཅུ་གཉིས་ནི། རབ་ འབྱམ་[འབྱམས་]ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། །དྲི་མཆོག་མཆོད་སྤྲིན་རྒྱ་ མཚོས་རབ་བཀང་སྟེ། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །མ་ལུས་འགྲོ་བའི་ དོན་དུ་བཞེས་སུ་གསོལ། །དེ་བཞིན་དུ། མེ་ཏོག་བདུག་སྤོས། སྣང་གསལ། ཞལ་ཟས། འབྲས་བུའི་སྒེག་པའི། བཞད་པའི། སིལ་སྙན། གར་གྱི། གླུ་དབྱངས། འདོད་པའི་མཆོད་ སྤྲིན་རྒྱ་མཚོས་རབ་བཀང་སྟེ། ཞེས་པ་ལ་སོགས་པ་དང༌། ༀ་བཛྲ་(རྡོ་རྗེ)གན་དྷཾ་(དྲི་ཆབ)པྲ་ཏིཙྪ་ (སོ་སོར་བཞེས)ན་མཿ ༀ་བཛྲ་(རྡོ་རྗེ)པུཥྤཾ་(མེ་ཏོག)པྲ་ཏིཙྪ་(སོ་སོར་བཞེས)ན་མཿ ༀ་བཛྲ་(རྡོ་རྗེ)དྷཱུ་པཾ་ (བདུག་སྤོས)པྲ་ཏཱི་ཙྪ་(སོ་སོར་བཞེས)ན་མཿ ༀ་བཛྲ་(རྡོ་རྗེ)དཱི་པཾ་(སྒྲོན་མེ)པྲ་ཏཱིཙྪ་(སོ་སོར་བཞེས)ན་མཿ ༀ་ བཛྲ་(རྡོ་རྗེ)ནཻ་བེ་དྱཾ་(ཞལ་ཟས)པྲ་ཏཱིཙྪ་(སོ་སོར་བཞེས)ན་མཿ ༀ་བཛྲ་(རྡོ་རྗེ)ཨ་ཀྵ་ཏཾ་(མི་ཟད་པའམ་མ་ ཉམས་པ)པྲ་ཏཱིཙྪ་(སོ་སོར་བཞེས)ན་མཿ ༀ་བཛྲ་(རྡོ་རྗེ)ལ་སྱཾ་(སྒེག་པ)པྲ་ཏཱིཙྪ་(སོ་སོར་བཞེས)ན་མཿ ༀ་ བཛྲ་(རྡོ་རྗེ)ཧ་སྱཾ་(བཞད་པ)པྲ་ཏིཙྪ་(སོ་སོར་བཞེས)ན་མཿ ༀ་བཛྲ་(རྡོ་རྗེ)ཝཱ་དྱཾ་(སིལ་སྙན)པྲ་ཏིཙྪ་(སོ་སོར་ བཞེས)ན་མཿ ༀ་བཛྲ་(རྡོ་རྗེ)ནྲྀ་ཏྱཾ་(གར)པྲ་ཏཱིཙྪ་(སོ་སོར་བཞེས)ན་མཿ ༀ་བཛྲ་(རྡོ་རྗེ)གཱི་ཏཾ་(གླུ་དབྱངས) པྲ་ཏཱིཙྪ་(སོ་སོར་བཞེས)ན་མཿ ༀ་བཛྲ་(རྡོ་རྗེ)ཀཱ་མཾ་(འདོད་མ)པྲ་ཏཱིཙྪ་(སོ་སོར་བཞེས)ན་མཿ ཞེས་པ་ རྣམས་སོ་སོར་སྤེལ་ནས་བརྗོད་པས་དབུལ་བར་བྱའོ། །མཆོད་པ་བཅུ་གསུམ་ནི། (རྒྱུད་ལས) རིན་ཆེན་ཨིན་ཏྲ་གསེར་གྱི་མེ་ཏོག་དང་ནི་རྣམ་མང་གོས་དང་དྲི་དང་སྤོས་དང་མར་མེ་དང༌། ། དྲིལ་བུ་མེ་ལོང་བླ་རེ་དང་ནི་རྣམ་མང་འབྲས་བུ་བ་དན་སོགས་དང་གར་དང་རོལ་མོ་ཡིས། ། (ཞེས་པའི་རྗེས་སུ){སངས་རྒྱས་བྱང་ཆུབ་སེམས་དཔའ་{རྒྱལ་བ་སྲས་དང་བཅས་པ་}ཐམས་ 7-1-231 ཅད་མཆོད་པར་བགྱིའོ། །བཞེས་ནས་སེམས་ཅན་དོན་ཀུན་མཛད་དུ་གསོལ(ཞེས་པ་སྦྱར་ཏེ)། ། རད་ན་(རིན་པོ་ཆེ)ཨིན་ཏྲ་ནཱི་ལཱ་(ཨིན་ཏྲ་ནི་ལ་སོགས་པ)དི་ཞེས་པ(བསྡུས་པ)འམ། ཡང་ན། རྣམ་དག་ དགེ་ཚོགས་དཔག་མེད་ལས་བྱུང་པའི། །རྣམ་མང་རིན་ཆེན་གསེར་གྱི་མེ་ཏོག་རྣམས། །རྒྱལ་ བ་སྲས་དང་བཅས་པ་རྣམས་ལ་འབུལ། །བཞེས་ནས་སེམས་ཅན་དོན་ཀུན་མཛད་དུ་གསོལ། ། ཨིན་ཏྲ་ནཱི་ལ། ཧེ་མ་པུཥྤ(གསེར་གྱི་མེ་ཏོག)། དེ་བཞིན་དུ་སྦྱར་ཏེ། རྣམ་མང་ཡིད་འཕྲོག་གོས་ཀྱི་ མཆོད་པ་རྣམས། །བ་ཧུ་བི་དྷ་བསྟྲ(རྣམ་པ་མང་པོའི་གོས)། རྣམ་མང་དྲི་དང་སྤོས་དང་མར་མེ་ རྣམས། །གན་དྷཾ(དྲི་ཆབ)། དྷཱུ་པཾ(སྤོས)། དཱི་པཾ(སྒྲོན་མེ)། རྣམ་མང་དྲིལ་བུ་མེ་ལོང་བླ་རེ་རྣམས། ། གྷཎ་ཊ(དྲིལ་བུ)། ཨཱ་དར་ཤ(མེ་ལོང་)བི་ཏཱ་ནཾ(བླ་རེ)། རྣམ་མང་འབྲས་བུ་སྣ་ཚོགས་བ་དན་རྣམས། ། བི་བི་དྷ་ཕ་ལ(རྣམ་མང་འབྲས་བུ)། པཉྩ་བར་ཎ་པ་ཏཱ་ཀ(ལྔའི་ཁ་དོག་ཅན་གྱི་བ་དན)། རྣམ་མང་གར་དང་ སྣ་ཚོགས་རོལ་མོ་རྣམས། །ནྲྀ་ཏྱཾ(གར)། བཱ་ཏྱཾ(སིལ་སྙན) ཞེས་པ(བར་མ)འམ། ཡང་ན་ཐམས་ཅད་ ལ་སོ་སོར་སྦྱར་ཏེ། (གདོང་དྲུག་གི་རྒྱུད་ལས)འཛམ་བུའི་གླིང་དང་གླིང་གཞན་དག །རིན་ཆེན་ རྣམས་ཀྱི་རབ་བཀང་ནས། །སྟོང་གསུམ་ལ་སོགས་དེ་བཞིན་ཏེ། །ཞུམ་པ་མེད་པའི་སེམས་ ཀྱིས་འབུལ། །དེ་བཞིན་དུ། རྣམ་མང་གོས་ཀྱིས། དྲི་མཆོག་རྣམས་ཀྱིས། བདུག་སྤོས་རྣམས་ ཀྱིས། སྣང་གསལ་རྣམས་ཀྱིས། དྲིལ་བུ་རྣམས་ཀྱིས། མེ་ལོང་རྣམས་ཀྱིས། བླ་རེ་རྣམས་ཀྱིས། རྣམ་མང་འབྲས་བུས། བ་དན་རྣམས་ཀྱིས། །གར་གྱི་མཆོད་པས། རོལ་མོའི་ཚོགས་ཀྱིས་ རབ་བཀང་ནས། །ཞེས་པ་དང་སོ་སོའི་སྔགས་ཐད་ཀར་སྦྱར་བས་(རྒྱས་པར)དབུལ་བར་ བྱའོ། །རིན་ཆེན་བདུན་ནི། འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང༌། །གླང་པོ་རྟ་མཆོག་ དམག་དཔོན་རིན་པོ་ཆེན། [སངས་རྒྱས་བྱང་ཆུབ་སེམས་དཔའ་[རྒྱལ་བ་སྲས་དང་བཅས་པ་] རྣམས་ལ་འབུལ། །འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །ཙཀྲཱ་དི་(འཁོར་ལོ་ལ་སོགས) སབ་ཏ་རད་ན་(རིན་ཆེན་བདུན)ཞེས་པ(བསྡུས་པ)འམ། ཡང་ན་བདེ་བར་གཤེགས་པ་ཐམས་ཅད་ 7-1-232 ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །ཞེས་པ་ལ་སོགས་པ་གཞན་དང་འདྲ་བ་ལ། སྔགས་ ཀྱི་སྐབས་སུ། ཙཀྲ་(འཁོར་ལོ)མ་ཎི(ནོར་བུ)། སྟྲཱི(བུད་མེད)། པུ་རུ་ཥ(སྐྱེས་བུ)། ག་ཛ(གླང་ཆེན)། ཨ་ ཤྭ(རྟ) ཁཊ་ག་རད་ན(རལ་གྲི་རིན་ཆེན)། ཞེས་(རྒྱས་པར)སྦྱར་ཏེ་དབུལ་བར་བྱའོ། །རྫས་བརྒྱད་ནི། (རབ་གནས་ཀྱི་རྒྱལ་པོར)ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་རྫས་བརྒྱད་ཀྱིས་ནི་ མཆོད་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས། །བཀྲ་ཤིས་རྫས་བརྒྱད་ དག་གིས་མཆོད་པར་བགྱི། །མཾ་ག་ལ་(བཀྲ་ཤིས)ཨཥྚ་དྲ་བྱ(བརྒྱད་ཀྱི་རྫས)། ཞེས་པས་སོ། །འདོད་ ཡོན་ལྔ་ནི། ཡིད་འོང་གཟུགས་དང་སྙན་པའི་སྒྲ་དབྱངས་དང༌། །དྲི་དང་རོ་མཆོག་རེག་བྱ་དམ་ པ་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱིས། །བཞེས་ཤིང་བླ་མེད་གྲུབ་ མཆོག་བསྩལ་དུ་གསོལ། རཱུ་པཱ་དི་པཉྩ་ཀཱ་མ་གུ་ཎ་(གཟུགས་ལ་སོགས་པ་ལྔའི་འདོད་པའི་ཡོན་ཏན)ཞེས་ པའམ། ཡང་ན། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཞེས་པ་ལ་སོགས་པ་ གཞན་དང་མཐུན་པས་དབུལ་བར་བྱ་སྟེ། སོ་སོའི་ཕྱག་རྒྱ་ནི་ལོགས་སུ་བཀོད་པ་ལྟར་ཤེས་ པར་བྱའོ། །དེ་ནས་ནང་མཆོད་སྔ་མ་ལྟར་བྱིན་གྱིས་བརླབས་ནས། ཟླ་བ་ཞུ་བ་ལྟར་གྱུར་པ་ རྣམས་གཡོན་པའི་མཐེ་བོ་དང་མིང་མེད་ཀྱི་ཆོས་འབྱུང་གི་དབུས་སུ་ཐིག་ལེ་བྲིས་པར་ཡེ་ ཤེས་ཀྱི་འཁོར་ལོ་བསྒོམས་པ་ལ་དབུལ་བར་བྱ་སྟེ། ཐོག་མར། སངས་རྒྱས་ཀུན་དངོས་ཆོས་ ཀྱི་རྗེ། །དབང་རྒྱུད་མན་ངག་ཟབ་མོ་ཡིས། །སྐལ་ལྡན་གདུལ་བྱ་སྨིན་མཛད་པ། །བླ་མ་ མཆོག་ལ་མཆོད་པར་འབུལ། །དང་པོའི་སངས་རྒྱས་རྡོ་རྗེ་འཆང༌། །དུས་ཀྱི་འཁོར་བཅོམ་ ལྡན་འདས། །ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། །འདྲེན་པ་མཆོག་ལ་མཆོད་པར་འབུལ། །(ས་ གཞི་རྫོགས་པར་སྐྱོང་བ)ཟླ་བ་(བཟང་པོ་)ལྷ་དབང་(སྐྱོང་བ)གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷའི་ དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷ་དབང་ལྡན(ཏེ་ཆོས་རྒྱལ་བདུན་དང་)། །གྲགས་པ་པད་ (དཀར་རིམ་པས་སོ)མ་དཀར་པོ་དང་(ཞེས་རྩ་རྒྱུད་དུ་གསུངས་པ་དང་དོན་བླངས་པ)། །བཟང་པོ་རྣམ་རྒྱལ་ 7-1-233 བཤེས་བསྙེན་[གཉེན]བཟང༌། །ཕྱག་ན་རིན་ཆེན་ཁྱབ་འཇུག་སྦས། །ཉི་མ་གྲགས་དང་ཤིན་ དུ་[ཏུ་]བཟང༌། །རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་དང༌། །ཉི་མ་དང་ནི་སྣ་ཚོགས་གཟུགས། །ཟླ་ འོད་མཐའ་ཡས་ས་སྐྱོང་དང༌། །དཔལ་སྐྱོང་སེང་གེ་རྣམ་གནོན་དང༌། །སྟོབས་པོ་ཆེ་དང་མ་ འགགས་པ། །མི་ཡི་སེང་གེ་ཁྱབ་འཇུག་ཆེ། །མཐའ་ཡས་རྣམ་རྒྱལ་དྲག་པོ་(སྟེ་རིགས་ལྡན་ཉེར་ལྔ་ རྣམས་སྡོམ་པ་སུམ་བཅུ་རྩ་གཉིས)དང༌། །(ས་གཞི་ཕྱེད་ཕྱེད་སྐྱོང་བ)ཚངས་པ་ལྷ་དབང་(གཉིས་དང་དུམ་བུ་སོ་སོར་ སྐྱོང་བ)འོད་སྲུང་སོགས། །ཆོས་རྒྱལ་(བརྒྱད་པོ་གཅིག་ཏུ་བྱས་པའི་སོ་ལྔ)རྣམས་ལ་མཆོད་པར་འབུལ། ། དུས་ཞབས་(ཆེན་པོ)གཉིས་པ་ན་ལེན་དྲ་པ་དང༌། །ཁ་ཆེ་ཟླ་མགོན་འབྲོ་སྟོན་ལོ་ཙ་དང༌། །ལྷ་ རྗེ་སྒོམ་པ་སྒྲོ་སྟོན་གནམ་བརྩེགས་དང༌། །གྲུབ་ཐོབ་ཡུ་མོ་དྷརྨེ་ཤྭ་ར་དང༌། །ནམ་མཁའ་འོད་ ཟེར་གྲུབ་ཐོབ་སེ་མོ་ཆེ། །ཆོས་རྗེ་འཇམ་གསར་ཆོས་སྐུ་འོད་ཟེར་དང༌། །ཀུན་སྤངས་བྱང་ སེམས་ཡོན་ཏན་རྒྱ་མཚོ་དང༌། །ཀུན་མཁྱེན་ཆེས་རྗེ་རྣམས་ལ་མཆོད་པར་འབུལ། །ཞེས་པ་ ལ་སོགས་པས་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ལ་ཡང་དབུལ་ཞིང༌། དེ་ནས་ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ། ༀ་བུད་དྷཱ་ཡ་(སངས་རྒྱས་ལ་)ན་མ(མཆོད་དོཿ) ༀ་དྷརྨཱ་ཡ་ (ཆོས་ལ)ན་མ(མཆོད་དོཿ) ༀ་སཾ་གྷཱ་ཡ་(དགེ་འདུན་ལ)ན་མ(མཆོད་དོཿ) ༀ་བཛྲ་སཏྭཱ་ཡ་(རྡོ་རྗེ་སེམས་དཔའ་ ལ)ན་མ(མཆོད་དོཿ) ༀ་པྲཛྭཱ་པཱ་ར་མི་ཏཱ་ཡཻ་(ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ)ན་མ(མཆོད་དོཿ) ༀ་སྭ་བྷཱ་བི་ ཀ་ཀཱ་ཡཱའ་ཡ་(རང་བཞིན་ནམ་ངོ་བོ་ཉིད་ཀྱི་སྐུ་ལ)ན་མ(མཆོད་དོཿ) ༀ་དྷརྨཱ་ཀཱ་ཡཱའ་ཡ་(ཆོས་ཀྱི་སྐུ་ལ)ན་ མ(མཆོད་དོཿ) ༀ་སཾ་བྷོ་ག་ཀཱ་ཡཱ་ཡ་(ལོངས་སྤྱོད་རྫོགས་པའི་སྐུ་ལ) ན་མ(མཆོད་དོཿ) ༀ་ནིར་མཱ་ཎ་ཀཱ་ཡཱ་ ཡ་(སྤྲུལ་པའི་སྐུ་ལ)ན་མ(མཆོད་དོཿ) ༀ་ཛྙཱ་ན་བཛྲ་ཡ་(ཡེ་ཤེས་རྡོ་རྗེ་ལ)ན་མ(མཆོད་དོཿ) ༀ་ཙིཏ་ཏ་བཛྲཱ་ ཡ་(ཐུགས་རྡོ་རྗེ་ལ)ན་མ(མཆོད་དོཿ) ༀ་ཝཱཀ་བཛྲཱ་ཡ་(གསུང་རྡོ་རྗེ་ལ)ན་མ(མཆོད་དོཿ) ༀ་ཀཱ་ཡ་བཛྲཱ་ཡ་ (སྐུ་རྡོ་རྗེ་ལ)ན་མ(མཆོད་དོཿ) ༀ་ཙ་ཏུར་བི་མོ་ཀྵེ་བྷྱོ་(རྣམ་པར་ཐར་པ་བཞི་རྣམས་ལ)ན་མ(མཆོད་དོཿ) ༀ་ཙ་ ཏུར་བྲཧྨ་བི་ཧཱ་རེ་བྷྱོ་(ཚངས་པའི་གནས་བཞི་རྣམས་ལ)ན་མ(མཆོད་དོཿ) ༀ་སཔ་ཏ་ཏྲིཾ་ཤད་བོ་དྷི་པཀྵི་ཀ་ 7-1-234 དྷརྨྨེ་བྷྱོ་(བདུན་དང་སུམ་ཅུའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ)ན་མ(མཆོད་དོཿ) ༀ་ཙ་ཏུར་(བཞི་དང་)ཤཱི་ཏི་ (བརྒྱད་ཅུའི)སཱ་ཧ་སྲ་(སྟོང་ཕྲག་གི)དྷརྨཱ་(ཆོས་ཀྱི་)སྐན་དྷེ་(ཕུང་པོ་)བྷྱོ་(རྣམས་ལ)ན་མཿ ༀ་སརྦ་(ཐམས་ཅད་) དྷརྨཱ་(ཆོས་)དེ་ཤ་ཀེ་བྷྱོ་(སྟོན་པ་པོ་རྣམས་ལ)ན་མཿ ༀ་རད་ན་ཏྲ་ཡཱ་ཡ་(དཀོན་མཆོག་གསུམ་ལ)ན་མཿ ༀ་ ཤཱཀྱ་མུ་ན་ཡེ་(ཤཱཀྱ་ཐུབ་པ་ལ)ན་མཿ ༀ་ཀཱ་ལ་ཙཀྲཱ་ཡ་(དུས་ཀྱི་འཁོར་ལོ་ལ)ན་མཿ ༀ་དཱ་ན་པཱ་ར་མི་ཏཱ་ ཡཻ་(སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ)ན་མཿ ༀ་ཤཱི་ལ་པཱ་ར་མི་ཏཱ་ཡཻ་(ཚུལ་ཁྲིམས་ཀྱི་ཕ་རོལ་ཕྱིན་པ་ལ)ན་མཿ ༀ་ ཀྵཱན་ཏི་པཱ་(བཟོད་པའི)ར་མི་ཏཱ་ཡཻ་ན་མཿ ༀ་བཱིཪྻ་(བརྩོན་འགྲུས)པཱ་ར་མི་ཏཱ་ཡཻ་ན་མཿ ༀ་དྷྱཱ་ན་(བསམ་ གཏན་གྱི)པཱ་ར་མི་ཏཱ་ཡཻ་ན་མཿ ༀ་པྲཛྙཱ་(ཤེས་རབ་ཀྱི)པཱ་ར་མི་ཏཱ་ཡ་ནེ་མཿ ༀ་ཨུ་པཱ་ཡ་(ཐབས་ཀྱི)པཱ་ར་ མི་ཏཱ་ཡཻ་ན་མཿ ༀ་པྲ་ཎི་དྷཱ་ན་(སྨོན་ལམ་ཀྱི)པཱ་ར་མི་ཏཱ་ཡཻ་ན་མཿ ༀ་བ་ལ་(སྟོབས་ཀྱི་)པཱ་ར་མི་ཏཱ་ཡཻ་ ན་མཿ ༀ་ཛྙཱ་ན་པཱ་ར་མི་ཏཱ་ཡཻ་(ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་ལ)ན་མཿ ༀ་ཛ་ཡ་གྷ་ཊེ་བྷྱོ་( རྒྱལ་བའི་བུམ་པ་ རྣམས་ལ)ན་མཿ ༀ་བི་ཛ་ཡ་གྷ་ཊེ་(རྣམ་པར་རྒྱལ་བའི་བུམ་པ་)བྷྱོ་ན་མཿ ༀ་སརྦ་(ཐམས་ཅད་)ཙིཧྣེ་བྷྱོ་ (མཚན་མ་རྣམས་ལ)ན་མཿ ༀ་སརྦ་(ཐམས་ཅད་)མུ་ཏྲཱ་བྷྱོ་(ཕྱག་རྒྱ་རྣམས་ལ)ན་མཿ ༀ་ཙིན་ཏཱ་མ་ཎི་ཡཻ་(ཡིད་ བཞིན་ནོར་བུ་ལ)ན་མཿ ༀ་དྷརྨཱ་གཎ་ཌྱེ་(ཆོས་ཀྱི་གཎྜི་ལ)ན་མཿ ༀ་དྷརྨ་ཤཾ་ཁཱ་ཡ་(ཆོས་ཀྱི་དུང་ལ)ན་མཿ ༀ་ཀལ་པ་བྲིཀྵ་ཡ་(དཔག་བསམ་གྱི་ཤིང་ལ)ན་མཿ ༀ་ཨ་ཀྴོ་བྷྱ་(མི་བསྐྱོད་པ་ལ)ན་མཿ ༀ་ཨ་མོ་གྷ་ སིད་དྷ་ཡེ་(དོན་ཡོད་གྲུབ་པ་ལ)ན་མཿ ༀ་རད་ན་སཾ་བྷ་བཱ་ཡ(རིན་ཆེན་འབྱུང་ལྡན་ལ)ན་མཿ ༀ་ཨ་མི་ཏཱ་ བྷཱ་ཡ་(འོད་དཔག་མེད་ལ)ན་མཿ ༀ་བཻ་རོ་ཙ་ནཱ་ཡ་(རྣམས་པར་སྣང་མཛད་ལ)ན་མཿ ༀ་ལོ་ཙ་ནཱ་ཡཻ་(སྤྱན་མ་ ལ)ན་མཿ ༀ་མཱ་མ་ཀྱཻ་(བདག་གི་མ་ལ)ན་མཿ ༀ་པཱཎ་ཌ་རཱ་ཡ་(གོས་དཀར་མོ་ལ)ན་མཿ ༀ་ཏཱ་རཱ་ཡཻ་ (སྒྲོལ་མ་ལ)ན་མཿ ༀ་བཛྲ་དྷཱ་ཏྭཱི་ཤྭ་ཪྻཻ་(རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ)ན་མཿ ༀ་བཛྲ་པཱ་ཎི་ཡཻ་(ཕྱག་ན་རྡོ་ རྗེ་ལ)ན་མཿ ༀ་ཁ་གརྦྷཱ་ཡ་(ནམ་མཁའི་སྙིང་པོ་ལ)ན་མཿ ༀ་ཀྵི་ཏི་གརྦྷཱ་ཡ་(སའི་སྙིང་པོ་ལ)ན་མཿ ༀ་ལོ་ ཀེ་ཤྭ་རཱ་ཡ་(འཇིག་རྟེན་དབང་ཕྱུག་ལ)ན་མཿ ༀ་སརྦ་(ཐམས་ཅད་)ནི་བ་ར་ཎ་(སྒྲིབ་པ་)བི་སྐམ་བྷི་ནེ་(རྣམ་ པར་སེལ་བ་ལ)ན་མཿ ༀ་ས་མན་ཏ་བྷ་ཏྲ་ཡ་(ཀུན་ཏུ་བཟང་པོ་ལ)ན་མཿ ༀ་གན་དྷ་བཛྲཱ་ཡཻ་(དྲི་རྡོ་རྗེ་མ་ལ) 7-1-235 ན་མཿ ༀ་རཱུ་པ་བཛྲཱ་ཡཻ་(གཟུགས་རྡོ་རྗེ་མ་ལ་)ན་མཿ ༀ་ར་ས་བཛྲཱ་ཡཻ་(རོ་རྡོ་རྗེ་མ་ལ)ན་མཿ ༀ་སྤར་ཤ་ བཛྲཱ་ཡཻ་(རེག་བྱ་རྡོ་རྗེ་མ་ལ)ན་མཿ ༀ་ཤཔ་ཏ་བཛྲཱ་ཡཻ་(སྒྲ་རྡོ་རྗེ་མ་ལ) ན་མཿ ༀ་དྷརྨ་དྷཱ་ཏུ་བཛྲཱ་ཡཻ་( ཆོས་ ཀྱི་ཁམས་ཀྱི་རྡོ་རྗེ་མ་ལ)ན་མཿ ༀ་ཨུཥྞཱི་ཥཱ་ཡ་(གཙུག་ཏོར་ལ)ན་མཿ ༀ་བིགྷྣན་ཨན་ཏ་ཀཱ་ཡ་(བགེགས་ མཐར་བྱེད་ལ)ན་མཿ ༀ་པྲཛྙཱན་ཏ་ཀཱ་ཡ་(ཤེས་རབ་མཐར་བྱེད་ལ)ན་མཿ ༀ་པད་པད་མ་ཨན་ཏ་ཀཱ་ཡ་ (པད་མར་མཐར་བྱེད་ལ)ན་མཿ ༀ་ཡ་མ་ཨན་ཏ་ཀཱ་ཡ་(གཤིན་རྗེ་མཐར་བྱེད་ལ)ན་མཿ ༀ་སྟམ་བྷི་ནྱཻ་ (རེངས་བྱེད་མ་ལ)ན་མཿ ༀ་མཱ་ནི་ནྱཻ་(ང་རྒྱལ་བྱེད་མ་ལ)ན་མཿ ༀ་སྟོ་བྷི་ནྱཻ་(རྨུགས་བྱེད་མ་ལ)ན་མཿ ༀ་ཨ་ ཏི་བཱིཪྻཱ་ཡཻ་(ཤིན་ཏུ་བརྩོན་འགྲུས་མ་ལ)ན་མཿ ༀ་ཨ་ཏི་ནཱི་ལཱ་ཡཻ་(ཤིན་ཏུ་སྔོན་མོ་ལ)ན་མཿ ༀ་སརྦ་(ཐམས་ ཅད་)དྷཱ་རི་ཎཱི་བྷྱོ་(གཟུངས་མ་རྣམས་ལ)ན་མཿ ༀ་ཥཊ་ཨཾ་གཱ་ཡ་(ཡན་ལག་དྲུག་ལ)ན་མཿ(ཞེས་པ་ནི་ཐུགས་ཀྱི་ དཀྱིལ་འཁོར་ལ་མཆོད་པའི་ཆོ་གའོ)།། །། ༀ་བཛྲ་(རྡོ་རྗེ་)ཙར་ཙི་ཀཱ་ཡཻ་(ཙར་ཙི་ཀཱ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)བཱ་རཱ་ཧྱཻ་(ཕག་མོ་ལ)ན་མཿ ༀ་ བཛྲ་མ་ཧ་ཨཱི་ཤྭཪྻཻ་(རྡོ་རྗེ་དབང་ཕྱུག་ཆེན་མོ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཨིན་ཏྲཱི་ཡཻ་(དབང་མོ་ལ)ན་མཿ ༀ་ བཛྲ་(རྡོ་རྗེ་)བྲཧྨ་ཎྱཻ་(ཚངས་པ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ལ་ཀྵཻ་(དཔལ་མོ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཀཽ་ མཪྻཻ(གཞོན་ནུ་མ་ལ)ན་མཿ ༀ་བཛྲ་བཻཥྞ་བྱཻ་(རྡོ་རྗེ་ཁྱབ་འཇུག་མ་ལ)ན་མཿ ༀ་ཨཥྚ་(བརྒྱད་པ་)ཨཥྚ་ཀེ་ (བརྒྱད་ཀྱི)ན་ཙ་ཏུ(བཞི་དངཿ) ཥཥྚི་བཛྲ་ཡོ་གི་ནི་བྷྱོ་(དྲུག་བཅུའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ལ)ན་མཿ ༀ་ ཥཊ་ཏྲིཾ་ཤཏ་ཨིཙྪཱ་བྷྱོ་(དྲུག་དང་སུམ་ཅུའི་འདོད་མ་རྣམས་ལ)ན་མ(གསུང་གི་དཀྱིལ་འཁོར་ལའོཿ)།། །། ༀ་བཛྲ་(རྡོ་རྗེ་)བིཥྞ་བེ་(ཁྱབ་འཇུག་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ནཻ་རྀ་ཏྱཱ་ཡ་(བདེན་བྲལ་ལ)ན་མཿ ༀ་ བཛྲ་ཨག་ན་ཡེ་(རྡོ་རྗེ་མེ་ལྷ་ལ)ན་མཿ ༀ་བཛྲ་ཨུད་དྷ་ཡེ་(རྡོ་རྗེ་ཆུ་ལ)ན་མཿ ༀ་བཛྲ་ཨིན་ཏྲཱཪྵ་ཡ་(རྡོ་ རྗེ་དབང་པོ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཨི་ཤྭ་རཱ་ཡ་(དབང་ཕྱུག་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)བྲ་ཧྨ་ཎྱཻ་(ཚངས་ པ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)བི་ནཱ་ཡ་ཀཱ་ཡ་(ལོག་འདྲེན་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཀཱརྟི་ཀེ་ཡཱ་ཡ་(གདོང་ དྲུག་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)བཱ་ཡ་བེ་(རླུང་ལྷ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཡཱ་མཱ་ཡ་(གཤིན་རྗེ་ལ)ན་མཿ 7-1-236 ༀ་བཛྲ་(རྡོ་རྗེ་)ཡཀྵེ་བྷྱོ་(གནོད་སྦྱིན་རྣམས་ལ་)ན་མཿ ༀ་བཱ་རུ་ཎྱཻ་(ཆུ་ལྷ་མོ་ལ)ན་མཿ ༀ་བཱ་ཡ་བྱཻ་(རླུང་ལྷ་ མོ་ལ་)ན་མཿ ༀ་ཡཱ་མི་ནྱཻ་(གཤིན་རྗེ་མོ་ལ)ན་མཿ ༀ་ཡཀྵི་ཎྱཻ་(གནོད་སྦྱིན་མོ་ལ)ན་མཿ ༀ་མ་ཧཱ་བ་ལཱ་ཡ་ (སྟོབས་པོ་ཆེ་ལ་)ན་མཿ ༀ་ཨ་ཙ་ལཱ་ཡ་(མི་གཡོ་བ་ལ)ན་མཿ ༀ་ཊཀ་ཀི་རཱ་ཛཱ་ཡ་(འདོད་པའི་རྒྱལ་པོ་ལ)ན་ མཿ ༀ་ནི་ལ་དཎ་ཌཱ་ཡ་(དབྱུག་པ་སྔོན་པོ་ལ)ན་མཿ ༀ་སུམ་བྷ་རཱ་ཛཱ་ཡ་(གནོད་མཛེས་རྒྱལ་བོ་ལ་)ན་མཿ ༀ་རཽ་ཏྲཱ་ཀྵཻ་(དྲན་སྤྱན་མ་ལ)ན་མཿ ༀ་བཛྲ་ཤྲཱཾ་ཁ་ལཱ་ཡཻ་(རྡོ་རྗེ་ལྕགས་སྒྲོག་མ་ལ)ན་མཿ ༀ་ཙུན་དཱ་ཡཻ་(སྐུལ་ བྱེད་མ་ལ)ན་མཿ ༀ་བྷྲྀ་ཀུ་ཊྱཻ་(ཁྲོ་གཉེར་ཅན་མ་ལ)ན་མཿ ༀ་མཱ་རཱི་ཙྱཻ་(འོད་ཟེར་ཅན་མ་ལ)ན་མཿ ༀ་པྲ་ཏྱེ་ ཀ་མཱ་ས་བྷེ་དེ་ན་(སོ་སོ་ཟླ་བའི་དབྱེ་བས་)ཥཥྛི་ཨུད་ཏ་ར་(དྲུག་ཅུ་ལྷག་པའི)ཏྲི་ཤད་ཏ་(སུམ་བརྒྱའི)བཛྲ་ཏི་ ཐི་དེ་བཱི་བྷྱོ་(རྡོ་རྗེ་ཚེས་ཀྱི་ལྷ་མོ་རྣམས་ལ)ན་མཿ ༀ་ཥཊ་(དྲུག་དང་)ཏྲིཾ་ཤད་པྲ་ཏཱིཙྪཱ་བྷྱོ་(སུམ་ཅུའི་ཕྱིར་འདོད་མ་ རྣམས་ལ) ན་མཿ ༀ་བཛྲ་(རྡོ་རྗེ་)ཛ་ཡཱ་ཡ་(རྒྱལ་བ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཀར་ཀོ་ཊ་ཀཱ་ཡ་(སྟོབས་ཀྱི་ རྒྱུ་ལ)་ན་མཿ ༀ་བཛྲ་(རྡོ་རྗེ་)བཱ་སུ་ཀ་ཡེ་(ནོར་རྒྱས་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཨ་ནན་ཏཱ་ཡ་(མཐའ་ཡས་ ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཏ་ཀྵ་ཀཱ་ཡ་(འཇོག་པོ་ལ) ན་མཿ ༀ་བཛྲ་(རྡོ་རྗེ་)མ་ཧཱ་པད་མཱ་ཡ་(པད་མ་ཆེན་ པོ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཀུ་ལི་ཀཱ་ཡ་(རིགས་ལྡན་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཤཾ་ཁ་པཱ་ལཱ་ཡ་(དུང་སྐྱོང་ ལ)ན་མཿ ༀ་བཛྲ་(རྡོ་རྗེ་)པད་མཱ་ཡ་(པད་མ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)བི་ཛ་ཡཱ་ཡ་(རྣམ་པར་རྒྱལ་བ་ལ)ན་ མ(སྐུའི་དཀྱིལ་འཁོར་ལའོཿ)།། །། ༀ་ཤྭཱ་ནཱ་སྱཱ་ཡཻ་(ཁྱི་གདོང་མ་ལ)ན་མཿ ༀ་སཱུ་ཀ་རཱ་སྱཱ་ཡཻ་(ཕག་གདོང་མ་ལ)ན་མཿ ༀ་བྱཱཪྵ་གྷྲཱ་སྱཱ་ཡཻ་ (སྟག་གདོང་མ་ལ)ན་མཿ ༀ་ཛཾ་བུ་ཀཱ་སྱཱ་ཡཻ་(ལྕེ་སྤྱང་གདོང་མ་ལ)ན་མཿ ༀ་ག་རུ་ཌཱ་སྱཱ་ཡཻ་(མཁའ་ལྡི ང་གདོང་ མ་ལ)ན་མཿ ༀ་ཨུ་ལཱུ་ཀཱ་སྱཱ་ཡཻ་(འུག་གདོང་མ་ལ)ན་མཿ ༀ་གྲྀ་དྷཱ་སྱཱ་ཡཻ་(བྱ་རྒོད་གདོང་མ་ལ)ན་མཿ ༀ་ཀཱ་ ཀཱ་སྱཱ་ཡཻ་(བྱ་རོག་གདོང་མ་ལ) ན་མཿ ༀ་སརྦ་(ཐམས་ཅད་)བྷཱུ་ཏེ་བྷྱོ་(འབྱུང་བོ་རྣམས་ལ་)ན་མཿ(དུར་ཁྲོད་ རྣམས་ལའོ)། །ༀ་བཛྲ་(རྡོ་རྗེ་)ཙན་ཏྲཱ་ཡ་(ཟླ་བ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)སཱུཪྻཱ་ཡ་(ཉི་མ་ལ)ན་མཿ ༀ་ བཛྲ་(རྡོ་རྗེ་)མཾ་ག་ལཱ་ཡ་(བཀྲ་ཤིས་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)བུ་དྷཱ་ཡ་(གཟའ་ལག་ལ)ན་མཿ ༀ་བཛྲ་(རྡོ་ 7-1-237 རྗེ་)བྲྀ་ཧས་པ་ཏ་ཡེ་(ཕུར་བུ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཤུ་ཀྲཱ་ཡ་(ཁུ་བ་སྟེ་པ་སངས་ལ) ན་མཿ ༀ་བཛྲ་(རྡོ་ རྗེ་)ཤ་ནཻ་ཤྩ་རཱ་ཡ་(དལ་འགྲོས་ཏེ་སྤེན་པ་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཀེ་ཏ་བེ་(མཇུག་རེངས་ལ)ན་མཿ ༀ་ བཛྲ་(རྡོ་རྗེ་)རཱ་ཧ་བེ་(སྒྲ་གཅན་ལ)ན་མཿ ༀ་བཛྲ་(རྡོ་རྗེ་)ཀཱ་ལ་ཨག་ན་ཡེ་(དུས་མེ་ལ)ན་མཿ ༀ་བཛྲ་(རྡོ་ རྗེ་)དྷྲུ་བེ་(བརྟན་པ་ལ) ན་མཿ ༀ་བཛྲ་(རྡོ་རྗེ་)ཨ་ག་ཏྱ་(རི་བྱི་ལ)ན་མཿ ༀ་སརྦ་(ཐམས་ཅད་)ན་ཀྵ་ཏྲེ་བྷྱོ་ (སྐར་མ་ལ)ན་མཿ ༀ་དྭཱ་ད་ཤ་རཱ་སི་བྷྱོ་(བཅུ་གཉིས་ཀྱི་ཁྱིམ་རྣམས་ལ་)ན་མཿ ༀ་ཥོ་ཌ་ཤ་ཀ་ལཱ་བྷྱོ་(བཅུ་ དྲུག་གི་ཆ་རྣམས་ལ)ན་མཿ ༀ་ད་ཤ་དིཀ་པཱ་ལེ་བྷྱོ་(བཅུའི་ཕྱོགས་སྐྱོང་བ་རྣམས་ལ)ན་མཿ ༀ་བཛྲ་ནན་ཏི་ཀེ་ ཤྭ་རཱ་ཡ་(རྡོ་རྗེ་དགའ་བྱེད་དབང་ཕྱུག་ལ)ན་མཿ ༀ་བཛྲ་མ་ཧཱ་ཀཱ་ལཱ་ཡ་(རྡོ་རྗེ་ནག་པོ་ཆེན་པོ་ལ) ན་མཿ ༀ་ བཛྲ་གྷཎ་ཌ་ཀརྞཱ་ཡ་(རྡོ་རྗེ་དྲིལ་བུའི་རྣ་བ་ཅན་ལ)ན་མཿ ༀ་བཛྲ་བྷྲྀཾ་གི་ཎེ(རྡོ་རྗེ་ཉམས་ཆུང་ལ)ན་མཿ ༀ་སརྦ་(ཐམས་ཅད་)ཀྵེ་ཏྲ་པཱ་ལེ་བྷྱོ་(ཞིང་སྐྱོང་རྣམས་ལ)ན་མཿ ༀ་སརྦ་(ཐམས་ཅད་)དུ་ཏཱི་བྷྱོ་(ཕོ་ཉ་རྣམས་ ལ)ན་མཿ ༀ་ཧཱ་རི་ཏྱཻ་(འཕྲོག་མ་རྣམས་ལ)ན་མཿ ༀ་སརྦ་(ཐམས་ཅད་)སིད་དྷི་བྷྱོ་(གྲུབ་པ་རྣམས་ལ)ན་ མ(ལའོཿ) ༀ་དྷརྨ་ཙཀྲཱ་ཡ་(ཆོས་ཀྱི་འཁོར་ལོ་ལ)ན་མཿ ༀ་བྷ་ཏྲ་གྷ་ཌཱ་ཡ་(བུམ་པ་བཟང་པོ་ལ)ན་མཿ ༀ་ བཛྲ་(རྡོ་རྗེ་)དུན་དུ་བྷྱཻ་(རྔ་བོ་ཆེ་ལ)ན་མཿ ༀ་བོ་དྷི་བྲྀཀྵཱ་ཡ་(བྱང་ཆུབ་ཀྱི་ཤིང་ལ)ནམཿ ༀ་གུ་རུ་བུད་དྷ་ བོ་དྷི་ས་ཏྭེ་བྷྱོ་ན་མོ་ན་མ(བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་ཅིང་ཕྱག་འཚལ་ལོཿ) ཞེས་པས་ཕུལ་ནས་གཞན་ཡང་ཇི་ལྟར་རིགས་པར་འདོད་ལྷ་གཞན་དང་མཁའ་འགྲོ་ཆོས་ སྐྱོང་སྲུངས་[སྲུང]མ་འབྱུང་པོའི་ཚོགས་དང་བཅས་པ་རྣམས་ལའང་དབུལ་བར་བྱའོ། །དེ་ ནས་བསྟོད་པ་བྱ་སྟེ། སྟོང་ཉིད་རྗེའི་བདག་ཉིད་ཅན། །ཞེས་པ་ལ་སོགས་པ་དང༌། མཆོག་ སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཞེས་པ་ལ་སོགས་པ་དང༌། (བདེ་གཤེགས་སྙིང་པོ་འདུས་མ་བྱས)གང་ ལ་ཐོག་(མ་དང་)མཐའ་དང་དབུས་(རྣམས་སུ་གྲུབ་པ)མེད་(ཅིང་དེ་བཞིན་དུ་)གནས་དང་འཆི་དང་སྲིད་ པ་དང་ནི་སྒྲ་དང་དྲི་དང་རོ་དག་དང༌། །རེག་བྱ་དང་ནི་གཟུགས་དང་སེམས་(ཀྱང་)མེད་(ལ) རང་བཞིན་(ཉེར་བཞི་དང་ཉེར་ལྔ་ལ)སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་དང་བྱེད་པོ་(ཡང་)མེད། ། 7-1-238 (ཀུན་གཞི་རྣམ་ཤེས་འགགས་པས)ས་བོན་དང་ནི་གསལ་བར་(ཏེ་ངེས་པར)དུས་(གསུམ་གྱི་དུས)མེད་(ཅིང་) མཐའ་དག་སྲིད་པའི་སྡུག་བསྔལ་(དང་)བདེ་པ་ཉིད་ཀྱི་རིང་བཞིན་(ཡང་)མེད(པའི་གཞི་རང་བཞིན་ གྱི)། །མྱ་ངན་(ལས)འདས་པ་(ཆེན་པོ)མཚན་མ་མེད་པ་བྱེད་པ་རྣམ་བྲལ་(ཟླ་ཉིའི)ཡོན་ཏན་(བརྒྱད་ པོ)མེད་པ་དེ་(སྟོང་པ་ཆེན་པོ་འགྱུར་མེད་དང་པོ)ལ་ཕྱག་འཚལ་ལོ། །དུས་(འཁོར་ལོ)དང་སྣ་ཚོགས་(བདེ་ བའི་སྣ་ཚོགས་གཟུགས་ཅན་མ)ལ་སོགས་(པའི་མིང་ཅན་མི་ཤིགས)རྡོ་རྗེ་དང་ནི་(འི་སྐུ་མཆོག་གི་དང་པོའི་)སྐྱེས་བུ་ དཔེ་མེད་(མཁའ་ལྟར)ཀུན་འགྲོ་(ཡང་)སྤྲོས་པ་མེད་པ་སྟེ། །ཐེར་ཟུག་ཏུ་གནས་(པ)སྙན་(ཐམས་ཅད་ པ)དང་ཤངས་(ཐམས་ཅད་པ)དང་ཞལ་(ཐམས་ཅད་པ)དང་སྤྱན་(ཐམས་ཅད་པ)དང་དབུ་(ཐམས་ཅད་པ) དང་ཕྱག་(ཐམས་ཅད་པ)དང་ཞབས་ནི་ཐམས་ཅད་པ། །འབྱུང་པོའི་མཐ(ར་ཐུག)འ་སྟེ་འབྱུང་པོའི་ མགོན་པོ་(ཡང་ཡིན་ལ)མཆོག་གི་སྲིད་པ་གསུམ་(པྲ་ཕབ་པ་ལྟ་བུ)འཛིན་(ཅིང་འཁོར་འདས་ཀྱི)རྒྱུ་རྣམས་ དག་གི་རྒྱུར་(སྟེ་གཞི)གྱུར་པ། །(གཞན་ནང་གི)རིག་པ་(འགྱུར་མེད་དང་ཤེར་ཕྱིན)ལ་སོགས་རྣལ་འབྱོར་ དག་གི་རྟོགས་བྱ་(ཡིན་གྱི་རྣལ་འབྱོར་མེད་པའི་སྤྱོད་ཡུལ་མིན་པ)མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ ལོ་(སྟོང་ཆེན་འགྱུར་མེད་གཉིས་པ)ལ་ཕྱག་འཚལ། །(ཡེ་ཤེས་ཀྱི་འོད་ཟེར)སྤྲོ་བྱེད་ནུས་(མ་ཁམས་གསུམ)པའི་ གཟུགས་ཅན་གློག་གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། །ཡེ་ ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་(དུ)བགྲོད་བྱེད་རྣམ་པར་བཅད་པ(འི་རང་བཞིན་སྟོང་ཆེན་ འགྱུར་མེད་གསུམ་པ་)དེ་ལ་ཕྱག་འཚལ་ལོ། །(ཐིག་ལེ)དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་ བོང་འཛིན་པ་ལས་འཛག་འཇིག་རྟེན་(ཀུན་གྱི)སྤྱི་བོར་ཡང་དག་གནས། །བདུད་རྩི(འི་རང་བཞིན)་ འཆི་བ་(དང་སྐྱེ་བ་ལ་སོགས་པ)སེལ་ཞིང་སྲིད་པའི་འཇིགས་པ་(མཐའ་དག)འཇོམས་པར་བྱེད་པའི་ ཐིག་ལེའི་གཟུགས་(སྟོང་ཆེན་འགྱུར་མེད་བཞི་པ)ལ་ཕྱག་འཚལ་ལོ། །(ཁམས་གསུམ་གྱི་གཟུགས་སུ་སྣང་ཡང་ མི་རྟོག་པའི)སེམས་(ཀྱི་རང་སྣང་)ཙམ་(ཡིད་སྐྱོབ་པས)སྔགས་ཀྱི་ངོ་བོ་(དོན་དམ་པའི)ལྷ་ཡིས་ཡོངས་སུ་ བསྐོར་བ་(རྣམ་པ་ཐམས་ཅད་པ་ཉིད་ཀྱིས)སྡུག་བསྔལ་(བའི་རྣམ་པ)དང་ནི་བདེ་བའི་རང་བཞིན་(དུ་སྣང་ 7-1-239 བ་ཅན)ཏེ། །(ཉེ་རིང་མེད་ཀྱང་)དམ་པ་རྣམས་ལ་ཞི་བའི་གཟུགས་(སུ་སྣང་བ)ནི་རང་གིས་བྱས་པའི་ (ལས་དང་མཐུན་པར)ཉམས་(སུ)མྱོང་(བ་དེ་བཞིན་དུ)མི་བཟད་(པ)རྣམས་ལ་མི་བཟད་(པར་སྣང་)པ། ། (གང་ཟག)གང་གིས་ལས་(གང་དང་)གང་རབ་(ཏུ)བྱས་(པ་དེ་དང་འཚམ་པར)རང་གི་སེམས་ལ་ཆོ་ག་ བཞིན་དུ་(ལས)དེའི་འབྲས་བུ་དེ་སྐྱེད་པ(འི་གཞིར་གྱུར་པ)། །འཇིག་རྟེན་དབང་པོ་སྣ་ཚོགས་ གཟུགས་ཅན་སྲིད་གསུམ་(གཞན)སྐྱེད་མཛད་རྡོ་རྗེ་སེམས་དཔའ་(སྟོང་ཆེན་འགྱུར་མེད་ལྔ་པ)ལ་ཡང་ ཕྱག་འཚལ་ལོ། །(དེ་ལྟར་སྟོང་ཆེན་འགྱུར་མེད་ལྔ་སྟེ་རྡོ་རྗེ་ཝཾ་ཡིག་གི་རྟེན་ཆོས་འབྱུང་ཨེ་ཡིག་ནི)གཅིག་དང་དུ་ མ(ར་སྣང་བ)་དག་ཀྱང་(ཆོས་ཉིད་དུ་རོ)གཅིག་ཅིང་མཉམ་(པ་ཤེས་རབ)དང་མི་མཉམ་པ་(ཐབས་)ཡང་ (དག་ཀྱང་དབྱེར་མེད་པས)མཉམ་པ་(ཉིད)གཡས་(དང་)གཡོན་(དང་)མདུན་(དང་)རྒྱབ་དང༌། །སྟེང་ (དང་)འོག་(རྣམས)ཀུན་ནས་(ས)དཀར་(པོ)ལྗང་(ཁུ་ལ་སོགས་པ་ཁ་དོག་དང་བྲལ་ཡང་)སྣ་ཚོགས་(པའི)ཁ་ དོག་ཆེན་པོ(ར་རོ)གཅིག་གི་གཟུགས་ཏེ་ཐུང་ངུ་(ལུས་ཏེ་སྙིང་སྟོབས་དང་)རིང་པོ་(ངག་སྟེ་རྡུལ)དང༌། ། ཤིན་ཏུ་རིང་པོ་(ཡིད་དེ་བདུན་པའི)ཡོན་ཏན་(རྣམས)མེད་ཅེས་(པ་ཡང་ཡིན་ལ་སྟོབས་བཅུ་ལ་སོགས་པ་མི་ འབྲལ་བའི)ཡོན་ཏན་(ཀུན)དང་བཅས་(པའི་བདེ་གཤེགས་སྙིང་པོ)བུད་མེད་སྐྱེས་པ(འི་གཟུགས་སུ་སྣང་) འང་སྐྱེས་པ་བུད་མེད་མིན། (པའི་སྟོང་གཟུགས)། གང་ཞིག་(བདེ་བ)ཀུན་གྱི་རྟེན་གཅིག་(པུ)བྷ་ག་ བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དོ་ཁྱོད་ལ་འདུད། །ཞེས་པས་སོ། །དེ་ནས་སྔར་ བསྟན་པ་ལྟར་གཏོར་མ་དབུལ་བར་བྱ་སྟེ། མ་ཧ་ཀཱ་ལ་ལ་སོགས་པ་ཆོས་སྐྱོང་རྣམས་ལ་ཡང་ རང་རང་གི་ཆོ་ག་མཐུན་པར་དབུལ་ཞིང༌། རྡོ་རྗེའི་ཕྱག་རྒྱས་མཁའ་འགྲོ་མ་རྣམས་ལ། ༀ་ ཨཱཿཧཱུཾ་བཛྲ་(རྡོ་རྗེ)ཌཱ་ཀི་ནི་བྷྱ(མཁའ་འགྲོ་མ་རྣམསཿ) ས་པ་རི་ཝཱ་ར་བྷྱ(འཁོར་དང་བཅས་པཿ) ཞེས་པའི་ མཐར་ཨི་དམ་ལ་སོགས་པ་ཞིང་སྐྱོང་གི་སྐབས་སུ་བསྟན་པ་རྣམས་སྦྱར་བས་ཕུལ་ནས་ཕྱི་ རོལ་དུ་[ཏུ་]དུར་ཁྲོད་ཀྱི་ས་ལ་བཟའ་བ་དང་བཏུང་བ་བྱེད་དུ་གཞུག་གོ །ཞིང་སྐྱོང་དང་གྲོང་ བདག་རྣམས་ལ་ཡང་སྔར་བསྟན་པའི་ཆོ་གས་སྦྱིན་པར་བྱ་སྟེ། འོན་ཀྱང་ཨ་པ་རསྠཱ་ནཾ་གཙྪ་ 7-1-240 གཙྪ་(གཞན་གྱི་གནས་སུ་སོང་སོང་)ཞེས་པའི་གནས་སུ་སྭ་སྠཱ་ནཾ་གཙྪ་(རང་གི་གནས་སུ་སོང་)ཞེས་གཞུག་ པར་བྱ་ཞིང༌། གཞན་ཡང་ཇི་ལྟར་རིགས་པར་འབྱུང་པོ་ཐམས་ཅད་པའི་གཏོར་མས་ཀྱང་ སེམས་ཅན་ཐམས་ཅད་ཚིམ་པར་བྱའོ། །དེ་ནས་དམ་ཚིག་གི་རྫས་རྣམས་སྔར་བསྟན་པ་ལྟར་ སྦྱང་སྤེལ་སྦར་བས་བདུད་རྩིར་བྱིན་གྱིས་བརླབས་ལ། ཕུད་ཀྱི་བླ་མ་དཀོན་མཆོག་ལ་སོགས་ པ་རྣམས་རིམ་པ་ལྟར་ཉེ་བར་མཆོད་ཅིང༌། ༀ་ཧཱ་རི་ཏཻ་(འཕྲོག་མ)པིཎ་ཊ་ཀེ་(ཆང་བུ)པྲ་ཏཱིཙྪ་(སོ་སོར་ བཞེས)སྭཱཧཱ། ཞེས་པས་འཕྲོག་མ་རྣམས་ལ་ཆང་བུ་གཉིས་དང༌། ༀ་སརྦ་དྷཱུ་ཏཱི་ཀེ་(ཕོ་ཉ་མོ་ཐམས་ ཅད)ཨ་གྲ་གྲ་སཾ་པྲ་ཏཱིཙྪ་(ཕུད་ཀྱི་རྩེ་མོ་སོ་སོར་ཡང་དག་པར་བཞེས)སྭཱཧཱ། ཞེས་པས་ཕོ་ཉ་རྣམས་ལ་ཆང་ བུ་གཅིག་བྱིན་ནས་བདག་ཉིད་ལྷ་མཆོད་པའི་བསམ་པས་ནང་གི་སྦྱིན་བསྲེག་གི་ཚུལ་དུ་ཁ་ ཟས་ཀྱི་རྣལ་འབྱོར་དང་ལྡན་པས་ལོངས་སྤྱད་པའི་མཐར། ༀ་ཁ་(ཟོ)ཁ་(ཟོ)ཁཱ་ཧི་ཁཱ་ཧི་(བཟའ་ བར་མཛོད་གཉིས)ཨུཙྪཥྚ་བ་ལིང་(ལྷག་མའི་གཏོར་མ)ཨུཙྪིཥྚ་བྷ་ཀྵ་བྷཀྵ་ཀ་(ལྷག་མ་ལ་སྤྱོད་སྤྱོད)སྭཱཧཱ་ཞེས་ པས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ཀྱང་ཚིམ་པར་བྱ་ཞིང༌། རྡོ་རྗེའི་གླུ་དང༌། སྟེང་ན་ བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་ འཇིགས་བྱེད་དང༌། །མི་ཡི་འཇིག་རྟེན་དུ་ནི་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའི་དབང་ པོ་བཙུན་མོར་བཅས་རྣམས་དང༌། །ས་འོག་ཏུ་ནི་གདེངས་ཅན་དབང་པོ་གང་དག་གདོན་ ཚོགས་མི་དགེ་དུས་ཀུན་དུ་[ཏུ་]ནི་འཆིང་མཛད་པ། །དེ་རྣམས་ཐམས་ཅད་ཉིན་ཞག་སོ་སོའི་ དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱོང་བར་བྱེད་གྱུར་ཅིག །ཅེས་པ་ལ་སོགས་པའི་བཀྲ་ ཤིས་ཀྱི་ཚིགས་སུ་བཅད་པ་དང༌། །ཉི་མ་དང་བཅས་ཐུབ་པའི་རིགས་རྣམས་ཀྱིས་ནི་ཤེས་ རབ་ཐོབ་པར་གྱུར་འདི་ཇི་ལྟ་བར། །སེམས་ཅན་རྣམས་ནི་རྣམ་གསུམ་སྲིད་པར་གནས་པའི་ དུས་ཀྱི་འཁོར་ལོའི་དྲིན་ལས་ཨེ་ཝཾ་ཉིད་གྱུར་ཅིག །སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་ མཐའ་དག་སྲིད་པར་གནས་པའི་ཐུགས་ཀྱི་རྡོ་རྗེ་བདག་ལ་ནི། །ཇི་ལྟ་བ་བཞིན་དུས་ཀྱི་ 7-1-241 འཁོར་ལོའི་མཐུ་ལས་སེམས་ཅན་རྣམས་ཀྱིས་རྣམ་གསུམ་སྲིད་པ་རྟོགས་གྱུར་ཅིག །སྐྱེས་བུ་ གང་དག་བདུད་ཀྱི་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པར་སོང་ཞིང་ལམ་ཉམས་པ། །དེ་དག་ རྣམས་ཀྱིས་ལམ་འདི་ཐོབ་ནས་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་མིན་འོང་གྱུར་ཅིག །ཅེས་པ་ ལས་སོགས་པའི་སྨོན་ལམ་རྣམས་ཀྱང་གཞན་དང་མཐུན་པར་བྱའོ། །སླར་ཡང་མཆོད་ཅིང་ བསྟོད་ནས་བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་བ་ནི། སྔར་བསྟན་པ་ལྟར་ལུས་ཀྱི་རྩ་ རྣམས་རྡོ་རྗེར་གསལ་བའི་ལྟེ་བར། གཙུག་ཏོར་དུ་བདེ་ཆེན་འཁོར་ལོའི་གཙོ་བོ་ཡབ་ཡུམ། སྙིང་ཁར་ནུས་མ། དཔྲལ་བར་རྒྱལ་བ་ཡབ་ཡུམ། མགྲིན་པར་སེམས་དཔའ་ཡབ་ཡུམ་སྒོ་ སྐྱོང་དང་བཅས་པ། ལྟེ་བར་གསུང་གི་རྣལ་འབྱོར་མ་འཁོར་དང་བཅས་པ། གསང་བར་སྐུའི་ ཁྲོ་བོ་ཡབ་ཡུམ། ལས་ཀྱི་འཁོར་ལོར་ལྷ་ཆེན་པོ་བཅུ་གཉིས་འཁོར་དང་བཅས་པ། བྱ་བའི་ འཁོར་ལོར་ཀླུ་དང་རབ་གཏུམ་རྣམས་གཤེགས་སུ་གསོལ་བར་བྱའོ། །ཐུན་(འདི་མན་ཆད་ཀྱི་ ཚིག་ཇི་བཞིན་མ་བཟུང་ཡང་ཆོག)འཚམས་[མཚམས་]ཀྱི་སྤྱོད་ལམ་ནི། སྣང་བ་ཐམས་ཅད་ ལྷའི་ངོ་བོ་སྒྱུ་མ་ལྟ་བུ་དང༌། གྲགས་པ་ཐམས་ཅད་སྔགས་ཀྱི་ངོ་བོ་སྒྲ་བརྙན་ལྟ་བུ་ལ་སོགས་ པ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པར་བྱ་སྟེ། མཚན་མོ་ཉལ་བའི་ཚེ་ཡང་དེ་ལྟར་ཤེས་ པའི་ངང་ནས་གནས་ཏུ་རྡོ་རྗེ་དྲུག་བཀོད་ནས་རང་བཞིན་གྱིས་འོད་གསལ་བ་ཆོས་ཀྱི་སྐུར་ གཉིད་ལོག་པར་བྱ་ཞིང༌། རྨི་ལམ་བྱུང་ན་ཡང་ལོངས་སྤྱོད་རྫོགས་སྐུ་དང༌། སད་པ་ན་ཡང་ སྤྲུལ་པའི་སྐུར་མོས་པ་ལངས་ཏེ་ཁྲུས་བྱས་ན་ཇི་སྐད་བཤད་པའི་རྣལ་འབྱོར་རྣམས་ལ་འཇུག་ པར་བྱའོ།། །། གཞན་ཡང་ཞལ་དག་པ་ལ་སོགས་པའི་མཐར། ཁྲོ་བོ་བཅུའི་བསྲུང་[སྲུང་]འཁོར་ཙམ་ དང༌། ལམ་བསྟེན་པ་ལ་སོགས་པའི་མཐར་ཐུགས་ཀྱི་འཁོར་ལོ་ཙམ་བསྒོམ་པ་ཡང་རྗེས་སུ་ གནང་སྟེ། ལྷ་དང་ལྷ་མོ་ལྷག་མ་རྣམས་ནི། དེ་དག་ཉིད་དུ་འདུས་པའི་ཕྱིར་རོ། །དེ་བཞིན་དུ་ 7-1-242 སེམས་དཔའ་སེམས་མའང་སྤངས་ཏེ་བཅུ་གསུམ་གྱི་བདག་ཉིད་དང༌། སྒོ་བ་བཞི་ཡང་སྤངས་ ཏེ་ལྷ་དགུའི་བདག་ཉིད་དང༌། ཡུམ་བཞིའང་སྤངས་ཏེ་ལྷ་ལྔའི་བདག་ཉིད་དང༌། གཙོ་བོ་ཡབ་ ཡུམ་ལ་ནུས་མ་བརྒྱད་ཀྱིས་བསྐོར་བ་དང༌། གཙོ་བོ་ཡབ་ཡུམ་རྐྱང་པ་དང༌། ཡུམ་མེད་པའི་ དཔའ་བོ་གཅིག་པ་ལ་སོགས་པའང་བསྒོམ་པར་གསུངས་ཏེ། དུས་ཀྱི་འཁོར་ལོ་དཔའ་བོ་ གཅིག་པའམ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དམ། ལྔའི་བདག་ཉིད་ལ་སོགས་པ་བྱ་ ཞེས་པ་དང༌། གཅིག་པུའི་བདག་ཉིད་ནུས་མ་དང་ལྡན་གནས་དགུ་དང་བཅས་ཉི་ཤུ་ལྔ་ཡི་ བདག་ཉིད་ལ་སོགས་པ། བསྒོམས་ནས་ཕྱག་རྒྱ་ལ་སོགས་འགྲུབ་པ་རྣམས་སུ་ངེས་པར་ཉིན་ ཞག་འགའ་ཞིག་དག་གིས་ཡང་དག་འགྲུབ་པར་འགྱུར། ཞེས་པ་ལས་སོགས་པའོ།། །། ༈ དེ་ལྟར་ན་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་ཀྱི་དོན་ དང༌། ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་སྐྱེད་པའི་རིམ་པ་བསྒོམ་པའི་ངེས་པའོ། །དོན་དམ་ པའི་བདེན་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དང༌། མཆོག་གི་དངོས་གྲུབ་ཀྱི་དོན་ དུ། གཙོ་ཆེར་རྫོགས་པའི་རིམ་པ་བསྒོམ་པར་བྱ་སྟེ། འཇིག་རྟེན་ཀུན་རྫོབ་བདེན་པ་ཡིས། ། འཇིག་རྟེན་དངོས་གྲུབ་སྒྲུབ་པའི་ཕྱིར། །སྔགས་བཟླས་དེ་བཞིན་བསམ་གཏན་དང༌། །རྣམ་ རྟོག་བསྒོམ་པ་རབ་ཏུ་གསུངས། །དོན་དམ་བདེན་པས་གསུངས་པ་ནི། །ཡེ་ཤེས་སྐུ་ནི་རབ་ བསྒྲུབ་ཕྱིར། །ཀུན་{རྟོག་{རྫོབ}ཐམས་ཅད་སྤངས་པ་ཡི། །བསྒོམ་པ་དེ་བཞིན་གཤེགས་ པས་གསུངས། །ཞེས་པ་ལྟར་བརྟགས་པའི་བསྒོམས་པ་དང་བཟླས་པ་ཡོངས་སུ་དོར་ནས། ལུས་དང་ངག་དང༌། ཡིད་དང་འཕོ་བའི་ལོངས་སྤྱོད་ལ་ལྟོས་པ་མེད་པས། སོ་སོར་སྡུད་དང་ བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། ། རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་པ་ལྟར་ཡན་ལག་དྲུག་གི་རྣལ་འབྱོར་རྒྱུད་ཐམས་ ཅད་ཀྱི་རྫོགས་པའི་རིམ་པ་ལ་ནན་ཏན་སྙིང་པོར་བྱས་ནས། རྣམ་པར་མི་རྟོག་པའི་ཏིང་ངེ་ 7-1-243 འཛིན་སྤྲོས་པ་ཐམས་ཅད་བྲལ་ཞིང༌། མཚན་མ་ཐམས་ཅད་ཉེ་བར་ཞི་བ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་མ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཕྱག་རྒྱ་ཆེན་མོ། རང་ བཞིན་གྱིས་འོད་གསལ་བ། གཞོམ་དུ་མེད་ཅིང་རྡུལ་ཕྲ་རབ་ཀྱི་ཆོས་ལས་རྣམ་པར་འདས་ པའི་ཆོས་ཉིད་ཀྱི་སྣང་བ་ལ་ཤིན་ཏུ་མཉམ་པར་གཞག་པར་བྱ་ཞིང༌། རྡོ་རྗེའི་བཟླས་པ་ལ་ རྩེ་གཅིག་ཏུ་བརྩོན་པས་རླུང་གཡོ་བ་མེད་པའི་རྣལ་འབྱོར་ལ་འབད་པར་བྱའོ། །དེ་ལྟ་ན་ནི། རིམ་པ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་པ་ལས་ཚོགས་གཉིས་ཡོངས་སུ་རྫོགས་ནས་དོན་ གཉིས་ཕུན་སུམ་ཚོགས་པ་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་མངོན་དུ་བྱེད་པ་ཉིད་དོ། །། ། ༈ འདི་ནི་སྔར་གྱི་ཡོངས་རྫོགས་སྒྲུབ་ཐབས་ལ། །ཕྱིས་ཀྱི་ཟུར་འདེབས་རྣམས་ཀྱང་ རབ་སྦྱར་ནས། །ཇི་བཞིན་བཟུང་བས་ཆོག་པའི་མན་ངག་སྟེ། །དོན་གཉེར་སློབ་མས་བསྐུལ་ ནས་མ་ཏིས་བསྡེབས། །དེ་ཡང་དཔལ་ལྡན་རྒྱུད་འགྲེལ་ཆེན་པོ་དང༌། །དམ་པ་རྣམས་ཀྱི་ མན་ངག་ལ་བརྟེན་ནས། །རང་བཟོ་སྤངས་ཏེ་ལེགས་པར་རབ་སྦྱར་མོད། །ཉེས་པ་མཆིས་ན་ མཁས་ལ་བཟོད་པར་གསོལ། །དགེ་བས་རང་བཞིན་རྣམ་དག་སེམས་ཅན་རྣམས། །གསང་ སྔགས་ཟབ་མོའི་ལམ་ལ་རབ་ཞུགས་ནས། །ཐར་པ་ཆེན་པོའི་ཁང་བཟངས་ཉམས་དགའ་ བར། །ཟག་མེད་དགའ་བདེའི་དཔལ་ལ་སྤྱོད་གྱུར་ཅིག །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་ འཁོར་ཡོངས་སུ་རྫོགས་པའི་སྒྲུབ་ཐབས་རྒྱས་པ་ལམ་མཆོག་རབ་གསལ་སྣང་བ་ཞེས་བྱ་བ་ བོད་ཀྱི་པཎྜི་ཏ་མ་ཏིས་དགེ་ལྡན་ས་བཟངས་སུ་སྦྱར་བའི་ཡི་གེ་པ་ནི་རང་གི་སློབ་བུ་ཀཱིརྟི་ལོ་ ཙཱ་བའོ།། །། བསྟན་པ་རིན་པོ་ཆེ་དང་སེམས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །མཾ་ ག་ལཾ་བྷ་ཝཏུ། དགེའོ། །སློབ་དཔོན་བསོད་ནམས་སངས་རྒྱས་པ་ཐུགས་མཉེས་པའི་ཕྱིར། རིན་ཆེན་བཟང་པོས་ལེགས་པར་བཟབས་ནས་བྲིས་པ་ལགས་སོ།། །། 7-1-244 མ་དཔེ་འབྲས་སྤུངས་དཔེ་རྙིང་གཉིས། ཕྱི་ཀ༡༦༤ ཕྱི་ཀ༡༦༩ 7-1-245 ༄༅། །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་ པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ ལག་ལེན་རབ་གསལ་སྣང་བ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ༀ་ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ལག་ལེན་རབ་གསལ་སྣང་ བ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐབས་ཀྱི་མཆོག་ གྱུར་བདེ་བ་ཆེན་པོ་དང༌། །ཤེས་རབ་རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །དབྱེར་མེད་ཟུང་ འཇུག་དོམ་དམ་ཡེ་ཤེས་སྐུ། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལ་བཏུད་ནས། །དེ་ཡི་དཀྱིལ་ འཁོར་བསྒྲུབ་ཅིང་མཆོད་པ་དང༌། །བདག་ཉིད་འཇུག་ཅིང་དབང་བསྐུར་བླང་བའི་ཚུལ། ། དང་པོའི་ལས་ཅན་རྣམས་ཀྱི་བདེ་བླག་ཏུ། །རྟོགས་པར་བྱེད་པའི་མན་ངག་གསལ་བར་བྲི། ། དེ་ཡང་འདིའི་དཀྱིལ་འཁོར་ཆེན་པོར་དབང་ཡོངས་སུ་རྫོགས་པ་ཐོབ་ཅིང་དམ་ཚིག་དང་ ལྡན་པའི་རྣལ་འབྱོར་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པར་ འདོད་པས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་བསྐྱེད་པ་དང་རྫོགས་པའི་རིམ་ པ་བསྒོམས་ཏེ། དྲང་བ་དང་ངེས་པའི་དོན་གྱི་བསྙེན་པ་བྱས་ནས། དུས་དང་ས་གཞི་བརྟག་པ་ 7-1-246 ལ་སོགས་པ་རྒྱས་པར་དབང་གི་ཆོ་གར་བསྟན་པ་ལྟར་ཤེས་པར་བྱ་ཞིང༌། རེ་ཤིག་[ཞིག]དང་ པོར་རང་དང་གཞན་གྱི་རྒྱུད་ལ་བསོད་ནམས་ཀྱི་ཚོགས་ཉེ་བར་བསགས་པའི་དོན་དང༌། ལྷ་ དང་བླ་མའི་བྱིན་རླབས་ཞུགས་པ་ལས་དངོས་གྲུབ་མྱུར་དུ་ཐོབ་པར་བྱ་བའི་ཆེད་དུ། དཀྱིལ་ འཁོར་ཆེན་པོ་བསྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བའི་ཚུལ་ལ་ བརྩོན་པར་བྱའོ། །དེ་ལ་སྟ་གོན་དངོས་གཞི་གཉིས་ལས། དང་པོ་ནི། གནས་ཡིད་དུ་འོང་ བར་རྟེན་དང་མཆོད་པ་ཅི་འབྱོར་པ་བཤམས་ཏེ། སྔོན་འགྲོའི་གཏོར་མ་ལ་སོགས་པ་གཞན་ དང་མཐུན་ཞིང་བདག་བསྐྱེད་ནས་བཟླས་པའི་བར་སྒྲུབ་ཐབས་སུ་བསྟན་པ་ལྟར་བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྲ་སཏྭ་ཧཾ་དུར་དཱན་ཏ་ད་མ་ཀ་ཧུཾ་ཧཱུཾ་ཕཊ། ཞེས་པས་ང་རྒྱལ་ བཟུང་སྟེ། མཆོད་པའི་ཡོད་[ཡོ]བྱད་རྣམས་བསངས་ཤིང་སྦྱངས་ཏེ་བྱིན་གྱིས་བརླབས་ནས། ས་དང་ལྷ་དང་བུམ་པ་དང༌། །ཐིག་སྐུད་དང་ནི་རྡུལ་འཚོན་[ཚོན]དང༌། །རྡོ་རྗེ་རྡོ་རྗེ་དྲིལ་བུ་ དང༌། །སློབ་མ་མལ་སྟན་ལྷ་གནས་བྱ། །ཞེས་པ་ལྟར་ཐོག་མར། ས་ལྷག་པར་གནས་པར་བྱ་ སྟེ། དེ་ལའང༌། ཡུལ་དང་གྲོང་བདག་མཆོད་དེ་གསོལ་བ་གདབ། །ས་ཡི་ལྷ་མོ་བསྐྱེད་ཅིང་སྤྱན་ དྲང་མཆོད། །གསོལ་གདབ་གཤེགས་གསོལ་བདུད་གཞོམ་ཕུར་བུ་གདབ། །རྐང་སྟབས་བྱ་ ཞིང་ས་སྟིམ་བྱིན་གྱིས་བརླབ[བརླབས]། །ཅེས་པ་ལྟར་དང་པོར་ཡུལ་དང་གྲོང་གི་བདག་པོ་ ལ་གཏོར་མ་བསངས་ཤིང་སྦྱངས་ཏེ་བྱིན་གྱིས་བརླབས་པ་ཕུལ་ནས། ས་བསླང་ཞིང་གསོལ་ བ་གདབ་པར་བྱ་སྟེ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའི་གཞན་ཡང་ རུང༌། །དཀྱིལ་འཁོར་དོན་དུ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་པ་ལ་ སོགས་པ་ཇི་ལྟར་རིགས་པས་ཚིག་གིས་སོ། །དེ་ནས་རང་གི་སྙིང་ཁར་ལཱཾ་ལས་བྱུང་བའི་ འཁོར་ལོ་སེར་པོ་ཡོངས་སུ་གྱུར་པ་ལས། སའི་ལྷ་མོ་སེར་མོ་སྤྱན་མ་ལྟ་བུ་ཞལ་གསུམ་མ། ཕྱག་གི་འཁོར་ལོ་དབྱུག་པ་རྡོ་རྗེ་དང༌། དུང་དང་ལྕགས་སྒྲོག་དྲིལ་བུ་འཛིན་ཅིང་གོས་སེར་པོ་ 7-1-247 དང་རིན་པོ་ཆེ་སེར་པོས་བརྒྱན་པ་བསྒོམས་ཏེ། དབུགས་ཕྱིར་འབྱུང་བ་དང་ལྷན་ཅིག་དཀྱིལ་ འཁོར་གྱི་དབུས་སུ་བྱོན་པ་ལ། ནོར་རྣམས་འཛིན་མ་སངས་རྒྱས་ཀུན་བསྐྱེད་མ། །སེམས་ ཅན་ཀུན་ལ་ཕན་པ་མཛད་པ་མོ། །རྡོ་རྗེ་སེམས་དཔའ་ཡི་ནི་བཀའ་བཞིན་དུ། །མྱུར་དུ་བྱོན་ ཞིང་བྱོན་པར་མཛད་དུ་གསོལ། །ཞེས་པ་དང༌། ༀ་ལཾ་ཨཱཿཧཱུཾ་བ་སུན་དྷ་རི་སརྦ་བུད་དྷ་ཛ་ན་ནི་ སརྦ་སཏྭ་ཨུ་པ་ཀ་རི་ཎི། བཛྲ་སཏྭ་ཨཱཛྙཱ་པ་ཡ་ཏི་ཤཱི་གྷྲཾ་ཨཱ་གཙྪ་ཨཱ་གཙྪ་ཞེས་པས་སྤྱན་དྲང་ཞིང་ ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་དང༌། ཛཿཧཱུཾ་བཾ་ཧོཿཞེས་པས་ཡེ་ཤེས་བསྟིམ་གནས་གསུམ་ དུ་ༀ་ཨཿཧཱུཾ་གིས་བྱིན་གྱིས་བརླབས་ཏེ། དབང་བསྐུར་ནས་རྣམ་པར་སྣང་མཛད་ཀྱིས་དབུ་ བརྒྱན་པར་བསམས་ལ། འདིར་ནི་དྲི་དང་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་ཞལ་ཟས་ འབྲས་བུ་མ་ཉམས་པ། །ཁྱོད་ལ་འབུལ་གྱིས་ཁྱོད་ཉིད་ཀྱིས་ཟུང་ཟུང༌། །དཀྱིལ་འཁོར་དོན་ དུ་བདག་ལ་གནས་སྩོལ་ཅིག །ཅེས་པ་དང༌། ཨི་དཾ་གན་དྷཾ་པུཥྤཾ་དྷུ་པཾ་དི་པཾ་ནཻ་ཝེ་དྱ་ཕ་ལ་ཨ་ཀྵ་ ཏཾ་ད་དཱ་མི་ཏ་བ་ཏྭ་མེ་བ་གྲིཧྣ་གྲིཧྣ་མཎྜལ་ཨརྠཾ་མ་མསྠཱ་ནཾ་ད་ད། ཞེས་པ་དང༌། རྒྱལ་བས་ལྷའི་ བདག་པོ་དང་བཅས་བདུད་ནི་བཅོམ་པ་དག་ལ་ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །དེ་ཕྱིར་ཁྱོད་ནི་ མཆོད་པར་བྱ་ཡིས་བཞེས་ཤིག་བཞེས་ཤིག་ལྷ་མཆོག་གིས་བཏུད་བདག་གིས་མཆོད་ཡིན་ ནོ། །ཞེས་པ་དང༌། ༀ་བ་སུན་དྷ་རི་ས་པ་རི་ཝ་རེ་བྷྱཿཞེས་པ་སྔོན་དུ་འགྲོ་བའི་ཨརྒཾ་པྲ་ཏིཙྪ་ན་ མཿ ཞེས་པ་དང༌། གན་དྷཾ་ཞེས་པ་ལ་སོགས་པ་མཆོད་པ་བཅུ་གཉིས་ཀྱིས་ཀྱང་ཡང་དག་པར་ མཆོད་ཏེ[དེ]། གཏོར་མ་སྔ་མ་ལྟར་བྱིན་གྱིས་བརླབས་པ་ༀ་ཨཱཿཧཱུཾ་ཧོཿབ་སུན་དྷ་རི་ས་པ་རི་ ཝཱ་རེ་བྷྱཿ ཨི་དཾ་ཞེས་པ་ལ་སོགས་པས་ཕུལ་ནས། ཇི་ལྟར་རྒྱལ་བས་བྱང་ཆུབ་སླད་དུ་བདུད་ ཀྱི་སྡེ་ནི་སྟོབས་ལྡན་དག་ཀྱང་རབ་ཏུ་བཅོམ་གྱུར་པ། །དེ་བཞིན་བདག་གིས་ཀྱང་ནི་སློབ་མ་ རྣམས་ལ་དབང་བསྐུར་སླད་དུ་བདུད་རྣམས་ཉམས་པ་དག་ཏུ་བྱ། །ཁྱོད་དཔང་དུ་གྱུར་པའོ། ། ཞེས་པ་དང༌། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་ 7-1-248 དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་ བདུད་ཀྱི་དཔུང་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱིས་སྟོབས། །བཅོམ་ནས་དཀྱིལ་ འཁོར་བྲི་བར་བགྱི། །ཞེས་པ་ལ་སོགས་པས་གསོལ་བ་གདབ་ཅིང༌། སེམས་ཅན་ཐམས་ཅད་ ལ་ནི་ཞི་བ་དང༌། །རྒྱས་པར་མཛད་ཏེ་[དེ]དགེ་བའི་སེམས་ཀྱིས་སུ། །གནས་འདི་དོར་ནས་ གཞན་གྱི་གནས་སུ་ནི། །རེ་ཤིག་[ཞིག]གཤེགས་ཤིང་བྱོན་པར་མཛད་དུ་གསོལ། །ཞེས་ པ་དང༌། སརྦ་སཏྭ་ནཱཾ་ཤཱན་ཏི་པུཥྚིཾ་ཀྲི་ཏྭཱ་ཤུ་བྷ་ཙིཏ་ཏེ་ན་ཨི་དཾ་སྠཱ་བཾ་[ནཾ]ཏྱཀ་ཏྭཱ་ཨ་པ་རསྠཱ་ནཾ་ གཙྪ་སྭཱཧཱ། ཞེས་བརྗོད་པས་མཉེས་ནས། སའི་གནས་ལ་དག་པ་དག་ནི་ཇི་ལྟར་འདོད་པ་ མཛོད་ཅིག །ཅེས་གནང་སྟེ་ནམ་མཁར་གཤེགས་པར་བསམ་མོ། ། དེ་ནས་བདུད་གཞོམ་པའི་ཆེད་དུ་ནམ་མཁའ་གང་བའི་རྒྱལ་བ་སྲས་བཅས་རྣམས་ལ་ མཆོད་ཅིང་ལྕེ་ཧཱུཾ་ལས་རྡོ་རྗེར་བསམས་ཏེ་སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། མ་ ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་ནི་རྡོ་རྗེ་ ཆེ་གེ་ཡིས། །འདིར་ནི་དཀྱིལ་འཁོར་བྲི་བར་བགྱི། །སངས་རྒྱས་ལ་སོགས་ཀུན་བྱོན་འཚལ། ། དངོས་གྲུབ་འདིར་ནི་ཡང་དག་གསོལ། །ཞེས་པས་གསོལ་བ་གདབ་ཅིང་ལྷའི་ང་རྒྱལ་དང་ ལྡན་པས། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ཡང་དག་ཉོན། །ང་ ནི་དཔལ་ལྡན་རྡོ་རྗེ་ཅན། །བཀའ་ཡི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་འབར་བའི་གཟུགས་ཀྱིས་ ནི། །ལུས་གསུམ་ལས་བྱུང་དགས་བྱ་སྟེ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འདིར་ནི་ འཇིག་འགྱུར་གཞན་དུ་མིན། །ཞེས་བརྗོད་དེ། རང་གི་ལུས་ལ་རྡོ་རྗེ་རྣམས་སྐད་ཅིག་གིས་ བསམ་ནས་དེ་ལས་འཕྲོས་པའི་རྡོ་རྗེ་འབར་བ་རྣམས་ཀྱིས་ཕྱོགས་བཅུར་གནས་པའི་བདུད་ བགེགས་དང་ལོག་པར་འདྲེན་པ་རྣམས་བསྲེགས་པར་བསམ་ཞིང་དེའི་སྔགས་དྲག་ཏུ་གདོན་ པར་བྱའོ། །དེ་ནས་བགེགས་དང་ལོག་འདྲེན་ལྷག་མ་རྣམས་ཀྱང་ལྕགས་ཀྱུས་བཀུག་ཅིང་ 7-1-249 ཞགས་པས་བཅིངས་ནས། རྡོ་རྗེའི་ཕུར་བུ་ཁྲོ་བོའི་རྒྱལ་པོ་ཞལ་དྲུག་པ་ཕྱག་དྲུག་པ་ཞབས་ དྲུག་པ་ལྟེ་བ་མར་བཅད་མདུང་གི་རྣམ་པར་གྱུར་པས་སྤྱི་བོ་ནས་བཏབ་པར་བསམས་ཞིང༌། དེའི་སྔགས་ཀྱིས་ཕྱོགས་བཅུར་བཏབ་སྟེ། བརྡུང་བའི་སྔགས་ཀྱིས་སྤྱི་བོ་ནས་གསང་བའི་ མཐར་ཐུག་པར་ཕུབ་ཅིང་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་པར་བསམས་ལ། ཕུར་བུ་རྣམས་ བསྲུང་བའི་དོན་དུ་ཁྲོ་བོ་བཅུ་སྤྲོས་ཏེ་གསོལ་བ་གདབ་ཅིང་མཆོད་པ་དང་བསྟོད་པ་བྱའོ། །དེ་ ནས་རྐང་མཐིལ་དག་ལ། ཧུཾ་ཧཱུཾཿ ཡཾ་ཡཱཿ རཾ་རཱཿ ལཾ་ལཱཿ ཝཾ་ཝཱཿ རྣམས་བཀོད་ཅིང༌། རྡོ་རྗེ་ རལ་གྲི་རིན་ཆེན་དང༌། །འཁོར་ལོ་པད་མའི་ཕྱག་རྒྱ་ཡིས། །རེག་ཅིང་བྱིན་གྱིས་བརླབས་ ནས་སུ། །དབུས་དང་ཕྱོགས་བཞིར་རིམ་པ་བཞིན། །གཡས་བརྐྱང་གཡོན་བརྐྱང་མཉམ་པ་ དང་། །ཟླུམ་པོ་རོལ་པ་ས་ག་དང༌། །ཏཱཎ་ཊ་པའི་རྐང་སྟབས་ཀྱིས། །བཅག་པའམ་བཅགས་ པར་མོས་པ་བྱའོ། །དེ་ནས་དཀྱིལ་འཁོར་གྱིས་ས་གཞི་དྲི་ལ་སོགས་པས་མཆོད་ཏེ[དེ]། ༀ་ ཚུར་སྤྱོན་ཚུར་སྤྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་རིན་ཆེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་ མ། །བཟང་པོའི་རྒྱན་གྱིས་རབ་བརྒྱན་མ། །དོ་ཤལ་རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་ དཔའ་རབ་མཆོད་མ། །མཆོད་ཡོན་འདི་ནི་བཞེས་ནས་སུ། །དཀྱིལ་འཁོར་ལས་ནི་ལེགས་ གྲུབ་མཛོད། །ཅེས་པས་སྔར་གྱི་ལྷ་མོ་སྤྱན་དྲངས་ནས། ༀ་ཨཱཿལཱཾ་ཧཱུཾ་བཛྲ་བྷཱུ་མི་ཏིཥྚཾ་ཨ་ཙ་ལ་ ཧུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ཨ་ཛྙ་པ་ཡ་ཏི་སྭཱཧཱ། ཞེས་པས་རྡོ་རྗེའི་ས་སྤྱན་དྲངས་པ་དེ་ཉིད་དུ་ཐིམ་ པས་དཀྱིལ་འཁོར་གྱི་ས་གཞི་དང་རོ་གཅིག་ཏུ་འདྲེས་པར་བསམ་ཞིང༌། རྡོ་རྗེ་བཅིང་བ་ནང་ དུ་བྱས་པས་ས་དེ་མནན་ལ། ༀ་བཛྲཱི་བྷ་བ་ཧཱུཾ་ཞེས་པ་དང༌། རྡོ་རྗེ་བསྡམས་པ་ལས་བྱུང་བའི་ ཧཱུཾ་གིས་དབང་ཆེན་གྱི་མཐར་ཐུག་པར་རྡོ་རྗེའི་རང་བཞིན་དུ་བསམས་ཏེ། ༀ་བཛྲཱ་ཌི་ཌྡྷ་ཏིཥྛ་ ཞེས་པ་གསུམ་གྱིས་བྱིན་གྱིས་བརླབ་ཅིང༌། སླར་ཡང་མཆོད་ཡོན་ལ་སོགས་དབུལ་བར་ བྱའོ།། །། 7-1-250 དེ་ནས་ལྷ་ལྷག་པར་གནས་པ་ནི་དཀྱིལ་འཁོར་གྱི་ས་གཞི་བསང་ཞིང་སྦྱངས་ཏེ། ཆོས་ འབྱུང་ནམ་མཁའི་ཁམས་ཀྱི་མཐའ་ཡས་པར་རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོའི་ དབུས་སུ་ཡཾ་རཾ་ཝཾ་ལཾ་རྣམས་ལས་བྱུང་བའི་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་གྱི་སྟེང་ དུ་མཾ་ལས་རི་རབ་ལྷུན་པོ་ཀྵཾ་ལས་སྣ་ཚོགས་ཆུ་སྐྱེས་ཧ་ལས་ཟླ་བའི་དཀྱིལ་འཁོར་རྣམ་གཅད་ ལས་ཉི་མའི་དཀྱིལ་འཁོར། ཐིག་ལེ་ལས་སྒྲ་གཅན་གྱི་དཀྱིལ་འཁོར། མཐའ་དག་གཅིག་ཏུ་ འདྲེས་པ་ཧྐྵྨླྺྼྻྂ་དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་གུར་གྱི་རང་བཞིན་འོད་ཟེར་ལྔ་འཕྲོ་བའི་ནང་ དུ་རྡོ་རྗེའི་ས་གཞི་ལ་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ མེད་ཁང་པ་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་དང་བདེ་ཆེན་འཁོར་ལོ་དང་གཙོ་ བོའི་གནས་རྣམས་རིམ་པ་ལྟར། སྟེང་དུ་འཕགས་པས་མཆོད་རྟེན་ལྟར་མཛེས་པ་སོ་སོར་རྒྱ་ ཕུབས་[ཕིབས]དང་ལྡན་ཞིང་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་པ། རྩིག་པ་རྣམས་ ཀྱི་སྟེང་ནས་རིན་པོ་ཆེའི་སྣམ་བུ་དང༌། དོ་ཤལ་དང་དོ་ཤལ་ཕྱེད་པ་དང༌། བ་ཀུ་ལཱི་དང་ཀྲ་མ་ ཤཱིར་ཥ་དང་ཕྱི་རོལ་ནས་སྟེགས་བུ་དཀར་པོ་དང་ནང་ནས་ཀྱང་ལྷ་སྣམ་དཀར་པོས་བསྐོར་བ་ སྒོ་སོ་སོའི་སྟེང་དུ་ནོར་བུ་གསེར་གྱི་རང་བཞིན་རྟ་བབས་སྣམ་བུ་བཅུ་གཅིག་པ་རྒྱན་ཐམས་ ཅད་ཀྱིས་བརྒྱན་པ། ཟུར་རྣམས་སུ་སྣ་ཚོགས་རྡོ་རྗེ་དང་སྒོ་དང་སྒོ་ཁྱུད་ཀྱི་འཚམས་ [མཚམས]སུ་རིན་པོ་ཆེ་འབར་བས་སྤྲས་པ། གཞན་ཡང་གདུགས་དང་རྒྱལ་མཚན་དང་བ་ དན་དང་དྲིལ་བུ་དང་མེ་ལོང་དང་རྔ་ཡབ་དང་ཕྲེང་བ་ལ་སོགས་པས་མཛེས་པར་བརྒྱན་པ། བདེ་ཆེན་འཁོར་ལོ་ལ་བུང་བ་ལྟར་ནག་པའི་ཀ་བ་བཅུ་དྲུག་རིམ་པ་ལྟར་རལ་གྲི་རིན་ཆེན་ པད་མ་འཁོར་ལོའི་ཕྲེང་བས་མཚན་པ། རྡོ་རྗེའི་གདུང་ནང་མ་སྔོན་པོ་དང་ཕྱི་མ་ལྗང་ཁུས་ མཛེས་པར་ཕུབ་པ། སྟེང་འོག་གི་ཁ་དོག་ལྷག་མ་རྣམས་ཕྱོགས་ཀྱི་མདོག་ཅན་མཆོད་པའི་ས་ གཞི་ལ་པད་མ་དང་བུམ་པ་ལ་སོགས་པའི་མཆོད་རྫས་དུ་མ་ཉེ་བར་འཁྲིགས་པ། ས་དང་ཆུ་ 7-1-251 དང་མེ་དང་རླུང་དང་ནམ་མཁའི་ཁོར་ཡུག་ཆེན་པོ་ལྔས་ཡོངས་སུ་བསྐོར་བ། ཁ་དོག་ལྔ་དང་ ལྡན་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་སྙིང་པོ་རྩ་བ་དང་སྡོང་བུ་དང་འདབ་མ་དང་གེ་ སར་དང་ལྟེ་བ་རྣམས་རིམ་པ་ལྟར། སཱཾ་ྉྤཾ་ཥཱཾ་ཤཱཾ་ྈྐཾ་རྣམས་ལས་བྱུང་བའི་སྣ་ཚོགས་པད་མའི་ལྟེ་ བར། ཨཾ་ཨཿ ཨ་རྣམས་ལ་བྱུང་བའི་ཟླ་བ་ཉི་མ་སྒྲ་གཅན་གྱི་གདན། དེ་བཞིན་དུ་བདེ་ཆེན་ འཁོར་ལོའི་ཕྱོགས་བཞིར། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཏ་ཐ་ད་དྷ་ན། རྣམས་ ལས་བྱུང་བའི་པད་མ་དཀར་པོའི་ལྟེ་བར་ར་ལས་ཉི་མའི་གདན། འཚམས་[མཚམས] བཞིར། ཙཱ་ཚཱ་ཛཱ་ཛྷཱ་ཉཱ། ཊཱ་ཐཱ་ཌཱ་ཌྷཱ་ཎཱ། པཱ་ཕཱ་བཱ་བྷཱ་མཱ། ཏཱ་ཐཱ་དཱ་དྷཱ་ནཱ། རྣམས་ལས་བྱུང་བའི་པད་ མ་དམར་པོའི་ལྟེ་བར་ཨ་ལས་ཟླ་བའི་གདན། སྒོ་བཞིར་ཡང་ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། པ་ ཕ་བ་བྷ་མ། ཏ་ཐ་ད་དྷ་ན། རྣམས་ལས་བྱུང་བའི་ཤར་དང་བྱང་དུ་པད་མ་དཀར་པོའི་ལྟེ་བར་ ར་ལས་ཉི་མའི་གདན། ལྷོ་དང་ནུབ་ཏུ་པད་མ་དམར་པོའི་ལྟེ་བར་ཨ་ལས་ཟླ་བའི་གདན། ལྷ་ སྣམ་ལ་ཕྱོགས་བཞིའི་གཡས་དང་ལྷོ་དང་ཤར་གྱི་གཡོན་དུ་ཙཾ་ཚཾ་ཛཾ་ཛྷཾ་ཉཾ། ཊཾ་ཋཾ་ཌཾ་ཌྷཾ་ཎཾ། པཾ་ ཕཾ་བཾ་བྷཾ་མཾ། ཏཾ་ཐཾ་དཾ་དྷཾ་ནཾ། ཀཾ་ཁཾ་གཾ་གྷཾ་ངཾ༌། སཾ་ྉྤཾ་ཥཾ་ཤཾ་ྈྐཾ། རྣམས་ལས་བྱུངབའི་པད་མ་དཀར་ པོའི་ལྟེ་བར་ར་ལས་ཉི་མའི་གདན། འཚམས་[མཚམས]བཞི་དང་ནུབ་དང་བྱང་གི་གཡོན་ དུ། ཙཿ་ཚཿཛཿཛྷཿཉཿ། ཊཿཋཿཌཿཌྷཿཎཿ། པཿཕཿབཿབྷཿམཿ། ཏཿཐཿདཿདྷཿནཿ། ཀཱ་ཁཱ་གཱ་གྷཱ་ ངཱའ༌། སཿྉྤཿཥཿཤཿྈྐཿ། རྣམས་ལས་བྱུང་བའི་པདྨ་དམར་པོའི་ལྟེ་བར་ཨ་ལས་ཟླ་བའི་གདན། པཾ་ལས་བྱུང་བའི་གསུང་དང་སྐུའི་པད་མ་རྣམས་དང་དུར་ཁྲོད་ཀྱི་འཁོར་ལོ་རྣམས་ཕྱོགས་ བཞི་དམར་ཞིང་འཚམས་[མཚམས]བཞི་དཀར་བ། སྒོ་བཞི་དང་སྟེང་འོག་གི་ཤིང་རྟ་ཕྱོགས་ ཀྱི་མདོག་ཅན་ཐུབ་པའི་དབང་པོའི་གཞལ་མེད་ཁང་པ་ནོར་བུའི་ཚོགས་ཀྱིས་འཕྲོ་བ། དྭངས་ ཤིང་སྒྲིབ་པ་མེད་ལ་ཕྱི་ནང་ཀུན་དུ་[ཏུ]འོད་གསལ་བ་མཚན་ཉིད་ཐམས་ཅད་ཡོངས་སུ་ རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་མཛེས་པ། ཞེས་ཅུང་ཟད་བསྡུས་པའམ། ཡང་ན་བསྒྲུབ་ 7-1-252 [སྒྲུབ་]ཐབས་ལྟར་རྒྱས་པར་བསྒོམས་ལ། ལྷ་སོ་སོའི་གནས་སུ་དྲི་བཟང་གི་ཐིག་ལེར་མེ་ ཏོག་གི་ཚུམ་[ཚོམ]བུ་བཀོད་ཅིང༌། དབུས་སུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་ཡོངས་སུ་གྱུར་པ་ ལས། ཞེས་པ་ལ་ལ་སོགས་པས་གཙོ་བོ་ཡབ་ཡུམ་དང༌། འདབ་མ་བརྒྱད་ལ། ཨ་ཨཱ་ཨཾ་ཨཿཧ་ ཧཱ་ཧཾ་ཧཾཿརྣམས་དང་སྤོས་ཕོར་མར་མེ་ཞལ་ཟས་དྲི་ཆབ་རྔ་ཡབ་རྣམས་ལས་བྱུང་བའི་ནག་མོ་ འབར་མ་བདུག་སྤོ་ཙན་དན་གུར་གུམ་དང་ནི་ག་བུར་སྣོད། །ཞེས་པ་ལ་སོགས་པའི་ནུས་མ་ བརྒྱད། འཚམས་[མཚམས]བཞིར་ༀ་ཨཱཿཧཱུཾ་ཧོ་ལས་བྱུང་བའི། དབང་ལྡན་འཚམས་ [མཚམས]སུ་རབ་དཀར་ཆོས་ཀྱི་དུང༌། །ཞེས་པ་ལ་སོགས་པ་མཚན་མ་བཞི་དང༌། བདེ་ཆེན་ འཁོར་ལོའི་ཕྱོགས་བཞིར་ཨི་རི་ཨུ་ལྀ་དང་རལ་གྲི་རིན་ཆེན་པད་མ་འཁོར་ལོ་ལས་བྱུངབའི་ དོན་ཡོད་གྲུབ་པ་རིན་ཆེན་འབྱུང་ལྡན་སྣང་བ་མཐའ་ཡས་རྣམ་པར་སྣང་མཛད་རྣམས་ལ་ ཡུམ་བཞིས་མཁྱུད་[འཁྱུད]པ། འཚམས་[མཚམས]བཞིར། ཨཱི་རཱྀ་ཨཱུ་ལཱྀ་དང་རལ་གྲི་རིན་ ཆེན་པད་མ་འཁོར་ལོ་ལས་བྱུང་བའི་སྒྲོལ་མ། གོས་དཀར་མོ་མཱ་མ་ཀི། སྤྱན་མ་རྣམས་ལ་ཡབ་ བཞིས་མཁྱུད་[འཁྱུད]པ། དེ་དག་གི་བར་དང་སྟེང་འོག་ཏུ། ཧིཾ་ཧཱིཾ་ཧྲྀཾ་ཧྲཱྀཾ་ཧུཾ་ཧཱུཾ་ ཧླྀཾ་ཧླཱྀཾ་ཧཾ་ཧཱ་རྣམས་ལས་བྱུང་བའི། རྐང་དང་ཁྲག་དང་དྲི་ཆུ་དྲི་ཆེན་རབ་འགགས་ པས། །ཞེས་པ་ལ་སོགས་པ་བུམ་པ་བཅུ་དང་སྒོ་བཞིར། ཡཾ་རཾ་ཝཾ་ལཾ་དང་རལ་གྲི་རིན་ཆེན་ པད་མ་འཁོར་ལོ་ལས་བྱུང་བའི་བགེགས་མཐར་བྱེད། ཤེས་རབ་མཐར་བྱེད། པད་མ་མཐར་ བྱེད་གཤིན་རྗེ་མཐར་བྱེད་རྣམས་ལ་ཁྲོ་མོ་བཞིས་མཁྱུད་[འཁྱུད]པ། ལྷ་སྣམ་ལ། ཨ་ཨེ་ ཨར་ཨོ་ཨལ་ཨཾ་དང་རྡོ་རྗེ་རལ་གྲི་རིན་ཆེན་པད་མ་འཁོར་ལོ་རྡོ་རྗེ་རྣམས་ལས་བྱུང་བའི་ ཕྱག་ན་རྡོ་རྗེ། ནམ་མཁའི་སྙིང་པོ་སའི་སྙིང་པོ་འཇིག་རྟེན་དབང་ཕྱུག སྒྲིབ་པ་རྣམ་སེལ། ཀུན་ཏུ་བཟང་པོ་རྣམས་ལ་སེམས་མ་དྲུག་གིས་མཁྱུད་[འཁྱུད]པ། ཨཱ་ཨཻ་ཨཱར་ཨཽ་ཨཱལ་ ཨཿདང་རྡོ་རྗེ་སོགས་ལས་བྱུང་བའི་སྒྲ་རྡོ་རྗེ་མ། རེག་བྱ་རྡོ་རྗེ་མ། རོ་རྡོ་རྗེ་མ། གཟུགས་རྡོ་རྗེ་ 7-1-253 མ་དྲི་རྡོ་རྗེ་མ། ཆོས་ཁམས་རྡོ་རྗེ་མ་རྣམས་ལ་སེམས་དཔའ་དྲུག་གིས་མཁྱུད་[འཁྱུད]པ་ཞེས་ པའི་མཐར། འདུ་བྱེད་རླུང་དང་ངག་གི་དབང་པོ་སྣ་དང་རེག་གཞན་འདུས་མ་བྱས། །ཞེས་པ་ ལ་སོགས་པ་དང་འདོད་ཡོན་གྱི་སྟེགས་བུ་ལ་ཙྪྫྫྷྙ་ཞེས་སོགས་དང་རང་རང་གི་མཚན་མ་ལས་ བྱུང་བའི། ཕྱོགས་བཞི་སྟེང་འོག་སོ་སོར་གཉིས་གཉིས་ཕྱོགས་ཀྱི་མདོག་ཅན་ལྷ་མོ་ནི། ཞེས་ པ་ལ་སོགས་པས་གཟུངས་མ་རྣམས་དང༌། གསུང་གི་ལྷ་སྣམ་ལ། ཕྱོགས་དང་འཚམས་ [མཚམས]སུ་ཆུ་སྐྱེས་དམར་དང་དཀར་པོ་ལ་གནས་རྣལ་འབྱོར་མ། །ཞེས་སོགས་དང༌། ཧ་ ཧི་ཧཱི་ཡ་ཡི་ཡྀ་ཡུ་ཡྀ་ཡ་དང་གྲི་གུག་ལས་བྱུང་བའི། ཡི་དྭགས་ལ་གནས་ཙར་ཙི་ཀ་ནི་ དབང་པོས་མཁྱུད་[འཁྱུད]ཅིང་འཇིགས་མ་དང༌། །ཞེས་པ་ལ་སོགས་པ་གཞན་རྣམས་ལའང་ སྦྱར་བས་རྣལ་འབྱོར་མ་འཁོར་དང་བཅས་པ་རྣམས་དང༌། སྐུའི་ལྷ་སྣམ་ལ། ཟླ་བ་ཚིགས་ ཆེན་ཉི་མའི་ཚེས་དང་རྩ། །ཞེས་སོགས་དང༌། ཙཾ་ཛྀ། ཉ་ཉི་ཉྀ་ཉུ་ཉི་ཉཾ་ཞེས་སོགས་ དང་རལ་གྲི་ལས་བྱུང་བའི་སྲིན་པོས་མཁྱུད་[འཁྱུད]ཅིང་ཡི་དྭགས་ལ་གནས་པའི། ཞེས་པ་ ལ་སོགས་པ་གཞན་རྣམས་ལ་ཡང་སྦྱར་བས་ལྷ་ཆེན་པོ་འཁོར་དང་བཅས་པ་རྣམས་དང༌། སྒོ་ བཞི་དང་སྟེང་འོག་གི་ཤིང་རྟར། ཡ་ར་ཝ་ལ་ཧཾ་ཧཿདང་དབྱུག་པ་མེ་མདའ་གཏུན་ཤིང་བེ་ཅོན་ རྡོ་རྗེ་རྩེ་གསུམ་རྣམས་ལས་བྱུང་བའི། འོད་ཟེར་ཅན་མཁྱུད་[འཁྱུད]དབྱུག་སྔོན་ནག་པོ་རལ་ གྲི་དང་ནི་རྡོ་རྗེ་ཕུབ་དང་ལྟོས་འགྲོ་འཛིན། །ཞེས་པ་ལ་སོགས་པས་ཁྲོ་མོ་ཡབ་ཡུམ་རྣམས་ དང༌། སྒོའི་གཡོན་དང་གཡས་ཀྱི་སྟེགས་བུ་དང་སྟེང་དང་འོག་ཏུ་ཧྻཾ་ཧྻཱཾ་ཧྲཾ་ཧྲཱཾ་ཧྭཾ་ཧྭཱཾ་ཧླཾ་ཧླཱཾ་ཧུཾ་ཀྵུཾ་ དང་རྒྱལ་མཚན་བཀྲ་ཤིས་པད་མ་རྡོ་རྗེ་བུམ་པ་རྣམས་ལས་བྱུང་བའི། སྟོབས་ཀྱི་རྒྱུ་དང་པད་ མ་ཆར་སྤྲིན་མདོག །ཅེས་པ་ལ་སོགས་པས་ཀླུ་བཅུ་དང༌། མེ་རླུང་གི་འཚམས་[མཚམས]སུ་ དུར་ཁྲོད་ཀྱི་འཁོར་ལོ་རྣམས་ལ། ཀྑྔྒྒྷྔ་སོགས་དང་གྲི་གུག་ལས་བྱུང་བའི། མདུང་གི་འབིགས་ དང་ལྷག་མ་བསྲེགས་པའི་རོ། །ཞེས་པ་ལ་སོགས་པས་རབ་གཏུམ་རྣམས་དང༌། རླུང་གི་ཁོར་ 7-1-254 ཡུག་ལ་ས་བོན་དང་མཚན་མ་སྣ་ཚོགས་ལས་བྱུང་བའི་སྐྲ་དང་བ་སྤུ་རྣམ་དག་གྲུབ་པ་དང༌། ། ཞེས་པ་ལ་སོགས་པའི་འབྱུང་པོའི་ཚོགས་རྣམས་དང༌། གསུང་དང་སྐུའི་སྟེགས་བུ་ལ། ཙཿཚཿཛཿཛྷཿཉཿ། ཞེས་སོགས། ཙཾ་ཚཾ་ཛཾ་ཛྷཾ་ཉཾ་ཞེས་སོགས་དང་རང་རང་གི་ཕྱག་མཚན་ལས་ བྱུངབའི་སྒྲོལ་མ་དང་ནི་རེག་བྱ་མ་དང་ཁྱབ་འཇུག་ལྕགས་སྒྲོག་ཁ་གདོང་མ། །ཞེས་པ་ལ་ སོགས་པས་འདོད་མ་དང་ཕྱིར་འདོད་མ་རྣམས་བསྐྱེད་ཅིང༌། སྒྲུབ་ཐབས་སུ་བསྟན་པ་ལྟར་ ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་ན་རྒྱས་གདབ་པ་དང་སྙིང་པོ་དང་ཡིག་བརྒྱས་ཀྱང་ བརྟན་པར་བྱས་ལ་ཕྱི་དང་ནང་གི་མཆོད་པ་དང་བསྟོད་པ་རྣམས་རྒྱས་པར་བྱ་ཞིང༌། པུས་མོ་ གཡས་པ་ས་ལ་བཙུགས་ཏེ་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་གཅིག་པར་བསྐྱེད་ཅིང་སྤོས་དང་བཅས་པའི་ རྡོ་རྗེ་དྲིལ་བུ་འཛིན་པས། སེམས་ཅན་རྣམས་ནི་ཐར་པའི་སླར་དུ་ཆེ་གེ་བདག་ཀྱང་གཙོ་བོའི་ དཀྱིལ་འཁོར་དག་ནི་བཞེངས་པར་བྱེད། །གང་དག་ཕྱོགས་རྣམས་ཀུན་ན་སངས་རྒྱས་བྱང་ ཆུབ་སེམས་དཔའ་ཉེས་པ་རྣམ་བྲལ་བཙུན་མོ་དང་བཅས་པ། །དེ་དག་རྣམས་ཀྱི་མཆོག་གི་ ཐུགས་རྗེས་དཀྱིལ་འཁོར་དུ་ནི་དབང་བསྐུར་སླད་དུ་བདག་ལ་བསྐྱང་དུ་གསོལ། །ཞེས་པ་ དང༌། དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །དཀྱིལ་ འཁོར་ཐུགས་རྗེའི་བདག་ཉིད་ཅན། །མགོན་པོ་བདག་ནི་བྲི་བར་འཚལ། །སློབ་མ་རྣམས་ལ་ བརྩེ་བ་དང༌། །ཁྱེད་ལ་མཆོད་པ་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་ བཀའ་དྲིན་མཛད་པར་འོས། །འགྲོ་བ་འཁོར་ལོའི་དོན་མཛད་པ། །སངས་རྒྱས་བདག་ལ་ དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །སྔགས་ཀྱི་ལྷ་གཞན་གང་ ལགས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །སེམས་ཅན་སྟན་ལ་མངོན་དགའ་དང༌། ། གངས་སུ་རྡོ་རྗེའི་སྤྱན་ཅན་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་ འདི་ཞེས་བགྱི་བ་ཡིས། །དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ནི། །ཡོ་བྱད་ཅི་འབྱོར་པ་དག་ 7-1-255 གིས། །འགྲོ་བ་དག་ཕྱིར་བདག་འབྲི་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེས་ ཐུགས་དཔག་མཛད་ནས་སུ། །དཀྱིལ་འཁོར་པར་བཅས་ཐམས་ཅད་ཀྱིས། །ཐུགས་རྗེས་ དགོངས་ནས་གནང་བར་མཛོད། །ཅེས་པ་ལན་གསུམ་གྱིས་གསོལ་བར་གདབ་པར་བྱའོ། ། དེ་ནས་བུམ་པ་ལྷག་པར་གནས་པ་ནི། མཚན་ཉིད་དང་ལྡན་པའི་བུམ་པ་ལྔའམ་བཅུ་ཡལ་ འདབ་དང་བཅས་པའི་ཤིང་གིས་ཁ་རྒྱན་དང༌། ལས་དང་རྗེས་སུ་མཐུན་པའི་རས་ཟུང་གི་ མགུལ་ཆིངས་དང༌། སྐུད་པ་དཀར་པོ་ལྔ་ཚན་རྣམས་དང༌། སྨན་ལྔ་དང༌། དྲི་ལྔ་དང་འབྲུ་ལྔ་ དང་རིན་པོ་ཆེ་ལྔ་དང་ལྕགས་ལྔ་དང༌། དྲི་ཞིམ་པོའི་ཆུ་དང་བཅས་པ་བསང་ཞིང་སྦྱངས་ཏེ་ བུམ་རྫས་རྣམས་སོ་སོར་བཞུག་ཅིང༌། ཧཱུཾ་ལན་བདུན་དང༌། ༀ་བཛྲ་ཤི་ཁ་ར་ཏུཊ་མཊ་དི་ཤཱཾ་ བན་དྷ་བན་དྷ་ཧཱུཾ་ཞེས་བཟླས་པའི་སྐུད་པ་བཀྲིས་[དཀྲིས]ལ། རྒྱལ་བའི་སྟེང་དུ་རྣམ་རྒྱལ་ ཆེན་པོ་དུང་ཆོས་སུ་རྫས་ཐམས་ཅད་ཐུམ་བུར་བྱས་པ་གཞུག་ཅིང༌། དེའི་སྟེང་དུ་མེ་ཏོག་གི་ ཕྲེང་བ་དང་བཅས་པའི་རྡོ་རྗེ་བཞག་སྟེ། ཡི་གེ་གསུམ་དང༌། ༀ་བཛྲ་ཨ་མྲི་ཏ་ཨུ་ད་ཀ་ཋཿཧཱུཾ་ ཞེས་པས་བདུད་རྩིར་མོས་པ་བྱ་ཞིང༌། ༀ་ཏས་ཏེ་མ་ཧ་ཏས་ཏེ་སྭཱཧཱ། ཞེས་པས་ལྷའི་ཆུའི་རང་ བཞིན་སྤྱན་དྲངས་པ་དང་དབྱེར་མེད་པར་བསམས་ལ། རྒྱལ་རྣམ་རྒྱལ་དབུས་དང་གཞན་ རྣམས་ཕྱོགས་སོ་སོར་བཀོད་པ་བསང་ཞིང་སྦྱངས་ཏེ་སྟོང་པའི་ངང་ལས་ཧཾ་ཧཾ་ཞེས་སོགས་ ལས་བྱུང་བའི་བདུད་རྩིའི་བུམ་པ་དཀར་ཞིང་ཟླུམ་པ་[དངས་ཞིང་[དྭངས་ཤིང་]གསལ་བར་ བསྐྱེད་ནས། རྣམ་རྒྱལ་ཆེན་པོར་རང་རང་གི་གདན་ལ། ཧཱུཾ་ལས་དུས་ཀྱི་འཁོར་ལོ་སྐུ་མདོག་ སྔོན་པོ་ཞལ་བཞི་ཕྱག་ཉེར་བཞི་པ། མཚོན་ཆ་རྣམས་དང་རྡོ་རྗེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ པ། ཕྲེཾ་ལས་སྣ་ཚོགས་ཡུམ་སེར་མོ་ཞལ་བཞི་ཕྱག་བརྒྱད་མ་དང་མཉམ་པར་སྦྱོར་བ། སྔར་ བཞིན་ཨ་སོགས་ལས་ནུས་མ་བརྒྱད་ༀ་སོགས་ལས་ནུས་མ་བཞི། ཨི་སོགས་ལས་རྒྱལ་བ་ རིགས་བཞི་ལ་ལྷ་མོ་ཡུམ་བཞིས་མཁྱུད་[འཁྱུད]པ། ཨཱི་སོགས་ལས་ལྷ་མོ་ཡུམ་བཞི་ལ་རྒྱལ་ 7-1-256 བ་རིགས་བཞིས་མཁྱུད་[འཁྱུད]པ། ཡཾ་སོགས་ལས་ཁྲོ་བོ་བཞི་ལ་ཁྲོ་མོ་བཞིས་མཁྱུད་ [འཁྱུད]པ། ཨ་སོགས་ལས་སེམས་དཔའ་དྲུག་ལ་སེམས་མ་དྲུག་གིས་མཁྱུད་[འཁྱུད]པ། ཨཱ་སོགས་ལ་སེམས་མ་དྲུག་ལ་སེམས་དཔའ་དྲུག་གིས་མཁྱུད་[འཁྱུད]པ། ཙྪྫྫྷྙ་སོགས་ལས་ མཆོད་པའི་ལྷ་མོ་རྣམས་དང༌། ཕྱོགས་བཞིའི་བུམ་པར་པད་མ་དཀར་པོ་དང་ཉི་མ་ལ་ཨི་ སོགས་ལས་དོན་ཡོད་གྲུབ་པ། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། རྣམ་པར་སྣང་ མཛད་རྣམས་ལ་ཡུམ་བཞིས་མཁྱུད་[འཁྱུད]པ། འཚམས་[མཚམས]བཞིའི་བུམ་པར་པད་ མ་དམར་པོ་དང་ཟླ་བ་ལ། ཨཱི་སོགས་ལས་སྒྲོལ་མ་གོས་དཀར་མོ། མཱ་མ་ཀཱི། སྤྱན་མ་རྣམས་ ལ་ཡབ་བཞིས་མཁྱུད་[འཁྱུད]པ་སྐད་ཅིག་དྲན་རྫོགས་ཀྱིས་གསལ་བསྐྱེད་ལ། ཡེ་ཤེས་པ་ གཞུག་ཅིང་དབང་བསྐུར་ནས་རིགས་བདག་གིས་རྒྱས་བཏབ་པ་ལ་མཆོད་བསྟོད་བྱ་སྟེ། རང་ གི་སྙིང་ཁར་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ་སྔར་བཞིན་དུས་ཀྱི་འཁོར་ལོ་ཤེས་རབ་དང་ བཅས་པ་བསྒོམས་ནས་དེ་དག་གི་ཐུགས་ཁར་གནས་པའི་ཟླ་བ་ཉི་མ་ཁ་སྦྱོར་ལས་འོད་ཟེར་ ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཡེ་ཤེས་ཀྱི་བདུད་རྩི་དཔག་ཏུ་མེད་པ་སྤྱན་དྲངས་པ་དང་རོ་ གཅིག་ཏུ་གྱུར་པར་བསམ་ཞིང༌། རྩ་སྔགས་སྙིང་པོ་ཉེ་སྙིང་དང་བཅས་པ་དང་རྒྱལ་བ་ཡབ་ ཡུམ། སེམས་དཔའ་ཡབ་ཡུམ་ཁྲོ་བོ་ཡབ་ཡུམ་གྱི་སྔགས་ཚན་པ་གསུམ་པོ་རྣམས་ཀྱང་ཅི་ རིགས་སུ་བཅས་ཤིང་ཡི་གེ་དྲུག་པ་བཟླས་པའི་མེ་ཏོག་དོར་བས་ལྷ་རྣམས་ཆགས་པ་ཆེན་ པོས་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་བསམས་ལ། གཙོ་ཆེར། ༀ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྲིཾ་ཧྲཱིཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱིཾ་ བཛྲ་པད་མ་ཨ་མྲྀ་ཏ་གྷ་ཊ་སུ་བི་ཤུད་དྷ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་སརྦ་དྷརྨཱན་སུ་བི་ཤུད་དྷ་དྷརྨ་དྷ་ཏུ་ སྭབྷཱ་ཝཱན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་མང་དུ་བཟླས་ཏེ་དྲི་ལ་སོགས་པས་མཆོད་ཅིང་བསྟོད་ནས་ ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་དེ་སྲིད་དུ་བགེགས་རྣམས་བསྲུང་བར་ མཛོད་ཅིག་ཅེས་ཀྱང་བརྗོད་པར་བྱའོ།། །། 7-1-257 དེ་ན་ཐིག་སྐུད་ལྷག་པར་གནས་པ་ནི་མཚན་ཉིད་དང་ལྡན་པའི་སྲད་བུ་སྣོད་གཙང་ མར་བཀོད་པ་བསང་ཞིང་སྦྱངས་ཏེ། ཨཱཾཿཨཱྀཾ་རཱྀཾ་ཨུཾ་ལཱིཾ་ལས་བྱུང་བའི་རྡོ་རྗེ་ དབྱིངས་ཀྱི་དབང་ཕྱུག་མ་དང་སྒྲོལ་མ་ལ་སོགས་པ་ཡུམ་སྔར་བསྐྱེད་ལ། སྔར་བཞིན་རང་གི་ སྙིང་ཁར་དུས་ཀྱི་འཁོར་ལོ་ཤེས་རབ་དང་བཅས་པ་བསྒོམས་ནས། སྣ་ཚོགས་ཡུམ་གྱི་ཐུགས་ ཁའི་ཉི་མ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ལྷ་མོ་ལྔ་སྤྱན་དྲངས་པ་གཞུག་ཅིང་ དབང་བསྐུར་ནས་རྒྱས་[གཏབ་ཏེ་[བཏབ་སྟེ]ཞུ་བ་ལས་ཐིག་སྐུད་ཀྱི་རྣམ་པར་གྱུར་པར་ བསམ་ཞིང༌། ༀ་ཨཱཾ་ཨཱིཾ་རྀ་ཨཱུཾ་ལྀ་བཛྲ་པཱུ་ཏྲ་སརྦ་དྷརྨ་ཨེ་ཀ་སྭབྷཱ་ཝ་སརྦ་དྷརྨཱན་ཨེ་ཀཱ་ཀཱ་ར་སྭབྷཱ་ ཝཱན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་བཟླས་ནས་དྲི་ལ་སོགས་པས་མཆོད་དེ་ཤར་གྱི་ས་ལ་བཞག་པར་ བྱའོ།། །། དེ་ནས་རྡུལ་ཚོན་ལྷག་པར་གནས་པ་ནི་ཁ་དོག་ལྔའི་ཚོན་བཟང་པོ་སྣོད་གཙང་མར་ བཀོད་པ་ལ་ས་བོན་ལྔ་བྲིས་པ་བསངས་ཤིང་སྦྱངས་ནས། ཨཾ་ཨིཾ་རྀ་ཨུཾ་ལྀ་ལས་བྱུང་བའི་མི་ བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔར་བསྐྱེད་ལ། སྔར་བཞིན་དུ་སྙིང་ཁར་དུས་ཀྱི་འཁོར་ ལོ་ཤེས་རབ་དང་བཅས་པ་བསྒོམས་པའི་ཡབ་ཀྱི་ཐུགས་ཁའི་ཟླ་བ་ལས་འོད་ཟེར་ལྕགས་ ཀྱུ་ལྟ་བུ་འཕྲོས་པས་སངས་རྒྱས་ལྔ་སྤྱན་དྲངས་པ་བཞུགས་ཅིང༌། དབང་བསྐུར་ནས་རྒྱས་ [གཏབ་ཏེ[བཏབ་སྟེ]། ཞུ་བ་ལས་རྡུལ་ཚོན་གྱི་རྣམ་པར་གྱུར་པར་བསམས་ཞིང་[ཤིང་]། ༀ་ཨཾ་ཨིཾ་རྀ་ཨུཾ་ལྀ་སུ་བི་ཤུད་དྷ་པཉྩ་སྐན་དྷ་སྭབྷཱ་བ་པཉྩ་སྐན་དྷཱན། སུ་བི་ཤུད་དྷ་དྷརྨཱན་ཀུ་རུ་ ཀུ་རུ་སྭཱཧཱ། ཞེས་བཟླས་ནས་དྲི་ལ་སོགས་པས་མཆོད་དེ་ནུབ་ཀྱི་ས་ལ་བཞག་པར་བྱའོ།། །། དེ་ནས་རྡོ་རྗེ་ལྷག་པར་གནས་པ་ནི་མཚན་ཉིད་དང་ལྡན་པའི་རྡོ་རྗེ་བསངས་ཤིང་སྦྱངས་ ཏེ་ཧཱུཾ་ལས་བྱུང་བའི་དུས་ཀྱི་འཁོར་ལོ་བསྐྱེད་ལ། སྔར་བཞིན་དུས་ཀྱི་འཁོར་ལོ་ཤེས་རབ་དང་ བཅས་པ་བསྒོམས་པའི་ཡབ་ཀྱི་ཐུགས་ཁའི་ཟླ་བ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ 7-1-258 གཙོ་བོ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་གཞུག་ཅིང་དབང་བསྐུར་ནས་རྒྱས་བཏབ་[སྟེ] ཞུ་བ་ལས་རྡོ་རྗེར་གྱུར་པར་བསམ་ཞིང༌། ༀ་ཧུཾ་ཀྲོ་དྷ་བཛྲ་སརྦ་སཏྭ་ཀ་རུ་ཎ་ཨཱད་མ་ཀ། སརྦ་ དྷརྨ་ཨེ་ཀ་སུ་ཁ་སྭ་བྷཱ་བ་སརྦ་དྷརྨཱན་བཛྲ་སུ་ཁ་སྭབྷ་བཱན་ཀུ་རུ་ཀུ་རུ་སྭ་ཧཱ། ཞེས་བཟླས་ནས་ དྲི་ལས་སོགས་པས་མཆོད་དེ། ལྷོའི་ས་ལ་བཞག་པར་བྱའོ།། །། དེ་ནས་དྲིལ་བུ་ལྷག་པར་གནས་པ་ནི། མཚན་ཉིད་དང་ལྡན་པའི་རྡོ་རྗེ་དྲིལ་བུ་བསངས་ ཤིང་སྦྱངས་ནས་ཧོཿལས་བྱུང་བའི་སྣ་ཚོགས་ཡུམ་དུ་བསྐྱེད་ལ། སྔར་བཞིན་སྙིང་ཁར་དུས་ ཀྱི་འཁོར་ལོ་ཤེས་རབ་དང་བཅས་པ་བསྒོམས་པའི་སྣ་ཚོགས་ཡུམ་གྱི་ཐུགས་ཁའི་ཉི་མ་ལས་ འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གཙོ་མོ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་བཞུགས་ ཤིང་དབང་བསྐུར་བས་རྒྱས་བཏབ་སྟེ་ཞུ་བ་དྲིལ་བུར་གྱུར་པར་བསམས་ཞིང་[ཤིང་]། ༀ་ ཧོཿབཛྲ་གྷཎ་ཊེ་སརྦ་དྷརྨ་ཨེ་ཀ་པྲཛྙཱ་དྷྭ་ནི་སྭ་བྷཱ་བཻ། སརྦ་ཨཱ་ཀཱ་རེ། སརྦ་དྷརྨཱ་པྲ་བྷ་དྷ་ནི། སརྦ་ དྷརྨཱན་ནིཿསྭཱབྷ་ཝེ་ན་པྲ་བོ་དྷ་པྲ་བོ་དྷ་ཡ་སྭཱཧཱ། ཞེས་བཟླས་ནས་དྲི་ལ་སོགས་པས་མཆོད་དེ་ བྱང་གི་ས་ལ་བཞག་པར་བྱའོ།། །། དེ་ནས་སློབ་མ་ལྷག་པར་གནས་པ་ནི་རྒྱས་པར་དབང་གི་ཆོ་གར་བསྟན་ཅིང༌། འདིར་ ཡང་ཨུ་དུམ་ཝ་ར་འམ་འོ་མ་ཅན་གྱི་ཤིང་གི་སོ་ཤིང་སོར་བཅུ་གཉིས་པ་མགོ་བོར་མེ་ཏོག་གི་ ཕྲེང་བ་བཅིངས་པ་དྲི་ལ་སོགས་པས་མཆོད་ཏེ[དེ]། ༀ་ཨཱཿཧཱུཾ་ཧོ་ཧཾ་ཀྵཿ བཛྲ་དན་ཏ་ཀཱཥྠ་ཙ་ ཏུར་བི་མོཀྵ་མུ་ཁ་བི་ཤུད་དྷ་སྭཱབྷཱ་ཝཱཾ་ཀཱ་ཡ་བཱཀ་ཙིཏྟ་ཛྙཱ་ན་མུ་ཁ་དན་ཏ་ཨཱ་དི་མ་ལཾ་བི་ཤོ་དྷ་ཡ་ བི་ཤོ་དྷ་ཡ་སྭཱཧཱ། ཞེས་པ་མཎ་ཌལ་གྱི་སྟེང་དུ་དོར་བ་པོ་ལ་སོགས་པའི་དྲི་མ་དག་ཅིང་མགོ་ གང་དུ་ཕྱོགས་པ་དང་མཐུན་པའི་ལས་རབ་འབྱམ་[འབྱམས]ཡང་འགྲུབ་པར་མོས་པ་བྱའོ། ། དེ་ནས་དཔྲལ་བ་མགྲིན་པ་སྙིང་ཁ་ལྟེ་བ་གཙུག་གཏོར་གསང་བ་རྣམས་སུ། ༀ་ཨཱཿཧཱུཾ་ཧོ་ཧཾ་ ཀྵཿ ཞེས་པ་རིགས་དྲུག་བཀོད་ཏེ་[དེ]བསྲུང་བ་བྱས་ལ། ༀ་ཨ་ཨཱ་ཨཾ་ཨཿབཛྲ་སཏྭ་མ་ཧཱ་སུ་ 7-1-259 ཁ་བཛྲ་ཀཱ་ལ་ཙཀྲ་ཤི་ཥྱ་སྱ་ཨ་བྷི་མུ་ཁོ་བྷ་ཝ། སན་ཏུཥྚོ་བྷ་ཝ་བ་ར་དོ་བྷ་བ། ཀཱ་ཡ་ཝཱཀ་ཙིཏྟ་ ཨདྷིཥྛཱ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ་ཞེས་པས་རྡོ་རྗེ་སེམས་དཔའ་བསྐུལ་ཞིང་བྱིན་གྱིས་བརླབ་པར་ བྱའོ།། །། དེ་ནས་གཏོར་མ་རྣམས་རིམ་གྱིས་ཕུལ་ཏེ་མཆོད་པའི་ཡོ་བྱད་ལ་ལོངས་སྤྱད་ཅིང་བསྔོ་ བའི་བར་བསྒྲུབ་[སྒྲུབ]ཐབས་ལྟར་བྱས་ལ། ཚོམ་བུའི་དཀྱིལ་འཁོར་མཆོད་ཅིང་བསྟོད་ཏེ་ [དེ]དངོས་གྲུབ་བླངས་ནས་བཟོད་པར་གསོལ་ཞིང་ནམ་མཁའ་ལ་བཏེག་ནས་མཆོད་བསྟོད་ བྱ་བ་ལ་སོགས་པའང་གཞན་དང་མཐུན་པ་ཉིད་དོ།། །། དེ་ནས་མལ་སྟན་ལྷག་པར་གནས་པ་ནི་བུམ་པ་ལ་སོགས་པ་རྫས་ལྔ་སོ་སོར་བཀོད་ པའི་ལྷོ་ཕྱོགས་སུ། ༀ་ཧོ་བཛྲ་ཀ་མ་ལ་ད་ལ་གརྦྷེ་ཤ་ཡེ་བཛྲ་སུ་ཁ་མ་ཧཱ་ནི་ཏྲཾ་ཀ་རོ་མི་ཡ་ཐཱ་ཏ་ ཐཱ་ག་ཏེ་ཏ་ཀྲི་ཏཱ་ཧཾ་ཧཿསྭཱཧཱ། ཞེས་པས་མལ་སྟན་བྱིན་གྱིས་བརླབས་ནས་ཉལ་བར་བྱ་སྟེ། རྨི་ ལམ་དུ་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའ་མཉེས་པའི་རྣམ་འཕྲུལ་ལ་སོགས་པ་མཚན་ མ་བཟང་པོ་མཐོང་ན་དགའ་བ་སྒོམ་ཞིང་བདུད་ཀྱི་རིས་བཀྲེས་སྐོམ་གྱིས་གཟིར་པས་གནོད་ པ་བྱེད་པ་ལ་སོགས་པ་ངན་པ་མཐོང་ན། གཏོར་མ་རྒྱས་པར་དབུལ་བ་དང༌། རྡོ་རྗེ་འཇིགས་ བྱེད་ཀྱི་སྒོམ་བཟླས་ཀྱིས་གསལ་བར་བྱ་སྟེ་སྟ་གོན་གྱི་ཆོ་གའོ།། །། དེ་ནས་དངོས་གཞི་ལ། ཐིག་གདབ་ཚོན་དགྱེ་བུམ་སོགས་བགོད། །བདག་བསྐྱེད་བསྒོམ་ [བསྒོམས]ཏེ་བཟླས་པ་བྱ། །མདུན་བསྐྱེད་བསྒྲུབས་ཏེ་མཆོད་པ་དབུལ། །བདུད་ཉིད་འཇུག་ ཅིང་དབང་བསྐུར་བླང༌། །ཞེས་པ་ལྟར་དང་པོ་ཐིག་གདབ་པ་ནི། དཀྱིལ་འཁོར་གྱི་ས་གཞི་ དང་རྡོ་རྗེའི་ཐིག་སྐུད་དྲི་ལ་སོགས་པས་མཆོད་ནས་ལག་མཐིལ་གཡོན་པར་བཀོད་ཏེ[དེ]། མིག་གཉིས་ཛ་ལས་ཟླ་བ་དང་ཉི་མར་བྱས་ནས་མྱུར་དུ་བསྐྱོད་ཅིང་རྫི་མ་བརྡེབས་པ་འབར་ བའི་ལྟ་བ་ལྕགས་ཀྱུ་ལྟ་བུ་དང་ༀ་དཱིཔྟ་ཏྲིཥྚི་ཨཾ་ཀུ་ཤི་ཛཿཞེས་པས་ནམ་མཁར་བཞུགས་པའི་ 7-1-260 སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡེ་ཤེས་ཀྱི་ཐིག་སྐུད་ཀྱི་རྣམ་པས་སྤྱན་དྲངས་པ་དང་རོ་གཅིག་ཏུ་བྱ་ ཞིང༌། ༀ་ཨཱཿཨ་ནྱོ་ནྱ་ཨ་ནུ་ག་ཏཱཿསརྦ་དྷརྨཱཿ ས་རས་པ་ར་ཨ་ནུ་པྲ་བིཥྚཱཿ སརྦ་དྷརྨཱཿ ཨ་ཏྱནྟ་ ཨ་ནུ་པྲ་བིཥྚཱཿ སརྦ་དྷརྨཱཿ ༀ་ཨཱཿཧཱུཾ་ཞེས་པས་བསྒྲིལ་ནས་དྲི་བཟང་པོ་དང་ལས་དང་མཐུན་ པའི་ཚོན་གྱིས་སྦགས་པ་སློབ་དཔོན་ཤར་དུ་ཕྱོགས་པའི་ཁུ་ཚུར་གཡོན་པ་དང༌། །སློབ་མ་ ནུབ་ཏུ་ཕྱོགས་པའི་གཡོན་པས་བཟུང་སྟེ་བརྐྱང་ལ། སློབ་དཔོན་རྐང་པ་གཡོན་དཀྱིལ་དཀྲུང་ ཕྱེད་པ་དང་གཡས་པའི་མཐིལ་ལ་བཞག་པ་དང༌། སློབ་མ་དེ་ལས་བཟློག་པའི་འདུག་སྟངས་ ཀྱིས་རིམ་གྱིས་གདབ་པར་བྱ་སྟེ། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱིས། །དུས་ཡིན་དེ་ཕྱིར་ འདིར་བྱོན་ཅིག །ཅེས་པ་དང༌། ང་ནི་རྡོ་རྗེ་སེམས་དཔའ་སྟེ། །སྐུ་གསུང་ཐུགས་ནི་གཅིག་གྱུར་ པ། །ཆོས་ཀུན་གཅིག་པའི་རྣམ་པ་ཡིས། །རྡོ་རྗེའི་ས་ལ་ཐིག་གདབ་པོ། །ༀ་ཨཱཿཧཱུཾ་ཀཱ་ཡ་ཝཱཀ་ ཙིཏྟ་ཨེ་ཀ་བྷཱུ་ཏཱཿསརྦ་དྷརྨཱ་ཨེ་ཀ་ཨཱ་ཀཱ་རེ་ཎ་བཛྲ་སཏྭོ་ཧཾ་བཛྲ་བྷུ་མི་སཱུ་ཏྲ་ཡ་མི་ཧཱུཾ་ཨཱཿཕཊ་ཞེས་ བརྗོད་ཅིང༌། ༀ་བཛྲ་སཱུ་ཏྲ་ཨེ་ཀཱ་ཀཱ་ར་སྭ་རུ་པེ་ཎ་ཛཿཛཿཛཿསརྦ་དྷརྨཱན་སཱུ་ཏྲ་ཡ། ༀ་ཨཱཿཧཱུཾ་ཧོ་ ཧཾ་ཀྵཿཕཊ། ཞེས་པས་ཚངས་ཐིག་དང་པོ་དང༌། དེ་བཞིན་དུ་སློབ་དཔོན་ལྷོར་གནས་པས་ གཉིས་པ་དང༌། རླུང་དང་བདེན་བྲལ་དུ་གནས་པས་ཟུར་ཐིག་གཉིས་པ་དང༌། ནུབ་ཏུ་གནས་ པས་ལྷོ་དང་བྱང་གི་རྩ་ཐིག་ལ་སོགས་པ་དང༌། ལྷོར་གནས་པས་ནུབ་དང་ཤར་གྱི་རྩ་ཐིག་ ལ་སོགས་པ་གདབ་ཅིང༌། ཡོངས་འཇོམས་འགོངས་པ་སྤང་བའི་ཆེད་དུ། སློབ་དཔོན་ནུབ་ དང་ལྷོར་གནས་པས་མེ་རླུང་གི་འཚམས་[མཚམས]ལས་མི་འདའ་ཞིང༌། སློབ་མ་ཤར་དང་ བྱང་དུ་གནས་པས་མི་[མེ]རླུང་གི་འཚམས་[མཚམས]ལས་མི་འདའ་བར་བྱ་སྟེ། གཡས་ བསྐོར་ལ་སོགས་པ་ནི་མི་བྱའོ། །སླར་ཡང་ཐིག་སྐུད་དྲི་ལ་སོགས་པས་མཆོད་ཅིང་ཡེ་ཤེས་པ་ སྙིང་ཁར་གཤེགས་སུ་གསོལ་ནས་གནས་དབེན་པར་བཞག་སྟེ། ཁྲོ་བོའི་ལྟ་བས་ཧི་ཧི་ཞེས་ སེམས་ཅན་ཐམས་ཅད་ཀྱི་ཐར་པའི་སྒོའི་གགས་[གེགས]རྣམས་དབྱི་བར་བགྱིའོ་ཞེས་པས་ 7-1-261 སྒོའི་རྩ་ཐིག་རྣམས་དབྱི་བར་བྱའོ།། །། དེ་ནས་ཚོན་དགྱེ་བ་ནི་དཀྱིལ་འཁོར་གྱི་ས་གཞི་དང་རྡོ་རྗེའི་རྡུལ་ཚོན་དྲི་ལ་སོགས་པས་ མཆོད་ཅིང༌། གཏོར་མ་ཕུལ་ནས་ཁ་དོག་ལྔ་ལ་སྔར་བཞིན་འབར་བའི་ལྟ་སྟངས་དང་སྔགས་ ཀྱིས་སངས་རྒྱས་ལྔ་ཡེ་ཤེས་ཀྱི་རྡུལ་ཚོན་གྱི་རྣམ་པས་སྤྱན་དྲངས་པ་དང་རོ་གཅིག་ཏུ་བྱ་ཞིང༌། ༀ་ཨཱཿཧུཾ་ཧོ་ཧཾ་ཀྵཿༀ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ་ཞེས་བཟླས་ཏེ་བདེན་པ་གང་གིས་སེམས་ཅན་ རྣམས་རྡུལ་ཚོན་མང་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཆགས་པ་དང་རྗེས་ སུ་ཆགས་པའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག ཅེས་བརྗོད་ལ་དབུས་ཀྱི་ ཁུང་བུ་ཚོན་སྣ་ལྔས་བཀང་སྟེ་དྲིལ་བུའི་སྒྲ་དང་རྡོ་རྗེའི་ཀླུས་[གླུས]མཚན་མ་ངན་པ་བསལ་ ནས། ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་མཛད། །རང་ཉིད་ རྒྱལ་པོ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་པར་ གྲོལ། །འཁོར་ལོའི་ནང་དུ་ཡང་དག་གནས། །ༀ་བཛྲ་རཱེ་ཁ་ས་མ་ཡ་ༀ་ཨཱཿཧཱུཾ་ཞེས་པས་ཆོས་ དབྱིངས་ཤིན་ཏུ་རྣམ་པར་དག་པར་མོས་པས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་གཡོན་ པའི་ཁུ་ཚུར་གྱིས་དབང་ལྡན་ནས་བརྩམས་ཏེ་ཐུགས་ཀྱི་རེ་ཁ་[ཁཱ]གསུམ་བྲིས་ལ་མཆོད་ ཅིང་དགབ་པར་བྱའོ། །བྲི་བ་རྫོགས་པ་དང་རྡུལ་ཚོན་ལྷག་མ་རྣམས་མཆོད་ཅིང་ཡེ་ཤེས་པ་ སྙིང་ཁར་གཤེགས་སུ་གསོལ་ནས་གནས་དབེན་པར་བཞག་པར་བྱ་སྟེ་རྒྱས་པར་ཐིག་ཚོན་ གསལ་བྱེད་ལས་ཤེས་པར་བྱའོ།། །། དེ་ནས་བུམ་པ་ལ་སོགས་པ་དགོད་པ་ནི་བུམ་པ་ལྔ་ཡིན་ན་ཕྱོགས་བཞིར་རེ་རེ་དང་ཤར་ གྱི་ཤར་དུ་རྒྱལ་བའི་བུམ་པ་དྲུག་པ་རྣམ་རྒྱལ་གྱི་དུང་ཆོས་དང་བཅས་པའམ། བཅུ་ཡིན་ན་ ཕྱོགས་འཚམས་[མཚམས]བརྒྱད་དང་ཤར་ནུབ་གྱི་བུམ་པ་ལ་སོར་གཉིས་མ་རེག་པར་རྒྱལ་ བ་དང་རྣམ་པར་རྒྱལ་བ་དང་བཅུ་གཅིག་པ་རྣམ་རྒྱལ་ཆེན་པོའི་དུང་ཆོས་དང་བཅས་པ་དགོད་ 7-1-262 ཅིང༌། དྲི་དང་མེ་ཏོག་དང་སྤོས་དང་མར་མེ་དང་ཞལ་ཟས་དང་འབྲས་བུ་དང་གོས་དང་རྒྱན་ དང་རོལ་མོ་དང་རྒྱལ་མཚན་དང་བ་དན་ལ་སོགས་པའི་མཆོད་རྫས་ཅི་འབྱོར་པ་རྣམས་ༀ་ བཛྲ་སྥ་ར་ཎ་ཁཾ་ཞེས་བརྗོད་ཅིང་དགོད་པར་བྱའོ།། །། དེ་ནས་སྔར་བཞིན་བདག་བསྐྱེད་རྒྱས་པར་བསྒོམས་ཏེ་བཟླས་པའི་བར་སྒྲུབ་ཐབས་ ལྟར་བྱ་ཞིང༌། མདུན་བསྐྱེད་བསྒྲུབས་ཏེ་མཆོད་པ་འབུལ་བའི་བར་ཡང་ལྷ་སྟ་གོན་དུ་བསྟན་ པ་ལྟར་བྱའོ། །དེ་ནས་ཕྱི་རོལ་དུ་[ཏུ]སོང་སྟེ་ཤར་ལ་སོགས་པའི་ཕྱོགས་སུ་རང་གི་འདོད་ པའི་ལྷ་དང་དབང་པོ་ལ་སོགས་པ་རྣམས་ལ་གཏོར་མ་སྦྱིན་པར་བྱ་སྟེ། འབྱུང་པོ་ཐམས་ཅད་ ཀྱི་གཏོར་མའི་ཆོ་གས་སོ། །དེ་ནས་གྲུབ་ནས་ལས་ཀྱི་རྡོ་རྗེ་ཅན་ནམ་མེད་ན་རང་ཉིད་ཀྱིས་ཞི་ བ་ལ་སོགས་པའི་སྦྱིན་བསྲེག་ཀྱང་བྱ་སྟེ་དེའི་ཆོ་གར་བསྟན་པའི་ཚུལ་གྱིས་སོ།། །། དེ་ནས་བདག་ཉིད་འཇུག་ཅིང་དབང་བསྐུར་བླང་བའི་དོན་དུ། རྡོ་རྗེ་དྲིལ་བུ་འཛིན་པས། ཁྲོ་བོའི་སྔགས་བཟློས་ཤིང་དཀྱིལ་འཁོར་ལ་བསྐོར་བ་བྱ། ༀ་པྲ་བི་ཤ་བྷ་ག་བཱན་མ་ཧཱ་སུ་ཁ་ མོ་ཀྵ་སུ་རཾ་སརྦ་སིད་དྷི་སུ་ཁ་པྲ་དཾ་པ་ར་མ་སུ་ཁོད་ཏ་མ་སིད་དྷྱཿཛཿཧཱུཾ་བཾ་ཧོཿཔྲ་སིད་དྷྱ་སྭཱཧཱ། ཞེས་སྤྲོ་བ་བསྐྱེད་པས་ཞུགས་ནས་ནུབ་ལ་སོགས་པར་གནས་པས་ཤར་ལ་སོགས་པའི་སྒོ་ དབྱེ་ཞིང༌། ༀ་བཛྲ་བཛྲོད་གྷཱ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བརྗོད་ལ། མེ་ཏོག་གི་ཕྲེང་བ་ བཟུང་སྟེ། ༀ་པ་ར་མ་སུ་ཁཱ་ཤ་ཡ་སུ་ལ་ལི་ཏ་བཱི་ལཱ་པ་ན་ན་མི་ཏེར་ན་མཱ་མི་བྷ་ག་བན་ཏཾ་ཛཿཧཱུཾ་ བཾ་ཧོཿཧི་ཧི་ཧི་ཧི་ཧཱིཿཔྲ་ཏཱིཙྪ་ཀུ་སུ་མཱཉྫ་ལཱྀཾ་ནཱ་ཐ་ཧོཿཞེས་བརྗོད་ཅིང་དཀྱིལ་འཁོར་དུ་ དོར་ལ། ༀ་ས་མ་ཡཾ་པྲ་བི་ཤ་ཡཱ་མི་ཞེས་བརྗོད་ཅིང་ཕྲེང་བའི་དབང་གིས་བསམ་པས་མགོ་ བོར་བཅིངས་ཏེ་ཕྱག་བྱས་ནས་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་སྐལ་བ་སྩལ་དུ་ གསོལ་ཞེས་གསོལ་བ་གདབ་པོ། །དེ་ནས། གསོལ་གདབ་སྡོམ་བཟུང་ན་བཟའ་སོ་ཤིང་ཁྱོར་ ཆུ་གདོང་གཡོགས་མེ་ཏོག་སྦྱིན། །བསང་ཞིང་བྱིན་བརླབས་སྤྲོ་བྲི་སེམས་སྐྱེད་གསང་བར་ 7-1-263 གདམས་ཏེ་ནང་དུ་གཞུག །བསྐོར་ཞིང་ཕྱག་བྱ་དམ་ལ་བཞག་ནས་ཡེ་ཤེས་ཕབ་སྟེ་བརྟུལ་ ཞུགས་སྦྱིན། །བདེན་པ་བརྗོད་ནས་མེ་ཏོག་ཏེ་མིག་དབྱེ་ལྷ་བསྟན་འཇུག་པའི་ཆོས། །གསོལ་ གདབ་ཤིས་བརྗོད་སྔོན་དུ་འགྲོ་བས་ཆུ་དང་བཅོད་[ཅོད]པན་དར་དཔྱངས་དང༌། རྡོ་རྗེ་དྲིལ་ བུ་བརྟུལ་ཞུགས་མིང་དང་རྗེས་གནང་དབང་སྟེ་དབང་བདུན་རྣམས། །བསྐུར་ནས་དབང་ སོགས་གཞན་ཡང་བྱིན་ཏེ་རྣམ་དག་དམ་ཚིག་ཐོབ་དུས་བསྟན། །བུམ་པ་གསང་བ་ཤེས་ རབ་ཡེ་ཤེས་བཞི་པའི་དབང་སྟེ་གོང་མའང་བླང༌། །བདག་པོའི་ཆེད་དུ་ཡོན་དབུལ་ཞུ་ཞིང་ དམ་བཅའ་བསྟོད་ཅིང་གསོལ་བ་གདབ། །ཤིས་བརྗོད་ཁྲུས་བྱ་ཅོད་པན་སོགས་སྦྱིན་གོང་ མའི་དབང་ཡང་བསྡུས་ཏེ་བླང༌། །གནང་བ་སྦྱིན་ཞིང་རྡོ་རྗེ་གསུམ་བྱ་ཆོས་བཤད་ཕྲིན་ལས་ རྗེས་གནང་བྱ། །སྡོམ་པ་སྦྱིན་ཞིང་རབ་བྱེད་ཕན་ཡོན་དབུགས་དབྱུང་དགའ་བསྐྱེད་བདེན་ པ་བརྗོད། །ཅེས་པ་ལྟར་མཎྜལ་སྔོན་དུ་འགྲོ་བས། བདག་ནི་མི་བཟད་འཁོར་བས་འཇིགས་ པས་དེ་རིང་ཉིད་ནས་རྒྱལ་བ་རྣམས་ལ་ལྷག་པར་སྐྱབས་སུ་མཆི། །ངེས་པར་སྲིད་པའི་ འཇིགས་འཕྲོག་ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་པ་ དང༌། སྐྱེ་དགའ་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བ། །སྲིད་པའི་མཚོ་ལས་ བདག་སྒྲོལ་མཛོད། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། ། མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་གསོལ། །བྱང་ཆུབ་སེམས་ ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་བཞུག་ཏུ་གསོལ། །ཞེས་ པས་གསོལ་བ་གདབ་ཅིང༌། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་ བོས་བཟུང་པར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་ དམ་ཚིག་བསྐྱང་པར་བགྱི། །རལ་གྲི་ལ་ནི་མཆོད་པར་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ 7-1-264 ལ་སྡོམ་པ་དག་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་ མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ཞེས་པས་སྡོམ་པ་བཟུང་སྟེ་སྐད་ ཅིག་གི་ཡི་དམ་དུ་གསལ་བ་ལ་ན་བཟའ་སྨད་གཡོགས་སྟོད་གཡོགས་གཙུག་ཏོར་དང་བཅས་ པ་ཕུལ་བསམ་ཞིང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུད་ཏཱ་ར་བོ་དྷི་ཨ་ལཾ་ཀཱ་ར་བསྟྲ་པུ་ཛ་མེ་གྷ་ས་མུད་ ཏྲ་སྥ་ར་ཎ་ས་མ་ཡེ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་བརྒྱན་དང་གོས་ཀྱི་མཆོད་པའི་སྤྲིན་ གྱི་རྒྱ་མཚོ་སྤྲོ་བའི་དམ་ཚིག)ཧཱུཾ། ༀ་བཛྲ་རཀྵ་ཧཾ(རྡོ་རྗེ་བསྲུང་བ)། ༀ་བཛྲ་ཨུཥྞི་ཥ་(རྡོ་རྗེ་གཙུག་ཏོར)ཧཱུཾ་ཕཊ། ཞེས་བརྗོད་པ། སྔར་བཞིན་སོ་ཤིང་དོར་ནས། ༀ་ཧྲཱིཿ བི་ཤུད་དྷ་དྷརྨ་(རྣམས་པར་དག་པའི་ཆོས) སརྦ་པཱ་པ་ནིཤྩ་(སྡིག་པ་ཐམས་ཀྱང་)ཨ་སྱ་ཤོ་དྷ་ཡ་(འདི་ཡི་སྦྱོངས་ཤིག)སརྦ་བི་ཀལྤཱན་ཨ་པ་ན་ཡ་(རྣམ་ པར་རྟོག་པ་ཐམས་ཅད་གསལ་བར་མཛོད)ཧཱུཾ་ཞེས་པ་ཁྱོར་ཆུ་འཐུང་སྟེ། ༀ་དྭ་ད་ཤ་(བཅུ་གཉིས་ཀྱི)ཨཾ་ག་ནི་ རོ་དྷ་ཀ་རཱི་ཎེ་ཧཱུཾ་ཕཊ་(ཡན་ལག་འགོག་པར་བྱེད་པ)ཞེས་པས་གདོང་གཡོགས་བཅིང་ལ། ཨཱཿལཾ་བཱི་ ར་ཧཱུཾ་(མཁའི་དཔའ་བོ)ཞེས་པས་མེ་ཏོག་གི་ཕྲེང་བཟུང་ཞིང༌། དུང་གི་ཆུས་བསང་ནས་སྔར་བཞིན་ གནས་དྲུག་ཏུ་ཡིག་དྲུག་བཀོད་དེ་བྱིན་གྱིས་བརླབ་པོ། །དེ་ནས་དགའ་བ་ལ་དགའ་ཁྱོད་སུ་ ཀྱེ། །ཞེས་ཕྲོ་བ་འདྲི་བ་ལ། བདེ་ཆེན་བདག་ནི་སྐལ་བ་བཟང༌། །ཞེས་པས་ལན་གདབ་ཅིང༌། ༀ་སརྦ་ཡོ་ག་(ཐམས་ཅད་རྣལ་འབྱོར)ཙི་ཏཾ་ཨུད་པཱ་ཏ་ཡཱའ་མི་(སྐྱེད་པར་བགྱིའོ)ཞེས་པས་བྱང་ཆུབ་ཏུ་ སེམས་བསྐྱེད་ནས། མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་ཁར་བཟུང་སྟེ། ༀ་སུ་ར་ཏ་ས་མ་ཡ་སྟྭཾ་ (ཤིན་ཏུ་དགའ་བའི་དམ་ཚིག་ཉིད)ཧོཿ སི་དྷྱ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བརྗོད་ལ། སྤྱི་བོར་རྡོ་རྗེ་གཞག་ཅིང་དེང་ཁྱོད་ལ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས་ཁྱོད་ཀྱིས་ཀྱང་དེ་བཞིན་ གཤེགས་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་ པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པར་ཡང་མི་བྱའོ། །ཞེས་པས་གསང་བར་གདམས་ཏེ། 7-1-265 ༀ་ཡ་མཱན་ཏ་ཀྲི ཏ་(གཤིན་རྗེ་མཐར་བྱེད)ཧཱུཾ་ཞེས་པས་ཁྲིད་ནས། ཨཱཿཁཾ་བཱི་ར་ཧཱུཾ་ཞེས་པས་ཡོལ་བའི་ ནང་དུ་བཅུག་པར་བསམ་མོ། །(བདག་ལ་ངེས་པ་དབུལ་བར་བགྱིའོ། །) དེ་ནས་ༀ་མ་ཧཱ་ར་ཏཱ་སུ་ཌྷི་དྷ་ (དགའ་བ་ཆེན་པོ་ཤིན་ཏུ་བརྟན་པ)སུ་ཏོ་ཥྱ་(ཤིན་ཏུ་ཚིམ་པ)སུ་པོ་ཥྱ་(ཤིན་ཏུ་བདེ་བ)བཛྲ་ས་ཏྭ་(རྡོ་རྗེ་སེམས་དཔའ) ཨ་དྱ་སི་དྷྱ་མཱཾ་(དེ་རིང་གྲུབ་པར་མཛོད་བདག་ལ)ཞེས་པས་བསྐོར་བ་བྱ་ཞིང༌། ཤར་ནས་ༀ་སརྦ་ཏ་ཐཱ་ ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་ལ)པཱུ་ཛོ་པསྠཱ་ནཱ་ཡ་(མཆོད་པ་དང་[རྙེན་བསྐུར་[བསྙེན་བཀུར]གྱི་ཆེད་དུ) ཨཱད་མཱ་ནཱི་ནཱིཪྻཱ་ཏ་ཡཱ་(བདག་ལ་ངེས་པ་དབུལ་པར་བགྱིའོ)མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་(དེ་བཞིན་གཤེགས་ པ་ཐམས་ཅད་དང་རྡོ་རྗེ་སེམས་དཔའ)ཨ་དྷི་ཏིཥྠ་མཾ(བྱིན་གྱིས་རློབས་ཤིག་བདག་ལ)། ཞེས་པ་དང༌། ནུབ་ནས་ ༀ་སརྦ་བུད་དྷ་པཱུ་ཛོ་པསྠཱ་ནཱ་ཡ་ཨཱད་མཱ་ནཱཾ་ནཱིཪྻཱ་ཏ་ཡཱ་མི་(སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་[རྙེན་ བསྐུར་[བསྙེན་བཀུར]་གྱི་ཆེད་དུ་བདག་ངེས་པར་འབུར་བར་བགྱིའོ)སརྦ་ཐཱ་ག་ཏ་བཛྲ་བཱཻ་རོ་ཙ་ན་ཨ་དྷི་ཏིཥྛ་མཱཾ་ (དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརློབས་[རློབས]ཤིག)ཞེས་པ་དང༌། ལྷོ་ ནས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་(མངོན་པར་དབང་བསྐུར་བའི་ཆེད་དུ)ཨ་བྷི་ཥེ་ཀཱ་ཡ་ཨད་མཱྂ་ནཱྂ་ནིཪྻཱ་ཏ་ ཡ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རད་ན་(རྡོ་རྗེ་རིན་ཆེན)ཨ་བྷི་ཥིཉྩ་མཱྂ་(མངོན་པར་དབང་བསྐུར་དུ་གསོལ)ཞེས་པ་ དང་། བྱང་ནས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་པྲ་བར་ཏ་ནཱ་ཡ་(རབ་ཏུ་འཇུག་པའི་ཆེད་དུ)ཨཱད་མཱ་ནཱྂ་ནཱིཪྻཱ་ ཏ་ཡ་མི་སརྦ་ཏ་ཐཱ་ག་ཏ་(བསྙེན་བཀུར་གྱི་ཆེད་)བཛྲ་དྷརྨ་(རྡོ་རྗེ་ཆོས་)པྲ་བར་ཏ་ཡ་མཱཾའ་(རབ་ཏུ་འཇུག་པ་ མཛོད)ཞེས་པ་དང༌། ཤར་ནས་ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཀརྨ་ཎེ་(ལས་ཀྱི་ཆེད་དུ)ཨཱད་མཱ་ནཱཾ་ནཱིརྨ་ཏ་ ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ་(རྡོ་རྗེའི་ལས་མཛོད་ཅིག)ཞེས་པ་དང་ༀ་གུ་རུ་(བླ་མའི་)ཙ་ཎོ་ (ཞབས་ལ)པསྠཱ་ནཱ་ཡ་ཨཱད་མཱ་ནཱཾ་ནཱིཪྻ་ཏ་ཡ་མི། ༀ་སརྦ་སཏྭ་པ་རི་ཏྲ་ཎ་(སེམས་ཅན་ཐམས་ཅད་ཡོངས་ སུ་སྐྱབ་པའི་དོན་དུ)ཨརྠཾ་ཨཱད་མཱ་ནཱཾ་ནཱིཪྻ་ཏ་ཡ་མཱཾཿཞེས་པས་ཕྱག་བྱ་སྟེ་གསོལ་བ་གཏབ་[བཏབ] ནས། མགོར་བོར་རྡོ་རྗེ་བཞག་སྟེ་དྲིལ་བུ་དཀྲོལ་ཞིང༌། དེང་ཁྱོད་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་དེའི་ཕྱིར་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ་ 7-1-266 ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་ཆེན་པོ་མ་ མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་པས་ ཕན་ཡོན་དང༌། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདིས། །གལ་ཏེ་ཁྱོད་ཀྱིས་ འགའ་ཞིག་ལ། །འདི་སྨྲས་ན་ནི་སྤྱི་བོ་འགེམས། །ཞེས་པས་ཉེས་དམིགས་དང་སྙིང་ཁར་རྡོ་ རྗེ་བཟུང་ལ། ༀ་དི་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པས་གསང་མ་གསང་གི་ཕན་ ཡོན་ཉེས་དམིགས་དང༌། དུང་གི་ཆུ་མཐེ་བོ་དང་མིང་མེད་ཀྱིས་བླངས་ལ་བཏུང་ཞིང༌། འདི་ནི་ ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་[སྲེག]པར་བྱེད། །དམ་ཚིག་བསྲུངས་ན་ དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་[ཐུངས]ཤིག །ༀ་པཉྩ་ཨ་མྲི་ཏ་ཨུ་ད་ཀ་ཋ(བདུད་ རྩི་ལྔའི་ཆུཿ) ཞེས་པས་དམ་ཚིག་བསྲུངས་མ་བསྲུངས་ཀྱི་ཕན་ཡོན་ཉེས་དམིགས་དང༌། སྤྱི་བོར་ རྡོ་རྗེ་བཞག་ལ། དེང་ཕྱིན་ཆད་བུ་ཁྱོད་ཀྱི་དཔལ་དུས་ཀྱི་འཁོར་ལོ་ང་ཡིན་གྱིས་ང་ཡིས་འདི་ གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་ཡང་བརྙས་པ་པར་ མི་བྱ་སྟེ། གལ་ཏེ་བྱས་ན་ཁྱོད་ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ཏེ་སེམས་ཅན་དམྱལ་ བར་ལྟུང་བར་གྱུར་ཏ་རེ། ཞེས་པས་རྡོ་རྗེ་སློབ་དཔོན་གྱི་བཀའ་མཉན་པའི་སྒོ་ནས་དམ་ལ་ གཞག་ཏེ[སྟེ]། ཡེ་ཤེས་དབབ་པའི་དོན་དུ་མཎ་ཌལ་ཕུལ་ནས། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་བྱིན་གྱིས་བརླབ་དུ་གསོལ། དཔལ་དུས་ཀྱི་འཁོར་ལོ་བདག་ལ་འབབ་པར་ གྱུར་ཅིག ཅེས་པས་གསོལ་བ་བཏབ་ལ། སྐད་ཅིག་གིས་སྟོང་པའི་ངང་ལས་རྡོ་རྗེ་ཤུགས་ སུ་བསྒོམས་པའི་ལྟེ་བར་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་ལ། དུས་མེའི་སྟེང་དུ་ ཧོ་སེར་པོ། སྙིང་ཁར་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་ཁམ་ལ་སྒྲ་གཅན་གྱི་སྟེང་དུ་ 7-1-267 ཧཱུཾ་ནག་པོ། མགྲིན་པར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་ལ་ཉི་མའི་སྟེང་དུ་ ཨཱཿདམར་པོ། དཔྲལ་བར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ལ་ཟླ་བའི་སྟེང་དུ་ༀ་ དཀར་པོ་བསམས་ནས། དེ་རྣམས་ཀྱི་འོད་ཀྱིས་རྡོ་རྗེ་བཞི་སྤྱན་དྲངས་པ་ཡི་གེ་བཞི་ལ་བསྟིམ་ ཞིང༌། རྐང་པའི་འོག་ནས་རླུང་གི་དཀྱིལ་འཁོར་གྱིས་སྦར་བའི་མེའི་དཀྱིལ་འཁོར་དང་ ཛྷཻཿདམར་པོས་འདེགས་བཞི་པ་དང༌། མེའི་འོག་སྐང་པའི་བུ་ག་ནས་ཞུགས་པས་ཡི་གེ་བཞི་ བསྐྱོད་པའི་འོད་ཟེར་གྱིས་ལུས་ཐམས་ཅད་གང་སྡིག་པ་ཐམས་ཅད་བསྲེགས། སངས་རྒྱས་ བྱང་ཆུབ་སེམས་དཔའ་ཐམས་ཅད་ཁྲོ་བོའི་ཚོགས་ཀྱི་རྣམ་པས་ལུས་ལ་ཞུགས་པར་བསམས་ ཏེ། ༀ་ཨ་ར་ར་ར་ར་ལ་ལ་ལ་ལ་བཛྲ་ཨཱ་བེ་(རྡོ་རྗེ་དབབ་པར་མཛོད)ཤ་ཡ་ཧཱུཾ་ཞེས་པས་དབབ་ པར་བྱ་ཞིང༌། ༀ་ཨཱཿཧཱུཾ་གིས་སྔགས་པའི་མེ་ཏོག་མགོ་བོར་བཞག་པས་ཕེབས་པ་གཏོང་ལ། དཔྲལ་བ་སྙིང་ཁ་གཙུག་ཏོར་རྣམས་སུ་ༀ་ཧུཾ་ཧཾ་ཞེས་པ་ཐབས་ཀྱི་རིགས་གསུམ་དང༌། ལྟེ་བ་ མགྲིན་པ་གསང་བ་རྣམས་སུ་ཧོ་ཨཱཿ་ཀྵཿཞེས་པ་ཤེས་རབ་ཀྱི་རིགས་གསུམ་གྱིས་བསྲུང་བ་ བྱ་སྟེ། དཀྱིལ་འཁོར་ལ་ལྟས་པའི་ཁ་དོག་དང་མཐུན་པའི་ལས་རབ་འབྱམ་[འབྱམས]ཡང་ འགྲུབ་པར་ཤེས་པར་བྱའོ། །དེ་ནས། འཚེ་(བ་སྲོག་གཅོད་)དང་མི་བདེན་(པའི་ངག་དང་)གཞན་ གྱི་བུད་མེད་(ལ་འདོད་ལོག་)སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད(དུ་ཡང་ངོ)། ། འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་དག་གོ ། སྣ་ཚོགས་གཙོ་བོའི་(རྒྱལ་བས་)གསུང་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ ཀྱང་ནི་(བསླབ་པའི་གནས་ལྔ་བོ)བསྐྱང་བར་བྱ། །(ལོ་གསུམ་)ཆོ་ལོ་དང་ཁ་ན་མ་ཐོ་བཅས་པའི་ཟས་ (བཟའ་པའི་དོན་དུ་བསད་པའི་ཤ)དང་ཚིག་ངན་ཀློག་(པ་)དང་འབྱུང་པོ་ལྷ་མིན་(ཀླ་ཀློ་)དབང་པོ་ཆོས(འི་ ཆོས་ཕ་མེས་སམ་མཆོད་སྦྱིན་གྱི་བྱ་བར་རིག་བྱེད་ལས་བརྗོད་པ་སྟེ་ཉེ་བའི་སྡིག་པ་ལྔ་མི་བྱའོ)། །བ་ལང་(དང་)བྱིས་པ་ (དང་)བུད་མེད་(དང་)སྐྱེས་པ་རྣམས་(གསོད་པ་)དང་ལྷ་མའི་བླ་མ་གསོད་པ་(རྟེན་གཟུགས་མཆོད་རྟེན་ 7-1-268 ལ་སོགས་པ་གཤིགས་པ་)ལྔ་ནི་མི་བྱའོ། གྲོགས་པོ་(དང་)རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་(སངས་ རྒྱས་དང་)དགེ་འདུན་(དང་)ཡིད་བརྟན་(པ)རྣམས་ལ་འཁུ་བ་(བ་སྟེ་འཁུ་ལྔ)ཡང་(མི་བྱའོ)། དབང་པོ་ (ལྔ་)རྣམས་ནི་(ཡུལ་ལྔ་ལ་)ཀུན་ནས་ཆགས་པ་དག་(སྤང་བ་)སྟེ་དེ་ལྟར་སྲིད་པའི་བདག་པོ(སྟེ་རྡོ་རྗེ་ སེམས་དཔའ)འི་བརྟུལ་ཞུགས་ཉི་ཤུ་ལྔ། །ཞེས་པ་དང༌། སྲིད་པའི་འཇིགས་པ་འཇོམས་མཛད་ པའི། །བརྟུལ་ཞུགས་ཉི་ཤུ་རྩ་ལྔ་པོ། །སྣ་ཚོགས་གཙོ་བོའི་གསུང་ཇི་བཞིན། །བདག་གིས་ བརྟན་པོར་བཟུང་བར་བགྱི། །ཞེས་པས་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་བཟུང་སྟེ་བསྐོར་བ་བྱས་ ནས་ཤར་སྒོར་འོངས་པར་མོས་པས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་ མ་བཞུགས་པར་བགྱི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག ། འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ ཡང་ཅི་འདྲ་བ། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་པས་བདེན་པ་བརྗོད་ཅིང༌། དུང་ གི་ཆུས་བསངས་ཏེ་ༀ་ཨཱཿཧུཾ་[ཧཱུཾ]ལན་བདུན་གྱིས་བསྔགས་པའི་མེ་ཏོག་རྒྱལ་བའམ་རྣམ་ རྒྱལ་བུམ་པའི་སྟེང་དུ་མཚན་མ་ལྔ་བྱས་པ་ལ་རིགས་ཡོངས་སུ་བརྟག་པའི་དོན་དུ། ༀ་ཏ་ཐཱ་ ག་ཏ་ཀུ་ལ་བོ་(དེ་བཞིན་གཤེགས་པའི་རིགས་རྣམ་པར་སྦྱོངས)ཤོ་དྷ་ནེ་སྭཱཧཱ་ཞེས་པས་དོར་ནས། ༀ་པྲ་ ཏི་གྲིཧྣ(རབ་ཏུ་ཟུང་)ཏྭཾ་ཨི་མཾ་སཏྭཾ་མ་ཧཱ་བ་(སེམས་དཔའ་སྟོབས་ཆེན)ལ་ཞེས་པས་བླངས་མགོ་བོར་ བཅིངས་ལ། (དེ་ཉིད་འདུས་པར་)ༀ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་ པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་པ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་པ་དང༌། ༀ་དི་བྱེན་ཏྲཱ་ཡཱའ་(ལྷའི་དབང་པོ་རབ་ཏུ་དབྱེ་བར་མཛོད)ཎཱུཊ་གྷཱ་ཊ་སྭཱཧཱ། ཞེས་པས་མིག་དབྱེ་ཞིང༌། ཧེ་ བཛྲ་པ་ཤྱ་(ཀྱེ་རྡོ་རྗེ་ལྟོས་ཤིག)ཞེས་པས་དཀྱིལ་འཁོར་ལ་བལྟས་ཏེ། (སྤྱི་རྒྱུད་ལས)ད་ནི་དད་པའི་ ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། ། ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་ 7-1-269 མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པད་མ་རྩེ་རོལ་བས། །གསང་སྔགས་རྣམས་ལ་སྒྲུབ་པ་ གྱིས། །ཞེས་གོ་བར་བྱས་ལ། (རྡོ་རྗེ་ཕྲེང་བ་ལས)རྡོ་རྗེའི་དཀྱིལ་འཁོར་{དཀྱིལ་འཁོར་}ཆེན་ པོར་བདག་ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༌། ། གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་བདག་དབང་བསྐུར། །ཧོཿཧོཿཧོཿ ཞེས་ཀྱང་བརྗོད་ པར་བྱ་སྟེ་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ།། །། ༈ དེ་ནས་མཎ་ཌལ་རྒྱ་ཆེན་པོ་དམིགས་སྟེ་[ཏེ]བླ་མ་དམ་པ་སྐུ་བཞིའི་ངོ་བོ་ལ་བྱིས་པ་ འཇུག་པའི་དབང་བདུན་ཞུ་བའི་ཡོན་དུ་ཕུལ་ནས། དཔལ་ལྡན་སྐུ་གསུང་ཐུགས་དང་ཡེ་ཤེས་ རྡོ་རྗེ་ཅན། །བདག་གི་ལུས་ངག་ཡིད་དང་ཆགས་རྟོག་སྦྱང་སླད་དུ། །ཆུ་དང་ཅོད་པན་དར་ དཔྱངས་རྡོ་རྗེ་དྲིལ་བུ་དང་། །བརྟུལ་ཞུགས་མིང་དང་རྗེས་གནང་དབང་བསྐུར་སྩལ་དུ་[ཏུ] གསོལ། །ཞེས་གསོལ་བ་གདབ་ཅིང༌། ཡི་གེ་དྲུག་པ་དང་ཧཱུཾ་བཟླས་པའི་ཡུངས་དཀར་ལག་པ་ གཉིས་ཀྱིས་བཟུང་ལ་གཡོན་དུ་ལན་གཉིས་བསྐོར་ཞིང༌། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་(སྡིགས་པ་ ཐམས་ཅད་བསྲེགས་པ་རྡོ་རྗེའི་ཆེད་དུ་རྡོ་རྗེ་སེམས་དཔས་སྡིག་པ་ཐམས་ཅད་བསྲེགས་ཤིག)ཡ་བཛྲ་སཏྭ་བྱེ་སརྦ་པཱ་པཾ་ ད་ཧ་སྭཱཧཱ། ཞེས་བརྗོད་པས་བྱབས་ནས་མེ་ལ་དོར་ཏེ། གཡས་སུ་ཡང་ལན་གཉིས་བསྐོར་ བས་སོ། །དེ་བཞིན་དུ་ཆུ་དང་ཁམ་ཕོར་དཀར་པོ་དང༌། དུར་བ་དང་བཅས་པའི་ལྕི་ཆངས་དང་ ཟན་ཆངས་སེང་རས་ཀྱིས་ཀྱང་བྱབས་ནས་དོར་བར་བྱ་སྟེ་མེ་ལ་ནི་མ་ཡིན་ནོ། །དེ་ནས་ལག་ པས་ཉེ་རེག་བྱེད་ཅིང་སྙིང་ཁར་དྲི་དང་མགོ་བོར་མེ་ཏོག་དང་། མདུན་དུ་ཡོན་ཆབ་དང༌། མར་ མེས་བསྐོར་བཞིན་པ་དང༌། སྤོས་དཀར་གྱིས་ཀྱང་བདུག་པར་བྱ་སྟེ་སྦྱང་བའི་རིམ་པའོ། །དེ་ ནས་ཤིས་པ་བརྗོད་པའི་ཆེད་དུ་དབང་སྟེགས་རིན་པོ་ཆེའི་ཁྲིའི་སྟེང་དུ་ཡི་དམ་གྱི་ངོ་བོར་ གནས་པ་ལ་ནམ་མཁའ་གང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡུམ་དང་བཅས་ པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་དང་རོལ་མོ་དང་གླུ་དང་གར་དང་མེ་ 7-1-270 ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས་བཞིན་པ་དང་བུམ་པ་དཀར་པོ་བྱང་ཆུབ་ཀྱི་ སེམས་ཀྱིས་གང་བས་དབང་སྐུར་བཞིན་པ་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད་པ་ འབུལ་ཞིང་བཀྲ་ཤིས་ཀྱི་གླུ་ལེན་བཞིན་པར་བསམས་ཏེ། བཀྲ་ཤིས་གང་ཞིག་སེམས་ཅན་ ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་{ཀུན}གྱི་ནི་བདག་པོ་མཆོག །སེམས་ ཅན་མ་ལུས་བསྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ ཤིས་ཤོག །ཅེས་པ་དང༌། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་ གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པད་མ་རྒྱས་པ་འདབ་འདྲའི་སྤྱན་ མངའ་བ། །དེས་ནི་དི་རིང་ཁྱེད་ལ་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་ རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་ སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དགེ་འདུན་དམ་ པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། ། ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེས་ནི་དི་རིང་ཁྱོད་ལ་ཞི་བྱེད་བཀྲ་ ཤིས་ཤོག །ཅེས་བརྗོད་པར་བྱའོ། །དེ་ནས་ཐུན་མོང་དུ་སྒོ་བཞིར་གསོལ་བ་གཏབ་[བཏབ] ནས། ནང་མཆོག་གིས་རྡོ་རྗེ་བཞིར་གྱུར་པས། སོ་སོར་ཡང་གསོལ་བ་བཏབ་སྟེ། དབང་བླང་ ཞིང་དབང་དོན་བཤད་པ་ནི་ཐམས་ཅད་དུ་མཚུངས་ལ་དེའང་ཐུན་མོང་དུ་བྱང་སྒོར་སྐུའི་ཞལ་ ནས་ཆུ་དང་ཅོད་པན་གྱི་དབང་ཞུ་བའི་དོན་དུ་མཎ་ཌལ་ཕུལ་ནས། བྱང་ཆུབ་རྡོ་རྗེ་སངས་ རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་ མཁའི་རྡོ་རྗེ་དིང་བདག་སྩོལ། །ཞེས་པས་གསོལ་བ་གཏབ་[བཏབ]པས། བླ་མའི་ཞལ་ནས་ ཞུགས་ཏེ་ཡུམ་གྱི་པད་མར་སྐ་ཅིག་གིས་སྐུ་རྡོ་རྗེ་འོད་དཔག་མེད་དུ་གྱུར་པ་ལ་ཡེ་ཤེས་པ་ བསྟིམ་ཞིང་ཐུགས་ཁའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་སྤྱན་དྲངས་པ་ལ་ 7-1-271 མཆོད་དེ། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང༌། །ཡོན་ཏན་ འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་པས་གསོལ་བ་གཏབ་ [བཏབ]པ་དང༌། དེ་རྣམས་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོས་ཞུ་བར་གྱུར་པ་རྡོ་རྗེའི་ ལམ་ནས་བརྒྱུད་པས་དབང་བསྐུར་ནས་པད་མ་ལས་ཕྱིར་བྱུང་སྟེ་དབང་སྟེགས་ལ་གནས་ པར་བསམ་མོ། །ཁྱད་པར་ཆུའི་དབང་གི་དོན་དུ། ཁམས་ལྔ་རྣམ་དག་བཅོམ་ལྡན་འདས། ། བདག་གི་ཁམས་ལྔ་སྦྱང་སླད་དུ། །ལྷ་མོ་ལྔ་ཡི་ངོ་བོ་ཉིད། །ཆུ་ཡི་དབང་སྐུར་སྩལ་དུ་[ཏུ] གསོལ། །ཞེས་པ་དང༌། ༀ་ཧཱཾ་ཧཱཾ་ཧིཾ་ཧཱིཾ་ཧྲྀཾ་ཧྲཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་ཨཱ་ཨཱི་ རཱྀ་ཨུ་ལཱི་བཛྲ་ཌ་ཀི་ཎཱ་བཛྲ་ཨ་མྲི་ཏ་གྷ་ཊཻར་ཨ་བྷི་ཥྀཉྩནྟུ་མཱཾ་སྭཱཧཱ། ཞེས་ལན་ གསུམ་གྱིས་གསོལ་བ་གཏབ་[བཏབ]ནས། ཨཱ་ཨཱི་རཱི་ཨཱུ་ལཱི་རྣམས་ལས་རང་གི་ལུས་ཀྱི་ནམ་ མཁའི་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རླུང་གི་ཁམས་སྒྲོལ་མ་མེའི་ཁམས་གོས་དཀར་ མོ། ཆུའི་ཁམས་མཱ་མ་ཀི སའི་ཁམས་སྤྱན་རྣམས་སུ་བསྐྱེད་(གྱུར་ཞེས་ཛཿ)དེ། ཡེ་ཤེས་པ་གཞུག་ ཅིང་དབང་རྫས་ཀྱང་(ཨཱ་སོགས)ཡི་གེ་ལྔ་ལས་(རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སོགས)ཡུམ་ལྔར་བསྐྱེད་ པ་ལ། (ཛཿཞེས་སོགས་ཀྱིས)ཡེ་ཤེས་པ་བསྟིམས་ནས་རིགས་ལྔས་རྒྱས་[གཏབ་ཏེ་[བཏབ་སྟེ] འོད་དུ་ཞུ་བ་ལས་བུམ་པའི་ཆུར་གྱུར་པ་ལྷ་མོ་རྣམས་ཀྱིས་སྔགས་ཀྱིས་དུང་ཆོས་སུ་བསྡུས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁམས་ལྔའི་ངོ་བོ་ལྷ་མོ་ཡུམ་ལྔས་མངོན་པར་དབང་ བསྐུར་ཞིང་བྱིན་གྱིས་བརླབ་དུ་[ཏུ]གསོལ། ཆོས་ཅན་ཀུན་རྫོབ་བློ་[གློ]བུར་དྲི་མའི་ཁམས་ ལྔ་འགགས་ནས། ཆོས་ཉིད་དོན་དམ་རང་བཞིན་རྣམ་དག་གི་ཁམས་ལྔ་མངོན་སུམ་དུ་འགྱུར་ བར་བྱིན་གྱི་བརླབ་དུ་[ཏུ]གསོལ། ཞེས་གསོལ་བ་གཏབ་[བཏབ]པ་དང༌། ཁམས་ལྔ་རྣམ་ པར་དག་པའི་བདག །ལྷ་མོ་ལྔ་ཡི་ངོ་བོ་ཉིད། །ཆུ་ཡི་མངོན་པར་དབང་བསྐུར་བ། སངས་རྒྱས་ ཀུན་གྱིས་སྦྱིན་པར་བྱ། །ཞེས་པ་དང༌། ༀ་ཨཱ་ཨཱྀ་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བོ་ཤོ་དྷ་ནི་སྭཱཧཱ། ཞེས་པས་ 7-1-272 གཙུག་ཏོར་དང་གཡས་དང་གཡོན་གྱི་དཔུང་མགོ་གཉིས་དང་སྤྱི་མགོ་གཉིས་ཏེ་སྐྱེ་བའི་ གནས་ལྔར་དབང་བསྐུར་ནས། ཁྲུས་བྱས་པས་དྲི་མ་དག་ཆུ་ལྷག་པ་ཡར་ལུད་པ་ལས་རིགས་ ལྔས་དབུ་བརྒྱན་(དཀྱིལ་འཁོར་ལས་ཀྱང་ཡུམ་ལྔ་སྤྱན་དྲངས་ཏེ་ཐིམ་པར་མོས)པ་ལ་མཆོད་ཅིང༌། དེ་ལྟར་ན་ བྱིས་པ་ཆུ་ཡིས་འཁྲུད་པ་དང་ཆོས་བཐུན་[མཐུན]པར་ཆུའི་དབང་ཐོབ་པས་ཁམས་ལྔའི་ སྒྲིབ་པ་དག ཡུམ་ལྔའི་བྱིན་བརླབས་ཞུགས་ཤིང༌། དེ་དག་གི་དངོས་གྲུབ་དང་ཕྲིན་ལས་སྒྲུབ་ པ་ལ་དབང༌། འབྲས་བུ་ས་དང་པོ་རབ་ཏུ་དགའ་བ་ཐོབ་པར་འགྱུར་སྙམ་དུ་མོས་པར་བྱའོ། ། སླར་ཡང་ཅོད་པན་གྱི་དབང་གི་དོན་དུ། ཕུང་པོ་རྣམ་དག་བཅོམ་འདས་འདས། །བདག་གི་ ཕུང་པོ་སྦྱང་སླད་དུ། །རྒྱལ་བ་ལྔ་ཡི་ངོ་བོ་ཉིད། །ཅོད་པན་དབང་བསྐུར་སྩལ་དུ་[ཏུ]གསོལ། ། ཞེས་པ་དང༌། ༀ་ཨཾ་རྀཾ་ཨུཾ་ལིཾ་སརྦ་བུད་དྷ་བཛྲ་མུ་ཀུ་ཊཾ་མ་མ་པཉྩ་བུད་དྷ་ཨད་མ་ཀཾ་བན་ དྷ་ཡནྟུ་ཧུཾ་ཧཱུཾ་ཕཊ་ཞེས་པ་ལན་གསུམ་གྱིས་གསོལ་བ་བཏབ་ནས། ཨ་ཨི་རྀ་ཨུ་ལྀ་རྣམས་ལས་ རང་གི་རྣམས་པར་ཤེས་པའི་ཕུང་པོ་མི་སྐྱོད་[བསྐྱོད]པ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་ པ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས། གཟུགས་ ཀྱི་ཕུང་པོ་རྣམ་པར་སྣང་མཛད་རྣམས་སུ་བསྐྱེད་ཏེ་[དེ]ཡེ་ཤེས་པ་བཞུག་[གཞུག]ཅིང་ དབང་རྫས་ཀྱང་ཡི་གེ་ལྔ་ལས་རྒྱལ་བ་ལྔར་བསྐྱེད་པ་ལ་ཡེ་ཤེས་པ་བསྟིམས་ནས་རིགས་ ལྔས་རྒྱས་བཏབ་པ་འོད་དུ་ཞུ་བ་ལས་རིན་པོ་ཆེའི་ཅོད་པན་དུ་གྱུར་པར་བསམ་ཞིང༌། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཕུང་པོ་ལྔའི་ངོ་བོ་རྒྱལ་བ་རིགས་ལྔས་མངོན་པར་དབང་ བསྐུར་ཞིང་བྱིན་གྱིས་བརླབ་དུ་[ཏུ]གསོལ། ཆོས་ཅན་ཀུན་རྫོབ་བློ་[གློ]བུར་དྲི་མའི་ཕུང་པོ་ ལྔ་འགགས་ནས་ཆོས་ཉིད་དོན་དམ་རང་བཞིན་རྣམ་དག་གི་ཕུང་པོ་ལྔ་མངོན་སུམ་དུ་འགྱུར་ བར་བྱིན་གྱིས་བརླབ་དུ་[ཏུ]གསོལ། ཞེས་པ་གསོལ་བ་བཏབ་པ་དང༌། ཕུང་པོ་རྣམ་ལྔ་དག་ པའི་བདག །རྒྱལ་བ་རིགས་ལྔའི་ངོ་བོ་ཉིད། །ཅོད་པན་མངོན་པར་དབང་བསྐུར་བ། །སངས་ 7-1-273 རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་པ་དང༌། ༀ་ཨ་ཨི་རྀ་ཨུ་ལྀ་པཉྩ་ཏ་ཐ་ག་ཏ་པ་རི་ཤུད་དྷ་ སྭཱཧཱ། ཞེས་པས་གནས་ལྔར་དབང་བསྐུར་ནས་མགོ་བོར་བཅིངས་ལ། དབང་བསྐུར་ཆེན་པོ་ རྡོ་རྗེ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡིས། ། སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་པ་དང༌། སྔར་བཞིན་དུ་དུང་གི་ཆུས་ཀྱང་དབང་ བསྐུར་དྲི་མ་དག་ཆུ་ལྷག་པ་ཡར་ལུད་པ་ལས་རིགས་ལྔས་དབུ་བརྒྱན་པ་(དཀྱིལ་འཁོར་ལས་ཀྱང་ རྒྱལ་བ་ལྔ་སྤྱན་དྲངས་ཏེ་ཐིམ་པར་མོས)ལ་མཆོད་ཅིང༌། བྱིས་པའི་གཙུག་ཕུད་འཇོག་པ་དང་ཆོས་མཐུན་ པར་ཅོད་པན་གྱི་དབང་ཐོབ་པས་ཕུང་པོ་ལྔའི་སྒྲིབ་པ་དག་རྒྱལ་བ་ལྔའི་བྱིན་བརླབས་ཞུགས་ ཤིང་དེ་དག་གི་དངོས་གྲུབ་དང་ཕྲིན་ལས་བསྒྲུབ་པ་ལ་དབང༌། འབྲས་བུ་ས་གཉིས་པ་དྲི་མ་ མེད་པ་ཐོབ་པར་འགྱུར་སྙམ་དུ་མོས་པར་བྱའོ། །དེ་ལྟར་ན་བྱང་སྒོར་སྐུའི་ཞལ་ནས་ཆུ་དང་ ཅོད་པན་གྱི་དབང་ཐོབ་པས་ཁམས་དང་ཕུང་པོ་རྣམ་པར་དག ལུས་སྒྲིབ་པ་དང་བྲལ་བ་སྐུའི་ གོ་འཕང་ཐོབ་པར་འགྱུར་སྙམ་དུའང་མོས་པར་བྱའོ། །དེ་ནས་ཐུན་མོང་དུ་ལྷོ་སྒོར་གསུང་གི་ ཞལ་ནས་དར་དཔྱངས་དང་རྡོ་རྗེ་དྲིལ་བུ(དབང་ཞུ་བ)འི་དོན་དུ་མཎྜལ་ཕུལ་ནས་བྱང་ཆུབ་རྡོ་རྗེ་ ཞེས་པ་ལ་སོགས་པས་གསོལ་བ་བཏབ་པས། སྔ་མ་ལྟར་ཡུམ་གྱི་པད་མར་གསུང་རྡོ་རྗེ་རིན་ ཆེན་འབྱུང་ལྡན་ཡབ་ཡུམ་དུ་གྱུར་པ་ལ། རྡོ་རྗེ་ཅན་ཞེས་པ་ལ་སོགས་པས་བདུད་རྩིས་དབང་ བསྐུར་ནས་དབང་སྟེགས་ལ་གནས་པར་བསམ་ཞིང༌། ཁྱད་པར་དར་དཔྱངས་ཀྱི་དབང་གི་ དོན་དུ། རླུང་བཅུ་རྣམ་དག་བཅོམ་ལྡན་འདས། །བདག་གི་རླུང་བཅུ་སྦྱང་སླད་དུ། །ནུས་མ་ བཅུ་ཡི་ངོ་བོ་ཉིད། །དར་དཔྱངས་དབང་བསྐུར་སྩལ་དུ་[ཏུ]གསོལ། །ཞེས་པ་དང་། ༀ་ཨ་ཨཱ་ ཨཾ་ཨཿཧ་ཧཱ་ཧཾ་ཧཿ ཕྲེཾ་ཧོཿ སརྦ་པཱ་ར་མི་ཏ་མ་མ་བཛྲ་པཊྚཾ་བན་དྷ་ཡན་ཏུ་ཧུཾ་ཧཱུཾ་ཕཊ། ཞེས་པ་ ལན་གསུམ་གྱིས་གསོལ་བ་གཏབ་[བཏབ]ནས། རང་གི་རླུང་བཅུ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿ ཕྲེཾ་ཧོ་རྣམས་ལས་མཉམ་གནས་ནག་མོ་འབར་མ། གྱེན་རྒྱུ་དམར་མོ་འབར་མ། ཁྱབ་བྱེད་ 7-1-274 དཀར་མོ་འབར་མ། རུ་རྦལ་{རུས་སྦལ}དུ་བ་མ། རྩངས་པ་སྨིག་སྒྱུ་མ་ལྷ་སྦྱིན་མཁའ་སྣང་ མ། ནོར་ལ་རྒྱལ་མར་མེ་མ། སྲོག་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཐུར་སེལ་སྣ་ཚོགས་ཡུམ་ རྣམས་སུ་བསྐྱེད་དེ་ཡེ་ཤེས་པ་གཞུག་ཅིང་དབང་རྫས་ཀྱང་ཡི་གེ་བཅུ་ལས་ནུས་མ་བཅུར་ བསྐྱེད་པ་ལ་ཡེ་ཤེས་པ་བསྟིམས་ནས་རིགས་ལྔས་[བརྒྱས་གཏབ་[རྒྱས་གདབ]པ་འོད་དུ་ཞུ་ བ་ལས་རིན་པོ་ཆེའི་དར་དཔྱངས་སུ་གྱུར་པར་བསམས་ཞིང༌། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཕ་རོལ་དུ་[ཏུ]ཕྱིན་པ་བཅུའི་ངོ་བོ་ནུས་མ་བཅུས་མངོན་པར་དབང་བསྐུར་ཞིང་བྱིན་ གྱིས་བརླབ་དུ་[ཏུ]གསོལ། ཆོས་ཅན་ཀུན་རྫོབ་བློ་[གློ]བུར་དྲི་མའི་རླུང་བཅུ་འགགས་ནས། ཆོས་ཉིད་དོན་དམ་རང་བཞིན་རྣམ་དག་གི་ཕ་རོལ་དུ་[ཏུ]ཕྱིན་པ་བཅུ་མངོན་སུམ་དུ་འགྱུར་ བར་བྱིན་གྱིས་བརླབ་དུ་[ཏུ]གསོལ། ཞེས་པས་གསོལ་བ་བཏབ་པ་དང༌། རླུང་བཅུ་རྣམ་པར་ དག་པའི་བདག། ནུས་མ་བཅུ་ཡི་ངོ་བོ་ཉིད། །དར་དཔྱངས་མངོན་པར་དབང་བསྐུར་བ། ། སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་པ་དང༌། ༀ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿ ཕྲེཾ་ཧོཿ ད་ཤ་ པཱ་ར་མི་ཏ་པ་རི་པཱུ་ར་ཎི་སྭཱཧཱ། ཞེས་པས་གནས་ལྔར་དབང་བསྐུར་ནས་དཔྲལ་བར་བཅིངས་ ལ། སྔར་བཞིན་དབང་བསྐུར་ཆེན་པོ་ཞེས་པ་ལ་སོགས་པས་ཆུས་ཀྱང་དབང་བསྐུར་བས་དྲི་ མ་དག་ཆུ་ལྷག་པ་ཡར་ལུད་པ་ལས་རིགས་ལྔས་དབུ་བརྒྱན་(དཀྱིལ་འཁོར་ལས་ཀྱང་ནུས་མ་བཅུ་སྤྱན་ དྲངས་ཏེ་ཐིམ་པར་མོས)པ་ལ་མཆོད་ཅིང༌། བྱིས་པའི་རྣ་བ་འབུགས་ཤིང་རྒྱན་འདོགས་པ་དང་ཆོས་ མཐུན་པར་དར་དཔྱངས་ཀྱི་དབང་ཐོབ་པས་རླུང་བཅུའི་སྒྲིབ་པ་དག་ནུས་མ་བཅུའི་བྱིན་ བརླབས་ཞུགས་ཤིང༌། དེ་དག་གི་དངོས་གྲུབ་དང་ཕྲིན་ལས་བསྒྲུབ་པ་ལ་དབང༌། འབྲས་བུ་ ས་གསུམ་པ་འོད་བྱེད་པ་ཐོབ་པར་འགྱུར་སྙམ་དུ་མོས་པར་བྱའོ། །སླར་ཡང་རྡོ་རྗེ་དྲིལ་བུའི་ དབང་གི་དོན་དུ། ཟླ་ཉི་རྣམ་དག་བཅོམ་ལྡན་འདས། །བདག་གི་རྩ་གཉིས་སྦྱང་སླད་དུ། ། བདེ་སྟོང་ཟུང་འཇུག་ངོ་བོ་ཉིད། །རྡོ་རྗེ་དྲིལ་བུའི་དབང་བསྐུར་གསོལ། །ཞེས་པ་དང༌། ༀ་ཧུཾ་ 7-1-275 ཧོཿ བི་ཛྙཱ་ན་སྭ་བྷཱ་ཝ་ཀ་རུ་ཎཱ་པྲཛྙཱ་ཨཱད་མ་ཀེ་བཛྲ་བཛྲ་གྷཎ་ཊེ་ས་བྱ་ཏ་ར་ཀ་ར་ཡོར་མ་མ་བཛྲ་ སཏྭཿས་པྲཛྙཱོ་ད་དཱ་ཏུ་ཧུཾ་ཧཱུཾ་ཕཊ་ཞེས་པ་ལན་གསུམ་གྱིས་གསོལ་བ་བཏབ་ནས། ཧཱུཾ་དང་ཧོཿ ལས་རང་གི་ཟླ་བའི་རྩ་ལ་ལཱ་ནཱ་གཙོ་བོ་དུས་ཀྱི་འཁོར་ལོ་དང་ཉི་མའི་རྩ་ར་ས་ནཱ་གཙོ་མོ་སྣ་ ཚོགས་ཡུམ་དུ་བསྐྱེད་ཏེ་[དེ]ཡེ་ཤེས་པ་བཞུགས་ཅིང་[ཤིང་]དབང་རྫས་ཀྱང་ཧུཾ་ཧོཿལས། གཙོ་བོ་ཡབ་ཡུམ་དུ་བསྐྱེད་པ་ལ་ཡེ་ཤེས་པ་བསྟིམས་ནས་མི་བསྐྱོད་པ་དང་རྡོ་རྗེ་སེམས་ དཔའ་རྒྱས་བཏབ་པ་ཞུ་བ་ལས་རྡོ་རྗེ་དྲིལ་བུར་གྱུར་པར་བསམ་ཞིང༌། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་རྡོ་རྗེ་ཟླ་ཉིའི་ངོ་བོ་གཙོ་བོ་ཡབ་ཡུམ་གྱིས་མངོན་པར་དབང་བསྐུར་ཞིང་བྱིན་ གྱིས་བརླབ་དུ་[ཏུ]གསོལ། ཆོས་ཅན་ཀུན་རྫོབ་བླ་[གློ]བུར་དྲི་མའི་ཟླ་བ་ཉི་མ་འགགས་ ནས། ཆོས་ཉིད་དོན་དམ་རང་བཞིན་རྣམ་དག་གི་རྡོ་རྗེ་ཟླ་ཉི་མངོན་སུམ་དུ་འགྱུར་བར་བྱིན་ གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པ་དང༌། ཟླ་ཉི་རྣམ་པར་དག་པའི་བདག །གཙོ་ བོ་ཡབ་ཡུམ་ངོ་བོ་ཉིད། །རྡོ་རྗེ་དྲིལ་བུའི་དབང་བསྐུར་བ། །སངས་རྒྱས་ཀུན་གྱིས་སྦྱིན་པ་བྱ། ། ཞེས་པ་དང༌། ༀ་ཧུཾ་ཧོཿ སཱུཪྻ་ཙན་ཏྲ་བོ་ཤོ་དྷ་ཀ་སྭཱཧཱ། ཞེས་པས་གནས་ལྔར་དབང་བསྐུར་ ནས་ལག་པ་གཡས་གཡོན་གྱིས་བཟུང་སྟེ་འཁྱུད་པའི་ཚུལ་བྱས་ལ། སྔར་བཞིན་ཆུས་ཀྱང་ དབང་བསྐུར་བས་དྲི་མ་དག །ཆུ་ལྷག་པ་ཡར་ལུད་པ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་ (ཞིང་དཀྱིལ་འཁོར་ལས་ཀྱང་)པ་ལ་མཆོད་ཅིང་(གཙོ་བོ་ཡབ་ཡུམ་སྤྱན་དྲངས་ཏེ་ཐིམ་པར་མོས་)། བྱིས་པ་རྒོད་ ཅིང་སྨྲ་བ་དང་ཆོས་མཐུན་པར་རྡོ་རྗེ་དྲིལ་བུའི་དབང་ཐོབ་པས་རྩ་གཉིས་ཀྱི་སྒྲིབ་པ་དག གཙོ་ བོ་ཡབ་ཡུམ་གྱི་བྱིན་བརླབས་ཞུགས་ཤིང་དེ་དག་གི་དངོས་གྲུབ་དང་ཕྲིན་ལས་བསྒྲུབ་པ་ལ་ དབང་འབྲས་བུ་ས་བཞི་པ་འོད་འཕྲོ་བ་ཐོབ་པར་འགྱུར་སྙམ་དུ་མོས་པར་བྱའོ། །དེ་ལྟར་ན་ ལྷོ་སྒོར་གསུང་གི་ཞལ་ནས་དར་དཔྱངས་དང་རྡོ་རྗེ་དྲིལ་བུའི་དབང་ཐོབ་པས་རླུང་དང་རྩ་ རྣམ་པར་དག ངག་སྒྲིབ་པ་དང་བྲལ་བ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུའི་གོ་འཕང་ 7-1-276 ཐོབ་པར་འགྱུར་སྙམ་དུའང་མོས་པར་བྱའོ། །དེ་ནས་ཐུན་མོང་དུ་ཤར་སྒོར་ཐུགས་རྡོ་རྗེའི་ ཞལ་ནས་བརྟུལ་ཞུགས་དང་མིང་གི་དབང་ཞུ་བའི་དོན་དུ་མཎ་ཌལ་ཕུལ་ནས། བྱང་ཆུབ་རྡོ་ རྗེ་ཞེས་པ་ལ་སོགས་པས་གསོལ་བ་བཏབ་པས་སྔ་མ་ལྟར་ཡུམ་གྱི་པད་མ་ཐུགས་རྡོ་རྗེ་དོན་ ཡོད་གྲུབ་པ་ཡབ་ཡུམ་དུ་གྱུར་པ་ལ་རྡོ་རྗེ་ཅན་ཞེས་པ་ལ་སོགས་པས་བདུད་རྩིས་དབང་ བསྐུར་ནས་དབང་སྟེགས་ལ་གནས་པར་བསམ་ཞིང༌། ཁྱད་པར་བརྟུལ་ཤུགས་[ཞུགས]ཀྱི་ དབང་གི་དོན་དུ། དབང་ཡུལ་རྣམ་དག་བཅོམ་ལྡན་འདས། །བདག་གི་དབང་ཡུལ་སྦྱང་སླད་ དུ། །སེམས་དཔའ་ཡབ་ཡུམ་ངོ་བོ་ཉིད། །རྡོ་རྗེའི་བརྟུལ་[ཤུགས་རྩལ་དུ་[ཞུགས་སྩལ་ཏུ་] གསོལ། །ཞེས་པ་དང༌། ༀ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ སརྦ་བོ་དྷི་སཏྭཱཿ སརྦ་དཱ་སརྦ་ཀཱ་མ་ཨུད་པ་བྷོ་ག་བཛྲ་བྲ་ཏཾ་མ་ད་དཱན་ཏུ་སྭཱ་ཧཱ་ཞེས་པ་ལན་གསུམ་གྱིས་གསོལ་ བ་བཏབ་ནས་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ རྣམས་ལས་རང་གི་རྣ་བའི་ དབང་པོ་ཕྱག་ན་རྡོ་རྗེ་ཡུལ་སྒྲ་རྡོ་རྗེ་མ་སྣའི་དབང་པོ་ནམ་མཁའི་སྙིང་པོ། ཡུལ་དྲི་རྡོ་རྗེ་མ། མིག་གི་དབང་པོ་སའི་སྙིང་པོ། ཡུལ་གཟུགས་རྡོ་རྗེ་མ། ལྕེའི་དབང་པོ་འཇིག་རྟེན་དབང་ཕྱུག ཡུལ་རོ་རྡོ་རྗེ་མ། ལུས་ཀྱི་དབང་པོ་སྒྲིབ་པ་རྣམ་སེལ། ཡུལ་རེག་བྱ་རྡོ་རྗེ་མ། ཡིད་ཀྱི་དབང་ པོ་ཀུན་དུ་[ཏུ]བཟང་པ[པོ]། ཡུལ་ཆོས་དབྱིངས་རྡོ་རྗེ་མ་རྣམས་སུ་བསྐྱེད་དེ་ཡེ་ཤེས་པ་ བཞུག་[གཞུག]ཅིང༌། དབང་རྫས་ཀྱང་ཡི་གེ་བཅུ་གཉིས་ལས་སེམས་དཔའ་ཡབ་ཡུམ་དུ་ བསྐྱེད་པ་ལ་ཡེ་ཤེས་པ་བསྟིམས་ནས་རིགས་དྲུག་གིས་རྒྱས་བཏབ་པ་འོད་དུ་ཞུ་བ་ལས་མེ་ ཏོག་སིལ་མར་གྱུར་པར་བསམ་ཞིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་པོ་ཡུལ་ དང་བཅས་པའི་ངོ་བོ་སེམས་དཔའ་ཡབ་ཡུམ་གྱིས་མངོན་པར་དབང་བསྐུར་ཞིང་བྱིན་གྱིས་ བརླབ་དུ་[ཏུ]གསོལ། ཆོས་ཅན་ཀུན་རྫོབ་བློ་[གློ]བུར་དྲི་མའི་དབང་པོ་ཡུལ་དང་བཅས་པ་ འགགས་ནས། ཆོས་ཉིད་དོན་དམ་རང་བཞིན་རྣམ་དག་གི་དབང་པོ་ཡུལ་དང་བཅས་པ་ 7-1-277 མངོན་སུམ་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསུངས། དབང་པོ་ཡུལ་བཅས་ དག་པའི་བདག །སེམས་དཔའ་ཡབ་ཡུམ་ངོ་བོ་ཉིད། །བརྟུལ་ཤུགས་[ཞུགས]མངོན་པར་ དབང་བསྐུར་བ། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་པ་དང༌། ༀ་ཨ་ཨཱ་ཨེ་ཨཻ་ཨར་ ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཱཾ་ཨཿབི་ཤ་ཡ་ཨིན་ཏྲི་ཡ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པས་གནས་ལྔར་ དབང་སྐུར་[བསྐུར]ནས་རྣ་བ་ལ་སོགས་པར་བཀོད་ལ། སྔར་བཞིན་ཆུས་ཀྱང་དབང་བསྐུར་ བས་དྲི་མ་དག་ཆུ་ལྷག་པ་ཡར་ལུད་པ་ལས་རིག་[རིགས]དྲུག་གིས་དབུ་བརྒྱན་(ཞིང་དཀྱིལ་ འཁོར་ལས་ཀྱང་སེམས་དཔའ་ཡབ་ཡུམ་སྤྱན་དྲངས་ཏེ་ཐིམ་པར་མོས)པ་ལ་མཆོད་ཅིང་། བྱིས་པ་འདོད་ཡོན་ལ་ ལོངས་སྤྱོད་པ་དང་མཐུན་པར་བརྟུལ་ཤུགས་[ཞུགས]ཀྱི་དབང་ཐོབ་པས་དབང་པོ་ཡུལ་དང་ བཅས་པ་རྣམ་པར་དག སེམས་དཔའ་ཡབ་ཡུམ་གྱི་བྱིན་བརླབས་ཞུགས་ཤིང༌། དེ་དག་གི་ དངོས་གྲུབ་དང་ཕྲིན་ལས་སྒྲུབ་པ་ལ་དབང༌། འབྲས་བུ་ས་ལྔ་པ་སྦྱད་[སྦྱང]དཀའ་བ་ཐོབ་ པར་འགྱུར་སྙམ་དུ་མོས་པར་བྱའོ། །སླར་ཡང་མིང་གི་དབང་གི་དོན་དུ། ལས་དབང་ཡུལ་ བཅས་རྣམ་དག་བཅོམ་ལྡན་འདས། །བདག་གིས་ལས་དབང་ཡུལ་བཅས་སྦྱང་སླད་དུ། །ཁྲོ་ བོ་ཡབ་ཡུམ་རྣམས་ཀྱི་ངོ་བོ་ཉིད། །མིང་གི་མངོན་པར་དབང་བསྐུར་[རྩལ་དུ་[སྩལ་ཏུ] གསོལ། །ཞེས་པ་དང༌། ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་སརྦ་ཀྲོ་དྷ་རཱ་ཛཱཿ སརྦྷཱཪྻ་མེ་ཏྲི་ཀ་རུ་ཎཱ་ མུ་དི་ཏ་ཨུ་པེ་ཀྵ་སརྦ་ས་མ་ཏཱ་སྭ་བྷཱ་ཝཾ་བཛྲ་པཱུརྦཾ་ག་མཾ་ནཱ་མ་མེ་ད་དཱན་ཏུ་ཧུཾ་ཧཱུཾ་ཕཊ། ཞེས་པ་ ལན་གསུམ་གྱིས་གསོལ་བ་བཏབ་ནས་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་རྣམས་ལས་རང་གི་ རྟགས་ཀྱི་དབང་པོ་གཙུག་ཏོར་ཅན། དྲི་ཆུ་འབབ་པ་ཤིན་ཏུ་སྔོན་མོ། ངག་གི་དབང་པོ་ བགེགས་མཐར་བྱེད། བརྗོད་པ་རེངས་བྱེད་མ། ལག་པའི་དབང་པོ་ཤེས་རབ་མཐར་བྱེད། ལེན་པ་ཁེངས་བྱེད་མ། རྐང་པའི་དབང་པོ་པད་མ་མཐར་བྱེད། འགྲོ་བ་རྨུགས་བྱེད་མ། བཤང་ལམ་གྱི་དབང་པོ་གཤིན་རྗེ་མཐར་བྱེད། དྲི་ཆེན་འཛག་པ་རབ་བརྩོན་མ་རྣམས་སུ་ 7-1-278 བསྐྱེད་དེ་ཡེ་ཤེས་པ་བཞུག་[གཞུག]ཅིང་ཧཾ་ཧ་ལས་མཆོག་གི་དབང་པོ་གནོད་མཛེས། བྱང་ སེམས་འབབས་པ་དྲག་སྤྱན་མ་ཞེས་ཟེར་བའང་སྣང་པུཎྱ་ཤྲཱི་ཁྲོ་བོ་ཡབ་ཡུམ་བཅུའི་ཆོག་ གསུང་འབྲེལ་པར་ས་བོན་བཅུ་གཉིས་གསུངས་པ་འདྲ་བས་བྱས་ནང་ཡོང་བ་འགྲ་དབང་ རྫས་ཀྱང་ཡི་གེ་བཅུ་ལས་ཁྲོ་བོ་ཡབ་ཡུམ་དུ་བསྐྱེད་པ་ལ་ཡེ་ཤེས་པ་བསྟིམས་ནས་རིགས་ ལྔས་རྒྱས་གཏབ་[གདབ]འོད་དུ་ཞུ་བ་ལས་གདུབ་བུའམ་མེ་ཏོག་གི་ཕྲེང་བར་གྱུར་པར་ བསམས་ཞིང་[ཤིང་]། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་དབང་ཡུལ་དང་བཅས་ པའི་ངོ་བོ་ཁྲོ་བོ་ཡབ་ཡུམ་གྱིས་མངོན་པར་དབང་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ཅན་ཀུན་རྫོབ་བློ་[གློ]བུར་དྲི་མའི་ལས་དབང་ཡུལ་དང་བཅས་པ་འགགས་ནས་ཆོས་ ཉིད་དོན་དམ་རང་བཞིན་རྣམ་དག་གི་ལས་དབང་ཡུལ་དང་བཅས་པ་མངོན་དུ་འགྱུར་བར་ བྱིན་གྱིས་བརླབ་དུ་[ཏུ]གསོལ། ཞེས་གསོལ་བ་གཏབ་[བཏབ]པ་དང༌། ལས་དབང་ཡུལ་ བཅས་དག་པའི་བདག །ཁྲོ་བོ་ཡབ་ཡུམ་ངོ་བོ་ཉིད། །མིང་གི་མངོན་པར་དབང་བསྐུར་བ། ། སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་པ་དང༌། ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུར་ བྲཧྨ་བི་ཧ་ར་བི་ཤུད་དྷ་སྭཱཧཱ། ཞེས་པས་གནས་ལྔར་དབང་བསྐུར་ནས་གདུབ་[གདུ]བུར་ བཅིངས་ལ། བླ་མས་ལུང་སྟོན་པར་བསམས་ཞིང་[ཤིང]། འདིར་ནི་ཁྱོད་ལ་ངས་ལུང་བསྟན། ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་དུ་[ཏུ་]དག་པས་ན། །སྲིད་པའི་ངན་ འགྲོ་རྣམས་ལས་བཏོན། །ཀྱེ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིད་དྷ་ས་མ་ ཡ་སྟཱཾ་བྷུར་བྷུ་ཝ་སྭཿ གང་ཡང་འདི་ལྟར་ངས་ལུང་བསྟན་པ་དེ་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་[ཏུ]ལུང་བསྟོན་[བསྟན]ཏེ་ཞེས་ཀྱང་བརྗོད་ ཏེ[དེ]། སྔར་བཞིན་ཆུས་ཀྱང་དབང་བསྐུར་བས་དྲི་མ་དག་ཆུ་ལྷག་པ་ཡར་ལུད་པ་ལས་ རིགས་དྲུག་(ལྔ་ཟེར)གིས་དབུ་བརྒྱན་པ་ལ་མཆོད་ཅིང༌། བྱིས་པ་ལ་མིང་འདོགས་པ་དང་ཆོས་ 7-1-279 མཐུན་པར་མིང་གི་དབང་ཐོབ་པས། ལས་དབང་བྱ་བར་བཅས་པ་རྣམ་པར་དག ཁྲོ་བོ་ཡབ་ ཡུམ་གྱི་བྱིན་བརླབས་ཞུགས་ཤིང་དེ་དག་གི་དངོས་གྲུབ་དང་ཕྲིན་ལས་སྒྲུབ་པ་ལ་དབང༌། འབྲས་བུ་ས་དྲུག་པ་མངོན་དུ་གྱུར་པ་ཐོབ་པར་འགྱུར་སྙམ་དུ་མོས་པར་བྱའོ། །དེ་ལྟར་ན་ ཤར་སྒོར་ཐུགས་ཀྱི་ཞལ་ནས་རྡོ་རྗེ་བརྟུལ་ཞུགས་དང་མིང་གི་དབང་ཐོབ་པས་དབང་པོ་ཡུལ་ དང་བཅས་པ་དང་ལས་དབང་བྱ་བར་བཅས་པ་རྣམ་པར་དག སེམས་སྒྲིབ་པ་དང་བྲལ་བ་ ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་གོ་འཕང་ཐོབ་པར་འགྱུར་སྙམ་དུའང་མོས་པར་བྱའོ། །དེ་ནས་ཐུན་ མོང་དུ་ནུབ་སྒོར་ཡེ་ཤེས་རྡོ་རྗེ་ཞལ་ནས་རྗེས་གནང་གི་དབང་ཞུ་བའི་དོན་དུ་མཎ་ཌལ་ཕུལ་ ནས། བྱང་ཆུབ་རྡོ་རྗེ་ཞེས་པ་ལ་སོགས་པས་གསོལ་བ་བཏབ་པས་སྔ་མ་ལྟར་ཡུམ་གྱི་པད་ མར་ཡེ་ཤེས་རྡོ་རྗེ་རྣམ་པར་སྣང་མཛད་ཡབ་ཡུམ་དུ་གྱུར་པ་ལ། རྡོ་རྗེ་ཅན་ཞེས་པ་ལ་སོགས་ པས་བདུད་རྩིས་དབང་བསྐུར་ནས་དབང་སྟེགས་ལ་གནས་པར་བསམ་ཞིང༌། ཁྱད་པར་ དུའང༌། ཡེ་ཤེས་རྡོ་རྗེ་བཅོམ་ལྡན་འདས། །བདག་གི་ཆགས་རྟོག་རྣམ་སྦྱངས་ནས། །ཆོས་ཀྱི་ འཁོར་ལོ་བསྐོར་སླད་དུ། །རྗེས་གནང་དབང་བསྐུར་སྩལ་གསོལ། །ཞེས་པ་དང༌། ༀ་ཨེ་ཝཾ་ པད་མ་བཛྲ་ཙི་ཧྣོ་པྲཛྙཱ་ཨུ་པཱ་ཡཽ་མཎ་ཌ་ལ་ཨ་དྷི་པ་ཏི་བཛྲ་ཛྙཱ་ན་ཨཾ་ག་མ་མ་ད་དཱ་ཏཾ་ཧཾ་ཧཿ ཧཱུཾ་ ཕཊ་ཞེས་པ་ལན་གསུམ་གྱིས་གསོལ་བ་བཏབ་ནས་ཧཾ་ཀྵཿལས་རང་གི་ཡེ་ཤེས་དང་རྣམ་ ཤེས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་བསྐྱེད་ཏེ་[དེ]ཡེ་ཤེས་པ་གཞུག་ཅིང༌། དབང་རྫས་ཀྱང་ ཧཾ་ཀྴཿལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་བསྐྱེད་པ་ལ་ཡེ་ཤེས་པ་བསྟིམས་ནས་མི་བསྐྱོད་ པ་དང་རྡོ་རྗེ་སེམས་དཔའ་རྒྱས་བཏབ་འོད་དུ་ཞུ་བ་ལས་རིགས་ལྔའི་ཕྱག་མཚན་དུ་གྱུར་པར་ བསམ་ཞིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྣམ་ཤེས་ཀྱི་ངོ་བོ་རྡོ་རྗེ་སེམས་ དཔས་མངོན་པར་དབང་བསྐུར་ཞིང་བྱིན་གྱིས་བརླབ་དུ་[ཏུ]གསོལ། ཆོས་ཅན་ཀུན་རྫོབ་བློ་ [གློ]བུར་དྲི་མའི་ཡེ་ཤེས་རྣམ་ཤེས་འགས་[འགགས]ནས་ཆོས་ཉིད་དོན་དག་[དམ]རང་ 7-1-280 བཞིན་རྣམ་དག་གི་ཡེ་ཤེས་རྣམ་ཤེས་མངོན་སུམ་དུ་འགྱུར་བར་བྱིན་གྱིས་བརླབ་དུ་[ཏུ] གསོལ་ཞེས་གསོལ་བ་གཏབ་[བཏབ]པ་དང༌། ཡེ་ཤེས་རྣམ་ཤེས་དག་པའི་བདག །རྡོ་རྗེ་ སེམས་དཔའ་ཡབ་ཡུམ་ལས། །རྗེས་གནང་མངོན་པར་དབང་བསྐུར་བ། །སངས་རྒྱས་ཀུན་ གྱིས་སྦྱིན་པར་བྱ། །ཞེས་པ་དང༌། ༀ་ཧཾ་ཀྵཿདྷ་རྨ་ཙཀྲ་པྲ་བར་ཏ་ཀ་སཱཧཱ། ཞེས་པས་གནས་ ལྔར་དབང་བསྐུར་ནས་བཟུང་ལ། སེམས་ཅན་(དེ་ཉིད་འདུས་པར)ཀུན་ལ་རྣམ་ཀུན་དུ། ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་ རབ་ཏུ་བསྐོར། །ཞེས་པ་ལ་སོགས་པའང་བརྗོད་ཏེ[དེ]། སྔར་བཞིན་ཆུས་ཀྱང་དབང་བསྐུར་ བས་དྲི་མ་དག་ཆུ་ལྷག་པ་ཡར་ལུད་པ་ལས་རིགས་བདག་གི་དབུ་བརྒྱན་(དཀྱིལ་འཁོར་ལས་ཀྱང་རྡོ་ རྗེ་སེམས་དཔའ་ཡབ་ཡུམ་སྤྱན་དྲངས་ཏེ་ཐིམ་པར་མོས)པ་ལ་མཆོད་ཅིང་བྱིས་པ་ལ་ཕ་ཡིས་ཀློག་ལ་སོགས་ པ་སྟེར་བ་དང་ཆོས་མཐུན་པར་རྗེས་གནང་གི་དབང་ཐོབ་པས། ཆགས་རྟོག་གི་དྲི་མ་དག རྡོ་ རྗེ་སེམས་དཔའ་ཡབ་ཡུམ་གྱི་བྱིན་བརླབས་བཞུགས་[ཞུགས]ཤིང་དེ་དག་གི་དངོས་གྲུབ་ དང་ཕྲིན་ལས་སྒྲུབ་པ་ལ་དབང༌། འབྲས་བུ་ས་བདུན་པ་རིང་དུ་སོང་བ་ཐོབ་པར་འགྱུར་སྙམ་ དུ་མོས་པར་བྱའོ། །དེ་ནས་སྔགས་ལ་སོགས་པའི་རྗེས་གནང་གི་དོན་དུ། སྔགས་ཀྱི་དབང་ བསྐུར་ཡེ་ཤེས་མཆོག །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་པ་དང༌། བླ་མས། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་ གསུང་ཞིང་ཐུགས་ཁ་ནས་སྔགས་ཀྱི་ཕྲེང་བ་བྱུང་སྟེ་སྙིང་ཁར་ཐིམ་པར་བསམས་ལ། རྩ་ སྔགས་ལ་སོགས་པ་བཟླས་ནས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་ བར་མཛད་དུ་གསོལ། །ཞེས་པས་སྔགས་ཀྱི་རྗེས་གནང་དང་མིག་དག་ལ་པྲཾ་བཀོད་ནས་ གསེར་གྱི་ཐུར་མས་ཕྱེ་བར་བསམས་ཞིང༌། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་ 7-1-281 བསལ། །ༀ་བཛྲ་ནེ་ཏྲ་ཨ་པ་ཧ་ར་ས་ཊ་ལཾ་ཧྲིཿ ཞེས་པས་མིག་སྨན་གྱི་རྗེས་གནང་དང༌། ཨཱཿའིས་བསྔགས་པའི་མེ་ལོང་བལྟ་ཞིང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ ཞིང་དག་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ཡང་དག་འབྱུང༌། ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསོལ་དག་རྙོག་པ་མེད། །སངས་རྒྱས་ཀུན་ བདག་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་དག་ཅིང་གནས་མེ་པར། །ཆོས་ རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་ སུ་སྐྱེ། །ཞེས་བརྗོད་པས་མེ་ལོང་གྱི་རྗེས་གནང༌། ཧོཿལས་བྱུང་བའི་མདའ་གཞུ་ཧོཿ དེ་བཞིན་ གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་གྱིས་ཤིག ཅེས་པས་གནང་བ་སརྦ་ཏ་ཐཱ་ག་ ཏ་ཨ་ནུ་རཱ་ག་ཡ་མི་ཞེས་པས་བཟུང་ནས་བགེགས་ལ་འཕེན་པའི་ཚུལ་བྱེད་པ་མདའ་གཞུའི་ རྗེས་གནང་རྣམས་ཀྱང་བླངས་སྟེ[ཏེ]། དེ་ལྟར་བྱང་ཆུབ་ཡེ་ཤེས་ཀྱི་ཞལ་ནས་རྗེས་གནང་གི་ དབང་ཐོབ་པས་བཞི་པའི་གནས་སྐབས་རྣམ་དག ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུའི་གོ་འཕང་ ཐོབ་པར་འགྱུར་སྙམ་དུའང་མོས་པར་བྱ་སྟེ། བྱིས་པ་སྐྱེས་པ་ཆུ་ཡིས་ནི། །འཁྱུད་བྱེད་ཆུ་ཡི་ དབང་བསྐུར་རོ། །དེ་ཡི་གཙུག་ཕུད་རབ་བཞག་པ། །དབུ་བརྒྱན་དུ་ནི་ཡོངས་སུ་བརྟགས། ། དེ་ཡི་རྣ་བ་འབུགས་ལ་སོགས། །དར་དཔྱངས་དབང་དུ་ཤེས་པ་བྱ། །བྱིས་པ་རྒོད་དང་སྨྲ་བ་ ཉིད། །རྡོ་རྗེ་དྲི་བུའི་དབང་ཉིད་དེ། །ལྔ་ལ་ལོངས་སྤྱོད་བརྟུལ་ཤུགས་[ཞུགས]སོ། །མིང་ནི་ མིང་གི་དབང་བསྐུར་ཉིད། །ཕ་ཡིས་རྟག་ཏུ་ཀློག་ལ་སོགས། །སྟེར་བར་བྱེད་པ་རྗེས་སྣང་ [གནང་]ཡིན། །ཞེས་པ་དང༌། དབང་བདུན་གྱིས་ནི་མངོན་པར་དབང་བསྐུར་དགེ་བའི་ དབང་གིས་ས་བདུན་གྱི་ནི་དབང་ཕྱུག་ཉིད་དུ་འགྱུར། །ཞེས་པ་ལྟར་བྱིས་པ་འཇུག་པའི་ དབང་བདུན་ཐོབ་པས་སྔགས་ཀྱིས་ཚུལ་ལ་དགེ་བསྙེན་དུ་འགྱུར་ཞིང༌། བསོད་ནམས་ཀྱི་ ཚོགས་ཀྱི་ལམ་བསྒོམས་པ་དང༌། ངེས་པའི་དོན་དུ་དུས་སྦྱོར་བདུན་གྱི་རླུང་འགགས་པས་ས་ 7-1-282 བདུན་གྱི་དབང་ཕྱུག་ཏུ་འགྱུར་བས་དེའི་ང་རྒྱལ་བཟུང་བར་བྱས་སྟེ[ཏེ]། ༀ་སརྦ་ཏ་ཐཱ་ག་ཏ་ པས་ཏ་ཨ་བྷི་ཥེ་ཀ་པས་ཏ་བྷཱུ་མི་པྲཱས་ཏོ་ཧཾ་ཞེས་པས་སོ། །དེ་ནས་རྣམ་པར་དག་པའི་ཆོས་ བསྟན་པའི་ཆེད་དུ། འདི་ནི་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། ། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་པས་གཡས་ པར་རྡོ་རྗེ་དང༌། །འདི་དེ་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཅེས་པས་གཡོན་ པར་དྲིལ་བུ་བཟུང་ནས། ཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། ། གང་གིས་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་པས་ཕྱག་ རྒྱ་ལ་མཁྱུད་[འཁྱུད]པའི་ཚུལ་བྱས་ལ། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་ རལ་གྲི(འི་རིགས་སྙིང་ཁ་ས་དྲུག་པ)་ལ་ཡང་བདེན་པ་མིན་པ(རབ་ཏུ་མི་གནས་པ)འི་ཚིག །རིན་ཆེན་ (མགྲིན་པ་ས་བརྒྱད་པ)ལ་ནི་གཞན་ནོར་(བདེ་སྟོང་གི་ཡེ་ཤེས)དབྲོག་(པར་)བྱ་མཆོག་གི་པད་མའི་ རིགས་ཉིད་(དཔྲལ་བ་ས་བཅུ་པ)ལ་ཡང་གཞན་(རྡོ་རྗེ་སེམས་དཔའི)གྱི་བུད་མེད་(ཕྱག་རྒྱ་ཆེན་མོ)དབྲོག ། ཆ(ལེགས་)ང་(ལྷན་ཅིག་སྐྱེས་པའི་དགའ་བ)དང་སྒྲོན་མ་(དབང་པོ་ལྔ)སངས་རྒྱས་(བདུད་རྩི་ལྔ)རྣམས་དང་ བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ(འི་རིགས་ལྟེ་བ་ས་བཞི་པ)ལ་ནི་བརྟེན་པར་བྱ(སྟེ་བཤང་ བའི་ཁུ་བ་མི་འཛག་པར་བྱའོ)། །གདོལ་པ་མོ་སོགས་བུད་མེད་མཐའ་དག་རྣམས་ནི་གྲི་གུག་(གི་རིགས་ གསང་བ་ས་གཉིས་པ)ལ་ཡང་མཁའ་ཡི་པད་མར་སྨད་མི་བྱ(སྟེ་མི་འཕོ་བའི་ཚངས་སྤྱོད་ཀྱི་དོན་དུའོ)། ། སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་(བསོད་ནམས་ཀྱི་ཚོགས་ཀྱི་དོན་ དུ)བྱ་སྟེ་ཁྱོད་ཀྱིས་བསྲུངས་མི་བྱ། །(དེ་ལྟར་བསོད་ནམས་དང་ཚུལ་ཁྲིམས་དང་ཡེ་ཤེས་ཀྱི་ཚོགས་ལ)རིགས་ཀྱི་ བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་(ཡིན་གྱི)གཞན་དུ་(ན)མཐའ་ཡས་བསྐལ་པས་མིན་པར་ རྒྱལ་བས་གསུངས(ས་འདི་དག་ངེས་ཀྱི་བཤད་པ་སྟེ་དྲང་དོན་གྱི་བཤད་པ་འགྲེལ་ཆེན་དུ་བལྟ་བར་བྱའོ)། །ཞེས་ 7-1-283 པའི་དྲང་བ་དང་དེས་[ངེས]པའི་དོན་དྲན་པ་ཕྱི་དང་ནང་གི་དམ་ཚིག་རྣམ་པར་དག་པ་དང༌། ཆུ་དང་ཅོད་པན་དར་དཔྱངས་དང༌། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་ཆེ། །མིང་དང་རྗེས་གནང་ ཡང་དག་ལྡན། །དབང་བསྐུར་རྣམ་བདུན་མི་ཡི་བདག །ལུས་ངག་སེམས་ནི་ལེགས་དག་པ། ། མངོན་པར་དབང་བསྐུར་གཉིས་གཉིས་སོ། །རྗེས་གནང་ཡེ་ཤེས་ཡང་དག་དག །གཞན་ལ་ ཁམས་སོགས་དག་པ་ལས། །ཆུ་ནི་ཁམས་ཀྱི་དག་པ་སྟེ། །ཅོད་པན་ཕུང་པོ་རྣམ་སྦྱོང་བྱེད། ། དར་དཔྱངས་ཕ་རོལ་ཕྱིན་པ་དག །རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ། །སངས་རྒྱས་གསུང་རྒྱུན་མི་ འཆད་པ། །ཉི་ཟླ་གཅིག་ཏུ་དག་པར་བྱེད། །ཡུལ་དང་དབང་པོ་ལེགས་དག་པ། །འཕོ་མེད་རྡོ་ རྗེ་བརྟུལ་ཞུགས་འགྱུར། །མིང་ནི་བྱམ་[བྱམས]སོགས་ཡང་དག་དག །རྗེས་གནང་སངས་ རྒྱས་ཉིད་དག་བྱེད། །དབང་བསྐུར་བདུན་པོ་འདི་རྣམས་ཡིན། །དཀྱིལ་འཁོར་བཞེངས་ལ་ སྦྱིན་པར་བྱ། །ཞེས་པ་དང༌། ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོད་པན་ཞེས་པ་རྒྱལ་བ་དཔའ་ བོའི་དར་དཔྱངས་ནུས་མ་རྣམས། །རྡོ་རྗེ་དྲིལ་བུ་ཉི་ཟླ་དག་དང་བརྟུལ་ཤུགས་[ཞུགས]དག་ ཀྱང་ཡུལ་ཏེ་མིང་ནི་བྱམས་སོགས་སྦྱོར་བའོ། །རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་མོ་ སྲིད་པའི་འཇིགས་འཇོམས་དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་སྟེ། །སྡིག་པའི་དྲི་མ་འཕྲོག་ པའི་དབང་བསྐུར་བདུན་པོ་འདི་དག་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ། །ཞེས་པས་ དབང་གི་རྣམ་པར་དག་པ་དང༌། ཀ་བ་རྣམས་དང་རྡོ་རྗེའི་ཕྲེང་བ་ས་ཡི་དཀྱིལ་འཁོར་རྩིག་པ་ ཉིད་ནི་རུས་པ་རྣམས་ཀྱིས་མཛོད། །ཅེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་རྣམ་པར་དག་ པ་དང༌། ལྷ་མོ་སངས་རྒྱས་རིག་མ་ཤིང་དང་བཅས་ཤིང་བུམ་པ་དང་བཅས་རྒྱལ་བ་ཡི་ནི་དག་ པའི་སྐུ། །ཞེས་པ་ལ་སོགས་(ཐམས་ཅད་དམ་ཡང་ན་ཚིགས་བཅད་གསུམ་མམ་བཞི་ཡན་ཆད་ཀྱིས)སངས་རྒྱས་ ལྷའི་རྣམ་པར་དག་པ་རྣམས་བརྗོད་པར་བྱའོ། །དེ་ནས་དམ་ཚིག་བསྲུང་ཞིང་རྩ་ལྟུང་སྤང་ བར་གདམས་པ་ནི། གལ་ཏེ་གཡོ་སྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་ 7-1-284 འདི་དག་སྡུག་བསྔལ་ལོ། །ཞེས་པ་དང༌། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་(སློབ་) བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་(འཛིན་པར་ཏེ་གཅིག་ཏུ)འགྱུར། །(བླ་མ་)དེ་ཡི་ བཀའ་ལས་འགོངས་(ནས་ལྐོག་ཏུ་མི་དགེ་བ་བྱས)པས་གཞན་དུ་(གཉིས་པ་ཉིད་)འགྱུར་ཏེ་ངེས་པར་དེ་ བཞིན་(དུ་རྡོ་རྗེའི)སྤུན་ལ་ཁྲོས་པས་གསུམ་པའོ། །(སེམས་ཅན་ལ་)བྱམས་པ་བཏང་བས་བཞི་པར་ འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་(དཀར་པ)ཉམས་པ་ལས་ཀྱང་མདའ་(སྟེ་ལྔ)རུ་འགྱུར། ། དྲུག་པ་གྲུབ་པའི་མཐའ་(སྔགས་དང་ཕར་ཕྱིན)ལ་སྨོད་པ་རི་བོ་(སྟེ་བདུན་པ)དག་ཀྱང་མ་སྨིན་མི་(ཉན་ ཐོས)ལ་གསང་བ་(བདེ་བ་ཆེན་པོ)བྱིན་ལས་སོ། ༡༠༢ ། (ལུས་སྤྱོད་པ་དང་བསྙུང་གནས་ལ་སོགས་པས)ཕུང་ པོ་ཉོན་མོངས་པ་ལས་ཀླུ་(སྟེ་བརྒྱད་པ)རུ་འགྱུར་ཏེ་སླར་ཡང་དགུ་པ་(ན་)དག་པའི་ཆོས་(སྟོང་ཉིད) ལ་མ་དད་(པ)གང་(ཡིན་པའོ)། །སྒྱུ་ཡི་བྱམས་པ(ཁ་ནས་ཚིག་གཞན་དང་སྙིང་ལ་གཞན་སེམས་དཔའ་བོ)དང་ ནི་མིང་སོགས་བྲལ་བ་བདེ་བ་སྟེར་(སངས་རྒྱས་ཀྱི་དེ་ཁོ་ཉིད་)ལ་རྟོག་པ(ནི་རིམ་པ་ལྟར་)ཕྱོགས་(བཅུ་པ) དང་དྲག་པ(བཅུ་གཅིག་པ)འོ། །དག་པའི་སེམས་ཅན་(རྣལ་འབྱོར་པ)དག་ལ་སྐྱོན་བརྗོད་པ་ལས་ཉི་ མ(བཅུ་གཉིས་པའོ)་(ཚོགས་ཀྱི་འཁོར་ལོ)དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན(བཅུ་གསུམ་པའོ)། ། བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་(བཅུ་བཞི་པ)འགྱུར་ཏེ་རྡོ་རྗེའི་ཐེག་པར(དབང་ བསྐུར་ནས)གནས་པ་རྣམས་ལའོ། །ཞེས་ཀྱང་བརྗོད་པར་བྱའོ། །དེ་ནས་རྒན་གཞོན་ཤེས་པའི་ ཆེད་དུ་ཐོབ་དུས་བསྟན་པ་ནི། ལོ་དང་རིགས་ལྡན་ཟླ་བ་ཉ། །གཟའ་ཚེས་སྐར་མ་སྦྱོར་བ་ རྣམས། །ཆེ་གེ་མོ་ལ་ཞེས་རྒྱས་པར་གསུངས་མོད། མདོར་བསྡུས་པ་ནི། དེང་འདིར་རྡོ་རྗེ་ སློབ་དཔོན་བདག་གིས་སློབ་མ་ཆེ་གེ་མོ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་ འདུན་གྱིས་མངོན་པར་དབང་བསྐུར་ཏེ། གཙོ་བོར་འོག་མིན་གྱི་སྲིད་པའི་མཐར་ཐུག་པར་ འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དང༌། སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་ཉིད་ཀྱིས་ བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་དོན་དུ་ལུང་བསྟན་ཅིང་རྗེས་སུ་གནང༌། 7-1-285 ཞེས་པའོ། །དེ་ལྟར་ན་ཕྱིའི་དཀྱིལ་འཁོར་དུ་དབང་བདུན་གྱི་མཐར་ཆུའི་དབང་ཐོབ་པས་ སྡིག་པ་དང་སྒྲིབ་པའི་དྲི་མ་དག ལམ་བསྐྱེད་པའི་རིམ་པ་འཁོར་དང་བཅས་པ་བསྒོམ་པ་ལ་ དབང༌། འབྲས་བུ་གནས་སྐབས་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་དང་མཐར་ཐུག་ གཟུགས་ཀྱི་སྐུའི་ཕུན་སུམ་ཚོགས་པའང་འགྲུབ་པར་འགྱུར་སྙམ་དུ་མོས་པར་བྱའོ། །དེ་ནས་ དབང་གོང་མ་བཞིའི་དོན་དུ་ཐུན་མོང་དུ་མཎྜལ་སྔོན་དུ་འགྲོ་བས། སྒྲིབ་པ་ཐམས་ཅད་བཅོམ་ པ་ཡིས། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེ་བ་རྫོགས། །ཡེ་ཤེས་སྐུ་ ཁྱོད་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ནི་འགྱུར་མེད་གང༌། ། དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་པོ་དེ་ནི་བཀའ་དྲིན་མཛོད། །བུ་དང་ཆུང་མ་ སོགས་བཅས་པ། །བདག་ནི་དུས་ཀུན་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། ། བདག་ལ་སྐྱབས་གཞན་ཡོད་མ་ཡིན། །ཞེས་པ་ལན་གསུམ་གྱིས་བསྟོད་ཅིང༌། གསོལ་བ་ གཏབ་[བཏབ]ནས། ཁྱད་པར་བུམ་པའི་དབང་གི་དོན་དུ་བླ་མ་སྐུ་རྡོ་རྗེའི་ངོ་བོ་ལ་མཎྜལ་ ཕུལ་ནས། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་གྱི་དངོས། །སྐུ་ཡི་རྡོ་རྗེ་ཅན་ གྱིས་ནི། །བྱིན་བརླབས་གནས་སུ་དིང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་ རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་གྱི་དངོས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་ སུ་དིང་བདག་མཛོད། །ཅེས་པ་ལན་གཅིག་དང་ༀ་ༀ་པྲཛྙཱ་ཨུ་པཱ་ཡོ་ཀ་ལ་ཤ་ཨ་བྷི་ཥེ་ཀཾ་མེ་ད་ དཱ་ཏཱཾ་ཧུཾ་ཧཱུཾ་ཕཊ། ཅེས་པ་ལན་གསུམ་གྱིས་གསོལ་བ་བཏབ་པ་ལ། བླ་མ་མཉེས་པར་གྱུར་ པས་སློབ་མའི་ལུས་ཀྱི་ཐིག་ལེ་དང་སད་པའི་གནས་སྐབས་འགགས་ཤིང་ཞུ་བདེ་འགྱུར་མེད་ ཀྱི་དགའ་བའི་དགའ་བ་རྫོགས་ནས་སྐུ་རྡོ་རྗེ་སྤྲུལ་བའི་སྐུ་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ ཆུབ་པའི་དོན་དུ་ལུས་ལ་བུམ་པའི་དབང་དང༌། སྐུ་རྡོ་རྗེའི་བྱིན་བརླབས་ཀྱིས་བྱིན་གྱིས་ བརླབས་(དུ་གསོལ་ཞེས་པ་ལ་སོགས)པར་བྱ་ཞིང༌། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་ 7-1-286 གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེད་ལ་མཆོད་པ་དག་ཏུ་ གྱིས། ཞེས་པས་ཕྱག་རྒྱ་གནང་བ་དང༌། རང་སྐུ་རྡོ་རྗེའི་གཟུགས་ཀྱིས་ནུ་མ་ལ་རེག་པར་མོས་ པ་བྱ་སྟེ། དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་དེ་ནི་བུམ་པའི་དབང་ ཉིད་དོ། །ཞེས་པ་ལྟར་དེ་ལས་བྱུང་བའི་བདེ་བས་ཉེ་བར་མཚོན་པ་དགའ་བའི་དགའ་བ་རྒྱུད་ ལ་སྐྱེས་ནས་བུམ་པའི་དབང་ཐོབ་པས་སྔགས་ཀྱི་ཚུལ་ལ་དགེ་ཚུལ་དུ་འགྱུར་ཞིང༌། ངེས་པའི་ དོན་དུ་དུས་སྦྱོར་བརྒྱད་ཀྱི་རླུང་འགགས་པ་ལས་ས་རྒྱད་[བརྒྱད་]པ་མི་གཡོ་བ་ཐོབ་པ་ སངས་རྒྱས་ཀྱི་སྲས་སུ་འགྱུར་བས་དེའི་ང་རྒྱལ་བཟུང་བར་བྱ་སྟེ། ༀ་ༀ་བཛྲ་སཏྭེ་ན་བཛྲ་ཀ་ ལ་ཤ་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥིཀ་ཏོ་བཛྲ་སཏྭ་པུ་ཏྲོ་ཨ་ཙ་ལ་བྷཱུ་མི་ལཔ་དྷོ་ཧཾ་ཞེས་པས་སོ། །དེ་ ལྟར་ན་ལུས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་པས་ལུས་ཀྱི་དྲི་མ་དག ལམ་བསྙེན་ པའི་ཡན་ལག་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མྱུར་དུ་ཐོབ་པར་འགྱུར་ སྙམ་དུའང་མོས་པར་བྱའོ། །དེ་ནས་གསང་བའི་དབང་གི་དོན་དུ་བླ་མ་གསུང་རྡོ་རྗེའི་ངོ་བོ་ལ་ མཎྜལ་ཕུལ་ནས། དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པར་འདོན་པ་ བསྒྱུར་བ་དང༌། ༀ་ཨཱཿཔྲཛྙཱ་ཨུ་པཱ་ཡཽ་གུ་ཧྱ་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་ཧུཾ་ཧཱུཾ་ཕཊ། ཅེས་པས་གསོལ་ བ་བཏབ་པ་ལ། བླ་མ་མཉེས་པར་གྱུར་པས་སློབ་མའི་ངག་གི་ཐིག་ལེ་དང་རྨི་ལམ་གྱི་གནས་ སྐབས་འགགས་ཤིང་ཞུ་བདེ་འགྱུར་མེད་ཀྱི་མཆོག་དགའི་དགའ་བ་རྫོགས་ནས་གསུང་རྡོ་རྗེ་ ལོངས་སྤྱོད་རྫོགས་པའི་སྐུ་རྣམས་པ་ཉི་ཤུས་བྱང་ཆུབ་པའི་དོན་དུ། ངག་ལ་གསང་བའི་དབང་ དང་གསུང་རྡོ་རྗེའི་བྱིན་གྱིས་བརླབས་ཀྱིས་བྱིན་བརླབ་པར་བྱ་ཞིང༌། གདོང་གཡོགས་ བཅིངས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱད་མ་ཀོ་ཧཾ་ཞེས་གསུང་ཞིང་ སྙོམས་པར་ཞུགས་པའི་ཐུགས་ཁའི་འོད་ཀྱིས་སངས་རྒྱས་ཡབ་ཡུམ་སྤྱན་དྲངས་པ་སྐུའི་ དབྱིབས་བརྒྱུད་དེ་ཞུ་བར་གྱུར་པའི་བདུད་རྩི་སྦྱོར་འཚམས་[མཚམས]ནས་མཐེ་བོ་དང་མིང་ 7-1-287 ཀྱིས་[གིས]བླངས་ནས། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་ དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་བཞིན་བུ་ཁྱོད་དབང་བསྐུར་བགྱི། ། ཞེས་པ་དང༌། ༀ་ཨཱཿ་ཧཱུཾ་ཧོ་ཧཾ་ཀྵཿཞེས་པས་གནང་བ་རང་གསུང་རྡོ་རྗེའི་གཟུགས་ཀྱིས་ཨ་ཧོ་ མ་ཧཱ་སུ་ཁཾ(ཨེ་མ་ཧོ་བདེ་བ་ཆེན་པོའི)། ཞེས་པས་མྱངས་ནས། རི་བོང་འཛིན་པ་མྱང་དང་ནི་གསང་ བ་ལྟ་བ་དག་གིས་གསང་བ་ཡིན་ནི་དབང་དུ་འགྱུར། ཞེས་པ་ལྟར་ཤེས་རབ་ཀྱི་བྷ་ག་མངོན་ སུམ་དུ་བསྟན་པ་བལྟས་པར་མོས་ཞིང་[ཤིང་]དེ་མཐོང་བ་ལས་བྱུངབའི་བདེ་བས་ཉེ་བར་ མཚོན་པ་མཆོག་དགའི་དགའ་བ་རྒྱུད་ལ་སྐྱེས་ནས་གསང་བའི་དབང་ཐོབ་པས་སྔགས་ཀྱི་ ཚུལ་ལ་དགེ་སློང་དུ་འགྱུར་ཞིང༌། ངེས་པའི་དོན་དུ་དུས་སྦྱོར་དགུའི་རླུང་འགགས་པ་ལས་ས་ དགུ་པ་ལེགས་པའི་བློ་གྲོས་ཐོབ་པ་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་འགྱུར་བས་དེའི་ང་རྒྱལ་ བཟུང་བར་བྱ་སྟེ། ༀ་ཨཱཿབཛྲ་སཏྭེ་ན་གུ་ཧྱ་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥིཀ་ཏོ་བཛྲ་སཏྭ་ཡུ་བ་རཱ་ཛ་ན་ བ་བྷཱུ་མི་ལཔ་དྷོ་ཧཾ་ཞེས་པས་སོ། །དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། གང་གི་དྲི་མ་དག་ལམ་ཉེ་བར་བསྒྲུབ་པའི་ཡན་ལག་སྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་ རྗེ་ལོངས་སྤྱོད་རྫོགས་པའི་སྐུ་མྱུར་དུ་ཐོབ་པར་འགྱུར་སྙམ་དུ་མོས་པར་བྱའོ། །དེ་ནས་ཤེས་ རབ་ཡེ་ཤེས་ཀྱི་དབང་གོ་དོན་དུ་བླ་མ་ཐུགས་རྡོ་རྗེའི་ངོ་བོ་ལ་མཎྜལ་ཕུལ་ནས། དཔལ་ལྡན་ ཐུགས་ཀྱི་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པར་འདོན་པ་བསྒྱུར་བ་དང༌། ༀ་ཧུཾ་པྲཛྙཱ་ཨུ་པ་ཡཽ་ བཛྲ་སཏྭ་བི་ཤོ་མཱ་ཏ་རཽ་པྲཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་ད་ད་ཏཱཾ་ཧུཾ་ཧཱུཾ་ཕཊ་ཅེས་པས་གསོལ་བ་བཏབ་པ་ ལ། བླ་མ་མཉེས་པར་གྱུར་པས་སློབ་མའི་སེམས་ཀྱི་ཐིག་ལེ་དང་གཉིད་འཐུག་གི་གནས་ སྐབས་འགགས་ཤིང༌། ཞུ་བདེ་འགྱུར་མེད་ཀྱི་ཁྱད་པར་གྱི་དགའ་བ་རྫོགས་ནས་ཐུགས་རྡོ་རྗེ་ ཆོས་ཀྱི་སྐུ་རྣམ་པ་ལྔས་བྱང་ཆུབ་པའི་དོན་དུ་སེམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་ ཐུགས་རྡོ་རྗེའི་བྱིན་གྱིས་བརླབས་པར་བྱ་ཞིང༌། ཤེས་རབ་ཡེ་ཤེས་དབང་ལ་མཐའ་དག་རྒྱལ་ 7-1-288 བའི་རིགས་ཀྱི་ཡན་ལག་ཞལ་གྱི་སྦྱང་བ་བྱས་ནས་ནི། །རྒྱལ་བ་དག་ཀྱང་འདིར་ནི་བླ་མས་ དབང་པོར་བྱས་ནས་སློབ་མ་ལ་ནི་ཕྱག་རྒྱ་སྦྱིན་པར་བྱ། །ཞེས་པ་ལྟར་ཕྱག་རྒྱའི་གནས་དྲུག་ ཏུ། ༀ་ཨ་ཧཱུཾ་ཧོ་སྭཱཧཱ། བཀོད་ནས། འདིར་ནི་ཁྱེད་རྣམས་དབང་པོ་ལགས། །བདག་གིས་འདི་ ལ་འདི་གཏད་དོ། །ཞེས་པ་དང༌། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱི། །བསྟེན་བྱར་སངས་ རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་དམ་པའི་སྦྱོར་བ་ཡིས། །དམ་པའི་བདེ་བ་མྱང་བར་ གྱིས། །རྡོ་རྗེ་དཀྱིལ་དཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་ལྟ་བས། །ཞེས་པས་ གནང་བ་དེ། གོས་མེད་པའི་ཆུ་སྐྱེས་སྟོན་ཅིང༌། ཨེ་མ་བདག་གི་པད་མ་འདི། །བདེ་བ་ཐམས་ ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་བདུན་ན་ང་གནས་སོ། །སངས་ རྒྱས་མཉེས་པ་ལ་སོགས་པ། །པད་མར་བྱ་བ་ཇི་བཞིན་གྱིས། །བདེ་ཆེ་རྒྱལ་པོ་རང་ཉིད་ནི། ། འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷ་ཛ་མོ་ཀྵ་ཧོ(ཐར་པའི་སྣོད)ཞེས་བརྗོད་པ་དང་རང་ཐུགས་རྡོ་ རྗེའི་གཟུགས་ཀྱི་གནས་དྲུག་དུའང་[ཏུའང་]ཡི་གེ་དྲུག་བཀོད་ནས། ཨཱ་ལས་བྱུང་བའི་པད་ མ་དང་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྙོམས་པར་ཞུགས་པར་བསམ་ཞིང༌། ༀ་ཤཱི་ཤཱི་ཤཱི་ཧ་ཧ་ཧ་སྭཱཧཱ་ ཞེས་པས་དང༌། ཨོ་སརྦ་ཏ་ཐཱ་ག་ཏཾ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱད་མ་ཀོ་ཧཾ་ཞེས་བརྗོད་ཏེ་ [དེ]དགའ་བ་བཞིའི་དབྱེ་བ་རིག་པར་བྱ་སྟེ། དེ་ལྟ་བུའི་སྦྱོར་བ་ལས་བྱུང་བའི་བདེ་བས་ཉེ་ བར་མཚོན་པ་དགའ་བྲལ་གྱི་དགའ་བ་རྒྱུད་ལ་སྐྱེས་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ པས་སྔགས་ཀྱི་ཚུལ་ལ་གནས་བརྟན་དུ་འགྱུར་ཞིང༌། ངེས་པའི་དོན་དུ་དུས་སྦྱོར་བཅུའི་རླུང་ འགགས་པ་ལས་ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པ་སངས་རྒྱས་གཉིས་པར་འགྱུར་བས་ དེའི་ང་རྒྱལ་བཟུང་བར་བྱ་སྟེ། ༀ་ཧུཾ་བཛྲ་སཏྭེ་ན་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཀ་ཏོ་དྭ་ཏཱི་ཡ་བཛྲ་དྷ་རོ་ཧཾ་ དྷརྨ་མེ་གྷ་བྷཱུ་མི་ལབ་ཏོ་ཧཾ་ཞེས་པས་སོ། །དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་ འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ལམ་སྒྲུབ་པའི་ཡན་ལག་སྒོམ་ 7-1-289 པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པར་འགྱུར་སྙམ་དུའང་མོས་པར་བྱའོ། དེ་ནས་དབང་བཞི་པའི་དོན་དུ་བླ་མ་ཡེ་ཤེས་རྡོ་རྗེའི་ངོ་བོ་ལ་མཎྜལ་ཕུལ་ནས། དཔལ་ལྡ་ཡེ་ ཤེས་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པར་འདོན་པ་བསྒྱུར་བ་དང༌། ༀ་ཧོ་པྲཛྙཱ་ཨུ་པཱ་ཡ་ཨཱད་ མ་ཀཾ་བཛྲ་སཏྭ་མ་ཧཱ་མུ་ཏྲ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་པྲཡཙྪ་ༀ་ཨཱཿཧཱུྃ་ཧོ་ཕཊ། ཅེས་པས་གསོལ་བ་ བཏབ་པ་ལ། བླ་མ་མཉེས་པར་གྱུར་པས་ཆགས་པའི་ཐིག་ལེ་དང་བཞི་པའི་གནས་སྐབས་ འགགས་ཤིང་ཞུ་བདེ་འགྱུར་མེད་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་རྫོགས་ནས་ཡེ་ཤེས་རྡོ་རྗེ་ ངོ་བོ་ཉིད་ཀྱི་སྐུ་སྐ་ཅིག་མ་གཅིག་གིས་བྱང་ཆུབ་པའི་དོན་དུ་སློབ་མའི་ཡེ་ཤེས་ལ་བཞི་པ་ ཕྱག་རྒྱ་ཆེན་པོའི་དབང་དང་ཡེ་ཤེས་རྡོ་རྗེའི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབ་པར་བྱ་ ཞིང༌། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། ། བདག་གི་གསང་ཆེན་དབང་གིས་ནི། །ཁྱོད་ཀྱི་སེམས་རྒྱུད་དབང་བསྐུར་རོ། །ཞེས་པ་དང༌། སོ་སོར་བསྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་ དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་པ་དང༌། ཡན་ལག་དྲུག་ བསྒོམ་རྣལ་འབྱོར་པ། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་པ་དང༌། སོ་སོར་བསྡུད་ པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །ཞེས་པ་དང༌། ཐམས་ཅད་ནམ་མཁའི་ མཚན་ཉིད་ཏེ[དེ]། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་ བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་པ་དང༌། དངོས་པོ་མེད་ལ་བསྒོམ་པ་མེད། ། བསྒོམ་པར་བྱ་བ་དངོས་པོ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་ སུ་མེད་པའོ། །ཞེས་པ་དང༌། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། ། རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཁྱོད་ཉིད་དོ། །ཞེས་གསུང་བར་བསམ་ [བསམས]ནས་མི་རྟོག་པའི་ངང་དུ་བཞག་སྟེ། དེ་ལྟར་སྤྲོས་པ་ཐམས་ཅད་བྲལ་བའི་ཏིང་ངེ་ 7-1-290 འཛིན་ནམ་མཁའི་རྣལ་འབྱོར་གོམས་པས། སོ་སོ་རང་རིག་པའི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་ དགའ་བ་རྒྱུད་ལ་སྐྱེས་ནས། དབང་བཞི་པ་ཐོབ་པར་སྔགས་ཀྱི་ཚུལ་ལ་སྐྱེ་རྒྱུའི་[རྒུའི]བདག་ པོར་འགྱུར་ཞིང༌། ངེས་པའི་དོན་དུ་དུས་སྦྱོར་བཅུ་གཉིས་ཀྱི་རླུང་འགགས་པ་ལས། རྡོ་རྗེ་ སེམས་དཔའ་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་བདེ་སྟོང་ཟུང་འཇུག་གི་གོ་འཕང་ཐོབ་པར་འགྱུར་བས་ དེའི་ང་རྒྱལ་བཟུང་བར་བྱ་སྟེ། ༀ་ཧོ་དྷརྨ་དྷཱ་ཏུ་ཨ་ཀྵ་ར་ཙ་ཏུརྠ་ཨ་བྷི་ཥི་ཀེ་ན་ༀ་བྷི་ཥིཀ་ཏོ་བཛྲ་ སཏྭེ་ན་ཨཱད་མ་ནཱ་ཧཾ་དྭཱི་ཏཱི་ཡོད་དྭཱ་ད་ཤ་བྷཱུ་མི་ལབ་དྷོ་བཛྲ་སཏྭ་མ་ཧཱ་ཨརྠཿཔ་ར་མ་ཨ་ཀྵ་ར་ཏྲཻ་ ལོཀྱ་བི་ཛ་ཡཿཀཱ་ལ་ཙཀྲོ་བྷ་ག་ཝཾ་ཀཱ་ར་ཞེས་པའོ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་ དཀྱིལ་འཁོར་དུ་མཆོག་དབང་རིན་པོ་ཆེ་བཞི་པ་ཐོབ། ལུས་ངག་སེམས་དང་ཆགས་རྟོག་གི་ སྒྲིབ་པ་དག ལམ་སྒྲུབ་པ་ཆེན་པོའི་ཡན་ལག་བསྒོམ་པ་དབང་འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ ཉིད་ཀྱི་སྐུ་མྱུར་དུ་ཐོབ་པར་འགྱུར་སྙམ་འང་མོས་པར་བྱའོ། །དེ་ནས་དབང་བཞི་པའི་དེ་ཁོ་ན་ ཉིད་དང་ཁྱད་པར་ཤེས་པའི་དོན་དུ། བུམ་པ་གསང་བའི་དབང་བསྐུར་དང༌། །ཤེས་རབ་ཡེ་ ཤེས་མངོན་བརྗོད་པ། །སླར་ཡང་ཤེས་རབ་ཆེན་པོ་ཉིད། །དེ་ཡི་ཡེ་ཤེས་མངོན་བརྗོད་བྱེད། ། འགྱུར་དང་འགྱུར་དང་དེ་ནས་འཛག །དེ་ནས་གཞན་མི་འཛག་པའོ། །དབང་བསྐུར་གསུམ་ པོ་རིམ་པ་ཡིས། །ལུས་ངག་སེམས་ནི་ལེགས་དག་པ། །བཞི་པ་ཡེ་ཤེས་ཡང་དག་དག །ལུས་ ངག་སེམས་ཀྱང་དག་པར་བྱེད། །བྱིས་པ་དར་མ་དེ་ནས་རྒན། །བཞི་པ་སྐྱེ་རྒུའི་བདག་པོའོ། ། ཤེས་རབ་ནུ་མར་ཡན་ལག་ནི། །རེག་པས་བྱང་སེམས་འཕོ་བའི་བདེ། །འོ་མ་འཛིན་པས་ དབང་བསྐུར་བ། །གང་ལ་དེ་ཐོབ་དེ་བྱིས་པའོ། །ཡུན་རིང་གསང་བར་སྤྲོས་ལས་སྐྱེས། །བྱང་ ཆུབ་སེམས་ནི་འཕོ་བའི་བདེ། །གསང་བའི་དབང་སྐུར་གསང་བ་ནི། །གང་ལས་བདེ་ཐོབ་དེ་ དར་མ། །ཡུན་རིང་གསང་བར་སྤྲོས་ལས་སྐྱེས། །རྡོ་རྗེའི་རྩེ་མོར་གཡོ་བས་བདེ། །ཤེས་རབ་ 7-1-291 ཡེ་ཤེས་དབང་བསྐུར་བ། །གང་ལས་གཡོ་བ་བགྲོད་ཏེ་[དེ་]བརྣན། །ཕྱག་རྒྱ་ཆེན་པོ་རྗེས་ ཆགས་ལས། །སྐྱེས་པ་གཡོ་མེད་བདེ་བ་ནི། །ཤེས་རབ་ཆེན་པོའི་དབང་བསྐུར་བ། །གང་ལ་ གཡོ་མེད་རྟོག་པ་དེ། །སྐྱེ་རྒུའི་བདག་པོར་རྣམ་ཤེས་བྱ། །སྐྱོབ་པ་ཐམས་ཅད་བསྐྱེད་མཛད་ པ། །ཞེས་པ་དང༌། འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ཏན་དབང་གིས་ འཇིག་རྟེན་འཇིག་རྟེན་འདས་པའོ། །གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་གཞན་པ་བདུད་ རྩི་མྱང་དང་མཁྱུད་[འཁྱུད]པ་གང་ཡིན་པ། །ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་ཞུ་ བ་དག་ལ་བཞི་པའི་སྐ་ཅིག་བདུད་རྩི་རྟོགས་པ་གང༌། །འདི་དག་ཐམས་ཅད་ངེས་པར་འཇིག་ རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡིས་ནི་ལམ་གྱི་རྒྱུ་རུ་བསྟན། །འཇིག་རྟེན་འདས་པའི་དབང་གང་ མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ། །ཞེས་པ་རྣམས་ཀྱི་དོན་ དྲན་པར་བྱ་ཞིང༌། དབང་གོང་མ་གསུམ་ཐོབ་ནས་ཚུལ་ཁྲིམས་ཀྱི་ཚོད་ཀྱི་དོན་དུ་མི་འཛག་ པའི་ཚངས་པར་སྤྱོད་པ་ལ་གནས་པ་དང༌། གོང་མའི་གོང་མ་མཆོག་དབང་རིན་པོ་ཆེ་བཞི་པ་ ཐོབ་ནས་ཡེ་ཤེས་ཀྱི་དོན་དུ་ཕྱག་རྒྱ་ཆེན་མོ་བསྒོམ་པ་ལ་འབད་པ་བྱ་སྟེ། དེ་ལྟར་ན་དོན་དམ་ མཆོག་གི་དངོས་གྲུབ་བདེ་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་མྱུར་དུ་ཐོབ་པར་འགྱུར་རོ། །དེ་ནས་ རྡོ་རྗེ་སློབ་དཔོན་བདག་པོའི་དབང་གི་དོན་དུ་མཎྜལ་ལ་སོགས་པའི་ཡོན་ཕུལ་ནས། ཀྱེ་ དཔལ་ལྡན་བླ་མ་ཁྱེད་ཀྱི་བཀའ་དྲིན་ལས་ད་ནི་བདག་གིས་བདེ་བར་གཤེགས་པའི་ལམ་ ཐམས་ཅད་དུ་ངེས། ཀྱེ་བཅོམ་ལྡན་འདས་ཕ་རོལ་དུ་[ཏུ]ཕྱིན་པ་ཐམས་ཅད་ཐོབ་པ་ད་ནི་ བདག་གིས་ཅི་ཞིག་བགྱི་ཞེས་པ་དང༌། དུས་འདི་ནས་བརྩམས་ཏེ་ཁྱོད་དང་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་རྣམས་སྤངས་ནས་བླ་མ་གཞན་བསྟེན་པར་མི་བགྱིའོ། །ཞེས་ཞུ་ཞིང་ དམ་བཅས་ལ། ཁྱོད་ཀྱི་སྐུ་ལ་ཤ་ཁྲག་དང༌། །བཤང་གཅི་ཁུ་བ་མ་མཆིས་ཤིང༌། །བཅོ་བརྒྱད་ ཁམས་ཀྱང་མི་མངའ་བ། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་པ་དང༌། སྔར་བསྟན་པ་ 7-1-292 ལྟར། སྒྲིབ་པ་ཐམས་ཅད་སྤངས་པ་ཡིས། །ཞེས་པ་ལ་སོགས་པ་དང༌། གང་གིས་བདག་ནི་ ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་ རྗེའི་གཏེར་ཀྱེ་བདག་ལ་སྩོལ། །ཞེས་པ་ལ་སོགས་པས་བསྟོད་ཅིང་གསོལ་བ་[གཏབ་ སྟོ[བཏབ་སྟེ]། དབང་སྟེགས་སོ་སོ་ལ་འདུག་པར་བསམས་ཞིང་[ཤིང་]། བཀྲ་ཤིས་གང་ ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཞེས་པ་ལ་སོགས་པས་ཤིས་པ་བརྗོད་བཞིན་པས། དགེ་སློང་ཡིན་ན་བུམ་པ་བཅུས་བཀྲུས་པར་བསམས་ཏེ། གདུག་པ་སྡིགས་པར་བྱེད་པའི་ མཆོག །གང་གིས་ངུར་མིག་མཐོང་ཙམ་གྱིས། །ལྷ་མིན་པ་ཡི་འོག་ཏུ་འགྲོ། །དགེ་སློང་རྡོ་རྗེ་ འཛིན་པ་བྱ། །ཞེས་ཀྱང་བརྗོད་ལ། ཅོད་པན་དང༌། དར་དཔྱངས་དང༌། ཕྱག་རྒྱ་དྲུག་གནང་ བར་བསམ་ཞིང༌། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ནི། །ཕྱི་དང་ནང་དུ་ཡང་དག་གནས། སངས་ རྒྱས་ལྔ་བདག་ཅོད་པན་ནི། །བྱིན་པ་དཔའ་བོས་བཟུང་བར་བགྱིས། །ༀ་ཨཱཿ ཨི་རྀ་ཨུ་ལྀ་ པཉྩ་ཏ་ཐཱ་ག་ཏ་པ་རི་ཤུད་དྷ་སྭཱཧཱ། ཞེས་པ་དང༌། དེ་བཞི་དུ་ཚིགས་བཅད་ཀྱི་རྐང་པ་དང་པོ་ གཉིས་ཐམས་ཅད་ལ་སྦྱོར་ཏེ། ཕ་རོལ་ཕྱིན་བཅུའི་དར་དཔྱངས་ནི། །བྱིན་པ་དཔའ་བོས་ བཟུང་བར་གྱིས། །ༀ་ཨ་ཨཱ་ཨཾ་ཨཿ ཞེས་པ་ལ་སོགས་པ་(དར་དཔྱངས་ཀྱི་སྔགས་)དང༌། རྣ་ཆའི་ བདག་ཉིད་འོད་དཔག་མེད། །བྱིན་པ་དཔའ་བོས་བཟུང་བར་གྱིས། །ༀ་ཧཾ་ཧཿ ཞེས་པ་ལ་ སོགས་པ་(སྲུང་འཁོར་དུ་བསྟན་པའི་རྣ་རྒྱན་གྱི་སྔགས)དང༌། སྐ་རགས་ལ་ནི་དོན་ཡོད་གནས། །མགུལ་ གྱི་ཕྲེང་བ་རིན་ཆེན་བདག །བྱིན་པ་དཔའ་བོས་བཟུང་བར་གྱིས། །ༀ་ཨཾ་ཨཿཞེས་པ་ལ་ སོགས་པ(ལག་གདུབ་ཀྱི་སྔགས)དང༌། གདུ་བུ་རྣམ་པར་སྣང་མཛད་ཉིད། །བྱིན་པ་དཔའ་བོས་ བཟུང་བར་གྱིས། །ༀ་ཨ་ཨཱ་ཞེས་པ་ལ་སོགས་པ་དང༌། ༀ་ཧ་ཧཱ་ཞེས་པ་ལ་སོགས་པ་(རྐང་ གདུབ་ཀྱི་སྔགས)དང༌། སྤྱི་བོའི་ནོར་བུ་མི་བསྐྱོད་པ། །ཡན་ལག་ཀུན་ལ་རྡོ་རྗེ་འཛིན། །བྱིན་པ་ དཔའ་བོས་བཟུང་བར་བགྱིས། །ༀ་ཧཾ་ཝཾ་ཞེས་པ་ལ་སོགས་པ་(ནོར་བུའི་སྔགས)བརྗོད་པར་བྱའོ། ། 7-1-293 དགེ་ཚུལ་ཡིན་ན། བུམ་པ་དྲུག་གིས་བཀྲུས་པར་བསམ་ཞིང༌། གང་ཞིག་སླབ་པ་བཅུ་ལྡན་ པའི། །རྡོ་རྗེ་འཛིན་པ་དགེ་ཚུལ་ཏེ། །དེ་ནི་སློབ་དཔོན་འབྲིང་པོ་རུ། །རྡོ་རྗེ་འཆང་གིས་ཡང་ དག་གསུངས། །ཞེས་ཀྱང་བརྗོད་ལ། ཅོད་པན་མ་རྟོགས་[གཏོགས]པ་སྔར་བསྟན་པའི་ཚིག་ རྣམས་ཀྱིས་དར་དཔྱངས་དང༌། ཕྱག་རྒྱ་དྲུག་གནང་བར་བསམ་མོ། །དགེ་བསྙེན་ཡིན་ན་བུ་ [བུམ]པ་གཉིས་ཀྱིས་བཀྲུས་པར་བསམས་ཞིང༌། གོས་དཀར་ཅན་གྱི་ཁྱིམ་པ་གང༌། །རྡོ་རྗེ་ འཛིན་པར་བྱ་བ་དེ། །དགེ་སློང་རྡོ་རྗེ་འཛིན་རྣམས་ལ། །ཚུལ་མཐུན་བསྙེས་བཀུར་བྱ་ཕྱིར་རོ། ། ཞེས་ཀྱང་བརྗོད་ལ། ཕྱག་རྒྱ་རྡོ་རྗེའི་སོར་གདུབ་འདི། །བྱིན་པ་དཔའ་བོས་བཟུང་བར་གྱིས། ། ཞེས་པ་རྡོ་རྗེའི་སོར་གདུབ་གནང་བར་བསམ་མོ། །དེ་ནས་དབང་གོང་མ་བཞི་ཡང་བསྡུས་ཏེ་ བླང་བའི་ཆེད་དུ། ༀ་ཨཱཿཧུཾ་ཧོ་སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེས་མངོན་པར་དབང་བསྐུར་ བྱིན་གྱིས་བརླབ་དུ་[ཏུ་]གསོལ། །བུམ་པ་གསང་བ་ཤེས་རབ་ཡེ་ཤེས་བཞི་པའི་དབང་གིས་ བྱིན་གྱིས་བརླབ་དུ་[ཏུ]གསོལ། །དགའ་བ་མཆོག་དགའ་ཁྱད་པར་ལྷན་སྐྱེས་བར་བྱིན་གྱིས་ བརླབ་དུ་[ཏུ]གསོལ། །སྤྲུལ་པ་ལོངས་སྤྱོད་ཆོས་དང་ངོ་བོ་ཉིད་སྐུ་ཐོབ་པར་བྱིན་གྱིས་བརླབ་ དུ་[ཏུ]གསོལ། །ཞེས་གསོལ་བ་བཏབ་པ་དང༌། (གུར་ལས་)ཐོག་མཐའ་མེད་པའི་སེམས་ དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་[ཏུ]བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་ སྙེམས་མའི་བདག་པོའི་མཆོག །ཅེས་པས་རྡོ་རྗེ་དང༌། (དཔལ་མཆོག་ལས་)སྲིད་པ་ངོ་བོ་ཉིད་ཀྱིས་ དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་ བྱེད་པར་འགྱུར། །ཞེས་པས་དྲིལ་བུ་དང༌། ཡེ་ཤེས་ཕྱག་རྒྱ་བྱིན་བརླབས་ནས། །འདོད་པ་ ཐམས་ཅད་ལོངས་སྤྱོད་ཏེ[དེ]། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཞེས་པས་ཕྱག་རྒྱ་ གནང་ནས། (བརྟག་གཉིས་ལས་)ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་ མཁྱུད[འཁྱུད]། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་དབང་དུ་རབ་ཏུ་བཤད། ། 7-1-294 ཞེས་པས་རིག་མ་གནང་བ་ལ་མཁྱུད་[འཁྱུད་]པར་བསམ་ཞིང༌། ནུ་མ་ལ་རེག་པའི་བདེ་ བས་མཚོན་པ་དགའ་བའི་དགའ། གསང་གནས་མཐོང་བའི་བདེ་བས་མཚན་པ་མཆོག་ དགའི་དགའ་བ། བསྙོམས་[སྙོ མས]པར་ཞུགས་པའི་བདེ་བས་མཚན་པ་ཁྱད་པར་དགའ་བ། སྟོང་ཉིད་བསྒོམ་པའི་བདེ་བས་མཚོན་པ་ལྷན་སྐྱེས་དགའ་བ་རྒྱུད་ལ་སྐྱེས་པར་མོས་པ་བྱའོ། ། དེ་ནས་གནང་བ་སྦྱིན་པའི་ཆེད་དུ། (བརྟག་གཉིས་ལས་)རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་ རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་[ཚོགས]རྣམས་བསྡུ་ བར་གྱིས། །ཞེས་པ་དང༌། (རྡོ་རྗེ་སྙིང་པོས་རྩ་རྒྱུད་གྲངས་[དྲངས]པར) སྟོང་ཉིད་སྙིང་རྗེར་བྱིན་གྱིས་ བརླབས། །སྟོང་ཉིད་སྙིང་རྗེའི་རྒྱུན་མི་གཅོད། །མཚན་མ་རྡོ་རྗེ་དྲིལ་བུ་ཟུང༌། །ཇི་ལྟ་ཇི་ལྟར་ གཞན་ལ་སྟོན། །ཁྱོད་ནི་ཡོངས་རྫོགས་སློབ་དཔོན་ཏེ། །གནས་བརྟན་རྒན་པོའང་ཁྱོད་ཉིད་ ཡིན། །ཁྱོད་ནི་བསིལ་གྱུར་རྙོག་པ་མེད། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །ཟག་པའི་ འདོད་ཆགས་རབ་སྤངས་པས། །ཁྱོད་ཀྱི་ཟུག་རྔུ་མ་ལུས་བཏོན། །གཞན་ལ་ཕན་པའི་གང་ ཟག་མཆོག །ཁྱོད་ནི་མངོན་སུམ་སངས་རྒྱས་སྲས། །ཞེས་གསུང་བར་མོས་པ་བྱའོ། །དེ་ནས་ རྡོ་རྗེ་གསུམ་དུ་རིམ་གྱི་སྒོམ་ཞིང༌། རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ནི། །ཕྱི་དང་ནང་དུ་ཡང་དག་ གནས། །སྐུ་ཡི་རྡོ་རྗེ་བསྒྲུབ་སླད་དུ། །ཚངས་སྐུད་མཆོད་ཕྱིར་ཐོགས་པ་ཟུང༌། །ༀ་ཨ་ཨཱ་ཨཾ་ ཞེས་པ་ལ་སོགས་པ་དང༌། དེ་བཞིན་དུ། གསུང་གི་རྡོ་རྗེ་བསྒྲུབ་སླད་དུ། །སྔགས་དང་ཕྱག་ མཚན་བཟུང་བར་གྱིས། །ༀ་ཧྐྵྨླྺྼྻྂ་སྭཱཧཱ་ཞེས་པས་(རྡོ་རྗེ་གཏོད་བཞིན་པ)དང༌། ཐུགས་ཀྱི་རྡོ་རྗེ་བསྒྲུབ་ སླད་དུ། །དར་དཔྱངས་ཅོད་པན་བཟུང་བར་གྱིས། །ༀ་བཛྲ་པ་ཊ་མུ་ཀུ་ཊེ་ཧུཾ་ཧཱུཾ་ཕཊ། ཅེས་ པའམ། ༀ་ཨཱ་ཨརྡྷ་(ནི་རི་ཤཱ་ར)ཞེས་པ་ལ་སོགས་པ་དང༌། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །གསུང་ གི་རྡོ་རྗེ་དབང་ཕྱུག་ཆེ། །རྒྱལ་པོ་ཐུགས་ཀྱི་རྡོ་རྗེ་འཛིན། །དེ་ཡང་ཁྱབ་འཇུག་རྡོ་རྗེ་ཆེ། །རྡོ་རྗེ་ སློབ་དཔོན། ཞེས་པ་དང༌། གཙུག་ཕུད་ཕུད་བུ་ལྕ་ལོ་ཅན། །རལ་པ་མུཉྩ་ཅོད་པན་ཐོགས། ། 7-1-295 གདོང་ལྔ་ཟུར་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་རྟོག་[ཏོག]ཐོད། །ཞེས་པ་རྣམ་ཀྱིས་སྐུ་ གསུང་ཐུགས་རྡོ་རྗེའི་ངོ་བོར་གྱུར་པར་མོས་པས། དེའི་ང་རྒྱལ་བཟུང་པར་བྱ་སྟེ། ༀ་ཏ་ཐཱ་ག་ ཏ་ཀཱ་ཡ་ཝཱཀ་ཙིཏ་ཏ་བཛྲ་སྭ་བྷཱ་ཝ་ཨད་མ་ཀ་ཧཾ་ཞེས་པས་སོ། །དེ་ནས་ཆོས་བཤད་པའི་རྗེས་ གནང་གི་དོན་དུ། ༀ་བཛྲ་(རྡོ་རྗེ་རྒྱུ་)ཧེ་དུ་མཾ་ཞེས་པས་མདུན་ནམ་བསྟན་ལ་བྷྲཱུཾ་ལས་བྱུང་བའི་ ཆོས་ཀྱི་འཁོར་ལོ་དང༌། ༀ་བཛྲ་བྷ་ཤ་རཾ(རྡོ་རྗེ་སྨྲ་བ)། ཞེས་པས་ལག་པ་གཡས་སུ་ཨཿལས་བྱུང་ བའི་ཆོས་ཀྱི་དུང་དང༌། ཨཿཞེས་པས་གཡོན་དུ་ཨཿལས་བྱུང་བའི་དྲིལ་བུ་དང་། ཨ་ཞེས་པས་ གཉི་གའི་དབུས་སུ་ཨ་ལས་བྱུང་བའི་གླེགས་བམ་གནང་ནས། (ཤེར་ཕྱིན་ཚུལ་རྒྱ་ལྔ་བཅུ་པ་ལས) ཐམས་ཅད་ནམ་མཁའི་མཚན་ཉིད་ཏེ[དེ]། ནམ་མཁའ་ལ་ཡང་མཚན་ཉིད་ཏེ[དེ]། ནམ་ མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བར། །ཀུན་མཆོག་མཉམ་ པ་ཉིད་དུ་གསལ། །༡ དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་ བསྐོར། ཁྱོད་ཀྱིས་ཐེ་ཚོམ་དགོས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །༢ ཆོས་ ཀྱི་དུང་ནི་བླ་ན་མེད། །དྲི་མེད་ཀུན་[ཏུ]གང་བར་གྱིས། །ཞེས་པ་དང༌། ཤེས་རབ་ཐབས་ཀྱི་ རང་བཞིན་བདག །ཡིད་བཞིན་ནོར་བུ་ལྟར་མཐོང་བས། །སྐྱོ་མེད་དགོས་དང་བྲལ་བ་ཡིས། ། དེ་ལྟར་སེམས་ཅན་དོན་གྱིས་ཤིག །ཅེས་པ་དང༌། ཕྲིན་ལས་ཀྱི་རྗེས་གནང་གི་དོན་དུ། ས་ནི་ ཡོངས་བརྟག་ནགས་དང་གྲོང་ཁྱེར་གྲོང་བརྡལ་གྲོང་གི་ཕྱོགས་ཀྱི་ཆ་དག་དང༌། །ཐབ་ཁུང་ རྣམས་ཀྱི་མཚན་ཉིད་དང་ནི་བུམ་པ་དང་བཅས་རྡུལ་ཚོན་སྦྱིན་བསྲེག་ཕུ་བུ་ལ་སོགས་དང༌། ། སློབ་མ་རྣམས་ནི་བསྡུ་བ་དག་དང་ཡང་རྒྱལ་བའི་བདག་པོ་མཆོག་གི་དཀྱིལ་འཁོར་འབྲི་ དག །ཤེས་ནས་སློབ་དཔོན་གྱི་ནི་དགེ་དང་མི་དགེའི་འབྲས་སླད་ཞི་བ་ལ་སོགས་མཐའ་དག་ རབ་ཏུ་བྱ། །ཞེས་གསུང་བར་བསམ་མོ། །དེ་ནས་དམ་ཚིག་དང་སྡོམ་པའི་ངེས་པ་སྦྱིན་པའི་ ཆེད་དུ། འདིར་སྟོན་པ་པོའི་དབང་ལ་མངོན་པར་དབང་བསྐུར་བའི་དགེ་སློང་ངམ་དགེ་ཚུལ་ 7-1-296 ལམ་ཁྱིམ་པས། གཡོག་ལ་སོགས་པའི་ཆོས་དང༌། ཁྱིམ་པའི་ཆོས་མི་བྱའོ། །གལ་ཏེ་རལ་གྲི་ དང་སྣག་ཚ་དང་ཚོང་ལ་སོགས་པ་བྱས་ན། དེའི་ཚེ་བཀའ་བཅག་པར་འགྱུར་ཅིང༌། བཀའ་ བཅག་པ་ལས་ནི་མནར་མེད་པར་འགྲོ་བར་འགྱུར་ཏེ། སློབ་དཔོན་གྱི་ཆོས་རྣམ་པར་བཤིག་ པའི་ཕྱིར་རོ། །ཞེས་པ་དང༌། འདིར་སེམས་ཅན་ཐམས་ཅད་ཀྱི་དགའ་བ་ཐུན་མོང་བ་ཐོག་ལེ་ གྲོལ་བ་གསུམ་གྱི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་བརྗོད་པ་གང་ཡིན་པ་དེ་ནི་ངེས་ པའི་དོན་མ་ཡིན་ཏེ་འཕོ་བའི་བག་ཆགས་མ་སྤངས་པའི་ཕྱིར་རོ། །ངེས་པའི་དོན་དུ་ནི་རྣལ་ འབྱོར་གྱི་སྟོབས་ཀྱིས་འཕོ་བ་མེད་པའི་བདེ་བ་ཆེན་པོ་སྟེ། དེས་ན་ཁྱེད་རྣམས་ཀྱིས་རྣམ་པ་ ཐམས་ཅད་དུ་བསྲུང་བར་བྱའོ། །ཞེས་པ་དང༌། ལས་ཀྱི་ཕྱག་བརྒྱའི་[རྒྱའི]རབ་སྦྱོར་དང༌། ། ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་འང༌། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརྟུལ་ཞུགས་ བརྟན་པོས་བསྲུང་བར་བྱ། །༡བྷ་གར་ལིང་ག་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། ། ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །༢བསྲུང་པ་ འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་ རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །༣ཕ་རོལ་ཕྱིན་བཅུ་ཐོབ་པ་ཡི། །རྫོགས་ པའི་སངས་རྒྱས་དུས་གསུམ་འཇུག །འདི་ཡི་རྫོགས་སངས་རྒྱས་ཀུན་གྱི། །ཆོས་ཀྱི་འཁོར་ལོ་ རབ་ཏུ་བསྐོར། །༤རང་དང་གཞན་དོན་སྒྲུབ་པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། ། ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །༥སྐྱོབ་པ་ཀུན་གྱི་ སྡོམ་པ་ནི། །གལ་ཏེ་ཁྱོད་བསྲུང་བདག་གི་བུ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་ བརླབས་རྫོགས་བྱང་ཆུབ་ཐོབ་འགྱུར། །༦ཅི་སྟེ་ཆགས་པས་ཟིལ་མནན་བདག །གཙོ་བོའི་ མདུན་དུ་བླངས་ནས་ནི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་ངུར་[ངུ]འབོད་དུ་འགྲོ་འགྱུར། ། ༧དམན་པའི་སེམས་ལས་སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་སེམས་ལྷུང་གྱུར། །དེ་ཚེ་ཕྱག་ 7-1-297 བརྒྱར་[རྒྱར་]ཤེས་ནས་ནི། །པད་མའི་ཕྱིར་རོལ་རང་ལྕེས་བླང༌། །ཞེས་གསུང་བར་བསམ་ ཞིང༌། གཙོ་བོས་ཇི་ལྟར་བཀའ་བསྒོ་བ། །དེ་བཞིན་དུ་ནི་བདག་བགྱིའོ། །ཞེས་ཀྱང་ཁས་བླང་ བར་བྱའོ། །དེ་ནས་དབང་གི་རབ་བྱེད་ཞུ་བའི་ཆེད་དུ་མཎྜལ་ཕུལ་ནས། བཅོམ་ལྡན་འདས་ བདག་དབང་བསྐུར་བའི་རབ་ཏུ་བྱེད་པའི་བཀའ་དྲིན་མཛད་དུ་གསོལ་ཞེས་གསོལ་བ་བཏབ་ པ་དང༌། བླ་མས་བུ་ཁྱོད་ཉོན་ཅིག་ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་བདེ་བ་ དགའ་བ་བཅུ་དྲུག་གི་མཚན་ཉིད་ཅན་ཇི་ལྟ་བ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ལ་ཡང་སྟེ། འདོད་པ་བསྐྱོད་པར་བྱེད་པ་འགྲོ་བ་དང་གི་ཡིད་ལའོ། །(དགའ་བ་)གང་བ་དག་ནི་གང་བ་ཉིད་ དུ་འགྱུར། །(མཆོག་དགའ)གང་བ་ཡན་ལག་མཆོག་ལ་རི་བོང་འཛིན་པ་ཁུ་བར་བྱས་ནས་འབར་ བའི་ཐིག་ལེ་བཟང་པོ་འཛག (ཁྱད་དགའ)ཨོཊྚས་བཀུག་པ་མཆོག་གི་བདེ་བ་རང་བཞིན་གྱིས་ སྟེར་ཐིག་ལེ་དག་ནི་གྲོལ་བ་གསུམ་གྱི་མཐར(ལྷན་ཅིག་སྐྱེས་དགའ་)། བལྟ་དང་རེག་དང་འགྲོགས་ ལ་འཛག་པའི་བདེ་བ་འདི་དག་དགའ་བའི་དབྱེ་བ་ལ་སོགས་དག་གིས་སོ། །འདོད་པ་དགའ་ བར་བྱེད་ཏེ་[དེ]དང་པོ་དག་ཀྱང་མི་རྣམས་ཀྱི་ནི་མིག་གིས་བལྟ་བ་དག་ལས་སོ། །ཕྱི་ནས་ གང་བ་རབ་ཏུ་སྦྱར་བ་ལ་སྟེ་སླར་ཡང་མཆོག་གི་དགའ་བ་ཉིད་དོ་རང་ལུས་ལ། །འབར་བ་ ཉིད་ལས་ཐིག་ལེ་འཛག་པའི་དགའ་བ་ཡིས་ཀྱང་ཁྱད་པར་དགའ་བ་རྡོ་རྗེས་པད་མ་ལ། ། ཨོཊ་ཊ་ཐིག་ལེ་གསུམ་གྱི་མཐར་རུ་འགྱུར་བ་ལ་གནས་ལྷན་ཅིག་སྐྱེས་པའི་དགའ་བ་རྡོ་རྗེ་ བྱེད། །འདོད་(པའི་སྐུའི་དགའ)དང་དགའ་བ་(གསུང་གི་དགའ་བ)དང་ནི་འདར་(པ་ཐུགས་ཀྱི་དགའ་བ་)དང་ འགྱུར་མེད་(ཡེ་ཤེས་ཀྱི་དགའ)དག་དང་བཞི་པོ་ཡིས་ནི་སྦྱོར་བ་དེ་གཅིག་སྟེ། །གང་བ་(སྐུའི་དགའ་བ་) དང་ནི་ནུས་(ཡེ་ཤེས་ཀྱི་མཆོག་དགའ)དང་སྐྱེ་བ་དག་(ཐུགས་ཀྱི་མཆོག་དགའ་)དང་མཆོག་གི་དགའ་བ་ ཉིད་ནི་(གསུང་གི་མཆོག་དགའ་)གཉིས་པར་ངེས་པར་འགྱུར། །འབར་བ་(སྐུའི་ཁྱད་དགའ)དང་ནི་ཐིག་ ལེ་(ཡེ་ཤེས་ཀྱི་ཁྱད་དགའ) གཉིད་ཡུར་དག་(ཐུགས་ཀྱི་ཁྱད་དགའ་)དང་སླར་ཡང་ཁྱད་པར་དགའ་བ་ 7-1-298 ཉིད་(གསུང་གི་ཁྱད་དགའ་)ནི་གསུམ་པའོ། །ཨོཊ་ཊ་(སྐུའི་ལྷན་སྐྱེས་དགའ་བ)ནཱ་ད་དག་(ཡེ་ཤེས་ཀྱི་ལྷན་སྐྱེས་ དགའ་བ)དང་གཉིད་(ཐུགས་ཀྱི་ལྷན་སྐྱེས་དགའ་བ)དང་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་(གསུང་གི་ལྷན་ སྐྱེས་དགའ་བ)ནི་བཞི་པར་འགྱུར(ཕྱི་མ་གསུམ་རིམ་པ་བཟློག་པ་ནི་སྡེབ་སྦྱོར་གྱི་དབང་ངོ་)། །ཞེས་པ་ལྟར་ཤེས་ རབ་མ་ལ་མིག་གིས་བལྟས་པ་ལས་རང་གི་ཡིད་ལ་འདོད་ཆགས་གཡོ་བའི་བདེ་བ་སྐྱེས་པ་ ནི། འདོད་པ་བསྐྱེད་པ་སྟེ་དང་པོ་དགའ་བ་དང༌། དེ་ནས་རེག་ཅིང་འཁྱུད་པ་ལས་དཔྲལ་བར་ བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྫོགས་པ་ནི་གང་བ་སྟེ་གཉིས་པ་མཆོག་དགའ་དང༌། དེ་ནས་ སྙོམས་པར་ཞུགས་པ་ལས་ཐིག་ལེ་ཞུ་བར་གྱུར་ནས་རྡོ་རྗེ་ནོར་བུའི་བར་དུ་འཛག་པའི་བདེ་ བ་ནི་འབར་བ་སྟེ་གསུམ་པ་ཁྱད་པར་གྱི་དགའ་བ་དང༌། དེ་ལྟར་ལུས་ངག་ཡིད་ཀྱི་ཐིག་ལེ་ འཛག་པ་དང་བཅས་པ་དགའ་བ་དང་པོ་གསུམ་གྱི་མཐར་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུར་ རྫོགས་ཤིང་མ་འཛགས་པའི་བདེ་བ་ནི་ཨེཊ་ཊའི་གནས་སྐབས་ཏེ་བཞི་པ་ལྷན་ཅིག་སྐྱེས་ པའི་དགའ་བའོ། །དེ་རྣམས་ཀྱང་བདེ་བ་རིམ་གྱི་སྐྱེ་བའི་དབྱེ་བས་བྱིས་པ་གཞོན་ནུ་ལང་ཚོ་ རྒད་པོ་སྨིན་པ་སྟེ། ནམ་མཁའ་རླུང་མེ་ཆུ་སའི་རང་བཞིན། དགའ་བ་བཟང་པོ་རྒྱལ་བ་སྟོང་ པ་རྫོགས་པའི་མིང་ཅན། ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ཝ་ར་ལ། ཞེས་པ་འདི་ དག་གི་ཆོས་ཅན་རྣམས་ཀྱིས་ཡར་ངོའི་ཚེས་ལྔ་པ་དགའ་བ་རྫོགས་པ་དང༌། བཅུ་པ་མཆོག་ དགའ་རྫོགས་པ་དང༌། བཅོ་ལྔ་པ་ཁྱད་པར་གྱི་དགའ་བ་རྫོགས་པ་ན། བཅུ་དྲུག་པ་ལྷན་ཅིག་ སྐྱེས་པའི་དགའ་བའི་གནས་སྐབས་ཁམས་ཐམས་ཅད་བསྡུས་པ་དང་ཚོགས་པ་དང་འདུས་ པ་དང་སྡོམ་པ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་མཛགས་[འཛག]པའི་བདེ་བ་ཆགས་པ་ ནི་དཀར་པོའི་ཕྱོགས་ཡིན་ལ། ཕྱི་རོལ་[དུ་འཛགས་[ཏུ་འཛག]ནས་བདེ་བ་ཉམས་པའི་ ཆགས་བྲལ་ནི་ནག་པོའི་ཕྱོགས་ཡིན་ཞིང༌། ཆགས་པའི་མཐའ་ཆགས་བྲལ་གྱི་དང་པོ་མཐར་ མ་ལྷུང་བའི་ཆ་བཅུ་དྲུག་པ་ནི་ཆགས་པ་ཆེན་པོ་སྟེ། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་ 7-1-299 དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་རྫོགས་སངས་རྒྱས་པའི་གནས། །སངས་རྒྱས་ཡང་ དག་བརྗོད་ཆོས་འཛིན། །ཞེས་པ་དང༌། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ ཐིག་ལེ་འཛིན། །ཆ་མེད་ཆ་ལས་འདས་པ་པོ། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཞེས་ པ་ལྟར་རོ། །རྣལ་འབྱོར་གྱི་སྟོབས་ཀྱིས་སད་པ་དང་རྨི་ལམ་དང་ཤིན་དུ་[ཏུ]གཉིད་ལོག་པ་ དང་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པ་ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་ཐིག་ ལེ་དཔྲལ་བ་དང་མགྲིན་པ་དང་སྙིང་ཁ་དང་ལྟེ་བར་གནས་པ་རྣམས་འཕོ་བ་མེད་པར་བྱས་པ་ ལས་བྱུང་བའི་བདེ་བ་སྐུ་བཞི་ཐོབ་པ་ན། རྡོ་རྗེ་བཞིའི་བདག་ཉིད་ཅན་དགའ་བ་བཅུ་དྲུག་ མངོན་སུམ་དུ་འགྱུར་བ་ཉིད་སྟེ[དེ]། འདོད་པ་ལ་སོགས་པ་སྤྲུལ་པའི་སྐུ་གསུང་ཐུགས་དང་ ཡེ་ཤེས་ཀྱི་དགའ་བ་བཞི་དང༌། གང་བ་ལ་སོགས་པ་ལོངས་སྤྱོད་རྫོགས་པའི་སྐུ་གསུང་ ཐུགས་དང་ཡེ་ཤེས་ཀྱི་མཆོག་དགའ་བཞི་དང༌། འབར་བ་ལ་སོགས་པ་ཆོས་ཀྱི་སྐུ་གསུང་ ཐུགས་དང་ཡེ་ཤེས་ཀྱི་ཁྱད་པར་དགའ་བ་བཞི་དང༌། ༀ་ཊ་ཊ་ལ་སོགས་པ་ངོ་བོ་ཉིད་ཀྱི་སྐུ་ གསུང་ཐུགས་དང་ཡེ་ཤེས་ཀྱི་དགའ་བ་བཞིའོ། །སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ད་སྦྱོར་ སྡོམ་པ་དང༌། ཞེས་སོགས་གསུངས་པ་ལྟར་རོ། །དེ་ཡང་གཞི་ལ་རང་བཞིན་གྱིས་རྣམ་པར་ དག་པའི་དགའ་བ་བཞི་དང་བཅུ་དྲུག་ནམ་མཁའ་ལྟར་ཀུན་ནས་ཁྱད་པར་གནས་པ་ལ། ལམ་དུ་བདུད་བཞི་དང་གནས་སྐབས་རིགས་བཞིའི་སྒྲིབ་པ་སྦྱང་བའི་ཆེད་དུ་མོས་པ་ཡིད་ལ་ བྱེད་པའི་ཚུལ་གྱིས་དབང་བཞི་ཡང་དག་པར་བླངས་ཏེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་ཚུལ་ གྱིས་བསྙེན་བསྒྲུབ་[སྒྲུབ]བཞི་དང་རྡོ་རྗེའི་རྣལ་འབྱོར་བཞི་བསྒོམས་ནས། ཞུ་བདེ་འགྱུར་ མེད་ཀྱི་དགའ་བ་བཞི་དང་བཅུ་དྲུག་རིམ་གྱིས་བསྐྱེད་པ་ལས་འབྲས་བུ་དག་པ་གཉིས་ལྡན་ གྱི་སྐུ་བཞི་དང་བཅུ་དྲུག་རང་བཞིན་འགྱུར་བ་མེད་པའི་བདེ་བ་ཆེན་པོ་དང་སྟོང་པ་ཉིད་ཟུང་ དུ་འཇུག་པ་དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་གསུང་བར་བསམ་མོ། །དེ་ 7-1-300 ནས། ཕན་ཡོན་དྲན་པར་བྱ་སྟེ། དེ་ལྟར་དབང་བདུན་དང་བཅུ་དང་བཅུ་གཅིག་གིས་མངོན་ པར་དབང་བསྐུར་བ་ཐོབ་ནས་ལམ་སྒོམས་[བསྒོམས]པས་བསོད་ནམས་ཀྱི་ཚོགས་དང་ ཚུལ་ཁྲིམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པ་ལས་ས་བཅུ་གཉིས་ཀྱི་དབང་ ཕྱུག་མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་བ་སྐྱེ་རྒུའི་བདག་པོ་སེམས་ཐམས་ཅད་ཀྱི་སྟོན་པར་ འགྱུར་བ་ཉིད་ཏེ[དེ]། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་ དགུའི་བདག །སུམ་བཅུ་[ཅུ་]རྩ་གཉིས་མཚན་འཚང་བས། །སྡུག་གུ་འཇིག་རྟེན་གསུམ་ན་ མཛེས། །ཞེས་པ་དང༌། ཕྱིར་མི་ལྡོག་པ་ཕྱིར་མི་འོང༌། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། ། ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །དགེ་སློང་དགྲ་བཅོམ་ ཟག་པ་ཟད། །འདོད་ཆགས་བྲལ་བར་དབང་པོ་ཐུལ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། ། བསིལ་བར་གྱུར་པ་རྙོག་པ་མེད། །ཅེས་པས་དང༌། མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་འཆང༌། ། ཚངས་པར་སྤྱོད་པ་དཀའ་ཐུབ་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་ གནས་དམ་པ་གཽའུ་ཏ་མ། །བྲལ་[བྲམ]ཟེ་{ཚངས་པ}ཚངས་པའི་རིག །མྱ་ངན་འདས་པ་ ཚངས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་སྐུ། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཅེས་པ་དང༌། དེ་ ལྟ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི་རྣལ་འབྱོར་མ་དང་རྣལ་འབྱོར་གྱི་ རྒྱུད་ཐམས་ཅད་ལ་དབང་བསྐུར་བར་འགྱུར་ཞིང༌། རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་དང༌། སྔགས་ཐམས་ཅད་ཀྱི་རྗེས་སུ་གནང་བ་སྦྱིན་པ་པོ་དང༌། དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་པོ་ ཏེ[སྟེ]། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པའི་རྡོ་རྗེ་སློབ་དཔོན་ནི་བཅོམ་ལྡན་འདས་འཇམ་ དཔལ་ཇི་ལྟ་བ་དང༌། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ་ཐར་པ་དོན་ དུ་གཉེར་པའི་སློབ་མ་རྣམས་ཀྱིས་བལྟ་བར་བྱའོ། །ཞེས་གསུངས་པ་ལྟར་རོ། །དེ་ནས་ དབུགས་དབྱུང་བ་ནི། ད་ནི་ཁྱེད་རྣམས་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་ 7-1-301 འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་དག་ཀྱང་དགོངས་པར་ འགྱུར། །༡སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱེད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་ འབད་ཏེ་[དེ]བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །༢མཆོག་ཏུ་གསང་བ་དམ་པ་ཡི། ། དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམས་པར་གྲོལ། །དེ་རིང་ ཁྱེད་རྣམས་བདེ་བར་གནས། །༣བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མ་ཡིན། ། སྲིད་པའི་ངན་འགྲོ་ལས་ཁྱོད་འདས། །སྲིད་པ་ཤིན་དུ་[ཏུ]མཐའ་གྲུབ་པོ། །༤སངས་རྒྱས་རྡོ་ རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་རོ། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། ། བདག་པོ་ཉིད་དུ་ཁྱེད་ངེས་སོ། །༥འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་ གཞན་མེད་ཏེ་[དེ]། །དེ་བས་འདོད་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །༦འདོད་ པ་ཀུན་ལ་སྤྱོད་པས་ཁྱོད། །གང་ལའང་འཇིགས་མེད་སྤྱད་པར་གྱིས། །ཤ་ལྔ་བདུད་རྩི་ལྔ་ བཟའ་བྱ། །འདི་ལས་གཞན་ཡང་དམ་ཚིག་བསྲུང༌། །༧སྲོག་ཆགས་བསད་པར་མི་བྱ་ཞིང༌། ། བུད་མེད་རིན་ཆེན་སྤང་མི་བྱ། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་ དཀའ། །༨ཤེས་རབ་ཐབས་ཀྱི་བསམ་པ་ཡས[ཡིས]། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མི་ འཇིགས་ཁྱོད་ལ་སྡིག་མེད། །དེ་བཞིན་གཤེགས་པའི་གསུང་ཇི་ལྟར། །༩དེ་ལྟར་ཡིད་ནི་རབ་ དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་ བ་ཉུང་ལ་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་ འགྱུར། །༡༠གཞན་ཡང་གང་དག་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བ་ལ་དགེ་བའི་ཕྱིར་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྡུག་པའི་བུ་དང་འདྲ་བར་ཐུགས་ དང་བས་ཡང་དག་པར་དགོངས་པར་མཛད་པ་འདི་ནི་ཆོས་ཉིད་ཡིན་ནོ། །ཞེས་གསུངས་པའི་ དོན་དྲན་པས་སོ། །དེ་བཞིན་དུ་དགའ་བ་བསྐྱེད་པ་ནི། དེ་རིང་སངས་རྒྱས་ཐམས་ཅད་ནི། ། 7-1-302 བདག་ལ་ཉེར་བར་དགོངས་སུ་གསོལ། །འདི་ལྟར་ཁྱོད་ཀྱི་བཀའ་དྲིན་གྱིས། །བདག་ནི་ བྱང་ཆུབ་བསྒྲུབ་ཏུ་གསོལ། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པའང་ འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་ གྱུར། །ཞེས་བརྗོད་པས་སོ། །དེ་ནས་དངོས་གྲུབ་ཞུ་ཞིང་བདེན་པའི་བྱིན་བརླབས་བརྗོད་ པར་བྱ་སྟེ། (དཔལ་མཆོག་ལས་)ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་ མཆོག །རྡོ་རྗེ་སེམས་དཔའ་ཆེ་རང་བཞིན། །དུས་ཀྱི་འཁོར་ལོ་བདག་གྲུབ་མཛོད། །༡ཀུན་ མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་ རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །༢ཉེས་པ་མི་མངའ་རྟག་པ་སྟེ། །འདོད་ ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་ གྲུབ་མཛོད། །༣ཤིན་དུ་[ཏུ]དག་པ་ཀུ་[ཀུན]གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་ གཤེགས། །ཀུན་དུ་[ཏུ]བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་གྲུབ་མཛོད། ། ༤དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པ་རྡོ་རྗེ་ ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་གྲུབ་མཛོད། །༥སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། ། སེམས་ཀུན་གྱི་ཡིད་ལ་ཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་མཉམ་ པའི་དམ་ཚིག་མཆོག །༦ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་ བརླབས་གང་ཡིན་པ། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱི་འདོད་པ་རབ་རྫོགས་ མཛོད། །༧ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་ དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་དུ་[ཏུ]འབྱུང༌། །༨ དེ་བཞིན་དེ་ཉིད་ངེས་ པར་འབྱུང་། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་ རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །༩ཅེས་པས་སོ། །མཇུག་ཏུ་ཡོན་དབུལ་ཞིང༌། 7-1-303 དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ཀྱིས། །ཁྱོད་ཀྱིས་སློབ་ མར་བཟུང་བ་དང༌། །ཆ་ཡི་ཀྱང་ནི་སྤྱད་དུ་གསོལ། །ཞེས་པ་དང༌། དགེ་བ་འདི་ཡིས་བདག་ གཞན་ཀུན། །བླ་མ་མཆོག་ལ་དབང་ཐོབ་ནས། །ཡང་དག་ལམ་གྱིས་གྲོལ་བྱས་ཏེ། །རྡོ་རྗེ་ འཛིན་པར་འཇུག་གྱུར་ཅིག །ཅེས་ཀྱང་བརྗོད་པར་བྱའོ། །དེ་ནས་སྔར་བཞིན་གཏོར་མ་ཕུལ་ ཏེ་མཆོད་པའི་ཡོ་བྱད་ལ་ལོངས་སྤྱད་ཅིང་བསྔོ་བའི་བར་སྒྲུབ་ཐབས་ལྟར་བྱས་ལ། མདུན་ སྐྱེད་ཀྱི་དཀྱིལ་འཁོར་མཆོད་ཅིང་བསྟོད་དེ། དངོས་གྲུབ་བླངས་ནས་བཟོད་པར་གསོལ་ཞིང་ སྒྲུབ་མཆོད་ཇི་སྲིད་མ་གྲུབ་ཀྱི་བར་བརྟན་པར་བཞུགས་སུ་གསོལ་བར་བྱའོ། །གྲུབ་ནས་ གཤེགས་གསོལ་བྱེད་པ་ན། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དང༌། ཡི་གེ་དྲུག་པའི་རྗེས་སུ་བཛ་ མུཿཞེས་པས་ཡེ་ཤེས་པ་རང་གི་སྙིང་ཁའི་པད་མར་བཞུགས་ཅིང༌། དབང་པོ་ལ་སོགས་པ་ འཇིག་རྟེན་པ་རྣམས་རང་གི་གནས་སུ་བཏང་སྟེ། རྡོ་རྗེས་ཚངས་ཐིག་གི་ལམ་ནས་བདེ་ཆེན་ འཁོར་ལོའི་རྡོ་རྗེ་ཇི་སྲིད་པར་ཕྱིས་ལ། རྡུལ་མཚོན་[ཚོན]ཅུང་ཟད་མགོ་བོར་བཀོད་ནས་ པད་མ་ལ་སོགས་པ་དབྱི་བར་བྱའོ། །དེ་ནས་རྡུལ་མཚོན་[ཚོན]ཆུ་བོར་སྤྱན་དྲངས་ཏེ། བུམ་ ཆུས་བཀང་ནས་འོངས་པས་དཀྱིལ་འཁོར་ཁང་པར་བསང་གཏོར་བྱ་ཞིང་ཤིས་པ་བརྗོད་པ་ དང་དགའ་སྟོན་བྱ་བ་ལ་སོགས་པ་ནི་གཞན་དང་མཐུན་པ་ཉིད་དོ། །དེ་རྣམས་ཀྱང་ཀུན་ སྤངས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ནི། {རྫས་མེད་པས་མངོན་པར་དབང་བསྐུར་རྒྱལ་བའི་ བདག་པོའི་བཀའ་ཡིས་ཀུན་སྤངས་ལ་ནི་སྦྱིན་པར་བྱ་འདིར་ཆད་ཡོད་པས་ཁྲིད་རྟགས་མེད་ མི་གསལ་དཔྱད}ཡོ་བྱད་ཅི་ཡང་མེད་ཀྱང་ཚིག་ཏུ་བརྗོད་ཅིང་ཡིད་ཀྱི་བསམས་པས་འགྲུབ་ སྟེ། ཕྱི་རོལ་གྱི་དངོས་པོ་ཡོད་པ་ལ་ཡང་རྣམ་པ་ཐམས་ཅད་དུ་ཡིད་གཙོ་བོ་ཡིན་པའི་ཕྱིར་རོ། ། ཡང་སྙིང་ཁའི་འོད་ཀྱིས་སེམས་ཅན་ཐམས་ཅད་དཀྱིལ་འཁོར་དུ་བཀུག་ཏེ། ནང་གི་བདུད་ རྩི་ལྔས་དབང་བསྐུར་བས། རྡོ་རྗེ་ཅན་གྱི་ལམ་ཐོབ་ཅིང་དྲི་མ་དང་བྲལ་ནས་བྱང་ཆུབ་ཀྱི་སྤྱོད་ 7-1-304 པ་ལ་གནས་པས་རང་རང་གི་གནས་སུ་བཏང་བར་བསམ་པ་ནི་སྙིང་རྗེའི་དབང་བསྐུར་བ་ ཞེས་ཀྱང་བྱའོ། །འདི་དག་ནི་ཐོག་མར་རང་ཉིད་ཀྱིས་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་ པ་དང་བདག་ཉིད་འཇུག་ཅིང་དབང་བླང་བའི་ཚུལ་བདེ་ བླག་ཏུ་ཤེས་པར་བྱ་བའི་ཕྱིར་དཀྱིལ་འཁོར་སྤྱིའི་ཆོ་ག་རྡོ་རྗེ་ཕྲེང་ལ་སོགས་པ་དང་ མཐུན་པར་ཕྱོགས་གཅིག་ཏུ་གསལ་བར་བཀོད་པ་སྟེ། གང་དག་དུས་ཀྱི་འཁོར་ལོ་ཉིད་ལས་ འབྱུང་བ་འབའ་ཞིག་བྱ་བར་འདོད་པས་ནི། གསོལ་གདབ་སྡོམ་བཟུང་སོ་ཤིང་འཁྱོར་ཆུ། ཡེ་ ཤེས་བཏུལ་ཞུགས་མིག་དར་མེ་ཏོག་མིག་དབྱེ་ལྷ་བསྟན་སྔོན་དུ་འགྲོ་བས། བདུན་དང་བཞི་ དང་བདག་པོའི་དབང་བསྐུར། །ཞེ་སའི་[ཞེས་པའི་]སྡོམ་དང་མཐུན་པར་ཇི་ལྟར་རིགས་ པའི་བསྡུ་བའང་ཤེས་པར་བྱ་ཞིང༌། དེ་དག་གིས་ནི་སློབ་མ་གཞན་གཞུག་ཅིང་དབང་བསྐུར་ བའི་ཚུལ་ཕལ་ཆེར་ཤེས་མོད། །འོན་ཀྱང་དེའི་ཁྱད་པར་ཞིབ་ཆ་རྣམས་ནི་ཟུར་འདེབས་ཀྱི་ ཚུལ་གྱིས་དབང་དོན་རབ་གསལ་སྣང་བར་བསྟན་པ་ལྟར་ཤེས་པར་བྱའོ། །འདི་ནི་འདི་ འདྲའི་ཚུལ་ལ་མོས་པ་ཡི། །དོན་གཉིར་སློབ་མ་དག་གིས་བསྐུལ་བའི་ངོར། །འདི་དང་འདི་ འདྲའི་ཚུལ་ལ་ལེགས་སྦྱངས་པའི། །བློ་ལྡན་བློ་གྲོས་རྒྱལ་མཚན་དཔལ་གྱིས་སྡེབས། །དེ་ལ་ གལ་ཏེ་འཁྲུལ་པའི་ཆ་མཆིས་ན། །དེ་ཉིད་གཟིགས་པ་རྣམས་ལ་བཟོད་པར་གསོལ། །དགེ་ བས་སྐལ་ལྡན་འགྲོ་བ་མ་ལུས་པས། །དཔལ་ལྡན་དུས་ཀྱི་འཁོར་ལོ་ཐོབ་གྱུར་ཅིག། ༈ །། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང་བདག་ཉིད་ འཇུག་ཅིང་དབང་བླང་བའི་ཆོ་ག་ལག་ལེན་རབ་གསལ་སྣང་བ་ཞེས་བྱ་བ་པཎྜི་ཏ་མ་ཏིས་ དགེ་ལྡན་ས་བཟངས་སུ་སྦྱར་བའི་ཡི་གེ་པ་ནི་རང་གི་སློབ་མ་ཀཱིརྟི་ལོ་ཙ་བའོ། །མཾག་ལཾབྷ་ ཝཏུ། ། མ་ཡིག་འབྲས་སྤུངས་ཡིག་རྙིང་ཕྱི་ཀ༡༦༧ 7-1-305 ༄༅། །དཔལ་དུས་ཀྱི་འཁོར་ལོའི་སྦྱིན་སྲེག་གི་ ཆོ་ག་ཞི་རྒྱས་རབ་གསལ་སྣང་བ་ ཞེས་བྱ་བ་བཞུགས། ༄༅། །ༀ་ན་མཿཤྲི་ཀཱ་ལ་ཙཀྲ་ཡ། དཔལ་དུས་ཀྱི་འཁོར་ལོའི་སྦྱིན་བསྲེག་[སྲེག]གི་ ཆོ་ག་ཞི་བརྒྱས་[རྒྱས]རབ་གསལ་སྣང་བ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ ཕྱག་འཚལ་ལོ། །རང་བཞིན་རྣམ་དག་ཆོས་དབྱིངས་ཡེ་ཤེས་མེས། །གློ་བུར་དྲི་མའི་བུད་ཤིང་ བསྲེག་མཛད་པ། །དོན་དམ་ཡེ་ཤེས་མེ་ལ་ཕྱག་འཚལ་ནས། །དེ་མཉེས་བྱེད་པའི་ཆོ་གའི་ རིམ་པ་བཤད། །འདིར་གང་དག་དོན་གཉེར་མཐར་ཕྱིན་པ་ཐམས་ཅད་མཁྱེན་པ་གོ་འཕང་ ཐོབ་པར་འདོད་པའི་བློ་དང་ལྡན་པ་དེ་དག་གིས་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ ལ་བརྟེན་ནས་བསོད་ནམ་[ནམས]དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་དྲང་བ་དང་ངེས་པའི་ དོན་ཀྱི་[གྱི]སྦྱིན་བསྲེག་[སྲེག]ལ་འཇུག་པར་བྱའོ། །དེ་ལ་རེ་ཤིག[ཞིག]་ཀུན་རྫོབ་བསོད་ ནམས་ཀྱི་ཚོགས་ཀྱི་དོན་དུ་ཞི་བ་དང་བརྒྱས་[རྒྱས]པའི་སྦྱིན་བསྲེག་[སྲེག]གི་ཆོ་ག་ལ་ འབད་པར་བྱ་སྟེ། དེའི་དང་པོར་ཡོ་བྱད་བཤམ་པའི་ཚུལ་ནི། མཚན་ཉིད་ལྡན་པའི་ཐབས་ བཞེངས་ལ། །གདན་གསུམ་དབུས་སུ་བློ་[སློབ]དཔོན་གྱི། །རྒྱན་གོས་རྡོ་རྗེ་དྲིལ་བུ་དང༌། ། དགང་བླུགས་ཕུར་བུ་ཚངས་[ཚང]པར་བཤམ། །གཡས་སུ་རྩི་མར་བཞུ་བ་དང༌། །ལྔའ་[ལྔ] བརྒྱ་བཞི་བཅུའི་ཡམ་ཤིང་དང༌། །དུར་བའམ་འབྲུ་ལྔའི་སྲེག་རྫང་[རྫས]རྣམས། །སྡེ་ཚན་ 7-1-306 ལྔར་ནི་བཅད་ཏེ་[དེ]བཞག །གཡོན་དུ་མཆོད་ཡོན་སྣོད་དང་ནི། །ནང་དང་ཕྱི་ཡི་མཆོད་པ་ དང༌། །ཆུ་དང་བཅས་པའི་ཟན་དང་ཡང༌། །གཏོར་མ་གསུམ་རྣམས་དགོད་པར་བྱ། །ཞེས་པ་ ལྟར་བཟང་པོའི་གནས་ཀྱི་དཀྱིལ་འཁོར་དང་འབྲེལ་ན་དེའི་དང་མ་འབྲེལ་ན་གྲོང་ལ་སོགས་ པའི་དབང་ལྡན་དུ་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་དཀར་པོ་པད་མ་འདབ་མ་བརྒྱད་དང་ བཅས་པའི་ལྟེ་བ་ལ་པད་མ་འདབ་མ་དཀར་པོ་རྣམས་ལ་རིགས་བཞི་དང་ཡུམ་བཞིའི་མཚན་ མ་དང་ལྡན་པ། བཅུ་གཉིས་ཀྱི་ཆའི་མཆུ་དང༌། དྲུག་གི་ཆའི་ཁ་ཁྱེར་དང་ཁ་ཁྱེར་གྱི་ཆ་ལྔའི་ དབུས་མ་གསུམ་ལ་པས་མའི་ཕྲེང་བ་ཅན་དང༌། བྱང་དུ་དེའི་ཉིས་འགྱུར་གྱི་རྒྱས་པའི་ཐབ་ ཁུང་དཀར་པོ་གྲུ་བཞི་པའི་ལྟེ་བ་དང་ཁ་ཁྱེར་ལ་འཁོར་ལོས་མཚན་པ་སྟེ། བརྩིགས་པ་ན་ བརྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ་དང༌། རང་རང་གི་ཁ་ཁྱེར་ལས་ཁྲུ་དོ་སྤངས་པར་དཀར་ པོ་དང་དམར་པོ་དང་ནག་པོའི་ར་བ་གསུམ་གྱི་[གྱིས]བཅད་པ། རྟ་བབས་དང་བཅས་པའི་ སྒོ་གཅིག་པ། ར་བའི་ནང་གི་ས་གཞི་རྣམས་ཕྱོགས་ཀྱི་མདོག་ཅན། ནག་པོའི་བཞི་[གཞི]ལ་ སློབ་དཔོན་དང་སྲགས་[བསྲེག]རྫས་དང་མཆོད་ཡོན་གྱི་གདན་ཁྲུ་གང་པའི་པད་མ་ཐབས་ ཀྱི་དབྱིབས་ཀྱི་[ཀྱིས]བསྐོར་བ་དང༌། དབུས་སུ་དེ་དག་གི་ལས་ཐམས་ཅད་པ། ལྗང་ཁུ་རྡོ་ རྗེ་མཚན་པ་ལ་སོགས་པ། རྒྱས་པར་ཐིག་མཚོན་[ཚོན]གསལ་བྱེད་དུ་བསྟན་པ་ལྟར་བྲིས་ པའམ་བརྩིགས་པའི་ཐབ་ཁུང་སྐབས་སུ་བབ་པ་གང་ཡིན་པ་དེ་ལེགས་པར་བཞེངས་ལ། དབུས་སུ་འོ་མ་ཅན་གྱི་ཤིང་དང༌། ཙན་དན་དང་ཨ་ག་རུ་དང༌། ཐང་ཤིང་ལ་སོགས་པའི་བུད་ ཤིང་བརྩིགས་པ་སྡོ་བུ་?[སྡོང་བུ]དང་བཅས་པ་བཞགས་[བཞག]ཅིང་ཕྱོགས་མདོག་གི་ སྟེང་དུ་ལས་སོ་སོ་བ་ལ་དུར་བ་དང་ལས་ཐམ་[ཐམས]ཅད་པ་ལ་ཀུ་ཤ་བཀྲམ་སྟེ། གདན་ དབུས་མ་དང་ཉེ་བའི་རུས་པའི་བརྒྱན་[རྒྱན]དྲུག་དང༌། ལས་སོ་སོ་བ་ལ་གོས་དཀར་པོ་དང་ ལས་ཐམས་ཅད་པ་ལས་ལྗང་ཁུ་དང་གཉིས་ཀ་ལའང་རྡོ་རྗེ་དྲིལ་བུ་དང༌། དགང་གཟར་བླུག་ 7-1-307 [བླུགས]གཟར་དང༌། ཞི་བ་ལ་ནྱ་གྲོ་ད་[དྷ]དང༌། རྒྱས་པ་ལ་ཨ་ཤྭོད་ཐ་དང༌། ལས་ཐམ་ [ཐམས] ཅད་པ་ལ་ཨུ་དུམ་འབར་[བཱ]རིའི་ཕུར་བུའམ། མ་རྙེད་ན་ཤིང་གཞན་ལ་དེ་དང་ དེར་མོས་པའི་ཕུར་བུ་སོར་བཅུ་གཉིས་པ་མེད་[མེ]ཏོག་གི་ཕྲེང་བས་བརྒྱན་པ་བཅུ་རྡོ་རྗེའི་ ཐོ་བ་དང་བཅས་པ་རྣམས་བཤམ་པར་བྱའོ། །གཡས་ཀྱི་གདན་ལ་རྩི་དམར་[མར་]ལེགས་ པ་བཞུ་བ་སྣོད་གཙང་མར་བཀོད་པ་དང༌། ཨུ་དུམ་འབར་[བཱ]ར་དང༌། ཨ་ཤྭོད་ཐ་དང་ནྱ་ གྲོ་དྷ་ལ་སོགས་པ་འོ་མ་ཅན་གྱི་ཤིང་ངམ་མ་རྙེད་ན་ཐང་ཤིང་ལ་སོགས་པ་ལ་དེ་དག་ཏུ་མོས་ པའི་ཡམ་ཤིང་ལྔ་བརྒྱ་བཞི་བཅུ་སོར་བཅུ་གཉིས་པ་མཐེ་བོ་ལས་མི་སྦོམ་ཞིང་མཐེ་ཆུང་ལས་ མི་ཕྲ་བ་རྣམས་བརྒྱ་དང་རྩ་བརྒྱད་ཕྱོགས་རེར་སྡེབས་[བསྡེབས]ནས་མཚན་[ཚན]པ་ལྔར་ བཅད་པ་དང་ཞི་བ་ལ་དུར་བ་འོ་མས་སྦགས་པ་དང༌། རྒྱས་པ་ལ་འབྲུ་ལྔ་མར་གྱིས་སྦགས་ པས་བསྲེག་རྫས་རྣམས་སྣོད་བཟང་པོར་ལྔར་བཀོད་དེ་བཤམ་པར་བྱའོ། །གཡོན་གྱི་གདན་ ལ་ཞི་བ་ལ་ཤེལ་དང་བརྒྱན་[རྒྱས]པ་ལ་དངུལ་ལས་བྱས་པའི་མཆོད་ཡོན་གྱི་སྣོད་སོར་བཅུ་ གཉིས་པ་པད་མ་འདབ་མ་བརྒྱད་པའི་རྣམས་པ་ཅན་དུ་ཆུ་དང་འོ་མ་དང་དྲི་བཟང་ལ་སོགས་ པ་སྦྱར་བའི་མཆོད་ཡོན་ཀུ་ཤ་དང་བཅས་པ་བཤམས་ཞིང་[ཤིང་]། དེ་དང་ཉེ་བར་ནང་གི་ མཆོད་པ་དང་། ཙན་དན་དཀར་པོ་སྦྱར་བའི་དྲི་ཆབ་དང༌། དྲི་ཞིམ་པོ་ཅན་གྱི་མེ་ཏོག་དཀར་ པོ་དང༌། ཙན་དན་དང་ཨ་ག་རུ་དང་སཧླི་དང་ག་པུར་ལ་སོགས་པའི་འདུག་[བདུག] སྤོས་ དང༌། རྩི་དམར་[མར]གྱི་སྣང་གསལ་དང༌། ཞི་བ་ལ་འོ་མ་ཟན་དང༌། རྒྱས་པ་ལ་ཞོ་དང་ཟན་ གྱི་ཞལ་ཟས་དང་སཱ་ལི་མ་ཆག་པའི་འབྲས་བུ་ལ་སོགས་པ་ཕྱིའི་མཆོད་པ་དང་ཆུ་དང་བཅས་ པའི་ཟན་མར་ལ་སོགས་པས་བརྒྱན་པ་དང་གཏོར་མ་གསུམ་རྣམས་བཤམ་པར་བྱའོ། ། དེ་ནས་ཆོས་ག་ལ་རིམ་[གྱི་འཇུགས་[གྱིས་འཇུག]པར་བྱས་ཏེ། འདིའི་སྔོན་དུ་འགྲོ་བ་ ནི། གཙོ་བོའམ་ལས་ཀྱི་སློབ་དཔོན་གྱིས། ཞལ་དག་པ་ལ་སོགས་པ་ནས། འབྱུང་བའི་འཁོར་ 7-1-308 ལོའི་བར་བསྒོམས་སྟེ[ཏེ]། ཕུར་བུ་གདབ་ཅིང་བསྲུང་བ་བྱ། ཞེས་པ་ལྟར་དཀྱིལ་འཁོར་ གྱི་གཙོ་བོའི་རྣལ་འབྱོར་ལ་གནས་པའི་བླ་མའམ་ལས་ཀྱི་སློབ་དཔོན་ལས་ཐམས་ཅད་ཀྱི་ དབྱེ་བ་ལ་མཁས་ཤིང་གཞན་ལ་ཕན་པར་འདོད་པའི་བསམ་པ་ཅན་སྔར་བསྟན་པའི་གོས་ དང་རྒྱན་གྱི་[གྱིས]ལེགས་པར་[བརྒྱན]པ། གྲོགས་ཤིན་དུ་[ཏུ]ཡིད་བཞུངས་[གཞུངས] པ་དང་ལྷན་པས་སྔ་གྲོ་ནས་བརྩམས་སྟེ་[ཏེ]ཐུན་བརྒྱད་ཀྱི་དང་པོ་དག་ལ་ཞི་བ་དང་བརྒྱས་ [རྒྱས]པའམ། ཡངས་[ཡང]ན་ཉིན་མཚན་གཉི་གའང་ཐུན་ཕྱེད་པ་བརྒྱད་བརྒྱད་དུ་ཕྱེ་བ་ དང་པོ་དག་ལ་ཞི་བ་དང་གཉིས་པ་དག་ལ་བརྒྱས་[རྒྱས]པའི་ལས་བྱས་ལ། ཞིང་དང་ཁྱམ་ [ཁྱིམ]དང་དུས་སྦྱོར་རྣམས་ཀྱང་རིག་པར་བྱས་ལ། ཞི་བ་ལ་བྱང་དུ་ཕྱོགས་པ་དང༌། རྒྱས་ པ་ལ་བྱང་ཤར་དུ་ཕྱོག་[ཕྱོགས]པ་དང༌། ལས་ཐམས་ཅད་པ་ལ་ནུབ་ཏུ་ཕྱོགས་པ་ལ་སོགས་ པས། ཞི་བ་ལས་པུས་མོ་གཡོན་པའི་སྟེང་དུ་སྐང་པ་གཡས་པ་གན་རྐྱལ་དུ་བཞགས་[བཞག] པའི་དཀྱིལ་[དཀྲུངས་ཀྱིས་[དཀྲུང་གིས]གདན་དབུས་མ་ལ་འདུག་སྟེ། ཞི་བ་ལ་སེམས་ ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་ལ་སོགས་མི་འཐུན་[མཐུན་]པའི་ཕྱོགས་ཐམས་ཅད་ཞི་ བར་འོད་[འདོད]པའི་བསམ་པ་དང༌། རྒྱས་པ་ལ་ཚེ་དང་དཔལ་དང་བསོད་ནམ་[ནམས] དང་ཡེ་ཤེས་ལ་སོགས་པ་ཡོན་ཏན་རྣམས་རྒྱས་པར་འདོད་པའི་བསམས་པས་སྒྲུབ་ཐབས་སུ་ བསྟན་པ་ལྟར་ཞལ་དག་པ་དང་རིགས་དྲུག་བགོད་[འགོད]པ་དང་སྐུ་གསུང་ཐུགས་དང་ཡེ་ ཤེས་རྣམ་པར་དག་པ་དང༌། ཡུལ་དང་གྲོང་གི་བད་[བདག]པོ་ལ་གཏོར་མ་བྱིན་ནས་བདུད་ བསྲེགས་པ་དང༌། ཇི་ལྟར་རིགས་པའི་བསྲུང་བའི་འཁོར་ལོ་བསྒོམ་པའི་བར་དུ་བྱས་ལ། རྡོ་ རྗེ་ཕུར་བུ་རྣོ་ཞིང་རབ་ཏུ་འབར་བ་ཁྲོ་བོའི་རྒྱལ་པོར་བསྒོམ་པ་རྣམས་གནས་བཅུའི་གདུག་ པ་ཅན་རྣམས་ཀྱི་སྟེང་དུ་སྔགས་དང་བཅས་པས་གདབ་ཅིང་བརྡུང་བའི་སྔགས་དང་རྡོ་རྗེ་ཐོ་ བས་བརྡུང་ཞིང༌། ཁྲོ་བོའི་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་རྣམས་སྔགས་ཀྱི་ཚིག་ 7-1-309 རྣམས་ཀྱིས་རིམ་པ་ལྟར་བཀོད་ནས་བསྲུངས་བར་བྱའོ། །དེ་ནས་དངོས་གཞིའི་ཆོ་ག་བྱས་ སྟེ[ཏེ]། མེ་སྦར་གསང་[བསང]གཏོར་བྱས་ནས་ནི། །མེ་ལྷ་བསྐྱེད་ཅིང་སྤྱན་དྲངས་ལ། །ཕྱི་ དང་ནང་གི་མཆོད་པ་དང༌། །གཏོར་མས་མཆོད་དེ་བསྲེག་བླུགས་དབུལ། །ཡམ་ཤིང་རྣམས་ དང་བསྲེག་རྫས་རྣམས། །རྡོ་རྗེ་དྲུག་གི་སྔགས་སོགས་ཀྱི། །སྡེ་མཚན་[ཚན]ལྔར་ནི་ཕུལ་ ནས་ཀྱང༌། །རེ་རེའི་མཐར་ཡངས་[ཡང་]མཆོད་ཅིང་བསྟོད། །ཞེས་[ཅེས]པ་ལྟར་ལས་ སོ་སོ་བ་ལ་བྲམ་ཟེའི་ཁྱམ་[ཁྱིམ]ནས་བླངས་པའི་མེ་དང༌། ལས་ཐམས་ཅད་པ་ལ་ལྷ་ཁང་ ནས་བླངས་པའི་མེས་བུད་ཤིང་རྣམས་ལ་རིམ་གྱིས་སྦར་ཏེ། ༀ་ཨཱཿཧཱུྃ་ཧྲཱཿཕཊ། ཅེས་པ་དང༌། མཆོད་ཡོན་གྱི་སྣོད་ནས་ཀུ་ཤའི་རྩེ་མོས་དྲིའི་ཆུ་བླངས་པས་ཐབས་ཀྱི་ཕྱོགས་ཐམས་ཅད་དུ་ མཆོད་རྫས་དང་བསྲེག་རྫས་དང་ཡབ་[ཡམ]ཤིང་ལ་སོགས་པ་རྣམས་ལ་གསང་[བསང] གཏོར་བྱའོ། །དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་བསྟན་[བརྟན]པོ་དང་ལྡན་པའི་ཐུགས་ ཁར་པད་མ་དང་ཟླ་བའི་སྟེང་དུ་མེ་བསྐྱེད་པར་བྱས་ཏེ། ཞི་བ་ལ་ཕྱག་གཡས་པ་དག་གིས་ པད་མ་དང་ཤེལ་གྱི་འགྲང་[བགྲང]ཕྲེང་དང༌། གཡོན་པ་དག་གིས་རིལ་བ་དང་དུང་འཛིན་ པ། རྒྱས་པ་ལ་འཁོར་ལོ་དང་མུ་ཏིག་གིས་བགྲང་ཕྲེང་དང༌། པད་མ་དང་སྤྱི་བླུགས་འཛིན་ པ། གཉི་གའང་སྣང་བ་མཐའ་ཡས་ཀྱི་ཅོད་པན་ཅན། སྐུ་མདོག་དཀར་པོ་ཟླ་དང་ཉི་མ་རྣམས་ པར་དག་པ་དང༌། ལས་ཐམས་ཅད་པ་ལ་གཡས་པ་གཉིས་ཀྱིས་རྡོ་རྗེ་དང་བགྲང་ཕྲེང་དང་ གཡོན་པ་གཉིས་ཀྱིས་དྲིལ་བུ་དང་པད་མ་འཛིན་པ། མི་བསྐྱོད་པའི་གཅོད་[ཅོད]པན་ཅན་ སྐུ་མདོག་ལྗང་ཁུ་སྒྲ་གཅན་དང་དུས་མེ་རྣམ་པར་དག་པའོ། །ཐམ་[ཐམས]ཅད་ཀྱང་གཟའ་ རེ་རེའི་དག་པས་ཞལ་གཅིག་པ། ཐུན་འཚམས་[མཚམས]བཞིའི་དག་པས་ཕྱག་བཞི་པ། ཉིན་མཚན་གྱི་དག་པས་ཞབས་གཉིས་པ། རལ་པ་སེར་སྐྱ་དང༌། མི་[མིག]དམར་སེར་ཅན། གོས་དམར་སེར་དང་ལྡན་པ་བཞད་པའི་ཞལ་ཅན་ཏེ་སྐབས་སུ་བབ་པ་གང་ཡིན་པ་དེ་ཡང་ 7-1-310 དག་པར་བསྒོམས་ནས། དེའི་ཐུགས་ཁར་ཟླ་བ་ལ་གནས་པའི་ཛཿཡིག་ཡོངས་སུ་གྱུར་པ་ ལས་རྡོ་རྗེ་ལྕགས་ཀྱུ་འོད་ཟེར་འཕྲོ་བ་རྣམ་པར་སྤྲོས་ཏེ། དེས་ཡེ་ཤེས་སེམས་དཔའ་པ་སྤྱན་ དྲངས་ནས་དམ་ཚིག་སེམས་དཔའ་དང་ལྷན་ཅིག་རོ་མཉམ་པར་བྱའོ། །དེ་ཡངས་[ཡང]རྡོ་ རྗེ་དང་དྲིལ་བུ་འཛིན་པས། ༀ་ཨེ་ཧི་ཨེ་ཧི་མ་ཧཱ་བྷཱུ་ཏ། དེ་ཝ་རི་ཥི་དྭི་ཛ་སཏ་ཏ་མ་གྲྀ་ཧཱི་ཏྭ་ ཨཱ་ཡུ་དྷམ་མ་ཧ་རསྨ་ཨ་སྨིན་སན་ནི་ཧི་ཏོ་བྷ་ཝ། བཛྲ་དྷ་ར་ཨཱཛྙ་པ་ཡ་ཏི་སྭཱཧཱ། ཞེས་པ་ལན་ གསུམ་བརྗོད་ཏེ[དེ]། ཛཿཡིག་དང་ལྕགས་ཀྱུའི་ཕྱག་རྒྱས་བཀུག་ནས། ཧཱུཾ་ཡིག་དང་རྡོ་རྗེའི་ ཕྱག་རྒྱས་བཞུག་[གཞུག]ཅིང༌། ཝཾ་ཡིག་དང་ཞག་[ཞགས]པའི་ཕྱག་རྒྱས་བཅིངས་ཏེ། ཧོ་ ཡིག་དང་དྲིལ་བུའི་ཕྱག་རྒྱས་མཉེས་པར་བྱས་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཏེ་དབང་དུ་བྱའོ། །དེ་ ནས་མེ་ལྷ་དེ་ཉིད་རྡོ་རྗེ་ཁུ་ཚུར་གྱིས་སྟེངས་སུ་མཐེ་བོས་མནན་པའི་ཕྱག་རྒྱས་དབུགས་ཕྱིར་ འབྱུང་བ་དང་ལྷན་ཅིག་སྙི ངས་[སྙི ང]ཁ་ནས་སྤྱན་དྲངས་ཏེ། ཐབ་ཁུང་དུ་པད་མའི་ལྟེ་བ་ལ་ བཞག་པར་བྱའོ། །དེ་བཞིན་དུ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཨག་ནི་བཛྲ་སཏྭ་སརྦ་པཱ་པཾ་དཱ་ཧ་ ད་ཧ་སྭཱཧཱ། ཞེས་པ་བསྲེག་བྱ་ཟ་བའི་མེ་སྤྱན་དྲང་བར་བྱས་སྟེ[ཏེ]། འདི་ལ་ནི་འདོད་པའི་ མེ་དང་མི་བཟད་པའི་མེ་ཞེས་བརྗོད་དོ། །དེ་བཞིན་དུ། ༀ་བཛྲ་ཨི་ན་ལ་སརྦ་བྷཱུ་ཏན་བཛྲ་ ལ་ཡ་སརྦན་བྷ་སྨིན་ཀུ་རུ་སརྦ་ཛ་ན་དུཥྚན་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་ཁྱམ་[ཁྱིམ]བདག་གི་མེ་ ཡངས་[ཡང]སྤྱན་དྲང་བར་བྱས་སྟེ[ཏེ]། འདི་ནི་ཟའ་[གཟའ]བདུན་གྱི་བདག་པོ་མེ་ཀུན་ དུ་[ཏུ]དགའ་བའི་ཆོས་ཅན་རྣམས་གཅིག་ཏུ་འདུས་པར་གྱུར་པ་ལ་མཆོད་པ་རྣམས་དབུལ་ བར་བྱས་ཏེ་ཡེ་ཤེས་ཀྱི་མེའི་དོན་དུའོ། །དེ་ཡངས་[ཡང]དང་པོར། ༀ་པྲ་ཝ་ར་སད་ཀཱ་རཾ་མ་ ཧཱ་རསྨིན་པྲ་ཏཱི་ཙྪ་སྭཱཧཱ། ཞེས་པ་འདིས་མེ་ཏོག་དཀར་པོ་དྲི་བཟང་པོ་དང་བཅས་པའི་ཆུ་གཙང་ མའི་མཆོད་ཡོན་དབུལ་ཞིང་དེ་བཞིན་དུ། ༀ་བཛྲ་གན་དྷཾ་པྲ་ཏི་ཙྪ་སྭཱཧཱ། ༀ་བཛྲ་པུཥྤཾ་པྲ་ཏི་ཙྪ་ སྭཱཧཱ། ༀ་བཛྲ་དྷཱུ་པཾ་པྲ་ཏི་ཙྪ་སྭཱཧཱ། ༀ་བཛྲ་དི་པཾ་པྲ་ཏི་ཙྪ་སྭཱཧཱ། ༀ་བཛྲ་ནཻ་ཝེ་དྱཾ་པྲ་ཏི་ཙྪ་སྭཱཧཱ། ༀ་ 7-1-311 བཛྲ་ཨ་ཀྵ་ཏཾ་པྲ་ཏི་ཙྪ་སྭཱཧཱ། ༀ་བཛྲ་ལཱ་སྱཾ་པྲ་ཏི་ཙྪ་སྭཱཧཱ། ༀ་བཛྲ་ཧཱ་སྱཾ་པྲ་ཏི་ཙྪ་སྭཱཧཱ། ༀ་བཛྲ་ བཱ་དྱཾ་པྲ་ཏི་ཙྪ་སྭཱཧཱ། ༀ་བཛྲ་ནྲི་དྱཾ་པྲ་ཏི་ཙྪ་སྭཱཧཱ། ༀ་བཛྲ་གི་ཏཾ་པྲ་ཏི་ཙྪ་སྭཱཧཱ། ༀ་བཛྲ་ཀཱ་མཾ་པྲ་ཏི་ ཙྪ་སྭཱཧཱ། ཞེས་རྣམས་ཀྱི་མཆོད་པ་བཅུ་གཉིས་ཕུལ་ནས། ནང་མཆོད་བྱིན་གྱིས་བརླབས་ཀྱང་ ཕུལ། རྣམས་དག་ཡེ་ཤེས་མེ་དཔུངས་[དཔུང]འབར་བ་ཡི། །ཕུང་པོ་ཁམས་སོགས་སྒྲིབས་ [སྒྲིབ]པའི་བུད་ཤིང་རྣམས། །སྐ་ཅིག་ཉིད་ལ་བསྲེག་ཅིང་གསོལ་མཛད་པ། །བཅོམ་ལྡན་མེ་ ཡི་ལྷ་ལ་ཕྱག་འཚལ་ལོ། །ཞེས་པ་ལ་སོགས་པ་ཇི་ལྟར་རིག་[རིགས]པའི་[ཚིགས་གི་[ཚིག་ གིས]བསྟོད་པར་བྱའོ། །དེ་བཞིན་དུ་གཏོར་མ་བྱིན་གི་[གྱིས]བརླབས་ནས། ༀ་ཨཱཿཧཱུཾ་ཧོཿ མ་ཧ་རསྨི་ས་པ་རི་ཝ་རེ་བྷྱཿ ཨི་དཾ་བ་ལིཾ་གན་དྷཾ། ཞེས་པ་ལ་སོགས་པ་སྦྱར་བས། མཆོད་ཅིང་ བསྟོད་ཏེ་[དེ]གསོལ་བ་གདབ་བོ། །ཡམ་ཤིང་དང་སྲེག་རྫས་དང་བསྲེག་བླུགས་དབུལ་བའི་ བསྔགས་[སྔགས]འདི་རྣམས་ཀྱི་མཐར། ཞི་བ་ལ་ན་མཿ ཞེས་པ་དང༌། རྒྱས་པ་ལ་སྭཱཧཱ། ཞེས་ པ་སྦྱར་བར་བྱ་ཞིང༌། གང་འབུལ་བའི་རྫས་དེ་ཉིད་ཀུ་ཤའི་ཆུས་བསངས་ཤིང་སྦྱངས་སྟེ[ཏེ]། བྱིན་གྱིས་བརླབས་ནས་རིམ་གྱིས་དབུལ་བར་བྱའོ། །རེ་ཤིག་[ཞིག]དང་སོ་སོར་དགང་ [གཟེར་གི་[གཟར་གྱི]མར་གི་[གྱི]བསྲེག་བླུགས་ཅི་འབྱོར་པ་དབུལ་བར་བྱ་ཞིང་ཕྱི་ནས་ བསྲེག་རྫས་རྣམས་དབུལ་བ་ནི་བླུགས་བཟར་[གཟར]གྱིས་སོ། །གང་གི་ཚེ་བླུགས་གཟར་ མེད་ན་དེའི་ཚེ་ལགས་[ལག]པ་གཡོན་པ་གན་རྐྱལ་དང་གཡས་པ་མཆོག་སྦྱིན་གྱི་མཐེ་བོས་ རྫས་བསྐྱོད་དེ་མེའི་ཞལ་ཕྱེ་བ་ལ་དབུལ་བར་བྱ་ཞིང༌། དེ་ཀྱང་དེ་དག་གསོལ་བ་བསམ་མོ། ། དེ་ལ་ༀ་ཨཱཿ་ཧཱུྃ་ཧཾ་ཀྵ། ཞེས་པ་རྡོ་རྗེ་དྲུག་གིས་ཡམ་ཤིང་མར་གིས་[གྱིས]སྦགས་པ། བརྒྱ་ རྩ་བརྒྱད་ཕུལ་ཏེ། སྔགས་དེ་ཉིད་ཀྱི་དུར་བ་ལ་སོགས་པའི་བསྲེག་རྫས་རྣམས་ཀྱངས་[ཀྱང] བརྒྱ་རྩ་བརྒྱད་དབུལ་ཞིང༌། དེ་དག་གིས་འཇུག་[མཇུག]ཏུ་མར་གྱིས་སྲེག་བླུག་[བླུགས] ཀྱང་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་འབྱོར་པ་ཕུལ་ལ། མཆོད་ཅིང་བསྟོད་ཏེ་[དེ]གསོལ་བ་ 7-1-312 གདབ་པར་བྱའོ། །དེ་བཞིན་དུ། ༀ་ཧྲཾ་ཧྲིཾ་ཧྲིཾ་ཧྲུཾ་ཧྲིཾ་ཧྲཿ ཞེས་པ་ཡན་ལག་དྲུག་གིས་ཀྱང་ཡམ་ ཤིང་བརྒྱ་རྩ་བརྒྱད་དང་བསྲེག་རྫས་བརྒྱ་རྩ་བརྒྱད་དབུལ་ཞིང༌། འཇུག་[མཇུག]ཏུ་མར་གི་ [གྱི]བསྲེག་བླུགས་གིས་དབུལ་བར་བྱའོ། །དེ་བཞིན་དུ། ༀ་ཨ་ཨཱ་ཨི་ཨཱི་རི་རཱི་ཨུ་ཨཱུ་ལྀ་ལཱྀ་ ཨྂ་ཨཿ ཞེས་པས་ཕུང་པོ་ཁམས་དང་བཅས་པའི་ཡམ་ཤིང་བརྒྱ་རྩ་བརྒྱད་དང་བསྲེག་[སྲེག] རྫས་བརྒྱ་རྩ་བརྒྱད་དབུལ་ཞིང༌། འཇུག་[མཇུག]ཏུ་མར་གྱི་བསྲེག་བླུགས་དབུལ་བར་བྱའོ། ། དེ་བཞིན་དུ། ༀ་ཨ་ཨཱ་ཨི་ཨཱི་རི་རཱི་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿ ཞེས་པས་ཕུང་པོ་ཁམས་དང་བཅས་ པའི་ཡམ་ཤིང་བརྒྱ་རྩ་བརྒྱད་དང་བསྲེག་རྫས་བརྒྱ་རྩ་བརྒྱད་དབུལ་ཞིང༌། འཇུག་[མཇུག] ཏུ་བསྲེག་བླུག་ཀྱང་དབུལ་བར་བྱའོ། །དེ་བཞིན་དུ། ༀ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ ཨཱལ་ཨཾ་ཨ༔ ཞེས་པ་དབང་པོ་ཡུལ་དང་བཅས་པ་ཡམ་ཤིང་བརྒྱ་རྩ་བརྒྱད་དང༌། བསྲེག་ རྫས་བརྒྱ་རྩ་བརྒྱད་དང༌། བསྲེག་རྫས་བརྒྱ་རྩ་བརྒྱད་དབུལ་ཞིང༌། འཇུག་[མཇུག]ཏུ་བསྲེག་ བླུགས་ཀྱང་དབུལ་བར་བྱའོ། །དེ་བཞིན་དུ། ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿ ཞེས་པ་ ལས་ཀྱི་དབང་པོ་ཡུལ་དང་བཅས་པའི་ཡམ་ཤིང་བརྒྱ་རྩ་བརྒྱད་དང༌། བསྲེག་རྫས་བརྒྱ་རྩ་ བརྒྱད་དབུལ་ཞིང༌། མཇུག་ཏུ་མར་གྱི་བསྲེག་བླུགས་ཅི་འབྱོར་པ་དབུལ་བར་བྱ་སྟེ། ཐམས་ ཅད་བསྲེག་བླུགས་དབུལ་བའི་སྔགས་ནི། ༀ་ཧྐྵྨླྺྼྻྂ་ཞེས་པའོ། །དེ་ལྟར་ཡམ་ཤིང་དང་བསྲེག་ རྫས་རྣམས་དང་མར་རྣམས་ཀྱི་སོ་སོའི་མཐར་ཞི་བ་ལ་ཤནཏ་?པ་ལ་སོགས་པ་ཤཱན་ཏིང་ ཀུ་རུ་ན་མཿ ཞེས་པ་དང་རྒྱས་པ་ལ་བསོད་ནམས་ལ་སོགས་པ་པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་པ་ལ་ སོགས་པའི་སྤེལ་ཚིག་སྦྱར་ཞིང༌། གསུམ་ཚན་རེ་དབུལ་བ། རྫོགས་པའི་མཐར་ཡང་ཕྱི་དང་ ནང་གི་མཆོད་པས་མཆོད་ཅིང་ཇི་ལྟར་རིགས་པའི་ཚིག་གིས། བསྟོད་ཅིང་འདོད་པའི་དོན་ གསོལ་བ་གདབ་པར་བྱའོ། །དེ་ཡངས་[ཡང]ཞི་བའི་སྐབ་[སྐབས]སུ་སེམས་ཅན་ཐམས་ ཅད་ཀྱི་སྡིག་པ་དང་སྒྲིབ་པ་དང་ནད་གདོན་དང་བར་དུ་གཅོད་པ་དང་བྱུར་དང་སྐལ་བ་ངན་ 7-1-313 པ་དང་ཉེས་པ་དང་ལྟུང་བ་དང་ལ་སོགས་པ་མི་མཐུན་པའི་ཚོགས་མཐའ་དག་ཉེ་བར་ཞི་བར་ མཛད་དུ་གསོལ་ཞེས་པ་དང་རྒྱས་པའི་སྐབས་སུ་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་དཔལ་ དང་འབྱོར་པ་དང་དབང་ཕྱུག་དང་བསོད་ནམས་དང་ཡེ་ཤེས་ལ་སོགས་པ་མཐུན་པའི་ཕྱོགས་ མཐའ་དག་འཕེལ་ཞིང་བརྒྱས་[རྒྱས]པར་མཛད་དུ་གསོལ། ཞེས་པ་ལ་སོགས་པ་ཇི་ལྟར་ མོས་པའི་ཚིགས་གིས་སོ། ། དེ་ནས་རྗེས་ཀྱི་ཆོ་ག་བྱས་སྟེ[ཏེ]། མཇུག་ཏུ་སྲུང་མ་དྲུག་ཅུ་ལ། །གཏོར་མ་ཕུལ་ཏེ་ ཕྲིན་ལས་བཞོལ[བཅོལ]། །ཆུ་དང་བཅས་ཟན་དོར་ནས། །དཀྱིལ་འཁོར་ཁང་པར་གསང་ [བསང]གཏོར་བྱས། །སླར་ཡང་མཆོད་ཅིང་བསྟོད་ནས་ཀྱང༌། །འདོད་པའི་དོན་ཀུན་གསོལ་ བ་གདབ། །བཟོད་པར་གསོལ་ཞིང་གཤེགས་གསོལ་ཏེ། །དགེ་བ་བསྔོ་ཞིང་ཤིས་པ་བརྗོད། ། ཞེས་པ་ལྟར་སྒྲུབས་[སྒྲུབ]ཐབས་སུ་བསྟན་པའི་ཆོ་གས་བསྲུང་[སྲུང]མ་དྲུག་ཅུ་ལ་གཏོར་ མ་ཕུལ་ནས་ལས་ཀྱི་སྐབ་[སྐབས]དང་རྗེས་སུ་མཐུན་པའི་ཕྲིན་ལས་གཞོལ་ཞིང༌། དེ་ནས་ ཆུ་དང་ཟན་བཟུང་སྟེ། ༀ་བྷཱུར་བྷུ་ཝ་སྭཱཧཱ། ན་མོ་དེ་ཝི་བྷྱཿ སྭ་སྟི་པྲ་ཛཱ་བྷྱཿསྭཱ་ཧཱ་རཱ་ཛཱའ་བྷྱཿ སྭ་དྷ་པི་ཏྲི་བྷྱཿ ཨ་ལཾ་བྷུ་ཏེ་བྷྱཿ ཝ་ཥཊ་ཨིན་ཏྲཱ་ཡ་ཞེས་པས་ཤིས་པ་བརྗོད་ཅིང་ཐབ་ཀྱི་ཕྱི་ རོལ་དུ་[ཏུ]ཕྱིན་ལ། ཆུ་དང་ཟན་དོར་བར་བྱའོ། །སླར་ཡང༌། དཀྱིལ་འཁོར་གིས་[གྱིས] ཁང་པར་ཞུགས་ནས། ༀ་ཨཱཿ་ཧཱུྃ་ཀ་ཡ་ཝཱཀ་ཙིཏ་སྭ་བྷཱ་ཝ་ཤུད་དྷཱ་སྭཱཧཱ། ཞེས་པ་དང་མཆོད་ ཡོན་གྱི་སྣོད་ནས་ཀུ་ཤས་བླངས་པའི་ཆུས་མེ་ལ་སོགས་པ་ཐམས་ཅད་ལས་གསང་[བསང] གཏོར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཕྱི་དང་ནང་གི་མཆོད་ཅིང་བསྟོད་བྱས་ནས་ཅི་འདོད་ པའི་དོན་ཐམས་ཅད་གསོལ་བ་གདབ་སྟེ། ཡི་གེ་ས་[བརྒྱ]ལ་སོགས་པས་ནོངས་པ་མཛོད་ པར་གསོལ་ལ། ༀ་ཛཿགཙྪ་གཙྪ་མ་ཧཱ་རསྨི་སྭ་སྠཱ་ནཾ་སཾ་ཏྲྀ་པ་ཏོ་ཧོ། པུ་ན་རཱ་ག་མི་ཥྱ་སི་དེ་ཝཱ་སྱ་ ཡ་དཱ་ཧྭ་ན་ཡཱ་མི་སྭཱཧཱ། ཞེས་པ་འདི་དབུགས་ནང་དུ་འཇུག་པ་དང་ལྷན་ཅིག་ཡེ་ཤེས་ཀྱི་མེ་རང་ 7-1-314 གི་སྙི ངས་[སྙི ང]ཁའི་པད་མར་གཤེགས་སུ་གསོལ་ཞིང༌། ཤ་ཟའི་མེ་དང་ཁྱིམ་བདག་གིས་ མེ་ཡང་རང་རང་གིས་གནས་སུ་གཤེགས་སུ་གསོལ་བར་བྱའོ། །དགེ་བའི་རྩ་བ་བྱང་ཆུབ་ ཆེན་པོར་བསྔོ་བ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པ་དང༌། ལས་ཀྱི་རྗེས་བསྲུང་ བ་ལ་སོགས་པ་ནི། གཞན་དང་མཐུན་པ་ཉིད་དོ། །དོམ་དམ་པར་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་ དོན་དུ་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱི་མེ་ལྟེ་བ་ནས་གཏུམ་མོ་གློག་གིས་འོད་ཟེར་རབ་ཏུ་ འབར་བས། དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཅན་གཡོན་ཕུང་པོ་ལྔའི་རླུང་དང༌། སྤྱན་ མ་ལ་སོགས་པའི་རང་བཞིན་ཅན་གཡས་ཁམས་ལྔའི་རླུང་རྣམས་བསྲེགས་ཤིང༌། མིག་ལ་ སོགས་པའི་དབང་པོ་རྣམས་གཟུགས་ལ་སོགས་པའི་ཡུལ་ལ་འཇུག་པའི་རྣམས་[རྣམ]པར་ རྟོག་པ་མཐའ་དག་བསྲེགས་ནས། རི་བོང་ཅན་བྱང་ཆུབ་སེམས་ཀྱི་རྒྱུན། སྤྱི་བོས་ཧཾ་ཡིག་ ལས་འཁོར་ལོ་དྲུག་ཏུ་འཛག་པ་རྣམས། བརྟན་པར་བྱས་པ་ལས། བདེ་བ་དང་སྟོང་པ་ཉིད་ ཀྱི་ཡེ་ཤེས་འཕེལ་བར་འགྱུར་བས་ངེས་པའི་དོན་གྱི་སྦྱིན་བསྲེག་ལ་འབད་པར་བྱས་སྟེ[ཏེ]། ཇི་སྐད་དུ་དང་པོའི་སངས་རྒྱས་ལས། ལྟེ་བར་གཏུམ་མོ་འབར་བ་ཡི། །དེ་བཞིན་གཤེགས་ པ་ལྔ་བསྲེགས་ཤིང༌། །སྤྱན་མ་མིག་ལ་སོགས་པ་ཡང༌། །བསྲེག་པས་རི་བོང་ཅན་ཧཾ་འཛག ། ཅེས་པ་དང༌། ཀྱེའི་རྡོ་རྗེ་འབུམ་ཕྲག་ལྔ་པ་ལས་ཀྱང༌། དཀྱིལ་འཁོར་ལྔ་ནི་འབབ་བྱེད་པའི། ། ཕུང་པོ་ཁམས་སོགས་བསྲེགས་པ་དང༌། །ཡུལ་དང་དབང་པོ་འགགས་པ་ནི། །དགའ་བ་ལ་ སོགས་ཡངས་[ཡང]དག་འབྱུང༌། །སྤྱི་བོ་གནས་པའི་ཧཾ་ཡིག་ལས། །ཟླ་བའི་ཐིག་ལེ་འབབ་ པར་བྱེད། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །དེ་ལྟར་རིམ་པ་གཉིས་ཀྱི་རྣལ་འབྱོར་ ལ་བརྟེན་ནས། དྲང་བ་དང་ངེས་པའི་དོན་གི་[གྱི]སྦྱིན་བསྲེག་[སྲེག]ལ་བརྩོན་པར་བྱས་ན། དོན་གཉིས་མཐར་ཕྱིན་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་བ་ཉིད་དོ། །ཞི་ བརྒྱས་[རྒྱས]སོ་སོ་བ་དང་ཐམས་ཅད་པའི། །ལས་བཞིའི་[བསྦྱིན་བསྲེག་[སྦྱིན་སྲེག]ལག་ 7-1-315 ལེན་རབ་གསལ་བ། །གང་དེ་བློ་གྲོས་རྒྱལ་མཚན་དཔལ་གྱིས་བསྡེབས། །དགེ་བས་མི་ཤེས་ མུན་པ་གསེལ་[སེལ]གྱུར་ཅིག །དཔལ་དུས་ཀྱི་འཁོར་ལོའི་སྦྱིན་བསྲེག་གི་ཆོ་ག་ཞི་རྒྱས་ རབ་གསལ་སྣང་བ་ཞེས་བྱ་བ། དགེ་བའི་བཤེས་གཉེན་གླིང་བ་དབོན་པོ་ཤེས་རབ་བཟང་པོ་ ལ་སོགས་པ་དོན་དུ་གཉེར་བའི་སློབས་[སློབ]མ་མང་པོས་བསྐུལ་ངོར། བོད་ཀྱི་པཎྜི་ཏ་མ་ ཏིས་དགའ་ལྡན་བྱམས་པའི་གླིང་དུ་ཉེ་བར་སྦྱར་བའོ།། །། 7-1-316 ༄༅། །གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་ རིམ་གཉིས་རབ་གསལ་སྣང་བ་ཞེས་བྱ་བ་ བཞུགས་སོ། ། ས་བོན་མ་གཏོག་དམར་དང་སེར་ཡོད་པའི། །དོན་བཟུང་བསྒོམ་ཚེ་ངག་ཏུ་བརྗོད་མི་བྱ། ། གཞན་རྣམས་ཇི་བཞིན་བཟུང་སྟེ་བརྗོད་པས་འགྲུབ། ། ༄༅། །ༀ་ན་མོ་མཉྫུ་བཛྲ་ཡ། །རྣམ་དག་ཡེ་ཤེས་ལྔ་ཡི་མཐུ་སྟོབས་ཀྱིས། །དུག་ལྔའི་ གཤིན་རྗེ་མཐའ་དག་མཐར་མཛད་པ། །རྒྱལ་བ་རིགས་ལྔའི་ཞབས་ལ་ཕྱག་འཚལ་ནས། ། གཤིན་རྗེ་གཤེད་དམར་ལྷ་ལྔའི་སྒྲུབ་ཐབས་བརྩམས། །སྡོམ་ནི། (སྔོན་འགྲོ་)སྐྱབས་འགྲོ་ སེམས་བསྐྱེད་སེམས་དཔའི་བསྒོམ་བཟླས་བྱ། །བདུད་རྩི་མྱང་ཞིང་གནས་བསྲུང་གདན་ཡང་ བསྲུང༌། །ཚོགས་ཞིང་མཆོད་དེ་རྣམ་དག་སྡོམ་པ་བཟུང༌། །ཚད་མེད་སྟོང་ཉིད་བསྲུང་བའི་ འཁོར་ལོ་བསྒོམ། །(དངོས་གཞི་) གཞལ་ཡས་ཁང་པར་གཙོ་བོ་ཡབ་ཡུམ་བསྐྱེད། །ལྷ་རྣམས་ སྤྲོས་ཏེ་སྐྱེ་མཆེད་བྱིན་གྱིས་བརླབས། །དབང་བསྐུར་ཡེ་ཤེས་གཞུག་ཅིང་མཆོད་བསྟོད་བྱ། ། རྫོགས་རིམ་བསྒོམ་ཞིང་(རྗེས་སུ་)རྣམ་དག་བཟླས་པ་བྱ། །མཆོད་པ་བྱིན་བརླབས་མདུན་ བསྐྱེད་གསལ་བཏབ་སྟེ། །ཕྱི་ནང་གིས་མཆོད་བསྟོད་ཅིང་གཏོར་མ་དབུལ། །ཡོ་བྱད་བྱིན་ བརླབས་མཆོད་ཅིང་ལོངས་སྤྱད་ནས། །ལྷག་མ་གླུ་དང་ཤིས་བརྗོད་སྨོན་ལམ་བྱ། །ཞེས་པའོ། ། 7-1-317 དེ་ཡང་འདིའི་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་གནས་ ཡིད་དུ་འོང་བར་སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་རྡོ་རྗེ་ སེམས་དཔའི་བསྒོམ་བཟླས་རྣམས་ཀྱང་གཞན་དང་མཐུན་པར་བྱ་ཞིང༌། བདུད་རྩི་མྱང་ཏེ་ཁ་ དག་པར་བྱས་ནས། རང་སྐད་ཅིག་གིས་ཡི་དམ་དུ་གསལ་བའི་དཔྲལ་བར་པད་མ་དཀར་པོ་ དང་ཟླ་བ་ལ་ༀ་ཡིག་དཀར་པོ་དང༌། མགྲིན་པར་པད་མ་དམར་པོ་དང་ཉི་མ་ལ་ཨཱཿཡིག་ དམར་པོ་དང༌། སྙིང་ཁར་སྣ་ཚོགས་པད་མ་དང་ཉི་མ་ལ་ཧཱུཾ་ཡིག་སྔོན་པོ་བསམ་ལ། ལག་པ་ གཡོན་པས་གནས་གསུམ་དུ་རེག་ཅིང༌། ༀ་ཨཱཿཧཱུཾ་ཞེས་པ་ལན་གསུམ་བརྗོད་པས་བདག་ བསྲུང་བ་དང༌། གདན་ཡང་རྡོ་རྗེའི་རང་བཞིན་དུ་བསམས་ལ། ལག་པ་གཡོན་པས་རེག་ ཅིང༌། ༀ་ཨཱཿབཛྲ་ཨཱ་ས་ནེ་ཧཱུཾ། ཞེས་བརྗོད་པས་བསྲུང་བར་བྱའོ། །དེ་ནས་སྙིང་ཁར་ཨཾ་ལས་ བྱུང་བའི་ཉི་མ་ལ་ཧཱུཾ་ལས་བྱུང་བའི་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་སེར་པོས་ མཚན་པའི་ནང་དུ། ཉི་མ་ལ་གནས་པའི་ཧཱུཾ་དམར་པོ་ལས་འོད་འཕྲོས་པས་སྒྲིབ་པ་སྦྱངས་ཏེ། མདུན་གྱི་ནམ་མཁར་ཚོགས་ཀྱི་ཞིང་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ ཅད་སྤྱན་དྲངས་ནས་བཞུགས་པར་བསམས་ལ། ན་མཿཤྲཱི་གུ་རུ་བྷྱ་(དཔལ་ལྡན་བླ་མ་རྣམས་ལ་ཕྱག་ འཚལ་ལོ། ) ན་མཿསརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་དང་)ཤྲཱི་རཀྟ་(དཔལ་གཤིན་རྗེ་གཤེད་དམར་ པོའི་དཀྱིལ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ)ཡ་མཱ་རི་མཎྜ་ལ་ས་པ་རི་ཝཱ་ར་བྷྱ་(སྟོང་ཉིད་སྙིང་རྗེ་ གཅིག་པའི་སྐུ། །སྲིད་གསུམ་བདེ་ཆེན་ངོ་བོ་ཉིད། །སྤྲོས་པས་དྲི་མའི་མ་གོས་པའི། །བླ་མ་རྡོ་རྗེ་ཅན་ཞབས་འདུད། །བདུད་བཞི་ པོ་ནི་རྣམ་པར་འཇོམས། །དཔའ་བོ་གདུག་པ་འདུལ་མཛད་པ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང༌། །དཀྱིལ་འཁོར་ལྷ་ ཚོགས་རྣམས་ལ་འདུད) ཞེས་པས་ཕྱག་བྱ་སྟེ། སྙིང་ཁ་ནས་སྤྲུལ་པའི་(ཙར་ཙི་ཀ་སོགས་)ལྷ་མོ་རྣམས་ ཀྱིས་(མཆོད་པ་དཔག་ཏུ་མེད་པས་)མཆོད་པར་བསམ་ཞིང༌། ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་ཡ་མཱ་རི་མཎྜ་ ལ་ས་པ་རི་ཝཱ་ར། ཞེས་པ་སྔོན་དུ་འགྲོ་བའི། ཨརྒྷཾ་པྲ་ཏིཙྪ་ཡེ་(མཆོད་ཡོན་སོ་སོར་བཞེས་)སྭཱཧཱ། པ་ཏྱཾ་ 7-1-318 པྲ་ཏིཙྪ་ཡེ་(ཞབ་བསིལ་སོ་སོར་བཞེས་)སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿ(རྡོ་རྗེའི་མེ་ཏོག་)ཧཱུཾ། ༀ་བཛྲ་དྷུ་པེ་ཨཱཿ(རྡོ་ རྗེའི་བདུག་སྤོས་)ཧཱུཾ། ༀ་བཛྲ་དཱི་པེ་ཨཱཿ(རྡོ་རྗེའི་སྣང་གསལ་)ཧཱུཾ། {ༀ་བ་ཛྲ་ཨ་ལོ་ཀེ་ཨཱཿ(རྡོ་རྗེའི་སྣང་གསལ་) ཧཱུཾ། } ༀ་བཛྲ་གྷནྡྷེ་ཨཱཿ(རྡོ་རྗེའི་དྲི་མཆོག་)ཧཱུཾ། ༀ་བཛྲ་ནཻ་ཝི་དྱ་ཨཱཿ(རྡོ་རྗེའི་ཞལ་ཟས་)ཧཱུཾ། ༀ་བཛྲ་ཤཔྟ་ ཨཱཿ(རྡོ་རྗེའི་སིལ་སྙན་)ཧཱུཾ། ཞེས་པ་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད་པ་དབུལ་བར་བྱའོ། །དེ་ ནས་སྡོམ་པ་བཟུང་བ་ནི། ལུས་དང་ངག་དང་ཡིད་ཀྱི་སྡིག། །བགྱིས་དང་དེ་བཞིན་བགྱིད་ རྩལ་གང༌། །གང་ཡང་རྗེས་སུ་ཡིད་རང་བ། །དེ་ཀུན་དུས་གསུམ་མགོན་ལ་བཤགས། ། རྫོགས་སངས་རྒྱས་དང་དེ་ཡི་སྲས། །འཕགས་རྣམས་དགེ་ཚོགས་རྗེས་ཡིད་རང༌། །རྫོགས་ སངས་རྒྱས་དང་དམ་པའི་ཆོས། །ཚོགས་མཆོག་བཅས་ལ་སྐྱབས་སུ་མཆི། །ཡོན་ཏན་རྒྱ་མཚོ་ ཁྱེད་རྣམས་ལ། །བདག་གི་ལུས་འདི་དབུལ་བར་བགྱི། །དམ་པའི་ཆོས་ཀུན་སྟོན་པ་ཡི། །སྒྲ་ དབྱངས་མཛེས་པས་བཞུགས་སུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་དང༌། །དེ་སྲས་ ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དང་བས་བསྟེན་ པར་བགྱི། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། ། བསོད་ནམས་ཀུན་ནས་གང་བསགས་པ། །རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ། །དཔལ་ ལྡན་གཤིན་རྗེ་མཐར་བྱེད་དུ། །གྱུར་ནས་བདག་གིས་འགྲོ་ཕན་བགྱིད། །(ༀ་ཨཱཿཧཱུཾ་བཛྲ་མུཿ)ཞེས་ པ་དོན་ཡིད་ལ་དྲན་བཞིན་ལན་གསུམ་བརྗོད་དེ་ཚོགས་ཀྱི་ཞིང་གཤེགས་སུ་གསོལ་ལོ། ། རྒྱས་པ་ལ་མོས་ན་བདུན་རྣམ་དག་དང་རིགས་ལྔའི་སྡོམ་བཟུང་ཡང་བྱ་ཞིང༌། སེམས་ཅན་ ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ དང་བྲལ་བར་བྱ། །སྡུག་བསྔལ་མེད་པའི་བདེ་བ་དང་ལྡན་ན་དགའ། །ཉེ་རིང་ཆགས་སྡང་ མེད་པའི་ངང་དུ་སེམས་སྙོམས་པར་བྱ་སྙམ་དུ་ཚད་མེད་པ་བཞི་བསྒོམ་པར་བྱའོ། །དེ་ནས། ༀ་སྭ་བྷཱ་ཝ་ཤུད་དྷཱཿ སརྦཱ་དྷརྨཱཿ སྭ་བྷཱ་ཝ་ཤུད་དྷོ་ཧཾཿ(རང་བཞིན་གྱིས་དག་པ་ཆོས་ཐམས་ཅད་རང་བཞིན་གྱིས་ 7-1-319 དག་པ་ང་ཡིན། ) ཞེས་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་བཟུང་བའི་ཡུལ་ ཐམས་ཅད་དང་བྲལ་བ་སེམས་ཙམ་གྱི་ངོ་བོར་བསམས་ལ། ༀ་ཡོ་ག་ཤུད་དྷཱཿ(རྣལ་འབྱོར་དག་པ་) སརྦ་དྷརྨཿཡོ་ག་ཤུད་དྷཱོ་ཧཾ། (ཆོས་ཐམས་ཅད་རྣལ་འབྱོར་དག་པ་ང་ཡིན། ) ཞེས་པས་སེམས་དེ་ཡང་ཐབས་ དང་ཤེས་རབ་གཉིས་སུ་མེད་པའི་རྣལ་འབྱོར་ལྷའི་སྐུ་སྒྱུ་མ་ལྟ་བུར་བསམས་ཏེ། ༀ་ཤུ་ནྱ་ཏ་ ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱད་མ་ཀོ་(སྟོང་པ་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱིས་བདག་ཉིད་དག་པ་ང་ཡིན་)ཧཾ། ཞེས་ པས་ལྷའི་སྐུ་དེ་ཡང་(ཕྱག་མཚན་དང་ས་བོན་དང་ན་དཱའི་བར་དུ། ) རིམ་གྱིས་བསྡུ་སྟེ་སྟོང་པ་ཉིད་ཀྱི་རང་ བཞིན་དུ་བསྒོམ་པར་བྱའོ། །(བསྲུང་འཁོར་ནི་རྣལ་འབྱོར་དབང་ཕྱུག་གི་གཞུང་ན་མེད་ཀྱང་རྒྱུད་ཆ་གཉིས་ནས་ཁ་ བསྐང་ཟེར། ) སྟོང་པའི་ངང་ལས་ཨཾ་ལས་ཉི་མའི་དཀྱིལ་འཁོར་གྱིས་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་ རྗེ། ཤར་དཀར། ལྷ་སེར། ནུབ་དམར། བྱང་ལྗང༌། དབུས་ཀྱི་ལྟེ་བ་འཐིང་ནག་ལ་ཧཱུཾ་གིས་ མཚན་པ། དེ་ཡོངས་སུ་གྱུར་པ་ལས་འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཁོར་ཡུག་ཐམས་ཅད་ རྡོ་རྗེའི་ར་བ་དང་དྲ་བ། སྟེང་རྡོ་རྗེའི་གུར་དང་བླ་རེ། ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་མེ་ཁ་དོག་ ལྔ་འབར་བས་འཁྲིག་པའི་བསྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །དེའི་དབུས་སུ་པཾ་ལས་ ཆོས་ཀྱི་འབྱུང་གནས། གྲུ་གསུམ་ཕྱི་དཀར་ཞིང་ནང་དམར་བ། གདེངས་ཀ་གྱེན་དུ་ཕྱོགས་པ་ ཡང་ཤིང་རྒྱ་ཆེ་བའི་ནང་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་(རྩེ་མོ་ གཅིག་པ་)བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་ (མེ་)འབར་བས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་ (ཆུས་གང་)མཚན་པ། དེའི་སྟེང་དུ་ལཾ་ལས་སའི་ཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེས་(རྩེ་གསུམ་པས་) མཚན་པ། དེའི་སྟེང་དུ་སུཾ་ལས་རི་རབ་ལྷུན་པོ་རིན་པོ་ཆེའི་རང་བཞིན་གྲུ་བཞི་པ་རྩེ་མོ་ཅོག་ བརྒྱད་ཀྱིས་མཛེས་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པད་མ་དང༌། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ ལྟེ་བར། བྷྲཱུཾ་(སེར་པོ་)ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ 7-1-320 ཁང་པ་གྲུ་བཞི་པ་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དཀར་པོ་སེར་པོ་དམར་པོ་ལྗང་ཁུ་ནག་ པོའི་རྩིགས་པ་ལྔ་དང་ལྡན་པ། དེའི་སྟེང་ནས་རིན་པོ་ཆེའི་སྣམ་བུ་ཁ་བད་ཀྱི་རྣམ་པ་ལ་རིན་ པོ་ཆེ་སྣ་ཚོགས་པས་སྤྲས་པ། དེའི་སྟེང་དུ་ཆུ་སྲིན་མ་ཀ་རའི་ཁ་ནས་འཕྱང་བའི་དྲ་བ་དང་དྲ་བ་ ཕྱེད་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱངས་པའི་རིན་པོ་ཆེའི་ཤར་བུ་དང༌། གྱེན་དུ་ ཕྱོགས་པའི་མདའ་ཡབ་མཛེས་པས་ཀུན་ནས་བསྐོར་བ། རྩིགས་པའི་ཕྱི་རོལ་ན་འདོད་ཡོན་ གྱི་སྟེག་བུ་ལ་མཆོད་པའི་ལྷ་མོ་མཆོད་རྫས་དུ་མ་ཐོག་པས་མཆོད་པ་འབུལ་བ། ནང་ཀ་བ་ བརྒྱད་དང་ལྡན་ཞིང་སྟེང་རྡོ་རྗེའི་གདུང་བཞིས་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་ པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་པ། སྒོ་བཞིའི་ཐད་སོར་ཀ་བ་རྒྱན་དང་བཅས་ པས་བཏེགས་པའི་རྟ་བབས་ནོར་བུ་གསེར་གྱི་རང་བཞིན་ཅན་སྣམ་བུ་བཅུ་གཅིག་པ། (དེའི་ སྟེང་དུ་པད་མ་ལ་གནས་པའི་) ཆོས་ཀྱི་འཁོར་ལོ་དང་རི་དྭགས་ལ་སོགས་པས་བརྒྱན་པ། གཞན་ ཡང་(ཟུར་བཞིར་) གདུགས་དང་(ཐམས་ཅད་དུ་)རྒྱལ་མཚན་དང༌། བ་དན་དང༌། གོས་དང་འཕན་ དང་མེ་ཏོག་གི་ཕྲེང་བ་དང༌། ཟླ་བ་རླུང་གིས་སྤྱོད་[སྐྱོད]པ་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་ དང༌། དྲིལ་བུ་དང་མེ་ལོང་ལ་སོགས་པའི་རྒྱན་དུ་{མས}མཛེས་པར་བྱས་པ། སྟེང་འོག་གི་ཁ་ དོག་ལྷག་མ་རྣམས་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང༌། མཆོད་པའི་ས་གཞི་ལ་པད་མ་ དང༌། བུམ་པ་ལ་སོགས་པའི་མཆོད་རྫས་དུ་མས་ཉེ་བར་འཁྲིགས་པ། དྭངས་ཤིང་སྒྲིབ་པ་ མེད་ལ། ཕྱི་ནང་ཀུན་ཏུ་འོད་གསལ་བ། ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་དབུས་སུ། པཾ་ལས་ སྣ་ཚོགས་པད་མའི་ལྟེ་བར་ཨཾ་ལས་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ་སྟེ་གཞལ་ཡས་ཁང་ བསྐྱེད་པའོ། །(པད་མའི་ལྟེ་བར་ཧཱུཾ་ཡོངས་སུ་གྱུར་པ་ལས། སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་ འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེའི་དབྱུག་པ་དཀར་པོ་མི་མགོ་རློན་པས་མཚན་པ། དེའི་དབུས་ སུ་ཉི་མའི་དཀྱིལ་འཁོར་ལ། ཧཱུཾ་ཡིག་དམར་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ 7-1-321 གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཏེ་ཧཱུཾ་ལ་ཐིམ་དབྱུག་པ་དང་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས)དེའི་ སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལས་བྱུང་བའི་དབྱུག་པ་དཀར་པོའི་ནང་དུ་ཉི་མ་ལ་གནས་ པའི་ཧཱུཾ་དམར་པོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་ དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་དཔལ་གཤིན་རྗེ་ གཤེད་སྐུ་མདོག་དམར་པོ་ཉི་མ་བྱེ་བའི་འོད་དང་མཚུངས་པ། དཔའ་བོ་ཞལ་གཅིག་ཕྱག་ གཉིས་པ། ཕྱག་གཡས་པ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དབྱུག་པ་དཀར་པོ་རྡོ་རྗེའི་ རྭ་རྩར་མི་མགོ་སེར་པོས་མཚན་པ་འཕྱར་ཐབས་སུ་འཛིན་པ། གཡོན་པ་བདུད་མཐའ་དག་ གི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་གར་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་ བསྐུམ་ཞིང་གཡོན་བརྐྱང་བའི་གར་སྟབས་ཀྱིས་མ་ཧེ་དམར་ནག་གི་སྟེང་ན་གཤིན་རྗེ་ནག་པོ་ བསྒྱེལ་ནས་མནན་པ། ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། སྐུ་སྦོམ་ཞིང་རྒྱས་ལ་བྲང་ཞིང་ དང་གསུས་ཁྱིམ་ཆེ་བ། ཡན་ལག་དང་ཉིང་ལག་ཐམས་ཅད་ཐུང་ཞིང་རག་པ་ཞལ་ཅུང་ཟད་ ཕྱེ་ཞིང་མཆེ་བ་རྣམ་པར་གཙིགས་པ་རབ་ཏུ་བཞད་པའི་སྒྲ་སྒྲོགས་ཤིང་ལྗགས་རྣམ་པར་ འགྱུར་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང་ཁྲོ་གཉེར་དང་བཅས་པ། སྨ་ར་དང་ སྨིན་མ་དང༌། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཞིང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་ཞིང༌། སྟག་གི་ ལྤགས་པའི་ཤམ་ཐབས་རྣམ་པར་གྲོལ་བ། (རྒྱུད་ཀྱི་དོན་བསྡུས་པ་) མཐའ་ཡས་སྔོན་པོས་དབུ་སྐྲ་ བཅིངས་ཤིང་འཇོག་པོ་དམར་པོས་རྣ་རྒྱན་ཉིད། །རིགས་ལྡན་ཁྲ་བོས་དཔུང་པ་བརྒྱན་ཞིང་ དུང་སྐྱོང་སེར་པོའི་ལག་གདུབ་སྟེ། །པད་མ་དཀར་པོས་མགུལ་བ་བརྒྱན་ཞིང་སྟོབས་རྒྱུ་ལྗང་ ཁུ་མཆོད་ཕྱིར་ཐོག །ནོར་རྒྱས་དཀར་པོས་རྐེད་པ་བརྒྱན་ཞིང་པད་ཆེན་དཀར་པོའི་ཞབས་ གདུབ་ཅན། །སྒེག་པ་དཔའ་བ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་རུང་བ། །སྙིང་རྗེ་ 7-1-322 རྔམ་དང་ཞི་བ་ཡི། །གར་དགུའི་ཉམས་དང་ལྡན་པ་ཉིད། །དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་པ་གྲི་གུག་དང་གཡོན་ཐོད་པ་ ཁྲག་གིས་བཀང་བ་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་སྤྱན་གསུམ་དང་ལྡན་ཞིང་དབུ་ སྐྲ་གྲོལ། མི་མགོ་སྐམ་པོའི་དབུ་རྒྱན་(ཡུམ་ལ་སློབ་དཔོན་བློ་བཟང་སྙིང་པོས་ཕྱག་རྒྱ་ལྔས་བརྒྱན་པ་བཤད། སློབ་ དཔོན་རྣམ་སྣང་བསྲུང་བས་གཅེར་བུ་གཡས་བརྐྱང་གིས་སྟབས་ཀྱིས་འཁྱུད་པར་བཤད་དོ)དང་དོ་ཤལ་ཅན། ཕྱག་རྒྱ་ ལྔ་དང་ལྡན་པ། ཞབས་གཡས་བརྐྱང་བས་ཡབ་དང་ལྷན་ཅིག་སྙོམས་པར་འཇུག་པ། གཉི་ ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་(ༀ་དྷརྨཿདྷཱ་ཏུ་སྭ་བྷ་ཝ་ཨདྨ་ཀོ་ཧཾ། )བསྒོམས་ ཏེ། (ཡབ་ཀྱི་གསང་གནས་)ཧཱུཾ་ལས་བྱུང་བའི་རྡོ་རྗེ་(སྔོན་པོ་རྩེ་གཅིག་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་)དང༌། (ཡུམ་གྱི་ མཁའ་)ཨཾ་ལས་བྱུང་བའི་པད་མ་སྙོམས་(པད་མ་དམར་པོ་འདབ་མ་གསུམ་པ་ཟེའུ་འབྲུ་ལ་ཨས་མཚན་པ་)པར་ ཞུགས་པའི་བདེ་བ་ཆེན་པོ་རྒྱུད་ཡོངས་སུ་གང་བར་བསམ་ཞིང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ ག་ཎ་བཛྲ་སྭ་བྷ་ཝ་ཨད་མ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ ང་ཡིན)ཀོ་ཧཾ། ཞེས་བརྗོད་པར་བྱ་སྟེ། གཙོ་བོ་(ཡུམ་གྱི་ལྟེ་བའི་འོག་ཏུ་ཧྲཱི་ལས་པད་མ་དམར་པོ་འདབ་མ་བརྒྱད་པ་ ལྟེ་བ་ལ་ཧྲིས་མཚན་པ་ཧྲིའི་སྟེང་ནས་སྤྱི་བོའི་བར་དུ་སྤྱི་བོ་ལས་ཐོན་པའི་པད་མའི་སྣལ་བུའམ)ཡབ་ཡུམ་བསྐྱེད་པའོ། ། དེ་ནས་བདེ་བའི་སྒྲས་སངས་རྒྱས་ཐམས་ཅད་སྤྱན་དྲངས་པ་ཞལ་ནས་ཞུགས་ཐུགས་གར་ཞུ་ བ་ལས་ཡུམ་གྱི་པད་མར་ལྷའི་ཚོགས་སུ་གྱུར་པ་རྣམས་རང་རང་གི་གནས་སུ་སྤྲོ་བར་བྱ་སྟེ། ཤར་གྱི་འདབ་མར་གཏི་མུག་གཤིན་རྗེ་གཤེད་དཀར་པོ་ཙར་ཙི་ཀ་ནག་མོས་(སྒྲོལ་མ་)འཁྱུད་ པ། ལྷོའི་འདབ་མར་སེར་སྣ་གཤིན་རྗེ་གཤེད་སེར་པོ་ཕག་མོ་སེར་(ཕག་ཞལ་ཅན་མ་)མོས་འཁྱུད་ པ། ནུབ་ཀྱི་འདབ་མར་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་དབྱངས་ཅན་མ་དཀར་མོས་ འཁྱུད་པ། བྱང་གི་འདབ་མར་ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ་གཽ་རཱི་ལྗང་ཁུས་འཁྱུད་པ། དཔའ་བོ་རྣམས་ཡབ་དང་མཐུན་པར་ཞལ་གཅིག་ཕྱག་གཉིས་པ་དབྱུག་(འཁོར་ལོ་དང༌། རིན་པོ་ཆེ་ 7-1-323 དང༌། པད་མ་དང༌། རལ་གྲིས་མཚན་པའི་)པ་དང་ཐོད་ཁྲག་འཛིན་པས་ཡུམ་ལ་འཁྱུད་ཅིང༌། ཞབས་ གཉིས་གཡོན་བརྐྱང་གིས་བཞུགས་པ། སྐུ་སྦོམ་ཞིང་རགས་པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་འབར་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་དོ་ ཤལ་ཅན། རུས་པའི་རྒྱན་དྲུག་དང༌། སྟག་གི་ལྤགས་པའི་ཤམ་ཐབས་དང༌། ཀླུ་ཆེན་པོ་བརྒྱད་ ཀྱིས་བརྒྱན་པ། དཔའ་མོ་རྣམས་ཡུམ་དང་མཐུན་པར་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་ དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ཅིང༌། ཞབས་གཉིས་གཡས་བརྐྱང་གིས་བཞུགས་པ། གཅེར་བུ་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་གྲོལ་བ། མི་མགོ་སྐམ་པོའི་དབུ་རྒྱན་དང་དོ་ཤལ་ ཅན། ཕྱག་རྒྱ་ལྔ་དང་ལྡན་པ། ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་ པ། མཚམས་ཀྱི་འདབ་མ་བཞི་ལ་མེར་མུ་མེན་གྱི་བུམ་པ་བཞི་(དབྱངས་ཅན་མའི་རྗེས་གནང་དང༌། ཙན་ དན་གླ་རྩི་ག་བུར་གུར་གུམ་བཞི་མཉམ་དུ་སྦྱར་བ། གནོད་སྦྱིན་གད་མོ་ཞེས་བྱ་སྟེ། བཞི་མཉམ་ཞེས་པ་སྐབས་དང་མཐུན་པར་ ལག་ལེན་ཡང༌། ག་པུར། ཨ་ཀ་རུ། གླ་རྩི། ཀ་ཀོ་ལ་བཞི་ལ་བླ་མ་དམ་པ་བཞེད) མཉམ་གྱིས་གང་བ། བདེན་བྲལ་ དུ་གསེར་གྱི་བུམ་པ་གླ་རྩིས་གང་བ། རླུང་དུ་བྱི་རུའི་བུམ་པ་སིཧླས་གང་བ། དབང་ལྡན་དུ་ དངུལ་གྱི་བུམ་པ་ག་པུར་གྱིས་གང་བ། བཞི་ཀའང་ཐོད་པ་བདུད་རྩིས་གང་བས་ཁ་བཅད་པ་ རྣམས་སོ། །(སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་རྣལ་འབྱོར་དབང་ཕྱུག་གི་གཞུང་ཆེ་ཆུང་ན་མེད་པས་མ་བྱས་ ཀྱང་ཆོག་ཟེར)དེ་ནས་གཙོ་བོའི་ཐུགས་གར་དབྱུག་པ་དཀར་པོའི་དབུས་སུ་ཧཱུཾ་ཡིག་དམར་པོ་ བསམས་ཏེ། ལྷ་ཐམས་ཅད་ཀྱི་དབང་པོ་དྲུག་ཀྱང༌། (མིག་ཏུ་ཀྵིཾ་ལས་རྡོ་རྗེའི་མིག་དཀར་པོ་འཁོར་ལོས་ མཚན་པའི་དབྱུག་ཐོད་འཛིན་པ། རྣ་བར་ཛྲིཾ་ལས་རྡོ་རྗེའི་རྣ་བ་སྔོན་པོ་རྡོ་རྗེས་མཚན་པའི་དབྱུག་ཐོད་འཛིན་པ། སྣར་ཁཾ་ལས་རྡོ་ རྗེའི་སྣ་སེར་པོ་རིན་པོ་ཆེས་མཚན་པའི་དབྱུག་ཐོད་འཛིན་པ། ཁར་གཾ་ལས་རྡོ་རྗེའི་ལྕེ་དམར་པོ་པད་མས་མཚན་པའི་དབྱུག་ཐོད་ འཛིན་པ། དཔྲལ་བར་ཀཾ་ལས་རྡོ་རྗེའི་ལུས་ལྗང་ཁུ་རལ་གྲིས་མཚན་པའི་དབྱུག་ཐོད་འཛིན་པ། ལྟེ་བའི་སྟེང་དུ་པཾ་ལས་རྡོ་རྗེའི་ ཡིད་ནག་པོ་རྡོ་རྗེས་མཚན་པའི་དབྱུག་ཐོད་འཛིན་པ། སྙིང་ཁར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཐུགས་རྡོ་རྗེ་སྔོན་པོ། 7-1-324 མགྲིན་པར་ཨཱཿལས་པད་མ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿ་ལས་གསུང་རྡོ་རྗེ་དམར་པོ། དཔྲལ་བར་ༀ་ལས་འཁོར་ ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ༀ་ལས་སྐུ་རྡོ་རྗེ་དཀར་པོ)རྡོ་རྗེའི་མིག་དང་རྣ་བ་དང༌། །རྡོ་རྗེའི་སྣ་དང་ རྡོ་རྗེའི་ལྕེ། །རྡོ་རྗེའི་ལུས་དང་རྡོ་རྗེའི་ཡིད། །རྡོ་རྗེའི་སྐྱེད་མཆེད་ཐམས་ཅད་པ། །ཞེས་པ་ལྟར་ བསམ་ཞིང༌། དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿ་དམར་པོ། ཐུགས་གར་ཧཱུཾ་སྔོན་པོ་རྡོ་ རྗེ་གསུམ་གྱི་ངོ་བོ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་སྤྱན་(སྐུ་གསུང་ཐུགས་རྡོ་རྗེའི་ རྣམ་པས་)དྲངས་པ་(སྔར་བཞིན་མཆོད་དོ། )གནས་གསུམ་དུ་ཐིམ་པས། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཅན་ང་ཡིན་སྙམ་དུ་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་ ཀ་ཡ་ཝཱཀ་ཙིཏ་བཛྲ་སྭ་བྷ་ཝ་ཨད་མ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་གྱི་ བདག་ཉིད་ང་ཡིན་)ཀོ་ཧཾ། ཞེས་བརྗོད་པས་སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབ་པར་ བྱའོ། །དེ་ནས་དབང་བསྐུར་བའི་དོན་དུ་ཐུགས་ཁའི་ཧཱུཾ་གི་འོད་ཟེར་གྱིས་སངས་རྒྱས་ཡབ་ ཡུམ་སྲས་དང་བཅས་པ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། སྔར་བཞིན་(ཨརྒྷཾ་ལ་སོགས་ པས་)མཆོད་དེ། ༀ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ལ་མངོན་པར་ དབང་བསྐུར་དུ་གསོལ། )ཞེས་གསོལ་བ་བཏབ་པས། དེ་དག་གིས་རིན་པོ་ཆེའི་བུམ་པ་བདུད་རྩིས་ གང་བ་ཐོགས་ཏེ། གུར་གུམ་དང་མེ་ཏོག་ལ་སོགས་པའི་ཆར་འབེབས་ཤིང༌། རྔ་བོ་ཆེ་ལ་ སོགས་པའི་སྒྲ་སྒྲོགས་པ་དང་བཀྲ་ཤིས་ཚིགས་སུ་བཅད་པ་བརྗོད་བཞིན་པས། དབང་ བསྐུར་ཆེན་པོ་རྡོ་རྗེ་ནི། །ཁམས་གསུམ་པ་ཡི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་ གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ ཡེ་ཧཱུཾ། (དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དམ་ཚིག་དཔལ)ཞེས་གསུང་ཞིང་དབང་ བསྐུར་པས་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་དྲི་མ་ཐམས་ཅད་དག་ཆུ་ལྷག་མ་ ཡར་ལུད་པ་ལས་གཙོ་བོ་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན། འཁོར་རྣམས་ལ་གཙོ་བོ་ཉིད་ 7-1-325 ཀྱིས་དབུ་བརྒྱན་པར་བསམ་མོ། །སླང་ཡང་སྙིང་ཁའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་ སྤྱན་དྲངས་པ་ལ་མཆོད་དེ། ཛཿཧཱུཾ་བཾ་ཧོཿཞེས་པས་དགུག་པ་དང་གཞུགས་པ་དང་བཅིང་བ་ དང་མཉེས་པར་བྱས་ལ། དམ་ཚིག་སེམས་དཔའི་ཐུགས་ཁར་རང་འདྲ་བའི་ཡེ་ཤེས་སེམས་ དཔའ་དང༌། དེའི་ཐུགས་ཁར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་དམར་པོར་བསྒོམ་པར་ བྱའོ། །དེ་ནས་ཧཱུཾ་གིས་འོད་ཀྱིས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། ཞལ་ནས་ཞུགས་ ཐུགས་ཁར་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པད་མར་འཕྲོས་པ་ལས་བྱུང་བའི་མཆོད་པའི་ལྷ་ མོ་དཔག་ཏུ་མེད་པས་དཀྱིལ་འཁོར་ལ་མཆོད་པར་བསམ་ཞིང༌། ཨརྒྷཾ་ལ་སོགས་པ་ཕྱིའི་ མཆོད་པ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། དེ་ནས་ནང་མཆོད། ༀ་ཨཱཿ་བིགྷཱ་ནན་ཏ་ཀྲིད་ ཏ་ཧཱུཾ་ཞེས་པས་བསང་ཞིང༌། སྭ་བྷ་ཝས་སྦྱངས་ཏེ། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་ འཁོར་(སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། )དང༌། རཾ་ལས་མེའི་དཀྱིལ་འཁོར་(དམར་པོ་གྲུ་ གསུམ་འབར་བས་མཚན་པ་)དང༌། ཨུ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨཱཿལས་ཐོད་པ་ཕྱི་ དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པཾ་ལས་པད་མ་འདབ་བརྒྱད་ཀྱི་(ཤར་ སོགས་)ཕྱོགས་བཞི་དང་དབུས་སུ། བྷྲཱུཾ་(རིམ་པ་བཞིན་)ༀ་ཛྭིཾ་ཁཾ་ཧཱུཾ་རིགས་ལྔའི་རང་བཞིན་ཅན་ཞུ་ བ་ལས་བྱུང་བའི་(ཤ་ལྔ་ནི་)གོ་ལས་བ་ལང་གི་ཤ ཀུ་ལས་ཁྱིའི་ཤ ད་ལས་གླང་པོ་ཆེའི་ཤ ཧ་ ལས་རྟའི་ཤ ན་ལས་མིའི་ཤ (མེ་སོགས་)མཚམས་བཞི་དང་དབུས་སུ། (རིམ་པ་བཞིན་)ལཾ་མཾ་པཾ་ཏཾ་ བཾ་ཡུམ་ལྔའི་རང་བཞིན་ཅན་ཞུ་བ་ལས་བྱུང་བའི་(བདུད་རྩི་ལྔ་ནི་)བི་ལས་དྲི་ཆེན། ར་ལས་ཁྲག ཤུ་ལས་ཁུ་བ། མཱ་ལས་རྐང༌། མུ་ལས་དྲི་ཆུ། ༀ་ལས་ཟླ་བའི་དཀྱིལ་འཁོར་གྱིས་ཁ་བཅད་ པའི་སྟེང་དུ། ཧཱུཾ་ལས་དབྱུག་པ་དཀར་པོ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། རླུང་གཡོས་མེ་ སྦར་རྫས་ཐམས་ཅད་ཁོལ་ཞིང་ཞུ་བ་རྡོ་རྗེའི་དབྱུག་པས་དཀྲུགས་པས་ཉི་མ་གཞོན་ནུ་འམ་ དངུལ་ཆུའི་རྣམ་པ་ལྟ་བུ་གྱུར། ལག་པ་གཡོན་པ་དང༌། གཡས་པ་དང༌། བྱ་ཁྱུང་དང་འཁྱིལ་ 7-1-326 པའི་ཕྱག་རྒྱ་རྣམས་བསྟན་ཞིང༌། དེ་དག་ལ་གནས་པའི་ༀ་ཨཱཿ་ཧོཿཧཱུཾ་གིས་འོད་ཀྱིས་སྦྱངས་ སྤེལ་སྦར་སྒྲོན་མ་ལྟ་བུར་བྱས། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ཞིང༌། ༀ་ཨཱཿ་ཧཱུཾ་ཞེས་བརྗོད་ པས། ཁམས་གསུམ་གྱི་བདུད་རྩི་མཐའ་དག་བཀུག་སྟེ་ཐིམ་པས། ཁ་དོག་དང་དྲི་དང་རོ་དང་ ནུས་པ་ཕུན་སུམ་ཚོགས་པར་བསམ་ལ། གཡོན་པའི་འཐེབ་སྲིན་གྱིས་བླངས་ཏེ། རྩ་བ་དང་ བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡི་དམ་རྒྱལ་བའི་དཀྱིལ་ འཁོར་གྱི་ལྷ་ཚོགས་རྣམས་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་རིགས་དྲུག་འབྱུང་པོའི་ཚོགས་ ཐམས་ཅད་ལ་དབུལ་བར་བགྱིའོ། །(ནང་མཆོད་བསྟོད་པའི་རྗེས་ལ་གསུངས་ཀྱང་སྤྱི་དང་མཐུན་པས་འདིར་ཐོག་ མར་བླངས་)དེ་ནས་ལྷ་མོ་རྣམས་དང་འཁོར་རྣམས་ཀྱི་གཙོ་བོ་ལ་བསྟོད་པར་བསམ་ཞིང༌། ཀྱེ་ཀྱེ་ གཤིན་རྗེ་གཤེད་དམར་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། །ཁྱོད་མཐོང་ཁོ་བོ་རྣམ་ པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། །ཁྱོད་ཀྱིས་གར་མཛད་ས་སྟེང་དང༌། །ས་བླ་ དང་ནི་ས་འོག་གཡོ། །ཆགས་པས་བརྒྱན་པ་ཁྲོ་བོའི་ཡིད། །གར་མཛད་ཁྱོད་ནི་རོ་ལངས་ ལགས། །སྐུ་ལུས་སྦོམ་ཐུང་དམར་པོ་སྟེ། །རྣམ་པ་སྣ་ཚོགས་གཟུགས་སྤྲུལ་བ། །རྡོ་རྗེ་རོ་ ལངས་མ་ཡིས་བཏུད། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཧྲཱིཿཥྚཱིཿའི་གསང་སྔགས་དག་གིས་ ཁྱོད། །ས་གསུམ་པོ་ཡི་འཁྲུལ་པ་སེལ། །ཐུགས་རྗེའི་ཁྲོ་བོ་རྗེ་བཙུན་ཁྱོད། །གར་མཛད་འགྲོ་ བ་ཡོངས་ལ་གཟིགས། །ཞེས་བརྗོད་ལ་སྒྲ་དང་སྒྲ་བརྙན་གྱི་ཚུལ་གྱིས་གཙོ་བོས་ཀྱང་འཁོར་ རྣམས་ལ་བསྟོད་པར་བསམ་ཞིང༌། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །སེར་ སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སེམས་ཀྱི་རྡོ་རྗེ་རབ་ཏུ་ གསལ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །ཁྱབ་ བདག་ཆགས་པས་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱིས་མཆོག་གི་མཆོག །གསུང་ 7-1-327 གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲ་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་ཆེན་པོ་ལས་ཀུན་ བྱེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །ཞེས་བརྗོད་དེ་སླར་ ཡང་འཁོར་རྣམས་ཀྱིས་གཙོ་བོ་ལ་བསྟོད་པར་བསམ་ཞིང༌། སངས་རྒྱས་ཀུན་གྱི་རང་བཞིན་ ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག ། དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །ཞེས་པ་དང༌། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་ བྷཱ་ཝ་ཨཱད་མ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ང་ཡིན་)ཀོ་ཧཾ། ཞེས་ ཀྱང་བརྗོད་པར་བྱའོ། །དེ་ནས་རྫོགས་པའི་རིམ་པ་ནི། །ཡེ་ཤེས་འོད་ཀྱིས་སྙིང་ཁར་བཀུག ། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །ཞེས་པ་ལྟར་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་ ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དང༌། ནང་བཅུད་ཀྱི་སེམས་ཅན་ཐམས་ ཅད་ལྷའི་འཁོར་ལོར་བྱས་ཏེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལ་(ཐིམ་པའི་ཚུལ་ གྱིས་) བསྡུ་ཞིང༌། དེ་རྣམས་ཀྱང་གཙོ་བོ་ཡབ་ཡུམ་དང༌། ཡུམ་ཡང་ཡབ་དང༌། དེའང་ཡེ་ཤེས་ སེམས་དཔའ་དང༌། དེའང་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་དང༌། ཧཱུཾ་གི་ཞབས་ཀྱུ་ཁོག་པ་དང༌། དེ་མགོ་བོ་དང༌། དེ་ཟླ་ཚེས་དང༌། དེ་ཐིག་ལེ་དང༌། དེ་ན་དཱ་ལ་(ཐིམ་ནས་)བསྡུས་ཏེ། ན་དཱ་ཡང་ ཇེ་ཕྲ་ཇེ་ཕྲར་སོང་བས་མཐར་འོད་གསལ་ལ་ཐིམ་པའི་ངང་དུ་དུས་གསུམ་ལ་སོགས་པའི་ རྣམ་པར་རྟོག་པ་ཐམས་ཅད་སྤངས་ཏེ་མཉམ་པར་བཞག་ཅིང༌། འོད་གསལ་གྱིས་ངང་ལས་ ཆུ་ལ་ཉ་ལྡང་བའི་ཚུལ་དུ། སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྔར་ བཞིན་གསལ་བཏབ་ལ་ཟུང་འཇུག་གི་ངོ་བོར་བསྒོམ་པར་བྱའོ། །དེ་ནས་སྐབས་ཅི་ལྟ་བར། དཀྱིལ་འཁོར་གྲུ་བཞི་བདེན་པ་བཞི། །སྒོ་བཞི་བདུད་བཞི་སྐྲག་པར་བྱེད། །ཟུར་བཞི་ཚངས་ པའི་གནས་བཞི་སྟེ། །རྟ་བབས་བཞི་ནི་བསྡུ་བ་བཞི། །ཞེས་པ་ལ་སོགས་པ་གཞལ་ཡས་ཁང་ གི་དག་པ་དང༌། བཅོམ་ལྡན་འདས་ཀྱི་བརྩེ་བར་མཛད། །དུག་ལྔ་གཤིན་རྗེ་གཤེད་མཆོག་ 7-1-328 གཟུགས། །དུག་ལྔས་མནན་པའི་འགྲོ་ལ་གཟིགས། །དུག་ལྔ་ཐམས་ཅད་ཟད་པར་མཛད། ། ཅེས་པ་(ཞེ་སྡང་སོགས་ལ་)སོ་སོར་སྦྱར་བ་ཡབ་(ལྔ་ཡེ་ཤེས་)ལྔའི་(ངོ་བོར་)དག་པ་དང༌། བྱམས་པ་ ཙར་ཙི་ཀར་གསུངས་ཏེ། ཕག་མོ་དེ་བཞིན་སྙིང་རྗེའོ། །དབྱངས་ཅན་དགའ་བར་ཤེས་བྱ་སྟེ། ། བཏང་སྙོམས་གཽ་རིའི་གཟུགས་སུའོ། །ཞེས་པ་ཡུམ་བཞིའི་(ཚད་མེད་བཞིའི་ངོ་བོར་)དག་པ་དང༌། ཆགས་སོགས་གཞན་འགྱུར་སྐུ་མདོག་དམར། །དུས་གསུམ་མཁྱེན་པས་སྤྱན་གསུམ་པ། ། (དངོས་པོ་དང་དངོས་མེད་ཀྱི་)མཐའ་གཉིས་རྟོག་སྤངས་ཕྱག་གཉིས་ཏེ། །ཐབས་དང་ཤེས་རབ་(ཡབ་ ཡུམ་)མཉམ་པར་སྦྱོར། །ཞེས་པ་ཁྱད་པར་གཙོ་བོའི་དག་པ་རྣམས་རྒྱུད་ཀྱི་དོན་བསྡུས་པ་ལྟར་ དྲན་པར་བྱའོ། །(ཡི་དམ་ཞུ་བ་ལས་བྱུང་བར་)དེ་ནས་བྱིན་གྱིས་བརླབ་པའི་ཕྲེང་བ་བཟུང་ལ། ཐུགས་ ཁའི་སྔགས་ཀྱི་ཧཱུཾ་ལས་སྔགས་ཀྱི་ཕྲེང་བ་འོད་ཟེར་འབར་བ་ཁྲོ་བོའི་ཚོགས་དང་བཅས་པ་ འཕྲོས་པས་སེམས་ཅན་གྱི་དོན་བྱས། སླར་འདུས་རང་ཉིད་ལ་ཐིམ་པས་ཞི་རྒྱས་ལ་སོགས་ པའི་ཕྲིན་ལས་གྲུབ་པར་མོས་པའམ། ཡབ་ཡུམ་གྱི་སྟེང་འོག་གི་སྒོ་དག་ལས་སྔགས་ཀྱི་ཕྲེང་ བ་འཁོར་བའི་མོས་པའམ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་སྙིང་པོ་ནས་བསྐུལ་ཞིང་ གསོལ་བ་འདེབས་པའི་བསམ་པས། ༀ་ཧྲཱིཿཥྚཱིཿ་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་(རྣམ་པར་འགྱུར་པའི་ ཞལ་ཅན་)ཕཊ་ཕཊ་སྭཱཧཱ། ཞེས་པ་སྙིང་པོའི་སྔགས་དང༌། ༀ་ཧཽ་ཀྵཽཾ་(ཟ་བར་བྱེད་པ་)ཀྵཾ་ཡཾ་ཀ་རཱ་ཡ། གྲིཧྣ་(ཟུང་གཉིས་)གྲིཧྣ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ཉེ་བའི་སྙིང་པོ། ༀ་ཡ་མན་ཏཱ་ཀྲི ཏྟ་ཧཱུཾ་ཧཱུཾ་ཕཊ་ ཅེས་པ་ཐུགས་ཀྱི་སྙིང་པོའི་རྣལ་འབྱོར་དབང་ཕྱུག་གསུང་ངོ༌། །ༀ་མ་ཧཱ་ཡཀྵ་སེ་ན་ཨ་དྷི་པ་ཏ་ ཡེ་(གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་)མ་ཧཱ་དུར་དཱན་ཏ་ད་མ་ཀཱ་ཡ་ནཱ་ཤ་(གདུལ་དཀའ་འདུལ་བ་པོ། )ཡ་ནཱ་ཤ་ ཡ་བི་ཏྲ་པ་(གཞོམ་པར་མཛོད་གཉིས་)ཡ་བི་ཏྲ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ཕྲེང་བའི་སྔགས་ དང་ༀ་དྭེ་(ཞེ་སྡང་དགའ་མ་)ཥ་ར་ཏེ་ནུ་ཏ་ནུ་ཏ་(ཆོམ་གཉིས)དྲུ་ཊ་དྲུ་ཊ་(ཆོད་གཉིས)ཧཱུཾ་ཛཿསྭཱཧཱ། ཞེས་པ་ གཙོ་མོའི་སྔགས་དང༌། ༀ་མོ་ཧཱན་ཏ་ཀྲི ཏྟ་(གཏི་མུག་མཐར་བྱེད་)ཧཱུཾ་ཧཱུཾ་ཕཊ། ༀ་པི་ཤུ་ནཱན་ཏ་(ཕྲ་མ་ 7-1-329 མཐར་བྱེད་)ཀྲི ཏྟ་ཧཱུཾ་ཧཱུཾ་ཕཊ། ༀ་རཱ་གཱན་ཏ་(འདོད་ཆགས་མཐར་བྱེད་)ཀྲི ཏྟ་ཧཱུཾ་ཧཱུཾ་ཕཊ། ༀ་ཨཱིར་ཥྱན་ཏ་ (ཕྲག་དོག་མཐར་བྱེད་)ཀྲི ཏྟ་ཧཱུཾ་ཧཱུཾ་ཕཊ། ཞེས་པ་དཔའ་བོ་བཞིའི་སྔགས་དང༌། ༀ་མོ་ཧཱ་ར་ (གཏི་མུག་དགའ་མ་)ཏི་ཧཱུཾ་ཛཿ ༀ་པི་ཤུ་ན་(ཕྲ་མ་དགའ་མ་)ར་ཏི་ཧཱུཾ་ཛཿ ༀ་རཱ་ག་རཱ་(འདོད་ཆགས་དགའ་མ་) ཏི་ཧཱུཾ་ཛཿ ༀ་ཨཱིར་ཥྱ་ར་(ཕྲག་དོག་དགའ་མ་)ཏི་ཧཱུཾ་ཛཿ ཞེས་པ་དཔའ་མོ་བཞིའི་སྔགས་རྣམས་ཇི་ སྲིད་མི་སྐྱོ་བའི་བར་དུ་བཟླས་པར་བྱའོ། །དེ་ནས་ཕྱིའི་མཆོད་པ་རྣམས་(ནང་མཆོད་)སྔ་མ་ བཞིན་བསངས་ཞིང་སྦྱངས་ཏེ། སྟོང་པའི་ངང་ལས་ཨཱཿལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་ རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བ་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་ བསིལ་མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། སིལ་སྙན་རྣམས་དྭངས་ ཤིང་ཐོགས་པ་མེད་པ། ཡུལ་ས་དང་བར་སྣང་ཐམས་ཅད་ཁྱབ་པ་དུས་འཁོར་བ་ཇི་སྲིད་མ་ སྟོང་གི་བར་དུ་འབྱུང་བ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། བཀོད་པ་བསམ་གྱིས་མི་ཁྱབ་པ་འཕགས་ པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་ ལ། ཨརྒྷཾ་པྲ་ཏིཙྪ་ཨཱཿ་ཧཱུཾ། ཞེས་པ་ལ་སོགས་པའི་མཐར། ༀ་ཨཱཿཧཱུཾ། ཞེས་བརྗོད་པ་བྱིན་གྱིས་ བརླབ་པོ། །དེ་བཞིན་དུ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསངས་ཤིང་སྦྱངས་ཏེ། སྟོང་པའི་ ངང་ལས་སྲུང་བའི་འཁོར་ལོ་དང་ཆོས་འབྱུང་གི་ནང་དུ་འབྱུང་བ་རིམ་བརྩེགས་རི་རབ་དང་ བཅས་པའི་སྟེང་གི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་སྣ་ཚོགས་པད་མ་འདབ་བརྒྱད་ལྟེ་ བར་ཉི་མའི་དཀྱིལ་འཁོར་དང་བཅས་པ། དབུས་དང་ཕྱོགས་བཞིར་བཅོམ་ལྡན་འདས་ དཔལ་གཤིན་རྗེ་གཤེད་རྒྱལ་བ་རིགས་ལྔ་ཡུམ་དང་བཅས་པ། མཚམས་བཞིར་བུམ་པ་ བདུད་རྩིས་གང་བ་ཐོད་པས་བརྒྱན་པ་སྐད་ཅིག་གིས་གསལ་བར་བསྐྱེད་དེ། རྒྱས་པ་ལ་མོས་ ན་སོ་སོའི་མཚན་ནས་བརྗོད་ཅིང་དབང་བསྐུར་བ་དང༌། ཡེ་ཤེས་པ་གཞུག་པའི་བར་སྔ་མ་ བཞིན་བྱས་ལ། གཞན་ཡང་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ 7-1-330 ཏུ་མེད་པ་རྣམས། ༀ་བཛྲ་(རྡོ་རྗེ་འབྱུང་བ་)ས་མཱ་ཛཿཞེས་པ་ལ་སོགས་པས་སྤྱན་དྲངས་ནས་མདུན་ གྱི་ནམ་མཁའ་ཐམས་ཅད་གང་བའི་ཚུལ་གྱིས་བཞུགས་པར་མོས་པ་བྱའོ། །དེ་ནས་སྤྱིའི་ མཆོད་པ་ནི། འཛམ་བུ་གླིང་དང་གླིང་གཞན་ན། །མཆོད་ཡོན་གྱིས་ནི་རབ་བཀང་བ། །སྟོང་ གསུམ་ལ་སོགས་དེ་བཞིན་ཏེ། །ཁྲོ་བོ་གཤིན་རྗེ་གཤེད་ལ་འབུལ། །ཞེས་པ་ནས། སིལ་སྙན་ གྱིས་ནི་རབ་བཀང་བ། །ཞེས་པའི་བར་དུ་འདོན་པ་བསྒྱུར་བ་རྣམས་སྔར་བཤད་པའི་སྔགས་ དང་བཅས་ཏེ་དབུལ་བར་བྱའོ། །སིལ་སྙན་གྱི་སྐབས་སུ་ནི། ༀ་བཛྲ་དྷརྨཱ་(ཆོས་ཀྱི་སྒྲ་)ར་ཎི་ཏ། པྲ་ར་ཎི་(རབ་ཏུ་སྒྲོགས་པ་)ཏ། སཾ་པྲ་ར་ཎི་(ཡང་དག་པར་རབ་ཏུ་སྒྲོགས་པ་)ཏ། སརྦ་བུདྡྷ་(སངས་རྒྱས་ཀྱི་ཞིང་ ཐམས་ཅད་དུ་)ཀྵེ་ཏྲ། པྲ་ཙ་ལི་(རབ་ཏུ་གཡོ་བར་བྱེད་པ)ནེ། པྲད་ཛྙཱ་པ་ར་(ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་)མི་ ཏ། ནཱ་ད་སྭ་བྷ་ཝེ་(སྒྲའི་རང་བཞིན་)བཛྲ་སཏྭ་(རྡོ་རྗེ་སེམས་དཔའི་)ཧྲི་ད་ཡ་སན་ཏོ་ཥ་(ཐུགས་མཉེས་པར་བྱེད་ པ་)ནི། ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱཧཱ། ཞེས་ཀྱང་བརྗོད་པར་བྱ་ཞིང༌། གཞན་ཡང་རིན་ཆེན་སྣ་བདུན་ (གྱིས་རབ་བཀང་བ་)དང༌། འདོད་ཡོན་ལྔ་དང༌། གོས་དང་རྒྱན་ལ་སོགས་པ་རྣམས་དང༌། སཔྟ་ རཏྣ། པཉྩ་ཀ་མ་གུ་ཎ། ཝསྟྲ་ཨཱ་བྷཱ་ར་ཎ་རྣམས་ཀྱི་མགོ་བོར་ༀ་ལ་སོགས་པ་དང༌། མཇུག་ཏུ་ བཛྲ་པཱུ་ཛི་ཏེ་ཨཱཿ་ཧཱུཾ་ཞེས་སྦྱར་བས་དབུལ་ལོ། །དེ་བཞིན་དུ་ནང་མཆོད་སྔ་མ་ལྟར་བྱིན་གྱིས་ རླབ་པས་ཀྱང་རྒྱས་པར་མཆོད་ཅིང༌། རྡོ་རྗེ་དྲིལ་བུ་འཛིན་པས་བསྟོད་པ་བྱ་སྟེ། ཀྱེ་ཀྱེ་གཤིན་ རྗེ་གཤེད་དམར་པོ། །ཞེས་པ་ལ་སོགས་པ་སྔར་བཤད་པ་རྣམས་དང༌། གཞན་ཡང༌། མཆོག་ སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པ་ཇི་ལྟར་རིགས་པའི་ཚིག་རྣམས་ཀྱིས་དོན་ ཡིད་ལ་དྲན་པས་སོ། །དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། ༀ་ཛཿཧཱུཾ་བཾ་ ཧོཿ ཞེས་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁའི་གནས་སུ་སྤྱན་དྲངས་ཏེ། ༀ་ ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་སརྦ་དུཥྚན་ཨིནྟྲ་ཏྲིན་ས་པ་རི་ཝཱ་རན་ཨ་ཀར་ཥ་ཡ་ (གདུག་པ་ཅན་དབང་པོ་ལ་སོགས་པ་འཁོར་དང་བཅས་པ་ཐམས་ཅད་ཁུག་ཅིག་)ཛཿཞེས་ 7-1-331 བརྗོད་ཅིང༌། ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་སྤྲོས་པས། (ཕྱོགས་བཞི་)དབང་པོ་(སེར་ པོ་རྡོ་རྗེ་ཅན་)གཤིན་རྗེ་(སྔོན་པོ་དབྱུག་པ་ཅན་)ཆུ་ལྷ་(དཀར་པོ་སྦྲུལ་ཞགས་འཛིན་པ་)གནོད་སྦྱིན་(སེར་པོ་ནེའུ་ འཛིན་པ་)དང༌། །(མཚམས་བཞིར་)དབང་ལྡན་(དཀར་པོ་རྩེ་གསུམ་ཅན་)མེ་ལྷ་(དམར་པོ་རིལ་བ་ཅན་)སྲིན་པོ་ (ནག་པོ་གྲི་གུག་ཐོད་པ་)རླུང་ལྷ་(དུད་ཁ་རླུང་རས་ཅན་)དང༌། །(སྟེང་དུ་)ཟླ་བ་(དཀར་པོ་ཀུ་མུད་ཅན་)ཉི་མ(དམར་ པོ་ཉི་མ་ཅན་)ཚངས་(སེར་པོ་སྤྱི་བླུག་ཅན་)པ་(འོག་ཏུ་)ས་(སེར་མོ་བུམ་པ་ཅན་)ཡི་ལྷ་མོ། །ཐགས་བཟང་(སྔོན་ པོ་རལ་གྲི་ཅན་)རིས་དང་ཉེ་(དབང་པོའི་གཡོན་དུ་)དབང་(ལུས་ངན་གཡོན་དུ་)ཚོགས་བདག་(ནག་པོ་འཁོར་ལོ་ ཅན་)སོགས(དཀར་པོ་ཕྲེང་སོགས་ཅན་)། །ཕྱོགས་སྐྱོང་འབྱུང་པོའི་ཚོགས་དང་བཅས་པ་རྣམས། ། བྱོན་ནས་དཀྱིལ་འཁོར་ཆེན་པོའི་ཕྱོགས་བཅུར་བཞུགས། །ཞེས་པ་ལྟར་བཀུག་ནས། སླར་ ཡང༌། ༀ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སརྦ་དུཥྚན་ཨིནྟྲ་ཏྲིན་ས་པ་རི་ཝཱ་རྭན་ཀི་ལ་ ཡ་(ཕུར་བས་ཐོབ་ཅིག་)ཧཱུཾ་ཕཊ། ཅེས་བརྗོད་ཅིང་ཁྲོ་བོ་རྣམས་ཀྱིས་(སྤྱི་བོ་ནས་རྐང་བའི་བར་དུ་)ཕུར་བུས་ བཏབ་པ་དང༌། གྲུབ་པའི་དངུལ་ཆུས་བཅུད་ཀྱིས་རེག་པ་ན། །ལྕགས་རྣམས་གསེར་དུ་འགྱུར་ བ་ཇི་བཞིན་དུ། །རྡོ་རྗེ་ཕུར་བུས་རེག་པ་ཙམ་གྱིས་ཀྱང༌། །ཕྱོགས་སྐྱོང་འཁོར་བཅས་གཤིན་ རྗེ་གཤེད་དུ་འགྱུར། །ཞེས་པ་ལྟར་ཐམས་ཅད་གཤིན་རྗེ་གཤེད་ཡབ་ཡུམ་དུ་གྱུར་པའི་གནས་ གསུམ་དུ། ༀ་ཨཱཿཧཱུཾ་བཀོད་ནས་(ༀ་སརྦ་ཞེས་སོགས་ཀྱིས་)དབང་བསྐུར་ཏེ་གཙོ་བོས་དབུ་བརྒྱན་ པར་བསྒོམ་ཞིང༌། ཐམས་ཅད་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཀྱིས་བདུད་རྩི་དྲང་ནས་ གསོལ་བས་མཉེས་པར་བསམ་ལ། ༀ་(དམར་པོ་ཅོད་པན་ཅན་)རཀྟ་མུ་ཀུ་ཊཱ་ཡ། (དམར་པོ་རལ་པ་ཅན་) རཀྟ་ཛ་ཊཱ་ཡ། རཀྟ་མུ་(དམར་པོའི་ཞལ་ཅན་)ཁཱ་ཡ། རཀྟ་ཥ་རི་རཱ་ཡ(དམར་པོའི་སྐུ་ཅན་)། རཀྟ་བྷཱུ་ཛ་ ཡ(དམར་པོའི་ཕྱག་ཅན་)། རཀྟ་མུནྟྲ་མཱ་ལ་ཨཱ་བྷ་ར་ཎ་ཡ(དམར་པོའི་མགོ་བོ་ཕྲེང་བས་བརྒྱན་པ་ཅན་)། རཀྟ་ ར་ཐས་མ་རཱུ་ཌྷ་ཡ(དམར་པོའི་བཞོན་པ་ལ་མཉམ་པར་གནས་པ་ཅན་)། རཀྟ་པད་མ་ཨཱ་ས་ན་ཡ(དམར་པོ་ པད་མའི་གདན་ཅན་)། རཀྟ་ཨཱ་བྷ་ར་ཎ་བྷུ་ཥ་ཎ་ཡ(དམར་པོའི་རྒྱན་གྱིས་བརྒྱན་པ་ཅན་)། ཨི་དཾ་བྷ་ལིཾ་ 7-1-332 གྷྲི ཧྣ་(གཏོར་མ་ཟུང་ཟུང་)གྷྲི ཧྣ་མ་མ་(བདག་ཉིད་)བིགྷ་ནཾ(བགེགས་རྣམས་)། ཧ་ར་ཧ་ར་(ཕྲོགས་ཕྲོགས)ཙ་ ཏུར་མཱ་ར་ནི་(བདུད་བཞི་པོ་རྣམས་)བ་ར་ཡ་ནི་བ་ར་ཡ(བྲལ་བར་མཛོད་གཉིས་)། ཏྲ་ས་ཡ་ཏྲ་ས་ཡ(སྐྲག་པར་ མཛོད་གཉིས་)། བྷྲ་མ་ཡ་བྷྲ་མ་ཡ(བསྐོར་ཅིག་གཉིས་)། ཚིན་ད་ཚིན་ད(གཏུབ་གཏུབ་)། བྷིན་དྷ་བྷིན་ དྷ(ཕུག་ཕུག་)། ནཱ་ཤ་ཡ་ནཱ་ཤ་ཡ(ཉམས་པར་གྱིས་ཉམས་པར་གྱིས་)། ཤོ་ཥ་ཡ་ཤོ་ཥ་ཡ(སྐོ མས་ཅིག་སྐོ མས་ ཅིག)། ཚེ་ད་ཚེ་ད(ཆོད་ཅིག་ཆོད་ཅིག)། བྷེ་ད་བྷེ་ད(ཕྱེ་ཅིག་ཕྱེ་ཅིག)། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པའི་ཡི་ དམ་དང༌། ༀ་ཨཱིནྟྲ་ཡ་ན་མཿ(དམར་པོའི་ཆེད་དུ་མཆོད་)ཧྲིཿ ཡ་མ་ཡ་ན་མཿ(གཤིན་རྗེའི་ཆེད་དུ་མཆོད་)ཥྚཱིཿ ཝཱ་རུ་ཎཱ་ཡ་ན་མཿ(ཆུ་བདག་གི་ཆེད་དུ་མཆོད་)ཝིཿ ཀུ་ཝེ་ར་ཡ་ན་མཿ(ལུས་ངན་པོའི་ཆེད་དུ་མཆོད་)ཀྲིཿ ཨི་ཤ་ ན་ཡ་ན་མཿ(དབང་ལྡན་ལ་མཆོད་དོ་)ཏཿ ཨག་ན་ཡ་ན་མཿ(མེ་ལྷ་ལ་མཆོད་དོ་)ཨཿ ནིརྟྱི་ཡ་ན་མཿ(བདེན་ བྲལ་ལ་མཆོད་དོ། །)ན། ཝ་ཡཱ་ཝེ་ཡེ་ན་མཿ(རླུང་ལྷ་ལ་མཆོད་དོ་)ན། ཙནྟྲ་ཡ་ན་མཿ(ཟླ་བ་ལ་མཆོད་དོ་)ཧཱུཾ། ཨཱའ་ཀར་ཡ་ན་མཿ(ཉི་མ་ལ་མཆོད་དོ་)ཧཱུཾ། བྷྲཧྨ་ཎཻ་ན་མཿ(ཚངས་པ་ལ་མཆོད་དོ་)ཕཊ། བ་སུན་དྷ་ར་ཡེ་ ན་མཿ(ནོར་འཛིན་མ་ལ་མཆོད་དོ་)ཕཊ། བཻ་མ་ཙིཏྲ་ཎི་ན་མཿ(ཐགས་བཟང་རིས་ལ་མཆོད་དོ་)སྭཱ། སརྦ་བྷུ་ཏེ་ བྷྱོ་ན་མཿ(འབྱུང་པོ་ཐམས་ཅད་ལ་མཆོད་དོ་)ཧཱ་ཧཱ་ཧཱ་ཧཱ། ཧཱི་ཧཱི་ཧཱི་ཧཱི་ཧཱུཾ་ཧཱུཾ་ཧཱུཾ་ཕེཾ་ཕེཾ་ཕེཾ་སྭཱཧཱ། ཞེས་པ་ལན་ གསུམ་ལ་སོགས་པས་དབང་པོ་ལ་སོགས་པ་རྣམས་ལ་དབུལ་བར་བྱའོ། །སླར་ཡང་ཨརྒྷཾ་ལ་ སོགས་པས་མཆོད་ཅིང༌། རྡོ་རྗེ་དང་དྲིལ་བུ་འཛིན་པས། གཏི་མུག་རྡོ་རྗེ། ཞེས་པ་ལ་སོགས་ པས་བསྟོད་དེ། མངོན་པར་འདོད་པའི་དོན་གསོལ་བ་བཏབ་ལ། ཡི་གེ་བརྒྱ་པས་ལྷག་ཆད་ ལ་སོགས་པའི་ཉེས་པ་རྣམས་བཟོད་པར་གསོལ་ཞིང༌། ཧ་ཧཱཿཧེ་ཧཱེཿཧོ་ཧཱོཿཧཱུཾ་ཧཱུཾ། (བཞད་པ་བརྒྱད་ ཀྱི་སྔགས་སོ) ཞེས་ཀྱང་བརྗོད་དོ། ༀ་ཨཱཿཧཱུཾ་མུཿ ཞེས་པས་མགྲོན་རྣམས་གཤེགས་སུ་གསོལ་ལོ། ། དེ་བཞིན་དུ་ཆོས་སྐྱོང་གང་ལ་མོས་པ་དང་འབྱུང་པོ་སྤྱིའི་གཏོར་མ་ཡང་རང་རང་གི་ཆོ་ག་དང་ མཐུན་པས་དབུལ་བར་བྱའོ། །དེ་ནས་ཁ་ཟས་ཀྱི་རྣལ་འབྱོར་ནི། (སྡིག་པ་དང་མ་འདྲེས་པའི་)མཆོད་ པའི་ཡོ་བྱད་རྣམས་བསངས་སྦྱངས་བྱིན་གྱིས་བརླབས་པ་དང༌། ནང་མཆོད་བཞིན་བྱས་ལ། 7-1-333 ཕུད་ཀྱི་བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས་པ་རྣམས་མཆོད་དེ། རང་ཉིད་ལྷའི་རྣལ་འབྱོར་ དང་ལྡན་པས་(ལྟེ་བ་གཏུམ་མོའི་མེས་ལུས་གང་བའི་ནང་དུ་ཡི་དམ། ཁ་ཐབ་ཁུང་ལག་པ་དགང་བླུག་གཟར༌། ཁ་ཟས་ བསྲེགས་རྫས་སུ་བསམ་ལ་)ནང་གི་སྦྱིན་བསྲེག་གི་ཚུལ་དུ་ཇི་ཙམ་འཕྲོད་པ་ལོངས་སྤྱད་ནས་ཚིམ་ པའི་མཐར་ཡང༌། ༀ་ཁ་ཁ(ཟོ་ཟོ་)། ཁཱ་ཧི་ཁཱ་ཧི(བཟའ་བར་གྱིས་བཟའ་བར་གྱིས)། ཨུ་ཙིཥྚ་བ་ལིཾ་(ལྷག་ མའི་གཏོར་མ་) ཨུ་ཙིཥྚ་བྷཀྵ་བྷཀྵ་ཀ་(ལྷག་མ་ལ་སྤྱོད་ཅིང་སྤྱོད་པ་རྣམས་)སྭཱཧཱ། ཞེས་པས་ལྷག་མ་ལ་ དབང་བའི་འབྱུང་པོ་རྣམས་གཏོར་མས་ཚིམ་པར་བྱའོ། །དེ་ནས། ཏེཎྞ་ཧཱུཾ་ཏེཎྞ་ཧཱུཾ། ཏེཎྞ་ཏེ་ཏེ་ ཧཱུཾ། ཞེས་པ་ལ་སོགས་པའི་རྡོ་རྗེའི་གླུ་(ཀོལླ་ཨི་རི་ཊྠི་)དང༌། ཕུན་སུམ་འཚོགས་པ་ཞེས་པ་ལ་ སོགས་པའམ། སྟོན་མཆོག་དམ་པ་ཞེས་པ་ལ་སོགས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ དང༌། དགེ་བ་འདིའི་མྱུར་དུ་བདག །འཇམ་དཔལ་དཔའ་བོ་འགྲུབ་གྱུར་ནས། །འགྲོ་བ་ གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་པ་ལ་སོགས་པའི་བསྔོ་བ་སྨོན་ ལམ་རྣམས་ཀྱང་གཞན་དང་མཐུན་པར་བྱའོ། །སླར་ཡང་མཆོད་ཅིང་བསྟོད་ནས་བཟོད་པར་ གསོལ་ཏེ། བདག་ཉིད་བསྲུང་བ་རྣམས་ཀྱང་གཞན་དང་མཐུན་ཞིང༌། ཉལ་བའི་རྣལ་འབྱོར་ ནི། འོད་གསལ་དུ་བསྡུ་བ་དང་མཚུངས་ལ། ལྡང་བའི་ནལ་འབྱོར་ཡང་ཟུང་འཇུག་གི་སྐུ་ལྡང་ བ་དང་མཚུངས་ཏེ། ཁྲུས་ཀྱི་རྣལ་འབྱོར་ཡང་དབང་གི་སྐབས་དང་མཚུངས་པ་ཉིད་དོ། །སྤྱོད་ ལམ་ཐམས་ཅད་དུ་ཡང་རང་གཞན་ཐམས་ཅད་ཡི་དམ་གྱི་ངོ་བོར་ཤེས་པའི་སྒོ་ནས་སེམས་ ཅན་ལ་གནོད་པ་སྤོང་ཞིང་ཕན་པ་བསྒྲུབ་པ་ལ་སོགས་པ་དགེ་བའི་བྱ་བ་ཁོ་ན་ལ་ཅི་ནུས་ཀྱི་ འབད་པར་བྱའོ། །རིམ་གཉིས་རྣལ་འབྱོར་ལ་བརྟེན་ནས། །ཚོགས་གཉིས་བསྒྲུབ་ལ་འབད་ བྱས་ན། །དོན་གཉིས་མཐར་ཕྱིན་རྒྱལ་བ་ཡི། །སྐུ་གཉིས་གོ་འཕང་ཐོབ་པར་འགྱུར། །འདི་ ཡང་སློབ་མས་(སྨོན་ལམ་རྒྱལ་མཚན་ལ་སོགས་པ་རྣམས་ཀྱིས་)བསྐུལ་བའི་ངོར། །བློ་གྲོས་རྒྱལ་མཚན་ དཔལ་གྱིས་སྡེབས། །དགེ་བས་འགྲོ་ཀུན་ལམ་མཆོག་འདིར། །ཞུགས་ནས་འབྲས་བུ་མཆོག་ 7-1-334 ཐོབ་ཤོག །དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་རིམ་གཉིས་རབ་གསལ་ སྣང་བ་ཞེས་བྱ་བ་བོད་ཀྱི་པཎྜི་ཏ་མ་ཏིས་བཟང་ལྡན་ཡང་དགོན་དུ་སྦྱར་བའོ། །བསྟན་པ་དང་ སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག །དགེའོ། །ལན་གཅིག་ཞུས་པ་ཡིན། ཤུ་བྷཾ། ། འབྲས་སྤུངས་ཡིག་རྙིང་ཕྱི་ད ༧ 7-1-335 ༄༅། །གཤིན་རྗེ་གཤེད་དམར་པོའི་བསྐྱེད་རྫོགས་ཀྱི་མན་ངག་ བཞུགས་སོ། ། ༄༅། །ན་མོ་གུ་རུ་བྷྱ། བདུད་དཔུང་གཤིན་རྗེའི་ཚོགས་འཇོམས་འཇམ་དཔལ་ དབྱངས། །བིར་ཝ་ཌོམ་བི་ཝ་སོགས་འཕགས་ཡུལ་གྱི། །གྲུབ་ཆེན་རྣམས་དང་གློ་བོ་ལོ་ ཙྪ་བ། །ཆགས་ལོ་ལ་སོགས་བླ་མ་རྣམས་ལ་འདུད། །ཞེས་མཆོད་པར་བརྗོད་ནས་འདིར་ གང་བཤད་པར་བྱ་བ་ནི། སློབ་དཔོན་རྣལ་འབྱོར་དབང་ཕྱུག་བིར་ཝ་པའི་ལུགས་ཀྱི་གཤེད་ དམར་ལྷ་ལྔ་འདི་ཡིན་ལ། འདི་ལ་རྒྱུད་གང་ལ་རྟེན་ན། གངས་ཅན་དུ་འགྱུར་བའི་རྒྱུད་ལེའུ་ བཅུ་དགུ་པ་ལ་རྟེན་པར་འདོད་པ་ནི་འཐད་པ་མིན་ཏེ། རྒྱུད་དེ་ན་ཡེ་ཤེས་ཚོགས་བསགས་ལ་ སྔགས་གཅིག་ལས་མེད་ལ། སློབ་དཔོན་གྱི་གཞུང་འདིར། སྔགས་གསུམ་གསུངས་པའི་ཕྱིར། རྒྱུད་ལེའུ་ཉེར་གཉིས་པ་ལ་རྟེན་པ་ཡང་མ་ཡིན་ཏེ། དེར་ལྷ་སྔོན་[མངོན]བྱང་ལས་སྐྱེད་པར་ མཛད་ལ། སློབ་དཔོན་གྱི་རྡོ་རྗེའི་ཆོ་ག་གསུམ་ལས་སྐྱེད་པར་མཛད་པས་སོ། །སློབ་དཔོན་ གྱི་འཁྲུལ་འཁོར་གྱི་འཕྲེང་བར་སྟན་[བསྟན]པ་ལྟར། འཕགས་ཡུལ་ན་རྒྱུད་རྒྱས་པ་འབུམ་ ཕྲག་གསུམ་པ་གཅིག་ཡོད་པས། དེ་ལ་རྟེན་ནས་སློབ་དཔོན་གྱི་གཞུང་ཆེ་ཆུང་གཉིས་མཛད་ པ་དེ་དག་གི་དགོངས་པ་ཇི་ལྟ་བ་བཞིན་སྟོན་པ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་ ཀུན་དགའ་བཟང་པོ་དང༌། བུ་སྟོན་ཐམས་ཅད་མཁྱེན་པའི་ལུགས་གཉིས་ལས། འདིར་རྗེ་ བཙུན་ཀུན་དགའ་བཟང་པོའི་ལུགས་འདི་ཇི་ལྟ་བར་སྟོན་པར་བྱེད་དོ། ། དེ་ལ་སྤྱི་དོན་དང་གཞུང་དོན་གཉིས་ལས། དང་པོ་ལ། སངས་རྒྱས་ཀྱི་གསུངས་གཞི་ 7-1-336 ལམ་འབྲས་བུའི་ཆོས་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་བསྐྱེད་པའི་རིམ་པ་དང༌། དོན་ དམ་གྱི་བདེན་པ་རྫོགས་པའི་རིམ་པ་གཉིས་སུ་འདུས་ཏེ། གསང་འདུས་ལས། སངས་རྒྱས་ རྣམས་ཀྱི་ཆོས་བསྟན་པ། རིམ་པ་གཉིས་ལ་ཡང་དག་རྟེན། དེ་བཞིན་བསྐྱེད་པའི་རིམ་པ་ དང༌། རྫོགས་པ་ཡི་ནི་རིམ་པའོ། །ཞེས་གསུངས། དེས་ན་རིམ་པ་གཉིས་པོ་ཟུང་འཇུག་དུ་ སྒོམ་པ་འདི། རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་སྙིང་པོ་ཡིན་ཏེ། བསྐྱེད་རྫོགས་གཉིས་པོ་ སྤང་བྱ་ཡང་གཉིས། ཐོབ་བྱ་ཡང་གཉིས། ངོ་བོ་རྟེན་དང་བརྟེན་པ་ཡིན་པའི་ཕྱིར་རོ། །སྤང་ བྱ་གཉིས་ནི། བསྐྱེད་རིམ་གྱི་ཐ་མལ་གྱི་རྣམ་རྟོག་སྦྱོང༌། རྫོགས་རིམ་གྱི་གྱ་ནོམ་ལྷར་ཞེན་གྱི་ རྣམ་རྟོག་སྦྱོང་ལ། ཐ་མལ་རྣམ་རྟོག་ལ་རྒྱུ་ལས་དང༌། ཉོན་མོངས་པ་དང༌། འབྲས་བུ་བདག་ དང༌། བདག་གིར་འཛིན་པ་གཉིས་ལས་དང་པོ་ནི། ལྷ་ཁྲོ་བོའི་རྣམ་པས་ཞེ་སྡང་སྦྱོང༌། ཡུམ་ དང་སྦྱོར་བས་འདོད་ཆགས་སྦྱོང༌། རྒྱན་གྱི་རྒྱན་ཞིང་སྣང་ལ་རང་བཞིན་མེད་པས་གཏི་མུག་ སྦྱོང་ངོ༌། ། གཉིས་པ་འབྲས་བུ་བདག་དང་བདག་གིར་འཛིན་པ་ལ་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ ཁང་སྒོམ་པས་སྦྱོང༌། བཅུད་ཀྱི་སེམས་ཅན་ལྷ་སྒོམ་པས་སྦྱོང་ངོ༌། །དེ་ནས་ལྷ་སྒོམ་པའི་ལྷའི་ ཞེན་པ་དེ་དག་རྫོགས་རིམ་སྤྲོས་མེད་རྣམ་པར་མི་རྟོགས་པས་སྦྱོང་ངོ༌། ། གཉིས་པ་ཐོབ་བྱ་ལ། བསྐྱེད་རིམ་བསྒོམས་པས་གཟུགས་སྐུ་ཐོབ་པར་བྱེད་དོ། །རྫོགས་ རིམ་བསྒོམས་པས། ཆོས་སྐུ་ཐོབ་པར་བྱེད་དོ། གསུམ་པ་ངོ་བོ་རྟེན་དང་རྟེན་པ་ནི། མེ་ཏོག་ མེད་ན། མེ་ཏོག་གི་དྲི་མི་འབྱུང་བ་ལྟར། རྟེན་བསྐྱེད་རིམ་མེད་ན། རྟེན་པ་རྫོགས་རིམ་མི་ འབྱུང་བས། རིམ་གཉིས་འགྲེལ་པ་ཅན་དུ་བསྒོམ་མོ། བསྐྱེད་རྫོགས་གཉིས་དུས་ནམ་གྱི་ ཚེ་སྒོམ་ན། ལས་དང་པོ་པས། རྣམ་གཡེང་ཆུང་བའི་སར་མཚན་མོ་སྒོམ། སེམས་ཅུང་ཟད་ བསྟན་[བརྟན]ན་ཐུན་བཞི་ལ་སོགས་པ་སྒོམ། བརྟན་པ་ཆེར་ཐོབ་ནས་དུས་དང་གནས་ 7-1-337 སྐབས་ཐམས་ཅད་དུ་སྒོམ་པར་བྱེད་དོ། །གནས་གང་དུ་བསྒོམ་ན། ལས་དང་པོ་པས། རང་གི་ ཁྱིམ་ལ་སོགས་པ་གནས་ཡིད་དུ་འོང་བའི་སར་བསྒོམ། སེམས་ཅུང་ཟད་བརྟན་ན། དུར་ཁྲོད་ དང་བས་མཐའ་རྣམས་སུ་བསྒོམ། བརྟན་པ་ཐོབ་ནས། ཕོ་བྲང་དང༌། ཚོང་དུས་དང༌། ལམ་ གྱི་བཞི་མདོ་ལ་སོགས་ཐམས་ཅད་དུ་བསྒོམ། བསམ་པ་ཇི་ལྟ་བས་བསྒོམ་ན། སེམས་ཅན་གྱི་ དོན་དུ་སངས་རྒྱས་ཐོབ་པའི་ཕྱིར་བསྒོམ་མོ། ། གཉིས་པ་གཞུང་དོན་ལ། མཉམ་པར་བཞག་པའི་རྣལ་འབྱོར་དང༌། མཉམ་པར་མ་ བཞག་པའི་རྣལ་འབྱོར་གཉིས་ལས། དང་པོ་ལ་བསྐྱེད་རིམ་དང༌། རྫོགས་རིམ་གཉིས་ལས། དང་པོ་ལ། སྔོན་འགྲོ། དངོས་གཞི་རྗེས་དང་གསུམ། དང་པོ་ལ། ཐུན་མོང་གི་སྔོན་འགྲོ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་ལས། དང་པོ་ལ། སྐྱབས་འགྲོ། སེམས་བསྐྱེད། རྡོ་ རྗེ་སེམས་དཔའི་རྣལ་འབྱོར་གསུམ། དང་པོ་ནི་རང་གི་མདུན་དུ་གཤེད་དམར་ལྷ་ལྔ་སྒོམ་ པ་ནི། སྐྱབས་ཡུལ། སྐྱབས་སུ་འགྲོ་བ་པོ་བདག་དང་སེམས་ཅན་ཐམས་ཅད། དུས་ད་ནས་ སངས་རྒྱས་མ་ཐོབ་ཀྱི་བར་དུ། རྒྱུ་དཀོན་མཆོག་གསུམ་ལ་དད་པ། འཁོར་བའི་སྡུག་བསྔལ་ ལ་འཇིགས་པ། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་བསམ་པས་སྐྱབས་འགྲོ་བྱེད། གཙོ་བོ་དང་བླ་མ་ཐ་མི་དད་པ་ནི་བླ་མ་དང༌། སངས་རྒྱས། དེའི་ཐུགས་རྒྱུད་ཀྱི་ལུང་རྟོགས་ཀྱི་ ཡོན་ཏན་ནི་ཆོས། འཁོར་གྱི་ལྷ་རྣམས་དགེ་འདུན་ནོ། །སྐྱབས་འགྲོའི་མཇུག་ཏུ་དཀོན་མཆོག་ གསུམ་པོ་འོད་ཞུ་ནས་རང་གི་གནས་གསུམ་དུ་ཐིམ་པས་དཀོན་མཆོག་གསུམ་དང༌། རང་གི་ ལུས་ངག་ཡིད་གསུམ་དབྱེར་མེད་པའི་སེམས་སྤྲོས་མེད་ཀྱི་ངང་ལ་བཞག སྦྱང་བྱ་མ་དག་ པའི་དྲི་མ་རྣམས་དང་ལྷག་པར་སོ་ཐར་དང་འགལ་བའི་ཉེས་པ་རྣམས་སྦྱོང་བྱེད་སྐྱབས་འགྲོ་ བྱས་པས་དག་ནས། སྦྱང་འབྲས་སྐུ་གསུམ་མངོན་དུ་གྱུར་པའོ། ། གཉིས་པ་སེམས་བསྐྱེད་ལ། སེམས་ཅན་ཐམས་ཅད་ཀྱི་དོན་སངས་རྒྱས་ཐོབ་པར་བྱ་ 7-1-338 སྙམ་པའི་སེམས་དུང་པ་བྱེད་ལ། སྦྱང་བྱ་མ་དག་པ་རྣམས་དང༌། ལྷག་པར་རང་དོན་ཡིད་ བྱེད་ཀྱི་བློ། བྱང་སྡོམ་དང་འགལ་བའི་ཉེས་པ་རྣམས། སྦྱོང་བྱེད་སེམས་བསྐྱེད་ཀྱི་སྦྱངས་ནས། འབྲས་བུ་སྐུ་བཞི་མངོན་དུ་འགྱུར་རོ། །གསུམ་པ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ། རང་ཡི་ དམ་དུ་བསྒོམས་པའི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཕ་རྒྱུད་ལྟར་བསྒོམ། དེ་ལ་དབང་བཞི་ལེན་ ཚུལ་གྱི་སྒྲིབ་པ་སྦྱོང་བ་ལ་སེམས་གཏད་ལ། ཡིག་བརྒྱ་བཟླས་བཤགས་བསྡམས་བྱས་ལ། རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པའི་རང་དང་རྡོ་རྗེ་སེམས་དཔའ་དབྱེར་མེད་པའི་སྤྲོས་མེད་ ཀྱི་ངང་དུ་བཞག་གོ ། གཉིས་པ་ཐུན་མོང་མིན་པའི་སྔོན་འགྲོ་ལ། བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ ཚོགས་བསོག་པ་གཉིས། དང་པོ་ལ། ཡུལ་དག་པ་ལ་ཚོགས་བསགས་པ་དང༌། ཡུལ་མ་དག་ པ་ལ་ཚོགས་བསགས་པ་གཉིས། དང་པོ་ནི་རང་སྐད་གཅིག་གིས་གཤིན་རྗེ་གཤེད་དམར་དུ་ གསལ་བའི་ཐུགས་ཁ་ནས། འོད་ཟེར་ཁ་དོག་ལྔ་སྣ་བུག་ནས་འབྱུང་བ་ལྔའི་རླུང་དང་སྡོངས་ ནས་སྤྲོས་དེ། དེས་ཚོགས་ཞིང་སྤྱན་དྲངས་ལ། ན་མོ་གུ་རུ་བྷྱ། ཅེས་བླ་མ་ལ་ཕྱག་བྱ། དེ་ནས། ན་མ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱི་ཡི་དམ་ལ་ཕྱག་བྱ། དེ་ནས་རང་གི་ཐུགས་ཁ་ནས་མཆོད་པའི་ ལྷ་མོ་སྤྲོས་ལ། ཨརྒྷཾ་སོགས་ཀྱི་མཆོད་ལ་དེ་ནས། ཡན་ལག་བདུན་པའི་སེམས་བསྐྱེད་བཟུང་ ངོ༌། ། གཉིས་པ་མ་དག་པ་ལ་བསགས་པ་ནི། སེམས་ཅན་ཐམས་ཅད་ལ་དམིགས་ནས་ཚད་ མེད་བཞི་བསྒོམ་པར་བྱའོ། །གཉིས་པ་ཡེ་ཤེས་ཚོགས་བསགས་པ་ནི། བསོད་ནམས་ཀྱི་ ཚོགས་བསགས་པས། དེས་སྦྱང་བྱ་རིགས་དྲུག་གི་རྟེན་ལ། ལས་སྣ་ཚོགས་བསོག་པ་དེ་ སྦྱངས་ནས། ལས་བསོག་འཕྲོ་ལ་མཆི་བ་དེ་སྦྱང་བའི་ཕྱིར་ཡེ་ཤེས་ཀྱི་ཚོགས་བསོགས་ བསྒོམ་ལ། འཆི་བའི་དུས་ཀྱི་འབྱུང་བ་ཐིམ་རིམ་ལྟར་བསྒོམ་པར་བྱ་སྟེ། རང་གི་སྙིང་ཁའི་ཧཱུྃ་ 7-1-339 ལས་འོད་འཕྲོས་ཞེས་པ་ནས། ༀ་སྭ་བྷཱ་ཝའི་བར་གྱི་ཕྱི་རོལ་གྱི་སྣོད་བཅུད་ཐམས་ཅད་རང་ གི་སེམས་ལ་ཐིམ་པར་བསྒོམ། བཟུང་ཡུལ་མ་གྲུབ་པས་ཞེས་པ་ནས། ༀ་ཡོ་ག་ཤུདྡྷ་ཅེས་ པའི་བར་གྱི་འབྱུང་བཞིའི་རྟོག་པ་ཐམས་ཅད་ལྷར་བསྒོམ། ལྷ་དབྱུག་པ་ལ་ཐིམ་པའི་དུས། ལྷར་སྣང་ཐམས་ཅད་རྣམ་ཤེས་ཚོགས་དྲུག་ལ་ཐིམ་པས། སྟོང་པར་སྣང་བའི་ཡེ་ཤེས་འཆར། དབྱུག་པ་ཧཱུྃ་ལ་ཐིམ་པས། ཚོགས་དྲུག་ཉོན་ཡིད་ཐིམ་ཤིན་སྟོང་འཆེད་པའི་ཡེ་ཤེས་འཆར། ཧཱུྃ་རིམ་གྱིས་ན་དཱ་ལ་ཐིམ་པའི་དུས་སུ། ཉོན་ཡིད་ཀུན་གཞི་ལ་ཐིམ་པས། སྟོང་ཆེན་ཉེར་ཐོབ་ ཀྱི་ཉམས་འཆར། ན་དཱ་ནམ་མཁའ་ལ་ཡལ་བས། ཐམས་ཅད་སྟོང་པ་འཆི་བ་འོད་གསལ་ ཆོས་སྐུའི་ཉམས་འཆར་རོ། ། འདི་ལ་རྩོལ་བ་ཆེར་བསྒོམས་ནས། འཆི་དུས་འོད་གསལ་མ་བུ་འཕྲོད་ནས། བར་དོ་ འཇུག་མི་དགོས་སོ། ཤིན་ཏུ་ཟབ་པའི་མན་ངག་གོ་གཉིས་པ་དངོས་གཞི་ལ། རྟེན་གཞལ་ ཡས་ཁང་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པ་གཉིས། དང་པོ་ནི་ཤི་བའི་འོད་གསལ་དེ་ ལས་ལངས་པའི་བར་དོའི་སེམས་ཅན་ན་དཱའི་རྣམ་པར་ཤེས་པ། བར་སྣང་ན་ཡོད་ལ། གང་ དུ་སྐྱེ་བ་ལེན་པའི་ཕྱིར་གནས་གཅིག་དགོས་ལ། དེའི་གནས་དེ་སྦྱང་བའི་ཕྱིར། སྣོད་ཀྱི་ འཇིག་རྟེན་གྱི་འོག་གཞི་རླུང་སོགས་འབྱུང་བ་བཞི་པོ་དེ་དག་དང༌། ནང་ལུས་ཀྱི་འབྱུང་བཞི། ཕྱིའི་འབྱུང་བཞི་སོགས་མ་དག་པའི་སྦྱང་བྱ་དེ་དག་སྟོང་པར་སྦྱངས་ནས། སྦྱོང་བྱེད་ཡཾ་ལས་ རླུང་གི་དཀྱིལ་འཁོར་ནས་རི་རབ་ཀྱི་བར་བསྒོམ། དེ་དག་ཐམས་ཅད་རང་རང་གི་དཀྱིལ་ འཁོར་རྣམ་པར་སྒོམས་པས། རྣམ་པ་ལམ་བྱེད། དག་པའི་འཁོར་ལོ་མོས་པས་མོས་པ་ལམ་ བྱེད། དེ་ལྟར་བྱས་པས་བྱིན་རླབས་ལམ་བྱེད། འབྲས་བུའི་དུས་དཀྱིལ་འཁོར་དངོས་ཡིན་ པས་འབྲས་བུ་ལམ་བྱེད། སེམས་སྤྲོས་བྲལ་ཡིན་ཐོག་ཏུ་འཇོག་པ་ངོ་བོ་ལམ་དུ་བྱེད་པས་ཏེ། ཐམས་ཅད་ལ་ལམ་བྱེད་ལྔ་པོ་འདི་ཉིད་ཚང་བར་བྱེད་དོ། །རི་རབ་ཀྱི་སྟེང་དུ་སྦྱང་བྱ་བདུད་ 7-1-340 དང་བར་ཆད་རྣམས་སྦྱངས་པའི་ངང་ལས། སྦྱོང་བྱེད་སྲུང་འཁོར་བསྒོམས་པའི་འོག་གཞི་སྣ་ ཚོགས་རྡོ་རྗེ། ར་བཅུ་གཉིས་བྱེད་ན་རྟེན་འབྲེལ་བཅུ་གཉིས་དག་པ། ར་ཉི་ཤུ་བྱེད་ན། འཇིག་ ཚོགས་ལ་ལྟ་བ་ཉི་ཤུ་འཇོམས་པར་བྱེད། རའི་མདོག་ཞི་བའི་རང་བཞིན། ཤར་དཀར། རྒྱས་ པའི་རང་བཞིན་ལྷོ་སེར། དབང་གི་རང་བཞིན་ནུབ་དམར། དྲག་པོའི་རང་བཞིན་དང་ལས་ སྣ་ཚོགས་ཀྱི་རང་བཞིན་ལྗང་ཁུ། མཆོག་སྒྲུབ་པས་དབུས་སྔོ་། ཁ་དོག་ལྔ་པོ་ཡེ་ཤེས་ལྔ་དང༌། རིགས་ལྔའི་ངོ་བོ་ཡིན་ནོ། །ལྟེ་བའི་ཧཱུྃ་དེ་ལས་འོད་ཟེར་འཕྲོས་པས། འོག་རྡོ་རྗེ་ནས་ཕུང་ རྡལ་བ་ལྟ་བུ་འཁོར་ཡུག་ལ། ཕྱི་རོལ་ཏུ་རྡོ་རྗེ་འགྲེང་པོར་ལངས་པའི་གུར། ནང་རྡོ་རྗེ་འཕྲེད་ ལ་རྩིག་པའི་དྲ་བ་སྟེང་དུ་གུར་ནང་རྡོ་རྗེའི་བླ་རེས། དེ་ཐམས་ཅད་གནམ་ལྕགས་ལས་གྲུབ་ པའི་རྡོ་རྗེ་ནག་པོ་ར་གདེངས་པ། བསྲུབས་ཐམས་ཅད་རྡོ་རྗེ་ཆུང་ངུས་རྩེམས་ཏེ་ཁེངས་པ། དེ་དག་ལས་འོད་འཕྲོས་པའི་མེ་རབ་ཏུ་འབར་བར་བསྒོམས་མོ། །དེའི་ནང་དུ། སྣ་ཚོགས་ རྡོ་རྗེའི་ལྟེ་བར་མ་དག་པའི་རིགས་དྲུག་གི་ཁང་ཁྱིམ་རྣམས་སྟོང་པར་སྦྱངས་པའི་ངང་ལས། སྦྱོང་བྱེད་གཞལ་ཡས་ཁང་བསྒོམ་པར་བྱེད། དེ་ལས་ཕུང་པོ་ལྔ་དག་ཅིང་ཡེ་ཤེས་ལྔའི་རྩིག་ པ་རིམ་པ་ལྔ་པ་ཞེང་དུ་ཆ་བྲན་གཅིག །དཔངས་སུ་ཆ་བྲན་བཅུ་དྲུག་དེའི་སྟེང་དུ་ཕ་གུ་སེར་ པོ་ཆ་བྲན་གཅིག དེའི་སྟེང་དུ་ཤིང་རྩེགས་ཆ་བྲན་གཉིས། དེའི་སྟེང་དུ་གསེར་གྱི་གདུང་ ལེབ་སྟེ་གསེར་གྱི་སྐ་རགས་ཆ་བྲན་གཅིག་དང་ལྔ་ཆ་གཅིག རྩིག་པའི་ཕྱི་འགྲམ་དུ་འདོད་ སྣམ་ཆ་བྲན་གཅིག དེའི་ནང་དུ་ལྷ་སྣམ་ཕྱོགས་མདོག་ཅན་ལ་ཆ་བྲན་གཅིག ཀ་བ་ཆ་བྲན་ བཅུ་དྲུག གཞུང་རིང་ཐུང་ལ་ཆ་བྲན་རེ་དང་ལྔ་ཆ། རྡོ་རྗེའི་གདུང་ཟླུམ་ཆ་བྲན་གཅིག སྒོའི་ དབུས་ཚངས་ཐིག་གཡོན་དུ་ཆ་བྲན་གསུམ་གསུམ་ཕྱིན་པ། རྩིག་པ་ལ་ཆ་བྲན་གཅིག་ཡོད་ པར་ཀ་བ་འཛུགས་སོ། །གདུང་ཟླུམ་དང་གསེར་གྱི་གདུང་ལེབ་མཉམ་པར། དེ་ལ་ཐོག་འོག་ མ་ཕུག དབུས་རྣམས་སྟོང་དུ་ཡོད་པའི་གདུང་གི་སྟེང་དུ། རྩིག་ཟླུམ་དཔངས་སུ་ཆ་བྲན་ལྔ་རུ་ 7-1-341 གསུམ་ཆ་མ་ཚང་བ། དེའི་སྟེང་ཕ་གུ་ལ་ཆ་བྲན་གསུམ་ཆ། དྲ་ཕྱེད་ལ་ཆ་བྲན་གཅིག་གོ ཐོག་ འོག་མའི་ཕྱིའི་ལྕམ་སྣ་ལ་ཆུ་སྲིན་ཁ་ནས་དྲ་ཕྱེད་འཆང་ལ། གསེར་གྱི་གདུང་ལེབ་ཀྱི་མར་ལ། མདའ་ཡབ་རིན་པོ་ཆེའི་མིག་གསུམ་པ་ལྟ་བུ་འཆང༌། ཡར་ལ་པུ་ཤུ་པདྨ་མདའ་ཕྱེད་དྲ་བ་ཡོད་ དོ། །རྡོ་རྗེའི་གདུང་ཟླུམ་སྟེང་དུ་རྩིག་ཟླུམ་ཆ་བྲན་ལྔ་རུ་གསུམ་ཆ་མ་ཚང་བ། དེའི་སྟེང་དུ་ཕ་ གུ་ཆ་བྲན་གསུམ་ཆ་དྲ་ཕྱེད་ཆ་བྲན་གཅིག དེའི་སྟེང་དུ་རྡོ་རྗེའི་གདུང་གྲུ་བཞི་པ་དཔངས་ཆ་ བྲན་གཅིག ཕྱོགས་འཚམས་ཀྱི་རེ་མིག་རྒྱད་ཕུག་པའི་དབུས་ལྀརྩིག་པ་གྲུ་བཞི་དཔངས་ སུ་ཆ་བྲན་བཞི་ལ་ལྔ་ཆ་མ་ཚང་བ། ཕ་གུ་ལ་ཆ་བྲན་གསུམ་ཆ། དྲ་ཕྱེད་ལ་གསུམ་གཉིས། རྒྱ་ཕུག་ལ་ཆ་བྲན་གཅིག་སྟེ། ཀུན་བསྒྲིལ་བས་ཁང་པའི་རྩེ་ནས་རྩ་བའི་བར་ལ་ཆ་བྲན་སོ་ གཉིས། རྒྱ་ལ་ཤར་མཐའ་ནས་ནུབ་མཐའ་ལ་སོ་གཉིས་ཡོད་པ་ནི། ནང་དུ་ལུས་འདོམ་གང་ མི་མཉམ་པ་མེད་པས་གྲུ་བཞི་དག་པའོ། །ནོར་བུ་རྒྱས་པའི་གཞལ་ཡས་ཁང་ལ་ལྔ་གསུམ་ དཔངས་སུ་བཤད་པ་ནི། ཤར་ནུབ་ཀྱི་ལྔ་གསུམ་ཐོག་འོག་མའི་དཔངས་སོ། །སྒོ་ལ་དཔངས་ སུ་ཆ་བྲན་བརྒྱད། ཞེང་ལ་ཆ་བྲན་བཞི་པ་སྒོ་མདུན་ལ་ཆ་བྲན་གཉིས་ཐེན་པ་སྒོ་ལོགས་སོ། ། སྒོའི་མདུན་དུ་ཀ་བ་དཔངས་སུ་ཆ་བྲན་བཞིའོ། །དེའི་སྟེང་དུ་རྟ་བབས་ལ་དཔངས་སུ་ཆ་བྲན་ རེ་རེ་སྟེ། ཀ་བ་དང་རྟ་བབས་ཆ་བྲན་བརྒྱད་ཡོད་ལ། རྟ་བབས་སྟེང་མ་དང་སྒོ་མཉམ་པའོ། ། རྟ་བབས་གཡས་གཡོན་ལ་འོག་མ་ལ་ཆ་བྲན་བཅུ་དྲུག གཉིས་པ་ལ་བཅུ་བཞི། གསུམ་པ་ ལ་བཅུ་གཉིས། བཞི་པ་ལ་བཅུ་ཡོད་པས། བང་རིམ་བཞི་པའོ། །དེའི་སྟེང་དུ་པདྨ་དང་ཆོས་ འཁོར་དང༌། གདུགས་དང༌། སྣམ་བུ་དང༌། ཐོག་ཕུག་རྣམས་ཀྱི་ཟུར་བཞིར། གདུགས་པུ་ཤུའི་ བར་དུ་རྒྱལ་མཚན་དང༌། བ་དན་དང༌། མེ་ཏོག་དང༌། མདའ་ཡབ་ནོར་བུའི་ཡུ་བ་ཅན་དང༌། ཟླ་བ་རླུང་གི་བསྐྱོད་པ་དང༌། དར་པོ་ཆེ་དང༌། ལྷའི་རྔ་བོ་ཆེ་ལ་སོགས་པས་བརྒྱན་པའོ། །དེའི་ ནང་ཡེ་ཤེས་ལྔའི་རང་བཞིན་ལྷ་རྣམས་ཁ་དོག་ལྔ་པའི་དབུས་སུ། འཇིག་རྟེན་མ་དག་པའི་ 7-1-342 གདན་སྦྱངས་ནས། དག་པའི་གདན་པདྨ་འདབ་བརྒྱད། ཕྱོགས་བཞི་དམར་ལ་མེ་རླུང་སེར། དབང་ལྡན་སྔོ་ལ་བདེན་བྲལ་ལྗང་ངོ༌། དེས་རྟེན་གཞལ་ཡས་ཁང་བསྐྱེད་པ་སོང༌། ད་གཉིས་ པ་རྟེན་པ་ལྷ་བསྐྱེད་པ་ལ། དང་པོ་གཉེན་པའི་ཡན་ལག་པདྨའི་ལྟེ་བར། སྦྱང་བྱ་མ་དག་པའི་ མའི་མངལ་དང་ཁྲག་སྦྱངས་ནས། དག་པའི་མངལ་གྱི་དོད་སྦྱོང་བྱེད་ཉི་མའི་དཀྱིལ་འཁོར་ སྒོམ་ལ། དེའི་སྟེང་དུ་སྦྱང་བྱ་མ་དག་པའི་ཕའི་ཁུ་བ་རྡོ་རྗེ་སོགས་སྦྱངས་ནས། སྦྱོང་བྱེད་སྣ་ ཚོགས་རྡོ་རྗེ་ཧཱུྃ་གི་མཚན་པ་ཁུ་བ་དང་རྡོ་རྗེའི་དོད་དུ་སྒོམ། ཕ་མའི་སྙོམས་འཇུག་གི་བདེ་བའི་ སྒྲས་བར་སྲིད་ཀྱི་སེམས་བཀུག་ཁུ་ཁྲག་དང་འདྲེས། མེར་མེར་ཞག་བདུན། ནུར་ནུར་ཞག་ བདུན། ལྟར་ལྟར་ཞག་བདུན། གོར་གོར་ཞག་བདུན། འཕྲང་གྱུར་ཞག་བདུན་རྣམས་སྦྱངས་ ནས། སྦྱོང་བྱེད་ཧཱུཾ་གིས་འོད་ཀྱིས། བར་སྲིད་ཀྱི་དོད་ན་དཱ་བཀུག ཧཱུྃ་ལ་ཐིམ། དེ་ཡོངས་སུ་ གྱུར་པ་ལས། མ་དག་པའི་བུ་སྣོད་སྦྱངས་ནས། དག་པའི་བུ་སྣོད་དབྱུག་པ་དཀར་པོ་དེའི་ནང་ དུ་ཧཱུྃ་མངལ་གྱི་གནས་སྐབས་ལྔ་སྟེ། ཧཱུྃ་གི་ཞབས་ཀྱུ་མེར་མེར་པོ། བྱ་བ་སྒྲུབ་པའི་ཡེ་ཤེས། ཧའི་ཁོག་པ་ནུར་ནུར་པོ་སོ་སོར་རྟོག་པའི་ཡེ་ཤེས། མགོ་བོ་ལྟར་ལྟར་པོ་མཉམ་པ་ཉིད་ཀྱི་ཡེ་ ཤེས། ཟླ་ཚེས། གོར་གོར་པོ་མེ་ལོང་ལྟ་བུའི་ཡེ་ཤེས༌། ཐིག་ལེ་འཕྲང་འགྱུར་ཆོས་ཀྱི་དབྱིངས་ ཀྱི་ཡེ་ཤེས། དེ་ནས་སྔ་མ་ལ་ཟླ་བ་གཅིག་དང་ཞག་ལྔ་སོང་ནས། ཟླ་བ་བརྒྱད་ཀྱི་ལུས་གྲུབ་སྟེ་ སྟོང་པར་སྦྱངས་ནས། དག་པའི་ལུས་ལྷར་གྲུབ་པ་ནི། དེ་ལས་འོད་ཟེར་འཕྲོས་འཕགས་པ་ མཆོད་པ་སོགས་ལས་ལྷ་ལྔ་ཡོངས་སུ་རྫོགས་པར་བསྒོམ་མོ། །ལྷ་ལྔ་པོ་ནི། སྦྱང་བྱ་རྣམ་ཤེས་ ཀྱི་ཕུང་པོ་དང༌། ཉོན་མོངས་པ་ཞེ་སྡང་དག་པ། སྦྱོང་བྱེད་མི་བསྐྱོད་པ་དང༌། ཆོས་དབྱིངས་ཡེ་ ཤེས་ཀྱི་ངོ་བོ། དབུས་སུ་ཞེ་སྡང་གཤིན་རྗེ་གཤེད། ཡུམ་ཆུ་ཁམས་དག་པ་རྡོ་རྗེ་རོ་ལངས་མ། ཤར་དུ་གཟུགས་ཕུང་དང༌། ཉོན་མོངས་པ་གཏི་མུག་དག་པ། རྣམ་སྣང་དང་མེ་ལོང་ལྟ་བུའི་ཡེ་ ཤེས་ཀྱི་ངོ་བོ། གཏི་མུག་གཤིན་རྗེ་གཤེད། ཡུམ་ནམ་མཁའ་དག་པ་ཙ་རྩི་ཀ། ལྷོར་ཚོར་ཕུང་ 7-1-343 དང་སེར་སྣ་དག་པ། རིན་ཆེན་འབྱུང་ལྡན་དང༌། །མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་སེར་སྣ་གཤིན་ རྗེ་གཤེད། ཡུམ་ས་དག་པ་ཕག་མོ། ནུབ་ཏུ་སྦྱང་བྱ་འདོད་ཆགས་དང༌། འདུ་ཤེས་ཀྱི་ཕུང་པོ་ དག་པ་འོད་དཔག་མེད་དང༌། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ། འདོད་ཆགས་གཤིན་རྗེ་ གཤེད་ཡུམ་མེ་དག་པ། དབྱངས་ཅན་མ། བྱང་དུ་སྦྱང་བྱ་འདུ་བྱེད་ཀྱི་ཕུང་པོ་དང་ཁ་དོག་དག་ པ་སྦྱོང་བྱེད་དོན་ཡོད་གྲུབ་པ་དང༌། བྱ་བསྒྲུབ་ཡེ་ཤེས་ཀྱི་ངོ་བོ། ཕྲག་དོག་གཤིན་རྗེ་གཤེད། ཡུམ་རླུང་དག་པ་གོ་རི་མ་དེ་དག་གི་ཁ་དོག་དང་ཞལ་ཕྱག་རྒྱན་སོགས། དག་པའི་སྐབས་སུ་ ཤེས་སོ། །མཚམས་ཀྱི་བུམ་པའི་བཞི་མཉམ་ནི་དྲི་ཆེན། གླ་རྩི་ནི་དྲི་ཆུ་སི་ཧ་ལ་ནི་ཁྲག ག་ བུར་ནི་ཁུ་བ་ཡིན་ནོ། །ཟླ་བ་དགུའི་ལུས་རྫོགས་ནས་ཕྱིར་སྐྱེས་ནས་རླུང་བུ་ག་རྣམས་ནས་རྒྱུ་ བ་ནི། སྟོང་པར་སྦྱངས་ནས། རང་ལྷ་དམ་ཚིག་སེམས་དཔའི་ཐུགས་ཁར་དབྱུག་པ་དཀར་པོ་ ནི་ཡེ་ཤེས་སེམས་དཔའ་སྟེ། དག་པའི་རླུང་འགྱུས་པའོ། །དབྱུག་པའི་ནང་དུ་ཧཱུྃ་ཡེ་ཤེས་ལྷའི་ རང་བཞིན་ཏིང་ངེ་འཛིན་སེམས་དཔའ་ནི་ལུས་རྫོགས་བཙས་མ་ཐག་ཨ་ཧཾ་གིའི་སྒྲ་འབྱིན་ པའོ། །ལྷ་ལྔ་དུས་གཅིག་ལ་བསྒོམ་པ་ནི། བུ་ཚ་དུ་མ་མངལ་སྒོ་གཅིག་ནས་སྐྱེ་བ་སྦྱོང་ངོ༌། །རྡོ་ རྗེ་ཐེག་པའི་ཉམས་ལེན་འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུ་སྟེ་སྐུ་གསུམ་ལམ་ བྱེད་ཀྱི་མན་ངག་ཤིན་ཏུ་ཟབ་པའི་ལམ་ཡིན་དེ། ཚིག་གི་ལྷ་སྒོམ་པའི་ཁ་འུར་འུར་སྟོང་ཟོག་ ཆེན་པོ་མང་དུ་ཡོད་ཀྱང༌། དོན་འདི་ཤེས་པའི་སྔགས་པ་ནི་ཉིན་མོའི་སྐར་མ་ཙམ་མོ། །འདིའི་ དོན་ཤེས་པ་ཡང་བླ་མའི་སྐུ་དྲིན་ཡིན་པས་བླ་མ་ལ་གསོལ་བ་འདེབས་པ་གལ་ཆེའོ། ། གཉིས་པ་ཉེ་བར་ལེན་པ་སྒྲུབ་པའི་ཡན་ལག་ནི། མདུན་དུ་རིག་མ་སྒོམས་ནས། པདྨ་ དང་རྡོ་རྗེ་བྱིན་གྱི་རླབས་ལ་སྙོམས་པར་འཇུག་པ་ནི་མ་དག་པའི་སྣ་མ་ལེན་པ་དང༌། ཉལ་པོ་ བྱེད་པ་སྦྱངས་ནས། དག་པའི་སྙོམས་འཇུག་གི་ལྷ་མཆོད་པ་དང༌། ཉལ་པོ་ཆ་མཐུན་ནོ། །སྐུ་ གསུང་ཐུགས་བྱིན་རླབས་བྱེད་པ་ལུས་ངག་ཡིད་གསུམ་སྟོབས་ལྡན་བྱས་པའོ། ། 7-1-344 གསུམ་པ་སྒྲུབ་པ་ཆེན་པོའི་ཡན་ལག་ལ་དབང་ལྷ་སྤྱན་དྲངས་ལ་མཆོད་དེ། དབང་ བསྐུར་རིགས་ཀྱི་བདག་པོ་རྒྱས་གདབ་པ་ནི། ཕས་བུ་ལ་དབང་འབོགས་པ་དང་མཐུན་ནོ། ། བཞི་པ་སྒྲུབ་པའི་ཡན་ལག་ནི། ཡེ་ཤེས་པ་འཇུག་པ་བསམ་པ་ནར་སྨིན་པའོ། །མཚམས་ འདིར་རྫོགས་རིམ་བསྒོམ་པར་བྱ་སྟེ། རྫོགས་རིམ་གྱི་འཆི་བ་དང༌། བསྐྱེད་རིམ་ལྷའི་ཞེན་ པ་སྦྱོང་བར་བྱེད་པས། སྤྲོས་པ་མེད་པའི་རྫོགས་རིམ་བསྒོམ་པ་ནི། གོང་དུ་ཡེ་ཤེས་ཚོགས་ བསོགས་ལྟར་རོ། །བསྐྱེད་རིམ་གྱི་རྗེས་དག་པ་དྲན་པ་ནི། མངོན་རྟོགས་ལྟར་བྱེད་དོ། ། གཉིས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་ནི་ལ་བརྒྱད་དེ། བཟླས་པའི་རྣལ་ འབྱོར། གཏོར་མའི་རྣལ་འབྱོར། ཉལ་བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། ཁྲུས་ཀྱི་རྣལ་ འབྱོར། ཁ་ཟས་ཀྱི་རྣལ་འབྱོར། སྤྱོད་ལམ་གྱི་རྣལ་འབྱོར་དང་བརྒྱད་དོ། །དང་པོ་བཟླས་པ་ ནི། འཕྲེང་བའི་རྒྱུ་ཐོད་པ་སོགས་གང་འབྱོར་རྒྱུད་ནས་བཤད་པ་ལྟར་ལ་བདུད་རྩི་བྱུགས་ལ། ཧྲཱིཿཥྚཱིས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་འཕྲེང་རྡོག་རྣམས་གཤེད་ དམར་ཡབ་ཡུམ་དུ་བསྒོམས་ལ་མཆོད་བསྟོད་བྱས་ལ། ཡབ་ཡུམ་ཞུ་བ་ལས་བྱུང་བའི་འཕྲེང་ བ་མི་མགོ་རློན་པ་ཁྲག་འཛག་པར་བསྒོམས་མོ། །འཕྲེང་བའི་གྲངས་ནི་རྒྱུད་ལས། སྔགས་ཀྱི་ སྒྲུབ་པ་ལྔ་བཅུ་ཉིད། དབང་ལ་དེའི་ཕྱེད་ཉིད་དོ། མངོན་སྤྱོད་ལ་ནི་དྲུག་ཅུ་ཉིད། ཞི་བ་ལ་ནི་ བརྒྱ་ཕྲག་གཅིག རྒྱས་པ་ལ་ནི་ལྷག་པར་བརྒྱད། །ཅེས་སོ། །འདྲེན་ཚུལ་ནི་ཞི་བ་ལ་འཛུབ་ མོ། རྒྱས་པ་ལ་གུང་མོ། དབང་ལ་སྲིན་ལག དྲག་པོ་ལ་འཐེའུ་ཆུང་གི་སྟེངས་ནས་འདྲེན་ནོ། ། དམིགས་པ་ནི་ཐུགས་ཁར་ཏིང་ངེ་འཛིན་སེམས་དཔའི་མཐར་སྔགས་ཀྱི་བསྐོར་བར་བསམ། དེ་དག་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས། འཕགས་པ་མཆོད་ཚུར་འདུས་རང་ལ་ བསྡུས་པས་རང་གི་ཡོན་ཏན་རྒྱས་པར་བསམ་མོ། །འཁོར་རྣམས་ལ་བཟླས་དུས། རང་གི་ ཐུགས་ཁའི་འོད་ཟེར་འཁོར་གྱི་ལྷའི་ཐུགས་ཁར་འཕོག དེའི་ཐུགས་རྒྱུད་བསྐུལ་བར་བསམ་ 7-1-345 ལ། ཞི་བ་ལ་འོད་ཟེར་ཁ་དོག་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ ལ་ནག་པོར་བསམ་མོ། །གྲངས་ནི་གཙོ་བོ་ལ་འབུམ་ཕྲག་བཞི། འཁོར་གྱི་ལྷ་རེ་རེ་ལ་ཁྲི་ཚོ་ བཞིའོ། །དེའི་བཅུ་ཆའི་སྦྱིན་བསྲེགས་བྱའོ། །འཚམས་འདིར་དཀྱིལ་འཁོར་བསྡུ་བར་བྱའོ། ། གཉིས་པ་གཏོར་མ་ནི་དཀྱུས་ལྟར་རོ། །གསུམ་པ་ནི། རྫོགས་རིམ་ལྟར་དུ་དཀྱིལ་འཁོར་ བསྡུས་ལ་འོད་གསལ་གྱི་ངང་ནས་སེང་གེའི་ཐབས་ཀྱི་ཉལ་ལོ། །བཞི་པ་ལྡང་བ་ནི། ནང་པར་ ཐོ་རངས་གཉིད་སད་མ་ཐག་ཏུ་ཆུ་ལ་ཉ་འཕྲད་བའི་ཚུལ་གྱི་སྐད་ཅིག་གིས་གཤེད་དམར་ཡབ་ ཡུམ་ཝལ་གྱི་སྒོམ་མོ། །ལྔ་པ་ཁྲུས་ཀྱི་རྣལ་འབྱོར་ནི། སྤྲོ་ན་ཁྲུས་བྱ། མི་སྤྲོ་ན་མ་བྱས་ཀྱང་རུང་ ངོ༌། །དྲུག་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། ཁ་ཟས་རྣམས་རྒྱས་པར་བྱེད་ན་གཏོར་མ་ལྟར་བྱིན་ རླབས་བྱེད། བསྡུ་ན། འཐེབ་སྲིན་སྦྱར་བ་ལྷ་ཡབ་ཡུམ་དུ་བསམ་མོ། །དེའི་སྦྱོར་མཚམས་ནས་ བདུད་རྩི་བབས་ཟས་ལ་ཐིམ་ཞིང་བཟའ་བཏུང་རྣམས་བདུད་རྩིར་གྱུར་པར་བསྒོམས་ལ། ཟས་ལ་འཐེབ་སྲིན་རེག་ལ་ༀ་ཨཱ་ཧཱུྃ་ཅེས་རྗོད་ཅིང༌། དེ་ནས་རིང་གི་ཐུགས་ཁར་ཡི་དམ་དང་ བླ་མ་ཐ་མི་དད་དུ་བསམ། ལྟོ་བར་ཕྱོགས་སྐྱོང་བསམ། ལྟེ་བར་མེ་ལྟར་ཁ་ཧཱུཾ་ཁུང་དུ་བསམ། ལག་པ་གཡས་དགང་གཟར། གཡོན་དགང་བླུགས། བཟའ་བཏུང་བསྲེགས་རྫས་སུ་བསམ་ ལ་ལོངས་སྤྱད། ལྷག་ལ་འཆིལ་མ་བཏབ་ལ་ༀ་ཨུད་ཙིཏྟ་བྷ་ལིང་བྷཀྵ་ཡེ་སྭཧཱ། ཅེས་བརྗོད་ ལ་དོར་རོ། བདུན་པ་རྗེས་སུ་ཆགས་ནི། ཕྱག་རྒྱ་མ་དབང་ཐོབ་དམ་ཚིག་སྡོམ་པར་ལྡན་པ་ལ། རང་ཡབ་ཡུམ་གཉིས་ལྷ་ཕོ་མོར་བསྒོམ་པ་ལྷའི་འདུ་ཤེས། གསང་གནས་རྡོ་རྗེ་དང་པདྨར་ བྱིན་གྱི་རླབས་པ་སྔགས་ཀྱི་འདུ་ཤེས། སེམས་ཀྱི་རང་ཡི་དམ་གྱི་ལྷ་དངོས་ཡིན་སྙམ་པ་འདི་ བདེ་བས་མཆོད་ལ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་པ་ཆོས་ཀྱི་འདུ་ཤེས། དེ་ ནས་རྡོ་རྗེ་དང་པདྨ་སྦྱོར་བར་བྱས་ལ། བདེ་བ་ལ་སྟོང་པས་རྒྱས་གདབ་བྱའོ། དགའ་བདེ་ཆེ་ འབྲིང་གི་དུས་སུ། གནས་ལ་ལྟོས་པའི་དགའ་བ་བཞི། དུས་ལ་ལྟོས་པའི་དགའ་བ་བཞི། གོ་ 7-1-346 རིམ་ལ་ལྟོས་པའི་དགའ་བ་བཞི། སྤང་བྱ་ལ་ལྟོས་པའི་དགའ་བཞི་སོགས་ཀྱིས། རང་བཞིན་ བརྒྱ་བཅུའི་རྟོག་པ་ཐིམ་ཚུལ་ངོ་འཕྲོད་པ་གལ་ཆེའོ། འདི་ནི་རྣལ་འབྱོར་པ་རླུང་ལ་དབང་ཐོབ་ པ་དང༌། རིགས་བསྐྲུན་པའི་ཁྱིམ་པའི་རྟེན་ཅན་གྱི་ལས་ཡིན་ལ། རླུང་ལ་དབང་མ་ཐོབ་པར་ མི་བྱའོ། བརྒྱད་པ་ནི། དུས་དང་གནས་སྐབས་ཐམས་ཅད་དུ་ལྷའི་ང་རྒྱལ་བརྟན་པོ་རྣམ་པ་ གསལ་པོ་དང་ལྡན་པས་སྤྱོད་ལམ་བྱའོ། །རྗེས་ཀྱི་རྣལ་འབྱོར་སྤྱོད་ལམ་བརྒྱད་པོ་འདིས། འཇིག་རྟེན་གྱི་བྱ་བྱེད་སྣ་ཚོགས་པ་རྣམས་སྦྱངས་ནས། འབྲས་བུའི་དུས་སུ། སངས་རྒྱས་ཀྱི་ འཕྲིན་ལས་མཛད་པ་རྣམས་གྲུབ་པའོ། །འདི་ལྟ་བུའི་རྣལ་འབྱོར་ཐུན་བཞི་འམ་གཉིས་ཀྱི་ སྒོས་མ་ཆག་པར་ཉམས་སུ་བླངས་ན་རབ་ཚེ་འདིར། འབྲིང་འཆི་ཀ་ཐ་མར་ཡང་བར་དོར། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་གླུ་གར་བསུ་བ་དང་བཅས། ལྷའི་བུ་ཕོ་མོ་དག་གིས་མེ་ ཏོག་གི་འཆར་དང༌། དྲི་བཟང་པོ་དང༌། སྒྲ་དབྱངས་གིས་མཆོད་ནས། འོག་མིན་དང་མཁའ་ སྤྱོད་སོགས་སུ་གྲུབ་པ་ཐོབ་པར་གདོན་མི་ཟའོ། །གཤིན་རྗེ་གཤེད་དམར་པོའི་སྐྱེད་རྫོགས་ ཀྱི་མན་ངག་ཨིཐིཿ དགེའོ། ། ཞུས་དག་པར་བྱོན་ཡོད་ལགས། །འདིར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱེད་འདོད་ན། རང་གཤེད་དམར་པོར་གསལ་བའི་ཐུགས་ཁར་ཟླ་བའི་གདན་ལ་ཧཱུྃ་དཀར་པོ་དེའི་མཐའ་ སྐོར་དུ་ཕ་རྒྱུད་ཀྱི་ཡི་གེ་བརྒྱ་པས་བསྐོར་བ་མགོ་གྱེན་དུ་ལྟ་བ་བསྒོམ། དེ་ལས་འོད་ཟེར་ འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་འོད་ཟེར་དང་བཅས་པ་བྱུང་རང་གི་སྤྱི་བོར་ནས་ ཞུགས་ཐུགས་ཁའི་ཧཱུྃ་ལ་ཐིམ་ཧཱུྃ་ལས་བདུད་རྩི་བབས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ ཤངས་ཕྱི་གཉིས་དང༌། བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་ཐོན་ཏེ། ཤུལ་ཐམས་ཅད་བདུད་ རྩིས་དཀར་མེར་དེ་ཁངས་པར་མོས་ལ། འོད་ཟེར་སྤྲོ་བསྡུའམ་ཡང་ན་སྔགས་ཀྱི་སྒྲ་ལ་སེམས་ 7-1-347 གཏད་ནས། ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛཌཱི་ཌྷོ་མེ་བྷ་ཝཿསུ་ཏོ་ ཥྱོ་མེ་བྷ་ཝཿ། སུ་པོ་ཥྱོ་མེ་བྷ་ཝཿ ཨཱ་ནུ་རཀྟོ་མེ་བྷ་ཝཿ སརྦ་སིད་དྷི་མེ་པྲ་ཡཙྪཿ སརྦ་ཀརྨ་སུ་ ཙ་མེ། ཙིཏྟཾཤྲི་ཡཾཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝནཿ སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲི་ བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཿཅེས་པ་ཅི་ནུས་བཟླས་ལ། ཐལ་མོ་སྙིང་ཁར་སྦྱར་ལ། ཕྱག་ འཚལ་བསྟོད་ཅིང་ཕྱག་འཚལ་བསྟོད། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །གུས་ པས་གུས་པས་བདག་གསོལ་འདེབས། །རྡོ་རྗེ་སེམས་དཔའ་བདག་སྒྲུབ་ཅིག །ཅེས་བརྗོད་ ཅིང༌། མཐར། ཧཱུཾ་གི་མཐའ་བསྐོར་གྱི་ཡི་གེ་རྣམས་ཧཱུྃ་ལ་ཐིམ་ཧཱུྃ་འོད་ཞུ་ནས་རང་གི་སེམས་ དང་དབྱེར་མེད་པའི་ངང་ལ་སེམས་ལྷོད་དེ་གློད་ལ་བཞག་གོ འཇམ་དཔལ་ཁྲོ་བོའི་བསྐྱེད་ རིམ་གསལ་བྱེད་འདི། བིར་ཝ་དཔལ་འཛིན་སོགས་ཀྱི་རྒྱ་གཞུང་དང༌། །མཁས་གྲུབ་གོང་ མའི་དགོངས་པ་ཇི་ལྟ་བ། །དཔལ་ལྡན་བླ་མའི་གསུང་ལས་བྱོན་པ་ལྟར། །མ་ཏིའི་མིང་ཅན་ བདག་གིས་མྱུར་དུ་བྲིས། །འདིའི་དགེ་བས་མ་གྱུར་སེམས་ཅན་རྣམས། །སྨིན་གྲོལ་ཟབ་མོའི་ ལམ་དུ་རབ་ཞུགས་ནས། །བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག །དགེའོ། ། ཚེ་འདིའི་བདེ་སྐྱིད་སྔ་མའི་ལས་རྗེས་འབྲང༌། །ཕྱི་མའི་བདེ་སྡུག་ད་ལྟའི་བྱེད་པ་གཙོ། ། དེ་ཕྱིར་ད་ལྟ་ཆོས་ལ་མ་འབུངས་ན། །ཕྱི་མ་གར་སྐྱེ་མེད་དོ་ཤེས་ལྡན་ཚོ། །ཚེ་འདི་མི་རྟག་ རླུང་བཏབ་མར་མེ་བཞིན། །ཁས་དྲག་དབང་ཆེན་ལྡན་ཡང་གདོད་[སྡོད]དབང་མེད། །དེ་ བས་ཆོས་ལ་འབུངས་ཤིག་ཤེས་ལྡན་ཚོ། །ཟས་ནོར་འཛོམ་ཀྱང་འཆི་ཁར་ཁྱེར་དབང་མེད། ། འཁོར་གཡོག་མང་ཡང་བར་དོར་ཟླ་གྲོགས་བྲལ། །དེ་བས་ད་ལྟ་ཉིད་དུ་ཕྱི་མ་ཡི། །རྒྱགས་ ཆེ་[ཕྱེ]ལེགས་པར་སྒྲུབས་ཤིག་ཤེས་ལྡན་ཚོ། །སེམས་ཅན་ཐམས་ཅད་ཕ་མ་ཤ་དག་[སྟག] ཡིན། །དགྲ་གཉེན་གཉིས་སུ་འབྱེད་འབྲལ་མ་བྱེད་པར། བྱམས་དང་སྙིང་རྗེ་ཆེན་པོ་ལས་ བྱུང་བའི། །བྱང་ཆུབ་སེམས་མཆོག་བསྒོམས་ཤིག་ཤེས་ལྡན་ཚོ། །སྣོད་ཀྱི་འཇིག་རྟེན་འདི་ 7-1-348 དག་གཞལ་ཡས་ཁང༌། །བཅུད་ཀྱི་འགྲོ་བ་ལྷ་དང་ལྷ་མོ་སྟེ། །འདི་རྣམས་འཇའ་མཚོན་རྣམ་ པ་ཇི་ལྟ་བར། །སྣང་སྟོང་དབྱེར་མེད་བསྒོམས་ཤིག་ཤེས་ལྡན་ཚོ། །འཁོར་འདས་ཐམས་ཅད་ རང་གི་སེམས་སྣང་ཙམ། །རང་གི་སེམས་ཉིད་གདོད་ནས་སྐྱེ་འགག་བྲལ། །མ་བཅོས་སྤྲོས་ བྲལ་གཉུག་མའི་ངང་ཉིད་དུ། །ཡང་དང་ཡང་དུ་ཞོག་ཅིག་ཤེས་ལྡན་ཚོ། ཧཻ། མ་ཡིག་འབྲས་སྤུངས་ཡིག་རྙིང༌། ཕྱི་ཏ ༨ པ་ཡིན་ཡི་གེའི་དག་ཆ་ཞན་པས་དཔྱད་དགོས་པར་སྣང༌། 7-1-349 ༄༅། །དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་དུ་ བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་དེ་ཉིད་རབ་གསལ་ སྣང་བ་ཞེས་བྱ་བ་བཞུགས། ལྷ་གྲངས་ཙམ་ཞིག་མ་གཏོགས་པ། །ཁྱད་པར་གཞན་རྣམས་མཚུངས་པའི་ཕྱིར། ། བཅུ་གསུམ་མ་ཡང་འདི་ཡིས་འགྲུབ། །སྦྱིན་སྲེག་དག་ཀྱང་འདི་ནང་བཞུགས། ༄༅། །ༀ་ན་མོ་མཉྫུ་བཛྲ་ཡ། དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་ འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་དེ་ཉིད་རབ་གསལ་སྣང་བ་ཞེས་བྱ་བ་ བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་གཉིས་མེད་ཡེ་ ཤེས་ཀྱིས། །མི་ཤེས་མུན་པའི་ཚོགས་ཀུན་འཇོམས་མཛད་པ། །བཅོམ་ལྡན་གཤིན་རྗེ་གཤེད་ དམར་ལ་བཏུད་ནས། །དེ་ཐོབ་བྱེད་པའི་ཆོ་གའི་རིམ་པ་བརྩམ། དེ་ཡང༌། འདིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པའི་ རྣལ་འབྱོར་པས་རང་དང་གཞན་གྱི་རྒྱུད་ལ་བསོད་ནམས་ཀྱི་ཚོགས་ཉེ་བར་བསག་པའི་ དོན་དང༌། ལྷ་དང་བླ་མའི་བྱིན་རླབས་ཞུགས་པ་ལས་དངོས་གྲུབ་མྱུར་དུ་ཐོབ་པའི་ཆེད་དུ། དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བའི་ཚུལ་ ལ་བརྩོན་པར་བྱ་སྟེ། སའི་ཆོ་ག་ནི་སྔར་བྱས་པའི་གནས་རྣམས་སུ་མ་བྱས་ཀྱང་རུང་ལ། བྱེད་ ནའང་རྡོ་རྗེ་ཕྲེང་པ་(དང་འདི་ཉིད་ཀྱི་དབང་ཆོག) ལ་སོགས་པ་གཞན་དང་མཐུན་པ་ཉིད་དོ། །འདིར་ 7-1-350 ནི་དང་པོ་སྟ་གོན་དང༌། །གཉིས་པ་དངོས་གཞིའི་ཆོ་ག་སྟེ། །སྟ་གོན་ལ་ཡང་ས་དང་ནི། །ལྷ་ དང་བུམ་པ་སྟ་གོན་ནོ། །དེ་ལ་གནས་ཡིད་དུ་འོང་བར་དཀོན་མཆོག་གི་རྟེན་མཛེས་པར་ བཀོད་པའི་དྲུང་དུ་ཕྱི་ནང་གི་མཆོད་པ་དང་གཏོར་མ་རྒྱ་ཆེར་བཤམས་ཏེ། བུམ་པ་དང་རྡོ་ རྗེ་དྲིལ་བུ་ལ་སོགས་པའི་འདིར་མཁོ་བའི་ཡོ་བྱད་མཐའ་དག་ཚོགས་པར་བྱས་ནས། སྒྲུབ་ པ་པོའི་གྲོགས་དང་ལྷན་ཅིག་འཁོད་པས། སྔོན་འགྲོའི་གཏོར་མ་དང༌། གནས་དང་ཡོ་བྱད་ བྱིན་གྱིས་བརླབ་པ་དང༌། རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་པ་རྣམས་གཞན་དང་ མཐུན་པར་བྱ་ཞིང༌། སྐྱབས་སུ་འགྲོ་བ་ནས། བཟླས་པ་དང་མཆོད་པ་བྱིན་གྱིས་བརླབ་པའི་ བར་སྒྲུབ་ཐབས་ནས་འབྱུང་པ་ལྟར་བྱའོ། །དེ་ནས་སའི་ལྷ་མོ་སྟ་གོན་དུ་གནས་པ་ནི་དཀྱིལ་ འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་དང་མེ་ཏོག་བཀོད་དེ་བཾ་ལས་བྱུང་བའི་སའི་ལྷ་མོ་སེར་མོ་ (ཞི་བ་ན་བཟའ་དཀར་མོ་དང་)རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། (ལུས་ཕྱེད་འཐོན་པ་)ཕྱག་གཡས་པ་དམ་ བཅའ་ཁས་ལེན་པའི་ཕྱག་རྒྱ་དང༌། གཡོན་པ་རིན་པོ་ཆེའི་བུམ་པ་འཛིན་པ། གནས་གསུམ་ དུ་ༀ་ཨཱཿཧཱུྃ་དང་བཅས་པ་བསྐྱེད་ལ། ལག་པ་གཡས་པར་ཟླ་བ་ལ་ཧཱུྃ་བསམས་ཏེ། རྡོ་རྗེ་རྩེ་ གསུམ་པའི་ཕྱག་རྒྱ་ས་ལ་ལན་གསུམ་བསྣུན་པས། དེའི་སྒྲ་དང་ཧཱུཾ་གི་འོད་ཀྱིས་ཡེ་ཤེས་ཀྱི་ ལྷ་མོ་ས་འོག་ནས་སྤྱན་དྲངས་པ་(མཆོད་ཅིང)ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་ལ་བསྟིམས་ནས་དབང་ བསྐུར་ཞིང་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པ་ལ། ༀ་པྲི་ཐཱི་དེ་ཝཱི་(སའི་ལྷ་མོ)བྷྱཿཞེས་ པ་སྔོན་དུ་འགྲོ་བའི། ཨརྒྷཾ་ལ་སོགས་པའི་ཕྱིའི་མཆོད་པ་རྣམས་དང༌། ནང་མཆོད་དང་ཨ་ ཀཱ་རོས་གཏོར་མ་ཕུལ་ཏེ། (སྤོས་དང་བཅས་པའི)རྡོ་རྗེ་དྲིལ་བུ་འཛིན་པས་(གཤེད་དམར་དུ)སྐྱོབ་པ་ སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར་(རྣམ་སྣང་མངོན་བྱང་དུ)། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་ བདུད་ཀྱི་དཔུང་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱ་སྟེ་དཀྱིལ་ 7-1-351 འཁོར་བྲི། །ཞེས་ལན་གསུམ་བརྗོད་པས། ཅི་བདེ་བར་གྱིས་ཤིག ཅེས་གནང་བ་བྱིན་དེ་ཉིད་ དུ་ཐིམ་པར་བསམ་མོ། །དེ་ནས་ལྷ་སྟ་གོན་དུ་གནས་པ་ནི། དཀྱིལ་འཁོར་གྱི་ས་དྲི་བཟང་པོས་ བྱུག་ཅིང་རྡོ་རྗེའི་གཞི་ལ་སོགས་པའི་བསྲུང་བའི་འཁོར་ལོ་བསྒོམས་ཏེ། ༀ་བཛྲ་རཀྵ་རཀྵ་(རྡོ་ རྗེ་བསྲུངས་བསྲུངས)ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ཞེས་པས་བརྟན་པར་བྱ་ཞིང༌། བདུད་རྩི་ལྔ་དང་བཅས་ པའི་དྲི་བཟང་གིས་བདག་པོའི་གནས་ལྔར་གྲུ་བཞི་དང་བུམ་པའི་གནས་སུ་ཟླུམ་པོའི་ཐིག་ ལེ་དང་མེ་ཏོག་གི་ཚོམ་བུ་བཀོད་ལ༌། སྒྲུབ་ཐབས་ནས་འབྱུང་བ་ལྟར་དཀྱིལ་འཁོར་ཡོངས་ སུ་རྫོགས་པར་བསྒོམས་ཏེ་ཕྱི་དང་ནང་གི་མཆོད་པ་དང་བསྟོད་པ་རྒྱས་པར་བྱ་ཞིང༌། གཏོར་ མའང་སྐབས་(འདིའམ་འོག་ཏུ)ཇི་ལྟ་བར་ཕུལ་ནས། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་ པས། བཅོམ་ལྡན་རྡོ་རྗེ་གཤིན་རྗེ་གཤེད། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །དཀྱིལ་ འཁོར་ཐུགས་རྗེའི་བདག་ཉིད་ཅན། །མགོན་པོ་བདག་ནི་བྲི་བར་འཚལ། ༡ ། སློབ་མ་རྣམས་ ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། ། དེ་བས་བཀའ་དྲིན་མཛད་པར་འོས། ༢ ། འགྲོ་བའི་འཁོར་ལོའི་དོན་མཛད་པ། །སངས་རྒྱས་ བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །སྔགས་ཀྱི་ལྷ་ གཞན་གང་ལགས་དང༌། ༣ ། གང་ཡང་འབྱུང་པོ་མཐུ་ཆེན་དང༌། །སེམས་ཅན་བསྟན་ལ་མངོན་ དགའ་བ། །གང་དུ་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། ༤ ། བདག་ནི་རྡོ་རྗེ་ཆེ་གེ་ཡིས། །གཤིན་རྗེ་གཤེད་དཔལ་དཀྱིལ་འཁོར་ནི། །ཡོ་བྱད་ཅི་འབྱོར་པ་ དག་གིས། །འགྲོ་བ་དག་ཕྱིར་བདག་འབྲི་ན། ༥ ། བདག་དང་སློབ་མར་བཅས་པ་ལ། །ཐུགས་ རྗེས་ཐུགས་དཔག་མཛད་ནས་སུ། །དཀྱིལ་འཁོར་པར་བཅས་ཐམས་ཅད་ཀྱིས། །ཐུགས་ལ་ དགོངས་ནས་གནང་བར་མཛོད། ༦ ། ཅེས་ལན་གསུམ་གསོལ་བ་བཏབ་པས་གནང་བ་བྱིན་ པར་བསམ་མོ། ། 7-1-352 ༈ དེ་ནས་བུམ་པ་སྟ་གོན་དུ་གནས་པ་ནི། མཚན་ཉིད་དང་ལྡན་པའི་བུམ་པ་དཀར་པོར་ བྱས་པ་བདུད་རྩི་ལྔ་དང་བཅས་པའི་(ༀ་ཏཔྟེ་མཧཱ་ཏཱཔྟེ་སྭཱཧཱ། ཞེས་པས་བླུགས་)དྲི་ཆུ་དང༌། རིན་པོ་ཆེ་ལྔ་ དང་སྨན་ལྔ་དང་འབྲུ་ལྔ་དང་དང་ལྡན་པ། ཡལ་འདབ་ཅན་གྱི་ཁ་བརྒྱན་དང་གོས་བཟང་པོའི་ མགུལ་ཆིངས་ཅན་གཉིས་ལ་སོགས་པ་བཤམ་ཞིང༌། རྣམ་རྒྱལ་བུམ་པའི་སྟེང་དུ་དུང་ཆོས་ཀྱི་ ཆུ་ལ། ༀ་བཛྲ་ཨ་མྲི་ཏ་ཨུ་ད་ཀ་(རྡོ་རྗེའི་ཆུ)ཐ་ཧཱུཾ། ཞེས་ལན་བདུན་གྱིས་བདུད་རྩིར་བྱིན་གྱིས་ བརླབས་པ་རྡོ་རྗེ་མེ་ཏོག་གི་ཕྲེང་བ་དང་བཅས་པ་བཞག་སྟེ། (རྣལ་རྒྱལ་ཤར་དང་ལས་བུམ་དབང་ལྡན་ དུ་གནས་པ)བསང་ཞིང་སྦྱངས་ནས་སྟོང་པའི་ངང་ལས་པཾ་ལས་པད་མ་ཨཱ་ལས་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་དུ་བཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བར་ བསྐྱེད་ནས། རྣམ་རྒྱལ་དང་དུང་ཆོས་སུ་ལྷ་(རྣམ་རྒྱལ)ཡོངས་སུ་རྫོགས་པ་དང༌། ལས་བུམ་ དུ་ཕྲག་དོག་གཤིན་རྗེ་གཤེད་དམ་བགེགས་མཐར་བྱེད་ཡན་ལག་བཞི་རྫོགས་སུ་བསྒོམས་ པ་ལ་མཆོད་ཅིང་བསྟོད་དེ། གཡོན་པའི་ཁུ་ཚུར་གྱིས་རྡོ་རྗེ་དང་འབྲེལ་བའི་མེ་ཏོག་ཕྲེང་བ་ བཟུང་ནས་(ལ)སོ་སོའི་སྔགས་དང༌། (ལས་བུམ་ལ)ༀ་ཨཱཿབིགྷ་ནཱན་(བགེགས་མཐར་བྱེད)ཏ་ཀྲི ཏ་ཏ་ ཧཱུཾ་ཞེས་པ་དང༌། ༀ་བཛྲ་(རྡོ་རྗེའི་ཆུ)ཨུ་ད་ཀ་ཧཱུཾ་ཞེས་པ་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླ་ཞིང༌། སླར་ཡང་མཆོད་བསྟོད་བྱས་ཏེ་མེ་ཏོག་དཀར་པོ་གཞུག་ཅིང༌། ལྷ་རྣམས་ཡེ་ཤེས་ཀྱི་ཆུའི་རང་ བཞིན་དུ་ཞུ་བར་བསམས་ལ། དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་ རྣམས་བཟློག་པར་མཛོད་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །(སྦྱིན་སྲེག་གྲུབ་ནའང་སྐབས་འདིར་ བྱའོ)དེ་ནས་གཏོར་མ་རྣམས་རིམ་གྱིས་ཕུལ་ཏེ་མཆོད་པའི་ཡོ་བྱད་ལ་ལོངས་སྤྱད་ཅིང་བསྔོ་ བའི་བར་སྒྲུབ་ཐབས་ལྟར་བྱས་ལ། ཚོམ་བུའི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་དེ་དངོས་ གྲུབ་བླངས་ནས་བཟོད་པར་གསོལ་ཞིང་ཧཱུཾ་བཛྲ་ཨུཏ་ཏིཥྛ་ཞེས་པས་ལྷ་རྣམས་ནམ་མཁའ་ལ་ བཏེག་ནས་མཆོད་བསྟོད་བྱས་ལ་བཞུགས་སུ་གསོལ་ཏེ། སྟ་གོན་གྱི་ཆོ་གའོ། ། 7-1-353 ༈ དེ་ནས་དངོས་གཞིའི་ཆོ་ག་ནི་དབང་ཆོག་ཏུ་བསྟན་པ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ གྲུབ་ན་ལེགས་ཤིང་མ་གྲུབ་ནའང་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པའི་ མཐའ་བསྐོར་དྲི་བཟང་པོས་བྱུགས་པར་མཆོད་རྫས་ཅི་འབྱོར་པ་རྣམས། ༀ་བཛྲ་སྥ་ར་ཎ་ (རྡོ་རྗེ་འཕྲོ་བ་ནམ་མཁར)ཁཾ། ཞེས་པས་མཛེས་པར་བཀོད་དེ། སྔོན་འགྲོ་ནས་མཆོད་པ་བྱིན་གྱིས་ བརླབ་པའི་བར་སྟ་གོན་ལྟར་བྱའོ། །དེ་ནས་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་ནི། ཧྲཱིཿཥྚཱི་ འམ་ལས་ཐམས་ཅད་པའི་སྔགས་ཀྱིས་བསངས་ཤིང་སྭ་བྷཱ་ཝས་སྟོང་པར་སྦྱངས་ཏེ། སྟོང་ པའི་ངང་ལས་གཞལ་ཡས་ཁང་ལྷ་དང་བཅས་པ་སྒྲུབ་ཐབས་ལྟར་བསྐྱེད་ལ། རང་ཉིད་གཙོ་ བོ་ཡབ་ཡུམ་དུ་གསལ་བའི་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པའི་ དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་རང་ལ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་སུ་ཞུ་ བ་ལས་ཡུམ་གྱི་མཁར་(རྟེན་དང་བརྟེན་པའི)ལྷ་ཡོངས་སུ་རྫོགས་པར་གྱུར་པ་རང་རང་གི་སྔགས་ ཀྱིས་ཕྱུང་ནས་མདུན་བསྐྱེད་ལ་ཐིམ་པར་བསམ་ཞིང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་ གྱིས་བརླབས་ཏེ། སྟ་གོན་གྱི་ལྷ་རྣམས་ཀྱང་མཆོད་ཅིང་བསྟིམས་ལ། སླར་ཡང་ཡེ་ཤེས་པ་ སྤྱན་དྲངས་ནས་མཆོད་ཅིང་དབང་བསྐུར་བ་དང་བསྟིམ་པ་ལ་སོགས་པ་སྒྲུབ་ཐབས་ལྟར་བྱ་ ཞིང༌། སྙིང་པོ་དང་ཡི་གེ་བརྒྱ་པ་བཟླས་པས་ཀྱང་བརྟན་པར་བྱའོ། །དེ་ནས་ཕྱི་ནང་གི་མཆོད་ པ་དང་བསྟོད་པ་རྣམས་ཀྱང་སྒྲུབ་ཐབས་ལྟར་བྱས་ནས་(བཟླས་པ་བྱ)། ཕྱི་རོལ་ཏུ་ཕྱོགས་སྐྱོང་ དང་འབྱུང་པོ་ཐམས་ཅད་ལ་གཏོར་མ་ཕུལ་ལ། (སྦྱིན་སྲེག་གྲུབ་ནའང་སྐབས་འདིར་བྱ)ནང་ དུ་འོངས་ནས་བསྐོར་བ་བྱ་ཞིང༌། ༀ་བཛྲ་ཨུད་(རྡོ་རྗེ་དབྱེ་བར་མཛོད)གྷཱ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ (དམ་ཚིག་ལ་རབ་ཏུ་འཇུག་པར་མཛོད)ཧཱུཾ། ཞེས་པས་སྒོ་ཕྱེ་ལ། ༀ་ས་མ་ཡ་པྲ་བེ་ཤཱ་ཡ་མི། (དམ་ཚིག་ལ་ རབ་ཏུ་འཇུག་པར་བགྱིའོ)ཞེས་པས། བཅོམ་ལྡན་འདས་ལ་མེ་ཏོག་གི་ཕྲེང་བ་ཕུལ་ལ། སླར་ཡང་ རང་གི་མགོ་བོར་བླངས་ནས་ཕྱག་འཚལ་ཏེ་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་སྐལ་ 7-1-354 བ་བསྩལ་དུ་གསོལ་ཞེས་གསོལ་བ་གདབ་པར་བྱའོ། ། ༈ དེ་ནས་བདག་ཉིད་འཇུག་ཅིང་དབང་བླང་བ་ནི། སློབ་དཔོན་གྱི་བྱ་བ་རྣམས་དཀྱིལ་ འཁོར་གྱི་གཙོ་བོས་མཛད་པར་མོས་ཤིང༌། སློབ་མའི་བྱ་བ་རྣམས་རང་གིས་བྱས་པའི་སྒོ་ ནས་འཇུག་པར་བྱ་སྟེ། དེ་དག་གི་སྡོམས་ནི། གསོལ་གདབ་སྡོམ་བཟུང་གདོང་གཡོགས་མེ་ ཏོག་གསང་ཞིང་བྱིན་བརླབ་སྤྲོ་བ་དྲི། །སེམས་བསྐྱེད་གསང་གདམས་དམ་ལ་བཞག་ཅིང་ ཡེ་ཤེས་ཕབ་སྟེ་བདེན་པ་བརྗོད། །མེ་ཏོག་དོར་ཏེ་མིག་དབྱེ་ལྷ་བསྟན་ཆེད་དུ་བརྗོད་རྣམས་ འཇུག་པའི་ཆོས། །གསོལ་གདབ་ཤིས་བརྗོད་སྔོན་དུ་འགྲོ་བས་སློབ་མའི་དབང་དྲུག་སློབ་ དཔོན་དབང༌། །མཐའ་རྟེན་དེ་ཉིད་རྗེས་གནང་ལུང་བསྟན་དབུགས་དབྱུང་རྣམས་ཀྱིས་བུམ་ པའི་དབང༌། །གསང་བ་ཤེས་རབ་བཞི་པའི་རྗེས་སུ་ཕན་ཡོན་དམ་ཚིག་བདེན་པ་བརྗོད་(ནས་ གཤིན་རྗེ་སྒྲོལ་བའི་གྲོང་ཁྱེར་དུ)། ཅེས་པའོ། །དེ་ཡང་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་མཎྜལ་ ཕུལ་ནས་ཐལ་མོ་སྦྱར་ཏེ། རོ་ལངས་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་ སྟོན་པ་སྟེ། །ཞེས་པ་ལ་སོགས་པས་གསོལ་བ་གདབ་ཅིང༌། དཀོན་མཆོག་གསུམ་ལ་བདག་ སྐྱབས་མཆི། །ཞེས་པ་ལ་སོགས་པའམ། ལུས་དང་ངག་དང་ཡིད་ཀྱི་སྡིག །ཅེས་པ་ལ་སོགས་ པ་དང༌། (རིན་ཆེན་ཕྲེང་བར)སྲས་བཅས་སངས་རྒྱས་ཐམས་ཅད་དང༌། ཞེས་པ་ལ་སོགས་པས་ སྡོམ་པ་བཟུང་སྟེ། སྐད་ཅིག་གིས་གཏི་མུག་རྡོ་རྗེར་བསྐྱེད་ནས། ༀ་ཙཀྵུར་བྷན་དྷཾ་བ་ར་མཱ་ ཎ་(མིག་འཆིང་བས་སྒྲིབ་བཞིན་པར་མཛོད)ཡ་ཧཱུཾ། ཞེས་པས་གདོང་གཡོགས་བཅིངས་ལ། ཨུ་དུམ་ཝ་ ར་མན་ད་ར། །ཡོངས་འདུ་དང་ནི་མ་ལི་ཀ །ཀར་ཎི་ཀ་ཡི་ཕྲེང་བ་འདི། །ལེགས་པར་ནོས་ལ་ བུས་ཟུངས་ཤིག །ཅེས་པ་དང༌། ཨཱཿ(མཁའ་འགྲོ་དཔའ་བོ)ཁཾ་བཱི་ར་ཧཱུཾ། ཞེས་པས་མེ་ཏོག་གི་ཕྲེང་ བ་བཟུང་ནས། ལས་ཐམས་ཅད་པའི་ཆུས་བསང་གཏོར་བྱ་ཞིང༌། གནས་གསུམ་དུ་ༀ་ཨཱཿཧཱུཾ་ བཀོད་ནས་བདུད་རྩི་མྱངས་པས་བྱིན་གྱིས་བརླབས་ཏེ། དགའ་བ་ལ་དགའ་ཁྱོད་སུ་ཀྱེ། ཞེས་ 7-1-355 པ་དང༌། བདེ་ཆེན་བདག་ནི་སྐལ་བཟང་ལགས། ཞེས་པས་སྤྲོ་བ་དྲི་ཞིང་ལན་བཏབ་ནས། སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ་དབྱུག་པ་དཀར་པོ་རྡོ་རྗེ་རྩེ་ལྔ་པས་མཚན་པ་བསྒོམ་ཞིང༌། ༀ་སརྦ་ཡོ་ག་ཙིཏ་ཏཾ་ཨུད་པཱའ་ད་(ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པར་བགྱིའོ) ཡཱ་མི། ཞེས་པས་ རྣལ་འབྱོར་དུ་སེམས་བསྐྱེད་ལ་(སློབ་མའི)སྙིང་ཁར་མེ་ཏོག་དང་བཅས་པའི་རྡོ་རྗེ་བཞག་ནས། སུ་ར་ཏེ་ས་མ་ཡ་སྟྭཾ་(ཤིན་ཏུ་དགའ་བའི་དམ་ཚིག་ཉིད། །དངོས་གྲུབ་རྡོ་རྗེ་ཇི་བཞིན་བཏེགས)ཧོཿསི་དྷྱ་བཛྲ་ཡ་ ཐཱ་སུ་ཁཾ་ཞེས་བརྗོད་ཅིང༌། (མགོ་བོར་རྡོ་རྗེ་བཞག་ལ)དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱིས་བྱིན་གྱིས་བརླབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ སྟེ་མ་དད་པར་ཡང་མི་བྱའོ་ཞེས་པས་གསང་བར་གདམས་ཏེ། ༀ་ཡ་མཱན་ཏ་ཀྲིད་ཧཱུཾ་(གཤིན་རྗེ་ མཐར་བྱེད)ཞེས་པས་ཁྲིད་ནས། ཨཱཿཁཾ་བཱི་ར་ཧཱུཾ་ཞེས་པས་ནང་དུ་བཅུག་པར་བསམ་མོ། །དེ་ནས་ དཀྱིལ་འཁོར་ལ་བསྐོར་བ་བྱས་ནས་ཕྱག་འཚལ་བར་མོས་ཏེ། དེང་ཁྱོད་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བས་ན་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་ བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་ འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་འདིར་དཀྱིལ་འཁོར་ ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་ རེ་ཞེས་བརྗོད་ཅིང༌། མགོ་བོར་རྡོ་རྗེ་བཟུང་ནས་དྲིལ་བུ་དཀྲོལ་ཞིང༌། འདི་ནི་དམ་ཚིག་རྡོ་ རྗེ་སྟེ། །ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདིས། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་ མགོ་བོ་འགེམས། །ཞེས་པ་དང་(སྙིང་ཁར་རྡོ་རྗེ་བཟུང)རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ ཡང་དག་འཇུག་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ། ཞེས་པ་དང༌། ༀ་ཨཱཿཧཱུཾ་གིས་སྤར་བའི་དུང་གིས་ཆུ་བླུད་ཅིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ 7-1-356 ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་ རྩིའི་ཆུ་འཐུང་ཞིག །ༀ་པཉྩ་ཨ་མྲི་ཏ་ཨུ་(བདུད་རྩི་ལྔའི་ཆུ)ད་ཀ་ཋ། ཞེས་པ་དང༌། སྤྱི་བོར་(རྡོ་རྗེ་དང་ བཅས་པའི)ལག་པ་བཞག་ལ། དེང་ཕྱིན་ཆད་བུ་ཁྱོད་ཀྱིས་དཔལ་གཤིན་རྗེ་གཤེད་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ང་ལ་བརྙས་པར་ཡང་མི་བྱ་ སྟེ། བྱས་ན་ཁྱོད་ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་པ་རྣམས་ཀྱིས་དམ་ལ་བཞག་གོ །དེ་ནས་ཡེ་ཤེས་དབབ་པའི་ཆེད་དུ་མཎྜལ་ཕུལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། དཔལ་གཤིན་རྗེ་གཤེད་ བདག་ལ་འབབ་པར་གྱུར་ཅིག་ཅེས་གསོལ་བ་(ལན་གསུམ)བཏབ་སྟེ། (སློབ་མ)འདོད་ཆགས་ གཤིན་རྗེ་གཤེད་དུ་བསྐྱེད་པའི་སྤྱི་བོར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་བུམ་པས་མཚན་ པ་ལ་ཧཿ སྙིང་ཁར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཟུར་དུ་རྡོ་རྗེ་རྩེ་གསུམ་པས་ མཚན་པ་ལ་ཧཱུྃ། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རྣོ་ཞིང་འབར་བ་ལ་ ཨཱཿ རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་གཡོ་བ་བ་ དན་གྱིས་མཚན་པ་ལ་ཛྷེཾཿདྲག་ཅིང་བཟོད་པར་དཀའ་བ་འབར་བའི་གཟུགས་ཅན་བསྒོམས་ ནས། དེ་རླུང་གིས་བསྐྱོད་པ་རྐང་མཐིལ་གཉིས་ནས་ཞུགས། ལྟེ་བའི་མེ་དང་འདྲེས། (ནད་གདོན་ སྡིག་སྒྲིབ་ཐམས་ཅད་བསྲེགས)སྙིང་ཁའི་ས་བསྲེགས། དཔྲལ་བའི་ཆུ་ཁོལ་བ་ལས་བདུད་རྩིའི་ཚོགས་ བབས་པས་ལུས་གང་ཞིང་ཚིམ་པར་གྱུར། གཙོ་བོའི་ཐུགས་ཁའི་འོད་ཀྱིས་གཤིན་རྗེ་གཤེད་ ཀྱི་ཚོགས་དཔག་ཏུ་མེད་པ་བཀུག་ནས་ཐིམ་པར་བསམ་ཞིང༌། ཧྲཱིཿཥྚིཿའི་མཐར། ཏིཥྛ་བཛྲ་ ཨ་བེ་ཤ་(དབབ་པར་མཛོད)ཡ། སྟཾ་བྷ་(རེངས་པར་མཛོད)ཡ། ར་ར་ར་ར་ཙཱ་ལ་ཡ་(གཡོ་བར་མཛོད་ཅིག)ཙཱ་ ལ་ཡ་ཧཱུཾ་ཨཱཿཧཿཛྷཻཾཿཧཱུཾ་ཕཊ། ཞེས་དྲག་ཏུ་བརྗོད་པས་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་ པར་མོས་ཏེ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མནན་ནས་(ཏིཥྛ་བཛྲ་ཅེས)བརྟན་པར་བྱའོ། །དེ་ནས། 7-1-357 (དྲིལ་བུ་གསུམ་བརྡུང་བྱ)ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་ བགྱི། །ལྷ་རྣམས་རིགས་ཀྱི་རིམ་པས་ནི། །བསོད་ནམས་རིམ་པའང་དེ་བཞིན་ཤོག །འདིའི་ དངོས་གྲུབ་ཅི་འདྲར་འགྱུར། རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་ འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་(ལན་གསུམ)པས་བདེན་པ་བརྗོད་དེ། (དེ་ནས་ ནམ་མཁའི་ཁ་དོག་དྲིས་ཏེ། དེ་དང་མཐུན་པའི་ལས་འགྲུབ་པོ་ཞེས་ངོ་སྤྲད་ཅིང༌། ༀ་པྲ་ཏཱིཙྪ་བཛྲ་ཧོཿཞེས)ཏྲཾ་ལས་རིན་པོ་ ཆེའི་མེ་ཏོག་ཏུ་མོས་པ་གཙོ་བོ་ལ་དབུལ་ཞིང༌། (སླར་ཡང)ༀ་པྲ་(རབ་ཏུ་ཟུང་ཞིག་ཁྱོད་ཀྱིས་འདིར། །སེམས་ དཔའ་སྟོབས་ཆེན་ལྡན་པས་སོ)ཏི་གྲིཧྣ་ཏྭཾ་ཨི་མཾ་སཏྭ་མཧཱ་བ་ལ་ཞེས་པས་བླངས་ཏེ་མགོ་བོར་བཅིངས་ ལ། མིག་གཉིས་སུ་ༀ་ཡིག་འབར་བ་བསྒོམས་ཏེ། གཤིན་རྗེ་གཤེད་དཔལ་དེང་ཁྱོད་ཀྱིས། མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེ་མིག་ ནི་བླ་ན་མེད། །ༀ་ཛྙ་ན་ཙཀྵུཿ(ཡེ་ཤེས་ཀྱི་སྤྱན)ཧཱུཾ་ཨཱཿསྭཱཧཱ། ཞེས་པས་མིག་དབྱེ་ཞིང་(གདོང་གཡོགས་ བཀྲོལ་ནས)། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་ སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །གསང་སྔགས་རྣམས་ལ་སྒྲུབ་ པ་གྱིས། །ཧེ་བཛྲ་པ་ཤྱ། ཞེས་པས་དཀྱིལ་འཁོར་དང་ལྷ་རྣམས་བསྟན་ཏེ། རྡོ་རྗེའི་དཀྱིལ་ འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ ཆེན་པོ་བདག་གིས་མཐོང༌། །གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་ བསྐུར། །ཞེས་པས་ཆེད་དུ་བརྗོད་དེ་སྔོན་དུ་འགྲོ་བ་དཀྱིལ་འཁོར་དུ་འཇུག་པའོ། ། ༈ དེ་ནས་བུམ་པའི་དབང་གི་དོན་དུ། བླ་མ་སྤྲུལ་པའི་སྐུའི་ངོ་བོ་ལ་མཎྜལ་ཕུལ་ཏེ། (དཔལ་འཛིན)སངས་རྒྱས་ཤེས་རབ་ཆེན་པོ་ཡིས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། ། མགོན་པོས་བདག་ལ་དབང་བསྐུར་ཞིང༌། །བདག་ལ་དོན་མཆོག་བསྩལ་ཏུ་གསོལ། །ཞེས་ 7-1-358 པས་གསོལ་བ་བཏབ་ནས། (དཀྱིལ་འཁོར་གྱི)ཤར་(དབང་སྟེགས་བྲིས་པའམ་བསྒོམས་ཀྱང་རུང)སྒོར་རིན་ པོ་ཆེའི་ཁྲི་དང་པད་མ་དང་ཉི་མ་ལ་གཤིན་རྗེ་གཤེད་དུ་གསལ་བའི་སྟེང་དུ་གདུགས་དཀར་ པོ་གསེར་གྱི་ཡུ་བ་ཅན་དང༌། ཕྱོགས་ཐམས་ཅད་ནས་མཆོད་པའི་ཚོགས་ཀྱིས་བསྐོར་བ་དང༌། གཙོ་བོའི་ཐུགས་ཁ་ནས་སྤྲོས་པའི་རིགས་ལྔས་དབང་བསྐུར་རིག་མས་གླུ་ལེན། བྱང་ཆུབ་ སེམས་དཔས་བཀྲ་ཤིས་བརྗོད། ཁྲོ་བོས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་པར་ བསམ་ཞིང༌། ༀ་ཨཱཿ་བིགྷ་ནན་ཏ་ཀྲིད་ཧཱུཾ་ཕཊ་ཞེས་པ་དང༌། ཧཱུཾ་ལན་བདུན་བཟླས་པའི་ཡུངས་ དཀར་ཁུ་ཚུར་གཉིས་ཀྱིས་གཡོན་དང་གཡས་སུ་ལན་གཉིས་གཉིས་བསྐོར་ཏེ། ༀ་སརྦ་པཱ་ པཾ་བཛྲཱ་ཡ(སྡིག་པ་ཐམས་ཅད་བསྲེག་པའི་ཆེད་དུ)། བཛྲ་སཏྭ་སྱ(རྡོ་རྗེ་སེམས་དཔའ་སྡིག་པ་ཐམས་ཅད་བསྲེགས་ ཤིག)། སརྦ་པཱ་པཾ་ད་ཧ་སྭཱཧཱ། ཞེས་པས་མེ་དང་ཆུ་ལ་དོར་ནས་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་བྱུར་ དང་སྐལ་བ་ངན་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག ཅེས་པ་དང༌། བཀྲིས་གང་ཞིག་ སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག ། སེམས་ཅན་མ་ལུས་བསྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ ལ་བཀྲ་ཤིས་ཤོག །ཅེས་པ་དང༌། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་པ་ ལ་སོགས་པས་ཤིས་པ་བརྗོད་(ཅིང་མེ་ཏོག་དོར་བར་བྱ་བ་དབང་གི་སྔོན་འགྲོའོ) པར་བྱའོ། །དེ་ནས་སློབ་ མའི་དབང་དྲུག་ལ་སོ་སོར་རིག་པའི་དབང་ལྔ་བླང་བ་ནི། ཆུ་དང་ཅོད་པན་རྡོ་རྗེ་དང༌། །དྲིལ་ བུ་དང་ནི་མིང་གི་དབང༌། །ཞེས་པ་སྟེ། རང་དང་དབང་རྫས་རྣམས་ཧྲཱིཿཥྚཱིཿཡིས་བསང་བ་དང་ སྭ་བྷཱ་ཝས་སྦྱང་བ་དང༌། སྟོང་པའི་ངང་ལས་པཾ་ལས་པད་མ་རཾ་ལས་ཉི་མའི་དཀྱིལ་འཁོར་ ལ་ཞེས་པ་ནི་ཐམས་ཅད་ལ་མཚུངས་ཤིང་། ཧཱུཾ་ལས་རྡོ་རྗེས་མཚན་པའི་དབྱུག་པ་ཡོངས་སུ་ གྱུར་པ་ལས་ཞེ་སྡང་གཤིན་རྗེ་གཤེད་དམར་པོ་དབྱུག་པ་དང་ཐོད་པ་འཛིན་པ། རོ་ལངས་མ་ དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་ 7-1-359 པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཁར་ཧཱུཾ། དེའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་ལ་དབྱེར་མེད་པར་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ཞེ་སྡང་རྡོ་རྗེ་ཡབ་ ཡུམ་ཞུ་བ་ལས་བྱུངབའི་བུམ་པའི་ཆུས། (གུར་དང་དཔལ་འཛིན)དབང་བསྐུར་ཆེན་པོ་རྡོ་རྗེ་ནི། ། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །རྡོ་རྗེའི་གསང་བ་གསུམ་འབྱུང་བ། །སངས་རྒྱས་ཀུན་ གྱིས་སྦྱིན་པར་བྱ། །ༀ་ཨཱཿ(རྡོ་རྗེའི་ཆུའི་དབང་བསྐུར་བར)བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་(ཤིན་ཏུ་དགའ་བ་ཉིད་ང་ ཡིན)ཧཱུཾ་སུ་ར་ཏ་སྟྭཾ་ཨཱཿཧྃ། ཞེས་བརྗོད་ཅིང་དབང་བསྐུར་བས་དྲི་མ་དག་ཆུ་ལྷག་མ་ཡར་ལུད་ པ་ལས། མི་བསྐྱོད་པས་དབུ་བརྒྱན་པ་ལ་མཆོད་པ་འབུལ་ཞིང༌། མི་བསྐྱོད་པ་ཆུའི་དབང་ ཐོབ། ཞེ་སྡང་རྣམ་པར་དག རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ ཤེས་མངོན་དུ་བྱས། མི་བསྐྱོད་པའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན་སྙམ་དུ་ མོས་པ་བྱའོ། །དེ་བཞིན་དུ་མ་ལས་རིན་པོ་ཆེས་མཚན་པའི་དབྱུག་པ་ཡོངས་སུ་གྱུར་པ་ལས་ སེར་སྣ་གཤིན་རྗེ་གཤེད་སེར་པོ་དབྱུག་པ་དང་ཐོད་པ་འཛིན་པ་ཕག་མོ་སེར་མོ་གྲི་གུག་དང་ ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ་བསྐྱེད་ནས། གནས་གསུམ་བྱིན་གྱིས་བརླབ་པ་ དང་ཡེ་ཤེས་པ་གཞུག་པ་དང༌། གསོལ་བ་གདབ་པ་ལ་སོགས་པ་རྣམས་ཀྱང་ཐམས་ཅད་ལ་ མཚུངས་ཤིང༌། སངས་རྒྱས་ཀུན་དང་ཅོད་པན་དབང༌། །རྫོགས་སངས་རྒྱས་ཉིད་རབ་བསྒྲུབ་ ཕྱིར། །ཅོད་པན་མཆོག་གི་དབང་བསྐུར་བས། །འཁོར་ལོས་བསྒྱུར་རྒྱལ་མགོན་དབང་ བསྐུར། །ༀ་ཨཱཿབཛྲ་མུ་ཀུ་ཊ་ཨ་(རྡོ་རྗེའི་ཅོད་པན་དབང་བསྐུར་བར)བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་(ཤིན་ཏུ་ དགའ་བ་ཉིད་ང་ཡིན)ཧྃ། ཞེས་ཅོད་པན་བཅིངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རིགས་ བདག་ལ་བསྟིམས་ལ། བུམ་པའི་ཆུས་ཀྱང་དབང་བསྐུར་ནས་རིན་ཆེན་འབྱུང་ལྡན་གྱིས་དབུ་ བརྒྱན་པ་ལ་མཆོད་ཅིང༌། ཅོད་པན་གྱི་དབང་ཐོབ། སེར་སྣ་རྣམ་པར་དག ཚོར་བའི་ཕུང་པོ་ 7-1-360 གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་ས་བོན་དང་ བག་ཆགས་རྒྱུད་ལ་བཞག་པ་ཡིན་སྙམ་དུ་མོས་པ་བྱའོ། །དེ་བཞིན་དུ་མེ་ལས་པད་མ་མེས་ མཚན་པའི་དབྱུག་པ་ཡོངས་སུ་གྱུར་པ་ལས་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་དབྱུག་ པ་དང་ཐོད་པ་འཛིན་པ་དབྱངས་ཅན་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་ པར་སྦྱོར་བར་བསྐྱེད་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་ བྱ། །སངས་རྒྱས་ཀུན་ཏུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་བཟུང༌། །ༀ་(སྟོང་ཉིད་ཡེ་ཤེས་ རྡོ་རྗེས་མངོན་པར་དབང་བསྐུར་བར་བགྱིའོ)ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མི། ཞེས་པས་སྙིང་ཁ་མགྲིན་པ་ དཔྲལ་བ་རྣམས་སུ་རྡོ་རྗེས་རེག་ནས་ལག་པ་གཡས་པས་བཟུང་ཞིང༌། བུམ་པའི་ཆུས་ཀྱང་ དབང་བསྐུར་ཏེ། འོད་དཔག་མེད་ཀྱིས་དབུ་བརྒྱན་པ་ལ་མཆོད་ཅིང༌། རྡོ་རྗེའི་དབང་ཐོབ་ འདོད་ཆགས་རྣམ་པར་དག འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་སོ་སོར་རྟོག་པའི་ཡེ་ཤེས་མངོན་ དུ་བྱས། འོད་དཔག་མེད་ཀྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན་སྙམ་དུ་མོས་པར་ བྱའོ། །དེ་བཞིན་དུ་ད་ལས་སྣ་ཚོགས་རྡོ་རྗེས་མཚན་པའི་དབྱུག་པ་ཡོངས་སུ་གྱུར་པ་ལས་ ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ་དབྱུག་པ་དང་ཐོད་པ་འཛིན་པ་གཽ་རཱི་ལྗང་ཁུ་གྲི་གུག་དང་ ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བར་བསྐྱེད་ལ། ཆོས་ཀྱི་དྲིལ་བུ་བླ་མེད་དོན། །སྟོང་ ཉིད་ཡེ་ཤེས་སྒྲ་སྒྲོགས་པ། །ཐམས་ཅད་སྟོང་ཉིད་དོན་སྟོན་པ། །དྲིལ་བུའི་དབང་བསྐུར་བླ་ མེད་སྦྱིན། །ༀ་བཛྲ་ཨ་དྷི་པ་ཏི་སྟྭཾ། (རྡོ་རྗེ་ལྷག་པའི་བདག་པོས་ཁྱོད་དག་དབང་བསྐུར་བར་བྱའོ)ཨ་བྷི་ཥིཉྩ་ མི་ཏིཥྛ་(གནས་ཤིག་རྡོ་རྗེའི་དམ་ཚིག་ཉིད) བཛྲ་ས་མ་ཡ་སྟྭཾ། ཞེས་པས་དྲིལ་བུ་ལག་པ་གཡོན་པས་ བཟུང་ཞིང་བུམ་པའི་ཆུས་ཀྱང་དབང་བསྐུར་ཏེ། དོན་ཡོད་གྲུབ་པས་དབུ་བརྒྱན་པ་ལ་མཆོད་ ཅིང༌། དྲིལ་བུའི་དབང་ཐོབ། ཕྲག་དོག་རྣམ་པར་དག འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་ གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་ 7-1-361 པ་ཡིན་སྙམ་དུ་མོས་པར་བྱའོ། །དེ་བཞིན་དུ་ཀྵེ་ལས་འཁོར་ལོས་མཚན་པའི་དབྱུག་པ་ཡོངས་ སུ་གྱུར་པ་ལས་གཏི་མུག་གཤིན་རྗེ་གཤེད་དཀར་པོ་དབྱུག་པ་དང་ཐོད་པ་འཛིན་པ། ཙར་ཙཱི་ ཀ་ནག་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བར་བསྐྱེད་ལ། སངས་རྒྱས་ ཀུན་གྱི་རྡོ་རྗེའི་མིང༌། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །སངས་རྒྱས་ཀུན་ཏུ་རབ་གྲུབ་ཕྱིར། །རྡོ་ རྗེའི་མིང་འདི་ཁྱོད་ཀྱིས་བཟུང༌། །ༀ་བཛྲ་(རྡོ་རྗེ་སེམས་དཔའ་ཁྱོད་དབང་བསྐུར་བར་བྱ་སྟེ)སཏྭ་སྟྭཾ། ཨ་ བྷི་ཥིཉྩ་མི། (རྡོ་རྗེའི་མིང་གིས་དབང་བསྐུར་བས་སོ)བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏཿཞེས་པས་མགོ་བོར་རྡོ་རྗེ་ དྲིལ་བུ་བཟུང་ནས་ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་མིང་གནང་ཞིང༌། བུམ་པའི་ཆུས་ཀྱང་ དབང་བསྐུར་ཏེ། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པ་ལ་མཆོད་ཅིང༌། མིང་གི་དབང་ ཐོབ། གཏི་མུག་རྣམ་པར་དག གཟུགས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་ མངོན་དུ་བྱས། རྣམ་པར་སྣང་མཛད་ཀྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན་སྙམ་ དུ་མོས་པར་བྱའོ། །དེ་ནས་དྲུག་པ་ཐུན་མོང་དུ་རྡོ་རྗེའི་བརྟུལ་ཞུགས་བླང་བ་ནི་པད་མ་དང་ཟླ་ བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་ བུ་འཛིན་པ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བར་ བསྐྱེད་ལ། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ༀ་སརྦ་ཏ་(དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་དངོས་གྲུབ་རྡོ་རྗེའི་དམ་ཚིག་གནས)ཐཱ་ག་ཏཱ་སིད་དྷི་བཛྲ་ས་མ་ཡ་ཏིཥྛ་(འདི་ནི་ཁྱོད་ཀྱིས་བཟུང་བར་ མཛོད)ཨེ་ཥ་ཏྭཾ་དྷཱ་ར་ཡཱ་མི་བཛྲ་སཏྭ་ཧཱིཿ(རྡོ་རྗེ་སེམས་དཔའ་ཉིད་ཡིན་ནོ)ཧི་ཧི་ཧི་ཧི་ཧཱུཾ། ཞེས་པས་སྙིང་ ཁར་རྡོ་རྗེ་བཟུང་ནས་སྙིང་གི་ནང་དུ་ཡང༌། རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ་སྟེ། སློབ་མའི་ དབང་ངོ༌། ། ༈ དེ་ནས་སློབ་དཔོན་གྱི་དབང་གི་དོན་དུ་ཡོན་ཕུལ་ནས། གང་གིས་བདག་ནི་ཁྱོད་དྲིན་ 7-1-362 ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེའི་ གཏེར་ཀྱེ་བདག་ལ་སྩོལ། །ཞེས་པས་གསོལ་བ་བཏབ་ལ། དབང་སྟེགས་རིན་པོ་ཆེའི་ཁྲིའི་ སྟེང་དུ་པད་མ་དང་ཉི་མ་ལ་གཙོ་བོ་ཡབ་ཡུམ་མམ། རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་རྡོ་ རྗེ་དང་དྲིལ་བུ་འཛིན་པ་རྡོ་རྗེ་སྙེམས་མ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་ སྦྱོར་བ་རྒྱན་ཐམས་ཅད་དང་ལྡན་པ་སྔར་བཞིན་ཡན་ལག་བཞི་རྫོགས་སུ་བསྐྱེད་ཅིང༌། འདི་ དེ་སངས་རྒྱས་ཐམས་ཅད་དེ། ཞེས་པ་ལ་སོགས་པས་རྡོ་རྗེའི་བརྟུལ་ཞུགས་བླང་ཞིང༌། ཐོག་ མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་ བདག་ཉིད། །རྡོ་རྗེ་སྙེམས་མ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་ སྐྱེས་བུའོ། །ༀ་(ཆེན་པོའི་རྡོ་རྗེ)མཧཱ་བཛྲ་ཧཱུཾ། རྡོ་རྗེའི་དོན་ཡང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ བདེ་བ་ཆེན་པོ་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་ལ། རང་གི་སེམས་ཀྱང་དེའི་རང་བཞིན་ ཅན་དུ་དྲན་པ་དང༌། འདི་དེ་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་ བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ༀ་(རྡོ་རྗེ་དྲིལ་ བུ)བཛྲ་གྷཎ་ཌ་ཨཱཿ ཞེས་པས་གཡོན་དུ་དྲིལ་བུ་བཟུང་ཞིང༌། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་ བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པས། །སྲིད་པ་དམ་པ་བྱེད་ པར་འགྱུར། །དྲིལ་བུའི་དོན་ཡང་སངས་རྒྱས་ཐམས་ཅད་ཀྱི་གསུང་སྲིད་གསུམ་ངོ་བོ་ཉིད་ ཀྱིས་དག་པ་ཟབ་མོ་སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པ་ཡིན་ལ། རང་གི་ངག་ཀྱང་དེའི་རང་བཞིན་ ཅན་དུ་དྲན་པ་དང༌། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དི་རིང་ རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་ཀུན་བསྡུ་བར་གྱིས། །ཞེས་པས། ཤེས་རབ་མ་ འཁྱུད་པའི་ཚུལ་བྱས་ཏེ་དེའི་བདེ་བ་ཉམས་སུ་མྱོང་བར་བསམས་ལ། ཡིད་ཀྱི་ལུས་ནི་བརྟན་ པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གིས་ལུས་ནི་ཐམས་ཅད་བརྟན། །དེས་ 7-1-363 ན་ཕྱ་རྒྱར་རབ་ཏུ་བསྒྲགས། །ཞེས་པ་དང༌། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་ གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་རབ་ཏུ་བཤད། ། ཕྱ་རྒྱའི་དོན་ཡང་སངས་རྒྱས་ཐམས་ཅད་ཀྱི་སྐུ་བདེ་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་སྐུའི་ངོ་བོ་ ཡིན་ལ་རང་གི་ལུས་ཀྱང་དེའི་རང་བཞིན་ཅན་དུ་དྲན་པར་བྱ་ཞིང༌། རྡོ་རྗེ་ཐུགས་ཀྱི་དམ་ཚིག དྲིལ་བུ་གསུང་གི་དམ་ཚིག ཕྱག་རྒྱ་སྐུའི་དམ་ཚིག བརྟུལ་ཞུགས་དམ་ཚིག་གསུམ་དང་མི་ འབྲལ་བར་སེམས་ཅན་གྱི་དོན་གྱིས་ཤིག ཅེས་བརྗོད་དེ་བུམ་པའི་ཆུས་ཀྱང་དབང་བསྐུར་ ནས་མི་བསྐྱོད་པས་དབུ་བརྒྱན་ལ། ༀ་སུ་པྲ་ཏིཥྛ་ཏེ་(ལེགས་པར་རབ་གནས་རྡོ་རྗེ)བཛྲེ་སྭཱཧཱ། ཞེས་ པས་མེ་ཏོག་དོར་ཏེ། མཆོད་པ་ཕུལ་ནས། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་ཕུལ་བར་ མོས་པར་བྱའོ། །དེ་ནས་མཐའ་རྟེན་ལ་དེ་ཉིད་བཤད་པ་ནི། དཀྱིལ་འཁོར་གྲུ་བཞི་བདེན་ པ་བཞི། །ཞེས་པ་ལ་སོགས་པ་གཞལ་ཡས་ཁང་གི་དེ་ཉིད་དང༌། བཅོམ་ལྡན་འདས་ཀྱིས་ བརྩེ་བར་མཛད། ཅེས་པ་ལ་སོགས་པ་ལྷའི་དེ་ཉིད་སྒྲུབ་ཐབས་སུ་བསྡུས་པ་རྣམས་དང༌། དེ་ ཐམས་ཅད་ཀྱང་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་ཚང་བ་ཉིད་དོ། །ཞེས་པའོ། ། ༈ རྗེས་གནང་ལ། མཆོད་པའི་རྗེས་སུ་གནང་བ་དང༌། སྔགས་དང་མིག་སྨན་ལེ་ལོང་ དང༌། མདའ་གཞུ་ཕྱག་མཚན་རལ་གྲི་དང༌། ཆོས་བཤད་པ་ཡི་རྗེས་གནང་ངོ༌། །དེ་ལ་མཆོད་ པའི་རྗེས་གནང་ནི། སྡུག་པའི་གདོང་ལ་བལྟས་ནས་ནི། །བལྟས་པར་གྱུར་པའི་བདེ་བ་ དེ། །སངས་རྒྱས་རྣམས་ལ་ཕུལ་ན་ནི། །སྐད་ཅིག་གིས་ནི་གཟི་ཅན་འགྱུར། །བུད་མེད་ཀུན་ གྱིས་ཡོངས་བསྐོར་ནས། །ཀུན་ནས་བརྩེ་བའི་བདེ་བ་དེ། །སངས་རྒྱས་རྣམས་ལ་ཕུལ་ན་ནི། ། སྐད་ཅིག་གིས་ནི་གཟི་ཅན་འགྱུར། །དགེ་བའམ་ཡང་ན་མི་དགེ་བའི། །ལས་རྣམས་སྤྱད་ པ་གང་ཡིན་པ། །སངས་རྒྱས་རྣམས་ལ་ཕུལ་ན་ནི། སྐད་ཅིག་གིས་ནི་གཟི་ཅན་འགྱུར། །དེ་ ཕྱིན་ཆད་ལོངས་སྤྱོད་ཐམས་ཅད་ལྷ་མཆོད་པའི་བསམ་པས་སྤྱད་པར་བྱའོ། །ཞེས་པ་དང༌། 7-1-364 སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །ཞེས་པས་ གསོལ་བ་བཏབ་ནས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་ གསོལ། །ཞེས་གསུང་ཞིང་གཙོ་བོའི་ཐུགས་ཁ་ནས་སྔགས་ཀྱི་ཕྲེང་པ་འཕྲོས་པས་སྙིང་ཁར་ ཐིམ་པར་བསམས་ལ་སྙིང་པོ་ལ་སོགས་པ་བཟླས་ཏེ། བཅོམ་ལྡན་བདག་གིས་བཟུང་ལགས་ ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་པས་སྔགས་ཀྱི་རྗེས་གནང་དང༌། མིག་དག་ ལ་ཡི་གེ་པྲཾ་བསྒོམས་ཏེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནེ་ཏྲ་ ཨ་པར་ཧ་ར་པ་ཊ་ལཾ་(རྡོ་རྗེ་མིག་གི་རབ་རིབ་ངེས་པར་བསལ)ཧྲཱིཿ ཞེས་བརྗོད་ཅིང་མིག་ཐུར་གྱིས་ཡེ་ ཤེས་ཀྱི་མིག་ཕྱེ་བར་བསམས་ལ་མིག་སྨན་གྱི་རྗེས་གནང་དང༌། ཨཱཿཡིག་གིས་བསྔགས་ པའི་མེ་ལོང་བལྟ་ཞིང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་ མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང༌། །རྡོ་རྗེ་སེམས་ དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་བདག་ ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་མེད་ཅིང་གནས་མེད་པར། །དེ་ལྟར་ཆོས་ རྣམས་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། ། མེ་ལོང་དག་པ་ལ་གཟུགས་བརྙན་འཆར་བ་ལྟར་སེམས་དག་པ་ལ་རྡོ་རྗེ་སེམས་དཔའ་སྣང་ བར་འགྱུར་རོ་ཞེས་པ་མེ་ལོང་གི་རྗེས་གནང་དང༌། ཧོཿདེ་བཞིན་གཤེགས་པ་ཐམས་ཅད་དང་ རྗེས་སུ་ཆགས་པར་བྱོས་ཤིག་ཅེས་པས་མདའ་གཞུ་གནང་བར་བསམ་ཞིང༌། ༀ་སརྦ་ཏ་ཐཱ་ ག་ཏཱ་ཨ་ནུ་རཱ་ག་ཡ་མི(དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བགྱིའོ)། ཞེས་པས་བགེགས་ ལ་འཕེན་པའི་ཚུལ་བྱ་བ་མདའ་གཞུའི་རྗེས་གནང་དང༌། ཧྲཱིཿཥྚཱིཿས་བསྔགས་པའི་དབྱུག་ པ་དང་ཐོད་པ་བཟུང་སྟེ། གཤིན་རྗེ་གཤེད་དཔལ་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་ 7-1-365 གནས། །རྡོ་རྗེའི་དབྱུག་པ་ཀ་པཱ་ལ། །དཔའ་བོས་འདི་དག་བཟུང་བྱ་སྟེ། །གདུག་པའི་སྐྱེས་ བུ་འདུལ་བ་དང༌། །སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་པས་ཕྱག་མཚན་གྱི་རྗེས་ གནང་དང༌། ཁཾ་ལས་བྱུང་བའི་ཡེ་ཤེས་ཀྱི་རལ་གྲི་བཟུང་སྟེ། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །ལས་ཀྱི་རལ་གྲི་གཅིག་པུ་མཆོག །བདུད་ལས་རྒྱལ་ བར་བྱ་ཕྱིར་བཟུང༌། །ༀ་བཛྲ་(རྡོ་རྗེ་རལ་གྲི)ཁཌ་ག་ཧཱུཾ། ཞེས་པ་རལ་གྲིའི་རྗེས་གནང་དང༌། ༀ་ བཛྲ་(རྡོ་རྗེ་རྒྱུ)ཧེ་ཏུ་མཾ། ཞེས་པས་མདུན་ནམ་སྟན་ལ་འཁོར་ལོ་དང༌། ༀ་བཛྲ་(རྡོ་རྗེ་དུང)བྷ་ཥ་ རཾ། ཞེས་པས་གཡས་པར་དུང་དང༌། ༀ་བཛྲ་གྷཎ་(རྡོ་རྗེ་དྲིལ་བུ)ཌེ་ཨཱཿ ཞེས་པས་གཡོན་པར་ དྲིལ་བུ་དང༌། ཨ་ཞེས་པས་དབུས་སུ་པོ་ཏི་གནང་བར་བསམ་ཞིང༌། ཐམས་ཅད་ནམ་མཁའི་ མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། ། ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་པས་དྲིལ་བུ་དཀྲོལ་ཏེ། དེང་ནས་བརྩམས་ཏེ་ སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱི་ཐེ་ཚོམ་དོགས་མེད་པར། ། ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་ བར་གྱིས། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་ སངས་རྒྱས་ལ། །ཕན་བཏགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང༌། །ཁྱོད་ལ་ རྟག་ཏུ་བསྲུང་བར་མཛད། ཅེས་པ་དང༌། རིགས་ལྔར་རིམ་གྱིས་བསྒོམས་ཞིང༌། སེམས་ཅན་ ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་ བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེ། རིན་ཆེན། པདྨ་དང༌། ལས་ཀྱི་ འཁོར་ལོ་རབ་ཏུ་བསྐོར། །ཞེས་པ་རྣམས་ཀྱིས་ཆོས་བཤད་པའི་རྗེས་གནང་ངོ༌། །དེ་ནས་བླ་ མ་ཤཱཀྱ་ཐུབ་པའི་རྣམ་པས་ལུང་སྟོན་པར་བསམ་ཞིང་(ཕྱག་རྒྱ་རང་གི་སྤྱི་བོར་གཏུགས་ལ)། འདིར་ནི་ ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ 7-1-366 ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་ གཤེགས་པ་སིད་(གྲུབ་པོ་དམ་ཚིག་ཉིད)དྷི་ས་མ་ཡ་སྟྭཾ་བྷུར་བྷུ་(ས་འོག་ས་སྟེང)ཝཿསྭ། (མཐོ་རིས)གང་ ངས་ལུང་བསྟན་པ་འདི་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པའི་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་བྱང་ཆུབ་ཆེན་པོར་མགྲིན་ཅིག་ཏུ་ལུང་སྟོན་པར་མཛད་དེ་སྔགས་འདི་དང་ ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །ཞེས་པས་ལུང་བསྟན་ནས། འདོད་ཆགས་བྲལ་བ་ལྟ་བུ་ཡི། ། ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་ལས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་ མི་བྱའོ། །མཧཱ་ས་(དམ་ཚིག་ཆེན་པོས)མ་ཡ་(བརྫུན)ཧ་ན་ཧཱུཾ་ཕཊ། ཅེས་པ་དང༌། ད་ནི་ཁྱེད་རྣམས་ དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་ དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྣམས་ལ་རྗེས་བརྩེ་ བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་ནི། །སྒྲུབ་པ་པོ་ རྣམས་སྔགས་ལ་སྦྱོར། །ཞེས་པས་དབུགས་དབྱུང་ཏེ། སློབ་དཔོན་གྱི་དབང་མཐའ་རྟེན་དང་ བཅས་པའོ། །དེ་ལྟར་ཕྱིའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག ལམ་ བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ ཅན་དུ་བྱས་པ་ཡིན་ཞེས་ཀྱང་རྟོགས་པ་བསྐྱེད་པར་བྱ་སྟེ། བུམ་པའི་དབང་ངོ༌། ། ༈ དེ་ནས་གསང་བའི་དབང་གི་དོན་དུ་བླ་མ་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ལ་ མཎྜལ་ཕུལ་ནས། (གཤེད་དམར་དུ)ཨེ་མ་སངས་རྒྱས་སློབ་དཔོན་ཆེ། །ཨེ་མ་ཆོས་དང་ཚོགས་ཀྱི་ གཙོ། །བདག་ལ་དམ་ཚིག་དེ་ཉིད་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །ཞེས་ པས་གསོལ་བ་གདབ་ཅིང༌། གདོང་གཡོགས་བཅིངས་ལ། ༀ་སརྦ་ཏ་ཐཱ་(དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་རྗེས་སུ་ཆགས་པ་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ང་ཡིན)ག་ཏཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ ཀོ྅་ཧཾ། ཞེས་གསུང་ཞིང་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་སངས་རྒྱས་ 7-1-367 ཐམས་ཅད་སྤྱན་དྲངས་པ་སྤྱི་བོ་ནས་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་སྦྱོར་ མཚམས་ནས་འཐེབ་སྲིན་གྱིས་བླངས་ཏེ། (གཤེད་དམར)བཏུང་བ་རིན་ཆེན་དམ་པ་འདི། །རྡོ་ རྗེའི་ལུས་ནི་རབ་སྒྲུབ་བྱེད། །བུ་ཁྱོད་དེ་ལྟར་ཤེས་གྱིས་ལ། །ཡིད་ལས་བྱུང་བའི་ཆུ་འཐུང་ ཞིག །ཅེས་པ་དང༌། ཧྲཱིཿཥྚཱིཿབརྗོད་པས་གནང་བ། (ཨེ་མ་བདེ་བ་ཆེན་པོ)ཨ་ཧོ་མཧཱ་སུ་ཁཾ་ཞེས་པས་ མྱང་ཞིང་གསང་གནས་མཐོང་བའི་བདེ་བས་ཀྱང་ཚིམ་པར་བསམས་ལ། གདོང་གཡོགས་ཕྱེ་ སྟེ། བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག ལམ་སྲོག་རྩོལ་རླུང་ གི་དཀྱིལ་འཁོར་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ པའི་སྐལ་བ་ཅན་དུ་བྱས་པ་ཡིན་ཞེས་ཀྱང་རྟོགས་པ་བསྐྱེད་པར་བྱ་སྟེ། གསང་བའི་དབང་ངོ༌། ། ༈ དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་བླ་མ་ཆོས་ཀྱི་སྐུའི་ངོ་བོ་ལ་མཎྜལ་ཕུལ་ ནས། (གདོང་དྲུག་ཏུ)ཇི་ལྟར་བླ་མེད་དཔའ་བོ་ཡིས། །མགོན་ལ་དབང་ནི་བསྐུར་བ་བཞིན། །བླ་ མེད་བྱང་ཆུབ་གནས་བྱའི་ཕྱིར། །བདག་ལའང་མགོན་པོས་དབང་བསྐུར་གསོལ། །ཞེས་ པས་གསོལ་བ་གདབ་ཅིང་གདོང་གཡོགས་བཅིངས་ལ། བླ་མས། གཟུངས་མ་ཡིད་འོང་འདི་ ཁྱོད་ཀྱི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོའི་རིམ་པའི་སྦྱོར་བ་ཡིས། ། བདེ་བ་དམ་པ་མྱང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ ཡང་དག་པ་ཡིན། །དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་ སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་ བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་གསུང་ཞིང་རིག་མ་མཚན་ཉིད་དང་ལྡན་པ་ གནང་བར་བསམ་ཞིང༌། དེས་ཀྱང་བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོ་འམ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པད་མར་ 7-1-368 འོ་བྱེད་པ། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། །ཞེས་འདྲི་བ་ལ། ཅི་གསུངས་དམ་ཚིག་བསྟེན་ པར་ནི། །ལྷ་མོ་བདག་ནི་སྤྲོ་གྱུར་ཏོ། །ཞེས་ལན་བཏབ་པ་དང༌། ཨེ་མ་ང་ཡི་པད་མ་འདི། ། བདེ་བ་ཐམས་ཅད་ཀྱི་ནི་གནས། །ཅི་སྟེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་ང་འདུག་སྟེ། ། སངས་རྒྱས་བསྟེན་པ་ལ་སོགས་པ། །བྱ་བ་པད་མ་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ ཉིད་ནི། །འདི་ཉིད་དུ་ནི་རབ་ཏུ་བཞུགས། །བྷཉྫ་(སྣོད)མོ་ཀྵ་(ཐར་པའི)ཧོཿ ཞེས་པས་པད་མ་ བསྟན་པར་མོས་ཏེ། མཁའ་གསང་བྱིན་གྱིས་བརླབས་ནས་གཙོ་བོ་ཡབ་ཡུམ་གྱི་རྣལ་འབྱོར་ གྱིས་སྙོམས་པར་ཞུགས་པས། བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས། མགྲིན་པ་སྙིང་ཁ་ལྟེ་བ་གསང་ བར་བྱོན་པས་ཡས་བབས་ཀྱི་དགའ་བ་བཞི་ཉམས་སུ་མྱོང་ཞིང༌། སླར་ཡང་གསང་གནས་ ནས་འཕོ་བ་མེད་པར་ལྟེ་བ་སྙིང་ཁ་མགྲིན་པ་སྤྱི་བོ་རྣམས་སུ་བྱོན་པས་མས་བརྟན་གྱི་དགའ་ བ་བཞི་ཉམས་སུ་མྱོང་བས། བདེ་བ་ཆེན་པོས་ལུས་གང་བར་བསམ་ཏེ། གདོང་གཡོགས་ཕྱེ་ ལ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་ དྲི་མ་དག ལམ་ཐིག་ལེ་ཕྲ་མོའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ཞེས་ཀྱང་རྟོགས་པ་བསྐྱེད་པར་བྱ་སྟེ། ཤེས་རབ་ ཡེ་ཤེས་ཀྱི་དབང་ངོ༌། ། ༈ དེ་ནས་དབང་བཞི་པའི་དོན་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ་མཎྜལ་ཕུལ་ནས། བྱང་ ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་སྐྱབ་པའི་དོན་ གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་གསོལ། །ཞེས་གསོལ་གདབ་ཅིང༌། གདོང་གཡོགས་ བཅིངས་ལ། བླ་མས་(གདོང་དྲུག་ཏུ)བརྟན་གཡོའི་དངོས་པོ་མ་ལུས་པ། །བསྒོམ་པར་བྱ་བའི་ དུས་ཉིད་ན། །བློས་ནི་ཡོངས་སུ་མི་བསྒོམ་སྟེ། །ཀུན་གྱི་མཚན་ཉིད་མི་ཤེས་ན། །དེ་ཁོ་ན་ཉིད་ བསྒོམ་པ་མིན། །དངོས་པོ་ཐམས་ཅད་ཡོངས་ཤེས་ན། །དེ་ནི་བསྒོམ་པར་ཡོངས་སུ་གྲགས། ། 7-1-369 ཞེས་གསུང་བར་བསམ་ཞིང༌། མཉམ་བཞག་གི་སྤྱོད་ལམ་དང་ལྡན་པས། སྟོང་ཉིད་སྤྲོས་ བྲལ་རྟོགས་པའི་ངང་ནས་མི་རྟོག་པ་ལ་མཉམ་པར་བཞག་ཅིང༌། ཆོས་ཀྱི་དབྱིངས་མངོན་ སུམ་དུ་མཐོང་བར་མོས་པས་གདོང་གཡོགས་ཕྱེ་ལ། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་ འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་དག ལམ་ཤིན་ཏུ་སྤྲོས་མེད་བསྒོམ་པ་ལ་ དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ཞེས་ ཀྱང་རྟོགས་པ་བསྐྱེད་པར་བྱ་སྟེ། དབང་བཞི་པའོ། ། ༈ དེ་རྣམས་ཀྱི་རྗེས་སུ་ཕན་ཡོན་བཤད་ཅིང་དམ་ཚིག་བསྲུང་བར་གདམས་པ་ནི། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །བཙུད་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ ལས་རྣམ་པར་གྲོལ། །དེ་རིང་ཁྱེད་རྣམས་བདེ་བར་གནས། ༡ ། བདེ་ཆེན་ཐེག་པ་འདི་ལ་ ནི། །(དཔལ་འཛིན)ཕྱིན་ཆད་འཆི་བ་ཡོད་མིན་ཏེ། །མི་ཐུབ་པ་དང་མི་འཆི་བ། །ཅིས་ཀྱང་མི་ འཇིགས་དགའ་བར་གྱིས། ༢ ། སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་ལས་ཁྱོད་ འདས། །སྲིད་པ་ཤིན་ཏུ་མཐའ་གྲུབ་ཕྱིར། །སྟོན་པའི་མཆོག་ཏུ་ཡང་དག་འགྱུར། ༣ ། དངོས་ གྲུབ་དམ་ཚིག་སྡོམ་པ་འདི། །ཁྱེད་ཀྱིས་རྟག་ཏུ་བསྲུང་བྱ་སྟེ། །སངས་རྒྱས་ཀུན་གྱིས་མཐུན་ པར་གསུངས། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། ༤ ། (གཤེད་དམར་རྒྱུད་དུ)སློབ་དཔོན་སྨད་ པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་ནས་སྤུན་རྣམས་ལ། ། ཉེས་པ་བརྗོད་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་ངེས་ པར་སྤང་མི་བྱ། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་གཞན་ཆོས་ལ་མི་སྨད་དོ། །ཡོངས་ སུ་མ་སྨིན་སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་སྨད་མི་བྱ། ། ཆོས་རྣམས་ངོ་བོས་སུན་མི་དབྱུང༌། །གདུག་པའི་བྱམས་པ་རྟག་ཏུ་སྤངས། ཆོས་ལ་ཚད་ བཟུང་མི་བྱའོ། །དད་ལྡན་སེམས་ཅན་སླུ་མི་བྱ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །ཤེས་ 7-1-370 རབ་རང་བཞིན་བུད་མེད་ལ། །སྐྱོན་གྱི་ཉེས་པ་མི་བརྗོད་དོ། །རྣལ་འབྱོར་སློངས་མོས་མི་རྒྱུ་ ཞིང༌། །རྣལ་འབྱོར་སྤང་བར་མི་བྱ་སྟེ། །རྟག་པར་རྒྱུན་དུ་གསང་སྔགས་བཟླས། །རྟག་ཏུ་དམ་ ཚིག་ལ་སོགས་བསྟེན། །གལ་ཏེ་བླ་མས་སྨོས་དེ་བཞིན། །དམ་ཚིག་བག་མེད་ཉམས་གྱུར་ན། ། དེ་ཚེ་དཀྱིལ་འཁོར་ངེས་བྲིས་ལ། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། (གདོང་དྲུག་རྒྱུད་ དུ)དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །གང་ཕྱིར་འདི་ལ་ལེགས་གནས་པས། །དམ་ཚིག་ལྷ་ རྣམས་དང་མཉམ་པར། །གནས་པར་འགྱུར་བར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་ཅན་ཀུན་ གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་རོ། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །བདག་པོ་ཉིད་ དུ་ཁྱོད་ངེས་པའོ། །དེ་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རབ་ཞུགས་སོ། ། དེ་རིང་ཁྱེད་ཀྱིས་སངས་རྒྱས་ཉིད། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དང་ རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་ ཉུང་ལ་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར། ། ཞེས་པ་དང༌། གང་དག་ཆོ་ག་ཇི་ལྟ་བ་བཞིན་མངོན་པར་དབང་བསྐུར་བ་ལ་དགེ་བའི་ཕྱིར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྡུག་པའི་བུ་དང་འདྲ་བར། ཐུགས་ དང་བས་ཡང་དག་པར་དགོངས་པར་མཛད་པ་འདི་ནི། ཆོས་ཉིད་ཡིན་ནོ། །ཞེས་པས་སོ། ། དེ་ནས་ཡོན་དབུལ་ཞིང༌། དམ་ཚིག་ཐམས་ཅད་བསྡུས་ཏེ་ཁས་བླང་བའི་བསམ་པས། གཙོ་ བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་པ་དང༌། དེང་ནས་ བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས། །ཁྱེད་ཀྱིས་སློབ་མར་ བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་པ་དང༌། བདེན་པའི་སྟོབས་བརྗོད་ ཅིང་སྨོན་ལམ་གདབ་པར་བྱ་སྟེ། ༀ། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་ པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། ། 7-1-371 ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་ གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་སྟེ། །འདོད་ ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་ གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་ སྙེམས་བདག་བདག་གྲུབ་མཛོད། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། སེམས་ཅན་ཀུན་གྱི་ཡིད་ ལ་གནས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག ། ཅེས་པ་དང་ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་ པ། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱེད་ཀྱི་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་ གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་ མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་ དེ་ཡིས་དཀྱིལ་འཁོར་ནི། གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་ མཐོང་བར་ཤོག །ཅེས་པའོ། །དེ་ནས་སྔར་བཞིན་གཏོར་མ་རྣམས་རིམ་གྱིས་ཕུལ་ཏེ། མཆོད་ པའི་ཡོ་བྱད་ལ་ལོངས་སྤྱད་ཅིང་བསྔོ་བའི་བར་སྒྲུབ་ཐབས་ལྟར་བྱས་ལ། སླར་ཡང་མདུན་ སྐྱེད་ཀྱི་དཀྱིལ་འཁོར་མཆོད་ཅིང་བསྟོད་དེ་དངོས་གྲུབ་བླང་བ་དང་བཟོད་པར་གསོལ་ཞིང༌། རས་བྲིས་ལ་བརྟེན་པ་ཡིན་ན་བརྟན་པར་བཞུགས་པ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་ཡིན་ ན་ཡེ་ཤེས་པ་གཤེགས་སུ་གསོལ་ཞིང་དམ་ཚིག་པ་བདག་ལ་བསྡུས་ཏེ་གནས་གསུམ་བྱིན་ གྱིས་བརླབས་ནས་བསྲུང་བ་དང༌། ལས་ཀྱི་རྗེས་བསྡུ་ཞིང་ཤིས་པ་བརྗོད་པ་ལ་སོགས་པའང་ གཞན་དང་མཐུན་པར་བྱའོ། །ཞེས་པ་འདི་ཡང་དད་ལྡན་སློབ་མས་བསྐུལ་བའི་ངོར། ས་ 7-1-372 བཟང་དགོན་པར་བློ་གྲོས་རྒྱལ་མཚན་དཔལ་གྱིས་སྡེབས། །ཉེས་པ་མཆིས་ན་དམ་པ་རྣམས་ ལ་བཟོད་པར་གསོལ། །ལེགས་པའི་དགེ་བས་འགྲོ་ཀུན་འཇམ་དབྱངས་ཉིད་གྱུར་ཅིག ། དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་ དབང་བླང་བའི་ཆོ་ག་དེ་ཉིད་རབ་གསལ་སྣང་བ་ཞེས་བྱ་བ་པཎྜི་ཏ་མ་ཏིས་སྦྱར་བའོ། ། 7-1-373 ༄༅། །དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྦྱིན་སྲེག་གི་ ཆོ་ག་ཞི་རྒྱས་རབ་གསལ་སྣང་བ་ཞེས་བྱ་ བཞུགས། ། ༄༅། །ༀ་ན་མོ་མཉྫུ་བཛྲཱ་ཡ། ཡེ་ཤེས་མེ་ལྕེ་འབར་བ་ཡིས། །མི་ཤེས་བུད་ཤིང་ཀུན་ འཇོམས་པ། །དཔལ་ལྡན་གཤིན་རྗེ་གཤེད་དམར་ལ། །བཏུད་ནས་དེ་ཡི་སྦྱིན་སྲེག་བརྩམ། ། དེ་ཡང་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་ཐོབ་པར་འདོད་པ་རྣམས་ཀྱིས་བསྐྱེད་པ་ དང་རྫོགས་པའི་རིམ་པ་ལ་བརྟེན་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་དྲང་ བ་དང་ངེས་པའི་དོན་གྱི་སྦྱིན་སྲེག་ལ་འཇུག་པར་བྱ་སྟེ། རེ་ཞིག་དང་པོར། (རྒྱུད་ལས)སྦྱིན་སྲེག་ གིས་ནི་ལྷ་རྣམས་ཚིམ། །ཚིམ་ནས་དངོས་གྲུབ་སྟེར་བར་བྱེད། །སྔགས་ཀྱི་ལྷག་ཆད་གང་ཡིན་ པ། །དེ་ཀུན་སྦྱིན་སྲེག་དག་གིས་སྐོང༌། །ཞེས་གསུང་པ་ལྟར། བསྐྱེད་པའི་རིམ་པ་ལ་བརྟེན་ ནས། ལྷ་མཉེས་པ་ལས་དངོས་གྲུབ་མྱུར་དུ་ཐོབ་པའི་དོན་དང༌། གསང་སྔགས་ཟབ་མོའི་ཁ་ བསྐངས་ནས་སྒྲིབ་པ་སྦྱང་བའི་དོན་དང༌། རང་གཞན་གྱི་རྒྱུད་ལ་བསོད་ནམས་ཀྱི་ཚོགས་རྒྱ་ ཆེན་པོ་སྤེལ་བའི་དོན་དུ། ཞི་བ་དང་རྒྱས་པའི་སྦྱིན་སྲེག་དག་ལ་བརྩོན་པར་བྱའོ། །དེ་ལ་ཐོག་ མར་ཡོ་བྱད་བཤམ་པ་དང༌། སྔོན་དུ་མེ་ལྷ་མཆོད་པ་དང༌། དངོས་གཞི་ཡི་དམ་མཆོད་པ་དང༌། མཇུག་ཏུའང་མེ་ལྷ་མཆོད་པའོ། །ཐོག་མར་ཡོ་བྱད་ བཤམ་ཚུལ་ནི། །ཞི་བའི་ཐབ་ཁུང་ཁྲུ་གང་ཟླུམ་པོས་ཏེ། །ཁ་ཁྱེར་སོར་བཞི་མུ་རན་སོར་བཞི་ 7-1-374 བསྐོར། །དབུས་སུ་པད་མ་མུ་རན་རྡོ་རྗེའི་ཕྲེང༌། །ཟུར་བཞི་ཟླ་ཕྱེད་རྡོ་རྗེས་མཚན་ཞིང་དཀར། ། རྒྱས་པའི་ཐབ་ཁུང་དེ་ཡི་ཉིས་འགྱུར་ལ། །གྲུ་བཞི་སེར་པོ་མུ་རན་རིན་ཆེན་ཕྲེང་། །དབུས་ ཀྱི་པད་མར་རིགས་ལྔའི་མཚན་མ་སྟེ། །ཡང་ན་མེ་ཏོག་ཚོམ་བུ་དགོད་པར་བྱ། །(ཨ་བྷ་ཡས་ནི་ ཡམ་ཤིང་མར། །ཏིལ་དང་དུར་བ་འབྲས་ཞོ་ཟན། །ཀུ་ཤ་སོ་བ་ནས་སྲན་གྲོ)ཡམ་ཤིང་མར་ཏིལ་ཞོ་ཟན་འབྲས་སོ་ བ། །ནས་གྲོ་སྲན་མ་དུར་བ་ཀུ་ཤ་གཡས། །(དཔལ་འཛིན་གྱིས། མར། ཏིལ། དུར་བ། འབྲས། ཞོ་ཟན། ཀུ་ ཤ ཨ་ཤྭད་ཏའི་ཤིང༌། ནྱ་གྲོ་ཏ་དང་ཨུ་དུམ་འབར། །ཨ་མྲ་རྣམས་ནི་གཡས་སུ་དགོད། །ཅེས་པ་ལྟར་བཤད་དོ)ནང་མཆོད་ ཕྱི་མཆོད་གཏོར་མ་རྣམས་ནི་གཡོན། རྡོ་རྗེ་དྲིལ་བུ་དགང་བླུགས་དབུས་སུ་དགོད། དེ་ནས་ ཆོ་ག་དངོས་ལ། སྒྲུབ་པ་པོ་ལྷའི་རྣལ་འབྱོར་དང་ལྡན་ཞིང༌། ཞི་བ་ལ་སྲོད་ལ་དུས་སུ། གོས་ དང་རྒྱན་དཀར་པོ་ཅན་པད་མའི་འདུག་སྟངས་ཀྱིས་ཤར་དུ་ཁ་བལྟས་ཏེ་མི་མཐུན་ཕྱོགས་ ཞི་བར་འདོད་པའི་བསམ་པ་དང༌། རྒྱས་པ་ལ་སྔ་དྲོའི་དུས་སུ་གོས་དང་རྒྱན་སེར་པོ་ཅན་ བཟང་པོའི་འདུག་སྟངས་ཀྱིས་བྱང་དུ་བལྟས་ཏེ། ཚིམ་ཞིང་རངས་པའི་བསམ་པས། སྔོན་དུ་ འཇིག་རྟེན་པའི་མེ་ལྷ་མཆོད་པར་བྱ་སྟེ། མེ་སྦར་བསང་སྦྱང་བྱིན་གྱིས་བརླབ། །ཐབ་དང་ལྷ་ བསྐྱེད་སྤྱན་དྲངས་དགུག །དབང་བསྐུར་ཀུ་ཤ་བྱོན་ཟན་དབུལ། །མཆོད་བསྟོད་རྫས་དབུལ་ མཆོད་བསྟོད་བྱ། །ཞེས་པ་ལྟར་ཧྲཱིཿཥྚཱིཿཟློས་ཤིང་ཐབ་ལ་ལན་གསུམ་བསྐོར་ནས། ༀ་ཛྭ་ལ་ (མེ་འབར་བ)ཛྭ་ལ་རཾ། ཞེས་པས་མེ་སྦར་ཏེ། ཡམ་ཤིང་དང་མར་གྱིས་བསོ[གསོ]ཞིང༌། ༀ་ ཨག་ནེ་ཛྭ་ལ་རམ་(མེ་འབར་བ)ཞེས་ཀྱང་བརྗོད་པར་བྱའོ། (དཔལ་འཛིན་གྱིས་འདིའི་སྐབས་སུ་ཀུ་ཤ་དགྲམ་ པར་བཤད)དེ་ནས་མཆོད་རྫས་དང་བསྲེག་རྫས་རྣམས་སྒྲུབ་ཐབས་སུ་བསྟན་པ་ལྟར་བསང་ ཞིང་སྦྱངས་ཏེ། ༀ་ཨརྒྷཾ་ལ་སོགས་པ་དང༌། ༀ་ཨཱཿསྭཱཧཱ། ༀ་ཤྲཱིཾ་སྭཱཧཱ། (མར་སྦྱང་བའོ)ༀ་སྭ་(རྫས་ སྦྱང་བའོ)སྭཱཧཱ། ༀ་ཛྲིཾ་(འབྲུ་སྦྱང་བའོ)སྭཱཧཱ། ༀ་ཀུ་རུ་ཀུ་རུ་(རྫས་གཞན་རྣམས་སྦྱོང་བའི་སྔགས)སྭཱཧཱ། ༀ་བོ་ དྷི་བྲིཀྵ་ཡ་སྭཱཧཱ། (བར་འདིར་ཡུངས་དཀར་འབུལ་ན)ༀ་སརྦ་ཨརྠ་སིད་དྷི་ཡེ་སྭཱཧཱ། ཞེས་པ་ལ་སོགས་ 7-1-375 པའི་མཐར། ༀ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབ་པོ། །དེ་ནས་ཞི་བའི་ཐབ་ཁུང་དཀར་ཞིང་ ཟླུམ་པའམ། རྒྱས་པའི་ཐབ་ཁུང་སེར་པོ་གྲུ་བཞི་པ། ཁ་ཁྱེར་མུ་རན་དང་བཅས་པ། དྭངས་ ཤིང་གསལ་བའི་དབུས་སུ་སྣ་(དཔལ་འཛིན་གྱིས་གསུངས)ཚོགས་པད་མ་ལ། མེའི་དཀྱིལ་འཁོར་ གྲུ་གསུམ་འབར་བའི་ནང་དུ། ཞི་བའི་མེ་ལྷ་སྐུ་མདོག་དཀར་པོའམ། རྒྱས་པའི་སེར་པོ་ཞལ་ གཅིག་ཕྱག་གཉིས་པ། གཡས་བགྲང་ཕྲེང་དང༌། གཡོན་སྤྱི་བླུགས་འཛིན་པས་རང་འོད་ཀྱི་ རིག་མ་ལ་འཁྱུད་པ། སྨ་ར་དང་རལ་པའི་ཚོགས་ཀྱིས་བརྗིད་པ། ཞབས་གཉིས་གཡོན་བརྐྱང་ གི་སྟབས་ཀྱིས་བཞུགས་པ། ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དྲང་སྲོང་གི་ཚོགས་ ཐམས་ཅད་ཀྱིས་བསྐོར་བའི་གནས་གསུམ་དུ། ༀ་ཨཱཿཧཱུྃ་དང་ཐུགས་ཀར་རམ་བསམས་ནས། ཐབ་དང་ལྷ་བསྐྱེད་དེ། ཐུགས་ཁའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཞིང༌། (ཕྲེང་བར)ཚུར་བྱོན་ ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་ དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ༀ་ཊཀ་ཀི་ཧཱུཾ་ཛཱཿཞེས་པ་དང༌། (ལག་གཉིས་མཐེ་བོང་ གུང་རྩར་སྦྱར། །འཛུབ་མོ་གུང་མོའི་རྒྱབ་ཏུ་བཅག །དེས་ནི་སྣ་དྲུང་གཡབ་བྱ་ཞིང༌། །ཞེས་པ་ལྟར)དབྱུག་གུའི་ཕྱག་རྒྱ་སྣ་ དྲུང་དུ་གཡབ་པ་དང༌། ༀ་ཨག་ནེ་ཡེ་མཧཱ་(མེ་ལྷ་གཟི་བརྗིད་ཆན་པོ་པ)ཏེ་ཛཿ(ལས་རྣམས་ཐམས་ཅད་སྒྲུབ་པ་ པོ)སརྦ་ཀརྨ་པྲ་སཱ་དྷ་ཀ(སྙིང་རྗེ་དོན་རྣམས་ཐམས་ཅད་མཛད)ཀ་རུ་ཎཱ་ཡ་ཀྲི་ཏྭ་སརྦཱརྠ། ཨ་(འདིར་ནི་ཡང་དག་ ཕན་པར་མཛོད)སྨིན་པན་ནི་ཧི་ཏོ་བྷ་ཝ། ཞེས་བརྗོད་པས་མདུན་དུ་བྱོན་པ་ལ། པད་མ་ཀ་མ་ལ་ ཡ་སྟྭཾ། ཞེས་པས་གདན་དབུལ་ཞིང༌། ཨརྒྷཾ་ལ་སོགས་པས་མཆོད་དེ། རྡོ་རྗེ་རྩེ་ལྔ་པའི་ཕྱག་ རྒྱ་དང༌། ༀ་(རྡོ་རྗེའི་མེ)བཛྲ་ཨ་ན་ལ་མ་ཧཱ་(ཆེན་པོ)བྷུ་ཏན་(འབྱུང་བ)ཛྭ་ལ་(འབར་བའི་ཆེད་དུ)ཡ། སརྦ་ ན་(ཐམས་ཅད་ཐལ་བར་མཛོད)བྷ་སྨཱི་ཀུ་རུ་སརྦ་དུཥྚན་(གདུག་པ་ཐམས་ཅད)ཧཱུཾ་ཕཊ། ཏྲི་ཤྱ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ(དམ་ཚིག་ཁྱོད)། ས་མ་ཡ་ཨ་ཧཾ། (དམ་ཚིག་པ)ཞེས་པས་དམ་ལ་བཞག་ཅིང༌། དགུག་ གཞུག་བྱས་ནས། དབང་བསྐུར་ཏེ། ཞི་བ་ལ་རྣམ་པར་སྣང་མཛད་དང་རྒྱས་པ་ལ་རིན་ཆེན་ 7-1-376 འབྱུང་ལྡན་གྱིས་དབུ་བརྒྱན་པ་ལ། ཀུ་ཤ་འདི་ནི་གཙང་ཞིང་དགེ། །ས་ལས་སྐྱེས་པའི་སྙིང་ པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །འདིས་ བདག་ཅག་རྣམས་ལ་བགེགས་མེད་པར་མཛོད་ཅིག །ༀ་བཛྲ་སཏྭ་ཨཱཿཞེས་པས་(མདུན་ནས་ གཡས་བསྐོར་དུ་འགྲེམས་པས)ཀུ་ཤ་དབུལ་ཞིང་(དཔལ་འཛིན་གྱིས་དགང་བླུགས་ཀྱི་ཁ་ལ་དགོད་པར་བཤད)། མེ་ ལྷའི་ཞལ་དུ་རཾ་བཀོད་ལ་ༀ་ཨག་ནེ་ཡེ་སྭཱཧཱ། ཞེས་པ་བདུན་གྱིས་བཀང་བའི་མར། ༀ་ཨག་ ན་(མེ་ལྷའི་ཆེད་དུ)ཡེ། དཱི་བྱ་དཱི་བྱ(འབར་བ་གཉིས)། བི་(རྣམ་པར་དག་པ)ཤུད་དྷེ། མཧཱ་(ཆེན་པོའི་དཔལ་གྱི་ ཆེད་དུ)ཤྲི་ཡེ། ཧ་བྱ་(བསྲེག་བྱ)ཀ་བྱ༌། བཱ་ཧ་ན་ཡ་(ཐོབ་པའི་ཆེད་དུ)སྭཱཧཱ། ཞེས་པས་བྱོན་ཟན་གྱི་ཚུལ་ དུ་དབུལ་བར་བྱའོ། །ད་ནས་ༀ་ཨག་ན་ཡེ་ཞེས་པ་སྔོན་དུ་འགྲོ་བའི་ཨརྒྷཾ་ལ་སོགས་པའི་ ཕྱིའི་མཆོད་པ་དང༌། ༀ་ཨཱཿཧཱུཾ་གིས་ནང་མཆོད་ཀྱིས་ཀྱང་མཆོད་དེ། འཇིག་རྟེན་དབང་ཕྱུག་ ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་ གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་ བསྟོད་པ་བྱའོ། །དེ་ནས་བསྲེག་རྫས་རྣམས་བསང་ཞིང་སྦྱངས་ཏེ་བྱིན་གྱིས་བརླབས་ནས། ཞུ་ བའི་རྫས་རྣམས་ཞལ་དང་གོང་བུའི་རྫས་རྣམས་ཕྱག་ཏུ་ཕུལ་བར་མོས་པས་(ཨ་བྷ་ཡས)བླུག་ བཟར་གྱིས་ནི་མར་བསྲེག་ཅིང༌། འབྲུ་རྣམས་དེ་ཉིད་ཀྱི་དབུལ་བྱ། ཞེས་པ་ལྟར། ཡམ་ཤིང་ དང༌། དུར་བ་དང༌། ཀུ་ཤ་རྣམས་མཐེ་བོང་དང་མིང་མེད་ཀྱིས་བླངས་ནས་དབུལ་བར་བྱ་སྟེ། ༀ་བོ་དྷི་བྲིཀྵ་ཡ་(བྱང་ཆུབ་ཤིང་གི་ཆེད་དུ)སྭཱཧཱ། ཞེས་པས་ཡམ་ཤིང་དང༌། ༀ་ཨག་ན་ཡེ་(མེ་ལྷའི་ཆེད་ དུ)སྭཱཧཱ། ཞེས་པས་མར་དང༌། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་(སྡིག་པ་ཐམས་ཅད་བསྲེག་པའི་རྡོ་རྗེའི་ཆེད་དུ)ཡ་ སྭཱཧཱ། ཞེས་པས་ཏིལ་དང༌། ༀ་སརྦ་སཾ་པ་དེ་(ཐམས་ཅད་ཕུན་སུམ་ཚོགས་པའི་ཆེད་དུ)སྭཱཧཱ། ཞེས་པས་ ཞོ་ཟན་དང༌། ༀ་བཛྲ་པུཥྚ་(རྡོ་རྗེ་རྒྱས་པའི་ཆེད་དུ)ཡེ་སྭཱཧཱ། ཞེས་པས་འབྲས་དང༌། ༀ་བཛྲ་བཱི་ཛཱ་ཡ་ (རྡོ་རྗེ་ས་བོན་གྱི་ཆེད་དུ)སྭཱཧཱ། ཞེས་པས་སོ་བ་དང༌། ༀ་མཧཱ་བེ་ག་ཡ་(ཤུགས་ཆེན་པོའི་ཆེད་དུ)སྭཱཧཱ། ཞེས་ 7-1-377 པས་ནས་དང༌། ༀ་བཛྲ་གྷསྨ་རཱ་(རྡོ་རྗེ་ཟ་ཕོད་ཆེད་དུ)ཡ་སྭཱཧཱ། ཞེས་པས་གྲོ་དང༌། ༀ་མ་ཧཱ་བ་ལ་ཡ་ (སྟོབས་ཆེན་པོའི་ཆེད་དུ)སྭཱཧཱ། ཞེས་པས་སྲན་མ་དང༌། ༀ་བཛྲ་ཨ་ཡུ་ཥེ་(རྡོ་རྗེ་ཚེའི་ཆེད་དུ)སྭཱཧཱ། ཞེས་ པས་དུར་བ་དང༌། ༀ་ཨ་པྲ་ཏི་ཧ་ཏ་(ཐོགས་པ་མེད་པ་རྡོ་རྗེའི་ཆེད་དུ)བཛྲ་ཡ་སྭཱཧཱ། ཞེས་པས་ཀུ་ཤ་ རྣམས་ཉི་ཤུ་རྩ་གཅིག་ལ་སོགས་པ་དབུལ་བར་བྱ་སྟེ། (དེ་ལྟར་དུ་ཨ་བྷ་ཡས། འདི་ནི་གོ་རིམ་ཡམ་ཤིང་དག ། བསྲེགས་ནས་ཡམ་ཤིང་མེ་ལ་སྦར། །ཏིལ་དང་དུར་བ་འབྲས་ཞོ་ཟན། །ཀུ་ཤ་ལ་སོགས་བསྲེག་པར་བྱ། །ཞེས་པ་དང་དེའི་རྗེས་ སུ། སོ་བ་ནས་དང་སྲན་མ་གྲོ། །ཡམ་ཤིང་རྣམ་གྲངས་མང་པོའང་གསུངས། །དཔལ་འཛིན་ཀུ་ཤ་ཡན་ཆད་གསུང༌། །དེང་སང་ འདི་བཞིན་མཛད་པ་མང)སྡེ་ཚན་རེ་རེའི་མཇུག་ཏུའང༌། ཞི་བ་ལ་སྦྱིན་བདག་ལ་སོགས་པའི་སེམས་ ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤན་ཏིང་ཀུ་རུ་(ཞི་བར་མཛོད)སྭཱཧཱ། ཞེས་པ་ ལ་སོགས་པ་དང༌། རྒྱས་པ་ལ་ཚེ་དང་དཔལ་དང་འབྱོར་པ་ལ་སོགས་པའི་ཡོན་ཏན་ཕུན་སུམ་ ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་(རྒྱས་པར་མཛོད)ༀ། ཞེས་པ་ལ་སོགས་པའི་སྤེལ་ཚིག་ཀྱང་སྦྱར་ ཞིང༌། ཞི་བ་ལ་ཏིལ་དང༌། རྒྱས་པ་ལ་ཞོ་ཟན་མང་དུ་དབུལ་ལོ། །སླར་ཡང་སྔར་བཞིན་མཆོད་ ཅིང་བསྟོད་ནས་ཧཱུཾ་བཛྲ་ཛྭ་ལ་རཾ་ཞེས་ཀྱང་བརྗོད་པར་བྱའོ། ། ༈ དངོས་གཞི་འཇིག་རྟེན་ལས་འདས་པ་མཆོད་པ་ནི་(མེ་ལྷའི་ཐུགས་ཁར་ངེས་པར་བལྟ། །སྦྱིན་སྲེག་ དངོས་གྲུབ་རབ་ཏུ་སྟེར། །ཞེས་པ་ལྟར)མེ་གསོས་ཡི་དམ་བསྐྱེད་ནས་ཀྱང༌། སྤྱན་དྲངས་དབང་བསྐུར་ བྱོན་ཟན་དབུལ། །མཆོད་བསྟོད་རྫས་མར་མཆོད་བསྟོད་བྱ། གསོལ་གདབ་བཟོད་གསོལ་ གཤེགས་སུ་གསོལ། །ཞེས་པ་ལྟར། མར་གྱི་དགང་བླུགས་ཀྱིས་མེ་གསོས་ནས་མེ་ལྷའི་ཐུགས་ ཁའམ། ཡང་ན་དེ་ཉིད་འབར་བར་གྱུར་པའི་དབུས་སུ་ཡི་དམ་བསྐྱེད་པར་བྱ་སྟེ། ཧཱུཾ་ལས་སྣ་ ཚོགས་རྡོ་རྗེ་ལས་བྱུང་བའི་རྡོ་རྗེའི་ས་གཞི་ར་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་འབར་བས་བསྐོར་ བའི་བསྲུང་བའི་འཁོར་ལོ་དང༌། པཾ་ལས་ཆོས་འབྱུང་གྲུ་གསུམ་ཡངས་པའི་ནང་དུ། འབྱུང་ བ་རིམ་རྩེག་རི་རབ་དང་བཅས་པའི་སྟེང་དུ། བྷྲཱུཾ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་ 7-1-378 བཞི་སྒོ་བཞི་རྟ་བབས་བཞིས་མཛེས་པར་བརྒྱན་པ་ཡངས་ཤིང་སྒྲིབ་པ་མེད་ལ་ཕྱི་ནང་ཀུན་ཏུ་ འོད་གསལ་བ་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་དབུས་སུ། པཾ་ལས་སྣ་ཚོགས་པད་མའི་ལྟེ་ བར་ཨཾ་ལས་ཉི་མའི་དཀྱིལ་འཁོར་ལ། བཅོམ་ལྡན་འདས་དཔལ་གཤིན་རྗེའི་གཤེད་དམར་ པོ་རོ་ལངས་མ་དམར་མོས་འཁྱུད་པ། མ་ཧེ་དམར་ནག་གི་རྒྱབ་ཏུ་གཤིན་རྗེ་ནག་པོ་མནན་ པ། ཕྱོགས་ཀྱི་འདབ་མ་བཞི་ལ། ཤར་དུ་གཏི་མུག་གཤིན་རྗེའི་གཤེད་དཀར་པོ་ཙར་ཙི་ཀཱ་ ནག་མོས་འཁྱུད་པ། ལྷོ་རུ་སེར་སྣ་གཤིན་རྗེའི་གཤེད་སེར་པོ་ཕག་མོ་སེར་མོས་འཁྱུད་པ། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་དབྱངས་ཅན་མ་དཀར་མོས་འཁྱུད་པ། བྱང་ དུ་ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ་གཽ་རཱི་ལྗང་ཁུས་འཁྱུད་པ། དཔའ་བོ་རྣམས་ཞལ་གཅིག་ ཕྱག་གཉིས་པ་དབྱུག་པ་དང་ཐོད་ཁྲག་འཛིན་པས་ཡུམ་ལ་འཁྱུད་ཅིང༌། ཞབས་གཉིས་གཡོན་ བརྐྱང་གིས་བཞུགས་པ་སྐུ་སྦོམ་ཞིང་རགས་པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་ དམར་ལ་ཟླུམ་པ། དབུ་སྐྲ་སེར་པོ་འབར་བ། མི་མགོ་སྐམ་པོའི་དབུ་བརྒྱན་རློན་པའི་དོ་ཤལ་ ཅན། རུས་པའི་རྒྱན་དྲུག་དང་སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་ བརྒྱན་པ། དཔའ་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ ལ་འཁྱུད་ཅིང༌། ཞབས་གཉིས་གཡས་བརྐྱང་གིས་བཞུགས་པ། གཅེར་བུ་སྤྱན་གསུམ་དང་ ལྡན་པ། སྐྲ་གྲོལ་བ། མི་མགོ་སྐམ་པོའི་དབུ་རྒྱན་དང་དོ་ཤལ་ཅན། ཕྱག་རྒྱ་ལྔ་དང་ལྡན་པ། ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། མཚམས་ཀྱི་འདབ་མ་བཞི་ ལ། མེར་མུ་མེན་གྱི་བུམ་པ་གཞི་མཉམ་གྱིས་གང་བ། བདེན་བྲལ་དུ་གསེར་གྱི་བུམ་པ་གླ་ རྩིས་གང་བ། རླུང་དུ་བྱི་རུའི་བུམ་པ་སིཧླས་གང་བ། དབང་ལྡན་དུ་དངུལ་གྱི་བུམ་པ་གུ་པུར་ གྱིས་གང་བ། བཞི་ཀའང་ཐོད་པ་བདུད་རྩིས་གང་བས་ཁ་བཅད་པ་བསྒོམས་ནས(སྒྲུབ་ཐབས་ ལྟར)། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ། (རྡོ་རྗེ་དང་དྲིལ་བུ་འཛིན་པས)མ་ལུས་ 7-1-379 སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་པ་ལ་སོགས་པ་དང་ཐུགས་ཁའི་ཧཱུཾ་གི་འོད་ཀྱིས་ ཡེ་ཤེས་པ་སྤྱན་དྲངས་པ་ལ་མཆོད་ཅིང་གསོལ་བ་བཏབ་ནས། དབང་བསྐུར་ཏེ་རིགས་དག་ གིས་རྒྱས་གདབ་ཅིང༌། དགུག་གཞུག་བྱས་ལ། ཧྲཱིཿཥྚཱིཿསྔོན་དུ་འགྲོ་བའི་དགང་བླུགས་གསུམ་ སྔར་བཞིན་བྱོན་ཟན་གྱི་ཚུལ་དུ་དབུལ་བར་བྱའོ། །དེ་ནས་ཕྱི་ནང་གི་མཆོད་པས་མཆོད་ཅིང་ བསྟོད་པར་བྱ་སྟེ། ཞལ་དུ་ཡི་གེ་རཾ་བཀོད་ནས། ཡམ་ཤིང་ལ་སོགས་པའི་བསྲེག་རྫས་རྣམས་ བདུད་རྩི་ལྔའི་ངོ་བོར་བྱིན་གྱིས་བརླབས་པ། ཧྲཱིཿཥྚཱིཿསྔོན་དུ་འགྲོ་བས་སྤེལ་ཚིག་དང་བཅས་ཏེ་ བརྒྱ་རྩ་གཅིག་ལ་སོགས་པ་དབུལ་བར་བྱ་ཞིང༌། (དཔལ་འཛིན་གྱིས། རང་གི་འདོད་པའི་ལྷའི་སྔགས་མན་ ངག་ཇི་ལྟ་བར་བསྐུལ་ཚིག་དང་ལྡན་པས་བདུད་རྩི་ལྔའི་ངོ་བོར་བསྐྱེད་ལ་བསྲེག་པར་བྱའོ། །ཞེས་གསུངས་པས། རབ་རེ་རེ་ལ་ འབྲིང་བདུན། ཐ་མའང་ཉེར་གཅིག་ལ་སྔགས་སྤེལ་ཚིག་དང་བཅས་པ་བརྗོད་དོ། །དཔལ་འཛིན་གྱིས། དེ་ནས་བསངས་ལ་ཞལ་ བསིལ་ལ་སོགས་པ་ཕུལ་ཏེ། དྲི་ཞིམ་པོའི་མེ་ཏོག་ལ་སོགས་པ་དང༌། ན་བཟའ་དང་སོ་རྩི་ལ་སོགས་པ་ཕུལ་ནས་ཞེས་བཤད་པས་ ཞལ་བསིལ་སོགས་ཆུ་བཞི་དང་གྲུབ་ན་གོས་ཟུང་དང་སོ་རྩི་དབུལ་ལོ)མེ་གསོ་བའི་ཆེད་དུ་མར་དང་ཡམ་ཤིང་ ཡང་སྐབས་དང་སྦྱར་བ་ཕུལ་ལ། ཐམས་ཅད་རྫོགས་པའི་མཇུག་ཏུའང་བྱོན་ཟན་དང་འདྲ་ བའི་མར་གྱི་དགང་བླུགས་གསུམ་གཤེགས་སྐྱེམས་ཀྱི་ཚུལ་དུ་དབུལ་བར་བྱའོ། །སླར་ཡང་ སྔར་བཞིན་མཆོད་ཅིང་བསྟོད་དེ། སྤེལ་ཚིག་དང་ལྡན་པར་གསོལ་བ་གདབ་ཅིང་། ཡི་གེ་བརྒྱ་ པའི་མཐར། མ་འབྱོར་བ་དང་ཉམས་པ་དང་ཞེས་པ་ལ་སོགས་པས་བཟོད་པར་གསོལ་ནས། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་པ་ལ་སོགས་པ་དང༌། ༀ་ཨཱཿཧཱུཾ་མུཿཞེས་པས་ ཡེ་ཤེས་པ་གཤེགས་སུ་གསོལ་ཞིང་དམ་ཚིག་པ་བདག་ལ་བསྡུའོ། ། ༈ མཇུག་ཏུ་འཇིག་རྟེན་པ་མཆོད་པ་ནི། སླར་ཡང་མེ་གསོ་ལྷ་གསལ་གདབ། མཆོད་ བསྟོད་རྫས་མར་མཆོད་བསྟོད་བྱ། གཏོར་མས་མཆོད་ཅིང་གསོལ་བ་གདབ། །བཟོད་གསོལ་ གཤེགས་གསོལ་ཤིས་བརྗོད་བྱ། །ཞེས་པ་ལྟར་མར་གྱི་དགང་བླུགས་ཀྱིས་མེ་གསོས་ཏེ། 7-1-380 འཇིག་རྟེན་པའི་མེ་ལྷ་སྐད་ཅིག་གིས་གསལ་བཏབ་ལ། སྔར་བཞིན་ཕྱི་དང་ནང་གི་བསྟོད་ པ(ཁ)་དང་མཆོད་པ(ཀ)་བྱ་ཞིང༌། བསྲེག་རྫས་ལྷག་མ་རྣམས་བདུན་ནམ་དགུ་འམ་ཉི་ཤུ་རྩ་ གཅིག་ལ་སོགས་པ་ཕུལ་ནས། ཐམས་ཅད་ཀྱི་མཇུག་དུ་མར་གྱི་དགང་བླུགས་བདུན་ཚན་ གསུམ་ཡང་གཤེགས་སྐྱེམས་ཀྱི་ཚུལ་གྱིས་དབུལ་ཞིང་སླར་ཡང་མཆོད་པ་དང་བསྟོད་པ་བྱའོ། ། དེ་ནས་གཏོར་མ་བསང་སྦྱང་བྱིན་གྱིས་བརླབས་ལ། ༀ་ཨག་ན་ཡེ་ཞེས་པའི་མཐར་ཨ་ཀཱ་ རོ་སྦྱར་བ་གསུམ་ལ་སོགས་པས་ཕུལ་ལ། མཆོད་ཅིང་བསྟོད་དེ་གསོལ་བ་གདབ་ནས་ཡི་གེ་ བརྒྱ་པ་ལ་སོགས་པས་བཟོད་པར་གསོལ་ཞིང༌། བདག་གི་དོན་དང་གཞན་གྱི་དོན། །སྒྲུབས་ ཀྱིས་བཞུད་ཅིག་བྱིན་ཟ་ཁྱོད། །ཇི་བཞིན་དོན་དུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ ཐམས་ཅད་བསྒྲུབས། །ༀ་མུཿཞེས་པས་གཤེགས་སུ་གསོལ་ཏེ་ཇི་ལྟར་རིགས་པའི་སྨོན་ལམ་ དང༌། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། ཞེས་པ་ལ་སོགས་པས་ཤིས་བརྗོད་བྱའོ། ། །། ༈ གསང་སྔགས་མ་བཟླས་མི་འགྲུབ་ཅིང༌། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། ། གསང་སྔགས་འབུམ་ཕྲག་གཅིག་ལ་ནི། །སྦྱིན་སྲེག་ཁྲི་ཕྲག་བྱ་བར་བཤད། །ཅེས་པ་ལྟར་ བསྐྱེད་པའི་རིམ་པ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ཞི་བ་དང༌། རྒྱས་པའི་ སྦྱིན་སྲེག་ལ་བརྩོན་པར་བྱ་སྟེ། དྲག་པོའི་ལས་ནི་ལས་དང་པོ་པས་མི་བྱ་ཞིང༌། དབང་དུ་བྱ་ བ་ལ་སོགས་པའི་ཁྱད་པར་རྣམས་ནི་ཀྱཻ་རྡོ་རྗེའི་སྦྱིན་སྲེག་དུ་(བདག་གིས)བསྟན་པ་ལྟར་ཤེས་ པར་བྱའོ། །ཡང་འདི་རྣམས་ཐམས་ཅད་སེམས་ཁོ་ནས་བྱས་ན་ཡང་མངོན་པར་འདོད་པ་ འགྲུབ་པར་འགྱུར་ཏེ། ཕྱི་རོལ་གྱི་ཆོ་ག་ལ་ཡང་ཡིད་གཙོ་བོ་ཡིན་པའི་ཕྱིར་རོ། །ཞེས་པ་(ཡིད་ ཀྱི་སྦྱིན་སྲེག)དང༌། བཟའ་བའི་དུས་སུ་ལྟེ་བའི་ཐབ་ཁུང་གི་མེས་འཁྱུད་པའི་སྙིང་ཁར་ལྷག་ པའི་ལྷ་བསམས་ནས་ལག་པའི་དགང་བླུགས་ཀྱིས། ཁ་ཟས་ཐམས་ཅད་རྣམ་པར་དག་པའི་ 7-1-381 བདུད་རྩིར་མོས་པས། ཚིམ་པར་བྱེད་པ་ནི་(ཕྱིའི་རྫས་ཀྱི)ནང་གི་སྦྱིན་སྲེག་གོ །ཞེས་ཀྱང་(ཨ་བྷ་ ཡ)གསུང་ངོ༌། ། ༈ དོན་དམ་པར་ནི། རྫོགས་པའི་རིམ་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ། (དང་པོའི་སངས་རྒྱས་སུ)ལྟེ་བར་གཏུམ་མོ་འབར་བ་(ཅེས་པ་ཙཀྲ་གཅིག་ལ་བསྟན་པའོ)ཡིས། །དེ་བཞིན་ གཤེགས་པ་ལྔ་བསྲེགས་(རྐང་པ་གཉིས་ཀྱི་ཙཀྲ་གཉིས་ལ་བསྟན་ལ)ཤིང༌། །སྤྱན་མ་མིག་ལ་སོགས་པ་ ཡང༌། །བསྲེགས་ནས་རི་བོང་ཅན་ཧཾ་འཛག་(སྤྱི་བོ་ལས་འབབ་པ་སྟེ། མགྲིན་པར་ཞར་ལ་འབྱུང་བའི་ཙཀྲ་བཞི་ ལ་བསྟན་པའོ)ཅེས་པ་ལྟར། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་ལྟེ་བའི་གཏུམ་མོ་གློག་གི་འོད་ ཟེར་རབ་ཏུ་འབར་བས། དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཅན་གཡོན་དུ་ཕུང་པོ་ལྔའི་ རླུང་དང༌། སྤྱན་མ་ལ་སོགས་པའི་རང་བཞིན་ཅན་གཡས་ཁམས་ལྔའི་རླུང་རྣམས་བསྲེགས་ ཤིང༌། མིག་ལ་སོགས་པའི་དབང་པོ་གཟུགས་ལ་སོགས་པའི་ཡུལ་ལ་འཇུག་པའི་རྣམ་པར་ རྟོག་པ་མཐའ་དག་བསྲེགས་ནས། རི་བོང་ཅན་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་འཁོར་ལོ་དྲུག་ཏུ་ འཛག་པ་རྣམས་བརྟན་པར་བྱས་པ་ལས། བདེ་བ་དང་སྟོང་པ་ཉིད་ཀྱི་ཡེ་ཤེས་འཕེལ་བར་ འགྱུར་བ་ངེས་པའི་དོན་གྱི་སྦྱིན་སྲེག་ལ་བརྩོན་པར་བྱའོ། །དེ་ལྟར་རིམ་གཉིས་རྣལ་འབྱོར་ ལ་བརྟེན་ནས། །ཚོགས་གཉིས་དོན་དུ་དྲང་དོན་ངེས་དོན་གྱི། །སྦྱིན་སྲེག་དག་ལ་བརྩོན་པས་ རབ་ཞུགས་ན། །དོན་གཉིས་མཐར་ཕྱིན་རྒྱལ་བའི་གོ་འཕང་ཐོབ། །ཞེས་པ་འདི་ཡང་མ་ཏི་ པཎྜི་ཏས། །དོན་གཉེར་སློབ་མས་བསྐུལ་ནས་གསལ་བར་བཀོད། །དགེ་བས་འགྲོ་ཀུན་མི་ ཤེས་མུན་པའི་ཚོགས། །བཅོམ་ནས་ཡེ་ཤེས་སྣང་བ་ཐོབ་གྱུར་ཅིག །དཔལ་གཤིན་རྗེ་གཤེད་ དམར་པོ་ལྷ་ལྔའི་སྦྱིན་བསྲེག་གི་ཆོ་ག་ཞི་རྒྱས་རབ་གསལ་སྣང་བ་ཞེས་བྱ་བ་དགེ་ལྡན་ས་ བཟངས་སུ་སྦྱར་(ལྷ་གྲངས་ཙམ་མ་གཏོགས་པ་བཅུ་གསུམ་མ་ལའང་མཚུངས་པར་སྦྱར་རོ)བའོ། །བསྟན་པ་རིན་ པོ་ཆེ་དང་སེམས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །མཾག་ལཾ། བྷཝཏུ། 7-1-382 ༄༅། །དཔལ་ཀྱེའི་རྡོ་རྗེའི་སྦྱིན་སྲེག་གི་ཆོ་ག་ ལག་ལེན་རབ་གསལ་སྣང་བ་ བཞུགས་སོ། ། ༄༅། །ༀ་ན་མོ་བཛྲ་སཏྭ་ཡ། །ཡེ་ཤེས་མེ་དཔུང་འབར་བ་ཡི། །སྒྲིབ་གཉིས་བུད་ཤིང་ ཀུན་བསྲེག་པ། ཀྱེ་ཡི་རྡོ་རྗེ་ལ་བཏུད་ན། དེ་ཡི་སྦྱིན་སྲེག་ཆོ་ག་བརྩམ། །ཞི་རྒྱས་དབང་དང་ མངོན་སྤྱོད་དེ། །ལས་བཞིའི་ཆོ་ག་གསུངས་པ་ལས། མངོན་སྤྱོད་མངོན་ཤེས་ཐོབ་རྣམས་ ཀྱིས། །བྱ་བར་གསུངས་ཀྱི་གཞན་གྱིས་མིན། གཞན་རྣམས་སྔགས་ཀྱི་ཁ་བསྐོང་དང༌། དངོས་ གྲུབ་མྱུར་དུ་ཐོབ་བྱའི་ཕྱིར། །སྔགས་པ་བློ་དང་ལྡན་པ་ཡིས། །ཇི་ལྟར་ནུས་བཞིན་འབད་དེ་ བསྒྲུབ། དེ་ཡང་ཞི་བའི་སྦྱིན་སྲེག་ལ། །ཞིབ་ཏུ་བཤད་དེ་གཞན་རྣམས་ཀྱི། །ཁྱད་པར་བསྟན་ པ་ཙམ་གྱིས་ཀྱང༌། བདེ་བླག་ཉིད་དུ་རྟོགས་པར་འགྱུར། །དེ་ལ་དང་པོ་ཡོ་བྱད་ཇི་ལྟར་བཤམ་ ཚུལ་མདོར་བསྡུས་པ་ནི། ཞི་བའི་ཐབ་ཁུང་ཁྲུ་གང་ཟླུམ་པོ་སྟེ། (དབུས་ནས་ཁྲུ་ཕྱེད་ཀྱིས་བསྐོར་ནས)ཁ་ ཁྱེར་(དེའི་ཕྱིར་ན་)སོར་བཞི་མུ་རན་སོར་བཞིས་བསྐོར། །དབུས་སུ་པད་མ་(འདབ་བརྒྱད་ཚོམ་བུ་དང་ བཅས་པ)མུ་རན་ལ་རྡོ་རྗེ་ཕྲེང༌། ཟུར་བཞི་ཟླ་བྱེད་རྡོ་རྗེས་མཚན་ཞིང་དཀར། ཡམ་ཤིང་མར་ ཏིལ་ཞོ་ཟན་འབྲས(སོ་བ་དང་འབྲས་ཟེར)སོ་བ༌། །ནས་གྲོ་སྲན་མ་དུར་བ་ཀུ་(སློབ་དཔོན་གྱིས)ཤ་ གཡས། །ནང་མཆོད་ཕྱི་མཆོད་གཏོར་མ་རྣམས་ནི་གཡོན། །རྡོ་རྗེ་དྲིལ་བུ་དགང་བླུགས་ དབུས་སུ་བཤམ། དེ་ནས་ཆོ་ག་དངོས་ལ་སྒྲུབ་པ་པོ་ལྟ་བུའི་རྣལ་འབྱོར་དང་ལྡན་ཞིང༌། གོས་ 7-1-383 དང་རྒྱན་དཀར་པོ་དང་ལྡན་པས་སྟན་བདེ་བ་ལ་ཙོག་དཀྲུང་གིས་འདུག་སྟེ། མི་མཐུན་ཕྱོགས་ མཐའ་དག་ཞི་བར་འདོད་པའི་བསམ་པས་སོ། །སྔོན་དུ་འཇིག་རྟེན་པའི་མེ་ལྷ་བསྐྱེད་ཅིང༌། མཆོད་པ་དང༌། དངོས་གཞི་འཇིག་རྟེན་ལས་འདས་པའི་མེ་ལྷ་རྒྱས་པར་མཆོད་པ་དང༌། མཇུག་ཏུའང་། འཇིག་རྟེན་པ་ལྷག་མས་མཆོད་ཅིང་མཉེས་པར་བྱ་བ་སྟེ། གསུམ་ལས་དང་པོ་ ནི། མེ་སྦར་བསང་སྦྱང་བྱིན་གྱིས་བརླབ། །ཐབ་དང་ལྷ་བསྐྱེད་སྤྱན་དྲངས་དགུག །དབང་ བསྐུར་ཀུ་ཤ་བྱོན་ཟན་དབུལ། །མཆོད་བསྟོད་རྫས་དབུལ་མཆོད་བསྟོད་བྱ། །ཞེས་པ་ལྟར། དེ་ཝ་པི་ཙི་གསུམ་བཟླས་ཤིང༌། ཐབ་ལ་(དཔལ་འབར་གྱིས)གཡས་བསྐོར་ལན་གསུམ་བྱས། ༀ་ ཛྭ་ལ་ཛྭ་ལ་རཾ། ཞེས་པས་མེ་(ཐབ་ཀྱི་ཤར་ལྷོ་ནས)སྦར་ཏེ། ཡམ་ཤིང་དང་མར་གྱིས་ཀྱང་གསོ་ ཞིང༌། ༀ་ཨགྣེ་ཡེ་ཛྭ་ལ་རཾ། ཞེས་ཀྱང་བརྗོད་པར་བྱའོ། །དེ་ནས་མཆོད་རྫས་དང་སྲེག་རྫས་ རྣམས་ཨ་མྲྀ་ཏས་བསང་ཞིང་(རྡོ་རྗེས་ནང་མཆོད་གཏོར་ནས)། སྭ་བྷ་ཝས་སྟོང་པར་སྦྱངས་པའི་ ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཞུ་བ་ལས་བྱུང་ པའི་ཞབས་བསིལ་ལ་སོགས་པ་རྣམས་དང༌། (ཞལ་བསིལ་འཐོར་འཐུང)ཡམ་ཤིང་ལ་སོགས་ཡུལ་ ས་དང་བར་སྣང་ཐམས་ཅད་ཁྱབ། དུས་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་འབྱུང་པ། ངོ་བོ་ བཟང་ཞིང་རྒྱ་ཆེ་བ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་ པའི་སྤྲིན་ཕུང་ལྟ་བུ་དྭངས་ཤིང་ཐོགས་པ་མེད་པར་གྱུར་པར་མོས་ཏེ། ༀ་བཛྲ་ནི་རི་ཏི་ཧཱུཾ་ཁཾ། ལ་སོགས་པ་དང༌། ༀ་ཥྚིཾ་སྭཱཧཱ། ༀ་སཾ་སྭཧཱ། ༀ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་དང༌། ༀ་བྷོ་དྷི་བྷི་ཀྵ་ ཡེ་སྭཧཱ་ཞེས་པ་ལ་སོགས་པའི་མཐར། ༀ་ཨཱ་ཧཱུཾ། ཞེས་པས་བྱིན་གྱིས་བརླབ་པོ། །དེ་ནས་སྟོང་ པའི་ངང་ལས་པཾ་ལས་པད་མ། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་ཞི་བའི་ཐབ་ཁུང་དཀར་ཞིང་ ཟླུམ་པ་ཁ་ཁྱེར་མུ་རན་དང་བཅས་པ། དྭངས་ཤིང་གསལ་བའི་དབུས་སུ་པཾ་ལས་པད་མ་ འདབ་མ་བརྒྱད་པའི་ལྟེ་བར། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་བགྲང་འཕྲེང་ 7-1-384 རཾ་གྱིས་མཚན་པ་ལས་འོད་ཟེར་ཕར་འཕྲོས་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་ གྱུར་ལས་མེ་ལྷ་དམར་སེར་ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་བཞི་པ། གཡས་མཆོག་སྦྱིན་ དང་དབྱུག་གུ་གསུམ་པ། (བགྲང་ཕྲེང་ཟེར) གཡོན་པ་(དབྱུག་གུ་གསུམ་ལ)བགྲང་ཕྲེང་དང་རིལ་བ་སྤྱི་ བླུགས་འཛིན་པ། གསུས་ཁྱིམ་ཆེ་བ། ཞལ་འཛུམ་ཞིང་དཀར་བའི་མདངས་དང་ལྡན་པ་སྨ་ རའི་ཨག་ཚོམ་དང༌། རལ་པའི་ཐོར་ཚུགས་ཅན། དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ བའི་མིག་ཏུ་གཏུ་མིག་རྡོ་རྗེ་མ་ཞེས་པ་ལ་སོགས་པ་དང༌། དཔྲལ་བར་ༀ། མགྲིན་པར་ཨཱ། ཐུགས་ཁར་ཧཱུཾ་ལས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསམས་ནས། ཐབ་དང་ལྷ་གསལ་བར་བསྐྱེད་ དེ། རང་གི་སྙིང་ཁའི་འོད་ཟེར་གྱི་ཡེ་ཤེས་པ་སྤྱན་དྲངས་ཞིང་རྡོ་རྗེ་དང་དྲིལ་བུ་འཛིན་པས། (གཡབ་ཅིང)ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། མེ་ལྷའི་དྲང་སྲོང་འབྱུང་པོ་ཆེ། བསྲེག་བླུགས་ཞལ་ ཟས་བཞེས་སླད་དུ། (ལག་གཉིས་མཐེ་བོང་གོང་རྩར་མཛུབ་མོ་རྒྱབ་ཏུ་བཅག་དེས་ནི་རྣ་དྲུང་དུ་གཡབ་ཅེས་ཞེས་པ་ལྟར) འདི་ཉིད་དུ་ནི་བཞུགས་སུ་གསོལ། ཞེས་པ་དབྱུག་གུའི་ཕྱག་རྒྱ་རྣ་དྲུང་དུ་ནས་གཡབ་ཅིང༌། ༀ་ཨགྣེ་ཡེ་མ་ཧཱ་ཏེ་ཛཿ(གཟི་བརྗིད་ཆེན་པོ་མེའི་ལྷ)སརྦ་ཀརྨ་པྲ་སྭཧཱ་ཀ་(ལས་རྣམས་ཐམས་ཅད་སྒྲུབ་པ་པོ)ཀ་ རུ་ཎ་ཡ་ཀྲི་ཏ་སརྦ་ཨརྠ་(སྙིང་རྗེས་སེམས་ཅན་དོན་རྣམས་མཛད་)། ཨ་སྨིན་པ་ནི་ཧི་ཧོ་བྷ་བ(འདི་ནི་ཡང་དག་ ཕན་པར་མཛོད)། ཞེས་བརྗོད་པས་མདུན་དུ་བྱོན་པ་ལ། པད་མ་ཀ་མ་ལ་ཡ་སྟྭཾ(གཡས་པའི་ཕྱག་རྒྱ་ གཡོན་པའི་མཐིལ་དུ་བཞག་ཏེ)། ཞེས་པས་གདན་དབུལ་ཞིང༌། ༀ་ཨགྣེ་ཡེ་ནི་རི་ཏི་ཧཱུཾ་ཁཾ། ཞེས་པ་ལ་ སོགས་པས་མཆོད་པ་ཕུལ་ཏེ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ནས། ༀ་བཛྲ་(རྡོ་རྗེ་མེ)ཨ་ན་ལ་ མཧཱ་བྷུ་(ཆེན་པོ་འབྱུང་པོ་འབར་བ)ཏན། ཛ་ཡ་སརྦ་བྷསྨི་ཀུ་རུ་(ཐམས་ཅད་ཐལ་བར་མཛོད་ཅིག)སརྦ་དུཥྚན་ (བདུག་པ་ཐམས་ཅད)ཧཱུཾ་ཕཊ། ཏྲི་ཤྱ་(གཟིགས་པ)ཛཿཧཱུཾ་བཾ་ཧོ་ས་མ་ཡ་སྟྭཾ(དམ་ཚིག་ཉིད)ཞེས་པས་དམ་ ལ་བཞག་ཅིང༌། གཽ་རི་ཨ་ཀཪྵ་ཡ་ཛ། ཞེས་པ་ལ་སོགས་པས་དགུག་གཞུག་བྱའོ། །རང་གི་ སྙིང་ཁའི་འོད་ཀྱིས་རིགས་ལྔ་སྤྱན་དྲངས་པ་ལ་ཡང་ཨརྒཾ་ལ་སོགས་པས་མཆོད་དེ། དེ་བཞིན་ 7-1-385 གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་དབང་བསྐུར་བར་ གསོལ་བ་བཏབ་པས། བུམ་པའི་ཆུས་དབང་བསྐུར་བས་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ ལས་རྣམ་པར་སྣང་མཛད་ཀྱིས་དབུ་རྒྱན་པ་ལས། ཀུ་ཤ་དབུལ་བ་ནི། མདུན་ནས་བརྩམས་ ཏེ་ཕྱོགས་མཚམས་ཐམས་ཅད་དུ་གཡས་བསྐོར་དུ་དགྲམ་ཞིང༌། ཀུ་ཤ་འདི་ནི་བཟང་ཞིང་དགེ། ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། ཚངས་པ་ཡི་ཡང་ དག་བྱེད་ཡིན། །འདིས་བདག་ཅག་རྣམས་ལ་བགེགས་མེད་པར་མཛོད་ཅིག །ༀ་བཛྲ་སཏྭ་ (རྡོ་རྗེ་སེམས་དཔའ)ལ་ཞེས་པས་སོ། །བྱོན་ཟན་དབུལ་བ་ནི། བླུགས་གཟར་གྱི་ཁ་ལ་རཾ་བསམས་ ཏེ། ༀ་ཨགྣེ་ཡེ་(མེ་ལྷའི་ཆེད་དུ)སྭཱཧཱ་(འབིར་བ)ཅེས་པ་དང༌། མར་བདུན་བདུན་གྱིས་དགང་གཟར་ བཀང༌། ༀ་ཨགྣེ་ཡེ་(མེ་ལྷའི་ཆེད་དུ)དི་བྱ་(འབིར་བ)དི་བྱ་(འབིར་བ)བི་ཤུད་དྷེ(རྣམ་པར་དག་པཿ) མཧཱ་ཤྲི་(ཆེན་པོས་དཔལ་གྱིས་ཆེད་དུ)མཧཱ་བྱ་ཀ་བྱ(བསྲེག་བྱ)། བྷ་ཧཱ་ནྚ་ཡ་(ཐོབ་པའི་ཆེད་དུ)སྭཱཧཱ། ཞེས་ བརྗོད་ཅིང་དགང་བླུགས་ཁ་སྦྱར་ལ། མེ་ལྷའི་ལྗགས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་ ཕུལ་བར་བསམས་ལ་ལན་གསུམ་བྱའོ། །དེ་ནས་ༀ་ཨགྣེ་ཡེ་བཛྲ་ནི་རི་ཏི་ཡེ་ཧཱུཾ་ཁཾ་ཞེས་པ་ ནས། ༀ་བཛྲ་ཤཔྟ་ཨཱཿཧཱུཾ་ཞེས་པའི་བར་(རོལ་མོའི་དུས་ཐམས་ཅད་དུ་དྲིལ་བུའི་སྔགས་དང་བཅས)གྱིས་ཕྱིའི་ མཆོད་པ་དང༌། ༀ་ཨགྣེ་ཡེ་(བདུད་རྩི་གཏོར་ཞིང་)ༀ་ཨཱ་ཧཱུཾ་ཞེས་པ་ནང་གི་མཆོད་པ་ཕུལ་ཏེ། (རྡོ་རྗེ་ དྲིལ་བུ་འཛིན་པས)འཇིག་རྟེན་དབང་ཕྱུག་ཚངས་དབང་མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་ཌ་གིས་ དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད་པར་བྱའོ། །སྲེག་རྫས་རྣམས་ཀྱིས་ཡམ་ཤིང་ འབར་བའི་འོད་ལ་དབུལ་ཞིང་ཞུ་བའི་རྫས་རྣམས་ཞལ་དང༌། གོང་བུའི་རྫས་རྣམས་ཕྱག་ཏུ་ ཕུལ་ལ། ཏིལ་ལ་སོགས་པ་གཡས་པའི་འཐེབ་སྲིན་གྱིས་བླངས་ཏེ་བསྐོར་ཞིང་དབུལ་བར་ བྱའོ། །ཐམས་ཅད་ཀྱང་ཨ་མྲྀ་ཏ་(སྡེ་ཚན་རེ་རེ་ཐོག་མར)ལ་སོགས་པས་བསང་ཞིང་སྦྱངས་ནས། 7-1-386 ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ནས། དང་པོར་རེ་རེ་(སྔགས་དང་)སྔོན་དུ། ༀ་ཨགྣེ་ཡེ་ཞེས་ པ་སྦྱར་ནས་དབུལ་བར་བྱ་སྟེ། ༀ་(བྱང་ཆུབ་ཤིང་)བྷུདྷེ་བྷི་ཀྵ་ཡེ་(ཁྱད་པར་དུ་གཟི་བརྗིད་ཕུན་སུམ་ཚོགས་པ) སྭཱཧཱ། ཞེས་པས་ཡམ་ཤིང་དང༌། (འབྱོར་པ)ༀ་ཨགྣེ་ཡེ་སྭཱཧཱ་ཞེས་པས་མར་དང༌། ༀ་སརྦ་པཱ་པཾ་ ད་ཧ་(སྡིག་པ་ཐམས་ཅད་སྲེག་པའི་རྡོ་རྗེ)ན་བཛྲ་ཡེ་སྭཱཧཱ། ཞེས་པས་ཏིལ་དང༌། ༀ་བརྦཾ་(བདེ་བ)སམ་དེ་ སྭཱཧཱ། ཞེས་པས་ཞོ་ཟན་དང༌། ༀ་བཛྲ་(དབང་ཕྱུག)པུཥྚ་སྭཱཧཱ། ཞེས་པས་འབྲས་དང༌། ༀ་བཛྲ་བྷི་ ཛ་ཡེ་(འབྲུ་ས་བོན)སྭཱཧཱ། ཞེས་པས་སོ་བ་དང༌། ༀ་མཧཱ་བེ་ག་ཡ་(ཤུགས་ཆེན)སྭཱཧཱ། ཞེས་པས་ནས་ དང༌། ༀ་བཛྲ་གྷ་རྨ་(བར་ཆད་མེད་པ་)རི་ཡེ་སྭཱཧཱ། ཞེས་པས་གྲོ་དང༌། ༀ་མཧཱ་བྷ་ལ་ཡ་(སྟོབས་ཆེན) སྭཱཧཱ། ཞེས་པས་སྲན་མ་དང༌། ༀ་བཛྲ་ཨ་ཡུ་ཥེ་(རྡོ་རྗེའི་ཚེ)སྭཱཧཱ། ཞེས་པས་དུར་བ་དང༌། (བསྲུང་ བ)ༀ་ཨ་པྲ་ཏི་ཧ་ཏ་བཛྲ་(ཐོགས་པ་མེད་པའི)ཡ་སྭཱཧཱ། ཞེས་པས་ཀུ་ཤ་རྣམས་ཉི་ཤུ་རྩ་གཅིག་རེ་ རེའོ། །སྡེ་ཚན་རེ་རེའི་མཇུག་བསྡུའོ། །སྦྱིན་པའི་བདག་པོ་འཁོར་དང་བཅས་པས་ཐོག་དྲངས་ པའི་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པ་དང༌། ནད་དང་གདོན་དང་བགེགས་དང༌། བར་དུ་ གཅོད་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་(ཞི་བར་མཛོད)སྭཱཧཱ། ཞེས་པ་ལ་སོགས་ པ་དང༌། བླ་མའི་ཆེད་དུ་ཡིན་ན། དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ ཀྱི་བར་དུ་གཅོད་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པ་དང༌། དུས་ ལས་འདས་པའི་ཆེད་ཡིན་ན། ཆེ་གེ་མོ་ཞེས་བགྱི་བའི་སྡིག་པ་དང་སྒྲིབ་པ་ས་དང་ལམ་གྱི་ བར་དུ་གཅོད་པ་མི་མཐུན་ཕྱོགས་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པ་ལ་སོགས་པས་ཇི་ ལྟར་རིགས་པའི་སྤེལ་ཚིག་སྦྱར་བར་བྱ་སྟེ། ཞི་བ་ལ་ཏིལ་གཙོ་བོ་ཡིན་པས་མང་དུ་དབུལ་ ཞིང༌། མེ་གསོ་བའི་ཕྱེད་དུ་མར་དང༌། ཡམ་ཤིང་ཡང་སྐབས་དང་སྦྱར་ཏེ་དབུལ་བར་བྱའོ། ། སླར་ཡང་(ནི་རི་ཏི་ལ་སོགས་པ)སྔ་མ་ལྟར་(ༀ་ཨཱ་ཧཱུཾ)ཕྱི་དང་ནང་གི་མཆོད་པས་མཆོད་ཅིང༌། (འཇིག་ 7-1-387 རྟེན་དང་དབང་ཕྱུག་ཅེས་བརྗོད)བསྟོད་པ་བྱ་སྟེ་ནང་མཆོད་གཏོར་ནས་(གསུམ་ཡོད་པས)ཧཱུཾ་ཞེས་པ་དང༌། ༀ་བཛྲ་ཛྭ་ལ་རཾ། ཞེས་བརྗོད་པས་མེ་ལྷ་མེ་འབར་བའི་རྣམ་པར་གྱུར་པས་བསམ་པ་ནི། འཇིག་རྟེན་པའི་མེ་ལྷ་མཆོད་པའོ། །དེ་ནས་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། མེ་གསོས་ཡི་དམ་བསྐྱེད་པ་དང༌། །སྤྱན་དྲངས་དབང་བསྐུར་བྱོན་ཟན་དབུལ། །མཆོད་གཏོར་ རྫས་མར་མཆོད་བསྟོད་བྱ། །གཏོར་མ་དབུལ་ཞིང་མཆོད་བསྟོད་བྱ། །གསོལ་གདབ་བཟོད་ གསོལ་གཤེགས་སུ་གསོལ། །ཞེས་པ་ལྟར་མར་གྱི་དགང་བླུགས་ཀྱིས་མེ་གསོས་པའི་ཐབས་ ཀྱིས་དབུས་སུ་ཡི་དམ་གསལ་བར་བསྒོམས་ཏེ་ཧཱུཾ་ལས་བྱུང་པའི་སྣ་ཚོགས་རྡོ་རྗེ་ལས་འོད་ འཕྲོས། རྡོ་རྗེའི་ས་བཞི་ར་བ། དྲ་བ། གུར། བླ་རེ། ཡེ་ཤེས་ཀྱི་མེ་དཔུང་འབར་བས་བསྐོར་ བའི་བསྲུང་པའི་འཁོར་ལོའི་ནང་དུ། བྷྲུཾ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་ བཞི་རྟ་བབས་བཞི་ལ་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ བསྐོར་བའི་དབུས་སུ་པཾ་ལས་སྣ་ཚོགས་པད་མའི་ལྟེ་བར་ཚངས་པ། དབང་པོ། ཉེ་དབང༌། དྲག་པོ་སྟེ། བདུད་བཞིའི་བ་དན། འདབ་མ་བརྒྱད་ལ་ཚངས་པ་སེར་པོ། དྲག་པོ་ནག་པོ། དབང་པོ་དཀར་པོ། ཉེ་བ་སྔོན་པོ། གཤིན་རྗེ་སྔོན་པོ། ནོར་བདག་སེར་པོ། སྲིན་པོ་དུད་ཁ། ཐག་བཟངས་རིས་ལྗང་ཁུའི་གདན་རྣམས་ལ་དབུས་སུ་ཧཱུཾ་ཤྲི་ཧེ་རུ་ཀ་བཛྲ་ཡེ་ན་མཿ དཔལ་ ཀྱེའི་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། གླང་པོ། རྟ་བོང༌། གླང་རྔ་མོ། མི་ དང་ཤ་ར་ཝ་བྱི་ལ། །གཡས་པའི་ཐོད་པ་བརྒྱད་པོ་ལ། །གཉིས་འཐུང་ལ་སོགས་རིམ་ཤེས་ བྱ། །ས་དང་ཆུ་དང་རླུང་དང་ནི། །མེ་དང་ཟླ་བ་ཉི་མ་དང༌། །མཐར་བྱེད་དང་ནི་ནོར་འཛིན་ ཉིད། །གཡོན་གྱི་ཐོད་པ་བརྒྱད་ནའོ། །ནམ་བཛྲ་ནཻ་ར་ཨདྨ་ཡེ་ན་མ། བདག་མེད་མ་གྲི་གུག་ དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། འདབ་མ་བརྒྱད་ལ་གཾ་བཛྲ་གཽ་རི་ཡེ་ན་མ། གཽ་ རི་ནག་མོ་གྲུ་གུག་དང་ཉ་རོ་ཧི་ཏ་འཛིན་པ། ཙཾ་བཛྲ་ཙཽ་རི་ཡེ་ན་མ། ཙཽ་རི་དམར་མོ་ཅང་ཏེའུ་ 7-1-388 དང་ཕག་པ་འཛིན་པ། བཾ་བཛྲ་བཻ་ཏ་ལི་ཡེ་ན་མ། བཻ་ཏ་ལི་སེར་མོ་རུས་སྦལ་དང་ཐོད་པ་འཛིན་ པ། གྷཾ་བཛྲ་གྷསྨ་རི་ཡེ་ན་མ། གྷསྨ་རི་ལྗང་ཁུ་སྦྲུལ་ཞགས་དང་ཐོད་པ་འཛིན་པ། སཾ་བཛྲ་སུ་ཀྐ་ སི་ན་མ། སུཀྐ་སི་སྔོན་མོ་སེང་གེ་དང་དགྲ་སྟ་འཛིན་པ། ཤཾ་བཛྲ་ཤ་བ་རི་ཡེ་ན་མ། ཤ་བ་རི་ དཀར་མོ་དགེ་སློང་དང་བསིལ་བྱེད་འཛིན་པ། ལཾ་བཛྲ་ཙནྚ་ལི་ཡེ་ན་མ། ཙནྚ་ལེ་སྔོན་མོ་ འཁོར་ལོ་དང་ཐོད་པ་འཛིན་པ། ཌཾ་བཛྲ་ཌོཾ་བི་ནི་ཡེ་ན་མ། ཌོཾ་བྷི་ནི་སྣ་ཚོགས་མདོག་རྡོ་རྗེ་ སྡིགས་མཛུབ་ཅན་རྣམས་སྐད་ཅིག་གིས་བསྐྱེད་ལ། ཐམས་ཅད་ཀྱི་མིག་ཏུ་གཏི་མུག་རྡོ་རྗེ་མ། ཞེས་པ་ལ་སོགས་པ་བསྐྱེད་དེ། སྤྱི་བོར་སྐུའི་རྡོ་རྗེ་མ། ཞེས་པ་ལ་སོགས་པས་སྐུ་གསུང་ ཐུགས་བྱིན་(མདུན་བསྐྱེད་ནས་ཀྱང་མེ་ཏོག་གི་སྤྱན་མའི་ཚུལ་བྱ་ཞིང་)གྱིས་བརླབས་ནས་རྡོ་རྗེ་དང་དྲིལ་བུ་ འཛིན་པས། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །ཆོས་སྐུ་ནམ་མཁའ་བཞིན་དུ་ དབྱེར་མེད་ཀྱང༌། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པ། །བཅོམ་ལྡན་འཁོར་ བཅས་འདིར་ནི་གཤེགས་སུ་གསོལ། །ཞེས་པ་དང༌། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ ཅིང༌། ཞེས་པ་ལ་སོགས་པ་དང༌། ༀ་ཨེ་ཧྱ་ཧེ་ཞེས་པ་ལ་སོགས་པས་སྤྱན་དྲངས་ཏེ་མཆོད་ ནས། གཽ་རི་ཨ་ཀཪྵ་ཡ་ཛ། ཞེས་པ་ལ་སོགས་པས་དགུག་གཞུག་བྱ་ཞིང་དབང་ལྷ་སྤྱན་དྲངས་ ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་བ་གདབ་པ་ དང༌། རིག་པ་ལྔས། ༀ་བཛྲི་བྷ་ཝ་ཨ་བྷི་ཥཉྩི་ཧཱུཾ་ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པ་ལ་སོགས་པས་རྒྱས་གདབ་ པར་བྱའོ། །དེ་ནས་དེ་ཝ་པི་ཙུ་ལན་རེ་དང༌། ༀ་ཨགྣེ་ཡེ་སྭཱཧཱ། ཞེས་པ་ལ་སོགས་པ་ལན་ བདུན་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ་ལན་གསུམ་ༀ་ཨགྣེ་ཡེ་དཱི་བྱ་དཱི་བྱ་ ཞེས་པ་ལ་སོགས་པས་སྔ་མ་ལྟར་བྱོན་ཟན་གྱི་ཚུལ་དུ་དབུལ་ཞིང་མཆོད་རྫས་རྣམས་རྒྱ་ཆེན་ པོར་(ཨ་མྲྀ་ཏ་ལ་སོགས་པས)བྱིན་གྱིས་བརླབས་ནས་ༀ་བྷ་ག་ཝན་ཅེས་(དང་པོ་ལ་གཅིག)པ་ལ་ 7-1-389 སོགས་པའི་སྔོན་དུ་འགྲོ་བའི་ནི་རི་ཏི་ལ་སོགས་པས་ཕྱིའི་(རོལ་མོའི་བར་གྱི)མཆོད་པ་དང༌། རྩ་ བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། སྙིང་པོ་ (གཙོ་བོ་ཡབ་ཡུམ་གྱི)ལ་སོགས་པའི་མཐར་ༀ་ཨཱཿཧཱུྃ་ཞེས་པས་ནང་གི་མཆོད་པ་དང༌། དཀར་མོས་ རི་དྭགས་མཚན་པ་འཛིན། །ཞེས་པ་ལ་སོགས་པས་ཡིད་ལས་བྱུང་བའི་མཆོད་པ་དབུལ་ ཞིང༌། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཞེས་པ་ལ་སོགས་པས་བསྟོད་པ་བྱའོ། ། དེ་ནས་ཡམ་ཤིང་ལ་སོགས་པ་བསྲེག་རྫས་རྣམས་(སྡེ་ཚན་རེ་རེའི་སྔོན་དུ་ཨ་མྲྀ་ཏ་ལ་སོགས་པས་) སྔ་མ་ལྟར་བྱིན་གྱིས་བརླབས་ཏེ། དང་པོ་རེ་རེའི་སྔོན་དུ་ༀ་དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཞེས་པ་སྦྱར་ནས་རིམ་གྱིས་དབུལ་བར་བྱ་སྟེ། ༀ་བོ་དྷི་བྲིཀྵ་ཡེ་ སྭཱཧཱ། ཞེས་པ་ནས་ཀུ་ཤའི་བར་དུ་བརྒྱ་རྩ་གཅིག་ལ་སོགས་པ་སྔར་བསྟན་པའི་སྤེལ་ཚིག་ དང་བཅས་པའོ། །རྫས་ཀྱི་ངོ་བོ་ཏིལ་མང་དུ་དབུལ་ཞིང༌། མེ་གསོ་བའི་ཕྱེད་དུ་དབུལ་ཞིང༌། མེ་གསོ་བའི་ཆེད་དུ་མར་དང་ཡམ་ཤིང་སྐབས་དང་སྦྱར་ལ་ཕུལ་ལ། ཐམས་ཅད་རྫོགས་པའི་ མཇུག་ཏུ(གཏོར་མ་དང་དེ་ནས)འང་བྱོན་ཟན་དང་འདྲ་བའི་མར་གྱིས་དགང་བླུགས་ལན་གསུམ་ གཤེགས་སྐྱེམས་ཀྱི་ཚུལ་དུ་དབུལ་བར་བྱའོ། །སླར་ཡང་སྔར་བཞིན་(ནི་རི་ཏི་ལ་སོགས་པ)ཕྱི་དང་ ནང་(ༀ་ཨཱཿཧཱུྃ་གིས)དང་ཡིད་ལས་བྱུང་(དཀར་མོས་རི་དྭགས་ལ་སོགས་པ)པའི་མཆོད་པ་རྣམས་ཀྱིས་ མཆོད་ཅིང༌། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཞེས་པས་བསྟོད་(སྐུ་གསུམ་གྱི་ བསྟོད་པས)དེ་ཐལ་མོ་སྦྱར་ནས་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཞི་བར་མཛད་ནས་བྱིན་གྱིས་ བརླབ་ཏུ་གསོལ། ཞེས་པ་ལ་སོགས་པའི་སྤེལ་ཚིག་དང༌། མཐུན་པས་གང་འདོད་པའི་དོན་ ལ་གསོལ་བ་གདབ་ཅིང༌། ཡི་གེ་བརྒྱ་པའི་རྗེས་སུ་མ་འབྱོར་བ་དང་ཉམས་པ་དང་(ཞེས་སོགས་ དང་)། བདག་ཅག་ལས་དང་པོ་པར་གྱུར་ཅིང་སེམས་སྒྲིབ་པ་དང་བཅས་པའི་དབང་གིས་ཡོ་ 7-1-390 བྱད་མ་འབྱོར་བ་དང༌། ཏིང་ངེ་འཛིན་མི་གསལ་བ་དང༌། ཆོ་ག་ལྷག་ཆད་དུ་གྱུར་པ་ལ་སོགས་ པ་ནོངས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ ཀྱིས་བཟོད་པར་མཛད་དུ་གསོལ། ཞེས་བཟོད་པར་གསོལ་ནས། ཐབ་ཁུང་ནས་མེ་བླངས་པ་ དཀྱིལ་འཁོར་དུ་དབུལ་ཞིང༌། རྡོ་རྗེ་ཤུགས་ཀྱིས་ཕྱག་རྒྱས་དང༌། བཛྲེད་ཏིཥྚ་ཞེས་པའི་སྔགས་ ཀྱིས་ཡེ་ཤེས་པ་གཤེགས་སུ་གསོལ་ཞིང༌། དམ་ཚིག་པ་བདག་ལ་བསྡུ་བར་བྱ་སྟེ་དངོས་ གཞིའོ།། །། མཇུག་ཏུ་དང་འཇིག་རྟེན་པ་མཆོད་པ་ནི། སླར་ཡང་མེ་གསོ་ལྷ་གསལ་གདབ། །མཆོད་ བསྟོད་རྫས་མར་བསྟོད་པ་བྱ། །གཤེགས་སྐྱེམས་སླར་ཡང་མཆོད་བསྟོད་བྱ། །གཏོར་མས་ མཆོད་ཅིང་(མཆོད་བསྟོད་བྱ)གསོལ་བ་བཏབ། །བཟོད་གསོལ་གཤེགས་(སུ)གསོལ་(བདག་བསྲུང་ བར་བྱ)ཤིས་བརྗོད་བྱས། །ཞེས་པ་ལྟར་མར་དགང་བླུགས་གང་གིས་མེ་གསོས་ཏེ། འཇིག་རྟེན་ པའི་མེ་ལྷ་སྐད་ཅིག་གིས་གསལ་བཏབ་ལ། སྔ་མ་ལྟར་ཕྱི་དང་(ཞབས་བསིལ་ལ་སོགས)ནང་གི་ (བདུད་རྩི)མཆོད་པས་བསྟོད་པར་(འཇིག་རྟེན་དབང་ཕྱུག་སོགས)བྱ་ཞིང༌། སྲེག་རྫས་ཀྱི་ལྷག་མ་རྣམས་ བདུན་ནམ་དགུའམ་ཉི་ཤུ་རྩ་གཅིག་ལ་སོགས་པས་མཆོད་བསྟོད་དེ་སྲེག་རྫས་ཕུལ་ནས། ཐམས་ཅད་ཀྱི་མཇུག་ཏུ་མར་གྱི་དགང་བླུགས་བདུན་ཚན་གསུམ་ཡང་(སྤེལ་ཚིག་དང་བཅས་པས) གཤེགས་སྐྱེམས་ཀྱི་ཚུལ་དུ་དབུལ་ཞིང༌། སླར་ཡང་ཕྱི་ནང་གི་མཆོད་པ་དང་བསྟོད་པ་བྱའོ། ། དེ་ནས་གཏོར་མ་(ཨ་མྲྀ་ཏ་སོགས་ཀྱི)བསང་སྦྱང་(ༀ་ཨཱཿཧཱུཾ་ཧ་ཧོ་ཧྲི་ཞེས་པས)བྱིན་གྱིས་བརླབས། ༀ་ ཨགྣེ་ཡེ་ཞེས་པའི་མཐར་ༀ་ཨ་ཀ་རོ་སྦྱར་བ་ལན་གསུམ་ལ་སོགས་པས་ཕུལ་ལ་ཕྱི་ནང་གི་ མཆོད་པ་དབུལ་ཞིང་སྔར་གྱི་བསྟོད་པ་དང༌། ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །མེ་ ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་ལ་སྐྱབས་པའི་ཕྱིར། །ཐུགས་རྗེའི་དབང་ གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་མཆོག །ཉོན་མོངས་བསྲེག་པའི་ཤེས་ 7-1-391 རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་གི་བགྲང་འཕྲེང་འཛིན། ། བདུད་རྩི་བཅུད་ལྡན་གྷནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་ བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་ རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་ཀྱང་བསྟོད་དེ། སྦྱིན་བདག་ལ་སོགས་ པ་སེམས་ཅན་ཐམས་ཅད་ཀྱི་མི་མཐུན་ཕྱོགས་མཐའ་དག་ཉེ་བར་ཞི་བར་མཛད་དུ་གསོལ། ཞེས་པ་ལ་སོགས་པ་ཅི་འདོད་པའི་དོན་ལ་གསོལ་བ་གདབ་ཅིང༌། ཡི་གེ་བརྒྱ་པའི་མཐར། མ་ འབྱོར་བ་ཞེས་པ་ལ་སོགས་པས་བཟོད་པར་གསོལ་ནས། བདག་གི་དོན་དང་གཞན་གྱི་དོན། ། བསྒྲུབས་ཀྱིས་བཞུགས་ཤིག་བྱིན་ཟ་ཁྱེད། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་ གི་དངོས་གྲུབ་ཐམས་ཅད་བསྒྲུབས། །ༀ་ཨགྣེ་ཡེ་གཙྪ། ཞེས་པས་ཡེ་ཤེས་པ་གཤེགས་སུ་ གསོལ་ཏེ། དམ་ཚིག་པ་བདག་ལ་བསྡུ་ཞིང་(བདག་ཉིད་ཀྱཻ་རྡོ་རྗེར་གསལ་བའི་མིག་ཏུ་གཏི་མུག་རྡོ་རྗེ་མ་ སོགས་བསྲུང་བ་བྱ)ཇི་ལྟར་རིགས་པའི་སྨོན་ལམ་དང༌། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་ པ། །ཞེས་པ་ལ་སོགས་པས་ཤིས་བརྗོད་བྱའོ། །དེ་ལྟར་ཞི་བའི་ཆོ་ག་ཞིབ་ཏུ་བཤད་ནས། གཞན་རྣམས་ཀྱི་ཁྱད་པར་བསྟན་པ་ནི། ཐབ་དང་བུད་ཤིང་མེ་དང་ཡམ་ཤིང་དང༌། །སྲེག་ རྫས་བཤམ་ཚུལ་དེས་དང་རྒྱན་གོས་དང༌། །འདུག་སྟངས་ལྟ་ཕྱོགས་བསམ་པ་དགང་བླུགས་ དང༌། །ཆོ་ག་ཞལ་དང་མཐའ་བརྟེན་གསོལ་བཏབ་ཀྱིའོ། །ཐབ་ཁུང་ནི་རྒྱས་པ་ལ་ཁྲུ་དོ་བ་གྲུ་ བཞི་སེར་པོ་ཁ་ཁྱེར་དང་མུ་རན་སོར་བརྒྱད་བསྐྱེད་པའི་མུ་རན་རིན་པོ་ཆེའི་ཕྲེང་བ་ཅན་དང༌། དབང་ལ་ཟླ་ཁཾ་དམར་པོ་ཚད་ཞི་བ་དང་འདྲ་བའི་མུ་རན་ལ་ལྕགས་ཀྱུའི་འཕྲེང་བ་ཅན། དྲག་ པོ་ལ་སོར་ཉི་ཤུ་པ་གྲུ་(ཁ་ཁྱེར་དང་མུ་རན)གསུམ་ནག་པོ་སོར་གསུམ་གསུམ་བསྐྱེད་པའི་མུ་རན་ ལ་རྡོ་རྗེ་གདེངས་པའི་རྡོ་རྗེ་ཕྲེང་པ་ཅན་དེ། བརྩིགས་པའམ་བྲུས་པ་ལ་ནི་(ཞི་བ་ཁྲུ་ཕྱེད་སོགས) 7-1-392 རང་རང་གི་རྒྱའི་ཕྱེད་དཔངས་སུ་ཡིན་ལ། ཐམས་ཅད་ཀྱི་ནང་དུ་པད་མ་འདབ་མ་བརྒྱད་ལ་ ལྷ་དགུ་ཡི་མཚན་མའམ་མེ་ཏོག་གི་ཚོམ་བུ་དགོད་ཅིང་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པའོ། ། བུད་ཤིང་ལ་སོགས་པའི་ཁྱད་པར་ནི། ཞི་བ་ལ་ནི་འོ་མ་ཅན་གྱི་ཤིང་གི་རྩེ་མོ་འམ། ནགས་ ཀྱི་བ་གླང་གི་ལྕི་བ་ལ་བྲམ་ཟེ་རྒྱུན་ཞག་གི་མེའམ་ཤིང་རྩུབ་པའི་མེ་སྦར་ཏེ། ཡམ་ཤིང་འོ་མ་ ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་པའི་ཡམ་ཤིང་ཁྲུ་གང་པ་བསྲེག་ཅིང༌། སྦོམ་ཕྲ་མཐེའུ་ ཆུང་འམ། མཐེའོ་ཡི་ཚད། རིང་ཐུང་ཁུ་ཚུར་གཉིས་བརྩེག་ཙམ་བསྲེག་ཅིང༌། ཏིལ་གཙོ་བོར་ དབུལ་ལོ། །རྒྱས་པ་ལ་གསེར་ཞིང་དྲི་ཞིམ་པའི་ཤིང་གི་དབུས་ཀྱི་ཆ་ལ་དགེ་འདུན་གྱི་སྲོ་ཁང་ ངམ། རྒྱལ་པོའི་ཁྱིམ་གྱི་མེ་སྦར་ཏེ། བུད་ཤིང་དེ་ལྟ་བུའི་རྩེ་མོའི་ཆ་ལས་བྱུང་པའི་ཡམ་ཤིང་ ཁྲུང་གང་པ་བསྲེག་ཅིང༌། ཞོ་ཟན་གཙོ་བོར་དབུལ་ལོ། །དབང་ལ་ཁ་དོག་དམར་ཞིང་རོ་དངར་ བའི་ཤིང་ལ། སྨད་འཚོང་མའི་ཁྱིམ་གྱི་མེ་སྦར་ཏེ། བུད་ཤིང་དེ་ལྟུ་བུའི་ཡམ་ཤིང་གི་ཚད་ཞི་བ་ དང་མཐུན་པར་བསྲེག་ཅིང༌། ཨུད་པལ་ལ་གཙོ་བོར་དབུལ་ལོ། །དྲག་པོ་ལ་ནག་ཅིང་འཁྱེར་ བའི་ཤིང་གི་རྩ་བ། གདོལ་པའི་ཁྱིམ་གྱི་མེའམ། རྡོ་ལྕགས་རྩུབ་པའི་མེ་སྦར་ཏེ། ནག་ཅིང་ འཁྱེར་ལ་དྲི་ཞིམ་པའི་ཡམ་ཤིང་སོར་བཅུ་གཉིས་(སྦོམ་ཕྲ་ཐམས་ཅད་ཞི་བ་དང་འདྲ)པ་བསྲེག་ཅིང༌། ཁྲག་དང་དུག་ལ་སོགས་པ་གཙོ་བོར་དབུལ། བཤམ་ཚུལ་ནི། ལས་འཇམ་པོ་གསུམ་ལ་ སྲེག་རྫས་གཡས་དང་མཆོད་རྫས་གཡོན་དུ་བཤམ་ཞིང༌། དྲག་པོའི་ལས་ནི་དེ་ལས་བཟློག་ པ་སྟེ། དུས་ནི་བསྒྲུབ་མཆོད་དང་འབྲེལ་ན་མདུན་བསྐྱེད་མཆོད་པའི་རྫས་སུ་བྱེད་ལ། དེའང་ ཞི་བ་ལ་སྲོད་དང༌། རྒྱས་པ་ལ་སྔ་དྲོ་དང༌། དབང་ལ་ཕྱི་དྲོ་དང༌། དྲག་པོ་ལ་ནམ་ཕྱེད་ཉི་བྱེད་ དོ། །རྒྱན་ལ་སོགས་པ་ནི། ཞི་བ་ལ་རྒྱན་གོས་དཀར་པོ་དང༌། ཙོག་པུའི་འདུག་སྟངས་དང༌། ཤར་དུ་བལྟ་བ་དང༌། ཞི་ཞིང་དུལ་བའི་བསམས་པས་སོ། །རྒྱས་པ་ལ་རྒྱན་གོས་སེར་པོ་དང༌། བཟང་པོའི་འདུག་སྟངས་དང༌། བྱང་དུ་བལྟ་བ་དང༌། ཚིམ་ཞིང་རངས་པའི་བསམ་པའོ། ། 7-1-393 དབང་དུ་བྱ་བ་ལ་རྒྱན་གོས་དམར་པོ་དང༌། པད་མའི་འདུག་སྟངས་དང་ནུབ་ཏུ་བལྟ་བ་དང༌། ཆགས་ཤིང་འདུན་པའི་བསམ་པས་སོ། །དྲག་པོ་ལ་རྒྱན་གོས་ནག་པོ་དང༌། མགར་བའི་ འདུག་སྟངས་དང༌། ལྷོ་རུ་བལྟ་བ་དང༌། དྲག་ཅིང་རྩུབ་པའི་བསམ་པས་སོ། །དགང་བླུགས་ ནི། གདན་བཞི་དང༌། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་བརྒྱུད་པ། བཟང་པོ་ཡོངས་བཟུང་ དང༌། རིན་ཆེན་འབར་བ་ལ་སོགས་པའི་བསྟན་བཅོས་ལས་འབྱུང་བ་བཞིན་ནོ། །ཆོ་ག་ ཐམས་ཅད་སྔར་བཤད་པ་ཉིད་ཀྱིས་ཤེས་ཤིང༌། འོན་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་ འདས་པའི་མེ་ལྷའི་ཞལ་ནི། ཞི་བ་ལ་དཀར་ཞིང་འཛུམ་པ་དང༌། རྒྱས་པ་ལ་སེར་ཞིང་བརྗིད་ པ་དང༌། དབང་ལ་དམར་ཞིང་ཆགས་པ་དང༌། དྲག་པོ་ལ་ནག་ཅིང་ཁྲོས་པའི་རྣམ་པར་བསམ་ པར་བྱ་སྟེ། སྲེག་རྫས་དབུལ་བའི་མཐའ་རྟེན་ཡང་ཞི་བ་ལ་སྔར་བཤད་པ་ལྟ་བུ་དང༌། རྒྱས་པ་ ལ་སྦྱིན་པའི་བདག་པོ་འཁོར་དང་བཅས་པས་ཐོག་དྲངས། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་ དཔལ་དང་འབྱོར་པ་ལ་སོགས་ལེགས་པའི་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨཾ(རྒྱས་པར་མཛོད)། ཞེས་པ་ལ་སོགས་པ་དང༌། ཆེ་གེ་མོ་ལ་སོགས་པའི་ས་དང་ལམ་གྱི་ལེགས་པའི་ཡོན་ཏན་ཁྱད་ པར་ཅན་པུཥྚཾ་ཀུ་རུ་ཨཾ་(རྒྱས་པར་མཛོད)ཞེས་པ་དང༌། དབང་དུ་བྱ་བ་ལ་འཁོར་དང་ལོངས་སྤྱོད་ ཕུན་སུམ་ཚོགས་པ་ཐམས་ཅད་ཝ་ཤྱཾ་ཀུ་རུ་ཧོ་(དབང་དུ་མཛོད)ཞེས་པ་དང༌། དྲག་པོ་ལ་སངས་ རྒྱས་ཀྱི་བསྟན་པ་དང༌། སེམས་ཅན་མང་པོ་ལ་གནོད་པ་བྱེད་པའི་དགྲ་བགེགས་གདུག་པ་ ཅན་ཐམས་ཅད་མ་ར་ཡ་ཕཊ(བསད་པར་མཛོད)། ཅེས་པ་ལ་སོགས་པ་སྦྱར་ནས་དབུལ་བར་བྱ་ ཞིང༌། གསོལ་བ་གདབ་པའི་སྐབས་སུ་ཡང༌། སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་དང་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། འཁོར་དང་ལོངས་སྤྱོད་དབང་དུ་མཛད་དུ་ གསོལ། དགྲ་བགེགས་ཐམས་ཅད་བསྒྲལ་བར་མཛད་དུ་གསོལ། ཞེས་པ་ལ་སོགས་པ་རང་ རང་གི་སྐབས་དང་སྦྱར་བ་བརྗོད་པར་བྱ་སྟེ། གཞན་ཡང་བླ་མ་དམ་པའི་ཐུགས་དགོངས་ 7-1-394 རྫོགས་པ་དང༌། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང༌། སེམས་ཅན་ཐམས་ཅད་བདེ་ ཞིང་སྐྱིད་པ་དང༌། སྦྱིན་བདག་རྣམས་ཀྱི་བར་ཆད་ཞི་བ་དང༌། བསམས་པའི་དོན་རྣམས་ཆོས་ ལྡན་ཡིད་བཞིན་དུ་འགྲུབ་པ་ལ་སོགས་པ་ཇི་ལྟར་འདོད་པའི་དོན་རྣམས་ཀྱི་གསོལ་བ་བཏབ་ པས་འགྲུབ་པ་ཉིད་དོ།། །། དཔལ་ལྡན་ཀྱེའི་རྡོ་རྗེ་ཡི། །སྦྱིན་སྲེག་རབ་གསལ་སྣང་བ་འདི། ། དོན་གཉེར་སློབ་མས་བསྐུལ་བའི་ངོར། །བློ་གྲོས་རྒྱལ་མཚན་དཔལ་གྱིས་བསྡེབས། །དགེ་ བས་འགྲོ་བ་མ་ལུས་པའི། །རྣམ་རྟོག་བུད་ཤིང་ཡེ་ཤེས་མེས། །བསྲེགས་ནས་མི་བདོག་བདེ་ ཆེན་གྱི། །དཔལ་ལ་ཉེ་བར་སྤྱོད་གྱུར་ཅིག །ཀྱེའི་རྡོ་རྗེའི་སྦྱིན་སྲེག་གི་ཆོ་ག ལག་ལེན་རབ་ གསལ་སྣང་བ་ཞེས་བྱ་བ་འདི། བོད་ཀྱི་པཎྜི་ཏ་མ་ཏིས་དགེ་ལྡན་ས་བཟངས་སུ་སྦྱར་བའོ། །། ། སྐལ་པ་དང་ལྡན་པ་རྣམས་ལ་ཕན་ཐོགས་པར་གྱུར་ཅིག །མཾགྷལཾབྷཝནྟུ། ཤུབྷཾ། མ་ཡིག་འབྲས་སྤུངས་དཔེ་རྙིང༌། ཕྱི་ག ༡༩༡ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-395 ༄༅། །འཕགས་པ་དོན་ཡོད་ཞགས་པའི་མངོན་པར་ རྟོགས་པ་རབ་གསལ་སྣང་བ་ བཞུགས་སོ། ། ༄༅། །ན་མ་ལོ་ཀ་ནཱ་ཐཱ་ཡ། རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །འགྲོ་དྲུག་ འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས། །ཐར་པའི་བདེ་བ་མཆོག་ལ་འགོད་མཛད་པ། ། སྤྱན་རས་གཟིགས་དབང་ཞབས་ལ་ཕྱག་འཚལ་ནས། །འཕགས་པ་དོན་ཡོད་ཞགས་པ་ ལྷ་ལྔའི་བསྙེན་སྒྲུབ་ཟབ་མོ་ཉམས་སུ་བླང་བའི་ཐབས། དེ་ཉིད་བཅུ་དྲུག་སྦྱོར་དངོས་རྗེས་ གསུམ་གྱི། །བསྡུས་ཏེ་རང་གཞན་དོན་དུ་གསལ་བར་བཤད། །དེ་ཡང་གང་ཟག་འཁོར་ རྣམ་པ་བཞི་ལ་སོགས་པ་དབང་པོ་རབ་དང་འབྲིང་དང་ཐ་མ་ཡང་རུང་སྟེ། རང་དང་གཞན་ གྱི་དོན་དུ་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པའི་སྐལ་བ་དང་ལྡན་པ་རྣམས་ ཀྱིས་གནས་ཡིད་དུ་འོང་པ་གཙུག་ལག་ཁང་ལ་སོགས་པར། དུས་བཟང་པོ་དཀར་པོ་ཕྱོགས་ ཀྱི་ཚེས་བརྒྱད་ལྟ་བུ་ལ་བྱ་བར་སྔགས་ཤིང་གཞན་ལའང་རུང་པས། ཆོ་ག་རྣམ་པར་དག་ པ་སྦྱོར་དངོས་རྗེས་གསུམ་དེ་ཉིད་བཅུ་དྲུག་དང་ལྡན་པས་ཉམས་སུ་བླང་བར་བྱའོ། །དེ་ ལ་དབང་པོ་རབ་ཀྱི་དབང་དུ་བྱས་པ་ནི་ཚེས་དྲུག་ནས་རྟེན་དང་མཆོད་པ་དང་མཚོ་[འཚོ] བའི་ཡོ་བྱད་རྣམ་པར་དག་པ་ལ་སོགས་པ་མཐུན་རྐྱེན་རྣམས་[ཉེ་རྟོགས་[ཉེར་བསྡོགས]བྱ་ ཞིང༌། འགལ་རྐྱེན་རྣམ་པར་གཡེང་བར་འགྱུར་བ་རྣམས་ཡོང་བའི་བརྡ་གསལ་བར་གོ་བར་ འཕགས་པ་དོན་ཡོད་ཞགས་པའི་མངོན་པར་རྟོགས་པ་རབ་གསལ་སྣང་བ། 7-1-396 བྱ་སྟེ། བདུན་ལ་སྦྱོར་བ་བརྒྱད་ལ་དངོས་གཞི་དགུ་ལ་རྗེས་ཆོག་རྣམས་ཐུན་གསུམ་དུ་ཉམས་ སུ་བླངས་ནས། བཅུ་ལ་འཕགས་པ་བྱོན་པའི་དགའ་སྟོན་ལ་ལོངས་སྤྱད་པར་བྱའོ། །ཆོ་གའི་ བསྡོམས་ནི། སྔོན་འགྲོ་ཡིད་འོང་གནས་སུ་རྟེན་མཆོད་བཤམས། ཁྲུས་དང་མཎྜལ་ཡན་ ལག་བདུན་པ་བྱ། །གསོ་སྦྱོང་བླང་ཞིང་རྣམ་དག་གཟུངས་གཉིས་གདོན[འདོན]། །དངོས་ གཞི་ལྷ་བསྒོམ་སྙིང་པོ་བཟུངས་[གཟུངས]སྔགས་བཟླས། །འཇུག་[མཇུག]དུའང་མཆོད་ བསྟོད་བྱ་ཞིང་གཏོར་མ་དབུལ། །གཏང་རག་ཕྱག་མཆོད་ཡན་ལག་བདུན་པ་བྱ། །གསོལ་ བཏབ་བཟོད་གསོལ་གཤེགས་གསོལ་ཉེར་བསྡུ་དང༌། །སྨོན་ལམ་ཤིས་བརྗོད་ཟས་སྤྱོད་ རྣམ་དག་བྱ། །དེ་ཡི་སྔོན་འགྲོ་རྟེན་མཆོད་བཤམས་པ་ནི། གནས་ཁང་བྱི་དོར་ལེགས་པར་ བྱས་སྟེ། འཕགས་པའི་སྐུ་གཟུགས་ལ་སོགས་པ་རྟེན་གསུམ་བྱིན་རླབས་ཅན་རྣམས་ཀྱི་སྤྱན་ སྔར། མཎྜལ་དྲི་བཟང་གིས་བྱུགས་པར་མ་གཏོགས་ཀྱི་ཚོམ་བུ་ལྔ་བཀོད་ལ་མཆོད་ཡོན་ ཞབས་བསིལ་མེ་ཏོག་བདུག་སྤོས་སྣང་གསལ་དྲི་མཆོག་ཞལ་ཟས་རོལ་མོ་ལ་སོགས་པའི་ མཆོད་རྫས་ཅི་འབྱོར་པ་རྣམས་དང་དཀར་གཏོར་གསུམ་ལ་སོགས་པ་ཅི་འབྱོར་བཤམས་ ཤིང༌། མ་འབྱོར་ན་ཐམས་ཅད་ཡིད་ཀྱི་བསམས་པས་ཀྱང་རུང་ངོ༌། །དེ་ནས་ཁྲུས་བྱ་བ་ནི། རྣམ་རྒྱལ་རྣམ་འཇོམས་དོན་ཞགས་ལ་སོགས་པའི་གཟུངས་ཆུའམ་མེད་ན་ཆུ་རྩང་[གཙང] མ་གཞན་གྱིས་ཀྱང་རུང་པས་གདོང་ལ་སོགས་ཡན་ལག་ལྔ་ལེགས་པར་བཀྲུ་ཞིང་མི་ནུས་ ན། སྭ་བྷ་ཝའི་སྔགས་བརྗོད་དེ་ཆོས་ཐམས་ཅད་རང་བཞིན་གྱི་དག་པར་མོས་པ་བྱའོ། །དེ་ ནས་མཎྜལ་དབུལ་བ་ནི། ༀ་བཛྲ་བྷུ་མེ་ཨཿཧཱུཾ། ཞེས་སོགས་ཀྱིས་རིན་པོ་ཆེའི་ས་གཞི་རི་རབ་ གླིང་བཞི་ཉི་ཟླ་ལ་སོགས་པའི་འབྱོར་པ་ཕུན་སུམ་ཚོགས་པས་གང་བར་དམིགས་ལ། དང་པོ་ སངས་རྒྱས་དཀོན་མཆོག་གི་ངོ་བོ་སྤྱན་རས་གཟིགས་དང་། གཉིས་པ་ཆོས་དཀོན་མཆོག་གི་ ངོ་བོ་གཟུངས་སྔགས་རྣམས་དང༌། གསུམ་པ་དགེ་འདུན་དཀོན་མཆོག་གི་ངོ་བོ་འཁོར་གྱི་ལྷ་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-397 རྣམས་ལ་དབུལ་བར་བྱ་སྟེ། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་སིལ་མ་བཀྲམ། །རི་རབ་ གླིང་བཞི་ཉི་ཟླས་རྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་ རྣམ་དག་ཞིང་ལ་སྤྱོད་པར་ཤོག ། ཅེས་པ་ལ་སོགས་པ་ཇི་ལྟར་རིགས་པའི་ཚིག་གི་གོ །དེ་ནས་ཡན་ལག་བདུན་པ་བྱ་སྟེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་པ་དང༌། བླ་མ་སངས་རྒྱས་བླ་མ་ཆོས། །ཞེས་ སོགས་བླ་མ་དང༌། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་པ་དང༌། སྟོན་པ་བླ་མེད་སངས་ རྒྱས་རིན་པོ་ཆེ། །ཞེས་པ་ལ་སོགས་པས་དཀོན་མཆོག་གསུམ་དང༌། མཚན་མཆོག་ལྡན་པ་ དྲི་མེད་ཟླ་བའི་ཞལ། །ཞེས་སོགས་ཀྱི་སངས་རྒྱས་དང༌། སེམས་ཅན་སྡུག་བསྔལ་མེ་ཚོགས་ ཀྱིས་གདུངས་རྣམས། །ཐུགས་རྗེ་ཆུ་རྒྱུན་གསིལ་[བསིལ]བས་ཞི་མཛད་ཅིང༌། །རབ་ཞི་བདེ་ ལྡན་གནས་སུ་འདྲེན་མཛད་པའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཐུགས་ རྗེ་ཆེན་པོའི་ཞགས་པས་འགྲོ་ཀུན་གྱི། །གནོད་པ་ངེས་བསལ་བདེ་ལ་འགོད་མཛད་ཅིང༌། ། སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་པའི། །དོན་ཡོད་ཞགས་པ་[པར]གྲགས་ལ་ཕྱག་ འཚལ་ལོ། །མ་ཆགས་པད་མ་རིགས་ཀྱི་སྤྲུལ་པ་སྟེ། །ཀླུ་རྒྱལ་ཚུལ་གྱི་བདུག་[གདུག]པ་ཀུན་ འདུལ་ཞིང༌། །དབང་ཆེན་བསྐལ་པའི་མེ་ལྟར་རབ་བརྗིད་འབར། ཁྲོ་རྒྱལ་རྟ་མགྲིན་དཔལ་ ལ་ཕྱག་མཚལ་[འཚལ]ལོ། །ཆོས་དབྱིངས་སྤྲོས་བྲལ་རོ་གཅིག་མངོན་གྱུར་ཚུལ། །རལ་ པ་གཅིག་འཆང་ལྷ་མོའི་སྐུར་སྟོན་ཅིང༌། །བགེགས་ཚོགས་འདུལ་ཕྱིར་ཁྲོ་མོའི་ཆ་ལུགས་ འཆང༌། །རལ་པ་གཅིག་མ་ཁྱོད་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་ཡོན་ཏན་བཞིར་ གྱུར་ཅིང༌། །སྐལ་ལྡན་རྗེས་འཛིན་གཞན་དོན་བསྒྲུབ་ལ་རྩོན། །བཀའ་བཞིན་བསྒྲུབ་པར་ བྱེད་པའི་ལྷ་མོ་སྟེ། །ལྷ་མོ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ། །ཞེས་པས་ཡིད་དམ་དང༌། ཇི་ སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། ཞེས་པ་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་ འཕགས་པ་དོན་ཡོད་ཞགས་པའི་མངོན་པར་རྟོགས་པ་རབ་གསལ་སྣང་བ། 7-1-398 པར་བགྱིའོ། །ཞེས་པའི་བར་གྱི་དཀོན་མཆོག་སྤྱི་ལ་ཕྱག་མཆོད་དབུལ་ཞིང་སླར་ཡང་ༀ་སརྦ་ ཏ་ཐཱ་ག་ཏ། ཨརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝ་རེ་བྷྱཿཞེས་པ་སྔོན་དུ་འགྲོ་བའི་ༀ་ཨརྒྷཾ་པྲ་ ཏིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་པཏྱཾ་བཛྲ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གྷནྚེ་ནི་ཝི་ཏེ་ཤཔྟ་ཨཿཧུཾ་ཧཱུཾ་ཞེས་པ་ལ་ སོགས་པ་དང༌། འདོད་ཆགས་ཞེ་སྡང་གཏི་མུག་དབང་གི་ནི། །ཞེས་པ་ལ་སོགས་པས་སྡིག་ པ་གཤགས་[བཤགས]སྟེ། རྗེས་སུ་ཡིད་རང་སྐུལ་ཞིང་གསོལ་བ་ལ་སོགས་པ། ཐམས་ཅད་ བདག་གིས་བྱང་ཆུབ་ཆེན་པོར་བསྔོ་ཞེས་པའི་བར་བྱའོ། །དེ་ནས་གསོ་སྦྱོང་བླང་བ་ནི། སྔོན་ ལ་འཕགས་ནས་རྒྱུད་པ་བར་མ་ཆད་པའི་སློབ་དཔོན་ལས་བླང་ཞིང་ཕྱིས་ནས་སྐུ་གཟུགས་ཀྱི་ སྤྱན་སྔར་བླངས་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་བཅང་[ཅང]ཤེས་ལྟ་ བུ། གླང་པོ་ཆེན་པོ་བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་དུ་སྦྱོར་བ། ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་ བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་ བྱའི་ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། མུག་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ངེས་པར་མཛད་པ། དེ་བཞིན་དུ་ བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་ད་ནས་བཟུང་སྟེ་ཇི་སྲིད་སང་ཉི་མ་མ་ཤར་གྱིས་ བར་དུ་གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །དིང་ནས་སྲོག་གཅོད་མི་བྱ་ཞིང༌། ། གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིགས་པའི་ཆོས་ཀྱང་མི་བྱེད་ཅིང༌། །རྫུན་གྱི་ཚིག་ཀྱང་མི་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-399 སྨྲའོ། །སྐྱོན་ནི་མངས་པོ་ཉེར་སྟན་[སྟེན] པའི། །ཆང་ནི་ཡོངས་སུ་སྤངས་བར་བྱ། ཁྲི་སྟན་ ཆེན་པོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་ གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ན། །སྲོག་གཅོད་ལ་སོགས་མི་བྱེད་པ། ། དེ་ལྟར་སྲོག་གཅོད་ལ་སོགས་སྤངས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མངས་ [དམངས]འཁྲུགས་སྐྱེ་བོ་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་གསུམ་ བརྗོད། དེ་ནས་གཟུངས་གཉིས་གདོན་[འདོན]པ་ནི། ཚུལ་ཁྲིམས་རྣམ་པར་དག་པར་བྱ་བ་ དང༌། གསོ་སྦྱོང་བརྟན་པར་བྱ་བའི་[བ]ལ་སོགས་པའི་ཆེད་དུ། ༀ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་ སཾ་བྷ་ར། བྷ་ར་བྷ་ར། མཧཱ་ཤུདྷ་སཏྭ་པདྨ་བྷི་བྷུ་ཥི་ཏ་བྷུཉྫ། དྷ་ར་དྷ་ར་ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུཾ་ ཕཊ་སྭཱཧཱ། ཅེས་ཉེར་གཅིག་དང༌། ཧྲིཿཏྲཻ་ལོ་ཀྱ་བརྒྱ་རྩ་ལ་སོགས་པ་བཟླས་པ་བྱའོ། །ཡན་ ལག་རྒྱད་[བརྒྱད]ལྡན་གསོ་སྦྱོང་ནི། །རབ་ཏུ་བྱུང་བའི་ཕྱོགས་རྣམས་ཀྱིས། །མ་བླངས་ཀྱང་ ནི་ཁྱབ་བམ་སྙམ། །དིང་སང་ཕལ་ཆེར་ལེན་པར་སྣང༌། །དངོས་གཞི་ལྷ་བསྒོམ་པ་ནི། ཐོག་ མར་སྐྱབས་འགྲོ་སེམས་བསྐྱེད་ཚོགས་ཞིང་མཆོད་པ་བསྡོམ་པ་བཟུང་བ་ཚད་མེད་སྒོམ་པ་ སྟོང་ཉིད་སྲུང་འཁོར་སྒོམ་པ་རྣམས་གཞན་དང་མཐུན་པར་བྱ་སྟེ། ནམ་མཁའི་མཐའ་དང་ མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་ བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་ འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་ པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཡིད་དམ་རྒྱལ་བ་[བའི]དཀྱིལ་འཁོར་གྱི་ལྷ་ ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་ པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་ བར་དུ་བདག་ནི་སྐྱབས་སུ་མཆིའོ། །བདག་གི་སྦྱིན་སོགས་བགྱིད་པ་འདི་དག་གི། །འགྲོ་ལ་ འཕགས་པ་དོན་ཡོད་ཞགས་པའི་མངོན་པར་རྟོགས་པ་རབ་གསལ་སྣང་བ། 7-1-400 ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་ རྒྱས་ཐོབ་པར་བྱ། །དེའི་ཕྱིར་དུ་བདག་གི་དོན་ཡོད་ཞགས་པའི་སྒོམས་བཟླས་ལ་འཇུག་པར་ བྱའོ། །ཞེས་བརྗོད་ཅིང༌། རང་སྐད་ཅིག་གིས་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཁའི་ ཧྲིཿལས་འོད་འཕྲོས་པས་མདུན་གྱི་ནམ་མཁར་རྗེ་བཙུན་ལྷ་ལྔའི་དཀྱིལ་འཁོར་བླ་མ་ཡིད་ དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མ་ཛཿཞེས་པས་ སྤྱན་དྲངས་ལ། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱིས་རབ་ཏུ་སྔགས། ། ཡོན་ཏན་དམ་པ་ཀུན་ནས་བསགས། །སྤྱན་རས་གཟིགས་ཞེས་མཚན་གསོལ་པའི། །རྟག་ པར་བརྩེ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་འཚལ་ཏེ། སྔ་མ་ལྟར་ༀ་སརྦ་ཏ་ཐཱ་ག་ཏ། ཞེས་ པ་ལ་སོགས་པས་མཆོད་པ་ཕུལ་ཏེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡིད་རང༌། །སངས་རྒྱས་བྱང་ཆུབ་ཡིད་ ཀྱི་བཟུང༌། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་ མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་འགྲོན་དུ་ གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ འགྲུབ་པར་ཤོག །ཅེས་ལན་གསུམ་གྱི་སྡོམ་པ་བཟུང་ཞིང༌། སེམས་ཅན་ཐམས་ཅད་བདེ་བ་ དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་ གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་ལྡན་པར་གྱུར་ཅིག །ཉེ་རིང་ཆགས་སྡང་མེད་ པའི་ངང་དུ་སེམས་སྙོམས་པར་གྱུར་ཅིག །སྙམ་དུ་ཚད་མེད་པ་བཞི་སྒོམ་སྟེ། ༀ་སྭ་བྷ་ཝ་ཤུད་ དྷ་སརྦ་དྷརྨ་སྭ་བྷ་ཝ་ཤུད་དྷོ་ཧཾ། ཞེས་བརྗོད་ཅིང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྒོམས་པའི་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-401 ངང་ལས་པཾ་ལས་པད་མ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧུཾ་ལས་བྱུང་བའི་སྣ་ ཚོགས་རྡོ་རྗེ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་ལྟེ་བ་མཐིང་ནག་ལ་འོད་ཟེར་ དཔག་དུ་མེད་པ་འཕྲོས་པས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཕྱོགས་ཐམས་ཅད་རྡོ་རྗེའི་ར་ བ་སྟེང་ཐམས་ཅད་རྡོ་རྗེའི་བླ་རེ་ཕྱི་རོལ་ཐམས་ཅད་རྡོ་རྗེའི་ཡེ་ཤེས་ཀྱི་མེ་རི་རབ་ཏུ་འབར་ བས་བསྐོར་བའི་སྲུང་བའི་འཁོར་ལོ་སྒོམ་པར་བྱའོ། །དེ་ནས་ལྷ་སྒོམ་པ་དངོས་ནི། སྲུང་བའི་ འཁོར་ལོའི་དབུས་སུ་བྷྲཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་པ་ གྲུ་བཞི་པ་སྒོ་བཞི་པ་རྟ་བབས་བཞིའི་མཛེས་པ་རིན་པོ་ཆེ་རྩིག་པ་ལྔ་དང་ལྡན་པ། ཕ་ཁུ་དང་ དྲ་བ་ཕྱེད་པ་དང༌། རིན་ཆེན་ཤར་བུ་དང༌། མདའ་ཡབ་དང་པུ་ཤུ་ལ་སོགས་པས་རྒྱན་པ། མཆོད་རྫས་དཔག་དུ་མེད་པས་ཡོངས་སུ་བསྐོར་བ། དྭངས་ཤིང་ཐོགས་པ་མེད་པ། ཕྱི་ནང་ ཀུན་དུ་འོད་གསལ་བ། ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་དབུས་སུ། པཾ་ལས་པད་མ་དཀར་ པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་{གྱི}་སྟེང་དུ་ཧྲིཿལས་པད་མ་ དཀར་པོ་ཧྲིས་མཚན་པ་ལས་འོད་ཟེར་ཕར་འཕྲོས་སེམས་ཅན་གྱི་དོན་བྱས། ཚུར་འདུས་ ཡོངས་སུ་གྱུར་པ་ལས། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་ གངས་རིའི་ཕུང་པོ་ལྟར་དཀར་ཞིང་གསལ་བ། ཞལ་གཅིག་ཕྱག་གཉིས་པ། གཡས་པ་མཆོག་ སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་པ་ནོར་བུའི་མཚན་པའི་པད་མ་དཀར་པོའི་རྩ་བ་ཐུགས་ ཁར་བཟུང་ནས་འདབ་མ་སྙན་གྱི་ཐད་ཁར་རྒྱས་པ། ཞབས་གཡས་ཅུང་ཟད་བརྐྱང་པ་གཡོན་ དཀྱིལ་མོ་དཀྲུང་གིས་བཞུགས་པ། དར་སྣ་ཚོགས་ཀྱི་ནམ་[ནབ]བཟའ་དང་རིན་པོ་ཆེའི་ རྒྱན་ཐམས་ཅད་ཀྱི་མཛེས་པ་ཕྱུག་བདག་གི་ཆ་ལུགས་མཆང་[འཆང]བ། ཤར་དུ་པཾ་ལས་ པད་མ་དམར་པོའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧ་ལས་ཞགས་པ་ཧས་ མཚན་པ་ལས་འཕགས་པ་དོན་ཡོད་ཞགས་པ་སྐུ་མདོག་པད་མ་ར་ག་ལྟར་དམར་བ་ཞལ་ འཕགས་པ་དོན་ཡོད་ཞགས་པའི་མངོན་པར་རྟོགས་པ་རབ་གསལ་སྣང་བ། 7-1-402 གཅིག་ཕྱག་བཞི་པ་གཡས་པ་གཉིས་ན་ཞགས་པ་དང་རྡོ་རྗེ། གཡོན་གཉིས་ན་ལྕགས་ཀྱུ་དང་ བགྲང་ཕྲེང་བསྣམས་པ། ཞབས་གཉིས་བཞེངས་སྟབས་ཅན་དར་དང་རིན་པོ་ཆེའི་རྒྱན་གྱིས་ བརྒྱན་པ། ལྷོ་རུ་པཾ་ལས་པད་མ་དམར་པོའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་བེ་ཆོན་[ཅོན]ཧཱུཾ་གི་མཚན་པ་ལས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་བྱུ་རུ་ལྟར་ དམར་བ་རྩ་ཞལ་དམར་པོའི་སྟེང་ན་རྟ་མགོ་ལྗང་ཁུ་ཅན་ཕྱག་བཞི་པ་གཡས་ཀྱི་དང་པོ་ན་བེ་ ཆོན་[ཅོན་]འཛིན་ཅིང༌། གཉིས་པ་སྡིག་འཛུབ་མཛད་པ། གཉིས་ན་འཁོར་ལོ་དང་པད་མ་ བསྣམས་པ། ཞབས་གཉིས་གཡོན་བརྐྱང་གི་སྟབས་ཅན། སྟག་གི་ལྤགས་པའི་ཤམ་ཐབས་ དང་སྦྲུལ་གྱི་རྒྱན་པ། ནུབ་དུ་པཾ་ལས་པད་མ་སྔོན་པོའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་ གྱི་སྟེང་དུ། ཕ་ལས་རལ་གྲི་ཕས་མཚན་པ་ལ། ཁྲོ་མོ་རལ་གཅིག་མ་སྐུ་མདོག་ཨིན་ཊ་ནི་ལ་ ལྟར་སྔོ་བ། ཞལ་གཅིག་ཕྱག་རྒྱད་[བརྒྱད]མ་གཡས་བཞི་ན་རལ་གྲི་དང་ཞགས་པ་དང་པད་ མ་དང་མདའ། གཡོན་བཞི་ན་འཁོར་ལོ་དང་དབྱུག་པ་དང་རྩེ་གསུམ་དང་གཞུ་བསྣམས་པ་ ཞབས་གཉིས་གཡས་རྐྱང་གི་སྟབས་ཅན། སྟག་གི་ལྤགས་པའི་ཤམ་ཐབས་དང་སྦྲུལ་གྱི་རྒྱན་ པ། བྱང་དུ་པཾ་ལས་པད་མ་དཀར་པོའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཊ་ ལས་དབྱུག་ཏོ་ཊས་མཚན་པ་ལས་ལྷ་མོ་ཁྲོ་གཉེར་ཅན་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར། ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ན་དབྱུག་ཏོ་དང་པད་མ། གཡོན་གཉིས་ན་ཕྲེང་བ་ དང་རིལ་བ་སྤྱི་བླུགས་འཛིན་པ། ཞབས་གཉིས་གཡོན་པའི་བོལ་གོང་ལ་གཡས་པའི་སོར་མོ་ རྟེན་པ་[པའི]ཚུལ་གྱི་བཞེངས་པ། དར་གྱི་ནབ་བཟའ་དང་རིན་པོ་ཆེའི་རྒྱན་པ། ཐམས་ཅད་ ཀྱི་དཔྲལ་བར་ༀ། མགྲིན་པར་ཨཿ ཐུགས་ཁར་ཧཱུཾ། རང་རང་གི་ས་བོན་ཡང་ཐུགས་ཁར་ བསམས་ཏེ། དེ་དག་གི་འོད་ཟེར་གྱིས་ༀ་བཛྲ་ས་མ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་ གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-403 བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ཞེས་ པས་ཡེ་ཤེས་པ་སྤྱན་དྲངས་ལ་སྔ་མ་བཞིན་ཨརྒྷཾ་ལ་སོགས་པས་མཆོད་ལ། ༀ་བཛྲ་ཨཾ་ཀུ་ཤ་ ཛཱ། ༀ་བཛྲ་པ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་གྷནྚེ་ཧོཿ ཞེས་པས་དགུག་པ་དང་གཞུག་པ་ དང་བཅིང་བ་དང་དབང་དུ་བྱའོ། །སླར་ཡང་ཐུགས་ཁའི་འོད་ཟེར་གྱིས་རིགས་ལྔ་འཁོར་ བཅས་སྤྱན་དྲངས་ལ། ཨརྒྷཾ་ལ་སོགས་པས་མཆོད་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པ་དང༌། དེ་རྣམས་ཀྱིས་བུམ་ པའི་ཆུས་དབང་བསྐུར་བར་བསམ་ཞིང༌། ཇི་ལྟར་ལྟམ་པ་ཙམ་གྱི་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་ གསོལ་ལྟར། །ལྷའི་ཆུ་ནི་དག་པ་ཡིན། །དེ་བཞིན་བདག་གི་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐ་ག་ཏ་ ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། སྤྱན་རས་གཟིགས་ལ་འོད་དཔག་མེད། དོན་ཡོད་ཞགས་པ་ལ་རྣམ་པར་སྣང་མཛད། རྟ་ མགྲིན་ལ་རིན་ཆེན་འབྱུང་ལྡན། རལ་གཅིག་མ་ལ་མི་བསྐྱོད་པ། ཁྲོ་གཉེར་ཅན་ལ་དོན་ཡོད་ གྲུབ་པས་དབུ་བརྒྱན་པར་མོས་པ་བྱའོ། །དེ་ནས་གཙོ་བོའི་ཐུགས་ཁའི་ཧྲཱིཿལས་འོད་འཕྲོས་ པས་སེམས་ཅན་ཐམས་ཅད་ལྷར་གྱུར་པ་ལས། ལྷ་ལྔ་སྤྱན་དྲངས་ནས་བསྟིམ་ཞིང༌། འོད་ཚུར་ འདུས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་མཐའ་དག་ བཅུག་ནས་རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམས་ཏེ། ཕྱི་ནང་སྣོད་བཅུད་ཐམས་ ཅད་དཀྱིལ་འཁོར་དང་ལྷའི་ངོ་བོ་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུའི་ངང་ལས་ [ལ]མཉམ་པར་བཞག་པར་བྱའོ། །དེ་ནས་སྙིང་པོ་བཟླས་པར་བྱས་ཏེ། ཐུགས་ཁའི་ས་བོན་ ལ་རང་རང་གི་སྔགས་ཀྱི་བསྐོར་བ་ལས། འོད་ཟེར་སྤྲོ་བ་དང་བསྡུ་བས་དོན་གཉིས་བྱས་པར་ མོས་ལ་ཡི་དམ་ལ་གསོལ་བ་འདེབས་པའི་བསམས་པས། ན་མཿས་མནྟ་བུད་དྷ་ནཾ། སརྦ་ཏ་ ཐ་ག་ཏ་ཨ་ཝཱ་ལོ་ཀི་ཏེ། ཀཱ་ར་ཎ་མ་ཡ་མུར་ཏ་ཡེ་ཧཱུཾ་ཛཿསྭཱཧཱ། ཞེས་པ་དང༌། ༀ་ཧྲིཿཏྲཻ་ལོཀྱ་བི་ཛ་ འཕགས་པ་དོན་ཡོད་ཞགས་པའི་མངོན་པར་རྟོགས་པ་རབ་གསལ་སྣང་བ། 7-1-404 ཡ། ཨ་མོ་གྷ་པ་ཤ་ཨ་པྲ་ཏི་ཧ་ཏ་ཧྲིཿ ཧ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་དང༌། ན་མཿས་མནྟ་བུད་དྷ་ནཾ། ཧཾ་ཁ་ཏ་བྷུཉྫ་སཏྭ་ཡ་སྭཱཧཱ་ཞེས་པ་དང༌། ༀ་ཨེ་ཀར་ཛ་ཏྲི་མ་ཧ་རོ་ཥ་ཎཾ་ཏྲ་ས་ཡ། ཏྲ་ས་ཡ། ས་མ་ ས་མ། པྲ་ཤ་མ་ན་ཡེ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་དང༌། ན་མཿས་མནྟ་བུད་དྷ་ནཾ། སརྦ་བྷ་ཝ་ པན་ཏྲ་ར་ནི་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་རྣམས་སོ། །དེ་རྣམས་གཙོ་བོ་ལ་ཇི་ཙམ་བཟླས་པ་ ཕྱེད་དོན་ཡོད་ཞགས་པ་ལ་དེའི་ཕྱེད་གཞན་གསུམ་ལའོ། །ཞེས་ཀྱང་གསུང་ངོ༌། །དེ་ནས་ བཟུང་བཟླས་པར་བྱ་སྟེ། སྔར་བཞིན་ཨརྒྷཾ་ལ་སོགས་པས་མཆོད་ཅིང༌། སྐྱོན་གྱིས་མ་གོས་ ཞེས་པ་ལ་སོགས་པས་བསྟོད་ནས། ལྷའི་སྐུ་གསལ་བར་བསྒོམས་པའི་ཐུགས་ཁའི་ས་བོན་ སྔགས་ཀྱི་བསྐོར་བ་ལ་དམིགས་པའམ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ ཕྱག་འཚལ་ཞིང་གསོལ་བ་འདེབས་པའི་བསམ་པ་རྣམ་པར་དག་པས། རྒྱུད་ཀྱི་དབུ་ཞབས་ རྫོགས་པ་ཚར་ཅིག་གི་ཁོངས་སུ་བཟུངས་[གཟུངས]ལན་བདུན་ཚང་བར་བཏོན་ལ། མཐར་ ཡང་ཕར་ཕྱིན་དྲུག་དང་ས་བཅུ་དང་སྒོ་མཐའ་ཡས་པ་དང༌། ཚུལ་ཁྲིམས་རྣམ་དག་དང༌། ཧྲི་ཏྲཻ་ ལོཀྱ་རྣམས་ཀྱང་ཅི་ནུས་སུ་བཟླས་སོ། །འཇུག་[མཇུག]དུའང་མཆོད་བསྟོད་བྱ་ཞིང་གཏོར་ མ་དབུལ་བར་བྱ་སྟེ། མཆོད་རྫས་རྣམས་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས། མཆོད་ཡོན་ ཕལ་ཆེར་མཆོད་ཡོན་བླ་རེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མཆོད་ ཡོན་སྣ་ཚོགས་ཀུན་དུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ༀ་ སརྦ་ཏ་ཐཱ་ག་ཏ་ལོ་ཀི་ཤྭ་ར་ཨ་མོ་གྷ་པ་ཤ་ཧ་ཡ་གྲི་ཝ་ཨེ་ཀ་ཛ་ཏྲི། བྷྲི་ཀུ་ཊི་ས་པ་རི་ཝ་རེ་བྷྱཿ ཨརྒྷཾ་པྲ་ཏིཙྪ་པུ་ཙ་མེ་གྷ་ས་མུ་ཏྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ་སྭཱཧཱ། དེ་བཞིན་དུ་ཐམས་ཅད་ལ་སྦྱར་བ་ ཞབས་བསིལ་མེ་ཏོག་གདུག་སྤོས་སྣང་གསལ་དྲི་མཆོག་ཞལ་ཟས་སིལ་སྙན་རྣམས་པདྱཾ་པུཥྤེ་ དྷུ་པ་[པེ་]ཨ་ལོ་ཀེ་གནྡྷཻ་ནི་ཝི་ཏེ་ཤཔྟ་པུ་ཙ་མེ་གྷ་ས་མུད་ཊ་ཕ་[སྤ]ར་ཎ་ས་མ་ཡེ་ཧཱུཾ་སྭཱཧཱ། ཞེས་པ་རྣམས་ཀྱི་མཆོད་པ་དབུལ་ཞིང༌། སེམས་ཅན་སྡུག་བསྔལ་མེ་ཚོགས་ཀྱིས་གདུངས་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-405 རྣམས། །སོགས་ཀྱི་བསྟོད་པ་བྱའོ། །གཏོར་མ་རྣམས་ཀྱང༌། ༀ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་ཛྭ་ལ་ ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐཱ་བྷཉྫ་ར་ཎ་ཧཱུཾ་ཕཊ། ༀ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ཨདྱ་ནུད་པན་ན་ ཏྭོད་ༀ་ཨ་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་[པ]རྣམས་ཀྱིས་གསངས་[གཙང]ཞིང་སྦྱང་ཏེ། རིན་པོ་ ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་བདུད་རྩིའི་རྒྱ་མཚོ་ཆེན་པོས་ཡོངས་སུ་གང་བར་ དམིགས་ལ། ༀ་ཨཱཿ་ཧཱུཾ་མང་དུ་བརྗོད་པས་བྱིན་གྱིས་བརླབས་པའི་ཐོག་མ་ཡིད་དམ་ལ་ དབུལ་བར་བྱ་སྟེ། དེ་ཡང་རྗེ་བཙུན་ལྷ་ལྔའི་དཀྱིལ་འཁོར་སངས་རྒྱས་བྱང་ཆུབ་སེམས་ དཔའ་རྣམས་དང༌། ཕྱོགས་སྐྱོང་འབྱུང་པོའི་ཚོགས་ཀྱི་བསྐོར་བ་དང་བཅས་པ་མདུན་གྱི་ནམ་ མཁར་བྱོན་ནས་གསོལ་བར་བསམ་ཞིང༌། ༀ་ལོ་ཀེ་ཤྭ་ར་ཞེས་པས་[པ]ལ་སོགས་པས་ མཚན་ལྔའི་མཐར། ན་མོཿ[མཿ]སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱེ་སརྦ་ཏད་[ཐ]ཁང་ཨུད་ག་ ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཧྣ་དམ་བ་ལིན་ཏྲ་ཡེ་སྭཱཧཱ། ཞེས་པས་ཕུལ་ནས། ཨརྒྷཾ་ལ་ སོགས་པས་མཆོད་ཅིང༌། སྔ་མ་ལྟར་བསྟོད་དེ་གསོལ་བ་བསྟབ་[བཏབ]པ་བྱའོ། ། གཉིས་པ་ཕྱོགས་སྐྱོང་འཁོར་དང་བཅས་པ་ལ། ༀ་ཨིན་ཊ་ཡེ། ཨག་ནེ་ཡེ། ཡ་མ་ཡེ། ནཻ་ རི་ཏྱཱ་ཡེ། ཝ་རུ་ཎ་ཡེ། ཀུ་བེ་ར་ཡེ། ཨི་ཤྭ་ན་ཡེ། ཨུར་དྷ་བྲ་ཧ་མ། ༀ་པྲི་ཐི་ཝི་དི་ཝཻ། ཞེས་ པའམ། ད་ཤ་དི་[དིག]ལོ་ཀ་པ་ལ་ས་པ་རི་ཝ་རེ་བྷྱཿཞེས་པའི་མཐར། ན་མཿསརྦ་ཏ་ཐ་ག་ཏ་ བྷྱོཿཞེས་པ་ལ་སོགས་པ་སྦྱར་བས་ཕུལ་ནས་ཨརྒྷཾ་ལ་སོགས་པས་མཆོད་ཅིང༌། ཤར་ཕྱོགས་ རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །ཞེས་པ་ལ་སོགས་པས་བསྟོད་དེ་གསོལ་བ་ གདབ་པར་བྱའོ། །གསུམ་པ་ཨ་ཀ་རོ་འམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ༀ་སཾ་བྷ་ར་ སཾ་བྷ་ར་ཧཱུཾ། ཞེས་པ་དང༌། དེ་བཞིན་གཤེགས་པ་བཞིའི་མཚན་ཡང་བརྗོད་དེ། རིགས་དྲུག་ འབྱུང་པོའི་ཚོགས་ཐམས་ཅད་ལ་ཕུལ་ནས། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་པ་ ལ་སོགས་པ་ཅི་རིགས་པའི་ཚིག་གིས་བསྔོ་བར་བྱའོ། །རྒྱས་པ་ལ་སྤྲོ་ན་དཀར་གཏོར་བཞི་ འཕགས་པ་དོན་ཡོད་ཞགས་པའི་མངོན་པར་རྟོགས་པ་རབ་གསལ་སྣང་བ། 7-1-406 བཤམས་ལ། དང་པོ་སྔར་བཞིན་ཡི་དམ་ཕུལ་ན། བདག་གི་བསམ་པའི་སྟོབས་དང་ནི། །ཕྱི་ མ་གསུམ་ཆ་གསུམ་ལྟར་བསྔོ་ཞིང༌། བསྡུས་པ་ལ་སྤྲོ་ན་ཐམས་ཅད་ཀྱང་ཨ་ཀ་རོས་དབུལ་ བར་བྱའོ། །དེ་ནས་འཕགས་པས་བྱིན་གྱིས་བརླབས་པའི་བཀའ་དྲིན་དྲན་པའི་སྒོ་ནས་བཏང་ [གཏང]རག་གི་ཕྱག་མཆོད་ཡན་ལག་བདུན་པ་བྱ་སྟེ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ ཉིད། །ཐེག་གསུམ་དམ་ཆོས་རིན་ཆེན་འབྱུང་བའི་གནས། །བསླབ་གསུམ་རྣམ་དག་དགེ་ འདུན་འདུས་པའི་གཙོ། །སྐྱབས་གསུམ་ངོ་བོ་བླ་མ་རྣམས་ལ་འདུད། །གང་སྐུ་མཚན་དང་ དཔེ་བྱད་གྱིས་མཛེས་ཤིང༌། །གང་གསུང་ཡན་ལག་དྲུག་བཅུའི་དབྱངས་ལྡན་ལ། །གང་ ཐུགས་ཤེས་བྱ་ཀུན་ལ་རབ་གསལ་བའི། །གང་ལ་ཐུབ་དབང་ཞབས་ལ་ཕྱག་མཚལ་ [འཚལ]ལོ། །མཆོག་སྦྱིན་དམ་པས་འགྲོ་ལ་མཆོག་སྩོལ་ཞིང༌། །པད་དཀར་མདོག་ཅན་པད་ མ་དཀར་པོ་བསྣམས། །འགྲོ་དྲུག་འགྲོ་བ་དྲུག་ལས་སྒྲོལ་མཛད་པའི། །ཐུགས་རྗེའི་སྤྱན་ མངའ་སྤྱན་རས་གཟིགས་ལ་འདུད། །ཉི་མའི་མདོག་ཅན་ཉི་མའི་གཉེན་གྱིས་སྲས། །ཞགས་ པ་རྡོ་རྗེ་ལྕགས་ཀྱུ་ཕྲེང་བ་འཛིན། །ལུས་ཅན་འཁོར་བ་རྒྱ་མཚོ་ལས་འདྲེན་པའི། །དོན་གྲུབ་ དོན་ཡོད་ཞགས་པའི་ཞབས་ལ་འདུད། །པད་མའི་རིགས་ཅན་པད་མ་ར་གའི་མདོག །དབྱུག་ ཐོ་སྡིག་འཛུབ་འཁོར་ལོ་པད་མ་ཅན། །མཐའ་དག་སྡུག་པའི་ཚོགས་རྣམས་མཐར་མཛད་ པའི། །རྟ་དབྱངས་དགྲ་[སྒྲ]སྒྲོགས་རྟ་མགྲིན་ཞབས་ལ་འདུད། །འཐོན་མཐིང་རལ་གྲི་ ཞགས་པ་པད་མ་མདའ། །འཁོར་ལོ་དབྱུག་པ་རྩེ་གསུམ་བཞུ་[གཞུ]རྣམས་ཀྱིས། །མ་རུངས་ ཀུན་འདུལ་ཟག་མེད་བདེ་བ་ལ། །རོལ་མཛད་རལ་པ་ཅིག་[གཅིག]མའི་ཞབས་ལ་འདུད། ། ཀུན་ད་ལྟར་དཀར་ཀུན་གྱིས་ཡིད་འོང་ཞིང༌། །དབྱུག་ཏོ་པད་མ་ཕྲེང་བ་སྤྱི་བླུགས་མཛིན་ [འཛིན]། །ལང་མཚོའི་[ཚོའི]རྒྱན་ལྡན་ལོངས་སྤྱོད་ཀུན་སྩོལ་བ། ཁྲོ་བ་ཞི་མཛད་ཁྲོ་གཉེར་ ཅན་ལ་འདུད། །འཕགས་པས་རྗེས་བཟུང་བསྐལ་བཟང་བྱང་སེམས་དྷ། །ཆོས་ཀྱི་དཔལ་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-407 འབྱོར་ཕུན་ཚོགས་ཤྲི་དྷ་ན། །བྱང་སེམས་མཐར་ཕྱིན་ཟླ་བ་རྒྱལ་མཚན་དཔལ། །ཐུགས་རྗེའི་ བདག་ཉིད་རྣམས་ལ་ཕྱག་འཚལ་ལོ། །དངོས་གྲུབ་མཚོག་[མཆོག]བརྙེས་གྲུབ་ཐོབ་ཉིང་ ཕུག་པ། །བཀའ་[དཀའ]སྤྱད་མཐར་ཕྱིན་རྒྱལ་སྲས་དྲང་ལུང་པ། །བདེ་ཆེན་ལམ་སྟོན་མངའ་ རིས་བདེ་མཛེས་སྟེ། །གཞན་དོན་རྩོན་ལྡན་རྣམས་ལ་ཕྱག་མཚལ་ལོ། །བྱམ་པའི་ཐུགས་ མངའ་རིན་ཆེན་རྒྱལ་མཚན་དཔལ། །དཔལ་གྱི་འབྱུང་གནས་མཁན་ཆེན་རྒྱལ་བ་གྲུབ། ། གྲུབ་པའི་བརྒྱུད་མཛིན་[འཛིན]ཆོས་རྗེ་འཛིམས་པ་སྟེ། །རྒྱལ་བའི་རྒྱ་ཚབ་རྣམས་ལ་ཕྱག་ འཚལ་ལོ། །ཆོས་ཀྱི་གྲགས་པའི་དཔལ་འབྱོར་བཟང་པོ་ཅན། །ཆོས་ཀྱི་བློ་གྲོས་ཡངས་པའི་ གདུལ་བྱ་རྣམས། །ཆོས་ཀྱི་བདེ་བ་མཆོག་ལ་འགོད་མཛད་པའི། །ཆོས་རྗེ་བླ་མ་རྣམས་ལ་ ཕྱག་འཚལ་ལོ། །དོན་གཉིས་མཐར་ཕྱིན་རྫོགས་པའི་སངས་རྒྱས་དང༌། །བདེན་གཉིས་ཟུང་ འཇུག་ཆགས་བྲལ་དམ་པའི་ཆོས། །ཡེ་ཤེས་གཉིས་ལྡན་འཕགས་པའི་དགེ་འདུན་ཏེ། ། སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་མཚལ་[འཚལ]ལོ། །མཁའ་ལྟར་ཁྱབ་པའི་ རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་སྙམ་[མཉམ]འགྲོ་བ་མ་ལུས་པ། །ལུས་འདི་ ཞིང་རྡུལ་མཉམ་པ་རབ་སྤྲུལ་ནས། །རྟག་ཏུ་གུས་པའི་ཡིད་ཀྱི་ཕྱག་མཚལ་[འཚལ]ལོ། ། ཞེས་པ་ལ་སོགས་པ་ཇི་ལྟར་རིགས་པའི་ཚིག་གིས་ཕྱག་མཚལ་[འཚལ]ནས། ཨརྒྷཾ་ལ་ སོགས་པས་མཆོད་དེ། ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་ མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་ མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། ། བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པ་[པར]ཀུན་ཏུ་འབྱུང་གྱུར་ཅིག །ཅེས་པ་དང༌། བདག་ནི་མི་ཤེས་ཏི་[གཏི]མུག་པས། །རང་བཞིན་ཁ་ན་མ་ཐོ་བ་འམ། །བཅས་པའི་སྡིག་པ་ གང་ཡིན་ལས། །གང་ཡང་རུང་བར་བགྱིས་པ་རྣམས། །མགོན་པོའི་སྤྱན་སྔར་མངོན་སུམ་དུ། འཕགས་པ་དོན་ཡོད་ཞགས་པའི་མངོན་པར་རྟོགས་པ་རབ་གསལ་སྣང་བ། ། 7-1-408 ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱི། །ཡང་དང་ཡང་དུ་ཕྱག་མཚལ་[འཚལ]ནས། ། དེ་དག་ཐམས་ཅད་བཤགས་པར་བགྱི། །འདྲེན་པ་རྣམས་ཀྱི་བདག་གིས་སྡིག །ནོངས་པ་ ལགས་པར་བཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་ མི་བགྱིད། །ཅེས་པ་དང༌། སེམས་ཅན་ཀུན་གྱི་ངན་སོང་གི། སྡུག་བསྔལ་ངལ་སོའི་[གསོའི] དགེ་བ་དང༌། །སྡུག་བསྔལ་ཅན་དག་བདེར་མཛད་ལ། །དགའ་བས་རྗེས་སུ་ཡིད་རང་ངོ༌། ། བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡིད་རང་ངོ༌། །ལུས་ཅན་འཁོར་བའི་ སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡིད་རང་ངོ༌། །ཞེས་པ་དང༌། ཕྱོགས་རྣམས་ཀུན་གྱི་ སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། ། ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །རྒྱལ་པ་མྱ་ངན་འདས་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་ བ་ནི། །འགྲོ་འདི་འདོངས་པར་མི་བགོད་[འགོད]ཅིང༌། །སྐལ་[བསྐལ]པ་གྲངས་མེད་ བཞུགས་པར་གསོལ། །དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་ གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །ཅེས་པ་ དང༌། བདག་ལ་དམིགས་ནས་གང་དག་གིས། །ཁྲོ་འམ་དད་པའི་སེམས་བྱུང་ན། །དེ་ཉིད་ རྟག་དུ་དེ་དག་གིས། །དོན་ཀུན་གྲུབ་པའི་རྒྱུར་གྱུར་ཅིག །གང་དག་བདག་ལ་ཁ་ཟེར་རམ། ། གཞན་དག་གནོད་པ་བྱེད་པ་འམ། །དེ་བཞིན་ཕྱར་ཀ་གཏོང་ཡང་རུང༌། །ཐམས་ཅད་བྱང་ ཆུབ་སྐལ་ལྡན་གྱུར། །ཞེས་པ་དང༌། མཐོང་ཞིང་ཐོས་སམ་རྗེས་སུ་དྲན་ཡང་རུང༌། །རེག་གམ་ གཏམས་སུ་བརྗོད་པ་ཙམ་ཀྱིས་ཀྱང༌། །རྣམ་པ་ཀུན་ཏུ་འགྲོ་ལ་ཕན་པ་ནི། །བདེ་དང་ལྡན་པ་ རྟག་ཏུ་བྱེད་གྱུར་ཅིག །ཅེས་པ་འམ། སྔར་བཤད་པ་ལ་སོགས་པ་ཇི་ལྟར་རྒྱས་བསྡུས་ཇི་ལྟར་ རིགས་པས་སོ། །དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། ཀུན་ཁྱབ་ཆོས་སྐུའི་ངང་ ལས་མ་གཡོས་ཀྱང༌། །སྣ་ཚོགས་སྤྲུལ་སྐུས་འགྲོ་བའི་དོན་མཛད་པའི། །བླ་མ་རྒྱལ་བ་སྲས་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-409 དང་བཅས་པ་རྣམས། །ཀུན་ནས་བདག་ཅག་རྣམས་ལ་དགོངས་སུ་གསོལ། །འགྲོ་བ་ཀུན་ གྱིས་ཚོགས་གཉིས་རབ་རྫོགས་ཤིང༌། །སྒྲིབ་གཉིས་བག་ཆགས་བཅས་པ་རབ་སྤངས་ནས། ། ཀུན་མཁྱེན་རྒྱལ་བའི་སྐུ་གཉིས་མྱུར་ཐོབ་ནས། །དོན་གཉིས་འགྲུབ་པར་བྱིན་གྱིས་བརླབ་ཏུ་ གསོལ། །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང༌། །རྒྱལ་ཁམས་ཀུན་ཏུ་བདེ་སྐྱིད་འཕེལ་ བ་དང༌། །རྒྱལ་སྲས་རྣམས་ཀྱི་ཇི་ལྟར་དགོངས་པའི་དོན། །རྒྱ་ཆེན་འགྲུབ་པར་བྱིན་གྱིས་ བརླབ་དུ་གསོལ། །སྦྱིན་བདག་རྣམས་ཀྱི་ཆོས་དང་མཐུན་པའི་དོན། །ཇི་ལྟར་བསམ་པ་ཡིད་ བཞིན་འགྲུབ་པ་དང༌། །ནད་གདོན་བགེགས་དང་བར་དུ་གཅོད་པ་ཀུན། །ཉེ་བར་ཞི་བར་ བྱིན་གྱིས་བརླབ་ཏུ་གསོལ། །ལུས་ཅན་ཀུན་གྱིས་བསམ་སྦྱོར་ངན་པ་དང༌། །འཁྲུག་ལོང་ གནོད་མཚེ་[འཚེ]མཐའ་དག་རབ་ཞི་ནས། །ཕན་ཚུན་ཕན་བདེའི་དཔལ་ལ་སྤྱོད་པ་ཡིས། ། དགེ་ལེགས་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཕྱོགས་རྣམས་ཀུན་དུ་ལོ་བཅུ་[ཕྱུག] ལེགས་པ་དང༌། །ལོངས་སྤྱོད་འཕེལ་ཞིང་སྡིག་པའི་ལས་སྤངས་ནས། །བྱམས་དང་སྙིང་རྗེ་ བྱང་ཆུབ་སེམས་ལྡན་པས། །ཆོས་སྤྱོད་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་ དང༌། གཞན་ཡང་ཇི་ལྟར་རིགས་པའི་ཚིག་གིས་བྱ་ཞིང༌། མཁྱེན་རབས་[རབ]ཡེ་ཤེས་ཅན་ གྱིས་ལེགས་གཟིགས་ནས། །ཐུགས་རྗེ་ཆེན་པོའི་ཕྱག་གིས་ཉེར་བཟུང་སྟེ། །ལྷུན་གྲུབ་རྒྱུན་ ལྡན་འཕྲིན་ལས་ནུས་པ་ཡི། །མཁའ་མཉམས་[མཉམ]འགྲོ་ལ་བྱིན་གྱིས་བརླབ་ཏུ་གསོལ། ། ཞེས་ཀྱང་བྱའོ། །བཟོད་པར་གསོལ་ཞིང་ལྷག་ཆད་ཁ་བཀང་བ་ནི། ༀ་པདྨ་སཏྭ་ས་མ་ཡ། མ་ ནུ་པཱ་ལ་ཡ། པདྨ་སཏྭ་ཏེ་ནོ་པ་ཏིཥྛ་ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཤྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་ རག་ཏོ་མེ་བྷ་ཝ། སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན་སརྦ་ཏ་ཐ་ག་ཏ་པདྨ་མ་མེ་མུཉྩ་པདྨ་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨ། ཞེས་པ་དང༌། མ་ འབྱོར་བ་དང་ཉམས་པ་དང༌། །གང་ཡང་བདག་སྨོངས་[རྨོངས]བློ་ཡི་ནི། །བགྱིས་པ་དང་ནི་ འཕགས་པ་དོན་ཡོད་ཞགས་པའི་མངོན་པར་རྟོགས་པ་རབ་གསལ་སྣང་བ། 7-1-410 བགྱིད་བརྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཞེས་པ་ལ་སོགས་པ་ཇི་ལྟར་ རིགས་པའི་ཚིག་གིས་བྱའོ། །གཤེགས་སུ་གསོལ་བ་ནི། ༀ་ཁྱེད་ཀྱི་སེམས་ཅན་དོན་ཀུན་ མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་བརྩོལ་[སྩོལ]། །སངས་རྒྱས་ཡུལ་དུ་གཤེགས་ནས་ ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ༀ་བཛྲ་མུཿ ཞེས་པས་ཡེ་ཤེས་པ་གཤེགས་ སུ་གསོལ་ཞིང༌། དམ་ཚིག་པ་བདག་ལ་བསྡུའོ། །ཉེ་བར་བསྡུ་ཞིང་སྨོན་ལམ་གདབ་པ་ནི། གཙོ་བོའི་ཐུགས་ཁའི་ཧྲིཿལས་འོད་འཕྲོས་པས་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལ་ བསྡུ་ཞིང༌། དེ་ཡང་འཁོར་གྱི་ལྷ་བཞི་ལ་བསྡུས་ཏེ། དེ་དག་ཀྱང་གཙོ་བོ་འབའ་ཞིག་ལ་བསྡུས་ ནས་གཙོ་བོའི་ང་རྒྱལ་དང་ལྡན་པས། འགྲོ་འཆག་ཉལ་འདུག་ལ་སོགས་པ་བྱ་ཞིང༌། དགེ་བ་ འདི་ཡི་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཞིང་[ཤིང]། །བསོད་ནམས་ཡེ་ ཤེས་ལས་བྱུང་པའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་པ་ལ་སོགས་པའི་མཐར་ཕྱིན་ པའི་བྱང་ཆུབ་ཐོབ་པ་དང༌། དམ་པའི་ཐུགས་དགོངས་རྫོགས་པ་དང༌། སངས་རྒྱས་ཀྱི་བསྟན་ པ་དར་བ་དང༌། བསྟན་འཛིན་རྣམས་སྐུ་ཁམས་བཟང་བ་དང༌། སེམས་ཅན་རྣམས་བདེ་ཞིང་ བསྐྱིད་[སྐྱིད]པ་ལ་སོགས་པའི་བསྔོ་བ་སྨོན་ལམ་རྣམ་པར་དག་པ་དང༌། སྟོན་མཆོག་དམ་པ་ ལྷ་མིའི་མཆོད་འོས་པ། །ཞེས་པ་ལ་སོགས་པ་ཤིས་པ་བརྗོད་པར་བྱའོ། །ཟས་དང་སྤྱོད་ལམ་ གྱི་ཁྱད་པར་ནི། ཤ་ཆང་དང༌། སྒོག་ཙོང་དང༌། བདེ་བྱེད་ལ་བྱིན་པའི་ལྷག་མ་ལ་སོགས་པ་མ་ དག་པའི་མཚོ་[འཚོ] བ་རྣམས་སྤངས་ནས། དཀར་གསུམ་མངར་གསུམ་ལ་སོགས་པ་དག་ པའི་མཚོ་[འཚོ]བ་རྣམས་ལྷ་མཆོད་པའི་བསམ་པས་སྤྱད་ཅིང༌། ཁྲུས་དང་གཙང་སྦྲ་ལ་ གནས་པས་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དང༌། ནང་བཅུད་ཀྱི་སེམས་ ཅན་ཐམས་ཅད་ཡི་དམ་གྱི་ལྷར་མོས་པའི་སྒོ་ནས། རང་གཞན་ལ་གནོད་པར་འགྱུར་པའི་མི་ དགེ་བ་མཐའ་དག་སྤངས་ནས། ཕན་པར་འགྱུར་བའི་དགེ་བའི་བྱ་བ་ལ་ཅི་འགྲུབ་ཀྱི་བརྩོན་ ཇོ་ནང་ཆོས་མཛོད་ཆེན་མོ་ལས། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ད༽ 7-1-411 པར་བྱའོ། །ཐུན་ཕྱི་མ་གཉིས་པོ་ལ་ཡང་གསོ་སྦྱོང་མ་རྟོགས་[གཏོགས]སྔ་མ་བཞིན་ནོ། ། དངོས་བཞིའི་[གཞིའི]དུས་སུ་ལུས་བསྙུང་བར་གནས་པར་ལུས་ཀྱི་སྒྲིབ་པ་སྦྱོང་བ་དང༌། ངག་སྨྲ་བ་བཅད་པས་ངག་གི་སྒྲིབ་པ་སྦྱོང་བ་དང༌། གཟུངས་ཡིད་ཀྱིས་ཟླས་པས་ཡིད་ཀྱི་ སྒྲིབ་པ་སྦྱོང་བ་རྣམས་བྱས་ཏེ། སྒྲིབ་པ་དག་པའི་རྟགས་རྨི་ལམ་དུ་ཡང་འབྱུང་ཞིང༌། འཁོར་བ་ངན་སོང་གི་སྡུག་བསྔལ་ལས་གྲོལ་ནས་ཐམས་ཅད་མཁྱེན་པའི་གོ་འཕངས་ མྱུར་དུ་ཐོབ་པར་འགྱུར་རོ། །དབང་པོ་འབྲིང་པོས་གཟུངས་རིང་ཟློས་པ་མི་ནུས་ན། ཚུལ་ ཁྲིམས་རྣམ་དག་གི་གཟུངས་དང༌། ཧྲི་ཏྲཻ་ལོ་ཀྱ་མང་དུ་བཟླས་ལ་ཆོ་ག་གཞན་རྣམས་སྔར་དང་ འདྲ་བར་བྱའོ། །དབང་པོ་ཐ་མས་དེ་ཙམ་ཡང་མི་ནུས་ན། སྦྱོར་བ་དང་རྗེས་ཀྱི་དུས་སུ་གཞན་ གྱི་རྗེས་ཟློས་བྱ་ཞིང༌། དངོས་བཞི་[གཞིའི]དུས་སུ་གཞན་ཤེས་པ་ཅིག་བྱེད་དུ་བཅུག་ནས། དེའི་སྒྲ་ལ་ཡིད་གཏད་དེ། རང་གིས་བྱས་པར་མོས་པ་བྱའོ། །བསྙུང་བར་གནས་པ་མི་ནུས་ པས་ནི། དཀར་གསུམ་གྱི་འཚོ་བ་ལ་བརྟེན་ནས་ཀྱང་རུང་ངོ༌། །ཆོ་གའི་ཁྱད་པར་རྣམས་རྒྱས་ བསྡུས་སྐབས་དང་སྦྱར་བར་བྱའོ། །གཙོ་ཆེ་ཤོས་སྔགས་དག་པ་ཡིན་པས་དཔེ་དག་པ་བཙལ་ ནས་འདོན་ལུགས་སོགས་ལེགས་པར་བསླབས་ནས། རིང་ཐུང་ལ་སོགས་པ་ཤིན་ཏུ་དག་ པར་བྱ་སྟེ། དེ་ལྟར་ན་ཇི་སྐད་བཤད་པའི་ཕན་ཡོན་རྣམས་འབྱུང་བར་འགྱུར་རོ། །དཔལ་ལྡན་ དོན་ཡོད་ཞགས་པ་ཡི། །ལག་ལེན་རབ་གསལ་སྣང་བ་འདི། །དད་ལྡན་སློབ་མས་བསྐུལ་ བའི་ངོར། །བློ་གྲོས་རྒྱལ་མཚན་དཔལ་གྱིས་སྡེབས། །གལ་ཏེ་ཉེས་པའི་ཆ་མཆིས་ན། །དམ་ པ་རྣམས་ལ་བཟོད་པར་གསོལ། །ལེགས་པའི་དགེ་བས་འགྲོ་བ་ཀུན། །འཕགས་པའི་གོ་ འཕངས་ཐོབ་གྱུར་ཅིག །དོན་ཡོད་ཞགས་པ་ལྷ་ལྔའི་བསྙེན་སྒྲུབ་ཟབ་མོ་ཉམས་སུ་བླང་བའི་ ཐབས་པཎྜི་ཏ་མ་ཏིས་དགེ་ལྡན་ས་བཟངས་སུ་སྦྱར་བ་འདིས་ཀྱང་བསྟན་པ་དང་སེམས་ཅན་ ལ་ཕན་པར་གྱུར་ཅིག །མངྒ་ལཾ། དགེའོ། །ཤུ་བྷཾ་ཤུ་བྷཾ། །ཞུས་དག་ཞུས་དག 7-1-412 ༄༅། །དཔལ་མགོན་པོ་ནག་པོ་ཆེན་པོ་ལྕམ་དྲལ་ གྱི་བྱུང་ཚུལ་དབུ་ལེགས་པར་ བཞུགས་སོ། ། ༄༅། །ༀ་སྭ་སྟི། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོ་ལྕམ་ དྲལ་གྱི་བྱུང་ཚུལ་ནི། སྤྱིར་མགོན་པོ་བྱ་བ་ལ་གསུམ་དུ་ཡོད་པ་ཡིན། ཡེ་ཤེས་ཀྱི་མགོན་པོ་ དང༌། ཆོས་སྐྱོང་གི་མགོན་པོ་དང༌། འཇིག་རྟེན་གྱི་མགོན་པོའོ། །དང་པོ་ནི། ཆོས་སྐུ་སྐྱེ་བ་མེད་ པ་ལ་སྐྱེ་བའི་ཆོ་འཕྲུལ་དུ་སྣང་བ་སྟེ། སངས་རྒྱས་སམ་རིགས་གསུམ་མམ་རིགས་ལྔར་སྣང་ བ་ཐམས་ཅད་ཡེ་ཤེས་ཀྱི་མགོན་པོ་ཡིན། ཆོས་སྐྱོང་གི་མགོན་པོ་ནི་བྱང་ཆུབ་སེམས་དཔའ་ ས་ལ་གནས་པ་རྣམས་དང༌། བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པ། ཆོས་ཚུལ་བཞིན་ དུ་བྱེད་པ་རྣམས་ཀྱི་མགོན་དང་གྲོགས་བྱེད་པ། དཔལ་མགོན་པོ་ནག་པོ་དང་དཔལ་ལྡན་ ལྷ་མོ་ལ་སོགས་པ་རྣམས་དང༌། དཔལ་མགོན་བདུན་ཅུ་རྩ་གཉིས་སམ་རྩ་བརྒྱད་ལྟ་བུའོ། ། འཇིག་རྟེན་གྱི་མགོན་པོ་ནི། དེ་དག་གི་འཁོར་དུ་གཏོགས་པ་དཀར་པོའི་ཆོས་ལ་དགའ་བ་ ལྷ་ཀླུ་གནོད་སྦྱིན་ལ་སོགས་པ། ཐ་ན་ཡི་དྭགས་མཁའ་ལ་རྒྱུ་བའི་མཐུ་བོ་ཆེ་ཆོས་ལ་དགའ་ བ་ཐམས་ཅད་ཀྱང་ཆོས་བྱེད་པའི་མགོན་དང་གྲོགས་བྱེད་པས་ནང༌། འཇིག་རྟེན་གྱི་མགོན་ པོ་བྱ་བར་འོང་བ་ཡིན། དེ་ལ་འདི་ནི་སངས་རྒྱས་སྟོང་རྩ་གཉིས་ཀྱི་བསྟན་པ་བསྲུང་བར་ཁས་ བླངས་བ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིན་པས་ཆོས་སྐྱོང་གི་མགོན་ 7-1-413 པོ་ཡིན་ནོ། །དེ་ཇི་ལྟར་བྱུང་ཞེ་ན། སྔོན་སངས་རྒྱས་གཙུག་ཏོར་ཅན་གྱི་བསྟན་པ་ལ་དགེ་སློང་ ལེགས་ལྡན་ནག་པོ་ཞེས་བྱ་བ། ཁ་དོག་ནག་ཅིང་ཡིད་གཏུམ་པ་བདེན་པ་བཞིའི་བསླབ་པ་ ལ་གནས་ཤིང༌། ལྷག་པར་རྟག་པར་ཞེན་པ་གཅིག་སངས་རྒྱས་ཀྱི་ཉེ་འཁོར་དུ་བྱུང་སྟེ། ཟག་ བཅས་ཀྱི་མངོན་པར་ཤེས་པ་ཅུང་ཟད་དང་ལྡན་པས་དེ་བཞིན་གཤེགས་པའི་ཉེ་འཁོར་ན་ང་ ནི་མངོན་པར་ཤེས་པ་དང་ལྡན་ནོ་སྙམ་དུ་ང་རྒྱལ་བྱེད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་དགེ་ སློང་ཁྱོད་ལོག་པའི་ང་རྒྱལ་དང་ལྡན་ཏེ། དཔེར་ན་འདོད་པའི་ཁམས་ན་ལྷ་དབང་ཕྱུག་ཆེན་ པོ་བས་སྟོབས་ཆེ་བ་མེད་མོད་ཀྱང༌། དེ་བཞིན་གཤེགས་པའི་བ་སྤུའི་བུ་གའི་ཡོན་ཏན་གྱི་ཆ་ ཙམ་ཡང་མི་ཆོག་པ་ཡིན་གྱི་དགེ་སློང་ཁྱོད་དེ་ལྟར་ང་རྒྱལ་མ་བྱེད་ཅིག ཅེས་གསུངས་པས་ དེའི་སེམས་དམན་པར་གྱུར་ཏེ། བདག་སངས་རྒྱས་ཀྱི་འཁོར་དུ་གྱུར་པ་ལ་དགོས་པ་ཅི་ཡོད་ སྙམ་ནས། ལྷོ་ཕྱོགས་ཀྱི་ནགས་ཚལ་གཅིག་ཏུ་སོང་ནས་གནས་པའི་ཚེ། དེ་ན་དབང་ཕྱུག་ ཆེན་པོའི་རྟེན་གཅིག་གནས་པ་ལ། ཞག་ཉི་ཤུ་རྩ་གཅིག་དུ་དགེ་སློང་དེས་གསོལ་བ་བཏབ་ པ་ལས། རྨི་ལམ་དུ་དབང་ཕྱུག་ཆེན་པོས་དགེ་སློང་ཁྱེད་བདག་གི་སྲས་སུ་གྱུར་ཏེ་འཇིག་རྟེན་ འདི་ན་སྟོབས་ཆེ་བའི་དངོས་གྲུབ་སྦྱིན་ནོ་ཞེས་ལུང་བསྟན་ནོ། ། དེ་ནས་དེ་བཞིན་གཤེགས་པས། དགེ་སློང་དེ་ལོག་པར་སྐྱབས་སུ་སོང་བར་དགོངས་ ནས། དེ་བཞིན་གཤེགས་པས་དགེ་སློང་གཅིག་ཏུ་སྤྲུལ་པ་མཛད་ནས། དེའི་དྲུང་དུ་ཕྱིན་ནས་ འདིར་ཅི་བྱེད་བྱས་པས། དེས་སྨྲས་པ་བདག་བཅོམ་ལྡན་འདས་ཀྱི་འཁོར་དུ་མ་ཚུད་ནས་ དབང་ཕྱུག་ཆེན་པོ་ལ་སྐྱབས་སུ་སོང་བ་ཡིན་ཞེས་སྨྲས་སོ། །སྤྲུལ་པས་སྨྲས་པ། ཡང་དག་ ལམ་ནི་རྙེད་གྱུར་ནས། འཁྲུལ་པའི་ལམ་ལ་འཇུག་བྱེད་པ། །དཔེར་ན་གསལ་བའི་མིག་ བཏོན་ནས། །རབ་རིབ་སྐྱོན་གྱིས་གོས་པ་བཞིན། །དགེ་སློང་ཁྱེད་ནི་དེ་ལྟ་བུའོ། །ཞེས་སྨྲས་ པས། དགེ་སློང་དེས་སྨྲས་པ། ད་འོ་ན་བདག་གིས་ཇི་ལྟར་བགྱི། །སྤྲུལ་པས་གསུངས་པ། 7-1-414 དགེ་སློང་ཁྱེད་དེ་བཞིན་གཤེགས་པའི་སྤྱན་སྔར་བཤགས་པ་དང༌། གསོ་སྦྱོང་བྱ་བར་གནང་ ངོ༌། །ཞེས་གསུངས་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏེ། དེ་ནས་དགེ་སློང་དེས་བཅོམ་ལྡན་ འདས་ཀྱི་དྲུང་དུ་ཕྱིན་ནས་བཤགས་པ་དང་གསོ་སྦྱོང་བྱས་སོ། །དེ་ནས་དེས་སངས་རྒྱས་ ལ་གསོལ་བ་བཏབས་ནས་བདག་ཚེ་འདི་ཉིད་དུ་འབྲས་བུ་མཐར་ཕྱིན་པར་ཐོབ་པའི་ལུང་ བསྟན་དུ་གསོལ། ཞེས་ཞུས་པ་དང༌། དེ་བཞིན་གཤེགས་པས་གསུངས་པ། ཁྱེད་རྟེན་ལོག་ པ་ལ་སྐྱབས་སུ་སོང་བའི་མཐུས་སྐྱེ་བ་མང་པོ་བརྒྱུད་པའི་མཐར་དབང་ཕྱུག་ཆེན་པོའི་བུ་ནག་ པོ་དྲག་པོ་ཞེས་བྱ་བར་སྐྱེ་བ་ལེན་ནས། དེའི་མཐར་ལས་ཀྱི་སྲིན་པོ་ནག་པོ་སྐྱེ་བར་ལེན་ནས་ བསྐལ་པ་བཟང་པོ་འདི་ལ་རྡོ་རྗེ་འཛིན་པ་ཉིད་ཀྱིས་བཏུལ་སྟེ་མཐར་སངས་རྒྱས་ཀྱི་བསྟན་པ་ བསྲུང་བར་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའ་ནག་པོ་ཆེན་པོ་ཞེས་བྱ་བར་འགྱུར་རོ། ། དེའི་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་བྱ་བ་རྫོགས་པའི་འོག་ཏུ་(དཔེ་གཞན་དུ་རྡོ་རྗེས་རྒྱན)རྡོ་རྗེ་ གདན་པ་ཞེས་བྱ་བའི་ཞིང་ཁམས་སུ་སངས་རྒྱས་ཐལ་བའི་དབང་པོ་ཞེས་བྱ་བར་མངོན་པར་ རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་དགེ་སློང་དེས་སྐྱེ་བ་མང་ པོ་བརྒྱུད་ནས་འཛམ་བུའི་གླིང་རྒྱ་གར་གྱི་ཡུལ་ཕྱོགས་གཅིག་ན་(དཔེ་ལ་ལར་མང་པོས་བསྐུར་བའི་ རྒྱལ་པོའི་ཁབ་ཅེས་སྣང་)གྲོང་ཁྱེར་གསུམ་བརྩེགས་ཞེས་བྱ་བའི་རྒྱལ་པོའི་ཕོ་བྲང་གཅིག་ཡོད་པས་ དེ་དང་ཉེ་བའི་བྱང་ཕྱོགས་ཉི་མ་ཕྱེད་ཀྱི་ས་ན། དུར་ཁྲོད་ཆེན་པོ་སོ་སའི་གླིང་ཞེས་བྱ་བ་ཡོད་ པ་དེ་ན་རོ་ཟས་དང་རོ་གོས་ཐམས་ཅད་ལྕེ་སྤྱང་གི་ཟ་བ་ཡོད་པ་ལ། དུར་ཁྲོད་དེར་རེ་ཤིག་གི་ ཚེ་དགེ་སློང་དེ་ཕ་མ་མེད་པའི་ཁྱེའུ་མདོག་ནག་པོ་གཅིག་དུ་གྱུར་ཏོ། །དེས་དགེ་སློང་དཀའ་ ཐུབ་ཀྱི་བྱ་བ་བྱས་ནས་དུར་ཁྲོད་དེར་བསྒོམ་པས། དུར་ཁྲོད་ཀྱི་མ་མོ་མཁའ་འགྲོ་ཐམས་ཅད་ མོས་ནས། རོ་ཤ་བ་ཏབ་པ་གསོལ། དེར་རོ་ཤ་རོ་གོས་རོ་ཟས་ཐམས་ཅད་ལ་ལོངས་སྤྱོད་ ཅིང་བསྒོམ་པས། གྲོང་ཁྱེར་གསུམ་བརྩེགས་པའི་མི་ཐམས་ཅད་ན་རེ། དུར་ཁྲོད་ན་སྲིན་ཕྲུག་ 7-1-415 རོ་ཟན་གཅིག་འདུག་པས་དེས་མི་ཐམས་ཅད་ཟ་བས་དེ་བསད་དགོས་ཟེར་ནས་ཐམས་ཅད་ ལ་བསྒྲགས་སོ། །དེར་དཔུང་གི་ཚོགས་དང་བཅས་ཏེ་དུར་ཁྲོད་དེར་ཕྱིན་པ་དང༌། དགེ་སློང་ གིས་གསོད་པར་ཤེས་ནས་ང་སྲིན་པོ་མིན་ཆོས་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཕྱིར་དུར་ཁྲོད་ དུ་བསྒོམ་པ་ཡིན་བྱས་ཀྱང་མ་ཕན་པར་མཚོན་བསྣུན་ནོ། །དེ་ནས་དགེ་སློང་དེ་ཞེ་སྡང་གིས་ མཚམས་སྦྱར་ནས་འཆི་བའི་ཚེ་དམོད་པ་བོར་ཏེ། ངས་ཚུལ་ཁྲིམས་དང་དཀའ་ཐུབ་ལོ་དགུ་ བྱས་ནས་སེམས་ཅན་གྱི་དོན་བྱེད་པར་སེམས་བསྐྱེད་པ་ལ། ཁྱེད་རྣམས་ཀྱི་བསྒོམ་དུ་མ་སྟེར་ བར་བསད་པས། ང་ཤི་མ་ཐག་ཏུ་གནོད་སྦྱིན་མ་རུངས་པ་གཅིག་ཏུ་གྱུར་ནས། སྤྱིར་སེམས་ ཅན་ཐམས་ཅད་ཀྱི་སྲོག་དབུགས་སྡུད་ཅིང་ཁྱད་པར་དུ་གྲོང་ཁྱེར་གསུམ་བརྩེགས་ཀྱི་རྒྱལ་པོ་ རྒྱལ་སྲིད་འཁོར་དང་བཅས་པ་ཐམས་ཅད་ཀྱི་གཤེད་མར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། ། དེ་ནས་དགེ་སློང་ནག་པོ་དེ་སྔོན་དབང་ཕྱུག་ཆེན་པོ་ལ་སྐྱབས་སུ་སོང་ཞིང་དེས་དངོས་གྲུབ་ བྱིན་པའི་སྟོབས་ཀྱིས་དང་སྔར་སངས་རྒྱས་ཀྱི་ལུང་བསྟན་པ་བཞིན་དུ། ཁོང་ཤི་མ་ཐག་ཏུ་རི་ རབ་ཀྱི་ཟོམ་ལ་ལྷ་དབང་ཕྱུག་ཆེན་པོ་དང་ལྷ་མོ་ཨུ་མ་གཉིས་ཀྱི་བུར་སྐྱེས་ཏེ། དེའང་ཅི་ལྟར་ བྱུང་ཞེ་ན། རི་རབ་ཀྱི་བྱང་ཤར་མཚམས་ན་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་རྩ་བ་ལྷ་ མ་ཡིན་གྱི་ཡུལ་དུ་སྐྱེས་ཤིང༌། རྩེ་མོ་ལ་བྱ་ཁྱུང་གནས་པས་ལོ་མ་ལ་འདོད་ཡོན་ལྔ་རང་བྱུང་ དུ་བྱུང་བ་འབྲས་བུ་ལ་རིན་པོ་ཆེ་སྣ་བདུན་ལོ་ཏོག་ལྟ་བུར་སྨིན་པ་དགོས་འདོད་ཐམས་ཅད་ འབྱུང་བ་གཅིག་ལྷ་དང་ལྷ་མ་ཡིན་གྱི་ཐུན་མོང་གི་བསོད་ནམས་ལས་སྐྱེས་སོ། །ཤིང་དེའི་རྩེ་ མོ་ལྷ་རྣམས་ཀྱི་གནས་ན་ཡོད་པས་ལོ་མ་དང་འབྲས་བུ་ལྷ་རྣམས་ཀྱི་དབང་བྱས་པའི་ཚེ། རི་ རབ་ཀྱི་སྐེད་པར་ལྷ་མ་ཡིན་གྱི་གྲོང་ཁྱེར་གསུམ་བརྩེགས་ཞེས་བྱ་བ་ནས། ལྷ་མ་ཡིན་གྱི་རྒྱལ་ པོ་ཧེ་རད་ན་པག་ཤུ་ཞེས་བྱ་བ་དང༌། རི་རབ་ཀྱི་རྩ་བ་ནས་འོད་མི་སྣང་བ་ཞེས་བྱ་བའི་གནས་ ན་ལྷ་མ་ཡིན་གྱི་རྒྱལ་པོ་གསུམ་བརྩེགས་དང༌། ཐག་བཟང་རིས་དང༌། རྣམ་པར་སྣང་བྱེད་ 7-1-416 དང༌། རབ་བསིམ་དང་སྒྲ་གཅན་འཛིན་ལ་སོགས་པ་དམག་བྱེ་བ་དུང་ཕྱུར་ཙམ་མཚོན་ཆ་སྣ་ ཚོགས་འཛིན་ནས། རི་རབ་ཀྱི་སྟེང་ཆོས་བཟང་ཞེས་བྱ་བར་ལྷགས་ནས་རི་རབ་ཀྱི་སྟེང་ན། ལྷའི་དབང་པོ་བརྒྱ་བྱིན་དང༌། བྷ་སུ་དྷེ་བ་དང༌། མ་ཧ་དེ་བ་ལ་སོགས་པའི་ལྷ་ཚོགས་རྣམས་ ལ་ལྷ་མ་ཡིན་རྣམས་ཀྱིས་ཤིང་འདིའི་རྩ་བ་ངེད་ཀྱི་ཡུལ་ན་སྐྱེས་ཀྱང་ལྷ་རྣམས་ཀྱི་དབང་དུ་ བྱས་པས། ད་ནི་ལྷ་དང་ལྷ་མ་ཡིན་ཐུན་མོང་དུ་བྱ་བར་རིགས་སོ། །ཞེས་སྨྲས་པས། ལྷ་རྣམས་ ན་རིའི་ཤིང་ལ་དགོས་འདོད་ཐམས་ཅད་འབྱུང་བ་ལྷ་རྣམས་ཀྱི་བསོད་ནམས་ལས་གྲུབ་པ་ ཡིན། ལྷའི་ཡུལ་དུ་འབྲས་བུ་སྨིན་པ་ཡིན་པས་ཁྱེད་ལ་མི་སྟེར་ཞེས་སྨྲས་པས། ལྷ་མ་ཡིན་ རྣམས་ཁྲོས་ཏེ་དེ་ལྟར་ན་གཡུལ་འགྱེད་པར་བྱའོ་ཞེས་སྨྲས་ནས་སོང་སྟེ། ལྷ་མ་ཡིན་གྱི་དབང་ པོ་ཐག་བཟང་རིས་གནོད་སྦྱིན་སུམ་ཅུ་རྩ་གཉིས་དང་ལྷ་མ་ཡིན་གྱི་དམག་བྱེ་བ་དུང་ཕྱུར་དང་ བཅས་པ་མཚོན་ཆ་སྣ་ཚོགས་ཐོགས་ཏེ་རི་རབ་ཀྱི་སྟེང་དུ་ལྷགས་པ་ན། ཆོས་བཟང་ཞེས་བྱ་ བའི་འདུན་སར་ལྷ་རྣམས་འཚོགས་ཏེ་འཐབ་པར་བརྩམས་ནས་ལྷ་རྣམས་ཁྲོ་མ་ཤེས་ནས། རྩུབ་འགྱུར་གྱི་ཁང་བ་ན་ཁྲོ་བོ་ཀ་ཏ་ནག་པོ་ཁྲོས་པའི་ཁ་ཆུ་ཁྲོ་ཆུའི་རྫིང་བུ་བདུན་འཁྱིལ་ པ་ལ་འཐུངས་པས་ལྷ་རྣམས་ཞེ་སྡང་སྐྱེས་ཏེ། ལྷའི་དབང་པོ་བརྒྱ་བྱིན་ཉེ་དབང་སུམ་ཅུ་རྩ་ གཉིས་ལྷ་དམག་བྱེ་བ་དུང་ཕྱུར་དང་བཅས་ཏེ་གོ་མཚོན་སྣ་ཚོགས་ཐོག་ནས། ལྷ་དང་ལྷ་མ་ ཡིན་གཡུལ་འགྱེད་ཅིང་ཕན་ཚུན་མཚོན་བརྒྱབ་པས། ལྷ་མ་ཡིན་གྱི་ཁྲག་འོང་བ་རྣམས་ལ་ དམག་མང་དུ་འཕེལ། ལྷ་རྣམས་ཀྱི་ཁྲག་ལ་དམག་མ་འཕེལ་བར་ཤི་སྟེ་ལྷ་རྣམས་ནི་ཕམ། ལྷ་ མ་ཡིན་རྣམས་ནི་རྒྱལ་བས། ལྷ་རྣམས་རྒྱལ་བར་བྱ་བའི་ཕྱིར་ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས་ ཧཱུཾ་གཅིག་འཕྲོས་པས་ལྷ་བྱི་སྣུ་ར་ཙའི་དཔྲལ་བར་ཐིམ་པ་ལས་ལྕགས་ཀྱི་འཛེར་བ་གཅིག་དུ་ གྱུར་ནས། དེ་རྡོལ་བའི་ནང་ན་བུད་མེད་སྔོ་བསངས་མ་མཚན་དང་དཔེ་བྱད་ལྡན་པ་གཅིག་ བྱུང༌། དེ་ལ་ལྷ་རྣམས་ཀྱིས་ཨུ་མ་དེ་བ་བྱ་བར་མིང་བཏགས། ལྷ་རྣམས་ཀྱི་ཆུང་མར་བྱ་བར་ 7-1-417 འདོད་པས་ན་ནམ་མཁའ་ནས་ཕྱག་ན་རྡོ་རྗེའི་སྤྲུལ་པས་སྨྲས་པ། ལྷ་རྣམས་རྒྱལ་སྲིད་མཐོ་ ཞིང་བརྟན་པ་དང༌། རིགས་དྲུག་སེམས་ཅན་བདེ་བ་ལ་བཀོད་པ་དང༌། ལྷ་མིན་བདུད་ཀྱི་ གཡུལ་ཆེན་བཟློག་པའི་ཕྱིར། དབང་ཕྱུག་ལྷ་ལ་ཨུ་མ་ཆུང་མར་བྱིན། ཞེས་གསུངས་པས། མ་ཧཱ་དེ་བ་ལ་ལྷ་དཔལ་འཆང་གིར་ཏི་ཀའི་ཨུ་མ་ཆུང་མར་བྱིན་ཏེ་འཁྲིག་པ་སྤྱད་པས་ཨུ་མ་ ལ་སྲས་མིང་སྲི ང་གཉིས་སྐྱེས་ཏེ། མིང་པོ་ལ་གཤིན་རྗེ་མ་ཧཱ་ཀཱ་ལ་ཞེས་བཏགས། མདོག་ ནག་ཅིང་ཐུང་ལ་གཏུམ་པས། མ་ཧཱ་དེ་བའི་སྲས་པོ་དྲག་ཤུལ་ཆེ། མདོག་ནག་གཟུགས་ཐུང་ གཟི་བརྗིད་ཆེ། ནག་པོ་ཆེན་པོ་ཞེས་གྲགས་སོ། །སྲི ང་མོ་ལ་མ་ཧཱ་ཀཱ་ལི་ཞེས་པ་དང་དཔལ་ ལྷ་མོ་དང་ལྷ་མོ་ཙ་མན་དྲི་ཞེས་བྱ་བར་ཡང་གྲགས། ནག་པོ་ཆེན་པོ་ལ་ཕས་ལག་ཆར་གྲི་ གུག་བྱིན། མས་འཐུང་སྣོད་དུ་ཐོད་པ་བྱིན། ལྷ་རྣམས་ཀྱིས་མདངས་ལས་གྲུབ་པའི་ལྷ་མོ་ མདངས་ལྡན་མ་ཆུང་མར་བྱིན་ཏེ། མིང་སྲི ང་གཉིས་ཆོས་བཟང་ལྷའི་འདུན་སར་སྤྱན་དྲངས་ ནས་ལྷ་མང་པོས་ཕྱག་བྱས། ལྷའི་དབང་པོས་རྣམ་པར་རྒྱལ་བའི་ཁང་བཟང་དུ་མཆོད་པ་ བྱས། ལྷའི་དམག་དཔོན་ཉི་ཤུ་རྩ་བརྒྱད་ཀྱིས་ཚལ་ཆེན་པོ་བཞིར་མཆོད་པ་བྱས། ཡོངས་ འདུ་ས་བརྟོལ་དུ་ལྷའི་བུ་བྱེ་བ་ཁྲག་ཁྲིག་གིས་མཆོད་པ་བྱས། རྡོ་ཨར་མོ་ལི་ཀའི་ཁར་ལྷང་ལྷ་ ཡི་བུ་བྱེ་བ་ཁྲག་ཁྲིག་གིས་མཆོད་པ་བྱས། ཆོས་བཟང་ལྷའི་འདུན་སར་ལྷ་རྣམས་ཀྱི་དམག་ དཔོན་དུ་མངའ་གསོལ། དཔལ་ཕྱག་ན་རྡོ་རྗེས་བདུད་ལས་རྣམ་པར་རྒྱལ་བའི་དབང་བསྐུར་ ཏེ། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་བཀའ་བསྒོ་ཞིང་དམ་ལ་བཏགས་སོ། །དེ་ནས་སྐར་ མ་རྒྱལ་གྱི་ཉིན་པར་ཉི་མ་བྱང་ཤར་གྱི་གནོད་སྦྱིན་བརྒྱད་ནི་ཁྱུང་ཆེན་དང་ལྕགས་ཀྱི་བྱ་ཁྲར་ སྤྲུལ། ལྷོའི་གཤིན་རྗེ་བརྒྱད་ནི་ཁྱི་ནག་དང་ལྕགས་སྤྱང་དང་སྟག་གཟིགས་དང་དོམ་དྲེད་དུ་ སྤྲུལ། སྲིད་པའི་མ་མོ་བཅུ་དྲུག་ནི་བུད་མེད་ནག་མོར་སྤྲུལ། བཙན་དང་དྲི་ཟའི་ཚོགས་ནི་སྐྱེས་ པ་སྟག་ཆས་ཅན་དུ་སྤྲུལ། སྲོག་བདག་དང་རྒྱལ་པོའི་དམག་ཚོགས་ནི་སྔགས་ཆེན་དང་དགྲ་ 7-1-418 བཅོམ་དུ་སྤྲུལ། ཕོ་བདུད་དང་མོ་བདུད་ཀྱི་སྤྲུལ་པ་བདུད་དམག་ཉི་ཁྲི་གཅིག་སྟོང་དང༌། ལྷ་ མ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་བྱེ་བ་དུང་ཕྱུར་དང་བཅས་པར་སྤྲུལ་ནས་མིང་སྲིང་གཉིས་ ཀྱི་ལྷ་རྣམས་ཀྱི་དམག་དཔོན་བྱས་ཏེ། ལྷ་མ་ཡིན་དང་གཡུལ་འགྱེད་ནས་འཐབ་པས། མ་ཧཱ་ ཀཱ་ལའི་ལག་ནས་གསལ་ཤིང་དང་གྷན་དྷེ་རི་རབ་ཙམ་གཅིག་གིས་ལྷ་མིན་གྱི་གཡུལ་ངོར་ དྲིལ་ནས་བཅོམ། གྲོང་ཁྱེར་གསུམ་བརྩེགས་བཤིགས། ལྷ་མ་ཡིན་གྱི་སྐེ་གྲི་ཁུག་གིས་བཅད་ དེར་ཐོད་པའི་ནང་དུ་ཁྲག་ཟེད་ཅིང་འཐུངས་བས་ལྷའི་རྣམ་པ་ལས་འགྱུར་ཏེ། གནོད་སྦྱིན་གྱི་ གཟུགས་ནག་ཅིང་ཤིན་ཏུ་འཇིགས་པར་གྱུར་ཏོ། །ཙ་མུན་དྲིས་རལ་གྲི་མེ་ལྕེའི་ཕྲེང་བ་ཞེས་ བྱ་བས་ལྷ་མ་ཡིན་ཧེ་ར་ན་པག་ཤུའི་མགོ་བཅད་ལྷ་དམག་མང་པོ་རྣམས་ཀྱིས་ལྷ་མ་ཡིན་ལ་ མཚོན་གྱིས་ཆར་ཕབ་ནས་དམག་རྣམས་བསད། ཙ་མུན་དྲིས་ཧེ་རད་ན་པག་ཤུའི་ཐོད་པས་ ཁྲག་བཅུས་ཤིང་རོལ་པས། ལྷ་མིན་གྱི་ཁྲག་དམག་མིར་སྤྲུལ་པ་དང་འཕེལ་མི་ནུས་པར་བྱས་ ཤིང༌། ཙ་མུན་དྲའི་ལྟོ་བ་ལ་ལྷ་དམག་བྱེ་བའི་རྫོང་བྱས་ནས་འཐབས་པས་ལྷ་དམག་དཀར་པོ་ རྒྱལ་དེ་དཔག་བསམ་ཤིང་གི་མངའ་བདག་དུ་གྱུར་དེ་ལྷ་མ་ཡིན་ཕམ་པར་བྱས་སོ། ། དེ་ནས་ཡུལ་ལང་ཀ་པུ་རི་ན་སྲིན་པོའི་གྲོང་ཁྱེར་བདུན་འབུམ་ཡོད་པ་ལ་ལྷ་རྣམས་ཀྱིས་ སྒྱོགས་ཀྱིས་ཕབ་ནས་བརླག་པར་བྱས་པས། སྲིན་པོ་དྷ་ཤ་གྷྲི་བས་ལྷ་དང་མི་རྣམས་སྡོམ་ པའི་དོན་དུ་དེའི་སྲི ང་མོ་རྦ་ལ་ཙི་ལྷ་མ་ཧ་དྷེ་བ་ལ་བཙུན་མོར་ཕུལ། དེ་གཉིས་འཚོགས་པ་ ལས་བུ་མོ་ཡ་མཚན་ཆེ་བ་གཅིག་སྐྱེས་ཏེ། དེ་ཆེར་སྐྱེས་པ་དང་རྦ་ལ་ཙིས་བུ་མོ་ཁྲིད་ནས་ཙ་ མུན་དྲི་ལ་གཡོག་དུ་ཕུལ། དེས་ལྷ་མོའི་གཡོག་བྱས་ཤིང་གློ་བུར་ཉེ་བར་བྱས་ནས་ལྷ་མོ་ཤིན་ ཏུ་མཉེས་ཤིང་རབ་ཏུ་དགའ་ནས། ལྷ་མོ་ན་རེ་ཁྱེད་ཀྱིས་ང་ལ་མགུ་བར་བྱས་པས་ངས་ཀྱང་ ཁྱོད་ཀྱིས་ཅི་འདོད་པར་བྱའོ་ཞེས་ཤོར་བས། ཁོལ་མོས་གླགས་རྙེད་དེ་ཞིང་སོ་དྷ་ན་གྷྲི་བ་ལ་ སྦྲན་ནས་འོངས་བ་ལ། འདི་དང་གཏན་གྱི་གྲོགས་ཟླ་མཛད་པར་ཞུ་ཞེས་བྲིད་ཅིང་བསླུས་ 7-1-419 ནས་ཞུས་པས། སྔར་གྱི་ཁས་བླང་ཤོར་བ་དང༌། ལྷ་ལ་ངག་མི་འགྱུར་བའི་སྡོམ་པ་ཡོད་པས་ མི་བྱ་བའི་དབང་མེད་པར་ལྷ་མོ་དེ་སྲིན་པོའི་ཆུང་མར་སོང༌། དེར་ལྷ་མོ་ཨུ་མ་ཁྲོས་ཏེ་དམོད་ པ་ཕྱིན་ཅི་ལོག་པོར། མིང་པོ་མ་ཧཱའ་ཀ་ལས་སྲི ང་མོ་སྟེར་བས་ཚོལ་དུ་སོང་བ་དང༌། སྲི ང་མོའི་ རྐང་བ་ལྕགས་སྒྲོགས་བཅུག་པ་མཐོང༌། དེར་མ་ཧཱ་ཀ་ལ་ཡང་ཁྲོས་ནས་སྲིན་པོ་འཁོར་དང་ བཅས་པ་བསད་ནས་ཤ་ཟོས་ཁྲག་འཐུང་ཡུལ་ལང་ཀ་བུ་རི་གཏན་ནས་བརླགས་པར་བྱས་ སོ། །དེའི་རྒྱུ་བརྟགས་པས་ལྷ་རྣམས་ལན་པར་ཤེས་ནས། མ་ཧཱ་ཀ་ལ་ལྷ་རྣམས་ལ་ཡང་ཁྲོས་ པས། སྔར་ལྷ་དང་ལྷ་མིན་འཐབས་པ་ན་ལྷའི་མཚོན་ཆའི་འཁོར་ལོ་འཕངས་པས་ལྷ་མ་ཡིན་ རྣམས་བཅོམས་ནས་ཕམ་པར་བྱེད་པ་ལ། དུས་དེར་མཧཱ་ཀ་ལས་འཁོར་ལོའི་ནང་དུ་འཁོར་ ལོ་ཕྱིར་བཟློག་པའི་སྦྱོར་བ་བྱས་ནས་བཅུག་པས་ལྷ་དང་ལྷ་མིན་འཐབས་པའི་ཚེ་ལྷས་ འཁོར་ལོ་འཕང་བས་ཕྱིར་ལོག་ནས་སླར་ལྷ་རྣམས་ཕམ་པར་བྱེད་པ་ལ། དེར་ཕ་དབང་ཕྱུག་ ཆེན་པོ་ཁྲོས་ནས་དུས་དེར་བུ་ནག་པོ་རི་རབ་ཀྱི་སྟེང་ནས་བསྐྲད་པས་ནག་པོ་ཆེར་འཁྲོས་ ཏེ། འཚམས་རྔམ་གྱི་གད་མོ་བསྒྲགས། འཁྲོས་པའི་ཞབས་བརྡབས་པས་ས་གཞི་ཐམས་ ཅད་གཡོས་ཤིང་རི་རབ་ཀྱི་འགུལ་ལྡེག་འགྱེལ་ལ་ཁད་པ་ཙམ་དུ་བྱུང་ནས་མར་བབས་ཏེ་རི་ རབ་པང་རིམ་གསུམ་གྱི་ཁ་ཁྱེར་ལ་གནོད་སྦྱིན་འོད་ཟེར་ཅན་ཞེས་བྱ་བ་དབང་ཕྱུག་ཆེན་པོས་ འཇིག་རྟེན་ན་དབང་ཆེ་བའི་ཐུན་མོང་གི་དངོས་གྲུབ་བྱིན་པ་གཅིག་ཡོད་པ་དེའི་རྩར་བབ་སྟེ། ནག་པོས་འོད་ཟེར་ཅན་བསད། ཤ་ཟོས་ཁྲག་འཐུངས་ནས་ཕས་བྱིན་པའི་དངོས་གྲུབ་ཉམས་ པར་བྱས། ནག་པོ་ཡང་གནོད་སྦྱིན་གྱི་གཟུགས་འཇིགས་སུ་རུང་བ་མཆེ་བ་བཞི་དང་ལྡན་པ་ གཅིག་ཏུ་གྱུར་ཏེ། དེ་ནས་འོད་ཟེར་ཅན་འཛམ་བུའི་གླིང་དུ་ཉ་པའི་རིགས་སུ་སྐྱེས་སོ། །དེས་ ཀྱང་སྔར་གྱི་སྨོན་ལམ་དང་ལས་ཀྱི་དབང་གིས་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་གསུམ་བརྩེགས་ དང་ཉེ་བར། རི་རབ་པང་རིམ་གསུམ་བརྩེགས་ལ་ལྷ་མ་ཡིན་གྱི་རྒྱལ་པོའི་གྲོང་ཁྱེར་གསུམ་ 7-1-420 བརྩེགས་དང་འདྲ་བའི་ཁང་པ་གསུམ་བརྩེགས་བྱས་ནས་དེར་གནས་ཏེ། དབང་ཕྱུག་ཆེན་ པོའི་དངོས་གྲུབ་ཐུན་མོང་པ་གཅིག་ཐོབ་ནས་གནས་སོ། །དེར་ནག་པོ་དྲག་པོ་ཡང་ལས་ཀྱི་ སྟོབས་ཀྱིས་འཛམ་བུའི་གླིང་གི་གྲོང་ཁྱེར་གསུམ་བརྩེགས་ཏུ་བབ་ནས་སྤྱིར་སེམས་ཅན་མང་ པོའི་གཤེད་མར་གྱུར། ཁྱད་པར་དུ་གྲོང་ཁྱེར་གསུམ་བརྩེགས་ཀྱི་རྒྱལ་བློན་དང་བཅས་པ་ ཐམས་ཅད་བསད། ཤ་ཟོས་ཁྲག་འཐུང་གྲོང་ཁྱེར་གསུམ་བརྩེགས་ཀྱི་གྲོང་ཁྱེར་ཐམས་ཅད་ བཤིགས་བཅོམ་བརླག་པར་བྱས། སྔར་གྱི་བྱེད་པ་རྒྱུ་མཐུན་པའི་ལས་ཀྱི་དབང་གིས། འོད་ ཟེར་ཅན་ཉ་པར་སྐྱེས་པ་དེ་ཡང་བསད། ཤ་ཟོས་ཁྲག་འཐུང་མགོ་བཅད་ནས། མས་བྱིན་པའི་ གཡོན་གྱི་ཐོད་པར་ཁྲག་བླུགས་ཏེ་འཐུང་ཕས་བྱིན་པའི་གྲི་གུག་གཡས་སུ་ཕྱར། གསལ་ཤིང་ གྲུ་མོར་བཅུག་ཏེ་དུར་ཁྲོད་སོ་སོའི་གླིང་དུ་སོང་ནས་དུར་ཁྲོད་ཀྱི་འཇིགས་བྱེད་ཕོ་མོ་ཐམས་ ཅད་དང༌། ཤ་ཟ་དང་སྲིན་པོ་དང་གནོད་སྦྱིན་དང་མ་མོའི་ཚོགས་ཐམས་ཅད་ཀྱི་བསྐོར་ཏེ། དེ་ རྣམས་ཀྱི་ཕྱག་བྱས་ནས་འཁོར་དུ་ལུས་ཏེ་གྲོང་ཁྱེར་གསུམ་བརྩེགས་པ་ཐམས་ཅད་བསད་ ཅིང་ཤ་ཟ་བར་བྱེད་དོ། ། དེར་གསུམ་བསྲེགས་པ་རྣམས་སྐྲགས་ནས་ཁོ་དུག་གི་བསད་པར་འདོད་ནས་ཁོ་འོང་ བའི་ལམ་སྲང་ཐམས་ཅད་དུ་དུག་སྦྱར་ནས་བཞག་པས་ཁོས་ཟོས་པས་ཁོ་ལ་མ་གནོད་པར། སླར་མཐུན་རྫས་སུ་གྱུར་ནས་ནུས་པ་དང་ལྡན་པར་གྱུར་ཏོ། །ཁོ་བསྐྲད་པར་འདོད་པས་ གྲོང་ཁྱེར་གྱི་ཤར་སྒོར་ཡུངས་དཀར། ལྷོ་སྒོར་སྒེགས་པ། ནུབ་ཏུ་རང་བྱུང་གི་མེ་ཏོག བྱང་དུ་ བཙན་དུག བྱང་ཤར་དུ་ཤ་ཆེན། ཤར་ལྷོ་དྲི་ཆེན། ལྷོ་ནུབ་ཏུ་ཚ་བ་གསུམ། ནུབ་བྱང་དུ་གླད་ པ་བསྲེས་པའི་དུད་པ་བཏང་བས་ཁོའི་མཐུན་པའི་དམ་རྫས་སུ་གྱུར་ནས་སླར་མཐུ་སྟོབས་ དང་ལྡན་པར་གྱུར་ཏེ། དེ་ནས་སྲིད་པ་གསུམ་ལ་དབང་ཆེ་བའི་ཚངས་པ་དང་བརྒྱ་བྱིན་ལ་ སོགས་པས་ཀྱང་མ་ཐུལ་བས། ནང་སེམས་ཅན་བརྒྱ་ཟོས་ནུབ་སེམས་ཅན་བརྒྱ་ཟོས་ཤིང་ 7-1-421 འཇིག་རྟེན་གྱི་ཁམས་ཐམས་ཅད་བརླག་ལ་ཁད་པར་གྱུར་པ་དང༌། འཕགས་པ་སྤྱན་རས་ གཟིགས་ཀྱིས་སེམས་ཅན་རྣམས་ལ་ཐུགས་རྗེས་དགོངས་ནས་ནག་པོ་དྲག་པོ་དེ་འདུལ་བའི་ དོན་དུ་ཁྲོ་བོ་ཆེན་པོ་དཔལ་རྟ་མགྲིན་དུ་སྤྲུལ་ནས་དབུའི་གཙུག་ནས་རྟ་མགོ་ལྗང་ཞུར་བྱུང་ སྟེ་རྟ་སྐད་ལན་གསུམ་བསྒྲགས་པས་ནག་པོ་ན་རེ་ང་འདུལ་བའི་གཉེན་པོ་མེད་ཀྱི་ཁྱེད་རང་ ནགས་སུ་སོང་མ་རྩ་ཟོ་ཟེར་ནས་མ་ཐུལ་ལོ། ། དེ་ལྟར་མཐུ་སྟོབས་དང་ལྡན་པའི་གདུག་པ་ཅན་དེས་སེམས་ཅན་མང་པོ་ལ་གནོད་པར་ གཟིགས་ནས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་མཛད་ནས། ནག་པོ་དྲག་པོ་ ཏེ་གཞན་གྱིས་མི་འདུལ་ཞིང་ཕྱག་ན་རྡོ་རྗེས་འདུལ་བའི་དུས་ལ་བབ་པར་མཁྱེན་ཏེ་ཕྱག་ན་ རྡོ་རྗེ་ལ་ཞལ་འཛུམ་པ་མཛད་ནས་འོད་ཟེར་གྱིས་བསྐུལ་བས། ཕྱག་ན་རྡོ་རྗེ་ཁྲོ་བོའི་རང་ བཞིན་དུ་གྱུར་པ་དངས་པས་འཇིགས་སུ་རུང་བའི་སྒྲ་སྒྲོགས་པ། ཕྱག་གཡས་ན་རྡོ་རྗེ་གཡོན་ པས་སྡིག་མཛུབ་མཛད་ཅིང་གསུང་གི་ང་རོ་དྲག་ཏུ་རྔམ་པའི་ཧཱུཾ་སྒྲ་སྒྲོགས་ཏེ། ནག་པོ་འཁོར་ བཅས་ཐམས་ཅད་ལ་གཟིར་ཞིང་ཚར་བཅད་ནས་རང་གི་སྐུར་སྣང་བར་བྱས་ཏེ་ས་བརྒྱད་པ་ ཟག་མེད་ཀྱི་ལམ་ལ་བཀོད། ནག་པོ་འཁོར་དང་བཅས་པ་རྡོ་རྗེ་འཛིན་པའི་སྤྱན་སྔར་འཁོད་ དེ་གསོལ་པ། ཀྱེ་ཐམས་ཅད་མཁྱེན་པ་སྟོན་པ་ལགས། །བདག་ནི་ཁྱེད་གཟིར་མི་བཟད་དོ། ། དམ་ལ་བཏགས་འཚལ་ཅི་གསུངས་བསྒྲུབ། ཁྱེད་ཀྱི་བསྟན་པ་བསྲུངས་བར་བགྱི། ཞེས་ བརྗོད་ཅིང་སྲོག་སྙིང་ཕུལ་ནས་བསྟན་པ་བསྲུང་བར་དམ་བཅས་སོ། ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེར་ཐམས་ཅད་དེར་འདུས་པ་ནས་ གདན་ཚུམ་བུ་ལྟར་བྱས་ཏེ། གཙོ་བོ་རྡོ་རྗེ་འཆང་ཆེན་པོས། ནག་པོའི་ལག་ཏུ་རྡོ་རྗེ་གཏད་ལྕེ་ ལ་དམ་ཆུ་བླུད་ཅིང་དམ་ལ་བཞག་ནས་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ནུས་མཐུ་དང་ ལྡན་པར་དབང་སྐུར་ཞིང་བྱིན་གྱིས་རླབས་ནས། རྡོ་རྗེ་འཆང་གི་བཀའ་བསྒོས་པས། ཁྱེད་ 7-1-422 ནི་གསང་བ་གསུམ་གྱི་བདག་དུས་གསུམ་ཐམས་ཅད་ཀྱི། བསྟན་པ་བསྲུང་བར་བྱིན་གྱིས་ རླབས། །ཁྱོད་ནི་དཔལ་ལྡན་ནག་པོ་ཆེ། །བསྟན་པ་བསྲུང་བར་ཁས་བླངས་པས། །ཤཱཀྱ་སེང་ གེའི་བསྟན་པ་ལ། །དམ་ཚིག་ཆེན་པོར་གནས་པར་གྱིས། །ཞེས་བསྒོ་ཞིང་སངས་རྒྱས་ཀྱི་ བསྟན་པ་བསྲུང་བར་གཉེར་དུ་གཏད་པས། །བཅོམ་ལྡན་འདས་ལ་དགའ་ཞིང་བཀའ་ཉན་པ་ དང༌། ཐམས་ཅད་ཀྱང་རྫུ་འཕྲུལ་གྱི་ནུས་པ་རྫོགས་ཏེ་སངས་རྒྱས་སྟོང་རྩ་གཉིས་ཀྱི་བསྟན་པ་ བསྲུང་བའི་བྱ་བ་བྱེད་ཅིང༌། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་པའི་མགོན་པོ་ལྔ། གཞན་ཡང་ལས་ཀྱི་མགོན་པོ་དུ་མ་དང་བཅས་པའི་ཚོགས་རྣམས་རང་རང་གི་འཁོར་འཇིག་ རྟེན་དྲེགས་པ་ཅན་རྣམས་དང་ཐབས་གཅིག་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རང་རང་གི་ སྲོག་གི་སྙིང་པོ་ཕུལ་ནས། སངས་རྒྱས་ཀྱི་བསྟན་པ་དང་བསྟན་པ་ལ་ཞུགས་པ་དང་བྱེ་བྲག་ ཏུ་གསང་སྔགས་ཀྱི་སྒོར་ཞུགས་པའི་སྒྲུབ་པ་པོ་རྣམས་ཀྱི་བསྲུངས་མ་བྱེད་པར་ཁས་བླངས་ སོ། ། དེ་ལ་སྐུའི་ལྷ་ཚོགས་ཐམས་ཅད་ཀྱིས་བསྟན་པ་བསྲུང་བའི་སྐུའི་མགོན་པོའི་བཀའ་ནོན་ དུ་རྣམ་པར་སྣང་མཛད་འཇམ་དཔལ་གསུང་གི་ལྷ་ཚོགས་ཐམས་ཅད་ཀྱིས་བསྟན་པ་བསྲུང་ བའི་གསུང་གི་མགོན་པོའི་བཀའ་ནོན་དུ་པདྨ་དབང་ཆེན་ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་ ཀྱིས་བསྟན་པ་བསྲུང་བའི་ཐུགས་ཀྱི་མགོན་པོའི་བཀའ་ནོན་དུ་ཕྱག་ན་རྡོ་རྗེ། འཕྲིན་ལས་ཀྱི་ ལྷ་ཚོགས་ཐམས་ཅད་ཀྱིས་བསྟན་པ་བསྲུང་བའི་འཕྲིན་ལས་མགོན་པོའི་བཀའ་ནོན་དུ་ཁྲོ་བོ་ ཀུ་རུ་ཀུ་ལི་འབྱུང་བ་ཡིན། ཡོན་ཏན་གྱི་ལྷ་ཚོགས་ནི་གོང་མ་རྣམས་ཀྱི་ཐུན་མོང་ཡིན་ནོ། །དེ་ ལ་འདི་ནི་ཐུགས་ཀྱི་མགོན་པོ་ཡིན་པས་དེའི་བཀའ་ནོན་དུ་ཕྱག་ན་རྡོ་རྗེའམ་ཀྱཻའི་རྡོ་རྗེ་ལ་ སོགས་པ་ཐུགས་ཀྱི་ཁྲོ་བོ་འབྱུང་བ་ཡིན་ནོ། ། ཐུགས་ཀྱི་མགོན་པོ་འདི་ལ་ཡང་པིང་ཅན་དང་གྲི་གུག་ཅན་གཉིས། པིང་ཅན་ལ་བཞི། 7-1-423 པིང་སྐོར་སྐུ་ཕྱི་བསྒྲུབ་ཀྱི་ལུགས། སྟག་ཞོན་ནང་གསུང་སྒྲུབ། དྲག་ཤད་གསུང་བ་ཐུགས་ཀྱི་ བསྒྲུབ་པ། དེ་དག་གི་བཀའ་ནོན་ལས་ཀྱི་མགོན་པོ་རྣམས་ཀྱི་དྲག་པོ་འཕྲིན་ལས་ཀྱི་བསྒྲུབ་ ལུགས་སོ། །གྲི་གུག་ཅན་ལ་ཡང་གྷནྡྷེ་ཡོད་པ་དང་མེད་པ་གཉིས་ལས་གྷན་དྷེ་མེད་པ་ནི་གྲི་ ཐོད་འཛིན་པ་སྟེ། དེ་ལ་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་གཅིག་བྱུང་ཡང༌། གཙོ་བོ་ནི་བྲམ་ ཟེ་མཆོག་སྲིད་ཀྱིས་མཛད་པའི་སྒྲུབ་ཐབས་ཆེ་འབྲིང་ཆུང་གསུམ་ཡོད་དེ། མགོན་པོ་གྲི་ཁུག་ ཅན་ཞེས་ཡོངས་སུ་གྲགས་སོ། །གྷནྡྷེ་ཅན་གྱི་སྒྲུབ་ཐབས་ནི་མང་མོད་ཀྱི། བྲམ་ཟེ་མཆོག་ སྲེད་ལ་མགོན་པོས་ཞལ་གཟིགས་ནས་དེ་ལ་མགོན་པོ་ཉིད་ཀྱིས་སྒྲུབ་ཐབས་འདི་གནང་བ། རྡོ་རྗེ་གུར་གྱི་རྗེས་སུ་འབྲང་བའི་མན་ངག་གི་སྒྲུབ་ཐབས་ཏེ། བྲམ་ཟེ་མཆོག་སྲེད་ཕེ་དྷན་གྱི་ ཡུལ་ནས་བདེ་མཆོག་ལ་སོགས་པའི་བསྒྲུབ་པ་མཛད་པའི་དུས་སུ་རེ་མ་ཏིས་ལག་མཐིལ་དུ་ བཞག་ཚུལ་གྱིས་བར་ཆད་ཡང་ཡང་བྱས་ནས་མྱོས་པར་བྱས་པ་ལ། མགོན་པོ་ཉིད་ཀྱིས་རེ་ མ་ཏི་ཐལ་ལྕགས་ཀྱིས་བསྣུན་ཏེ། འདི་ལྟ་བུའི་བསྟན་པ་ལ་གནོད་པར་བྱེད་པའི་དམ་ཉམས་ ཤ་ཟའམ་ཞེས་ཟེར་ནས་རེ་མ་ཏི་མྱོས་སུ་བཅུག ངའི་སྲི ང་མོ་འདིས་ད་རུང་ཁྱོད་ལ་བར་ཆད་ བྱེད་དོ། །འདི་སྒྲུབས་ཅིག་གསུངས་ནས་མགོན་པོའི་སྒྲུབ་ཐབས་བྱིན་པ་ཡིན་ནོ། །དེ་ལ་རྐྱང་ དུ་བསྒྲུབ་པ་དང་སྦྲག་ཏུ་བསྒྲུབ་པའོ། །རྐྱང་དུ་བསྒྲུབ་པའི་ལུགས་ལ་ཡང་ཕོ་རྐྱང་དུ་བསྒྲུབ་པ་ དང་མོ་རྐྱང་དུ་བསྒྲུབ་པ་གཉིས། ཕོ་རྐྱང་དུ་བསྒྲུབ་པ་ལ་ཚོགས་བདག་གི་ཚུལ་དུ་བསྒྲུབ་པ་ དང༌། བཀའ་བསྒོའི་ཚུལ་དུ་བསྒྲུབ་པ་གཉིས་སོ། །མོ་རྐྱང་དུ་བསྒྲུབ་པ་ལ་ཨེ་ཀ་ཙ་ཏའི་ཚུལ་ དུ་བསྒྲུབ་པ་དང་རེ་མ་ཏིའི་ཚུལ་དུ་བསྒྲུབ་པ་དང༌། འབལ་མོའི་ཚུལ་དུ་བསྒྲུབ་པ་དང༌། མོན་ མོའི་ཚུལ་དུ་བསྒྲུབ་པ་དང་ལྷ་མོ་མུ་སྲོག་ལུགས་ཀྱི་ཚུལ་དུ་བསྒྲུབ་པ་དང་ལྔའོ། །སྦྲག་བསྒྲུབ་ ལ་ཡང་ཡབ་ཡུམ་གྱི་ཚུལ་དུ་སྒྲུབ་པ་དང༌། ལྕམ་དྲལ་གྱི་ཚུལ་དུ་སྒྲུབ་པ་དང་གཉིས་གསུངས། དེ་གཉིས་གང་རུང་ལ་འཁོར་མོན་པ་དང་དྲིལ་ཏེ་བསྒྲུབ་པ་དང༌། སྦྲག་ཏུ་བསྒྲུབ་པ་དང་ 7-1-424 བཞིའོ། ། འཁོར་ལ་ཡང་ལས་ཀྱི་མགོན་པོ་ཟང་གྲི་ཅན་དང༌། །མོན་པ་མིང་སྲི ང་ལྔ་དང༌། དུར་ཁྲོད་ བདག་པོ་དང༌། སྡེ་བརྒྱད་དང་ཕོ་ཉའི་སྒྲུབ་ཐབས། མོན་པའི་སྒྲུབ་ཐབས། མོན་པའི་བྱུང་ ཚུལ་ཅི་རིགས་པ་བསྟན་ནོ། །ནག་པོ་ཆེན་པོ་ལྕམ་དྲལ་གྱི། །ཇི་ལྟར་བྱུང་བའི་ཚུལ་འདི་ནི། ། དད་བརྩོན་སློབ་མས་བསྐུལ་བའི་ངོར། །འཇམ་དབྱངས་མ་ཏིས་བསྡེབས་པའོ། ། དཔལ་ལྡན་ནག་པོ་ཆེན་པོ་ལྕམ་དྲལ་གྱི་བྱུང་ཚུལ་ཅི་རིགས་པ་འདི་ནི་བུ་སློབ་མང་པོས་ ཡང་ཡང་བསྐུལ་བའི་ངོར་འཇམ་དབྱངས་མ་ཏི་པཎ་ཆེན་གྱིས་དགེ་ལྡན་ས་བཟང་དུ་སྦྱར་ བའོ། །མངྒ་ལཾ། བྷ་ཝནྟུ། ཤུ་བྷཾ། གཅིག་ཞུས། མ་ཡིག་འཛམ་ཐང་བ་སྐུ་འབྲིང་གི་ཕྱག་དཔེ། 7-1-425 ༄༅། །ཆོས་སྤྱོད་རབ་གསལ་སྣང་བ་ ཞེས་བྱ་བའོ། ། ༄༅། །ༀ་ན་མ་ཤྲཱི་གུ་རུ་ཝེ་སརྦ་བུད་དྷ་བོ་དྷི་ས་ཏྭེ་བྷྱ། ལས་དང་པོ་པས་ཉིན་ཞག་ ཕྲུགས་གཅིག་ལ་ཉམས་སུ་བླང་བའི་རིམ་པ་མདོར་བསྡུས་པ། ཆོས་སྤྱོད་རབ་གསལ་སྣང་ བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྒྱ་ ཆེན་ཚོགས་གཉིས་རྒྱ་མཚོ་ལས་འཁྲུངས་ཤིང༌། །རྣམ་དག་སྐུ་བཞིའི་ཡོན་ཏན་བང་རིམ་ཅན། ། གདུལ་བྱ་གླིང་བཞིའི་དབུས་ན་རྣམ་མཛེས་པ། །རྒྱལ་བ་ལྷུན་པོའི་ཞབས་ལ་ཕྱག་འཚལ་ ལོ། །དང་པོའི་སངས་རྒྱས་མངོན་དུ་བྱ་བའི་ཕྱིར། །དང་པོ་ཉིད་ནས་ཆོས་ལ་གོམས་འདོད་ པའི། །དང་པོའི་ལས་ཅན་སློབ་མས་བསྐུལ་བའི་ངོར། །དང་པོའི་ལས་ཀྱི་ཆོ་ག་མདོར་བསྡུས་ བྱ། །འདིར་གང་དག་རང་དང་གཞན་གྱི་དོན་དུ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ འདོད་པའི་སྐལ་བ་དང་ལྡན་པ་དེ་དག་གིས་ནི། ཉིན་མཚན་རྟག་ཏུ་ཆོས་སྤྱོད་བཅུའི་སྒྲུབ་པ་ ལ་ཅི་ནུས་ཀྱིས་བརྩོན་པར་བྱ་བ་ཡིན་པས་རེམ་ཤིག དང་པོར་དེའི་རིམ་པ་སྟོན་པ་ནི་འདི་ལྟ་ སྟེ། རྙེད་པར་དཀའ་ཞིང་འཇིག་པར་སླ་བ་ཡི། །དལ་འབྱོར་རྙེད་པ་དོན་དང་ལྡན་འདོད་པས། ། འཁོར་བའི་སྡུག་བསྔལ་བསམ་ཏེ་ངེས་འབྱུང་བསྐྱེད། །ཐར་པ་ཆེན་པོའི་བདེ་བ་འབད་དེ་ སྒྲུབ། །ཉིན་མཚན་ཀུན་དུ་ཆོས་ལ་ཡིད་ཆེས་པས། །མི་དགེའི་ལས་སྤང་དགེ་ལ་འབད་བྱ་ སྟེ། །དེའང་ཐོ་རངས་སྐྱབས་འགྲོ་སེམས་བསྐྱེད་བྱ། །རིམ་གཉིས་ངང་དུ་ཅི་ནུས་མཉམ་པར་ བཞག །སྔ་དྲོ་ཕྱག་སོགས་བྱས་ཏེ་སེམས་བསྐྱེད་བླང༌། །ཟས་ཀྱི་སྔོན་དུའང་མཆོད་གཏོར་ཅི་ 7-1-426 འབྱོར་དབུལ། །རྣལ་འབྱོར་ལྡན་པས་ཁ་ཟས་ལོངས་སྤྱད་དེ། །མདོ་དང་བསྔོ་བ་སྨོན་ལམ་ རྣམ་དག་བྱ། །ཉིན་པར་ཆོས་སྤྱོད་བཅུ་ལ་འབད་བྱ་ཞིང༌། །ཁྱད་པར་མཆོད་སྦྱིན་གཏོར་མ་ རྒྱ་ཆེར་བཏང༌། །བདེ་གཤེགས་སྐུ་གཟུགས་མཆོད་རྟེན་བཞེངས་བྱ་སྟེ། །ཟབ་མོའི་གཟུངས་ སྔགས་རྣམས་ལ་བཟླས་བརྗོད་བྱ། །དགོངས་ཀྱི་དུས་སུ་སྔགས་ཀྱི་གཞུང་ལུགས་ལྟར། །ཡི་ དམ་རྒྱས་པར་བསྒོམས་སྟེ་མཆོད་གཏོར་དབུལ། །སྲོད་ལའང་ཕྱག་སོགས་བྱས་སྟེ་རིམ་ གཉིས་བསྒོམ། །ནམ་གུང་དགེ་བའི་གཉིད་ཀྱིས་བདེ་བར་ཉལ། །མདོར་ན་མཉམ་བཞག་མི་ རྟོག་ཏིང་འཛིན་བསྒོམ། །རྗེས་ཐོབ་འགྲོ་ལ་ཕན་པ་རྒྱ་ཆེར་བསྒྲུབ། །དེ་ལྟར་ཚོགས་གཉིས་ ཉེ་བར་སྤྱད་པ་ཡིས། །དོན་གཉིས་མཐར་ཕྱིན་རྒྱལ་བའི་གོ་འཕང་ཐོབ། །ཅེས་པའོ། དེ་ཉིད་ རྣམ་པར་བཤད་པ་ནི། ཇི་སྐད་དུ། (སྤྱོད་འཇུག་ལས)དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། ། སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་པ་དང༌། དམྱལ་བ་དང༌། ཡི་དྭགས་དང༌། དུད་ འགྲོ་དང༌། ལྷ་ཚེ་རིང་པོ་དང༌། ཀླ་ཀློ་དང༌། ལོག་པར་ལྟ་བ་ཅན་དང༌། སངས་རྒྱས་ཀྱི་གསུང་ མི་ཐོས་པ་དང༌། ལྐུག་པ་སྟེ་མི་ཁོམ་པ་བརྒྱད་སྤངས་པའི་དལ་བ་ཕུན་སུམ་ཚོགས་པ་དང༌། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང༌། དེས་ཆོས་གསུངས་པ་དང༌། གསུངས་པའི་བསྟན་ པ་གནས་པ་དང༌། བསྟན་པ་ལ་འཇུག་པ་གཞན་ཡང་ཡོད་པ་དང༌། སྦྱིན་བདག་རྣམས་ཀྱང་ དད་པས་བསོད་སྙོམས་འབུལ་བ་སྟེ། གཞན་འབྱོར་ལྔ་དང༌། མིར་གྱུར་པ་དང༌། ཡུལ་དབུས་ སུ་སྐྱེས་པ་དང༌། དབང་པོ་ཚང་པ་དང༌། གནས་ལ་དད་པ་དང༌། ལས་ཀྱི་མཐའ་མ་ལོག་པ་ སྟེ། བདག་འབྱོར་ལྔ་དང་ལྡན་པའི་དལ་འབྱོར་མིའི་ལུས་རིན་པོ་ཆེ་ཐོབ་པ་འདི། ཤིན་ཏུ་ རྙེད་དཀའ་བའི་མཆོག་རྙེད་པར་ཤེས་པར་བྱ་ཞིང༌། (སྤྱོད་འཇུག་ལས)དེ་རིང་ཁོ་ན་མི་འཆི་ཞེས། ། བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ 7-1-427 ཟ་བར་འབྱུང༌། །ཞེས་པ་ལྟར། འདུས་བྱས་ཀྱི་ལུས་ཆུའི་ཆུ་བུར་ལྟ་བུ་འདི་ཉིད། དེ་རིང་ཙམ་ ཡང་གནས་པའི་གདེངས་མེད་པས། ཤིན་ཏུ་མྱུར་བར་འཇིག་པའོ། །ཞེས་པས་འཆི་བ་མི་རྟག་ པ་རྗེས་སུ་དྲན་པའི་སྒོ་ནས། (དབུ་མ་རིན་ཆེན་ཕྲེང་བར)དམ་ཆོས་སྒྲོན་མ་དང་བཅས་ཤིང༌། །མི་ ཁོམ་བརྒྱད་སྤངས་དལ་བ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་བྱ་བའི་ རིགས། །ཞེས་པ་ལྟར། མིའི་དངོས་པོ་ཐོབ་ཅིང་དམ་པའི་ཆོས་དང་མཇལ་བ་དོན་ཆེན་པོ་དང་ ལྡན་པར་བྱ་བར་འདོད་པས། (རྒྱུད་བླ་མ་ལས)མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་ བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚ་ལ་སོགས་རེག་སྐྱེས་བཞིན། །ཞེས་ པ་ལྟར། འཁོར་བ་མཐའ་དག་སྡུག་བསྔལ་གྱི་ཕུང་པོ་ཆེན་པོར་ཤེས་པས། དེའི་བྱ་བ་སྙིང་པོ་ མེད་པ་ལ་ངེས་འབྱུང་གི་བསམ་པ་བརྟན་པོ་བསྐྱེད་དེ། (མདོ་སྡེ་རྒྱན་ལས)དེ་ལྟར་སངས་རྒྱས་དྲི་ མེད་པའི། །གནས་ནི་གཞན་གྱུར་དཔག་མེད་པས། །བསམ་པས་བྱ་བ་སྒྲུབ་པ་ཡི། །འབྱོར་ བ་དཔག་ཏུ་མེད་པར་འདོད། །ཅེས་པ་ལྟར། དྲི་མ་དང་བྲལ་བའི་དེ་བཞིན་ཉིད་མངོན་དུ་གྱུར་ པ་ལ་དོན་གཉིས་མཐར་ཕྱིན་པའི་འབྱོར་པ་དཔག་ཏུ་མེད་པ་དང་ལྡན་པ། རྫོགས་པའི་སངས་ རྒྱས་ཀྱི་བདེ་བ་ཆེན་པོ་བསྒྲུབ་པའི་ཕྱིར། ཉིན་མཚན་ཕྱེད་པར་མ་འབད་ན། །བདག་གི་སྡུག་ བསྔལ་ནམ་མཐར་ཕྱིན། །ཞེས་པ་ལྟར། ཉིན་མཚན་ཐམས་ཅད་དུ་རྒྱུན་མི་འཆད་པར་སྦྱོར་ བའི་བརྩོན་འགྲུས་དང་ལྡན་པས། (རྒྱན་ལས)དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་ མེད་ཀྱང་དག་གྱུར་པས། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། ། ཞེས་པ་ལྟར། དོན་དམ་པར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་ཉིད། སེམས་ཅན་ཐམས་ ཅད་ཀྱི་རང་བཞིན་དུ་ཁྱབ་པར་གནས་ཀྱང༌། ཀུན་རྫོབ་ཙམ་དུ། (རིན་ཆེན་ཕྲེང་བར)མི་དགེ་བ་ ལས་སྡུག་བསྔལ་སྟེ། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་ དང༌། །རྣམ་པ་ཀུན་དུ་བདེ་བ་དག །ཅེས་པ་ལྟར་ལས་རྒྱུ་འབྲས་སླུ་བ་མེད་པའི་ཆོས་ལ་ཡིད་ 7-1-428 ཆེས་པའི་ལྟ་བ་རྣམ་པར་དག་པས་ཀུན་ནས་བསླང་སྟེ། (སོ་སོར་ཐར་བའི་མདོ་ལས)སྡིག་པ་ཐམས་ ཅད་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། ། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པ་ལྟར། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་ དང༌། འདོད་པས་ལོག་པར་གཡེམ་པ་དང༌། རྫུན་དང༌། ཕྲ་མ་དང༌། ཚིག་རྩུབ་དང༌། ངག་ འཁྱལ་དང༌། བསྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་སྟེ། རང་བཞིན་གྱིས་ ཁ་ན་མ་ཐོ་བ་དང༌། ཁས་བླངས་པའི་སྡོམ་པ་དང་འགལ་བ་བཅས་པའི་ཁ་ན་མ་ཐོ་བ་མཐའ་ དག་སྤངས་ནས། སྒོ་གསུམ་གྱི་སྤྱོད་ལམ་ཐམས་ཅད་རང་གཞན་ལ་ཕན་པར་འཇུག་པ་དམ་ པའི་ཆོས་ཀྱི་བྱ་བ་ཁོ་ན་ལ་རྣམ་པ་ཐམས་ཅད་དུ་འབད་པར་བྱའོ། །དེ་ཡང་ཐོ་རངས་གཉིད་ སད་མ་ཐག་ལུས་དྲང་པོར་བསྲང་སྟེ། རྡོ་རྗེའི་དཀྱིལ་དཀྲུང་ལ་སོགས་པས་འདུག་ནས། སྒྲུབ་ པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་བྱ་སྟེ། ནམ་མཁའི་ མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། དུས་འདི་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་ འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་ པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའམ། (སྤྱོད་འཇུག་ལས)བྱང་ཆུབ་སྙིང་པོར་ མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་དང་བྱང་ཆུབ་སེམས་དཔའ་ ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་པ་ལ་སོགས་པ་ཇི་ལྟར་རིགས་པའི་ཚིག་ གིས་སོ། །སྐྱབས་སུ་འགྲོ་བའི་དོན་ཡང༌། རང་གཞན་ཐམས་ཅད་འཁོར་བའི་སྡུག་བསྔལ་ གྱིས་འཇིགས་པས་ཉེན་ནས། ཐར་པ་ཆེན་པོའི་བདེ་བ་ཐོབ་པར་འདོད་པས། ཡུལ་དམ་པ་ དཀོན་མཆོག་ལ་བློ་གཏོད་ཅིང་སྐྱབས་གནས་སུ་ཁས་ལེན་པ་ཡིན་ལ། དེ་ལྟ་ན་ནི་གནོད་པ་ ཐམས་ཅད་ལས་སྐྱོབ་ཅིང༌། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་ཐོབ་པ་ཉིད་དེ། སངས་རྒྱས་ 7-1-429 ཆོས་དང་དགེ་འདུན་ནི། །སྐྱབས་ཀྱི་མཆོག་ཏུ་གྱུར་པ་སྟེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། ། སྲིད་པའི་འཇིགས་པ་ཆེ་ལས་སྒྲོལ། །ཞེས་པ་དང༌། (རྒྱན་ལས)འཇིག་རྟེན་ཇི་སྲིད་སེམས་ཅན་ གྱི། །གནོད་དང་ཕུན་སུམ་ཚོགས་པ་ཀུན། །བཟློག་ཅིང་འབྱོར་པར་བྱ་ཆེད་དུ། །སངས་རྒྱས་ སྐྱབས་ཆེན་ཉིད་དུ་འདོད། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །དེ་བཞིན་དུ་སེམས་ བསྐྱེད་པ་ཡང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་ པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་དམ་ པའི་ཆོས་དང་མཐུན་པར་བགྱིའོ། །སྙམ་དུ་སེམས་པ་སྟེ། (མངོན་རྟོགས་རྒྱན་ལས)སེམས་བསྐྱེད་ པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་ལྟར་རོ། །དེ་ལྟར་ སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་གཉིས་ཀའི་དོན་ཡིད་ལ་བྱེད་བཞིན་པས། སངས་ རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ཉིད་སྐྱབས་སུ་མཆི། ། བདག་གི་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ ཤོག །ཅེས་པ་དང༌། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། སངས་རྒྱས་ཆོས་དང་དགེ་ འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་ རབ་སྙིང་རྗེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་ དུ་གནས་བཅས་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །ཞེས་ཀྱང་བརྗོད་པར་ བྱའོ། །དེ་ནས། (གསང་འདུས་ལས)སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ ལ་ཡང་དག་བརྟེན། །བསྐྱེད་པའི་རིམ་པའི་རྣལ་འབྱོར་དང༌། །དེ་བཞིན་རྫོགས་པའི་རིམ་ པའོ། །ཞེས་པ་ལྟར་རང་གི་ལྷག་པའི་ལྷ་གང་ཡིན་པ་གསལ་བར་བསྒོམས་ནས། བཟླས་པ་ ཅི་རིགས་པ་བྱ་སྟེ། ཐ་མལ་གྱི་རྣམ་པར་རྟོག་པ་སྤང་ཞིང༌། གཙོ་ཆེར་རྣམ་པར་རྟོག་པ་ཐམས་ ཅད་སྤངས་ནས་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་ཟབ་མོ་རྫོགས་པའི་རིམ་པ་ལ་ཅི་ནུས་ 7-1-430 ཀྱིས་མཉམ་པར་བཞག་པར་བྱའོ། །དེ་དག་ནི་དལ་འབྱོར་རྙེད་པར་དཀའ་བ་ལ་སོགས་པ་ དྲན་པས། དམ་པའི་ཆོས་ལ་བསྐུལ་ཞིང་ཐོ་རངས་ནས་བརྩམས་ཏེ། སྐྱབས་འགྲོ་སྔོན་དུ་འགྲོ་ བ་ཅན་རིམ་པ་གཉིས་ཇི་ལྟར་བསྒོམ་པའི་ངེས་པའོ།། །། དེ་ནས་ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང༌། །རྒྱལ་དང་ བྱང་ཆུབ་སེམས་བརྟེན་པས། །ལྷུང་བའི་ལྷག་མ་དེས་ཞི་བྱ། །ཞེས་པ་ལྟར། ཉེས་ལྟུང་གི་སྒྲིབ་ པ་དག་པའི་དོན་དང༌། ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པའི་དོན་དང༌། བསོད་ནམས་ ཀྱི་ཚོགས་ཉེ་བར་བསགས་པའི་དོན་དུ། སྔ་དྲོ་མལ་ནས་ལངས་ཏེ། ཁྲུས་དང་གཙང་སྦྲ་སྔོན་ དུ་འགྲོ་བས། དཀོན་མཆོག་གི་རྟེན་དང་མཆོད་པ་རྒྱ་ཆེན་པོ་མངོན་སུམ་དུ་བཤམས་པའམ། མ་འབྱོར་ན་ཡིད་ཀྱིས་བཤམས་པས་ཀྱང་རུང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་དག ། ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །བདག་ནི་ཉེ་བར་ གནས་སོ་ཞེས། །འབྱུང་བ་ལྟར། མཁྱེན་བརྩེ་ནུས་པའི་བདག་ཉིད་རྒྱལ་བ་སྲས་དང་བཅས་ པ་མཁའ་ཁྱབ་དུ་བཞུགས་པར་མོས་ཤིང༌། དེ་དག་གིས་སྤྱན་སྔར་མཆོད་པའི་ཡོ་བྱད་རྣམས་ ཀྱང༌། ཡུལ་ས་དང་བར་སྣང་ཐམས་ཅད་ཁྱབ་པ། དུས་འཁོར་བ་ཇི་སྲིད་པར་རྒྱུན་མི་འཆད་ པར། ངོ་བོ་བཟང་ཞིང་རྒྱ་ཆེ་བ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ ལས་བྱུང་པའི་མཆོད་པའི་སྤྲིན་ལྟ་བུར་མོས་ཏེ། རང་གཞན་ཐམས་ཅད་འདུན་པ་གཅིག་པའི་ བསམ་པས། ཐོག་མར་ཡན་ལག་བདུན་པ་རྒྱས་པར་བྱ་ཞིང༌། དེའི་མཇུག་ཏུ་སེམས་བསྐྱེད་ པ་བླང་བར་བྱའོ། །དེ་ལ་དང་པོར་ཕྱག་འཚལ་བའི་ཡན་ལག་ནི། སངས་རྒྱས་ཐམས་ཅད་ འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་ རྣམས་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་སྟེ། ། ཀུན་གྱིས་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདེ་ཆེན་ 7-1-431 ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ ལ་འདུད། (ས་ར་ཧ་པས)། གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི། །དེ་ཉིད་ རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་སྟེ། མིག་སྐྱོན་མེད་རྣམས་རོལ་པར་བཅས་ཏེ་སྟེང་ དུ་ནི། །ལྟ་འགྱུར་བླ་མ་ཉི་མ་དེ་ལ་ཕྱག་འདི་བགྱིད། (མ་ཏིས་སྦྱར་བ་ལྔ)། ཆོས་ཀུན་རོ་གཅིག་སྟོང་ ཉིད་སྙིང་རྗེའི་དོན་རྟོགས་ནས། །ཐར་པའི་མཆོག་གཅིག་མི་གནས་མྱང་འདས་སྒྲུབ་པའི་ ཕྱིར། །རྒྱལ་བའི་ཡུམ་གཅིག་ཕྱག་རྒྱ་ཆེན་པོའི་དོན་སྟོན་པ། །འགྲོ་བའི་སྐྱབས་གཅིག་བླ་མ་ རྣམས་ལ་ཕྱག་འཚལ་ལོ། །ཚོགས་གཉིས་ཟུང་འཇུག་ཟབ་མོའི་ལམ་ལ་རབ་བརྟེན་ནས། ། རིམ་གཉིས་ཟུང་འཇུག་ཐབས་དང་ཤེས་རབ་མཐར་ཕྱིན་པ། །བདེན་གཉིས་ཟུང་འཇུག་ ལེགས་བཤད་འོད་ཀྱི་སྣང་བ་ཅན། །དོན་གཉིས་ལྷུན་གྲུབ་བླ་མ་རྣམས་ལ་ཕྱག་འཚལ་ལོ། ། སྐུ་གསུམ་བདག་ཉིད་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །ཐེག་གསུམ་ཟབ་ཡངས་དམ་ཆོས་རིན་ ཆེན་འབྱུང་པའི་གནས། །བསླབ་གསུམ་རྣམ་དག་འདུས་པའི་ཚོགས་ཀྱི་འདྲེན་པ་མཆོག ། སྐྱབས་གསུམ་ངོ་བོ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གནས་སྐབས་རིགས་བཞིའི་ཀུན་རྟོག་ དང་ལྡན་འགྲོ་བ་རྣམས། །རྣམ་དག་དབང་བཞིའི་དགའ་བདེའི་དཔལ་ལ་ལེགས་སྦྱར་ནས། ། ཟག་མེད་སྐུ་བཞིའི་གོ་འཕང་མཆོག་ལ་འགོད་མཛད་པ། །ཚད་མེད་བཞི་ལྡན་བླ་མ་རྣམས་ ལ་ཕྱག་འཚལ་ལོ། །ཕུང་པོ་ལྔ་ཡི་རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས། །མངོན་དུ་གྱུར་པ་ རྒྱལ་བ་སྐུ་ལྔའི་བདག་ཉིད་ཅན། །དུག་ལྔ་རྣམ་དག་ཤེས་བྱའི་དོན་ཀུན་གཟིགས་པ་པོ། །ཡེ་ ཤེས་ལྔ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པ་ལ་སོགས་པ་ཇི་ལྟར་རིགས་པའི་ཚིག་ གིས་བླ་མ་ལ་ཕྱག་བྱ་ཞིང༌། དེ་བཞིན་དུ། (རྒྱུད་བླ་ནས་གསུངས་པའི་དཀོན་མཆོག་གསུམ་གྱི་བསྟོད་པ་གསུམ) གང་ཞིག་ཐོག་མ་དབུས་མཐའ་མེད་ཞི་སངས་རྒྱས་ཉིད་རང་རྣམ་སངས་རྒྱས། །སངས་རྒྱས་ ནས་ནི་མ་རྟོགས་རྟོགས་ཕྱིར་འཇིག་མེད་རྟག་པའི་ལམ་སྟོན་པ། །མཁྱེན་བརྩེའི་རལ་གྲི་རྡོ་ 7-1-432 རྗེ་མཆོག་རྣམས་སྡུག་བསྔལ་མྱུ་གུ་གཅོད་མཛད་ཅིང༌། །སྣ་ཚོགས་ལྟ་ཐིབས་ཀྱིས་བསྐོར་ཐེ་ ཚོམ་རྩིག་པ་འཇིག་མཛད་དེ་ལ་འདུད། །གང་ཞིག་མེད་མིན་ཡོད་མིན་ཡོད་མེད་མ་ཡིན་ཡོད་ མེད་ལས་གཞན་དུའང༌། །རྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གིས་རིག་ཞི་བ། ། དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་དམིགས་པ་ཀུན་ལ་ཆགས་པ་དང༌། །སྡང་དང་རབ་རིབ་ རྣམ་པར་འཇོམས་མཛད་དམ་ཆོས་ཉི་མ་དེ་ལ་འདུད། །སེམས་དེའི་རང་བཞིན་འོད་གསལ་ བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པས། །གང་དག་འགྲོ་ཀུན་བདག་མེད་མཐའ་བཞི་ ཡང་དག་རྟོགས་ནས་ཐམས་ཅད་ལ། །རྫོགས་པའི་སངས་རྒྱས་རྗེས་བཞུགས་གཟིགས་པས་ སྒྲིབ་པ་མེད་པའི་བློ་མངའ་བ། །སེམས་ཅན་རྣམ་དག་མཐའ་ཡས་ཡུལ་ཅན་ཡེ་ཤེས་གཟིགས་ མངའ་དེ་ལ་འདུད། (ལེགས་པར་གྲུབ་པའི་རྒྱུད་ལས)། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་ མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་གཞི། །དེ་བཞིན་གཤེགས་ལ་ཕྱག་ འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བ་ངན་སོང་ལས་སྒྲོལ་ཞིང༌། །གཅིག་ ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་ སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང་ ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། ། འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། (མ་ཏིའི་མཛད་པའི་མཆོག་གསུམ་པ)སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་ འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་རྣམས་ལ་ཡང་བདག་ཕྱག་འཚལ། ། དམིགས་མེད་ཆོས་ཀྱི་སྐུ། །ལོངས་སྤྱོད་རྫོགས་པའི་སྐུ། །ཅིར་ཡང་སྤྲུལ་བའི་སྐུ་ལ། །གུས་ པས་ཕྱག་འཚལ་ལོ། །རྣམ་དག་ཆོས་ཀྱི་དབྱིངས། །བསྒྲུབ་པའི་འཕགས་ལམ་བརྒྱད། (མ་ཏི་ ཙན་ཊས་མཛད་པ)། སྟོན་པའི་དམ་ཆོས་ལ། །གུས་པས་ཕྱག་འཚལ་ལོ། །བྱང་ཆུབ་སེམས་རྣམས་ 7-1-433 དང༌། །དགྲ་བཅོམ་དག་ལ་སོགས། །རང་སངས་རྒྱས་རྣམས་ལ། །གུས་པས་ཕྱག་འཚལ་ལོ། ། ཞེས་པ་ལ་སོགས་པས་དཀོན་མཆོག་གསུམ་ལ་ཕྱག་བྱས་ལ། (ཀླུ་སྒྲུབ་ཀྱི་གསུང་བའི་སྐུ་གསུངས་ ཐུགས་ཀྱི་བསྟོད་པ་གསུམ)གཞན་ཡང་གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ལ་ཕན་པ་ཕུན་ སུམ་ཚོགས་ཆེན་གཞིར་གྱུར་པ། །དངོས་མིན་དངོས་པོ་མེད་པ་མ་ཡིན་མཁའ་ལྟར་རོ་གཅིག་ རྟོགས་པར་དཀའ་བའི་རང་བཞིན་ཅན། །གོས་པ་མེད་ཅིང་མི་འགྱུར་ཞི་ལ་མི་མཉམ་མཉམ་ པ་ཁྱབ་པ་ཅན་ཏེ་སྤྲོས་མེད་པ། །སོ་སོ་རང་རིག་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་གང་ཡིན་ དེ་ལ་བདག་ཕྱག་འཚལ། །རང་གི་འབྱོར་པ་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ ལེགས་མཛད་བརྒྱ་ཡི་འབྲས་བུ་ནི། །བློ་ལྡན་རྣམས་ཀྱི་དགའ་བ་བསྐྱེད་ཕྱིར་འཁོར་གྱི་ནང་དུ་ སྣ་ཚོགས་རྒྱས་པ་སྟོན་མཛད་ཅིང༌། །རྟག་ཏུ་དམ་པའི་ཆོས་ཀྱི་སྒྲ་སྐད་རྒྱ་ཆེན་འཇིག་རྟེན་ཀུན་ ཏུ་འཕྲོ་བར་མཛད་པ་པོ། །སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ཆོས་ཀྱི་རྒྱལ་སྲིད་གནས་པ་ གང་ཡིན་དེ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ནི་སྨིན་པར་མཛད་ཕྱིར་ལ་ལ་དག་ཏུ་མེ་ འབར་བཞིན་དུ་གང་སྣང་ཞིང༌། །ལ་ལར་ཡང་ནི་རྫོགས་པའི་བྱང་ཆུབ་ཆོས་ཀྱི་འཁོར་ལོ་རབ་ ཏུ་ཞི་བར་གང་སྣང་ལ། །སྣ་ཚོགས་ཐབས་ཚུལ་རྣམས་ཀྱིས་རྣམ་པ་དུ་མར་འཇུག་ཅིང་སྲིད་པ་ གསུམ་གྱི་འཇིགས་སེལ་བ། །ཕྱོགས་བཅུར་ཆུབ་མཛད་ཐུབ་པ་རྣམས་ཀྱི་སྤྲུལ་སྐུ་དོན་ཆེན་ གང་ཡིན་དེ་ལ་ཕྱག་འཚལ་ལོ། །(མངོན་རྟོགས་རྒྱན་ལས་གསུངས་པའི་ཡུམ་གྱི་བསྟོད་པ)ཉན་ཐོས་ཞི་བ་ ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང༌། །འགྲོ་ལ་ཕན་པར་བྱེད་ རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །གང་དང་ཡང་དག་ལྡན་ པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་ དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །སྨྲ་བསམ་བརྗོད་མེད་ཤེས་ རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ 7-1-434 ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། (དུས་འཁོར་ལས་གསུངས་པའི་བསྟོད་པ་ གཉིས)། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །ཕྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་ མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་ གསུམ་སྐྱེ་འཇིག་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་ འཁོར་ལ་ཕྱག་འཚལ། །(ཀྱེའི་རྡོ་རྗེའི་བསྟོད་པ་ཉི་ཤུ་པ་ལས་གཅིག་)ཐམས་ཅད་དངོས་པོའི་རང་བཞིན་ མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། ཐབས་དང་ཤེས་རབ་གཉིས་མེད་པའི། ། ཀྱེ་ཡི་རྡོ་རྗེ་ལ་ཕྱག་འཚལ། །(བདེ་མཆོག་བསྟོད་པ་གཅིག) ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་ གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་ གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་ མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །(ཕལ་པོ་ཆེ་ལས་གསུངས་པ་ ལྔ་)འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་ འགྲོ་གཟིགས་ནས། །ཐུགས་རྗེ་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་ བདག་ཉིད་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། ། སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང༌། །ཆགས་པས་མ་གོས་པད་མ་ལྟར་དག་ པ། །འདོད་ཆགས་དག་པའི་བདག་ཉིད་ཁྱེད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ ཕོངས་གྱུར་པ། །མ་རིག་ཐིབས་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་ གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་ མཚོར་ནུབ་པ་ལ། །ཐུགས་རྗེ་ཐབས་དང་ཤེས་རབ་གྲུར་ཞུགས་སྟེ། །ཞི་བ་རིན་ཆེན་གླིང་ མཆོག་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་ཁྱེད་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་ 7-1-435 བོར་གྲུ་ནུབ་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང༌། །འཕགས་ལམ་ཡན་ ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱེད་ལ་ཕྱག་འཚལ་ལོ། །(དབུ་མ་རྩ་བ་ ལས)གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །རྟག་པ་མེད་པ་ ཆད་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ ཞི་ཞི་སྟོན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །(རྣལ་ འགྲེལ་ལས)རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཟབ་ཅིང་རྒྱ་ཆེ་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་ འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །(མ་ཏིའི་བྱས་པ་གཅིག་)ཚད་མེད་རྣམ་ཐར་ཟིལ་ གནོན་ཟད་པར་ཉོན་མོངས་མེད་དང་བསམས་ནས་ཤེས། །རིག་དང་མངོན་ཤེས་མཚན་དཔེ་ ཡོངས་དག་སྟོབས་དང་མི་འཇིགས་པ་རྣམས་དང༌། །བསྲུང་མེད་བསྙེལ་མེད་བག་ཆགས་ བཅོམ་དང་སྙེམས་པ་མི་མངའ་ཐུགས་རྗེ་ཆེ། །མ་འདྲེས་བཅྭ་བརྒྱད་རྣམ་མཁྱེན་དང་ལྡན་ཕ་ རོལ་ཕྱིན་རྫོགས་ཁྱེད་ལ་འདུད། །(མདོ་སྡེ་རྒྱན་ལས་གསུངས་པ་བཅུ་བདུན་)སེམས་ཅན་རྣམས་ལ་བརྩེ་ བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་ བདེའི་དགོངས་ཁྱེད་ལ་ཕྱག་འཚལ། །ཐུབ་པས་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ ཐམས་ཅད་ཟིལ་གྱིས་གནོན། །ཁྱེད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱེད་ལ་ཕྱག་ འཚལ་ལོ། །སེམས་ཅན་རྣམས་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། ། ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ལྷུན་ གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ཡང༌། །མཉམ་པར་བཞག་ ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་དང་བརྟེན་པར་བཤད་བྱ་དང༌། ། གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ ལ་ཕྱག་འཚལ་ལོ། །གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ཅན་ 7-1-436 གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱེད་ལ་ཕྱག་འཚལ་ལོ། །ལུས་ཅན་ ཀུན་གྱི་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་ པར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ལེན་དང་གནས་དང་གཏོང་པ་དང༌། །སྤྲུལ་དང་ ཡོངས་སུ་བསྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ ལོ། །ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་ རྣམས་ནི་རབ་སླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །རང་གཞན་དོན་དུ་ཡེ་ཤེས་ དང༌། །སྤངས་(པ་)དང་ངེས་འབྱུང་(དང་)གེགས་(བར་ཆད་)བྱེད་རྣམས། །སྟོན་མཛད་(པ་ལ)མུ་ སྟེགས་གཞན་དག་གིས། །མི་རྫི་ཁྱོད་ལ་ཕྱག་འཚལ་ལོ། །བསྲུང་མེད་བསྙེལ་བ་མི་མངའ་ བས། །འཁོར་གྱི་ནང་དུ་བག་ཀྱང་གསུང༌། །ཀུན་ནས་ཉོན་མོངས་གཉིས་སྤངས་པའི། ། ཚོགས་སྡུད་ཁྱེད་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཁྱེད་ལ་རྒྱུ་བ་དང༌། །གནས་པ་ཀུན་ལ་ རྟག་པར་ནི། །ཀུན་མཁྱེན་མི་སྤྱད་མི་མངའ་བའི། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། ། ལུས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་ཞིང༌། །མཛད་པ་རྟག་ཏུ་དོན་མངའ་ བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་དུ་ནི་ སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པས། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། ། སྤྱོད་པ་དང་ནི་རྟོགས་པ་དང༌། །ཡེ་ཤེས་དང་ནི་འཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་ རྒྱས་རྣམས་ཀྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་གསུམ་དག་པའི་བྱང་ཆུབ་ཆེ། །རྣམ་པ་ ཀུན་ནས་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་ཐེ་ཚོམ་དག །གཅོད་པ་ཁྱོད་ལ་ཕྱག་འཚལ་ ལོ། །འཛིན་པ་མི་མངའ་ཉེས་མི་མངའ། །རྙོག་པ་མི་མངའ་མི་གནས་པ། །མི་གཡོ་ཆོས་རྣམས་ ཐམས་ཅད་ལ། །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །(མདོ་ལས་གཅིག་)གྲགས་ཆེན་ཤེས་རབ་ ཆེན་པོ་པ། །ཐུབ་ཆེན་དཔའ་བོ་ཆེན་པོ་པ། །སྲིད་པའི་མྱ་ངན་རྒལ་བ་པོ། །ཉོན་མོངས་རྒལ་ 7-1-437 ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་འཁྲུངས་ཤིང༌། །གཞན་གྱིས་མི་ ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་པོ་ དེ་ལ་ཕྱག་འཚལ་ལོ། (དེ་བཞིན་གཤེགས་པ་བདུན་གྱི་བསྟོད་པ་བདུན)། མཚན་གྱི་མེ་ཏོག་རྒྱས་ཤིང་དག་ པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གི་མཐོང་ཐོས་དྲན་པའི་ དཔལ་གྱུར་པ། །མཚན་(ལེགས་པར་ཡོང་གྲགས་དཔལ་)གྱི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །རིན་ཆེན་ ཟླ་དང་པད་མས་རབ་བརྒྱན་ཅིང༌། །ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །རྒྱ་མཚོ་ལྟ་ བུར་ཟབ་པའི་སྐུ་མངའ་བ། །སྒྲ་དབྱངས་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །འཛམ་བུ་ཆུ་བོ་ གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་པས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་ མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཤིང་ བདེ་བའི་མཆོག་བརྙེས་ནས། །འགྲོ་བའི་སྡུག་བསྔལ་གདུངས་པ་སེལ་མཛད་པ། །འགྲོ་དྲུག་ མགོན་དང་དཔལ་དུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཆོས་སྒྲ་ ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་ཞིང༌། །འགྲོ་ བའི་སྡུག་བསྔལ་མ་ལུས་འཇོམས་མཛད་པ། །ཆོས་གྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ ལོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཚུལ། །རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་ མཛད་ཅིང༌། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །མངོན་མཁྱེན་རྒྱལ་པོ་དེ་ལ་ཕྱག་ འཚལ་ལོ། །ཉི་མ་ལྟ་བུར་མ་རིག་མུན་པ་སེལ། །ཟླ་བ་ལྟ་བུར་ཉོན་མོངས་གདུངས་པ་སེལ། ། དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཱཻ་ཌཱུརྱ་ཡའི་འོད་ལ་ཕྱག་འཚལ་ལོ། །འཇིག་ རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད༌། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། ། མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་ འཚལ་ལོ། །(མ་ཏིའི་སྦྱར་བ་གཅིག)མཁྱེན་རབས་དག་པས་ཤེས་བྱ་ཀུན་གཟིགས་ནས། །ཐུགས་ 7-1-438 རྗེས་མ་ལུས་འགྲོ་ལ་ཕན་དགོངས་པ། །ས་བཅུའི་དབང་ཕྱུག་རྒྱལ་བའི་རྒྱལ་ཚབ་མཆོག ། བྱམས་མགོན་རྒྱལ་བའི་སྲས་ལ་ཕྱག་འཚལ་ལོ། (ལེགས་གྲུབ་ཏུ)། གཞོན་ནུའི་སྐུ་ལུས་འཆང་པ་ པོ། །ཡེ་ཤེས་སྒྲོན་མས་རབ་བརྒྱན་ཅིང༌། །འཇིག་རྟེན་གསུམ་གྱིས་མུན་སེལ་བའི། །འཇམ་ པའི་དབྱངས་ལ་ཕྱག་འཚལ་ལོ། །(དུས་འཁོར་ལས་གཅིག)ཁྱོད་ནི་རྒན་རབ་གཞོན་ནུ་མཐའ་དག་ རྒྱལ་བའི་སྲས་པོ་ཡིན་ཡང་ཐོག་མར་དང་པོའི་སངས་རྒྱས་ཁྱོད། །བུད་མེད་སྦྱོར་ཞིང་ཚང་ པར་སྤྱོད་ལྡན་མཆོག་གི་ཐུགས་རྗེ་དག་གིས་འཇིག་རྟེན་གཉེན་ཏེ་གཤིན་རྗེའི་དགྲ། །ཁྱོད་ནི་ ཞི་ཡང་རྡོ་རྗེ་བཟང་པོ་འཆི་བའི་འཇིགས་པ་འཕྲོག་པ་ཁྱོད་ནི་རྟག་ཏུ་བདུད་ཀྱི་བདུད། །ཁྱོད་ ནི་གྲོལ་ཡང་སྲིད་པ་འདིར་ནི་འགྲོ་བ་སྨིན་པའི་དོན་དུ་འཇུག་མཛད་འཇམ་པའི་དབྱངས་ལ་ འདུད། (སྒྲུབ་ཐབས་རྒྱ་མཚོ་ལས)། རི་བོང་འཛིན་པ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་ ཞིང༌། །རབ་མཛེས་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ་དང་ལྡན། །དཀའ་བ་རྒྱ་ཆེ་ཐར་ མཆོག་སྤྱན་ནི་པད་མའི་འདབ་ལྟར་ཡངས། །བློ་གྲོས་ངན་པ་སྲེག་མཁས་འཇམ་པའི་ དབྱངས་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་ དབུ་རྒྱན་ཅན། །ཐུགས་རྗེ་ཅན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ ལོ། །(དུས་འཁོར་ལས་གཅིག་)གང་ཞིག་སྲིད་པའི་འཆིང་བ་རྣམས་ལས་གྲོལ་ཡང་སེམས་ཅན་དོན་ དུ་སྲིད་པ་འཛིན། །དེ་ནི་སྟོང་པའི་དོན་དམ་སྟོན་མཛད་དུས་ལས་ལས་ཀྱི་འབྲས་བུ་སྟོང་མ་ ལགས། །སེམས་ཀྱི་དྲི་མ་ཡང་དག་ཡེ་ཤེས་མེས་བསྲེགས་རྟག་ཏུ་ཡང་དག་བརྩེ་བས་བརླན། ། མཛད་སྤྱོད་རྟག་མིན་སེམས་ཅན་དོན་ལ་དགེ་བའི་སངས་རྒྱས་དེ་ལ་བདག་ཅག་འདུད། ། (ལེགས་གྲུབ་ཏུ)སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་པོ། །གདུལ་དཀའ་ མཐའ་དག་འདུལ་མཛད་པ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། (བླ་མ་འཕགས་པས་མཛད་པ)། ཆོས་དབྱིངས་རང་བཞིན་ཨིན་དྲ་ནི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ཞབས་ཟུང་བརྗིད་ 7-1-439 པའི་སྐུ། །ཡེ་ཤེས་རལ་གྲི་རྡོ་རྗེ་ཞགས་པ་བསྣམས། །ཁྲོ་རྒྱལ་མི་གཡོ་བ་ལ་ཕྱག་འཚལ་ལོ། ། ལྷ་དང་ལྷ་མིན་གཅོད་པན་གྱིས། །ཞབས་ཀྱི་པད་མ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་ མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། (བླ་མ་འཕགས་པས་མཛད་པ)། དཔལ་ལྡན་ལྷ་མོ་སྟོན་ ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ཡེ་ཤེས་བླ་མ་འོད་ཀྱི་ ཏོག །དེ་བཞིན་སྨོན་ལམ་བློ་གྲོས་དང༌། །དབང་པོ་ཞི་དང་འཇམ་དབྱངས་ལ། །རྟག་ཏུ་གུས་ པས་ཕྱག་འཚལ་ལོ། །ཞེས་པ་ལ་སོགས་པ་ཇི་ལྟར་རིགས་པས་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རྣམས་ལ་ཕྱག་འཚལ་སྟེ། སླར་ཡང༌། (སྤྱོད་འཇུག་ལས)དུས་གསུམ་གཤེགས་པའི་ སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱིས་གྲངས་རྙེད་ ཀྱི། །ལུས་བཏུད་པ་ཡིས་བདག་ཕྱག་འཚལ། །བྱང་ཆུབ་སེམས་ཀྱི་གཞི་རྣམས་དང༌། །མཆོད་ རྟེན་ཀུན་ལ་ཕྱག་འཚལ་ཞིང༌། །མཁན་པོ་དེ་བཞིན་སློབ་དཔོན་དང༌། །བརྟུལ་ཞུགས་མཆོག་ ལའང་ཕྱག་འཚལ་ལོ། །(མ་ཏིས་གཅིག་)མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་ དང་མཁའ་མཉམ་འགྲོ་བ་མ་ལུས་པའི། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། ། རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་པ་ལ་སོགས་པས་ཀྱང་ཕྱག་བྱའོ། །དེ་ ནས་མཆོད་པ་དབུལ་བ་ནི། མཆོད་རྫས་རྣམས་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས། (དཀོན་ མཆོག་ཏ་ལ་ལས)མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་ རབ་ཀྱེ་{བཀྱེ་}ཞིང༌། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་ དེ་དག་རྒྱལ་བ་མཆོད། །ༀ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་)ཨརྒཾ་(མཆོད་ཡོན་)པྲ་ཏི་ཙྪ་ (སོ་སོར་བཞེས་)པཱུ་ཛ་(མཆོད་པའི་)མེ་གྷ་(སྤྲིན་)ས་མུ་ཏྲ་སྥ་ར་ཎ་(རྒྱ་མཚོ་ལྟར་)ས་མ་ཡེ་ཧཱུཾ། (འཕྲོ་བའི་དམ་ཚིག་) ཅེས་པ་དང༌། དེ་བཞིན་དུ་སྦྱར་ཏེ། ཞབས་བསིལ་དང༌། མེ་ཏོག་དང༌། བདུག་སྤོས་དང༌། 7-1-440 སྣང་གསལ་དང༌། དྲི་མཆོག་དང༌། ཞལ་ཟས་དང༌། སིལ་སྙན་རྣམས་ཀྱང༌། པ་ཏྱཾ། (ཞབས་ བསིལ་)པྲ་ཏི་ཙྪ་པུཥྤེ(མེ་ཏོག་) དྷུ་པེ། (བདུག་སྤོས་) ཨ་ལོ་ཀེ། (སྣང་གསལ་) གྷན་དྷེ། (དྲི་མཆོག) ནི་ཝི་ ཏྱ། (ཞལ་ཟས་)ཤཔྟ། (སིལ་སྙན་)རྣམས་ཀྱིས་དབུལ་ཞིང༌། སིལ་སྙན་གྱི་སྐབས་སུ་རོལ་མོའི་ཁྱད་ པར་རྣམས་ཀྱང་དབུལ་བར་བྱའོ། །མཐར་ན་མཿ སརྦ་བུད་དྷ་བྷོ་དྷི་སཏྭེ་བྷྱོཿ(སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་)ༀ་སརྦ་བིད་(ཐམས་ཅད་རིག་པ)པཱུ་ར་པཱུ་ར་(རྫོགས་པ་རྫོགས་པ) སཱུ་ར་སཱུ་ར་(ངེས་པར་འཇུག་པ་ངེས་པར་འཇུག་པ)ཨ་པར་ཏཱ་བྷ་ཡེ་(འཇིགས་པ་མེད་པ)སྭཱཧཱ། ཞེས་ཀྱང་ བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང༌། བསྙེན་བཀུར་དང༌། ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ(ཞེས་བྱང་ཆུབ་གཞུང་ལམ་ལས་སོ)། །དེ་ནས་མཎྜལ་(འཐེབ་ མཛུབ)མེ་ཏོག་དང་བཅས་(ཤིང་སྲིན་ལག་ལ་སོགས་པས་བཟུང་)པའི་དྲི་བཟང་པོས་ཐམས་ཅད་དུ་ཁྱབ་ པར་བྱུག་ཅིང༌། ༀ་བཛྲ་བྷི་མིཿཨཿཧཱུཾ་(རྡོ་རྗེའི་ས་གཞི) ཅེས་པས། རིན་པོ་ཆེའི་ས་གཞི་ཡངས་པ་ དང༌། མཐའ་བསྐོར་དུ་བྱུག་ཅིང༌། ༀ་བཛྲ་རེ་ཁེ་ཨཱཿཧཱུཾ། (རྡོ་རྗེའི་ར་བ་)ཞེས་པས་ལྕགས་རི་ཁོར་ ཡུག་ཏུ་བསམས་ལ། ཧཱུཾ་ཞེས་པས་དབུས་སུ་མེ་ཏོག་དོར་ཏེ་བསྲུང་བ་བྱས་ནས། རང་རང་ (གཉིས་གསུམ་མ་ནི་)གནས་རྣམས་སུ་མེ་ཏོག་དང་རིན་པོ་ཆེ་ལ་སོགས་པ་དབུལ་ཞིང༌། དབུས་ དང་ཕྱོགས་བཞིར། ༀ་ཧཾ་(རི་རབ་)སུ་མེ་ར་ཝེ་ན་མཿ(མཆོད་དོ་) ༀ་ཡཾ་(ཤར་ལུས་འཕགས་)སུར་མ་ བི་དྷེ་ཧ་ཡ་ན་མཿ ༀ་རཾ་(འཛམ་བུ་གླིང་)འཛམ་དྭི་པཱ་ཡ་ན་མཿ ༀ་ལཾ་ཨ་པ་ར་གོ་(བ་ལང་སྤྱོད་)དཱ་ནཱི་ ཡཱ་ན་མཿ ༀ་ཝཾ་ཨུད་ཏ་ར་ཀུ་ར་(བྱང་སྒྲ་མི་སྙན་)ཝེ་ན་མཿ(མཆོད་དོ་) ཅེས་པས་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན་རྣམས་དང༌། རྩ་ བའི་གླིང་རྣམས་དང་ཉེ་བར། ༀ་ཡཿ ཨཱུ་པ་དྭི་པཱ་ཡ་ན་མཿ ༀ་རཿཨུ་པ་དྭི་པཱ་ཡ་ན་མཿ ༀ་ལཿ ཨུ་པ་དྭཱི་པ་ཡ་ན་མཿ ༀ་ཝཿ(ཉེ་བའི་གླིང་)ཨུ་དྭཱི་པཱ་ཡ་ན་མཿ ཅེས་པས་ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་ 7-1-441 བ་རྣམས་དང་དེ་དག་གི་ནང་དུ་ཤར་ལ་སོགས་པའི་ཕྱོགས་བཞི་དང༌། (ཤར་ལྷོ་)མེ་ལ་སོགས་ པའི་མཚམས་བཞིར་རིམ་པ་ཇི་ལྟ་བར། ༀ་ཡ་ག་(གླང་པོ་)ཛ་རཏ་ན་(རིན་པོ་ཆེ)ཡ་ན་མཿ(མཆོད་དོ) ༀ་ར་པུ་རུ་ཥ་(སྐྱེས་བུ་)རཏ་ནཱ་(རིན་པོ་ཆེ)ཡ་ན་མཿ(མཆོད་དོ) ༀ་ལ་བཱ་ཛཱི་(རྟ་མཆོག)རཏ་ན་ཡ་ན་མཿ ༀ་ཝ་སྟྲི་(བུད་མེད)རཏ་ན་ཡ་ན་མཿ ༀ་ཡ་ཁ་ག་(རལ་གྲི)རཏ་ནཱ་(རིན་པོ་ཆེ)ཡ་ན་མཿ ༀ་རཱ་ཙཀྲ་ (འཁོར་ལོ་)རཏ་ནཱ་ཡ་ན་མཿ ༀ་ལཾ་མ་ཎི་(ནོར་བུ་)རཏ་ནཱ་(རིན་པོ་ཆེ)ཡ་ན་མཿ ༀ་ཝཱ་ལ་(གཏེར་ཆེན་པོའི་) ཧཱ་ནི་དྷ་ནཱ་ཡ་ན་མཿ ཞེས་པས་རིན་པོ་ཆེ་སྣ་བདུན་དང༌། གཏེར་ཆེན་པོའི་བུམ་པ་རྣམས་ དང༌། རི་རབ་ཀྱི་ཤར་དང་ནུབ་དུ། ༀ་ཨ་སཱུར་ཡཱ(ཉི་མ)་ཡ་ན་མཿ ༀ་ཨཱཿཙན་ཏྲ་(ཟླ་བ་)ཡ་ན་མཿ ཞེས་པས་ཉི་མ་དང་ཟླ་བ་དག་དང༌། གཞན་ཡང་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་ པས་ཡོངས་སུ་གང་བར་དམིགས་ལ། (མ་ཏིས)ལྷག་བསམ་རྣམ་དག་ཆུ་གཏེར་ལས་འཁྲུངས་ གླིང་མང་འདབ་མ་རབ་རྒྱས་ཤིང༌། །རི་དབང་ལྷུན་པོའི་ཟེ་འབྲུས་རྣམ་མཛེས་ཉི་ཟླའི་འོད་ཀྱི་ མདངས་བཟང་ཅན། །འདོད་དགུའི་དཔལ་འབྱོར་དྲི་བསུང་རབ་འཕྲོ་ནམ་མཁའི་དབྱིངས་ ལྟར་ཀུན་ཁྱབ་པའི། །རིན་ཆེན་མཎྜལ་མེ་ཏོག་མཆོག་འདི་རྒྱལ་བ་སྲས་དང་བཅས་ལ་འབུལ། ། ཞེས་པ་ལ་སོགས་པ་ཇི་ལྟར་རིགས་པའི་ཚིག་གིས་དབུལ་བར་བྱའོ། །ཡང་ན། (ཚོམ་བུ་ལ་ སོགས་པ)སྔ་མ་ལྟར་དྲི་བཟང་གིས་བྱུགས་ནས། རི་རབ་གླིང་བཞི་ཉི་ཟླའི་གནས་རྣམས་སུ་མེ་ ཏོག་(ཚོམ་བུ་བདུན)དབུལ་ཞིང་། སྔགས་དང་པོ་ལྔ་དང༌། ཕྱི་མ་གཉིས་བརྗོད་པའམ། (སྔགས་)མ་ བརྗོད་ཀྱང་རུང༌། (རི་རབ་སོགས)སོ་སོའི་མིང་ནས་སྨོས་ཏེ། འདོད་པའི་ཡོན་ཏན་དཔག་དུ་མེད་ པས་གང་བར་དམིགས་ལ། ས་གཞི་སྤོས་ཀྱིས་བྱུགས་ལ་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ ལེགས་པར་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་ དག་ཞིང་ལ་སྤྱོད་པར་ཤོག །ཅེས་པའམ། ཡང་ན། (དུས་འཁོར་ལུགས་)རིན་ཆེན་གསེར་གྱི་ས་ གཞི་ལ། །དབུས་(ནི་ནམ་མཁའ་རླུང་མེ་ཆུའི་རིམ་པས་)སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། 7-1-442 ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཟླ་བ། (ཐབས་ཤེས་རབ་ཀྱི་རིམ་པས་)རི་རབ་ ཀྱི་གཡོན་དང་གཡས་སུ། ཉི་མ། སྒྲ་གཅན། (མདུན་དང་རྒྱབ་ཏུ་)དུས་མེ་རྣམས་སུ་རིམ་པ་ལྟར་མེ་ ཏོག་(ཚོམ་བུ་དགུ་)དབུལ་ཅིང༌། མཆོད་རྫས་བསམ་གྱིས་མི་ཁྱབ་པར་དམིགས་ལ། བདག་ གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་རྣམས། །རིན་ཆེན་མཎྜལ་ཀུན་བཟང་ མཆོད་པའི་(འཕགས་པའི་མཛད་པའི་མནྚལ་)ཚོགས་བཅས་པ། །བློ་ཡིས་དམིགས་ནས་བླ་མ་དཀོན་ མཆོག་རྣམས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་དུ་གསོལ། ། ཞེས་པས་དབུལ་བར་བྱའོ། །ཡང་ན་སྔ་མ་བཞིན་དུ། ༀ་བཛྲ་བྷུ་མི་ཨཱཿཧཱུཾ། ༀ་བཛྲ་རེ་ཁེ་ ཨཱཿཧཱུཾ། ཞེས་པ་དང༌། རིན་པོ་ཆེའི་ས་གཞི་ལ། དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་ འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན༌། ལུས་དང་ལུས་(དེ་དག་གི་ གཡས་གཡོན་དུ་)འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་ སྙན་དང་སྒྲ་མི་སྙན་གྱི་ཟླ་(དེ་དག་འཚམས་བཞིར་)རིན་པོ་ཆེའི་རི་བོ། དཔགས་བསམ་གྱི་ཤིང༌། འདོད་འཇོའི་བ། མ་སྨོས་པའི་ལོ་ཐོག །(དེ་རྣམས་ནི་ནང་གི་ཕྱོགས་བཞིར་)འཁོ་ལོ་རིན་པོ་ཆེ། ནོར་བུ་ རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། (འཚམས་བཞིར་)གླང་པོ་རིན་པོ་ཆེ། རྟ་ མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། (དེའི་ནང་གི་ཕྱོགས་བཞི་དང་ འཚམས་སུ་)སྒེག་མོ། ཕྲེང་བ་མ། ཀླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། མར་མེ་མ། དྲི་ མཆོག་མ། ཉི་མ། (རི་རབ་ཀྱི་) ཟླ་བ། (མདུན་རྒྱབ་དང་) རིན་པོ་(གཡས་གཡོན་དུ་)ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། (རྣམས་ཀྱི་ཚུལ་དུ་དགོད་ཅིང་དེར་མོས་ལ)ལྷ་དང་མིའི་ དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ། ཐམས་ཅད་བླ་མ་རྒྱལ་བ་སྲས་དང་ བཅས་པ་རྣམས་ལ་དབུལ་བར་བྱའོ། (འགྲོ་མགོན་འཕགས་པས)། གང་གིས་མཆོད་རྫས་ཞིང་ཁམས་ རྒྱ་མཚོ་རྒྱ་མཚོའི་རྡུལ་རྙེད་སྣ་ཚོགས་མཆོད་པའི་སྤྲིན་དཔུང་གིས། །རྣམ་པར་བརྒྱན་པའི་ 7-1-443 བརྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་མོ་རྒྱ་མཚོ་ཡི། །རྡུལ་གྱི་གྲངས་རྙེད་ རིན་ཆེན་པད་མོ་རིན་ཆེན་འོད་ཀྱིས་ཀུན་ནས་རྒྱས་པའི་སྙིང་པོ་ལ། །ལྷ་དང་མིའི་འདོད་ཡོན་ རྨད་ནི་འདོད་དགུའི་དཔལ་འབྱུང་བྱེ་བ་ཕྲག་བརྒྱས་ལེགས་གནས་པའི། །ཀུན་དུ་བཟང་པོའི་ རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །ཆོས་ དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཀུན་ཀུན་ནས་ཁྱབ་ཅིང་སེམས་ཅན་དབྱིངས་མཐའ་ ཇི་སྲིད་པ། །རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་ རྒྱལ་བའི། །ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་དུ་རྣམ་པར་མཆོད་པའི་མཆོད་པ་ཀུན་ གྱིས་མཉེས་གྱུར་གཅིག །དེང་ནས་བྱང་ཆུབ་སྙིང་པོའི་བར། བདག་གི་ལུས་དང་ལོངས་སྤྱོད་ དང༌། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་ ཁྱེད་ལ་དབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པ། །ཡོན་གནས་དམ་པ་ཁྱེད་ རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ནས། །བདག་གི་འདི་དག་བཞེས་སུ་གསོལ། ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པས་དབུལ་བར་བྱའོ།། །། གཞན་ཡང་དོན་ཡིད་ལ་སེམས་བཞིན་པས། (སྤྱོད་འཇུག་ལས་)རིན་ཆེན་སེམས་དེ་བཟུང་ བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་ མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་ བུ་ཇི་སྙེད་མཆིས་པ་དང༌། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་ སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བོ་དང་ནི་དེ་བཞིན་ དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་ སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་ དྲི་དང་ནི། །སྤོས་དང་དཔགས་བསམ་ཤིང་དང་རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ 7-1-444 ཐོག་རྣམ་པ་དང༌། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པད་ མས་བརྒྱན་པ་དང༌། ངང་པ་ཤིན་དུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་ དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གིས་འདི་དག་བཞེས། ། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་ མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདིར། །བདག་གི་དོན་སླད་ཉིད་ཀྱི་ མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། བདག་གི་ལུས་འདི་གཏན་ དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་ མི་འཇིགས་སེམས་ཅན་ཕན་པར་བགྱིད། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང༌། ། སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་ གཞི་གསལ་ཞིང་འཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་ མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་པས་གླུ་དང་ནི། །རོལ་མོར་བཅས་པ་དུ་ མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་ པའི་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ནབ་བཟའ་ཤིན་ཏུ་དྲི་ཞིམ་དམ་ པ་དབུལ། གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་ དག་གིས། །མི་ཕམ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་ཚོགས་ ལའང་བརྒྱན་པར་བགྱིའོ། །སྟོང་གསུམ་ཀུན་དུ་དྲི་ངད་ལྡན་པ་ཡི། །དྲི་མཆོག་རྣམས་ཀྱི་ཐུབ་ 7-1-445 དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་ བྱུག་པར་བགྱིའོ། །ཐུབ་དབང་མཆོད་ནས་མཆོག་ལ་ཡིད་འོང་པའི། །མེ་ཏོག་མན་ད་ར་དང་ པད་མ་དང༌། །ཨུད་པལ་ལ་སོགས་དྲི་ཞིམ་ཐམས་ཅད་ཀྱི། །ཕྲེང་བ་སྤེལ་ལེགས་ཡིད་འོང་ རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་ རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པད་མ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མ་རྣམས་ ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱི་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་ བཀྲམ་པར་བགྱི། །གཞལ་མེད་ཕོ་བྲང་སྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་ འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང༌། །ཐུགས་རྗེའི་རང་ བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་ རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་བལྟ་ན་སྡུག་པ་བསྒྲེང་བ་ཡང༌། །རྟག་ཏུ་ཐུབ་ པ་རྣམས་ལ་དབུལ་བར་བགྱིའོ། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་ སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་ཚིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་ གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་ དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་ བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་ བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། ། ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་པ་མཐའ་དག་གམ་ཇི་ལྟར་(དེ་དག་གི་ནང་ནས)རིགས་ པས་བསྡུས་ཏེ་བརྗོད་པས་ཀྱང་མཆོད་པར་བྱའོ།། །། 7-1-446 དེ་ནས་སྡིག་པ་བཤགས་པ་ནི། དཀོན་མཆོག་ལ་གུས་པ་ཆེན་པོ་བསྐྱེད་ཅིང༌། སྔར་ བྱས་པའི་སྡིག་པ་ལ་འགྱོད་པ་དྲག་པོ་དང༌། ཕྱིས་མི་བྱེད་པའི་སྡོམ་སེམས་དང་ལྡན་པས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ ནས་འཁོར་བ་ཐོག་མ་མ་མཆིས་པ་ནས། ཐ་མ་ད་ལྟ་ལ་ཐུག་གི་བར་དུ། འདོད་ཆགས་དང༌། ཞེས་སྡང་དང༌། གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས། མི་དགེ་བ་བཅུ་ བགྱིས་པ་དང༌། འཚམས་མེད་པ་ལྔ་དང༌། དེ་དང་ཉེ་བ་ལྔ་དང༌། སོ་སོ་ཐར་པའི་སྡོམ་པ་དང་ འགལ་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་འགལ་བ་དང༌། གསང་སྔགས་ཀྱི་དམ་ ཚིག་དང་འགལ་བ་དང༌། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང༌། དམ་ པའི་ཆོས་སྤངས་པ་དང༌། འཕགས་པ་ལ་བསྐུར་པ་བཏབ་པ་ལ་སོགས་པ་མདོར་ན། མཐོ་ རིས་དང་ཐར་བའི་གེགས་སུ་གྱུར་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི། ཉེས་ ལྟུང་གི་ཚོགས་ཅི་མཆིས་པ་དེ་དག་ཐམས་ཅད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་ མཐོལ་ལོ་བཤགས་སོ། མི་འཆབ་པོ། མི་སྦེད་དོ། སླན་ཆད་ཀྱང་སྡོམ་པར་བགྱིད་ལགས་ སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་ མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་པ་དང༌། (སྤྱོད་འཇུག་ལས་)ཐོག་མ་མེད་ ལྡན་འཁོར་བ་ནས། །ཚེ་རབས་འདི་འམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་ པའམ། །བགྱིད་དུ་བརྩལ་པ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ ཡི་རང་གང་བགྱིས་པ། །ནོངས་པ་དེ་དག་མཐོལ་བགྱིས་ནས། །བསམ་པ་ཐག་པས་མགོན་ ལ་བཤགས། །བདག་གི་དཀོན་མཆོག་གསུམ་དང་ནི། །ཕ་མ་འམ་བླ་མ་གཞན་དག་ལ། ། 7-1-447 ཉོན་མོངས་སྒོ་ནས་ལུས་ངག་དང༌། །ཡིད་ཀྱིས་གནོད་བགྱིས་གང་ལགས་པ། །ཉེས་པ་དུ་ མའི་སྐྱོན་ཆགས་པའི། །སྡིག་ལྡན་བདག་གི་སྡིག་པ་གང༌། །ཤིན་ཏུ་མི་བཟད་བགྱིས་པ་དེ། ། ཐམས་ཅད་འདྲེན་པ་རྣམས་ལ་བཤགས། །བདག་ནི་སྡིག་པ་མ་བྱང་པའི། །མངོན་དུ་འགུམ་ པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་སྐྱབ་ཏུ་གསོལ། ། ཞེས་པ་དང༌། བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོ་བས། །བཅས་པའི་ སྡིག་པ་གང་ཡིན་ལས། །གང་ཡང་རུང་བ་བགྱིས་པ་རྣམས། །མགོན་པོས་སྤྱན་སྔར་མངོན་ སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། ། དེ་དག་ཐམས་ཅད་བཤགས་པར་བགྱི། །འདྲེན་པ་རྣམས་ཀྱི་བདག་གིས་སྡིག །ནོངས་པ་ ལགས་པར་བཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོང་མི་ བགྱིད། །ཅེས་པ་ལ་སོགས་པ་ཇི་ལྟར་རིགས་པའི་ཚིག་གིས་སོ།། །། དེ་བཞིན་དུ་དགེ་བ་ལ་རྗེས་སུ་ཡིད་རང་བ་ཡང༌། སེམས་ཅན་ཀུན་གྱི་ངན་སོང་གི། སྡུག་ བསྔལ་ངལ་སོའི་དགེ་བ་དང༌། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ ཡིད་རང་ངོ༌། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡིད་རང་ངོ༌། །ལུས་ཅན་ འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡིད་རང་ངོ༌། །སྐྱོབ་པ་རྣམས་ཀྱི་བྱང་ཆུབ་ དང༌། །རྒྱལ་སྲས་ལ་འང་ཡིད་རང་ངོ༌། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །ཐུགས་ བསྐྱེད་དགེ་བ་རྒྱ་མཚོ་དང༌། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡིད་ རང་ངོ༌། །ཞེས་པ་ལ་སོགས་པས་སོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། །ཕྱོགས་ རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་ འཐོམས་པས། །ཆོས་ཀྱི་སྒྲོན་མ་སྦར་དུ་གསོལ། །ཞེས་པའོ། །མྱ་ངན་ལས་མི་འདའ་བར་ གསོལ་བ་གདབ་པ་ནི། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། འགྲོ་ 7-1-448 འདི་མདོངས་པར་མི་དགོད་ཕྱིར། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །ཞེས་པའོ། ། བསྔོ་བ་ནི་དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང༌། །དེས་ནི་ སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་བསལ་བར་ཤོག །འགྲོ་བ་ནད་པ་ཇི་ སྲིད་དུ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང༌། །དེ་ཡི་ནད་གཡོག་ བྱེད་པར་ཤོག །ཟས་དང་སྐོམ་གྱི་ཆར་ཕབ་སྟེ། །བཀྲེས་དང་སྐོམ་པའི་སྡུག་བསྔལ་བསལ། ། མུ་གེའི་བསྐལ་པ་བར་མ་ལ། །བདག་ནི་ཟས་དང་སྐོམ་དུ་གྱུར། །སེམས་ཅན་ཕོངས་ཤིང་ དབུལ་བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཏེ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །མདུན་དུ་ ཉེ་བར་གནས་གྱུར་ཅིག །ཅེས་པ་དང༌། བདག་ལ་བརྟེན་ནས་གང་དག་གིས། །ཁྲོ་འམ་དད་ པའི་སེམས་བྱུང་པ། །དེ་ཉིད་རྟག་ཏུ་དེ་དག་གི། དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །གང་ དག་བདག་ལ་ཁ་ཟེར་རམ། །གཞན་དག་གནོད་པ་བྱེད་པ་འམ། །དེ་བཞིན་ཕྱར་ཁ་གཏོང་ ཡང་རུང༌། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །ཞེས་པ་དང༌། (སྐྱེས་རབས་ལས་གཅིག)མཐོང་ ཞིང་ཐོས་སམ་རྗེས་སུ་དྲན་ཡང་རུང༌། །རེག་གམ་གཏམ་དུ་བརྗོད་པ་ཙམ་གྱིས་ཀྱང༌། །རྣམ་ པ་ཀུན་ཏུ་འགྲོ་ལ་ཕན་པ་ནི། །བདེ་དང་ལྡན་པ་རྟག་ཏུ་བྱེད་གྱུར་ཅིག །ཅེས་པ་ལ་སོགས་ པས་སོ། །ཡང་ན་བླ་མ་དང་དཀོན་མཆོག་གསུམ་དང༌། གང་ལ་མོས་པའི་ལྷག་པའི་ལྷ་རྣམས་ ལ། ཇི་ལྟར་རིགས་པའི་ཚིག་གིས་ཕྱག་འཚལ་བ་སྔོན་དུ་འགྲོ་བ་ཅན་གྱི་ཡན་ལག་བདུན་ པོ། ཐམས་ཅད་ཀྱང་བཟང་པོ་སྤྱོད་པ་ལས་བྱུང་པ་ཇི་ལྟ་བ་བཞིན་དུ་བྱ་སྟེ། ཇི་སྙེད་སུ་དག་ ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་ མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་པས་ཕྱག་བགྱིའོ། །བཟང་པོ་སྤྱོད་ པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་ སྙེད་ལུས་རབ་བཏུད་པ་ཡི། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་ 7-1-449 རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་ བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་ བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། ། མར་མེ་མཆོག་དང་གདུག་པ་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །ནམ་ བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པའི་ ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་ གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོར་སྤྱོད་ལ་ དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་ སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་ གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་ བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། ། འགྲོ་བ་ཀུན་གྱིས་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱིས་རྗེས་སུ་བདག་ཡིད་རང༌། ། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་མ་ཆགས་སངས་རྒྱས་ བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་ བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། ། བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །ཐལ་མོ་རབ་སྦྱར་བདག་གིས་གསོལ་བར་ བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡིད་རང་བསྐུལ་ཞིང་ གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ 7-1-450 ཆུབ་ཕྱིར་བསྔོའོ། །ཞེས་པ་ལྟར་རོ།། །། དེ་ནས་སེམས་ཅན་མཐའ་དག་ལ་དམིགས་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་ སྟེ། གཞན་དོན་དུ་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པའི་འདུན་པ་དྲག་པོ་དང་ལྡན་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ཅག་ ལ་དགོངས་སུ་གསོལ། ཞེས་པ་དང༌། སྔ་མ་བཞིན་དུ། (སྤྱོད་འཇུག་ལས)བྱང་ཆུབ་སྙིང་པོར་ མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས། ཇི་ ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་པའི་ བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་ ཐུགས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་ བགྱི། །ཞེས་པ་ལན་གསུམ་གྱིས་སེམས་བསྐྱེད་པ་ཡང་དག་པར་བླང་པར་བྱའོ། །མཇུག་རང་ གཞན་དགའ་བ་བསྐྱེད་པས་ཀྱང་བརྟན་པར་བྱ་སྟེ། དེང་དུ་བདག་ཚེ་འབྲས་བུ་ཡོད། །མི་ཡི་ སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ ཏོ། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་འཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་ བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་པ་དང༌། བདག་གིས་དེ་ རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་ འགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་པ་ལྟར་རོ། ། སླར་ཡང༌། (བཟང་སྤྱོད་ལས)འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང༌། ཀུན་ཏུ་བཟང་ པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། དགེ་བ་འདི་དག་ཐམས་ ཅད་ཡོངས་སུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ 7-1-451 ལ་མཆོག་ཏུ་བསྔགས་པ་དེ། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཡང༌། །བཟང་པོ་སྤྱོད་ཕྱིར་ ཡོངས་སུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ ནས་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་ དེར་འགྲོ་གྱུར་ཅིག །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང༌། །ཐམས་ཅད་མ་ལུས་མངོན་ དུ་འགྱུར་བ་དང༌། །དེ་དག་མ་ལུས་བདག་གི་ཡོངས་རྫོགས་ཏེ། །འཇིག་རྟེན་ཇི་སྲིད་སེམས་ ཅན་ཕན་བགྱིད་ཤོག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པད་མོ་དམ་པ་ ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་ བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་ བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང༌། །སེམས་ཅན་རྣམས་ལ་ རྣམ་མང་ཕན་བགྱིད་ཤོག །ཅེས་པ་དང༌། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། ས་ འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་རྒུ་ཀུན་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་ མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཅེས་པ་ལ་སོགས་པས་ཀྱང་སྨོན་ལམ་རྒྱ་ཆེར་གདབ་ཅིང༌། སངས་རྒྱས་སྐུ་གསུམ་མཉེས་པའི་བྱིན་བརླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་ བརླབས་དང༌། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་བརླབས་ཀྱིས། །བསྔོས་ཤིང་སྨོན་ལམ་ བཏབ་པ་འགྲུབ་འགྱུར་ཅིག །ཅེས་པས་བདེན་པའི་སྟོབས་བརྗོད་པར་བྱ་སྟེ་སྔ་དྲོ་དང་པོ་ ཡན་ལག་བདུན་པ་རྒྱས་པའམ་བསྡུས་པ་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བ་ཅན་གྱིས། སེམས་ བསྐྱེད་ཡང་དག་པར་བླང་བའི་ངེས་པའོ།། །། དེ་ནས་ཟས་ཀྱི་སྔོན་དུ་སྣོད་བཟང་པོར་ཆུ་གཙང་ལ་སོགས་པའི་མཆོད་པའི་རྫས་ཅི་ འབྱོར་བ་བཤམས་ཏེ། རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། སྐྱབས་སུ་འགྲོ་བ་དང་སེམས་ བསྐྱེད་པ་སྔོན་དུ་འགྲོ་བས། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང༌། །ཞེས་པ་ལ་སོགས་པ་སྔར་ 7-1-452 བཤད་པ་རྣམས་སམ། ཡང་ན། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་ བསིལ་མེ་ཏོག་དང༌། །བདུག་སྤོས་སྣང་གསལ་དྲི་མཆོག་དང༌། །ཞལ་ཟས་སིལ་སྙན་ལ་ སོགས་པ། །མཆོད་རྫས་ཇི་སྙེད་མཆིས་པ་དང༌། །བདག་གིས་གུས་པར་བཤམས་པ་འདི། ། ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། ། ཞེས་པ་དང༌། (རྒྱས་པར་བྱེད་ན་མཆོད་ཡོན་ཇི་སྙེད་མཆིས་པ་དང་ཞེས་སོགས་རེ་རེ་སྤེལ་བ་)ཨརྒཾ་ལ་སོགས་པའི་ སྔགས་དང༌། སོ་སོའི་ཕྱག་རྒྱ་དང་བཅས་པས་དབུལ་ཞིང༌། རིན་ཆེན་སེམས་དེ་བཟུང་བར་བྱ་ བའི་ཕྱིར། །ཞེས་པ་ལ་སོགས་པ་འམ། ཇི་ལྟར་འཇམ་དབྱངས་ལ་སོགས་པས། །ཞེས་པ་ལ་ སོགས་པས་ཀྱང་མཆོད་པར་བྱའོ།། །། དེ་ནས་ཛམ་བྷ་ལྷ་ལ་ཆུ་སྦྱིན་པའི་དོན་དུ་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་བསངས་ ཤིང་སྦྱངས་པའི་དབུས་སུ། སྐུ་གཟུགས་བཞག་པའམ་བསམས་པས་ཀྱང་རུང༌། པཾ་ལས་པད་ མ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཛཾ་ཡོངས་སུ་གྱུར་པ་ལས། ཛཾ་བྷ་ལྷ་སེར་པོ་ཞལ་ གཅིག་ཕྱག་གཉིས་པ། ཨུད་པ་ལའི་ཕྲེང་བ་ཅན། ཞབས་དག་གིས་དུང་དང་པད་མའི་གདོང་ གིས་གཏེར་མནན་ཅིང༌། ཕྱག་དག་གིས་ནེའུ་ལེ་དང་བཱི་ཛ་པཱུ་ར་ཀ་བསྣམས་པ། རིན་པོ་ཆེ་ དང་དར་སྣ་ཚོགས་ཀྱིས་བརྒྱན་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཁར་ཧཱུཾ། དེའི་ འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཛ་ཧཱུཾ་བཾ་ཧོཿ ཞེས་པས་དམ་ཚིག་པ་དང་དབྱེར་མེད་ པར་གྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་ཞེས་ པ་དང༌། བདུད་རྩིའི་ཆུས་དབང་བསྐུར། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་བསྒོམས་ལ། ཨརྒཾ་ལ་སོགས་པས་མཆོད། ལག་ མཐིལ་དུ་ཟླ་བའི་དཀྱིལ་འཁོར་ལ། བྷྲུཾ་ཨཾ་ཛཾ་ཁཾ་ཧཱུཾ་ལས་བྱུང་པའི་དེ་བཞིན་གཤེགས་པ་ལྔ། 7-1-453 ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་དང་ལྷན་ཅིག་འདྲེས་པའི་ཆུ་མཛུབ་མོ་བརྐྱངས་པ་ལས་བབས་ པར་བསམས་ཤིང༌། ༀ་ཛཾ་བྷ་ལ་ཛ་ལེན་ཏྲ་ཡ་སྭཱཧཱ། ཅེས་བརྒྱ་རྩ་བརྒྱད་ལ་སོགས་པ་བརྗོད་ པས་ཕུལ་ནས། སླར་ཡང༌། (སྨུགས་འཛིན་ཆུའི་དབང་པོ་)ༀ་ཨཪྻ་(འཕགས་པ)ཛཾ་བྷ་ལ་ས་པ་རི་ཝ་ ར་ཞེས་པ་སྔོན་དུ་འགྲོ་བའི་ཨརྒཾ་ལ་སོགས་པས་མཆོད་ཅིང༌། ནོར་གྱི་དབང་ཕྱུག་རིན་ཆེན་ གཏེར་མངའ་ཞིང༌། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་པའི་མགོན་ པོ་ཛཾ་བྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་དེ། སེར་ སྣའི་ལས་ཀྱི་མེ་ཡིས་གདུངས་པ་རྣམས། །སྐྱེ་དང་སྐྱེ་བར་ཁྱེད་ལ་སྐྱབས་སུ་མཆི། །རིན་ཆེན་ བདུད་རྩིའི་གཏེར་གྱི་ཆར་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། ། ཅེས་པ་ལ་སོགས་པས་གསོལ་བ་གདབ་པར་བྱའོ།། །། དེ་བཞིན་དུ་ཛཾ་བྷ་ལ་ནག་པོ་ལ་ཆུ་སྦྱིན་པར་འདོད་པས་ཀྱང་རིན་པོ་ཆེའི་སྣོད་ཡངས་ ཤིང་རྒྱ་ཆེ་བའི་དབུས་སུ། པཾ་ལས་པད་མ་དང་རཾ་ལས་ཉི་མའི་གདན་ལ། ཧཱུཾ་ཡོངས་སུ་གྱུར་ པ་ལས། ཛཾ་བྷ་ལ་ནག་པོ་ཞལ་གཅིག་ཕྱག་གཉིས་པ་ནེའུ་ལེ་དང་ཐོད་པ་ཁྲག་གིས་གང་བ་ འཛིན་པ། གཡོན་བརྐྱང་སྟབས་ཀྱིས་ནོར་བདག་སེར་པོ་གན་རྐྱལ་དུ་མནན་པ། ཀླུ་ཆེན་པོ་ བརྒྱད་ཀྱིས་བརྒྱན་པ། གནས་གསུམ་དུ་ༀ་ཨཿཧཱུཾ་དང་བཅས་པ་བསྒོམས་ལ། ཡེ་ཤེས་པ་ བསྟིམས་ནས་དབང་བསྐུར་ཏེ། མི་བསྐྱོད་པས་དབུ་བརྒྱན་པ་ལ་མཆོད་པ་དབུལ་ཞིང༌། ༀ་ ཨིནྟྲ་ཎི་མུ་ཁ་བྷྲ་མ་རི་སྭཱཧཱ། ཞེས་བརྗོད་ལ། ༀ་ཛཾལུཾ་སྭཱཧཱ། ཞེས་བརྒྱ་རྩ་བརྒྱད་ལ་སོགས་ པས་ཆུ་དབུལ་བར་བྱའོ། །སླར་ཡང༌། ན་མོ་རད་ན་ཏྲ་ཡཱ་ཡ་(དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་)ན་ མོཿ (ཕྱག་འཚལ་ལོ) མ་ཎི་བ་ཏྲ་ཡ། (ནོར་བུ་བཟང་པོ) མ་ཧཱ་ཡཀྵ་(ཆེན་པོ་གནོད་སྦྱིན་གྱི་སྡེ་དཔོན་)སེ་ན་པ་ཏ་ ཡེ། ཏདྱ་ཐ། (འདི་ལྟ་སྟེ་)ༀ་ཛཾ་བྷ་ལ་ཛ་ལེན་ཏྲ་ཡ་སྭཱཧཱ། ཞེས་ཀྱང་བརྗོད་ལ། ཨརྒཾ་ལ་སོགས་ པས་མཆོད་ཅིང༌། མགོན་པོ་ནམ་མཁའི་མདོག་ཅན་ནོར་གྱི་ཆར་འབེབས་པ། །མ་སྐྱེས་རང་ 7-1-454 བཞིན་དག་པས་སྐུ་མདོག་སྔོན་པོར་བཞུགས། །ཁྱོད་ནི་རྡོ་རྗེ་སེམས་དཔའ་ཉིད་དེ་བདག་ དྲན་ན། །རྟག་ཏུ་ཡིད་ལ་རེ་བའི་འབྲས་བུ་མཆིས་པར་མཛོད། །ཅེས་པས་བསྟོད་དེ། གསོལ་ བ་བཏབ་ནས། ཆུ་ཅུང་ཟད་དངོས་གྲུབ་ཀྱི་བསམ་པས་ལྕེ་ལའང་བཞག་ཅིང༌། སེམས་ཅན་ ཐམས་ཅད་དབུལ་ཞིང་ཕོངས་པའི་སྡུག་བསྔལ་ལས་གྲོལ་ནས། ཆོས་དང་མཐུན་པའི་ལོངས་ སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པར་མཛད་དུ་གསོལ་ལོ། །ཞེས་པ་ལ་སོགས་པ་བརྗོད་ པར་བྱའོ།། །། དེ་ནས་རང་སྐད་ཅིག་གིས་སྤྱན་རས་གཟིགས་དབང་ཕྱུག་ཏུ་བསྒོམས་པའི་ཕྱག་གཡས་ པ་ནས་བབས་པའི་བདུད་རྩིའི་ཆུ་རྒྱུན་གྱིས་ཡི་དྭགས་ཐམས་ཅད་ཚིམ་པར་བསམ་ཞིང༌། ༀ་ མ་(ནོར་བུ་དང་)ཎི་པད་མེ་(པད་མ་དག་)ཧཱུཾ་ཅེས་པ་དང༌། ༀ་ཨཱཿཧྲིཿཧཱུཾ་ཞེས་པ་དང༌། ༀ་ཛ་ལ་མི་དྷཾ་ སརྦ་(ཆུ་འདི་ཡི་དྭགས་ཐམས་ཅད་ཀྱི་ཆེད་དུ་)པྲེ་ཏེ་བྷྱཿསྭཱཧཱ། ཞེས་བཟླས་པའི་མཐར། འཕགས་པ་སྤྱན་ རས་གཟིགས་དབང་གིས། །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་ བྱས་ནས། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཅེས་པས་ཡི་དྭགས་རྣམས་ལ་ཆུ་སྦྱིན་པར་ བྱ་སྟེ། ཆུའི་སྦྱིན་པ་རྒྱ་ཆེན་པོ་དེ་ལ་བརྟེན་ནས་ཀླུའི་རྒྱལ་པོ་དགའ་བོ་དང་འཇོག་པོ་དང༌། ཉེར་དགའ་བོ་ལ་སོགས་པ་ཆུ་ཀླུང་གི་བདག་པོ་རྣམས་ཀྱི་སྦྱིན་པ་དམ་པ་སེམས་ཀྱི་རྒྱན་དུ་ གྱུར་ཅིག སེམས་ཀྱི་ཡོ་བྱད་རྣལ་འབྱོར་གྱི་ཚོགས་ཀྱི་དོན་གྱི་མཆོག་ཆེན་པོ་རྫོགས་པའི་ སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་ཀྱང་བརྗོད་པར་བྱ(བདུད་ རྩི་འཁྱིལ་པས་སྣུན། ཆུ་སྦྱིན་རྣམས་གཏོར་མའི་གཏིང་ལ་བྱས་ཀྱང་རུང་)འོ། །དེ་ནས་དཀར་གཏོར་ལྔ་བཤམས་ ལ་ཐམས་ཅད་ཀྱང༌། ༀ་བཛྲ་ཨ་མྲི་ཏ་ཀུནྚ་ལི་ཧ་ན་ཧ་ན་(རྡོ་རྗེ་བདུད་རྩི་འཁྱིལ་བའི་བསྣུན་བསྣུན) ཧཱུཾ་ ཕཊ། ཅེས་པས་བསང་ཞིང༌། ༀ་སྭ་བྷ་ཝ་ཤུད་དྷཿ(རང་བཞིན་གྱི་དག་པ་ཆོས་ཐམས་ཅད་རང་བཞིན་གྱིས་) སརྦ་དྷརྨ་སྭ་བྷ་ཝ་ཤུད་(བདག་ཉིད་གང་ཡིན་)དྷོ་ཧཾ། ཞེས་པས་སྦྱངས་ནས། ༀ་ཨཿཧཱུཾ་གིས་བྱིན་ 7-1-455 གྱིས་བརླབས་པའི་ཐོག་མར་རྗེ་བཙུན་མི་གཡོ་བ་ལ་དབུལ་ཏེ། སྙིང་ཁ་ནས་འོད་ཟེར་འཕྲོས་ པས། མདུན་གྱི་ནམ་མཁར་བཅོམ་ལྡན་འདས་མི་གཡོ་བ་སྐུ་མདོག་སྔོན་པོ། རལ་གྲི་དང་ ཞགས་པ་བསྣམས་པ། པད་མ་དང་ཉི་མའི་གདན་ལ་བཞུགས་པ། རྒྱན་ཐམས་ཅད་དང་ ལྡན་པ་སྤྱན་དྲངས་ནས་བཞུགས་པས་གསོལ་བར་བསམ་ཞིང༌། ༀ་ཙནྚ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། (གཏུམ་པོ་དྲག་པོ་ཆེན་པོ་)ཞེས་བཟླས་པའི་མཐར། ཨཪྻ་ཨ་ཙ་ལ་ས་པ་རི་ཝ་ར། ཞེས་པ་སྔོན་དུ་ འགྲོ་བའི་ཨརྒཾ་ལ་སོགས་པས་མཆོད་ཅིང༌། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ཀྱང༌། ། སྤྲུལ་བའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོས་འགྲོ་བ་ཀུན་ སྒྲོལ་ཞིང༌། །སྲིད་པ་གསུམ་ན་དགེས་པའི་གར་མཛད་པ། །སྲིད་པའི་ཆུ་བོ་སྐེམས་ཤིང་བདུད་ རྣམས་འཇོམས། །སྲིད་པའི་རླུང་གིས་མ་གཡོས་ཐུགས་རྗེ་མི་གཡོ་མགོན། །རབ་བརྗིད་མི་ གཡོ་མགོན་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དེ། སེམས་ཅན་ཐམས་ཅད་ཀྱི་བདུད་ བཞིའི་བར་དུ་གཅོད་པ་མཐའ་དག་ཞི་བར་མཛད་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་པར་བྱའོ། ། དྲུག་ཅུ་རྩ་བཞི་མ་གཏོང་བར་འདོད་ན་ཡང་ཆོ་ག་འདི་ཉིད་དོ།། །། དེ་བཞིན་དུ་གཉིས་པ་རྗེ་བཙུན་མ་སྒྲོལ་མ་ལ་དབུལ་ཏེ། འཕགས་མ་འཁོར་དང་བཅས་ པས་གསོལ་བར་བསམ་ཞིང༌། ན་མཿ སརྦ་བུད་(སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་ འཚལ་ལོ་)དྷ་བྷོ་དྷི་སྭཏྭཱ་ནཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ན་ནཾ། (ཐོགས་པ་མེད་པའི་གཏན་པ་)ཧེ་ཧེ། (ཀྱེ་ཀྱེ་)བྷ་ག་ ཝ་ཏི། (བཅོམ་ལྡན་འདས་)མ་ཧཱ་སཏྭ། (སེམས་དཔའ་ཆེ་)སརྦ་(སངས་རྒྱས་ཐམས་ཅད་ཀྱི་ངེས་པར་གཟིགས་པ་ལ་) བུད་དྷ་ཨ་བ་ལོ་ཀི་ཏེ་མ་བི་ལཾ་བ་མ་བི་ལཾ་བ། ཨི་དམ་བ་ལཾ་(འདི་གཏོར་མ་ཟུང་ལ་གསོལ་མཛོད་)གྲིཧྣ་ པ་ཡ་ཧཱུཾ་ཧཱུཾ། །(ཐམས་ཅད་ཡང་དག་པར་སྤྱོད་)སརྦ་བི་པཉྩ་རེ་སྭཱ་ཧཱ་ཞེས་བཟླས་པའི་མཐར། ཨརྒཾ་ལ་ སོགས་པས་མཆོད་ཅིང༌། ལྷ་དང་ལྷ་མིན་གཅོད་པན་གྱིས། །ཞེས་པ་ལ་སོགས་པས་བསྟོད་ 7-1-456 དེ། སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་ལས་སྐྱབ་ཏུ་གསོལ། །འཁོར་བ་སྡུག་ བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ། །ཞེས་པ་ལ་སོགས་པས་གསོལ་བ་གདབ་པོ། །ཉི་ ཤུ་རྩ་གཅིག་མ་གཏོང་བར་འདོད་ན་ཡང་ཚུལ་འདི་ཉིད་དོ།། །། གསུམ་པ་ཀླུ་རྣམས་ལ་དབུལ་ཏེ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བསྟན་ལ། ༀ་བཛྲ་ཡཀྵ་ (རྡོ་རྗེ་གནོད་སྦྱིན་)ཧཱུཾ། ཞེས་པས་མ་དག་པ་བསང་ཞིང༌། རྡོ་རྗེ་མེའི་ཕྱག་རྒྱ་བཅས་ལ། ༀ་བཛྲ་(རྡོ་ རྗེ་འབར་བའི་མེས་)ཛྭ་ལ་ཨ་ན་ལ་ཧ་ན་(བསྣུན་)དྷ་ཧ་(བསྲེགས་)པ་ཙ་(ཚོས་ཚོས་)མ་ཐ་བྷཉྫ་(སྣོད་)ན་ཧཱུཾ་ ཕཊ་ཞེས་བརྗོད་པས་རིན་པོ་ཆེའི་སྣོད་ཡངས་པ། བདུད་རྩིའི་ཚོགས་ཀྱིས་གང་བར་བསམས་ ནས་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་འདེབས་པའི་ཚུལ་དུ་བྱས་ལ། ༀ་(ཨ་ཡིག་ནི་)ཨ་ཀར་རོ་མུ་ ཁཾ་སརྦ་(ཆོས་ཐམས་ཅད་ཀྱི་སྒོ་ཡིན་)དྷརྨ་ནཾ་ཨ་ཏྱ་(གདོད་མ་ནས་)ནུད་པན་(སྐྱེ་བ་མེད་པ་ན་)ནཏྭ་(ཉིད་ཀྱི་ཕྱིར་) ༀ་ཨཱཿཧཱུྃ་ཕཊ་སྭཱཧཱ། ཞེས་བརྗོད་པས་ཅི་འདོད་པའི་ཡོ་བྱད་ཐམས་ཅད་ཐོགས་པ་མེད་པར་ བསམ་ཞིང༌། འདོད་པའི་རྒྱལ་པོའི་ཕྱག་རྒྱ་དང༌། སྙིང་ཁའི་འོད་ཟེར་གྱིས་སྤྱན་དྲངས་པར་ བསམས་ལ། ༀ་བ་ཏ་ལི་བ་ཏ་ལི། མ་ཧཱ་བ་ཏ་ལི། ཧཱུཾ་ཧཱུཾ་ཛ་ཛཿསྭཱཧཱ་ཞེས་པ་དང༌། ༀ་ཀླུ་རྒྱལ་ མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པད་མ་པད་མ་ཆེན་པོ་དང༌། །དུང་ སྐྱོང་དང་ནི་རིགས་ལྡན་དང༌། །ལྷ་མོ་ལྷ་མོ་ཆེན་མོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། ། དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེད་དང་ཧཱུ་ལུན་དང༌། །དགའ་བོ་དང་ནི་ ཉེར་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། །ཚ་བ་ཚ་བ་ཆེན་པོ་དང༌། །དཔལ་གྱི་འོད་དང་ འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང༌། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་ དང༌། །ལྟོ་འཕྱེ་ཆེ་དང་ཚི་ལི་དང༌། །ཚི་ལི་ཆེན་པོ་དག་རྣམས་དང༌། །མཆོད་པའི་གནས་འདིར་ གཤེགས་སུ་གསོལ། །ༀ་ཨ་གཙྪ་(ཚུར་སྤྱོན་)ཨ་གཙྪ་(ཚུར་སྤྱོན་)མ་ཧ་(ཆེན་པོ་)ན་ག་(ན་ཀླུའི་)ཨ་དྷི་ པ་ཏ་(མངའ་བདག་)ཡེ་སརྦ་བྷུར་(ཐམས་ཅད་ས་འོག་ས་བླ་)བྷུ་ཝ། ཕྲཱུཾ་ཕྲཱུཾ་སྭཱཧཱ། ཞེས་བརྗོད་ནས་མདུན་ 7-1-457 དུ་བྱོན་པར་བསམས་ཏེ། པདྨ་ཀ་མ་ལ་སྟྭཾ། ཞེས་པས་གདན་དབུལ་ཞིང༌། ༀ་མ་ཧཱ་ན་ག་ཨ་ དྷི་པ་ཏ་ཡེ་གྲིཧྣེ་དཾ་ཨརྒཾ་སྭཱཧཱ། དེ་བཞིན་དུ་པདྱཾ། པུཥྤེ། དྷུ་པཾ། དྷི་པཾ། གྷན་དཾ། ནཱཻ་བེ་ཏྱཾ་སྭཱཧཱ། ཞེས་པ་རྣམས་ཀྱིས་མཆོད་ནས། ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་བཅས་ལ། ༀ་ཧི་ལི་ཧི་ལི་ མ་ཧཱ་ཧི་ལི་ཕྲཱུཾ་ཕྲཱུཾ་སྭཱཧཱ། ཞེས་པས་སེ་གོལ་གྱི་སྒྲ་དང་བཅས་པ་དང༌། ༀ་(སོལ་)བྷ་ཀྵ་ཡ་བྷ་ཀྵ་ ཡ་ས་མ་ཡ་ཏིཥྛ་(དམ་ཚིག་ལ་གནས་)ཛུཾ་ཕྲཱུཾ་ཕུ་ཧཱུཾ་སྭཱཧཱ། ཞེས་པས་དབུལ་ཅིང༌། ཡེ་དྷརྨ་དང༌། སྡིག་ པ་ཐམས་ཅད་ཞི་བྱ་ཞིང༌། ཞེས་པ་ལ་སོགས་པས་ཆོས་ཀྱི་སྦྱིན་པ་བྱིན་ཏེ། ཀླུ་ཆེན་པོ་བརྒྱད་ ཀྱིས་གཙོ་བྱས་པའི་ཀླུའི་རིགས་སུ་གྱུར་པ་ཐམས་ཅད་དང༌། བྱེ་བྲག་ཏུ་བདག་ཅག་འཁོར་ དང་བཅས་པ་གནོད་ཅིང་ལན་ཆགས་པའི་ཀླུ་དང་ས་བདག་ཐམས་ཅད་ཚིམ་ཞིང་རྒྱས་པར་ གྱུར་ཅིག །གནོད་པ་དང་གདུག་པའི་བསམ་པ་ཉེ་བར་ཞི་ནས་ཕན་པ་དང་ཞི་བ་བྱང་ཆུབ་ཀྱི་ སེམས་དང་ལྡན་པར་གྱུར་ཅིག །ཅེས་བརྗོད་ནས། ༀ་ན་(ཀླུའི་མངའ་བདག་འཁོར་དང་བཅས་པ་)ག་ཨ་ དྷི་པ་ཏེ་ས་པ་རི་ཝ་ར་(བྱོན་)གཙྪ། ཞེས་པ་དང་། རང་རང་གི་གནས་སུ་གཤེགས་གསོལ་ལ། བྱ་ ཁྱུང་གི་ཕྱག་རྒྱ་དང༌། ༀ་ག་རུ་ཊ་(ནམ་མཁའ་ལྡི ང་གིས་)ཧ་ས་ཧེ་ཙ་ལེ་(ཁོས་)ཙ་(ཁོས་)ལེ་སྭཱཧཱ། ཞེས་ པས་ནག་པོའི་ཕྱོགས་ཀྱི་ཀླུ་རིགས་རྣམས་བཀྲད་པར་བསམ་མོ། །སྐབས་གཞན་དུ་ཀླུ་ལ་ གཏོར་མ་འབུལ་བར་འདོད་ན། ཡང་ཆོ་ག་འདི་ཉིད་ཀྱིས་སོ།། །། བཞི་པ་སུ་རུ་པའི་སྔགས་ཀྱིས་ཡི་དྭགས་རྣམས་ལ་སྦྱིན་པར་བྱ་སྟེ། རང་སྐད་ཅིག་གིས་ དེ་བཞིན་གཤེགས་པ་རིན་ཆེན་གཟུགས་མཛེས་སུ་བསྒོམས་ལ། གཏོར་མ་སྔ་མ་ལྟར་ༀ་ཨ་ ཧཱུཾ་གིས་བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབས་ནས། ན་མཿ(ཕྱག་འཚལ་)སཱུ་རཱུ་(གཟུགས་ མཛེས་)པཱ་ཡ། ཏ་ཐཱ་ག་ཏ་ཡ། (དེ་བཞིན་གཤེགས་པ་)ཨ་ར་ཧ་ཏེ་(དགྲ་བཅོམ་པ་)སམྱཀ་སཾ་བུད་དྷ་ ཡ། (ཡང་དག་པར་རྫོགས་པའི་སངས་རྒྱས་)ཏདྱ་ཐཱ། (འདི་ལྟ་ཏེ) ༀ་(གཟུགས་མཛེས་)སུ་རུ་སུ་རུ་པྲ་སུ་རུ་པྲ་ སུ་རུ་(རབ་ཏུ་གཟུགས་མཛེས་)ཏ་ར་ཏ་ར་(སྒྲོལ་བར་)བྷ་ར་བྷ་ར་(རྒྱས་པར་)སཾ་བྷ་ར་(ཡང་དག་པར་རྒྱས་པར་) 7-1-458 སཾ་བྷ་ར་(དྲན་པ་)སྨ་ར་སྨ་ར། སན་ཏར་(ཡང་དག་པར་ཚིམ་པར་)པ་ཡ་སན་ཏར་པ་ཡ་སརྦ་པྲེ་ཏ་(ཡི་ དྭགས་ཐམས་ཅད་)ནི་སྭཱཧཱ། ཞེས་པ་ལན་བདུན་བཟླས་པ་དང༌། ལག་པ་གཡོན་པའི་སེ་གོལ་ལན་ གསུམ་བྱ་ཞིང༌། ཨ་(ཕྱིར་དེངས་ཤིག)པ་ས་རན་ཏུ་ཨ་ཝ་(གླགས་ལྟ་བར་)ཏ་ར་པྲེ་ཀྵི་ཎོ་(འདོད་པ་རྣམས་) ད་ད་མྱ་(གཏེར་གྱིས་) ཧཾ་སརྦ་ལོ་ཀ་དྷ་ཏུ་བཱ་སི་ནཾ། (བདག་འཇིག་རྟེན་གྱི་ཁམས་ན་)པྲེ་ཏ་ན་(གནས་པའི་ཡི་ དྭགས་རྣམས་)བྷ་ཧ་ར། ཞེས་པའམ། ཡང་ན་དེ་ཉིད་བོད་སྐད་དུ། འཇིག་རྟེན་གྱི་ཁམས་ཐམས་ ཅད་ན་གནས་པའི་ཡི་དྭགས་རྣམས་ལ་བདག་བཟའ་བ་སྟེར་གྱིས། གླགས་ལྟ་བ་རྣམས་ཕྱིར་ དེངས་ཤིག །ཅེས་ཀྱང་བརྗོད་ལ། (དེ་བཞིན་གཤེགས་པ་བཞི་ལ་ཕྱག་འཚལ་ཡང་རུང་)ཡི་དྭགས་ཐམས་ ཅད་བཟའ་བ་དང་བཏུང་བ་ལ་སོགས་པའི་འབྱོར་པ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པར་ གྱུར་ཅིག །བཀྲེས་པ་དང་ཕོངས་པ་ལ་སོགས་པའི་སྡུག་བསྔལ་མཐའ་དག་ལས་གྲོལ་བར་ གྱུར་ཅིག །མཐོ་རིས་དང་ཐར་པའི་བདེ་བ་རྣམ་པར་དག་པ་ཐོབ་པར་གྱུར་ཅིག །ཅེས་པ་ལ་ སོགས་པའི་སྨོན་ལམ་རྒྱ་ཆེར་གདབ་པོ། །འདི་ནི་ཟས་མ་ཟོས་པ་ཁོ་ནས་བྱ་སྟེ། དེ་ལྟར་ན་ཡི་ དྭགས་ཐམས་ཅད་ལ་འབྲས་བྲེའོ་ཆེའི་རེ་རེའི་བཟའ་བ་སོ་སོར་བྱིན་པར་འགྱུར་ཏེ། །དེ་ལྟར་ བྱས་ན་ཉམས་ཆུང་པར་མི་འགྱུར་རོ། །དབུལ་པོར་མི་འགྱུར་རོ། །སྐྱེ་བ་དང་སྐྱེ་བར་སྟོབས་ཆེ་ བ་དང༌། རབ་ཏུ་དང་བ་དང་ལྡན་པ་དང༌། བལྟ་བར་བྱ་བ་དང༌། ཕྱུག་པ་དང༌། ལོངས་སྤྱོད་ ཆེན་པོར་འགྱུར་རོ། །ཚེ་རིང་བ་དང༌། ནད་མེད་པ་དང༌། མྱུར་དུ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པའི་འཚང་རྒྱ་བར་འགྱུར་རོ། །ཤི་འཕོས་ནས་ ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་མདོ་ལས་གསུངས་པ་ ལྟར། ཕན་ཡོན་ཆེན་པོ་དང་ལྡན་པའོ།། །། ལྔ་པ་ཨ་ཀོ་རོའི་སྔགས་ཀྱིས་གཞིའི་བདག་པོའམ། ལན་ཆགས་ལ་སྦྱིན་ཞིང༌། བདག་གི་ བསམས་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ 7-1-459 ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང༌། །སེམས་ཅན་རྣམས་ལ་ཕན་ གདགས་ཕྱིར། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། ། ཐོགས་པ་མེད་པར་འབྱུང་འགྱུར་ཤོག །ཅེས་བདེན་པའི་སྟོབས་བརྗོད་པར་བྱའོ། །དེ་ནས་ སྐབས་འདི་འམ་གཞན་དུའང་རུང་སྟེ། དད་པའི་དབང་གིས་དཀོན་མཆོག་གསུམ་གྱི་ཡོན་ ཏན་རྗེས་སུ་དྲན་པའི་སྒོ་ནས། འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ལྟར་སངས་རྒྱས་བཅོམ་ ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་ བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱིས་སྟོན་པ། སངས་རྒྱས་བཅོམ་ལྡན་ འདས་ཏེ། དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་ རྣམས་ཆུད་མི་ཟ་བ། བཟོད་པས་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་ བྱད་བཟང་པོ་རྣམས་ཀྱི་སྤྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་ པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་མངོན་པར་དགའ་བ། ཤེས་རབ་ ཟིལ་གྱིས་མི་གནོན་པ། སྟོབས་རྣམས་ཀྱིས་རྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་ པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱིས་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་བལྟ་ བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་ གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། སྡུག་བསྔལ་ལས་རྣམ་པར་ གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་ རྣམས་བསྡམས་པ། འདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་ 7-1-460 པར་གྲོལ་བ། སྲེད་པ་ལས་ཡོངས་སུ་གྲོལ་བ། ཆུ་བོ་ལས་རྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་ པ། འདས་པ་དང་མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ ལ་གནས་པ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །དམ་པའི་ ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་ པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་ འདས་ཀྱིས་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་ པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་ རང་གིས་རིག་པར་བྱ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་ པར་བསྟན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་དུ་འགྲོ་བར་བྱེད་པ། མི་མཐུན་པ་ མེད་ཅིང་འདུས་པ་དང་ལྡན་པ། རྟེན་པ་ཡོད་པ། རྒྱུ་བ་བཅད་པའོ། །ཐེག་པ་ཆེན་པོའི་དགེ་ འདུན་ནི་ལེགས་པར་བཞུགས་པ། རིགས་པར་བཞུགས་པ། དྲང་པོར་བཞུགས་པ། མཐུན་ པར་བཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ ནམས་ཀྱི་དཔལ་གྱི་ཞིང༌། ཡོན་ཡོངས་སུ་བྱང་བ་ཆེན་པོ། སྦྱིན་པའི་གནས་སུ་གྱུར་པ། ཀུན་ ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ།། །། དེ་ནས་ལོག་པའི་འཚོ་བ་རྣམ་པར་སྤངས་ཏེ། (བྱང་ཆུབ་གཞུང་ལམ་ལས)ཆོས་དང་མཐུན་པའི་ འཚོ་བ་རྣམས། །འབྲས་བུ་ཆེན་པོར་ལོངས་སྤྱད་ཕྱིར། །རྟག་ཏུ་གཏོར་མ་ལྷ་བཤོས་དང༌། ། འཕྲོག་མ་ཕུད་ཀྱི་ཆང་བུ་དང༌། །ལྔ་པ་ལྷག་མ་སྦྱིན་པར་བྱ། །ཞེས་པ་ལྟར་ཐོག་མར་ཁ་ཟས་ ༀ་ཨཱཿཧཱུཾ་གིས་བདུད་རྩིར་བྱིན་གྱིས་བརླབས་ནས། ༀ་གུ་རུ་བཛྲ་(བླ་མ་ལ་རྡོ་རྗེའི་ལྷ་བཤོས་)ནཻ་ཝི་ 7-1-461 ཏེ་ཨཱཿཧཱུཾ། (སྭཧཱ་ཅེས་ཐམས་ཅད་ལ་སྦྱར་) ཞེས་པས་བླ་མ་ལ་ལྷ་བཤོས་དང༌། དེ་བཞིན་དུ་ༀ་སརྦ་ བུད་དྷ་བོ་དྷི་ས་ཏྭེ་བྷྱོ། བཛྲ་ནཻ་ཝེ་དྱ་ཨཿཧཱུཾ། (ཞེས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་) ༀ་ཨཪྻ་(འཕགས་པ་འཇམ་དཔལ་ལ་རྡོ་རྗེའི་ལྷ་བཤོས་)མཉྫུ་ཤྲི་ཡེ་བཛྲ་ནཻ་བེ་དྱ་ཨཿཧཱུཾ་ཞེས་པ་ལ་སོགས་ པས་འཇམ་པའི་དབྱངས་ལ་སོགས་པ་གང་ལ་མོས་པའི་ལྷག་པའི་ལྷ་དང༌། ༀ་ཤྲི་དྷརྨ་(དཔལ་ ལྡན་ཆོས་སྐྱོང་པ་ལ་རྡོ་རྗེའི་ལྷ་བཤོས)པཱ་ལ་བཛྲ་ནཻ་བེ་དྱ་ཨ་ཧཱུཾ། ཞེས་པས་དཔལ་ལྡན་ཆོས་སྐྱོང་པ་ རྣམས་ལ་ལྷ་བཤོས་དབུལ་ཞིང༌། ཨ་ཀ་རོའི་སྔགས་ཀྱིས་འབྱུང་པོ་ཐམས་ཅད་ལའང་གཏོར་ མའམ་ལྷ་བཤོས་ཕུལ་ལ། ༀ་ཧཱ་(འཕྲོག་མ་)རཱི་ཏི་མ་ཧཱ་(ཆེན་མོ་)བཛྲ་ཡཀྵི་(རྡོ་རྗེ་གནོད་སྦྱིན་མོ་)ཎི་ཧ་ ར་ཧ་(འཕྲོག་མ)ར་སརྦ་པ་(སྡིག་པ་ཐམས་ཅད)པཱ་ནི་མེ་ཀྵིཾ་སྭཱཧཱ། ཞེས་པས་འཕྲོག་མ་བུ་དང་བཅས་ པ་ལ་ཆང་བུ་གཉིས་དང༌། ༀ་ཨ་གྲ་པིཎ་ཊ་(ཕུད་ཀྱི་ཆང་བུ་)ཨ་ཤི་(དབང་པ་རྣམས་ལ)བྷྱེ་སྭཱཧཱ། ཞེས་ པས་ཕུད་ལ་དབང་པའི་འབྱུང་པོ་རྣམས་ལ་ཆང་བུ་གཅིག་སྦྱིན་པར་བྱའོ། །དེ་ནས་ཁ་ཟས་ ལ་བརྟེན་ནས་ཀྱང་ཆོས་ཀྱི་དོན་དུ་ལུས་འཚོ་བའི་ཕྱིར་དང༌། ནང་གི་སྲིན་འབུ་རྣམས་ལ་ཕན་ གདགས་པའི་བསམ་པའམ། ཡང་ན་ལྷའི་རྣལ་འབྱོར་དང་ལྡན་པས་ཡི་དམ་མཆོད་པའི་ཆེད་ དུ། ཇི་ཙམ་འཕྲོད་པ་ཚོད་ཟིན་པར་ལོངས་སྤྱོད་ཅིང༌། དུག་ལ་སོགས་པའི་ཉེས་པ་ཞི་བར་ འདོད་པས་ནི། ན་མཿ སརྦ་བུད་དྷ་བོ་དྷི་སཏྭ་ནཾ། ༀ་བ་ལན་དེ་ཏེ་ཛེ་ལ་ལི་ནི་སྭཱཧཱ། ཞེས་ལན་ བརྒྱད་བཟླས་ནས། ཐོག་མར་འཐེབ་སྲིན་གྱིས་རེག་ལ་བཟའ་བར་བྱ་སྟེ། མཐར་ཡང༌། ༀ་ ཨུཙྪི་ཥྛ་(ལྷག་མའི་ཆང་བུ་ལ་དབང་པ་རྣམས་ལ)པཎི་ཊ་ཨ་ཤི་བྷྱཿསྭཱཧཱ། ཞེས་པས་ལྷག་མ་ལ་དབང་པའི་ འབྱུང་པོ་རྣམས་ལ་ཆང་བུ་གཅིག་སྦྱིན་པར་བྱའོ། །དེ་ནས་ཁ་བཀྲུས་སྟེ། མདོ་ཟབ་མོ་བཏོན་ པའི་རྗེས་སུ། ན་མཿ(ཕྱག་འཚལ་ལོ)ས་མན་ཏ་(ཀུན་ནས་འོད་ཀྱི་རྒྱལ་པོ་)པྲ་བྷ་རཱ་ཛཱ་ཡ་ཏ་ཐ་(དེ་བཞིན་ གཤེགས་པ་)ག་ཏ་ཡ། (དགྲ་བཅོམ་པ་)ཨ་ར་ཧ་ཏེ་སམྱཀ་(ཡང་དག་པར་རྫོགས་པའི་སངས་རྒྱས་ལ་)སཾ་བུད་ དྷ་ཡ། ན་མོ་(ཕྱག་འཚལ་ལོ་)མཉྫུ་ཤྲི་ཡེ། (འཇམ་དཔལ་)ཀུ་མཱ་(གཞོན་ནུར་གྱུར་པ་)ར་བྷུ་ཏ་ཡ། བོ་དྷི་སཏྭ་ 7-1-462 (བྱང་ཆུབ་སེམས་དཔའ)ཡ། མ་ཧཱ་ས་ཏྭ་(སེམས་དཔའ་ཆེན་པོ་)ཡ། མ་ཧཱ་ཀ་རུ་(ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་) ཎི་ཀཱ་ཡ། ཏད་ཡ་ཐཱ། (འདི་ལྟ་ཏེ) ༀ་ནི་ར་(དམིགས་པ་མེད་པ)ལཾ་བྷེ། ནི་རཱ་(སྣང་བ་མེད་པ་)བྷཱ་སེ། ཛ་ཡེ་ (རྒྱལ་བ་)ཛ་ཡ་ལབ་དྷེ། (རྒྱལ་བ་ཐོབ་པ་)མ་ཧ་(བློ་གྲོས་ཆེན་པོ་)མ་ཏེ། ད་(མཁས་པ་)ཀྵེ་ད་ཀྵི་(ཡོན་རྣམས་) ཎཾ་པ་རི་ཤོ་དྷ་ཡ་(ཡོངས་སུ་སྦྱོང་པ)སྭཱཧཱ། གང་གཟུངས་འདི་ལན་གཅིག་བརྗོད་པར་བྱེད་པ་དེ་ནི་ རི་རབ་ཙམ་གྱི་བསོད་སྙོམས་ཀྱང་ཡོངས་སུ་སྦྱོང་བར་འགྱུར་རོ་ཞེས་གསུངས་པ་ལྟར། ཡོན་ ཡོངས་སུ་སྦྱོང་བའི་གཟུངས་ཀྱང་བཟླས་ནས། རྒྱལ་པོ་སྦྱིན་བདག་ཉིད་དང་ནི། །སེམས་ ཅན་ཕུང་པོ་གཞན་རྣམས་ཀྱང༌། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་ གྱུར་ཅིག །སྦྱིན་པས་འབྱུང་པོ་དབང་དུ་འགྱུར། །སྦྱིན་པས་འཁོན་རྣམས་ཉམས་པར་འགྱུར། ། སྦྱིན་པས་ཕ་རོལ་གཉེན་དུ་འགྱུར། །དེ་ཕྱིར་སྦྱིན་པ་གཙོ་བོར་བརྗོད། །སྦྱིན་པས་འཇིག་རྟེན་ རྒྱན་ཡིན་ཏེ། །སྦྱིན་པས་ངན་འགྲོ་ལྡོག་པར་བྱེད། །སྦྱིན་པ་མཐོ་རིས་ཐེམ་སྐས་ཏེ། །སྦྱིན་པ་ ཞི་བྱེད་དགེ་བའོ། །བྱང་ཆུབ་སེམས་དཔའི་ལོངས་སྤྱོད་རྣམས། །མི་ཟད་ནམ་མཁའ་ལྟ་བུ་ གང༌། །ལོངས་སྤྱོད་དེ་ནི་ཐོབ་བྱའི་ཕྱིར། །སྦྱིན་པ་འདི་ནི་ཡང་དག་སྤེལ། །སྦྱིན་པ་ཞེས་བྱ་ གཏེར་ཆེན་རྗེས་གྲོགས་རྐུན་པོ་ལ་སོགས་ཐུན་མོང་མིན། །སྦྱིན་པ་འདོད་ཀྱང་སེར་སྣའི་རྔུལ་ གྱི་སེམས་ནི་སྦྱོང་བར་བྱེད། །སྦྱིན་པས་འཁོར་བའི་ལམ་བགྲོད་ངལ་བ་མེད་པ་བཞོན་པ་བདེ་ བ་ཡིན། །སྦྱིན་པས་བདེ་བ་མང་པོ་འགྲུབ་ཅིང་གྲོགས་པོ་བཟང་པོའི་མཆོག་ཡིན་ནོ། །ཞེས་ པ་ལ་སོགས་པས་སྦྱིན་པའི་ཚིགས་སུ་བཅད་པའང་བཏོན་ལ། རྒྱལ་བ་སྲས་དང་བཅས་པ་ ཐམས་ཅད་བདག་ལ་དགོངས་སུ་གསོལ། ཞེས་པ་སྔོན་དུ་འགྲོ་བས། མཐར་ཕྱིན་པའི་འབྲས་ བུ་གྲུབ་པའི་ཆེད་དུ། (རིགས་པ་དྲུག་ཅུ་པར)དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ ཚོགས་བསགས་སྟེ། །བསོད་ནམས་ཡེ་ཤེས་ལས་བྱུང་པའི། །དམ་པ་གཉིས་ནི་ཐོབ་པར་ ཤོག །ཅེས་པ་དང༌། སྐྱེས་བུ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པའི་ཆེད་དུ། བྱང་ཆུབ་ 7-1-463 སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །ཅེས་པ་དང༌། སངས་རྒྱས་ཀྱི་ བསྟན་པ་ཡུན་རིང་དུ་གནས་པའི་ཆེད་དུ། (སྤྱོད་འཇུག་ལས)འགྲོ་བའི་སྡུག་བསྔལ་སྨན་གཅིག་ པོ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ ཡུན་རིང་གནས་གྱུར་ཅིག །ཅེས་པ་དང༌། སྦྱིན་བདག་ལ་སོགས་པ་བདེ་བར་འཚོ་བའི་ཆེད་ དུ། གང་གི་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་རྟོག་པ། སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། ། སྦྱིན་བདག་རྣམས་ལ་ཡོངས་རྫོགས་ཤོག །ཅེས་པ་དང༌། གཞན་དོན་ཐེག་པ་ཆེན་པོའི་སྤྱོད་ པ་འཕེལ་བའི་ཆེད་དུ། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་ བསྒྲུབ་པའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲ་ཤོག ། ཅེས་པ་དང༌། སྐྱེ་བ་ཐམས་ཅད་དུ་ཚོགས་གཉིས་ལ་སོགས་པའི་ཡོན་ཏན་དེར་སྤེལ་བའི་ཆེད་ དུ། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། ། ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང༌། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་གྱུར་ཅིག ། ཅེས་པ་དང༌། སྨོན་ལམ་ཐམས་ཅད་ཀྱང་དམ་པའི་ཆོས་ཡོངས་སུ་འཛིན་པར་བསྔོས་ན་འདུ་ བར་གསུངས་པས། རྒྱལ་བ་ཀུན་གྱི་དམ་པའི་ཆོས་འཛིན་ཅིང༌། །བྱང་ཆུབ་སྤྱོད་པ་ཀུན་ཏུ་ སྣང་བར་བྱེད། །བཟང་པོར་སྤྱོད་པ་རྣམ་པར་སྦྱོང་བར་བྱེད། །མ་འོངས་སྐལ་པ་ཀུན་ཏུ་སྤྱོད་ པར་ཤོག །ཅེས་པ་དང༌། ཐམས་ཅད་ཕན་ཚུན་བྱམས་པ་ལ་གནས་ཤིང་རྟག་ཏུ་ཆོས་ལ་སྤྱད་ པའི་ཆེད་དུ། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །ཞེས་པ་ལ་སོགས་པ་དང་དཀོན་ མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། དེ་བཞིན་དུ་གྱུར་ཅིག །ཅེས་པ་ལ་ སོགས་པས་བསྔོ་བ་དང༌། སྨོན་ལམ་རྣམ་པར་དག་པ་བྱ་སྟེ། མཆོད་པ་དང་གཏོར་མ་དབུལ་ བ་སྔོན་དུ་འགྲོ་བ་ཅན། ཁ་ཟས་ལ་སྤྱོད་པ་དོན་དང་ལྡན་པ་བྱ་བའི་ངེས་པའོ།། །། 7-1-464 དེ་ནས་ཉིན་བར་གྱི་ཆ་ཐམས་ཅད་དུ། ཆོས་སྤྱོད་བཅུའི་སྒྲུབ་པ་ལ་རྩེ་གཅིག་ཏུ་བརྩོན་ པར་བྱ་སྟེ། (དབུས་མཐའ་ལས)ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་འཛིན་པ་དང༌། ། འཆད་དང་ཁ་དོན་བྱེད་པ་དང༌། །དེ་སེམས་པ་དང་བསྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ ཉིད་ནི། །བསོད་ནམས་ཕུང་པོ་དཔག་མེད་འཐོབ། །ཞེས་གསུངས་པ་ལྟར། བཅུ་པོ་གང་ཡང་ རུང་བ་ལ་སྐབས་ཇི་ལྟར་འོས་པར་ནན་ཏན་ཏུ་གནས་པར་བྱའོ། །དེ་དག་ལས། ཡང་ན་ བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། གསུང་རབ་དགོངས་འགྲེལ་དང་བཅས་པའི་ ཆོས་ཀྱི་གླེགས་བམ་ཡི་གེར་བྲི་བ་ལ་འབད་པར་བྱའོ། །ཡང་ན་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རྣམས་མཉེས་པར་བྱ་བའི་ཕྱིར། ཕོ་བྲང་དང༌། ན་བཟའ་དང༌། རྒྱན་དང༌། མཎྜལ་དང༌། མེ་ཏོག་དང༌། བདུག་སྤོས་དང༌། སྣང་གསལ་དང༌། ཞལ་ཟས་དང་རོལ་མོ་ལ་ སོགས་པའི་རྫས་ལ་བརྟེན་པ་ཟང་ཟིང་རྙེད་པའི་མཆོད་པ་དང༌། དེ་དག་གི་བཀའ་བཞིན་དུ་ ཆོས་ཟབ་མོ་ཉམས་སུ་ལེན་པ། བསྐུར་བསྟི་བསྒྲུབ་པའི་མཆོད་པ་ལ་བརྩོན་པར་བྱའོ། །ཡང་ ན་གཞན་ལ་ཕན་པའི་བསྒྲུབ་པའི་ཆེད་དུ། ཆོས་དང་ཟང་ཟིང་མི་འཇིགས་ཚུལ་དུ་རྣམ་ཕྱེ་ན། ། ཕ་རོལ་ཕྱིན་པ་འདི་དག་སྦྱིན་པའི་ངོ་བོ་ཉིད། །ཅེས་པ་ལྟར། གདུལ་བྱའི་སྐལ་བ་དང་མཐུན་ པར་ལེགས་བཤད་ཀྱི་དགའ་སྟོན་འགྱེད་པ་ཆོས་ཀྱི་སྦྱིན་པ་དང༌། ལོངས་སྤྱོད་ལ་ཆགས་པ་ མེད་པར་གང་ལ་ཅི་འདོད་པའི་ཕན་འདོགས་པ་ཟང་ཟིང་གི་སྦྱིན་པ་དང༌། འཁོར་བ་དང་ངན་ སོང་གི་འཇིགས་པ་ལས་བསྲུང་བའི་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ལ་འཇུག་པར་བྱའོ། ། ཡང་ན་ཐོག་མར་རང་ལ་ཕན་པ་བསྒྲུབ་པའི་ཆེད་དུ། (སྐྱེས་རབས་ལས་)རབ་ཏུ་དམའ་བའི་སྟན་ ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་འདུན་པའི་མིག་གིས་བལྟ། ཚིག་གིས་བདུད་རྩི་འཐུང་པ་བཞིན། ཞེས་པ་ལྟར། དགེ་བའི་བཤེས་གཉེན་ལ་གུས་པ་དང་ ལྡན་པས། དམ་པའི་ཆོས་མཉན་པར་བྱའོ། །ཡང་ན་རང་གཞན་གྱི་དགེ་བ་སྤེལ་བའི་ཆེད་དུ། 7-1-465 ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས་མཎྜལ་ལ་སོགས་པའི་མཆོད་པ་རྒྱ་ཆེན་པོ་ཕུལ་ནས། གླེགས་བམ་ཡང་མཎྜལ་གྱི་སྟེང་དུ་བཞག་ནས། དོན་ཟབ་མོ་ཡིད་ལ་བསམས་ཤིང་ཚིག་ཇི་ལྟ་ བ་བཞིན་དུ་རྣམ་པར་དག་པས་ཀླག་པར་བྱའོ། །ཡང་ན༌། རྟོགས་པ་རྒྱ་ཆེན་པོ་སྤེལ་བའི་ཕྱིར། དམ་པའི་ཆོས་རྣམས་ཚིག་དང་དོན་དང་ལུང་དང༌། གླེགས་བམ་ལ་སོགས་པའི་སྒོ་ནས་ཀྱང༌། ལེན་པ་དང་འཛིན་པ་ལ་ནན་ཏན་དུ་བྱའོ། །ཡང་ན། གདུལ་བྱ་རྣམས་རྗེས་སུ་བཟུང་བའི་ ཕྱིར། (པད་དཀར་ལས་)གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་ བཤམས་བཏིང་ནས། །སེམས་ཅན་ལྷགས་པ་རྩེ་གཅིག་གྱུར་རྣམས་ལ། །གཏམ་མང་རྣམ་པ་ སྣ་ཚོགས་ཉེ་བར་སྟོན། །ཞེས་པ་ལྟར་སྐལ་བ་དང་མཐུན་པར་དམ་པའི་ཆོས་བཤད་པར་བྱའོ། ། ཡང་ན་བཟུང་བ་རྣམས་དྲན་པ་ལ། ཡུན་རིང་དུ་གནས་ཤིང༌། ཐོས་པ་པོ་གཞན་དག་ལ་ཡང་ ཕན་པའི་ཆེད་དུ། ཆོས་ཟབ་མོའི་ཁ་དོན་ལ་བརྩོན་པར་བྱའོ། །ཡང་ན། ཡང་དག་པའི་ངེས་ ཤེས་ཐོབ་པར་བྱ་བའི་ཕྱིར། ཐོས་པ་བསམས་པས་བསྐྱང་བར་བྱ། །ཅེས་པ་ལྟར། ཇི་ལྟར་ ཐོས་པའི་དོན་རྣམས་ལ་ལུང་རྣམ་པར་དག་པ་དང༌། རིགས་པ་བཞི་ལ་བརྟེན་ནས་རྣམ་པར་ དཔྱད་ཅིང་བསམ་པར་བྱའོ། །ཡང་ན། ཆོས་ཉིད་རྣམ་པར་དག་པའི་དོན་མངོན་སུམ་དུ་ མཐོང་བར་བྱ་བའི་ཕྱིར། (རྒྱན་ལས་)ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ རབ་འཇོག་ཕྱིར་དང༌། །ཆོས་རབ་རྣམ་པར་འཇོག་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ ཡིན། །ཞེས་གསུངས་པ་ལྟར། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ཏིང་ངེ་འཛིན་ ཁྱད་པར་ཅན་བསྒོམ་པར་བྱའོ། །དེ་རྣམས་ཀྱང་མདོར་བསྡུས་ན། རབ་ཏུ་བྱུང་བ་རྣམས་ཀྱི་བྱ་ བ་ནི་གཉིས་སྟེ། ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན་ནོ། །ཞེས་པ་ལྟར་ཡིན་པས། ཐོས་བསམ་ཡང་ཇི་ལྟར་ཤེས་པའི་ཚིག་དང༌། དོན་གཞན་ལ་འཆད་པ་དང༌། རང་དང་གཞན་ གྱི་གྲུབ་པའི་ཐབས་ལ་མཁས་པས། སྐབས་སུ་བབ་ན་རྩོད་པ་དང༌། ལུང་དང་རིག་པའི་རྣམ་ 7-1-466 བཞག་དང་མི་འགལ་བར་ལེགས་བཤད་རྩོམ་པ་ལ་སོགས་པའོ། །ཡང་ན་རྣམ་པ་གསུམ་ གྱིས་བསྡུས་ཏེ་ཐོས་པ་དང༌། བསམ་པ་དང༌། བསྒོམ་པ་ལས་བྱུང་བའི་ཤེས་རབ་རིམ་ཀྱིས་ བསྐྱེད་པའོ། །དེ་ལ་ཐོས་པ་ལས་བྱུང་བ་ནི་སྡེ་སྣོད་གསུམ་དང༌། རྒྱུད་སྡེ་བཞི་ལ་སོགས་པས་ བསྡུས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ནང་རིག་པ་དང༌། དེ་དག་གི་གདུལ་ བྱ་རྗེས་སུ་འཛིན་པའི་ཡན་ལག་སྒྲ་རིག་པ་དང༌། གཏན་ཚིགས་རིག་པ་དང༌། བཟོ་རིག་པ་ དང༌། གསོ་བ་རིག་པ་ལ་སོགས་པ་ལ་མཁས་པར་སྦྱངས་སྟེ། བསམས་པ་ལས་བྱུང་པ་ཡང་ དེ་དག་ལ་ངེས་པའི་ཤེས་པ་བསྐྱེད་པའོ། །བསྒོམས་པ་ལས་བྱུང་པ་ནི། ཇི་ལྟར་ཤེས་པའི་དོན་ བླང་དོར་གྱི་སྒོ་ནས་བསྒྲུབ་ཅིང་ཉམས་སུ་ལེན་པ་དང༌། ཁྱད་པར་དུ་ཆོས་ཀྱི་དབྱིངས། དེ་ བཞིན་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པའོ། །དེ་རྣམས་ཀྱང་ཡ་གྱལ་གང་རུང་གིས་ཆོག་ པར་མ་བཟུང་པར་ཐམས་ཅད་ཟུང་དུ་འབྲེལ་པར་ཉམས་སུ་བླངས་ན། དམ་པའི་ཆོས་ལ་ གནས་པ་ཞེས་བྱ་སྟེ། (མངོན་བརྗོད་ལས)ཇི་ལྟར་ན། ཆོས་རྣམས་ལ་ཆོས་ལ་གནས་པ་ཡིན་ཞེ་ན། ཐོས་པ་དང་བསམ་པ་ལ་མ་བརྟེན་པར། བསྒོམ་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་ གནས་པ་མ་ཡིན་ལ། བསྒོམ་པ་ལ་མ་བརྟེན་པར་ཐོས་པ་དང༌། བསམ་པའི་སྦྱོར་བ་འབའ་ ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་གྱི། །གཉིས་ཀ་ལ་བརྟེན་ཅིང་གཉིས་ཀ་ལ་གནས་ན་ ཆོས་ལ་གནས་པ་ཡིན་ནོ། །ཞེས་པ་དང༌། (རྒྱན་ལས)འདི་ན་དང་པོ་ཐོས་ལ་བརྟེན་ནས་ཚུལ་ བཞིན་ཡིད་ལ་བྱེད་པ་འབྱུང༌། ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཀྱང་ཡང་དག་དོན་ཡུལ་ཡེ་ ཤེས་འབྱུང༌། དེ་ལས་ཐོབ་དེ་ཡོད་དེ་ལས་བློ་གྲོས་རབ་ཏུ་སྐྱེ། །གང་ཕྱིར་དེ་ནི་སོ་སོ་རང་རིག་ མེད་ན་ཇི་ལྟར་ངེས། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ལྟར་ཐོས་བསམ་སྒོམ་ གསུམ་ལ། །བརྩོན་པར་བྱས་ན་དངོས་གྲུབ་མཐའ་དག་བདེ་བླག་ཏུ་ཐོག་པར་འགྱུར་ཏེ། (ཀླུ་ སྒྲུབ་ཀྱིས)། ཤེས་རབ་རྒྱས་པ་བྱེད་པ་ནི་ཐོས་པ་སྟེ། བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ 7-1-467 ལས་སྒོམ་པ་ཡང་ནི་རབ་ཏུ་འབྱུང༌། །དེ་ལས་དངོས་གྲུབ་བླ་ན་མེད་པ་འཐོབ། །ཅེས་གསུངས་ པ་ལྟར་རོ། །དེ་དག་ནི་ཉིན་བར་ལ་སོགས་པ་དུས་ཐམས་ཅད་དུ་ཆོས་སྤྱོད་བཅུའི་སྒྲུབ་པ་ལ་ བརྩོན་པར་བྱ་བའི་ངེས་པའོ། །དེ་ནས་མཆོད་པ་དང་སྦྱིན་པ་རྒྱ་ཆེར་སྤེལ་བའི་ཕྱིར། སྐབས་ ཇི་ལྟ་བར་གཏོར་མའི་རིམ་པ་ལ་འཇུག་པར་བྱ་སྟེ། དེ་ལ་ཆབ་གཏོར་(འཇམ་དཔལ་ལ)ནི་སྣོད་ དག་པར་ཆུ་གཙང་མར་ལ་འབྲུ་དང་མེ་ཏོག་དང་སྨན་དང་རིན་པོ་ཆེ་དང་དར་སྣ་ཚོགས་ བཏབ་ལ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་(བདུན་རྣམ་དག་བྱེད་པའང་ཡོད)ཚད་མེད་པ་ དང་སྟོང་པ་ཉིད་བསྒོམ་པའི་བར་རང་གཞན་དང་མཐུན་པར་བྱ་ཞིང༌། སྐད་ཅིག་གིས་པད་མ་ དང་ཟླ་བའི་གདན་ལ། མུཿལས་རལ་གྲི་མུཿས་མཚན་པ་ཡོངས་སུ་གྱུར་པ་ལས་རང་ཉིད་ འཕགས་པ་འཇམ་དཔལ་སྐུ་མདོག་སེར་པོ་རྡོ་རྗེ་དཀྱིལ་ཀྲུངས་ཀྱིས་བཞུགས་པ། རལ་གྲི་ དང་གླེགས་བམ་འཛིན་པ། རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་བརྒྱན་པ། འོད་ཟེར་དཔག་ཏུ་ མེད་པ་འཕྲོ་བར་བསྒོམས་ཏེ། སྤྱི་བོ་ནས་ཧཱུཾ་ཡིག་ཞུ་བ་ཐིམ་པས་ལུས་ཐམས་ཅད་རྡོ་རྗེ་གོ་ གྱོན་པར་བསམས་ལ། ༀ་ཝ་གཱི་ཤྭ་(གསུང་གི་དབང་ཕྱུག)ར་མུཿ ཞེས་པ་ཅི་རིགས་པ་བཟླས་སོ། དེ་ནས་གཏོར་མ་ལ་དམིགས་ཏེ། (སེན་མོའི་རྩེ་མོ་སྤྲད་ཅིང་ཐལ་མོ་ཁོང་སྟོང་དུ་སྦྱར་བ)ཆོས་ཉིད་རྣམ་པར་ དག་པའི་ཕྱག་རྒྱ་དང༌། ༀ་སྭ་བྷཱ་ཝ་ཤུདྡྷཿ་སརྦ་དྷརྨཱཿ་སྭབྷཱ་ཝ་ཤུདྡྷོཧཱཾ། ཞེས་པས་མ་དག་པ་ ཐམས་ཅད་སྦྱངས་ནས་སྟོང་ཉིད་དུ་བསམས་ལ། (སེན་མོ་དབུས་མ་གསུམ་གྱི་རྩེ་མོ་སྤྲད་པའི་ཐལ་མོ་སྦྱར་ ནས་གཞན་བཞི་གྲ་བཞིར་བསྒྲེང་བ)ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱོ་(དེ་ བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ)བི་ཤྭ་མུ་ཁེ་བྷྱཿ (སྣ་ཚོགས་པའི་ཞལ་ཅན་རྣམས་ལ)སརྦ་ཐཱ་ཁཾ་ཨུད་ ག་ཏེ་(མཁའ་ཐམས་ཅད་དུ་ངེས་པར་འགྲོ་བ་འདི་)། སྥ་ར་ཎ་ཨི་མཾ་ག་ག་ན་ཀཾ་(ནམ་མཁར)སྭཱཧཱ། ཞེས་པས་ འགྲོན་སོ་སོའི་མོས་པ་དང་མཐུན་པའི་ཡོ་བྱད་རྣམས་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ ཁྱབ་པར་བསམ་ཞིང༌། (སོར་མོ་ཐམས་ཅད་སྦྱར་བའི་ཐལ་མོ་གྱེན་དུ་ཕྱེ་ནས་མཐེ་བོང་བསྣོལ་བ) བདུད་རྩི་ 7-1-468 འཁྱིལ་བའི་ཕྱག་རྒྱ་དང༌། ༀ་ཨ་མྲྀ་ཏ་ཀུནྚ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པ་དང༌། ཐམས་ཅད་ སྡུག་བསྔལ་མཐའ་དག་ཞི་བར་བྱེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམས་ནས། ཤུགས་ (གཡོན་པ་མཉམ་བཞག་དང་གཡས་པ་མཆོད་སྦྱིན་ལྟར་བྱས་པ)ལྡན་འོད་ཀྱི་ཕྱག་རྒྱ་དང༌། ན་མཿ་སརྦ་ཏ་ཐཱ་ག་ ཏ་ཨ་བ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། འཕགས་པ་རྣམས་ཀྱི་སྤྱན་སྔར་མཆོད་པའི་སྤྲིན། མཐའ་ཡས་པ་དང༌། སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་ པ་འབྱུང་བར་བསམས་ཏེ། གཡོན་པ་མཐེ་བོང་བསླང་བའི་ཁུ་ཚུར་དཀུར་བརྟེན་ཅིང་གཡས་ པ་པུས་མོའི་སྟེང་དུ་མཆོག་སྦྱིན་ལྟར་བྱས་པ། ཡེ་ཤེས་སྐར་མདའི་ཕྱག་རྒྱ་དང༌། ༀ་ཛྙཱ་ན་(ཡེ་ ཤེས)ཨ་ཝ་ལོ་ཀི་(ངེས་པར་གཟིགས་པ)ཏེ། ན་མཿ(མཆོད)ས་མནྟ་སྥ་ར་(ཀུན་ནས་འཕྲོ་བ)ཎ་རསྨི་(འོད་ཟེར་) བྷ་(ངོ་བོ་)ཝ་ས་(དམ་ཚིག)མ་ཡ་མཧཱ་(ཆེན་པོ་ནོར་བུ་)མ་ཎི། དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་(སྙིང་པོ་དྲ་བ) ཧཱུཾ། ཞེས་པས་ལུས་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པ་འཕགས་པ་རྣམས་ལ་ཕུལ་བས་མཉེས་ ཤིང༌། སེམས་ཅན་རྣམས་ཀྱང་ཡོ་བྱད་ལ་རྩོད་པ་མེད་ཅིང་མཐུན་པའི་བསམ་པ་དང་ལྡན་ པར་མོས་ལ་དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་དང༌། ན་མཿ་ས་མན་ཏ་བུདྡྷ་(ཀུན་ནས་སངས་རྒྱས་ལ་ ཕྱག་འཚལ་ལོ)ནན། གྲ་ཧེ་ཤྭ་རི་པྲ་བ་ནི་ཛ་ཏི། མཧཱ་ས་མ་(དམ་ཚིག་ཆེན་པོ)ཡ་སྭཱཧཱཿ ཞེས་པས་ ཐམས་ཅད་ཀྱང་དམ་ཚིག་ལ་གནས་པས་ཕན་པ་དང་བདེ་བའི་ཕྲིན་ལས་འབའ་ཞིག་བསྒྲུབ་ པར་བསམ་ཏེ། ཕྱག་རྒྱ་རྣམས་ཕྱོགས་བཅུར་བསྟན་ཞིང༌། སྔགས་རྣམས་ལན་གསུམ་ལ་ སོགས་པ་བརྗོད་པར་བྱའོ། །དེ་ནས། ན་མོཿ་བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ཏེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་ འགྱུར། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་ བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ན། །སེམས་ཅན་དོན་ལ་ དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། ། 7-1-469 གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་ལ། །སྤྱན་འདྲེན་འཁོར་དང་བཅས་ཏེ་གཤེགས་སུ་ གསོལ། །རྒྱལ་བ་རྒྱལ་སྲས་ཉན་ཐོས་རང་རྒྱལ་དང༌། །ལྷ་སྲིན་སྡེ་བརྒྱད་འགྲོ་དྲུག་སེམས་ ཅན་དང༌། །བགེགས་རྣམས་གཏན་པ་མེད་པའི་མཆོད་སྦྱིན་ལ། །སྤྱན་འདྲེན་འཁོར་དང་ བཅས་ཏེ་གཤེགས་སུ་གསོལ། །ཞེས་པས་སྤྱན་དྲངས་ཏེ། པད་མ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་ འབུལ་ཕུལ་ལ། ཨརྒྷཾ་ལ་སོགས་པས་མཆོད་པ་དབུལ་ཞིང་དཀོན་མཆོག་གསུམ་གྱི་བདེན་པ་ ཆེན་པོའི་བྱིན་གྱིས་བརླབས་དང༌། གསང་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་མཐུས་ དང༌། དོན་དམ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང༌། ཀུན་རྫོབ་རྟེན་ཅིང་ འབྲེལ་པར་འབྱུང་བ་རྒྱུ་དང་འབྲས་བུ་མི་བསླུ་བའི་བདེན་པའི་བྱིན་གྱིས་བརླབས་ཀྱིས། རྩ་ བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་ཚོགས་ཐམས་ཅད་ཀྱི་ཕོ་བྲང་དུ། ཀུན་ ཏུ་བཟང་པོའི་མཆོད་པའི་སྤྲིན་དཔུང་རབ་འཇམ་མཐའ་ཡས་པ་ཐམས་ཅད་འབྱུང་ཞིང་རྒྱས་ པར་གྱུར་ཅིག སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་ བྱང་ནས་མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབས་ཏུ་གསོལ། དཔལ་ཚངས་པ་དང་རྒྱ་ བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་ཕྱོགས་སྐྱོང་བ་བཅུ་དང་གཟའ་ཆེན་པོ་བརྒྱད་དང་རྒྱུ་སྐར་ ཉི་ཤུ་རྩ་བརྒྱད་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་དང༌། གཙུག་ལག་ཁང་གི་སྲུང་ མ་རྣམས་དང༌། བསྟན་པ་ལ་དད་པའི་འབྱུང་པོ་མཐུ་སྟོབས་ཅན་འཁོར་དང་བཅས་པ་རྣམས་ ཀྱི་ཕོ་བྲང་དུ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་མཆོད་རྫས་ཕུན་སུམ་ཚོགས་པ་བྱུང་སྟེ་ མཉེས་ཤིང་ཚིམ་པར་གྱུར་ཅིག སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང༌། སེམས་ཅན་ ཐམས་ཅད་བདེ་ཞིང་སྐྱིད་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། འགྲོ་བ་རིགས་དྲུག་ ལམ་རྒྱུད་ལྔ་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་དུ། 7-1-470 རང་རང་གི་མོས་པ་དང་མཐུན་པའི་ཆོས་དང་ཟང་ཟང་གི་འབྱོར་པ་དཔག་ཏུ་མེད་པ་བྱུང་སྟེ་ ཚིམ་ཞིང་རྒྱས་པར་གྱུར་ཅིག རིགས་དྲུག་སོ་སོའི་སྡུག་བསྔལ་ཐམས་ཅད་ལས་གྲོལ་ནས་ མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག ཡུལ་ཕྱོགས་དང་ཉེ་འཁོར་ན་ གནས་པའི་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་རིགས་ཐམས་ཅད་ལའང་རང་རང་གི་འདོད་པ་དང་ མཐུན་པའི་ལོང་སྤྱོད་དཔག་ཏུ་མེད་པ་འབྱུང་བར་གྱུར་ཅིག ལན་ཆགས་དང་བུ་ལོན་ཤ་ མཁོན་གཉེར་བའི་འབྱུང་པོ་ཐམས་ཅད་ཀྱང་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པས་ཚིམ་ ནས་གནོད་པ་དང་གདུག་པའི་བསམ་པ་ཉེ་བར་ཞི་ཞིང་༌། ཕན་པ་དང་ཞི་བ་བྱང་ཆུབ་ཀྱི་ སེམས་དང་ལྡན་པར་གྱུར་ཅིག ཅེས་པ་དང༌། གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། ། ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང༌། །དཀོན་མཆོག་ཡོན་ཏན་དཔག་མེད་ཆེ་བ་ དང༌། །སྙིང་པོ་ཕྱག་རྒྱ་ངེས་པའི་དམ་ཚིག་དང༌། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ནུས་མཐུ་ དང༌། །དྲང་སྲོང་རིག་འཛིན་རྣམས་ཀྱི་གྲུབ་པ་དང༌། །བདག་གི་སྨོན་ལམ་ཤེས་རབ་ཏིང་ འཛིན་གྱིས། །ཡེ་ཤེས་ལྔའི་འོད་ཟེར་རྣམ་པར་འཕྲོ། །དབང་བོ་དྲུག་གི་ལོངས་སྤྱོད་མཁོ་རྒུ་ ལྡན། །ནམ་མཁའི་མཐའ་ཀླས་གཏེར་ཆེན་གྱུར་པ་དེ། །མཆོད་གནས་བླ་མ་ཁྱེད་ཀྱི་ཕོ་བྲང་ དུ། །མཆོད་པའི་སྤྲིན་གྱིས་རྒྱས་ཤིང་གཏིབས་པར་སྨོན། །བདག་གི་བསོད་ནམས་མཐུ་ཡིས་ ནི། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །ཡང་དག་ དེ་བཞིན་གཤེགས་བྱམས་པའི། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག །ཅེས་པའང་འགའ་ ཞིག་ཟེར། སྒྲིབ་པ་མེད་པའི་ཚུལ་གྱིས་སུ། །མ་ཐོགས་པར་ནི་འགྲུབ་པར་ཤོག །བྱོལ་སོང་ གཅིག་ལ་གཅིག་ཟ་བ། །གནོད་པ་དེ་དག་ཡོང་མི་འབྱུང༌། །ཡི་དྭགས་རྣམས་ལ་ཟས་དང་ སྐོམ། །ཐོགས་པ་མེད་པ་འབྱུང་བར་ཤོག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང༌། །མི་ བཟད་རྣམ་པ་སྣ་ཚོགས་དག །བསོད་ནམས་འདི་ཡི་བྱིན་རླབས་ཀྱིས། །དེ་དག་མྱུར་དུ་ཞི་ 7-1-471 གྱུར་ཅིག །ས་འམ་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང༌། །འབྱུང་པོ་མང་པོ་ གང་འཁོད་པའི། །དགེ་བའི་བསམ་པ་རྫོགས་གྱུར་ཅིག །ཅེས་པས་བསྔོས་ནས། ཆོས་རྣམས་ ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ ཡིན་པ། །དགེ་སྦྱོང་ཆེན་པོ་འདི་སྐད་གསུངས། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་ སུམ་ཚོགས་པར་སྤྱོད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ ལེགས་པ་ཡིས། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག ། སྡུག་བསྔལ་ཀུན་ལས་ངེས་པར་གྲོལ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་ དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། ། དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་ པའི་སྲས་སུ་སྐྱེ། །ཞེས་པས་ཆོས་ཀྱི་སྦྱིན་པ་བྱིན་ལ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་ སྤྱོད་ཅིང༌། །ཞེས་པ་ལ་སོགས་པས་གནོད་པའི་ལས་སྤང་བར་གདམས་སོ། །དེ་ནས། ༀ་ཁྱེད་ ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་ དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ༀ་བཛྲ་མུཿཞེས་པས་ འཕགས་པ་རྣམས་གཤེགས་སུ་གསོལ་ཞིང༌། མཆོད་སྦྱིན་གནས་འདིར་གང་ལྷགས་པ། ། འབྱུང་པོ་ས་འོག་རྒྱུ་བ་དང༌། །གང་ཡང་ས་སྟེང་འཁོད་པ་དང༌། །ས་བླར་གྱུར་པ་གང་ཡིན་ རྣམས། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐམས་ཅད་འགྲོ་བར་གྱིས། །སརྦ་བྷུ་ ཏ་གཙྪ་(འབྱུང་པོ་ཐམས་ཅད་སོང)ཞེས་པས་འབྱུང་པོ་རྣམས་རང་རང་གི་གནས་སུ་བཏང་ལ། བདག་བསྲུང་ཞིང་བསྔོ་བ་དང་སྨོན་ལམ་བྱ་སྟེ། ཆུ་གཏོར་ཇི་ལྟར་བྱ་བའི་ཆོ་གའོ། །ཡང་ན་ རང་ཤཱཀྱ་ཐུབ་པར་བསྒོམས་ནས། གཡས་པ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བཅས་ལ། ༀ་སརྦ་ 7-1-472 ཀ་(ཐམས་ཅད་བྱེད་པ)རི་ཧཱུཾ། ཞེས་བརྗོད་པས་སྣོད་ཐམས་ཅད་རིན་པོ་ཆེ་ལས་གྲུབ་པར་བསམ་ ཞིང༌། ༀ་སརྦ་(ཐམས་ཅད་གྲུབ་པ)སིད་དྷི་ཧཱུཾ། ཞེས་པས་བཅུད་ཐམས་ཅད་བདུད་རྩིའི་རང་བཞིན་ དུ་བསྒོམས་ནས། ན་མཿ་སརྦ་ཏ་ཐཱ་ག་ཏ་ལ་སོགས་པ་དང་ཇི་ལྟར་རིགས་པའི་ཚིག་གིས་ (འཕགས་པ་དང་སེམས་ཅན་ཐམས་ཅད་ལ)བསྔོས་ལ་(ཆོས་བཤད་ཅིང)། ༀ་ཨཱཿ་ཧཱུཾ་ཞེས་པས་སངས་རྒྱས་ཀྱི་ ས་ལ་བཀོད་པར་བསམ་པ་ཡང་རྣམ་གྲངས་ཏེ། རྒྱས་བསྡུས་གང་ལ་མོས་པ་བྱའོ། །དེ་ནས་ ཀླུ་གཏོར་(དགའ་ལོའི་ལུགས)ནི། ཀླུ་སྨན་དང་བཅས་པའི་ཆུ་གཙང་མ་བཤམས་ལ། སྔ་མ་ལྟར་ སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱས་ནས། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞེས་ པ་ལ་སོགས་པས་བསྟོད་ཅིང༌། རང་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་ཕྱག་གཉིས་པར་བསྒོམས་པའི་ཐུགས་ཀར་ཧྲཱིཿ་ཡིག་བསམ་ཏེ་སྙིང་པོ་མ་ཎི་ཅི་རིགས་པ་ བཟླས་སོ། །དེ་ནས་ཧྲཱིཿའི་འོད་ཟེར་གྱིས་ཀླུ་ཆེན་པོ་བརྒྱད་ཀྱིས་གཙོ་བྱས་པའི་ཀླུ་དང་ས་ བདག་རྣམས་དང༌། ཁྱད་པར་དུ་ཡན་ལག་ཉམས་ཤིང་དམན་པའི་རིགས་ཐམས་ཅད་ བཀུགས་པར་བསམས་ལ། ༀ་ཨཱཿ་ཧཱུཾ་ཞེས་གསུམ་བརྗོད་པས་གནས་ཡིད་དུ་འོང་བ་རིན་པོ་ ཆེ་བྲག་རི་དང་མཚོ་དང་རྫིང་བུ་དང་ནེའུ་གསིང་དང་ཕོ་བྲང་དང་སྐྱེད་མོས་ཚལ་ལ་སོགས་པ་ རྣམས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཀླུ་ནད་ཐམས་ཅད་ཞི་བར་བྱེད་པའི་བདུད་རྩིས་ ཡོངས་སུ་གང་བར་བསམ་ཞིང༌། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ༀ་ན་ག་ས་པ་རི་(ཀླུ་འཁོར་དང་ བཅས་པ)ཝ་ར་ས་མ་ཡ་(དམ་ཚིག)ཧཱུཾཿཛཿཛཿ ཞེས་པས་སྤྱན་དྲངས་ཏེ་མཆོག་སྦྱིན་གྱི་ཕྱག་རྒྱ་ བཅས་ལ། ༀ་བ་སུ་(ནོར་རྒྱས)ཀེ་མཾ་སྭཱཧཱ། ཞེས་པས་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་ལ། ཕྱག་གཡས་པ་ནས་བདུད་རྩིའི་རྒྱུན་འོ་མ་ལྟ་བུར་གཏོར་མའི་ནང་དུ་བབས་པ་ཀླུ་རྣམས་ཀྱིས་ འཐུངས་ཤིང་ཁྲུས་བྱས་པས། ནད་དང་སྡུག་བསྔལ་དང་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ ནས་ཡན་ལག་དང་ཉིང་ལག་དང་དབང་པོ་ཐམས་ཅད་ཚང་བ་ལྷའི་ལུས་ལྟ་བུར་གྱུར་པས་ 7-1-473 མཉེས་ཤིང་ཚིམ་པར་བསམ་ལ། ༀ་མཐའ་ཡས་དང་ནི་འཇོག་པོ་དང༌། །སྟོབས་ཀྱི་རྒྱུ་དང་ རིགས་ལྡན་དང༌། ནོར་རྒྱས་དང་ནི་དུང་སྐྱོང་དང༌། །པད་མ་དང་ནི་ཆུ་ལྷ་དང༌། །རྒྱ་མཚོ་རྒྱ་ མཚོ་ཆེན་པོ་དང༌། །དཔལ་གྱི་འོད་དང་འོད་པོ་ཆེ། །ཀླུ་ཆེན་འཁོར་བཅས་གཏོར་མ་བཞེས། ། མཛེས་པའི་དཀར་གསུམ་གཏོར་མ་འདི། །མངར་གསུམ་འོ་མའི་རྒྱ་མཚོ་ཆེ། །རིན་ཆེན་ཕྲེང་ བའི་ཐེམ་སྐས་ཅན། །ཀླུའི་གནོད་པ་སྐྱོབ་བྱེད་པ། །མཐུན་པའི་རྫས་སུ་འདི་གྱུར་ཅིག །བདག་ ཅག་འཁོར་དང་བཅས་རྣམས་ལ། །ཀླུ་ལས་གྱུར་པའི་གནོད་པ་ནི། །མཐོང་བའི་དུག་དང་ རེག་པའི་དུག །བསམ་ངན་དུག་དང་ཁ་རླངས་དུག །དེ་ལ་སོགས་པའི་དུག་རྣམས་ཀུན། ། ཡུད་ཙམ་གྱིས་ནི་ཞི་གྱུར་ཅིག །བདག་བས་གཅེས་པའི་རྫས་ཁྱེར་ལ། །བདག་ལ་གནོད་པ་ མ་བྱེད་ཅིག །ཅེས་པ་ལ་སོགས་པས་ཇི་ལྟར་རིགས་པའི་ཚིག་གིས་བསྔོ་བར་བྱའོ། །དེ་ནས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །ཞེས་པ་ལ་སོགས་པ་སྔ་མ་བཞིན་དུ་ཆོས་ཀྱི་སྦྱིན་པ་ བྱིན་ལ། ཀླུ་རྣམས་ཀྱི་སྒྲིབ་པ་སྦྱང་བའི་ཆེད་དུ། ན་མོ་རཏྣ་ཏྲ་ཡཱ་ཡ(དཀོན་མཆོག་གསུམ་ལ་ཕྱག་འཚལ་ ལོ)། ༀ་ཀཾ་ཀ་ནི(སྡིག་པ་རྣམས)། ༀ་ཀཾ་ཀ་ནི(སྡིག་པ་རྣམས)། རོ་ཙ་ནི(འགག་པར་གྱིས)། རོ་ཙ་ནི(འགག་ པར་གྱིས)། ཏྲོ་ཊ་ནི་(དྲལ་བར་གྱིས)ཏྲོ་ཊ་ནི(དྲལ་བར་གྱིས)། ཏྲ་ས་ནི(སྐྲག་པར་གྱིས)། ཏྲ་ས་ནི་(སྐྲག་པར་ གྱིས)། པྲ་ཏི་ཧ་ན(སོ་སོར་བསྣུན)། པྲ་ཏི་ཧ་ན(སོ་སོར་བསྣུན)། སརྦ་ཀརྨ་པ་རམ་པ་རཱ་ནི་མེ་(ལས་ཐམས་ ཅད་ཕ་རོལ་ནས་ཕ་རོལ་དུ་གྱིས)སྭཱཧཱ། ཞེས་ཀྱང་བརྗོད་ཅིང༌། སླར་ཡང་འདི་སྐད་དུ། ཀླུའི་རིགས་ནི་ ཁྱེད་རྣམས་ཀུན་སེམས་དང་ཤེས་པ་གསལ་གྱུར་ཅིག བཀའ་དང་དམ་ལས་མ་འདའ་བར། ཤིན་ཏུ་ཁྲོས་པ་ཞི་གྱུར་ཅིག དབང་པོ་རྣམས་ཀྱིས་སྤྱོད་ཡུལ་དུ། །མཁོ་རྒུ་ལོངས་སྤྱོད་ཐམས་ ཅད་ལྡན། །ཉམས་པའི་ལུས་རྣམས་སོས་ཤིང་རྒྱས། །ཡན་ལག་ཐམས་ཅད་བདེ་གྱུར་ཅིག ། ངན་སོང་གསུམ་ལས་ཐར་ནས་ཀྱང༌། །ཚངས་པའི་བདེ་དང་ལྡན་གྱུར་ཅིག །ཆོས་སྤྱོད་ དབང་པོ་དུལ་ནས་ཀྱང༌། །ཕྱག་ན་རྡོ་རྗེའི་ཞལ་མཐོང་ཤོག །ཅེས་པ་ལ་སོགས་པའི་སྨོན་ 7-1-474 ལམ་བྱ་སྟེ། སྔགས་དང་སྨན་སོགས་བྱིན་རླབས་ཀྱིས། །ནད་དང་ཉེར་འཚེ་ཀུན་སངས་ནས། ། དྲིན་ལན་དམ་ཚིག་དྲན་གྱིས་ལ། །རང་རང་གནས་སུ་འགྲོ་བར་གྱིས། །ༀ་ནཱ་ག་ས་པ་རི་ཝ་ ར་(ཀླུ་འཁོར་དང་བཅས་པ་རྣམས་སོང་)གཙྪཿ ཞེས་པས་གཤེགས་སུ་གསོལ་ནས་གཏོར་མ་རྣམས་ གཙང་སར་དོར་བར་བྱའོ། །ཡང་ན་སྔར་བཤད་པའི་ཆོ་ག་གཞན་གྱིས་ཀྱང་རུང་སྟེ་ཀླུ་གཏོར་ གྱི་ཆོ་གའོ། །དེ་ནས་རྒྱུན་དུ་བྱ་བའི་གཏོར་མའི་རིམ་པ་ནི་སྔ་མ་བཞིན་དུ་མཆོད་ཡོན་ལ་ སོགས་པ་ཕུལ་བ་བསྔོ་བ་སྔོན་དུ་འགྲོ་བས། ཆུ་དང་བཅས་པའི་ཟན་གྱིས་གཏོར་མ་རྣམས་ རིམ་པར་ལྟར་བཤམས་ལ། ཐམས་ཅད་ཀྱང༌། ༀ་ཨཱཿ(བགེགས་མཐར་བྱེད)བིགྣན་ཏ་ཀྲྀཏ་ ཧཱུཾ་ཕཊ། ཅེས་པའམ། ཨ་མྲྀ་ཏས་བསངས་ཤིང༌། སྭ་བྷཱ་ཝས་སྦྱངས་ཏེ། ༀ་ཨཱཿཧཱུཾ་གིས་བདུད་ རྩི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབས་ནས། ན་མཿ (ན་མ་ཕྱག་འཚལ་ལོ་)སརྦ་ཏ་(དེ་བཞིན་གཤེགས་ པ་ཐམས་ཅད་)ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། (ངེས་པར་གཟིགས་པ་)སཾ་བྷ་ར་(ཡང་དག་པར་རྒྱས་པ་)སཾ་བྷ་ར་(ཡང་ དག་པར་རྒྱས་པ་)ཧཱུཾ་ཞེས་པས། ཇི་ལྟར་འདོད་པའི་འགྲོན་རྣམས་ལ་དབུལ་བར་བྱའོ། །དེ་ཡང་ ཐོག་མར་ཡུལ་དང་གྲོང་གི་བདག་པོ་གནས་བདག་གཞི་བདག་གཉུག་མར་གནས་པའི་ འབྱུང་པོ་རྣམས་ལ་ཕུལ་ནས་བར་ཆད་ཞི་བ་དང་འཐུན་རྐྱེན་འགྲུབ་པ་ལ་སོགས་པའི་སྨོན་ ལམ་བྱའོ། ། ༈ (བྱང་སེམས་ལུགས་ཀྱི་)དེ་ནས་བརྒྱ་རྩའི་རིམ་པ་ནི། (ཟན་)བཅུ་ཚན་བཅུ་གཅིག་དུ་བྱས་ པའི་དང་པོ་དཔལ་ལྡན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང༌། ཡི་དམ་ རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་ ཚོགས་ཐམས་ཅད་ལ་མཆོད་པར་ཕུལ་(འབུལ་ལོ་ཞེས་)ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་ རྒྱས་པ་དང༌། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང༌། ཕྱི་དང་ནང་གི་བར་ཆད་ཐམས་ ཅད་ཉེ་བར་ཞི་བ་དང༌། བསམ་པའི་དོན་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་བྱིན་གྱིས་ 7-1-475 བརླབ་ཏུ་གསོལ། །ཞེས་པ་ལ་སོགས་པའི་(གང་འདོད་པའི་)གསོལ་བ་གདབ་པོ། །གཉིས་པ་ དཔལ་མགོན་པོ་དང་ལྷ་མོ། ཚངས་པ་དང་བརྒྱ་བྱིན། རྒྱལ་པོ་ཆེན་པོ་སྡེ་བཞི། གཙང་རིས་ ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་ལ་སོགས་(བསྟན་པ་དར་བ་ལ་སོགས་པའི་)པ་དམ་པ་ཆོས་སྐྱོང་བའི་ སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་ཕུལ་ནས་སྔ་མ་བཞིན་དུ་ཕྲིན་ལས་གཞོལ་ལོ། ། གསུམ་པ་ལྷ་དང་མིའི་བྲམ་ཟེ་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ། སྨོན་ལམ་གྲུབ་པ་ རྣམས་ལ་ཕུལ་ནས། སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་པའི་སྨོན་ལམ་རྣམ་པར་ དག་པ་མཛད་དུ་གསོལ། ཞེས་པ་ལ་སོགས་པ་བརྗོད་པར་བྱའོ། །བཞི་པ་ལྷན་ཅིག་སྐྱེས་ པའི་ལྷ་དང་སྲུང་མ་དཀར་པོའི་ཕྱོགས་ལ་དགའ་བ་རྣམས་ལ་ཕུལ་ནས། འགལ་རྐྱེན་བར་ ཆད་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་བསམ་པ་ཐམས་ཅད་འགྲུབ་པར་བྱིན་གྱིས་བརླབ་ཏུ་ གསོལ་ལོ། །ཞེས་བརྗོད་དོ། ། ལྔ་པ་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ལ་སོགས་པ་རང་རང་གི་ཡུལ་ཕྱོགས་ དང་ཉེ་འཁོར་ན་གནས་པའི་གཞི་བདག་རྣམས་ལ་བསྔོས་ནས། ཡུལ་ཕྱོགས་ཐམས་ཅད་བདེ་ ལེགས་དང་ལྡན་པར་མཛད་དུ་གསོལ། །ཞེས་པ་ལ་སོགས་པའི་ཕྲིན་ལས་གཞོལ་ལོ། །དྲུག་ པ་གནོད་སྦྱིན་འབྲོག་གནས་མཆེད་ལྔ་དང༌། འཕྲོག་མ་བུ་དང་བཅས་པ་ཐམས་ཅད་ལ་སྦྱིན་ ཞིང༌། བདུན་པ་སེམས་ཅན་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་ བར་འདྲེན་པའི་ཚོགས་ཐམས་ཅད་ལ་བྱིན་ཏེ། དེ་དག་ཐམས་ཅད་འདོད་པའི་ལོངས་སྤྱོད་ ཕུན་སུམ་ཚོགས་པས་ཚིམ་ནས། བསམ་སྦྱོར་ངན་པ་ཐམས་ཅད་ཞི་ཞིང༌། བྱམས་སྙིང་རྗེ་ བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཅེས་པ་ལ་སོགས་པའི་སྨོན་ལམ་བྱའོ། །བརྒྱད་ པ་འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ ཐམས་ཅད་ལ་བྱིན་ནས། གང་ལ་ཅི་འདོད་པའི་ཆོས་དང༌། ཟང་ཟིང་གི་འབྱོར་པ་རྒྱ་ཆེན་པོ་ 7-1-476 ལ་ལོངས་སྤྱོད། རིགས་དྲུག་སོ་སོའི་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་ནས། མྱུར་ དུ་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཅེས་པ་ལ་སོགས་པས་ བསྔོའོ། །དགུ་པ་ཕྱི་དང་ནང་གི་སྒྲིབ་པ་ཅན་ལ་སོགས་པའི་འབྱུང་པོ་ཡི་དྭགས་ཀྱི་འགྲོ་བ་ ཐམས་ཅད་ལ་བྱིན་ནས། བཟའ་བ་དང་བཏུང་བ་བདུད་རྩི་ཆར་བཞིན་དུ་བབས་སྟེ། བཀྲེས་ པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ལས་གྲོལ་ནས། མྱུར་དུ་རྫོགས་པའི་ སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་པ་ལ་སོགས་པས་བསྔོ། །བཅུ་པ་ཚེ་རབས་ ཐོག་མ་མེད་པ་ནས། ཟས་དང་ནོར་དང་སྲོག་གི་ལན་ཆགས་པ། ལན་ཆགས་དང་བུ་ལོན་ཤ་ འཁོན་གཉེར་བ་ཐམས་ཅད་ལ་བྱིན་ནས། བུ་ལོན་དང་ལན་ཆགས་ཤ་འཁོན་ཐམས་ཅད་བྱང་ སྟེ། ཐམས་ཅད་ཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག །ཅེས་པ་ལ་སོགས་པས་བསྔོའོ། ། བཅུ་གཅིག་པ་ཁ་ཞན་པ་དབང་ཆུང་བ་བློ་བུར་དུ་ལྷགས་པ་གཏོར་མ་འདོད་ལ་མ་ཐོབ་པའི་ རིགས་ཐམས་ཅད་ལ་བྱིན་ནས། ཆོས་དང་མཐུན་པའི་འབྱོར་པ་ཕུན་སུམ་ཚོགས་པས་ཚིམ་ ཞིང་རང་རང་གི་སྡུག་བསྔལ་གང་ཡོད་པ་ལས་གྲོལ་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཆེན་ པོ་ཐོབ་པར་གྱུར་ཅིག །ཅེས་པ་ལ་སོགས་པས་བསྔོ། །དེ་རྣམས་ཀྱི་དང་པོ་བཞི་ཡན་ཆད་ལ། སྔགས་ཀྱི་མཐར་ཨརྒཾ་ལ་སོགས་པས་མཆོད་ཅིང༌། ལྔ་པ་མན་ཆད་ལ་དེ་བཞིན་གཤེགས་པ་ རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་དམ་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་ པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས། ཐམས་ཅད་བདུད་རྩིས་ཚིམ་པའི་གཟུགས་བཟང་པོ་བདེ་བ་དང་ལྡན་པ་ཐོབ་ནས། གནོད་པ་ཐམས་ཅད་ལས་གྲོལ་བར་བསམ་ཞིང༌། བདེན་པའི་སྟོབས་བརྗོད་པ་དང༌། (བདག་ གི་བསམ་པའི་སྟོབས་དང་ནི་ཞེས་སོགས་སོ་)ཆུ་སྦྱིན་དང་བསྔོ་བ་ལ་སོགས་པ་ཡང་བྱ་སྟེ། སྐབས་ཇི་ལྟ་ 7-1-477 བར། (ཨ་ཀ་རོ་འམ་ན་མ་སོགས་ཀྱིས་དཀོན་མཆོག་ཆོས་སྐྱོང་དཀར་ཕྱོགས་གནོད་བྱེད་བར་དོ་རྣམས་ལ་)བར་དོ་ལ་ ཡང་གཏོར་མ་གཅིག་གམ་ལྔ་ལ་སོགས་པ་སྦྱིན་པར་བྱའོ། །སྟོང་རྩ་ནི་སྔར་གྱི་ཆོ་གས། ལན་ བཅུའི་བར་དུ་གཏོང་བའམ། ཡང་ན་འགྲོན་ཚན་བཅུ་གཅིག་པོ་རེ་རེ་ལ་བརྒྱ་རྩ་རེ་དབུལ་ བའོ། །དེ་ནས་ཟན་(དབྱུག་གུ)དྲུག་ཅུ་རྩ་བཞིར་བྱས་པ་སྔ་མ་ལྟར་བྱིན་གྱིས་བརླབས་ལ། རང་ ལྷག་པའི་ལྷའི་ང་རྒྱལ་དང་ལྡན་པས། ༀ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ཎཾ ཨདྱ་ནུད་པན་ན་ཏྭཏ་ ༀ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་བཟླས་ནས་འཕགས་པའི་ཚོགས་རྣམས་མཉེས་ཤིང་སེམས་ཅན་ ཐམས་ཅད་ཚིམ་པར་གྱུར་ཅིག །ཅེས་པས་རིམ་གྱིས་བསྔོས་སྟེ། ཁྱད་པར་དུ་ཡང་རྡོ་རྗེ་ཕོ་ཉ་ མོ་དྲུག་ཅུ་རྩ་བཞི་མཉེས་ཤིང་ཚིམ་པར་གྱུར་ཅིག །དབྱུག་གུ་དྲུག་ཅུ་རྩ་བཞིའི་དུས་ཀྱི་བར་ ཆད་ཐམས་ཅད་ཞི་བར་གྱུར་ཅིག །ཅེས་པ་ལ་སོགས་པའི་སྨོན་ལམ་དང༌། མཐར་ཡང་ཆུ་ སྦྱིན་བྱའོ། །གཞན་ཡང་སྐབས་ཇི་ལྟ་བར་སྲུང་མ་ཁྱད་པར་ཅན་དྲུག་ཅུ་ལ་ཡང་གཏོར་མ་རྒྱ་ ཆེན་པོ་དབུལ་བར་བྱ་སྟེ། དཔལ་དུས་ཀྱི་འཁོར་ལོ་ལས་འབྱུང་བའི་ཆོ་གས་སོ། །ཡང་ན་ མདོར་བསྡུས་པ་ནི། ཨ་ཀ་རོའི་སྔགས་ཀྱི་བཅུ་ཚན་དྲུག་གི་དང་པོ་ཁྲོ་བོ་ཆེན་པོ་བཅུ་དང༌། གཉིས་པ་གྲུབ་པ་ཆེན་པོ་བཅུ་དང༌། གསུམ་པ་ཕྱོགས་སྐྱོང་ཆེན་པོ་བཅུ་དང༌། བཞི་པ་གཟའ་ མཆོག་ཆེན་པོ་བཅུ་དང༌། ལྔ་པ་ཀླུ་རྒྱལ་ཆེན་པོ་བཅུ་དང༌། དྲུག་པ་འབྱུང་པོ་ཆེན་པོ་བཅུ་ལ་ ཕུལ་ཏེ། འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །དེ་བཞིན་དུ་མི་གཡོ་བ་དྲུག་ཅུ་རྩ་ བཞི་མ་དང༌། སྒྲོལ་མ་ཉི་ཤུ་རྩ་གཅིག་མ་ལའང་སྔར་བསྟན་(ཞིང་གྲངས་མིང་དང་མཐུན་)པའི་ཚུལ་ གྱིས་ཤེས་པར་བྱའོ། །འཇུག་ཏུ་ཐུན་གཏོར་ནི། ཡི་དམ་དང་ཆོས་སྐྱོང་གང་ལ་མོས་པ་དང༌། འབྱུང་པོ་སྤྱི་དང་གཞི་བདག་ལ་སོགས་པ་རྣམས་ལ། རང་རང་གི་སྒྲུབ་ཐབས་དང་མཐུན་པའི་ ཆོ་གས་དབུལ་བར་བྱ་སྟེ། ཡང་ན་དེ་དག་ཀྱང་ཨ་ཀ་རོའི་སྔགས་ཀྱིས་སོ།། །། སྐབས་འདི་ལས་གཞན་དུ་ཡང་རུང༌། རང་གི་(རྣམ་རྒྱལ་རྣམ་འཇོམས་ལ་སོགས་)ལྷག་པའི་ལྷ་ 7-1-478 ལ་གཏོར་མ་ཕུལ་བ་སྔོན་དུ་འགྲོ་བ་ཅན་གྱི་ཆ་གསུམ་གྱི་གཏོར་མའི་རིམ་པ་ནི། ཇི་ལྟར་འོས་ པའི་ཡོ་བྱད་བཤམས་ལ། (གསུམ་པོ་)ཐམས་ཅད་ཀྱང་ཀླུ་(སྔར་བཤད་པའི་)གཏོར་ལྟར་བྱིན་གྱིས་ བརླབས་པའི་དང་པོ་ཕྱོགས་སྐྱོངས་བཅུ་ལ་ཕུལ་ཏེ། རང་ཡི་དམ་དུ་གསལ་བའི་ཐུགས་ཁའི་ འོད་ཟེར་གྱིས། ཕྱོགས་སྐྱོངས་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང༌། (དཔུང་བཟང་ ལས)ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས༌། །གཏོར་མ་ཕུལ་བ་འདི་དག་ བཞེས་སུ་གསོལ། །མེ་བདག་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་ཀླུ་བདག་ ནོར་གྱི་བདག་པོ་དང༌། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང༌། །སྟེང་གི་ཉི་ཟླ་ཚངས་ པ་ཆེན་པོ་དང༌། །ལྷ་རྣམས་ཀུན་དང་གང་དག་ས་སྟེངས་ཀླུ། །རི་ཡི་ལྷ་དང་གཙང་མའི་ཚོགས་ བཅས་ལ། །ས་སོས་སོར་གཏོར་མ་ཕུལ་བ་འདི། །རབ་ཏུ་དགེས་པའི་ཡིད་ཀྱིས་བཞེས་ནས་ སུ། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་ཀྱང༌། །རང་གི་བུ་སྨད་མཛའ་བཤེས་ གཉེན་འདུན་དང༌། །ནང་མི་དམག་དང་དཔུང་བཅས་ཐབས་གཅིག་ཏུ། །ཕྲེང་བ་མེ་ཏོག་དྲི་ དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ ཞིང་ལེགས་པར་བསྣམས་ནས་ཀྱང༌། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ༀ་ (དབང་པོ་)ཨིན་ཏྲཱ་ཡ། ཨག་(མེ་ལྷ་)ན་ཡེ། ཡ་(གཤིན་རྗེ་)མཱ་ཡེ། ནཻར་ཏི་(བདེན་བྲལ་)ཏྱ་ཡ། ཝ་རུ་(ཆུ་ལྷ་) ཎ་ཡཱ། ཝཱ་ཡ་(རླུང་ལྷ་)བེ། ཀུ་བཻ་རཱ་(ལུས་ངན་)ཡ། ཨི་ཤྭ་(དབང་ཕྱུག་)རཱ་ཡཱ་ཨུར་(སྟེང་གི་ཚངས་པ་)དྷཾ་བྷྲ་ མ་སཱུཪྻ་གྲ་ཡ་(ཉི་མ་གཟའི་མངའ་བདག)ཨ་དྷི་པ་ཏ་ཡེ། ཙན་ཏྲ་(ཟླ་བ་སྐར་མའི་མངའ་བདག་)ན་ཀྵཱ་ཏྲ་ཨ་ དྷི་པ་ཏ་ཡཱེ། ཨེ་(ཚུར་སྤྱོན་དབང་ལྡན་ཚུར་སྤྱོན་)ཧྱེ་ཧི། ཅེས་བརྗོད་ལ། པད་མ་ཀ་མ་སྟྭཾ་གྱིས་གདན་ ཕུལ་ལ། ༀ་ཨ་(ཕྱོགས་བཅུའི་འཇིག་རྟེན་སྐྱོང་པ་)ད་ཤ་དི་ཀ་ལོ་ཀེ་བཱ་མ། གྷྲིཧྣེ་(འདི་ཟུང་མཛོད་)དྷཾ་ཞེས་ པ་སྔོན་དུ་འགྲོ་བའི། ཨརྒཾ་(སོ་སོའི་ཕྱག་རྒྱ་དང་བཅས་པས་)སྭཱཧཱ། པ་ཏྱཾ་སྭཱཧཱ། པཱུ་པཾ་སྭཱཧཱ། དྷུ་པཾ་སྭཱཧཱ། དཱི་པཾ་སྭཱཧཱ། གན་དྷཾ་དྱ་སྭཱཧཱ། ནཱཻ་དྱ་སྭཱཧཱ། ཞེས་པས་མཆོད་པ་དབུལ་ཞིང༌། ༀ་བཛྲ་ས་(རྡོ་རྗེའི་དམ་ 7-1-479 ཚིག་)མ་ཡ་སྟྭཾ་ཞེས་པས་དམ་ལ་བཞག་གོ །དེ་ནས་གཏོར་མ་གསོལ་བས་མཉེས་པར་བསམ་ ཞིང་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ༀ་ཨིན་ཏྲ་ཡ་ཞེས་པ་ལ་སོགས་པའི་མཐར། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོཿ བྷི་ཤ་མུ་ཁཱེ་བྷྱ། སརྦ་ཐ་ཁཾ་ཨུད་ག་ཏེ། སྥ་ར་ན་ཨི་མཾ། ག་ག་ན་ ཁཾ། གྲིཧྣེ་དཾ། བ་ལིན་ཏ་ཡེ་སྭཱཧཱ། ཞེས་པ་གསུམ་ལ་སོགས་པས་ཕུལ་ནས། སླར་ཡང༌། ཨརྒཾ་ ལ་སོགས་པས་མཆོད་ཅིང༌། (རིག་པ་མཆོག་ལས)དབང་པོ་རྡོ་རྗེ་འཆང་པའི་ལྷ། །ལྷ་ཡི་རྒྱལ་པོ་ གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་ འཚལ། །མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་གདོན་གྱི་ ཚོགས་བཅས་ལ། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གཤིན་རྗེ་བེ་ཅོན་འཆང་བའི་ལྷ། ། མ་མོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་ དེ་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག ། ལྷོ་ནུབ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞགས་པ་ ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིགས་ འཛིན་རྒྱལ་པོ་གདོན་གྱི་བདག །ནུབ་བྱང་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་དབྱུག་ཐོ་ཐོགས། །ནོར་སྐྱོང་རྒྱལ་པོ་གདོན་གྱི་བདག ། བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དབང་ དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་གདོན་གྱི་ཚོགས་ བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སྟེང་གི་ཚངས་པ་ཆེན་པོ་དང༌། །ཉི་མ་ཟླ་ བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། ། འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་པ། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། ། 7-1-480 མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད་དེ། །མཆོད་སྦྱིན་གཏོར་མ་འདི་ བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། ། དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། ཞི་དང་རྒྱས་ལ་ སོགས་པའི། །ལས་ཀྱི་དངོས་གྲུབ་བདག་ལ་གསོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། ། དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་ བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་ མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། ། བདེ་ལེགས་ཐམས་ཅད་འབྱུང་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་ཕྲིན་ ལས་བཅོལ་ལ་དངོས་གྲུབ་མ་ལུས་པ་སྣང་བར་བསམ་མོ།། །། གཉིས་པ་འབྱུང་པོ་ཐམས་ཅད་ལ་དབུལ་སྟེ། སྔ་མ་བཞིན་དུ་སྙིང་ཁའི་འོད་ཟེར་གྱིས། ལྷ་ཀླུ་ཁྱད་པར་ཅན་རྣམས་ཀྱི་གཙོ་བྱས་པའི་འབྱུང་པོ་ཐམས་ཅད་སྤྱན་དྲངས་པར་བསམ་ ཞིང༌། (དཔུང་བཟང་ལས)ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡི ང་དང་འདབ་ བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་ཚོགས་བཅས་ལ། །གང་དག་ས་ལ་གནས་ པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གི་པུས་མོ་ས་ ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་ གདགས་སླད་དུ་འདིར་གཤེགས་ཤིག །ༀ་དེ་ཝ་(ལྷ་)ན་ག་(ཀླུ་)ཡཀྵ་(གནོད་སྦྱིན་)གཱན་དྷར་བྷ(དྲི་ ཟ)། ཨ་སུ་ར་(ལྷ་མ་ཡིན་)ག་རུ་ཊ(ནམ་མཁའ་ལྡི ང་)། ཀི་ན་ར(མི་འམ་ཅི་)། མ་ཧོ་ར་ཀ (ལྟོ་འཕྱེ་ཆེན་པོ་) ཨ་ནུ་ཥྱ(མི་)། ཨ་མ་ནུ་ཥྱ(མི་མ་ཡིན་)། ཨེ་ཧྱེ་ཧི། (ཚུར་བྱོན་ཚུར་སྤྱོན་) ཞེས་བརྗོད་ནས། སྔར་ བཤད་པ་ལྟར་གདན་དང་(པད་མའི་)མཆོད་པ་ལྔ་ཕུལ་ནས། དམ་ལ་བཞག་གོ །དེ་ནས་གཏོར་ མ་གསོལ་བས་མཉེས་པར་བསམ་ཞིང༌། ༀ་དེ་ཝ་(ལྷ་)ཞེས་པ་ལ་སོགས་པའི་མཐར། ན་ 7-1-481 མཿསརྦ་ཏ་ཐ་ག་ཏེ་བྷྱོ། ཞེས་པ་ལ་སོགས་པ་(ཕྱག་རྒྱ་དང་བཅས་པས)སྦྱར་བས་ཕུལ་ནས། ཨརྒཾ་ལ་ སོགས་པས་ཀྱང་མཆོད་དེ། འབྱུང་པོ་གང་དག་རི་རབ་སྟེང་ན་གནས་པ་དང༌། །དགའ་བའི་ ཚལ་དང་ལྷ་ཡི་གནས་རྣམས་དང༌། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང༌། །རི་བོ་ཀུན་ ལ་གང་དག་གནས་པ་དང༌། །རིན་ཆེན་གླིང་ན་ལྷག་པར་གནས་པ་དང༌། །ཆུ་བོ་ཀུན་དང་ཆུ་ བོའི་མདོ་རྣམས་དང༌། །མཚོ་དང་རྫིང་བུ་ལྡེང་ཀ་ཆུ་ངོགས་དང༌། །གཡའ་ཆུ་སིལ་མ་ཅན་ན་ གང་གནས་དང༌། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང༌། །ཁང་སྟོང་དག་དང་ལྷ་ཡི་ གནས་དག་དང༌། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང༌། །དཀའ་ཐུབ་གནས་ དང་གླང་ཆེན་བྲེས་གནས་དང༌། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང༌། །ལམ་སྲང་ སུམ་མདོ་དང་ནི་བཞི་མདོ་དང༌། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང༌། །དུད་ཁྲོད་ཆེན་ པོ་ནགས་ཚལ་ཆེན་པོ་དང༌། །སེང་གེ་དྲེད་དང་གཅན་ཟན་གནས་རྣམས་དང༌། །འབྲོག་ཆེན་ འཇིགས་སུ་རུང་པར་གང་གནས་དང༌། །གང་དག་གླིང་མཆོག་དག་ན་གནས་པ་དང༌། །ལྷུན་ པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་ བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ནི། །འདི་ དག་གསོལ་ཞིང་ལེགས་པར་བཞེས་ནས་ཀྱང༌། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་ མཛོད། །ཅེས་པས་བསྔོས་ལ། ཡེ་དྷརྨ་དང་སྡིག་པ་ཅི་ཡང་མི་བྱ་སྟེ། ཞེས་པ་ལ་སོགས་པ་ ཆོས་ཀྱི་སྦྱིན་པའང་སྦྱིན་ཞིང་སྦྱིན་པའི་བདག་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྔོན་ གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་བར་དུ་གཅོད་པ་ཐམས་ཅད་ཞི་བ་ དང༌། ཚེ་དང་དཔལ་འབྱོར་རྒྱས་པ་དང༌། བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་ མཛད་དུ་གསོལ། ཞེས་པ་ལ་སོགས་པས་འདོད་པའི་དོན་ལ་གསོལ་བ་བཏབ་ནས། ༀ་སརྦ་ བྷུ་ཏ་གཙྪ། (འབྱུང་པོ་ཐམས་ཅད་སོང༌། ༀ་ཨིན་ཏྲ་ཡ་ག་ཚ། ཞེས་པ་ལ་སོགས་པའམ། ཡང་ན་ཐམས་ཅད་བསྡུས་ཏེ)ཞེས་ 7-1-482 པས་གཤེགས་སུ་གསོལ་ལོ། གསུམ་པ་བགེགས་རྣམས་ལ་སྦྱིན་པར་བྱ་སྟེ། རང་ཉིད་ཁྲོ་བོའི་ ང་རྒྱལ་དང་ལྡན་པས། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་ བདེན་པ་དང༌། གསང་སྔགས་དང༌། གཟུངས་སྔགས་དང༌། ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་ བྱིན་གྱིས་བརླབས་དང༌། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང༌། ཆོས་ཅན་རྒྱུ་འབྲས་ སླུ་བ་མེད་པའི་བདེན་པའི་བྱིན་གྱིས་བརླབས་ཀྱིས། སེམས་ཅན་ཐམས་ཅད་ལ་གནོད་ཅིང་ འཚེ་བར་བྱེད་པའི་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་གཏོར་མ་བཞེས་པའི་ སླད་དུ་སྐད་ཅིག་ལ་འདིར་མཆིས་པར་གྱུར་ཅིག །ༀ་གུང་ཀ་རེ་གུང་ཀ་རེ་སྭཱཧཱ། ༀ་པི་ཙི་པི་ཙི་ སྭཱཧཱ། ༀ་གུང་གུང་སྭཱཧཱ། ༀ་སརྦ་བིགྷ་ནན་(བགེགས་ཐམས་ཅད་)སྭཱཧཱ། ཞེས་པའི་མཐར། ཨེ་ཧྱེ་ ཧི་ཞེས་པས་སྤྱན་དྲངས་ལ། གྲིཧྣེ་དམ་ཨརྒཾ་སྭཱཧཱ། ཅེས་པ་ལ་སོགས་པས་མཆོད་ཅིང་དམ་ལ་ བཞག་སྟེ། ༀ་གུང་ཀ་རེ་ཞེས་པ་ལ་སོགས་པའི་མཐར། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ། ཞེས་པ་ལ་ སོགས་པ་སྦྱར་བས་བྱིན་ནས། སླར་ཡང་ཨརྒཾ་ལ་སོགས་པས་མཆོད་ཅིང་ཚིམ་པར་བསམས་ ལ། (ཤྲིད་དྷ་ཀ་རས)གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང༌། །སྲིན་པོ་ཤ་ རྗེན་ཟ་བ་དང༌། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་བ་སོགས་གནས་པ། །དེ་ དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡི། ། མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང༌། །བདག་ཅག་རྣམས་ལ་ ཕན་པས་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །ཞེས་པ་དང༌། རྒྱན་གྱིས་བརྒྱན་པར་བྱས་ ཀྱང་ཆོས་སྤྱོད་ཅིང༌། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་ སྤངས་པ་ནི། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་ མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་ པར་མ་བྱེད་ཅིག །ༀ་ཆེན་པོ་འམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་གྱུར་ 7-1-483 པའི། །ནད་དེ་ཉེ་བར་ཕྱུང་ནས་སུ། །གདོན་དེ་རང་གི་གནས་སུ་དེངས༌། །དེ་ལྟར་བདག་གིས་ ཅི་ནུས་བགྱི། །མཆོད་ཅིང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་གནས་ལ་གནས་གྱིས་ལ། ། བདག་གི་བསམ་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ནས། །འདིར་ནི་སྦྱིན་ པའི་བདག་པོ་ཡི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་དེངས། ། ཞེས་པས་བསྔོ་ཞིང༌། ༀ་སརྦ་བིགྷ་ནན་(བགེགས་ཐམས་ཅད་སོང་)གཙྪ་ཞེས་པ་དང༌། ༀ་སུམ་བྷ་ ནི་སུམ་(གནོད་མཛེས་ངེས་པར་གནོད་མཛེས་)བྷ་ཧཱུཾ་ཧཱུཾ་ཕཊ། གྷྲི ཧྣ་གྷྲི ཧྣ་(ཟུང་ཟུང་)ཧཱུཾ། གྷྲི ཧྣཱ་(བཟུང་པར་མཛོད་) པ་ཡ་གྷྲི ཧྣཱ་(བཟུང་པར་མཛོད་)པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨ་ན་(འདི་དག་)ཡ་ཧོ། བྷ་ག་ཝན་(བཅོམ་ལྡན་འདས་) བིདྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ་ཅེས་པས་རང་རང་གི་གནས་སུ་བསྐྲད་པར་བསམ་མོ། །འདིར་བརྗོད་པ་ མཐའ་དག་མི་སྤྲོ་ན། ངག་ལ་མོས་པ་དང་ཇི་ཙམ་གྲུབ་པར་བྱ་སྟེ། ཐམས་ཅད་དུ་ཡང་སྦྱོར་བ་ སྐྱབས་འགྲོ་སེམས་བསྐྱེད་དང༌། དངོས་གཞི་འཁོར་གསུམ་ཡོངས་སུ་དག་པ་དང༌། རྗེས་བསྔོ་ བ་སྨོན་ལམ་གྱིས་ཡོངས་སུ་ཟིན་པར་བྱའོ(ཆ་གསུམ་མོ)།། །། (མདོ་སྒྲུབ་ན)སྐབས་འདིར་ཆོས་ཀྱི་སྦྱིན་པ་བཏང་བའི་དོན་དང༌། གཞན་དུ་བར་ཆད་ཞི་ བ་ལ་སོགས་པའི་ཆེད་དུ་ཟབ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྙིང་པོ་བརྗོད་པར་བྱའོ། ། དེའང་སྔར་བཞིན་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་བཏང་ནས། སྐད་ ཅིག་གིས་རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ་མདོའི་ཡིག་(དཀར་སྤུངས་ངེ་)འབྲུ་རྣམས་ བཞུགས་པར་བསམ་ཞིང༌། དེའི་འོད་ཟེར་གྱིས་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲིའི་སྟེང་ དུ་པད་མ་དང་ཟླ་བའི་གདན་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་གཙོ་མ་ ལྟ་བུ། རྡོ་རྗེ་དཀྱིལ་དཀྲུངས་ཀྱིས་བཞུགས་(གཡས་)པ། ས་གནོན་དང་མཉམ་བཞག་གི་ཕྱག་ རྒྱ་ཅན། སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གསུང་ཡན་ལག་དྲུག་ཅུའི་དབྱངས་དང་ ལྡན་པ། ཐུགས་ཤེས་བྱ་མ་ལུས་མངོན་སུམ་དུ་མཁྱེན་པ། གཡས་དང་གཡོན་ན་མཆོག་ཟུང་ 7-1-484 གཅིག་གམ། (གླིང་བཞི་དང་མཐུན་པར)ཡང་ན། སྤྱན་རས་གཟིགས་དང༌། ཤ་རིའི་བུ་བཞུགས་པ། གཞན་ཡང་འཁོར་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་སྟེ་བཞུགས་པར་བསམས་ལ། དེ་ དག་གི་སྤྱན་སྔར། ཁམས་གསུམ་པ་ཡི་འགྲོ་ཀུན་གྱི། །ངན་སོང་ཐམས་ཅད་སྦྱོང་མཛད་ཅིང༌། ། ཆོས་ཀྱི་འཁོར་ལོ་བསྐོར་མཛད་པ། །ཤཱཀྱ་སེང་གེ་དེ་ལ་འདུད། །ཅེས་པས་ཡིད་ཀྱིས་ཕྱག་ བྱས་ནས། ཨརྒཾ་ལ་སོགས་པས་མཆོད་ཅིང་ཡན་ལག་བདུན་པ་མདོར་བསྡུས་པ་དྲན་ཙམ་ བྱས་ཏེ། གསོལ་བ་གདབ་པོ། །དེ་ནས་སྙིང་ཁའི་ཡིག་འབྲུ་ལས་འོད་འཕྲོས་པས། གཙོ་བོ་ ལ་ཕོག་པས། ཐུགས་རྒྱུད་བསྐུལ་སྟེ། དེའི་སྨིན་མཚམས་ནས་འོད་ཟེར་བྱུང་པ་རང་ལ་ཐིམ་ པས། སྡིག་པ་དང་སྒྲིབ་པ་དང་བར་དུ་གཅོད་པ་ཐམས་ཅད་དག་ནས་སྟོང་པ་ཉིད་མངོན་དུ་ གྱུར་པར་བསམ་ནས། སླར་ཡང་གཙོ་འཁོར་ཐམས་ཅད་ཀྱི་སྨིན་མཚམས་ལས། འོད་ཟེར་ བྱུང་པ་སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྒྲིབ་པ་ཐམས་ཅད་དང་བྲལ་ནས་སྟོང་(ཡང་སྔ་མ་ ལྟར་འོད་ཀྱི་སྤྲོ་བསྡུ་བྱས་པས་)པ་ཉིད་ཀྱི་རང་བཞིན་དུ་གྱུར་པར་བསམ་ཞིང༌། མཐར་(འོད་འབྱུང་པ་ རང་ལ་ཐིམ་པས་)བཅོམ་ལྡན་འདས་འཁོར་དང་བཅས་པའང་འོད་གསལ་སྟོང་པ་ཉིད་ཀྱི་ངོ་ བོར་གྱུར་པས། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། སྤྲོས་པའི་མཐའ་དང་བྲལ་ བ་ནམ་མཁའ་ལྟ་བུར་བསྒོམས་སྟེ། (མདོའི་)སྒྲ་བྲག་ཆ་ལྟ་བུ་དང༌། དོན་སྟོང་པ་ཉིད་ཀྱི་ངང་དུ་ མཉམ་པར་བཞག་ལ། མིང་ཚིག་གིས་བར་དུ་མ་ཆོད་པར་ལན་བདུན་ལ་སོགས་པ་གདོན་ནོ། ། དེ་ནས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ ལོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཕྱག་འཚལ་ལོ། །བདག་ཅག་གི་བདེན་ པའི་ཚིག་འདི་དག་གྲུབ་པར་གྱུར་ཅིག །ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམས་ཤིང༌། ཚིག་ཟབ་མོ་ཁ་དོན་དུ་བྱས་ པ་ལ་བརྟེན་ནས། བདུད་སྡིག་ཅན་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ལོག་ 7-1-485 པ་དེ་བཞིན་དུ། བདག་ཅག་གིས་ཀྱང་ཡུམ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་ མོ་ཡིད་ལ་བསམས་ཤིང༌། ཚིག་ཁ་དོན་དུ་བྱས་པ་ལ་བརྟེན་ནས། བདུད་སྡིག་ཅན་ལ་སོགས་ པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ལོག་པར་གྱུར་ཅིག །མེད་པར་གྱུར་ཅིག ཞི་བར་ གྱུར་ཅིག རབ་ཏུ་ཞི་བར་གྱུར་ཅིག ཅེས་ལན་གསུམ་ལ་སོགས་པ་བརྗོད་ཅིང༌། མཐར་ཡང་ བསྔོ་བ་དང་སྨོན་ལམ་བྱ་སྟེ། མཆོད་པ་དང་སྦྱིན་པ་འཕེལ་བའི་ཆེད་དུ་གཏོར་མ་ལ་སོགས་པ་ ཇི་ལྟར་བྱ་བའི་ངེས་པའོ།། །། དེ་ནས་སྐབས་ཇི་ལྟ་བར་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་མཆོད་རྟེན་བཞེངས་པ་ ལ་འབད་པར་བྱ་སྟེ། དེ་ལ་འཇིམ་པ་བྱིན་གྱིས་བརླབ་པ་ནི། པད་མ་དང་ཟླ་བའི་སྟེང་དུ་ འཇིམ་པ་རྣམས་བྷྲུཾ་ལས་བྱུང་པའི་རིན་པོ་ཆེའི་ཕུང་པོར་བསམས་ལ། རང་ཡི་དམ་དུ་གསལ་ བའི་ཐུགས་ཁའི་ཧཱུཾ་གི་འོད་ཟེར་གྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་ པོའི་ཐུགས་རྒྱུད་བསྐུལ་ནས་དེའི་ཐུགས་ཁ་ལས་ཀྱང་འོད་ཟེར་དཔག་ཏུ་མེད་པ་བྱུང་པས་ སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས་ཤིང་འཇིམ་པ་ལ་ཕོག་པས། དེ་བཞིན་གཤེགས་པའི་ ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་མོས་སྟེ། ལག་པ་གཡོན་པའི་མཐེ་ཆུང་མཐེ་བོས་མནན་པ་ གན་རྐྱལ་དུ་བཞག་པའི་སྟེང་དུ་གཡས་པའང་དེ་བཞིན་དུ་བྱས་ནས་ཁ་སྦུབ་པས་འཇིམ་པ་ལ་ རེག་ཅིང༌། ༀ་ན་(ཕྱག་འཚལ་)མོ་བྷ་(བཅོམ་ལྡན་འདས་)ག་ཝ་ཏེ་བཻ་རོ་ཙ་(རྣམ་པར་སྣང་)མཛད་ནཱ་ཡ། པྲ་བྷ་རཱ་ཛཱ་ཡཱ། (འོད་ཀྱི་རྒྱལ་པོ་)ཏ་ཐཱ་ག་ཏ་ཡ། (དེ་བཞིན་གཤེགས་པ་)ཨར་(དགྲ་བཅོམ་པ་)ཧ་ཏེ་སམྱཀ་ (ཡང་དག་པར་རྫོགས་)སཾ་(པའི་སངས་རྒྱས་ལ་)བྷུད་དྷ་ཡ། ཏད་ཡ་ཐ། (འདི་ལྟ་སྟེ་) ༀ་སུཀྵྨེ་(ཕྲ་མོ་)སུཀྵྨེ་(ཕྲ་ མོ་)ས་མེ་(མཉམ་པ་)ས་མ་(དམ་ཚིག་)ཡཱེ། ཤཱན་ཏེ། (ཞི་བ་) དཱན་ཏེ། (དུལ་བ་) ཨ་ས་མ་རོ་པེ། (མཉམ་པ་ མེད་པའི་རང་བཞིན་) ཨ་ན་ལཾ་བྷེ། (ཀུན་ནས་དམིགས་པ་མེད་པ་)ཧ་རམ་བྷེ། (སྒྲོལ་བ་)ཡ་(གྲགས་པ་དང་)ཤོ་ཝ་ ཏི། (ལྡན་པ་)མ་ཧ་ཏེ་ཛེ། (ཆེན་པོ་གཟི་བརྗིད་)ནི་ར་ཀུ་ལེ། (ཀུན་ནས་རིགས་མེད་པ་)ནིར་ཝ་ཎེ། (མྱ་ངན་ལས་ 7-1-486 འདས་པ)སརྦ་བྷུད་དྷ་ཨ་དྷིཥྛ་ན། (སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་བརླབས་ཀྱིས་)ཨ་དྷིཥྛི་དེ་(བྱིན་གྱིས་བརློབས་ ཤིག)སྭཱཧཱ། ཞེས་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱ་སྟེ། དེ་ལྟ་ན་ནི་རྡུལ་ཕྲ་རབ་ཇི་སྙེད་ཡོད་ པ་དེ་སྙེད་ཀྱི་མཆོད་རྟེན་བྱེ་བ་བྱས་པར་འགྱུར་རོ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ ནས། ན་མཿ ས་མན་ཏ་བྷུད་(ཀུན་ནས་སངས་རྒྱས་ལ་ཕྱག་འཚལ་ལོ་)དྷ་ནཾ། ༀ་བཛྲ་ཨ་ཡུ་ཤེ་(རྡོ་རྗེའི་ཚེ་) སྭཱཧཱ། ཅེས་པའམ། ༀ་བ་(ནོར་སྩོལ་)སུ་དྷེ་སྭཱཧཱ། ཞེས་པས་འཇིམ་པ་བཅད་དེ། ༀ་བཛྲ་(རྡོ་རྗེ་ལས་ ཡང་དག་པར་བྱུང་བ་)ཨུད་བྷ་ཝ་ཡ་སྭཱཧཱ། ཞེས་པས་འབི་འབི་བྱས་ནས། ༀ་ཨ་ར་(རྡུལ་མེད་པ་)ཛེ་བི་ ར་ཛེ་(རྡུལ་དང་བྲལ་བ་)སྭཱཧཱ། ཞེས་པས་འབྲུ་མར་བྱུགས་ལ། ༀ་བཛྲ་དྷ་ཏུ་གར་བྷེ་(རྡོ་རྗེ་དབྱིངས་ཀྱི་ སྙིང་པོ་)སྭཱཧཱ། ཞེས་པས་འབི་འབི་བླང་ཞིང༌། ༀ་དྷརྨ་དྷ་ཏུ་གར་བྷེ་(ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་)སྭཱཧཱ། ཞེས་པས་རྒྱར་བཅུག་སྟེ། ༀ་བཛྲ་མུད་ག་ར་ཨ་ཀོ་ཊ་ཡ་(རྡོ་རྗེ་ཐོ་བས་ཀུན་ནས་བསྡུངས་ཤིག)ཧཱུཾ་ཕཊ། ཞེས་པ་དང་། ཡེ་དྷརྨ་བཟླས་པས་བརྡུངས་ནས། ༀ་དྷཱརྨ་ར་(ཆོས་ཀྱི་དགའ་བ་)ཏེ་སྭཱཧཱ། ཞེས་པས་ རྒྱ་ནས་ཕྱུང་ནས། ༀ་སུ་པྲ་ཏིཥྛ་(ཤིན་ཏུ་རབ་ཏུ་གནས་པའི་)ཏ་བཛྲ་(རྡོ་རྗེ་)ཡེ་སྭཱཧཱ། ཞེས་པས་ བཞུགས་སུ་གསོལ་ཅིང༌། ༀ་སརྦ་ཏ་ཐཱ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་བུ་)ག་ཏ་མ་ཎི་ཤ་ཏ་ (རྒྱས་པའི་སྣང་བ་)རི་པ་ཏེ་ཛྭ་(འབར་བ་)ལ་ཡ་ཛྭ་(འབར་བ་)ལ་དྷརྨ་དྷཱ་ཏུ་གར་(ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་)བྷེ་ སྭཱཧཱ། ཞེས་པས་རབ་ཏུ་གནས་པར་གསོལ་ཏེ། ༀ་སྭ་བྷ་ཝ་(རང་བཞིན་གྱི་རྣམ་པ་དག་པ་)བྷི་ཤུད་དྷེ་ ཨ་ཧ་ར་(ཀུན་ནས་བསྡུས་གཉིས་)ཨ་ཧ་ར་ཨཱ་གཙྪ་ཨཱ་གཙྪ་(ཀུན་ནས་བྱོན་གཉིས་) དྷརྨ་དྷཱ་ཏུ་གར་(ཆོས་ཀྱི་ དབྱིངས་ཀྱི་སྙིང་པོ་)བྷེ་སྭཱཧཱ། ཞེས་པས་གནས་ཇི་ལྟ་བར་སྤྱན་དྲངས་ནས། ༀ་ཨ་(ནམ་མཁའ་དབྱིངས་ཀྱི་ སྙིང་པོ་)ཀ་ཤ་དྷ་ཏུ་གར་བྷེ་སྭཱཧཱ། ཞེས་པས་བཟོད་པར་གསོལ་ལ། ༀ་སརྦ་ཏ་ཐཱ་ག་ཏ་དྷརྨ་(དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་)ཀ་ཡ་མ་ཧཱ་སུ་ཁ་བཛྲ་(བདེ་བ་ཆེན་པོའི་རྡོ་རྗེ་)སུ་ར་ཏ་ས་མ་ཡ་སྟྭཾ། (ཤིན་ཏུ་དགའ་བའི་དམ་ཚིག་ཉིད) ༀ་སརྦ་ཏ་ཐཱ་ག་ཏ་སཾ་བྷོ་ག་ཀ་ཡ་(ལོངས་སྤྱོད་རྫོགས་པའི་སྐུ་)ས་མ་ཡ་སྟྭྃ། ༀ་སརྦ་ཏ་ཐཱ་ག་ཏ་ནིརྨ་ཎ་(སྤྲུལ་བའི་སྐུ)ཀ་ཡ་ས་མ་ཡ་སྟྭཾ། ཞེས་པས་ཀྱང་བརྟན་པར་བཞུགས་ 7-1-487 སུ་གསོལ་བར་བྱའོ། །སྔགས་ཕྱི་མ་གསུམ་པོ་འདི་དག་རེ་རེའི་མཐར་མ་གྲུབ་ནའང་ཇི་ཙམ་ གྲུབ་པའི་མཐར་བཏོན་པས་རུང་ངོ༌། །གང་དུ་ཚ་ཚ་མང་དུ་བྱེད་པའི་གཞི་དེར་ནི། གཏོར་མ་ བྱིན་ནས་ས་བླངས་ཤིང༌། ༀ་བཛྲ་ཁ་ན་ཁ་ན་ཧཱུཾ་ཞེས་བརྗོད་པས་རིན་ཆེན་སྣ་བདུན་གྱི་རང་ བཞིན་དུ་མོས་ལ། བརྡུངས་བའི་སྔགས་ཀྱིས་བསྐོ་བར་བྱའོ། །ཁྱད་པར་དུ་ཚེ་འདས་པའི་ དོན་དུ་བྱེད་ན། རུས་བུའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཨ་དཀར་པོ་བསམ་སྟེ། དེ་ལས་ བྱུང་པའི་བདུད་རྩིའི་ཆུས་སྒྲིབ་པ་ཐམས་ཅད་(རྒྱས་པར་བྱེད་ན་ཕར་ཕྱིན་དྲུག་གི་ཚིག་སྤྱད་མང་སྤེལ་ཞིང་) དག་པར་མོས་ལ། ན་མོ་(ཕྱག་འཚལ་ལོ་)བྷ་ག་ཝ་ཏེ་(བཅོམ་ལྡན་འདས་)སརྦ་དུར་(ངན་སོང་ཐམས་ཅད་) ག་ཏི་པ་རི་ཤོ་(ཡོངས་སུ་སྦྱོང་པ་)དྷ་ན་ར་ཛཱ་(རྒྱལ་པོ་)། ཏ་ཐཱ་ག་ཏ་ཡ། (དེ་བཞིན་གཤེགས་པ་དགྲ་བཅོམ་པ་) ཨ་ར་ཧ་ཏེ་སམྱག་སམྦྷུ་(ཡང་དག་པར་རྫོགས་པའི་སངས་རྒྱས་ལ་)དྷ་ཡ། ཏད་ཡ་ཐཱ། (འདི་ལྟ་ཏེ་) ༀ་ཤོ་དྷ་ ནེ་(སྦྱོངས་)ཤོ་དྷ་ནེ། (སྦྱོངས་) སརྦ་པ་པཾ་(སྡིག་པ་ཐམས་ཅད)བྷི་ཤུད་དྷེ། (རྣམ་པར་དག་པར་)ཤུད་དྷེ་(དག་ པར་)བི་ཤུད་དྷེ། (རྣམ་པར་དག་པར)སརྦ་(ཐམས་ཅད་)ཀརྨ་ཨ་(ལས་ཀྱི་སྒྲིབ་པ་)ཝ་ར་ཎ་བྷི་ཤུད་དྷེ་སྭཱཧཱ། ཞེས་པ་དང༌། ༀ་བཛྲ་པྲ་མར་དྷ་ན་ཡ་(རྡོ་རྗེས་རབ་ཏུ་རྙེད་པར་)པྲ་མར་དྷ་ན་ཡ་སྭཱཧཱ། ཞེས་བཟླས་ ཤིང་དྲི་ཞིམ་པོའི་ཆུས་བཀྲུས་ནས། ཞིབ་པར་བཏགས་པ་འཇིམ་པ་དང་བསྲེ་བར་བྱའོ། དེ་ ནས་རབ་ཏུ་གནས་པ་ནི་རྒྱས་པར་གཞན་དུ་བསྟན་པ་ལྟར་བྱ་ཞིང༌། མདོར་བསྡུས་པ་ནི་ལྷག་ པའི་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་སྐུ་གཟུགས་ལ་དམིགས་ཏེ། ༀ་ཨ་བིགྷ་ནན་ཏ་ཀྲིད་ ཧཱུཾ་ཕཊ་ཞེས་པ་ལ་སོགས་པ་བརྗོད་པས་བགེགས་བསྐྲད་ལ། འདི་ནི་ཁྲུས་མཆོག་དཔལ་དང་ ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་བརླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་ སྩོལ་བར་མཛོད། །ༀ་སརྦ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་)ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ (མངོན་པར་དབང་བསྐུར་དམ་ཚིག་དཔལ་)ཡེ་ཧཱུཾ། ཞེས་པས་ཁྲུས་གསོལ་ནས། ༀ་ཧཱུཾ་ཏྲཾ་ཧྲི་ཨ་ཀ་ཡ(སྐུ་རྣམ་ པར་དག་པ་པ)འི་དྷ་ནི་སྭཱཧཱ་ཞེས་པས་སྐུ་ཕྱི་ཞིང་སྭ་བྷ་ཝས་སྟོང་པར་སྦྱངས་པའི་ངང་ལས། རིན་ 7-1-488 པོ་ཆེའི་ཁྲིའི་སྟེང་དུ་པད་མ་དང་ཟླ་བའི་གདན་ལ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གིས་མཚན་པ་ལས་ འོད་འཕྲོས་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ སྐུ་མདོག་དཀར་པོ་རྡོ་རྗེ་དཀྱིལ་དཀྲུངས་ཀྱིས་བཞུགས་པ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ མཛད་པ། རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་བརྒྱན་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། འཇའ་ཚོན་ལྟ་བུ་དྭངས་ཤིང་གསལ་བའི་ཡེ་ཤེས་ཀྱི་སྐུའི་གནས་གསུམ་དུ། ༀ་ཨཱཿ་ཧཱུཾ་དང་ བཅས་པ་བསྒོམས་ཏེ། ཆོས་རྣམས་ཀུན་གྱིས་དབང་ཕྱུག་གཙོ། །གཙོ་མ་གསེར་གྱི་མདོག་ འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཅན། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་ བྲལ་བ། །ཀུན་དུ་མི་ཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྦྱོན་ཞི་བདག་ལྷ། །ཐུབ་པས་སྐྱེས་ མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་ཕྱིར་འདིར་ནི་ གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་གཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་སྦྱིན་པར་མཛད་དུ་གསོལ། ། ཞེས་པ་དང༌། ༀ་བཛྲ་ས་མ་ཡ་ཛཿཡེ་ཤེས་པ་སྤྱན་དྲངས་ནས། ཛཿཧཱུཾ་བཾ་ཧོཿཞེས་པས་སྐུ་ གཟུགས་དང་དབྱེར་མེད་པར་བསྟིམས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་ པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པ་དང༌། རིགས་ལྔ་འཁོར་དང་བཅས་ པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་ པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ས་མ་ཡ་ཤྲི་ ཡེ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར་བས་དྲི་མ་ཐམས་ཅད་དག་ནས། ཆུ་ལྷག་ མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན་པར་བསམ་མོ། །དེ་ནས་ཀུན་མཁྱེན་ཡེ་ ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་ 7-1-489 མཁའི་མཐས་གཏུགས་གྱུར་པའི་ལུས་ཅན་གྱི། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག ། ༀ་ཙཀྵུ་(སྤྱན་)ཙཀྵུ་ས་མན་ཏ་(སྤྱན་ཀུན་ནས་)ཙཀྵུ་(སྤྱན་རྣམ་པར་དག་པ་)བི་ཤོ་དྷ་ནི་སྭཱཧཱ། ཞེས་པས་ སྤྱན་དབྱེ་ཞིང་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད་བདག་ཅག་ལ་དགོངས་སུ་གསོལ། །ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ ཅན་གྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ། །མྱ་ ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། །ཁྱད་པར་དུའང་སྐུ་གཟུགས་འདི་ དག་འབྱུང་པ་བཞིའི་གནོད་པས་མ་ཞིག་གི་བར་དུ། དེ་སྲིད་དུ་སེམས་ཅན་གྱི་དོན་དཔག་དུ་ མེད་པ་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། །ཞེས་པས་གསོལ་བ་བཏབ་སྟེ། རྣམ་ སྣང་འོད་དུ་ཞུ་བ་ལས་རིན་པོ་ཆེའི་མཆོད་རྟེན་དུ་གྱུར་པར་མོས་ལ། བཀྲ་ཤིས་གང་ཞིག་ སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག ། སེམས་ཅན་མ་ལུས་བསྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དིང་འདིར་དབང་བསྐུར་ མཆོག་ལ་བཀྲ་ཤིས་ཤོག །ཅེས་པ་ལ་སོགས་པས་སྔོན་དུ་འགྲོ་བས། ༀ་སུ་པྲ་ཏིཥྛ་བཛྲ་(ལེགས་ པར་རབ་ཏུ་གནས་པའི་རྡོ་རྗེ་)ཡ་སྭཧཱ། ཞེས་པ་དང༌། ༀ་ཧཱུཾ་ཧྲིཿ བྷུ་ཁཾ་བཛྲི་(ས་དང་མཁའ་རྡོ་རྗེ་)བྷ་བཱ་དྲི་ཌྷ་ (དངོས་པོར་)ཏིཥྛ་བྷུ་ཁཾ་(བརྟན་པར་གནས་པ་)སྭཱཧཱ། ཞེས་པ་དང༌། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུན་ཏེ་ཥཱན་ ཏ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱན་ཥཉྩ་ཡོ་ནི་རོ་དྷ་ཨེ་བཾ་ཝཱ་ཏཱི་མ་ཧཱ་ཤྲ་མ་ཎ། (ཆོས་རྣམས་ཐམས་ཅད་རྒྱུ་ལས་ བྱུང་ཞེས་སོ་)ཞེས་མང་དུ་བཟླས་ནས། མེ་ཏོག་གཏོར་ནས། ༀ་སརྦ་ཏ་ཐཱ་ག་ཏ། ཞེས་པ་སྔོན་དུ་ འགྲོ་བའི་ཨརྒཾ་ལ་སོགས་པས་མཆོད་ཅིང༌། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། ། གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསོལ{གསལ}། །ཐབས་དང་ཤེས་རབ་མཆོག་ ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། ཡོན་ ཏན་རྒྱ་མཚོ་རྣམས་ལ་བདག །ཅེས་པ་ལ་སོགས་པས་བསྟོད་དེ། ཇི་ལྟར་རིགས་པར་(གཏོར་མ་ 7-1-490 ཡོད་ན་ཨ་ཀ་རོས་བསྔོས་ནས་)བསྲུངས་མ་བགོ་བ་དང༌། རྟེན་འདིའི་བསྲུང་མ་མཛད་དུ་གསོལ(ཅེས)། བསྔོ་བ་དང་སྨོན་ལམ་ལ་སོགས་པ་བྱས་ནས་བཟོད་པར་གསོལ་ཞིང་སླར་ཡང༌། སྟོན་མཆོག་ དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག ། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག ། ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དིང་འདིར་བདེ་ལེགས་ཤོག ། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག ། ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དིང་འདིར་བདེ་ལེགས་ ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ ཅིག །ཅེས་པ་དང༌། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ ཤིང༌། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་དེང་འདིར་སྩོལ། ཞེས་པ་ལ་སོགས་པས་ཤིས་པ་བརྗོད་པར་བྱའོ།། །། གཞན་ཡང་(མཆོད་འབུལ་དང་བསྐོར་བ་ལ་སོགས་པ་)སྐབས་ཇི་ལྟ་བར། (ཆེན་པོའི་མེ་ཏོག་)ན་མོ་བྷ་ ག་ཝ་ཏེ། (མེ་ཏོག་)པུཥྤེ། ཀེ་ཏུ་རཱ་ཛཱ་ཡ(གི་རྒྱལ་པོ)། ཏ་ཐཱ་ག་ཏ་ཡ། ཨ་ར་ཧ་ཏེ། སམྱཀ་སཾ་བུད་ དྷ་ཡ། ཏྱ་ཡ་ཐཱ། ༀ་པུཥྤེ་པུཥྤེ་(མེ་ཏོག་མེ་ཏོག)མ་ཧཱ་པུཥྤེ། (མེ་ཏོག་ཆེན་པོ) སུ་པུཥྤེ་སུ་པུཥྤེ་(ལེགས་པའི་མེ་ ཏོག)ཨུད་བྷ་ཝེ(མེ་ཏོག་ལས་ངེས་པར་འབྱུང་བ་)། སུ་པུཥྤེ་སཾ་བྷ་(མེ་ཏོག་ལས་ཡང་དག་པར་བྱུང་བ་)ཝེ། པུཥྤེ་པ་ ཨ་བ་ཀཱིར་ཎི་(མེ་ཏོག་ངེས་པར་གྲགས་པ་)སྭཱཧཱ། ཞེས་པ་འདི་ལན་བདུན་མངོན་པར་བསྔགས་ནས། སྐུ་གཟུགས་ལ་སོགས་པ་ལ་མེ་ཏོག་དབུལ་བར་བྱ་སྟེ། མེ་ཏོག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་མེ་ ཏོག་བྱེ་བ་ཕུལ་བར་འགྱུར་རོ། །དེ་བཞིན་དུ་ན་མོ་བྷ་ག་ཝ་ཏེ། རཏ་ན་ཀེ་ཏུ་རཱ་(རིན་ཆེན་ཏོག་གི་ རྒྱལ་པོ་)ཛཱ་ཡ་ཏ་ཐཱ་ག་ཏ་ཡཱ། ཨར་ཧ་ཏེ། སམྱཀ་སཾ་བུད་དྷཱ་ཡ། ཏད་ཡ་ཐཱ། ༀ་རཏ་(རིན་ཆེན་གཉིས་) ནེ། མ་ཧཱ་རཏ་ནེ(ཆེན་པོ་རིན་ཆེན)། རཏ་ན་བི་ཛ་(རྣམ་པར་རྒྱལ་བ་)ཡེ་སྭཱཧཱ། ཞེས་པ་འདིས་མཆོད་ 7-1-491 རྟེན་ལ་ཕྱག་བྱས་ཏེ། མཆོད་རྟེན་གཅིག་ལ་ཕྱག་བྱས་པས་མཆོད་རྟེན་བྱེ་བ་ལ་ཕྱག་བྱས་པར་ འགྱུར་རོ། །གཞན་ཡང་(ནམ་སྐབས་པ་)ན་མ་ས་མན་ཏ་བུད་དྷ་ནཾ། ཨ་པྲ་ཏི་ཧ་ཏ་ཤ་ས་ན་(ཐོགས་ པ་མེད་པའི་བརྟན་པ་)ནཾ། ༀ་ཀི་ཎི་ཀི་ཎི། ཏ་ཐཱ་ག་ཏ་ཨུད་བྷ་ཝ། (ངེས་པར་འབྱུང་བ་) ཤན་ཏེ་(ཞི་བ་)ཝ་ ར་ཏེ། (མཆོག་སྦྱིན་)ཨུད་ཏ་མོད་ཏ་མ་(མཆོག་གི་མཆོག)ཏ་ཐཱ་ག་ཏ། ཨུད་བྷ་ཝ་ཧཱུཾ་ཕཊ་སྭཱཧཱ། འདི་ བཟུང་བས་འཕགས་པ་སྡོང་པོ་བཀོད་པའི་མདོ་བཟུང་བར་འགྱུར་རོ། །ན་མོ་བྷ་ག་ཝ་(བཅོམ་ ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ་)ཏེ། ཨཪྻ་པྲཛྙ་པ་ར་མི་ཏ་ཡེ། ཏད་ཡ་ཐཱ། ༀ་ མུ་ནེ་དྷརྨེ། (ཐུབ་པའི་ཆོས་)སཾ་གྲ་ཧེ་དྷརྨེ་(ཡང་དག་པར་འཛིན་པའི་ཆོས་)ཨ་ནུ་གྲ་ཧ་དྷརྨེ། (རྗེས་སུ་འཛིན་པའི་ ཆོས)བི་མུཀ་ཏི་དྷརྨེ། (རྣམ་པར་གྲོལ་བའི་ཆོས་)པ་ད་ནུ་གྲ་ཧ་དྷརྨེཿ(རྟག་ཏུ་རྗེས་སུ་འཛིན་པའི་ཆོས་)བེ་(རྣམ་པར་ ཐོས་པ་ཡོངས་སུ་འཇུག་པའི་ཆོས་)ཤྲ་ཝ་ཎ་པ་རི་ཝར་ཏི་ཏ་དྷརྨེ། སརྦ་ཀརྨ་(བྱ་བ་ཐམས་ཅད་ཡོངས་སུ་ཐོས་ པའི་ཆོས་)པ་རི་པྲ་ས་ཎ་དྷརྨེ། ས་མན་ཏ་(ཀུན་ནས་རྗེས་སུ་ཡོངས་སུ་འཇུག་པའི་ཆོས་)ཨ་ནུ་པ་རི་ཝར་ཏི་ཏ་ དྷརྨེ་སྭཱཧཱ། ༀ་པྲཛྙཱ་(ཤེས་རབ་)ཤུ་ཏི་(ཐོས་པ་) སྨྲི་ཏི། (དྲན་པ་)བི་ཛ་ཡེ། (རྣམ་པར་རྒྱལ་བ་)དྷཱི་དྷ་ར་ཎི་ཡེ་ (གཟུངས་)སྭཱཧཱ། འདི་བཟུང་པས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ བཟུང་པར་འགྱུར་རོ། །ན་མ་ས་མན་ཏ་བུད་དྷཱ་ནཾ། ཨ་པྲ་ཏི་ཧ་ཏི་ཤ་ས་ནཱ་ནཾ། ༀ་དྷུ་ན་དྷུ་ན་ཧཱུཾ་ ཧཱུཾ་ཕཊ་སྭཱཧཱ། འདི་བཟུང་པས་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་བཟུང་པར་འགྱུར་ རོ། །ན་མཿས་མན་ཏ་བུད་དྷཱ་ནན། ཨ་པྲ་ཏི་ཧ་ཏི་ཤ་ས་ནཱ་ནཾ། ༀ་མ་ཎི་དྷ་རི་(ནོར་བུ་འཛིན་)བཛྲི་ ཎ་མ་ན་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། འདི་བཟུང་བས་སོ་སོར་འབྲང་མ་ཆེན་མོ་བཟུང་བར་ འགྱུར་རོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར། ཕན་ཡོན་ཅན་གྱི་གཟུངས་སྔགས་འདི་ དག་དང༌། འཇམ་དཔལ་དང༌། སྤྱན་རས་གཟིགས་དང༌། ཕྱག་ན་རྡོ་རྗེ་ལ་སོགས་པའི་སྙིང་ པོ་དང༌། གཟུངས་སྔགས་བྱིན་རླབས་ཅན་རྣམས་དང༌། གང་ལ་མོས་པའི་བསྟོད་པ་ལ་སོགས་ པའི་ཚིགས་སུ་བཅད་པ་རྣམས་འདོན་བཞིན་པས། མཆོད་རྟེན་ལ་སོགས་པ་ལ་བསྐོར་བ་བྱ་ 7-1-492 ཞིང༌། གཙོ་བོ་རང་གི་ལྷག་པའི་ལྷ་གང་ཡིན་པའི་རྣལ་འབྱོར་བརྟན་པོ་དང་ལྡན་ནས། དེའི་ གསང་སྔགས་ཟབ་མོ་བཟླས་བརྗོད་ལ་རྩེ་གཅིག་ཏུ་བརྩོན་པར་བྱའོ། །དེ་དག་ནི་ཕན་ཡོན་ ཆེ་བ་དང་ལྡན་པའི་གཟུངས་སྔགས་དང་བཅས་སྟེ་སྐུ་གཟུགས་ཇི་ལྟར་བཞེངས་པ་ལ་སོགས་ པའི་ངེས་པའོ། །དེ་ནས་དགོངས་ཀའི་དུས་སུ་གསང་སྔགས་ཀྱི་གཞུང་ལུགས་རྣམ་པར་དག་ པ་(དུས་འཁོར་དང་གསང་བ་འདུས་པ་དང༌། ཀྱེའི་རྡོ་རྗེ་ལ་སོགས་པ་)རྣམས་ལས་བྱུང་པ་དང་མཐུན་པར་སྔ་མ་ བཞིན་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་བཏང་ནས། ཐོག་མར་(སྤྱི་བོར་)རྡོ་རྗེ་ སེམས་དཔའི་(ཡི་གེ་རྒྱ་པའམ་བཛྲ་སཏྭ་)བསྒོམ་བཟླས་ཀྱིས་བརྒྱུད་ཡོངས་སུ་སྦྱངས་སྟེ། མདུན་གྱི་ ནམ་མཁར་བླ་མ་དང་ཡི་དམ་(གང་ཡིན་)སྤྱན་དྲངས་ལ། ཡིད་ཀྱིས་ཕྱག་(ན་མོ་གུ་རུ་ཝེ་ཞེས་སོགས་ཀྱི་) བྱས་ཞིང༌། ཨརྒཾ་ལ་སོགས་པས་མཆོད་པ་ཕུལ་ལ། (གུར་ལས་)དཀོན་མཆོག་གསུམ་ལ་སྐྱབས་ སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡིད་རང༌། །སངས་ རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་ སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། ། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་ འགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་ རྒྱས་འགྲུབ་པར་ཤོག །ཅེས་པ་ལ་སོགས་པས་(པ་དང་སྲས་བཅས་)སྡོམ་པ་བཟུང་ནས། སེམས་ ཅན་ཐམས་ཅད་ལ་དམིགས་པའི་ཚད་མེད་པ་བཞི་(བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་)བསྒོམས་ སྟེ། སྭ་བྷ་ཝ་ལ་སོགས་པས་སྟོང་པར་བསམས་པའི་ངང་ལས། རྡོ་རྗེའི་རང་བཞིན་གྱི་བསྲུང་ པའི་འཁོར་ལོའི་ཁོངས་སུ་ཆུད་པའི་གཞལ་ཡས་ཁང་གི་དབུས་སུ་ལྷ་ཐམས་ཅད་ཡོངས་སུ་ རྫོགས་པར་(ཡན་ལག་བཞི་རྫོགས་སུ་)བསྒོམས་པའམ་ཡང་ན་སྐད་ཅིག་གིས་(སྟོང་པའི་ངང་ལས་)གཙོ་ བོ་ཡབ་ཡུམ་མམ་དཔའ་བོ་གཅིག་པ(ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་དྲན་རྫོགས་སུ་བསྒོམས་པས་སྙིང་པོ་ 7-1-493 ལ་སོགས་པ་ཡི་དམ་གང་ཡིན་གྱི)་བསྒོམས་པས་ཀྱང་རུང་སྔགས་ཅི་རིགས་པར་བཟླས་ལ། སླར་ཡང་ ཕྱི་དང་ནང་གི་(ཨརྒྷཾ་སོགས་བདུད་རྩི་)མཆོད་པས་མཆོད་ཅིང༌། ཇི་ལྟར་(བདུད་རྩི་ཉི་ཤུའམ། ཡོན་ཏན་རྒྱ་ མཚོ་སོགས་)རིགས་པའི་ཚིག་གིས་བསྟོད་དེ། གཏོར་མ་རྣམས་(དང་པོ་ཡིད་དམ། གཉིས་པ་ཆོས་སྐྱོང་དང༌། གསུམ་པ་འབྱུང་པོ་སྤྱི་ལ་བཞིན་མི་ཤེས་ན་ཨ་ཀ་རོ་)ཀྱང་རིམ་པ་ལྟར་ཕུལ་ནས། །དམ་ཚིག་གི་རྫས་(ༀ་ ཨཱཿཧཱུཾ་གིས་)བདུད་རྩིར་བྱིན་གྱིས་བརླབས་པའི་ཕུད་ཀྱིས་བླ་མ་དཀོན་མཆོག་མཆོད་ཅིང༌། ལྷའི་ ང་རྒྱལ་དང་ལྡན་པས་ལོངས་སྤྱོད་པའི་མཐར། ལྷག་མའི་གཏོར་མ་(ཨ་ཀ་རོས་)བྱིན་ལ་སྔར་ བཤད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང༌། དགེ་བ་འདི་ཡིས་ནམ་མཁའི་མཐས་ཀླས་ པའི། །ལུས་ཅན་རྣམས་ཀྱི་བསོད་ནམས་ཡེ་ཤེས་ཚོགས། །མྱུར་དུ་བསྒྲུབས་ཏེ་ཚེ་འདི་ཁོ་ན་ ལ། །རྡོ་རྗེ་འཛིན་པའི་ས་ལ་གནས་པར་ཤོག །ཅེས་པ་ལ་སོགས་པའི་བསྔོ་བ་དང་སྨོན་ལམ་ བྱ་སྟེ། དེ་དག་གི་ཚུལ་རྒྱས་པར་ནི་སོ་སོའི་(ཡི་དམ་)སྒྲུབ་ཐབས་རྣམས་(དང་བདག་གི་སྦྱར་བའི་ཆོས་ སྤྱོད་)ལས་ཤེས་པར་བྱའོ། །དེ་ནས་སྲོད་པའི་དུས་སུའང༌། དཀོན་མཆོག་གི་སྤྱན་སྔར་མཆོད་ པ་ཅི་འབྱོར་པ་བཤམས་ཏེ། ཕྱག་འཚལ་བ་ལ་སོགས་པའི་ཡན་ལག་བདུན་པ་དང༌། བྱང་ ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང༌། སྨོན་ལམ་རྒྱ་ཆེན་པོ་གདབ་པ་རྣམས་སྔར་ཇི་སྐད་ བཤད་པ་ལྟར་བྱ་ཞིང༌། མལ་དུ་ཞུགས་ནས་བདེ་བའི་གདན་ལ་འདུག་སྟེ། དལ་འབྱོར་རྙེད་ པར་དཀའ་བ་དང༌། དེ་ཡུན་རིང་དུ་མི་གནས་པ་དང༌། འཁོར་བའི་ཉེས་དམིགས་དྲན་པ་ལ་ སོགས་པས་བསྐུལ་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱ་ཆེན་པོས་ཀུན་ནས་བསླངས་ ནས་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་ཅི་ནུས་ཀྱིས་མཉམ་པར་བཞག་པར་བྱ་ཞིང༌། ཁྱད་ པར་དུའང་ཟབ་མོ་རྫོགས་པའི་རིམ་པའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གནས་པར་བྱ་བ་ཉིད་ དོ། །དེ་ནས་ནམ་གུང་གི་ཆ་ལ་བབ་པ་དང༌། གློ་གཡས་པ་འོག་ཏུ་ཕབ་ནས། སེང་གེའི་ཉལ་ སྟབས་ཀྱིས་བདེ་བར་ཉལ་སྟེ། དཀོན་མཆོག་ལ་བློ་གཏད་ཅིང་གསོལ་བ་བཏབ་ནས། དགེ་ 7-1-494 བའི་བྱ་བ་ལ་ལྡང་བ་དང༌། སྣང་བའི་འདུ་ཤེས་ཉེ་བར་བཞག་སྟེ། གཙོ་ཆེར་རྣམ་པར་མི་རྟོག་ པའི་ངང་དུ་མཉམ་པར་བཞག་ལ། འོད་གསལ་བ་ཆོས་སྐུའི་དབྱིངས་སུ་གཉིད་ལོག་པར་བྱ་ ཞིང༌། སད་པ་དང༌། སྔ་མ་བཞིན་དུ་ལངས་ནས་ཆོས་སྤྱོད་ཀྱི་རིམ་པ་རྣམས་ལ་རྒྱུན་མི་འཆད་ པར་བརྩོན་པར་བྱའོ། །དེ་དག་ནི་དགོངས་ཀ་དང༌། སྲོད་དང༌། ནམ་གུང་གི་ཐུན་ལ་དགེ་བ་ འཕེལ་བར་བྱ་བའི་ངེས་པའོ།། །། དེ་ལྟར་དུས་ཐམས་ཅད་དུ་དམ་པའི་ཆོས་ཀྱི་སྤྱོད་པ་རྒྱ་ཆེན་པོ་སྤེལ་བར་བྱ་བའི་ཆེད་ དུ། རང་གི་སྒོ་གསུམ་གྱི་སྤྱོད་པ་ལ་ལེགས་པར་ཡོངས་སུ་བརྟག་སྟེ། དྲན་པ་དང་ཤེས་བཞིན་ གྱིས་ཟིན་པའི་སྒོ་ནས། རང་གཞན་ལ་ཕན་པར་འགྱུར་བ་ཁོ་ན་རྟག་ཏུ་སྤྱད་པར་བྱ་སྟེ། (རིན་ ཆེན་ཕྲེང་བ་ལས་)གང་ཞིག་ལུས་ངག་ཡིད་ཀྱི་ལས། །ཐམས་ཅད་ལེགས་པར་ཡོངས་བརྟགས་ སྟེ། །བདག་དང་གཞན་ལ་ཕན་ཤེས་ནས། །རྟག་ཏུ་བྱེད་པ་དེ་མཁས་པའོ། །ཞེས་གསུངས་ པ་ལྟར་རོ། །གལ་ཏེ་བྱིས་པར་གྱུར་པའི་དབང་གིས་ཉེས་པ་སྤྱད་པ་དྲན་ན། (སྤྱོད་འཇུག་ལས་) ཉེས་པ་བྱུང་པ་རེ་རེ་ཞིང༌། །བདག་ལ་སྨད་ནས་ཅི་ནས་ཀྱང༌། །བདག་ལ་ཕྱིས་འདི་མི་འབྱུང་ བ། །དེ་ལྟར་བྱ་ཞེས་ཡུན་རིངས་བསམ། །ཞེས་པ་ལྟར་སྔར་བྱས་པ་ལ་འགྱོད་པ་དང༌། ཕྱིས་ མི་བྱེད་པའི་བསྲུང་སེམས་དང་ལྡན་པས། །ཡང་དང་ཡང་དུ་ཕྱག་འཚལ་བ་ལ་སོགས་པ་ སྔོན་དུ་འགྲོ་བའི་སྡིག་པ་བཤགས་པ་ལ་འབད་པར་བྱ་ཞིང༌། ལེགས་པར་སྤྱད་པ་རྒྱ་ཆེན་པོ་ འགྲུབ་པ་ལས་ནི། །དགའ་བ་ཁྱད་པར་ཅན་ཡང་བསྐྱེད་པར་བྱ་སྟེ། (ཀྲི་ཡ་དཔུང་བཟངས་ལས་) ཉིན་པར་བག་མེད་བྱས་པ་དག །མཚན་མོ་ལེགས་པར་བཤགས་པར་བྱ། །མཚན་མོ་བྱས་པ་ ནང་མོ་བཤགས། །ལེགས་པར་བྱས་ལ་མངོན་དགར་བྱ། །ཞེས་གསུངས་པ་ལྟར་རོ། །མདོར་ ན། དོན་དམ་པའི་བདེན་པ་ལ་བརྟེན་ཏེ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཟབ་མོ་སྟོང་པ་ ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་རྟོགས་པའི་སྒོ་ནས། མཉམ་བཞག་དུ་ཁམས་ 7-1-495 གསུམ་པའི་གཉེན་པོ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་ཡེ་ཤེས་ཀྱི་ཚོགས་ལ་ འབད་པར་བྱ་ཞིང༌། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ཏེ་སེམས་ཅན་ཐམས་ཅད་ལ་བུ་གཅིག་ པ་ལྟ་བུར་རྟོགས་པའི་སྙིང་རྗེ་ཆེན་པོ་དང་ལྡན་པའི་སྒོ་ནས། རྗེས་ཐོབ་དུ་གཞན་ལ་ཕན་པ་རྒྱ་ ཆེན་པོ་བསྒྲུབ་པ་བསོད་ནམས་ཀྱི་ཚོགས་ལ་འབད་པར་བྱ་སྟེ། (རྒྱན་ལས་)རྣམ་པར་མི་རྟོག་ཡེ་ ཤེས་ནི། །སངས་རྒྱས་ཆོས་ནི་སྦྱོང་པར་བྱེད། །གཞན་ནི་ཇི་བཞིན་རྣམ་འཇོག་པ། །སེམས་ ཅན་རྣམས་ཡོངས་སྨིན་པར་བྱེད། ། ཅེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །དེ་ལྟར་ཚོགས་གཉིས་ཟུང་དུ་འབྲེལ་པ་དབུ་ མའི་ལམ་ཉམས་སུ་བླང་པ་ལས་ནི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་འཁོར་བ་ཇི་སྲིད་མ་ སྟོངས་ཀྱི་བར་དུ་གང་ལ་གང་འདུལ་གྱི་རྣམ་འཕྲུལ་མཐའ་ཡས་པ་དང་ལྡན་པའི་འཕྲིན་ལས་ ཀྱི། སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་པ། གཞན་དོན་མཐར་ཕྱིན་པ་གཟུགས་ཀྱི་ སྐུ་འགྲུབ་ཅིང༌། ཡེ་ཤེས་ཀྱི་ཚོགས་ཀྱིས་འབྲས་བུ་ཟག་པ་མེད་པའི་བདེ་བ་ཆེན་པོ་ལ་སོགས་ པ་ཡོན་ཏན་གྱི་འབྱོར་པ་མཐའ་ཡས་པ་དང་རྟག་ཏུ་རྒྱུན་མི་འཆད་པར་ལྡན་པ་རང་དོན་ མཐར་ཕྱིན་པ་ཆོས་ཀྱི་སྐུ་མངོན་དུ་བྱེད་པ་ཉིད་དེ། (རིན་ཆེན་ཕྲེང་བ་ལས་)སངས་རྒྱས་རྣམས་ཀྱི་ གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་ཡང་དག་འཁྲུངས། །ཆོས་ཀྱི་སྐུ་དེ་མདོར་བསྡུས་ ན། །རྒྱས་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་བསོད་ ནམས་ཀྱི་(དུས་འཁོར་ལས་)ཚོགས་ཀྱི་དོན་དུ་སེམས་ཅན་ལ་ཕན་པར་བྱའོ། །ཡེ་ཤེས་ཀྱི་ཚོགས་ ཀྱི་དོན་དུ་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྒོམ་པར་བྱའོ། །ཞེས་གསུངས་པ་ལྟར་བློ་དང་ ལྡན་པ་རྣམས་ཀྱིས་ཚོགས་གཉིས་ཀྱི་དགེ་བ་ལ་མཐའ་གཅིག་དུ་བརྩོན་པར་བྱ་སྟེ། ལས་དང་ འབྲས་བུའི་རིམ་པ་མདོར་བསྡུས་སྟེ་སྒྲུབ་པར་གདམས་པའི་ངེས་པའོ།། །། དེ་ལྟར་ཆོས་སྤྱོད་སྒྲུབ་པའི་ཚུལ་འདི་ཡང༌། །དང་པོའི་ལས་ཅན་རྣམས་ལ་ཕན་དོན་དུ། ། 7-1-496 དད་ལྡན་ཤེས་རབ་དཔལ་བཟང་གིས་བསྐུལ་ནས། །བློ་ལྡན་བློ་གྲོས་རྒྱལ་མཚན་དཔལ་ གྱིས་བསྡེབས། །ཉེས་པ་མཆིས་ན་དམ་པས་བཟོད་མཛད་ཅིང༌། །ལེགས་པའི་དགེ་བས་ འགྲོ་བ་མ་ལུས་པ། །ཆོས་སྤྱོད་ཟབ་མོའི་ལམ་ལ་རབ་ཞུགས་ནས། །ཀུན་མཁྱེན་རྒྱལ་བའི་གོ་ འཕང་ཐོབ་པར་ཤོག། །། ལས་དང་པོ་པས་ཉིན་ཞག་ཕྲུགས་ཅིག་ལ་ཉམས་སུ་བླང་བར་བྱ་བའི་རིམ་པ་མདོར་ བསྡུས་པ། ཆོས་སྤྱོད་རབ་གསལ་སྣང་བ་ཞེས་བྱ་བ། བོད་ཀྱི་པཎྜི་ཏ་མ་ཏིས། བཟང་ལྡན་ཡང་ དགོན་དགའ་ལྡན་བྱམས་པའི་གླིང་དུ་སྦྱར་བའོ། །སྐུ་ཚུལ་ཁྲིམས་ཀྱི་བུམ་པ་ལ། ངུར་སྨྲིག་གི་ རྟོག་གིས་མཛེས་པར་རྒྱན་པ། ཤཱཀྱའི་དགེ་སློང་ཡོན་ཏན་མཚན་ཅན་གྱི་ཕྱག་དཔེ་མཐོང་པ་ དོན་ལྡན་འདི། རྩང་ཕྱེ་མ་སེང་གེའི་འགུལ། དབེན་གནས་ཆོས་རྫོང་དུ། རྩང་གཡས་རུ་བྱང་ ཕྱོགས་པ་ཡི་གེ་པ་སྙུག་ཐོགས་ཀྱི་རྟ་པ། ཤྭི་བྷ་བྲིས་པ་བདེ་ལེགས་སུ་གྱུར་ཅིག །བསྟན་པ་ རིན་པོ་ཆེ་དང་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །། ཨཱིཐི། ཤུ་བྷཾ། མཾགྷལཾ་བྷ་ཝཏུ། དཔོན་ཡིག་རིང་མོས་ཆོས་སྤྱོད་བྲིས་ཧེ་ཧེ་ཧེ་ཧེ། ། མ་དཔེ་འབྲས་སྤུངས་ཡིག་རྙིང༌། ཕྱི་མ་༦༡༢དང༌། འཛམ་ཐང་ཡིག་རྙིང་གཉིས། མི་འདྲ་ས་མང་བས་དཔྱད་དགོས། 7-1-497 ༄༅། །ཕྱིའི་བསྔོ་བའི་བསྟན་བཅོས་བར་མ་རབ་གསལ་སྣང་བ་ བཞུགས་སོ། ། ༄༅། །ༀ་ན་མོ་ལོ་ཀ་ན་ཐ་ཡ། རྣམ་དག་དགེ་ཚོགས་ལེགས་བསགས་ཏེ། ། རྣམ་མང་སྨོན་ལམ་གྱིས་བསྒྱུར་ནས། ། རྣམ་གྲོལ་གོ་འཕང་མཆོག་བརྙེས་པ། ། རྣམ་མཁྱེན་རྒྱལ་བ་རྣམས་ལ་འདུད། ། དད་ལྡན་དགེ་བའི་ཕན་ཡོན་རྣམས། ། བློ་ལྡན་མཁས་པས་ལེགས་བཤད་དེ། ། མཆོག་ལྡན་འབྲས་བུར་སྒྱུར་བྱེད་པ། ། དཔལ་ལྡན་བསྔོ་བའི་ཆོ་ག་བརྩམ། ། དེ་ཡང༌། འདི་ལྟར། སྦྱིན་དང་ཚུལ་ཁྲིམས་བཟོད་དང་དེ་བཞིན་བརྩོན་འགྲུས་དང༌། ། བསམ་གཏན་ཤེས་རབ་བྱང་ཆུབ་ཡོངས་སུ་བསྔོ་བར་གྱིས། །ཞེས་གསུངས་པ་ལྟར། དགེ་ བའི་རྩ་བ་རྒྱ་ཆེན་པོ་བསགས་པ་རྣམས་དོན་ཆེན་པོར་འགྱུར་བའི་ཆེད་དུ། བསྔོ་བ་སྨོན་ལམ་ རྣམ་པར་དག་པས་རྒྱས་འདེབས་པར་བྱེད་པ་ལ། བསྔོ་རྒྱུ་བསྔོ་བ་དགོས་ཆེད་དང༌། །བྱེད་ ལས་རྣམ་པ་ཆོ་གའོ། །ཞེས་པ་ལྟར། དོན་རྣམ་པ་དྲུག་ལས། དང་པོ་བསྔོ་རྒྱུའི་དགེ་བ་ནི། རང་གཞན་གྱིས་དུས་གསུམ་དུ་བསགས་པའི་བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་ 7-1-498 དུ་ཉམས་སུ་བླངས་པ་མཐའ་དག་ཡིན་ཏེ། (མདོ་སྡེ་རྒྱན་དུ)སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀའི་སྟེ། །ལྔ་ཆར་ཡང་ ནི་ཡེ་ཤེས་ཚོགས། །ཞེས་པ་ལྟར་རོ། །དེ་རྣམས་ཀྱི་ནང་ནས་ཀྱང༌། དང་པོར་སྦྱིན་པའི་དགེ་ བ་ལ་འབད་པར་རིགས་ཏེ། (དབུ་མ་འཇུག་པར)སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང༌། །མི་ རྣམས་ལོངས་སྤྱོད་མེད་པར་བདེ་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་བྱུང་མཁྱེན་ནས། ། ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །ཞེས་པ་དང༌། འཇིག་རྟེན་ཕན་ཕྱིར་སྦྱིན་པ་ གང་ཡིན་པ། །སྙིང་པོ་མེད་པའི་ནོར་ཡང་སྙིང་པོ་ཡོད། །སྦྱིན་པ་བྱས་པ་གཏེར་དང་འདྲ་བར་ འགྱུར། །མ་བྱིན་ན་ནི་ཤིན་དུ་ཆུད་ཟོས་འགྱུར། །ཞེས་པ་དང༌། བྱང་ཆུབ་སེམས་དཔའི་སྦྱིན་ པ་ནི། །མི་ཟད་ནམ་མཁའ་ལྟ་བུ་གང༌། །ལོངས་སྤྱོད་དེ་ནི་ཐོབ་བྱའི་ཕྱིར། །སྦྱིན་པ་འདི་ནི་ ཡང་དག་སྤེལ། །ཞེས་པ་དང༌། ཚོགས་བསགས་པ་ལས་བདེ་བ་འབྱུང༌། །དེ་ཕྱིར་མི་ཡི་བསོད་ ནམས་བསག །དེ་ཡང་ཡང་དང་ཡང་དུ་བསག །དེ་ཉིད་ལ་ཡང་འདུན་པར་བྱ། །ཞེས་པ་ལ་ སོགས་པ་གསུངས་པ་ལྟར་རོ། །དེ་ཡང་ཞིང་རྣམ་པར་དག་པ་ལ་བརྟེན་ནས། དགེ་བ་སྟོབས་ ལྡན་དུ་འགྱུར་བ་ཡིན་ཏེ། ཀྱེ་མ་ཡོན་ཏན་དག་གི་ཞིང༌། །ཉེས་པ་ཐམས་ཅད་རྣམ་སྤངས་ལ། ། ད་ལྟ་ཉིད་དུ་ས་བོན་གདབ། །ད་ལྟ་ཉིད་དུ་འབྲས་བུ་བསྒྲུབ། །ཞེས་པ་དང༌། ཡོན་ཏན་དང་ ནི་ཕན་འདོགས་ཤིང༌། །སྡུག་བསྔལ་བ་ལས་དགེ་ཆེན་འགྱུར། །ཞེས་པ་དང༌། འགྲོ་དང་སྡུག་ བསྔལ་ཕན་འདོགས་དང༌། །ཡོན་ཏན་རྣམས་ཀྱི་ཞིང་ཁྱད་འཕགས། །ཞེས་པ་ལ་སོགས་པ་ གསུངས་ཤིང༌། །ཁྱད་པར་ཚུལ་ཁྲིམས་དང་ལྡན་པ་ལ་ཕུལ་བས། མི་ཟད་ཅིང་རྗེས་སུ་འབྲང་ བའི་གཏེར་ཆེན་པོར་ཡང་འགྱུར་ཏེ། རྟག་པར་ཚུལ་ཁྲིམས་ལྡན་པ་ལ། །སྦྱིན་པ་བཀུར་སྟིས་ རྒྱན་པ་སྦྱིན། །ནོར་རྣམས་དེ་ལྟར་གཏེར་བཅུག་ན། །དབྲོག་ཏུ་མེད་ཅིང་རྗེས་སུ་འབྲང༌། ། ཞེས་པ་དང༌། དམངས་རིགས་སྟོང་ཕྲག་གཉིས་དག་ནི། །བྲམ་ཟེ་གཙང་མ་གཅིག་དང་འདྲ། ། 7-1-499 བྲམ་ཟེ་གཙང་མ་སྟོང་ཕྲག་ཅིག །དགེ་སློང་གཅིག་ལ་རབ་ཏུ་སྦྱར། །ཞེས་པ་དང༌། གང་ལ་ ཕུལ་ན་དོན་ཆེ་བའི། ། དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །སྦྱིན་པ་བྱ་བའི་དངོས་པོ་ཡང༌། ། རྒྱལ་སྲས་རྣམས་ཀྱི་བརྩེ་བའི་སྦྱིན་པ་ནི། །ཁ་ན་མ་ཐོ་མེད་ཅིང་དག་པའི་གཞི། །ཞེས་པ་ ལྟར། མ་དག་པའི་སྦྱིན་པ། དུག་དང༌། མཚོན་དང༌། ཆང་དང༌། ཤའི་སྦྱིན་པ་ལ་སོགས་པ་ སྤངས་ཏེ། གཙང་ཞིང་ཡིད་དུ་འོང་བའི་ཆོས་དང་མཐུན་པའི་ཡོ་བྱད་རྣམས་བཏང་བ་ལས་ རྣམ་པར་དག་པར་འགྱུར་ལ། བསམ་པ་དག་པ་གང་ལ་ཡང་མ་ཆགས་པར་གཞན་དོན་དུ་ གཏོང་བའི་སེམས་དང་ལྡན་པ་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་ཡིན་ཏེ། བདོག་ པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་ གསུངས་ཏེ། །དེ་ལྟས་དེ་ནི་སེམས་ཉིད་དོ། །ཞེས་པ་དང༌། གོམ་པ་བདུན་བོར་ཚུན་ཆོད་དུ། ། བདོག་པ་ཀུན་གཏོང་བློ་འཆང་བ། །བློ་ལྡན་རྣམས་ལ་མཁའ་ལྟ་བུའི། །བསམ་ཡས་བསོད་ ནམས་ཆུ་བོ་སྐྱེ། །ཞེས་པ་ལྟར་རོ། །དེ་ལྟར་ཞིང་དང་དངོས་པོ་དང་བསམ་པ་དག་པའི་སྒོ་ ནས་སྦྱིན་པ་ཕུན་སུམ་ཚོགས་པ་སྤྱད་པ་ལས། ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ཀྱང་རིམ་གྱིས་ འགྲུབ་པར་འགྱུར་ཏེ། (གོ་ཆ་བཀོད་པར་བསྟན་པར)སྦྱིན་པ་བཏང་བའི་དབང་གིས་ནི། །རྣམ་དག་ ཚུལ་ཁྲིམས་མང་ཐོས་དང༌། །ཡང་དག་ཡིད་ཆེས་བརྩོན་འགྲུས་དང༌། །ཏིང་འཛིན་ཟག་མེད་ ཤེས་རབ་འདྲེན། །ཞེས་པ་ལྟར་རོ། །མདོར་ན། (ཕལ་པོ་ཆེ་ལས)འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་ པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །ཞེས་པ་ལྟར། གང་ཟག་རང་གིས་བྱས་ པ་དང༌། གཞན་བྱེད་དུ་བཅུག་པ་དང༌། བྱེད་པ་ལ་རྗེས་སུ་ཡི་རང་བ་དང༌། དུས་འདས་པ་ན་ བྱས་ཟིན་པ་དང༌། མ་འོངས་པ་ན་བྱེད་པར་འགྱུར་བ་དང༌། ད་ལྟ་བྱེད་བཞིན་པ་དང༌། ངོ་བོ་ སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམ་པ་ལས་བྱུང་བ་ལ་སོགས་པ་ 7-1-500 ཚོགས་གཉིས་ཀྱི་དགེ་བ་མཐའ་དག་བློ་ཡུལ་དུ་བསྡོམས་ནས་བསྔོ་བར་བྱའོ། ། གཉིས་པ་བསྔོ་པའམ་འབྲས་བུ་ནི། འཇིག་རྟེན་དུ་ལྷ་དང་མིའི་འབྲས་བུ་ཐོབ་པར་འདོད་ པས་ནི་མ་ཡིན་ཏེ། (བཤེས་སྤྲིང་དུ)བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ནི། །ལས་ཀྱི་དབང་ གིས་སླར་ཡང་ས་སྟེང་ལྷུང༌། །འཁོར་ལོ་བསྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང༌། །འཁོར་བ་དག་ ན་ཡང་བྲལ་ཉིད་དུ་འགྱུར། །ཞེས་པ་ལྟར། ཟག་བཅས་ཀྱི་བདེ་བར་སྣང་བ་ཐམས་ཅད་ བརྟགས་ཤིང་དཔྱད་ན་འགྱུར་བའི་སྡུག་བསྔལ་ཡིན་པས་སྙིང་པོ་མེད་པའི་ཕྱིར་རོ། །འཇིག་ རྟེན་ལས་འདས་པ་ཉན་རང་གི་ཞི་བདེ་ཙམ་ཐོབ་པར་འདོད་པས་ཀྱང་མ་ཡིན་ཏེ། (མདོ་སྡེ་རྒྱན་ ལས)བློ་དང་ལྡན་པ་དམྱལ་བའི་སྲིད་པར་གནས་པ་ཡི། །སྡུག་བསྔལ་སྣ་ཚོགས་ཅིས་ཀྱང་ རྒྱལ་སྲས་གནོད་བྱེད་མིན། །ཞི་སྲིད་ཡོན་ཏན་སྐྱོན་གྱིས་ཐེག་དམན་ཞུགས་པ་ཡི། །རྣམ་ རྟོག་དགེ་བ་སྣ་ཚོགས་བློ་ལྡན་གནོད་བྱེད་ཡིན། །ཞེས་པ་ལྟར། ཐེག་དམན་གྱི་འབྲས་བུ་དོན་ དུ་གཉེར་ན་མཐར་ཐུག་གི་ཐར་པ་ལ་བར་དུ་གཅོད་པར་གསུངས་པའི་ཕྱིར་རོ། །དེ་བས་ན། (དབུ་མ་བསྟོད་པར)ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་ལ། །འཁོར་ དང་མྱ་ངན་འདས་མི་གནས། །མི་གནས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར། སྲིད་པ་དང་ ཞི་བའི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་རྫོགས་པའི་བྱང་ཆུབ་ཆེན་པོར་ བསྔོ་བར་བྱ་སྟེ། དེ་ལྟར་ན། (རྒྱུད་བླ་མར)བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་ གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་ པ་ལྟར། དོན་གཉིས་མཐར་ཕྱིན་པ་བདེན་གཉིས་ཟུང་འཇུག་སྐུ་གཉིས་ཀྱི་ཕུན་སུམ་ཚོགས་ པ་མྱུར་དུ་ཐོབ་ཅིང༌། མཐར་ཐུག་གི་འབྲས་བུ་ལ་དམིགས་ནས་བསྔོས་ན། གནས་སྐབས་ ཀྱི་འབྲས་བུ་ལོངས་སྤྱོད་འཕེལ་བ་དང༌། བར་ཆད་ཞི་བ་ལ་སོགས་པ་ཞོར་ལ་འབྱུང་བ་ཡིན་ ཏེ། (རྒྱན་ལས)སྦྱིན་པ་པོ་དེ་ལོངས་སྤྱོད་མི་འདོད་ཀྱང༌། །ལོངས་སྤྱོད་ཤིན་ཏུ་མང་ཞིང་ 7-1-501 བཟང་དང་ཕྲད། །ཅེས་པ་དང༌། (ཆེད་དུ་བརྗོད་པའི་ཚོམས་ལས)བསོད་ནམས་བྱས་པའི་མི་དག་ལ། ། གཞན་ལས་བྱུང་བའི་གནོད་པའམ། །ལྷ་འམ་བདུད་ཀྱི་རིགས་རྣམས་ཀྱི། །བར་ཆད་བྱ་བར་ མི་ནུས་སོ། །ཞེས་པ་ལྟར་རོ། ། གསུམ་པ་དགོས་པའམ་ཆེད་དུ་བྱ་བ་ནི། རང་གཅིག་པོའི་དོན་དུ་བསྔོས་ན་དེ་འང་མི་ འགྲུབ་ན་གཞན་དོན་ལྟ་སྨོས་ཀྱང་ཅི་དགོས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོས་ན། རང་གཞན་གཉིས་ཀའི་དོན་འགྲུབ་པར་འགྱུར་བས། དེའི་ཆེད་དུ་སྟེ། (རྒྱན་ལས)སྐྱེ་བོ་རྨོངས་ པ་རང་གི་བདེ་དོན་བརྩོན། །དེ་མ་ཐོབ་པས་རྟག་ཏུ་སྡུག་བསྔལ་འགྱུར། །བརྟན་པ་རྟག་ཏུ་ གཞན་དོན་བརྩོན་པ་ནི། །གཉིས་ཀའི་དོན་བྱས་མྱ་ངན་འདའ་བར་འགྱུར། །ཞེས་པ་ལྟར་ རོ། །དེ་བས་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་བྱང་ཆུབ་ ཆེན་པོ་ཐོབ་པའི་ཆེད་དུ་བསྔོ་བར་བྱ་སྟེ། (ཁྱད་པར་འཕགས་བསྟོད་ལས)བསོད་ནམས་བསགས་ པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བར། །བཅོམ་ལྡན་ཁྱོད་ཀྱིས་གང་ གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་པ་དང༌། (སྤྱོད་འཇུག་ལས)སེམས་ ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པ་དང༌། (ཡུམ་ལས)དགེ་ བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པའོ། །ཞེས་པ་ལ་སོགས་པ་གསུངས་པ་ ལྟར་རོ། ། བཞི་པ་བྱེད་ལས་འགྲུབ་ཚུལ་ནི། ཆུའི་ཐིགས་པ་རྒྱ་མཚོར་ལྷུང་བ་རྣམས་དེ་གནས་ཀྱི་ བར་དུ་མི་ཟད་པ་བཞིན་དུ། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་དགེ་བ་ཡང༌། དེ་མ་ ཐོབ་ཀྱི་བར་དུ་མི་ཟད་ཅིང་འཕེལ་བའི་སྒོ་ནས་མཆོག་གི་གོ་འཕང་ལ་སྦྱོར་བར་བྱེད་པ་སྟེ། (བློ་གྲོས་མི་ཟད་པས་ཞུས་པར)ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང༌། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ 7-1-502 མཛད། །དེ་ནི་བྱང་ཆུབ་ཡོངས་བསྔོས་དགེ་བ་གང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། ། ཅེས་པ་དང༌། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །ཞེས་པ་ དང༌། འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོར་སོང་བའི་ཆུ་ནི་བར་མ་དོར་ཟད་པར་མི་འགྱུར་ བ་དེ་བཞིན་དུ། ཤཱ་རིའི་བུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བ་ཡང༌། བར་མ་དོར་ཟད་ པར་མི་འགྱུར་རོ། །ཞེས་པ་དང༌། ཀུན་དགའ་བོ་སངས་རྒྱས་སུ་བསྔོས་པའི་དགེ་བའི་རྩ་བ་ ནི། འཁོར་བར་ཡང་ཡོངས་སུ་ཟད་པར་མི་འགྱུར་ཞིང༌། མྱ་ངན་ལས་འདས་པ་ཡང་ཐོབ་པར་ བྱེད་པ་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། ལྔ་པ་བློའི་རྣམ་པ་ནི། དོན་དམ་པར་བྱེད་པ་པོ་དང་ལས་དང་བྱ་བ་ལ་འཁོར་གསུམ་དུ་ རྣམ་པར་མི་རྟོག་ཅིང༌། མི་དམིགས་པའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་སྟེ། རྟག་ཏུ་རྣམ་ པར་མི་རྟོག་ལས་ཅན་ལས་མིན་ཞིང༌། །ལས་ཀྱི་བྱ་བ་དང་རྣམ་གསུམ་ལ་མི་ལྟ་སྟེ། །དེས་ ན་འདིས་ནི་དེ་ཐབས་ཡོངས་སུ་གཟུང་བའི་ཕྱིར། །ལས་རྣམས་དག་པ་མཐའ་དེའི་ཕ་རོལ་ འགྲོ། །ཞེས་པ་དང༌། བསྔོ་བྱ་བསྔོ་བྱེད་བསྔོ་བ་རྣམས། །རང་བཞིན་གྱིས་ནི་མི་དམིགས་པ། ། དམིགས་པ་མེད་པའི་བསྔོ་བ་སྟེ། །བསྔོ་བ་བླ་ན་མེད་པར་འདོད། །ཅེས་པ་ལྟར། །ཀུན་རྫོབ་ ཏུ་འཁོར་བ་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པའི་སེམས་ཅན་འདི་དག་ཐམས་ཅད་མྱུར་དུ་ཐར་ པ་ཆེན་པོའི་བདེ་བ་ཐོབ་པར་གྱུར་ཅིག་སྙམ་པའི་འདུན་པ་དྲག་པོ་དང་ལྡན་པ་སྟེ། (འཇམ་དཔལ་ ཞིང་བཀོད་དུ)ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གི་ སྨོན་ལམ་ཅི་བཏབ་པ། །འབྲས་བུའང་དེ་འདྲ་ཉིད་དུ་འགྱུར། །ཞེས་པ་ལྟར་རོ། ། དྲུག་པ་བསྔོ་བའི་ཆོ་ག་ནི། (བཟང་སྤྱོད་དུ)རྡུལ་གཅིག་སྟེང་ན་རྡུལ་རྙེད་སངས་རྒྱས་རྣམས། ། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། ། ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །ཞེས་པ་དང༌། (སྤྱོད་འཇུག་ལས)སངས་རྒྱས་བྱང་ 7-1-503 ཆུབ་སེམས་དཔའ་རྣམས། །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ཅད་ སྤྱན་མངའ་ན། །བདག་ནི་ཉེ་བར་གནས་སོ་ཞེས། །གསུངས་པ་ལྟར། མདུན་གྱི་ནམ་མཁར་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པར་མོས་པ་བྱ་སྟེ། དེ་དག་གི་ སྤྱན་སྔར་རང་གཞན་ཐམས་ཅད་འདུན་པ་གཅིག་པས། ཕྱག་འཚལ། མཆོད་པ་འབུལ། སྡིག་ པ་བཤགས། དགེ་བ་ལ་རྗེས་སུ་ཡི་རང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། མྱ་ངན་ལས་ མི་འདའ་བར་གསོལ་བ་འདེབས། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་སྒོ་ནས། བསྔོ་ བ་དང་སྨོན་ལམ་རྣམ་པར་དག་པ་བགྱིད་འཚལ། ཞེས་པ་ལ་སོགས་པའོ། །ཡང་ན། འདི་ སྐད་ཞེས་ཀྱང་བྱ་སྟེ། (དཔུང་བཟངས་ལས)མེ་ཏོག་དྲི་བསྟོད་མར་མེ་ཕུལ་བ་དང༌། །ཚུལ་ཁྲིམས་ བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡི། །དགེ་བ་དེ་ཀུན་བླ་མེད་སངས་རྒྱས་ཀྱི། །བླ་མེད་བྱང་ ཆུབ་མཆོག་ཏུ་ཡོངས་སུ་བསྔོ། །ཞེས་པ་ལྟར། དཀོན་མཆོག་ལ་མཆོད་པ་ཕུལ་བ་དང༌། དགེ་ འདུན་ལ་བསྙེན་བཀུར་བྱས་པ་ལ་སོགས་པའི་དགེ་བའི་རྩ་བ་རྣམ་པར་དག་པ་བསགས་ ན། (དཔུང་བཟངས་ལས)དཔེར་ན་ནམ་མཁའ་མཐར་ཐུག་མེད་པ་ལ། །འདོམ་གྱིས་གཞལ་བས་ མཐའ་རྟོགས་མི་ནུས་ལྟར། །དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་ནས་ནི། །ཕན་གནོད་ བྱས་པའི་དགེ་སྡིག་མཐའ་མི་རྟོག །ཞེས་པ་ལྟར། ཡུལ་ཁྱད་པར་ཅན་ལ་བརྟེན་ནས་དགེ་བ་ བསགས་པ་ལས། ཕན་ཡོན་དཔག་ཏུ་མེད་པ་ཐོབ་པར་གསུངས་པ་ལ་སོགས་པ། རང་གཞན་ གྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་མཐའ་དག་བློ་ཡུལ་དུ་བསྡོམས་ནས། ནམ་ མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །གང་གི་མར་མ་གྱུར་པ་གཅིག་ཡོད་མིན། ། ཞེས་པ་ལྟར་རོ། །མ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་ཐུན་ མོང་དུ་བྱས་ཏེ། (དཔུང་བཟངས་ལས)དཔེར་ན་ཆུ་ཀླུང་རྒྱ་མཚོར་ཕྱིན་པ་ན། །ལན་ཚའི་མཚོར་ ནི་གཅིག་ཏུ་འགྱུར་བ་ལྟར། །དེ་བཞིན་བླ་མེད་བྱང་ཆུབ་བསྔོས་པ་ཡི། །བསོད་ནམས་རྒྱལ་ 7-1-504 བའི་རོར་ནི་གཅིག་ཏུ་འགྱུར། །ཞེས་པ་ལྟར། མཐར་ཐུག་འབྲས་བུ་བྱང་ཆུབ་ཆེན་པོ་ཐོབ་ པའི་དོན་དུ་བསྔོས་པས། དཔེར་ན་སྐྱེས་བུ་ལ་ལ་འབྲས་བུའི་ཕྱིར། །ས་ལུ་སྐྱེད་ཕྱིར་སོག་ མའི་ཕྱིར་མིན་ཡང༌། །ས་ལུ་རྙེད་ནས་སྒྲིམ་པ་མེད་པར་ནི། །སོག་མའི་ཕུང་པོ་ཞོར་ལ་འབྱུང་ བ་ལྟར། །དེ་བཞིན་འབྲས་བུ་བྱང་ཆུབ་འདོད་པའི་ཕྱིར། །བསོད་ནམས་བསྒྲུབ་ཀྱིས་ལོངས་ སྤྱོད་ཕྱིར་མིན་ཡང༌། །སོག་མའི་ཕུང་པོ་དག་དང་མཚུངས་པར་ནི། །མ་སྒྲིམ་བཞིན་དུ་མི་ཡི་ ལོངས་སྤྱོད་འགྲུབ། །ཅེས་པ་ལྟར། གནས་སྐབས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་རྣམས་ ཀྱང་ཞོར་ལ་འགྲུབ་པར་འགྱུར་བས། (སྡུད་པར)གལ་ཏེ་མཚན་མར་བྱེད་ན་བྱང་ཆུབ་བསྔོ་མ་ ཡིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཞེས་པ་ལྟར། དོན་དམ་སྟོང་ཉིད་ རྟོགས་པའི་ཤེས་རབ་དང༌། །ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་པའི་འདུན་པ་ དང་ལྡན་པའི་སྒོ་ནས། གང་ཞིག་སངས་རྒྱས་ཡིད་ལ་བྱེད་གྱུར་པ། །དེ་ཡི་མདུན་ན་ཐུབ་པའི་ དབང་པོ་བཞུགས། །ཞེས་པ་ལྟར། རྒྱལ་བ་སྲས་དང་བཅས་པ་ནམ་མཁའ་ལྟར་ཁྱབ་པར་ བཞུགས་པའི་སྤྱན་སྔར་ཐམས་ཅད་འདུན་པ་གཅིག་པས། སྨོན་ལམ་རྣམ་དག་བགྱིད་འཚལ། ཞེས་པ་ལ་སོགས་པའོ། །ཡང་དེ་བཞིན་དུ་འདི་སྐད་ཞེས་ཀྱང་བྱ་སྟེ། (མདོ་ལས)སྦྱིན་དང་ཚུལ་ ཁྲིམས་བསྒོམས་ལ་སོགས། །ཇི་སྙེད་དགེ་བའི་རྩ་བ་རྣམས། །མི་ཟད་འབྲས་བུ་འབྱིན་པའི་ ཕྱིར། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ། །ཞེས་པ་ལྟར། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བསྒོམ་པ་ལས་བྱུང་བ་ལ་སོགས་པ་རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བ་ མཐའ་དག་བློ་ཡུལ་དུ་བསྡོམས་ནས། (རྒྱན་ལས)དེ་ལྟར་སངས་རྒྱས་དྲི་མེད་པའི། །གནས་ནི་ གཞན་གྱུར་དཔག་མེད་པས། །བསམ་ཡས་བྱ་བ་སྒྲུབ་པ་ཡི། །འབྱོར་པ་དཔག་ཏུ་མེད་པར་ འདོད། །ཅེས་པ་ལྟར། དོན་གཉིས་མཐར་ཕྱིན་པའི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་དུ། (བཤེས་སྤྲིང་དུ)མ་ཡི་ཐུག་མཐའ་རྒྱ་ཤུག་ 7-1-505 ཚིག་གུ་ཙམ། །རི་ལུར་བྱས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་པ་ལྟར། ཐོག་མེད་ནས་དྲིན་ ཅན་གྱི་མར་གྱུར་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། (སྤྱོད་འཇུག་ལས)གང་ ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། ། དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལྟར། དོན་དམ་པར་སྤྲོས་པའི་མཐའ་ཐམས་ཅད་ དང་བྲལ་བ་དང༌། ཀུན་རྫོབ་ཏུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས། (རྒྱུད་བླ་མར)མཁྱེན་དང་བརྩེ་དང་ནུས་པར་ལྡན། །ཞེས་པ་ལྟར། མཁྱེན་བརྩེ་ནུས་པའི་བདག་ ཉིད་རྒྱལ་བ་སྲས་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པའི་སྤྱན་སྔར་ཐམས་ཅད་འདུན་པ་ གཅིག་པའི་སྒོ་ནས། བསྔོ་བ་མཛད་པར་ཞུ་འཚལ། ཞེས་པ་ལ་སོགས་པའོ། །ཡང༌། འདི་ སྐད་ཅེས་ཀྱང་བྱ་སྟེ། (མན་ངག་རྒྱ་རྩར། བུད་དྷ་ཤྲཱིས) དམ་པ་གསུམ་གྱིས་བསོད་ནམས་བསག །རྒྱ་ ཆེན་ཐབས་ཀྱིས་ཡང་དག་སྤེལ། །ཤེས་རབ་ཟབ་མོས་རྣམ་པར་སྦྱང༌། །ཟུང་འཇུག་བསྔོ་ བས་རྒྱས་གདབ་བྱ། །ཞེས་པ་ལྟར། ཞིང་དམ་པ། (མཛོད་དུ) འཕགས་པ་མིན་ཡང་ཕ་མ་དང༌། ། ནད་པ་དང་ནི་ཆོས་སྨྲ་དང༌། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་ པར་གསུངས། །ཞེས་པ་དང༌། (ལས་ཀྱི་རྣམ་པར་སྨིན་པ་བསྟན་པའི་མདོ་ལས)དུད་འགྲོ་ལ་བྱིན་ན་རྣམ་ པར་སྨིན་པ་བརྒྱ་འགྱུར་དང༌། མི་ཕལ་པ་ལ་བྱིན་ན་སྟོང་འགྱུར་དང༌། ཚུལ་ཁྲིམས་དང་ལྡན་ པ་ལ་ཕུལ་ན་ཁྲི་འགྱུར་དང༌། དགེ་སློང་ཐེག་ཆེན་ལ་ཕུལ་ན་ཚད་མེད་པར་གསུངས་པ་ལྟར། ཡུལ་བཟང་པོ་ལ་བརྟེན་ནས། བསམ་པ་དམ་པ། (སྡོང་པོ་བཀོད་པར)ཇི་ལྟར་ས་བོན་རྣམ་དག་པ། ། ཞིང་བཟང་ལས་ནི་སྐྱེ་འགྱུར་བ། །དེ་བཞིན་བསམ་པ་རྣམ་དག་ལས། །སངས་རྒྱས་ཆོས་ནི་ སྐྱེ་བར་འགྱུར། །ཞེས་པ་ལྟར། གཞན་དོན་དུ་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པའི་བསམ་པ་ རྣམ་པར་དག་པས། དངོས་པོ་དམ་པ། སྦྱིན་པར་བྱ་བའི་དངོས་པོ་གཞན་ལས་ཕྲོགས་པ་དང༌། གནོད་པས་གྲུབ་པ་མ་ཡིན་པ། རུང་ཞིང་དྲི་མ་མེད་པ་ཆོས་དང་མཐུན་པ་བཏང་བ་ལ་སོགས་ 7-1-506 པ་རང་གཞན་གྱིས་དུས་གསུམ་དུ་བསགས་པའི་བསོད་ནམས་མཐའ་དག་བསྔོ་རྒྱུར་བྱས་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་ པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱས་ཏེ། དེ་ལྟར་ཡོངས་སུ་ བསྔོས་པའི་བྱང་ཆུབ་སེམས་དཔའི་བསོད་ནམས་ལ་ནི་ཚད་མེད་དོ། །ཞེས་པ་ལྟར། སེམས་ ཅན་ཐམས་ཅད་ཀྱི་དོན་དུ་བསྔོས་ན། སེམས་ཅན་ལ་ཚད་མེད་པ་ལྟར། དགེ་བ་ཡང་ཚད་ མེད་པ་རྒྱ་ཆེན་པོར་འགྱུར་བའི་ཐབས་ཀྱིས་ཡང་དག་པར་སྤེལ་ནས། འདི་ལྟར་ཆོས་རྣམས་ ཐམས་ཅད་ནི། །བདག་མེད་དམ་པའི་དོན་དུ་ན། །སྟོང་ཉིད་བདག་ཏུ་དམིགས་པ་ནི། །ཉེས་ པར་བཤད་པ་ཁོ་ན་ཡིན། །ཞེས་པ་ལྟར། ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་ཞིང་བདག་ མེད་པར་རྟོགས་པའི་ཤེས་རབ་ཟབ་མོས་དམིགས་པའི་དུག་རྣམས་རྣམ་པར་སྦྱངས་ཏེ། (དབུ་ མར)རྟེན་ཅིང་འབྲེལ་འབྱུང་མ་རྟོགས་པ། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་ཉིད་མ་ རྟོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པ་ལྟར། ཀུན་རྫོབ་རྟེན་འབྲེལ་སྒྱུ་མ་ལྟ་ བུ་དང༌། དོན་དམ་སྟོང་ཉིད་ནམ་མཁའ་ལྟ་བུ་ཟུང་འཇུག་ཏུ་རྟོགས་པའི་སྒོ་ནས་བསྔོ་བ་རྣམ་ པར་དག་པས་རྒྱས་འདེབས་པར་ཞུ། ཞེས་པ་ལ་སོགས་པའོ། །ཡང༌། འདི་སྐད་ཅེས་ཀྱང་བྱ་ སྟེ། དམིགས་པ་བཟང་དང་རྟེན་པ་བཟང༌། །ཐབས་བཟང་བ་དང་ངེས་འབྱུང་དང༌། །སྦྱོར་བ་ བཟང་པོའི་བདག་ཉིད་འདི། །ཡང་དག་སྨོན་ལམ་ཡིན་པར་བཤད། །ཅེས་པ་ལྟར། གཞན་ དོན་དུ་བྱང་ཆུབ་ཐོབ་པར་འདོད་པས། ཐེག་པ་ཆེན་པོའི་ཆོས་ལ་དམིགས་ནས་བསོད་ནམས་ དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས་ཉེ་བར་སྟོན་པའི་དགེ་བའི་རྩ་བ་རྒྱ་ཆེན་པོ་བསགས་པ་ རྣམས། ཏིང་ངེ་འཛིན་ཞི་གནས་དང་ཤེས་རབ་ལྷག་མཐོང་ཟུང་དུ་འཇུག་པའི་ཐབས་ལ་ མཁས་པས་ཡོངས་སུ་ཟིན་པར་བྱས་ཏེ། ཅུང་ཟད་ཙམ་ཆོག་པར་འཛིན་པ་ལས་ངེས་པར་ འབྱུང་ཞིང༌། གོང་ནས་གོང་དུ་ཁྱད་པར་འཕགས་པའི་འབྲས་བུ་ཕུན་སུམ་ཚོགས་པ་སྒྲུབ་པའི་ 7-1-507 ཕྱིར་དད་ཅིང་གུས་པར་སྦྱོར་བ་དང༌། རྟག་ཏུ་རྒྱུན་མི་འཆད་པར་སྦྱོར་བའི་བརྩོན་འགྲུས་ཆེན་ པོ་དང་ལྡན་པའི་སྒོ་ནས། ཐམས་ཅད་འདུན་པ་གཅིག་པས་ཡང་དག་པའི་སྨོན་ལམ་རྣམ་པར་ དག་པ་བགྱིད་འཚལ། ཞེས་པ་ལ་སོགས་པ་ཇི་ལྟར་མོས་པ་རྒྱས་བསྡུས་སྐབས་དང་སྦྱར་ཏེ་ འཆད་པ་ནི་སྔོན་དུ་འགྲོ་བའོ། ། དངོས་གཞི་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ། ཞེས་པ་ཐམས་ཅད་ལ་སྦྱར་ཏེ། འཇམ་ དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་ཡོངས་སུ་བསྔོ། །ཞེས་ པའམ། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་ བསྔགས་གྱུར་པ། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཡང༌། །བཟང་པོ་སྤྱོད་ཕྱིར་ཡོངས་སུ་ བསྔོ་བར་བགྱི། །ཞེས་པའམ། ཀུན་ནས་དགེ་བའི་བསོད་ནམས་སྟོབས་དག་དང༌། །ཆགས་ པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་སྟོབས་དང་ཏིང་འཛིན་སྟོབས་དག་གིས། ། བྱང་ཆུབ་སྟོབས་རྣམས་ཡང་དག་རྫོགས་བྱེད་ཤོག །ཅེས་པའམ། རྒྱལ་བ་ཀུན་གྱི་སྲས་ཀྱི་ ཐུ་བོ་པ། །གང་གི་མཚན་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ ཕྱིར། །དགེ་བ་འདི་དག་ཐམས་ཅད་ཡོངས་སུ་བསྔོ། །ཞེས་པའམ། ལུས་དང་ངག་དང་ཡིད་ ཀྱང་རྣམ་དག་ཅིང༌། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་པ། །བསྔོ་བ་བཟང་པོ་མཁས་ པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག །ཞེས་པའམ། ཀུན་ནས་དགེ་ བ་བཟང་པོ་སྤྱད་པའི་ཕྱིར། །འཇམ་དཔལ་གྱིས་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་ བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་བགྱིད་ཤོག །ཅེས་པའམ། འགྲོ་ ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ 7-1-508 ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་རེད་གྱུར་ཅིག །ཅེས་པའམ། (སྐྱེས་རབས་ལས)བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །གོ་འཕང་ཐོབ་ཕྱིར་ སྐྱོན་གྱི་དགྲ་བཏུལ་ཏེ། །རྒ་ནད་འཆི་བའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་ བ་འདོན་པར་ཤོག །ཅེས་པའམ། (འདུལ་བ་ལུང་ལས)སྦྱིན་པ་ཆེན་པོར་གྱུར་པ་འདི་ཡིས་ནི། ། འགྲོ་བའི་ནང་ནས་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། ། སྐྱེ་བོའི་ཚོགས་རྣམས་བདག་གིས་སྒྲོལ་གྱུར་ཅིག །ཅེས་པའམ། (རིགས་པ་དྲུག་ཅུ་པ་ལས)དགེ་ བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་ པ་གྲགས་ཆེ་བ་གང་ཡང་རུང་བ་ལན་གསུམ་བརྗོད་པའི་མཐར། དགེ་བའི་རྩ་བ་འདི་དག་ ལ་བརྟེན་ནས། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ ནས་གོང་དུ་ཡོངས་སུ་རྫོགས་པ་དང༌། ཕན་བདེ་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་ པོ་ཆེ་དར་ཞིང་རྒྱས་པ་དང༌། བསྟན་པའི་རྩ་ལག་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ་དང༌། དགེ་འདུན་ཐམས་ཅད་ཀྱི་ཆོས་སྤྱོད་བཅུའི་བསྒྲུབ་པ་ རྣམ་དག་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ཅེས་པ་འཆད་འགྱུར་ཀུན་གྱི་སྔོན་ དུ་སྦྱར་ཞིང༌། དེ་དག་གི་བྱིན་རླབས་ལ་བརྟེན་ནས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བདེ་ སྐྱིད་དང༌། ཚོགས་གཉིས་དང༌། དགེ་ལེགས་དང༌། ཕན་བདེ་དང༌། དོན་གཉིས་ཀྱི་དཔལ་ ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག །ཅེས་པ་དང༌། ཐམས་ཅད་ཀྱི་མཐར། སྦྱིན་བདག་ལ་སོགས་པའི་ཆོས་བསྒྲུབ་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཉེ་བར་ཞི་བ་ དང༌། མཐུན་རྐྱེན་བསམ་པའི་དོན་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་གྱུར་ཅིག །རྒྱལ་ ཁམས་ཐམས་ཅད་དུ་ཡང་མི་ནད་དང་ཕྱུགས་ནད་ཐམས་ཅད་ཉེ་བར་ཞི་བ་དང༌། བསམ་ངན་ 7-1-509 སྦྱོར་རྩུབ་ཐམས་ཅད་ཉེ་བར་ཞི་བ་དང༌། འཁྲུག་ལོང་དང་གནོད་འཚེ་ཐམས་ཅད་ཉེ་བར་ཞི་ བ་དང༌། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཉིན་མཚན་རྟག་ཏུ་དམ་པའི་ ཆོས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཅེས་པའམ། ཡང་ན། རྒྱལ་ཁམས་ཐམས་ ཅད་དུ་ཡང་ཆོས་དང་བཀྲ་ཤིས་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག ཅེས་ཀྱང་སྦྱར་བར་ བྱའོ། །བར་སྐབས་སུ་རྣམ་གྲངས་མི་འདྲ་བ་ལ་མོས་ན། སྦྱིན་བདག་ལ་སོགས་པ་སེམས་ཅན་ ཐམས་ཅད་ཀྱི་རྒྱུད་ལ་ཚོགས་གཉིས་མྱུར་དུ་རྫོགས་པ་དང༌། སྒྲིབ་གཉིས་བག་ཆགས་དང་ བཅས་པ་བྱང་ཞིང་དག་པ་དང༌། དོན་གཉིས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་ འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །སངས་རྒྱས་མ་ཐོབ་ཀྱི་བར་དུ་ཡང༌། རྟེན་དལ་འབྱོར་ གྱི་ལུས་རིན་པོ་ཆེ་ཐོབ་པ་དང༌། གནས་འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་རྣམས་སུ་སྐྱེ་བ་ དང༌། གྲོགས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང༌། བསམ་ པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་ལྡན་པ་དང༌། སྦྱོར་བ་ཕ་རོལ་དུ་ཕྱིན་པ་དྲུག་ ལ་ཚུལ་བཞིན་དུ་སློབ་པར་གྱུར་ཅིག། གནས་སྐབས་ཐམས་ཅད་དུ་ཡང་སངས་རྒྱས་མཐོང་ བ་དང༌། དམ་པའི་ཆོས་ཐོས་པ་དང༌། འཕགས་པའི་དགེ་འདུན་ལ་བཀུར་སྟི་བྱེད་པ་དང་མི་ འབྲལ་བར་གྱུར་ཅིག། དེ་དག་ལ་བརྟེན་ནས་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་ རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་ རྫོགས་པར་གྱུར་ཅིག །རང་བྱུང་དང༌། ཟག་པ་མེད་པ་དང༌། མི་སློབ་པ་དང༌། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག ཅེས་པ་ལ་སོགས་པའམ། ཡང་དེ་བཞིན་དུ། སེམས་ཅན་ཐམས་ཅད་རྣམ་པར་ཐར་པ་བཞིའི་སྒོ་བཞི་ལ་འཇུག་པ་དང༌། ཚངས་པའི་གནས་བཞི་ལ་གནས་པ་དང༌། བསྡུ་བའི་དངོས་པོ་བཞིས་གཞན་གྱི་དོན་བྱེད་པ་ 7-1-510 དང༌། འཕགས་པའི་བདེན་པ་བཞི་མངོན་སུམ་དུ་རྟོགས་པ་དང༌། སོ་སོ་ཡང་དག་པར་རིག་ པ་བཞིའི་ཡེ་ཤེས་དང་ལྡན་པ་དང༌། མི་འཇིགས་པ་བཞིའི་ཡོན་ཏན་རྣམས་ཐོབ་པ་དང༌། སྐུ་ བཞི་དང་ལྡན་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག གནས་སྐབས་ སུ་ཡང༌། ཚེ་རིང་དེ་བཞིན་ནད་མེད་དང༌། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་ དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་རྣམས་ལས་གསུངས། །ཞེས་པ་རྣམས་ཀྱི་ ནང་ནས་རེ་རེ་ཞིང་མཆོག་ཏུ་གྱུར་ཅིག ཅེས་པ་ལ་སོགས་པའམ། ཡང་དེ་བཞིན་དུ། སེམས་ ཅན་ཐམས་ཅད་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཚད་མེད་པ་ ལ་གནས་པ་སྟེ། དེ་ལྟར་ན་ཚངས་པའི་གནས་བཞི་ལ་གནས་པ་དང༌། རྣམ་པར་ཐར་པའི་སྒོ་ སྟོང་པ་ཉིད་ལ་གནས་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་ མ་བྱས་པའི་ཏིང་འཛིན་ཐོབ་པ་སྟེ། དེ་ལྟར་ན་རྣམ་པར་ཐར་པའི་སྒོ་བཞི་ལ་འཇུག་པ་དང༌། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་གཞན་ལ་ཕན་པ་སྟེ། དེ་ལྟར་ན་བསྡུ་བའི་དངོས་པོ་བཞིས་གཞན་ལ་ཕན་འདོགས་པ་དང༌། སྡུག་བསྔལ་ཡོངས་སུ་ ཤེས་པ་དང༌། ཀུན་འབྱུང་མཐའ་དག་སྤོང་བ་དང༌། འགོག་པ་མངོན་དུ་བྱེད་པ་དང༌། ལམ་ གྱི་བདེན་པ་སྒོམ་པ་སྟེ། དེ་ལྟར་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་གྱུར་ཅིག གནས་སྐབས་ཐམས་ཅད་དུ་ཡང༌། (བཤེས་སྤྲིང་ལས)དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་ དང༌། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང༌། །ཤེས་རབ་ནོར་བདུན་ལེགས་པར་ཐུབ་པས་ གསུངས། །ཞེས་པ་ལྟར། འཕགས་པའི་ནོར་བདུན་གྱིས་འབྱོར་པ་ཕུན་སུམ་ཚོགས་པ་དང་ ལྡན་པར་གྱུར་ཅིག ཅེས་པ་ལ་སོགས་པའམ། ཡང་དེ་བཞིན་དུ། སེམས་ཅན་ཐམས་ཅད་མི་ ཁོམ་པ་བརྒྱད་སྤངས་པའི་དལ་བ་དང༌། ཡོན་ཏན་གྱི་ཆོས་བཅུ་དང་ལྡན་པའི་འབྱོར་པ་དང༌། རྟག་ཏུ་གཞན་ལ་ཕན་པར་སེམས་པའི་བསམ་པ་དང༌། ཅི་བྱས་གཞན་ལ་ཕན་པར་འགྱུར་ 7-1-511 བའི་སྦྱོར་བ་དང༌། བདེན་པ་གཉིས་ཀྱི་གནས་ལུགས་རྟོགས་པའི་ལྟ་བ་དང༌། ཞི་གནས་ལྷག་ མཐོང་ཟུང་དུ་འབྲེལ་བའི་སྒོམ་པ་དང༌། ཐབས་ལ་མཁས་པས་ཡོངས་སུ་ཟིན་པའི་སྤྱོད་པ་ དང༌། འཕྲལ་དང་ཡུན་དུ་ཕན་པར་འགྱུར་བའི་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པར་ གྱུར་ཅིག ཅེས་པ་ལ་སོགས་པའམ། ཡང་དེ་བཞིན་དུ། སེམས་ཅན་ཐམས་ཅད་ལན་དང་རྣམ་ པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་རྒྱ་ཆེན་པོ་གཏོང་ནུས་པ་དང༌། ཡང་སྲིད་མི་འདོད་པའི་ཚུལ་ ཁྲིམས་རྣམ་པར་དག་པ་བསྲུང་ནུས་པ་དང༌། སུ་དང་ཡང་ཞེ་འགྲས་པ་མེད་པའི་བཟོད་པ་ རླབས་པོ་ཆེ་བསྒོམ་ནུས་པ་དང༌། དཀར་པོའི་ཕྱོགས་མཐའ་དག་བསྡུད་པའི་བརྩོན་འགྲུས་རྒྱ་ ཆེན་པོ་རྩོམ་ནུས་པ་དང༌། གཟུགས་མེད་པའི་ཁམས་རྣམ་པར་སྤངས་པའི་བསམ་གཏན་ལ་ མཉམ་པོར་འཇོག་ནུས་པ་དང༌། ཐབས་སྙིང་རྗེ་ཆེན་པོ་དང་མ་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་དོན་རྟོགས་པར་གྱུར་ཅིག ཅེས་པའམ། ཡང་དེ་བཞིན་དུ། སེམས་ཅན་ཐམས་ ཅད་གཞི་དབུ་མ་བདེན་གཉིས་ཟུང་དུ་འཇུག་པའི་གནས་ལུགས་ལེགས་པར་རྟོགས་པ་དང༌། ལམ་དབུ་མ་ཚོགས་གཉིས་ཟུང་འཇུག་གི་སྦྱོར་བ་ཉམས་སུ་ལེན་པ་དང༌། འབྲས་བུ་དབུ་མ་ སྐུ་གཉིས་ཟུང་འཇུག་གི་གོ་འཕང་མྱུར་དུ་ཐོབ་པ་དང༌། གཞུང་ལུགས་རྣམ་པར་དག་པ་དང་ འབྲེལ་བའི་ཐོས་པ་ཕུན་སུམ་ཚོགས་པ་ལ་འཇུག་པ་དང༌། གནས་ལུགས་ཕྱིན་ཅི་མ་ལོག་ པར་དཔྱོད་པའི་བསམ་པ་ཕུན་སུམ་ཚོགས་པ་ལ་འཇུག་པ་དང༌། ཞི་གནས་དང་ལྷག་མཐོང་ ཟུང་དུ་འབྲེལ་བའི་སྒོམ་པ་ཕུན་སུམ་ཚོགས་པ་ལ་འཇུག་པ་དང༌། ཀུན་བཏགས་བཟུང་བ་ དང་འཛིན་པ་མེད་པ་ལ་མེད་པར་ཤེས་པ་དང༌། གཞན་དབང་ཡང་དག་པ་མ་ཡིན་པའི་ཀུན་ ཏུ་རྟོག་པ་ཡོངས་སུ་སྤོང་བ་དང༌། ཡོངས་གྲུབ་ཆོས་ཀྱི་དབྱིངས་རྣམ་པར་དག་མངོན་སུམ་དུ་ བྱེད་པར་གྱུར་ཅིག ཅེས་པ་ལ་སོགས་པའམ། ཡང་དེ་བཞིན་དུ། སེམས་ཅན་ཐམས་ཅད་དཀོན་མཆོག་རིན་པོ་ཆེ་གསུམ་ལ་མི་ཕྱེད་ 7-1-512 པའི་དད་པ་ཐོབ་པ་དང༌། ཐེག་པ་རིན་པོ་ཆེ་གསུམ་ལ་རིམ་བཞིན་འཇུག་པ་དང༌། སྡེ་སྣོད་ རིན་པོ་ཆེ་གསུམ་གྱི་དོན་ལ་མཁས་པ་དང༌། བསླབ་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་ སློབ་པ་དང༌། འཁོར་ལོ་རིན་པོ་ཆེ་གསུམ་ཡང་རིམ་པ་བཞིན་བསྐོར་བ་དང༌། བྱང་ཆུབ་རིན་ པོ་ཆེ་གསུམ་གྱི་མཐར་ཐུག་ཐོབ་པར་གྱུར་ཅིག ཅེས་པ་ལ་སོགས་པའམ། ཡང་དེ་བཞིན་ དུ། སེམས་ཅན་ཐམས་ཅད་མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་ལྡོག་པར་གྱུར་ཅིག དགེ་བ་ བཅུའི་ལས་ཀྱི་ལམ་ལ་འཇུག་པ་དང༌། ཕ་རོལ་དུ་ཕྱིན་པ་བཅུའི་སྤྱོད་པ་ཉམས་སུ་ལེན་པ་ དང༌། ས་བཅུའི་མངོན་པར་རྟོགས་པ་རྒྱུད་ལ་སྐྱེ་བ་དང༌། དབང་བཅུའི་ཡོན་ཏན་ཕུན་སུམ་ ཚོགས་པ་ཐོབ་པ་དང༌། སྟོབས་བཅུ་དང་ལྡན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་ དུ་ཐོབ་པར་གྱུར་ཅིག སངས་རྒྱས་མ་ཐོབ་ཀྱི་བར་དུ་ཡང༌། དད་པ་དང༌། བརྩོན་འགྲུས་ དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། སྙིང་རྗེ་དང༌། ཞི་གནས་དང༌། ལྷག་ མཐོང་དང༌། གཟུངས་དང༌། སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ཅེས་པ་ ལ་སོགས་པའམ། ཡང་དེ་བཞིན་དུ། (སྒྱུ་མ་མཁན་གྱིས་ཞུས་པའི་མདོར)གང་གི་སྦྱིན་པ་གང་ལ་སྦྱིན། ། སྦྱིན་པ་ཇི་ལྟར་མི་རྟོག་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་རྣམས་ལ་ཡོངས་ རྫོགས་ཤོག །རྒྱལ་པོ་སྦྱིན་བདག་ཉིད་དང་གང༌། །སེམས་ཅན་ཕུང་པོ་གཞན་དག་ཀྱང༌། །ཚེ་ རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །ཅེས་པ་དང༌། (སྤྱོད་འཇུག་ཏུ) ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །བདག་གི་བསོད་ནམས་འདི་ཡིས་ ནི། །སེམས་ཅན་ཐམས་ཅད་མ་ལུས་པ། །སྡིག་པ་ཐམས་ཅད་སྤངས་ནས་ནི། །རྟག་ཏུ་དགེ་ བ་བྱེད་པར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། ། སངས་རྒྱས་རྣམས་ཀྱིས་ཡོངས་བཟུངས་ནས། །བདུད་ཀྱི་ལས་ཀྱང་སྤངས་པར་ཤོག །ལྷ་ 7-1-513 ཡང་དུས་སུ་ཆར་འབེབས་ཤིང༌། །ལོ་ཐོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་ བྱེད་གྱུར་ཅིག །འཇིག་རྟེན་དག་ཀྱང་དར་བར་ཤོག །གཙུག་ལག་ཁང་རྣམས་ཀློག་པ་དང༌། ། ཁ་དོན་གྱིས་བརྒྱན་ལེགས་གནས་ཤོག །རྟག་ཏུ་དགེ་འདུན་མཐུན་པ་དང༌། །དགེ་འདུན་ དོན་ཡང་འགྲུབ་པར་ཤོག །བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་ བ་ཐོབ་པར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང༌། །རབ་ཏུ་འབྱུང་བ་ཐོབ་པར་ཤོག །གང་ཚེ་ ལྟ་བར་འདོད་པ་དང༌། །ཅུང་ཟད་བྲི་བར་འདོད་ན་ཡང༌། །མགོན་པོ་འཇམ་དབྱངས་དེ་ཉིད་ ནི། །གེགས་མེད་པར་ནི་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། ། སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་ སྤྱོད་པའང་དེ་འདྲར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་ བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་ པ་ལ་སོགས་པ་ཇི་ལྟར་རིགས་པ་སྦྱར་ཞིང་ཐམས་ཅད་ཀྱི་མཇུག་ཏུ། འབྱུང་པོ་གང་དག་ འདིར་ནི་ལྷག་གྱུར་ཏམ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་དགུ་ཀུན་ལ་རྟག་ ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཞེས་ཀྱང་བརྗོད་དེ། སངས་ རྒྱས་སྐུ་གསུམ་མཉེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་ དང༌། །དགེ་འདུན་མི་ཕྱེད་མཐུན་པའི་བྱིན་རླབས་ཀྱིས། །བསྔོས་ཤིང་སྨོན་ལམ་བཏབ་པ་ འགྲུབ་པར་ཤོག །ཅེས་པ་ལ་སོགས་པ་བདེན་པའི་སྟོབས་ཀྱང་བརྗོད་པར་བྱའོ། ། དེ་ལྟར་ཕྱིའི་བསྔོ་བ་བརྗོད་ནས། ཁྱད་པར་འདས་པའི་དོན་དུ་བྱེད་ན། ཕལ་ཆེར་སྔར་ དང་འདྲ་བ་ལ། ཁྱད་པར་ཅུང་ཟད་བསྟན་པ་ནི། དགོངས་གསོལ་སྔར་བཞིན་བྱས་ལ། འདི་ ལྟར་བསྒྲུབས་པའི་དགེ་བ་དང༌། རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བ་ཅི་ མཆིས་པ་ལ་བརྟེན་ནས། དུས་ལ་འདས་པ་ཆེ་གེ་མོ་ཞེས་བགྱི་བ་ལ་སོགས་པ་སེམས་ཅན་ 7-1-514 ཐམས་ཅད་ཀྱིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་ལན་གསུམ་གྱི་མཐར། དེ་མ་ཐོབ་ཀྱི་བར་དུ་ཡང༌། རྟེན་དལ་འབྱོར་གྱི་ལུས་ཕུན་སུམ་ ཚོགས་པ་ཐོབ་པར་གྱུར་ཅིག ཅེས་པ་ལ་སོགས་པ་སྔར་བཤད་པ་རྣམས་དང༌། གཞན་ཡང་ བསྟན་པ་དར་བ་ལ་སོགས་པ་དང༌། དེའི་བྱིན་རླབས་ལ་བརྟེན་ནས་འབྲེལ་པ་ཤུལ་ན་གནས་ པ་རྣམས་ཀྱི་ཡང་འགལ་རྐྱེན་ཞི་བ་དང༌། མཐུན་རྐྱེན་འགྲུབ་པ་ལ་སོགས་པ་སྔར་བཞིན་སྦྱར་ རོ། ། ཡང་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཆེ་གེ་མོ་ཞེས་བགྱི་བ་ལ་ དགོངས་སུ་གསོལ། འདི་རང་ཉིད་ཀྱིས་སྔར་དགེ་བའི་རྩ་བ་ཅི་བགྱིས་པ་དང༌། འདས་ནས་ ཀྱང་ཁོང་གི་དོན་དུ་དཀོན་མཆོག་གི་མཆོད་པ་དང༌། དགེ་འདུན་གྱི་བསྙེན་བཀུར། སྐྱེ་བོའི་ སྦྱིན་གཏོང༌། ཕྱི་ནང་གི་ཆོ་ག་ལ་སོགས་པ་བསྒྲུབས་པ་དང༌། གཞན་ཡང་ཕྱོགས་བཅུ་ན་དུས་ གསུམ་དང་འབྲེལ་པའི་དགེ་བ་ཅི་མཆིས་པ་ལ་བརྟེན་ནས། ཆེ་གེ་མོ་ལ་སོགས་པ་སེམས་ ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་ནས་དོན་གཉིས་ མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་པ་གསུམ་ དང༌། དེ་མ་ཐོབ་ཀྱི་བར་དུ་ཡང་ཞིང་ཁམས་རྣམ་པར་དག་པ་རྣམས་སུ་སྐྱེས་ཏེ། དད་པ་ལ་ སོགས་པའི་ནོར་བདུན་ཕུན་སུམ་ཚོགས་པར་གྱུར་ཅིག ཅེས་པ་ལ་སོགས་པ་སྔར་བཞིན་ སྦྱར་རོ། ། ཡང་ན། དགེ་བ་འདི་ཡིས་ཆེ་གེ་མོ་ལ་སོགས་པའི་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ ཚོགས་བསགས་ཏེ། །ཞེས་པ་ལ་སོགས་པ་གསུམ་གྱི་མཐར། དེ་མ་ཐོབ་ཀྱི་བར་དུ་ཡང༌། ལན་དང་རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་གཏོང་ནུས་པར་གྱུར་ཅིག ཅེས་པ་ལ་སོགས་ པའམ། ཚེ་རིང་བ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག ཅེས་པ་ལ་སོགས་པ་སྔར་བཞིན་སྦྱར་རོ། ། 7-1-515 ཡང་ན། བསྟན་པ་དར་བ་ལ་སོགས་པའི་རྗེས་སུ། ཁྱད་པར་དུ་ཡང་ཆེ་གེ་མོ་ཞེས་བགྱི་ བ་འདི་འགྲོ་བ་རིགས་དྲུག ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞི། སྲིད་པ་བར་དོ་ལ་སོགས་ པ་གང་དང་གང་དུ་སྐྱེས་སམ། སྐྱེའམ་སྐྱེ་བར་འགྱུར་བའི་ལས་ཅན་གཅིག་ཡིན་ནའང་དགེ་ བའི་རྩ་བ་འདི་དག་དེའི་ཕྱི་བཞིན་དུ་འབྲང་ཞིང་རྗེས་སུ་འཇུག་པར་གྱུར་ཅིག རྗེས་སུ་འབྲང་ ཞིང་ཞུགས་ནས་ཀྱང་རིགས་དྲུག་སོ་སོའི་སྡུག་བསྔལ་མཐའ་དག་ལས་རྣམ་པར་གྲོལ་བར་ གྱུར་ཅིག རྣམ་པར་གྲོལ་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་ རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག གནས་སྐབས་ཐམས་ཅད་དུ་ཡང༌། སངས་རྒྱས་ མཐོང་བ་དང་མི་འབྲལ་བར་གྱུར་ཅིག ཅེས་པ་ལ་སོགས་པ་སྔར་བཞིན་སྦྱར་རོ། ། ཡང་གལ་ཏེ། བླ་མ་དམ་པ་ལ་སོགས་པ་མཆོག་གི་དོན་དུ་བསྔོ་ན། བཤད་པ་ཕལ་ ཆེར་སྔར་དང་འདྲ་ཞིང༌། ཁྱད་པར། ཡུལ་དམ་པ་ལ་དམིགས་པའི་དགེ་བས་གཙོ་བྱས་ རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་དང༌། ལུས་ལོངས་ སྤྱོད་མཐའ་དག་བླ་མ་དམ་པ་ལ་ཕུལ་ཏེ། དེ་དག་ལ་བརྟེན་ནས་སྐྱེས་བུ་དམ་པའི་ཐུགས་ དགོངས་རྫོགས་ཤིང༌། དེའི་བྱིན་རླབས་ཀྱིས་སེམས་ཅན་ཐམས་ཅད་ལ་དགེ་ལེགས་ཕུན་ སུམ་ཚོགས་པ་འབྱུང་བར་འདོད་པའི་འདུན་པ་དང་ལྡན་པས་སྨོན་ལམ་རྣམ་པར་དག་པ་ བགྱིད་འཚལ་ཞེས་པ་དང༌། དགོངས་གསོལ་སྔར་བཞིན་བྱས་ལ། འདི་ལྟར་བསྒྲུབས་པའི་ དགེ་བ་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དང་འབྲེལ་བའི་དགེ་བའི་རྩ་བ་ཅི་མཆིས་པ་ རྣམས་དང༌། འབྱོར་པའི་ཁྱད་པར་ཅི་མཆིས་པ་ཐམས་ཅད། ཆོས་རྗེ་དཔལ་ལྡན་བླ་མ་དམ་ པ་ཆེ་གེ་མོ་ཞེས་བགྱི་བ་ལ་དབུལ་བར་བགྱིའོ། །སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ ཆེན་པོས་ཉེ་བར་དགོངས་ཏེ། བདག་གི་བར་བཞེས་སུ་གསོལ། བཞེས་ནས་ཀྱང་བླ་མ་དམ་ པའི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་ཐམས་ཅད་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་ 7-1-516 གྱུར་ཅིག ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ལ་ བཞུགས་ནས་གདུལ་བྱར་གྱུར་པ་མཐའ་དག་རྗེས་སུ་འཛིན་པར་གྱུར་ཅིག སངས་རྒྱས་ ཐམས་ཅད་ཀྱིས་ཇི་ལྟར་དགོངས་པ་དང་མཐུན་པའི་ཡོན་ཏན་དང་ཕྲིན་ལས་ཀྱིས་སེམས་ ཅན་ཐམས་ཅད་ཀྱི་འདྲེན་པ་མཛད་པར་གྱུར་ཅིག གདུལ་བྱ་རྣམས་ཀྱིས་ཀྱང་བླ་མ་དམ་པའི་ ཐུགས་མཉེས་པ་བྱེད་པར་གྱུར་ཅིག མི་མཉེས་པ་བྱེད་པར་མ་གྱུར་ཅིག མཉེས་པར་བྱས་ ནས་ཀྱང་བླ་མ་དམ་པའི་བཀའ་བཞིན་དུ་ཆོས་སྤྱོད་བཅུའི་སྒྲུབ་པ་ཉམས་སུ་ལེན་པར་གྱུར་ ཅིག སྐུའི་སྤྱོད་པ་རྣམ་པར་དག་པ་དང་མཐུན་པར་སེམས་ཅན་མང་པོ་ལ་དང་བའི་དད་པ་ བསྐྱེད་ནུས་པར་གྱུར་ཅིག གསུང་གི་སྤྱོད་པ་རྣམ་པར་དག་པ་དང་མཐུན་པར་ལེགས་པར་ བཤད་པའི་དགའ་སྟོན་རྒྱ་ཆེན་པོ་འགྱེད་ནུས་པར་གྱུར་ཅིག ཐུགས་ཀྱི་དགོངས་པ་རྣམ་པར་ དག་པ་དང་མཐུན་པར་ཆོས་ཐམས་ཅད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པར་ གྱུར་ཅིག ཡོན་ཏན་ཕུན་སུམ་ཚོགས་པ་བརྙེས་པ་དང༌། མཐུན་པར་ཐུན་མོང་དང་མཆོག་གི་ ཡོན་ཏན་ཐམས་ཅད་མྱུར་དུ་ཐོབ་པར་གྱུར་ཅིག འཕྲིན་ལས་ལྷུན་གྱིས་གྲུབ་པ་དང་མཐུན་ པར་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་ནུས་པར་གྱུར་ཅིག ཅེས་པ་དང༌། (སྤྱོད་འཇུག་ལས)བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །ཅེས་པ་ ལ་སོགས་པ་དང༌། སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སྦྱིན་བདག་གི་བར་ཆད་ཞི་བ་ལ་ སོགས་པ་ཡང་སྔར་བཞིན་དུ་ཇི་ལྟར་རིགས་པར་སྦྱར་རོ། །ཡང་བླ་མ་ལས་གཞན་པའི་དགེ་ བའི་བཤེས་གཉེན་འགའ་ཞིག་གི་ཆེད་དུ་ཡིན་ན། སངས་རྒྱས་ཐོབ་པ། ཆོས་སྤྱོད་འཕེལ་བ་ ལ་སོགས་པ་སྔར་བཤད་པ་རྣམས་ཀྱི་ནང་ནས་གང་ཡང་རུང་བའི་རྗེས་ལ། ཁྱད་པར་དུ་ཡང༌། ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེ་གེ་མོ་ཞེས་བགྱི་བའི་ཐུགས་ཀྱི་དགོངས་པ་ 7-1-517 ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག ས་དང་ལམ་གྱི་གེགས་དང་ བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག ས་དང་ལམ་གྱི་ཡོན་ཏན་ཁྱད་པར་ཅན་ ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག གནས་སྐབས་སུ་ཡང་ཞིང་ཁམས་རྣམ་པར་དག་ པ་རྣམས་སུ་འཁྲུངས་ནས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག མཐར་ ཐུག་བྱང་ཆུབ་ཆེན་པོའི་གོ་འཕང་བརྙེས་ནས་གདུལ་བྱ་མཐའ་དག་རྗེས་སུ་འཛིན་པར་གྱུར་ ཅིག གདུལ་བྱ་རྣམས་ཀྱིས་ཀྱང་དགེ་བའི་བཤེས་གཉེན་པའི་ཐུགས་མཉེས་པ་བྱེད་པར་གྱུར་ ཅིག མི་མཉེས་པ་བྱེད་པར་མ་གྱུར་ཅིག མཉེས་པར་བྱས་ནས་ཀྱང༌། བཀའ་བཞིན་དུ་དམ་ པའི་ཆོས་ཟབ་མོ་བསྒྲུབ་ཅིང་ཉམས་སུ་ལེན་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཅེས་པ་ལ་ སོགས་པའི་མཐར་ཡང༌། འགལ་རྐྱེན་བར་ཆད་ཞི་བ་དང༌། མཐུན་རྐྱེན་འགྲུབ་པ་ལ་སོགས་ པ། སྔ་མ་བཞིན་དུ་སྦྱར་རོ། ། འདི་དག་ཉེ་བར་མཚོན་པ་སྟེ། ། གཞན་ཡང་རྣམ་དག་ལུང་བཞིན་དུ། ། མཁས་པ་རྣམས་ཀྱིས་ལེགས་དཔྱད་ནས། ། ཇི་ལྟར་རིགས་པ་སྦྱར་བས་ཤེས། ། ལེགས་ལྡན་བསྔོ་བའི་ཚུལ་འདི་ཡང༌། ། བློ་ལྡན་མང་པོས་བསྐུལ་བའི་ངོར། ། དགེ་ལྡན་ས་བཟངས་ལྷ་ཁང་དུ། ། དཔལ་ལྡན་མ་ཏི་དྷྭ་ཚས་བསྡེབས། ། སྔོན་འགྲོ་བཤད་པའི་རྣམ་གྲངས་ལྔ། ། དངོས་གཞི་ཆོ་གའི་རྣམ་གྲངས་བཅུ། ། 7-1-518 ཁྱད་པར་འདས་པའི་དོན་དུ་བཞི། ། མཆོག་གི་དོན་དུ་རྣམ་པ་གཉིས། ། གང་དགོས་སྐབས་དང་སྦྱར་ཏེ་གཟུང༌། ། འདི་ནི་བར་མར་བསྟན་པ་སྟེ། ། རྒྱས་བསྡུས་གཉིས་དང་ནང་གི་ཡང༌། ། བསྔོ་བའི་བསྟན་བཅོས་ལོགས་ན་གསལ། ། རང་གཞན་ཀུན་གྱིས་དུས་གསུམ་དུ། ། བསགས་པའི་དགེ་བ་ལ་བརྟེན་ནས། ། མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། ། རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག ། ཞེས་པ་ས་བཟངས་པཎྜི་ཏས་ལེགས་པར་སྦྱར་བ་འདིས་ཀྱང༌། བསྟན་པ་དང་སེམས་ ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། དགེའོ། །ཞུས་དག མ་ཡིག་འབྲས་སྤུངས་དཔེ་རྙིང༌། ཕྱི་ལྀ༤༦༤