6-1-1 ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ཆ༽ 6-1-2 ༄༅། །སུཔྲྀཐིབཱིམཏིཔཎྜིཏེནཀརསྱགྷོཥསྱཤཱསྟྲཿཀལཱཔསྱསཱུཏྲཱནཱཾབིབྷཱ ཥིཏསཾསྐྲྀ ཏཔྲབྱཀྟབྷཱནུནཱམབིརཏིསྨ། ༄༅། །ས་བཟང་མ་ཏི་པཎྜི་ཏས་མཛད་པའི་སྒྲའི་བསྟན་བཅོས་ཀ་ལཱ་ པའི་མདོའི་རྣམ་བཤད་ལེགས་སྦྱར་རབ་གསལ་སྣང་བ་ཞེས་བྱ་བ་བཞུགས་ སོ། ། ༄༅། །ༀ་ན་མཿཤྲཱི་གུ་རུ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ སྒྲའི་བསྟན་བཅོས་ཀ་ལཱ་པའི་མདོའི་རྣམ་ པར་བཤད་པ་ལེགས་སྦྱར་རབ་གསལ་སྣང་བ་ཞེས་བྱ་བ། བཅོམ་ལྡན་འདས་གསུང་གི་ དབང་ཕྱུག་ལ་ཕྱག་འཚལ་ལོ། ། རྒྱ་ཆེན་ཤེས་བྱའི་ནམ་མཁའ་ཡངས་པར་མཁྱེན་པའི་དཀྱིལ་འཁོར་རབ་རྒྱས་ཏེ། ། ཚད་མེད་ཐུགས་རྗེའི་འོད་ཟེར་སྣང་བས་མི་ཤེས་མུན་པའི་ཚོགས་འཇོམས་ཤིང་། ། དཔག་ཡས་གདུལ་བྱའི་རྒྱུད་ཀྱི་ཞིང་ལ་ཕན་བདེའི་ལོ་ཐོག་སྨིན་མཛད་པ། ། ཐུབ་དབང་ཉིན་མོར་བྱེད་པའི་ཞབས་ལ་ཀུན་ནས་དང་བས་ཕྱག་འཚལ་ལོ། ། སྲིད་ཞིའི་རྒུད་པ་ཀུན་སེལ་ཞིང་། ། ཕུན་ཚོགས་མ་ལུས་འབྱུང་བའི་གཞི། ། 6-1-3 ཐུབ་བསྟན་ནོར་བུ་རིན་པོ་ཆེ། ། ཡུན་རིང་གནས་ཤིང་གསལ་གྱུར་ཅིག ། ལེགས་སྦྱར་སྒྲ་རིག་རྒྱ་མཚོའི་ནང་ནས་ནོར་བུ་ལྟ་བུ་ཀ་ལཱ་པ། ། ལེགས་པའི་ཆ་བསགས་རྗོད་བྱེད་ཉུང་ངུས་བརྗོད་བྱ་རྒྱ་ཆེན་སྟོན་པའི་གཞུང་། ། ལེགས་བཤད་སྔ་མའི་རྗེས་སུ་འབྲངས་ཤིང་མན་ངག་གསལ་བས་རབ་བརྒྱན་ཏེ། ། ལེགས་པར་བཤད་ཀྱིས་རྣམ་དཔྱོད་བློ་དང་དོན་གཉེར་ལྡན་རྣམས་དགྱེས་པར་མཛོད། ། ཀུན་མཁྱེན་ཐོབ་པར་འདོད་རྣམས་ཀྱིས། ། རིག་པའི་གནས་ལྔ་ཤེས་བྱ་སྟེ། ། ཁྱད་པར་སྒྲ་ཡི་རིག་པ་ལ། ། ཐོག་མ་ཉིད་དུ་འཇུག་པར་རིགས། ། རང་བཞིན་རྐྱེན་དང་རྣམ་འགྱུར་རྣམས་ནི་བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན། ། རྣམ་འགྱུར་རྣམས་ཀྱང་རང་དགས་མ་ཡིན་མདོ་ཡི་ལུང་ལ་བརྟེན་པ་སྟེ། ། ལུང་ཡང་གང་དུ་ཇི་ལྟར་དགོས་པ་གོང་འོག་དག་ནས་ལེགས་དྲངས་ནས། ། མཐོང་བ་ཙམ་གྱིས་བདེ་བླག་རྟོགས་འགྱུར་འདི་འདྲ་རྩོམ་པའི་དགོས་པ་ཡིན། ། རང་གིས་ཇི་ལྟར་རྟོགས་པའི་དོན། ། གཞན་དག་གིས་ཀྱང་ཤེས་བྱའི་ཕྱིར། ། ཤིན་དུ་གསལ་བར་བཀོད་པ་འདིས། ། བསྟན་དང་འགྲོ་ལ་ཕན་གྱུར་ཅིག ། འདིར་གང་དག་ཐར་པ་དང་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ འདོད་པའི་བློ་དང་ལྡན་པ་དེ་དག་གིས་ནི། འཁོར་བའི་བྱ་བ་སྙིང་པོ་མེད་པ་ལ་ཆགས་པ་ 6-1-4 སྤངས་ནས། ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པར་བྱ་དགོས་ཏེ། མདོ་སྡེའི་རྒྱན་དུ། རིག་པའི་གནས་ལྔ་རྣམས་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་ མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་གཞན་དག་ཚར་བཅད་རྗེས་སུ་གཟུང་ཕྱིར་དང་། །བདག་ ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་གསུངས་པ་ལྟར། གསུང་རབ་དགོངས་ འགྲེལ་དང་བཅས་པའི་ཚིག་དོན་གཉི་ག་ལ་འཁྲུལ་པ་སྤང་བ་སྒྲ་རིག་པ་དང་། དོན་གྱི་ཆ་ལ་ འཁྲུལ་པ་སྤང་བ་གཏན་ཚིགས་རིག་པའི་བསྟན་བཅོས་དག་གིས་རྒོལ་བ་ངན་པ་རྣམས་ཚར་ བཅད་ནས། གསེར་འགྱུར་དང་སྐུ་གཟུགས་ལ་སོགས་པའི་བཟོ་རིག་པ་དང་། ནད་ཞི་བ་ལ་ སོགས་པའི་ཐབས་སྟོན་པ་གསོ་རིག་པའི་བསྟན་བཅོས་དག་གིས་གདུལ་བྱར་གྱུར་པ་རྣམས་ རྗེས་སུ་གཟུང་སྟེ། ཟབ་པ་དང་རྒྱ་ཆེ་བ་སྟོན་པ་ནང་རིག་པའི་བསྟན་བཅོས་རྣམས་ལ་བརྟེན་ ནས་བདག་ཉིད་ཀྱིས་ཡང་དག་པའི་དོན་ཀུན་ཤེས་པར་བྱ་བའི་ཆེད་དུའོ། །དེ་བཞིན་དུ་རིག་ པའི་གནས་ཆུང་བ་ལྔར་གྲགས་པ་སྒྲ་ཤེས་ན་དོན་ལ་མི་རྨོངས་པ་དང་། མངོན་བརྗོད་ཤེས་ ན་མིང་ལ་མི་རྨོངས་པ་དང་། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས་པ་དང་། ཚིག་རྒྱན་ ཤེས་ན་སྙན་དངགས་ལ་མི་རྨོངས་པ་དང་། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་པའོ། ། ཞེས་པ་རྣམས་ཀྱང་བསླབ་པར་བྱ་སྟེ། སྤྱོད་འཇུག་ཏུ། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། ། དེ་ནི་གང་ཡང་ཡོད་མིན་ཏེ། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་ གང་ཡང་མེད། །ཅེས་གསུངས་ལྟར་རོ། །དེ་རྣམས་ཀྱི་ནང་ནས་ཀྱང་ཐོག་མར་སྒྲའི་རིག་པ་ ལ་འཇུག་པར་རིགས་ཏེ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། ། དམ་པའི་དོན་ནི་མ་རྟོགས་ན། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་པ་ལྟར། མྱ་ངན་ ལས་འདས་པའི་བདེ་བ་ཆེན་པོ་ཐོབ་པ་ལ། དོན་དམ་པའི་གནས་ལུགས་ལེགས་པར་རྟོགས་ དགོས་ཤིང་། དེ་ཡང་རིག་པའི་གནས་ཐམས་ཅད་ཀྱི་གཞིར་གྱུར་ཅིང་། ཐ་སྙད་ཕྱིན་ཅི་མ་ 6-1-5 ལོག་པར་སྟོན་པ་སྒྲ་རིག་པ་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། ། དེ་ལ་སྒྲའི་བསྟན་བཅོས་ཇི་ལྟར་བྱུང་ཚུལ། ངོས་བཟུང་། དགོས་འབྲེལ་གསུམ་གྱིས་ཐུན་ མོང་དུ་འཇུག་ཚུལ་དང་། ཁྱད་པར་དུ་གཞུང་དངོས་འཆད་པ་གཉིས་ལས། སྒྲའི་བསྟན་བཅོས་ཇི་ལྟར་བྱུང་ཚུལ། བྱུང་ཚུལ་ནི། སྔོན་སུམ་ཅུ་རྩ་གསུམ་དུ། སརྦ་ཛྙཱ(ཐམས་ཅད་མཁྱེན་པ་)ཞེས་བྱ་བའི་ལྷ་ཞིག་ གིས་མཛད་པའི་བསྟན་བཅོས་ཆེན་པོ་ལྷའི་ཡུལ་དུ་དར་བར་གྱུར་ཅིང་། དེ་ནས་ལྷ་རྣམས་ ཀྱི་དབང་པོ་བརྒྱ་བྱིན་གྱིས་མཛད་པ་ཨིནྡྲ་བྱཱ་ཀ་ར་ཎ་(དབང་པོས་ལུང་དུ་བསྟན་པའམ་བརྡ་སྤྲོད་པ་)ཞེས་ བྱ་བའི་བསྟན་བཅོས་ཆེན་པོ་ཤིན་ཏུ་དར་བ་ལ། དྲང་སྲོང་ཕུར་བུ་ལྷག་པར་མཁས་པར་གྱུར་ ནས་ལྷ་རྣམས་ལ་སྟོན་པས། དེའི་མིང་ཡང་ལྷའི་བླ་མ་འམ། སྒྲ་མཁན་ཞེས་ཀྱང་གྲགས་སོ། ། དེའི་ཚེ་སྒྲ་མཁན་ང་ལས་མཁས་པ་མེད་སྙམ་དུ་ཁེངས་པར་གྱུར་པ་ན། ལྷའི་དབང་པོས་ དེའི་ང་རྒྱལ་བཅག་པའི་ཆེད་དུ། རྒྱ་མཚོ་ནས་ཆུ་བུམ་པ་གང་བླངས་ཏེ། དེ་ལས་ཀྱང་ཀུ་ཤའི་ རྩེ་མོས་ཐིགས་པ་གཅིག་བླངས་ནས། སྒྲ་ཡི་རིག་པ་མཐའ་ཡས་ཏེ། །ཡོངས་སུ་རྫོགས་པ་རྒྱ་ མཚོ་ཙམ། །ང་ཡི་ཤེས་པ་བུམ་ཆུ་ཙམ། ཁྱོད་ཀྱི་ཤེས་པ་ཐིགས་པ་ཙམ། །ཞེས་བརྗོད་པས་ ཕུར་བུ་ཞུམ་ཞིང་ཡི་ཆད་དེ། སྒྲ་མི་སློབ་པར་སེམས་པ་ན། ལྷའི་དབང་པོས། འོན་ཀྱང་རང་ གིས་ཇི་ལྟར་ཤེས་པ་གཞན་ལ་ཡང་སློབས་ཤིག ཅེས་བསྒོ་བ་ལ། སྒྲ་མཁན་ན་རེ། ཚེས་ བརྒྱད་སློབ་དཔོན་ངེས་པར་འཇོམས། །བཅུ་བཞི་ལ་ནི་སློབ་མ་འཇོམས། །གནམ་སྟོང་ལ་ནི་ རིག་པ་འཇོམས། །ཚེས་གཅིག་ལ་ནི་ཐམས་ཅད་འཇོམས། ཞེས་ཟེར་ཞིང་། གཉན་པའམ་ རྙེད་དཀའ་ཞིང་དཀོན་པར་ཡང་བསྟན་ནས། དུས་བཞི་པོ་བསྲུངས་ཏེ་བཤད་པར་བགྱིའོ། ། ཞེས་ཁས་བླངས་པས་དར་བར་གྱུར་ཅིང་། ཕྱིས་བསྟན་བཅོས་དེ་ཉིད་འཛམ་བུ་གླིང་དུ་ཡང་ ཕྱིན་པར་གྱུར་ཏོ། །དེ་ནས་ལང་ཀའི་མདོར། སྒྲ་བྱེད་པ་ནི་པཱ་ཎིའོ། །ཞེས་པ་དང་། འཇམ་ 6-1-6 དཔལ་རྩ་རྒྱུད་དུའང་། བྲམ་ཟེའི་ཁྱེའུ་པཱ་ཎི་ནི། །ངེས་པར་ཉན་ཐོས་བྱང་ཆུབ་ཏུ། །ང་ཡིས་ ལུང་བསྟན་བྱས་པ་ཡིན། །འཇིག་རྟེན་དབང་ཕྱུག་བདག་ཉིད་ཆེ། །དེ་ཡང་དེ་ཡིས་སྔགས་ གྲུབ་པའོ། །ཞེས་ལུང་བསྟན་པའི་བྲམ་ཟེའི་ཁྱེའུ་པཱ་ཎི་བྱུང་སྟེ། སྒྲ་བསླབ་པར་འདོད་ནས་ ལག་རིས་མཁན་གྱིས་བརྟགས་པས་སྒྲ་ཤེས་པའི་མཚན་མ་མི་སྣང་བ་ལ། རང་གིས་མཚོན་ རྣོན་པོས་བློ་རྣོ་བའི་ལག་རིས་བྲིས་ནས་སློབ་དཔོན་བཙལ་བས་མ་རྙེད་པར་འཕགས་པ་སྤྱན་ རས་གཟིགས་དབང་ཕྱུག་བསྒྲུབས་པས། ཞལ་མངོན་སུམ་དུ་བསྟན་ཅིང་། ཅི་འདོད་ཅེས་ གསུངས་པ་ལ། སྒྲ་ཤེས་པར་འཚལ་ལོ་ཞེས་གསོལ་བ་དང་། ཨ་ཨི་ཨུ་ཎ་ཞེས་སོགས་ཡི་ གེའི་བསྡུ་བ་གསུངས་མ་ཐག །ལྷའི་བྱིན་གྱི་རླབས་ཀྱིས་སྒྲ་ཐམས་ཅད་ལེགས་པར་མཁྱེན་ ཏེ། པཎྜི་ཏ་ཆེན་པོ་དེས་སྒྲའི་བསྟན་བཅོས་ཤློ་ཀ་ཉིས་སྟོང་ཡོད་པ་ཞིག་མཛད་པ་ལ། པཱ་ཎི་བྱཱ་ ཀ་ར་ཎ་(ཎིས་ལུང་དུ་བསྟན་པའམ་བརྡ་སྤྲོད་པ། )ཞེས་གྲགས་ཤིང་། དེ་ལ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱིས་ འགྲེལ་པ་མ་ཧཱ་བྷཱ་ཥ་(བཤད་པ་ཆེན་པོ་)ཞེས་བྱ་བ་ཤློ་ཀ་འབུམ་ཡོད་པ་ཞིག་བྱས་ནས་འཇིག་རྟེན་ དུ་དར་བར་གྱུར་ཏེ། འཆད་ཉན་ལན་རེ་རྫོགས་པ་ལ་ལོ་བཅུ་གཉིས་དགོས་པར་ཡང་གྲགས་ སོ། །དེ་ནས་དུས་ཕྱིས། རྒྱལ་པོ་བདེ་སྤྱོད་ཀྱིས་རྒྱལ་རིགས་ཀྱི་བུ་མོ་སྒྲ་ཅུང་ཟད་ཤེས་པ་ ཞིག་བཙུན་མོར་བླངས་ནས། བར་སྐབས་སུ་འཁོར་དང་བཅས་པ་ཁྲུས་ཀྱི་རྫིང་བུར་རྩེ་བ་ན། རྒྱལ་པོས་ཆུ་ཅུང་ཟད་གཏོར་བ་ལ། བཙུན་མོས་སཾ་སྐྲྀ་ཏའི་སྐད་དུ། མ་མོ་ད་ཀཱ་སིཉྩ་ཞེས་ པ་བདག་ལ་ཆུ་མ་འཐོར་ཞེས་པ་ཡིན་ན་ཡང་། རྒྱལ་པོས་འཕྲལ་སྐད་ཀྱི་ཚིག །བདག་ལ་ ཏིལ་གྱི་ལ་དུ་བསླང་ཞེས་པར་གོ་ནས། ཕོ་བྲང་དུ་སླེབ་པ་དང་ཏིལ་གྱི་ལ་དུ་ཞིག་བསྐུར་བས་ བཙུན་མོས་ཁྲེལ་ཏེ། ལེགས་པར་སྦྱར་བའི་སྒྲ་ཅུང་ཟད་ཙམ་ཡང་མི་ཤེས་པའི་རྒྱལ་པོ་བླུན་པོ་ འདི་ལྟ་བུ་དང་འགྲོགས་པ་བས་ཤི་བ་བླའོ་ཞེས་ཟེར་བ་ལ། རྒྱལ་པོའི་ཞང་པོ་ཤ་ཝརྨ་(དབང་ ཕྱུག་གོ་ཆ། )ཞེས་བྱ་བས། ངས་གཞོན་ནུ་ཀུརྟི་ཀ་(སྨིན་དྲུག)བསྒྲུབ་ལ་ངག་གི་དངོས་གྲུབ་བླངས་ཏེ་ 6-1-7 རྒྱལ་པོས་ཀྱང་སྒྲ་ཤེས་པར་བྱ་ཡིས་ཞེས་སྨྲས་ནས། གཞོན་ནུ་སྨིན་དྲུག་བསྒྲུབས་པས། ཞལ་ མངོན་སུམ་དུ་བསྟན་ནས་ཅི་འདོད་ཅེས་ཟེར་བ་ལ་སྒྲ་ཤེས་པར་འཚལ་ལོ་ཞེས་ཞུས་པས་ སིདྡྷཽ་ཝརྞ་ས་མཱམྣཱ་ཡཿ(ཡི་གེ་ཡང་དག་པར་བརྗོད་པ་གྲུབ་པོ་)ཞེས་པ་ནས་ལེའུ་བཅོ་ལྔའི་བར་དུ་བཤད་ པ་དང་། རློམ་པ་སྐྱེས་ཏེ། དེས་འཚལ་ལོ་ཞེས་སྨྲས་པས། སྨིན་དྲུག་གིས་བཞོན་པ་བསྐྱོད་དེ་ རྨ་བྱའི་མཇུག་མ་བསྟན་པ་ན་ཀ་ལཱ་པ་བཟོད་པར་གསོལ་ཞེས་བརྗོད་པའི་ཀ་ལཱ་པ་ནི་རྨ་བྱའི་ སྒྲོ་ལའང་འཇུག་པས། དེའི་མིང་གིས་མདོ་ལ་ཡང་བཏགས་པའམ། ཡང་ན་སྒྲ་ལེགས་པའི་ ཆ་འབའ་ཞིག་བསགས་པས་མདོའི་མིང་ཡང་ཀ་ལཱ་པ་སྟེ། ཆ་བསགས་ཀྱི་མདོ་ཞེས་གྲགས་ པའོ། །ཅུང་ཟད་མ་རྫོགས་པ་རྣམས་ཤ་ཝརྨ་དང་བྲམ་ཟེ་མཆོག་སྲེད་ཀྱིས་བསྣན་པར་ཡང་ བཞེད་མོད། པཎྜི་ཏ་དུརྒ་སིང་ཧས་(འགྲོད་དཀའ་སེང་གེ)མཛད་པའི་འགྲེལ་པར། །དབང་ཕྱུག་ གོ་ཆས་མཛད་པ་ཡིས། །རྒྱུད་ཉུང་གི་ནི་རྣམ་བཤད་བགྱི། །ཞེས་ཡོངས་སུ་རྫོགས་པར་ཤ་ ཝརྨས་མཛད་པར་ཡང་གསལ་ལ། ལེའུ་ཉེར་ལྔ་དང་ཤློ་ཀ་བཞི་བརྒྱ་ཡོད་པར་བཞེད་ཅིང་། རྗེ་བཙུན་གྲགས་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་ལྟར་ན་ལེའུ་ཉེར་བདུན་ ཡོད་པ་ཞིག་མཛད་པར་བཞེད་པ་དེ་ཉིད་རྒྱལ་པོ་བདེ་སྤྱོད་ཀྱིས་ཀྱང་བསླབས་ནས་ལེགས་ པར་ཤེས་ཏེ། བཙུན་མོའི་འཁོར་དང་བཅས་པ་དགའ་ཞིང་དང་བར་གྱུར་ཏོ། །ཞེས་ཀྱང་ གསུངས་སོ། །དེ་ནས་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་(ཟླ་བས་ལུང་དུ་བསྟན་པའམ་བརྡ་སྤྲོད་པ་)ཙནྡྲ་ བྱཱ་ཀ་ར་ཎ་ཞེས་པ་མདོའི་སྐབས་དྲུག་གི་རེ་རེ་ལའང་རྐང་པ་བཞི་བཞི་སྟེ་ལེའུ་ཉེར་བཞི་ཡོད་ པ་ཞིག་མཛད་པ་ལ། རང་གི་ཞང་པོ་པཎྜི་ཏ་དྷརྨ་དཱ་སས་(ཆོས་ཀྱི་འབངས་ཀྱི་)འགྲེལ་པ་ཤློ་ཀ་སྟོང་ ཕྲག་དྲུག་ཡོད་པ་ཞིག་མཛད་ཅིང་། དེ་ལ་པཎྜི་ཏ་རཏྣ་མ་ཏིས་(རིན་ཆེན་བློ་གྲོས་)འགྲེལ་བཤད་ ཤློ་ཀ་སྟོང་ཕྲག་བཅུ་གཉིས་ཡོད་པ་ཞིག་མཛད་ལ་པཎྜི་ཏ་པཱུརྞ་ཙནྡྲས་(གང་བའི་ཟླ་བ་)འགྲེལ་ བཤད་ཀྱིའང་བཤད་པ་ཤློ་ཀ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཡོད་པ་ཞིག་མཛད་དོ། །དེ་ནས། པཎྜི་ 6-1-8 ཏ་རཱ་ཛ་ཤྲཱིས་(རྒྱལ་པོ་དཔལ་གྱི་)ཀ་ལཱ་པ་དང་། ཙནྡྲ་པ་གཉིས་ཀའི་དོན་བསྡུས་པ་རཱ་ཛ་ཤྲཱི་(རྒྱལ་པོའི་ དཔལ་གྱི་ལུང་དུ་སྟོན་པའམ་བརྡ་སྤྲོད་པ་)བྱཱ་ཀ་ར་ཎ་ཞེས་པའང་མཛད་དེ་འཇིག་རྟེན་དུ་དར་བར་གྱུར་ ཏོ། །དེ་རྣམས་ཀྱི་ནང་ནས་ཀྱང་ཀ་ལཱ་པ་དང་ཙནྡྲ་པ་གཉིས་ཉི་མ་དང་ཟླ་བ་ལྟར་གྲགས་ཤིང་ དེང་སང་གི་བར་གྱི་ལོ་པཎ་རྣམས་ཀྱིས་ཀྱང་འདི་དག་ལ་བརྟེན་ནས་བསྟན་པ་རིན་པོ་ཆེ་དང་ གདུལ་བྱ་མང་པོ་ལ་ཕན་པར་མཛད་པ་ཡིན་ལ། ཁྱད་པར་ཀ་ལཱ་པ་འདི་ཉིད་རང་བཞིན་རྐྱེན་ རྣམས་སྦྱོར་ཚུལ་གོ་རིམ་མ་འཁྲུགས་པར་གསལ་བར་སྟོན་པ་དང་། མིང་ཚིག་མཐའ་ཡས་ ཀྱང་ཡི་གེ་དབྱངས་དང་གསལ་བྱེད་དུ་འདུ་བས། དེ་དག་གི་རྣམ་འགྱུར་མཚམས་སྦྱོར་ལྔ་ ཐོག་མར་སྟོན་པ་ལ་སོགས་པའི་སྒོ་ནས། མཆོག་ཏུ་གྱུར་པ་ཡིན་པས་བློ་དང་ལྡན་པ་རྣམས་ ཀྱིས་འཇུག་པར་བྱ་བ་ཉིད་དོ། ། ༈ དེ་ལྟར་བྱུང་ཚུལ་བསྟན་ནས་སྒྲའི་ངོ་བོ་ངོས་བཟུང་བ་ནི། སློབ་དཔོན་ཆེན་པོ་ལེགས་ པར་སྨྲ་བའི་གྲགས་པས་མཛད་པའི་སྒྲའི་བསྟན་བཅོས་སྨྲ་བ་ཀུན་ལ་འཇུག་(པ་ཞེས་བྱ་བ་སྦྱོར་བ་ བཞི་དང་ལྡན་)པར། ཟིན་པ་དང་ནི་མ་ཟིན་དང་། །གཉི་ག་དག་ལས་བྱུང་བའི་སྒྲ། །སེམས་ཅན་ སྟོན་དང་མི་སྟོན་དག །ལུང་དུ་སྟོན་དང་མི་སྟོན་པའོ། །ཞེས་གསུངས་པ་ལྟར། ཟིན་པ་དང་ མ་ཟིན་པ་དང་། གཉི་ག་ལས་བྱུང་བའམ། ཡང་ན་སེམས་ཅན་དུ་སྟོན་པ་དང་། མི་སྟོན་པ་ དག་སྟེ། སྟོན་པ་ལའང་ཚིག་ཏུ་ལྷུང་བ་དང་མ་ལྷུང་བའི་སྒོ་ནས། རིམ་པ་བཞིན་ལུང་དུ་སྟོན་ པ་དང་མི་སྟོན་པ་རྣམས་ལས། འདིར་ནི་ཟིན་པ་སེམས་ཅན་དུ་སྟོན་ཅིང་ཚིག་ཏུ་ལྷུང་བའི་སྒོ་ ནས་ལུང་དུ་སྟོན་པ་སྟེ། བྱཱ་ཀ་ར་ཎ་ཞེས་པ་ལུང་དུ་སྟོན་པའམ། བརྡ་སྤྲོད་པ་ལ་འཇུག་པའི་ ཕྱིར་རོ། །ཡང་དེ་ཉིད་དུ། དེ་ཡི་བརྗོད་བྱ་རྗོད་བྱེད་དང་། །འབྲེལ་དང་དགོས་པ་བསྙད་པར་ བྱ། །ཞེས་དགོས་འབྲེལ་ཡང་གསུངས་པ་ལྟར་ལེགས་པར་སྦྱར་བའི་སྒྲ་ནི་བསྟན་བཅོས་ཀྱི་ བརྗོད་བྱ་དང་། །དེ་སྟོན་པའི་གཞུང་ཀ་ལཱ་པ་ནི་རྗོད་བྱེད་དང་། ཕན་ཚུན་བརྗོད་བྱ་རྗོད་བྱེད་ 6-1-9 ཀྱི་མཚན་ཉིད་ཅན་དུ་འབྲེལ་པ་དང་། རྗོད་བྱེད་ལ་བརྟེན་ནས་བརྗོད་བྱ་རྟོགས་ཤིང་བླང་དོར་ བྱེད་པ་ནི་དགོས་པ་དང་། བླང་དོར་ཚུལ་བཞིན་དུ་བྱས་པ་ལས་མཐར་ཐུག་གི་འབྲས་བུ་ཐར་ པ་དང་། ཐམས་ཅད་མཁྱེན་པ་ཐོབ་པ་ནི་དགོས་པའི་ཡང་དགོས་པའོ། །ཞེས་གཞུང་ལུགས་ (འགྲེལ་པ་སྐོར་གསུམ་ལ་སོགས་)ཆེན་པོ་རྣམས་ལས་འབྱུང་བ་བཞིན་དགོས་འབྲེལ་ཡན་ལག་ལྔ་ དང་ལྡན་པར་ཡང་ཤེས་པར་བྱ་ཞིང་། ཡང་(ཡན་ལག་བཞི་སྟེ་)བརྗོད་བྱ་དགོས་པ་ཉིང་དགོས་ གསུམ་སྔར་དང་འདྲ་བ་ལས། འབྲེལ་པ་ནི། ཉིང་དགོས་དགོས་པ་ལས་བྱུང་ཞིང་། དགོས་པ་ བསྟན་བཅོས་ལས་བྱུང་བའོ། །ཞེས་ཀྱང་རིགས་པར་བྱའོ། ། དགོས་འབྲེལ་གསུམ་གྱིས་ཐུན་མོང་དུ་འཇུག་ཚུལ་དང་། ཁྱད་པར་དུ་གཞུང་དངོས་འཆད་པ་ལ་བཞི། དེ་དག་གི་(བྱུང་ཚུལ་ངོས་བཟུང་དགོས་འབྲེལ་གསུམ་པོ་)ཐུན་མོང་དུ་འཇུག་ཚུལ་སྤྱིར་བསྟན་ནས་ད་ ནི་ཁྱད་པར་དུ་གཞུང་དངོས་འཆད་པ་ལ་བཞི་སྟེ། དོན་དང་མཐུན་པའི་མཚན་གྱི་དོན། །དོན་ ཆེན་སྒྲུབ་པ་སྤྱི་ཡི་ཕྱག །དོན་མཆོག་ལྡན་པའི་བསྟན་བཅོས་དངོས། །དོན་དེ་ལེགས་པར་ བསྒྱུར་བའི་ཚུལ། །ཞེས་པའོ། ། མཚན་གྱི་དོན་ནི། རྒྱ་གར་ན། པི་ཤཱ་ཙི་ཤ་ཟ། ཨ་ཝ་བྷྲཾ་ཤ་ཟུར་ཆག །པྲ་ཀྲྀ་ཏི། སྔགས་ སམ་རང་བཞིན། སཾ་སྐྲྀ་ཏ། ལེགས་སྦྱར་ཏེ་སྐད་རིགས་ཆེན་པོ་བཞི་ཡོད་པའི་ནང་ནས་མཆོག་ ཏུ་གྱུར་པ་ལེགས་སྦྱར་གྱི་སྐད་དུ། ཀ་ལཱ་པ་སཱུ་ཏྲ། ཞེས་པ། བོད་ཀྱི་སྐད་དུ་ཆ་བསགས་ཀྱི་ མདོ་ཞེས་བྱ་བ་སྒྲ་ལེགས་པའི་ཆ་འབའ་ཞིག་བསགས་ནས་དོན་མདོ་ཙམ་དུ་སྟོན་ཅིང་གསལ་ བར་སྨོས་པས་བརྗོད་བྱ་རྒྱ་ཆེན་པོ་བདེ་བླག་ཏུ་རྟོགས་པར་འགྱུར་བའོ་ཞེས་དོན་དང་མཐུན་ པའི་མིང་ལ་བརྟེན་ནས་ཀྱང་སྤྱིའི་རྣམ་པ་གོ་བ་སྟེ། ལང་ཀར་གཤེགས་པའི་མདོར། མིང་དུ་ གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་ 6-1-10 བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་པ་ལྟར་རོ། ། སྤྱིའི་ཕྱག་ནི། རྩོམ་པ་པོ་དང་། སྒྱུར་བ་པོ་དང་། ཡི་གེ་པ་ལ་སོགས་པ་གཞུང་ལུགས་ལ་ འཇུག་པ་རྣམས་རང་རང་གི་བྱ་བ་མཐར་ཕྱིན་པའི་དོན་དུ་ཡུལ་དམ་པ་ལ་མཆོད་པར་བརྗོད་ པ་སྟེ། དེ་ཡང་ཡོད་པ་དང་མེད་པ་དང་། རྟག་པ་དང་ཆད་པ་དང་། གཟུང་བ་འཛིན་པ་ལ་ སོགས་པའི་མཐའ་གཉིས་སུ་ལྷུང་བ་མེད་པར། གཞི་དབུ་མ་བདེན་གཉིས་ཟུང་འཇུག་དང་། ལམ་དབུ་མ་ཚོགས་གཉིས་ཟུང་འཇུག་དང་། འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་གི་དོན་ ཕྱིན་ཅི་མ་ལོག་པར་གསུང་ཞིང་། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་ བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་ཞེས་བྱའོ། །ཞེས་པ་ ལྟར། སྤངས་རྟོགས་མཐར་ཕྱིན་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་སངས་རྒྱས་ བཅོམ་འདས་ལྡན་འདས་ལ་གུས་པས་ཕྱག་འཚལ་ལོ། །གནས་སྐབས་དང་མཐར་ཐུག་ཕུན་ སུམ་ཚོགས་པ་ཐམས་ཅད་གྲུབ་པར་གྱུར་ཅིག་ཅེས་པའི་དོན་ཏོ། །བསྟན་བཅོས་དངོས་ཀྱི་ ཐོག་མར་རྒྱ་དཔེ་འགའ་ཞིག་ཏུ། ཀུན་མཁྱེན་ལྷ་ཡི་ལྷར་གྱུར་པ། །ཐམས་ཅད་གཟིགས་པའི་ ཞབས་བཏུད་དེ། །ཇི་ལྟར་རྒྱུད་ཀྱི་རབ་བཤད་པ། །དབང་ཕྱུག་གོ་ཆས་གསལ་བར་བྱ། །ཞེས་ པའི་མཆོད་བརྗོད་དང་། བརྩམ་པར་དམ་བཅའ་འང་བཤད་ཅིང་། དོན་དངོས་ལ་བཞི་སྟེ། མཚམས་སྦྱོར་ལྔ་ཡིས་ཡི་གེ་སྔ་ཕྱིའི་རྣམ་འགྱུར། མིང་ལེ་དྲུག་ གིས་སི་སོགས་རྣམ་དབྱེ་འཇུག་ཚུལ། ཀུན་བཤད་བརྒྱད་ཀྱིས་ཏི་སོགས་རྣམ་དབྱེ་འཇུག་ ཚུལ། །ཀྲྀཏ་རྐང་དྲུག་གིས་བྱིངས་རྣམས་མིང་དུ་སྒྲུབ་པའོ། ། (དང་པོ། ) མཚམས་སྦྱོར་ལྔ་ཡིས་ཡི་གེ་སྔ་ཕྱིའི་རྣམ་འགྱུར། མཚམས་སྦྱོར་ལ། ཡི་གེའི་ བརྡ་ཆད་བསྟན་པ། །དབྱངས་ཡིག་ཕྲད་པའི་རྣམ་འགྱུར། །ཁྱད་པར་དེ་ཡི་དམིགས་བསལ། ། གསལ་བྱེད་ཕྲད་པའི་རྣམ་འགྱུར། །རྣམ་པར་བཅད་བྱའི་མཚམས་སྦྱར་རོ། ། 6-1-11 དང་པོ་ནི། ཡི་གེ་རྣམས་ཕན་ཚུན་ངེས་པའི་ཆེད་དུ། ཐོག་མར་བརྡ་ཆད་ཀྱི་མཚམས་སྦྱོར་ སྟོན་པ་ལ། ཡི་གེ་དབྱངས་དང་གསལ་བྱེད་ཚིག །ཀུན་འགྲོ་གཞན་ལས་འབྱུང་ཚུལ་དྲུག ། ཅེས་པའི་དང་པོ་བརྡ་ཆད་ཀྱི་གཞི་ཡི་གེའི་མན་ངག་རབ་ཏུ་གྲགས་པ་དང་མཐུན་ཚུལ་ནི། མིང་ཚིག་གི་བདག་ཉིད་ཅན་གྱི་སྒྲ་རྗེས་སུ་བསྟན་པ་ལ་ཡི་གེ་སྔོན་དུ་འགྲོ་དགོས་པས། དེ་ གང་ཡིན་ཞེ་ན། ཡི་གེ་ཡང་དག་པར་བརྗོད་པ་གྲུབ་བོ། །ཞེས་པ་སྟེ། དེ་ལ་ཡི་གེ་ནི། ཨ་ཨཱ་ཨི་ ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཞེས་པའི་ཚིག་རྣམས་ཡིན་ཞིང་། དེ་རྣམས་ཀྱི་ཡང་ དག་པར་བརྗོད་པའམ། ཡང་དག་པའི་མན་ངག་ནི་ཀློག་པའི་རིམ་པ་ཡིན་ལ། དེ་ཡང་གནས་ དང་། བྱེད་པ་པོ་དང་། རྩོལ་བ་རྣམས་ལ་གྲུབ་པར། སྔོན་གྱི་སློབ་དཔོན་རྣམས་ཀྱིས་མཛད་ པའི་བསྟན་བཅོས་ཆེན་པོ་རྣམས་ལས་གསལ་བར་རབ་ཏུ་གྲགས་ཤིང་། དེ་དག་ལས་ཁྱད་ པར་ལྷག་པོ་ཅུང་ཟད་ཀྱང་བསྟན་དུ་མེད་པས་ཡི་གེའི་ཡང་དག་པའི་མན་ངག་ནི་གྲུབ་ཟིན་པ་ ཉིད་དོ། །ཞེས་པའི་དོན་ཏོ། ། ཡི་གེ་རྣམས་ཀྱི་ཁྱད་པར་ཤེས་པའི་ཆེད་དུ། གཉིས་པ་དབྱངས་ཀྱི་བརྡ་ཆད་བསྟན་པ་ ནི། དེ་ལ་དང་པོ་བཅུ་བཞི་རྣམས་དབྱངས་སོ། །ཞེས་པ་སྟེ་ཡི་གེ་རྣམས་ཀྱི་ཡང་དག་པར་ བརྗོད་པའམ། མན་ངག་རབ་ཏུ་གྲགས་ཤིང་གྲུབ་ཟིན་པ་དེ་ལ་གང་དང་པོར་གནས་པའི་ཡི་ གེ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཞེས་པའི་བཅུ་བཞི་པོ་འདི་རྣམས་ལ་དབྱངས་ ཞེས་མིང་དུ་གདགས་ཏེ། འདོགས་པའི་རྒྱུ་མཚན་ནི་ངག་ཏུ་བརྗོད་པའི་སྒྲ་ཐམས་ཅད་ལ་ འདི་རྣམས་གང་རུང་གི་ང་རོས་ཁྱབ་པའི་ཕྱིར་རོ། །བཏགས་པའི་དགོས་པ་ནི་ཨ་ཡིག་བོར་ པའི་དབྱངས་ནཱ་མིན་འོ། །ཞེས་པ་ལ་སོགས་པ་འཆད་པར་འགྱུར་པའི་དབྱངས་ཞེས་པ་ ཐམས་ཅད་ཀྱི་སྐབས་སུ་བཅུ་བཞི་པོ་འདི་དག་དྲན་པར་བྱ་བའི་ཆེད་དུའོ། །ཡི་གེར་བཀོད་པ་ 6-1-12 རྣམས་ནི་དབྱངས་ཀྱི་གཟུགས་བརྙན་(དུ་བརྡས་ཐ་སྙད་བཏགས་པ་)ཡིན་གྱི་དངོས་མ་ཡིན་ཏེ། ཡིན་ ན་གླེགས་བམ་གྱི་ནང་དུ་སྒྲའི་ཅ་ཅོ་རྒྱུན་དུ་གྲགས་པར་འགྱུར་རོ་ཞེས་པས་བཏགས་པ་བར་ འཇོག་ཚུལ་ནི་གཞན་རྣམས་ལ་ཡང་རིགས་པར་བྱའོ། །དེ་ལ་འགའ་ཞིག་རྀ་ལྀ་(ཨ་ར྄་དང་ཧལ྄་) གྱི་དག་མ་ནིང་གི་ཡི་གེ་ཡིན་པས་དབྱངས་སུ་མི་འཐད་(དབྱངས་སུ་)དོ་སྙམ་ན་སྐྱོན་མེད་དེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། རྀ་ཀའི་ཨཎ་ལས་རལ་དག་གོ །ཞེས་པའི་ མདོའི་ཕྱིར་རྀ་ལྀ་དག་ནི་མ་ནིང་དུ་མི་འགྱུར་ཏེ། རྀ་ཡིག་ལྀ་ཡིག་དག་ཀྱང་(ཨར་དང་ཨལ་གྱི་) ཡོན་ཏན་དང་ལྡན་པས་ཨི་ཡིག་ལ་སོགས་པ་དང་(དབྱངས་སུ་)ཁྱད་པར་མེད་དོ་ཞེས་གསུངས་ པའི་ཕྱིར་རོ། །རྒྱ་དཔེར། དབྱངས་ཀྱི་རྀ་ལྀ་དང་གསལ་བྱེད་ཀྱི་ར་དང་ལ་ཡིག་ལ་ཨི་ཞུགས་ པ་དག་ཁྱད་པར་ཤིན་ཏུ་ཆེ་ཡང་བོད་ཡིག་ལ་གཟུགས་ཐ་དད་མེད་པས་དེ་དག་མི་འཁྲུལ་ བར་བྱ་བའི་ཕྱིར། །གི་གུ་ལོག་པར་བཏགས་པ་རྣམས་དབྱངས་ཀྱི་རྀ་ལྀར་ཤེས་པར་བྱའོ། དེ་ བཞིན་དུ། བཅུ་རྣམས་མཚུངས་པའོ་ཞེས་པ་ནི་དབྱངས་བཅུ་བཞི་པོའི་ནང་ནས་ཀྱང་དང་པོར་ གནས་པའི་ཡི་གེ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཞེས་པ་བཅུ་པོ་འདི་རྣམས་ལ་མཚུངས་པ་ཞེས་ མིང་དུ་གདགས་ཏེ། ཡི་གེ་ཟུང་རེ་གདངས་དང་རྣམ་པ་མཚུངས་པའི་ཕྱིར་རོ། །དགོས་པ་ནི་ མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་གྱུར་ཏེ་ཞེས་པ་ལ་སོགས་པ་གང་དུ་མཚུངས་པའི་མིང་ བྱུང་བ་དེར་ཡི་གེ་བཅུ་པོ་འདི་དྲན་པར་བྱ་བའི་ཆེད་དུའོ། །དེ་རྣམས་ཀྱི་གཉིས་གཉིས་དག་ ཕན་ཚུན་གྱི་འདྲ་བའི་ཡི་གེ་དག་གོ་ཞེས་པ་ནི་མཚུངས་པ་བཅུ་པོ་དེ་རྣམས་ཀྱི་ནང་ནས་ཨ་ཨཱ་ དག་དང་ཨི་ཨཱི་དག་དང་ཨུ་ཨཱུ་དག་དང་རྀ་རཱྀ་དག་དང་ལྀ་ལཱྀ་ཞེས་པ་གཉིས་གཉིས་དག་སྔར་ བསྟན་པ་བཞིན། གདངས་དང་རྣམ་པ་འདྲ་བས་འདྲ་བའི་ཡི་གེ་ཞེས་མིང་དུ་གདགས་ཏེ། ཕན་ ཚུན་གྱི་ཞེས་སྨོས་པས་ཐུང་བ་གཉིས་སམ། རིང་བ་གཉིས་སམ། ཐུང་རིང་གཉིས་སམ། རིང་ ཐུང་གཉིས་ལྟ་བུ་གང་བྱུང་ཡང་འདྲ་བའི་ཡི་གེ་དག་གོ །ཐུང་ངུ་གཉིས་དང་། རིང་པོ་གཉིས་ 6-1-13 ལ་མཚུངས་པའམ་འདྲ་བ་འཐད་མོད། ཐུང་རིང་གཉིས་དང་། རིང་ཐུང་གཉིས་ལ་མཚུངས་པ་ དང་འདྲ་བ་འགལ་ལོ་སྙམ་ན། འདྲ་པའི་ཕྱིར་ན་དངོས་མ་ཡིན། །མི་འདྲ་བ་ལ་དཔེ་མ་གྲུབ། ། ཅེས་པ་ལྟར་རྣམ་པ་ཕྱོགས་རེ་འདྲ་བ་ཙམ་ལ་འདྲ་བའི་ཐ་སྙད་བྱེད་པས་འགལ་བ་མེད་ཅིང་ བཏགས་པའི་དགོས་པའང་སྔ་མ་བཞིན་ནོ། །སྔ་མ་ཐུང་ངུའོ་ཞེས་པ་ནི་འདྲ་བའི་ཡི་གེ་གཉིས་ ཚན་དེ་དག་གི་ནང་ནས་གང་སྔ་མར་གྱུར་པ་ཨ་ཨི་ཨུ་རྀ་ལྀ་ཞེས་པ་ལྔ་པོ་འདི་རྣམས་ལ་ཐུང་ ངུ་ཞེས་མིང་དུ་གདགས་ཏེ། རིང་པོ་རྣམས་ལ་ལྟོས་ནས་རྣམ་པའང་ཐུང་ཞིང་གདངས་ཐུང་ ངུར་ཀློག་པའི་ཕྱིར་རོ། །དགོས་པ་ནི། ནཱ་བཞི་པར། མ་ནིང་ལ་དབྱངས་ཐུང་ངུའོ་ཞེས་པ་ལ་ སོགས་པ་གང་དུ་ཐུང་ངུའི་མིང་བྱུང་བ་དེར་ལྔ་པོ་འདི་དྲན་པར་བྱ་བའི་ཆེད་དུའོ། །ཕྱི་མ་རིང་ པོའོ་ཞེས་པ་ནི་འདྲ་བའི་མིང་ཅན་གཉིས་ཚན་དེ་དག་གི་ནང་ནས་གང་ཕྱི་མར་གྱུར་པ་ཨཱ་ཨཱི་ ཨཱུ་རཱྀ་ལཱྀ་ཞེས་པ་ལྔ་པོ་འདི་རྣམས་ལ་རིང་པོ་ཞེས་མིང་དུ་གདགས་ཏེ། ཐུང་ངུ་རྣམས་ལ་ལྟོས་ ནས་རྣམ་པའང་རིང་ཆ་དང་བཅས་ཤིང་གདངས་རིང་པོར་ཀློག་པའི་ཕྱིར་རོ། །དགོས་པ་ནི་ རའི་ར་ལ་དབྱི་ཞིང་དབྱངས་སྔ་མའང་རིང་པོའོ་ཞེས་པ་ལ་སོགས་པ་གང་དུ་རིང་པོའི་མིང་ བྱུང་བ་དེར་ལྔ་པོ་འདི་དྲན་པར་བྱ་བའི་ཆེད་དུའོ། །ཐུང་ངུ་དང་རིང་པོའི་ཁྱད་པར་ནི། ཙནྡྲ་གོ་ མིའི་ཡི་གེའི་མདོར། །ཕྱི་མོ་གཅིག་པ་ཐུང་ངུ་སྟེ། །ཕྱི་མོ་གཉིས་པ་རིང་པོའོ། །ཞེས་པ་ལྟར་ དབྱངས་གཅིག་གི་ཡུན་དུ་ཀློག་པ་ཐུང་ངུ་དང་། གཉིས་ཀྱི་ཡུན་དུ་ཀློག་པ་རིང་པོ་ཡིན་ཞིང་། དབྱངས་གཅིག་གི་ཡུན་ཚད་ནི། རྣམ་འགྲེལ་དུ། ཡི་གེའི་བདག་ཉིད་ཀུན་མཐའ་ཡང་། །མིག་ འཛུམ་ཚད་དུ་གནས་པ་ཡིན། །ཞེས་པ་ལྟར། སྐྱེས་བུ་ཁམས་སྙོམས་པར་གནས་པའི་མིག་ འཛུམ་པ་ཙམ་ཐུང་ངུ་ཡིན་པས། དེ་ཉིས་འགྱུར་ནི་རིང་པོའི་ཚད་དུ་ཤེས་པར་བྱའོ། །དེ་བཞིན་ དུ་ཐུང་ངུ་ནི་ཡང་བ་དང་། རིང་པོ་ནི་ལྕི་བར་ཡང་ཤེས་པར་བྱ་སྟེ། སྡེབ་སྦྱོར་གྱི་ཚུལ་ལས། (ཡི་ གེ་)བརྩེགས་པའི་ཐོག་མར་གང་གྱུར་དང་། །ཚེག་དྲག་ཅན་དང་ཐིག་ལེ་ཅན། །(དང་ཚིགས་བཅད་) 6-1-14 རྐང་(བཞི་རེ་རེའི་)མཐའ་(རྣམས་དང་)རིང་པོའི་དབྱངས་རྣམས་ལྕི(ཞིང་)། །(དབྱངས་ཐུང་ངུ་ལ་སོགས་པ་) ལྷག་མ་རྣམས་ནི་ཡང་བའོ། །ཞེས་གྲགས་ལྟར་རོ། །དེ་དག་གི་དགོས་པ་ཡང་། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིནའི་འང་ཡང་བའི་འོ། །ཞེས་པ་དང་། ཨཱ་གཉིས་པར། ནཱ་མི་དང་པོ་ལྕི་བ་ལྡན་ པ་རྀཙྪ་མ་ཡིན་པ་ལའོ་ཞེས་པ་ལ་སོགས་པའི་སྐབས་སུ་ལྕི་ཡང་གི་ཁྱད་པར་ཤེས་པར་འགྱུར་ བའོ། །ཨའི་ཡི་གེ་བོར་བའི་དབྱངས་ནཱ་མིནའོ། །ཞེས་པ་ནི་སྔར་བསྟན་པ་བཅུ་བཞིའི་ནང་ ནས་ཨའི་ཡི་གེ་ཐུང་ངུ་དང་རིང་པ་དག་བོར་བའི་དབྱངས་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ ཨཽ་ཞེས་པ་བཅུ་གཉིས་པོ་རྣམས་ལ་ནཱ་མིན་ཞེས་མིང་དུ་གདགས་ཏེ། ཨ་ཡིག་ཐུང་རིང་དག་ ལས་ཁྱད་པར་དུ་དབྱེ་བའི་ཕྱིར་རོ། །དགོས་པ་ནི་ནཱ་མིནའི་ཕ་རོལ་རའོ་ཞེས་པ་ལ་སོགས་ པ་གང་དུ་ནཱ་མིའི་མིང་བྱུང་བ་དེར་བཅུ་གཉིས་པོ་འདི་དྲན་པར་བྱ་བའི་ཆེད་དུའོ། །དངོས་སུ་ ཨ་ཐུང་ངུ་ལས་མ་སྨོས་པས་ཨཱ་རིང་པོའང་བོར་བ་ཞེས་པ་མི་རིགས་སོ་སྙམ་ན། སྐྱོན་མེད་དེ། ཡི་གེ་སྐད་དོད་ཨཀྵ་ར་ཞེས་པ་གདངས་མི་འགྱུར་བ་ལ་འགྱུར་མེད་དམ། ཡི་གེ་ཞེས་པ་དང་། ཀཱ་ར་ཞེས་པ་གང་ལ་སྦྱར་བ་དེ་ཁོ་ན་ངེས་པར་བཟུང་བའི་དོན་དང་། །ཝརྞ་ཞེས་པ་དེའི་ རིགས་ཅན་འདྲ་བའང་འདྲེན་པར་བྱེད་པའི་དོན་ཡིན་ཅིང་། འདིར་ནི་ཝརྞ་ཞེས་པར་ཡོད་ པས་ཨ་ཐུང་རིང་དག་གོ་བར་བྱ་སྟེ། དུརྒ་སིང་ཧར། ཝརྞ་སྨོས་པས་འདྲ་བའི་ཡི་གེའང་གཟུང་ ངོ་། །ཞེས་པ་དང་། སློབ་མ་ལ་ཕན་པར། ཝརྞ་སྨོས་པས་ཐམས་ཅད་དུ་གཉིས་དག་འཛིན་ནོ་ ཞེས་གསུངས་པའི་ཕྱིར་རོ། །དེས་ན་ལེགས་སྦྱར་ལ་ཨ་ཀཱ་ར་དང་ཨ་ཝརྞ་ལ་ཁྱད་པར་ཡོད་ པ་བཞིན་དུ། བོད་སྐད་ལ་ཡང་ཨ་ཡིག་ཅེས་པས་ཨ་ཁོ་ན་དང་ཨའི་ཡི་གེ་ཞེས་པས། དེ་དང་ རིགས་འདྲ་བའང་གོ་བར་བྱ་ཞིང་། ཨི་ཡིག་ལ་སོགས་པ་གཞན་རྣམས་ལའང་དེ་བཞིན་དུ་ དྲན་པར་བྱའོ། །ཨེ་ཡིག་ལ་སོགས་པ་རྣམས་མཚམས་སྦྱོར་གྱི་ཡི་གེའོ། །ཞེས་པ་ནི་དབྱངས་ རྣམས་ཀྱི་ནང་ནས་ཁྱད་པར་ཨེ་ཡིག་དང་ལ་སོགས་པའི་སྒྲས་ཨཻ་དང་ཨོ་དང་ཨཽ་ཞེས་པ་བཞི་ 6-1-15 པོ་འདི་རྣམས་ལ་མཚམས་སྦྱོར་གྱི་ཡི་གེ་ཞེས་མིང་དུ་གདགས་ཏེ། ཨའི་ཡི་གེ་ཨི་དང་ཨེ་དང་ ཨུ་དང་ཨོ་རྣམས་དང་རིམ་པ་བཞིན་མཚམས་སྦྱར་བ་ལས་ཨེ་ཡིག་ལ་སོགས་པ་རྣམས་སུ་ འགྲུབ་པའི་ཕྱིར་རོ། །དགོས་པ་ནི། མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་བི་ཀ་ར་ཎ་མ་ ཡིན་པ་ལ་ཨཱ་ཡིག་གོ་ཞེས་པ་ལ་སོགས་པ་གང་དུ་མཚམས་སྦྱོར་གྱི་ཡི་གེའི་མིང་བྱུང་བ་དེར་ བཞི་བོ་འདི་དྲན་པར་བྱ་བའི་ཆེད་དུའོ། །ཨེ་ཡིག་ལ་སོགས་པ་རྣམས་ཀྱང་ཐུང་རིང་དག་ཏུ་ འགྱུར་རམ་སྙམ་ན། ཐམས་ཅད་ཀྱང་རིང་པོར་ངེས་པས་ཐུང་ངུ་མི་འདོད་དེ། ཡི་གེའི་མདོར། མཚམས་སྦྱོར་གྱི་ཡི་གེ་རྣམས་ལ་ཐུང་ངུ་ཡོད་པ་མ་ཡིན་ཏེ་ཞེས་གསུངས་པའི་ཕྱིར་རོ། ། གསུམ་པ་དབྱངས་ལས་གཞན་པ་རྣམས་ལ་གསལ་བྱེད་ཀྱི་བརྡ་ཆད་བསྟན་པ་ནི། ཀ་ ལ་སོགས་པ་རྣམས་གསལ་བྱེད་དོ། །ཞེས་པ་སྟེ། ཡི་གེ་ཡང་དག་པར་བརྗོད་པ་གྲུབ་ཟིན་པ་ དེ་ལ་དབྱངས་རྣམས་ཀྱི་རྗེས་ནས། ཀ་ཡིག་དང་ལ་སོགས་པའི་སྒྲས། ཁ་ག་གྷ་ང་། ཙ་ཚ་ཛ་ ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཞེས་པ་སུམ་ ཅུ་རྩ་གསུམ་པོ་འདི་རྣམས་ལ་གསལ་བྱེད་ཅེས་མིང་དུ་གདགས་ཏེ། འདི་རྣམས་དབྱངས་ དང་སྦྱར་བ་ལས་དོན་གསལ་བར་བྱེད་པའི་ཕྱིར་རོ། །དགོས་པ་ནི། གསལ་བྱེད་དབྱངས་ མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོ་ཞེས་པ་ལ་སོགས་པ་གང་དུ་གསལ་བྱེད་ཀྱི་མིང་བྱུང་བ་ དེར། སུམ་ཅུ་རྩ་གསུམ་གསུམ་པོ་འདི་རྣམས་དྲན་པར་བྱ་བའི་ཆེད་དུའོ། །དབྱངས་དང་མ་ སྦྱར་ཡང་གསལ་བྱེད་དུ་མ་འདུས་པས་ཀྱང་དོན་གསལ་བར་བྱེད་དམ་སྙམ་ན། དོན་གསལ་ བ་ལྟ་ཞོག །རང་ཡང་བརྗོད་དུ་མི་རུང་སྟེ་སྲོག་མེད་པའི་ཕྱིར་རོ། །འོ་ན་ཀ་ཡིག་ནས་ཧ་ཡིག་ གི་བར་བརྗོད་མ་ཐག་པ་དང་འགལ་ལོ་སྙམ་ན། དེ་དག་ནི་ཨ་ཡིག་སྲོག་ཏུ་ཞུགས་པ་ཡིན་ གྱི། དབྱངས་གང་རུང་སྲོག་ཏུ་མ་ཞུགས་ན་གསལ་བྱེད་རྐྱང་པ་བརྗོད་དུ་མི་རུང་ངོ་། །ཞེས་ དབྱངས་དང་གསལ་བྱེད་ཀྱི་ཁྱད་པར་ཡང་ཐམས་ཅད་དུ་རིགས་པར་བྱའོ། །དེ་རྣམས་ཀྱི་ལྔ་ 6-1-16 ལྔ་པ་ལྔ་རྣམས་སྡེ་པའོ་ཞེས་པ་ནི་གསལ་བྱེད་དེ་རྣམས་ཀྱི་ནང་ནས། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཞེས་པའི་ལྔ་ལྔ་པ་ཚན་པ་ལྔ་རྣམས་ལ་གོ་ རིམ་བཞིན་དུ་ཀའི་སྡེ་པ་དང་། ཙའི་སྡེ་པ་དང་། ཊའི་སྡེ་པ་དང་། ཏའི་སྡེ་པ་དང་། པའི་སྡེ་པ་ ཞེས་མིང་དུ་གདགས་ཏེ། ཀ་ཙ་ཊ་ཏ་པ་རྣམས་ཀྱིས་ཐོག་དྲངས་ཏེ་ལྔ་ཚན་ལྔར་བྱས་པའི་ཕྱིར་ རོ། །དགོས་པ་ནི། སྡེ་པ་ལ་སྡེ་པའི་མཐའོ། །ཞེས་པ་ལ་སོགས་པ་གང་དུ་སྡེ་པའི་མིང་བྱུང་ བ་དེར། ཉི་ཤུ་རྩ་ལྔ་པོ་འདི་དྲན་པར་བྱ་བའི་ཆེད་དུའོ། །ང་སྡེ་པ་ལ་སྡེ་པའི་འདྲ་བའི་ཡི་གེའོ་ ཞེས་སྡེ་པ་ལྔ་པོ་རྣམས་ཀྱིའང་རང་རང་གི་སྡེ་པ་རྣམས་ཕན་ཚུན་འདྲ་བའི་ཡི་གེའི་མིང་ཅན་ དུའང་བཤད་པས། ཙ་སྡེའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཀིའོ་ཞེས་པ་ལ་སོགས་པའི་སྐབས་ སུ་གསལ་བྱེད་ལ་ཡང་འདྲ་བའི་ཡི་གེ་ཡོད་པར་དྲན་པར་བྱའོ། །སྡེ་པ་རྣམས་ཀྱི་དང་པོ་དང་། གཉིས་པ་རྣམས་དང་། ཤ་ཥ་ས་རྣམས་ཀྱང་སྒྲ་མེད་པའོ་ཞེས་པ་ནི་སྡེ་པ་ལྔ་པོ་རྣམས་ཀྱི་དང་ པོ་ཀ་ཙ་ཊ་ཏ་པ་རྣམས་དང་། གཉིས་པ་ཁ་ཚ་ཋ་ཐ་ཕ་རྣམས་དང་། དྲོ་བའི་ཤ་ཥ་ས་རྣམས་དང་ བཅས་པའི་ཡི་གེ་བཅུ་གསུམ་པོ་འདི་རྣམས་ལ་སྒྲ་མེད་པ་ཞེས་མིང་དུ་གདགས་ཏེ། མགྲིན་པ་ མན་ཆད་ནས་འབྱུང་བའི་སྒྲ་མེད་པའི་ཕྱིར་རོ། །ཡི་གེའི་མདོར། མགྲིན་པར་འཇུག་པ་དང་ བྲལ་བས་སྒྲ་རྗེས་སུ་སྟེར་བ་རྣམས་ནི་སྒྲ་མེད་པ་རྣམས་སོ་ཞེས་གསུངས་པ་ལྟར་རོ། །དགོས་ པ་ནི། སྒྲ་མེད་པ་རྣམས་ལ་དང་པོའོ་ཞེས་པ་ལ་སོགས་པ་གང་དུ་སྒྲ་མེད་པའི་མིང་བྱུང་བ་ དེར་བཅུ་གསུམ་པོ་འདི་དྲན་པར་བྱ་བའི་ཆེད་དུའོ། །གཞན་རྣམས་སྒྲ་དང་ལྡན་པའོ་ཞེས་པ་ ནི་སྒྲ་མེད་པ་ལས་གཞན་པའི་གསལ་བྱེད་ལྷག་མ། ག་གྷ་ང་། ཛ་ཛྷ་ཉ། ཌ་ཌྷ་ཎ། ད་དྷ་ན། བ་ བྷ་མ། ཡ་ར་ལ་ཝ། ཧ། ཞེས་པའི་ཡི་གེ་ཉི་ཤུ་པོ་འདི་རྣམས་ལ་སྒྲ་དང་ལྡན་པ་ཞེས་མིང་དུ་ གདགས་ཏེ། མགྲིན་པ་མན་ཆད་ནས་འབྱུང་བའི་སྒྲ་དང་ལྡན་པའི་ཕྱིར་རོ། །ཡི་གེའི་མདོར་ ཡང་། མགྲིན་པར་འཇུག་པས་སྒྲ་རྗེས་སུ་སྟེར་བ་རྣམས་ནི་སྒྲ་དང་ལྡན་པའོ་ཞེས་གསུངས་ 6-1-17 པ་ལྟར་རོ། །དགོས་པ་ནི། སྒྲ་ལྡན་ལ་དབྱིའོ་ཞེས་པ་ལ་སོགས་པ་གང་དུ་སྒྲ་ལྡན་གྱི་མིང་བྱུང་ བ་དེར་ཉི་ཤུ་པོ་འདི་དྲན་པར་བྱ་བའི་ཆེད་དུའོ། །ང་ཉ་ཎ་ན་མ་རྣམས་རྗེས་སུ་སྣ་ལྡན་ནོ་ཞེས་ པ་ནི་སྡེ་པ་ལྔའི་ཐ་མ་ང་དང་། ཉ་དང་། ཎ་དང་། ན་དང་མའི་ཡི་གེ་ལྔ་པོ་འདི་རྣམས་ལ་རྗེས་ སུ་སྣ་ལྡན་ཞེས་མིང་དུ་གདགས་ཏེ། དེ་རྣམས་ཀྱི་སྒྲ་འབྱུང་བའི་རང་རང་གི་གནས་ཀྱི་རྗེས་ སུ་སྣ་ལས་འབྱུང་བའི་ཕྱིར་རོ། །ཡི་གེའི་མདོར་ཡང་། ང་ཉ་ཎ་ན་མ་རྣམས་ནི་རང་གི་གནས་ དང་རྗེས་སུ་སྣ་ལྡན་ནོ་ཞེས་གསུངས་པ་ལྟར་རོ། །དགོས་པ་ནི། མཐར་གནས་དང་རྗེས་སུ་ སྣ་ལྡན་མ་ཡིན་པའི་གསལ་བྱེད་དྷུཊའོ། །ཞེས་པ་ལ་སོགས་པ་གང་དུ་རྗེས་སུ་སྣ་ལྡན་གྱི་ མིང་བྱུང་པ་དེར་ལྔ་པོ་འདི་དྲན་པར་བྱ་བའི་ཆེད་དུའོ། །ཡ་ར་ལ་ཝ་རྣམས་མཐར་གནས་སོ་ ཞེས་པ་ནི་ཡ་དང་། ར་དང་། ལ་དང་། ཝའི་ཡི་གེ་བཞི་པོ་འདི་རྣམས་ལ་མཐར་གནས་ཞེས་ མིང་དུ་གདགས་ཏེ། སྡེ་པ་ལྔའི་མཐའ་ན་གནས་པའམ་གསལ་བྱེད་ཐམས་ཅད་ཀྱི་མཐར་ ཡ་སྟ་ལ་སོགས་པའི་(འཇུག་པ་གཙོ་ཆེ་བ་)ཚུལ་གྱིས་གནས་པའི་ཕྱིར་རོ། །དགོས་པ་ནི། འཆད་ འགྱུར་རྣམས་ཀྱི་གང་དུ་མཐར་གནས་ཀྱི་མིང་བྱུང་བ་དེར་བཞི་པོ་འདི་དྲན་པར་བྱ་བའི་ཆེད་ དུའོ། །ཤ་ཥ་ས་ཧ་རྣམས་དྲོ་བའོ་ཞེས་པ་ནི་ཤ་དང་། ཥ་དང་། ས་དང་། ཧའི་ཡི་གེ་བཞི་པོ་ འདི་རྣམས་ལ་དྲོ་བ་ཞེས་མིང་དུ་གདགས་ཏེ། འདི་རྣམས་བརྗོད་པའི་ཚེ་ཁ་ནང་དུ་དབུགས་ དྲོ་བ་ལྷག་པར་འབྱུང་བའི་ཕྱིར་རོ། །དགོས་པ་ནི། ཨཱ་བརྒྱད་པར། ཤ་སོགས་རྣམས་ཤིཊའོ། ། ཞེས་པ་དང་དོན་གཅིག་པས་འཆད་འགྱུར་གྱི་ཤིཊའམ་དྲོ་བ་ཞེས་པ་ལ་སོགས་པའི་མིང་བྱུང་ བ་དེར་བཞི་པོ་འདི་དྲན་པར་བྱ་བའི་ཆེད་དུའོ། །ཨཿཞེས་པ་རྣམ་པར་གཅད་བྱའོ་ཞེས་པ་ལ་ ཨ་ཡིག་ནི་འདིར་བརྗོད་པའི་དོན་ཏེ། ཀ་ལ་སོགས་པ་གཞན་རྣམས་ཀྱིས་ཀྱང་བརྗོད་དུ་རུང་ ཞིང་། ཨ་ལས་ཕ་རོལ་གྱི་གཞོན་ནུ་མའི་ནུ་མ་ཟུང་གི་དབྱིབས་ཅན་ཐིག་ལེ་གཉིས་པོ་འདི་ལ་ རྣམ་པར་བཅད་བྱའམ་ཚེག་དྲག་ཅེས་མིང་དུ་གདགས་ཏེ། འདིའི་ནུས་པས་སྔ་མའི་ཡི་གེ་དེ་ 6-1-18 གདངས་དྲག་པོར་རྣམ་པར་བཅད་ནས་ཕྱི་མ་དང་མ་འབྲེལ་བར་ཀློག་པའི་ཕྱིར་རོ། །དགོས་ པ་ནི་རྣམ་པར་གཅད་བྱ་ཙའམ་ཚ་ལ་ཤའོ། །ཞེས་པ་ལ་སོགས་པ་གང་དུ་རྣམ་པར་གཅད་ བྱའི་མིང་བྱུང་བ་དེར་ཐིག་ལེ་ཉིས་བརྩེགས་འདི་དྲན་པར་བྱ་བའི་ཆེད་དུའོ། །ྈྐ་ཞེས་པ་ལྕེ་རྩ་ ཅན་ནོ་ཞེས་པ་ལ་ཀ་ཡིག་ནི་འདིར་བརྗོད་པའི་དོན་ཏེ། དེ་བཞིན་དུ་ཁ་ཡིག་གིས་ཀྱང་བརྗོད་ དུ་རུང་ཞིང་། ཀ་ཡིག་གི་སྟེང་གི་རྡོ་རྗེའི་རྣམ་པ་ཅན་གྱི་ཡི་གེ་འདི་ལ་ལྕེ་རྩ་ཅན་ཞེས་མིང་དུ་ གདགས་ཏེ། ཡི་གེའི་མདོར། ལྕེ་རྩ་ཅན་གྱི་ནི་ལྕེའི་རྩ་བའོ། །ཞེས་པ་ལྟར་འདིའི་སྒྲ་འབྱུང་ བའི་གནས་ལྕེའི་རྩ་བ་ཡིན་པའི་ཕྱིར་རོ། །དགོས་པ་ནི། ཀ་ཁ་དག་ལ་ལྕེ་རྩ་ཅན་ཏེ་ཞེས་པ་ ལ་སོགས་པ་གང་དུ་ལྕེ་རྩ་ཅན་གྱི་མིང་བྱུང་བ་དེར་རྡོ་རྗེའི་རྣམ་པ་ལྟ་བུ་འདི་དྲན་པར་བྱ་བའི་ ཆེད་དུའོ། །ྉྤ་ཞེས་པ་མཆུ་ཅན་ནོ་ཞེས་པ་ལ་པ་ཡིག་ནི་འདིར་བརྗོད་པའི་དོན་ཏེ། དེ་བཞིན་ དུ་ཕ་ཡིག་གིས་ཀྱང་བརྗོད་དུ་རུང་ཞིང་། པ་ཡིག་གི་སྟེང་གི་གླང་པོའི་བུམ་པ་སྟེ་ཐོད་པའི་རྣམ་ པ་ཅན་གྱི་ཡི་གེ་འདི་ལ་མཆུ་ཅན་ཞེས་མིང་དུ་གདགས་ཏེ། ཡི་གེའི་མདོར། ཨུ་དང་། པུ་དང་། མཆུ་དང་ཉེ་བ་ཅན་རྣམས་ཀྱི་མཆུའོ་ཞེས་པ་ལྟར་འདིའི་སྒྲ་འབྱུང་བའི་གནས་མཆུ་དང་ཉེ་ བ་ཅན་ཡིན་པའི་ཕྱིར་རོ། །དགོས་པ་ནི། པ་ཕ་དག་ལ་མཆུ་ཅན་ནོ་ཞེས་པ་ལ་སོགས་པ་གང་ དུ་མཆུ་ཅན་གྱི་མིང་བྱུང་བ་དེར་གླང་པོའི་ཐོད་པ་ལྟ་བུ་འདི་དྲན་པར་བྱ་བའི་ཆེད་དུའོ། །ཨཾ་ ཞེས་པ་རྗེས་སུ་ང་རོའོ་ཞེས་པ་ལ་ཨ་ཡིག་ནི་འདིར་བརྗོད་པའི་དོན་ཏེ། དེ་བཞིན་དུ་ཀ་ཡིག་ ལ་སོགས་པས་ཀྱང་བརྗོད་དུ་རུང་ཞིང་ཐིག་ལེ་ཙམ་གྱི་ཡི་གེ་འདི་ལ་རྗེས་སུ་ང་རོ་ཞེས་མིང་ དུ་གདགས་ཏེ། ཡི་གེའི་མདོར། རྗེས་སུ་ང་རོ་ནི་སྣའོ། །ཞེས་པ་ལྟར་འདིའི་སྒྲ་འབྱུང་བའི་ གནས་གང་དང་སྦྱར་བའི་ཡི་གེ་དེའི་གདངས་བརྗོད་པའི་རྗེས་སུ་སྣ་ལས་འབྱུང་བའི་ང་རོ་ ཡིན་པའི་ཕྱིར་རོ། །དགོས་པ་ནི། མ་གསལ་བྱེད་ལ་རྗེས་སུ་ང་རོའོ་ཞེས་པ་ལ་སོགས་པ་གང་ དུ་རྗེས་སུ་ང་རོའི་མི་བྱུང་བ་དེར་ཐིག་ལེ་ཙམ་འདི་དྲན་པར་བྱ་བའི་ཆེད་དུའོ། །དེ་ལྟར་རྒྱས་ 6-1-19 པར་བསྟན་པ་ལ་འགའ་ཞིག་དབྱངས་ཀྱི་ཡི་གེ་བཅུ་བཞི་དང་། གསལ་བྱེད་སུམ་ཅུ་རྩ་གསུམ་ དུ་ཡི་གེ་ཐམས་ཅད་དུ་འདུས་ཤིང་གྲངས་ངེས་པ་ཡིན་ན། གསང་སྔགས་ཀྱི་རྒྱུད་སྡེ་མང་པོར་ དབྱངས་དེ་རྣམས་ཀྱི་སྟེང་དུ་ཨཾ་ཨཿབསྣན་པས་བཅུ་དྲུག་དང་། གསལ་བྱེད་དེ་རྣམས་ཀྱི་སྟེང་ དུ་ཀྵ་བསྣན་པས། སུམ་ཅུ་རྩ་བཞིར་གསུངས་པ་དང་། །སྡེབ་སྦྱོར་རིན་ཆེན་འབྱུང་གནས་སུ། ། འདིར་ནི་དབྱངས་ཡིག་ཉི་ཤུ་གཉིས། །གསལ་བྱེད་རྣམས་ནི་སུམ་ཅུ་བདུན། །འདི་རྣམས་ ཡི་གེ་ལྔ་བཅུ་དགུ། །ཞེས་ཨ་ཨི་ཨུ་རྀ་བཞི་ལ་ཐུང་རིང་ཤིན་ཏུ་རིང་པོ་གསུམ་གསུམ་དང་། ལྀ་ལ་རིང་པོ་མི་འདོད་པས། ཐུང་ངུ་དང་ཤིན་ཏུ་རིང་པོ་གཉིས་དང་། ཨེ་ཨཻ་ཨོ་ཨཽ་རྣམས་ལ་ རིང་པོ་དང་། ཤིན་ཏུ་རིང་པོ་གཉིས་གཉིས་སུ་ཕྱེ་བས་དབྱངས་ཉི་ཤུ་རྩ་གཉིས་དང་། སྔར་གྱི་ གསལ་བྱེད་རྣམས་ཀྱི་སྟེང་དུ་རྣམ་པར་གཅད་བྱ་དང་། རྗེས་སུ་ང་རོ་དང་ལྕེ་རྩ་ཅན་དང་མཆུ་ ཅན་བཞི་བསྣན་པས་གསལ་བྱེད་སུམ་ཅུ་རྩ་བདུན་གསུངས་པ་དང་། ཡི་གེའི་(སློབ་དཔོན་ཆེན་པོ་ ཙནྡྲ་གོ་མིས་)མདོར། འདིར་ཡང་ཨའི་ཡི་གེ་ནི་ཐུང་ངུ་དང་། རིང་པོ་དང་། པླུ་ཏ་ཞེས་པ་རྣམ་པ་ གསུམ་དུ་དབྱེའོ། །རེ་རེ་ལ། ཨུ་དཱཏྟ་དང་། ཨ་ནུ་དཱཏྟ་དང་། སྭ་རི་ཏའི་དབྱེ་བ་དང་། (དེ་ལའང་) རྗེས་སུ་སྣ་ལྡན་དང་བཅས་པ་དང་། རྗེས་སུ་སྣ་ལྡན་མེད་པའི་དབྱེ་བས་རྣམ་པ་བཅོ་བརྒྱད་ དུ་འགྱུར་རོ། །དེ་བཞིན་དུ་ཨིའི་ཡི་གེ་དང་། ཨུའི་ཡི་གེ་དང་། རྀའི་ཡི་གེ་ལ་ཡང་ངོ་། །ལྀའི་ ཡི་གེ་ལ་རིང་པོ་ཡོད་པ་མ་ཡིན་ཏེ། དེས་ན་དེ་ནི་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །མཚམས་ སྦྱོར་གྱི་ཡི་གེ་རྣམས་ལ་ཐུང་ངུ་ཡོད་པ་མ་ཡིན་ཏེ། དེས་ན་(ཡི་གེ་བཞི་པོ་)གཞན་འདི་ལ་ཡང་བཅུ་ གཉིས་བཅུ་གཉིས་སུ་རབ་ཏུ་དབྱེ་བར་འགྱུར་རོ། །ཞེས་པ་རྣམས་བསྡོམས་པས་དབྱངས་ ཡིག་བརྒྱ་སུམ་ཅུ་རྩ་གཉིས་སུ་གསུངས་པ་རྣམས་དང་འགལ་ལོ་ཞེ་ན། དེ་རྣམས་ནི་རྣམ་པས་ ཕྱེ་བ་ཙམ་ཡིན་གྱིས་འདིར་མ་འདུས་པའི་སྐྱོན་མེད་དེ། ཨཾ་ཨཿཞེས་པའི་ཨ་ཡིག་དག་ནི་ཨ་ ཡིག་དང་པོར་འདུས་ཤིང་། རྗེས་སུ་ང་རོ་ནི་མ་ནའམ་སྡེ་པའི་མཐའ་མར་འདུས་ལ། རྣམ་ 6-1-20 པར་བཅད་བྱ་ནི་ར་ཡིག་དང་ས་ཡིག་ཉིད་དུ་འདུས་སོ། །ལྕེ་རྩ་ཅན་ནི་ཀ་ཁ་དང་། མཆུ་ཅན་ ནི་པ་ཕ་དག་དང་ཚེག་དྲག་ཕྲད་པའི་རྣམ་འགྱུར་ཡིན་པས་དེར་འདུས་ཤིང་། དེ་དག་བརྗོད་ པའི་ཀ་ཁ་དང་པ་ཕ་ནི་དེ་དག་གི་ངོ་བོར་འདུས་ལ། ཀྵ་ཡང་ཀ་དང་ཥ་ཉིད་དུ་འདུས་སོ། །པླུ་ ཏ་ནི་དགོས་པ་འགའ་ཞིག་ལ་བརྟེན་ནས་ཐ་སྙད་མཛད་པས་དབྱངས་སུ་འདུས་ཏེ། དུརྒ་ (རྫོང་སེང་གེ་)སིང་ཧར། རིགས་ཀྱིས་ནི་དབྱངས་ཀྱི་མིང་ཅན་དུ་བྱས་པ་པླུ་ཏ་སྟེ། ཞེས་པ་ལྟར་ རོ། །ཨུ་དཱཏྟ་ལ་སོགས་པའང་གདངས་ཀྱི་ཁྱད་པར་ལ་བཏགས་པས་དབྱངས་ལས་གཞན་མ་ ཡིན་ཞིང་། རྗེས་སུ་སྣ་ལྡན་ནི། རྗེས་སུ་ང་རོར་འདུས་ལ། དེ་རྣམས་བརྗོད་པའི་རྟེན་རྣམས་ ནི་དབྱངས་ཀྱི་ངོ་བོར་འདུས་པས། རིགས་ཀྱི་སྒོ་ནས་སྔར་བཤད་པའི་བཞི་བཅུ་རྩ་བདུན་ པོ་ཉིད་དུ་འདུས་ཤིང་གྲངས་ངེས་པ་ཡིན་ནོ། །ཞེས་དབྱེ་བ་དང་བསྡུ་བའི་ཁྱད་པར་ལ་ཡང་ མཁས་པར་བྱའོ། ། བཞི་པ་བརྡ་སྤྲོད་པ་ལ་གྲགས་པའི་ཚིག་ངོས་བཟུང་བ་ནི། སྔ་མ་དང་ཕ་རོལ་དག་གི་ དོན་ཉེ་བར་དམིགས་པ་ན་ཚིག་གོ །ཞེས་པ་ལ་སྔ་མ་རང་བཞིན་དང་ཕ་རོལ་རྣམ་དབྱེ་དག་ གི་དོན་ཉེ་བར་དམིགས་ཤིང་ཚོགས་ནས། རྣམ་འགྱུར་བྱས་པ་ན་ཚིག་གི་མིང་ཅན་དུ་འགྱུར་ རོ་ཞེས་མདོར་བསྟན་ནས། དེ་ཉིད་རྒྱས་པར་བཤད་པ་ནི་སྔ་མ་རང་བཞིན་ལ་དབྱེ་ན་གཉིས་ ཏེ། དོན་དང་ལྡན་པའི་མིང་ངམ་རྟགས་དང་། སྒྲའི་སྐྱེ་གནས་སུ་གྱུར་པས་བྱ་བ་འབའ་ཞིག་ པ་རྟོགས་པར་བྱེད་པའི་བྱིངས་སོ། །ཕ་རོལ་རྣམ་དབྱེ་ལ་དབྱེ་ནའང་གཉིས་ཏེ། རྟགས་ཀྱི་ དོན་གྱི་ཚིག་མངོན་པར་བརྗོད་པ་ལ་སོགས་པ་ལ་སི་ལ་སོགས་པའི་རྣམ་དབྱེ་ཉི་ཤུ་རྩ་གཅིག་ དང་། སྤྱི་དང་ཁྱད་པར་གྱི་དུས་གོ་བར་བྱེད་པའི་དོན་ལ་ཏི་ལ་སོགས་པའི་རྣམ་དབྱེ་བརྒྱ་དང་ བརྒྱད་ཅུའོ། །དེ་དག་རིམ་པ་ལྟར་རྟགས་དང་སི་སོགས་སྦྱར་ནས་རྣམ་འགྱུར་བྱས་པ་དང་། བྱིངས་དང་ཏི་སོགས་སྦྱར་ནས་རྣམ་འགྱུར་བྱས་པ་ལས་ཚིག་ཏུ་འགྲུབ་སྟེ། བརྒྱད་སྟོང་ 6-1-21 འགྲེལ་པར། ཚིག་གང་ཞེ་ན། སུཔ྄འི་མཐའ་ཅན་དང་། ཏིང྄འི་མཐའ་ཅན་གྱི་ཚིག་གོ་ཞེས་ པ་ལྟར་རོ། །དོན་ཉེ་བར་དམིགས་པ་ཞེས་སྨོས་པས་རྣམ་དབྱེའི་མཐའ་ཅན་ཁོ་ན་ཚིག་གི་མིང་ ཅན་ཡིན་གྱི། ཀྲྀཏ྄་དང་དེ་ཕན་ལ་སོགས་པ་རྐྱེན་གཞན་གྱི་མཐའ་ཅན་ནི་ཚིག་གི་མིང་ཅན་ དུ་མི་འགྱུར་བས། རྐྱེན་ལའང་སྤྱི་དང་ཁྱད་པར་གྱི་དབྱེ་བ་གཉིས་སུ་རིགས་པར་བྱའོ། །རང་ བཞིན་རྟགས་དང་རྣམ་དབྱེ་སི་སོགས་ཚོགས་པ་ལ་དཔེར་བརྗོད་ན། ཏཏ྄་ཅེས་པ་སརྦའི་ མིང་ཅན་གྱི་ཕ་རོལ་དུ་ཛས྄་བྱིན་ནས། རྣམ་འགྱུར་ནི། ནཱ་གསུམ་པར། ཏྱཏྲ་སོགས་པའི་རྣམ་ དབྱེ་ལ་ཨའོ་ཞེས་པས་ཏ་ཕྱི་མ་ཨ་རུ་འགྱུར་ལ། ནཱ་དང་པོར་ཨ་ཡིག་ལ་དབྱིའོ་ཞེས་པས་ ཏ་སྔ་མའི་སྲོག་གི་ཨ་དབྱི་ཞིང་། ཛས྄་ཐམས་ཅད་ཨཱིའོ་ཞེས་པས་ཛས྄་ཀྱང་ཨཱི་རུ་བསྒྱུར་ཏེ། སན྄་གཉིས་པར་ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ་ཞེས་པས་མཐའི་ཨ་ཡིག་ཨི་མཐོང་བ་ལ་ཨེ་ རུ་བསྒྱུར་ནས་ཕ་རོལ་གྱི་ཨཱི་ཕྱིས་ཏེ་སྦྱར་བས། ཏེ་ཞེས་པ་ཚིག་ཏུ་གྲུབ་ཅིང་། དེའི་མཐར། ཨ་ ཏྲ་ཡོད་ཀྱང་ཚིག་མཐར་ཨེཏྲ་ཨོཏྲ་ལས་ཕ་རོལ་གྱི་ཨ་ཡིག་དབྱིའོ་ཞེས་པས་ཨ་ཕྱིས་ཏེ། དེའི་ མཚན་མ་བྲིས་པ་ལས་ཏེ་(དེ་རྣམས་འདིར་)྅ཏྲ་ཞེས་པ་ལྟ་བུའོ། །དེ་བཞིན་དུ་རང་བཞིན་བྱིངས་ དང་རྣམ་དབྱེ་ཏི་ཚོགས་པ་ལ་དཔེར་བརྗོད་ན། ཡཛ྄་ལྷ་མཆོད་པའི་བྱིངས་ལ་ཝརྟ་མཱ་ནའི་ ཨཱཏྨ་ནེའི་སྐྱེས་བུ་དང་པོའི་མང་ཚིག་ཨནྟེ་བྱིན་པ་ན། རྣམ་འགྱུར་ནི། ཨཱ་གཉིས་པར་བྱེད་པ་ པོ་ལ་ཨན་ཏེ་བི་ཀཱ་ར་ཎའོ། །ཞེས་པས་ཨན་བྱིན་པའི་ན་ཡིག །ཨཱ་ལྔ་པར། བི་ཀཱ་ར་ཎ་ལ་ ཡང་ཨན་ཉིད་ལའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་པས་ཕྱིས་ནས། ཨཱ་དྲུག་པར་ཨ་མཚམས་ སྦྱོར་ཡི་གེ་དག་ལ་ཞེས་པས་ཨནྟེའི་ཨ་ཡིག་ཀྱང་ཕྱིས་ཏེ་སྦྱར་བས་ཡ་ཛནྟེ་ཞེས་པ་ཚིག་ཏུ་ གྲུབ་ཅིང་། དེའི་ཕ་རོལ་ན་ཨ་ཏྲ་ཡོད་ཀྱང་ཨ་ཡིག་སྔ་མ་ལྟར་ཕྱིས་ནས་དེའི་མཚན་མ་བྲིས་ པས། ཡཛནྟེ་(ལྷ་མཆོད་པར་བྱེད་དོ་འདིར་) ྅ཏྲ་ཞེས་པ་ལྟ་བུའོ། །དྷཱ་ཏུ་ཞེས་པ་ནི་དབྱིངས་སམ་ ཁམས་ལ་འཇུག་ཅིང་། སྒྲའི་སྐྱེ་གནས་སམ་འབྱུང་ཁུངས་སུ་གྱུར་པས་དབྱིངས་ཞེས་དགོས་ 6-1-22 པ་ལ་བྱིངས་སུ་བསྒྱུར་བ་ནི་ཟུར་ཆག་པའོ། །ཚིག་ཅེས་སྨོས་པས། སྔ་མ་རང་བཞིན་རྐྱང་ པའང་ཚིག་མ་ཡིན་ལ་ཕྱི་མ་རྣམ་དབྱེ་རྐྱང་པའང་ཚིག་མ་ཡིན་པས། དེ་གཉིས་ཚོགས་ནས་ རྣམ་འགྱུར་བྱས་པ་ན་བརྡ་སྤྲོད་པ་ལ་གྲགས་པའི་ཚིག་ཏུ་གྲུབ་པོ་ཞེས་པའི་དོན་ཏོ། །དགོས་ པ་ནི། ཚིག་མཐར་ཨེཏྲ་ཨོཏྲ་ལས་ཕ་རོལ་གྱི་ཨ་ཡིག་དབྱིའོ་ཞེས་པ་ལ་སོགས་པ་གང་དུ་ཚིག་ གི་མིང་བྱུང་བ་དེར་དོན་འདི་དག་དྲན་པར་བྱ་བའི་ཆེད་དུའོ། །རང་བཞིན་དག་ལ་རྣམ་དབྱེ་ཆ་ གཉིས་པོ་ཕན་ཚུན་ངེས་མེད་དུ་འཇུག་གམ་སྙམ་ན་མི་འཇུག་སྟེ། རྟགས་མཐར་སི་སོགས་ཁོ་ ན་དང་། བྱིངས་མཐར་ཏི་སོགས་ཁོ་ན་འཇུག་པའི་ཕྱིར་རོ། །འོན་ཀྱང་རྟགས་ཨིན་ལ་སོགས་ པའི་རྐྱེན་འགའ་ཞིག་གི་མཐུ་ལས་བྱིངས་སུ་བསྒྱུར་བ་ལ་ཏི་སོགས་འཇུག་པ་དང་། བྱིངས་ ཀྲྀཏ་ལ་སོགས་པའི་རྐྱེན་གྱི་ནུས་པས་མིང་ངམ་རྟགས་སུ་བསྒྱུར་བ་ལ་སི་སོགས་འཇུག་པ་ནི་ སྔར་བཤད་པ་དང་མཐུན་པ་ཉིད་དོ། ། ལྔ་པ་ཐུན་མོང་དུ་སྔ་ཕྱི་ཀུན་ལ་འཇུག་པའི་མདོ་གཉིས་བསྟན་པ་ལ། རིམ་པ་ལས་མ་ འདས་པར་ཕྲལ་བར་བྱའོ། །ཞེས་པ་ནི་གསལ་བྱེད་ཀྱི་སྲོག་ན་ཡོད་པའི་དབྱངས་རྣམས་སྒྲ་ སྒྲུབ་པའི་དུས་སུ་སྔར་ཇི་ལྟར་སྦྱར་བའི་རིམ་པ་ལས་མ་འདས་པར་ཐ་དད་དུ་ཕྲལ་ནས་སྔ་ཕྱི་ མ་ནོར་བར་དགོད་པར་བྱ་སྟེ། དཔེར་ན། སྭསྟི་ཨ་ཏྲ་ཞེས་པའི་སྟིའི་ཨི་ཡིག་དེའི་ཕ་རོལ་དུ་ ཕྲལ་བ་ན། སན་གཉིས་པར། ཨིའི་ཡི་གེ་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཡ་སྟེ། ཕ་རོལ་དབྱི་ བ་ཡང་མ་ཡིན་ནོ། །ཞེས་པས་ཨི་ཡིག་ཡ་རུ་བསྒྱུར་ནས་ཕ་རོལ་གྱི་ཨ་དང་སྦྱར་བས། སྭསྟྱ་ ཏྲ་(བདེ་ལེགས་སུ་བྱེད་དོ་འདིར་)ཞེས་པ་ལྟ་བུའོ། །གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་ དྲང་ངོ་ཞེས་པ་ནི། གསལ་བྱེད་གང་སྲོག་གམ་དབྱངས་མེད་པ་རྣམས་དེའི་ཕ་རོལ་ན་གསལ་ བྱེད་ཀྱི་ཡི་གེ་ཡོད་ན་དེའི་སྟེང་དུ་དྲངས་ནས་བརྩེགས་པར་བྱ་ཞིང་། ཡི་གེའི་སྐད་དོད་ཝརྞ་ སྨོས་པའི་ཕྱིར་ཡི་གེའི་རིགས་ཐམས་ཅད་གཏོགས་པས་དབྱངས་ཀྱི་ཡི་གེ་ཡོད་ན་དེ་དང་སྦྱར་ 6-1-23 བར་བྱ་སྟེ། གསལ་བྱེད་བརྩེགས་པའི་སྟེང་མ་རྣམས་སྲོག་མེད་ཡིན་པའི་རྒྱུ་མཚན་ཡང་དེ་ ཉིད་ཀྱིས་ཤེས་པར་བྱའོ། །དཔེར་ན། ཏཏྲ་གཙྪཏི་ཞེས་པའི་ཏ་ཕྱི་མ་མ་ནིང་ལ་སི་ཨམ་ཕྱིས་ པའི་ཚིག་མཐའ་ཡིན་པས། སན་བཞི་པར། སྡེ་པའི་དང་པོ་ཚིག་མཐའ་རྣམས་དབྱངས་དང་ སྒྲ་ལྡན་ལ་གསུམ་པ་རྣམས་སུའོ་ཞེས་པས་ད་རུ་བསྒྱུར་ཏེ། ཕ་རོལ་གའི་ཡི་གེར་དྲངས་པས། ཏ་ངྒཙྪཏི་(དེ་འགྲོ་བར་བྱེད་དོ། །) ཞེས་པ་དང་། བུད྄་དྷཿཞེས་པའི་ད་ཡིག་དྷའི་སྟེང་དུ་དྲངས་པ་ བུདྡྷཿ (སངས་རྒྱས་)ཞེས་པ་དང་། ཏྭམ྄་ཨ་ཏྲ་ཞེས་པའི་མ་ཡིག་དབྱངས་མེད་ཕ་རོལ་གྱི་ཨ་དང་ སྦྱར་བས་ཏྭ་མ་(ཁྱོད་འདིར་)ཏྲ་ཞེས་པ་ལྟ་བུའོ། །དེ་དག་གི་ཤུགས་ལ་གསལ་བྱེད་ཀྱི་མིང་ཅན་ མ་ཡིན་པའི་ཡི་གེ་དབྱངས་མེད་པའང་ཕ་རོལ་གྱི་ཡི་གེར་དྲང་བར་བྱ་སྟེ། དཔེར་ན། ཀིམ་ ལ་སི་བྱིན་པ་ན། ནཱ་གསུམ་པར། ཀིམ྄་ཀའོ་ཞེས་པས་ཀ་རུ་བསྒྱུར་ཞིང་སིའི་ཨི་ཡིག་བརྗོད་ དོན་ཕྱིས་ནས། ས་རྣམ་བཅད་དུ་བསྒྱུར་བས་ཀཿཞེས་པའི་ཕ་རོལ་དུ་ཁ་ན་ཏི་ཡོད་པ་ན། སན་ ལྔ་པར། ཀ་ཁ་དག་ལ་ལྕེ་རྩ་ཅན་ཞེས་པས་རྣམ་བཅད་ལྕེ་རྩ་ཅན་དུ་བསྒྱུར་ནས་ཁའི་སྟེང་དུ་ དྲངས་པས། ཀྈྑ་ན་ཏི་(ཅི་རྐོ་བར་བྱེད་)ཞེས་པ་དང་། དེ་བཞིན་དུ་ཀཿ ཞེས་པའི་ཕ་རོལ་ཏུ་ཕ་ ལ་ཏི་ཡོད་པ་ལས། པ་ཕ་དག་ལ་མཆུ་ཅན་ནོ་ཞེས་པས་མཆུ་ཅན་དུ་བསྒྱུར་ནས་ཕའི་སྟེང་དུ་ དྲངས་པས་ཀྉྤ་ལ་ཏི་(ཅི་འབྲས་བུ་བྱེད་)ཞེས་པ་ལྟ་བུ(འི་གོ་རིམ་)འོ། །མདོ་གཉིས་པོ་(དུརྒ་སིང་ཧར་ འདི་ལས་བཟློག་པར་གསུངས་ཀྱང་། འདི་ནི་སློབ་མ་ལ་ཕན་པར་གསུངས་པ་དང་མཐུན་ཏེ་)འདི་དག་ འཆད་པར་འགྱུར་བའི་གནས་སྐབས་ཐམས་ཅད་དུ་དྲན་པར་བྱའོ། ། དྲུག་པ་འདིར་མ་བསྟན་པའི་བརྡ་ཆད་བསྟན་བཅོས་གཞན་ལས་འབྱུང་ཚུལ་ནི། འཇིག་ རྟེན་གྱི་ཉེ་བར་སྤྱོད་པ་ལས་འཛིན་པ་གྲུབ་པོ་ཞེས་པ། འཇིག་རྟེན་དུ་སྔོན་གྱི་སློབ་དཔོན་ རྣམས་ཀྱི་ཉེ་བར་སྤྱད་པ་སྟེ། དེ་དག་གིས་མཛད་པའི་བསྟན་བཅོས་རྣམས་ལས་འདིར་མ་ བརྗོད་པའི་ཚིག་ཕྲད་དང་། མི་ཟད་པ་དང་། ཉེར་བསྒྱུར་དང་། ཀཱ་རི་ཀ་དང་། དུས་དང་། 6-1-24 གྲངས་དང་། འཇིག་པ་དང་། དབྱི་བ་དང་། པླུ་ཏ་ལ་སོགས་པའི་བརྡ་ཆད་ཀྱི་འཛིན་པ་རྣམས་ རབ་ཏུ་གྲགས་ཤིང་གྲུབ་པས་དེ་རྣམས་ལས་རྟོགས་པར་བྱའོ། །ཞེས་དངོས་སུ་མ་སྨོས་པ་ རྣམས་ཀྱང་ཤུགས་ལ་ཤེས་པའི་དོན་དུའོ། ཞེས་པ་ཡི་གེ་སྔ་ཕྱི་མཚམས་སྦྱོར་ཚུལ་གྱི་མདོར་ འཇུག་པ་བདེ་བའི་ཆེད་དུ་མཚམས་སྦྱོར་དང་པོར་བརྡ་ཆད་བསྟན་པའི་འགྲེལ་པ་རྫོགས་སོ།། །། མཚམས་སྦྱོར་གཉིས་པ་དབྱངས་ཡིག་ཕྲད་པའི་རྣམ་འགྱུར་འབྱུང་ཚུལ་ལ། མཚུངས་ འདྲའི་ཡི་གེའི་རྣམ་འགྱུར། འདྲ་ཡིག་མིན་པའི་རྣམ་འགྱུར། མཚམས་སྦྱོར་ཡི་གེའི་རྣམ་ འགྱུར། ཁྱད་པར་དམིགས་བསལ་བསྟན་པ་སྟེ་བཞི་ལས། དང་པོ་མཚུངས་འདྲའི་ཡི་གེ་ཕན་ ཚུན་ཕྲད་པ་ལས་རྣམ་འགྱུར་འབྱུང་ཚུལ་སྤྱིར་བསྟན་དང་བཅས་པ་ནི། མཚུངས་པ་འདྲ་བའི་ ཡི་གེ་ལ་རིང་པོར་འགྱུར་ཏེ་ཕ་རོལ་ཡང་དབྱིའོ། །ཞེས་པ་མཚུངས་པའི་མིང་ཅན་གྱི་ཡི་གེ་ བཅུ་པོ་རྣམས་རང་རང་གི་འདྲ་བའི་ཡི་གེ་ཕ་རོལ་དུ་ཡོད་པ་ལས། སྔ་མ་གང་ཡིན་པ་དེ་རིང་ པོར་འགྱུར་ཏེ། ཕ་རོལ་གྱི་འདྲ་ཡིག་དེ་ཡང་དབྱི་བར་བྱའོ། །འདི་ནས་བརྩམས་ཏེ་ཨིའི་ཡི་ གེ་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་པའི་བར་གྱི་མདོ་རྣམས་ལའང་ཕ་རོལ་དབྱི་བ་རྗེས་སུ་ འཇུག་པ་ནི་སྤྱིར་བསྟན་པ་སྟེ། དཔེར་ན། དཎྜ་ཨ་གྲཾ་ཞེས་པའི་ཌའི་ཨ་ཡིག་རིམ་པ་ལས་མ་ འདས་པར་ཕྲལ་བ། མདོ་འདིས་རིང་པོར་བསྒྱུར་ནས་ཕ་རོལ་གྱི་ཨ་ཕྱིས་ཏེ་སྦྱར་བས་དཎྜཱ་ གྲཾ་(དབྱུག་པའི་རྩེ་མོ་)ཞེས་པ་དང་། དེ་བཞིན་དུ་ཨཥྚ་ཨཱ་ན་ནཱ་ཡ་ཞེས་པ་ལས་ཨཥྚཱ་(ཞལ་བརྒྱད་པའི་ ཆེད་དུ་)ན་ནཱ་ཡ་ཞེས་པ་དང་། ས་ཨཱ་ག་ཏ་ལས་སཱ་ག་ཏ་(དེ་འོངས་)ཞེས་པ་དང་། གཾ་ག་ཨཱ་ཡ་ཏ་ ནཾ་ལས་གཾ་གཱ་(གངྒཱ་ལས་སྐྱེའོ། །)ཡ་ཏ་ནཾ་ཞེས་པ་དང་། །དེ་བཞིན་དུ་ཨི་ཡིག་ལ་སོགས་པ་རྣམས་ ལ་ཡང་རིམ་པ་བཞིན་དུ་ད་དྷི་ཨི་དཾ་ལས་(ཞོ་འདི་)དདྷཱི་དཾ་ཞེས་པ་དང་། མ་དྷུ་ཨུ་ད་ཀཾ་ལས་(སྦྲང་ གི་ཆུ་)མ་དྷཱུ་ད་ཀཾ་ཞེས་པ་དང་། པི་ཏྲྀ་རྀ་ཥ་བྷཿལས་པི་ཏྲཱྀ་ཥ་(ཕའི་ཁྱུ་མཆོག་)བྷཿཞེས་པ་དང་། ཀླྀ་ལྀ་ 6-1-25 ཀཱ་རེ་ཎ་ལས་ཀླཱམ་ཀཱ་(ཀླྀ་ལྀའི་ཡི་གེ་) རེ་ཎ་ཞེས་པ་ལྟ་བུའོ། །དུར་ཕན་དག་ལས། རྀ་དང་ལྀ་ཕྲད་ ན་ཡང་འདྲ་ཡིག་དུ་(འགྱུར་བའི་དམིགས་བསལ་)བཤད་དེ། དཔེར་ན། ཧོ་ཏྲྀ་ལྀ་ཀཱ་རཿ ཞེས་པའི་ཏྲྀའི་ རྀ་ཡིག་ལྀ་མཐོང་བ་ལས་རིང་པོར་བསྒྱུར་ནས་ལྀ་ཕྱིས་པས་ཧོ་ཏྲཱྀ་(སྦྱིན་བསྲེག་གི་ལྀ་ཡིག་)ཀཱ་ རཿཞེས་པ་ལྟ་བུའོ། །ཁྱད་པར་སློབ་མ་ལ་ཕན་པར། ཤ་ཀཾ་དྷུ་ལ་སོགས་པ་རྣམས་ལ་ཕ་རོལ་ དབྱི་བ་ཁོ་ན་བཤད་པར་བྱའོ། །ཞེས་བཤད་པས། མཆོག་གི་སྦྱོར་བའི་རྗེས་སུ་འབྲངས་ནས། ཤ་ཀ་ཨཾ་དྷུ་ཞེས་པའི་ཀ་ཡིག་རིང་པོར་མི་འགྱུར་ཞིང་། ཕ་རོལ་གྱི་ཨ་ཡིག་ཕྱིས་ཏེ་སྦྱར་བས་ ཤ་ཀཾ་དྷུཿ ཞེས་པ་དང་། ལ་སོགས་པའི་སྒྲས། ཀུ་ལ་ཨཌྷཿལས་ཀུ་ལ་ཌྷཿཞེས་པ་དང་། ཀུཉྫ་ ཨ་ཊཱ་ལས་ཀུཉྫ་ཊཱ་ཞེས་པ་དང་། ཧེ་མ་ཨནྟཿ (དགུན་ཟླ་ཆུང་། ཤ་ཀཾ་དྷུ་ཀུ་མ་དྷ། ཀུཉྫ་ཌཱ། ཧེ་མནྟ། སཱི་མནྟ་ སྟེ་འདི་རྣམས་ཨ་དྷུ། ཨ་དྷ་སོགས་ལ་མཚུངས་འདྲ་སྔ་མར་རིང་པོར་མི་བྱེད་པའི་དམིགས་བསལ་ཡིན་ནོ། །) ལས་ཧེ་མནྟཿ (གངས་མཐའ་)ཞེས་པ་དང་། སྐྲ་ལ་འཇུག་པའི་སཱི་མ་ཨནྟཿལས་སཱི་མནྟཿ(སྐྲ་མཚམས་)ཞེས་པ་ལྟ་ བུའོ། །འདྲ་ཡིག་སྨོས་པས་གྲུབ་མོད། མཚུངས་པ་སྨོས་པའི་དགོས་པ་ཅི་ཞེ་ན། སྔ་མ་རིང་ པོར་མ་བསྒྱུར་ཡང་རིང་པོ་ལས་ཕ་རོལ་གྱི་འདྲ་ཡིག་དབྱི་བར་མཚུངས་པའི་དོན་ཏེ་དཔེར་ ན། ཀུ་མཱ་རཱི་ཨི་ཡཾ་ཞེས་པའི་རཱིའི་ཕ་རོལ་གྱི་ཨི་ཕྱིས་པས། ཀུ་(གཞོན་ནུ་འདི། )མཱ་རཱི་ཡཾ་ཞེས་པ་དང་། ན་དཱི་ཨི་ཧ་ལས་ན་དཱི་ཧ་(ཆུ་ཀླུང་འདི་)ཞེས་པ་དང་། བྲྀཀྵ་ལ་ཛས྄་བྱིན་པ་ན། ནཱ་དང་པོར་ཛས྄་ ལའོ་ཞེས་པས་ཀྵ་རིང་པོར་གྱུར་པའི་ཕ་རོལ་གྱི་ཛ་ཁྱད་པར་གྱི་དོན་དང་། དེའི་དབྱངས་མདོ་ འདིས་ཕྱིས་ཏེ། ས་རྣམ་བཅད་དུ་བསྒྱུར་བས་བྲྀཀྵཱཿ (ཤིང་རྣམས་)ཞེས་པ་ལྟ་བུའོ། ། གཉིས་པ་འདྲ་ཡིག་མ་ཡིན་པ་ཕྲད་པ་ལས་རྣམ་འགྱུར་འབྱུང་ཚུལ་ལའང་གཉིས་ལས། དང་པོ་ཨ་ཡིག་དང་པོར་བྱས་ཏེ། དབྱངས་གཞན་རྣམས་ཕ་རོལ་དུ་ཡོད་པ་ལས་སོ་སོར་ བཤད་པ་ནི། ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ། །ཞེས་པ་ཨའི་ཡི་གེ་ཐུང་ངུ་དང་རིང་པོ་དག་ ཨིའི་ཡི་གེ་ཐུང་རིང་གང་རུང་ཕ་རོལ་དུ་ཡོད་པ་ལ་ཨེ་རུ་འགྱུར་ཞིང་། ཕ་རོལ་དབྱི་བར་ཡང་ 6-1-26 བྱ་སྟེ། ཨའི་ཡི་གེ་ཞེས་པ་ནི་མདོ་འོག་མ་ལྔའི་ཐོག་མར་ཡང་སྦྱར་རོ། དཔེར་ན། ཏ་ཝ་ཨི་ཡཾ་ ཞེས་པའི་ཝའི་ཨ་ཡིག་རིམ་པ་ལས་མ་འདས་པར་ཕྲལ་བ། མདོ་འདིས་ཨེ་རུ་བསྒྱུར་ཞིང་ཕ་ རོལ་གྱི་ཨི་ཕྱིས་པས། ཏ་(ཁྱོད་འདིར། ) ཝེ་ཡཾ་ཞེས་པ་དང་། དེ་བཞིན་དུ་ས་ཨི་ཡཾ་ལས་སེ་ཡཾ་(དེ་ འདིར། ) ཞེས་པ་དང་། ཨརྡྷ་ཨིནྡུ་ལས་(ཟླ་བ་ཕྱེད་)ཨརྡྷེནྡུ་ཞེས་པ་དང་། ཛ་ལ་ཨིནྡྲ་ལས་ཛ་ལེནྡྲ་ (ཆུའི་དབང་པོ། ) ཞེས་པ་ལྟ་བུའོ། །དུརྒ་སིང་ཧར། འང་ཡིག་ནི་སྤྱིར་བཏང་པ་སྟེ་མ་བརྗོད་པ་བསྡུ་ བའི་དོན་ཏོ་ཞེས་གསུངས་པས། ཁ་ཅིག་ཏུ་སྔ་མ་དབྱི་བར་ཡང་འདོད་དེ། དཔེར་ན། ཧ་ལ་ཨཱི་ ཤཱ་ཞེས་པའི་ལའི་ཨ་ཡིག་ཨེ་རུ་མི་འགྱུར་བར་ཕྱིས་ཏེ་སྦྱར་བས་ཧ་(གཤོལ་གྱི་དབང་པོ་)ལཱི་ཤཱ་ཞེས་ པ་དང་། མ་ནས་ཨཱི་ཤཱ་ཞེས་པའི་ནའི་དབྱངས་འཕྱིད་པའི་ཤུགས་ལས་འང་ཕྱིས་ཏེ་སྦྱར་བས་ (ཡིད་ཀྱི་དབང་པོ། )མ་ནཱི་ཤཱ་ཞེས་པ་ལྟ་བུའོ། །ཨུའི་ཡི་གེ་ལ་ཨོའོ། །ཞེས་པ་ནི་ཨའི་ཡི་གེ་དག་ཨུའི་ ཡི་གེ་ཐུང་རིང་གང་རུང་ཕ་རོལ་ཏུ་ཡོད་པ་ལ་ཨོ་རུ་འགྱུར་ཞིང་། ཕ་རོལ་དབྱི་བར་ཡང་བྱ་སྟེ། དཔེར་ན། པིངྒ་ཨུརྡྷ་ཞེས་པའི་གའི་ཨ་ཡིག་མདོ་འདིས་ཨོ་རུ་བསྒྱུར་ནས་ཕ་རོལ་གྱི་ཨུ་ཕྱིས་ ཏེ་སྦྱར་བས། (སེར་པོ་གྱེན་དུ། )པིངྒོརྡྷ་ཞེས་པ་དང་། དེ་བཞིན་དུ་གཾ་གཱ་ཨུ་ད་ཀཾ་ལས། གཾ་(གཾ་གཱའི་ ཆུ། )གོ་ད་ཀཾ་ཞེས་པ་དང་། ཏ་ཝ་ཨཱུ་ཧ་ནཾ་ལས། ཏ་ཝོ་ཧ་(ཁྱོད་ཀྱི་རྟོག་པ། ) ནཾ་ཞེས་པ་དང་། །བཛྲ་ ཨུདྦྷ་ཝེ་ལས། བཛྲོདྦྷ་ཝེ(རྡོ་རྗེ་འབྱུང་བ)། ཞེས་པ་དང་། པདྨ་ཨུཥྞཱི་ཥ་ལས(པདྨ་གཙུག་ཏོར)། པདྨོཥྞཱི་ ཥ་ཞེས་པ་ལྟ་བུའོ། །རྀའི་ཡི་གེ་ལ་ཨརའོ་ཞེས་པ་ནི་ཨའི་ཡི་གེ་དག་རྀའི་ཡི་གེ་ཐུང་རིང་གང་ རུང་ཕ་རོལ་དུ་ཡོད་པ་ལ་ཨར་དུ་འགྱུར་ཞིང་། ཕ་རོལ་དབྱི་བར་ཡང་བྱ་སྟེ། དཔེར་ན། ས་ རྀ་ཀཱ་རེ་ཎ་(འདིར་ཨའི་ཡི་གེ་ཚུ་རོལ་རྀ་ཡིག་ཕ་རོལ་གྱི་དཔེར་བརྗོད་ཡིན་)ཞེས་པའི་སའི་ཨ་ཡིག་མདོ་འདིས་ ཨར་དུ་བསྒྱུར་ནས་ཕ་རོལ་གྱི་རྀ་ཕྱིས་ཏེ་སྦྱར་བས། སརྐཱ་ར་ཎ(དེ་རྀ་ཡིག་གིས་)ཞེས་པ་དང་། དེ་ བཞིན་དུ་མ་ཧཱ་རྀ་ཥི་ལས། མ་ཧཪྵི་(དྲང་སྲོང་ཆེན་པོ་) ཞེས་པ་དང་། ཏ་པ་རཱྀ་ཀཱ་རཿལས། ཏ་ཝརྐཱ་ རཿ(ཁྱོད་ཀྱི་རཱྀ་ཡིག་) ཞེས་པ་ལྟ་བུའོ། །ཡང་དུར་ཕན་དག་ལས། ཁྱད་པར་རྀ་ཎ་དང་། པྲ་དང་། 6-1-27 བ་ས་ན་དང་། བཏྶ་ར་དང་། ཀཾ་བ་ལ་དང་། ད་ཤ་རྣམས་ཀྱི་ཨ་ཡིག་རྀ་ཎཾ་གྱི་སྒྲ་ཕ་རོལ་ལ་ ཨཱར་རིང་པོར་འགྱུར་བར་བཤད་དེ། དཔེར་ན། རིམ་པ་བཞིན། རྀ་ཎཱ་རྞཾ། (འབྲེལ་མའི་བུ་ལོན་) པྲཱ་རྞཾ་(དང་པོའི་བུ་ལོན། )བ་ས་ནཱ་རྞཾ་(ནོར་གྱི་བུ་ལོན། )པཏྶ་རཱ་རྞཾ་(ལོའི་བུ་ལོན་)ཀཾ་བ་ལཱ་རྞཾ(ཕྱིང་པའི་བུ་ལོན)། ད་ ཤཱ་རྞཾ་(གནས་སྐབས་ཀྱི་བུ་ལོན། )ཞེས་པ་ལྟ་བུའོ། །ལྀའི་ཡི་གེ་ལ་ཨལ་འོ་ཞེས་པ་ནི་ཨའི་ཡི་གེ་དག་ ལྀའི་ཡི་གེ་ཐུང་རིང་གང་རུང་ཕ་རོལ་དུ་ཡོད་པ་ལ་ཨལ་དུ་འགྱུར་ཞིང་། ཕ་རོལ་དབྱི་བར་ ཡང་བྱ་སྟེ། དཔེར་ན། ཏ་ཝ་ལྀ་ཀཱ་རཿཞེས་པས་ཝའི་ཨ་ཡིག་མདོ་འདིས་ཨལ་དུ་བསྒྱུར་ནས་ ཕ་རོལ་གྱི་ལྀ་ཕྱིས་ཏེ་སྦྱར་བས། ཏ་ཝལྐཱ་རཿ (ཁྱོད་ཀྱི་ལྀ་ཡིག་)ཞེས་པ་དང་། དེ་བཞིན་དུ། ས་ལྀ་ཀཱ་ རེ་ཎ་ལས། སལྐཱ་རེ་ཎ་(དེའི་ལྀ་ཡིག་གིས་)ཞེས་པ་ལྟ་བུའོ། །དུར་སིང་དུ། ཉེར་བསྒྱུར་གྱི་ཨ་ཡིག་ དབྱངས་སུ་གྱུར་པའི་ལྀ་ཡིག་ཕ་རོལ་ལ་ཨཱལ་རིང་པོར་ཡང་ན་འགྱུར་བར་བཤད་དེ། དཔེར་ ན། ཨུ་པ་ལྀ་ཀཱ་རཱི་(ཉེ་བའི་ལྀ་ཡིག་བྱེད་དུ་འཇུག་གོ་)ཡ་ཏི་ཞེས་པའི་ཨ་ཡིག་ཨཱལ་རིང་པོར་བསྒྱུར་ ནས་ལྀ་ཕྱིས་པས། ཨུ་པཱལྐཱ་རཱི་ཡ་ཏི(ཉེ་བའི་ལྀ་ཡིག་བྱེད་དུ་འཇུག་གོ་)ཞེས་པའམ། ཡང་ན་སྔར་བཞིན་ བྱས་པས། ཨུ་པལྐཱ་རཱི་ཡ་ཏི་ཞེས་པ་ལྟ་བུའོ། །ཨེ་ཡིག་ལ་ཨཻ་སྟེ་ཨཻ་ཡིག་ལའང་ངོ་། །ཞེས་པ་ ནི་ཨའི་ཡི་གེ་དག་ཨེ་ཡིག་ཕ་རོལ་དུ་ཡོད་པ་ལ་ཨཻ་རུ་འགྱུར་ཏེ། དེར་མ་ཟད་ཨཻ་ཡིག་ལའང་ ཨེ་ཀེ་ས་ཅན་དུ་འགྱུར་ཞིང་། ཕ་རོལ་དབྱི་བར་ཡང་བྱ་སྟེ། དཔེར་ན། ཏ་ཝ་ཨེ་ཥ་ཞེས་པའི་ ཝའི་ཨ་ཡིག་མདོ་འདིས་ཨཻ་རུ་བསྒྱུར་ནས་ཕ་རོལ་གྱི་ཨེ་ཕྱིས་ཏེ་སྦྱར་བས། ཏ་ཝཻ་ཥ་(ཁྱོད་འདི་) ཞེས་པ་དང་། དེ་བཞིན་དུ། ས་ཨཻནྡྲི་ལས། སཻནྡྲི་(དེ་དབང་མོའི་རྒྱུད་)ཞེས་པ་དང་། ཨ་བྷི་ཥེ་ཀ་ ལ་བྷིས་བྱིན་ནས། ནཱ་དང་པོར་། བྷིས་ཨཻས་ཡང་ནའོ་ཞེས་པས། ཨཻས་སུ་གྱུར་པ་ན་ཀའི་ཨ་ ཡིག་མདོ་འདིས་ཨཻ་རུ་བསྒྱུར་ཞིང་ས་རྣམ་བཅད་དུ་འགྱུར་བས། ཨ་བྷི་ཥེ་ཀཻཿ (མངོན་པར་དབང་ བསྐུར་བ་ཡིས་)ཞེས་པ་དང་། དེ་བཞིན་དུ། དེ་ཝ་ལ་བྷིས་བྱིན་པས། དེ་ཝཻཿ(ལྷ་རྣམས་ཀྱིས་)ཞེས་པ་ ལྟ་བུའོ། །དུར་ཕན་དག་ལས། འང་ཡིག་སྦྱིར་བཏང་བ་ལས་སྭའི་ཨ་ཡིག་ཨཱི་རཾ་དང་ཨཱི་རཾ་ཎཱི་ 6-1-28 ཕ་རོལ་ལ་ཨཻ་རུ་འགྱུར་པར་བཤད་དེ། དཔེར་ན། སྭ་ཨཱི་རཾ། སྭ་ཨཱི་རི་ཎཱི་ཞེས་པའི་སྭའི་ཨ་ ཡིག་ཨཻ་རུ་བསྒྱུར་ནས་ཕ་རོལ་གྱི་ཨཱི་ཕྱིས་ཏེ་སྦྱར་བས། སྭཻ་རཾ། སྭཻ རིཎཱི་ཞེས་པ་ལྟ་བུའོ། །ཨོ་ ཡིག་ལ་ཨཽ་ཏེ་ཨཽ་ཡིག་ལའང་ངོ་ཞེས་པ་ནི་ཨཱའི་ཡི་གེ་དག་ཨོ་ཡིག་ཕ་རོལ་དུ་ཡོད་པ་ལ་ཨཽ་རུ་ འགྱུར་ཏེ། དེར་མ་ཟད་ཨཽ་ཡིག་ལའང་ཨཽ་ཀེ་ས་ཅན་དུ་འགྱུར་ཞིང་། ཕ་རོལ་དབྱི་བར་ཡང་བྱ་ སྟེ། དཔེར་ན། ཏ་ཝ་ཨོ་ད་ནཾ་ཞེས་པའི་ཝའི་ཨོ་ཡིག་མདོ་འདིས་ཨཽ་རུ་བསྒྱུར་ནས་ཕ་རོལ་གྱི་ ཨོ་ཕྱིས་ཏེ་སྦྱར་བས། ཏ་ཝཽ་ད་ནཾ་(ཁྱོད་ཀྱི་ཟས་)ཞེས་པ་དང་། ས་ཨཽ་པ་ག་བཱི་ལས། སཽ་པ་གཱ་ཝཱི་ (དེ་ཉེ་བའི་བ་གླང་མོ་)ཞེས་པ་དང་། པཎྜི་ཏ་ལ་ཨཽ་བྱིན་པ་ན། པཎྜི་ཏཽ་(ལྔ་རིག་དག་) ཞེས་པ་ལྟ་བུའོ། ། དུར་ཕན་དག་ལས། ཨ་ཡིག་ནི་ཨོ་ཏུཿདང་། ཨོཥྛཿདག་ཕ་རོལ་ལ་ཚིག་སྡུད་ཡོད་ན་དབྱི་བར་ ཡང་ན་བཤད་དེ། དཔེར་ན། སྠུ་ལ་ཨོ་ཏུཿདང་། བིམྦ་ཨོཥྛཿཞེས་པའི་ལ་དང་བའི་མཐར་སི་ བྱིན་པ། ནཱ་ལྔ་པར། དེར་གནས་རྣམ་དབྱེ་རྣམས་དབྱི་བར་བྱའོ་ཞེས་པས། ལས་འཛིན་པའི་ ཚིག་སྡུད་ཀྱིས་ཕྱིས་པ་ན་ལ་དང་བའི་ཨ་ཕྱིས་ཏེ་སྦྱར་བས། སྠུ་ལོ་ཏུཿ(བྱི་ལ་སྦོམ་པོ། )བིམྦོཥྛཿ (བིམ་ བའི་མཆུ)ཞེས་པའམ། ཡང་ན་སྔ་མ་བཞིན་དུ་བྱས་པས། སྠུལཽ་ཏུཿ བིམྦཽཥྛཿ ཞེས་པ་ལྟ་བུའོ། ། གཉིས་པ་ཨི་ཡིག་ལ་སོགས་པ་དང་པོར་བྱས་ཏེ། དབྱངས་གཞན་རྣམས་ཕ་རོལ་དུ་ཡོད་ པ་ལས་རེ་རེར་བསྡུས་ཏེ་བསྟན་པ་ནི། ཨིའི་ཡི་གེ་འདྲ་པའི་ཡི་གེ་མ་ཡིན་པ་ལ་ཡ་སྟེ་ཕ་རོལ་ དབྱི་པའང་མ་ཡིན་ནོ། །ཞེས་པ་ཨིའི་ཡི་གེ་ཐུང་ངུ་དང་རིང་པོ་དག་རང་དང་འདྲ་བའི་ཡི་གེ་མ་ ཡིན་པའི་དབྱངས་རྣམས་ཕ་རོལ་དུ་ཡོད་པ་ལ་ཡ་རུ་འགྱུར་ཞིང་། ཕ་རོལ་དབྱི་བ་ཡང་མ་ཡིན་ པས་སྔ་མའི་སྲོག་ཏུ་སྦྱར་བར་བྱ་སྟེ། འང་གི་སྒྲས་འདི་ནས་མདོ་གསུམ་གྱི་བར་ལ་འདྲ་བའི་ ཡི་གེ་མ་ཡིན་པ་ཞེས་པ་དང་། མདོ་བརྒྱད་ཀྱི་བར་ལ་ཕ་རོལ་དབྱི་བ་ཡང་མ་ཡིན་ནོ། །ཞེས་ པ་རྗེས་སུ་འཇུག་པར་ཡང་ཤེས་པར་བྱའོ། །དཔེར་ན། ཨཱ་དི་ཨ་ནུ་ཏ་པ་ན། ཞེས་པའི་དིའི་ ཨི་ཡིག་ཕྲལ་བ་མདོ་འདིས་འདྲ་ཡིག་མ་ཡིན་པ་ཨ་ཕ་རོལ་ལ་ཡ་རུ་བསྒྱུར་ཏེ། ཕ་རོལ་གྱི་ཨ་ 6-1-29 མ་ཕྱིས་པར་ཡ་ལ་སྦྱར་བས། ཨཱ་དྱ་ནུཏྤན་(གདོད་མ་ནས་མ་སྐྱེས་པ་)ཞེས་པ་དང་། དེ་བཞིན་དུ། ད་ དྷི་ཨ་ཏྲ་ལས། དདྷྱ་ཏྲ(འདིར་ཞོ་)ཞེས་པ་དང་། ན་དཱི་ཨེཥཱ་ལས། ན་དྱེ་ཥཱ(ཆུ་ཀླུང་འདི་)ཞེས་པ་དང་། སྨྲྀ་ཏི་ཨུ་པསྠཱ་ན་ལས། སྨྲྀཏྨུ་པསྠཱ་ན་(དྲན་པ་ཉེ་བར་གཞག་པ་)ཞེས་པ་ལྟ་བུའོ། །འདྲ་ཡིག་ལ་ནི་ སྔར་བཞིན་སྔ་མ་རིང་པོ་དང་ཕ་རོལ་དབྱི་བར་འགྱུར་ཏེ། དཔེར་ན། དདྷི་ཨི་དཾ་ལས་ད་དྷཱི་དཾ་ (ཞོ་འདི་)ཞེས་པ་ལྟ་བུའོ། །ཨུའི་ཡི་གེ་ཝའོ་ཞེས་པ་ནི། ཨུའི་ཡི་གེ་ཐུང་རིང་དག་རང་དང་འདྲ་ བའི་ཡི་གེ་མ་ཡིན་པའི་དབྱངས་ཕ་རོལ་ལ་ཝ་རུ་འགྱུར་ཞིང་། ཕ་རོལ་དབྱི་བ་ཡང་མ་ཡིན་ཏེ། དཔེར་ན། མ་དྷུ་ཨ་ཏྲ་ཞེས་པའི་དྷུའི་ཨུ་ཡིག་མདོ་འདིས་འདྲ་ཡིག་མ་ཡིན་པ་ཨ་ཕ་རོལ་ལ་ཝ་ རུ་བསྒྱུར་ནས་ཕ་རོལ་གྱི་ཨ་མ་ཕྱིས་པར་ཝ་ལ་སྦྱར་བས། མ་དྷྭ་ཏྲ་(འདིར་མངར་བ་)ཞེས་པ་དང་། དེ་བཞིན་དུ། བདྷཱུ་ཨཱ་ཁྱཱ་དྷཱུ་ཁྱཱ་(མནའ་མས་བརྗོད་པ་)ཞེས་པ་དང་། སུ་ཨསྟི་ལས། སྭསྟི(བདེ་ལེགས་) ཞེས་པ་ལྟ་བུའོ། །རྀའི་ཡི་གེ་རའོ་ཞེས་པ་ནི། རྀའི་ཡི་གེ་ཐུང་རིང་དག་རང་དང་འདྲ་བའི་ཡི་ གེ་མ་ཡིན་པའི་དབྱངས་ཕ་རོལ་ལ་ར་རུ་འགྱུར་ཞིང་། ཕ་རོལ་དབྱི་བ་ཡང་མ་ཡིན་ཏེ། དཔེར་ ན། པིཏྲྀ་ཨརྠཿཞེས་པའི་ཏྲིའི་རྀ་ཡིག་མདོ་འདིས་འདྲ་ཡིག་མ་ཡིན་པ་ལ་ཨ་ཕ་རོལ་ལ་ར་རུ་ བསྒྱུར་ནས་ཕ་རོལ་གྱི་ཨ་མ་ཕྱིས་པར་ར་དང་སྦྱར་བས། པི་ཏྲརྠཿ (ཕའི་དོན་)ཞེས་པ་དང་། དེ་ བཞིན་དུ། མཱ་ཏྲྀ་ཨརྠཿལས། མཱ་ཏྲརྠཿ (མའི་དོན་)ཞེས་པ་དང་། རྀ་ཨཱ་ཀྲྀ་ཏི་ལས་རཱ་ཀྲྀ་(རྀ་ཀུན་དུ་ བྱེད་དོ། །) ཏི་ཞེས་པ་ལྟ་བུའོ། །ལྀའི་ཡི་གེ་ལའོ་ཞེས་པ་ནི་ལྀའི་ཡི་གེ་ཐུང་རིང་དག་རང་དང་འདྲ་ བ་མ་ཡིན་པའི་དབྱངས་ཕ་རོལ་ལ་ལ་རུ་འགྱུར་ཞིང་། ཕ་རོལ་དབྱི་བའང་མ་ཡིན་ཏེ། དཔེར་ ན། ལྀ་ཨ་ནུ་བནྡྷཿཞེས་པའི་ལྀ་ཡིག་མདོ་འདིས་འདྲ་ཡིག་མ་ཡིན་པ་ཨ་ཕ་རོལ་ལ་ལ་རུ་ བསྒྱུར་ཏེ། ཕ་རོལ་གྱི་ཨ་མ་ཕྱིས་པར་ལ་ལ་སྦྱར་བས། ལ་ནུ་བནྡྷཿ (ལྀ་རྗེས་སུ་བཅངས་པ་)ཞེས་པ་ དང་། དེ་བཞིན་དུ། ལྀ་ཨཱ་ཀྲྀ་ཏི་ལས། ལཱ་ཀྲྀ་ཏི་(ལྀ་ཤིན་ཏུ་བྱེད་དོ་)ཞེས་པ་ལྟ་བུའོ། ། གསུམ་པ་མཚམས་སྦྱོར་གྱི་ཡི་གེ་དང་ཕྲད་པ་ལས་རྣམ་འགྱུར་འབྱུང་ཚུལ་ཁྱད་པར་ 6-1-30 དང་བཅས་པ་ནི། ཨེ་ཨ་ཡའོ་ཞེས་པ་ལ། ཨེ་ཡིག་ནི་དབྱངས་བཅུ་བཞི་པོ་གང་ཡང་རུང་པ་ ཕ་རོལ་ཏུ་ཡོད་པ་ལ་ཨ་ཡ་རུ་འགྱུར་ཞིང་། ཕ་རོལ་དབྱི་བའང་མ་ཡིན་ཏེ། དཔེར་ན། པ་ཏི་ ལ་ངེ་བྱིན་པ་ན་པ་ཁྱད་པར་གྱི་དོན་ཕྱིས་ནས་ཨེ་བཞག་སྟེ། ཏིའི་ཨེ་ཡིག ནཱ་དང་པོར། ངེ་ ལའོ་ཞེས་པས་ཨེ་རུ་བསྒྱུར་བ་མདོ་འདིས་ཨ་ཡ་རུ་བསྒྱུར་ནས་ཕ་རོལ་གྱི་ཨེ་མ་ཕྱིས་པར་ཡ་ ལ་སྦྱར་བས། པ་ཏ་ཡེ(བདག་པོའི་ཆེད་དུ་)ཞེས་པ་དང་། དེ་བཞིན་དུ། བུ་དྷི་ལ་ཛས་བྱིན་པ་ན་ཛ་ གསལ་བྱེད་ཛས་ལའོ་ཞེས་པ་ལ་སོགས་པའི་ཁྱད་པར་གྱི་དོན་ཕྱིས་ནས་ཨས་བཞག་སྟེ། ནཱ་ དང་པོར། ཨི་ཨེཏ་ཨུ་ཨོཏ་ཛས་ལའོ་ཞེས་པས། དྷིའི་ཨི་ཡིག་ཨེ་རུ་བསྒྱུར་བ་མདོ་འདིས་ དབྱངས་ཕ་རོལ་ལ་ཨ་ཡ་རུ་བསྒྱུར་ནས་ཕ་རོལ་གྱི་ཨ་མ་ཕྱིས་པར་ཡ་ལ་སྦྱར་ཏེ། ས་རྣམ་ བཅད་དུ་བྱས་པས། བུདྷཱ་ཡཿ(བློ་གྲོས་རྣམས་)ཞེས་པ་དང་། ཎཱི་ཉ་ཐོབ་པའི་བྱིངས་ཀྱི་ཉ་རྗེས་ འབྲེལ་ཕྱིས་པ་ལ་བརྟ་མཱ་ནའི་ཏི་དང་། བར་དུ་ཨཱ་གཉིས་པར་བྱེད་པ་པོ་ལ་ཞེས་པས་ཨན་ བྱིན་ནས་ན་ཁྱད་དོན་ཕྱིས་ཏེ། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་ཞེས་པས་ནཱིའི་ཨཱི་ཡིག་ཨེ་ རུ་བསྒྱུར་བ་མདོ་འདིས་ཨ་ཡ་རུ་བསྒྱུར་ནས། ཕ་རོལ་མ་ཕྱིས་པར་སྦྱར་བས། ན་ཡ་ཏི་(ཐོབ་ པར་བྱེད་དོ། །) ཞེས་པ་ལྟ་བུའོ། །ཨཻ་ཨཱ་ཡའོ་ཞེས་པ་ནི་ཨཻ་ཡིག་ཀེ་ས་ཅན་དབྱངས་བཅུ་བཞི་པོ་ གང་རུང་ཕ་རོལ་ཏུ་ཡོད་པ་ལ་ཨཱ་ཡ་རུ་འགྱུར་ཞིང་། ཕ་རོལ་དབྱི་བའང་མ་ཡིན་ཏེ། དཔེར་ ན། རཻ་ལ་ཨཽ་བྱིན་པ་ན་རཻའི་ཨཻ་ཡིག་མདོ་འདིས་ཨཱ་ཡ་རུ་བསྒྱུར་ནས་ཕ་རོལ་གྱི་ཨཽ་མ་ཕྱིས་ པར་ཡ་ལ་སྦྱར་བས། རཱ་ཡཽ་(ནོར་དག་)ཞེས་པ་དང་། རཻ་ཨིནྡྲ་ལས། རཱ་ཡེནྡྲ་(ནོར་གྱི་དབང་པོ་)ཞེས་ པ་དང་། ནཻ་ཨ་ཀཿལས། ནཱ་ཡ་ཀཿ (འདྲེན་པ་)ཞེས་པ་ལྟ་བུའོ། །ཨོ་ཨ་ཝའོ་ཞེས་པ་ཨོ་ཡིག་ ནི། དབྱངས་བཅུ་བཞི་པོ་གང་རུང་ཕ་རོལ་ཏུ་ཡོད་པ་ལ་ཨ་ཝ་རུ་འགྱུར་ཞིང་། ཕ་རོལ་དབྱི་ བའང་མ་ཡིན་ཏེ། དཔེར་ན། གུ་རུ་ལ་ངེ་བྱིན་པ་ན། ང་ནི་ངེ་ལའོ་ཞེས་པ་ལ་སོགས་པའི་ཁྱད་ པར་གྱི་དོན་ཕྱིས་ནས་ཨེ་བཞག་སྟེ། རུའི་ཨུ་ཡིག་ནཱ་དང་པོར་ངེ་ལའོ་ཞེས་པས་ཨོ་རུ་བསྒྱུར་ 6-1-31 བ་མདོ་འདིས་དབྱངས་ལ་ཨ་ཝ་རུ་བསྒྱུར་ནས་ཕ་རོལ་མ་ཕྱིས་པར་སྦྱར་བས། གུ་ར་ཝེ་(བླ་ མའི་ཕྱིར་)ཞེས་པ་དང་། དེ་བཞིན་དུ། པ་ཊུ་ལ་སི་སཾ་བུད་དྷི་བྱིན་པ་ན། ནཱ་དང་པོར་ཐུང་ངུ་ན་དཱི་ ཤྲད་དྷཱ་རྣམས་ལས་ཞེས་པས་སི་ཕྱིས་ནས། སཾ་བུད་དྷི་ལའང་ངོ་ཞེས་པས་ཊུའི་ཨུ་ཡིག་ཨོ་རུ་ བསྒྱུར་བའི་ཕ་རོལ་ཏུ། ཨོ་ཏུཿཡོད་པ་ལ་མདོ་འདིས་ཨོ་སྔོན་མ་ཨ་ཝ་རུ་བསྒྱུར་ཏེ་སྦྱར་བས། པ་ཊ་ཝོ་ཏུཿ (ཀྱེ་བྱིལ་སྤྲིན་)ཞེས་པ་ལྟ་བུའོ། །ཨོ་ཨཱ་ཝའོ་ཞེས་པ་ནི་ཨཽ་ཡིག་ཀེ་ས་ཅན་དབྱངས་ བཅུ་བཞི་པོ་གང་རུང་ཕ་རོལ་ཏུ་ཡོད་པ་ལ་ཨཱ་ཝ་རུ་འགྱུར་ཞིང་། ཕ་རོལ་དབྱི་བའང་མ་ཡིན་ ཏེ། དཔེར་ན། གཽ་ལ་ཨཽ་བྱིན་པ་ན། ནཱ་གཉིས་པར་གོའི་གྷུཊ་ལ་ཞེས་པས་གོའི་ཨོ་ཡིག་ཨཽ་ཀེ་ ས་ཅན་དུ་གྱུར་པ་མདོ་འདིས་དབྱངས་(གོའི་དབྱངས་)ཨཱ་ཝ་རུ་བསྒྱུར་ནས་ཕ་རོལ་མ་ཕྱིས་པར་ སྦྱར་བས། གཱ་ཝཽ་(མཐོ་རིས་དག་)ཞེས་པ་དང་། དེ་བཞིན་དུ། གླཽ་ལ་ཨཽ་བྱིན་པ་ན། གླཱ་ཝཽ་(ཟླ་བ་ དག)ཞེས་པ་དང་། ཏཽ་ཨི་ཧ་ལས། ཏཱ་ཝི་ཧ་(དེ་དག་འདིར་)ཞེས་པ་ལྟ་བུའོ། །དེ་དག་གི་ཁྱད་པར་ སྟོན་པ་ཚིག་མཐར་ཨ་ཡ་ལ་སོགས་པ་རྣམས་ཀྱི་ཡ་ཝ་དབྱི་སྟེ་ཡང་ན་མ་ཡིན་ཞིང་ཕྱིས་པ་ལ་ ནི་རང་བཞིན་ནོ། །ཞེས་པ་ནི་ཚིག་མཐར་འཇུག་བཞིན་པའི་ཨེ་ཨ་ཡ་དང་ལ་སོགས་པའི་ སྒྲས་ཨཻ་ཨཱ་ཡ་དང་། ཨོ་ཨཝ་དང་། ཨཽ་ཨཱ་ཝ་རྣམས་ཀྱི་ཡ་ཡིག་དང་ཝ་ཡིག་དག་དབྱི་བར་བྱ་ སྟེ། ཡང་ནའི་རྣམ་པར་བརྟག་པས་དབྱི་བ་མ་ཡིན་ཞིང་། ཕྱིས་པའི་ལུགས་ལ་ནི་ཕ་རོལ་ན་ དབྱངས་ཡིག་ཡོད་ཀྱང་རང་བཞིན་ནམ་རང་གཟུགས་ཇི་ལྟར་བར་གནས་ཤིང་མཚམས་སྦྱོར་ མི་བྱེད་ཅེས་པའི་དོན་ཏོ། །དཔེར་ན། ཏཏ་ལ་ཛས་བྱིན་པ་ན། ནཱ་གསུམ་པར། ཏྱཏ་ལ་སོགས་ པ་རྣམས་ཀྱི་རྣམ་དབྱེ་ལ་ཨའོ་ཞེས་པས་ཏ་ཡིག་ཨ་རུ་འགྱུར་ལ། ནཱ་དང་པོ་ཨ་ཡིག་ལ་དབྱིའོ་ ཞེས་པས་སྔ་མའི་ཨ་དབྱི་ཞིང་ཛས་ཐམས་ཅད་ཨཱིའོ་ཞེས་པས་ཨཱི་རུ་བསྒྱུར་ནས། ཨའི་ཡི་གེ་ ཨིའི་ཡི་གེ་ལ་ཨེའོ་ཞེས་པས་ཨ་ཡིག་ཨེ་རུ་བསྒྱུར་ཞིང་ཨི་ཕྱིས་ཏེ་སྦྱར་བས། ཏེ་ཞེས་ཚིག་ཏུ་ གྲུབ་པའི་མཐར། ཨཱ་ཧུཿཡོད་པ་ལ། ཏེའི་ཨེ་ཡིག་ཨ་ཡ་རུ་གྱུར་པའི་ཡ་ཡིག་ཚིག་མཐའ་ཡིན་ 6-1-32 པས་དབྱི་བར་བྱ་སྟེ། ཕྱིས་པ་ལ་ནི་མཚམས་སྦྱོར་མི་བྱེད་པར་རང་བཞིན་དུ་གནས་པས། ཏ་ ཨཱ་ཧུཿ ཞེས་པའམ། ཡང་ན་ཡ་ཡིག་དབྱི་བ་མ་ཡིན་པར་བཞག་པའི་ལུགས་ལ། ཏ་ཡཱ་ཧུ་(དེ་ རྣམས་སྨྲའོ་)ཞེས་པ་དང་། དེ་བཞིན་དུ། ཨཱ་ཡ་ལ་སྦྱར་ན། ཏཏ་ལ་ངེ་བྱིན་པ་ན་སྔར་བཞིན་ཏ་ཕྱི་ མ་ཨ་རུ་གྱུར་ཏེ། སྔ་མའི་ཨ་ཕྱིས་ནས། ནཱ་དང་པོར་སརྦའི་མིང་ཅན་ལས་ཞེས་པས་ངེ་ཡིག་སྨཻ་ རུ་བསྒྱུར་བས་ཚིག་ཏུ་གྲུབ་པའི་མཐར། ཨཱ་ས་ན་ཡོད་པ་ལ་སྨཻ འི་ཨཻ་ཡིག་ཨཱ་ཡ་རུ་བསྒྱུར་བའི་ ཡ་ཕྱིས་པས། ཏསྨཱ་ཨཱ་ས་ནཾ་(དེའི་ཆེད་དུ་གདན། ) ཞེས་པའམ། ཡང་ན་མ་ཕྱིས་པས། ཏ་སྨཱ་ཡཱ་ས་ནཾ་ (དེའི་ཆེད་དུ་གདན། ) ཞེས་པ་དང་། ཨཝ་ལ་སྦྱར་ན། པ་ཊུ་ལ་སི་སམ་བུདྡྷི་བྱིན་པ་ན། ནཱ་དང་པོར་ ཐུང་ངུ་ན་དཱི་ཞེས་པས་སི་ཕྱིས་ནས། སམ་བུདྡྷི་ལ་འང་ངོ་ཞེས་པས་ཊུའི་ཨུ་ཡིག་ཨོ་རུ་བསྒྱུར་ བས་ཚིག་ཏུ་གྲུབ་པའི་མཐར། ཨི་ཧ་ཡོད་པ་ལ་ཊོའི་ཨོ་ཡིག་ཨ་ཝ་རུ་གྱུར་པའི་ཝ་ཡིག་ཕྱིས་ པས། པ་ཊ་ཨི་ཧ་(ཀྱེ་མཁས་པ་འདི། ) ཞེས་པའམ། ཡང་ན་མ་ཕྱིས་པར། པ་ཊ་ཝི་ཧ་ཞེས་པ་དང་། ཨཱ་ཝ་ལ་སྦྱར་ན། ཨ་དས་ལ་སི་བྱིན་པ་ན་སྔར་བཞིན་ས་ཡིག་ཨ་རུ་གྱུར་ཏེ། དའི་ཨ་ཕྱིས་ ནས། ནཱ་གསུམ་པར། སི་ལ་སའོ་ཞེས་པས་ཨད་ཀྱི་ད་ཡིག་ས་དང་སི་ལ་ཨཽ་སྟེ། སི་དབྱི་ བའང་ངོ་ཞེས་པས་མཐའི་ཨ་ཡིག་ཨཽ་རུ་བསྒྱུར་ཞིང་། སི་ཕྱིས་པས་ཨ་སཽ་ཞེས་ཚིག་ཏུ་གྲུབ་ པའི་མཐར། ཨིནྡུཿཡོད་པ་ལ་ཨཽ་ཡིག་ཨཱཝ་རུ་གྱུར་བའི་ཝ་ཕྱིས་པས། ཨ་སཱ་ཨིནྡུཿ (འདིའི། ) ཞེས་པའམ། ཡང་ན་མ་ཕྱིས་པས། ཨ་སཱ་ཝིནྡུཿཞེས་པ་ལྟ་བུའོ། །དེས་ན་ཨེ་ཨ་ཡ་དང་། ཨོ་ ཨ་ཝ་རུ་གྱུར་པ་སོགས་མ་ཡིན་པའི་ཡ་ཝ་དག་ཚིག་མཐའ་ཡིན་ཡང་མི་འཕྱིད་དེ། དཔེར་ན། ད་དྷི་དང་། མ་དྷུ་ལ་སི་བྱིན་པ་ན། ནཱ་གཉིས་པར། མ་ནིང་ལས་ཞེས་པས་ཕྱིས་ནས་ཚིག་ཏུ་ གྲུབ་པའི་མཐར། ཨ་ཏྲ་ཡོད་པ་ལས། ཨིའི་ཡི་གེ་འདྲ་བའི་ཡི་གེ་མ་ཡིན་པ་ཞེས་སོགས་ཀྱིས་ དྷིའི་ཨི་ཡིག་ཡ་དང་། དྷུའི་ཨུ་ཡིག་ཝ་རུ་གྱུར་པ་མ་ཕྱིས་པར་ཨ་དང་སྦྱར་བས། ད་དྷྱཏྲ(ཞོ་ འདིར་)། མ་དྷྭ་ཏྲ་(སྦྲང་རྩི་འདིར་)ཞེས་པ་ལྟ་བུའོ། །ཚིག་མཐའ་མ་ཡིན་ན་ཨེ་ཨ་ཡ་དང་། ཨོ་ཨ་ཝ་ 6-1-33 རུ་གྱུར་པའི་ཡ་ཝ་དག་ཀྱང་མི་འཕྱིད་དེ། དཔེར་ན། ཙིཉ་སོགས་པ་དང་། ལཱུཉ་གཅོད་པའི་ བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་ལྔ་པར། ཡུཊ་འང་ངོ་ཞེས་པས་ཡུཊའི་རྐྱེན་བྱིན་པའི་ ཊ་རྗེས་འབྲེལ་དབྱི་ཞིང་། ཀྲྀཏ་དྲུག་པར། ཡུ་བུཛྷ་རྣམས་ཀྱི་ཞེས་པས་ཡུ་ཡིག་ཨ་ན་རུ་བསྒྱུར་ ནས། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་ཞེས་པས་ཙིའི་ཨི་ཡིག་ཨེ་དང་། ལཱུའི་ཨཱུ་ཡིག་ཨོ་ རུ་བསྒྱུར་བས། སྔར་བཞིན་ཨ་ཡ་དང་། ཨ་ཝ་རུ་གྱུར་པའི་ཡ་ཝ་དག་ཚིག་མཐའ་མ་ཡིན་ པས་མི་འཕྱིད་ཅིང་། དེ་དག་ཚིག་ཏུ་བསྒྲུབ་པ་ལ་སི་བྱིན་པ། ནཱ་གཉིས་པར། མ་ནིང་ལས་སི་ ཨམ་དག་དབྱི་སྟེ། ཞེས་པས་ཕྱིས་ནས་ཨ་ཡིག་ལས་སམ་བུདྡྷི་མ་ཡིན་པ་ལ་མུའང་ངོ་། །ཞེས་ པས་མུ་ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཡང་ཕྱིས་ཏེ། མ་རྗེས་སུ་ང་རོར་གྱུར་བས། ཙ་ཡ་ ནཾ། (སོགས་པར་བྱེད་དོ། །) ལ་ཝ་ནཾ(གཅོད་པར་བྱེད་དོ། །)ཞེས་པ་ལྟ་བུའོ། །ཚིག་མཐར་ཨེ་ཨོཏ་ལས་ཕ་ རོལ་གྱི་ཨ་ཡིག་དབྱིའོ། །ཞེས་པ་ནི་ཚིག་མཐའ་ཡང་ཡིན་ལ་ཨེ་དང་ཨོ་ཡང་ཡིན་པ་དེ་དག་ ལས་ཕ་རོལ་ན་ཡོད་པའི་ཨ་ཡིག་ནི་དབྱི་བར་བྱའོ་ཞེས་མདོ་སྔ་མ་ལས་ཨེ་ཨ་ཡ་དང་། ཨོ་ཨ་ ཝ་རུ་འགྱུར་བ་བཀག་ནས་དམིགས་གསལ་སྟོན་པ་སྟེ། ཨེཏ་ཨོཏ་ཅེས་པའི་ཏ་ཡིག་ནི། ཙནྡྲ་ པར། སྐབས་དང་པོའི་རྐང་པ་དང་པོར། ཏའི་དེའི་དུས་ཀྱིའོ། །ཞེས་གསུངས་པས་ཨེ་དང་ཨོ་ ཀེ་ས་མེད་པ་ཁོ་ན་ངོས་བཟུང་བའི་དོན་དུ་སྨོས་པའོ། །དཔེར་ན། ཨགྣི་དང་ཝཱ་ཡུ་ལ་སི་སམ་ བུདྡྷི་བྱིན་པ། ནཱ་དང་པོར། ཐུང་ངུ་ན་དཱི་ཞེས་པས་ཕྱིས་ནས། སམ་བུདྡྷི་ལའང་ངོ་། །ཞེས་པས་ རྟགས་མཐའི་ཨི་ཡིག་ཨེ་དང་། ཨུ་ཡིག་ཨོ་རུ་བསྒྱུར་བ་ཚིག་མཐའ་ཡིན་པས་ཕ་རོལ་ན་ཨ་ཏྲ་ ཡོད་ཀྱང་མཚམས་མི་སྦྱོར་བར་མདོ་འདིས་ཨ་ཕྱིས་ཏེ། དེའི་མཚན་མ་བྲིས་པས། ཨགྣེ྅ཏྲ(ཀྱེ་ མ་ལྷ་འདིར་)། ཝཱཡོ྅ཏྲ་(ཀྱེ་རླུང་ལྷ་འདིར་)ཞེས་པ་དང་། ཤུདྡྷ་ཨ་ཧཾ་ཞེས་པའི་དྷའི་ཕ་རོལ་དུ་སི་བྱིན་ པའི་ཨི་བརྗོད་དོན་ཕྱིས་ནས། ས་རྣམ་བཅད་དུ་གྱུར་པ། སན་ལྔ་པར། ཨ་ཡིག་དག་གི་བར་ དུ་ཞེས་པས་ཨུ་རུ་བསྒྱུར་ཏེ་མཚམས་སྦྱར་བ་ཚིག་མཐའ་ཡིན་པས་ཕ་རོལ་གྱི་ཨ་ཕྱིས་ནས་ 6-1-34 མཚན་མ་བྲིས་པས། (ཤུདྡྷོ྅ཧཾ་དག་པར་ཡིན། )ཞེས་པ་དང་། དེ་བཞིན་དུ་ཏེ་ཨཏྲ་དང་། པ་ཊོ་ཨཏྲ་ ཞེས་པའི་ཏེ་ཛས་བྱིན་པ་དང་། པ་ཊོ་སམ་བུདྡྷི་བྱིན་པའི་ཚིག་མཐའ་ཡིན་པས། ཨ་ཕྱིས་ཏེ། ཏེ྅ཏྲྀ(དེ་རྣམས་འདིར་)། པཊོ྅ཏྲ་(ཀྱེ་མཁས་པ་འདིར་) ཞེས་པ་ལྟ་བུའོ། །ཚིག་མཐའ་ཡིན་ཡང་ ཨེཏ་ཨོཏ་མ་ཡིན་ན། ཕ་རོལ་གྱི་ཨ་ཡིག་མི་འཕྱིད་དེ། ད་དྷི་དང་། མ་དྷུ་ལ་སི་སྦྱིན་པ་མ་ནིང་ ལས་སི་ཨཾ་དག་ཅེས་པས་ཕྱིས་པའི་ཚིག་མཐར་ཨཏྲ་ཡོད་པའི་ཨ་མ་ཕྱིས་པར་མཚམས་སྦྱར་ བས། ད་དྷྱ་ཏྲ(ཞོ་འདིར་)། མ་དྷ་ཏྲ་(ཤིང་མངར་འདིར་)ཞེས་པ་ལྟ་བུའོ། །དབྱངས་དང་གསལ་བྱེད་ རྣམས་ཕན་ཚུན་མཚམས་སྦྱོར་བར་བྱེད་དམ་སྙམ་པའི་དོགས་པ་བསལ་བའི་ཆེད་དུ། བཞི་ པ་མཚམས་སྦྱོར་མི་བྱ་བའི་དམིགས་བསལ་བསྟན་པ་ནི། གསལ་བྱེད་ལ་དབྱངས་རྣམས་ མཚམས་སྦྱོར་མི་བྱའོ། །ཞེས་པ་གསལ་བྱེད་ཀྱི་ཡི་གེ་རྣམས་ཕ་རོལ་ཏུ་ཡོད་པ་ལ་སྔ་མའི་ དབྱངས་ཡིག་རྣམས་མཚམས་སྦྱོར་མི་བྱ་བར་རང་བཞིན་དུ་གནས་ཏེ། དཔེར་ན། རཱ་ཛ་གྲྀ་ཧཾ་ (རྒྱལ་པོའི་ཁབ་བམ་ཁང་པ། )ཞེས་པའི་ག་གསལ་བྱེད་ཡིན་པས། ཛའི་ཨ་ཡིག་དང་མཚམས་སྦྱོར་མི་ བྱེད་པར་རང་བཞིན་དུ་གནས་པ་དང་། དེ་བཞིན་དུ། དེ་ཝཱི་གྲྀ་ཧཾ་(ལྷའི་ཁང་པ་)གི་ཨཱི་ཡིག་དང་། པ་ཊུ་ཧསྟཾ་(མཁས་པའི་ལག་)གྱི་ཨུ་ཡིག་དང་། མཱ་ཏྲྀ་མཎྜ་ལཾ་(མ་མོའི་དཀྱིལ་འཁོར་)གྱི་རྀ་ཡིག་དང་། ཛ་ ལེ་པདྨ་(ཆུའི་པདྨའམ་མཚོའི་པདྨ། )གྱི་ཨེ་ཡིག་དང་། རཻ་དྷྲྀ་ཏིའི(ནོར་འཛིན)། ཨཻ་ཡིག་དང་། ཝཱ་ཡོ་ག་ ཏའི་(ཀྱེ་རླུང་ལྷ་གཤེགས་པར་བྱེད། )ཨོ་ཡིག་དང་། ནཽ་ཡ་ནཾ་(གྲུའི་བགྲོད་པ། )གྱི་ཨཽ་ཡིག་རྣམས་ཕ་རོལ་ ག་ལ་སོགས་པ་གསལ་བྱེད་ཡིན་པས་མཚམས་སྦྱོར་མི་བྱེད་པར་རང་བཞིན་དུ་གནས་པ་ལྟ་ བུའོ། །ཞེས་པ་ཡི་གེ་སྔ་ཕྱི་མཚམས་སྦྱོར་ཚུལ་གྱིས་མདོར་མཚམས་སྦྱོར་གཉིས་པ་དབྱངས་ ཡིག་རྣམས་ཕྲད་པའི་རྣམ་འགྱུར་འབྱུང་ཚུལ་བསྟན་པའི་འགྲེལ་པ་རྫོགས་སོ།། །། མཚམས་སྦྱོར་གསུམ་པ་དབྱངས་ཡིག་ཡིན་ཀྱང་རང་བཞིན་དུ་གནས་པའི་དམིགས་ བསལ་བསྟན་པ་ལ་བཞི་ལས། དང་པོ་ཁྱད་པར་ནི་པཱ་ཏའི་དམིགས་བསལ་ནི། ཨོ་ཏ་མཐའ་ 6-1-35 ཅན་དང་། ཨ་ཨི་ཨུ་ཨཱ་ནི་པཱ་ཏ་རྣམས་དབྱངས་ལ་རང་བཞིན་གྱིས་སོ། །ཞེས་པ་སྟེ། ནི་པཱ་ ཏའི་མིང་ཅན་རྣམས་ལས་ཁྱད་པར་གསལ་བྱེད་ཀྱི་སྲོག་ན་གནས་པའི་ཨོ་ཏ་མཐའ་ཅན་ཨོ་ ཡིག་ཁོ་ན་ཡང་ཡིན་ལ། ནི་པཱ་ཏའང་ཡིན་པ་རྣམས་གསལ་བྱེད་ཀྱི་སྲོག་ནས་ཕྲལ་བ་མ་ཡིན་ པའི་ཨ་དང་། ཨི་དང་། ཨུ་དང་། ཨཱ་གང་རུང་ཡང་ཡིན་ལ། ནི་པཱ་ཏའི་མིང་ཅན་ཡང་ཡིན་ པ་རྣམས་དབྱངས་ཀྱི་ཡི་གེ་རྣམས་ཕ་རོལ་ཏུ་ཡོད་ཀྱང་མཚམས་སྦྱོར་མི་བྱེད་པར་རང་བཞིན་ པའི་གཟུགས་སུ་གནས་སོ། །དེ་ཡང་ནི་པཱཏ་ཞེས་པ་ནི་ཚིག་མ་ཡིན་པ་ཞེས་པར་འགྱུར་བས་ མིང་དུ་གཏོགས་པ་ཡིན་ལ། དོན་འགྱུར་དུ་ཚིག་ཕྲད་དམ་འབའ་ཞིག་པ་སྟེ། མིང་དང་བྱིངས་ འགའ་ཞིག་ལ་རྣམ་དབྱེ་ལས་གཞན་པའི་རྐྱེན་འགའ་ཞིག་གོང་འོག་གི་ནུས་པས་སྦྱོར་བ་ཐོབ་ པ་མ་ཡིན་ནའང་། དོན་གཞན་ལ་འཇུག་པའི་དགོས་པའི་དབང་གི་སྦྱོར་བ་ཐོབ་པའི་མཐའ་ ནི་ཚིག་ཕྲད་དམ་མདོའི་ནུས་པས་རྐྱེན་དང་སླར་བྱ་བ་ཐོབ་པའང་འགོག་པས་འབའ་ཞིག་པ་ སྟེ། ཨུ་ཎཱ་དིའི་འགྲེལ་པར། ནི་པཱ་ཏ་ནི་མིང་སྟེ། ཐོབ་པ་མ་ཡིན་པ་ཐོབ་པ་དང་། ཐོབ་པའི་ བསྒྲུབ་པ་འགོག་པའོ། །ཞེས་པ་ལྟར་རོ། །དཔེར་ན། ཨ་མ་ཀོ་ཥར། ནོ་དགག་པ་དང་། ཨ་ཧོ་ ངོ་མཚར་བ་དང་། ཨ་ཐོ་བཀྲ་ཤིས་པ་དང་། རྒྱུན་མི་འཆད་པ་དང་། རྩོམ་པ་དང་། འདྲི་བ་དང་། མཐའ་དག་རྣམས་ལ་འཇུག་པར་བཤད་པའི་ཨོ་ཏ་མཐའ་ནི་པཱ་ཏ་མི་ཟད་པ་ལས། སི་ཕྱིས་ པ་རྣམས་ཀྱི་མཐར་རིམ་པ་བཞིན། ཨ་ཏྲ་དང་། ཨཱཤྩཪྻཾ་དང་། ཨེ་ཝཾ་རྣམས་ཡོད་ཀྱང་མདོ་ འདིས་མཚམས་སྦྱོར་མི་བྱེད་པར་རང་བཞིན་དུ་གནས་པ་ལས། ནོ་ཨ་ཏྲ། (འདིར་མེད་དོ། །) ཨ་ཧོ (ཨེ་མ་རྨད་དུ་བྱུང་བ་)། ཨཱཤྩཪྻཾ། ཨ་ཐོ་ཨེ་ཝཾ་(བཀྲ་ཤིས་པ་འདི་ལྟར་)ཞེས་པ་ལྟ་བུའོ། །དེ་བཞིན་དུ་ཨ་ (ཁྱབ་འཇུག་) ཨི་(བདུད་)ཨུ་(དབང་ཕྱུག་)ཨཱ་(དྲན་པ་ཞེས་ཡི་གེ་རེ་རེས་སྟོན་) རྣམས་ལའང་རིམ་པར་ལྟར། ཨ་ཨ་པེ་ཏི(ཚུར་བྱོན)། ཨི་ཨིནྡྲ་པ་ཤྱ(དབང་པོ་ལ་ལྟོས)། ཨུ་ཨུ་ཏིཥྛ(ཨུ་གྱེན་དུ་)། ཨཱ་ཨེ་ཝཾ(དྲན་པས་འདི་ ལྟར)། ཀིཾ་མ་ནྱ་སེ་(ཅི་ཞིག་སེམས)ཞེས་པའི་དབྱངས་སྔ་མ་རྣམས་ནི་པཱ་ཏིའི་མིང་ཅན་ཡིན་པས་ 6-1-36 དབྱངས་ཕྱི་མ་རྣམས་དང་མཚམས་སྦྱོར་མི་བྱེད་པར་རང་བཞིན་དུ་གནས་པ་ལྟ་བུའོ། །དེས་ ན་ནི་པཱ་ཏའི་མིང་ཅན་མ་ཡིན་ན། ཨོཏ་མཐའ་ཅན་དང་ཨ་ལ་སོགས་པ་ཡིན་ཡང་མཚམས་ སྦྱར་ཏེ། དཔེར་ན། པུ་ཊུ་ལ་སི་སམ་བུདྡྷི་བྱིན་པའི་ཨོཏ་མཐར་ཨི་ཧ་ཡོད་པ་ལས་མཚམས་ སྦྱར་པས། པ་ཊ་ཝི་ཧ་(ཀྱེ་དགེ་བ་ཅན་འདིར། ) ཞེས་པ་དང་། ཨི་ཥ་འདོད་པ་དང་། ཨུཥ་བསྲེག་པ་ དང་། ཨཊ་འགྲོ་བའི་བྱིངས་རྣམས་ལ། པ་རོ྅ཀྵཱའི་ཨ་ཏུས་བྱིན་ནས། ཨཱ་གསུམ་པར། ཙཎ་ པ་རོ྅ཀྵཱ་ཞེས་པས་བྱིངས་རྣམས་གཉིས་སུ་བཞག་སྟེ། གསལ་བྱེད་དང་པོ་ལྷག་མར་བྱའོ་ ཞེས་པས་སྔ་མའི་ཥ་ཡིག་དག་དང་། ཊ་དབྱི་ཞིང་ཁྱད་པར་དང་པོའི་ཨའི་ཐམས་ཅད་དུ་ཞེས་ པས། ཨཊའི་ཨ་སྔ་མ་རིང་པོར་བྱས་ནས་དབྱངས་སྔ་ཕྱི་མཚམས་སྦྱར་ཏེ། ས་རྣམ་བཅད་དུ་ བསྒྱུར་བས། ཨཱི་ཥ་ཏུཿ(འདོད་ཟིན) ཨཱུ་ཥ་ཏུཿ(བསྲེགས་ཟིན) ཨཱ་ཊ་ཏུཿ (སོང་ཟིན། )ཞེས་པ་ལྟ་བུའོ། ། ནི་པཱ་ཏའི་མིང་ཅན་ཡིན་ཡང་ཨོཏ་མཐའ་ལས་གཞན་གསལ་བྱེད་ཀྱི་སྲོག་ན་གནས་པའི་ ཨ་ཡིག་ལ་སོགས་པ་རྣམས་ནི་མཚམས་སྦྱོར་ཏེ། དཔེར་ན། ཙ་ཨི་ཏི་དང་། ཨི་ཏི་ཨི་ཧ་དང་། ན་ནུ་ཨིད་མ་དང་། ཝཱ་ཨི་ཏི་རྣམས་ཀྱི་སྔ་མ་གསལ་བྱེད་ཀྱི་སྲོག་གི་དབྱངས་དང་ཕྱི་མའི་ དབྱངས་རྣམས་མཚམས་སྦྱར་བས་རིམ་པ་ལྟར། ཙེ་ཏི(ཞེས་པ་དང་)། ཨི་ཏཱི་ཧ(ཞེས་པ་འདི)། ན་ ནྭི་དཾ(འོ་ན་འདི)། ཝེ་ཏི(ཡང་ན་ཞེས་)ཞེས་པ་ལྟ་བུའོ། །ནི་པཱ་ཏའི་མིང་ཅན་རྣམས་གང་ཡིན་ཞེ་ན། སློབ་མ་ལ་ཕན་པར། ཙ་དང་། ཝཱ་དང་། ཧཱ་དང་། ཨ་ཧ། ཨེ་ཝ་དང་། ནོར་དང་། ཧཾ་ཧོ་དང་། ཨུ་ཏཱ་ཧོ་དང་། ཧོ་དང་། ཨ་ཧོ་དང་། ཨ་ཐོ་ཞེས་པ་རྣམས། ནི་པཱ་ཏ་ཡང་ཡིན་ལ། མི་ཟད་ པ་ཡང་ཡིན་པའི་གཞི་མཐུན་པར་གསུངས་ཤིང་། ནི་པཱ་ཏ་ཡིན་ལ་མི་ཟད་པ་མ་ཡིན་པའི་མིང་ ཅན་ཡང་མང་དུ་ཡོད་དེ། ཀྲྀཏ་ལ་སོགས་པའི་སྐབས་སུ་འཆད་པར་འགྱུར་བ་ལྟར་ཤེས་པར་ བྱའོ། ། གཉིས་པ་གཉིས་ཚིག་རང་གཟུགས་མིན་པའི་དམིགས་བསལ་ནི། གཉིས་ཀྱི་ཚིག་ཨཽ་ 6-1-37 མ་ཡིན་པའོ། །ཞེས་པ་རྣམ་དབྱེ་གཉིས་ཀྱི་ཚིག་ཨཽ་བྱིན་ཞིང་། ད་ལྟ་ཨཽའི་རང་གཟུགས་མ་ ཡིན་པར་གཞན་དུ་གྱུར་པ་རྣམས། དབྱངས་ཡིག་རྣམས་ཕ་རོལ་ན་ཡོད་ཀྱང་མཚམས་སྦྱོར་ མི་བྱེད་པར་རང་བཞིན་དུ་གནས་ཏེ། དཔེར་ན། ཨགྣི་དང་། པ་ཊུ་ལ་རྣམ་དབྱེ་དང་པོའམ། གཉིས་པའི་གཉིས་ཚིག་ཨཽ་བྱིན་ནས། ནཱ་དང་པོར། ཨཽ་ཡིག་སྔ་མའོ་ཞེས་པས་རྟགས་མཐའི་ དབྱངས་བཞིན་དུ་བསྒྱུར་ཏེ། མཚམས་སྦྱར་བའི་མཐར་ཨེ་ཏཽ་དང་ཨེ་མཽ་ཡོད་ཀྱང་མདོ་འདིས་ མཚམས་མི་སྦྱོར་ཞིང་རང་གཟུགས་གནས་པས། ཨགྣཱ ི་ཨེ་ཏཽ(མེ་དག་འདིར་)། པ་ཊཱུ་ཨི་མཽ(མཁས་ པ་འདི། )ཞེས་པ་དང་། དེ་བཞིན་དུ་ཤཱ་ལ་མ་ནིང་དང་། མཱ་ལཱ་བུད་མེད་ཀྱི་རྟགས་ལ་ཨཽ་བྱིན་ པ་རིམ་པ་ལྟར། ནཱ་གཉིས་པར། ཨཽ་ཨཱིའོ་ཞེས་པ་དང་། ནཱ་དང་པོར། ཨཽ་ཨིའོ་ཞེས་པས་ཨཱི་ དང་ཨི་རུ་བསྒྱུར་ཏེ་རྟགས་མཐའི་དབྱངས་དང་མཚམས་སྦྱར་བའི་མཐར། ཨེ་ཏེ་དང་ཨི་མེ་ ཡོད་ཀྱང་། མཚམས་མི་སྦྱོར་བས་རང་བཞིན་དུ་གནས་པས། ཤཱ་ལེ་ཨེ་ཏེ(ཁང་པ་དག་འདི)། མཱ་ ལེ་ཨི་མེ་(ཕྲེང་པ་མ་དག་འདི། )ཞེས་པ་ལྟ་བུའོ། །དེས་ན་གཉིས་ཀྱི་ཚིག་ཨཽ་ཡིན་ཀྱང་གཞན་དུ་མ་ གྱུར་པར་ཨཽའི་རང་གཟུགས་སུ་གནས་ན་མཚམས་སྦྱོར་ཏེ། དཔེར་ན། པྲྀཀྵ་ལ་ཨཽ་བྱིན་ནས། སན་གཉིས་པར། ཨོ་ཡིག་ལ་ཨཽ་སྟེ་ཨཽ་ཡིག་ལའང་ངོ་ཞེས་པ་ལྟར་མཚམས་སྦྱར་བའི་མཐར། ཨི་ཧ་ཡོད་པ་ལ་ཨཽ་ཨཱ་ཝའོ་ཞེས་པ་ལྟར་མཚམས་སྦྱར་བས། པྲྀཀྵཱ་ཝི་ཧ་(ལྗོན་པ་འདི་དག) ཞེས་ པ་ལྟ་བུའོ། །ཡང་གཉིས་ཀྱི་ཚིག་མ་ཡིན་རྟགས་མཐའི་ཨཽ་ཡིག་གཟུགས་གཞན་དུ་གྱུར་ཀྱང་ མཚམས་སྦྱོར་ཏེ། དཔེར་ན། ཙིཏྲ་ནཽ་ཞེས་པ་མ་ནིང་གི་རྟགས་ལ་སི་བྱིན་པ། ནཱ་གཉིས་པར། མ་ནིང་ལ་སི་ཨམ་དག་ཅེས་པས་ཕྱིས་ནས། ནཱ་བཞི་པར། མ་ནིང་ལ་དབྱངས་ཐུང་ངུའོ་ཞེས་ པའི་ཐུང་ངུར་བསྒྱུར་ཚུལ་ཡང་། པ་རི་བྷཱ་ཥར། མཚམས་སྦྱོར་གྱི་ཡི་གེ་རྣམས་ཀྱི་ཨིཏ་ཨུཏ་ དག་སྟེ་ཐུང་ངུར་བསྒྱུར་རོ། །ཞེས་པས་ཨཽ་ཡིག་ཨུ་རུ་བསྒྱུར་བའི་མཐར། ཨ་ཏྲ་ཡོད་པ་ལ་ ཨུའི་ཡི་གེ་ཝའོ་ཞེས་པ་ལྟར་མཚམས་སྦྱར་བས། ཙེ་ཏྲ་ནྭ་ཏྲ་(གྲུ་སྣ་ཚོགས་འདིར། ) ཞེས་པ་ལྟ་བུའོ། ། 6-1-38 གཞན་ཡང་སློབ་མ་ལ་ཕན་པར། མ་ཡིན་དགག་དང་མེད་དགག་ལ་ཁྱད་པར་ཅི་ཡོད་ཅེ་ ན། ཚིག་སྡུད་གང་དུ་བསྒྲུབ་པ་གཙོ་བོ་ཡིན་ཞིང་། དགག་པ་ནི་གཙོ་བོ་མ་ཡིན་ལ། དགག་སྒྲ་ ཚིག་ཕྱི་མ་དང་འབྲེལ་བ་དེ་ནི་མ་ཡིན་པ་དགག་སྟེ། དཔེར་ན། བླུན་པོ་མ་ཡིན་ཞེས་མཁས་པ་ འདྲེན་པར་བྱེད་པ་ལྟ་བུའོ། །གང་དུ་དགག་པ་གཙོ་བོ་ཡིན་ཞིང་། སྒྲུབ་པ་གཙོ་བོ་མ་ཡིན་ལ། བྱ་བའི་ཚིག་དང་ལྷན་ཅིག་དགག་ཚིག་འབྲེལ་པ་དེ་ནི། མེད་དགག་སྟེ། དཔེར་ན། སྡིག་པ་མི་ བྱ་ཞེས་པའམ་སྡིག་པའི་བྱ་བ་མེད་ཅེས་པ་ལྟ་བུའོ། །ཞེས་གསུངས་པ་ལྟར། དགག་པ་གཉིས་ ཀྱི་ཁྱད་པར་ཡང་ཤེས་པར་བྱའོ། ། གསུམ་པ་མང་ཚིག་ཛས་ལ་འཇུག་པའི་དམིགས་བསལ་ནི། མང་པོའི་ཚིག་ཨ་མཱིའོ་ཞེས་ པ་རྣམ་དབྱེ་མང་ཚིག་བྱིན་པའི་མཐའ་ཅན་ངོ་བོ་ཨ་མཱིའི་གཟུགས་སུ་གྱུར་པ་གང་ཡིན་པ་དེ་ དབྱངས་ཡིག་རྣམས་ཕ་རོལ་ན་ཡོད་ཀྱང་མཚམས་སྦྱོར་མི་བྱ་བར་རང་བཞིན་དུ་གནས་ཏེ། དཔེར་ན། ཨ་དས་ལ་རྣམ་དབྱེ་དང་པོའི་མང་ཚིག་ཛས་བྱིན་པ་ན། ཏྱཏ་ལ་སོགས་པའི་རྣམ་ དབྱེ་ལ་ཞེས་པས་ས་ཡིག་ཨ་རུ་བསྒྱུར་ཏེ། ཨ་ཡིག་ལ་དབྱིའོ་ཞེས་པས་དའི་ཨ་ཕྱིས་ནས་ ཛས་ཐམས་ཅད་ཨཱིའོ། །ཞེས་པས་ཨཱི་རུ་བསྒྱུར་བ་དང་། མཚམས་སྦྱར་བ་ལ། ནཱ་གཉིས་པར། ཨ་དས་ཀྱི་ཚིག་ལ་མའོ་ཞེས་པས་ད་ཡིག་མ་རུ་བསྒྱུར་ཞིང་། ནཱ་གསུམ་པར། མང་པོ་ཉིད་ལ་ ཨེ་ཏ་ཨཱི་ཉིད་དོ། །ཞེས་པས་ཨེ་ཡིག་ཨི་རུ་བསྒྱུར་བས་ཨ་མཱི་ཞེས་གྲུབ་པའི་མཐར། ཨཱ་དི་ ཏྱཱཿདང་། ཨ་ཤྭཱ་དང་། ཨེ་ཌ་ཀཱཿཞེས་པའི་དབྱངས་ཡིག་ཡོད་ཀྱང་མཚམས་མི་སྦྱོར་བར་རང་ བཞིན་དུ་གནས་པས། ཨ་མཱི་ཨཱ་དི་ཏྱཱཿ (འདི་རྣམས་ཉི་མ་རྣམས། ) ཨ་མཱི་ཨ་ཤྭཱཿ(འདི་རྣམས་རྟ་རྣམས། ) ཨ་ མཱི་ཨེ་ཌ་ཀཱ(འདི་རྣམས་ལུག་རྣམས)ཿ ཞེས་པ་ལྟ་བུའོ། །དེས་ན་ཨ་མཱི་ཡིན་ཡང་མང་ཚིག་མ་ཡིན་ན་ མཚམས་སྦྱོར་ཏེ། དཔེར་ན། ཨ་མ་ཞེས་པ་ལ་ཡོད་པའམ་ལྡན་པའི་དོན་ལ། ནཱ་དྲུག་པར། དེ་ འདིའི་ཡོད་པ་ཞེས་པས་ཨིན་གྱི་རྐྱེན་བྱིན་ནས་ཨིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱངས་དང་། 6-1-39 ཡའི་རྐྱེན་ལའང་ཞེས་པས་རྟགས་མཐའ་མའི་དབྱངས་ཕྱིས་ཏེ་སྦྱར་བ་ལ་སི་བྱིན་པ་ན། ནཱ་ གཉིས་པར། ཨིན་ཧན་པཱུ་ཥན་ཞེས་པས་ཨི་རིང་པོར་བསྒྱུར་ཏེ། ནཱ་དང་པོར། གསལ་བྱེད་ ལས་ཀྱང་ཞེས་པས་སི་དབྱི་ཞིང་། ནཱ་གསུམ་པར། རྟགས་མཐའི་ན་ཡིག་གོ་ཞེས་པས་ན་ཕྱིས་ ནས་གཅིག་ཚིག་ལས་ཨ་མཱི་ཞེས་གྲུབ་པའི་མཐར་ཨ་ཏྲ་ཡོད་པ་ལས། ཨིའི་ཡི་གེ་འདྲ་བའི་ཡི་ གེ་མ་ཡིན་པ་ལ་ཞེས་སྔར་བཞིན་མཚམས་སྦྱར་བས། ཨ་མྱ་ཏྲ་(འགྲོ་ལྡན་འདིར། )ཞེས་པ་ལྟ་བུའོ། ། མང་ཚིག་ཡིན་ཡང་ཨ་མཱི་མ་ཡིན་ན་མཚམས་སྦྱར་ཏེ། དཔེར་ན། ཏཏ་ལ་ཛས་བྱིན་ནས་སྔར་ བཞིན་བསྒྲུབས་པས་མང་ཚིག་ལ་ཏེ་ཞེས་གྲུབ་པའི་མཐར། ཨཱ་ཧུཿཡོད་པ་ལ། ཨེ་ཨ་ཡའོ་ ཞེས་པ་ལྟར་མཚམས་སྦྱར་ནས་སྔར་བཞིན་ཡ་ཕྱིས་པས། ཏ་ཨཱ་ཧུཿཞེས་པའམ། ཡང་ན་མ་ ཕྱིས་པར། ཏ་ཡཱ་ཧུཿཞེས་པ་ལྟ་བུའོ། ། བཞི་པ་བསྟན་བཅོས་འདིར་མ་བསྟན་པའི་དམིགས་བསལ་ནི། ཉེ་བར་མ་བསྟན་པ་ རྣམས་ཀྱང་ངོ་ཞེས་པ། ཡི་གེ་ཡང་དག་པར་བརྗོད་པའི་ཡུལ་ལ་གསལ་བས་བསྟན་བཅོས་ འདིར་ཉེ་བར་མ་བསྟན་པ། རིགས་ཀྱིས་ནི་དབྱངས་ཀྱི་མིང་ཅན་དུ་བྱས་པ། པླུ་ཏའི་རྟགས་ ཅན་རྣམས་ཀྱང་དབྱངས་ཡིག་རྣམས་ཕ་རོལ་ཏུ་ཡོད་པ་ལ་མཚམས་མི་སྦྱོར་བར་རང་བཞིན་ དུ་གནས་ཏེ། དཔེར་ན། དེ་ཝ་དཏྟ྅ཨི་ཧ(ལྷས་བྱིན་འདིར)། ཡཛྙ་དཏྟ྅ཨུ་ཏིཥྛ་(མཆོད་སྦྱིན་ལོངས། ) ཞེས་པ་དང་། (བྱོན་)ཨཱ་གཙྪ་བྷོ་དེ་(ཀྱེ་ལྷས་བྱིན། )ཝ་དཏྟ྅་ཨ་ཏྲ(འདིར)། ཏིཥྛ་བྷོ་ཡཛྙ་དཏྟ྅ཨིཧ་ (བཞུགས་ཀྱེ་མཆོད་སྦྱིན་འདིར། )ཞེས་པ་རྣམས་ཀྱི་ཏའི་ཨ་ཡིག་རི་མོ་འཁྱོག་པོའི་རྟགས་ཀྱིས་མཚོན་ ནས། པླུ་ཏའི་མིང་ཅན་ཡིན་པས་ཕ་རོལ་ཏུ་དབྱངས་ཡིག་ཡོད་ཀྱང་མཚམས་སྦྱོར་མི་བྱེད་ པར་རང་བཞིན་དུ་གནས་པ་ལྟ་བུའོ། །ཡི་གེའི་མདོར། པླུ་ཏ་ནི་ཕྱི་མོ་གསུམ་པ་ཅན་ནོ་ཞེས་ གསུངས་ཞིང་། དུརྒ་སིང་ཧར་རིང་པོ་ནས་བོད་པ་དང་། གླུ་ལེན་པ་དང་། ངུ་བ་རྣམས་ལའང་ པླུ་ཏ་སྟེ། ཞེས་གསུངས་པས་ཡི་གེ་ཉུང་ཚད་གསུམ་ནས་བརྩམས་ཏེ་ངེས་མེད་ཤིན་ཏུ་རིང་ 6-1-40 པོར་བརྗོད་པ་རྣམས་པླུ་ཏའི་རྟགས་ཅན་དུ་ཤེས་པར་བྱ་ཞིང་། དེ་བཞིན་དུ་འདིར་དངོས་སུ་ ཉེ་བར་མ་བསྟན་པ་གཞན་རྣམས་ཀྱང་རིགས་པས་དཔྱད་དེ་རྒྱ་ཆེར་ཤེས་པར་བྱའོ། །ཞེས་ཡི་ གེ་སྔ་ཕྱི་མཚམས་སྦྱོར་ཚུལ་གྱི་མདོར། མཚམས་སྦྱོར་གསུམ་པ་དབྱངས་ཡིག་ཕྲད་ཀྱང་རྣམ་ འགྱུར་མི་བྱེད་པའི་ཚུལ་གྱིས་དམིགས་བསལ་བསྟན་པའི་འགྲེལ་པ་རྫོགས་སོ།། །། མཚམས་སྦྱོར་བཞི་པ་གསལ་བྱེད་ཕྲད་པའི་རྣམ་འགྱུར་འབྱུང་ཚུལ་ལ་གཉིས་ཏེ། སྡེ་པ་ ལྔའི་དང་པོ་ཚིག་མཐར་གནས་པའི་རྣམ་འགྱུར་དང་། སྡེ་པ་བཞིའི་ཐ་མ་ཚིག་མཐར་གནས་ པའི་རྣམ་འགྱུར་རོ། །དང་པོ་ལའང་ཚིག་མཐའ་དངོས་ཀྱི་རྣམ་འགྱུར། དེ་ལ་བརྟེན་པའི་རྣམ་ འགྱུར། ཁྱད་པར་ཏ་མཐའི་རྣམ་འགྱུར་གསུམ་ལས། དང་པོ་དབྱངས་དང་སྒྲ་ལྡན་རྣམས་ཕ་ རོལ་ལ་རྣམ་འགྱུར་འབྱུང་ཚུལ་ནི། སྡེ་པའི་དང་པོ་ཚིག་མཐའ་རྣམས་དབྱངས་དང་སྒྲ་ལྡན་ རྣམས་ལ་གསུམ་པ་རྣམས་སོ་ཞེས་པ། སྡེ་པ་ལྔའི་དང་པོ་ཀ་ཙ་ཊ་ཏ་པ་ཚིག་ཏུ་གྲུབ་པའི་ མཐར་གནས་པ་རྣམས་དབྱངས་ཡིག་རྣམས་དང་སྒྲ་ལྡན་གྱི་ཡི་གེ་རྣམས་ལས་གང་ཡང་རུང་ བའི་ཡི་གེ་ཕ་རོལ་ཏུ་ཡོད་པ་ལ་རང་རང་གི་སྡེ་པའི་གསུམ་པ་ག་ཛ་ཌ་ད་བ་རྣམས་སུ་འགྱུ ར་ ཏེ། དཔེར་ན། དབྱངས་ཕ་རོལ་ཏུ་ཡོད་པ་ལ། ཝཱ་ཙྲ་ལ་སི་བྱིན་ནས། ནཱ་དང་པོར། གསལ་ བྱེད་ལས་ཀྱང་ངོ་ཞེས་པས་ཕྱིས་ཏེ། ནཱ་གསུམ་པར། ཙ་སྡེ་དང་དྲྀ་ཤ་ལ་སོགས་རྣམས་ཀྱི་འང་ ངོ་ཞེས་པས་རྟགས་མཐའི་ཙ་ཡིག་ག་རུ་བསྒྱུར་བ། རྫོགས་པ་ལ་ཡང་ནའོ་ཞེས་པས་ཀ་རུ་ བསྒྱུར་ནས་ཚིག་ཏུ་གྲུབ་པའི་མཐར། ཨ་ཏྲ་ཡོད་པ་ལ་ཀ་ཡིག་རང་གི་སྡེ་པའི་གསུམ་པ་ག་རུ་ བསྒྱུར་ཏེ་སྦྱར་བས། ཝཱ་ག་ཏྲ་(གསུང་འདིར། )ཞེས་པ་དང་། དེ་བཞིན་དུ་ཝཱ་ཀ྄་ཚིག་ཏུ་གྲུབ་པའི་ མཐར་ཨཱི་ཤྭ་ར་ཡོད་པ་ལས། ཝཱ་གཱི་ཤྭ་ར་(ངག་གི་དབང་ཕྱུག་) ཞེས་པ་དང་། ཥཥ྄་ལ་ཛས་བྱིན་ པ། ནཱ་དང་པོར། གྲངས་ལས་ཥ་ནའི་མཐའ་ལས་སོ་ཞེས་པའི་རྗེས་སུ་ཀ་ཏི་ལས་ཀྱང་ཛས་ ཤས་དག་གི་ཞེས་པས་ཕྱིས་ཏེ། ནཱ་གསུམ་པར། ཧ་ཤ་ཥ་ཚ་མཐའ་དང་ཡ་ཛ་སོགས་རྣམས་ཀྱི་ 6-1-41 ཌའོ་ཞེས་པས། ཥ་ཡིག་ཌ་རུ་གྱུར་པ། རྫོགས་པ་ལ་ཡང་ནའོ་ཞེས་པས་ཊ་རུ་བསྒྱུར་བའི་ཚིག་ མཐར། ཨཱ་ན་ཡ་ཡོད་པ་ལ་ཊ་ཡིག་གསུམ་པ་ཌ་རུ་བསྒྱུར་བས། ཥ་ཌཱ་ན་ཡ་ཞེས་པ་དང་། ཏད་ མ་ནིང་གི་རྟགས་སུ་སྒྲུབ་པ་ལ་སི་བྱིན་པ། ནཱ་གཉིས་པར། མ་ནིང་ལ་ས་སི་ཨམ་དག་ཅེས་ པས་ཕྱིས་ནས། རྟགས་མཐའི་ད་ཡིག་རྫོགས་པ་ལ་ཡང་ན་ཏ་ཡིག་རུ་བསྒྱུར། ཚིག་ཏུ་གྲུབ་ པའི་མཐར། ཨི་ཧ་ཡོད་པ་ལ། ཏ་ཡིག་གི་གསུམ་པ་ད་རུ་བསྒྱུར་པས། ཏ་དིཧ་(དེ་འདིར། ) ཞེས་ པ་དང་། ཏྲིཥྚུཔ྄་ལ་སི་བྱིན་པ། གསལ་བྱེད་མཐའ་ལས་ཕྱིས་ཏེ། ཚིག་ཏུ་གྲུབ་པའི་མཐར། ཨི་ཡཾ་ཡོད་པ་ལ། པ་ཡིག་གི་གསུམ་པ་བ་རུ་བསྒྱུར་བས། ཏྲིཥྚུ་བི་ཡཾ་(གསུམ་སྔགས་འདིར། ) ཞེས་ པ་ལྟ་བུའོ། །སྒྲ་ལྡན་ཕ་རོལ་ཏུ་ཡོད་པ་ལ་ནི། ཝཱཀ་དང་། ཥཊ་དང་། ཏཏ་དང་། ཏྲིཥྚུཔ་རྣམས་ སྔར་བཞིན་ཚིག་ཏུ་གྲུབ་པའི་མཐར། སྒྲ་ལྡན་གྱི་ཡི་གེ་དྷ་དང་ག་ཡོད་པ་ལ་རིམ་པ་བཞིན་རང་ རང་གི་སྡེ་པའི་གསུམ་པ་རྣམས་སུ་བསྒྱུར་བས། ཝཱགྡྷཱཏུ(ངག་གི་ཁམས)། ཥཌྒ་ཙྪན་ཏི། (དྲུག་པོ་འགྲོ་ བར་བྱེད་དོ། །) ཏདྒ་མ་ནཾ། (དེ་འགྲོ་བར་བྱེད་དོ། །) ཏྲིཥྚུབྒཱ་ཡ་ཏྲཱི་(གསུམ་སྔགས། )ཞེས་པ་ལྟ་བུའོ། །ཚིག་ མཐའ་ཡིན་ཡང་སྡེ་པའི་དང་པོ་མ་ཡིན་ན་དབྱངས་དང་སྒྲ་ལྡན་ཕ་རོལ་ན་ཡོད་ཀྱང་རང་གི་ སྡེ་པའི་གསུམ་པར་མི་འགྱུར་ཏེ། དཔེར་ན། བྷ་ག་ལ་ལྡན་པའམ་ཡོད་པའི་དོན་དུ་དེ་ཕན་ གྱི་རྐྱེན་ཝནྟུ་བྱིན་པའི་ཨུ་ཁྱད་པར་གྱི་དོན་ཕྱིས་ནས་སི་བྱིན་པ་ན། ནཱ་གཉིས་པར། བྱིངས་མ་ ཡིན་པའི་ཨནྟུ་དང་། ཨས་མཐའི་ཞེས་པས་ཝཱ་རིང་པོར་བསྒྱུར་ཏེ། གསལ་བྱེད་མཐའ་ལས་ སི་དང་། ནཱ་གསུམ་པར། བརྩེགས་པའི་མཐའ་དབྱིའོ་ཞེས་པས་ཏ་ཕྱིས་པའི་ན་ཡིག་ཚིག་ མཐར་དབྱངས་ཡིག་ཨ་ཧ་ཡོད་ཀྱང་སྡེ་པའི་གསུམ་པར་མི་འགྱུར་བས། བྷ་ག་ཝཱ་ནཱ་ཧ་(བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། )ཞེས་པ་དང་། སྒྲ་ལྡན་ལའང་གསུམ་པར་མི་འགྱུར་བས། བྷ་ག་ཝཱ་ ན྄་མ་ཧཱ་(ལེགས་ལྡན་ཆེན་པོ་)ཞེས་པ་ལྟ་བུའོ། །སྡེ་པའི་དང་པོ་ཚིག་མཐའ་ཅན་ཡིན་ཡང་དབྱངས་ དང་སྒྲ་ལྡན་ཕ་རོལ་ན་མེད་ན་སྡེ་པའི་གསུམ་པར་མི་འགྱུར་ཏེ། དཔེར་ན། ཝཱཀྦཱུ ཏཿ (ངག་དག་ 6-1-42 པ། ) ཥཊྐུར་ཝནྟི་(དྲུག་པོ་གྱིས་ཤིག་)ཞེས་པ་ལྟ་བུའོ། །ཚིག་མཐའི་བསྒྲུབ་ཚུལ་རྣམས་ཀྱང་འཆད་ འགྱུར་གྱི་ཚིག་མཐའ་ཞེས་པའི་སྐབས་ཐམས་ཅད་དུ་དྲན་པར་བྱའོ། ། གཉིས་པ་སྡེ་པའི་ལྔ་རྣམས་ཕ་རོལ་ལ་རྣམ་འགྱུར་འབྱུང་ཚུལ་ནི། ལྔ་པ་ལ་ལྔ་པ་རྣམས་ སུ་སྟེ་ཡང་ན་མ་ཡིན་པར་གསུམ་པ་རྣམས་སུའོ། །ཞེས་པ་སྡེ་པའི་དང་པོ་ཀ་ཙ་ཊ་ཏ་པ་ཚིག་ མཐར་གནས་པ་རྣམས་སྡེ་པའི་ལྔ་པ་ང་ཉ་ཎ་ན་མ་རྣམས་གང་རུང་ཕ་རོལ་ཏུ་ཡོད་པ་ལ་རང་ རང་གི་སྡེ་པའི་ལྔ་པ་རྣམས་སུ་འགྱུར་ཞིང་། ཡང་ན་མ་ཡིན་པར་རང་རང་གི་སྡེ་པའི་གསུམ་ པ་ག་ཛ་ཌ་ད་བ་རྣམས་སུ་འགྱུར་ཏེ། དཔེར་ན། སྔར་བཞིན་ཝཱ་ཀྲ་ཚིག་ཏུ་གྲུབ་པའི་མཐར། མ་དྷུ་རཿཡོད་པ་ལས་ཀ་ཡིག་ཀ་སྡེའི་ལྔ་པར་བསྒྱུར་བས། ཝཱདྨ་དྷུ་རཿ ཡང་ན་མ་ཡིན་པར་ གསུམ་པར་བསྒྱུར་བས། ཝཱགྨ་དྷུ་རཿ (ངག་སྙན་པོ། )ཞེས་པ་དང་། དེ་བཞིན་དུ་ཊ་ཏ་པ་རྣམས་ ལའང་རིམ་པ་བཞིན་སྦྱར་ན། ཥཊ་མུ་ཁཱ་ནི་ཞེས་པའི་ཊ་ཡིག་གི་ལྔ་པར་བསྒྱུར་བས། ཥཎྨུ་ཁཱ་ ནི། ཡང་ན་གསུམ་པར་བསྒྱུར་བས། ཥཌྨུ་ཁཱ་ནི་(གདོང་དྲུག་པོ་རྣམས་ནི། )ཞེས་པ་དང་། ཏཏ་ན་ཡ་ ནཾ་ཞེས་པའི་ཏ་ཡིག་གི་ལྔ་པར་བསྒྱུར་བས། ཏནྣ་ཡ་ནཾ(དེའི་མིག)། ཡང་ན་གསུམ་པར་བསྒྱུར་ བས། ཏདྣ་ཡ་ནཾ་ཞེས་པ་དང་། ཏྲིཥྚུ་པ་མི་ནོ་ཏི་ཞེས་པའི་པ་ཡིག་གི་ལྔ་པར་བསྒྱུར་བས། ཏྲིཥྚུམྨི་ནོ་ཏི། གསུམ་པར་བསྒྱུར་བས། ཏྲིཥྚུབྨི་ནཽ་ཏི་ཞེས་པ་ལྟ་བུའོ། །དུར་ཕན་དག་ལས་ལྔ་ པ་དང་པོ་ཅན་གྱི་རྐྱེན་ཕ་རོལ་ལ་རྟག་ཏུ་ལྔ་པ་ཁོ་ནར་འགྱུར་གྱི་ཡང་ནའི་རྣམ་པར་བརྟག་པ་ མི་འཇུག་པར་བཤད་དེ། དཔེར་ན། ཝཱ་ཀ་ལ། ནཱ་དྲུག་པར། ཀུན་བཤད་ལས་ཀྱང་ཏ་མ་ལ་ སོགས་པ་རྣམས་སོ། །ཞེས་པའི་ཏ་མ་སོགས་ཀྱི་ནང་ཚན་མ་ཡཊ་དང་། ཡཏ་ལ་ཚད་ཀྱི་དོན་ དུ། མཱ་ཏྲཊ་བྱིན་པའི་ཊ་རྗེས་འབྲེལ་དག་ཕྱིས་ནས། མ་དང་པོ་ཅན་གྱི་རྐྱེན་ལ་ཀ་ཡིག་ང་དང་། ཏ་ཡིག་ན་ཁོ་ནར་བསྒྱུར་བའི་མཐར། མ་ནིང་གི་རྟགས་སུ་སྒྲུབ་པ་ལ་སི་བྱིན་པ་སྔར་བཞིན་ ཕྱིས་ཏེ། ནཱ་གཉིས་པར། ཨ་ཡིག་ལ་སམ་བུདྡྷི་མ་ཡིན་པ་ལ་ཞེས་པས་མུ་ཨཱ་ག་མ་བྱིན་པའི་ཨུ་ 6-1-43 རྗེས་འབྲེལ་ཕྱིས་ནས་མ་རྗེས་སུ་ང་རོར་གྱུར་པས། ཝཱངྨཡཾ(ངག་ཙམ)། ཡནྨཱ་ཏྲཾ་(གང་གི་ཚད། )ཞེས་ པ་ལྟ་བུའོ། ། དེ་རྣམས་ལ་བརྟེན་པའི་རྣམ་འགྱུར་ལ་གཉིས་ལས། དང་པོ་ཤ་ཡིག་ལ་རྣམ་འགྱུར་ འབྱུང་ཚུལ་ནི། སྡེ་པའི་དང་པོ་རྣམས་ལས་ཤ་ཡིག་དབྱངས་དང་། ཡ་ཝ་ར་ཕ་རོལ་ཅན་ཚ་ ཡིག་སྟེ་ཡང་ན་མ་ཡིན་ནོ། །ཞེས་པ་སྡེ་པའི་དང་པོ་ཚིག་མཐའ་ཅན་རྣམས་ལས་ཕ་རོལ་གྱི་ཤ་ ཡིག་ནི། དེའི་ཡང་ཕ་རོལ་ཏུ་དབྱངས་ཡིག་རྣམས་དང་། ཡ་དང་། ཝ་དང་། ར་ཡིག་རྣམས་ གང་རུང་ཡོད་པ་ན་ཚ་ཡིག་ཏུ་འགྱུར་ཞིང་། ཡང་ན་མི་འགྱུར་བར་རང་བཞིན་དུ་གནས་ཏེ། དཔེར་ན། ཝཀ྄་ཤཱུ་ར་ཞེས་པའི་ཀ་ཡིག་ཚིག་མཐའ་ཅན་ལས་ཕ་རོལ་གྱི་ཤ་ཡིག །སྲོག་ གི་དབྱངས་ཨཱུ་ཡིག་ཕ་རོལ་ཏུ་མཐོང་བ་ལ་ཚ་ཡིག་ཏུ་བསྒྱུར་བས། ཝཱཀྪཱུ་རཿ(ངག་གི་དཔའ་བོ་) ཞེས་པའམ། ཡང་ན་མ་ཡིན་པར་རང་གཟུགས་སུ་གནས་པ་ལྟ་བུ་དང་། དེ་བཞིན་དུ་ཊ་ཏ་ པ་རྣམས་ལས་ཕ་རོལ་གྱི་ཤ་ཡིག །ཡ་ཝ་ར་ཕ་རོལ་ཏུ་ཡོད་པ་ལས་རིམ་པ་ལྟར། ཥཊ་ཤྱཱ་ མཿལས། ཥཊྪྱུ་མཿ (དྲུག་པ་སྔོ་སངས་)ཞེས་པ་དང་། ཏཏ་ཤྭེ་ཏཾ་ལས། ཏ་ཡིག་ཀྱང་མདོ་འདིར་ཤ་ ལ་ཙའོ་ཞེས་པས། ཏཙྪེཏཾ་(དེ་དཀར་པོ་)ཞེས་པ་དང་། ཏྲྀཥྚུཔ་ཤྲུ་ཏཾ་ལས། ཏྲྀཥྚུ་པྖྭུ་ཏཾ་(གསུམ་སྔགས་ ཐོས་)ཞེས་པར་འགྱུར་བའམ། ཡང་ན་མ་ཡིན་པར་རང་གཟུགས་སུ་གནས་པ་ལྟ་བུའོ། །ཚིག་ མཐའ་ཡིན་ཀྱང་སྡེ་པའི་དང་པོ་མ་ཡིན་ན་ཕ་རོལ་གྱི་ཤ་ཡིག་ཚ་རུ་མི་འགྱུར་ཏེ། དཔེར་ན། པྲཱ་ནྩ྄་ལ་སི་སྦྱིན་པ་གསལ་བྱེད་མཐའ་ལས་ཕྱིས་ནས། ནཱ་གསུམ་པར། ཙ་སྡེ་དང་། དྲྀ་ཤ་ལ་ སོགས་ཞེས་པས་ཙ་ཡིག་དང་། ནཱ་བཞི་པར། མ་ན་དག་དྷུ་ཊ་ལ་རྗེས་སུ་ང་རོ་ཞེས་པས་ན་ རྗེས་སུ་ང་རོར་བསྒྱུར། སྡེ་པ་ལ་སྡེ་པའི་མཐའོ་ཞེས་པས་ག་མཐོང་བ་ན། རྗེས་སུ་ང་རོའང་ ང་ཡིག་ཏུ་བསྒྱུར་ཏེ། བརྩེགས་པའི་མཐའ་དབྱིའོ་ཞེས་པས་ག་ཕྱིས་པའི་ཚིག་ཏུ་མཐར་ཤེ་ཏེ་ ཡོད་ཀྱང་ཚ་རུ་མི་འགྱུར་བས། པྲཱངྴེ་(མཆོད་དེ་ཉལ་ལོ་)ཏེ་ཞེས་པ་ལྟ་བུའོ། །སྡེ་པ་དང་པོ་ལས་ཕ་ 6-1-44 རོལ་གྱི་ཤ་ཡིག་ཡིན་ཀྱང་། དབྱངས་དང་ཡ་ར་ཝ་ཕ་རོལ་ཅན་མ་ཡིན་ན་ཚ་ཡིག་ཏུ་མི་འགྱུར་ ཏེ། དཔེར་ན། ཝཱཀྴལཀྵཎ་(ངག་འཇམ་པོ། ) ཞེས་པའི་ཤ་ཡིག་ལ་ཕ་རོལ་ན་ཡོད་པས་རང་བཞིན་ དུ་གནས་པ་ལྟ་བུའོ། ། གཉིས་པ་ཧ་ཡིག་ལ་རྣམ་འགྱུར་འབྱུང་ཚུལ་ནི། དེ་རྣམས་ཁོ་ན་ལས་ཧ་ཡིག་སྔ་མའི་བཞི་ པ་སྟེ་ཡང་ན་མ་ཡིན་ནོ་ཞེས་པ། སྡེ་པའི་དང་པོ་ཚིག་མཐའ་ཅན་དེ་རྣམས་ཁོ་ན་ལས་ཕ་རོལ་ གྱི་ཧ་ཡིག་ནི་རང་གི་སྔ་མའི་ཚིག་མཐའ་གང་ཡིན་པ་དེའི་བཞི་པར་འགྱུར་ཞིང་། ཡང་ན་མི་ འགྱུར་པར་རང་གཟུགས་སུ་གནས་ཏེ། དཔེར་ན། ཝཱཀ་ཧཱི་ནཾ་ཞེས་པའི་ཧ་ཡིག་སྔ་མ་ཀ་ཡིག་ གི་བཞི་པ་གྷ་དང་ཀ་ཡིག་ཀྱང་ལྡན་ལ་གསུམ་པར་གྱུར་པས། ཝཱགྒྷཱི་ནཾ་ཞེས་པའམ། ཡང་ན་ རང་བཞིན་དུ་གནས་པས། ཝཱག྄་ཧཱི་ནཾ་(ཚིག་བརླིང་པོ་)ཞེས་པ་དང་། དེ་བཞིན་དུ་ཙ་ཊ་ཏ་པ་ཚིག་ མཐར་གནས་པ་ལས་ཕ་རོལ་གྱི་ཧ་ཡིག་སྔ་མའི་བཞི་པར་འགྱུར་ཞིང་། ཡང་ན་མི་འགྱུར་ལ། སྡེ་པའི་དང་པོ་རྣམས་སྒྲ་ལྡན་ལ་གསུམ་པར་གྱུར་པ་ནི་རིམ་པ་ལྟར། ཨ་ཙ་ཧ་ལཽ་ལས། ཨཛྫྷཽ་ ལཽ་འམ། ཨཛ྄་ཧ་ལཽ་ཞེས་པ་དང་། ཥཊ་ཧ་ལཱ་ནི་ལས། ཥཌྜྷ་ལཱ་(ཐོང་པ་དྲུག་པོ་རྣམས་)ནི་འམ། ཥཌ྄་ ཧ་ལཱ་ནི་ཞེས་པ་དང་། ཏཏ་ཧི་ཏཾ་ལས། ཏདྡྷི་(དེ་ཕན་)ཏཾ་འམ། ཏད྄་ཧི་ཏཾ་ཞེས་པ་དང་། ཀ་ཀུཔ྄་ ཧཱ་ས་ལས། ཀ་ཀུ་བྦྷཱ་(ཕྱོགས་རྒོད་པ། )སའམ་ཀ་ཀུབ་ཧཱ་ས་ཞེས་པ་ལྟ་བུའོ། །ཚིག་མཐའ་ཡིན་ཡང་། སྡེ་པའི་དང་པོ་མ་ཡིན་ན་ཕ་རོལ་གྱི་ཧ་ཡིག་སྔ་མའི་བཞི་པར་མི་འགྱུར་ཞིང་། དེ་རྣམས་ ལས་ཞེས་པ་ནི་ཧ་ཡིག་སྔ་མའི་བཞི་པར་འགྱུར་བ་དབྱངས་དང་ཡ་ཝ་ར་ཕ་རོལ་ཅན་ལ་མི་ ལྟོས་པའི་དོན་དང་། ཁོ་ན་ལས་ཞེས་པའི་ངེས་བཟུང་ནི་སྡེ་པའི་གསུམ་པ་ཚིག་མཐའ་ཅན་ལ་ སོགས་པ་ལས་ཕ་རོལ་གྱི་ཧ་ཡིག་བཞི་པར་འགྱུར་བ་རྣམས་པར་གཅོད་པའི་དོན་ཏོ། །ཁྱད་ པར་ཏ་མཐའ་ལ་ཡིག་སོགས་ལ་རྣམ་འགྱུར་འབྱུང་ཚུལ་ནི། ཏ་ཡིག་ལ་དང་ཙ་ཊའི་སྡེ་པ་ལ་ ཕ་རོལ་གྱི་གཟུགས་སོ་ཞེས་པ་ཚིག་མཐའི་ཏ་ཡིག་ནི། ཕ་རོལ་དུ་ལ་ཡིག་དང་། ཙ་སྡེ་དང་། 6-1-45 ཊ་སྡེའི་ཡི་གེ་གང་རུང་ཡོད་པ་ལ་གང་ཕ་རོལ་ན་ཡོད་པ་དེའི་གཟུགས་སུ་འགྱུར་ཏེ། དཔེར་ ན། ཏཏ་ལུ་ནཱ་ཏི་ཞེས་པའི་ཚིག་མཐའི་ཏ་ཡིག་ཕ་རོལ་ལ་ཡིག་གཟུགས་སུ་བསྒྱུར་བས། ཏལླུ་ ནཱ་ཏི་(དེ་གཅོད་པར་བྱེད་དོ། །)ཞེས་པ་དང་། དེ་བཞིན་དུ་ཙ་སྡེ་ལ་སྦྱར་ན་རིམ་པ་ལྟར་ཏཏ་ཙ་ར་ཏི་ ལས། ཏཙྩ་ར་ཏི་(དེ་སྤྱོད་པར་བྱེད་དོ། །)ཞེས་པ་དང་། ཏཏ་ཚཱ་ད་ཡ་ཏི་ལས། ཚ་སྟེང་མ་སྒྲ་མེད་པ་ ལ་དང་པོར་ཡང་གྱུར་པས། ཏཙྪཱ་ད་ཡ་ཏི་(ད་སྒྲིབ་པར་བྱེད་དོ། །)ཞེས་པ་དང་། (དེ་རྒྱལ་བར་བྱེད་དོ་) ཏཏ་ཛ་ཡ་ཏི་ལས། ཏཛྫ་ཡ་ཏི་(དེ་ལེགས་པར་བྱེད་)ཞེས་པ་དང་། ཏཏ་ཛྷ་ཥ་ཡ་ཏི་ལས། ཛྷ་སྟེང་ མ་བྷུ་ཊ་རྣམས་ཀྱི་གསུམ་པར་ཡང་གྱུར་པས། ཏཛྫྷ་ཥ་ཡ་ཏི་ཞེས་པ་དང་། ཏཏ་ཉ་ཀཱ་རེ་ཎ་ ལས། (དེ་ཉ་ཡིག་གི་)ཏ་ཉྙ་ཀཱ་རེ་ཎ་ཞེས་པ་དང་། ཊ་སྡེ་ལ་སྦྱར་ནའང་རིམ་པ་ལྟར། ཏཏ་ཊཱི་ཀ་ཏེ་ ལས། ཏཊྚཱ་(དེ་འགྲེལ་པར་བྱེད་)ཀ་ཏེ་ཞེས་པ་དང་། ཏཏ་ཋ་ཀཱ་རེ་ཎ་ལས། སྒྲ་མེད་པ་ལ་དང་པོར་ ཡང་གྱུར་པས། ཏ་ཊྛ(དེ་ཋ་ཡིག་གིས་)ཀཱ་རེ་ཎ་ཞེས་པ་དང་། ཏཏ་ཌཱི་ནཾ་ལས། ཏཌྜཱིནཾ་(དེ་འཕུར་རོ་) ཞེས་པ་དང་། ཏཏ་ཌྷོ་ཀ་ཏེ་ལས། དྷུཊ་རྣམས་ཀྱི་གསུམ་པར་ཡང་གྱུར་པས། ཏཌྜྷོ་(དེ་འཕུར་རོ་) ཀ་ཏེ་ཞེས་པ་དང་། ཏཏ་ཎ་ཀཱ་རེ་ཎ་ལས། ཏཎྞ་ཀཱ་(དེ་ཎ་ཡིག་གིས་)རེ་ཎ་ཞེས་པ་ལྟ་བུའོ། །ཚིག་ མཐའ་ཡིན་ཀྱང་ཏ་ཡིག་མ་ཡིན་ན་ཕ་རོལ་གྱི་གཟུགས་སུ་མི་འགྱུར་ཏེ། དཔེར་ན། ཝཱཀྩ་(ངག་ སྤྱོད་པར་བྱེད་དོ་)ར་ཏི་ཞེས་པ་ལྟ་བུའོ། །ཏ་ཡིག་ཚིག་མཐའ་ཡིན་ཀྱང་ལ་དང་། ཙ་ཊའི་སྡེ་པ་མ་ ཡིན་པ་ལ་ཕ་རོལ་གྱི་གཟུགས་སུ་མི་འགྱུར་ཏེ། དཔེར་ན། ཏཏྶ་(དེ་འཚེད་པར་བྱེད་)ཙ་ཏི་ཞེས་པ་ ལྟ་བུའོ། །ཤ་ལ་ཙའོ་ཞེས་པ་ནི་ཚིག་མཐའི་ཏ་ཡིག་ཕ་རོལ་ཏུ་ཤ་ཡིག་ཡོད་པ་ལ་ཙ་རུ་འགྱུར་ ཏེ། དཔེར་ན། ཏཏ་ཤླཀྵྞཿཞེས་པའི་ཏ་ཡིག་ཤ་ཕ་རོལ་ལ་ཙ་རུ་བསྒྱུར་བས། (དེ་སྣུམ་པའམ་ འཇམ་པོ་)ཏཙྴཱཀྵྞཿཞེས་པ་དང་། དེ་བཞིན་དུ། ཏཏ་ཤྭེ་ཏཾ་ལས། ཏཙྴྭ་ཏཾ་(དེ་དཀར་པོ་)ཞེས་པ་དང་། ཏཏཤྨཤཱ་ནཾ་ལས། ཏཙྴྨཤཱ་ནཾ་(དེ་དུར་ཁྲོད་)ཞེས་པ་ལྟ་བུའོ། །དུར་ཕན་དག་ལས་ཤ་ཡིག་ཏུ་ འགྱུར་བ་མ་ཡིན་པའི་ཕྱོགས་ལ་ཚིག་འདིའོ་ཞེས་གསུངས་པས། སྡེ་པའི་དང་པོ་རྣམས་ལས་ 6-1-46 ཤ་ཡིག་དབྱངས་དང་ཡ་ཝ་ར་ཕ་རོལ་ལ་ཚ་ཡིག་ཏུ་བསྒྲུབས་ན་མདོ་འདིས་བྱ་བ་མི་འཇུག་སྟེ། ཤ་ཡིག་གི་གཟུགས་སྤངས་ནས་ཚ་ཡིག་ཏུ་གྱུར་པའི་ཕྱིར་རོ། །དེས་ན་ཚིག་མཐའ་ཏ་ཡིག་ ལས་ཕ་རོལ་གྱི་ཤ་ཡིག་གཟུགས་གཞན་དུ་མ་གྱུར་པ་ལ་མདོ་འདིའི་བྱ་བ་འཇུག་ཅེས་པའི་ དོན་ཏོ། ། གཉིས་པ་སྡེ་པ་ལྔའི་ཐ་མ་ལས་རྣམ་འགྱུར་འབྱུང་ཚུལ་ལ་གསུམ་ལས། དང་པོ་ང་ཎ་ན་ གསུམ་ལས་རྣམ་འགྱུར་འབྱུང་ཚུལ་ནི། ང་ཎ་ན་ཨུ་པ་དྷཱ་ཐུང་ངུ་ཅན་རྣམས་དབྱངས་ལ་གཉིས་ སོ་ཞེས་པ། ཚིག་མཐའི་ང་དང་། ཎ་དང་ན་ཡིག ནཱ་དང་པོར། མཐའ་ལས་སྔ་མ་ཨུ་པ་དྷཱའོ་ ཞེས་པས་རང་རང་གི་སྔ་མའི་དབྱངས་ཐུང་ངུ་ཅན་རྣམས་དབྱངས་ཀྱི་ཡི་གེ་ཕ་རོལ་ཏུ་ཡོད་ པ་ལ་གཉིས་གཉིས་འགྱུར་ཏེ། དཔེར་ན། ཀྲུང྄་ཨ་ཏྲ་ཞེས་པའི་ང་ཡིག་གསལ་བྱེད་ལས་སི་ ཕྱིས་པའི་ཚིག་མཐའི་ཨུ་པ་དྷཱ་ཀྲུང྄་ཐུང་ངུ་ཅན་དབྱངས་ཨ་ཡིག་ཕ་རོལ་ལ་གཉིས་སུ་བསྒྱུར་ ཏེ་སྦྱར་བས། ཀྲུངྔ་ཏྲ་ཞེས་པ་དང་། དེ་བཞིན་དུ་ཎ་དང་ན་ལ་སྦྱར་ན་སུ་ག་ཎ་ཨཱ་ཧ་ལས། སུ་ གཎྞཱཧ་(ལེགས་པར་བསྡུས་ཏེ་སྨྲས་སོ། །)ཞེས་པ་དང་། པ་ཙ་ན་ཨི་ཧ་ལས། པ་ཙནྣིཧ་(འཚེད་དོ་འདི། )ཞེས་ པ་ལྟ་བུའོ། །ཚིག་མཐའ་ཡིན་ཡང་། ང་ཎ་ན་མ་ཡིན་ན་དབྱངས་ལ་གཉིས་སུ་མི་འགྱུར་ཏེ། དཔེར་ན། ཀི་མ་ཨ་ཏྲ་ལས། ཀི་མ་ཏྲ་(ཅི་འདིར། )ཞེས་པ་དང་། ཏྭམ྄་ཨིཧ་ལས། ཏྭ(ཁྱོད་འདིར་) མི་ཧ་ཞེས་པ་ལྟ་བུའོ། །ང་ཎ་ན་ཡིན་ཀྱང་ཚིག་མཐའ་མ་ཡིན་ནའང་དབྱངས་ལ་གཉིས་སུ་མི་ འགྱུར་ཏེ། དཔེར་ན། པྲྀ་ཏྲ་ཧ་ན་གྱི་ཎ་ལ་གཉིས་ཚིག་ཨཽ་སྦྱར་བས། པྲྀ་ཏྲ་ཧ་ཎཽ་(འཇུག་པ་སྤངས་ པ་དག་)ཞེས་པ་ལྟ་བུའོ། །ཨུ་པ་དྷཱ་རིང་པོ་ཅན་ཡང་དབྱངས་ལ་གཉིས་སུ་མི་འགྱུར་ཏེ། པྲང྄་ ཨ་སྟི་ལས། པྲཱ་ངསྟི་(མཆོད་པ་ཡོད་དོ་)ཞེས་པ་དང་། བྷ་ཝཱན྄་ཨཱ་ཧ་ལས། བྷ་ཝཱ་ནཱ་ཧ་(ཁྱོད་ཀྱི་སྨྲས། ) ཞེས་པ་ལྟ་བུའོ། །དབྱངས་ཕ་རོལ་མ་ཡིན་པ་ལའང་གཉིས་སུ་མི་འགྱུར་ཏེ། དཔེར་ན། སུ་ (ལེགས་པར་ཚོགས་ཏེ་འགྲོའོ་)ག་ཎ་ག་ཏཿཞེས་པ་ལྟ་བུའོ། ། 6-1-47 གཉིས་པ་ཁྱད་པར་ན་མཐའ་ལས་རྣམ་འགྱུར་འབྱུང་ཚུལ་ནི། ན་མཐའ་ཙ་ཚ་དག་ལ་ ཤ་ཡིག་སྟེ་སྔ་མར་རྗེས་སུ་ང་རོའོ། །ཞེས་པ་ཚིག་མཐའི་ན་ཡིག་ཙ་ཚ་དག་ཕ་རོལ་ན་ཡོད་པ་ ལ་ཤ་ཡིག་ཏུ་འགྱུར་ཞིང་དེའི་སྔ་མར་ཡང་རྗེས་སུ་ང་རོ་ཐོབ་སྟེ། རྗེས་སུ་ང་རོའོ་ཞེས་པ་ནི། དུར་སིང་ལྟར་ན་ལ་ལ་ལའོ་ཞེས་པ་དང་། སློབ་ཕན་ལྟར་ན། ཛ་ཛྷ་ཉ་ཤ་ཡིག་རྣམས་ཞེས་ པའི་བར་ལ་སྦྱར་བར་བྱའོ། །དཔེར་ན། བྷ་ཝཱན྄་ཙ་ར་ཏི་ཞེས་པའི་ན་ཡིག་སི་ཕྱིས་པའི་ཚིག་ མཐའ་ཅན་ཙ་ཡིག་ཕ་རོལ་ལ་ཤ་ཡིག་ཏུ་བསྒྱུར་ཏེ་སྔ་མར་(ཀིམ་འདི་ཚིག་མཐའ་ཡིན་པ་མ་ནིང་རྟགས་སུ་ བྱས་ན་འགྱུར་ཏེ་གཞན་རྣམ་དབྱེ་ལ་ཀིམ་ཀ་རུ་འགྱུར། ) རྗེས་སུ་ང་རོ་བྱིན་པས། བྷ་ཝཱཾ་(ཁྱོད་སྤྱོད་པར་བྱེད་དོ། །)ཤྩ་ ར་ཏི་ཞེས་པ་དང་། དེ་བཞིན་དུ། བྷ་ཝཱན྄་ཙྱ་ཝ་ཏེ་ལས། བྷ་ཝཱཾཤྩྱ་ཝ་ཏེ་ཞེས་པ་དང་། ས་ཏྭཱ་ན྄་ ཙ་ལས། ས་ཏྭཱཾཤྩ་(སེམས་ཅན་རྣམས་དང་) ཞེས་པ་དང་། ཚ་ཡིག་ལ་སྦྱར་ན། བྷ་ཝཱན྄་ཚཱ་ད་ཡ་ཏི་ ལས། བྷ་ཝཱཾཤྪཱ་ད་(ཁྱོད་འགེབས་པར་བྱེད་)ཡཏི་ཞེས་པ་དང་། བྷ་ཝཱན྄་ཙྱ་ཏི་ལས། བྷ་ཝཱཾཤྪྱཏི་ཞེས་ པ་ལྟ་བུའོ། །ན་ཡིག་ཚིག་མཐའ་ཡིན་ཡང་། ཙ་ཚ་དག་ཕ་རོལ་མ་ཡིན་པ་ཤ་ཡིག་དང་སྔ་མར་ རྗེས་སུ་ང་རོར་མི་འགྱུར་ཏེ། དཔེར་ན། བྷ་ཝཱན྄་ཀ་རོ་ཏི་(ཁྱོད་བྱེད་དོ། །) ཞེས་པ་ལྟ་བུའོ། །དུར་ ཕན་དག་ལས། པྲ(རབ་ཏུ་ཞི་བར་སྤྱོད་དོ། །)ཤཱན་ཙ་ར་ཏི། པྲ་ཤཱན྄་ཚཱ་ད་ཡ་ཏི་(རབ་ཏུ་ཞི་བར་འགེབས་སུ་ འཇུག་གོ)ཞེས་པའི་ན་ཡིག་ཚིག་མཐའ་ཡིན་ཡང་། ཙ་ཚ་དག་ཕ་རོལ་ལའང་ཤ་ཡིག་དང་སྔ་ མར་རྗེས་སུ་ང་རོར་མི་འགྱུར་བའི་དམིགས་བསལ་མཛད་ཅིང་། མདོ་ཕྱི་མ་དག་ལའང་རྗེས་ སུ་འཇུག་པར་གསུངས་སོ། །ཊ་ཋ་དག་ལ་ཥ་ཡིག་གོ་ཞེས་པ་ནི་ཚིག་མཐའི་ན་ཡིག ཊ་ཋ་དག་ ཕ་རོལ་ན་ཡོད་པ་ལ་ཥ་ཡིག་ཏུ་འགྱུར་ཞིང་། དེའི་སྔ་མར་ཡང་རྗེས་སུ་ང་རོ་ཐོབ་སྟེ། དཔེར་ ན། བྷ་ཝཱན྄་ཊཱི་ཀ་ཏེ་ཞེས་པའི་ན་ཡིག་ཊ་ཕ་རོལ་ལ་ཥ་ཡིག་ཏུ་བསྒྱུར་སྟེ་སྔ་མར་རྗེས་སུ་ང་ རོ་བྱིན་པས། བྷ་(ཁྱོད་རྒྱས་འགྲེལ་བྱེད་པའམ་གསལ་བར་བྱེད། )ཝཱཾཥྚཱི་ཀ་ཏེ་ཞེས་པ་དང་། དེ་བཞིན་དུ་ ཋ་ཡིག་ལའང་། བྷ་ཝཱན྄་ཋ་ཀཱ་རེ་ཎ་(ཁྱོད་བྱུགས་པའམ་ཡ་རབས་)ལས། བྷ་ཝཱཾཥྛཀཱ་རེ་ཎ་(ཁྱོད་ཀྱི་ཡིག་ 6-1-48 གིས། ) ཞེས་པ་ལྟ་བུའོ། །སྔར་བཞིན་མི་འགྱུར་བའི་དམིགས་བསལ་ནི། པྲ་ཤཱན྄་ཊཱི་ཀ་(རབ་ ཏུ་ཞི་བས་རྒྱས་འགྲེལ་བྱེད། ) པྲ་ཤཱན྄་ཋ་(རབ་ཏུ་ཞི་བའི་ཋ་ཡིག་གིས། )ཀཱ་རེ་ཎ་ཞེས་པ་ལྟ་བུའོ། །ཏ་ཐ་དག་ ལ་ས་ཡིག་གོ་ཞེས་པ་ནི་ཚིག་མཐའི་ན་ཡིག་ཏ་ཐ་དག་ཕ་རོལ་ཏུ་ཡོད་པ་ལ་ས་ཡིག་ཏུ་འགྱུར་ ཞིང་། དེའི་སྔ་མར་ཡང་རྗེས་སུ་ང་རོ་ཐོབ་སྟེ། དཔེར་ན། བྷ་ཝཱན་ཏཱ་ར་ཏི་ཞེས་པའི་ན་ཡིག་ ཏ་ཕ་རོལ་ལ་ས་ཡིག་ཏུ་བསྒྱུར་ཏེ། སྔ་མར་རྗེས་སུ་ང་རོ་བྱིན་པས། བྷ་ཝཱཾསྟ་ནོ་ཏི་(ཁྱོད་ཀྱི་ལུས་) ཞེས་པ་དང་། བྷ་ཝཱན྄་ཏ་ནོ་ཏི། དེ་བཞིན་དུ་ཐ་ཡིག་ལའང་། བྷ་ཝཱན྄་ཐུ་ཌ་ཏི་ལས། བྷཝཱཾསྠུ་ ཌ་ཏི་(ཁྱོད་སྦོམ་པོར་བྱེད་དོའམ། ཁྱོད་བུ་མོ་འདི་འམ་དཔའ་མོ། །)ཞེས་པ་ལྟ་བུའོ། །སྔར་བཞིན་མི་འགྱུར་ བའི་དམིགས་བསལ་ནི། པྲ་ཤཱན྄་ཏ་ར་ཏི་(རབ་ཏུ་ཞི་བས་སྒྲོལ། )པྲ་ཤཱན྄་ཐུ་ཌ་ཏི་(རབ་ཏུ་ཞི་བས་སྦོམ་ པོར་བྱེད་དོ། །) ཞེས་པ་ལྟ་བུའོ། །ལ་ལ་ལའོ། །ཞེས་པ་ནི་ཚིག་མཐའི་ན་ཡིག་ལ་ཕ་རོལ་ཏུ་ཡོད་ པ་ལ་ལ་ཡིག་ཏུ་འགྱུར་ཞིང་། སློབ་ཕན་དུ། སྔ་མར་ཡང་རྗེས་སུ་ང་རོའོ་ཞེས་གསུངས་ཀྱང་། དུར་སིང་ལས། ཡི་གེས་དམན་པ་ཉིད་ཀྱི་ཕྱིར་རྗེས་སུ་ང་རོ་མེད་པའོ་ཞེས་གསུངས་པ་ཉིད་ དོན་དང་མཐུན་པ་སྟེ། དཔེར་ན། བྷ་ཝཱན྄་ལུ་ན་ཏི་ཞེས་པའི་ན་ཡིག་ལ་ཕ་རོལ་ལ་ལ་ཡིག་ཏུ་ བསྒྱུར་བས། བྷ་ཝཱལླུ། (ཁྱོད་གཅོད་པར་བྱེད་དོ། །) ན་ཏི་ཞེས་པ་དང་། དེ་བཞིན་དུ། བྷ་ཝཱན྄་ལི་ ཁ་ཏི་ལས། བྷ་ཝཱལླི། (ཁྱོད་འབྲི་བར་བྱེད་དོ། །)ཁ་ཏི་ཞེས་པ་ལྟ་བུའོ། །ཛ་ཛྷ་ཉ་ཤ་ཡིག་རྣམས་ལ་ཉ་ ཡིག་གོ་ཞེས་པ་ནི་ཚིག་མཐའི་ན་ཡིག་ཛ་དང་། ཛྷ་དང་། ཉ་དང་། ཤ་རྣམས་གང་རུང་ཕ་རོལ་ ཏུ་ཡོད་པ་ལ་ཉ་ཡིག་ཏུ་འགྱུར་ཏེ། དཔེར་ན། བྷ་ཝཱན྄་ཞེས་པའི་ཚིག་མཐའི་ན་ཡིག་ཛ་ཛྷ་ཉ་ ཤ་ཡིག་ཕ་རོལ་ཏུ་ཡོད་པ་ལས་ཉ་ཡིག་ཏུ་འགྱུར་བ་ནི་རིམ་པ་བཞིན་དུ། བྷ(ཁྱོད་རྒྱལ་བར་བྱེད་ དོ། །) ཝཱཉྫ་ཡ་ཏི། བྷ་ཝཱཉྫ། ཥ་ཡ་ཏི། བྷ་(ཁྱོད་ཉ་ཡིག་གིས། ) ཝཱཉྙ་ཀཱ་རེ་ཎ། བྷ(ཁྱོད་ཉལ་ལོ། )ཝཱཉྴེཏེ་ ཞེས་པ་ལྟ་བུའོ། །ཤ་ལཉྩ་དག་ཡང་ནའོ་ཞེས་པ་ནི་ཚིག་མཐའི་ན་ཡིག་ཤ་ཕ་རོལ་ཏུ་ཡོད་པ་ ལ། ཉྩ་བརྩེགས་པ་དག་ཏུ་ཡང་ན་འགྱུར་ཞིང་། ཡང་ནའི་སྒྲ་ནི་རྣམ་གྲངས་གཞན་ཡང་སྡུད་ 6-1-49 པའི་དོན་ཡིན་པས། ཡང་ན་མི་འགྱུར་ཏེ། དཔེར་ན། བྷ་ཝཱན྄་ཤཱུརཿཞེས་པའི་ན་ཡིག་ཤ་ཕ་ རོལ་ལ་ཉྩ་རུ་འགྱུར་ཞིང་། ཤ་ཡིག་ཀྱང་སྡེ་པའི་དང་པོ་རྣམས་ལས་ཤ་ཡིག་དབྱངས་དང་ཡ་ ཝ་ར་ཞེས་པ་ལྟར་ཚ་རུ་འགྱུར་བས། བྷ་ཝཱཉྕྪཱུ་རཿ(ཁྱོད་དཔའ་བོ། )ཞེས་པའམ། ཡང་ན་ཚ་རུ་མི་ འགྱུར་བས། བྷ་ཝཱཉྩྴཱུ་ཿཞེས་པའམ། ཡང་ན་མདོ་སྔ་མ་ལྟར་ན་ཡིག་ཉ་རུ་འགྱུར་བས། བྷ་ ཝཱཉྴཱུ་རཿཞེས་པ་དང་། དེ་བཞིན་དུ། ཀུརྦན་ཤཱུ་རཿཞེས་པ་ལས། (རབ་ཏུལ་དཔའ་བ། )ཀུརྦཉྕྪཱུ་རཿ ཀུརྦཉྩྴཱུ་རཿ ཀུརྦཉྴཱུརཿཞེས་པ་དང་། པྲ་ཤཱན་ཤ་ཡ་ནཾ་ཞེས་པ་ལས། པྲ་ཤཱཉྩྪ་ཡ་ནཾ། པྲཤཱཉྩྴ་ཡ་ ནཾ། པྲ་ཤཱ(རབ་ཏུ་ཞི་བའི་བསམ་པ། )ཉྴ་ཡ་ནཾ་ཞེས་པ་ལྟ་བུའོ། །ཌ་ཌྷ་ཎ་ཕ་རོལ་ཅན་ནི་ཎ་ཡིག་གོ་ཞེས་ པ་ཚིག་མཐའི་ན་ཡིག་ཌ་དང་། ཌྷ་དང་། ཎ་རྣམས་གང་རུང་ཕ་རོལ་ཏུ་ཡོད་པ་ལ་ནི་ཎ་ཡིག་ཏུ་ འགྱུར་ཏེ། ནིའི་སྒྲ་ནི་མདོ་སྔ་མའི་ཡང་ན་ཞེས་པའི་རྣམ་གྲངས་གཞན་མི་འཇུག་པའི་དོན་ཏོ། དཔེར་ན། མ་ཧཱན྄་ཞེས་པའི་ན་ཡིག་ཌ་ཌྷ་ཎ་ཕ་རོལ་ལ་ཎ་རུ་འགྱུར་བ་ནི་རིམ་པ་བཞིན། མ་ ཧཱ་ཎྜི་ནཾ། (ཆེན་པོ་འཕུར་རོ། །) མ་ཧཱཎྜྷཽ་ཀ་ཏེ་(ཆེན་པོ་འབུལ་ལོ། །) མ་ཧཱ་ཎྞ་ཀཱ་རཿ (ཆེན་པོའི་ཎ་ཡིག) ཞེས་པ་ དང་། དེ་བཞིན་དུ་བྷ་ཝཱན྄་ཞེས་པ་ལས། བྷ་(ཁྱོད་འཕུར་རོ། །) ཝཱ་ཎྜཱི་ནཾ། བྷཎྜྷཽཀ་ཏེ། (ཁྱོད་འབུལ་ལོ། །) བྷ་ཝཱཎྞ་ཀཱ་རེ་(ཁྱོད་ཀྱིས་ན་ཡིག་གིས། ) ཞེས་པ་ལྟ་བུའོ། ། གསུམ་པ་ཁྱད་པར་མ་ཡིག་ལ་རྣམ་འགྱུར་འབྱུང་ཚུལ་ནི། མ་གསལ་བྱེད་ལ་རྗེས་སུ་ང་ རོའོ་ཞེས་པ་ཚིག་མཐའི་མ་ཡིག་གསལ་བྱེད་ཀྱི་ཡི་གེ་རྣམས་གང་རུང་ཕ་རོལ་ཏུ་ཡོད་པ་ལ་སྔ་ མར་རྗེས་སུ་ང་རོར་འགྱུར་ཏེ། དཔེར་ན། ཡུཥྨཏ་ལ་སི་བྱིན་པ་ན། ནཱ་གསུམ་པར། སི་ལ་རྣམ་ དབྱེ་དང་བཅས་པ་ལ་དག་གི་ཏྭམ་ཨ་ཧཾ་ཞེས་པས། ཡུཥྨཏ་སི་དང་བཅས་པ་ཏྭམ་དུ་བསྒྱུར་ པའི་མ་ཡིག ཕ་རོལ་ཏུ་ཡཱ་སི་ཡོད་པའི་གསལ་བྱེད་ཡཱ་མཐོང་བ་ལས་སྔ་མའི་སྟེང་དུ་རྗེས་སུ་ ང་རོར་གྱུར་པས། ཏྭཾ་ཡཱ(ཁྱོད་ཐོབ་བོ། །)སི་ཞེས་པ་དང་། དེ་བཞིན་དུ། ཏྭམ་ཧཱ་ས་སི་ལས། ཏྭཾ་ཧཱ་ ས་སི་(ཁྱོད་དགོད་དོ། །) ཞེས་པ་དང་། ཏྭམ྄ར་མ་སེ་ལས། ཏྭཾ་ར་མ་སེ་(ཁྱོད་དགའོ། །)ཞེས་པ་ལྟ་བུའོ། ། 6-1-50 མ་ཡིག་ཡིན་ཡང་ཚིག་མཐའ་མ་ཡིན་ན་རྗེས་སུ་ང་ངོར་མི་འགྱུར་ཏེ། དཔེར་ན། གམྻཏེ་(འགྲོ་ བར་བྱེད། ) ཞེས་པ་ལྟ་བུའོ། །ཚིག་མཐའ་ཡིན་ཡང་ཕ་རོལ་གསལ་བྱེད་མ་ཡིན་ནའང་རྗེས་ སུ་ང་རོར་མི་འགྱུར་ཏེ། དཔེར་ན། ཏྭམ྄་ཨ་ཏྲ་ལས། ཏྭ་མ་ཏྲ་(ཁྱོད་འདིར། )ཞེས་པ་ལྟ་བུའོ། ། དུར་ཕན་དག་ལས། སམ྄་གྱི་མ་ཡིག་ཚིག་མཐའ་ཅན། རཱཛྼམ་གསལ་བའི་བྱིངས་ཀྭིཔ྄འི་ མཐའ་ཅན་ཕ་རོལ་ལ་རྟག་ཏུ་རྗེས་སུ་ང་རོར་མི་འགྱུར་པའི་དམིགས་བསལ་ཡང་གསུངས་ཏེ། དཔེར་ན། སཾ་ལ་སི་བྱིན་པ། ནཱ་བཞི་པར། མི་ཟད་པ་ལས་ཀྱང་ངོ་ཞེས་པས་ཕྱིས་ཏེ་ཚིག་ཏུ་ གྲུབ་ཅིང་། དེའི་ཕ་རོལ་དུ། རཱཛྲྀ་གསལ་པའི་བྱིངས། རྀ་རྗེས་འབྲེལ་ཕྱིས་པ་མིང་དུ་སྒྲུབ་པ་ ལ། ཀྲྀཏ་གསུམ་པར་ཀྭིཔ་འང་ངོ་ཞེས་པས་ཀྭིཔ་བྱིན་པའི་ཀ་ཡིག་ཀྲྀཏ་དང་པོར་ཀ་ལ་ཡཎ་ བཞིན་ཞེས་པའི་ཁྱད་དོན་དང་། པ྄་ཡིག་བྱིངས་ཀྱི་མཐར་པ་རྗེས་སུ་འབྲེལ་བ་ལ་ཞེས་པའི་ ཁྱད་དོན་དང་། ཨི་ཡིག་བརྗོད་དོན་དང་། ཝ་ཡིག་སྦྱར་བ་མིན་པའི་བིའི་དབྱིའོ་ཞེས་པས་ ཕྱིས་ནས། མིང་དེ་ཉིད་ཚིག་ཏུ་སྒྲུབ་པ་ལ་སི་བྱིན་པའང་གསལ་བྱེད་མཐའ་ལས་དབྱི་ཞིང་། ནཱ་གསུམ་པར། ཧ་ཤ་ཥ་ཚ་མཐའ་དང་ཡ་ཛ་སོགས་ཞེས་པས་ཛ་ཡིག་ཌ་རུ་བསྒྱུར་བ་རྫོགས་ པ་ལ་ཡང་ན་བྱས་ཏེ་སྦྱར་བས། སམྲཱཊ་(ཡང་དག་པའི་རྒྱལ་པོ། )ཞེས་པ་ལྟ་བུའོ། །སྡེ་པ་ལ་སྡེ་པའི་ ལྔ་པར་ཡང་ནའོ་ཞེས་པ་ལ། དུར་སིང་དུ་མཐའི་རྗེས་སུ་ང་རོ་ནི་ཞེས་གསུངས་མོད། སློབ་ ཕན་དུ། མ་ཡིག་ཚིག་མཐའ་ཅན་ནི་ཞེས་གསུངས་པ་ཉིད་ལེགས་ཏེ། ཡང་ན་ཞེས་པའི་རྣམ་ པར་བརྟག་པ་མདོ་སྔ་མ་ལས་དམིགས་བསལ་དུ་གསུངས་པའི་ཕྱིར་རོ། །དེས་ན་ཚིག་མཐའི་ མ་ཡིག་ནི། སྡེ་པ་ལྔའི་ཡི་གེ་རྣམས་གང་རུང་ཕ་རོལ་ཏུ་ཡོད་པ་ལ། གང་རུང་གི་ཕ་རོལ་ན་ ཡོད་པའི་སྡེ་པ་དེའི་ལྔ་པར་ཡང་འགྱུར་ཞིང་། ཡང་ན་སྔ་མ་བཞིན་རྗེས་སུ་ང་རོར་འགྱུར་ ཏེ། དཔེར་ན། ཏྭམ྄་ཀ་རོ་ཥི་ཞེས་པའི་མ་ཡིག་ཀ་ཕ་རོལ་ལ་དེའི་ལྔ་པ་ང་རུ་བསྒྱུར་བས། ཏྭངྐ་ རོ་ཥི་(ཁྱོད་བྱེད་དོ། །) ཞེས་པའམ། ཡང་ན་རྗེས་སུ་ང་རོར་གྱུར་པས། ཏྭཾ་ཀ་རོ་ཥི་ཞེས་པ་དང་། དེ་ 6-1-51 བཞིན་དུ་ཏྭམ྄་ཙ་ར་སི་ལས། མ་ཡིག་ཙ་ཕ་རོལ་ལ་དེའི་ལྔ་པ་ཉ་རུ་བསྒྱུར་བས། ཏྭཉྩ་ར་སི་ (ཁྱོད་སྤྱོད་པར་བྱེད་དོ། །)ཞེས་པའམ། ཡང་ན་སྔར་བཞིན། ཏྭཾ་ཙ་ར་སི་ཞེས་པ་ལྟ་བུའོ། །སློབ་ཕན་ དུ། ཚིག་མཐའི་མ་ཡིག་ནི་མཐར་གནས་རྣམས་ཕ་རོལ་ལ། སྔ་མར་རྗེས་སུ་ང་རོ་དང་བཅས་ པའི་ཕ་རོལ་གྱི་འདྲ་ཡིག་ཏུ་ཡང་ན་འགྱུར་བའི་དམིགས་བསལ་ཡང་གསུངས་ཏེ། དཔེར་ན། སམ྄་ཝ་ཏ་སརཿཞེས་པའི་མ་ཡིག་སི་ཕྱིས་པའི་ཚིག་མཐའ་ཅན། མཐར་གནས་ཝ་ཕ་རོལ་ལ། སྔ་མར་རྗེས་སུ་ང་རོ་དང་། ཕ་རོལ་ཝ་དང་འདྲ་བའི་ཡི་གེར་གྱུར་པས། སཾ་ཝྺཏ་ས་ར་(ལོའམ་ བེའུ། )ཞེས་པའམ། ཡང་ནས་སམྺཏ་ས་རཿཞེས་པ་དང་། དེ་བཞིན་དུ། ཏཏྲ་ལ་གཉིས་ཚིག་ཨཾ་ བྱིན་ནས་ཏཾ་ཞེས་ཚིག་ཏུ་གྲུབ་པའི་ཕ་རོལ་ཏུ། ལོ་ཀཾ་ཡོད་པ་ལས། མ་ཡིག་རྗེས་སུ་ང་རོ་དང་ བཅས་པས་འདྲ་ཡིག་ཏུ་གྱུར་པས། ཏཾ་(དེ་དག་འཇིག་རྟེན། ) ལློ་ཀཾ་ཞེས་པའམ། ཡང་ན་ཏམློ་ཀཾ་ པ་ཞེས་པ་ལྟ་བུའོ། །ཞེས་པ་ཡི་གེ་སྔ་ཕྱི་རྣམས་མཚམས་སྦྱོར་གྱི་མདོར་མཚམས་སྦྱོར་བཞི་པ་ གསལ་བྱེད་རྣམས་ཕྲད་པ་ལས་རྣམ་འགྱུར་འབྱུང་ཚུལ་གྱི་འགྲེལ་པ་རྫོགས་སོ།། །། ཁྱད་པར་རེ་ཕ་དང་ས་ཡིག་ལས་གྲུབ་པའི་རྣམ་པར་གཅད་བྱ་ཡི་གེ་རྣམས་དང་ཕྲད་པ་ ལས་རྣམ་འགྱུར་འབྱུང་ཚུལ་གྱི་མཚམས་སྦྱོར་ལ་དངོས་དང་ཞར་བྱུང་གཉིས་ལས། དངོས་ ལ་དྲུག་གི་དང་པོ་སྒྲ་མེད་རྣམས་ཕ་རོལ་ལ་རྣམ་འགྱུར་འབྱུང་ཚུལ་ནི། རྣམ་པར་གཅད་བྱ་ ཙའམ་ཚ་ལ་ཤའོ་ཞེས་པ་རྣམ་པར་གཅད་བྱའི་ཡི་གེ་ནི་ཙའམ་ཚ་ཡིག་ཕ་རོལ་ཏུ་ཡོད་པ་ལ་ཤ་ ཡིག་ཏུ་འགྱུར་ཏེ། དཔེར་ན། ཀཿཙ་ར་ཏི་ཞེས་པའི་རྣམ་བཅད་ཙ་ཕ་རོལ་ལ་ཤ་རུ་བསྒྱུར་ཏེ་ སྦྱར་བས། ཀཤྩར་ཏི་(ཅི་སྤྱོད་པར་བྱེད། ) ཞེས་པ་དང་། དེ་བཞིན་དུ། ཀཿཚཱད་ཡ་ཏི་ལས། ཀཤྪཱད་ ཡ་ཏི་(སུ་འགེབས་པར་བྱེད། ) ཞེས་པ་ལྟ་བུའོ། །ཊའམ་ཋལ་ཥའོ་ཞེས་པ་ནི་རྣམ་པར་གཅད་བྱ། ཊའམ་ཋ་ཡིག་ཕ་རོལ་ཏུ་ཡོད་པ་ལ་ཥ་ཡིག་ཏུ་འགྱུར་ཏེ། དཔེར་ན། ཀཿཊཱིཀ་ཏེ་ཞེས་པའི་རྣམ་ བཅད་ཊ་ཕ་རོལ་ལ་ཥ་རུ་བསྒྱུར་བས། ཀཥྚཱི་ཀ་ཏེ་(སུ་རྒྱས་འགྲེལ་བྱེད། ) ཞེས་པ་དང་། དེ་བཞིན་ 6-1-52 དུ། ཀཿཋཀྐུརཿལས། ཀཥྛ་ཀྐུརཿཞེས་པ་ལྟ་བུའོ། །ཏའམ་ཐ་ལ་སའོ་ཞེས་པ་ནི་རྣམ་པར་ གཅད་བྱ། ཏའམ་ཐ་ཡིག་ཕ་རོལ་ཏུ་ཡོད་པ་ལ་ས་ཡིག་ཏུ་འགྱུར་ཏེ། དཔེར་ན། ཀཿཏ་ར་ཏི་ ཞེས་པའི་རྣམ་གཅད་ཏ་ཕ་རོལ་ལ་ས་རུ་བསྒྱུར་བས། ཀ་སྟ་(ཅི་སྒྲོལ་བར་བྱེད། )ར་ཏི་ཞེས་པ་དང་། དེ་བཞིན་དུ། ཀཿཐུ་ཌ་ཏི་ལས། ཀསྠུ་ཌ་ཏི་(སུ་སྦོམ་པོར་བྱེད། )ཞེས་པ་ལྟ་བུའོ། །ཀ་ཁ་དག་ལ་ལྕེ་ རྩ་ཅན་ཏེ་ཡང་ན་མ་ཡིན་ནོ། །ཞེས་པ་ནི་རྣམ་པར་གཅད་བྱ། ཀ་ཁའི་ཡི་གེ་དག་གང་རུང་ཕ་ རོལ་ཏུ་ཡོད་པ་ལ་ལྕེ་རྩ་ཅན་དུ་འགྱུར་ཞིང་། ཡང་ན་མི་འགྱུར་བར་རང་བཞིན་དུ་གནས་ཏེ། དཔེར་ན། ཀཿཀརོ་ཏི་ཞེས་པའི་རྣམ་བཅད་ཀ་ཕ་རོལ་ལ་རྡོ་རྗེའི་རྣམ་པར་བསྒྱུར་བས། ཀ་ྈྐ་ རོ་ཏི་(ཅི་བྱེད་པ་བཞིན་)ཞེས་པའམ། ཡང་ན་རང་གཟུགས་སུ་གནས་པ་ལྟ་བུ་དང་། དེ་བཞིན་དུ། ཀཿཁན་ཏི་ལས། ཀ་ྈྑ་ན་ཏི་(ཅི་རྐོ་བར་བྱེད་)ཞེས་པའམ། རང་བཞིན་པ་ལྟ་བུའོ། །སློབ་ཕན་དུ། ཤི་ཊ་ཕ་རོལ་ཅན་གྱི་ཀ་ཁ་དག་ལ་རྣམ་བཅད་ལྕེ་རྩ་ཅན་དུ་མི་འགྱུར་བའི་དམིགས་བསལ་དུ་ ཡང་གསུངས་ཏེ། བྲྀཀྵཿཀྵར་(ཤིང་འགྱུར་བར་བྱེད། )ཞེས་པའི་རྣམ་བཅད་ཀའི་ཕ་རོལ་ན་ཤིཊའི་ མིང་ཅན་ཥ་ཡོད་པས་རང་བཞིན་དུ་གནས་པ་ལྟ་བུའོ། །པ་ཕ་དག་ལ་མཆུ་ཅན་ཏེ་ཡང་ན་མ་ ཡིན་ནོ། །ཞེས་པའི་རྣམ་པར་བཅད་བྱ། པ་དང་ཕའི་ཡི་གེ་དག་གང་རུང་ཕ་རོལ་ཏུ་ཡོད་པ་ལ་ མཆུ་ཅན་དུ་འགྱུར་ཞིང་། ཡང་ན་མི་འགྱུར་བར་རང་བཞིན་དུ་གནས་ཏེ། དཔེར་ན། ཀཿཔ་ཙ་ ཏི་ཞེས་པའི་རྣམ་བཅད་པ་ཕ་རོལ་ལ་གླང་པོ་ཆེའི་ཐོད་པའི་རྣམ་པར་བསྒྱུར་བས། ཀྉྤ་ཙ་ ཏི་(སུ་འཚེད་པར་བྱེད། )ཡང་ན་རང་གཟུགས་སུ་གནས་པ་ལྟ་བུ་དང་། དེ་བཞིན་དུ། ཀཿཕ་ལ་ཏི་ ལས། ཀྉྤ་ལ་ཏི་(ཅི་འབྲས་བུ་བྱེད། )ཞེས་པའམ། རང་བཞིན་པ་ལྟ་བུའོ། །དུར་ཕན་དག་ལས། ཤི་ཊ་ཕ་རོལ་ཅན་གྱི་པ་ཕ་དག་ལ་རྣམ་བཅད་མཆུ་ཅན་དུ་མི་འགྱུར་བའི་དམིགས་བསལ་ ཡང་གསུངས་ཏེ། དཔེར་ན། ཨདྦྷིཿ པྶཱ་ཏི་(ཟ་བ་རྣམས་ནི་ཟས་སུ་བྱེད། )ཞེས་པའི་རྣམ་བཅད་པའི་ ཕ་རོལ་ན། ཤིཊའི་མིང་ཅན་སཱ་ཡོད་པས་རང་བཞིན་དུ་གནས་པ་ལྟ་བུའོ། །ཤ་ཥ་ས་ལ་ཕ་ 6-1-53 རོལ་གྱི་གཟུགས་སུ་ཡང་ནའོ་ཞེས་པའི་རྣམ་པར་གཅད་བྱ། ཤའམ་ཥའམ་ས་ཡིག་གང་རུང་ ཕ་རོལ་དུ་ཡོད་པ་ལ། གང་རུང་གི་ཕ་རོལ་ན་ཡོད་པ་དེའི་གཟུགས་སུ་འགྱུར་ཞིང་། ཡང་ན་ མི་འགྱུར་བར་རང་བཞིན་དུ་གནས་ཏེ། དཔེར་ན། ཀཿཤེ་ཏེ་ཞེས་པའི་རྣམ་བཅད་ཤ་ཕ་རོལ་ ལ་ཤའི་གཟུགས་སུ་བསྒྱུར་བས། ཀཤྴེ་(ཅི་ཉལ་བར་བྱེད། )ཏེ་ཞེས་པའམ། ཡང་ན་རང་གཟུགས་སུ་ གནས་པ་ལྟ་བུ་དང་། དེ་བཞིན་དུ། ཀཿཥཎྜེ་ལས། ཀཥྵཎྜེ་(ཅིའི་དུམ་བུ། )ཞེས་པའམ། རང་བཞིན་ པ་དང་། ཀཿསཱ་དྷུཿལས། (སུ་ལེགས། )ཀ་སྶཱ་དྷུཿཞེས་པའམ། རང་བཞིན་པ་ལྟ་བུའོ། །སློབ་ཕན་ དུ་། བརྩེགས་པ་རྣམས་ལ་རྣམ་བཅད་ཕ་རོལ་གྱི་གཟུགས་སུ་མི་འགྱུར་བའི་དམིགས་བསལ་ ཡང་གསུངས་ཏེ། དཔེར་ན། ཀཿཤྩོ་བ་ཏི་ཀཿཥྛི་བ་ཏི་ཞེས་པའི་རྣམ་བཅད་ཕ་རོལ་བརྩེགས་པ་ དག་ལ་རང་བཞིན་དུ་གནས་པ་ལྟ་བུའོ། །དུར་སིང་དུ་རྣམ་པར་གཅད་བྱ་བསྒྱུར་བ་ནི་སྒྲ་མེད་ པ་ལ་དང་པོར་འགྱུར་བ་མ་ཡིན་ནོ་ཞེས་གསུངས་པ་ནི། ཤ་ཡིག་ལ་སོགས་པ་བརྩེགས་པའི་ ཐོག་མ་རྣམས། ནཱ་གསུམ་པར། སྒྲ་མེད་པ་ལ་དང་པོའོ་ཞེས་པས་དང་པོར་བསྒྱུར་བ་ཐོབ་པ་ ལ། དེ་རྣམས་ལ་སྡེ་པའི་མིང་མེད་པས་དང་པོ་མེད་མོད། གནས་མཚུངས་པའི་དབང་གི་ཤ་ ཡིག་ཙ་དང་། ཥ་ཡིག་ཊ་དང་། ས་ཡིག་ཏ་རུ་བསྒྱུར་བ་ཐོབ་ནའང་། སྔར་གྱི་ཤ་ཥ་དེ་དག་རྣམ་ བཅད་བསྒྱུར་པའི་གཟུགས་བརྙན་ཡིན་པས་སྒྲ་མེད་ཙ་ཋ་དག་ལ་དང་པོར་མི་འགྱུར་བའི་ དམིགས་བསལ་མཛད་པ་སྟེ། འདི་ལྟ་བུ་ལ་སོགས་པ་སྤྱིར་བཏང་དང་དམིགས་བསལ་གྱི་ ཁྱད་པར་ཞིབ་ཆ་རྣམས་ལའང་མཁས་པར་བྱའོ། ། གཉིས་པ་ཨ་ཡིག་ལས་ཕ་རོལ་ལ་རྣམ་འགྱུར་འབྱུང་ཚུལ་ལ། ཨ་ཡིག་དག་གི་བར་ དུ་ཨུའོ་ཞེས་པ་ནི། ཨ་ཡིག་སྔ་ཕྱི་གཉིས་ཀྱི་བར་དུ་ཡོད་པའི་རྣམ་པར་བཅད་བྱ་ཨུ་ཡིག་ཏུ་ འགྱུར་ཏེ། དཔེར་ན། ན་མཿཨ་མོ་གྷ་སིདྡྷ་ཡེ་ཞེས་པའི་རྣམ་བཅད་མའི་ཨ་ཡིག་དང་ཕ་རོལ་ གྱི་ཨ་ཡིག་གི་བར་དུ་ཡོད་པ་ཨུ་རུ་འགྱུར་ཞིང་། དེ་སྔ་མ་དང་མཚམས་སྦྱར་བས་ཨོ་རུ་གྲུབ་ 6-1-54 པ་ན། སན་གཉིས་པར། ཚིག་མཐར་ཨེཏ་ཨོཏ་ལས་ཞེས་པས། ཕ་རོལ་གྱི་ཨ་ཡིག་ཕྱིས་ ཏེ་མཚན་མ་བྲིས་པས། ན་མོ་྅མོ་གྷ་སིདྡྷ་ཡེ་(དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །)ཞེས་པ་དང་། དེ་ བཞིན་དུ། ཀཿཨ་ཏྲ་ལས། ཀོ྅ཏྲ་(སུ་འདིར། )ཞེས་པ་དང་། སཿཨརྠཿལས། སོ྅རྠ་(ཅིའི་དོན། )ཞེས་ པ་ལྟ་བུའོ། །ཨ་དང་སྒྲ་ལྡན་དག་གིའང་ངོ་། །ཞེས་པ་ནི། ཨ་ཡིག་དག་གི་བར་དུ་ཨུ་རུ་འགྱུར་ བར་མ་ཟད། ཨ་ཡིག་དང་སྒྲ་ལྡན་གྱི་ཡི་གེ་གང་རུང་དག་གི་བར་དུ་གནས་པའི་རྣམ་པར་ བཅད་བྱའང་ཨུ་རུ་འགྱུར་ཏེ། དཔེར་ན། ན་མཿབུངྔྷཱ་ཡ་ཞེས་པའི་རྣམ་བཅད་མའི་ཨ་དང་སྒྲ་ ལྡན་པའི་བར་དུ་ཡོད་པ་ཨུ་རུ་བསྒྱུར་ཏེ། སྔ་མ་དང་མཚམས་སྦྱར་པས། ན་མོ་བུངྔྷཱ་ཡ་(སངས་ རྒྱས་ཆེད་དུ་ཕྱག་འཚལ་ལོ། །) ཞེས་པ་དང་། དེ་བཞིན་དུ། ཀཿགཙྪ་ཏི་ལས། ཀོ་གཙྪ་ཏི་(སུ་འགྲོ་བར་བྱེད། ) ཞེས་པ་དང་། ཀཿདྷཱ་བ་ཏི་ལས། ཀོ་དྷཱ་བ་ཏི་(སུ་བང་གཏོང་བར་བྱེད། ) ཞེས་པ་ལྟ་བུའོ། །སྔ་མར་ཨ་ ཡིག་ཡོད་ཀྱང་ཕ་རོལ་སྒྲ་ལྡན་མ་ཡིན་ན་ཨུ་རུ་མི་འགྱུར་ཏེ། དཔེར་ན། ཀཿཤེ་ཏེ་(སུ་ཉལ་བར་ བྱེད། )ཞེས་པ་ལྟ་བུའོ། །ཨ་ལས་ཕ་རོལ་དབྱངས་གཞན་ལ་དབྱི་བའམ་ཡང་ན་ཡའོ། །ཞེས་ པ་ནི་ཨ་ཡིག་ལས་ཕ་རོལ་གྱི་རྣམ་པར་བཅད་བྱ། ཨཱ་ཡིག་རིང་པོ་ལ་སོགས་པའི་དབྱངས་ གཞན་རྣམས་ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་བྱ་བའམ། ཡང་ན་ཡ་ཡིག་ཏུ་འགྱུར་ཏེ། དུར་ ཕན་དག་ལས། འམ་གྱི་སྒྲ་ནི་བསྡུ་བ་ལའོ། །ཞེས་ཀྱང་གསུང་ངོ་། །དཔེར་ན། ན་མཿཨཱརྱ་ མཉྫུ་ཤྲི་ཡེ་ཞེས་པའི་རྣམ་བཅད་ཨཱ་ཕ་རོལ་ལ་ཕྱིས་པས། ན་མ་ཨཱརྱ་མཉྫུ་ཤྲི་ཡེ་(འཕགས་པ་འཇམ་ དཔལ་ལ་ཕྱག་འཚལ་ལོ། །)ཞེས་པའམ། ཡང་ན་ཡ་རུ་བསྒྱུར་ཏེ་སྦྱར་བས། ན་མ་ཨཱརྱ་མཉྫུ་ཤྲི་ཡེ་ ཞེས་པ་དང་། དེ་བཞིན་དུ། སཿཨཱ་ཧ་ལས། ས་ཨཱ་ཧཱ་ཞེས་པའམ། ས་ཡཱ་ཧ་(དེ་སྒྲའོ། །) ཞེས་པ་ དང་། ཀཿཨི་ཧ་ལས། ཀ་ཨི་ཧ་(སུ་འདིར། )ཞེས་པའམ། ག་ཡི་ཧ་ཞེས་པ་དང་། རུ་དྲཿཨུ་པ་རི་ ལས། རུ་དྲ་ཨུ་པ་རི་(དྲག་པོ་སྟེང་གི་) ཞེས་པའམ། རུ་དྲ་ཡུ་པ་རི་ཞེས་པ་ལྟ་བུའོ། །ཨ་ལས་ཕ་ རོལ་དབྱངས་གཞན་ལ་རྣམ་བཅད་ཨུ་རུ་མི་འགྱུར་བར་མ་ཟད་ཕ་རོལ་ན་ཡོད་ཀྱང་སྔ་མ་ཨ་ 6-1-55 མ་ཡིན་ནའང་མི་འགྱུར་ཏེ། དཔེར་ན། ཨགྣིཿཨ་དྲ་ཞེས་པའི་རྣམ་བཅད་ནཱ་མིའི་ཕ་རོལ་རའོ་ ཞེས་འཆད་པར་འགྱུར་བ་ལྟར་བསྒྱུར་བས། ཨགྣིར་ཏྲ་(མེ་ལྷ་འདིར། ) ཞེས་པ་ལྟ་བུའོ། ། གསུམ་པ་ཨཱ་བྷོ་ཕ་རོལ་ལ་རྣམ་འགྱུར་འབྱུང་ཚུལ་ལ། ཨཱ་བྷོ་དག་ལས་དབྱངས་ལ་དེ་ ལྟ་ཁོ་ནའོ། །ཞེས་པ་ནི་ཨཱ་ཡིག་དང་། བྷོའི་སྒྲ་འདི་དག་ལས་ཕ་རོལ་གྱི་རྣམ་པར་བཅད་བྱ། དེའི་ཡང་ཕ་རོལ་ཏུ་དབྱངས་ཡིག་བཅུ་བཞི་པོ་གང་རུང་ཡོད་པ་ལ་དབྱི་བའམ། ཡང་ན་ཡ་ ཡིག་ཏུ་བསྒྱུར་བའི་ཚུལ་མདོ་སྔ་མར་བསྟན་པ་དེ་ལྟ་ཁོ་ནར་འགྱུར་ཏེ། དཔེར་ན། དེ་ཝཱཿཨཱ་ ཧུཿཞེས་པའི་ཝཱའི་ཨཱ་ལས་ཕ་རོལ་གྱི་རྣམ་བཅད་དབྱངས་ཕ་རོལ་ལ་ཕྱིས་པས། དེ་ཝཱ་ཨཱ་ཧྲུཿ ཞེས་པའམ། ཡང་ན་ཡ་རུ་བསྒྱུར་བས། དེ་ཝཱ་ཡཱ་ཧུཿཞེས་པ་དང་། དེ་བཞིན་དུ། བྷོཿཨ་ཏྲ་ལས་ བྷོ་ཨ་ཏྲ་(ཀྱེ་འདིར། )ཞེས་པའམ། བྷོ་ཡ་ཏྲ་ཞེས་པ་ལྟ་བུའོ། དུར་ཕན་དག་ལས། བྷོ་ཞེས་པའི་ བོད་པའི་ཨོ་ཡིག་གིས་ཉེ་བར་མཚོན་ནས། བྷ་གོ་དང་། ཨགྷོའི་སྒྲ་དག་ལས་ཀྱང་རྣམ་བཅད་ དབྱི་བའམ། ཡ་ཡིག་ཏུ་འགྱུར་བར་གསུངས་ཏེ། དཔེར་ན། བྷ་གོཿཨ་ཏྲ་ལས། བྷ་གོ་ཨ་ཏྲ་ (སྐལ་ལྡན་འདིར། ) ཞེས་པའམ། བྷ་གོ་ཡ་ཏྲ་ཞེས་པ་དང་། ཨ་གྷོཿཨ་ཏྲ་ལས། ཨ་གྷོ་ཨ་ཏྲ་ཞེས་ པའམ། ཨ་གྷོ་ཡ་ཏྲ་(སྡིག་ལྡན་འདིར། ) ཞེས་པ་ལྟ་བུའོ། །ཨཱབྷོ་ལས་ཕ་རོལ་ཡིན་ཡང་། དེའི་ཕ་ རོལ་ན་དབྱངས་མེད་ན་དབྱི་བའམ་ཡ་ཡིག་ཏུ་མི་འགྱུར་ཏེ། དཔེར་ན། པུ་རུ་ཥཱཿཤེ་ར་ཏེ་ཞེས་ པ་ལ་སོགས་པ་ལྟ་བུའོ། །དུར་ཕན་དག་ལས། དེ་ལྟ་ཁོ་ན་སྨོས་པ་ནི་རྟག་ཏུ་དབྱི་བར་འདོད་ པ་བསལ་བའི་དོན་དུའོ། །ཞེས་གསུངས་པས་ཨཱ་བྷོ་དག་ལས་དབྱངས་ལ་རྟག་ཏུ་འཕྱིད་པ་ ནི་མ་ཡིན་ནོ། །སྒྲ་ལྡན་ལ་དབྱིའོ་ཞེས་པ་ནི་ཨཱ་དང་བྷོ་དག་གི་ཕ་རོལ་གྱི་རྣམ་པར་བཅད་བྱ་ དེའི་ཡང་ཕ་རོལ་ཏུ་སྒྲ་ལྡན་གྱི་ཡི་གེ་རྣམས་གང་རུང་ཡོད་པ་ལ་དབྱི་བར་བྱ་སྟེ། དུར་ཕན་ དག་ལས། སླར་ཡང་དབྱི་བ་སྨོས་པ་ནི་ཡང་ན་ཡའོ། །ཞེས་པ་ལྡོག་པའི་དོན་དུའོ། །ཞེས་ གསུངས་སོ། །དཔེར་ན། དེ་ཝཱཿག་ཏཱཿཞེས་པའི་རྣམ་བཅད་ག་ཡིག་སྒྲ་ལྡན་ལ་ཕྱིས་པས། དེ་ 6-1-56 ཝཱ་ག་ཏཱཿ(ལྷ་རྣམས་གཤེགས། )ཞེས་པ་དང་། དེ་བཞིན་དུ། དོཥཱཿཡན་ཏི་ལས། དོ་ཥཱ་ཡན་ཏི་ཞེས་པ་ དང་། བྷོཿཡཱ་སི་ལས། བྷོ་ཡཱ་སི་(ཁྱོད་ཀྱི་ཐོབ་པར་བྱེད། )ཞེས་པ་དང་། བྷོཿཛ་ཡ་ལས། བྷོ་ཛ་ཡ་(ཁྱོད་ རྒྱལ་བར་བྱེད། )ཞེས་པ་ལྟ་བུའོ། །དུར་ཕན་དག་ལས། བྷ་གོ་དང་ཨ་གྷོའི་སྒྲ་དག་ལས་ཀྱང་དབྱི་ བར་གསུངས་ཏེ། དཔེར་ན། བྷ་གོཿབྲ་ཛ་ལས། བྷ་གོ་བྲ་ཛ་(སྐལ་ལྡན་འགྲོ་བར་བྱེད། ) ཞེས་པ་དང་། ཨ་གྷོཿཡ་ཛ་ལས། ཨ་གྷོ་ཡ་ཛ་(སྡིག་ལྡན་འགྲོ་བར་བྱེད། ) ཞེས་པ་ལྟ་བུའོ། ། བཞི་པ་ནཱ་མི་ལས་ཕ་རོལ་ལ་རྣམ་འགྱུར་འབྱུང་ཚུལ་ལ། ནཱ་མིའི་ཕ་རོལ་རའོ་ཞེས་པ་ནི། ནཱ་མིའི་མིང་ཅན་རྣམས་ཀྱི་ཕ་རོལ་གྱི་རྣམ་པར་གཅད་བྱ་ཕ་རོལ་ཏུ་ཡི་གེ་གང་ཡོད་ཀྱང་ལྟོས་ པ་མེད་པར་ངེས་པར་ར་ཡིག་ཏུ་འགྱུར་ཏེ། དཔེར་ན། སུ་པིཿསུ་ཏུཿཞེས་པའི་རྣམ་བཅད་སྔ་ མར་པི་དང་ཏུའི་དབྱངས་ནཱ་མི་ཡོད་པ་ལས་ར་རུ་བསྒྱུར་བས། སུ་པིར྄། སུ་ཏུར྄་ཞེས་པར་ འགྱུར་ཞིང་། ནཱ་གསུམ་པར། ཨིར་ཨུར་དག་གི་ཨཱིར་ཨཱུར་དག་གོ་ཞེས་པས། སུ་པཱིར(ལེགས་ པར་འཐུངས་སོ། །) སུ་ཏཱུར་(ལེགས་པར་ཚིམ། )ཞེས་པར་འགྱུར་ཏེ། རེ་ཕ་དང་ས་དག་གི་རྣམ་པར་ བཅད་བྱའོ། །ཞེས་པས་སླར་ཡང་ར་ཡིག་རྣམ་བཅད་དུ་བསྒྱུར་བས། སུ་བཱིཿསུ་ཏཱུཿཞེས་པ་ལྟ་ བུའོ། །དུར་ཕན་དག་ལས། ཨཱིར་ཨཱུར་དག་འཇུག་པའི་དོན་དུ་ར་ཉིད་དུ་བསྒྲུབ་པར་བྱའོ། ། ཞེས་གསུངས་པས། ཨཱིར་ཨཱུར་རིང་པོར་བསྒྱུར་བའི་དོན་དུ་ཕ་རོལ་ལ་ལྟོས་པ་མེད་པར་ ར་ཡིག་ཏུ་བསྒྱུར་བའི་མདོ་འདི་སྨོས་པའོ་ཞེས་གསུངས་སོ། །སྒྲ་ལྡན་དང་དབྱངས་ཕ་རོལ་ ཅན་ནོ་ཞེས་པ་ནི། ནཱ་མཱིའི་ཕ་རོལ་གྱི་རྣམ་པར་བཅད་བྱ། དེའི་ཕ་རོལ་སྒྲ་ལྡན་རྣམས་དང་། དབྱངས་ཡིག་རྣམས་གང་རུང་ཡོད་པ་ལ་ར་ཡིག་ཏུ་འགྱུར་ཏེ། དཔེར་ན། ཨགྣིཿགཙྪ་ཏི་ ཞེས་པའི་རྣམ་བཅད་སྒྲ་ལྡན་ག་ཕ་རོལ་ལ་ར་ཡིག་ཏུ་གྱུར་པས། ཨགྣིརྒ ཙྪ་ཏི་(མེ་ལྷ་འགྲོ་བར་བྱེད་ དོ། །) ཞེས་པ་དང་། དབྱངས་ལ་ཨགྣིཿཨ་ཏྲ་ལས། ཨགྣི་ར་ཏྲ(མེ་འདིར། )ཞེས་པ་དང་། དེ་བཞིན་ དུ། ཊུཿཝ་ད་ཏི་ལས། པ་ཊུཪྺ་ར་ཏི་(མཁས་པར་གསུང་བར་བྱེད། )ཞེས་པ་དང་། པ་ཊུཿཨ་ཏྲ་ 6-1-57 ལས། པ་ཊུ་ར་ཏྲ་(མཁས་པ་འདིར། )ཞེས་པ་ལྟ་བུའོ། ། ལྔ་པ་ར་ཡིག་ལས་གྲུབ་པའི་རྣམ་འགྱུར་འབྱུང་ཚུལ་ནི། རའི་རང་བཞིན་ཅན་ནི། ནཱ་མིའི་ ཕ་རོལ་མ་ཡིན་པའང་ངོ་། །ཞེས་པ། དང་པོར་ར་ཡིག་ལས་བསྒྲུབས་པའི་རང་བཞིན་ཅན་གྱི་ རྣམ་པར་བཅད་བྱ་ནི། ནཱ་མིའི་ཕ་རོལ་དང་། ནཱ་མིའི་ཕ་རོལ་མ་ཡིན་པ་དང་། འང་གི་སྒྲས་སྒྲ་ ལྡན་དང་དབྱངས་ཕ་རོལ་ཅན་དང་། སྒྲ་ལྡན་དང་དབྱངས་ཕ་རོལ་ཅན་མ་ཡིན་པ་ལའང་ར་ ཡིག་ཏུ་འགྱུར་ཏེ། དཔེར་ན། ཨནྟཿག་ཏཿཞེས་པའི་རྣམ་བཅད་དང་པོ་ར་ལས་གྲུབ་པ་སྒྲ་ལྡན་ ག་ལ་ར་ཡིག་ཏུ་གྱུར་པས། ཨནྟརྒ ཏཿ (མཐར་སོང་)ཞེས་པ་དང་། དབྱངས་ལ་ནི། ཨནྟཿཨ་ཏྲ་ ལས། ཨནྟ་ར་ཏྲ་(ཕྱི་རོལ་འདིར། )ཞེས་པ་དང་། དེ་བཞིན་དུ། སྭཿག་ཏཿལས། སྭརྒ་ཏཿ (མཐོ་རིས་ བགྲོད་པ། )ཞེས་པ་དང་། སྭཿཨཏྲ་ལས། སྭ་ར་ཏྲ་(རང་འདིར། ) ཞེས་པ་དང་། པི་ཏཿཡཱ་ཏཿལས། པི་ ཏཪྻཱཏཿ (ཀྱེ་ཡབ་རྒྱལ་པོ། )ཞེས་པ་དང་། པི་ཏཿཨ་ཏྲ་ལས། པི་ཏ་ར་ཏྲ་(ཀྱེ་ཡབ་འདིར། )ཞེས་པ་ལྟ་བུའོ། ། དུར་ཕན་དག་ལས། པྲ་ཙེ་ཏས་ཀྱི་ས་ཡིག་རྣམ་བཅད་དུ་གྱུར་པ་རཱ་ཛན྄་ཕ་རོལ་དང་། ཨ་ཧ་ ས་ལ་སོགས་པའི་ས་ཡིག་རྣམ་བཅད་དུ་གྱུར་པ། པ་ཏི་ལ་སོགས་པའི་ཚིག་ཕ་རོལ་ལ་ར་ཡིག་ ཏུ་བསྒྱུར་བར་ཡང་ན་བཤད་པར་བྱ་ཞེས་པའི་དམིགས་བསལ་ཡང་གསུངས་ཏེ། དཔེར་ན། ཧེ་པྲྀ་ཙེ་ཏཿརཱ་ཛན་ཞེས་པའི་རྣམ་བཅད་རཱ་ཛན་ཕ་རོལ་ལ་ར་ཡིག་ཏུ་གྱུར་པ། འཆད་འགྱུར་ གྱི་རའི་ར་ལ་ཞེས་པས་ཕྱིས་ནས་དེའི་སྔ་མ་རིང་པོར་བསྒྱུར་བས། ཧེ་བྲ་ཙེ་ཏཱ་རཱ་ཛན་(ཀྱེ་ཆུ་ ལྷའི་རྒྱལ་པོ། )ཞེས་པའམ། ཡང་ན་བཤད་ཟིན་ཨ་དང་སྒྲ་ལྡན་དག་གི་ཞེས་པས་ཨུ་རུ་བསྒྱུར་ཏེ་ མཚམས་སྦྱར་བས། ཧེ་པྲ་ཙེ་ཏོ་རཱ་ཛན་ཞེས་པ་ལྟ་བུ་དང་། དེ་བཞིན་དུ། ཨ་ཧཿཔ་ཏི་ཞེས་པའི་ རྣམ་བཅད། པ་ཏི་ཕ་རོལ་ལ་ར་ཡིག་ཏུ་བསྒྱུར་བས། ཨ་ཧཪྤ་ཏི་(ཉིན་མོའི་བདག་པོ། )ཞེས་པའམ། ཡང་ན་རང་གཟུགས་སུ་གནས་པ་དང་། ཨ་ཧཿཔུ་ཏྲཿལས། ཨ་ཧཪྤུཏྲཿ(ཉིན་བྱེད་སྲས། )ཞེས་ པའམ། རང་བཞིན་པ་ལྟ་བུ་དང་། སོགས་པའི་སྒྲས། གིཿཔ་ཏི་ལས། གིཪྤ་ཏི(ངག་གི་བདག་པོ། ) 6-1-58 དང་། དྷུཿཔ་ཏི་ལས། དྷུཪྤ་(ཤིང་རྟའི་སྔ་ཆའི་བདག་པོ། )ཏི་དང་། གཱིཿཔུ་ཏྲ་ལས། གཱིཪྤུ་ཏྲ་(གསུང་གི་སྲས། ) དང་། དྷུཿཔུ་ཏྲ་ལས། དྷུཪྤུ་ཏྲ་(ཤིང་རྟའི་སྔ་ཆའི་བུ། )ཞེས་པའམ། ཡང་ན་དེ་རྣམས་རང་གཟུགས་སུ་ གནས་པ་ལྟ་བུའོ། ། དྲུག་པ་ཨེ་ཥ་དང་། སའི་ཕ་རོལ་ལ་རྣམ་འགྱུར་འབྱུང་ཚུལ་དངོས་དང་། སྤྱིའི་དམིགས་ བསལ་ལ་གཉིས་ལས། དང་པོ་ནི། ཨེ་ཥ་དང་ས་ལས་ཕ་རོལ་གསལ་བྱེད་ལ་དབྱིའོ། །ཞེས་ པ་ཨེ་ཥ་དང་། ས་ལས་ཕ་རོལ་གྱི་རྣམ་པར་བཅད་བྱ། དེའི་ཕ་རོལ་ཏུ་གསལ་བྱེད་ཀྱི་ཡི་གེ་ རྣམས་གང་རུང་ཡོད་པ་ལ་དབྱི་བར་འགྱུར་ཏེ། དཔེར་ན། ཨེ་ཥཿཙ་ར་ཏི་ཞེས་པའི་རྣམ་བཅད་ གསལ་བྱེད་ཙ་ཕ་རོལ་ལ་ཕྱིས་པས། ཨེ་ཥ་ཙ་ར་ཏི་(འདི་སྤྱོད་པར་བྱེད་དོ། །)ཞེས་པ་དང་། ས་ཡིག་ ལ་ནི། སཿཊཱི་ཀ་ཏེ་ལས། ས་ཊཱིཀ་ཏ་(དེ་རྒྱས་འགྲེལ་བྱེད། ) ཞེས་པ་དང་། དེ་བཞིན་དུ། ཨེ་ཥཿད་ དཱ་ཏི་ལས། ཨེ་ཥ་ད་དཱ་ཏི་(འདི་སྦྱིན་པར་བྱེད་དོ། །) ཞེས་པ་དང་། སཿད་དཱ་ཏི་ལས། ས་ད་དཱ་ཏི་(དེ་ སྦྱིན་པར་བྱེད་དོ། །)ཞེས་པ་དང་། ཨེ་ཥཿཤེ་ཏེ་ལས། ཨེ་ཥ་ཤེ་ཏེ་(འདི་ཉལ་ལོ། །)ཞེས་པ་དང་། སཿཔ་ ཙ་ཏི་ལས། ས་པ་ཙ་ཏི་(དེ་འཚེད་པར་བྱེད་དོ། །)ཞེས་པ་ལྟ་བུའོ། །སྔ་མར་ཨེ་ཥ་དང་ས་ཡིག་མེད་ན་ ཕ་རོལ་གསལ་བྱེད་ཡོད་ཀྱང་མི་འཕྱིད་དེ། དཔེར་ན། ཡཿཙ་ར་ཏི་ཞེས་པའི་རྣམ་བཅད་མ་ ཕྱིས་པར། སྔར་བཞིན་ཤ་ཡིག་ཏུ་གྱུར་པས། ཡཤྩ་ར་ཏི་(གང་སྤྱོད་པར་བྱེད། )ཞེས་པ་ལྟ་བུའོ། །སྔ་ མར་ཨེ་ཥ་དང་། ས་ཡིག་ཡོད་ཀྱང་ཕ་རོལ་གསལ་བྱེད་མ་ཡིན་ནའང་མི་འཕྱིད་དེ། དཔེར་ ན། ཨེ་ཥཿཨ་ཏྲ་ཞེས་པའི་རྣམ་བཅད་མ་ཕྱིས་པར། སྔར་བཞིན་ཨ་ཡིག་དག་གི་བར་དུ་ཨུ་རུ་ གྱུར་པ་སྔ་མ་དང་མཚམས་སྦྱར་ནས། ཚིག་མཐར་ཨོཏ་ལས་ཕ་རོལ་གྱི་ཨ་ཕྱིས་པས། ཨེ་ ཥོ྅ཏྲ་(འདི་འདིར། ) ཞེས་པ་དང་། སཿཨ་ཏྲ་ལས། སོ་སོ྅ཏྲ་(དེ་འདིར། )ཞེས་པ་ལྟ་བུའོ། །དུར་ ཕན་དག་ལས། རང་གི་ངོ་བོ་དང་ཕ་རོལ་སྨོས་པ་ལས། ཨཀ་དང་། ནཉའི་ཚིག་སྡུད་ལ་དབྱི་ བ་མ་ཡིན་པར་ཡང་གསུངས་ཏེ། དཔེར་ན། ཨེ་ཥ་དང་ས་ལ། ནཱ་གཉིས་པར་མི་ཟད་པ་དང་། 6-1-59 སརྦ་ནཱ་མའི་མཐའི་དབྱངས་ལས་སྔ་མར་ཨཀའོ། །ཞེས་པས་ཥ་དང་སའི་དབྱངས་ཕྲལ་ བའི་བར་དུ་ཨཀའི་རྐྱེན་བྱིན་ནས་སྦྱར་བའི་མཐར། སི་བྱིན་པའི་ཨི་བརྗོད་དོན་ཕྱིས་ཏེ། ས་ རྣམ་བཅད་དུ་གྱུར་པ། ཕ་རོལ་ཏུ་ཀ་རོ་ཏི་ཞེས་པའི་གསལ་བྱེད་ཀ་མཐོང་ཡང་། ཨཀའི་རྐྱེན་ གྱི་བར་དུ་ཆོད་པའི་ཕྱིར་མ་ཕྱིས་བས། ཨེ་ཥ་ཀཿ (འདི་མི་ནུས་པ་བྱེད་དོ། །)ཀ་རོ་ཏི། ས་ཀཿཀ་རོ་ཏི་ (དེ་མི་ཤེས་པ་བྱེད་དོ། །)ཞེས་པ་ལྟ་བུའོ། །ནཉ྄འི་ཚིག་སྡུད་ལ་ནི། ཨེ་ཥ་དང་། སའི་སྔོན་དུ་མ་ཡིན་ པར་དགག་པའི་དོན་ལ། ནཉ་བྱིན་པའི་ཉ་ཁྱད་དོན་ཕྱིས་པའི་མཐར་སི་བྱིན་པ། དེའི་སྐྱེས་ བུའི་ཚིག་སྡུད་ཀྱིས་ཕྱིས་ནས། ནཱ་ལྔ་པར། དབྱངས་ལ་ཡི་གེ་བཟློག་པར་བྱའོ། །ཞེས་པས་ ན་ཡིག་ཨེ་དང་སྦྱར་ཏེ། ནའི་དབྱངས་ཨ་ཡིག་སྔ་མར་བཞག་ཅིང་། དེའི་སྐྱེས་བུ་ལ་ན་དབྱིའོ་ ཞེས་པས། སའི་སྔ་མའི་ན་ཕྱིས་ནས་དེའི་དབྱངས་ཨ་ཡིག་བཞག་སྟེ། ཥ་དང་། སའི་མཐར་ སི་བྱིན་ན་ས་རྣམ་བཅད་དུ་གྱུར་པ། ཕ་རོལ་ཏུ་གཙྪ་ཏི་ཞེས་པའི་ག་མཐོང་ཡང་། ན་ཉའི་ཚིག་ སྡུད་ཡོད་པའི་ཕྱིར་མི་འཕྱིད་ཅིང་། སྔར་བཞིན་ཨུ་རུ་བསྒྱུར་ཏེ་མཚམས་སྦྱར་བས། ཨ་ནེ་ཥོ་ གཙྪ་ཏི། (འདི་མ་ཡིན་པ་འགྲོ་བར་བྱེད་དོ། །) ཨ་སོ་གཙྪ་ཏི་(དེ་མ་ཡིན་པ་འགྲོ་བར་བྱེད་དོ། །)ཞེས་པ་ལྟ་བུའོ། ། མདོ་འདི་ནི་སྔར་བསྟན་པའི་རྣམ་པར་གཅད་བྱ་ཙ་ཚ་དག་ལ་ཤ་ཡིག་གོ །ཞེས་པ་ལྟར་ཐོབ་ པ་ལས་དམིགས་བསལ་ལོ། །མདོ་སྔ་མ་རྣམས་ཕྱི་མས་འགོག་པ་མི་རིགས་སོ་སྙམ་ན། སྤྱིར་ བཏང་བ་ལ་དམིགས་ཀྱིས་བསལ། །བསྟན་བཅོས་ཀུན་ལ་རབ་ཏུ་གཅེས། །ཞེས་པ་ལྟར་སྔ་ མ་རྣམས་ཀྱིས་སྤྱིར་བསྟན་པ་ལ། ཕྱི་མ་རྣམས་ཀྱིས་དམིགས་བསལ་སྟོན་པས། མདོ་ཕྱི་མ་ རྣམས་ཀྱི་དོན་བཙན་པར་བཟུང་ཞིང་། དམིགས་བསལ་ཅན་མ་གཏོགས་རྣམས། སྔ་མ་ཇི་ ལྟར་བར་འཇོག་པས་འགལ་བ་མེད་པར་ཤེས་པར་བྱའོ། །སྤྱིའི་དམིགས་བསལ་ནི། རྣམ་ པར་གཅད་བྱ་ཕྱིས་པ་ལ་ནི། སླར་མཚམས་སྦྱོར་བ་མ་ཡིན་ནོ། །ཞེས་པ་བར་གྱི་རྣམ་པར་ གཅད་བྱ་ཕྱིས་པའི་རྗེས་ལ་དབྱངས་ཡིག་ཕན་ཚུན་ཕྲད་པར་གྱུར་ཀྱང་། མཚུངས་པ་འདྲ་བའི་ 6-1-60 ཡི་གེ་ལ་རིང་པོ་ཞེས་པ་ལ་སོགས་པས། སླར་མཚམས་སྦྱོར་བྱ་བ་མ་ཡིན་ཏེ། དུར་སིང་ལས། གཞན་ཕྱིས་པ་ལ་ནི་འགྱུར་བ་ཁོ་ནའོ། །ཞེས་ཀྱང་གསུངས་སོ། །དཔེར་ན། ཀཿཨི་ཧ་ཞེས་ པའི་རྣམ་བཅད་སྔར་བཞིན་ཨ་ལས་དབྱངས་གཞན་ལ་ཞེས་པས་ཕྱིས་པ་ན། ཀའི་ཨ་ཡིག་ཕ་ རོལ་ཨི་དང་མཚམས་མི་སྦྱོར་ཞིང་རང་བཞིན་དུ་གནས་པས། ཀ་ཨི་ཧ་(ཅི་འདི། ) ཞེས་པ་དང་། དེ་བཞིན་དུ། དེ་ཝཱཿཨཱ་ཧུ། བྷོཿཨ་ཏྲ་ཞེས་པ་དག་གི་རྣམ་བཅད། ཨཱ་བྷོ་དག་ལས་དབྱངས་ལ་ ཞེས་པས་ཕྱིས་པ་ན་མཚམས་མི་སྦྱོར་བས། དེ་ཝཱ་ཨཱ་ཧུ། (ལྷ་རྣམས་སྨྲའོ། །) བྷོ་ཨ་ཏྲ་(ཀྱེ་འདིར། )ཞེས་ པ་ལྟ་བུའོ། །དུར་སིང་ལས། རྣམ་པར་གཅད་བྱའི་སྐབས་སུ་རྣམ་པར་གཅད་བྱ་སྨོས་པ་ནི། མདོ་ཕྱི་མ་དག་ལ་རྣམ་པར་གཅད་བྱའི་སྤྱིར་བཏང་ལྡོག་པའི་དོན་དུའོ། །ཞེས་གསུངས་སོ། ། གཉིས་པ་ཞར་བྱུང་ལ་གཉིས་ལས། ར་ཡིག་ལ་རྣམ་འགྱུར་འབྱུང་ཚུལ་ནི། རའི་ར་ལ་ དབྱི་ཞིང་དབྱངས་སྔ་མ་རིང་པོའོ། །ཞེས་པ་མཐའི་ར་ཡིག་དབྱངས་མེད་པ་ནི། དེའི་ཡང་ཕ་ རོལ་དུ་ར་ཡིག་ཡོད་པ་ལ་དབྱི་བར་བྱ་ཞིང་། རང་གི་སྔ་མའི་དབྱངས་གང་ཡིན་པ་དེའང་རིང་ པོར་འགྱུར་ཏེ། དཔེར་ན། ཨགྣིར་ར་ཐེ་ན་ཞེས་པའི་ར་དབྱངས་མེད་ར་ཕ་རོལ་ལ་ཕྱིས་ཏེ། ནའི་དབྱངས་རིང་པོར་བསྒྱུར་བས། ཨགྣཱི་ར་ཐེ་ན་(མེའི་ཤིང་རྟ་ཡིས། )ཞེས་པ་དང་། དེ་བཞིན་ དུ། པུ་ནར་རཱ་ཏྲིཿལས། པུ་ནཱ་རཱ་ཏྲིཿ(སླར་ཡང་མཚན་མོ། ) ཞེས་པ་དང་། ཨིན་དུར྄་ར་མ་ཏེ་ལས། ཨིན་དཱུ་ར་མ་ཏེ་(ཟླ་བ་དགའ་བྱེད། ) ཞེས་པ་ལྟ་བུའོ། །མཚམས་སྦྱོར་གྱི་ཡི་གེའི་མཐར་ཡོད་པའི་ ར་ཡིག་ནི། ར་ཕ་རོལ་ལ་དབྱི་བར་བྱ་ཞིང་སྔ་མ་རིང་པོར་བསྒྱུར་དགོས་པ་མེད་དེ། མཚམས་ སྦྱོར་གྱི་ཡི་གེ་ལ་ཐུང་ངུ་མེད་པའི་ཕྱིར་རོ། །དཔེར་ན། ཨུཙྪཻར྄་ར་མ་ཏེ་ཞེས་པས་ར་ཕྱིས་པས། ཨུཙྪཻ་ར་མ་ཏེ་(གསང་མཐོན་པོ་རྣམས་ཀྱིས་དགའ་བའོ། །)ཞེས་པ་དང་། གཽར྄་ར་མ་ཏེ་ལས། གཽ་ར་མ་(མཐོ་ རིས་ལ་དགའ་བར་བྱེད། ) ཏེ་ཞེས་པ་ལྟ་བུའོ། །ཚ་ཡིག་ལ་རྣམ་འགྱུར་འབྱུང་ཚུལ་ནི། དབྱངས་ལས་ ཕ་རོལ་གྱི་ཚ་ཡིག་གཉིས་སུ་འགྱུར་རོ་ཞེས་པ་གང་དབྱངས་ཡིག་ལས་ཕ་རོལ་ཏུ་ཡོད་པའི་ 6-1-61 ཚ་ཡིག་དེ་ཉིད་གཉིས་སུ་འགྱུར་ཏེ། དཔེར་ན། བྲྀཀྵ་ཚཱ་ཡཱ་ཞེས་པའི་ཚ་ཡིག་ཀྵའི་ཨ་ཡིག་ ལས་ཕ་རོལ་ལ་གཉིས་སུ་བསྒྱུར་ཏེ། ནཱ་གསུམ་པར། སྒྲ་མེད་པ་ལ་དང་པོའོ་ཞེས་པས་ཚ་ སྟེང་མའང་ཙ་རུ་གྱུར་པས། བྲྀཀྵཙྪཱ་ཡཱ་(ཤིང་གི་གྲིབ་མ། ) ཞེས་པ་དང་། ཨི་ཚ་ཏི་ལས། ཨིཙྪ་ཏི་ (འདོད་པར་བྱེད། ) ཞེས་པ་ལྟ་བུའོ། །དུར་ཕན་དག་ལས། རིང་པོ་ལས་ཚིག་མཐའ་ལ་ཡང་ན་དང་། ཨཱང྄་ལ་རྟག་ཏུ་འདོད་དེ་ཞེས་པའི་དམིགས་བསལ་ཡང་གསུངས་པས། དཔེར་ན། རིང་ པོ་ཚིག་མཐའ་ལ། དེ་ཝཱིཙྪཱ་(ལྷ་མོའི་གྲིབ་མ། ) ཡ་ཞེས་པར་འགྱུར་བའམ། ཡང་ན། དེ་ཝཱི་ཚཱཡཱ་ ཞེས་རང་བཞིན་དུ་གནས་པ་དང་། ཀུཊཱི་ཚྪཱ་ཡཱ་(བརྩེགས་པའི་གྲིབ་མ། )ཞེས་པའམ། ཡང་ན། ཀུ་ ཊཱི་ཚཱ་ཡཱ་ཞེས་རང་བཞིན་པ་ལྟ་བུའོ། །ཉེར་བསྒྱུར་ཨཱང྄་ཞེས་པའི་ང་ཡིག་ཁྱད་དོན་ཕྱིས་པ་ལ་ རྟག་ཏུ་ཚ་ཡིག་གཉིས་སུ་འགྱུར་ཏེ། དཔེར་ན། ཨཱ་ཚཱ་ད་ཡཱ་ཏི་ལས། ཨཱཙྪཱད་ཡ་ཏི་ཞེས་པ་ལྟ་ བུའོ། །ཞེས་པ་ཡི་གེ་སྔ་ཕྱི་རྣམས་མཚམས་སྦྱོར་ཚུལ་གྱི་མདོར། མཚམས་སྦྱོར་ལྔ་པ་རྣམ་པར་ གཅད་བྱ་དང་ཡི་གེ་སྔ་ཕྱི་ཕྲད་པའི་རྣམ་འགྱུར་བསྟན་པའི་འགྲེལ་པ་རྫོགས་སོ།། །། སྒྲ་ཡི་རིག་པ་མཐའ་ཡས་པས། ། ཐམས་ཅད་བསླབ་པར་མི་ནུས་ནའང་། ། མཚམས་སྦྱོར་ལྔ་པོ་བསླབས་པས་ཀྱང་། ། སྔགས་སོགས་དག་པར་འགྱུར་བ་ཉིད། ། དེ་ཕྱིར་བློ་དང་ལྡན་རྣམས་ཀྱིས། ། འདི་ཉིད་ཐོག་མར་ཤེས་པར་བྱ། ། དེ་ནས་རིམ་གྱིས་གཞན་རྣམས་ལའང་། བློ་ཡི་སྣང་བ་རྒྱས་པར་འགྱུར། ། ཐ་སྙད་སྒྲ་ལ་མཁས་པ་ཡིས། ། 6-1-62 དོན་དམ་གནས་ལུགས་ལེགས་རྟོགས་ནས། ། མི་ཤེས་མུན་པ་རབ་སྤངས་ཏེ། ། ཡེ་ཤེས་སྣང་བ་ཐོབ་གྱུར་ཅིག ། 6-1-63 ༄༅། །ཀ་ལཱ་པའི་མིང་ལེའི་ཊཱི་ཀ་བཞུགས། ༄༅། །ན་མོ་ཝཱ་གཱི་ཤྭ་རཱ་ཡ། ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །གསུང་གི་དབང་ཕྱུག་ ལ་བཏུད་ནས། །མིང་ལས་ཚིག་ཏུ་སྒྲུབ་པའི་མདོ། །སི་སོགས་རྣམ་དབྱེ་རྣམ་པར་བཤད། ། (གཉིས་པ། ) མིང་ལེ་དྲུག་གིས་སི་སོགས་རྣམ་དབྱེ་འཇུག་ཚུལ། དེ་ཡང་མིང་ལེ་དྲུག་གི་ སི་སོགས་རྣམ་དབྱེ་འཇུག་ཚུལ་སྟོན་པ་ལ། རྟགས་དང་རྣམ་དབྱེ་སྦྱོར་ཚུལ་དང་། །དེ་ཡི་ དམིགས་བསལ་སྟོན་པ་དང་། །(ཡུསྨད་ཨསྨད་དང་རྣམ་དབྱེའི། )རྣམ་འགྱུར་གཙོ་བོར་སྟོན་པ་དང་། ། ཚིག་སྡུད་རྣམ་གཞག་སྟོན་པ་དང་། །རྣམ་དབྱེའི་འཇུག་ཚུལ་སྟོན་པ་དང་། །(མིང་)དེ(འི་ཁྱད་པར་ གསལ་བར་བྱེད་པ་ལ། )ཕན་རྐྱེན་གྱི་སྟེར་ཚུལ་ལོ། ། དེ་ལས་དང་པོ། རྟགས་དང་རྣམ་དབྱེ་སྦྱོར་ཚུལ་མིང་ལེ་དང་པོ་ལ་གསུམ་སྟེ། རྟགས་དང་ རྣམ་དབྱེའི་ངོ་བོ་ངོས་བཟུང་། སོ་སོར་ངེས་པའི་བརྡ་ཆད་བྱ་བ། དེ་དག་ཕྲད་པའི་རྣམ་འགྱུར་ འབྱུང་ཚུལ་ལོ། ། ངོ་བོ་ལ་གཉིས་ལས། དང་པོ་རྟགས་ངོས་བཟུང་བ་ནི། བྱིངས་དང་རྣམ་དབྱེ་བོར་བའི་ དོན་དང་ལྡན་པ་རྟགས་སོ་ཞེས་པ་བྱིངས་རྣམས་དང་རྣམ་དབྱེ་རྣམས་བོར་བའམ་སྤངས་པ་ སྟེ། དེ་དག་མ་གཏོགས་པ་གང་བརྗོད་པར་བྱ་བའི་དོན་དང་ལྡན་པ་རྣམས་ཏེ། རྟགས་ཞེས་ པའི་མིང་ཅན་དུ་འགྱུར་ཏེ། དཔེར་ན། བྲྀཀྵ་སྐྱེས་པ་དང་། ཀུཎྜ་མ་ནིང་དང་། ཀུ་མཱ་རཱི་བུད་ མེད་ཀྱི་རྟགས་ཅན་རྣམས་རྣམ་དབྱེ་སྦྱིན་པར་བྱ་བའི་གཞིར་གནས་པ་ལྟ་བུའོ། །དེ་རྣམས་ 6-1-64 རྣམ་དབྱེ་བྱིན་ནས་ཚིག་ཏུ་སྒྲུབ་པ་ན། དོན་ཙམ་སྟོན་པ་ལ། ནཱ་བཞི་པར། རྟགས་ཀྱི་དོན་གྱི་ ཚིག་ལ་རྣམ་དབྱེ་དང་པོའོ། །ཞེས་པས་ཐམས་ཅད་ལ་སི་བྱིན་ནས། དང་པོའི་མཐར། སིའི་ ཨི་ཡིག་བརྗོད་དོན་ནམ། རྟགས་ཀྱི་དོན་ཡིན་པས་ཕྱིས་ཏེ། ནཱ་གསུམ་པར། རེ་ཕ་དང་ས་ དག་གི་ཞེས་པས། ས་རྣམ་བཅད་དུ་བསྒྱུར་ཞིང་། གཉིས་པའི་མཐར། ནཱ་གཉིས་པར། མ་ ནིང་ལས་སི་ཨམ་དག་ཅེས་པས་ཕྱིས་ནས། ཨ་ཡིག་ལས་སམ་བུདྡྷི་མ་ཡིན་པ་ལ་ཞེས་པས། མུ་ཨཱ་ག་མ་བྱིན་པའི་ཨུ་ཡིག་རྗེས་འབྲེལ་ཕྱིས་ཏེ། མ་རྗེས་སུ་ང་རོར་བསྒྱུར་ལ། གསུམ་པའི་ མཐར། འདི་ཉིད་དུ་ཨཱི་ཡིག་མཐའ་ལས་ཞེས་པ་ལྟར་སི་ཕྱིས་པས། རིམ་པ་བཞིན། བྲྀཀྵཿ (ཤིང་)། ཀུཎྜཾ (ཐབ། )ཀུ་མཱ་རཱི་(གཞོན་ནུ་མ། )ཞེས་པར་འགྱུར་རོ། །བྱིངས་དང་རྣམ་དབྱེ་བོར་བ་ཞེས་ པས། བྱིངས་ཚིག་ཏུ་གྲུབ་པ་རྣམས་ནི་རྟགས་ཀྱི་མིང་ཅན་དུ་མི་འགྱུར་ཏེ། དཔེར་ན། ཧན྄་ འཚེ་བ་དང་འགྲོ་བའི་བྱིངས་ལ། ཏི་སོགས་ཀྱི་ནང་ནས་ཧྱསྟ་ནཱིའི་དི་བྱིན་པ་ན། ཨཱ་བརྒྱད་ པར། བྱིངས་ཀྱི་དང་པོ་ཧྱསྟ་ནཱི་ཞེས་པས། ཨཊ་ཨཱ་ག་མ་སྔོན་དུ་བྱིན་པའི་ཊ་རྗེས་འབྲེལ་དང་། ཨཱ་དྲུག་པར། གསལ་བྱེད་ལས་དི་སི་དག་གི་ཞེས་པས། དི་ཡིག་ཀྱང་ཕྱིས་པས། ཨ་ཧན་ ཞེས་པ་ལྟ་བུའོ། །རྟགས་རྣམ་དབྱེ་དང་སྦྱར་ནས་ཚིག་ཏུ་གྲུབ་པ་རྣམས་ཀྱང་རྟགས་ཀྱི་མིང་ ཅན་དུ་མི་འགྱུར་ཏེ། དཔེར་ན། བྲྀཀྵ་ལ་རྣམ་དབྱེ་གཉིས་པའི་མིང་ཚིག་ཤས྄་བྱིན་པ་ན། འདི་ ཉིད་དུ་ཤས་ལ་སྟེ་སའི་འང་ནའོ་ཞེས་པས་རྟགས་མཐའ་རིང་པོ་དང་། ས་ཡིག་ན་རུ་བསྒྱུར་ ཞིང་ཤ་ཡིག་ཁྱད་དོན་ཕྱིས་ཏེ་མཚམས་སྦྱར་བས། བྲྀཀྵཱན་(ཤིང་རྣམས་ལ། )ཞེས་པ་ལྟ་བུའོ། །དོན་ དང་ལྡན་པ་ཞེས་པས། བྲྀཀྵའི་བ་དང་། རྀ་དང་། ཀ་དང་། ཥ་རྣམས་རེ་རེ་བའང་རྟགས་ཀྱི་ མིང་ཅན་དུ་མི་འགྱུར་རོ། །བཏགས་པའི་དགོས་པ་ནི། རྟགས་མཐའི་ན་ཡིག་གོ་ཞེས་པ་ལ་ སོགས་པ་འཆད་པར་འགྱུར་བའི་སྐབས་ཐམས་ཅད་དུ་དྲན་པར་བྱ་བའི་ཆེད་དུའོ། ། གཉིས་པ་རྣམ་དབྱེ་ངོས་བཟུང་སྟེ་དབྱེ་བ་བསྟན་པ་ནི། དེ་ལས་ཕ་རོལ་རྣམས་རྣམ་ 6-1-65 དབྱེའོ། །སི་ཨཽ་ཛས྄་དང་པོའོ། །ཨམ྄་ཨཽ་ཤས྄་གཉིས་པའོ། །ཊཱ་བྷྱཱམ་བྷིས྄་གསུམ་པའོ། །ངེ་ བྷྱཱམ྄་བྷྱས྄་བཞི་པའོ། །ང་སི་བྷྱཱམ྄་བྷྱས྄་ལྔ་པའོ། །ངས྄་ཨོས྄་ཨཱམ་དྲུག་པའོ། །ངི་ཨོས྄་སུབ྄་ བདུན་པའོ་ཞེས་པ་སྟེ། དོན་དང་ལྡན་པའི་རྟགས་དེ་ལས་ཕ་རོལ་སི་ལ་སོགས་པ་རྣམས་ནི་ རྣམ་དབྱེའི་མིང་ཅན་དུ་འགྱུར་རོ། །ཅིའི་ཕྱིར་རྣམ་དབྱེ་ཞེས་བྱ་ཞེ་ན། བརྗོད་བྱའི་དོན་སོ་སོར་ རྣམ་པར་འབྱེད་པའི་ཕྱིར་ཏེ། དུར་སིང་ལ་སོགས་པར་དོན་རྣམ་པར་འབྱེད་པའི་ཕྱིར། རྣམ་ དབྱེ་རྣམས་སུ་བརྗོད་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །རྣམ་དབྱེ་དེ་ལ་ཕྱེ་ན་གསུམ་ཚན་ བདུན་རྣམས་བསྡོམས་པས་གྲངས་ཉི་ཤུ་རྩ་གཅིག་ཏུ་ངེས་ཤིང་། གསུམ་ཚན་དུ་འཇོག་པའི་ རྒྱུ་མཚན་ནི། རྟགས་ལ་སྡེ་ཚན་རེ་རེ་ཞིང་སྦྱར་བས་རིམ་པ་བཞིན། གཅིག་ཚིག་དང་། གཉིས་ ཚིག་དང་། མང་ཚིག་ཏུ་འགྲུབ་པའི་ཕྱིར་ཏེ། སྨྲ་བ་ཀུན་ལ་འཇུག་པར། གཅིག་གི་ཚིག་དང་ གཉིས་ཀྱི་ཚིག །མང་པོའི་ཚིག་དང་རྟགས་ཅན་དང་། ཞེས་གསུངས་པ་ལྟར་རོ། །སྡེ་ཚན་ བདུན་དུ་འཇོག་པའི་རྒྱུ་མཚན་ཡང་། རྟགས་ཀྱི་དོན་ཙམ་སྟོན་པ་ལ། སི་ཨཽ་ཛས྄་ཞེས་པ་ གསུམ་ཚན་དང་པོ་དང་། ལས་སུ་བྱ་བ་སྟོན་པ་ལ། ཨམ྄་ཨཽ་ཤས྄་ཞེས་པ་གསུམ་ཚན་གཉིས་ པ་དང་། བྱེད་པ་སྟོན་པ་ལ། ཊཱ་བྷྱཱམ྄་བྷིས྄་ཞེས་པ་གསུམ་ཚན་གསུམ་པ་དང་། དགོས་བྱེད་ སྟོན་པ་ལ། ངི་བྷྱཱམ྄་བྷྱས྄་ཞེས་པ་གསུམ་ཚན་བཞི་པ་དང་། འབྱུང་ཁུངས་སྟོན་པ་ལ། ངསི་ བྷྱཱམ྄་བྷྱས྄་ཞེས་པ་གསུམ་ཚན་ལྔ་པ་དང་། འབྲེལ་པ་སྟོན་པ་ལ། ངས྄་ཨོས྄་ཨཱམ྄་ཞེས་པ་ གསུམ་ཚན་དྲུག་པ་དང་། གནས་གཞིའི་དོན་གསལ་བར་བྱེད་པ་ལ། ངི་ཨོས྄་སུཔ྄་ཞེས་པ་ གསུམ་ཚན་བདུན་པ་རྣམས་སྦྱོར་བའི་ཕྱིར་ཏེ། ནཱ་བཞི་པར། རྟགས་ཀྱི་དོན་གྱི་ཚིག་ལ་རྣམ་ དབྱེ་དང་པོའོ། །ལྷག་མ་རྣམས་ལས། བྱེད་པ་ཡང་དག་པར་རབ་ཏུ་སྦྱིན་པ། ངེས་པར་ཀུན་ སྦྱིན་པ། རྗེ་བོ་ལ་སོགས་པ་གཞི་རྣམས་ལའོ་ཞེས་པ་དང་། ཙནྡྲ་པའི་སྐབས་གཉིས་པའི་རྐང་ པ་དང་པོར་ཡང་། དོན་ཙམ་ལ་དང་པོའོ། །བྱེད་པའི་བྱ་བ་ལ་གཉིས་པའོ། །བྱེད་པ་པོ་ལ་ 6-1-66 གསུམ་པའོ། །ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པའོ། །འབྱུང་ཁུངས་ལ་ལྔ་པའོ། །འབྲེལ་ པ་ལ་དྲུག་པའོ། །གཞི་ལ་བདུན་པའོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་སྡེ་ཚན་བདུན་ནམ། སོ་སོར་ཉེར་གཅིག་ཏུ་གྲངས་ངེས་པ་ཡིན་ན། བརྒྱད་པ་བོད་པ་ཞེས་འགའ་ཞིག་གསུངས་པ་ དང་འགལ་ལམ་སྙམ་ན། ཀ་ལཱ་པར། བོད་པ་ལའང་ངོ་ཞེས་པ་དང་། ཙནྡྲ་པར་ཡང་། བོད་ པ་ལའོ་ཞེས་གསུངས་པའི་དོན་ནི། རྟགས་ཀྱི་དོན་ཙམ་ལ་དང་པོའི་སྡེ་ཚན་སྟེར་བར་མ་ ཟད། བོད་པའི་དོན་ལའང་སྡེ་ཚན་དང་པོ་ཉིད་སྦྱིན་ཞེས་པའི་དོན་ཡིན་གྱི། རྣམ་དབྱེ་སྡེ་ཚན་ བདུན་ལས་ལྷག་པའི་བརྒྱད་ཡོད་པར་སྟོན་པའི་ལུང་མ་ཡིན་ཞིང་། མདོ་དེ་དག་གིས་ནི་བོད་ པའི་སྒྲ་རྟགས་ཀྱི་ཁོངས་སུ་འདུ་བར་བསྟན་པ་ཡིན་ནོ། །དང་པོ་དོན་ཙམ་སྟོན་པ། གཉིས་པ་ ལས་སུ་བྱ་བ། གསུམ་བྱེད་པ་པོ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་ པ། བདུན་པ་གནས་གཞི་ཞེས་པ་རྣམས་ནི། རྣམ་དབྱེའི་མིང་མ་ཡིན་གྱི། དོན་དེ་རྣམས་སུ་ གསལ་བར་བྱེད་པ་ལ། རྣམ་དབྱེ་དེ་རྣམས་རིམ་པ་བཞིན་སྦྱིན་པར་བྱ་ཞེས་པའི་དོན་ཡིན་ ནོ། །དཔེར་ན། སངས་རྒྱས་ཞེས་པ་ལྟ་བུ་དང་པོ་གང་ཡང་རུང་བའི་དོན་ཙམ་བརྗོད་པར་ འདོད་པ་ན། བུདྡྷ་ལ་རྟགས་ཀྱི་དོན་གྱི་ཚིག་ལ་ཞེས་པས། སྡེ་ཚན་དང་པོའི་རྣམ་འབྱེ་རྣམས་ སྦྱིན་པར་འགྱུར་བས། གཅིག་གི་དོན་ལ་སི་བྱིན་པའི་ཨི་ཡིག འཇམ་དབྱངས་གྲགས་པས་ བརྗོད་པའི་དོན་ཏེ། ཁྱད་པར་གྱི་དོན་ནི་མ་ཡིན་ནོ་ཞེས་པ་དང་། མཱཾ་ཧི་ཀ་ཝི་ལ་སོགས་པས་ ཤྲངྔྷཱ་ལས་སི་དབྱིའོ་ཞེས་པ་ལ་སོགས་པའི་ཁྱད་པར་གྱི་དོན་ནམ་རྟགས་ཀྱི་དོན་ཡིན་ཞེས་ གསུངས་པས་ཕྱིས་ཏེ། རེ་ཕ་དང་ས་དག་གི་ཞེས་པས། ས་ཡིག་རྣམ་པར་གཅད་བྱར་བསྒྱུར་ བས། བུདྡྷཿ(སངས་རྒྱས་)ཞེས་པ་དང་། གཉིས་ཀྱི་དོན་ལ་ཨཽ་བྱིན་ནས། དྷའི་ཨ་ཡིག་ཕྲལ་བ། ཨོ་ཡིག་ལ་ཨཽ་སྟེ་ཨཽ་ཡིག་ལ་ཡང་ངོ་ཞེས་པས་ཨཽ་རུ་བསྒྱུར་ཞིང་། ཕ་རོལ་ཡང་ཕྱིས་ཏེ་སྦྱར་ བས། བུདྡྷཽ་(སངས་རྒྱས་དག)ཞེས་པ་དང་། མང་པོའི་དོན་ལ་ཛས྄་བྱིན་ནས། ཛ་ཡིག་ནི་འདི་ཉིད་ 6-1-67 དུ་ཛས྄་ལའོ་ཞེས་པའི་ཁྱད་དོན་ཡིན་པས་ཕྱིས་ཏེ། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ། །ཛས྄་ལའོ་ ཞེས་འཆད་པར་འགྱུར་བས་རྟགས་མཐའི་ཨ་ཡིག་ཛའི་སྲོག་གི་ཨ་མཐོང་བ་ལ་མི་འཕྱིད་ པར་རིང་པོ་འགྱུར་ཞིང་། མཚམས་སྦྱར་ནས་ས་རྣམ་བཅད་དུ་བསྒྱུར་བས། བུངྔྷཱཿ(སངས་རྒྱས་ རྣམས། ) ཞེས་པ་ལྟ་བུ་སྟེ། །གཅིག་དང་གཉིས་དང་མང་པོའི་དོན་ལ་ཞེས་པ་ནི་འོག་མ་རྣམས་ ལའང་རིགས་པར་བྱའོ། །སངས་རྒྱས་ལ་བྱ་བ་བྱས་སོ་ཞེས་པ་ལྟ་བུ། གཉིས་པ་ལས་སུ་བྱ་ བའི་དོན་བརྗོད་པར་འདོད་པ་ན། སྡེ་ཚན་གཉིས་པ་རྣམས་སྦྱིན་པར་འགྱུར་བས། ཨམ྄་བྱིན་ ནས། འདི་ཉིད་དུ་ཨ་ཡིག་ལ་དབྱིའོ་ཞེས་པས་རྟགས་མཐའི་ཨ་ཕྱིས་ཏེ། མ་རྗེས་སུ་ང་རོར་ བསྒྱུར་བས། བུདྡྷཾ་(སངས་རྒྱས་ལ་)ཞེས་པ་དང་། ཨཽ་བྱིན་ནས་སྔ་མ་བཞིན་སྦྱར་བས་བུདྡྷཽ་(སངས་ རྒྱས་དག་ལ་)ཞེས་པ་དང་། ཤས྄་བྱིན་ནས་ཤ་ཡིག་ནི་འདི་ཉིད་དུ་ཤས྄་ལ་སྟེ་སའི་འང་ནའོ་ཞེས་ པའི་རྟགས་ཀྱི་དོན་ཡིན་པས་ཕྱིས་ཏེ། མདོ་དེ་ཉིད་ཀྱི་རྟགས་མཐའི་ཨ་ཡིག་རིང་པོར་བསྒྱུར་ ཞིང་། མཚམས་སྦྱར་ནས་སའང་ན་རུ་བསྒྱུར་བས། བུངྔྷཱ་ན་(སངས་རྒྱས་རྣམས་ལ། )ཞེས་པ་ལྟ་བུའོ། ། སངས་རྒྱས་ཀྱིས་བདུད་བཏུལ་ཞེས་པ་ལྟ་བུའོ། ། གསུམ་པ་བྱེད་པ་པོའི་དོན་བརྗོད་པར་འདོད་པ་ན། སྡེ་ཚན་གསུམ་པ་རྣམས་སྦྱིན་པར་ འགྱུར་བས། ཊཱ་བྱིན་ནས་ཊ་ཡིག་ནི་འདི་ཉིད་དུ་ཊཱ་ཨི་ནའོ་ཞེས་པ་ལ་སོགས་པའི་ཁྱད་དོན་ ཡིན་པས་ཕྱིས་ཏེ། མདོ་དེ་ཉིད་ཀྱི་སྲོག་གི་ཨཱ་ཡིག་ཨི་ན་རུ་བསྒྱུར་ཞིང་རྟགས་མཐའི་ཨ་ཡིག་ ཨིའི་ཡི་གེ་ལ་ཨེ་རུ་བསྒྱུར་ནས་སྦྱར་བས། བུདྡྷེ་ན་(སངས་རྒྱས་ཀྱིས། )ཞེས་པ་དང་། བྷྱཱམ྄་བྱིན་ ནས། འདི་ཉིད་དུ་ཨ་ཡིག་ལྡན་ལ་རིང་པོའོ་ཞེས་པས་རྟགས་མཐའི་ཨ་རིང་པོ་དང་། མ་རྗེས་ སུ་ང་རོར་གྱུར་པས། བུངྔྷཱ་བྷྱཱཾ་(སངས་རྒྱས་དག་གིས། )ཞེས་པ་དང་། བྷིས྄་བྱིན་ནས། འདི་ཉིད་དུ་བྷི་ སའི་ཨཻས་ཡང་ནའོ་ཞེས་པས་རྣམ་དབྱེ་ཨཻས་སུ་བསྒྱུར་ཏེ། རྟགས་མཐའི་ཨ་ཡིག་ཨཻ་ཡིག་ལ་ ཡང་ངོ་ཞེས་པས་ཨཻ་དང་། ས་རྣམ་བཅད་དུ་བསྒྱུར་བས། བུདྡྷཻཿ(སངས་རྒྱས་རྣམས་ཀྱིས། )ཞེས་པ་ལྟ་ 6-1-68 བུའོ། ། སངས་རྒྱས་ཀྱི་ཆེད་དུ་ཕྱག་འཚལ་ཞིང་མཆོད་པ་འབུལ་ཞེས་པ་ལྟ་བུ། བཞི་པ་དགོས་ ཆེད་ཀྱི་དོན་བརྗོད་པར་འདོད་པ་ན། སྡེ་ཚན་བཞི་པ་རྣམས་སྦྱིན་པར་འགྱུར་བས་ངེ་སྦྱིན་ནས་ ང་ཡིག་ནི་འདི་ཉིད་དུ་ངེཡའོ་ཞེས་པ་ལ་སོགས་པའི་ཁྱད་དོན་ཡིན་པས་ཕྱིས་ཏེ། མདོ་དེ་ཉིད་ ཀྱི་སྲོག་གི་ཨེ་ཡིག་ཡ་རུ་བསྒྱུར་ཞིང་། རྟགས་མཐའ་སྔར་བཞིན་སྒྲ་ལྡན་ལ་རིང་པོར་གྱུར་ པས། བུངྔྷཱ་ཡ་(སངས་རྒྱས་ཀྱི་ཆེད་དུ། )ཞེས་པ་དང་། བྷྱཱམ྄་བྱིན་ནས་སྔར་བཞིན་སྦྱར་བས་བུངྔྷཱ་ བྷྱཱམ་(སངས་རྒྱས་དག་གི་ཆེད་དུ། )ཞེས་པ་དང་། བྷྱས྄་བྱིན་ནས། འདི་ཉིད་དུ་མཐར་གནས་དང་རྗེས་ སུ་སྣ་ལྡན་མ་ཡིན་པའི་གསལ་བྱེད་དྷུཊའོ་ཞེས་པ་དང་། དྷུཊ་མང་པོ་ཉིད་ལ་ནི་ཨེའོ་ཞེས་ པས་རྟགས་མཐའི་ཨ་ཡིག་ཨེ་དང་སའང་རྣམ་བཅད་དུ་བསྒྱུར་བས། བུདྡྷེ་བྷྱཿ(སངས་རྒྱས་ཀྱི་ ཕྱིར། )ཞེས་པ་ལྟ་བུའོ། ། སངས་རྒྱས་ལས་ཆོས་འབྱུང་ཞེས་པ་ལྟ་བུ། ལྔ་པ་འབྱུང་ཁུངས་ཀྱི་དོན་བརྗོད་པར་འདོད་ པ་ན། ང་སི་བྱིན་ནས་ང་དང་ཨི་ནི་འདི་ཉིད་དུ་ང་སི་ཨཱཏའོ་ཞེས་པའི་རྟགས་ཀྱི་དོན་ཡིན་པས་ ཕྱིས་ཏེ། མདོ་དེ་ཉིད་ཀྱིས་ཨས་ཨཱཨཱཏ྄་དུ་བསྒྱུར་ཞིང་། རྟགས་མཐའི་ཨ་དང་མཚམས་སྦྱར་ བས། བུངྔྷཱཏ་(སངས་རྒྱས་དག་ལས། )ཅེས་པ་དང་། བྷྱཱམ྄་བྱིན་ནས་སྔར་བཞིན་སྦྱར་བས། བུངྔྷཱ་ བྷྱཱམ྄་(སངས་རྒྱས་དག་ལས། )ཞེས་པ་དང་། བྷྱཱས྄་བྱིན་ནས་ཀྱང་སྔར་བཞིན་དུ། བུདྡྷེ་བྷྱཿ (སངས་རྒྱས་ རྣམས་ལས། )ཞེས་པ་ལྟ་བུའོ། ། སངས་རྒྱས་ཀྱི་སློབ་མ་ཞེས་པ་ལྟ་བུ། དྲུག་པ་འབྲེལ་པའི་དོན་བརྗོད་པར་འདོད་པ་ན། ངས྄་བྱིན་ནས། ང་ཡིག་ནི་འདི་ཉིད་དུ་ངས་སྱའོ་ཞེས་པ་ལ་སོགས་པའི་ཁྱད་དོན་ཡིན་པས་ ཕྱིས་ཏེ། མདོ་དེ་ཉིད་ཀྱིས། ཨས྄་སྱ་རུ་བསྒྱུར་བས། བུདྡྷ་སྱ་(སངས་རྒྱས་ཀྱི་)ཞེས་པ་དང་། ཨོས་ བྱིན་ནས་འདི་ཉིད་དུ་ཨོས་ལ་འང་ངོ་ཞེས་པས་རྟགས་མཐའི་ཨ་ཡིག་ཨེ་དང་། སྔར་བཞིན་ 6-1-69 ཨེའང་ཨ་ཡ་དང་། སའང་རྣམ་བཅད་དུ་བསྒྱུར་བས། བུདྡྷ་ཡོཿ (སངས་རྒྱས་དག་གི)ཞེས་པ་དང་། ཨཱམ྄་བྱིན་ནས་འདི་ཉིད་དུ་ཨཱམ་ལའང་ནུའོ་ཞེས་པས། བར་དུ་ནུ་ཨཱ་ག་མ་བྱིན་པའི་ཨུ་རྗེས་ འབྲེལ་ཕྱིས་ཏེ་སྦྱར་ནས། ནཱ་གཉིས་པར། ནུ་དང་བཅས་པའི་ཨཱམ྄་ལ་རིང་པོའོ་ཞེས་པས་ རྟགས་མཐའ་རིང་པོར་བསྒྱུར་བས། བུངྔྷཱ་ནཱཾ་(སངས་རྒྱས་རྣམས། ) ཞེས་པ་ལྟ་བུའོ། ། སངས་རྒྱས་ལ་ཡོན་ཏན་ཁྱད་པར་ཅན་ཡོད་ཅེས་པ་ལྟ་བུ། བདུན་པ་གནས་གཞིའི་དོན་ བརྗོད་པར་འདོད་པ་ན། སྡེ་ཚན་བདུན་པ་རྣམས་སྦྱིན་པར་འགྱུར་བས། ངི་བྱིན་ནས། ང་ཡིག་ ནི་འདི་ཉིད་དུ་ངི་སྨིན་འོ་ཞེས་པ་ལ་སོགས་པའི་ཁྱད་དོན་ཡིན་པས་ཕྱིས་ཏེ། རྟགས་མཐའི་ཨ་ ཡིག་ཨིའི་ཡི་གེ་ལ་ཞེས་པས། ཨི་རུ་བསྒྱུར་བས་བུདྡྷེ་(སངས་རྒྱས་ལ། ) ཞེས་པ་དང་། ཨོས་བྱིན་ ནས་སྔ་མ་ཇི་ལྟ་བ་བཞིན་སྦྱར་བས། བུདྡྷ་ཡོཿ (སངས་རྒྱས་དག་ལ། )ཞེས་པ་དང་། སུཔ྄་བྱིན་ནས། པ་ཡིག་ནི། ཨཱ་བརྒྱད་པར། གང་རྗེས་སུ་འབྲེལ་བ་མི་སྦྱོར་རོ་ཞེས་པས་ཕྱིས་ཏེ་འདི་ཉིད་དུ་ དྷུཊ་མང་པོ་ཉིད་ལ་ནི་ཨེའོ་ཞེས་པས། རྟགས་མཐའི་ཨ་ཡིག་ཨེ་དང་། ནཱ་བཞི་པར། ནཱ་མི་ དང་ཀ་དང་ར་ལས་ཞེས་པས། ས་ཡིག་ཥ་རུ་བསྒྱུར་བས། བུདྡྷེ་ཥུ་(སངས་རྒྱས་རྣམས་ལ། )ཞེས་པ་ ལྟ་བུའོ། ། ཀྱེ་སངས་རྒྱས་ཞེས་པ་ལྟ་བུའོ། །ཀུན་དུ་བོད་པའི་དོན་བརྗོད་པར་འདོད་ན། ཀུན་དུ་ བོད་པ་ལ་འང་ངོ་ཞེས་པས་སྡེ་ཚན་དང་པོ་རྣམས་སྦྱིན་པར་འགྱུར་ཞིང་། ཨ་མ་ར་ཀོ་ཥའི་མི་ ཟད་པའི་སྡེར། སྱུར། སྱཱཏ། པཱཌ། ཨཾ་ག ཧེ་ཧཻ། བྷོ་རྣམས་བོད་པའོ་ཞེས་གསུངས་པས། རྣམ་པ་གསལ་པའི་དོན་དུ། བུདྡྷའི་སྔོན་དུ། ཧེ་སྦྱར་བ་ལ། སི་བྱིན་པ། ནཱ་བཞི་པར། མི་ཟད་ པ་ལས་ཀྱང་ངོ་ཞེས་པས་ཕྱིས་ཏེ། མཐར་འདི་ཉིད་དུ་ཀུན་དུ་བོད་པ་ལ་སི་སམ་བུདྡྷིའོ་ཞེས་ པས། སི་བྱིན་པ། ཐུང་ངུ་ན་དཱི་ཤྲངྔྷཱ་རྣམས་ལས་ཞེས་པ་ལྟར་ཕྱིས་པས། ཧེ་བུདྡྷ་(ཀྱེ་སངས་རྒྱས། ) ཞེས་པ་དང་། ཨཽ་བྱིན་ནས། སྔར་བཞིན་མཚམས་སྦྱར་བས་ཧེ་བུདྡྷཽ་(ཀྱེ་སངས་རྒྱས་དག། ) ཞེས་ 6-1-70 པ་དང་། ཛས྄་བྱིན་ནས་ཀྱང་སྔར་དང་མཚུངས་པས། ཧེ་བུངྔྷཱཿ(ཀྱེ་སངས་རྒྱས་རྣམས། ) ཞེས་པ་ ལྟ་བུའོ། །ཧེ་ལ་སོགས་པ་སྔོན་དུ་མ་སྦྱར་ཡང་བོད་པའི་དོན་ལ། རྣམ་དབྱེ་དང་པོའི་སྡེ་ཚན་ རྣམས་བྱིན་པས་འགྲུབ་སྟེ། དཔེར་བརྗོད་ནི། པ་ཊུའི་སྐབས་སུ་སྔར་བཤད་པ་ལྟར་རོ། །ཁྱད་ པར་རམ། རྟགས་ཀྱི་དོན་འཕྱིད་པ་རྣམས་ནི་འཆད་པར་འགྱུར་བའི་སྐབས་ཐམས་ཅད་དུ་ ཡང་དྲན་པར་བྱའོ། ། དེ་བཞིན་དུ་བུད་མེད་ཀྱི་རྟགས་ཅན། དྲྀ་ཤད྄་ལ། རྣམ་དབྱེ་རྣམས་རིམ་པ་བཞིན་བྱིན་ ནས། སི་གསལ་བྱེད་ལས་དབྱི་ཞིང་། ད་ཡིག་རྫོགས་པ་ལ་ཡང་ནར་བསྒྱུར་ལ། སུ་ཕ་རོལ་ ལ་སྒྲ་མེད་པ་ལ་དང་པོར་བསྒྱུར་ཏེ། རྣམ་དབྱེའི་གསལ་བྱེད་ཁྱད་དོན་རྣམས་ཕྱིས་ནས། དབྱངས་རྣམས་རྟགས་མཐའི་གསལ་བྱེད་ལ་སྦྱར་བས། དྲྀ་ཤཏ (རྡོ་བ) ། དྲྀཤ་དཽ(རྡོ་བ་དག)། དྲྀ་ ཤ་དཿ(རྡོ་བ་རྣམས། ) དྲྀ་ཤ་དཾ(རྡོ་བ་ལ)། དྲྀ་ཤ་དཽ(རྡོ་བ་དག་ལ)། དྲྀ་ཤ་དཿ(རྡོ་བ་རྣམས། ) དྲྀ་ཤ་དཱ(རྡོ་བ་ ཡིས)། དྲྀ་ཤད྄་བྷྱཱཾ(རྡོ་བ་དག་གིས)། དྲ་ཤད྄་བྷིཿ (རྡོ་བ་རྣམས་ཀྱིས། ) དྲྀ་ཤ་དེ(རྡོ་བའི་ཆེད་དུ)། དྲྀ་ཤད྄བྷྱཱཾ (རྡོ་བ་དག་གི་ཆེད་དུ)། དྲྀ་ཤད྄་བྷྱཿ (རྡོ་བ་རྣམས་ཀྱི་ཆེད་དུ། )དྲྀ་ཤད྄ཿ (རྡོ་ལས། ) དྲྀ་ཤད྄་བྷྱཱཾ(རྡོ་བ་དག་ལས)། དྲྀ་ ཤ་ད྄་བྷྱཿ(རྡོ་བ་རྣམས་ལས། ) དྲྀ་ཤ་དཿ(རྡོ་བའི། ) དྲྀ་ཤ་དོཿ(རྡོ་བ་དག་གི) དྲྀ་ཤ་དཱཾ (རྡོ་བ་རྣམས་ཀྱི)། དྲྀ་ཤ་ དི(རྡོ་བ་ལ)། དྲྀ་ཤ་དོཿ(རྡོ་བ་དག་ལ། ) དྲྀ་ཤཏ་སུ(རྡོ་བ་རྣམས་ལ)། ཧེ་དྲྀ་ཤཱཏྲྀ(ཀྱེ་རྡོ་བ། )། ཧེ་དྲྀ་ཤ་དཽ(ཀྱེ་ རྡོ་བ་དག)། ཧེ་དྲྀ་ཤ་དཿ(ཀྱེ་རྡོ་བ་རྣམས། )ཞེས་པ་ལྟ་བུའོ། ། དེ་བཞིན་དུ་མ་ནིང་གི་རྟགས་ཅན་ཝཱར་(གཞན་དུ་ཝ་ཐུང་ངུ་འདུག) ལ་རྣམ་དབྱེ་རྣམས་ རིམ་པ་བཞིན་བྱིན་ནས། མ་ནིང་ལས་སི་ཨ་མ་དག་ཞེས་པས། དེ་དག་དབྱི་ཞིང་། ར་རྣམ་ བཅད་དང་། ཨཽ་ཨཱིའོ་ཞེས་པས་ཨཽ་ཡིག་དག ཨཱི་ཉིད་དུ་བསྒྱུར་ལ། ཛས་ཤས་དག་གི་ཤིའོ་ ཞེས་པས། དེ་དག་ཤི་རུ་གྱུར་པའི་ཤ་ཁྱད་དོན་ཕྱིས་ཏེ། ནཱ་མི་དང་ཀ་དང་ར་ལས་ཞེས་པས། སུཔ་ཀྱི་ས་ཡིག་ཥ་རུ་བསྒྱུར་ནས། གཞན་རྣམས་སྔར་བཞིན་སྦྱར་བས། ཝཱཿ(ཆུ། )ཝཱ་རི(ཆུ་དག)། 6-1-71 ཝཱ་རཱ(ཆུ་རྣམས། )། ཝཱ(ཆུ་ལ)། ཝཱཿརཱི(ཆུ་དག་ལ)། ཝཱ་རི(ཆུ་རྣམས་ལ)། ཝཱ་རཱ(ཆུ་ཡིས)། ཝཱར་བྷྱཱཾ(ཆུ་དག་གིས)། ཝཱར་བྷིཿ(ཆུ་རྣམས་ཀྱིས། ) ཝཱ་རེ(ཆུའི་ཆེད་དུ)། ཝཱར་བྷྱཱཾ(ཆུ་དག་གི་ཆེད་དུ)། ཝཱར་བྷྱཿ(ཆུ་རྣམས་ཀྱི་ཕྱིར། ) ཝཱ་ རཿ(ཆུ་ལས། ) ཝཱར(ཆུ་དག་ལས། )། ཝཱར་བྷྱཿ(ཆུ་རྣམས་ལས། )ཝཱ་རཿ(ཆུ་ཡི། ) ཝཱ་རོཿ(ཆུ་དག་གི) ཝཱ་རཱཾ(ཆུ་ རྣམས་ཀྱི)། ཝཱ་རི (ཆུ་ལ)། ཝཱ་རོཿ(ཆུ་དག་ལ། )ཝཱར་ཥུ་(ཆུ་རྣམས་ལ། )ཧེ་ཝཱཿ(ཀྱེ་ཆུ། ) ཧེ་ཝཱ་རཱི(ཀྱེ་ཆུ་དག)། ཧེ་ ཝཱ་རི་(ཀྱེ་ཆུ་རྣམས། )ཞེས་པ་ལྟ་བུའོ། ། གཉིས་པ་དེ་དག་སོ་སོར་ངེས་པའི་བརྡ་ཆད་ལ་བཞི་ལས། དང་པོ་རྣམ་དབྱེའི་བརྡ་ཆད་ ནི། དང་པོ་ལྔ་གྷུཊའོ་ཞེས་པ། སི་ལ་སོགས་པའི་རྣམ་དབྱེ་ཉི་ཤུ་རྩ་གཅིག་པོ་རྣམས་ཀྱི་ནང་ ནས་གང་དང་པོར་གནས་པའི་སི་དང་ཨཽ་དང་ཛས྄་དང་ཨམ྄་དང་ཨཽ་ཞེས་པ་ལྔ་པོ་དེ་རྣམས་ གྷུཊའི་མིང་ཅན་དུ་འགྱུར་ཏེ། བཏགས་པའི་དགོས་པ་ནི། གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་ལ་ ཞེས་པ་ལ་སོགས་པ་འཆད་འགྱུར་གྱི་སྐབས་ཐམས་ཅད་དུ་རྣམ་དབྱེ་ལྔ་པོ་དེ་རྣམས་དྲན་པར་ བྱ་བའི་ཆེད་དུའོ། ། དཔེར་ན་སྐྱེས་པའི་རྟགས་རཱ་ཛན྄་ལ། དང་པོ་ལྔ་རིམ་པ་བཞིན་བྱིན་ནས། གྷུཊ་ལའང་ སཾ་བུདྡྷི་མ་ཡིན་པ་ལ་ཞེས་པས། ཛའི་དབྱངས་རིང་པོར་བསྒྱུར་ཞིང་། སྔར་བཞིན་གསལ་བྱེད་ ལས་ཀྱང་ཞེས་པས། སི་དང་ནཱ་གསུམ་པར། རྟགས་མཐའི་ནཱ་ཡིག་གོ་ཞེས་པས། སི་ལ་ན་ ཕྱིས་ཏེ་སྦྱར་བས། རཱ་ཛཱ(རྒྱལ་པོ)། རཱ་ཛཱ་ནཽ(རྒྱལ་པོ་དག)། རཱ་ཛཱ་ནཿ(རྒྱལ་པོ་རྣམས། ) རཱ་ཛཱ་ནཾ(རྒྱལ་པོ་ལ)། རཱ་ཛཱ་ནཽ་(རྒྱལ་པོ་དག་ལ་)ཞེས་པར་འགྱུར་བ་ལྟ་བུའོ། ། མ་ནིང་ལ་ཛས྄་ཤས྄་དག་གོ་ཞེས་པ་ནི། ཁྱད་པར་མ་ནིང་གི་རྟགས་ལས་ཕ་རོལ་ཏུ། ཛས྄་དང་ཤས྄་གཉིས་པོ་འདི་དག་ཀྱང་གྷུཊའི་མིང་ཅན་དུ་འགྱུར་ཏེ། དགོས་པ་ནི། དྷུཊ་དང་ དབྱངས་ལས་གྷུཊ་ལ་ནུའོ་ཞེས་པ་ལ་སོགས་པའི་སྐབས་སུ་དྲན་པའི་ཆེད་དུའོ། །དཔེར་ན། སཱ་མ་ཞེས་པ་མ་ནིང་གི་རྟགས་ལ་ཛས྄་དང་ཤས྄་དག་བྱིན་ནས། སྔར་བཞིན་གཉིས་ཀ་ཤི་རུ་ 6-1-72 བསྒྱུར་བའི་ཤ་ཡིག་ཁྱད་དོན་དབྱི་ཞིང་། དྷུཊ་དང་དབྱངས་ལ་ཞེས་པས། རྟགས་མཐར་ནུ་ཨཱ་ ག་མ་བྱིན་པའི་ཨུ་ཡིག་འདི་ཉིད་དུ་ཨཱ་ག་མ་ཨུཏ་ཅེས་པའི་རྗེས་འབྲེལ་ཡིན་པས་ཕྱིས་ཏེ། ནཱ་ གཉིས་པར། གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་ལ་ཞེས་པས། རྟགས་མཐའ་རིང་པོར་བསྒྱུར་བའི་ ཕ་རོལ་ཏུ། ཏིཥྛནྟི་དང་། པ་ཤྱ་ཡོད་པ་ལས། སཱ་མཱ་ནི་ཏིཥྛནྟི(མཚུངས་པ་རྣམས་འདུག་ཤིག)། སཱ་མཱ་ ནི་པ་ཤྱ་(མཚུངས་པ་རྣམས་ལ་ལྟོས། )ཞེས་པར་འགྱུར་བ་ལྟ་བུའོ། །ཀུན་དུ་བོད་པ་ལ་སི་སམ་བུདྡྷིའོ་ ཞེས་པ་ནི། དུར་སིང་དུ། གྲུབ་པ་མངོན་དུ་ཕྱོགས་པར་བྱེད་པ་ནི། ཀུན་དུ་བོད་པ་ཞེས་པ་དང་། སློབ་ཕན་དུ། བོད་པའི་དོན་ལ་ཞེས་གསུངས་པས་དོན་དེ་དག་ལ་སྟེར་བའི་སི་གང་ཡང་ཡིན་ པ་དེ། སམ་བུདྡྷིའི་མིང་ཅན་དུ་འགྱུར་ཏེ། དགོས་པ་ནི། སམ་བུདྡྷི་ལའང་ངོ་ཞེས་པ་ལ་སོགས་ པའི་སྐབས་སུ་དྲན་པའི་ཆེད་དུའོ། །དཔེར་ན་ཧེ་སྔོན་མ་ཅན་གྱི་ཨམྦཱ་དང་། གངྒཱ་ལ་སི་བྱིན་ ནས། འདི་ཉིད་དུ། སམ་བུདྡྷི་ལའང་ངོ་ཞེས་པས། གཱའི་དབྱངས་ཨེ་རུ་བསྒྱུར་ཏེ། ཐུང་ངུ་ན་དཱི་ ཤྲངྔྷཱ་རྣམས་ལས་ཞེས་པས། སི་ཕྱིས་པས། ཧེ་ཨམྦ(ཀྱེ་མ)། ཧེ་གངྒེ་(ཀྱེ་གངྒཱ། )ཞེས་པར་འགྱུར་ བ་ལྟ་བུའོ། ། གཉིས་པ་ཨཱ་ག་མ་འཇུག་ཚུལ་ནི། ཨཱ་ག་མ་ཨུཏ་རྗེས་འབྲེལ་དབྱངས་མཐའ་ལས་ཕ་ རོལ་ཏུའོ་ཞེས་པ་ལ། དུར་སིང་དུ། རང་བཞིན་དང་། རྐྱེན་དག་གི་ཉེ་བར་གནོད་པ་མ་ཡིན་ པ་དག་ཨཱ་ག་མར་བརྗོད་པར་བྱ་སྟེ་ཞེས་གསུངས་པས། རང་བཞིན་དང་རྐྱེན་མ་ཡིན་པ། དེ་ དག་ཕྲད་པའི་ནུས་པ་ལས་འབྱུང་བ་ནི། ཨཱ་ག་མ་ཡིན་ལ། དེའི་ཁྱད་པར་ཨུཏ་རྗེས་སུ་འབྲེལ་ པ་ཅན། མུ་དང་། སུ་དང་། ནུ་ཨཱ་ག་མ་ལ་སོགས་པ་རྣམས་ནི། རྟགས་དབྱངས་ཀྱི་མཐའ་ ཅན་རྣམས་ལས་ཕ་རོལ་ཏུ་སྦྱིན་པར་འགྱུར་ཞིང་། དབྱངས་མཐའ་ལས་ཞེས་པའི་ཤུགས་ལ་ གསལ་བྱེད་མཐའ་ཅན་རྣམས་ཀྱི་མཐའི་གསལ་བྱེད་གང་ཡིན་པ་དེའི་དང་པོར་སྦྱིན་པར་བྱ་ སྟེ། དཔེར་ན་པད་མ་ཞེས་པ། མ་ནིང་གི་རྟགས་ལ་ཛས་བྱིན་པ་སྔར་བཞིན་ཤི་རུ་གྱུར་པའི་ཤ་ 6-1-73 ཕྱིས་ནས། ནཱ་གཉིས་པར། དྷུཊ་དང་དབྱངས་ལས་ཞེས་པས། མའི་དབྱངས་མཐར། ནུ་ཨཱ་ ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཡང་མདོ་འདི་ཉིད་ཀྱི་ཁྱད་དོན་ཡིན་པས་ཕྱིས་ཏེ་སྔར་བཞིན། རྟགས་མཐའ་རིང་པོར་བསྒྱུར་བས། པདྨཱ་ནི་ཞེས་པ་དང་། པ་ཡས་ཞེས་པ། མ་ནིང་གི་རྟགས་ གསལ་བྱེད་མཐའ་ཅན་ལ་ཤས྄་བྱིན་པའང་ཤི་རུ་གྱུར་པའི་ཤ་ཕྱིས་ནས། ནུ་ཨཱ་ག་མ་སའི་ དང་པོར་བྱིན་ནས་སྔར་བཞིན་བསྒྲུབས་པས་པ་ཡཱནྶི་(འོ་མ་རྣམས་ལ། )ཞེས་པ་ལྟ་བུའོ། །གསུམ་ པ་ལ་སོགས་པ་ལ་ནི་ཕ་རོལ་གྱི་དང་པོར་རོ་ཞེས་པ། ཨཱ་ག་མ་ཨུཏ་རྗེས་སུ་འབྲེལ་པ་རྣམས་ གསུམ་པ་ལ་སོགས་པའི་རྣམ་དབྱེའི་ཚོགས་ཕ་རོལ་ཏུ་ཡོད་པ་ལ་ནི། དབྱངས་མཐའ་ལ་ སོགས་པའི་ངེས་པ་མེད་ཅིང་། གང་རང་གི་ཕ་རོལ་ན་ཡོད་པའི་རྣམ་དབྱེ་དེའི་དང་པོར་སྦྱིན་ པར་བྱ་སྟེ། དུར་སིང་དུ། ནིའི་སྒྲ་ནི་གསུམ་པ་ལ་སོགས་པའི་སྤྱིར་བཏང་བ་ལྡོག་པའི་དོན་ དུའོ་ཞེས་གསུངས་པས། མདོ་ཕྱི་མ་རྣམས་ལ་གསུམ་པ་ལ་སོགས་པ་མི་འཇུག་པའི་དོན་ ཏོ། །དགོས་པ་ནི། ཨཱ་ག་མ་ཨུཏ་རྗེས་སུ་འབྲེལ་པ་ཅན་རྣམས་རྟགས་དང་རྣམ་དབྱེའི་བར་དུ་ འཇུག་པར་བསྟན་པས། གང་དུ་འཇུག་པའི་གནས་ངེས་པར་ཤེས་པའི་ཆེད་དུའོ། །དཔེར་ན། སརྦཱ་ཞེས་པ་བུད་མེད་ཀྱི་རྟགས་ལ་ངེ་བྱིན་པ་ན། འདི་ཉིད་དུ་ང་ལྡན་རྣམས་ཡཻ་ཡཱས་ཡཱས་ཡཱམ་ ཞེས་སྤྱིར་བཏང་ནས། སརྦ་ནཱ་མ་ལས་ནི་སུ་དང་བཅས་པ་རྣམས་ཏེ་སྔ་མ་ཐུང་བའང་ངོ་ཞེས་ པས། ང་ཡིག་སུ་ཨཱ་ག་མ་དང་བཅས་པའི་ཡཻ་རུ་བསྒྱུར་ཞིང་། སུའི་ཨུ་ཡིག་མདོ་འདིས་ཁྱད་ དོན་ཡིན་པས་ཕྱིས་ནས། རྟགས་མཐའི་དབྱངས་ཐུང་ངུར་བསྒྱུར་ཏེ། ས་ཡིག་ཡཻའི་དང་པོར་ སྦྱར་བས། སརྦ་སྱཻ་(ཐམས་ཅད་མའི་ཆེད་དུ། ) ཞེས་པ་དང་། སརྦ་ལ་ཨཱམ྄་བྱིན་པ་ན། འདི་ཉིད་དུ་ ཐམས་ཅད་ལས་ཨཱམ྄་ལ་སུའོ་ཞེས་པས། ཨཱམ྄་གྱི་དང་པོ་སུ་ཨཱ་ག་མ་བྱིན་པའི་ཨུ་ཕྱིས་ནས། དྷུཊ་མང་པོ་ཉིད་ལ་ཞེས་པས་རྟགས་མཐའི་དབྱངས་ཨེ་རུ་བསྒྱུར་ཞིང་། ནཱ་མི་དང་ཀ་དང་ར་ ལས་ཞེས་པས། ས་ཡིག་ཥ་རུ་བསྒྱུར་བས། སརྦེ་ཥཱཾ་(ཐམས་ཅད་རྣམས་ཀྱི། )ཞེས་པ་དང་། བྲྀཀྵ་ལ་ 6-1-74 ཨཱམ྄་བྱིན་པ་ན། འདི་ཉིད་དུ་ཨཱམ྄་ལ་ནུའོ་ཞེས་པས། ཨཱམ྄་གྱི་དང་པོར་ནུ་བྱིན་པའི་ཨུ་ཕྱིས་ ནས། ནུ་དང་བཅས་པའི་ཨཱམ྄་ལ་ཞེས་པས་རྟགས་མཐའ་རིང་པོར་བསྒྱུར་ཞིང་། ར་ཥ་རྀའི་ ཡི་གེ་ཞེས་པས། ན་ཡིག་ཎ་རུ་བསྒྱུར་ཏེ་སྦྱར་བས་བྲྀཀྵཱ་ཎཱཾ་(ཤིང་རྣམས་ཀྱི། ) ཞེས་པ་ལྟ་བུའོ། ། གསུམ་པ་རྟགས་ཀྱི་བརྡ་ཆད་ནི། ཨིཏ་ཨུཏ་ཨགྣིའོ་ཞེས་པའི་ཏ་ཡིག་ནི། རིང་པོ་སེལ་ བའི་དོན་ཡིན་པས། རྟགས་མཐའི་ཨི་ཡིག་དང་ཨུ་ཡིག་ཐུང་ངུ་དག་ནི་ཨགྣིའི་མིང་ཅན་དུ་ འགྱུར་ཏེ། དགོས་པ་ནི། ཨགྣི་ལ་ཨམ྄་གྱི་ཨ་ཡིག་གོ་ཞེས་པ་ལ་སོགས་པའི་སྐབས་སུ་དྲན་ པར་བྱ་བའི་ཆེད་དུའོ། །དཔེར་ན། ཨགྣི་དང་། པ་ཊུ་ལ་ཨམ྄་བྱིན་པ་ན། ཨགྣི་ལས་ཞེས་ པས། ཨམ་གྱི་ཨ་ཕྱིས་ཏེ། མ་རྗེས་སུ་ང་རོར་བསྒྱུར་བས། ཨགྣིཾ(མེ་ཡ)། པ་ཊུཾ་(མཁས་པ་ལ་)ཞེས་ པའི་རྟགས་མཐའི་དབྱངས་ལྟ་བུའོ། །རྟགས་མཐའི་ཨཱི་ཨཱུ་རིང་པོ་དག་ནི། ཨགྣིའི་མིང་ཅན་དུ་ མི་འགྱུར་བས། དེའི་བྱ་བ་མི་བྱེད་དེ། དཔེར་ན། སེ་ནཱ་ནཱི་དང་། ཡ་བ་ལཱུ་ལྟ་བུ་དག་ལ་ཨམ྄་ བྱིན་པ་ན། ནཱ་གཉིས་པར། ཡི་གེ་གཅིག་མ་ཡིན་པ་དག་གི་ནི་བརྩེགས་པ་མ་ཡིན་པ་ལས་ཡ་ ཝ་དག་གོ་ཞེས་པས། ཨཱི་ཡིག་ཡ་དང་། ཨཱུ་ཡིག་ཝ་རུ་བསྒྱུར་ཏེ་སྦྱར་བས། སེ་ནཱ་ནྱཾ(སྡེའི་འདྲེན་པ་ ལ)། ཡ་ཝ་ལྭཾ་(ནས་རྔ་བ་ལ་)ཞེས་པ་ལྟ་བུའོ། །ཨཱིཏ་ཨཱུཏ་བུད་མེད་བརྗོད་པ་དག་ན་དཱིའོ་ཞེས་པ་ ལ། དུར་ཕན་དག་ལས། ཏ་ཡིག་ཕ་རོལ་དུ་བྱེད་པ་ནི། ཐེ་ཚོམ་མི་འབྱུང་བའི་དོན་དུའོ་ཞེས་ གསུངས་པས། ཐུང་ངུ་སེལ་བའི་དོན་ཡིན་ཞིང་རྟགས་མཐའི་ཨཱི་ཡིག་དང་ཨཱུ་ཡིག་བུད་མེད་ དུ་བརྗོད་པ་དག་ནི། ན་དཱིའི་མིང་ཅན་དུ་འགྱུར་ཏེ། དགོས་པ་ནི། ན་དཱི་ལས་ཨཻ་ཨཱས་ཨཱས་ ཨཱམ་ཞེས་པ་ལ་སོགས་པའི་སྐབས་སུ་དྲན་པའི་ཆེད་དུའོ། །དཔེར་ན་བུད་མེད་ཀྱི་རྟགས་ཅན་ ན་དཱི་དང་། བ་དྷཱུ་དག་ལ། ངེ་བྱིན་པ་ན་དཱི་ལས་ཨཻ་རུ་བསྒྱུར་ནས་མཚམས་སྦྱར་བས། ན་དྱཻ་ (ཆུ་ཀླུང་གི་ཆེད་དུ། )བ་དྷྭཻ་(མནའ་མའི་ཆེད་དུ། )ཞེས་པའི་རྟགས་མཐའི་དབྱངས་ལྟ་བུའོ། །རྟགས་མཐའི་ ཨཱི་ཡིག་ཨཱུ་ཡིག་ཡིན་ཀྱང་བུད་མེད་དུ་བརྗོད་པ་མ་ཡིན་ན། ན་དཱིའི་མིང་ཅན་དུ་མི་འགྱུར་ 6-1-75 བས། དེའི་བྱ་བ་མི་བྱེད་དེ། དཔེར་ན་སྐྱེས་པའི་རྟགས་ཅན། གྲཱ་མ་ཎཱི་དང་། ཡ་ཝ་ལཱུ་དག་ ལ་ངེ་བྱིན་པ་ན། ང་ཡིག་ཁྱད་དོན་ཕྱིས་ནས་སྔར་བཞིན། ཡི་གེ་གཅིག་མ་ཡིན་པ་དག་གི་ ཞེས་པས། ཨཱི་ཡིག་ཡ་དང་། ཨཱུ་ཡིག་ཝ་རུ་བསྒྱུར་ཏེ་སྦྱར་བས། གྲཱ་མ་ཎྱེ། ཡ་ཝ་ལྭེ་ཞེས་པ་ལྟ་ བུའོ། །ཨཱ་ཤྲངྔྷཱའོ་ཞེས་པ་རྟགས་མཐའི་ཨཱ་ཡིག་བུད་མེད་བརྗོད་པ་དེ་ནི། ཤྲངྔྷཱའི་མིང་ཅན་དུ་ འགྱུར་ཏེ། དགོས་པ་ནི་ཤྲངྔྷཱ་ལས་སི་དབྱིའོ་ཞེས་པ་ལ་སོགས་པའི་སྐབས་སུ་དྲན་པའི་ཆེད་ དུའོ། །དཔེར་ན། ཤྲངྔྷཱ་དང་། མཱ་ལཱ་ཞེས་པ་བུད་མེད་ཀྱི་རྟགས་ཅན་ལ་སི་བྱིན་པ། ཤྲངྔྷཱ་ལས་ ཕྱིས་པས། (དད་པ་མ། )ཤྲངྔྷཱྀ། མཱ་ལཱ་(ཕྲེང་བ་མ། )ཞེས་པའི་རྟགས་མཐའི་དབྱངས་ལྟ་བུའོ། །རྟགས་ མཐའི་ཨཱ་ཡིག་ཡིན་ཀྱང་། བུད་མེད་བརྗོད་པ་མ་ཡིན་ན། ཤྲངྔྷཱའི་མིང་ཅན་དུ་མི་འགྱུར་བས། དེའི་བྱ་བ་མི་བྱེད་དེ། དཔེར་ན། ཧཱ་ཧཱ་ཞེས་པ་སྐྱེས་པའི་རྟགས་ཅན་ལ་སི་བྱིན་པ་ན། ཨི་ བརྗོད་དོན་ཕྱིས་ནས། ས་རྣམ་བཅད་དུ་བསྒྱུར་བས། ཧཱ་ཧཱཿཞེས་པ་ལྟ་བུའོ། །མཐའ་ལས་སྔ་ མ་ཨུ་པ་དྷཱའོ་ཞེས་པ་ནི། རྟགས་སམ་བྱིངས་ཀྱི་མཐའི་ཡི་གེ་ལས་སྔ་མའི་ཡི་གེ་གང་ཡིན་པ་དེ་ ཨུ་པ་དྷཱའི་མིང་ཅན་དུ་འགྱུར་ཏེ་དགོས་པ་ནི། ན་མཐའི་འང་ཨུ་པ་དྷཱའི་འོ་ཞེས་པ་ལ་སོགས་ པའི་སྐབས་སུ་དྲན་པའི་ཆེད་དུའོ། །དཔེར་ན། རཱ་ཛན་གྱི་ཛའི་ཨ་ཡིག་དང་། བྷི ད་ཀྱི་ཨི་ ཡིག་དང་། བྲྀཏ་ཀྱི་རྀ་ཡིག་ལྟ་བུ་སྟེ། དེ་རྣམས་ཚིག་ཏུ་བསྒྲུབ་པ་ན། རཱ་ཛཱན་ལ་སི་བྱིན་ནས། སྔར་བཞིན་གྷུཊ་ལའང་སམ་བུདྡྷི་མ་ཡིན་པ་ལ་ཞེས་པས། ཛའི་དབྱངས་རིང་པོར་བསྒྱུར་ ཞིང་། གསལ་བྱེད་མཐའ་ལས་སི་དང་རྟགས་མཐའི་ན་ཕྱིས་པས། རཱ་ཛཱ་ཞེས་པ་དང་། བྷི་ དིར་འཇོམས་པའི་བྱིངས། ཨིར་རྗེས་འབྲེལ་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་དང་། བྲྀད་འཕེལ་བའི་ བྱིངས་ལ། ཝརྟ་མཱ་ནཱའི་ཏི་བྱིན་ནས། བར་དུ་ཨན྄་བྱིན་པའི་ན་རྗེས་འབྲེལ་དབྱི་ཞིང་། ཨཱ་ལྔ་ པར། ཨུ་པ་དྷཱ་ནཱ་མི་ཞེས་པས་བྱིངས་ཀྱི་ཨིའི་ཡོན་ཏན་ཨེ་དང་རྀའི་ཡོན་ཏན་ཨར་དུ་བསྒྱུར་ ལ། ཨཱ་བརྒྱད་པར། ཤིཊ་མ་ཡིན་པ་རྣམས་ཀྱི་སྒྲ་མེད་རྣམས་ལ་ཞེས་པས། བྷེད་ཀྱི་ད་ཡིག་ཏ་ 6-1-76 རུ་བསྒྱུར་ཏེ་སྦྱར་བས། བྷེཏྟཱ་(འཇོམས་པར་བྱེད། )བརྟ་ཏེ་(འཕེལ་བར་བྱེད། )ཞེས་པ་ལྟ་བུའོ། །གསལ་ བྱེད་ལས་ན་ཨ་ནུ་ཥཾ་གའོ་ཞེས་པ་ནི། རྟགས་སམ་བྱིངས་ཀྱི་མཐའི་གསལ་བྱེད་ལས། གང་ སྔ་མར་གྱུར་པའི་ན་ཡིག་དེ་ཨ་ནུ་ཥཾ་གའི་མིང་ཅན་དུ་འགྱུར་ཏེ། དགོས་པ་ནི། ཨ་ནུ་ཥཾ་གའང་ ཀྲུཉྩ་དང་ཨི་ཏ་མ་ཡིན་པའི་ཞེས་པ་ལ་སོགས་པའི་སྐབས་སུ་དྲན་པའི་ཆེད་དུའོ། །དཔེར་ན། པི་དྭནྶ་ཞེས་པ་དང་། མ་ཧནྟྲ་ཞེས་པ་དང་། ཤྲནྶ྄་ཞེས་པའི་གསལ་བྱེད་སྲོག་མེད་རྣམས་ཀྱི་ སྟེང་གི་ན་ཡིག་ལྟ་བུ་སྟེ། དེ་རྣམས་ཚིག་ཏུ་བསྒྲུབ་པ་ན། དང་པོ་གཉིས་སྐྱེས་པའི་རྟགས་ཅན་ ལ་ཤས྄་བྱིན་ནས། ནཱ་གཉིས་པར། ཨ་ནུ་ཥཾ་གའང་ཀྲུཉྩ་དང་ཨིཏ་མ་ཡིན་པའི་ཞེས་པས་ན་ དབྱི་ཞིང་། གྷུ་ཊམ་ཡིན་པའི་དབྱངས་དང་པོ་ལ་ཨིཊ་དང་བཅས་པའི་འང་ཝནྶའི་ཞེས་པས། ཝ་ཡིག་ཨུ་དང་། ནཱ་བཞི་པར། ནཱ་མི་དང་ཀ་དང་ར་ལས་ཞེས་པས། ས་ཡིག་ཥ་རུ་བསྒྱུར་ལ། ཤས་ཀྱི་ཤ་ཁྱད་དོན་ཕྱིས་ནས། ཨ་ཡིག་ནི་གསལ་བྱེད་ཥ་དང་ཏ་ལ་སྦྱར་ཏེ། ས་རྣམ་བཅད་དུ་ བྱས་པས། བི་དུ་ཥཿ (མཁས་པ་རྣམས། ) མ་ཧ་ཏཿ (ཆེན་པོ་རྣམས། )ཞེས་པ་དང་། ཤྲནྶུ་འོག་ཏུ་ལྟུང་ བའི་བྱིངས། ཨུ་རྗེས་འབྲེལ་ཕྱིས་པ་ལ་བརྟ་མཱ་ནའི་ཏེ་དང་། ཨཱ་བརྒྱད་པར། བྱིངས་ཐམས་ ཅད་ལ་ཞེས་པས། བར་དུ་ཡཎ྄་བྱིན་ནས། ཎ་རྗེས་འབྲེལ་དབྱི་ཞིང་། སྔར་བཞིན། ན་ཡིག་ ཨ་ནུ་ཥཾ་ག་ཕྱིས་ཏེ། གསལ་བྱེད་ས་ཡིག་ཡའི་སྟེང་དུ་སྦྱར་བས། ཤྲ་སྱ་ཏེ་(འོག་ཏུ་ལྷུང་བར་བྱེད་དོ། ། གཙོ་བོར་འགྱུར་རོ། །)ཞེས་པ་ལྟ་བུའོ། །གསལ་བྱེད་ལས། སྔ་མའི་ཡི་གེ་ཡིན་ཀྱང་། ན་ཡིག་མ་ ཡིན་ན། ཨ་ནུ་ཥཾ་གའི་མིང་ཅན་དུ་མི་འགྱུར་ཏེ། དཔེར་ན། ཨུརྒྦྷྱཱཾ་(གཟི་བྱིན་དག་གི། )ཞེས་པའི་ར་ ཡིག་གསལ་བྱེད་གའི་སྔ་མར་ཡོད་ཀྱང་ཨ་ནུ་ཥཾ་ག་མ་ཡིན་པ་ལྟ་བུའོ། ། བཞི་པ་སྤྱིའི་བརྡ་ཆད་ནི། མཐར་གནས་དང་རྗེས་སུ་སྣ་ལྡན་མ་ཡིན་པའི་གསལ་བྱེད་ དྷུཊའོ་ཞེས་པ། མཐར་གནས་ཡ་ར་ལ་ཝ་དང་། རྗེས་སུ་སྣ་ལྡན་ང་ཉ་ཎ་ན་མ་རྣམས་བསྡོམས་ པའི་ཡི་གེ་དགུ་པོ་མ་ཡིན་པའི་གསལ་བྱེད། ཀ་ཁ་ག་གྷ། ཙ་ཚ་ཛ་ཛྷ། ཊ་ཋ་ཌ་ཌྷ། ཏ་ཐ་ད་དྷ། 6-1-77 པ་ཕ་བ་བྷ། ཤ་ཥ་ས་ཧ་རྣམས་བསྡོམས་པའི་ཡི་གེ་ཉི་ཤུ་རྩ་བཞི་པོ་རྣམས་ནི། དྷུཊའི་མིང་ཅན་ དུ་འགྱུར་ཏེ། དགོས་པ་ནི། དྷུཊ་མང་པོ་ཉིད་ལ་ནི་ཨེའོ་ཞེས་པ་ལ་སོགས་པར་དྲན་པའི་ཆེད་ དུའོ། །དཔེར་ན། པ་ཡས྄་དང་། བཙྲ་ཞེས་པའི་ས་ཡིག་དང་ཙ་ཡིག་ལྟ་བུ་སྟེ། དེ་དག་ཚིག་ཏུ་ སྒྲུབ་པ་ན། མ་ནིང་གི་རྟགས་པ་ཡས྄་ལ། ཛས྄་བྱིན་པ་སྔར་བཞིན་ཤི་རུ་བསྒྱུར་བའི་ཤ་ཕྱིས་ ནས། དྷུཊ་དང་དབྱངས་ལས་གྷུཊ་ལ་ཞེས་པས། སའི་སྔ་མར་ནུ་ཨཱ་གམ་བྱིན་པའི་ཨུའང་དབྱི་ ཞིང་། གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་ལ་ཞེས་པས་ཡ་རིང་པོར་བསྒྱུར་ཏེ་སྦྱར་བས། པ་ཡཱནི་(ཆུ་ རྣམས། )ཞེས་པ་དང་། ཌུཔཙཥ་འཚེད་པའི་བྱིངས། ཌུ་དང་ཥ་རྗེས་འབྲེལ་ཕྱིས་པ་ལ། ཨ་དྱ་ཏ་ ནཱིའི་ཏ་བྱིན་ནས། ཨཱ་བརྒྱད་པར། ཨ་དྱ་ཏ་ནཱི་ལས་སི་ཙའོ་ཞེས་པས་བར་དུ་སིཙ་བྱིན་པ། ཨཱ་ དྲུག་པར། དྷུཊ་ལས་ཀྱང་དྷུཊ་ལའོ་ཞེས་པས་དབྱི་ཞིང་། ཙ་སྡེའི་འདྲ་བའི་ཡི་གེ་མ་ཡིན་པ་ ལས་ཞེས་པས་ཙ་ཡིག་ཀ་རུ་བསྒྱུར་ཏེ། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོར་ཧྱསྟ་ཎཱི་ཨ་དྱ་ཏ་ནཱི་ ཞེས་པས། བྱིངས་ཀྱི་དང་པོར་ཨཊ་བྱིན་པའི་ཊ་རྗེས་འབྲེལ་ཕྱིས་པས། ཨ་པཀྟ་(དེ་རིང་འཚེད། ) ཞེས་པ་ལྟ་བུའོ། ། གསུམ་པ་དེ་དག་ཕྲད་པའི་རྣམ་འགྱུར་འབྱུང་ཚུལ་ལ། རྟགས་མཐའ་ཨ་དང་ཤྲངྔྷཱ་དང་། ན་དཱི་ཨགྷི་རྀ་ཡིག་དང་། །ཐུང་ངུ་སོགས་དང་རྣམ་དབྱེ་རྣམས། །ཕྲད་པའི་རྣམ་འགྱུར་འབྱུང་ ཚུལ་ལོ། ། དང་པོ་རྟགས་མཐའ་ཨ་ཡིག་དང་རྣམ་དབྱེ་རྣམས་ཕྲད་པ་ལས་རྣམ་འགྱུར་འབྱུང་ཚུལ་ ལ། སྤྱིར་བསྟན་པ་དང་ཁྱད་པར་གཉིས་ལས། སྤྱིར་རྣམ་འགྱུར་འབྱུང་ཚུལ་རྒྱས་པར་བསྟན་ པ་ནི། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པས། རྟགས་མཐའི་ཨ་ཡིག་རྣམ་དབྱེ་སྒྲ་ལྡན་རྣམས་ ཕ་རོལ་དུ་ཡོད་པ་ལ་རིང་པོར་འགྱུར་ཏེ། དཔེར་ན། བྲྀཀྵ་ལ་གསུམ་པའི་གཉིས་ཚིག་བྷྱཱཾ་བྱིན་ ནས། མདོ་འདིས་རྟགས་མཐའི་ཨ་རིང་པོར་བསྒྱུར་བས། བྲྀཀྵཱ་བྷྱཱཾ་(ཤིང་དག་གིས། )ཞེས་པ་དང་། 6-1-78 བུདྡྷ་ལ། ངེ་བྱིན་པའི་ང་ཁྱད་དོན་ཕྱིས་ནས། འདི་ཉིད་དུ་ངེ་ཡའོ་ཞེས་པས། ཨེ་ཡིག་ཡ་རུ་ བསྒྱུར་བ་ན། ཡ་སྒྲ་ལྡན་ལ་དྷའི་ཨ་རིང་པོར་བསྒྱུར་བས། བུངྔྷཱ་ཡ་ཞེས་པ་དང་། ཨཱམ྄་བྱིན་ པ་ན། ཨཱམ྄་ལའང་ནུའོ་ཞེས་པས་བར་དུ་ནུ་ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཕྱིས་ཏེ་སྦྱར་ བའི་ནཱཾ་སྒྲ་ལྡན་ཕ་རོལ་ལ་དྷའི་ཨ་རིང་པོར་བསྒྱུར་བས། བུངྔྷཱ་ནཱཾ་(སངས་རྒྱས་རྣམས་ཀྱི། ) ཞེས་ པ་དང་། དེ་ཝ་ལ། ངེ་དང་ཨཱམ྄་བྱིན་ནས་སྔར་བཞིན་སྦྱར་བས། དེ་ཝཱ་ཡ་(ལྷ་ལ། )དེ་ཝཱ་ནཱཾ་(ལྷ་ རྣམས་ཀྱི་)ཞེས་པ་ལྟ་བུའོ། །རྟགས་མཐའ་ཨ་ཡིག་མ་ཡིན་ན། སྒྲ་ལྡན་ཕ་རོལ་ན་ཡོད་ཀྱང་རིང་ པོར་མི་འགྱུར་ཏེ། ཨགྣི་བྷྱཱཾ་(མེ་ལྷ་དག་གིས། ) ཞེས་པ་ལྟ་བུའོ། །རྟགས་མཐའ་ཨ་ཡིག་ཡིན་ཀྱང་། སྒྲ་ལྡན་ཕ་རོལ་ན་མེད་ནའང་རིང་པོར་མི་འགྱུར་ཏེ། དཔེར་ན། བྲྀཀྵ་ལ་སི་བྱིན་རྗེས་འབྲེལ་ ཕྱིས་ས་རྣམ་བཅད་བྱས་པས། བྲྀཀྵཿ(ཤིང་། )ཞེས་པ་ལྟ་བུའོ། །ཛས་ལའོ་ཞེས་པ་ནི་རྟགས་ མཐའི་ཨ་ཡིག་ཛས྄་ཕ་རོལ་ཏུ་ཡོད་པ་ལའང་རིང་པོར་འགྱུར་ཏེ། ཛས྄་ཀྱི་ཨ་མཐོང་ཡང་འོག་ ནས་འབྱུང་བ་ལྟར་ཨ་ཡིག་ལ་དབྱི་བར་མི་འགྱུར་ཞེས་པའི་དོན་ཏོ། །དཔེར་ན་དྷརྨ་དང་པཎྜི་ ཏ་ལ་ཛས྄་བྱིན་པ་ན་རྟགས་མཐའི་དབྱངས་རིང་པོར་བསྒྱུར་ཞིང་། ཛ྄་ཁྱད་དོན་ཕྱིས་ནས་ མཚམས་སྦྱར་ཏེ་ས་རྣམ་བཅད་དུ་བྱས་པས། དྷརྨཱཿ(ཆོས་རྣམས། ) པཎྜི་ཏཱཿ(ལྔ་རིག་རྣམས་)ཞེས་པ་ ལྟ་བུའོ། །རྟགས་མཐའ་ཨ་ཡིག་མ་ཡིན་ན་ཛས྄་ཕ་རོལ་ལ་རིང་པོར་མི་འགྱུར་ཏེ། དཔེར་ན། ཨགྣི་ལ་ཛས྄་བྱིན་པ་ན། འདི་ཉིད་དུ་ཨི་ཨེཏ་ཨུ་ཨོཏ་ཛས་ལའོ་ཞེས་པས་ནིའི་ཨི་ཡིག་ཨེ་རུ་ བསྒྱུར་ཞིང་། ཁྱད་དོན་དབྱི་བ་སོགས་སྔར་བཞིན་བྱས་ཏེ་མཚམས་སྦྱར་བས། ཨགྣ་ཡཿ(མེ་ རྣམས། ) ཞེས་པ་ལྟ་བུའོ། །ཤས྄་ལ་སྟེ་སའིའང་ནའོ་ཞེས་པ་ནི་རྟགས་མཐའི་ཨ་ཡིག་ཤས྄་ཕ་ རོལ་ཏུ་ཡོད་པ་ལའང་སྔར་བཞིན་རིང་པོར་འགྱུར་ཞིང་། ཤས྄་ཀྱི་ས་ཡིག་ཀྱང་ན་རུ་འགྱུར་ ཏེ། དཔེར་ན། དེ་ཝ་དང་། སྭརྒ་ལ་ཤས྄་བྱིན་པ་ན། རྟགས་མཐའི་དབྱངས་རིང་པོར་འགྱུར་ ཞིང་ཤ་ཁྱད་དོན་ཕྱིས་ནས་མཚམས་སྦྱར་ཏེ། ས་ཡིག་ན་རུ་བསྒྱུར་བས། དེ་ཝཱན་(ལྷ་རྣམས་ལ། ) 6-1-79 སྭརྒཱན(མཐོ་རིས་རྣམས་ལ། )ཞེས་པ་ལྟ་བུའོ། །རྟགས་མཐའ་ཨ་ཡིག་ཡིན་ཀྱང་རྣམ་དབྱེ་དངོས་མ་ ཡིན་པའི་རྐྱེན་གྱི་ཁྱད་པར་གྱི་ཤས྄་ཕ་རོལ་ལ་རིང་པོར་མི་འགྱུར་ཏེ། དཔེར་ན། ཨལྤ་དང་། སྟོ་ཀ་ལ། ནཱ་དྲུག་པར། ཀུན་བཤད་ལས་ཀྱང་ཏ་མ་ལ་སོགས་པ་རྣམས་སོ་ཞེས་པས། དེའི་བྱེ་ བྲག་ཤས྄་བྱིན་ནས། ས་རྣམ་བཅད་དུ་བསྒྱུར་བས། ཨལྤ་ཤཿ སྟོ་ཀ་ཤཿཞེས་པ་ལྟ་བུའོ། །ཨ་ ཡིག་ལ་དབྱིའོ་ཞེས་པ་ནི། རྟགས་མཐའི་ཨ་ཡིག་རྣམ་དབྱེའི་ཨ་ཡིག་ཕ་རོལ་ན་ཡོད་པ་དང་། དེར་མ་ཟད་རྣམ་དབྱེའི་རྒྱུ་མཚན་ཅན་གྱི་ཨ་ཡིག་ཕ་རོལ་ཏུ་ཡོད་པ་ལའང་དབྱི་བར་འགྱུར་ ཏེ། མཚུངས་པ་འདྲ་བའི་ཡི་གེ་ལས་རིང་པོར་འགྱུར་པ་ལས་དམིགས་བསལ་ལོ། །དཔེར་ ན། དེཝ་དང་། ནཱ་ཐ་ལ། ཨམ྄་བྱིན་པ་ན། མདོ་འདིས་རྟགས་མཐའི་ཨ་ཕྱིས་ཏེ་སྦྱར་བས། དེ་ཝཾ(ལྷ་ལ)། ནཱ་ཐཾ་(མགོན་པོ་ལ། ) ཞེས་པ་དང་། ཡད྄་དང་ཏད྄་ལ་སི་བྱིན་པ་ན། ནཱ་གསུམ་པར། ཏྱད་ལ་སོགས་པའི་རྣམ་དབྱེ་ལ་ཨའོ་ཞེས་པས། ད་ཡིག་དག་ཨ་རུ་བསྒྱུར་བ་རྣམ་དབྱེའི་ཨ་ དངོས་མ་ཡིན་ཡང་རྣམ་དབྱེ་དང་ཕྲད་པའི་རྒྱུ་མཚན་ལས་བྱུང་བའི་ཨ་ཡིན་པས། ཡ་དང་ཏའི་ ཨ་ཕྱིས་ནས་སྦྱར་ཏེ། ནཱ་གསུམ་པར། ཏའིའང་ངོ་ཞེས་པས་ཏ་ཡིག་ས་རུ་བསྒྱུར་ཞིང་། སི་ རྣམ་བཅད་དུ་བྱས་པས། ཡཿ(གང་། )སཿ(དེ་)ཞེས་པ་ལྟ་བུའོ། །རྣམ་དབྱེ་དང་། དེའི་རྒྱུ་མཚན་ ཅན་མ་ཡིན་པའི་ཨ་ཡིག་ལ་མི་འཕྱིད་ཅིང་མཚམས་སྦྱོར་ཏེ། དཔེར་ན། དཎྜའི་ཕ་རོལ་ཏུ་ཨ་ གྲཾ་ཡོད་པ་ལས། དཎྜཱ་གྲཾ་ཞེས་པར་འགྱུར་པ་ལྟ་བུའོ། །བྷིས་ཨཻས་ཡང་ནའོ་ཞེས་པ་རྟགས་ མཐའི་ཨ་ཡིག་ལས་ཕ་རོལ་གྱི་བྷིས་ནི་ཨཻས་སུ་འགྱུར་ཞིང་། དུར་སིང་དུ། ཡང་ནའི་སྒྲ་ནི། ཕྱོགས་གཞན་གསལ་བར་བྱེད་པས་ཨས་སུའང་འགྱུར་ཞེས་གསུངས་ལ། སློབ་ཕན་དུ། ཡང་ ནའི་སྒྲ་ནི་སྣ་ཚོགས་པའི་དོན་ཏོ་ཞེས་གསུངས་ཏེ། མདོ་འོག་མས་རྟགས་མཐའ་ཨེ་ཡིག་ཏུ་ ཐོབ་པ་ལས་ཁྱད་པར་དུ་སྟོན་པའོ། །དཔེར་ན། ཨབྷི་ཥེ་ཀ་དང་། དེ་ཝ་ལ་བྷིས་བྱིན་པ་ཨཻས་ སམ་ཨེས་སུ་བསྒྱུར་ནས། རྟགས་མཐའི་ཨ་ཡིག་ཨེ་ཡིག་ལ་ཨཻས་ཏེ་ཨཻ་ཡིག་ལ་ཡང་ངོ་ཞེས་ 6-1-80 པ་ལྟར་མཚམས་སྦྱར་ནས། ས་རྣམ་བཅད་དུ་བྱས་པས། གཉི་གའང་རྗེས་འདྲ་བས། ཨ་བྷི་ ཥེ་ཀཻཿ(མངོན་པར་དབང་བསྐུར་བ་རྣམས་ཀྱིས། )དེ་ཝཻཿཞེས་པ་ལྟ་བུའོ། །སློབ་ཕན་དུ། ཨེས་ཞེས་བརྗོད་ པར་བྱ་བ་ལ། ཨཻས་ཞེས་བརྗོད་པ་ནི་གསལ་བྱེད་མཐའ་ཅན་གྱི་དོན་དུ་སྟེ་ཞེས་གསུངས་ ཏེ། དཔེར་ན། ཨ་ཏི་སྔོན་མ་ཅན་གྱི་ཛ་རཱ་ལ་བྷི་བྱིན་པ་ཨཻས་སུ་བསྒྱུར་བ་ན། ནཱ་གསུམ་པར། ཛ་རཱ་ཛ་རས་སུ་དབྱངས་ལ་ཡང་ནའོ་ཞེས་པས། ཛ་རས་སུ་བསྒྱུར་ནས་སྦྱར་བས། ཨ་ཏི་ཛ་ ར་སཻཿ(ཧ་ཅང་རྒས་པ་རྣམས་ཀྱིས། )ཞེས་པ་ལྟ་བུའོ། །དྷུཊ་མང་པོ་ལ་ནི་ཨེ་ཉིད་དོ་ཞེས་པས་རྟགས་ མཐའི་ཨ་ཡིག དྷུཊ་ཡང་ཡིན་ལ། མང་ཚིག་ཀྱང་ཡིན་པ་གཞི་མཐུན་པའི་རྣམ་དབྱེ་རྣམས་ ཕ་རོལ་ཏུ་ཡོད་པ་ལ་ནི། ཨེ་ཉིད་དུ་འགྱུར་ཏེ། དུར་སིང་དུ། ནིའི་སྒྲ་ནི་རྣམ་པར་བརྟག་པ་མི་ འཇུག་པའི་དོན་དུའོ་ཞེས་གསུངས་སོ། །དཔེར་ན། དེ་ཝ་དང་། བྲྀཀྵ་ལ། མང་ཚིག་བྷྱས྄་བྱིན་ ནས་རྟགས་མཐའ་ཨེ་རུ་བསྒྱུར་ཏེ། ས་རྣམ་བཅད་དུ་བྱས་པས། དེཝེབྷྱཿ(ལྷ་རྣམས་ཀྱིས། )བྲྀཀྵེ་ བྷྱཿ(ཤིང་རྣམས་ཀྱིས། )ཞེས་པ་དང་། ཡང་དེ་དག་ལ་སུཔ྄་བྱིན་ནས་རྟགས་མཐའ་ཨེ་རུ་བསྒྱུར་ཏེ། ནཱ་བཞི་པར་ནཱ་མི་དང་ཀ་དང་ར་ལས་ཞེས་པས། ས་ཡིག་ཥ་རུ་བསྒྱུར་ཞིང་། ས྄་རྗེས་འབྲེལ་ ཕྱིས་པས། དེ་ཝེ་ཥུ(ལྷ་རྣམས་ལ། )བྲྀཀྵེ་ཥུ(ཤིང་རྣམས་ལ། )ཞེས་པ་ལྟ་བུའོ། །མང་ཚིག་ཡིན་ཡང་དྷུཊ་ མ་ཡིན་ན་རྟགས་མཐའ་ཨེ་རུ་མི་འགྱུར་ཏེ། དཔེར་ན། དེཝ་ལ། ཨཱམ྄་དང་། སྔར་བཞིན་བར་ དུ་ནུ་བྱིན་ནས་ཨ་ཡིག་སྒྲ་ལྡན་ལ་རིང་པོར་བསྒྱུར་ཏེ་སྦྱར་བས། དེ་ཝཱ་ནཱཾ(ལྷ་རྣམས་ཀྱི། ) ཞེས་ པ་ལྟ་བུའོ། །དྷུཊ་ཡིན་ཡང་མང་ཚིག་མ་ཡིན་ནའང་ཨེ་རུ་མི་འགྱུར་ཏེ། དཔེར་ན། དེ་ཝ་ལ། དྲུག་པའི་ངས་བྱིན་པ། འདི་ཉིད་དུ་ངས྄་སྱའོ་ཞེས་པ་ལྟར་བསྒྱུར་བས། དེ་ཝསྱ(ལྷའི། )ཞེས་ པ་ལྟ་བུའོ། །ཨོས྄་ལའང་ངོ་ཞེས་པ་ནི་རྟགས་མཐའི་ཨ་ཡིག་རྣམ་དབྱེ་ཨོས་ཕ་རོལ་དུ་ཡོད་ པ་ལའང་ཨེ་ཉིད་དུ་འགྱུར་ཏེ། འང་གི་སྒྲ་ནི་སྔ་མར་མ་ཟད་ཅེས་སྡུད་པའི་དོན་ཏོ། །དཔེར་ ན། དེ་ཝ་དང་། བྲྀཀྵ་ལ་ཨོས྄་བྱིན་ནས། མཐའི་དབྱངས་ཨེ་རུ་བསྒྱུར་ཏེ། ཨེ་ཨ་ཡའོ་ཞེས་ 6-1-81 མཚམས་སྦྱར་ཞིང་ས་རྣམ་བཅད་དུ་བྱས་པས་དེ་ཝ་ཡོཿ(ལྷ་དག་གི། ) བྲྀཀྵ་ཡོཿ(ཤིང་དག་གི། )ཞེས་ པ་ལྟ་བུའོ། །ང་སི་ཨཱཏའོ་ཞེས་རྟགས་མཐའ་ཨ་ཡིག་ལས་ཕ་རོལ་གྱི་ང་སི་ནི་ཨཱཏ་དུ་འགྱུར་ ཏེ། བུདྡྷ་དང་། དྷརྨ་དང་། སཾ་གྷ་ལ་ང་སི་བྱིན་པ་ཨཱཏ་དུ་བསྒྱུར་ནས་མཚམས་སྦྱར་བས། བུངྔྷཱཏ(སངས་རྒྱས་ལས། ) དྷརྨཱ་ཏ(ཆོས་ལས། )སཾ་གྷཱཏ(དགེ་འདུན་ལས། )ཅེས་པ་ལྟ་བུའོ། །ངས྄་སྱའོ་ཞེས་ པ་རྟགས་མཐའ་ཨ་ཡིག་ལས་ཕ་རོལ་གྱི་ངས྄་ནི་སྱ་རུ་འགྱུར་ཏེ། དཔེར་ན། དེ་ཝ་དང་། བྲ ཀྵ་དང་། པཎྜི་ཏ་ལ་ངས྄་བྱིན་པ་སྱ་རུ་བསྒྱུར་བས། དེ་ཝ་སྱ(ལྷའི་)། བྲྀཀྵསྱ(ཤིང་གི)། པཎྜི་ཏ་ སྱ་(མཁས་པའི་)ཞེས་པ་ལྟ་བུའོ། །ཊཱཨི་ནའོ་ཞེས་པ་རྟགས་མཐའ་ཨ་ཡིག་ལས་ཕ་རོལ་གྱི་ཊཱ་ནི་ ཨིན་རུ་འགྱུར་ཏེ། དཔེར་ན། དེ་ཝ་དང་། ནཱ་ཐ་དང་། སཏྟྭལ་ཊཱ་བྱིན་པ་ཨི་ན་རུ་བསྒྱུར་ནས་ སྔ་མའི་དབྱངས་དང་མཚམས་སྦྱར་བས། དེ་ཝེ་ན(ལྷ་ཡིས)། ནཱ་ཐེ་ན(མགོན་པོས)། སཏྟྭེ་ན་(སེམས་ ཅན་གྱིས། ) ཞེས་པ་ལྟ་བུའོ། །ངེ་ཡའོ་ཞེས་པ་རྟགས་མཐའ་ཨ་ཡིག་ལས་ཕ་རོལ་གྱི་ངེ་ནི་ཡ་རུ་ འགྱུར་ཏེ། དཔེར་ན། བུདྡྷ་དང་། དྷརྨ་དང་། སཾ་གྷ་ལ་ངེ་བྱིན་པ་ཡ་རུ་བསྒྱུར་ནས། རྟགས་ མཐའི་ཨ་ཡིག་སྒྲ་ལྡན་ལ་རིང་པོར་གྱུར་པས། བུངྔྷཱ་ཡ(སངས་རྒྱས་ལ)། དྷརྨཱ་ཡ(ཆོས་ལ། )། སཾ་གྷཱ་ཡ་ (དགེ་འདུན་ལ། )ཞེས་པ་ལྟ་བུའོ། ། གཉིས་པ་ཁྱད་པར་ལའང་གཉིས་ལས། དང་པོ་སརྦའི་མིང་ཅན་གྱི་དམིགས་བསལ་ཐུན་ མོང་དུ་བསྟན་པ་ནི། སརྦའི་མིང་ཅན་ལས་ནི་ངེ་སྨཻ འོ་ཞེས་པ་རྟགས་མཐའ་ཨ་ཡིག་གི་ཁྱད་ པར་སརྦའི་མིང་ཅན་ལས་ཕ་རོལ་གྱི་ངེ་ནི་སྨཻ་རུ་འགྱུར་ཏེ། དཔེར་ན། སརྦ་དང་། བི་ཤྭ་ལ། ངེ་བྱིན་པ་སྨཻ་རུ་བསྒྱུར་བས། སརྦ་སྨཻ(ཐམས་ཅད་ལ)། བི་ཤྲསྨཻ་(སྣ་ཚོགས་ལ། )ཞེས་པ་ལྟ་བུའོ། །དུར་ ཕན་དག་གི་དགོངས་པས། སརྦ་ལ་སོགས་པ་དངོས་པོ་རེ་རེའི་མིང་དུ་གྱུར་པ་རྣམས། སརྦའི་ མིང་ཅན་དུ་བཤད་པར་བྱ་བ་ཡིན་པས། དེའི་བྱ་བ་མི་བྱེད་པའང་ཡོད་དེ། དཔེར་ན། བྲམ་ཟེའི་ མིང་ཡིན་པའི་སརྦ་དང་། འགའ་ཞིག་གི་མིང་ཡིན་པའི་བི་ཤྭ་ལ་ངེ་བྱིན་པ་སྨཻ་རུ་མི་འགྱུར་བར་ 6-1-82 སྔར་བཞིན། ཡ་དང་རྟགས་མཐའ་རིང་པོར་བསྒྱུར་བས། སརྦཱ་ཡ(ཐམས་ཅད་པའི་ཕྱིར)། བི་ཤྭཱ་ཡ་ (སྣ་ཚོགས་པའི་ཕྱིར། ) ཞེས་པ་ལྟ་བུའོ། །སརྦའི་མིང་ཅན་རྣམས་གང་ཞེ་ན། སརྦ(ཐམས་ཅད)། བི་ ཤྭ(སྣ་ཚོགས་སམ་ཀུན)། ཨུ་བྷ(གཉི་ག)། ཨུ་བྷ་ཡ(གཉི་ག)། ཨ་ནྱ(གཞན)། ཨ་ནྱ་ཏ་ར(ཆེས་(གང་ཡང་རུང་བ་) གཞན་པ)། ཨི་ཏ་ར(ཅིག་ཤོས)། ཌ་ཏ་ར(དེ་ཕན)། ཌ་ཏ་མ(དེ་ཕན)། བྲྀཏའོ(ཚོགས་པའི་ཆ)། །ཏྭ། ཏྭཏ། ནེ་མ(ལུགས)། ས་མ(མཉམ་པ་ཀུན)། སཱི་མ(མཚམས)། པཱུརྦ(སྔོན)། པ་ར(ཕྱི་མ)། ཨ་ཝ་ར(ནུབ)། དཀྵི་ ཎ(གཡས་སམ་ལྷོ)། ཨུཏྟ་ར(བྱང་)། ཨ་པ་ར(གཞན)། ཨ་དྷ་ར(དམའ་བ)། རྣམས་རྣམ་པར་བཞག་པ་ ལ་སྟེ་མིང་མ་ཡིན་པ་ལའོ། །སྭ་ནི་གཉེན་དང་ནོར་བརྗོད་པ་མ་ཡིན་པ་ལའོ། །ཨནྟར་ནི(ནང་། ) ཕྱི་རོལ་དང་སྦྱོར་བ་དང་འགེམས་པ་དག་ལའོ། །བྲྀཏའོ། །ཏྱད(དེ་)། ཏད (དེ་)། ཡད(གང་)། ཨ་དས(འདི) ། ཨིདཾ(འདི)། ཨེ་ཏད(འདི)། ཨེ་ཀ(གཅིག) དྭི(གཉིས)། ཀི་མ (ཅི)། ཡུཥྨཏ྄(ཁྱོད)། ཨཥྨད(བདག)། བྷ་ཝནྟའོ(ཁྱད)། །འདི་རྣམས་ནི་སརྦའི་མིང་ཅན་ཏེ། དོན་དང་མཐུན་པའི་མིང་ གིས་འཇིག་རྟེན་གྱི་ཉེ་བར་སྤྱོད་པ་ལས་གསུངས་སོ། །ང་སི་སྨཱཏའོ་ཞེས་པ་རྟགས་མཐའ་ཨ་ ཡིག་སརྦའི་མིང་ཅན་ལས་ཕ་རོལ་གྱི་ངསི་ནི་སྨཱཏ་དུ་འགྱུར་ཏེ། དཔེར་ན་སརྦ་དང་བི་ཤྭ་དང་། ༈ སརྦ་བི(ཐམས་ཅད)། ཤྭ(སྣ་ཚོགས) ཨུ་བྷ(གཉིས་ཀ) ། ཨུ་བྷ་ཡ(གཉིས་ཀ)། ཌ་ཏ་ར་དང་ ཌ་ཏ་མ། ཨ་ནྱ(གཞན)། ཨ་ནྱ་ཏ་ར་དང་ནི(ཆེས་གཞན)། ཨི་ཏ་ར(ཅིག་ཤོས། )། ཀ་ཏ་ར་དང་ཀ་ ཏ་མ(གང་ཞེ་ན)། ཏྭད། ཏྭ། ནེ་མ(ལུགས)། ས་མ(མཉམ)། སཱི་མ་(མཚམས་) བཅུ་དྲུག་དང་། ཏྱད (དེ)། ཏད(དེ)། ཡད་(གང་)དང་། ཨེ་ཏད(འདི)། ཨ་དས་(འདི)དང་། ཨི་དཾ(འདི)། ཨེ་ཀ(གཅིག) དྭི་ཏྱད(གཉིས་)སོགས་བརྒྱད། ཡུཥྨད(ཁྱོད)། ཨཥྨད་(བདག)དང་། བྷ་ཝནྟ་དང་། ཀིམ(ཅི)། པཱུརྦ(ཤར)། པ་ར(གཞན)། ཨ་བ་ར(ནུབ)། དཀྵི་ཎ་(ལྷོ་)དང་། ཨུཏྟ་ར(བྱང་)། ཨ་པ་ར(གཞན། ) ཨ་ དྷར(འོག)། སྭར(མཐོ་རིས)། ཨནྟར་(ནང་)རྣམས་ཏེ་སོ་བདུན་ལས། ཨ་ནྱ་སོགས་ལྔ་དང་། ཏྱད་ སོགས་བརྒྱད་དང་། པཱུརྦ་སོགས་དགུ་ཞེས་ལོགས་སུ་ཐ་སྙད་བྱེད་དོ། །ཨ་ནྱ་ལ་ང་སི་བྱིན་པ་ 6-1-83 སྨཱཏ་དུ་བསྒྱུར་བས། སརྦ་སྨཱཏ(ཐམས་ཅད་ལས)། བི་ཤྭ་སྨཱཏ(སྣ་ཚོགས་ལས)། ཨ་ནྱ་སྨཱཏ་(གཞན་ལས་) ཅེས་པ་ལྟ་བུའོ། །རྟགས་མཐའ་ཨ་ཡིག་མ་ཡིན་ན། སརྦའི་མིང་ཅན་ཡིན་ཡང་། ང་སི་སྨཱཏ་དུ་ མི་འགྱུར་ཏེ། དཔེར་ན། བྷ་ཝནྟ། གསལ་བྱེད་མཐའ་ཅན་ལ་ང་སི་བྱིན་པ་ན། ནཱ་གཉིས་པར་ ཨ་ནུ་ཥཾ་གའང་ཀྲུཉྩ་དང་ཨིཏ྄་མ་ཡིན་པའི་འོ་ཞེས་པས། ན་ཨ་ནུ་ཥཾ་ག་དང་། སྔར་བཞིན། ང་ ཡིག་རྟགས་ཀྱི་དོན་ཕྱིས་ནས། ཨ་ཡིག་ཏ་གསལ་བྱེད་ལ་སྦྱར་ཏེ། ས་རྣམ་བཅད་དུ་བྱས་པས། བྷ་ཝ་ཏཿ(ཁྱོད་ལས་) ཞེས་པ་ལྟ་བུའོ། །ངི་སྨི ནའོ་ཞེས་པས། རྟགས་མཐའ་ཨ་ཡིག་སརྦའི་མིང་ ཅན་ལས་ཕ་རོལ་གྱི་ངི་ནི་སྨིན་དུ་འགྱུར་ཏེ། དཔེར་ན། སརྦ་དང་། ཏྭ་དང་། ཨེ་ཀ་ལ་ངི་བྱིན་ པ་སྨིན་དུ་བསྒྱུར་བས། སརྦ་སྨིན(ཐམས་ཅད་ལ)། ཏྭ་སྨིན(ཉིད་ལ)། ཨེ་ཀ་སྨིན་(གཅིག་ན་)ཞེས་པ་ ལྟ་བུའོ། །རྟགས་མཐའ་ཨ་ཡིག་མ་ཡིན་ན་སརྦའི་མིང་ཅན་ཡིན་ཡང་ངི་སྨིན་དུ་མི་འགྱུར་ ཏེ། དཔེར་ན། བྷ་ཝནྟ། གསལ་བྱེད་མཐའ་ཅན་ལ་ངི་བྱིན་ནས། སྔར་བཞིན། ཨ་ནུ་ཥཾ་ག་དང་ ང་ཡིག་རྟགས་དོན་ཕྱིས་ཏེ་སྦྱར་བས། བྷ་ཝ་ཏི་(ཁྱོད་ལ། )ཞེས་པ་ལྟ་བུའོ། །པཱུརྦ་སོགས་ལ་རྣམ་ པར་བཤད་པར་བྱ་བ་དག་གོ་ཞེས་པ་ནི། རྟགས་མཐའ་ཨ་ཡིག་སརྦའི་མིང་ཅན་གྱི་ཁྱད་པར་ པཱུརྦ་དང་ལ་སོགས་པའི་སྒྲས། ཨནྟ་རའི་བར་དགུ་པོ་རྣམས་ལས་ཕ་རོལ་གྱི་ང་སི་དང་ངི་དག་ གོ་རིམ་བཞིན་དུ་སྨཱཏ་དང་སྨིན་དག་ཏུ་སྔར་འགྱུར་པ་ཡིན་ལ། འདིར་རྣམ་པར་བཤད་པར་ བྱ་བ་དག་ཅེས་པས། ཨ་ཡིག་མཐའ་ཅན་ལ་སྤྱིར་བསྟན་པ་ལྟ་བུའི་རྣམ་གྲངས་གཞན་དུ་ཡང་ འགྱུར་ཞེས་གང་ཡང་རུང་བ་སྟོན་པ་སྟེ། དཔེར་ན། ཐོག་མཐའི་པཱུརྦ་དང་ཨནྟ་ར་ལ་ང་སི་དང་། ངི་བྱིན་པ་རིམ་པ་བཞིན། སྨཱཏ་དང་སྨིན་དུ་བསྒྱུར་བས། པཱུརྦ་སྨཱཏ(ཤར་ལས)། པཱུརྦ་སྨིན (ཤར་ ལ)། ཨནྟར་སྨཱཏ(ཕྱི་རོལ་ལས)། ཨནྟར་སྨིན་(ཕྱི་རོལ་ལ། )ཞེས་པའམ། ཡང་ན་རྟགས་མཐའི་ཨ་ ཡིག་རང་བཞིན་པ་ལ་སྔར་བཤད་པ་བཞིན། ངསི་ཨཱཏ་དུ་བསྒྱུར་ཏེ། ངི་འི་ང་རྟགས་དོན་ཕྱིས་ ནས་ཨི་སྔ་མ་དང་མཚམས་སྦྱར་བས། པཱུརྦཱཏ(མདུན་ལ)། པཱུརྦེ(མདུན་ལ)། ཨནྟ་རཱཏ (འགེབས་པ་ 6-1-84 ལས)། ཨནྟ་རེ་(འགེབས་པ་ལ། )ཞེས་པ་ལྟ་བུའོ། །དེ་བཞིན་དུ། དུར་ཕན་དག་ལས། དྭི་ཏཱི་ཡ་ལས་ ཡང་ན་བཤད་པར་བྱའོ། །ཞེས་ཀྱང་གསུངས་ཏེ། དྭི་ཏཱི་ཡ་སྨཱཏ(གཉིས་པ་ལས)། དྭི་ཏཱི་ཡ་སྨིན་ (གཉིས་པ་ལ་)ཞེས་པའམ། དྭི་ཏཱི་ཡཱཏ། དི་ཏཱི་ཡེ་ཞེས་པ་ལྟ་བུའོ། །ཐམས་ཅད་ལས་ཨཱམ་ལ་སུའོ་ ཞེས་པ་ནི། རྟགས་མཐའ་ཨ་ཡིག་སརྦའི་མིང་ཅན་ཐམས་ཅད་ལས་རྣམ་དབྱེ་ཨཱམ་ཕ་རོལ་དུ་ ཡོད་པ་ལ་བར་དུ། སུ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། སརྦ་དང་བི་ཤྭ་ལ་ཨཱམ་བྱིན་པ་ ན། བར་དུ་སུ་ཨཱ་ག་མ་བྱིན་པའི་ཨུ་ཡིག་འདི་ཉིད་དུ་གསུམ་པ་ལ་སོགས་པ་ལ་ནི་ཞེས་པའི་ ཁྱད་དོན་ཡིན་པས་ཕྱིས་ནས། ནཱ་བཞི་པར་ཨཱ་ག་མ་ལ་གནས་པའི་ཞེས་པས། ས་ཡིག་ཥ་རུ་ བསྒྱུར་ཞིང་། འདི་ཉིད་དུ་དྷུཊ་མང་པོ་ཉིད་ཅེས་པས་རྟགས་མཐའི་དབྱངས་ཨེ་རུ་བསྒྱུར་ཏེ་ སྦྱར་བས། སརྦེ་ཥཱཾ(ཐམས་ཅད་རྣམས་ཀྱི)། བི་ཤྭེ་ཥཱཾ་(སྣ་ཚོགས་རྣམས་ཀྱི། )ཞེས་པ་དང་། ཡཏ་དང་ཏད་ལ་ ཨཱམ་བྱིན་པ་ན། ནཱ་གསུམ་པར་ཏྱད་ལ་སོགས་པའི་རྣམ་དབྱེ་ལ་ཞེས་པས། ད་ཡིག་དག་ཨ་རུ་ བསྒྱུར་ཞིང་། འདི་ཉིད་དུ་ཨ་ཡིག་ལ་དབྱིའོ་ཞེས་པ་དང་། ཡ་དང་ཏའི་དབྱངས་ཕྱིས་ཏེ། སུ་ ཨཱ་ག་མ་སྦྱིན་པའི་ཚུལ་སྔར་བཞིན་སྦྱར་བས། ཡེ་ཥཱཾ(གང་རྣམས་ཀྱི)། ཏེ་ཥཱཾ་(དེ་རྣམས་ཀྱི་)ཞེས་པ་དང་། ཀིམ་ལ་ཨཱམ་བྱིན་པ་ན་ཡང་ཀིམ་ཀའོ་ཞེས་པས་ཀ་རུ་བསྒྱུར་ཏེ། སུ་ཨཱ་ག་མ་སྦྱོར་ཚུལ་སྔར་ དང་འདྲ་བས། ཀེཥཱཾ་(ཅི་རྣམས་ཀྱི། )ཞེས་པ་ལྟ་བུའོ། །དུར་ཕན་སོགས་ལས་སརྦ་མིང་ཅན་ཨཱ་ཡིག་ རིང་པོ་བུད་མེད་ཀྱི་རྟགས་ཅན་ལས་ཀྱང་། ཨཱམ་ཕ་རོལ་ལ་སུ་ཨཱ་ག་མ་སྦྱིན་པར་གསུངས་ཏེ། དཔེར་ན། སརྦ་དང་། ཡད་དང་ཀིམ་ལ་ཨཱམ་བྱིན་ནས་ཡད་དང་ཀིམ་སྔར་བཞིན་ཡ་དང་ཀ་ རུ་གྱུར་པ་ན། ནཱ་བཞི་པར། བུད་མེད་ལ་ཨ་ལས་ཨཱ་པའོ་ཞེས་པས། སརྦ་སོགས་བུད་མེད་ ཀྱི་རྟགས་སུ་བསྒྲུབ་པ་ལ་ཨཱ་རིང་པོའི་རྐྱེན་བྱིན་ནས་མཚམས་སྦྱར་ཞིང་། བར་དུ་སུ་ཨཱ་ག་མ་ བྱིན་པའི་ཨུ་སྔར་བཞིན་ཕྱིས་ཏེ། ས་ཡིག་ཨཱཾ་དང་སྦྱར་བས། སརྦཱ་སཱཾ(ཐམས་ཅད་མ་རྣམས་ཀྱི)། ཡཱ་ སཱཾ(གང་རྣམས་ཀྱི)། ཀཱ་སཱཾ་(ཅི་རྣམས་ཀྱི་)ཞེས་པ་ལྟ་བུའོ། །ཛས྄་ཐམས་ཅད་ཨཱིའོ་ཞེས་པ་ནི། རྟགས་ 6-1-85 མཐའ་ཨ་ཡིག་སརྦའི་མིང་ཅན་ལས་ཕ་རོལ་གྱི་ཛས྄་ཐམས་ཅད་ཨཱི་རུ་བསྒྱུར་ཏེ། དཔེར་ ན། བི་ཤྭ་དང་། ཏྭ་དང་། ནེ་མ་དང་། སཱི་མ་རྣམས་ལ་ཛས྄་བྱིན་པ་ཨཱི་རུ་བསྒྱུར་ནས། རྟགས་ མཐའི་ཨ་དང་མཚམས་སྦྱར་བས། བི་ཤྭེ(སྣ་ཚོགས་རྣམས། ) ཏྭེ(ཉིད་རྣམས)། ནེ་མེ(ཕྱེད་མ་རྣམས)། སཱི་ མེ་(མཚམས་མ་རྣམས་)ཞེས་པ་ལྟ་བུའོ། །རྟགས་མཐའ་ཨ་ཡིག་མ་ཡིན་ན། སརྦའི་མིང་ཅན་ཡིན་ ཡང་ཛས྄་ཨཱི་རུ་མི་འགྱུར་ཏེ། དཔེར་ན། བྷ་ཝནྟ། གསལ་བྱེད་མཐའ་ཅན་ལ་ཛས྄་བྱིན་པ་ ན། ཛ་རྟགས་དོན་ཕྱིས་ནས་ཨ་ཡིག་ཏའི་སྲོག་ཏུ་སྦྱར་ཏེ། ས་རྣམ་བཅད་དུ་བསྒྱུར་བས། བྷ་ ཝནྟཿ(ཁྱེད་རྣམས། )ཞེས་པ་ལྟ་བུའོ། ། གཉིས་པ་དེའི་ཡང་དམིགས་བསལ་ཁྱད་པར་དུ་བཤད་པ་ལ། ཨལྦ་སོགས་དང་བསྡུ་བ་ གནས་པའི་དམིགས་བསལ་གཉིས་ལས། དང་པོ་ཨལྦ་སོགས་ཀྱི་དམིགས་བསལ་བསྟན་པ་ ནི། ཨལྦ་སོགས་ལས་ཡང་ནའོ་ཞེས་པ་ནི་ཨལྦ་དང་། སོགས་ཀྱི་སྒྲས། པྲ་ཐ་མ། ཙ་རམ། ཏ་ ཡ། ཨ་ཡ། ཀ་ཏི་པ་ཡ། ནེ་མ། ཨརྔྷ་རྣམས་དང་། པཱུརྦ་སོགས་ཀྱང་སྟེ། ཨལྦའི་མིང་ཅན་དེ་ རྣམས་ལས་ཕ་རོལ་གྱི་ཛས྄་ཐམས་ཅད་ཡང་ན་བཤད་མ་ཐག་ལྟར་ཨཱི་རུ་འགྱུར་ཞིང་། ཡང་ ན་མི་འགྱུར་བར་གོང་དུ་བསྟན་པ་བཞིན་འགྱུར་ཏེ། དཔེར་ན། ཨལྦ་དང་། པཱུརྦ་ལ་ཛ྄ས་བྱིན་ པ་ཨཱི་རུ་བསྒྱུར་ནས། སྔར་བཞིན་མཚམས་སྦྱར་བས། ཨལྦེ། པཱུརྦེ་ཞེས་པའམ། ཡང་ན་སྔར་ བཞིན། ཛས྄་ལའོ་ཞེས་པས་རྟགས་མཐའི་རིང་པོར་བསྒྱུར་ཞིང་། ཛ་ཁྱད་དོན་ཕྱིས་ཨ་སྔ་མ་ དང་མཚམས་སྦྱར་ཏེ། ས་རྣམ་བཅད་དུ་བྱས་པས། ཨལྤཱཿ(ཆུང་ངུ་རྣམས། )པཱུརྦཱཿ (སྔོན་མ་རྣམས་)ཞེས་ པ་ལྟ་བུའོ། །སློབ་ཕན་གྱི་དགོངས་པ། པཱུརྦ་སོགས། ཨལྤའི་ཁོངས་སུ་མི་འདུ་བར་མངོན་ཏེ། པཱུརྦ་སོགས་ལས་ཀྱང་ངོ་ཞེས་མདོ་ལོགས་སུ་མཛད་པའི་ཕྱིར་རོ། ། བསྡུ་བ་གནས་པ་ལ་གསུམ་ལས། དང་པོ་ཟླས་དབྱེའི་བསྡུ་བ་གནས་པའི་དམིགས་ བསལ་ལའང་གཉིས་ལས། དང་པོ་དངོས་སུ་བསྟན་པ་ནི། ཟླས་དབྱེ་གནས་པ་ལས་ཀྱང་ངོ་ 6-1-86 ཞེས་པ་རྟགས་མཐའ་ཨ་ཡིག་སརྦའི་མིང་ཅན། ཚིག་སྡུད་ཀྱི་ཁྱད་པར་ཟླས་དབྱེའི་བསྡུ་བ་ གནས་པ་ལས་ཀྱང་ཕ་རོལ་གྱི་ཛས྄་ཐམས་ཅད་ཡང་ན་ཨཱི་རུ་འགྱུར་ཞིང་། ཡང་ན་མི་འགྱུར་ བར་སྔ་མ་བཞིན་ཏེ། དཔེར་ན། ཀ་ཏ་ར་ཞེས་པའི་མིང་ལ་ཛས྄་བྱིན་པ་ཨཱི་རུ་བསྒྱུར་ནས་ མཚམས་སྦྱར་པའི་མཐར། དང་གི་སྐད་དོད་ཙ་མི་ཟད་པའི་མིང་ཅན་ལ་སི་ཕྱིས་ནས་ཚིག་ ཏུ་གྲུབ་པ་ཕ་རོལ་གྱི་ཀ་ཏ་མ་ཞེས་པའི་མིང་དང་སྦྱར་བའི་དོན་དུ། ཟླས་དབྱེ་ལ་གཞན་དང་ གཞན་སྦྱོར་བ་དང་ཀུན་སྡུད་པ་གཉིས་ལས། སྔ་མའི་ཙ་གོང་མའི་རྣམ་དབྱེ་དང་བཅས་པ་ནཱ་ ལྔ་པར། དེར་གནས་རྣམ་དབྱེ་རྣམས་དབྱི་བར་བྱའོ་ཞེས་པས་ཕྱིས་ཏེ། དབྱངས་མཐའི་རང་ བཞིན་འང་ངོ་ཞེས་པས། རྣམ་དབྱེ་སྦྱར་བའི་དབྱངས་མཐའ་སྔར་གྱི་རང་བཞིན་དུ་གནས་ པས། ཀ་ཏ་ར་ཀ་ཏ་མ་ཞེས་པའི་མཐར། ཛ྄ས་བྱིན་པ་ཨཱི་རུ་བསྒྱུར་ནས་མཚམས་སྦྱར་བས། ཀ་ཏ་ར་ཀ་ཏ་མེ་(ཅི་ཞིག་དང་ཅི་ཞིག་རྣམས། ) ཞེས་པའམ། ཡང་ན་སྔར་བཞིན་རྟགས་མཐའ་རིང་ པོར་བསྒྱུར་ཏེ། ཛ་ཁྱད་དོན་ཕྱིས་ནས་ཨས྄་མཚམས་སྦྱར་བས། ཀ་ཏ་ར་ཀ་ཏ་མཱཿཞེས་པ་དང་། དནྟ་ཀ་ཏ་མེ(སོ་སྒྲིབ་པ་རྣམས)། དནྟ་ཀ་ཏ་མཱཿཞེས་པ་ལྟ་བུའོ། །བཟླས་དབྱེའི་ཚིག་སྡུད་ནི། ནཱ་ ལྔ་པར། མིང་དག་གི་འམ་མང་པོའི་འང་། །གང་ཞིག་བསྡུས་པ་བཟླས་དབྱེར་འགྱུར། །ཞེས་ གསུངས་ཤིང་། ཙནྡྲ་པའི་སྐབས་གཉིས་པའི་རྐང་པ་གཉིས་པར། དང་གི་དོན་ལའོ་ཞེས་དང་ གི་བསྡུ་བར་ཡང་གསུངས་སོ། ། གཉིས་པ་མཐའ་གཞན་དགག་པ་ནི། གཞན་སརྦའི་མིང་ཅན་མ་ཡིན་ནོ་ཞེས་པ་རྟགས་ མཐའ་ཨ་ཡིག་སརྦའི་མིང་ཅན་ཟླས་དབྱེའི་བསྡུ་བ་གནས་པའི་ཕ་རོལ་གྱི་ཛ྄ས་ཨཱི་རུ་འགྱུར་ བ་ཙམ་མ་གཏོགས། ངེ་སྨཻ་རུ་འགྱུར་བ་ལ་སོགས་པ་གཞན་སརྦའི་མིང་ཅན་གྱི་བྱ་བ་རྣམས་ སུ་མི་འགྱུར་ཏེ། དཔེར་ན། པཱརྦཱ་བུད་མེད་ཀྱི་རྟགས་ཅན་དང་པ་རའི་བར་ནས་སི་དང་ཙ་སྔར་ བཞིན་ཚིག་སྡུད་ཀྱིས་ཕྱིས་ནས། པ་རའི་མཐར། ངེ་དང་ངསི་དང་ངི་དང་ཨཱམ་བྱིན་པ་སརྦའི་ 6-1-87 མིང་ལ། རིམ་པ་བཞིན། སྨཻ་དང་། སྨཱཏ་དང་། སྨིན་དང་སུ་ཨཱ་ག་མ་དང་བཅས་པ་ཐོབ་ནའང་། མདོ་འདིས་བཀག་པའི་ཕྱིར་དེ་ལྟར་མི་འགྱུར་ཞིང་། རྟགས་མཐའ་ཨ་ཡིག་རང་བཞིན་པ་ ལ་སྔར་བཤད་པ་བཞིན་ངེ་ཡ་དང་། རྟགས་མཐའ་སྒྲ་ལྡན་ལ་རིང་པོར་འགྱུར་བས། པཱུརྦཱ་པ་ རཱ་ཡ་(སྔ་མ་དང་ཕྱི་མའི་ཆེད་དུ་)ཞེས་པ་དང་། ང་སི་ཨཱཏ་དུ་འགྱུར་བས། པཱུརྦཱ་པ་རཱཏ་(སྔ་མ་དང་ཕྱི་མ་ ལས་)ཅེས་པ་དང་། ངིའི་ང་ཁྱད་དོན་ཕྱིས་ནས། ཨི་མཚམས་སྦྱར་བས། པཱུརྦཱ་པ་རེ་(སྔ་མ་དང་ཕྱི་མ་ ལ་)ཞེས་པ་དང་། ཨཱམ྄་ལ་ནུ་ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཕྱིས་ཏེ། རྟགས་མཐའ་རིང་པོ་ དང་ན་ཡིག་ཎ་རུ་བསྒྱུར་བས། པཱུརྦཱ་པ་རཱ་ཎཱཾ་(སྔ་མ་དང་ཕྱི་མ་རྣམས་ཀྱི་)ཞེས་པ་ལྟ་བུའོ། ། (གསུམ་པ། )གསུམ་པའི་བསྡུ་བ་གནས་པའི་དམིགས་གསལ་ནི། གསུམ་པའི་ཚིག་སྡུད་ ལའང་ངོ་ཞེས་པ་དེའི་སྐྱེས་བུའི་བསྡུ་བའི་ཁྱད་པར་རྣམ་དབྱེ་གསུམ་པ་ཚིག་སྡུད་ཀྱིས་ཕྱིས་པ་ དང་། འང་གི་སྒྲས་ཚིག་སྡུད་ཀྱིས་མ་ཕྱིས་པར་གནས་པའི་རྟགས་མཐའ་ཨེ་ཡིག་སརྦའི་མིང་ ཅན་ལས་ཀྱང་ཕ་རོལ་གྱི་ཛས྄་ཐམས་ཅད་ཨཱི་རུ་བསྒྱུར་བ་ལ་སོགས་པ་སརྦའི་མིང་ཅན་གྱི་བྱ་ བ་རྣམས་སུ་མི་འགྱུར་ཏེ། དཔེར་ན། མཱ་ས་ལ། རྣམ་དབྱེ་གསུམ་པ་ཊཱ་བྱིན་པའི་ཊ་ཁྱད་དོན་ ཕྱིས་ནས། ཨཱ་སྔར་བཞིན། ཨི་ན་རུ་བསྒྱུར་བ་སྔ་མའི་དབྱངས་དང་མཚམས་སྦྱར་བའི་ཕ་ རོལ་དུ་སརྦའི་མིང་ཅན། པཱུརྦ་ཡོད་པ་ལས་བར་གྱི་རྣམ་དབྱེ་སྔར་བཞིན་ཚིག་སྡུད་ཀྱིས་ཕྱིས་ སམ། མ་ཕྱིས་པར་གནས་ཀྱང་རུང་། པཱུརྦའི་ཕ་རོལ་ཏུ་ཛ྄ས་དང་། ངེ་དང་ང་སི་དང་ཨཱམ྄་དང་ ངི་རྣམས་བྱིན་པ་རིམ་པ་བཞིན། ཨཱི་དང་། སྨཻ་དང་། སྨཱཏ་དང་། སྨིན་དང་། ཨཱམ྄་ལ་སུ་ཨཱ་ག་ མ་དང་བཅས་པ་སྨིན་རྣམས་སུ་ཐོབ་ནའང་། མདོ་འདིས་བཀག་པས་དེ་ལྟར་མི་འགྱུར་བར། རྟགས་མཐའ་ཨ་ཡིག་སྤྱིར་བསྟན་གྱི་སྐབས་སུ་སྔར་བཤད་པ་ལྟར་བསྒྲུབས་པས། བར་གྱི་ རྣམ་དབྱེ་ཕྱིས་པ་དང་མ་ཕྱིས་པ་གཉིས་གཉིས་སུ་འགྱུར་བ་ནི་རིམ་པ་བཞིན་ཛས྄་བྱིན་པས། མཱ་ས་པཱུརྦཱཿ(ཟླ་བས་སྔ་བ་རྣམས། )མཱ་སེ་ན་པཱུརྦཱཿཞེས་པ་དང་། ངེ་བྱིན་པས། མཱ་ས་པཱུརྦཱ་ཡ(ཟླ་ 6-1-88 བས་སྔ་བ་ལ)། མཱ་སེ་ན་པཱུརྦཱ་ཡ་ཞེས་པ་དང་། ང་སི་བྱིན་པས། མཱ་ས་པཱུརྦཱཏ(ཟླ་བས་སྔ་བ་ལས)། མཱ་སེ་ ན་པཱུརྦཱཏ་ཅེས་པ་དང་། ཨཱམ྄་བྱིན་པས། མཱ་ས་པཱུརྦཱ་ཎཱཾ(ཟླ་བས་སྔ་བ་རྣམས་ཀྱི)། མཱ་སེ་ན་པཱུརྦཱ་ཎཱཾ་ཞེས་ པ་དང་། ངི་བྱིན་པས། མཱ་ས་པཱུརྦེ(ཟླ་བས་སྔ་བ་ལ)། མཱ་སེ་ན་པཱུརྦེ་ཞེས་པ་ལྟ་བུའོ། །དེའི་སྐྱེས་བུའི་ བསྡུ་བ་ནི། ནཱ་ལྔ་པར། གཉིས་པ་ལ་སོགས་རྣམ་དབྱེ་རྣམས། །མིང་དང་ཕ་རོལ་ཚིག་གིས་ནི། ། སྡུད་པར་བྱེད་པ་དེའང་དེའི། །སྐྱེས་བུའི་བསྡུ་བར་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། ། གསུམ་པ་འབྲུ་མང་བསྡུ་བ་གནས་པའི་དམིགས་བསལ་ལ་གཉིས་ལས། དང་པོ་དངོས་ སུ་བསྟན་པ་ནི། འབྲུ་མང་པོ་པ་ལའོ་ཞེས་པ་རྟགས་མཐའ་ཨ་ཡིག་སརྦའི་མིང་ཅན་འབྲུ་མང་ པོ་བའི་ཚིག་སྡུད་གནས་པ་ལས་ཀྱང་ཕ་རོལ་གྱི་ཛས྄་ཐམས་ཅད་ཨཱི་རུ་འགྱུར་བ་ལ་སོགས་ པ་སརྦའི་མིང་ཅན་གྱི་བྱ་བ་རྣམས་སུ་མི་འགྱུར་ཏེ། དཔེར་ན། པྲི་ཡ་ལ་སི་བྱིན་པ། སྔར་ བཞིན་རྣམ་བཅད་དུ་གྱུར་པའི་ཕ་རོལ་ན་སརྦ་ཡོད་པ་ལས། བར་གྱི་རྣམ་དབྱེ་འབྲུ་མང་པོ་ པའི་ཚིག་སྡུད་ཀྱིས་བསྡུས་པའི་མཐར། ངེ་དང་། ང་སི་དང་། ཨཱམ྄་དང་། ཛས྄་བྱིན་པ་ན་ སརྦའི་མིང་ཅན་ལ། སྨཻ་ལ་སོགས་པར་ཐོབ་ནའང་མདོ་འདིས་བཀག་པའི་ཕྱིར། དེ་ལྟར་མི་ འགྱུར་ཞིང་། ཨ་ཡིག་སྤྱིར་བསྟན་ལྟར་བསྒྲུབས་པས། སྔར་བཞིན་རིམ་པ་ལྟར། པྲི་ཡ་སརྦཱ་ ཡ(དགའ་བ་ཐམས་ཅད་བའི་ཆེད་དུ)། པྲི་ཡ་སརྦཱཏ(དགའ་བ་ཐམས་ཅད་པ་ལས)། པྲི་ཡ་སརྦཱ་ཎཱཾ(དགའ་བ་ཐམས་ ཅད་པ་རྣམས་ཀྱི་)། པྲི་ཡ་སརྦཱཿ(དགའ་བ་ཐམས་ཅད་རྣམས་)ཞེས་པ་ལྟ་བུའོ། །དུར་སིང་དུ། སརྦའི་མིང་ ཅན་མ་ཡིན་ཡང་འབྲུ་མང་པོ་པའི་ཚིག་སྡུད་ཡོད་ན་སརྦའི་མིང་ཅན་གྱི་བྱ་བ་རྣམས་སུ་མི་ འགྱུར་ཞེས་ཀྱང་གསུང་མོད། མདོའི་དགོངས་པ་སློབ་ཕན་ལྟར་ཡིན་ཏེ། སརྦའི་མིང་ཅན་གྱི་ དམིགས་བསལ་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །འབྲུ་མང་པོ་པའི་ཚིག་སྡུད་ནི། ཚིག་ གཉིས་སམ་མང་པོ་དངོས་སུ་བརྗོད་པ་ལས་དོན་གཞན་ཤུགས་ལ་སྟོན་པ། བ་གླང་ཁྲ་མོ་ཅན་ 6-1-89 ཞེས་དངོས་སུ་བརྗོད་པའི་ཤུགས་ལས་ཕྱོགས་སམ་བདག་པོ་གོ་བ་ལྟ་བུ་དང་། པྲི་ཡ་སརྦི་ན། དགའ་བ་ཐམས་ཅད་པ་ཅན་ཞེས་པ་ཡིན་པས། དེའི་ཤུགས་ལ་སྐྱེས་བུའམ། དངོས་པོ་འགའ་ ཞིག་སྟོན་པ་ལྟ་བུ་སྟེ། ནཱ་ལྔ་པར། གལ་ཏེ་ཚིག་གཉིས་དག་གྱུར་ཏམ། །གལ་ཏེ་མང་པོ་གྱུར་ ཀྱང་རུང་། །དེ་རྣམས་ཚིག་གཞན་དོན་ལ་ནི། །འབྲུ་མང་ཞེས་གསུངས་པ་ལྟར་རོ། ། གཉིས་པ་དེའི་ཡང་དམིགས་བསལ་ནི། ཕྱོགས་རྣམས་ཀྱི་ཡང་ནའོ་ཞེས་པ་ཕྱོགས་ རྣམས་བརྗོད་པའི་ཤུགས་ལ་ཕྱོགས་བྲལ་རྣམས་སྟོན་པའི་འབྲུ་མང་པོ་པའི་ཚིག་སྡུད་གནས་ པའི་རྟགས་མཐའ་སརྦའི་མིང་ཅན་ལས་ཕ་རོལ་གྱི་ངེ་ལ་སོགས་པའི་རྣམ་དབྱེ་རྣམས་ལ། སརྦའི་མིང་ཅན་གྱི་བྱ་བ་བཤད་ཟིན་དང་འཆད་འགྱུར་རྣམས་སུ་ཡང་ན་འགྱུར་ཞིང་ཡང་ ན་མི་འགྱུར་ཏེ། དཔེར་ན། དཀྵི་ཎ་ལ། སི་བྱིན་པ་རྣམ་བཅད་དུ་བསྒྱུར་བའི་ཕ་རོལ་ན་བུད་ མེད་ཀྱི་རྟགས་ཅན་པཱུརྦཱ་ཡོད་པ་ལས། བར་གྱི་རྣམ་དབྱེ་ཕྱོགས་རྣམས་ཀྱི་འབྲུ་མང་པོ་པའི་ ཚིག་སྡུད་ཀྱིས་ཕྱིས་པའི་མཐར། ངེ་དང་ང་སི་དང་ངས་དང་ངི་རྣམས་བྱིན་པ་ན། འདི་ཉིད་ དུ། སརྦའི་མིང་ཅན་ལས་ནི་སུ་དང་བཅས་པ་རྣམས་ཏེ་སྔ་མ་ཐུང་འང་ངོ་ཞེས་འཆད་པར་ འགྱུར་བ་ལྟར་རིམ་པ་བཞིན། ཡཻ་ཡཱས་ཡཱས་ཡཱམ་རྣམས་སུ་བསྒྱུར་ནས་བར་དུ་སུ་ཨཱ་ག་མ་ བྱིན་པའི་ཨུ་རྗེས་འབྲེལ་ཕྱིས་ཏེ་རྟགས་མཐའ་ཐུང་ངུར་བསྒྱུར་ནས་སྦྱར་བས། དཀྵི་ཎ་པཱུརྦ་ སྱཻ (ཤར་ལྷོའི་ཆེད་དུ)། དཀྵི་ཎ་པཱུརྦ་སྱཱཿ(ཤར་ལྷོ་ལས། )དཀྵི་ཎ་པཱུརྦ་སྱཱཿ(ཤར་ལྷོའི། ) དཀྵི་ཎ་པཱུརྦ་སྱཱཾ (ཤར་ ལྷོ་ལ)། ཞེས་པའམ། ཡང་ན། ཤྲངྔྷཱའི་བྱ་བ་ལ་འཆད་པར་འགྱུར་བ་ལྟར། ང་ལྡན་རྣམས་ཡཻ་ ལ་སོགས་པ་ཉིད་དུ་བསྒྱུར་བས། དཀྵི་ཎ་པཱུརྦཱ་ཡཻ། དཀྵི་ཎ་པཱུརྦཱ་ཡཱཿ དཀྵི་ཎ་པཱུརྦཱ་ཡཱཿ དཀྵི་ ཎ་པཱུརྦཱ་ཡཱཾ་ཞེས་པ་ལྟ་བུའོ། །དེ་བཞིན་དུ། ཨུཏྟ་ར་པཱུརྦཱ་སྱཻ (བྱང་ཤར་གྱི་ཆེད་དུ)། ཨུཏྟ་ར་པཱུརྦཱ་ཡཻ་ (བྱང་ཤར་གྱི་ཆེད་དུ། )ཞེས་པ་ལ་སོགས་པ་བར་གྱི་རྣམ་དབྱེ་ཚིག་སྡུད་ཀྱིས་ཕྱིས་པ་གཞན་རྣམས་ ལའང་རིགས་པར་བྱའོ། །ཕྱོགས་རྣམས་ཀྱི་འབྲུ་མང་པོ་པའི་ཚིག་སྡུད་གནས་པ་མ་ཡིན་པ་ 6-1-90 ལ་ཡང་ན་ཞེས་པའི་སརྦའི་བྱ་བར་མི་འགྱུར་ཏེ། དཔེར་ན། དཀྵི་ཎ་དང་། པཱུརྦཱའི་བར་གྱི་སི་ རྣམ་བཅད་དུ་གྱུར་པ། ཕྱོགས་བརྗོད་པ་མ་ཡིན་པའི་ཚིག་སྡུད་ཀྱིས་ཕྱིས་པ་ལ། ངེ་བྱིན་པ་ ཤྲངྔྷཱའི་བྱ་བ་ཡཻ་ཉིད་དུ་བསྒྱུར་བའི་ཕ་རོལ་ན་མུ་གེ་དྷཱ་ཡཻ་ཡོད་པ་ལས། དཀྵི་ཎ་པཱུརྦཱ་ཡཻ། མུག་ དྷཱ་ཡཻ་ཞེས་པའི་དོན། གཡས་དང་མདུན་མའི་ཆེད་དུ་རྨོངས་མ་ལ་ཞེས་པ་ལྟ་བུའོ། །དེ་བཞིན་ དུ། པཱུརྦ་ཨུཏྟ་རཱ་ཡཻ་ཞེས་པའི་དོན་སྔ་མ་དང་ཕྱི་མའི་ཆེད་དུ་ཞེས་པའམ། མདུན་མ་དང་གཡོན་ མའི་ཆེད་དུ་ཞེས་པར་འགྱུར་བ་ལ་སོགས་ལ་འབྲུ་མང་པོ་པའི་ཚིག་སྡུད་ཡོད་ཀྱང་སརྦའི་མིང་ ཅན་གྱི་བྱ་བ་མི་ཐོབ་པ་ལྟ་བུའོ། །ཕྱོགས་རྣམས་ཀྱི་འབྲུ་མང་པོ་པའི་ཚིག་སྡུད་ཀྱི་དོན་ནི། ནཱ་ ལྔ་པར། ཕྱོགས་བྲལ་རྣམས་དེ་བཞིན། ཞེས་འབྲུ་མང་ཞེས་པའི་རྗེས་སུ་འབྲེལ་པར་གསུངས་ ཏེ། ལྷོ་དང་ཤར་ཞེས་དངོས་སུ་བརྗོད་པའི་ཤུགས་ལ་ཕྱོགས་བྲལ་མེ་མཚམས་སྟོན་པ་ལྟ་ བུའོ། ། གཉིས་པ་རྟགས་མཐའ་ཤྲངྔྷཱ་དང་རྣམ་དབྱེ་རྣམས་ཕྲད་པ་ལས་རྣམ་འགྱུར་འབྱུང་ཚུལ་ ལ། དངོས་དང་དམིགས་བསལ་གཉིས་ལས། དང་པོ་དངོས་སུ་བསྟན་པ་ནི། ཤྲངྔྷཱ་ལས་སི་ དབྱིའོ་ཞེས་པ། རྟགས་མཐའ་བུད་མེད་བརྗོད་པ་ཤྲངྔྷཱའི་མིང་ཅན་ཨཱ་ཡིག་རིང་པོ་ལས་ཕ་ རོལ་གྱི་སི་ནི་དབྱི་བར་འགྱུར་ཏེ། དཔེར་ན། ཤྲངྔྷཱ་དང་། མཱ་ལཱ་དང་། གཾ་གཱ་ལ་སི་བྱིན་པ་ མདོ་འདིས་ཕྱིས་པས། ཤྲངྔྷཱ(དད་མ)། མཱ་ལཱ(ཕྲེང་བ་མ)། གཾ་གཱ་(གངྒཱ་མ་)ཞེས་པ་ལྟ་བུའོ། །རྟགས་ མཐའ་ཨཱ་ཡིག་ཡིན་ཀྱང་། ཤྲངྔྷཱའི་མིང་ཅན་མ་ཡིན་ན་དབྱི་བར་མི་འགྱུར་ཏེ། དཔེར་ན། ཀི་ ལཱ་ལ་པཱ། ཞེས་པ་སྐྱེས་པའི་རྟགས་ཅན་ལ་སི་བྱིན་པ་སྔར་བཞིན་རྣམ་བཅད་དུ་གྱུར་པས། ཀི་ ལཱ་ལ་པཱཿ(ཆུ་འཐུང་ངོ་། )ཞེས་པ་ལྟ་བུའོ། །ཤྲངྔྷཱའི་མིང་ཅན་ཡིན་ཀྱང་སི་མ་ཡིན་ནའང་མི་འཕྱིད་ དེ། དཔེར་ན། མཱ་ལཱ་ལ། ཛས྄་བྱིན་ནས་ཛ་རྟགས་དོན་ཕྱིས་ནས། ཨས་སྔར་བཞིན་མཚམས་ སྦྱར་བས་མཱ་ལཱཿ(ཕྲེང་བ་མ་རྣམས་) ཞེས་པ་ལྟ་བུའོ། །ཊཱ་ཨོས་དག་ལ་ཨེའོ་ཞེས་པ་ནི། རྟགས་ 6-1-91 མཐའ་ཤྲངྔྷཱའི་མིང་ཅན་རྣམས་རྣམ་དབྱེ་ཊཱ་དང་། ཨོས་དག་ཕ་རོལ་དུ་ཡོད་པ་ལ་ཨེ་རུ་འགྱུར་ ཏེ། དཔེར་ན། ཏུ་ལཱ་དང་། གཾ་གཱ་ལ་ཊཱ་བྱིན་ནས་རྟགས་མཐའི་དབྱངས་ཨེ་རུ་བསྒྱུར་ཏེ། ཊ་ ཁྱད་དོན་ཕྱིས་པའི་ཨཱ་དབྱངས་སྔ་མ་དང་མཚམས་སྦྱར་བས། ཏུ་ལ་ཡཱ(བྲང་གིས)། གཾ་ག་ཡཱ་ ཞེས་(གངྒཱས་)པདང་། ཨོས྄་བྱིན་ནས་མཐའི་དབྱངས་ཨེ་རུ་གྱུར་པ་དང་མཚམས་སྦྱར་ཏེ། ས་ རྣམ་བཅད་དུ་བསྒྱུར་བས། ཏུ་ལ་ཡོཿ(སྲང་དག་གི། )གཾ་ག་ཡོཿཞེས་པ་ལྟ་བུའོ། །རྟགས་མཐའ་ཨཱ་ ཡིག་ཡིན་ཀྱང་། ཤྲངྔྷཱ་མིང་ཅན་མ་ཡིན་ན་ཨེ་རུ་མི་འགྱུར་ཏེ། དཔེར་ན། ཀི་ལཱ་ལ་པཱ་ལ། ཊཱ་ དང་ཨོས་བྱིན་ནས་ཊ་ཁྱད་དོན་དབྱི་ཞིང་། ནཱ་གཉིས་པར། བྱིངས་ཀྱི་ཨཱ་གྷུཊ་མ་ཡིན་པའི་ དབྱངས་ལའོ་ཞེས་པས་རྟགས་མཐའི་ཨཱ་ཡིག་ཕྱིས་ཏེ། པ་ཡིག་ལ་དབྱངས་དག་སྦྱར་ནས། ས་རྣམ་བཅད་དུ་བྱས་པས། ཀི་ལཱ་ལ་པཱ(ཆུ་འཐུང་བས)། ཀི་ལཱ་ལ་པོ(ཆུ་འཐུང་བ་དག་ལ་)ཞེས་པ་ལྟ་ བུའོ། །སམ་བུདྡྷཱི་ལའང་ངོ་ཞེས་པ་ནི་རྟགས་མཐའ་ཤྲངྔྷཱའི་མིང་ཅན་རྣམས་སམ་བུདྡྷི་ཕ་རོལ་ ན་ཡོད་པ་ལའང་ཨེ་རུ་འགྱུར་ཏེ། དཔེར་ན། ཧེ་སྔོན་མ་ཅན་གྱི་ཏཱ་རཱ་དང་། ཤྲངྔྷཱ་དང་། མཱ་ ལཱ་ལ་སི་སམ་བུདྡྷི་བྱིན་ནས། རྟགས་མཐའི་དབྱངས་ཨེ་རུ་བསྒྱུར་ཏེ། འདི་ཉིད་དུ་ཐུང་ངུ་ན་ དཱི་ཤྲངྔྷཱ་རྣམས་ལས་ཞེས་པས། སི་སམ་བུདྡྷི་ཕྱིས་པས། ཧེ་ཏཱ་རེ(ཀྱེ་སྒྲོལ་མ)། ཧེ་ཤྲདྡྷེ(ཀྱེ་དད་མ)། ཧེ་མཱ་ལེ་(ཀྱེ་ཕྲེང་བ་མ། )ཞེས་པ་ལྟ་བུའོ། །མའི་དོན་རྣམས་ཀྱི་ཐུང་ངུའོ་ཞེས་པ་ནི། རྟགས་མཐའ་ ཤྲངྔྷཱའི་མིང་ཅན་མའི་དོན་བརྗོད་པ་རྣམས་སམ་བུདྡྷི་ཕ་རོལ་དུ་ཡོད་པ་ལ་ཐུང་ངུར་འགྱུར་ ཏེ། དཔེར་ན། ཧེ་སྔོན་མ་ཅན་གྱི་ཨམྦཱ་དང་། ཨནྟཱ་དང་། ཨཀྐཱ་རྣམས་ལ་སི་སམ་བུདྡྷི་བྱིན་ ནས། རྟགས་མཐའ་ཐུང་ངུར་བསྒྱུར་ཏེ། སི་སྔ་མ་བཞིན་ཕྱིས་པས། ཧེ་ཨམྦ། ཧེ་ཨནྟ། ཧེ་ ཨཀྐ་ཞེས་པ་ལྟ་བུའོ། །དུར་ཕན་དག་ལས། མའི་དོན་རྣམས་ཀྱི་ཨཏའོ་ཞེས་བརྗོད་པར་བྱ་ བ་ལ། ཐུང་ངུ་ཞེས་སྨོས་པ་མིང་སྔོན་མ་ཅན་གྱི་བསྒྲུབ་པ་ནི། ཐུང་ངུ་ཉིད་མི་རྟག་པའི་དོན་ཏེ། དེས་ན་དབྱངས་མང་བ་ཉིད་ཀྱི་ཕྱིར། ཌ་དང་ལ་དང་ཨི་ཀ་ལྡན་པ་རྣམས་ཀྱི་འགྱུར་བ་མ་ཡིན་ 6-1-92 ཞེས་གསུངས་པས། རྐྱེན་དེ་རྣམས་མཐར་ཡོད་ན། མའི་དོན་ཡིན་ཀྱང་རྟགས་མཐའ་ཐུང་ངུར་ མི་འགྱུར་ཏེ། དཔེར་ན་ཧེ་སྔོན་མ་ཅན་གྱི་ཨམྦཱ་ལ། དེ་ཕན་གྱི་རྐྱེན་ཌ་དང་ལ་དང་ཨི་ཀ་བྱིན་ ནས། ནཱ་དྲུག་པར་ཨིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱངས་དང་ཞེས་པས། ཨི་ཀ་ཕ་རོལ་ལ་ བཱའི་དབྱངས་ཕྱིས་ཏེ་ཨི་སྦྱར་ཞིང་། བུད་མེད་དུ་བསྒྲུབས་པ་ལ་ཨ་ལས་ཨཱའོ་ཞེས་པས། ཨཱའི་ རྐྱེན་བྱིན་པ་དང་མཚམས་སྦྱར་ལ། སི་སམ་བུདྡྷི་བྱིན་པ་འདི་ཉིད་དུ་ཐུང་ངུ་ན་དཱི་ཤྲངྔྷཱ་རྣམས་ ལས་ཞེས་པས་ཕྱིས་ཏེ། དམིགས་བསལ་འདིས། བཱའི་དབྱངས་ཐུང་ངུར་མི་འགྱུར་ཞིང་། མདོ་སྔ་མས་རྐྱེན་དེ་རྣམས་ཀྱི་དབྱངས་ཨེ་རུ་བསྒྱུར་བས། རིམ་པ་བཞིན། ཧེ་ཨམྦཱ་ཌེ(ཀྱེ་ཡུམ)། ཧེ་ཨམྦཱ་ལེས(ཀྱེ་ཟ་ཟ)། ཧེ་ཨམྦཱི་ཀེ་(ཀྱེ་མ་)ཞེས་པ་ལ་ལྟ་བུའོ། །ཨཽ་ཨཱིའོ་ཞེས་པ་རྟགས་མཐའ་ ཤྲངྔྷཱ་ཕ་རོལ་གྱི་ཨཽ་ནི་ཨཱི་རུ་འགྱུར་ཏེ། སློབ་ཕན་ལས། རིང་པོར་བརྗོད་པ་ནི་སྣ་ཚོགས་པའི་ དོན་ཏོ་ཞེས་ཀྱང་གསུངས་སོ། །དཔེར་ན། ཤྲངྔྷཱ་དང་། ཛ་ཡཱ་དང་། ཏཱ་རཱ་ལ། ཨཽ་བྱིན་པ་ཨཱི་ རུ་བསྒྱུར་ནས། རྟགས་མཐའི་དབྱངས་དང་མཚམས་སྦྱར་བས། ཤྲདྡྷེ(དད་མ་དག)། ཛ་ཡེ(རྒྱལ་ མོ་དག)། ཏཱ་རེ་(སྒྲོལ་མ་དག་)ཞེས་པ་ལྟ་བུའོ། །ང་ལྡན་རྣམས་ཡཻ་ཡཱས་ཡཱས་ཡཱ་མའོ་ཞེས་པ་རྟགས་ མཐའ་ཤྲངྔྷཱའི་མིང་ཅན་ལས་ཕ་རོལ་གྱི་རྣམ་དབྱེ་ང་ལྡན་གྱི་བརྗོད་པ་ངེ་དང་ང་སི་དང་ངས྄་ དང་ངི་རྣམས་ནི། རིམ་པ་ཇི་ལྟར་བ་བཞིན་དུ། ཡཻ་དང་། ཡཱས་དང་། ཡཱས་དང་། ཡཱམ་རྣམས་ སུ་འགྱུར་ཏེ། དཔེར་ན། སུ་རཱ་དང་། མཱ་ལཱ་ལ། ངེ་། ང་སི། ངས྄། ངི་རྣམས་རིམ་པ་བཞིན་བྱིན་ པ། ཡཻ་ཡཱས྄་ཡཱས་ཡཱམ་རྣམས་སུ་བསྒྱུར་ནས། ས྄་རྣམ་བཅད་དང་། མ྄་རྗེས་སུ་ང་རོར་བྱས་ པས། སཱུ་རཱ་ཡཻ(ལྷ་མོ་ལ)། སཱུ་རཱ་ཡཱཿ (ལྷ་མོ་ལས། )སུ་རཱ་ཡཱཿ (ལྷ་མོའི། )སུ་རཱ་ཡཱཾ (ལྷ་མོ་ལ། )ཞེས་པ་དང་། མཱ་ལཱ་ཡཻ(ཕྲེང་བ་མ་ལ། )མཱ་ལཱ་ཡཱཿ(ཕྲེང་བ་མ་ལས། )མཱ་ལཱ་ཡཱཿ(ཕྲེང་བ་མ་ཡི། ) མཱ་ལཱ་ཡཱཾ་(ཕྲེང་བ་མ་ལ་)ཞེས་ པ་ལྟ་བུའོ། །དམིགས་བསལ་བསྟན་པ་ནི། སརྦའི་མིང་ཅན་ལ་ནི་སུ་དང་བཅས་པ་རྣམས་ཏེ་ སྔ་མ་རྣམས་ཐུང་བའང་ངོ་ཞེས་པ་རྟགས་མཐའ་ཤྲངྔྷཱ་ལས་ཀྱང་ཁྱད་པར་སརྦའི་མིང་ཅན་ལ་ 6-1-93 ནི། ཕ་རོལ་གྱི་རྣམ་དབྱེ་ང་ལྡན་རྣམས། ཡཻ་ཡཱས་ཡཱས་ཡཱམ་རྣམས་སུ་འགྱུར་ཞིང་། བར་དུ་སུ་ ཨཱ་ག་མ་དང་བཅས་པར་ཡང་འགྱུར་ལ། སྔ་མའི་རྟགས་མཐའ་རྣམས་ཐུང་ངུར་ཡང་འགྱུར་ཏེ། དཔེར་ན། སརྦ་དང་བི་ཤྭ་བུད་མེད་ཀྱི་རྟགས་སུ་བསྒྲུབ་པ་ལ། སྔར་བཞིན། ཨཱའི་རྐྱེན་བྱིན་ ནས། མཚམས་སྦྱར་བའི་མཐར། ངེ་། ང་སི། ངས྄། ངི་རྣམས་རིམ་པ་བཞིན་བྱིན་པ། ཡཻ་ཡཱས་ ཡཱས་ཡཱམ་རྣམས་སུ་བསྒྱུར་ཞིང་། བར་དུ་སུ་ཨཱ་ག་མ་བྱིན་པའི་ཨུ་ཡིག་འདི་ཉིད་དུ་གསུམ་ པ་ལ་སོགས་པ་ལ་ནི་ཕ་རོལ་གྱི་དང་པོར། ཞེས་པའི་ཁྱད་དོན་ཡིན་པས་ཕྱིས་ནས། རྟགས་ མཐའ་ཐུང་ངུར་བསྒྱུར་བས། སརྦ་སྱཻ ། སརྦ་སྱཱཿསརྦ་སྱཱཿ སརྦ་སྱཱཾ་ཞེས་པ་དང་། བི་ཤྭ་སྱཻ ། བི་ ཤྭ་སྱཱཿ བི་ཤྭ་སྱཱཿ བི་ཤྭསྱཱཾ་ཞེས་པ་ལྟ་བུའོ། །དྭི་ཏཱི་ཡཱ་དང་ཏྲྀ་ཏཱི་ཡཱ་དག་ལས་ཡང་ནའོ་ཞེས་པ། ཤྲངྔྷཱའི་ཁྱད་པར། དྭི་ཏཱི་ཡཱ་དང་། ཏྲྀ་ཏཱི་ཡཱའི་ཨཱ་ཡིག་རིང་པོ་དག་ལས་ཕ་རོལ་གྱི་རྣམ་དབྱེ་ང་ ལྡན་རྣམས་ནི་སྔ་མ་བཞིན། ཡཻ་དང་ཡཱས་དང་ཡཱས་དང་ཡཱམ་རྣམས་སུ་འགྱུར་ཞིང་། ཡང་ན་དེ་ རྣམས་སུ་ཨཱ་ག་མ་དང་བཅས་པའི་སྔ་མ་ཐུང་ངུར་ཡང་འགྱུར་ཏེ། དཔེར་ན། དྭི་ཏཱི་ཡཱ་དང་ཏྲྀ་ཏཱི་ ཡཱ་ཞེས་པ་དེ་ཕན་གྱི་རྐྱེན་ཅན་བུད་མེད་ཀྱི་རྟགས་སུ་བསྒྲུབ་པ་ལ་རིམ་པ་བཞིན། ངེ་། ང་སི། ངས྄། ངི་རྣམས་བྱིན་པ་སྔ་མ་བཞིན། ཡཻ། ཡཱས། ཡཱས། ཡཱམ་རྣམས་སུ་བསྒྱུར་བས། དྭི་ཏཱི་ཡཱ་ ཡཻ། (གཉིས་པ་ལའོ། །) དྭི་ཏཱི་ཡཱ་ཡཱཿ(གཉིས་པ་ལས་སོ། །) དྭི་ཏཱི་ཡཱ་ཡཱཿ(གཉིས་པའི་འོ། །)དྭི་ཏཱི་ཡཱ་ཡཱཾ། (གཉིས་པ་ ལའོ། །) ཏྲྀ་ཏཱི་ཡཱ་ཡཻ། (གསུམ་པའི་ཆེད་དུའོ། །) ཏྲྀ་ཏཱི་ཡཱ་ཡཱཿ(གསུམ་པ་ལས་སོ། །)ཏྲྀ་ཏཱི་ཡཱ་ཡཱཿ(གསུམ་པའི་འོ། །)ཏྲྀ་ ཏཱི་ཡཱ་ཡཱ་(གསུམ་པ་ལའོ། །)ཞེས་པའམ། ཡང་ན། ཡཻ་ལ་སོགས་པ་རྣམས་བར་དུ་སུ་ཨཱ་ག་མ་རྗེས་ འབྲེལ་ཕྱིས་པ་དང་བཅས་ཤིང་། སྔ་མ་རྟགས་མཐའ་ཐུང་ངུར་བསྒྱུར་བས། དྭི་ཏཱི་ཡ་སྱཻ ། དྭི་ཏཱི་ ཡ་སྱཱཿདྭི་ཏཱི་ཡ་སྱཱཿ དྭི་ཏཱི་ཡ་སྱཱཾ། ཏྲྀ་ཏཱི་སྱཻ ། ཏྲྀ་ཏཱི་ཡ་སྱཱཿ ཏྲྀ་ཏཱི་ཡ་སྱཱཿ ཏྲྀ་ཏཱི་ཡ་སྱཱཾ་ཞེས་པ་ལྟ་བུའོ། ། གསུམ་པ་རྟགས་མཐའ་ན་དཱི་དང་རྣམ་དབྱེ་རྣམས་ཕྲད་པ་ལས་རྣམ་འགྱུར་འབྱུང་ཚུལ་ ལ། དངོས་དང་ཞར་བྱུང་གཉིས་ལས། དང་པོ་དངོས་སུ་བསྟན་པ་ནི། ན་དཱི་ལས་ཨཻ་ཨཱས་ 6-1-94 ཨཱས་ཨཱ་མའོ་ཞེས་པ་རྟགས་མཐའ་ན་དཱིའི་མིང་ཅན་ལས་ཕ་རོལ་གྱི་རྣམ་དབྱེ་ང་ལྡན་རྣམས་ རིམ་པ་བཞིན་དུ། ཨཻ་དང་། ཨཱས་དང་། ཨཱས་དང་། ཨཱམ་རྣམས་སུ་འགྱུར་ཏེ། མདོ་སྔ་མའི་ ཡང་ན་ཞེས་པ་ནི་མི་འཇུག་གོ །དཔེར་ན། ན་དཱི་ལ། ངེ་དང་། ང་སི་དང་། ངས྄་དང་། ངི་རྣམས་ བྱིན་པ་རིམ་པ་བཞིན། ཨཻ་ཨཱས་ཨཱས་ཨཱམ་རྣམས་སུ་བསྒྱུར་ནས། ཨིའི་ཡི་གེ་འདྲ་བའི་ཡི་གེ་ མ་ཡིན་པ་ལ་ཞེས་པ་ལྟར་མཚམས་སྦྱར་ཏེ། ས྄་རྣམ་བཅད་དུ་བྱས་པས། ན་དྱཻ། ན་དྱཱཿ ན་དྱཱཿ ན་དྱཱཾ་ཞེས་པ་དང་། བ་དྷཱུ་ལ། ང་ལྡན་རྣམས་བྱིན་པ་ཨཻ་ལ་སོགས་པར་བསྒྱུར་ཏེ། ཨུའི་ཡི་གེ་ ཝའོ་ཞེས་པ་ལྟར་མཚམས་སྦྱར་བས། བདྷྭཻ(མནའ་མའི་ཆེད་དུ)། བ་དྷྭཱཿ (མནའ་མ་ལས། )བ་དྷྭཱཿ(མནའ་ མའི། )བ་དྷྭཱཾ་(མནའ་མ་ལ། )ཞེས་པ་ལྟ་བུའོ། །སམ་བུདྡྷི་ལ་ཐུང་ངུའོ་ཞེས་པ་ནི། རྟགས་མཐའ་ན་ དཱིའི་མིང་ཅན་རྣམས། རྣམ་དབྱེ་སམ་བུདྡྷི་ཕ་རོལ་དུ་ཡོད་པ་ལ་ཐུང་ངུར་འགྱུར་ཏེ། དཔེར་ ན། ཧེ་སྔོན་མ་ཅན་བྷ་ག་ཝ་ཏཱི་དང་། ཏ་ནཱུ་ལ། སི་སམ་བུདྡྷི་བྱིན་པ། འདི་ཉིད་དུ་ཐུང་ངུ་ན་དཱི་ ཞེས་པས་ཕྱིས་ནས། མདོ་འདིས་རྟགས་མཐའ་ཐུང་ངུར་བསྒྱུར་བས། ཧེ་བྷ་ག་ཝ་ཏི། (ཀྱེ་བཅོམ་ ལྡན་འདས་མ། )ཧེ་ཏ་ནུ་(ཀྱེ་ལུས་ཅན་མ་) ཞེས་པ་ལྟ་བུའོ། །སམ་བུདྡྷི་ཕ་རོལ་ན་ཡོད་ཀྱང་ན་དཱི་མིང་ ཅན་མ་ཡིན་ན་ཐུང་ངུར་མི་འགྱུར་ཏེ། གྲཱ་མ་ཎཱི་དང་། ཁ་ལ་པཱུ་སྐྱེས་པའི་རྟགས་ཅན་ལ། སི་ སམ་བུདྡྷི་བྱིན་པའི་ཨི་བརྗོད་དོན་ཕྱིས་ནས། ས྄་རྣམ་བཅད་དུ་བྱས་པས། ཧེ་གྲཱ་མ་ཎཱིཿ (ཀྱེ་གྲོང་ དཔོན། )ཧེ་ཁ་ལ་པཱུཿ(ཀྱེ་གཡོག་གམ་ཉེ་གནས། )ཞེས་པ་ལྟ་བུའོ། །ན་དཱིའི་མིང་ཅན་ཡིན་ཡང་སམ་བུདྡྷི་ མ་ཡིན་ནའང་ཐུང་ངུར་མི་འགྱུར་ཏེ། དཔེར་ན། གཽ་རཱི་དང་། བ་དྷཱུ་ལ་སི་བྱིན་པ་འདི་ཉིད་དུ་ ཨཱི་ཡིག་མཐའ་ལས་ཞེས་པས་རཱིའི་ཨཱི་ཡིག་མཐའ་ལས་སི་དབྱི་ཞིང་། དྷཱུའི་ཨཱུ་ཡིག་གི་མཐར་ རྣམ་བཅད་དུ་བསྒྱུར་བས། གཽ་རཱི(དཀར་མོ། )། བདྷཱུཿ (མནའ་མ། )ཞེས་པ་ལྟ་བུའོ། །ཨམ྄་ཤས྄་དག་ གི་དང་པོ་དབྱིའོ་ཞེས་པ་ནི། རྟགས་མཐའ་ན་དཱིའི་མིང་ཅན་ལས་ཕ་རོལ་གྱི་རྣམ་དབྱེ་ཨམ་ དང་ཤས྄་དག་གི་དང་པོ་གང་ཡིན་པ་དེ་དབྱི་བར་བྱ་སྟེ། དཔེར་ན། ན་དཱི་དང་བ་དྷཱུ་ལ་ཨམ྄་ 6-1-95 བྱིན་པའི་ཨ་ཕྱིས་པས། ན་དཱིམ(ཆུ་ཀླུང་ལ)། བ་དྷཱུ་མ་(མནའ་མ་ལ། ) ཞེས་པ་དང་། ཤ྄ས་བྱིན་པའི་ ཤ་ཡིག་ཁྱད་དོན་དང་། ཨ་ཡིག་མདོ་འདིས་ཕྱིས་ནས་ས་རྣམ་བཅད་དུ་བྱས་པས། ན་དཱིཿ (ཆུ་ ཀླུང་རྣམས། )བ་དྷཱུཿ (བུ་མོ་རྣམས་ལ་)ཞེས་པ་ལྟ་བུའོ། །ཨཱི་ཡིག་མཐའ་ལས་སིའོ་ཞེས་པ་ནི། རྟགས་ མཐའ་ན་དཱིའི་མིང་ཅན་གྱི་ཁྱད་པར་ཨཱི་ཡིག་གི་མཐའ་ཅན་ལས་ཕ་རོལ་གྱི་སི་དབྱི་བར་བྱ་སྟེ། དཔེར་ན་གཽ་རཱི་དང་། མ་ཧཱི་དང་། ན་དཱི་ལ་སི་བྱིན་པ་མདོ་འདིས་ཕྱིས་པས། གཽ་རཱི(དཀར་མོ)། མ་ ཧཱི(ཆེན་མོ)། ན་དཱི་(ཆུ་ཀླུང་མ། )ཞེས་པ་ལྟ་བུའོ། །ན་དཱིའི་མིང་ཅན་ཡིན་ཡང་ཨི་ཡིག་མཐའ་ཅན་མ་ ཡིན་ན་མི་འཕྱིད་དེ། དཔེར་ན། བ་དྷཱུ་ལ་སི་བྱིན་པའི་ཨི་བརྗོད་དོན་ཕྱིས་ནས། ས྄་རྣམ་བཅད་ དུ་བསྒྱུར་བས། བ་དྷཱུཿཞེས་པ་ལྟ་བུའོ། །དུར་ཕན་དག་ལས། ན་དཱིའི་མིང་ཅན་ཨཱི་ཡིག་མཐའ་ ཅན་ཡིན་ཡང་། ལཀྵྨཱི་ལ་སོགས་པ་འགའ་ཞིག་ལ་སི་མི་འཕྱིད་པར་ཡང་གསུངས་ཏེ། དཔེར་ ན། ལཀྵྨཱི་དང་། ཏནྟྲཱི་ལ། སི་བྱིན་པ་རྣམ་བཅད་དུ་བསྒྱུར་བས། ལཀྵྨཱིཿ(དཔལ་མོ། )ཏནྟྲཱིཿ(རྒྱུད་ལྡན་ མ། )ཞེས་པ་ལྟ་བུའོ། ། གཉིས་པ་ཞར་ལས་བྱུང་བ་ནི། གསལ་བྱེད་ལས་ཀྱང་ངོ་ཞེས་པ་རྟགས་མཐའ་གསལ་ བྱེད་མཐའ་ཅན་རྣམས་ལས་ཀྱང་ཕ་རོལ་གྱི་སི་དབྱི་བར་བྱ་སྟེ། དཔེར་ན། ཝཱཙ་དང་། ཏ་ཌིཏ་ དང་། སུ་ཧྲིཏ་དང་། བི་ངྻུཏ་རྣམས་ལ་སི་བྱིན་པ་མདོ་འདིས་ཕྱིས་ནས་ཁྱད་པར་ནཱ་གསུམ་ པར། ཙ་སྡེ་དང་དྲྀ་ཤ་སོགས་ཀྱི་འང་ངོ་ཞེས་པས། ཝཱཙའི་ཙ་ཡིག་ག་རུ་བསྒྱུར་ཞིང་རྫོགས་པ་ ལ་ཡང་ནའོ་ཞེས་པས། དེའང་ཀ་རུ་བསྒྱུར་བས། ཝཱཀ(ངག) ཏ་ཌིཏ(གློག)། སུ་ཧྲྀཏ(གྲོགས་བཟང་)། བི་ངྻུཏ་(གློག་)ཅེས་པ་ལྟ་བུའོ། །རྟགས་མཐའ་ཨགྣི་དང་རྣམ་དབྱེ་རྣམས་ཕྲད་པ་ལས་རྣམ་ འགྱུར་འབྱུང་ཚུལ་ལ་བཞི་ལས། དང་པོ་རྣམ་དབྱེ་ལ་རྣམ་འགྱུར་འབྱུང་ཚུལ་ལ། དངོས་དང་ ཞར་བྱུང་གཉིས་ལས། དང་པོ་དངོས་སུ་བསྟན་པ་ནི། ཨགྣི་ལས་ཨམ྄འི་ཨ་ཡིག་གོ་ཞེས་པ་ རྟགས་མཐའ་ཨགྣིའི་མིང་ཅན་རྣམས་ལས་ཕ་རོལ་ཏུ་རྣམ་དབྱེ་ཨམ྄་བྱིན་པའི་ཨ་ཡིག་ཀྱང་ 6-1-96 དབྱི་བར་བྱ་སྟེ། དཔེར་ན། ཨགྣི་དང་། པ་ཊུ་ལ། ཨམ྄་བྱིན་པའི་ཨ་ཕྱིས་ནས་མ་རྗེས་སུ་ང་ རོར་བསྒྱུར་བས། ཨགྣིཾ(མེ་ལ)། པ་ཊུཾ་(མཁས་པ་ལ། )ཞེས་པ་ལྟ་བུའོ། །ཨཽ་ཡིག་སྔ་མའོ་ཞེས་པ་ ཨགྣིའི་མིང་ཅན་ལས། ཕ་རོལ་ཏུ་ཡོད་པའི་ཨཽ་ཡིག་ནི། རང་གི་སྔ་མ་རྟགས་མཐའི་དབྱངས་ གང་ཡིན་པ་དེའི་གཟུགས་སུ་འགྱུར་ཏེ། དཔེར་ན། བུ་དྷི་དང་། དྷེ་ནུ་ལ། ཨཽ་བྱིན་པ་རིམ་ པ་བཞིན། ཨི་དང་ཨུ་རུ་བསྒྱུར་ནས། མཚུངས་འདྲའི་ཡི་གེ་མཚམས་སྦྱར་བས། བུདྷཱི་(རྟོགས་ པ་དག)། དྷེ་ནཱུ་བཞོ་བ་དག)ཞེས་པ་ལྟ་བུའོ། །ཤས྄་ཀྱི་ཨ་ཡིག་སྟེ་སའིའང་བུད་མེད་མ་ཡིན་ པ་ལ་ནའོ་ཞེས་པ་ནི། རྟགས་མཐའ་ཨགྣིའི་མིང་ཅན་ལས་ཕ་རོལ་ཏུ་བྱིན་པའི་ཤས྄་ཀྱི་ཨ་ ཡིག་ཀྱང་། སྔ་མ་རྟགས་མཐའི་དབྱངས་གང་ཡིན་པ་དེའི་གཟུགས་སུ་འགྱུར་ཞིང་། སའང་ བུད་མེད་དུ་བརྗོད་པ་མ་ཡིན་པ་ལ་ན་ཡིག་ཏུ་འགྱུར་ཏེ། དཔེར་ན། ཨགྣི་དང་། ཝཱ་ཡུ། སྐྱེས་ པའི་རྟགས་ཅན་ལ་ཤ྄ས་བྱིན་པའི་ཤ་ཁྱད་དོན་དབྱི་ཞིང་། ཨ་ཡིག་རྟགས་མཐའི་ཨི་དང་ཨུ་ རུ་བསྒྱུར་ནས་མཚམས་སྦྱར་ཏེ། ས་ཡིག་ན་རུ་བསྒྱུར་བས། ཨགྣཱིན(མེ་རྣམས་ལ)། ཝཱ་ཡཱུན་(རླུང་ རྣམས་ལ་) ཞེས་པ་ལྟ་བུའོ། །ཨགྣིའི་མིང་ཅན་བུད་མེད་དུ་བརྗོད་པ་ལ་ནི། ཤས྄་ཀྱི་ཨ་ཡིག་ རྟགས་མཐའི་དབྱངས་སུ་འགྱུར་ཞིང་། ས་ཡིག་ན་རུ་མི་འགྱུར་ཏེ། དཔེར་ན། བུ་དྷི་དང་། དྷི་ ནུ། བུད་མེད་ཀྱི་རྟགས་ཅན་ལ་ཤས྄་བྱིན་ནས་གཞན་སྔར་དང་འདྲ་བ་ལ། ས྄་རྣམ་བཅད་དུ་ བསྒྱུར་བས། བུ་དྷཱིཿ(བློ་རྣམས་ལ། )དྷེ་ནཱུཿ(འཇོ་བ་རྣམས་ལ། ) ཞེས་པ་ལྟ་བུའོ། །ཊཱ་ནཱའོ་ཞེས་པ་རྟགས་ མཐའ་ཨགྣིའི་མིང་ཅན་ལས་ཕ་རོལ་གྱི་ཊཱ་ནི་བུད་མེད་བརྗོད་པ་མ་ཡིན་པ་ལ་ནཱ་རུ་འགྱུར་ཏེ། དཔེར་ན། ཨགྣི་དང་བྷཱ་ནུ་སྐྱེས་པའི་རྟགས་ཅན་ལ་ཊཱ་བྱིན་པའི་ཊ྄་ཡིག་ཁྱད་དོན་ཕྱིས་ནས་ ཨཱ་ཡིག་ནཱ་རུ་བསྒྱུར་བས། ཨགྣི་ནཱ(མེ་ཡིས)། བྷཱ་ནུ་ནཱ་(གསལ་བས། ) ཞེས་པ་ལྟ་བུའོ། །ཨགྣིའི་ མིང་ཅན་བུད་མེད་དུ་བརྗོད་པ་ལ་ནི་ནཱ་རུ་མི་འགྱུར་ཏེ། དཔེར་ན། བུ་དྷི་དང་། དྷེ་ནུ་བུད་ མེད་ཀྱི་རྟགས་ཅན་ལ་ཊཱ་བྱིན་པའི་ཊ་ཡིག་རྟགས་དོན་ཕྱིས་ནས་ཨ་ཡིག་སྔ་མའི་དབྱངས་དང་ 6-1-97 མཚམས་སྦྱར་བས། བུདྡྷྱཱྀ(བློས)། དྷེ་ནྭཱ་(འཇོ་བས་) ཞེས་པ་ལྟ་བུའོ། ། གཉིས་པ་ཞར་ལས་བྱུང་བ་ནི། ཨ་དས་ཀྱི་ཨ་མུའང་ངོ་ཞེས་པ་ཊཱའི་རྐྱེན་ཕ་རོལ་ཏུ་ཡོད་ པའི་ཨ་དས་ཀྱི་སྒྲ་ནི་བུད་མེད་དུ་བརྗོད་པ་མ་ཡིན་པ་ལ་ཨ་མུ་རུ་འགྱུར་ཞིང་འང་གི་སྒྲས་ཊཱའི་ རྐྱེན་ཡང་། ནཱ་རུ་འགྱུར་ཏེ། དཔེར་ན། ཨ་དས་སྐྱེས་པའི་རྟགས་ཅན་ལ་ཊཱ་བྱིན་པ་སྔར་བཞིན་ ནཱ་དང་། ཨ་དས་ཀྱང་ཨ་མུ་རུ་བསྒྱུར་བས། ཨ་མུ་ནཱ་(འདིས། )ཞེས་པ་ལྟ་བུའོ། །བུད་མེད་དུ་ བརྗོད་པ་ན་ཊཱའི་རྐྱེན་ལ་ཨ་དས་ནི་ཨ་མུ་དང་། ཊཱའང་ནཱ་རུ་མི་འགྱུར་ཏེ། དཔེར་ན། ཨ་དས་ ལ་ཊཱ་བྱིན་པ་ན། ཏྱད་ལ་སོགས་པ་རྣམས་ཀྱི་རྣམ་དབྱེ་ལ་ཞེས་པས། རྟགས་མཐའི་ས་ཡིག་ ཨ་རུ་བསྒྱུར་ཞིང་། ཨ་ཡིག་ལ་ཞེས་པས། དའི་དབྱངས་ཕྱིས་ནས། བུད་མེད་ལ་ཨཱ་ལས་ཞེས་ པས། ཨཱའི་རྐྱེན་བྱིན་ཏེ་མཚམས་སྦྱར་བས་སྔར་བཞིན། ཊཱ་ཨོས་དག་ལ་ཞེས་པས་ཨེ་རུ་གྱུར་ པ་དང་། ཊཱ་ཁྱད་དོན་ཕྱིས་པའི་ཨཱ་མཚམས་སྦྱར་ལ། ནཱ་གཉིས་པར། ཨ་དས་ཀྱི་ཚིག་ལ་མའོ་ ཞེས་པས། ད་ཡིག་མ་དང་། ནཱ་གསུམ་པར། མ་ལས་ཨུ་ཉིད་དོ་ཞེས་པས་མའི་དབྱངས་ཨ་ཨུ་ རུ་བསྒྱུར་བས། ཨ་མུ་ཡཱ་(འདིས། ) ཞེས་པ་ལྟ་བུའོ། ། གཉིས་པ་རྟགས་མཐའ་ལ་རྣམ་འགྱུར་འབྱུང་ཚུལ་ལའང་གཉིས་ཀྱི་དངོས་ནི། ཨི་ཨེཏ་ ཨུ་ཨོཏ་ཛས་ལའོ་ཞེས་པ་རྟགས་མཐའ་ཨགྣིའི་མིང་ཅན་ལས། རྣམ་དབྱེ་ཛས྄་ཕ་རོལ་ཏུ་ཡོད་ པ་ལ། རྟགས་མཐའི་ཨི་ཡིག་ཨེ་རུ་འགྱུར་ཞིང་། ཨུ་ཡིག་ཨེ་རུ་འགྱུར་ཏེ། ཏ་སྦྱར་བ་ནི་དེ་ དག་ཀེ་ཤ་ཅན་དང་མི་འཁྲུལ་བའི་དོན་ཏོ། །དཔེར་ན། པ་ཏི་དང་། པ་ཊུ་ལ། ཛས྄་བྱིན་པ་ན། ཨི་ཡིག་ཨེ་དང་ཨུ་ཡིག་ཨོ་རུ་བསྒྱུར་ནས། ཛ་ཁྱད་དོན་ཕྱིས་པའི་ཨ་དང་མཚམས་སྦྱར་ཞིང་། ས྄་རྣམ་བཅད་དུ་བྱས་པས། པ་ཏ་ཡཿ(བདག་པོ་རྣམས། ) པ་ཊ་ཝཿ(མཁས་པ་རྣམས། )ཞེས་པ་དང་། དེ་བཞིན་དུ། བུ་དྷི་དང་། དྷེ་ནུ་ལ་ཛས྄་བྱིན་པས། བུ་དྷ་ཡཿ(བློ་གྲོས་རྣམས། ) དྷེ་ན་ཝཿ(འཇོ་བ་ རྣམས། )ཞེས་པ་ལྟ་བུའོ། །སམ་བུདྡྷི་ལའང་ཞེས་པ་ནི། ཨགྣི་ལས། རྣམ་དབྱེ་སམ་བུདྡྷི་ཕ་རོལ་ 6-1-98 དུ་ཡོད་པ་ལའང་རྟགས་མཐའི་ཨི་ཡིག་ཨེ་དང་ཨུ་ཡིག་ཨོ་རུ་འགྱུར་ཏེ། དཔེར་ན། ཧེ་སྔོན་མ་ ཅན་གྱི་ས་ཁི་དང་པ་ཊུ་ལ་སི་སམ་བུདྡྷི་བྱིན་ནས་འདི་ཉིད་དུ་ཐུང་ངུ་ན་དཱི་ཞེས་པས་ཕྱིས་ནས། རྟགས་མཐའི་ཨི་ཡིག་ཨེ་དང་ཨུ་ཡིག་ཨོ་རུ་བསྒྱུར་བས། ཧེ་ས་ཁེ(ཀྱེ་གྲོགས་པོ། )། ཧེ་པ་ཊོ(ཀྱེ་ མཁས་པ)། ཞེས་པ་ལྟ་བུའོ། །ཧེ་ན་དི། ཧེ་བ་དྷུ་ཞེས་རྟགས་མཐའ་ཨགྣིའི་མིང་ཅན་ལྟ་བུ་ནི་ ཨེ་དང་ཨོ་རུ་མི་འགྱུར་ཞིང་(ཨགྣི་སྤྱིའི་བྱ་བ་མི་བྱེད། འདི་རྣམ་དབྱེ་བྱིན་པའི་རྗེས་ཡིན་རྟགས་མིན་པས་ཨགྣིའི་མིང་ ཅན་དུ་འགྱུར་རམ)ཏེ། ན་དཱིའི་མིང་ཅན་སམ་བུདྡྷི་ལ་ཐུང་ངུར་གྱུར་པ་ཡིན་པའི་ཕྱིར་རོ། །ངེ་ལའོ་ ཞེས་པ་ཨགྣིའི་མིང་ཅན་ལས། ངེ་ཕ་རོལ་དུ་ཡོད་པ་ལའང་རྟགས་མཐའི་ཨི་ཡིག་ཨེ་དང་ཨུ་ ཡིག་ཨོ་རུ་འགྱུར་ཏེ། དཔེར་ན། མ་ཏི་དང་། གུ་རུ་ལ་ངེ་བྱིན་པ་ན་རྟགས་མཐའ་ཨེ་དང་ཨོ་ རུ་བསྒྱུར་ནས། ངེ་ཁྱད་དོན་ཕྱིས་པའི་ཨེ་དང་མཚམས་སྦྱར་བས། མ་ཏ་ཡེ(བློ་གྲོས་ལ)། གུ་ར་ ཝེ་(བླ་མ་ལ། ) ཞེས་པ་དང་། དེ་བཞིན་དུ། བུདྷི་དང་། པ་ཊུ་ལ་ངེ་བྱིན་པས། བུདྷ་ཡེ(བློ་གྲོས་ལ)། པ་ཊ་ཝེ་(བདག་པོ་ལ་)ཞེས་པ་ལྟ་བུའོ། །དུར་སིང་གི་དགོངས་པས། ངེ་ལའོ་ཞེས་བདུན་པའི་ མཐའ་ཅན་དུ་ཐོབ་པ་ལ། ངེའོ་ཞེས་རྣམ་དབྱེའི་རྣམ་འགྱུར་མ་བྱས་པ་ནི། འདི་ལས་གཞན་ དུ་ཡང་འགྱུར་བར་བཞེད་དེ། དཔེར་ན། བུདྷི་དང་། དྷེ་ནུ་བུད་མེད་ལ་འཇུག་པའི་ཨགྣིའི་ མིང་ཅན་ལ་ངེ་བྱིན་པ་ན། ནཱ་གཉིས་པར། ཐུང་ངུའི་འང་ང་ལྡན་ལའོ་ཞེས་པས། ངེ་ནི་ཨཻ་རུ་ ཡང་ན་བསྒྱུར་ཏེ་མཚམས་སྦྱར་བས། བུདྷྱཻ། (རྟོགས་པ་ལ། )དྷེ་ནྭཻ་(བཞོ་བ་ལ། )ཞེས་པ་ལྟ་བུའོ། །ང་སི་ ངས་དག་གི་ཨ་དབྱི་བའང་ངོ་ཞེས་པ་ནི། རྟགས་མཐའ་ཨགྣིའི་མིང་ཅན་རྣམས་ལས་ཕ་རོལ་ ཏུ་ཡོད་པའི་རྣམ་དབྱེ་ང་སི་དང་ངས྄་དག་གི་སྲོག་གི་ཨ་ཡིག་དབྱི་བར་འགྱུར་ཞིང་། འང་གི་ སྒྲས་རྟགས་མཐའི་ཨི་ཡིག་ཨེ་དང་ཨུ་ཡིག་ཨོ་རུ་ཡང་འགྱུར་ཏེ། དཔེར་ན། ཨགྣི་དང་། དྷེ་ནུ་ ལ། ང་སི་དང་ངས྄་བྱིན་པའི་ང་ཁྱད་དོན་དང་ཨ་མདོ་འདིས་ཕྱིས་ནས། སི་དང་ས྄་རྣམ་བཅད་ དང་། རྟགས་མཐའ་ཨེ་དང་ཨོར་བསྒྱུར་བས། ཨགྣེཿ (མེ་ལས། ) ཨགྣེཿ (མེའི། )དྷེ་ནོཿ (འཇོ་ 6-1-99 བ་ལས། )དྷེ་ནོཿ (འཇོ་བའི། )ཞེས་པ་ལྟ་བུའོ། །ཞར་བྱུང་ནི། གོ་ལས་ཀྱང་ངོ་ཞེས་པ་གོའི་སྒྲ་ལས་ ཀྱང་ཕ་རོལ་ཏུ་ཡོད་པའི་ང་སི་ངས྄་དག་གིས་ཨ་ཡིག་དབྱི་བར་འགྱུར་ཏེ། དཔེར་ན། གོ་ལ་ང་ སི་དང་ངས྄་བྱིན་པའི་ང་ཡིག་ཁྱད་དོན་དང་། ཨ་ཡིག་མདོ་འདིས་ཕྱིས་ནས། སི་དང་ས྄་རྣམ་ བཅད་དུ་བྱས་པས། གོཿ (བ་ལང་ལས། )གོཿ (བ་ལང་གི། )ཞེས་པ་ལྟ་བུའོ། ། གསུམ་པ་གཉིས་ཀ་ལ་རྣམ་འགྱུར་འབྱུང་ཚུལ་ནི། ངི་སྔ་མ་དང་བཅས་པ་ཨཽའོ་ཞེས་པ་ རྟགས་མཐའ་ཨགྣིའི་མིང་ཅན་རྣམས་ལས་ཕ་རོལ་དུ་ཡོད་པའི་རྣམ་དབྱེ་ངི་ནི་རང་གི་སྔ་མ་ རྟགས་མཐའི་དབྱངས་དང་ལྷན་ཅིག་ཨཽ་རུ་འགྱུར་ཏེ། དཔེར་ན། ནི་དྷི་དང་། བྷི ཀྵུ་དང་། ར་ ཝི་དང་། ཨངྴུ་རྣམས་ལ་ངི་བྱིན་ནས། ང་ཁྱད་དོན་ཕྱིས་པའི་དབྱངས་ཨི་ཡིག་རྟགས་མཐའི་ དབྱངས་རྣམས་དང་ལྷན་ཅིག་ཨཽ་རུ་བསྒྱུར་བས། ནི་དྷཽ(གཏེར་ལ)། བྷིཀྵཽ (དགེ་སློང་ལ)། ར་ཝཽ(ཉི་མ་ ལ)། ཨངྴཽ་(འོད་ཟེར་ལ། )ཞེས་པ་ལྟ་བུའོ། ། བཞི་པ་དེ་དག་གི་དམིགས་བསལ་བསྟན་པ་ནི། ས་ཁི་པ་ཏི་དག་གི་ངིའོ་ཞེས་པ་ཨགྣིའི་ ཁྱད་པར་ས་ཁི་དང་པ་ཏིའི་སྒྲ་དག་ལས་ཕ་རོལ་གྱི་ངི་ཉིད་ཨཽ་ཡིག་ཏུ་འགྱུར་ཏེ། དུར་ཕན་ དག་ལས། སླར་ཡང་ངི་སྨོས་པ་ནི། སྔ་མ་དང་བཅས་པ་ཞེས་པ་བཟློག་པའི་དོན་ཏོ། །ཞེས་ ཀྱང་གསུངས་སོ། །དཔེར་ན། ས་ཁི་དང་པ་ཏི་ལ་ངི་བྱིན་པ་ཨཽ་རུ་བསྒྱུར་ནས། སྔ་མའི་ དབྱངས་དང་མཚམས་སྦྱར་བས། ས་ཁྱཽ(གྲོགས་ལ)། པ་ཏྱཽ་(བདག་པོ་ལ)ཞེས་པ་ལྟ་བུའོ། །ང་སི་ ངས྄་དག་གི་ཨ་ཨུའོ་ཞེས་པ་ནི། ས་ཁི་དང་པ་ཏི་དག་ལས་ཕ་རོལ་དུ་ཡོད་པའི་ང་སི་དང་ངས྄་ དག་གི་ཨ་ཡིག་ནི་ཨུ་རུ་འགྱུར་ཏེ། དཔེར་ན། ས་ཁི་དང་པ་ཏི་ལ་ང་སི་དང་ངས྄་བྱིན་པའི་ང་ ཁྱད་དོན་ཕྱིས་ནས། ཨ་ཡིག་དག་ཨུ་རུ་བསྒྱུར་བ་སྔ་མའི་དབྱངས་དང་མཚམས་སྦྱར་ཞིང་། ས་རྣམ་བཅད་དུ་བྱས་པས། ས་ཁྱུཿ(གྲོགས་པོ་ལས། ) པ་ཏྱུཿ(བདག་པོ་ལས། ) ས་ཁྱུཿ(གྲོགས་ཀྱི། )པ་ ཏྱུཿ(བདག་པོའི། )ཞེས་པ་ལྟ་བུའོ། །རྟགས་མཐའི་རྀ་ཡིག་དང་རྣམ་དབྱེ་རྣམས་ཕྲད་པ་ལས་རྣམ་ 6-1-100 འགྱུར་འབྱུང་ཚུལ་ནི། རྀཏ་མཐའ་ལས་སྔ་མ་དང་བཅས་པའོ་ཞེས་པ་རྟགས་རྀ་ཡིག་མཐའ་ ཅན་ལས་ཕ་རོལ་གྱི་ང་སི་དང་ངས྄་དག་གི་ཨ་ཡིག་ནི། རང་གི་སྔ་མ་རྟགས་མཐའི་དབྱངས་ དང་ལྷན་ཅིག་ཨུ་ཡིག་ཏུ་འགྱུར་ཏེ། སློབ་ཕན་དུ། ཏ་ཕ་རོལ་ཏུ་བྱེད་པ་ནི་ཐེ་ཚོམ་མེད་པའི་ དོན་དུའོ་ཞེས་གསུངས་པས། རྀ་ཐུང་ངུ་ཁོ་ན་ངོས་འཛིན་པའོ། །དཔེར་ན། པི་ཏྲྀ་དང་། མཱ་ཏྲྀ་ ལ། ང་སི་དང་། ངས྄་བྱིན་པའི་ང་ཁྱད་དོན་ཕྱིས་ནས་ཨ་ཡིག་རྟགས་མཐའི་རྀ་དང་ལྷན་ཅིག་ ཨུ་རུ་བསྒྱུར་བས། པི་ཏུཿ(ཕ་ལས། ) མཱ་ཏུཿ(མ་ལས། ) པི་ཏུཿ(ཕའི། ) མཱ་ཏུཿ(མའི། ) ཞེས་པ་ལྟ་བུའོ། ། སི་ལ་ཨཱ་སྟེ་སིའང་དབྱིའོ་ཞེས་རྟགས་མཐའི་རྀ་ཡིག་ནི་རྣམ་དབྱེ་སི་ཕ་རོལ་ཏུ་ཡོད་པ་ལ་ཨཱ་ རིང་པོར་འགྱུར་ཞིང་། སི་དེའང་དབྱི་བར་བྱ་སྟེ། དཔེར་ན། པི་ཏྲྀ་དང་། ཀརྟྲམ་ལ་སི་བྱིན་པ་ ན། རྀ་ཡིག་དག་ཨཱ་རུ་བསྒྱུར་ནས་སིའང་ཕྱིས་ནས། པི་ཏཱ། ཀརྟཱ་ཞེས་པ་ལྟ་བུའོ། །ཤས྄་ལ་ ཨགྣི་བཞིན་ནོ་ཞེས་པ་ནི། རྟགས་རྀ་ཡིག་མཐའ་ཅན་ལས་རྣམ་དབྱེ་ཤས྄་ཕ་རོལ་ཏུ་ཡོད་པ་ ན། སྔར་ཨགྣི་ལ་བཤད་པ་བཞིན་དུ། ཤས་ཀྱི་ཨ་ཡིག་རྟགས་མཐའི་དབྱངས་སུ་འགྱུར་ཞིང་། སའང་བུད་མེད་མ་ཡིན་པ་ལ་ན་རུ་འགྱུར་ཏེ། དཔེར་ན། པི་ཏྲྀ་དང་། བྷྲཱ་ཏྲྀ་ལ་ཤས྄་བྱིན་པའི་ ཤ་ཁྱད་དོན་ཕྱིས་ནས་དབྱངས་རྀ་ཡིག་ཏུ་བསྒྱུར་བ། རྀ་སྔ་མ་དང་མཚམས་སྦྱར་ནས། སའང་ ན་རུ་གྱུར་པས། པི་ཏྲཱིན། (ཕ་རྣམས་ལ། ) བྷྲཱ་ཏྲཱྀན་(སྤུན་རྣམས་ལ། ) ཞེས་པ་ལྟ་བུའོ། །བུད་མེད་ལ་ འཇུག་པ་ན། གཞན་སྔར་དང་འདྲ་ལ། ས་ཡིག་ན་རུ་མི་འགྱུར་ཏེ། དཔེར་ན། མཱ་ཏྲྀ་དང་། སྭ་ སྲྀ་ལ་ཤས྄་བྱིན་པའི་དབྱངས་རྀ་རུ་བསྒྱུར་ནས་མཚམས་སྦྱར་ཞིང་། ས་རྣམ་བཅད་དུ་བསྒྱུར་ བས། མཱ་ཏྲཱྀཿ(མ་རྣམས་ལ། )སྭ་སྲཱྀཿ(སྒྱུག་མོ་རྣམས། )ཞེས་པ་ལྟ་བུའོ། །ངི་ལ་ཨརའོ་ཞེས་པ་ནི། རྟགས་ མཐའི་རྀ་ཡིག་རྣམས་རྣམ་དབྱེ་ངི་ཕ་རོལ་དུ་ཡོད་པ་ལ་ཨར྄་དུ་འགྱུར་ཏེ། དཔེར་ན། པི་ཏྲྀ་ དང་། མཱ་ཏྲྀ་ལ་ངི་བྱིན་པ་ན། རྟགས་མཐའི་རྀ་ཡིག་ཨར྄་དུ་བསྒྱུར་ནས། ང་ཁྱད་དོན་ཕྱིས་ཏེ་ སྦྱར་བས། པི་ཏ་རི(ཕ་ལ)། མཱ་ཏ་རི་(མ་ལ། ) ཞེས་པ་ལྟ་བུའོ། །གྷུཊ་ལའང་ངོ་ཞེས་པ་ནི། རྟགས་ 6-1-101 མཐའི་རྀ་ཡིག་རྣམས་རྣམ་དབྱེ་གྷུཊ་ཕ་རོལ་ཏུ་ཡོད་པ་ལའང་ཨར་དུ་འགྱུར་ཏེ། དུར་ཕན་ དག་ལས། ངི་དང་གྷུཊ་དག་ལ་ཨརའོ་ཞེས་བརྗོད་པར་བྱ་བ་ལ་སྦྱོར་བ་ཐ་དད་པ་ནི་མདོ་ཕྱི་ མའི་དོན་དུའོ་ཞེས་ཀྱང་གསུངས་སོ། །དཔེར་ན། ནྲྀ་དང་། ཡ་ཏྲྀ་དང་། དུ་ཧི་ཏྲྀ་ལ་གྷུཊའི་ཁྱད་ པར་ཨཽ་བྱིན་ནས། རྟགས་མཐའི་རྀ་ཡིག་ཨར་ཐུང་ངུར་བསྒྱུར་བ་དང་སྦྱར་བས། ན་རོ(མི་དག་ ལ)། ཡཏརཽ། དུ་ཧི་ཏ་རཽ་(བུ་མོ་དག་ལ། ) ཞེས་པ་དང་། དེ་རྣམས་ལ་ཛས་བྱིན་ནས་ཛ་ཁྱད་དོན་ ཕྱིས་ཏེ། རྟགས་མཐའ་ཨར་དུ་བསྒྱུར་བ་དང་སྦྱར་བས། ན་རཿ(མི་རྣམས། ) ཡ་ཏ་རཿ དུ་ཧི་ ཏ་རཿ(བུ་མོ་རྣམས། ) གཉིས་པའི་ཨམ་བྱིན་ནའང་གྷུཊ་ཡིན་པས་ཨར་དུ་བསྒྱུར་ནས་ཨམ་གྱི་ ཨ་རའི་སྲོག་ཏུ་དྲང་བས་ན་རཾ་ཞེས་འགྲུབ་བོ། །ཞེས་པ་ལྟ་བུའོ། །བྱིངས་ལས་ཏྲི་སྒྲའི་ཨཱརའོ་ ཞེས་པ་ནི། བྱིངས་ལས་ཕ་རོལ་གྱི་ཏྲི་སྒྲའི་རྀ་ཡིག་གང་ཡིན་པ་དེ་རྣམ་དབྱེ་གྷུཊ་ཕ་རོལ་དུ་ ཡོད་པ་ལ་ཨཱར་རིང་པོར་འགྱུར་ཏེ། དཔེར་ན། ཌུཀྲི ཉ་བྱེད་པ་དང་། ཝ་ཙ་བརྗོད་པའི་བྱིངས་ ཌུ་དང་ཉ་རྗེས་འབྲེལ་ཕྱིས་པ་མིང་དུ་བསྒྲུབ་པའི་དོན་ལ། ཀྲི ཏ་གཉིས་པར། ཝུཎ་ཏྲྀ་ཙ་དག་ གོ་ཞེས་པས། ཏྲྀཙའི་རྐྱེན་བྱིན་པའི་ཙ་རྗེས་འབྲེལ་ཕྱིས་ནས། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་ དང་ཞེས་པས། ཀྲྀའི་རྀ་ཡིག་ཨར་དང་། ཨཱ་དྲུག་པར། ཙ་སྡེའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ ཞེས་པས། ཝཱ་ཙའི་ཙ་ཡིག་ཀ་རུ་བསྒྱུར་ཏེ་སྦྱར་བས། ཀརྟྲྀ། ཝཱཀྟྲ་ཞེས་གྲུབ་པའི་ཏྲྀའི་སྒྲ་ནི། བྱིངས་མ་ཡིན་ཞིང་རྐྱེན་ཡིན་ལ། དེ་དག་ཚིག་ཏུ་བསྒྲུབ་པ་ལ། གྷུཊའི་ཁྱད་པར་ཨཽ་དང་ཛས་ བྱིན་པ་ན། རྟགས་མཐའ་ཨཱར་རིང་པོར་བསྒྱུར་ནས། ཛ་ཁྱད་དོན་ཕྱིས་ཏེ་སྦྱར་བས། ཀརྟཱ་ རཽ། ཀརྟཱ་རཿཞེས་པ་དང་། ཝཱཀྟཱ་རཽ། ཝཱཀྟཱ་རཿཞེས་པ་ལྟ་བུའོ། །ཏྲྀ་སྒྲ་ཡིན་ཀྱང་། བྱིངས་ལས་ ཕ་རོལ་མ་ཡིན་ན་ཨཱར་དུ་མི་འགྱུར་ཏེ། དཔེར་ན། ཡ་ཏི་འབད་པའི་བྱིངས་མིང་དུ་བསྒྲུབ་པ་ ལ། ཨུཎ་སོགས་ཀྱི་མདོའི་རྐང་པ་དང་པོར། ཡ་ཏིའི་འཕེལ་བའང་ངོ་ཞེས་པས། ཨུཎའི་ཁྱད་ པར་རྀན་བྱིན་པའི་ན་ཁྱད་དོན་ཕྱིས་ནས། ཡའི་ཨ་ཡིག་གི་འཕེལ་བ་ཨཱ་རིང་པོར་བསྒྱུར་ཏེ། 6-1-102 ཏིའི་ཨཱི་རྗེས་འབྲེལ་ཕྱིས་ནས་རྀ་སྦྱར་བའི་ཏྲྀ་སྒྲ་ནི་ཏ་ཡིག་བྱིངས་ཀྱི་ཆ་ཤས་ཡིན་པས་བྱིངས་ ལས་ཕ་རོལ་མ་ཡིན་ལ། དེ་ཚིག་ཏུ་བསྒྲུབ་པ་ན། གྷུཊའི་ཁྱད་པར་ཨཽ་དང་ཨམ་བྱིན་ནས། མདོ་སྔ་མའི་རྟགས་མཐའི་རྀ་ཡིག་ཨར་ཐུང་ངུར་བསྒྱུར་ཏེ་སྦྱར་བས། ཡ་ཏ་རཽ། ཡཱ་ཏ་རཾ་ཞེས་ པ་ལྟ་བུའོ། །རྀ་ཡིག་མཐའ་ཅན་ཡིན་ཡང་ཏྲྀ་སྒྲ་མ་ཡིན་ནའང་ཨཱར་རིང་པོར་མི་འགྱུར་ཏེ། དཔེར་ན། ཎཱི་ཉ་ཐོབ་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། ཨུ་ཎ་སོགས་ཀྱི་མདོ་རྐང་པ་དང་ པོར། ན་ཡ་ཏི་ལས་ཌིའང་ངོ་ཞེས་པས། ཌི་དང་རྀན་བྱིན་པའི་ན་རྗེས་འབྲེལ་དང་། ནཱ་དྲུག་ པར། ཌ་རྗེས་སུ་འབྲེལ་པ་ལ་མཐའི་དབྱངས་དང་པོ་དབྱིའོ་ཞེས་པས། ནཱིའི་དབྱངས་དང་། ཌ་ཡིག་མདོ་དེའི་དོན་ལ་འོངས་པ་དང་། ཨི་བརྗོད་དོན་དང་བཅས་པ་རྣམས་ཕྱིས་ནས་སྦྱར་ བས། ནྲྀ་ཞེས་པ་དེ་ཚིག་ཏུ་བསྒྲུབ་པ་ལ་། གྷུཊའི་ཁྱད་པར་ཨཽ་དང་ཛས྄་བྱིན་པའི་ཛ་ཁྱད་དོན་ ཕྱིས་ཏེ། མདོ་སྔ་མས། རྟགས་མཐའི་རྀ་ཡིག་ཨར་ཐུང་ངུར་བསྒྱུར་བས། ན་རཽ(མི་དག་ལ)། ན་ རཿ(མི་རྣམས་ལ། )ཞེས་པ་ལྟ་བུའོ། །སྭ་སྲྀ་ལ་སོགས་པ་རྣམས་ཀྱིའང་ངོ་ཞེས་པ་ནི། སྭ་སྲྀ་དང་ལ་ སོགས་པའི་སྒྲས་ན་བྟྀ ྄་སོགས་པ་རྣམས་ཀྱི་རྀ་ཡིག་རྣམས་ཀྱང་། རྣམ་དབྱེ་གྷུཊ་ཕ་རོལ་ཏུ་ ཡོད་པ་ལ་ཨཱར་རིང་པོར་འགྱུར་ཏེ། དཔེར་ན། སྭ་སྲྀ་ལ་གྷུཊའི་མིང་ཅན་ཨཽ་དང་། ཛས྄་དང་། ཨམ྄་དང་། ཨཽ་དང་(ནཱ་དང་པོར་འདི་དག་རྟགས་ངོས་བཟུང་བ་དང་། རྣམ་དབྱེ་སི་སོགས་ངོ་བོ་བརྗོད་པ་དང་དེ་དག་སོ་ སོར་ཕྱེ་སྟེ་ངོས་འཛིན་ནི་དང་པོ་འདྲ་གྷུཊའོ་ཞེས་ཡོད་ལ། ཤས་ཉིད་ནི་གྷུཊ་མིན་པར་མངོན་ཞིང་། འདི་ཉིད་དུ་ཤས་གྷུཊའི་ཚུལ་ དུ་བཀོད་འདུག་པ་ཤེས་ལྡན་རིག་པས་དཔྱད་པར་བྱའོ)། ཤས྄་རྣམས་བྱིན་པའི་ཛ་དང་ཤ་ཁྱད་དོན་ཕྱིས་ནས། རྟགས་མཐའི་རྀ་ཡིག་ཨཱར་དུ་བསྒྱུར་ཏེ་སྦྱར་བས། རིམ་པ་བཞིན། སྭ་སཱ་རཽ(སྲིང་མོ་དག)། སྭ་ སཱ་རཿ སྭ་སཱ་རཾ། སྭ་སཱ་རཽ། སྭ་སཱ་རཿ(འདིར་རྀ་ཏ་མཐར་ཤས་བྱིན་པ་ན་ཨགྣ་དང་འདྲ་བར་བཤད་པས་སྭ་སྲྀ་ལ་ ཤས་བྱིན་ཤས་ཀྱི་ཤ་ཕྱིས་ན་སྔ་མའི་གཟུགས་རྀར་བསྒྱུར། བུད་མེད་ལ་ན་རུ་མི་འགྱུར་བས་སྭ་སྲཱཿཞེས་འཐད་ཅིང་ཤས་གྷུཊ་མིན་ པའང་འདིར་དཔེར་བརྗོད་ལ་མི་འོས་སམ་སྙམ། )ཞེས་པ་ལྟ་བུའོ། །དེ་བཞིན་དུ། ནཔྟ྄་ལ་སོགས་པ་རྣམས་ 6-1-103 ལའང་སྦྱར་རོ། །སྭ་སྲྀ་ལ་སོགས་པ་གང་ཞེ་ན། སྭ་སྲྀ། ནཔྟ྄། ནེཥྚྲྀ་དང་། ཏྭཥྚྲྀ(ཤིང་བཟོ་བ)། ཀརྟྲྀ། ཀྵཏྟྲྀ(ཁ་ལོ་བསྒྱུར་བ། ) (འགྲེལ་བ་དེས་བརྗོད་ལེའུ་དང་། དུར་བ་གསུམ་ག་ན་འདི་དའ)དེ་བཞིན་དུའང་། ཧོ་ཏྲྀ། (ངེས་བརྗོད་ཀྱི་རིག་བྱེད་ཤེས་པའི་མཆོད་སྦྱིན་མཁན་པོ། )པོ་ཏྲྀ(མཆོད་སྦྱིན་མཁན)། པྲ་ཤཱསྟྲྀ་བརྒྱད་རྣམས་སྭ་སྲྀ་ སོགས་སུ་(འགྲེལ་ཚིག་) བཤད། ཅེས་དུར་ཕན་ལ་སོགས་པར་འབྱུང་བ་ལྟར་རོ། །སམ་བུདྡྷི་ལ་ ཨཱའང་མ་ཡིན་ནོ་ཞེས་པ་ནི། རྟགས་རྀ་ཡིག་གི་མཐའ་ཅན་རྣམས་རྣམ་དབྱེ་སམ་བུདྡྷི་ཕ་རོལ་ དུ་ཡོད་པ་ལ། བཤད་མ་ཐག་པའི་ཨཱར་དུ་འགྱུར་བ་མ་ཡིན་ཞིང་། གོང་དུ་བཤད་པའི་སི་ལ་ ཨཱ་ཞེས་པའི་ཨཱ་ཉིད་དུའང་འགྱུར་བ་མ་ཡིན་ལ། དེ་དག་གི་ལྷག་མའི་དོན་ནི་གྷུཊ་ལའང་ངོ་ ཞེས་པ་ལྟར། ཨར་ཐུང་ངུར་འགྱུར་བ་ཉིད་དེ། དཔེར་ན། ཧེ་སྔོན་མ་ཅན་གྱི་པི་ཏྲྀ་དང་། མཱ་ཏྲྀ་ དང་། ཀརྟྲྀ་དང་། སྭ་སྲྀ་རྣམས་ལ་སི་སམ་བུདྡྷི་བྱིན་པ་ན། མདོ་འདིས་རྟགས་མཐའི་རྀ་ཡིག་ རྣམས་ཨར་ཐུང་ངུར་བསྒྱུར་ནས། མདོ་འོག་མའམ། འདི་ཉིད་དུ་གསལ་བྱེད་ལས་ཀྱང་ཞེས་ པས། སི་ཕྱིས་ཏེ། ནཱ་གསུམ་པར། རེ་ཕ་དང་། ས་དག་གི་ཞེས་པས། ར྄་རྣམ་བཅད་དུ་བསྒྱུར་ བས། རིམ་པ་བཞིན། ཧེ་པི་ཏཿ(ཀྱེ་ཕ། ) ཧེ་མཱཏཿ(ཀྱེ་མ། )ཧེ་ཀརྟཿ ཧེ་སྭ་སཿ (ཀྱེ་སྒྱུག་མོ། )ཞེས་པ་ ལྟ་བུའོ། ། ཐུང་ངུ་སོགས་དང་རྣམ་དབྱེ་རྣམས་ཕྲད་པའི་རྣམ་འགྱུར་ལ་གསུམ་ལས། དང་པོ་ཐུང་ངུ་ སོགས་དང་སམ་བུདྡྷི་ཕྲད་པའི་རྣམ་འགྱུར་ནི། ཐུང་ངུ་ན་དཱི་ཤྲདྡྷ་རྣམས་ལས་སི་དབྱིའོ་ཞེས་པ་ བོད་པའི་དོན་ཅན་གྱི་རྟགས་མཐའ་ཐུང་ངུ་དང་ན་དཱི་དང་ཤྲངྔྷཱ འི་མིང་ཅན་རྣམས་ལས་ཕ་ རོལ་དུ་ཕྱིན་པའི་སི་སམ་བུདྡྷི་དབྱི་བར་འགྱུར་ཏེ། སློབ་ཕན་དུ། ན་དཱི་སྨོས་པ་ནི་ཕྱི་མའི་དོན་ དུ་སྟེ་ཤྲངྔྷཱ་ནི་དེ་ལྟར་མ་ཡིན་ནོ་ཞེས་གསུངས་ཀྱང་། མདོའི་དགོངས་པ་ནི། དུར་སིང་དུ། ན་ དཱི་དང་ཤྲངྔྷཱ་སྨོས་པ་ནི། འདིའི་དོན་དང་ཕྱི་མའི་དོན་དུའང་ངོ་ཞེས་གསུངས་པ་དང་མཐུན་པ་ ཉིད་དེ། ན་དཱིའི་ཕྱོགས་གཅིག་ཨཱི་ཡིག་མཐའ་ལས་སི་དབྱི་བར་སྔར་གསུངས་ཀྱང་། ཨཱུ་ཡིག་ 6-1-104 ལས་དབྱི་བར་མ་གསུངས་པས། བོད་པའི་དོན་ཅན་གྱི་ན་དཱི་ཨཱི་ཨཱུ་གཉིས་ཀ་ལས། སི་དབྱི་ བར་མདོ་འདིས་འགྲུབ་པའི་ཕྱིར་དང་། ཤྲངྔྷཱ་ལས་སི་དབྱི་བ་ཙམ་སྔར་གསུངས་ཀྱང་། བོད་ པའི་དོན་ལ་སྦྱོར་བའི་ཚེ། མི་འཕྱིད་དམ་སྙམ་པའི་ཐེ་ཚོམ་བསལ་པའི་ཆེད་དུའང་མདོ་འདི་ གསུངས་པའི་ཕྱིར་དང་། མདོ་ཕྱི་མ་ལའང་འདི་དག་མཚུངས་པར་སྦྱོར་བའི་ཕྱིར་རོ། །དཔེར་ ན། ཧེ་སྔོན་མ་ཅན་གྱི་ཐུང་ངུའི་མཐའ་ཅན་ནཱ་ཐ་དང་། པཎྜི་ཏ་དང་། པ་ཏི་དང་། པ་ཊུ་ལ་སི་ སམ་བུདྡྷི་བྱིན་པ་མདོ་འདིས་ཕྱིས་ནས། སམ་བུདྡྷི་ལའང་ངོ་ཞེས་པས་ཨགྣིའི་མིང་ཅན་ཨི་ ཡིག་ཨེ་དང་ཨུ་ཡིག་ཨོ་རུ་བསྒྱུར་བས། ཧེ་ནཱ་ཐ(ཀྱེ་མགོན་པོ)། ཧེ་པཎྜི་ཏ(ཀྱེ་ལྔ་རིག་པ)། ཧེ་པཏེ། (ཀྱེ་བདག་པོ། )ཧེ་པ་ཊོ་(ཀྱེ་མཁས་པ། )ཞེས་པ་དང་། དེ་བཞིན་དུ། ན་དཱིའི་མཐའ་ཅན་ལཀྵྨཱི་དང་། བདྷཱུ་ལ་སི་སམ་བུདྡྷི་བྱིན་པ་ཕྱིས་ནས། སམ་བུདྡྷི་ལ་ཐུང་ངུའོ་ཞེས་པས། ན་དཱིའི་མིང་ཅན། ཨཱི་ ཨཱུ་དག་ཐུང་ངུར་བསྒྱུར་བས། ཧེ་ལཀྵྨི(ཀྱེ་དཔལ་མོ)། ཧེ་བདྷུ་(ཀྱེ་བུ་མོ། ) ཞེས་པ་དང་། ཤྲངྔྷཱའི་ མཐའ་ཅན་ཏཱ་རཱ་དང་། ཛཱ་ཡཱ་ལ་སི་སམ་བུདྡྷི་བྱིན་པ་ཕྱིས་ནས། སམ་བུདྡྷི་ལའང་ངོ་ཞེས་པས། ཤྲངྔྷཱའི་མིང་ཅན་ཨཱ་ཡིག་དག་ཨེ་རུ་བསྒྱུར་བས། ཧེ་ཏཱ་རེ(ཀྱེ་སྒྲོལ་མ)། ཧེ་ཛཱ་ཡེ་(ཀྱེ་རྒྱལ་མ། ) ཞེས་ པ་ལྟ་བུའོ། །སམ་(འདིར་ཐུང་ངུ་ནཱ་དཱི་ཤྲངྔྷཱ་ལས་ཕ་རོལ་དུ་དྲུག་པའི་ཨཱཾ་བྱུང་ན་ནུ་ཨཱ་ག་མ་སྦྱིན་པར་བྱ་ཞིང་། སརྦ་ནཱ་མ་ལ་ སུ་ཨཱ་ག་མ་བྱིན་ནས་གསལ་བྱེད་དབྱངས་ཆེད་དྲང་དྷུཊ་མང་པོ་ལ་ཨེ་ནཱ་མིན་དང་ཀ་སོགས་ཀྱི་ས་ཥར་བསྒྱུར་བས་སརྦེ་ཥཱཾ་ལྟ་བུ་ དང་། སརྦ་ནཱ་མ་ཤྲཱངྔྷཱའི་རྟགས་སུ་བསྒྲུབས་ན་ང་ལྡན་གྱི་ཆོ་ག་བྱས་སུ་ཨཱ་ག་མ་བྱིན་ནས་སྔ་མ་ཐུང་ངུར་བྱས། གསལ་བྱེད་དབྱངས་ མེད་དྲང་བས་སརྦ་སྱཻ་ཞེས་འགྱུར་ལ། མཚམས་སྦྱོར་གྱི་ཡི་གེ་བཞིའི་ཕ་རོལ་དུ་ཨཱ་མ་བྱུང་ཡང་སུ་དང་ནུ་གང་ཡང་མ་སྦྱིན་ཞིང་། ཨེ་ཨ་ཡ་སོགས་བྱས་ན་མཚམས་སྦྱོར་བར་བྱའོ། །རྟགས་ན་མཐའ་དང་ས་མཐའ་དང་། ཨསྟུ། ཨནྟ་སོགས་ཀྱི་ཆོ་ག་ནི་མིང་ལེ་ གཉིས་པར་འཆད་པར་འགྱུར་རོ། །)བུདྡྷི་མ་ཡིན་ན་རྟགས་མཐའ་ཐུང་ངུ་ལ་སི་མི་འཕྱིད་དེ། དཔེར་ན། བྲྀཀྵཿ(ཤིང་)ཞེས་པ་ལྟ་བུའོ། །དེ་རྣམས་(གཉིས་པ་)དང་ཏྲི་སོགས་ལས་ཨཱམ་ལ་འཇུག་ཚུལ་ནི། ཨཱམ་ལའང་ནུའོ་ཞེས་པ་རྟགས་མཐའ་ཐུང་ངུ་དང་། ན་དཱི་དང་། ཤྲངྔྷཱ་རྣམས་ལས་རྣམ་དབྱེ་ 6-1-105 ཨཱམ་ཕ་རོལ་དུ་ཡོད་པ་ལའང་། བར་དུ་ནུ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཐུང་ངུའི་ མཐའ་ཅན། བི་པྲ་དང་། ཨགྣི་དང་། དྷེ་ནུ་དང་། པི་ཏྲྀ་དང་། སྭ་སྲྀ་རྣམས་ལ་ཨཱམ་བྱིན་པ་ན། མདོ་འདིས་བར་དུ་ནུ་ཨཱ་ག་མ་བྱིན་པའི་ཨུ་ཡིག འདི་ཉིད་དུ་ཨཱ་ག་མ་ཨུཏ་རྗེས་སུ་འབྲེལ་པ་ ཞེས་པའི་ཁྱད་དོན་ཡིན་ལ། ཨཱ་བརྒྱད་པར། གང་རྗེས་སུ་འབྲེལ་པ་མི་སྦྱོར་རོ་ཞེས་པས་དབྱི་ ཞིང་། ནཱ་གཉིས་པར། ནུ་དང་བཅས་པའི་ཨཱམ་ལ་རིང་པོའོ་ཞེས་པས་རྟགས་མཐའི་དབྱངས་ རྣམས་རིང་པོར་བསྒྱུར་ནས། ནཱ་བཞི་པར། ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་པས། པྲ་དང་རྀ་ ལས་ཕ་རོལ་གྱི་ན་ཡིག་ཎ་རུ་བསྒྱུར་ཏེ་སྦྱར་བས། རིམ་པ་བཞིན། བི་པྲཱ་ཎཱཾ(བྲམ་ཟེ་རྣམས་ཀྱི)། ཨགྣཱི་ནཱཾ(མེ་རྣམས་ཀྱི)། དྷེ་ནཱུ་ནཱཾ(འཇོ་བ་རྣམས་ཀྱི)། པི་ཏྲྀ་ཎཱཾ(ཕ་རྣམས་ཀྱི)། སྭ་སྲྀ་ཎཱཾ་(སྒྱུག་མོ་རྣམས་ཀྱི། )ཞེས་ པ་དང་། ན་དཱི་མཐའ་ཅན། ན་དཱི་དང་། བ་དྷཱུ་དག་ལ་ཨཱམ་བྱིན་པ་ན། སྔར་བཞིན་བར་དུ་ནུ་ ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཕྱིས་ཏེ་སྦྱར་བས། ན་དཱི་ནཱཾ། བ་དྷཱུ་ནཱཾ་ཞེས་པ་དང་། ཤྲངྔྷཱའི་ མཐའ་ཅན། ཤྲངྔྷཱ་དང་། མཱ་ལཱ་ལ། ཨཱམ་བྱིན་ནས། སྔར་བཞིན། ནུ་ཨཱ་ག་མ་སྦྱར་བས། ཤྲངྔྷཱ་ ནཱཾ། མཱ་ལཱ་ནཱཾ་ཞེས་པ་ལྟ་བུའོ། །ཨཱ་མ་ཕ་རོལ་ན་ཡོད་ཀྱང་ཐུང་ངུ་ན་དཱི་ཤྲངྔྷཱ་མ་ཡིན་པ་ལ་ནུ་ཨཱ་ ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། རཻ་དང་གོ་ལ་ཨཱམ་བྱིན་ནས་མཚམས་སྦྱར་བས། རཱ་ ཡཱཾ(ནོར་རྣམས་ཀྱི)། ག་ཝཱཾ་(རྡོ་རྗེ་རྣམས་ཀྱི། )ཞེས་པ་ལྟ་བུའོ། །སློབ་ཕན་དུ། མཚན་ཉིད་དང་སོ་སོར་ བརྗོད་པ་དག་གི་སོ་སོར་བརྗོད་པ་ཁོ་ན་འཛིན་པའོ་ཞེས་གསུངས་པས། རྣམ་དབྱེ་བསྒྱུར་བ་ ལས་བྱུང་བའི་མཚན་ཉིད་ཅན་གྱི་ཨཱམ་ཕ་རོལ་ལ་ནུ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ ན། ན་དཱི་ལ་ངི་བྱིན་པ་འདི་ཉིད་དུ་ན་དཱི་ལས་ཨཻ་ཨཱས་ཨཱས་(ན་དཱིའི་མཐར་ང་ལྡན་གྱི་ངི་ཨཱམ་དུ་བསྒྱུར་ བའང་དྲུག་པའི་མང་ཚིག་ཨཱམ་དང་མི་གཅིག་ལ་ཨཱམ་ཨཽའང་ཨཱམའོ་ཞེས་པ་འདི་གཉིས་པའི་ཨམ་དང་གཉིས་ཚིག་ཨཽའི་ལུས་ འགྱུར་ཨཱམ་ཡིན་ཞིང་། དྲུག་པའི་ཨཱམ་མིན་པས་འདིར་དྲུག་པའི་ཨཱམ་ལ་ནུ་འཐོབ་མི་འཐོབ་ཀྱི་དོགས་པ་འོང་བའི་གནས་མེད་ དམ་སྙམ། )ཨཱམ་ཞེས་པས། ཨཱམ་དུ་བསྒྱུར་ནས་མཚམས་སྦྱར་བས། ནདྱཱཾ་(ཆུ་ཀླུང་ལ་) ཞེས་པ་དང་། 6-1-106 ཡུཥྨད་ལ། ཨཽ་བྱིན་པ་ན། ནཱ་གསུམ་པར། ཡུ་ཝ་ཨཱ་ཝ་དག་གཉིས་བརྗོད་པ་རྣམས་ལ་ཞེས་ པས་ཡུ་ཝ་རུ་བསྒྱུར་ནས། ཨམ྄་དང་ཨཽའང་ཨཱམའོ་ཞེས་པས་ཨཽ་ནི་ཨཱམ་དུ་བསྒྱུར་ཏེ་ མཚམས་སྦྱར་བས། ཡུ་ཝཱཾ་ཞེས་པ་ལྟ་བུའོ། །ཏྲིའི་ཏྲ་ཡའང་ངོ་ཞེས་པ་ཏྲི་སྒྲ་ནི་རྣམ་དབྱེ་ཨཱམ་ཕ་ རོལ་དུ་ཡོད་པ་ལ་ཏྲ་ཡ་རུ་འགྱུར་ཞིང་། འང་གི་སྒྲས་བར་དུ་ནུ་ཨཱ་ག་མའང་སྦྱིན་པར་འགྱུར་ ཏེ། དཔེར་ན། ཏྲི་ལ་ཨཱམ་བྱིན་པ་ན་མདོ་འདིས་ཏྲ་ཡ་རུ་བསྒྱུར་ནས། བར་དུ་ནུ་ཨཱ་ག་མ་བྱིན་ པའི་ཨུ་རྗེས་འབྲེལ་དབྱི་ཞིང་། ར་ཥ་རྀའི་ཡི་གེ་ཞེས་པས། ན་ཡིག་ཎ་རུ་བསྒྱུར་ཏེ། ནུ་དང་ བཅས་པའི་ཨཱམ་ལ་ཞེས་པས། ཡ་རིང་པོར་བསྒྱུར་བས། ཏྲ་ཡཱ་ཎཱཾ་(གསུམ་རྣམས་ཀྱི། )ཞེས་པ་ལྟ་ བུའོ། །སློབ་ཕན་དུ། གཙོ་བོ་ལས་བྱས་པ་ཡང་དག་པར་རྟོགས་པའོ། །ཞེས་པའི་ཚིག་ལས་ གཙོ་བོ་མ་ཡིན་པའི་ཏྲི་སྒྲའི་ནི་མི་འགྱུར་ཞེས་གསུངས་ཏེ། དཔེར་ན། པྲི་ཡ་སྔོན་མ་ཅན། གཙོ་ བོ་མ་ཡིན་པའི་ཏྲི་ལ་ཨམ་བྱིན་པ་ན་ཏྲ་ཡ་རུ་མི་འགྱུར་བར་སྔར་བཞིན་བསྒྲུབས་པས། པྲི་ཡ་ ཏྲཱི་ཎཱཾ་(དགའ་བ་གསུམ་རྣམས་ཀྱི། )ཞེས་པ་ལྟ་བུའོ། །ཏྲིའི་ཞེས་པ་ནི། གྲངས་བརྗོད་པའི་དོན་དང་ བཅས་པའི་ཏྲི་སྒྲ་འཛིན་པ་ཡིན་པས་གྲངས་བརྗོད་་མ་ཡིན་པའི་ཏྲིའང་ཏྲ་ཡ་རུ་མི་འགྱུར་ཏེ། དཔེར་ན། མཚན་མོ་བརྗོད་པའི་རཱ་ཏྲི་ལ་ཨཱམ་དང་ནུ་བྱིན་ནས་སྔར་བཞིན་བསྒྲུབས་པས། རཱ་ ཏྲཱི་ཎཱཾ་(མཚན་མོ་རྣམས་ཀྱི་)ཞེས་པ་ལྟ་བུའོ། །ཙ་ཏྭཱར་ལས་སོ་ཞེས་པ་ནི། ཙ་ཏྭཱར་གྱི་སྒྲ་ལས་ཀྱང་ རྣམ་དབྱེ་ཨཱམ་ཕ་རོལ་དུ་ཡོད་པ་ལ་བར་དུ་ནུ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཙ་ཏྭཱར་ ལ་ཨཱམ་བྱིན་པ་ན། མདོ་འདིས་བར་དུ་ནུ་ཨཱ་ག་མ་བྱིན་ནས་སྒྲུབ་ཚུལ་གཞན་སྔར་དང་འདྲ་བ་ ལ། ཁྱད་པར་ནཱ་གཉིས་པར། ཙ་ཏྭཱར་གྱི་ཝཱ་སྒྲའི་ཨུ་ཉིད་དོ་ཞེས་པས། ཏྭཱའི་ཝཱ་ཡིག་དབྱངས་ དང་བཅས་པ་ཨུ་རུ་བསྒྱུར་བས། ཙཏུ་རྞཱཾ་(བཞི་རྣམས་ཀྱི། )ཞེས་པ་ལྟ་བུའོ། །ཨཱམ་མ་ཡིན་པ་ཕ་ རོལ་ལ་ནུ་ཨཱ་ག་མ་མི་འགྱུར་ཏེ། དཔེར་ན། ཙ་ཏྭཱར་ལ། བྷིས་བྱིན་པ་ན། ཝ་ཡིག་སྔ་མ་བཞིན་ ཨུ་དང་ས་རྣམ་བཅད་དུ་བསྒྱུར་བས། ཙ་ཏུརྦྷིཿ(བཞི་རྣམས་ཀྱིས། )ཞེས་པ་ལྟ་བུའོ། །དུར་སིང་དུ། 6-1-107 ཙ་ཏྭཱར་གྱི་སྒྲ་གཙོ་བོ་མ་ཡིན་ནའང་ཨཱམ་ཕ་རོལ་ལ་ནུ་མི་འགྱུར་བར་གསུངས་ཏེ། དཔེར་ན། ཨ་ཏི་སྔོན་མ་ཅན་གཙོ་བོ་མ་ཡིན་པའི་ཙ་ཏྭཱར་ལ་ཨཱམ་བྱིན་པ་ན། ཝཱ་ཡིག་སྔར་བཞིན་ཨུ་རུ་ བསྒྱུར་ཏེ་སྦྱར་བས། ཨ་ཏི་ཙ་ཏུ་རཱཾ་(ཤིན་ཏུ་བཞི་རྣམས་ཀྱི། )ཞེས་པ་ལྟ་བུའོ། །གྲངས་ལས་ཥ་ནའི་ མཐའ་ལས་སོ་ཞེས་པ་ནི། གྲངས་བརྗོད་པའི་སྒྲ་རྣམས་ལས་ཁྱད་པར་ཥ་ཡིག་དང་ན་ཡིག་གི་ མཐའ་ཅན་ལས་ཀྱང་རྣམ་དབྱེ་ཨཱམ་ཕ་རོལ་དུ་ཡོད་པ་ལ་བར་དུ་ནུ་ཨཱ་ག་མ་སྦྱིན་པར་འགྱུར་ ཏེ། དཔེར་ན། ཥ་ཥ་ལ་ཨཱམ་བྱིན་པ་ན། མདོ་འདིས་བར་དུ་ནུ་ཨཱ་ག་མ་བྱིན་པའི་ཨུ་ཁྱད་དོན་ དབྱི་ཞིང་། ནཱ་གསུམ་པར། ཧ་ཤ་ཥ་ཚ་མཐའ་དང་ཡ་ཛ་སོགས་རྣམས་ཀྱི་ཌའོ་ཞེས་པས། མཐའི་ཥ་ཡིག་ཌ་དང་། ནཱ་བཞི་པར། ཥ་ཌའི་ན་ལ་ཎའོ་ཞེས་པས་དེའང་ཎ་དང་། ཏ་སྡེའི་ཙ་ ཊའི་སྡེ་པ་སྦྱོར་བ་ལ་ཙ་ཊའི་སྡེ་པ་དག་གོ་ཞེས་པས། ཨཱ་ག་མའི་ནའང་ཎ་རུ་བསྒྱུར་ནས་སྦྱར་ བས། ཥཎྞཾ་(དྲུག་རྣམས་ཀྱི། )ཞེས་པ་དང་། པཉྩན་ལ་ཨཱམ་དང་ནུ་ཨཱ་ག་མ་བྱིན་ནས་ཨུ་ཁྱད་དོན་ དབྱི་ཞིང་། ནཱ་གཉིས་པར། ན་མཐའི་ཨུ་པ་དྷཱའི་ཞེས་པས། ཙ་རིང་པོར་བསྒྱུར་ནས། ནཱ་གསུམ་ པར། རྟགས་མཐའི་ན་ཡིག་གོ་ཞེས་པས། རྟགས་མཐའི་ན་ཕྱིས་ཏེ་སྦྱར་བས། པཉྩ་ནཱཾ་(ལྔ་རྣམས་ ཀྱི)ཞེས་པ་ལྟ་བུའོ། །གྲངས་བརྗོད་པ་ལ། ཥ་མཐའ་ཅན་དྲུག་གི་གྲངས་བརྗོད་པ་ནི་འདི་ཁོ་ ནར་ངེས་ལ། ན་མཐའ་ཅན་ནི། སཔྟན་དང་། ཨཥྚན་དང་། ན་ཝན་དང་། ད་ཤན་ལ་སོགས་ པ་རྣམས་ལའང་སྦྱར་ཏེ་ཤེས་པར་བྱའོ། །གྲངས་བརྗོད་པ་མ་ཡིན་པའི་ཥ་ནའི་མཐའ་ཅན་ལ་ ཨཱམ་ཕ་རོལ་ན་ཡོད་ཀྱང་ནུ་ཨཱ་ག་མར་མི་འགྱུར་ཏེ། དཔེར་ན། བི་སྲུཥ་དང་། ཡ་ཛྭན་ལ་ཨཱམ་ བྱིན་ནས་སྦྱར་བས། བི་སྲུཥཱཾ(ཆུ་ཐིགས་གིས་རྣམས་ཀྱི)། ཡ་ཛྭ་ནཱཾ་(མཆོད་སྦྱིན་རྣམས་ཀྱི། )ཞེས་པ་ལྟ་བུའོ། ། ཀ་ཏི་སོགས་དང་ནཱིའི་དམིགས་བསལ་ནི། ཀ་ཏི་ལས་ཀྱང་ཛས྄་ཤས྄་དག་གི་འཇིག་གོ་ཞེས་ པ་ཥ་ཡིག་ན་ཡིག་མཐའ་ཅན་གྱི་གྲངས་ལས་ཕ་རོལ་གྱི་རྣམ་དབྱེ་ཛས྄་ཤས྄་དག་འཇིག་ཅིང་། དེར་མ་ཟད། ཀ་ཏིའི་སྒྲ་ལས་ཀྱང་ཕ་རོལ་དུ་བྱིན་པའི་ཛས྄་དང་ཤས྄་དག་འཇིག་པར་འགྱུར་ 6-1-108 ཏེ། དཔེར་ན། ཀ་ཏི་ལ་ཛས྄་ཤས྄་བྱིན་པ་མདོ་འདིས་ཕྱིས་པས། ཀ་ཏི། (ཅི་རྣམས། ) ཀ་ཏི(ཅི་རྣམས་ ལ། )ཞེས་པ་དང་། ཥཥ་ལ་ཛས྄་ཤས྄་བྱིན་པའང་ཕྱིས་ཏེ། སྔར་བཞིན་ཥ་ཡིག་ཌ་རུ་བསྒྱུར་ བའང་། ན་གསུམ་པར། རྫོགས་པ་ལ་ཡང་ནའོ་ཞེས་པས། ཊ་རུ་བསྒྱུར་བས། ཥཊ(དྲུག་རྣམས)། ཥཊ་(དྲུག་རྣམས་ལ། )ཞེས་པ་དང་། པཉྩན་ལས་ཀྱང་ཛས་ཤས་ཕྱིན་ནས་རྟགས་མཐའི་ན་ཡིག་ སྔར་བཞིན་ཕྱིས་པས། པཉྩ(ལྔ་རྣམས)། པཉྩ་(ལྔ་རྣམས་ལ་) ཞེས་པ་ལྟ་བུའོ། །ནཱི་ལས་ངི་ཨཱམའོ་ ཞེས་པ་ནཱི་ཐོབ་པའི་བྱིངས་ང་རྗེས་འབྲེལ་ཕྱིས་པ་མིང་དུ་བསྒྲུབ་པ་ལ་ཀྭིཔ་བྱིན་ནས་ཕྱིས་ པའི་མཐའ་ལས། ཕ་རོལ་དུ་རྣམ་དབྱེ་ངི་བྱིན་ཨཱམ་དུ་འགྱུར་ཏེ། དཔེར་ན། ནཱི་ལ་ངི་བྱིན་པ་ མདོ་འདིས་ཨཱམ་དུ་བསྒྱུར་ནས། ནཱ་གཉིས་པར། ཨཱིཏ་ཨཱུཏ་དག་གི་ཨི་ཡ་ཨུ་ཝ་ཞེས་པས། རྟགས་མཐའི་དབྱངས་ཨི་ཡ་རུ་བསྒྱུར་ཏེ་སྦྱར་བས། ནི་ཡཱཾ་(འདྲེན་པ་ལ། )ཞེས་པ་ལྟ་བུ་དང་། དེ་ བཞིན་དུ། སེ་ནཱ་དང་། གྲཱ་མ་སྔོན་མ་ཅན་གྱི་ནཱི་ལ་ངི་བྱིན་པ་ཨཱམ་དུ་བསྒྱུར་ཏེ་མཚམས་སྦྱར་ ནས། ཁྱད་པར་ནཱ་བཞི་པར། ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་པས། གྲཱ་མའི་ཕ་རོལ་གྱི་ན་ ཡིག་ཎ་རུ་བསྒྱུར་བས། སེ་ནཱ་ནྱཱཾ། (སྡེ་དཔོན་ལ། )གྲཱ་མ་ཎྱཱཾ་(གྲོང་དཔོན་ལ། )ཞེས་པ་ལྟ་བུའོ། །ཞེས་པ་ བྱིངས་མིང་དུ་གྲུབ་པ་རྣམས་ཚིག་ཏུ་སྒྲུབ་པའི་རབ་ཏུ་བྱེད་པར་རྐང་པ་དང་པོའི་འགྲེལ་པ་ རྫོགས་སོ།། །། མིང་ལེ་རྣམས་ཀྱི་ནང་ནས་དང་པོ་མཆོག ། འདི་ཉིད་སི་སོགས་བསྟན་བཅོས་དང་བཅས་པ། ། ཤེས་ན་མང་པོའི་དོན་ལ་མཁས་པར་འགྱུར། ། དེ་ཕྱིར་ཐོག་མར་འདི་ཉིད་བཟུང་བར་རིགས། ། ཞེས་ཀྱང་བྱའོ། ། དེའི་དམིགས་བསལ་སྟོན་པ་མིང་ལེ་གཉིས་པ་ལ་བཞི་སྟེ། སྐྱེས་པའི་རྟགས་མཐའ་ཨགྣི་ 6-1-109 དང་། །མོ་རྟགས་ན་དཱི་ཨགྣི་དང་། །མ་ནིང་གི་ནི་རྟགས་མཐའ་དང་། །རྟགས་མཐའ་སྤྱི་ཡི་ དམིགས་བསལ་ལོ། ། དེ་ལ་སྐྱེས་པའི་རྟགས་མཐའ་ཨགྣིའི་མིང་ཅན་ལས་དམིགས་བསལ་བསྟན་པ་ནི། ས་ ཁི་ཊཱ་སོགས་ལ་ཨགྣི་མ་ཡིན་ནོ་ཞེས་པ་ས་ཁིའི་སྒྲ་ལས་ཕ་རོལ་ཏུ་རྣམ་དབྱེ་ཊཱ་ལ་སོགས་པ་ ཡོད་པ་ལ། རྟགས་མཐའ་ཨི་ཡིག་ཡིན་ཀྱང་། བཤད་ཟིན་པ་དང་། འཆད་པར་འགྱུར་བའི་ ཨགྣིའི་མིང་ཅན་གྱི་བྱ་བ་རྣམས་སུ་མི་འགྱུར་ཏེ། དཔེར་ན། ས་ཁི་ལ་ཊཱ་དང་ངེ་བྱིན་པའི་ཊ་ དང་ང་རྟགས་དོན་ཕྱིས་ནས། ཨགྣིའི་བྱ་བ་ཊཱ་ཡིག་ནཱ་དང་ངེ་ལ་རྟགས་མཐའ་ཨེ་རུ་མི་འགྱུར་ བར། ཨིའི་ཡི་གེ་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཡ་སྟེ་ཞེས་པ་ལྟར་མཚམས་སྦྱར་བས། ས་ ཁྱཱ(གྲོགས་པོས། )། ས་ཁྱེ་(གྲོགས་པོ་ལ། ) ཞེས་པ་ལྟ་བུའོ། །རྣམ་དབྱེ་ཊཱ་སོགས་དམིགས་བསལ་ཅན་ མ་ཡིན་པ་ལ་ནི་ཨགྣིའི་མིང་ཅན་གྱི་བྱ་བར་འགྱུར་ཏེ། དཔེར་ན། ས་ཁི་ལ་ཤས྄་བྱིན་པའི་ ཤ་ཁྱད་དོན་ཕྱིས་ནས། ནཱ་དང་པོར་ཤས྄་ཀྱི་ཨ་ཡིག་སྟེ་སའིའང་བུད་མེད་མ་ཡིན་པ་ལ་ནའོ་ ཞེས་པས་ཨ་ཡིག་རྟགས་མཐའི་དབྱངས་སུ་བསྒྱུར་ཏེ་མཚམས་སྦྱར་བས། ས་ཁཱིན་ཞེས་པ་ལྟ་ བུའོ། །སློབ་ཕན་དུ་མདོ་ཕྱི་མའི་བསྡུ་བ་མ་ཡིན་པ་སྨོས་པ་སེང་གེའི་ལྟ་སྟངས་ཀྱི་རིགས་པས་ འདིར་ཡང་རྗེས་སུ་འབྲེལ་ཞེས་གསུངས་པ་ནི་གཞུང་གི་དགོངས་པ་མ་ཡིན་ཏེ། མདོ་སོ་སོར་ སྨོས་པ་དོན་མེད་པར་ཐལ་བའི་ཕྱིར་དང་། གལ་ཏེ་འབྲེལ་ན། ས་ཁི་ཊཱ་སོགས་ལ་བསྡུ་བ་མ་ ཡིན་པ་ལ་ཞེས་སྨོས་དགོས་པ་ལ་མ་སྨོས་པའི་ཕྱིར་རོ། །པ་ཏི་བསྡུ་བ་མ་ཡིན་པ་ལའོ་ཞེས་པ་ ནི། པ་ཏིའི་སྒྲ་ལས་ཕ་རོལ་ཏུ་ཊཱ་ལ་སོགས་པའི་རྣམ་དབྱེ་རྣམས་ཡོད་པ་ན། བསྡུ་བ་གནས་ པ་མ་ཡིན་པ་ལ་ཨགྣིའི་མིང་ཅན་གྱི་བྱ་བར་མི་འགྱུར་ཞིང་། བསྡུ་བ་ཡོད་པའི་ཕྱོགས་ལ་ནི་ འགྱུར་ཏེ། དཔེར་ན། པ་ཏི་ལ་ཊཱ་དང་ངེ་བྱིན་པའི་ཊ་དང་ང་ཁྱད་དོན་ཕྱིས་ནས་ཨགྣིའི་བྱ་བ་ ཊཱ་ཡིག་ནཱ་དང་རྟགས་མཐའ་ཨེ་རུ་མི་འགྱུར་བར། སྔར་བཞིན་དབྱངས་སྔ་ཕྱི་མཚམས་སྦྱར་ 6-1-110 བས། པ་ཏྱཱ(བདག་པོས)། པ་ཏྱེ་(བདག་པོ་ལ། )ཞེས་པ་ལྟ་བུའོ། །བསྡུ་བ་གནས་པ་ལ་ནི་ཨགྣིའི་བྱ་ བར་འགྱུར་ཏེ། དཔེར་ན། སེ་ནཱ་པ་ཏི་ཞེས་པའི་བར་དུ་ངས྄་བྱིན་པ་དྲུག་པ་དེའི་སྐྱེས་བུའི་ བསྡུ་བས་ཕྱིས་པའི་ཕ་རོལ་ཏུ་ཊཱ་དང་ངེ་བྱིན་པ་ན། ནཱ་དང་པོར་ཊཱ་ནཱའོ་ཞེས་པས་ཊཱ་ཡིག་ནཱ་ དང་། ངེའོ་ཞེས་པས་ཏིའི་ཨི་ཡིག་ཨེ་རུ་བསྒྱུར་ནས་མཚམས་སྦྱར་བས། སེན་པ་ཏི་ནཱ(སྡེའི་ བདག་པོས)། སེན་པ་ཏ་ཡེ་(སྡེའི་བདག་པོ་ལ། )ཞེས་པ་དང་། དེ་བཞིན་དུ། ན་ར་པ་ཏི་ནཱ(མིའི་བདག་པོས)། ན་ར་པ་ཏ་ཡེ་(མིའི་བདག་པོ་ལ། ) ཞེས་པ་ལྟ་བུའོ། ། བུད་མེད་ཀྱི་རྟགས་མཐའ་ན་དཱི་དང་ཨགྣིའི་མིང་ཅན་ལས་དམིགས་བསལ་བསྟན་པ་ ནི། སྟྲཱི་ན་དཱི་འདྲའོ་ཞེས་པ་སྟྲཱིའི་སྒྲ་ལས་ཕ་རོལ་ཏུ་རྣམ་དབྱེ་རྣམས་ཡོད་པ་ལ། སྔར་ན་དཱི་ ལ་བཤད་པའི་བྱ་བ་དང་འདྲ་བར་འགྱུར་ཏེ། སློབ་ཕན་དུ། ན་དཱིའི་མིང་གིས་གྲུབ་ཀྱང་སྦྱོར་ བ་རྩོམ་པ་ནི་མདོ་ཕྱི་མ་གཉིས་ཀྱི་རྣམ་གཞག་མི་འཇུག་པའི་དོན་དུའོ་ཞེས་ཀྱང་གསུངས་ སོ། །དཔེར་ན། སྟྲཱི་ལ་ཨཱམ་བྱིན་པ་ན། ནཱ་དང་པོར་ཨཱམ་ལ་ནུའོ་ཞེས་པས་བར་དུ་ནུ་ཨཱ་ག་ མ་བྱིན་པའི་རྗེས་ཨུ་འབྲེལ་ཕྱིས་ནས། ན་ཡིག་ཀྱང་སྔ་མ་ར་ཡིག་གི་དབང་གིས་ཎ་རུ་བསྒྱུར་ ཏེ་སྦྱར་བས། སྟྲཱི་ཎཱཾ་(བུད་མེད་རྣམས་ཀྱི་)ཞེས་པ་དང་། ང་ལྡན་རྣམས་བྱིན་པ་ན། ན་དཱི་ལས། ཨཻ་ ཨཱས་ཨཱས་ཨཱམའོ་ཞེས་པ་ལྟར་བསྒྱུར་ནས། འདི་ཉིད་དུ་སྟྲཱིའི་འང་ངོ་ཞེས་པས་སྟྲཱིའི་ཨཱི་ཡིག་ ཀྱང་ཨི་ཡ་རུ་བསྒྱུར་ཏེ་སྦྱར་བས། སྟྲཱི་ཡཻ(བུད་མེད་ལ)། སྟྲཱི་ཡཱཿ(བུད་མེད་ལས། )སྟྲཱི་ཡཱཿ(བུད་མེད་ཀྱི། ) སྟྲཱི་ ཡཱཾ་(བུད་མེད་ལ། ) ཞེས་པ་(སྟེ་འདི་སྟྲཱི་ལ་ཨཱམ་དང་ང་ལྡན་བྱིན་པ་ལ་ཡང་ན་བར་མི་འགྱུར་བ་སློབ་ཕན་གྱི་ལུང་ལས་མདོ་ ཕྱི་མ་གཉིས་ཀྱི་རྣམ་གཞག་མི་འཇུག་པར་གསུངས་པའི་ཕྱིར་རོ། །)ལྟ་བུའོ། །བུད་མེད་དུ་བརྗོད་པའི་ཨི་ཡ་ཨུ་ ཝ་དག་ཨཱམ་ལ་ཡང་ནའོ་ཞེས་པ། རྟགས་མཐའ་བུད་མེད་དུ་བརྗོད་པའི་ཨཱིཏ་ཨཱུཏ་ཨིཡ་ཨུཝ་ རུ་འགྱུར་བ་དག་ནི་རྣམ་དབྱེ་ཨཱམ་ཕ་རོལ་ཏུ་ཡོད་པ་ལ། ན་དཱིའི་བྱ་བ་དང་འདྲ་བར་ཡང་ན་ འགྱུར་ཞིང་། ཡང་ན་མི་འགྱུར་བར་ཨིཡ་ཨུཝ་ཉིད་དུ་འགྱུར་ཏེ། དཔེར་ན། ཤྲཱི་དང་བྷྲཱུ་ལ་ 6-1-111 ཨཱམ་བྱིན་པ་ན། ནཱ་དང་པོར་ཨཱམ་ལ་ནུའོ་ཞེས་པས་སྔར་བཞིན་བར་དུ་ནུ་ཨཱ་ག་མ་བྱིན་པའི་ ཨུ་རྗེས་འབྲེལ་ཕྱིས་ཏེ་ན་ཡིག་ཎ་རུ་བསྒྱུར་བས། ཤྲཱི་ཎཱཾ(དཔལ་རྣམས་ཀྱི)། བྷྲཱུ་ཎཱཾ་(སྨིན་མ་རྣམས་ཀྱི། ) ཞེས་པ་དང་། ཡང་ན་འདི་ཉིད་དུ། ཨཱིཏ་ཨཱུཏ་དག་གི་ཨིཡ་ཨུཝ་དག་དབྱངས་ལའོ་ཞེས་པ་ དང་། བྷྲཱུ་བྱིངས་བཞིན་ནོ་ཞེས་པས་རྟགས་མཐའི་ཨཱི་ཡིག་ཨི་ཡ་དང་། ཨཱུ་ཡིག་ཨུཝ་རུ་བསྒྱུར་ ཏེ་སྦྱར་བས། ཤྲི་ཡཱཾ། བྷྲུ་ཝཱཾ་ཞེས་པ་ལྟ་བུའོ། །སློབ་ཕན་དུ། བུད་མེད་ལ་ཞེས་པས་འགྲུབ་པ་ ལ་བརྗོད་པ་སྨོས་པ་ནི། རྟག་ཏུ་བུད་མེད་ཀྱི་ཡུལ་ཡིན་པ་ན་དཱི་དང་འདྲ་བར་འགྱུར་བའི་དོན་ ཏོ་ཞེས་གསུངས་པས། རྟགས་གསུམ་བསྟན་པ་ཅན་གྱི་ཨཱིཏ་ཨཱུཏ་ཨིཡ་ཨུཝ་རུ་འགྱུར་བ་དག་ ནི་ན་དཱི་དང་འདྲ་བའི་བྱ་བར་མི་འགྱུར་ཏེ། དཔེར་ན། ཡ་ཝ་ཀྲཱི་དང་། ཀ་ཊ་པྲཱུ་ལ་ཨཱམ་བྱིན་པ་ ན། འཆད་པར་འགྱུར་བའི་ཨཱིཏ་ཨཱུཏ་དག་གི་ཨིཡ་ཨུཝ་དག་ཅེས་པ་ལྟར་བསྒྱུར་ནས་སྦྱར་ བས། ཡ་ཝ་ཀྲི་ཡཱཾ། ཀ་ཊ་པྲུ་ཝཱཾ་ཞེས་པ་ལྟ་བུའོ། །ཐུང་ངུའི་འང་ང་ལྡན་ལའོ་ཞེས་པ་ནི། བུད་ མེད་དུ་བརྗོད་པའི་ཨི་ཡ་ཨུ་ཝ་དག་དང་། དེར་མ་ཟད་བུད་མེད་ལ་འཇུག་པའི་ཨགྣིའི་མིང་ ཅན་ཐུང་ངུའི་མཐའ་ཅན་གྱི་འང་། ང་ལྡན་གྱི་རྣམ་དབྱེ་ཕ་རོལ་ཏུ་ཡོད་པ་ལ་ན་དཱིའི་བྱ་བ་དང་ འདྲ་བར་ཡང་ན་འགྱུར་ཞིང་། ཡང་ན་ཨགྣིའི་བྱ་བ་དང་འདྲ་བར་ཡང་འགྱུར་ཏེ། དཔེར་ན། ཤྲཱི་དང་བྷྲཱུ་ལ་ང་ལྡན་རྣམས་བྱིན་པ་ན། སྔར་བཞིན་ན་དཱི་ལས་ཨཻ་ཨཱས་ཨཱས་ཨཱམའོ་ཞེས་པ་ རིམ་ལྟར་བསྒྱུར་ཞིང་། འདི་ཉིད་དུ་ཨཱིཏ་ཨཱུཏ་དག་གི་ཨིཡ་ཨུཝ་དག་ཅེས་པ་དང་། བྷྲཱུ་བྱིངས་ བཞིན་ནོ་ཞེས་པས་རྟགས་མཐའི་ཨཱི་ཡིག་ཨིཡ་དང་ཨཱུ་ཡིག་ཨུཝ་རུ་བསྒྱུར་ཏེ་སྦྱར་བས། ཤྲི་ ཡཻ(དཔལ་ལ)། ཤྲི་ཡཱཿ(དཔལ་ལས། ) ཤྲི་ཡཱཿ(དཔལ་གྱི། ) ཤྲི་ཡཱཾ་(དཔལ་ལ། ) ཞེས་པ་དང་། བྷྲུ་ཝཻ་(སྨིན་མ་ ལ)། བྷྲུ་ཝཱཿ (སྨིན་མ་ལས། )བྷྲུ་ཝཱཿ (སྨིན་མའི། )བྷྲུ་ཝཱཾ་(སྨིན་མ་ལ། )ཞེས་པའམ། ཡང་ན་ང་ཡིག་ཁྱད་དོན་ རྣམས་ཕྱིས་ནས། རྟགས་མཐའ་སྔར་བཞིན་ཨིཡ་ཨུཝ་དག་ཏུ་བསྒྱུར་ཏེ་སྦྱར་བས། ཤྲི་ཡེ(ངེ་)། ཤྲི་ཡཿ(ང་སི། ) ཤྲི་ཡཿ(ངས྄། ) ཤྲི་ཡི་(ངི་། )ཞེས་པ་དང་། བྷྲུ་ཝེ། (ངེ་སོགས་ཨཻར་ལ་འགྱུར་པའོ། །) བྷྲུ་ཝཿ 6-1-112 བྷྲུ་ཝཿབྷྲུ་ཝི་ཞེས་པ་ལྟ་བུའོ། །ཡང་ཨགྣིའི་མིང་ཅན་བུདྡྷི་དང་དྷེ་ནུ་ལ་ང་ལྡན་རྣམས་བྱིན་པ། མདོ་འདིས་ན་དཱིའི་བྱ་བ་ཨཻ་ཨཱས་ཨཱས་ཨཱམ་རྣམས་སུ་རིམ་པ་བཞིན་བསྒྱུར་ཏེ་མཚམས་སྦྱར་ བས། བུདྡྷྱཻ། བུདྡྷྱཱཿ བུདྡྷྱཱཿ བུདྡྷྱཱཾ་ཞེས་པ་དང་། དྷེ་ནྭཻ། དྷེ་ནྭཱཿ དྷེ་ནྭཱཿ དྷེ་ནྭཾ་ཞེས་པའམ། ཡང་ ན་ཨགྣིའི་བྱ་བ་ནཱ་དང་པོར་ངེའོ་ཞེས་པ་དང་། ང་སི་ངས྄་དག་གི་ཨ་དབྱི་བའང་ངོ་ཞེས་པས། རྟགས་མཐའི་ཨི་ཡིག་ཨེ་དང་། ཨུ་ཡིག་ཨོ་རུ་བསྒྱུར་ཞིང་། ངེའི་དབྱངས་དང་མཚམས་སྦྱར་ ལ། ང་སི་དང་ངས྄་ཀྱི་ཨ་ཕྱིས་ཏེ་ས྄་རྣམ་བཅད་དུ་བྱས་ནས་ངི་སྔ་མ་དང་བཅས་པ་ཨཽའོ་ཞེས་ པས་རྟགས་མཐའི་དབྱངས་ངི་དང་ལྷན་ཅིག་ཨཽ་རུ་བསྒྱུར་ཏེ་སྦྱར་བས་བུདྡྷ་ཡེ(ངེ་)། བུདྡྷེཿ(ང་ སི། ) བུདྡྷེཿ(ངས྄། ) བུདྡྷཽ་(ངི་། ) ཞེས་པ་དང་། དྷེ་ན་ཝེ། དྷེ་ནོཿ དྷེ་ནོཿ དྷེ་ནཽ་ཞེས་པ་ལྟ་བུའོ། ། མ་ནིང་གི་རྟགས་མཐའ་ལས་དམིགས་བསལ་བཤད་པ་ནི། མ་ནིང་ལས་སི་ཨམ་དག་ གི་དབྱི་སྟེ་དེ་ལ་བརྗོད་པའང་མ་ཡིན་ནོ་ཞེས་པ་མ་ནིང་གི་རྟགས་མཐའ་ལས་ཕ་རོལ་དུ་བྱིན་ པའི་རྣམ་དབྱེ་སི་དང་ཨམ་དག་ནི་དབྱི་བར་འགྱུར་ཞིང་། རྣམ་དབྱེ་དེ་དག་གི་དབང་གིས་ འབྱུང་བའི་བྱ་བ་བརྗོད་པ་རྣམས་ཀྱང་དེ་ལ་མི་འགྱུར་ཏེ། དཔེར་ན། ཏཏ་ལ་མ་ནིང་གི་རྟགས་ སུ་བསྒྲུབ་པ་ལ་སི་དང་ཨམ་བྱིན་ཕྱིས་ནས། ཏྱཏ་ལ་སོགས་པའི་རྣམ་དབྱེ་ལ་ཨའོ་ཞེས་པའི་ བྱ་བའང་དེ་ལ་མི་འགྱུར་བ་ལྟ་བུ་དང་། སུ་ས་ཁི་ལ་སི་དང་ཨམ་བྱིན་པ་ཕྱིས་ནས། འདི་ཉིད་ དུ་ས་ཁིའི་འང་ངོ་ཞེས་པས། ས་ཁིའི་མཐའ་སི་ལ་ཨན་དུ་འགྱུར་བའང་མདོ་འདིས་བཀག་ པས། སུ་(མི་ཟད་པ་སྔ་མར་གྱུར་པས་ས་ཁིའང་མ་ནིང་གི་རྟགས་ཡིན་པས་མིང་ལེ་གཉིས་པར་གསུངས་པའི་ས་ཁིའང་ངོ་ ཞེས་པ་མི་འཇུག་གོ །)ས་ཁི(གྲོགས་བཟང་པོ)། སུ་ས་ཁི་(གྲོགས་བཟང་པོ་ལ། )ཞེས་པ་དང་། སུ་དིཝ྄་ལ་སི་ དང་ཨམ་བྱིན་པ་ན། དིཝའི་གསལ་བྱེད་ལ་ཨུཏའོ་ཞེས་པས་སི་ལ་ཝ་ཡིག་ཨུ་རུ་བསྒྱུར་ནས་ མཚམས་སྦྱར་ཞིང་། སི་ཨམ་དག་ཕྱིས་ཏེ། སི་ལ་ཨཽ་ཞེས་པ་དང་། ཨམ྄་ཤས་དག་ལ་ཡང་ན་ ཨཱའོ་ཞེས་པས་ཝ་ཡིག་ཨཽ་དང་ཨཱ་རུ་འགྱུར་བའི་བྱ་བའང་བཀག་པས། སུཪྻུ(ཉི་མ་བཟང་པོ)། སུ་ 6-1-113 དི་ཝ་ཞེས་པ་ལྟ་བུའོ། །མ་ནིང་གི་རྟགས་ཅན་མ་ཡིན་ན་སི་ཨམ་དག་མི་འཕྱིད་ཅིང་། དེ་དག་ གི་དབང་གིས་འབྱུང་བའི་བྱ་བའང་བྱེད་དེ། དཔེར་ན། མཱ་ར་ཛིཏ་སྐྱེས་པའི་རྟགས་ལ་སི་བྱིན་ པ་ནཱ་དང་པོར་གསལ་བྱེད་མཐའ་ལས་ཞེས་པས་ཕྱིས་ནས། ནཱ་གསུམ་པར། རྫོགས་པ་ལ་ ཡང་ནའོ་ཞེས་པས་ཏ་ཡིག་ད་རུ་ཡང་ན་བསྒྱུར་བས། མཱ་ར་ཛིཏ(བདུད་བཏུལ)། མཱ་ར་ཛིད྄་(བདུད་ བཏུལ། ) ཞེས་པ་དང་། ཨམ་བྱིན་པ་སྦྱར་བས། མཱ་ར་ཛི་ཏཾ་ཞེས་པ་དང་། དེ་བཞིན་དུ། སུ་ཧྲྀད་ ལ་སྦྱར་བས། སུ་ཧྲྀ་ཏ(བཤེས་བཟང་)། སུ་ཧྲྀད། སུ་ཧྲྀད་དཾ་(བཤེས་བཟང་ལ། )ཞེས་པ་ལྟ་བུའོ། །རྟགས་ མཐའ་མ་ནིང་ཡིན་ཡང་རྣམ་དབྱེ་སི་ཨམ་མ་ཡིན་ནའང་མི་འཕྱིད་དེ། དཔེར་ན། པ་ཡས་ལ་ ཊཱ་བྱིན་པའི་ཊ་ཁྱད་དོན་ཕྱིས་ནས་ཨཱ་ཡིག་ས་ལ་སྦྱར་བས། པ་ཡ་སཱ་(ཆུ་ཡིས། )ཞེས་པ་ལྟ་བུའོ། ། ཨ་ཡིག་ལས་སམ་བུདྡྷི་མ་ཡིན་པ་ལ་མུའང་ངོ་ཞེས་པ་ནི། མ་ནིང་གི་རྟགས་ཨ་ཡིག་མཐའ་ ཅན་ལས་ཕ་རོལ་གྱི་སམ་བུདྡྷི་མ་ཡིན་པའི་སི་དང་ཨམ་དག་དབྱི་བར་བྱ་ཞིང་། ཕྱིས་པ་ལ་མུ་ ཨཱ་ག་མའང་སྦྱིན་པར་བྱ་ཞེས་པ་མདོ་སྔ་མ་ལས་དམིགས་བསལ་ཏེ། དཔེར་ན། ཀུཎ་ཌ་དང་ ག་ག་ན་དང་ཨ་མྲྀ་ཏ་དང་ཀེ་ཡཱུ་ར་རྣམས་ལ་སི་ཨམ་བྱིན་པ། འང་གི་སྒྲས་མདོ་སྔ་མ་ལ་ བསྙགས་ཏེ་དབྱི་ཞིང་། མདོ་འདིས་མུ་ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཕྱིས་ནས། མ྄་རྗེས་ སུ་ང་རོར་གྱུར་པས། ཀུཎཾ(ཐབ)། ག་ག་ནཾ(ནམ་མཁའ)། ཨ་མྲྀ་ཏཾ(བདུད་རྩི)། ཀེ་ཡཱུ་རཾ་(དཔུང་རྒྱན། ) ཞེས་པ་ལྟ་བུའོ། །རྟགས་མཐའ་ཨ་ཡིག་ཡིན་ཀྱང་སི་སམ་བུདྡྷི་ཡིན་ན་མུ་ཨཱ་ག་མ་མི་འགྱུར་ ཏེ། དཔེར་ན། ཧེ་སྔོན་མ་ཅ་ན་གྱི་ཀུཎ་ཌ་དང་ཨ་མྲྀ་ཏ་ལ་སི་སམ་བུདྡྷི་བྱིན་པ་མདོ་སྔ་མས་ ཕྱིས་ནས། མདོ་འདིས་མུ་ཨཱ་ག་མའང་བཀག་པས། ཧེ་ཀུ་ཎ་ཌ(ཀྱེ་ཐབ)། ཧེ་ཨ་མྲྀ་ཏ་(ཀྱེ་བདུད་ རྩི། )ཞེས་པ་ལྟ་བུའོ། །ཨནྱ་སོགས་ལ་ནི་ཏུའོ་ཞེས་པ་ཨ་ནྱ་དང་། སོགས་པའི་སྒྲས་ཨ་ནྱ་ཏ་ར། ཨི་ཏ་ར། ཌ་ཏ་ར། ཌ་ཏ་མ་ལ་སོགས་པའི་ཚོགས་མ་ནིང་གི་རྟགས་ཅན་ལས་ཕ་རོལ་གྱི་སི་ དང་ཨམ་དག་དབྱི་བར་འགྱུར་ཞིང་། ཕྱིས་པ་ལ་ཏུ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། ནིའི་སྒྲ་ནི་སྔ་ 6-1-114 མའི་སམ་བུདྡྷི་མ་ཡིན་པ་ཞེས་པ་ལྡོག་ཅིང་ཕྱི་མ་ལ་ཏུ་ཨཱ་ག་མ་མི་འཇུག་པའི་ངེས་བཟུང་གི་ དོན་ཏོ། །དཔེར་ན། ཨ་ནྱ་ལ་སི་དང་ཨམ྄་བྱིན་པ་སྔར་བཞིན་ཕྱིས་ནས། མདོ་འདིས་ཏུ་ཨཱ་ག་ མ་བྱིན་པའི་ཨུ་ཡིག་ནཱ་དང་པོར་ཨཱ་ག་མ་ཨུཏ་རྗེས་སུ་འབྲེལ་པ་ཞེས་པའི་དོན་ཡིན་པས་ཕྱིས་ ཏེ་སྦྱར་བས། ཨ་ནྱཏ་(གཞན། )ཅེས་པ་དང་། དེ་བཞིན་དུ། ཧེ་སྔོན་མ་ཅན་གྱི་ཨ་ནྱ་ལ་སི་སམ་ བུདྡྷི་བྱིན་པའང་ཕྱིས་ནས། ཏུ་ཨཱ་ག་མ་སྦྱར་བས། ཧེ་ཨ་ནྱཏ་(ཀྱེ་གཞན། )ཅེས་པ་ལྟ་བུའོ། །ཨཽ་ ཨཱིའོ་ཞེས་པ་ནི་མ་ནིང་གི་རྟགས་མཐའ་ལས་ཕ་རོལ་གྱི་རྣམ་དབྱེ་ཨཽ་ཉིད་ཨཱི་རུ་འགྱུར་ཏེ། དཔེར་ན། ཀ་མ་ལ་དང་པ་ཝཱི་ཏ་ལ་ཨཽ་བྱིན་པ་ཨཱི་རུ་བསྒྱུར་ནས། རྟགས་མཐའི་ཨ་དང་ མཚམས་སྦྱར་བས། ཀ་མ་ལེ(པདྨ་དག་ལ)། པ་ཝཱིཏེ་(དག་བྱེད་དག་ལ། )ཞེས་པ་དང་། པ་ཡས྄་དང་ མ་ནས྄་ལ་ཨཽ་བྱིན་པ་ཨཱི་རུ་བསྒྱུར་ཏེ་སྦྱར་བས། པ་ཡ་སཱི(ལོ་མ་དག་ལ)། མ་ན་སཱི་(ཡིད་དག་ལ། ) ཞེས་པ་ལྟ་བུའོ། །ཛས྄་ཤས྄་དག་གི་ཤིའོ་ཞེས་པ་མ་ནིང་གི་རྟགས་མཐའ་རྣམས་ལས་ཕ་རོལ་ གྱི་རྣམ་དབྱེ་ཛས྄་དང་ཤས་དག་ཤི་རུ་འགྱུར་ཏེ། དཔེར་ན། པད་མ་དང་ཤུ་ཙི་དང་སཱ་དྷུ་དང་ཧོ་ ཏྲྀ་རྣམས་ལ་ཛས྄་དང་ཤས྄་གང་བྱིན་ཡང་ཤི་རུ་བསྒྱུར་བའི་ཤ་ཁྱད་དོན་དབྱི་ཞིང་། མདོ་འོག་ མས་རྟགས་མཐར་ནུ་ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཕྱིས་པ་ལ་ཨི་སྦྱར་ནས། འདི་ཉིད་དུ་ གྷུཊ་ལའང་སམ་བུདྡྷི་མ་ཡིན་པ་ལ་ཞེས་པས་རྟགས་མཐའ་རྣམས་རིང་པོར་བསྒྱུར་ཏེ། ཁྱད་ པར་རྀའི་མཐའ་ལས་ན་ཡིག་ཎ་རུ་གྱུར་པས། པདྨཱ་ནི(པད་མ་རྣམས)། ཤུ་ཙཱི་ནི(གཙང་མ་རྣམས་ལ)། སཱ་དྷུ་ནི(ལེགས་པ་རྣམས་ལ)། ཧོ་ཏྲཱྀ་ཎི་(སྦྱིན་སྲེག་རྣམས་ལ། )ཞེས་པ་ལྟ་བུའོ། །དྷུཊ་དང་དབྱངས་ལས་ གྷུཊ་ལ་ནུའོ་ཞེས་པ། མ་ནིང་གི་རྟགས་དྷུཊའི་མཐའ་ཅན་དང་དབྱངས་ཀྱི་མཐའ་ཅན་ལས་ཕ་ རོལ་ཏུ་རྣམ་དབྱེ་གྷུཊ་རྣམས་ཡོད་པ་ལ། རྟགས་ཀྱི་དབྱངས་མཐར་ནུ་ཨཱ་ག་མ་སྦྱིན་པར་ འགྱུར་ཏེ། དཔེར་ན། དྷུཊའི་མིང་ཅན་སུ་ཀྲྀ་ཏ་དང་པ་ཡས་ལ་ཛས྄་བྱིན་པ་མདོ་སྔ་མས་ཤི་རུ་ བསྒྱུར་བའི་ཤ་ཁྱད་དོན་དབྱི་ཞིང་། མདོ་འདིས་དབྱངས་ཀྱི་མཐའ་གསལ་བྱེད་ཀྱི་སྔོན་དུ་ནུ་ 6-1-115 ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཕྱིས་ནས། འདི་ཉིད་དུ་ས་མཐའ་དང་མ་ཧནྟ་དག་གི་ནའི་ཨུ་ པ་དྷཱའིའོ་ཞེས་པས་ཡ་རིང་པོར་བསྒྱུར་ཏེ་སྦྱར་བས་སུཀྲཱནྟི། པ་ཡཱནྶི་(འོ་མ་རྣམས། )ཞེས་པ་དང་། དབྱངས་མཐའ་ཅན་ལ་བི་མ་ལ་དང་ཨཱ་ཌྷྱ་དང་། ཤུ་བྷ་ལ་ཤས྄་བྱིན་པ་སྔར་བཞིན་ཤི་རུ་ བསྒྱུར་བའི་ཤ་ཁྱད་དོན་དབྱི་ཞིང་། ནུ་ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཕྱིས་ནས། གྷུཊ་ ལའང་སམ་བུདྡྷི་མ་ཡིན་པ་ལ་ཞེས་པས་རྟགས་མཐའ་རིང་པོར་བསྒྱུར་ཏེ་སྦྱར་བས། བི་མ་ལཱ་ ནི(དྲི་མེད་རྣམས་ལ)། ཨཱ་ཌྷྱཱ་ནི(ཕྱུག་པོ་རྣམས་ལ)། ཤུ་བྷཱ་ནི་(དགེ་བ་རྣམས་ལ། )ཞེས་པ་ལྟ་བུའོ། །མ་ནིང་གི་ རྟག་མཐའ་ཡིན་ཡང་དྷུཊ་དང་དབྱངས་མཐའ་མ་ཡིན་ན་ནུ་ཨཱ་ག་མ་མི་འགྱུར་ཏེ། དཔེར་ན། ཨ་ཧན་དང་། ཙ་ཏྭཱར་ལ་ཛས྄་བྱིན་པ་སྔར་བཞིན་ཤི་རུ་བསྒྱུར་བའི་ཤ་ཁྱད་དོན་ཕྱིས་ནས་ རྟགས་མཐའ་སྔ་མ་བཞིན་རིང་པོར་བསྒྱུར་ཏེ་སྦྱར་བས། ཨ་ཧཱ་ནི། ཙ་ཏྭཱ་རི་ཞེས་པ་ལྟ་བུའོ། ། དྷུཊ་དང་དབྱངས་མཐའ་ཡིན་ཡང་ཕ་རོལ་གྷུཊ་མ་ཡིན་ནའང་ནུ་ཨཱ་ག་མ་མི་འགྱུར་ཏེ། དཔེར་ན། པ་ཡས་དང་པ་ན་ལ་ཨཽ་བྱིན་པ་སྔར་བཞིན་ཨཱི་རུ་བསྒྱུར་བས་ལ་སྦྱར་ཞིང་། ནའི་ དབྱངས་དང་མཚམས་སྦྱར་བས། པ་ཡ་སཱི(འོ་མ་དག་ལ)། བ་ནེ་(ནགས་ཚལ་དག་ལ། )ཞེས་པ་ལྟ་བུའོ། ། ནཱ་མི་ལས་དབྱངས་ལའོ་ཞེས་པ་ནི། མ་ནིང་གི་རྟགས་ནཱ་མིའི་མཐའ་ཅན་ལས་ཕ་རོལ་ཏུ་ རྣམ་དབྱེ་དབྱངས་ཡིག་ཅན་ཡོད་པ་ལ་བར་དུ་ནུ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ད་ དྷི་དང་པ་ཊུ་དང་པོ་ཏྲྀ་ལ་ཨཽ་བྱིན་པ་སྔར་བཞིན་ཨཱི་རུ་བསྒྱུར་ཞིང་། མདོ་འདིས་རྟགས་མཐར་ ནུ་ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཕྱིས་པ་དང་སྦྱར་ནས། ཁྱད་པར་རྀའི་མཐར་ན་ཡིག་ཎ་ རུ་བསྒྱུར་བས། ད་དྷི་ནཱི(ཞོ་དག)། པ་ཊུ་ནཱི(མཁས་པ་དག)། པོ་ཏྲྀ་ཎཱི་ཞེས་པ་ལྟ་བུའོ། །རྟགས་མཐའ་ མ་ནིང་ཡིན་ཡང་ནཱ་མི་མ་ཡིན་ན་ནུ་ཨཱ་ག་མ་མི་འགྱུར་ཏེ། དཔེར་ན་། ཤུཀླ་དང་། ཨཛྙ་ལ་ཨཽ་ བྱིན་པ་སྔར་བཞིན་ཨཱི་རུ་བསྒྱུར་ནས་རྟགས་མཐའི་དབྱངས་དང་མཚམས་སྦྱར་བས། ཤུཀླེ། ཨཛྙེ་ཞེས་པ་ལྟ་བུའོ། །རྟགས་མཐའ་ནཱ་མི་ཡིན་ཡང་རྣམ་དབྱེ་དབྱངས་ཡིག་ཅན་མ་ཡིན་ 6-1-116 ནའང་ནུ་ཨཱ་ག་མ་མི་འགྱུར་ཏེ། དཔེར་ན། ཝ་རི་དང་གུ་རུ་ལ་བྷིས྄་བྱིན་པས། ཝ་རི་བྷིཿ (ཆུ་ རྣམས་ཀྱིས། ) གུ་རུ་བྷིཿ(བླ་མ་རྣམས་ཀྱིས། )ཞེས་པ་ལྟ་བུའོ། །ཨསྠི་ད་དྷི་ཤཀྠི་ཨཀྵི་རྣམས་ཀྱི་ཊཱ་ སོགས་ལ་མཐའ་ཨ་ནའོ་ཞེས་པ་ནི་མ་ནིང་གི་རྟགས་ནཱ་མའི་མཐའ་ཅན་ལས་ཀྱང་ཁྱད་པར་ ཨསྠི་ལ་སོགས་པའི་རྫས་སྨོས་པ་འདི་རྣམས་ཀྱི་ཕ་རོལ་ཏུ་ཊཱ་ལ་སོགས་པ་དེ་མན་ཆད་ཀྱི་ རྣམ་དབྱེའི་དབྱངས་ཡོད་པ་ལ། མཐའི་དབྱངས་ཡིག་རྣམས་ཨན་དུ་འགྱུར་ཏེ། མདོ་སྔ་མར་ བཤད་པའི་ནུ་ཨཱ་ག་མ་མི་འཇུག་ཅེས་དམིགས་བསལ་བསྟན་པའོ། །དཔེར་ན། ཨསྠི་ལ་ སོགས་པ་དེ་རྣམས་ལ་ཊཱ་དང་ངེ་བྱིན་པའི་ཊ་དང་ང་ཡིག་ཁྱད་དོན་དབྱི་ཞིང་། མདོ་འདིས་ མཐའི་ཨི་ཡིག་རྣམས་ཨན་དུ་བསྒྱུར་བའི་ཨ་ཡིག འདི་ཉིད་དུ་ཝ་མ་བརྩེགས་པ་མ་ཡིན་པ་ ལ་ཞེས་པས་ཕྱིས་ནས། ཁྱད་པར་ར་ཥ་རྀའི་ཡི་གེ་ཞེས་པས་ཀྵ་མཐའི་ན་ཡིག་ཎ་རུ་བསྒྱུར་ཏེ་ སྦྱར་བས་རིམ་བཞིན། ཨསྠྣཱ(རུས་པ་ཡིས)། ཨསྠྣེ་(རུས་པ་ལ)། ད་དྷྣཱ་(ཞོ་ཡིས)། དེདྷྣེ(ཞོ་ལ)། ཤཀྠྣཱ་ (བརླ་ཡིས)། ཤཀྠྣ(བརླ་ལ)། ཨཀྵྞཱིཾ(མིག་གིས)། ཨཀྵྞེ་(མིག་ལ། )ཞེས་པ་ལྟ་བུའོ། །ཊཱ་སོགས་ཡན་ཆད་ ཀྱི་རྣམ་དབྱེའི་དབྱངས་ལ་ནི་དེ་རྣམས་ཀྱི་མཐའ་ཨན་དུ་མི་འགྱུར་ཏེ། དཔེར་ན། ཨསྠི་སོགས་ ལ་ཨཽ་བྱིན་པ་སྔར་བཞིན་ཨཱི་རུ་བསྒྱུར་ཞིང་། མདོ་སྔ་མས་རྟགས་མཐར་ནུ་ཨཱ་ག་མ་བྱིན་པའི་ ཨུ་རྗེས་འབྲེལ་ཕྱིས་པ་དང་སྦྱར་ནས། ཀྵ་མཐའི་ན་ཡིག་ཎ་རུ་བསྒྱུར་བས་ཨསྠི་ནཱི(རུས་པ་ དག)། ད་དྷི་ནཱི(ཞོ་དག)། ཤཀྠི་ནཱི(བརླ་དག)། ཨཀྵི་ཎཱི་(མིག་དག)ཞེས་པ་ལྟ་བུའོ། །སྐྱེས་པར་བཤད་ པ་ཅན་ནི་སྐྱེས་པར་བཤད་པ་བཞིན་ཡང་ནའོ་ཞེས་པས། ནཱ་མིའི་མཐའ་ཅན་སྐྱེས་པར་ བཤད་པ་ཅན་མ་ནིང་གི་རྟགས་ལ་འཇུག་པ་ནི། ཕ་རོལ་ཏུ་ཊཱ་ལ་སོགས་པའི་རྣམ་དབྱེའི་ དབྱངས་རྣམས་ཡོད་པ་ལ། སྐྱེས་པ་ལ་གང་བཤད་པའི་བྱ་བ་དེ་བཞིན་དུ་ཡང་ན་འགྱུར་ཞིང་། ཡང་ན་མི་འགྱུར་བར་མ་ནིང་གི་བྱ་བར་འགྱུར་ཏེ། དཔེར་ན། གྲཱ་མ་ཎཱི། མ་ནིང་གི་རྟགས་ལ་ འཇུག་པ་ལ་ཊཱ་དང་ངེ་བྱིན་པའི་ཊ་དང་ང་ཡིག་རྟགས་དོན་དབྱི་ཞིང་། སྐྱེས་པ་དང་འདྲ་བའི་ 6-1-117 ཕྱོགས་ལ་རྟགས་མཐའ་ཐུང་ངུ་དང་ནུ་ཨཱ་ག་མ་མི་འགྱུར་བར། འདི་ཉིད་དུ་ཡི་གེ་གཅིག་མ་ ཡིན་པ་དག་གི་ཞེས་པས་རྟགས་མཐའི་དབྱངས་ཡ་རུ་བསྒྱུར་ནས་སྦྱར་བས། གྲཱ་མ་ཎྱཱ(གྲོང་ དཔོན་གྱིས)། གྲཱ་མ་ཎྱེ་(གྲོང་དཔོན་ལ། )ཞེས་པ་ལྟ་བུའོ། །ཡང་ན་མ་ནིང་གི་ཕྱོགས་ལ་ནཱ་བཞི་པར་མ་ ནིང་ལ་དབྱངས་ཐུང་ངུའོ་ཞེས་པས་རྟགས་མཐའི་དབྱངས་ཐུང་ངུར་བསྒྱུར་བའི་མཐར། འདི་ ཉིད་དུ་ནཱ་མི་ལ་དབྱངས་ལའོ་ཞེས་པས་ནུ་ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཕྱིས་ནས་སྦྱར་ བས། གྲཱ་མ་ཎི་ནཱ། གྲཱ་མ་ཎི་ནེ་ཞེས་པ་ལྟ་བུའོ། །དེ་བཞིན་དུ། སུ་དྷཱི་དང་བྷྲཱུ་ལ་སོགས་པ་ རྣམས་ལའང་སྦྱར་ཏེ་ཤེས་པར་བྱའོ། །སྐྱེས་པར་བཤད་པ་ཅན་མ་ནིང་ལ་འཇུག་པ་ཡིན་ཡང་ ནཱ་མིའི་མཐའ་ཅན་མ་ཡིན་ན་ཡང་ནའི་རྣམ་བརྟག་མི་འཇུག་སྟེ། གཟུགས་ཐ་དད་མེད་པའི་ ཕྱིར། མ་ནིང་གི་བྱ་བ་ཁོ་ནར་འགྱུར་ཏེ། དཔེར་ན། ཤུཀླ་དང་སཱི་ཏ་ལ་ཊཱ་བྱིན་པ་ནཱ་དང་པོར་ ཊཱ་ཨི་ནའོ་ཞེས་པ་ལྟར་བསྒྱུར་ནས་མཚམས་སྦྱར་བས། ཤུཀླེ་ན(དཀར་པོས)། པཱི་ཏེ་ན་(སེར་པོས་) ཞེས་པ་ལྟ་བུའོ། །ནཱ་མིའི་མཐའ་ཅན་ཡིན་ཡང་སྐྱེས་པར་བཤད་པ་ཅན་མ་ཡིན་ནའང་། ཡང་ ན་མི་འཇུག་པར་མ་ནིང་ཉིད་ཀྱི་བྱ་བར་འགྱུར་ཏེ། དཔེར་ན། ཝཱ་རི་དང་ཏྲ་པུ་ལ་ཊཱ་དང་ངེ་ བྱིན་པའི་ཁྱད་དོན་དང་། སྔར་བཞིན་དུ་ནུ་ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཕྱིས་ནས། ར་ཥ་ རྀའི་ཡི་གེ་ཞེས་པས། ན་ཡིག་ཎ་རུ་བསྒྱུར་བས། ཝཱ་རི་ཎཱ(ཆུ་ཡིས)། ཝཱ་རི་ཎེ(ཆུ་ལ)། ཏྲ་པུ་ཎཱ(རོ་ཉེ་ ཡིས)། ཏྲ་པུ་ཎི་(རོ་ཉེ་ལ། )ཞེས་པ་ལྟ་བུའོ། ། རྟགས་མཐའ་སྤྱིའི་དམིགས་བསལ་ལ་གཉིས་ལས། རྟགས་མཐའ་དང་ཨུ་པ་དྷཱ་རིང་ པོར་འགྱུར་ཚུལ་སྤྱིར་བསྟན་པ་ནི། ནུ་དང་བཅས་པའི་ཨཱམ་ལ་རིང་པོའོ་ཞེས་པ་རྟགས་ མཐའ་ཐུང་ངུ་རྣམས་ནི་ནུ་ཨཱ་ག་མ་དང་བཅས་པའི་ཨཱམ་ཕ་རོལ་དུ་ཡོད་པ་ལ་རིང་པོར་འགྱུར་ ཏེ། དཔེར་ན། དེ་ཝ་དང་ཨགྣི་དང་ཝཱ་ཡུ་དང་པི་ཏྲྀ་རྣམས་ལ་ཨཱ་མ་བྱིན་པ་ན། ནཱ་དང་པོར་ ཨཱམ་ལ་ནུའོ་ཞེས་པས་བར་དུ་ནུ་ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཕྱིས་ནས་སྦྱར་ཞིང་། མདོ་ 6-1-118 འདིས་རྟགས་མཐའ་རྣམས་རིང་པོར་བསྒྱུར་ཏེ། ཁྱད་པར་རྀའི་མཐར་ན་ཡིག་ཎ་རུ་བསྒྱུར་ བས། དེ་ཝཱ་ནཱཾ(ལྷ་རྣམས་ཀྱི)། ཨགྣཱི་ནཱཾ(མེ་རྣམས་ཀྱི)། ཝཱ་ཡཱུ་ནཱཾ(རླུང་རྣམས་ཀྱི)། པི་ཏྲཱྀ་ཎཱཾ་(ཕ་རྣམས་ཀྱི། )ཞེས་ པ་ལྟ་བུའོ། །རྟགས་མཐའ་ཐུང་ངུ་ཡིན་ཡང་ནུ་དང་བཅས་པའི་ཨཱམ་མ་ཡིན་པ་ལ་རིང་པོར་མི་ འགྱུར་ཏེ། དཔེར་ན། ཝཱ་རི་དང་བནྡྷུ་ལ་བྷིས་བྱིན་པས། ཝཱ་རི་བྷིཿ (ཆུ་རྣམས་ཀྱིས། )བནྡྷུ་བྷིཿ(གཉེན་ རྣམས་ཀྱིས། )ཞེས་པ་ལྟ་བུའོ། །ན་མཐའི་འང་ཨུ་པ་དྷཱའི་འོ་ཞེས་པ་ནི། ན་ཡིག་མཐའ་ཅན་གྱི་ རྟགས་རྣམས་ཀྱིའང་ནུ་དང་བཅས་པའི་ཨཱམ་ཕ་རོལ་དུ་ཡོད་པ་ལ་ཨུ་པ་དྷཱ་གང་ཡིན་པ་དེ་ རིང་པོར་འགྱུར་ཏེ། དཔེར་ན། པཉྩན་དང་སཔྟན་གྱི་མཐར་ཨཱ་མ་བྱིན་པ་ན། ནཱ་དང་པོར་ གྲངས་ལས་ཥ་ནའི་མཐའ་ལས་སོ་ཞེས་པས་བར་དུ་ནུ་ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་དབྱི་ ཞིང་། མདོ་འདིས་ན་མཐའི་སྔ་མ་ཙ་དང་ཏ་རིང་པོར་བསྒྱུར་ནས། ནཱ་གསུམ་པར་རྟགས་ མཐའི་ན་ཡིག་གོ་ཞེས་པས་ན་ཕྱིས་ཏེ་སྦྱར་བས། པཉྩཱ་ནཱཾ(ལྔ་རྣམས་ཀྱི)། སཔྟཱ་ནཱཾ་(བདུན་རྣམས་ཀྱི། ) ཞེས་པ་ལྟ་བུའོ། །ནུ་དང་བཅས་པའི་ཨཱམ་ཡོད་ཀྱང་ན་མཐའ་མ་ཡིན་ན་རིང་པོར་མི་འགྱུར་ ཏེ། དཔེར་ན། ཙ་ཏྭཱར་ལ་ཨཱམ་བྱིན་པ་ན། ནཱ་དང་པོར། ཙ་ཏྭཱར་ལས་སོ་ཞེས་པས་བར་དུ་ནུ་ཨཱ་ ག་མ་སྦྱིན་པའི་ཨུ་རྗེས་འབྲེལ་དབྱི་ཞིང་། འདི་ཉིད་དུ་ཙ་ཏྭཱ་རའི་ཝཱ་སྒྲའི་ཨུ་ཉིད་དོ་ཞེས་པས་ ཏྭཱའི་ཝཱ་ཡིག་ཨུ་རུ་བསྒྱུར་ཏེ། རའི་ནུས་པས་ན་ཡིག་ཎ་རུ་བསྒྱུར་བས། ཙ་ཏུརྞཱཾ་(བཞི་རྣམས་ཀྱི། ) ཞེས་པ་ལྟ་བུའོ། །ན་མཐའ་ཡིན་ཡང་ནུ་དང་བཅས་པ་མ་ཡིན་ན་ཨཱམ་ཕ་རོལ་ལའང་ཨུ་པ་དྷཱ་ རིང་པོར་མི་འགྱུར་ཏེ། དཔེར་ན། ཀརྨན་དང་ཙརྨན་ལ་ཨཱམ་བྱིན་ནས། རའི་ནུས་པས་ན་ ཡིག་ཎ་རུ་བསྒྱུར་བ་དང་སྦྱར་བས། ཀརྨ་ཎཱཾ (ལས་རྣམས་ཀྱི)། ཙརྨ་ཎཱཾ་(ལྤགས་པ་རྣམས་ཀྱི། )ཞེས་པ་ལྟ་ བུའོ། །སམ་བུདྡྷི་མ་ཡིན་པའི་གྷུཊ་ལའང་ངོ་ཞེས་པ་ན་ཡིག་མཐའ་ཅན་གྱི་རྟགས་རྣམས་ཀྱི་ ཨུ་པ་དྷཱ་ནི། སི་སམ་བུདྡྷི་མ་ཡིན་པའི་རྣམ་དབྱེ་གྷུཊ་རྣམས་ཕ་རོལ་ཏུ་ཡོད་པ་ལའང་རིང་པོར་ འགྱུར་ཏེ། དཔེར་ན། རཱ་ཛན་ལ་སི་ཨཽ་ཛས྄་ཨམ་ཨཽ་རྣམས་བྱིན་པ་ན། མདོ་འདིས་ནའི་ཨུ་པ་ 6-1-119 དྷཱ་ཛ་རིང་པོར་བསྒྱུར་ནས། ཁྱད་པར་གསལ་བྱེད་ལས་ཀྱང་ཞེས་པས་སི་དང་། རྟགས་མཐའི་ ན་ཡིག་གོ་ཞེས་པས་སིའི་སྔ་མའི་ན་དབྱི་ཞིང་ཛ་ཁྱད་དོན་ཕྱིས་ཏེ་སྦྱར་བས། རིམ་པ་བཞིན། རཱ་ཛཱ(རྒྱལ་པོ)། རཱ་ཛཱ་ནཽ(རྒྱལ་པོ་དག)། རཱ་ཛཱ་ནཿ(རྒྱལ་པོ་རྣམས)། རཱ་ཛཱ་ནཾ(རྒྱལ་པོ་ལ)། རཱ་ཛཱ་ནཽ་(རྒྱལ་པོ་ དག་ལ། )ཞེས་པ་ལྟ་བུའོ། །གྷུཊ་ཕ་རོལ་ན་ཡོད་ཀྱང་ན་མཐའ་མ་ཡིན་ན་ཨུ་པ་དྷཱ་རིང་པོར་མི་ འགྱུར་ཏེ། དཔེར་ན། ཡོ་ཥི་ཏ་ལ་རྣམ་དབྱེ་དང་པོ་ལྔ་བྱིན་པ་ན། གསལ་བྱེད་ལས་སི་དང་ཛ་ ཁྱད་དོན་སྔར་བཞིན་ཕྱིས་ནས་སྦྱར་བས། ཡོ་ཥི་ཏ(བཙུན་མོ)། ཡོ་ཥི་ཏཽ། ཡོ་ཥི་ཏཿ ཡོ་ཥི་ཏཾ། ཡོ་ ཥི་ཏཽ་ཞེས་པ་ལྟ་བུའོ། །ན་མཐའི་ཨུ་པ་དྷཱ་ཡིན་ཡང་གྷུཊ་མ་ཡིན་པ་ཕ་རོལ་ལའང་རིང་པོར་མི་ འགྱུར་ཏེ། དཔེར་ན། རཱ་ཛ་ན་ལ་ངི་བྱིན་པའི་ང་ཁྱད་དོན་དབྱི་ཞིང་། འདི་ཉིད་དུ། ཨཱཾ་དང་ངི་ དག་ལ་ཡང་ནའོ་ཞེས་པས་ཛའི་ཨ་ཕྱིས་པ་ན། ནཱ་བཞི་པར། ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལ་ ཞེས་པས་ན་ཡིག་ཎ་རུ་བསྒྱུར་ནས་སྦྱར་བས། རཱཛྙི་(རྒྱལ་པོ་ལ། ) ཞེས་པའམ། ཡང་ན་ཨ་མ་ ཕྱིས་པར་སྦྱར་བས། རཱ་ཛ་ནི་(རྒྱལ་པོ་ལ། )ཞེས་པ་ལྟ་བུའོ། །ན་མཐའི་ཨུ་པ་དྷཱ་གྷུཊ་ཕ་རོལ་ཏུ་ ཡོད་པ་ཡིན་ཡང་སམ་བུདྡྷི་ལ་རིང་པོར་མི་འགྱུར་ཏེ། དཔེར་ན། ཧེ་སྔོན་མ་ཅན་གྱི་རཱ་ཛན་ལ་ སི་སམ་བུདྡྷི་བྱིན་པ་གསལ་བྱེད་མཐའ་ལས་ཕྱིས་ནས། ནཱ་གསུམ་པར། སམ་བུདྡྷི་ལ་མ་ཡིན་ ནོ་ཞེས་པ་ལྟར་རྟགས་མཐའི་ན་ཡིག་མ་ཕྱིས་པས། ཧེ་རཱ་ཛན་(ཀྱེ་རྒྱལ་པོ། ) ཞེས་པ་ལྟ་བུའོ། །ས་ མཐའ་དང་མ་ཧནྟ་དག་གི་ནའི་ཨུ་པ་དྷཱའི་འོ་ཞེས་པ་ནི། རྟགས་མཐའ་ས་ཡིག་ཅན་རྣམས་ དང་། མ་ཧནྟ་ཞེས་པ་འདི་དག་གི་ནའི་ཨུ་པ་དྷཱ་རྣམས་ཀྱང་། སམ་བུདྡྷི་མ་ཡིན་པའི་རྣམ་དབྱེ་ གྷུཊ་རྣམས་ཕ་རོལ་དུ་ཡོད་པ་ལ་རིང་པོར་འགྱུར་ཏེ། སམ་བུདྡྷི་མ་ཡིན་པ་ལ་ཞེས་པ་ནི་དི་ ཝའི་གསལ་བྱེད་ལ་ཞེས་པའི་བར་དུ་སྦྱར་རོ། །དཔེར་ན། ས་མཐའ་ཅན་ཤྲེཡནྶ་སྐྱེས་པའི་ རྟགས་ལ་འཇུག་པ་ན་སི་ལ་སོགས་པ་གྷུཊ་རྣམས་བྱིན་ནས། མདོ་འདིས་ནའི་ཨུ་པ་དྷཱ་ཡ་རིང་ པོར་བསྒྱུར་ཞིང་། གསལ་བྱེད་མཐའ་ལས་སི་དང་། ནཱ་གསུམ་པར་བརྩེགས་པའི་མཐའ་ 6-1-120 དབྱིའོ་ཞེས་པས་སིའི་སྔ་མའི་ས་དང་ཛ་ཁྱད་དོན་རྣམས་ཕྱིས་ཏེ་སྔར་བཞིན་སྦྱར་བས། ཤྲེཡཱན (ལེགས་པ)། ཤྲེཡཱནྶཽ(ལེགས་པ་དག)། ཤྲེཡཱནྶཱཿ (ལེགས་པ་རྣམས། ) ཤྲེཡཱནྶཾ(ལེགས་པ་ལ)། ཤྲེཡཱནྶཽ་(ལེགས་པ་ དག་ལ། )ཞེས་པ་ལྟ་བུ་དང་། མ་ནིང་གི་རྟགས་ལ་འཇུག་པ་ན་གྷུ་ཊའི་མིང་ཅན་ཛས྄་སམ་ཤས྄་ བྱིན་པ། འདི་ཉིད་དུ་ཛས྄་ཤས྄་དག་གི་ཤིའོ་ཞེས་པ་ས་ཤི་རུ་བསྒྱུར་ཏེ་ཤ་ཁྱད་དོན་ཕྱིས་ནས། ན་མཐའི་ཨུ་པ་དྷཱ་རིང་པོ་བསྒྱུར་བས། ཤྲེ་ཡཱནྶི་ཞེས་པ་ལྟ་བུ་དང་། དེ་བཞིན་དུ། མ་ཧནྟ་ལ་ གྷུཊ་རྣམས་བྱིན་ནས། མ་ཧཱན(ཆེན་པོ)། མ་ཧཱནྟཽ(ཆེན་པོ་དག)། མ་ཧཱནྟི(ཆེན་པོ་རྣམས)། མ་ཧཱནྟཾ(ཆེན་པོ་ ལ)། མ་ཧཱནྟཽ་(ཆེན་པོ་དག་ལ། )ཞེས་པ་དང་། ཤས྄་བྱིན་པས། མ་ཧ་ཏཿ(ཆེན་པོ་རྣམས་ལ། ) ཞེས་པ་ལྟ་ བུའོ། །ན་མཐའི་ཨུ་པ་དྷཱ་ཡིན་ཡང་། ས་མཐའ་དང་མ་ཧནྟ་མ་ཡིན་ན་གྷུཊ་ལ་རིང་པོར་མི་ འགྱུར་ཏེ། དཔེར་ན། གོ་མནྟ་མ་ནིང་གི་རྟགས་ལ་འཇུག་པ་ལ་ཛས྄་སམ་ཤས྄་བྱིན་པ་ཤི་རུ་ བསྒྱུར་ནས་ཁྱད་དོན་ཕྱིས་ཏེ་སྦྱར་བས། གོ་མནྟི་ཞེས་པ་ལྟ་བུའོ། །ས་མཐའ་དང་མ་ཧནྟ་ཡིན་ ཡང་། སམ་བུདྡྷི་ལའང་ཨུ་པ་དྷཱ་རིང་པོར་མི་འགྱུར་ཏེ། དཔེར་ན། ཧེ་སྔོན་མ་ཅན་གྱི་ཤྲེཡནྶ་ དང་མ་ཧནྟ་ལ་སི་སམ་བུདྡྷི་བྱིན་པ་གསལ་བྱེད་མཐའ་ལས་ཕྱིས་ནས། སྔར་བཞིན་བརྩེགས་ པའི་མཐའ་ཕྱིས་པས། ཧེ་ཤྲེཡན (ཀྱེ་ལེགས་པ)། ཧེ་མ་ཧན་(ཀྱེ་ཆེན་པོ། ) ཞེས་པ་ལྟ་བུའོ། །ཨ་པའི་ འང་ངོ་ཞེས་པ་ནི། ཨཔ་ཅེས་པའི་ཨ་ཡིག་ཐུང་ངུ་འདི་ཉིད། སམ་བུདྡྷི་མ་ཡིན་པའི་རྣམ་དབྱེ་ གྷུཊ་རྣམས་ཕ་རོལ་ཏུ་ཡོད་པ་ལ་རིང་པོར་འགྱུར་ཏེ། དཔེར་ན། ཨ་པ་ཅེས་པ་རྟག་ཏུ་མང་ ཚིག་གི་ཡུལ་ཅན་བུད་མེད་ཀྱི་རྟགས་ལ། གྷུཊའི་མིང་ཅན་ཛས྄་བྱིན་པ་ན། མདོ་འདིས་ཨ་ རིང་པོར་བསྒྱུར་ནས་སྦྱར་ཏེ་ས྄་རྣམ་བཅད་དུ་བྱས་པས། ཨཱ་པཿ(ཆུ་རྣམས་)ཞེས་པ་ལྟ་བུའོ། །ཨ་ པ་ཡིན་ཡང་གྷུཊ་མ་ཡིན་པ་ལ་ནི་རིང་པོར་མི་འགྱུར་ཏེ། དཔེར་ན། ཨ་པ་ལ་ཤས྄་བྱིན་པའི་ ཤ་ཁྱད་དོན་ཕྱིས་ནས་སྦྱར་བས། ཨ་པཿ(ཆུ་རྣམས་ལ། )ཞེས་པ་ལྟ་བུའོ། །སུ་སྔ་མ་ཅན་གྱི་ཨ་པ་ མ་ནིང་གི་རྟགས་ལ་འཇུག་པ་སྔ་ཕྱི་མཚམས་སྦྱར་བའི་སྭ་བ་ལ་ཛས྄་སམ་ཤས྄་བྱིན་པ་སྔར་ 6-1-121 བཞིན་ཤི་དང་། མདོ་འདིས་སྭའི་ཨ་རིང་པོ་བསྒྱུར་ཞིང་འདི་ཉིད་དུ་དྷུཊ་དང་དབྱངས་ལས་ གྷུཊ་ལ་ནུའོ་ཞེས་པས་ནུ་ཨཱ་ག་མ་དབྱངས་མཐར་བྱིན་པའང་། ནཱ་བཞི་པར་སྡེ་པ་ལ་སྡེ་པའི་ མཐའོ་ཞེས་པས་མ་རུ་བསྒྱུར་བས་སྦྱར་བས། སྭཱམྦི་(ཆུ་བཟང་པོ་རྣམས། )ཞེས་པ་ལྟ་བུའོ། །སམ་ བུདྡྷི་ཕ་རོལ་ལའང་ཨ་པའི་ཨ་ཡིག་རིང་པོར་མི་འགྱུར་ཏེ། དཔེར་ན། ཧེ་སྔོན་མ་ཅན་གྱི་བ་ཧུ་ དང་ཨ་པ་མཚམས་སྦྱར་བ་ལ་སི་སམ་བུདྡྷི་བྱིན་པ་གསལ་བྱེད་མཐའ་ལས་ཕྱིས་པས། ཧེ་བ་ ཧྭ་པ་(ཀྱེ་ཆུ་མང་པོ། ) ཅེས་པ་ལྟ་བུའོ། །བྱིངས་མ་ཡིན་པའི་ཨནྟུ་དང་ཨས་མཐའི་འང་སི་ལའོ་ ཞེས་པ་བྱིངས་མཐའ་མ་ཡིན་པའི་རྟགས་མཐའི་ཨནྟུ་དང་། ཨས་མཐའི་འང་ན་དང་སའི་ཨུ་ པ་དྷཱ་ནི། སམ་བུདྡྷི་མ་ཡིན་པའི་སི་ཕ་རོལ་ཏུ་ཡོད་པ་ལ་རིང་པོར་འགྱུར་ཏེ། དཔེར་ན། བྷ་ ཝནྟུ་དང་གོ་མནྟུའི་ཨུཏ་རྗེས་འབྲེལ་ཕྱིས་པ་ལ་སི་བྱིན་པ་གསལ་བྱེད་མཐའ་ལས་དབྱི་ཞིང་། མདོ་འདིས་ནའི་ཨཱ་པ་དྷཱ་རིང་པོར་བསྒྱུར་ནས། སྔར་བཞིན་བརྩེགས་པའི་མཐའ་ཕྱིས་པས། བྷ་ཝཱན(ཁྱོད)། གོ་མཱན་(ས་ལྡན་)ཞེས་པ་དང་། ཙནྡྲ་མས་དང་ཨ་པ་ས་རས་ལ་སི་བྱིན་པའང་ སྔར་བཞིན་ཕྱིས་ནས། སའི་ཨུ་པ་དྷཱ་རིང་པོར་བསྒྱུར་ཏེ། ས་རྣམ་བཅད་དུ་བྱས་པས། ཙནྡྲ་མཱཿ (ཟླ་བ། )ཨ་པྶ་རཱཿ(ཆུ་རྣམས། )ཞེས་པ་ལྟ་བུའོ། །བྱིངས་མཐའ་ཡིན་ན་སི་ཕ་རོལ་ཏུ་ཡོད་ཀྱང་ཨནྟུ་ དང་ཨས་ཀྱི་ཨ་ཡིག་རིང་པོར་མི་འགྱུར་ཏེ། དཔེར་ན། པིཎྜ་སྔོན་མ་ཅན་གྱི་གྲ་སུ་ཟ་བའི་ བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ་ལྷག་མ་ཟ་བར་བྱེད་དོ་ཞེས་པའི་དོན་ལ་ཀྭཔ་བྱིན་ནས་ཁྱད་ དོན་རྣམས་སྔར་བཞིན་ཕྱིས་པའི་མཐའ་ནི་བྱིངས་ཉིད་གཏོང་བ་མ་ཡིན་ཞིང་། རྟགས་ཉིད་ དུའང་གཏོགས་པར་བྱེད་པའི་གཉིས་ཡིན་མི་འགལ་བས། དེ་ལ་སི་བྱིན་པ་སྔར་བཞིན་ཕྱིས་ ཏེ་ས྄་རྣམ་བཅད་དུ་བསྒྱུར་བས། པིཎྜ་གྲཿ(གོང་བུ་ཟ་བ། )ཞེས་པ་ལྟ་བུའོ། །རྟགས་མཐའ་ཨནྟུ་ དང་ཨས་ཡིན་ཡང་རྣམ་དབྱེ་སི་མ་ཡིན་ནའང་ཨུ་པ་དྷཱ་རིང་པོར་མི་འགྱུར་ཏེ། དཔེར་ན། གོ་ མནྟ་དང་ཙནྡྲ་མས་ལ་ཨཽ་བྱིན་ནས་སྦྱར་བས། གོ་མནྟཽ་(ས་ལྡན་དག) ཙནྡྲ་མ་སཽ་ཞེས་པ་ལྟ་བུའོ། ། 6-1-122 སི་སམ་བུདྡྷི་ཡིན་ནའང་དེ་དག་གི་ཨུ་པ་དྷཱ་རིང་པོར་མི་འགྱུར་ཏེ། དཔེར་ན། ཧེ་སྔོན་མ་ཅན་ གྱི་གོ་མནྟ་དང་ཙནྡྲ་མས་ལ་སི་སམ་བུདྡྷི་བྱིན་པ་དང་ཏ་ཡིག་སྔར་བཞིན་ཕྱིས་པས་ཧེ་གོ་མན། ཧེ་ཙནྡྲ་མཿཞེས་པ་ལྟ་བུའོ། །ཨིན་ཧན་པཱུ་ཥན་ཨཪྻ་མན་རྣམས་ཀྱི་ཤི་ལའང་ངོ་ཞེས་པ་ནི། ཨིན་ལ་སོགས་པ་བཞི་པོ་འདི་རྣམས་ཀྱི་ནའི་ཨུ་པ་དྷཱ་རྣམས། ཛས྄་ཤས྄་དག་ཤི་རུ་བསྒྱུར་བ་ ཕ་རོལ་ཏུ་ཡོད་པ་ལ་རིང་པོར་འགྱུར་ཞིང་། འང་གི་སྒྲས་དེར་མ་ཟད་སི་ཕ་རོལ་ལའང་འགྱུར་ བ་བསྡུ་བའི་དོན་ཏེ། སློབ་ཕན་དུ། གྷུཊ་ལའང་སམ་བུདྡྷི་མ་ཡིན་པ་ལའོ་ཞེས་པས་རིང་པོར་ འགྱུར་མོད་སྦྱོར་བ་རྩོམ་པ་ནི་ངེས་པའི་དོན་དུའོ་ཞེས་ཀྱང་གསུངས་སོ། །དཔེར་ན། བ་ཧུ་ སྔོན་མ་ཅན་གྱི་དཎ྄་ཌིན་དང་བྲྀ་ཏྲ་ཧན་དང་པཱུ་ཥན་དང་ཨཪྻ་མན་རྣམས་ལ་ཛས྄་སམ་ཤས྄་ བྱིན་པ་སྔར་བཞིན་ཤི་རུ་བསྒྱུར་ཞིང་། མདོ་འདིས་ནའི་ཨུ་པ་དྷཱ་རིང་པོར་བསྒྱུར་ནས། ར་ཥ་ རྀའི་ཡི་གེ་ཞེས་པས་ཕྱི་མ་གསུམ་གྱི་ན་ཡིག་ཎ་རུ་བསྒྱུར་ཏེ་སྦྱར་བས། བ་ཧུ་དཎྜཱི་ནི(དབྱུག་པ་ མང་པོ་ཅན་རྣམས)། བ་ཧུ་བྲྀ་ཏྲ་ཧཱ་ཎི(འཕེལ་འཇོམས་མང་པོ་རྣམས)། བ་ཧུ་པཱུཥཱ་ཎི། བ་ཧུ་ཨཪྻ་མཱ་ཎི་(བརྒྱ་ བྱིན་མང་པོ་རྣམས། )ཞེས་པ་ལྟ་བུའོ། །དེ་བཞིན་དུ། དཎ྄་ཌིན་ལ་སོགས་པ་བ་ཧུ་སྔོན་མ་ཅན་མ་ ཡིན་པ་རྣམས་ལ་སི་བྱིན་པ་ན། མདོ་འདིས་ནའི་ཨུ་པ་དྷཱ་རིང་པོར་བསྒྱུར་ཏེ་གསལ་བྱེད་ལས་ སི་དང་རྟགས་མཐའི་ན་སྔར་བཞིན་ཕྱིས་པས། དཎྜཱི། བྲྀ་ཏྲ་ཧཱ། པཱུ་ཥཱ། ཨཪྻ་མཱ་ཞེས་པ་ལྟ་བུའོ། ། ཨིན་ལ་སོགས་པ་རྣམས་ཀྱི་ནའི་ཨུ་པ་དྷཱ་རྣམས། ཤི་སི་དག་ཁོ་ནའི་གྷུཊ་ལ་རིང་པོར་འགྱུར་ གྱི། གྷུཊ་གཞན་ལ་ནི་མི་འགྱུར་ཏེ། དཔེར་ན། དཎ་ཌིན་ལ་སོགས་པ་རྣམས་ལ་ཨཽ་བྱིན་ནས། སྔར་བཞིན་ཕྱི་མ་གསུམ་གྱི་ན་ཡིག་ཎ་རུ་བསྒྱུར་ཏེ་སྦྱར་བས། དཎ་ཌིནཽ། བྲྀ་ཏྲ་ཧ་ཎཽ། པཱུ་ཥ་ཎཽ། ཨཪྻ་མ་ཎཽ་ཞེས་པ་ལྟ་བུའོ། ། གཉིས་པ་ཁྱད་པར་རྫས་སྨོས་པ་རྣམས་ལས་རྣམ་འགྱུར་འབྱུང་ཚུལ་སོ་སོར་བཤད་པ་ ལ་བཅུ་གཉིས་ལས། དང་པོ་ཨུ་ཤ་ནས་སོགས་དང་ས་ཁི་དི་ཝ་ཡུ་ཛིའི་མཐའ་རྣམས་ལ་རྣམ་ 6-1-123 འགྱུར་འབྱུང་ཚུལ་ནི། ཨུ་ཤ་ནས་པུ་རུ་དམ་ཤས་ཨ་ནེ་ཧས་རྣམས་ཀྱི་སི་ལ་ཨན་མཐའ་འོ་ ཞེས་པས། ཨུ་ཤ་ནས་ལ་སོགས་པ་རྫས་སྨོས་པ་འདི་རྣམས་ཀྱི་ས་ཡིག་ནི། སམ་བུདྡྷི་མ་ཡིན་ པའི་སི་ཕ་རོལ་ཏུ་ཡོད་པ་ལ་ཨན་དུ་འགྱུར་ཏེ། དཔེར་ན། ཨུ་ཤ་ནས་དང་པུ་རུ་དཾ་ཤས་དང་ ཨ་ནེ་ཧས་རྣམས་ལ་སི་བྱིན་ནས་མཐའི་ས་ཡིག་རྣམས་ཨན་དུ་བསྒྱུར་བ་ན། ནཱ་དང་པོར་ ཨ་ཡིག་ལ་དབྱིའོ་ཞེས་པས་ན་དང་ཤ་དང་ཧའི་དབྱངས་རྣམས་ཕྱིས་ཏེ་སྦྱར་ལ། འདི་ཉིད་ དུ། གྷུཊ་ལའང་སམ་བུདྡྷི་མ་ཡིན་པ་ལ་ཞེས་པས་ནའི་ཨུ་པ་དྷཱ་རྣམས་རིང་པོར་བསྒྱུར་ཞིང་། སྔར་བཞིན་སི་དང་། རྟགས་མཐའི་ན་ཡིག་ཕྱིས་པས་ཨུ་ཤ་ནཱ(པ་བ་སངས)། པུ་རུ་དཾ་ཤཱ(བརྒྱ་བྱིན་ དག)། ཨ་ནེ་ཧཱ་(དུས་)ཞེས་པ་ལྟ་བུའོ། །སི་མ་ཡིན་པའི་རྣམ་དབྱེ་ཕ་རོལ་ལ་ནི་དེ་རྣམས་ཀྱི་ས་ ཡིག་ཨན་དུ་མི་འགྱུར་ཏེ། དཔེར་ན། དེ་རྣམས་ལ་ཨཽ་བྱིན་པ་སྦྱར་བས། ཨུ་ཤ་ན་སཽ(པ་བ་སངས་ དག)། པུ་རུ་དཾ་ཤ་སཽ(བརྒྱ་བྱིན་དག)། ཨ་ནེ་ཧ་སཽ་(དུས་དག)ཞེས་པ་ལྟ་བུའོ། །སམ་བུདྡྷི་ལའང་ཨན་ དུ་མི་འགྱུར་ཏེ། དཔེར་ན། ཧེ་སྔོན་མ་ཅན་གྱི་ཨུ་ཤ་ནས་ལ་སི་སམ་བུདྡྷི་བྱིན་པ་ན། སློབ་ཕན་ སོགས་སུ། ཀུན་ཏུ་བོད་པ་ལ་ནི་ཨུ་ཤ་ནས་ཀྱི་གཟུགས་གསུམ་སྟེ་ས་མཐའ་དང་ན་མཐའ་ དང་། དེ་བཞིན་དུ། ཨཏ་མཐའོ་ཞེས་གསུངས་པས། ས་མཐའ་ལ་ནི་སྔར་བཞིན་གསལ་བྱེད་ ལས་སི་ཕྱིས་ནས་ས྄་རྣམ་བཅད་དུ་བྱས་པས། ཧེ་ཨུ་ཤ་ནཿ(ཀྱེ་པ་བ་སངས། ) ཞེས་པ་དང་། ན་ མཐའ་ལའང་སི་ཕྱིས་ནས་རྟགས་མཐའི་ན་ཡིག ནཱ་གསུམ་པར། སམ་བུདྡྷི་ལ་མ་ཡིན་ནོ་ ཞེས་པས་འཕྱིད་པ་བཀག་ཀྱང་། ན་ཉའི་བསྟན་པ་ནི་རྟག་ཏུ་མ་ཡིན་ནོ་ཞེས་པའི་རིགས་པས་ ཕྱིས་ཏེ། ཧེ་ཨུ་ཤ་ན་ཞེས་པ་དང་། ཨཏ་མཐའ་ལ་ནི་ཨ་ཡིག་ལ་དབྱིའོ་ཞེས་པས་ནའི་ཨ་ཕྱིས་ ཏེ་སྦྱར་ཞིང་། ཏ་ཐེ་ཚོམ་སེལ་བའི་དོན་དང་། ཐུང་ངུ་ནཱ་དཱི་ཞེས་པས་སིའང་ཕྱིས་པས། ཧེ་ཨུ་ ཤ་ན་ཞེས་པ་དང་། ཧེ་སྔོན་མ་ཅན་གྱི་ཕྱི་མ་གཉིས་ལའང་སི་སམ་བུདྡྷི་བྱིན་པ་སྔར་བཞིན་ ཕྱིས་ནས། ས྄་རྣམ་བཅད་དུ་བྱས་པས། ཧེ་པུ་རུ་དཾ་ཤཿ ཧེ་ཨ་ནེ་ཧཿཞེས་པ་ལྟ་བུའོ། །ས་ 6-1-124 ཁིའིའང་ངོ་ཞེས་པ་ནི། ས་ཁིའི་མཐའི་ཨི་ཡིག་ཀྱང་སམ་བུདྡྷི་མ་ཡིན་པའི་སི་ཕ་རོལ་ཏུ་ཡོད་ པ་ལ་ཨན་དུ་འགྱུར་ཏེ། དཔེར་ན། ས་ཁི་ལ་སི་བྱིན་པ་ན་མདོ་འདིས་ཨི་ཡིག་ཨན་དང་། སྔར་བཞིན་ནའི་ཨུ་པ་དྷཱ་རིང་པོར་བསྒྱུར་ནས་གསལ་བྱེད་ལས་སི་དང་རྟགས་མཐའི་ན་ཡིག་ ཕྱིས་པས། ས་ཁཱ་ཞེས་པ་ལྟ་བུའོ། །སི་མ་ཡིན་པ་ཕ་རོལ་ལ་ནི་མཐའི་དབྱངས་ཨན་དུ་མི་ འགྱུར་ཏེ། དཔེར་ན། ས་ཁི་ལ་བྷིས་བྱིན་པས། ས་ཁི་བྷིཿ(གྲོགས་པོ་རྣམས་ཀྱིས། )ཞེས་པ་ལྟ་བུའོ། ། སམ་བུདྡྷི་ཕ་རོལ་ལའང་ཨན་དུ་མི་འགྱུར་ཏེ། དཔེར་ན། ཧེ་སྔོན་མ་ཅན་གྱི་ས་ཁི་ལ་སི་སམ་ བུདྡྷི་བྱིན་པ། ནཱ་དང་པོར་ཐུང་ངུ་ན་དཱི་ཞེས་པས་ཕྱིས་ནས། སམ་བུདྡྷི་ལའང་ངོ་ཞེས་པས་ཨི་ ཡིག་ཨེ་རུ་བསྒྱུར་བས། ཧེ་ས་ཁེ་(ཀྱེ་གྲོགས་པོ)ཞེས་པ་ལྟ་བུའོ། །གྷུཊ་ལ་ནི་ཨཻའོ་ཞེས་པ་ས་ཁིའི་ མཐའི་ཨི་ཡིག སམ་བུདྡྷི་དང་སི་མ་ཡིན་པའི་རྣམ་དབྱེ་གྷུཊ་རྣམས་ཕ་རོལ་ཏུ་ཡོད་པ་ལ་ནི་ ཨཻ་རུ་འགྱུར་ཏེ། ནིའི་སྒྲ་ནི་ངེས་བཟུང་གི་དོན་ཏོ། །དཔེར་ན། ས་ཁི་ལ། ཨཽ། ཛས྄། ཨམ྄། ཨཽ་རྣམས་བྱིན་པ་ན། ཛ་ཁྱད་དོན་དབྱི་ཞིང་། ས་རྣམ་བཅད་དུ་བྱས་ལ། མདོ་འདིས་རྟགས་ མཐའི་དབྱངས་རྣམས་ཨཻ་རུ་བསྒྱུར་བ་(ཨེ་ཡང་ཨཱམ་རུ་བསྒྱུར་བ་འདྲ། )དང་མཚམས་སྦྱར་བས། ས་ཁཱ་ ཡཽ(གྲོགས་པོ་དག)། ས་ཁཱ་ཡཿ(གྲོགས་པོ་རྣམས། )ས་ཁཱ་ཡཾཿ(གྲོགས་པོ་ལ། )ས་ཁཱ་ཡཽ་(གྲོགས་པོ་དག་ལ། )ཞེས་ པ་ལྟ་བུའོ། །གྷུཊ་མ་ཡིན་པ་ཕ་རོལ་ནི་མཐའི་དབྱངས་ཨཻ་རུ་མི་འགྱུར་ཏེ། དཔེར་ན། བྷྱཱམ་ བྱིན་པས། ས་ཁི་བྷྱཱམ་(གྲོགས་པོའི་ཆེད་དུ་)ཞེས་པ་ལྟ་བུའོ། །དིཝའི་གསལ་བྱེད་ལ་ཨུཏའོ་ཞེས་ པ་དི་ཝ྄འི་ཝ྄་ཡིག་ནི་རྐྱེན་གྱི་གསལ་བྱེད་རྣམས་ཕ་རོལ་ཏུ་ཡོད་པ་ལ་ཨུ་ཉིད་དུ་འགྱུར་ཏེ། ཏ་ སྦྱར་བ་ནི་ཨཱུ་ཡིག་རིང་པོ་སེལ་བའི་ཁྱད་པར་གྱི་དོན་ཏོ། །དཔེར་ན། དིཝ྄་ལ་བྷིས་དང་བྷྱཱམ་ དང་སུཔ྄་རྣམས་བྱིན་པ་ན། མདོ་འདིས་ཝ་ཡིག་ཨུ་རུ་བསྒྱུར་ནས་དིའི་ཨི་དང་མཚམས་སྦྱར་ ཞིང་། སུཔ྄་ཀྱི་པ་ཁྱད་དོན་ཕྱིས་ཏེ། ས་ཡིག་ནཱ་མི་ལས་ཥ་རུ་བསྒྱུར་ནས། ངྻུབྷིཿ(གསལ་བ་རྣམས་ ཀྱིས། )ངུབྷྱཱྻ མ་(གསལ་བ་དག་གིས། )ངྻུཥུ་(གསལ་བ་རྣམས་ལ། ) ཞེས་པ་ལྟ་བུའོ། །གསལ་བྱེད་མ་ཡིན་ 6-1-125 པ་ཕ་རོལ་ལ་ནི་ཝ་ཡིག་ཨུ་རུ་མི་འགྱུར་ཏེ། དཔེར་ན། དིཝ྄་ལ་ཨཽ་བྱིན་པ་སྦྱར་བས། དི་ཝཽ་ (གསལ་བ་དག) ཞེས་པ་ལྟ་བུའོ། །སློབ་ཕན་དུ། སུ་བྷ་དག་ལའོ་ཞེས་བྱ་བ་ལ་གསལ་བྱེད་སྨོས་ པ་ནི་ཐུན་མོང་བའི་གསལ་བྱེད་ཡོངས་སུ་གཟུང་བའི་དོན་དུ་སྟེ་ཞེས་གསུངས་པས་རྣམ་དབྱེ་ ལས་གཞན་པའི་རྐྱེན་གྱི་གསལ་བྱེད་ལའང་དི་ཝའི་ཝ་ཡིག་ཨུ་རུ་འགྱུར་ཏེ། དཔེར་ན། དི་ ཝ་ལ་ནཱ་དྲུག་པར་དངོས་པོ་ལ་ཏཱ་ཏྭ་དག་གོ་ཞེས་པས་དེ་ཕན་གྱི་ཏཱ་དང་ཏྭ་བྱིན་པའི་མཐར་ སི་བྱིན་པ་རིམ་པ་ལྟར། དང་པོའི་མཐའ་སྔར་བཞིན་བུད་མེད་དུ་བསྒྲུབས་པའི་མཐར་ཤྲདྡྷཱ་ ལས་དང་། འདི་ཉིད་དུ་མ་ནིང་ལས་ཞེས་པས་ཕྱིས་ནས། ཨ་ཡིག་ལས་སམ་བུདྡྷི་མ་ཡིན་པ་ ལ་ཞེས་པས་ཏྭའི་མཐར་མུ་ཨཱ་ག་མ་བྱིན་པའི་རྗེས་འབྲེལ་དབྱི་ཞིང་། སྔར་བཞིན་ཝ་ཡིག་ཨུ་ རུ་བསྒྱུར་ཏེ་མཚམས་སྦྱར་བས། ངྻུཏཱ། ངྻུཏྭཾ་ཞེས་པ་ལྟ་བུའོ། །སི་ལ་ཨཽ་ཞེས་པ་ནི། དིཝའི་ཝ་ ཡིག་རྣམ་དབྱེ་སི་ཕ་རོལ་ཏུ་ཡོད་པ་ལ་ཨཽ་ཉིད་དུ་འགྱུར་ཏེ། མདོ་སྔ་མས་ཨུ་རུ་འགྱུར་བ་ལས་ དམིགས་བསལ་ལོ། །དཔེར་ན། དི་ཝ་ལ་སི་བྱིན་པ་ན། ཝ་ཡིག་ཨཽ་རུ་བསྒྱུར་ནས། དབྱངས་ སྔ་མ་དང་མཚམས་སྦྱར་ཞིང་། སིའི་ཨི་བརྗོད་དོན་ཕྱིས་ཏེ། ས་རྣམ་བཅད་དུ་བྱས་པས། དྱཽཿ (གསལ་བ། )ཞེས་པ་ལྟ་བུའོ། །སི་མ་ཡིན་པ་ཕ་རོལ་ལ་ནི་ཝ་ཡིག་ཨཽ་རུ་མི་འགྱུར་ཏེ། དཔེར་ན། དིཝ་ལ་ངི་བྱིན་པའི་ང་ཁྱད་དོན་ཕྱིས་ནས། ཨི་ཡིག་ཝ་ལ་སྦྱར་བས། དི་ཝི་(གསལ་བ་ལ། ) ཞེས་ པ་ལྟ་བུའོ། །ཨམ་ལ་ཡང་ན་ཨཱའོ་ཞེས་པ་ནི་དི་ཝའི་ཝ་ཡིག་རྣམ་དབྱེ་ཨམ་ཕ་རོལ་ཏུ་ཡོད་པ་ ལ་ཡང་ན་ཨཱ་ཉིད་དུ་འགྱུར་ཏེ། དཔེར་ན། དི་ཝ་ལ་ཨམ་བྱིན་ནས་ཝ་ཡིག་ཨཱ་རུ་བསྒྱུར་བ་ དང་མཚམས་སྦྱར་བས། དྱཱཾ་(གསལ་བ་ལ་)ཞེས་པའམ། ཡང་ན་མི་འགྱུར་བར་ཨམ་དང་སྦྱར་ བས། དིཝཾ་ཞེས་པ་ལྟ་བུའོ། །ཡུ་ཛིའི་གྷུཊ་ལ་བསྡུ་བ་མ་ཡིན་ན་ནུའོ་ཞེས་པ་ནི། ཡུ་ཛིར་སྦྱོར་ བའི་བྱིངས་ཀྭི་པའི་མཐའ་ཅན། རྣམ་དབྱེ་གྷུཊ་རྣམས་ཕ་རོལ་ཏུ་ཡོད་པ་ལ། བསྡུ་བ་གནས་ པ་མ་ཡིན་ན། དབྱངས་མཐར་ནུ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཡུ་ཛིར་གྱི་ཨིར་ 6-1-126 རྗེས་འབྲེལ་ཕྱིས་པ་མིང་དུ་སྒྲུབ་པ་ལ་ཀྭི་པ་བྱིན་པ་སྔར་བཞིན་ཕྱིས་པའི་ཕ་རོལ་ཏུ། གྷུཊའི་ སི་བྱིན་པ་ན། མདོ་འདིས་དབྱངས་མཐར་ནུ་ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཕྱིས་ནས། ནཱ་ གསུམ་པར། ཙ་སྡེ་དང་དྲྀ་ཤ་སོགས་རྣམས་ཀྱི་ཞེས་པས་ཛ་ཡིག་ག་རུ་བསྒྱུར་ཞིང་། ནཱ་བཞི་ པར། སྡེ་པ་ལ་སྡེ་བའི་མཐའ་འོ་ཞེས་པས་ནའང་ང་རུ་བསྒྱུར་ཏེ། སྔར་བཞིན་བརྩེགས་པའི་ མཐའ་ག་དང་གསལ་བྱེད་ལས་སི་ཕྱིས་པས། ཡུང་ཞེས་པ་དང་། དེ་བཞིན་དུ། ཡུ་ཛ་ལ་ཨཽ་ ཛས་ཨམ་ཨཽ་རྣམས་བྱིན་པ་ན་ཛ་ཁྱད་དོན་དབྱི་ཞིང་། སྔར་བཞིན་དབྱངས་མཐར་ནུ་ཨཱ་ག་མ་ བྱིན་པའི་ན་ཡིག་རྣམས་སྡེ་པའི་ལྔ་པ་ཉ་རུ་བསྒྱུར་ཏེ་སྦྱར་བས། ཡུཉྫཽ་(སྦྱོར་བ་དག)ཡུཉྫཿ (སྦྱོར་བ་ རྣམས། )ཡུཉྫཾ (སྦྱོར་བ་ལ)། ཡུཉྫཽ་(སྦྱོར་བ་དག་ལ། )ཞེས་པ་ལྟ་བུའོ། །བསྡུ་བ་གནས་པ་ལ་ནི་གྷུཊ་ཡོད་ ཀྱང་ནུ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨ་ཤྭ་ཡུ་ཛ་ཞེས་པའི་བར་གྱི་རྣམ་དབྱེ་ ཀྭི་པའི་ཉེ་བའི་ཚིག་སྡུད་ཀྱིས་ཕྱིས་པའི་ཕ་རོལ་ཏུ་སི་བྱིན་པ་ན། སྔར་བཞིན་ཛ་ཡིག་ག་རུ་ བསྒྱུར་ནས་སི་ཕྱིས་པས། ཨ་ཤྭ་ཡུག་ཅེས་པ་དང་། ནཱ་གསུམ་པར། རྫོགས་པ་ལ་ཡང་ནའོ་ ཞེས་པས་ག་ཡིག་ཀྱང་ཡང་ན་ཀ་རུ་བསྒྱུར་བས། ཨ་ཤྭ་ཡུཀ་ཅེས་པ་དང་། ཨཽ་ལ་སོགས་པ་ གཞན་རྣམས་སྦྱར་བས། ཨ་ཤྭ་ཡུ་ཛཽ། ཨ་ཤྭ་ཡུ་ཛཾ། ཨ་ཤྭ་ཡུ་ཛཿ ཨ་ཤྭ་ཡུ་ཛཽ་ཞེས་པ་ལྟ་བུའོ། ། གཉིས་པ་ཨ་བྷྱསྟ་ལས་ཨནྟིའི་ན་ཡིག་འཕྱིད་པ་དང་རྣམ་བརྟག་འཇུག་ཚུལ་ནི། ཨ་ བྷྱསྟ་ལས་ཨནྟིའི་ན་ཡིག་མེད་དོ་ཞེས་པ་ལ་བྱིངས་གཉིས་སུ་བཞག་པའི་དང་པོའི་མིང་ནི་ ཨ་བྷྱཱ་ས་དང་གཉིས་པའི་མིང་ནི་ཨབྷྱསྟ་ཞེས་བྱ་བ་ཡིན་ཞིང་། དེ་དག་ལས་ཨབྷྱསྟ་ཨནྟིའི་ མཐའ་ཅན་གྱི་ན་ཡིག་ནི་རྣམ་དབྱེ་གྷུཊ་རྣམས་ཕ་རོལ་ཏུ་ཡོད་པ་ལ་འཕྱིད་པ་ཐོབ་པས་མེད་ པ་ཉིད་དུ་འགྱུར་ཏེ། ཏིའི་ཨི་ཡིག་ནི་བརྗོད་པའི་དོན་ཏོ། །དཔེར་ན། ཌུ་དཱཉ་སྦྱིན་པའི་བྱིངས་ ཌུ་དང་ཉ་རྗེས་འབྲེལ་ཕྱིས་པ་མིང་དུ་བསྒྲུབ་པ་ལ། ཀྲྀཏ་བཞི་པར། ད་ལྟར་པ་ལ་དང་པོ་དང་ གཞི་གཅིག་པ་མིན་ཞེས་པས་ཤནྟྲྀང་གི་རྐྱེན་བྱིན་པའི་ཤ་དང་རྀ་དང་ང་རྗེས་འབྲེལ་རྣམས་ 6-1-127 དབྱི་ཞིང་། ཀྲྀཏ་གཉིས་པར་ཤ་ལ་བྱིངས་ཐམས་ཅད་པ་བཞིན་ཞེས་པའི་མཐུས། ཨཱ་གསུམ་ པར། ཛུ་ཧོ་ཏི་ལ་སོགས་ཀྱི་བྱིངས་ཐམས་ཅད་པ་ལའོ་ཞེས་པས། དཱ་གཉིས་སུ་བཞག་པའི་ ཕྱི་མའི་མཐར། ཨཱ་གཉིས་པར། བྱེད་པ་པོ་ལ་ཞེས་པས་ཨན་བྱིན་པ། ཨཱ་བཞི་པར། ཛུ་ཧོ་ ཏི་སོགས་ལས་ཀྱང་ངོ་ཞེས་པས་ཕྱིས་ནས། ཨཱ་གསུམ་པར་ཐུང་ངུའོ་ཞེས་པས་དཱ་སྔ་མ་ཐུང་ ངུར་བསྒྱུར་ལ། ཨཱ་བཞི་པར། ཨ་བྷྱསྟ་རྣམས་ཀྱི་ཨཱ་ཡིག་གོ་ཞེས་པས་དཱ་ཕྱི་མའི་དབྱངས་ ཕྱིས་ཏེ་རྐྱེན་གྱི་ཨནྟ་སྦྱར་བའི་ད་དནྟ་ཞེས་པ་ནི་ཨ་བྷྱསྟའི་ཨནྟི་ཡིན་པས། དེའི་ཕ་རོལ་ཏུ་སི་ ལ་སོགས་པ་གྷུཊ་རྣམས་བྱིན་པ་ན། མདོ་འདིས་ནཱ་ཡིག་ཕྱིས་ནས། སིའང་ཏ་ཡིག་སྲོག་མེད་ གསལ་བྱེད་མཐའ་ལས་ཕྱིས་ཏེ་གཞན་རྣམས་སྔར་བཞིན་སྦྱར་བས། དད་ཏ(སྦྱིན་པ)། དད་ ཏཽ(སྦྱིན་པ་དག)། ད་ད་ཏཿ(སྦྱིན་པ་རྣམས། )ད་ད་ཏཾ(སྦྱིན་པ་ལ)། ད་ད་ཏཽ་(སྦྱིན་པ་དག་ལ་)ཞེས་པ་དང་། དེ་ བཞིན་དུ་ཧུ་སྦྱིན་པ་དང་ལེན་པའི་བྱིངས་མིང་དུ་བསྒྲུབ་པ་ལའང་སྔ་མ་བཞིན་ཤནྟྲྀང་བྱིན་ ནས་གཉིས་སུ་བཞག་སྟེ། ཕྱི་མའི་མཐར། ཨན་བྱིན་པ་ཕྱིས་ལ། ཧའི་ཛའོ་ཞེས་པས་ཧ་སྔ་མ་ ཛ་རུ་བསྒྱུར་ཞིང་། ཛུ་ཧོ་ཏི་སོགས་ཀྱི་བྱིངས་ཐམས་ཅད་པ་ལའོ་ཞེས་པས་ཧུ་ཕྱི་མའི་དབྱངས་ ཝ་རུ་བསྒྱུར་ཏེ། ཨནྟིའི་ན་ཡིག་དང་གསལ་བྱེད་ལས་སི་དང་། ཛ་ཁྱད་དོན་ཕྱིས་ནས་སྦྱར་ བས། ཛུཧྭ་ཏ(ལེན་པ)། ཛུཧྭ་ཏཽ (ལེན་པ་དག)། ཛུ་ཧྭ་ཏཿ(ལེན་པ་རྣམས། ) ཛུ་ཧྭ་ཏཾ(ལེན་པ་ལ)། ཛུཧྭ་ཏཽ་ (ལེན་པ་དག་ལ། )ཞེས་པ་ལྟ་བུའོ། །རྣམ་དབྱེ་གྷུཊ་མ་ཡིན་པ་ཕ་རོལ་ལ་ནི་ཨ་བྷྱསྟ་ལས་ཨནྟིའི་ན་ ཡིག་མདོ་འདིས་འཕྱིད་པ་མ་ཡིན་ཏེ། དཔེར་ན། སྔར་གྱི་ད་དནྟ་དང་ཛུ་ཧྭནྟ་ལ་ཤས་བྱིན་པ་ ན། འདི་ཉིད་དུ། ཨ་ནུ་ཥངྒའང་ཀྲུཉྩ་དང་ཨི་ཏ་མ་ཡིན་པའིའོ་ཞེས་པས་ན་ཡིག་དང་། ཤ་ཁྱད་ དོན་ཕྱིས་ནས་སྦྱར་བས། ད་ད་ཏཿ ཛུཧྭ་ཏཿཞེས་པ་ལྟ་བུའོ། །མ་ནིང་ལ་ཡང་ནའོ་ཞེས་པ་ཨ་ བྷྱསྟ་ལས་ཨནྟིའི་ན་ཡིག་མ་ནིང་གི་ཡུལ་ལ་ནི་གྷུཊ་ཕ་རོལ་ཏུ་ཡོད་པ་ལ་ཡང་ན་འཕྱིད་ཅིང་ མེད་པར་འགྱུར་ཏེ། དཔེར་ན། ཨཱ་གསུམ་པར། ཛཀྵ་སོགས་ཀྱང་ངོ་ཞེས་པས། ཛཀྵ་ཟ་བ་ 6-1-128 དང་དགོད་པ་དང་ཛཱ་གྲཱྀ་སད་པའི་བྱིངས་ལ་ཨ་བྷྱསྟའི་མིང་ཅན་རཱྀ་རྗེས་འབྲེལ་ཕྱིས་པ་མིང་དུ་ བསྒྲུབ་པ་ལ་སྔར་བཞིན། ཤནྟྲྀང་བྱིན་ནས་རྗེས་འབྲེལ་ཕྱིས་ཏེ་སྦྱར་བ་མ་ནིང་ལ་འཇུག་པ་ན། ཛས྄་སམ་ཤས྄་གྷུཊའི་མིང་ཅན་བྱིན་པ་ཤི་རུ་བསྒྱུར་བའི་ཤ་ཁྱད་དོན་དབྱི་ཞིང་། མདོ་འདིས་ ཨནྟིའི་ན་ཡིག་ཡང་ན་ཕྱིས་ཏེ་སྦྱར་བས། ཛཀྵ་ཏི། ཛཱ་གྲ་ཏི་ཞེས་པའམ། ཡང་ན་མ་ཕྱིས་པས། ཛ་ཀྵནྟི(ཟ་བ་རྣམས)། ཛཱ་གྲཱནྟི་(སད་པ་རྣམས་ལ་)ཞེས་པ་ལྟ་བུའོ། །ཨ་བྷྱསྟ་མ་ཡིན་ན་ཨནྟིའི་ན་ཡིག་ མ་ནིང་ལ་འཇུག་ཀྱང་གྷུཊ་ཕ་རོལ་མ་མི་འཕྱིད་དེ། དཔེར་ན། ལི་ཧ་རོ་མྱང་པའི་བྱིངས་མིང་ དུ་བསྒྲུབ་པ་ལ། སྔར་བཞིན་ཤནྟྲྀང་བྱིན་ནས་སྦྱར་བ་ཚིག་ཏུ་བསྒྲུབ་པ་ན་ཛས྄་བྱིན་པ་ཤི་ རུ་བསྒྱུར་བའི་ཤ་ཁྱད་དོན་ཕྱིས་ཏེ་སྦྱར་བས། ལི་ཧནྟི་ཞེས་པ་ལྟ་བུའོ། །ཨ་བྷྱསྟ་ཡིན་ཡང་། ཨནྟི་མ་ཡིན་པའི་ན་ཡིག་ཀྱང་གྷུཊ་ཕ་རོལ་ལ་མི་འཕྱིད་དེ། དཔེར་ན། ཌུ་དྷཱཉ་འཛིན་པའི་ བྱིངས་མིང་དུ་བསྒྲུབ་པ་ལ། ཀྲྀཏ་བཞི་པར། ད་ལྟར་བ་ལ་དང་པོ་དང་ཞེས་པས་ཨཱན་ཤ་བྱིན་ པའི་ཤ་རྗེས་འབྲེལ་དབྱི་ཞིང་། སྔར་བཞིན་ཛུ་ཧོ་ཏི་ལ་སོགས་ཀྱིས་དྷཱ་གཉིས་སུ་བཞག་སྟེ། ཨཱ་གསུམ་པར། གཉིས་པ་བཞི་པ་དག་གི་ཞེས་པས་དྷཱ་སྔ་མ་དཱ་དང་ཐུང་ངུའོ་ཞེས་པས། དེའི་ དབྱངས་ཐུང་ངུར་བསྒྱུར་ལ། ཨཱ་བཞི་པར། ཨ་བྷྱསྟ་རྣམས་ཀྱི་ཨཱ་ཡིག་གོ་ཞེས་པས་དྷཱ་ཕྱི་མའི་ དབྱངས་ཕྱིས་ཏེ་སྦྱར་བ་ཚིག་ཏུ་བསྒྲུབ་པ་ལ་ཤས་བྱིན་པ་ཤི་རུ་བསྒྱུར་བའི་ཤ་ཁྱད་དོན་ཕྱིས་ ནས། འདི་ཉིད་དུ། དྷུཊ་དང་དབྱངས་ལས་ཞེས་པས་རྟགས་མཐར་ནུ་ཨཱ་ག་མ་བྱིན་པའི་ཨུ་ རྗེས་འབྲེལ་ཕྱིས་པ་སྦྱར་ཏེ། གྷུཊ་ལའང་སམ་བུདྡྷི་མ་ཡིན་པ་ལ་ཞེས་པས་ན་སྔ་མ་རིང་པོར་ བསྒྱུར་བས། ད་དྷཱ་ནཱ་ནི་ཞེས་པ་ལྟ་བུའོ། །ཏུཏ་དང་བྷཱ་སོགས་རྣམས་ལས་ཨཱི་ཡིག་ལའོ་ཞེས་ པ་ནི། ཏུད་དང་སོགས་པས་ཎུད་དང་། ཀྵི་པ་ལ་སོགས་པའི་ཏུད་སོགས་རྣམས་དང་། བྷཱ་ (དབར། )དང་སོགས་པའི་སྒྲས་རྣམ་པ་འདྲ་བའི་བྱིངས་ཨཱ་ཡིག་གི་མཐའ་ཅན་ཥྞྱ་(གཙང་། )དང་ ཡཱ་ལ་སོགས་པ་རྣམས་ཏེ། དེ་རྣམས་ལས་ཕ་རོལ་ཏུ་ཨནྟི་དང་། དེའི་འང་ཕ་རོལ་ཏུ། ཨཱི་རིང་ 6-1-129 པོ་བྱུང་ན་ཨནྟིའི་ན་ཡིག་ཡང་ན་དབྱི་བར་འགྱུར་ཏེ། དཔེར་ན། ཏུད་གདུང་པ་ལའོ་ཞེས་པའི་ བྱིངས་མིང་དུ་བསྒྲུབ་པ་ན། ད་ལྟར་བ་ལ་ཤནྟྲྀང་ངོ་ཞེས་པས་ཤནྟྲྀང་སྦྱིན་ཞིང་། བྱེད་པ་པོ་ལ་ ཨནྟེ་བིཀ་ར་ཎའོ་ཞེས་པས་ཨན་བྱིངས་མཐར་བྱིན་པའི་ན་ཡིག་དང་། ཤནྟྲྀང་གི་ཤ་དང་། རྀ་ དང་ང་ཡིག་ཀྱང་རྗེས་འབྲེལ་ཡིན་པས་ཕྱིས་ནས་དེའི་ཨ་ཡིག་ཀྱང་། ཨཱ་དྲུག་པར། ཨ་དང་ མཚམས་སྦྱོར་གྱི་ཡི་གེ་དབྱིའོ་ཞེས་པས་དབྱི་ཞིང་། མཐར། རྣམ་དབྱེ་ཨཽ་བྱིན་པ། ལེའུ་འདི་ ཉིད་དུ་ཨཽ་ཨཱིའོ་ཞེས་པས་ཨཱི་རིང་པོར་བསྒྱུར་ལ། མདོ་འདིས་ན་ཕྱིས་ཏེ་སྦྱར་བའི་མཐར་ཀུ་ ལེ་ཡོད་པ་ལས། ཏུ་ད་ཏཱི་ཀུ་ལེ་ཞེས་པ་དང་། བྷཱ་གསལ་བ་ལའོ་ཞེས་པ་ལ་ཡང་གཞན་རྣམས་ སྔར་བཞིན་བྱས་ཏེ། ཁྱད་པར་ཨན་གྱི་ཨ་ཡིག་ནི། ཨཱ་བཞི་པར། ཨཏ་སོགས་ལས་ཞེས་པས་ དབྱི་ཞིང་། མདོ་འདིས་ན་ཕྱིས་ཏེ་མཚམས་སྦྱར་བའི་མཐའ་ཀུ་ལེ་ཡོད་པ་ལས། བྷཱ་ཏཱི་ཀུ་ལེ་ ཞེས་པ་ལྟ་བུ་སྟེ། ཎུ་ད་ལ་སོགས་གཞན་རྣམས་ལའང་དེ་བཞིན་ནོ། །ཡང་ན་མི་འཕྱིད་པ་ནི། ཏུ་དནྟཱི་ཀུ་ལེ། བྷཱནྟཱི་ཀུ་ལེ་ཞེས་པ་ལྟ་བུའོ། ། གསུམ་པ་ཧ་ནི་དང་གོ་དང་པནྠི་སོགས་ལས་རྣམ་འགྱུར་འབྱུང་ཚུལ་ནི། ཧ་ནིའི་ཧིའི་གྷི་ ཨུ་པ་དྷཱ་ཕྱིས་པ་ལའོ་ཞེས་པ་ནི། ཧ་ནི་འཚེ་བ་དང་འགྲོ་བ་དག་ལའོ་ཞེས་པ་ནི་ཀྭི་པའི་མཐའ་ ཅན་གྱི་ཨུ་པ་དྷཱ་ཕྱིས་པའི་ཧ་སྲོག་མེད་ནི་གྷི་རུ་འགྱུར་ཏེ། དཔེར་ན། བྲྀ་ཏྲ་སྔོན་མ་ཅན་གྱི་ཧ་ནི་ ཀྭི་པ་སྔར་བཞིན་ཕྱིས་པའི་ཨུ་པ་དྷཱ་ལེའུ་འདིར་ཝ་མ་བརྩེགས་པ་མ་ཡིན་པ་ལ་ཞེས་པས་ཕྱིས་ པའི་ཧ་སྲོག་མེད་མདོ་འདིས་གྷི་རུ་བསྒྱུར་ནས་གྷིའི་ཨི་དང་ནའི་ཨི་གཉིས་ཀ་བརྗོད་པའི་དོན་ ཡིན་པས་ཕྱིས་ལ། ཚིག་ཏུ་བསྒྲུབ་པ་ན་ཊཱ་སྦྱིན་ཞིང་། ཊ་ཡིག་ཀྱང་རྟགས་ཀྱི་དོན་ཡིན་པས་ ཕྱིས་ནས་ཨཱ་ཡིག་ན་ལ་སྦྱར་ཏེ་གྷ་ཡིག་ནའི་སྟེང་དུ་དྲངས་པས། བྲྀ་ཏྲ་གྷྣཱ་ཞེས་པ་ལྟ་བུའོ། །ཨུ་ པ་དྷཱ་མ་ཕྱིས་པའི་ཧ་ཡིག་ནི་གྷི་རུ་མི་འགྱུར་ཏེ། དཔེར་ན། བྲྀ་ཏྲ་ཧན་ལ། ཨཽ་དང་ཛས྄་ཁྱད་ དོན་ཕྱིས་པ་བྱིན་ཏེ་སྦྱར། ཏྲའི་ར་ཡིག་གི་ནུས་པས་ན་ཡིག་ཎ་རུ་བསྒྱུར་བས། བྲྀ་ཏྲ་ཧ་ཎཽ། བྲྀ་ 6-1-130 ཏྲ་ཧ་ཎཿ ཞེས་པ་ལྟ་བུའོ། །གོའི་གྷུཊ་ལ་ཨཽའོ་ཞེས་པ་ནི། གོའི་སྒྲ་ལས་ཕ་རོལ་ཏུ་རྣམ་དབྱེ་ གྷུཊ་ཡོད་པ་ལ། རྟགས་མཐའི་ཨོ་ཡིག་ཨཽ་རུ་འགྱུར་ཏེ། དཔེར་ན། གོའི་ཕ་རོལ་ཏུ་སི་དང་ ཨཽ་དང་ཛས྄་རྣམས་བྱིན་ནས་མདོ་འདིས་གོའི་དབྱངས་ཨཽ་དང་སི་རྣམ་བཅད་དུ་བསྒྱུར་ཞིང་། གཞན་དང་མཚམས་སྦྱར་བ་ལས་རིམ་པ་བཞིན་དུ། གཽཿ(མཐོ་རིས། ) གཱ་ཝཽ(ས་དག)། གཱ་ཝཿ(བ་ ལང་རྣམས། )ཞེས་པ་ལྟ་བུའོ། །གྷུཊ་མ་ཡིན་པ་ལ་ཨཽ་ཉིད་དུ་མི་འགྱུར་ཏེ། དཔེར་ན། བྷིས་བྱིན་ པས། གོ་བྷིཿ(ས་རྣམས་ཀྱིས་)ཅེས་པ་ལྟ་བུའོ། །ཨམ྄་ཤས྄་དག་ལ་ཨཱའོ་ཞེས་པ་ནི། གོའི་ཕ་རོལ་ ཏུ་ཨམ་དང་ཤས་དག་ཡོད་པ་ལས། གོའི་ཨོ་ཡིག་ཨཱ་ཉིད་དུ་འགྱུར་ཏེ། དཔེར་ན། གོ་ལ་ཨམ་ དང་ཤས་བྱིན་ནས་མདོ་འདིས་གོའི་དབྱངས་ཨཱ་རུ་བསྒྱུར་ཏེ་མཚམས་སྦྱར་བས། གཱམ(ས་ ལ)། གཱཿས་རྣམས་ལ་ཞེས་པར་གྱུར་པ་ལྟ་བུའོ། །པནྠི་མནྠི་རྀ་བྷུཀྵི་རྣམས་ཀྱི་སི་ལའོ་ཞེས་ པ་ནི། པནྠི་དང་མནྠི་དང་རྀ་བྷུཀྵི་རྣམས་ཀྱི་ཕ་རོལ་ཏུ་རྣམ་དབྱེ་སི་ཡོད་པ་ན་མཐའི་ཨི་ཡིག་ རྣམས་ཨཱ་ཉིད་དུ་འགྱུར་ཏེ། དཔེར་ན། དེ་རྣམས་ལ་སི་བྱིན་ནས། མདོ་འདིས་རྟགས་མཐའི་ དབྱངས་རྣམས་ཨཱ་རུ་བསྒྱུར་བས། པནྠཱཿ(ལམ། ) མནྠཱཿ(བསྲུབ་པ། )རྀ་བྷུཀྵཿཞེས་པར་གྱུར་པ་ལྟ་ བུའོ། །གྷུཊ་ལ་ཨན་མཐའོ་ཞེས་པ་ནི། པནྠི་དང་མནྠི་དང་རྀ་བྷུཀྵི་རྣམས་ཀྱི་མཐའ་རྣམ་དབྱེ་ སི་ལས་གཞན་པའི་གྷུཊ་རྣམས་ཕ་རོལ་ཏུ་ཡོད་པ་ན་ཨན་དུ་འགྱུར་ཏེ། དཔེར་ན། པནྠི་ལ་ཨཽ་ དང་ཛས་དང་ཨམ་དང་ཨཽ་རྣམས་བྱིན་ནས་མདོ་འདིས་མཐའི་དབྱངས་ཨན་དུ་བསྒྱུར་བ་ན། ལེའུ་འདིར་གྷུཊ་ལའང་སམ་བུདྡྷི་མ་ཡིན་པ་ལའོ་ཞེས་པས་ཨན་གྱི་ཨ་ཡིག་རིང་པོར་འགྱུར་ ཞིང་། ཛ་ཡིག་ཁྱད་དོན་ཕྱིས་ཏེ་སྦྱར་བས་རིམ་པ་ལྟར། པནྠཱ་ནཽ(ལམ་དག)། པནྠཱ་ནཿ(ལམ་རྣམས། ) པནྠཱ་ནཾ(ལམ་ལ)། པནྠཱ་ནཽ་(ལམ་དག་ལ། )ཞེས་པ་ལྟ་བུ་སྟེ། མནྠི་དང་རྀ་བྷུཀྵི་ལའང་དེ་བཞིན་དུ་ སྦྱར་རོ། །གྷུཊ་མ་ཡིན་པའི་དབྱངས་ལ་དབྱིའོ་ཞེས་པ་ནི་པནྠི་དང་མནྠི་དང་རྀ་བྷུཀྵི་རྣམས་ ཀྱི་མཐའི་དབྱངས་གྷུཊ་མ་ཡིན་པའི་རྣམ་དབྱེའི་དབྱངས་ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་བྱ་ 6-1-131 སྟེ། དཔེར་ན། པནྠི་ལ་ཤས་བྱིན་པ་ན། ཤ་ཡིག་རྟགས་ཀྱི་དོན་དང་མདོ་འདིས་རྟགས་མཐའི་ དབྱངས་དང་ན་ཡིག་མདོ་ཕྱི་མས་ཕྱིས་པས། པ་ཐཿཞེས་པ་ལྟ་བུའོ། །དེ་བཞིན་དུ་མནྠི་ལ་སྟེ། རྀ་བྷུ་ཀྵི་ལ་ན་དབྱི་རྒྱུ་མེད་པ་ནི་ཁྱད་པར་རོ། །གསལ་བྱེད་ལའང་འདི་རྣམས་ཀྱི་ནིའོ་ཞེས་པ་ ནི། པནྠི་དང་མནྠི་དག་གི་ན་ཡིག་གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་ཕ་རོལ་ཏུ་ཡོད་ པ་ལའང་དབྱི་བར་འགྱུར་ཏེ། དཔེར་ན། པནྠི་ལ་གྷུཊ་མ་ཡིན་པའི་དབྱངས་ཊཱ་བྱིན་ནས། མདོ་ སྔ་མས་མཐའི་དབྱངས་དང་། མདོ་འདིས་ན་ཡིག་དང་ཊཱ་ཁྱད་དོན་ཕྱིས་ཏེ་སྦྱར་བས། པ་ཐཱ་ ཞེས་པ་དང་། གསལ་བྱེད་བྷྱཱམ་སྦྱར་ནས་མདོ་འདིས་ན་ཕྱིས་པས་པ་ཐིབྷྱཱཾ་(ལམ་དག་གིས། )ཞེས་ པ་ལྟ་བུ་སྟེ། དེ་བཞིན་དུ་མནྠི་ལའང་སྦྱར་རོ། ། བཞི་པ་ཨ་ནུ་ཥཾ་ག་དང་པུམ་ནྶའི་ཨན་སྒྲ་འཕྱིད་ཚུལ་ནི། ཨ་ནུ་ཥཾ་གའང་ཀྲུཉྩི་དང་ཨི་ཏ་ མ་ཡིན་པའིའོ་ཞེས་པ་ནི་ཨ་ནུ་ཥཾ་ག་སྟེ་ན་ཡིག་ཨུ་པ་དྷཱ་རྣམས་ནི་གྷུཊ་མ་ཡིན་པའི་དབྱངས་ དང་གསལ་བྱེད་ཕ་རོལ་ལ་དབྱི་བར་འགྱུར་ཞིང་། ཁྱད་པར་ཀྲུཉྩི་འགྲོ་བ་དང་འཁྱོག་པ་དག་ ལའོ་ཞེས་པ་འདི་དང་། ཨིཏ་རྗེས་སུ་འབྲེལ་པ་རྣམས་ཀྱི་ཨ་ནུ་ཥཾ་ག་ནི་དབྱི་བར་འགྱུར་བ་ མ་ཡིན་ནོ་ཞེས་པ་སྟེ། དཔེར་ན། བིདྭནྶ་ལ། ཤས་བྱིན་ནས་མདོ་འདིས་ན་དང་། ལེའུ་འདི་ ཉིད་ནས་གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཝ་སྒྲའི་ཨུ་ཉིད་དོ་ཞེས་པས་ཝ་ཡིག་ཨུ་དང་། ནཱ་བཞི་པར། ནཱ་མི་དང་ཞེས་སོགས་ཀྱིས་ས་ཡིག་ཥ་རུ་བསྒྱུར་བས། བི་དུ་ཥཿ(མཁས་པ་རྣམས་ ལ་)ཞེས་པ་དང་། བྷྱཱཾ་བྱིན་པ་ན། ནཱ་གསུམ་པར་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ ཨན་ཌྭཱ་ཧ་ན་ཧི་ཅེས་སོགས་ཀྱིས་ས་ཡིག་ད་རུ་བསྒྱུར་བས། བི་དྭདྡྷྱཱ་(མཁས་པ་དག)ལྟ་བུའོ། ། ཀྲུཉྩི་ཨི་ཡིག་རྗེས་འབྲེལ་ཕྱིས་པ་ལ་ཀྭི་པ་བྱིན་ནས་ཕྱིས་པའི་མཐར་ཤས་ཀྱི་དབྱངས་ཨས་ སྦྱར་ཏེ། ན་ཡིག་དྷུཊ་ལ་རྗེས་སུ་ང་རོར་བསྒྱུར་པ་སྡེ་པ་ལ་སྡེ་པའི་མཐར་ཉ་རུ་བསྒྱུར་བས། ཀྲུཉྩིཿ(ཁྲུང་ཁྲུང་རྣམས་)ཞེས་པ་དང་། གསལ་བྱེད་བྷྱཱཾ་བྱིན་ནས། ནཱ་གསུམ་པར། ཙ་སྡེ་དང་དྲྀ་ཤ་ 6-1-132 སོགས་རྣམས་ཀྱི་འང་ངོ་ཞེས་པས་ཙ་ཡིག་ག་དང་། ནཱ་བཞི་པར། སྡེ་པ་ལ་སྡེ་པའི་མཐའ་འོ་ ཞེས་པས་ན་ཡིག་ནི་ང་རུ་བསྒྱུར་ཞིང་། ནཱ་གསུམ་པར། བརྩེགས་པའི་མཐའ་དབྱིའོ་ཞེས་ པས་ག་ཡིག་ཕྱིས་པས། ཀྲུང་བྷྱཱཾ་(ཁྲུང་ཁྲུང་དག)ཞེས་པ་ལྟ་བུའོ། །ཨི་ཡིག་རྗེས་སུ་འབྲེལ་པའི་ ཨ་ནུ་ཥཾ་ག་མི་འཕྱིད་པ་ནི། དཔེར་ན། སུ་སྔ་མ་ཅན་གྱི་ཀ་སི་འགྲོ་བའི་བྱིངས་ཨི་རྗེས་འབྲེལ་ ཕྱིས་པ་ལ་ལེགས་པར་འགྲོ་བར་བྱེད་དོའི་དོན་ལ་ཀྭིཔ་བྱིན་པ་ན། ཨཱ་དྲུག་པར། ཨིཏ་རྗེས་ སུ་འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཞེས་པའི་ངེས་པའི་མཐུས། ཀའི་མཐར་ན་ཨཱ་ག་མ་བྱིན་ཏེ། ཀྭིཔ་ཕྱིས་ནས། ཤས་དང་བྷྱཱཾ་བྱིན་ཞིང་གསལ་བྱེད་མཐོང་བ་ལས་བརྩེགས་པའི་མཐའ་ས་ ཡིག་ཕྱིས་ཏེ་སྦྱར་བས། སུ་ཀནྶ (ལེགས་པར་འགྲོ་བ་རྣམས་ལ)། སུ་ཀན་བྷྱཱཾ་(ལེགས་པར་འགྲོ་བ་དག་གིས། ) ཞེས་པ་ལྟ་བུའོ། །པུ་མནྶའི་ཨ་ནའི་སྒྲ་དབྱིའོ་ཞེས་པ། པུ་མནྶའི་ཨན་གྱི་སྒྲ་གྷུཊ་མ་ཡིན་པའི་ དབྱངས་དང་གསལ་བྱེད་ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་འགྱུར་ཏེ། དཔེར་ན། པུ་མནྶལ་གྷུཊ་ མ་ཡིན་པའི་དབྱངས་ཊཱ་བྱིན་པ་ན། མདོ་འདིས་ཨན་ཕྱིས་ནས། མ་གསལ་བྱེད་ལ་རྗེས་སུ་ ང་རོར་བསྒྱུར་ཞིང་ཊ་རྟགས་དོན་ཕྱིས་ཏེ་སྦྱར་བས། པུཾ་སཱ་(དག་བྱེད་ཀྱི། )ཞེས་པ་དང་། གསལ་ བྱེད་བྷིས྄་བྱིན་པ་ན། སྔ་མ་ལྟར་ཨན་དང་བརྩེགས་པའི་མཐའ་ཕྱིས་ནས་མ་རྗེས་སུ་ང་རོར་ བསྒྱུར་བས། པུཾ་བྷིཿ(དག་བྱེད་རྣམས་ཀྱིས། )ཞེས་པ་ལྟ་བུ་སྟེ། སྒྲ་སྨོས་པ་ནི་གཞན་ལ་ཡང་དབྱི་བའི་ དོན་ཏོ། ། ལྔ་པ་ཙ་ཏྭཱར་དང་ཨ་ན་ཌྭཱ་ཧ་དང་ཨ་དས་ལ་རྣམ་འགྱུར་འབྱུང་ཚུལ་ནི། ཙཏྭཱ་རའི་ཝཱ་སྒྲའི་ ཨུ་ཉིད་དོ་ཞེས་པ་ནི། ཙ་ཏྭཱར་ཞེས་པ་འདིའི་ཝཱའི་སྒྲ་ཨཱ་ཡིག་ནི་གྷུཊ་མ་ཡིན་པའི་དབྱངས་དང་ གསལ་བྱེད་ཕ་རོལ་ཏུ་ཡོད་པ་ལ་ཨུ་ཉིད་དུ་འགྱུར་ཏེ། དཔེར་ན། ཙ་ཏྭཱར་ལ་ཤས྄་དང་བྷྱས་ བྱིན་ནས། མདོ་འདིས་ཝཱ་སྒྲ་ཨུ་རུ་བསྒྱུར་ནས་ཤ་ཁྱད་དོན་དབྱི་ཞིང་ས་རྣམ་བཅད་དུ་བྱས་ པས། ཙ་ཏུ་རཿ(བཞི་རྣམས་ལ། )ཙ་ཏུ་རབ་རྦྷྱ་(བཞི་རྣམས་ལས། )ཞེས་པ་ལྟ་བུའོ། །ཨ་ན་ཌྭཱ་ཧའི་འང་ངོ་ 6-1-133 ཞེས་པ་ནི། ཨ་ན་ཌྭཱ་ཧ་ཞེས་པའི་ཝཱའི་སྒྲའང་། གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་ཕ་ རོལ་ཏུ་ཡོད་པ་ལ་ཨུ་ཉིད་དུ་འགྱུར་ཏེ། དཔེར་ན། དེ་ཉིད་ལ་སྔར་བཞིན་ཤས་བྱིན་ནས། ཝཱ་ སྒྲ་ཨུ་རུ་གྱུར་པས། ཨ་ན་ཌུ་ཧཿ(གླང་རྣམས་ལ། ) ཅེས་པ་དང་། བྷྱཱཾ་བྱིན་པ་ན། ཁྱད་པར་ནཱ་གསུམ་ པར། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པས། ཧ་ཡིག་ད་རུ་གྱུར་པས། ཨ་ན་ ཌཱུདྦྷྱཱ ཾ་(གླང་དག་གི་ཆེད་དུ། )ཞེས་པ་ལྟ་བུའོ། །སི་ལ་ནུའོ་ཞེས་པ་ནི། ཨ་ན་ཌྭཱ་ཧ་ཞེས་པ་འདིའི་ཕ་ རོལ་ཏུ་སི་བྱིན་པ་ན་དབྱངས་མཐར་ནུ་སྦྱིན་པར་འགྱུར་ཏེ། དཔེར་ན། ཨ་ན་ཌཧ་ལ་སི་བྱིན་ ནས། མདོ་འདིས་དབྱངས་མཐར་ནུ་བྱིན་པའི་ཨུ་དང་གསལ་བྱེད་ལས་སི་དང་བརྩེགས་པའི་ མཐའ་ཕྱིས་པ་ལས། ཨ་ན་ཌན་(གླང་། )ཞེས་པ་ལྟ་བུའོ། །སམ་བུདྡྷི་ལ་གཉིས་དག་གི་ཐུང་ ངུའོ་ཞེས་པ་ནི། ཙ་ཏྭཱར་དང་ཨ་ན་ཌཧ་ཞེས་པ་འདི་གཉིས་ཀྱི་ཕ་རོལ་ཏུ་སི་སམ་བུདྡྷི་བྱིན་པ་ ན། དབྱངས་མཐའ་རིང་པོ་དག་ཐུང་ངུར་འགྱུར་ཏེ། དཔེར་ན། པྲི་ཡ་སྔོན་མ་ཅན་གྱི་ཙ་ཏྭཱར་ དང་ཨ་ན་ཌཧ། ཧེ་སྔ་མ་ཅན་ལ་སི་བྱིན་ནས། མདོ་འདིས་ཝཱ་སྒྲའི་དབྱངས་ཐུང་ངུར་བསྒྱུར་ཏེ། ཁྱད་པར། ཨ་ན་ཌཧའི་དབྱངས་མཐར་མདོ་སྔ་མས་ནུ་བྱིན་པའི་ཨུ་དང་བརྩེགས་པའི་མཐའ་ ཕྱིས་པས། ཧེ་པྲྀ་ཡ་ཙ་ཏྭར། ཧེ་ཨ་ན་ཌན་ཞེས་པ་ལྟ་བུའོ། །ཨ་དས྄འི་ཚིག་ལ་མའོ་ཞེས་པ་ ནི། ཨ་དས྄་ལ་རྣམ་དབྱེ་བྱིན་ཏེ་ཚིག་གི་བྱ་བ་བྱས་པར་གྱུར་པ་ན། ད་ཡིག་མ་ཉིད་དུ་འགྱུར། དཔེར་ན། ཨ་དས་ལ་ངེ་བྱིན་པ་ན། ནཱ་དང་པོར་སརྦའི་མིང་ཅན་ལས་སྨཻ འོ་ཞེས་པས། ངེ་ནི་ སྨཻ་རུ་འགྱུར་ཞིང་། ནཱ་གསུམ་པར། ཏྱད་ལ་སོགས་པའི་རྣམ་དབྱེ་ལ་ཨའོ་ཞེས་པས་རྟགས་ མཐའི་ས་ཡིག་ཨ་རུ་འགྱུར་ཏེ། ཨ་ཡིག་ལ་དབྱིའོ་ཞེས་པས་དའི་ཨ་ཕྱིས་ནས། མདོ་འདིས་ ད་ཡིག་མ་རུ་བསྒྱུར་ཞིང་། ནཱ་གསུམ་པར། མ་ལས་ཨུ་ཉིད་དོ་ཞེས་པས། ཨ་ཡིག་ཨུ་ཉིད་དུ་ གྱུར་པས། ཨ་མུ་སྨཻ་ཞེས་པ་ལྟ་བུའོ། ། དྲུག་པ་ཝནྶཤྭན་སོགས་ཝ་ཧི་ཨནྩི་རྣམས་ལས་རྣམ་འགྱུར་འབྱུང་ཚུལ་ནི། ཝན་སའི་ 6-1-134 ཝ་སྒྲའི་ཨིཊ་དང་བཅས་པའི་འང་གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཨུ་ཉིད་དོ་ཞེས་པ་ནི། ཝནྶ་དང་ཝན་སུ་ཞེས་པ་འདི་དག་གི་ཝ་སྒྲ་གང་ཡིན་པ་དེ་ཡང་ཨིཊ་དང་བཅས་པ་ཅན་དང་། འང་གི་སྒྲ་ལས་ཨིཊ་དང་བྲལ་བའི་ཡང་རྣམ་དབྱེ་གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ ཏུ་ཡོད་པ་ལ་ཨུ་ཉིད་དུ་འགྱུར་ཏེ། དཔེར་ན། ཨིཊ་དང་བཅས་པ་ནི་ཌུ་པ་ཙ་ཥ་འཚེད་པ་ལའོ་ ཞེས་པའི་བྱིངས་མིང་དུ་བསྒྲུབ་པ་ན། ཀྲྀཏ་བཞི་པར། ཀྭནྶུ་ཀན་དག་པ་རོ྅ཀྵཱ་བཞིན་འང་ ངོ་ཞེས་པས་ཀྭནྶུ་སྦྱིན་ཞིང་། ཌུ་དང་ཥ་དང་ཀ་དང་ཨུ་རྗེས་འབྲེལ་དང་ཙའི་ཨ་ཡིག་བརྗོད་ དོན་ཕྱིས་ནས། པ་རོ྅ཀྵཱ་བཞིན་འང་ངོ་ཞེས་པས་པ་ཙ་ལན་གཉིས་བཟླས་ཏེ། ཨཱ་གསུམ་ པར། གསལ་བྱེད་དང་པོ་ལྷག་མར་བྱའོ་ཞེས་པས་སྔ་མའི་ཙ་ཕྱིས་ལ། ཨཱ་བཞི་པར། གསལ་ བྱེད་གཅིག་པུའི་དབུས་སུ་དང་པོ་ཞེས་པས་ཕྱི་མའི་སྲོག་ཨེ་རུ་བསྒྱུར་ཞིང་། ཨ་བྷྱཱས་དབྱི་ བའང་ཞེས་པས་པ་སྔ་མ་ཕྱིས་ཏེ། ཀྲྀཏ་དྲུག་པར། ཨར་ཏི་ཨིན་གྷས་དབྱངས་གཅིག་པ་ཨཱཏ་ རྣམས་ཀྱི་ཞེས་པས་ཙ་མཐར་ཨིཊ་བྱིན་ནས། མདོ་འདིས་ཨི་ཊ་ཝ་ཡིག་དང་བཅས་པ་ཨུ་རུ་ བསྒྱུར་ལ། དེ་ཚིག་ཏུ་བསྒྲུབ་པ་ན་ཤས་བྱིན་ནས། ལེའུ་འདིར་ཨ་ནུ་ཥཾ་གའང་ཞེས་པས་ན་ ཡིག་ཕྱིས་ཏེ། ནཱ་བཞི་པར། ནཱ་མི་དང་ཞེས་པས་ས་ཡིག་ཥ་རུ་བསྒྱུར་ནས་སྦྱར་བས། པེ་ཙུ་ ཥཿ(འཚོད་བྱེད་རྣམས། )ཞེས་པ་དང་། ཨི་ཊ་མེད་པ་ནི། དཔེར་ན། བིད་ཤེས་པ་ལའོ་ཞེས་པའི་ བྱིངས་ལ། ཀྲྀཏ་བཞི་པར། བིད་ཏི་ལས་ཤནྟྲྀངའི་ཝནྶུའོ་ཞེས་པས། ཤནྟྲྀང་ཝནྶུ་རུ་བསྒྱུར་བ་ སྦྱིན་ཞིང་། ཨུ་ཡིག་རྗེས་འབྲེལ་ཕྱིས་པའི་མཐར་ཤས་བྱིན་པ་ན། སྔ་མ་བཞིན་ན་ཕྱིས་ཏེ་ཝ་ སྒྲ་ཨུ་དང་སའང་ཥ་རུ་བསྒྱུར་ཞིང་སྦྱར་བས། བི་དུ་ཥཿ(མཁས་པ་རྣམས། )ཞེས་པ་ལྟ་བུའོ། །ཤྭན་ ཡུ་ཝན་མ་གྷ་ཝན་རྣམས་ཀྱིའང་ངོ་ཞེས་པ་ནི། ཤྭན་དང་ཡུ་ཝན་དང་མ་གྷ་ཝན་རྣམས་ཀྱི་ཝ་ སྒྲའང་། གྷུཊམ་ཡིན་པའི་དབྱངས་དང་པོ་ཕ་རོལ་ཏུ་ཡོད་པ་ལ་ཨུ་ཉིད་དུ་འགྱུར་ཏེ། དཔེར་ ན། འདི་རྣམས་ལ་ཤས་བྱིན་ནས་མདོ་འདིས་ཝ་སྒྲ་རྣམས་ཨུ་རུ་བསྒྱུར་ཞིང་ཤ་ཁྱད་དོན་ཕྱིས་ 6-1-135 ཏེ་མཚམས་སྦྱར་བས། ཤུ་ནཿ(ཁྱ་རྣམས། )ཡཱུ་ནཿ(ལང་ཚོ་རྣམས། )མ་གྷོ་ཎཿ(བརྒྱ་བྱིན་རྣམས། )ཞེས་པ་ལྟ་ བུའོ། །ཝཱ་ཧིའི་ཝཱ་སྒྲའི་ཨུ་ཉིད་དོ་ཞེས་པ་ནི། ཝཱ་ཧིའི་ཝཱ་སྒྲ་ནི་གྷུཊ་མ་ཡིན་པའི་དབྱངས་དང་ པོ་ཕ་རོལ་ཏུ་ཡོད་པ་ལ་ཨུ་ཉིད་དུ་འགྱུར་ཏེ། དཔེར་ན། པྲཥྚ་ཝཱཧ་(བྲེ་གང་ཐོབ་པར་བྱེད་དོ། །)ཞེས་པ་ ལ་སྔར་བཞིན་ཤས྄་བྱིན་པ་ན། ཝཱ་སྒྲ་ཨུ་རུ་བསྒྱུར་ཏེ་མཚམས་སྦྱར་བས། པྲཥྚོ་ཧཿ(བྲེ་གང་ཐོབ། ) ཞེས་པ་དང་། དུར་སིང་ལ་སོགས་མདོ་དང་འགྲེལ་པ་གཞན་གྱི་ལུགས་ཀྱིས་ཝཱ་སྒྲའི་ཨཽ་ཉིད་ དུའོ་ཞེས་པ་ལྟར་ན། པྲཥྚཽ་ཧཿཞེས་པ་ལྟ་བུའོ། །ཨནྩིའི་ཨ་དབྱི་བ་དང་སྔ་མའི་འང་རིང་པོའོ་ ཞེས་པ་ནི། ཨནྩུ་འགྲོ་བ་དང་མཆོད་པ་དག་ལའོ་ཞེས་པ་ཀྭི་པའི་མཐའ་ཅན་གྱི་ཨ་ཡིག གྷུཊ་ མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ཏུ་ཡོད་པ་ལ་དབྱི་ཞིང་། ཕྱིས་པའི་སྔ་མ་ཐུང་ངུའང་རིང་ པོར་འགྱུར་ཏེ། དཔེར་ན། པྲ་ཏི་ཨནྩུ་སོ་སོར་མཆོད་པར་བྱེད་དོ་ཞེས་པ་ལ་ཀྭིཔ་བྱིན་ནས་ དེ་དང་ཨུ་ཡིག་རྗེས་འབྲེལ་ཕྱིས་ཏེ། མདོ་འདིས་ཨ་དབྱི་ཞིང་། ཨཱ་དྲུག་པར། ཨིཊ་རྗེས་སུ་ འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཞེས་པས། ཨ་ནུ་ཥཾ་ག་ཕྱིས་པ་ལ་ཤས྄་དང་ཊཱ་བྱིན་པའི་ཤ་ཁྱད་ དོན་དབྱི་ཞིང་། སྔ་མ་རིང་པོར་བསྒྱུར་བས། པྲ་ཏཱི་ཙཿ (སོ་སོར་མཆོད་པ་རྣམས། ) པྲ་ཏཱི་ཙཱ་(སོ་སོར་མཆོད་ པ་བྱེད་པ། )ཞེས་པ་ལྟ་བུའོ། ། བདུན་པ་ཏིཪྻཉྩ་ཨུ་དཉྩ་པཱ་ད་རྣམས་གཞན་དུ་བསྒྱུར་ཚུལ་ནི། ཏིཪྻཉྩ་ནི་ཏི་རཤྩའོ་ཞེས་ པ་ནི། ཏིཪྻཉྩ་ཞེས་པ་འདིའི་ཕ་རོལ་ཏུ་གྷུཊ་མ་ཡིན་པའི་དབྱངས་དང་པོ་ཅན་བྱུང་ན། ཏིརཤྩ་ རུ་འགྱུར་ཏེ། དཔེར་ན། ཏི་རི་སྔ་མ་ཅན་གྱི་ཨཉྩ་འཁྱོག་པོར་འགྲོ་བར་བྱེད་དོ་ཞེས་པ་ལ། ཀྭི་ པ་བྱིན་ནས་ཕྱིས་ཏེ་མཚམས་སྦྱར་བའི་མཐར་ཊཱ་དང་ངེ་བྱིན་པའི་ཊཱ་དང་ང་ཁྱད་དོན་ཕྱིས་ ནས་མདོ་འདིས་ཏིརཤྩ་རུ་བསྒྱུར་ཏེ་སྦྱར་བས། ཏི་ར་ཤྩཱ(ཆུའི་ངོགས་ཀྱིས)། ཏི་ར་ཤྩེ་(ཆུའི་ངོགས་ཀྱི་ ཆེད་དུ། )ཞེས་པ་ལྟ་བུའོ། །ཨུ་དཉྩའི་ཨུ་དཱི་ཙའོ་ཞེས་པ་ནི། ཨུ་དཉྩ་ཞེས་པ་འདི་གྷུཊ་མ་ཡིན་པའི་ དབྱངས་དང་པོ་ཕ་རོལ་ཏུ་ཡོད་པ་ལ་ཨུ་དཱི་ཙ་རུ་འགྱུར་ཏེ། དཔེར་ན། ཨུད་སྔ་མ་ཅན་གྱི་ཨཉྩ་ 6-1-136 ལ་མདུན་དུ་འགྲོ་བར་བྱེད་དོ་ཞེས་པ་ལ་ཀྭིཔ་བྱིན་ནས་ཕྱིས་ཏེ། ཤས྄་བྱིན་པའི་ཤ་ཁྱད་དོན་ དབྱི་ཞིང་། ཨུ་དཱི་ཙ་རུ་བསྒྱུར་ནས་སྦྱར་བས། ཨུ་དཱི་ཙཿཞེས་པ་ལྟ་བུའོ། །པཱ་དའི་པད་བསྡུ་ བའི་མཐའི་འོ་ཞེས་པ་ནི། པཱ་ད་ཞེས་པའི་སྒྲ་འདི་ཚིག་སྡུད་བྱས་པའི་མཐར་གྱུར་པ་དེའི་ཚེ། ཕ་རོལ་ཏུ་གྷུཊ་མ་ཡིན་པའི་དབྱངས་དང་པོ་ཅན་བྱུང་ན་པད་དུ་བསྒྱུར་བ་འཐོབ་སྟེ། དཔེར་ན། བྱཱ་གྷྲ་ལ་དྲུག་པའི་ངས྄་བྱིན་ནས། ནཱ་དང་པོར། ངས་སྱའོ་ཞེས་པས་སྱ་རུ་བསྒྱུར་ཞིང་། དེའི་ཕ་ རོལ་ཏུ་པཱ་ད་བཞག་སྟེ། ནཱ་ལྔ་པར། གཉིས་པ་ལ་སོགས་རྣམ་དབྱེ་རྣམས། ཞེས་པས། བར་གྱི་ སྱ་ཕྱིས་ནས་པད་དུ་བསྒྱུར་བ་ལ། སྔར་བཞིན་ཤས྄་བྱིན་པ་ན། བྱཱ་གྷྲ་པ་དཿ(སྟག་གི་རྐང་པ་རྣམས་ ལ། )ཞེས་ལྟ་བུའོ། ། བརྒྱད་པ་རྟགས་ཀྱི་ཨན་སྒྲའི་ཨ་དབྱི་བ་དང་ཡང་ན་འཇུག་ཚུལ་ནི། ཝ་མ་བརྩེགས་པ་ མ་ཡིན་པ་ལས་ཨནའི་ཨ་དབྱི་བ་དང་སྔ་མའི་ཆོ་ག་ལ་མ་ཕྱིས་པ་བཞིན་འང་ངོ་ཞེས་པ་ནི། ཝ་ དང་མ་བརྩེགས་པ་མ་ཡིན་པའི་ཨན་མཐའི་ཨ་ཡིག གྷུ་ཊ་མ་ཡིན་པའི་དབྱངས་དང་པོ་ཕ་ རོལ་ཏུ་ཡོད་པ་ལ་དབྱི་བར་འགྱུར་ཞིང་། ཕྱིས་པ་ན་སྔར་བཤད་ཟིན་དང་། ཕྱིས་འཆད་པར་ འགྱུར་བའི་ཆོ་ག་ཨ་ཡིག་ཕྱིས་པ་ལ་བྱ་བ་ཐོབ་པ་དེ་མ་ཕྱིས་པ་དང་འདྲ་བར་འགྱུར་བས་ཕྱིས་ པ་ལ་ཐོབ་པའི་བྱ་བའང་མི་བྱེད་དེ། དཔེར་ན། རཱ་ཛན་ལ་སྔར་བཞིན་ཤས྄་བྱིན་པ་ན། མདོ་ འདིས་ཨ་ཕྱིས་ནས། ནཱ་གསུམ་པར། ཙ་སྡེ་དང་དྲྀ་ཤ་ལ་སོགས་རྣམས་ཀྱི་འང་ངོ་ཞེས་པས་ ཛ་ཡིག་ན་གསལ་བྱེད་ཕ་རོལ་ལ་ག་ཉིད་དུ་ཐོབ་པ་དེ་མ་ཕྱིས་པ་བཞིན་འང་ངོ་ཞེས་པས་ཛ་ ཡིག་ག་རུ་མི་འགྱུར་ཞིང་། ནཱ་བཞི་པར། ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལའོ་ཞེས་པས་ན་ཡིག་ ཉ་རུ་བསྒྱུར་ཏེ་སྦྱར་བ་ལས། རཱ་ཛྙཿ(རྒྱལ་པོ་རྣམས་ལ། )ཞེས་པ་ལྟ་བུའོ། །ཝ་མ་བརྩེགས་པ་ལ་ནི་ མི་འཕྱིད་དེ། དཔེར་ན། ཡ་ཛྭན་དང་། ཀརྨན་ལ་ཤས་བྱིན་པ་ན། ཤ་ཁྱད་དོན་དབྱི་ཞིང་། ནཱ་ མི་དང་ཞེས་སོགས་ཀྱིས་ཕྱི་མའི་ར་མཐོང་བ་ལས་ན་ཡིག་ཎ་རུ་གྱུར་པས། ཡ་ཛྭ་ནཿ(ལྷ་མཆོད་ 6-1-137 པར་བྱེད་པ་རྣམས་ལ། ) ཀརྨཎཿ(ལས་རྣམས་ལ། )ཞེས་པ་ལྟ་བུའོ། ཨཱི་དང་ངི་དག་ལ་ཡང་ནའོ་ཞེས་པ་ ནི། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཨན་གྱི་ཨ་ཡིག་ཨཱི་དང་ངི་ཞེས་པ་འདི་དག་ཕ་རོལ་ལ་ ཡང་ན་དབྱི་བར་འགྱུར་ཞིང་། སྔ་མའི་ཆོ་ག་ལ་མ་ཕྱིས་པ་བཞིན་འང་ངོ་ཞེས་ཐོབ་པ་ལ་ཡང་ ན་ཞེས་པ་ཁྱད་པར་ཏེ། དཔེར་ན། སཱ་མན་ལ། ཨཽ་བྱིན་པ་འདི་ཉིད་ནས་ཨཽ་ཨཱིའོ་ཞེས་པ་ལྟར་ བསྒྱུར་ཞིང་། མདོ་འདིས་ཨ་ཕྱིས་པས། སཱམྣཱིཞེས་པ་དང་། ཡང་ན་མ་ཕྱིས་པར། སཱ་མ་ནཱི་ཞེས་ པ་ལྟ་བུ་དང་། དེ་བཞིན་དུ། རཱ་ཛན་ལ་ངི་བྱིན་ནས། སྔར་བཞིན་ན་ཡིག་ཉ་རུ་བསྒྱུར་ཏེ་སྦྱར་ བས། རཱཛྙི(རྒྱལ་པོ་ལ། )ཞེས་པའམ། ཡང་ན། རཱ་ཛ་ནི་ཞེས་པ་ལྟ་བུའོ། ། དགུ་པ་བྱིངས་ཀྱི་ཨཱ་འཕྱིད་པ་དང་ཨཱིཏྲ་ཨཱུཏྲ་ཨིཡ྄་ཨུཝ྄་རུ་འགྱུར་ཚུལ་ནི། བྱིངས་ཀྱི་ཨཱ་ གྷུཊ་མ་ཡིན་པའི་དབྱངས་ལའོ་ཞེས་པ་ནི། བྱིངས་མཐའི་ཨཱ་ཡིག་རིང་པོ། གྷུཊ་མ་ཡིན་པའི་ དབྱངས་ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་འགྱུར་ཏེ། ཡང་ན་ཞེས་པ་ནི་ལྡོག་གོ །དཔེར་ན། ཀཱི་ ལཱ་ལ་པཱ་ཆུ་འཐུང་བར་བྱེད་དོ་ཞེས་པ་ལ། ཀྲྀཏ་གསུམ་པར། ཨཱཏ་ལ་མ་ན་ཀྭ་ནི་པ་ཅེས་ སོགས་ཀྱིས་བིཙ་བྱིན་ཏེ་ཕྱིས་པ་ལ་སྔར་བཞིན་ཤས྄་དང་ཊཱ་བྱིན་ནས། མདོ་འདིས་ཨ་ཡིག་ ཕྱིས་ཏེ་སྦྱར་བ་ན། ཀཱི་ལཱ་ལ་པཿ (ཆུ་འཐུང་བ་རྣམས། ) ཀཱི་ལཱ་ལ་པཱ་(ཆུ་འཐུང་བའི། )ཞེས་པ་ལྟ་བུའོ། ། ཨཱིཏ་ཨཱུཏ་དག་གི་ཨིཡ་ཨུ་ཝ་དག་དབྱངས་ལའོ་ཞེས་པ་ནི། བྱིངས་མཐའི་ཨཱིཏ་དང་ཨཱུཏ་ གང་ཡིན་པ་དེ་དག་རྣམ་དབྱེའི་དབྱངས་གང་རུང་ཕ་རོལ་ཏུ་ཡོད་པ་ལ་རིམ་པ་བཞིན། ཨིཡ྄་ དང་ཨུཝ྄་དག་ཏུ་འགྱུར་ཏེ་གྷུཊ་མ་ཡིན་པ་ཞེས་པ་ནི་ལྡོག་ཅིང་། ཏ་སྦྱར་བ་ནི་ཐེ་ཚོམ་མེད་ པའི་དོན་ཏོ། །དཔེར་ན། ནཱི་འདྲེན་པ་དང་། ལཱུ་གཅོད་པ་ལའོ་ཞེས་པའི་བྱིངས་ཀྭིཔ་ཕྱིས་ནས་ མིང་དུ་བསྒྲུབ་པའི་མཐར་ཨཽ་དང་ཊཱའི་དབྱངས་བྱིན་ནས། ཨཱིཏ་ཨཱུཏ་དག་ཨིཡ྄་ཨུཝ྄་དག་ཏུ་ བསྒྱུར་ཏེ་སྦྱར་བས་རིམ་པ་ལྟར། ནི་ཡཽ། ནི་ཡཱ། ལུ་ཝཽ། ལུ་ཝཱ་ཞེས་པ་ལྟ་བུའོ། །དེས་ན་གསལ་ བྱེད་ཕ་རོལ་ལ་ནི་མི་འགྱུར་བས་བྷྱཱམ་བྱིན་པ་ན། ནཱིབྷྱཱཾ་(འདྲེན་པ་དག་གི)ལཱུ་བྷྱཱཾ་(གཅོད་པ་དག་གི)ཞེས་ 6-1-138 པ་ལྟ་བུའོ། ། བཅུ་པ་སུ་དྷཱི་དང་བྷཱུ་དང་ཨཱིཏ་ཨཱུཏ་ལས་རྣམ་འགྱུར་འབྱུང་ཚུལ་དམིགས་བསལ་དང་ བཅས་པ་ནི། སུ་དྷཱིའི་འོ་ཞེས་པ་ནི། སུ་དྷཱིའི་སྒྲའི་ཨཱི་ཡིག་གང་ཡིན་པ་དེའང་རྣམ་དབྱེའི་ དབྱངས་ཕ་རོལ་ཏུ་ཡོད་པ་ལ་ཨིཡ྄་རུ་འགྱུར་ཏེ། དཔེར་ན། སུ་དྷཱི་ལ། ཨཽ་དང་ཊཱའི་དབྱངས་ བྱིན་ནས། ཨཱི་ཡིག་ཨི་ཡ་རུ་བསྒྱུར་ཏེ་སྦྱར་བས། སུ་དྷི་ཡཽ(བློ་བཟང་དག)། སུ་དྷི་ཡཱ་(ལེགས་པའི་ བློ་)ཞེས་པ་ལྟ་བུའོ། །དེས་ན་གསལ་བྱེད་ལ་ནི་མི་འགྱུར་ཏེ། བྷིས་བྱིན་པས། སུ་དྷཱི་བྷིཿཞེས་ པ་ལྟ་བུའོ། །བྷཱུའི་ཝར་ཥཱ་བྷཱུ་དང་པུ་ནར་བྷཱུ་མ་ཡིན་པའི་འོ་ཞེས་པ་ནི། བྷཱུའི་ཨཱུ་སྒྲ་གང་ཡིན་ པ་དེ་རྣམ་དབྱེ་དབྱངས་ཕ་རོལ་ཏུ་ཡོད་པ་ལ་ཨུཝ་རུ་འགྱུར་ཏེ། ཝར་ཥཱ་བྷཱུ་དང་པུ་ན་ར་བྷཱུ་ མ་གཏོགས་པའིའོ། །དཔེར་ན། པྲ་ཏི་བྷཱུ་ལ་ཨཽ་དང་ཤས་བྱིན་པ་ན། ཤ་ཁྱད་དོན་དབྱི་ཞིང་། མདོ་འདིས་ཨཱུ་ཡིག་ཨུ་ཝ་རུ་བསྒྱུར་བས། པྲ་ཏི་བྷུ་ཝཽ(སོ་སོར་འབྱུང་བ་དག)། པྲ་ཏི་བྷུ་ཝཿ(སོ་སོར་ འབྱུང་བ་རྣམས། )ཞེས་པ་ལྟ་བུའོ། །ཝ་ར་ཥཱ་བྷཱུ་དང་པུ་ནར་བྷཱུ་ལ་ནི་ཨཽ་དང་ཤས་བྱིན་པ་ན་ཤ་དབྱི་ ཞིང་། ཕྱི་མའི་མདོས་ཨུའི་སྒྲ་ཝ་སྲོག་མེད་དུ་བསྒྱུར་ཏེ་སྦྱར་བས། རིམ་པ་བཞིན། ཝར་ཥཱ་ བྷྭཽ(ཆར་བྱུང་དག)། ཝར་ཥཱ(ཆར་བྱུང་རྣམས)། པུ་ནར་བྷྭཽ(སླར་བྱུང་དག)། པུ་ནར་བྷྭཿ (སླར་བྱུང་རྣམས། )ཞེས་ པ་ལྟ་བུའོ། །ཡི་གེ་གཅིག་མ་ཡིན་པ་དག་གི་ནི་བརྩེགས་པ་མ་ཡིན་པ་ལས་ཡ་ཝ་དག་གོ་ཞེས་ པ་ནི། ཡི་གེ་གཅིག་མ་ཡིན་པ་ཞེས་པས་དབྱངས་གཉིས་ལ་སོགས་དཔག་ཅན་བརྩེགས་པ་ མ་ཡིན་པའི་མཐའི་ཨཱིཏ་དང་ཨཱུཏ་ཀྱི་སྒྲ་དག རྣམ་དབྱེའི་དབྱངས་ཕ་རོལ་ཏུ་ཡོད་པ་ལ། ཡ་ དང་ཝ་སྲོག་མེད་དག་ཏུ་འགྱུར་ཞིང་། ཏ་ཡིག་ནི་ཐེ་ཚོམ་སེལ་བའི་དོན་ཏེ། ཨིཡ་ཨུ་ཝ་དག་ ནི་འགོག་པའོ། །དཔེར་ན། པྲ་དྷཱི་ཀྭིཔ་ཕྱིས་པ་ཅན་ལ་ཨཽ་བྱིན་པ་ན། ཨཱི་ཡིག་ཡ་སྲོག་མེད་དུ་ བསྒྱུར་ཏེ་སྦྱར་བས། པྲདྷྱཽ(བློ་མཆོག་དག)ཞེས་པ་དང་། དེ་བཞིན་དུ། ཡ་བ་ལཱུ་ལ་ཨཽ་བྱིན་པ་ན། ཡ་ ཝལྭཽ་(ནས་གཅོད་དོ་)ཞེས་པ་ལྟ་བུའོ། །ཡི་གེ་གཅིག་པ་ཅན་ལ་ནི་མི་འགྱུར་ཏེ། ནཱི་དང་ལཱུ་ལ་ཀྭིཔ་ 6-1-139 བྱིན་ཏེ་ཕྱིས་ནས་ཨཽ་བྱིན་ཏེ་མཚམས་སྦྱར་བ་ན། ནི་ཡཽ། ལུ་ཝཽ་ཞེས་པ་ལྟ་བུའོ། །བརྩེགས་པ་ ལའང་མི་འགྱུར་ཏེ། ཡ་ཝ་ཀྲཱི་དང་། ཀ་ཊ་སྲཱུ་ཀྭིཔ་ཕྱིས་པ་དག་གི་ཨཱི་དང་ཨཱུ་དག་སྔར་བཞིན་ ཨིཡ་དང་ཨུཝ་རུ་གྱུར་པ་ལ་ཨཽ་བྱིན་པས། ཡ་ཝ་ཀྲི་ཡཽ(ནས་ཀྱི་བྱ་བ་དག)། ཀ་ཊ་སྲུ་ཝཽ་(ཆུ་ཐིགས་ དག)ཞེས་པ་ལྟ་བུའོ། ། བཅུ་གཅིག་པ་བྷྲཱུ་དང་སྟྲི་དང་བྷ་ཝནྟ་ལས་རྣམ་འགྱུར་འབྱུང་ཚུལ་ནི། བྷྲཱུ་བྱིངས་བཞིན་ ནོ་ཞེས་པ་ནི་བྷྲཱུའི་ཨཱུ་ཡིག་རྣམ་དབྱེ་དབྱངས་ཕ་རོལ་ཏུ་ཡོད་པ་ལ་བྱིངས་མཐའི་ཨཱུ་ཡིག་ཝ་རུ་ བསྒྱུར་བ་བཞིན་དུ་འགྱུར་ཏེ། དཔེར་ན། བྷྲཱུ་ལ་ཨཽ་དང་ཛས་བྱིན་ནས། ཨུཝ་རུ་བསྒྱུར་ཞིང་། ཛ་ཁྱད་དོན་ཕྱིས་ནས་སྦྱར་བས། བྷྲཱུ་ཝཽ(སྨིན་མ་དག)། བྷྲཱུ་ཝཿ (སྨིན་མ་རྣམས། )ཞེས་པ་ལྟ་བུའོ། ། སྟྲཱིའང་ངོ་ཞེས་པ་ནི། སྟྲཱིའི་འང་ཨཱི་ཡིག་རྣམ་དབྱེ་དབྱངས་ཕ་རོལ་ཏུ་ཡོད་པ་ལ་བྱིངས་ཀྱི་ཨཱི་ ཡིག་ཨི་ཡ་རུ་བསྒྱུར་བ་བཞིན་དུ་འགྱུར་ཏེ། དཔེར་ན། སྟྲཱི་ལ། ཨཽ་དང་ཤས་བྱིན་པའི་ཤ་ཁྱད་ དོན་ཕྱིས་ནས་ཨི་ཡ་རུ་བསྒྱུར་ཏེ་སྦྱར་བས། སྟྲཱིཡཽབུད་མེད་དག། སྟྲཱི་ཡཿ(བུད་མེད་རྣམས། )ཞེས་པ་ ལྟ་བུའོ། །བྷྲཱུ་དང་སྟྲཱི་དག་བྱིངས་བཞིན་ཞེས་པས་ཆོག་པ་ལ་སོ་སོར་སྨོས་པ་ནི་མདོ་ཕྱི་མའི་ དོན་ཏོ། །ཨམ་ཤས་དག་ལ་ཡང་ནའོ་ཞེས་པ་ནི། སྟྲཱིའི་ཨཱི་ཡིག་ཨམ་དང་ཤས་ཕ་རོལ་ལ་ བྱིངས་དང་འདྲ་བར་ཨི་ཡ་རུ་བསྒྱུར་བར་ཡང་ན་འགྱུར་ཏེ། དཔེར་ན། སྟྲཱི་ལ་ཨམ་དང་སྔར་ བཞིན་ཤས་བྱིན་ནས་ཨི་ཡ་རུ་བསྒྱུར་བ་ན། སྟྲི་ཡཾ། སྟྲི་ཡཿཞེས་པ་དང་། ཡང་ན་བྱིངས་དང་ མི་འདྲ་བའི་ཕྱོགས་ལ། ནཱ་དང་པོར། ཨམ་ཤས་དག་གི་དང་པོ་དབྱིའོ་ཞེས་པས་དེ་དག་གི་ཨ་ དང་ཤ་ཕྱིས་ནས་སྦྱར་བས། སྟྲཱིམ། སྟྲཱིཿཞེས་པ་ལྟ་བུའོ། །བྷ་ཝནྟའི་ཝ་དང་པོའི་སམ་བུདྡྷི་ལ་ ཨུ་ཉིད་དོ་ཞེས་པ་ནི། བྷ་ཝནྟིའི་ཝ་དང་པོ་ཅན་ཏེ། ཝནྟིའི་སྒྲ་གང་ཡིན་པ་དེ་ནི་སི་སམ་བུདྡྷི་ ཕ་རོལ་ཏུ་ཡོད་པ་ལ་ཨུ་ཉིད་དུ་ཡང་ན་འགྱུར་ཏེ། དཔེར་ན། བྷ་ཝནྟ་ལ་སི་སམ་བུདྡྷི་བྱིན་པ་ ན་ཝནྟ་ཨུ་ཉིད་དུ་གྱུར་པ་བྷའི་ཨ་དང་མཚམས་སྦྱར་ནས། ས་ཚེག་དྲག་ཏུ་གྱུར་པས། ཧེ་བྷོཿ 6-1-140 (ཀྱེ་ཁྱོད། )ཞེས་པ་དང་། ཡང་ན་མ་གྱུར་པར་གསལ་བྱེད་མཐའ་ལས་སི་དང་། ནཱ་གསུམ་པར། བརྩེགས་པའི་མཐའ་དབྱིའོ་ཞེས་པས་ཏ་ཕྱིས་པ་ན། ཧེ་བྷ་ཝན་ཞེས་པ་ལྟ་བུའོ། ། བཅུ་གཉིས་པ་མི་ཟད་པ་དང་སརྦའི་མིང་ཅན་ལ་རྐྱེན་འཇུག་ཚུལ་དམིགས་བསལ་དང་ བཅས་པ་ནི། མི་ཟད་པ་དང་སརྦའི་མིང་ཅན་གྱི་མཐའི་དབྱངས་ལས་སྔ་མར་ཨཀ་དང་ཀའོ་ ཞེས་པ་ནི། མི་ཟད་པ་རྣམས་དང་སརྦའི་མིང་ཅན་རྣམས་ཀྱི་མཐའི་དབྱངས་ལས་སྔ་མར་ ཨཀའི་རྐྱེན་དང་རྟགས་མཐའ་ལས་ཀའི་རྐྱེན་ཡང་ན་འགྱུར་ཏེ། དོན་གང་ལ་ཨཀའི་རྐྱེན་ འཇུག་སྙམ་ན། མི་ཤེས་སྨད་དང་མི་ནུས་ལའང་། །དེ་བཞིན་ཐུང་དང་རྗེས་སུ་བརྩེ། །མིང་ ལ་ཡང་ནི་མཁས་རྣམས་ཀྱིས། །ཨཀའི་རྐྱེན་དག་རབ་ཏུ་གྲགས། །ཞེས་གསུངས་པའི་དོན་ རྣམས་ལ་འཇུག་པར་ཤེས་པར་བྱའོ། །དཔེར་ན། མི་ཟད་པ་ལ་ནི། ཨུཙྪཻཿལ་ཨཀའི་རྐྱེན་ དབྱངས་ཨཻའི་སྔ་མར་བྱིན་ནས་སྦྱར་བས། ཨུཙྪ་ཀཻཿ(མཐོ་བ་ཅི་ཡིན་མི་ཤེས་པ་རྣམས་ཀྱིས། )ཞེས་པ་དང་། ཡང་ན་མི་འགྱུར་བར་ཨུཙྪཻཿཞེས་པ་ལྟ་བུའོ། །སརྦའི་མིང་ཅན་ལ་ནི་སརྦ་ལ་ཨཀའི་རྐྱེན་ པའི་དབྱངས་ཨ་ཕ་རོལ་ཏུ་ཕྲལ་བའི་སྔ་མར་བྱིན་ཏེ། ཀ་སྲོག་མེད་ལ་ཨ་ཡིག་སྦྱར་ནས། སི་ བྱིན་པ་རྣམ་བཅད་དུ་བྱས་པས། སརྦཀཿཞེས་པ་དང་། ཡང་ན་མི་འགྱུར་བར་སརྦཿཞེས་པ་ལྟ་ བུའོ། །མི་ཤེས་པ་ལ་སོགས་པའི་དོན་རྣམས་ལ། རྟགས་མཐའ་ལས་ཀའི་རྐྱེན་ཡང་ན་འཇུག་ པ་ནི། དཔེར་ན། པུ་ཏྲ་ལ་ཀའི་རྐྱེན་དང་སི་བྱིན་པ་རྣམ་བཅད་དུ་བསྒྱུར་བས། པུ་ཏྲ་ཀཿ(རྗེས་ སུ་བརྩེ་བའི་བུ་ནི། )ཞེས་པ་ལྟ་བུའོ། །ཀའི་རྐྱེན་ལ་བུད་མེད་དུ་བྱས་པའི་ཨཱ་ཡིག་ཕ་རོལ་ལ་སྔ་མའི་ ཨ་ཡིག་ཨི་ཡིག་གོ་ཞེས་པ་ནི་ཀའི་རྐྱེན་གྱི་ཀ་ཡིག་གི་མཐར་བུད་མེད་ཀྱི་རྟགས་སུ་བསྒྲུབ་ པའི་ཨཱ་ཡིག་བྱུང་ན་ཀའི་སྔ་མའི་ཨ་ཡིག་ཨི་ཡིག་དུ་བསྒྱུར་བ་འཐོབ་སྟེ། དཔེར་ན། སརྦ་ ཨཀའི་རྐྱེན་སྔ་མ་ལྟར་བྱིན་ཏེ་སྦྱར་བའི་བུད་མེད་ཀྱི་རྟགས་སུ་བསྒྲུབ་པ་ན། ནཱ་བཞི་པར། བུད་མེད་ལ་ཨ་ལས་ཨཱ་པའོ་ཞེས་ཀ་མཐར་ཨཱཔ་བྱིན་པའི་པ་ཡིག་རྣམ་པ་སྣ་ཚོགས་པའི་དོན་ 6-1-141 ཡིན་པས་ཕྱིས་ནས། མདོ་འདིས་ཀའི་སྔ་མའི་ཨ་ཡིག་ཨི་རུ་བསྒྱུར་ཏེ་སྦྱར་བས། སརྦི་ཀཱ་ (ཐམས་ཅད་ལ། )ཞེས་པ་ལྟ་བུའོ། །ཞེས་པ་བྱིངས་མིང་དུ་གྲུབ་པ་རྣམས་ཚིག་ཏུ་བསྒྲུབ་པའི་རབ་ ཏུ་བྱེད་པ་རྐང་པ་གཉིས་པའི་འགྲེལ་པ་རྫོགས་སོ།། །། རྟགས་དང་རྣམ་དབྱེའི་རྣམ་འགྱུར་གཙོ་བོར་སྟོན་པ་མིང་ལེ་གསུམ་པ་ལ་དྲུག་སྟེ། ཡུཥྨཏ་ སོགས་དང་རཻ་སོགས་དང་། །རྫོགས་པ་སོགས་དང་ཨིས་སོགས་དང་། །དྷུཊ་རྣམས་དང་རེ་ ཕ་སོགས། །རྣམས་ལ་རྣམ་འགྱུར་འབྱུང་ཚུལ་ལོ། །དང་པོ་ཡུཥྨད་སོགས་ལ་རྣམ་འགྱུར་འབྱུང་ ཚུལ་ལ་གཉིས་ལས། དང་པོའི་ཚིག་ལས་རྣམ་དབྱེ་དང་ལྷན་ཅིག་རྣམ་འགྱུར་འབྱུང་ཚུལ་ སྤྱིར་བསྟན་པ་ནི། ཚིག་ལས་ཡུཥྨཏ་ཨསྨཏ་དག་གི་དྲུག་པ་བཞི་པ་གཉིས་པ་རྣམས་ལ་ཝས་ ནས་དག་ཚིག་གོ་ཞེས་པ་ནི། གང་ཚིག་ཏུ་གྲུབ་པ་ཅན་ལས་ཕ་རོལ་གྱི་ཡུཥྨཏ་དང་ཨསྨཏ་ལ་ རྣམ་དབྱེ་དྲུག་པ་དང་བཞི་པ་དང་གཉིས་པ་རྣམས་ཀྱི་མང་ཚིག་བྱིན་པ་ན། གྲངས་ཇི་ལྟ་བ་ བཞིན་རྣམ་དབྱེ་དང་བཅས་པ་ཝས་དང་ནས་ཞེས་པའི་ཚིག་ཏུ་གྲུབ་པ་འདི་དག་ཏུ་བསྒྱུར་ བར་འགྱུར་ཏེ། ནཱ་གཉིས་པའི་ཨམ་ཤས་དག་ལ་ཡང་ན་ཞེས་པའི་ཡང་ན་རྗེས་སུ་འཇུག་པ་ ནི་ཕྱི་མ་རྣམས་ལའང་ངོ་། །དཔེར་ན། པུ་ཏྲཿཞེས་པ་སི་བྱིན་ནས་ཚིག་ཏུ་བསྒྲུབ་པའི་མཐར། ཡུཥྨཏ་དང་ཨསྨཏ་ལ། དྲུག་པའི་མང་ཚིག་ཨཱམ་དང་། བཞི་པའི་མང་ཚིག་བྷྱས་དང་། གཉིས་ པའི་མང་ཚིག་ཤས་རྣམས་སྦྱར་ཏེ་རྣམ་དབྱེ་དང་བཅས་པ་རིམ་པ་བཞིན་ཝས྄་དང་ནས྄་ཞེས་ པར་བསྒྱུར་ནས། པུ་ཏྲཿདང་ཝས་ནས་ཀྱི་བར་གྱི་ཚེག་དྲག་ཨ་དང་སྒྲ་ལྡན་དག་གི་འང་ངོ་ ཞེས་པས་ཨུ་རུ་བསྒྱུར་བ་ཕྱི་མ་རྣམས་ལའང་སྦྱར་ཞིང་མཚམས་སྦྱར་བས། ཡུཥྨཏ་རྣམ་དབྱེ་ གསུམ་དང་བཅས་པ་གཟུགས་མཚུངས་པས། པུ་ཏྲོ་ཝཿ(བུ་ཁྱོད་རྣམས་ཀྱི་ཆེད་དུ་ལ། )ཞེས་པ་དང་། ཨསྨཏ་རྣམ་དབྱེ་གསུམ་དང་བཅས་པ་གཟུགས་མཚུངས་པར། པུ་ཏྲོ་ནཿ(བུ་ངེད་རྣམས་ཀྱི་ཆེད་ དུ་ལ། ) ཞེས་པར་འགྱུར་བ་ལྟ་བུའོ། །ཡང་ན་ཝས་ནས་སུ་མི་འགྱུར་བར་རིམ་པ་བཞིན་ཡུཥྨཏ་ 6-1-142 དང་ཨསྨཏ་ལ་དྲུག་པའི། ཨཱམ་སྦྱར་བ་ན། ཐམས་ཅད་དུ་ཨཱམ་ལ་སུའོ་ཞེས་པས་སུ་ཨཱ་ག་མ་ བྱིན་པ་ཨཱམ་དང་སྦྱར་བས་སཱཾ་ཞེས་པ། ལེའུ་འདི་ཉིད་ནས། སཱཾའི་ཨཱ་ཀཾ་ཞེས་པ་ལྟར་བསྒྱུར་ ཞིང་། འདི་རྣམས་ཀྱི་རྣམ་དབྱེ་ལ་མཐའ་དབྱིའོ་ཞེས་པས་ཏ་ཕྱིས་ཏེ་མཚམས་སྦྱར་ནས། སན་ གཉིས་པར། ཚིག་མཐར་ཨེཏ་ཨོཏ་ལས་ཕ་རོལ་གྱི་ཨ་ཡིག་ཅེས་པས། ཨསྨའི་ཨ་ཕྱིས་པས། པུ་ཏྲོ་ཡུཥྨཱཀཾ (བུ་ཁྱེད་རྣམས་ཀྱི། )པུ་ཏྲོ྅ཥྨཱ་ཀཾ་(བུ་ངེད་རྣམས་ཀྱི། )ཞེས་པ་དང་། བཞི་པའི་བྷྱས་བྱིན་པ་ ན། འདི་ཉིད་ནས་བྷྱས་ནི་ཨ་བྷྱཾ་ཞེས་པར་བསྒྱུར་ཏེ། ནཱ་དང་པོར། ཨ་ཡིག་ལ་དབྱིའོ་ཞེས་ པས་མཐའི་ཨ་ཕྱིས་ཏེ་སྦྱར་བས། པུ་ཏྲོ་ཡུཥྨབྷྱཾ(བུ་ཁྱེད་རྣམས་ཆེད་དུ)། པུ་ཏྲོ྅ཥྨ་བྷྱཾ་(བུ་ངེད་རྣམས་ཆེད་ དུ། )ཞེས་པ་དང་། གཉིས་པའི་ཤས་བྱིན་པ་ན། ཤ་སའི་ཨཱན་ཞེས་པར་བསྒྱུར་ཏེ་མཚམས་སྦྱར་ བས། པུ་ཏྲོ་ཡུཥྨཱན(བུ་ཁྱེད་རྣམས་ལ)། པུ་ཏྲོ྅ཥྨཱན་(བུ་ངེད་རྣམས་ལ། )ཞེས་པ་ལྟ་བུའོ། །གཉིས་ཉིད་ལ་ ཝཱན་ནཽ་དག་གོ་ཞེས་པ་ནི། ཚིག་ལས་ཕ་རོལ་གྱི་ཡུཥྨཏ་དང་ཨསྨཏ་དག་ལ། དྲུག་པ་བཞི་པ་ གཉིས་པ་རྣམས་ཀྱི་གཉིས་ཚིག་ཁོ་ན་བྱིན་པ་ན། གྲངས་བཞིན་དུ་རྣམ་དབྱེ་དང་བཅས་པའི་ ཡུཥྨཏ་ནི་ཝཱན་དང་། ཨསྨཏ་ནི་ནཽ་ཞེས་པ་འདི་དག་ཏུ་ཡང་ན་འགྱུར་ཏེ། དཔེར་ན། བྷ་དྲཿའི་ ཕ་རོལ་གྱི་ཡུཥྨཏ་དང་ཨསྨཏ་ལ་དྲུག་པའི་གཉིས་ཚིག་ཨོས་དང་བཞི་པའི་བྷྱཱམ་དང་གཉིས་ པའི་ཨཽ་རྣམས་བྱིན་པ་ན་རྣམ་དབྱེ་དང་བཅས་པ་ཝཱན་དང་ནཽ་ཞེས་པར་བསྒྱུར་བས། ཡུཥྨཏ་ རྣམ་དབྱེ་གསུམ་དང་བཅས་པ་ཐམས་ཅད་གཟུགས་མཚུངས་པས། བྷ་དྲོ་ཝཱན་(བཟང་པོ་ཁྱེད་ དག་གི) ཞེས་པ་དང་། ཨསྨཏ་རྣམ་དབྱེ་གསུམ་དང་བཅས་པ་གཟུགས་མཚུངས་པས། བྷ་དྲོ་ ནཽ(བཟང་པོ་དེ་དག་གི་ཆེད་དུ་ལ)ཞེས་པར་འགྱུར་བ་དང་། ཡང་ན་ཝཱན་དང་ནཽ་རུ་མི་འགྱུར་བ་ནི། འདི་ཉིད་ནས། ཡུ་ཝ་ཨཱ་ཝ་དག་གཉིས་བརྗོད་པ་ལའོ་ཞེས་པ་ནི་ཡུཥྨཏ་ནི་ཡུ་ཝ་དང་། ཨསྨཏ་ ནི་ཨཱ་ཝ་རུ་བསྒྱུར་ནས། དྲུག་པའི་ཨོས་བྱིན་པ་ན་འདི་ཉིད་ནས། མ་བསྒྱུར་བའི་ཨེ་ཉིད་དོ་ ཞེས་པས་ཝ་གཉིས་པོའི་སྲོག་ཨེ་རུ་བསྒྱུར་ཏེ་མཚམས་སྦྱར་ནས། སན་ལྔ་པར། ཨ་ལས་ 6-1-143 ཕ་རོལ་དབྱངས་གཞན་ལ་ཞེས་པས་ཨཱ་ཝའི་སྔ་མའི་རྣམ་བཅད་ཕྱིས་པས། བྷ་དྲོ་ཡུ་ཝ་ཡོཿ (བཟང་པོ་ཁྱེད་དག་གི)བྷ་དྲ་ཨཱ་ཝ་ཡོཿ (བཟང་པོ་ངེད་དག་གི)ཞེས་པ་དང་། བཞི་པའི་བྷྱཱམ་བྱིན་པ་ན། འདི་ཉིད་ནས། གསལ་བྱེད་དང་པོ་ལ་ཨཱ་ཉིད་དོ་ཞེས་པས། ཝ་གཉིས་པོའི་སྲོག་ཨཱ་རིང་པོར་ བསྒྱུར་བས། བྷ་དྲོ་ཡུ་ཝཱ་བྷྱཾ(བཟང་པོ་ཁྱེད་དག་ཆེད་དུ། )། བྷ་དྲ་ཨཱ་ཝཱ་བྷྱཱ་(བཟང་པོ་ངེད་དག་ཆེད་དུ། )ཞེས་པ་ དང་། གཉིས་པའི་ཨཽ་བྱིན་པ་ན། འདི་ཉིད་ནས། ཨཱཾ་དང་ཨཽའང་ཨཱམའོ་ཞེས་པ་ལྟར་བསྒྱུར་ཏེ་ སྦྱར་བས། བྷ་དྲོ་ཡུ་ཝཱཾ(བཟང་པོ་ཁྱེད་དག་ལ)། བྷ་དྲ་ཨཱ་ཝཱཾ་(བཟང་པོ་ངེད་དག་ལ། )ཞེས་པ་ལྟ་བུའོ། །ཏྭད་ མད་དག་གི་གཅིག་ཉིད་ལ་ཏེ་མེ་སྟེ་ཏྭཱ་མཱ་དག་ནི་གཉིས་པ་ལའོ་ཞེས་པ་འདི་མདོ་གསུམ་དུ་ འགྱུར་ཏེ། དང་པོ་ནི། ཏྭད་མད་དག་གི་གཅིག་ཉིད་ལ་ཞེས་པ་ཡུཥྨཏ་དང་ཨསྨཏ་དག་གཅིག་ ཚིག་ཉིད་ལ་སྟེ། དོན་གཅིག་ཁོ་ན་ལ་འཇུག་པའི་ཚེ། ཏྭད་དང་མད་ཅེས་པ་འདི་དག་ཏུ་འགྱུར་ ཏེ། དཔེར་ན། རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ་བྱིན་ནས་ཡུཥྨཏ་ནི་ཏྭད་དང་། ཨསྨཏ་ ནི་མད་དུ་བསྒྱུར་ཞིང་། སྔར་བཞིན་མཐའི་ད་གཉིས་པོ་ཕྱིས་པ་ལ། འདི་ཉིད་ནས་ཨམ་དང་ ཨཽའང་ཨཱམའོ་ཞེས་པས་ཨམ་ནི་ཨཱམ་དུ་བསྒྱུར་ཏེ་མཚམས་སྦྱར་བས། ཏྭཱཾ(ཁྱེད་ལ)། མཱཾ་(ངེད་ལ། ) ཞེས་པ་ལྟ་བུའོ། ། གཉིས་པ། ཏེ་མེའི་དོན་ནི་གང་ཚིག་ཏུ་གྲུབ་པའི་མཐར། ཡུཥྨཏ་དང་། ཨསྨཏ་ལ་རྣམ་ དབྱེ་དྲུག་པ་དང་། བཞི་པའི་གཅིག་ཚིག་ངས་དང་དེ་བྱིན་པ་ན། རྣམ་དབྱེ་དང་བཅས་པའི་ ཡུཥྨཏ་ནི་ཏེ་དང་། ཨསྨཏ་ནི་མེ་རུ་ཡང་ན་འགྱུར་ཏེ། དཔེར་ན། རུ་དྲཿའི་མཐར་ཡུཥྨཏ་དང་ ཨསྨཏ་ལ་ངས་དང་ངེ་བྱིན་པ་རིམ་པ་བཞིན་རྣམ་དབྱེ་དང་བཅས་པ་ཏེ་དང་མེ་རུ་བསྒྱུར་པ་ ན་གཟུགས་མཚུངས་པས། རུ་དྲ་སྟེ(དྲག་པོ་ཁྱེད་ཀྱི་ཆེད་དུ)། རུ་དྲོ་མེ་(དྲག་པོ་ངའི་ཆེད་དུ། )ཞེས་པ་དང་། ཡང་ན་ཏེ་མེ་རུ་མི་འགྱུར་བར། དྲུག་པའི་ངས་བྱིན་པ་ན། འདི་ཉིད་ལས། ངས་ལ་ཏ་ཝ་མ་ མའོ་ཞེས་པས་རྣམ་དབྱེ་དང་བཅས་པའི་ཡུཥྨཏ་ནི་ཏ་ཝ་དང་། ཨསྨཏ་ནི་མ་མ་རུ་བསྒྱུར་བས། 6-1-144 རུ་དྲསྟ་ཝ(དྲག་པོ་ཁྱོད་ཀྱི)། རུ་དྲོ་མ་མའོ་(དྲག་པོ་ངའི། )ཞེས་པ་དང་། བཞི་པའི་ངེ་བྱིན་པ་ན། ངེ་ལ་ ཏུ་བྷྱཾ་མཧྱཾ་ཞེས་པས་རྣམ་དབྱེ་དང་བཅས་པའི་ཡུཥྨཏ་ནི་ཏུ་བྷྱམ་དང་། ཨསྨཏ་ནི་མ་ཧྱམ་དུ་ བསྒྱུར་བས། རུ་དྲསྟུ་བ་བྷྱཾ་(དྲག་པོ་ཁྱེད་ཀྱི་ཆེད་དུ། ) རུ་དྲོ་མ་ཧྱཾ་(དྲག་པོ་ངའི་ཆེད་དུ། )ཞེས་པ་ལྟ་བུའོ། ། གསུམ་པ་ཏྭཱ་མཱ་ནི་གཉིས་པ་ལའོ་ཞེས་པའི་དོན་ནི། གང་ཚིག་ཏུ་གྲུབ་པའི་མཐར་ཡུསྨཏ་ དང་ཨསྨཏ་ལ་རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ྄་བྱིན་པ་ན། རྣམ་དབྱེ་དང་བཅས་པའི་ ཡུཥྨཏ་ནི་ཏྭཱ་དང་། ཨསྨཏ་ནི་མཱ་ཞེས་པར་ཡང་ན་འགྱུར་ཏེ། དཔེར་ན། སྔར་བཞིན་ཚིག་མཐར་ (ཚིག་མཐའ་ཨཱཾ་སྟེར་བ་ཅིའི་ཕྱིར་ཨཾ་ནི་ཚིག་སྒྲུབ་བྱེད་ཀྱི་རྐྱེན། )ཨམ་བྱིན་པ་དང་བཅས་པ་ཏྭཱ་དང་མཱ་རུ་བསྒྱུར་ བས། རུ་དྲསྟྭ(དྲག་པོ་ཁྱོད་ལ)། རུ་དྲོ་མཱ་(དྲག་པོ་ངེད་ལ། ) ཞེས་པ་དང་། ཡང་ན་ཏྭཱ་དང་མཱ་རུ་མི་འགྱུར་ བར། སྔར་བཞིན་ཨུཥྨཏ་ནི་ཏྭད་དང་། ཨསྨཏ་ནི་མད་དུ་བསྒྱུར་ཏེ། མཐའི་ད་ཕྱིས་ནས་སྔར་ བཞིན་ཨམ་ནི་ཨཱམ་དུ་བསྒྱུར་ཞིང་མཚམས་སྦྱར་བས། རུ་དྲ(དྲག་པོ་ཁྱོད་ལ)། རུ་དྲོ་མཱཾ་(དྲག་པོ་ངེད་ ལ། )ཞེས་པ་ལྟ་བུ་སྟེ། ནིའི་སྒྲ་ནི་མདོའི་དབྱེ་བ་གསལ་བར་བྱེད་པའོ། ། གཉིས་པ་ཁྱད་པར་དེའི་དམིགས་བསལ་དང་། སོ་སོའི་རྣམ་འགྱུར་འབྱུང་ཚུལ་རྒྱས་ པར་བཤད་པ་ནི། རྐང་པའི་དང་པོ་དག་ལ་མ་ཡིན་ནོ་ཞེས་པ་ནི། ཚིགས་བཅད་རྐང་བཞི་ ཅན་གྱི་རྐང་པ་གང་རུང་རེ་རེའི་དང་པོར་ཡུཥྨཏ་དང་། ཨསྨཏ་དག་བྱུང་ན། སྔར་བཤད་པའི་ ཝས་ནས་དང་། ཏྭད་མད་དང་། ཏེ་མེ་དང་། ཏྭཱ་མཱ་ཞེས་པར་འགྱུར་བ་མ་ཡིན་ཏེ། དཔེར་ན། བྷུ(དཔལ་ལྡན་བདག་གི་དགྲ་འཇོམས་ཤིང་། )ཡཱཏ(གྱུར་ཅིག)། ཨུ་མཱུ(ཨུ་མའི་བདག་པོ)། པ་ཏི་ར་ སཽ(དེས་ཁྱེད་རྣམས་ལ)། ཡུཥྨཱཀཾ(ཟླ་བ་གཞོན་ནུའི་ཅོད་པན་ཅན)། ཝ་ར་དཿ(མཆོག་སྦྱིན། ) ས་དཱ(རྟག་ཏུ)། བཱ་ ལེནྡུ་སེ(གཞོན་ནུ་ཟླ་བ)། ཁ་ར(ཨུ་མའི་བདག་པོ་དེས་ཁྱེད་ལ། ཅོད་པན། )། ཤྲཱི་མཱན(དཔལ་ལྡན)། ཨསྨཱ་ཀཾ་ མ(བདག་རྣམས་ལ། རྟག་ཏུ་མཆོག་ནི་སྦྱིན་གྱུར་ཅིག)། རི(དགྲ)། སཱུ་ད་ནཿ (འཇོམས་ཤིང་། )ཞེས་པ་འདིའི་རྐང་ པ་གང་རུང་རེ་རེའི་དང་པོའི་ནང་ནས་སྐབས་འདིར་རྐང་པ་གཉིས་པའི་དང་པོར་ཡུཥྨཏ་དང་། 6-1-145 རྐང་པ་བཞི་པའི་དང་པོར་ཨསྨཏ་དག ཝས་ནས་སོགས་སུ་མ་གྱུར་པ་ལ། རྣམ་དབྱེ་དྲུག་ པའི་སུ་དང་བཅས་པའི་ཨཱམ་བྱིན་ཞིང་། སྔར་བཞིན་ཏ་ཕྱིས་ནས། སཱཾ་ནི་ལེའུ་འདིར། སཱཾ་ནི་ཨཱ་ ཀཾའོ་ཅེས་པས། ཨཱ་ཀཾ་རུ་བསྒྱུར་ཏེ་མཚམས་སྦྱར་བ་ལས་གྲུབ་པ་ལྟ་བུའོ། །ཙ་སོགས་སྦྱོར་བ་ ལའང་ངོ་ཞེས་པ་ནི། ཚིག་ལས་ཕ་རོལ་ཡུཥྨཏ་དང་ཨསྨཏ་དག་ཕ་རོལ་ཏུ་ཙ་དང་སོགས་པའི་ སྒྲས་ཝ་དང་ཧ་དང་ཨ་ཧ་དང་ཨེ་ཧ་ཅེས་པའི་ཚིག་ཕྲད་སྦྱོར་བ་ལའང་སྔར་བཞིན་ཝས་ནས་ སོགས་སུ་མི་འགྱུར་ཏེ། དཔེར་ན། གྲཱ་མཿའི་ཕ་རོལ་གྱི་ཡུཥྨཏ་དང་། ཨསྨཏ་ལ་དྲུག་པའི་ཨཱམ་ སུ་དང་བཅས་པ་བྱིན་པ་ན་སྔ་མ་ལྟར་ཨཱ་ཀཾ་དུ་བསྒྱུར་ཏེ་ཙ་དང་སྦྱར་བ་ལ། ཝས་ནས་སོགས་ སུ་མ་གྱུར་པ་ནི། གྲཱ་མོ་ཡུཥྨཱཀཾ་ཙ(གྲོང་ཁྱེད་རྣམས་ཀྱི་དང་)། གྲཱ་མོ་ཨསྨཱ་ཀཾ་ཙ་(གྲོང་ངེད་རྣམས་ཀྱི་དང་) ཞེས་པ་ལྟ་བུའོ། །དེ་བཞིན་དུ། ཝ་ཧ་སོགས་སྦྱར་བ་ལའང་ཤེས་པར་བྱའོ། །འདི་རྣམས་ཀྱི་ རྣམ་དབྱེ་ལ་མཐའ་དབྱིའོ་ཞེས་པ་ནི། ཡུཥྨཏ་དང་ཨསྨཏ་དང་ཏྭད་དང་མད་ཅེས་པ་འདི་རྣམས་ ཀྱི་མཐའི་ཏ་ཡིག ཕ་རོལ་ཏུ་རྣམ་དབྱེ་གང་བྱུང་ཡང་དབྱི་བར་འགྱུར་ཏེ། དཔེར་ན། ཡུཥྨཏ་ དང་ཨསྨཏ་ལ་བཞི་པའི་བྷྱས་བྱིན་པ་སྔར་བཞིན་ཨ་བྷྱཾ་དུ་བསྒྱུར་ཞིང་། མདོ་འདིས་ཏ་ཕྱིས་ ནས། ནཱ་དང་པོར། ཨ་ཡིག་ལ་དབྱིའོ་ཞེས་པས། སྔ་མའི་སྲོག་གཉིས་པོ་ཕྱིས་ཏེ་སྦྱར་བས། ཡུཥྨ་བྷྱཾ(ཁྱེད་དག་གི་ཆེད་དུ་)། ཨསྨ་བྷྱཾ་(ངེད་དག་གི་ཆེད་དུ། )ཞེས་པ་ལྟ་བུ་དང་། ལྔ་པའི་གཅིག་ཚིག་ང་ སི་བྱིན་པ་ན། སྔར་བཞིན་ཏྭད་དང་མཏ་ཏུ་བསྒྱུར་ཞིང་ཏ་ཡིག་དག་ཕྱིས་ཏེ་སྒྲུབ་ཚུལ་ནི་འོག་ ཏུ་འབྱུང་བ་ལྔ་པའི་གཉིས་ཉིད་མིན་པ་ལ་ཨཏ་དོ་ཞེས་པ་ལྟར་བྱས་པས། ཏྭད(ཁྱེད་དག་གི་ཆེད་ དུ)། མ་ཏ་(ངེད་དག་གི་ཆེད་དུ་)ཅེས་པ་ལྟ་བུའོ། །ཡུ་ཝ་ཨཱ་ཝ་དག་གཉིས་ཚིག་རྣམས་ལའོ་ཞེས་ པ་ནི། ཕ་རོལ་ཏུ་རྣམ་དབྱེ་སོ་སོའི་གཉིས་ཚིག་བྱིན་པ་ན་ཡུཥྨཏ་ནི་ཡུ་ཝ་དང་ཨསྨཏ་ནི་ཨཱ་ཝ་ དག་ཏུ་འགྱུར་ཏེ། དཔེར་ན། ཡུཥྨཏ་དང་ཨསྨཏ་ལ་དྲུག་པའི་ཨོས་བྱིན་ནས། མདོ་འདིས་རིམ་ པ་བཞིན། ཡུ་ཝ་དང་ཨཱ་ཝ་རུ་བསྒྱུར་ཞིང་། མ་བསྒྱུར་བ་ལ་ཨེ་ཉིད་དོ་ཞེས་པས་ཝ་གཉིས་ 6-1-146 པོའི་སྲོག་ཨེ་རུ་བསྒྱུར་ཏེ་མཚམས་སྦྱར་བ་ལས། ཡུ་ཝ་ཡོཿ(ཁྱེད་དག་གི། ) ཨཱ་ཝ་ཡོཿ(ངེད་དག་གི། ) ཞེས་པ་ལྟ་བུའོ། །ཨམ་དང་ཨཽའང་ཨཱམའོ་ཞེས་པ་ནི་ཡུཥྨཏ་དང་ཨསྨཏ་དག་ལས་ཕ་རོལ་གྱི་ རྣམ་དབྱེ་ཨམ་དང་ཨཽའང་ཨཱམ་རིང་པོར་བསྒྱུར་ཏེ། དཔེར་ན། ཡུཥྨཏ་དང་ཨསྨཏ་ལ་ཨམ་ བྱིན་པ་ན་སྔར་བཞིན་ཏྭད་དང་མཏ་དུ་བསྒྱུར་ཞིང་། ཏ་གཉིས་པོ་ཕྱིས་ནས། ཨམ་ནི་མདོ་ འདིས་ཨཱམ་རིང་པོར་བསྒྱུར་ཏེ་མཚམས་སྦྱར་བས། ཏྭཱཾ་མཱཾ་ཞེས་པ་དང་། ཨཽ་བྱིན་པ་ན་སྔ་མ་ བཞིན། ཡུ་ཝ་དང་ཨཱ་ཝ་རུ་བསྒྱུར་ནས། ཨཽ་ཡིག་ཨཱམ་དུ་བསྒྱུར་ཏེ་མཚམས་སྦྱར་བ་ལས། ཡུ་ ཝཱཾ(ཁྱེད་རྣམས)། ཨཱ་ཝཱཾ་(ངེད་རྣམས། )ཞེས་པ་ལྟ་བུའོ། །འང་གི་སྒྲ་ནི་དང་པོའི་གཉིས་ཚིག་ཀྱང་དེར་ འགྱུར་བས་ལྷན་ཅིག་སྤྱོད་པའི་གཉིས་པའི་གཉིས་ཚིག་ཁོ་ན་གསལ་བའི་དོན་དང་། སྔ་མ་ མིང་ལ་རྣམ་འགྱུར་འབྱུང་བར་མ་ཟད། ཕ་རོལ་རྐྱེན་ལའང་འབྱུང་ཞེས་པའི་དོན་ཏོ། །ཤསའི་ ཨཱནའོ་ཞེས་པ་ནི་ཡུཥྨཏ་དང་ཨསྨཏ་དག་ལས་ཕ་རོལ་གྱི་རྣམ་དབྱེ་ཤས་ནི་ཨཱན་དུ་འགྱུར་ཏེ། དཔེར་ན། ཡུསྨཏ་དང་ཨསྨཏ་ལ་ཤས྄་བྱིན་པ་ཨཱན་དུ་བསྒྱུར་ཞིང་། སྔར་བཞིན་ཏ་ཕྱིས་ཏེ་ མཚམས་སྦྱར་བས། ཡུཥྨཱན྄(ཁྱེད་རྣམས་ལ)། ཨསྨཱན྄་(ངེད་རྣམས་)ཞེས་པ་ལྟ་བུའོ། །སི་ལ་རྣམ་དབྱེ་ དང་བཅས་པ་དག་གི་ཏྭམ་ཨ་ཧ་མའོ་ཞེས་པ་ནི། ཡུཥྨཏ་དང་ཨསྨཏ་དག །སི་ཕ་རོལ་ཏུ་ཡོད་ པ་ལ་རྣམ་དབྱེ་དང་བཅས་པའི་ཡུཥྨཏ་ནི་ཏྭམ་དང་། ཨསྨཏ་ནི་ཨ་ཧམ་དུ་འགྱུར་ཏེ། དཔེར་ ན། ཡུཥྨཏ་དང་ཨསྨཏ་ལ་སི་བྱིན་ཏེ་བསྒྱུར་བས། ཏྭཾ(ཁྱེད)། ཨ་ཧཾ་(ངེད། )ཞེས་པ་ལྟ་བུའོ། །ཛས་ ལ་ཡཱུ་ཡམ་ཝ་ཡ་མའོ་ཞེས་པ་ནི། ཡུཥྨཏ་ཨསྨཏ་དག་ཛས྄་ཕ་རོལ་ལ་རྣམ་དབྱེ་དང་བཅས་ པའི་ཡུཥྨཏ་ནི་ཡཱུ་ཡམ྄་དང་། ཨསྨཏ་ནི་ཝ་ཡམ་ཞེས་པར་འགྱུར་ཏེ། དཔེར་ན། ཡུཥྨཏ་དང་ ཨསྨཏ་ལ་ཛས྄་བྱིན་ཏེ་བསྒྱུར་བས། ཡཱུ་ཡམ(ཁྱེད་རྣམས)། ཝ་ཡམ་(ངེད་རྣམས། )ཞེས་པ་ལྟ་བུའོ། ། ངེ་ལ་བྷྱམ་ཧྱམའོ་ཞེས་པ་ནི་ཡུསྨཏ་དང་ཨསྨཏ་དག ངེ་ཕ་རོལ་ཏུ་ཡོད་པ་ལ་རྣམ་དབྱེ་དང་ བཅས་པའི། ཡུཥྨཏ་ནི་ཏུ་བྷྱཾ་དང་། ཨསྨཏ་ནི་མ་ཧྱམ་ཞེས་པར་འགྱུར་ཏེ། དཔེར་ན། ཡུཥྨཏ་ 6-1-147 དང་ཨསྨཏ་ལ་ངེ་བྱིན་ཏེ་བསྒྱུར་བས། ཏུ་བྷྱཾ(ཁྱེད་ཀྱི་ཆེད་དུ)། མ་ཧྱམ་(ངེད་ཀྱི་ཆེད་དུ། )ཞེས་པ་ལྟ་ བུའོ། །ངས་ལ་ཏ་ཝ་མ་མའོ་ཞེས་པ་ནི། ཡུཥྨཏ་དང་ཨསྨཏ་དག །ངས་ཕ་རོལ་ཏུ་ཡོད་པ་ལ། རྣམ་དབྱེ་དང་བཅས་པའི་ཡུཥྨཏ་ནི་ཏ་ཝ་དང་། ཨསྨཏ་ནི་མ་མ་ཞེས་པར་འགྱུར་ཏེ། དཔེར་ན། ཡུཥྨཏ་ཨསྨཏ་ལ་ངས་བྱིན་ནས་བསྒྱུར་བས། ཏ་ཝ(ཁྱོད་ཀྱི)། མ་མ་(ངའི། )ཞེས་པ་ལྟ་བུའོ། །ལྔ་ པའི་གཉིས་ཉིད་མ་ཡིན་པ་ལ་ཨཏའོ་ཞེས་པ་ནི་ཡུཥྨཏ་དང་ཨསྨཏ་དག་ལས་ཕ་རོལ་ཏུ་རྣམ་ དབྱེ་ལྔ་པའི་གཉིས་ཚིག་ཉིད་དོར་བའི། གཅིག་ཚིག་དང་མང་ཚིག་བྱིན་པ་ན་ཨཏ་དུ་འགྱུར་ ཏེ། དཔེར་ན། ཡུཥྨཏ་དང་ཨསྨཏ་ལ་ལྔ་པའི་ང་སི་བྱིན་པ་ན། ཏྭད་མད་དག་གི་གཅིག་ཉིད་ལ་ སྟེ་ཞེས་པས་ཡུཥྨཏ་ནི་ཏྭཏ་དང་ཨསྨཏ་ནི་མཏ་དུ་བསྒྱུར་ཞིང་། མཐའི་ཏ་གཉིས་པོ་ཕྱིས་ཏེ་ང་ སི་ཨཏ་དུ་བསྒྱུར་ནས། སྔར་བཞིན་ཏྭ་དང་མའི་སྲོག་གི་ཨ་ཕྱིས་ཏེ་སྦྱར་བས། ཏྭད(ཁྱེད་ལས)། མཏ་(ངེད་ལས། )ཞེས་པ་དང་། བྷྱས་བྱིན་པ་ན་སྔར་བཞིན་ཏ་དང་སྲོག་གི་ཨ་དག་ཕྱིས་ཏེ་བྷྱས་ ཨཏ་དུ་བསྒྱུར་ཏེ་སྦྱར་བས། ཡུཥྨཏ(ཁྱེད་རྣམས་ལས)། ཨ་སྨཏ་(ངེད་རྣམས་ལས། )ཞེས་པ་ལྟ་བུའོ། ། ལྔ་པའི་གཉིས་ཚིག་བྷྱཱམ་ནི་ཨཏ་དུ་མི་འགྱུར་ཞིང་། སྔར་བཞིན་ཡུ་ཝ་དང་ཨཱ་ཝ་རུ་བསྒྱུར་ ཏེ་གསལ་བྱེད་དང་པོ་ལ་ནི་ཞེས་པས་ཝ་གཉིས་པོའི་སྲོག་ཨཱ་རིང་པོར་བསྒྱུར་བས། ཡུ་ཝཱ་བྷྱཾ (ཁྱེད་དག་ལས)། ཨ་ཝཱ་བྷྱཱཾ་(ངེད་དག་ལས། )ཞེས་པ་ལྟ་བུའོ། །བྷྱས་ནི་ཨ་བྷྱམའོ་ཞེས་པ་ནི། ཡུཥྨཏ་ དང་ཨསྨཏ་དག་ལས་ཕ་རོལ་གྱི་བཞི་པའི་མང་ཚིག་བྷྱས་ནི་ཨ་བྷྱམ་དུ་འགྱུར་ཏེ། དཔེར་ན། ཡུཥྨཏ་དང་ཨསྨཏ་དག་ལ་བྷྱས་བྱིན་པ་ན། མདོ་འདིས་ཨ་བྷྱམ་དུ་བསྒྱུར་ཞིང་སྔར་བཞིན་ཏ་ དང་སྲོག་གི་ཨ་ཕྱིས་ཏེ་སྦྱར་བས། ཡུཥྨ་བྷྱཾ(ཁྱེད་དག་གི་ཆེད་དུ)། ཨསྨབྷྱཾ་(ངེད་དག་གི་ཕྱིར། )ཞེས་པ་ ལྟ་བུའོ། །སཱམའི་ཨཱ་ཀམའོ་ཞེས་པ་ནི། ཡུཥྨཏ་དང་ཨསྨཏ་དག་ལས་ཕ་རོལ་གྱི་སུ་ཨཱ་ག་མ་ དང་བཅས་པའི་སཱམ་ནི་ཨཱ་ཀམ་དུ་འགྱུར་ཏེ། དཔེར་ན། ཡུཥྨཏ་དང་ཨསྨཏ་ལ། ནཱ་དང་པོར་ ཐམས་ཅད་ལས་ཨཱམ་ལ་སུའོ་ཅེས་པས་བར་དུ་སུའི་ཨུ་རྗེས་འབྲེལ་ཕྱིས་པ་དང་བཅས་པའི་ 6-1-148 ཨཱམ་བྱིན་པ་ནི་མདོ་འདིས་ཨཱ་ཀམ་དུ་བསྒྱུར་ཞིང་། སྔར་བཞིན་ཏེ་ཕྱིས་ཏེ་མཚམས་སྦྱར་བས། ཡུཥྨ་ཀཾ(ཁྱེད་རྣམས་ཀྱི)། ཨསྨཱ་ཀཾ་(ངེད་རྣམས་ཀྱི་)ཞེས་པ་ལྟ་བུའོ། །མ་བསྒྱུར་བ་ལ་ཨེ་ཉིད་དོ་ཞེས་ པ་ནི་ཡུཥྨཏ་དང་ཨསྨཏ་དག སྔར་བཞིན་ཏ་ཕྱིས་པའི་མཐའ་ནི། མ་བསྒྱུར་བ་སྟེ་རྣམ་འགྱུར་ མ་བྱས་པའི་རྣམ་དབྱེ་རང་བཞིན་པ་རྣམས་ཕ་རོལ་ལ་ཨེ་ཉིད་དུ་འགྱུར་ཏེ། དཔེར་ན། ཡུཥྨཏ་ དང་ཨསྨཏ་ལ་ཊཱ་བྱིན་པ་ན་སྔར་བཞིན་ཏྭད་དང་མཏ་དུ་བསྒྱུར་ཞིང་། ཏ་ཕྱིས་ནས་མཐའི་ཨེ་ ཉིད་དུ་བསྒྱུར་ཏེ་མཚམས་སྦྱར་བས། ཏྭ་ཡཱ(ཁྱོད་ཀྱིས)། མ་ཡཱ་(ངེད་ཀྱིས། )ཞེས་པ་ལྟ་བུའོ། །བསྒྱུར་ བ་ལ་ནི་མཐའ་ཨེ་ཉིད་དུ་མི་འགྱུར་ཏེ། དཔེར་ན། ཏྭད། མཏ་ཅེས་པ་སྔར་བསྒྲུབས་པ་ལྟ་ བུའོ། །གསལ་བྱེད་དང་པོ་ལ་ནི་ཨཱ་ཉིད་དོ་ཞེས་པ་ནི། ཡུཥྨཏ་དང་ཨསྨཏ་དག་གི་མཐའ་ནི། རྣམ་དབྱེ་གསལ་བྱེད་དང་པོ་ཅན་མ་བསྒྱུར་བ་རང་བཞིན་དུ་གནས་པ་ཕ་རོལ་དུ་ཡོད་པ་ལ། ཨཱ་ཉིད་དུ་འགྱུར་ཏེ། དཔེར་ན། ཡུཥྨཏ་ཨསྨཏ་ལ་བྷྱཱམ་བྱིན་ནས་སྔར་བཞིན་ཡུ་ཝ་དང་ཨཱ་ཝ་ རུ་བསྒྱུར་ཞིང་མདོ་འདིས་ཝའི་སྲོག་ཨཱ་རིང་པོར་བསྒྱུར་བས། ཡུཝཱ་བྷྱཾ(ཁྱེད་དག་ཆེད་དུ)། ཨཱ་ཝཱ་ བྷྱཾ་(ངེད་དག་ཕྱིར་རུ། )ཞེས་པ་ལྟ་བུའོ། ། གཉིས་པ་རཻ་སོགས་རྫས་སྨོས་པ་རྣམ་དབྱེ་སོ་སོ་ལ་རྣམ་འགྱུར་འབྱུང་ཚུལ་ལ་གསུམ་ ལས། དང་པོ། རཻ་དང་། ཨཥྚན་ལ་རྣམ་འགྱུར་འབྱུང་ཚུལ་ནི། རཻའོ་ཞེས་པ་རཻའི་སྒྲ་ནི་གསལ་ བྱེད་དང་པོ་ཅན་གྱི་རྣམ་དབྱེ་རྣམས་ཕ་རོལ་ཏུ་ཡོད་པ་ལ་ཨཱ་ཉིད་དུ་འགྱུར་ཏེ། དཔེར་ན། རཻ་ ལ་སི་བྱིན་པ་ན་ཨཻ་ཡིད་ཨཱ་རིང་པོར་བསྒྱུར་ནས་ཚེག་དྲག་ཏུ་གྱུར་པས། རཱཿ(ནོར། )ཞེས་པ་དང་། བྷྱཱཾ་བྱིན་པ་ན། རཱབྷྱཾ་(ནོར་དག། )ཞེས་པ་ལ་སོགས་པ་ལྟ་བུའོ། །ཨཥྚནའི་ཐམས་ཅད་ལའོ་ཞེས་ པ་ནི། ཨཥྚན་གྱི་ཕ་རོལ་ཏུ་རྣམ་དབྱེ་ཐམས་ཅད་ཀྱི་མང་ཚིག་བྱུང་ན། མཐའི་ཨན་གྱི་ཨཱ་ཡིག་ རིང་པོར་འགྱུར་ཏེ། དཔེར་ན། ཨཥྚན་ལ། གསུམ་པ་བཞི་པ་ལྔ་པ་དྲུག་པ་བདུན་པ་རྣམས་ཀྱི་ མང་ཚིག་བྱིན་པ་ན། རྟགས་མཐའི་ན་ཡིག་གོ་ཅེས་པས་ན་ཕྱིས་ཏེ། དབྱངས་རིང་པོར་བསྒྱུར་ 6-1-149 ནས། སྔར་བཞིན་ཨཱམ་ལ་བར་དུ་ནུ་ཨཱ་ག་མ་བྱིན་པས་རིམ་པ་བཞིན་དུ། ཨཥྚཱ་བྷིཿ(བརྒྱད་པོ་ རྣམས་ཀྱིས། ) ཨཥྚཱ་བྷྱཿ (བརྒྱད་པོ་རྣམས་ཀྱི་ཆེད། )ཨཥྚཱ་བྷྱཿ(བརྒྱད་པོ་རྣམས་ལས། ) ཨཥྚཱ་ནཱཾ(བརྒྱད་པོ་རྣམས་ཀྱི)། ཨཥྚཱ་སུ་(བརྒྱད་པོ་རྣམས་ལས། )ཞེས་པ་ལྟ་བུའོ། །དེ་ལས་ཛས྄་ཤས྄་དག་ལ་ཨཽའོ་ཞེས་པ་ནི་ཨཥྚན་ གྱི་མཐའི་ཨན་གྱི་ཨཱ་རིང་པོར་གྱུར་པ་དེ་ལས་ཕ་རོལ་ཏུ་ཛས྄་དང་ཤས྄་དག་ཡོད་པ་ལ་ཨཱ་ ཡིག་དེ་ཨཽ་ཡིག་ཏུ་འགྱུར་ཞེས་པ་ནི་སྔ་མ་ལས་དམིགས་བསལ་ཏེ། དེ་ལས་ཞེས་སྨོས་པ་ནི་ཨཱ་ ཡིག་རིང་པོ་རྟག་ཏུ་མ་ཡིན་པར་ཐུང་ངུར་ཡང་གནས་ཞེས་པའི་དོན་ཏོ། །དཔེར་ན། ཨཥྚ་ལ་ ཛས྄་ཤས྄་བྱིན་པ་ན། མདོ་སྔ་མས་ཨཱ་རིང་པོར་བསྒྱུར་ནས། ནཱ་དང་པོར་ཀ་ཏེ་ལས་ཀྱང་ཛས྄་ ཤས྄་དག་གི་ཞེས་པས་ཛས་ཤས་ཕྱིས་ཏེ་མདོ་འདིས་ཨཱ་ཡིག་ཨཽ་རུ་བསྒྱུར་ཞིང་རྟགས་མཐའི་ ན་ཡིག་ཕྱིས་པས། ཨཥྚཽ་(བརྒྱད་པོ་རྣམས་ལ་)། ཨཥྚཽ་(བརྒྱད་པོ་རྣམས་ལ་)ཞེས་པ་ལྟ་བུའོ། །ཕྱོགས་ གཅིག་ཨཱ་ཡིག་རིང་པོར་མི་འགྱུར་བ་ནི་ན་ཡིག་སྔར་བཞིན་ཕྱིས་པས། དཔེར་ན། ཨཥྚ་བྷིཿ ཞེས་པ་ལྟ་བུའོ། ། གཉིས་པ་ཨརྦན་སོགས་གཞན་དུ་འགྱུར་ཚུལ་ནི། ན་ཉ་མེད་པའི་ཨརྦ་ན་(དགྲ་བོ་)ནི་སི་ མ་ཡིན་པ་ལ་ཨརྦན་ཏིའོ་ཞེས་པ། ནཉ་སྟེ་དགག་ཚིག་མ་སྦྱར་བའི་ཨརྦ་ནའི་ཕ་རོལ་ཏུ་སི་མ་ ཡིན་པའི་རྣམ་དབྱེ་གང་ཡིན་ཡང་ཨརྦན་ཏི་རུ་འགྱུར་ཏེ། ཏའི་ཨི་ཡིག་རྗེས་སུ་འབྲེལ་བའི་ དོན་ཏོ། །དཔེར་ན། ཨརྦན་ལ་ཨཽ་བྱིན་ནས་ཨརྦན་ཏི་རུ་བསྒྱུར་ཏེ་སྦྱར་བས། ཨརྦནྟཽ(དགྲ་བོ་ དག)ཞེས་པ་དང་། དགག་ཚིག་ཡོད་པ་ན་ཨརྦན་ཏི་རུ་མི་འགྱུར་ཏེ། དཔེར་ན། ནཉ་སྔོན་མ་ ཅན་གྱི་ཨརྦན་ལ་ཨཽ་བྱིན་པ་ན། ཉ་རྗེས་འབྲེལ་ཡིན་པས་ཕྱིས་ནས། ནཱ་བཞི་པར(ལྔ་པ་ཡིན། )། དབྱངས་ལ་ཡི་གེ་བཟློག་པར་བྱའོ་ཞེས་པས། ན་དང་ཨ་ཡིག་གོ་རིམ་བསྣོལ་ཏེ། ར་མཐོང་ བས་ན་ཉིད་ཎ་རུ་གྱུར་པ་ལ་སྦྱར་བས། ཨ་ནརྦ་ཎཽ་ཞེས་པ་ལྟ་བུ་དང་། སི་བྱིན་པ་ན། ཨརྦན་ ཏི་རུ་མ་གྱུར་པར། གྷུཊ་ལའང་སམ་བུདྡྷི་མ་ཡིན་པ་ལའོ་ཞེས་པས་ན་མཐའི་ཨུ་པ་དྷཱ་རིང་པོར་ 6-1-150 གྱུར་ཏེ། གསལ་བྱེད་མཐའ་ལས་སི་དང་རྟགས་མཐའི་ན་ཡིག་ཕྱིས་པ་ལས། ཨརྦཱ་(དགྲ་བོ། ) ཞེས་པ་ལྟ་བུའོ། །མ་གྷ་ཝན་སི་ལའང་མ་གྷ་ཝནྟུ་ཡང་ནའོ་ཞེས་པ་ནི། མ་གྷ་ཝན་གྱི་སྒྲ། རྣམ་ དབྱེ་གཞན་རྣམས་ཕ་རོལ་ཏུ་ཡོད་པ་དང་སི་ལའང་མ་གྷ་ཝནྟུ་རུ་ཡང་ན་འགྱུར་ཏེ། ཨུ་ཡིག་ ཁྱད་པར་གྱི་དོན་ཏོ། །དཔེར་ན། མ་གྷ་ཝན་ལ་ཨཽ་བྱིན་ནས། མ་གྷ་བནྟུ་རུ་བསྒྱུར་ཏེ་སྦྱར་བས། མ་གྷ་བནྟཽ་(བརྒྱ་བྱིན་དག)ཞེས་པ་དང་། སི་བྱིན་པ་ནའང་མ་གྷ་བནྟུ་རུ་བསྒྱུར་ཞིང་། ནཱ་གཉིས་ པར། ཨནྟུ་དང་ཨས་མཐའི་ཞེས་པས་ཝ་རིང་པོར་བསྒྱུར་ནས་གསལ་བྱེད་མཐའ་ལས་སི་ དང་། བརྩེགས་པའི་མཐའ་ཏ་ཕྱིས་པས། མ་གྷ་བཱན་ཞེས་པ་ལྟ་བུའོ། །ཡང་ན་མ་གྷ་བནྟུ་རུ་ མ་འགྱུར་བར་ཨཽ་བྱིན་པ་ན། གྷུཊ་ལའང་སམ་བུདྡྷི་མ་ཡིན་པ་ལ་ཨུ་པ་དྷཱ་རིང་པོར་བསྒྱུར་ཏེ་ སྦྱར་བས། མ་གྷ་ཝཱ་ནཽ་ཞེས་པ་དང་། སི་བྱིན་པ་ན། སྔ་མ་ལྟར་ཨུ་པ་དྷཱ་རིང་པོར་འགྱུར་ཞིང་། སི་དང་རྟགས་མཐའི་ན་ཕྱིས་པས། མ་གྷ་ཝཱ་(རྒན་པོ་ཡིས། )ཞེས་པ་ལྟ་བུའོ། །ཛ་རཱ་དབྱངས་ ལ་ཛ་རས་ཡང་ནའོ་ཞེས་པ་ནི། ཛ་རཱའི་མཐའི་ཨཱ་ཡིག་རྣམ་དབྱེ་དབྱངས་ཕ་རོལ་ཏུ་ཡོད་པ་ ལ་ཛ་རས་སུ་ཡང་ན་རུ་འགྱུར་ཏེ། དཔེར་ན། ཛ་ར་ལ་ཊཱ་བྱིན་པ་ན་ཊ་ཁྱད་དོན་ཕྱིས་ནས་ དབྱངས་ཨཱ་མཐོང་བ་ལས་ཛ་རས་སུ་བསྒྱུར་ཏེ་སྦྱར་བས། ཛ་ར་སཱ་ཞེས་པ་ལྟ་བུ་དང་། ཡང་ ན་ཛ་རས་སུ་མ་གྱུར་པར། ཊཱ་ཨོས་དག་ལ་ཨེའོ་ཞེས་པས་ཨཱ་ཡིག་ཨེ་རུ་བསྒྱུར་ཏེ་མཚམས་ སྦྱར་བས། ཛ་ར་ཡཱ་(རྒན་མོ་ཡིས། )ཞེས་པ་ལྟ་བུའོ། །ཏྲི་ཙ་ཏྭཱར་དག་གི་བུད་མེད་ལ་ཏི་སྲྀ་ཙ་ཏ་སྲྀ་ དག་རྣམ་དབྱེ་ལའོ་ཞེས་པ་ནི། ཏྲི་དང་ཙ་ཏྭཱར་དག་བུད་མེད་ལ་འཇུག་པ་ན། རྣམ་དབྱེ་མང་ ཚིག་ཕ་རོལ་ཏུ་ཡོད་པ་ལ། ཏྲི་ཉིད་ཏི་སྲྀ་དང་། ཙ་ཏྭཱར་ཉིད་ཙ་ཏ་སྲྀ་རུ་འགྱུར་ཏེ། དཔེར་ན། ཏྲི་ དང་ཙ་ཏྭཱར་ལ་བྷེས་བྱིན་ཏེ་བསྒྱུར་བ་ནི། ཏི་སྲྀ་བྷིཿ(གསུམ་པ་རྣམས་ཀྱིས། ) ཙ་ཏ་སྲྀ་བྷིཿ(བཞི་པ་རྣམས་ ཀྱིས། )ཞེས་པ་ལྟ་བུའོ། །བུད་མེད་མ་ཡིན་པ་ལ་ནི་ཏི་སྲ་དང་ཙ་ཏ་སྲྀ་རུ་མི་འགྱུར་ཏེ། དཔེར་ན། ཏྲི་བྷིཿཞེས་པ་དང་། ཕྱི་མ་ལ་སྔར་བཞིན་ཝཱ་སྒྲ་ཨུ་རུ་གྱུར་པས། ཙ་ཏུར་བྷིཿཞེས་པ་ལྟ་བུའོ། ། 6-1-151 དེ་དག་དབྱངས་ལ་རའོ་ཞེས་པ་ནི། ཏྲི་ཉིད་ཏི་སྲྀ་དང་ཙ་ཏྭཱར་ནི་ཙ་ཏ་སྲྀ་རུ་གྱུར་པ་དེ་དག་གི་ རྀ་ཡིག་རྣམ་དབྱེ་དབྱངས་ཕ་རོལ་ཏུ་ཡོད་པ་ལ། ར་སྲོག་མེད་དུ་འགྱུར་ཏེ་མཚམས་སྦྱོར་གྱི་ (མཚམས་སྦྱོར་འགོག་པ་མིན་གྱིས། མིང་ལེ་དང་པོར་ངི་ལ་ཨར་རོ། །གྷུ་ཊ་ལའང་ངོ་ཞེས་པས་ཨར་དུ་འགྲོ་བ་འདི་ཡིས་འགོག) ཨར་དུ་འགྱུར་བ་ནི་འགོག་པའོ། །དཔེར་ན། ཏི་སྲྀ་དང་ཙ་ཏ་སྲྀ་ལ་ཛས་བྱིན་ནས་རྀ་ཡིག་ར་ སྲོག་མེད་དུ་བསྒྱུར་ཏེ་སྦྱར་བས། ཏི་སྲཿ (གསུམ་པ་རྣམས། )ཙ་ཏ་སྲཿ(བཞི་པ་རྣམས། )ཞེས་པ་ལྟ་བུའོ། ། ནཱམ་ལ་རིང་པོ་མ་ཡིན་ནོ་ཞེས་པ་ནི། ཏི་སྲྀ་དང་ཙ་ཏ་སྲྀ་དག་གི་རྀ་ཡིག་སྔར་བཤད་པའི་ནུ་ དང་བཅས་པའི་ཨཱམ་ལ་རིང་པོར་མི་འགྱུར་ཏེ། དཔེར་ན། ཏི་སྲྀ་དང་ཙ་ཏ་སྲྀ་ལ་ནུ་དང་བཅས་ པའི་ཨཱམ་བྱིན་ནས། རྀ་མཐོང་བ་ལ་ན་ཡིག་ཎ་རུ་གྱུར་པས། ཏི་སྲྀ་ཎཱཾ། (གསུམ་པ་རྣམས་ཀྱིས། )ཙ་ཏ་ སྲྀ་ཎཱཾ་(བཞི་པ་རྣམས་ཀྱིས། )ཞེས་པ་ལྟ་བུའོ། ། གསུམ་པ་ནྲྀ་དང་ཏྱད་སོགས་ལ་རྣམ་འགྱུར་འབྱུང་ཚུལ་ནི། ནྲྀ་ཡང་ནའོ་ཞེས་པ་ནི། ནྲྀའི་ རྀ་ཡིག་ནུ་དང་བཅས་པའི་ཨཱམ་ཕ་རོལ་ཏུ་ཡོད་པ་ལ་རིང་པོར་ཡང་ན་འགྱུར་ཏེ། དཔེར་ན། ནྲཱྀ་ཎཱཾ(ཨ་རྣམས་ཀྱི། )ཞེས་པ་དང་། ཡང་ན་རིང་པོར་མ་གྱུར་པས། ནྲྀ་ཎཱཾ་ཞེས་པ་ལྟ་བུའོ། །ཏྱད་ལ་ སོགས་པ་རྣམས་ཀྱི་རྣམ་དབྱེ་ལ་ཨའོ་ཞེས་པ་ནི། ཏྱད་དང་། ཏཏ་དང་། ཡཏ་དང་། ཨེ་ཏཏ་ དང་། ཨ་དས་དང་། ཨི་དཾ་དང་། དྭེ་སྟེ་ཏྱཏ་སོགས་འདི་རྣམས་ཀྱི་མཐའ་རྣམ་དབྱེ་ཕ་རོལ་ལ་ ཨ་ཡིག་ཏུ་འགྱུར་ཏེ། དཔེར་ན། ཏྱད་ལ་སི་བྱིན་པ་ན། ཏ་སྲོག་མེད་ཨ་རུ་བསྒྱུར་ཞིང་། ནཱ་དང་ པོར། ཨ་ཡིག་ལ་དབྱིའོ་ཞེས་པས་ཏའི་སྲོག་ཨ་དབྱི་ཞིང་། ཏའི་འང་ངོ་ཞེས་པས་ཏ་ཡིག་ས་ རུ་བསྒྱུར་ནས། སི་ཚེག་དྲག་ཏུ་བྱས་པས། སྱཿ ཞེས་པ་ལྟ་བུ་སྟེ། གཞན་རྣམས་ལའང་སྦྱར་ རོ། །ཀིམ་ཀའོ་ཞེས་པ་ནི། ཀིམ་གྱི་ཕ་རོལ་ཏུ་རྣམ་དབྱེ་རྣམས་བྱིན་པ་ན་ཀ་ཡིག་སྲོག་ཅན་དུ་ འགྱུར་ཏེ། དཔེར་ན། ཀིམ་ལ་སི་བྱིན་ནས་ཀ་རུ་བསྒྱུར་ཏེ། ས་རྣམ་བཅད་དུ་བྱས་པས། ཀཿ (ཅི། )ཞེས་པ་དང་། ཨཽ་བྱིན་ནས་མཚམས་སྦྱར་བས། ཀཽ(སུ་དག)ཞེས་པ་ལྟ་བུའོ། །དྭི་མ་ཡིན་ 6-1-152 པའི་ད་མའོ་ཞེས་པ་ནི། ཏྱད་སོགས་རྣམས་ཀྱི་ད་ཡིག་ནི། རྣམ་དབྱེ་ཕ་རོལ་ལ་མ་ཡིག་དུ་ འགྱུར་ཏེ། དཔེར་ན། ཨི་དཾ་ལ་ཨཽ་བྱིན་པ་ན་རྟགས་མཐའ་ཨ་ཡིག་ཏུ་བསྒྱུར་ཞིང་། སྔ་མའི་ སྲོག་ཕྱིས་ཏེ། ད་ཉིད་མ་ཡིག་ཏུ་བསྒྱུར་ནས་མཚམས་སྦྱར་བས། ཨི་མཽ(འདི་དག་ལ། ) ཞེས་པ་ལྟ་ བུའོ། །དྭིའི་ད་ནི་མ་ཡིག་ཏུ་མི་འགྱུར་ཏེ། དཔེར་ན། དྭི་ལ་ཨཽ་བྱིན་པ་ན། སྔར་བཞིན་མཐའི་ ཨི་ཡིག་ཨཱ་ཉིད་དུ་བསྒྱུར་ནས་མཚམས་སྦྱར་བས། དྭཱཽ་(གཉིས་པ་དག་)ཞེས་པ་ལྟ་བུའོ། །སི་ལ་ སའོ་ཞེས་པ་ནི། ཏྱད་སོགས་རྣམས་ཀྱི་ད་ཡིག་རྣམ་དབྱེ་སི་ཕ་རོལ་ཏུ་ཡོད་པ་ལ་ས་ཡིག་ཏུ་ འགྱུར་ཏེ། དཔེར་ན། ཨ་དས་ལ་སི་བྱིན་ནས་སྔར་བཞིན་རྟགས་མཐའ་ཨ་ཡིག་ཏུ་བསྒྱུར་ ཞིང་། སྔ་མའི་སྲོག་ཕྱིས་ཏེ། ད་ཉིད་ས་སྲོག་མེད་དུ་བསྒྱུར་ནས། སི་ལ་ཨཽ་སྟེ་ཞེས་པས་མཐའི་ ཨ་ཉིད་ཨཽ་ཡིག་ཏུ་བསྒྱུར་ཞིང་སི་ཕྱིས་ཏེ་མཚམས་སྦྱར་བས། ཨ་སཽ་(དེ། )ཞེས་པ་ལྟ་བུའོ། ། ཏའི་འང་ངོ་ཞེས་པ་ནི། ཏྱད་སོགས་ཀྱི་ཏ་འང་། སི་ཕ་རོལ་ལ་ས་ཡིག་ཏུ་འགྱུར་ཏེ། དཔེར་ ན། ཏྱད་ལ་སི་བྱིན་ནས། གཞན་སྔར་དང་འདྲ་བ་ལ། མདོ་འདིས་ཏའང་ས་རུ་བསྒྱུར་བས། སཿ (དེ། )ཞེས་པ་ལྟ་བུའོ། །ཨི་དམ་ཨི་ཡམ་སྟེ་སྐྱེས་པ་ལ་ཨ་ཡམ་མོ་ཞེས་པ་ནི། ཨི་དམ་ལ་ སི་བྱིན་པ་ན། བུད་མེད་ལ་འཇུག་པ་ན། ཨི་ཡམ་དང་། སྐྱེས་པ་ལ་འཇུག་པ་ན། ཨ་ཡམ་དུ་ འགྱུར་ཏེ། དཔེར་ན། ཨི་དམ་ལ་སི་བྱིན་པ་གསལ་བྱེད་མཐའ་ལས་ཕྱིས་པས། བུད་མེད་ལ་ ཨི་ཡམ་(འདི། )ཞེས་པ་དང་། སྐྱེས་པ་ལ་ཨ་ཡམ་(འདི་)ཞེས་པ་ལྟ་བུའོ། །གཉིས་པོའི་ཤུགས་ ལ་མ་ནིང་ལ་འཇུག་པ་ན་ཨི་དཾ་འདི་ཉིད་དོ། །ཨཀ་མེད་པའི་གསལ་བྱེད་ལ་ཨཏའོ་ཞེས་པ་ ནི། ཨི་དཾ་ཨཀའི་རྐྱེན་ཡོད་པ་མ་ཡིན་པ་ནི། རྣམ་དབྱེ་གསལ་བྱེད་ཕ་རོལ་ལ་ཨཏ་དུ་འགྱུར་ ཞིང་། ཏ་ཡིག་ནི་ཨཱ་རིང་པོ་ལས་ཁྱད་པར་དུ་བྱ་བའི་དོན་ཏེ། དཔེར་ན། ཨི་དམ་ལ་ངེ་བྱིན་ པ་སརྦའི་མིང་ཅན་ལས་སྨཻ་རུ་གྱུར་པའི་གསལ་བྱེད་མཐོང་བ་ལ་ཨི་དཾ་ནི་ཨཏ་དུ་བསྒྱུར་ཞིང་། ཏ་ཡིག་ཁྱད་པར་གྱི་དོན་ཕྱིས་པས། ཨསྨཻ་ཞེས་པ་དང་། ཨཀའི་རྐྱེན་ཡོད་པའི་ཨི་དཾ་ནི་ཨཏ་ 6-1-153 དུ་མི་འགྱུར་ཏེ། དཔེར་ན། དེ་བྱིན་ནས། ད་ཡིག་མ་རུ་བསྒྱུར་བའི་བར་སྔར་བཞིན་ལས། ནཱ་ གཉིས་པར། མི་ཟད་པ་དང་སརྦའི་མིང་ཅན་ལ་ཞེས་པས་ཨཀའི་རྐྱེན་མ་སྲོག་མེད་དང་ཨའི་ བར་དུ་བྱིན་ཏེ་སྔར་བཞིན་ངེ་ནི་སྨཻ་རུ་བསྒྱུར་བས། ཨིམ་ཀསྨཻ་ཞེས་པ་ལྟ་བུའོ། །ཊཱ་ཨོས་དག་ ལ་ཨ་ནའོ་ཞེས་པ་ནི། ཨཀའི་རྐྱེན་མེད་པའི་ཨི་དཾ་ནི། ཊཱ་དང་ཨོས་དག་ཕ་རོལ་ཏུ་ཡོད་པ་ ལ། ཨ་ན་རུ་འགྱུར་ཏེ། དཔེར་ན། ཨི་དཾ་ལ་ཊཱ་བྱིན་ནས། ཨ་ན་རུ་བསྒྱུར་ཞིང་། ཊཱའང་སྔར་ བཞིན་ཨི་ན་རུ་བསྒྱུར་ཏེ་མཚམས་སྦྱར་བས། ཨ་ནེ་ན་ཞེས་པ་དང་། ཨོས་བྱིན་ནས་ཨ་ན་རུ་ བསྒྱུར་ཞིང་། ནཱ་དང་པོར། ཨོས་ལའང་ངོ་ཞེས་པས། ནའི་ཨ་ཡིག་ཨེ་རུ་བསྒྱུར་ཏེ་མཚམས་ སྦྱར་བས། ཨ་ན་ཡོཿ (འདི་དག་ནི། )ཞེས་པ་ལྟ་བུའོ། །ཨེ་ཏཏའི་འང་རྗེས་སུ་བསྟན་པ་ལ་གཉིས་ པ་ལའང་ཨེ་ནའོ་ཞེས་པ་ནི། ཨི་དཾ་དང་ཨེ་ཏཏའི་འང་རྗེས་སུ་བསྟན་པ། གང་དུ་གཅིག་(ཨ་ཐོ་ ལྟས། ) གི་དངོས་པོ་ཅུང་ཟད་ཙམ་བསྒྲུབས་ནས། སླར་ཡང་(ཨི་དམ་ལྟ་བུ། ) གཞན་བསྒྲུབས་པ་ སྟེ། དེ་ལ་ཕ་རོལ་ཏུ་གཉིས་པའི་ཨམ་ཨཽ་ཤས྄་དང་། ཊཱ་དང་ཨོས་བྱིན་པ་ན་ཨེ་ན་རུ་འགྱུར་ ཏེ། དཔེར་ན། ཨ་ཐོའི་རྗེས་སུ། ཨི་དཾ་དང་། ཨེ་ཏཏ་ལ་ཨམ་བྱིན་ནས། ཨེ་ན་རུ་བསྒྱུར་བ་ན། ནཱ་དང་པོ་ཨ་ཡིག་ལ་དབྱིའོ་ཞེས་པས་ནའི་ཨ་ཕྱིས་ཏེ་སྦྱར་བ་ན། གཟུགས་མཚུངས་པས། ཨ་ ཐོ་ཨེ་ནཾ(བཀྲ་ཤིས་འདི་ལ། ) ཞེས་པ་དང་། ཨཽ་དང་ཤས྄་བྱིན་ནས་སྔར་བཞིན་ས་ཡིག་ན་རུ་བསྒྱུར་ ཏེ་མཚམས་སྦྱར་བས། ཨ་ཐོ་ཨེ་ནཽ(རྒྱུན་མི་འཆད་པ་འདི་དག་ལ)། ཨ་ཐོ་ཨེ་ནཱན་(རྩོམ་པ་འདི་རྣམས་ལ། ) ཞེས་པ་དང་། ཊཱ་དང་། ཨོས་བྱིན་པ་སྔར་བཞིན་བསྒྱུར་ནས་མཚམས་སྦྱར་བས། ཨ་ཐོ་ཨེ་ ནེ་ན(མཐའ་དག་འདི་ཡིས། ) ཨ་ཐོ་ཨེ་ན་ཡོཿ(བཀྲ་ཤིས་འདི་དག་གིས། )ཞེས་པ་ལྟ་བུའོ། །དེ་ལས་བྷིས་ བྷི་རའོ་ཞེས་པ་ནི། ཨཀའི་རྐྱེན་མེད་པའི་ཨི་དཾ་དེ་ལས་ཕ་རོལ་གྱི་བྷིས་ནི་བྷི ར་དུ་འགྱུར་ཏེ། དཔེར་ན། ཨི་དཾ་ལ་བྷིས་བྱིན་ནས། གསལ་བྱེད་ལ་ཨཀ་མེད་པའི་ཞེས་པས་ཨི་དཾ་ནི་ཨཏ་ དུ་བསྒྱུར་ལ། ནཱ་དང་པོར་དྷུཊ་མང་པོ་ཉིད་ལ་ནི་ཨེའོ་ཞེས་པས་ཨཏ་ཉིད་ཨེ་རུ་བསྒྱུར་ཞིང་། 6-1-154 བྷིས་ནི་བྷི ར་དུ་བསྒྱུར་པ་ལས། ཨེ་བྷིཿ(འདི་རྣམས་ཀྱི། )ཞེས་པ་ལྟ་བུ་སྟེ། བྷི ར་དུ་བསྒྱུར་བ་ནི་ ཨཻ་སུ་འགྱུར་བ་དགག་པའི་དོན་ཏོ། །ཨ་དས་ལས་ཀྱང་ངོ་ཞེས་པ་ནི། ཨཀའི་རྐྱེན་མེད་པའི་ ཨ་དས་ལས་ཀྱང་ཕ་རོལ་གྱི་བྷིས་ནི་བྷི ར་དུ་འགྱུར་ཏེ། དཔེར་ན། ཨ་དས་ལ་བྷིས་བྱིན་པ་ ན། ད་མ་རུ་བསྒྱུར་བའི་བར་སྔར་བཞིན་ལས། དྷུཊ་མང་ཉིད་ལ། མའི་སྲོག་གི་ཨ་ཡིག་ཨེ་རུ་ བསྒྱུར་ཞིང་། མང་པོ་ཉིད་ལ་ཞེས་པས་ཨེ་ཡིག་ཨཱི་རིང་པོར་བསྒྱུར་ཏེ། བྷིས་ནི་བྷི ར་དུ་བསྒྱུར་ བས། ཨ་མཱི་བྷིཿ(འདི་རྣམས་ཀྱི། )ཞེས་པ་ལྟ་བུའོ། །སིལ་ཨཽ་སྟེ་སི་དབྱི་བ་ཡང་ངོ་ཞེས་པ་ལ། ཨ་ ཀའི་རྐྱེན་མེད་པ་ཞེས་པ་ནི་ལྡོག་གོ །ཨ་དས་ཀྱི་མཐའ་སི་ཕ་རོལ་ལ་ཨཽ་ཉིད་དུ་འགྱུར་ཞིང་། སིའང་དབྱི་སྟེ། དཔེར་ན། ཨ་དས་ལ་སི་བྱིན་ནས། དའི་ཨ་འཕྱིད་པའི་བར་སྔར་བཞིན་ལས། སི་ལ་སའོ་ཞེས་པས་ད་ཡིག་ས་རུ་བསྒྱུར་ཞིང་། མདོ་འདིས་མཐའི་ཨ་ཡིག་ཨཽ་རུ་བསྒྱུར་ཏེ་ སྦྱར་ནས་སི་ཕྱིས་པས། ཨ་སཽ་ཞེས་པ་ལྟ་བུའོ། །ཨཀའི་རྐྱེན་ཡོད་པའི་ཨ་དས་ལ་ནི་སྔ་མའི་ སྲོག་འཕྱིད་པའི་བར་སྔར་བཞིན་བྱས་པའི་ད་སྲོག་མེད་དང་མཐའི་ཨ་ཡིག་གི་བར་བུ་ཨཀའི་ རྐྱེན་བྱིན་ནས། དེའི་མཐར་སི་བྱིན་པ་ན་ད་ཡིག་ས་སྲོག་མེད་དུ་གྱུར་ཅིང་། མཐའི་ཨ་ཡིག་ ཨཽ་རུ་བསྒྱུར་ཏེ་སྦྱར་ནས་སི་ཕྱིས་པས། ཨ་ས་ཀཽ་ཞེས་པ་ལྟ་བུའོ། །མ་ལས་ཨུ་ཉིད་དོ་ཞེས་ པ་ནི། ཨ་དས་ལ་རྣམ་དབྱེ་བྱིན་པ་ན། ད་ཡིག་མ་རུ་གྱུར་པ་ལས། མཐའི་ཨ་ཡིག་ཨུ་ཉིད་དུ་ འགྱུར་ཏེ། དཔེར་ན། ཨ་དས་ལ་ཨམ་བྱིན་པ་ན། སྔ་མའི་སྲོག་འཕྱིད་པའི་བར་སྔར་བཞིན་ བྱས་ལ། ནཱ་གཉིས་པར། ཨ་དས་ཀྱི་ཚིག་ལ་ཞེས་པས། ད་སྲོག་མེད་མ་རུ་བསྒྱུར་ཞིང་། མདོ་ འདིས། མཐའི་ཨ་ཡིག་ཨུ་རུ་བསྒྱུར་ནས། ནཱ་དང་པོར། ཨགྣི་ལ་ཨམའི་ཞེས་པས་ཨ་ཡིག་ ཕྱིས་ཏེ་སྦྱར་བས། ཨ་མུཾ་(འདི་དག)ཞེས་པ་ལྟ་བུའོ། །མང་པོ་ཉིད་ལ་ནི་ཨེཏ་ཨཱི་ཉིད་དོ་ཞེས་པ་ ནི། ཨ་དས་ལ་ཤས྄་མ་གཏོགས་པའི་མང་ཚིག་བྱིན་པ་ན། ད་ཡིག་མ་རུ་བསྒྱུར་བའི་ཕ་རོལ་ གྱི་མཐའི་ཨ་ཡིག་རྣམ་འགྱུར་གྱི་ཨེཏ་དུ་གྱུར་པ་ཉིད། ཨཱི་རིང་པོར་འགྱུར་ཞིང་། ཏ་ཡིག་ནི་ 6-1-155 ཨཻ་ཀེ་ཤ་ཅན་ལས་ཁྱད་པར་དུ་བྱ་བའི་དོན་ཏེ། དཔེར་ན། ཨ་དས་ལ་ཛས྄་བྱིན་ནས། ད་ཡིག་ མ་རུ་བསྒྱུར་བའི་བས་སྔར་བཞིན་བྱས་ལ། ནཱ་དང་པོར། ཛས྄་ཐམས་ཅད་ཨཱིའོ་ཞེས་པས་ཨཱི་ རུ་བསྒྱུར་ཞིང་། མཐའི་ཨ་དང་མཚམས་སྦྱར་ཏེ་ཨ་ཡིག་ཏུ་གྱུར་པ། མདོ་འདིས་ཨཱི་རུ་བསྒྱུར་ བས། ཨ་མཱི་(འདི་རྣམས། )ཞེས་པ་དང་། བྷྱས་བྱིན་ནས། དྷུཊ་མང་པོ་ཉིད་ལ་ཞེས་པས་མཐའི་ཨ་ ཡིག་ཨེ་རུ་གྱུར་པ་ཨཱི་རིང་པོར་བསྒྱུར་པས། ཨ་མཱི་བྷྱཿ (འདི་རྣམས་ལས། )ཞེས་པ་ལྟ་བུའོ། །ཨ་པ་ རྣམས་ཀྱི་བྷ་ལ་དའོ་ཞེས་པ་ནི། ཨ་པ་ཅེས་པའི་པ་ཡིག་རྣམ་དབྱེ་བྷ་ཡིག་ཕ་རོལ་ཏུ་ཡོད་པ་ ལ་ད་ཉིད་དུ་འགྱུར་ཏེ། དཔེར་ན། ཨ་པ་ལ་བྷིས་བྱིན་ནས་བསྒྱུར་བས། ཨདྦྷིཿཞེས་པ་དང་། བྷྱས་བྱིན་པ་ན། ཨདྦྷྱཿཞེས་པ་ལྟ་བུའོ། །བྷ་སྨོས་པས་གསལ་བྱེད་གཞན་ལ་མི་འགྱུར་ཏེ། དཔེར་ན། སུ་པ་བྱིན་པ་ན། ཨཔྶུ་ཞེས་པ་ལྟ་བུའོ། ། སྤྱིའི་གསུམ་པ་རྟགས་མཐའ་རྫོགས་པ་དང་། གསལ་བྱེད་དང་པོ་ཅན་ལ་རྣམ་འགྱུར་ འབྱུང་ཚུལ་ནི། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཨ་ན་ཌྭཱ་ཧ་ན་ཧི་ཝན་སི་རྣམས་ ཀྱང་ངོ་ཞེས་པ་ནི། ཨ་ན་ཌྭཱ་ཧ་དང་ན་ཧི་དང་ཝན་སི་ཞེས་པ་འདི་རྣམས་ཚིག་ཏུ་གྲུབ་ཅིང་ མཐའ་ན་རྣམ་དབྱེའི་གཟུགས་མེད་པ་རྫོགས་པ་དང་། རྣམ་དབྱེ་གསལ་བྱེད་དང་པོར་ཡོད་པ་ རྣམས་ལ། ཨ་ན་ཌྭཱ་ཧ་དང་ན་ཧི་དང་ཝནྶིཅེས་པ་འདི་རྣམས་ཀྱི་མཐའ་ད་ཉིད་དུ་འགྱུར་ཏེ། དཔེར་ན། རྫོགས་པ་ནི་སུ་སྔ་མ་ཅན་གྱི་ཨ་ན་ཌཧ་ལ་སི་བྱིན་པ་ན། ནཱ་གཉིས་པར། ཨ་ན་ཌྭཱ་ ཧའི་འང་ངོ་ཞེས་པས་ཌའི་ཝཱ་ཡིག་ཨུ་རུ་གྱུར་པ་སྦྱར་ཞིང་། མདོ་འདིས་ཧ་ཡིག་ད་རུ་བསྒྱུར་ ནས། ནཱ་གཉིས་པར། མ་ནིང་ལས་ཞེས་པས་སི་ཕྱིས་ཏེ་སྦྱར་བས། སྭ་ན་ཌུད྄་(བ་ལང་རྔ་མ་བཟང་ པོ། )ཞེས་པ་དང་། ཨུ་པཱ་སྔ་མ་ཅན་གྱི་ན་ཧ་ལ་སི་བྱིན་པ་གསལ་བྱེད་མཐའ་ལས་ཕྱིས་ཏེ། ཧ་ ཡིག་ད་རུ་གྱུར་པས། ཨུ་པཱ་ནད་ཅེས་པ་དང་། སུ་བི་དྭནྶལ་སི་བྱིན་པ་ན། ནཱ་གཉིས་པར། ཀྲུཉྩ་ དང་ཨིཏ་མ་ཡིན་པ་ཞེས་པས་ན་དང་མ་ནིང་ལས་སི་ཕྱིས་ཏེ། ས་ཡིག་ད་རུ་གྱུར་པས། སུ་བི་ 6-1-156 དྭད(མཁས་པ། ) ཅེས་པ་ལྟ་བུ་དང་། གསལ་བྱེད་དང་པོ་ལ། ཨ་ན་ཌྭཱ་ཧ་ལ། གསལ་བྱེད་དང་པོ་ བྷྱཱཾ་བྱིན་པ་ན། ཨ་ན་ཌྭཱ་ཧའི་འང་ངོ་ཞེས་པས་ཌའི་ཝ་ཡིག་ཨུ་དང་། ཨཔ་རྣམས་ཀྱི་བྷ་ལ་ད་ འོས་ཧ་ཡིག་ད་རུ་གྱུར་པས། ཨ་ན་ཌུདྦྷྱཱཾ་(བ་ལང་རྔམ་དག་ལས། )ཞེས་པ་དང་། དེ་བཞིན་དུ། ཨུ་པཱ་ ནདྦྷྱཱཾ། སུ་བིདྭདྦྷྱཾ་(མཁས་པ་དག་གི་ཆེད་དུ། )ཞེས་པ་ལྟ་བུའོ། །སྲ་སི་དྷྭས་དག་གི་འང་ངོ་ཞེས་པ་སྲནྶ་ དང་དྷྭནྶའི་ན་ཡིག ཨཱ་དྲུག་པར། ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པ་ཅེས་པ་དང་། སྔར་བཞིན་ ཀྭི་པ་ཕྱིས་པའི་མཐའི་ས་ཡིག་ནི་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ད་ཉིད་དུ་ འགྱུར་ཏེ། དཔེར་ན། རྫོགས་པ་ལ་ནི་ཨུ་ཁཱ་སྔ་མ་ཅན་སྲས་དང་། བརྞ་སྔ་མ་ཅན་དྷྭས་ལ་སི་ བྱིན་ནས་ས་ཡིག་ད་རུ་བསྒྱུར་ཞིང་། རྫོགས་པ་ལ་ཡང་ན་བྱས་ཏེ་སྔར་བཞིན་སི་ཕྱིས་པས། ཨུ་ཁཱ་སྲཏ(རླུང་གཡབ)། པརྞ་དྷྭ་ཏ་(ལོ་མ་འཇིག)ཅེས་པ་དང་། གསལ་བྱེད་དང་པོ་ལ་ནི་བྷྱཱཾ་བྱིན་པ་ ན། ས་ཡིག་ད་རུ་གྱུར་པས། ཨུ་ཁཱ་སྲྀདྦྷྱཱཾ(རླུང་གཡབ་དག་གིས)། པརྞ་དྷྭདྦྷྱཱཾ་(ལོ་མ་གཏུབས་པ་དག་གིས། ) ཞེས་པ་ལྟ་བུའོ། །ཧ་ཤ་ཥ་ཚ་མཐའ་དང་ཡཛ་སོགས་རྣམས་ཀྱི་ཌའོ་ཞེས་པ་ཧ་དང་ཤ་དང་ཥ་ དང་ཚའི་མཐའ་ཅན་རྣམས་དང་། ཡ་ཛ་དང་སོགས་ཀྱིས་སྲྀཛ་དང་མྲྀཛ་དང་བྷཛ་དང་བྲ་ཤྫ་ དང་པ་རི་བྲཛ་རྣམས་ཀྱི་མཐའི་ཡི་གེ་ནི་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཌ་ཉིད་ དུ་འགྱུར་ཏེ། དཔེར་ན། རྫོགས་པ་ལ་ནི་རིམ་པ་བཞིན་དུ། མ་དྷུ་སྔ་མ་ཅན་གྱི་ལི་ཉ་ཟ་བ་དང་ སུ་སྔ་མ་ཅན་གྱི་བི་ཤ་འཇུག་པ་དང་། ཏྭི་ཥའོད་དང་ཤབྡ་སྔ་མ་ཅན་གྱི་པྲཙྪ་འདྲི་བའི་བྱིངས་ ཀྭིཔ་ཕྱིས་པའི་མཐར། སི་བྱིན་པ་ན་མཐའི་ཡི་གེ་རྣམས་ཌ་ཉིད་དུ་གྱུར་པ་རྫོགས་པ་ལ་ཡང་ ན་གསལ་བྱེད་ལས་སི་ཕྱིས་པས། མ་དྷུ་ལིཊ(སྦྲང་རྩི་འཐུང་ངོ་)། སུ་པིཊ(ལེགས་པར་འཇུག་གོ)། སུ་ ཏྭིཊ(འོད་མཛེས་སོ)། ཤབྡ་པྲཊ་(སྒྲ་འདྲི་བའོ)ཞེས་པ་དང་། དེ་ཝ་སྔ་མ་ཅན་གྱི་ཡཛ་ལྷ་མཆོད་པའི་ བྱིངས་ལ་ཀྭིཔ་བྱིན་པ་ཡཎ་དང་ཡོན་ཏན་མཚུངས་པས། ཨཱ་བཞི་པར། སྭ་པི་ཝ་ཙི་ཞེས་པ་ དང་། ཡ་ཡིག་ཨི་རུ་བསྒྱུར་བའི་སཾ་པྲ་སཱ་ར་ཎ་བྱས་ཀྭིཔ་ཕྱིས་ཏེ། ཛ་ཡིག་ཌ་རུ་བསྒྱུར་ཞིང་ 6-1-157 རྫོགས་པ་ལ་ཡང་ན་བྱས་ཏེ་སི་ཕྱིས་ནས་མཚམས་སྦྱར་བས། དེ་ཝེཊ་(ལྷ་མཆོད། )ཅེས་པ་ལྟ་བུ་ སྟེ། མཐའ་ཌ་རུ་འགྱུར་བ་སྲྀཛ་སོགས་རྣམས་ལའང་སྦྱར་རོ། །གསལ་བྱེད་དང་པོ་ལ་ནི་རིམ་ པ་བཞིན། བྷྱཱཾ་བྱིན་ནས་མཐའ་ཌ་རུ་གྱུར་པས། མ་དྷུ་ལིཌྦྷྻཱཾ། སུ་བི་ཌྦྷྻཱཾ། སུ་ཏྭིཌཾ། ཤབྡ་པྲཌྦྷྻཱཾ་ཞེས་ པ་དང་། ཡཛ་སྔར་བཞིན་སཾ་པྲ་སཱ་ར་ཎ་བྱས་པས། དེ་ཝཌྦྷྻཱཾ(ལྷ་མཆོད་པ། ) ཞེས་པ་སྟེ། མྲྀ་ཛ་ སོགས་རྣམས་ལའང་སྦྱར་རོ། །ད་དང་པོའི་ཧའི་གའོ་ཞེས་པ་ནི། བྱིངས་ཀྱི་ཆ་ཤས་ཀྱི་ད་དང་ པོ་ན་ཡོད་པའི་ཧ་ཡིག་ནི། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ག་ཉིད་དུ་འགྱུར་ཏེ། དཔེར་ན། རྫོགས་པ་ལ་ནི། གོ་སྔ་མ་ཅན་གྱི་དུ་ཧ་འཇོ་བའི་བྱིངས་ཀྭིཔ་ཕྱིས་པའི་མཐར་སི་ བྱིན་པ་ན། ཧ་དང་བཞི་པའི་མཐའ་ཅན་གྱི་ཞེས་པས་ད་ཡིག་དྷ་རུ་བསྒྱུར་ཞིང་། ཧའང་ག་རུ་ བསྒྱུར་ཏེ། རྫོགས་པ་ལ་ཡང་ན་བྱས་པས། གོ་དྷུ་ཀ(བ་ལང་འཇོ། )ཅེས་པ་ལྟ་བུའོ། །གསལ་བྱེད་ ལ་ནི་བྷྱཱཾ་བྱིན་པ་ན། ཧ་ཡིག་ག་རུ་གྱུར་པས། གོ་དྷུ་གྦྷྱཾ་ཞེས་པ་ལྟ་བུའོ། །ཙ་སྡེ་དང་དྲྀ་ཤ་དག་ སོགས་རྣམས་ཀྱི་འང་ངོ་ཞེས་པ་ནི། ཙ་སྡེའི་མཐའ་ཅན་དང་དྲྀ་ཤ་དང་སོགས་ཀྱིས་སྤྲྀ་ཤ་དང་ རྀ་ཏྭིཛ་དང་དྷྲྀཤ་དང་སྲཛ་དང་དིཤ་དང་ཨུཥྞིཧ་ཞེས་པ་འདི་རྣམས་ཀྱི་མཐའ་རྫོགས་པ་དང་ གསལ་བྱེད་དང་པོ་ལ་ག་ཉིད་དུ་འགྱུར་ཏེ། དཔེར་ན། རྫོགས་པ་ལ་ནི་ཙ་སྡེའི་པྲ་ཙ་ལ་སི་ བྱིན་པ་ཕྱིས་ཏེ། ཙ་ཡིག་ག་རུ་གྱུར་པ་རྫོགས་པ་ལ་ཡང་ན་བྱས་པས། པྲ་ཀ་(ཕྲེང་བ། )ཅེས་པ་ལྟ་ བུ་སྟེ། ཚ་དང་ཛ་དང་ཛྙ་དང་ཉའི་མཐའ་ཅན་ལ་ཡང་དེ་བཞིན་དུ་སྦྱར་རོ། །དྲྀ་ཤ་ལ་སི་བྱིན་པ་ སྔར་བཞིན་ཕྱིས་ཏེ་ཤ་ཡིག་ག་རུ་གྱུར་པ་རྫོགས་པ་ལ་ཡང་ན་བྱས་པས་དྲྀཀ་(མཐོང་། )ཅེས་པ་ སྟེ། དེ་བཞིན་དུ། སྤྲྀ་ཤ་ལ་སོགས་ལའང་སྦྱར་རོ། །གསལ་བྱེད་དང་པོ་ལ་ནི་པྲ་ཙ་ལ་བྷྱཱཾ་བྱིན་ པ་ན་ཙ་ཡིག་ག་རུ་གྱུར་པས། པྲགྦྷྱཾ་ཞེས་པ་སྟེ། ཚ་སོགས་ལའང་སྦྱར་རོ། །དྲྀཤ་བྷྱཱཾ་བྱིན་ནས་ ཤ་ཡིག་ག་རུ་གྱུར་པས། དྲྀ་ཀབྷྱཱཾ་(མཐོང་བ་དག་གིས། )ཞེས་པ་སྟེ། སྤྲྀཤ་སོགས་ལའང་སྦྱར་རོ། །མུ་ ཧ་སོགས་རྣམས་ཀྱི་ཡང་ནའོ་ཞེས་པ་མུཧ་དང་སོགས་ཀྱིས་དྲུཧ་དང་ཥྞིཧ་དང་ཥྞུཧ་ཞེས་པ་འདི་ 6-1-158 རྣམས་ཀྱི་མཐའ་ནི་རྫོགས་པ་དང་གསལ་བྱེད་དང་པོ་ལ་ག་ཉིད་དུ་ཡང་ན་འགྱུར་ཏེ། དཔེར་ ན། རྫོགས་པ་ལ་ནི་ཨུཏ་སྔ་མ་ཅན་གྱི་མུཧ་རྨོངས་པར་བྱེད་དོ་ལ་ཀྭིཔ་ཕྱིས་པའི་མཐར་སི་ བྱིན་ཞིང་། ཧ་ཡིག་ག་རུ་བསྒྱུར་ཏེ་སི་ཕྱིས་ནས། རྫོགས་པ་ལ་ཡང་ན་བྱས་ལ། སན་བཞི་པར། ལྔ་པ་ལ་ལྔ་པ་ཅེས་པས་ཨུཏ་ཀྱི་ཏ་ཡིག་ན་རུ་བསྒྱུར་བས། ཨུནྨུག་(ཤིན་ཏུ་རྨོངས། ) ཅེས་པ་དང་། གསལ་བྱེད་ལ་ནི་ཨུནྨུགྦྷྱཱཾ་ཞེས་པ་དང་། ཡང་ན། ཧ་ཤ་ཥ་ཚ་མཐའ་ཞེས་པས་ཧ་ཡིག་ཌ་རུ་ འགྱུར་ཏེ། རྫོགས་པ་ལ་ཡང་ན་བྱས་པས། ཨུནྨུཊ་ཞེས་པ་དང་། གསལ་བྱེད་ལ་ནི། ཨུནྨུཌྦྷྱཱཾ་ཞེས་པ་ལྟ་བུ་སྟེ། དྲུཧ་དང་ཥྞིཧ་ལའང་སྦྱར་རོ། །བྱིངས་ཧ་དང་བཞི་པ་མཐའ་ཅན་ གསུམ་པ་དང་པོ་ཅན་གྱི་དང་པོ་བཞི་པ་ཉིད་དེ་མ་བྱས་པ་དང་འདྲའོ་ཞེས་པ། བྱིངས་ཧ་ཡིག་ གི་མཐའ་ཅན་དང་སྡེ་པ་སོ་སོའི་བཞི་པའི་མཐའ་ཅན། སྡེ་པ་གང་རུང་གི་གསུམ་པ་དང་པོ་ན་ ཡོད་པ་ཅན་ནི་རྫོགས་པ་དང་གསལ་བྱེད་དང་པོ་ལ་ཧ་དང་བཞི་པ་དེའི་དང་པོ་སྟེ་སྔོན་མ་ གསུམ་པ་དེ་ནི་དེ་ཉིད་ཀྱི་སྡེ་པའི་བཞི་པ་ཉིད་དུ་བསྒྱུར་ཀྱང་བསྒྱུར་བར་མ་བྱས་པ་གསུམ་ པའི་དུས་ཀྱི་བྱ་བ་དང་འདྲ་བར་ཐོབ་སྟེ། དཔེར་ན། རྫོགས་པ་ལ་ནི་གོ་དུ་ཧ་ལ་སི་བྱིན་ཏེ་ད་ ཡིག་དྷ་རུ་བསྒྱུར་པ་ན་ད་ཡིག་དང་པོར་མེད་པས་ཧ་ཡིག་ནི་ག་རུ་བསྒྱུར་བ་མི་ཐོབ་ནའང་མ་ བྱས་པ་དང་འདྲའོ་ཞེས་པས། མ་བསྒྱུར་བའི་དུས་ཀྱི་ད་ཡིག་མཐོང་བ་དང་འདྲ་བས་ན་ད་ དང་པོའི་ཧའི་ཞེས་པས་ག་རུ་བསྒྱུར་ཏེ་རྫོགས་པ་ལ་ཡང་ན་བྱས་པས། གོ་དྷུཀ་(བ་འཇོ། )ཅེས་ པ་དང་། ཨརྠ་སྔོན་མ་ཅན་གྱི་བུདྷ་རྟོགས་པར་བྱེད་དོ་ལ་ཀྭིཔ་ཕྱིས་བའི་མཐར་སི་བྱིན་པ་ན། བཞི་པ་དྷ་ཡིག་མཐོང་བས་བ་ཡིག་རང་གི་བཞི་པ་བྷ་རུ་བསྒྱུར་ཞིང་སི་ཕྱིས་ཏེ་རྫོགས་པ་ལ་ ཡང་ན་བྱས་པས་ཨརྠ་བྷུཏ་(དོན་རྟོགས་སོ། །) ཅེས་པ་ལྟ་བུའོ། །གསལ་བྱེད་ལ་ནི། བྷྱཱཾ་བྱིན་བ་ན། གོ་དྷུགྦྷྱཱཾ། བྷུཏ་ལ་བྷྱཱཾ་བྱིན་ནས། གོ་བྷུ་དྦྷྱཱཾཞེས་པ་སྟེ། དེ་བཞིན་དུ་ཧ་ཡིག་གི་མཐའ་ཅན་གཞན་ ལའང་སྦྱར་རོ། །བཞི་པ་ལ་ནི་བྷྱཱཾ་བྱིན་པ་ན། དྷུཊ་རྣམས་ལ་གསུམ་པར་གྱུར་པས། ཨརྠཾ་བྷུདྦྷྱཱཾ་ 6-1-159 (དོན་རྟོགས་པ་དག་གིས། )ཞེས་པ་སྟེ་གཞན་ལའང་སྦྱར་རོ། །སཛུ་ཥ་དང་ཨཱ་ཤིཥ་དག་གི་རའོ་ཞེས་ པ། སཛུ་ཥ་དང་ཨཱ་ཤིཥ་དག་གི་ཥ་ནི། རྫོགས་པ་དང་གསལ་བྱེད་དང་པོ་ལ་ར་རུ་འགྱུར་ཏེ། དཔེར་ན། རྫོགས་པ་ལ་ནི། སཛུ་ཥ་དང་ཨཱ་ཤིཥ་ལ་སི་བྱིན་པ་ན། ཥ་ཡིག་ར་རུ་བསྒྱུར་ནས། མདོ་འོག་མས་ཨིར་ཨུར་རིང་པོར་བསྒྱུར་ཞིང་། ར་ཚེག་དྲག་ཏུ་བྱས་པས། ས་ཛཱུཿཨཱ་ཤཱིཿཞེས་ པ་དང་། གསལ་བྱེད་ལ་ནི་བྷྱཱཾ་བྱིན་ནས་ཥ་ཡིག་ར་རུ་གྱུར་པས། ས་ཛཱུརྦྷྱཱཾ། ཨཱ་ཤཱིརྦྷྱཱཾ་ཞེས་པ་ལྟ་ བུ་སྟེ། ཧ་ཤ་ཥ་ཚ་མཐའ་ཞེས་པས། ཥ་ཡིག་ཌ་ཉིད་དུ་ཐོབ་པ་ལ། འདི་ནི་དམིགས་བསལ་ལོ། ། ཨིར་ཨུར་དག་གི་ཨཱིར་ཨཱུར་དག་གོ་ཞེས་པ་ནི། བྱིངས་ཀྱི་ཨིར་ཨུར་ཐུང་ངུ་ནི་རྫོགས་པ་དང་ གསལ་བྱེད་དང་པོ་ལ་ཨཱིར་ཨཱུར་ཐུང་ངུ་ནི་རྫོགས་པ་དང་གསལ་བྱེད་དང་པོ་ལ་ཨཱིར་ཨཱུར་ རིང་པོར་འགྱུར་ཏེ། དཔེར་ན། རྫོགས་པ་ལ་ནི་གིར་དང་དྷུར་ལ་སི་བྱིན་པ་གསལ་བྱེད་ལ་ས་ ཕྱིས་ནས་ཨི་དང་ཨུ་རིང་པོར་བསྒྱུར་ཞིང་ར་རྣམ་བཅད་དུ་བྱས་པས། གཱིཿ དྷཱུཿ ཞེས་པ་དང་། གསལ་བྱེད་ལ་བྷྱཱཾ་བྱིན་ནས་རིང་བོར་བསྒྱུར་བས། གཱིརྦྷྱཱཾ། དྷཱུརྦྷྱཱཾ་ཞེས་པ་ལྟ་བུའོ། །ཨ་ཧ་ནའི་ སའོ་ཞེས་པ་ནི། ཨ་ཧནའི་ན་ཡིག །རྫོགས་པ་དང་གསལ་བྱེད་དང་པོ་ལ་ས་ཉིད་དུ་འགྱུར་ ཏེ། དཔེར་ན། རྫོགས་པ་ལ་ནི་ཨ་ཧན་ལ་སི་བྱིན་ནས། མ་ནིང་ལ་སི་ཨམ་དག་གི་དབྱིའོ་ ཞེས་པས་ཕྱིས་ཏེ། ན་ཡིག་ས་རུ་གྱུར་པ་ཚེག་དྲག་ཏུ་བསྒྱུར་པས། ཨ་ཧཿ(ཉིན་མོ། ) ཞེས་པ་དང་། གསལ་བྱེད་ལ་ནི་བྷིས྄་བྱིན་ནས། ན་ཡིག་ས་རུ་གྱུར་པའི་ཚེག་དྲག་སྒྲ་ལྡན་ལ་ཨུ་རུ་བསྒྱུར་ ཏེ་མཚམས་སྦྱར་བས། ཨ་ཧོ་བྷིཿཞེས་པ་ལྟ་བུའོ། །བརྩེགས་པའི་མཐའ་དབྱིའོ་ཞེས་པ་ནི། རྟགས་ཀྱི་བརྩེགས་པའི་མཐའ་སྟེ་འོག་མ་ནི། རྫོགས་པ་དང་གསལ་བྱེད་དང་པོ་ལ་དབྱི་བར་ འགྱུར་ཏེ། དཔེར་ན། རྫོགས་པ་ལ་ནི། པུམནྶལ་སི་བྱིན་པ་གསལ་བྱེད་ལས་ཕྱིས་ནས། ནཱ་ གཉིས་པར། ས་མཐའ་དང་མ་ཧནྟ་དག་གི་ཞེས་པ་ནའི་ཨུ་པ་དྷཱ་མ་རིང་པོར་བསྒྱུར་ཏེ། བརྩེགས་པའི་མཐའ་ས་ཡིག་ཕྱིས་པས། པུ་མཱན་(སྐྱེས་པ། ) ཞེས་པ་དང་། གསལ་བྱེད་བྷྱཱཾ་བྱིན་ 6-1-160 པ་ན། མདོ་འདིས་ས་དང་། ནཱ་གཉིས་པར། པུམནྶའི་ཞེས་པས་ཨན་གྱི་སྒྲ་ཕྱིས་ཏེ། སན་བཞི་ བར། མ་གསལ་བྱེད་ལ་ཞེས་པ་ལྟར་རྗེས་སུ་ང་རོར་གྱུར་པས། པུཾབྷྱཱཾ་(སྐྱེས་པ་དག་གིས། )ཞེས་པ་ ལྟ་བུའོ། །བརྩེགས་པའི་དང་པོའི་དྷུཊའིའོ་ཞེས་པ། གསལ་བྱེད་བརྩེགས་པའི་དང་པོ་སྟེང་མ་ དྷུཊ་ཡིན་པ་ནི། རྫོགས་པ་དང་གསལ་བྱེད་དང་པོ་ལ་དབྱི་བར་འགྱུར་ཏེ། དཔེར་ན། རྫོགས་ པ་ལ་ནི་གོ་སྔ་མ་ཅན་གྱི་རཀྵ་སྲུང་བའི་བྱིངས་ཀྭིཔ་ཕྱིས་པའི་མཐར་སི་བྱིན་པ་དང་བརྩེགས་ པའི་དང་པོ་ཀ་ཡིག་ཕྱིས་ནས། ཧ་ཤ་ཥ་ཚ་མཐའ་ཞེས་པས་ཥ་ཡིག་ཌ་རུ་བསྒྱུར་ཏེ་རྫོགས་པ་ ལ་ཡང་ན་བྱས་པས། གོ་རཊ(ས་གཞི་སྲུང་ངོ་། )ཅེས་པ་དང་། གསལ་བྱེད་བྷྱཱཾ་བྱིན་པ་ན་གོ་རཊ་ ཞེས་པ་ལྟ་བུའོ། །རྟགས་མཐའི་ན་ཡིག་གོ་ཞེས་པ་ནི་རྟགས་མཐའི་ན་ཡིག་རྫོགས་པ་དང་ གསལ་བྱེད་དང་པོ་རྣམས་ལ་དབྱི་བར་འགྱུར་ཏེ། དཔེར་ན། རྫོགས་པ་ལ་ནི། རཱ་ཛན་ལ་སི་ བྱིན་པ་ཕྱིས་ནས། ནཱ་གཉིས་པར། གྷུཊ་ལའང་སམ་བུདྡྷི་མ་ཡིན་པ་ལའོ་ཞེས་པས་ཛ་རིང་ པོར་བསྒྱུར་ཏེ། མདོ་འདིས་ན་ཕྱིས་པས། རཱ་ཛཱ་(རྒྱལ་པོ) ཞེས་པ་དང་། གསལ་བྱེད་བྷྱཱཾ་བྱིན་པ་ ན། ན་ཡིག་ཕྱིས་པས་རཱ་ཛཱ་བྷྱཱཾ་(རྒྱལ་པོ་དག་ལ། )ཞེས་པ་ལྟ་བུའོ། །སམ་བུདྡྷི་ལ་མ་ཡིན་ནོ་ཞེས་པ་ རྟགས་མཐའི་ན་ཡིག་ནི་སི་སམ་བུདྡྷི་ཕ་རོལ་ལ་འཕྱིད་པ་མ་ཡིན་ཏེ། དཔེར་ན། ཧེ་རཱ་ཛན་ལ་ སི་བྱིན་པ་གསལ་བྱེད་མཐའ་ལས་ཕྱིས་པས། ཧེ་རཱ་ཛན(ཀྱེ་རྒྱལ་པོ། )ཞེས་པ་ལྟ་བུའོ། །ན་དང་ བརྩེགས་པའི་མཐའ་དག་གི་ཆོ་ག་སྔ་མ་ལ་མ་ཕྱིས་པ་བཞིན་འང་ངོ་ཞེས་པ་ནི། རྟགས་མཐའི་ ན་ཡིག་དང་བརྩེགས་པའི་མཐའ་འོག་མ་ཕྱིས་པ་དག་ལ་ནི་ཆོ་ག་སྔ་མ་སྔར་བསྟན་པའི་བྱ་བ་ ཐོབ་པ་ལ། མ་ཕྱིས་པ་བཞིན་དུ་འགྱུར་བས་ཕྱིས་པ་ལ་ཐོབ་པའི་བྱ་བ་དེའང་མི་བྱེད་དེ། དཔེར་ན། ན་ཡིག་ཕྱིས་པ་ནི་རཱ་ཛན་ལ་བྷྱཱཾ་བྱིན་པ་ན། རྟགས་མཐའི་ཞེས་པས་ན་ཡིག་ཕྱིས་ པའི་ཚེ། ནཱ་དང་པོར་ཨ་ཡིག་སྒྲ་ལྡན་ལ་ཞེས་པས། ཛ་རིང་པོར་ཐོབ་པ་ལ། ན་ཡིག་མ་ཕྱིས་ པ་ན་རིང་པོར་མི་འགྱུར་བ་བཞིན་བྱས་པས། རཱ་ཛ་བྷྱཱཾ་ཞེས་པ་དང་། བརྩེགས་པའི་མཐའ་ནི་ 6-1-161 པུ་མནྶལ་སི་བྱིན་པ་ན། ས་མཐའ་དང་མ་ཧནྟ་ཞེས་པས་ནའི་ཨུ་པ་དྷཱ་རིང་པོར་བྱས་ཏེ། བརྩེགས་པའི་མཐའ་ས་ཡིག་ཕྱིས་པ་ན། རྟགས་མཐའི་ཞེས་པས་ན་དབྱི་བ་ཐོབ་པ་ལ། ས་ ཡིག་མ་ཕྱིས་པ་ན། ན་མི་འཕྱིད་པ་བཞིན་བྱས་ཏེ་སི་ཕྱིས་པས། པུ་མཱན་(སྐྱེས་པ། )ཞེས་པ་ལྟ་ བུའོ། ། བཞི་པ་ཨིས་སོགས་ཀྱི་ས་ཡིག་ར་རུ་འགྱུར་ཚུལ་ནི། ཨིས་ཨུས་དོས་རྣམས་ཀྱི་སྒྲ་ལྡན་ ལ་རའོ་ཞེས་པ་ནི། མཐའི་ཨིས་དང་ཨུས་དང་དོས་ཞེས་པའི་མཐའི་ས་ཡིག་ནི་རྣམ་དབྱེ་སྒྲ་ ལྡན་རྣམས་ཕ་རོལ་ཏུ་ཡོད་པ་ལ་ར་ཡིག་ཏུ་འགྱུར་ཏེ། དཔེར་ན། སརྦིས་དང་། དྷ་ནུས་དང་། དོས་རྣམས་ལ་བྷྱཱཾ་བྱིན་པ་ན། ས་ཡིག་ར་ཡིག་ཏུ་འགྱུར་པས་རིམ་པ་བཞིན། སརྦི་རྦྷྱཾ(མར་སར་ དག་གི་ཆེད་དུ)། དྷུ་ནུ་རྦྷྱཱཾ (གཞུ་དག་གི་ཆེད)། དོརྦྷྱཱཾ་(ལག་པ་ལ་)ཞེས་པ་ལྟ་བུའོ། ། ལྔ་པ་དྷུཊ་རྣམས་ལ་རྣམ་འགྱུར་འབྱུང་ཚུལ་ནི། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པ་ ནི། མཐའི་དྷུཊའི་ཡི་གེ་རྣམས་སྒྲ་ལྡན་ཕ་རོལ་ལ་རང་རང་གི་སྡེ་པའི་གསུམ་པར་འགྱུར་ཏེ། དཔེར་ན། ཨགྣི་མཐའ་ལ་བྷྱཱཾ་བྱིན་པ་ན་དྷུཊ་ཐ་ཡིག་རང་གི་སྡེ་པའི་གསུམ་པ་ད་ཡིག་ཏུ་གྱུར་ པས། ཨགྣི་མ་དྦྷྱཱཾ་(མེ་བསྲུབས་པ་དག་ལས། )ཞེས་པ་དང་། ཛྙཱ་ན་བུདྷ་ལ་བྷྱཱཾ་བྱིན་པ་ན། བྱིངས་ཧ་དང་ བཞི་པ་མཐའ་ཅན་ཞེས་པས་བུ་ཉིད་བྷུ་རུ་བསྒྱུར་ཏེ། དྷ་ཡིག་སྒྲ་ལྡན་ལ་སྡེ་པའི་གསུམ་པ་ད་ ཡིག་ཏུ་གྱུར་པས། ཛྙཱ་ན་བུདྦྷྱཱཾ་(ཡེ་ཤེས་རྟོགས་པ་ལས། )ཞེས་པ་ལྟ་བུའོ། །སྒྲ་མེད་པ་ལ་དང་པོའོ་ ཞེས་པ་ནི། མཐའི་དྷུཊའི་ཡི་གེ་རྣམས་རྣམ་དབྱེ་སྒྲ་མེད་ཕ་རོལ་ཏུ་ཡོད་པ་ལ། རང་རང་གི་སྡེ་ པའི་དང་པོར་འགྱུར་ཏེ། དཔེར་ན། ཨགྣི་མཐའ་ལ་སུཔ་བྱིན་ཏེ། པ་ཡིག་ཐེ་ཙོམ་སེལ་བའི་ དོན་ཡིན་པས་ཕྱིས་ནས། ཐ་ཡིག་རང་གི་སྡེ་པའི་དང་པོ་ཏ་ཡིག་ཏུ་གྱུར་པས། ཨགྣི་མཏྶུ་(མེ་ བསྲུབས་པ་རྣམས་ལ། )ཞེས་པ་དང་། དེ་བཞིན་དུ། ཛྙཱ་ན་བྷུཏྶུ་(ཡེ་ཤེས་རྟོགས་པ་རྣམས་ལ་)ཞེས་པ་ལྟ་བུའོ། ། རྫོགས་པ་ལ་ཡང་ནའོ་ཞེས་པ་ནི། དྷུཊའི་ཡི་གེ་རྣམས་ཚིག་ཏུ་གྲུབ་པའི་མཐར་རྣམ་དབྱེའི་ 6-1-162 གཟུགས་མེད་པ་རྫོགས་པ་ན་རང་རང་གི་སྡེ་པའི་དང་པོའམ་ཡང་ན་གསུམ་པར་འགྱུར་ཏེ། དཔེར་ན། ཛྙཱ་ན་བུདྷ་ལ་སི་བྱིན་པ་གསལ་བྱེད་མཐའ་ལ་ཕྱིས་པས་ཚིག་ཏུ་རྫོགས་པའི་བུ་ནི་ སྔར་བཞིན་བྷུ་རུ་གྱུར་ཏེ། དྷ་ཡིག་རང་གི་སྡེ་པའི་དང་པོ་ཏ་ཡིག་ཏུ་གྱུར་པས། ཛྙཱ་ན་བྷུཏ་ཅེས་ པའམ། ཡང་ན་གསུམ་པར་གྱུར་པས། ཛྙཱ་ན་བྷུད་ཅེས་པ་ལྟ་བུའོ། །དྲུག་པ་རེ་ཕ་སོགས་ལ་ རྣམ་འགྱུར་འབྱུང་ཚུལ་ནི། རེ་ཕ་དང་ས་དག་གི་རྣམ་པར་བཅད་བྱའོ་ཞེས་པ་ནི། རེ་ཕ་སྟེ་ར་ ཡིག་དང་ས་ཡིག་སྲོག་མེད་དག་རྣམ་པར་བཅད་བྱ་སྟེ་ཚེག་དྲག་ཏུ་འགྱུར་ཏེ། དཔེར་ན། གཱིར་ དང་། པ་ཡས་ལ་སི་བྱིན་པ་ཕྱིས་ནས། ར་དང་ས་ཚེག་དྲག་ཏུ་བསྒྱུར་བས། གཱིཿ(ངག)པ་ཡཿ (འོ་མ། )ཞེས་པ་ལྟ་བུའོ། །རྫོགས་པ་དང་གསལ་བྱེད་དང་པོ་ལ་བརྗོད་པ་ནི་མ་ནིང་ལས་སི་ ཨམ་དག་ཕྱིས་པ་ལའང་ངོ་ཞེས་པ་ནི། གང་རྫོགས་པ་དང་གསལ་བྱེད་དང་པོ་དག་ལ་བྱ་བ་ བརྗོད་པ་དི་ནི་སྐྱེས་པ་དང་བུད་མེད་ཀྱི་རྟགས་སུ་མ་ཟད་མ་ནིང་གི་རྟགས་ལས་སི་དང་ཨམ་ དག་ཕྱིས་པ་ལའང་འགྱུར་ཏེ། དཔེར་ན། སུ་སྔ་མ་ཅན་གྱི་དི་ཝ་ལ་སི་བྱིན་པ། ནཱ་གཉིས་པར། མ་ནིང་ལས་སི་ཨམ་དག་ཅེས་པས་ཕྱིས་ཀྱང་། དི་ཝའི་གསལ་བྱེད་ལ་ཞེས་པས་སི་མ་ཕྱིས་ པའི་དུས་ཀྱི་བྱ་བ་དང་འདྲ་བར་ཝ་ཡིག་ཨུ་རུ་བསྒྱུར་ཏེ་མཚམས་སྦྱར་བས། སུངྻུ་(ཉི་མ་བཟང་ པོ། ) ཞེས་པ་དང་། ཨམ་ཕྱིས་པ་ལའང་བྱ་བ་སི་དང་འདྲ་བས། སུ་ངྻུ་(ཉི་མ་བཟང་པོ་ལ། )ཞེས་པ་ ལྟ་བུ་སྟེ། ནཱ་གཉིས་པར། དེ་ལ་བརྗོད་པའང་མ་ཡིན་ནོ་ཞེས་པ་ལས་དམིགས་བསལ་སྟོན་ པའོ། །ཞེས་པ་བྱིངས་མིང་དུ་གྲུབ་པ་རྣམས་ཚིག་ཏུ་སྒྲུབ་པའི་རབ་ཏུ་བྱེད་པར་རྐང་པ་གསུམ་ པའི་འགྲེལ་པ་རྫོགས་སོ།། །། རྣམ་དབྱེའི་འཇུག་ཚུལ་གཙོ་བོར་སྟོན་པ་མིང་ལེ་བཞི་པ་ལ་བདུན་ལས། དང་པོ་མི་ཟད་ པ་སྔ་མ་ཅན་གྱི་རྟགས་ལས་རྣམ་འགྱུར་འབྱུང་ཚུལ་ནི། མི་ཟད་པར་གྱུར་པ་ལས་ཨ་ཡིག་ མཐའ་ལས་ལྔ་པ་མིན་པའི་རྣམ་དབྱེ་རྣམས་ཀྱི་ཨམའོ་ཞེས་པ་ནི། མི་ཟད་པ་བརྗོད་བྱའི་སྔ་ 6-1-163 མར་གྱུར་པའི་ཨ་ཡིག་མཐའ་ཅན་གྱི་རྟགས་ལས་ཕ་རོལ་ཏུ་ལྔ་པ་མིན་པའི་རྣམ་དབྱེ་རྣམས་ གང་བྱིན་ཡང་ཨམ་དུ་འགྱུར་ཏེ། དཔེར་ན། མི་ཟད་པ་ཨུ་པ་སྔོན་མ་ཅན་གྱི་རྟགས་ཨ་ཡིག་ མཐའ་ཅན་ཀུམྦྷ་ལ། སི་དང་ཨམ་དང་ཊཱ་དང་ངེ་དང་ངས་དང་ངའི་སྡེ་ཚན་རྣམས་བྱིན་པ་ ཨམ་དུ་བསྒྱུར་ཞིང་། ནཱ་དང་པོར་ཨ་ཡིག་ལ་ཞེས་པས་རྟགས་མཐའི་ཨ་ཡིག་ཕྱིས་ཏེ་སྦྱར་བ་ ལས། ཐམས་ཅད་གཟུགས་མཚུངས་པར། ཨུ་པ་ཀུམྦྷཾ་ཞེས་པར་འགྱུར་བ་ལྟ་བུའོ། །ལྔ་པའི་ རྣམ་དབྱེ་བྱིན་པ་ནི་ཨམ་དུ་མི་འགྱུར་ཏེ། དཔེར་ན། ང་སི་བྱིན་པ་སྔར་བཞིན་ཨཱཏ་དུ་བསྒྱུར་ ཏེ་མཚམས་སྦྱར་བ་ལས། ཨུ་པ་ཀུམྦྷཏ་(ཉེ་བའི་བུམ་པ་ལས། )ཞེས་པ་ལྟ་བུའོ། །གསུམ་པ་དང་ བདུན་པ་དག་གི་ཡང་ནའོ་ཞེས་པ་ནི། མི་ཟད་པ་སྔ་མ་ཅན་གྱི་ཨ་ཡིག་མཐའ་ལས། རྣམ་དབྱེ་ གསུམ་པ་དང་བདུན་པ་ཨམ་དུ་ཡང་ན་འགྱུར་ཞེས་པ་སྔ་མ་ལས་དམིགས་བསལ་ཏེ། དཔེར་ ན། ཨུ་པ་ཀུམྦྷ་ལ། ཊཱ་དང་ངི་བྱིན་པ་ཨམ་དུ་བསྒྱུར་ནས། རྟགས་མཐའི་ཨ་ཡིག་སྔར་བཞིན་ ཕྱིས་ཏེ་སྦྱར་བས། ཨུ་པ་ཀུམྦྷཾ (ཉེ་བའི་བུམ་པ་ལ)། ཨུ་པ་ཀུམྦྷཾ་(ཉེ་བའི་བུམ་པའང་) ཞེས་པ་དང་། ཡང་ ན་ཨམ་དུ་མ་གྱུར་པར། ཊཱ་སྔར་བཞིན་ཨི་ནར་བསྒྱུར་ཏེ་མཚམས་སྦྱར་བས། ཨུ་པ་ཀུམྦྷེ་ན་ (ཉེ་བའི་བུམ་པ་ཡིས། )ཞེས་པ་དང་། ངིའི་ང་ཡིག་ཁྱད་དོན་ཕྱིས་ཏེ་མཚམས་སྦྱར་བས། ཨུ་པ་ཀུམྦྷེ་ (ཉེ་བའི་བུམ་པ་ལ། )ཞེས་པ་ལྟ་བུའོ། །གཞན་ལས་འཇིག་གོ་ཞེས་པ་མི་ཟད་སྔ་མ་ཅན་གྱི་ཨ་ཡིག་ མ་གཏོགས་པའི་མཐའི་དབྱངས་གཞན་གང་རུང་ལས་ཕ་རོལ་གྱི་རྣམ་དབྱེ་རྣམས་འཇིག་པར་ འགྱུར་ཏེ། དཔེར་ན། ཨུ་པ་བ་དྷཱུ་ལ་སི་ལ་སོགས་པའི་རྣམ་དབྱེ་གང་བྱིན་ཡང་ཨ་ལས་གཞན་ པའི་དབྱངས་ཨཱུ་མཐོང་པ་ལས་ཕྱིས་ཏེ། ནཱ་བཞི་པར། མ་ནིང་ལས་དབྱངས་ཐུང་ངོ་ཞེས་པ་ ལྟར་དྷཱུའི་ཨཱུ་ཡིག་ཐུང་ངུར་གྱུར་པས། ཐམས་ཅད་གཟུགས་མཚུངས་པར། ཨུ་པ་བ་དྷུ(ཉེ་བའི་ མནའ་མ། )ཞེས་པ་ལྟ་བུའོ། །མི་ཟད་པ་ལས་ཀྱང་ངོ་ཞེས་པ་ནི་ཙ་སོགས་དང་ཨན་ཏར་སོགས་ དང་པྲ་ལ་སོགས་ཉེར་སྒྱུར་ཉི་ཤུ་སྟེ་མི་ཟད་པའི་མིང་ཅན་རྣམས་ཀྱི་ཕ་རོལ་ཏུ་རྣམ་དབྱེ་རྣམས་ 6-1-164 གང་བྱིན་ཡང་འཇིག་པར་འགྱུར་ཏེ། དཔེར་ན། ཙ་དང་། ཨན་ཏར་དང་། པྲ་རྣམས་ཀྱི་ཕ་ རོལ་ཏུ་སི་བྱིན་ནས་ཕྱིས་པ་ལྟ་བུའོ། །དེ་བཞིན་དུ་གཞན་རྣམས་ལའང་སྦྱར་རོ། ། གཉིས་པ་མང་ཚིག་ཅན་རྣམས་ལ་བུ་རྒྱུད་ཀྱི་རྐྱེན་འཇིག་ཚུལ་ནི། གྲགས་པ་རྣམས་ཀྱི་ མང་པོ་ཉིད་ལ་བུད་མེད་མིན་པའི་བུ་རྒྱུད་ཀྱི་རྐྱེན་གྱིའོ་ཞེས་པ་ནི་མ་ག་དྷའི་རྒྱལ་རིགས་ཞེས་ པ་ལྟ་བུ་ཡུལ་གང་གྲགས་ཆེ་བ་དང་འབྲེལ་བའི་རྒྱལ་རིགས་ལ་སོགས་པ་རྣམས་ཀྱི་ཕ་རོལ་ ཏུ་རྣམ་དབྱེ་མང་ཚིག་གནས་པ་ལ། བུད་མེད་ཀྱི་རྟགས་སུ་བསྒྲུབ་པ་མ་ཡིན་པའི་བུ་རྒྱུད་ ཀྱི་རྐྱེན་བྱིན་པ་ནི་འཇིག་པར་འགྱུར་ཏེ། དཔེར་ན། ཨང་གའི་བུ་རྒྱུད་མང་པོ་རྣམས་ཞེས་ བརྗོད་པ་ན། ནཱ་དྲུག་པར། བུ་རྒྱུད་ལ་ཨཎ་ཡང་ནའོ་ཞེས་པས་ཨཎ་བྱིན་པ། ཕ་རོལ་ཏུ་ མང་ཚིག་ཛས྄་བྱིན་པ་ལས་ཕྱིས་ནས། ཨཱ་བརྒྱད་པར། འཇིག་གོའི་ཕྱིས་པ་ལ་ཅེས་པས་ཨ་ སྔ་མའི་རིང་པོར་འགྱུར་བ་མེད་ལ་ཛས་ལའོ་ཞེས་པས་ག་རིང་པོར་བསྒྱུར་ཏེ་མཚམས་སྦྱར་ བས། ཨངྒཱཿཞེས་པ་ལྟ་བུའོ། །ཨང་གའི་བུད་མེད་ཀྱི་བུ་རྒྱུད་མང་པོ་རྣམས་ཞེས་བརྗོད་པ་ན་ ནི་ཕ་རོལ་ཏུ་མང་ཚིག་ཡོད་ཀྱང་། བུ་རྒྱུད་ཀྱི་རྐྱེན་འཇིག་པར་མི་འགྱུར་ཏེ། དཔེར་ན། སྔར་ བཞིན་ཨཎ་བྱིན་པ་ན། ནཱ་དྲུག་པར། ཨའི་ཡི་གེ་དང་། ཨིའི་ཡི་གེ་དག་དབྱངས་དང་། ཡའི་ རྐྱེན་ལའང་ཞེས་པས་གའི་སྲོག་གི་ཨ་ཕྱིས་ནས། ཎ་དང་བཅས་པ་ལས་དང་པོར་འཕེལ་བའོ་ ཞེས་པས་ཨངའི་ཨཱ་རིང་པོར་བསྒྱུར་ཞིང་། སློབ་ཕན་གྱི་བུད་མེད་ཀྱི་རྟགས་སུ། ཡཎ་དང་ཨེ་ ཡ་དང་ཨི་ཀཎ་ལས་ཞེས་པས་བུད་མེད་དུ་བསྒྲུབ་པ་ལ་ཨཱིའི་རྐྱེན་ཨཎའི་མཐར་བྱིན་པ་འདི་ ཉིད་ལས་བུད་མེད་དུ་བྱས་པའི་ཨཱི་ཡིག་ལ་ཨ་དབྱིའོ་ཞེས་པས་ཨཎའི་ཨ་དང་ཎ་རྗེས་འབྲེལ་ ཡིན་པས་ཕྱིས་ལ་ཛས྄་བྱིན་པའི་ཛ་ཁྱད་དོན་ཕྱིས་ཏེ་མཚམས་སྦྱར་བས། ཨཱངྒྱཿཞེས་པ་ལྟ་ བུ་སྟེ། འཆད་འགྱུར་གཞན་ལའང་བསྒྲུབ་ཚུལ་འདི་བཞིན་དུ་ཤེས་པར་བྱའོ། །གརྒ་ཡསྐ་བི་ ད་སོགས་ཀྱིའང་ངོ་ཞེས་པ་ནི། གརྒ་དང་སོགས་ཀྱིས་ཝནྶ་དང་བཛྲ་དང་སཾ་ཀྲྀ་ཏི་དང་པྲཱ་མཱཏ་ 6-1-165 དང་བྱ་གྷྲ་པཱ་ཏ་དང་ཨ་ཛ་དང་བེ་ད་དང་བྷཱུ་མ་རྣམས་དང་། ཡསྐ་དང་སོགས་ཀྱིས་ལཛྫ་དང་དྲུ་ ཧ་དང་ཨ་ཡ་སྠཱུ་ཎ་དང་བྷ་ལན་ད་ར་རྣམས་དང་། བི་ད་དང་སོགས་ཀྱིས་ཨུརྦ་དང་བ་ར་དྷྭ་ཛ་ དང་ཀུརྦཱ་ཙཱ་ར་དང་ཨུ་པ་མནྱུ་ཀ་ཤྱ་པ་རྣམས་ཀྱི་ཕ་རོལ་ཏུ་མང་ཚིག་གནས་པ་ན། བུད་མེད་ ཀྱི་རྟགས་སུ་བསྒྲུབ་པ་མ་ཡིན་པའི་བུ་རྒྱུད་ཀྱི་རྐྱེན་བྱིན་པའང་འཇིག་པར་འགྱུར་ཏེ། དཔེར་ ན། གརྒའི་བུ་རྒྱུད་མང་པོ་རྣམས་ཞེས་བརྗོད་པ་ན། ནཱ་དྲུག་པར། གརྒ་སོགས་ལ་ཎྱའོ་ཞེས་ པས་ཎྱའི་རྐྱེན་བྱིན་པ། ཕ་རོལ་ཏུ་མང་ཚིག་ཛས་བྱིན་པ་ལས་ཕྱིས་ནས་ཛས་ལའོ་ཞེས་པས་ ག་རིང་པོར་བསྒྱུར་ཏེ་མཚམས་སྦྱར་བས། གརྒཱཿཞེས་པ་ལྟ་བུ་སྟེ། ཝནྶ་སོགས་ལའང་སྦྱར་ རོ། །ཡསྐའི་བུ་རྒྱུད་མང་པོ་རྣམས་ཞེས་བརྗོད་པ་ན། སྔར་བཞིན་ཨཎའི་རྐྱེན་བྱིན་པ། ཛས་ བྱིན་པ་ལས་ཕྱིས་ནས་མཚམས་སྦྱར་བས། ཡསྐཱཿཞེས་པ་ལྟ་བུ་སྟེ། ལཛྫ་སོགས་ལའང་དེ་ བཞིན་ནོ། །བི་དའི་བུ་རྒྱུད་མང་པོ་རྣམས་ཞེས་བརྗོད་པ་ན་ཡང་སྔར་བཞིན་ཨཎའི་རྐྱེན་བྱིན་ པ་ཛས་ཕ་རོལ་ཏུ་བྱིན་པ་ལས་ཕྱིས་ནས་མཚམས་སྦྱར་བས། བི་དཿཞེས་པ་ལྟ་བུ་སྟེ། ཨུརྦ་ སོགས་ལའང་སྦྱར་རོ། །བུད་མེད་ཀྱི་རྟགས་སུ་བསྒྲུབ་པ་ན་ཕ་རོལ་ཏུ་མང་ཚིག་ཡོད་ཀྱང་བུ་ རྒྱུད་ཀྱི་རྐྱེན་འཇིག་པར་མི་འགྱུར་བ་ནི་སྔར་བཤད་པ་བཞིན་ནོ། །བྷྲྀ་གུ་ཨ་ཏྲི་ཨང་གི་རས་ ཀུཏྶ་(གནས་འཇོག་བུ་རྣམས། )བ་ཤིསྠ་གོ་ཏ་མ་རྣམས་ལས་ཀྱང་ངོ་ཞེས་པ་ནི། བྷྲྀ་གུ་ལ་སོགས་པ་ དེ་རྣམས་ཀྱི་ཕ་རོལ་ཏུ་མང་ཚིག་གནས་པ་ན། བུད་མེད་ཀྱི་རྟགས་སུ་བསྒྲུབ་པ་མ་ཡིན་པའི་ བུ་རྒྱུད་ཀྱི་རྐྱེན་བྱིན་པའང་འཇིག་པར་འགྱུར་ཏེ། དཔེར་ན། བྷྲྀ་གུའི་བུ་རྒྱུད་མང་པོ་རྣམས་ ཞེས་བརྗོད་པ་ན་སྔར་བཞིན་ཨཎ་བྱིན་པ་ཕ་རོལ་ཏུ་ཛས྄་བྱིན་པ་ལས་ཕྱིས་ནས། ནཱ་དང་ པོར། ཨི་ཨེཏ་ཨུ་ཨོཏ་ཛས྄་ལའོ་ཞེས་པ་ལྟར་བསྒྱུར་ཏེ་མཚམས་སྦྱར་བས། བྷྲྀ་ག་ཝཱཿ (ངན་ སྤོང་གི་བུ་རྣམས། )ཞེས་པ་དང་། ཨ་ཏྲི་ལ་ནི། ནཱ་དྲུག་པར། ཨ་ཏྲི་སོགས་ལས་ཞེས་པས་ཨེ་ཡཎའི་ རྐྱེན་བྱིན་པ་ཛས྄་ཕ་རོལ་ལ་ཕྱིས་ནས་ཨི་ཨེཏ་དུ་བསྒྱུར་ཏེ་མཚམས་སྦྱར་བས། ཨ་ཏྲ་ཡཿ(རྒྱུན་ 6-1-166 ཤེས་ཀྱི་བུ་རྣམས། )ཞེས་པ་དང་། ཨངྒི་རས་ལ་སོགས་པ་རྣམས་ལ་ཡང་ཨཎ་བྱིན་པ་ཛས་ཕ་རོལ་ ལ་ཕྱིས་ཏེ་མཚམས་སྦྱར་བས། རིམ་པ་བཞིན་དུ། ཨངྒི་ར་སཿ ཀུཏྶཱཿ བ་ཤིསྠཱཿ (གནས་འཇོག་བུ་ རྣམས། )གོ་ཏ་མཱཿཞེས་པ་ལྟ་བུའོ། ། གསུམ་པ་རྣམ་དབྱེའི་མིང་དོན་ངོས་བཟུང་ཞིང་ཁྱད་པར་བཤད་པ་ནི། གང་ལས་འབྲལ་ པའམ་འཇིགས་པའམ་ལེན་པ་དེ་ངེས་པར་ཀུན་སྦྱིན་པའོ་ཞེས་པ་ནི། གང་ལས་འབྲལ་བ་སྟེ་ སོ་སོར་ཕྲལ་བ་དང་། གང་ལས་འཇིགས་པ་སྟེ་ཉེན་པ་དང་། གང་ལས་ལེན་ཅིང་འཛིན་པ་ དེ། ངེས་པར་ཀུན་སྦྱིན་པའི་མིང་ཅན་དུ་འགྱུར་ཏེ། དཔེར་ན། གང་གྲོང་ལས་འབྲལ་བ་འགྲོ་ བར་བྱེད་དོ་ཞེས་པའི་ངེས་པར་ཀུན་སྦྱིན་པ་ནི། གྲཱ་མ་ལ་ལྷག་མ་རྣམས་ཞེས་སོགས་ཀྱི་ལྔ་ བའི་ང་སི་བྱིན་པ་ཨཱཏ་ཏུ་བསྒྱུར་ཏེ་མཚམས་སྦྱར་བའི་ཏ་ཡིག་སྔར་བཞིན་དབྱངས་ལ་གསུམ་ པར་བསྒྱུར་བ་ཕ་རོལ་གྱི་ཨཱ་གཙྪ་ཏི་དང་སྦྱར་བས། གྲཱ་མཱ་དཱ་གཙྪ་ཏི་(གྲོང་ལས་འགྲོ་བར་བྱེད། )ཞེས་ པ་དང་། གང་རྐུན་མ་རྣམས་ལས་འཇིགས་པར་བྱེད་དོ་ཞེས་པའི་ངེས་པར་ཀུན་སྦྱིན་པ་ནི། ཙཽ་ར་ལ་བྷྱས་བྱིན་པ་ན། དྷུཊ་མང་པོ་ཉིད་ལ་ཞེས་པས་རའི་ཨ་ཡིག་ཨེ་དང་། ས་ཚེག་དྲག་ ཏུ་གྱུར་པའི་བི་བྷེ་ཏེའི་སྒྲ་ལྡན་ལ་ཨུ་རུ་བསྒྱུར་ཏེ་མཚམས་སྦྱར་བས། །ཙཽ་རེ་བྷྱོ་བི་བྷེ་ཏེ་(རྐུན་ མ་རྣམས་ལས་འཇིགས་པར་བྱེད་དོ། །)ཞེས་པ་དང་། གང་མཁན་པོ་ལས་རིག་པ་ལེན་ཅིང་འཛིན་པར་ བྱེད་དོ་ཞེས་པའི་ངེས་པར་ཀུན་སྦྱིན་པ་ནི་ཨུ་པཱ་དྷྱཱ་ཡ་ལ་ང་སི་བྱིན་པ་ཨཱཏ་དུ་གྱུར་ཏེ་མཚམས་ སྦྱར་ནས། བིདྱཱ་མཱ་དཏྟེ་དང་སྦྱར་བས་ཨུ་པཱདྷྱཱ་ཡཱཏ་བིདྱཱ་མཱད་ཏ་ཏེ་(མཁན་པོ་ལས་རིག་པ་ལེན་པར་བྱེད་ དོ། །)ཞེས་པ་ལྟ་བུའོ། །བསྲུང་བའི་དོན་རྣམས་ཀྱི་འདོད་པའང་ངོ་ཞེས་པ་ནི། གང་བསྲུང་བའི་ དོན་གྱི་བྱིངས་རྣམས་ཀྱི་མངོན་པར་འདོད་པའི་དངོས་པོ་དེའང་ངེས་པར་ཀུན་སྦྱིན་པའི་མིང་ ཅན་དུ་འགྱུར་ཏེ། འང་གི་སྒྲ་ལས་འདོད་པ་མ་ཡིན་པ་ཡང་ངོ་། །དཔེར་ན། ནས་རྣམས་ལས་ བ་ལང་སྲུང་བར་བྱེད་དོ་ཞེས་པའི་ངེས་པར་ཀུན་སྦྱིན་པ་ནི། ཡཝ་ལ་ལྷག་མ་རྣམས་ཞེས་ 6-1-167 སོགས་ཀྱིས་ལྔ་པའི་བྷྱས་བྱིན་ནས། དྷུཊ་མང་པོ་ཉིད་ལ་ཨེ་དང་། ས་ཚེག་དྲག་ཏུ་གྱུར་པ་ནི་སྒྲ་ ལྡན་ལ་ཨུ་རུ་བསྒྱུར་ཏེ་མཚམས་སྦྱར་བའི་ཕ་རོལ་ཏུ། གཱཾ་རཀྵ་ཏི་གནས་པ་ལས། ཡ་ཝེ་བྷྱོ་གཱཾ་ རཀྵ་ཏི་(ནས་རྣམས་ལས་བ་ལང་སྲུང་བར་བྱེད་དོ། །)ཞེས་པ་ལྟ་བུའོ། །གང་གི་ཆེད་དུ་སྦྱིན་པར་འདོད་པ་ དང་སྲེད་པར་བྱེད་པའམ་འཛིན་དུ་འཇུག་པར་བྱེད་པ་དེ་ཡང་དག་པར་རབ་ཏུ་སྦྱིན་པའོ་ཞེས་ པ་ནི། དགོས་པ་གང་གི་ཆེད་དུ་སྦྱིན་པར་འདོད་ཅིང་ལེན་པར་འདོད་པ་དང་། གང་གི་ཆེད་དུ་ སྲེད་པར་བྱེད་པ་དང་། གང་གི་ཆེད་དུ་འཛིན་དུ་འཇུག་པ་དེ། ཡང་དག་པར་རབ་ཏུ་སྦྱིན་པའི་ མིང་ཅན་དུ་འགྱུར་ཏེ། དཔེར་ན། བྲམ་ཟེའི་ཆེད་དུ་ཟས་སྦྱིན་པར་འདོད་པའི་ཡང་དག་པར་ རབ་ཏུ་སྦྱིན་པ་ནི། བི་པྲ་ལ་ངེ་བྱིན་པ་ཡ་རུ་གྱུར་ཅིང་། ཨ་ཡིག་སྒྲ་ལྡན་ལ་རིང་པོར་གྱུར་པའི་ མཐར། བྷཀྵཱཾ་ད་དཱ་ཏི་གནས་པ་ལས། བི་པྲཱ་ཡ་བྷ་ཀྵཱཾ་ད་དཱ་ཏི་(བྲམ་ཟེའི་ཆེད་དུ་ཟས་སྟེར་བར་བྱེད་དོ། །) ཞེས་པ་དང་། དེ་བཞིན་དུ། སྲེད་པར་བྱེད་པ་ནི། དེ་ཝ་དངྟཱ་ཡ་རོ་ཙ་ཏེ་མོ་ད་ཀཿ(ལྷ་སྦྱིན་གྱི་ཆེད་དུ་ ལ་དུ་སྲེད། ) ཞེས་པ་དང་། འཛིན་དུ་འཇུག་པར་བྱེད་པ་ནི། ཡཛྙཱ་དཏྟཱ་ཡ་ཤ་ཏཾ་དྷཱ་ར་ཡ་ཏི་(མཆོད་ སྦྱིན་གྱི་ཆེད་དུ་བརྒྱ་འཛིན་དུ་འཇུག་པར་བྱེད་དོ། །)ཞེས་པ་ལྟ་བུའོ། །གང་ཀུན་ནས་འཛིན་པ་དེ་གཞིའོ་ཞེས་ པ་ནི་གང་ཀུན་ནས་འཛིན་པ་སྟེ། རྟེན་བྱེད་པའམ། གནས་པའི་རྒྱུ་དེ་ནི་གཞིའི་མིང་ཅན་དུ་ འགྱུར་ཏེ། དཔེར་ན། ད་དྷི་ལ་གཞི་རྣམས་ལ་ཞེས་པས་ངི་བྱིན་ནས། ནཱ་གཉིས་པར་ཨསྠི་ དདྷི་ཞེས་སོགས་ཀྱིས་ཨི་ཡིག་ཨན་དུ་བསྒྱུར་བའི་ཨ་ཡིག་ནི་ཝམ་བརྩེགས་པ་མ་ཡིན་པ་ལ་ ཞེས་པ་དང་། ང་ཡིག་ཁྱད་པར་གྱི་དོན་ཕྱིས་པའི་ཨི་ཡིག་ན་ལ་བཅུག་སྟེ་སྦྱར་ནས། ཕ་རོལ་ ཏུ་གྷྲྀཏཾ་གནས་པ་ལས་ད་དྷྣིགྷྲྀ་ཏཾ་(ཞོ་ལ་མར་རོ། །)ཞེས་པ་ལྟ་བུའོ། །གང་གིས་བྱ་བ་དེ་བྱེད་པའོ་ ཞེས་པ་ནི་བྱེད་པ་པོ་གང་གིས་བྱ་བ་དེ་བྱེད་པའི་མིང་ཅན་དུ་འགྱུར་ཏེ། དཔེར་ན། དཱ་ཏྲ་ལ་ བྱེད་པ་ཞེས་པས་ཊཱ་བྱིན་ནས་སྔར་བཞིན་ཨི་ན་རུ་བསྒྱུར་ཏེ་མཚམས་སྦྱར་བའི་ཕ་རོལ་ཏུ་ལུ་ ནཱ་ཏི་གནས་པ་ལས། དཱ་ཏྲེ་ཎ་ལུ་ནཱ་ཏི་(ཟོར་བས་གཅོད་པར་བྱེད་དོ། །)ཞེས་པ་ལྟ་བུའོ། །གང་བྱ་བ་དེ་ 6-1-168 ལས་སོ་ཞེས་པ་ནི། གང་བྱ་བ་བསྒྲུབ་རྒྱུའི་དངོས་པོ་དེ་ལས་ཀྱི་མིང་ཅན་དུ་འགྱུར་ཏེ། དཔེར་ ན། ཀ་ཊ་ལ་ལས་དང་ཞེས་པས་གཉིས་པའི་ཨམ་བྱིན་པ་ན། ནཱ་དང་པོར་ཨ་ཡིག་ལ་ཞེས་ པས་ཊའི་ཨ་ཕྱིས་ནས་སྦྱར་བའི་ཕ་རོལ་ཏུ་ཀ་རོ་ཏི་གནས་པ་ལས། ཀཊཾ་ཀ་རོ་ཏི་(རེ་ལྡེ་བྱེད་དོ། །) ཞེས་པ་ལྟ་བུའོ། །གང་བྱེད་མཁན་དེ་བྱེད་པ་པོའོ་ཞེས་པ་ནི། གང་ལས་བྱེད་མཁན་དེ་བྱེད་ པོའི་མིང་ཅན་དུ་འགྱུར་ཏེ། དཔེར་ན། རུ་དྲ་ལ་བྱེད་པ་ཞེས་པས་གསུམ་པའི་ཊཱ་བྱིན་པ་སྔར་ བཞིན་ཨི་ན་རུ་བསྒྱུར་ཏེ་མཚམས་སྦྱར་བའི་ཕ་རོལ་ཏུ་ཀྲྀ་ཏམ་གནས་པ་ལས། རུ་དྲེ་ཎ་ཀྲྀ་ཏཾ་ (དྲག་པོས་བྱས། )ཞེས་པ་ལྟ་བུའོ། །གང་བྱེད་དུ་འཇུག་པ་དེ་རྒྱུའང་ངོ་ཞེས་པ་ནི། བཤད་མ་ཐག་ པའི་བྱེད་པ་པོ་དང་གང་བྱེད་དུ་འཇུག་པ་དེ་རྒྱུའི་མིང་ཅན་དུ་འགྱུར་ལ། འང་གི་སྒྲས་བྱེད་པ་ པོའི་མིང་ཅན་དུའང་འགྱུར་ཏེ། དཔེར་ན། བྱེད་པའི་བྱིངས་ཀྲྀ་དང་། ཀློག་པའི་བྱིངས་པ་ཋ་ ལ། ཨཱ་གཉིས་པར། བྱིངས་ལས་ཀྱང་རྒྱུ་ལ་འོ་ཞེས་པས་ཨིན་བྱིན་པ་ན། ཨཱ་དྲུག་པར་ཨིན་ ཨིཙ་ཨཊ་རྣམས་ལས་ཞེས་པས། ཀྲྀའི་རི་ཡིག་ཨཱར་རིང་པོའི་འཕེལ་བ་དང་། ཋའི་ཨུ་པ་དྷཱ་ རིང་པོར་འགྱུར་ཏེ། ཨི་ནའི་ན་ཡིག་ཨིན་ལ་རྟགས་ཡི་གེ་གཅིག་མ་ཡིན་པའི་དོན་ཡིན་པས་ ཕྱིས་པའི་མཐར་ཝརྟ་མཱ་ནཱའི་ཏི་བྱིན་ནས། ཨཱ་གཉིས་པར། བྱེད་པ་པོ་ལ་ཞེས་པས་བར་དུ་ ཨན་བྱིན་པའི་ན་ཡིག བི་ཀ་ར་ཎའི་ཨན་ཉིད་ལའོ་ཞེས་པའི་དོན་ཡིན་པས་དབྱི་ཞིང་། ཨི་ ཡིག་ཨེ་རུ་བསྒྱུར་བའི་ཡོན་ཏན་བྱས་ཏེ་མཚམས་སྦྱར་བས། ཀཱ་ར་ཡ་ཏི་(བྱེད་དུ་འཇུག་པར་བྱེད)། པཱ་ཋ་ཡ་ཏི་(ཀློག་ཏུ་འཇུག་པར་བྱེད། ) ཞེས་པ་ལྟ་བུའོ། །དེ་རྣམས་ཀྱི་གཉིས་ཐོབ་པ་ལ་ཕ་རོལ་ལའོ་ ཞེས་པ་ནི། ངེས་པར་ཀུན་སྦྱིན་པ་ལ་སོགས་པའི་མིང་ཅན་དེ་རྣམས་རྟགས་གཅིག་གི་སྟེང་དུ་ གཉིས་དག་དུས་མཚུངས་པར་ཐོབ་པ་ལ། ཕ་རོལ་ཏེ་མདོ་སྔ་ཕྱིར་བསྟན་པ་ལས་མདོ་ཕྱི་མའི་ མིང་ཅན་དེ་ཐོབ་སྟེ། དཔེར་ན། ཤིང་ལས་བྱ་ཕྲལ་བར་བྱའོ་ཞེས་པ་ངེས་པར་ཀུན་སྦྱིན་པའི་ མིང་ཅན་ཐོབ་པ་ལ། ཤིང་ལ་བྱ་ཕྲལ་བར་བྱའོ་ཞེས་པ་ལས་ཀྱི་མིང་ཅན་ཡང་འཇུག་པས། 6-1-169 འདིར་ནི་མདོ་ཕྱི་མར་བསྟན་པ་ལས་ཀྱི་མིང་ཅན་དུ་འགྱུར་བས། བྲྀཀྵ་ལ། ལྷག་མ་རྣམས་ ལས་ཞེས་པས་གཉིས་པའི་ཨམ་བྱིན་ནས། ནཱ་དང་པོར། ཨ་ཡིག་ལ་དབྱིའོ་ཞེས་པས་ཀྵའི་ ཨ་ཕྱིས་ཏེ་སྦྱར་བའི་ཕ་རོལ་ཏུ། ཏྱ་ཛཏི་ཁ་གཿགནས་པ་ལ། བྲྀཀྵཾ་ཏྱ་ཛ་ཏི་ཁ་གཿ(ཤིང་ལ་མཁའ་ འགྲོ་བྲལ་བར་བྱས་སོ། །)ཞེས་པ་ལྟ་བུའོ། ། བཞི་པ་རྟགས་སོ་སོའི་དོན་ལ་རྣམ་དབྱེ་སྦྱོར་ཚུལ་སྤྱིར་བསྟན་པ་ནི། རྟགས་ཀྱི་དོན་གྱི་ ཚིག་ལ་རྣམ་དབྱེ་དང་པོའོ་ཞེས་པ་ནི་ཕོ་མོ་མ་ནིང་གི་རྟགས་ཀྱི་དོན་གཅིག་དང་གཉིས་དང་ མང་པོའི་ཚིག་ཏུ་བསྒྲུབ་པ་ལ་རྣམ་དབྱེ་དང་པོའི་སྡེ་ཚན་སྦྱིན་པར་བྱ་སྟེ། དཔེར་ན། སྐྱེས་པའི་ རྟགས་བྲྀཀྵ་ལ་དོན་གཅིག་བརྗོད་པར་འདོད་པ་ན་སི་བྱིན་པའི་ཨི་བརྗོད་དོན་ཕྱིས་ཏེ་ས་རྣམ་ བཅད་དུ་བྱས་པས། བྲྀཀྵཿ(ཤིང་)ཞེས་པ་དང་། བུད་མེད་ཀྱི་རྟགས་ཀུ་མཱ་རཱི་ལ་སི་བྱིན་པ། ནཱ་ དང་པོར། ཨཱི་ཡིག་མཐའ་ལས་ཞེས་ལྟར་ཕྱིས་པས། ཀུ་མཱ་རཱི་(གཞོན་ནུ་མ། ) ཞེས་པ་དང་། མ་ ནིང་གི་རྟགས་ཀུཎ་ཌ་ལ་སི་བྱིན་པ་སྔར་བཞིན་ཕྱིས་ཏེ། ནཱ་གཉིས་པར། ཨ་ཡིག་ལས་སམ་ བུདྡྷི་མ་ཡིན་པ་ལ་མུའང་ངོ་ཞེས་པས་མུ་ཨཱ་ག་མ་བྱིན་པའི་ཨུ་ཡིག་རྗེས་འབྲེལ་ཕྱིས་པས། ཀུཎྜཾ་(ཐབ། )ཞེས་པ་ལྟ་བུའོ། །བོད་པ་ལའང་ངོ་ཞེས་པ་ནི་རྟགས་ཀྱི་དོན་ཙམ་ལ་སྟེར་པར་མ་ ཟད། བོད་པའི་དོན་ལའང་རྣམ་དབྱེ་དང་པོའི་སྡེ་ཚན་སྦྱིན་པར་བྱ་སྟེ། དཔེར་ན། བོད་པའི་ ཚིག་ཏེ་སྔོན་དུ་ཡོད་པའི་བུདྡྷ་ལ་སི་བྱིན་པ་ན་ཐུང་ངུ་ན་དཱི་ཞེས་པས་ཕྱིས་པ་ལས། ཧེ་བུདྡྷ་(ཀྱེ་ སངས་རྒྱས། )ཞེས་པ་ལྟ་བུའོ། །ལྷག་མ་རྣམས་ལས་བྱེད་པ་ཡང་དག་པར་རབ་ཏུ་སྦྱིན་པ་ངེས་ པར་ཀུན་སྦྱིན་པ་བདག་པོ་ལ་སོགས་པ་གཞི་རྣམས་ལའོ་ཞེས་པ་ནི། ལྷག་མ་གཉིས་པ་ལ་ སོགས་པའི་རྣམ་དབྱེ་རྣམས་ནི་ལས་ལ་སོགས་པ་རྣམས་ལ་གྲངས་ཇི་ལྟ་བ་བཞིན་སྦྱིན་པར་ བྱ་སྟེ། དཔེར་ན། ལས་ལ་ནི་ཀཊ་ལ་གཉིས་པའི་ཨམ་བྱིན་པ་སྔར་བཞིན་ཊའི་སྲོག་ཕྱིས་ ནས་སྦྱར་བའི་ཕ་རོལ་ཏུ་ཀ་རོ་ཏི་གནས་པ་ལ། ཀ་ཊཾ་ཀ་རོ་ཏི་(རེ་ལྡེ་བྱེད། )ཞེས་པ་དང་། བྱེད་པ་ 6-1-170 ལ་ནི་པ་ར་ཤུས་གསུམ་པའི་ཊཱ་བྱིན་ནས་སྔར་བཞིན་ནཱ་རུ་བསྒྱུར་བའི་མཐར། ཙྪིན་ཏི་གནས་ པ་ལས། པ་ར་ཤུ་ནཱ་ཙྪི་ན་ཏི་(དགྲ་སྟས་གཅོད་པར་བྱེད། )ཞེས་པ་དང་། ཡང་དག་པར་རབ་ཏུ་སྦྱིན་ པ་ལ་ནི་ཨུ་པཱ་དྷྱཱ་ཡ་ལ་བཞི་བའི་ངེ་བྱིན་ནས་སྔར་བཞིན་ཡ་དང་མཐའ་རིང་པོར་བསྒྱུར་བའི་ ཕ་རོལ་ཏུ་གཱཾ་ད་དཱ་ཏི་གནས་པ་ལས། ཨུ་པཱ་དྷྱཱ་ཡཱ་ཡ་གཱཾ་ད་དཱ་ཏི་(མཁན་པོའི་ཆེད་དུ་ས་གཞི་འབུལ་བར་ བྱེད། )ཞེས་པ་དང་། ངེས་པར་ཀུན་སྦྱིན་པ་ལ་ནི་གྲཱ་མ་ལ་ལྔ་པའི་ང་སི་བྱིན་པ་སྔར་བཞིན་ཨཱཏ་ དུ་བསྒྱུར་ཏེ་ཏ་ཡིག་སྒྲ་ལྡན་ལ་གསུམ་གྱུར་པའི་ཕ་རོལ་ཏུ་ཨཱ་ག་ཏཿཡོད་པ་ལས་གྲཱ་མཱ་དཱ་ག་ ཏཿ(གྲོང་ལས་འགྲོའོ། །)ཞེས་པ་དང་། བདག་པོའམ་རྗེ་བོ་དང་སོགས་པའི་སྒྲས་འབྲེལ་བ་དང་ འདོད་པ་དང་ཚོགས་པ་དང་རྣམ་འགྱུར་དང་ནས་ཀྱི་ལྷག་མ་སོགས་གང་རུང་ལ་སྦྱོར་བ་ལ་ནི་ དེ་ཝ་དཏྟ་ལ་དྲུག་པའི་ངས་བྱིན་པ་སྔར་བཞིན་སྱ་རུ་བསྒྱུར་བའི་ཕ་རོལ་ཏུ། སྭཱ་མཱི་གནས་པ་ ལས། དེ་ཝ་དཏྟ་སྱ་སྭཱ་མཱི་(ལྷ་སྦྱིན་གྱི་རྗེའོ། །) ཞེས་པ་དང་། གཞི་ལ་ནི་ཀཊ་ལ་བདུན་པའི་ངི་བྱིན་ པ་སྔར་བཞིན་མཚམས་སྦྱར་བའི་མཐར་ཨཱ་སྟེ་གནས་པ་ལས། ཀ་ཊོ་ཨཱ་སྟེ་(རེ་ལྡེ་ལ་སྡོད། )ཞེས་ པའམ། ཏི་ལེ་ཏཻ་ལཾ་(ཏིལ་ལ་ཏིལ་མར། ) ཞེས་པ་ལྟ་བུའོ། ། ལྔ་པ་རྣམ་དབྱེ་རྣམས་སོ་སོ་ལ་འཇུག་ཚུལ་ཁྱད་པར་དུ་བཤད་པ་ནི། པ་རི་ཨ་པ་ཨཱང་ སྦྱོར་བ་ལ་ལྔ་པའོ་ཞེས་པ་ནི། པ་རི་དང་ཨ་པ་དང་ཨཱང་སྔོན་དུ་སྦྱོར་བའི་རྟགས་ལ་རྣམ་དབྱེ་ ལྔ་པ་སྦྱིན་པར་བྱ་སྟེ། དཔེར་ན། པ་རི་སྔ་མ་ཅན་གྱི་ཤྲུ་གྷྣ་དང་ཨ་པ་སྔ་མ་ཅན་གྱི་ཀ་ཀུབ་ཛ་ དང་ཨཱང་གི་ང་རྗེས་འབྲེལ་ཕྱིས་པ་སྔ་མ་ཅན་གྱི་ཀུ་རུ་ཀྵེ་ཏྲ་རྣམས་ལ་ང་སི་བྱིན་པ་ཨཱཏ་དུ་ བསྒྱུར་བའི་ཏ་ཡིག་དབྱངས་དང་སྒྲ་ལྡན་ལ་གསུམ་པར་གྱུར་པའི་ཕ་རོལ་ཏུ། དེ་ཝོ་བྲ ཥྚཿགནས་པ་ལས་རིམ་པ་བཞིན། པ་རི་ཤྲུ་གྷྣཏ་དེ་ཝོ་བྲྀཥྚཿ ཨ་པ་ཀ་ཀུ་བ་ཛཱཏ་དེ་ཝོ་བྲྀཥྚཿ ཨཱ་ ཀུ་རུ་ཀྵེ་ཏྲཱདྷེཝྔོ་བྲཥྚཿ(སྒྲ་ངན་གྱི་ཞིང་ལས་ལྷའི་ཆར། )ཞེས་པ་ལྟ་བུའོ། །ཕྱོགས་ཨི་ཏར་ར་ཏེ་གཞན་པ་ རྣམས་ཀྱི་འང་ངོ་ཞེས་པ་ནི། ཕྱོགས་དང་ཨི་ཏ་ར་དང་རྀ་ཏེ་དང་གཞན་པ་སྟེ་ཐ་དད་དུ་བརྗོད་ 6-1-171 པའི་སྒྲ་རྣམས་སྔ་མར་སྦྱོར་བའི་རྟགས་ལའང་རྣམ་དབྱེ་ལྔ་པ་སྦྱིན་པར་བྱ་སྟེ། དཔེར་ན། པཱུརྦཿ སྔ་མ་ཅན་གྱི་གྲཱ་མ་དང་ཨི་ཏ་རཿ སྔ་མ་ཅན་གྱི་དེ་ཝ་དཏྟ་དང་། རྀ་ཏེ་སྔ་མ་ཅན་གྱི་མ་ མུ་དང་། ཨ་ནྱཿསྔ་མ་ཅན་གྱི་དེ་ཝ་དཏྟ་ལ་ང་སི་བྱིན་པ་ཨཱཏ་དུ་བསྒྱུར་བས་རིམ་པ་བཞིན། པཱུརྦོ་གྲཱ་མཱཏ་(གྲོང་ལས་ཤར། ) ཅེས་པ་དང་། ཨི་ཏ་རོ་དེ་ཝ་དཏྟཱཏ་(ལྷ་སྦྱིན་ལས་ཅིག་ཤོས། ) ཞེས་པ་དང་། ཁྱད་པར་རྀ་ཏེ་སྔ་མར་གྱུར་པའི་མ་མུ་ལ་ང་སི་བྱིན་པ། ནཱ་དང་པོར་ཨི་ཨེཏ་ཨུ་ཨོཏ་ཅེས་པ་ དང་། ང་སི་ངས་དག་ཨ་དབྱི་བའང་ངོ་ཞེས་པ་ལྟར་བྱས་པས། རྀཏེ་མ་མོཿཞེས་པ་དང་། ཨ་ནྱོ་ དེ་ཝ་ཏཏྟཱཏ་(ལྷ་སྦྱིན་ལས་གཞན། )ཞེས་པ་ལྟ་བུའོ། །ཨེ་ནའི་ས་གཉིས་པ་ལའོ་ཞེས་པ་ནི། ཨེ་ནའི་ རྐྱེན་སྦྱར་བའི་ཕ་རོལ་གྱི་རྟགས་ལ་རྣམ་དབྱེ་གཉིས་པ་སྦྱིན་པར་བྱ་སྟེ། དཔེར་ན། དཀྵི་ཎ་ ཞེས་པ་ལ་པུ་རའི་ཨསྟཱཏ་སོགས་ལའང་ངོ་ཞེས་པས། ཨེ་ནའི་རྐྱེན་བྱིན་པ་ཚིག་ཕྲད་དེ། འདི་ ཉིད་ལ་དབྱངས་དང་ཡའི་རྐྱེན་ལའང་ཞེས་པས། ཎའི་སྲོག་ཕྱིས་ཏེ་སྦྱར་བའི་ཕ་རོལ་ཏུ་གྲཱ་མ་ གནས་པ་ལ། གཉིས་པའི་ཨམ་སྔར་བཞིན་སྦྱར་བས། དཀྵི་ཎེ་ན་གྲཱ་མཾ་ཞེས་པ་ལྟ་བུའོ། ། ལས་རབ་ཏུ་བརྗོད་པ་རྣམས་ཀྱིས་ཀྱང་ངོ་ཞེས་པ་ནི། ལས་སུ་བྱ་བ་རབ་ཏུ་བརྗོད་པ་རྣམས་ ཀྱི་རྟགས་ལས་ཀྱང་ཨ་ནུ་ལ་སོགས་པ་སྦྱོར་བ་ལ་རྣམ་དབྱེ་གཉིས་པ་སྦྱིན་པར་བྱ་སྟེ། དཔེར་ ན། ལས་སུ་བྱ་བ་བྲྀཀྵ་ལ་ཨམ་བྱིན་ནས། ནཱ་དང་པོར་ཨ་ཡིག་ལ་ཞེས་པས་ཀྵའི་སྲོག་ཕྱིས་ཏེ་ ཕ་རོལ་གྱི་ཨ་ནུ་སོགས་དང་སྦྱར་བས་བྲྀཀྵ་མ་ནུ་བི་དྱོཏ་ཏེ་བི་དྱུཏ་ཅེས་པ་ལྟ་བུའོ། །འགྲོ་ བའི་དོན་གྱི་ལས་ལ་གཉིས་པ་དང་བཞི་པ་དག་གཡོ་བ་ལ་སྟེ་ལམ་མིན་པ་ལའོ་ཞེས་པ་ནི། འགྲོ་བའི་དོན་ལ་འཇུག་པའི་བྱིངས་ཀྱི་ལས་སུ་བྱ་བ་ལ། རྣམ་དབྱེ་གཉིས་པ་དང་བཞི་པ་དག་ ལས་གང་རུང་སྦྱིན་པར་བྱ་སྟེ། དེ་ཡང་གཡོ་བ་ལུས་ཅན་གྱི་ཁྱད་པར་གཞན་དུ་འགྲོ་བཞིན་པ་ ལ་ཡིན་གྱི། ལམ་ལ་འགྲོ་བ་ལ་ནི་མ་ཡིན་ནོ། །དཔེར་ན། གམླྀ་འགྲོ་བའི་བྱིངས་ཀྱི་ལས་སུ་ བྱ་བ་གྲཱ་མ་ལ་ཨམ྄་བྱིན་ནས་མཐའི་ཨ་ཕྱིས་ཏེ་སྦྱར་བས། གྲཱ་མཾ་གཙྪ་ཏི་(གྲོང་ལས་འགྲོ་བར་བྱེད་ 6-1-172 དོ། །)ཞེས་པ་དང་། ངེ་བྱིན་ནས་ཡ་རུ་བསྒྱུར་ཏེ་མཐའ་སྒྲ་ལྡན་ལ་རིང་པོར་གྱུར་པས། གྲཱ་མཱ་ཡ་ གཱཙྪ་ཏི་(གྲོང་ལ་འགྲོ་བར་བྱེད་དོ། །)ཞེས་པ་ལྟ་བུའོ། །ལམ་ལ་འགྲོ་བ་ལ་ནི་གཉིས་པ་ཁོ་ན་སྦྱོར་གྱི། བཞི་པ་ནི་མི་འཇུག་སྟེ། དཔེར་ན། མཱརྒ་ལ་ཨམ་བྱིན་པ་སྔར་བཞིན་སྦྱར་བས། མཱརྒཾ་གཙྪ་ཏི་ (ལམ་ལ་འགྲོ་བར་བྱེད་དོ། །)ཞེས་པ་ལྟ་བུའོ། །མ་ནྱའི་ལས་ལའང་མི་གུས་པ་ལ་སྟེ་སྲོག་ཆགས་མ་ ཡིན་པ་ལའོ་ཞེས་པ་ནི། མ་ན་ཤེས་པ་ལའོ་ཞེས་པའི་ལས་སུ་བྱ་བ་ལའང་རྣམ་དབྱེ་གཉིས་པ་ དང་། བཞི་པ་གང་རུང་སྦྱིན་པར་བྱ་ཞིང་། དེ་ཡང་མ་གུས་པ་ཅོ་འདྲི་བར་བྱེད་པ་ཅན་ལ་སྟེ། སྲོག་ཆགས་ལ་འཇུག་པ་ལ་ནི་མ་ཡིན་ནོ། །འང་གི་སྒྲ་ནི་ཁྱད་པར་རྟོགས་པའི་དོན་ཏེ། དཔེར་ ན། ཏྲྀ་ཎ་ལ་སྔར་བཞིན་ཨམ་བྱིན་པའི་ཕ་རོལ་ཏུ་ཨ་བི་ཏྭཱཾ་ན་མ་ནྱེ་གནས་པ་དང་སྦྱར་བ་ལས། ཏྲྀ་ཎ་མ་པི་ཏྭཱཾ་ན་མ་ནྱེ་(རྩྭ་ཡང་ཁྱོད་ཀྱི་མི་ཤེས། ) ཞེས་པ་དང་། ངེ་བྱིན་པས། ཏྲྀ་ཎཱ་ཡཱ་པི་ཏྭཱཾན་མ་ནྱེ་(རྩྭ་ ཡི་ཆེད་དུ་ཡང་ཁྱོད་ཀྱི་མི་ཤེས་) ཞེས་པ་ལྟ་བུའོ། །སྲོག་ཆགས་ལ་ནི་གཉིས་པ་ཉིད་ལས། བཞི་པ་མི་ འཇུག་སྟེ། དཔེར་ན། སྭཱ་ན་ལ་སྔར་བཞིན་ཨམ་བྱིན་པའི་ཕ་རོལ་ཏུ་ཏྭཱཾ་མ་ནྱེ་གནས་པ་ལས་ སྭཱ་ནཾ་ཏྭཱཾ་མ་ནྱེ་(ཁྱོད་ཁྱིར་ཡང་མི་སེམས། )ཞེས་པ་ལྟ་བུའོ། །ན་མས་སྭ་སྟི་སྭཱ་ཧཱ་སྭཱ་དྷཱ་ནུས་པ་ཝ་ཥཊ་ སྦྱོར་བ་ལ་བཞི་པའོ་ཞེས་པ་ནི། ན་མས་དང་སྭ་སྟི་དང་སྭཱ་ཧཱ་དང་སཱ་དྷཱ་དང་ནུས་པ་དང་ཝ་ཥཊ་ ཞེས་པ་འདི་རྣམས་དང་སྦྱོར་བ་ལ་རྟགས་ལས་རྣམ་དབྱེ་བཞི་པ་སྦྱིན་པར་བྱ་སྟེ། དཔེར་ན། དཔལ་དུས་ཀྱི་འཁོར་ལོའི་སྦྱིན་སྲེག་གི་ཤིས་བརྗོད་དུ། ན་མོ་དེ་ཝེ་བྷྱཿ(མཆོད་པ་ལྷ་རྣམས་ཀྱི་ཆེད་ དུ། )སྭསྟི་པྲ་ཛཱ་བྷྱཿ(བདེ་ལེགས་སྐྱེ་དགུ་རྣམས་ཀྱི་ཆེད་དུ། )སྭཱ་ཧཱ་རཱ་ཛཱ་བྷྱཿ(གཞི་ཚུགས་རྒྱལ་པོ་རྣམས་ཀྱི་ཆེད་དུ། )སྭཱ་ དྷཱ་པི་ཏྲྀ་བྷྱཿ(གཞི་བསྲུང་ཕ་རྣམས་ཀྱི་ཆེད་དུ། )ཨ་ལཾ་བྷཱུ་ཏེ་བྷྱཿ(ནུས་པ་འབྱུང་པོ་རྣམས་ཀྱི་ཆེད་དུ། )ཝ་ཥ་ཌིནྡྲཱ་ཡ་ (དབང་དུ་བྱེད་པ་དབང་པོའི་ཆེད་དུ། )ཞེས་གསུངས་པའི། ན་མཿསོགས་དང་སྦྱར་བའི་རྟགས་ལས། དང་པོ་ལྔ་ལ་བཞི་པའི་མང་ཚིག་བྷྱས་དང་དྲུག་པ་ལ་དེ་ཕྱིན་ནས་སྔར་བཞིན་རྟགས་མཐའི་ ཨ་ཡིག་དྷུཊ་མང་ཚིག་ཅན་ལ་ཨེ་དང་སྒྲ་ལྡན་ལ་རིང་པོར་བསྒྱུར་ཏེ་རྟགས་མཐའི་ན་ཡིག་ 6-1-173 ཕྱིས་པ་ལྟ་བུའོ། །དེའི་དོན་ཉིད་ལའོ་ཞེས་པ་ནི། དེའི་ཆེད་དུ་འདིའི་ཞེས་པའི་དོན་ལ་འཇུག་ པའི་རྟགས་ལ་ཡང་རྣམ་དབྱེ་བཞི་པ་སྦྱིན་པར་བྱ་སྟེ། དཔེར་ན། ཡཱུ་པ་ལ་ངེ་བྱིན་པའི་ཕ་རོལ་ ཏུ་དཱ་རུཿགནས་པ་ལས། ཡཱུ་པཱ་ཡ་དཱ་རུ་ཞེས་པ་ལྟ་བུའོ། །ཏུ་མའི་དོན་ལས་ཀྱང་དངོས་པོ་ བརྗོད་པ་ལས་སོ་ཞེས་པ་ནི་ཏུམ྄འི་དོན་དང་མཚུངས་པའི་རྐྱེན་དངོས་པོ་སྟེ་ངོ་བོ་བརྗོད་པ་ སྦྱོར་བའི་རྟགས་ལ་ཡང་རྣམ་དབྱེ་བཞི་པ་སྦྱིན་པར་བྱ་སྟེ། དཔེར་ན། པ་ཙ་འཚེང་པའི་བྱིངས་ ལ། ཏུན་(ཡ་ནི་རིང་པོ་མ་ཡིན་ཏེ་ཅིའི་ཕྱིར་མ་ཡིན་ན་པཱ་ཀ་ལ་བཞི་བའི་སྟེང་ལུས་འགྱུར་དང་སྒྲ་ལྡན་རིང་པཱ་ཀཱ་ཡ་སྟེ་འདིའི་ཕ་ རོལ་དུ་བྲ་ཛ་ཏི་ཉིད་དེ་མ་ཡིན་ནོ། །)དང་མཚུངས་པའི་རྐྱེན་ཀྲྀཏ་ལྔ་པར་དངོས་པོ་ལའོ་ཞེས་པས་གྷཉ་ བྱིན་ནས། ཀྲྀཏ་དང་པོར་གྲུབ་པ་ཉཎ་རྗེས་སུ་འབྲེལ་པ་ཨིཙ་བཞིན་དུ་ཞེས་པས་པ་རིང་པོར་ བསྒྱུར་ཞིང་། ཉ་ཡིག་དེའི་དོན་ལ་འོངས་པས་ཕྱིས་ཏེ། ཀྲྀཏ་དྲུག་པར། ཙ་ཚ་དག་གི་དྷུཊ་གྷ་ རྗེས་སུ་འབྲེལ་བ་དག་ལ་ཀ་ག་དག་གོ་ཞེས་པས། ཙ་ནི་ཀ་རུ་བསྒྱུར་ལ། གྷ་ཡིག་དེའི་དོན་ལ་ འོངས་པས་ཕྱིས་པའི། སྲོག་ཀ་ལ་བཙུད་པའི་མཐར། ངེ་བྱིན་པ། ཀ་དང་ཡ་རིང་པོར་གྱུར་ པའི་ཕ་རོལ་ཏུ་བྲཛ་ཏི་གནས་པ་ལས། པཱ་ཀཱ་ཡ་བྲཛ་ཏི་(མཆོད་པའི་ཆེད་དུ་འགྲོ་བར་བྱེད། )ཞེས་པ་ལྟ་ བུའོ། །ལྷན་ཅིག་སྦྱོར་བ་ལ་གསུམ་པའོ་ཞེས་པ་ནི། ལྷན་ཅིག་པའི་དོན་སྦྱོར་བའི་སྔ་མའི་ རྟགས་ལ་རྣམ་དབྱེ་གསུམ་པ་སྦྱིན་པར་བྱ་སྟེ། དཔེར་ན། པུ་ཏྲ་ལ་ཊྭ་བྱིན་པ་ཨི་ན་རུ་བསྒྱུར་ཏེ་ མཚམས་སྦྱར་བའི་མཐར་ས་ཧ་གནས་པ་ལས། པུ་ཏྲེ་ཎ་(བུ་ཡིས་ཕ་དང་ལྷན་ཅིག་འོངས་)ས་ཧ་ཨཱ་ག་ ཏཿཔི་ཏཱ་ཞེས་པ་ལྟ་བུའོ། །རྒྱུའི་དོན་ལའོ་ཞེས་པ་ནི་འབྲས་བུ་སྒྲུབ་པར་བྱེད་པའི་རྒྱུའི་དོན་ལ་ ཡང་རྣམ་དབྱེ་གསུམ་པ་སྦྱིན་པར་བྱ་སྟེ། དཔེར་ན། བི་དྱཱལ་ཊཱ་བྱིན་ནས་ནཱ་དང་པོར་ཊཱ་ཨོས་ དག་ལ་ཞེས་པས་དྱཱའི་དབྱངས་ཨེ་རུ་བསྒྱུར་ནས་ཊཱའི་དབྱངས་དང་མཚམས་སྦྱར་བའི་ཕ་ རོལ་ཏུ་ཡ་ཤཿགནས་པ་ལས། བི་དྱཱའི་སྲོག་རིང་བ་མིན་ཏེ། ཊཱ་ཨོས་ལ་ཨེ་དང་ཨ་ཡ་བྱས་ པས། བི་ཡཱ་ཞེས་པའི་ཡ་ལ་ཊཱའི་དབྱངས་དྲངས་པས། བིདྱཡ་ཞེས་པ་དག་སྟེ་རིང་པ་ནི་འཕེལ་ 6-1-174 བའི་དོན་ཏེ། འདི་ཉིད་འཕེལ་བ་མིན་པའོ། །བིདྱ་ཡཱ་ཡ་ཤཿ (རིག་པ་ཡིས་གྲགས་པ། ) ཞེས་པ་ལྟ་ བུའོ། །ཡན་ལག་ལ་སྨད་པ་ལའོ་ཞེས་པ་ནི། ལུས་ཀྱི་ཡན་ལག་ལ་སྨད་པ་སྟེ་སྐྱོན་བརྗོད་པའི་ ཆ་ལ་རྣམ་དབྱེ་གསུམ་པ་སྦྱིན་པར་བྱ་སྟེ། དཔེར་ན། ཨཀྵི་ལ་ཊཱ་བྱིན་ནས། ནཱ་གཉིས་པར། ཨཀྵི་རྣམས་ཀྱི་ཊཱ་སོགས་ལ་ཞེས་པས་མཐའ་ཨན་དུ་བསྒྱུར་བའི་ཨ་ཡིག་ཝམ་བརྩེགས་པ་ མ་ཡིན་པ་ལ་ཞེས་པས་ཕྱིས་ཏེ་ཊཱའི་སྲོག་སྦྱར་བའི་ཕ་རོལ་ཏུ། ཀཱ་ཎཱཿགནས་པ་ལས། ཨཀྵྞཱཀཱ་ ཎཱཿ(མིག་ཞར་བ། )ཞེས་པ་དང་། པཱ་ད་ལ་བྷྱཱཾ་བྱིན་པ་ན་སྒྲ་ལྡན་ལ་རིང་པོར་གྱུར་པའི་ཕ་རོལ་ཏུ་ ཁཉྫཿ གནས་པ་ལས། པཱ་དཱ་བྷྱཱཾ་ཁཉྫཿ(རྐང་པ་དག་གིས་ཉམས་པ། )ཞེས་པ་ལྟ་བུའོ། །ཁྱད་པར་དུ་བྱེད་ པ་ལའོ་ཞེས་པ་ནི། གང་གིས་ཁྱད་པར་དུ་བྱེད་པའི་རྟགས་ལ་རྣམ་དབྱེ་གསུམ་པ་སྦྱིན་པར་ འགྱུར་ཏེ། དཔེར་ན། ཛ་ཊཱ་ལ་བྷིས་བྱིན་པའི་ཕ་རོལ་ཏུ་ཏཱ་པ་སོགས་གནས་པས། ཛ་ཊཱ་བྷིསྟཱ་ པ་སོ་དྲྀཥྚཿ(དཀའ་ཐུབ་པ་ཡིན་པར་རལ་པས་མཐོང་། )ཞེས་པ་ལྟ་བུའོ། །བྱེད་པ་པོ་ལའང་ངོ་ཞེས་པ་ནི་ བྱེད་པ་པོ་བརྗོད་པའི་རྟགས་ལའང་རྣམ་དབྱེ་གསུམ་པ་སྦྱིན་པར་འགྱུར་ཏེ། དཔེར་ན། རུ་དྲ་ ལ་ཊཱ་བྱིན་ནས་ཨིན་རུ་བསྒྱུར་ཞིང་མཚམས་སྦྱར་བའི་ཕ་རོལ་ཏུ། དག་དྷཾ་ཏྲྀ་པུ་རཾ་གནས་པ་ ལས། རུ་དྲེ་ཎ་དགྡྷཾ་ཏྲྀ་པུ་རཾ་ཞེས་པ་ལྟ་བུའོ། །དུས་དང་དངོས་པོ་དག་ལ་བདུན་པའོ་ཞེས་པ་ ནི། དུས་དང་དངོས་པོ་སྟེ་ངོ་བོ་བརྗོད་པ་དག་གི་རྟགས་ལ་རྣམ་དབྱེ་བདུན་པ་སྦྱིན་པར་ འགྱུར་ཏེ། དཔེར་ན། དུས་ལ་ནི་ཤ་རཏ་ལ་ངེ་བྱིན་པ་ན་ཏ་ཡིག་(ཏ་ཡིག་དབྱངས་དང་སྒྲ་ལྡན་ལ་གསུམ་ པར་འགྲོ་བ་ནི་ཚིག་མཐའ་ཅན་ཏེ་སྡེ་པའི་དང་པོ་ཚིག་མཐའ་ཞེས་གསུངས་པའི་ཕྱིར་རྣམ་དབྱེའི་དབྱངས་ལ་རྟགས་ཀྱི་མཐའི་ཏ་ ནི་གསུམ་པར་མི་འགྲོ་ཞིང་། ) སྲོག་མེད་དབྱངས་ལ་གསུམ་པར་བསྒྱུར་བ་ལ་ངིའི་ཨི་ཡིག་སྦྱར་བའི་ མཐར། པུཥྤན་སོགས་གནས་པས། ཤ་ར་དི་པུཥྤནྟི་སཔྟ་ཙྪཱད་དཱཿ(སྟོན་ཀ་འདང་མ་བདུན་པ་རྒྱས། )ཞེས་ པ་དང་། དངོས་པོ་བརྗོད་པ་ནི་དེ་ཝ་དཏྟ་ལ་ངི་བྱིན་པའི་ཨི་དང་མཚམས་སྦྱར་བའི་མཐར། ག་ཏེ་གནས་པ་ལས། དེ་ཝ་དཏྟེ་ག་ཏེ(ལྷ་སྦྱིན་འགྲོ། )ཞེས་པ་ལྟ་བུའོ། །སྭཱ་མཱི། ཨཱི་ཤཱ་ར། ཨ་དྷི་པ་ 6-1-175 ཏི། དཱ་ཡཱ་ད། སཱཀྵ་པྲ་ཏི་བྷཱུ། པྲ་སཱུ་ཏ་རྣམས་ཀྱི་དྲུག་པའང་ངོ་ཞེས་པ་ནི། སྭཱ་མཱ་ལ་སོགས་པ་ འདི་རྣམས་ཀྱིས་སྦྱོར་བའི་རྟགས་ལ་རྣམ་དབྱེ་བདུན་པ་སྦྱིན་ཞིང་། འང་གི་སྒྲས་དྲུག་པའང་ སྦྱོར་ཏེ། དཔེར་ན། སྭཱ་མཱི་སོགས་རྣམས་ཀྱི་སྔ་མའི་རྟགས་དྷ་ན་དང་། ཁྱད་པར་ཨ་དྷི་པ་ཏིའི་ སྔ་མའི་རྟགས་དེ་ཤ་ལ་བདུན་པའི་ངི་བྱིན་པའི་ང་ཕྱིས་ནས་ཨི་དང་མཚམས་སྦྱར་བས། དྷ་ནེ་ སྭཱ་མཱི(ནོར་ལ་རྗེའོ)། དྷ་ནེ་ཨཱི་ཤྭ་རཿ(ནོར་ལ་དབང་ཕྱུག) དེ་ཤེ་ཨ་དྷི་པ་ཏི(ཡུལ་ལ་མངའ་བདག)། དྷ་ནེ་དཱ་ ཡཱ་དཿ(ནོར་ལ་བསྒོ་བ། ) དྷ་ནེ་སཱཀྵི(ནོར་ལ་དངོས་སུ)། དྷ་ནེ་པྲ་ཏི་བྷཱུཿ (ནོར་ལ་སོ་སོར་བྱུང་བ། )ཞེས་པ་དང་། པྲ་སཱུ་ཏའི་སྔ་མར་གོ་ལ་སུཔ་བྱིན་ནས། ནཱ་མི་ལས་ས་ཡིག་ཥ་རུ་གྱུར་པས། གོ་ཥུ་པྲ་སཱུ་ ཏཿ(རྣམས་ཀྱི་བེའུ། ) ཞེས་པ་ལྟ་བུའོ། །ཡང་ན་དྲུག་པའི་ངས་བྱིན་པ་སྱ་རུ་བསྒྱུར་བས། དྷ་ན་སྱ་ སྭཱ་མཱི་(ནོར་ལ་རྗེའོ། །)དྷ་ན་སྱ་ཨཱི་ཤྭ་ར(ནོར་ལ་དབང་ཕྱུག)། དེ་ཤ་སྱ་ཨདྷི་པ་ཏིཿ(ཡུལ་ལ་མངའ་བདག)དྷ་ན་ སྱ་དཱ་ཡཱ་དཿ(ནོར་ལ་བསྒོ་བ། ) དྷ་ན་སྱ་སཱཀྵི (ནོར་ལ་དངོས་སུ)། དྷ་ན་སྱ་པྲ་ཏི་བྷཱུཿ(ནོར་ལ་སོ་སོར་བྱུང་བ། ) ཞེས་པ་དང་། ཕྱི་མར་ཨཱམ་བྱིན་ཏེ་མཚམས་སྦྱར་བས། ག་ཝཱཾ་པྲ་སཱུ་ཏཿ(བ་ལང་རྣམས་ཀྱི་བེའུ། ) ཞེས་པ་ལྟ་བུའོ། །ངེས་བཟུང་བ་ལའང་ངོ་ཞེས་པ་ནི། རིགས་དང་ཡོན་ཏན་དང་བྱ་བ་ལ་ སོགས་པ་རྣམས་ཚོགས་པ་ལས་ཕྱོགས་གཅིག་ཏུ་ཐ་དད་དུ་བྱེད་པ་ནི། ངེས་པར་བཀར་ བའམ། ངེས་བཟུང་སྟེ། དེ་ལའང་རྣམ་དབྱེ་དྲུག་པ་དང་བདུན་པ་སྦྱིན་པར་འགྱུར་རོ། །དཔེར་ ན། པུ་རུ་ཥ་ལ་དྲུག་པའི་ཨཱམ་སྔར་བཞིན་སྦྱར་བའི་མཐར། ཀྵཏྟྭི་སོགས་གནས་པ་ལས། པུ་ (ཥ་ཉིད་དྲུག་པའི་ཨཱམ་ལ་རིང་བ་དགོས་ཏེ། ནུ་དང་བཅས་པའི་ཨཱཾ་ལ་ཞེས་གསུངས་སོ། །) རུ་(སྐྱེས་བུ་རྣམས་ཀྱི། ) ཥཱ་ཎཱཾ་ ཀྵཏྟྲིཡཿ(རྒྱལ་རིགས་དཔའ་བོ། ) ཤཱུ་རཿ(རྒྱལ་རིགས་དཔའ་བོ་)ཞེས་པ་དང་། ཡང་ན་བདུན་པའི་སུབ་སྔར་ བཞིན་སྦྱར་བས། པུ་རུ་ཥེ་ཥུ་ཀྵཏྟྲིཡཿཤཱུ་རཿ(སྐྱེས་བུ་རྣམས་ཀྱི་རྒྱལ་རིགས་དཔའ། )ཞེས་པ་ལྟ་བུའོ། །ཧེ་ ཏུ་སྦྱོར་བ་ལ་དྲུག་པའོ་ཞེས་པ་ནི་ཧེ་ཏུའི་སྒྲ་སྦྱོར་བའི་རྟགས་ལ་རྣམ་དབྱེ་དྲུག་པར་འགྱུར་ཏེ། དཔེར་ན། ཨན་ན་ལ་ངས་བྱིན་པ་སྱ་རུ་བསྒྱུར་བའི་མཐར་ཧེ་ཏོར་སོགས་གནས་པ་ལས། 6-1-176 ཨན་སྱ་ཧེ་ཏོརྦ་ས་ཏི་(ཟས་ཀྱི་རྒྱུར་གནས་པར་བྱེད། )ཞེས་པ་ལྟ་བུའོ། །དྲན་པའི་དོན་གྱི་ལས་ལའོ་ ཞེས་པ་ནི་བྱིངས་གང་རྣམས་ཀྱི་དོན་དྲན་པ་ཡིན་པ་དེ་རྣམས་ཀྱི་ལས་ལ་རྣམ་དབྱེ་དྲུག་པ་ སྦྱིན་པར་འགྱུར་ཏེ། དཔེར་ན། པི་ཏྲྀ་ལ་ངས་བྱིན་པ་ན། ནཱ་དང་པོར། རྀཏ་མཐའ་ལས་སྔ་མ་ དང་བཅས་པ་ཞེས་པས་མཐའི་རྀ་ཡིག་ངས་ཀྱི་(ངའི་སྲོག་གི)ཨ་དང་བཅས་པ་ཨུ་རུ་བསྒྱུར་ནས་ སྦྱར་ཏེ་ས་ཚེག་དྲག་ཏུ་བྱས་པའི་ཕ་རོལ་ཏུ། དྲན་པའི་བྱིངས་ལས་བསྒྲུབས་པའི་སྨ་ར་ཏི་ གནས་པ་ལས། པི་ཏུཿསྨ་ར་ཏི་(ཕ་དྲན་པར་བྱེད་དོ། །)ཞེས་པ་ལྟ་བུའོ། །ཀ་རོ་ཏིའི་འབད་པ་ལའོ་ ཞེས་པ་ནི་ཀྲྀཉ་བྱེད་པ་ལའོ་ཞེས་པའི་བྱིངས་ཀྱི་ལས་ཡོན་ཏན་བར་མ་ཆད་དུ་འབྱུང་བ་དེ་ནི་ འབད་པ་སྟེ། དེ་ལ་རྣམ་དབྱེ་དྲུག་པར་འགྱུར་རོ། །དཔེར་ན། ཨེ་དྷོ་ད་ཀ་ལ་ངས་བྱིན་པ་སྱ་རུ་ བསྒྱུར་ཏེ་ཕ་རོལ་གྱི་ཨུ་པ་སོགས་དང་མཚམས་སྦྱར་བས། ཨེ་དྷོ་ད་ཀ་སྱོ་པ་སཾ་ཀུ་རུ་ཏེ་(ཆུ་ འཕེལ་གྱི་བྱ་བ་ལ་ཡང་དག་པར་འབོད་པར་བྱེད། ) ཞེས་པ་ལྟ་བུའོ། །འཚེ་བའི་དོན་རྣམས་ཀྱི་ཛྭ་རི་མ་ཡིན་ པ་ལའོ་ཞེས་པ་ནི། འཚེ་བའི་དོན་ནི་སྲོག་ཆགས་ཉེ་བར་བརྗོད་པ་སྟེ། དེའི་བྱིངས་རྣམས་ཀྱི་ ལས་ལ་རྣམ་དབྱེ་དྲུག་པ་སྦྱོར་བ་ནི། ཛྭ་ར་ནད་ལའོ་ཞེས་པ་དང་འབྲེལ་བའི་ལས་གང་ཡིན་ པ་ཉིད་མ་ཡིན་པ་ལ་འགྱུར་ཏེ། དཔེར་ན། ཙཽ་ར་ལ་ངས་བྱིན་པ་སྱ་རུ་བསྒྱུར་བའི་མཐར་རུ་ཛ་ ཏི་རོ་གཿགནས་པ་ལས་ཙཽ་ར་སྱ་རུ་ཛ་ཏི་རོ་གཿ(རྐུན་མའི་འཚེ་བ་ནད་དོ། །)ཞེས་པ་དང་། ཛྭ་ར་དང་ འབྲེལ་པའི་ལས་ལ་ནི་དྲུག་པ་མི་སྦྱོར་ཏེ། དཔེར་ན། སྔར་བཞིན་ཙཽ་ར་ལ་ཨམ་སྦྱར་བས། ཙཽ་ རཾ་ཛྭ་ར་ཡ་ཏི་ཛྭ་རཿ(རྐུན་མ་ལ་ནད་རིམས་ཡོང་། ) ཞེས་པ་ལྟ་བུའོ། །བྱེད་པ་པོ་དང་ལས་དག་ལ་ཀྲྀཏ་ ལ་རྟག་ཏུའོ་ཞེས་པ་ནི། གང་བྱེད་པ་པོ་དང་ལས་སུ་བྱ་བ་དག་ལ་རྣམ་དབྱེ་གསུམ་པ་དང་ གཉིས་པ་ཐོབ་པ་ལའང་། ཕ་རོལ་ན་ཀྲྀཏ་ཀྱི་རྐྱེན་ཅན་ཡོད་པ་སྦྱོར་བ་ལ་ནི་རྟག་ཏུ་རྣམ་དབྱེ་ དྲུག་པར་འགྱུར་ཏེ། དཔེར་ན། བྱེད་པ་པོ་ལ་ནི་ཨཱས་སྡོད་པ་ལའོ་ཞེས་པའི་བྱིངས་ལ། ཀྲྀཏ་ ལྔ་པར། རྒྱུད་རིམ་འོས་པ་བུ་ལོན་ཞེས་པས་ཝུཉ་ཕྱིན་ནས། ཉ་ཁྱད་པར་གྱི་དོན་ཕྱིས་ཏེ། ཀྲྀ་ 6-1-177 ཏ་དྲུག་པར། ཡུ་ཝུ་ཛྷ་ཞེས་པས་ཝུ་ཡིག་ཨ་ཀ་རུ་བསྒྱུར་ཞིང་། བུད་མེད་ལ་ཨ་ལས་ཞེས་པས་ ཀ་ལ་ཨཱ་རིང་པོ་སྦྱར་ནས་སི་བྱིན་པ་ཤྲངྔྷཱ་ལས་ཕྱིས་ཏེ། ནཱ་གཉིས་པར། ཀའི་རྐྱེན་ལ་བུད་ མེད་དུ་བྱས་པའི་ཨཱ་ཡིག་ལ་ཞེས་པས། ཨཀའི་ཨ་ཡིག་ཨི་རུ་བསྒྱུར། སྔ་མ་བྷ་ཝནྟ་ལ་དྲུག་ པའི་ངས་བྱིན་པའི་ང་ཁྱད་དོན་ཕྱིས་ཏེ་ས་རྣམ་བཅད་དུ་བྱས་པ་ལས། བྷ་ཝ་(འདི་དག་སྔ་མ་དང་ མཚམས་སྦྱོར་པར་རིགས་ཏེ། མཚམས་སྦྱར་ན། བྷ་བ་ཏཿ མཚན་འདི་དཔྱད། ཨ་སི་ཀ་ཞེས་པ་འདིའི་རྣམ་བཅད་ནི། ཨ་ཡིག་ བར་ཨུ་དང་། ཨུ་ཡིག་ལ་ཨོ་དང་འདི་ཉིད་ཚིག་མཐའ་ཡིན་པས་ཨེཏ་ཨོཏ་ལས་ཕ་རོལ་གྱིས་ཉེར་སྤྱོད་ལས་པླུ་ཏ་སྟེ་བྷ་བ་ཏོ་ དཔྱད་྅སི་ཀཱ། ཞེས་འབྱུང་ངོ་། །)ཏཿ(ཁྱོད་ཀྱི། ) ཨཱ་སི་ཀཱ་(སྡོད་པ། )ཞེས་པ་དང་། ལས་ལ་ནི། ཌུ་བྷྲྀཉ་འཛིན་ པའི་བྱིངས་ལ། ཀྲྀཏ་གཉིས་པར། ཝུཎ་ཏྲྀཙ་དག་གོ་ཞེས་པས་ཏྲྀ་ཙའི་རྐྱེན་བྱིན་པ་ན་ཌུ་དང་ཉ་ རྗེས་འབྲེལ་ཕྱིས་ཏེ། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པ་གསལ་བྱེད་དང་པོ་ཡ་ ཡིག་དང་པོ་མིན་པའི་དང་པོར་ཞེས་པས་ཏྲྀ་ཙའི་གོང་དུ་ཨིཊ་བྱིན་པ། དེ་ཉིད་དུ། རྀཏ་ལས་བྲ ང་བྲྀཉ་མ་ཡིན་པ་ལས་ཞེས་པས་ཕྱིས་ནས། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་། བི་ཀ་ར་ཎ་ དག་གི་ཡོན་ཏན་ནོ་ཞེས་པས་བྷྲྀའི་རྀ་ཡིག་ཨར་དུ་བསྒྱུར་ཞིང་། ཏྲྀ་ཙའི་ཙ་ཡིག བྱིངས་ལས་ ཏྲྀ་སྒྲའི་ཞེས་པ་འདིར་ཏྲྀ་ཎ་བཟུང་བའི་དོན་ཡིན་པས་ཕྱིས་ཏེ། མཐར་སི་བྱིན་པ་ན། ནཱ་དང་ པོར། སི་ལ་ཨཱ་སྟེ་ཞེས་པས་ཏྲྀའི་རྀ་ཡིག་ཨཱ་རིང་པོར་བསྒྱུར་ཞིང་། སི་ཕྱིས་པའི་སྔ་མ་བཛྲ་ལ་ ངས་བྱིན་པ་སྱ་རུ་བསྒྱུར་བ་དང་སྦྱར་བས། བཛྲ་སྱ་བྷརྟཱ་(རྡོ་རྗེ་འཛིན་པ། ) ཞེས་པ་ལྟ་བུའོ། །ནིཥྛཱ་ སོགས་རྣམས་ལ་མ་ཡིན་ནོ་ཞེས་པ་ནི་། ནིཥྛཱ་དང་སོགས་ཀྱིས་ཀྭནྶུ་དང་ཀཱན་དང་ཤནྟྲྀང་དང་ ཨཱ་ན་ཤ་དང་། ཀི་དང་ཨུ་དང་ཨུ་ཀཉ་དང་ཨིཥྞུ་དང་ཀྟྲཱྀ་དང་ཁལ་དང་ཡུལ་དང་ཤཱ་ནང་ཏྲྀཎ་ དང་ཝུཎ་དང་ཎིན་ཞེས་པ་འདི་རྣམས་ཀྱི་རྐྱེན་ཅན་དང་སྦྱོར་བའི་བྱེད་པ་པོ་དང་ལས་དག་ལ་ ནི་རྟག་ཏུ་དྲུག་པར་མི་འགྱུར་བ་མདོ་སྔ་མ་ལས་དམིགས་བསལ་ཏེ། དཔེར་ན། ཐོག་མ་ནིཥྛཱ་ ལ་མཚོན་ན་བྱེད་པ་ལ་ནི་བྷུཛ་སྐྱོང་བའི་བྱིངས་ལ། ནིཥྛཱའོ་ཞེས་པས་ཀྟའི་རྐྱེན་བྱིན་ནས། ཨཱ་ 6-1-178 དྲུག་པར། ཙ་སྡེའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཀིའོ་ཞེས་པས་ཛ་ཡིག་ཀ་རུ་བསྒྱུར་ཏེ། ཀྟའི་ ཀ་རྗེས་འབྲེལ་ཕྱིས་པ་ལ་སི་བྱིན་ནས། སྔ་མ་དེ་ཝ་དཏྟ་ལ་ཊཱ་བྱིན་པ་ཨི་ན་རུ་གྱུར་པ་དང་ སྦྱར་བས། དེ་ཝ་དཏྟེ་ན་བྷུཀྟཿ(ལྷ་སྦྱིན་གྱིས་བསྐྱང་བར་བྱས་ཟིན། )ཞེས་པ་དང་། ལས་ལ་ནི་བྷུཛ་ལ་ ནིཥྛཱའི་ཀྟ་ཝནྟུ་བྱིན་པའི་ཀ་འཕྱིད་པའི་བར་སྔར་བཞིན་ལས། སི་བྱིན་པ་ན། ཨུ་ཡིག་བརྗོད་ དོན་དང་བརྩེགས་པའི་མཐའ་ཏ་ཕྱིས་ཏེ། ནཱ་གཉིས་པར། གྷུཊ་ལའང་སམ་བུདྡྷི་མ་ཡིན་པ་ ལའོ་ཞེས་པ་ནའི་ཨུ་པ་དྷཱ་རིང་པོར་བསྒྱུར་ནས་སི་ཕྱིས་ཏེ། སྔ་མ་ཨོ་ད་ན་ལ་ཨམ་བྱིན་པ་དང་ སྦྱར་བས། ཨོ་ད་ནཾ་བྷུ་ཀྟ་ཝཱན་(ཟན་ལ་བཟའ་བར་བྱས་ཟིན། ) ཞེས་པ་ལྟ་བུ་སྟེ། དེ་བཞིན་དུ། ཀྭནྟུ་ ལ་སོགས་པའི་རྐྱེན་ཅན་དང་སྦྱོར་བའི་བྱེད་པ་པོ་དང་ལས་ལའང་རྣམ་དབྱེ་དྲུག་པ་མི་འགྱུར་ བ་ནི་བཤད་ཟིན་དང་འཆད་པར་འགྱུར་བའི་སྐབས་ཐམས་ཅད་དུའང་ཤེས་པར་བྱའོ། ། དྲུག་པ་ཥ་ཌའི་ཁྱད་པར་དང་སྤྱིར་བསྟན་གྱི་མདོ་རྣམས་ཀུན་ལ་འཇུག་ཚུལ་ནི། ཥ་ཌའི་ ན་ལ་ཎའོ་ཞེས་པ་ནི་ཥ་ཌ་ཞེས་པ་འདིའི་མཐའི་ཌ་ནི་ན་ཡིག་ཕ་རོལ་ལ་ཎ་ཉིད་དུ་འགྱུར་ཏེ། དཔེར་ན། ཥཥ་ལ་ཨཱམ་བྱིན་ནས། ནཱ་དང་པོར། གྲངས་ལ་ཥ་ནའི་མཐའ་ལས་ཞེས་པས་ནུ་ ཨཱ་ག་མ་བྱིན་པ་ན། ནཱ་གསུམ་པར། ཧ་ཤ་ཥ་ཚ་མཐའ་ཞེས་པས་མཐའི་ཥ་ཡིག་ཌ་རུ་བསྒྱུར་ཏེ་ མདོ་འདིས། ཌ་ཡིག་ཎ་རུ་བསྒྱུར་ཞིང་། འཆད་བཞིན་པ་ཏ་སྡེའི་ཙ་ཊའི་སྡེ་པ་ཞེས་པས། ཨཱ་ག་ མའི་ནའང་ཎ་རུ་བསྒྱུར་ནས་སྦྱར་བས། ཥཎྞཱཾ་(དྲུག་པ་རྣམས་ཀྱི། )ཞེས་པ་དང་། དེ་བཞིན་དུ་ཥཎྞ་ག་ རཱི་(གྲོང་ཁྱེར་དྲུག འདིར་ཥ་ཌ། ན་ག་རཱི་སྦྱར་བའོ། །)ག་རཱི་ཞེས་པ་ལྟ་བུའོ། །དུར་སིང་ལས། རྣམ་དབྱེའི་ན་ ཡིག་ཁོ་ན་ལ་མཐའི་ཌ་ཡིག་ཎ་རུ་འགྱུར་བར་གསུངས་སོ། །མ་ན་དག་གི་དྷུཊ་ལ་རྗེས་སུ་ང་ རོའོ་ཞེས་པ་ནི་མ་ཡིག་དང་ན་ཡིག་དག་ནི་དྷུཊ་ཕ་རོལ་ཏུ་ཡོད་པ་ལ་རྗེས་སུ་ང་རོར་འགྱུར་ཏེ། དཔེར་ན། ར་མ་ལ། བྷ་ཝིཥྱནྟཱིའི་སྱ་ཏེ་བྱིན་ནས་མའི་ཨ་ཡིག་བརྗོད་དོན་ཕྱིས་ཏེ་མ་ཉིད་ཐིག་ ལེར་གྱུར་པས། རཾ་སྱ་ཏེ་ཞེས་པ་དང་། སརྦིས་ལ་ཛས྄་བྱིན་པ་ན། ནཱ་གཉིས་པར། ཛས྄་ཤས྄་ 6-1-179 དག་གི་ཤིའོ་ཞེས་པའི་ཤ་ཁྱད་དོན་ཕྱིས་ནས། ནཱ་གཉིས་པར། ས་མཐའ་དང་མ་ཧནྟ་དག་ གིའོ་ཞེས་པས་སི་རིང་པོར་བསྒྱུར་ཞིང་། དྷུཊ་དང་དབྱངས་ལ་གྷུཊ་ལ་ནུའོ་ཞེས་པས་ནུ་ཨཱ་ག་ མ་དབྱངས་མཐར་བྱིན་པའི། ཨུ་རྗེས་སུ་འབྲེལ་བ་ཕྱིས་ཏེ། ན་ཡིག་རྗེས་སུ་ང་རོར་བསྒྱུར་ལ། འཆད་པར་འགྱུར་བ་ལྟར་ནཱ་མི་དང་ཞེས་པས་ས་ཡིག་ཥ་རུ་བསྒྱུར་ཏེ་སྦྱར་བས། སཪྤཱིཾཥི་(མར་ སར་རྣམས། )ཞེས་པ་ལྟ་བུའོ། །སྡེ་པ་ལ་སྡེ་པའི་མཐའོ་ཞེས་པ་མ་ཡིག་དང་ན་ཡིག་དག་དང་དེ་ དག་ལས་གྲུབ་པའི་རྗེས་སུ་ང་རོ་ནི་སྡེ་པ་ལྔའི་ཡི་གེ་རྣམས་ཕ་རོལ་ལ། དེའི་སྡེ་པའི་མཐའ་རུ་ འགྱུར་བ་ནི་མདོ་སྔ་མ་ལས་དམིགས་བསལ་ཏེ། དཔེར་ན། ཤ་མུ་ཉེ་བར་ཞི་བའི་བྱིངས་ལ། ཀྲྀཏ་དྲུག་པར། འགྲོ་བའི་དོན་དང་ལས་མ་ཡིན་པ་ཞེས་པས་ཀྟའི་རྐྱེན་བྱིན་པའི་ཀ་དང་མུའི་ ཨུ་རྗེས་འབྲེལ་ཕྱིས་ནས། མ་ཡིག་ཏ་སྡེའི་མཐའ་ན་རུ་བསྒྱུར་ཏེ། ཀྲྀཏ་དང་བོར། ལྔ་པའི་ཨུ་ པ་དྷཱའི་ཞེས་སོགས་ཀྱིས་ཤ་རིང་པོར་བསྒྱུར་ཞིང་། མཐར་སི་བྱིན་པས། ཤཱནྟཿ(ཞིབ། )ཞེས་པ་ དང་། ཤ་ཀི་ལ་ཤས་བྱིན་པ་སྔར་བཞིན་ཤི་རུ་གྱུར་པའི་ཤ་ཡིག་དང་ཀའི་ཨི་རྗེས་འབྲེལ་ཕྱིས་ ཏེ། དྷུཊ་དང་དབྱངས་ལ་གྷུཊ་ལ་ནུ་ཨཱ་ག་མ་ཤའི་མཐར་བྱིན་པའི་ན་ཡིག་ཀ་སྡེའི་ལྔ་པར་ གྱུར་པས། ཤངྐི་ཀ་(དགོས་པ་རྣམས་ལ། ) ཞེས་པ་ལྟ་བུའོ། །དུར་སིང་ལས། མཐའ་མ་ཡིན་པའི་ རྗེས་སུ་ང་རོ་ནི་ཞེས་གསུངས་སོ། །ཏ་སྡེའི་ཙ་ཊའི་་སྡེ་པ་སྦྱོར་བ་ལ་ཙ་ཊའི་སྡེ་པ་དག་གོ་ཞེས་ པ་ནི། ཏའི་སྡེ་པའི་ཡི་གེ་སོ་སོ་བ་རྣམས་ནི་སྔ་མ་ཙ་སྡེ་དང་ཊ་སྡེའི་ཡི་གེ་སྲོག་མེད་གང་རུང་རེ་ རེ་དང་སྦྱོར་བ་ལ། ཏ་སྡེ་རང་གི་རིམ་པ་(ཏ་ཡིག་ཙ་དང་ཐ་ཡིག་ཚ་རུ་བསྒྱུར་བ་ལྟ་བུ། ) གང་ཡིན་པ་དང་ མཐུན་པའི་གོ་རིམ་དེ་བཞིན་དུ། ཙ་སྡེ་དང་ཊ་སྡེ་དེ་དག་གི་གཟུགས་སུ་འགྱུར་ཏེ། དཔེར་ན། རཱ་ཛན་ལ་ཤས་བྱིན་པ་ན་ཤ་ཁྱད་དོན་དང་། ནཱ་གཉིས་པར། ཝ་མ་བརྩེགས་པ་མ་ཡིན་པ་ལ་ ཞེས་པས་ཨན་གྱི་ཨ་ཕྱིས། ཏ་སྡེའི་ལྔ་པ་ན་ཡིག་ཙ་སྡེའི་ཛ་དང་སྦྱོར་བ་ན་དེའི་འང་ལྔ་པ་ཉ་ ཡིག་ཏུ་གྱུར་ཏེ་སྦྱར་བས། རཱཛྙཿ(རྒྱལ་པོ་རྣམས་ལ། )ཞེས་པ་དང་། ཊ་སྡེ་དང་སྦྱོར་བ་ནི་ཥ་ཌའི་ན་ 6-1-180 ལ་ཎའོ་ཞེས་པའི་སྐབས་སུ་བསྟན་པ་ལྟ་བུའོ། །ནཱ་མི་དང་ཀ་དང་ར་ལས་ཕ་རོལ་རྐྱེན་དང་ རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་སིའི་ཥ་སྟེ་ནུ་དང་རྣམ་པར་གཅང་བྱ་དང་ཥ་བར་ན་ ཡོད་ཀྱང་ངོ་ཞེས་པ་ནི་ནཱ་མི་དང་ཀ་དང་ར་ལས་ཕ་རོལ་རྐྱེན་ལ་གནས་པ་དང་རྣམ་འགྱུར་ལ་ གནས་པ་དང་ཨཱ་གམ་ལ་གནས་པའི་སི་ཡིག་ཥ་ཡིག་ཏུ། ནུ་དང་རྣམ་བཅད་དང་ཥ་ཡིག་བར་ ན་ཡོད་ཀྱང་འགྱུར་ཏེ་སིའི་ཨི་ཡིག་ནི་བརྗོད་པའི་དོན་ཏོ། །དཔེར་ན། ནཱ་མི་ལས་ནི། ཨགྣི་ལ་ སུཔ་བྱིན་ནས་ས་ཡིག་ཥ་རུ་བསྒྱུར་བས། ཨགྣི་ཥུ་(མེ་ལྷ་རྣམས་ལ། ) ཞེས་པ་དང་། ཀ་ལས་ནི། ཝཱ་ ཙ་ལ་སུཔ་བྱིན་པ་ན། ནཱ་གསུམ་པར། ཙ་སྡེ་དང་དྲྀ་ཤ་སོགས་རྣམས་ཀྱི་ཞེས་པས་ཙ་ཡིག་ག་ རུ་བསྒྱུར་ཞིང་། སྒྲ་མེད་ལ་དང་པོ་ཀ་རུ་བསྒྱུར་ཏེ། ས་ཡིག་ཥ་རུ་གྱུར་པས། ཝཱཀྵུ་(ངག་རྣམས་ལ། ) ཞེས་པ་དང་། ར་ལས་ནི། གིར་ལ་སུཔ྄་བྱིན་པ། ནཱ་གསུམ་པར། ཨིར་ཨུར་དག་གི་ཨཱིར་ཨཱུར་ ཞེས་པ་ལྟར་བྱས་ཏེ། ས་ཡིག་ཥ་རུ་གྱུར་པས། གཱིཪྵུ་(ངག་རྣམས་ལ། )ཞེས་པ་སྟེ། དེ་རྣམས་ནི་རྐྱེན་ ལ་གནས་པའོ། །རྣམ་འགྱུར་ལ་གནས་པ་ནི་ཨེ་ཏཏ་ལ་སི་བྱིན་པ་ན། ནཱ་གསུམ་པར། ཏྱཏ་ སོགས་ཀྱི་རྣམས་དབྱེ་ལ་ཞེས་པས་ཏ་ཕྱི་མ་ཨར་བསྒྱུར་ཞིང་། སྔར་བཞིན་སྔ་མའི་སྲོག་ཕྱིས་ ནས། ཏའི་འང་ངོ་ཞེས་པས་ཏ་ཡིག་ས་རུ་གྱུར་པ་ནཱ་མི་ལ་ས་ཡིག་ཥ་རུ་བསྒྱུར་ཏེ། སི་ཚེག་དྲག་ ཏུ་བྱས་པས། ཨེ་ཥཿ(དེ་ལ། )ཞེས་པ་དང་། ཨཱ་ག་མ་ལ་གནས་པ་ནི། སརྦ་ལ་ཨཱམ་བྱིན་ནས། ནཱ་ དང་པོ་ཐམས་ཅད་ལ་ཨཱམ་ལ་སུའོ་ཞེས་པ་ལྟར་བྱས་ཏེ། ས་ཡིག་ཥ་རུ་བསྒྱུར་ནས་མཚམས་ སྦྱར་ཞིང་། དྷུཊ་མང་པོ་ཉིད་ལ་མཐའ་ཨེ་རུ་གྱུར་པས། སརྦེ་ཥཱཾ་(ཐམས་ཅད་རྣམས་ལ། )ཞེས་པ་དང་། ནུ་བར་ན་ཡོད་པ་ནི་སརྦིས་ལ་ཛས྄་བྱིན་ནས། རྗེས་སུ་ང་རོའི་དཔེར་བརྗོད་དུ་བཤད་མ་ ཐག་པ་ལྟར་བསྒྲུབས་པས། སཪྤཱིཾཥི་(མར་སར་རྣམས་ལ། )ཞེས་པ་དང་། རྣམ་བཅད་བར་ན་ཡོད་པ་ ནི་སརྦིས་ལ་སུཔ་བྱིན་ནས། ས་ཚེག་དྲག་ཏུ་བསྒྱུར་ཏེ། སུ་ཡིག་ཥུ་རུ་གྱུར་པས། སརྦིཿཥ་ཞེས་ པ་དང་། ཥ་བར་ན་ཡོད་པ་ནི་ནཱ་མི་ལས་སརྦིས་ཀྱི་ས་ཡིག་ཥ་རུ་བསྒྱུར་ཏེ། རྐྱེན་གྱིས་སའང་ 6-1-181 ཥ་རུ་གྱུར་པས། སརྦིཥྵུ་ཞེས་པ་ལྟ་བུའོ། །ར་ཥ་རྀའི་ཡི་གེ་རྣམས་ལས་མཐའ་མིན་པའི་ནའི་ཎ་ སྟེ་དབྱངས་དང་ཧ་དང་ཡ་དང་ཝ་དང་ཀ་སྡེ་དང་པ་སྡེ་བར་ན་ཡོད་ཀྱང་ངོ་ཞེས་པ་ནི། ར་དང་ ཥ་དང་རྀའི་ཡི་གེ་རྣམས་ལས་ཚིག་མཐའ་ན་ཡོད་པའི་ན་ཡིག་སྲོག་མེད་མ་ཡིན་པའི་ན་ནི་ཎ་ ཡིག་ཏུ་དབྱངས་དང་ཧ་དང་ཡ་དང་ཝ་དང་ཀ་སྡེ་དང་པ་སྡེ་བར་ན་ཡོད་ཀྱང་འགྱུར་ཏེ། དཔེར་ ན། རིམ་པ་བཞིན་ར་ལས་ནི་ཙཏྭཱར་ལ་ནུ་དང་བཅས་པའི་ཨཱམ་སྔར་བཞིན་བྱིན་ནས་ཏྭཱའི་བཱ་ སྒྲ་སྔར་བཞིན་ཨུ་རུ་བསྒྱུར་ཏེ། མདོ་འདིས་ན་ཡིག་ཎ་རུ་གྱུར་པས། ཙ་ཏུ་རྞཱིཾཞེས་པ་དང་། ཥ་ ལས་ནི་ཥཱུ་ཎཾ་ཞེས་པ་དང་། རྀ་ཡིག་ལས་ནི་ཏི་སྲ་ཎཱཾ་ཞེས་པ་དང་། དབྱངས་དང་ཧ་དང་ཡ་ དང་ཝ་དང་ཀ་སྡེ་དང་པ་སྡེ་བར་ན་ཡོད་པ་ལས་རིམ་པ་ལྟར། པུ་རུ་ཥ་སོགས་ལ་ཊཱ་བྱིན་པ་ ཨི་ན་རུ་གྱུར་པའི་ན་ཡིག་ཎ་རུ་བསྒྱུར་བས། པུ་རུ་ཥེ་ཎ(སྐྱེས་བུས)། ཨརྷེ་ཎ(མཆོད་པས)། ཨཱཪྻེ་ ཎ(འཕགས་པས)། སརྦེ་ཎ། ཨ་རྐེ་ཎ(ཉི་མས)། མཱུརྑེཎ(རྨོངས་པས)། པཪྵེ་ཎ(དབྱར་གྱིས)། ཨརྒྷེཎ། དཪྤེཎ(མེ་ལོང་གིས)། རེ་ཕེ་ཎ(ར་ཡིག་གིས)། དརྦྷེ་ཎ། དྷརྨེ་ཎ་(ཆོས་ཀྱིས། ) ཞེས་པ་ལྟ་བུའོ། །དེས་ན་ ཚིག་མཐའི་ན་ཡིག་སྲོག་ལྡན་ཡིན་ཀྱང་སྔ་མར་ར་ཥ་རྀའི་ཡི་གེ་མེད་ན་ཎ་ཡིག་དུ་མི་འགྱུར་ཏེ། དཔེར་ན། ཝ་ན་ལ་ཨམ་བྱིན་པ། ནཱ་གཉིས་པར། མ་ནིང་ལས་སི་ཨམ་ཞེས་པས་ཕྱིས་ནས། སྔར་བཞིན་མུ་ཨཱ་ག་མ་བྱིན་པས། ཝ་ནཾ་ཞེས་པ་ལྟ་བུའོ། །སྔ་མར་ར་ཥ་རྀའི་ཡི་གེ་ཡོད་ཀྱང་ ཚིག་མཐའི་ན་ཡིག་སྲོག་མེད་ནི་ཎ་རུ་མི་འགྱུར་ཏེ། དཔེར་ན། བྲྀཀྵ་ལ་ཤས་བྱིན་ནས་ཤས་ ལ་སྟེར་སའི་འང་ནའོ་ཞེས་པ་ལྟར་སྦྱར་བས། བྲྀཀྵཱ་ན་(ཤིང་རྣམས་ལ། ) ཞེས་པ་ལྟ་བུའོ། ། བདུན་པ་བུད་མེད་དང་མ་ནིང་གི་རྟགས་བསྒྲུབ་ཚུལ་ནི། བུད་མེད་ལ་ཨ་ལས་ཨཱ་པའོ་ ཞེས་པ་ནི། བུད་མེད་ཀྱི་རྟགས་སུ་བསྒྲུབ་པ་ལ་ཨ་ཡིག་མཐའ་ཅན་གྱི་རྟགས་ལ་ཨཱ་པའི་རྐྱེན་ སྦྱར་བར་བྱ་ཞིང་། པ་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏེ། དཔེར་ན། དེ་ཝ་དཏྟ་ལ་ཨཱཔ་ བྱིན་ནས། པ་ཡིག་རྣམ་པ་སྣ་ཚོགས་པའི་དོན་དང་། སི་བྱིན་པ་ཤྲངྔྷཱ་ལས་ཕྱིས་ཏེ་མཚམས་ 6-1-182 སྦྱར་བས། དེ་བ་དཏྟཱ(ལྷ་སྦྱིན་མ། )ཞེས་པ་ལྟ་བུའོ། །ན་ད་སོགས། ཨཉྩ། ཝཱཧ། ཨུ་ཨི། ཨ། ཨནྟ་ རི། ས་ཁི། ན་མཐའ་རྣམས་ལས་ཨཱིའོ་ཞེས་པ་ནི། ན་ད་སོགས་ནས་ན་མཐའི་བར་འདི་རྣམས་ བུད་མེད་ལ་འཇུག་བཞིན་པར་གྱུར་པ་ལས། ཨཱིའི་རྐྱེན་སྦྱར་བར་བྱ་སྟེ། དཔེར་ན། ན་ད་ལ་ ཨཱི་བྱིན་པས། མདོ་འོག་མས་དའི་ཨ་ཡིག་ཕྱིས་ཏེ་སྦྱར་བས། ན་དཱི་(ཆུ་སྲུང་ལ། )ཞེས་པ་དང་། ཨཉྩལ་ནི། པྲ་སྔོན་མ་ཅན་གྱི་ཨཉྩ་ལ་ཨཱི་བྱིན་ནས། ནཱ་གཉིས་པར། ཨཉྩའི་ཨ་དབྱི་བ་དང་ སྔ་མའི་འང་རིང་པོ་ཞེས་པ་ལྟར་བྱས་ཤིང་། ཨ་ནུ་ཥཾ་གའང་ཀྲུཉྩ་དང་ཞེས་པས་ན་ཡིག་དང་། མདོ་འོག་མས་ཙའི་སྲོག་ཕྱིས་ཏེ་སྦྱར་བས། པྲཱ་ཙཱི་ཞེས་པ་དང་ཝཱ་ཧ་ལ་ནི། པྲཥྚ་ཝཱ་ཧ་ལ་ཨཱི་ བྱིན་ནས། ནཱ་གཉིས་པར། ཝཱ་ཧིའི་ཝཱ་སྒྲའི་ཨཽ་ཞེས་པ་ལྟར་བྱས་ཏེ་སྦྱར་བས། པྲཥྚཽཧཱི་ཞེས་པ་ དང་། ཨུ་ལ་ནི་པ་དུ་ལ་ཨཱི་བྱིན་ནས་མཚམས་སྦྱར་བས། པ་དྭཱི་(ཅུས་མ། ) ཞེས་པ་དང་། ཨནྶལ་ ནི། པི་དཱན་ས་ལ་ཨཱི་བྱིན་ནས། ནཱ་གཉིས་པར། ཝན་སའི་ཝ་སྒྲ་ཨུ་ཉིད་དོ་ཞེས་པ་ལྟར་བྱས་ ལ། ཨ་ནུ་ཥཾ་ག་ལའང་ཞེས་པས་ན་ཡིག་དབྱི་ཞིང་། ནཱ་མི་ལས་ས་ཡིག་ཥ་རུ་བསྒྱུར་ཏེ་སྦྱར་ བས། བི་དུ་ཥཱི་(མཁས་མོ། ) ཞེས་པ་དང་། ཨནྟ་ལ་ནེ་གོ་མནྟ་ལ་ཨཱི་བྱིན་ནས། ཨ་ནུ་ཥཾ་ག་ཕྱིས་ཏེ་ སྦྱར་བས། གོ་མ་ཏཱི་ཞེས་པ་དང་། རྀ་ལ་ནི་སཱ་ཀར་ཏྲྀ་ལ་ཨཱི་བྱིན་ནས་མཚམས་སྦྱར་བས། སཱ་ ཀརྟྲཱིཞེས་པ་དང་། ས་ཁི་ལ་ནི། ཨཱི་བྱིན་ཏེ་མཚམས་སྦྱར་བས། ས་ཁཱི་(གྲོགས་མོ། )ཞེས་པ་དང་། ན་མཐའ་ལ་ནི། དཎ་ཌིན་ལ་ཨཱི་བྱན་ཏེ་སྦྱར་བས། དཎྜི་ནཱི་(དབྱུག་པ་ཅན་མ་)ཞེས་པ་རྣམས་ཚིག་ ཏུ་བསྒྲུབ་པ་ལ་སི་བྱིན་པ། ནཱ་དང་པོར། ཨཱི་ཡིག་མཐའ་ལས་ཅེས་པས་ཕྱིས་པ་ལྟ་བུའོ། །བུད་ མེད་དུ་བྱས་པའི་ཨཱི་ཡིག་ལ་ཨ་དབྱིའོ་ཞེས་པ་ནི། བུད་མེད་ཀྱི་རྟགས་སུ་སྒྲུབ་པར་བྱེད་པའི་ ཨཱི་ཡིག་ཕ་རོལ་ལ་མཐའི་ཨ་དབྱི་བར་བྱ་སྟེ། དཔེར་ན། དེ་ཝ་ལ་ཨཱི་བྱིན་ནས་ཝའི་སྲོག་དང་ སི་བྱིན་པ་ཕྱིས་ཏེ་སྦྱར་བས། དེ་ཝཱི་(ལྷ་མོ། )ཞེས་པ་ལྟ་བུའོ། །མ་ནིང་ལ་དབྱངས་ཐུང་ངུའོ་ཞེས་ པ་ནི། མ་ནིང་གི་རྟགས་སུ་བསྒྲུབ་པ་ན། མཐའི་དབྱངས་ཐུང་ངུར་འགྱུར་ཏེ། དཔེར་ན། གྲཱ་ 6-1-183 མ་ཎཱི་ལ་སི་བྱིན་ནས། མ་ནིང་ལས་སི་ཨཾ་དག་གི་ཞེས་པས་ཕྱིས་ཏེ། མཐའ་ཐུང་ངུར་བསྒྱུར་ བས། གྲཱ་མ་ཎི་(གྲོང་འདྲེན་ནོ། །)ཞེས་པ་ལྟ་བུའོ། །ཞེས་པ་བྱིངས་མིང་དུ་གྲུབ་པ་རྣམས་ཚིག་ཏུ་ སྒྲུབ་པའི་རབ་ཏུ་བྱེད་པ་རྐང་པ་བཞི་པའི་འགྲེལ་པ་རྫོགས་སོ།། །། ཚིག་སྡུད་རྣམ་གཞག་སྟོན་པ་མིང་ལེ་ལྔ་པ་ལ། མིང་དོན་ཁྱད་པར་མདོར་བསྟན། སོ་ སོའི་རྣམ་གཞག་རྒྱས་བཤད། དེ་རྣམས་དམིགས་བསལ་བསྟན་པ་སྟེ་གསུམ་ལས། དང་པོ་ བསྡུ་མིང་དོན་ཁྱད་པར་དང་བཅས་ཏེ་མདོར་བསྟན་པ་ནི། མིང་རྣམས་ཀྱི་སྦྱོར་བའི་དོན་ནི་ བསྡུ་བའོ་ཞེས་པ་ནི། མིང་སྟེ་སི་སོགས་སྦྱར་བྱའི་གཞིར་གྱུར་པའི་རྟགས་རྣམས་ཀྱི་སྔ་ཕྱི་ ངོ་བོ་འམ་ཚུལ་གཅིག་ཏུ་སྦྱོར་བ་ན་བར་གྱི་རྣམ་དབྱེ་ཕྱིས་པའི་དོན་ནི་བསྡུ་བའི་མིང་ཅན་དུ་ འགྱུར་ཏེ། དཔེར་ན། ནཱི་ལ་སཱི་བྱིན་པ་ན། ཨུཏྲ་པ་ལ་དང་གཉིས་ཀྱི་བར་ནས་ཁྱད་པར་ཅན་ གྱི་ཚིག་སྡུད་ཀྱི་དོན་དུ་མདོ་འོག་མས་ཕྱིས་ཏེ་མཐར་སི་བྱིན་པ། ནཱ་གཉིས་པར། མ་ནིང་ལས་ སི་ཨམ་དག་གི་ཞེས་པས་དབྱི་ཞིང་། ཨ་ཡིག་ལས་སམ་བུདྡྷི་མ་ཡིན་པ་ལ་ཞེས་པས་མུ་ཨཱ་ག་ མ་བྱིན་ནས་མཚམས་སྦྱར་བས། ནཱི་ལོཏྶ་ལཾ་(སྔོན་པོ་ཨུཏྤལ། ) ཞེས་པ་ལྟ་བུའོ། །དེར་གནས་པའི་ རྣམ་དབྱེ་རྣམས་དབྱི་བར་བྱའོ་ཞེས་པ་ནི། མིང་སྔ་ཕྱི་སྦྱོར་བའི་བར་དེར་གནས་པའི་རྣམ་དབྱེ་ རྣམས་ཚིག་སྡུད་ཀྱི་དུས་སུ་དབྱི་བར་བྱ་སྟེ། དཔེར་ན། རཱ་ཛན྄་ལ་དྲུག་པའི་ཨཱམ་བྱིན་ནས། རཱ་ཛྙཱཾ་(ཝ་མ་བརྩེགས་པ་མ་ཡིན་པ་ལ་ཨན་གྱི་ཨ་དབྱི་འོས་ཨ་ཕྱིས་ཏེ་སྡེའི་ཙ་ཊའི་སྡེ་པའི་སྦྱོར་བ་ལ་ཙ་ཊའི་སྡེ་པ་དགོས་ན་ཉ་ རུ་བསྒྱུར། )ཞེས་པའི་ཕ་རོལ་ཏུ། པུ་རུ་ཥཿཡོད་པ་ན་ཨཱམ་དྲུག་པ་དེའི་སྐྱེས་བུའི་ཚིག་སྡུད་ཀྱིས་ ཕྱིས་ཏེ། རཱ་ཛན་ཞེས་གནས་པ་ལ། མདོ་འོག་མར། གསལ་བྱེད་མཐའི་གང་སུ་བྷ་དག་ལའོ་ ཞེས་པ་དང་། ནཱ་གསུམ་པར་བཤད་པ་(རྫོགས་པ་དང་གསལ་བྱེད་དང་པོ་ལ་ཞེས་པ། ) ལྟར་རྟགས་མཐའི་ ན་ཡིག་དབྱི་ཞིང་། ཥའི་མཐར་སི་བྱིན་པས། རཱ་ཛ་པུ་རུ་ཥཿ(རྒྱལ་པོ་རྣམས་ཀྱི་སྐྱེས་བུ། )ཞེས་པ་ལྟ་ བུའོ། །དབྱངས་མཐའི་རང་བཞིན་འང་ངོ་ཞེས་པ་ནི། དབྱངས་མཐའི་རྣམ་དབྱེ་ཚིག་སྡུད་ 6-1-184 ཀྱིས་ཕྱིས་པ་ན་བྱ་བ་ཐོབ་ཀྱང་རྣམ་འགྱུར་མི་བྱེད་པར་སྔར་གྱི་རང་གཟུགས་ཇི་ལྟ་བ་བཞིན་ དུ་འགྱུར་ཏེ། དཔེར་ན། མཱ་ཏྲྀ་ལ་ངི་བྱིན་པ་ན་ནཱ་དང་པོར། ངི་ལ་ཨར་རོ་ཞེས་པའི་རྣམ་འགྱུར་ བྱས་ནས་སྦྱར་བས། མཱ་ཏ་རི་ཞེས་པའི་ཕ་རོལ་ཏུ། ནི་སུན་གནས་པ་ལས། ངི་ཚིག་སྡུད་ཀྱིས་ ཕྱིས་ནས་དབྱངས་མཐའ་སྔར་བཞིན་(རྣམ་འགྱུར་མ་བྱས་)བྱས་ཏེ། མཐར་སི་བྱིན་པས། མཱ་ཏྲི་ ནི་སུ་ན་ཞེས་པ་ལྟ་བུའོ། །གསལ་བྱེད་མཐའི་གང་སུ་བྷ་དག་ལའོ་ཞེས་པ་ནི། གསལ་བྱེད་ མཐའ་ཅན་ལས་རྣམ་དབྱེ་གང་རུང་ཚིག་སྡུད་ཀྱིས་ཕྱིས་པ་ན། གང་སྔར་བཤད་པའི་རྣམ་དབྱེ་ སུ་ཡིག་སུཔ་དང་བྷ་ཡིག་བྷྱཱམ་སོགས་དག་ཕ་རོལ་ལ་རྣམ་འགྱུར་བྱེད་པ་དེ་བཞིན་དུ་འདིར་ ཡང་འགྱུར་ཏེ། སུ་བྷ་དག་ཅིག་ཅར་བརྗོད་པ་ནི། རྣམ་དབྱེ་བྷ་ཡིག་རྣམས་བཟུང་བའི་དོན་ཏེ། བྷ་ཡིག་འབའ་ཞིག་པ་ལ་ནི་མ་ཡིན་ནོ། །དཔེར་ན། དིཝ་ལ་ཨམ་བྱིན་ནས་དི་ཝཾ་ཞེས་པའི་ཕ་ རོལ་ཏུ་ག་ཏ་གནས་པ་ལས། ཨམ་ཚིག་སྡུད་ཀྱིས་ཕྱིས་པ་ན། ནཱ་གཉིས་པར། དི་ཝའི་གསལ་ བྱེད་ལ་ཨུཏའོ་ཞེས་པའི་རྣམ་འགྱུར་བྱས་ཏེ། མཚམས་སྦྱར་ནས་ཏའི་མཐར་སི་བྱིན་པས། དྱུ་ ག་ཏཿ(རྩེབ་ལ་སོང་། ) ཞེས་པ་ལྟ་བུའོ། །སོ་སོའི་རྣམ་གཞག་རྒྱས་པར་བཤད་པ་ལ། སྐྱེས་བུ་འབྲུ་ མང་ཟླས་དབྱེ་དང་། །མི་ཟད་པ་ཡི་བསྡུ་བ་སྟེ། །བཞི་ཡོད་པ་ལས། དང་པོ་སྐྱེས་བུའི་བསྡུ་བ་ གསུམ་དུ་གྱུར་ཚུལ་གྱི་དང་པོ་ནི། ཚིག་དག་གཞི་མཐུན་པ་ལ་ནི། །ལས་འཛིན་བྱེད་པར་རྣམ་ ཤེས་བྱ། །ཞེས་པ་སྟེ། ཚིག་སྡུད་གོང་དུ་ཚིག་གཉིས་གཞི་མཐུན་པ་ལ་བརྟེན་པའི་རྫས་གཅིག་ གི་ཡུལ་དུ་གྱུར་པའི་ཚིག་སྡུད་དེ་ནི་ལས་འཛིན་པར་བྱེད་པའི་བསྡུ་བའི་མིང་ཅན་དུ་རྣམ་པར་ ཤེས་པར་བྱ་སྟེ། དཔེར་ན། སྣཱ་ཏ་དང་ཨ་ནུ་ལི་པྟའི་བར་ནས་ཛས་ཚིག་སྡུད་ཀྱིས་ཕྱིས་ནས་ མཚམས་སྦྱར་ཞིང་མཐར་སི་བྱིན་པས། སྣཱ་ཏཱ་ནུ་ལིཔྟཿ(གཙང་བས་བྱུག་པ་)ཞེས་པ་ལྟ་བུའོ། ། གཉིས་པ་ནི། གྲངས་སྔ་མ་ཅན་ངག་གཉིས་ཞེས། ཤེས་བྱའོ་ཞེས་པ་སྟེ། གྲངས་སྔ་མ་ ཅན་དང་བགྲང་བྱ་གཞི་མཐུན་དུ་སྡུད་པའི་ཚིག་སྡུད་དེ་ནི་ངག་གམ་ཚིག་གཉིས་པ་ཞེས་བྱ་ 6-1-185 བའི་མིང་ཅན་དུ་ཤེས་པར་བྱ་སྟེ། དཔེར་ན། པཉྩ་དང་སྐནྡྷའི་བར་ནས་ཛས་ཚིག་སྡུད་ཀྱིས་ ཕྱིས་ཏེ། མཐར་སི་བྱིན་པས། པཉྩ་སྐནྡྷཿ(ཕུང་པོ་ལྔ། )ཞེས་པ་དང་། ཚིག་སྡུད་དེ་ཡང་རྣམ་དབྱེ་ སི་སོགས་རྐྱང་པ་ལ་འབྱུང་བར་མ་ཟད་འཇིག་རྟེན་གྱི་ཉེར་བར་སྤྱོད་པ་ལས་དེ་ཕན་གྱི་རྐྱེན་ ལའང་འབྱུང་སྟེ། པཉྩ་ལ། ནཱ་དྲུག་པར། འདི་ལྟ་སོགས་ཀྱི་ཨཎར་འདོད། །ཅེས་པས་ཨཎ་ བྱིན་པའི་མཐར། ཀ་པཱ་ལ་ཡོད་པ་ལྟ་བུ་ལ། ཨཎའི་རྐྱེན་ངག་གཉིས་པའི་ཚིག་སྡུད་ཀྱིས་ཕྱིས་ ནས། མཐར་སི་བྱིན་པས། པཉྩ་ཀ་པཱ་ལཿ(ལྔ་ཚོགས་པའི་ཐོད་པ། ) ཞེས་པ་ལྟ་བུའོ། །དེའི་སྐྱེས་བུ་ གཉིས་ཞེས་པ་ནི་བཤད་མ་ཐག་པ་ལ་སོགས་ལས་འཛིན་པ་དང་། ངག་གམ། ཚིག་གཉིས་ པའི་བསྡུ་བ་དེ་དག་དེའི་སྐྱེས་བུའི་བསྡུ་བར་ཤེས་པར་བྱའོ་ཞེས་སྔར་བཤད་པ་དེ་དག་གི་ དོན་བསྡུ་བ་སྟེ། དཔེར་བརྗོད་ཀྱང་དེ་དག་གི་སྐབས་སུ་སྔར་བཤད་ཟིན་ཏོ། །དྭི་གུཿཞེས་པ་ བ་གཉིས་པར་བསྒྱུར་བ་ལ་ནི་མིང་དོན་འབྲེལ་བ་མེད་ཅིང་། ངག་གམ། ཚིག་གཉིས་པ་ཞེས་ པ་ནི་ཚིག་གཉིས་ཀྱི་བར་ནས་རྐྱེན་བསྡུས་པའི་དོན་ཏོ། ། གསུམ་པ་ནི། གཉིས་པ་ལ་སོགས་རྣམ་དབྱེ་རྣམས། །མིང་དང་ཕ་རོལ་ཚིག་གིས་ནི། ། སྡུད་པར་བྱེད་པ་དེའང་དེའི། །སྐྱེས་བུའི་བསྡུ་བར་ཤེས་པར་བྱ། །ཞེས་པ་སྟེ། གཉིས་པ་ ཨམ་དང་ཨཽ་ཤས་དང་ལ་སོགས་པའི་སྒྲས་ཊཱ་ལ་སོགས་པའི་རྣམ་དབྱེ་རྣམས་སྔ་མ་མིང་དང་ ཕ་རོལ་ཚིག་དག་གི་བར་ནས་སྡུད་པར་བྱེད་པའི་ཚིག་སྡུད། དེའང་དེའི་སྐྱེས་བུའི་མིང་ཅན་ དུ་ཤེས་པར་བྱའོ། །དཔེར་ན། ཐམས་ཅད་ཀྱི་སྔ་མར་རྣམ་དབྱེ་བྱིན་པའི་དཔེར་བརྗོད་དང་། ཕྱི་མ་ཚིག་སྡུད་ཀྱིས་ཕྱིས་པ་དབྱངས་མཐའ་(དབྱངས་མཐའི་རང་བཞིན་ངང་ཞེས་པས། )སྔར་བཞིན་དུ་ (སྲོག་ལྡན། ) གནས་པའི་དཔེར་བརྗོད་དེ་ཀུན་གྱི་མཐར་སི་བྱིན་པ་ལས་རིམ་པ་བཞིན། གཉིས་ པའི། དྷརྨི་ཤྲི་ཏཿ(ཆོས་ལ་རྟེན། ) དྷརྨ་ཤྲི ཏཿ(ཆོས་རྟེན། ) གསུམ་པ་ནི། དཎྜེ་ན་ཧཏཿ(དབྱུག་པས་བསྣུན། ) དཎྜ་ཧ་ཏཿ(དབྱུག་བསྣུན། ) བཞི་པའི། བཻ་ཤྲ་ཝཎ་ཡ་བ་ལིཿ (རྣམ་ཐོས་སྲས་ཀྱི་ཆེད་དུ་གཏོར་མ། ) བཻ་ཤྲ་ཝ་ 6-1-186 ཎ་བ་ལིཿ (རྣམ་ཐོས་སྲས་གཏོར་མ། )ལྔ་པའི། གྲཱ་མཱ་ཏ་ནིརྒ་ཏཿ(གྲོང་ལས་འགྲོ་བ། ) གྲཱ་མ་ནི་རྒ་ཏིཿ (གྲོང་ འགྲོ་བ། )དྲུག་པའི། རཱ་ཛན྄། (ཐམ་བརྩེགས་ལ་མ་ཡིན་པ་ལ་ཨན་གྱི་ཨ་དབྱིའོ། །ཏ་སྡེའི་ཙ་ཏའི་སྡེ་དགོས་ན་ ཉར་བསྒྱུར། )རཱཛྙཿ (རྒྱལ་པོའི་སྐྱེས་བུ། པུ་རུ་ཥཿ)རཱ་ཛ་པུ་རུ་ཥཿ (རྒྱལ་པོ་སྐྱེས་བུ། )བདུན་པའི། ཨཀྵེ་(ཨཀྵ་ ལ་སུ་དྲ་པནྜཽཿ མང་པོ་ཉིད་ལ་ཨེ་དང་ཥར་བསྒྱུར། ) ཥུ་སཽཎྜཿ (མིག་རྣམས་ལ་མིག་འབྲས། )ཨཀྵ་སཽཎྜཿ (མིག་འབྲས། ) ཞེས་པ་ལྟ་བུའོ། །འདི་ལ་དབྱེ་ན། གཉིས་པ་དེའི་སྐྱེས་བུའི་ཚིག་སྡུད་ཅེས་པ་ལ་སོགས་པ་ དྲུག་ཏུའང་འགྱུར་བར་ཤེས་པར་བྱའོ། ། གཉིས་པ་འབྲུ་མང་བསྡུ་བ་གཉིས་སུ་འགྱུར་ཚུལ་ལའང་གཉིས་ལས། དང་པོ་དོན་ གཞན་སྟོན་པ་ནི། གལ་ཏེ་ཚིག་གཉིས་དག་གྱུར་ཏམ། །གལ་ཏེ་མང་པོར་གྱུར་པའང་རུང་། ། དེ་རྣམས་ཚིག་གཞན་དོན་ལ་ནི། །འབྲུ་མང་ཞེས་པ་སྟེ། གལ་ཏེ་ཚིག་གཉིས་དག་གི་བར་ ནས་སམ། གལ་ཏེ་ཚིག་མང་པོའི་བར་ནས་རྣམ་དབྱེ་ཕྱིས་པའང་རུང་སྟེ། དངོས་སུ་བརྗོད་པ་ དེ་རྣམས་ཀྱི་ཚིག་དོན་ལས། གཞན་པའི་ཚིག་དོན་ཤུགས་ལ་སྟོན་པའི་ཚིག་སྡུད་ནི་འབྲུ་མང་ པོ་པའི་མིང་ཅན་དུ་འགྱུར་རོ། །དཔེར་ན། ཚིག་གཉིས་དག་གི་ནི། ཏཏ་ལ་སི་བྱིན་ནས་སྔར་ བཞིན་ཏྱཏ་སོགས་ཀྱི་རྣམ་དབྱེ་ལ་ཨ་དང་། ཏའི་སྲོག་དབྱི་བ་དང་། ནཱ་གསུམ་པར། ཏའི་འང་ ཞེས་པ་ལྟར་བྱས་པས་སཿཞེས་པའི་ཕ་རོལ་ཏུ་པུ་ཏྲ་གནས་པ་ལ་སི་ཚིག་སྡུད་ཀྱིས་ཕྱིས་ཏེ། མཐར་སི་བྱིན་པས་ས་པུ་ཏྲཿ(བུ་དང་བཅས་པ། )ཞེས་པའི་ཤུགས་ལ་མའམ། ཕ་གོ་བ་ལྟ་བུ་དང་། ཚིག་མང་པོའི་ནི། ས་དང་པ་རི་དང་ཝཱ་རའི་བར་ནས་སི་ཚིག་སྡུད་ཀྱིས་ཕྱིས་ཏེ། མཐར་སི་ བྱིན་པས། ས་པ་རི་ཝཱ་རཿ(འཁོར་དང་བཅས་པ། ) ཞེས་པའི་ཤུགས་ལ་གཙོ་བོ་གོ་བ་ལྟ་བུའོ། ། གཉིས་པ། ཕྱོགས་བྲལ་རྣམས་དེ་བཞིན་ཞེས་པ་ནི། ཤར་ལ་སོགས་པའི་ཕྱོགས་རྣམས་ ཀྱི་བར་ནས་རྣམ་དབྱེ་ཚིག་སྡུད་ཀྱིས་ཕྱིས་ཏེ། དངོས་སུ་ཕྱོགས་བརྗོད་པའི་ཤུགས་ལ་ཕྱོགས་ བྲལ་སྟོན་པའི་འབྲུ་མང་པོ་པ་ནི་དོན་གཞན་སྟོན་པའི་འབྲུ་མང་པོ་པ་དེ་བཞིན་དུ་ཤེས་པར་ 6-1-187 བྱ་སྟེ། དཔེར་ན། དཀྵི་ཎ་དང་། པཱུརྦའི་བར་དུ་སི་བྱིན་ནས་ཚིག་སྡུད་ཀྱིས་ཕྱིས་ནས། མཐར་ བུད་མེད་ཀྱི་རྟགས་སུ་བསྒྲུབས་པ་ལ་སི་བྱིན་པ་ཤྲངྔྷཱ་ལས་ཕྱིས་པས། དཀྵི་ཎ་པཱུརྦཱ་ཞེས་ལྷོ་ དང་ཤར་ཞེས་བརྗོད་པས་མེ་མཚམས་གོ་བ་ལྟ་བུའོ། ། གསུམ་པ་ཟླས་དབྱེའི་བསྡུ་བ་གཉིས་སུ་འགྱུར་ཚུལ་ལ་དངོས་དང་ཁྱད་པར་གཉིས་ ལས། དང་པོ་ནི། མིང་དག་གི་འམ་མང་པོའི་ཡང་། །གང་ཞིག་བསྡུས་པ་ཟླས་དབྱེར་འགྱུར། ། ཞེས་པ་ནི། མིང་གཉིས་དག་གི་འམ། མིང་མང་པོ་འདི་དང་འདིའི་འང་ཞེས་པའི་བར་ནས། དང་གི་སྐད་དོད་ཙ་དང་རྣམ་དབྱེ་གང་ཞིག་སྡུད་པར་བྱེད་པའི་ཚིག་སྡུད་དེ་ནི་ཟླས་དབྱེའི་ མིང་ཅན་དུ་འགྱུར་ཏེ། དེ་ལའང་གཉིས་ལས། དང་པོ་གང་དུ་ཡན་ལག་གཙོ་བོར་བྱས་པ་ གཞན་དང་གཞན་སྦྱོར་བའི་ཟླས་དབྱེ་ལའང་། མིང་གཉིས་ཀྱི་བར་ནས་ཙ་དང་རྣམ་དབྱེ་ བསྡུས་ན་མཐར་གཉིས་ཚིག་སྟེར་ཞིང་། མང་པོའི་བར་ནས་བསྡུས་ན་མཐར་ཡང་མང་ཚིག་ སྟེར་བ་སྟེ་གཉིས་དང་། གཉིས་པ་གང་དུ་ཚོགས་པ་གཙོ་བོར་བྱས་པ་ཀུན་སྡུད་པའི་ཟླས་དབྱེ་ ལའང་མིང་གཉིས་དང་། མང་པོའི་བར་ནས་ཙ་དང་རྣམ་དབྱེ་གང་བསྡུས་ཀྱང་མཐར་རྣམ་ དབྱེ་དང་པོའི་གཅིག་ཚིག་སྟེར་བ་གཉིས་སུ་འགྱུར་རོ། །དཔེར་ན། གཞན་དང་གཞན་སྦྱོར་ བའི་མིང་གཉིས་པའི་ནི། ན་ར་དང་། ནཱ་རཱ་ཡཎའི་བར་ནས། སི་དང་ཙ་ཚིག་སྡུད་ཀྱིས་ཕྱིས་ ཏེ་མཐར་གཉིས་ཚིག་ཨཽ་བྱིན་པ་མཚམས་སྦྱར་བས། ན་ར་ནཱ་རཱ་ཡ་ཎཽ་(མི་སྲེད་མེད་ཀྱི་བུ་དག)ཞེས་ པ་དང་། མིང་མང་པོའི་དོན་ནི། བྷཱི་མ་དང་། ཨར་ཛུན་དང་། བྷཱ་སུ་དང་དེ་ཝ་རྣམས་ཀྱི་བར་ ནས་སི་དང་ཙ་ཚིག་སྡུད་ཀྱིས་ཕྱིས་ཏེ། མཐར་ཛས་བྱིན་ནས་མཚམས་སྦྱར་བས། བྷཱི་མཱར་ཛུན་ པཱ་སུ་དེ་ཝཱཿ(འཇིགས་སྡེ་སྲིད་སྒྲུབ་ནོར་ལྷ་རྣམས། )ཞེས་པ་ལྟ་བུའོ། ། ཀུན་སྡུད་པའི་མིང་གཉིས་པའི་ནི། པཱ་ཎི་དང་པཱ་དའི་བར་ནས་སི་དང་ཙ་ཚིག་སྡུད་ཀྱིས་ ཕྱིས་ཏེ། མཐར་སི་བྱིན་པ་མ་ནིང་ལ་ཕྱིས་ནས་མུ་ཨཱ་ག་མ་བྱིན་པ་ན། པཱ་ཎི་པཱ་དཾ་ཞེས་པ་དང་། 6-1-188 མིང་མང་པོའི་ནི། བུདྡྷ་དང་དྷརྨ་དང་སཾ་གྷའི་བར་ནས་སི་དང་ཙ་ཚིག་སྡུད་ཀྱིས་ཕྱིས་ཏེ་མཐར་ སི་དང་མུ་བྱིན་ནས་ཙ་ཕྱི་མ་ཡོད་པ་ན། བུདྡྷ་དྷརྨ་སཾ་གྷཾ་ཙ་(སངས་རྒྱས་ཆོས་དགེ་འདུན་དང་། ) ཞེས་ པ་ལྟ་བུའོ། །ཁྱད་པར་ནི། དེར་དབྱངས་རབ་ཉུང་སྔ་མར་ཏེ་ཞེས་པ་ནི། བཟླས་དབྱེའི་ཚིག་ སྡུད་གནས་པ་དེར། གང་དབྱངས་རབ་ཏུ་ཉུང་བ་དེ་སྔ་མར་སྦྱར་བར་བྱ་སྟེ། དཔེར་ན། ཡ་ཝ་ དབྱངས་ཉུང་བ་དང་། ཁ་དིར་དབྱངས་མང་བའི་བར་ནས་སི་དང་ཙ་ཚིག་སྡུད་ཀྱིས་ཕྱིས་ཏེ། མཐར་སི་དང་མུ་བྱིན་པ་ན། ཡ་ཝ་ཁ་དི་རཾ་(ནས་དང་སེང་ལྡེང་། ) ཞེས་པ་ལྟ་བུའོ། །གཉིས་ཀྱི་གང་ ཞིག་མཆོད་པ་ཡང་། །ཞེས་པ་ནི། ཟླས་དབྱེའི་ཚིག་སྡུད་གནས་པ་དེ་ལ། མིང་གཉིས་དག་གི་ ནང་ནས་གང་མཆོད་པར་འོས་པའི་མིང་དེ་སྔར་མར་སྦྱར་བར་བྱ་སྟེ། དཔེར་ན། བུདྡྷ་མཆོད་ པར་འོས་པ་སྔ་མར་བཀོད་པ་དང་། ཤྲཱ་བ་ཀའི་བར་ནས་སི་དང་ཙ་ཡིག་ཚིག་སྡུད་ཀྱིས་ཏེ། མཐར་སི་དང་མུ་བྱིན་པ་ན། བུདྡྷ་ཤྲཱ་བ་ཀཾ་(སངས་རྒྱས་དང་ཉན་ཐོས། )ཞེས་པ་དང་། དེ་བཞིན་དུ། མཱ་ ཏཱ་པི་ཏ་རཽ་(མ་དང་ཕ་དག) ཞེས་པ་ལྟ་བུའོ། །མཱ་ཏྲྀའི་རྀ་ཡིག་ཨཱ་རུ་འགྱུར་བ་ནི་འཆད་འགྱུར་གྱི་ མ་ཧཏའི་ཨཱའི་ཡི་གེར་བྱ་ཅེས་པའི་བྱ་བ་སྨོས་པ་ལས་གྱུར་པའོ། ། བཞི་པ་མི་ཟད་པའི་བསྡུ་བ་ནི། གང་གི་སྔ་མ་བརྗོད་བྱར་གྱུར། །དེ་ནི་མི་ཟད་གྱུར་པར་ འདོད། །ཅེས་པ་ནི། མིང་གང་གི་སྔ་མར་མི་ཟད་པའི་མིང་ཅན་བརྗོད་བྱའི་གཙོ་བོར་གྱུར་པ་ ཡོད་པའི་ཚིག་སྡུད་དེ་ནི་མི་ཟད་པའི་མིང་ཅན་དུ་གྱུར་པའི་བསྡུ་བར་འདོད་དེ། དཔེར་ན། ཨུ་ པ་མི་ཟད་པ་དང་ཀུམྦྷའི་བར་ནས་སི་ཕྱིས་ནས། མཐར་སི་དང་མུ་བྱིན་པ་ཨུ་པ་ཀུམྦྷཾ་(ཉེ་བའི་ བུམ་པ། )ཞེས་པ་ཉེ་བའི་དོན་བརྗོད་བྱའི་གཙོ་བོར་གྱུར་པའོ། །དེ་རྣམས་ཀྱི་དམིགས་བསལ་ ཁྱད་པར་དུ་བཤད་པ་ལ་དངོས་དང་ཞར་བྱུང་གཉིས་ལས། དངོས་ནི། དེ་ནི་མ་ནིང་རྟགས་སུ་ འགྱུར་ཅེས་པ་ནི་བཤད་མ་ཐག་པའི་མི་ཟད་པའི་ཚིག་སྡུད་དེ་ཉིད་རྟགས་གསུམ་གྱི་ནང་ནས་ མ་ནིང་གི་རྟགས་ཁོ་ནར་འགྱུར་བར་ཤེས་པར་བྱའོ། །ཟླས་དབྱེ་གཅིག་ཅེས་པ་ནི་ཟླས་དབྱེ་ 6-1-189 གཉིས་པ་ཀུན་སྡུད་པའི་ཚིག་སྡུད་ཀྱི་མཐར་དང་པོའི་གཅིག་ཚིག་སྟེར་བ་དེའང་མ་ནིང་གི་ རྟགས་སུ་འགྱུར་ཏེ། དཔེར་ན། པཱ་ཎི་དང་པཱ་དའི་བར་ནས་སི་དང་ཙ་ཚིག་སྡུད་ཀྱིས་ཕྱིས་ཏེ། མཐར་སི་དང་མུ་བྱིན་པ་ན། པཱ་ཎི་པཱ་དཾ་(ལག་རྐང་པ། )ཞེས་པ་ལྟ་བུའོ། །དེ་བཞིན་ངག་གཉིས་ ཞེས་པ་ནི་ཀུན་སྡུད་པ་དེ་ནི་མ་ནིང་གི་རྟགས་སུ་བཤད་པ་བཞིན་དུ་ངག་གམ་ཚིག་གཉིས་ པའི་བསྡུ་བ་ཡང་མ་ནིང་གི་རྟགས་སུ་འགྱུར་ཏེ། དཔེར་ན། པཉྩ་དང་པཱ་ཏྲའི་བར་དུ། ནཱ་དྲུག་ པར། འདི་ལྟ་སོགས་ཀྱིས་ཞེས་པས་ཨཎ་བྱིན་པ་ཚིག་སྡུད་ཀྱིས་ཕྱིས་ཏེ། མཐར་སི་དང་མུ་ བྱིན་པ་ན། པཉྩ་པཱ་ཏྲཾ་(ལྷུང་བཟེད་ལྔ། )ཞེས་པ་ལྟ་བུའོ། །སྐྱེས་པ་ཅན་བཤད་པ་ཨཱུང་མ་ཡིན་པའི་ བུད་མེད་ལ་ནི་བཞི་མཐུན་པ་ལ་རྫོགས་པ་ལ་སོགས་པ་མ་ཡིན་པ་ལ་སྐྱེས་པ་བཞིན་ནོ་ཞེས་ པ་ནི། སྔར་སྐྱེས་པའི་རྟགས་ཅན་དུ་བཤད་པ་ད་ལྟ་ཨཱུང་གི་རྐྱེན་མ་ཡིན་པའི་བུད་མེད་ཀྱི་ རྟགས་སུ་བསྒྲུབས་པ་ལ་ནི། གཞི་མཐུན་པ་སྟེ་གང་རྫས་གཅིག་ཏུ་བྱེད་པའི་ཚིག་ཕ་རོལ་ལ་ རྫོགས་པའི་རྐྱེན་དང་། ལ་སོགས་པའི་སྒྲས་པྲི་ཡཱ་དང་། (དགའ་མ། ) མ་ནོཛྙཱ་དང་། (ཡིད་ཤེས། )ཀ་ལྱཱ་ ཎི་དང་། སུ་བྷ་གཱ་(སྐལ་བཟང་ལ། )དང་། དུརྦྷ་གཱ་(སྐལ་ངན་ལ། )དང་། ས་མཱ་དང་། ཙ་པ་ལཱ་དང་། སྭཱ་ དང་། ས་ཙི་ཝཱ་དང་། ཀཱནྟཱ་(མཛེས་མ། )དང་། བྷཀྴཱི་(གུས་པ་མོ། ) དང་། དུ་ཧི་ཏཱ་(འཇོམ་མོ། )ཞེས་པ་ རྣམས་ཕ་རོལ་ཏུ་ཡོད་པ་མ་ཡིན་པ་ལས་སྐྱེས་པའི་རྟགས་ལ་བཤད་པ་བཞིན་དུ་དབྱངས་ཐུང་ ངུར་འགྱུར་ཏེ། དཔེར་ན། དཪྴ་ནཱི་ཡ་(བལྟ་ན་སྡུག) སྐྱེས་པའི་རྟགས་ཅན་དང་། བྷཱཪྻའི་བར་ དུ། ནཱ་བཞི་པའི་མདོས་བུད་མེད་དུ་བསྒྲུབ་པའི་ཨཱའི་རྐྱེན་བྱིན་མཚམས་སྦྱར་ནས། ཡ་རིང་ པོར་གྱུར་པ་ན་སི་བྱིན་པ་ཤྲངྔྷཱ་ལས་ཕྱིས་ཏེ་སྐྱེས་པ་བཞིན་ཞེས་པས་སྔར་གྱི་ཡ་ཡིག་ཐུང་ངུར་ བཞག་སྟེ། མཐའི་ཡ་མཐར་སི་བྱིན་པས། དཪྴ་ནཱིཡ་བྷཱཪྻཿ(བལྟ་ན་སྡུག་པའི་ཆུང་མ། ) ཞེས་པ་བལྟ་ བྱའང་ཡིན་ལ། བཙུན་མོའང་ཡིན་པའི་གཞི་མཐུན་པ་ལྟ་བུའོ། །བུད་མེད་དུ་བསྒྲུབ་པའི་ཨཱུང་ གི་རྐྱེན་བྱིན་པ་ལའང་སྐྱེས་པ་བཞིན་མི་འགྱུར་ཏེ། དཔེར་ན། བྲཧྨ་བན་དྷུ་དང་། བྷཱཪྻའི་བར་ 6-1-190 དུ། སློབ་ཕན་གྱི་ནཱ་བདུན་པར། ཨུཏ་ལ་ཨཱུང་ཞེས་པ་ལྟར་བྱིན་ཞིང་། ང་ཡིག་མདོ་འདིའི་ཁྱད་ དོན་ཡིན་པས་ཕྱིས་ནས། སི་བྱིན་པ་ཚིག་སྡུད་ཀྱིས་ཕྱིས་ཏེ། མཐར་སི་བྱིན་པས། བྲཱཧྨ་བན་ དྷཱུ་བྷཱཪྻཿ(ཚངས་པའི་གཉེན་གྱི་ཆུང་མ། )ཞེས་པ་ལྟ་བུའོ། །སྔར་བུད་མེད་ཀྱི་རྟགས་ཡིན་པའང་སྐྱེས་ པ་བཞིན་མི་འགྱུར་ཏེ། དཔེར་ན། བ་ལཱ་ཀཱ་བུད་མེད་ཀྱི་རྟགས་དང་། བྷཱཪྻའི་བར་ནས། སི་ ཤྲངྔྷཱ་ལས་ཕྱིས་ཏེ། མཐར་སི་བྱིན་པས་བ་ལཱ་ཀཱ་བྷཱཪྻཿཞེས་པ་ལྟ་བུའོ། །ཕ་རོལ་ན་རྫོགས་ པའི་རྐྱེན་བྱིན་པ་ཡོད་པ་ལའང་སྐྱེས་པ་བཞིན་མི་འགྱུར་ཏེ། དཔེར་ན། ཀ་ལྱཱ་ཎ་ལ། ནཱ་བཞི་ པའི་ན་ད་སོགས་ཀྱི་མདོས། ཨཱིའི་རྐྱེན་བྱིན་པའི་ཕ་རོལ་གྱི་པཉྩལ། ནཱ་དྲུག་པར། གྲངས་ ལས་རྫོགས་པ་ལ་ཌ་མ་དག་གོ་ཞེས་པས། དེ་ཕན་གྱི་རྐྱེན་མ་ཡིག་བྱིན་པས། སྐྱེས་པ་བཞིན་ མ་གྱུར་པར། ཎའི་སྲོག་བུད་མེད་དུ་བྱས་པའི་ཨཱི་ཡིག་ལ་ཞེས་པས་ཕྱིས་ཏེ་སྦྱར་ཞིང་། སི་ སྔར་བཞིན་ཕྱིས་ནས་མཐར་སི་བྱིན་པས། ཀ་ལྱཱ་ཎཱི་པཉྩ་མཿ(དགེ་མ་ལྔ་པའོ། །)ཞེས་པ་ལྟ་བུའོ། ། ཕ་རོལ་ན་པྲི་ཡཱ་སོགས་ཡོད་པ་ལའང་སྐྱེས་པ་བཞིན་མི་འགྱུར་ཏེ། དཔེར་ན། སྔར་བཞིན་ ཀ་ལྱཱ་ཎཱི་བསྒྲུབས་ཏེ་སི་ཕྱིས་པའི་ཕ་རོལ་ཏུ་པྲི་ཡ་རྟགས་གསུམ་པ་སྐྱེས་པར་བསྒྲུབ་པ་ལ་སི་ བྱིན་པས། ཀལྱཱ་ཎཱི་པྲི་ཡཿ(དགེ་མའི་དགའ་བ། ) ཞེས་པ་ལྟ་བུའོ། །མ་ནོ་ཛྙཱ་སོགས་ཡོད་པ་ལའང་དེ་ བཞིན་དུ་ཤེས་པར་བྱའོ། །མིང་དང་རྫོགས་པ་དང་ཀ་ཨུ་པ་དྷཱ་རྣམས་ནི་མ་ཡིན་ནོ་ཞེས་པ་ནི། བུད་མེད་ཀྱི་རྟགས་སུ་བསྒྲུབ་པའི་རྐྱེན་ཨཱ་དང་ཨཱི་ནི་བུད་མེད་ཀྱི་མིང་ཡིན་པ་དང་། རྫོགས་ པའི་རྐྱེན་དང་། ཀ་ཡིག་གི་རྐྱེན་བྱིན་པ་རྣམས་སུ་ཨུ་པ་དྷཱ་སྟེ་སྔ་མ་ན་ཡོད་པ་རྣམས་ལ་ནི་ སྐྱེས་པའི་དངོས་པོ་བཞིན་དུ་ཐུང་ངུར་འགྱུར་བ་མ་ཡིན་ཏེ། དཔེར་ན། སྔ་མ་ན་ཡོད་པའི་བུད་ མེད་ཀྱི་མིང་དཏྟ་དང་། བྷཱཪྻའི་བར་དུ་སྔར་བཞིན་ཨཱ་རིང་པོའི་རྐྱེན་བྱིན་ནས་མཚམས་སྦྱར་ བའི་དཏྟཱ་ནི་བུད་མེད་ཀྱི་མིང་ཡིན་པས། སྐྱེས་པ་བཞིན་ཐུང་ངུར་མ་གྱུར་པར་བར་གྱི་སི་སྔར་ བཞིན་ཕྱིས་ཏེ། མཐར་སི་བྱིན་པས། དཏྟཱ་བྷཱཪྻཿ(ཆུང་མ་སྦྱིན་པ། )ཞེས་པ་དང་། རྫོགས་པའི་ནི། 6-1-191 པཉྩ་དང་བྷཱཪྻའི་བར་དུ་སྔར་བཞིན་རྫོགས་པའི་རྐྱེན་མ་ཡིག་དང་། ཨཱིའི་རྐྱེན་བྱིན་པ་སྐྱེས་པ་ བཞིན་ཐུང་ངུར་མ་གྱུར་པར། བར་གྱི་སི་ཕྱིས་ཏེ་མཐར་སི་བྱིན་པས། པཉྩ་མཱི་བྷཱཪྻཿ(ཆུང་མ་ལྔ་པ་ ལའོ། །) ཞེས་པ་དང་། ཀའི་རྐྱེན་ནི་པ་ཙ་དང་བྷཱཪྻའི་བར་དུ། ནཱ་དྲུག་པའི་ཨི་ཀ་ཎའི་རྐྱེན་བྱིན་ པ་ན། ཎ་དང་བཅས་པ་ལས་ཞེས་པས་པ་ཡིག་རིང་པོར་གྱུར་ཏེ། ཎ་ཡིག་དེའི་དོན་ལ་འོངས་ པས་དབྱི་ཞིང་། ཨཱའི་རྐྱེན་བྱིན་པ་སྐྱེས་པ་བཞིན་མ་གྱུར་པར། བར་གྱི་སི་ཕྱིས་ཏེ་མཐར་སཱི་ བྱིན་པས། པཱ་ཙི་ཀཱ་བྷཱཪྻཿ(ཆུང་མ་འཆོད་ལྡན་ལ། ) ཞེས་པ་ལྟ་བུའོ། །ལས་འཛིན་བྱེད་པའི་མིང་ལ་ ནི། །སྐྱེས་པ་དང་འདྲའི་དངོས་བསྒྲུབ་བྱ། །ཞེས་པ་ནི། བུད་མེད་དུ་བསྒྲུབས་པའི་རྐྱེན། མིང་ དང་རྫོགས་པ་དང་ཀ་རྣམས་ཨུ་པ་དྷཱ་ན་ཡོད་ཀྱང་། ལས་ཀྱང་འཛིན་པའི་མིང་ཅན་གྱི་ཚིག་ སྡུད་གནས་པ་ལ་ནི། སྐྱེས་པ་དང་འདྲ་བའི་དངོས་པོར་བསྒྲུབ་པ་དབྱངས་ཐུང་ངུར་བྱ་བ་ནི་ སྔ་མ་ལས་དམིགས་བསལ་ཏེ། དཔེར་ན། བུད་མེད་ཀྱི་མིང་དཏྟ་དང་བྲྀནྡཱ་རི་ཀཱའི་བར་དུ་ཨཱ་ ཡིག་རིང་པོར་བྱིན་ནས། ཏ་རིང་པོར་འགྱུར་ཡང་ལས་འཛིན་གྱི་བསྡུ་བ་གནས་པས་སྐྱེས་ པ་བཞིན་ཐུང་ངུར་བཞག་སྟེ། བར་གྱི་སི་ལས་འཛིན་པའི་ཚིག་སྡུད་ཀྱིས་ཕྱིས་ནས། མཐའི་ སིའང་ཤྲངྔྷཱ་ལས་ཕྱིས་པས། དཏྟ་བྲྀནྡཱ་རི་ཀཱ་(ཚོགས་ཅན་མ་སྦྱིན་ན། ) ཞེས་པ་དང་། རྫོགས་པའི་ རྐྱེན་དང་ཀའི་རྐྱེན་བྱིན་པ་ལ། ཨཱ་རིང་པོར་བྱིན་པ་ནས་སི་འཕྱིད་པའི་བར་སྔར་བཞིན་བྱས་ པས། པཉྩ་མ་བྲྀནྡཱ་རི་ཀཱ་(ཚོགས་ཅན་མ་ལྔ། ) ཞེས་པ་དང་། པཱ་ཙི་ཀ་བྲྀནྡཱ་རི་ཀཱ་(ཚོགས་ཅན་མ་འཚེད་མ། ) ཞེས་པ་ལྟ་བུའོ། །གཞི་མཐུན་ཚིག་ལ་མ་ཧཏ་ཡི། །ཨཱ་ཡི་ཡི་གེར་བྱ་བའོ། །ཞེས་པ་ནི། གཞི་ མཐུན་གྱི་ཚིག་ཕ་རོལ་དུ་གནས་པའི་བསྡུ་བ་ལ་མ་ཧཏ་ཅེས་པ་མ་ནིང་གི་རྟགས་སུ་བསྒྲུབ་པ་ འདི་ཡི་ཏ་ཡིག་ཧའི་སྲོག་དང་བཅས་པ་ཨཱ་ཡིག་རིང་པོར་འགྱུར་ཞིང་བྱ་བ་སྨོས་པ་ནི། མ་ཧཏ་ མ་ཡིན་པས་གཞན་གྱིའང་མཐའི་དབྱངས་ཨཱ་ཉིད་དུ་འགྱུར་བར་སྟོན་པ་སྟེ། དཔེར་ན། མ་ ཧནྟ་དང་དེ་བའི་བར་དུ་སི་བྱིན་པ་ན། ན་ཡིག་ནི། ནཱ་གཉིས་པར། ཨ་ནུ་ཥཾ་གའང་ཞེས་པས་ 6-1-192 དབྱི་ཞིང་། སི་སྔར་བཞིན་བསྡུ་བས་ཕྱིས་ནས། ཏ་ཡིག་ཧའི་སྲོག་དང་བཅས་པ་ཨཱ་རིང་པོར་ བསྒྱུར་ནས་མཐར་སི་བྱིན་པས། མ་ཧཱ་དེ་བཿ(ལྷ་ཆེན་པོ། ) ཞེས་པ་ལྟ་བུའོ། །བྱ་བ་སྨོས་པ་ལས་ གཞན་གྱིའང་མཐའི་དབྱངས་ཨཱ་ཉིད་དུ་འགྱུར་པ་ནི། དཔེར་ན། ཨེ་ཀ་དང་ད་ཤན་གྱི་བར་ དུ་སི་བྱིན་པ་ཚིག་སྡུད་ཀྱིས་ཕྱིས་པའི་མཐར་ཛས྄་བྱིན་པ། ནཱ་དང་པོར། ཀ་ཏི་ལས་ཀྱང་ཅེས་ པས་ཕྱིས་ནས། མདོ་འདིས་ཀ་རིང་པོར་བསྒྱུར་ཏེ་རྟགས་མཐའི་ནའང་ཕྱིས་པས། ཨེ་ཀཱ་ད་ ཤ་(བཅུ་གཅིག)ཅེས་པ་ལྟ་བུ་སྟེ། དེ་བཞིན་དུ་གཞན་ལའང་སྦྱར་རོ། །དེའི་སྐྱེས་བུ་ལ་ན་དབྱིའོ་ ཞེས་པ་ནི། དེའི་སྐྱེས་བུའི་ཚིག་སྡུད་གནས་པ་ལ། དགག་ཚིག་གི་ན་ཡིག་དབྱི་ཞིང་སྲོག་གི་ ཨ་བཞག་པར་བྱ་སྟེ། དཔེར་ན། ན་དང་བྲཱཧྨ་ཎའི་བར་གྱི་ཨཾ་ཚིག་སྡུད་ཀྱིས་ཕྱིས་ནས། ན་ ཡིག་མདོ་འདིས་དབྱི་ཞིང་། སྲོག་གི་ཨ་བཞག་སྟེ་མཐར་སི་བྱིན་པས། ཨ་བྲཱཧྨ་ཎཿ(བྲམ་ཟེ་མིན་ པ། )ཞེས་པ་ལྟ་བུའོ། །དབྱངས་ལ་ཡི་གེ་བཟློག་པར་བྱའོ་ཞེས་པ་ནི། དེའི་སྐྱེས་བུའི་བསྡུ་བ་ལ། དགག་ཚིག་གི་ན་ཡིག་ནི་ཕ་རོལ་ཏུ་དགག་བྱ་དབྱངས་ཡིག་སྔ་མར་ཡོད་པ་ཅན་དུ་བྱུང་ན། ན་ དང་དབྱངས་དག་གོ་རིམ་བཟློག་པར་བྱ་སྟེ། དཔེར་ན། ན་དང་ཨ་(ནའི་སྲོག་གི་ཨ་སྔོན་དུ་བཞག་ནས་ ན་ཨའི་སྟེང་དུ་དྲངས། )ཤྭའི་པར་དུ་ཨཾ་བྱིན་པ་བསྡུ་བས་ཕྱིས་ནས་གོ་རིམ་བསྣོལ་ཏེ་མཐར་སི་བྱིན་ པས། ཨ་ན་ཤྭཿ(རྟ་མེད་པ། ) ཞེས་པར་གྱུར་པ་ལྟ་བུའོ། །ཀུའི་ཀ་ཏའོ་ཞེས་པ་ནི་དེའི་སྐྱེས་བུའི་ བསྡུ་བ་གནས་པའི་ཀུའི་སྒྲ་དབྱངས་ཕ་རོལ་ལ་ཀཏ་དུ་འགྱུར་ཏེ། དཔེར་ན། ཀུ་དང་ཨན་ ནའི་བར་གྱི་ཨཾ་ཚིག་སྡུད་ཀྱིས་ཕྱིས་ནས་ཀུ་ཡིག་ཀཏ་ཏུ་བསྒྱུར་ཞིང་། ཏ་ཡིག་དབྱངས་ལ་ གསུམ་པར་བྱས་ཏེ། མཐར་སི་དང་མུ་བྱིན་པ་ན། ཀ་དནྣཾ་(སྨད་པའི་ཟས། )ཞེས་པ་ལྟ་བུའོ། །ཆུང་ བའི་དོན་དང་ཨཀྵ་ལ་ནི་ཀཱའོ་ཞེས་པ་ནི་དེའི་སྐྱེས་བུའི་བསྡུ་བ་གནས་པའི་ཀུའི་སྒྲ་ཆུང་བ་སྟེ་ ཅུང་ཟད་དམ་ཉུང་བའི་དོན་ལ་འཇུག་བཞིན་པ་དང་། ཨཀྵའི་སྒྲ་ཕ་རོལ་ལ་ཀཱ་རུ་འགྱུར་ཏེ། དཔེར་ན། ཀུ་དང་མ་དྷུ་རའི་བར་ནས་སི་སྔར་བཞིན་ཕྱིས་ནས། ཀུ་ཡིག་ཀཱ་རུ་བསྒྱུར་ཞིང་། 6-1-193 མཐར་སི་དང་མུ་བྱིན་པ་ན། ཀཱ་མ་དྷུ་རཾ་(ཅུང་ཟད་མངར་བ། )ཞེས་པ་དང་། དེ་བཞིན་དུ། ཀཱམླཾ་(ཅུང་ ཟད་སྒྱུར་བ། ཀུ་ཨམླ་མཚམས་སྦྱར། )ཞེས་པ་དང་། ཀུ་དང་ཨཀྵའི་བར་ནས་ཀྱང་སི་ཕྱིས་ཤིང་མཚམས་ སྦྱར་ནས་མཐར་སི་བྱིན་པས། ཀཱཀྵཿ(མིག་ངན་པ། )ཞེས་པ་ལྟ་བུའོ། །པུ་རུ་ཥ་ལ་ནི་རྣམ་པར་ བཤད་པར་བྱའོ་ཞེས་པ་ནི། དེའི་སྐྱེས་བུའི་བསྡུ་བ་གནས་པའི་ཀུའི་སྒྲ། པུ་རུ་ཥ་ཕ་རོལ་ལ་ ཀཱ་རུ་བསྒྱུར་བ་ཡང་ན་རྣམ་པར་བཤད་པར་བྱ་སྟེ། དཔེར་ན། ཀུ་དང་པུ་རུ་ཥའི་པར་ནས་ཨཾ་ ཕྱིས་ནས་ཀཱ་རུ་བསྒྱུར་ཏེ། མཐར་སི་བྱིན་པས་ཀཱ་པུ་རུ་ཥཿསྐྱེས་བུ་ངན་པ་ཞེས་པ་དང་། ཡང་ ན་མ་གྱུར་པར། ཀུ་པུ་རུ་ཥཿ(སྐྱེས་བུ་ངན་པ། )ཞེས་པ་ལྟ་བུའོ། ། ཞར་བྱུང་ནི། ཨཱི་དང་ཨཱ་ཡིག་བུད་མེད་དུ་བྱས་པ་དག་ལ་ལར་ཐུང་ངུ་དག་གོ་ཞེས་པ་ནི། ཨཱི་ཡིག་དང་ཨཱ་ཡིག་བུད་མེད་ཀྱི་རྟགས་སུ་བྱས་པ་དག་བསྡུ་བའི་སྐབས་ལ་ལར་ཐུང་ངུར་ འགྱུར་བའང་ཡོད་ཅེས་པ། དུར་ག་སིང་ཧ་ལྟར་བཀོད་པ་ནི་མདོའི་དགོངས་པ་དང་མཐུན་ ཏེ། དཔེར་ན། རེ་ཝ་ཏཱི་མི་ཏྲཿཞེས་པའི་ཏཱའི་མཐར་སི་བྱིན་པ་ཚིག་སྡུད་ཀྱིས་ཕྱིས་ནས་མདོ་ འདིས་ཨཱི་ཡིག་ཐུང་ངུར་བསྒྱུར་བས། རེ་ཝ་ཏི་མི་ཏྲཿ(ནམ་གུའི་བཤེས་གཉེན། )ཞེས་པ་དང་། ཨིཥྚ་ཀཱ་ བྷིཤྩི ཏྟཾ་ཞེས་པའི་ཀཱའི་ཨཱ་ཡིག་ཐུང་ངུར་བཞག་སྟེ། རྣམ་དབྱེ་བྷིས་ཚིག་སྡུད་ཀྱིས་ཕྱིས་པས། ཨིཥྚ་ཀ་ཙིཏྟཾ་ཞེས་པ་ལྟ་བུའོ། །ཐུང་ངུའི་རིང་པོ་ཉིད་དོ་ཞེས་པ་ནི། བསྡུ་བའི་སྐབས་ལ་ལར་ ཐུང་ངུའང་རིང་པོར་འགྱུར་ཏེ། དཔེར་ན། དྭི་གུ་ཎཽ་ཀརྞཿཞེས་པའི་བར་གྱི་ཨཽ་ཚིག་སྡུད་ཀྱིས་ ཕྱིས་ནས་ཎ་ཡིག་སྔ་མ་རིང་པོར་གྱུར་པས། དྭི་གུ་ཎཱ་ཀརྞཿ(ཉིས་འགྱུར་གྱི་རྣ་བ། )ཞེས་པ་ལྟ་བུའོ། ། མི་ཟད་པ་མིན་པའི་རྣམ་པར་བཅད་བྱ་ནི་ཀ་པའི་སྡེ་པ་དག་ལ་ས་ཡིག་གོ་ཞེས་པ་ནི། མི་ ཟད་པའི་མིང་ཅན་རྣམས་ཀྱི་མཐའ་མ་ཡིན་པའི་རྣམ་པར་བཅད་བྱ་ནི་ཀ་སྡེ་དང་པ་སྡེ་ཕ་རོལ་ ལ་ས་ཡིག་ཏུ་འགྱུར་ཞིང་། ནིའི་སྒྲ་ནི་སྐབས་ལ་ལར་མི་ཟད་པའི་རྣམ་བཅད་ཀྱང་ས་ཡིག་ཏུ་ འགྱུར་བའི་དོན་ཏེ། དཔེར་ན། ཨ་ཡཿའི་ཚེག་དྲག་ཀ་དང་པ་ཕ་རོལ་ལ་ས་རུ་གྱུར་པས། ཨ་ 6-1-194 ཡ་སྐཱ་རཿ(ལྕགས་བྱེད་པ། ) ཨ་ཡ་སྐཱ་(ལྷུང་བཟེད་ལྕགས། ) ཏྲཾ་ཞེས་པ་ལྟ་བུའོ། །མི་ཟད་པའི་མིང་ཅན་ གྱི་ཚེག་དྲག་ནི་ས་རུ་མི་འགྱུར་བར་རང་བཞིན་དུ་གནས་ཏེ། དཔེར་ན། པུ་ནར་མི་ཟད་པའི་ ར་ཚེག་དྲག་ཏུ་གྱུར་པ་ཕ་རོལ་ཏུ་ཀ་དང་པ་ཡོད་ཀྱང་རང་བཞིན་དུ་གནས་པས། པུ་ནཿཀ་རོ་ ཏི། (སླར་བྱེད་པར་འགྱུར་རོ། །) པུ་ནཿཔི་ཝ་ཏི་(སླར་འཐུང་བར་བྱེད་དོ། །)ཞེས་པ་ལྟ་བུའོ། །ནིའི་སྒྲ་ལས་མི་ ཟད་པའི་རྣམ་བཅད་ཀྱང་ས་ཡིག་ཏུ་བསྒྱུར་བས། པུ་ན་སྐ་རོ་ཏི་ཞེས་པ་ལྟ་བུ་སྟེ། དེ་བཞིན་ དུ་སྤྱིར་བཏང་དང་དམིགས་བསལ་གྱི་ཁྱད་པར་གཞན་ཡང་རྒྱ་ཆེར་ཤེས་པར་བྱའོ། །ཞེས་པ་ བྱིངས་མིང་དུ་གྲུབ་པ་རྣམས་ཕན་ཚུན་སྦྱོར་བ་བྱེད་པ་ལས་འཛིན་པ་ལ་སོགས་པའི་བསྡུ་བའི་ མདོ་རྣམས་སྟོན་པ་སྟེ་རབ་ཏུ་བྱེད་པ་རྐང་པ་ལྔ་པའི་འགྲེལ་པ་རྫོགས་སོ།། །། དེ་ཕན་རྐྱེན་གྱི་སྟེར་ཚུལ་མིང་ལེ་དྲུག་པ་ནི། མིང་དེ་རྣམས་ཀྱི་དོན་གྱི་ཁྱད་པར་གསལ་ བར་བྱེད་པ་ལ་ཕན་པའི་རྐྱེན་རྣམས་སྦྱོར་ཚུལ་སྟོན་པ་སྟེ། དེ་ལ་དོན་བཅུ་ལས། དང་པོ་ རྟགས་ལས་བུ་རྒྱུད་ཀྱི་དོན་ལ་ཨཎ་སོགས་སྦྱོར་ཚུལ་ནི། བུ་རྒྱུད་ལ་ཨཎ་ཡང་ནའོ་ཞེས་པ་ནི། རྟགས་ལས་བུ་རྒྱུད་ཀྱི་དོན་ལ། དེ་ཕན་གྱི་ཨཎའི་རྐྱེན་ཡང་ན་འགྱུར་ཏེ། དཔེར་ན། གནས་ འཇོག་གི་བུ་རྒྱུད་ཅེས་བརྗོད་པའི་ཚེ། བ་ཤིཥྛ་ལ་ཨཎ་བྱིན་པ་ན། འདི་ཉིད་ནས། ཨིའི་ཡི་ གེ་དང་ཨའི་ཡི་གེ་དག་དབྱངས་དང་། ཡའི་རྐྱེན་ལའང་དབྱིའོ་ཞེས་པས་ཥྛའི་སྲོག་ཕྱིས་པ་ ལ་ཨ་ཡིག་སྦྱར་ནས། ཎ་དང་བཅས་པ་ལས་དང་པོར་འཕེལ་བའོ་ཞེས་པས། བ་ཡིག་རིང་ པོར་བསྒྱུར་ཞིང་། ཎ་དེའི་དོན་ལ་འོངས་པ་ཕྱིས་ཏེ་མཐར་སི་བྱིན་པས། བཱ་ཤིཥྛཿཞེས་པ་དང་། ཡང་ན་ཨཎའི་རྐྱེན་མ་བྱིན་པ། བ་ཤིཥྛ་སྱཱ་པ་ཏྱཾ་(བུ་རྒྱུད་དང་། )ཞེས་པ་ལྟ་བུ་སྟེ། དེ་བཞིན་དུ་ གཞན་རྣམས་ལའང་ཤེས་པར་བྱའོ། །གརྒ་སོགས་ལ་ཎྱའོ་ཞེས་པ་ནི། ནཱ་བཞི་པར་བསྟན་ པའི་གརྒ་དང་། སོགས་པའི་སྒྲས་ཝན་ས་སོགས་རྣམས་ཀྱི་བུ་རྒྱུད་ལ། ཎྱའི་རྐྱེན་ཡང་ན་ འགྱུར་ཏེ། དཔེར་ན། གརྒ་ལཎྱ་བྱིན་པ་ན། དབྱངས་དང་ཡའི་རྐྱེན་ལ་ཞེས་པས་ག་ཕྱི་མའི་ 6-1-195 སྲོག་ཕྱིས་ནས། ཎ་ཡིག་ཀྱང་སྔར་བཞིན་ག་དང་པོ་འཕེལ་བའི་དོན་ལ་འོངས་པ་དབྱི་ཞིང་། མཐར་སི་བྱིན་པས། གཱརྒྱཿཞེས་པ་དང་། ཡང་ན། གརྒ་སྱཱ་པ་ཏྱཾ་ཞེས་པ་ལྟ་བུ་སྟེ། དེ་བཞིན་ དུ་ཝན་ས་སོགས་ལའང་ཤེས་པར་བྱའོ། །ཀུཉྫ་སོགས་ལས་ཨཱ་ཡནཎ་བཤད་དོ་ཞེས་པས་ ནི། ཀུཉྫ་དང་སོགས་ཀྱིས་བྲྀདྷྣ་དང་ག་ཎ་དང་། ན་ཌ་དང་། ཙ་ར་དང་། ལི་གུ་དང་། ལོ་ཧི་ ཏ་ཞེས་པ་རྣམས་ལས་བུ་རྒྱུད་ཀྱི་དོན་ལ། དེ་ཕན་ཨཱ་ཡ་ནཎའི་རྐྱེན་དང་། བཤད་པ་སྨོས་པས་ དེའི་མཐའ་ལའང་ཎྱའི་རྐྱེན་བུད་མེད་ཀྱི་རྐྱེན་དང་། མང་ཚིག་མ་ཡིན་པ་ལ་ཡང་ན་འགྱུར་ཏེ། དཔེར་ན། ཀུཉྫ་ལ། ཨཱ་ཡ་ནཎ་དང་ཎྱའི་རྐྱེན་བྱིན་པ་ན། འདི་ཉིད་ནས། ཨུ་ཡིག་རྣམས་ནི་ རྟགས་མཐའ་མ་གཏོགས་ཐོག་མའི་ཨུ་ཨོ་རུ་བསྒྱུར་བའི་མདོ་མེད། ཨོ་ཉིད་དུ་ཐོབ་པར་བྱའོ་ ཞེས་པས། ཀུ་ཡིག་ཀོ་རུ་བསྒྱུར་བ་དེ། ཎ་དང་བཅས་པ་ལས་འཕེལ་བར་བསྒྱུར་ལ། ཛ་དང་ ནའི་སྲོག་དང་ཎ་ཡིག་གཉིས་སྔར་བཞིན་ཕྱིས་ཏེ་མཐར་སི་བྱིན་པས་ཀཽཉྫཱ་ཡ་ནཿཞེས་པ་ལྟ་ བུའོ། །བུད་མེད་དུ་བསྒྲུབ་པ་དང་མང་ཚིག་སྦྱོར་བ་ལ་ནི། ཎྱའི་རྐྱེན་མི་འཇུག་སྟེ། དཔེར་ན། ཀུཉྫ་ལ་ཨཱ་ཡ་ནཎའི་རྐྱེན་སྔར་བཞིན་བྱིན་པའི་མཐར། ནཱ་བཞི་པའི་ན་ད་སོགས་ཀྱིས་ཨཱིའི་ རྐྱེན་བྱིན་ནས་བུད་མེད་དུ་བྱས་པའི་ཞེས་པས་ནའི་དབྱངས་ཕྱིས་ཏེ་སྦྱར་ཞིང་། སི་བྱིན་པ། ན་ དཱི་ལས་ཕྱིས་པས། ཀཽཉྫཱ་ཡ་ནཱི་ཞེས་པ་དང་། མང་ཚིག་ཛས྄་བྱིན་པས། ཀཽཛྙཱ་ཡ་ནཱཿཞེས་པ་དང་། ཡང་ན་སྔར་བཞིན་ཨཎའི་རྐྱེན་དང་སི་བྱིན་པས། ཀཽཉྫཿཞེས་པ་སྟེ། དེ་བཞིན་དུ། བྲདྷྣ ལ་སོགས་པ་རྣམས་ལའང་སྦྱར་རོ། །བུད་མེད་དང་ཨ་ཏྲི་སོགས་ལས་ཨེ་ཡཎའོ་ཞེས་པ་ནི། བུད་ མེད་ཀྱི་རྐྱེན་གྱི་མཐའ་ཅན་རྣམས་དང་། ཨ་ཏྲི་དང་སོགས་ཀྱིས། ནི་དྷི་དང་། སུ་བྷ་དང་། བིཥྚ་ དང་། པུ་ར་དང་། ཀྲྀ་ཀི་ལཱ་ས་ཏི་དང་། ཏི་རི་ཞེས་པ་རྣམས་ཀྱི་མཐའ་ལས། བུ་རྒྱུད་ཀྱི་དོན་ ལ་དེ་ཕན་ཨེ་ཡཎའི་རྐྱེན་ཡང་ན་རུ་འགྱུར་ཏེ། དཔེར་ན། ནཱ་ད་བུད་མེད་དུ་བསྒྲུབ་པའི་ཨཱིའི་ རྐྱེན་སྔར་བཞིན་སྦྱར་བའི་མཐར། ཨེ་ཡཎ་དང་སི་བྱིན་པ་ན། དབྱངས་དང་ཡའི་རྐྱེན་ལ་ཞེས་ 6-1-196 པས་ཨཱི་རིང་པོ་ཕྱིས་ནས། ཎ་ཡིག་འཕེལ་བའི་དོན་བྱས་ཏེ་དབྱི་ཞིང་། མཐར་སི་བྱིན་པས། ནཱ་དེ་ཡཿཞེས་པ་དང་། ཡང་ན། ནཱི་དྱཡ་པ་ཏྱཾ་(ཆུ་ཀླུང་གི་བུ་རྒྱུད་)ཞེས་པ་དང་། ཨ་ཏྲི་ལའང་། ཨེ་ ཡཎའི་རྐྱེན་སྦྱར་བ་ན། སྔར་བཞིན་དང་པོ་འཕེལ་བར་འགྱུར་ཏེ། ཏྲིའི་སྲོག་དང་ཎ་ཡིག་ཕྱིས་ ནས། མཐར་སི་བྱིན་པས་ཨཱ་ཏྲེ་ཡཿཞེས་པ་དང་། ཡང་ན། ཨ་ཏྲེ་ར་པ་ཏྱཾ་ཞེས་པ་སྟེ། དེ་བཞིན་ དུ། ནི་དྷི་སོགས་རྣམས་ལའང་སྦྱར་རོ། །ཨཏ་ལས་ཨིཎའོ་ཞེས་པ་ནི། ཨ་ཡིག་མཐའ་ཅན་ གྱི་རྟགས་ལས་བུ་རྒྱུད་ཀྱི་དོན་ལ། དེ་ཕན་ཨིཎའི་རྐྱེན་ཡང་ན་འགྱུར་ཏེ། དཔེར་ན། དཀྵ་ལ་ ཨིཎ་(མཁས་པ། ) བྱིན་ནས་སྔར་བཞིན་འཕེལ་བར་འགྱུར་ཞིང་། ཀྵའི་སྲོག་དང་ཎ་ཡིག་ཕྱིས་ ཏེ། མཐར་སི་བྱིན་པས། དཱཀྵིཿ(མཁས་པའི་བུ་རྒྱུད། )ཞེས་པ་དང་། ཡང་ན་དཀྵ་སྱཱ་པ་ཏྱཾ་ཞེས་པ་ལྟ་ བུའོ། །བཱ་ཧུ་སོགས་ལས་ཀྱང་བསྒྲུབ་པར་བྱའོ་ཞེས་པ་ནི། བཱ་ཧུ་དང་། སོགས་ཀྱིས། ཨུ་པ་ བིན་དུ་དང་། ཨུ་པ་བཱ་ཧུ་དང་། ཝ་ལཱ་ཀཱ་དང་། སུ་མི་ཏྲ་དང་། ས་ར་ལོ་མ་ཎ་དང་། པཉྩན་དང་། སབྟ་ན་དང་། པུསྐ་ར་དང་། ས་ད་དང་། ཛི་ག་དེ་ཝ་སརྨཾ་ཞེས་པ་རྣམས་ཀྱི་མཐའ་ལས་ཀྱང་། བུ་རྒྱུད་ཀྱི་དོན་ལ་དེ་ཕན་གྱི་ཨིཎའི་རྐྱེན་བྱིན་ནས་བསྒྲུབ་པར་བྱ་སྟེ། དཔེར་ན། བཱ་ཧུ་ལ་ཨིཎ་ བྱིན་པ་ན། ཨུ་ཡིག་རྣམས་ནི་ཞེས་པས་ཨོ་རུ་བསྒྱུར་ནས་མཚམས་སྦྱར་ཞིང་ཎ་ཡིག་ཕྱིས་ཏེ། སི་བྱིན་པས། བཱ་ཧ་ཝིཿ(མང་པོའི་བུ་རྒྱུད། ) ཞེས་པ་ལྟ་བུའོ། །དེ་བཞིན་དུ་ཨུ་པ་བིན་དུ་ལ་སོགས་ པ་ལའང་ཤེས་པར་བྱའོ། ། གཉིས་པ་རྟགས་ཀྱི་དོན་སོ་སོ་ལ་རྐྱེན་སོ་སོར་སྦྱོར་ཚུལ་རྒྱས་པར་བཤད་པ་ནི། ཚོས་ ལས་སྐར་མ་ལྡན་པས་ཀྱང་། །ཚོགས་པ་ལས་ཏེ་འདི་ཡི་ལྷ། །དེ་རིག་དེ་བརྗོད་དེ་ཡི་འདི། ། འདི་ལྟ་སོགས་ཀྱི་ཨ་ཎར་འདོད། །ཞེས་པ་ནི། ཚོས་ལས་ཞེས་པ་ནས་འདི་ལྟ་སོགས་ཤེས་ པའི་བར་རྣམས་ལའང་། དེ་ཕན་ཨཎའི་རྐྱེན་སྦྱོར་བར་འདོད་དེ། དཔེར་ན། རིམ་པ་བཞིན། ཚོས་ལས་གུར་གུམ་གྱིས་བཙོས་པ་ནི། ཀུང་ཀུ་མ་ལ་ཨཎ་བྱིན་པས། ཀུ་སྔ་མའི་ཨུ་ནི་ཨོ་དང་། 6-1-197 དེའང་སྔར་བཞིན་འཕེལ་བ་དང་། (རྟགས་མཐའ་མ་གཏོགས་ཐོག་མ་ཨོ་རུ་འགྱུར་བའི་མདོ་མེད་)མའི་སྲོག་ དང་ཎ་དབྱི་བ་རྣམས་བྱས་ཏེ། མཐར་སི་དང་མུ་བྱིན་པ་ན། ཀཽངྐུ་མཾ་(གུར་གུམ་བྱིས་བཙོས་པ། )ཞེས་ པ་དང་། སྐར་མ་སྦྱོར་བ་ལ་རྒྱལ་གྱི་སྦྱོར་བ་ནི། པུཥྱ་ལ་ཨཎ་བྱིན་ནས། སྔར་བཞིན་པུ་ཡིག་ པཽ་རུ་བསྒྱུར་བའི་འཕེལ་བ་དང་། ཎ་དང་ཡ་སྲོག་དང་བཅས་པ་མཆོག་གི་སྦྱོར་བར་བཤད་ པ་ལས་དབྱི་བ་རྣམས་བྱས་ཏེ། མཐར་སི་བྱིན་པས། པཽ་ཥྱཿ(རྒྱལ་ལ། ) ཞེས་པ་དང་། ཚོགས་ པ་ལས། ངང་པའི་ཚོགས་པ་ནི། ཧང་ས་ལ་སྔར་བཞིན་ཨཎ་དང་སི་དང་མུ་བྱིན་པས། ཧཱཾ་སཾ་ ཞེས་པ་དང་། དེ་འདིའི་ལྷ་ལ། འདིའི་ལྷ་ཞི་བ་ཡིན་པ་ནི། ཤི་བ་ལ་སྔར་བཞིན་ཨཎ་དང་སི་ བྱིན་པས། (ཨི་ཨཻ་རུ་འཕེལ། )ཤཻ་ཝཿ ཞེས་པ་དང་། དེ་རིག་པ་དང་དེ་བརྗོད་པ་ལ། བརྡ་སྤྲོད་རིག་ པའམ། བརྗོད་པ་ནི། བྱཱ་ཀ་ར་ཎ་ལ་ཨཎ་བྱིན་པ་ན། ལེའུ་འདིར་ཡ་ཝ་ཚིག་དང་པོ་དག་གི་མ་ ཡིན་ཞེས་པས་ཡ་སྲོག་དང་བཅས་པའི་ཝ་ཡིག་ལ་ཨཻ་ཡིག་ཨཱ་ག་མ་བྱིན་ནས། ཎ་ཡིག་ཕྱིས་ ཏེ་མཐར་སི་བྱིན་པས། བཻ་ཡཱ་ཀ་ར་ཎཿཞེས་པ་དང་། དེ་ཡི་འདི་ལ། དེ་འདིའི་རི་དགས་ཡིན་ པ་ནི། མྲྀ་ག་ལ་ཨཎ་སྦྱིན་ནས། རྀའི་འཕེལ་བ་ཨཱར་དང་ཎ་དབྱི་བ་བྱས་ཏེ་སི་དང་མུ་བྱིན་ པས། མཱར་གཾ་ཞེས་པ་དང་། འདི་ལྟ་སོགས་ལ། ངེས་པར་གནས་པའི་དོན་ནི། ནི་ཝ་ས་ལ་ སྔར་བཞིན་ཨཎ་དང་སི་བྱིན་པས། ནི་ཝཱ་སཿ(ནི་ཝ་སཿཐོབ་ན། ཅི་ཕྱིར་ཐོབ་སྟེ། ཎ་དང་བཅས་པ་ཝ་དང་པོར་ འཕེལ་ཞེས་བཤད་པའོ། །ནི་ཚིག་གྲོགས་མི་འཕེལ། ཝཱ་རིང་བ་ཐོབ་འདྲ། ཝཱ་རིང་བ་ནི་མིན་པར་གསལ་ཏེ་དང་པོར་བཤད་པའི་ ཕྱིར་རོ། །)ཞེས་པ་སྟེ། དེ་འདི་ལྟར་སྐྱེ་ཞེས་པ་ལ་སོགས་པ་རྣམས་ལའང་སྦྱར་རོ། །དེ་ཡིས་རྩེའོ་ ཡང་དག་བསྲེས། །སྒྲོལ་ལོ་སྤྱོད་དོའང་ཨི་ཀཎ། །ཟོང་དང་བཟོ་དང་ངེས་སྦྱོར་ལས། །ཉོས་ པ་སོགས་ལས་མཚོན་ལས་ཀྱང་། །ཞེས་པ་ནི། དེ་ཡིས་རྩེའོ་ནས། མཚོན་ལས་ཀྱང་ཞེས་ པའི་བར་གྱི་རྟགས་རྣམས་ལ། དེ་ཕན་ཨི་ཀཎ་གྱི་རྐྱེན་སྦྱིན་པར་བྱ་སྟེ། དཔེར་ན། རིམ་པ་ བཞིན། དེ་ཡིས་རྩེའོ་ལ། ཆོ་ལོས་རྩེ་བ་ལ་ཨཀྵ་ལ་ཨི་ཀཎ་བྱིན་ནས། ཎ་དང་བཅས་པ་ལས། 6-1-198 དང་པོའི་ཨ་རིང་པོར་འཕེལ་བ་དང་། ཀྵའི་སྲོག་དང་ཎ་དབྱི་བ་སྔར་བཞིན་བྱས་ཏེ་མཐར་ སི་བྱིན་པས། ཨཱཀྵི་ཀཿཞེས་པ་དང་། དེ་ཡིས་ཡང་དག་པར་བསྲེས་པ་ལ། ཞོ་ཡིས་ཡང་དག་ པར་བསྲེས་པ་ནི། ད་དྷི་ལ་ཨི་ཀཎ་དང་སི་དང་མུ་སྔར་བཞིན་བྱིན་པས། དཱ་དྷི་ཀཾ་ཞེས་པ་དང་། དེ་ཡིས་སྒྲོལ་ལོ་ལ་བུམ་པས་སྒྲོལ་བ་ནི། གྷ་ཊ་ལ་སྔར་བཞིན་ཨི་ཀཎ་དང་སི་བྱིན་པས། གྷཱ་ ཊི་ཀཿཞེས་པ་དང་། དེ་ཡིས་སྤྱོད་དོ་ལའང་ཟ་བ་དང་འགྲོ་བའི་དོན་ལ་འཇུག་པ་ནི་སྤྱོད་པ་ སྟེ། ཤིང་རྟས་སྤྱོད་དུ་འགྲོ་བ་ནི། ས་ཀ་ཊ་ལ་སྔར་བཞིན་ཨི་ཀཎ་དང་སི་བྱིན་པས། སཱ་ཀ་ཊི་ ཀཿཞེས་པ་དང་། ཟོང་ལས། འདིའི་ཟོང་སྤོས་ཡིན་པ་ནི། གན་དྷ་ལ་སྔར་བཞིན་ཨི་ཀཎ་དང་ སི་བྱིན་པས། གཱན་དྷི་ཀཿཞེས་པ་དང་། བཟོ་བོ་ལས། རྔ་བཟོ་བ་ནི། མྲྀ་དངྒལ་སྔར་བཞིན་ ཨི་ཀཎ་དང་སི་བྱིན་པས། མཱནྡངྒི་ཀ་ཿཞེས་པ་དང་། ངེས་སྦྱོར་ལས། སྒོ་ལ་ངེས་པར་སྦྱོར་བ་ ནི། དྭཱ་ར་ལ་ཨི་ཀཎ་དང་སི་བྱིན་པ་ན། ཡ་ཝ་ཚིག་དང་པོ་དག་གི་མ་ཡིན་ཞེས་པས་ཝ་(དྭ་ཕྲལ་ ཏེ། )སྲོག་ཅན་གྱི་དང་པོར་ད་ཡིག་ལ་ཨཽ་ཨཱ་ག་མ་བྱིན་པས། དཽ་ཝཱ་རི་ཀཿཞེས་པ་དང་། དེ་ཡིས་ ཉོས་པ་ལ། བདུན་ཅུས་ཉོས་པ་ནི། སཔྟ་ཏི་ལ་སྔར་བཞིན་ཨི་ཀཎ་དང་སི་བྱིན་པས། སཱཔྟ་ཏི་ ཀཿཞེས་པ་སྟེ། དེ་བཞིན་དུ། དེ་ཡིས་བརྐོས་སོ། །འཚོའོ། །བསྐྱེད་དོ། །བྱེད་དོ་ཞེས་པ་ལ་ སོགས་པ་གཞན་ལའང་ཤེས་པར་བྱའོ། །མཚོན་ཆ་ལས་ཀྱང་། འདིའི་མཚོན་ཆ་འཁོར་ལོ་ ཡིན་པ་ནི། ཙཀྲ་ལ་སྔར་བཞིན་ཨི་ཀཎ་དང་སི་བྱིན་པས། ཙཱ་ཀྲི་ཀཿཞེས་པ་ལྟ་བུའོ། །ནཽ་ལས་ བསྒྲལ་བྱ་དང་བི་ཥ་ལས་བསད་བྱ་དང་ཏུ་ལཱ་ལས་གཞལ་བྱ་དང་དེར་ལེགས་པ་ལའང་ཡའོ་ ཞེས་པ་ནི། ནཽ་ཞེས་པ་ནས། དེར་ལེགས་པ་ལ་ཞེས་པའི་བར་རྣམས་དང་། འང་གི་སྒྲས་འོས་ པའི་དོན་ལ་དེ་ཕན་ཡའི་རྐྱེན་སྦྱིན་པར་བྱ་སྟེ། དཔེར་ན། རིམ་པ་བཞིན། གྲུ་ཡིས་བསྒྲལ་བར་ བྱ་བ་ནི་ནཽལ་ཡ་སི་དང་མུ་བྱིན་ནས། ཨོ་ཡིག་དང་། ཨཽ་ཡིག་དག་གི་ཞེས་པས་ནཽའི་ཨཽ་ཡིག་ ཨཱ་ཝ་རུ་བསྒྱུར་བས། ནཱ་ཝྱཾ་ཞེས་པ་དང་། དུག་གིས་བསད་པར་བྱ་བ་ནི། བི་ཥ་ལ་ཡ་དང་སི་ 6-1-199 བྱིན་ནས། ཡའི་རྐྱེན་ལ་ཞེས་པས་ཥའི་སྲོག་ཕྱིར་ཏེ་སྦྱར་བས། བིཥྱཿཞེས་པ་དང་། སྲང་གིས་ གཞལ་བར་བྱ་བ་ནི། ཏུ་ལཱ་ལ་སྔར་བཞིན་ཡ་དང་སི་དང་མུ་བྱིན་པས། ཏུ་ལྱཾ་ཞེས་པ་དང་། དེར་ལེགས་པར་བྱ་བ་ལའང་ས་བྷཱ་ལ་སྔར་བཞིན་ཡ་དང་སི་བྱིན་པས། ས་བྷྱཿཞེས་པ་དང་། འང་གི་སྒྲས་འོས་པའི་དོན་སྙིང་གི་དགའ་བ་ནི། ཧྲྀ་ད་ལ་སྔར་བཞིན་ཡ་དང་སི་དང་། མུ་བྱིན་ པས། ཧྲྀ་དྱཾ་ཞེས་པ་ལྟ་བུའོ། །ཕན་པ་ལ་ནི་ཨཱི་ཡའོ་ཞེས་པ་ནི། རྟགས་ལས་ཕན་པའི་དོན་ལ་ ནི། ཨཱི་ཡའི་རྐྱེན་དུ་འགྱུར་ཏེ། དཔེར་ན། རྟ་རྣམས་ལ་ཕན་པ་ནི། ཨ་ཤྭ་ལ་ཨཱི་ཡ་དང་། སི་ སྔར་བཞིན་བྱིན་པས། ཨ་ཤྭཱི་ཡཿཞེས་པ་ལྟ་བུའོ། །ནིའི་སྒྲ་ལས། ལུས་ཀྱི་ཡན་ལག་ལ་ཕན་པ་ ལ་ནི་ཡའི་རྐྱེན་སྦྱོར་ཏེ། སོ་རྣམས་ལ་ཕན་པ་ནི། དན་ཏ་ལ་ཡ་དང་སི་དང་མུ་བྱིན་པས། དནྟྱཾ་ ཞེས་པ་ལྟ་བུའོ། །ཨུ་དང་གོ་སོགས་ལ་ཡཏའོ་ཞེས་པ་ནི། ཨུ་ཡིག་མཐའ་ཅན་གྱི་རྟགས་དང་། གོ་དང་སོགས་ཀྱིས་ཧ་ཝིས་དང་། མེ་དྷཱ་དང་། དཱ་ར་དང་། སྑཽད་དང་། ཀྵ་ར་དང་། ཤྭཾ་ཞེས་ རྣམས་ལས་ཕན་པའི་དོན་ལ། ཡཏ་ཀྱི་རྐྱེན་སྦྱིན་པར་བྱ་ཞིང་། ཏ་ཡིག་ནི་རྣམ་པ་སྣ་ཚོགས་ པའི་དོན་ཏེ། དཔེར་ན། ཨུ་ཡིག་མཐའ་ཅན་ཤང་ཀུ་ལ་ཡ་ཏ་བྱིན་ནས། ཏ་ཡིག་རྣམ་པ་སྣ་ ཚོགས་པའི་དོན་ཡིན་པས་དབྱི་ཞིང་། ཀུའི་ཨུ་ནི་སྔ་བཞིན་ཨོ་རུ་བསྒྱུར་ཏེ་མཚམས་སྦྱར་ནས་ སི་དང་མུ་བྱིན་པས། ཤངྐ་ཝྱཾ་(ཕུར་བུ་ལ་ཕྲན་པ། )ཞེས་པ་དང་། ངག་ལ་ཕན་ནི། གོ་ལ་ཡཏ་བྱིན་ ནས། ཨོ་ཡིག་སྔར་བཞིན་ཡའི་རྐྱེན་ལ་ཨ་ཝ་རུ་བསྒྱུར་ཏེ་སི་དང་མུ་བྱིན་པས། ག་ཝྱཾ་ཞེས་པ་ ལྟ་བུའོ། །དེ་བཞིན་དུ། ཧ་ཝི་ལ་སོགས་པ་རྣམས་ལའང་ཤེས་པར་བྱའོ། །ཉེ་བར་འཇལ་བ་ལ་ ཝ་ཏིའོ་ཞེས་པ་ནི། རྟགས་ལས་ཉེ་བར་འཇལ་བ་སྟེ། འདྲ་བ་སྟོན་པ་ལ་ཝ་ཏིའི་རྐྱེན་སྦྱིན་པར་ བྱ་སྟེ། དཔེར་ན། བྲམ་ཟེ་དང་འདྲ་བ་ནི། བྲཱཧྨ་ཎ་ལ་ཝ་ཏི་བྱིན་ནས། ཏིའི་ཨི་ཡིག་བརྗོད་པའི་ དོན་དང་། སི་གསལ་བྱེད་མཐའ་ལས་ཕྱིས་པས། བྲཱཧྨ་ཎ་ཝཏ་ཅེས་པ་ལྟ་བུའོ། །དངོས་པོ་ལ་ ཏཱ་ཏྭ་དག་གོ་ཞེས་པ་ནི། མིང་གི་དངོས་པོའམ་ངོ་བོའི་དོན་ལ་ཏཱ་དང་ཏྭ་ཞེས་པ་འདི་དག་རྐྱེན་ 6-1-200 དུ་འགྱུར་ཏེ། དཔེར་ན། ངག་གི་དངོས་པོ་ནི། གོ་ལ་ཏཱ་བྱིན་ནས་སི་ཤྲདྡྷ་ལས་ཕྱིས་པས། གོ་ ཏཱ་ཞེས་པ་དང་། གོ་ལ་ཏྭ་དང་སི་དང་མུ་བྱིན་པས། གོ་ཏྭཾ་ཞེས་པ་ལྟ་བུའོ། །ཡཎ་འང་སྟེ་རབ་ ཏུ་གྲགས་པ་ལས་སོ་ཞེས་པ་ནི། རྟགས་ལས། དངོས་པོའི་དོན་ལ་ཡཎའང་རྐྱེན་དུ་འགྱུར་ཏེ། རབ་ཏུ་གྲགས་པ་སྨོས་པ་ལས། ལས་ཀྱི་དོན་ལའང་སྦྱིན་པར་བྱ་སྟེ། དཔེར་ན། དཀར་པོའི་ དངོས་པོ་ནི། ཤུཀླ་ལ་ཡཎ་བྱིན་ནས་སྔར་བཞིན་ཤུའི་ཨུ་ཡིག་ཨཽ་རུ་བསྒྱུར་ཞིང་། ཎ་དང་ལའི་ སྲོག་ཕྱིས་ཏེ་སི་དང་མུ་བྱིན་པས། ཤཽ་ཀླྱཾ་ཞེས་པ་དང་། བྲམ་ཟེའི་ལས་ནི། བྲཱཧྨ་ཎ་ལ་ཡཎ་ བྱིན་ནས་མཐའི་སྲོག་དང་ཎ་སྔར་བཞིན་ཕྱིས་ཏེ་སི་དང་མུ་བྱིན་པས། བྲཱཧྨ་ཎྱཾ་ཞེས་པ་ལྟ་བུའོ། ། དེ་འདིའི་ཡོད་པ་ཅེས་པ་ལ་མནྟུ་ཝན་ཏུ་ཝིན་ཨིན་རྣམས་སོ་ཞེས་པ་ནི། རྟགས་གང་ཡིན་པ་ དེ་ལ་འདི་ཡོད་པའམ་ལྡན་པ་ཞེས་པའི་དོན་བརྗོད་པ་ལ། མནྟུ་དང་། ཝནྟུ་དང་། ཝིན་དང་། ཨིན་ཞེས་པ་འདི་རྣམས་རྐྱེན་དུ་སྦྱར་བར་བྱ་སྟེ། དཔེར་ན། རིམ་པ་བཞིན། གོ་ལ་མནྟུ་དང་ ཚིག་ཏུ་བསྒྲུབ་པ་ལ་སི་བྱིན་ནས། ནཱ་གཉིས་པར། བྱིངས་མ་ཡིན་པའི་ཨནྟུ་དང་ཨས་མཐའི་ ཞེས་པས་མ་རིང་པོར་བསྒྱུར་ཏེ། ནཱ་གསུམ་པར། བརྩེགས་པའི་མཐའ་ཞེས་པས་ཏ་ཡིག་དང་། དེའི་ཨུ་ཁྱད་དོན་དང་སི་གསལ་བྱེད་མཐའ་ལས་ཕྱིས་པས། གོ་མཱན་(ས་ལྡན། ) ཞེས་པ་དང་། བྷ་ག་ལ་ཝནྟུ་བྱིན། ཨུ་པ་དྷཱ་རིང་པོར་བསྒྱུར་བ་དང་སི་འཕྱིད་པའི་བར་སྔར་བཞིན་བྱས་པས། བྷ་ག་ཝཱན་(བཅོམ་ལྡན་འདས། ) ཞེས་པ་དང་། ཡ་ཤས་ལ་ཝིན་བྱིན་ནས་ནཱ་གཉིས་པར། ཨིན་ཧན་ པཱུ་ཥན་ཞེས་པས་ཝི་རིང་པོར་བསྒྱུར་ཏེ། གསལ་བྱེད་ལས་སི་དང་རྟགས་མཐའི་ན་ཡིག་ཕྱིས་ པས། ཡ་ཤ(གྲགས་ལྡན། )སྺཱི་ཞེས་པ་དང་། སུ་ཁ་ལ་ཨིན་བྱིན་ནས། དབྱངས་ལ་ཁའི་སྲོག་ཕྱིས་ ཏེ། སྔར་བཞིན་ཨུ་པ་དྷཱ་རིང་པོར་བསྒྱུར་ཞིང་སི་དང་ན་ཡིག་ཕྱིས་པས། སུ་ཁཱི་(བདེ་ལྡན། )ཞེས་ པ་ལྟ་བུའོ། ། གསུམ་པ་གྲངས་ལས་རྫོགས་པའི་དོན་ལ་ཌ་མ་སོགས་ཀྱི་རྐྱེན་སྦྱོར་ཚུལ་ནི། གྲངས་ 6-1-201 ལས་རྫོགས་པ་ལ་ཌ་མ་དག་གོ་ཞེས་པ་ནི་གྲངས་བརྗོད་པ་ལས་རྫོགས་སོ་ཞེས་པའི་དོན་ ལ་ཌ་དང་མའི་རྐྱེན་དག་སྦྱིན་པར་བྱ་སྟེ། དཔེར་ན། ཨེ་ཀཱ་ད་ཤ་ལ་ཌ་བྱིན་པའི་ཌ་རྗེས་སུ་ འབྲེལ་བ་ཞེས་པས་ཤའི་སྲོག་དབྱི་ཞིང་། ཌ་ཡིག་ཀྱང་དེའི་དོན་ལ་འོངས་པས་ཕྱིས་ནས། དེའི་སྲོག་ཤ་ལ་སྦྱར་ཏེ་སི་བྱིན་པས། ཨེ་ཀཱ་ད་ཤཿ(བཅུ་གཅིག་རྫོགས་སོ། །)ཞེས་པ་དང་། པཉྩ་ལ་ མ་དང་སི་བྱིན་པས། པཉྩ་མཿ(ལྔ་པའོ། །)ཞེས་པ་ལྟ་བུའོ། །དྭི་ལས་ཏཱི་ཡའོ་ཞེས་པ་ནི། དྭིའི་སྒྲ་ ལས་རྫོགས་པའི་དོན་ལ་ཏཱི་ཡ་སྦྱིན་པར་བྱ་སྟེ། དཔེར་ན། གཉིས་དག་གི་རྫོགས་པ་ལ་ནི་ཏཱི་ཡ་ དང་སི་བྱིན་པས། དྭི་ཏཱི་ཡཿ(གཉིས་པ་རྫོགས་སོ། །)ཞེས་པ་ལྟ་བུའོ། །ཏྲིའི་ཏྲྀའང་ངོ་ཞེས་པ་ནི། ཏྲིའི་ སྒྲ་ལས་རྫོགས་པའི་དོན་ལ་ཏཱི་ཡ་སྦྱིན་པར་བྱ་ཞིང་། ཏྲི་ཡིག་ནི་ཏྲྀ་རྀ་ཞུགས་སུའང་འགྱུར་ཏེ། དཔེར་ན། གསུམ་རྣམས་ཀྱི་རྫོགས་པ་ནི། ཏྲི་ལ་ཏཱི་ཡ་དང་སི་བྱིན་ནས་ཏྲྀ་རུ་བསྒྱུར་བས། ཏྲྀ་ ཏཱི་ཡཿ(གསུམ་པ་རྫོགས་སོ། །)ཞེས་པ་ལྟ་བུའོ། །ར་ཥ་དག་གི་མཐའ་ཌ་ལ་ཐའོ་ཞེས་པ་ནི། གྲངས་ ར་ཡིག་དང་ཥ་ཡིག་གི་མཐའ་ཅན་ལས་རྫོགས་པའི་དོན་ཅན་ཌའི་རྐྱེན་ཕ་རོལ་ལ་བར་དུ་ཐ་ ཨཱ་ག་མ་སྦྱིན་པར་བྱ་སྟེ། དཔེར་ན། རའི་མཐའ་ཅན་ཙ་ཏུར་ལ་རྫོགས་པའི་དོན་ལ་ཌ་བྱིན་པ་ ན། རའི་མཐར་ཐ་ཨཱ་ག་མ་བྱིན་པའི་སྲོག་དང་། རའང་(རྗེས་འབྲེལ། )ཕྱིས་ནས་དེའི་སྲོག་ཐ་ལ་ བཅུག་སྟེ་སི་བྱིན་པས། ཙ་ཏུརྠཿ(བཞི་པ་རྫོགས་སོ། །) ཞེས་པ་དང་། ཥའི་མཐའ་ཅན་ཥཥ་ལ་སྔར་ བཞིན་ཌ་དང་། བར་དུ་ཐ་ཨཱ་ག་མ་བྱིན་ནས། ནཱ་བཞི་པར། ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལ་ ཞེས་པས། གནས་མཚུངས་པའི་ཥའི་ནུས་པས་ཐ་ཡིག་ཋ་རུ་བསྒྱུར་ཏེ་སི་བྱིན་པས། ཥཥྛཿ(དྲུག་ པ་རྫོགས་སོ། །)ཞེས་པ་ལྟ་བུའོ། །ཀ་ཏི་པ་ཡ་དང་ཀ་ཏི་ལས་སོ་ཞེས་པ་ནི། ཀ་ཏི་པ་ཡ་དང་ཀ་ ཏིའི་སྒྲ་ལས་རྫོགས་པའི་དོན་ལ་ཐའི་རྐྱེན་ཁོ་ན་སྦྱིན་པར་བྱ་སྟེ། དཔེར་ན། ཆུང་ངུ་རྣམས་ ཀྱི་རྫོགས་པ་ལ་ཐ་དང་སི་བྱིན་པས། ཀ་ཏི་པ་ཡ་ཐཿ ཀ་ཏི་ཐཿཞེས་པ་ལྟ་བུའོ། །བིང་ཤ་ཏི་ སོགས་ལས་ཏ་མཊའོ་ཞེས་པ་ནི། བིང་ཤ་ཏི་དང་། སོགས་ཀྱིས། ཏྲིང་ཤ་ཏ་(སུམ་ཅུ། ) དང་། ཙ་ 6-1-202 ཏྭཱ་རིཾ་ཤཏ་(བཞི་བཅུ། )དང་། པཉྩ་ཤཏ་(ལྔ་བཅུ། ) དང་། ཥཥྛི་(དྲུག་ཅུ། )དང་། སཔྟ་ཏི་(བདུན་ཅུ། )དང་། ཨ་ཤཱི་ཏི་(བརྒྱད་ཅུ། )དང་། ན་ཝ་ཏི་(དགུ་བཅུ། )ཞེས་པའི་གྲངས་རྣམས་རྫོགས་པའི་དོན་ལ། ཏ་ མཊའི་རྐྱེན་སྦྱིན་པར་བྱ་སྟེ། དཔེར་ན། ཉི་ཤུས་རྫོགས་པ་ནི། བིང་ཤ་ཏི་ལ་ཏ་མཊ་བྱིན་ནས་ ཊ་རྗེས་འབྲེལ་ཕྱིས་ཏེ་སི་བྱིན་པས། བིང་ཤ་ཏི་ཏ་མཿཞེས་པ་ལྟ་བུ་སྟེ། དེ་བཞིན་དུ། ཏྲིང་ཤ་ ཏ་ལ་སོགས་རྣམས་ལའང་ཤེས་པར་བྱའོ། །ཤ་ཏ་སོགས་ལ་རྟག་ཏུའོ་ཞེས་པ་ནི། ཤ་ཏ་དང་། སོགས་ཀྱིས། ས་ཧ་སྲ་དང་། ཀོ་ཊི་ལ་སོགས་པའི་གྲངས་རྣམས་ལས་རྫོགས་པའི་དོན་ལ། རྐྱེན་གཞན་མི་འཇུག་པར་རྟག་ཏུ་ཏ་མཊ་སྦྱིན་པར་བྱ་སྟེ། དཔེར་ན། བརྒྱ་ཡིས་རྫོགས་པ་ནི། ཤཏ་ལ་སྔར་བཞིན་ཏ་མཊ་དང་སི་བྱིན་པས། ཤཏ་ཏ་མཿ(བརྒྱ་ཐམ་པའོ། །) ཞེས་པ་ལྟ་བུ་སྟེ། དེ་ བཞིན་དུ། ས་ཧ་སྲ་དང་། ཀོ་ཊི་ལ་སོགས་པ་ལའང་སྦྱར་རོ། །ཥཥྛི་སོགས་དེའི་ཕ་རོལ་མ་ཡིན་ པ་ལས་སོ་ཞེས་པ་ནི། ཥཥྛི་དང་། སོགས་ཀྱིས། སཔྟི་ཏི་དང་། ཨ་ཤཱི་ཏི་དང་། ན་ཝ་ཏི་ཞེས་ པ་དེ་རྣམས་གྲངས་གཞན་གྱི་ཕ་རོལ་ན་ཡོད་པ་མ་ཡིན་པ་ལས། རྫོགས་པའི་དོན་ལ་རྟག་ཏུ་ ཏ་མཊ་སྦྱིན་པར་བྱ་སྟེ། དཔེར་ན། དྲུག་ཅུས་རྫོགས་པ་ནི། ཥཥྛི་ལ་སྔར་བཞིན་ཏ་མཊ་དང་ སི་བྱིན་པས། ཥཥྛིཏ་མཿ(དྲུག་ཅུའོ། །) ཞེས་པ་ལྟ་བུའོ། །གྲངས་གཞན་གྱི་ཕ་རོལ་ན་ཡོད་པ་ལ་ ནི་རྐྱེན་དེ་མི་འགྱུར་ཏེ། དཔེར་ན། ཨེ་ཀའི་ཕ་རོལ་ཏུ་ཥཥ་ལ་སྔར་བཞིན་ཌ་དང་། བར་དུ་ཐ་ ཨཱ་ག་མ་དང་མཐར་སི་བྱིན་པས། ཨེ་ཀ་ཥཥྛཿཞེས་པ་ལྟ་བུ་སྟེ། དེ་བཞིན་དུ། སཔྟ་ཏི་སོགས་ ལའང་སྦྱར་རོ། ། བཞི་པ་རྣམ་དབྱེའི་མིང་སརྦའི་མིང་ཅན་ལ་སྦྱོར་ཚུལ་སྤྱིར་བསྟན་པ་ནི། འདི་ལས་ཕྱི་ མར་འཆད་པ་གང་། རྣམ་དབྱེ་མིང་དུ་ཤེས་བྱ་སྟེ། དྭི་སོགས་མིན་པའི་སརྦའི་མིང་། །བ་ཧུ་ ལས་ཀྱང་ཕ་རོལ་བཤད། །ཅེས་པ་ནི། མདོ་འདི་ལས་ཕྱི་མ་བར་ཆད་དུ་ཏས་ལ་སོགས་པ་ དེ་ཕན་གྱི་རྐྱེན་གང་ཡིན་པ་འཆད་པར་འགྱུར་བ་དེ་རྣམས་ཀྱང་རྣམ་དབྱེའི་དོན་དང་འདྲ་བའི་ 6-1-203 མིང་ཅན་དུ་ཤེས་པར་བྱ་སྟེ། དེ་ཡང་དྭི་སོགས་མ་ཡིན་པའི་སརྦའི་མིང་ཅན་དང་། དྭི་སོགས་ ཀྱི་ནང་ནས་ཀིམ་དང་། སརྦའི་མིང་ཅན་མིན་ཡང་། བ་ཧུ་ལས་ཕ་རོལ་ཏུ་སྦྱིན་པར་བཤད་ དོ། །དཔེར་ན། སརྦའི་མིང་ཅན་ཏད་ལ། དེ་ལས་ཞེས་པ་པ་ན། ཏས་ཀྱི་རྐྱེན་བྱིན་ནས། སྔར་ བཞིན་ཏྱད་སོགས་ཀྱི་རྣམ་དབྱེ་ལ་ཨ་དང་སྔ་མའི་སྲོག་དབྱི་བ་དང་ས་ཚེག་དྲག་ཏུ་བྱས་པས། ཏ་ཏཿཞེས་པ་ལྟ་བུ་སྟེ། ཚིག་ཏུ་བསྒྲུབ་པ་ལ་སི་བྱིན་པ་མདོ་འདི་ནས་བཟུང་ནས་ཀུན་བཤད་ ལས་ཀྱང་ཅེས་པའི་བར་མི་ཟད་པར་གྲགས་པ་རྣམས་ལ་འཕྱིད་པར་འོག་མ་རྣམས་སུའང་ ཤེས་པར་བྱའོ། །ཅི་ལ་ཞེས་པ་ན། ཀིམ་ལ་ཏྲའི་རྐྱེན་བྱིན་ནས། ཏ་ཧ་དག་ལ་ཞེས་པས་ཀིམ་ ཡང་ཀུ་རུ་བསྒྱུར་བས། ཀུ་ཏྲ་ཞེས་པ་དང་། མང་པོ་རྣམས་ལས་ཞེས་པ་ན། བ་ཧུལ་ཏས་ཀྱི་ རྐྱེན་བྱིན་ནས། ས་ཚེག་དྲག་ཏུ་བྱས་པས། བ་ཧུ་ཏཿཞེས་པ་ལྟ་བུའོ། །ཀིམ་ལས་གཞན་པའི་དྭི་ སོགས་རྣམས་ལ་ནི་ཏས་ལ་སོགས་པ་དེ་ཕན་གྱི་རྐྱེན་མི་སྦྱོར་ཏེ། དཔེར་ན། གཉིས་དག་ལས་ ཞེས་པ་ན། དྭི་ལ་བྷྱཱཾ་བྱིན་ནས། ཏྱད་སོགས་ཀྱི་རྣམ་དབྱེ་ལ་ཞེས་པས་ཨི་ཡིག་ཨ་རུ་བསྒྱུར་ ཏེ་སྒྲ་ལྡན་ལ་རིང་པོར་བྱས་པས། དྭཱ་བྷྱཱ་ཞེས་པ་དང་། དེ་བཞིན་དུ། ཡུཥྨཏ་ལ་སོགས་པ་སྔར་ བཤད་པ་རྣམས་ལའང་ཤེས་པར་བྱའོ། །བ་ཧུ་ལས་གཞན་བའི་སརྦའི་མིང་ཅན་མ་ཡིན་པ་ལ་ ཏས་ལ་སོགས་པ་དེ་ཕན་གྱི་རྐྱེན་མི་སྦྱོར་ཏེ། དཔེར་ན། ཤིང་ལ་ཞེས་བརྗོད་པ་ན། བྲྀཀྵ་ལ་ངི་ བྱིན་ཏེ་མཚམས་སྦྱར་བས། བྲྀཀྵེ་ཞེས་པ་ལྟ་བུའོ། ། ལྔ་པ་དེ་དག་སོ་སོར་སྦྱོར་བའི་རྣམ་འགྱུར་རྒྱས་པར་བཤད་པ་ནི། དེ་ལ་ཨི་དམ་ཨིའོ་ ཞེས་པ་ནི། དེ་ཕན་གྱི་རྐྱེན་རྣམ་དབྱེ་དང་དོན་འདྲ་བའི་མིང་ཅན་དེ་རྣམས་ཕ་རོལ་ལ་ཨི་དཾ་ ནི་ཨི་ཉིད་དུ་འགྱུར་ཏེ། དཔེར་ན། འདི་ལས་ཞེས་པ་ན། ཨི་དམ་ལ་ཏས་ཀྱི་རྐྱེན་བྱིན་ནས། ཨི་རུ་བསྒྱུར་ཏེ། ས་ཚེག་དྲག་ཏུ་བྱས་པས། ཨི་ཏཿཞེས་པ་ལྟ་བུའོ། །ར་ཐ་དག་ལ་ཨེཏ་དང་ ཨིཏའོ་ཞེས་པ་ནི། ར་ཡིག་དང་ཐ་ཡིག་དང་པོ་ཅན་གྱི་དེ་ཕན་རྣམ་དབྱེའི་མིང་ཅན་ཕ་རོལ་ལ་ 6-1-204 ཨི་དཾ་ནི་རིམ་པ་ལྟར་ཨེཏ་དང་ཨིཏ་ཅེས་པར་འགྱུར་ཏེ། དཔེར་ན། དུས་འདི་ལ་ཞེས་བརྗོད་ པ་ན་ཨི་དཾ་ལ་འཆད་འགྱུར་གྱི་དྷིའི་རྐྱེན་བྱིན་ནས། ཨེ་ཏ་རུ་བསྒྱུར་བས། ཨེ་ཏ་དྷི་ཞེས་པ་ དང་འདིའི་རྣམ་པས་ཞེས་པ་ན། འཆད་འགྱུར་གྱི་ཐ་མུའི་རྐྱེན་བྱིན་ནས། ཨིཏ་དུ་བསྒྱུར་ཏེ་ མུའི་ཨུ་ཡིག་བརྗོད་དོན་ཕྱིས་པས། ཨིཏྠཾ་(འདི་ལྟ་བུ། ) ཞེས་པ་ལྟ་བུའོ། །དེ་རྣམས་ལ་ཨེ་ཏཏ་ ཨ་ཡིག་ཉིད་དོ་ཞེས་པ་ནི་དེ་ཕན་གྱི་རྐྱེན་རྣམ་དབྱེའི་མིང་ཅན་ཕ་རོལ་ལ། ཨེ་ཏཏ་ནི་ཨ་ཡིག་ ཉིད་དུ་འགྱུར་ཏེ། དཔེར་ན། དེ་ལ་ཞེས་བརྗོད་པ་ན། ཨེ་ཏཏ་ལ་ཏྲའི་རྐྱེན་བྱིན་ནས་ཨ་ཉིད་དུ་ བསྒྱུར་བས། ཨ་ཧྲ་(དེ་ལ། )ཞེས་པ་ལྟ་བུའོ། །ལྔ་པ་ལས་ཏས་སོ་ཞེས་པ་ནི། དྭི་སོགས་མ་ཡིན་ པའི་སརྦའི་མིང་ཅན་དང་ཀི་མ་དང་བ་ཧུ་ལ་རྣམ་དབྱེ་ལྔ་པ་དང་འདྲ་བའི་དོན་སྟོན་པ་ལ། དེ་ ཕན་ཏས་ཀྱི་རྐྱེན་སྦྱར་བར་བྱ་སྟེ། དུར་ག་སིང་ཧ་ལས། ཡང་ནའི་སྒྲ་རྣམ་བརྟག་གསུངས་པ་ ནི་མདོའི་དགོངས་པ་དང་མི་མཐུན་པར་མངོན་ཏེ། དཔེར་ན། རིམ་པ་ལྟར། ཐམས་ཅད་ལས་ ཞེས་པ་ན། སརྦ་ལ་ཏས་བྱིན་ནས་ས་ཚེག་དྲག་ཏུ་གྱུར་པས། སརྦ་ཏཿཞེས་པ་དང་། ཅི་ལས་ ཞེས་པ་ན། ཀིམ་ལ་ཏས་བྱིན་ནས། ཏ་ཧ་དག་ལ་ཞེས་པས། ཀུ་རུ་བསྒྱུར་བས། ཀུ་ཏཿཞེས་ པ་དང་། མང་པོ་རྣམས་ལས་ཞེས་པ་ན། བ་ཧུ་ལ་ཏས་བྱིན་པས། བ་ཧུ་ཏཿཞེས་པ་ལྟ་བུའོ། ། བདུན་པ་ལ་ཏྲའོ་ཞེས་པ་ནི། དྭི་སོགས་མ་ཡིན་པའི་སརྦའི་མིང་ཅན་དང་། ཀིམ་དང་བ་ཧུ་ལ། རྣམ་དབྱེ་བདུན་པ་དང་འདྲ་བའི་དོན་སྟོན་པ་ལས། དེ་ཕན་ཏྲའི་རྐྱེན་སྦྱར་ཏེ། དཔེར་ན། རིམ་ པ་ལྟར། ཏྲའི་རྐྱེན་བྱིན་པས་ཐམས་ཅད་ལ། སརྦ་ཏྲ་ཞེས་པ་དང་། ཅི་ལ་ཀུ་ཏྲ་ཞེས་པ་དང་། མང་པོ་རྣམས་ལ། བ་ཧུ་ཏྲ་ཞེས་པ་ལྟ་བུའོ། །ཨི་དམ་ལ་ཧའོ་ཞེས་པ་ནི། ཨི་དམ་ལས་རྣམ་ དབྱེ་བདུན་པ་དང་འདྲ་བའི་དོན་ལས་ཧའི་རྐྱེན་སྦྱར་བར་བྱ་སྟེ། དཔེར་ན། འདི་ལ་ཞེས་པ་ན། ཨི་དམ་ལ་ཧ་བྱིན་ནས་སྔར་བཞིན་ཨི་རུ་བསྒྱུར་བས། ཨི་ཧ་(འདི་ལ། )ཞེས་པ་ལྟ་བུའོ། །ཀི་མ་ ལས་སོ་ཞེས་པ་ནི། ཀི་མ་ལའང་རྣམ་དབྱེ་བདུན་པའི་དོན་ལས་ཧའི་རྐྱེན་སྦྱར་ཏེ། དཔེར་ན། 6-1-205 ཀི་མ་ལ་ཧ་བྱིན་ནས་ཀི་མ་ཡང་ཏཧ་དག་ལ་ཀུ་རུ་བསྒྱུར་བས། ཀུ་ཧ་ཞེས་པ་ལྟ་བུའོ། །ཨཏ་ དང་ཀྭའང་ངོ་ཞེས་པ་ནི་ཀིམ་ལས་རྣམ་དབྱེ་བདུན་པ་དང་འདྲ་བའི་དོན་ལ་ཨཏ་ཀྱི་རྐྱེན་དང་། ཀིམའང་ཀྭ་ཞེས་པར་འགྱུར་ཞིང་ཏ་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏེ། དཔེར་ན། ཡུལ་ ཅི་ལ་ཞེས་པ་ན། ཀི་མ་ལ་ཨཏ་བྱིན་ནས་ཏ་ཡིག་རྣམ་པ་སྣ་ཚོགས་པའི་དོན་དབྱི་ཞིང་། ཀིམ་ ཡང་ཀྭ་དབྱངས་མེད་དུ་བསྒྱུར་ཏེ་སྦྱར་བས། ཀྭ་ཞེས་པ་ལྟ་བུའོ། །ཏཧ་དག་ལ་ཀུའོ་ཞེས་པ་ ནི། ཀི་མའི་སྒྲ། ཏ་དང་ཧའི་རྐྱེན་ལ་ཀུ་རུ་འགྱུར་ཏེ། དཔེར་ན། སྔར་བཞིན་ཀིམ་ལ་ཏས་དང་ ཧ་བྱིན་ནས་ཀི་མ་ཉིད་ཀུ་རུ་བསྒྱུར་བས། ཀུ་ཏཿཀུ་ཧ་ཞེས་པ་ལྟ་བུའོ། །ཀིམ་སརྦ་ཡད་ཨེ་ཀ་ ཨ་ནྱ་རྣམས་ཁོ་ན་ལས་དུས་ལ་དཱའོ་ཞེས་པ་ནི། ཀིམ་དང་སརྦ་དང་ཡད་དང་ཨེ་ཀ་དང་ཨ་ནྱ་ རྣམས་ཁོ་ན་ལས་དུས་བརྗོད་པ་རྣམ་དབྱེ་བདུན་པ་དང་འདྲ་བའི་དོན་སྟོན་པ་ལས། དཱའི་རྐྱེན་ སྦྱིན་པར་བྱ་ཞིང་། ཁོ་ན་ཞེས་པ་རྣམ་པ་སྣ་ཚོགས་པའི་དོན་ཏེ། དཔེར་ན། རིམ་པ་ལྟར་དཱ་ བྱིན་ནས། ཅིའི་དུས་ལ། ནཱ་གསུམ་པར། ཀིམ་ཀའོ་ཞེས་པ་བཞིན་བྱས་པས། ཀ་དཱ་ཞེས་པ་ དང་། ཐམས་ཅད་ཀྱི་དུས་ལ། སརྦ་དཱ་ཞེས་པ་དང་། གང་གི་དུས་ལ་ཡཏ་ལ་ཏྱད་སོགས་སྔར་ བཞིན་བྱས་པས། ཡ་དཱ་ཞེས་པ་དང་། གཅིག་གི་དུས་ལ། ཨེ་ཀ་དཱ་ཞེས་པ་དང་། གཞན་གྱི་ དུས་ལ། ཨ་ནྱ་དཱ་ཞེས་པ་ལྟ་བུའོ། །ཨི་དམ་ལ་དྷི་ཨ་དྷུ་ནཱ་དཱ་ནཱི་མའོ་ཞེས་པ་ནི་ཨི་དམ་ལས། དུས་བརྗོད་པ་རྣམ་དབྱེ་བདུན་པ་དང་འདྲ་བའི་དོན་ལ། དྷི་དང་ཨ་དྷུ་ནཱ་དང་། དཱ་ནཱིམ་རྣམས་ རྐྱེན་དུ་འགྱུར་ཏེ། དཔེར་ན། ཨི་དམ་ལ། དྷི་བྱིན་ནས་ར་ཐ་དག་ལ་ཞེས་པས་སྔར་བཞིན་ཨི་ དཾ་ཉིད་ཨེ་ཏ་རུ་བསྒྱུར་བས། ཨེ་ཏ་ཪྷི་ཞེས་པ་དང་། ཨ་དྷུ་ནཱ་བྱིན་ནས། སྔར་བཞིན་དེ་ལ་ཨི་ དཾ་ཨིའོ་ཞེས་པ་ལྟར་བྱས་པ་འཆད་འགྱུར་གྱི་དབྱངས་དང་ཡའི་རྐྱེན་ལའང་ཕྱིས་པས། ཨ་དྷུ་ ནཱ་ཞེས་པ་དང་། དཱ་ནཱིཾ་བྱིན་ནས། ཨི་དཾ་ཉིད་ཨི་རུ་བསྒྱུར་བས། ཨི་དཱ་ནཱིམ་ཞེས་པ་ལྟ་བུའོ། ། ཏད་ལས་དཱ་དཱ་ནཱིཾ་དག་བཤད་དོ་ཞེས་པ་ནི། ཏད་ལས་དུས་བརྗོད་པ་རྣམ་དབྱེ་བདུན་པ་དང་ 6-1-206 འདྲ་བའི་དོན་ལས་དཱ་དང་དཱ་ནཱིམ་དག་རྐྱེན་དུ་བཤད་དེ། དཔེར་ན། ཏད་ལ་དཱ་དང་དཱ་ནཱིམ་ བྱིན་ནས་སྔར་བཞིན་ཏྱད་ལ་སོགས་པའི་ཞེས་པ་ལྟར་བྱས་པས། ཏ་དཱ་ཞེས་པ་དང་། ཏ་དཱ་ནཱི་ མ་ཞེས་པ་ལྟ་བུའོ། ། དྲུག་པ་སདྱ་སོགས་སྦྱར་བ་ཚིག་ཕྲད་དུ་བསྟན་པ་ནི། སདྱཿསོགས་རྣམས་ཚིག་ཕྲད་དོ་ ཞེས་པ་ནི། ས་མཱ་ན་ལ་སོགས་པའི་རྟགས་རྣམས་ལ་དྱས་དང་སོགས་ཀྱིས་ཨུཏ་དང་ཨཱ་རི་དང་། ས་མས་དང་། ཨེ་དྱ་བི་དང་། དྱ་དང་། ཨེ་དྱུསའི་རྐྱེན་རྣམས་བྱིན་པའི་མཐའ་ནི་ཚིག་ཕྲད་དུ་ འགྱུར་ཏེ། དཔེར་ན། སཱ་མ་ན་ལ་ཚིག་ཕྲད་དྱས་བྱིན་པ་ན། སཱ་མ་ན་ནི་ས་ཡིག་ཏུ་འགྱུར་བས། ས་དྱཿཞེས་པ་ལྟ་བུ་སྟེ། དེ་བཞིན་དུ། པཱུརྦ་སོགས་ལས་ཨསྟཱ་ཏ་སོགས་བྱིན་པའི་མཐའ་ཡང་ ཚིག་ཕྲད་དུ་ཤེས་པར་བྱའོ། །(སློབ་ཕན་དུ་འདི་ལ་མདོ་གཅིག་བྱས། པུ་རསྟཱ་ཏ་སོགས་རྣམས་ཀྱང་ངོ་། ཞེས་པ་ཡོད། ) བདུན་པ་རྣམ་པའི་དོན་ལ་ཐཱ་སོགས་སྦྱོར་ཚུལ་ནི། རྣམ་པ་བརྗོད་པ་ལ་ནི་ཐཱའོ་ཞེས་པ་ ནི། སརྦའི་མིང་ཅན་ལས་རྣམ་པ་བརྗོད་པ་ལ་ཐཱའི་རྐྱེན་སྦྱར་ཞིང་ནིའི་སྒྲ་ནི་གྲངས་ལས་དྷཱའི་ རྐྱེན་སྦྱོར་བའི་དོན་ཏེ། དཔེར་ན། ཐམས་ཅད་ཀྱི་རྣམ་པ་ཞེས་པ་ན་སརྦ་ལ་ཐཱ་ཕྱིན་པས། སརྦ་ ཐཱ་ཞེས་པ་དང་། ཏཏ་དང་ཡཏ་ལའང་ཐཱ་བྱིན་ནས་ཏྱད་སོགས་སྔར་བཞིན་བྱས་པས། ཏ་ཐཱ(དེ་ བཞིན)། ཡ་ཐཱ་(ཇི་བཞིན་ནམ་གང་ལྟར། )ཐཱ་ཞེས་པ་སྟེ། སརྦའི་མིང་ཅན་གཞན་རྣམས་ལའང་སྦྱར་རོ། ། གྲངས་ལ་དྷཱའི་རྐྱེན་སྦྱོར་བ་ནི། ཨེ་ཀ་དྷཱ་ཞེས་པ་ལ་སོགས་པའོ། །ཨི་དམ་ཀིམ་དག་ལས་ཐ་ མུ་བྱའོ་ཞེས་པ་ནི། ཨི་དཾ་དང་ཀིམ་དག་ལས་རྣམ་པར་བརྗོད་པ་ལ་ཐ་མུའི་རྐྱེན་སྦྱར་བར་བྱ་ སྟེ། དཔེར་ན། ཨི་དཾ་ལ་ཐ་མུ་བྱིན་ཏེ། ཨུ་ཡིག་བརྗོད་དོན་ཕྱིས་ནས། སྔར་བཞིན་ར་ཐ་དག་ ལ་ཞེས་པས་ཨི་དཾ་ཨིཏ་དུ་བསྒྱུར་བས། ཨཏྠིཾཞེས་པ་དང་། ཀིམ་ལ་ཐ་མུ་བྱིན་ནས། ནཱ་གསུམ་ པར། ཀིམ་ཀའོ་ཞེས་པ་ལྟར་བྱས་པས། ཀ་ཐཾ་(ཅི་ལྟར། )ཞེས་པ་ལྟ་བུའོ། །སྔར་བཤད་པའི་ཏས་ ནས་ཐ་མུའི་བར་འདི་རྣམས་ཀྱི་མཐའ་ནི་མི་ཟད་པ་ཞེས་གྲགས་སོ། ། 6-1-207 བརྒྱད་པ་ཀུན་བཤད་ལས་ཀྱང་ཏ་མ་སོགས་སྦྱོར་ཚུལ་ནི། ཀུན་བཤད་ལས་ཀྱང་ཏ་མ་ སོགས་རྣམས་སོ་ཞེས་པ་ནི་རྟགས་ལས་ཏ་མ་ལ་སོགས་པའི་རྐྱེན་སྦྱོར་བར་མ་ཟད། ཀུན་ བཤད་ཏི་སོགས་ཀྱི་མཐའ་ལས་ཀྱང་། ཏ་མ་(མང་པོ་རྣམས་ལས་མཆོག་ཏུ་གྱུར་པ་ལ་འཇུག)དང་། སོགས་ཀྱིས། ཏ་ར་(མང་པོ་རྣམས་ལས་མཆོག་ཏུ་གྱུར་པ་ལ་འཇུག)དང་། ཨིཥྛ་(མང་པོ་རྣམས་ལས་མཆོག་ཏུ་གྱུར་ པ་ལ་འཇུག)དང་། ཨི་ཡནྶ་(གཉིས་ལས་མཆོག་ཏུ་གྱུར་བ། )དང་། ཏ་མཱཾ་དང་། ཏ་རཱཾ་དང་། ཀལྤ་དང་། དེ་ ཤྱ་དང་། དེ་ཤཱི་ཡ་དང་། རཱུ་པ་དང་། ཙ་ར་དང་། ཀ་དང་། ཨཱ་ཀིན་དང་། ཙུཉྩུ་དང་། ཙ་ཎ་དང་། བཱ་ཤ་དང་། ཨི་ཏ་དང་། དགྷྣ་དང་། དྭ་ཡ་ས་དང་། མཱ་ཏྲཊ་དང་། ཨཎ་དང་། ཝནྟུ་དང་། ཨི་ ཡནྟུ་དང་། ཏ་ཡ་དང་། ཨ་ཡ་དང་། ཨ་ཏི་དང་། ཤས་དང་། ཙྭི་དང་། ཀྲྀ་ཏྭཱས་དང་། སུ་ལ་ སོགས་པའི་རྐྱེན་རྣམས་སྦྱར་བར་བྱ་སྟེ། དཔེར་ན། རྟགས་ལ་ནི་འདི་འདི་རྣམས་ཀྱི་ཕྱུག་པའི་ མཆོག་ཏུ་གྱུར་པ་ཞེས་བརྗོད་པ་ནི། ཨཱཌྷྱ་ལ་ཏམ་དང་སི་བྱིན་པས། ཨཱཌྷྱ་ཏ་མཿཞེས་པ་དང་། ཀུན་བཤད་ཀྱི་མཐའ་ལ་ནི་འདི་འདི་རྣམས་ཀྱི་འཚེད་པའི་མཆོག་ཏུ་གྱུར་པ་ཞེས་བརྗོད་པ་ན། པ་ཙ་ཏི་ལ་ཏ་མ་དང་སི་བྱིན་པས། པ་ཙ་ཏི་ཏ་མཿཞེས་པ་སྟེ། དེ་བཞིན་དུ། རྟགས་དང་ཀུན་ བཤད་ལས་ཏ་ར་སོགས་སྦྱོར་བ་ལའང་ཤེས་པར་བྱའོ། ། དགུ་པ་རཱ་ཛན་སོགས་ལས་ཨ་ཡིག་ཡང་ན་འགྱུར་ཚུལ་ནི། བསྡུ་བའི་མཐར་གྱུར་པ་རཱ་ ཛན་སོགས་རྣམས་ཀྱི་ཨཏ་མཐའ་ཉིད་ཡང་ནའོ་ཞེས་པ་ནི། ཚིག་སྡུད་ཀྱི་མཐར་གྱུར་པ། རཱ་ ཛན་དང་སོགས་པའི་སྒྲས་ཨ་ཧན་ལ་སོགས་པ་རྣམས་ཀྱི་མཐའ་ལ་ཨཏ་མཐའ་ཉིད་དེ་ཨ་ ཡིག་གི་རྐྱེན་ཡང་ན་འགྱུར་ཞིང་། ཏ་ཡིག་ནི་ཨཱ་ཡིག་རིང་པོ་བསལ་བའི་དོན་ཏེ། དཔེར་ན། མ་ཧནྟ་དང་རཱ་ཛན་གྱི་བར་དུ་སི་བྱིན་ཏེ། ན་སྔ་མ་ནཱ་གཉིས་པར་ཨ་ནུ་ཥཾ་གའང་ཅེས་པས་ ཕྱིས་ནས། ནཱ་ལྔ་པར་གཞི་མཐུན་ཚིག་ལ་ཞེས་པས་ཏ་ཡིག་ཧའི་དབྱངས་དང་བཅས་པ་ཨཱ་ རིང་པོར་བསྒྱུར་ཞིང་སི་བསྡུ་བ་བྱས་པའི་མཐར། རཱ་ཛན་ལ་ཨ་བྱིན་ནས། འཆད་འགྱུར་གྱི་ 6-1-208 ན་ནི་འགའ་ཞིག་ཏུ་ཞེས་པས་དབྱི་ཞིང་། དབྱངས་དང་ཡའི་རྐྱེན་ཞེས་པས་ཛའི་སྲོག་ཀྱང་ ཕྱིས་ཏེ་སི་བྱིན་པས། མ་ཧཱ་རཱ་ཛཿཞེས་པ་དང་། ཡང་ན་བསྡུ་བའི་མཐར་སི་བྱིན་ནས། ནཱ་ གཉིས་པར། གྷུཊ་ལའང་ཞེས་པས་ཛ་རིང་པོར་བསྒྱུར་ཏེ་གསལ་བྱེད་མཐའ་ལས་སི་དབྱི་ ཞིང་རྟགས་མཐའི་ན་ཡིག་ཀྱང་ཕྱིས་པས། མ་ཧཱ་རཱ་ཛཱ་ཞེས་པ་ལྟ་བུ་སྟེ། དེ་བཞིན་དུ་ཨ་ཧན་ སོགས་ལའང་སྦྱར་རོ། ། བཅུ་པ་ཉེར་མཁོའི་མཚན་ཉིད་རྒྱས་པར་བསྟན་པ་ནི། ཌ་རྗེས་སུ་འབྲེལ་བ་ལ་མཐའི་ དབྱངས་ལ་སོགས་པ་དབྱིའོ་ཞེས་པ་ནི། ཌ་རྗེས་སུ་འབྲེལ་བའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ རྟགས་མཐའི་དབྱངས་དང་སོགས་པའི་སྒྲས་གསལ་བྱེད་མཐའ་ཅན་རྣམས་ཀྱི་མཐའི་གསལ་ བྱེད་གང་ཡིན་པ་རང་གི་སྔ་མའི་དབྱངས་དང་བཅས་པ་དེ་དག་དབྱི་བར་བྱ་སྟེ། དཔེར་ན། དབྱངས་ཀྱི་མཐའ་ཅན་ཨེ་ཀ་ད་ཤ་ལ་སྔར་བཞིན་རྫོགས་པའི་དོན་ལ་ཌ་བྱིན་ནས་ཤའི་སྲོག་ དང་ཌ་ཡིག་རྗེས་འབྲེལ་དབྱི་ཞིང་། དེའི་སྲོག་ཤ་ལ་སྦྱར་ཏེ་སི་བྱིན་པས། ཨེ་ཀ་ད་ཤཿཞེས་ པ་ལྟ་བུའོ། །གསལ་བྱེད་མཐའ་ཅན་ཏྲིཾ་ཤཏ་ཙ་ཏྭཱ་རིཾ་ཤཏ་ལ་སྔར་བཞིན་ཌ་བྱིན་ནས། མཐའི་ ཏ་ཡིག་ཤའི་དབྱངས་དང་བཅས་པ་དང་ཌ་རྗེས་འབྲེལ་ཕྱིས་ལ་དབྱངས་དང་སྦྱར་ནས་སི་ བྱིན་པས། ཏྲིཾ་ཤཿ ཙ་ཏྭཱ་རིཾ་ཤཿཞེས་པ་ལྟ་བུའོ། །བིཾ་ཤ་ཏིའི་ཏིའང་ངོ་ཞེས་པ་བིཾ་ཤ་ཏིའི་ཏིའང་ ཌ་རྗེས་སུ་འབྲེལ་བའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་བྱ་སྟེ། དཔེར་ན། ཉི་ཤུས་རྫོགས་ པའི་དོན་ལ་ཌ་བྱིན་ནས་ཏི་དབྱི་ཞིང་སི་སྟེར་བའི་བར་སྔར་བཞིན་བྱས་པས། བིཾ་ཤཿ ཞེས་ པ་ལྟ་བུའོ། །ཨིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱངས་དང་ཡའི་རྐྱེན་ལའང་དབྱིའོ་ཞེས་པ་ནི། རྟགས་མཐའི་ཨིའི་ཡི་གེ་དང་ཨའི་ཡི་གེ་ཐུང་རིང་དག་དེ་ཕན་གྱི་དབྱངས་ཡིག་དང་། ཡའི་ རྐྱེན་ཕ་རོལ་ལ་དབྱི་བར་བྱ་སྟེ། དཔེར་ན། ཨ་ཏྲིའི་བུ་རྒྱུད་ཅེས་བརྗོད་པ་ན་སྔར་བཞིན་ཨེ་ ཡཎ་བྱིན་ནས། ཏྲིའི་ཨི་དང་། ཎ་ཡིག་འཕེལ་བའི་དོན་བྱས་ནས་དབྱི་ཞིང་། སི་བྱིན་པས། ཨཱ་ 6-1-209 ཏྲེ་ཡཿཞེས་པ་དང་། དཀྵ་ལ་ཨཏ་ལས་ཞེས་པས་ཨིཎ་བྱིན་ནས་ཀྵའི་སྲོག་དང་ཎ་ཡིག་འཕེལ་ བའི་དོན་བྱས་ནས་དབྱི་ཞིང་། སི་བྱིན་པས། དཱཀྵིཿཞེས་པ་དང་། གརྒ་ལ་སྔར་བཞིན་ཎྱ་བྱིན་ ནས། ཎ་ཡིག་འཕེལ་བའི་དོན་བྱས་པ་དང་གའི་སྲོག་ཕྱིས་ཏེ་སི་བྱིན་པས། གཱརྒྱཿཞེས་པ་ལྟ་ བུའོ། །ན་ནི་འགའ་ཞིག་ཏུའོ་ཞེས་པ་ནི་རྟགས་མཐའི་ན་ཡིག་ནི་དེ་ཕན་གྱི་དབྱངས་དང་ཡའི་ རྐྱེན་ཕ་རོལ་ལ་འགའ་ཞིག་ཏུ་དབྱི་བར་བྱ་སྟེ། དཔེར་ན། དེ་བ་ཤརྨ་ནའི་བུ་རྒྱུད་ཅེས་བརྗོད་ པ་ན། བ་ཧུ་སོགས་ལས་ཀྱང་ཞེས་པས་ཨིན་གྱི་རྐྱེན་བྱིན་ནས་ཎ་ཡིག་སྔར་བཞིན་འཕེལ་ བའི་དོན་བྱས་པ་དང་མཐའི་ན་ཡིག་ཕྱིས་ཏེ་སྦྱར་ནས་མཐར་སི་བྱིན་པས། དཻ་ཝ་ཤརྨིཿཞེས་ པ་དང་། འགའ་ཞིག་ཏུ་མི་འཕྱིད་པ་ནི། སཱ་མན་ལ། སྔར་བཞིན་དེར་ལེགས་པའང་ཞེས་ པས་ཡའི་རྐྱེན་དང་སི་བྱིན་པས། སཱ་མ་ནྱཿཞེས་པ་ལྟ་བུའོ། །ཨུའི་ཡི་གེ་རྣམས་ནི་ཨོ་ཉིད་དུ་ ཐོབ་པར་བྱའོ་ཞེས་པ་ནི། རྟགས་མཐའི་ཨུའི་ཡི་གེ་ཐུང་རིང་རྣམས་ནི་དབྱངས་དང་པོ་ཅན་ དང་ཡའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཨོ་ཉིད་དུ་བསྒྱུར་བ་ཐོབ་པར་བྱ་སྟེ། དཔེར་ན། ཨུ་པ་གུ་ ལ་སྔར་བཞིན་འདི་ལྟ་སོགས་ཀྱི་ཨཎའི་རྐྱེན་བྱིན་པ་ན། ཨུ་ཡིག་ཨོ་རུ་བསྒྱུར་ནས་མཚམས་ སྦྱར་ཞིང་། ཎ་ཡིག་འཕེལ་བའི་དོན་བྱས་ཏེ་ཕྱིས་ནས་སི་བྱིན་པས། ཨཽ་པ་ག་ཝཿ (ཉེ་བའི་བ་ལང་ གི་བུ། )ཞེས་པ་དང་། བ་དྷཱུ་སྔར་བཞིན་ཨུཏ་དང་གོ་སོགས་ལས་ཞེས་པས་ཡཏ་བྱིན་ནས། ཨཱུ་ ཡིག་ཨོ་རུ་བསྒྱུར་ནས་མཚམས་སྦྱར་ཏེ་ཏ་ཡིག་སྣ་ཚོགས་པའི་དོན་ཕྱིས་ནས་སི་དང་མུ་བྱིན་ པས། བ་དྷ་ཝྱཾ(བུ་མོ་གཞལ། ) ཞེས་པ་ལྟ་བུའོ། །ཨེ་ཡ་ལ་ཀ་དྲུ་མིན་པའི་དབྱི་བར་བྱའོ་ཞེས་པ་ ནི། རྟགས་མཐའི་ཨུ་ཐུང་རིང་རྣམས་ནི་ཨེ་ཡཎའི་རྐྱེན་ཕ་རོལ་ལ་ཀ་དྲུའི་ཨུ་ཡིག་མ་ཡིན་པ་ དབྱི་བར་བྱ་སྟེ། དཔེར་ན། མ་ཏྲ་བཱ་ཧུའི་བུ་རྒྱུད་ཅེས་བརྗོད་པ་ན། ཨེ་ཡཎ་གྱི་རྐྱེན་བྱིན་ནས་ སྔར་བཞིན་འཕེལ་བ་བྱས་ནས་ཧུའི་ཨུ་དང་ཎ་ཡིག་ཕྱིས་ཏེ་སི་བྱིན་ནས། མཱ་ཏྲ་བཱ་ཧེ་ཡཿཞེས་ པ་དང་། ཀ་དྲུའི་ཨུ་མི་འཕྱིད་པ་ནི་སྔར་བཞིན་ཨེ་ཡཎ་བྱིན་ནས་དྲུའི་ཨུ་ཡིག་ཨོ་རུ་བསྒྱུར་ 6-1-210 ཞིང་། ཎ་ཡིག་འཕེལ་བའི་དོན་བྱས་ནས་ཕྱིས་ཏེ་སི་བྱིན་པས། ཀཱ་དྲ་ཝེ་ཡ་(གཟར་བུའི་བུ་རྒྱུད། ) ཞེས་པ་ལྟ་བུའོ། །ཨཽ་ཡིག་དང་ཨཽ་ཡིག་དག་གིའང་ཨཝ་ཨཱ་ཝ་རུ་བསྒྱུར་བ་དག་བྱའོ་ཞེས་པ་ ནི། རྟགས་མཐའི་ཨོ་ཡིག་དང་ཨཽ་ཡིག་དག་ནི་དབྱངས་དང་ཡའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ ལའང་རིམ་པ་བཞིན། ཨཝ་དང་ཨཱཝ་དག་ཏུ་བསྒྱུར་བ་དག་བྱ་སྟེ། དཔེར་ན། བྷྲྀ་གུའི་བུ་རྒྱུད་ ཅེས་བརྗོད་པ་ན་ཨཎ་བྱིན་ནས། སྔར་བཞིན་གུའི་ཨུ་ཡིག་ཨོ་རུ་བསྒྱུར་ཞིང་། དེའང་ཨ་ཝ་རུ་ བསྒྱུར་ཏེ། ཎ་ཡིག་ཀྱང་བྷྲྀའི་རྀ་ཡིག་ཨཱར་དུ་འཕེལ་བའི་དོན་བྱས་ནས་དབྱི་ཞིང་། མཐར་སི་ བྱིན་པས། བྷཱརྒ་ཝཿཞེས་པ་དང་། གོ་ལ་སྔར་བཞིན་ཨུཏ་དང་གོ་སོགས་ལ་ཞེས་པས་ཡཏ་ཀྱི་ རྐྱེན་བྱིན་ནས། ཨོ་ཨཝ་རུ་བྱས་པ་ལ་སྦྱར་ཞིང་། ཏ་ཡིག་སྣ་ཚོགས་པའི་དོན་ཕྱིས་ཏེ་སི་དང་ མུ་བྱིན་པས། ག་ཝྱཾ་ཞེས་པ་དང་། ནཽ་ལ་སྔར་བཞིན་བསྒྲལ་བྱ་ཞེས་པས་ཡཏ་ཀྱི་རྐྱེན་བྱིན་ ནས། ཨཽ་ཨཱཝ་རུ་བྱས་པ་ལ་སྦྱར་ཏེ། སི་དང་མུ་བྱིན་པས། ནཱ་ཝྱཾ་ཞེས་པ་ལྟ་བུའོ། །ཎ་དང་ བཅས་པ་ལ་དང་པོར་འཕེལ་བའོ་ཞེས་པ་ནི། ཎ་ཡིག་དང་བཅས་པའི་རྐྱེན་ཕ་རོལ་ལ་རྟགས་ ཀྱི་དང་པོའི་དབྱངས་ཨ་ཡིག་ཨཱ་དང་། ཨི་ཡིག་ཨཻ་དང་། ཨུ་ཡིག་ཨཽ་དང་། རྀ་ཡིག་ཨཱར་དུ་ འཕེལ་བར་འགྱུར་ཏེ། དཔེར་ན། ཨཀྵ་ལ་མིག་གིས་བལྟ་བ་ཞེས་པ་ན་སྔར་བཞིན་ཨི་ཀཎ་ བྱིན་ནས། དབྱངས་དང་ཡའི་རྐྱེན་ལ་ཞེས་པས་ཀྵའི་སྲོག་དང་། ཎ་ཡིག་འཕེལ་བའི་དོན་བྱས་ ནས་ཕྱིས་ཏེ་སི་བྱིན་ནས། ཨཱཀྵི་ཀཿཞེས་པ་དང་། བི་ན་ཏའི་བུ་རྒྱུད་ཅེས་པ་ལ་ཨེ་ཡཎའི་རྐྱེན་ བྱིན་པ་ན། ཏའི་སྲོག་དང་ཎ་ཡིག་འཕེལ་བའི་དོན་བྱས་ནས་ཕྱིས་ཏེ་སི་བྱིན་པས། བཻ་ན་ཏེ་ ཡཿཞེས་པ་དང་། གུ་པུཙྪ་ལ་སྔར་བཞིན་ཨི་ཀཎའི་རྐྱེན་བྱིན་པ་ན། མཐའི་སྲོག་དང་ཎ་ཡིག་ འཕེལ་བའི་དོན་བྱས་ནས་ཕྱིས་ཏེ་སི་བྱིན་པས། གཽ་པུཙྪི་ཀ་(བ་ལང་གི་མཇུག་མས་སྒྲལ། )ཞེས་པ་དང་། ཀྲྀ་པ་ཎ་ལ་སྔར་བཞིན་ཡ་ཎའི་རྐྱེན་བྱིན་པ་ན་རྟགས་མཐའི་སྲོག་དང་། ཎ་ཡིག་འཕེལ་བའི་ དོན་བྱས་ནས་ཕྱིས་ཏེ་སི་དང་མུ་བྱིན་པས། ཀཱཪྤ་ཎྱཾ་ཞེས་པ་ལྟ་བུའོ། །ཡཝ་ཚིག་དང་པོ་དག་ 6-1-211 གི་མ་ཡིན་ཞིང་འཕེལ་བ་ཨཱ་ག་མའོ་ཞེས་པ་ནི། ཡ་ཡིག་དང་ཝ་ཡིག་ཚིག་གི་དང་པོར་ཉེ་བར་ གྱུར་པ་དག་གི་ཎ་དང་བཅས་པའི་རྐྱེན་ཕ་རོལ་ཏུ་བྱུང་ཡང་དེ་དག་གི་དབྱངས་འཕེལ་བར་ འགྱུར་བ་མ་ཡིན་ཞིང་། གནས་ཅན་གྱི་རིམ་པ་ལྡན་པའི་ཚིག་ལས་རྐན་ལས་བྱུང་བའི་ཡའི་ དང་པོར་རྐན་ལས་བྱུང་བའི་འཕེལ་བ་ཨཻ་དང་། སོ་དང་མཆུ་ལས་བྱུང་བའི་ཝའི་དང་པོར་ མཆུ་ལས་བྱུང་བའི་འཕེལ་བ་ཨཽ་ཨཱ་ག་མ་སྦྱིན་པར་བྱ་སྟེ། དཔེར་ན། ཝྱ་ས་ན་ལ་སྔར་བཞིན་ ཨཎའི་རྐྱེན་བྱིན་ནས་ཡའི་དང་པོ་ཝ་ཡིག་སྲོག་མེད་ལ་འཕེལ་བ་ཨཻ་ཡིག་ཨཱ་ག་མ་སྦྱིན་ཞིང་། ནའི་སྲོག་དང་ཎ་ཡིག་ཕྱིས་ཏེ་སི་དང་མུ་བྱིན་པས། བཻ་ཡ་ས་ནཾ་ཞེས་པ་དང་། རྟ་བཟང་པོའི་བུ་ རྒྱུད་ཅེས་པ་ལ་སུ་དང་ཨ་ཤྭ་མཚམས་སྦྱར་བས། སྭ་ཤྭ་ལ་སྔར་བཞིན་ཨིཎ་བྱིན་ནས། ཝའི་ དང་པོས་སྲོག་མེད་ལ་འཕེལ་ཨཽ་ཨཱ་ག་མ་སྦྱིན་ཞིང་། མཐའི་སྲོག་དང་ཎ་ཡིག་ཕྱིས་ཏེ་སི་བྱིན་ པས། སཽ་ཝ་ཤྭིཿཞེས་པ་ལྟ་བུའོ། །ཞེས་པ་མིང་དེ་རྣམས་ཀྱི་དོན་གྱི་ཁྱད་པར་ལ་ཕན་པའི་མདོ་ རྣམས་སྟོན་པར་རབ་ཏུ་བྱེད་པ་དྲུག་པའི་འགྲེལ་པ་རྫོགས་སོ།། །། མིང་ཚིག་ཡི་གེ་མཐའ་ཡས་པས། ། དཔག་མེད་འགྲོ་ལ་ལེགས་པའི་ལམ། ། བསྟན་ནས་ཐམས་ཅད་མཁྱེན་པ་ཡི། ། གོ་འཕང་མཆོག་ལ་འགོད་པར་ཤོག ། དགེའོ། །མངྒ་ལཾ་བྷ་བནྟུ། 6-1-212 ༄༅། །ཀ་ལཱ་པའི་འགྲེལ་པ་མཐོང་བ་ཙམ་གྱིས་ལེགས་པར་གོ་བ་ ལེགས་སྦྱར་རབ་གསལ་སྣང་བ་ལས་ཀུན་བཤད་ ཀྱི་ཊཱི་ཀ་བཞུགས་སོ། ། ༄༅། །ན་མོ་མཉྫུ་ནཱ་ཐཱ་ཡ། ཀུན་མཁྱེན་ལེགས་བཤད་ཀུན་སྟོན་པ། །མཁྱེན་རབ་དབང་ ཕྱུག་ལ་བཏུད་ནས། །བྱིངས་ལས་ཚིག་ཏུ་སྒྲུབ་པའི་མདོ། །ཏི་སོགས་རྣམ་དབྱེ་རྣམ་པར་ བཤད། ། དེ་ཡང་ཀུན་བཤད་རྣམས་ཀྱི་ཏི་སོགས་རྣམ་དབྱེའི་འཇུག་ཚུལ་གཏན་ལ་དབབ་པ་ལ་ བརྒྱད་དེ། བྱིངས་དང་རྣམ་དབྱེའི་སྦྱོར་ཚུལ་བསྟན་པ། བྱིངས་དང་རྐྱེན་རྣམས་སོ་སོར་སྦྱོར་ ཚུལ། ཨ་བྷྱཱས་རྣམ་འགྱུར་གཙོ་བོར་སྟོན་ཚུལ། སམ་པྲར་འགྱུར་སོགས་དམིགས་བསལ་སྟོན་ ཚུལ། བྱིངས་ལ་ཡོན་ཏན་ཐོབ་མི་ཐོབ་ཚུལ། བྱིངས་ལ་རྣམ་འགྱུར་གཙོ་བོར་འབྱུང་ཚུལ། ཨི་ ཊ་འཇུག་དང་མི་འཇུག་ཁྱད་པར། ཉེར་མཁོའི་མཚན་ཉིད་རྒྱས་པར་བཤད་པའོ། ། དང་པོ་བྱིངས་དང་རྣམ་དབྱེ་སོ་སོར་ཕྱེ་སྟེ་སྦྱོར་ཚུལ་བསྟན་པ་ལ། རྣམ་དབྱེའི་མིང་དོན། བྱིངས་ཀྱི་མིང་དོན། དེ་དག་སྦྱར་བ། གྲངས་དང་གོ་རིམ། བྱིངས་ཐམས་ཅད་པ་ངོས་བཟུང་ བ་སྟེ་ལྔ་ལས། ཀུན་བཤད་དང་པོ་རྣམ་དབྱེའི་མིང་ཅན་དོན་ངེས་པར་བྱ་བ་ལའང་གསུམ་ ལས། དང་པོ་འཇུག་པ་བདེ་བའི་བརྡ་ཆད་བསྟན་པ་ནི། བཀྲ་ཤིས་པ་པ་རསྨཻ འི་ཚིག་རྣམས་ སོ་ཞེས་པ་ནི་སྤྱིར་བཏང་བ་སྟེ། བཀྲ་ཤིས་པ་ནི་བརྩམས་པ་མཐར་ཕྱིན་པའི་དོན་དུ་ཤིས་པ་ 6-1-213 བརྗོད་པའོ། །འཆད་པར་འགྱུར་བའི་ཝརྟ་མཱ་ནཱ་ལ་སོགས་པ་རྣམ་དབྱེ་སྡེ་ཚན་བཅུ་པོ་རེ་རེ་ ལ་ཡང་དགུ་ཚན་གཉིས་གཉིས་སུ་ཕྱེ་བས་བརྒྱ་དང་བརྒྱད་ཅུར་གནས་པ་ལ། སྡེ་ཚན་བཅུ་པོ་ རྣམས་ཀྱི་དགུ་ཚན་སྔ་མ་རྣམས་ཀྱི་མིང་ནི་པ་རསྨཻ འི་ཚིག་རྣམས་ཞེས་བཏགས་ཏེ། དགོས་པ་ ནི་འཆད་འགྱུར་གྱི་པ་རསྨཻ་ཞེས་པའི་སྐབས་སུ་དྲན་པའི་ཆེད་དུའོ། །ཕ་རོལ་དགུ་རྣམས་ཨཱཏྨ་ ནེའོ་ཞེས་པ་ནི་རྣམ་དབྱེ་སྡེ་ཚན་བཅུ་པོ་རྣམས་ཀྱི་དགུ་ཚན་ཕྱི་མ་རྣམས་ཀྱི་མིང་ནི་ཨཱཏྨ་ནེའི་ ཚིག་རྣམས་ཞེས་བཏགས་ཏེ། དགོས་པ་ནི་འཆད་འགྱུར་གྱི་ཨཱཏྨ་ནེ་ཞེས་པའི་སྐབས་སུ་དྲན་ པར་བྱའོ། །གསུམ་གསུམ་རྣམས་དང་པོ་དབུས་མ་ཕྱི་མ་རྣམས་སོ་ཞེས་པ་ནི་ཝརྟ་མཱ་ནཱ་ལ་ སོགས་པ་རྣམ་དབྱེ་སྡེ་ཚན་བཅུ་པོའི་པ་རསྨཻ་དང་ཨཱཏྨ་ནེའི་ཚིག་དེ་རྣམས་ཀྱི་ཐོག་མ་གསུམ་ ནི་སྐྱེས་བུ་དང་པོ་དང་བར་པ་གསུམ་ནི་སྐྱེས་བུ་དབུས་མ་དང་། ཐ་མ་གསུམ་ནི་སྐྱེས་བུ་ཕྱི་ མའི་མིང་ཅན་དུ་འགྱུར་ཞིང་། གསུམ་ཚན་རེ་རེ་ལའང་དང་པོ་རྣམས་གཅིག་གི་ཚིག་དང་། གཉིས་པ་རྣམས་གཉིས་ཀྱི་ཚིག་དང་། གསུམ་པ་རྣམས་མང་པོའི་ཚིག་རྣམས་སུ་སོ་སོར་རྟོག་ པར་བྱའོ། ། གཉིས་པ་འཇུག་ཚུལ་གྱི་གོ་རིམ་བསྟན་པ་ནི། ཅིག་ཅར་བརྗོད་པ་ལ་སྐྱེས་བུ་རྣམས་ཀྱི་ ཕ་རོལ་ལོ་ཞེས་པ་ནི། བྱིངས་ལས་རྣམ་དབྱེ་ཅིག་ཅར་བརྗོད་པ་སྟེ་དུས་མཚུངས་པར་སྦྱིན་པ་ ཐོབ་པ་ལ། སྐྱེས་བུ་དང་པོ་དང་། དབུས་མ་དང་། ཕྱི་མ་རྣམས་ལ་མདོ་གང་ཕྱི་མར་བཤད་ པ་དེ་སྦྱིན་པར་བྱ་སྟེ། དཔེར་ན། ཏཏ་ལ་སི་བྱིན་ནས། ནཱ་གསུམ་པར། ཏྱད་སོགས་ཀྱི་རྣམ་ དབྱེ་ལ་ཨའོ་ཞེས་པས་ཏ་ཡིག་ཨ་རུ་བསྒྱུར་ཞིང་། ནཱ་དང་པོར། ཨ་ཡིག་ལ་དབྱིའོ་ཞེས་པས་ ཏའི་ཨ་ཕྱིས་ལ། ནཱ་གསུམ་པར། ཏའིའང་ངོ་ཞེས་པས་ཏ་ཡིག་ས་རུ་བསྒྱུར་ཏེ། སི་ཚེག་དྲག་ ཏུ་བྱས་པ། སན་ལྔ་པར། ཨེ་ཥ་དང་ས་ལས་ཕ་རོལ་གསལ་བྱེད་ལ་དབྱིའོ་ཞེས་པས་གསལ་ བྱེད་ཙ་མཐོང་བ་ལས་ཕྱིས་པ་དང་། ཡུཥྨཏ་དང་ཨསྨཏ་ལ་སི་བྱིན་ནས། ནཱ་གསུམ་པར། སི་ལ་ 6-1-214 རྣམ་དབྱེ་དང་བཅས་པ་ཏྭཾ་ཨ་ཧཾ་ངོ་ཞེས་པས། ཡུཥྨཏ་སི་དང་བཅས་པ་ཏྭཾ་དང་། ཨསྨཏ་སི་དང་ བཅས་པ་ཨ་ཧཾ་དུ་བསྒྱུར་བ་གསུམ་པོ་རེ་རེའི་མཐར་ཡང་ཚིག་ཕྲད་དང་གི་སྐད་དོད་ཙ་ལ་སི་ བྱིན་པ། ནཱ་བཞི་པར། མི་ཟད་པ་ལས་ཀྱང་ངོ་ཞེས་པས་ཕྱིས་པའི་མིང་དེ་རྣམས་ཀྱི་ཕ་རོལ་ཏུ་ ཌུ་པ་ཙ་ཥ་འཚེད་པའི་དབྱིངས་ལ་ཝརྟ་མཱ་ནཱའི་སྐྱེས་བུ་གསུམ་ག་སྦྱར་དུ་རུང་ཡང་མདོ་འདིས་ ཕྱི་མ་སྦྱོར་བར་བཤད་པས་སྐྱེས་བུ་ཕྱི་མའི་མང་ཚིག་མས྄་བྱིན་ནས། ཨཱ་གཉིས་པར་བྱེད་པ་ པོ་ལ་ཞེས་པས་བར་དུ་ཨན་བི་ཀ་ར་ཎ་སྦྱིན་ཞིང་། ཨཱ་བརྒྱད་པར་གང་རྗེས་སུ་འབྲེལ་བ་མི་ སྦྱོར་རོ་ཞེས་པས་ཌུ་དང་ཥ་རྗེས་འབྲེལ་ཡིན་པ་ཕྱིས་ལ། ཙའི་ཨ་ཡིག་བརྗོད་པའི་དོན་ཡིན་ པས་འཕྱིད་པ་ནི་འཆད་འགྱུར་གཞན་རྣམས་ལའང་ཤེས་པར་བྱ་སྟེ། ཨན་གྱི་ན་ཡིག་ཨཱ་ལྔ་ པར། བི་ཀར་ཎའི་ཨན་ཉིད་ལའོ་ཞེས་པའི་དོན་ཡིན་པས་འཕྱིད་པ་ཡང་འཆད་འགྱུར་རྣམས་ ལའང་ཤེས་པར་བྱ་ཞིང་། ཨ་ཡིག་ཙ་ལ་སྦྱར་བ། ཨཱ་བརྒྱད་པར། ཝ་མ་དག་ལ་ཞེས་པས་ རིང་པོར་བསྒྱུར་ནས། དེ་ཉིད་དུ་ར་དང་ས་ཡིག་དག་གི་རྣམ་པར་བཅད་པའོ་ཞེས་པས་མས་ ཀྱིས་ཚེག་དྲག་ཏུ་བསྒྱུར་བས། མ་ཙ(དེ་དང་)། ཏྭཾ་ཙ(ཁྱོད་དང་)། ཨ་ཧཾ་ཙ(ང་དང་)། པ་ཙཱ་མཿ(འཚེད་ པ་རྣམས། )ཞེས་པ་ལྟ་བུ་སྟེ། རྣམ་དབྱེ་གཞན་རྣམས་སྦྱོར་བ་ལའང་ཤེས་པར་བྱའོ། །མིང་ལ་ རབ་ཏུ་སྦྱོར་བཞིན་པ་ལ་ཡང་དང་པོའོ་ཞེས་པ་ནི་མིང་གི་དོན་ཙམ་ལ་རབ་ཏུ་སྦྱོར་བཞིན་པའི་ བྱིངས་ལ་རྣམ་དབྱེ་སྡེ་ཚན་བཅུ་པོའི་པ་རསྨཻ དང་། ཨཱཏྨ་ནེའི་ཚིག་སྦྱོར་བ་ན། སྐྱེས་བུ་དང་པོའི་ ཚིག་གསུམ་སྦྱོར་བར་འགྱུར་ཞིང་། ཡང་གི་སྒྲས་མིང་ཙམ་ལ་སྦྱོར་བ་མ་ཡིན་པའི་བྱིངས་རྐྱང་ པ་ལ་ཡང་སྦྱོར་ཏེ། དཔེར་ན། མིང་ཏཏ་ལ་སི་བྱིན་ནས་སྔར་བཞིན་ས་རུ་བསྒྱུར་ཞིང་ཚེག་ དྲག་ཕྱིས་པའི་ཕ་རོལ་ཏུ་པ་ཙ་ལ་ཝརྟ་མཱ་ནཱའི་བ་རསྨཻའི་སྐྱེས་བུ་དང་པོའི་གཅིག་ཚིག་ཏི་བྱིན་ ཏེ། བར་དུ་ཨན་སྔར་བཞིན་བྱིན་པའི་ན་དབྱི་བ་དང་ཙའི་སྲོག་འཕྱིད་པའི་བར་སྔར་བཞིན་ བྱས་པས། ས་པ་ཙ་ཏི(དེ་འཚེད་པར་བྱེད། )ཞེས་པ་དང་། མིང་ཏཏ་ལ་ཨཽ་བྱིན་ནས་ཏ་སྔ་མའི་སྲོག་ 6-1-215 འཕྱིད་པའི་བར་སྔར་བཞིན་བྱས་ཏེ་མཚམས་སྦྱར་བའི་ཕ་རོལ་ཏུ། པ་ཙ་ལ་སྐྱེས་བུ་དང་པོའི་ གཉིས་ཚིག་ཏས་དང་། བར་དུ་ཨན་བྱིན་ནས་ཙའི་སྲོག་འཕྱིད་པའི་བར་སྔར་བཞིན་བྱས་ ཏེ། ཏས་ཀྱིས་ཚེག་དྲག་ཏུ་བསྒྱུར་བས། ཏཽ་པ་ཙ་ཏཿ(དེ་དག་འཚེད་པར་བྱེད་པ་དག་གོ། )ཞེས་པ་དང་། ཏཏ་ལ་ཛས་བྱིན་ནས་ཏའི་སྲོག་འཕྱིད་པའི་བར་སྔར་བཞིན་བྱ་ཞིང་། ནཱ་དང་པོར། ཛས྄་ ཐམས་ཅད་ཨཱིའོ་ཞེས་པ་ལྟར་བྱས་ཏེ་མཚམས་སྦྱར་བའི་ཕ་རོལ་ཏུ། པ་ཙ་ལ་སྐྱེས་བུ་དང་པོའི་ མང་ཚིག་ཨན་ཏི་དང་། བར་དུ་ཨིན་བྱིན་ནས་ཙའི་སྲོག་འཕྱིད་པའི་བར་སྔར་བཞིན་བྱས་ཏེ། ཨནྟིའི་ཨ་ཡིག་ཀྱང་། ཨཱ་དྲུག་པར། ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་ལ་ཞེས་པས་ཕྱིས་ ནས། ཨན་གྱི་ཨ་ཡིག་ཙ་ལ་སྦྱར་བས། ཏེ་པ་ཙནྟི་(དེ་རྣམས་འཚེད་པ་རྣམས་སོ། །)ཞེས་པ་ལྟ་བུའོ། ། མིང་མ་ཡིན་པའི་བྱིངས་རྐྱང་པ་ཙ་ལྟ་བུ་ལའང་སྐྱེས་བུ་དང་པོ་གསུམ་སྔར་བཞིན་སྦྱར་བ་ནི། པ་ཙ་ཏི། (འཚེད་དོ། །) པ་ཙ་ཏཿ(འཚེད་པ་དག) པ་ཙནྟི་(འཚེད་པ་རྣམས། ) ཞེས་པ་ལྟ་བུ་སྟེ། རྣམ་དབྱེ་ གཞན་རྣམས་ལའང་ཤེས་པར་བྱའོ། །ཁྱེད་ལ་དབུས་མའོ་ཞེས་པ་ནི་ཁྱེད་ཀྱི་སྒྲ་ལ་འཇུག་ བཞིན་པའི་མིང་ལ་སྦྱོར་བའི་བྱིངས་ལ། རྣམ་དབྱེ་སྡེ་ཚན་བཅུ་པོའི་པ་རསྨཻ་དང་། ཨཱཏྨ་ནེའི་ ཚིག་སྦྱོར་བ་ན། སྐྱེས་བུ་དབུས་མའི་ཚིག་གསུམ་སྦྱོར་བར་འགྱུར་ཞིང་མིང་ལ་སྦྱོར་བ་མ་ཡིན་ པའི་བྱིངས་རྐྱང་པ་ལ་ཡང་སྦྱོར་ཏེ། དཔེར་ན། མིང་ཡུཥྨཏ་ལ་སི་བྱིན་པ་དང་བཅས་པ་སྔར་ བཞིན་ཏྭཾ་དུ་བསྒྱུར་བའི་ཕ་རོལ་ཏུ། པ་ཙ་ལ་ཝརྟ་མཱ་ནཱའི་པ་རསྨཻ འི་སྐྱེས་བུ་དབུས་མའི་གཅིག་ ཚིག་སི་དང་བར་དུ་ཨན་བྱིན་ནས། ཙའི་སྲོག་འཕྱིད་པའི་བར་སྔར་བཞིན་བྱས་པས། ཏྭཾ་པ་ཙ་ སི(ཁྱོད་འཚེད་དོ། །)ཞེས་པ་དང་། ཡུཥྨཏ་ལ་ཨཽ་བྱིན་ནས། ནཱ་གསུམ་པར། ཡུ་ཝ་ཨཱ་ཝ་དག་གཉིས་ བརྗོད་པ་རྣམས་ལའོ་ཞེས་པས་ཡུཥྨད་ཡུ་ཝ་རུ་བསྒྱུར་ཞིང་། ཨཽ་ནི། ནཱ་གསུམ་པར། ཨཾ་དང་ ཨཽའང་ཨཱམའོ་ཞེས་པ་ལྟར་བྱས་ཏེ་མཚམས་སྦྱར་བའི་ཕ་རོལ་ཏུ། པ་ཙ་ལ་སྐྱེས་བུ་དབུས་མའི་ གཉིས་ཚིག་ཐས་དང་བར་དུ་ཨན་བྱིན་ནས། ཙའི་སྲོག་འཕྱིད་པའི་བར་སྔར་བཞིན་བྱས་ཏེ། 6-1-216 ཐས་ཀྱི་ས་ཚེག་དྲག་ཏུ་བསྒྱུར་བས། ཡུ་ཝཱཾ་པ་ཙ་ཐཿ(ཁྱོད་དག་འཚེད་པ་དག)ཞེས་པ་དང་། ཡུཥྨཏ་ལ་ ཛས྄་བྱིན་ནས། ནཱ་གསུམ་པར། ཛས྄་ལ་ཡཱུ་ཡཾ་ཝ་ཡཾ་ཞེས་པས་ཡུཥྨཏ་ཛས་དང་བཅས་པ་ཡཱུ་ ཡཾ་དུ་བསྒྱུར་བའི་ཕ་རོལ་ཏུ་པ་ཙ་ལ་སྐྱེས་བུ་དབུས་མའི་མང་ཚིག་ཐ་དང་། བར་དུ་ཨན་བྱིན་ ནས་སྔར་བཞིན་སྦྱར་བས། ཡཱུ་ཡཾ་པ་ཙ་ཐ་(ཁྱེད་རྣམས་སྨིན་པ་རྣམས། )ཞེས་པ་ལྟ་བུའོ། །མིང་མ་ཡིན་ པའི་བྱིངས་རྐྱང་པ་པ་ཙ་ལྟ་བུ་ལའང་སྐྱེས་བུ་དབུས་མ་གསུམ་སྔར་བཞིན་སྦྱོར་བ་ནི། པ་ཙ་ སིཿ(བཅོས་སོ། །) པ་ཙ་ཐཿ(བཅོས་པ་དག) པ་ཙ་ཐ་(བཅོས་པ་རྣམས། )ཞེས་པ་ལྟ་བུའོ། །ངེད་ལ་ཕྱི་མའོ་ ཞེས་པ་ནི་ངེད་ཀྱི་སྒྲ་ལ་འཇུག་བཞིན་པའི་མིང་ལ་སྦྱོར་བའི་བྱིངས་ལ། རྣམ་དབྱེ་སྡེ་ཚན་བཅུ་ པོའི་པ་རསྨཻ་དང་། ཨཱཏྨ་ནེའི་ཚིག་སྦྱོར་བ་ན། སྐྱེས་བུ་ཕྱི་མའི་ཚིག་གསུམ་སྦྱོར་བར་འགྱུར་ ཞིང་། མིང་ལ་སྦྱོར་བ་མ་ཡིན་པའི་བྱིངས་རྐྱང་པ་ལ་ཡང་སྦྱོར་ཏེ། དཔེར་ན། མིང་ཨསྨཏ་ལ་ སི་བྱིན་པ་སྔར་བཞིན་རྣམ་དབྱེ་དང་བཅས་པ་ཨ་ཧཾ་དུ་བསྒྱུར་བའི་མཐར། པ་ཙ་ལ་ཝརྟ་མཱ་ ནཱའི་སྐྱེས་བུ་ཕྱི་མའི་གཅིག་ཚིག་མི་བྱིན་ནས། བར་དུ་སྔར་བཞིན་ཨན་བྱིན་པའི་ཨ་ཡིག་ཨཱ་ བརྒྱད་པར། ཝ་མ་དག་ལ་ཞེས་པས་རིང་པོར་གྱུར་པས། ཨ་ཧཾ་པ་ཙཱ་མི(ངེད་འཚེད་དོ། །)ཞེས་པ་ དང་། ཨསྨཏ་ལ་ཨཽ་བྱིན་ནས་སྔར་བཞིན་ཨསྨཏ་ཨཱ་ཝ་དང་། ཨཽ་ཨཱཾ་དུ་བསྒྱུར་ཏེ་མཚམས་ སྦྱར་བའི་མཐར། པ་ཙ་ལ་སྐྱེས་བུ་ཕྱི་མའི་གཉིས་ཚིག་ཝས་བྱིན་ཏེ། བར་དུ་སྔར་བཞིན་ཨན་ བྱིན་པའི་ཨ་ཡིག་ཝ་མ་དག་ལ་རིང་པོར་གྱུར་ཅིང་། ཝས་ཀྱི་ས་ཚེག་དྲག་ཏུ་བསྒྱུར་བས། ཨཱ་ ཝཱཾ་པ་ཙཱ་ཝཿ(ངེད་དག་འཚེད་དོ། །) ཞེས་པ་དང་། ཨསྨཏ་ལ་ཛས྄་བྱིན་པ་དང་བཅས་པ་སྔར་བཞིན་ ཝ་ཡཾ་དུ་བསྒྱུར་བའི་མཐར་པ་ཙ་ལ་སྐྱེས་བུ་ཕྱི་མའི་མང་ཚིག་མས་བྱིན་ཏེ། བར་དུ་ཨན་བྱིན་ པའི་ཨ་ཡིག་ཝ་མ་དག་ལ་རིང་པོ་དང་མས་ཀྱི་ས་ཚེག་དྲག་ཏུ་གྱུར་པས། ཝ་ཡཾ་པ་ཙཱ་མཿ (ངེད་ རྣམས་འཚེད་པ་རྣམས། )ཞེས་པ་ལྟ་བུའོ། །མིང་མ་ཡིན་པའི་བྱིངས་རྐྱང་པ་པ་ཙ་ལྟ་བུ་ལ་ཡང་སྐྱེས་ བུ་ཕྱི་མ་གསུམ་སྔར་བཞིན་སྦྱར་བ་ནི། པ་ཙཱ་མི(འཚེད)། པ་ཙཱ་ཝཿ(འཚེད་བདག) པ་ཙཱ་མཿ (འཚེད་ 6-1-217 པ་རྣམས། )ཞེས་པ་ལྟ་བུའོ། ། གསུམ་པ་ཤུགས་ལས་བྱིངས་ཀྱི་དཱ་ངོས་བཟུང་ཚུལ་ནི། དཱཔ྄་མིན་པའི་དཱ་དྷཱ་དག་གི་དཱའོ་ ཞེས་པ་ནི་དཱཔ་གཅོད་པ་དང་དཻཔ྄་དག་པའི་བྱིངས་འདི་དག་མ་ཡིན་པ། ཌུདཱ་ཉ་དང་། དཱཎ་ གཉིས་སྦྱིན་པ་དང་། དེང་བསྲུང་བ་དང་། དོ་དུམ་བུར་བྱེད་པའི་བྱིངས་རྣམས་ནི་དཱ་ཡིག་དང་། ཌུདྷཱཉ་འཛིན་པ་དང་། དྷེཊ་སྐྱོང་བའི་བྱིངས་དག་ནི་དཱ་ཡིག་སྟེ། དེ་ལྟར་དྲུག་པོ་རྣམས་ནི་དཱའི་ མིང་ཅན་དུ་འགྱུར་རོ། །དཔེར་ན། དེང་དང་དྷེཊ་ལ་ཝརྟ་མཱ་ནཱའི་ཨཱཏྨ་ནེའི་སྐྱེས་བུ་དང་པོའི་ གཅིག་ཚིག་ཏེ་བྱིན་ནས། ཨཱ་གཉིས་པར། བྱིངས་ཐམས་ཅད་པ་ལ་ཡཎའོ་ཞེས་པས་བར་ དུ་ཡཎ་བྱིན་པའི་ཎ་ཡིག་གི་ཎ་ན་རུ་བྱེད་པའི་ཁྱད་པར་གྱི་དོན་ཡིན་པས་འཕྱིད་པ་ནི་འཆད་ འགྱུར་གཞན་རྣམས་ལའང་ཤེས་པར་བྱ་ཞིང་། ང་ཡིག་དང་ཊ་ཡིག་ནི་ཨཱ་བརྒྱད་པར། གང་ རྗེས་སུ་འབྲེལ་བ་མི་སྦྱོར་ཞེས་པས་ཕྱིས་ཏེ་དེ་དང་དྷེ་ཞེས་པ་དང་། །ཨཱ་བཞི་པར། མཚམས་ སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ཞེས་པས་སྲོག་གི་དབྱངས་ཨཱ་རིང་པོར་བསྒྱུར་བ་ཐོབ་པ་ ལ། དཱའི་མིང་ཅན་དུ་བཤད་པའི་དམིགས་བསལ་གྱིས་ཨཱ་བཞི་པར། དཱ་མཱ་གཱ་ཡ་ཏི་ཞེས་པས་ ཡ་མཐོང་བ་ལས་ཨཱི་རིང་པོར་བསྒྱུར་བས་དཱི་ཡ་ཏེ(སྦྱིན་པར་བྱེད་དོ། །)། དྷཱི་ཡ་ཏེ་(འཛིན་པར་བྱེད་དོ། །) ཞེས་པ་ལྟ་བུའོ། །དཱཔ྄་དང་དཻཔ྄་ཀྱི་སྲོག་ནི་ཨཱི་རིང་པོར་མི་འགྱུར་ཏེ། དཔེར་ན། ཝརྟ་མཱ་ནཱའི་ སྐྱེས་བུ་དང་པོའི་མང་ཚིག་ཨནྟི་བྱིན་ནས། བར་དུ་སྔར་བཞིན་ཡཎ་བྱིན་པའི་ཎ་ཡིག་དང་། པ་ཡིག་གཉིས་ཀྱང་དཱཔ྄་མ་ཡིན་པའི་ཞེས་པའི་ཁྱད་པར་གྱི་དོན་ཡིན་པས་ཕྱིས་ལ། ཨཱ་བཞི་ པར། མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ཞེས་པས་དཻཔ྄་ཀྱི་སྲོག་ཨཱ་རིང་པོར་བསྒྱུར་ ཞིང་། ཨཱ་དྲུག་པར། ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་ལ་ཞེས་པས་ཨནྟིའི་ཨ་ཕྱིས་པས། དཱ་ཡནྟི(གཅོད་པར་བྱེད་པ་རྣམས)། དཱ་ཡནྟི་(དག་པར་བྱེད་པོ་རྣམས། )ཞེས་པ་ལྟ་བུའོ། ། གཉིས་པ་བྱིངས་ཀྱི་མིང་དོན་ངེས་པར་བྱ་བ་ནི། བྱ་བ་རྟོགས་བྱེད་ནི་བྱིངས་སོ་ཞེས་པ་ 6-1-218 སྔར་མ་བསྒྲུབས་ཤིང་ད་གདོད་བསྒྲུབ་རྒྱུ་བྱ་བ་བརྗོད་པ་རྟོགས་པར་བྱེད་པའི་ངེས་པ་དང་ ལྡན་པ་དེ་རྣམས་ནི། བྱིངས་ཀྱི་མིང་ཅན་དུ་འགྱུར་ཏེ། དཔེར་ན། བྷཱུ་ཡོད་པའི་བྱིངས་ལྟ་བུ་སྟེ་ དེ་ཚིག་ཏུ་སྒྲུབ་པ་ལ་ཏི་སོགས་འཇུག་པས་ཝརྟ་མཱ་ནཱའི་ཏི་དང་བར་དུ་ཨན་བྱིན་ནས། ནཱ་ལྔ་ པར། ནཱ་མི་མཐའི་ཞེས་པས་བྷཱུའི་ཨཱུ་ཡིག་ཨོ་རུ་བསྒྱུར་ཏེ་མཚམས་སྦྱར་བས། བྷ་ཝ་ཏི(འགྱུར་ རོ། །)ཞེས་པ་ལྟ་བུའོ། ། གསུམ་པ་དེ་དག་སྦྱར་བས་དུས་རྣམས་རྟོགས་ཚུལ་ལ་བཞི་ལས། དང་པོ་དུས་ལ་འཇུག་ ཚུལ་སྤྱིར་བསྟན་ནི། དུས་ལའོ་ཞེས་པ་ནི་བྱིངས་ལ་སྦྱོར་བའི་ཝརྟ་མཱ་ནཱ་ལ་སོགས་པ་འཆད་ པར་འགྱུར་བའི་རྣམ་དབྱེ་རྣམས་ཀྱིས་ད་ལྟར་བ་ལ་སོགས་པའི་དུས་གོ་བར་བྱེད་དོ་ཞེས་སྤྱིར་ བསྟན་པའོ། ། གཉིས་པ་སོ་སོར་འཇུག་ཚུལ་རྒྱས་པར་བཤད་པ་ནི། ད་ལྟར་པ་ལ་ཝརྟ་མཱ་ནཱའོ་ཞེས་པ་ བྱིངས་ལས་ད་ལྟར་བའི་དུས་རྟོགས་པར་བྱེད་པ་ལ་ཝརྟ་མཱ་ནཱའི་རྣམ་དབྱེ་རྣམས་སྦྱིན་པར་ འགྱུར་ཏེ། དཔེར་ན། པཋ་ཀློག་པ་དང་། ཡཛ་ལྷ་མཆོད་པའི་བྱིངས་ལ། ཝརྟ་མཱ་ནཱའི་ཏི་དང་། བར་དུ་སྔར་བཞིན་ཨན་བྱིན་པས། པ་ཋ་ཏི། (ཀློག་པར་བྱེད་དོ། །) ཡ་ཛ་ཏི་(ལྷ་མཆོད་པར་བྱེད་དོ། །)ཞེས་ པ་ལྟ་བུའོ། །སྨ་ཡིས་འདས་པ་ལའོ་ཞེས་པ་ནི། སྤྱིར་ཧྱསྟ་ནཱི་དང་ཨ་དྱ་ཏ་ནཱི་དང་པ་རོ྅ཀྵཱ་ རྣམས་འདས་པའི་དུས་ལ་འཇུག་ཀྱང་སྨའི་སྒྲ་དང་སྦྱར་བའི་བྱིངས་ལས། འདས་པའི་དུས་ གོ་བར་བྱེད་པ་ལ་ཡང་ཝརྟ་མཱ་ནཱའི་རྣམ་དབྱེ་སྦྱིན་པར་འགྱུར་ཏེ། ཨི་ཏིསྨ་མཱ་ཏཱའི་ཕ་རོལ་ཏུ། བྲཱུཉ྄་སྨྲ་བའི་ཕྱིང་ས་ལ་ཝརྟ་མཱ་ནཱའི་མི་བྱིན་ནས། བར་དུ་སྔར་བཞིན་ཨན་བྱིན་པ། ཨཱ་བཞི་ པར། ཨད་སོགས་ལས་ཞེས་པས་དབྱི་ཞིང་། ཉ་རྗེས་འབྲེལ་ཡང་སྔར་བཞིན་ཕྱིས་ལ། ཨཱ་ དྲུག་པར། བྲཱུ་ལས་ཚིག་དང་པོར་ཨཱིཊའོ་ཞེས་པས། བར་དུ་ཨཱི་ཊ་ཨཱ་ག་མ་བྱིན་པའི་ཊ་ཡིག་ ནི། དེ་ཉིད་དུ་ཨི་ཊ་ལས་ཀྱང་ཨཱི་ཊ་ལའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་པས་འཕྱིད་པ་ནི་ 6-1-219 འཆད་འགྱུར་རྣམས་ལའང་ཤེས་པར་བྱ་ཞིང་། ཨཱ་ལྔ་པར། ནཱ་མཱི་མཐའི་བྱིངས་དང་ཞེས་པས་ བྲཱུའི་ཨཱུ་ཡིག་ཨོ་རུ་བསྒྱུར་ཏེ་མཚམས་སྦྱར་བས། ཨི་ཏིསྨ་མཱ་(མས་སྨྲས་ཟིན། ) མཱ་ཏཱ་བྲ་ཝཱི་མི་(བྲཱུ་ ལ་ཨཱི་ཊ་བྱིན་ནས་ཡོན་ཏན་བྱས་པས། བྲ་ཝཱི་དང་། ཝརྟ་མཱ་ནཱའི་པ་ར་སྨཻ འི་སྐྱེས་བུ་ཕྱི་མའི་གཅིག་ཚིག་མི་བྱིན་པས། བྲ་ཝཱི་ཟེར་ བ་དག)ཞེས་པ་ལྟ་བུའོ། །པ་རོ྅ཀྵཱའོ་ཞེས་པ་ནི་བྱིངས་ལས་འདས་པའི་དུས་ལྐོག་གྱུར་རྟོགས་ པར་བྱེད་པ་ལ། པ་རོ྅ཀྵཱའི་རྣམ་དབྱེ་བྱིན་པར་འགྱུར་ཏེ། དཔེར་ན། ཌུ་ཀྲྀཉ྄་བྱེད་པའི་ བྱིངས་ཀྱི་ཌུ་དང་ཉ་ཡིག ཨཱ་བརྒྱད་པར། གང་རྗེས་སུ་འབྲེལ་བ་མི་སྦྱོར་ཞེས་པས་ཕྱིས་པ་ ལ། པ་རོ྅ཀྵཱའི་ཨཱཊ་བྱིན་ནས། ཨཱ་གསུམ་པར། ཙཎ་པ་རོ྅ཀྵཱ་ཞེས་པས་ཀྲྀ་ལན་གཉིས་སུ་ བཞག་ཅིང་། དེ་ཉིད་དུ་རྀ་ཡིག་གི་ཞེས་པས་ཀྲྀ་སྔ་མའི་རྀ་ཡིག་ཨ་ཡིག་ཏུ་བསྒྱུར་ལ། དེ་ཉིད་ དུ། ཀ་སྡེའི་ཙ་སྡེའོ་ཞེས་པས་ཀ་ཡིག་ཙ་རུ་བསྒྱུར་ཏེ། ཨཱ་དྲུག་པར། ཨིན་ཨི་ཙ་ཨཊ་རྣམས་ ལ་ཨའི་ཨུ་པ་དྷཱ་ཞེས་པས་ཀྲྀ་ཕྱི་མའི་རྀ་ཡིག་གི་འཕེལ་བ་ཨཱར་རིང་པོར་བསྒྱུར་ཞིང་། ཨཊའི་ ཊ་ཡིག་ཁྱད་པར་གྱི་དོན་ཕྱིས་པའི་མཐར། ཝཱ་མ་ནཾ་རཱུ་པཾ་གནས་པ་ལས། ཙ་ཀཱ་ར་ཝཱ་མ་ནཾ་རཱུ་ པཾ་(གཟུགས་ཐུང་ངུར་བྱས་ཟིན། )ཞེས་པ་ལྟ་བུའོ། །བྱུང་བའི་བྱེད་པ་དང་ལྡན་པ་རྣམས་ཀྱང་ངོ་ཞེས་ པ་ནི་བྱིངས་ལས་སྔར་བྱུང་བ་འདས་པའི་དུས་གོ་བར་བྱེད་པ་དང་ལྡན་པ་ལ། རྣམ་དབྱེ་ཧྱསྟ་ ནཱི་དང་ཨ་དྱ་ནཱི་དང་ཀྲྀ་ཡཱ་ཏི་པཏྟི་རྣམས་ཀྱང་སྦྱིན་པར་འགྱུར་ཏེ། དཔེར་ན། རིམ་པ་བཞིན་ དུ། ཌུཀྲྀཉ་བྱེད་པའི་བྱིངས་ཀྱི་ཌུ་དང་ཉ་རྗེས་འབྲེལ་ཕྱིས་པའི་མཐར། ཧྱསྟ་ནཱའི་དི་བྱིན་ནས། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོར་ཧྱསྟ་ནཱི་ཨ་དྱ་ཏ་ནཱི་བྱ་བ་ཤོར་བ་རྣམས་ལ་ཨཊའོ་ཞེས་ པས་བྱིངས་ཀྱི་དང་པོར་ཨཊ་ཨཱ་ག་མ་བྱིན་པའི་ཊ་ཡིག་རྣམས་པ་སྣ་ཚོགས་ཀྱི་དོན་ཡིན་པས་ འཕྱིད་པ་ནི་འཆད་འགྱུར་རྣམས་ལའང་ཤེས་པར་བྱའོ། །ཨཱ་གཉིས་པར། ཏན་སོགས་ལས་ ཨུའོ་ཞེས་པས་བར་དུ་ཨུ་བྱིན་པ། ཨཱ་ལྔ་པར། ནཱ་མི་མཐའི་ཞེས་པས་ཨུ་ཡིག་ཨོ་དང་། དེ་ཉིད་ དུ་ཀ་རོ་ཏིའིའོ་ཞེས་པས་ཀྲྀའི་རྀ་ཡིག་ཨར་ཐུང་ངུར་བསྒྱུར་ནས། དེའི་ཨི་ཡིག ཨཱ་དྲུག་པར། 6-1-220 གསལ་བྱེད་ལས་དི་སི་དག་གོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ནས་འཕྱིད་པའང་འཆད་ འགྱུར་རྣམས་ལ་ཤེས་པར་བྱ་སྟེ། ནཱ་གསུམ་པར། རྫོགས་པ་ལ་ཡང་ནའོ་ཞེས་པས་(ཨཱ་བརྒྱད་ པར། )ད་ཡིག་ཏ་རུ་བསྒྱུར་བས། ཨ་ཀ་རོ་ཏ་(ཁ་སང་བྱས་ཟིན། )ཅེས་པ་དང་། ཌུཀྲྀཉའི་རྗེས་འབྲེལ་ སྔར་བཞིན་ཕྱིས་པའི་མཐར། ཨདྱ་ཏ་ནཱིའི་དི་བྱིན་ནས། བྱིངས་ཀྱི་དང་པོར་སྔར་བཞིན་ཨཊ་ བྱིན་ནས་ཊ་ཡིག་ཕྱིས་ཏེ། ཨཱ་གཉིས་པར། ཨདྱ་ཏ་ནཱི་ལས་སི་ཙའོ་ཞེས་པས་བར་དུ་སི་ཙ་ བྱིན་པའི་ཨི་དང་ཙ་ཡིག སི་ཙ་ལས་པ་རསྨཻ་ལའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་པས་ཕྱིས་ ལ། ཨཱ་དྲུག་པར། དབྱངས་མཐའ་རྣམས་ཀྱི་སི་ཙ་ལ་པ་རསྨཻ་ལའོ་ཞེས་པས་ཀྲྀའི་རྀ་ཡིག་ཨཱ་ ར་རིང་པོར་བསྒྱུར་ཞིང་། དེ་ཉིད་དུ། སི་ཙ་ལས་སོ་ཞེས་པས་ཨཱིཊ་རིང་པོ་བྱིན་པའི་ཊ་སྔར་ བཞིན་ཕྱིས་ནས། ཨཱ་བརྒྱད་པར། རྒྱུ་མཚན་ལས་རྐྱེན་དང་ཞེས་སོགས་ཀྱིས་ས་ཡིག་ཥ་རུ་ བསྒྱུར་ལ། སྔར་བཞིན་དིའི་ཨི་ཡིག་ཕྱིས་ཏེ་རྫོགས་པ་ལ་ཡང་ན་བྱས་པས། ཨཱ་ཀཱ་ཪྵཱ ིཏ་(སྔར་ བྱས་ཟིན། )ཅེས་པ་དང་། སྔར་བཞིན་ཀྲྀའི་མཐར། ཀྲྀ་ཡཱ་ཏི་པཏྟིའི་སྱཏ་བྱིན་ནས། བྱིངས་ཀྱི་དང་ པོར་ཨཊ་ཨཱ་ག་མ་བྱིན་པའི་ཊ་ཡིག་དབྱི་ཞིང་། ཨཱ་བདུན་པར། ཧན་དང་རྀཏ་མཐའ་ལས་སྱ་ ལའོ་ཞེས་པས་བར་དུ་ཨིཊ་ཨཱ་ག་མ་བྱིན་པའི་ཊ་ཡིག་སྔར་བཞིན་ཕྱིས་ལ། ཨཱ་ལྔ་པར། ཀ་རོ་ ཏིའི་འོ་ཞེས་པས་ཀྲྀའི་རྀ་ཡིག་ཨར་ཐུང་ངུར་བསྒྱུར་ཏེ། སྔར་བཞིན་ས་ཡིག་ཥ་རུ་བསྒྱུར་བས། ཨ་ཀ་རི་ཥྱཏ་(བྱ་བ་ཐལ་ཟིན། )ཅེས་པ་ལྟ་བུའོ། །འབྱུང་འགྱུར་ལ་བྷ་ཝིཥྱནྟི་དང་ཨཱ་ཤཱིཥ་དང་ཤྭསྟ་ ནཱིའོ་ཞེས་པ་ནི་འབྱུང་འགྱུར་མ་འོངས་པའི་དུས་གོ་བར་བྱེད་པ་ན། བྱིངས་ལ་རྣམ་དབྱེ་བྷ་ཝི་ ཥྱནྟི་དང་ཨཱ་ཤཱིཥ་དང་ཤྭསྟ་ནཱི་རྣམས་སྦྱིན་པར་འགྱུར་ཏེ། དཔེར་ན། རིམ་པ་བཞིན། བྷཱུ་ཡོད་ པའི་བྱིངས་ལ་བྷ་ཝིཥྱནྟིའི་སྱཏི་བྱིན་པའི་བར་དུ། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་ པའི་གསལ་བྱེད་དང་པོ་ཞེས་པས་ཨིཊ་ཨཱ་ག་མ་སྦྱིན་ཞིང་། ཨཱ་ལྔ་པར། ནཱ་མི་མཐའི་ཞེས་ པས་བྷཱུའི་ཨཱུ་ཡིག་ཨོ་རུ་བསྒྱུར་ནས་མཚམས་སྦྱར་ཏེ། ས་ཡིག་ཥ་རུ་བསྒྱུར་བས། བྷ་ཝིཥྱ་ཏི་ 6-1-221 (འབྱུང་བར་འགྱུར། )ཞེས་པ་དང་། བྷཱུ་ལ་ཨཱ་ཤཱིཥའི་ཡཱཏ་བྱིན་པའི་མཐར། བྷ་ཝཱན་བི་རཀྟཿགནས་ པ་ལས། བྷཱུ་(གྱུར་ཅིག)ཡཱཏ་བྷ་ཝཱ་(ཁྱོད་)ནི་བི་རཀྟ་(ཆགས་པ་དང་བྲལ་བར། )ཞེས་པ་དང་། པ་ཋ་ཀློག་ པའི་བྱིངས་ལ་ཤྭསྟ་ནཱིའི་ཏཱ་བྱིན་པའི་བར་དུ། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པའི་ ཞེས་པས་ཨིཊ་བྱིན་པས། པ་ཋི་ཏཱ་(ཀློག་བར་འགྱུར་རོ། །)ཞེས་པ་ལྟ་བུའོ། ། གསུམ་པ་དུས་ཀྱི་ཁྱད་པར་རྟོགས་ཚུལ་ནི། དེ་རྣམས་ཀྱི་རང་མིང་རྣམས་ཀྱི་དུས་ཀྱི་ ཁྱད་པར་རོ་ཞེས་པ་ཝརྟ་མཱ་ནཱ་ལ་སོགས་པ་སྔར་བཤད་པའི་རྣམ་དབྱེ་དེ་རྣམས་ཀྱི་རང་རང་ གི་མིང་གིས་དུས་ཀྱི་ཁྱད་པར་རྣམས་ཤེས་པར་འགྱུར་ཏེ། དེ་ལ་ཝརྟ་མཱ་ནཱ་བསྒྱུར་ན་འཇུག་ བཞིན་པ་ཞེས་པའམ་དོན་འགྱུར་ནི་ད་ལྟར་བ་སྟེ་མགོ་རབ་ཏུ་བརྩམས་པ་ནས་ཡོངས་སུ་ མ་རྫོགས་ཀྱི་བར་རོ། །དེས་ན་ད་ལྟར་གྱི་དུས་ལ་ཝརྟ་མཱ་ནཱའི་རྣམ་དབྱེ་སྦྱིན་པར་འགྱུར་ཏེ། དཔེར་ན། ཡཛ྄་མཆོད་པའི་བྱིངས་ལ་སྐྱེས་བུ་དང་པོའི་གཅིག་ཚིག་ཏི་དང་། བར་དུ་སྔར་ བཞིན་ཨན་བྱིན་པས། ཡ་ཛ་ཏི་(ལྷ་མཆོད་པར་བྱེད་དོ། །) ཞེས་པ་ལྟ་བུའོ། །པ་རོ྅ཀྵཱ་བསྒྱུར་ན་པ་ ར་ཕ་རོལ་དང་ཨཀྵཱ་དབང་པོ་སྟེ། དོན་འགྱུར་དབང་པོ་རྣམས་ཀྱི་ཕ་རོལ་ཏེ་ལྐོག་གྱུར་ཡིན་ པས་དབང་པོ་རྣམས་ཀྱི་ཡུལ་མ་ཡིན་པ་ཞེས་པའོ། །དེས་ན་འདས་པའི་སྤྱི་ཙམ་མ་ཡིན་པའི་ ལྐོག་ཏུ་གྱུར་པའི་འདས་པའི་དུས་ལ། པ་རོ྅ཀྵཱའི་རྣམ་དབྱེ་སྦྱིན་པར་འགྱུར་ཏེ། དཔེར་ན། ཏྲི་ པུ་རམ་གྱི་རྗེས་སུ་དཧ་ཐལ་བར་བྱེད་པའི་བྱིངས་ལ་སྐྱེས་བུ་དང་པོའི་གཅིག་ཚིག་ཨཊ་བྱིན་ ནས། ཨཱ་གསུམ་པར། ཙཎ་པ་རོ྅ཀྵཱ་ཞེས་པས་ད་ཧ་གཉིས་སུ་བཞག་སྟེ། དེ་ཉིད་དུ། ཨ་བྷྱཱ་ སའི་གསལ་བྱེད་དང་པོ་ལྷག་མར་བྱའོ། །ཞེས་པས་སྔ་མའི་ཧ་དབྱི་ཞིང་། ཨཱ་དྲུག་པར། ཨིན་ ཨི་ཙ་ཨཊ་རྣམས་ལ་ཞེས་པས་ད་ཕྱི་མ་རིང་པོར་བྱས་པའི་མཐར། རུ་དྲཿགནས་པ་ལས། ཏྲི་ པུ་(གྲོང་ཁྱེར་གསུམ། )རཾ་ད་(བསྲེགས་སོ། །)དཱ་ཧ་རུ་དྲཿ(དྲག་པོ། )ཞེས་པ་ལྟ་བུའོ། །ཧྱསྟ་ནཱི་བསྒྱུར་ན་ཁར་ སང་བྱུང་བ་ཞེས་པའོ། །དེས་ན་འདས་པ་ཙམ་མ་ཡིན་པའི་ཁར་སང་འདས་པའི་དུས་ལ་ཧྱསྟ་ 6-1-222 ནཱི་འི་རྣམ་དབྱེ་སྦྱིན་པར་འགྱུར་ཏེ། དཔེར་ན། ཧྱཿཔཱ་པམ་གྱི་རྗེས་སུ་ཧྲྀཉ་འཕྲོག་པའི་བྱིངས་ ཀྱི་ཉ་རྗེས་འབྲེལ་སྔར་བཞིན་ཕྱིས་ནས། སྐྱེས་བུ་དང་པོའི་གཅིག་ཚིག་དི་བྱིན་པའི་དིའི་ཨི་ ཡིག་དང་བར་དུ་ཨན་བྱིན་པའི་ན་ཡིག་དང་། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོ་ཞེས་པས་ ཨཊ་བྱིན་པའི་ཊ་ཡིག་རྣམས་སྔར་བཞིན་ཕྱིས་ལ། ཨཱ་ལྔ་པར། ནཱ་མི་མཐའི་ཞེས་པས་ཧྲྀའི་རྀ་ ཡིག་ཨར་དུ་བསྒྱུར་ཞིང་ད་ཡིག་རྫོགས་པ་ལ་ཡང་ན་བྱས་པས། ཧྱཿཔཱ་པ་མ་ཧ་ར་ཏ་མ་ཧ་རཏ་ (ཁཾར་སང་སྡིག་པ་ཕྲོགས་སོ། །)ཅེས་པ་ལྟ་བུའོ། །ཨ་དྱ་ཏ་ནཱི་བསྒྱུར་ན་ཉིན་མོའི་དེ་རིང་བྱུང་ཞེས་པའོ། ། དེས་ན་འདས་པའི་ཁྱད་པར་མ་ཡིན་པའི་དེ་རིང་བྱུང་བ་ཕན་ཆད་ཙམ་གྱི་འདས་པའི་དུས་ ལ་ཨ་དྱ་ཏ་ནཱིའི་རྣམ་དབྱེ་སྦྱིན་པར་འགྱུར་ཏེ། དཔེར་ན། ཙིཉ་སོགས་པའི་བྱིངས་ཀྱི་ཉ་རྗེས་ འབྲེལ་ཕྱིས་པ་ལ་སྐྱེས་བུ་དང་པོའི་གཅིག་ཚིག་དི་བྱིན་པའི་ཨི་ཡིག་དང་། སྔར་བཞིན་བྱིངས་ ཀྱི་དང་པོར་ཨཊ་བྱིན་པའི་ཊ་ཡིག་དང་། ཨཱ་གཉིས་པར། ཨ་དྱ་ཏ་ནཱི་ལས་སི་ཙ་འོ་ཞེས་པས་ དེའི་སྔོན་དུ་སི་ཙ་བྱིན་པའི་ཨི་ཡིག་དང་ཙ་ཡིག་ཁྱད་པར་གྱི་དོན་དང་། ཨཱ་དྲུག་པར། སི་ཙ་ ལས་སོ་ཞེས་པས་ཨཱིཊ་བྱིན་པའི་ཊ་ཡིག་རྣམས་སྔར་བཞིན་ཕྱིས་ནས། ཨཱ་དྲུག་པར། སི་ཙ་ ལ་པ་རསྨཻ་ལའོ་ཞེས་པས་ཙིའི་ཨི་ཡིག་ཨཻ་རུ་བསྒྱུར་ལ། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་ ཞིང་། ད་ཡིག་རྫོགས་པ་ལ་ཡང་ན་བྱས་པས། ཨ་ཙཻ་ཥཱིཏ(དི་རིང་སོག་པར་བྱས་སོ། །)ཅེས་པ་ལྟ་ བུའོ། །ཀྲི་ཡཱ་ཏི་པཏྟི་བསྒྱུར་ན་བྱ་བ་ཤོར་བ་ཞེས་པ་སྟེ་མི་མཐུན་པའི་རྐྱེན་འགའ་ཞིག་གིས་ བྱ་བ་མ་གྲུབ་པར་གྱུར་བའོ། །དེས་ན་བྱ་བ་ཤོར་བའི་འདས་པའི་དུས་ལ་ཀྲི་ཡཱ་ཏི་པཏྟིའི་རྣམ་ དབྱེ་སྦྱིན་པར་འགྱུར་ཏེ། དཔེར་ན། བྷུ་ཛ་སྐྱོང་བའི་བྱིངས་ལ་སྐྱེས་བུ་དང་པོའི་གཅིག་ཚིག་ སྱ་ཏ་བྱིན་ནས་བྱིངས་ཀྱི་དང་པོར་སྔར་བཞིན་ཨཊ་བྱིན་ལ། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མི་ཞེས་ པས་བྷུའི་ཨུ་ཡིག་ཨོ་དང་། ཨཱ་དྲུག་པར། ཙ་སྡེའི་ཀིའོ་ཞེས་པས་ཛ་ཡིག་ཀ་དང་། རྒྱུ་མཚན་ ལས་ཞེས་པས་ས་ཡིག་ཥ་རུ་བསྒྱུར་བའི་མཐར། བྷ་ཝཱན་ཏེ་ན་གནས་པ་ལས། ཨ་བྷོཀྵྱཏ་བྷ་ 6-1-223 ཝཱན་ཏེ་ན་(བདག་གིས་ཁྱོད་སྐྱོང་བ་མ་བྱུང་། )ཞེས་པ་ལྟ་བུའོ། །བྷ་ཝི་ཥྱནྟི་བསྒྱུར་ན་འབྱུང་བར་འགྱུར་ རོ་ཞེས་པའོ། །དེས་ན་འབྱུང་འགྱུར་གྱི་བྱེ་བྲག་མ་ཡིན་པའི་འབྱུང་འགྱུར་མ་འོངས་པ་ཙམ་ གྱི་དུས་ལ་བྷ་ཝི་ཥྱནྟཱིའི་རྣམ་དབྱེ་བྱིན་པར་འགྱུར་ཏེ། དཔེར་ན། ཡཱ་ཐོབ་པའི་བྱིངས་ལ་སྐྱེས་ བུ་དང་པོའི་གཅིག་ཚིག་སྱཏི་བྱིན་པ་ལས། ཡཱ་སྱ་ཏི་(ཐོབ་པར་འགྱུར་རོ། །)ཞེས་པ་ལྟ་བུའོ། །ཨཱ་ ཤཱིཥ་བསྒྱུར་ན་སྨོན་པ་སྟེ། མ་འོངས་པའི་འདོད་པའི་དོན་ཐོབ་པར་སྨོན་པའོ། །དེས་ན་འབྱུང་ བར་འགྱུར་བའི་སྤྱི་མ་ཡིན་པའི་སྨོན་པ་དང་ལྡན་པའི་འབྱུང་འགྱུར་མ་འོངས་པའི་དུས་ལ་ཨཱ་ ཤཱིཥའི་རྣམ་དབྱེ་སྦྱིན་པར་འགྱུར་ཏེ། དཔེར་ན། ཛཱིཝ་སྲོག་གི་རྒྱུན་ལའོ་ཞེས་པའི་བྱིངས་ལ། སྐྱེས་བུ་དང་པོའི་གཅིག་ཚིག་ཡཱཏ་བྱིན་པའི་མཐར་བྷ་ཝཱན་གནས་པ་ལས། ཛཱི་ཝྱཱ་དྦྷཝཱན་(འཚོ་ བར་སྨོན། )ཞེས་པ་ལྟ་བུའོ། །ཤྭསྟ་ནཱི་བསྒྱུར་ན་ནང་པར་འབྱུང་བར་འགྱུར་རོ་ཞེས་པའོ། །དེས་ན་ སང་འབྱུང་འགྱུར་གྱི་དུས་ལ་ཤྭསྟ་ནཱིའི་རྣམ་དབྱེ་སྦྱིན་པར་འགྱུར་ཏེ། དཔེར་ན། ཤྭོའི་མཐར། ཨིང་ཀློག་པའི་བྱིངས་ཀྱི་ང་ཡིག་ནི། ཨཱ་གཉིས་པར། བྱེད་པ་པོ་ལ་རུ་ཙ་སོགས་དང་ཞེས་པས་ ཨཱཏྨ་ནེ་སྦྱིན་པའི་ཚིག་དོན་ཡིན་པ་ཕྱིས་ནས། ཨ་དྷི་བྱིངས་ཀྱི་སྔོན་དུ་བཞག་སྟེ། མཐར་སྐྱེས་ བུ་དང་པོའི་གཅིག་ཚིག་ཏཱ་བྱིན་ལ། ཨཱ་ལྔ་པར། ནཱ་མི་མཐའ་ཞེས་པས་བྱིངས་ཀྱི་ཨི་ཡིག་ཨེ་ རུ་བསྒྱུར་ཞིང་། ཨ་དྷིའི་ཨ་ཡིག་སན་གཉིས་པར། ཚིག་མཐར་ཨེཏ་ཨོཏ་ལས་ཞེས་པས་ཕྱིས་ ཏེ་མཚམས་སྦྱར་བས། ཤྭོ྅་དྷྱེ་ཏཱ་(སང་ཉིན་ཀློག)ཞེས་པ་ལྟ་བུའོ། །སློབ་མ་ལ་ཕན་པར། ཝརྟ་མཱ་ ནཱ་ནི་འདིར་རྗེས་སུ་འཇུག་པ་མ་ཡིན་ཏེ་ཞེས་གསུངས་པ་ནི་མདོའི་དགོངས་པ་དང་མི་མཐུན་ ཏེ། རང་མིང་རྣམས་ཀྱིས་ཞེས་པ་དང་འགལ་ཞིང་། མདོའི་དགོངས་པ་ནི་དུར་སིང་ལྟར་ཡིན་ པས་དེ་དང་མཐུན་པར་བཀོད་པ་ཡིན་ནོ། ། བཞི་པ་གཞན་ལའང་འཇུག་པའི་དམིགས་བསལ་ནི། རབ་ཏུ་སྦྱོར་བ་ལས་ཀྱང་ངོ་ཞེས་ པ་རབ་ཏུ་སྦྱོར་བ་ནི་མཆོག་གི་སྦྱོར་བ་ཏེ། སྔོན་གྱི་སློབ་དཔོན་རྣམས་ཀྱིས་མཛད་པའི་བསྟན་ 6-1-224 བཅོས་ཆེན་པོ་རྣམས་སུ་ཝརྟ་མཱ་ནཱ་ལ་སོགས་པའི་རྣམ་དབྱེ་རྣམས་རང་གི་མིང་གི་དུས་ལ་ འཇུག་པར་མ་ཟད་དུས་གཞན་ལའང་འཇུག་པར་འགྱུར་ཞེས་པའི་དོན་ཏེ། དཔེར་ན། ནི་ པཱ་ཏ་དང་སྦྱོར་བའི་བྱིངས་ལ་འབྱུང་འགྱུར་གྱི་དུས་ལའང་ཝརྟ་མཱ་ནཱ་འཇུག་པ་ནི། ཡཱཝཏ་ནི་ པཱ་ཏའི་ཕ་རོལ་ཏུ། བྷུ་ཛ་སྐྱོང་བའི་བྱིངས་ལ་སྐྱེས་བུ་དང་པོའི་གཅིག་ཚིག་ཏེ་བྱིན་ནས། ཨཱ་ གཉིས་པར། རུ་དྷ་སོགས་ཀྱི་དབྱངས་ལ་ཞེས་པས་བྷུའི་དབྱངས་མཐར། ན་བི་ཀ་ར་ཎ་བྱིན་ པའི་སྲོག་གི་དབྱངས་ནི། ཨཱ་བཞི་པར། རུ་དྷ་སོགས་ཀྱི་བི་ཀ་ར་ཎའི་ཞེས་པས་ཕྱིས་ལ། ཨཱ་ དྲུག་པར། ཙ་སྡེའི་ཀིའོ་ཞེས་པས་ཛ་ཡིག་ཀ་དང་། ན་ཡིག་ནི་ནཱ་བཞི་པར། སྡེ་པ་ལ་སྡེ་བའི་ མཐའོ་ཞེས་པས་ང་ཡིག་ཏུ་བསྒྱུར་བས། ཡཱ་ཝ་(འདི་ལས་མཆན་འདི་སྙིང་པོ་མེད། ཡཱ་ཝཏ་རེས་ནི་པཱ་ཏའམ་མི་ ཟད་པ་ཡིན་ཞེས་པ་པི་པཱཏ་རུ་འཁྲུལ་བ་རེད། ཡ་ཝཏ་དང་པི་པཱ་ད་སྔོན་དུ་སྟེ་བྷུ་ཛ་ལ་ན་སྒྲ་དང་ཝརྟ་མཱ་ནཱའི་ཨཱཏྨ་ནེའི་སྐྱེས་བུ་དང་ པོའི་གཅིག་ཚིག་ཏེ་དང་ཨན་བི་རྣམས་བྱིན་པའི་པའི་འབྲས་བུ། ཡཱ་ཝཏ་པི་པཱ་ཏ་བྷུངྐ་ཏེ་ཞེས་པ་སྟེ། ཇི་སྙེད་རྣམ་པར་ཞབས་སྐྱོང་ བར་འགྱུར་རོ་ཞེས་པའོ། །)དྦྷུ་བྷུངྐ་ཏེ་(གང་ལས་ཟས་འབྱུང་བར་འགྱུར་རོ། །)ཞེས་པ་ལ་སོགས་པ་ལྟ་བུའོ། །རྗེས་ སུ་འདོད་པ་ལ་པཉྩ་མཱིའོ་ཞེས་པ་ནི་གང་ད་ལྟར་བ་དང་འབྱུང་འགྱུར་གྱི་དོན་བསྒྲུབ་པར་ འདོད་པའི་རྗེས་སུ་མངོན་པར་འདོད་པའི་བྱ་བ་ཁས་ལེན་པ་སྟེ་དེ་ལ་འཇུག་པའི་བྱིངས་ལ་ པཉྩ་མཱིའི་རྣམ་དབྱེ་སྦྱིན་པར་འགྱུར་རོ། །དཔེར་ན། ཨེ་ཝཾ་གྱི་མཐར་ཨས་ཡོད་པའི་བྱིངས་ ལ་པཉྩ་མཱིའི་ཏུ་བྱིན་ཏེ། བར་དུ་ཨན་བྱིན་པས། ཨཱ་བཞི་པར། ཨད་སོགས་ལས་འཇིག་གོ་ ཞེས་པས་ཕྱིས་པ་ལས། ཨེ་ཝ་མསྟུ་(འདི་སྐད་འདོད། )ཞེས་པ་ལྟ་བུའོ། །ནུས་པ་དང་སྨོན་པ་དག་ ལའང་ངོ་ཞེས་པ་ནི་གཞན་གྱིས་མི་ནུས་པའི་དོན་ལ་གདོན་མི་ཟ་བའི་རྣམ་པ་ཅན་གྱི་འཇུག་ པར་བྱེད་པ་ནི་ནུས་པ་དང་། འདོད་པའི་དོན་ཐོབ་པར་འདོད་པའི་སེམས་པ་ནི་སྨོན་པ་སྟེ། དེ་ དག་ལ་འཇུག་པའི་བྱིངས་ལའང་པཉྩ་མཱིའི་རྣམ་དབྱེ་སྦྱིན་པར་འགྱུར་རོ། །དཔེར་ན། ནུས་པ་ ནི། ས་མུ་དྲ་མ་པིའི་མཐར། པཱ་འཐུང་བའི་བྱིངས་ལ་པཉྩ་མཱིའི་ཨཱ་ནི་དང་། བར་དུ་ཨན་བྱིན་ 6-1-225 ནས། ཨཱ་དྲུག་པར། པཱའི་པི་ཝའོ་ཞེས་པ་ལྟར་བསྒྱུར་ནས་མཚམས་སྦྱར་བས། ས་མུ་(རྒྱ་མཚོ་ ཡང་འཐུང་བར་ནུས། ) དྲ་མ་པི་པི་ཝཱ་ནི་(རྒྱ་མཚོ་ཡོངས་སུ་འཐུང་བར་གྱིས། )ཞེས་པ་ལྟ་བུ་དང་། སྨོན་པ་ ནི་ཙི་ངན་གྱི་མཐར། ཛཱིཝ་(རིང་དུ་འཚོ་བར་གྱུར་ཅིག)སྲོག་འཛིན་པའི་བྱིངས་ལ་པཉྩ་མཱིའི་ཏུ་དང་། བར་དུ་ཨན་བྱིན་པས། ཙིར་ན་ཛཱིཝ་(རིང་དུ་འཚོ་བར་གྱུར་ཅིག)ཏུ་ཞེས་པ་ལྟ་བུའོ། །སྒྲུབ་པ་ལ་ སོགས་རྣམས་ལ་སཔྟ་མཱིའང་ངོ་ཞེས་པ་ནི་མི་ཤེས་པ་ཤེས་པར་བྱེད་པའམ་སྐུལ་བ་ནི་སྒྲུབ་པ་ སྟེ། སོགས་པས་ངེས་པར་བོད་པ་དང་ཀུན་ཏུ་བོད་པ་དང་གསོལ་བ་གདབ་པ་ཡང་དག་པར་ དྲི་བ་དང་དོན་དུ་གཉེར་བ་རྣམས་ལ་འཇུག་པའི་བྱིངས་ལ་པཉྩ་མཱིའི་རྣམ་དབྱེ་བྱིན་པར་འགྱུར་ ཞིང་། འང་གི་སྒྲས་སཔྟ་མཱིའི་རྣམ་དབྱེ་འང་སྦྱོར་བར་འགྱུར་ཏེ། དཔེར་ན། སྒྲུབ་པ་ནི། ཀ་ཊཾ་ གི་མཐར། ཌུཀྲྀ་ཉའི་རྗེས་འབྲེལ་ཕྱིས་པ་ལ་པཉྩ་མཱིའི་ཏུ་བྱིན་ནས། ཨཱ་ལྔ་པར། ཀ་རོ་ཏི་ཞེས་ པས། ཀྲྀའི་རྀ་ཡིག་ཨར་དང་། ཨཱ་གསུམ་པར། ཏན་སོགས་ལས་ཞེས་པས་བར་དུ་ཨུ་བྱིན་ པས། ཨཱ་ལྔ་པར། ནཱ་མི་མཐའི་ཞེས་པས་ཨོ་རུ་བསྒྱུར་ཏེ་སྦྱར་བའི་མཐར་བྷ་ཝཱན་གནས་པ་ ལས། ཀ་ཊཾ(རེ་ལྡེ་གྱིས་ཤིག)ཀ་རོ་ཏུ་བྷ་ཝཱན་(ཁྱོད། ) ཞེས་པ་དང་། སྔར་བཞིན་ཀྲྀ་ལ་སཔྟ་མཱིའི་ ཡཱཏ་བྱིན་ནས། ཨཱ་གསུམ་པར། ཏན་སོགས་ལས་ཞེས་པས་བར་དུ་བྱིན་པ། ཨཱ་བཞི་པར། སཔྟ་མཱིའི་ཡ་ལའང་ངོ་ཞེས་པས་ཕྱིས་ཏེ། ཨཱ་ལྔ་པར། ཀ་རོ་ཏིའི་ཞེས་པས་ཀྲྀའི་རྀ་ཡིག་ཨར་ ཐུང་ངུར་བསྒྱུར་ཞིང་། ཨཱ་བཞི་པར། བྱིངས་ཐམས་ཅད་པ་ཡོན་ཏན་མེད་པ་ལ་ཞེས་པས་ཀའི་ ཨ་ཡིག་ཨུ་རུ་བསྒྱུར་བའི་མཐར་བྷ་ཝཱན་གནས་པ་ལས། ཀ་ཊཾ་ཀུཪྻཱདྦྷ་ཝཱན་(རེ་ལྡེ་གྱིས་ཤིག)ཞེས་ པ་ལྟ་བུ་སྟེ། ངེས་པར་བོད་པ་སོགས་རྣམས་ལའང་རྣམ་དབྱེ་གཉི་ག་འཇུག་པར་ཤེས་པར་ བྱའོ། །བྱ་བ་ཡང་དག་པར་མངོན་པར་སྡུད་པ་ལ་དུས་ཐམས་ཅད་དུ་པཉྩ་མཱིའི་དབུས་མའི་ གཅིག་ཚིག་གོ་ཞེས་པ་ནི་བྱ་བ་ཡང་དག་པར་མངོན་པར་སྡུད་པ་ནི་ཡང་ཡང་ཉིད་དམ་ཤིན་ཏུ་ བའི་དོན་ཏེ། དེ་ལ་འཇུག་བཞིན་པའི་བྱིངས་ལ། དུས་ཐམས་ཅད་དུ་སྟེ་ད་ལྟར་བ་དང་བྱུང་བ་ 6-1-226 དང་འབྱུང་བར་འགྱུར་བ་ལའང་པཉྩ་མཱིའི་རྣམ་དབྱེའི་སྐྱེས་བུ་དབུས་མའི་གཅིག་གི་ཚིག་སྦྱིན་ པར་འགྱུར་རོ། །དཔེར་ན། ལཱུཉ་གཅོད་པའི་བྱིངས་ཀྱི་ཉ་རྗེས་འབྲེལ་ཕྱིས་པ་ལ། པཉྩ་མཱིའི་ ཧི་བྱིན་ཏེ། བར་དུ། ཨཱ་གཉིས་པར་ཀྲཱི་སོགས་ལས་ནཱའོ་ཞེས་པས་ནཱ་བི་ཀ་ར་ཎ་བྱིན་ནས། ཨཱ་ དྲུག་པར། སཱུ་སོགས་རྣམས་ཀྱི་ཞེས་པས་ལཱུའི་ཨུ་ཐུང་ངུར་བསྒྱུར་ཞིང་། ཨཱ་བཞི་པར། གཉི་ག་ རྣམས་ཀྱི་ཨཱི་ཡིག་གོ་ཞེས་པས་ནཱའི་ཨཱ་ཡིག་ཨཱི་རིང་པོར་བསྒྱུར་ལ། ཀྲྀཏ་དྲུག་པར། ཡང་ཡང་ ལ་ཎམ་སྟེ་ཚིག་ཀྱང་ལན་གཉིས་སོ་ཞེས་པས་ལུ་ནཱི་ཧི་ལུ་ནཱི་ཧི་ཞེས་ལན་གཉིས་སུ་བཞག་ པའི་མཐར། ཨི་ཏྱེ་ཝཱ་ཡམ་གྱི་རྗེས་སུ་སྔར་གྱི་ལཱུ་ལ། ད་ལྟར་བ་ལ་ཝརྟ་མཱ་ནཱའི་ཏི་བྱིན་ནས་ སྔ་མ་ལྟར་བསྒྲུབས་ཏེ། འདས་པ་ལ་ཨ་དྱ་ན་ནཱའི་དི་དང་བར་དུ་ཨཱ་དྲུག་པར་སི་ཙ་ལས་ཅེས་ པས་ཨཱིཊ་བྱིན་ལ། དབྱངས་མཐའ་རྣམས་ཀྱི་ཅེས་པས་ལཱུ་ལ་འཕེལ་བ་བྱས་ཏེ་མཚམས་སྦྱར་ ཞིང་སྔར་བཞིན་དིའི་ཨི་ཡིག་ཕྱིས་ཏེ་མ་འོངས་པ་ལ་བྷ་ཝི་ཥྱནྟིའི་སྱ་ཏི་དང་བར་དུ་ཨིཊ་བྱིན་ ནས་ཨཱ་ལྔ་པའི་ནཱ་མི་མཐའི་ཞེས་པས་ལཱུ་ཡོན་ཏན་བྱས་ཏེ་མཚམས་སྦྱར་ཞིང་སྔར་བཞིན་ས་ ཡིག་ཥ་རུ་བསྒྱུར་ནས་ཧི་དང་ཨི་མཚམས་སྦྱར་བ་ལས་རིམ་པ་ལྟར། ལུ་ནཱི་ཧི་ལུ་ནཱི་ཧཱི་ཏྱ་ཝཱ་(དེ་ ཁོ་ན་འདིར་གཅོད་དོ། །) ཡཾ་ལུ་ནཱི་ཏི་(ཧིའི་ཚབ་ཏུ་ཏི་བྱིན་པའོ། །) ལུ་ནཱི་(ཡང་དང་ཡང་དུ་གཅོད་དོ། །) ཧི་ལུ་ནཱི་ཧཱི་ ཏྱ(དེ་ཁོ་ན་འདིར་དེ་རིང་ཆོད་ཅིག)ཝཱ་ཡཾ་ལཱ་བཱིཏ། ལུ་ནཱི་ཧི་ལུ་ནཱི་ཧཱི་ཏྱ་ཝཱ་ཡཾ་ལ་ཝི་ཥྱ་ཏི(དེ་ཁོ་ན་འདིར་གཅོད་ པར་འགྱུར་རོ། །)ཞེས་པ་ལྟ་བུའོ། །མཱ་སྦྱོར་བ་ལ་ཨ་དྱ་ཏ་ནཱིའོ་ཞེས་པ་ནི། མཱའི་སྒྲ་ནི་ད་ལྟར་བ་དང་ འབྱུང་འགྱུར་གྱི་ཡུལ་འགོག་པའི་དགག་ཚིག་སྟེ་དེ་དང་སྦྱོར་བའི་བྱིངས་ལཨ་དྱ་ཏ་ནཱིའི་རྣམ་ དབྱེ་སྦྱིན་པར་འགྱུར་རོ། །དཔེར་ན། མཱའི་མཐར། ལཱུཉ་གཅོད་པའི་བྱིངས་ཀྱི་རྗེས་འབྲེལ་ ཕྱིས་པ་ལ་ཨ་དྱ་ཏ་ནཱིའི་དི་བྱིན་ཏེ། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པ་གསལ་བྱེད་ དང་པོ་ཞེས་པས་ལཱུའི་མཐར་ཨིཊ་བྱིན་ནས། ཨཱ་གཉིས་པར། ཨ་དྱ་ཏ་ནཱི་ལས་ཞེས་པས་ དིའི་སྔ་མར་སིཙ་བྱིན་ལ། ཨཱ་དྲུག་པར། སིཙ་ལས་སོ་ཞེས་པས་དེའི་མཐར་ཨཱིཊ་རིང་པོ་བྱིན་ 6-1-227 ནས། ཨཱ་དྲུག་པར། སིཙ་ལས་པ་རསྨཻ་ལའོ་ཞེས་པས་ལཱུའི་ཨཱུ་ཡིག་གི་འཕེལ་བ་ཨཽ་རུ་བསྒྱུར་ ཞིང་། དེ་ཉིད་དུ་ཨིཊ་ལས་ཀྱང་ཨཱིཊ་ལའོ་ཞེས་པས་སིཙ་ཕྱིས་ནས་ཨི་ཡིག་གཉིས་མཚུངས་ འདྲ་བྱས་ཏེ། ལཽའི་ཨཽ་ཡིག་དང་མཚམས་སྦྱར་ལ། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོར་ཞེས་ པས་བྱིངས་ཀྱི་ཐོག་མར་ཨཊ་ཨཱ་ག་མ་སྦྱིན་པ་ཐོབ་ཀྱང་། དེ་ཉིད་དུ་མཱ་དང་མཱསྨ་སྦྱོར་བ་ལ་ ཞེས་པས་བཀག་སྟེ། དི་ཡིག་སྔར་བཞིན་བྱས་པས། མཱ་ལཱ་ཝཱིཏ་(ད་ནི་མི་གཅོད། ) ཞེས་པ་ལྟ་ བུའོ། །མཱསྨ་སྦྱོར་བ་ལ་ཧྱསྟ་ནཱིའང་ངོ་ཞེས་པ་ནི་མཱའི་དགག་ཚིག་སྨ་འདས་པའི་དོན་འགོག་པ་ དང་སྦྱོར་བའི་བྱིངས་ལ་ཨ་དྱ་ཏ་ནཱིའི་རྣམ་དབྱེ་སྦྱིན་པར་འགྱུར་ཞིང་འང་གི་སྒྲས་ཧྱསྟ་ནཱི་ཡང་ སྦྱོར་བར་འགྱུར་ཞེས་པ་སྟེ། དཔེར་ན། མཱ་སྨའི་རྗེས་སུ་ཌུཀྲྀཉ་རྗེས་འབྲེལ་ཕྱིས་པ་ལ་ཨ་དྱ་ ཏ་ནཱིའི་དི་བྱིན་ནས། སྔར་བཞིན་བར་དུ། སིཙ་བྱིན་པའི་ཨི་དང་ཙ་ཡིག་ཁྱད་དོན་ཕྱིས་ལ་སྔ་ མ་བཞིན་ཀྲྀའི་རྀ་ཡིག་གི་འཕེལ་བ་ཨཱར་རིང་པོར་བསྒྱུར་ཞིང་། དེ་ཉིད་དུ་སིཙ་ལས་སོ་ཞེས་ པས་སའི་མཐར་ཨཱིཊ་རིང་པོ་བྱིན་ཏེ་དི་ཡིག་སྔར་བཞིན་བྱས་ནས། རྒྱུ་མཚན་ལས་ས་ཡིག་ཥ་ རུ་བསྒྱུར་ཞིང་། བྱིངས་ཀྱི་སྔོན་དུ་ཨཊ་མི་ཐོབ་པ་མདོ་སྔ་མ་བཞིན་བྱས་པས་མཱསྨ་ཀཱཪྵཱིཏ་(དེ་ རིང་མ་བྱས། ) ཞེས་པ་དང་། ཡང་ན་མཱ་སྨའི་རྗེས་སུ་ཀྲྀ་ལ་ཧྱསྟ་ནཱིའི་དི་བྱིན་ནས། ཨཱ་གཉིས་པར། ཏན་སོགས་ལས་ཞེས་པས་བར་དུ་ཨུ་བྱིན་པ། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་ཞེས་པས་ ཨོ་རུ་བསྒྱུར་བ། དེ་ཉིད་དུ་ཀ་རོ་ཏིའི་འོ་ཞེས་པས་ཀྲྀའི་རྀ་ཡིག་ཨར་ཐུང་ངུར་བསྒྱུར་བ་ལ་ སྦྱར་ཞིང་དི་ཡིག་སྔར་བཞིན་བྱས་ཏེ། སྔར་བཞིན་བྱིངས་ཀྱི་སྔོན་དུ་ཨཊ་སྦྱོར་བ་མཱསྨ་སྦྱོར་ བས་བཀག་པ་ལས། མཱསྨ་ཀ་རོཏ་(ཁ་སང་མ་བྱས། )ཞེས་པ་ལྟ་བུའོ། ། བཞི་པ་རྣམ་དབྱེའི་གྲངས་དང་གོ་རིམ་བསྟན་པ་ནི། དེ་རྣམས་ཀྱིས་སྤྱིའི་མཚན་ཉིད་ ཙམ་བསྟན་ནས། ད་ནི་རྣམ་དབྱེ་དངོས་རྣམས་སོ་སོར་ཕྱེ་ནས་སྟོན་པ་སྟེ། ཝརྟ་མཱ་ནཱིའི་པ་ རསྨཻ་སྐྱེས་བུ་དང་པོའི་གཅིག་ཚིག་ཏི་དང་། གཉིས་ཚིག་ཏས྄་དང་། མང་ཚིག་ཨནྟིའོ། །དེ་ 6-1-228 བཞིན་དུ་དབུས་མའི་སི་དང་ཐས་དང་ཐའོ། །ཕྱི་མའི་མི་དང་ཝས྄་དང་མས྄་སོ། །ཨཱཏ་མ་ ནེའི་སྐྱེས་བུ་དང་པོའི་ཏེ་དང་ཨཱ་ཏེ་དང་ཨནྟེའོ། །དབུས་མའི་སེ་དང་ཨཱ་ཐེ་དང་དྷྭེའོ། །ཕྱི་མའི་ ཨེ་དང་ཝ་ཧེ་དང་། མ་ཧེའོ་སྟེ་དེ་ལྟར་ན་ཏི་ལ་སོགས་པ་བཅོ་བརྒྱད་པོ་དེ་རྣམས་ཝརྟ་མཱ་ནཱའི་ རྣམ་དབྱེའི་མིང་ཅན་དུ་འགྱུར་བར་ཤེས་པར་བྱ་སྟེ། དགོས་པ་ནི། ཝརྟ་མཱ་ནཱ་ཞེས་པའི་སྐབས་ སུ་དྲན་པར་བྱ་ཞིང་། རྣམ་དབྱེ་གཞན་རྣམས་ཀྱིའང་རང་རང་གི་མིང་ནམ་བྱུང་བའི་ཚེ་དྲན་ པར་བྱའོ། །སཔྟ་མཱིའི་པ་རསྨཻ འི་སྐྱེས་བུ་དང་པོའི་གཅིག་ཚིག་ཡཱཏ྄་དང་། གཉིས་ཚིག་ཡཱ་ ཏཱམ྄་དང་། མང་ཚིག་ཡུས྄་སོ། །དེ་བཞིན་དུ་དབུས་མའི་ཡཱས྄་དང་ཡཱ་ཏམ྄་དང་ཡཱཏ྄འོ། །ཕྱི་ མའི་ཡཱམ྄་དང་ཡཱ་ཝ་དང་ཡཱ་མའོ། །ཨཱཏྨ་ནེའི་སྐྱེས་བུ་དང་པོའི་ཨཱིཏ྄་དང་ཨཱི་ཡཱ་ཏཱམ྄་དང་ཨཱི་ རན྄འོ། །དབུས་མའི་ཨཱི་ཐཱས྄་དང་ཨཱི་ཡཱ་ཐཱམ྄་དང་ཨཱི་དྷྭཾའོ། །ཕྱི་མའི་ཨཱི་ཡ་དང་ཨཱི་ཝ་ཧི་དང་ ཨཱི་མ་ཧི་སྟེ། དེ་ལྟར་ན་ཡཱཏ྄་ལ་སོགས་པ་བཅོ་བརྒྱད་པོ་དེ་རྣམས་སཔྟ་མཱིའི་རྣམ་དབྱེ་མིང་ ཅན་དུ་འགྱུར་བར་ཤེས་པར་བྱའོ། །པཉྩ་མཱིའི་པ་རསྨཻ འི་སྐྱེས་བུ་དང་པོའི་གཅིག་ཚིག་ཏུ་དང་། གཉིས་ཚིག་ཏཱམ་དང་། མང་ཚིག་ཨནྟུའོ། །དེ་བཞིན་དུ་དབུས་མའི་ཧི་དང་ཏམ྄་དང་ཏའོ། ། ཕྱི་མའི་ཨཱ་ནི་དང་ཨཱ་ཝ་དང་ཨཱ་མའོ། །ཨཱཏྨ་ནེའི་སྐྱེས་བུ་དང་པོའི་ཏཱམ྄་དང་ཨཱ་ཏཱམ྄་དང་ ཨནྟཱམ྄་འོ། །དབུས་མའི་སྭ་དང་ཨཱ་ཐཱམ྄་དང་དྷྭམའོ། །ཕྱི་མའི་ཨཻ་དང་ཨཱ་ཝ་ཧཻ་དང་ཨཱ་མ་ཧཻ་ སྟེ། དེ་ལྟར་ན་ཏུ་ལ་སོགས་པ་བཅོ་བརྒྱད་པོ་དེ་རྣམས་པཉྩ་མཱིའི་མིང་ཅན་དུ་འགྱུར་བར་ཤེས་ པར་བྱའོ། །ཧྱསྟ་ནཱིའི་པ་རསྨཻ འི་སྐྱེས་བུ་དང་པོའི་གཅིག་ཚིག་དི་དང་། གཉིས་ཚིག་ཏཱམ྄་དང་། མང་ཚིག་ཨན྄འོ། །དེ་བཞིན་དུ་དབུས་མའི་སི་དང་ཏམ྄་དང་ཏའོ། །ཕྱི་མའི་ཨཾ་དང་ཝ་དང་ མའོ། །ཨཱཏྨ་ནེའི་སྐྱེས་བུ་དང་པོའི་ཏ་དང་ཨཱ་ཏཱམ་དང་ཨནྟའོ། །དབུས་མའི་ཐཱས྄་དང་ཨཱ་ཐཱམ྄་ དང་དྷྭམའོ། །ཕྱི་མའི་ཨི་དང་ཝ་ཧི་དང་མ་ཧི་སྟེ། དེ་ལྟར་ན་དི་ལ་སོགས་པ་བཅོ་བརྒྱད་པོ་དེ་ རྣམས་ཧྱསྟ་ནཱིའི་མིང་ཅན་དུ་འགྱུར་བར་ཤེས་པར་བྱའོ། །ཨ་དྱ་ཏ་ནཱི་འདི་ཉིད་དོ་ཞེས་པ་ནི་ 6-1-229 དི་ལ་སོགས་པ་བཤད་མ་ཐག་པའི་རྣམ་དབྱེ་བཅོ་བརྒྱད་པོ་དེ་རྣམས་ཨ་དྱ་ཏ་ནཱིའི་མིང་ཅན་ དུའང་འགྱུར་བར་ཤེས་པར་བྱའོ། །པ་རོ྅ཀྵཱའི་པ་རསྨཻ འི་སྐྱེས་བུ་དང་པོའི་གཅིག་ཚིག་ཨཊ་ དང་། གཉིས་ཚིག་ཨཏུས྄་དང་། མང་ཚིག་ཨུས྄་འོ། །དེ་བཞིན་དུ་དབུས་མའི་ཐལ྄་དང་ཨ་ ཐུས྄་དང་ཨའོ། །ཕྱི་མའི་ཨཊ་དང་ཝ་དང་མའོ། །ཨཱཏྨ་ནེའི་སྐྱེས་བུ་དང་པོའི་ཨེ་དང་ཨཱ་ཏེ་དང་ ཨི་རེའོ། །དབུས་མའི་སི་དང་ཨཱ་ཐེ་དྷྭེའོ། །ཕྱི་མའི་ཨེ་དང་ཝ་ཧེ་དང་མ་ཧེ་སྟེ། དེ་ལྟར་ན་ཨཊ་ ལ་སོགས་པའི་རྣམ་དབྱེ་བཅོ་བརྒྱད་པོ་དེ་རྣམས་པ་རོ྅ཀྵཱའི་མིང་ཅན་དུ་འགྱུར་བར་ཤེས་ པར་བྱའོ། །ཤྭསྟ་ནཱིའི་པ་རསྨཻ འི་སྐྱེས་བུ་དང་པོའི་གཅིག་ཚིག་ཏཱ་དང་། གཉིས་ཚིག་ཏཱ་རཽ་དང་། མང་ཚིག་ཏཱ་རསའོ། །དེ་བཞིན་དུ་དབུས་མའི་ཏཱ་སི་དང་ཏཱསྠས་དང་ཏསྠའོ། །ཕྱི་མའི་ཏཱསྨི་དང་། ཏཱ་ས་དང་ཏཱསྨསའོ། །ཨཱཏྨ་ནེའི་སྐྱེས་བུ་དང་པོའི་ཏཱ་དང་ཏཱ་རཽ་དང་ཏཱ་རས྄འོ། །དབུས་མའི་ཏཱ་ སེ་དང་ཏཱ་སཱ་ཐེ་དང་ཏཱ་དྷྭེའོ། །ཕྱི་མའི་ཏཱ་ཧེ་དང་ཏཱིསྺ་ཧེ་དང་ཏཱསྨ་ཧེ་སྟེ། དེ་ལྟར་ན་ཏཱ་ལ་སོགས་ པ་བཅོ་བརྒྱད་པོ་དེ་རྣམས་ཤྭསྟ་ནཱིའི་མིང་ཅན་དུ་འགྱུར་བར་ཤེས་པར་བྱའོ། །ཨཱ་ཤཱིཥའི་པ་ རསྨཻ འི་སྐྱེས་བུ་དང་པོའི་གཅིག་ཚིག་ཡཱཏ་དང་། གཉིས་ཚིག་ཡཱསྟམ྄་དང་མང་ཚིག་ཡཱ་སུས྄་ འོ། །དེ་བཞིན་དུ་དབུས་མའི་ཡཱས྄་དང་ཡཱསྟམ྄་དང་ཡཱསྟའོ། །ཕྱི་མའི་ཡཱ་སམ྄་དང་ཡཱ་སྺ་དང་ ཡཱསྨ་འོ། །ཨཱཏྨ་ནེའི་སྐྱེས་བུ་དང་པོའི་སཱིཥྚ་དང་སཱི་ཡཱསྟཱ་དང་སཱི་རན་འོ། །དབུས་མའི་སཱིཥྛས྄་ དང་སཱི་ཡཱསྠམ྄་དང་སཱི་དྷྭམ྄འོ། །ཕྱི་མའི་སཱི་ཡཱ་དང་སཱི་ཝ་ཧི་དང་སཱི་མ་ཧི་སྟེ། དེ་ལྟར་ན་ཡཱཏ་ ལ་སོགས་པ་བཅོ་བརྒྱད་པོ་དེ་རྣམས་ཨཱ་ཤཱིཥའི་མིང་ཅན་དུ་འགྱུར་བར་ཤེས་པར་བྱའོ། །སྱ་ དང་ལྷན་ཅིག་ཏུ་སྔར་བཤད་པའི་ཝརྟ་མཱ་ནའི་ཏི་སོགས་རྣམས་བྷ་ཝི་ཥྱནྟཱི་སྟེ། དེའི་པ་རསྨཻ འི་ སྐྱེས་བུ་དང་པོའི་གཅིག་ཚིག་སྱ་ཏི་གཉིས་ཚིག་སྱ་ཏས྄་དང་མང་ཚིག་སྱཱནྟིའོ། །དེ་བཞིན་དུ་ དབུས་མའི་སྱ་སི་དང་སྱ་ཐས་དང་སྱ་ཐའོ། །ཕྱི་མའི་སྱཱ་མི་དང་སྱཱ་ཝས་དང་སྱཱ་མསའོ། །ཨཱཏྨ་ ནེའི་སྐྱེས་བུ་དང་པོའི་སྱ་ཏེ་དང་སྱཱ་ཏེ་དང་སྱནྟེའོ། །དབུས་མའི་སྱ་སེ་དང་སྱེ་ཐེ་དང་སྱ་དྷྭེའོ། ། 6-1-230 ཕྱི་མའི་སྱཻ་དང་སྱཱ་ཝ་ཧེ་དང་སྱཱ་མ་ཧེ་སྟེ། དེ་ལྟར་སྱ་ཏི་ལ་སོགས་པ་བཅོ་བརྒྱད་པོ་དེ་རྣམས་ བྷ་ཝི་ཥྱནྟཱིའི་མིང་ཅན་དུ་འགྱུར་བར་ཤེས་པར་བྱའོ། །སྱ་དང་ལྷན་ཅིག་ཏུ་སྔར་བཤད་པའི་དི་ ལ་སོགས་པ་རྣམས་ཀྲི་ཡཱ་ཏི་པཏྟི་སྟེ། དེའི་པ་རསྨཻ འི་སྐྱེས་བུ་དང་པོའི་གཅིག་ཚིག་སྱཏ་དང་། གཉིས་ཚིག་སྱ་ཏཱམ་དང་། མང་ཚིག་སྱནའོ། །དེ་བཞིན་དུ་དབུས་མའི་སྱ་སི་དང་སྱ་ཏཾ་དང་ སྱཏའོ། །ཕྱི་མའི་སྱ་མ་དང་སྱཱ་ཝ་དང་སྱཱམའོ། །ཨཱཏྨ་ནེའི་སྐྱེས་བུ་དང་པོའི་སྱ་ཏ་དང་སྱེ་ཏཱཾ་ དང་སྱནྟའོ། །དབུས་མའི་སྱཱ་ཐཱས་དང་སྱེ་ཐཱམ་དང་སྱ་དྷྭ་མའོ། ཕྱི་མའི་སྱ་དང་སྱཱ་ཝ་ཧི་དང་ སྱཱ་མ་ཧི་སྟེ། དེ་ལྟར་ན་སྱ་ཏི་ལ་སོགས་པ་བཅོ་བརྒྱད་པོ་དེ་རྣམས་ཀྲི་ཡཱ་ཏི་པཏྟིའི་མིང་ཅན་དུ་ འགྱུར་བར་ཤེས་པར་བྱའོ། །དེ་ལྟར་ཏི་ནས་བཟུང་སྟེ་སྱཱ་མ་ཧིའི་བར་བརྒྱ་དང་བརྒྱད་ཅུ་པོ་དེ་ རྣམས་ཏི་སོགས་ཀྱི་རྣམ་དབྱེར་ཤེས་པར་བྱའོ། ། ལྔ་པ་བྱིངས་ཐམས་ཅད་པའི་ངོ་བོ་ངོས་བཟུང་བ་ནི། དྲུག་གི་དང་པོ་རྣམས་བྱིངས་ཐམས་ ཅད་པའོ་ཞེས་པ་རྣམ་དབྱེ་སྡེ་ཚན་བཅུ་པོ་དེ་རྣམས་ཀྱི་ཕྱི་མ་དྲུག་གི་དང་པོར་གྱུར་པ་ཝརྟ་མཱ་ ནཱ་དང་སཔྟ་མཱི་དང་པཉྩ་མཱི་དང་ཧྱསྟ་ནཱིའི་རྣམ་དབྱེ་རྣམས་བྱིངས་ཐམས་ཅད་པའི་མིང་ཅན་དུ་ འགྱུར་ཞིང་། བྱིངས་ཐམས་ཅད་པ་ལའོ་ཞེས་པའི་སྐབས་རྣམས་སུ་དྲན་པར་བྱ་སྟེ། དཔེར་ན། ཧུ་སྦྱིན་པ་དང་ལེན་པའི་བྱིངས་ལ་ཝརྟ་མཱ་ནཱའི་ཏེ་དང་། སཔྟ་མཱིའི་ཡཱཏ་དང་། པཉྩ་མཱིའི་ཏུ་དང་། ཧྱསྟ་ནཱིའི་དི་བྱིན་ནས་བར་དུ། ཨཱ་གཉིས་པར་བྱེད་པ་པོ་ལ་ཞེས་པས་ཨན་བྱིན་པས། ཨཱ་ བཞི་པར། ཛུ་ཧོ་ཏི་སོགས་ལས་འཇིག་གོ་ཞེས་པས་ཕྱིས་ལ། ཨཱ་གསུམ་པར། ཛུ་ཧོ་ཏི་སོགས་ རྣམས་ཀྱི་ཞེས་པས་བྱིངས་ལན་གཉིས་སུ་བཞག་སྟེ། དེ་ཉིད་ནས་ཧའི་ཛའོ་ཞེས་པས་ཧ་སྔ་ མ་ཛ་རུ་བསྒྱུར་ཞིང་། ཨཱ་ལྔ་པར། ནཱ་མི་མཐའི་ཞེས་པ་ཧུ་ཕྱི་མའི་ཨུ་ཡིག་ཨོ་རུ་བསྒྱུར་ལ། དེ་ ཉིད་དུ། སཔྟ་མཱི་ལའང་ངོ་ཞེས་པས་ཡཱཏ་ལ་ཡོན་ཏན་དུ་མི་འགྱུར་ཞིང་། ཧྱ་སྟ་ནཱིའི་དིའི་ཨི་ ཡིག་ཕྱིས་ཏེ་ད་ཡིག་རྫོགས་པ་ལ་ཡང་ན་བྱས་པས། ཛུ་ཧོ་ཏི(སྦྱིན་པར་བྱེད་དོ)། ཛུ་ཧུ་ཡཱཏ(སྦྱིན་ 6-1-231 པར་གྱིས་ཤིག)། ཛུ་ཧོ་ཏུ(སྦྱིན་པར་གྱུར་ཅིག)། ཛུ་ཧོ་ཏ་(ཁར་སང་སྦྱིན། )ཅེས་པ་ལྟ་བུའོ། །ཞེས་པ་བྱིངས་ རྣམས་ཚིག་ཏུ་བསྒྲུབ་ཚུལ་ཀུན་བཤད་པའི་མདོ་ལས་རྐང་པ་དང་པོའི་འགྲེལ་པ་རྫོགས་སོ།། །། ཀུན་བཤད་གཉིས་པ་བྱིངས་དོན་སོ་སོ་ལ་རྐྱེན་རྣམས་སོ་སོར་སྦྱོར་ཚུལ་ལ་བཞི་ལས། དང་པོ་རྐྱེན་རྣམས་གང་དུ་འཇུག་པའི་གནས་ངེས་པར་བསྟན་པ་ནི། རྐྱེན་ཕ་རོལ་ལོ་ཞེས་པ་ གང་གི་དོན་རྟོགས་ཤིང་ཤེས་པར་བྱེད་པ་སྟེ་རྐྱེན་དེ་སྔར་བཤད་ཟིན་པ་དང་ཕྱིས་འཆད་པར་ འགྱུར་བའི་རྐྱེན་དེ་རྣམས་རང་བཞིན་ལ་དབྱེ་ན་མིང་དང་བྱིངས་གཉིས་ཀྱི་ཕ་རོལ་ཏུ་སྦྱིན་ པར་འགྱུར་ཞེས་པའི་དོན་ཏོ། །དཔེར་ན། མིང་ལ་བྲྀཀྵའི་ཕ་རོལ་ཏུ་སི་སོགས་ཀྱི་སི་བྱིན་ ནས། ཨི་བརྗོད་དོན་ཕྱིས་ཏེ་ས་ཚེག་དྲག་ཏུ་བསྒྱུར་བས། བྲྀཀྴཿ (ཤིང་། )ཞེས་པ་དང་། ཌུ་ཀྲྀཉ་ བྱེད་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་གཉིས་པར། ཏ་བྱ་ཨཱ་ནཱི་ཡ་དག་གོ་ཞེས་པས་ཏ་ བྱ་བྱིན་ནས། ཨཱ་ལྔ་པར། ཀ་རོ་ཏིའིའོ་ཞེས་པས་ཀྲྀའི་རྀ་ཡིག་ཨར་དུ་བསྒྱུར་ཞིང་། མཐར་སི་ སོགས་ཀྱི་སི་བྱིན་པ། ནཱ་གཉིས་པར། མ་ནིང་ལས་ཞེས་པས་ཕྱིས་ཏེ། དེ་ཉིད་ནས་ཨ་ཡིག་ ལས་སཾ་བུདྡྷི་མ་ཡིན་པ་ལ་ཞེས་པས་མཐར་མུ་ཨཱ་ག་མ་བྱིན་པའི་ཨུ་ཡིག་རྗེས་འབྲེལ་ཕྱིས་པ་ ལས། ཀརྟ་བྱཾ་(བྱ་བ་བྱས་སོ། །)ཞེས་པ་ལྟ་བུའོ། ། གཉིས་པ་བྱིངས་དང་མིང་ལ་རྐྱེན་རྣམས་སྦྱར་བས་བྱིངས་སུ་འགྱུར་ཚུལ་ལ་གཉིས་ལས། རྒྱས་པར་བཤད་པ་ནི། གུཔ་ཏི་ཛ་ཀིཏ་རྣམས་ལས་སན྄འོ་ཞེས་པ་གུཔ་སྦེད་པའི་བྱིངས་ཡིན་ ཡང་སྨོད་པའི་དོན་ལ་འཇུག་པ་དང་། ཏིཛ་རྣོ་བའི་བྱིངས་ཡིན་ཡང་བཟོད་པའི་དོན་ལ་འཇུག་ པ་དང་། ཀིཏ་སྡོད་པའི་བྱིངས་ཡིན་ཡང་ནད་སེལ་བའི་དོན་གྱི་བྱིངས་རྣམས་ལ་འཇུག་པ་ན། སན་གྱི་རྐྱེན་སྦྱོར་བར་འགྱུར་ཞིང་སན་གྱི་ན་ཡིག་ནི། ཨཱ་གསུམ་པར། སན་ལ་ཨའི་ཡི་གེའི་ འོ་ཞེས་པ་ལ་སོགས་པའི་ཁྱད་པར་གྱི་དོན་ཡིན་པས། དབྱི་བར་བྱ་ཞེས་པ་ནི་འཆད་འགྱུར་ 6-1-232 གཞན་རྣམས་ལའང་རྗེས་སུ་འབྲེལ་ཏེ། དཔེར་ན། གུཔ་ཏི་ཛ་དང་ཀིཏ་རྣམས་ལ་སན་བྱིན་ པའི་ན་ཡིག་ཁྱད་པར་གྱི་དོན་ཕྱིས་ནས། དེ་ཉིད་ནས། ཙཎ་པ་རོ྅ཀྵཱ་ཞེས་པས་བྱིངས་རྣམས་ ལན་གཉིས་སུ་བཞག་སྟེ། སྔ་མའི་པ་དང་ཛ་དང་ད་རྣམས། དེ་ཉིད་དུ། ཨ་བྷྱཱ་སའི་གསལ་ བྱེད་དང་པོ་ཞེས་པས་ཕྱིས་ལ། དེ་ཉིད་དུ། ཀ་སྡེའི་ཙ་སྡེའི་འོ་ཞེས་པས་ག་སྔ་མ་ཛ་དང་ཀ་སྔ་ མ་ཙ་རུ་བསྒྱུར་ཞིང་། ཨཱ་དྲུག་པར། ཙ་སྡེའི་ཀིའོ་ཞེས་པས་ཏི་ཛའི་ཛ་ཡིག་ཀ་རུ་བསྒྱུར་ནས། ལེའུ་འདིར། སན་གྱི་མཐའ་ལས་ཞེས་པས་སན་མཐར་སྔ་མ་གཉིས་ལ་ཝརྟ་མཱ་ནཱའི་ཏེ་དང་ཕྱི་ མ་ལ་ཏི་དང་། བར་དུ་ཨན་བྱིན་པ། ཨཱ་དྲུག་པར། ཨ་དང་མཚམས་སྦྱོར་གྱི་ཞེས་པ་ལྟར་བྱས་ ཏེ་ཕྱིས་ནས། རྒྱུ་མཚན་ལས། ཀ་དང་སྦྱོར་བའི་ས་ཡིག་ཥ་རུ་བསྒྱུར་བས། ཛུ་གུཔྶ་ཏེ(སྨད་པར་ བྱེད)། ཏི་ཏིཀྵ་ཏེ(བཟོད་པར་བྱེད)། ཙི་ཀིཏྶ་ཏི་གསོ་བར་བྱེད། ཞེས་པ་ལྟ་བུའོ། །མཱན་བ་དྷ་དཱན་ ཤཱན་རྣམས་ལས་ཨ་བྷྱཱ་སའི་རིང་པོ་འང་ངོ་ཞེས་པ་ནི། མཱན་མཆོད་པའི་བྱིངས་ཡིན་ཡང་རྣམ་ པར་དཔྱོད་པའི་དོན་ལ་འཇུག་པ་དང་། བ་དྷ་འཆིང་བ་དང་དཱན་དུམ་བུར་བྱེད་པ་དང་ཤཱན་རྣོ་ བའི་བྱིངས་ལས་རང་རང་གི་དོན་གྱི་བྱིངས་རྣམས་ལ་སན་གྱི་རྐྱེན་འགྱུར་ཞིང་བྱིངས་གཉིས་ སུ་བཞག་པའི་སྔ་མ་ཨ་བྷྱཱ་སའི་མིང་ཅན་རྣམས་རིང་པོར་ཡང་འགྱུར་ཏེ། དཔེར་ན། རིམ་པ་ བཞིན། མཱན་དང་བ་དྷ་དང་དཱན་དང་ཤཱན་རྣམས་ལ་སན་གྱི་རྐྱེན་བྱིན་པའི་ན་ཡིག་སྔར་བཞིན་ ཕྱིས་ནས། ཨཱ་གསུམ་པར། ཙཎ་པ་རོ྅ཀྵཱ་ཞེས་པས་བྱིངས་རྣམས་ལན་གཉིས་སུ་བཞག་སྟེ། དེ་ཉིད་དུ། ཨ་བྷྱཱ་སའི་གསལ་བྱེད་དང་པོ་ཞེས་པས་སྔ་མའི་ན་གསུམ་པོ་དང་དྷ་དབྱི་ཞིང་། དེ་ ཉིད་དུ་ཐུང་ངུའོ་ཞེས་པས་སྔ་མའི་མཱ་དང་དཱ་དང་ཤཱ་རིང་པོ་གསུམ་ཐུང་ངུར་བསྒྱུར་ལ། དེ་ཉིད་ ནས་སན་ལ་ཨའི་ཡི་གེའོ་ཞེས་པས་སྔ་མའི་ཨ་ཐུང་ངུ་རྣམས་ཨི་ཐུང་ངུར་བསྒྱུར་བ། མདོ་ འདིས་ཨ་བྷྱཱ་སའི་ཞེས་པས་རིང་པོར་བསྒྱུར་ཏེ། ཨཱ་དྲུག་པར། བྱིངས་ཀྱི་གསུམ་པ་དང་པོའི་ གྷ་ཌྷ་དྷ་བྷ་མཐའི་ཞེས་པས་བདྷའི་བ་ཡིག་དེ་ཉིད་ཀྱི་བཞི་པ་བྷ་ཡིག་ཏུ་བསྒྱུར་ཞིང་། དྷ་ཡིག་ 6-1-233 ནི། ཨཱ་བརྒྱད་པར། སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་རྣམས་ཀྱི་ཞེས་པས་དེ་ཉིད་ཀྱི་དང་པོ་ ཏ་ཡིག་ཏུ་བསྒྱུར་ནས། ན་ཡིག་གསུམ་ནི་ནཱ་བཞི་པར་མན་དག་དྷུཊ་ལ་རྗེས་སུ་ང་རོའོ་ཞེས་ པས་རང་གི་སྔ་མའི་སྟེང་དུ་ཐིག་ལེར་བསྒྱུར་ལ། མཐར་སྔ་མ་གཉིས་ལ་ཝརྟ་མཱ་ནཱའི་ཏེ་དང་། ཕྱི་མ་གཉིས་ལ་ཏི་བྱིན་ནས། བར་དུ་ཨན་བྱིན་པ། ཨཱ་དྲུག་པར། ཨ་དང་མཚམས་སྦྱོར་གྱི་ཡི་ གེ་དག་ལ་ཞེས་པས་ཕྱིས་པ་ལས། མཱི་ཡཱཾས་ཏེ(རྣམ་པར་དཔྱོད་པར་བྱེད)། བཱི་བྷཏྶ་ཏེ(འཆིང་བར་བྱེད)། དཱི་དཱཾ་ས་ཏེ(དུམ་བུར་བྱེད)། ཤཱིབྒཱཾ་ས་ཏི་(རྣོ་བར་བྱེད། )ཞེས་པ་ལྟ་བུའོ། །ཏུམའི་མཐའི་བྱིངས་ལས་ ལས་དང་འདོད་པ་བྱེད་པ་པོ་གཅིག་ཅན་ལས་ཡང་ནའོ་ཞེས་པ་ནི། ཏུ་མའི་མཐའ་ཅན་གྱི་ བྱིངས་ལས། བྱ་བའི་ལས་དང་འདོད་པའི་སྒྲ་དོན་བྱེད་པ་པོ་གཅིག་ཁོ་ན་དང་བཅས་པ་ཅན་ རྟོགས་པར་བྱེད་པའི་བྱིངས་དོན་ལ་སན་གྱི་རྐྱེན་ཡང་ན་སྦྱིན་པར་འགྱུར་ཏེ། དཔེར་ན། བྷུ་ཛ་ སྐྱོང་བ་དང་ཟ་བའི་བྱིངས་ལ། ཀྲྀཏ་ལྔ་པར་འདོད་པའི་དོན་རྣམས་ལ་བྱེད་པ་པོ་གཅིག་ཅན་ རྣམས་ལ་ཞེས་པས་ཏུམ་གྱི་རྐྱེན་བྱིན་པའི་རྗེས་སུ་སན་བྱིན་ནས། ན་སྔར་བཞིན་ཕྱིས་ཏེ། ཨཱ་ བརྒྱད་པར། དབྱངས་མཐའ་རྣམས་ཀྱི་སན་ལའོ་ཞེས་པའི་ཤེས་པར་བྱེད་པ་ལས་ཏུམ་ཕྱིས་ ལ། དེ་ཉིད་དུ་འཇིག་གོའི་དབྱི་བ་ལ་ཞེས་པས་བྷུའི་ཨུ་ཡིག་ཨོ་རུ་མི་འགྱུར་ཞིང་། ཨཱ་གསུམ་ པར། ཙཎ་པ་རོ྅ཀྵཱ་ཞེས་པས་བྷུཛ་གཉིས་སུ་བཞག་སྟེ། སྔར་བཞིན་སྔ་མའི་ཛ་ཕྱིས་ནས། དེ་ ཉིད་དུ་གཉིས་པ་བཞི་པ་དག་གི་ཞེས་པས་བྷ་སྔ་མ་དེ་ཉིད་ཀྱི་གསུམ་པ་བ་ཡིག་དུ་བསྒྱུར་ལ་ སྔར་བཞིན་ཛ་ཡིག་ཀ་རུ་བསྒྱུར་ཞིང་། ཨཱ་བརྒྱད་པར། རྒྱུ་མཚན་ལས་ཞེས་པས་ས་ཡིག་ཥ་རུ་ བསྒྱུར་བའི་མཐར། ཝརྟ་མཱ་ནཱའི་ཏི་བྱིན་པས། བུ་བྷུཀྵ་ཏི་(ཟ་བར་འདོད་དོ། །)ཞེས་པ་དང་། ཡང་ན་ སྔར་བཞིན་བྷུ་ཛ་ལ་ཏུཾ་བྱིན་ནས། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིའི་འང་ཡང་བའི་འོ་ཞེས་པས་བྷུའི་ ཨུ་ཡིག་ཨོ་རུ་བསྒྱུར་ཞིང་། ཨཱ་དྲུག་པར། ཙ་སྡེའི་ཀིའོ་ཞེས་པས་ཛ་ཡིག་ཀ་རུ་བསྒྱུར་ཏེ། འདོད་པའི་སྒྲ་ཨིཙྪ་གནས་པའི་མཐར། ཝརྟ་མཱ་ནཱའི་ཏི་བྱིན་པས། བྷོཀྟུ་མིཙྪ་ཏི་(ཟ་འདོད། )ཞེས་ 6-1-234 པ་ལྟ་བུའོ། །སྐབས་འདིའི་སན་གྱི་རྐྱེན་སྦྱར་བའི་བྱིངས་དེས། ལས་དང་འདོད་པའི་སྒྲ་དོན་ གཉིས་བྱེད་པ་པོ་གཅིག་ཡིན་པ་དང་བཅས་པ་གོ་བར་བྱེད་པ་སྟེ། མདོར་ན་བྱིངས་ལ་ཏུཾ་ཨིཙྪ་ དང་བཅས་པ་དང་། སན་གྱི་རྐྱེན་སྦྱར་བ་གཉིས་དོན་གཅིག་པར་ཤེས་པར་བྱའོ། །མིང་ལས་ བདག་ཉིད་འདོད་པ་ལས་ཡིནའོ། །ཞེས་པ་ནི་མིང་ལས་ཏེ་རྟགས་ལས། ལས་ལ་བདག་ཉིད་ འདོད་པའི་སྒྲ་དོན་དང་བཅས་པ་རྟོགས་པར་བྱེད་པའི་བྱིངས་དོན་ལ། ཨིན་གྱི་རྐྱེན་ཡང་ན་ འགྱུར་ཞིང་ཡིན་གྱི་ཨི་དང་ན་ནི་ཨཱ་བཞི་པར། ཡིན་ལ་ཨ་ཡིག་གིའོ་ཞེས་པ་ལ་སོགས་པའི་ ཁྱད་པར་གྱི་དོན་ཏེ། དཔེར་ན། བུ་འདོད་པའི་བདག་ཉིད་ནི་ཞེས་པའི་རྟགས་པུ་ཏྲ་ལ་ཡིན་གྱི་ རྐྱེན་བྱིན་པའི་ཨི་དང་ན་ཡིག་ལ་ཨའི་ཡི་གེའོ་ཞེས་པའི་ཁྱད་དོན་ཡིན་པས་ཕྱིས་ཏེ། མདོ་ དེས་ཨ་ཡིག་ཨི་རིང་པོར་བསྒྱུར་ཞིང་། མཐར་ཝརྟ་མཱ་ནཱའི་ཏི་བྱིན་ནས་སྔར་བཞིན་བར་དུ་ ཨན་བྱིན་པའི་ན་ཕྱིས་པས། པུ་ཏྲཱི་ཡ་ཏི་(བདག་བུ་འདོད་པའོ་ཞེས་བྱའོ། །ཞེས་པ་དང་། )ཡང་ན། པུ་ཏྲ་མིཙྪ་ དྱཱཏྨ་ནཿ(པུ་ཏ྄མ྄་ཨིཙྪ་ཏི་ཨཱཏྨ་ནས་མཚམས་སྦྱར་བའོ། །)ཞེས་ངག་བཀོད་པ་ལྟ་བུའོ། །ཀཱ་མྱའང་ངོ་ཞེས་པ་ ནི་མིང་ལས་བདག་ཉིད་འདོད་བའི་སྒྲ་དོན་དང་བཅས་པ་རྟོགས་པར་བྱེད་པའི་ལས་ཀྱི་ བྱིངས་དོན་ལ་ཡིན་གྱི་རྐྱེན་འཇུག་པར་མ་ཟད། ཀཱ་མྱའང་འཇུག་པར་འགྱུར་ཏེ། དཔེར་ན། པུ་ཏྲ་ལ་ཀཱ་མྱ་བྱིན་ནས་མཐར་ཝརྟ་མཱ་ནཱའི་ཏི་བྱིན་པས། པུ་ཏྲ་ཀཱ་མྱ་ཏི་(བདག་བུ་འདོད་པར་བྱེད་དོ། །) ཞེས་པ་ལྟ་བུའོ། །ཉེ་བར་འཇལ་བ་ལས་ཀུན་སྤྱོད་ལའོ་ཞེས་པ་ནི་རུ་སྦལ་འཕར་བའི་རིགས་ པས་ཡིན་རྗེས་སུ་འཇུག་ཅིང་། མིང་ལས་ཉེ་བར་འཇལ་བ་སྟེ། དོན་དེ་དངོས་མ་ཡིན་ཡང་དེ་ དང་འདྲ་བར་སྟོན་པའི་ལས་ཀུན་ཏུ་སྤྱོད་པ་སྒྲ་དོན་དང་བཅས་པ་རྟོགས་པར་བྱེད་པའི་ བྱིངས་དོན་ལ། ཡིན྄་གྱི་རྐྱེན་ཡང་ན་འགྱུར་ཏེ། དཔེར་ན། བུ་མ་ཡིན་པ་བུ་བཞིན་དུ་ཀུན་ཏུ་ སྤྱོད་ཅེས་པ་ནི། པུ་ཏྲ་ལ་ཡིན྄་བྱིན་ནས་སྔར་བཞིན་བསྒྲུབས་པས་པུ་ཏྲཱི་ཡ་ཏི་(བུ་མ་ཡིན་པ་བུ་ བཞིན་ཀུན་ཏུ་སྤྱོད། )ཞེས་པ་དང་། ཡང་ན། ཨ་པུ་ཏྲི་པུ་ཏྲ་མི་ཝཱ་ཙ་ར་(པུ་ཏྲ་མ྄་ཨི་བ་མཚམས་སྦྱར། )ཞེས་ 6-1-235 པའི་ངག་བཀོད་པ་ལྟ་བུའོ། །བྱེད་པ་པོ་ལ་ཨཱ་ཡི་སྟེ་ས་དབྱི་བའང་ངོ་ཞེས་པ་ནི་མིང་ལས་ཉེ་ བར་འཇལ་བ་ལས་བྱེད་པ་པོ་དང་ཀུན་ཏུ་སྤྱོད་པའི་སྒྲ་དོན་དང་བཅས་པ་རྟོགས་པར་བྱེད་ པའི་བྱིངས་དོན་ལ། ཨཱ་ཡིའི་རྐྱེན་ཡང་ན་འགྱུར་ཞིང་རྟགས་མཐའི་ས་ཡིག་ཀྱང་ཡང་ན་དབྱི་ བར་འགྱུར་ཞིང་། འང་གི་སྒྲ་ནི་འདིར་སྡུད་པའི་དོན་དང་། ཨཱ་ཡིའི་ཨི་ནི། ལེའུ་འདིར། ཨཱ་ ཡིའི་མཐའ་ལས་ཀྱང་ངོ་ཞེས་པ་ལ་སོགས་པའི་ཁྱད་པར་གྱི་དོན་ཏེ། དཔེར་ན། ཆུ་འོ་མ་ བཞིན་དུ་ཀུན་ཏུ་སྤྱོད་པར་བྱེད་དེ་ཞེས་པ་ན། བ་ཡས་ལ་ཨཱ་ཡི་ཕྱིན་པའི་ཡའི་ཨི་ཡིག་ཁྱད་ དོན་ཡིན་པས་ཕྱིས་ཏེ། མདོ་འདིས་མཐར་ཝརྟ་མཱ་ནཱའི་ཏེ་བྱིན་ནས། བར་དུ་ཨན་བྱིན་ན་དབྱི་ བ་ནི་འཆད་འགྱུར་རྣམས་ལའང་ཤེས་པར་བྱ་ཞིང་། ཕ་ཡས་ཀྱི་སའང་ཕྱིས་ཏེ་མཚམས་སྦྱར་ བ་ལས། པ་ཡཱ་ཡ་ཏེ(ཆུ་འོ་མ་བཞིན་སྤྱོད་དོ། །)ཞེས་པ་དང་། ཡང་ན་རྟགས་མཐའི་ས་མ་ཕྱིས་པར་པ་ ཡས་ལ་ཨཱ་ཡི་བྱིན་པའི་ཡའི་ཨི་ཕྱིས་ཏེ། ཨཱ་དྲུག་པར། ནཱ་མི་དང་གསལ་བྱེད་མཐའ་ལས་ ཞེས་པས། ཨཱའང་ཕྱིས་ནས། སྔར་བཞིན་ཏེ་དང་། བར་དུ་ཨན་བྱིན་ཏེ་སྦྱར་བས་པ་ཡ་སྱ་ཏེ་ ཞེས་པ་ལྟ་བུ་དང་། ཡང་ན་ཨུ་ད་ཀཾ་པ་ཡ་སི་ཝཱ་ཙ་ར་ཏི་(ཆུ་འོ་མ་ལྟ་བུར་ཀུན་ཏུ་སྤྱོད་དོ། །)ཞེས་པའི་ ངག་བཀོད་པ་ལྟ་བུའོ། །བྱིངས་དོན་ལ་ཨིན་ཏེ་ཀཱ་རི་ཏའོ་ཞེས་པ་ནི་མིང་ལས་བྱིངས་ཀྱི་དོན་ བསྒྲུབ་པར་གྱུར་པ་ལ་ཨིན་གྱིས་རྐྱེན་འགྱུར་ཏེ། དེའང་ཀཱ་རི་ཏའི་མིང་ཅན་དུའང་ཤེས་པར་ བྱ་ཞིང་། ཨིན་གྱི་ན་ཡིག་ནི་ལེའུ་འདིར་ཨིན་ལ་རྟགས་ཡི་གེ་ཞེས་པ་ལ་སོགས་པའི་ཁྱད་པར་ གྱི་དོན་ཏེ། དཔེར་ན། མིང་ཝསྟྲལ་ཨིན་བྱིན་པའི་ན་ཡིག ལེའུ་འདི་ཉིད་དུ་ཨིན་ལ་རྟགས་ ཀྱི་ཞེས་པའི་དོན་ཡིན་པས་འཕྱིད་པ་ནི་འཆད་འགྱུར་རྣམས་ལའང་ཤེས་པར་བྱ་ཞིང་། མདོ་ འདིས་རྟགས་མཐའི་དབྱངས་ཀྱང་ཕྱིས་ནས། ཝརྟ་མཱ་ནཱའི་ཏི་དང་བར་དུ་ཨན་བྱིན་ལ་སྔར་ བཞིན་ཨིའི་ཡོན་ཏན་ཨེ་རུ་བསྒྱུར་ཏེ་མཚམས་སྦྱར་བ་ལས། བསྟྲ་ཡ་ཏི་(གོས་བྱེད་དོ། །)ཞེས་པ་ ལྟ་བུའོ། །བྱིངས་ལས་ཀྱང་རྒྱུ་ལའོ་ཞེས་པ་ནི་བྱིངས་ལས་ཀྱང་རྒྱུའི་དོན་རྟོགས་པར་བྱེད་པ་ 6-1-236 ལ་ཨིན་ཀཱ་རི་ཏའི་མིང་ཅན་རྐྱེན་དུ་འགྱུར་ཏེ། དཔེར་ན། པཋ་ཀློག་པའི་བྱིངས་ལ་ཨིན་བྱིན་ པའི་ན་སྔར་བཞིན་ཕྱིས་ནས། ཨཱ་དྲུག་པར། ཨིན་ཨི་ཙ་ཨཊ་རྣམས་ལ་ཞེས་པས་བྱིངས་ཀྱི་པ་ རིང་པོར་བསྒྱུར་ཞིང་། ཝརྟ་མཱ་ནཱའི་ཏི་དང་བར་དུ་ཨན་བྱིན་ལ། སྔར་བཞིན་ཨི་ཡིག་ཨེ་རུ་ བསྒྱུར་ཏེ་མཚམས་སྦྱར་བས། པཱ་ཐ་ཡ་ཏི་(ཀློག་ཏུ་འཇུག་པ་ལ་སྦྱོར། ) ཞེས་པ་ལྟ་བུའོ། །ཙུར་སོགས་ ལས་ཀྱང་ངོ་ཞེས་པ་ནི་ཙུར་རྐུ་བའི་བྱིངས་དང་སོགས་ཀྱིས་ཙི་ཏི་དྲན་པའི་བྱིངས་ལ་སོགས་ པ་རྣམས་ལ་འང་ཨིན་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཙུར་ལ་ཨིན་བྱིན་ནས། ཨཱ་ལྔ་ པར། ནཱ་མིའང་ངོ་ཞེས་པས་ཙུའི་ཨུ་ཡིག་ཨོ་རུ་བསྒྱུར་ཞིང་ཝརྟ་མཱ་ནཱའི་ཏི་དང་ཨན་བྱིན་ལ་ ཨིན་གྱི་ཨི་སྔར་བཞིན་ཨེ་རུ་བསྒྱུར་ཏེ་མཚམས་སྦྱར་བས་ལས། ཙོ་ར་ཡ་ཏི་(རྐུ་བར་བྱེད་དོ། །) ཞེས་པ་ལྟ་བུའོ། །ཨིན་ལ་རྟགས་ཡི་གེ་གཅིག་མིན་པའི་མཐའི་དབྱངས་སོགས་པ་དབྱིའོ་ ཞེས་པ་ནི་ཨིན་གྱི་རྐྱེན་ཕ་རོལ་ལ་རྟགས་ཡི་གེ་གཅིག་ཏེ་དབྱངས་ཡིག་གཅིག་ཁོ་ན་མ་ཡིན་ པའི་དབྱངས་གཉིས་ལ་སོགས་པ་ཅན་གྱི་མཐའི་དབྱངས་དང་། སོགས་ཀྱིས་རྟགས་ཀྱི་ཆ་ ཤས་མཐའི་གསལ་བྱེད་དང་བཅས་པ་དབྱི་བར་འགྱུར་ཏེ། དཔེར་ན། ཨ་ཏི་སྔོན་མ་ཅན་གྱི་ ཧསྟིན་ལ། ལེའུ་འདི་ཉིད་དུ་སྔར་བཤད་པའི་བྱིངས་དོན་ལ་ཞེས་པས་ཨིན་བྱིན་ནས་ཨི་ཡིག་ ཨེ་རུ་བསྒྱུར་ཞིང་མདོ་འདིས་རྟགས་མཐའི་ཨི་ཡིག་ན་དང་བཅས་པ་ཕྱིས་ལ། མཐར་ཝརྟ་མཱ་ ནཱའི་ཏི་དང་། བར་དུ་ཨན་བྱིན་ཏེ་མཚམས་སྦྱར་བས། ཨ་ཏི་ཧསྟ་ཡ་ཏི་(གླང་པོ་ཤིན་ཏུ་བསྐྱོད་དོ། །) ཞེས་པ་ལྟ་བུའོ། །རྟགས་ཡི་གེ་གཅིག་པ་ཅན་གྱི་མཐའི་དབྱངས་དང་གསལ་བྱེད་ནི་མི་འཕྱིད་ དེ། དཔེར་ན། ཏྭ་ཙའི་ཕ་རོལ་ཏུ་ཨིན་བྱིན་ནས་ཨི་ཡིག་ཨེ་རུ་བསྒྱུར་བའི་མཐར། ཝརྟ་མཱ་ ནཱའི་ཏི་དང་བར་དུ་ཨན་བྱིན་ཏེ་མཚམས་སྦྱར་བས། ཏྭ་ཙ་ཡ་ཏི་(ཁྱོད་འཛིན་པར་བྱེད་དོ། །) ཞེས་པ་ ལྟ་བུའོ། །གསལ་བྱེད་དང་པོ་ཅན་རྀ་ཏ་ཡང་བའི་ར་སྒྲའོ་ཞེས་པ་ནི་རྟགས་གསལ་བྱེད་དང་ པོར་ཡོད་པ་ཅན་གྱི་སྲོག་ཏུ་ཞུགས་པའི་རྀ་ཡིག་ཡང་བ་དེ། ཨིན་གྱི་རྐྱེན་ཕ་རོལ་ལ་ར་སྒྲ་སྟེ་ 6-1-237 ར་ཡིག་སྲོག་ཅན་དུ་འགྱུར་ཞིང་། མཐའི་དབྱངས་སོགས་དབྱི་བའང་རྗེས་སུ་འཇུག་སྟེ། དཔེར་ན། པྲྀ་ཐུ་ལ་ཨིན་བྱིན་ནས་ཨི་ཡིག་ཨེ་རུ་བསྒྱུར་ཞིང་རྟགས་མཐའི་དབྱངས་ཨུ་རྗེས་ འབྲེལ་ཕྱིས་པའི་མཐར་ཝརྟ་མཱ་ནཱའི་ཏི་དང་བར་དུ་ཨན་བྱིན་ཏེ་མཚམས་སྦྱར་ཞིང་། རྀ་ཡིག་ ར་སྲོག་ཅན་དུ་བསྒྱུར་བས། པྲ་ཐ་ཡ་ཏི(ཡངས་པར་བྱེད་དོ། །)ཞེས་པ་ལྟ་བུའོ། །གསལ་བྱེད་ཀྱི་སྔ་ མར་ཡོད་པའི་རྀ་ཡིག་རྐྱང་པ་ནི་ར་ཡིག་ཏུ་མི་འགྱུར་ཏེ། དཔེར་ན། རྀ་ཏ་ལ་སྔར་བཞིན་ཨིན་ དང་ཏི་དང་ཨན་རྣམས་བྱིན་ཏེ་བསྒྲུབས་པས། རྀ་ཏ་ཡ་ཏི་ཞེས་པ་དང་། གསལ་བྱེད་སྔ་མའི་ སྲོག་ན་གནས་པའི་རྀ་ཡིག་ལྗི་བའང་ར་ཡིག་ཏུ་མི་འགྱུར་ཏེ། དཔེར་ན། པྲྀཀྵ་ལ་སྔར་བཞིན་ ཨིན་དང་ཏི་དང་ཨན་བྱིན་ཏེ་བསྒྲུབས་པས། བྲྀཀྵ་ཡ་ཏི་(ཤིང་བྱེད་དོ། །) ཞེས་པ་ལྟ་བུ་སྟེ། བརྩེགས་པའི་ཐོག་མ་ལྗི་བར་བསྟན་པས་སོ། །དབྱངས་གཅིག་པའི་བྱིངས་ལས་བྱ་བ་ཡང་ དག་པར་མངོན་པར་སྡུད་པ་ལ་ཡ་སྒྲ་སྟེ་ཙེ་ཀྲཱི་ཡི་ཏའོ་ཞེས་པ་ནི་གསལ་བྱེད་དང་པོ་ཅན་ དབྱངས་གཅིག་ཁོ་ན་དང་ལྡན་པའི་བྱིངས་ལས། བྱ་བ་ཡང་དག་པར་མངོན་པར་སྡུད་པ་ལ་ ཞེས་བྱ་བ་ཡང་དང་ཡང་དུའམ་ཤིན་ཏུ་བྱེད་པའི་བྱིངས་དོན་ལ་ཡ་སྒྲ་སྟེ་ཡ་ཡིག་སྲོག་ཅན་ཙེ་ ཀྲཱི་ཡི་ཏའི་མིང་ཅན་རྐྱེན་དུ་འགྱུར་ཏེ། དཔེར་ན། ཡ་ཛ་མཆོད་པའི་བྱིངས་ལ་ཡ་སྒྲའི་རྐྱེན་བྱིན་ ནས། ཨཱ་གསུམ་པར། ཙཎ་པ་རོ྅ཀྵཱ་ཞེས་པས་གཉིས་བརྗོད་ཅིང་དེ་ཉིད་དུ་གསལ་བྱེད་དང་ པོ་ལྷག་མར་བྱའོ་ཞེས་པས་ཛ་སྔ་མ་ཕྱིས་ལ། དེ་ཉིད་ཨཱ་ག་མ་མེད་པའི་རིང་པོའོ་ཞེས་པས་ཡ་ སྔ་མ་རིང་པོར་བསྒྱུར་ཞིང་། ལེའུ་འདི་ཉིད་དུ། ཙེ་ཀྲཱི་ཡི་ཏའི་མཐའ་ལས་སོ་ཞེས་པས། ཝརྟ་ མཱ་ནཱའི་ཨཱཏྨ་ནེའི་ཏེ་བྱིན་ནས་བར་དུ་ཨན་བྱིན་པ། ཨཱ་དྲུག་པར། ཨ་དང་མཚམས་སྦྱོར་གྱི་ ཞེས་པས་ཕྱིས་ཏེ་སྦྱར་བ་ལས། ཡཱ་ཡ་ཛྱ་ཏེ་(ཡང་དང་ཡང་དུ་ལྷ་མཆོད་པར་བྱེད། ) ཞེས་པ་ལྟ་བུའོ། །བྱ་ བ་ཡང་ཡང་ངམ་ཤིན་ཏུ་མི་བྱེད་པ་ལ་ནི་ཡ་སྒྲའི་རྐྱེན་མི་འགྱུར་སྟེ། དཔེར་ན། ཡ་ཛ་ལ་སྔར་ བཞིན་ཏི་དང་ཨན་བྱིན་ནས་སྦྱར་བ་ལས། ཡཱ་ཛ་ཏི་(ལྷ་མཆོད་པར་བྱེད་དོ། །)ཞེས་པ་ལྟ་བུའོ། །གུ་པཱུ་ 6-1-238 དྷཱུ་པ་བིཙྪི་པ་ཎི་པ་ནི་ལས་ཨཱ་ཡའོ། །ཞེས་པ་ནི་གུ་པཱུ་སྲུང་བ་དང་དྷཱུ་པ་བདུག་སྤོས་དང་བིཙྪི་ འགྲོ་བ་དང་པ་ཎི་ཐ་སྙད་དམ་བསྟོད་པ་དང་། པ་ནི་བསྟོད་པའི་བྱིངས་རྣམས་ལ་རང་རང་གི་ བྱིངས་དོན་ལ་ཨཱ་ཡ་རྐྱེན་དུ་འགྱུར་ཏེ། དཔེར་ན། རིམ་པ་བཞིན་དུ་པཱའི་ཨཱ་ཡིག་དང་ཕྱི་མ་ རྣམས་ཀྱི་ཨི་ཡིག་གསུམ་རྗེས་འབྲེལ་དང་། པའི་ཨ་ཡིག་བརྗོད་དོན་ཕྱིས་པ་ལ་ཨཱ་ཡའི་རྐྱེན་ བྱིན་ནས། མཐར་ཝརྟ་མཱ་ནཱའི་ཏེ་བྱིན་ལ་བར་དུ་ཨན་བྱིན་པ། ཨཱ་དྲུག་པར། ཨ་དང་མཚམས་ སྦྱོར་གྱི་ཞེས་པས་དབྱི་ཞིང་། གུའི་ཨུ་ཡིག་ཨཱ་ལྔར་པར་ཨུ་པ་དྷཱ་ནཱ་མིའི་འང་ཡང་བའི་ཞེས་ པས་ཨོ་རུ་བསྒྱུར་ཏེ་སྦྱར་བ་ལས། གོ་པཱ་ཡ་ཏི(སྲུང་དུ་འཇུག་གོ)། དྷུ་པཱ་ཡ་ཏི(བདུག་པ་བྱེད་དུ་འཇུག་གོ)། བིཙྪཱ་ཡ་ཏི(འགྲོར་འཇུག་གོ)། པ་ཎཱ་ཡ་ཏི(བསྟོད་དུ་འཇུག་གོ)། པ་ཎཱ་ཡ་ཏི་(ཐ་སྙད་བྱེད་དུ་འཇུག་གོ་)ཞེས་པ་ ལྟ་བུའོ། ། གཉིས་པ་དོན་བསྡུ་བ་ནི། དེ་རྣམས་བྱིངས་སོ་ཞེས་པ་སྟེ། ལེའུ་འདི་ཉིད་དུ། སྔར་བཤད་ པའི་སན་དང་ཡིན། དང་ཀཱ་མྱ་དང་ཨཱ་ཡི་དང་། ཨིན་དང་ཡ་སྒྲ་དང་ཨཱ་ཡའི་རྐྱེན་འདི་རྣམས་ བྱིངས་དང་མིང་ལ་སྦྱར་བས། དེ་རྣམས་ཀྱང་བྱིངས་ཀྱི་མིང་ཅན་དུ་འགྱུར་ཏེ། དཔེར་ན། བྱིངས་ཉིད་བྱིངས་སུ་སྒྲུབ་པ་ན། གུ་པ་སྦེད་པའི་བྱིངས་ལ་སན་གྱི་རྐྱེན་སྦྱར་བས། ཛུ་གུ་པ་ས་ ཞེས་པ་སྨོད་པའི་བྱིངས་སུ་འགྱུར་ཞིང་། དེའང་ཚིག་ཏུ་སྒྲུབ་པ་ནི། འདི་ཉིད་དུ། སྔར་བཤད་ པའི་གུཔ་ཏི་ཛ་ཞེས་པའི་དཔེར་བརྗོད་ལྟར་བསྒྲུབས་པས། ཛུ་གུཔྶ་ས་ཏི་ཞེས་པ་ལྟ་བུ་དང་། མིང་བྱིངས་སུ་སྒྲུབ་པ་ན། མཾ་ག་ལ་ཞེས་པ་ལ་ཡིན་གྱི་རྐྱེན་བྱིན་པས། མཾ་ག་ལཱི་ཡ་ཞེས་པ་ བདག་ཉིད་བཀྲ་ཤིས་པར་འདོད་ཅེས་པའི་བྱིངས་སུ་འགྱུར་ཞིང་། དེའང་ཚིག་ཏུ་སྒྲུབ་པ་འདི་ ཉིད་ཀྱི་མིང་ལ་བདག་ཉིད་འདོད་པ་ལ་ཞེས་པའི་དཔེར་བརྗོད་ལྟར་བསྒྲུབས་པས། མཾ་ག་ ལཱི་ཡ་ཏི་ཞེས་པ་ལྟ་བུ་སྟེ། དེ་བཞིན་དུ་ཀཱ་མྱ་ལ་སོགས་པ་སྦྱར་བའང་བྱིངས་སུ་འགྱུར་ཞིང་། དཔེར་བརྗོད་ནི་སྔར་རང་རང་གི་སྐབས་སུ་བསྟན་པ་ལྟ་བུའོ། ། 6-1-239 གསུམ་པ་ཕ་རོལ་རྣམ་དབྱེ་སོ་སོ་ལ་བྱིངས་མཐར་རྐྱེན་རྣམས་སྦྱོར་ཚུལ་ནི། ཙ་ཀཱས་དང་ ཀཱས་དང་རྐྱེན་གྱི་མཐའ་རྣམས་ལས་པ་རོ྅ཀྵཱ་ལ་ཨཱིའོ་ཞེས་པ་ནི་ཙ་ཀཱ་སྲྀ་གསལ་བ་དང་ཀཱ་སྲྀ་ སྒྲ་དང་སྨད་པའི་བྱིངས་འདི་དག་དང་སྔར་བཤད་པའི་སན་གྱི་མཐའ་ཅན་གྱི་བྱིངས་རྣམས་ ལས། ཕ་རོ྅ཀྵཱའི་རྣམ་དབྱེ་ཕ་རོལ་ལ་ཨཱམ་རིང་པོ་རྐྱེན་དུ་འགྱུར་ཏེ། དཔེར་ན། ཙ་ཀཱ་སྲྀ་དང་། ཀཱ་སྲྀའི་རྀ་ཡིག་ཨཱ་བརྒྱད་པར་གང་རྗེས་སུ་འབྲེལ་བ་མི་སྦྱོར་ཞེས་པས་ཕྱིས་པའི་ཕ་རོལ་ཏུ། སྔ་མ་ལ་པ་རོ྅ཀྵཱའི་ཨཊ་དང་། ཕྱི་མ་ལ་ཨེ་བྱིན་པ་ན། མདོ་འདིས་བྱིངས་མཐར་ཨཱཾ་རིང་པོ་ སྦྱར་ནས། འདི་ཉིད་དུ་འཆད་པར་འགྱུར་བའི་ཨཱམ་ལས་རྗེས་སུ་ཀྲྀཉ་སྦྱར་བར་བྱའོ་ཞེས་པ་ ལྟར་ཨཊ་དང་ཨེའི་གོང་དུ་ཀྲྀཉ་བཞག་པའི་ཉ་རྗེས་འབྲེལ་ཕྱིས་ལ། ཨཱ་གསུམ་པར། ཙཎ་པ་ རོ྅ཀྵཱ་ཞེས་པས་ཀྲྀ་གཉིས་སུ་བཞག་ཅིང་། དེ་ཉིད་དུ་རྀ་ཡིག་གི་ཨ་ཡིག་གོ་ཞེས་པ་དང་། ཀ་ སྡེའི་ཙ་སྡེའོ་ཞེས་པས་ཀྲྀ་སྔ་མ་གཉིས་ཀའི་རྀ་ཡིག་ཨ་ཐུང་ངུ་དང་། ཀ་ཡིག་ཙ་རུ་བསྒྱུར་ཏེ། ཨཊ་ལ་ཁྱད་པར་དུ། ཨཱ་དྲུག་པར། ཨིན་ཨིཅ་ཨཊ་རྣམས་ལ་ཞེས་པས་ཀྲྀ་ཕྱི་མའི་རྀ་ཡིག་གི་ འཕེལ་བ་ཨཱར་རིང་པོར་བསྒྱུར་ཞིང་། ཨཊའི་ཊ་ཡིག་ཨཊ་ལ་ཨཽ་ཞེས་པའི་ཁྱད་པར་གྱི་དོན་ ཡིན་པས་འཕྱིད་པ་ནི་ཐམས་ཅད་དུ་ཤེས་པར་བྱ་སྟེ། ཨེ་ལ་ཁྱད་པར་དུ་ཀྲྀ་ཕྱི་མའི་རྀ་ཡིག སན་གཉིས་པར། རྀའི་ཡི་གེ་རའོ་ཞེས་པ་ལྟར་བྱས་པས། ཙ་ཀཱ་སཱཾ་ཀཱ་ར(གསལ་བར་བྱས)། ཀཱ་སཱཾ་ ཙ་ཀྲེ་(སྒྲ་ངན་པར་བྱས། )ཞེས་པ་ལྟ་བུ་དང་། རྐྱེན་གྱི་མཐའ་རྣམས་ལས། གུཔ་ལ་སན་གྱི་རྐྱེན་ སྦྱར་ཏེ་སྔར་བཞིན་བསྒྲུབས་པའི་ཛུ་གུཔྶ་ལ། པ་རོ྅ཀྵཱའི་ཨེ་བྱིན་ནས་སྔ་མ་ལྟར་སན་གྱི་ མཐར་ཨཱམ་དང་དེའི་རྗེས་སུ་ཀྲྀཉ་སྦྱར་ཏེ་བསྒྲུབས་ལ། ཁྱད་པར་དུ། ཨཱ་དྲུག་པར། ཨའི་འང་ དབྱིའོ་ཞེས་པས་བྱིངས་མཐའི་སའི་སྲོག་ཕྱིས་ནས་སྦྱར་བས། ཛུ་གུཔྶ་ཙཀྲེ་(སྐྱོན་བརྗོད་པར་བྱེད་ འདོད་ལོ། །)ཞེས་པ་དང་། པུ་ཏྲ་ལ་ཡིན་གྱི་རྐྱེན་སྦྱར་ཏེ་སྔར་བཞིན་བསྒྲུབས་པའི་པུ་ཏྲཱི་ཡ་ལ་པ་ རོ྅ཀྵཱའི་ཨེ་བྱིན་ནས། སྔ་མ་ལྟར་ཡའི་མཐར་ཨཱཾ་དང་དེའི་རྗེས་སུ་ཀྲྀཉ་བཀོད་ནས་བསྒྲུབས་ 6-1-240 ལ་བྱིངས་མཐའི་ཡའི་ཨའང་སྔར་བཞིན་ཕྱིས་ཏེ་སྦྱར་བས། པུ་ཏྲཱི་ཡཱཾ་ཙཀྲེ་(བུ་བཞིན་དུ་བྱེད་ལོ། །) ཞེས་པ་ལྟ་བུ་སྟེ་དེ་གཉིས་ཀྱི་མཚོན་ནས། ཀཱ་མྱ་ལ་སོགས་པ་རྐྱེན་གཞན་རྣམས་ཀྱི་མཐར། པ་རོ྅ཀྵཱའི་རྣམ་དབྱེ་སྦྱོར་བའི་ཚུལ་ཡང་ཤེས་པར་བྱའོ། །ད་ཡ་དང་ཨ་ཡ་དང་ཨཱས་ལས་ ཀྱང་ངོ་ཞེས་པ་ནི་ད་ཡ་སྟེང་དུ་འགྲོ་བ་དང་། ཨ་ཡ་འགྲོ་བ་དང་ཨཱས་སྡོད་པའི་བྱིངས་རྣམས་ ལས་པ་རོ྅ཀྵཱའི་རྣམ་དབྱེ་ཕ་རོལ་ལ་ཨཱམ་རྐྱེན་དུ་འགྱུར་ཏེ། དཔེར་ན། དེ་རྣམས་ལ་རིམ་པ་ བཞིན་པ་རོ྅ཀྵཱའི་ཨེ་བྱིན་པ་ན། བྱིངས་མཐར་ཨཱམ་བྱིན་ནས། དེའི་རྗེས་སུ་སྔར་བཞིན་ཀྲྀ་ གཉིས་སུ་བཞག་སྟེ་སྔ་མ་ལྟར་བསྒྲུབས་ལ། ཁྱད་པར། ཨ་ཡའི་སྔོན་དུ་པ་ར་བཞག་པའི་ར་ ཡིག་ཉེར་བསྒྱུར་གྱི་ཞེས་པས་ལ་ཡིག་ཏུ་བསྒྱུར་བས། ད་ཡཱཾ་ཙཀྲེ(སྟེང་དུ་འགྲོ་ལོ)། པ་ལཱ་ཡཱཾ་ཙཀྲེ། གཞན་དུ་འགྲོ་བར་བྱེད་ལོ། །ཨཱ་སཱཾ་ཙ་ཀྲེ་(སྡོད་པར་བྱེད་ལོ། །)ཞེས་པ་ལྟ་བུའོ། །ནཱ་མི་དང་པོ་ལྗི་བ་ ལྡན་པར་རྀཙྪ་མ་ཡིན་པ་ལས་སོ། །ཞེས་པ་ནི་བྱིངས་ནཱ་མི་དང་པོ་ཅན་ལྗི་བ་དང་ལྡན་པ། རྀཙྪ་དབང་པོ་དང་འཇིག་པ་དང་བརྒྱལ་བ་ལའོ་ཞེས་པའི་བྱིངས་མ་ཡིན་པ་ལས། པ་རོ྅ཀྵཱའི་ རྣམ་དབྱེ་ཕ་རོལ་ལ་བྱིངས་མཐར་ཨི་རྐྱེན་དུ་འགྱུར་ཏེ། དཔེར་ན། ཨིཀྵ་ལྟ་བའི་བྱིངས་ལ་པ་ རོ྅ཀྵཱའི་ཨེ་བྱིན་ནས། མདོ་འདིས་བྱིངས་མཐར་ཨཱཾ་སྦྱར་བའི་རྗེས་སུ་སྔར་བཞིན་ཀྲྀ་གཉིས་ སུ་བཞག་ལ། ཨཱ་གསུམ་པར། རྀ་ཡིག་གི་ཨ་ཡིག་གོ་ཞེས་པ་དང་། ཀ་སྡེའི་ཙ་སྡེའོ་ཞེས་པས། ཀྲྀ་སྔ་མའི་རྀ་ཡིག་ཨ་དང་ཀ་ཡིག་ཙ་རུ་བསྒྱུར་ཞིང་། ཀྲྀ་ཕྱི་མ་སན་གཉིས་པར་རྀའི་ཡི་གེ་ རའོ། །ཞེས་པ་ལྟར་བྱས་ཏེ་སྦྱར་བས། ཨིཀྵཱཾ་ཙཀྲེ་(བལྟ་བར་བྱས། )ཞེས་པ་ལྟ་བུ་དང་། ནཱ་མི་དང་ པོ་ཅན་ལྗི་བ་ཡིན་ཀྱང་རྀཙྪའི་མཐའ་ལ་ནི་པ་རོ྅ཀྵཱའི་རྣམ་དབྱེ་ཕ་རོལ་ལ། ཨཱཾ་རྐྱེན་དུ་མི་ འགྱུར་ཏེ། དཔེར་ན། རྀཙྪ་དབང་པོའི་བྱིངས་ལ་པ་རོ྅ཀྵཱའི་ཨཊ་བྱིན་ནས། ཨཱ་གསུམ་པར། ཙཎ་པ་རོ྅ཀྵཱ་ཞེས་པས་བྱིངས་གཉིས་སུ་བཞག་ཅིང་། དེ་ཉིད་དུ་ཨ་བྷྱཱ་སའི་ཞེས་པ་དང་། རྀ་ ཡིག་གི་ཨ་ཡིག་གོ་ཞེས་པས་ཙྪ་སྔ་མ་ཕྱིས་ཏེ། རྀ་སྔ་མ་ཨ་རུ་བསྒྱུར་བ། དེ་ཉིད་དུ་དང་པོའི་ 6-1-241 ཨའི་ཞེས་པས་རིང་པོར་བསྒྱུར་ལ། དེ་ཉིད་དུ་རྀ་ཡིག་ལའང་ཞེས་པས་རྀ་ཕྱི་མའི་སྔོན་དུ་ན་ ཨཱ་ག་མ་བྱིན་ནས། ཨཱ་ལྔ་པར། རྀཙྪའི་རྀཏའོ་ཞེས་པས་རྀ་ཕྱི་མ་ཨར་ཐུང་ངུར་བསྒྱུར་བས། ཨཱ་ནརྩྪ་(དབང་པོས་འཇིག་ལོ། །)ཞེས་པ་ལྟ་བུའོ། །ཨུ་ཥ་བིད་ཛ་གྲྀ་རྣམས་ལས་ཡང་ནའོ་ཞེས་པ་ནི། ཨུ་ཥ་བསྲེག་པ་དང་བིད་ཤེས་པ་དང་ཛཱ་གྲྀ་སད་པའམ་མི་ཉལ་བའི་བྱིངས་རྣམས་ལས་པ་ རོ྅ཀྵཱའི་རྣམ་དབྱེ་ཕ་རོལ་ལ་བྱིངས་མཐར་ཨཱམ་གྱི་རྐྱེན་ཡང་ན་འགྱུར་ཏེ། དཔེར་ན། རིམ་པ་ བཞིན་དེ་རྣམས་ལ་པ་རོ྅ཀྵཱའི་ཨཊ་བྱིན་ནས་བྱིངས་མཐར་ཨཱམ་བྱིན་པ་ན། ཨཱ་ལྔ་པར། ཨུ་ པ་དྷཱ་ནཱ་མིའང་ཞེས་པས་ཨུ་ཡིག་ཨོ་རུ་བསྒྱུར་ལ། དེ་ཉིད་དུ་ཨཱམ་ལ་བིད་ཉིད་ཀྱི་ཞེས་པས་ བིད་ཀྱི་ཨི་ཡིག་ཨེ་རུ་མི་འགྱུར་ཞིང་། གྲྀའི་རྀ་ཡིག་དེ་ཉིད་དུ་ནཱ་མི་མཐའི་ཞེས་པས་ཨར་དུ་ བསྒྱུར་ཏེ་སྦྱར་བའི་རྗེས་སུ་སྔར་བཞིན་ཀྲྀ་གཉིས་སུ་བཞག་ནས་བསྒྲུབས་པས། ཨོ་ཥཱཾ་ཙ་ཀཱ་ ར། (བསྲེག་པར་བྱས་ལོ། །)བི་དཱཾ་ཙ་ཀཱ་ར་(ཤེས་པར་བྱས་ལོ། །)ཛཱ་ག་རཱི་ཙ་ཀཱ་ར་(གཉིད་སད་པར་བྱས་ལོ། །)ཞེས་ པ་ལྟ་བུ་དང་། ཡང་ན་བྱིངས་དེ་རྣམས་ལས་པ་རོ྅ཀྵཱ་ཕ་རོལ་ལ་ཨཱམ་གྱི་རྐྱེན་དུ་མི་འགྱུར་ཏེ། དཔེར་ན། དེ་ཉིད་རྣམས་ལ་པ་རོ྅ཀྵཱའི་ཨཊ་བྱིན་ནས། ཨཱ་གསུམ་པར། ཙཎ་པ་རོ྅ཀྵཱ་ཞེས་ པས་ལན་གཉིས་བཞག་ཅིང་། དེ་ཉིད་དུ་ཨབྷྱཱ་སའི་ཞེས་པས་སྔ་མའི་ཥ་དང་ད་དང་གྲཱི་རྣམས་ ཕྱིས་ཏེ། དེ་ཉིད་དུ་ཐུང་ངུའོ་ཞེས་པས་ཛཱ་ཐུང་ངུར་བསྒྱུར་ཞིང་། ཨཱ་ལྔ་པར། ཨུ་པ་དྷཱ་ཞེས་པས་ ཨུ་ཕྱི་མ་ཨོ་རུ་བསྒྱུར་ལ། ཨཱ་བཞི་པར། ཨ་བྷྱཱ་སའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་པས་ཨུ་ ཡིག་སྔ་མ་ཨུ་ཝ་རུ་བསྒྱུར་ཏེ་སྦྱར་ནས། བི་ཕྱི་མའི་ཨི་ཡིག་ཨཱ་ལྔ་པར་ཨུ་པ་དྷཱ་ཞེས་པས་ཨེ་རུ་ བསྒྱུར་ཞིང་། གྲཱྀ་ཕྱི་མའི་རྀ་ཡིག་ཨཱ་དྲུག་པར། ཨིན་ཨི་ཙ་ཨཊ་རྣམས་ཞེས་པས་ཨཱར་རིང་ པོར་བསྒྱུར་ཏེ་སྦྱར་བས། ཨུ་ཝོ་ཥ། བི་བེ་ད། ཛ་ཛཱ་གཱ་ར་ཞེས་པ་ལྟ་བུའོ། །བྷཱི་ཧྲཱྀ་བྷྲྀ་ཧུ་རྣམས་ ཀྱི་བྱིངས་ཐམས་ཅད་པ་བཞིན་འང་ངོ་ཞེས་པ་ནི་ཉི་བྷཱི་འཇིགས་པ་དང་ཧྲཱྀ་ངོ་ཚ་ཤེས་པ་དང་ཌུ་ བྷྲྀཉ་འཛིན་པ་དང་རྒྱས་པར་བྱེད་པ་དང་། ཧུ་སྦྱིན་པ་དང་ལེན་པ་དག་ལ་ཞེས་པའི་བྱིངས་ 6-1-242 རྣམས་ལས། པ་རོ྅ཀྵཱའི་རྣམ་དབྱེ་ཕ་རོལ་ལ་ཨཱམ་གྱི་རྐྱེན་ཡང་ན་འགྱུར་ཞིང་། ཨཱམ་གྱི་རྐྱེན་ སྟེར་བ་ནི་བྱིངས་ཐམས་ཅད་པ་ལ་རྣམ་འགྱུར་ཇི་ལྟར་འབྱུང་བ་བཞིན་འདི་ཉིད་ལ་འང་ འགྱུར་ཞེས་པའི་དོན་ཏེ། དཔེར་ན། རིམ་པ་བཞིན། ཉི་དང་ཌུ་དང་ཉ་རྗེས་འབྲེལ་ཕྱིས་པའི་ བྱིངས་དེ་རྣམས་ལ་པ་རོ྅ཀྵཱའི་ཨཊ་བྱིན་ནས། བྱིངས་མཐར་ཨཱམ་བྱིན་པ་ན། མདོ་འདིར་ བྱིངས་ཐམས་ཅད་པ་བཞིན་ཞེས་པ་དང་། ཨཱ་གསུམ་པར། ཛུ་ཧོ་ཏི་སོགས་རྣམས་ཀྱི་བྱིངས་ ཐམས་ཅད་པ་ལ་ཞེས་པས་བྱིངས་རྣམས་གཉིས་སུ་བཞག་སྟེ། དེ་ཉིད་དུ་ཐུང་ངུའོ་ཞེས་པས་ སྔ་མའི་བྷཱི་དང་ཧྲཱྀ་ཐུང་ངུར་བསྒྱུར་ལ། དེ་ཉིད་དུ་བྷྲྀཉ་ཧཱང་མཱང་རྣམས་ཀྱི་ཞེས་པས་བྷྲྀའི་རྀ་ ཡིག་ཨིཏ་རུ་བསྒྱུར་ནས། དེ་ཉིད་དུ་གཉིས་པ་བཞི་པ་དག་གིས་ཞེས་པ་དང་ཨ་བྷྱཱ་ས་ཞེས་ པས་བྷ་ཡིག་གཉིས་ཀྱང་དེ་དག་གི་གསུམ་པ་བ་ཡིག་ཏུ་བསྒྱུར་ཞིང་གསལ་བྱེད་དང་པོ་ལྷག་ མར་བྱའོ་ཞེས་པས་ཧྲཱྀའི་ར་ཡིག་དང་ཨིཏ་ཀྱི་ཏ་ཡིག་ཕྱིས་པ་ན། དེ་ཉིད་དུ་ཧའི་ཛའོ་ཞེས་པས་ ཧ་ཡིག་གཉིས་ཀྱང་ཛ་ཡིག་ཏུ་བསྒྱུར་ཏེ། ཕྱི་མའི་ཨཱི་ཡིག་གཉིས་དང་ཨུ་ཡིག ཨཱ་ལྔ་པར། ནཱ་ མི་མཐའི་ཞེས་པས་ཨེ་དང་ཨོ་རུ་བསྒྱུར་ཏེ་མཚམས་སྦྱར་ལ། རྀ་ཡིག་ཨར་དུ་བསྒྱུར་ནས། མདོ་འོག་མས་ཨཱམ་གྱི་རྗེས་སུ་ཀྲྀཉ་བཞག་སྟེ་སྔར་བཞིན་བསྒྲུབས་པས། བི་བྷ་ཡཱཾ་ཙ་ཀཱ་ ར(འཇིགས་པར་བྱས་ལོ)། ཛི་ཧྲ་ཡཱཾ་ཙ་ཀཱ་ར(ངོ་ཚ་བར་བྱས་ལོ)། བི་བྷ་རཱཾ་ཙ་ཀཱ་ར(འཛིན་པར་བྱས་ལོ)། ཛུ་ཧ་ ཝཱཾ་ཙ་ཀཱ་ར་(ལེན་པ་བྱས་ལོ། །)ཞེས་པ་ལྟ་བུ་དང་། ཡང་ན་བྱིངས་དེ་རྣམས་ལས་པ་རོ྅ཀྵཱ་ཕ་རོལ་ ལ་ཨཱམ་རྐྱེན་དུ་མི་འགྱུར་ཏེ། དཔེར་ན། དེ་རྣམས་ལ་པ་རོ྅ཀྵཱའི་ཨཊ་བྱིན་ནས། ཙཎ་པ་ རོ྅ཀྵཱ་ཞེས་པས་གཉིས་སུ་བཞག་པའི་སྔོན་མ་རྣམས་སྔ་མ་ལྟར་བསྒྲུབས་ལ། ཕྱི་མའི་ཨི་ ཡིག་གཉིས་དང་རྀ་ཡིག་དང་ཨུ་ཡིག ཨཱ་དྲུག་པར། ཨིན་ཨིཙ་ཨཊ་རྣམས་ལས་ཞེས་པས་ ཨཻ་དང་ཨཱར་དང་ཨཽ་རུ་བསྒྱུར་ཏེ་མཚམས་སྦྱར་བས། བི་བྷཱ་ཡ། ཛི་ཧྲཱ་ཡ། བི་བྷཱར། ཛུ་ཧཱ་ཝ་ ཞེས་པ་ལྟ་བུའོ། །ཨཱམའི་རྗེས་སུ་ཀྲྀཉ་སྦྱར་བར་བྱའོ་ཞེས་པ་ནི་བྱིངས་མཐར་པ་རོ྅ཀྵཱའི་རྣམ་ 6-1-243 དབྱེ་ཕ་རོལ་ལ་ཨཱམ་གྱི་རྐྱེན་སྦྱར་བ་ན། དེའི་རྗེས་སུ་ཀྲྀཉ་འི་བྱིངས་བཞག་པར་བྱ་སྟེ། ཉ་ རྗེས་སུ་འབྲེལ་པ་ནི། བྱེད་པའི་བྱིངས་ཉིད་ཁྱད་པར་དུ་རྟོགས་པའི་དོན་ཡིན་པས་དབྱི་བར་ བྱ་ཞིང་། དཔེར་བརྗོད་རྣམས་ནི་སྔར་བཤད་ཟིན་པ་རྣམས་ཀྱིས་ཤེས་པར་བྱའོ། །ཨས་བྷཱུ་ དག་ཀྱང་སྟེ་པ་རསྨཻའོ་ཞེས་པ་ནི་བྱིངས་མཐར་ཨཱམ་གྱི་རྐྱེན་སྦྱར་བའི་རྗེས་སུ་ཨས་དང་བྷཱུ་ དག་ཀྱང་སྦྱར་བར་བྱ་ཞིང་། ཨཱཏྨ་ནའི་ཚིག་གི་གནས་ལའང་པ་རསྨཻ འི་རྣམ་དབྱེར་འགྱུར་ཏེ། དཔེར་ན། ཨིཀྵ་ལྟ་བའི་བྱིངས་དག་ལ་འཆད་པར་འགྱུར་བའི་རུ་ཙ་སོགས་ཉིད་ལས། པ་ རོ྅ཀྵཱའི་ཨཱཏྨ་ནེའི་ཚིག་ཨེ་སྟེར་བ་ཐོབ་ཀྱང་། མདོ་འདིས་པ་རསྨཻ འི་ཚིག་ཨཊ་བྱིན་ནས། བཤད་ཟིན་པའི་ནཱ་མི་དང་པོ་ལྗི་བ་ལྡན་པ་ཞེས་པས་བྱིངས་མཐར་ཨཱམ་སྦྱར་ཞིང་། མདོ་ འདིས། དེའི་རྗེས་སུ་རིམ་པ་ལྟར་ཨས་དང་བྷཱུ་དག་ཨཊའི་གོང་དུ་སྦྱར་བ། ཙཎ་པ་རོ྅ཀྵཱ་ ཞེས་པས་གཉིས་གཉིས་སུ་བཞག་སྟེ། ཨཱ་གསུམ་པར། ཨ་བྷྱཱ་སའི་ཞེས་པས་སྔ་མའི་ས་དབྱི་ ཞིང་། ཨཱ་བཞི་པར། ཨསྟིའི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཞེས་པས་ཨསྟི་བྷཱུ་རུ་མི་འགྱུར་ ཏེ། ཨས་དངོས་སུ་སྨོས་པ་དོན་མེད་པར་འགྱུར་བས་སོ། །དེས་ན། ཨཱ་གསུམ་པར། དང་པོའི་ ཨའི་ཞེས་པས་སྔ་མའི་ཨཱ་རིང་པོར་བསྒྱུར་ཏེ་མཚམས་སྦྱར་ཞིང་། དེ་ཉིད་དུ་བྷ་ཝ་ཏིའི་ཨའོ་ ཞེས་པ་དང་གཉིས་པ་བཞི་པ་དག་གི་ཞེས་པས་བྷཱུ་སྔ་མའི་ཨཱུ་ཡིག་ཨ་དང་བྷ་ཡིག་བ་རུ་ བསྒྱུར་ལ། ཨཱ་བཞི་པར། བྷཱུའི་མཐའ་པ་རོ྅ཀྵཱ་ཞེས་པས་བྷཱུ་ཕྱི་མའི་མཐར་ཝ་ཡིག་ཨཱ་ག་མ་ བྱིན་པས། ཨིཀྵཱ་མཱ་ས། ཨིཀྵཱཾ་བ་བྷཱུ་ཝ་(བལྟས་ཡོད་དོ། །) ཞེས་པ་ལྟ་བུའོ། །ཨ་དྱ་ཏ་ནཱི་ལ་སི་ཙ་འོ་ ཞེས་པ་ནི་བྱིངས་མཐའ་ལས། ཨ་དྱ་ཏ་ནཱིའི་རྣམ་དབྱེ་ཕ་རོལ་ལ་སི་ཙ་རྐྱེན་དུ་འགྱུར་ཞིང་ སིཙའི་ཨི་དང་ཙ་ནི་མདོ་འདི་ལ་སོགས་པའི་ཁྱད་པར་གྱི་དོན་ཏེ། དཔེར་ན། ཙིཉ་སོག་པ་དང་། ཎཱི་ཉ་ཐོབ་པའི་བྱིངས་རྗེས་འབྲེལ་སྔར་བཞིན་ཕྱིས་པ་ལ། ཨ་དྱ་ཏ་ནཱིའི་དི་བྱིན་ནས་ཨཱ་ བརྒྱད་པར་ཎའི་ནའོ་ཞེས་པས་ཎཱི་ཡིག་ནཱི་རུ་བསྒྱུར་ལ་མདོ་འདིས་བར་དུ་སི་ཙ་བྱིན་པན། ཨཱ་ 6-1-244 དྲུག་པར། སི་ཙ་ལས་པ་རསྨཻ་ལའོ་ཞེས་པས་ཅི་དང་ནཱིའི་ཨཱི་ཡིག་གི་འཕེལ་བ་ཨཻ་རུ་བསྒྱུར་ཏེ། སིའི་ཨི་དང་ཙ་ཡིག་ཁྱད་དོན་དབྱི་ཞིང་། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོར་ཞེས་སོགས་ ཀྱིས་ཨཊ་བྱིན་ལ། ཨཱ་དྲུག་པར། སིཙ་ལས་སོ་ཞེས་པས་སའི་མཐར་ཨཱིཊ་རིང་པོ་བྱིན་པའི་ཊ་ ཡིགདེ་ཉིད་དུ་ཨིཊ་ལས་ཀྱང་ཨཱིཊ་ལའོ་ཞེས་པའི་དོན་ཡིན་པས་ཕྱིས་ནས། ཨཱ་བརྒྱད་པར། རྒྱུ་མཚན་ལས་ཞེས་པས་ས་ཡིག་ཥ་རུ་བསྒྱུར་ཞིང་། དིའི་ཨི་ཡིག ཨཱ་དྲུག་པར། གསལ་བྱེད་ ལས་དི་སི་དག་གིས་ཞེས་པའི་དོན་ཡིན་པས་ཕྱིས་ཏེ། ད་ཡིག་ནཱ་གསུམ་པར་རྫོགས་པ་ལ་ ཡང་ན་བྱས་པས། ཨཙཻ་ཥཱི་ཏ(དེ་རིང་སོག་གོ)། ཨ་ནཻ་ཥཱིཏ་(དེ་རིང་ཐོབ་བོ། །)ཞེས་པ་ལྟ་བུ་སྟེ། དིའི་ཨི་ འཕྱིད་པ་དང་རྫོགས་པ་ལ་ཏ་རུ་བསྒྱུར་བ་འདིའང་ཐམས་ཅད་དུ་དྲན་པར་བྱའོ། །ཨིཊ་མེད་ པའི་ཤིཊ་མཐའ་ནཱ་མི་ཨུ་པ་དྷཱ་ཅན་དྲྀ་ཤ་མིན་པ་ལ་སཎའོ་ཞེས་པ་ནི། ཨིཊའི་རྐྱེན་མེད་པའི་ བྱིངས་ཊཤི་སྟེ་ཤ་ཥ་ས་གང་རུང་གི་མཐའ་ཅན། ནཱ་མི་ཨུ་པ་དྷཱར་ཡོད་པ་ཅན་དེའང་དྲྀ་ཤ་མ་ ཡིན་པ་ལས། ཨ་དྱ་ཏ་ནཱིའི་རྣམ་དབྱེ་ཕ་རོལ་ལ་བྱིངས་མཐར་སན་གྱི་རྐྱེན་སྦྱིན་པར་འགྱུར་ ཞིང་། སན་གྱི་ཎ་ཡིག་ནི། ཨཱ་བཞི་པར། ཎ་ཡིག་རྗེས་སུ་འབྲེལ་པ་དང་ཞེས་པའི་ཁྱད་པར་གྱི་ དོན་ཏེ། དཔེར་ན། བི་ཤ་རབ་ཏུ་འཇུག་པའི་བྱིངས་ལ་ཨ་དྱཏ་ནཱིའི་དི་བྱིན་ནས། ཨཱ་བདུན་ པར། རྀ་ཤི་རུ་ཤི་ཞེས་སོགས་ཀྱི་ཨིཊའི་རྐྱེན་མེད་ལ། མདོ་འདིས་བར་དུ། སཎ་བྱིན་པའི་ཎ་ ཡིག་ཁྱད་དོན་དབྱི་ཞིང་། བཤའི་ཤ་ཡིག ཨཱ་དྲུག་པར། ཚ་ཤ་དག་གི་འང་ངོ་ཞེས་པས་ཥ་རུ་ བསྒྱུར་ལ། ཨཱ་བརྒྱད་པར། ཥ་ཌྷ་དག་གི་ས་ལ་ཀའོ་ཞེས་པས་ཀ་རུ་བསྒྱུར་ལ། དེ་ཉིད་དུ་རྒྱུ་ མཚན་ལས་ཞེས་པས། ས་ཡིག་ཥ་རུ་བསྒྱུར་ནས། བྱིངས་ཀྱི་དང་པོར་ཨཊ་སྦྱིན་ཞིང་། དི་ ཡིག་སྔ་མ་ལྟར་བྱས་པས། ཨ་བིཀྵཏ་(དེ་རིང་འཇུག་གོ། )ཞེས་པ་ལྟ་བུའོ། །བྱིངས་ཨིཊའི་རྐྱེན་ ཅན་ལ་ནི་སཎ་གྱི་རྐྱེན་མི་འགྱུར་ཏེ། དཔེར་ན། ཀུཥ་གནས་པའི་བྱིངས་ལ་ཨ་དྱ་ཏ་ནཱིའི་དི་ བྱིན་ནས། ཨཱ་བདུན་པར། བྱིངས་ཐམས་ཅད་པ་(བྱིངས་ཐམས་ཅད་པ་མིན་པ་གསལ་བྱེད་དོ། །) མིན་ 6-1-245 པའི་ཞེས་པས་བྱིངས་མཐར་ཨིཊ་ཐུང་ངུ་བྱིན་ལ། མདོ་སྔ་མས་དེའི་གོང་དུ་སི་ཙ་སྦྱིན་ཞིང་། ཨཱ་དྲུག་པར། སིཙ་ལས་སོ་ཞེས་པས་སིཙའི་མཐར་ཨཱིཊ་རིང་པོ་བྱིན་པ་ན། དེ་ཉིད་དུ་ཨིཊ་ ལས་ཀྱང་ཨཱིཊ་ལའོ་ཞེས་པས་སིཙ་དང་། ཊ་ཡིག་གཉིས་ཀྱང་དེའི་དོན་ལ་འོངས་པས་ཕྱིས་ཏེ་ མཚམས་སྦྱར་ལ། སྔར་བཞིན་བྱིངས་ཀྱི་དང་པོར་ཨཊ་བྱིན་ནས། ཨཱ་ལྔ་པར། ཨུ་པ་དྷཱ་ཞེས་ པས་ཀུའི་ཨུ་ཡིག་ཨོ་རུ་བསྒྱུར་ཏེ། དི་སྔ་མ་ལྟར་བྱས། ཨ་ཀོ་ཥཱིཏ་(དེ་རིང་གནས་སོ། །)ཞེས་པ་ལྟ་ བུའོ། །ནཱ་མི་ཨུ་པ་དྷཱ་ཡིན་ཀྱང་། དྲྀ་ཤ་ལྟ་བའི་བྱིངས་ལའང་སཎ་གྱི་རྐྱེན་མི་འགྱུར་ཏེ། དཔེར་ ན། དྲྀ་ཤ་ལ་ཨ་དྱ་ཏ་ནཱིའི་དི་བྱིན་ནས་མདོ་སྔ་མས་བར་དུ་སི་ཙ་དང་། ཨཱ་དྲུག་པར། སིཙ་ ལས་སོ་ཞེས་པས་དིའི་གོང་དུ་ཨཱིཊ་རིང་པོ་བྱིན་ལ། ཨི་དང་ཙ་དང་ཊ་སྔར་བཞིན་ཕྱིས་ཏེ། ཨཱ་ བཞི་པར། སྲྀ་ཛི་དྲྀ་ཤ་དག་གི་ཞེས་པས་དྲྀའི་མཐར་ཨ་ཡིག་ཨཱ་ག་མ་བྱིན་ཞིང་། སན་གཉིས་ པར་རྀའི་ཡི་གེ་རའོ་ཞེས་པས་དྲྀའི་རྀ་ཡིག་ར་རུ་བསྒྱུར་ཏེ་སྦྱར་ལ། ཨཱ་དྲུག་པར། ཨཱའི་འང་ རིང་པོའོ་ཞེས་པ་ས་དྲཱ་རིང་པོར་བསྒྱུར་ནས། དེ་ཉིད་དུ་ཚ་ཤ་དག་གི་འང་ངོ་ཞེས་པས་ཤ་ཡིག་ ཥ་རུ་བསྒྱུར་བའང་། ཨཱ་བརྒྱད་པར། ཥ་ཌྷ་དག་གི་ཞེས་པས་ཀ་རུ་བསྒྱུར་ཞིང་། བྱིངས་ཀྱི་སྔོན་ དུ་ཨཊ་བྱིན་ནས། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་ཏེ། དི་སྔར་བཞིན་བྱས་པས། ཨ་དྲཱཀྵཱིཏ་ (དེ་རིང་བལྟས་སོ། །)ཅེས་པ་ལྟ་བུའོ། །ཤྲི་དྲུ་སྲུ་ཀ་མི་ཀཱ་རི་ཏའི་མཐའ་རྣམས་ལས་བྱེད་པ་པོ་ལ་ ཙཎའོ་ཞེས་པ་ནི་ཤྲི ཉ་བསྟེན་པ་དང་། དྲུ་དང་སྲུ་འགྲོ་བ་དང་ཀ་མུ་མཛེས་པའི་བྱིངས་རྣམས་ དང་། ཨིན་ཀཱ་རི་ཏའི་མཐའ་ཅན་རྣམས་ལས། ཨ་དྱ་ཏ་ནཱིའི་རྣམ་དབྱེ་ཕ་རོལ་ཏུ་ཡོད་པ་ལ། བྱེད་པ་པོ་བརྗོད་པ་ན་ཙ་ཎའི་རྐྱེན་སྦྱིན་པར་འགྱུར་ཞིང་། ཙཎའི་ཙ་ནི། ཨཱ་གསུམ་པར། ཙཎ་ པ་རོ྅ཀྵཱ་ཞེས་པ་དང་། ཎ་ཡིག་ནི། ཨཱ་བཞི་པར། སྭ་པིའི་ཙཎ་ལའོ་ཞེས་པ་ལ་སོགས་པའི་ ཁྱད་པར་གྱི་དོན་ཡིན་པས་འཕྱིད་ཅིང་། སྲོག་གི་ཨ་འཇོག་པ་ནི་སྐབས་ཐམས་ཅད་དུ་ཤེས་ པར་བྱ་སྟེ། དཔེར་ན། བྱིངས་དེ་རྣམས་ཀྱི་སྔ་ཕྱི་གཉིས་ཀྱི་ཉ་དང་ཨུ་རྗེས་འབྲེལ་ཕྱིས་པ་ལ་ 6-1-246 དང་པོ་གསུམ་ལས་ཨ་དྱ་ཏ་ནཱིའི་དི་དང་། ཕྱི་མ་ལ་དེ་ཉིད་ཀྱི་ཨཱཏྨ་ནེའི་ཏ་བྱིན་ནས། མདོ་ འདིས་བར་དུ་ཙཎ་བྱིན་པའི་ཙ་དང་ཎ་ཡིག་ཁྱད་དོན་ཕྱིས་ཏེ་ཨ་བཞག་ལ། ཨཱ་གསུམ་པར། ཙཎ་པ་རོ྅ཀྵཱ་ཞེས་པས་བྱིངས་རྣམས་གཉིས་སུ་བཞག་སྟེ། དེ་ཉིད་དུ་ཨ་བྷྱཱ་སའི་གསལ་བྱེད་ དང་པོ་ཞེས་པས་སྔ་མའི་ར་གསུམ་དང་མ་ཡིག་ཕྱིས་ལ། བྱིངས་ཀྱི་དང་པོར་ཨཊ་བྱིན་ནས། ཨཱ་བཞི་པར། བྱིངས་ཀྱི་ཨིའི་ཡེ་གེ་དང་ཨུའི་ཡི་གེ་ཞེས་པས་བྱིངས་ཕྱི་མའི་ཨི་ཡིག་ཨི་ཡ་ དང་ཨུ་ཡིག་ཨུ་ཝ་རུ་བསྒྱུར་ཏེ། དི་སྔར་བཞིན་བྱས་པས། ཨ་ཤི་ཤྲི་ཡཏ(དེ་རིང་བསྟེན་པར་བྱེད་དོ)། ཨ་དུ་དྲུ་ཝཏ(དེ་རིང་འགྲོ་བར་བྱེད་དོ)། ཨ་སུ་སྲུ་ཝཏ་(འགྲོ)། ཨ་ཙཀ་མ་ཏ་(དེ་རིང་མཛེས་པར་བྱེད་དོ། །) ཅེས་པ་ལྟ་བུའོ། །ཨིན་ཀཱ་རི་ཏ་སྦྱར་བའི་བྱིངས་ལ་ནི། དཔེར་ན། པ་ཋ་ཀློག་པའི་བྱིངས་ལ། ཨཱ་གཉིས་པར། བྱིངས་ལས་ཀྱང་རྒྱུ་ལའོ་ཞེས་པས་ཨིན་བྱིན་ནས། ཨཱ་དྲུག་པར། ཨིན་ཨི་ཙ་ ཨཊ་རྣམས་ལས་ཞེས་པས་པཱ་རིང་པོར་བསྒྱུར་བའི་མཐར། ཨ་དྱ་ཏ་ནཱིའི་དི་དང་། བར་དུ་ ཙཎ་བྱིན་པ་ན། ཨཱ་དྲུག་པར། ཀཱ་རི་ཏའི་ཨཱམ་ཨིཊ་བི་ཀ་ར་ཎ་མ་ཡིན་པ་ལ་ཞེས་པས་ཨིན་ ཕྱིས་ལ། ཨཱ་ལྔ་པར། ཨིན་དང་ཙཎ་ལ་མཚུངས་པ་ཕྱིས་པ་མིན་པའི་ཞེས་པས་པ་ཐུང་ངུར་ བསྒྱུར་ཞིང་། ཙཎ་པ་རོ྅ཀྵཱས་གཉིས་སུ་བཞག་སྟེ། ཨཱ་གསུམ་པར། ཨ་བྷྱཱ་སའི་ཞེས་པས་སྔ་ མའི་ཋ་ཕྱིས་ནས། དེ་ཉིད་དུ་མཚུངས་པ་མ་ཕྱིས་ན་ཡང་བ་ཞེས་པས། སྔ་མའི་པའི་སྲོག་ཨི་ ཐུང་ངུར་བསྒྱུར་བ། དེ་ཉིད་དུ་ཡང་བའི་རིང་པོའོ། །ཞེས་པས་རིང་པོར་བསྒྱུར་ཞིང་། སྔར་ བཞིན་བྱིངས་ཀྱི་སྔོན་དུ་ཨཊ་བྱིན་པས། ཨ་པཱི་པ་ཋཏ་(དེ་རིང་ཀློག་ཏུ་འཇུག་པར་བྱེད་དོ། །)ཅེས་པ་ལྟ་ བུའོ། །ཨ་སུ། ཝ་ཙི། ཁྱཱ་ཏི། ལི་པི། སི་ཙི། ཧྭཱེ་ལས་ཨཎའོ་ཞེས་པ་ནི། ཨ་སུ་འཕེན་པ་ད་ང་། ཝ་ཙི་བརྗོད་པ་དང་། ཁྱཱ་གཏམ་པ་དང་། ལི་པ་གདུང་བ་དང་། སིཙ་འཇག་པ་དང་། ཧྭེཉ་ འགྲན་པའི་བྱིངས་རྣམས་ལས་བྱེད་པ་པོ་བརྗོད་པའི་ཨ་དྱ་ཏ་ནཱིའི་རྣམ་དབྱེ་ཕ་རོལ་ལ་ཨཎའི་ རྐྱེན་སྦྱིན་པར་འགྱུར་ཞིང་། ཨཎའི་ཎ་ཡིག་ནི། ཨཱ་ལྔ་པར། ཎ་རྗེས་སུ་འབྲེལ་པ་དང་ཙེ་ཀྲཱི་ཡི་ 6-1-247 ཏ་དག་ལ་ཞེས་པ་ལ་སོགས་པའི་ཁྱད་པར་གྱི་དོན་ཏེ། དཔེར་ན། རིམ་པ་བཞིན་བྱིངས་དེ་ རྣམས་ཀྱི་རྗེས་འབྲེལ་སྔ་ཕྱི་གཉིས་སྔར་བཞིན་ཕྱིས་པ་ལ། སྔ་མ་ལ་ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཏ་ དང་ཕྱི་མ་རྣམས་ལ་དེ་ཉིད་ཀྱི་པ་རསྨཻ འི་དི་བྱིན་ནས། མདོ་འདིས་བར་དུ་ཨཎ་བྱིན་པའི་ཎ་ ཡིག་ཁྱད་པར་གྱི་དོན་ཡིན་པས་འཕྱིད་པ་ནི་འཆད་འགྱུར་རྣམས་ལའང་ཤེས་པར་བྱ་ཞིང་། བྱིངས་ཀྱི་སྔོན་དུ་ཨཊ་བྱིན་ལ། ཁྱད་པར་ནི། ཨས་ཀྱི་སྔོན་དུ་ཉེར་བསྒྱུར་པ་རི་བཞག་སྟེ། ཨཱ་ དྲུག་པར། ཨ་སྱ་ཏིའི་མཐའ་ཐའོ་ཞེས་པས་སའི་མཐར་ཐ་ཨཱ་ག་མ་སྦྱིན་ཞིང་། ཨཱ་བརྒྱད་པར། ཨ་ཡིག་གི་ཨཱ་ཡིག་གོ་ཞེས་པས། ཨས་ཀྱི་ཨཱ་རིང་པོར་བསྒྱུར་ལ། མཚུངས་འདྲ་བྱས་ཏེ་ མཚམས་སྦྱར་ནས། ཝཙ་ལ། ཨཱ་ལྔ་པར། མཆུར་འགྱུར་ཨུ་པ་དྷཱའི་ཞེས་པས་ཝའི་ཨ་ཡིག་ཨུ་ རུ་བསྒྱུར་བ། ཨཱ་དྲུག་པར། ཨཎ་ལ་ཝ་ཙིའི་ཞེས་པས་ཨོ་རུ་བསྒྱུར་ཏེ་སྦྱར་ལ། ཁྱཱའི་སྔོན་དུ་ ཉེར་བསྒྱུར་ཨཱང་བྱིན་པའི་ང་ཕྱིས་ཏེ། ཨཱ་བཞི་པར། བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཞེས་ པས་ཁྱཱའི་སྔོན་དུ་ཉེར་བསྒྱུར་ཨཱང་བྱིན་པའི་ང་ཕྱིས་ཏེ། ཨཱ་བཞི་པར། བྱིངས་ཐམས་ཅད་པ་མ་ ཡིན་པ་ལ་ཞེས་པས་ཁྱཱའི་སྲོག་ཕྱིས་ལ་སྦྱར་ཞིང་། ལིཔ་དང་སིཙ་ལ་ནི་ཁྱད་པར་གཞན་མེད་ ལ། ཨཱང་སྔ་མ་ཅན་གྱི་ཧྭེ་ལ། ཨཱ་བཞི་པར། མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ལ་ཞེས་ པས་སྲོག་གི་ཨེ་ཡིག་ཨཱ་རིང་པོར་བསྒྱུར་ནས། དེ་ཉིད་ཨཱ་བཞི་པར་བྱིངས་ཐམས་ཅད་པ་མ་ ཡིན་པ་ལ་ཞེས་པས་ཕྱིས་ཏེ་སྦྱར་བས། པཪྻཱསྠཏ(དེ་རིང་ཡོངས་སུ་འཕེན་ནོ)། ཨ་ཝོ་ཙ་ཏ(སྨྲས་སོ)། ཨཱ་ཁྱཏ(གཏམ)། ཨ་ལི་པཏ(གདུང་བར་བྱེད་དོ)། ཨ་སི་ཙཏ(འཛག་པར་བྱེད་དོ)། ཨཱ་ཧྭཏ་(འགྲན་པར་བྱེད་ དོ། །) ཞེས་པ་ལྟ་བུའོ། །པུཥ་སོགས་ངྻུཏ་སོགས་ལྀ་ཡིག་རྗེས་སུ་འབྲེལ་པ་ཨཏ་ཏི་སར་ཏི་ཤཱསྟི་ རྣམས་ལས་ཀྱང་པ་རསྨཻ་ལའོ་ཞེས་པ་ནི་དི་ཝ་སོགས་ཀྱི་པུཥ་རྒྱས་པའི་བྱིངས་དང་། སོགས་ ཀྱི་ཤུཥ་སྐེམས་པའི་བྱིངས་ལ་སོགས་པ་དང་། ངྻུ་ཏ་གསལ་བའི་བྱིངས་དང་། སོགས་ཀྱིས་རུ་ ཙ་སོགས་ཀྱི་བྱིངས་རྣམས་དང་། ལྀ་ཡིག་རྗེས་སུ་འབྲེལ་བའི་བྱིངས་རྣམས་དང་། ཨ་ར་ཏི་སྟེ་ 6-1-248 རྀ་འགྲོ་བ་དང་ཐོབ་པའི་བྱིངས་དང་། སར་ཏི་སྟེ་སྲྀ་འགྲོ་བའི་བྱིངས་དང་། ཤཱ་སུ་རྗེས་སུ་སྟོན་ པའི་བྱིངས་རྣམས་ལས་ཀྱང་། བྱེད་པ་པོ་བརྗོད་པའི་ཨ་དྱ་ཏ་ནཱིའི་པར་སྨཻ འི་རྣམ་དབྱེ་ཕ་རོལ་ ཏུ་ཡོད་པ་ལ། ཨཎའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། རིམ་པ་ལྟར་པུ་ཥ་ལ་ཨ་དྱ་ཏ་ནཱིའི་ དི་བྱིན་པ་ན། བར་དུ་མདོ་འདིས་ཨཎ་བྱིན་ནས་སྔར་བཞིན་བྱིངས་ཀྱི་སྔོན་དུ་ཨཊ་བཞག་ པས། ཨ་པུ་ཥཏ་(དེ་རིང་རྒྱས་སོ། །)ཅེས་པ་སྟེ། དེ་བཞིན་དུ་ཤུཥ་ལ་སོགས་པའང་སྦྱར་རོ། །ངྻུཏ་ ལའང་སྔ་མ་ལྟར་བྱིངས་མཐར་དི་དང་བར་དུ་ཨཎ་དང་སྔོན་དུ་ཨཊ་བྱིན་པས། ཨ་ངྻུཏེཏ་(དེ་ རིང་གསལ། ) ཅེས་པ་སྟེ། རུཙ་སོགས་ལའང་དེ་བཞིན་དུ་སྦྱར་རོ། །གམླྀ་འགྲོ་བའི་བྱིངས་ཀྱི་ལྀ་ རྗེས་འབྲེལ་སྔར་བཞིན་ཕྱིས་པ་ལ་སྔ་མ་ལྟར་དི་དང་ཨཎ་དང་ཨཊ་བྱིན་པས། ཨག་མཏ་(དེ་ རིང་འགྲོ། ) ཅེས་པ་སྟེ། ལྀ་ཡིག་རྗེས་སུ་འབྲེལ་པ་གཞན་རྣམས་ལའང་དེ་བཞིན་དུ་སྦྱར་རོ། །རྀ་ འགྲོ་བའི་བྱིངས་ལའང་སྔར་བཞིན་དི་དང་ཨཎ་དང་ཨཊ་བྱིན་ནས། ཨཱ་དྲུག་པར། ཨར་ཏི་ སརྟི་དག་གི་ཨཎ་ལའོ་ཞེས་པས་རྀ་ཡིག་ཨར་དུ་བསྒྱུར་ཏེ་སྔ་མའི་ཨ་དང་མཚམས་སྦྱར་བས། ཨཱ་རཏ་(དེ་རིང་འགྲོ། )ཅེས་པ་དང་། སྲྀ་ལའང་སྔར་བཞིན་དི་དང་ཨཎ་དང་ཨཊ་བྱིན་ནས། ཨར་ ཏི་སར་ཏི་ཞེས་པས་རྀ་ཡིག་ཨར་ཏུ་བསྒྱུར་ཏེ་སྦྱར་བས། ཨ་ས་ར་ཏ་(དེ་རིང་འགྲོ། ) ཞེས་པ་དང་། ཤཱ་སུའི་ཨུ་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་དི་དང་ཨཎ་དང་ཨཊ་བྱིན་ནས། ཨཱ་བཞི་པར། ཤཱ་སིའི་ཨུ་པ་དྷཱའི་ཨཎ་དང་ཞེས་པས་ཤའི་སྲོག་ཨི་ཐུང་ངུར་བསྒྱུར་ཏེ། ཨཱ་བརྒྱད་པར། ཤཱ་སི་ ཝ་སི་ཞེས་པ་ལྟར་ས་ཡིག་ཥ་རུ་བསྒྱུར་བས། ཨ་ཤི་ཥཏ་(དེ་རིང་སྟོན་པར་བྱེད་དོ། །)ཅེས་པ་ལྟ་བུའོ། ། པ་དི་ལས་ཨཱཏ་མ་ནེ་དང་པོའི་གཅིག་ཚིག་ལ་ཨི་ཙའོ་ཞེས་པ་ནི་པད་འགྲོ་བ་ལའོ་ཞེས་པའི་ བྱིངས་ལས་བྱེད་པ་པོ་བརྗོད་པའི་ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་སྐྱེས་བུ་དང་པོའི་གཅིག་ཚིག་ཕ་ རོལ་ཏུ་ཡོད་པ་ལ། ཨི་ཙའི་རྐྱེན་སྦྱིན་པར་འགྱུར་ཞིང་། ཨི་ཙའི་ཙ་ཡིག་ནི། ཨཱ་བཞི་པར། ཨི་ ཙ་ལས་ཏ་དབྱིའོ་ཞེས་པ་ལ་སོགས་པའི་ཁྱད་པར་གྱི་དོན་ཏེ། དཔེར་ན། པད་ལ་ཨཱཏྨ་ནེའི་ 6-1-249 སྐྱེས་བུ་དང་པོའི་གཅིག་ཚིག་ཏ་བྱིན་པ་ན། མདོ་འདིས་བར་དུ་ཨི་ཙ་བྱིན་ནས། ཉེར་བསྒྱུར་ ཨུཏ་དང་སཾ་སྔོན་དུ་བཀོད་ལ། ཨཊ་དང་པོར་བཞག་ཅིང་། ཨཱ་དྲུག་པར། ཨིཎ་ཨིཙ་ཞེས་ པས་པ་རིང་པོར་བསྒྱུར་ཏེ། ཨཱ་བཞི་པར། ཨིཙ་ལས་ཞེས་པས་ཏ་དང་ཙ་ཡིག་ཁྱད་པར་གྱི་ དོན་ཕྱིས་པས། ཨུ་ད་པཱ་དི་དང་། (དེ་རིང་སྐྱེད་དོ། །)ས་མ་པཱ་དི་དང་(དེ་རིང་རྫོགས་སོ། །)ཞེས་པ་ལྟ་བུའོ། ། དངོས་པོ་དང་ལས་དག་ལའང་ངོ་ཞེས་པ་ནི། དངོས་པོ་དང་ལས་ཀྱི་དོན་བརྗོད་པའི་བྱིངས་ དག་ལའང་། ཨ་དྱ་ཏ་ནཱིའི་སྐྱེས་བུ་དང་པོའི་གཅིག་ཚིག་ཕ་རོལ་ཏུ་ཡོད་པ་ལ་ཨིཙའི་རྐྱེན་ སྦྱིན་པར་འགྱུར་ཏེ། དཔེར་ན། དངོས་པོ་ལ་ནི། ཤཱིང་ཉལ་བའི་བྱིངས་ལ་ཨཱཏྨ་ནེའི་གཅིག་ ཚིག་ཏ་དང་བར་དུ་ཨིཙ་བྱིན་ནས་ཏ་དང་ཙ་ཡིག་སྔར་བཞིན་ཕྱིས་ལ། སྔོན་དུ་ཨཊ་བཞག་ ཅིང་། ཨཱ་དྲུག་པར། ཨིཎ་ཨིཙ་ཞེས་པས་ཤཱིའི་ཨཱི་ཡིག་ཨཻ་རུ་བསྒྱུར་ཏེ་མཚམས་སྦྱར་བའི་ མཐར། བྷ་ཝ་ཏཱ་གནས་པ་ལས། ཨ་ཤཱ་ཡི་བྷ་ཝ་ཏཱ་(དེ་རིང་ཁྱོད་ཉལ་བར་བྱེད་དོ། །)ཞེས་པ་དང་། ལས་ལ་ནི་ཌུཀྲྀཉ་བྱེད་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ། ཨཱཏྨནེའི་ཏ་བྱིན་ནས། བར་དུ་ ཨིཙ་བྱིན་པའི་ཏ་དང་ཙ་སྔར་བཞིན་ཕྱིས་ཏེ། སྔོན་དུ་ཨཊ་བཞག་ཅིང་། ཨིཎ་ཨིཙ་ཞེས་པས་ ཀྲྀའི་རྀ་ཡིག་ཨཱར་རིང་པོར་བསྒྱུར་བའི་མཐར། ཀ་ཊོ་བྷ་ཝ་ཏཱ་གནས་པ་ལས། ཨ་ཀཱ་རི་ཀ་ཊོ་ བྷ་ཏཱ་(དེ་རིང་ཁྱོད་རེ་ལྡེ་བྱེད་དོ། །)ཞེས་པ་ལྟ་བུའོ། །བྱིངས་ཐམས་ཅད་པ་ལ་ཡཎའོ་ཞེས་པ་ནི། བྱིངས་གང་ལས་དངོས་པོ་དང་ལས་ཀྱི་དོན་བརྗོད་པའི་བྱིངས་ཐམས་ཅད་པའི་རྣམ་དབྱེ་ཕ་ རོལ་ཏུ་ཡོད་པ་ལ་ཡཎ་གྱི་རྐྱེན་སྦྱིན་པར་འགྱུར་ཞིང་། ཡཎ་གྱི་ཎ་ཡིག་ནི། ཨཱ་བཞི་པར། ཡཎ་ ཨཱ་ཤཱིཥ་དག་ལ་ཡ་ལའོ་ཞེས་པ་ལའོ་ཞེས་པ་ལ་སོགས་པའི་ཁྱད་པར་གྱི་དོན་ཏེ། དཔེར་ན། དངོས་པོ་ལ་ཨཱས་སྡོད་པའི་བྱིངས་ལ་ཝརྟ་མཱ་ནཱའི་ཏེ་དང་། སཔྟ་མཱིའི་ཡཱཏ་དང་། པཉྩ་མཱིའི་ཏུ་ དང་། ཧྱསྟ་ནཱིའི་དི་རྣམས་བྱིན་པ་ན། བར་དུ་ཡཎ་བྱིན་པའི་ཎ་ཡིག་ཁྱད་དོན་འཕྱིད་པ་ནི་ འཆད་འགྱུར་རྣམས་ལའང་ཤེས་པར་བྱ་ཞིང་། ཁྱད་པར་དུ་ཨཱ་དྲུག་པར། ཡ་སྒྲའི་སཔྟ་མཱིའི་འོ་ 6-1-250 ཞེས་པས་ཡཱཏ་ཀྱི་ཡཱ་ཡིག་ཨི་རུ་བསྒྱུར་ཏེ་སྦྱར་ནས། དི་སྦྱོར་བའི་བྱིངས་ཀྱི་སྔོན་དུ་ཨཊ་ བཞག་པ་རྣམས་ཀྱི་མཐར། བྷ་ཝ་ཏཱ་གནས་པ་ལས། ཨཱ་སྱ་ཏེ་བྷ་ཝ་ཏཱ། (ཁྱོད་སྡོད་དོ། །)ཨཱ་སྱེདྦྷ་ ཝ་ཏཱ(ཁྱོད་སྡོད་ཅིག)། ཨཱ་སྱ་ཏུ་བྷ་ཝ་ཏཱ(ཁྱོད་སྡོད་པར་གྱུར་ཅིག)། ཨཱ་སྱ་དྦྷ་ཝཱ་ཏ་(ཁྱོད་ཁར་སང་སྡོད་དོ། །) ཞེས་པ་ལྟ་བུའོ། །ལས་ལ་ནི་དཔེར་ན། ཀྲྀཉ་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཏེ་དང་བར་ དུ་ཡཎ་བྱིན་ནས། ཨཱ་བཞི་པར། ཡཎ་ཨཱ་ཤཱིཥ་དག་ལ་ཞེས་པས་ཀྲྀའི་མཐར་ཨཱི་ཨཱ་ག་མ་བྱིན་ ཏེ་མཚམས་སྦྱར་བའི་མཐར། ཀ་ཊ་གནས་པ་ལས། ཀྲི་ཡ་ཏེ་ཀ་ཊཿ (རེ་ལྡེ་བྱེད་དོ། །) ཞེས་པ་ལྟ་ བུ་སྟེ། དེ་བཞིན་དུ་སཔྟ་མི་ལ་སོགས་པ་རྣམས་ཀྱང་སྦྱོར་བར་ཤེས་པར་བྱའོ། །བྱེད་པ་པོ་ལ་ ཨན་ཏེ་བི་ཀ་ར་ཎའོ་ཞེས་པ་ནི། བྱིངས་ལས་བྱེད་པ་པོ་བརྗོད་པའི་བྱིངས་ཐམས་ཅད་པའི་ རྣམ་དབྱེ་ཕ་རོལ་ཏུ་ཡོད་པ་ལ། ཨནའི་རྐྱེན་སྦྱིན་པར་བྱ་སྟེ། དེའང་བི་ཀ་ར་ཎའི་མིང་ཅན་དུ་ ཤེས་པར་བྱ་ཞིང་། ཨནའི་ན་ཡིག ཨཱ་ལྔ་པར། བི་ཀ་ར་ཎ་ལ་ཨན་ཉིད་ལའོ་ཞེས་པ་ལ་སོགས་ པའི་ཁྱད་པར་གྱི་དོན་ཏེ། དཔེར་ན། བྷཱུ་ཡོད་པའི་བྱིངས་ལ་ཝརྟ་མཱ་ནཱའི་ཏི་དང་། སཔྟ་ཏ་མཱིའི་ ཡཱཏ་དང་། པཉྩ་མཱིའི་ཏུ་དང་། ཧྱསྟ་ནཱིའི་དི་རྣམས་བྱིན་པ་ན། བར་དུ་ཨན་བི་ཀ་ར་ཎ་བྱིན་པའི་ ན་ཡིག་ཁྱད་དོན་འཕྱིད་པ་ནི་ཐམས་ཅད་དུ་ཤེས་པར་བྱའོ། །ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་ དང་ཞེས་པས་བྷཱུའི་ཨཱུ་ཡིག་ཨོ་རུ་བསྒྱུར་ལ། ཁྱད་པར་ཨཱ་དྲུག་པར། ཡ་སྒྲའི་སཔྟ་མཱིའི་འོ་ཞེས་ པས་ཡཱཏ་ཀྱི་ཡཱ་ཡིག་ཨི་རུ་བསྒྱུར་ཏེ་མཚམས་སྦྱར་ཞིང་། དི་སྦྱོར་བའི་བྱིངས་ཀྱི་སྔོན་དུ་ཨཊ་ བཞག་པ་ལས། བྷ་ཝ་ཏི(འགྱུར་རོ)། བྷ་ཝེཏ(འགྱུར་རམ)། བྷ་ཝ་ཏུ(གྱུར་ཅིག)། ཨ་བྷ་ཝཏ་(གྱུར་ལ། ) ཅེས་པ་ལྟ་བུའོ། །དི་བ་སོགས་ལས་ཡནའོ་ཞེས་པ་ནི། དི་བུ་བརྩེ་བའི་བྱིངས་དང་། སོགས་ པས་ཥེ་བུ་སྣལ་མའི་རྒྱུན་ལ་སོགས་པའི་ཚོགས་ལས། བྱེད་པ་པོ་བརྗོད་པའི་བྱིངས་ཐམས་ ཅད་པའི་རྣམ་དབྱེ་ཕ་རོལ་ཏུ་ཡོད་པ་ལ། ཡན་བི་ཀ་ར་ཎའི་མིང་ཅན་གྱི་རྐྱེན་སྦྱིན་པར་འགྱུར་ ཞིང་། ཡན་གྱི་ན་ཡིག་ནི། ཨཱ་དྲུག་པར། ཡན་ལ་ཨོ་ཡིག་གིའོ་ཞེས་པ་ལ་སོགས་པའི་ཁྱད་ 6-1-251 པར་གྱི་དོན་ཏེ། དཔེར་ན། དི་བུའི་ཨུ་ཡིག་རྗེས་འབྲེལ་ཕྱིས་པ་ལ་སྔ་མ་ལྟར་ཏི་དང་ཡཱད་དང་ ཏུ་དང་དི་རྣམས་བྱིན་ནས་བར་དུ་ཡན་བི་ཀ་ར་ཎ་བྱིན་པའི་ན་ཡིག་ཁྱད་པར་གྱི་དོན་འཕྱིད་པ་ ནི་ཐམས་ཅད་དུ་ཤེས་པར་བྱ་ཞིང་། ཁྱད་པར་ཨཱ་བརྒྱད་པར། ནཱ་མི་ར་ཝ་དག་གི་ཞེས་པས་ དིའི་ཨི་ཡིག་རིང་པོར་བསྒྱུར་ལ་ཡཱཏ་ཀྱི་ཡ་ཡིག་ཨི་རུ་བསྒྱུར་ཏེ་མཚམས་སྦྱར་ནས། དི་སྦྱོར་ བའི་བྱིངས་ཀྱི་སྔོན་དུ་ཨཊ་བཞག་པ་ལས། དཱི་བྱ་ཏི(རྩེ་བར་བྱེད)། དཱི་བྱེ་ཏ(རྩེ་འམ)། དཱི་བྱ་ཏུ (རྩེ་ བར་གྱུར་ཅིག)། ཨ་དཱི་བྱཏ་(རྩེས་སོ། །)ཅེས་པ་ལྟ་བུ་སྟེ། དེ་བཞིན་དུ་ཥེ་བུ་ལ་སོགས་པའི་ཚོགས་ རྣམས་ལའང་བྱེད་པ་པོ་བརྗོད་པའི་བྱིངས་ཐམས་ཅད་པའི་རྣམ་དབྱེ་ཕ་རོལ་ཏུ་ཡོད་པ་ལ་ ཡན་བི་ཀ་ར་ཎའི་རྐྱེན་སྦྱོར་བར་ཤེས་པར་བྱའོ། །སུ་སོགས་ལས་ནུའོ་ཞེས་པ་ནི་ཥུཉ་ཁྲུས་ཀྱི་ བྱིངས་དང་། སོགས་ཀྱིས་ཙིཉ་སོག་པའི་བྱིངས་ཀྱི་ཚོགས་རྣམས་ལས་བྱེད་པ་པོ་བརྗོད་པའི་ བྱིངས་ཐམས་ཅད་པའི་རྣམ་དབྱེ་ཕ་རོལ་ཏུ་ཡོད་པ་ལ་ནུ་བི་ཀ་ར་ཎའི་མིང་ཅན་གྱི་རྐྱེན་སྦྱིན་ པར་འགྱུར་ཏེ། དཔེར་ན། ཥུཉའི་ཉ་རྗེས་འབྲེལ་ཕྱིས་པ་ལ་སྔ་མ་བཞིན་ཏི་དང་ཡཱཏ་དང་ཏུ་ དང་དི་བྱིན་ནས། བར་དུ་མདོ་འདིས་ནུ་བི་ཀ་རཎ་བྱིན་ལ། ཨཱ་བརྒྱད་པར། བྱིངས་ཀྱི་དང་ པོའི་ཥའི་སའོ་ཞེས་པས་ཥ་ཡིག་ས་རུ་བསྒྱུར་ཏེ། ཨཱ་ལྔ་པར། སཔྟ་མཱི་ལའང་ངོ་ཞེས་པས་ཡཱཏ་ ལ་ནུའི་ཨུ་ཡིག་ཨོ་རུ་མི་འགྱུར་ཞིང་། དེ་ཉིད་དུ་ནཱ་མི་མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ ཞེས་པས་གཞན་རྣམས་ལ་ནུའི་ཨུ་ཡིག་ཨོ་རུ་བསྒྱུར་ལ། ད་ལ་བྱིངས་ཀྱི་སྔོན་ཏུ་ཨཊ་བཞག་ པ་ལས། སུ་ནོ་ཏི(ཁྲུས་བྱེད)། སུ་ནུ་ཡཱཏ (ཁྲུས་མཛོད)། སུ་ནོ་ཏུ(འཁྲུད་པར་གྱུར་ཅིག)། ཨ་སུ་ནོཏ་(ཁར་ སང་བཀྲུས་སོ། །)ཅེས་པ་ལྟ་བུ་སྟེ། ཙིཉ་སོགས་ལའང་དེ་བཞིན་དུ་སྦྱོར་བར་ཤེས་པར་བྱའོ། །ཤྲུའི་ ཤྲྀ་འང་ངོ་ཞེས་པ་ནི་ཤྲུ་ཉན་པ་ལའོ་ཞེས་པའི་བྱིངས་འདི་ལས་བྱེད་པ་པོ་བརྗོད་པའི་བྱིངས་ ཐམས་ཅད་པ་ཕ་རོལ་ཏུ་ཡོད་པ་ལ་ནུ་བི་ཀ་ར་ཎའི་རྐྱེན་སྦྱིན་པར་འགྱུར་ཞིང་། ཤྲུའང་ཤྲྀ་རྀ་ ཞུགས་སུ་འགྱུར་ཏེ། དཔེར་ན། ཤྲུ་ལ་ཏི་དང་ཡཱཏ་དང་ཏུ་དང་དི་རྣམས་དང་བར་དུ་ནུ་བྱིན་ 6-1-252 ནས། ཤྲཱུ་ཡིག་ཤྲྀ་རུ་བསྒྱུར་ཞིང་། ནུའི་ཨུ་ཡིག་ཡོན་ཏན་ཡོད་མེད་སྔ་མ་ལྟར་བྱས་ལ། ནཱ་བཞི་ པར་ར་ཥ་རྀའི་ཡི་གེ་ཞེས་པ་ལྟར་ན་ཡིག་ཎ་རུ་བསྒྱུར་བས། ཤྲྀ་ཎོ་ཏི། (ཐོས་སོ། །) ཤྲྀ་ཎུ་ཡཱཏ(ཐོས་ སམ)། ཤྲྀ་ཎོ་ཏུ(ཐོས་པར་གྱུར་ཅིག)། ཨ་ཤྲྀ་ཎོཏ་(ཁར་སང་ཐོས་)ཅེས་པ་ལྟ་བུའོ། །རུ་དྷ་སོགས་ཀྱི་ དབྱངས་ལས་ཕ་རོལ་ཏུ་ན་སྒྲའོ་ཞེས་པ་ནི་རུ་དྷིར་འགོག་པའི་བྱིངས་དང་། སོགས་ཀྱིས་བྷི་ དིར་རྣམ་པར་འཇོམས་པ་ལ་སོགས་པའི་ཚོགས་ལས་བྱེད་པ་པོ་བརྗོད་པའི་བྱིངས་ཐམས་ ཅད་པ་ཕ་རོལ་ཏུ་ཡོད་པ་ལ། དབྱངས་མཐའ་ལས་ཕ་རོལ་ཏུ་ན་སྒྲ་སྟེ། ན་ཡིག་སྲོག་ལྡན་བི་ ཀ་ར་ཎའི་མིང་ཅན་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། རུ་དྷིར་གྱི་ཨིར་རྗེས་འབྲེལ་ཕྱིས་ པ་ལ། ཏི་དང་ཡཱཏ་དང་རུ་དང་དི་རྣམས་དང་། མདོ་འདིས་དྷའི་སྔོན་དུ་ན་ཡིག་བྱིན་པ། ཁྱད་ པར་ཨཱ་བརྒྱད་པར། གྷ་ཌྷ་དྷ་བྷ་རྣམས་ལས་དྷཱ་མ་ཡིན་པའི་ཞེས་པས་རྣམ་དབྱེའི་ཏ་ཡིག་ གཉིས་དྷ་རུ་བསྒྱུར་ཞིང་། དེ་ཉིད་དུ་དྷུཊ་རྣམས་ཀྱི་བཞི་པ་རྣམས་ལ་ཞེས་པས་བྱིངས་མཐའི་ དྷ་ཡིག་དེ་ཉིད་ཀྱི་གསུམ་པ་ད་རུ་བསྒྱུར་ལ། ཡཱཏ་ལ་ཨཱ་བཞི་པར། རུ་དྷ་སོགས་ཀྱི་བི་ཀ་ར་ ཎའི་མཐའ་དབྱིའོ་ཞེས་པས་ནའི་སྲོག་ཕྱིས་ཏེ། དི་ལ་ཨཊ་སྔོན་དུ་བཞག་ཅིང་། ཨཱ་དྲུག་པར། གསལ་བྱེད་ལས་དི་སི་དག་གི་ཞེས་པས་དི་ཕྱིས་ནས། ཨཱ་བརྒྱད་པར། ཚིག་མཐར་དྷུཊ་ རྣམས་ཀྱི་དང་པོའོ་ཞེས་པས་བྱིངས་མཐའི་དྷ་ཡིག་ཏ་རུ་བསྒྱུར་ཞིང་། ནཱ་བཞི་པར་ར་ཥ་རྀའི་ ཡི་གེས་ན་ཡིག་སྲོག་ལྡན་རྣམས་ཎ་རུ་བསྒྱུར་བས། རུ་ཎ་དྡྷི (སྒྲིབས་སོ)། རུ་ནྡྷྱཱ ཏ(སྒྲིབས་སམ)། རུ་ ཎདྡྷུ(སྒྲིབ་པར་གྱུར་ཅིག)། ཨ་རུ་ཎཏ་(ཁར་སང་བསྒྲིབས། )ཅེས་པ་ལྟ་བུ་སྟེ། བྷི་དིར་སོགས་ལའང་དེ་ བཞིན་དུ་སྦྱོར་བར་ཤེས་པར་བྱའོ། །ཏན་སོགས་ལས་ཨུའོ་ཞེས་པ་ནི། ཏ་ནུ་རྒྱས་པའི་བྱིངས་ དང་། སོགས་ཀྱིས་ཥ་ཎུ་ལེན་པའི་བྱིངས་ལ་སོགས་པའི་ཚོགས་ལས། བྱེད་པ་པོ་བརྗོད་པའི་ བྱིངས་ཐམས་ཅད་པ་ཕ་རོལ་ཏུ་ཡོད་པ་ལ། ཨུ་ཡིག་བི་ཀ་ར་ཎའི་མིང་ཅན་གྱི་རྐྱེན་གྱི་སྦྱིན་ པར་འགྱུར་ཏེ། དཔེར་ན། ཏ་ནུའི་ཨུ་རྗེས་འབྲེལ་ཕྱིས་པ་ལ། ཏི་དང་ཡཱཏ་དང་ཏུ་དང་དི་དང་ 6-1-253 མདོ་འདིས་བར་དུ་ཨུ་བྱིན་པ། ཨཱ་ལྔ་པར། ནཱ་མིའི་མཐའི་ཞེས་པས་ཨོ་རུ་བསྒྱུར་ཏེ། ཡཱཏ་ལ་ ནི་དེ་ཉིད་དུ་སཔྟ་མཱི་ལའང་ངོ་ཞེས་པའི་དམིགས་བསལ་གྱིས་ཨོ་རུ་མི་འགྱུར་ཞིང་། དི་ལ་ བྱིངས་ཀྱི་སྔོན་དུ་ཨཊ་བཞག་པས། ཏ་ནོ་ཏི(རྒྱས་སོ)། ཏ་ནུ་ཡཱཏ(རྒྱས་སམ)། ཏ་ནོ་ཏུ(རྒྱས་པར་གྱུར་ ཅིག)། ཨ་ཏ་ནོཏ(ཁར་སང་རྒྱས། )ཅེས་པ་ལྟ་བུ་སྟེ། ཥ་ནུ་སོགས་ཀྱི་ཚོགས་ལའང་དེ་བཞིན་ཏུ་སྦྱོར་ བར་ཤེས་པར་བྱའོ། །ཀྲཱི་སོགས་ལས་ནཱའོ་ཞེས་པ་ནི། ཌུ་ཀྲཱྀཉ་རྫས་བརྗེ་བའི་བྱིངས་དང་། སོགས་ཀྱིས་པྲཱིཉ་ཚིམ་པ་དང་། མཛེས་པའི་བྱིངས་ལ་སོགས་པའི་ཚོགས་ལས་བྱེད་པ་པོ་ བརྗོད་པའི་བྱིངས་ཐམས་ཅད་པ་ཕ་རོལ་ཏུ་ཡོད་པ་ལ། ནཱ་ཡིག་རིང་པོ་བི་ཀ་ར་ཎའི་མིང་ཅན་ གྱི་རྐྱེན་གྱི་སྦྱིན་པར་འགྱུར་ཏེ། དཔེར་ན། ཌུ་ཀྲཱྀཉ་རྗེས་འབྲེལ་ཕྱིས་པ་ལ། ཏི་དང་ཡཱཏ་དང་ཏུ་ དང་དི་དང་། མདོ་འདིས་བར་དུ་ནཱ་བི་ཀ་ར་ཎ་བྱིན་ནས། ཁྱད་པར་ཨཱ་བཞི་པར། གཉིས་ཀ་ རྣམས་ཀྱི་ཞེས་པས། ཡཱཏ་ཕ་རོལ་ལ་ནཱ་ཡིག་གི་ཨཱ་ཡིག་ཨཱི་རིང་པོར་བསྒྱུར་ལ། དི་ལ་བྱིངས་ ཀྱི་སྔོན་དུ་ཨཊ་བཞག་ཅིང་། ནཱ་བཞི་པའི་ར་ཥ་རྀའི་ཡི་གེས་ནཱ་རྣམས་ཎ་རུ་བསྒྱུར་བ་ལས། ཀྲཱི་ཎཱ་ཏི(ཚོང་བྱེད)། ཀྲཱི་ཎཱི་ཡཱཏ(ཚོང་བྱེད་དམ)། ཀྲཱི་ཎཱ་ཏུ(ཚོང་བྱེད་པར་གྱུར་ཅིག)། ཨ་ཀྲཱི་ཎཱཏ་(ཁ་སང་ཚོང་ བྱས། )ཅེས་པ་ལྟ་བུ་སྟེ། པཱིཉ་ལ་སོགས་པའི་ཚོགས་ལའང་དེ་བཞིན་ཏུ་སྦྱོར་བར་ཤེས་པར་ བྱའོ། །གསལ་བྱེད་མཐའ་ལས་ཧི་ལ་ཨཱ་ནའོ་ཞེས་པ་ནི་ཀྲཱི་སོགས་ཀྱི་གསལ་བྱེད་མཐའ་ཅན་ གྱི་བྱིངས་ལས། པཉྩ་མཱིའི་ཧི་ཕ་རོལ་དུ་ཡོད་པ་ལ་ཨཱ་ནའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པུ་ཥ་རྒྱས་པའི་བྱིངས་ལ་ཧི་བྱིན་ནས། མདོ་འདིས་བར་དུ་ཨཱ་ནའི་རྐྱེན་བྱིན་པ་ན། ཨཱ་བཞི་ པར། ཨ་ཡིག་ལས་ཧན་ཏི་མ་ཡིན་པ་ལ་ཞེས་པས་ཧི་དབྱི་ཞིང་། སྔ་མ་ལྟར་ན་ཡིག་ཎ་རུ་ བསྒྱུར་ཏེ་སྦྱར་བས། པུ་ཥཱ་ཎ་(རྒྱས་པར་གྱུར་ཅིག)ཞེས་པ་ལྟ་བུ་སྟེ། གསལ་བྱེད་མཐའ་ཅན་གཞན་ རྣམས་ལའང་དེ་བཞིན་དུ་ཤེས་པར་བྱ་ཞིང་། དབྱངས་མཐའ་ཅན་ལ་ནི་ཧི་ཕ་རོལ་ལ་ཨཱ་ན་ རྐྱེན་དུ་མི་འགྱུར་ཏེ། དཔེར་ན། ཀྲཱི་ལ་ཧི་བྱིན་པ་ན། མདོ་སྔ་མས་བར་དུ་ནཱའི་རྐྱེན་བྱིན་ནས། 6-1-254 ཨཱ་བཞི་པར། གཉི་ག་རྣམས་ཀྱི་ཞེས་པས་ནཱའི་ཨཱ་ཡིག་ཨཱི་རིང་པོར་བསྒྱུར་ཞིང་། སྔར་བཞིན་ ནཱའང་ཎ་རུ་བསྒྱུར་བས། ཀྲཱི་ཎཱི་ཧི་(ཚོང་པ་རྣམས་སུ་གྱུར་ཅིག)ཞེས་པ་ལྟ་བུའོ། ། བཞི་པ་བྱིངས་ལས་དོན་སོ་སོ་ལ་རྣམ་དབྱེ་སྦྱོར་བའི་དམིགས་བསལ་དང་བཅས་པ་ནི། དངོས་པོ་དང་ལས་དག་ལ་ཨཱཏྨ་ནེའི་ཚིག་རྣམས་སོ་ཞེས་པ་བྱིངས་ལ་དངོས་པོ་དང་ལས་ཀྱི་ དོན་ལ་ཨཱཏྨ་ནེའི་ཚིག་རྣམས་རྐྱེན་དུ་སྦྱིན་པར་འགྱུར་ཏེ། དཔེར་ན། དངོས་པོ་ལ་ནི། ཤཱིང་ ཉལ་བའི་བྱིངས་ང་རྗེས་འབྲེལ་ཕྱིས་པ་ལ་བརྟ་མཱ་ནཱའི་ཨཱཏྨ་ནེའི་ཏེ་བྱིན་པ་ན་བར་དུ་སྔར་ བཤད་པ་ལྟར་བྱིངས་ཐམས་ཅད་པ་ལ་ཡཎའོ་ཞེས་པས་ཡཎ་བྱིན་ནས། ཨཱ་དྲུག་པར། ཡ་ ལ་ཨཱི་ནི་ཨཱ་ཡིའོ་ཞེས་པས་ཤཱིའི་ཨཱི་ཡིག་ཨཱ་ཡི་རུ་བསྒྱུར་བའི་མཐར། བྷ་ཝ་ཏཱ་གནས་པ་ལས། ཤཱཡྻ་ཏེ་བྷ(ཉལ་ལོ)། ཝ་ཏཱ་(ཁྱོད། )ཞེས་པ་དང་། ལས་ལ་ནི་ཀྲྀཉ་བྱེད་པའི་བྱིངས་ཉ་རྗེས་འབྲེལ་ ཕྱིས་པ་ལ། སྔར་བཞིན་ཏེ་དང་པར་དུ་ཡཎ་བྱིན་ནས། ཨཱ་བཞི་པར། ཡཎ་ཨཱ་ཤཱིཥ་དག་ལ་ཞེས་ པས་ཀྲྀའི་མཐར་ཨི་ཡིག་ཨཱ་ག་མ་བྱིན་ཏེ་མཚམས་སྦྱར་བའི་མཐར་ཀ་ཊཿགནས་པ་ལས། ཀྲི་ (བྱེད་དོ། །)ཡ་ཏེ་(རེ་ལྡེ། )ཀ་ཊཿཞེས་པ་ལྟ་བུའོ། །ལས་བྱེད་པ་པོ་ལས་བཞིན་ནོ་ཞེས་པ་ནི་ལས་ཀྱི་ བྱེད་པ་པོ་སྟེ་དེ་ལ། ལས་ལ་སྦྱོར་བ་བཞིན་དུ་ཡཎ་དང་ཨཱཏྨ་ནེ་དང་ཨིཙ་རྣམས་རྐྱེན་དུ་སྦྱིན་ པར་འགྱུར་ཏེ། དཔེར་ན། ལཱཉ་གཅོད་པའི་བྱིངས་ལ་ཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་སྔ་མ་ ལྟར་ཏེ་དང་བར་དུ་ཡཎ་བྱིན་པའི་མཐར། ཀེ་དཱ་རཿ སྭ་ཡ་མེ་ཝ་གནས་པ་ལས། ལཱ་(གཅོད་ དོ། །)ཡ་ཏེ་(ཞིང་། ) ཀེ་དཱ་རཿསྭ་ཡ་མེ་ཝ་(རང་ཁོ་ནས། ) ཞེས་པ་དང་། བྷི་དིར་རྣམ་པར་འཇོམས་ པའི་བྱིངས་ཨིར་རྗེས་འབྲེལ་ཕྱིས་པ་ལ། ཨ་དྱཏ་ནཱིའི་ཨཱཏྨ་ནེའི་ཏ་བྱིན་ནས། སྔར་བཤད་ པའི་དངོས་པོ་དང་ལས་དག་ལ་འང་ངོ་ཞེས་པས་ཨིཙ་བྱིན་པ་ན། ཨཱ་བཞི་པར། ཨིཙ་ལས་ ཏ་དབྱིའོ་ཞེས་པས། ཏ་ཡིག་ཕྱིས་ཏེ། ཨཱ་ལྔ་པར། ནཱ་མིའི་ཨུ་པ་དྷཱའི་ཞེས་པ་བྷི འི་ཨི་ཡིག་ཨེ་ རུ་བསྒྱུར་ཞིང་། སྔོན་དུ་ཨཊ་བཞག་སྟེ་མཐར། ཀུ་ཤཱུ་ལཿསྭ་ཡ་མེ་ཝ་གནས་པ་ལས། ཨ་བྷེ་ 6-1-255 དི(འཇོམས་པར་བྱེད། ) ཀུར་ཤཱུ་ལཿ (འབྲུའི་བང་བ། )སྭ་ཡ་མེ་ཝ་(རང་ཉིད་ཀྱིས། )ཞེས་པ་ལྟ་བུའོ། །བྱེད་པ་ པོ་ལ་རུ་ཙ་སོགས་དང་ང་རྗེས་སུ་འབྲེལ་པ་རྣམས་ལས་སོ་ཞེས་པ་ནི་རུ་ཙ་གསལ་བའི་བྱིངས་ དང་། སོགས་ཀྱི་བྲྀ་དྷུ་འཕེལ་བའི་བྱིངས་ལ་སོགས་པ་དང་། ང་རྗེས་སུ་འབྲེལ་བའི་བྱིངས་ རྣམས་ལས། བྱེད་པ་པོའི་དོན་ལ་ཨཱཏྨ་ནེའི་ཚིག་རྣམས་སྦྱིན་པར་འགྱུར་ཏེ། དཔེར་ན། རུ་ཙ་ ལ་བརྟ་མཱ་ནཱའི་ཨཱཏྨ་ནེའི་ཏེ་དང་བར་དུ་ཨན་སྔར་བཞིན་བྱིན་ལ། ཨཱ་ལྔ་པར། ནཱ་མི་ཨུ་པ་དྷཱའི་ ཞེས་པས་རུའི་ཨུ་ཡིག་ཨོ་རུ་བསྒྱུར་བས། རོ་ཙ་ཏེ་(སྣང་བར་བྱེད། ) ཞེས་པ་དང་། དེ་བཞིན་དུ་ བྲྀ་དྷུ་སོགས་ཀྱི་ཚོགས་ལའང་སྦྱར་རོ། །ང་རྗེས་སུ་འབྲེལ་བ་ནི་ཤཱིང་ཉལ་བའི་བྱིངས་ང་རྗེས་ འབྲེལ་ཕྱིས་པ་ལ། སྔར་བཞིན་ཏེ་བྱིན་ཞིང་བར་དུ་ཨན་བྱིན་ལ་ཨད་སོགས་ལས་ཕྱིས་ནས། ཤཱིང་འི་བྱིངས་ཐམས་ཅད་ལ། ཡོན་ཏན་ནོ་ཞེས་པས་ཤཱིང་འི་ཨཱི་ཡིག་ཨེ་རུ་བསྒྱུར་བས། ཤེ་ ཏེ་(ཉལ་བར་བྱེད། )ཞེས་པ་ལྟ་བུ་སྟེ། ང་ཡིག་རྗེས་སུ་འབྲེལ་པ་གཞན་རྣམས་ལའང་དེ་བཞིན་ དུ་ཤེས་པར་བྱའོ། །ཙེ་ཀྲཱི་ཡི་ཏའི་མཐའ་ལས་སོ་ཞེས་པ་ནི་བྱིངས་ཙེ་ཀྲཱི་ཡི་ཏའི་མཐའ་ཅན་ ལས། བྱེད་པ་པོའི་དོན་ལ་ཨཱཏྨ་ནེའི་ཚིག་རྣམས་སྦྱིན་པར་འགྱུར་ཏེ། དཔེར་ན། པཙ་འཚེད་ པའི་བྱིངས་ལ། བརྟ་མཱ་ནཱའི་ཏེ་བྱིན་པ་ན། སྔར་བཤད་པ་ལྟར་དབྱངས་གཅིག་པའི་བྱིངས་ ལས་ཞེས་པས་ཡ་ཡིག་ཙེ་ཀྲཱི་ཡི་ཏ་བྱིན་ནས་ཙཎ་པ་རོ྅ཀྵཱ་ཞེས་པས་གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། ཨ་བྷྱཱ་སའི་ཞེས་པས་མ་སྔ་མའི་ཙ་ཕྱིས་ལ། དེ་ཉིད་དུ། ཨཱ་ག་མ་མེད་པའི་ ཞེས་པས་པ་སྔ་མ་རིང་པོར་བསྒྱུར་ཏེ་སྦྱར་བས། པཱ་པ་ཙྱ་ཏེ་(ཡང་ནས་ཡང་དུ་འཚེད། )ཞེས་པ་ལྟ་ བུའོ། །ཨཱ་ཡིའི་མཐའ་ལས་ཀྱང་ངོ་ཞེས་པ་ནི་ཨཱ་ཡིའི་རྐྱེན་གྱི་མཐའ་ལས་ཀྱང་བྱེད་པ་པོའི་ དོན་ལ་ཨཱཏྨ་ནེའི་ཚིག་རྣམས་སྦྱིན་པར་འགྱུར་ཏེ། དཔེར་ན། པཎྜི་ཏ་ལ་སྔར་བཤད་པ་ལྟར་ བྱེད་པ་པོ་ལ་ཨཱ་ཡི་སྟེ་ཞེས་པས་ཨཱ་ཡི་རྐྱེན་བྱིན་པའི་ཡའི་ཨི་ཡིག་མདོ་འདིའི་ཁྱད་པར་གྱི་ དོན་ཡིན་པས་དབྱི་ཞིང་། མཐར་བརྟ་མཱ་ནཱིའི་ཏེ་བྱིན་ནས། བར་དུ་ཨན་བྱིན་ཏེ་མཚམས་སྦྱར་ 6-1-256 བས། པཎྜི་ཏཱ་ཡ་ཏེ་(མཁས་པ་བཞིན་དུ་བྱེད་)ཞེས་པ་ལྟ་བུའོ། །ཨིན་དང་ཉ་དང་ཡཛ་སོགས་ལས་ གཉི་གའོ་ཞེས་པ་ནི་ཨིན་གྱི་མཐའ་དང་ཉ་རྗེས་སུ་འབྲེལ་བའི་མཐའ་དང་། ཡཛ་མཆོད་པའི་ བྱིངས་དང་། སོགས་ཀྱིས་བ་ཧུ་ལ་སོགས་པ་ལའང་པ་རསྨཻ་དང་ཨཱཏྨ་ནའི་ཚིག་གཉི་ག་སྦྱིན་ པར་འགྱུར་ཏེ། དཔེར་ན། པཋ་ཀློག་པའི་བྱིངས་ལ། སྔར་བཤད་པ་ལྟར་བྱིངས་ལས་ཀྱང་རྒྱུ་ ལའོ་ཞེས་པས་ཨིན་བྱིན་ནས། ཨཱ་དྲུག་པར། ཨིན་ཨིཙ་ཨཊ་རྣམས་ལ་ཞེས་པས་པ་རིང་པོར་ བསྒྱུར་ཞིང་། མདོ་འདིས་པ་རསྨཻ འི་ཏི་དང་ཨཱཏྨ་ནེའི་ཏེ་བྱིན་ལ། བར་དུ་ཨན་བྱིན་ནས། ཨིན་ གྱི་ཨི་ཡིག་ཨེ་རུ་བསྒྱུར་ཏེ་མཚམས་སྦྱར་བས། པཱ་ཋ་ཡ་ཏི(ཀློག་གོ)། པཱ་ཋ་ཡ་ཏེ་(ཀློག་པར་བྱེད། ) ཞེས་པ་དང་། ཉ་རྗེས་སུ་འབྲེལ་པ་ནི་ཌུ་ཀྲཱྀ་ཉ་རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ཏི་དང་ཏེ་ བྱིན་པ་ལེའུ་འདིར། ཏན་སོགས་ལས་ཨུའོ་ཞེས་པས་ཨར་དུ་ཨུ་བྱིན་ལ། ཨཱ་ལྔ་པར། ཀརོ་ ཏེའི་འང་ངོ་ཞེས་པས་ཀྲྀའི་རྀ་ཨར་དུ་བསྒྱུར་ཏེ། ཁྱད་པར་ནི། ཏི་ལ་དེ་ཉིད་དུ་བི་ཀ་ར་ཎ་དག་ གི་ས་ཞེས་པས་ཨུ་ཡིག་ཨོ་རུ་བསྒྱུར་ཞིང་། ཏེ་ལ་ཨཱ་བཞི་པར། ཨའི་ཨུ་ཡིག་གོ་ཞེས་པས་ ཀའི་ཨ་ཡིག་ཨུ་རུ་བསྒྱུར་བས། ཀ་རོ་ཏི(བྱེད་པའོ)། ཀུ་རུ་ཏེ་(བྱེད་དོ། །) ཞེས་པ་དང་། དེ་བཞིན་ དུ་ཉ་ཡིག་རྗེས་སུ་འབྲེལ་པ་ཅན་གཞན་རྣམས་ལའང་ཤེས་པར་བྱའོ། །ཡཛ་སོགས་ལས་ནི་ ཡཛ་ལ་ཏི་དང་ཏེ་བྱིན་ནས། བར་དུ་སྔར་བཞིན་ཨན་བྱིན་པས་ཡ་ཛཏི(ལྷ་མཆོད་དོ)། ཡཛ་ཏེ་(ལྷ་ མཆོད་དོ། །)ཞེས་པ་སྟེ། དེ་བཞིན་དུ་བ་ཧུ་སོགས་ལའང་ཤེས་པར་བྱའོ། །ས་ནའི་མཐའ་ལས་ སྔ་མ་བཞིན་ནོ་ཞེས་པ་ནི་སན་གྱི་རྐྱེན་སྦྱར་བའི་བྱིངས་མཐའ་ལས་ཀྱང་མདོ་སྔ་མ་བཞིན་དུ་ ཨཱཏྨ་ནེའི་ཚིག་གམ་པ་རསྨཻ འི་ཚིག་དག་རྐྱེན་དུ་སྦྱིན་པར་འགྱུར་ཏེ། དཔེར་ན། རུ་ཙ་གསལ་ བའི་བྱིངས་ལ། བརྟ་མཱ་ནཱའི་ཏེ་དང་ཏི་བྱིན་པ་ན། ལེའུ་འདི་ཉིད་དུ་བྱིངས་ལས་འདོད་པ་དང་ བྱེད་པ་པོ་གཅིག་ཅན་ལ་ཡང་ནའོ་ཞེས་པས་བར་དུ་སན་གྱི་རྐྱེན་བྱིན་ནས། བྱིངས་གཉིས་སུ་ བཞག་སྟེ། ཨཱ་གསུམ་པར། ཨ་བྷྱཱ་སའི་ཞེས་པས་སྔ་མའི་ཙ་ཕྱིས་ཏེ། ཨཱ་དྲུག་པར། བྱིངས་ 6-1-257 ཐམས་ཅད་པ་མིན་པའི་ཞེས་པས། ཨིཊ་སྦྱིན་ཞིང་། ཨཱ་ལྔ་པར། སན་ལ་ཨིཊ་མེད་པ་ལའོ་ ཞེས་པས། རུ་ཕྱི་མའི་དབྱངས་ཡོན་ཏན་བྱས་ཏེ། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་བས། རུ་རོ་ཙི་ཥ་ཏི(གསལ་བར་འདོད་པར་བྱེད)། རུ་རོ་ཙི་ཥ་ཏེ་(གསལ་བར་འདོད་པ། )ཞེས་པ་ལྟ་བུའོ། །ལྷག་མ་ ལས་བྱེད་པ་པོ་ལ་པ་རསྨཻའི་ཚིག་གོ་ཞེས་པ་ནི་དམིགས་བསལ་དུ་སྨོས་པའི་བྱིངས་དང་རྐྱེན་ བཤད་མ་ཐག་པ་རྣམས་ལས་གཞན་པའི་བྱིངས་ལྷག་མ་རྣམས་དང་རྐྱེན་ལྷག་མ་རྣམས་ལས། བྱེད་པ་པོའི་དོན་ལ་པ་རསྨཻ འི་ཚིག་རྐྱེན་དུ་སྦྱིན་པར་འགྱུར་ཏེ། དཔེར་ན། བྷཱུ་ཡོད་པའི་བྱིངས་ ལ་བརྟ་མཱ་ནཱའི་ཏི་དང་བར་དུ་སྔར་བཞིན་ཨན་བྱིན་ནས། ཨཱ་ལྔ་པར། ནཱ་མི་མཐའི་ཞེས་པས་ ཨུ་ཡིག་ཨོ་རུ་བསྒྱུར་ཏེ་མཚམས་སྦྱར་བས། བྷ་ཝ་ཏི་(འགྱུར་རོ། །)ཞེས་པ་དང་། རྐྱེན་ལ་ནི་པུ་ ཏྲ་ལ། ལེའུ་འདིར། མིང་ལས། བདག་ཉིད་འདོད་པ་ལས་ཞེས་པས་ཡིན་གྱི་རྐྱེན་བྱིན་ནས། ཨིན་སྔར་བཞིན་ཕྱིས་ཏེ། ཨཱ་བཞི་པར། ཡིན་ལ་ཨའི་ཡི་གེའོ་ཞེས་པས་ཏྲའི་ཨ་ཡིག་ཨཱི་རིང་ པོར་བསྒྱུར་ཞིང་། མདོ་འདིས་ཏི་དང་བར་དུ་ཨན་བྱིན་པས། པུ་ཏྲཱི་ཡཏི་(པུ་འདོད་པར་བྱེད་)ཞེས་ པ་ལྟ་བུའོ། །ཞེས་པ་བྱིངས་རྣམས་ཚིག་ཏུ་བསྒྲུབ་ཚུལ་ཀུན་བཤད་པའི་མདོ་ལས་རྐང་པ་ གཉིས་པའི་འགྲེལ་པ་རྫོགས་སོ།། །། ཀུན་བཤད་གསུམ་པ་ཨབྷྱཱ་སའི་མིང་དོན་དང་རྣམ་འགྱུར་གཙོ་བོར་སྟོན་ཚུལ་ལ་བཞི་ ལས། དང་པོ་བྱིངས་གཉིས་སུ་འཇོག་ཚུལ་དམིགས་བསལ་དང་བཅས་ཏེ་མདོར་བསྟན་པ་ ནི། ཨ་བྷྱ་ས་མེད་པའི་དང་པོའི་དབྱངས་གཅིག་པའི་གཉིས་བརྗོད་དོ་ཞེས་པ་ལ་ཨ་བྷྱཱ་ས་ནི་ བྱིངས་གཉིས་སུ་བཞག་པའི་སྔ་མ་སྟེ། དེས་ན་ལན་གཉིས་སུ་བཀོད་པ་མེད་པའི་བྱིངས་ཀྱི་ དང་པོར་ཡོད་པའི་གསལ་བྱེད་དང་ལྷན་ཅིག་པའམ་དབྱངས་ཡིག་རྐྱང་པ་གང་རུང་ཞིག་དང་ ལྡན་པའི་བྱིངས་དེ་ནི། ཙཎ་པ་རོ྅ཀྵཱ་ལ་སོགས་པའི་རྐྱེན་ཉེར་བར་གནས་པ་ལས། ལན་ གཉིས་བརྗོད་དོ་ཞེས་པ་སྤྱིར་བཏང་བ་སྟེ། དུར་ག་སིང་ཧར། དབྱངས་གཅིག་པའི་ཞེས་པ་ནི་ 6-1-258 འབྲུ་མང་པོ་པ་སྟེ། གསལ་བྱེད་དང་ལྷན་ཅིག་པའི་གཉིས་བརྗོད་པའི་དོན་ཏོ་ཞེས་གསུངས་ པ་ནི་དངོས་སུ་དབྱངས་གཅིག་པ་སྨོས་པའི་ཤུགས་ལ་གསལ་བྱེད་གོ་བའི་དོན་ཏོ། །དཔེར་ ན། ཛཱ་གྲྀ་གཉིད་སད་པའི་བྱིངས་ལ་པ་རོ྅ཀྵཱའི་ཨཊ་བྱིན་པ་ན། མདོ་འདིས་ཛཱ་ཡིག་གཉིས་ སུ་བཞག་ནས། འཆད་འགྱུར་གྱི་ཐུང་ངུའོ་ཞེས་པས་སྔ་མ་ཐུང་ངུར་བསྒྱུར་ཞིང་། ཨཱ་དྲུག་པར། ཨིན་ཨིཙ་ཨཊ་རྣམས་ལ་ཞེས་པས་རྀ་ཡིག་གི་འཕེལ་བ་ཨཱར་རིང་པོར་བསྒྱུར་ཏེ་སྦྱར་བས། ཛ་ཛཱ་གཱ་ར་(གཉིད་སད་པར་བྱས། )ཞེས་པ་ལྟ་བུའོ། །དབྱངས་དང་པོ་ལས་གཉིས་པའི་འོ་ཞེས་པ་ནི། དབྱངས་ཀྱི་ཡི་གེ་དང་པོར་ཡོད་པའི་བྱིངས་ལས་གཉིས་པའི་ཆ་ཤས་དབྱངས་ཡིག་གང་རུང་ ཞིག་དང་ལྡན་པའི་ཨ་བྷྱཱ་ས་མེད་པ་དེ་ཡང་ཙཎ་པ་རོ྅ཀྵཱ་ལ་སོགས་པའི་རྐྱེན་ཕ་རོལ་ལ་ལན་ གཉིས་སུ་བརྗོད་པར་འགྱུར་ཏེ། དཔེར་ན། ཨ་ཤ་ཟ་བ་དང་། ཨཊ་འགྲོ་བའི་བྱིངས་ལ། ཨཱ་ གཉིས་པར། བྱིངས་ལས་ཀྱང་རྒྱུ་ལའོ་ཞེས་པས་ཨིན་བྱིན་པའི་ན་ཕྱིས་ནས་སྦྱར་ཞིང་། ཨིན་ ཨིཙ་ཞེས་པས་བྱིངས་ཀྱི་ཨ་ཡིག་རིང་པོར་བསྒྱུར་པ་ལ་ཨ་དྱ་ཏ་ནཱིའི་དི་བྱིན་པ་ན། ཤི་དྲུ་ཞེས་ པས་བར་དུ་ཙཎ་བྱིན་ནས་ཙཎའི་གསལ་བྱེད་དག་ཁྱད་པར་གྱི་དོན་ཕྱིས་ནས་སྲོག་གི་ཨ་ བཞག་ལ། མདོ་འདིས་ཤི་དང་ཊི་གཉིས་སུ་བརྗོད་ཅིང་། ཨཱ་དྲུག་པར། ཀཱ་རི་ཏའི་ཞེས་པས་ ཕྱི་མ་དག་གི་ཨི་ཡིག་ཕྱིས་ཏེ། ཨཱ་བརྒྱད་པར། ཧྱསྟ་ནཱི་ཨ་དྱ་ཏ་ནཱི་ཞེས་པས་ཨཊ་བྱིངས་ཀྱི་སྔ་ མར་བཞག་པའི་ཊ་དང་དིའི་ཨི་ཡིག་སྔར་བཞིན་ཕྱིས་ནས་སྦྱར་བས། ཨཱ་ཤི་ཤཏ(ཟོས་ལོ)། ཨཱ་ ཊི་ཊཏ་(ཕྱིན་ལོ། །)ཞེས་པ་ལྟ་བུ་སྟེ། མདོ་སྔ་མའི་དང་པོ་གཉིས་བརྗོད་པ་ཐོབ་པ་ལས་དམིགས་ བསལ་ལོ། །ན་བ་ད་ར་རྣམས་བརྩེགས་པའི་དང་པོ་རྣམས་ཡ་མིན་པ་ལ་མ་ཡིན་ནོ་ཞེས་པ་ནི་ དབྱངས་ཀྱི་ཡི་གེ་དང་པོར་ཡོད་པའི་བྱིངས་ལས་གཉིས་པའི་ཆ་ཤས་དབྱངས་གཅིག་པ་ཅན་ ན་དང་བ་དང་ད་དང་ར་རྣམས་བརྩེགས་པའི་དད་བོར་ཡོད་པ་རྣམས་ཡའི་རྐྱེན་མིན་པ་ལ་ ལན་གཉིས་བརྗོད་པ་མ་ཡིན་ཞིང་། དེ་རྣམས་ཀྱི་འོག་མའི་ཆ་ཤས་རྣམས་ལན་གཉིས་བརྗོད་ 6-1-259 པར་བྱ་སྟེ། དཔེར་ན། ཨུནྡི་རུལ་བ་དང་། ཨུབྫ་ལུགས་དང་། ཨཊྚྀ་འཕུར་བ་དང་། ཨརྩི་ མཆོད་པའི་བྱིངས་རྣམས་ཀྱི་ཨི་ཡིག་རྗེས་འབྲེལ་དང་ཨ་ཡིག་བརྗོད་དོན་ཕྱིས་པ་རྣམས་ལ་ རིམ་པ་ལྟར་རུལ་བར་འདོད་དོ། །ལུག་འདོད་དོ། །ཟ་བར་འདོད་དོ། །མཆོད་པར་འདོད་དོ་ ཞེས་པའི་དོན་ལ་སན་གྱི་རྐྱེན་བྱིན་པའི་ན་ཡིག་སྔར་བཞིན་དབྱི་ཞིང་། མཐར་བརྟ་མཱ་ནཱའི་ཏི་ བྱིན་པ་ན། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པ་ཞེས་པས་བྱིངས་མཐར་ཨིཊ་བྱིན་ པའི་ཊ་ཡིག་ཕྱིས་ལ། ཨཱ་གསུམ་པར། ཙཎ་པ་རོ྅ཀྵཱ་ཞེས་པ་དང་། མདོ་འདིས་དི་ཛི་ཊི་ཙི་ རྣམས་གཉིས་སུ་བརྗོད་དེ། ཨཱ་བརྒྱད་པར། ཏ་སྡེའི་ཊ་སྡེའོ་ཞེས་པས། ཨཊྚའི་ད་ཡིག་ཌ་ ཡིག་དང་། ཨཱ་བརྒྱད་པར། རྒྱུ་མཚན་ལས་ཞེས་པས་ས་ཡིག་ཥ་རུ་བསྒྱུར་བས་རིམ་པ་བཞིན། ཨུནྡི་དི་ཥ་ཏི(གཤེར་བར་འདོད་དོ)། ཨུབྫི ཛི་ཥ་ཏི (ལུས་འདོད་དོ)། ཨཌྜི་ཌི་ཥ་ཏི(འཕུར་འདོད་དོ)། ཨརྩི་ ཙི་ཥ་ཏི་(མཆོད་པར་འདོད། )ཞེས་པ་ལྟ་བུའོ། །ཡ་ཡིག་གི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ནི་ན་བ་ད་རའི་ ཡི་གེ་རྣམས་བརྩེགས་པའི་དང་པོར་ཡོད་པའང་གཉིས་སུ་བརྗོད་པར་འགྱུར་ཏེ། དཔེར་ན། རྀ་འགྲོ་བའི་བྱིངས་ལ་འཁྱོག་པོར་འགྲོའོ་ཞེས་པའི་དོན་ལ། ཙེ་ཀྲཱི་ཡི་ཏའི་ཡ་བྱིན་པ་ན། ལེའུ་ འདིར་ཙེ་ཀྲཱི་ཡི་ཏ་ལ་ཞེས་པས་རྀ་ཡིག་གི་ཡོན་ཏན་ཨར་ཐུང་ངུར་བསྒྱུར་ཞིང་། ཙཎ་པ་རོ྅ཀྵཱ་ ཞེས་པ་དང་། མདོ་འདིས་ཪྻ་གཉིས་སུ་བརྗོད་ད། ལེའུ་འདིར། ཨ་བྷྱཱ་སའི་ཞེས་པས། སྔ་མའི་ ཡ་ཡིག་གསལ་བྱེད་ཕྱིས་ནས་སྲོག་གིས་ཨ་བཞག་ལ། ཨཱ་ག་མ་མེད་པའི་ཞེས་པས་ར་སྔ་མ་ རིང་པོར་བསྒྱུར་ཞིང་། མཐར་ཝརྟ་མཱ་ནཱའི་ཏེ་སྦྱར་བས། ཨ་རཱཪྻ་ཏེ་(ཡང་ཡང་འགྲོ། )ཞེས་པ་ལྟ་ བུའོ། ། གཉིས་པ་དེ་དག་ངེས་པའི་དོན་དུ་སྔ་ཕྱིའི་བརྡ་ཆད་ཞར་བྱུང་དང་བཅས་པ་ནི། སྔ་མ་ཨ་ བྷྱཱ་སའོ་ཞེས་པ་རྐྱེན་གྱི་དབང་གིས་བྱིངས་ལན་གཉིས་སུ་བརྗོད་པའི་སྔ་མའི་ཆ་དེ་ནི་ཨ་བྷྱཱ་ སའི་མིང་ཅན་དུ་འགྱུར་ཏེ། དཔེར་ན། པཙ་འཚེད་པ་དང་། པཋ་ཀློག་པའི་བྱིངས་ཀྱི་ཙ་དང་ 6-1-260 ཋའི་ཨ་ཡིག་བརྗོད་དོན་ཕྱིས་པ་ལ། པ་རོ྅ཀྵཱའི་ཨཊ་བྱིན་ནས་སྔར་བཞིན་བྱིངས་གཉིས་ སུ་བརྗོད་པ་ན། འདི་ཉིད་དུ། ཨ་བྷྱཱ་སའི་ཞེས་པས་སྔ་མའི་ཙ་དང་ཋ་ཕྱིས་ཏེ། ཨཱ་དྲུག་པར། ཨིན་ཨིཙ་ཨཊ་རྣམས་ཞེས་པས་པ་ཡིག་ཕྱི་མ་རིང་པོར་བསྒྱུར་བས། པ་པཱ་ཙ། (བཙོས་སོ། །) པ་ པཱ་ཋ་(བཀླགས་སོ། །)ཞེས་པ་ལྟ་བུའོ། །མདོ་འདི་ཉིད་ཨ་བྷྱཱ་སའི་གསལ་བྱེད་དང་པོ་ལྷག་མར་ བྱའོ་ཞེས་པ་ལ་སོགས་པ་རྣམས་སུ་ཡང་དྲན་པར་བྱའོ། །གཉི་ག་ཨ་བྷྱཱ་སྟའོ་ཞེས་པ་ནི་བྱིངས་ ལན་གཉིས་སུ་བརྗོད་པའི་གཉི་གའི་ཆ་གང་ཡིན་པ་དེ་ནི་ཨ་བྷྱཱསྟའི་མིང་ཅན་དུ་འགྱུར་ཏེ། དཔེར་ན། ཌུདཱཉ་སྦྱིན་པའི་བྱིངས་ཀྱི་ཌུ་དང་ཉ་ཡིག་རྗེས་འབྲེལ་ཕྱིས་པ་ལ་བརྟ་མཱ་ནཱའི་ཨནྟི་ དང་། པཉྩ་མཱིའི་ཨནྟུ་བྱིན་པ་ན། བར་དུ་ཨན་བྱིན་པ་ཛུ་ཧོ་ཏི་སོགས་ལས་འཇིག་ཅིང་། ལེའུ་ འདིར་ཛུ་ཧོ་ཏི་སོགས་ཞེས་པས་བྱིངས་ལན་གཉིས་སུ་བཞག་སྟེ། ཐུང་ངུའོ་ཞེས་པས་སྔ་མ་ ཐུང་ངུར་བསྒྱུར་ལ། ཨཱ་བཞི་པར། ཨ་བྷྱསྟ་རྣམས་ཀྱི་ཨཱ་ཡིག་གོ་ཞེས་པས་ཕྱི་མའི་སྲོག་གི་ ཨཱ་ཕྱིས་ནས། ཨཱ་ལྔ་པར། ཨ་བྷྱསྟ་ལས་ཞེས་པས་ཨན་གྱི་ན་ཡིག་ཕྱིས་པས། ད་ད་ཏི(སྦྱིན་པ་ རྣམས)། ད་ད་ཏུ་(སྦྱིན་རྣམས་སུ་གྱུར་ཅིག)ཞེས་པ་ལྟ་བུའོ། །མདོ་འདི་ཉིད་ཨ་བྷྱསྟའིའང་ངོ་ཞེས་པ་ ལ་སོགས་པ་རྣམས་སུ་ཡང་དྲན་པར་བྱའོ། །ཛཀྵ་སོགས་ཀྱང་ངོ་ཞེས་པ་ནི་ཛཀྵ་ཟ་བ་དང་། བཞད་གད་ལའོ། །ཞེས་པ་དང་སོགས་ཀྱི་སྒྲས། ཛཱགྲཱྀ། སད་པ་དང་། ད་རི་དྲཱ་འགྲོ་བ་ངན་པ་ དང་། ཙ་ཀཱ་སྲྀ་གསལ་བ་དང་། ཤཱ་སུ་རྗེས་སུ་སྟོན་པ་ལའོ་ཞེས་པ་ལ་སོགས་པའི་བྱིངས་རྣམས་ ཀྱང་ཨ་བྷྱསྟའི་མིང་ཅན་དུ་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཀྵའི་ཨ་ཡིག་བརྗོད་དོན་ དང་། སྲྀའི་རྀ་ཡིག་དང་སུའི་ཨུ་ཡིག་རྗེས་འབྲེལ་ཕྱིས་པ་ལ་ཝརྟ་མཱ་ནཱའི་ཨནྟི་བྱིན་པ་ན། བར་ དུ་ཨན་བྱིན་པ། ཨཱ་བཞི་པར། ཨད་སོགས་ལས་ཞེས་པས་ཕྱིས་ནས། ཨཱ་ལྔ་པར། ཨ་བྷྱསྟ་ ལས་ཞེས་པས་ཨནྟིའི་ན་ཡིག་ཀྱང་དབྱི་ཞིང་། ཨཱ་བཞི་པར། ཨ་བྷྱསྟ་རྣམས་ཀྱི་ཨཱ་ཡིག་གོ་ ཞེས་པས་དྲཱ་ཡི་ཨཱ་ཡིག་ཀྱང་ཕྱིས་ཏེ་མཚམས་སྦྱར་བས། ཛཀྵ་ཏི(ཟ་བར་བྱེད)། ཛཱ་གྲ་ཏི(སད་པར་ 6-1-261 བྱེད)། ད་རི་དྲ་ཏི(དབུལ་པོར་བྱེད། སྤྲང་པོར་བྱེད)། ཙ་ཀཱ་ས་ཏི(གསལ་བར་བྱེད)། ཤཱ་ས་ཏི་(སྟོན་པར་བྱེད། ) ཞེས་པ་ལྟ་བུའོ། ། གསུམ་པ་བྱིངས་གཉིས་སུ་འཇོག་བྱེད་ཀྱི་རྐྱེན་སོ་སོར་ཕྱེ་སྟེ་བསྟན་པ་ནི། ཙཎ་པ་རོ྅ཀྵཱ་ ཙེ་ཀྲཱི་ཡི་ཏ་སན་མཐའ་རྣམས་ལའོ་ཞེས་པ། ཙཎ་དང་པ་རོ྅ཀྵཱ་དང་ཙེ་ཀྲཱི་ཡི་ཏ་སྟེ་ཡ་ཡིག་དང་ སན་གྱི་རྐྱེན་རྣམས་ཕ་རོལ་ཏུ་ཡོད་པ་ལ་སྔ་མའི་བྱིངས་རྣམས་ལན་གཉིས་སུ་བརྗོད་པར་ འགྱུར་ཏེ། དཔེར་ན་རིམ་པ་བཞིན། ཙཎ་ལ་ནི། པ་ཋ་བརྗོད་པའི་བྱིངས་ཀྱི་ཋའི་ཨ་ཡིག་ བརྗོད་དོན་ཕྱིས་པ་ལ། ཨཱ་གཉིས་པར། བྱིངས་ལས་ཀྱང་རྒྱུ་ལའོ་ཞེས་པས་ཨིན་བྱིན་ནས། ཨཱ་དྲུག་པར། ཨིན་ཨིཙ་ཞེས་པས་པ་ཡིག་རིང་པོར་བསྒྱུར་ཞིང་། མཐར་ཨ་དྱ་ཏ་ནཱིའི་དི་དང་། ཨཱ་གཉིས་པར། ཤྲི་དྲུ་ཞེས་པས་བར་དུ་ཙཎ་བྱིན་པ་ན། ཙའི་གསལ་བྱེད་དང་ཎ་ཡིག་ཁྱད་ པར་གྱི་དོན་ཕྱིས་ཏེ། ཨཱ་དྲུག་པར། ཀཱ་རི་ཏའི་ཞེས་པས་ཨིན་ཕྱིས་ལ། ཨཱ་ལྔ་པར། ཨིན་ལ་ མཚུངས་པ་ཞེས་པས་པ་ཐུང་ངུར་བསྒྱུར་ཞིང་། མདོ་འདིས་བྱིངས་གཉིས་སུ་བཞག་སྟེ། ཨཱ་ གཉིས་པར། ཨ་བྷྱཱ་སའི་ཞེས་པས་སྔ་མའི་ཋ་ཕྱིས་ནས། མཚུངས་པ་མ་ཕྱིས་ན་ཞེས་པས་སྔ་ མའི་པའི་ཨ་ཡིག་ཨི་ཉིད་དུ་བསྒྱུར་ལ། ཡང་བའི་རིང་པོའོ་ཞེས་པས་ཨི་ཡིག་རིང་པོར་ བསྒྱུར་ཞིང་། དི་སྔར་བཞིན་བྱས་ཏེ། ཨཱ་བརྒྱད་པར། ཧྱསྟ་ནཱི་ཨ་དྱ་ཏ་ནཱི་ཞེས་པས་བྱིངས་ཀྱི་ སྔོན་དུ་ཨཊ་བཞག་པས། ཨ་པཱི་པ་ཋཏ་(དེ་རིང་ཀློག་པར་བྱེད། ) ཞེས་པ་ལྟ་བུའོ། །པ་རོ྅ཀྵཱ་ལ་ནི། པ་ཋ་གསལ་བའི་བྱིངས་ཀྱི་ཋའི་ཨ་ཡིག་བརྗོད་དོན་ཕྱིས་པ་ལ། པ་རོ྅ཀྵཱའི་ཨཊ་བྱིན་ནས་ཊ་ ཡིག་ཕྱིས་ཏེ་སྔར་བཞིན་བྱིངས་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ལ། ཨཱ་དྲུག་པར། ཨིན་ཨིཙ་ཨཊ་རྣམས་ཞེས་པས་པ་ཕྱི་མ་རིང་པོར་བསྒྱུར་བས། པ་པཱ་ཋ་(བཀླགས་ ལོ། །)ཞེས་པ་ལྟ་བུའོ་ཙེ་ཀྲཱི་ཡི་ཏ་ལ་ནི། ཨཊ་འགྲོ་བའི་བྱིངས་ཀྱི་འཁྱོག་པོར་འགྲོ་བའི་དོན་ལ། ཡ་སྒྲ་བྱིན་ནས། ཊྱ་གཉིས་སུ་བཞག་སྟེ། ལེའུ་འདིར་ཨ་བྷྱཱ་སའི་ཞེས་པས་སྔ་མའི་ཡ་ཡིག་གི་ 6-1-262 གསལ་བྱེད་དབྱི་ཞིང་། འདི་ཉིད་དུ། ཨཱ་ག་མ་མེད་པའི་རིང་པོའོ་ཞེས་པས་ཊ་སྔ་མ་རིང་པོར་ བསྒྱུར་ནས། མཐར་བརྟ་མཱ་ནཱའི་ཏེ་བྱིན་པས། ཨ་ཊཱ་ཊྱ་ཏེ་(ཡང་ཡང་འགྲོ་བར་བྱེད། )ཞེས་པ་ལྟ་བུའོ། ། སན་མཐའ་ལ་ནི་པ་ཋ་ཀློག་པའི་བྱིངས་ཀྱི་ཨ་ཡིག་བརྗོད་དོན་ཕྱིས་ནས་ཀློག་པར་འདོད་ དོའི་དོན་ལ་སན་བྱིན་ཏེ། བྱིངས་གཉིས་སུ་བཞག་པའི་གསལ་བྱེད་དང་པོ་ལྷག་མ་མར་བྱས་ ལ། ཨཱ་བརྒྱད་པར། བྱིངས་ཐམས་ཅད་པ་མིན་པ་ཞེས་པས་བྱིངས་མཐར་ཨཊ་སྦྱིན་ཞིང་། མཐར་བརྟ་མཱ་ནཱའི་ཏེ་བྱིན་ནས། ས་ཡིག་ཥ་རུ་བསྒྱུར་བས། པ་པ་ཋི་ཥ་ཏི་(ཀློག་པར་འདོད་དོ། །) ཞེས་པ་ལྟ་བུའོ། །ཛུ་ཧོ་ཏི་ལ་སོགས་པ་རྣམས་ཀྱི་བྱིངས་ཐམས་ཅད་པ་ལའོ་ཞེས་པ་ནི་ཧུ་སྦྱིན་ པ་དང་ལེན་པ་དག་ལའོ་ཞེས་པ་དང་། སོགས་ཀྱི་སྒྲས་ཉི་བྷཱི་འཇིགས་པ་དང་། ཧྲཱྀ་ངོ་ཚ་ཤེས་ པ་ལ་སོགས་པའི་བྱིངས་རྣམས་ཐམས་ཅད་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། བྱིངས་དེ་རྣམས་ ལན་གཉིས་སུ་བརྗོད་པར་འགྱུར་ཏེ། དཔེར་ན། དེ་རྣམས་ཀྱི་ཉི་རྗེས་འབྲེལ་ཕྱིས་པ་ལ། བརྟ་ མཱ་ནཱའི་ཏི་བྱིན་ནས་བར་དུ་ཨན་བྱིན་པ། ཛུ་ཧོ་ཏི་སོགས་ཀྱིས་དབྱི་ཞིང་། མདོ་འདིས་བྱིངས་ ལན་གཉིས་སུ་བཞག་སྟེ་ལེའུ་འདིར་ཧའི་ཛའོ་ཞེས་པས་སྔ་མའི་ཧ་ཡིག་ཛ་ཡིག་དང་། གཉིས་ པ་བཞི་པ་དག་ཅེས་པས་བྷ་ཡིག་བ་ཡིག་ཏུ་བསྒྱུར་ལ། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་ ཞེས་པས་ཨུ་ཡིག་ཨོ་དང་། ཨཱི་ཡིག་ཨེ་དང་། ལེའུ་འདིར་ཐུང་ངུའོ་ཞེས་པས་སྔ་མ་ཐུང་ངུར་ བསྒྱུར་བས། ཛུ་ཧོ་ཏི(སྦྱིན་པར་བྱེད)། བི་བྷེ་ཏི(འཇིགས་པར་བྱེད)། ཛི་ཧྲེ་ཏི་(ངོ་ཚ་བར་བྱེད། )ཞེས་པ་ལྟ་ བུའོ། །བཞི་པ་སྔ་མ་ཨ་བྷྱཱ་ས་ལ་རྣམ་འགྱུར་འབྱུང་ཚུལ་ཁྱད་པར་དུ་བཤད་པ་ལ་གཉིས་ལས། དང་པོ་རྣམ་འགྱུར་འབྱུང་ཚུལ་རྒྱས་བཤད་ནི། ཨ་བྷྱཱ་སའི་གསལ་བྱེད་དང་པོ་ལྷག་མར་བྱའོ་ ཞེས་པ་བྱིངས་གཉིས་སུ་བཀོད་པའི་ཨ་བྷྱཱ་སའི་གསལ་བྱེད་དང་པོ་ལྷག་མར་བཞག་པར་བྱ་ སྟེ། དེའི་ཤུགས་ལ་གསལ་བྱེད་དེ་ལས་གཞན་པ་རྣམས་ནི་དབྱི་བར་བྱའོ། དཔེར་ན། ཡཛ་ལྷ་ མཆོད་པའི་བྱིངས་ལ་ལྷ་མཆོད་པར་འདོད་དོ་ཞེས་པའི་དོན་ལ་སན་གྱི་རྐྱེན་བྱིན་ནས་ན་ཡིག་ 6-1-263 ཕྱིས་ཏེ་བྱིངས་ལན་གཉིས་སུ་བརྗོད་པ་ན་མདོ་འདིས་ཡ་ཡིག་ལྷག་མར་བྱ་ཞིང་ཛ་ཡིག་ཕྱིས་ ལ། ལེའུ་འདིར། སན་ལ་ཨའི་ཡིག་གོ་ཞེས་པས་སྔ་མའི་སྲོག་ཨི་རུ་བསྒྱུར་ཏེ། ཨཱ་དྲུག་པར། བྷྲྀཛ་སོགས་རྣམས་ཀྱིས་ཞེས་པས་ཛ་ཕྱི་མ་ཥ་རུ་བསྒྱུར་བའང་། ཨཱ་བརྒྱད་པར། ཥ་ཌྷ་དག་གི་ ཞེས་པས་ཀ་རུ་བསྒྱུར་ནས། རྒྱུ་མཚན་ལས། ས་ཡིག་ཥ་རུ་བསྒྱུར་བ་དང་སྦྱར་ཏེ། མཐར་བརྟ་ མཱ་ནཱའི་ཏི་བྱིན་པས། ཡི་ཡཀྵཏི་(ལྷ་མཆོད་པར་བྱེད་འདོད་དོ། །) ཞེས་པ་ལྟ་བུའོ། །ཤིཊ་ལས་ཕ་རོལ་ གྱི་སྒྲ་མེད་པའོ་ཞེས་པ་ནི། ཨ་བྷྱཱ་ས་གང་གི་ཤིཊ་སྟེ་ཤ་ཥ་ས་ཧ་རྣམས་ལས་ཕ་རོལ་ན་སྒྲ་མེད་ ཀྱི་ཡི་གེ་ཡོད་པ་དེ་ལྷག་མར་བྱ་ཞིང་། སྔ་མ་ཤ་ཥ་ས་ཧ་རྣམས་དང་། ཕྱི་མའི་ཡི་གེ་འཕྱིད་པ་ནི་ མདོ་སྔ་མ་ལས་དམིགས་བསལ་ཏེ། དཔེར་ན། ཤྩྱུ་ཏིར་ཟག་པ་དང་། ཥྛི་བུ་སྣལ་མའི་རྒྱུན་ དང་སྐནྡིར་དག་པའི་བྱིངས་ཀྱི་ཨིར་ཨུ་རྗེས་འབྲེལ་ཕྱིས་པ་ལ་པ་རོ྅ཀྵཱའི་ཨཊ་བྱིན་ནས་ ལན་གཉིས་བརྗོད་ཅིང་། མདོ་འདིས་སྔ་མའི་ཙ་དང་ཋ་དང་ཀ་རྣམས་ལྷག་མར་བྱས་ཏེ་གཞན་ རྣམས་ཕྱིས་ནས། མདོ་འོག་མས། ཋ་སྔ་མ་ཊ་དང་། ལེའུ་འདིར། ཀ་སྡེའི་ཙ་སྡེའོ་ཞེས་པས་སྔ་ མའི་ཀ་ཡིག་ཙ་དང་། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིའི་ཞེས་པས། ཕྱི་མའི་ཨུ་ཡིག་ཨོ་དང་ཨི་ཡིག་ ཨེ་རུ་བསྒྱུར་ཏེ་སྦྱར་བས། ཙུཤྩྱོཏ། (ཟགས་ལོ། །) ཊིཥྛེ་བ། (སྣལ་མ་བྱས་ལོ། །) ཙ་སྐན་ད་(དག་གོ་ལོ། །) ཞེས་པ་ལྟ་བུའོ། །ཤིཊ་མ་ཡིན་པའི་ཕ་རོལ་གྱི་སྒྲ་མེད་ནི་དབྱི་བར་བྱ་སྟེ། དཔེར་ན། པྶཱ་ཟ་ བའི་བྱིངས་ལ་ཨཊ་བྱིན་ནས་ལན་གཉིས་བརྗོད་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ ལ། ཨཱ་ལྔ་པར། ཨཱ་ཡིག་ལས་ཞེས་པས་ཨཊ་ཨཽ་རུ་བསྒྱུར་ཞིང་། ཨཱ་དྲུག་པར། མཚམས་སྦྱོར་ གྱི་ཡི་གེ་ལ་འང་ངོ་ཞེས་པས་སྔ་མའི་སྲོག་གི་ཨ་ཡིག་ཨཽ་རུ་བསྒྱུར་ནས་ཕྱི་མའི་ཨཽ་ཕྱིས་ཏེ་ སྦྱར་བས། པཔྶཽ་(ཟོས་ལོ། །)ཞེས་པ་ལྟ་བུའོ། གཉིས་པ་བཞི་པ་དག་གི་དང་པོ་གསུམ་པ་དག་གོ་ ཞེས་པ་ནི་ཨ་བྷྱཱ་སའི་སྡེ་པའི་གཉིས་པ་དང་བཞི་པ་དག་ནི་རིམ་པ་ལྟར་རང་རང་གི་སྡེ་པའི་ དང་པོ་དང་གསུམ་པ་དག་ཏུ་འགྱུར་ཏེ། དཔེར་ན། ཁ་ནུ་ཡང་དག་པར་འཇོམས་པ་དང་། བྷི་ 6-1-264 དིར་རྣམ་པར་འཇོམས་པའི་བྱིངས་ཀྱི་ཨུ་དང་ཨིར་རྗེས་འབྲེལ་ཕྱིས་པ་ལ། པ་རོ྅ཀྵཱའི་ཨཊ་ བྱིན་ནས། ལན་གཉིས་བརྗོད་ཅིང་གསལ་བྱེད་དང་པོ་ལྷག་མར་བྱས་ཏེ་ཀ་སྡེའི་ཙ་སྡེའོ་ཞེས་ པས་ཁ་སྔ་མ་ཚ་རུ་བསྒྱུར་ལ། མདོ་འདིས་ཚ་ཡིག་ཙ་དང་། བྷ་ཡིག་བ་རུ་བསྒྱུར་ཞིང་། ཨཱ་ དྲུག་པར། ཨིན་ཨིཙ་ཞེས་པས་ཁ་ཕྱི་མ་རིང་པོ་དང་། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིནའི་ཞེས་པས། བྷི འི་ཨི་ཡིག་ཨེ་རུ་བསྒྱུར་བས། ཙ་ཁཱ་ན། (ཡང་དག་པར་ཆོམས་ལོ། །) བི་བྷེ་ད་(རྣམ་པར་ཆོམས་ལོ། །) ཞེས་པ་ལྟ་བུའོ། །ཧའི་ཛའོ་ཞེས་པ་ནི་ཨ་བྷྱཱ་སའི་ཧ་ཡིག་གང་ཡིན་པ་དེ་ཛ་ཡིག་ཏུ་འགྱུར་ཏེ། དཔེར་ན། ཧ་ན་འཚེ་བའི་བྱིངས་ལ་ཨཊ་བྱིན་ནས། ལན་གཉིས་བརྗོད་ཅིང་། གསལ་བྱེད་ དང་པོ་ལྷག་མར་བྱས་ལ། མདོ་འདིས་སྔ་མའི་ཧ་ཡིག་ཛ་རུ་བསྒྱུར་ཏེ། ཨཱ་དྲུག་པར། ཨ་བྷྱཱ་ས་ ལས་ཀྱང་ངོ་ཞེས་པས་ཕྱི་མའི་ཧ་ཡིག་གྷ་རུ་བསྒྱུར་ནས། ཨིན་ཨིཙ་ཞེས་པས་གྷ་ཡིག་རིང་ པོར་བསྒྱུར་བས། ཛ་གྷཱ་ན་(འཚེ་བར་བྱས་ཟིན། )ཞེས་པ་ལྟ་བུའོ། །ཀ་སྡེའི་ཙ་སྡེའོ་ཞེས་པ་ནི་ཨ་བྷྱཱ་ སའི་ཀ་སྡེའི་ཡི་གེ་རྣམས་རིམ་པར་ལྟར་ཙ་སྡེའི་ཡི་གེ་རྣམས་སུ་འགྱུར་ཏེ། དཔེར་ན། ཌུ་ཀྲྀཉ་ བྱེད་པ་དང་། ཁ་ནུ་ངེས་པར་འཇོམས་པ་དང་། གམླྀ་འགྲོ་བ་དང་། ཨད་ཟ་བའི་བྱིངས་རྣམས་ ཀྱི་ཌུ་ཉ་དང་། ཨུ་དང་ལྀ་རྗེས་འབྲེལ་ཕྱིས་པ་ལ། ཨཊ་བྱིན་ནས། ཨཱ་བཞི་པར། པ་རོ྅ཀྵཱ་ལ་ ཡང་ནའོ་ཞེས་པས། ཨད་ཡིག་གྷསླྀ་རུ་བསྒྱུར་ཞིང་། ལྀ་རྗེས་འབྲེལ་ཕྱིས་ཏེ། སྔར་བཞིན་ ལན་གཉིས་བརྗོད་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ནས། མདོ་འདིས་ཀ་སྡེ་རྣམས་ ཙ་སྡེར་བསྒྱུར་ལ། མདོ་སྔ་མ་གཉིས་པ་བཞི་པ་ཞེས་པས་ཚ་ཡིག་ཙ་དང་། ཛྷ་ཡིག་ཛ་དང་། ཨཱ་དྲུག་པར། ཨིན་ཨིཙ་ཞེས་པས་ཕྱི་མའི་ཨུ་པ་དྷཱ་རིང་པོ་དང་འཕེལ་བ་བྱས་ཏེ། འཆད་པར་ འགྱུར་བའི་རྀ་ཡིག་གི་ཞེས་པས་སྔ་མའི་རྀ་ཡིག་ཨ་ཡིག་ཏུ་བསྒྱུར་བས། ཙ་ཀཱ་ར། (བྱེད་ལོ། །) ཙ་ ཁཱ་ན། (ངེས་པར་འཇོམས་ལོ། །) ཛ་གཱ་མ། (ཕྱིན་ལོ། །) ཛ་གྷཱ་ས་(བཀྲེས་ལོ། །) ཞེས་པ་ལྟ་བུའོ། །ཀ་ཝ་ཏིའི་ ཙེ་ཀྲཱི་ཡི་ཏ་ལ་མ་ཡིན་ནོ་ཞེས་པ་ནི་ཀ་ཝ་ཏི་ཞེས་པ་སྟེ། ཀུང་སྒྲ་ལའོ་ཞེས་པ་འདིའི་ཨ་བྷྱཱ་སའི་ 6-1-265 ཀ་ཡིག ཙེ་ཀྲཱི་ཡི་ཏའི་རྐྱེན་ཕ་རོལ་ལ་ཙ་སྡེར་འགྱུར་བ་མ་ཡིན་ཞེས་པ་མདོ་སྔ་མ་ལས་ དམིགས་བསལ་སྟེ། དཔེར་ན་ཀུང་གི་ང་ཡིག་རྗེས་འབྲེལ་ཕྱིས་པ་ལ་ཤིན་ཏུ་སྒྲོགས་སོའི་དོན་ ལ། ཡ་སྒྲ་བྱིན་ནས། ལེའུ་འདིའི་ཙཎ་པ་རོ྅ཀྵཱ་ཞེས་པས་བྱིངས་གཉིས་སུ་བཞག་ཅིང་། འཆད་པར་འགྱུར་བའི་ཙེ་ཀྲཱི་ཡི་ཏ་ལ་ཞེས་པས་སྔ་མའི་ཨུ་ཡིག་ཨོ་དང་། ཨཱ་བཞི་པར། ནཱ་མི་ མཐའ་རྣམས་ཀྱི་ཡན་ཨཱ་ཡི་ཞེས་པས་ཕྱི་མའི་ཀུ་རིང་པོར་བསྒྱུར་ནས་མཐར་ཏེ་སྦྱར་བས། ཀོ་ ཀཱུ་ཡ་ཏེ་(ཡང་ཡང་སྨྲ་བར་བྱེད། )ཞེས་པ་ལྟ་བུའོ། །ཙེ་ཀྲཱི་ཡི་ཏའི་རྐྱེན་མ་ཡིན་པ་རྣམས་ལ་ནི་ཀ་ཡིག་ ཙ་རུ་འགྱུར་ཏེ། དཔེར་ན། ཀུང་རྗེས་འབྲེལ་ཕྱིས་པ་ལ། སན་སྦྱིན་པའི་ན་སྔར་བཞིན་ཕྱིས་ ནས། བྱིངས་གཉིས་སུ་བཞག་ལ། ཀ་ཡིག་སྔ་མ་ཙ་རུ་བསྒྱུར་ཞིང་། ཨཱ་བརྒྱད་པར། དབྱངས་ མཐའ་རྣམས་ཀྱིས་སན་ལ་ཞེས་པས་ཀུ་ཕྱི་མ་རིང་པོ་དང་། རྒྱུ་མཚན་ལས་ས་ཡིག་ཥ་རུ་ བསྒྱུར་ནས་མཐར་ཏེ་སྦྱར་བས། ཙུ་ཀཱུ་ཥ་ཏེ་(སྒྲ་བྱེད་པར་འདོད། )ཞེས་པ་ལྟ་བུའོ། །ཀ་ཝ་ཏི་ཞེས་པ་ ནི་ཨད་སོགས་ཀྱི་ཀུང་སྒྲ་ལའོ་ཞེས་པ་དང་མི་འཁྲུལ་བའི་དོན་ཏོ། །ཐུང་ངུའོ་ཞེས་པ་ནི་ཨ་བྷྱཱ་ སའི་རིང་པོ་གང་ཡིན་པ་དེ་ཐུང་ངུར་འགྱུར་ཏེ། དཔེར་ན། ཌུ་དཱཉ་སྦྱིན་པ་དང་། པཱ་འཐུང་བའི་ བྱིངས་ཌུཉ་རྗེས་འབྲེལ་ཕྱིས་པ་ལ་པ་རོ྅ཀྵཱའི་ཨཊ་སྦྱིན་ནས། སྔར་བཞིན་གཉིས་སུ་བཞག་ ཅིང་། མདོ་འདིས་སྔ་མའི་དབྱངས་ཐུང་ངུར་བསྒྱུར་ལ། ཨཱ་ཡིག་ལས་ཞེས་པས་ཨཊ་ཨཽ་རུ་ བསྒྱུར་ཞིང་། ཨཱ་དྲུག་པར། ཨ་དང་མཚམས་སྦྱོར་ཡི་གེ་དག་ལ་ཞེས་པས་བྱིངས་མཐའི་ཨཱ་ ཡིག་ཨཽ་རུ་བསྒྱུར་ནས་ཨཽ་ཕྱི་མ་ཕྱིས་ཏེ་སྦྱར་བས། ད་དཽ(སྦྱིན་ཟིན)། པ་པཽ་(འཐུངས་ཟིན)ཞེས་པ་ལྟ་ བུའོ། །རྀ་ཡིག་གི་ཨ་ཡིག་གོ་ཞེས་པ་ནི་ཨ་བྷྱཱ་སའི་རྀ་ཡིག་ནི་ཨ་ཡིག་ཐུང་ངུར་འགྱུར་ཏེ། དཔེར་ན། བྲྀ་ཏུ་འཇུག་པ་དང་། བྲྀ་དྷུ་འཕེལ་བའི་བྱིངས་ཀྱི་ཨུ་རྗེས་འབྲེལ་ཕྱིས་པ་ལ་པ་ རོ྅ཀྵཱའི་ཨེ་བྱིན་ནས་བྱིངས་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ཏེ། མདོ་འདིས་སྔ་མའི་རྀ་ཡིག་ཨ་རུ་བསྒྱུར་ལ། ཨཱ་ལྔ་པར། ཨཱཏྨ་ནེ་ལ་ཐམས་ཅད་ལའོ་ཞེས་ 6-1-266 པས་ཡོན་ཏན་མེད་ཅིང་ཨེ་སྲོག་ཏུ་སྦྱར་བས། བ་བྲྀ་ཏེ(ཞུགས)། བ་བྲྀ་དྷི་(འཕེལ་ཟིན། )ཞེས་པ་ལྟ་ བུའོ། །ཨིཎའི་པ་རོ྅ཀྵཱ་ལ་ཡོན་ཏན་མེད་པ་ལ་རིང་པོའོ་ཞེས་པ་ནི་ཨིཎ་འགྲོ་བ་ལའོ་ཞེས་པ་ འདིའི་ཨ་བྷྱཱ་ས་ནི་ཕ་རོ྅ཀྵཱ་ལ་དེའི་ནང་ཚན་ཡོན་ཏན་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་རིང་ པོར་འགྱུར་ཏེ། དཔེར་ན། ཨིཎ་གྱི་ཎ་རྗེས་འབྲེལ་ཕྱིས་པ་ལ། ཕ་རོ྅ཀྵཱའི་ཨ་ཏུས་དང་ཨུས་ བྱིན་ནས། ཨ་བྷྱཱ་ས་མེད་པའི་ཞེས་པས་བྱིངས་གཉིས་སུ་བཞག་ཅིང་། གཉིས་ཚིག་དང་མང་ ཚིག་ནི། ཨཱ་ལྔ་པར། པ་རོ྅ཀྵཱ་ལའང་ངོ་ཞེས་པས་ཡོན་ཏན་མི་ཐོབ་པའི་རྐྱེན་ཡིན་པས། མདོ་ འདིས་སྔ་མ་རིང་པོ་དང་། ཨཱ་བཞི་པར། ཨིཎའི་འང་ངོ་ཞེས་པས་ཕྱི་མ་ཡ་རུ་བསྒྱུར་བས། ཨཱི་ ཡ་ཏུཿ(ཕྱིན་ཟིན། ) ཨི་ཡུཿ(ཕྱིན་ཟིན། )ཞེས་པ་ལྟ་བུའོ། །དེས་ན་པ་རོ྅ཀྵཱའི་རྐྱེན་ཡོན་ཏན་ཅན་ཕ་ རོལ་ལ་ཨིཎ་གྱི་ཨ་བྷྱཱ་ས་རིང་པོར་མི་འགྱུར་ཏེ། དཔེར་ན། ཨིཎ་རྗེས་འབྲེལ་ཕྱིས་པ་ལ་པ་ རོ྅ཀྵཱའི་གཅིག་ཚིག་ཨཊ་བྱིན་ནས། སྔར་བཞིན་བྱིངས་གཉིས་སུ་བཞག་སྟེ། ཨཱ་དྲུག་པར། ཨིཎ་ཨིཙ་ཨཊ་ཞེས་པས་ཨི་ཕྱི་མ་འཕེལ་བ་བྱས་ལ། ཨཱ་བཞི་པར། ཨཱ་བྷྱཱ་སའི་ཞེས་པས་ཨི་ སྔ་མ་ཨི་ཡ་རུ་བསྒྱུར་ཏེ་སྦྱར་བས། ཨི་ཡཱ་ཡ་(ཕྱིན། )ཞེས་པ་ལྟ་བུའོ། །དང་པོའི་ཨའི་ཐམས་ ཅད་དུའོ་ཞེས་པ་ནི། ཨ་བྷྱཱ་སའི་དང་པོའི་ཨ་ཡིག་གང་ཡིན་པ་དེ་པ་རོ྅ཀྵཱ་ལ་ཡོན་ཏན་དང་ བཅས་པ་དང་། ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཐམས་ཅད་དུ་རིང་པོར་འགྱུར་ ཏེ། དཔེར་ན། ཨཊ་འགྲོ་བའི་བྱིངས་ལ་པ་རོ྅ཀྵཱའི་ཡོན་ཏན་ཅན་ཨཊ་དང་། ཡོན་ཏན་མེད་ པ་ཨ་ཏུས་བྱིན་ནས་བྱིངས་གཉིས་སུ་བཞག་ཅིང་། སྔ་མའི་དང་པོ་ལྷག་མར་བྱས་པ་མདོ་ འདིས་རིང་པོར་བསྒྱུར་ཏེ་མཚམས་སྦྱར་བས། ཨཱ་ཌ། ཨཱ་ཌ་ཏུཿཞེས་པ་དང་། དེ་བཞིན་དུ་ཨ་ ཤི་བསྟེན་པའི་བྱིངས་ལ་སྦྱར་བས། ཨཱ་ཤ། (བསྟེན་ལོ། །) ཨཱ་ཤ་ཏུཿ(བསྟེན་པ་དག)ཞེས་པ་ལྟ་བུའོ། ། དེ་ལས་ཕ་རོལ་གྱི་དང་པོར་གལ་ཏེ་མཐའ་བརྩེགས་པ་ཡིན་ན། ན་ཨཱ་ག་མའོ་ཞེས་པ་ནི་དང་ པོ་ཨ་ཡིག་རིང་པོར་བྱས་པ་གང་ཡིན་པ་དེ་ལས། ཕ་རོལ་གྱི་དང་པོར་གལ་ཏེ་མཐའ་ 6-1-267 བརྩེགས་པ་ཡིན་ན་ན་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཨནྫུགསལ་བའི་བྱིངས་ ཀྱི་ཨུ་རྗེས་འབྲེལ་ཕྱིས་པ་ལ། ཕ་རོ྅ཀྵཱའི་ཨཊ་དང་། ཨ་ཏུས་བྱིན་ནས་གཉིས་སུ་བཞག་ཅིང་ སྔ་མའི་ཨ་ཡིག་ལྷག་མར་བྱས་པ། མདོ་སྔ་མས་རིང་པོ་དང་། མདོ་འདིས་ཕྱི་མའི་སྔོན་དུ་ན་ ཡིག་ཨཱ་ག་མ་བྱིན་པའི་ཨ་ཡིག་བརྗོད་དོན་ཕྱིས་ཏེ་སྦྱར་ལ། ཨཱ་དྲུག་པར། ཨིཏ་རྗེས་སུ་ འབྲེལ་བ་མ་ཡིན་པ་རྣམས་ཀྱི་ཞེས་པས་ཨ་ནུ་ཥཾ་ག་དབྱི་བ་ཐོབ་ཀྱང་། ཨིནྡྷི་ཤནྠི་ཞེས་པའི་ ངེས་པས་མི་འཕྱིད་ཅིང་། སན་བཞི་པར། ཛ་ཛྷ་ཉ་ཤ་ཡིག་ཅེས་པ་ལྟར་ན་ཡིག་ཉ་རུ་བསྒྱུར་ བས། ཨཱ་ནཉྫུ་(གསལ་བར་བྱས་ལོ། །)ཨཱ་ནཉྫ་ཏུཿཞེས་པ་ལྟ་བུའོ། །དེས་ན་དང་པོའི་ཨ་ཡིག་རིང་ པོར་བྱས་པ་དེ་ལས་ཕ་རོལ་གྱི་དང་པོར་མཐའ་བརྩེགས་པ་མ་ཡིན་ན་ན་ཡིག་ཨཱ་ག་མ་མི་ འགྱུར་ཏེ། དཔེར་བརྗོད་ནི་མདོ་སྔ་མ་ལྟར་བསྒྲུབས་པས། ཨཱ་ཌ་ཞེས་པ་ལྟ་བུའོ། །རྀ་ཡིག་ ལའང་ངོ་ཞེས་པ་ནི་དང་པོ་ཨཱ་ཡིག་རིང་པོར་བྱས་པ་དེ་ལས། རྀ་ཡིག་ཕ་རོལ་ལའང་དང་པོར་ ན་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། རྀ་དྷུ་འཕེལ་བའི་བྱིངས་ཀྱི་ཨུ་རྗེས་འབྲེལ་ ཕྱིས་པ་ལ། པ་རོ྅ཀྵཱའི་ཨ་ཏུས་དང་ཨུས་བྱིན་ནས། ལན་གཉིས་བརྗོད་ཅིང་། ལེའུ་འདིར། རྀ་ཡིག་གི་ཞེས་པས་རྀ་དང་པོ་ཨ་ཡིག་ཏུ་བསྒྱུར་བ་ལྷག་མར་བྱས་པ་དེ་ཡང་། དང་པོའི་ཨའི་ ཞེས་པས་རིང་པོར་བྱས་ལ། མདོ་འདིས་རྀ་ཡིག་ཕྱི་མའི་སྔོན་དུ་ན་ཨཱ་ག་མ་བྱིན་པའི་ཨ་ བརྗོད་དོན་ཕྱིས་ཏེ་སྦྱར་བས། ཨཱ་ནྲྀ་དྷ་ཏུཿ(འཕེལ་བར་བྱས་པ་དག) ཨཱ་ནྲྀ་དྷུཿ(འཕེལ་བ་བྱས་པ་རྣམས། ) ཞེས་པ་ལྟ་བུའོ། །ཨ་སྣོ་ཏིའི་འང་ངོ་ཞེས་པ་ནི་དང་པོའི་ཨ་ཡིག་རིང་པོར་བྱས་པ་དེ་ལས། ཕ་ རོལ་གྱི་ཨ་སུ་(ལོ་ཆེན་དང་། ཐུགས་རྗེ་དཔལ་བས་ཨ་ཤཱུ་ཁྱབ་པ་ལའོ་ཞེས་པའི་བྱིངས་འདུག་ནའང་། སློབ་ཕན་ལས་ཨ་སུ་ ཐོབ་པའི་བྱིངས་འདུག། )ཐོབ་པ་ལའོ་ཞེས་པ་འདིའི་དང་པོར་ཡང་། ན་ཡིག་ཨཱ་ག་མ་སྦྱིན་པར་ འགྱུར་ཏེ། དཔེར་ན། ཨ་སུ་ཐོབ་པའི་བྱིངས་ཀྱི་ཨུ་རྗེས་འབྲེལ་ཕྱིས་པའི་སྔོན་ཉེར་བསྒྱུར་བི་ བཞག་པ་ལ། པ་རོ྅ཀྵཱའི་ཨེ་དང་ཨཱ་ཏེ་བྱིན་ནས། བྱིངས་གཉིས་སུ་བཞག་ཅིང་ཨ་ཡིག་སྔ་མ་ 6-1-268 ལྷག་མར་བཅས་པ་རིང་པོར་བསྒྱུར་ཏེ་མཚམས་སྦྱར་ལ། ཕྱི་མའི་སྔོན་དུ་ན་ཨཱ་ག་མ་བྱིན་ ནས་མཚམས་སྦྱར་བས། བྱཱ་ན་སེ(ཐོབ་པར་མ་བྱས)། བྱཱ་ན་སཱ་ཏེ་(ཐོབ་པར་མ་བྱས། )ཞེས་པ་ལྟ་བུའོ། ། ཨཤྣོཏི་ཞེས་སྨོས་པ་ནི་ཨ་ཤ་བསྟེན་པ་ལའོ་ཞེས་པའི་བྱིངས་དང་། མི་འཁྲུལ་བའི་དོན་ཏོ། ། བྷ་ཝ་ཏའི་ཨའོ་ཞེས་པ་ནི་བྷཱུ་ཡོད་པའི་བྱིངས་ཀྱི་ཨ་བྷྱཱ་ས་པ་རོ྅ཀྵཱའི་རྐྱེན་ཕ་རོལ་ལ་སྲོག་གི་ དབྱངས་ཨ་ཡིག་ཏུ་འགྱུར་ཏེ། དཔེར་ན། བྷཱུ་ཡོད་པའི་བྱིངས་ལ་ཨཊ་དང་ཨ་ཏུ་ས་བྱིན་ནས་ གཉིས་སུ་བཞག་ཅིང་། སྔ་མའི་ཨཱུ་ཡིག་མདོ་འདིས་ཨ་ཡིག་དང་། གཉིས་པ་བཞི་པ་ཞེས་ པས། བྷ་ཡིག་པ་རུ་བསྒྱུར་ལ། ཨཱ་བཞི་པར། བྷཱུའི་མཐའ་པ་རོ྅ཀྵཱ་དང་ཞེས་པས་ཕྱི་མའི་ མཐར་ཝ་ཡིག་ཨཱ་ག་མ་བྱིན་ཏེ་སྦྱར་བས། བ་བྷཱུ་ཝ(དེ་བྱུང་བར་གྱུར)། བ་བྷཱུ་ཝ་ཏུཿ (དེ་དག་བྱུང་བར་ གྱུར། )ཞེས་པ་ལྟ་བུའོ། །བྷཱུ་ཞེས་མ་བྱས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ནི་ཛི་བི་ཛི་བི་ཥ་ རྣམས་ཀྱི་བྱིངས་ཐམས་ཅད་པ་ལ་ཡོན་ཏན་ནོ་ཞེས་པ་ནི། ནི་ཛིར་གཙང་བ་དང་། བི་ཛིར་ དངོས་པོ་ཐ་དད་པ་དང་། བིཥླྀ་ཁྱབ་པའི་བྱིངས་འདི་རྣམས་ཀྱི་ཨ་བྷྱཱ་ས་བྱིངས་ཐམས་ཅད་ པའི་རྐྱེན་ཕ་རོལ་ལ་ཡོན་ཏན་ཏུ་འགྱུར་ཏེ། དཔེར་ན། ནི་ཛིར་གྱི་ཨིར་རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ཏི་དང་། སཔྟ་མཱིའི་ཡཱཏ་དང་། པཉྩ་མཱིའི་ཏུ་དང་། ཧྱསྟ་ནཱའི་དི་བྱིན་ནས། ཨན་བར་ དུ་བྱིན་པ་ཛུ་ཧོ་ཏི་ལ་སོགས་པས་དབྱི་ཞིང་། ལན་གཉིས་བརྗོད་དེ་གསལ་བྱེད་དང་པོ་ལྷག་ མར་བྱས་ལ། མདོ་འདིས་སྔ་མའི་ཨི་རྣམས་ནི་ཨེ་རུ་བསྒྱུར་ཞིང་། ཨཱ་ལྔ་པར། སཔྟ་མཱི་ལའང་ ངོ་ཞེས་པས་ཡཱཏ་ལ་ནི་ཕྱི་མ་ལ་ཡོན་ཏན་དང་ཡ་དྷུཊ་ཡིན་པས་ཀ་སྡེའི་ཙ་སྡེར་མི་འགྱུར་ལ། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིའི་འང་ཞེས་པས་ཕྱི་མ་གཞན་རྣམས་ཀྱི་ཨིའང་ཨེ་རུ་བསྒྱུར་ཏེ། ཨཱ་ དྲུག་པར། ཙ་སྡེའི་ཞེས་པས་གཞན་རྣམས་ཀྱི་ཛའང་ཀ་རུ་བསྒྱུར་ཞིང་། ཨཱ་དྲུག་པར། གསལ་ བྱེད་ལས་དི་སི་དག་གི་ཞེས་པས་དི་ཕྱིས་ནས། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོར་ཧྱསྟ་ནཱི་ ཞེས་པས། དེ་ལ་ཨཊ་སྔོན་དུ་བྱིན་པས། ནེ་ནེཀྟི (གཙང་བར་བྱེད)། ནེ་ནི་ཛྱཱཏ(གཙང་བར་གྱིས)། ནེ་ 6-1-269 ནེཀྟུ(གཙང་བར་གྱུར་ཅིག)། ཨ་ནེ་ནེ་ཀ་(དེ་རིང་གཙང་བར་གྱུར། ) ཞེས་པ་ལྟ་བུའོ། བི་ཛིར་ལའང་དེ་ བཞིན་དུ་སྦྱར་བས། བེ་བེཀྟྭི(ཐ་དད་པར་བྱེད)། བེ་བི་ཛྱཱཏ(ཐ་དད་པར་གྱིས)། བེ་བེཀྟུ(ཐ་དད་པར་གྱུར་ ཅིག)། ཨ་བེ་བེཀ་(དེ་རིང་ཐ་དད་པར་བྱེད། )ཅེས་པ་དང་། བི་ཥླྀའི་ལྀ་ཡིག་རྗེས་འབྲེལ་ཕྱིས་པ་ལ་ གཞན་རྣམས་སྔར་དང་འདྲ་ཞིང་། ཨཱ་བརྒྱད་པར། ཥ་དང་ཊ་སྡེ་ལས་ཞེས་པས་རྣམ་དབྱེའི་ཏ་ ཡིག་ཥ་དང་འབྲེལ་བ་རྣམས་ཊ་རུ་བསྒྱུར་ཏེ། (འདི་ལ་སྒྲ་པ་ཐུགས་རྗེ་དཔལ་བས། ཚིག་མཐར་དྷུ་ཊ་རྣམས་ཀྱི་ དང་པོའོ་ཞེས་པས་ཥ་ཊ་རུ་བསྒྱུར་ཏེ། རྀ་ཊུ་ར་ཥ་སྤྱི་བོ་ལས་བྱུང་ཞེས་གནས་མཐུན་པ་ལས་སོ། །ཞེས་གསུངས། སློབ་ཕན་ལས་ནི་ རྫོགས་པ་ལ་ཡང་ངོ་ཞེས་པས་ཥ་ཊ་རུ་བསྒྱུར་འདུག) ནཱ་གསུམ་པར་རྫོགས་པ་ལ་ཞེས་པས་ཕྱི་མའི་ཥ་ཡིག་ ཀྱང་ཊ་རུ་བསྒྱུར་བས། བེ་བེཥྚི(ཁྱབ་བར་བྱེད)། བེ་བིཥྱཱཏ(ཁྱབ་པར་གྱིས)། བེ་བེཥྚུ(ཁྱབ་པར་གྱུར)། ཨ་ བེ་(དེ་རང་ཁྱབ། ) བེཊ་ཅེས་པ་ལྟ་བུའོ། །བྷྲྀཉ་ཧཱང་མཱང་རྣམས་ཀྱི་ཨིཏའོ་ཞེས་པ་ནི་ཌུ་བྷྲྀཉ་འཛིན་ པ་དང་རྒྱས་པ་དང་། ཨོ་ཧཱང་འགྲོ་བ་དང་། མཱང་འཇལ་བའི་བྱིངས་འདི་རྣམས་ཀྱི་ཨ་བྷྱཱ་སའི་ དབྱངས་རྣམས་ནི་བྱིངས་ཐམས་ཅད་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཨི་ཉིད་དུ་འགྱུར་ཏེ། ཏ་ ཡིག་ནི་སྔར་བཞིན་ཁྱད་པར་གྱི་དོན་ཏོ། །དཔེར་ན། ཌུ་ཉ་རྗེས་འབྲེལ་ཕྱིས་པའི་བྷྲྀ་ལ་སྔར་ བཞིན་ཏི་དང་ཡཱཏ་དང་ཏུ་དང་དི་བྱིན་ནས། ཛུ་ཧོ་ཏི་སོགས་ཀྱིས་གཉིས་སུ་བཞག་ཅིང་། བར་ དུ་ཨན་བྱིན་པ་ཕྱིས་ལ། མདོ་འདིས་ཨ་བྷྱཱ་སའི་དབྱངས་རྣམས་ཨི་དང་། སྔར་བཞིན་བཞི་པ་ གསུམ་པར་བསྒྱུར་ཏེ། ཨཱ་ལྔ་པར། ནཱ་མཱི་མཐའི་ཞེས་པས་ཕྱི་མའི་རྀ་ཡིག་ཨར་དུ་བསྒྱུར་ནས་ སཔྟ་མཱི་ལ་ཡོན་ཏན་དུ་མི་འགྱུར་ཞིང་། སྔར་བཞིན་དི་ཕྱིས་ནས་ར་རྣམ་བཅད་དུ་བྱས་ཏེ་ བྱིངས་ཀྱི་དང་པོར་ཨཊ་བྱིན་ནས། བི་བྷརྟི། (འཛིན་ནོ། །) བི་བྷྲྀ་ཡཱཏ། བི་བྷརྟུ། ཨ་བི་བྷཿཞེས་ པ་ལྟ་བུའོ། །དེ་བཞིན་དུ་ཨོ་དང་ང་རྗེས་འབྲེལ་ཕྱིས་པའི་ཧཱ་དང་། མཱ་དག་ལ་སྔར་གྱི་རིམ་ པས་ཏེ་དང་ཨཱིཏ་དང་། ཏཱམ་དང་ཏ་བྱིན་ནས། བསྒྲུབ་ཚུལ་གཞན་རྣམས་སྔར་དང་འདྲ་ཞིང་། འདི་ཉིད་དུ་ཧའི་ཛའོ་ཞེས་པས། ཧ་དང་པོ་ཛ་རུ་བསྒྱུར་ཏེ། སཔྟ་མཱིའི་ཨཱིཏ་ལས་ཨཱ་བཞི་པར། 6-1-270 ཨཱ་བྷྱསྟ་རྣམས་ཀྱི་ཨ་ཡིག་གོ་ཞེས་པས་ཧཱ་ཕྱི་མའི་སྲོག་ཕྱིས་ནས། གཞན་རྣམས་ལ། ཨཱ་བཞི་ པར། གཉིས་ཀ་རྣམས་ཀྱི་དཱ་མིན་པའི་ཞེས་པས་ཕྱི་མ་ཨཱི་རིང་པོར་བསྒྱུར་ལ། ཏ་ཕྱི་མའི་སྲོག་ སྔར་བཞིན་ཕྱིས་ཏེ་སྦྱར་བས། ཛི་ཧཱི་ཏེ(གཏོང་བར་བྱེད)། ཛི་ཧཱི་ཏ(གཏོང་བར་གྱིས)། ཛི་ཧཱི་ཏཱཾ(གཏོང་བར་ གྱུར)། ཨ་ཛི་ཧཱིཏ་(དེ་རིང་གཏོང་། )ཅེས་པ་དང་། མི་མཱི་ཏེ(འཇལ་བར་བྱེད། )། མི་མཱིཏ(འཇལ་བར་གྱིས)། མི་ མཱི་ཏཱམ(འཇལ་བར་གྱུར)། ཨམི་མཱིཏ་(དེ་རིང་འཇལ། )ཅེས་པ་ལྟ་བུའོ། །ཨརྟི་པི་པརྟི་དག་གི་འང་ངོ་ ཞེས་པ་ནི། ཨརྟི་ཞེས་པ་རྀ་འགྲོ་བའི་བྱིངས་དང་པི་པརྟི་ཞེས་པ་པྲྀ་སྐྱོང་བ་དང་རྫོགས་པའི་ བྱིངས་དག་གི་ཨ་བྷྱཱ་སའི་དབྱངས་བྱིངས་ཐམས་ཅད་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཨི་ཉིད་ དུ་འགྱུར་བའང་སྟེ། དཔེར་ན། རྀ་ལ་ཏི་དང་ཡཱཏ་དང་ཏུ་དང་དི་བྱིན་ནས། ཛུ་ཧོ་ཏི་སོགས་ ཀྱིས་གཉིས་བརྗོད་ཅིང་བར་དུ་ཨིན་བྱིན་པ་ཕྱིས་ལ། སྔར་བཞིན་རྀ་སྔ་མ་ཨ་ཡིག་ཏུ་བསྒྱུར་ བ། མདོ་འདིས་ཨི་དང་། ཨཱ་བཞི་པར། ཨ་བྷྱཱ་སའི་འདྲ་བའི་ཡི་གེ་ཞེས་པས་དེའང་ཨི་ཡ་དང་། ཨཱ་ལྔ་པར་ནཱ་མི་མཐའི་ཞེས་པས་ཏི་དང་ཏུ་དི་ཕ་རོལ་ལ། རྀ་ཕྱི་མ་ཨར་དང་། ཁྱད་པར་ཨཱ་ བརྒྱད་པར། དབྱངས་དང་པོ་རྣམས་ཀྱི་དང་པོའི་ཞེས་པས་ཧྱསྟ་ནཱིའི་དི་ལ་ཨིའི་འཕེལ་བ་ཨཻ་ རུ་བསྒྱུར་ཞིང་། སྔར་བཞིན་དི་ཕྱིས་ཏེ་སྦྱར་བས། ཨི་ཡརྟི(འགྲོ་བར་བྱེད)། ཨི་ཡྼམཡཱཏ(འགྲོ་བར་ གྱིས)། ཨི་ཡརྟུ(འགྲོ་བར་གྱུར་ཅིག)། ཨཻ་ཡཿ(དེ་རིང་འགྲོ། )ཞེས་པ་དང་། པྲཱྀ་ལ་ཡང་གཞན་རྣམས་སྔར་ བཞིན་སྦྱར་ཏེ། སཔྟ་མཱིའི་ཡཱཏ་ལ། ཨཱ་བརྒྱད་པར། མཆུ་གྱུར་ཨུ་པ་དྷཱའི་ཞེས་ཕྱི་མ་ཨུར་དང་། ར་བ་དག་གི་ནཱ་མི་གསལ་བྱེད་ལ་སྟེ་ཞེས་པས་དེ་ཡང་རིང་པོར་བསྒྱུར་ཞིང་། སྔར་བཞིན་ཕྱི་ མའི་སྔོན་དུ་ཨཊ་བྱིན་ནས་དི་ཕྱིས་པས། པི་པརྟི(གང་བར་བྱེད)། པི་པཱུར་ཡཱཏ། པི་པརྟུ། ཨ་པི་ པཿཞེས་པ་ལྟ་བུའོ། །སན་ལ་ཨའི་ཡི་གེའོ་ཞེས་པ་ནི། སན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཨ་བྷྱཱ་ སའི་ཨའི་ཡི་གེ་གང་ཡིན་པ་དེ་ཨི་ཉིད་དུ་འགྱུར་ཏེ། དཔེར་ན། པཱ་འཐུང་བ་དང་། ཡཱ་ཐོབ་ པའི་བྱིངས་ལ། འཐུང་པར་འདོད་དོ་ཐོབ་པར་འདོད་དོའི་དོན་ལ་སན་གྱི་རྐྱེན་བྱིན་ནས། 6-1-271 བྱིངས་གཉིས་སུ་བཞག་པའི་སྔ་མའི་ཨུ་ཡིག་ཐུང་ངུ་འོས་ཐུང་ངུར་བསྒྱུར་བ། མདོ་འདིས་ཨི་ ཉིད་དུ་བསྒྱུར་ཞིང་མཐར་བརྟ་མཱ་ནཱའི་ཏི་བྱིན་པས། པི་པཱ་ས་ཏི(འཐུང་བར་འདོད)། ཡི་ཡཱ་ས་ཏི་ (ཐོབ་པར་འདོད། )ཞེས་པ་ལྟ་བུའོ། །ཨུའི་ཡི་གེ་ཛ་དང་མཐར་གནས་དང་པ་སྡེ་ཕ་རོལ་ཅན་གྱི་ ཨའི་ཡི་གེ་ལའོ་ཞེས་པ་ནི་བྱིངས་ཀྱི་སྔ་མའི་ཨུ་ཡིག་ཐུང་རིང་གང་ཡིན་པ་དེ། ཛ་ཡིག་དང་ མཐར་གནས་ཀྱི་ཡི་གེ་དང་། པ་སྡེའི་ཡི་གེ་ཕ་རོལ་ཅན་གྱི་སྲོག་ཏུ་ཨ་ཡིག་ཐུང་རིང་གནས་པ་ ལའང་ཨི་ཉིད་དུ་འགྱུར་ཏེ། དཔེར་ན། ཛུ་ཞེས་པ་མདོ་ལས་བྱུང་བའི་བྱིངས་ལ་བརྟ་མཱ་ནཱའི་ཏི་ དང་བར་དུས་ན་བྱིན་ནས། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པའི་ཞེས་པས་དེའི་སྔ་ མར་ཨིཊ་བྱིན་པའི་ཊ་སྔར་བཞིན་ཕྱིས་ལ། ཨཱ་གསུམ་པར། ཙཎ་པ་རོ྅ཀྵཱའི་ཞེས་པས་བྱིངས་ གཉིས་སུ་བཞག་སྟེ། སྐྱེ་བ་ལ་སྦྱོར་བར་བྱེད་དོ་ཞེས་པའི་དོན་ལ་བྱིངས་མཐར་ཨིན་སྦྱིན་ཞིང་། ཨཱ་དྲུག་པར། ཨིན་ཨིཙ་ཨཊ་རྣམས་ལ་ཞེས་པས་དེའི་ཨུ་པ་དྷཱ་འཕེལ་བར་བྱས་པའི་ཨཽ་ནི་ ཨཱ་ཝ་དང་། སྔར་བཞིན་ཨིན་གྱི་ན་ཕྱིས་ནས། ཨཻ་(ཨེ་རུ་བསྒྱུར་བ་ཨ་ཡ་ཡིན་འདྲ། ) རུ་བསྒྱུར་བའང་ ཨཱ་ཡ་རུ་བསྒྱུར་ལ། མདོ་འདིས་སྔ་མའི་ཨུ་ཡིག་ཨི་ཉིད་དུ་བསྒྱུར་ནས། རྒྱུ་མཚན་ལས། ས་ ཡིག་ཥ་རུ་བྱས་ཏེ་སྦྱར་བས། ཛི་ཛཱ་ཝ་ཡི་ཥ་ཏི་(འགྲོ་བར་འདོད། ) ཞེས་པ་ལྟ་བུ་དང་། དེ་བཞིན་དུ་ ཡུ་བསྲེ་བ་དང་། རུ་སྒྲ་དང་། ལཱ་ཉ་གཅོད་པ་ད་ང་། པཱུཉ་འཐུང་པ་དང་། བྷཱུ་ཡོད་པ་དང་། མཱུང་ འབྲེལ་བར་བྱེད་པའི་བྱིངས་རྣམས་ཀྱི་ཉ་དང་ང་ཡིག་རྗེས་འབྲེལ་ཕྱིས་ཏེ་བསྲེ་བར་བྱེད་དོ། ། སྒྲ་བྱེད་དོ། །གཅོད་པར་བྱེད་དོ། །འཐུང་བར་བྱེད་དོ། །ཡོད་པར་སྦྱོར་རོ། །འཆིང་བ་ལ་སྦྱོར་ རོ་ཞེས་པའི་དོན་ལ། གཞན་རྣམས་སྔར་དང་འདྲ་བར་སྦྱར་ནས། བྷ་ཡིག་སྔར་བཞིན་བ་རུ་ བསྒྱུར་བས། ཡི་ཡཱ་ཝ་ཡི་ཥ་ཏི་ཡི་ཥ་ཏི(བསྲེ་པར་འདོད། )། རི་རཱ་ཝ་ཡི་ཥ་ཏི(སྒྲོགས་པར་འདོད)། ལི་ལཱ་ ཝ་ཡི་ཥ་ཏི(གཅོད་འདོད)། པི་པཱ་ཝ་ཡི་ཤ་ཏི(འཐུང་འདོད)། བི་བྷཱ་ཝ་ཡི་ཥ་ཏི། (ཡོད་པར་འདོད་དོ། །) མི་མཱ་ ཝ་ཡི་ཥ་ཏི་(འབྲེལ་བར་འདོད། )ཞེས་པ་ལྟ་བུའོ། །ཛ་དང་མཐར་གནས་དང་པ་སྡེ་ཕ་རོལ་ཅན་མ་ 6-1-272 ཡིན་པ་ལ་ནི་སྔ་མའི་ཨུ་ཡིག་ཨི་ཉིད་དུ་མི་འགྱུར་ཏེ། དཔེར་ན་ཧུ་ལེན་པའི་བྱིངས་ལ་སན་ སོགས་སྔར་བཞིན་སྦྱར་ནས། འདི་ཉིད་དུ་ཧའི་ཛའོ་ཞེས་པས་ཧ་སྔ་མ་ཛ་ཡིག་ཏུ་བསྒྱུར་བས། ཛུ་ཧཱ་ཝ་ཡི་ཥ་ཏི་(ལེན་པར་འདོད། ) ཞེས་པ་ལྟ་བུའོ། །ཙེ་ཀྲཱི་ཡི་ཏ་ལ་ཡོན་ཏན་ནོ་ཞེས་པ་ནི། ཨ་བྷྱཱ་ སའི་དབྱངས་གང་ཡིན་པ་དེ་ཡ་སྒྲའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཡོན་ཏན་ཏུ་འགྱུར་ཏེ། དཔེར་ ན། ཙིཉ་སོག་པ་དང་། ཧུ་ལེན་པའི་བྱིངས་ཀྱི་ཉ་རྗེས་འབྲེལ་ཕྱིས་པ་ལ། ཤིན་ཏུ་སོག་གོ ། ཤིན་ཏུ་ལེན་ནོའི་དོན་ལ་ཡ་སྒྲ་བྱིན་ནས། ཙཎ་པ་རོ྅ཀྵཱ་ཞེས་པས་གཉིས་སུ་བཞག་ཅིང་། མདོ་འདིས་སྔ་མའི་ཨི་ཡིག་ཨེ་དང་ཨུ་ཡིག་ཨོ་རུ་བསྒྱུར་ལ། སྔར་བཞིན་ཧ་སྔ་མ་ཛ་དང་། ཨཱ་ བཞི་པར། ནཱ་མི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་(ཡིན་ཨཱ་ཤཱི་ཥ་ཙེ་ཀྲཱི་ཡི་ཏ་རྣམས་ལ་ཡ་ལ་རིང་པོའོ། །)ཞེས་པས་ ཕྱི་མའི་དབྱངས་རིང་པོར་བསྒྱུར་ནས། མཐར་བརྟ་མཱ་ནཱའི་ཏེ་བྱིན་པས། ཙེ་ཙཱི་ཡ་ཏེ(ཤིན་ཏུ་ སོག)། ཛོ་ཧཱུ་ཡ་ཏེ་(ཤིན་ཏུ་ལེན། )ཞེས་པ་ལྟ་བུའོ། །ཨཱ་ག་མ་མེད་པའི་རིང་པོའོ་ཞེས་པ་ནི་ཨ་བྷྱཱ་ས་ གང་གི་མཐའ་ཨཱ་ག་མ་མེད་པ་དེ་ནི་ཙེ་ཀྲཱི་ཡི་ཏའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་རིང་པོར་འགྱུར་ ཏེ། དཔེར་ན། པ་ཋ་ཀློག་པ་དང་། པཙ་འཚེད་པའི་བྱིངས་མཐའ་ཨ་ཡིག་བརྗོད་དོན་ཕྱིས་པ་ ལ། ཡ་སྒྲ་སྦྱིན་ནས་སྔར་བཞིན་གཉིས་སུ་བཞག་ཅིང་། མདོ་འདིས་སྔ་མ་རིང་པོར་བསྒྱུར་ཏེ། མཐར་བརྟ་མཱ་ནཱའི་ཏེ་བྱིན་པས། པཱ་པ་ཋྱ་ཏེ(ཡང་ཡང་ཀློག་པར་བྱེད)། པཱ་པ་ཙྱ་ཏི་(ཡང་ཡང་འཚེད་པར་ བྱེད། )ཞེས་པ་ལྟ་བུའོ། །ཨཱ་ག་མ་བྱིན་པའི་ཨ་བྷྱཱ་ས་ནི་རིང་པོར་མི་འགྱུར་ཏེ། དཔེར་ན། ཡམུ་ ཉེ་བར་འཇིག་པ་དང་། ར་མུ་བརྩེ་བའི་བྱིངས་ཀྱི་ཨུ་རྗེས་འབྲེལ་ཕྱིས་པ་ལ། ཤིན་ཏུ་འཇིག་ གོ། ཤིན་ཏུ་བརྩེ་བའི་དོན་ལ་ཡ་སྒྲ་བྱིན་ནས་གཉིས་སུ་བཞག་པའི་གསལ་བྱེད་དང་པོ་ལྷག་ མར་བྱས་ལ། མཐར་ཏེ་སྦྱིན་ཞིང་། མདོ་འོག་མས་ཨ་བྷྱཱ་སའི་མཐར་ཙེ་ཀྲཱི་ཏའི་རྐྱེན་ཕ་རོལ་ཏུ་ ཡོད་པའི་རྗེས་སུ་ང་རོ་ཨཱ་ག་མ་བྱིན་ཏེ་སྦྱར་བས། ཡཾ་ཡ་མྱ་ཏེ(ཤིན་ཏུ་འཇིག)། རཾ་ར་མྱ་ཏེ་(ཤིན་ཏུ་ བརྩེ། )ཞེས་པ་ལྟ་བུའོ། །ཝཉྩི་སྲནྶིདྷྭནྶིབྷྲནྶི་ཀ་སི་པ་ཏི་པ་དི་སྐན་དི་རྣམས་ཀྱི་མཐའ་ནཱིའོ་ཞེས་ 6-1-273 པ་ནི་ཝཉྩུ་འགྲོ་བའི་དོན་དང་། སྲནྶུདྷྭནྶུབྷྲནྶུའོག་ཏུ་ལྟུང་བ་དང་། ཀ་ས་དང་པཏླྀ་དང་པ་ད་ འགྲོ་བ་དང་། སྐན་དིར་སྐེམས་པའི་བྱིངས་འདི་རྣམས་ཀྱི་ཨ་བྷྱཱ་སའི་མཐར་ཙེ་ཀྲཱི་ཡི་ཏའི་རྐྱེན་ ཕ་རོལ་དུ་ཡོད་པ་ལ། ནཱི་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་ཏེ་རྣམས་ཀྱི་ཨུ་དང་། ལྀ་དང་ཨིར་རྗེས་འབྲེལ་དང་ཨ་ཡིག་བརྗོད་དོན་རྣམས་དབྱི་ཞིང་། ཝཉྩིའི་མཐར་ཝརྟ་མཱ་ ནཱའི་ཏེ་དང་། བར་དུ་འགྲོ་བའི་དོན་ལ་ཡ་སྒྲ་བྱིན་ནས། བྱིངས་གཉིས་སུ་བཞག་ཅིང་། གསལ་ བྱེད་དང་པོ་ལྷག་མར་བྱས་ལ། མདོ་འདིས་སྔ་མའི་མཐར་ནཱི་ཡིག་ཨཱ་ག་མ་སྦྱིན་ཞིང་། ཨཱ་ དྲུག་པར། ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པ་ལས་ཞེས་པས་ཕྱི་མའི་ན་ཡིག་ཕྱིས་ཏེ་སྦྱར་བས། ཝ་ནཱི་ཝ་ཙྱ་ཏེ་(ཡང་ཡང་འགྲོ་བར་བྱེད། )ཞེས་པ་ལྟ་བུ་དང་། ཤིན་ཏུ་ལྟུང་བར་བྱེད་སོགས་ཀྱི་དོན་ལ། སྲནྶ ལའང་སྔར་བཞིན་སྦྱར་བས། ས་ནཱི་སྲ་སྱ་ཏེ་(ཡང་ཡང་ལྟུང་བར་བྱེད། )ཞེས་པ་དང་། གཞན་ རྣམས་སྔར་དང་འདྲ་བ་ལ། འདི་ཉིད་དུ་གཉིས་པ་བཞི་པ་ཞེས་པས། དྷྭནྶདང་བྷྲནྶདག་གི་དྷ་ ཡིག་ད་དང་བྷ་ཡིག་བ་རུ་བསྒྱུར་བས། དནཱི་དྷྲ་སྱ་ཏེ(ཡང་ཡང་འོག་ཏུ་ལྟུང་བར་བྱེད)། བ་ནཱི་བྷྲ་སྱ་ཏེ་ (ཡང་ཡང་འོག་ཏུ་ལྟུང་བ་བྱེད། )ཞེས་པ་དང་། ཀ་སྡེའི་ཙ་སྡེའོ་ཞེས་པས་ཀས་ཀྱི་ཀ་ཡིག་ཙ་རུ་བསྒྱུར་ བས། ཙ་ནཱི་ཀ་སྱ་ཏེ་(ཡང་ཡང་འགྲོ་བར་བྱེད། )ཞེས་པ་དང་། ཨཏ་དང་པད་ལ་ནི། པ་ནཱི་པ་ཏྱེ་ཏེ(ཡང་ ཡང་འགྲོ་བར་བྱེད)། པ་ནི་པདྱ་ཏེ་(ཡང་ཡང་འགྲོ་བ་བྱེད། ) ཞེས་པ་དང་། ཤིཊ་ལས་ཕ་རོལ་གྱི་སྒྲ་མེད་ པའོ་ཞེས་པས་སྐན་དའི་སྔ་མའི་ས་ཡིག་ཕྱིས་ཏེ། ཀ་ལྷག་མར་བྱས་པ། ཙ་རུ་བསྒྱུར་ནས་ན་ ཡིག་སྔར་བཞིན་ཕྱིས་པས། ཙ་ནཱི་སྐ་དྱ་ཏེ་(ཤིན་ཏུ་སྐེམས་པར་བྱེད། )ཞེས་པ་ལྟ་བུའོ། །རྗེས་སུ་སྣ་ ལྡན་མཐའ་ཅན་གྱི་ཨཏ྄་མཐའི་རྗེས་སུ་ང་རོའོ་ཞེས་པ་ནི་རྗེས་སུ་སྣ་ལྡན་མཐའ་ཅན་གྱི་ཨ་ བྷྱཱ་ས་ཨ་ཡིག་མཐའ་ཅན་གྱི་མཐར་ཙེ་ཀྲཱི་ཡི་ཏའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་རྗེས་སུ་སྣ་ལྡན་ཨཱ་ ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཡ་མུ་ཉེ་བར་འཇིག་པ་དང་ཏ་ནུ་རྒྱས་པའི་བྱིངས་ཀྱི་ཨུ་ རྗེས་འབྲེལ་ཕྱིས་པ་ལ། ཤིན་ཏུ་ཉེ་བར་འཇིག་གོ །ཤིན་ཏུ་རྒྱས་སོའི་དོན་ལ་ཡ་སྒྲ་བྱིན་ནས། 6-1-274 བྱིངས་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ལ། མདོ་འདིས་སྔ་མའི་ མཐར་རྗེས་སུ་ང་རོ་ཨཱ་ག་མ་སྦྱིན་ཞིང་། མཐར་ཏེ་སྦྱིན་པས། ཡཾ་ཡ་མྱཏ། ཏཾ་ཏནྱ་ཏེ་ཞེས་པ་ལྟ་ བུའོ། །ཛཔ྄་སོགས་རྣམས་ཀྱིའང་ངོ་ཞེས་པ་ནི་ཛཔ྄་བཟླས་པ་དང་སོགས་ཀྱི་སྒྲས། ཛྲྀ་བྷི་ ལུས་ཀྱི་རྣམ་འགྱུར་དང་། ད་ཧ་ཐལ་བར་བྱེད་པ་དང་། དནཱ་ཟ་བ་དང་བྷནྫ་ཀུན་ཏུ་ཉེད་པ་དང་། པ་ས་འགྲོ་བའི་བྱིངས་རྣམས་ཀྱིའང་ཨ་བྷྱཱ་སའི་མཐར་ཙེ་ཀྲཱི་ཡི་ཏའི་རྐྱེན་ཕ་རོལ་ཏུ་ཡོད་པ་ ལ། རྗེས་སུ་ང་རོ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨ་ཡིག་བརྗོད་ དོན་དང་། ཨི་ཡིག་རྗེས་འབྲེལ་དབྱི་ཞིང་ཤུབ་བུས་བཟླས་ཞེས་སོགས་ཀྱི་དོན་ལ། ཛཔ྄་ལ་ ཡ་སྒྲ་སྦྱིན་ནས། བྱིངས་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ལ། མདོ་ འདིས་སྔ་མའི་མཐར་རྗེས་སུ་ང་རོ་སྦྱིན་ཞིང་མཐར་ཏེ་བྱིན་པས། (ཛཾ་ཛ་སྱ་ཏེ་ཤུབ་བུས་བཟླ་བར་བྱེད། ) ཞེས་པ་དང་། གཞན་རྣམས་འདྲ་བ་ལ། ཛྲྀ་བྷའི་རྀ་ཡིག་སྔར་བཞིན་ཨ་དང་། བྷ་ཡིག་བ་རུ་ བསྒྱུར་བས། ཛཾ་ཛྲྀ་བྷྱ་ཏེ་(ལུས་འགྱུར་བར་བྱེད། )ཞེས་པ་དང་། དཧ་ལ་ནི། དཾ་ད་ཧྱ་ཏེ་(ཡང་ཡང་སྲེག་ པར་བྱེད། )ཞེས་པ་དང་། ཨཱ་དྲུག་པར། ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པ་རྣམས་ཀྱི་ཞེས་ པས། དནྴདང་བྷནྫ་ཕྱི་མའི་ན་ཡིག་ཕྱིས་ནས། དཾ་ད་ཤྱ་ཏེ་(ཡང་ཡང་ཟ་བར་བྱེད། )ཞེས་པ་དང་། བྷ་ སྔོན་མ་སྔར་བཞིན་བ་རུ་བསྒྱུར་བས། བཾ་བྷ་ཛྱ་ཏེ་(ཤིན་ཏུ་ཉེད་པར་བྱེད། )ཞེས་པ་དང་། པས་ལ་ནི། པཾ་པ་སྱ་ཏེ་(ཡང་ཡང་འཁྱོག་ཅིང་འགྲོ། )ཞེས་པ་ལྟ་བུའོ། །ཙར་ཕལ་དག་གི་སྟེ་ཕ་རོལ་གྱི་ཨའི་ཨུཏ་ འང་ངོ་ཞེས་པ་ནི། ཙར་འགྲོ་བ་དང་། ཕ་ལ་རྫོགས་པའི་བྱིངས་འདི་དག་གིས་ཨ་བྷྱཱ་སའི་ མཐར་ཙེ་ཀྲཱྀ་ཡི་ཏའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་སྔར་བཞིན་རྗེས་སུ་ང་རོ་ཨཱ་ག་མ་དང་དེའི་ཕ་ རོལ་གྱི་ཨ་ཡིག་ཨུ་ཡིག་ཏུའང་འགྱུར་ཞིང་། ཏ་ཡིག་ནི་ཐེ་ཚོམ་མེད་པའི་དོན་ཏེ། དཔེར་ན། བྱིངས་དེ་གཉིས་ཀྱི་ཨ་ཡིག་བརྗོད་དོན་ཕྱིས་པ་ལ་ཡ་སྒྲ་བྱིན་ནས་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ལ། འདི་ཉིད་དུ། གཉིས་པ་བཞི་པ་ཞེས་པས་ཕ་ཡིག་པ་རུ་ 6-1-275 བསྒྱུར་ཏེ། མདོ་འདིས་སྔ་མའི་མཐར་རྗེས་སུ་ང་རོ་སྦྱིན་ཞིང་། ཕ་རོལ་གྱི་ཨ་ཡིག་ཨུ་རུ་བསྒྱུར་ བ། ཨཱ་བརྒྱད་པར། ནཱ་མིའི་ར་བ་དག་གི་ཞེས་པས་ཙཱུ་རིང་པོར་བསྒྱུར་ནས་མཐར་ཏེ་བྱིན་ པས། ཙཾ་ཙཱུརྱ་ཏེ(དལ་བུ་རྒྱུ་བར་བྱེད)། པཾ་ཕུལྱ་ཏེ་(ཤིན་ཏུ་མཐར་ཕྱིན་པར་བྱེད། )ཞེས་པ་ལྟ་བུའོ། །རྀ་ལྡན་ པའི་རཱི་འོ་ཞེས་པ་ནི་རྀ་ཡིག་ལྡན་པའི་བྱིངས་ཀྱི་ཨ་བྷྱཱ་སའི་མཐར། ཙེ་ཀྲཱི་ཡི་ཏའི་རྐྱེན་ཕ་རོལ་ ཏུ་ཡོད་པ་ལ་རཱི་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། དྲྀ་ཤིར་ལྟ་བ་དང་། ནྲྀ་ཏཱི་ལུས་ གཡོ་བའི་བྱིངས་ཀྱི་ཨིར་དང་ཨཱི་རྗེས་འབྲེལ་ཕྱིས་པ་ལ། ཤིན་ཏུ་ལྟ་བར་བྱེད་དོ་ཤིན་ཏུ་གར་ བྱེད་དོའི་དོན་ལ་ཡ་སྒྲ་སྦྱིན་ནས། ལན་གཉིས་བརྗོད་ཅིང་གསལ་བྱེད་དང་པོ་ལྷག་མར་བྱས་ ལ། འདི་ཉིད་དུ་རྀ་ཡིག་ཞེས་པས་ཨ་བྷྱཱ་སའི་རྀ་ཡིག་ཨ་རུ་བསྒྱུར་བའི་མཐར། མདོ་འདིས་རཱི་ ཡིག་ཨཱ་ག་མ་སྦྱིན་ཞིང་མཐར་ཏེ་བྱིན་པས། ད་རཱི་དྲྀ་ཤྱ་ཏེ(ཤིན་ཏུ་ལྟ་བར་བྱེད)། ན་རཱི་ནྲྀ་ཏྱ་ཏེ་(ཤིན་ ཏུ་གར་བྱེད། )ཞེས་པ་ལྟ་བུའོ། །མཚུངས་པ་མ་ཕྱིས་ན་ཡང་བ་ལ་ཨིན་ལ་ཙཎ་ཕ་རོལ་ལ་སན་ བཞིན་ནོ་ཞེས་པ་ནི་བྱིངས་ཀྱི་ཨ་བྷྱཱ་ས་ནི་ཨ་ཡིག་ལ་སོགས་པ་མཚུངས་པའི་མིང་ཅན་གྱི་ཡི་ གེ་ཕྱིས་པ་མེད་པ་ན་དེའི་ཕྱི་མ་ན་ཡང་པའི་ཡི་གེ་ཡོད་པ་ལ། ཨིན་བྱིན་པའི་མཐར་ཙཎ་གྱི་ རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཡང་སན་གྱི་རྐྱེན་ལ་བྱ་བ་བཞིན་དུ་བྱེད། དཔེར་ན། ཌུ་ཀྲྀཉ་བྱེད་པ་ དང་། པ་ཋ་གསལ་བའི་བྱིངས་ཀྱི་ཌུཉ་རྗེས་འབྲེལ་ཕྱིས་པ་ལ། ཨཱ་གཉིས་པར། རྒྱུ་ལའོ་ཞེས་ པས་ཨིན་བྱིན་ནས། ཨཱ་དྲུག་པར། ཨིན་ཨིཙ་ཞེས་པས་ཨུ་པ་དྷཱ་རིང་པོ་དང་། རྀ་ཡིག་འཕེལ་ བ་བྱས་ལ། ཨཱ་གཉིས་པར། ཤྲི་དྲུ་སྲུ་ཞེས་པས་ཙཎ་སྦྱིན་ཞིང་། ཨཱ་ལྔ་པར། ཨིན་དང་ཙཎ་ལ་ མཚུངས་པ་མ་ཕྱིས་པའི་ཞེས་པས་ཐུང་ངུར་བསྒྱུར་ཏེ། སྔར་བཞིན་ཨིན་ཀཱ་རི་ཏ་ཕྱིས་ནས། ཨིན་ལ་བྱས་པ་གནས་ཅན་བཞིན་ཞེས་པས་བྱིངས་གཉིས་སུ་བཞག་ཅིང་། གསལ་བྱེད་དང་ པོ་ལྷག་མར་བྱས་ལ། མདོ་འདིས་སན་ལ་ཞེས་པ་ལྟར་ཨ་བྷྱཱ་སའི་ཨ་ཡིག་ཨི་རུ་བསྒྱུར་བའང་། མདོ་ཕྱི་མས་ཨི་རིང་པོར་བསྒྱུར་ཞིང་། སྔར་བཞིན་ཀ་ཡིག་དང་པོ་ཙ་ཡིག་ཏུ་བྱས་ལ། 6-1-276 མཐར་ཨ་དྱ་ཏ་ནཱིའི་དི་བྱིན་ནས། ཨཱ་བརྒྱད་པར། ཧྱསྟ་ནཱི་ཞེས་སོགས་ཀྱི་བྱིངས་ཀྱི་སྔོན་དུ་ ཨཊ་བྱིན་ཏེ། ཙཎ་གྱི་ཙ་གསལ་བྱེད་དང་ཎ་ཕྱིས་ལ། དི་ཡིག་སྔར་བཞིན་བྱས་པས། ཨཱ་ཙཱི་ཀ་ རཏ(བྱེད་དུ་འཇུག)། ཨ་པཱི་པ་ཋཏ་(ཀློག་ཏུ་འཇུག་གོ) ཅེས་པ་ལྟ་བུའོ། །མཚུངས་པའི་མིང་ཅན་ཨིན་ ཕ་རོལ་ལ་ཕྱིས་པ་ན་སན་དང་འདྲ་བའི་བྱ་བར་མི་འགྱུར་ཏེ། དཔེར་ན། ཀ་ཐ་ལ་ཨཱ་གཉིས་ པར་བྱིངས་དོན་ལ་ཞེས་པས། ཨིན་བྱིན་ནས། ཨིན་ལ་རྟགས་ཡི་གེ་གཅིག་མིན་པའི་ཞེས་ པས། ཐའི་དབྱངས་ཕྱིས་ཏེ། སྔར་བཞིན་དི་དང་བར་དུ་ཙཎ་བྱིན་ལ་ཨིན་ཕྱིས་ནས། བྱིངས་ སྔར་བཞིན་གཉིས་སུ་བཞག་སྟེ། གསལ་བྱེད་དང་པོ་ལྷག་མར་བྱ་ཞིང་། ཀ་སྔ་མ་ཙ་རུ་བསྒྱུར་ ལ། བྱིངས་ཀྱི་སྔ་མར་ཨཊ་བཞག་ནས། མདོ་འདིས་ཙའི་དབྱངས་སན་དང་འདྲ་བའི་བྱ་བ་ཨི་ རུ་མི་འགྱུར་ཞིང་། ཙཎ་དང་དེའི་བྱ་བ་སྔར་བཞིན་བྱས་པས། ཨ་ཙ་(ཅི་ཡིན་དུ་འཇུག་གོ)ཀ་ཐཏ་ ཅེས་པ་ལྟ་བུའོ། །ཡང་བའི་རིང་པོའོ་ཞེས་པ་ནི་མཚུངས་པའི་མིང་ཅན་མ་ཕྱིས་པའི་ཨ་བྷྱཱ་སའི་ ཡང་བའི་མཐའ། ཨིན་དང་ཙཎ་གྱི་རྐྱེན་གྱི་ཡང་བའི་ཡི་གེ་ཕ་རོལ་ཏུ་ཡོད་པ་ལ་རིང་པོར་ འགྱུར་ཏེ། དཔེར་ན། ཡཛ་ལྷ་མཆོད་པ་དང་། པ་ཙ་འཚེད་པའི་བྱིངས་ཀྱི་ཨ་ཡིག་བརྗོད་དོན་ ཕྱིས་པའི་ཕ་རོལ་ཏུ་ཨིན་དང་ཙཎ་དང་དི་བྱིན་ནས་སྔོན་དུ་ཨཊ་བཞག་སྟེ་བསྒྲུབ་ཚུལ་སྔ་མ་ བཞིན་བྱས་པས། ཨ་ཡཱི་ཡ་ཛཏ་(མཆོད་དུ་འཇུག་གོ)། ཨ་པཱི་ས་ཙཏ་(འཚེད་དུ་འཇུག་གོ། )ཞེས་པ་ལྟ་ བུའོ། །དེས་ན་ཨ་བྷྱཱ་ས་ལྗི་བ་ཡིན་ན། ཨིན་ཙཎ་གྱི་རྐྱེན་ཅན་ཡང་བ་ཕ་རོལ་ཏུ་ཡོད་ཀྱང་རིང་ པོར་མི་འགྱུར་ཏེ། དཔེར་ན། ཏྲཻང་སྐྱོང་བའི་བྱིངས་ང་རྗེས་འབྲེལ་ཕྱིས་པ་ལ། ཨཱ་གཉིས་པའི་ རྒྱུ་ལའོ་ཞེས་པས་ཨིན་བྱིན་ནས། ཁྱད་པར་ཨཱ་བཞི་པར། མཚམས་སྦྱོར་གྱི་ཡི་གེའི་མཐའ་ ཞེས་པས། ཨཻ་ཡིག་ཨཱ་རུ་བསྒྱུར་ཞིང་། ཨཱ་དྲུག་པར། ཨཏྟིཧྲཱྀ་ཙླཾཞེས་པས་བྱིངས་མཐར་པ་ ཡིག་ཨཱ་ག་མ་བྱིན་ལ་སྔར་བཞིན་ཙཎ་དང་དི་བྱིན་ཏེ། ཨིན་ཕྱིས་ནས། ཨཱ་བརྒྱད་པར། ཨིན་ ལ་མཚུངས་པ་ཞེས་པས་ཏྲཱའི་དབྱངས་ཐུང་ངུར་བསྒྱུར་ཞིང་གཉིས་སུ་བཞག་སྟེ། གསལ་བྱེད་ 6-1-277 དང་པོ་ལྷག་མར་བྱས་ནས་མདོ་སྔ་མས་ཏ་སྔ་མའི་དབྱངས་ཨི་རུ་བསྒྱུར་ལ། བྱིངས་ཀྱི་སྔ་ མར་ཨཊ་སྔར་བཞིན་བཞག་སྟེ་སྦྱར་བས། ཨ་ཏི་ཏྲ་པཏ་(སྐྱོང་དུ་འཇུག་གོ། )ཅེས་པ་ལྟ་བུའོ། །ཏྭ་ ར་སོགས་རྣམས་ཀྱིའང་ཨའོ་ཞེས་པ་ནི་ཉི་ཏྭ་ར་ཡང་དག་པར་གཡོ་བ་དང་སོགས་ཀྱིས་པྲ་ཐ་ གཏམ་པ་དང་། མྲ་ད་ཉེད་པ་དང་། སྨྲྀ་(སེམས་པ། )དང་། དྲཱྀང་(མ་གུས་པ་)དང་། སྟྲཱྀཉ(སྒྲིབ་པ་)དང་། སྤྲྀ་ཤ་འགེབས་པའི་བྱིངས་རྣམས་ཏྭ་ར་ལ་སོགས་པ་ཡིན་ལ། འདི་རྣམས་ཀྱིའང་ཨ་བྷྱཱ་སའི་ མཐའ་ཨིན་ཙཎ་ཕ་རོལ་ལ་ཨ་ཡིག་ཏུ་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨ་ཡིག་ རྣམས་བརྗོད་དོན་དང་། ཉི་དང་ང་དང་ཉ་རྗེས་འབྲེལ་དབྱི་ཞིང་། ཏྭར་ལ་སྔར་བཞིན་ཨིན་ བྱིན་ནས། ཨུ་པ་དྷཱ་རིང་པོར་བྱས་པ་ཙཎ་བྱིན་ནས། ཀཱ་རི་ཏ་ཕྱིས་ཏེ། ཨཱ་ལྔ་པར། ཨིན་ཙཎ་ ལ་མཚུངས་པ་མ་ཕྱིས་པ་ཞེས་པས་ཨུ་པ་དྷཱ་ཐུང་ངུར་བསྒྱུར་ནས། བྱིངས་གཉིས་སུ་བཞག་ ཅིང་གསལ་བྱེད་དང་པོ་ལྷག་མར་བྱས་ལ། མདོ་འདིས་ཨ་བྷྱཱ་སའི་མཐའི་དབྱངས་ཨ་ཡིག་ཏུ་ བྱས་པའི་མཐར་དི་བྱིན་ནས། སྔོན་དུ་ཨཊ་སྔར་བཞིན་སྦྱར་བས། ཨ་ཏ་ཏྭ་རཏ་(གཡོ་རུ་འཇུག་ གོ། )ཅེས་པ་དང་། དེ་བཞིན་ཏུ་སྦྱར་ཏེ། པྲ་ཐ་ལས་ཨ་པ་པྲ་ཐཏ་(གཏམ་དུ་འཇུག་གོ། )ཅེས་པ་དང་། མྲ་ད་ལས། ཨ་མ་མྲ་དཏ་(ཉེད་དུ་འཇུག)ཅེས་པ་དང་། ཁྱད་པར་སྨྲྀ་དང་དྲཱྀ་ལ་རྀ་ཡིག་འཕེལ་བར་ བྱས་པས། ཨ་པ་སྨྲ་རཏ། (དྲན་དུ་འཇུག་གོ། ) ཨ་ད་དཱ་རཏ་(མ་གུས་སུ་འཇུག་གོ། )ཅེས་པ་དང་། སྟྲཱྀལ་ ཤིཊ་ལས་ཕ་རོལ་གྱི་སྒྲ་མེད་པ་དེ་ལྷག་མར་བྱས་པས། ཨ་ཏསྟཱ་རཏ་(སྒྲིབ་ཏུ་འཇུག་གོ། )ཅེས་པ་ དང་། སྤྲྀ་ཤ་ལའང་རྀ་ཡིག་འཕེལ་བར་བྱས་པས། ཨ་པསྤཱཪྴཏ་(འགེབས་སུ་འཇུག་གོ། )ཅེས་པ་ལྟ་ བུའོ། ། གཉིས་པ་ཨ་བྷྱཱ་ས་འཕྱིད་པའི་དམིགས་བསལ་ནི། འདི་ནས་ཨ་བྷྱཱ་ས་དབྱིའོ་ཞེས་པ་མདོ་ འདི་ནས་བཟུང་སྟེ་ལེའུ་འདི་རྫོགས་ཀྱི་བར་གྱི་དཔེར་བརྗོད་རྣམས་ཀྱི་ཨ་བྷྱཱ་ས་གང་ཡིན་པ་ དེ་དབྱི་བར་བྱའོ་ཞེས་སྤྱིར་བཏང་བའོ། །སན་ལ། མི། མཱི། མཱ། དཱ། ར་བྷ། ལ་བྷ། ཤ་ཀ ས་ 6-1-278 ཏ། པད་རྣམས་ཀྱི་དབྱངས་ཨིས་སོ་ཞེས་པ་ནི་སན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། མིཉ་འཆི་ བ་དང་། ཌུ་མཱིཉ་འཕེན་པ་དང་། མཱ་སྟེ་མཱ་དང་། མཱང་འཇལ་བ་དང་། མེང་བརྡབ་ལེན་དང་། དཱ་ སྟེ་ཌུདཱཉ་དང་ཌུ་དྷཉ་ལ་སོགས་སྔར་སྨོས་པའི་དཱའི་མིང་ཅན་རྣམས་དང་། ར་བྷ་རྩོམ་པ་དང་། ཌུལ་བྷཥ་ཐོབ་པ་དང་། ཤཀླྀ་ནུས་པ་དང་། པཏླྀ་དང་པ་ཏྲྀ་དང་པ་ད་འགྲོ་བ་ལའོ་ཞེས་པའི་ བྱིངས་རྣམས་ཀྱི་དབྱངས་གང་ཡིན་དེ་རྣམས་ཨིས་སུ་འགྱུར་ཞིང་ཨ་བྷྱཱ་ས་དབྱི་བ་རྗེས་སུ་ འཇུག་སྟེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཌུ་དང་ཉ་དང་ང་དང་ཥ་དང་ལྀ་དང་རྀ་རྣམས་རྗེས་ འབྲེལ་དང་། ཨ་ཡིག་བརྗོད་དོན་རྣམས་དབྱི་ཞིང་། འཚེ་བར་འདོད་དོ་ཞེས་སོགས་ཀྱི་དོན་ ལ། མི་ལ་སན་བྱིན་པའི་ན་སྔར་བཞིན་ཕྱིས་ནས། བྱིངས་གཉིས་སུ་བཞག་པའི་ཨ་བྷྱཱ་ས་ཕྱིས་ ཏེ། མདོ་འདིས་དབྱངས་ཨིས་སུ་བསྒྱུར་ཞིང་། ཨཱ་དྲུག་པར། སའི་ས་ལ་བྱིངས་ཐམས་ཅད་ པ་མ་ཡིན་པ་ལ་ཞེས་པས་ཨིས་ཀྱི་ས་ཡིག་ཏ་རུ་བསྒྱུར་ནས། མཐར་བརྟ་མཱ་ནཱའི་ཏི་བྱིན་པས། མིཏྶ་ཏི་(འཚེ་བར་འདོད། ) ཞེས་པ་དང་། དེ་བཞིན་གཞན་ལའང་སྦྱར་ཏེ། ཁྱད་པར་མཱིའི་སྔོན་དུ་ ཉེ་བསྒྱུར་པྲ་བཞག་པས། པྲ་མིཏྶ་ཏི་(རབ་ཏུ་འཕེན་པར་འདོད་)ཞེས་པ་དང་། མཱ། མཱ། མེ་རྣམས་ ལ་སྔར་བཞིན་སྦྱར་བས། མིཏྶ་ཏི། (འཇལ་བར་འདོད། ) མིཏྶ་ཏི། མིཏྶ་ཏི་(བརྡབ་ལན་འདོད། ) ཞེས་པ་ དང་། དེ་བཞིན་དུ་དཱ་དང་དྷཱ་ལ། དིཏྶ་ཏི(སྦྱིན་པར་འདོད། )། དྷིཏྶ་ཏི་(སྦྱིན་པར་འདོད། )ཞེས་པ་དང་། ཨཱ་དྲུག་པར། བརྩེགས་པའི་དང་པོ་པ་ཀ་དག་གིས་ཞེས་པས། ར་བྷ་ལ་སོགས་པ་རྣམས་ཀྱི་ ཨིས་ཀྱི་ས་དབྱི་ཞིང་། ར་བྷ་ལ་བྷ་དག་གི་གོང་དུ་ཨཱང་བཞག་སྟེ། ཨཱ་བརྒྱད་པར། སྒྲ་མེད་པ་ རྣམས་ལ་ཤིཊ་མ་ཡིན་པ་རྣམས་ཀྱི་ཞེས་པས་བྷ་ཡིག་པ་རུ་བསྒྱུར་བས། ཨཱ་རིཔྶ་ཏི(ཀུན་ཏུ་རྩོམ་ པར་འདོད)། ཨ་ལིཔྶ་ཏི་(ཀུན་ཏུ་ཐོབ་པར་འདོད། )ཞེས་པ་དང་། ཤ་ཀ་ལ་རྒྱུ་མཚན་ལས། ཀ་མཐའི་ས་ ཡིག་ཥ་རུ་བསྒྱུར་བས། ཤིཀྵ་ཏི་(ནུས་པར་འདོད། ) ཞེས་པ་དང་། པཏ་ལ་སྔར་བཞིན། པིཏྶ་ཏི་(འགྲོ་ བར་འདོད། )ཞེས་པ་དང་། སྒྲ་མེད་པ་ཞེས་སོགས་ཀྱིས་པད་ཀྱི་ད་ཡིག་ཏ་རུ་བསྒྱུར་བས། པིཏྶ་ཏི་ 6-1-279 (འགྲོ་བར་འདོད། )ཞེས་པ་ལྟ་བུའོ། །ཨཱཔྣོཏིའི་ཨཱིའོ་ཞེས་པ་ནི། ཨཱིཔླྀ་ཁྱབ་པ་ལའོ་ཞེས་པ་འདིའི་ དབྱངས་ཡིག་སན་གྱི་རྐྱེན་ཕ་རོལ་ལ་ཨཱི་ཉིད་དུ་འགྱུར་ཞིང་། ཨ་བྷྱཱས་དབྱི་བར་བྱ་སྟེ། དཔེར་ ན། དེའི་ལྀ་རྗེས་འབྲེལ་ཕྱིས་པ་ལ། ཁྱབ་པར་འདོད་དོའི་དོན་ལས་སན་བྱིན་པ། པ་ཡིག་ སའི་སྟེང་དུ་དྲངས་ཏེ། ལེའུ་འདིར་དབྱངས་དང་པོ་ལས་གཉིས་པའི་འོ་ཞེས་པས། པྶ་གཉིས་ སུ་བཞག་པའི་ཨཱ་བྷྱཱ་སཔྶ་དང་པོ་ཕྱིས་ལ། མདོ་འདིས་ཨཱ་ཡིག་ཨཱི་རུ་བསྒྱུར་ཞིང་། མཐར་བརྟ་ མཱ་ནཱའི་ཏི་བྱིན་པས། ཨཱིཔྶ་ཏི་(ཁྱབ་པར་འདོད། )ཞེས་པ་ལྟ་བུའོ། །དན་བྷིའི་ཨིཏ་འང་ངོ་ཞེས་པ་ ནི་དན་བྷིའི་དབྱངས་སན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། ཨི་ཉིད་དུ་འགྱུར་ཞིང་འང་གི་སྒྲས་ ཡང་ན་ཨཱི་རིང་པོར་འགྱུར་བའི་ཨ་བྷྱཱས་དབྱི་བར་བྱ་སྟེ། ཨིཏ་ཀྱི་ཏ་ཡིག་ནི་ཐེ་ཚོམ་མེད་པའི་ དོན་ཏོ། །དཔེར་ན། དན་བྷུ་ཚུལ་འཆོས་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ་སན་བྱིན་ནས་ གཉིས་སུ་བཞག་པའི་ཨ་བྷྱཱ་ས་དབྱི་ཞིང་། མདོ་འདིས་དའི་ཨ་ཡིག་ཨི་རུ་བསྒྱུར་ཏེ། ཨཱ་དྲུག་ པར། བྱིངས་ཀྱི་གསུམ་པ་དང་པོའི་ཞེས་པས་ད་ཡིག་དྷ་རུ་བསྒྱུར་ལ། ཨིཏ་རྗེས་སུ་འབྲེལ་བ་ མ་ཡིན་པ་རྣམས་ཀྱི་ཞེས་པས་ན་ཡིག་ཕྱིས་ནས། ཨཱ་བརྒྱད་པར། སྒྲ་མེད་པ་རྣམས་ལ་ཤིཊ་ ཞེས་པས། བྷ་ཡིག་ས་རུ་བསྒྱུར་ཞིང་། མཐར་བརྟ་མཱ་ནཱའི་ཏི་བྱིན་པས། དྷིཔྶ་ཏི་(ཚུལ་འཆོས་པར་ འདོད། ) ཞེས་པ་དང་། ཡང་ན་གཞན་འདྲ་བ་ལ་ཨཱི་རིང་པོར་བསྒྱུར་ནས། དྷཱིཔྶ་ཏི་(ཚུལ་འཆོས་པར་ འདོད། )ཞེས་པ་ལྟ་བུའོ། །ད་ཡ་ཏིའི་པ་རོ྅ཀྵཱ་ལ་དི་གིའོ་ཞེས་པ་ནི། དེང་བསྲུང་བ་ལའོ་ཞེས་པ་ འདི་པ་རོ྅ཀྵཱའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་དི་གི་ཞེས་པར་བསྒྱུར་ཞིང་། ཨ་བྷྱཱ་ས་དབྱི་བར་བྱ་ སྟེ། དཔེར་ན། དེང་ལ་པ་རོ྅ཀྵཱའི་ཨེ་དང་ཨཱ་ཏེ་དང་། ཨི་རེ་བྱིན་ནས་གཉིས་སུ་བཞག་ལ། ཨ་བྷྱཱ་ས་ཕྱིས་ནས། དེང་ཡིག་དི་གི་རི་(སྔ་མ་བརྩེགས་པ་མ་ཡིན་པའི་ཨིའི་ཡི་གེའི་ཡ་སྟེ་ཡི་གེ་གཅིག་མ་ཡིན་པའི་ འོ། །ཞེས་པས་དི་གིའི་ཨི་ཡ་རུ་བསྒྱུར་བའོ། །)བསྒྱུར་ཏེ་མཚམས་སྦྱར་བས། རིམ་པ་བཞིན། དི་གྱེ(བསྲུང་བར་ བྱས)། དི་གྱཱ་ཏེ(བསྲུང་བར་བྱས་པ་དག)། དི་གྱི་རེ་(བསྲུང་བར་བྱས་པ་རྣམས། )ཞེས་པ་ལྟ་བུའོ། །ད་ཡ་ཏི་ 6-1-280 ཞེས་པ་སྨོས་པ་ནི། ད་ཡ་དང་དཱན་འགྲོ་བའི་བྱིངས་དང་མི་འཁྲུལ་བར་བྱ་བའི་དོན་ཏོ། །ཞེས་ པ་བྱིངས་རྣམས་ཚིག་ཏུ་བསྒྲུབ་ཚུལ་ཀུན་བཤད་པའི་མདོ་ལས་རྐང་པ་གསུམ་པའི་འགྲེལ་པ་ རྫོགས་སོ།། །། ཀུན་བཤད་བཞི་པ་སམ་པྲར་འགྱུར་བ་ལ་སོགས་པའི། དམིགས་བསལ་རྒྱས་པར་ འབྱུང་ཚུལ་ལ་དྲུག་སྟེ། སམ་པྲ་སཱ་རར་འགྱུར་མི་འགྱུར་གྱི་དམིགས་བསལ། བྱིངས་དང་ རྐྱེན་ལ་རྣམ་འགྱུར་འབྱུང་བའི་དམིགས་བསལ། རྐྱེན་དང་བྱིངས་རྣམས་འཕྱིད་མི་འཕྱིད་ཀྱི་ དམིགས་བསལ། རྐྱེན་ལས་བྱིངས་ལ་རྣམ་འགྱུར་འབྱུང་བའི་དམིགས་བསལ། བྱིངས་རྣམས་ རྐྱེན་ལས་གཞན་དུ་འགྱུར་བའི་དམིགས་བསལ། བི་ཀ་ར་ཎ་སི་ཙ་འཕྱིད་པའི་དམིགས་ བསལ་ལོ། ། དང་པོ་ལའང་གསུམ་ལས། དང་པོ་སམ་པྲ་སཱ་རར་འགྱུར་ཚུལ་ངོས་བཟུང་སྟེ་མདོར་ བསྟན་པ་ནི། མཐར་གནས་པ་ཕ་རོལ་གྱི་དབྱངས་དང་བཅས་པའི་སམ་པྲ་སཱ་ར་ཎའོ་ཞེས་ པ་བྱིངས་མཐར་གནས་ཀྱི་ཡི་གེ་ཅན། ཕ་རོལ་གྱི་དབྱངས་དང་བཅས་པར་གནས་པ་སམ་པྲ་ སཱ་ར་ཎ་རུ་འགྱུར་ཞེས་པ་སྤྱིར་བཏང་བ་ཡིན་ལ། སམ་པྲ་སཱ་ར་ཎ་ནི་སླར་འགྱུར་བའམ་སླར་ ལྡོག་པ་སྟེ། སྔར་ཨི་ཡིག་ཡ་དང་རྀ་ཡིག་ར་དང་ཨུ་ཡིག་ཝ་རུ་འགྱུར་བ་ལས་བཟློག་ནས། ཡ་ ཡིག་ཨི་དང་། ར་ཡིག་རྀ་དང་། ཝ་ཡིག་ཨུ་རུ་འགྱུར་ཞེས་པའི་དོན་ཏོ། ། གཉིས་པ་བྱིངས་དང་རྐྱེན་རྣམས་སོ་སོར་སྦྱར་བས་སཾ་པྲར་འགྱུར་མི་འགྱུར་རྒྱས་པར་ བཤད་པ་ནི། གྲ་ཧི། ཛྱཱ། བ་ཡི། བྱ་དྷི། བཥྚི། བྱ་ཙི། པྲཙྪི། བྲཤྩི། བྷྲསྫཾ། རྣམས་ཀྱི་ཡོན་ ཏན་མེད་པ་ལའོ། །ཞེས་པ་གྲ་ཧ་ཉེ་བར་ལེན་པ་དང་། ཛྱཱ་ལང་ཚོ་ཉམས་པ་དང་། བེཉ་སྣལ་ མའི་རྒྱུན་དང་། བྱ་དྷ་བསྣུན་པ་དང་། ཝ་ས་མཛེས་པ་དང་། བྱ་ཙ་ཟོལ་དང་། པྲཙྪ་ཤེས་པར་ འདོད་པ་དང་། བྲཤྩུ་གཅོད་པ་དང་། བྷྲསྫ་(སློབ་ཕན་དང་སྒྲ་པ་ཐུགས་རྗེ་དཔལ་བ་ལོ་ཆེན་རྣམས་ཀྱི་ཊཱི་ཀ་ན་ 6-1-281 བྷྲསྫ་འཚེད་པ་འདུག) སྐྱོང་བ་ལ་འཇུག་པའི་བྱིངས་འདི་རྣམས་ཀྱི་མཐར་གནས་ཀྱི་ཡི་གེ་སྲོག་གི་ དབྱངས་དང་བཅས་པ་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ལ་སཾ་པྲ་སཱ་ར་ཎ་རུ་འགྱུར་ཏེ། དཔེར་ ན། བྱིངས་དེ་རྣམས་ཀྱི་མཐའི་ཨ་ཡིག་བརྗོད་དོན་རྣམས་དང་། ཨུ་ཡིག་རྗེས་འབྲེལ་དབྱི་ ཞིང་། གྲ་ཧ་དང་། ཛྱཱ་ལ་བརྟ་མཱ་ནཱའི་ཏེ་དང་། ཨཱ་གཉིས་པར། བྱིངས་ཐམས་ཅད་པ་ལ་ཞེས་ པས་ཡཎ་བྱིན་པའི་ཎ་སྔར་བཞིན་ཕྱིས་ནས། གྲའི་ར་དང་ཛྱཱའི་ཡཱ་ཡིག་རྀ་དང་ཨི་རུ་བསྒྱུར་ ཏེ། ལེའུ་འདིར་ནཱ་མཱིའི་མཐའ་རྣམས་ཀྱི་ཞེས་པས་ཛིའང་རིང་པོར་བསྒྱུར་བས། གྲྀ་ཧྱ་ཏེ(འཛིན་ པར་བྱེད)། ཛཱི་ཡ་ཏེ་(ལང་ཚོ་ཉམས་པར་བྱེད། )ཞེས་པ་དང་། བེཉ་ལ་པ་རོ྅ཀྵཱའི་ཨ་(ཅེས་སོགས་མཚོན་ནོ། །) ཏུས་བྱིན་ནས། འདི་ཉིད་དུ་བེཉའི་ཝ་ཡིའོ་ཞེས་པས་ཝ་ཡི་རུ་བསྒྱུར་བའི་ཨི་ཡིག་བརྗོད་དོན་ དབྱི་ཞིང་། མདོ་འདིས་ཝ་ཡིག་ཨུ་རུ་བསྒྱུར་ཏེ། ཨཱ་གསུམ་པར། ཙཎ་པ་རོ྅ཀྵཱ་ཞེས་པས་ ལན་གཉིས་བརྗོད་པའི་ཡ་ཡིག་དང་པོ་ཕྱིས་ནས་མཚམས་སྦྱར་བས། ཨཱུ་ཡ་ཏུ་(སྣལ་མ་བྱས་ཟིན། ) ཞེས་པ་དང་། བྱ་དྷ་སོགས་པ་རྣམས་ལའང་སྔར་བཞིན། ཏེ་དང་ཡཎ་བྱིན་ནས། སཾ་པྲ་སཱ་ར་ ཎ་བྱས་པས། བི་དྷྱ་ཏེ་(བསྣུན་པར་བྱེད། )ཞེས་པ་དང་། ཝས་ཨུས་སུ་གྱུར་པའི་རྒྱུ་མཚན་ལས་ཥ་རུ་ བསྒྱུར་བས། ཨུ་ཥྱ་ཏེ་(མཛེས་པར་བྱེད་)ཞེས་པ་དང་། བྱཙ། པྲཙྪ། བྲཤྩ་རྣམས་ལས། བི་ཙྱ་ཏེ(ཟོལ་ བྱེད)། པྲྀཙྪྱ་ཏེ(ཤེས་པར་བྱེད)། བྲྀཤྩྱ་ཏེ་(གཅོད་པར་བྱེད། )ཞེས་པ་དང་། བྷྲསྫའི་ས་ཡིག་ནཱ་གསུམ་ པར་དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་ལྀ་ཏུ་ལ་ས་སོ་ལས་བྱུང་བར་གནས་མཐུན་པས། ཏ་སྡེའི་གསུམ་པ་ད་རུ་བསྒྱུར་ཞིང་། ནཱ་བཞི་པར་ཏ་སྡེའི་ཙ་ཊའི་སྡེ་པ་ཞེས་པས་དེའང་ཛ་རུ་ བསྒྱུར་བས། བྷྲྀཛྫྱ་ཏེ་(འཚེད་པར་)ཞེས་པ་ལྟ་བུ་སྟེ། དེ་བཞིན་ཏུ་ཡོན་ཏན་མེད་པའི་རྐྱེན་ཕ་ རོལ་ཏུ་གནས་པ་གཞན་རྣམས་ལའང་སཾ་པྲ་སཱ་ར་ཎར་འགྱུར་བར་ཤེས་པར་བྱའོ། །སྭ་པི་ཝ་ ཙི་ཡ་ཛ་སོགས་རྣམས་ཀྱི་ཡཎ་པ་རོ྅ཀྵཱ་ཨཱ་ཤཱིཥ་རྣམས་ལའོ་ཞེས་པ་ནི། ཉི་སྭཔ྄་ཉལ་པ་དང་། ཝཙྲ་སྨྲ་བ་དང་། ཡཛ྄་ལྷ་མཆོད་པ་དང་། འགྲོགས་པར་བྱེད་པ་དང་། སྦྱིན་པ་དང་། སོགས་ 6-1-282 ཀྱི་སྒྲས་ཊུ་ཝས་ས་བོན་འདེབས་པ་དང་། ཝཱི་ཛ་སྣལ་མའི་རྒྱུན་དང་། ཝཧ྄་ཐོབ་པ་དང་། ཝྱེཉ་ སྡོམ་པ་དང་། ཧྭེཉ་འགྲན་པ་དང་སྒྲ་དང་། ཝེཉ་སྣལ་མའི་རྒྱུན་དང་། ཝ་ད་སྨྲ་བ་དང་། ཝ་ས་ གནས་པ་དང་། ཊུ་ཨོ་ཤྭི་འགྲོ་བ་འཕེལ་བ་ལ་འཇུག་པའི་བྱིངས་རྣམས་ཀྱི་མཐར་གནས་ཀྱི་ ཡི་གེ་ནི། ཡཎ་དང་པ་རོ྅ཀྵཱ་ཡོན་ཏན་མེད་པ་དང་། ཨཱ་ཤཱིཥ་ཡོན་ཏན་མེད་པའི་རྐྱེན་རྣམས་ཕ་ རོལ་ལ་སཾ་པྲ་སཱ་ར་ཎ་རུ་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཉི་དང་ཌུ་དང་ཊུ་ཨོ་རྣམས་ རྗེས་འབྲེལ་དང་། མཐའི་ཨ་ཡིག་བརྗོད་དོན་རྣམས་དབྱི་ཞིང་། སྭཔ་དང་། ཝ་ཙ་དང་། ཡཛ་ དང་སོགས་ཀྱི་ཝས་རྣམས་ལ། སྔར་བཞིན་མཐར་ཏེ་དང་བར་དུ་ཡཎ་བྱིན་ནས། ཝ་རྣམས་ཨུ་ དང་ཡ་ཡིག་ཨི་རུ་བསྒྱུར་བས། སུ་སྱ་ཏེ(ཉལ་བར་བྱེད)། ཨུ་ཙྱ་ཏེ(སྨྲ་བར་བྱེད)། ཨི་ཛྱ་ཏེ(མཆོད་པར་ བྱེད)། ཨུ་སྱ་ཏེ་(འདེབས་པར་བྱེད། སློབ་ཕན་དུ། ཨི་ཛྱ་ཏེ། ཨུ་ཧྱ་ཏེ། སཾ་བི་ཡ་ཏེ། ཨཱ་ཧཱུ་ཡ་ཏེ། ཨཱུ་ཡ་ཏེ། ཨུ་དྱ་ཏེ། ཨུ་ཥྱ་ཏེ། ཤཱུ་ཡ་ཏེ། ཞེས་དང་། )ཞེས་པ་ལྟ་བུ་སྟེ། བཱི་ཛ་ལ་སོགས་པ་རྣམས་ལ་ཡང་དེ་བཞིན་ནོ། ། བཞི་པོ་དེ་རྣམས་ལ་པ་རོ྅ཀྵཱའི་ཨ་ཏུས་སྦྱར་ནས། ཨཱ་གསུམ་པར། ཙཎ་པ་རོ྅ཀྵཱ་ཞེས་ པས་བྱིངས་རྣམས་གཉིས་སུ་བཞག་པའི་གསལ་བྱེད་དང་པོ་ལྷག་མར་བྱས་ཏེ། ཝ་རྣམས་ཨུ་ དང་ཡ་ཡིག་ཨི་རུ་བསྒྱུར་ཞིང་། ས་ཡིག་ཕྱི་མ་རྒྱུ་མཚན་ལས་ཥ་དང་མཚུངས་འདྲ་རྣམས་རིང་ པོར་བྱས་པས། སུ་ཥུ་པ་ཏུཿ(ཉལ་ཟིན། ) ཨཱུ་ཙ་ཏུཿ(སྨྲས་ཟིན། ) ཨཱི་ཛ་ཏུཿ(མཆོད་ཟིན། ) ཨཱུ་པ་ཏུཿ(བཏབ་ ཟིན། )(བ་རོ྅ཀྵཱ་ལ། ཨཱུ་ཛ་ཏུཿ ཨཱུ་ཧ་ཏུཿ བི་བྱ་ཏུཿ སྔ་མ་བརྩེགས་པ་མིན་པའི་ཞེས་པས་བི་ཕྱི་མའི་ཨི་ཡའོ། །ཧུ་ཧཱུ་ཏུཿ ཨཱུ་ཏུཿ ཨུ་ ད་ཏུཿ ཨུ་ཥ་ཏུཿ ཤཱུ་ཏུཿ ཞེས་དང་། )ཞེས་པ་ལྟ་བུ་སྟེ། བཱི་ཛ་ལ་སོགས་པ་རྣམས་ལའང་དེ་བཞིན་ནོ། །དེ་ རྣམས་ལ་ཨཱ་ཤཱིཥའི་ཡཱཏ་སྦྱར་ནས་སྔར་བཞིན་སཾ་པྲ་སཱ་ར་ཎ་བྱས་པས། སུ་པྱཱཏ། (ཉལ་ལོ། །) ཨུ་ ཙྱཱཏ། (སྨྲའོ། །) ཨི་ཛྱཱཏ། (མཆོད་དོ། །) ཨུ་པྱཱཏ། (འདེབས་སོ། །) (ཨཱ་ཤཱིཥ་ལ། ཨི་ཛྱཱཏ། ཨུ་དྱཱཏ། སཾ་བཱི་ཡཱཏ། ཨཱ་ཧུ་ཡཱཏ། མཱུ་ཡཱཏ། ཨུ་དྱཱཏ། ཨུ་ཥྱཱཏ། ཤཱུ་ཡཱཏ། ཅེས་པའོ། །)ཞེས་པ་ལྟ་བུ་སྟེ། བཱིཛ་ལ་སོགས་པ་རྣམས་ལའང་དེ་བཞིན་ ནོ། །གཉི་ག་རྣམས་ཀྱིས་ཨ་བྷྱཱ་སའི་པ་རོ྅ཀྵཱ་ལའོ་ཞེས་པ་ནི་བཤད་མ་ཐག་པའི་གྲ་ཧི་སོགས་ 6-1-283 དང་། སྭ་པི་སོགས་གཉི་ག་རྣམས་ཀྱི་ཨ་བྷྱཱ་སའི་མཐར་གནས་ཀྱི་ཡི་གེ་དབྱངས་དང་བཅས་ པ་པ་རོ྅ཀྵཱའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་སཾ་པྲ་སཱ་ར་ཎ་རུ་འགྱུར་ཏེ། དཔེར་ན། གྲ་ཧ་ལ་པ་ རོ྅ཀྵཱའི་ཨཊ་བྱིན་ནས། ཙཎ་པ་རོ྅ཀྵཱ་ཞེས་པས་གཉིས་སུ་བཞག་ཅིང་། ཨ་བྷྱཱ་སའི་གསལ་ བྱེད་དང་པོ་ལྷག་མར་བྱས་པའི་གྲའི་ར་ཡིག་རྀ་ཡིག་ཏུ་བསྒྱུར་བའང་། ཨཱ་གསུམ་པར། རྀ་ ཡིག་གི་ཞེས་པས། ཨཱ་ཡིག་ཏུ་བསྒྱུར་ལ། ཀ་སྡེའི་ཙ་སྡེའོ་ཞེས་པས་གའང་ཛ་རུ་བསྒྱུར་ཏེ། ཨཱ་ དྲུག་པར། ཨིན་ཨིཙ་ཨཊ་ཞེས་པ་ལྟར། ཨུ་པ་དྷཱ་རིང་པོར་བྱས་པས། ཛགྲཱ་ཧ་(བཟུང་ཟིན། )ཞེས་ པ་དང་། ཛྱཱ་ལ་ཨཊ་བྱིན་ནས་གཉིས་སུ་བཞག་པའི་ཨ་བྷྱཱ་སའི་ཡ་དབྱངས་དང་བཅས་པ་ཨི་རུ་ བསྒྱུར་ཏེ། ཨཱ་ལྔ་པར། ཨཱ་ཡིག་ལས་ཞེས་པས་ཨཊ་ཨཽ་རུ་བསྒྱུར་ཞིང་། ཨཱ་དྲུག་པར། མཚམས་སྦྱོར་གྱི་ཡི་གེ་ལའང་ཞེས་པས་སྲོག་གི་ཨཱ་ཕྱིས་ནས་སྦྱར་བས། ཛི་ཛྱཽ་(ལང་ཚོ་ཉམས་ ཟིན། ) ཞེས་པ་ལྟ་བུ་སྟེ། ཝ་ཡིག་ལ་སོགས་པ་རྣམས་ལའང་དེ་བཞིན་ནོ། །སྭ་པ་དང་ཝ་ཙ་ལ་ ཨཊ་བྱིན་ནས་སྔར་བཞིན་གཉིས་སུ་བཞག་པའི་ཨ་བྷྱཱ་སའི་ཝ་ཡིག་ཨུ་དང་ས་ཕྱི་མ་ཥ་རུ་ བསྒྱུར་ཞིང་། ཨུ་པ་དྷཱ་རིང་པོར་བྱས་པས། སུ་ཥྭཱ་པ(ཉལ་ཟིན)། ཨུ་ཝཱ་ཙ་(སྨྲས་ཟིན། )ཞེས་པ་ལྟ་བུ་ སྟེ། ཡ་ཛ་ལ་སོགས་པ་རྣམས་ལའང་དེ་བཞིན་ནོ། །བྱ་ཐིའི་འང་ངོ་ཞེས་པ་ནི་བྱ་ཐི་འཇིག་པ་ དང་གཡོ་བ་དག་ལའོ་ཞེས་པ་འདི་ཉིད། པ་རོ྅ཀྵཱའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། ཨ་བྷྱཱ་སའི་ མཐར་གནས་ཀྱི་ཡི་གེ་དབྱངས་དང་བཅས་པ་ས་སཾ་པྲ་སཱ་ར་ཎ་རུ་འགྱུར་ཏེ། དཔེར་ན། བྱ་ཐི་ ལ་པ་རོ྅ཀྵཱའི་ཨེ་བྱིན་ནས། ཐིའི་ཨི་རྗེས་འབྲེལ་དབྱི་ཞིང་། སྔར་བཞིན་གཉིས་སུ་བཞག་སྟེ། གསལ་བྱེད་དང་པོ་ལྷག་མར་བྱས་པའི་ཡ་ཡིག་དབྱངས་དང་བཅས་པ་ཨི་རུ་བསྒྱུར་བས། བི་ བྱ་ཐེ་(གཡོས་སོ། །)ཞེས་པ་ལྟ་བུའོ། །ཝེ་ཉར་ཤྭི་དག་གི་ཡོན་ཏན་མེད་པ་ལའང་མ་ཡིན་ནོ་ཞེས་ པ་ནི་ཝེ་ཉ་སྣལ་མའི་རྒྱུན་དང་། ཊུ་ཨོཤྭི་འགྲོ་བ་འཕེལ་བའི་བྱིངས་འདི་དག་གི་མཐར་གནས་ ཀྱི་ཡི་གེ་པ་རོ྅ཀྵཱ་དང་ཡོན་ཏན་མེད་པ་ཕ་རོལ་ལ་སཾ་པྲ་སཱ་ན་ཎ་རུ་མི་འགྱུར་ཞིང་། འང་གི་ 6-1-284 སྒྲ་ནི་སློབ་མ་ལ་ཕན་པར་ཨ་བྷྱཱ་སའི་ཡོན་ཏན་དང་བཅས་པ་ལ་ཡཛ་སོགས་ཉིད་ལས་སཾ་པྲ་ སཱ་ར་ཎ་ཐོབ་པའོ་ཞེས་གསུངས་ཏེ། དཔེར་ན། དེ་དག་གི་ཉ་དང་ཊུ་དང་ཨོ་ཡིག་རྗེས་འབྲེལ་ རྣམས་དབྱི་ཞིང་། ཝེ་ལ་པ་རོ྅ཀྵཱའི་ཨ་ཏུས་དང་ཨུས་བྱིན་ནས། ལེའུ་འདིར། མཚམས་སྦྱོར་ གྱི་ཡི་གེའི་མཐའ་རྣམས་ཀྱི་ཞེས་པས་ཝེའི་ཨེ་ཡིག་ཨཱ་ཡིག་ཏུ་བསྒྱུར་བ་སྔར་བཞིན་གཉིས་སུ་ བཞག་ཅིང་། ཨཱ་གསུམ་པར། ཐུང་ངུའོ་ཞེས་པས་སྔ་མའི་སྲོག་གི་ཨ་ཐུང་ངུར་བསྒྱུར་ལ། ལེའུ་ འདིར་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཞེས་པས་ཕྱི་མའི་ཨ་ཡིག་ཕྱིས་ཏེ་སྦྱར་བས། ཝ་ཝ་ ཏུཿ(སྣལ་མ་བྱས་སོ། །)ཝ་ཝུཿཞེས་པ་དང་། ཤྭི་ལའང་སྔར་བཞིན་སྦྱར་ཏེ། ཨི་ཡིག་ནི་ལེའུ་འདིར་ བྱིངས་ཀྱི་ཨིའི་ཡི་གེ་དང་ཞེས་པས་ཨི་ཡ་རུ་བསྒྱུར་བ་གཉིས་སུ་བཞག་ཅིང་། གསལ་བྱེད་ དང་པོ་ལྷག་མར་བྱས་ནས། ཤ་ཡིག་ཕྱི་མ་ཥ་རུ་བསྒྱུར་བས། ཤི་ཥྭི་ཡ་ཏུཿཤི་ཥྭི་ཡུཿ(འགྲོ་བ་འཕེལ་ བར་བྱས་ཟིན། ) ཞེས་པ་ལྟ་བུའོ། །སྔར་ཨ་བྷྱཱ་སའི་པ་རོ྅ཀྵཱ་ལ་སཾ་པྲ་སཱ་ར་ཎ་རུ་འགྱུར་བ་ནི་ དམིགས་བསལ་འདིས་བཀག་པའོ། །སྭ་པི་སྱ་མི་བྱེཉ་རྣམས་ཀྱི་ཙེ་ཀྲཱི་ཡི་ཏ་ལའོ་ཞེས་པ་ནི་ ཉི་སྭབ་ཉལ་བ་དང་། སྱ་མུ་སྒྲ་དང་། ཝྱེཉ་སྡོམ་པའི་བྱིངས་འདི་རྣམས་ཀྱི་མཐར་གནས་ཀྱི་ཡི་ གེ་ཙེ་ཀྲཱི་ཡི་ཏའི་རྐྱེན་ཕ་རོལ་ལ། སཾ་པྲ་སཱ་ར་ཎ་རུ་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཉི་ དང་ཨུ་དང་ཉ་ཡིག་རྗེས་འབྲེལ་དབྱི་ཞིང་། སྭཔ་དང་སྱམ་དང་ཝྱེ་ལས་ཨཱ་གཉིས་པར་བྱིངས་ ལས་ཞེས་པས་ཙེ་ཀྲཱི་ཡི་ཏ་སྟེ་ཡ་དང་མཐར་བརྟ་མཱ་ནཱའི་ཏེ་བྱིན་ནས་ཝ་ཡིག་ཨུ་དང་ཡ་ཡིག་ ཨི་རུ་བསྒྱུར་བ་གཉིས་སུ་བཞག་པའི་ཨ་བྷྱཱ་སའི་དང་པོ་ལྷག་མར་བྱས་ཏེ། ཨཱ་གསུམ་པར། ཙེ་ཀྲཱི་ཡི་ཏ་ལ་ཡོན་ཏན་ནོ་ཞེས་པས་ཨ་བྷྱཱ་སའི་ཨུ་ཡིག་ཨོ་དང་ཨི་ཡིག་ཨེ་རུ་བསྒྱུར་ལ། ལེའུ་ འདིར། ནཱ་མི་མཐའ་རྣམས་ཀྱི་ཞེས་པ་ལྟར་བི་ཕྱི་མ་རིང་པོར་གྱུར་པས། སོཥུ་པྱ་ཏེ། (ཤིན་ཏུ་ཉལ་ ལོ། །) སེནྵི་མྱ་ཏེ(ཡང་ཡང་སྒྲ་བྱེད)། ཝེ་ཝཱི་ཡ་ཏེ་(ཡང་ཡང་སྡོམ་པར་བྱེད། )ཞེས་པ་ལྟ་བུའོ། །སྭ་པིའི་ཙཎ་ ལའོ་ཞེས་པ་ནི་སྭ་པའི་མཐར་གནས་ཀྱི་ཡི་གེཙཎ་གྱི་རྐྱེན་ཕ་རོལ་ལ། སཾ་པྲ་སཱ་ར་ཎ་རུ་ 6-1-285 འགྱུར་ཏེ། དཔེར་ན། སྭཔ་ལ། ཨཱ་གཉིས་པར། བྱིངས་ལས་ཀྱང་ཞེས་པས་ཨིན་བྱིན་ནས། ཨཱ་དྲུག་པར། ཨིན་ཨིཙ་ཞེས་པས་ཨུ་པ་དྷཱ་རིང་པོར་བསྒྱུར་ཞིང་། མཐར་ཨ་དྱ་ཏ་ནཱིའི་དི་དང་། བར་དུ་ཨཱ་གཉིས་པར། ཤྲི་དྲུ་ཞེས་པས་ཙཎ་བྱིན་པའི་ཙ་དང་ཎ་ཁྱད་པར་གྱི་དོན་ཕྱིས་ལ་ སྲོག་གི་ཨ་བཞག་ཅིང་། ཨཱ་དྲུག་པར། ཀཱ་རི་ཏའི་ཞེས་པས་ཨིན་ཕྱིས་ཏེ་(ལོ་ཆེན་གྱིས་ཕྱི་མ་ལ་སཾ་པྲ་ མེད། )ཝ་ཡིག་ཨུ་རུ་བསྒྱུར་བ་སྔར་བཞིན་གཉིས་སུ་བཞག་པའི་དང་པོ་ལྷག་མར་བྱས་པ། ཨཱ་ གསུམ་པར། ཡང་པའི་རིང་པོའོ་ཞེས་པས་སུ་ཡིག་རིང་པོ་དང་། རྒྱུ་མཚན་ལས་ས་ཕྱི་མ་ཥ་རུ་ བསྒྱུར་ནས། ཨཱ་བརྒྱད་པར། ཧྱསྟ་ནཱི་དང་ཨ་དྱ་ཏ་ནཱི་ཞེས་པས་སྔོན་དུ་ཨཊ་བཞག་པས། ཨ་ སཱུ་ཥུ་པཏ་(ཉལ་བ་ལ་སྦྱོར་བར་བྱེད་དོ། །)ཅེས་པ་ལྟ་བུའོ། །གྲ་ཧ་སྭ་པི་པྲཙྪ་རྣམས་ཀྱི་སན་ལའོ་ཞེས་ པ་ནི་འདི་རྣམས་ཀྱི་མཐར་གནས་ཀྱི་ཡི་གེ་སན་གྱི་རྐྱེན་ཕ་རོལ་ལ། སཾ་པྲ་སཱ་ར་ཎ་རུ་འགྱུར་ ཏེ། དཔེར་ན། གྲ་ཧ་དང་སྭ་པ་དང་པྲཙྪ་རྣམས་རིམ་པ་ལྟར་ལེན་པ་དང་ཉལ་བ་དང་འདྲི་བར་ འདོད་དོའི་དོན་ལ། བར་དུ་སན་དང་། མཐར་ཏིའི་རྐྱེན་བྱིན་ནས། ར་ཡིག་རྀ་དང་ཝ་ཡིག་ཨུ་ རུ་བསྒྱུར་བ་གཉིས་སུ་བཞག་ཅིང་གསལ་བྱེད་དང་པོ་ལྷག་མར་བྱས་ལ། ཨཱ་དྲུག་པར། ཧའི་ ཌྷའོ་ཞེས་པས་ཧ་ཡིག་ཌྷ་དང་། དེ་ཉིད་དུ་བྱིངས་གསུམ་པ་དང་པོའི་ཞེས་པས་ག་ཡིག་གྷ་དང་། ཨཱ་བརྒྱད་པར། ཥ་ཌྷ་དག་གི་ས་ལ་ཀའོ་ཞེས་པས་ཌྷ་ཡིག་ཀ་དང་། ཨཱ་གསུམ་པར། ཀ་སྡེའི་ ཙ་སྡེའོ་ཞེས་པས་གྷ་ཡིག་སྔ་མ་ཛྷ་དང་། གཉིས་པ་བཞི་པ་ཞེས་པས་ཛྷ་ཡིག་དེའང་ཛ་དང་རྒྱུ་ མཚན་ལས་སན་གྱི་ས་ཡིག་པ་དང་སྦྱོར་བ་མ་གཏོགས་པ་རྣམས་ཥ་དང་སུ་ཕྱི་མའི་ས་ཡིག་ ཀྱང་ཥ་དང་། ཨཱ་གསུམ་པར། རྀ་ཡིག་གི་ཨ་ཡིག་གོ་ཞེས་པས་རྀ་སྔ་མ་ཨ་དང་། སན་ལ་ཨའི་ ཡི་གེ་ཞེས་པས། ཨའང་ཨི་རུ་བསྒྱུར་ཞིང་། ཨཱ་བདུན་པར། སྨིང་པཱུང་རྀ་ཞེས་པས་པྲཙྪ་ལ་ ཨིཊ་བྱིན་ཏེ། ཊ་དང་སན་གྱི་ན་ཕྱིས་པས། ཛིགྷྲྀ་ཀྵ་ཏི(ལེན་འདོད)། སུ་ཥུཔྶཏི(ཉལ་འདོད)། པི་པྲྀཙྪི་ ཥ་ཏི་(ཤེས་འདོད། )ཞེས་པ་ལྟ་བུའོ། །ཙཱ་ཡའི་ཙེ་ཀྲཱི་ཡི་ཏ་ལ་ཀཱིའོ་ཞེས་པ་ནི་ཙཱ་ཡ྄་མཆོད་པ་དང་ཞི་ 6-1-286 བ་དག་ལའོ་ཞེས་པ་འདི་ཙེ་ཀྲཱི་ཡི་ཏ་སྟེ་ཡའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། ཀཱི་རིང་པོར་འགྱུར་ཏེ། དཔེར་ན། ཙཱ་ཡ་ལ་སྔར་བཞིན་ཡའི་རྐྱེན་དང་མཐར་ཏེ་བྱིན་ནས། ཙཱ་ཡ་ཀཱི་རུ་བསྒྱུར་བ་ གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། ཙེ་ཀྲཱི་ཡི་ཏ་ལ་ཡོན་ཏན་ནོ་ཞེས་པས་ཀཱི་སྔ་མའི་ཨཱི་ ཡིག་ཨེ་དང་། ཨཱ་གཉིས་པར། ཀ་སྡེའི་ཙ་སྡེའོ་ཞེས་པས་ཀ་སྔ་མ་ཙ་རུ་བསྒྱུར་བས། ཙེ་ཀཱི་ཡ་ ཏེ་(ཤིན་ཏུ་མཆོད་པར་བྱེད་དོ། །)ཞེས་པ་ལྟ་བུའོ། །པྱཱ་ཡཱི་པ་རོ྅ཀྵཱ་ལའང་པཱིའོ་ཞེས་པ་ནི་སྱཱ་ཡ་འཕེལ་ བ་ལའོ་ཞེས་པ་འདི་ཙེ་ཀྲཱི་ཡིཏ་དང་། པ་རོ྅ཀྵཱའི་རྐྱེན་ཕ་རོལ་ལ་པཱི་རུ་འགྱུར་ཏེ། དཔེར་ན། ཤིན་ཏུ་འཕེལ་བར་བྱེད་པའི་དོན་ལ་པྱཱ་ཡ་ལ་ཡ་སྒྲ་དང་མཐར་ཏེ་བྱིན་ནས། པཱི་རུ་བསྒྱུར་བ་ གཉིས་སུ་བཞག་ཅིང་། སྔ་མའི་ཨཱི་ཡིག་ཡོན་ཏན་དུ་བྱས་པས། པེ་པཱི་ཡ་ཏེ་(ཤིན་ཏུ་འཕེལ་ལོ། །) ཞེས་པ་དང་། ཡང་པྱཱ་ཡའི་སྔོན་དུ་ཉེར་བསྒྱུར་ཨཱད་བཞག་པའི་ང་རྗེས་འབྲེལ་དབྱི་ཞིང་། པ་ རོ྅ཀྵཱའི་ཨེ་བྱིན་ཏེ། པཱི་རུ་བསྒྱུར་བ་གཉིས་སུ་བཞག་ནས། ཨཱ་གསུམ་པར། ཐུང་ངུའོ་ཞེས་ པས་སྔ་མའི་ཨཱི་ཐུང་ངུ་དང་། ལེའུ་འདིར་ཨིའི་ཡི་གེ་ངང་ཨུའི་ཡི་གེའི་མཐའ་ཞེས་པས་ཕྱི་མའི་ ཨཱི་ཡིག་ཡ་རུ་བསྒྱུར་ཏེ་སྦྱར་བས། ཨཱ་པི་པྱེ་(ཤིན་ཏུ་འཕེལ་ལོ། །)ཞེས་པ་ལྟ་བུའོ། །ཤྭ་ཡ་ཏིའི་ཡང་ ནའོ་ཞེས་པ་ནི་ཊུ་ཨོ་ཤྭི་འགྲོ་བ་འཕེལ་བ་ལའོ་ཞེས་པ་འདིའི་མཐར་གནས་ཀྱི་ཡི་གེ་དབྱངས་ དང་བཅས་པ་ཙེ་ཀྲཱི་ཡི་ཏ་དང་། པ་རོ྅ཀྵཱའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་སཾ་པྲ་སཱ་ར་ཎ་རུ་ཡང་ན་ འགྱུར་ཞིང་ཡང་ན་མི་འགྱུར་ཏེ། དཔེར་ན། ཊུ་དང་ཨོ་རྗེས་འབྲེལ་ཕྱིས་པའི་ཤྭི་ལ་ཤིན་ཏུ་ འགྲོ་བ་འཕེལ་བར་བྱེད་དོའི་དོན་ལ། ཡ་སྒྲ་དང་མཐར་ཏེ་བྱིན་ནས། ཝ་ཡིག་ཨི་དང་བཅས་ པ་ཨུ་རུ་བསྒྱུར་བ་གཉིས་སུ་བཞག་ཅིང་། སྔར་བཞིན་ཤུ་སྔ་མའི་ཨུ་ཡིག་ཨོ་དང་། ནཱ་མི་ མཐའ་རྣམས་ཀྱི་ཞེས་པས་ཤུ་ཕྱི་མའི་ཨུ་རིང་པོ་དང་། ཤ་ཕྱི་མ་ཥ་རུ་བསྒྱུར་བས། ཤོ་ཥཱུ་ཡ་ཏེ་ ཞེས་པ་དང་། ཡང་ན་སཾ་པྲ་སཱ་ར་ཎ་མ་བྱས་པར་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ ལྷག་མར་བྱས་ཏེ། ཨི་ཡིག་སྔ་མ་ཨེ་དང་། ཕྱི་མ་རིང་པོ་དང་། ཤ་ཕྱི་མ་ཥ་རུ་བསྒྱུར་བས། ཤེ་ 6-1-287 ཥྭཱི་ཡ་ཏེ་(འཕེལ་བར་འདོད། ) ཞེས་པ་དང་། པ་རོ྅ཀྵཱའི་ཨ་ཏུས་བྱིན་ནས། སཾ་པྲ་སཱ་ར་ཎ་བྱས་པ་ གཉིས་སུ་བཞག་ཅིང་། ལེའུ་འདིར། བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་ཞེས་པས་ཤུ་ཕྱི་མའི་ ཨུ་ཡིག་ཨུ་ཝ་དང་། ཤ་ཡིག་ཥ་རུ་བསྒྱུར་བས། ཤུ་ཥུ་ཝ་ཏུཿ(འཕེལ་བར་བྱས་ཟིན། )ཞེས་པ་དང་། ཡང་ན་སཾ་པྲ་སཱ་ར་ཎ་མ་བྱས་པ་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ཏེ། ཕྱི་མའི་ཨི་ཡིག་ཨི་ཡ་རུ་བསྒྱུར་བས། ཤི་ཥྭི་ཡ་ཏུཿཞེས་པ་ལྟ་བུའོ། །ཀཱ་རི་ཏ་ལའང་སན་དང་ ཙཎ་དག་ལའོ་ཞེས་པ་ནི་ཤྭིའི་མཐར་གནས་ཀྱི་ཡི་གེ་དབྱངས་དང་བཅས་པ། ཨིན་ཀཱ་རི་ཏའི་ མིང་ཅན་ལའང་སན་དང་ཙཎ་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། སཾ་པྲ་སཱ་ར་ཎ་རུ་ཡང་ན་འགྱུར་ ཏེ། དཔེར་ན། ཤྭི་ལ་ཨཱ་གཉིས་པར། རྒྱུ་ལའོ་ཞེས་པས་ཨིན་དང་། ཨཱ་བདུན་པར། ཨ་ཡིག་ ལས་ཤྭི་ཤྲིཌཱིང་ཞེས་པས་ཨིཊ་བྱིན་ཕའི་ན་དང་ཊ་ཁྱད་པར་གྱི་དོན་དབྱི་ཞིང་། སྔར་བཞིན་ སན་དང་ཏི་བྱིན་ནས་གནས་ཅན་དང་འདྲ་བར་འགྱུར་བས་ཝ་ཡིག་དབྱངས་དང་བཅས་པ་ཨུ་ རུ་བསྒྱུར་བ་གཉིས་སུ་བཞག་ལ། ཨཱ་དྲུག་པར། ཨིན་ཨིཙ་ཨཊ་རྣམས་ལ་ཞེས་པས་ཤུ་ཕྱི་ མའི་ཨུའི་འཕེལ་བ་ཨཽ་དང་། དེའང་ཨཱ་ཝ་དང་ཨིན་གྱི་ཨི་ཡོན་ཏན་ཨེ་དང་། དེའང་ཨ་ཡ་ དང་། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་ཏེ་སྦྱར་བས། ཤུ་ཥཱ་ཝ་ཡི་ཥ་ཏི་(འཕེལ་དུ་འཇུག་པ་ལ་སྦྱོར་ བར་འདོད། ) ཞེས་པ་དང་། ཡང་ན། སཾ་པྲ་སཱ་ར་ཎ་མ་བྱས་པར། གཞན་རྣམས་སྔར་དང་འདྲ་བ་ ལ། ཨ་བྷྱཱ་སའི་གསལ་བྱེད་དང་པོ་ལྷག་མར་བྱས་ཤིང་། ཨི་ཡིག་ཕྱི་མ་འཕེལ་བ་ཨཻ་དང་། དེའང་ཨཱ་ཡ་དང་། ཨི་ཡོན་ཏན་ཨེ་དང་། དེའང་ཨ་ཡ་རུ་བསྒྱུར་ཏེ་སྦྱར་བས། ཤིཥྭཱ་ཡ་ཡི་ཥ་ཏི་ ཞེས་པ་དང་། ཡང་ཤྭི་ལ་སྔར་བཞིན་ཨིན་དང་ཙཎ་དང་དི་རྣམས་བྱིན་ནས། ཨིན་བྱས་པའི་ གནས་ཅན་དང་འདྲ་བ་ལས་ཝི་ཡིག་ཨུ་རུ་བསྒྱུར་བ་གཉིས་སུ་བཞག་ཅིང་། ཕྱི་མའི་ཨུ་ཡིག་ འཕེལ་བ་ཨཽ་དང་། དེའང་ཨཱ་ཝ་རུ་བསྒྱུར་ལ། ཀཱ་རི་ཏ་ཕྱིས་ཏེ། ཨཱ་ལྔ་པར། ཨིན་ལ་མཚུངས་ ཕ་མ་ཕྱིས་པའི་ཞེས་པས་ཤ་ཕྱི་མའི་སྲོག་ཐུང་ངུ་དང་། ཨཱ་གསུམ་པར། ཡང་བའི་རིང་པོའོ་ 6-1-288 ཞེས་པས། ཤུ་སྔ་མ་རིང་པོར་བསྒྱུར་ཞིང་། ཐོག་མར་ཨཊ་བྱིན་པས། ཨ་ཤཱུ་ཥ་ཝ་ཏ་ཅེས་པ་ དང་། ཡང་ན་སཾ་པྲ་སཱ་ར་ཎ་དང་ཡང་བའི་རིང་པོ་མ་བྱས་པར། གཞན་སྔར་དང་འདྲ་བ་ལ། གསལ་བྱེད་དང་པོ་ལྷག་མར་བྱས་ཏེ། ཨིན་ཕྱིས་ནས། ཤྭིའི་ཨི་ཡིག་ཡོན་ཏན་བྱས་ཏེ་ མཚམས་སྦྱར་བས། ཨ་ཤི་ཥྭ་ཡཏ྄་ཅེས་པ་ལྟ་བུའོ། །ཧྭ་ཡ་ཏིའི་རྟག་ཏུ་འོ་ཞེས་པ་ཧྭེཉ྄་འགྲན་ པའི་བྱིངས་འདིའི་མཐར་གནས་ཀྱི་ཡི་གེ་དབྱངས་དང་བཅས་པ། ཀཱ་རི་ཏ་ལའང་སན་དང་ ཙཎ་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། རྟག་ཏུ་སཾ་པྲ་སཱ་ར་ཎ་ཐོབ་པར་འགྱུར་ཏེ། དཔེར་ན་ཉ་རྗེས་ འབྲེལ་ཕྱིས་པའི་ཧྭེ་ལ་སྔར་བཞིན་ཨིན་དང་སན་དང་མཐར་ཏི་བྱིན་ནས་གནས་ཅན་དང་འདྲ་ བར་འགྱུར་བ་ལས། ཝ་དབྱངས་དང་བཅས་པ་ཨུ་རུ་བསྒྱུར་བ་གཉིས་སུ་བཞག་ཅིང་། ཨཱ་ གསུམ་པར། ཧའི་ཛའོ་ཞེས་པས་ཧ་ཡིག་སྔ་མ་ཛ་རུ་བསྒྱུར་ལ། ཨཱ་བདུན་པར། བྱིངས་ཐམས་ ཅད་པ་མིན་པའི་ཞེས་པས་སན་གྱི་ཐོག་མར་ཨིཊ་སྦྱིན་ཞིང་། ཨིན་ཨི་ཙ་ཞེས་པས་ཧུ་ཕྱི་མའི་ ཨུ་ཡིག་ཨཽ་དང་ཨིན་གྱི་ཨི་ཡིག་ཨེ་རུ་བསྒྱུར་ཏེ་མཚམས་སྦྱར་ནས། རྒྱུ་མཚན་ལས་ས་ཡིག་ ཥ་རུ་བསྒྱུར་བས། ཛུ་ཧཱ་ཝ་ཡི་ཥ་ཏི་(འགྲན་པར་འདོད་)ཞེས་པ་དང་། ཡང་ཧཱེ་ལ་སྔར་བཞིན་ཨིན་ དང་ཙིཎ་དང་དི་བྱིན་ནས། ཧུ་རུ་བསྒྱུར་བ་གཉིས་སུ་བཞག་པའི་ཧ་སྔ་མ་ཛ་དང་ཧུ་ཕྱི་མའི་ཨུ་ ཡིག་ཨཽ་དང་། དེའང་ཨཱ་ཝ་རུ་གྱུར་པ་སྦྱར་ཏེ། ཨཱ་དྲུག་པར། ཀཱ་རི་ཏའི་ཨཱཾ་ཞེས་པས་ཨིན་ དབྱི་ཞིང་། ཨཱ་ལྔ་པར། ཨིན་ལ་མཚུངས་པ་ཞེས་པས། ཧ་ཕྱི་མ་ཐུང་ངུ་དང་། ཨཱ་གསུམ་པར། ཡང་བའི་རིང་པོ་ཞེས་པས་ཛུ་སྔ་མ་རིང་པོར་བསྒྱུར་ལ། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོར་ ཞེས་པས་སྔོན་དུ་ཨཊ་སྦྱར་བས། ཨ་ཛཱུ་ཧ་ཝཏ྄་(དེ་རིང་འགྲན་པར་བྱེད། )ཅེས་པ་ལྟ་བུའོ། །ཨ་བྷྱ་ སྟའི་འང་ངོ་ཞེས་པ་ནི་ཨ་བྷྱསྟ་སྟེ། བྱིངས་གཉིས་སུ་བྱས་པའི་ཧྭེའི་མཐར་གནས་ཀྱི་ཡི་གེ་ དབྱངས་དང་བཅས་པའང་སཾ་པྲ་སཱ་ར་ཎ་རུ་འགྱུར་ཏེ། དཔེར་ན། ཧྭེ་ལ་པ་རོ྅ཀྵཱའི་ཨཊ་བྱིན་ ནས་གཉིས་སུ་བཞག་པའང་མདོ་འདིས་ཧུ་རུ་བསྒྱུར་ཞིང་། སྔར་བཞིན་ཧུ་སྔ་མའི་ཧ་ཡིག་ཛ་ 6-1-289 དང་ཧུ་ཕྱི་མའི་ཨུ་འཕེལ་བར་བྱས་ཏེ་མཚམས་སྦྱར་བས། ཛུ་ཧཱ་ཝ་(འགྲན་པར་བྱས་ལོ། །)ཞེས་པ་ ལྟ་བུའོ། །ངྻུ་ཏི་སྭཱ་པི་དག་གི་ཨ་བྷྱཱ་སའི་འོ་ཞེས་པ་ནི། ངྻུ་ཏི་གསལ་བའོ་ཞེས་པ་དང་། སྭཱ་པི་ ཨིན་མཐའ་ཅན་འདིའི་ཨ་བྷྱཱ་སའི་མཐར་གནས་ཀྱི་ཡི་གེ་དབྱངས་དང་བཅས་པའང་སཾ་པྲ་སཱ་ ར་ཎ་རུ་འགྱུར་ཏེ། དཔེར་ན། ཨི་རྗེས་འབྲེལ་ཕྱིས་པའི་ངྻུཏ་ལ་བ་རོ྅ཀྵཱའི་ཨེ་བྱིན་ནས་ གཉིས་སུ་བཞག་ཅིང་དང་པོ་ལྷག་མར་བྱས་ལ། ཡ་དང་པོ་ཨུ་དང་བཅས་པ་ཨི་རུ་བསྒྱུར་ཏེ་ སྦྱར་བས། དིངྻུཏེ་(གསལ་བར་བྱས་ཟིན། )ཞེས་པ་དང་། སྭ་པ་ལ་རྒྱུ་ལའོ་ཞེས་པས་ཨིན་བྱིན་ནས་ སྔར་བཞིན་ཨུ་པ་དྷཱ་རིང་པོར་བསྒྱུར་ཏེ། བྱེད་པ་པོའི་དོན་ལ་སན་དང་མཐར་ཏི་དང་སན་གྱི་ ཐོག་མར་ཨིཊ་བྱིན་པ་གཉིས་སུ་བཞག་ཅིང་དང་པོ་ལྷག་མར་བྱས་ལ། ཝ་ཡིག་ཨུ་དང་སྔར་ བཞིན་ཨིན་ཡོན་ཏན་ཨེ་དང་ས་ཡིག་ཥ་རུ་བསྒྱུར་ཏེ་སྦྱར་བས། སུ་ཥྭཱ་པ་ཡི་ཥ་ཏི་(ཉལ་དུ་འཇུག་ པར་བྱེད་དོ། །)ཞེས་པ་ལྟ་བུའོ། ། གསུམ་པ་སཾ་པྲར་མི་འགྱུར་བའི་དམིགས་བསལ་ཁྱད་པར་དུ་བཤད་པ་ནི། སཾ་པྲ་སཱ་ར་ ཎ་ལ་སཾ་པྲ་སཱ་ར་ཎ་མ་ཡིན་ནོ་ཞེས་པ་ནི། སཾ་པྲ་སཱ་ར་ཎ་བྱས་ཟིན་པ་ལ་སླར་སཾ་པྲ་སཱ་ར་ཎ་བྱ་ བ་མ་ཡིན་ཏེ། དཔེར་ན། ཝྱདྷ་བསྣུན་པ་དང་། ཝྱཙ་(ཙ་ཟོ་བ་ཡིན་ནམ། ) ཟ་བའི་བྱིངས་ལ་མཐར་ ཏེ་དང་། བྱིངས་ཐམས་ཅད་པ་ལ་ཞེས་པས་བར་དུ་ཡཎ་བྱིན་ནས། གྲ་ཧི་ཛྱཱ་བ་ཡི་ཞེས་པ་ལྟར་ ཡ་ཡིག་ཨི་རུ་བསྒྱུར་བའི་སཾ་པྲ་སཱ་ར་ཎ་བྱས་པས། ཝི་དྷྱ་ཏེ(བསྣུན་པར་བྱེད)། ཝི་ཙྱ་ཏེ་(ཟ་བར་བྱེད། ) ཞེས་པར་གྱུར་པ་ལ། སླར་ཝི་ཡིག་ཨུ་རུ་བསྒྱུར་བའི་སཾ་པྲ་སཱ་ར་ཎ་བྱ་བ་མ་ཡིན་པ་ལྟ་བུའོ། ། ཝ་ཤིའི་ཙེ་ཀྲཱི་ཡི་ཏ་ལའོ་ཞེས་པ་ནི། ཝ་ཤ་མཛེས་པ་ལའོ་ཞེས་པ་འདི་ཡི་མཐར་གནས་ཀྱི་ཡི་ གེགྲ་ཧི་ཛྱཱ་ཝ་ཡི་ཞེས་པ་ལྟར་ཐོབ་པ་ལ། ཙེ་ཀྲཱི་ཡི་ཏ་ཕ་རོལ་ལ་ནི་སཾ་པྲ་སཱ་ར་ཎ་རུ་མི་འགྱུར་ ཏེ། དཔེར་ན། ཝ་ཤ་ལ་ཤིན་ཏུ་མཛེས་པའི་དོན་ལ་ཡ་སྒྲ་དང་མཐར་ཏེ་བྱིན་ནས། གཉིས་ སུ་བཞག་ཅིང་གསལ་བྱེད་དང་པོ་ལྷག་མར་བྱས་ལ། སཾ་པྲ་སཱ་ར་ཎ་མ་བྱས་པར། ཨཱ་གསུམ་ 6-1-290 པར། ཡང་བའི་རིང་པོའོ་ཞེས་པས་ཝ་སྔ་མ་རིང་པོར་བསྒྱུར་ཏེ་སྦྱར་བས། ཝཱ་ཝ་ཤྱ་ཏེ་(ཤིན་ ཏུ་མཛེས་པར་བྱེད། ) ཞེས་པ་ལྟ་བུའོ། །པྲཙྪ་སོགས་རྣམས་ཀྱི་པ་རོ྅ཀྵཱ་ལའོ་ཞེས་པ་ནི་པྲཙྪ་ཤེས་ པར་འདོད་པ་དང་། ཨོ་བྲཤྩུ་གཅོད་པ་དང་། བྷྲསྫ་འཚེད་པ་ལ་འཇུག་པའི་བྱིངས་འདི་རྣམས་ ཀྱི་མཐར་གནས་ཀྱི་ཡི་གེ་སྔར་སཾ་པྲ་སཱ་ར་ཎ་རུ་འགྱུར་བ་ལ། འདིར་པ་རོ྅ཀྵཱའི་རྐྱེན་ཕ་རོལ་ ལ་ཡང་མི་འགྱུར་ཏེ། དཔེར་ན། དེ་རྣམས་ཀྱི་ཨོ་དང་ཨུ་རྗེས་འབྲེལ་དང་། ཨ་བརྗོད་དོན་ ཕྱིས་པ་ལ། ཕ་རོ྅ཀྵཱའི་ཨ་ཏུས་བྱིན་ནས་གཉིས་སུ་བཞག་པའི་གསལ་བྱེད་དང་པོ་ལྷག་མར་ བྱ་ཞིང་། སཾ་པྲ་སཱ་ར་ཎ་མ་བྱས་པར། ཨཱ་གསུམ་པར། གཉིས་པ་བཞི་པ་དག་གི་ཞེས་པས་བྷ་ སྔ་མ་བ་རུ་བསྒྱུར་ལ། སྔར་བཞིན་བྲསྫའི་ས་ཡིག་དྷུཊའི་གསུམ་པ་ད་དང་། དེའང་ནཱ་བཞི་ པར། ཏ་སྡེའི་ཙཊའི་སྡེ་པ་ཞེས་པས་ཛ་རུ་བསྒྱུར་ཏེ་སྦྱར་བས། པ་པྲཙྪ་ཏུཿ(དྲིས་ལོ། །) པ་པྲ་ཤྩ་ ཏུཿ(བཅད་ལོ། །)བ་བྷྲཛྫ་ཏུཿ(འཚེད་ཟིན། ) ཞེས་པ་ལྟ་བུའོ། ། གཉིས་པ་བྱིངས་དང་རྐྱེན་ལ་རྣམ་འགྱུར་འབྱུང་བའི་དམིགས་བསལ་རྒྱས་པར་བཤད་ པ་ལ་གཉིས་ཏེ། བྱིངས་ལ་རྣམ་འགྱུར་འབྱུང་ཚུལ་དང་། རྐྱེན་ལ་རྣམ་འགྱུར་འབྱུང་ཚུལ་ལོ། ། དང་པོ་ལའང་གསུམ་ལས། དང་པོ་བྱིངས་ཀྱི་དབྱངས་མཐའ་ཨཱ་ཡིག་རིང་པོར་འགྱུར་ཚུལ་བསྟན་པ་ནི། མཚམས་ སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་བི་ཀ་ར་ཎ་མ་ཡིན་པ་ལ་ཨཱ་ཡིག་གོ་ཞེས་པ་ནི་བྱིངས་ཀྱི་ མཐར་མཚམས་སྦྱོར་གྱི་ཡི་གེ་ཨེ་ཨཻ་ཨོ་ཨཽ་ཡོད་པ་རྣམས་བི་ཀ་ར་ཎ་མ་ཡིན་པའི་རྐྱེན་ཕ་ རོལ་ལ་ཨཱ་ཡིག་ཏུ་འགྱུར་ཏེ། དཔེར་ན། དེར་བསྲུང་བ་དང་། དཻ་པ་དག་པ་དང་། དོ་དུམ་བུར་ བྱེད་པའི་བྱིངས་རྣམས་ཀྱི་ང་དང་པ་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་བྱིན་ནས་མདོ་འདིས་མཐའ་ཨཱ་ རིང་པོར་བསྒྱུར་བས། དཱ་ཏཱ། (སང་སྦྱིན་ནོ། །)དཱ་ཏཱྀ(སང་དག)། དཱ་ཏཱ་(སང་དུམ་བུར་བྱེད། )ཞེས་གསུམ་ ཀ་གཟུགས་མཚུངས་པ་ལྟ་བུའོ། །བི་ཀ་ར་ཎའི་རྐྱེན་ལ་ནི་ཨཱ་ཡིག་ཏུ་མི་འགྱུར་ཏེ། དཔེར་ 6-1-291 ན། ཏྲཻང་སྐྱོང་བའི་བྱིངས་ང་ཕྱིས་པ་ལ་བྱེད་པ་པོ་ལ་ཨན་བི་ཀ་ར་ཎ་དང་། མཐར་ཏི་བྱིན་ནས་ མཚམས་སྦྱར་བས། ཏྲཱ་ཡ་ཏི་(སྐྱོང་བར་བྱེད། ) ཞེས་པ་ལྟ་བུའོ། །བྱ་ཡ་ཏིའི་བ་རོ྅ཀྵཱ་ལ་མ་ཡིན་ ནོ་ཞེས་པ་ནི་བྱེཉ་སྡོམ་པ་ལའོ་ཞེས་པའི་མཚམས་སྦྱོར་གྱི་ཡི་གེཔ་རོ྅ཀྵཱའི་རྐྱེན་ཕ་རོལ་ལ་ ཨཱ་རིང་པོར་མི་འགྱུར་ཏེ། དཔེར་ན། ཉ་རྗེས་འབྲེལ་ཕྱིས་པའི་བྱེ་ལ་ཨཊ་བྱིན་ནས་གཉིས་སུ་ བཞག་ཅིང་། ལེའུ་འདིར། གཉི་ག་རྣམས་ཀྱི་ཨ་བྷྱཱ་སའི་ཞེས་པས་སྔ་མ་ལ་སཾ་པྲ་སཱ་ར་ཎ་དང་། ཨཱ་དྲུག་པར། ཨིན་ཨིཙ་ཞེས་པས་ཕྱི་མའི་དབྱངས་འཕེལ་བ་བྱས་ཏེ་མཚམས་སྦྱར་བས། བི་ བྱཱ་ཡ་(སྡོམ་པར་བྱས་ལོ། །)ཞེས་པ་ལྟ་བུའོ། །མཱི་ནཱ་ཏི་མི་ནོ་དཱིང་རྣམས་ཀྱི་ཡོན་ཏན་དང་འཕེལ་བའི་ གནས་ལའོ་ཞེས་པ་ནི་མཱི་འཚེ་བ་དང་། ཌུ་མིཉ་འཕེན་པ་དང་། དཱིང་ཟད་པ་ལ་འཇུག་པའི་ བྱིངས་འདི་རྣམས་ཀྱི་མཐའ་རྐྱེན་གྱི་ནུས་པས་སྔར་ཡོན་ཏན་དང་འཕེལ་བ་ཐོབ་པའི་གནས་ ཡིན་པ་ལ། འདིར་ནི་དམིགས་བསལ་གྱིས་ཨཱ་རིང་པོར་འགྱུར་བ་ཉིད་དེ། དཔེར་ན། དེ་ རྣམས་ཀྱི་ཌུ་དང་ཉ་དང་ང་རྗེས་འབྲེལ་རྣམས་ཕྱིས་པའི་མཱི་དང་། པྲ་མི་དང་། དཱི་ལ་ཤྭསྟ་ནཱིའི་ ཏཱ་བྱིན་པ་ན། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་ཞེས་པས་ཡོན་ཏན་དུ་ཐོབ་པ་ཡིན་ནའང་ མདོ་འདིས་ཨཱ་རིང་པོར་བསྒྱུར་བས། མཱ་ཏཱ(སང་འཚེ)། པྲ་མཱ་ཏཱ(རབ་ཏུ་འཕེན)། དཱ་ཏཱ་(བྲང་)ཞེས་པ་ ལྟ་བུའོ། །ཡང་དེ་རྣམས་ལ་སྔར་བཞིན་རྒྱུ་ལའོ་ཞེས་པས་ཨིན་དང་། བར་དུ་ཨན་བི་ཀ་ར་ཎ་ དང་། མཐར་ཏི་བྱིན་པ་ན་འཕེལ་བ་ཐོབ་པ་ཡིན་ནའང་། མདོ་འདིས་ཨཱ་རིང་པོར་བསྒྱུར་ཞིང་། ཨཱ་དྲུག་པར། ཨརྟི་ཧྲཱྀ་ཙླཱི་ཞེས་པས་བྱིངས་མཐར་པ་ཡིག་ཨཱ་ག་མ་བྱིན་ནས། ཨིན་ཡོན་ཏན་ དུ་བྱས་ཏེ་མཚམས་སྦྱར་བས། མཱ་པ་ཡ་ཏི(འཚེ་བར་གྱིས)། སྲ་མཱ་བ་ཡ་ཏི(རབ་ཏུ་འཕེན་པར་གྱིས)། དཱ་ པ་ཡ་ཏི་(ཟད་པར་གྱིས། ) ཞེས་པ་ལྟ་བུའོ། །སན་ལ་དཱིང་འི་འོ་ཞེས་པ་ནི་དཱིང་ཟད་པ་ལ་འཇུག་ པའི་བྱིངས་འདིའི་ཨཱི་ཡིག སན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཨཱ་རིང་པོར་འགྱུར་ཏེ། དཔེར་ ན། ང་རྗེས་འབྲེལ་དབྱི་ཞིང་། ཨུ་པ་སྔོན་མ་ཅན་གྱི་དཱིལ། ཉེ་བར་ཟད་པར་འདོད་དོའི་དོན་ 6-1-292 ལ་སན་དང་མཐར་ཏེ་བྱིན་ནས། ཨཱི་ཡིག་ཨཱ་རུ་བསྒྱུར་བ་སྔར་བཞིན་གཉིས་སུ་བཞག་ལ། ཨཱ་ གསུམ་པར། ཐུང་ངུའོ་ཞེས་པས་སྔ་མ་ཐུང་ངུ་དང་། སན་ལ་ཨ་ཡིག་གིའོ་ཞེས་པས་དེའང་ ཨི་ཡིག་རུ་བསྒྱུར་བས། ཨུ་པ་དི་དཱ་ས་ཏེ་(ཉེར་བར་ཟད་པར་འདོད་དོ། །)ཞེས་པ་ལྟ་བུའོ། །སྨི ང་ཛི་ཀྲཱི་ ཨིང྄་རྣམས་ཀྱི་ཨིན་ལའོ་ཞེས་པ་ནི་སྨི ང་ཅུང་ཟད་འཛུམ་པ་དང་། ཛི་རྒྱལ་བ་དང་། ཌུཀྲཱིཉ྄་ རྫས་བརྗེ་བ་དང་། ཨིང྄་ཀློག་པ་ལ་འཇུག་པའི་བྱིངས་འདི་རྣམས་ཀྱི་མཐའི་དབྱངས་ཨིན་ ཕ་རོལ་ལ་ཨཱ་རིང་པོར་འགྱུར་ཏེ། དཔེར་ན། དེ་རྣམས་ཀྱི་ང་དང་ཌུ་དང་ཉ་རྗེས་འབྲེལ་ཕྱིས་ པའི་སྔ་མ་གསུམ་གྱི་སྔོན་དུ་བི་དང་ཕྱི་མའི་སྔོན་དུ་ཨ་དྷི་བཞག་ཅིང་། རིམ་པ་ལྟར་ཡ་མཚན་ ལ་སྦྱོར་ཏོ། །རྒྱལ་དུ་འཇུག་གོ ཉོ་རུ་འཇུག་གོ ཀློག་ཏུ་འཇུག་གོ་ཞེས་པའི་དོན་ལ་ཨིན་དང་། སྔར་བཞིན་མཐར་ཏི་དང་། བར་དུ་ཨན་བྱིན་ནས། མདོ་འདིས་ཨཱ་རིང་པོར་བསྒྱུར་ལ། ཨཱ་ དྲུག་པའི་ཨརྟི་ཧྲཱི་ཞེས་སོགས་ཀྱིས་བྱིངས་མཐར་པ་ཡིག་སྦྱིན་ཞིང་། ཨིན་ཡོན་ཏན་དུ་བྱས་ཏེ་ མཚམས་སྦྱར་བས། བིསྨཱ་པ་ཡ་ཏི(ཅུང་ཟད་འཛུམ་དུ་འཇུག་གོ)། བི་ཛཱ་པ་ཡ་ཏི(རྒྱལ་བ་བྱེད་འཇུག)། བི་ ཀྲཱ་པ་ཡ་ཏི(ཉོ་རུ་འཇུག་གོ)། ཨ་དྷྱཱ་པ་ཡ་ཏི་(ལྷག་པར་ཀློག་ཏུ་འཇུག་གོ། ) ཞེས་པ་ལྟ་བུའོ། ། གཉིས་པ་ཤུགས་ལ་ཨ་དང་ཡ་ཡིག་ཨཱ་ག་མའི་འཇུག་ཚུལ་ནི། སྲྀཛི་དྲྀ་ཤི་དག་གི་ དབྱངས་ལས་ཕ་རོལ་ཏུ་དྷུཊ་ལ་ཡོན་ཏན་དང་འཕེལ་བའི་གནས་ལ་ཨ་ཡིག་ཨཱ་ག་མའོ་ཞེས་ པ་ནི་སྲྀ་ཛ་སྤྲོ་བར་བྱེད་པ་དང་། དྲྀ་ཤིར་ལྟ་བའི་བྱིངས་འདི་དག་གི་དབྱངས་མཐའ་ལས་ཕ་ རོལ་ཏུ་དྷུཊའི་རྐྱེན་ཡོད་པ་ལས་སྔར་ཡོན་ཏན་དང་འཕེལ་བ་ཐོབ་པའི་གནས་ཡིན་པ་ལ། འདིར་ནི་དམིགས་བསལ་གྱི་ཨ་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། སྲྀ་ཛ་དང་དྲྀ་ཤ་ དག་ལ་ཤྭསྟ་ནཱིའི་ཏཱ་བྱིན་པ་ན། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་ཞེས་པས་ཡོན་ཏན་ཐོབ་ པ་ཡིན་ནའང་། མདོ་འདིས་དབྱངས་མཐར་ཨ་ཡིག་ཨཱ་ག་མ་བྱིན་ནས་མཚམས་སྦྱོར་ཞིང་། ཨཱ་དྲུག་པར། བྷྲྀཛ྄་སོགས་ཞེས་པས་སྲཛ྄འི་ཛ་ཡིག་ཥ་དང་ཚ་ཤ་དག་གིའོ་ཞེས་པས་དྲྀ་ཤའི་ 6-1-293 ཤའང་ཥ་དང་། ཨཱ་བརྒྱད་པར། ཥ་དང་ཊ་སྡེ་ལས་ཏ་སྡེའི་ཞེས་པས་ཏཱའང་ཊཱ་རུ་བསྒྱུར་ཏེ་སྦྱར་ བས། སྲཥྚཱྀ། (སྤྲོའོ། །) དྲཥྚཱ་(བལྟའོ། །)ཞེས་པ་དང་། ཡང་དེ་དག་གི་མཐར་ཨ་དྱ་ཏ་ནཱིའི་དི་དང་། ཨཱ་གཉིས་པར། ཨ་དྱ་ཏ་ནཱི་ལས་སི་ཙའོ་ཞེས་པས་བར་དུ་སི་ཙ་དང་། ཨཱ་དྲུག་པར། སི་ཙ་ ལས་སོ་ཞེས་པས་སི་ཙའི་མཐར་ཨཱིཊ་བྱིན་ནས། ཙ་ཡིག་འདིའི་དོན་ལ་འོངས་པས་དབྱི་ཞིང་། ཨཱ་དྲུག་པར། གསལ་བྱེད་མཐའ་རྣམས་ཀྱི་ཨིཊ་མེད་པའི་ཞེས་པས་འཕེལ་བ་ཐོབ་པ་ཡིན་ ནའང་། མདོ་འདིས་དབྱངས་མཐར་ཨ་ཡིག་ཨཱ་ག་མ་བྱིན་ནས་མཚམས་སྦྱར་ཏེ། ཨཱ་དྲུག་ པར། ཨའི་འང་རིང་པོའོ་ཞེས་པས་པྲ་དང་དྲ་རིང་པོར་བསྒྱུར་ལ། ཨཱ་བརྒྱད་པར། ཧྱསྟ་ནཱི་ ཨཱ་དྱ་ནཱི་ཞེས་པས་བྱིངས་ཀྱི་ཐོག་མར་ཨཊ་སྦྱིན་ཞིང་། ཛ་དང་ཤའང་སྔར་བཞིན་ཥ་དང་། དེ་ དག་ཀྱང་། ཨཱ་བརྒྱད་པར། ཥཌྷ་དག་གི་ས་ལ་ཞེས་པས་ཀ་དང་། སའང་སྔར་བཞིན་ཥ་ཡིག་ ཏུ་བསྒྱུར་ཏེ་མཚམས་སྦྱར་བས། ཨ་སྲཱཀྵཱིཏ(དེ་རིང་སྤྲོ)། ཨ་དྲཱཀྵཱིཏ་(དེ་རིང་བལྟ། ) ཅེས་པ་ལྟ་བུའོ། ། དཱིངའི་དབྱངས་དང་པོ་ཡོན་ཏན་མེད་པ་ལའོ་ཞེས་པ་ནི། དཱིང་ཟད་པ་ལའོ་ཞེས་པའི་བྱིངས་ ཀྱི་མཐར་རྐྱེན་དབྱངས་དང་པོ་ཅན་ཡོན་ཏན་མེད་པ་ཕ་རོལ་ཏུ་ཡོད་པ་ལ་ཡ་ཡིག་ཨཱ་ག་མ་ སྦྱིན་པར་འགྱུར་ཏེ། དཔེར་ན། ང་རྗེས་འབྲེལ་ཕྱིས་པའི་དཱི་ཡིག་ཨུ་པ་སྔོན་མ་ཅན་ལ། པ་ རོ྅ཀྵཱའི་ཨེ་བྱིན་ནས་གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། ཐུང་ངུའོ་ཞེས་པས་སྔ་མ་ཐུང་ ངུར་བསྒྱུར་ལ། མདོ་འདིས་ཨེའི་གོང་དུ་ཡ་ཡིག་ཨཱ་ག་མ་སྦྱིན་ཏེ་སྦྱར་བས། ཨུ་པ་དི་དཱི་ཡེ་(ཉེ་ བར་ཟད་དོ། །)ཞེས་པ་ལྟ་བུའོ། ། གསུམ་པ་བྱིངས་མཐའི་ཨཱ་ཡིག་འཕྱིད་ཚུལ་དམིགས་བསལ་དང་བཅས་པ་ནི། བྱིངས་ ཐམས་ཅད་པ་མ་ཡིན་པ་ལ་ཨཱ་དབྱིའོ་ཞེས་པ་བྱིངས་ཀྱི་ཨཱ་ཡིག་རྐྱེན་ཡོན་ཏན་མེད་པ་བྱིངས་ ཐམས་ཅད་པ་མ་ཡིན་པ་ཕ་རོལ་ལ་དབྱི་བར་འགྱུར་ཏེ། དཔེར་ན་པཱ་འཐུང་བ་དང་། ཌུདཱཉ྄་ སྦྱིན་པའི་བྱིངས་ཌུ་དང་ཉ་རྗེས་འབྲེལ་ཕྱིས་པ་ལ་པ་རོ྅ཀྵཱའི་ཨ་ཏུས་བྱིན་ནས། སྔར་བཞིན་ 6-1-294 གཉིས་སུ་བཞག་ཅིང་སྔ་མ་ཐུང་ངུར་བསྒྱུར་ལ། མདོ་འདིས་ཕྱི་མའི་ཨཱ་ཡིག་ཕྱིས་ཏེ་སྦྱར་བས། པ་པ་ཏུཿ(འཐུངས་སོ། །)ད་ད་ཏུཿ (སྦྱིན་ནོ། །)ཞེས་པ་ལྟ་བུའོ། །བྱིངས་ཐམས་ཅད་པའི་རྐྱེན་ཕ་རོལ་ ལ་ནི་མི་འཕྱིད་དེ། དཔེར་ན་ཡཱ་ཐོབ་པའི་བྱིངས་ལ། བརྟ་མཱ་ནཱའི་ཨནྟི་བྱིན་ནས་མཚམས་ སྦྱར་བས། ཡཱནྟི་(ཐོབ་པ་རྣམས། )ཞེས་པ་ལྟ་བུའོ། །ཨིཊ་ལའང་ངོ་ཞེས་པ་ནི་བྱིངས་མཐའི་ཨཱ་ ཡིག་ཨིཊ་ཕ་རོལ་ཏུ་ཡོད་པ་ལའང་དབྱི་བར་འགྱུར་ཏེ། དཔེར་ན། སྔར་བཞིན། པཱ་དང་དཱ་ལ་ པ་རོ྅ཀྵཱའི་ཐལ་བྱིན་ནས། ལ་ཁྱད་པར་གྱི་དོན་དབྱི་ཞིང་། སྔར་བཞིན་གཉིས་སུ་བཞག་པའི་ སྔ་མ་ཐུང་ངུར་བསྒྱུར་ལ། ཨཱ་བདུན་པར། སྲྀ་པྲྀ་བྲྀ་བྷྲྀ་ཞེས་པའི་ངེས་པ་ཅན་ལས། བྱིངས་ མཐར་ཨིཊ་བྱིན་པའི་ཊ་ཁྱད་པར་གྱི་དོན་ཡང་དབྱི་ཞིང་། མདོ་འདིས་མཐའི་ཨཱ་ཡིག་ཕྱིས་ཏེ་ སྦྱར་བས་པ་པི་ཐ། (འཐུངས་ལོ། །)ད་དི་ཐ་(སྦྱིན་ལོ། །)ཞེས་པ་ལྟ་བུའོ། །དཱ་མཱ་གཱ་ཡ་ཏི་པི་ཝ་ཏི་སྠཱ་སྱ་ ཏི་ཛ་ཧཱ་ཏི་རྣམས་ཀྱི་གསལ་བྱེད་དང་པོ་ལ་ཨཱི་ཡིག་གོ་ཞེས་པ་ནི། དཱ་ཞེས་པས་ཌུདཱ་ཉ་དང་། ཌུདྷཱཉ་ལ་སོགས་པ་དཱའི་མིང་ཅན་རྣམས་དང་། མཱ་ཞེས་པ། མཱང་ཚད་དང་། མཱ་འཇལ་བ་ དང་། ཡང་ན་མེང་བརྡབ་ལན་དང་། གཱ་ཡ་ཏི་ཞེས་པ་གཻ་སྒྲ་དང་། ཡང་ན་གཱ་འགྲོ་བ་དང་། པི་ བ་ཏི་ཞེས་པ་པཱ་འཐུང་བ་དང་། ཥྛཱ་འགྲོ་བ་ལ་མི་འཇུག་པ་དང་། སྱ་ཏི་ཞེས་པ་ཥོ་མཐའི་ལས་ དང་། ཛ་ཧཱ་ཏི་ཞེས་པ་ཨོ་ཧཱཀ་འདོར་བ་ལ་འཇུག་པའི་བྱིངས་འདི་རྣམས་ཀྱི་མཐའི་དབྱངས་ ནི་བྱིངས་ཐམས་ཅད་པ་མིན་པ་གསལ་བྱེད་དང་པོ་ཅན་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ཏུ་ ཡོད་པ་ལ། ཨཱི་ཡིག་རིང་པོར་འགྱུར་ཏེ། དཔེར་ན། དེ་རྣམས་ཀྱི་ཌུ་དང་ཉ་དང་ང་དང་ཨོ་དང་ ཀ་རྗེས་འབྲེལ་རྣམས་ཕྱིས་པ་ལ། ཝརྟ་མཱ་ནཱའི་ཏེ་བྱིན་ནས། ཨཱ་གཉིས་པར། བྱིངས་ཐམས་ ཅད་པ་ལ་ཞེས་པས་བར་དུ་ཡཎ་བྱིན་པའི་ཎ་དབྱི་ཞིང་། ཏེ་བྱིངས་ཐམས་ཅད་པ་ཡིན་ཀྱང་། ཡཎ་བྱིངས་ཐམས་ཅད་པ་མིན་པས། མདོ་འདིས་མཐའི་དབྱངས་རྣམས་ཨཱི་ཡིག་ཏུ་བསྒྱུར་ བས་རིམ་པ་ལྟར། དཱི་ཡ་ཏེ(སྦྱིན་པར་བྱེད)། དྷཱི་ཡ་ཏེ(འཛིན)། མཱི་ཡ་ཏེ(འཇལ)། གཱི་ཡ་ཏེ(གླུ་ལེན)། པཱི་ 6-1-295 ཡ་ཏེ་(འཐུང་བར། )ཞེས་པ་དང་། ཥྛཱ་ལ་ཨཱ་བརྒྱད་པར། བྱིངས་ཀྱི་དང་པོའི་ཥའི་སའོ་ཞེས་པས་ཥ་ ཡིག་ས་དང་། པ་རི་བྷཱ་ཥར། རྒྱུ་མཚན་འབྱུང་བ་མེད་པར་ཞེས་པས་ཋ་ཡིག་ཐ་རུ་བསྒྱུར་བས། སྠཱིཡ་ཏེ་(གནས་པར་བྱེད། )ཞེས་པ་དང་། ཥོ་ལ་ཉེར་བསྒྱུར་ཨ་ཝ་སྔོན་དུ་བཞག་ཅིང་། སྔར་བཞིན་ ཥ་ཡིག་ས་རུ་བསྒྱུར་བས། ཨ་ཝ་སཱི་ཡ་ཏི་(ལྷག་མར་བྱེད། ) ཞེས་པ་དང་། ཧཱ་ལ་སྔར་བཞིན། ཧཱི་ ཡ་ཏེ་(གཏོང་བར་བྱེད། )ཞེས་པ་ལྟ་བུའོ། །རྣམ་དབྱེ་དབྱངས་དང་པོ་ཅན་ལ་ནི། མཐའི་དབྱངས་ཨཱི་ ཉིད་དུ་མི་འགྱུར་ཏེ། དཱ་ལ་པ་རོ྅ཀྵཱའི་ཨེ་བྱིན་ནས། སྔར་བཞིན་གཉིས་སུ་བཞག་པའི་སྔ་མ་ ཐུང་ངུར་བསྒྱུར་ཞིང་། ལེའུ་འདིར་བྱིངས་ཐམས་ཅད་པ་མ་ཡིན་པ་ཞེས་པས། མཐའི་ཨཱ་ཕྱིས་ ཏེ་སྦྱར་བས། ད་དེ་(སྦྱིན་ལོ། །)ཞེས་པ་དང་། དེ་བཞིན་དུ་གཞན་ལའང་སྦྱར་བས། དྷ་དྷེ། (བཟུང་ ངོ་། །) མ་མེ(འཇལ་བར་བྱས)། ག་གེ་(གླུ་བླངས། )ཞེས་པ་ལ་སོགས་པ་ལྟ་བུའོ། །ཨཱ་ཤཱི་ཥ་ལ་ཨེ་ཡིག་ གོ་ཞེས་པ་ནི་བཤད་མ་ཐག་པའི་བྱིངས་དེ་རྣམས་ཀྱི་མཐའི་དབྱངས་རྣམས་ཨཱ་ཤཱིཥའི་རྐྱེན་ ཡོན་ཏན་མེད་པ་ཕ་རོལ་ལ་ཨེ་ཡིག་ཏུ་འགྱུར་ཞེས་པ་སྔ་མ་ལས་དམིགས་ཀྱིས་བསལ་བ་སྟེ། དཔེར་ན། དཱ་སྦྱིན་པ་དང་། མཱ་འཇལ་བ་དང་། གཱ་འགྲོ་བ་དང་། པཱ་འཐུང་བ་དང་། ཥྛཱ་འགྲོ་བ་ ལྡོག་པ་དང་། ཥོ་མཐའི་ལས་དང་། ཧ་འདོར་བའི་བྱིངས་རྣམས་ལ། ཨཱ་ཤཱིཥའི་ཡཱཏ྄་བྱིན་པ་ ན། མཐའི་དབྱངས་སྔར་བཞིན་ཨཱི་ཡིག་ཏུ་ཐོབ་པ་ཡིན་པ་ལ། མདོ་འདིས་ཨེ་ཡིག་ཏུ་བསྒྱུར་ བས། དེ་ཡཱཏ (སྦྱིན་པར་འགྱུར)། མེ་ཡཱཏ(འཇལ་བར་འགྱུར)། གེ་ཡཱཏ྄(གླུ་ལེན་པར་འགྱུར)། པེ་ཡཱཏ(འཐུང་ བར་འགྱུར)། སྠེ་ཡཱཏ(གནས་པར་འགྱུར)། ཨ་ཝ་སེ་ཡཱཏ(ལྷག་མ་བྱེད་པར་འགྱུར)། ཧེ་ཡཱཏ་(གཏོང་བར་འགྱུར་) ཅེས་པ་ལྟ་བུའོ། ། གཉིས་པ་རྐྱེན་ལ་རྣམ་འགྱུར་འབྱུང་ཚུལ་བསྡུས་ཏེ་བསྟན་པ་ནི། སི་ཙ་ཨ་བྷྱསྟ་བིད་ ཨཱཏ་རྣམས་ལས་བྷཱུ་མ་ཡིན་པའི་ཨ་ནའི་ཨུས་སོ་ཞེས་པས་སི་ཙ་དང་། ཨ་བྷྱསྟ་དང་། བིད་ དང་། ཨཱ་ཡིག་རྣམས་ལས་ཕ་རོལ་གྱི་རྐྱེན་ཨན་ནི་ཨུས་སུ་འགྱུར་ཞིང་། བྷཱུའི་མཐའ་ལ་ནི་མི་ 6-1-296 འགྱུར་ཞིང་ཨཱཏ་ཀྱི་ཏ་ཡིག་ནི་ཨ་ཐུང་བསལ་བའི་དོན་ཏོ། །དཔེར་ན། སིཙ྄་ལ། ཀྲྀཉ྄་བྱེད་པ་ དང་། ཧྲྀཉ྄་འཕྲོག་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། མཐར་ཨདྱ་ཏ་ནཱིའི་ཨན་དང་། ཨཱ་ གཉིས་པར། ཨ་དྱཏ་ནཱི་ལས་ཞེས་པས། བར་དུ་སི་ཙ་བྱིན་ནས། ཨི་དང་ཙ་ཁྱད་པར་གྱི་དོན་ དབྱི་ཞིང་། ཨཱ་དྲུག་པར། སི་ཙ་ལས་པ་རསྨཻ་ལ་ཞེས་པས་རྀ་ཡིག་གི་འཕེལ་བ་ཨཱར་དུ་བསྒྱུར་ ལ། བྱིངས་ཀྱི་དང་པོར་ཨཊ་བཞག་ཅིང་། མདོ་འདིས་ཨན་གྱི་རྐྱེན་ཨུས་དང་སྔར་བཞིན་ས་ ཡིག་ཥ་རུ་བསྒྱུར་ཏེ་སྦྱར་བས། ཨ་ཀཱཪྵུཿ (བྱེད་དོ། །) ཨ་ཧཱཪྵུཿ (འཕྲོག་གོ། )ཞེས་པ་ལྟ་བུ་དང་། ཨ་ བྷྱསྟ་ལ་ནི། ཛཱ་གྲྀ་སད་པའི་བྱིངས་ལ། མཐར་ཧྱསྟ་ནཱིའི་ཨན་བྱིན་ནས། ཨཱ་གཉིས་པར། བྱེད་ པ་པོ་ལ་ཞེས་པས་བར་དུ་ཨན་བྱིན་པ། ལེའུ་འདིར། ཨད་སོགས་ལས་ཞེས་པས་དབྱི་ཞིང་། དང་པོར་ཨཊ་བཞག་ལ་ཨན་ཡིག་ཨུས་དང་། རྀ་ཡིག་ཡོན་ཏན་ཨར་དུ་བསྒྱུར་ཏེ་སྦྱར་ བས། ཨ་ཛཱ་ག་རུཿ(གཉིད་སད་དོ། །)ཞེས་པ་དང་། བིད་ཤེས་པའི་དོན་གྱི་བྱིངས་ལ་ཧྱསྟ་ནཱིའི་ཨན་ བྱིན་པ་ཨུས྄་སུ་བསྒྱུར་ཏེ་བྱིངས་ཀྱི་དང་པོར་ཨཊ་བཞག་པས། ཨ་བི་དུཿ(ཤེས་སོ། །)ཞེས་པ་ དང་། ཨཱཏ྄་མཐའ་ལ་ནི། ཡཱ་ཐོབ་པ་དང་རཱ་ལེན་པའི་བྱིངས་ལ་ཧྱསྟ་ནཱིའི་ཨན་བྱིན་པ་ཨུས྄་ སུ་བསྒྱུར་ནས། དང་པོར་ཨཊ་བཞག་ཅིང་། ཨཱ་དྲུག་པར། ཨཱ་ཡིག་གི་ཨུས་ལའོ་ཞེས་པས་ བྱིངས་མཐའི་ཨཱ་ཡིག་ཕྱིས་ཏེ་སྦྱར་བས། ཨ་ཡུཿ(ཐོབ་བོ། །)ཨ་རུཿ(ལེན་ནོ། །)ཞེས་པ་ལྟ་བུའོ། །བྷཱུ་ ལ་ནི་མཐར་ཨ་དྱ་ཏ་ནཱིའི་ཨན་བྱིན་ནས། ཨ་དྱ་ཏ་ནཱི་ལས་ཞེས་པས་བར་དུ་སི་ཙ་བྱིན་པ་ན། ཨན་ཡིག་ཨུས྄་སུ་འགྱུར་བ་དམིགས་བསལ་གྱིས་བཀག་ལ། ལེའུ་འདིར། ཨི་ཎ་སྠཱ་དཱ་བི་ཝ་ ཏི་ཞེས་པས་སི་ཙ་དབྱི་ཞིང་། དང་པོར་ཨཊ་བཞག་སྟེ། འདི་ཉིད་དུ་བྷཱུའི་མཐའ་ཞེས་པས་ཝ་ ཡིག་ཨཱ་ག་མ་བྱིན་ནས་སྦྱར་བས། ཨ་བྷཱུ་ཝན་(དེ་རིང་ཡོད། ) ཞེས་པ་ལྟ་བུའོ། ། གསུམ་པ་རྐྱེན་དང་བྱིངས་རྣམས་འཕྱིད་མི་འཕྱིད་ཀྱི་དམིགས་བསལ་རྒྱས་པར་བསྟན་ པ་ནི། ཨི་ཙ་ལས་ཏ་དབྱིའོ་ཞེས་པ་ཨིཙ྄་ལས་ཕ་རོལ་གྱི་ཏའི་རྐྱེན་དབྱི་བར་འགྱུར་ཏེ། དཔེར་ 6-1-297 ན། པ་ཋ་ཀློག་པའི་བྱིངས་ཀྱི་མཐར། ཨ་དྱ་ཏ་ནཱིའི་ཨཱཏ྄་མ་ནེའི་ཏ་བྱིན་ནས། ཨཱ་གཉིས་པར། དངོས་པོ་དང་ལས་དག་ལ་ཡང་ངོ་ཞེས་པས་བར་དུ་ཨིཙ྄་བྱིན་པ་ན། ཏ་དབྱི་ཞིང་། ཙའང་ འདིའི་དོན་ལ་འོངས་པས་ཕྱིས་ལ། ཨཱ་དྲུག་པར། ཨིན་ཨིཙ྄་ཞེས་པས་པ་ཡིག་རིང་པོར་ བསྒྱུར་ཏེ། དང་པོར་ཨཊ་བཞག་པས། ཨ་པཱ་ཋི་(དེ་རིང་ཀློག་གོ། )ཞེས་པ་ལྟ་བུའོ། །ཨ་ཡིག་ལས་ ཧནྟི་མ་ཡིན་པའི་ཧིའོ་ཞེས་པ་ནི། སྤྱིར་ཨ་ཡིག་ལས་ཕ་རོལ་གྱི་ཧིའི་རྐྱེན་དབྱི་བར་འགྱུར་ཞིང་། ཁྱད་པར་ཧན་འཚེ་བའི་བྱིངས་ལ་ནི་མ་ཡིན་ཏེ། དཔེར་ན། པ་ཙ་འཚེད་པ་དང་། པ་ཋ་ཀློག་ པའི་བྱིངས་ཀྱི་ཨ་ཡིག་བརྗོད་དོན་ཕྱིས་པ་ལ། པཉྩ་མཱིའི་ཧི་བྱིན་ནས་བར་དུ་བྱེད་པ་པོ་ལ་ ཨན་བྱིན་པའི་ན་དབྱི་ཞིང་། མདོ་འདིས་ཨ་ལས་ཕ་རོལ་གྱི་ཧི་ཕྱིས་པས། པ་ཙ། (འཚེད་པར་གྱུར་ ཅིག) པ་ཋ་(ཀློག་པར་གྱུར་ཅིག)ཞེས་པ་ལྟ་བུའོ། །ཧ་ན་ལ་ཧི་བྱིན་པ་ན། བར་དུ་ཨན་བྱིན་པ་ནི་ ཨད་སོགས་ཀྱི་དབྱི་ཞིང་། ལེའུ་འདིར། ཧནྟིའི་ཧི་ལ་ཛའོ་ཞེས་པས་ཧ་ན་ཛ་ཡིག་ཏུ་བསྒྱུར་ཏེ། ཧི་མ་ཕྱིས་པས། ཛ་ཧི་(འཚེ་བར་གྱུར་ཅིག) ཞེས་པ་ལྟ་བུའོ། །ནུ་ལས་ཀྱང་བརྩེགས་པ་མ་ཡིན་པ་ ལས་བི་ཀ་ར་ཎ་ལས་སོ་ཞེས་པ་ནི་བྱིངས་ཡི་གེ་བརྩེགས་པ་མ་ཡིན་པའི་མཐར། བི་ཀ་ར་ཎ་ འི་ནུ་ཡོད་པ་ལས་ཕ་རོལ་གྱི་ཧིའི་རྐྱེན་ཡང་དབྱི་བར་འགྱུར་ཏེ། དཔེར་ན། ཥུཉ་འཁྲུད་པ་དང་། ཙིཉ྄་སོགས་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། པཉྩ་མཱིའི་ཧི་བྱིན་ནས། ཨཱ་གཉིས་ པར། སུ་སོགས་ལས་ཞེས་པས་བར་དུ་ནུ་ཡིག་བི་ཀ་ར་ཎ་བྱིན་པ་ན། མདོ་འདིས་ཧི་དབྱི་ཞིང་ སྔར་བཞིན་བྱིངས་ཀྱི་དང་པོའི་ཥ་ཡིག་ས་རུ་བསྒྱུར་བས་སུ་ནུ(འཁྲུད་པར་གྱུར་ཅིག)། ཙི་ནུ་(སོག་པར་ གྱུར་ཅིག)ཞེས་པ་ལྟ་བུའོ། །བརྩེགས་པ་ལས་ནི་ནུ་ཡོད་ཀྱང་ཕ་རོལ་གྱི་ཧི་མི་འཕྱིད་དེ། ཤ་ཀླྀ་ ནུས་པའི་བྱིངས་ལྀ་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་ཧི་དང་ནུ་སྦྱིན་ནས་སྦྱར་བས། ཤཀྣུ་ ཧི་(ནུས་པར་གྱུར་ཅིག)ཞེས་པ་ལྟ་བུའོ། །ཨུ་ཡིག་ལས་ཀྱང་ངོ་ཞེས་པ་ནི་བྱིངས་མཐར་ཨུ་ཡིག་བི་ ཀ་ར་ཎ་ཡོད་པ་ལས་ཀྱང་ཧིའི་རྐྱེན་དབྱི་བར་འགྱུར་ཏེ། དཔེར་ན། ཏ་ནུ་རྒྱས། ས་ནུ་སྦྱིན། ཧ་ 6-1-298 ནུ་རྒྱས་པའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ། པཉྩ་མཱའི་ཧི་བྱིན་ནས། ཨཱ་གཉིས་པར། ཏ་ན་ སོགས་ཞེས་པས་བར་དུ་ཨུ་ཡིག་བི་ཀ་ར་ཎ་བྱིན་པ་ན། མདོ་འདིས་ཧི་ཕྱིས་ཏེ་སྦྱར་བས། ཏ་ ནུ(རྒྱས་པར་གྱུར)། ས་ནུ (སྦྱིན་པ་གྱུར)། ཧ་ནུ་(རྒྱས་པར་གྱུར། )ཞེས་པ་ལྟ་བུའོ། །ཨུ་ཡིག་ཝ་མ་དག་ལ་ ཡང་ན་དབྱིའོ་ཞེས་པ་ནི། བྱིངས་ཡི་གེ་བརྩེགས་པ་མ་ཡིན་པའི་མཐའི་བི་ཀ་ར་ཎ་འི་ཨུ་ཡིག་ ཕ་རོལ་ཏུ་རྐྱེན་ཝ་ཡིག་དང་མ་ཡིག་དག་ཡོད་པ་ལ་ཡང་ན་དབྱི་བར་འགྱུར་ཏེ། དཔེར་ན། ཥུཉ་ འཁྲུད་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། ཝརྟ་མཱ་ནཱའི་ཝས་དང་མས་བྱིན་ནས། ཨཱ་ གཉིས་པར། སུ་སོགས་ལས་ཞེས་པས་བར་དུ་ནུ་ཡིག་བི་ཀ་ར་ཎ་བྱིན་པ་ན། མདོ་འདིས་ནུའི་ ཨུ་ཡིག་དབྱི་ཞིང་། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོའི་ཞེས་པས་ཥ་ཡིག་ས་རུ་བསྒྱུར་བས། སུནྤཿསུནྨཿ(འཁྲུད་པར་བྱེད། ) ཞེས་པ་དང་། ཏ་ནུ་རྒྱས་པའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལའང་། གཞན་སྔར་དང་འདྲ་ཞིང་། ཏན་སོགས་ལས་བར་དུ་ཨུ་ཡིག་བི་ཀ་ར་ཎ་བྱིན་པ་ཕྱིས་པས། ཏནྺཿ ཏནྨཿ(རྒྱས་པར་བྱེད། )ཞེས་པ་ལྟ་བུའོ། །ཡང་ན་མ་ཕྱིས་པ་ལས་ནི། སུ་ནུ་ཝཿ(འཁྲུད་པར་བྱེད། ) སུ་ནུ་མཿ(འཁྲུད་པར་བྱེད། ) ཏ་ནུ་ཝཿ(རྒྱས་པར་བྱེད། ) ཏ་ནུ་མཿ (རྒྱས་པར་བྱེད། )ཞེས་པ་ལྟ་བུའོ། །ཀ་རོ་ ཏི་ལས་རྟག་ཏུའོ་ཞེས་པ་ནི། ཌུཀྲྀཉ་བྱེད་པའི་བྱིངས་ལས་ཕ་རོལ་གྱི་ཨུ་ཡིག་བི་ཀ་ར་ཎ་ཕ་ རོལ་ཏུ་རྐྱེན་ཝ་དང་མ་ཡོད་པ་ལ་རྟག་ཏུ་དབྱི་བར་འགྱུར་ཏེ། དཔེར་ན། རྗེས་འབྲེལ་ཕྱིས་ པའི་ཀྲྀལ་སྔར་བཞིན་ཝས་དང་མས་བྱིན་ནས། ཏན་སོགས་ལས་བར་དུ་ཨུ་ཡིག་བྱིན་པ་མདོ་ འདིས་དབྱི་ཞིང་། ཨཱ་ལྔ་པར། ཀ་རོ་ཏིའིའོ་ཞེས་པས་རྀ་ཡིག་ཨར་དང་། མདོ་འོག་མས་ཨ་ ཡིག་ཀྱང་ཨུ་རུ་བསྒྱུར་ཏེ་སྦྱར་བས། ཀུཪྺཿ (བྱེད་པ་དག) ཀུཪྨཿ (བྱེད་རྣམས། )ཞེས་པ་ལྟ་བུའོ། །ཀ་ རོ་ཏི་ཞེས་སྨོས་པ་ནི་ཀྲྀཉ྄་འཚེ་བ་ལའོ་ཞེས་སོགས་དང་མི་འཁྲུལ་བའི་དོན་ཏོ། །སཔྟ་མཱིའི་ཡ་ ལའང་ངོ་ཞེས་པ་ནི་ཀ་རོ་ཏིའི་ཨུ་ཡིག་ཕ་རོལ་ཏུ་སཔྟ་མཱིའི་ཡ་ཡིག་ཡོད་པ་ལའང་དབྱི་བར་ འགྱུར་ཏེ། དཔེར་ན། ཀྲྀ་ཉ་བྱེད་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ། སཔྟ་མཱིའི་ཡཱཏ྄་བྱིན་ནས། 6-1-299 བར་དུ་ཏན྄་སོགས་ཀྱི་ཨུ་བྱིན་པ་མདོ་འདིས་དབྱི་ཞིང་། སྔ་མ་ལྟར་རྀ་ཡིག་ཨར྄་དང་ཨ་ཡིག་ ཨ྄ུ་རུ་བསྒྱུར་བས། ཀུཪྻཱཏ་(མཛོད། )ཅེས་པ་ལྟ་བུའོ། །བྱིངས་ཐམས་ཅད་པ་ཡོན་ཏན་མེད་པ་ལ་ ཨའི་ཨུ་ཡིག་གོ་ཞེས་པ་ནི་ཀ་རོ་ཏིའི་ཨ་ཡིག་རྐྱེན་བྱིངས་ཐམས་ཅད་པ་ཡོན་ཏན་མེད་པ་ཕ་ རོལ་ཏུ་ཡོད་པ་ལ་ཨུ་ཡིག་ཏུ་འགྱུར་ཏེ། དཔེར་ན། ཀྲྀ་བྱེད་པའི་བྱིངས་ལ། ཝརྟ་མཱ་ནཱའི་ཏས་ དང་། ཨནྟི་བྱིན་ནས། ཏན་སོགས་ཀྱི་བར་དུ་ཨུ་བྱིན་པ་ན། སྔར་བཞིན་རྀ་ཡིག་ཨར་དང་། མདོ་འདིས་ཨ་ཡིག་ཨུ་རུ་བསྒྱུར་ཏེ་མཚམས་སྦྱར་བས། ཀུ་རུ་ཏཿ (བྱེད་པ་དག)ཀུཪྺནྟི་(བགྱིས་ ཤིག)ཞེས་པ་ལྟ་བུའོ། །ཡོན་ཏན་ཅན་ལ་ནི་ཨ་ཡིག་ཨུ་རུ་མི་འགྱུར་ཏེ། དཔེར་ན། ཀྲྀ་ལ་ཝརྟ་ མཱ་ནཱའི་མི་བྱིན་ནས། བར་དུ་ཏན་སོགས་ཀྱི་ཨུ་བྱིན་པ། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་ ཞེས་པས་ཡོན་ཏན་ཨོ་རུ་འགྱུར་ཞིང་། རྀ་སྔར་བཞིན་ཨར་དུ་བསྒྱུར་བའི་ཨ་ཡིག་ནི་ཡོན་ ཏན་དུ་འགྱུར་བས་ཨོ་རུ་མི་འགྱུར་བས། ཀ་རོ་མི་ཞེས་པ་ལྟ་བུའོ། །རུ་དྷ་སོགས་ཀྱི་བི་ཀ་ར་ ཎའི་མཐའ་དབྱིའོ་ཞེས་པ་ནི་རུ་དྷིར་སྒྲིབ་པ་དང་། བྷི་དིར་རྣམ་པར་འཇོམས་པ་དང་། ཙྪི་དི་ ར་གཉིས་སུ་བྱེད་པའི་བྱིངས་འདི་རྣམས་ལ་བྱིན་པའི་ན་བི་ཀ་ར་ཎའི་མཐའི་དབྱངས། བྱིངས་ ཐམས་ཅད་པའི་རྐྱེན་ཡོན་ཏན་མེད་པ་ཕ་རོལ་ལ་དབྱི་བར་འགྱུར་ཏེ། དཔེར་ན། དེ་རྣམས་ཀྱི་ རྗེས་འབྲེལ་ཕྱིས་པ་ལ། ཝརྟ་མཱ་ནཱའི་ཏས་བྱིན་ནས་ཨ་གཉིས་པར། རུ་དྷ་སོགས་ཀྱི་ན་ཡིག་ བི་ཀ་ར་ཎ་དབྱངས་མཐར་བྱིན་པ་ན། མདོ་འདིས་ནའི་དབྱངས་དབྱི་ཞིང་། ཨཱ་བརྒྱད་པར། གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་བྱིངས་སྔོན་མ་ལ་བྱིན་པའི་ཏ་ཡིག་དྷ་དང་། དེ་ཉིད་དུ་དྷུཊ་ རྣམས་ཀྱི་བཞི་པ་རྣམས་ལ་ཞེས་པས་བྱིངས་ཀྱི་དྷའང་ད་ཡིག་དང་། ཡང་དེ་ཉིད་དུ། སྒྲ་མེད་ པ་རྣམས་ཀྱི་ཤིཊ་མ་ཡིན་པ་ཞེས་པས་བྱིངས་ཕྱི་མ་གཉིས་ཀྱི་ད་ཡིག་ཀྱང་ཏ་རུ་བསྒྱུར་བས། རུནྡྡྷཿ(སྒྲིབ་པ་དག)བིནྟྟཿ (རྣམ་པར་འཇོམས་པ་དག)ཙྪིནྟྟཿ (གཅོད་པ་དག)ཞེས་པ་ལྟ་བུ་སྟེ། མཐའ་དབྱི་ བ་སྨོས་པ་ནི་ན་བི་ཀ་ར་ཎ་དབྱི་བ་ལྡོག་པའི་དོན་ཏོ། །ཨསྟིའི་དང་པོའིའོ་ཞེས་པ་ནི་ཨས་ཡོད་ 6-1-300 པ་ལ་འཇུག་པའི་བྱིངས་འདིའི་དང་པོའི་ཨ་ཡིག་བྱིངས་ཐམས་ཅད་པའི་རྐྱེན་ཡོན་ཏན་མེད་ པ་ཕ་རོལ་ལ་དབྱི་བར་འགྱུར་ཏེ། དཔེར་ན། ཨས་དག་ལ་ཝརྟ་མཱ་ནཱའི་ཏས་དང་། ཨནྟི་བྱིན་ ནས། བར་དུ་ཨན་བྱིན་པ་ཨད་སོགས་ཀྱི་དབྱི་ཞིང་། མདོ་འདིས་དང་པོའི་ཨ་ཕྱིས་ཏེ་སྦྱར་ བས། སྟཿ(ཡོད་པ་དག) སནྟིཿ (ཡོད་པ་རྣམས། )ཞེས་པ་ལྟ་བུའོ། །ཨ་བྷྱསྟ་རྣམས་ཀྱི་ཨཱ་ཡིག་གོ་ཞེས་ པ་ནི་ཨ་བྷྱསྟ་རྣམས་ཀྱི་ཨཱ་ཡིག་གང་ཡིན་པ་དེ་བྱིངས་ཐམས་ཅད་པའི་རྐྱེན་ཡོན་ཏན་མེད་པ་ ཕ་རོལ་ལ་དབྱི་བར་འགྱུར་ཏེ། དཔེར་ན། དཱཉ་སྦྱིན་པ་དང་། ཨོ་ཧཱ་ཀ་གཏོང་པའི་བྱིངས་ཉ་ དང་ཨོ་དང་ཀ་རྗེས་འབྲེལ་ཕྱིས་པ་ལ་ཝརྟ་མཱངྣཱཾའི་ཨནྟི་བྱིན་ནས། བར་དུ་ཨན་བྱིན་པ་ཛུ་ཧོ་ ཏི་སོགས་ཀྱི་དབྱི་ཞིང་། མདོ་དེ་ཉིད་ཀྱིས་གཉིས་སུ་བཞག་པའི་སྔ་མ། ཨཱུ་གསུམ་པར། ཐུང་ ངུའོ་ཞེས་པ་ལྟར་བསྒྱུར་ལ། མདོ་འདིས་ཕྱི་མའི་ཨཱུ་ཡིག་དང་ཨཱུ་ལྔ་པར། ཨ་བྷྱསྟ་ལས་ཞེས་ པས། ཨིནྟའི་ན་ཡིག་ཀྱང་ཕྱིས་ནས། ཨཱུ་གསུམ་པར། ཧའི་ཛའོ་ཞེས་པས་ཧ་སྔ་མ་ཛ་རུ་བསྒྱུར་ ཏེ་སྦྱར་བས། ད་ད་ཏི (སྦྱིན་པ་རྣམས)། ཛ་ཧ་ཏི་(གཏོང་བ་རྣམས། )ཞེས་པ་ལྟ་བུའོ། །ཀྲཱི་སོགས་རྣམས་ ཀྱི་བི་ཀ་ར་ཎའི་འོ་ཞེས་པ་ནི་ཀྲཱི་སོགས་ཀྱི་བྱིངས་རྣམས་ཀྱི་བི་ཀ་ར་ཎའི་ཨཱུ་ཡིག་ཀྱང་བྱིངས་ ཐམས་ཅད་པའི་རྐྱེན་ཡོན་ཏན་མེད་པ་ཕ་རོལ་ལ་དབྱི་བར་འགྱུར་ཏེ། དཔེར་ན། ཌུཀྲཱིཉ་རྫས་ བརྗེ་བ་དང་། པྲཱི་ཉ་ཚིམ་པའི་བྱིངས་ཌུ་དང་ཉ་རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ཨནྟི་བྱིན་ ནས། ཨཱ་གཉིས་པར། ཀྲཱི་སོགས་ལས་ཞེས་པས་ནཱ་ཡིག་བི་ཀ་ར་ཎ་བྱིན་པའི་ཨཱུ་ཡིག་མདོ་ འདིས་དབྱི་ཞིང་། ནཱ་བཞི་པར། ར་ཥ་རྀའི་ཞེས་པས་ན་ཡིག་ཎ་རུ་བསྒྱུར་ཏེ་སྦྱར་བས། ཀྲཱི་ ཎནྟི(ཉོ་བར་བྱེད་པ་རྣམས)། པྲཱི་ཎནྟི་(དགའ་བར་བྱེད་པ་རྣམས། )ཞེས་པ་ལྟ་བུའོ། །གཉི་ག་རྣམས་ཀྱི་དཱ་ མིན་པའི་གསལ་བྱེད་དང་པོ་ལ་ཨཱི་ཡིག་གོ་ཞེས་པ་ནི་གཉི་ག་རྣམས་ཏེ་བཤད་མ་ཐག་པའི་ ཨ་བྷྱསྟའི་ཨཱུ་ཡིག་དང་ཀྲཱི་སོགས་ཀྱི་བི་ཀ་ར་ཎའི་ཨཱ་ཡིག་དཱའི་མིང་ཅན་རྣམས་མིན་པ་ནི་ བྱིངས་ཐམས་ཅད་པའི་རྐྱེན་ཡོན་ཏན་མེད་པ་གསལ་བྱེད་དང་པོ་ཅན་ཕ་རོལ་ཏུ་ཡོད་པ་ལ་ཨཱི་ 6-1-301 ཉིད་དུ་འགྱུར་ཏེ། དཔེར་ན། ཨ་བྷྱསྟ་ལ་ནི་མཱང་འཇལ་བའི་བྱིངས་ཀྱི་ང་རྗེས་འབྲེལ་ཕྱིས་པ་ ལ། ཝརྟ་མཱ་ནཱའི་ཏེ་དང་སེ་དང་དྷྭེ་བྱིན་ནས། བར་དུ་ཨན་བྱིན་པ་ཛུ་ཧོ་ཏི་སོགས་ཀྱིས་ཕྱིས་ ལ། སྔར་བཞིན་བྱིངས་གཉིས་སུ་བཞག་ཅིང་། ཨཱུ་གསུམ་པར། བ ཉྟྲྀ་ཧཱང་མཱང་རྣམས་ཀྱི་ཞེས་ པས་སྔ་མའི་ཨཱ་ཡིག་ཨི་ཐུང་ངུ་དང་། མདོ་འདིས་ཕྱི་མའི་ཨཱུ་ཡིག་ཨཱིུ་རིང་པོ་དང་། རྒྱུ་མཚན་ ལས་རྐྱེན་གྱི་ས་ཡིག་ཥ་རུ་བསྒྱུར་བས། མི་མཱི་ཏེཿ (འཇལ་བར་བྱེད། ) མི་མཱི་ཥེ(འཇལ་བར་བྱེད)། མི་མཱི་ དྷྭེ་(འཇལ་བར་བྱེད། )ཞེས་པ་དང་། ཨོ་ཧཱུང་འགྲོ་བའི་བྱིངས་ཀྱི་ཨོ་དང་ང་རྗེས་འབྲེལ་ཕྱིས་པ་ལ། གཞན་རྣམས་སྔར་དང་འདྲ་ཞིང་། ཨཱུ་གསུམ་པར། ཧའི་ཛའོ་ཞེས་པས་ཧ་དང་པོ་ཛ་རུ་བསྒྱུར་ བས། ཛི་ཧཱི་ཏེ(གཏོང་པར་བྱེད)། ཛི་ཧཱི་ཥེ(གཏོང་པར་བྱེད)། ཛི་ཧཱི་དྷྭེ་(གཏོང་པར་བྱེད། )ཞེས་པ་ལྟ་བུའོ། ། ཀྲཱིུ་སོགས་ཀྱི་བི་ཀ་ར་ཎ་ལ་ནི་ལཱུཉ་གཅོད་པའི་བྱིངས་ཀྱི་ཉ་རྗེས་འབྲེལ་ཕྱིས་པ་ལ་སྔར་ བཞིན་ཏེ་དང་སེ་དང་དྷྭེ་བྱིན་ནས། པཱུ་སོགས་ཀྱི་ཐུང་ངུའོ་ཞེས་པས་བྱིངས་ཀྱི་སྲོག་ཐུང་ངུར་ བསྒྱུར་ཞིང་། ཨཱ་གཉིས་པར། ཀྲཱི་སོགས་ལས་ཞེས་པས་བྱིངས་མཐར་ནཱ་བི་ཀ་ར་ཎ་བྱིན་ལ། མདོ་འདིས་ནཱའི་དབྱངས་ཨཱི་རིང་པོར་བསྒྱུར་བས། ལུ་ནཱི་ཏེ། ལུ་ནཱི་ཥེ། ལུ་ནཱི་དྷྭེ་(གཅོད་པར་བྱེད། ) ཞེས་པ་དང་། པཱང་འཐུང་བའི་བྱིངས་ཀྱི་ང་ཕྱིས་པ་ལའང་དེ་བཞིན་དུ་སྦྱར་བས། པུ་ནཱི་ཏེ(འཐུང་ པར་བྱེད)། པུ་ནཱི་ཥེ། པུ་ནཱི་དྷྭེ་ཞེས་པ་ལྟ་བུའོ། །དབྱངས་དང་པོ་ཅན་ལ་ནི་ཨཱི་ཉིད་དུ་མི་འགྱུར་ རོ། །དཔེར་ན། སྔར་བཞིན་ཨོ་ཧཱང་འགྲོ་བའི་བྱིངས་ལ། ཝརྟ་མཱ་ནཱའི་ཨནྟི་བྱིན་ནས། ཛུ་ཧོ་ཏི་ སོགས་ཀྱིས་གཉིས་སུ་བཞག་པའི་སྔ་མ་སྔར་བཞིན་ཐུང་ངུ་དང་ཛ་རུ་བསྒྱུར་ཞིང་། ཨཱ་ལྔ་ པར། ཨ་བྷྱསྟ་ལས་ཞེས་པས་ཨནྟིའི་ན་ཡིག་ཕྱིས་ཏེ་སྦྱར་བས། ཛ་ཧཱ་ཏི་(འགྲོ་བ་རྣམས། )ཞེས་པ་ དང་། ཀྲཱི་ལ་ཨནྟི་བྱིན་ནས་བར་དུ་ནཱ་བྱིན་པའི་སྲོག་ཀྲཱི་སོགས་ཀྱི་ཞེས་པས་ཕྱིས་ཏེ་སྦྱར་བས། ཀྲཱི་ཎནྟི་(ཚོང་བྱེད། )ཞེས་པ་ལྟ་བུའོ། །དཱའི་མིང་ཅན་རྣམས་ཀྱི་ཨཱ་ཡིག་ཨཱི་རུ་མི་འགྱུར་བ་ནི། དཔེར་ན། ཌུ་དཱཉ་སྦྱིན་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ། ཝརྟ་མཱ་ནཱའི་ཏས྄་དང་བར་དུ་ 6-1-302 ཨིན་བྱིན་པ་ཛུ་ཧོ་ཏི་སོགས་ཀྱིས་ཕྱིས་ནས་བྱིངས་གཉིས་སུ་བཞག་སྟེ། ཨ་བྷྱསྟ་རྣམས་ཀྱི་ ཞེས་པས་དཱ་ཕྱི་མའི་དབྱངས་ཕྱིས་ལ། ཨཱ་བརྒྱད་པར། ཤིཊ་མ་ཡིན་པ་རྣམས་ཀྱི་ཞེས་པས་ད་ ཡིག་ཀྱང་ཏ་རུ་བསྒྱུར་ཏེ་སྦྱར་ནས། ཨཱ་གསུམ་པར། ཐུང་ངུའོ་ཞེས་པས། དཱ་སྔ་མ་ཐུང་ངུར་ བསྒྱུར་བས། དཏྟཿ (སྦྱིན་ནོ། །)ཞེས་པ་ལྟ་བུ་སྟེ། དེ་བཞིན་ཏུ་དཱའི་མིང་ཅན་གཞན་རྣམས་ལའང་ ཤེས་པར་བྱའོ། །ད་རི་དྲཱ་ཏིའི་ཨི་ཡིག་གོ་ཞེས་པ་ནི་ད་རི་དྲཱའི་མཐའི་དབྱངས། བྱིངས་ཐམས་ ཅད་པའི་རྐྱེན་ཡོན་ཏན་མེད་པ་གསལ་བྱེད་དང་པོ་ཅན་ཕ་རོལ་ལ་ཨི་ཉིད་དུ་འགྱུར་ཏེ། དཔེར་ན། ད་རི་དྲཱ་ལ་བརྟ་མཱ་ནཱའི་ཏས྄་དང་ཝས྄་དང་མས྄་བྱིན་ནས། མདོ་འདིས་དྲཱའི་སྲོག་ ཨི་རུ་བསྒྱུར་བས། ད་རི་དྲི་ཏཿ(དབུལ་པོ་དག)ད་རི་དྲི་བཿད་རི་དྲི་མཿཞེས་པ་ལྟ་བུའོ། །ཛ་ཧཱ་ཏིའི་ སཔྟ་མཱི་ལ་དབྱིའོ་ཞེས་པ་ནི། ཨོ་ཧཱཀ་གཏོང་བའི་བྱིངས་ཀྱི་མཐའི་དབྱངས། སཔྟ་མཱིའི་རྐྱེན་ཕ་ རོལ་ལ་དབྱི་བར་འགྱུར་ཏེ། དཔེར་ན། ཨོ་དང་ཀ་རྗེས་འབྲེལ་ཕྱིས་པའི་ཧཱ་ལ་སཔྟ་མཱིའི་ཡཱཏ་ དང་ཡཱ་ཏཱཾ་དང་། ཡུས་བྱིན་ནས། སྔར་བཞིན་གཉིས་སུ་བཞག་པའི་སྔ་མ་ཐུང་ངུ་དང་ཛ་རུ་ བསྒྱུར་ཞིང་། མདོ་འདིས་ཕྱི་མའི་སྲོག་ཕྱིས་ཏེ་སྦྱར་བས། ཛ་ཧྱཱཏ(གཏོང་བར་མཛོད)། ཛ་ཧྱཱཏཱཾ། ཛ་ ཧྻུཿཞེས་པ་ལྟ་བུའོ། །ཧནྟིའི་དྷུཊ་ལ་བྱིངས་ཐམས་ཅད་པ་ལའོ་ཞེས་པ་ནི། ཧན་འཚེ་བའི་ བྱིངས་ཀྱི་མཐའ། དྷུཊ་དང་པོར་ཡོད་པ་ཅན་གྱི་བྱིངས་ཐམས་ཅད་པའི་རྐྱེན་ཡོན་ཏན་མེད་པ་ ཕ་རོལ་ལའང་དབྱི་བར་འགྱུར་ཏེ། དཔེར་ན། ཧ་ནའི་ཨ་བརྗོད་དོན་ཕྱིས་པ་ལ། བརྟ་མཱ་ནཱའི་ ཏས་དང་ཐས་བྱིན་ནས། མདོ་འདིས་མཐའི་ན་ཡིག་ཕྱིས་པས། ཧ་ཏཿ ཧ་ཐཿ(འཚེ་བདག)ཞེས་ པ་ལྟ་བུའོ། །ཤཱ་སའི་ཨུ་པ་དྷཱའི་ཨཎ་དང་གསལ་བྱེད་དག་ལ་ཨིཏའོ་ཞེས་པ་ནི་ཤཱ་སུ་རྗེས་སུ་ སྟོན་པའི་བྱིངས་འདིའི་ཨུ་པ་དྷཱའི་དབྱངས་ཨཎ་ཕ་རོལ་དང་། ཡོན་ཏན་མེད་པ་གསལ་བྱེད་ དང་པོ་ཅན་རྐྱེན་གྱི་ཕ་རོལ་ལ་ཨི་རུ་འགྱུར་ཞིང་ཏ་ཡིག་ནི་རིང་པོར་མི་འགྱུར་བའི་དོན་ཏེ། དཔེར་ན། ཤཱ་སུའི་ཨུ་རྗེས་འབྲེལ་ཕྱིས་པའི་སྔོན་དུ་ཉེ་བསྒྱུར་ཨུ་པ་བཞག་ཅིང་། མཐར་ཨ་དྱ་ 6-1-303 ཏ་ནཱིའི་དི་དང་ཏཱམ་བྱིན་ནས། ཨཱ་གཉིས་པར། པུ་ཥ་སོགས་ཞེས་པས་བར་དུ་ཨཎ་བྱིན་པའི་ ཎ་སྔར་བཞིན་ཕྱིས་ལ། མདོ་འདིས་ཤཱའི་ཨཱ་ཡིག་ཨི་རུ་བསྒྱུར་ཞིང་། ཨཱ་བརྒྱད་པར། བྱིངས་ ཀྱི་དང་པོར་ཨ་དྱ་ཏ་ནཱི་ཞེས་པས་ཨཊ་བཞག་སྟེ། ཤཱ་སི་བ་སི་གྷ་སི་ཞེས་པས་ས་ཡིག་ཥ་རུ་ བསྒྱུར་ནས་སྔར་བཞིན་སྦྱར་བས། ཨུ་པཱ་ཤི་ཥ་ཏ་ཨུ་པཱ་ཤི་ཥ་ཏཱཾ་(ཁ་སང་ཉེ་བར་སྟོན། )ཞེས་པ་དང་། ཡང་ཤཱས་ཀྱི་མཐར་གསལ་བྱེད་དང་པོ་ཅན། བརྟ་མཱ་ནཱའི་ཏེ་བྱིན་ནས། ཨཱ་གཉིས་པར། བྱིངས་ཐམས་ཅད་པ་ལ་ཞེས་པས་བར་དུ་ཡཎ་བྱིན་པའི་ཎ་དབྱི་ཞིང་། མདོ་འདིས་ཨུ་པ་དྷཱ་ཨི་ དང་། སྔར་བཞིན་ས་ཡིག་ཥ་རུ་བསྒྱུར་བས། ཤི་ཥྱ་ཏེ་ཞེས་པ་ལྟ་བུའོ། །ཧནྟིའི་ཧི་ལ་ཛའོ་ཞེས་ པ་ནི། ཧ་ན་འཚེ་བའི་བྱིངས་འདི་ཉིད་ཧིའི་རྐྱེན་ཕ་རོལ་དུ་ཡོད་པ་ལ། ཛ་ཡིག་ཏུ་འགྱུར་ཏེ། དཔེར་ན། ཨ་ཡིག་བརྗོད་དོན་ཕྱིས་པའི་ཧན་ལ་པཉྩ་མཱའི་ཧི་བྱིན་ནས། མདོ་འདིས་ཧན་ཛ་ ཡིག་ཏུ་བསྒྱུར་བས། ཛ་ཧི་(འཚེ་བར་གྱུར་ཅིག)ཞེས་པ་ལྟ་བུའོ། །དཱ་ཨསྟི་དག་གི་ཨེ་སྟེ་ཨ་བྷྱཱ་ས་ དབྱི་བའང་ངོ་ཞེས་པ་ནི་སྔར་བཤད་པའི་དཱའི་མིང་ཅན་རྣམས་དང་། ཨསྟི་སྟེ་ཨས་ཡོད་པ་ལ་ འཇུག་པའི་བྱིངས་འདི་དག་གི་མཐའ་ཧིའི་རྐྱེན་ཕ་རོལ་ལ་ཨེ་ཉིད་དུ་འགྱུར་ཞིང་། ཨ་བྷྱཱ་ས་ དབྱི་བའང་ཐོབ་སྟེ། དཔེར་ན། ཌུདྷཱ་ཉ་སྦྱིན་པ་དང་། ཌུ་དཱཉ་སྦྱིན་པ་དང་། ཌུདྷཱ་ཉ་འཛིན་པའི་ བྱིངས་རྗེས་འབྲེལ་ཕྱིས་པ་དག་ལ་པཉྩ་མཱིའི་ཧི་བྱིན་ནས། བར་དུ་སྔར་བཞིན་ཨན་བྱིན་པ་ཛུ་ ཧོ་ཏི་སོགས་ཀྱིས་ཕྱིས་ལ་གཉིས་སུ་བཞག་ཅིང་། མདོ་འདིས་ཨཱ་ཡིག་ཨེ་རུ་བསྒྱུར་ཏེ་ཨ་བྷྱཱ་ ས་ཕྱིས་པས། དེ་ཧི། (སྦྱིན་ནོ། །) དྷེ་ཧི་(འཛིན་ནོ། །)ཞེས་པ་དང་། ཨས་ལ་ཧི་བྱིན་ནས་མདོ་འདིས་ ས་ཡིག་ཨེ་རུ་བསྒྱུར་ཞིང་། ཨསྟིའི་དང་པོའོ་ཞེས་པས། ཨ་ཡིག་ཕྱིས་ཏེ། ཨཱ་ལྔ་པར། ཨསྟི་ ལས་ཞེས་པས་ཧི་ཡིག་དྷི་རུ་བསྒྱུར་བས། ཨེ་དྷི་(ཡོད་དོ། །)ཞེས་པ་ལྟ་བུའོ། །གསལ་བྱེད་གཅིག་ པུ་བའི་དབུས་ན་ཡོད་པའི་དང་པོ་མ་བསྒྱུར་བའི་ཨའི་པ་རོ྅ཀྵཱ་ལའོ་ཞེས་པ་ནི་གསལ་བྱེད་ གཅིག་པུ་པ་ལྷན་ཅིག་བརྩེགས་པ་མ་ཡིན་པ་སྔ་ཕྱི་གཉིས་ཀྱི་དབུས་ན་ཡོད་པ། གསལ་བྱེད་ 6-1-304 དང་པོའི་གཟུགས་གཞན་དུ་མ་བསྒྱུར་བའི་དབུས་ཀྱི་སྲོག་གི་ཨ་ཡིག བ་རོ྅ཀྵཱ་ཡོན་ཏན་ མེད་པའི་རྐྱེན་ཕ་རོལ་ལ་ཨེ་ཡིག་ཏུ་བསྒྱུར་ཞིང་ཨ་བྷྱཱ་ས་དབྱི་བའང་ཐོབ་སྟེ། དཔེར་ན། བ་ཙ་ འཚེད་པའི་བྱིངས་ཨ་བརྗོད་དོན་ཕྱིས་པ་དག་ལ། པ་རོ྅ཀྵཱའི་ཨ་ཏུས་དང་། ཨུས་བྱིན་ནས། སྔར་བཞིན་གཉིས་སུ་བཞག་ཅིང་། མདོ་འདིས་དབུས་ཀྱི་ཨ་ཡིག་ཨེ་རུ་བསྒྱུར་ཏེ། ཨ་བྷྱཱ་ས་ ཕྱིས་པས། པེ་ཙ་ཏུཿ(བཅོས་ཚར་ལ། )པེ་ཙུཿ ཞེས་པ་དང་། ད་མུ་ཉེ་བར་ཞི་བའི་བྱིངས་ཨུ་རྗེས་ འབྲེལ་ཕྱིས་པ་ལའང་སྔ་མ་བཞིན་སྦྱར་བས། དེ་མ་ཏུཿ(ཉེ་བར་ཞི་ལོ། །) དེ་མུཿཞེས་པ་ལྟ་བུའོ། ། གསལ་བྱེད་བརྩེགས་པའི་དབུས་ན་ཡོད་པའི་ཨ་ཡིག་ནི་ཨེ་རུ་མི་འགྱུར་ཏེ། དཔེར་ན། རཀྵ་ བསྲུང་བ་དང་། ཏྶ་ར་འགྲོ་བའི་བྱིངས་ཨ་བརྗོད་དོན་ཕྱིས་པ་ལ། ཨ་ཏུས་བྱིན་ནས་གཉིས་སུ་ བཞག་ཅིང་གསལ་བྱེད་དང་པོ་ལྷག་མར་བྱས་ཏེ་སྦྱར་བས། རརཀྵ་ཏུཿ(བསྲུངས་སོ། །)ཏཏྶ་ར་ ཏུཿ(ཕྱིན་ལོ། །)ཞེས་པ་ལྟ་བུའོ། །དང་པོའི་ཡི་གེ་བསྒྱུར་བའི་དབུས་ཀྱི་ཨ་ཡིག་ཀྱང་ཨེ་རུ་མི་ འགྱུར་ཏེ། དཔེར་ན། ཀ་ན་ཟུམ་པའི་བྱིངས་ཨ་བརྗོད་དོན་ཕྱིས་པ་ལ། ཨ་ཏུས་བྱིན་ནས། གཉིས་སུ་བཞག་ཅིང་དང་པོ་ལྷག་མར་བྱས་ལ། ཨཱ་དྲུག་པར། ཙ་སྡེའི་ཞེས་པས་ཀ་ཡིག་སྔ་ མ་ཙ་རུ་བསྒྱུར་བས། ཙ་ཀ་ན་ཏུཿ(ཟུམ་ཚར་རོ། །)ཞེས་པ་ལྟ་བུའོ། །པ་རོ྅ཀྵཱའི་རྐྱེན་མ་ཡིན་པ་ཕ་ རོལ་ལའང་། དབུས་ཀྱི་ཨ་ཡིག་ཨེ་རུ་མི་འགྱུར་ཏེ། དཔེར་ན། པ་ཙ་འཚེད་པའི་བྱིངས་ཨ་ བརྗོད་དོན་ཕྱིས་པ་ལ། བརྟ་མཱ་ནཱའི་ཏི་བྱིན་ནས། བར་དུ་སྔར་བཞིན་བྱེད་པ་པོ་ལ་ཨན་བྱིན་ པའི་ན་ཕྱིས་ཏེ། སྦྱར་བས། པ་ཙ་ཏི་(འཚེད་པར་བྱེད། ) ཞེས་པ་ལྟ་བུའོ། །ཐལ་ལའང་ཨིཊ་དང་ བཅས་པ་ལའོ་ཞེས་པ་ནི་གསལ་བྱེད་གཅིག་པུ་པ་བརྩེགས་པ་མ་ཡིན་པ་དག་གིས་དབུས་ཀྱི་ ཨ་ཡིག་དང་པོའི་ཡི་གེ་མ་བསྒྱུར་བ་དེ་ཉིད། ཐལ་གྱི་རྐྱེན་ལའང་ཨིཊ་དང་བཅས་པ་ཕ་རོལ་ ལ་ཨེ་རུ་འགྱུར་ཞིང་། ཨ་བྷྱཱ་ས་དབྱི་བའང་ཐོབ་སྟེ། དཔེར་ན། ཌུ་པ་ཙཥ་འཚེད་པའི་བྱིངས་ཌུ་ དང་ཥ་རྗེས་འབྲེལ་དང་། ཨ་བརྗོད་དོན་ཕྱིས་པ་དང་། ཤཀླྀ་ནུས་པའི་བྱིངས་ལྀ་རྗེས་འབྲེལ་ 6-1-305 ཕྱིས་པ་ལ། པ་རོ྅ཀྵཱའི་ཐལ་བྱིན་ནས། ཨཱ་བདུན་པར། ཀྲྀ་སྲྀ་བྲྀ་བྷྲྀ་ཞེས་པའི་ངེས་པས་བར་ དུ་ཨིཊ་བྱིན་པའི་ཊ་སྔར་བཞིན་ཕྱིས་ལ། བྱིངས་གཉིས་སུ་བཞག་ཅིང་། མདོ་འདིས་དབུས་ མའི་སྲོག་གི་ཨ་ཡིག་ཨེ་རུ་བསྒྱུར་ཏེ། ཨ་བྷྱཱ་ས་དང་ཐལ་གྱི་ལ་ཡིག་མདོ་འདིའི་དོན་ལ་འོངས་ པ་ཕྱིས་པས། སེ་ཙི་ཐ། (བཙོས་སོ། །) ཤེ་ཀི་ཐ་(ནུས་སོ། །)ཞེས་པ་ལྟ་བུའོ། །ཏྲཱི་ཕ་ལ་བྷ་ཛ་ཏྲ་པ་ཤྲནྠི་ གྲནྠི་དནྦྷི་རྣམས་ཀྱི་ཡང་ངོ་ཞེས་པ་ནི། ཏྲཱི་གཅོད་པ་དང་། ཕ་ལ་རྫོགས་པ་དང་། བྷ་ཛ་བསྟན་ པ་དང་། ཏྲ་པ་ཉེ་བར་ངོ་ཚ་བ་དང་། ཤྲནྠ་གྲནྠ་གཞུང་བསྒྲིག་པ་དང་། དནྦྷུ་ཚུལ་འཆོས་པའི་ བྱིངས་རྣམས་ཀྱིའང་། པ་རོ྅ཀྵཱའི་རྐྱེན་དང་། ཡོན་ཏན་མེད་པའི་ཐལ་ཨིཊ་དང་བཅས་པ་ཕ་ རོལ་ཏུ་ཡོད་པ་ལ་ཨ་ཡིག་རྣམས་ཨེ་ཉིད་དུ་འགྱུར་ཞིང་། ཨ་བྷྱཱ་ས་དབྱི་བའང་ཐོབ་སྟེ། དཔེར་ ན། དེ་རྣམས་ཀྱི་ཨ་དང་ཨི་བརྗོད་དོན་དབྱི་ཞིང་། ཏྲཱྀ་ལ་རིམ་པ་ལྟར་པ་རོ྅ཀྵཱའི་ཨ་ཏུས་དང་། ཨུས་དང་། ཐལ་རྣམས་བྱིན་ནས། ཁྱད་པར་ཐལ་གྱི་གོང་དུ་སྔར་བཞིན་ཨིཊ་སྦྱིན་ཞིང་། བྱིངས་རྣམས་གཉིས་སུ་བཞག་ལ། ཨཱ་ལྔ་པར། རྀཏ་མཐའ་རྣམས་ཀྱིའང་ངོ་ཞེས་པས། ཏྲཱྀའི་ རྀ་ཡིག་ཡོན་ཏན་ཨར་དུ་བསྒྱུར་ཞིང་། མདོ་འདིས་བྱིངས་ཕྱི་མའི་ཨ་ཡིག་རྣམས་ཨེ་རུ་བསྒྱུར་ ནས། ཨ་བྷྱཱ་ས་ཕྱིས་ཏེ་སྦྱར་བས། ཏེ་ར་ཏུཿ(བཅད་ཚར། ) ཏེ་ཏུཿ ཏེ་རི་ཐ་ཞེས་པ་དང་། དེ་བཞིན་ དུ། ཕལ་ལ་རྐྱེན་གསུམ་རིམ་པ་ལྟར་སྦྱར་ཏེ། ཨ་ཡིག་ཨེ་རུ་བསྒྱུར་བས། ཕེ་ལ་ཏུཿ(རྫོགས་ ཚར། ) ཕེ་ལུཿ ཕེ་ལི་ཐ་ཞེས་པ་དང་། དེ་བཞིན་དུ་བྷ་ཛ་ལ་སྦྱར་ནས། བྷེ་ཛ་ཏུཿ(བསྟེན་ནོ། །)བྷེ་ཛུཿ བྷེ་ཛི་ཐ་ཞེས་པ་དང་། ཁྱད་པར་ཏྲཔ་ལ་ཨེ་དང་། ཨཱ་ཏེ་བྱིན་པས། ཏྲེ་པེ། ཏྲེ་པཱ་ཏེ་ཞེས་པ་དང་། ཤྲནྠ་ལ་སོགས་པ་རྣམས་ལ་སྔར་བཞིན་རྐྱེན་གསུམ་སྦྱར་ནས། ཨཱ་དྲུག་པར། ཨིནྡྷི་ཤྲནྠི་ གྲནྠ་དནྦྷི་རྣམས་ཀྱི་ཞེས་པས་ན་ཡིག་ཨ་ནུ་ཥཾ་ག་ཕྱིས་། ཤྲེ་ཐ་ཏུཿ(བསྒྲིགས་ཟིན། )ཤྲེཐུཿ ཤྲེ་ཐི་ཐ་ ཞེས་པ་དང་། གྲེ་ཐ་ཏུཿ གྲེ་ཐུཿ(གཞུང་བསྒྲིགས་ཟིན། ) གྲེ་ཐི་ཐ་ཞེས་པ་དང་། དེ་བྷ་ཏུཿ དེ་བྷུཿ (ཚུལ་ འཆོས་སོ། །)དེ་བྷི་ཐ་ཞེས་པ་ལྟ་བུའོ། །ཤས་དད་པ་དང་པོ་དང་ཡོན་ཏན་ཅན་རྣམས་ཀྱི་མ་ཡིན་ 6-1-306 ནོ་ཞེས་པ་ལ། ཤ་སུ་དང་། དད་དང་། བ་ཡིག་དང་པོ་ཅན་དང་། ཡོན་ཏན་ཅན་གྱི་བྱིངས་ རྣམས་ཀྱི་ཨ་ཡིག་ནི། པ་རོ྅ཀྵཱདང་ཡོན་ཏན་མེད་པའི་ཐལ་ཨིཊ་དང་བཅས་པ་ཕ་རོལ་ཏུ་ ཡོད་པ་ལ་ཨི་ཉིད་དུ་འགྱུར་བ་མ་ཡིན་ཞིང་། ཨ་བྷྱཱ་དབྱི་བ་ཡང་མ་ཡིན་ནོ་ཞེས་པ་སྔར་བཤད་ པ་ལས་དམིགས་བསལ་ཏེ། དཔེར་ན། བི་སྔོན་མ་ཅན་གྱིས་ཤ་སུ་འཚོ་བའི་བྱིངས་ཨུ་རྗེས་ འབྲེལ་ཕྱིས་པ་ལ། རིམ་པ་ལྟར་པ་རོ྅ཀྵཱའི་ཨ་ཏུས་དང་ཨུས་དང་། ཐལ་ཨིཊ་དང་བཅས་པ་ བྱིན་ནས། བྱིངས་རྣམས་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ཏེ་སྦྱར་ བས། བི་ཤ་ཤ་ས་ཏུཿ(རྣམ་པར་འཚེའོ། །)བི་ཤ་ཤསུཿ བི་ཤ་ཤ་སི་ཐ་ཞེས་པ་དང་། དད་སྦྱིན་པའི་ བྱིངས་ལ་ཨེ་དང་ཨཱ་ཏེ་བྱིན་ནས་སྔ་མ་ལྟར་སྦྱར་བས། དད་དེ། ད་ད་དཱ་ཏེ་ཞེས་པ་དང་། བ་ ཡིག་དང་པོ་ཅན་པ་ལ་ཐོབ་པའི་བྱིངས་ཨ་བརྗོད་དོན་ཕྱིས་པ་ལ་ཨ་ཏུས་ལ་སོགས་པ་སྦྱར་ བས། བ་བ་ལ་ཏུཿ། བ་བ་ལུཿ། བ་བ་ལི་ཐ་ཞེས་པ་དང་། ཡོན་ཏན་ཅན་ནི་སྔོན་མ་ཅན་པྲཱྀ་སྐྱོང་ བ་དང་རྫོགས་པའི་བྱིངས་ལ་རྐྱེན་གསུམ་སྦྱར་ནས། ཨཱ་ལྔ་པར། རྀཏ་མཐའ་རྣམས་ཀྱི་ཞེས་ པས། པྲཱྀའི་རཱྀ་ཡྀག་ཨར་དུ་བསྒྱུར་བས། ནི་པ་པ་ར་ཏུཿ(ངེས་པར་གཏོང་ངོ་། །)ནི་པ་པ་རུཿ ནི་པ་པ་ རི་ཐ་ཞེས་པ་ལྟ་བུའོ། ། བཞི་པ་རྐྱེན་སོ་སོ་ལས་བྱིངས་ལ་རྣམ་འགྱུར་འབྱུང་བའི་དམིགས་བསལ་རྒྱས་པར་ བཤད་པ་ནི། བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་ཝ་དག་ གོ་ཞེས་པ་བྱིངས་ཀྱི་མཐའ་ཨི་དང་ཨུའི་ཡི་གེ་ཐུང་རིང་རྣམས། དབྱངས་དང་པོ་ཅན་ཡོན་ཏན་ མེད་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། ཨིའི་ཡི་གེ་ནི་ཨི་ཡ་དང་ཨུའི་ཡི་གེ་ནི་ཨུ་ཝ་དག་ཏུ་ འགྱུར་ཏེ། དཔེར་ན། ཤྲི ཉ་བསྟེན་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། པ་རོ྅ཀྵཱའི་ཨ་ཏུས་ དང་ཨུས་བྱིན་ནས་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ལ། མདོ་ འདིས་ཤྲི་ཕྱི་མའི་ཨི་ཡིག་ཨི་ཡ་རུ་བསྒྱུར་བས། ཤི་ཤྲི་ཡ་ཏུཿ(བསྟེན་ཚར་ལོ། །)ཤི་ཤྲི་ཡུཿ(བསྟེན་ཚར་ 6-1-307 ལོ། །)ཞེས་པ་དང་། ཧུ་ལེན་པའི་བྱིངས་ལའང་སྔར་བཞིན་སྦྱར་ཏེ། ཨཱ་གསུམ་པར། ཧའི་ཛའོ་ ཞེས་པས་ཧ་སྔ་མ་ཛ་རུ་བསྒྱུར་བས། ཛུ་ཧུ་ཝ་ཏུཿ(བྱིན་ལོ། །)ཛུ་ཧུ་ཝུཿཞེས་པ་ལྟ་བུའོ། །ཨ་བྷྱཱ་ སའི་འདྲ་བའི་ཡི་གེ་མ་ཡིན་པ་ལའོ་ཞེས་པ་ནི་ཨ་བྷྱཱ་སའི་ཨི་དང་ཨུའི་ཡི་གེ་ཐུང་རིང་དག་ཕྱི་ མ་འདྲ་བའི་ཡི་གེ་མ་ཡིན་པའི་དབྱངས་དང་པོ་ཅན་ཕ་རོལ་ལ་ཨི་ཡ་དང་ཨུ་ཝ་དག་ཏུ་འགྱུར་ ཏེ། དཔེར་ན། རྀ་འགྲོ་བའི་བྱིངས་ལ་རིམ་པ་ལྟར་བརྟ་མཱ་ནཱའི་ཏེ་དང་། སཔྟ་མཱིའི་ཡཱ་ཏ་དང་། པཉྩ་མཱིའི་ཏུ་བྱིན་ནས། བར་དུ་ཨན་བྱིན་པ་ཛུ་ཧོ་ཏི་སོགས་ཀྱིས་དབྱི་ཞིང་། བྱིངས་གཉིས་སུ་ བཞག་ལ། ཨཱ་ལྔ་པར། རྀཏ་མཐའ་རྣམས་ཀྱིའང་ངོ་ཞེས་པས། རྀ་ཕྱི་མ་ཨར་དང་། ཨཱ་གསུམ་ པར། རྀ་ཡིག་གི་ཨ་ཞེས་པས་རྀ་སྔ་མ་ཨ་དང་། ཨརྟི་སརྟི་དག་གིའང་ངོ་ཞེས་པས་དེའང་ཨི་ དང་། མདོ་འདིས་དེ་ཡང་ཨི་ཡ་རུ་བསྒྱུར་ཏེ་སྦྱར་བས། ཨི་ཡརྟེ། (འགྲོའོ། །) ཨི་ཡཪྻཱཏ། ཨི་ཡཱ་ རྟུ་(འགྲོ་བྱར་གྱུར། )ཞེས་པ་ལྟ་བུའོ། །ཨ་བྷྱཱ་སའི་ཡི་གེ་དང་ཕྱི་མའི་ཡི་གེ་འདྲ་ཡིག་ནི། ཨི་ཡ་ཨུ་ཝ་ དག་ཏུ་མི་འགྱུར་ཏེ། དཔེར་ན། ཨིཥུ་འདོད་པའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་དང་། ཨུ་ཥ་ བསྲེག་པའི་བྱིངས་ལ། པ་རོ྅ཀྵཱའི་ཨ་ཏུས་བྱིན་ནས་གཉིས་སུ་བཞག་ཅིང་དང་པོ་ལྷག་མར་ བྱས་ཏེ་འདྲ་ཡིག་རིང་པོར་གྱུར་པས། ཨཱི་ཥ་ཏུཿ(འདོད་ཟིན། ) ཨཱུ་ཥ་ཏུཿ(བསྲེགས་སོ། །)ཞེས་པ་ལྟ་ བུའོ། །ནུ་བི་ཀ་ར་ཎའི་འོ་ཞེས་པ་ནི་ནུ་བི་ཀ་ར་ཎའི་ཨུ་ཡིག་གང་ཡིན་པ་དེ་དབྱངས་དང་པོ་ ཅན་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། ཨུ་ཝ་རུ་འགྱུར་རེ། དཔེར་ན། པྲ་སྔོན་མ་ ཅན་ཨཱ་པླྀ་ཁྱབ་པའི་བྱིངས་ལྀ་རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ཨནྟི་དང་། ཨནྟུ་བྱིན་ནས། ཨཱ་གཉིས་པར། སུ་སོགས་ལས་ཞེས་པས་བར་དུ་ནུ་བི་ཀ་ར་ཎ་བྱིན་པའི་ཨུ་ཡིག་མདོ་འདིས་ ཨུ་ཝ་རུ་བསྒྱུར་ཏེ་སྦྱར་བས། པྲཱཔྣུ་ཝནྟི། (ཐོབ་པར་བྱས་སོ། །) པྲཱཔྣུ་ཝནྟུ་(ཐོབ་པར་གྱུར་ཅིག)ཞེས་པ་ དང་། ཤཀླྀ་ནུས་པའི་བྱིངས་ལའང་དེ་ལྟར་སྦྱར་བས། ཤཀྣུ་ཝནྟི(ནུས་པ་ཅན)། ཤཀྣུ་ཝནྟུ་(ནུས་ པར་གྱུར་ཅིག)ཞེས་པ་ལྟ་བུའོ། །ཡི་གེ་གཅིག་མ་ཡིན་པའི་སྔ་མ་བརྩེགས་པ་མ་ཡིན་པའི་ཨིའི་ཡི་ 6-1-308 གེ་ཡའོ་ཞེས་པ་ནི་བྱིངས་ཡི་གེ་གཅིག་སྟེ་དབྱངས་ཡིག་གཅིག་མ་ཡིན་པའི་སྔ་མ་ན་བརྩེགས་ པའི་ཡི་གེ་ཡོད་པ་མ་ཡིན་པའི་ཕྱི་མའི་ཨིའི་ཡི་གེ། དབྱངས་དང་པོ་ཅན་ཡོན་ཏན་མེད་པའི་ རྐྱེན་ཕ་རོལ་ལ་ཡ་ཡིག་ཏུ་འགྱུར་ཏེ། དཔེར་ན། ཙིཉ་སོག་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ ལ། པ་རོ྅ཀྵཱའི་ཨ་ཏུས་དང་། ཨུས་བྱིན་ནས་གཉིས་སུ་བཞག་པས་ཡི་གེའི་མ་གདངས་ གཅིག་པ་མ་ཡིན་ཞིང་། མདོ་འདིས་ཕྱི་མའི་ཨི་ཡིག་ཡ་རུ་བསྒྱུར་ཏེ་སྦྱར་བས། ཙི་ཙྱ་ ཏུཿ(བསྲེགས་སོ། །)ཙི་ཙྱུཿཞེས་པ་དང་། ཎཱྀཉ་ཐོབ་པའི་བྱིངས་ལའང་སྔར་བཞིན་སྦྱར་ཏེ། ཨཱ་ བརྒྱད་པར། ཎའི་ནའོ་ཞེས་པས་ཎ་ཡིག་ན་དང་། ཨཱ་གསུམ་པར། ཐུང་ངུའོ་ཞེས་པས་ནཱི་སྔ་མ་ ཐུང་ངུར་བསྒྱུར་བས། ནི་ནྱ་ཏུཿ(ཐོབ་པོ། །)ནི་ནྱུཿ ཞེས་པ་ལྟ་བུའོ། །དབྱངས་ཡི་གེ་གཅིག་པ་ཅན་ གྱི་ཨི་ཡིག་ཡ་རུ་མི་འགྱུར་ཏེ། དཔེར་ན། དྷི་འཛིན་པའི་བྱིངས་ལ་བརྟ་མཱ་ནཱའི་ཏེ་དང་བར་དུ་ ཨན་བྱིན་ནས་བྱིངས་ཀྱི་ཨི་ཡིག་ཨིའི་ཡི་གེ་དང་ཞེས་པས་ཨི་ཡ་རུ་བསྒྱུར་ཏེ་སྦྱར་བས། དྷི་ ཡ་ཏེ་(འཛིན་པར་བྱེད། ) ཞེས་པ་ལྟ་བུའོ། །ཨིའི་ཡི་གེ་སྔ་མ་བརྩེགས་པ་ཡིན་ནའང་ཡ་རུ་མི་ འགྱུར་ཏེ། དཔེར་ན། ཊུ་ཨོ་ཤྭི་འགྲོ་བ་དང་འཕེལ་བའི་བྱིངས་ཊུ་དང་ཨོ་རྗེས་འབྲེལ་ཕྱིས་པ་ ལ། པ་རོ྅ཀྵཱའི་ཨ་ཏུས་བྱིན་ནས། བྱིངས་གཉིས་སུ་བཞག་སྟེ། སྔ་མའི་གསལ་བྱེད་དང་པོ་ ལྷག་མར་བྱས་ལ། སྔ་མ་ལྟར་ཕྱི་མའི་ཨི་ཡིག་ཨི་ཡ་རུ་བསྒྱུར་ཏེ་སྦྱར་བས། ཤི་ཤྭི་ཡ་ཏུཿ(འགྲོ་ བ་རྒྱས་པར་བྱས་སོ། །)ཞེས་པ་ལྟ་བུའོ། །ཨི་ཎའིའང་ངོ་ཞེས་པ་ནི་ཨི་ཎ་འགྲོ་བའི་བྱིངས་འདིའི་ཨི་ ཡིག་ཀྱང་། དབྱངས་དང་པོ་ཅན་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཡ་ཉིད་དུ་ འགྱུར་ཏེ། དཔེར་ན། ཨིཎ་གྱི་ཎ་ཁྱད་པར་གྱི་དོན་ཕྱིས་པ་ལ། ཝརྟ་མཱ་ནཱའི་ཨནྟི་དང་། ཨནྟུ་ བྱིན་ནས། བར་དུ་ཨན་བྱིན་པ་ཨད་སོགས་ལས་འཇིག་ཅིང་། མདོ་འདིས་ཨི་ཡིག་ཡ་རུ་ བསྒྱུར་བས། ཡནྟི། (འགྲོའོ། །) ཡནྟུ་(འགྲོ་བར་བྱེད་) ཞེས་པ་ལྟ་བུའོ། །བི་ཀ་ར་ཎའི་ནུའི་ཝ་ཡིག་གོ་ ཞེས་པ་ནི་བི་ཀ་ར་ཎའི་ནུའི་ཨུ་ཡིག་སྔ་མ་བརྩེགས་པ་མ་ཡིན་པ་དེ། དབྱངས་དང་པོ་ཅན་ 6-1-309 ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཝ་ཡིག་ཏུ་འགྱུར་ཏེ། དཔེར་ན། ཥུཉ་མངོན་པར་ སྐྱེ་བ་དང་། ཙིཉ་སོག་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ་བརྟ་མཱ་ནཱའི་ཨནྟི་བྱིན་ནས། ཨཱ་ གཉིས་པར། སུ་སོགས་ལས་ཞེས་པས་བར་དུ། ནུ་བི་ཀ་ར་ཎ་བྱིན་པའི་ཨུ་ཡིག་མདོ་འདིས་ ཝ་སྲོག་མེད་དུ་བསྒྱུར་ཞིང་། སྔར་བཞིན་བྱིངས་ཀྱི་དང་པོའི་ཥའང་ས་རུ་བསྒྱུར་བས། སུ་ ནྭནྟི། (འཁྱུད་དོ། །)ཙི་ནྭནྟི་(སོག་གོ)ཞེས་པ་ལྟ་བུའོ། །བི་ཀ་ར་ཎ་མ་ཡིན་པའི་ནུའི་ཨུ་ཡིག་ཝ་རུ་མི་ འགྱུར་ཏེ། དཔེར་ན། ཎུ་བསྟོད་པའི་བྱིངས་ལ་ཨནྟི་བྱིན་ནས་ཎ་སྔར་བཞིན་ན་དང་ཨུ་ཡིག་ཨུ་ ཝ་རུ་བསྒྱུར་ཏེ་སྦྱར་བས། ནུ་ཝནྟི་(བསྟོད་དོ། །)ཞེས་པ་ལྟ་བུའོ། །ཛུ་ཧོ་ཏིའི་བྱིངས་ཐམས་ཅད་པ་ ལའོ་ཞེས་པ་ནི་ཛུ་ཧོ་ཏི་སྟེ། ཧུ་སྦྱིན་པ་དང་ལེན་པ་ལ་འཇུག་པའི་བྱིངས་འདིའི་ཨུ་ཡིག་ དབྱངས་དང་པོ་ཅན་ཡོན་ཏན་མེད་པ་བྱིངས་ཐམས་ཅད་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཝ་ ཡིག་སྲོག་མེད་དུ་འགྱུར་ཏེ། དཔེར་ན། ཧུ་ལ་སྔར་བཞིན་ཨནྟི་དང་ཨནྟུ་བྱིན་ནས། བར་དུ་ ཨན་བྱིན་པ། ཛུ་ཧོ་ཏི་སོགས་ཀྱིས་དབྱི་ཞིང་། བྱིངས་གཉིས་སུ་བཞག་པའི་སྔ་མའི་ཧ་ཡིག་ཛ་ དང་། མདོ་འདིས་ཕྱི་མའི་ཨུ་ཡིག་ཝ་རུ་བསྒྱུར་ཏེ། ཨཱ་ལྔ་པར། ཨ་བྷྱསྟ་ལས་ཞེས་པས་རྐྱེན་ གྱི་ན་ཡིག་དག་ཕྱིས་པས། ཛུ་ཧྭ་ཏི། (སྦྱིན་ནོ། །) ཛུ་ཧྭ་ཏུཿ(སྦྱིན་པར་གྱུར་ཅིག)ཞེས་པ་ལྟ་བུའོ། །བྷཱུའི་ མཐའ་པ་རོ྅ཀྵཱ་དང་ཨ་དྱ་ཏ་ནཱི་དག་ལ་ཝའོ་ཞེས་པ་ནི་བྷཱུ་ཡོད་པའི་བྱིངས་ཀྱི་མཐར། པ་ རོ྅ཀྵཱ་དང་། ཨ་དྱ་ཏ་ནཱིའི་རྐྱེན་དབྱངས་དང་པོ་ཅན་ཕ་རོལ་ཏུ་ཡོད་པ་ལ་ཝ་ཡིག་ཨཱ་ག་མ་ སྦྱིན་པར་འགྱུར་ཏེ། དཔེར་ན། བྷཱུ་ལ་པ་རོ྅ཀྵཱའི་ཨཊ་དང་ཨ་ཏུས་བྱིན་ནས་གཉིས་སུ་བཞག་ ཅིང་། ཨཱ་གསུམ་པར། བྷ་ཝ་ཏིའི་ཨའོ་ཞེས་པས་བྷཱུ་སྔ་མ་བྷ་དང་། གཉིས་པ་བཞི་པ་དག་ གིས་ཞེས་པས་དེའང་ཕ་ཡིག་ཏུ་འགྱུར་ཏེ། མདོ་འདིས་བྷཱུ་ཕྱི་མའི་མཐར་ཝ་ཡིག་བྱིན་པས། བ་བྷཱུ་ཝ། (ཡོད་དོ། །) བ་བྷཱུ་ཝ་ཏུཿ(ཡོད་པར་གྱུར་ཅིག) ཞེས་པ་དང་། བྷཱུ་ལ་ཨ་དྱ་ཏ་ནཱིའི་ཨན་དང་ ཨམ་བྱིན་ནས། ཨཱ་གཉིས་པར། ཨ་དྱ་ཏ་ནཱི་ལས་ཞེས་པས་བར་དུ་སི་ཙ་བྱིན་པ། ལེའུ་འདིར། 6-1-310 ཨིཎ་སྠཱ་དཱ་ཞེས་པས་དབྱི་ཞིང་། མདོ་འདིས་བྷཱུའི་མཐར་ཝ་ཡིག་བྱིན་ལ། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོ་ཧྱསྟ་ནཱི་ཞེས་སོགས་ཀྱིས་སྔོན་དུ་ཨཊ་བྱིན་པས། ཨ་བྷཱུ་ཝན(དེ་རིང་ཡོད)། ཨ་ བྷཱུ་ཝ་མ་ཞེས་པ་ལྟ་བུའོ། །གོ་ཧིའི་ཨུ་པ་དྷཱའི་ཨཱུ་ཏའོ་ཞེས་པ་ནི་གོ་ཧི་སྟེ། གུ་ཧ་སྡོམ་པར་བྱེད་ པའི་བྱིངས་འདིའི་ཨུ་པ་དྷཱའི་ཨུ་ཡིག་ཡོན་ཏན་དུ་བྱས་པ་དབྱངས་དང་པོའི་རྐྱེན་ཕ་རོལ་ལ་ཨཱུ་ ཉིད་དུ་འགྱུར་ཞིང་། ཏ་ཡིག་ནི་ཨུ་ཐུང་ངུ་ལས་ཁྱད་པར་དུ་བྱ་བའི་དོན་ཏེ། དཔེར་ན། གུ་ཧ་ ལ་བརྟ་མཱ་ནཱའི་ཏི་དང་ཨནྟི་དང་། བར་དུ་ཨན་བྱིན་ནས། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མཱིའི་ཞེས་ པས་ཨུ་ཡིག་ཨོ་རུ་གྱུར་པ། མདོ་འདིས་ཨཱུ་རིང་པོར་བསྒྱུར་ཞིང་། རྐྱེན་གྱི་ཨ་ཡིག་དག ཨ་ དང་མཚམས་སྦྱོར་གྱིས་ཡི་གེ་དག་ལ་ཞེས་པས་ཕྱིས་ཏེ་སྦྱར་བས། གཱུ་ཧ་ཏི(སྡོམ་པར་བྱེད)། གཱུ་ ཧནྟི་(སྡོམ་པར་གྱུར། )ཞེས་པ་ལྟ་བུའོ། །དུ་ཥའི་ཀ་རི་ཏ་ལའོ་ཞེས་པ་ནི། དུ་ཥ་རྣམ་འགྱུར་ལ་འཇུག་ པའི་བྱིངས་འདིའི་ཨུ་པ་དྷཱའི་ཨུ་ཡིག་ཨིན་ཀཱ་རི་ཏ་ཕ་རོལ་ཏུ་ཡོད་པ་ལ་ཨཱུ་ཡིག་རིང་པོར་ འགྱུར་ཏེ། དཔེར་ན། དུཥ་ལ་ཨིན་བྱིན་ནས་ན་དབྱི་ཞིང་། མདོ་འདིས་ཨུ་པ་དྷཱ་ཨུ་ཡིག་རིང་ པོར་བསྒྱུར་ལ། མཐར་ཝརྟ་མཱ་ནཱའི་ཏི་དང་བར་དུ་ཨན་བྱིན་ནས། ཨཱ་ལྔ་པར། ཀ་རི་ཏའི་འོ་ ཞེས་པས་ཨི་ཡིག་ཡོན་ཏན་ཨི་རུ་བྱས་ཏེ་མཚམས་སྦྱར་བས། དཱུ་ཥ་ཡ་ཏེ། (རྣམ་པར་འགྱུར་བར་ བྱེད། )(འདི་ལ་སློབ་ཕན་དུ། སེམས་ཆགས་པ་དང་བྲལ་བ་ལ་ཡང་ནའོ། །ཞེས་པའི་མདོ་ཞིག་ལྷག་པོར་འདུག་པའི་དོན། སེམས་ འདོད་ཆགས་དང་བྲལ་བའི་དོན་ལ་སྦྱོར་བ་ན། ཨུ་རིང་པོར་འགྱུར་བའམ། ཡང་ན་ཡོན་ཏན་བྱེད་པའི་དོན་ཏེ། ཙིཏྟཾ་དཱུ་ཥ་ཡ་ཏི། ཙིཏྟཾ་དོ་ཥ་ཡ་ཏི། ཞེས་སོ། །) ཞེས་པ་ལྟ་བུའོ། །མ་རྗེས་སུ་འབྲེལ་པ་རྣམས་ཀྱིས་ཐུང་ངུའོ་ཞེས་པ་ནི། གྷ་ཊ་བསྐོར་བ་ལའོ་ཞེས་པ་ནས། ཥམ་ཨཥྚཱཾ་སེམས་ཡེང་ཡེང་པོ་ལའོ་ཞེས་པའི་བར་གྱི་བྱིངས་ རྣམས་ཀྱི་མ་ཡིག་དངོས་སུ་མེད་པ་རྣམས་ཀྱང་མ་རྗེས་སུ་འབྲེལ་བར་སྔོན་གྱི་སློབ་དཔོན་ རྣམས་ཀྱིས་བཤད་ཅིང་། དེ་རྣམས་ཀྱི་ཨུ་པ་དྷཱ་ནི་ཀཱ་རི་ཏ་ཕ་རོལ་ཏུ་ཡོད་པ་ལ་ཐུང་ངུར་ འགྱུར་ཏེ། དཔེར་ན། གྷ་ཊ་བསྐོར་བ་དང་། བྱ་ཐ་གཡོ་བ་དང་། ཤ་མུ་ཞི་བའི་བྱིངས་ལ་ཨ་ 6-1-311 བརྗོད་དོན་དང་ཨུ་ཁྱད་པར་གྱི་དོན་ཕྱིས་པ་ལ། ཨཱ་གཉིས་པར། རྒྱུ་ལའོ་ཞེས་པས་ཨིན་ཕྱིན་ ནས། ཨཱ་དྲུག་པར། ཨིན྄་ཨིཙ྄་ཞེས་པས་ཨུ་པ་དྷཱ་རིང་པོར་གྱུར་པ། མདོ་འདིས་ཐུང་ངུར་ བསྒྱུར་ཞིང་། མཐར་བརྟ་མཱ་ནཱའི་ཏི་དང་། བར་དུ་ཨན་བྱིན་ལ། ཨི་ཡིག་སྔར་བཞིན་ཡོན་ཏན་ བྱས་ཏེ་མཚམས་སྦྱར་བས། གྷ་ཊ་ཡ་ཏི(བསྐོར་བར་བྱེད)། བྱ་ཐ་ཡ་ཏི(གཡོ་བར་བྱེད)། ཤ་མ་ཡ་ཏི་(ཞི་ བར་བྱེད། )ཞེས་པ་ལྟ་བུ་སྟེ། དེ་བཞིན་དུ་མ་ཡིག་རྗེས་སུ་འབྲེལ་པ་གཞན་རྣམས་ལའང་ཤེས་ པར་བྱའོ། །ཨི་ཙ་ལ་ཡང་ནའོ་ཞེས་པ་ནི་བྱིངས་མ་ཡིག་རྗེས་སུ་འབྲེལ་པ་རྣམས་ཀྱི་ཨུ་པ་དྷཱ། ཨིན་གྱི་མཐར་ཨིཙ྄་ཡོད་པ་ལས་ཐུང་ངུར་ཡང་ན་འགྱུར་ཏེ། དཔེར་ན། སྔར་བཞིན་གྷ་ཊ་དང་། ཤ་མུའི་ཨ་དང་ཨུ་ཕྱིས་པ་ལ་ཨིན྄་བྱིན་ནས་ཨུ་པ་དྷཱ་རིང་པོར་བསྒྱུར་བའི་མཐར་ཨ་དྱ་ནཱིའི་ ཏ་དང་། ཨཱ་གཉིས་པར། དངོས་པོ་དང་ལས་ངག་ལ་ཞེས་པས་བར་དུ་ཨི་ཙ་བྱིན་ལ། ཨཱ་དྲུག་ པར། ཨཱམ་ཨིཊ་ཞེས་པས་ཨིན་དབྱི་ཞིང་། ལེའུ་འདིར། ཨི་ཙ་ལས་ཞེས་པས་ཏ་འང་ཕྱིས་ཏེ། མདོ་འདིས་ཡང་ན་ཐུང་ངུར་བསྒྱུར་ནས། ཨཱ་བརྒྱད་པར། ཧྱསྟ་ནཱི་ཨ་དྱ་ཏ་ནཱི་ཞེས་པས་སྔོན་དུ་ ཨཊ་བཞག་པས། ཨ་གྷ་ཊི(དེ་རིང་བསྐོར་དུ་འཇུག་གོ)། ཨ་ཤ་མི་(དེ་རིང་ཞིང་དུ་འཇུག་གོ། )ཞེས་པའམ། ཡང་ན་རིང་པོར་བཞག་ཀྱང་རུང་པས། ཨ་གྷཱ་ཊི(དེ་རིང་བསྐོར)། ཨ་ཤཱ་མི་ཞེས་པ་ལྟ་བུའོ། །ཛ་ནི་ བ་དྷི་དག་གིའང་ངོ་ཞེས་པ་ནི་ཛ་ན་སྐྱེ་བའི་བྱིངས་དང་། ཧ་ན་འཚེ་བའི་བྱིངས་བ་དྷི་རུ་བསྒྱུར་ བ་དག་གི་ཨུ་པ་དྷཱའང་ཨི་ཙ་ཕ་རོལ་ཏུ་ཡོད་པ་ལ་ཐུང་ངུར་འགྱུར་ཏེ། ཀཱ་རི་ཏ་དང་ཡང་ན་ ཞེས་མི་འཇུག་གོ དཔེར་ན། ཛ་ན་དང་ཧ་ནའི་ཨ་བརྗོད་དོན་ཕྱིས་པའི་མཐར་ཨ་དྱ་ཏ་ནཱིའི་ཏ་ དང་། བར་དུ་སྔར་བཞིན་ཨིཙ྄་བྱིན་ནས། ཨ་དྱ་ཏ་ནཱི་ལའང་ངོ་། །ཞེས་པས་ཧན་ཡིག་པ་དྷི་རུ་ བསྒྱུར་པའི་ཨི་བརྗོད་དོན་དབྱི་ཞིང་། ཨཱ་དྲུག་པར། ཨན྄་ཨིཙ྄་ཞེས་པས་ཨུ་པ་དྷཱ་རིང་པོར་ གྱུར་པ། མདོ་འདིས་ཐུང་ངུར་བསྒྱུར་ཏེ། སྔར་བཞིན་ཏ་དང་ཙ་ཕྱིས་ནས། སྔོན་དུ་ཨཊ་བཞག་ པས། ཨ་ཛ་ནི(དེ་རིང་སྐྱེས)། ཨ་ཝ་དྷི་(དེ་རིང་འཚེ། )ཞེས་པ་ལྟ་བུའོ། །ཨོཏ྄་ཨཽཏ྄་དག་ལས་ཡིན་ 6-1-312 ཨཱ་ཡི་དག་དབྱངས་བཞིན་ནོ་ཞེས་པ་ནི། བྱིངས་ཨོ་ཡིག་དང་ཨཽ་ཡིག་གི་མཐའ་ཅན་དག་ ལས་ཕ་རོལ་ཏུ་ཡིན་དང་ཨཱ་ཡིའི་རྐྱེན་བྱིན་པ་ན་དབྱངས་ཕ་རོལ་ཏུ་ཡོད་པ་ལ་བྱ་བ་གང་བྱེད་ པ་དེ་བཞིན་དུ་ཐོབ་ཅིང་། ཏ་ཡིག་ནི་དེ་དག་ལས་གཞན་པ་བསལ་བའི་དོན་ཏེ། དཔེར་ན། གོ་འགྲོ་བ་དང་ནཽ་བསྒྲལ་བྱའི་བྱིངས་དག་ལ། ཨཱ་གཉིས་པར། མིང་ལས་བདག་ཉིད་འདོད་ པ་ལ་ཨིན་བྱིན་ནས། ཨི་དང་ན་ཁྱད་པར་གྱིས་དོན་དབྱི་ཞིང་། མདོ་འདིས་ཨོ་ཨ་ཝ་དང་ཨཽ་ ཨཱ་ཝ་རུ་བསྒྱུར་བའི་མཐར། བརྟ་མཱ་ནཱའི་ཏེ་དང་བར་དུ་ཨན྄་བྱིན་པས། ག་ཝྱ་ཏི(བ་ལང་བཞིན་དུ་ སྤྱོད)། ནཱ་ཝྱ་ཏི་(གྲུ་བཞིན་དུ་སྤྱོད་) ཞེས་པ་དང་། དེ་དག་ལ་བྱེད་པ་པོའི་དོན་ལ་ཨཱ་ཡི་བྱིན་ནས་ཨི་ ཁྱད་པར་གྱི་དོན་དབྱི་ཞིང་། ཨོ་ཨཝ྄་དང་། ཨཽ་ཨཱཝ་རུ་བསྒྱུར་ལ། ཨཱ་དྲུག་པར། ནཱ་མི་དང་ གསལ་བྱེད་མཐའ་ལས་ཞེས་པས་ཨཱ་ཡིག་ཀྱང་ཕྱིས་ཏེ། ཨཱ་གཉིས་པར། ཨཱ་ཡི་མཐའ་ལས་ ཞེས་པས། བརྟ་མཱ་ནཱའི་ཏེ་དང་བར་རུ་ཨན྄་བྱིན་པས། ག་ཝྱ་ཏེ(འགྲོ་བར་གྱིས)། ནཱ་ཝྱ་ཏེ་(བསྒྲལ་ བར་གྱིས། )ཞེས་པ་ལྟ་བུའོ། །ནཱ་མི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཡིན་ཨཱ་ཤཱིཥ་ཙེ་ཀྲཱི་ཡི་རྣམས་ལ་ཡ་ ལ་རིང་པོའོ་ཞེས་པ་ནི་ནཱ་མི་མཐའི་བྱིངས་རྣམས་དང་མིང་རྣམས་ཀྱི་འང་ཕ་རོལ་ཏུ་ཡཎ་དང་ ཨཱ་ཡི་དང་ཡིན་དང་ཨཱ་ཤཱིཥའི་ཡ་དང་ཙེ་ཀྲཱི་ཡི་ཏ་སྟེ་ཡ་ཡིག་རྣམས་ཡོད་པ་ལ་བྱིངས་ཀྱི་མཐའ་ རིང་པོར་འགྱུར་ཏེ། ཡ་ལ་ཞེས་སྨོས་པ་ནི། ཨཱ་ཤཱིཥའི་ཡ་ཡིག་ངོས་བཟུང་བའི་དོན་ཏོ། །དཔེར་ ན། རིམ་པ་ལྟར་ཙིཉ྄་སོག་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ་ཡཎ་བྱིན་ནས་ཎ་ཁྱད་པར་ གྱིས་དོན་དབྱི་ཞིང་། མདོ་འདིས་བྱིངས་རིང་པོར་བསྒྱུར་ཏེ། མཐར་བརྟ་མཱ་ནཱའི་ཏེ་བྱིན་པས། ཙཱི་ཡ་ཏེ་(སོག་པར་བྱེད། )ཞེས་པ་དང་། མིང་ཨགྣེ་ལ། ཨཱ་གཉིས་པར། བྱེད་པ་པོ་ལ་ཞེས་པས་ཨཱ་ ཡི་དང་། མིང་ལས་བདག་ཉིད་འདོད་པ་ལ་ཞེས་པས་ཡིན་བྱིན་ནས། ཨཱ་དྲུག་པར། ནཱ་མི་དང་ གསལ་བྱེད་མཐའ་ལ་ཞེས་པས་ཨཱ་ཡིག་དང་ཡའི་ཨི་དང་ཡིན་གྱི་ཨིན་ཁྱད་པར་གྱི་དོན་དབྱི་ ཞིང་། སྔར་བཞིན་ཨཱ་ཡི་མཐར་ཏེ་དང་ཡིན་གྱི་མཐར་ཏི་དང་བར་དུ་ཨན་བྱིན་ནས་བྱིངས་ 6-1-313 མཐའ་རིང་པོར་བསྒྱུར་བས། ཨགྣཱི་ཡ་ཏེ(མེ་འདོད་པར་བྱེད)། ཨགྣཱི་ཡ་ཏི་ཞེས་པ་དང་། ཙི་ཉའི་ཉ་ རྗེས་འབྲེལ་ཕྱིས་པ་ལ་ཨཱ་ཤཱིཥའི་ཡཱཏ་བྱིན་ནས་བྱིངས་རིང་པོར་བསྒྱུར་བས། ཙཱི་ཡཱཏ་(སོག་པར་ སྨོན། ) ཅེས་པ་དང་། ཡང་ཙི་ལ་ཤིན་ཏུ་སོག་གོའི་དོན་ལ་ཙེ་ཀྲཱི་ཡི་ཏ་སྟེ་ཡ་བྱིན་ནས། ཨཱ་གསུམ་ པར། ཙ་ཎ་པ་རོ྅ཀྵཱ་ཙེ་ཀྲཱི་ཡི་ཏ་ཞེས་པས་བྱིངས་གཉིས་སུ་བཞག་ཅིང་། ཙེ་ཀྲཱི་ཡི་ཏ་ལ་ཞེས་ པས་སྔ་མའི་ཨི་ཡིག་ཡོན་ཏན་དང་ཕྱི་མ་སྔར་བཞིན་རིང་པོར་བྱས་ལ། ཨཱ་གཉིས་པར། ཙེ་ཀྲཱི་ ཡི་ཏའི་མཐའ་ལའོ་ཞེས་པ་ལྟར་ཏེ་བྱིན་པས། ཙེ་ཙཱི་ཡ་ཏེ་(ཡང་ཡང་གསོག) ཞེས་པ་ལྟ་བུའོ། ། ཉེར་བསྒྱུར་མེད་པའི་ཨིཎའི་འོ་ཞེས་པ་ནི་སྔོན་དུ་ཉེར་བསྒྱུར་མེད་པའི་ཨིཎ་འགྲོ་བའི་ བྱིངས་འདི། སྔར་གྱི་ཡཎ་ལ་སོགས་པ་མ་ཡིན་པའི་ཨཱ་ཤཱིཥའི་ཡ་ལ་རིང་པོར་འགྱུར་ཏེ། དཔེར་ན། ཨིཎ་གྱི་ཎ་ཁྱད་པར་གྱི་དོན་ཕྱིས་པ་ལ། ཨཱ་ཤཱིཥའི་ཡཱཏ་དང་ཡཱ་ཏཱམ་བྱིན་ནས། མདོ་ འདིས་ཨི་རིང་པོར་བསྒྱུར་བས། ཨཱི་ཡཱཏ(འགྲོ་བར་སྨོན)། ཨཱི་ཡཱཏཱཾ་ཞེས་པ་ལྟ་བུའོ། །སྔོན་དུ་ཉེར་ བསྒྱུར་ཡོད་ན་རིང་པོར་མི་འགྱུར་ཏེ། དཔེར་ན། སམ་སྔོན་མ་ཅན་གྱི་ཨིཎ་ལ་སྔར་བཞིན་ ཡཱཏ་བྱིན་པས། ས་མི་ཡཱཏ་(ཡང་དག་པར་འགྲོ་བར་གྱུར། )ཅེས་པ་ལྟ་བུའོ། །རྀ་ཏའི་ཙེ་ཀྲཱི་ཡི་ཏ་ཡིན་ ཨཱ་ཡི་རྣམས་ལ་ཨཱི་མཐའོ་ཞེས་པ་ནི་རྀ་ཡིག་ཐུང་ངུའི་མཐའ་ཅན་གྱི་བྱིངས་དང་། རྟགས་ཀྱི་ མཐར་ཙེ་ཀྲཱི་ཡི་ཏ་དང་ཡིན་དང་ཨཱ་ཡིའི་རྐྱེན་ཡོད་པ་ལ། བར་དུ་ཨཱི་ཡིག་ཨཱ་ག་མ་སྦྱིན་པར་ འགྱུར་ཏེ། དཔེར་ན། རིམ་པ་བཞིན་ཌུ་ཀྲྀ་ཉ་བྱེད་པ་དང་། ཧྲྀཉ་འཕྲོག་པའི་བྱིངས་རྗེས་ འབྲེལ་ཕྱིས་པའི་ཀྲྀ་དང་ཧྲྀ་ལ་ཤིན་ཏུ་བྱེད་དོ་ཤིན་ཏུ་འཕྲོག་གོའི་དོན་ལ་ཙེ་ཀྲཱི་ཡི་ཏ་བྱིན་ནས། མདོ་འདིས་བར་དུ་ཨཱི་ཡིག་ཨཱ་ག་མ་བྱིན་པ་ན། རྀ་ཡིག་ར་རུ་གྱུར་པ་དང་སྦྱར་ལ། སྔར་ བཞིན་བྱིངས་གཉིས་སུ་བཞག་པའི་སྔ་མ་ཙེ་ཀྲཱི་ཡི་ཏ་ལ་ཞེས་པས་ཡོན་ཏན་དུ་བྱ་ཞིང་། ཀ་སྡེ་ ཙ་སྡེའོ་ཞེས་པས་ཀ་སྔ་མ་ཙ་དང་ཧའི་ཛའོ་ཞེས་པས་ཧ་སྔ་མ་ཛ་རུ་བསྒྱུར་ཏེ། མཐར་ཝརྟ་མཱ་ ནཱའི་ཏེ་བྱིན་པས། ཙེ་ཀྲཱི་ཡ་ཏེ(ཡང་ཡང་བྱེད)། ཛེ་ཧྲཱྀ་ཡ་ཏེ་(ཤིན་ཏུ་འཕྲོག)ཞེས་པ་དང་། མཱཏྲི་ལ་ཡིན་ 6-1-314 དང་ཨཱ་ཡི་བྱིན་ནས། ཨཱ་དྲུག་པར། ནཱ་མི་དང་གསལ་བྱེད་ཀྱི་མཐའ་ལ་ཞེས་པས་ཨཱ་ཡིའི་ཨཱ་ དང་སྔར་བཞིན་རྗེས་འབྲེལ་རྣམས་ཕྱིས་པའི་ཡ་སྲོག་མེད་དག་བཞག་ལ། མདོ་འདིས་བྱིངས་ མཐར་ཨཱི་བྱིན་ནས་སྔ་མ་ལྟར་མཚམས་སྦྱར་ཞིང་ཡིན་གྱི་མཐར་བརྟ་མཱ་ནཱའི་ཏི་དང་། ཨཱ་ཡིའི་ མཐར་ཏེ་དང་གཉི་གའི་བར་དུ་ཨན་བྱིན་པས། མཱ་ཏྲཱི་ཡ་ཏི(མ་འདོད་པར་བྱེད)། མཱ་ཏྲཱི་ཡ་ཏེ་ཞེས་པ་ ལྟ་བུའོ། །རྀཏ྄་ཅེས་ཏ་སྦྱར་བ་ནི་རྀ་ཡིག་ཐུང་ངུ་ཁོ་ན་གོ་བའི་དོན་ཏོ། །ཨན྄་ཡོན་ཏན་མེད་ པ་ལ་ཨིའོ་ཞེས་པ་ནི་རྀ་ཡིག་མཐའ་ཅན་གྱི་བྱིངས་མཐར། ཨ་ན་བི་ཀ་ར་ཎ་ཡོན་ཏན་མེད་པ་ ཕ་རོལ་དུ་ཡོད་པ་ལ། བར་དུ་ཨི་ཡིག་ཐུང་ངུ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཉེར་ བསྒྱུར་ཨཱ་སྔོན་མ་ཅན་གྱི་དྲྀང་མ་གུས་པ་དང་། དྷྲྀང་གནས་པའི་བྱིངས་ཀྱི་ང་ཁྱད་པར་གྱི་དོན་ རྣམས་ཕྱིས་པ་ལ། བརྟ་མཱ་ནཱའི་ཏེ་དང་། བར་དུ་ཨན་བྱིན་ནས། ཨཱ་ལྔ་པར། ཏུད་སོགས་ཀྱི་ ཞེས་པས་བྱིངས་ལ་ཡོན་ཏན་མི་བྱ་ཞིང་། དེས་ན་མདོ་འདིས་ཨི་ཨཱ་ག་མ་བྱིན་ནས་མཚམས་ སྦྱར་ལ། ལེའུ་འདིར། བྱིངས་ཀྱི་ཨིའི་ཡི་གེ་ཅེས་སོགས་ཀྱིས་ཨི་ཡ་རུ་བསྒྱུར་ཏེ་སྦྱར་བས། ཨཱ་དྲི་ཡ་ཏེ། ཨཱ་དྷྲི་ཡ་ཏེ་ཞེས་པ་ལྟ་བུའོ། །ཡཎ་ཨཱ་ཤཱིཥ་དག་གི་ཡ་ལའོ་ཞེས་པ་ནི་རྀ་ཡིག་ མཐའ་ཅན་གྱི་བྱིངས་མཐར། ཡཎ་དང་ཨཱ་ཤཱིཥ་དག་གི་ཡ་ཡིག་ཡོད་པ་ལ། བར་དུ་ཨི་ཡིག་ཨཱ་ ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཀྲྀཉ་བྱེད་པ་དང་། ཧྲིཉ་འཕྲོག་པའི་བྱིངས་རྗེས་འབྲེལ་ ཕྱིས་པ་དག་གིས་མཐར་བརྟ་མཱ་ནཱའི་ཏེ་དང་། བྱིངས་ཐམས་ཅད་པ་ལ་ཞེས་པས་བར་དུ་ཡཎ་ བྱིན་པའི་སྔར་བཞིན་ཕྱིས་ནས། མདོ་འདིས་བྱིངས་མཐར་ཨི་ཡིག་ཨཱ་ག་མ་སྦྱིན་ཏེ་མཚམས་ སྦྱར་བས། ཀྲྀ་ཡ་ཏེ(བྱེད)། ཧྲི་ཡ་ཏེ་(འཕྲོག) ཞེས་པ་དང་། ཡང་དེ་བཞིན་དུ། ཀྲྀ་དང་ཧྲྀ་ལ། ཨཱ་ཤཱི་ ཥཱའི་ཡཱཏ་དང་ཨི་ཡིག་ཨཱ་ག་མ་བྱིན་ནས་མཚམས་སྦྱར་བས། ཀྲི་ཡཱཏ(བྱེད་པར་གྱུར)། ཧྲི་ཡཱཏ་ (འཕྲོག་པར་འགྱུར། )ཅེས་པ་ལྟ་བུ་སྟེ། སྔར་ནཱ་མི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོར་ ཐོབ་པ་ལས་འདི་ནི་དམིགས་བསལ་ལོ། །ཨརྟི་དང་བརྩེགས་པ་དང་པོ་དག་གི་ཡོན་ཏན་ནོ་ 6-1-315 ཞེས་པ་ནི། ཨརྟི་སྟེ་རྀ་ཡིག་རྐྱང་པ་དང་བརྩེགས་པའི་ཡི་གེ་དང་པོ་ཅན་གྱི་རྀ་ཡིག་གི་མཐར་ ཡཎ་དང་ཨཱ་ཤཱི་ཥཱའི་ཡ་ཡིག་ཡོད་པ་ལ་ནི་ཡོན་ཏན་དུ་འགྱུར་ཏེ། དཔེར་ན། རྀ་འགྲོ་བ་དང་། སྨྲྀ་སེམས་པའི་བྱིངས་ལ་བརྟ་མཱ་ནཱའི་ཏེ་དང་། བར་དུ་སྔར་བཞིན་ཡཎ་བྱིན་ནས། མདོ་འདིས་ རྀ་ཡོན་ཏན་ཨར་དུ་གྱུར་པས། ཨཪྻ་ཏེ(འགྲོ་བར་བྱེད)། སྨཪྻ་ཏེ་(དྲན་པར་བྱེད། )ཞེས་པ་དང་། དེ་ བཞིན་དུ་ཨཱ་ཤཱིཥའི་ཡཱ་ཏ་བྱིན་པས། ཨཪྻཱཏ། (འགྲོའོ། །) སྨཪྻཱཏ་(སེམས་སོ། །)ཅེས་པ་ལྟ་བུའོ། །འདི་ ཡང་མདོ་སྔ་མ་ལས་རྀ་མཐར་ཨི་ཡིག་ཨཱ་ག་མ་ཐོབ་པ་ལས་དམིགས་བསལ་ལོ། །ཙེ་ཀྲཱི་ ཡིཏ྄་ལའང་ངོ་ཞེས་པ་ནི་རྀ་ཡིག་རྐྱང་པ་དང་། བརྩེགས་པ་དང་པོར་ཡོད་པའི་རྀ་ཡིག་ནི་ཙེ་ ཀྲཱི་ཡི་ཏའི་རྐྱེན་ཕ་རོལ་ལའང་ཡོན་ཏན་དུ་འགྱུར་བ་ནི། ཨཱ་ལྔ་པར། ཙེ་ཀྲཱི་ཡི་ཏ་དག་ལ་མ་ ཡིན་ནོ་ཞེས་པས་ཡོན་ཏན་དགག་པ་ཐོབ་པ་ལ་དམིགས་བསལ་ཏེ། དཔེར་ན་སྔར་བཞིན། རྀ་ དང་སྨྲྀ་ལ་འཁྱོག་པོར་བགྲོད་པ་དང་ཤིན་ཏུ་སེམས་པར་བྱེད་དོའི་དོན་ལ་ཡ་སྒྲ་བྱིན་ནས། མདོ་འདིས་རྀ་ཡིག་དག་ཨར་དུ་བསྒྱུར་ལ། ཁྱད་པར་དབྱངས་དང་པོ་ལས་གཉིས་པའི་འོ་ ཞེས་པས་ཨར་གྱི་ར་ཡིག་ཡ་དང་སྦྱར་བ་གཉིས་བརྗོད་པའི་ཡ་དང་པོའི་སྲོག་ར་ལ་བཅུག་སྟེ་ ཡ་ཕྱིས་ནས་གསལ་བྱེད་ར་ལྷག་མར་བྱ་ཞིང་། སྨར་ལ་བྱིངས་གཉིས་སུ་བཞག་པའི་གསལ་ བྱེད་དང་པོས་ལྷག་མར་བྱས་ཏེ་ཨཱ་ག་མ་མེད་པའི་ཞེས་པས་ར་དང་ས་སྔ་མ་རིང་པོར་བསྒྱུར་ ནས་མཐར་ཏེ་བྱིན་པས། ཨདཱ་ཪྻ་ཏེ། (ཡང་ཡང་འགྲོ། ) སཱ་སྨཪྻ་ཏེ་(ཡང་ཡང་སེམས་སོ། །)ཞེས་པ་ལྟ་ བུའོ། །གྷྲཱ་དྷྨཱ་དག་གི་ཨཱིའོ་ཞེས་པ་ནི་གྷྲཱ་དྲི་ལེན་པ་དང་། དྷྨཱ་སྒྲ་ལ་འཇུག་པའི་བྱིངས་འདི་དག་ གི་དབྱངས་ཙེ་ཀྲཱི་ཡི་ཏ་ཕ་རོལ་ལ་ཨཱི་རིང་པོར་འགྱུར་ཏེ། དཔེར་ན། གྷྲཱ་དང་དྷྨཱ་ལ་ཤིན་ཏུ་དྲི་ འཛིན་པ་དང་ཤིན་ཏུ་སྒྲོགས་སོའི་དོན་ལ་ཡ་སྒྲ་བྱིན་ནས། མདོ་འདིས་དབྱངས་ཨཱི་ཡིག་ཏུ་ བསྒྱུར་ལ་བྱིངས་གཉིས་སུ་བཞག་ཅིང་གསལ་བྱེད་དང་པོ་ལྷག་མར་བྱས་ཏེ། ཨཱ་གསུམ་པར། གཉིས་པ་བཞི་པ་དག་གིས་ཞེས་པས་གྷ་དང་དྷ་ཡིག་གདང་ད་དང་། ཀ་སྡེའི་ཙ་སྡེའོ་ཞེས་པས་ 6-1-316 གའང་ཛ་དང་། ཙེ་ཀྲཱི་ཡི་ཏ་ལ་ཞེས་པས། སྔ་མའི་ཨཱི་དག་ཀྱང་ཨེ་རུ་བསྒྱུར་ནས། མཐར་བརྟ་ མཱ་ནཱའི་ཏེ་བྱིན་པས། ཛེ་གྷྲི་ཡ་ཏེ(ཤིན་དྲི་འཛིན)། དེ་དྷི་ཡ་ཏེ་(ཡང་ཡང་སྒྲོགས་སོ། །)ཞེས་པ་ལྟ་བུའོ། ། ཡིན་ལ་ཨའི་ཡི་གེའོ་ཞེས་པ་ནི་རྟགས་ཀྱི་ཨའི་ཡི་གེ་ཡིན་ཕ་རོལ་ལ་ཨཱི་ཉིད་དུ་འགྱུར་ཏེ། དཔེར་ན། མཾ་ག་ལ་ཞེས་པ་ལ་ཡིན་བྱིན་ནས། ཨི་དང་ན་ཡིག་མདོ་འདིའི་ཁྱད་པར་གྱི་དོན་ ཡིན་པས་དབྱི་ཞིང་། མདོ་འདིས་དབྱངས་ཨཱི་ཡིག་ཏུ་བསྒྱུར་ནས། མཐར་བརྟ་མཱ་ནཱའི་ཏི་དང་། དུ་ཨན་བྱིན་པས་མཾ་ག་ལཱི་ཡ་ཏི་(བཀྲ་ཤིས་འདོད་པར་བྱེད། ) ཞེས་པ་ལྟ་བུའོ། ། ལྔ་པ་བྱིངས་རྣམས་རྐྱེན་སོ་སོ་ལ་རང་ལས་གཞན་དུ་འགྱུར་བའི་དམིགས་བསལ་ནི། ཨ་ དིའི་སན་ཨ་དྱ་ཏ་ནཱི་དག་ལ་གྷསླྀ་འོ་ཞེས་པ་ཨད་ཟ་བ་ལ་འཇུག་པའི་དབྱིངས་འདི་སན་དང་ ཨ་དྱཏ་ནཱིའི་རྐྱེན་ཕ་རོལ་ལ་གྷསླྀ་རུ་འགྱུར་ཏེ། དཔེར་ན། ཨད་ལ་ཟ་བར་འདོད་དོའི་དོན་ ལ་སན་བྱིན་ནས། གྷསླྀ་རུ་བསྒྱུར་པའི་ལྀ་ཡིག་ཨཱ་གཉིས་པའི་པུ་ཥ་སོགས་ཀྱི་མདོའི་དོན་གྱི་ རྗེས་འབྲེལ་ཡིན་པས་དབྱི་ཞིང་། བྱིངས་གཉིས་སུ་བཞག་པའི་གསལ་བྱེད་དང་པོ་ལྷག་མར་ བྱས་ལ། ཨཱ་གསུམ་པར། སན་ལ་ཨཱའི་ཡི་གེ་ཞེས་པས་སྔ་མའི་སྲོག་ཨི་ཡིག་དང་། གཉིས་པ་ བཞི་པ་ཞེས་པས་གྷའང་ག་ཡིག་དང་། ཀ་སྡེའི་ཙ་སྡེའོ་ཞེས་པས་གའང་ཛ་ཡིག་དང་། ཨཱ་དྲུག་ པར། སའི་ས་ལ་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཏའོ་ཞེས་པས་གྷས་ཀྱི་སའང་ཏ་ཡིག་ཏུ་ བསྒྱུར་ཏེ་སན་གྱི་ན་སྔར་བཞིན་ཕྱིས་ནས། མཐར་བརྟ་མཱ་ནཱའི་ཏི་བྱིན་པས། ཛི་གྷཏྶ་ཏི་(ཟ་ འདོད་པར་བྱེད། )ཞེས་པ་དང་། ཨད྄་ལ་ཨ་དྱ་ཏ་ནཱིའི་ཏཱ་མ་བྱིན་ནས། མདོ་འདིས་གྷསླྀ་རུ་བསྒྱུར་ ཏེ་ལྀ་རྗེས་འབྲེལ་དབྱི་ཞིང་། པུ་ཥ་སོགས་ཀྱི་མདོས་བར་དུ་ཨཎ་དང་། ཨཱ་བརྒྱད་པར། ཧྱསྟ་ ནཱི་ཨདྱ་ཏ་ནཱི་ཞེས་པས་སྔོན་དུ་ཨཊ་བྱིན་པས། ཨ་གྷ་ས་ཏཱཾ་(དེ་རིང་ཟ་བར་བྱེད། ) ཞེས་པ་ལྟ་བུའོ། ། པ་རོ྅ཀྵཱ་ལ་ཡང་ནའོ་ཞེས་པ་ནི་ཨ་དི་པ་རོ྅ཀྵཱ་ཕ་རོལ་ལ་གྷསླྀ་རུ་ཡང་ན་འགྱུར་ཞིང་ཡང་ན་ མི་འགྱུར་ཏེ། དཔེར་ན། ཨད་ལ་པ་རོ྅ཀྵཱའི་ཨཊ་དང་ཨ་ཏུས་བྱིན་ནས། མདོ་འདིས་གྷསླྀ་རུ་ 6-1-317 བསྒྱུར་བའི་ལྀ་རྗེས་འབྲེལ་དབྱི་ཞིང་། བྱིངས་གཉིས་སུ་བཞག་པའི་གསལ་བྱེད་དང་པོ་ལྷག་ མར་བྱས་ལ། ཨཱ་གསུམ་པར། གཉིས་པ་བཞི་པ་ཞེས་པས་གྷ་དང་པོ་ག་དང་། དེའང་སྔར་ བཞིན་ཛ་རུ་བསྒྱུར་ཏེ་ཁྱད་པར་ཨཊ་ལ། ཨཱ་དྲུག་པར། ཨིན་ཨིཙ་ཨཊ་རྣམས་ལ་ཞེས་པས། ཨུ་པ་དྷཱ་རིང་པོར་བསྒྱུར་ཞིང་། ཨ་ཏུས་ལ། ཨཱ་དྲུག་པར། གམ་ཧན་ཞེས་སོགས་ཀྱི་གྷ་ཕྱི་མའི་ སྲོག་ཕྱིས་ལ། ཨཱ་བརྒྱད་པར། སྒྲ་མེད་པ་རྣམས་ཀྱི་ཤིཊ་མ་ཡིན་པ་ཞེས་པས་གྷ་དེའང་ཀ་དང་། ཨཱ་བརྒྱད་པའི། ཤཱ་སི་བ་སི་གྷ་སི་ཞེས་པས་ས་ཡིག་ཥ་རུ་བསྒྱུར་ཏེ་སྦྱར་བས། ཛ་གྷཱ་ས། (ཟོས་ སོ། །)ཛཀྵ་ཏུཿཞེས་པ་དང་། ཡང་ན་མི་འགྱུར་བ་ལ་ནི། ཨད་ལ་ཨཊ་དང་ཨ་ཏུས་བྱིན་ནས། གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། དང་པོའི་ཨའི་ཐམས་ཅད་དུ་ཞེས་པས་ཨ་སྔ་མ་རིང་ པོར་བསྒྱུར་ཏེ་མཚམས་སྦྱར་བས། ཨཱ་ད། ཨཱ་ད་ཏུཿ(ཟོས་ཟིན། ) ཞེས་པ་ལྟ་བུའོ། །ཝེ་ཉའི་འང་ ཝ་ཡིའོ་ཞེས་པ་ནི་ཝེ་ཉ་སྣལ་མའི་རྒྱུན་ལ་འཇུག་པའི་བྱིངས་འདི་པ་རོ྅ཀྵཱའི་རྐྱེན་ཕ་རོལ་ཏུ་ ཡོད་པ་ལ་ཝ་ཡི་རུ་ཡང་ན་འགྱུར་ཞིང་ཡང་ན་མི་འགྱུར་ཏེ། དཔེར་ན། ཉ་རྗེས་འབྲེལ་ཕྱིས་ པའི་ཝེ་ལ་པ་རོ྅ཀྵཱའི་ཨཊ་དང་ཨ་ཏུས་བྱིན་ནས། མདོ་འདིས་ཝ་ཡི་རུ་བསྒྱུར་ལ། ཁྱད་ པར་ཨཊ་ལ་བྱིངས་གཉིས་སུ་བརྗོད་ཅིང་གསལ་བྱེད་དང་པོ་ལྷག་མར་བྱས་ཏེ། ལེའུ་འདིར། གཉི་ག་རྣམས་ཀྱི་ཨ་བྷྱཱ་སའི་ཞེས་པས་ཝ་སྔ་མ་ཨུ་རུ་བསྒྱུར་པའི་སམ་པྲ་སཱ་ཎ་བྱ་ཞིང་། ཨིན་ ཨིཙ་ཞེས་སོགས་ཀྱིས་ཨུ་པ་དྷཱ་རིང་པོར་བསྒྱུར་ནས། ཡའི་ཨི་ཡིག་བརྗོད་དོན་ཕྱིས་ཏེ་སྦྱར་ བས། ཨུ་ཝཱ་ཡ་(སྣ་ལམ་བྱས་ཟིན། ) ཞེས་པ་དང་། ཨ་ཏུས་ལ། གྲ་ཧི་ཛྱཱ་པ་ཡི་ཞེས་པས་ཝ་ཡིག་ཨུ་ རུ་བསྒྱུར་ཏེ། གཉིས་སུ་བརྗོད་ཅིང་དང་པོ་ལྷག་མར་བྱས་ནས་ཨུ་ཡིག་གཉིས་མཚམས་སྦྱར་ ཞིང་ཨི་ཡིག་ཕྱིས་པས། ཨཱུཡ་ཏུཿ(སྣལ་མའི་རྒྱུར་བྱས་སོ། །)ཞེས་པ་དང་། ཡང་ན་མི་འགྱུར་བ་ལ་ ནི། ཝེ་ལ་ཨཊ་དང་ཨ་ཏུས་བྱིན་ནས། ལེའུ་འདིར། མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ ཀྱི་ཞེས་པས་ནེའི་ཨེ་ཡིག་ཨཱ་རིང་པོར་བསྒྱུར་བ་གཉིས་སུ་བཞག་ཅིང་། ཨཱ་ལྔ་པར། ཨཱ་ཡིག་ 6-1-318 ལས་ཨཊ་ཨཽ་འོ་ཞེས་པ་ལྟར་བསྒྱུར་ལ། ཨཱ་དྲུག་པར། མཚམས་སྦྱོར་གྱི་ཡི་གེ་ལའང་ཞེས་ པས་ཝ་ཕྱི་མའི་སྲོག་དབྱི་ཞིང་། ཨ་ཏུས་ལའང་ལེའུ་འདིར། བྱིངས་ཐམས་ཅད་པ་མ་ཡིན་པ་ ལ་ཞེས་པས་ཝ་ཕྱི་མའི་སྲོག་ཕྱིས་ཏེ། ཨཱ་གསུམ་པར། ཐུང་ངུའོ་ཞེས་པས་ཝཱ་སྔ་མ་ཐུང་ངུར་ བསྒྱུར་ནས་སྦྱར་བས། ཝ་ཝཽ(སྣལ་མ་བྱས་ཟིན)། ཝ་ཝ་ཏུཿཞེས་པ་ལྟ་བུའོ། །ཧན་ཏིའི་ཨཱ་ཤཱིཥ་ལ་ བ་དྷིའོ་ཞེས་པ་ནི་ཧ་ན་འཚེ་བ་ལའོ་ཞེས་པའི་བྱིངས་འདིའི་ཨཱ་ཤཱིཥ་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ བ་དྷི་རུ་འགྱུར་ཏེ། དཔེར་ན། ཧ་ན་ལ། ཨཱ་ཤཱིཥའི་ཡཱཏ་དང་། ཡཱ་ཏཱམ་བྱིན་ནས། བ་དྷི་རུ་བསྒྱུར་ བའི་ཨི་ཡིག་བརྗོད་དོན་ཕྱིས་ནས་སྦྱར་བས། བ་དྷྱཱཏ། པ་དྷྱ་ཏཱཾ་(འཚེ་བར་འགྱུར། ) ཞེས་པ་ལྟ་བུའོ། ། ཨ་དྱ་ཏ་ནཱི་ལའང་ངོ་ཞེས་པ་ནི་ཧ་ན་འདི་ཉིད་ཨ་དྱ་ཏ་ནཱིའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལའང་བ་ དྷི་རུ་འགྱུར་ཏེ། དཔེར་ན། ཧ་ན་ལ་ཨ་དྱ་ཏ་ནཱིའི་དི་དང་། ཏཱམ་བྱིན་ནས། མདོ་འདིས་བ་དྷི་ རུ་བསྒྱུར་བའི་ཨི་བརྗོད་དོན་དབྱི་ཞིང་། ཨཱ་གཉིས་པར། ཨ་དྱ་ཏ་ནཱི་ལ་ཞེས་པས་བར་དུ་སི་ ཙ་དང་། ཨཱ་དྲུག་པར། བྱིངས་ཐམས་ཅད་ལ་མིན་པ་ཞེས་པས་བྱིངས་མཐར་ཨིཊ་བྱིན་ལ། ཁྱད་པར་དི་ལ་ཨཱ་དྲུག་པར། སི་ཙ་ལས་སོ་ཞེས་པས་སི་ཙའི་མཐར་ཨཱིཊ་རིང་པོ་སྦྱིན་ཞིང་། ཊ་ཡིག་དག་ཁྱད་པར་གྱི་དོན་དང་ཨིཊ་ལས་ཀྱང་ཨཱིཊ་ལས་སོ་ཞེས་པས་སི་ཙ་ཕྱིས་ལ། དིའི་ ཨི་དབྱི་བ་དང་། རྫོགས་པ་ལ་ཡང་ན་བྱ་བ་ནི་སྔར་བཞིན་ཏེ། ཏཱམ་ལ་སིའི་ཨི་དང་ཙ་ཁྱད་ པར་གྱི་དོན་དབྱི་ཞིང་། ཨཱ་བརྒྱད་པའི་རྒྱུ་མཚན་ལས་ས་ཡིག་ཥ་དང་། དེ་ཉིད་དུ། ཥ་དང་ཊ་ སྡེ་ལས། ཞེས་པས་ཏཱའང་ཊཱ་རུ་བསྒྱུར་ལ། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོར་ཧྱ་སྟ་ནཱི་ཞེས་ པས་སྔོན་དུ་ཨཊ་བཞག་པས། ཨ་བ་དྷཱི་ཏ། (དེ་རིང་འཚེའོ། །) ཨ་བ་དྷིཥྚཱཾ་ཞེས་པ་ལྟ་བུའོ། །ཨིཎའི་ གཱའོ་ཞེས་པ་ནི་ཨིཎ་འགྲོ་བ་ལ་འཇུག་པའི་བྱིངས་འདི་ཨ་དྱ་ཏ་ནཱིའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ གཱ་ཡིག་རིང་པོར་འགྱུར་ཏེ། དཔེར་ན། ཨིཎ་ལ་དི་དང་ཏཱམ་བྱིན་ནས་མདོ་འདིས་ཨིཎ་གཱ་རུ་ བསྒྱུར་ཏེ། སྔར་བཞིན་བྱིངས་ཀྱི་སྔོན་དུ་ཨཊ་བཞག་པས། ཨ་གཱཏ(དེ་རིང་འགྲོ)། ཨ་གཱ་ཏཱཾ་ཞེས་ 6-1-319 པ་ལྟ་བུའོ། །ཨིངའི་པ་རོ྅ཀྵཱ་ལའོ་ཞེས་པ་ནི་ཨིང྄་ཀློག་པའི་བྱིངས་འདི་པ་རོ྅ཀྵཱའི་རྐྱེན་ཕ་ རོལ་ཏུ་ཡོད་པ་ལ་གཱ་ཡིག་རིང་པོར་འགྱུར་ཏེ། དཔེར་ན། ཨ་དྷི་སྔོན་མ་ཅན་གྱི་ཨིང་ལ་པ་ རོ྅ཀྵཱའི་ཨེ་དང་ཨཱ་ཏེ་བྱིན་ནས། མདོ་འདིས་ཨིང་ཡིག་གཱ་རུ་བསྒྱུར་བ་གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། ཀ་སྡེའི་ཞེས་སོགས་ཀྱིས་གཱ་སྔ་མ་ཛཱ་དང་། ཐུང་ངུའོ་ཞེས་པས་དེའང་ཐུང་ ངུར་བསྒྱུར་ལ། ལེའུ་འདིར། བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཞེས་པས་གཱ་ཕྱི་མའི་སྲོག་ ཕྱིས་ཏེ་སྦྱར་བས། ཨ་དྷི་ཛ་གེ(ལྷག་པར་ཀླགས་སོ། །) ཨ་དྷི་ཛ་གཱ་ཏེ་ཞེས་པ་ལྟ་བུའོ། །སན་ལ་ཨིཎ་ ཨིང་དག་གི་ག་མིའོ་ཞེས་པ་ནི་སན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། ཨིཎ་དང་ཨིང་དག་ག་མི་ རུ་འགྱུར་ཏེ། དཔེར་ན། ཨིཎ་ལ་འགྲོ་བར་འདོད་དོའི་དོན་ལ་སན་བྱིན་ནས། མདོ་འདིས་ ཨིཎ་ག་མི་རུ་བསྒྱུར་བའི་ཨི་བརྗོད་དོན་ཕྱིས་པ་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ ལྷག་མར་བྱས་ལ། ཨཱ་གསུམ་པར། སན་ལ་ཨིའི་ཡི་གེ་ཞེས་པས་སྔ་མའི་སྲོག་ཨི་དང་སྔར་ བཞིན་ཀ་སྡེའི་ཙ་སྡེར་བསྒྱུར་བའི་མཐར། བརྟ་མཱ་ནཱའི་ཏི་དང་། ཨཱ་བདུན་པར། གམ་ལས་ སན་ལ་པ་ར་སྨཻ་ཞེས་པས་སན་གྱི་སྔ་མར་ཨིཊ་ཨཱ་ག་མ་བྱིན་ཏེ། རྒྱུ་མཚན་ལས། ས་ཡིག་ ཥ་རུ་བསྒྱུར་བས། ཛིག་མི་ཥ་ཏི་(འགྲོ་བ་འདོད་དོ། །)ཞེས་པ་དང་། ཨ་དྷི་སྔོན་མ་ཅན་གྱི་ཨིང་ལ་ སན་བྱིན་ནས། སྔར་བཞིན་ག་མི་རུ་བསྒྱུར་བའི་ཨི་ཕྱིས་པ་གཉིས་སུ་བཞག་ཅིང་། སྔ་མའི་ ཨ་ཡིག་ཨི་དང་ག་ཡིག་ཛ་རུ་བསྒྱུར་ཏེ། ཨཱ་བརྒྱད་པར། ཧ་ནི་ཨིང་འི་གཾ་དག་གི་ཞེས་པས་ ཕྱི་མའི་སྲོག་རིང་པོར་བསྒྱུར་བའི་མཐར་ཏེ་བྱིན་པས། ཨ་དྷི་ཛི་གཱཾ་ས་ཏེ་(ལྷག་པར་ཀློག་པར་འདོད་ དོ། །)ཞེས་པ་ལྟ་བུའོ། །ཨ་སྟིའི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་བྷཱུའོ་ཞེས་པ་ནི་ཨས་ཡོད་ པ་ལ་འཇུག་པའི་བྱིངས་འདི། བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ བྷཱུ་རིང་པོར་འགྱུར་ཏེ། དཔེར་ན། ཨས྄་ལ་ཤྭསྟ་ནཱིའི་ཏཱ་དང་། བྷ་ཝི་ཥྱནྟིའི་སྱ་ཏི་བྱིན་ནས། མདོ་འདིས་བྷཱུ་རུ་བསྒྱུར་ཞིང་། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པའི་ཞེས་པས་ 6-1-320 བྱིངས་མཐར་ཨིཊ་བྱིན་ལ། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་བི་ཀ་ར་ཎའི་ཞེས་པས་བྷཱུའི་ ཨཱ་ཡིག་ཨོ་རུ་བསྒྱུར་བ་མཚམས་སྦྱར་ཏེ། རྒྱུ་མཚན་ལས། ས་ཡིག་ཥ་རུ་བསྒྱུར་བས། བྷ་ཝི་ ཏཱ། བྷ་ཝི་ཥྱ་ཏི་ཞེས་པ་ལྟ་བུའོ། །བྱིངས་ཐམས་ཅད་པ་ལ་ནི་བྷཱུ་མི་འགྱུར་ཏེ། དཔེར་ན། ཨས་ ལ་བརྟ་མཱ་ནཱའི་ཏི་དང་། སཔྟ་མཱིའི་ཡཱཏ་བྱིན་ནས། ཁྱད་པར་སཔྟ་མཱི་ལ། ལེའུ་འདིར། ཨསྟིའི་ དང་པོ་དབྱིའོ་ཞེས་པས་ཨ་ཕྱིས་ཏེ་སྦྱར་བས། ཨ་སྟི། (ཡོད་དོ། །) སྱཱཏ་(ཡོད་པར་མཛོད། )ཅེས་པ་ལྟ་ བུའོ། །བྲཱུའི་ཝ་ཙིའོ་ཞེས་པ་ནི། བྲཱུཉ་གསལ་བར་སྨྲ་བ་ལ་འཇུག་པའི་བྱིངས་འདི། བྱིངས་ ཐམས་ཅད་པ་མ་ཡིན་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། ཝ་ཙི་རུ་འགྱུར་ཏེ། དཔེར་ན། ཉ་རྗེས་ འབྲེལ་ཕྱིས་པའི་བྲཱལ་ཤྭསྟ་ནཱིའི་ཏཱ་དང་། བྷཝི་ཥྱནྟིའི་སྱ་ཏི་བྱིན་ནས། མདོ་འདིས་བྲཱུ་ཡིག་ ཝ་ཙི་རུ་བསྒྱུར་བའི་ཨི་བརྗོད་དོན་དབྱི་ཞིང་། ཨཱ་དྲུག་པར། ཙ་སྡེའི་འདྲ་བའི་ཡི་གེ་མ་ཡིན་ པ་ལ་ཞེས་པས་ཙ་ཡིག་ཀ་དང་། རྒྱུ་མཚན་ལས། ས་ཡིག་ཥ་རུ་བསྒྱུར་བས། ཝཀྟཱ། (སང་སྨྲའོ། །) ཝཀྵྱ་ཏི་(སྨྲ་བར་འགྱུར་རོ། །)ཞེས་པ་ལྟ་བུའོ། །ཙཀྵ་ངའི་ཁྱཱཉ་འོ་ཞེས་པ་ནི། ཙཀྵི ང་གསལ་བར་ བྱེད་པའི་བྱིངས་འདི། བྱིངས་ཐམས་ཅད་པ་མ་ཡིན་པ་ཕ་རོལ་ཏུ་ཡོད་པ་ལས་ཁྱཱཉ་རུ་འགྱུར་ ཏེ། དཔེར་ན། ཨཱང་སྔོན་མ་ཅན་ཙ་ཀྵི ང་ལ་སྔར་བཞིན་ཏྭ་དང་སྱ་ཏི་བྱིན་ནས་མདོ་འདིས་ཁྱཱཉ་ རུ་བསྒྱུར་བའི་ཉ་རྗེས་འབྲེལ་ཕྱིས་པས། ཨཱ་ཁྱཱ་ཏཱ(སང་གསལ་བར་སྨྲ)། ཨཱ་ཁྱཱ་སྱ་ཏི་(ཀུན་འཆད་དོ། །) ཞེས་པ་ལྟ་བུའོ། །པ་རོ྅ཀྵཱ་ལ་ཡང་ནའོ་ཞེས་པ་ནི་ཙཀྵིང་འདི་ཉིད་པ་རོ྅ཀྵཱའི་རྐྱེན་ཕ་རོལ་ ལ་ཁྱཱཉ་རུ་ཡང་ན་འགྱུར་ཞིང་། ཡང་ན་མི་འགྱུར་ཏེ། དཔེར་ན། ཨཱང་སྔོན་མ་ཅན་གྱི་ཙཀྵི ང་ ལ་པ་རོ྅ཀྵཱའི་ཨེ་དང་ཨཱ་ཏེ་བྱིན་ནས། ཁྱཱཉ་རུ་བསྒྱུར་བའི་ཉ་ཕྱིས་པ་གཉིས་སུ་བཞག་ཅིང་། དང་པོ་ལྷག་མར་བྱས་ལ། ཨཱ་གསུམ་པར། གཉིས་པ་བཞི་པ་དག་གི་ཞེས་སྔ་མའི་ཁཱ་ཡིག་ ཀཱ་དང་། ཀ་སྡེའི་ཙ་སྡེའོ་ཞེས་པས་དེའང་ཙཱ་དང་། ཐུང་ངུའོ་ཞེས་པས་དེའང་ཐུང་ངུར་བསྒྱུར་ ཏེ། ལེའུ་འདིར། བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཞེས་པས་ཕྱི་མའི་ཕྱིས་ལ་སྦྱར་བས། ཨཱ་ 6-1-321 ཙ་ཁྱེ། (གསལ་བོར་སྨྲས་སོ། །) ཨཱ་ཙ་ཁྱཱ་ཏེ་ཞེས་པ་དང་། ཡང་ན་མི་འགྱུར་བ་ནི། དཔེར་ན། ཨཱང་ ཙཀྵི ང་གི་ཨི་དང་ང་ཁྱད་པར་གྱི་དོན་ཕྱིས་པ་ལ། ཨེ་དང་ཨཱ་ཏེ་བྱིན་ནས། གཉིས་སུ་བཞག་ ཅིང་། དང་པོ་ལྷག་མར་བྱས་ཏེ་སྦྱར་བས། ཨཱ་ཙ་ཙཀྵེ(ཀུན་བཤད་ཟིན)། ཨཱ་ཙ་ཙཀྵཱ་ཏེ་ཞེས་པ་ལྟ་ བུའོ། །མདོ་སྔ་མས་རྟག་ཏུ་བསྒྱུར་བ་ཐོབ་ཅེས་པ་ལས་དམིགས་བསལ་ལོ། །ཨ་ཛིའི་བཱིའོ་ ཞེས་པ་ནི་ཨ་ཛ་འགྲོ་བ་དང་འཕེན་པ་དག་ལ་འཇུག་པའི་བྱིངས་འདི་ཉིད་བྱིངས་ཐམས་ཅད་ པ་མ་ཡིན་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་བཱི་རིང་པོར་འགྱུར་ཏེ། དཔེར་ན། ཨཛ྄་ལ་སྔར་ བཞིན་ཏཱ་དང་སྱ་ཏི་བྱིན་ནས། མདོ་འདིས་བཱི་རུ་བསྒྱུར་ལ། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་ དང་ཞེས་པས་ཨཱི་ཡིག་ཡོན་ཏན་ཨེ་རུ་བྱས་ཏེ་ས་ཡིག་ཥ་རུ་བསྒྱུར་བས། བི་ཏཱ། (སང་འཕེན། )བེ་ ཥྱ་ཏི་(འགྲོ་བར་འགྱུར། ) ཞེས་པ་ལྟ་བུའོ། ། དྲུག་པ་བི་ཀ་ར་ཎ་དང་སི་ཙ་འཇིག་པའི་དམིགས་བསལ་ནི། ཨད྄་སོགས་ལ་བི་ཀ་ར་ ཎའི་འཇིག་གོ་ཞེས་པ་ཨད྄་ཟ་བ་དང་སོགས་ཀྱིས་ཧུ་སྦྱིན་པ་དང་ལེན་པ་དང་། བ་ཤ་མཛེས་ པ་ལ་སོགས་པའི་བྱིངས་ཀྱི་ཚོགས་རྣམས་ལས་བི་ཀ་ར་ཎ་འཇིག་པར་འགྱུར་ཏེ། དཔེར་ན། ཨད྄་དང་ཧུ་ལ་བརྟ་མཱ་ནཱའི་ཏི་བྱིན་ནས། ཨཱ་གཉིས་པར། བྱེད་པ་པོ་ལ་ཞེས་པས་བར་དུ་ཨན་ བྱིན་པ་མདོ་འདིས་དབྱི་ཞིང་། ཁྱད་པར་སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་རྣམས་ཀྱི་ཞེས་ པས་ད་ཡིག་ཏ་རུ་བསྒྱུར་ལ། ཨཱ་གསུམ་པར། ཛུ་ཧོ་ཏིའི་ཞེས་པས་ཧུ་གཉིས་སུ་བཞག་ཅིང་། ཧའི་ཛའོ་ཞེས་པས་ཧ་སྔ་མ་ཛ་དང་། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་ཞེས་པས་ཕྱི་མ་ཡོན་ ཏན་དུ་བྱས་པས། ཨཏྟི། (ཟའོ། །) ཛུ་ཧོ་ཏི། (སྦྱིན་ནོ། །) ཞེས་པ་ལྟ་བུའོ། །(འདིར་སློབ་ཕན་དང་སྒྲ་པ་ཐུགས་ རྗེ་དཔལ་བའི་ཊཱི་ཀར། ཛུ་ཧོ་ཏི་སོགས་ལས་ཀྱང་ངོ་། །ཙེཀྲཱི་ཡི་ཏའི་ཡང་ནའོ། །ཞེས་པའི་མདོ་གཉིས་ཡོད་ཅིང་། རྒྱ་དཔེ་འགའ་ ཞིག་ཏུ་ཡང་། ཛུཧོ་ཏྱཱ་དེཤྩ། ཝཱ་ཙེཀྲཱི་ཡི་ཏ་སྱ་ཞེས་པ་ཡོད་པས། མདོ་དང་པོ་ལ། ཧུ་སྦྱིན། ཧྲཱྀ་ངོ་ཚ། ཉི་བྷཱི་འཇིག་པའི་བྱིངས་ཀྱི་ཉི་ རྗེས་འབྲེལ། བརྟ་མཱ་ནཱའི་ཏེ། ཨན་བི། འདིས་འཇིག །ཛུ་ཧོ་ཏིས་བྱིངས་གཉིས་བརྗོད། ཧའི་ཛ་དང་། གཉིས་པ་བཞི་པས་བྷ་ 6-1-322 བ། ནཱ་མི་མཐའི་ཞེས་པས་ཕྱི་མ་ཡིན་ཡོན་ཏན་བྱས་པས། ཛུ་ཧོ་ཏི་ཛེ་ཏྲེ་ཏེ་བི་བྷེ་ཏེ་ཞེས་དང་། མདོ་ཕྱི་མ་ལ། བྷཱུ་ཡོད། རཊ་ཡོངས་ སུ་བཤད། ཡ་སྒྲ་བྱིན། འདིས་འཇིག གཉིས་བརྗོད། གསལ་བྱེད། དང་པོ་ལྷག གཉིས་པ་བཞི་པ་ཞེས་པས་བྷ་བ། ཙེ་ཀྲཱི་ཡི་ ཏ་ལ་ཡོན་ཏན་ནོ་ཞེས་པས་སྔ་ཕྱི་གཉི་ག་ལ་ཡོན་ཏན་ཨཱ་ག་མ་མེད་པའི་རིང་པོ། ཏེ་དང་བར་དུ་ཨན་བྱིན་པ་ཨད྄་སོགས་ལས་ འཇིག་བཤད་པ་ལས་ཨཱིཊ་བྱིན་ནས། ཊ་ཕྱིས་ཏེ་མཚམས་སྦྱར་བས། བོ་བྷ་ཝཱ་ཏེ། རཱ་ར་ཊཱི་ཏེ། ཡང་ན་ཡ་སྒྲ་ཕྱིན་ནས་མ་ཕྱིས་པ་ ལ། ཨཱིཊ་མི་སྦྱིན་ཞིང་། ཕྱི་མ་ལ་ཡོན་ཏན་མ་བྱས་པས། བོ་བྷཱུ་ཡ་ཏེ། ཏཱ་ཏ་ཊྱ་ཏེ་ཞེས་པ་ལྟ་བུའོ། །) ཨིཎ་སྠཱ་དཱ་པི་ཝ་ཏི་བྷཱུ་ རྣམས་ལས་སི་ཙའི་པ་རསྨཻ་ལའོ་ཞེས་པ་ནི་ཨིཎ་འགྲོ་བ་དང་། ཥྛཱའགྲོ་བ་ལ་མི་འཇུག་པ་དང་། ཌུདཱཉ་སྦྱིན་པ་ལ་སོགས་པའི་དཱའི་མིང་ཅན་རྣམས་དང་། པཱ་འཐུང་པ་དང་། བྷཱུ་ཡོད་པའི་ བྱིངས་འདི་རྣམས་ལས། ཕ་རོལ་གྱི་སི་ཙའང་། པ་ར་སྨཻ འི་ཚིག་ཕ་རོལ་དུ་ཡོད་པ་ལ་འཇིག་ པར་འགྱུར་ཏེ། དཔེར་ན། ཨི་ཎ་དང་ཥྛཱ་དང་། ཌུཉ་ཕྱིས་པའི་དཱ་དང་། པཱ་དང་། བྷཱུ་རྣམས་ལ་ ཨ་དྱ་ཏ་ནཱིའི་དི་བྱིན་ནས། ཨཱ་གཉིས་པར། ཨ་དྱ་ཏ་ནཱི་ལས་ཞེས་པས་བར་དུ་སིཙ་བྱིན་པ། དི་པ་རསྨཻ འི་ཚིག་ཡིན་པས་དབྱི་ཞིང་། ཁྱད་པར། ལེའུ་འདིར། ཨིཎའི་ཞེས་པས་ཨིཎ་ནི་གཱ་ དང་། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོ་ཥའི་ཞེས་པས་ཥྛཱའི་ཥ་ཡིག་ས་དང་། པ་རི་བྷཱ་ཥར། རྒྱུ་ མཚན་མེད་པར་རྒྱུ་མཚན་ཅན་ཡང་མི་འབྱུང་ཞེས་པས་ཋ་ཡིག་ཐ་རུ་བསྒྱུར་ཏེ། དིའི་ཨི་ཁྱད་ དོན་དབྱི་ཞིང་། ད་ཡིག་རྫོགས་པ་ལ་ཡང་ན་བྱས་པས། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོར་ ཞེས་པ་ལྟར། སྔོན་དུ་ཨཊ་བཞག་པས། རིམ་པ་ལྟར། ཨ་གཱཏ(དེ་རིང་འགྲོ)། ཨསྠཱཏ(དེ་རིང་སྡོད)། ཨ་དཱ་ཏ(དེ་རིང་སྦྱིན)། ཨ་པཱད(དེ་རིང་འཐུང་)། ཨ་བྷུཏ་(དེ་རིང་ཡོད། ) ཅེས་པ་ལྟ་བུའོ། །ཞེས་པ་བྱིངས་ རྣམས་ཚིག་ཏུ་བསྒྲུབ་ཚུལ་ཀུན་བཤད་པའི་མདོ་ལས་རྐང་པ་བཞི་པའི་འགྲེལ་པ་རྫོགས་སོ།། །། ཀུན་བཤད་ལྔ་པ་བྱིངས་ལ་ཡོན་ཏན་ཐོབ་མི་ཐོབ་ཀྱི་ཁྱད་པར་གཙོ་བོར་བསྟན་པ་ལ་ གསུམ་ལས། དང་པོ་ཡོན་ཏན་ཐོབ་པ་སྤྱིར་བསྟན་པ་ནི། ནཱ་མི་མཐའི་བྱིངས་དང་བི་ཀ་ར་ཎ་ 6-1-323 དག་གི་ཡོན་ཏན་ནོ་ཞེས་པ་ཨའི་ཡི་གེ་བོར་བའི་དབྱངས་ནཱ་མིའི་མིང་ཅན་མཐའ་ན་ཡོད་པའི་ བྱིངས་རྣམས་དང་། བྱིངས་ཀྱི་མཐར་ནུ་ལ་སོགས་པའི་བི་ཀ་ར་ཎའི་མིང་ཅན་བྱིན་པ་རྣམས་ དམིགས་བསལ་ཅན་མ་ཡིན་པའི་རྣམ་དབྱེ་ཕ་རོལ་ཏུ་ཡོད་པ་ན་སྤྱི་བོ་ལས་འབྱུང་བ་རྀའི་ ཡི་གེ་དག་གི་ཡོན་ཏན་ཨར་དང་། རྐན་ལས་འབྱུང་བ་ཨིའི་ཡི་གེ་དག་གི་ཡོན་ཏན་ཨེ་དང་། མཆུ་ལས་འབྱུང་བ་ཨུའི་ཡི་གེ་དག་གི་ཡོན་ཏན་ཨོ་རྣམས་སུ་འགྱུར་ཏེ། དཔེར་ན། ནཱ་མི་ ལ་ནི། ཀྲྀཉ་བྱེད་པ་དང་། ཏྲཱྀ་གཅོད་པ་དང་། ཙིཉ་སོག་པ་དང་། ཎཱིཉ་ཐོབ་པའི་བྱིངས་རྣམས་ ཀྱི་ཉ་རྗེས་འབྲེལ་ཕྱིས་པ་ལ། སྔ་མ་གཉིས་ཀྱི་མཐར་བརྟ་མཱ་ནཱའི་ཏི་དང་། བར་དུ་ཨན་དང་། ཕྱི་མ་གཉིས་ལ་ཤྭསྟ་ནཱིའི་ཏཱ་བྱིན་ནས། མདོ་འདིས་རྀའི་ཡི་གེ་ཨར་དང་། ཨིའི་ཡི་གེ་ཨེ་ རུ་བསྒྱུར་བས། ཀ་ར་ཏི(བྱེད)། ཏ་ར་ཏི(གཅོད་པར་བྱེད)། ཙེ་ཏཱ(སང་སོག)། ནེ་ཏཱ་(སང་ཐོབ། )ཅེས་པ་ དང་། བི་ཀ་ར་ཎ་ལ་ནི། ཥུཉ་མངོན་པར་དབང་བསྐུར་བའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པའི་ མཐར་བརྟ་མཱ་ནཱའི་ཏི་དང་། ཨཱ་གཉིས་པར། སུ་སོགས་ལས་ཞེས་པས། བར་དུ་ནུ་བི་ཀ་ར་ ཎ་བྱིན་ནས། མདོ་འདིས་ནུའི་ཨུ་ཡིག་ཨོ་དང་། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོ་ཥའི་ཞེས་ པས། ཥ་ཡིག་ས་རུ་བསྒྱུར་བས། སུ་(འཁྲུད་དོ། །)ནོ་ཏི་(མངོན་པར་དབང་བསྐུར་)ཞེས་པ་ལྟ་བུའོ། །ཨུ་ པ་དྷཱ་ནཱ་མིའི་འང་ཡང་བའོ་ཞེས་པ་ནི་བྱིངས་གང་གི་ཨུ་པ་དྷཱ་སྟེ། མཐའ་ལས་སྔ་མ་ནཱ་མིའི་ཡི་ གེ་ཡོད་པ་ཅན་ཡང་བར་གྱུར་པ་དེའང་ཡོན་ཏན་དུ་འགྱུར་ཞིང་བི་ཀ་ར་ཎ་སྨོས་པ་རྗེས་སུ་མི་ འཇུག་སྟེ། དེའི་ཨུ་པ་དྷཱ་མི་སྲིད་པའི་ཕྱིར་རོ་ཞེས་པ་སྟེ། དཔེར་ན། བིད་ཤེས་པ་དང་། བྲྀ་ཏུ་ འཇུག་པའི་བྱིངས་ལ་ཤྭསྟ་ནཱིའི་ཏཱ་བྱིན་ནས། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པའི་ ཞེས་པས་བྱིངས་མཐར་ཨིཊ་བྱིན་པའི་ཊ་ཁྱད་དོན་དབྱི་བ་ནི་ཐམས་ཅད་དུ་ཤེས་པར་བྱ་ཞིང་། མདོ་འདིས་ཨི་ཡིག་ཨེ་དང་རྀ་ཡིག་ཨར་དུ་བསྒྱུར་བས། བེ་དི་ཏཱ(ཤེས་པར་འགྱུར)། བརྟི་ཏཱ་ (འཇུག་པར་འགྱུར། )ཞེས་པ་ལྟ་བུའོ། །ཨུ་པ་དྷཱ་ནཱ་མི་ཡིན་ཡང་ལྗི་བར་གྱུར་པ་ནི་ཡོན་ཏན་དུ་མི་ 6-1-324 འགྱུར་ཏེ། ཨཱུ་ཧ་རྣམ་པར་རྟོག་པའི་བྱིངས་ཨ་བརྗོད་དོན་ཕྱིས་པ་ལ་བརྟ་མཱ་ནཱའི་ཏེ་དང་བར་ དུ་ཨན྄་བྱིན་པས། ཨཱུ་ཧ་ཏེ་(རྣམ་པར་རྟོག་གོ) ཞེས་པ་ལྟ་བུའོ། །བི་ཀ་ར་ཎ་ལ་ཨན྄་ཉིད་ལའོ་ ཞེས་པ་ནི་བྱིངས་ནཱ་མིའི་མཐའ་ཅན་བི་ཀ་ར་ཎ་རྣམས་ལས་ཁྱད་པར་ཨན྄་བི་ཀ་ར་ཎ་ཉིད་ ལ་ཡོན་ཏན་དུ་འགྱུར་ཏེ། དཔེར་ན། བྷཱུ་ཡོད་པའི་བྱིངས་ལ་བརྟ་མཱ་ནཱའི་ཏི་དང་ཏས་བྱིན་ ནས། བར་དུ་ཨན་བི་ཀ་ར་ཎ་བྱིན་པའི་ན་ཁྱད་པར་གྱི་དོན་དབྱི་བ་ནི་ཐམས་ཅད་དུ་ཤེས་ པར་བྱ་ཞིང་། མདོ་འདིས་ཨཱུ་ཡིག་ཨོ་རུ་བསྒྱུར་ཏེ་མཚམས་སྦྱར་བས། བྷ་ཝ་ཏི། (འགྱུར་རོ། །) བྷ་ཝ་ཏཿཞེས་པ་ལྟ་བུའོ། །བི་ཀ་ར་ཎ་གཞན་རྣམས་ལ་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། ཎྲྀ་ཏི་ལུས་ཀྱི་རྣམ་འགྱུར་དང་། ཀྲཱིཉ་རྫས་བརྗེ་བའི་བྱིངས་ཨཱི་དང་ཉ་རྗེས་འབྲེལ་ཕྱིས་པ་ལ་ བརྟ་མཱ་ནཱའི་ཏི་བྱིན་ནས། ཨཱ་གཉིས་པར། དི་ཝ་སོགས་ལས་ཞེས་པས་སྔ་མའི་མཐར་ཡན་ དང་། ཀྲཱི་སོགས་ལས་ཞེས་པས་ཕྱི་མའི་མཐར་ནཱ་བི་ཀ་ར་ཎ་བྱིན་པའི་ཡན་གྱི་ན་ཁྱད་པར་ གྱི་དོན་དབྱི་བ་ནི་ཐམས་ཅད་དུ་རིགས་པར་བྱ་ཞིང་། ར་ཥ་རྀའི་ཡི་གེ་ཞེས་པས་ནཱ་ཡིག་ཎཱ་རུ་ བསྒྱུར་བས། ནྲྀཏྱ་ཏི། (གར་བྱེད། )ཀྲཱི་ཎཱ་ཏི་(ཚོང་བྱེད། )ཞེས་པ་ལྟ་བུའོ། །ཀ་རོ་ཏིའི་འོ་ཞེས་པ་ནི་ ཀ་རོ་ཏི་སྟེ་ཌུཀྲཱྀཉ་བྱེད་པ་ལ་འཇུག་པ་འདི་བི་ཀ་ར་ཎ་ཕ་རོལ་ཏུ་ཡོད་པ་ལ་ཡོན་ཏན་ཏུ་འགྱུར་ ཏེ། དཔེར་ན་ཌུ་དང་ཉ་རྗེས་འབྲེལ་ཕྱིས་པའི་ཀྲྀ་ལ་བརྟ་མཱ་ནཱའི་ཏི་དང་ཨན་ཏི་བྱིན་ནས། ཨཱ་ གཉིས་པར། ཏན་སོགས་ལས་ཞེས་པས་བར་དུ་ཨུ་བི་ཀ་ར་ཎ་བྱིན་པ་ན་མདོ་འདིས་རྀ་ཡིག་ ཨར་དང་། ཁྱད་པར་དུ། ནཱ་མཱི་མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ཞེས་པས་ཨུ་སྔ་མའང་ ཡོན་ཏན་ཨོ་དང་། ཨཱ་བཞི་པར། བྱིངས་ཐམས་ཅད་པ་ཡོན་ཏན་མེད་པ་ལ་ཞེས་པས་ཀ་ཕྱི་ མའི་ཨ་ཡིག་ཨུ་རུ་བསྒྱུར་ཏེ་མཚམས་སྦྱར་བས། ཀ་རོ་ཏི། (བྱེད་དོ། །) ཀུཪྺནྟི་(མཛོད་ཅིག)ཞེས་པ་ ལྟ་བུའོ། །ཀ་རོ་ཏི་ཞེས་སྨོས་པ་ནི། སུ་སོགས་ཀྱི་ཀྲྀ་ཉ་འཚེ་བ་ལ་འཇུག་པ་དང་མི་འཁྲུལ་པའི་ དོན་ཏེ། དཔེར་ན། ཉ་རྗེས་འབྲེལ་ཕྱིས་པའི་ཀྲྀ་ལ་སྔར་བཞིན་ཏི་དང་། ཨཱ་གཉིས་པར། སུ་ 6-1-325 སོགས་ལས་ཞེས་པས་བར་དུ་ནུ་བི་ཀ་ར་ཎ་བྱིན་ནས། བི་ཀ་ར་ཎ་དག་གི་ཞེས་པས་ཨུ་ཡིག་ ཨོ་དང་། ར་ཥ་རྀའི་ཡི་གེ་ཞེས་པས་ན་ཡིག་ཎ་རུ་བསྒྱུར་བས། ཀྲྀ་ཎོ་ཏི་(འཚེ་བར་བྱེད། ) ཞེས་པ་ ལྟ་བུའོ། །མི་དིའི་འོ་ཞེས་པ་ནི་ཉི་མི་དི་གཤེར་བ་ལ་འཇུག་པའི་བྱིངས་འདིའི་དབྱངས་བི་ཀ་ ར་ཎ་ཕ་རོལ་ཏུ་ཡོད་པ་ལ་ཡོན་ཏན་དུ་འགྱུར་ཏེ། དཔེར་ན། ཉི་མི་དིའི་ཉི་དང་དིའི་ཨི་རྗེས་ འབྲེལ་ཕྱིས་པ་ལ་སྔར་བཞིན་ཏི་དང་། ཨཱ་གཉིས་པར། དི་བ་སོགས་ལས་ཞེས་པས་བར་ དུ་ཡན྄་བྱིན་ཏེ་སྦྱར་ནས། མདོ་འདིས་ཨི་ཡིག་ཨེ་རུ་བསྒྱུར་བས། མེ་དྱ་ཏི་(གཤེར་བར་བྱེད། ) ཞེས་པ་ལྟ་བུའོ། །མེ་དི་ཞེས་པ་བྷཱུ་སོགས་ཀྱི་ཡོན་ཏན་ཅན་དུ་གྲུབ་པས་དིང་སོགས་ཀྱི་བཟུང་ བར་བྱའོ། །ཨ་བྷྱསྟ་རྣམས་ཀྱི་ཨུས་ལའོ་ཞེས་པའི་ཨ་བྷྱ་སྟ་ནི་བྱིངས་གཉིས་སུ་བཞག་པའི་ མིང་ཡིན་ལ་དེའི་དབྱངས་ནཱ་མི་རྣམས་ལས་ཨན་ཨུས་སུ་བསྒྱུར་བའི་རྐྱེན་ཕ་རོལ་ཏུ་ཡོད་པ་ ལ་ཡོན་ཏན་དུ་འགྱུར་ཞེས་པ་དང་། གཉིས་ཉིད་དང་མང་པོ་ཉིད་དག་གི་པ་ར་སྨཻ་ལའོ་ཞེས་ འཆད་འགྱུར་གྱི་ཡོན་ཏན་འགེགས་པ་ལས་དམིགས་བསལ་དུ་བསྟན་པ་སྟེ། དཔེར་ན། ཧུ་ སྦྱིན་པ་དང་། ཉི་བྷཱི་འཇིགས་པའི་བྱིངས་ཉི་རྗེས་འབྲེལ་ཕྱིས་པ་ལ། ཧྱསྟ་ནཱིའི་ཨན་བྱིན་ནས། ཨཱ་གསུམ་པའི་ཛུ་ཧོ་ཏི་སོགས་ཀྱིས་བྱིངས་གཉིས་སུ་བཞག་ཅིང་བར་དུ་ཨན་བྱིན་པ་ཛུ་ཧོ་ཏི་ སོགས་ཀྱིས་ཕྱིས་ལ། ཨཱ་བཞི་པར། སིཙ་ཨ་བྷྱསྟ་བིད་སོགས་རྣམས་ཀྱི་ཞེས་པས་ཨན་ཡིག་ ཨུས་སུ་བསྒྱུར་ཞིང་། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོ་ཧྱསྟ་ནཱི་ཞེས་པས་སྔོན་དུ་ཨཊ་བཞག་ སྟེ། ཁྱད་པར། ཨཱ་གསུམ་པར། ཧའི་ཛའོ་ཞེས་པས་ཧ་སྔ་མ་ཛ་དང་། གཉིས་པ་བཞི་པ་དག་ གི་ཞེས་པས་བྷ་སྔ་མ་བ་དང་། ཐུང་ངུ་འོས་དེའི་དབྱངས་ཐུང་ངུར་བྱས་ལ། མདོ་འདིས་ཕྱི་ མའི་ཨུ་དང་། ཨི་ཡོན་ཏན་དུ་བྱས་ནས་མཚམས་སྦྱར་བས། ཨ་ཛུ་ཧ་ཝུཿ(བྱིན་ཚར། ) ཨ་བི་བྷ་ ཡུཿ(འཇིགས་སོ། །)ཞེས་པ་ལྟ་བུའོ། །ཨ་བྷྱསྟ་མེད་པ་ལ་ནི་ཨན་ཨུས྄་སུ་བསྒྱུར་བ་ལ་ཡོན་ཏན་ དུ་མི་འགྱུར་ཏེ། དཔེར་ན། བིད་ཤེས་པའི་བྱིངས་ལ་སྔར་བཞིན་ཨན་བྱིན་པ་ཨུས་སུ་བསྒྱུར་ 6-1-326 ནས། སྔོན་དུ་ཨཊ་བཞག་པས། ཨ་བི་དུཿ(ཤེས་སོ། །)ཞེས་པ་ལྟ་བུའོ། ། གཉིས་པ་ཡོན་ཏན་མི་ཐོབ་པའི་དམིགས་བསལ་རྒྱས་པར་བཤད་པ་ནི། ཎ་ཡིག་རྗེས་སུ་ འབྲེལ་བ་དང་ཙེ་ཀྲཱི་ཡི་ཏ་དག་ལ་མ་ཡིན་ནོ་ཞེས་པ་ནཱ་མིའི་མཐའ་ཅན་གྱི་བྱིངས་དང་ཨུ་པ་དྷཱ་ ནཱ་མི་རྣམས་ལ། ཎ་ཡིག་རྗེས་སུ་འབྲེལ་པའི་རྐྱེན་དང་། ཙེ་ཀྲཱི་ཡི་ཏ་སྟེ་ཡའི་རྐྱེན་དག་ཕ་རོལ་ ཏུ་ཡོད་པ་ལ་ནི། ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། ཎཱི་ཉ་ཐོབ་པ་དང་། ཎཱུ་བསྟོད་པའི་ བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། ཨཱ་གཉིས་པར། བྱིངས་ཐམས་ཅད་པ་ལ་ཞེས་པས། ཎ་ ཡིག་རྗེས་སུ་འབྲེལ་པ་ཡཎ་བྱིན་པའི། ཎ་ཡིག་མདོ་འདིའི་ཁྱད་པར་གྱི་དོན་ཡིན་པས་དབྱི་ ཞིང་། ཨཱ་བརྒྱད་པར། ཎའི་ནའོ་ཞེས་པས་ཎ་ཡིག་ན་རུ་བསྒྱུར་ལ། མཐར་བརྟ་མཱ་ནཱའི་ཏེ་བྱིན་ པས། ནཱི་ཡ་ཏེ(ཐོབ་པར་བྱེད)། ནཱུ་ཡ་ཏེ་(སྡོད་པར་བྱེད། ) ཞེས་པ་དང་། བྷཱུ་ཡོད་པ་དང་། པུ་ཥ་རྒྱས་ པའི་བྱིངས་ལ་ཙེ་ཀྲཱི་ཡ་ཏའི་རྐྱེན་བྱིན་ནས། ཨཱ་གཉིས་པར། ཙཎ་པ་རོ྅ཀྵཱ་ཞེས་པས་གཉིས་ སུ་བཞག་ཅིང་། གཉིས་པ་བཞི་པ་ཞེས་པས་བྷ་སྔ་མ་བ་དང་། ཨཱ་གསུམ་པར། ཙེ་ཀྲཱི་ཡི་ཏ་ ལའང་ངོ་ཞེས་པས་ཨུ་སྔ་མ་དག་གི་ཡོན་ཏན་ཨོ་རུ་བསྒྱུར་ལ། མདོ་འདིས་ཨུ་ཕྱི་མ་དག་ཡོན་ ཏན་དུ་མ་བྱས་པར། མཐར་ཏེ་བྱིན་པས། བོ་བྷཱུ་ཡ་ཏེ(ཡོད་པར་བྱེད)། པོ་པུ་ཥྱ་ཏེ་(རྒྱས་པར་བྱེད། ) ཞེས་པ་ལྟ་བུའོ། །ཨ་བྷྱསྟའི་འང་ཨུ་པ་དྷཱ་ནཱ་མིའི་བྱིངས་ཐམས་ཅད་པ་ཡོན་ཏན་ཅན་ལ་ དབྱངས་ལའོ་ཞེས་པ་ནི་ཨ་བྷྱསྟའི་མིང་ཅན་གྱིའང་ཨུ་པ་དྷཱ་ནཱ་མི་ཡིན་པའི་བྱིངས་རྣམས་ བྱིངས་ཐམས་ཅད་པའི་རྐྱེན་ཡོན་ཏན་ཐོབ་པ་ཅན་དབྱངས་ཡིག་དང་པོར་ཡོད་པ་ཕ་རོལ་དུ་ ཡོད་པ་ལ་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། ནི་ཛིར་དག་པ་དང་། བིཥླྀ་ཁྱབ་པའི་བྱིངས་ ཨིར྄་དང་ལྀ་རྗེས་འབྲེལ་ཕྱིས་པ་ལ། པཉྩ་མཱིའི་ཨཱ་ནི་བྱིན་ནས། ཛུ་ཧོ་ཏི་སོགས་ཀྱིས་གཉིས་ སུ་བཞག་པའི་དང་པོ་ལྷག་མར་བྱ་ཞིང་། ཨཱ་གསུམ་པར། ནི་ཛི་བི་ཛི་བི་ཥ་རྣམས་ཀྱི་བྱིངས་ ཐམས་ཅད་པ་ལ་ཡོན་ཏན་ནོ་ཞེས་པས་སྔ་མའི་ཨི་ཡིག་དག་ཡོན་ཏན་དུ་བྱས་ལ། ལེའུ་ 6-1-327 འདིར་གཉིས་ཉིད་དང་མང་པོ་ཉིད་དག་ལའང་ཞེས་པས་ཕྱི་མ་དག་ལ་ཡོན་ཏན་ཐོབ་ནའང་། མདོ་འདིས་ཕྱི་མ་དག་ཡོན་ཏན་དུ་མ་བྱས་པར། ནེ་ནི་ཛཱ་ནི(དག་པར་ཤོག)། བེ་བི་ཥཱ་ནི་(ཁྱབ་པར་ ཤོག)ཞེས་པ་དང་། ཡང་དེ་དག་ལ་ཧྱསྟ་ནཱིའི་ཨན་བྱིན་ནས། གཞན་སྔར་དང་འདྲ་བ་ལ། ཨཱ་ བརྒྱད་པར། བྱིངས་ཀྱི་དང་པོ་ཞེས་པ་ལྟར་སྔོན་དུ་ཨཊ་བཞག་པས། ཨ་ནེ་ནི་ཛན྄(ཁ་སང་ དག)། ཨ་བེ་བི་ཥན྄་(ཁ་སང་ཁྱབ། )ཞེས་པ་ལྟ་བུའོ། །སན་ལའང་ཨིཊ་མེད་པ་ལའོ་ཞེས་པ་ནི་ཨུ་ པ་དྷཱ་ནཱ་མི་ཅན་གྱི་བྱིངས་རྣམས། སན་གྱི་རྐྱེན་ལའང་ཨིཊ་མེད་པ་ལ་ཡོན་ཏན་དུ་མི་འགྱུར་ ཏེ། དཔེར་ན། བྷེ་དིར་འཇོམས་པ་དང་། བུ་དྷ་རྟོགས་པའི་བྱིངས་ཨིར་རྗེས་འབྲེལ་ཕྱིས་པ་ ལ། འཇོམས་པར་འདོད་དོ་རྟོགས་པར་འདོད་དོའི་དོན་ལ་སན་བྱིན་ནས། ཨཱ་བདུན་པར། ཏུ་ དི་ནུ་དི་ཞེས་པ་དང་། རཱ་དྷི་རུ་དྷི་ཞེས་པས། ཨིཊ་མེད་ཅིང་སྔར་བཞིན་གཉིས་སུ་བཞག་པའི་ གསལ་བྱེད་དང་པོ་ལྷག་མར་བྱས་ལ། གཉིས་པ་བཞི་པ་ཞེས་པས་བྷ་ཡིག་དང་པོ་པ་དང་། ཨཱ་བརྒྱད་པར། ཤིཊ་མ་ཡིན་པ་རྣམས་ཀྱི་ཞེས་པས། ད་དང་དྷ་ཡིག་ཏ་རུ་བསྒྱུར་ཞིང་། མཐར་ ཝརྟ་མཱ་ནཱའི་ཏི་བྱིན་པས། བི་བྷི ཏྶ་ཏི(འཇོམས་པར་བྱེད)། བུ་བུཏྶ་ཏི་(རྟོགས་པར་བྱེད། )ཞེས་པ་ལྟ་བུའོ། ། ཨུ་པ་དྷཱ་ནཱ་མིའི་མིང་ཅན་གྱི་བྱིངས་སན་གྱི་རྐྱེན་ཨིཊ་ཅན་ལ་ནི་ཡོན་ཏན་དུ་འགྱུར་ཏེ། དཔེར་ན། ཀུཥ་སྙིགས་མའི་བྱིངས་ལ་སན་དང་བར་དུ། ཨཱ་བདུན་པར། བྱིངས་ཐམས་ཅད་པ་ མིན་པ་ཞེས་པས་ཨིཊ་བྱིན་ནས། བྱིངས་གཉིས་སུ་བཞག་སྟེ་གསལ་བྱེད་དང་པོ་ལྷག་མར་ བྱས་ལ། ཨཱ་གསུམ་པར། ཀ་སྡེའི་ཙ་སྡེའོས་ཀ་སྔ་མ་ཙ་རུ་བསྒྱུར་ཞིང་། མདོ་འདིས་ཀའི་ དབྱངས་ཡོན་ཏན་དུ་བྱས་ཏེ་མཐར་བརྟ་མཱ་ནཱའི་ཏི་བྱིན་ནས། རྒྱུ་མཚན་ལས་ས་ཡིག་ཥ་རུ་ བསྒྱུར་བས། ཙུ་ཀོ་ཥི་ཥ་ཏི་(སྙིགས་མ་འདོད་པར་བྱེད། ) ཞེས་པ་ལྟ་བུའོ། །ཨ་དྱ་ཏ་ནཱི་དང་ཨཱ་ཤཱི་ཥ་ དག་གི་ཨཱཏ་མ་ནེ་ལའོ་ཞེས་པ་ནི་ཨུ་བ་དྷཱ་ནཱ་མི་ཅན་གྱི་བྱིངས་རྣམས། ཨིཊ་མེད་པའི་ཨ་དྱ་ཏ་ ནཱི་དང་། ཨཱ་ཤཱི་ཥ་དག་གི་ཨཱཏྨ་ནེའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ 6-1-328 ན། ཙྪི་དིར་གཉིས་སུ་བྱེད་པ་དང་། བུདྷ་རྟོགས་པའི་བྱིངས་ཨིར་རྗེས་འབྲེལ་ཕྱིས་པ་ལ། ཨ་ དྱ་ཏ་ནཱིའི་ཨཱཏྨ་ནེའི་ཏེ་བྱིན་ནས། ཨཱ་གཉིས་པར། ཨ་དྱ་ཏ་ནཱི་ལས་ཞེས་པས་བར་དུ་སི་ཙ་བྱིན་ པ། ཨཱ་དྲུག་པར། དྷུཊ་ལས་ཀྱང་དྷུཊ་ལའོ་ཞེས་པས་དབྱི་ཞིང་། ཨཱ་བརྒྱད་པར། གྷ་ཌྷ་དྷ་བྷ་ ཞེས་པས་ཕྱི་མའི་རྐྱེན་གྱི་ཏ་ཡིག་དྷ་དང་། ཤིཊ་མ་ཡིན་པ་རྣམས་ཀྱིས་ཞེས་པས་ཙྪིད་ཀྱི་ད་ ཡིག་ཏ་དང་། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་བུདྷའི་དྷ་ཡིག་ད་རུ་བསྒྱུར་ཏེ། སྔར་བཞིན་ བྱིངས་ཀྱིས་སྔོན་དུ་ཨཊ་བཞག་པས། ཨཙྪིཏྟེ(ཁ་སང་གཉིས་སུ་བྱེད)། ཨ་བུདྡྷེ་(ཁ་སང་རྟོགས། )ཞེས་པ་ དང་། ཙྪིད་དང་བུདྷ་ལ་ཨཱ་ཤཱིཥིའི་སཱིཥྚ་བྱིན་ནས། ཨཱ་བརྒྱད་པར། ཤིཊ་མ་ཡིན་པ་རྣམས་ཀྱི་ ཞེས་པས་ད་དང་དྷ་ཡིག་ཏ་དང་། ཨཱ་དྲུག་པར། བྱིངས་ཀྱི་གསུམ་པ་དང་པོའི་ཞེས་པས་བ་ ཡིག་བྷ་རུ་བསྒྱུར་བས། ཙྪིཏྶཱི་ཥྚ(དེ་རིང་འཆད)། བྷུཏྶཱི་ཥྚ་(དེ་རིང་རྟོགས་སོ། །)ཞེས་པ་ལྟ་བུའོ། །རྀཏ་ མཐའ་རྣམས་ཀྱིའང་ངོ་ཞེས་པ་ནི་རྀ་ཡིག་མཐའ་ཅན་གྱི་བྱིངས་རྣམས་ཀྱི་འང་ཨིཊ་མེད་པའི་ ཨ་དྱ་ཏ་ནཱི་དང་། ཨཱ་ཤཱི་དག་གི་ཨཱཏྨ་ནེའི་རྐྱེན་ཕ་རོལ་དུ་ཡོད་པ་ལ་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། ཀྲཱྀཉ་བྱེད་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། ཨ་དྱ་ཏ་ནཱིའི་ཨཱ་ཏཱཾ་དང་ཨཱ་ཤཱིཥའི་ སཱིཥྚ་བྱིན་ནས། ཁྱད་པར། ཨ་དྱ་ཏ་ནཱིའི་སྔོན་དུ་སྔར་བཞིན་སིཙ་བྱིན་པའི་ཨི་དང་ཙ་དབྱི་ཞིང་། ཨཱ་བརྒྱད་པར། ཧྱསྟ་ནཱི་ཨ་དྱ་ཏ་ནཱི་ཞེས་པས་སྔོན་དུ་ཨཊ་བཞག་སྟེ། རྒྱུ་མཚན་ལས་ས་ ཡིག་ཥ་རུ་བསྒྱུར་བས། ཨ་ཀྲྀ་ཥཱ་ཏཱཾ། ཀྲྀ་ཥཱིཥྚ་ཞེས་པ་ལྟ་བུའོ། །ཨིཊ་ཡོད་པ་རྣམས་ལ་ནི་ཡོན་ ཏན་དུ་འགྱུར་ཏེ། དཔེར་ན། བྲྀཉ་སྒྲིབ་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། ཨ་དྱ་ཏ་ནཱིའི་ཏ་ དང་། ཨཱ་ཤཱིཥའི་སཱིཥྚ་བྱིན་ནས། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པ་གསལ་བྱེད་ དང་པོ་ཞེས་པས་བྱིངས་མཐར་ཨིཊ་བྱིན་པ་ན། བྱིངས་ཀྱི་རྀ་ཡིག་ཡོན་ཏན་ཨར་དུ་འགྱུར་ ཞིང་། སྔར་བཞིན་ཨ་དྱ་ཏ་ནཱིའི་སྔོན་དུ་སི་ཙ་དང་བྱིངས་ཀྱི་སྔོན་དུ་ཨཊ་བྱིན་ལ། ཨཱ་བརྒྱད་ པར། ཥ་དང་ཊ་སྡེ་ལས་ཞེས་པས་ཏ་ཡིག་ཊ་རུ་བསྒྱུར་ཏེ་སྦྱར་བས། ཨ་བ་རིཥྚ(དེ་རིང་སྒྲིབ་པར་ 6-1-329 བྱེད)། བ་རི་ཥཱིཥྚ་(སྒྲིབ་པར་སྨོན། )ཞེས་པ་ལྟ་བུའོ། །སྠཱ་དཱ་དག་གི་འང་ངོ་ཞེས་པ་ནི། ཥྛཱ་འགྲོ་བ་ ལྡོག་པ་དང་། དཱའི་མིང་ཅན་དག་གི་འང་ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཚིག་ཕ་རོལ་ཏུ་ཡོད་པ་ལ་ ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། སམ་སྔོན་མ་ཅན་གྱི་ཥྛཱ་ལ་ཨ་དྱ་ཏ་ནཱའི་ཏ་དང་ཨཱ་ཏཱམ་ བྱིན་ནས། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོའི་ཥའི་ཞེས་པས་ཥ་ཡིག་ས་རུ་བསྒྱུར་བ་ན། པ་རི་ བྷཱ་ཥར། རྒྱུ་མཚན་མེད་པར་རྒྱུ་མཚན་ཅན་ཡང་ཞེས་པས་ཋ་ཡིག་ཀྱང་ཐ་རུ་བསྒྱུར་ཞིང་། ཨཱ་ གཉིས་པར། ཨ་དྱ་ཏ་ནཱིའི་ལས་ཞེས་པས་བར་དུ་སི་ཙ་བྱིན་པ་ན། ཐུང་ངུ་ལས་ཀྱང་ཨིཊ་མེད་ པའི་ཞེས་པས་ཏའི་སྔོན་མའི་སི་ཙ་ཕྱིས་པ་ལ། ཨཱ་ཏཱམ་གྱིས་སི་ཙའི་ས་ཡིག་རྒྱུ་མཚན་ལས་ཥ་ དང་ལེའུ་འདིར། སྠཱ་དཱ་དག་གི་ཨ་དྱ་ཏ་ནཱིའི་ཞེས་པས་བྱིངས་ཀྱི་དབྱངས་ཨི་རུ་བསྒྱུར་སྔོན་དུ་ ཨཊ་བཞག་པས། ས་མསྠི་ཏ། (དེ་རིང་གནས་སོ། །) ས་མསྠིཥཱཏཱཾ་ཞེས་པ་ལྟ་བུའོ། །དཱ་ཉ་སྦྱིན་པའི་ བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཏ་དང་ཨཱ་ཏཱཾ་བྱིན་ནས། བྱིངས་ཀྱི་དབྱངས་ཨི་རུ་ བསྒྱུར་བ་དང་། སི་ཙ་བྱིན་ནས་འཕྱིད་པ་དང་འཇོག་ཚུལ་སྔར་དང་འདྲ་ཞིང་། སྔར་བཞིན་སྔོན་ དུ་ཨཊ་བཞག་པས། ཨ་དི་ཏ། (དེ་རིང་སྦྱིན་ནོ། །) ཨ་དི་ཥཱ་ཏཱཾ་ཞེས་པ་ལྟ་བུའོ། །བྷཱུ་ལས་སིཙ྄་འཇིག་ པ་ལས་སོ་ཞེས་པ་ནི། བྷཱུ་ཡོད་པའི་བྱིངས་སིཙ྄་འཇིག་པར་གྱུར་པ་ལས་ཡོན་ཏན་དུ་མི་ འགྱུར་ཏེ། དཔེར་ན། བྷཱུ་ལ་ཨ་དྱ་ཏ་ནཱིའི་དི་དང་ཏཱཾ་བྱིན་ནས་བྱིངས་ཀྱི་སྔོན་དུ་ཨཊ་བཞག་སྟེ། བར་དུ་སི་ཙ་བྱིན་པ། ཨཱ་བཞི་པར། ཨིཎ་སྠཱ་དཱ་པི་ཝ་ཏི་ཞེས་པས་འཇིག་ཅིང་། ཨཱ་བདུན་ པར། བྷཱུ་ལས་སིཙ྄་འཇིག་པ་ལས་ཞེས་པས་བྱིངས་མཐར་ཨིཊ་མེད་ལ། དི་ཡིག་སྔར་བཞིན་ བྱས་པས། ཨ་བྷཱུཏ། (དེ་རིང་ཡོད་དོ། །) ཨ་བྷཱུ་ཏཱཾ་(དེ་རིང་འབྱུང་། )ཞེས་པ་ལྟ་བུའོ། །སཱ་ཏི་ལས་པཉྩ་མཱི་ ལའོ་ཞེས་པ་ནི་ཥཱུང་སྲོག་གི་སྙིང་(སློབ་ཕན་དུ། ཥཱུང་སྲོག་ཆགས་མངལ་ནས་གྲོལ་བ་ལའོ་ཞེས་པ་ཡོད། )པོ་གཏོང་ བ་ལ་འཇུག་པའི་བྱིངས་འདི། པཉྩ་མཱིའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། ཥཱུང་གི་ང་རྗེས་འབྲེལ་ཕྱིས་པ་ལ། པཙྪ་མཱིའི་ཨཻ་དང་ཨཱ་པ་ཧཻ་བྱིན་ནས། ཨཱ་བརྒྱད་ 6-1-330 པར། བྱིངས་ཀྱི་དང་པོ་ཞེས་པས་ཥ་ཡིག་ས་དང་། ཨཱ་བཞི་པར། དབྱངས་དང་པོ་ལ་ཨི་ཡ་ཨུ་ ཝ་དག་གོ་ཞེས་པས་ཨུ་ཡིག་ཨུ་ཝ་རུ་གྱུར་པས། སུ་ཝཻ(སྲོག་གཏོང་པོ་པོ། )། སུ་ཝཱ་བ་ཧཻ་ཞེས་པ་ལྟ་ བུའོ། །དཱི་དྷི་བེ་བཱི་དག་གི་འང་ངོ་ཞེས་པ་ནི་དཱི་དྷཱིང་གསལ་བ་དང་རྩེ་བ་དག་དང་། བེ་བཱིང་ མཐུན་པ་ལ་འཇུག་པའི་བྱིངས་དག་གིའང་། པཉྩ་མཱིའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཡོན་ཏན་དུ་ མི་འགྱུར་ཏེ། དཔེར་ན། ཉེར་བསྒྱུར་ཨཱང་སྔོན་མ་ཅན་གྱི་དཱི་དྷིང་དང་། བེ་བཱིང་གི་ང་རྗེས་ འབྲེལ་ཕྱིས་པ་ལ། པཉྩ་མཱིའི་ཨཻ་དང་། ཨཱ་པ་ཧཻ་བྱིན་ནས་ཡོན་ཏན་མ་བྱས་པར་མཚམས་སྦྱར་ བས། ཨཱ་དཱི་དྷྱཻ། ཨཱ་དཱི་དྷྱཱ་བ་ཧཻ། ཨཱ་བེ་བྱཻ། ཨཱ་བེ་བྱཱ་བ་ཧཻ་ཞེས་པ་ལྟ་བུའོ། །རུ་ད་བིད་མུཥ་རྣམས་ ཀྱི་སན་ལའོ་ཞེས་པ་ནི། རུ་དིར་མཆི་མ་གཏོང་བ་དང་། བིད་ཤེས་པ་དང་། མུཥ་རྐུ་བའི་བྱིངས་ འདི་རྣམས། སན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། རུ་དིར་ གྱི་ཨིར་རྗེས་འབྲེལ་ཕྱིས་པ་དང་། བིད་དང་མུཥ་རྣམས་ལ་སན་བྱིན་ནས་སྔར་བཞིན་གཉིས་ སུ་བཞག་པའི་གསལ་བྱེད་དང་པོ་ལྷག་མར་བྱ་ཞིང་། ཨཱ་བདུན་པར། རུད་སོགས་ལས་ བྱིངས་ཐམས་ཅད་པ་ཞེས་པས། བྱིངས་མཐར་ཨིཊ་བྱིན་ལ། མདོ་འདིས་ཡོན་ཏན་མ་བྱས་ པར་མཐར་བརྟ་མཱ་ནཱའི་ཏི་བྱིན་ནས། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་བས། རུ་རུ་དི་ཥ་ ཏི(ངུ་བར་འདོད)། བི་བི་དི་ཥ་ཏི(རིག་པར་འདོད། )། མུ་མུ་ཥི་ཥ་ཏི་(རྐུ་བར་འདོད་)ཞེས་པ་ལྟ་བུའོ། །སན་ མ་ཡིན་པའི་རྐྱེན་ལ་ནི་ཡོན་ཏན་དུ་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་མཐར། ཤྭསྟ་ ནཱིའི་ཏཱ་བྱིན་ནས། བར་དུ་སྔར་བཞིན་ཨིཊ་སྦྱིན་པ་སྦྱར་ཞིང་། ལེའུ་འདིར། ཨུ་པ་དྷཱ་ནཱ་མི་ཞེས་ པ་ལྟར་བྱིངས་རྣམས་ཡོན་ཏན་དུ་བྱས་པས། རོ་དི་ཏཱ(ནང་པར་དུ)། བེ་དི་ཏཱ(ནང་པར་རིག)། མོ་ཥི་ཏཱ་ (ནང་པར་རྐུ། )ཞེས་པ་ལྟ་བུའོ། །ནཱ་མིའི་མཐའ་རྣམས་ཀྱི་ཨིཊ་མེད་པའི་འོ་ཞེས་པ་ནི་ནཱ་མིའི་ མཐའ་ཅན་གྱི་བྱིངས་རྣམས་ཨིཊ་མེད་པའི་སན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཡོན་ཏན་དུ་མི་ འགྱུར་ཏེ། དཔེར་ན། ཧུ་སྦྱིན་པའི་བྱིངས་ལ། སན་བྱིན་ནས་གཉིས་སུ་བཞག་ཅིང་། ཨཱ་བདུན་ 6-1-331 པར། ཨུཏ་ལ་ཡུ་རུ་ཎུ་མ་ཡིན་པ་ཞེས་པས་ཨིཊ་མེད་ལ། དབྱངས་མཐའ་རྣམས་ཀྱི་སན་ལ་ ཞེས་པས་ཕྱི་མ་རིང་པོ་དང་། ཧའི་ཛའོ་ཞེས་པས་ཧ་སྔ་མ་ཛ་དང་། རྒྱུ་མཚན་ལས་ས་ཡིག་ཥ་ རུ་བསྒྱུར་ཏེ། མཐར་བརྟ་མཱ་ནཱའི་ཏི་བྱིན་པས། ཛུ་ཧཱུ་ཥ་ཏི་(སྦྱིན་པར་འདོད། ) ཞེས་པ་ལྟ་བུའོ། །ནཱ་ མིའི་མཐའ་ཅན་རྣམས་སན་གྱི་རྐྱེན་ཨིཊ་ཅན་ལ་ནི་ཡོན་ཏན་དུ་འགྱུར་ཏེ། དཔེར་ན། ཤཱིང་ ཉལ་བའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ། སན་བྱིན་ནས། བྱིངས་གཉིས་སུ་བཞག་སྟེ། ཨ་ བདུན་པར། བྱིངས་ཐམས་ཅད་པ་མིན་པ་ལ་ཞེས་པས་བར་དུ་ཨིཊ་བྱིན་ལ། མདོ་འདིས་ཕྱི་ མའི་དབྱངས་ཡོན་ཏན་བྱས་ཏེ་མཚམས་སྦྱར་ནས། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་ཞིང་ མཐར་བརྟ་མཱ་ནཱའི་ཏི་བྱིན་པས། ཤི་ཤ་ཡི་ཥ་ཏི་(ཉལ་བར་འདོད་དོ། །)ཞེས་པ་ལྟ་བུའོ། །ཐམས་ཅད་ ཀྱི་བྱིངས་ཐམས་ཅད་པ་ཨཏྨ་ནེ་ལ་པཉྩ་མཱིའི་ཕྱི་མ་མ་ཡིན་པ་ལའོ་ཞེས་པ་ནི་བྱིངས་དང་བི་ཀ་ ར་ཎ་ཐམས་ཅད་ཀྱི་བྱིངས་ཐམས་ཅད་པའི་ཨཱཏྨ་ནེའི་ཚིག་ཕ་རོལ་ཏུ་ཡོད་པ་ལ། པཉྩ་མཱིའི་ ཨཱཏྨ་ནེའི་སྐྱེས་བུ་ཕྱི་མའི་ཚིག་མ་ཡིན་པ་ལ་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། ཥྚུཉ་བསྟོད་ པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ཏེ་དང་། སཔྟ་མཱིའི་ཨཱིཏ྄་དང་། པཉྩ་མཱིའི་ ཏཱཾ་དང་། ཧྱསྟ་ནཱིའི་ཏ་བྱིན་ནས། བྱིངས་དང་པོ་ཞེས་པས་ཥ་ཡིག་ས་དང་། རྒྱུ་མཚན་མེད་པར་ རྒྱུ་མཚན་ཅན་ཡང་ཞེས་པས་ཊ་ཡིག་ཏ་རུ་བསྒྱུར་ཞིང་། དབྱིངས་དང་པོ་ལ་ཨི་ཡ་ཨུཝ་ཞེས་ པས་དབྱངས་ཀྱི་རྐྱེན་ལ་ཨུ་ཝ་རུ་བསྒྱུར་ཏེ། ཧྱསྟ་ནཱིའི་རྐྱེན་ལ་བྱིངས་ཀྱི་སྔོན་དུ་ཨཊ་བཞག་ པས། སྟུ་ཏེ(བསྟོད་པར་བྱེད)། སྟུ་ཝཱིཏ(བསྟོད་པར་ཤོག)། སྟུ་ཏཱཾ(བསྟོད་པར་ཤོག)། ཨསྟུ་ཏ་(བསྟོད་པར་བྱས། ) ཞེས་པ་ལྟ་བུའོ། །བི་ཀ་ར་ཎ་ལ་ནི། ཌུཀྲྀཉ྄་བྱེད་པའི་བྱིངས་ཌུ་དང་ཉ་ཁྱད་པར་གྱི་དོན་ཕྱིས་ པ་ལ། སྔར་བཞིན་ཏེ་དང་། ཨཱཏ་དང་། ཏཱམ་དང་། ཏ་བྱིན་ནས། ཨཱ་གཉིས་པར། ཏན་སོགས་ ལས་ཞེས་པས་བར་དུ་ཨུ་ཡིག་བི་ཀ་ར་ཎ་སྦྱིན་ཞིང་། ལེའུ་འདིར། ཀ་རོ་ཏིའི་ཞེས་པས་ཀྲྀ་ ཡོན་ཏན་བྱས་ལ། ཨཱ་བཞི་པར། ཨའི་ཨུ་ཡིག་གོ་ཞེས་པས་ཀ་ཡིག་ཀུ་རུ་བསྒྱུར་ནས། མདོ་ 6-1-332 འདིས་བི་ཀ་ར་ཎའི་ཨུ་ཡིག་ཡོན་ཏན་མ་བྱས་པར། རྐྱེན་དང་མཚམས་སྦྱར་ཏེ། ཧྱསྟ་ནཱི་ལ་ སྔར་བཞིན་སྔོན་དུ་ཨཊ་བཞག་པས། ཀུ་རུ་ཏེ(བྱེད)། ཀུཪྺཱིཏ(མཛོད)། ཀུ་རུ་ཏཱཾ(མཛོད)། ཨ་ཀུ་རུ་ ཏ་(བྱས་སོ། །)ཞེས་པ་ལྟ་བུ་སྟེ། ནུ་བི་ཀ་ར་ཎ་ལ་སོགས་པ་རྣམས་ལའང་ཤེས་པར་བྱའོ། །བྱིངས་ དང་བི་ཀ་ར་ཎ་ཐམས་ཅད་ཀྱི་བྱིངས་ཐམས་ཅད་པའི་པ་རསྨཻ འི་གཅིག་ཚིག་དང་། པཉྩ་མཱིའི་ ཨཱཏྨ་ནེའི་སྐྱེས་བུ་ཕྱི་མ་ལ་ནི་ཡོན་ཏན་དུ་འགྱུར་ཏེ། དཔེར་ན། ཀྲྀ་ལ་བརྟ་མཱ་ནཱའི་ཏི་དང་བར་ དུ་སྔར་བཞིན་ཨུ་ཡིག་བི་ཀ་ར་ཎ་བྱིན་ནས། ལེའུ་འདིར། ཀ་རོ་ཏིའི་ཞེས་པས་རྀ་ཡིག་ཡོན་ ཏན་ཨར་དང་། བི་ཀ་ར་ཎ་དག་གི་ཞེས་པས་ཨུ་ཡོན་ཏན་ཨོ་རུ་བསྒྱུར་བས། ཀ་རོ་ཏི་(ཁྱེད། ) ཞེས་པ་ད་ང་། སྔར་བཞིན་ཥྚུ་སྟུ་རུ་བསྒྱུར་བ་ལ་པཉྩ་མཱིའི་ཨཻ་དང་། ཨཱ་བ་ཧཻ་དང་། ཨཱ་མ་ཧཻ་ རྣམས་བྱིན་ནས། བྱིངས་ཀྱི་ཨུ་ཡིག་ཡོན་ཏན་ཨོ་དང་། དེའང་དབྱངས་ལ་ཨ་ཝ་རུ་བསྒྱུར་ཏེ་ སྦྱར་བས། སྟ་ཝཻ། (བསྟོད་དོ། །) སྟ་ཝཱ་བ་ཧཻ། སྟ་ཝཱ་མ་ཧཻ་ཞེས་པ་ལྟ་བུའོ། །པ་རསྨཻ འི་གཉིས་ཉིད་ དང་མང་པོ་ཉིད་དག་ལའང་ངོ་ཞེས་པ་ནི་བྱིངས་དང་བི་ཀ་ར་ཎ་ཐམས་ཅད་ཀྱི་བྱིངས་ཐམས་ ཅད་པའི་པ་རསྨཻའི་གཉིས་ཚིག་ཉིད་དང་མང་ཚིག་དག་ཕ་རོལ་ཏུ་ཡོད་པ་ལ་ཡོན་ཏན་དུ་མི་ འགྱུར་ཏེ། དཔེར་ན། ཥུ་ཉ་དབང་བསྐུར་བའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ གཉིས་ཚིག་ཏས་དང་། མང་ཚིག་ཨནྟི་དང་། དེ་བཞིན་དུ་པཉྩ་མཱིའི་ཏཱམ་དང་། ཨནྟུ་དང་། ཧྱསྟ་ནཱིའི་ཏཱམ་དང་ཨན་བྱིན་ནས། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོའི་ཞེས་པས་ཥ་ཡིག་ས་རུ་ བསྒྱུར་ཞིང་། ཨཱ་གཉིས་པར། སུ་སོགས་ལས་ཞེས་པས་བར་དུ་ནུ་བི་ཀ་ར་ཎ་བྱིན་ལ། ཨཱ་ བཞི་པར། བི་ཀ་ར་ཎའི་ནུའི་ཞེས་པས་དབྱངས་ལ་ནུའི་ཨུ་ཡིག་ཝ་རུ་བསྒྱུར་ཏེ་སྦྱར་ནས། ཧྱསྟ་ནཱའི་སྔོན་དུ་ཨཊ་བཞག་པས། སུ་ནུ་ཏཿ (དབང་བསྐུར་བདག) སུ་ནྭནྟི(དབང་བསྐུར་བ)། སུ་ ནུ་ཏཱཾ། སུ་ནྭནྟུ(དབང་བསྐུར་བར་འགྱུར)། ཨ་སུ་ནུ་ཏཱཾ(དབང་བསྐུར་བར་བྱས)། ཨ་སུ་ནྭ་ན་(དབང་བསྐུར་བར་ བྱས། )ཞེས་པ་ལྟ་བུ་སྟེ། སཔྟ་མཱི་ལ་ནི་དམིགས་བསལ་འོག་ཏུ་འཆད་པར་འགྱུར་བས་འདིར་མ་ 6-1-333 སྨོས་ཤིང་། གཞན་ཡང་རྐྱེན་དང་རྣམ་དབྱེ་ལྷག་མ་དམིགས་བསལ་ཅན་མ་གཏོགས་པ་ རྣམས་ལ་ཡོན་ཏན་ཅན་འབྱུང་ཞེས་པའོ། །པ་རོ྅ཀྵཱའང་ངོ་ཞེས་པ་ནི་བྱིངས་རྣམས་པ་ རོ྅ཀྵཱའི་པ་རསྨཻའི་ཚིག་གཉིས་ཉིད་དང་མང་པོ་ཉིད་དག་ལའང་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། ཀྲྀཉ་བྱེད་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། པ་རོ྅ཀྵཱའི་གཉིས་ཚིག་ཨ་ཏུས་ དང་། མང་ཚིག་ཨུས་བྱིན་ནས་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ལ། ཨཱ་གསུམ་པར། རྀ་ཡིག་གི་ཨ་ཡིག་གོ་ཞེས་པས་སྔ་མའི་རྀ་ཡིག་དག་ཨ་རུ་བསྒྱུར་ཞིང་། ཀ་ སྡེའི་ཙ་སྡེའོ་ཞེས་པས་ཀ་སྔ་མ་ཙ་རུ་བསྒྱུར་ཏེ་མཚམས་སྦྱར་བས། ཙ་ཀྲ་ཏུཿ(བྱས་པ་དག) ཙ་ ཀྲུཿ(བྱས་པ་རྣམས། )ཞེས་པ་དང་། དུ་ཧ་འཇོ་བའི་བྱིངས་ལའང་དེ་བཞིན་དུ་སྦྱར་བས། དུ་དུ་ཧ་ ཏུཿ(བཞོས་སོ། །)དུ་དུ་ཧུཿ (བཞོས་སོ། །)ཞེས་པ་ལྟ་བུའོ། །ཨཱཏྨ་ནེ་ལ་ཐམས་ཅད་ལའོ་ཞེས་པ་ནི་ བྱིངས་རྣམས་པ་རོ྅ཀྵཱའི་ཨཱཏྨ་ནེའི་གཅིག་ཚིག་དང་གཉིས་ཚིག་དང་། མང་པོའི་ཚིག་ཐམས་ ཅད་ལ་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། ཀྲྀཉ་རྗེས་འབྲེལ་ཕྱིས་པ་དང་། དུ་ཧ་ལ་པ་ རོ྅ཀྵཱའི་ཨཱཏྨ་ནེའི་གཅིག་ཚིག་ཨེ་དང་། གཉིས་ཚིག་ཨཱ་ཏེ་དང་། མང་ཚིག་ཨི་རེ་བྱིན་ནས། གཉིས་སུ་འཇོག་པ་དང་། ཀ་ཡིག་ཙ་རུ་བསྒྱུར་བ་ལ་སོགས་པ་སྔར་བཞིན་བྱས་ཏེ་མཚམས་ སྦྱར་བས། ཙཀྲེ(བྱས)། ཙ་ཀྲཱ་ཏེ(བྱས་པ་དག)། ཙ་ཀྲི་རེ(བྱས་པ་རྣམས)། དུ་དུ་ཧེ(བཞོས)། དུ་དུ་ཧཱ་ ཏེ(བཞོས་པ་དག)། དུ་དུ་ཧི་རེ་(བཞོས་པ་རྣམས། )ཞེས་པ་ལྟ་བུའོ། །ཨཱ་ཤཱིཥ་ལའང་པ་རསྨཻ་ལའོ་ཞེས་ པ་ནི་བྱིངས་རྣམས། ཨཱ་ཤཱིཥ་འང་པ་རསྨཻ འི་ཚིག་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ ན། ཥྚུ་བསྟོད་པ་དང་། དུ་ཧ་འཇོ་བའི་བྱིངས་ལ་ཨཱ་ཤཱིཥའི་པ་རསྨཻ འི་གཅིག་ཚིག་ཡཱཏ་དང་། གཉིས་ཚིག་ཡཱསྟཱཾ་དང་། མང་ཚིག་ཡཱ་སུས་བྱིན་ནས། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོ་ཞེས་པ་ དང་། པ་རི་བྷཱ་ཥར་རྒྱུ་མཚན་ཞེས་སོགས་ཀྱིས་ཥྚུ་ཡིག་སྟུ་དང་། ཨཱ་བཞི་པར། ཨཱའི་ཡིན་ལ། ཨཱའི་ཤཱིཥ་ཞེས་པས་དེའང་རིང་པོར་བསྒྱུར་བས། སྟཱུ་ཡཱཏ། (བསྟོད་པར་སྨོན་ནོ། །) སྟཱུ་ཡཱ་སྟཱཾ། སྟཱུ་ཡཱ་ 6-1-334 སུཿ དཱུ་ཧྱཱཏ། དཱུཧྱཱ་ཏཱཾ(འཇོ་བར་ཤོག)། དཱུ་ཧྱཱ་སུཿཞེས་པ་ལྟ་བུའོ། །སཔྟ་མཱི་ལའང་ངོ་ཞེས་པ་ནི་ བྱིངས་རྣམས་སཔྟ་མཱིའི་པ་རསྨཻ་ལའང་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། ཥྚུ་ཡིག་སྟུ་རུ་ བསྒྱུར་བ་དང་། དུ་ཧ་ལ་པཉྩ་མཱིའི་ཡཱཏ་བྱིན་ནས་མདོ་འདིས་བྱིངས་མཐའ་ཡོན་ཏན་དུ་མ་ བསྒྱུར་བས། སྟུ་ཡཱཏ(བསྟོད་པར་མཛོད)། དུ་ཧྱཱཏ྄་ཅེས་པ་ལྟ་བུའོ། །ཧི་ལའང་ངོ་ཞེས་པ་ནི་བྱིངས་ རྣམས་པཉྩ་མཱིའི་ཧིའི་རྐྱེན་ལའང་ཡོན་ཏན་མི་འགྱུར་ཏེ། དཔེར་ན། སྟུ་ལ་པཉྩ་མཱིའི་ཧི་བྱིན་ པས། སྟུ་ཧི་(བསྟོད་པར་གྱིས་)ཞེས་པ་དང་། དུཧ་ལ་ཧི་བྱིན་ནས། ཨཱ་དྲུག་པར། ད་དང་པོའི་གྷའོ་ ཞེས་པས་བྱིངས་མཐའི་ཧ་ཡིག་གྷ་དང་། ལེའུ་འདིར། ཧིའི་དྷིའི་ཞེས་པས་རྐྱེན་གྱི་ཧི་ཡིག་དྷི་ དང་། ཨཱ་བརྒྱད་པར། དྷུཊ་རྣམས་ཀྱི་བཞི་པ་ཞེས་པས་གྷའང་ག་དུ་བསྒྱུར་བས། དུགྔྷི་(འཇོ་ བར་ཤོག)ཞེས་པ་ལྟ་བུའོ། །ཏུད་སོགས་ཀྱིས་ཨན་ལའོ་ཞེས་པ་ནི་ཏུད་གདུང་བ་དང་། ནུད་ གཏོང་བའི་བྱིངས་ལ་སོགས་པ་རྣམས་ཀྱི་མཐའ་ཨན་ཕ་རོལ་ཏུ་ཡོད་པ་ལ་ཡོན་ཏན་དུ་མི་ འགྱུར་ཏེ། དཔེར་ན། ཏུད་དང་ནུད་ལ། བརྟ་མཱ་ནཱའི་ཏི་དང་། བར་དུ་ཨན་བྱིན་ནས་ཡོན་ཏན་ མ་བྱས་པས། ཏུ་ད་ཏི(གདུང་བར་བྱེད)། ནུ་ད་ཏི་(གཏོང་བར་བྱེད། )ཞེས་པ་ལྟ་བུའོ། །དེ་བཞིན་དུ་ གཞན་རྣམས་ལའང་ཤེས་པར་བྱའོ། །བིད་ཉིད་ཀྱི་ཨཱམ་ལའོ་ཞེས་པ་ནི་བིད་ཤེས་པའི་བྱིངས་ འདི་ཉིད་ཨཱམ་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། བིད་ལ་པ་ རོ྅ཀྵཱའི་(ཨཊ་བྱིན་པའི་གོང་དུ་ཨཱཾ་དང་ཀྲྀ་ཉ་བྱས། ) ཨཊ་བྱིན་ནས། ཨཱ་གཉིས་པར། ཨུཥ་བིད་ཛཱ་གྲྀ་ རྣམས་ལས་ཡང་ནའོ་ཞེས་པས་བྱིངས་མཐར་ཨཱམ་སྦྱིན་ཞིང་། དེ་ཉིད་ཨཱམ་ལ་ཀྲྀཉ་(ཨཱ་མའི་ཀྲྀཉ་ རྗེས་སུ་སྦྱར་བར་བྱའོ། །)ཞེས་པས་ཨཱམ་གྱི་རྗེས་སུ་ཀྲྀཉ་བྱིན་པའི་ཉ་ཕྱིས་ནས། ཀྲྀ་གཉིས་སུ་བཞག་ ལ། ཨཱ་གཉིས་པར། རྀ་ཡིག་གི་ཨ་ཡིག་གོ་ཞེས་པས་རྀ་སྔ་མ་ཨ་དང་། ཀ་སྡེའི་ཞེས་པས་ཀ་ སྔ་མ་ཙ་དང་། ཨཱ་དྲུག་པར། ཨིན་ཨིཙ་ཨཊ་རྣམས་ལས་ཞེས་པས་རྀ་ཕྱི་མ་འཕེལ་བར་བྱས་ ཏེ། མདོ་འདིས་བིའི་ཨི་ཡིག་ཡོན་ཏན་དུ་མ་བྱས་པར་སྦྱར་བས། བི་དཱཉྩ་ཀཱ་ར་(རིག་པར་བྱེད། ) 6-1-335 ཞེས་པ་ལྟ་བུའོ། །ཀུཊ་སོགས་ཀྱི་ཨིན་ཨིཙ་ཨཊ་རྣམས་མ་ཡིན་པ་ལའོ་ཞེས་པ་ནི་ཀུཊ་ འཁྱོག་པ་དང་སོགས་ཀྱི་སྒྲས་ཀུང་སྒྲ་ལའོ་ཞེས་པའི་བར་རྣམས་ཨིན་དང་། ཨི་ཙ་དང་། ཨཊ་ རྣམས་མ་ཡིན་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། ཀུཊ་ འཁྱོག་པ་དང་། པུཊ་ཡང་དག་པར་སྦྱོར་བའི་བྱིངས་ལ། ཤྭསྟ་ནཱིའི་ཏཱ་དང་། བྷ་ཝི་ཥྱནྟཱིའི་སྱ་ཏི་ བྱིན་ནས། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པའི་ཞེས་པས་བྱིངས་མཐར་ཨིཊ་སྦྱིན་ ཞིང་། མདོ་འདིས་ཡོན་ཏན་མ་བྱས་པར། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་བས། ཀུ་ཊི་ཏཱ (སང་འཁྱོག)། ཀུ་ཊི་ཥྱ་ཏི(འཁྱོག་པར་འགྱུར)། པུ་ཊི་ཏཱ། (སྦྱོར་རོ། །) པུ་ཊི་ཥྱ་ཏི་(སྦྱོར་བར་འགྱུར། )ཞེས་པ་ལྟ་ བུའོ། །ཨིན་དང་ཨི་ཙ་དང་ཨཊ་རྣམས་ལ་ནི་ཡོན་ཏན་དུ་འགྱུར་ཏེ། དཔེར་ན། རིམ་པ་བཞིན། ཀུ་ཊ་ལ། ཨཱ་གཉིས་པར། རྒྱུ་ལའོ་ཞེས་པས། ཨིན་བྱིན་ནས། མདོ་འདིས་བྱིངས་ཀྱི་ཨུ་ཡིག་ གི་ཡོན་ཏན་ཨོ་དང་མཐར་བརྟ་མཱ་ནཱའི་ཏི་དང་བར་དུ་ཨན་བྱིན་པ་ན། བྱིངས་མཐའི་ཨིའང་ ཡོན་ཏན་དུ་བྱས་ཏེ་མཚམས་སྦྱར་བས། ཀོ་ཊ་ཡ་ཏི་(འཁྱོག་ཏུ་འཇུག) ཞེས་པ་དང་། ཀུ་ཊ་ལ་ཨ་ དྱ་ཏ་ནཱིའི་ཏ་བྱིན་ནས། ཨཱ་གཉིས་པར། དངོས་པོ་དང་། ལས་དག་ལའང་ངོ་ཞེས་པས། བྱིངས་ མཐར་ཨིཙ་བྱིན་པའི་ཙ་ཁྱད་པར་གྱི་དོན་དབྱི་ཞིང་། ཨིཙ་ལས་ཞེས་པས་ཏ་ཕྱིས་ནས། ཨཱ་ བརྒྱད་པར། བྱིངས་ཀྱི་དང་པོར་ཞེས་པས་སྔོན་དུ་ཨཊ་བཞག་སྟེ་ཨུ་ཡིག་ཡོན་ཏན་དུ་བྱས་ པས། ཨ་ཀོ་ཊི་(དེ་རིང་འཁྱོག)ཞེས་པ་དང་། ཀུ་ཊ་ལ་ཨཊ་བྱིན་ནས་སྔར་བཞིན་གཉིས་སུ་བཞག་ ཅིང་དང་པོ་ལྷག་མར་བྱས་ནས། ཀ་སྔ་མ་ཙ་རུ་བསྒྱུར་ཏེ། ཀུ་ཕྱི་མའི་ཨུ་ཡོན་ཏན་དུ་བྱས་ པས། ཙུ་ཀོ་ཊ་(འཁྱོག་གོ། )ཞེས་པ་ལྟ་བུའོ། །བི་ཛཱིའི་ཨིཊ་ལའོ་ཞེས་པས་ནི་ཨོ་བི་ཛཱི་འཇིག་པ་ དང་། གཡོ་བ་ལ་འཇུག་པ་ནི། ཨིཊ་ཕ་རོལ་ཏུ་ཡོད་པ་ལ་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། ཨུད་སྔོན་མ་ཅན་གྱི་ཨོ་བི་ཛཱིའི་ཨོ་དང་ཨཱི་རྗེས་འབྲེལ་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་དང་། བྷ་ཝི་ ཥྱནྟཱིའི་སྱ་ཏི་བྱིན་ནས། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པ་ལ་ཞེས་པས་བྱིངས་ 6-1-336 མཐར་ཨིཊ་སྦྱིན་ཞིང་མདོ་འདིས་ཡོན་ཏན་དུ་མ་བྱས་པར། སྔར་བཞིན་ས་ཡིག་ཥ་རུ་བསྒྱུར་ བས། ཨུད་བི་ཛི་ཏཱ(འཇིག་པར་ཤོག)། ཨུད་བི་ཛི་ཥྱ་ཏི་(འཇིག་པར་འགྱུར། )ཞེས་པ་ལྟ་བུའོ། ། གསུམ་པ་ཞར་བྱུང་བྱིངས་དང་རྐྱེན་ལ་རྣམ་འགྱུར་འབྱུང་ཚུལ་ལ་ལྔ་ལས། དང་པོ་བྱིངས་ ཀྱི་དབྱངས་མཐའ་ཨི་རུ་འགྱུར་ཚུལ་ནི། སྠཱ་དཱ་དག་གི་ཨ་དྱ་ཏ་ནཱི་ལ་ཨཱཏྨ་ནེ་ལ་ཨིའོ་ཞེས་པ་ ཥྛཱ་གནས་པ་དང་། དཱའི་མིང་ཅན་དག་གི་བྱིངས་རྣམས་ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཚིག་ཕ་རོལ་ ལ་ཨི་ཉིད་དུ་འགྱུར་ཏེ། དཔེར་ན། སཾ་སྔོན་མ་ཅན་གྱིས་ཥྛཱ་ལ། ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཏ་དང་། ཨཱ་ཏཱམ་བྱིན་ནས་བྱིངས་ཀྱི་སྔོན་དུ་ཨཊ་བཞག་ཅིང་། སྔར་བཞིན་བྱིངས་ཀྱི་དང་པོའི་ཥ་ཡིག་ ས་དང་། དེའི་རྒྱུ་མཚན་གྱི་ཋ་ཡིག་ཐ་དང་། མདོ་འདིས་མཐའི་དབྱངས་ཨི་རུ་བསྒྱུར་ཏེ། ཨཱ་ གཉིས་པར། ཨཱ་དྱ་ཏ་ནཱི་ལས་ཞེས་པས་བྱིངས་མཐར་སི་ཙ་བྱིན་པ་ན། ཨཱ་དྲུག་པར། ཐུང་ངུ་ ལས་ཨིཊ་མེད་པ་ཞེས་པས་ཏའི་རྐྱེན་ལ་དབྱི་ཞིང་། ཨཱ་ཏཱཾ་ལ་སྔར་བཞིན་ཨི་དང་ཙ་ཕྱིས་ནས་ ས་ཡིག་ཥ་རུ་བསྒྱུར་བས། ས་མསྠི་ཏ། (བཞུགས་སོ། །) ས་མ་སྠི་ཥཱ་ཏཱཾ་ཞེས་པ་དང་། དཱ་ཉ་སྦྱིན་པའི་ བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལའང་། ཨ་དི་ཏ། ཨ་དི་ཥཱ་ཏཱཾ་(དེ་རིང་སྦྱིན། )ཞེས་པ་ལྟ་བུའོ། ། གཉིས་པ་བྱིངས་ཀྱི་དབྱངས་མཐར་ན་ཡིག་འཇུག་ཚུལ་ནི། མུ་ཙ་སོགས་ཀྱི་དབྱངས་ ལས་ཨན་བི་ཀ་ར་ཎ་ལ་ན་ཡིག་ཨཱ་ག་མའོ་ཞེས་པ་མུཙླྀ་གྲོལ་བ་ལའོ་ཞེས་པ་ནས་བརྩམས་ ཏེ། ཥྼམཥ་(སློབ་ཕན་དང་སྒྲ་པ་ཐུགས་རྗེ་དཔལ་བ། ལོ་ཆེན་གསུམ་མཐུན་པར་བི་ཤ་ཆ་ཤས་ཀྱི་བར་ཟེར་བ་འདུག་གོ། ) ཆ་ ཤས་ལའོ་ཞེས་པའི་མཐར་ཐུག་པ་རྣམས་ནི་མུ་ཙ་སོགས་ཏེ། དེ་རྣམས་ཀྱི་ཕ་རོལ་ཏུ་ཨན་ བི་ཀ་ར་ཎ་བྱིན་པ་ན། དབྱངས་མཐར་ན་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། མུཙླྀ་ དང་། ལུཔླྀ་གཅོད་པ་དང་། བིདླྀ་ཐོབ་པའི་བྱིངས་རྣམས་ཀྱི་ལྀ་རྗེས་འབྲེལ་ཕྱིས་པ་ལ། ཨཱ་ གཉིས་པར། ཡཛ་སོགས་ཉིད་ལས་ཞེས་པས་མཐར་བརྟ་མཱ་ནཱའི་ཏི་དང་ཏེ་བྱིན་ནས། བར་ དུ་བྱེད་པ་པོ་ལ་ཞེས་པས་ཨན་བྱིན་པའི་ན་ཁྱད་པར་གྱི་དོན་དབྱི་ཞིང་། མདོ་འདིས་བྱིངས་ 6-1-337 ཀྱི་དབྱངས་མཐར་ན་ཨཱ་ག་མ་བྱིན་པའི་ཨ་བརྗོད་དོན་ཡང་ཕྱིས་ཏེ། ནཱ་བཞི་པར། སྡེ་པ་ལ་ སྡེ་པའི་མཐའ་འོ། །ཞེས་པས་ན་ཡིག་ཙ་དང་པ་དང་དའི་སྡེ་བའི་མཐའ་རྣམས་སུ་བསྒྱུར་བས། མུཉྩ་ཏི(གྲོལ་བར་བྱེད)། མུཉྩ་ཏེ། ལུམྤ་ཏི(གཅོད་པར་བྱེད)། ལུམྤ་ཏེ། བིནྡ་ཏི། (ཐོབ་པར་བྱེད། ) བིནྡ་ཏེ་ ཞེས་པ་ལྟ་བུའོ། །མསྫི་ན་ཤ་དག་གི་དྷུ་ཊ་ལའོ་ཞེས་པ་ནི། ཊཱུ་མཤྫོ་དག་པ་དང་། ན་ཤ་ཉམས་ པའི་བྱིངས་འདི་དག་གི དྷུཊའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་དབྱངས་མཐར་ན་ཡིག་ཨཱ་ག་མ་ སྦྱིན་པར་འགྱུར་ཏེ། དཔེར་ན། ཊུ་མསྫོ་དང་། ན་ཤ་དག་གི་ཊུ་དང་ཨོ་རྗེས་འབྲེལ་དང་ཨ་ བརྗོད་དོན་ཕྱིས་པ་ལ་ཤྭསྟ་ནཱིའི་ཏཱ་དང་། བྷ་ཝི་ཥྱནྟིའི་སྱནྟི་བྱིན་ནས། ཨཱ་བདུན་པར། ཡུཛི་ རུ་ཛི་ཞེས་སོགས་ཀྱིས་ཨིཊ་མེད་ལ། མདོ་འདིས་བྱིངས་ཀྱི་དབྱངས་མཐར་ན་ཡིག་ཨཱ་ག་མ་ བྱིན་པའི་དབྱངས་བརྗོད་དོན་དབྱི་བ་ནི་གཉི་ག་ལ་མཚུངས་ཤིང་། ཁྱད་པར་བྱིངས་དང་པོ་ ལ། ནཱ་གསུམ་པར། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་གནས་ཅན་གྱི་ས་ཡིག་ད་དང་། ནཱ་ བཞི་པར། ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལ་ཞེས་པས་དེའང་ཛ་དང་། ཨཱ་དྲུག་པར། ཙ་སྡེའི་ ཀིའོ་ཞེས་པས་དེའང་ཀ་དང་། རྒྱུ་མཚན་ལས་རྐྱེན་གྱི་སའང་ཥ་རུ་བསྒྱུར་ཏེ། ཨཱ་དྲུག་པར། བྲཤྫི་མཤྫ་(མསྫ་ཅེས་པ་འདུག་ཀྱང་། གནས་མཐུན་པ་བརྩི་བའི་ཚེ་མསྫ་ཞེས་པ་འགྲོ་བ་སྟེ། སཏ་སྡེ་དང་གནས་མཐུན། ཤ་ ཙ་སྡེ་དང་མཐུན་ལ། དེའི་ཚེ། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་ས་ད་རུ་བསྒྱུར། དེ་ཛར་དུ་བསྒྱུར་ན་འགྲིག་གོ)དག་གི་ དྷུཊ་ལའོ་ཞེས་པས་བྱིངས་མཐའི་ཛ་དབྱི་ཞིང་། ནཱ་བཞི་པར། མ་ན་དག་ཅེས་པ་ལྟར་ན་རྗེས་ སུ་ང་རོར་བསྒྱུར་བས། མཾཀྟཱ(སང་དག་པར་བྱེད)། མཾཀྵྱནྟི་(དག་པར་འགྱུར་རོ། །)ཞེས་པ་དང་། བྱིངས་ གཉིས་པ་ལ་གཞན་སྔར་དང་འདྲ་ཞིང་། ཚ་ཤ་དག་གི་ཞེས་པས་ཤ་ཡིག་ཥ་དང་། ཨཱ་བརྒྱད་ པར། ཥ་དང་ཊ་སྡེ་ལས་ཞེས་པས་ཏཱ་ཡིག་ཊཱ་དང་། ཥ་ཌྷ་དག་གི་ཞེས་པས་ཥ་ཡིག་ཕྱི་མ་རྐྱེན་ གྱིས་ས་ཡིག་མཐོང་བ་ལས་ཀ་དང་སའང་ཥ་རུ་བསྒྱུར་ལ། ནཾཥྚཱ(སང་ཉམས་པར་བྱེད)། ནཾཀྵྱནྟི་(དག་ པར་འགྱུར་རོ། །)ཞེས་པ་ལྟ་བུའོ། །ར་དྷི་ཛ་བྷ་དག་གི་དབྱངས་ལའོ་ཞེས་པ་ནི་ར་དྷ་འཚེ་བ་དང་ཛ་ 6-1-338 བྷ་རྨོངས་པའི་བྱིངས་འདི་དག་གི དབྱངས་ཀྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་བྱིངས་ཀྱི་དབྱངས་ མཐར་ན་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་དག་ལ་འཚེ་རུ་འཇུག་གོ་ རྨོངས་སུ་འཇུག་གོའི་དོན་ལ་ཨིན྄་བྱིན་ནས། མདོ་འདིས་དབྱངས་མཐར་ན་ཨཱ་ག་མ་སྦྱིན་ པའི་དབྱངས་དབྱི་ཞིང་། མཐར་ཝརྟ་མཱ་ནཱའི་ཏི་དང་། བར་དུ་ཨན་བྱིན་པ་ན། ཨིན་ཡོན་ཏན་ དུ་གྱུར་པ་མཚམས་སྦྱར་ཏེ། ན་ཡིག་སྡེ་པ་ལ་སྡེ་པའི་མཐར་བསྒྱུར་པས། རནྡྷ་ཡ་ཏི(འཚེ་རུ་ འཇུག)། ཛཾ་བྷ་ཡ་ཏི་(རྨོངས་སུ་འཇུག)ཞེས་པ་ལྟ་བུའོ། །ར་དྷིའི་ཨིཊ་ལ་པ་རོ྅ཀྵཱ་མིན་པ་ལ་མ་ཡིན་ ནོ་ཞེས་པ་ནི་ར་དྷི་འཚེ་བ་དང་འགྲོ་བ་དག་ལ་འཇུག་པའི་བྱིངས་འདི་ཨིཊ་ལ་ནི་པ་རོ྅ཀྵཱའི་ རྐྱེན་མིན་པ་ལ་དབྱངས་མཐར་ན་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་བ་མ་ཡིན་ཏེ། དཔེར་ན། ར་ དྷིའི་ཨི་རྗེས་འབྲེལ་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་དང་། བྷ་ཝ་ཥྱནྟཱིའི་སྱ་ཏི་བྱིན་ནས། ཨཱ་བདུན་ པར། བྱིངས་ཐམས་ཅད་པ་མིན་པའི་ཞེས་པས་བྱིངས་མཐར་ཨིཊ་སྦྱིན་ཞིང་། རྒྱུ་མཚན་ལས་ ས་ཡིག་ཥ་རུ་བསྒྱུར་བས། ར་དྷིཏཱ(ནང་པར་འཚེ)། ར་དྷི་ཥྱ་ཏི་(འཚེ་བར་འགྱུར་རོ། །)ཞེས་པ་ལྟ་བུའོ། ། དེ་དག་གི་ཕ་རོལ་ཏུ་པ་རོ྅ཀྵཱའི་རྐྱེན་ཡོད་པ་ན་ནི་ན་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ར་དྷ་ལ་པ་རོ྅ཀྵཱའི་བ་དང་མ་སྦྱིན་ནས་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་ བྱས་ལ། བྱིངས་མཐར་སྔར་བཞིན་ཨིཊ་དང་མདོ་འདིས། བྱིངས་ཀྱི་དབྱངས་མཐར། ན་ཡིག་ ཨཱྀ་ག་མ་བྱིན་པས། ར་རནྡྷེ་བ། (གཙེས་སོ། །) ར་རནྡྷི་མ་ཞེས་པ་ལྟ་བུའོ། །ར་བྷི་ལ་བྷ་དག་གི་བི་ ཀ་ར་ཎ་དང་པ་རོ྅ཀྵཱ་མིན་པ་ལའོ་ཞེས་པ་ནི་ར་བྷ་རྩོམ་པ་དང་། ཌུལ་བྷ་ཥ་ཐོབ་པའི་བྱིངས་ དག་གི་བི་ཀ་ར་ཎ་དང་པ་རོ྅ཀྵཱ་དག་གིས་རྐྱེན་མིན་པ་ལ་དབྱངས་མཐར། ན་ཨཱ་ག་མ་སྦྱིན་ པར་འགྱུར་ཏེ། དཔེར་ན། ར་བྷའི་ཨ་བརྗོད་དོན་དང་། ཌུལ་བྷཥའི་ཌུ་དང་ཥ་རྗེས་འབྲེལ་ དང་། ཨ་བརྗོད་དོན་ཕྱིས་པ་ལ་ཨཱ་སྔོན་མ་ཅན་ལ་རྩོམ་དུ་འཇུག་གོ ཐོབ་ཏུ་འཇུག་གོའི་དོན་ ལ་ཨིན་བྱིན་ནས། མདོ་འདིས་བྱིངས་ཀྱི་དབྱངས་མཐར་ན་ཨཱ་ག་མ་སྦྱིན་པ། ནཱ་བཞི་པར། 6-1-339 སྡེ་པ་ལ་སྡེ་པའི་མཐའ་འོ་ཞེས་པས་མ་ཡིག་ཏུ་བསྒྱུར་ཞིང་། མཐར་བརྟ་མཱ་ནཱའི་ཏི་དང་། བར་ དུ་ཨན་བྱིན་པ་ན། ཨི་ཡོན་ཏན་དུ་གྱུར་པ་མཚམས་སྦྱར་བས། ཨཱ་རམྦྷ་ཡ་ཏི(རྩོམ་དུ་འཇུག)། ཨཱ་ ལམྦྷ་ཡ་ཏི་(ཐོབ་ཏུ་འཇུག་གོ)ཞེས་པ་ལྟ་བུའོ། །དེ་དག་གི་དབྱངས་མཐར་བི་ཀ་ར་ཎ་དང་། པ་ རོ྅ཀྵཱའི་རྐྱེན་ཡོད་པ་ལན་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨཱ་སྔོན་མ་ཅན་གྱིས་ ར་བྷ་དང་ལ་བྷ་ལ་བརྟ་མཱ་ནཱའི་ཏེ་དང་། བར་དུ་ཨན་བི་ཀ་ར་ཎ་བྱིན་ནས་སྦྱར་བས། ཨཱ་ར་ བྷ་ཏེ(ཀུན་དུ་རྩོམ་པར་བྱེད)། ཨཱ་ལ་བྷ་ཏེ་(ཀུན་ཏུ་ཐོབ་པར་བྱེད། )ཞེས་པ་ལྟ་བུའོ། །ཡང་ན་དེ་དག་ལ་པ་ རོ྅ཀྵཱའི་ཨེ་བྱིན་ནས་བྱིངས་གཉིས་སུ་བཞག་ཅིང་། ཨཱ་བཞི་པར། གསལ་བྱེད་གཅིག་པུའི་ དབུས་ན་གནས། ཞེས་པས་ཕྱི་མའི་དབྱངས་ཨེ་རུ་བསྒྱུར་ཏེ། སྔ་མ་ཨ་བྷྱཱ་ས་ཕྱིས་པས། ཨཱ་རེ་ བྷེ(བརྩམས)། ཨཱ་ལེ་བྷེ་(ཀུན་ཐོབ། )ཞེས་པ་ལྟ་བུའོ། ། གསུམ་པ་རྣམ་དབྱེ་ལའང་རྣམ་འགྱུར་འབྱུང་ཚུལ་ནི། ཧུདྷུ་ཊ་དག་ལ་ཧིའི་དྷིའོ་ཞེས་པ་ ཧུ་སྦྱིན་པ་དང་ལེན་པ་ལ་འཇུག་པའི་བྱིངས་འདི་དང་། དྷུཊའི་མཐའ་ཅན་གྱི་བྱིངས་ལས་ཕ་ རོལ་ཏུ་ཡོད་པའི་ཧིའི་རྐྱེན་དྷི་ཡིག་ཏུ་འགྱུར་ཏེ། དཔེར་ན། ཧུ་ལ། པཉྩ་མཱིའི་དྷི་བྱིན་ནས། ཛུ་ ཧོ་ཏི་སོགས་ཀྱིས་གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། ཧའི་ཛའོ་ཞེས་པས་ཧ་སྔ་མ་ཛ་དང་། མདོ་འདིས་ཧི་ཡིག་དྷི་རུ་བསྒྱུར་བ། ཛུ་ཧོ་དྷི་(སྦྱིན་པར་གྱུར་ཅིག) ཞེས་པ་དང་། དྷུཊ་ལ་ནི། ཙ་ཀཱ་ སྲྀ་གསལ་བའི་བྱིངས་རྀ་རྗེས་འབྲེལ་ཕྱིས་པ་ལ་ཧི་བྱིན་ནས། ཨཱ་བརྒྱད་པར། དྷུཊ་རྣམས་ཀྱི་ བཞི་པ་རྣམས་ལ་ཞེས་པས། གནས་ཅན་གྱི་ས་ཡིག་ད་དང་། སྔར་བཞིན་ཧི་ཡིག་དྷི་རུ་བསྒྱུར་ བས། ཙ་ཀཱདྡྷི་(གསལ་བར་ཤོག། )ཞེས་པ་ལྟ་བུའོ། །ཨསྟི་ལས་སོ་ཞེས་པ་ནི་ཨས་ཡོད་པ་ལ་འཇུག་ པའི་བྱིངས་འདི་ལས་ཕ་རོལ་གྱི་ཧིའི་རྐྱེན་ཡང་དྷི་རུ་འགྱུར་ཏེ། དཔེར་ན། ཨས་ལ་པཉྩ་མཱིའི་ ཧི་བྱིན་ནས། ཨཱ་བཞི་པར། ཨསྟིའི་དང་པོའི་ཞེས་པས་ཨ་དབྱི་ཞིང་། དཱ་ཨསྟི་དག་གི་ཨེ་ཏེ་ ཞེས་པས་ས་སྲོག་མེད་ཨེ་དང་། མདོ་འདིས་ཧི་ཡིག་དྷི་རུ་བསྒྱུར་བས། ཨེ་དྷི་(ཡོད་པར་གྱུར་ཅིག) 6-1-340 ཞེས་པ་ལྟ་བུའོ། །ཤཱསྟ་འི་ཤཱའང་ངོ་ཞེས་པ་ནི། ཤཱ་སུ་རྗེས་སུ་སྟོན་པའི་བྱིངས་འདི་ཉིད་ཧིའི་ རྐྱེན་ཕ་རོལ་ལ་ཤཱ་ཡིག་ཏུ་འགྱུར་ཞིང་། འང་གི་སྒྲས་སྔར་བཞིན་ཧིའང་དྷི་རུ་འགྱུར་ཏེ། དཔེར་ ན། ཨ་ནུ་དང་པྲ་སྔོན་མ་ཅན་གྱི་ཤཱ་སུ་ལ། པཉྩ་མཱིའི་ཧི་བྱིན་ནས། ཤཱ་སུ་ནི་ཤཱ་དང་། ཧི་ཡིག་ དྷི་རུ་བསྒྱུར་བས། ཨ་ནུ་ཤཱདྷི(རྫས་སུ་སྟོན་ཅིག)། པྲ་ཤཱདྷི་(རབ་ཏུ་སྟོན་ཅིག)ཞེས་པ་ལྟ་བུའོ། །ཨ་བྷྱསྟ་ ལས་ཨནྟིའི་ན་དབྱིའོ་ཞེས་པ་བྱིངས་གཉིས་སུ་བཞག་པ་ནི། ཨ་བྷྱསྟའི་མིང་ཅན་ཡིན་ལ། དེ་ ལས་ཕ་རོལ་གྱི་ཨནྟིའི་ན་ཡིག་དབྱི་བར་འགྱུར་ཞིང་། ཏིའི་ཨི་ཡིག་ནི་བརྗོད་པའི་དོན་ཏེ། ཨུ་ ཡིག་ཅན་གྱི་ནའང་དབྱི་བར་འགྱུར་རོ། །དཔེར་ན། ཌུདཱཉ་སྦྱིན་པའི་བྱིངས་རྗེས་འབྲེལ་ཕྱིས་ པ་ལ། བརྟ་མཱ་ནཱའི་ཨནྟི་དང་པཉྩ་མཱིའི་ཨནྟུ་བྱིན་ནས། བར་དུ་ཨན་བྱིན་པ་ཛུ་ཧོ་ཏི་སོགས་ ཀྱིས་དབྱི་ཞིང་། བྱིངས་གཉིས་སུ་བཞག་པའི་དཱ་སྔ་མ། ཨཱ་གསུམ་པར། ཐུང་ངུ་བོ་ཞེས་པ་ ལྟར་བསྒྱུར་ཏེ། ཨཱ་བཞི་པར། ཨ་བྷྱསྟ་རྣམས་ཀྱི་ཨཱ་ཡིག་གོ་ཞེས་པས་དཱ་ཕྱི་མའི་དབྱངས་དང་། མདོ་འདིས་ན་ཡིག་དག་ཕྱིས་པས། ད་ད་ཏི། (སྦྱིན་ནོ། །)ད་ད་ཏུ་(སྦྱིན་ཅིག)ཞེས་པ་དང་། ཧུ་སྦྱིན་ པའི་བྱིངས་ལ་སྔར་བཞིན་རྐྱེན་གཉིས་བྱིན་ནས་ཨན་བྱིན་པ་ཛུ་ཧོ་ཏི་སོགས་ཀྱིས་དབྱི་ཞིང་ བྱིངས་གཉིས་སུ་བཞག་པ་ལ། ཨཱ་གསུམ་པར། ཧའི་ཛའོ་ཞེས་པས་ཧ་སྔ་མ་ཛ་རུ་བསྒྱུར་ཏེ་ མཚམས་སྦྱར་བས། ཛུ་ཧྭོ་ཏི། (ལོན་ནོ། །) ཛུ་ཧྭ་ཏུ་(ལོན་ཞིག) ཞེས་པ་ལྟ་བུའོ། །ཨ་ཡིག་མ་ཡིན་ པ་ལས་ཨཱཏྨ་ནེ་ལའང་ངོ་ཞེས་པ་ནི་བྱིངས་མཐའ་ཨ་ཡིག་ཡོད་པ་མ་ཡིན་པ་ལས་ཕ་རོལ་ཏུ་ ཨཱཏྨ་ནེའི་ཨནྟེ་ཡོད་པ་ན། དེའི་ན་ཡིག་ཀྱང་དབྱི་བར་འགྱུར་ཏེ། དཔེར་ན། ཀྲྀ་ཉ་བྱེད་པ་དང་། ཙིཉ་སོགས་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ཨཱཏྨ་ནེའི་ཨནྟེ་བྱིན་པ་ལ། ཁྱད་པར། ཨཱ་གཉིས་པར། ཏན་སོགས་ལས་ཞེས་པས་ཀྲྀའི་མཐར་ཨུ་སྦྱིན་ཞིང་། ལེའུ་འདིར། ཀ་རོ་ཏིའི་འོ་ཞེས་པས་རྀ་ཡོན་ཏན་ཨར་དང་། ཨཱ་བཞི་པར། ཨའི་ཨུ་ཡིག་གོ་ཞེས་པས་ཀའི་ ཨ་ཡིག་ཨུ་རུ་བསྒྱུར་ལ། སུ་སོགས་ལས་ཞེས་པས་ཙིའི་མཐར་ནུ་བི་ཀ་ར་ཎ་བྱིན་པ་ན། ཨཱ་ 6-1-341 བཞི་པར། བི་ཀ་ར་ཎའི་ནུའི་ཞེས་པས་ནུའི་ཨུ་ཡིག་ཝ་རུ་བསྒྱུར་ཏེ། མདོ་འདིས་ཨནྟེའི་ན་ ཕྱིས་ནས་མཚམས་སྦྱར་བས། ཀུཪྺ་ཏེ(བྱེད)། ཙི་ནྭ་ཏ་(སོག་པར་བྱེད། )ཞེས་པ་ལྟ་བུའོ། །བྱིངས་ མཐར་ཨ་ཡིག་ཡོད་པ་ལ་ནི་ཨནྟེའི་ན་ཡིག་དབྱི་བར་མི་འགྱུར་ཏེ། དཔེར་ན། ཙྱུང་འགྲོ་བླུང་ འགྲོ་བའི་བྱིངས་ང་རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ཨནྟེ་བྱིན་ནས། བར་དུ་བྱེད་པ་པོ་ ལ་ཨན་སྦྱིན་ཞིང་། ལེའུ་འདིར། བི་ཀ་ར་ཎ་ལའང་ཨན་ཉིད་ལ་ཞེས་པས་བྱིངས་དག་གི་ཨུ་ ཡིག་ཡོན་ཏན་ཨོ་རུ་བྱས་པ་ལ། ཨཱ་དྲུག་པར། ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་ལ་ཞེས་ པས་ཨནྟེའི་ཨ་ཕྱིས་ཏེ་མཚམས་སྦྱར་བས། ཙྱ་ཝནྟེ(འགྲོ་བར་བྱེད)། པླ་ཝནྟེ་(འགྲོ་བར་བྱེད། )ཞེས་པ་ ལྟ་བུའོ། །ཤེ་ཏི་ལས་ཨནྟི་དང་པོར་རིའོ་ཞེས་པ་ནི་ཤཱིང་ཉལ་བའི་བྱིངས་ལས་ཕ་རོལ་ཏུ་ཨནྟི་ ཡོད་པ་ན། རྐྱེན་གྱི་དང་པོར་རི་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། ཨནྟིའི་ཨི་དང་ཨཱ་ག་མའི་ཨི་ དག་ནི་བརྗོད་པའི་དོན་ཏོ། །དཔེར་ན། ཤཱིངའི་ང་རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ཨནྟེ་ དང་། པཉྩ་མཱིའི་ཨནྟཱཾ་དང་། ཧྱསྟ་ནཱིའི་ཨནྟ་བྱིན་ནས། ཨཱ་དྲུག་པར། ཤཱིངའི་བྱིངས་ཐམས་ཅད་ པ་ལ་ཡོན་ཏན་ནོ་ཞེས་པས་ཨཱི་ཡིག་གི་ཡོན་ཏན་ཨེ་རུ་བྱ་ཞིང་། མདོ་འདིས་རྐྱེན་གྱི་སྔོན་དུ་རི་ ཡིག་ཨཱ་ག་མ་བྱིན་ལ། སྔར་བཞིན་ཨནྟིའི་ན་ཡིག་རྣམས་ཕྱིས་ཏེ། ཁྱད་པར་ཧྱསྟ་ནཱིའི་རྐྱེན་ ཅན་གྱི་སྔོན་དུ་ཨཊ་བཞག་པས། ཤེ་ར་ཏེ(ཉལ་བ་རྣམས)། ཤེ་ར་ཏཱཾ(ཉལ་ནུས)། ཨ་ཤེ་ར་ཏ་(ཁ་སང་ ཉལ། ) ཞེས་པ་ལྟ་བུའོ། །ཨཱ་ཡིག་ལ་ཨཊ་ཨཽའོ་ཞེས་པ་ནི་བྱིངས་ཨཱ་ཡིག་གི་མཐའ་ཅན་ལས་ཕ་ རོལ་གྱི་ཨཊའི་རྐྱེན་ཨཽ་ཡིག་ཏུ་འགྱུར་ཏེ། དཔེར་ན། པཱ་འཐུང་བ་དང་། ཡཱ་ཐོབ་པའི་བྱིངས་ ལ་པ་རོ྅ཀྵཱའི་ཨཊ་བྱིན་པ། མདོ་འདིས་ཨཽ་རུ་བསྒྱུར་ནས། སྔར་བཞིན་གཉིས་སུ་བཞག་ པའི་སྔ་མ་ཐུང་ངུར་བསྒྱུར་ཞིང་། ཨཱ་བཞི་པར། བྱིངས་ཐམས་ཅད་པ་མིན་པ་ལ་ཞེས་པས་ཕྱི་ མའི་དབྱངས་ཕྱིས་ཏེ་སྦྱར་བས། པ་པཽ། (འཐུངས་སོ། །) ཡ་ཡཽ་(ཐོབ་བོ། །)ཞེས་པ་ལྟ་བུའོ། ། བཞི་པ་བྱིངས་ཀྱི་རཱྀཏ་མཐའི་རྣམ་འགྱུར་འབྱུང་ཚུལ་ནི། རཱྀཏ་མཐའ་ཡོན་ཏན་མེད་པ་ལ་ 6-1-342 ཨིར་འོ་ཞེས་པ་བྱིངས་རཱྀ་ཡིག་རིང་པོའི་མཐའ་ཅན་རྣམས་ཡོན་ཏན་ཐོབ་པ་མེད་པའི་རྐྱེན་ཕ་ རོལ་ལ་ཨིར་དུ་འགྱུར་ཏེ། དཔེར་ན། ཀྲཱྀ་རྣམ་པར་གཡེང་བ་དང་། གྲཱྀ་གསལ་བར་བྱེད་པའི་ བྱིངས་ལ་བརྟ་མཱ་ནཱའི་ཏི་དང་བར་དུ་ཨན་བྱིན་ནས། ལེའུ་འདིར། ཏུད་སོགས་ཀྱི་ཨན་ལ་ ཞེས་པས་བྱིངས་ལ་ཡོན་ཏན་མི་ཐོབ་པར་རཱྀ་ཡིག་དག་ཨིར་དུ་བསྒྱུར་བས། ཀི་ར་ཏི(རྣམ་པར་ གཡེང་བར་བྱེད)། གི་ར་ཏི་(གསལ་བར་བྱེད། )ཞེས་པ་ལྟ་བུའོ། །ཡོན་ཏན་ཐོབ་པ་ནི་རཱྀ་ཡིག་མིར་དུ་མི་ འགྱུར་ཏེ། དཔེར་ན། ཀྲཱྀ་ལ་ཤྭསྟ་ནཱིའི་ཏཱ་དང་། བར་དུ་ཨན་བྱིན་ནས། ལེའུ་འདིར། ཤྭསྟ་ནཱི་ལ་ ཡོན་ཏན་མ་བཀག་པས་རཱྀའི་ཡོན་ཏན་ཨར་དུ་བྱས་པས། ཀ་ར་ཏཱ་(ནང་པར་གཡེང་། )ཞེས་པ་ལྟ་ བུའོ། །མཆུ་གྱུར་ཨུ་པ་དྷཱའི་ཨུར་འོ་ཞེས་པ་ནི། རཱྀ་ཡིག་མཐའ་ཅན་གྱི་བྱིངས་གང་ཨུ་པ་དྷཱ་མཆུ་ ལས་བྱུང་བར་གྱུར་པ་ཡོད་པ་དེ་ཉིད། ཡོན་ཏན་ཐོབ་པ་མེད་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ན་ ཨུར་དུ་འགྱུར་ཏེ། དཔེར་ན། ཨཱང་སྔོན་མ་ཅན་གྱི་པྲཱྀ་སྐྱོང་བ་དང་། བྷྲཱྀ་(སློབ་ཕན་དུ། བྷྲཱྀ་སྤྱོ་བ་ལའོ་ཟེར་ བ་འདུག) རྔོད་བྱེད་པའི་བྱིངས་ལ་བརྟ་མཱ་ནཱའི་ཏེ་དང་བར་དུ་སྔར་བཞིན་ཡཎ་བྱིན་ནས། ལེའུ་ འདིར། ཎ་ཡིག་རྗེས་སུ་འབྲེལ་བ་དང་ཞེས་པས་རཱྀ་ཡོན་ཏན་མ་བྱས་པར་ཨུར་དུ་བསྒྱུར་ཞིང་། ནཱ་མི་ར་བདག་གི་ཞེས་པས་དེའང་རིང་པོར་བསྒྱུར་བས། ཨཱ་པཱུཪྻ་ཏེ(ཀུན་ཏུ་སྐྱོང་བར་བྱེད)། བྷཱུཪྻ་ ཏེ་(ཀུན་ཏུ་སྤྱོ་བར་བྱེད། )ཞེས་པ་ལྟ་བུའོ། །ཨུ་པ་དྷཱ་མཆུ་ལས་བྱུང་བ་མེད་ན། རཱྀ་ཡིག་ཨུར་དུ་མི་ འགྱུར་ཏེ། དཔེར་ན། ཀྲཱྀ་རྣམ་པར་གཡེང་བའི་བྱིངས་ལ། བརྟ་མཱ་ནཱའི་ཏེ་དང་། བར་དུ་ཡཎ་ བྱིན་ནས། མདོ་སྔ་མས་རྀ་ཡིག་ཨིར་དུ་བསྒྱུར་བས། ཀིཪྻ་ཏེ་ཞེས་པ་ལྟ་བུའོ། ། ལྔ་པ་ཨུ་པ་དྷཱ་ལ་རྣམ་འགྱུར་འབྱུང་ཚུལ་ནི། ཨིན་ལ་མཚུངས་པ་མ་ཕྱིས་པའི་ཨུ་པ་དྷཱའི་ ཙཎ་ལ་ཐུང་ངུའོ་ཞེས་པ་ཨིན་གྱི་རྐྱེན་ཕ་རོལ་ལ་མཚུངས་པའི་མིང་ཅན་གྱི་དབྱངས་སོགས་ མ་ཕྱིས་པའི་ཨུ་ཡིག་དྷཱ་རིང་པོར་གྱུར་པ་གང་ཡིན་པ་དེ། ཙཎ་གྱི་རྐྱེན་ལ་ཐུང་ངུར་འགྱུར་ཏེ། དཔེར་ན། པ་ཙ་འཚེད་པ་དང་། པ་ཋ་ཀློག་པའི་བྱིངས་ལ། ཨཱ་གཉིས་པར། རྒྱུ་ལའོ་ཞེས་ 6-1-343 པས་ཨིན་བྱིན་ནས། བྱིངས་ཀྱི་པའི་དབྱངས་མཚུངས་པའི་མིང་ཅན། ཨཱ་གཉིས་པར། ཨིན་ ལ་རྟགས་ཡི་གེ་གཅིག་མིན་པའི་ཞེས་པས་མ་ཕྱིས་པར། ཙ་དང་ཋའི་ཨ་བརྗོད་དོན་ཡིན་པས་ ཕྱིས་པ་ན། ཨཱ་དྲུག་པར། ཨིན་ཨིཙ་ཞེས་པས། ཨུ་པ་དྷཱ་རིང་པོར་བྱས་ལ། ཨཱ་གཉིས་པར། ཤྲི་དྲུ་སྲུ་ཞེས་པས་ཨིན་གྱི་མཐར་ཙཎ་བྱིན་པའི་ཙ་དང་ཎ་གསལ་བྱེད་ཁྱད་པར་གྱི་དོན་དང་། ཨིན་ཀཱ་རི་ཏ་དབྱི་ཞིང་། མདོ་འདིས་ཙཎ་ལ་ཨུ་པ་དྷཱ་ཐུང་ངུར་བསྒྱུར་ཏེ། ཙཎ་པ་རོ྅ཀྵཱ་ཞེས་ པས་བྱིངས་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ལ། ཨཱ་གསུམ་པར། མཚུངས་པ་མ་ཕྱིས་ཞེས་པས་པ་སྔོན་མའི་སྲོག་ཨི་ཡིག་དང་། ཡང་པའི་རིང་པོའོ་ཞེས་པས་ དེའང་རིང་པོར་བསྒྱུར་ནས། མཐར་ཨ་དྱ་ཏ་ནཱའི་དི་དང་། སྔོན་དུ་ཨཊ་བྱིན་པས། ཨ་པཱི་པ་ ཙཏ(དི་རིང་འཚེད་དུ་འཇུག་གོ)། ཨ་པཱི་པ་ཋཏ་(དེ་རིང་ཀློག་དུ་འཇུག་གོ། )ཞེས་པ་ལྟ་བུའོ། །མཚུངས་པའི་ མིང་ཅན་གྱི་མཐའི་དབྱངས་ཕྱིས་པ་ན། ཨུ་པ་དྷཱ་ཐུང་ངུར་མི་འགྱུར་ཏེ། དཔེར་ན། ཨ་ཏི་སྔོན་ མ་ཅན་གྱི་རཱ་ཛན་ལ། ཨཱ་གཉིས་པར། བྱིངས་དོན་ལ་ཞེས་པས་ཨིན་བྱིན་ནས་ཨིན་ལ་རྟགས་ ཡི་གེ་གཅིག་མིན་པའི་ཞེས་པས། ན་དང་བཅས་པའི་ཛའི་དབྱངས་ཕྱིས་ལ། ཤྲི་དྲུ་སྲུ་ཞེས་ པས་སྔར་བཞིན་ཙཎ་བྱིན་པའི་ཙ་དང་ཎ་དང་ཨིན་དབྱི་ཞིང་། མདོ་འདིས་ཨུ་པ་དྷཱ་ཐུང་ངུར་མ་ བསྒྱུར་བར། གཉིས་སུ་བཞག་སྟེ་གསལ་བྱེད་དང་པོ་ལྷག་མར་བྱས་ཏེ། ཨཱ་གསུམ་པར། ཐུང་ ངུའོ་ཞེས་པས་རཱ་ཡིག་སྔ་མ་ཐུང་ངུར་བྱ་ཞིང་། སྔ་མ་ལྟར་མཐར་དི་དང་སྔོན་དུ་ཨཊ་བཞག་ སྟེ་མཚམས་སྦྱར་བས། ཨ་ཏྱ་ར་རཱ་ཛཏ྄་(དི་རིང་ཤིན་ཏུ་རྒྱལ་བར་བྱས་སོ། །)ཅེས་པ་ལྟ་བུའོ། །ཤ་སུ་ དང་རྀཏ྄་རྗེས་སུ་འབྲེལ་བ་རྣམས་ཀྱི་མ་ཡིན་ནོ་ཞེས་པ་ནི་ཤཱ་སུ་རྗེས་སུ་བསྟན་པའི་བྱིངས་ དང་རྀ་ཡིག་རྗེས་སུ་འབྲེལ་བའི་བྱིངས་རྣམས་ཀྱི་ཨིན་དང་ཙཎ་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ ཨུ་པ་དྷཱ་ཐུང་ངུར་འགྱུར་བ་མ་ཡིན་ཏེ། དཔེར་ན། ཤཱ་སུ་དང་། ཌུ་ཡ་ཙྪི་སློང་བའི་བྱིངས་ཨུ་ དང་ཌུ་དང་རྀ་རྗེས་འབྲེལ་ཕྱིས་པ་ལ་སྟོན་དུ་འཇུག་གོ །སློང་དུ་འཇུག་གོའི་དོན་ལ་ཨིན་དང་། 6-1-344 སྔར་བཞིན་དེའི་མཐར་ཙཎ་དང་དི་བྱིན་ནས། མདོ་འདིས་ཨུ་པ་དྷཱ་ཐུང་ངུར་མ་བསྒྱུར་བར་ བྱིངས་གཉིས་སུ་བཞག་ཅིང་སྔ་མ་ཐུང་ངུར་བསྒྱུར་ལ། སྔོན་དུ་ཨཊ་བཞག་སྟེ་ཙ་དང་ཎ་དང་ ཨིན་ཕྱིས་པས། ཨ་ཤ་ཤཱ་སཏ(དེ་རིང་སྟོན་དུ་འཇུག་གོ)། ཨ་ཡ་ཡཱ་ཙཏ྄་(དེ་རིང་སློང་དུ་འཇུག་གོ)ཅེས་པ་ ལྟ་བུའོ། །པི་ཝ་ཏིའི་དབྱི་སྟེ་ཨ་བྷྱཱ་སའི་ཨཱིཏ྄་འང་ངོ་ཞེས་པ་ནི་པི་ཝ་ཏི་སྟེ། པཱ་འཐུང་བའི་ བྱིངས་འདིའི་ཨུ་པ་དྷཱ་ཨིན་དང་ཙཎ་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་འགྱུར་ཞིང་། དེའི་ ཨ་བྷྱཱ་སའི་དབྱངས་ཨཱིཏ྄་ཏུ་འང་འགྱུར་ཏེ། ཏ་ཡིག་ནི། ཨི་ཐུང་ངུར་འགྱུར་བ་དགག་པའི་ དོན་ཏོ། །དཔེར་ན། པཱ་ལ་འཐུང་དུ་འཇུག་གོའི་དོན་ལ། ཨིན་བྱིན་ནས། གནས་ཅན་དང་ འདྲའོ་ཞེས་པའི་ཚིག་ལས་པཱ་གཉིས་སུ་བཞག་པའི་སྔ་མ་སྔར་བཞིན་ཐུང་ངུ་དང་། ཨཱ་དྲུག་ པར། ཤཱ། ཚཱ། སཱ། ཧྭཱ། བྱཱ། རྣམས་ཀྱི་ཞེས་པས་ཕྱི་མའི་ཨཱ་ཡིག་ཨཱ་ཡི་རུ་བསྒྱུར་བའི། ཨི་ཡིག་ བརྗོད་དོན་ཕྱིས་པའི་མཐར་ཨ་དྱ་ཏ་ནཱིའི་དི་དང་བར་དུ་ཙཎ་བྱིན་པ་ན། མདོ་འདིས་ཨུ་པ་དྷཱ་ ཨཱ་དང་སྔར་བཞིན་ཙ་དང་ཎ་དང་ཨིན་རྣམས་དབྱི་ཞིང་། བྱིངས་ཀྱི་སྔོན་དུ་ཨཊ་བཞག་སྟེ། ཨ་བྷྱཱ་སའི་དབྱངས་ཨཱི་རིང་པོར་བསྒྱུར་བས། ཨ་པཱི་པྱཏ྄་(དི་རིང་འཐུང་ངུ་འཇུག་གོ)ཅེས་པ་དང་། གཞན་རྣམས་སྔར་དང་འདྲ་བ་ལ་ཏཱམ་བྱིན་པ་ན། ཨ་པཱི་པྱ་ཏཱཾ་(དི་རིང་འཐུང་ངུ་འཇུག་)ཞེས་པ་ལྟ་ བུའོ། །ཏིཥྛ་ཏིའི་ཨིཏའོ་ཞེས་པ་ནི་ཏིཥྛ་ཏི་སྟེ། ཥྛཱ་གནས་པའི་བྱིངས་འདིའི་ཨུ་པ་དྷཱ་ཨིན་དང་ ཙཎ་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཨི་ཉིད་དུ་འགྱུར་ཏེ། དཔེར་ན། ཥྛཱ་ལ་གནས་སུ་འཇུག་གོའི་ དོན་ལ་ཨིན་བྱིན་ནས། ཨཱ་དྲུག་པར། ཨརྟི་སོགས་ཨཱཏ྄་མཐའ་རྣམས་ཀྱི་ཞེས་པས་བྱིངས་ མཐར་པ་ཡིག་ཨཱ་ག་མ་བྱིན་པའི་ཨ་བརྗོད་དོན་ཕྱིས་པའི་མཐར། ཨ་དྱ་ཏ་ནཱིའི་དི་དང་ཙཎ་ བྱིན་པ་ན། མདོ་འདིས་ཨུ་པ་དྷཱ་ཨི་ཡིག་ཏུ་བསྒྱུར་ཞིང་བྱིངས་གཉིས་སུ་བཞག་ལ། ཨཱ་གསུམ་ པར། ཤིཊ་ལས་ཕ་རོལ་གྱི་སྒྲ་མེད་པ་དེ་ལྷག་མར་བྱའོ་ཞེས་པས་སྔ་མའི་ཥ་ཕྱིས་ཏེ། གཉིས་ པ་བཞི་པ་དག་གིས་དང་པོ་ཞེས་པས། ཋ་སྔ་མ་ཊ་རུ་བསྒྱུར་ནས། ཨིན་དབྱི་བ་ལ་སོགས་པ་ 6-1-345 སྔར་དང་འདྲ་ཞིང་སྔོན་དུ་ཨཊ་བཞག་པས། ཨ་ཊིཥྛི་པཏ྄་(དི་རིང་གནས་སུ་འཇུག་གོ། )ཅེས་པ་ལྟ་ བུའོ། །ཛི་གྷྲ་ཏིའི་ཡང་ནའོ་ཞེས་པ་ནི་གྷྲ་དྲི་ལན་པའི་བྱིངས་འདིའི་ཨུ་པ་དྷཱ་ཨིན་དང་ཙཎ་གྱི་ རྐྱེན་ཕ་རོལ་ལ་ཨི་ཡིག་ཏུ་ཡང་ན་འགྱུར་ཏེ། དཔེར་ན། གྷྲཱ་ལ་དྲི་འཛིན་དུ་འཇུག་གོའི་དོན་ལ་ ཨིན་བྱིན་ནས། ཨཱ་དྲུག་པར། ཨརྟི་ཧྲཱྀ་ཙླཱ་ཞེས་སོགས་ཀྱི་པ་ཡིག་ཨཱ་ག་མ་བྱིན་པའི་དབྱངས་ བརྗོད་དོན་ཕྱིས་པའི་མཐར། ཨ་དྱ་ཏ་ནཱིའི་དི་དང་། བར་དུ་ཙཎ་བྱིན་པ་ན། མདོ་འདིས་ཨུ་པ་ དྷཱ་ཨི་ཡིག་ཏུ་བསྒྱུར་བ་གཉིས་སུ་བཞག་ཅིང་། སྔ་མའི་གསལ་བྱེད་དང་པོ་གྷ་ཡིག་ལྷག་མར་ བྱས་པ། ཨཱ་གསུམ་པར། གཉིས་པ་བཞི་པ་དག་གི་ཞེས་པས་ག་དང་། ཀ་སྡེའི་ཙ་སྡེའོ་ཞེས་ པས་དེའང་ཛ་རུ་བསྒྱུར་ལ། སྔོན་དུ་ཨཊ་བཞག་སྟེ། ཨིན་དབྱི་བ་ལ་སོགས་པ་སྔར་བཞིན་ བྱས་པས། ཨ་ཛི་གྷྲི་པཏ྄(དྲི་འཛིན་དུ་འཇུག་གོ། ) ཅེས་པ་ལྟ་བུའོ། །ཡང་ན། ཨུ་པ་དྷཱ་ཨི་ཡིག་ཏུ་ མི་འགྱུར་ཏེ། དཔེར་ན། གྷྲཱ་ལ་སྔར་བཞིན་ཨིན་དང་། བྱིངས་མཐར་པ་ཡིག་ཨཱ་ག་མ་དང་། མཐར་དི་དང་བར་དུ་ཙཎ་རྣམས་བྱིན་ནས། ལེའུ་འདིར། ཨིན་ལ་མཚུངས་པ་མ་ཕྱིས་པ་ཞེས་ པས་ཨུ་པ་དྷཱ་ཐུང་ངུར་བསྒྱུར་བ་གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། མཚུངས་པ་མ་ཕྱིས་ ན་ཞེས་པས་ཨ་བྷྱཱ་སའི་དབྱངས་ཨི་དང་། སྔར་བཞིན་གྷ་སྔ་མ་ག་དང་དེའང་ཛ་རུ་བསྒྱུར་ལ་ སྔོན་དུ་ཨཊ་བཞག་སྟེ་ཨིན་དབྱི་བ་ལ་སོགས་པ་སྔར་བཞིན་བྱས་ཏེ། ཨ་ཛིགྷྲ་པཏ྄་ཅེས་པ་ ལྟ་བུའོ། །ཞེས་པས་བྱིངས་རྣམས་ཚིག་ཏུ་བསྒྲུབ་ཚུལ་ཀུན་བཤད་པའི་མདོ་ལས་རྐང་པ་ལྔ་ པའི་འགྲེལ་པ་རྫོགས་སོ།། །། ཀུན་བཤད་དྲུག་པ་བྱིངས་དང་རྐྱེན་རྣམས་ཕྲད་པ་ལས་བྱིངས་ལ་རྣམ་འགྱུར་གཙོ་བོར་ འབྱུང་ཚུལ་ལ་བཅུ་དྲུག་ཡོད་པའི་བདུན་པ་ལ། དྲུག་དང་། དགུ་པ་ལ་གསུམ་དུའང་ཕྱེ་ནས་ འཆད་པར་འགྱུར་ལ། བཅུ་དྲུག་གི་དང་པོ་རྐྱེན་སོ་སོ་ལ་བྱིངས་ཀྱི་ཨ་ནུ་ཥཾ་ག་འཕྱིད་ཚུལ་ ནི། ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམ་ཀྱི་ཨ་ནུ་ཥཾ་ག་ཡོན་ཏན་མེད་པ་ལ་དབྱིའོ་ཞེས་པ་ 6-1-346 ནི། ཨི་ཡིག་རྗེས་སུ་འབྲེལ་བ་མ་ཡིན་པའི་བྱིངས་རྣམས་ཀྱི་ཨ་ནུ་ཥཾ་ག་སྟེ་མཐའི་གསལ་བྱེད་ ལས་སྔ་མའི་ན་ཡིག་སྲོག་མེད་རྣམས་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ལ་དབྱི་བར་འགྱུར་ ཞིང་། མཐའི་ཏ་ཡིག་ནི་ཨི་རིང་པོ་སོགས་བསལ་བའི་དོན་ཡིན་ཏེ། དཔེར་ན། ཤྲནྶུ་དང་དྷྭནྶུ་ བྷྲནྶུ་འོག་ཏུ་ལྟུང་བའི་བྱིངས་རྣམས་ཀྱི་རྗེས་འབྲེལ་ཕྱིས་པ་ལ། ཨཱ་གཉིས་པར། བྱིངས་ཐམས་ ཅད་པ་ལ་ཞེས་པས་ཡཎ་བྱིན་ནས། ཎ་ཁྱད་པར་གྱི་དོན་དབྱི་ཞིང་། ཨཱ་ལྔ་པར། ཎ་ཡིག་རྗེས་ སུ་འབྲེལ་བ་དང་ཞེས་པས་ཡཎ་གྱི་ཎ་རྗེས་སུ་འབྲེལ་བ་ལ་ཡོན་ཏན་མེད་ལ། བྱིངས་ཀྱི་ན་ ཡིག་ཨ་ནུ་ཥཾ་ག་ཕྱིས་ཏེ། མཐར་བརྟ་མཱ་ནཱའི་ཏེ་བྱིན་པས། ཤྲསྱ་ཏེ(འོག་ཏུ་ལྟུང་བར་བྱེད)། དྷྭ་སྱ་ ཏེ། བྷྲ་སྱ་ཏེ་ཞེས་པ་ལྟ་བུའོ། །ཨི་ཡིག་རྗེས་སུ་འབྲེལ་པའི་བྱིངས་རྣམས་ཀྱི་ཨུ་ཎུ་ཥཾ་ག་ནི་མི་ འཕྱེད་དེ། དཔེར་ན། བ་དི་མངོན་པར་བརྗོད་པའི་བྱིངས་ཨི་རྗེས་འབྲེལ་ཕྱིས་པའི་མཐར་ ཏེ་དང་བར་དུ་ཡཎ་བྱིན་པས། ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་ཞེས་དགག་པ་བྱས་པའི་ ཤུགས་ལས། བྱིངས་ཀྱི་དབྱངས་མཐར་ན་ཡིག་ཨཱ་ག་མ་བྱིན་པའི་ཨ་བརྗོད་དོན་ཕྱིས་ཏེ་སྦྱར་ བས། བནྡྱ་ཏེ་(བརྗོད་པར་བྱེད་)ཞེས་པ་ལྟ་བུའོ། །ཡོན་ཏན་ཅན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཡང་ ཨ་ནུ་ཥཾ་ག་མི་འཕྱིད་དེ། དཔེར་ན། ཤྲནྶུ་འོག་ཏུ་ལྟུང་བའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ་ ཤྭསྟ་ནཱིའི་ཏཱ་བྱིན་ནས། རྣམ་དབྱེ་འདི་དམིགས་བསལ་གྱིས་བཀག་པ་མ་ཡིན་པའི་ཡོན་ཏན་ ཅན་ཡིན་པས། ཨ་ནུ་ཥཾ་ག་མ་ཕྱིས་པར། ཨཱ་བདུན་པའི་བྱིངས་ཐམས་ཅད་པ་མིན་པ་གསལ་ བྱེད་དང་པོ་ཞེས་པས། བྱིངས་མཐར་ཨིཊ་བྱིན་པའི་ཊ་ཁྱད་པར་གྱི་དོན་ཕྱིས་པས། ཤྲ་ནྶིཏཱ་ ཞེས་པ་ལྟ་བུའོ། །བི་ཀ་ར་ཎ་ལས་ན་སྒྲ་ལས་ཀྱང་ངོ་ཞེས་པ་ནི། དུརྒ་སིང་ཧར། ཨིཏ་རྗེས་སུ་ འབྲེལ་བ་མ་ཡིན་པ་རྣམས་དང་། ཀྱང་ཡིག་གི་སྦྱོར་བས་ཕ་རོལ་ཡོན་ཏན་མེད་པ་ཞེས་པས་ ཐུན་མོང་བ་སྟེ། ཨི་ཏ་རྗེས་སུ་འབྲེལ་བ་རྣམས་དང་ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་ དང་། ཡོན་ཏན་ཅན་དང་ཡོན་ཏན་མེད་པ་ལའང་ཞེས་གསུངས་པ་དང་། སློབ་མ་ལ་ཕན་པར། 6-1-347 ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་དང་། ཡོན་ཏན་མེད་པ་ཞེས་པ་མི་འཇུག་ཏེ་ཞེས་གསུངས་ པ་འགལ་བ་ལྟར་སྣང་ཡང་མཐུན་པར་མངོན་ཞིང་། མདོའི་དགོངས་པའང་དེ་དག་ལ་མི་ལྟོས་ པར། བི་ཀ་ར་ཎ་རྣམས་ལས་ཁྱད་པར་དུ་ན་སྒྲ་བི་ཀ་ར་ཎ་ལས་ཀྱང་ཕ་རོལ་གྱི་ཨ་ནུ་ཥཾ་དབྱི་ བར་འགྱུར་ཏེ། དཔེར་ན། ཧི་སི་འཚེ་བའི་བྱིངས་ཨི་རྗེས་འབྲེལ་ཕྱིས་པ་དག་ལ། བརྟ་མཱ་ནཱའི་ ཏས་དང་ཨནྟི་བྱིན་ནས། སྔར་བཞིན། ཨི་ཡིག་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཞེས་ པའི་ཤུགས་ལས་བྱིངས་ཀྱི་དབྱངས་མཐར་ན་ཡིག་ཨཱ་ག་མ་སྦྱིན་ཞིང་། ཨཱ་གཉིས་པར། རུ་དྷ་ སོགས་ཀྱི་ཞེས་པས་དེའི་སྔ་མར་ན་བི་ཀ་ར་ཎ་བྱིན་པའི་དབྱངས། ཨཱ་བཞི་པར། རུ་དྷ་སོགས་ ཀྱི་བི་ཀ་ར་ཎའི་མཐའ་ཞེས་པས་ཕྱིས་ལ། མདོ་འདིས་ན་ཨཱ་ག་མ་ཕྱིས་ཏེ། མན་ངག་གི་དྷཱུཊ་ ལ་རྗེསུ་སུ་ང་རོར་བསྒྱུར་བས། ཧིཾ་སྟཿ(འཚེ་བ་དག) ཧིཾ་སནྟི་ཞེས་པ་ལྟ་བུའོ། །ཨིནྡྷི་ཤྲནྠི་གྲནྠི་ དནྦྷི་རྣམས་ཀྱི་པ་རོ྅ཀྵ་ལ་ཡོན་ཏན་མེད་པ་ལའོ་ཞེས་པ་ནི་ཉི་ཨིནྡྷི་འབར་བ་དང་། ཤྲནྠ་དང་། གྲནྠ་གཞུང་བསྒྲིག་པ་དང་། དནྦྷུ་ཚུལ་འཆོས་པའི་བྱིངས་འདི་རྣམས་ཀྱི་ཨ་ནུ་ཥཾག་རྣམས་ པ་རོ྅ཀྵཱ་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ལ་དབྱི་བར་འགྱུར་ཏེ། དཔེར་ན། སཾ་སྔོན་མ་ཅན་ གྱི་ཉི་ཨིནྡྷིའི་ཉི་དང་ཨི་རྗེས་འབྲེལ་ཕྱིས་པ་ལ། མ་རོ྅ཀྵཱའི་ཨེ་བྱིན་པ་ན། རྐྱེན་འདི་རྣམས་ ལ་ཡོན་ཏན་མི་ཐོབ་པས། མདོ་འདིས་ཨ་ནུ་ཥཾ་ག་དབྱི་ཞིང་གཉིས་བརྗོད་དེ་དང་པོ་ལྷག་མར་ བྱས་ནས་མཚམས་སྦྱར་བས། ས་མཱི་དྷེ་(བུད་ཤིང་། ) ཞེས་པ་དང་། ཤྲནྠའི་ཨ་བརྗོད་དོན་ཕྱིས་པ་ ལའང་པ་རོ྅ཀྵཱའི་ཨ་ཏུས་ངང་ཨུས་བྱིན་ནས། ཨ་ནུ་ཥཾ་ག་དབྱིབས་སོགས་པ་སྔར་བཞིན་བྱ་ སྟེ། ཨཱ་བཞི་པར། ཏྲཱྀ་བ་ལ་བྷ་ཛ། ཏྲ་པ་ཤྲནྠི་ཞེས་པས་བྱིངས་གཉིས་སུ་བཞག་པའི་ཕྱི་མའི་ ཨ་ཡིག་ཨེ་རུ་བསྒྱུར་ཞིང་། ཨ་བྷྱཱས་ཕྱིས་པས། ཤྲེཐ་ཏུཿ (གཞུང་བརྩམས་སོ། །)ཤྲེཐུཿཞེས་པ་དང་། གྲནྠ་ལའང་དེ་བཞིན་དུ་སྦྱར་བས། གྲེ་ཐ་ཏུཿ(གཞུང་བརྩམས་སོ། །)གྲེ་ཐུཿཞེས་པ་དང་། དནྦྷུའི་ཨུ་ རྗེས་འབྲེལ་ཕྱིས་པ་ལའང་དེ་བཞིན་དུ་སྦྱར་བས། དེ་བྷ་ཏུཿ (ཚུལ་བཅོས་སོ། །)དེ་བྷུཿཞེས་པ་ལྟ་ 6-1-348 བུའོ། །དནྴི་སནྫི་སྭནྫི་རནྫི་རྣམས་ཀྱི་ཨན་ལའོ་ཞེས་པ་ནི་དནྴ་སོས་ཟ་བ་དང་། སནྫ་འགྲགས་ པ་དང་། སྭནྫ་ཡོངས་སུ་འཁྱུད་པ་དང་། རནྫ་ཚོས་ཀྱི་བྱིངས་འདི་རྣམས་ཀྱི་ཨ་ནུ་ཥཾ་ག་རྣམས། ཨ་ན་བི་ཀ་ར་ཎའི་རྐྱེན་ཕ་རོལ་ལ་དབྱི་བར་འགྱུར་ཏེ། དཔེར་ན་བྱིངས་དེ་རྣམས་ཀྱི་མཐའི་ ཨ་བརྗོད་དོན་ཕྱིས་པའི་མཐར་བརྟ་མཱ་ནཱའི་ཏི་དང་། བར་དུ་བྱེད་པ་པོ་ལ་ཨན་བྱིན་པའི་ན་ སྔར་བཞིན་ཕྱིས་ནས། མདོ་འདིས་ན་ཨ་ནུ་ཥ་ག་དབྱི་ཞིང་། ཁྱད་པར། སྭནྫའི་སྔོན་དུ་ཉེར་ བསྒྱུར་བ་རི་བཞག་སྟེ། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་བས། ད་ཤ་ཏི(ཟ་བར་བྱེད)། ས་ཛ་ ཏི(འགྲོགས་པར་བྱེད)། པ་རི་ཥྭ་ཛ་ཏི(འབྱུང་བར་བྱེད)། ར་ཛ་ཏི་(ཚོས་པར་བྱེད། )ཞེས་པ་ལྟ་བུའོ། ། གཉིས་པ་བྱིངས་ཀྱི་ནཱ་མིའི་འཕེལ་བ་དང་ཨ་ཡིག་ཨུ་པ་དྷཱ་རིང་པོར་འགྱུར་ཚུལ་ནི། ཨིན་ཨིཙ་ཨ་ཊ་རྣམས་ལ་ཨུ་པ་དྷཱའི་ཨའི་རིང་པོ་སྟེ་ནཱ་མི་རྣམས་ཀྱིའང་འཕེལ་བའོ་ཞེས་པ་ནི་ ཨིན་དང་ཨིཙ་དང་ཨཊ་རྣམས་ཀྱི་རྐྱེན་ཕ་རོལ་ལ། བྱིངས་ཀྱི་ཨུ་པ་དྷཱ་སྔ་མར་གྱུར་པའི་ཨ་ ཡིག་རྣམས་རིང་པོ་དང་བྱིངས་མཐའི་ནཱ་མི་རྣམས་ཀྱིའང་ཨིའི་ཡི་གེ་ཨཻ་དང་ཨུའི་ཡི་གེ་ཨཽ་ དང་། རྀའི་ཡི་གེ་ཨཱར་རིང་པོར་འཕེལ་བར་འགྱུར་ཞེས་སོགས་སྤྱིར་བསྟན་པ་སྟེ། དཔེར་ན་ རིམ་པ་བཞིན་ཨིན་ལ་ནི་ཌུ་པ་ཙ་ཌུ་པ་ཙ་ཥ་འཚེད་པ་དང་། ཡ་ཛ་ལྷ་མཆོད་པ་དང་། ཙིཉ་ སོག་པ་དང་། ཧུ་སྦྱིན་པ་དང་། ཀྲྀཉ་བྱེད་པའི་བྱིངས་རྣམས་ཀྱི་ཨ་བརྗོད་དོན་དང་། ཌུ་དང་ཥ་ དང་ཉ་རྗེས་འབྲེལ་ཕྱིས་པ་རྣམས་ལ། ཨཱ་གཉིས་པར། བྱིངས་ལས་ཀྱང་རྒྱུ་ལའོ་ཞེས་པས་ ཨིན་བྱིན་ནས། མཐར་བརྟ་མཱ་ནཱའི་ཏི་དང་། ཨིན་གྱི་མཐར་སྔར་བཞིན་ཨན་སྦྱིན་ཞིང་ན་ ཡིག་དག་ཕྱིས་ལ་སྔར་བཞིན་ཨི་ཡིག་ཡོན་ཏན་ཨེ་དང་། དེའང་ཨ་ཡ་དང་། མདོ་འདིས་ བྱིངས་ཀྱི་ཨ་ཡིག་ཨུ་པ་དྷཱར་གྱུར་པ་དག་རིང་པོ་དང་། ནཱ་མིའི་དབྱངས་ཨི་དང་ཨུ་དང་རྀ་ རྣམས་འཕེལ་བར་བྱས་ཏེ་སྦྱར་བས། པཱ་ཙ་ཡ་ཏི(འཚེད་དུ་འཇུག)། ཡཱ་ཛ་ཡ་ཏི(ལྷ་མཆོད་དུ་འཇུག)། ཙཱ་ཡ་ཡ་ཏི(སོག་ཏུ་འཇུག)། ཧཱ་ཝ་ཡ་ཏི(ལེན་དུ་འཇུག)། ཀཱ་ར་ཡ་ཏི་(བྱེད་དུ་འཇུག)ཅེས་པ་ལྟ་བུའོ། ། 6-1-349 ཨིཙ་ལ་ནི། པཙ་དང་། ཡཛ་དང་། ཀྲྀ་རྣམས་ཀྱི་མཐར་ཨ་དྱ་ཏ་ནཱིའི་ཏ་དང་། ཨཱ་གཉིས་པར། དངོས་པོ་དང་ལས་དག་ལའང་ངོ་ཞེས་པས་བར་དུ་ཨིཙ་བྱིན་ནས། ཙ་ཡིག་མདོ་འདིའི་ཁྱད་ པར་གྱི་དོན་ཡིན་པས་ཕྱིས་ཏེ། སྔར་བཞིན་ཨ་ཡིག་ཨུ་པ་དྷཱ་རིང་པོ་དང་། རྀ་ཡིག་འཕེལ་བར་ བྱས་ལ། ཨཱ་བཞི་པར། ཨི་ཙ་ལས་ཏ་དབྱིའོ་ཞེས་པས་ཏ་དབྱི་ཞིང་། ཨཱ་བརྒྱད་པར། ཧྱསྟ་ནཱི་ ཨ་དྱ་ཏ་ནཱི་ཞེས་པ་ལྟར་བྱིངས་ཀྱི་སྔོན་དུ་ཨཊ་བཞག་པས། ཨ་པཱ་ཙི(དེ་རིང་འཚེད)། ཨ་ཡཱ་ཛི(དེ་ རིང་མཆོད)། ཨ་ཀཱ་རི་(དེ་རིང་བྱེད། )ཞེས་པ་ལྟ་བུའོ། །ཨཊ་ལ་ནི་པ་ཙ་དང་། ཙི་དང་། ཧུ་དང་། ཀྲྀ་ ལ་ཨཊ་བྱིན་ནས། ཙཎ་པ་རོ྅ཀྵཱ་ཞེས་པས་གཉིས་སུ་བཞག་ཅིང་གསལ་བྱེད་དང་པོ་ལྷག་ མར་བྱས་ལ། མདོ་འདིས་ཨ་ཡིག་ཕྱི་མའི་ཨུ་པ་དྷཱ་རིང་པོ་དང་། ནཱ་མིའི་འཕེལ་བ་བྱས་ཏེ་ མཚམས་སྦྱར་ནས། ཁྱད་པར། ཧའི་ཛའོ་ཞེས་པས་ཧ་སྔ་མ་ཛ་དང་། ཀ་སྡེའི་ཙ་སྡེའོ་ཞེས་པས་ ཀ་སྔ་མ་ཙ་དང་། རྀ་ཡིག་གི་ཞེས་པས་དེའི་དབྱངས་ཨ་རུ་བསྒྱུར་བས། པ་པཱ་ཙ(བཙོས)། ཙི་ཙཱ་ ཡ(བསགས)། ཛུ་ཧཱ་ཝ(སྦྱིན)། ཙ་ཀཱ་ར་(བུས་ཟིན། )ཞེས་པ་ལྟ་བུའོ། །དབྱངས་མཐའ་རྣམས་ཀྱི་སི་ ཙ་ལ་པ་རསྨཻ་ལའོ་ཞེས་པ་ནི་བྱིངས་ཀྱི་དབྱངས་ཀྱི་མཐའ་ཅན་རྣམས་ཀྱི་མཐའ། སིཙ྄་དང་། པ་ར་སྨཻ འི་རྐྱེན་ཕ་རོལ་ལ་འཕེལ་བར་འགྱུར་ཏེ། དུར་ག་སིང་ཧར་ནཱ་མི་ཁོ་ནའོ་ཞེས་གསུངས་ སོ། །དཔེར་ན། ཙིཉ་སོག་པ་དང་། ཎཱིཉ་ཐོབ་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པའི་མཐར་ཨ་ དྱ་ཏ་ནཱིའི་པ་རསྨཻ འི་དི་དག་ཨཱ་གཉིས་པར། ཨ་དྱ་ཏ་ནཱི་ལས་ཞེས་པས་བར་དུ་སིཙ་དང་། ལེའུ་ འདིར་སི་ཙ་ལས་ཞེས་པས་སིཙའི་མཐར་ཨཱིཊ་བྱིན་ནས། སིའི་ཨི་དང་ཙ་དང་ཊ་ཁྱད་དོན་ རྣམས་དབྱི་ཞིང་། མདོ་འདིས་ཨིའི་ཡི་གེ་ཨཻ་རུ་བསྒྱུར་བའི་འཕེལ་བ་བྱས་ལ། རྒྱུ་མཚན་ལས་ ས་ཡིག་ཥ་དང་། ཨཱ་བརྒྱད་པར། ཎའི་ནའོ་ཞེས་པ་ལྟར་བསྒྱུར་ཏེ། སྔར་བཞིན་སྔོན་དུ་ཨཊ་ བཞག་ནས། དིའི་ཨི་དབྱི་བ་དང་རྫོགས་པ་ལ་ཡང་ན་བྱེད་ཚུལ་ནི་ཐམས་ཅད་དུ་འདྲ་བས། ཨ་ཙཻ་ཥཱིཏ(དེ་རིང་བསགས)། ཨ་ནཻ་ཥཱིཏ་(དེ་རིང་ཐོབ། )ཅེས་པ་དང་། སྟུཉ་བསྟོད་པ་དང་། ལཱུཉ་གཅོད་ 6-1-350 པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལའང་སྔར་བཞིན་དི་དང་སི་ཙ་དང་ཨཱིཊ་བྱིན་ནས་ཨུའི་ཡི་ གེ་ཨཽ་རུ་བསྒྱུར་བའི་འཕེལ་བ་བྱས་ཏེ། ཨཱ་བདུན་པར། སྟུ་སུ་དྷུཉ་རྣམས་ལས་ཞེས་པས་སྟུའི་ མཐར་ཨིཊ་དང་། བྱིངས་ཐམས་ཅད་པ་མིན་པའི་ཞེས་པས་ལཱུའི་མཐར་ཡང་ཨིཊ་བྱིན་ལ། ཊ་ཁྱད་པར་གྱི་དོན་དབྱི་ཞིང་། ལེའུ་འདིར་ཨིཊ་ལས་ཀྱང་ཨཱིཊ་ལའོ་ཞེས་པས་བར་གྱི་སིཙ་ ཕྱིས་ཏེ་མཚམས་སྦྱར་ནས་སྔོན་དུ་ཨཊ་བཞག་པས། ཨསྟཱ་ཝཱིཏ། (དི་རིང་བསྟོད་དོ། །) ཨ་ལཱ་ཝཱིཏ་ (དེ་རིང་གཅོད་དོ། །)ཅེས་པ་ལྟ་བུའོ། །ཙི་དང་ཎིའི་མཐར་ཨིཊ་ཐུང་ངུ་མི་འགྱུར་སྟེ། ཨཱ་བདུན་པར། ཨིའི་ཡི་གེ་ལས་ཤྭི་ཤྲི་ཞེས་སོགས་ཀྱིས་མདོ་ལས་བཀག་པའི་ཕྱིར་རོ། །གསལ་བྱེད་མཐའ་ རྣམས་ཀྱི་ཨིཊ་མེད་པ་རྣམས་ཀྱིའོ་ཞེས་པ་ནི་བྱིངས་གསལ་བྱེད་ཀྱི་མཐའ་ཅན་ཨིཊ་ཨཱ་ག་མ་ མེད་པའི་ནཱ་མི་རྣམས་སི་ཙ་དང་པ་རསྨཻ འི་རྐྱེན་ཕ་རོལ་ལ་འཕེལ་བར་འགྱུར་ཏེ། དཔེར་ན། བྷི་དིར་རྣམ་པར་འཇོམས་པ་དང་། ཙྪི་དིར་གཉིས་སུ་བྱེད་པ་དང་། རུ་དྷིར་རྣམ་པར་འགོག་ པའི་བྱིངས་ཨིར་རྗེས་འབྲེལ་ཕྱིས་པ་རྣམས་ཀྱི་མཐར། ཨ་དྱ་ཏ་ནཱིའི་པ་རསྨཻ འི་དི་དང་། བར་ དུ་སྔར་བཞིན་སིཙ་བྱིན་པ་ན། ཨཱ་བདུན་པར། རུ་དི་ནུ་དི་ཞེས་པ་དང་། རཱ་དྷི་རུ་དྷི་ཞེས་པའི་ དམིགས་བསལ་གྱིས་བཀག་པས་བྱིངས་མཐར་ཨིཊ་མེད་ཅིང་། མདོ་འདིས་བྱིངས་ཀྱི་ཨི་ ཡིག་ཨཻ་དང་ཨུ་ཡིག་ཨཽ་རུ་བསྒྱུར་ནས། ལེའུ་འདིར། སི་ཙ་ལས་ཞེས་པས་སིཙའི་མཐར་ཨཱིཊ་ རིང་པོ་བྱིན་ལ། ཁྱད་དོན་རྣམས་དབྱི་ཞིང་། ཨཱ་བརྒྱད་པར། སྒྲ་མེད་པ་རྣམས་ལ་ཤི་ཊ་མ་ ཡིན་པ་རྣམས་ཀྱི་ཞེས་པས་བྱིངས་མཐར་ཨིཊ་མེད་ཅིང་། མདོ་འདིས་བྱིངས་ཀྱི་ཨི་ཡིག་ཨཻ་ དང་ཨུ་ཡིག་ཨཽ་རུ་བསྒྱུར་ནས། ལེའུ་འདིར། སི་ཙ་ལས་ཞེས་པས་སི་ཙའི་མཐར་ཨཱིཊ་རིང་པོ་ བྱིན་ལ། ཁྱད་དོན་རྣམས་དབྱི་ཞིང་། ཨཱ་བརྒྱད་པར། སྒྲ་མེད་པ་རྣམས་ལ་ཤི་ཊ་མ་ཡིན་པ་ རྣམས་ཀྱི་ཞེས་པས་བྱིངས་ཀྱི་ང་དང་དྷ་ཡིག་ཏ་རུ་བསྒྱུར་ཏེ་སྔར་བཞིན་སྔོན་དུ་ཨཊ་བཞག་ པས། ཨ་བྷཻཏྶཱིཏ། (དི་རིང་འཇོམས་སོ། །) ཨ་ཙྪཻཏྶཱིཏ(དི་རིང་དུམ་བུར་བྱེད)། ཨ་རཽཏྶཱིཏ་(དི་རིང་འགོག)ཅེས་པ་ 6-1-351 ལྟ་བུའོ། །ཨིཊ་ཐུང་ངུ་ཨཱ་ག་མའི་རྐྱེན་ཡོད་ན་བྱིངས་གསལ་བྱེད་མཐའ་ཅན་གྱི་ནཱ་མི་རྣམས་ འཕེལ་བར་མི་འགྱུར་ཏེ། དཔེར་ན། ཀུ་ཤ་ངེས་པར་རྟོགས་པའི་བྱིངས་ལ་སྔར་བཞིན་དི་དང་ སི་ཙ་དང་། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པའི་གསལ་བྱེད་དང་པོ་ཞེས་པས་ བྱིངས་མཐའ་ཨིཊ་ཐུང་ངུ་དང་། ལེའུ་འདིར་སི་ཙ་ལས། ཞེས་པས་སིཙའི་མཐར་ཨཱིཊ་རིང་པོ་ བྱིན་ནས། ཨིཊ་ལས་ཀྱང་ཨཱིཊ་ལ་ཞེས་པས་སི་ཙ་དང་། སྔར་བཞིན་ཊ་ཡིག་དག་ཕྱིས་ཏེ་ མཚམས་སྦྱར་ལ། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིན་གྱིའང་ཞེས་པས་བྱིངས་ཀྱི་ཨུ་ཡིག་གི་ཡོན་ ཏན་ཨོ་རུ་བསྒྱུར་ཞིང་། སྔོན་དུ་ཨཊ་བཞག་པས། ཨ་ཀོ་ཥཱིཏ་(དེ་རིང་ངེས་པར་འགོག) ཅེས་པ་ལྟ་ བུའོ། །ཨའི་འང་རིང་པོའོ་ཞེས་པ་ནི་བྱིངས་གསལ་བྱེད་མཐའ་ཅན་རྣམས་ཀྱི་སྔ་མའི་ཨ་ཡིག་ ཨིཊ་ག་མ་མེད་པ་དེའང་སིཙ་དང་པ་རསྨཻའི་ཚིག་ཕ་རོལ་ཏུ་ཡོད་པ་ལ་རིང་པོར་འགྱུར་ཏེ། དཔེར་ན། ཌུཔ་ཙཥ་འཚེད་པ་དང་། བྷནྫ་འཇོམས་པ་དང་། ད་ཧ་ཐལ་བར་བྱེད་པའི་བྱིངས་ཌུ་ དང་ཥ་རྗེས་འབྲེལ་དང་། མཐའི་ཨ་བརྗོད་དོན་ཕྱིས་པ་ལ་ཨ་དྱ་ཏ་ནཱིའི་པ་རསྨཻ འི་དི་དང་། བར་དུ་སྔར་བཞིན་སིཙ་དང་སིཙ་ལས་ཞེས་པས་དེའི་མཐར་ཨཱིཊ་རྣམས་བྱིན་ནས། ཁྱད་པར་ གྱི་དོན་རྣམས་དབྱི་ཞིང་། སྔོན་དུ་ཨཊ་བཞག་ལ་ལེའུ་འདིར་ཙ་སྡེའི་ཀིའོ་ཞེས་པས་ཙ་དང་ཛ་ ཡིག་ཀ་དང་། ད་དང་པོའི་ཧའི་གྷའོ་ཞེས་པས་ཧ་ཡིག་གྷ་དང་། ཨཱ་བརྒྱད་པར། སྒྲ་མེད་པ་ རྣམས་ལ་ཤིཊ་མ་ཡིན་པ་རྣམས་ཀྱི་ཞེས་པས་གྷའང་ཀ་དང་། ན་རྗེས་སུ་ང་རོ་དང་། རྒྱུ་མཚན་ ལས། ས་ཡིག་རྣམས་ཥ་དང་། མདོ་འདིས་བྱིངས་ཀྱི་ཨ་ཡིག་རྣམས་རིང་པོར་བསྒྱུར་བས། ཨ་པཱཀྵི ཏ། (དེ་རིང་འཚེད་དོ། །) ཨ་བྷཱཾ་ཀྵཱི་ཏ། ཨ་དཱཀྵཱིཏ་ཅེས་པ་ལྟ་བུའོ། །བད་བྲཛ་ར་ལ་མཐའ་ རྣམས་ཀྱིའང་ངོ་ཞེས་པ་ནི། བད་གསལ་བ་དང་། བརྗོད་པ་དང་། བྲཛ་འགྲོ་བ་དང་། ར་དང་ ལའི་མཐའ་ཅན་གྱི་བྱིངས་རྣམས་ཀྱིའང་ཨ་ཡིག་ཨུ་པ་དྷཱ་རྣམས་སིཙ་དང་པ་རསྨཻའི་ཚིག་ཕ་ རོལ་ལ་རིང་པོར་འགྱུར་ཏེ། དཔེར་ན། བད་དང་། བྲཛ་དང་། ཙར་འགྲོ་བ་དང་། ཕལ་རྫོགས་ 6-1-352 པའི་བྱིངས་མཐའི་ཨ་བརྗོད་དོན་རྣམས་ཕྱིས་པ་ལ། སྔར་བཞིན་དི་དང་། བར་དུ་སིཙ་དང་། བྱིངས་མཐར་ཨིཊ་དང་སིཙའི་མཐར་ཨཱིཊ་རིང་པོ་རྣམས་བྱིན་ནས། ཨིཊ་ལས་ཀྱང་ཞེས་པས་ སིཙ་དབྱི་ཞིང་། མདོ་འདིས་བྱིངས་ཀྱི་ཨ་རྣམས་རིང་པོར་བསྒྱུར་ཏེ་ཐོག་མར་ཨཊ་བཞག་ པས། ཨ་པཱ་དཱིཏ། (དེ་རིང་གསལ་བར་སྨྲའོ། །) ཨ་བྲཱ་ཛཱིཏ། (དེ་རིང་འགྲོའོ། །) ཨ་ཙཱ་རཱིཏ། (དེ་རིང་འགྲོའོ། །) ཨ་ཕཱ་ལཱིཏ་(དེ་རིང་རྫོགས་སོ། །)ཅེས་པ་ལྟ་བུའོ། །གསུམ་པ་རྫས་སྨོས་པའི་སྒོ་ནས་བྱིངས་ལ་ཡོན་ ཏན་ཐོབ་ཚུལ་རྒྱས་པར་བཤད་པ་ནི། ཤྭི་ཛཱ་གྲཱྀ་དག་གི་ཡོན་ཏན་ནོ་ཞེས་པ་ཊུ་ཨོ་ཤྭི་འགྲོ་བ་ འཕེལ་བ་དང་། ཛཱ་གྲཱྀ་སད་པའི་བྱིངས་འདི་དག་གི་དབྱངས་སི་ཙ་དང་། པ་རསྨཻ འི་ཚིག་ཕ་ རོལ་ཏུ་ཡོད་པ་ལ་ཡོན་ཏན་དུ་འགྱུར་ཏེ། དཔེར་ན། ཊུ་དང་ཨོ་རྗེས་འབྲེལ་ཕྱིས་པའི་ཤྭི་དང་། ཛཱ་གྲཱྀ་དག་ལ་སྔར་བཞིན་དི་དང་། བར་དུ་སིཙ་དང་དབྱངས་མཐར་ཨིཊ་དང་། སིཙའི་མཐར་ ཨཱིཊ་བྱིན་ནས། ཨིཊ་ལས་སིཙ་དབྱི་ཞིང་། མདོ་འདིས་བྱིངས་ཀྱི་ཨི་ཡིག་ཨེ་དང་། རཱྀ་ཡིག་ ཡོན་ཏན་དུ་བྱས་ཏེ་མཚམས་སྦྱར་ནས། སྔོན་དུ་ཨཊ་བཞག་པས། ཨ་ཤྭ་ཡཱིཏ (དེ་རིང་འགྲོ)། ཨ་ ཛཱ་ག་རཱིཏ་(དེ་རིང་གཉིད་སད། )ཅེས་པ་ལྟ་བུའོ། །ཨརྟི་སརྟི་དག་གིས་ཨཎ་ལའོ་ཞེས་པ་ནི་ཨརྟི་སྟེ་ རྀ་འགྲོ་བ་དང་ཐོབ་པ་དང་། སརྟི་སྟེ་སྲྀ་འགྲོ་བའི་བྱིངས་འདི་དག་གི་དབྱངས་རྀ་ཡིག་ཨཎའི་ རྐྱེན་ཕ་རོལ་ལ་ཡོན་ཏན་ཨར་དུ་འགྱུར་ཏེ། དཔེར་ན། རྀ་དང་སྲྀ་ལ། ཨཱ་གཉིས་པར། པུཥ་ སོགས་ཀྱི་ཞེས་པས་ཨཎ་བྱིན་པའི་ཎ་རྗེས་འབྲེལ་དབྱི་ཞིང་མདོ་འདིས་ཡོན་ཏན་བྱས་ནས། མཐར་ཨ་དྱ་ཏ་ནཱིའི་དི་བྱིན་ལ། ཨཱ་བརྒྱད་པར། ཨའི་ཡི་གེ་ཨཱ་ཡིག་གོ་ཞེས་པས་རྀ་ཡིག་ཨར་ དུ་གྱུར་པའི་ཨ་རིང་པོར་བསྒྱུར་ཏེ། སྲྀ་སར྄་དུ་གྱུར་པའི་སྔོན་དུ་ཨཊ་བཞག་པས། ཨཱ་ རཏ། (ཐོབ་བོ། །) ཨ་ས་རཏ་(འགྲོའོ། །)ཅེས་པ་ལྟ་བུའོ། །ཛཱ་གིརྟིའི་ཀཱ་རི་ཏ་ལའོ་ཞེས་པ་ནི། ཛཱ་གྲྀ་ སད་པའི་བྱིངས་འདིའི་རྀ་ཡིག་ཨིན་ཀཱ་རི་ཏའི་མིང་ཅན་ཕ་རོལ་ལ་ཡོན་ཏན་དུ་འགྱུར་ཏེ། དཔེར་ན། ཛཱ་གྲི་ལ། ཨཱ་གཉིས་པར། བྱིངས་ལས་ཀྱང་ཞེས་པས། ཨིན་བྱིན་པའི་ན་ཁྱད་དོན་ 6-1-353 དབྱི་ཞིང་། མདོ་འདིས་རྀ་ཡིག་ཨར་དུ་བསྒྱུར་ལ། མཐར་བརྟ་མཱ་ནཱའི་ཏི་དང་། ཨཱ་གཉིས་ པར། བྱེད་པ་པོ་ལ་ཞེས་པས་ཨིན་གྱི་མཐར་ཨན་བྱིན་པའི་ནའང་དབྱི་ཞིང་། ཨི་ཡོན་ཏན་ཨེ་ རུ་བསྒྱུར་ནས། མཚམས་སྦྱར་བས། ཛཱ་ག་ར་ཡ་ཏི་(སད་དུ་འཇུག་གོ)ཞེས་པ་ལྟ་བུའོ། །ཡཎ་ཨཱ་ ཤཱིཥ་དག་གི་ཡ་ལའོ་ཞེས་པ་ནི་ཛཱ་གྲྀའི་རྀ་ཡིག་ཡཎ་དང་། ཨཱ་ཤཱིཥ་དག་གི་ཡའི་རྐྱེན་ཕ་རོལ་དུ་ ཡོད་པ་ལའང་ཡོན་ཏན་དུ་འགྱུར་ཏེ། དཔེར་ན། ཛ་གྲྀལ་བརྟ་མཱ་ནཱའི་ཏེ་དང་། ཨཱ་གཉིས་པར། བྱིངས་ཐམས་ཅད་པ་ལ་ཞེས་པས་བར་དུ་ཡཎ་བྱིན་པའི་ཎ་ཁྱད་དོན་དབྱི་ཞིང་། མདོ་འདིས་ རྀ་ཡིག་ཨར་དུ་བསྒྱུར་བས། ཛཱ་གཪྻ་ཏེ་(སད་པར་བྱེད། )ཞེས་པ་དང་། ཨཱ་ཤཱིཥའི་ཡཱཏ་བྱིན་ནས་ ཡོན་ཏན་བྱས་པས། ཛཱ་གཪྻཱཏ་(སད་པར་འགྱུར། ) ཅེས་པ་ལྟ་བུའོ། །པ་རོ྅ཀྵཱ་ལ་ཡོན་ཏན་མེད་པ་ ལའོ་ཞེས་པ་ནི་ཛཱ་གྲཱྀའི་རྀ་ཡིག པ་རོ྅ཀྵཱའི་རྐྱེན་ཡོན་ཏན་མེད་པ་ཕ་རོལ་ལའང་ཡོན་ཏན་དུ་ འགྱུར་ཏེ། དཔེར་ན། ཛཱ་གྲྀ་ལ་པ་རོ྅ཀྵཱའི་ཨ་ཏུས་དང་། ཨུས་བྱིན་ནས། ཨཱ་གསུམ་པར། ཙཎ་ པ་རོ྅ཀྵཱ་ཞེས་པས་བྱིངས་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ལ། ཐུང་ངུའོ་ཞེས་པས་སྔ་མའི་དབྱངས་ཐུང་ངུ་དང་། མདོ་འདིས་རྀ་ཡིག་ཨར་དུ་བསྒྱུར་བས། ཛ་ ཛཱ་ག་རུ་ཏུཿ(སད་པར་བྱས་ཟིན། )ཛ་ཛཱ་ག་རུཿཞེས་པ་ལྟ་བུའོ། །བརྩེགས་པ་དང་པོའི་རྀཏའི་འང་ངོ་ ཞེས་པ་ནི་བརྩེགས་པའི་ཡི་གེ་དང་པོར་ཡོད་པའི་རྀའི་ཡི་གེའང་། པ་རོ྅ཀྵཱའི་རྐྱེན་ཡོན་ཏན་ མེད་པ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་ཞིང་ཏ་ཡིག་ནི་རིང་པོ་སེལ་བའི་དོན་ཏེ། དཔེར་ན། སྤྲྀར་ སྒྲ་དང་། དྷྲྭཾ་གནོད་པའི་བྱིངས་ལ་པ་རོ྅ཀྵཱའི་ཨ་ཏུས་དང་། ཨུས་བྱིན་ནས་སྔར་བཞིན་ གཉིས་སུ་བཞག་ཅིང་གསལ་བྱེད་དང་པོ་ལྷག་མར་བྱས་ལ། ཨཱ་གསུམ་པར། རྀའི་ཡི་གེ་ཨ་ ཡིག་གོ་ཞེས་པས་སྔ་མའི་རྀ་ཡིག་ཨ་དང་། མདོ་འདིས་ཕྱི་མའི་རྀ་ཡིག་ཨར་དུ་བསྒྱུར་བས། ས་སྭ་ར་ཏུཿ(སྒྲ་བྱུང་། )ས་སྭ་རུཿ ད་དྷྭ་ར་ཏུཿ(གནོད་འབྱུང་ཟིན། )ད་དྷྭ་རུཿཅེས་པ་ལྟ་བུའོ། །རཱྀཏ་མཐའ་ རྣམས་ཀྱི་འང་ངོ་ཞེས་པ་ནི་བྱིངས་རཱྀ་ཡིག་གི་མཐའ་ཅན་རྣམས་ཀྱིའང་། པ་རོ྅ཀྵཱའི་རྐྱེན་ 6-1-354 ཡོན་ཏན་མེད་པ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་ཞིང་། ཏ་ཡིག་ནི་ཐུང་ངུ་དང་མི་འཁྲུལ་བའི་ དོན་ཏེ། དཔེར་ན་ཀྲཱྀ་གཡེང་བའི་བྱིངས་ཉེར་བསྒྱུར་བི་སྔོན་མ་ཅན་དང་། གྲཱྀ་གསལ་བའི་ བྱིངས་ནི་སྔོན་མ་ཅན་དག་ལ། པ་རོ྅ཀྵཱའི་ཨ་ཏུས་དང་ཨུས་བྱིན་ནས་སྔར་བཞིན་གཉིས་སུ་ བཞག་ཅིང་། ཨཱ་གསུམ་པར། ཀ་སྡེའི་ཙ་སྡེའོ་ཞེས་པས་ཀ་སྔ་མ་ཙ་དང་། ག་སྔ་མ་ཛ་དང་། རྀ་ ཡིག་གི་ཨ་ཡིག་གོ་ཅེས་པས་དེ་དག་གིས་རྀ་ཡིག་ཨ་དང་མདོ་འདིས་ཕྱི་མའི་རཱྀ་ཡིག་ཨར་དུ་ བསྒྱུར་བས། བི་ཙ་ཀ་ར་ཏུཿ(རྣམ་པར་གཡེངས་སོ། །) བི་ཙ་ཀ་རུཿ ནི་ཛ་ག་ར་ཏུཿ(ངེས་པར་གསལ་ཟིན། ) ནི་ཛ་ག་རུཿཞེས་པ་ལྟ་བུའོ། །རྀཙྪའི་རྀཏའི་འོ་ཞེས་པ་ནི་རྀཙྪ་དབང་པོ་ཉམས་པ་དང་། རྨོངས་ པ་དག་ལའོ་ཞེས་པ་འདིའི་རྀ་ཡིག་གང་ཡིན་པ་དེ། པ་རོ྅ཀྵཱ་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ ལ་ཡོན་ཏན་དུ་འགྱུར་ཏེ། དཔེར་ན། རྀཏའི་ཏ་ཁྱད་དོན་དང་ཨ་བརྗོད་དོན་ཕྱིས་པ་ལ། པ་ རོ྅ཀྵཱའི་ཨ་ཏུས་དང་། ཨུས་བྱིན་ནས་སྔར་བཞིན་བྱིངས་གཉིས་སུ་བཞག་པའི་གསལ་བྱེད་ དང་པོ་ལྷག་མར་བྱས་ལ། ཨཱ་གསུམ་པར། རྀ་ཡིག་གི་ཨ་ཡིག་གོ་ཞེས་པས་རྀ་སྔ་མ་ཨ་དང་། དང་པོའི་ཨའི་ཞེས་པས་དེའང་རིང་པོར་བསྒྱུར་ཞིང་། རྀ་ཡིག་ལ་འང་ངོ་ཞེས་པས་ཕྱི་མའི་ སྔོན་དུ་ན་ཨཱ་ག་མ་དབྱངས་མེད་བྱིན་ཏེ། མདོ་འདིས་རྀ་ཕྱི་མའི་ཡོན་ཏན་ཨར་དུ་བྱས་པས། ཨཱ་ནརྩྪཏུཿ(ཀུན་ཏུ་རྨོངས་པར་བྱས་སོ། །) ཨཱ་ནརྩྪུཿཞེས་པ་ལྟ་བུའོ། །ཤཱིངའི་བྱིངས་ཐམས་ཅད་པ་ ལའོ་ཞེས་པ་ནི་ཤཱིང་ཉལ་བ་ལའོ། །ཞེས་པ་འདིའི་དབྱངས་བྱིངས་ཐམས་ཅད་པའི་རྐྱེན་ཕ་ རོལ་ཏུ་ཡོད་པ་ལ་ཡོན་ཏན་དུ་འགྱུར་ཏེ། དཔེར་ན་ང་ཁྱད་དོན་ཕྱིས་པའི་ཤཱི་ལ་བརྟ་མཱ་ནཱའི་ཏེ་ དང་། སཔྟ་མཱིའི་ཨཱིཏ་དང་། པཙྩ་མཱིའི་ཏཱམ་དང་། ཧྱསྟ་ནཱིའི་ཏ་བྱིན་ནས། མདོ་འདིས་བྱིངས་ཀྱི་ ཨཱིའི་ཡོན་ཏན་ཨེ་རུ་བྱ་ཞིང་། ཨཱིཏ་ལ་མཚམས་སྦྱར་ཏེ། ཧྱསྟ་ནཱི་ལ་ཨཊ་སྔོན་དུ་བཞག་པས། ཤེ་ཏེ(ཉལ་བར་བྱེད)། ཤ་ཡཱིཏ(ཉལ་ནུས)། ཤེ་ཏཱཾ(ཉལ་བར་སྨོན)། ཨ་ཤེ་ཏ་(དེ་རིང་ཉལ། )ཞེས་པ་ལྟ་ བུའོ། ། 6-1-355 བཞི་པ་བྱིངས་མཐའི་དབྱངས་རྣམས་ཨ་ཡིག་ཐུང་རིང་དུ་འགྱུར་ཚུལ་ནི། ཡ་ལ་ཨཱི་ནི་ ཨ་ཡིའོ་ཞེས་པ་ནི་ཤཱིང་གི་ཨཱི་ཡིག་ཡ་ཡིག་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ལ་ཨ་ཡི་རུ་འགྱུར་ ཞིང་ཨི་ཡིག་ནི་བརྗོད་པའི་དོན་ཏེ། དཔེར་ན། རྗེས་འབྲེལ་ཕྱིས་པའི་ཤཱི་ལ། ཨཱ་གཉིས་པར། བྱིངས་ཐམས་ཅད་པ་ལ་ཞེས་པས་ཡཎ་བྱིན་པའི་ཎ་ཁྱད་དོན་དབྱི་ཞིང་། མདོ་འདིས་བྱིངས་ ཀྱི་ཨཱི་ཡིག་ཨ་ཡི་རུ་བསྒྱུར་བའི་ཡའི་ཨི་བརྗོད་དོན་ཕྱིས་ཏེ། མཐར་བརྟ་མཱ་ནཱའི་ཏེ་བྱིན་པས། ཤ་ཡྻ་ཏེ་(ཉལ་བར་བྱེད། ) ཞེས་པ་དང་། ཤཱིང་ལ། བྱིངས་ལས་བྱ་བ་ཡང་དག་པར་ཞེས་པས། ཡ་ སྒྲའི་རྐྱེན་བྱིན་ནས་སྔར་བཞིན་ཨཱི་ཡིག་ཨ་ཡི་རུ་བསྒྱུར་པའི་ཨི་ཕྱིས་ཏེ། ཙཎ་པ་རོ྅ཀྵཱ་ཞེས་ སོགས་ཀྱིས་གཉིས་སུ་བཞག་ཅིང་། དང་པོ་ལྷག་མར་བྱས་ལ། ཨཱ་ག་མ་མེད་པའི་ཞེས་པས་ སྔ་མའི་ཨ་རིང་པོར་བསྒྱུར་ནས་མཐར་ཏེ་བྱིན་པས། ཤཱ་ཤཡྻ་ཏེ་(ཡང་ཡང་ཉལ་ལོ། །)ཞེས་པ་ལྟ་ བུའོ། །ཨཱཏ་མཐའ་རྣམས་ཀྱི་ཨི་ཙ་ལ་ཨཱ་ཡིའོ་ཞེས་པ་ནི་བྱིངས་ཨཱ་ཡིག་གི་མཐའ་ཅན་རྣམས་ ཨིཙའི་རྐྱེན་ཕ་རོལ་ལ་ཨཱ་ཡི་རུ་འགྱུར་ཞིང་ཨི་ཡིག་ནི་བརྗོད་པའི་དོན་ཏེ། དཔེར་ན། ཌུ་དཱཉ་ སྦྱིན་པའི་བྱིངས་རྗེས་འབྲེལ་ཕྱིས་པའི་དཱ་དང་། པཱ་འཐུང་བའི་བྱིངས་ལ། ཨ་དྱ་ཏ་ནཱིའི་ཏ་བྱིན་ ནས། ཨཱ་གཉིས་པར། དངོས་པོ་དང་། ལས་ལ་ཞེས་པས་བར་དུ་ཨིཙ་བྱིན་པའི་ཙ་ཁྱད་དོན་ དབྱི་ཞིང་། མདོ་འདིས་བྱིངས་ཀྱི་དབྱངས་ཨཱ་ཡི་རུ་བསྒྱུར་བའི་ཨི་བརྗོད་དོན་ཡང་ཕྱིས་ལ། ཨཱ་བརྒྱད་པར། ཧྱསྟ་ནཱི་ཨ་དྱ་ཏ་ནཱི་ཞེས་པས་ཐོག་མར་ཨཊ་བཞག་སྟེ། ཨཱ་བཞི་པར། ཨིཙ་ ལས་ཞེས་པས་རྣམ་དབྱེའི་ཏ་ཕྱིས་པས། ཨ་དཱ་ཡི། (སྦྱིན་ནོ། །) ཨ་པཱ་ཡི་(འབྱུང་ངོ་། །)ཞེས་པ་ལྟ་ བུའོ། །ཤཱ་ཙྪཱ་སཱ་ཧྭཱ་བྱཱ་བེ་པཱ་རྣམས་ཀྱི་ཨིན་ལའོ་ཞེས་པ་ནི་ཤོ་ཕྲ་མོར་བྱེད་པ་དང་། ཙྪོ་གཅོད་པ་ དང་། ཥོ་མཐའི་ལས་དང་། ཧྭེ་ཉ་འགྲན་པ་དང་། བྱེཉ་སྡོམ་པ་དང་། བེཉ་སྣལ་མའི་རྒྱུ་དང་། པཱ་འཐུང་བ་དང་། ཡང་ན་པཻ་སྐེམས་པའི་བྱིངས་འདི་རྣམས་ཀྱི་དབྱངས་ཨིན་ཕ་རོལ་ལ་ཨཱ་ཡི་ རུ་འགྱུར་ཏེ། དཔེར་ན། དེ་རྣམས་ཀྱི་ཉ་རྗེས་འབྲེལ་དབྱི་ཞིང་། ཤོ་དང་ཙྪོ་ལ། ཨཱ་གཉིས་པར། 6-1-356 རྒྱུ་ལའོ་ཞེས་པས་ཨིན་བྱིན་ནས། མདོ་འདིས་བྱིངས་ཀྱི་དབྱངས་ཨཱ་ཡི་རུ་བསྒྱུར་བའི་ཨི་སྔར་ བཞིན་ཕྱིས་ལ། མཐར་བརྟ་མཱ་ནཱའི་ཏི་དང་། ཏིའི་སྔོན་དུ་ཨན་བྱིན་པ་ན། ཨིན་ཡོན་ཏན་ཨེ་ རུ་བསྒྱུར་ཞིང་མཚམས་སྦྱར། མདོ་འོག་མས་བྱིངས་ཀྱི་དབྱངས་མཐར་བ་དབྱངས་མེད་ཨཱ་ག་ མ་སྦྱིན་ཏེ། ཨཱ་ཡིའི་ཡའང་ཕྱིས་ཏེ། ཤཱ་པ་ཡ་ཏི(ཕྲ་མོར་བྱེད་དུ་འཇུག་གོ)། ཙྪ་པ་ཡ་ཏི་(གཅོད་པར་བྱེད་ དུ་འཇུག་གོ)ཞེས་པ་དང་། ཥོའི་སྔོན་དུ་ཉེར་བསྒྱུར་ཨ་ཝ་བཞག་སྟེ། ཨཱ་བརྒྱད་པར། བྱིངས་ཀྱི་ དང་པོའི་ཥའི་སའོ་ཞེས་པས་ཥ་ཡིག་ས་རུ་བསྒྱུར་ཞིང་། གཞན་རྣམས་སྔར་དང་འདྲ་བས། ཨ་ ཝ་སཱ་པ་ཡ་ཏི་(ངེས་པར་མཐར་སྦྱོར་རོ། །)ཞེས་པ་དང་། ཧྭེ་ལའང་སྔར་བཞིན་སྦྱར་བས། ཧྭཱ་པ་ཡ་ ཏི་(འགྲན་དུ་འཇུག)ཞེས་པ་དང་། བྱཱའི་སྔོན་དུ་སཾ་བཞག་སྟེ་སྔར་བཞིན་སྦྱར་བས། སཾ་བྱཱ་པ་ཡ་ ཏི་(སྡོམ་དུ་འཇུག་གོ)ཞེས་པ་དང་། བེ་དང་པཱ་དང་པཻ་ལའང་སྔར་བཞིན་སྦྱར་བས། པཱ་པ་ཡ་ ཏི(སྡོམ་དུ་བཅུག)། པཱ་པ་ཡ་ཏི། པཱ་པ་ཡ་ཏི་(སྐེམས་སུ་བཅུག)ཞེས་པ་ལྟ་བུའོ། ། ལྔ་པ་བྱིངས་ཀྱི་དབྱངས་མཐར་པ་སོགས་ཨཱ་ག་མ་འཇུག་ཚུལ་ནི། ཨརྟི་ཧྲཱྀ་ཙླཱི་རཱིཀྣུ་ཡཱི་ཀྵྨཱ་ ཡཱི་དང་ཨཱཏ་མཐའ་རྣམས་ཀྱི་མཐར་པ་སྟེ་ཡ་དབྱི་ཞིང་ནཱ་མི་རྣམས་ཀྱི་ཡོན་ཏན་འང་ངོ་ཞེས་པ་ ནི། ཨརྟི་ཏེ། རྀ་འགྲོ་བ་དང་། ཐོབ་པ་དང་། ཧྲཱྀ་ངོ་ཚ་ཤེས་པ་དང་། ཙླཱི་ཞུ་བ་དང་། རཱི་འགྲོ་བ་ དང་འཇུག་པ་དང་ཡང་ན་ཉན་པ་དང་། ཀྣུ་ཡཱི་སྒྲ་དང་། མཐོ་བ་དང་། ཀྵྨཱ་ཡཱི་གཡོ་པ་དང་། ཨཱ་ ཡིག་མཐའ་ཅན་གྱི་བྱིངས་རྣམས་ཀྱི་དབྱངས་མཐར་ཨིན་གྱི་རྐྱེན་ཕ་རོལ་ལ་པ་ཡིག་ཨཱ་ག་མ་ སྦྱིན་པར་འགྱུར་ཞིང་། དེ་དག་གི་ཡ་ཡིག་རྣམས་དབྱི་བར་འགྱུར་ལ། བྱིངས་མཐའ་ནཱ་མི་གང་ ཡིན་པ་དེ་རྣམས་ཡོན་ཏན་དུའང་འགྱུར་ཞིང་། ཏ་ཡིག་ནི་ཐེ་ཚོམ་སེལ་བའི་དོན་ཏེ། དཔེར་ན། རྀ་དང་ཧྲཱྀ་དང་ཙྪཱི་དང་རཱི་རྣམས་ལ། ཨཱ་གཉིས་པར། བྱིངས་ལས་ཀྱང་རྒྱུ་ལའོ་ཞེས་པས་ཨིན་ དང་། མཐར་བརྟ་མཱ་ནཱའི་ཏི་དང་། བར་དུ་སྔར་བཞིན་ཨན་བྱིན་ནས། མདོ་འདིས་དབྱངས་ མཐར་པ་དབྱངས་མེད་ཨཱ་ག་མ་སྦྱིན་ཞིང་། རྀ་ཡིག་ཨར་དང་། ཨཱིའི་ཡི་གེ་རྣམས་ཨེའི་ཡོན་ 6-1-357 ཏན་དུ་བྱས་ཏེ། ཨིན་ཡང་སྔར་བཞིན་ཡོན་ཏན་དུ་བྱས་ཏེ་མཚམས་སྦྱར་བས། ཨདྤ་ཡ་ཏི(འགྲོ་ རུ་ཆུག)། ཧྲེ་པ་ཡ་ཏི(ངོ་ཚ་ཤེས་པར་འཇུག)། ཙླེཔ་ཡ་ཏི(ཞུ་བར་འཇུག)། རེ་པ་ཡ་ཏི་(འགྲོ་བར་འཇུག)ཞེས་ པ་དང་། ཀྣུ་ཡཱི་དང་ཀྵྨཱ་ཡཱི་དག་གི་ཨཱི་རྗེས་འབྲེལ་ཕྱིས་པ་ལ་གཞན་རྣམས་སྔར་བཞིན་སྦྱར་ ཏེ། མདོ་འདིས་ཡ་ཡིག་དག་ཕྱིས་ནས། ཨུ་ཡིག་གི་ཡོན་ཏན་ཨོ་རུ་བྱས་པས། ཀྣོ་པ་ཡ་ཏི། ཀྵྨཱ་པ་ཡ་ཏི་ཞེས་པ་དང་། ཨཱ་ཡིག་མཐའ་ཅན་ཌུ་དཱ་ཉ་སྦྱིན་པའི་བྱིངས་རྗེས་འབྲེལ་ཕྱིས་པའི་ དཱ་དང་། སྠཱ་གནས་པའི་བྱིངས་ལའང་སྔར་བཞིན་སྦྱར་བས། དཱ་པ་ཡ་ཏི(སྦྱིན་དུ་འཇུག་གོ)། སྠཱ་ པ་ཡ་ཏི་(གནས་སུ་འཇུག་གོ)ཞེས་པ་ལྟ་བུའོ། །པཱ་ཏིའི་ལ་མཐའ་འོ་ཞེས་པ་ནི། པཱ་ཏི་སྟེ་པཱ་བསྲུང་ བའི་བྱིངས་འདིའི་དབྱངས་མཐའ་ཨིན་གྱི་རྐྱེན་ཕ་རོལ་ལ། ལ་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་ ཏེ། དཔེར་ན། པཱ་ལ་སྐྱོང་དུ་འཇུག་གོའི་དོན་ལ་ཨིན་བྱིན་ནས། མདོ་འདིས་བྱིངས་མཐར་ལ་ དབྱངས་མེད་ཨཱ་ག་མ་སྦྱིན་ཞིང་། མཐར་བརྟ་མཱ་ནཱའི་ཏི་དང་། བར་དུ་ཨན་བྱིན་པ་ན། ཨིན་ ཡོན་ཏན་དུ་བྱས་ཏེ་མཚམས་སྦྱར་བས། པཱ་ལ་ཡ་ཏི་(སྐྱོང་དུ་འཇུག་གོ)ཞེས་པ་ལྟ་བུའོ། །དྷཱུ་ཉ་པྲཱི་ ཎཱཏི་དག་གི་ནའོ་ཞེས་པ་ནི་དྷཱུཉ་གཡོ་བ་དང་སྲཱིཉ་ཚིམ་པ་དང་མཛེས་པའི་བྱིངས་འདི་དག་ གི་དབྱངས་མཐར་ཨིན་གྱིས་རྐྱེན་ཕ་རོལ་ལ་ན་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ ན། པི་སྔོན་མ་ཅན་གྱིས་དྷཱུཉ་དང་སྲཱིཉའི་ཉ་རྗེས་འབྲེལ་ཕྱིས་པ་དག་ལ། རྒྱུ་ལའོ་ཞེས་པས་ ཨིན་བྱིན་ནས། མདོ་འདིས་བྱིངས་མཐར་ན་དབྱངས་མེད་ཨཱ་ག་མ་དང་། མཐར་བརྟ་མཱ་ནཱའི་ ཏི་དང་། བར་དུ་ཨན་སྦྱིན་ཞིང་ཨིན་ཡོན་ཏན་དུ་བྱས་ཏེ་མཚམས་སྦྱར་ནས། རཥ་རིའི་ཡི་གེ་ ཞེས་པས་པྲཱིའི་མཐའི་ན་ཡིག་ཎ་རུ་བསྒྱུར་བས། བི་དྷཱུ་ན་ཡ་ཏི (འདར་དུ་འཇུག)། པྲཱི་ཎ་ཡ་ཏི་(ཚིམ་ དུ་འཇུག)ཞེས་པ་ལྟ་བུའོ། །བྷཱིའི་ཥཱཀ྄་ཡང་ནའོ་ཞེས་པ་ནི་སློབ་ཕན་ལས་འབྱུང་བའི་མདོ་ཡིན་ ལ། ཉི་བྷཱི་འཇིགས་པའི་བྱིངས་འདིའི་མཐར་ནི་ཨིན་ཕ་རོལ་ལ་ཥུཀ་ཨཱ་ག་མ་ཡང་ན་སྦྱིན་ པར་འགྱུར་ཏེ། དཔེར་ན། མུཎྜོ་སྔོན་མ་ཅན་གྱི་ཉི་བྷཱིའི་ཉི་རྗེས་འབྲེལ་ཕྱིས་པ་ལ་ཨིན་བྱིན་ 6-1-358 ནས། མདོ་འདིས་བྱིངས་མཐར་ཥུཀ་ཨཱ་ག་མ་སྦྱིན་པའི་ཀ་ཡིག་སྔོན་གྱི་སློབ་དཔོན་རྣམས་ ཀྱིས་བྱས་པའི་ཁྱད་པར་གསལ་བར་བྱེད་པའི་དོན་དང་། ཨུ་ཡིག་བརྗོད་དོན་ཡིན་པས་དབྱི་ ཞིང་། མཐར་བརྟ་མཱ་ནཱའི་ཏེ་དང་། བར་དུ་ཨན་བྱིན་པ་ན་ཨིན་ཡོན་ཏན་དུ་བྱས་ཏེ་མཚམས་ སྦྱར་བས། མུཎྜོ་བྷཱི་ཥ་ཡ་ཏེ་ཞེས་པ་དང་། ཡང་ན་མུཎྜོ་སྔོན་མ་ཅན་གྱི་བྷཱི་ལ་ཨིན་བྱིན་ནས། རྣམ་པར་བཤད་པ་ལས་བྱིངས་ཀྱི་ཨཱི་ཡིག་ཨཱ་རུ་བསྒྱུར་ཏེ། ལེའུ་འདིར། ཨིརྟི་ཧྲཱྀ་ཙྪཱི་ཞེས་ སོགས་ཀྱིས་པ་ཡིག་ཨཱ་ག་མ་བྱིན་ནས་གཞན་རྣམས་སྔར་བཞིན་སྦྱར་བས། མུཎྜོ་བྷཱ་པ་ཡ་ཏི་ ཞེས་པ་ལྟ་བུའོ། ། དྲུག་པ་བྱིངས་ཀྱི་ཆ་ཤས་སོ་སོ་རྣམས་གཟུགས་གཞན་དུ་འགྱུར་ཚུལ་ནི། སྥཱ་ཡཱའི་རུ་ བསྒྱུར་བའོ་ཞེས་པ་ནི། སྥཱ་ཡཱིའི་འཕེལ་བའི་བྱིངས་འདིའི་ཡ་ཡིག་ཨིན་ཕ་རོལ་ལ་ཝ་ཡིག་ཏུ་ བསྒྱུར་བར་འགྱུར་ཏེ། བསྒྱུར་བ་སྨོས་པ་ནི་ཨཱ་ག་མར་དོགས་པ་ལྡོག་པའི་དོན་ཏོ། །དཔེར་ ན། སྥཱ་ཡཱིའི་ཨཱི་རྗེས་འབྲེལ་ཕྱིས་པ་ལ་ཨིན་བྱིན་ནས། མདོ་འདིས་ཡ་ཡིག་ཝ་རུ་བསྒྱུར་ཞིང་། མཐར་བརྟ་མཱ་ནཱའི་ཏི་དང་བར་དུ་ཨན་བྱིན་ལ་ཨིན་ཡོན་ཏན་དུ་བྱས་ཏེ་མཚམས་སྦྱར་བས། སྥཱ་ཝ་ཡ་ཏི་(འཕེལ་དུ་འཇུག་གོ། )ཞེས་པ་ལྟ་བུའོ། །ཤ་དིའི་འགྲོ་བ་མིན་པ་ལ་ཏའོ་ཞེས་པ་ནི། ཤངླྀ་ ཞི་བའམ། ཡང་ན་འཇིགས་པའི་བྱིངས་འདིའི་ད་ཡིག་འགྲོ་བ་མ་ཡིན་པའི་དོན་ལ་ཏ་ཡིག་ཏུ་ འགྱུར་ཏེ། དཔེར་ན། ཕ་ལཱ་ནི་སྔོན་མ་ཅན་ཤངླྀའི་ལྀ་རྗེས་འབྲེལ་ཕྱིས་པ་ལ་ཨིན་བྱིན་ནས། མདོ་འདིས་ད་ཡིག་ཏ་དང་། ཨཱ་དྲུག་པར། ཨིན་ཨིཙ་ཞེས་པས་ཤ་རིང་པོར་བསྒྱུར་ཞིང་། མཐར་བརྟ་མཱ་ནཱའི་ཏི་དང་བར་དུ་ཨན་བྱིན་ཏེ་ཨིན་ཡོན་ཏན་བྱས་པ་མཚམས་སྦྱར་བས། ཕ་ ལཱ་ནི་ཤཱ་ཏ་ཡ་ནི་(རྫོགས་པ་རྣམས་ཞི་བ་ལ་སྦྱོར་རོ། །) ཞེས་པ་ལྟ་བུའོ། །འགྲོ་བ་ཡིན་ན་ད་ཡིག་ཏུ་རུ་མི་ འགྱུར་ཏེ། དཔེར་ན། གཱཿསྔོན་མ་ཅན་གྱི་ཤངླྀའི་ལྀ་རྗེས་འབྲེལ་ཕྱིས་པ་ལ། ཨིན་དང་ཏི་དང་ ཨན་རྣམས་སྔར་བཞིན་སྦྱར་ཏེ། ད་ཡིག་ཏ་རུ་མ་བསྒྱུར་བས། གཱཿཤཱ་ད་ཡ་ཏི་(བ་ལང་འགྲོ་བར་བྱེད་ 6-1-359 དོ། །)ཞེས་པ་ནི་ཧ་ན་འཚེ་བ་དང་། འགྲོ་བའི་བྱིངས་འདིའི་ན་ཡིག་ཨིན་ཕ་རོལ་ལ་ཏ་ཉིད་དུ་ འགྱུར་ཏེ། དཔེར་ན། ཧ་ནའི་མཐའི་ཨ་ཡིག་བརྗོད་དོན་ཕྱིས་པ་ལ་ཨིན་བྱིན་ནས། མདོ་འོག་ མས་ཧ་ཡིག་གྷི་རུ་བསྒྱུར་བའི་ཨི་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ན་ཡིག་ཏ་དང་། ཨིན་ ཨིཙ་ཞེས་པས་གྷ་རིང་པོར་བསྒྱུར་ཞིང་མཐར་ཏི་དང་། བར་དུ་ཨན་བྱིན་ནས་སྔར་བཞིན་ བསྒྲུབས་པས། གྷཱ་ཏ་ཡ་ཏི་(བསྙུན་དུ་འཇུག) ཞེས་པ་ལྟ་བུའོ། །ཧནྟིའི་ཧའི་ཨིན་ཨིཙ་དག་ལ་གྷིའོ་ ཞེས་པ་ནི་ཧ་ནའི་ཧ་ཡིག་ཨིན་དང་ཨིཙ་དག་ཕ་རོལ་ལ་གྷི་རུ་འགྱུར་ཞིང་། ཨི་ཡིག་ནི་བརྗོད་ པའི་དོན་ཏེ། དཔེར་ན། ཧ་ན་ལ་ཨིན་དང་ཏི་དང་ཨན་རྣམས་བྱིན་ནས་སྔར་བཞིན་བསྒྲུབས་ པས། གྷཱ་ཏ་ཡ་ཏི་ཞེས་པ་དང་། ཧ་ན་ལ། ཨཱ་གཉིས་པར། དངོས་པོ་དང་ལས་དག་ལ་ཞེས་ པས་ཨིཙ་བྱིན་ནས། ཙ་ཁྱད་དོན་དང་། མདོ་འདིས་ཧ་ཡིག་གྷི་རུ་བསྒྱུར་བའི་ཨི་བརྗོད་དོན་ དབྱི་ཞིང་། མཐར་ཨ་དྱ་ཏ་ནཱིའི་ཏ་བྱིན་པ། ཨཱ་བཞི་པར། ཨིཙ་ལས་ཞེས་པས་ཕྱིས་ལ། ཨཱ་ བརྒྱད་པར། ཧྱསྟ་ནཱི་ཨ་དྱ་ཏ་ནཱི་ཞེས་པས་སྔོན་དུ་ཨཊ་བཞག་སྟེ། ཨིན་ཨིཙ་ཞེས་པས་གྷ་རིང་ པོར་བསྒྱུར་བས། ཨ་གྷཱ་ནི་(དི་རིང་འཛོམས། )ཞེས་པ་ལྟ་བུའོ། །ཨུ་པ་དྷཱ་ཕྱིས་པའི་ཡང་ངོ་ཞེས་པ་ ནི་ཨུ་པ་དྷཱ་དབྱངས་ཡིག་ཕྱིས་པའི་ཧན་གྱི་ཧའི་ཡི་གེའང་གྷ་ཉིད་དུ་འགྱུར་ཏེ། དཔེར་ན། ཧན་ ལ་བརྟ་མཱ་ནཱའི་ཨན྄་ཏི་དང་། པཉྩ་མཱིའི་ཨན྄་ཏུ་བྱིན་ནས། ལེའུ་འདིར། གམ་ཧན་ཛན་ཞེས་ པས་ཧའི་དབྱངས་ཨུ་པ་དྷཱ་དབྱི་ཞིང་། མདོ་འདིས་ཧ་ཡིག་གྷ་རུ་བསྒྱུར་བས། གྷྣནྟི(བསྣུན་ཅིག)། གྷྣནྟུ་ཞེས་པ་ལྟ་བུའོ། །ཨ་བྷྱཱ་ས་ལས་ཀྱང་ངོ་ཞེས་པ་ནི་ཨ་བྷྱཱ་ས་སྟེ། བྱིངས་གཉིས་སུ་བརྗོད་ པ་ལས་ཀྱང་ཕྱི་མའི་ཧན་གྱི་ཧ་ཡིག་གྷ་ཉིད་དུ་འགྱུར་ཏེ། དཔེར་ན། ཧན་ལ་འཚེ་བར་འདོད་ དོའི་དོན་ལ་སན་བྱིན་ནས། ཙཎ་པ་རོ྅ཀྵཱ་ཞེས་པས་གཉིས་སུ་བཞག་ཅིང་གསལ་བྱེད་དང་ པོ་ལྷག་མར་བྱས་ལ། ཨཱ་གསུམ་པར། ཧའི་ཛའོ་ཞེས་པས་ཧ་སྔ་མ་ཛ་དང་། སན་ལ་ཨའི་ཡི་ གེའོ་ཞེས་པས་ཛའི་དབྱངས་ཨི་དང་། ཨཱ་བརྒྱད་པར། ཧན་དང་ཨིངའི་གམ་རྣམས་ཀྱི་ཞེས་ 6-1-360 པས་ཕྱི་མའི་ཨུ་པ་དྷཱ་རིང་པོ་དང་། མདོ་འདིས་ཧ་ཕྱི་མ་གྷ་དང་། མ་ན་དག་གི་དྷུཊ་ལ་རྗེས་སུ་ ང་རོར་བསྒྱུར་ཏེ། མཐར་བརྟ་མཱ་ནཱའི་ཏི་བྱིན་པས། ཛི་གྷཱཾ་ས་ཏི་ཞེས་པ་ལྟ་བུའོ། །ཛིའི་སན་ལ་ པ་རོ྅ཀྵཱ་དག་ལ་གིའོ་ཞེས་པ་ནི་ཛི་རྒྱལ་བ་དང་། ཛི་ཛྼམ་མངོན་པར་བརྗོད་པ་ལ་འཇུག་པའི་ བྱིངས་འདི་དག སན་དང་པ་རོ྅ཀྵཱའི་རྐྱེན་ཕ་རོལ་ལ་ཛིའི་ཡི་གེ་ནི་གི་རུ་བསྒྱུར་ཏེ། དཔེར་ ན། ཛི་ལ་རྒྱལ་བར་འདོད་དོའི་དོན་ལ། སན་བྱིན་པ་སྔར་བཞིན་བྱིངས་གཉིས་སུ་བཞག་ཅིང་། མདོ་འདིས་ཛི་ཕྱི་མ་གི་དང་། ཨཱ་བརྒྱད་པར། དབྱངས་མཐའ་རྣམས་ཀྱི་སན་ལ་ཞེས་པས་ གིའང་རིང་པོ་དང་། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་ཏེ། མཐར་བརྟ་མཱ་ནཱའི་ཏེ་བྱིན་པས། ཛི་གཱི་ཥ་ཏི་(རྒྱལ་བར་འདོད་དོ། །)ཞེས་པ་དང་། གཞན་སྔར་དང་འདྲ་བ་ལ་སྔོན་དུ་ཉེར་བསྒྱུར་བི་ བཞག་སྟེ། མཐར་ཨཱཏྨ་ནེའི་ཏི་བྱིན་པས། བི་ཛི་གཱི་ཥ་ཏེ་(མངོན་པར་འཇུག་འདོད་དོ། །)ཞེས་པ་དང་། ཛི་ལ་པ་རོ྅ཀྵཱའི་ཨཊ་བྱིན་ནས་གཉིས་སུ་བཞག་པའི་ཕྱི་མ་གི་རུ་བསྒྱུར་བའི་དབྱངས་ཨིན་ ཨིཙ་ཞེས་པས་འཕེལ་བ་ཨཻ་རུ་བསྒྱུར་ཏེ་མཚམས་སྦྱར་བས། ཛི་གཱ་ཡ་(རྒྱལ་བར་བྱས་སོ། །)ཞེས་པ་ ལྟ་བུའོ། །ཙིའི་ཀི་ཡང་ནའོ་ཞེས་པ་ནི་ཙིཉ་སོག་པའི་བྱིངས་འདི། སན་དང་པ་རོ྅ཀྵཱའི་རྐྱེན་ ཕ་རོལ་ལ་ཀི་རུ་ཡང་ན་འགྱུར་ཏེ། དཔེར་ན། ཉ་རྗེས་འབྲེལ་ཕྱིས་པའི་ཙི་ལ། སན་བྱིན་ནས་ བྱིངས་གཉིས་སུ་བཞག་པའི་ཙི་ཕྱི་མ། མདོ་འདིས་ཀ་དང་། དབྱངས་མཐའ་རྣམས་ཀྱི་སན་ ལའོ་ཞེས་པས་ཀའི་དབྱངས་རིང་པོ་དང་། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་ཞིང་། མཐར་ བརྟ་མཱ་ནཱའི་ཏི་བྱིན་ནས། ཙི་ཀཱི་ཥ་ཏི་(སོག་པར་བྱེད་འདོད། )ཞེས་པ་དང་། ཡང་ན་ཙ་ཡིག་ཀ་རུ་མ་ བསྒྱུར་བར་གཞན་སྔར་བཞིན་སྦྱར་བས། ཙི་ཙཱི་ཥ་ཏི་ཞེས་པ་དང་། ཙི་ལ་པ་རོ྅ཀྵཱའི་ཨཊ་ བྱིན་ནས་གཉིས་སུ་བཞག་པའི་ཙ་ཕྱི་མ་ཀ་ཡིག་ཏུ་བསྒྱུར་བའི་དབྱངས། ཨཱ་དྲུག་པར། ཨིན་ ཨིཙ་ཞེས་པས་འཕེལ་བ་ཨཻ་དང་། དེའང་སྔར་བཞིན་ཨཱ་ཡ་རུ་བསྒྱུར་བས། ཙི་ཀཱ་ཡ་(བསགས་ ལོ། །)ཞེས་པ་དང་། ཡང་ན་ཀ་རུ་མ་བསྒྱུར་བས། ཙི་ཙཱ་ཡ་(བསགས་ལོ། །)ཞེས་པ་ལྟ་བུའོ། ། 6-1-361 བདུན་པ་རྐྱེན་དང་བྱིངས་ཀྱི་དབྱངས་སོགས་འཕྱིད་ཚུལ་ལ་དྲུག་གིས་དང་པོ་རྐྱེན་གྱི་ ཨ་ཡིག་འཕྱིད་ཚུལ་ཐུན་མོང་དུ་བསྟན་པ་ནི། སནའི་དབྱངས་ལ་མང་པོ་ཉིད་མིན་པ་ལ་ཨ་ དབྱིའོ་ཞེས་པ་ནི། དབྱངས་ཡིག་དང་པོ་ཅན་གྱི་རྐྱེན་མང་པོའི་ཚིག་ཉིད་མ་ཡིན་པ་ཕ་རོལ་དུ་ ཡོད་པ་ལ། སཎ་གྱི་ཨ་ཡིག་དབྱི་བར་འགྱུར་ཏེ། དཔེར་ན། དུ་ཧ་འཇོ་བའི་བྱིངས་ལ་ཨ་དྱ་ཏ་ ནཱིའི་ཨཱ་ཏཱཾ་དང་། ཨཱ་ཐཱཾ་བྱིན་པ་ན། ཨཱ་གཉིས་པར། ཨིཊ་མེད་པའི་ནཱ་མི་མཐའ་ཞེས་པས་བར་ དུ་སཎ་བྱིན་ནས། ཨཱ་དྲུག་པར། ད་དང་པོའི་ཞེས་པས་ཧ་ཡིག་གྷ་དང་། བྱིངས་ཀྱི་གསུམ་པ་ དང་པོའི་ཞེས་པས་ད་ཡིག་དྷ་དང་། ཨཱ་བརྒྱད་པར། ཤིཊ་མེད་པ་ལ་སྒྲ་མེད་པ་རྣམས་ཀྱི་ཞེས་ པས་གྷ་ཡིག་ཀ་རུ་བསྒྱུར་ཞིང་། མདོ་འདིས་སཎ་གྱི་ཨ་ཕྱིས་ནས། རྒྱུ་མཚན་ལས་ས་ཡིག་ཥ་ རུ་བསྒྱུར་ཏེ། སྔར་བཞིན་བྱིངས་ཀྱི་སྔོན་དུ་ཨཊ་བཞག་པས། ཨ་དྷུཀྵཱ་ཏཱཾ(དེ་རིང་འཇོ)། ཨ་དྷུཀྵཱ་ ཐཱཾ་(དེ་རིང་འཇོ་བ་དག)ཞེས་པ་ལྟ་བུའོ། །བྱིངས་གཉིས་སུ་མི་འཇོག་པ་ནི་གུཔ྄་ཏིཛ྄་སོགས་ཀྱིས་ འདོད་པ་དང་བྱེད་པ་པོ་གཅིག་ཅན་གྱི་དོན་གྱི་སན་མ་ཡིན་པའི་ཁྱད་པར་ཡོད་པའི་ཕྱིར་རོ། ། གཉིས་པ་བྱིངས་ཀྱི་དབྱངས་སོགས་འཕྱིད་ཚུལ་ཁྱད་པར་དུ་བཤད་པ་ནི། ད་རི་དྲཱ་ཏིའི་ བྱིངས་ཐམས་ཅད་པ་མ་ཡིན་པ་ལའོ་ཞེས་པ་ནི། ད་རི་དྲཱ་འགྲོ་བ་ངན་པའི་བྱིངས་འདིའི་ མཐའི་དབྱངས་ཡིག་བྱིངས་ཐམས་ཅད་པ་མ་ཡིན་པ་ཙམ་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་དབྱི་ བར་འགྱུར་ཏེ། དཔེར་ན། ད་རི་དྲཱ་ལ་བརྟ་མཱ་ནཱའི་ཏེ་དང་། ཨཱ་གཉིས་པར། བྱིངས་ཐམས་ ཅད་པ་ལ་ཞེས་པས་བར་དུ་ཡཎ་བྱིན་ནས། ཎ་ཁྱད་དོན་དབྱི་ཞིང་། མདོ་འདིས་དྲཱའི་དབྱངས་ ཕྱིས་ཏེ་སྦྱར་བས། ད་རི་དྲྱཏེ་(དབུལ་པོར་བྱེད། ) ཞེས་པ་དང་། ཨཱ་ཤཱིཥའི་ཡཱཏ་བྱིན་ནས་མཐའི་ དབྱངས་ཕྱིས་པས། ད་རི་དྲྱཏ་ཅེས་པ་ལྟ་བུའོ། །མཐའི་ཏེ་བྱིངས་ཐམས་ཅད་པ་ཡིན་ཡང་། བར་གྱི་ཡཎ་བྱིངས་ཐམས་ཅད་པ་མ་ཡིན་པས་མི་འགལ་བར་ཤེས་པར་བྱའོ། །བྲཤྩི་མསྫ་ དག་གི་དྷུཊ་ལའོ་ཞེས་པ་ནི། ཨོ་བྲཤྩུ་གཅོད་པ་དང་། ཊུམསྫོ་དག་པའི་བྱིངས་འདི་དག་གི་ཙ་ 6-1-362 དང་ཛ་ཡིག་དྷཱུཊའི་རྐྱེན་ཕ་རོལ་ལ་དབྱི་བར་འགྱུར་ཏེ། དཔེར་ན། བྱིངས་དེ་དག་གི་ཨོ་དང་ ཨུ་དང་ཊུ་རྗེས་འབྲེལ་རྣམས་དབྱི་ཞིང་བྲཤྩ་ལ་ཤྭསྟ་ནཱིའི་ཏཱ་དང་། བྷ་ཝི་ཥྱནྟཱི་སྱ་ཏ་དང་། ཀྲྀ་ ཡཱ་ཏི་པཏྟིའི་སྱཏ་བྱིན་ནས། ལེའུ་འདིར། ཚ་ཤ་དག་གི་འང་ངོ་ཞེས་པས་ཤ་ཡིག་རྣམས་ཥ་ དང་། ཨཱ་བརྒྱད་པར། ཥ་དང་ཊ་སྡེ་ལས་ཞེས་པས་རྐྱེན་གྱི་ཏཱའང་ཊཱ་དང་། ཥ་ཌྷ་དག་གི་ས་ལ་ ཞེས་པས་ཥ་ཡིག་ཕྱི་མ་གཉིས་ཀ་རུ་བསྒྱུར་ལ། མདོ་འདིས་ཙ་རྣམས་ཕྱིས་ཏེ། རྒྱུ་མཚན་ལས་ རྐྱེན་གྱི་ས་དག་ཀྱང་ཥ་རུ་བསྒྱུར་ནས། སྱཏ་ལ་བྱིངས་ཀྱི་དང་པོར་ཨཊ་བཞག་པས། བྲཥྚཱ(སང་ གཅོད)། བྲཀྵྱ་ཏི། (གཅོད་པར་འགྱུར་རོ། །)ཨ་བྲཀྵྱཏ་ཅེས་པ་དང་། མསྫ་ལའང་རྐྱེན་གསུམ་པོ་བྱིན་ ནས། ནཱ་གསུམ་པར། དྷུཊ་རྣམས་ཀྱི་གསུམ་པ་ཞེས་པས་ས་ཡིག་གནས་མཚུངས་པའི་དབང་ གིས་ད་དང་། ནཱ་བཞི་པར། ཏ་སྡེའི་ཙ་ཊའི་སྡེ་པ་ཞེས་པས་དའང་ཛ་རུ་བསྒྱུར་ཞིང་། མདོ་ འདིས་ཛ་འོག་མ་ཕྱིས་ལ། ལེའུ་འདིར། ཙ་སྡེའི་ཀིའོ་ཞེས་པས་ཛ་གོང་མ་ཀ་རུ་བསྒྱུར་ཏེ། ཨཱ་ ལྔ་པར། མསྫི་ན་ཤ་དག་གི་ཞེས་པས་དབྱངས་མཐར་ན་ཨཱ་ག་མ་བྱིན་པ་དྷུཊ་ལ་རྗེས་སུ་ང་ རོ་དང་། རྐྱེན་གྱི་སའང་ཥ་ཡིག་ཏུ་བསྒྱུར་ཏེ། བྱིངས་ཕྱི་མའི་དང་པོར་ཨཊ་སྔ་མ་ལྟར་བཞག་ པས། མཾཀྟཱ(སང་དག་པར་བྱེད)། མཾཀྵྱ་ཏི། (དག་པར་འགྱུར་རོ། །) ཨ་མཾ་ཀྵྱཏ་ཅེས་པ་ལྟ་བུའོ། །དྷུཊ་མ་ ཡིན་པའི་རྐྱེན་ཕ་རོལ་ལ་མཐའི་ཙ་ཛ་དག་དབྱི་བར་མི་འགྱུར་ཏེ། དཔེར་ན། བྲཤྩ་དང་མསྫ་ དག་ལ། བརྟ་མཱ་ནཱའི་ཏེ་དང་། བྱིངས་ཐམས་ཅད་པ་ཞེས་པས་བར་དུ་ཡཎ་བྱིན་པའི་ཎ་དབྱི་ ཞིང་། ཨཱ་བཞི་པར། གྲ་ཧི་ཛྱཱ་ཝ་ཡི་ཞེས་པས་བྲའི་ར་ཡིག་རྀ་རུ་སླར་བསྒྱུར་བས། བྲྀཤྩྱ་ ཏེ(གཅོད་པར་བྱེད)། མསྫྱ་ཏེ་(དག་པར་བྱེད། )ཞེས་པ་ལྟ་བུའོ། །ཡན་ལ་ཨོ་ཡིག་གོ་ཞེས་པ་ནི་ཡན་གྱི་ རྐྱེན་ཕ་རོལ་ལ་བྱིངས་མཐའི་ཨོ་ཡིག་དབྱི་བར་འགྱུར་ཏེ། དཔེར་ན། དོ་དུམ་བུར་བྱེད་པ་དང་། ཥོ་མཐའི་ལས་ཀྱི་བྱིངས་ལ་བརྟ་མཱ་ནཱའི་ཏི་དང་། ཨཱ་གཉིས་པར། དིབ་སོགས་ལས་ཞེས་ པས་བར་དུ་ཡན་བྱིན་པའི་ན་ཡིག་མདོ་འདིའི་དོན་ལ་འོངས་པས་དབྱི་ཞིང་། མདོ་འདིས་ 6-1-363 ཨོ་ཡིག་ཕྱིས་ཏེ། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོའི་ཥའི་ཞེས་པས་ཥ་ཡིག་ས་རུ་བསྒྱུར་ བས། དྱ་ཏི(དུམ་བུར་བྱེད)། སྱ་ཏི་(མཐར་བྱེད། )ཞེས་པ་ལྟ་བུའོ། །ཨཱ་ཡིག་གིས་ཨུས་ལའོ་ཞེས་པ་ ནི་བྱིངས་མཐའི་ཨཱ་ཡིག་ཨན་ཨུས་སུ་བསྒྱུར་བའི་རྣམ་དབྱེ་ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་ འགྱུར་ཏེ། མ་བསྒྱུར་བའི་པ་རོ྅ཀྵཱའི་མང་ཚིག་ཨུས་ལ་ནི་མ་ཡིན་ནོ། །དཔེར་ན། ཡཱ་ཐོབ་ པ་དང་། རཱ་སྦྱིན་པ་དང་། ལཱ་ལེན་པའི་བྱིངས་རྣམས་ལ་ཧྱསྟ་ནཱིའི་ཨན་བྱིན་པ་ན། ཨཱ་བཞི་ པར། ཨན་ནི་ཨུས་སོ་ཞེས་པས་ཨན་ཡིག་ཨུས་སུ་བསྒྱུར་བ་དང་། མདོ་འདིས་བྱིངས་མཐའི་ ཨཱ་ཡིག་རྣམས་དབྱི་ཞིང་། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོར་ཞེས་པས་སྔོན་དུ་ཨཊ་བཞག་ པས། ཨ་ཡུཿ(ཁར་སང་ཐོབ་བོ། །) ཨ་རུཿ(ཁར་སང་སྦྱིན་ནོ། །) ཨ་ལུཿ(ཁར་སང་ལེན་ནོ། །) ཞེས་པ་ལྟ་བུའོ། ། མཚམས་སྦྱོར་གྱི་ཡི་གེ་ལའང་ངོ་ཞེས་པ་ནི་བྱིངས་མཐའི་ཨཱ་ཡིག་རྣམས། མཚམས་སྦྱོར་གྱི་ ཡི་གེ་ཅན་གྱི་རྣམ་དབྱེ་ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་འགྱུར་ཏེ། དཔེར་ན། པཱ་འཐུང་བ་དང་། ཌུདཱཉ་རྗེས་འབྲེལ་ཕྱིས་པའི་དཱ་ལ་པ་རོ྅ཀྵཱའི་ཨཊ་བྱིན་ནས། བྱིངས་གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། ཐུང་ངུའོ་ཞེས་པས་སྔ་མ་ཐུང་ངུ་དང་ཨཱ་ཡིག་ལས་ཞེས་པས་ཨཊ་ནི་ཨཽ་རུ་ བསྒྱུར་བ་ན། མདོ་འདིས་མཐའི་ཨཱ་ཡིག་ཕྱིས་པས། པ་པཽ། (འཐུངས་སོ། །) ད་དཽ་(སྦྱིན་ནོ། །)ཞེས་པ་ ལྟ་བུའོ། །ཨསྟིའི་སི་ལའོ་ཞེས་པ་ནི་ཨས་ཡོད་པ་ལ་འཇུག་པའི་བྱིངས་ཀྱིས་ས་ཡིག་སི་ལ་སྟེ་ ཨི་ཡིག་བརྗོད་པའི་དོན་ཡིན་ཞིང་ས་ཡིག་དང་པོར་ཡོད་པའི་རྐྱེན་ཕ་རོལ་ལ་དབྱི་བར་འགྱུར་ ཏེ། དཔེར་ན། ཨས་ལ་བརྟ་མཱ་ནཱའི་སི་བྱིན་ནས། མདོ་འདིས་མཐའི་ས་ཕྱིས་པས། ཨ་སི་ (ཡོད། ) ཞེས་པ་དང་། ཉེར་སྒྱུར་བི་དང་། ཨ་ཏི་སྔོན་མ་ཅན་གྱི་ཨས྄་ལ། བརྟ་མཱ་ནཱའི་སེ་བྱིན་ ནས། ཨཱ་བཞི་པར། ཨསྟིའི་དང་པོའོ་ཞེས་པས་ཡོན་ཏན་མེད་པའི་སེ་ཕ་རོལ་ལ་ཨ་ཡིག་ཀྱང་ ཕྱིས་པས། བྱ་ཏི་སེ་(ལྷག་པར་ཡོད། )ཞེས་པ་ལྟ་བུའོ། །ཨ་དང་མཚམས་སྦྱོར་གྱིས་ཡི་གེ་དག་ལ་ ཨའི་དེ་དག་སྟེ་དེ་དབྱི་བའང་ངོ་ཞེས་པ་ནི་ཨ་ཡིག་དང་མཚམས་སྦྱོར་གྱི་ཡི་གེ་ཐོག་མ་ཅན་གྱི་ 6-1-364 རྐྱེན་དག་ཕ་རོལ་ལ་བྱིངས་དང་། དེ་དང་འབྲེལ་བའི་མཐའི་ཨ་ཡིག་ཕ་རོལ་ན་གང་ཡོད་པ་ དེ་དག་གིས་གཟུགས་སུ་འགྱུར་ཞིང་། ཕ་རོལ་གྱི་ཨ་དང་མཚམས་སྦྱོར་གྱི་ཡི་གེ་དེ་དག་དབྱི་ བར་ཡང་འགྱུར་ཏེ། དཔེར་ན། པ་ཙ་འཚེད་པའི་བྱིངས་ཨ་བརྗོད་དོན་ཕྱིས་པ་ལ། བརྟ་མཱ་ ནཱའི་ཨནྟི་དང་ཨེ་བྱིན་ནས། བར་དུ་བྱེད་པ་པོ་ལ་ཨན་བྱིན་པའི་ན་དབྱི་ཞིང་། མདོ་འདིས་ཨ་ ཡིག་ཕ་རོལ་གྱི་ཨ་དང་ཨེའི་གཟུགས་སུ་བསྒྱུར་ཏེ་རྐྱེན་གྱི་ཨ་དང་ཨེ་དག་ཀྱང་ཕྱིས་པས། པ་ ཙནྟེ(དག་འཚེད་བར་བྱེད)། པཙེ་(འཆོད། )ཞེས་པ་དང་། ཛ་ཡ་ལྷ་མཆོད་པའི་བྱིངས་ལའང་དེ་བཞིན་ དུ་སྦྱར་བས། ཡ་ཛནྟི(མཆོད་པ་དག)། ཡ་ཛེ་(མཆོད། )ཞེས་པ་ལྟ་བུའོ། །དཱི་དྷཱི་བེ་བཱི་དག་གི་ཨིའི་ཡི་ གེ་ཡ་ཡིག་(གཞུང་འདི་སློབ་ཕན་དུ་གོང་ན་ཡོད། )དག་པའོ་ཞེས་པ་ནི། དཱི་དྷཱིང་གསལ་བ་དང་། བེ་བཱིང་ (བེ་བཱིང་དྲན་པ་མཚུངས་ཟེར། )འགྲོ་བའི་བྱིངས་འདི་དག་གི་མཐའི་དབྱངས། ཨིའི་ཡི་གེ་ཐུང་ངུ་དང་ རིང་པོ་དག་དང་། ཡ་ཡིག་གི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་འགྱུར་ཏེ། དཔེར་ན། ཨི་ ལ་ནི་ཉེར་བསྒྱུར་ཨཱང་སྔོན་མ་ཅན་གྱི་དཱི་དྷཱིང་དང་། བེ་བཱིང་གི་ང་རྗེས་འབྲེལ་ཕྱིས་པ་ལ། ཤྭསྟ་ ནཱིའི་ཏཱ་དང་། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པ་ཞེས་པས་བར་དུ་ཨིཊ་བྱིན་ནས། ཊ་ཁྱད་དོན་དང་། མདོ་འདིས་མཐའི་དབྱངས་ཕྱིས་པས། ཨཱ་དཱི་དྷི་ཏཱ(སང་ཀུན་ཏུ་གསལ་བར་བྱེད)། ཨཱ་བེ་བི་ཏཱ་(སང་ཀུན་ཏུ་འགྲོ། ) ཞེས་པ་དང་། ཨཱི་ལ་ནི། ཨཱ་དཱི་དྷཱི་དང་། ཨཱ་བེ་བཱི་ལ། སཔྟ་མཱིའི་ ཨཱིཏ་བྱིན་ནས་མཐའི་དབྱངས་ཕྱིས་པས། ཨཱ་དཱི་དྷཱིཏ(གསལ་ནུས)། ཨཱ་བེ་བཱིཏ་(འགྲོ་ནུས། )ཅེས་པ་ དང་། ཡ་ལ་ནི་བྱིངས་དེ་དག་ལ་བརྟ་མཱ་ནཱའི་ཏེ་དང་། ཨཱ་གཉིས་པར། བྱིངས་ཐམས་ཅད་པ་ ལ་ཞེས་པས་བར་དུ་ཡཎ་བྱིན་ནས། ཎ་ཁྱད་དོན་དང་། མདོ་འདིས་མཐའི་དབྱངས་ཕྱིས་པས། ཨཱ་དཱི་དྷྱ་ཏེ(གསལ་བར་བྱེད)། ཨཱ་པེ་བྱ་སྟེ་(འགྲོ་བར་བྱེད། )ཞེས་པ་ལྟ་བུའོ། །ཨིའི་ཡི་གེ་དང་ཡའི་རྐྱེན་ མ་ཡིན་པ་ལ་ནི་བྱིངས་མཐའི་དབྱངས་མི་འཕྱིད་དེ། དཔེར་ན། བྱིངས་དེ་དག་ལ་བརྟ་མཱ་ནཱའི་ ཨེ་བྱིན་ནས། ཨཱ་བཞི་པར། སྔ་མ་བརྩེགས་པ་མ་ཡིན་པའི་ཞེས་པས་བྱིངས་མཐའི་དབྱངས་ 6-1-365 ཨ་ཡིག་ཏུ་བསྒྱུར་བས། ཨཱ་དཱི་དྷྱེ། ཨཱ་བེ་བྱེ་ཞེས་པ་ལྟ་བུའོ། ། གསུམ་པ་ཨཱ་ཡི་དང་གཾ་སོགས་ཀྱི་ཨུ་པ་དྷཱ་འཕྱིད་ཚུལ་ནི། ནཱ་མི་དང་གསལ་བྱེད་མཐའ་ ལས་ཨཱ་ཡིའི་དང་པོའོ་ཞེས་པ་ནི། ནཱ་མིའི་མཐའ་ཅན་གྱི་རྟགས་དང་གསལ་བྱེད་མཐའ་ཅན་ ལས་ཀྱང་ཕ་རོལ་གྱི་ཨཱ་ཡིའི་དང་པོ་དབྱི་བར་འགྱུར་ཏེ། དཔེར་ན། ནཱ་མིའི་མཐའ་ཅན་ཨགྣི་ དང་། པ་ཊུ་ལ། ཨཱ་གཉིས་པར། བྱེད་པ་པོ་ལ་ཞེས་པས་ཨཱ་ཡིའི་རྐྱེན་བྱིན་ནས། ཡིའི་ཨི་ ཁྱད་དོན་དང་། མདོ་འདིས་ཨཱ་དབྱི་ཞིང་། ཨཱ་བཞི་པར། ནཱ་མིའི་མཐའ་རྣམས་ཀྱི་ཞེས་པས། རྟགས་མཐའ་རིང་པོར་བསྒྱུར་ལ། མཐར་བརྟ་མཱ་ནཱའི་ཏེ་དང་། བར་དུ་ཨན་བྱིན་པས། ཨགྣི་ ཡ་ཏེ(མེ་འདོད་པར་བྱེད)། བ་ཊཱུ་ཡ་ཏེ་(སྒྲིན་པར་བྱེད། ) ཞེས་པ་དང་། གསལ་བྱེད་མཐའ་ཅན་བི་དྭས྄་ ལའང་ཨཱ་ཡི་དང་། ཏེ་དང་ཨན་བྱིན་ནས་སྔར་བཞིན་བསྒྲུབས་པས། བི་དྭ་སྱ་ཏེ་(མཁས་པ་འདོད་ པར་བྱེད། )ཞེས་པ་ལྟ་བུའོ། །གཾ་ཧན་ཛན་ཁན་གྷས་རྣམས་ཀྱི་ཨུ་པ་དྷཱའི་དབྱངས་དང་པོ་ཨཎ་ མིན་པ་ལ་ཡོན་ཏན་མེད་པ་ལའོ་ཞེས་པ་ནི། གམླྀ་འགྲོ་བ་དང་། ཧ་ན་འཚེ་བ་དང་། ཛ་ན་སྐྱེ་ བ་དང་། ཡང་ན་ཛ་ནི་རབ་ཏུ་སྐྱེ་བ་དང་། ཁ་ནུ་ངེས་པར་འཇོམས་པ་དང་། ཨཱ་བཞི་པར། པ་ རོ྅ཀྵཱ་ལ་ཡང་ནའོ་ཞེས་པས་ཟ་བའི་བྱིངས་གྷ་སླ་རུ་བསྒྱུར་བ་རྣམས་ཀྱི་ཨུ་པ་དྷཱའི་དབྱངས་ ཡིག་རྣམས་རྐྱེན་དབྱངས་ཡིག་དང་པོ་ཅན་གྱི་ཨཎ་གྱི་རྐྱེན་མིན་པ་ཡོན་ཏན་མེད་པ་ཕ་རོལ་ ལ་དབྱི་བར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨ་བརྗོད་དོན་དང་། ལྀ་དང་། ཨི་ དང་། ཨུ་རྗེས་འབྲེལ་རྣམས་ཕྱིས་ནས། ཛན་ཕྱི་མ་མ་གཏོགས་པ་ཐམས་ཅད་ལ་པ་རོ྅ཀྵཱའི་ ཨ་ཏུས་དང་། ཨུས་སྦྱིན་ཞིང་། ཐམས་ཅད་ལ་བྱིངས་གཉིས་སུ་བཞག་པའི་གསལ་བྱེད་དང་ པོ་ལྷག་མར་བྱས་ཏེ། མདོ་འདིས་ཕྱི་མའི་ཨུ་པ་དྷཱ་རྣམས་ཀྱི་དབྱངས་དབྱི་བ་ནི་ཐམས་ཅད་ ལ་མཚུངས་ཤིང་། ཁྱད་པར། གམ་ལ། ཨཱ་གསུམ་པར། ཀ་སྡེའི་ཙ་སྡེའོ་ཞེས་པས། ག་དང་ པོ་ཛ་རུ་བསྒྱུར་བས། ཛགྨ་ཏུཿ(ཕྱིན་ཟིན། ) ཛགྨུཿ(ཕྱིན་ཟིན། ) ཞེས་པ་དང་། ཧན་ལ་ཧའི་ཛའོ་ཞེས་ 6-1-366 པས། ཧ་སྔ་མ་ཛ་དང་། ལེའུ་འདིར། ཨ་བྷྱཱ་ས་ལས་ཀྱང་ངོ་། །ཞེས་པས་ཧ་ཕྱི་མ་གྷ་རུ་བསྒྱུར་ བས། ཛགྷྣ་ཏུཿ(བསྣུན་ལོ། །) ཛགྷྣུཿཞེས་པ་དང་། ཛན་ལ། ནཱ་བཞི་པར། ཏ་སྡེའི་ཙ་ཊའི་སྡེ་པ་ སྦྱོར་བ་ལ་ཞེས་པས་ཛན་ཕྱི་མའི་ན་ཡིག་ཉ་རུ་བསྒྱུར་བས། ཛ་ཛྙ་ཏུཿ (སྐྱེས་སོ། །) ཛཛྙུཿཞེས་པ་ དང་། ཛན་ཕྱི་མ་ལ་པ་རོ྅ཀྵཱའི་ཨཱ་ཏེ་དང་། ཨི་རེ་བྱིན་ནས། ན་ཕྱི་མ་ཉ་རུ་བསྒྱུར་བས། ཛཛྙཱ་ ཏེ། ཛཛྙི་རེ་(རབ་ཏུ་སྐྱེས་ཟིན། ) ཞེས་པ་དང་། ཁན་ལ་སྔར་བཞིན་ཨ་ཏུས་དང་། ཨུས་བྱིན་ནས། ཨཱ་གསུམ་པར། ཀ་སྡེའི་ཙ་སྡེའོ་ཞེས་པས། ཁ་སྔ་མ་ཚ་དང་། གཉིས་པ་བཞི་པ་དག་གི་ཞེས་ པས། དེའང་ཙ་རུ་བསྒྱུར་བས། ཙ་ཁྣ་ཏུཿ(ངེས་པར་བཅོམ། )ཙ་ཁྣུ་ཏུཿཞེས་པ་དང་། གྷས་ལ་རྐྱེན་ གཉིས་བྱིན་ནས། ཀ་སྡེའི་ཙ་སྡེའོ་ཞེས་པས། གྷ་སྔ་མ་ཛྷ་དང་། གཉིས་པ་བཞི་པ་དག་གིས་ ཞེས་པས་དེའང་ཛ་དང་། ཨཱ་བརྒྱད་པར། སྒྲ་མེད་པ་རྣམས་ལ་ཞེས་པས། གྷཱ་ཕྱི་མ་ཀ་དང་། ཤ་སིང་སི་ཞེས་པས། ས་ཡིག་ཥ་རུ་བསྒྱུར་བས། ཛཀྵ་ཏུཿ ཛཀྵུཿ (ཟོས་ཚར། )ཞེས་པ་ལྟ་བུའོ། ། བྱིངས་དེ་རྣམས་ཀྱི་ཨུ་པ་དྷཱའི་དབྱངས་ཡིག་ཨཎའི་རྐྱེན་ཕ་རོལ་ལ་དབྱི་བར་མི་འགྱུར་ཏེ། དཔེར་ན། གམླྀ་རྗེས་འབྲེལ་ཕྱིས་པ་ལ། ཨ་དྱ་ཏ་ནཱིའི་དི་དང་། ཨཱ་གཉིས་པའི་པུཥ་སོགས་ཀྱི་ མདོས་བར་དུ་ཨཎ་རྗེས་འབྲེལ་ཕྱིས་པ་བྱིན་ནས། སྔར་བཞིན་བྱིངས་ཀྱི་སྔོན་དུ་ཨཊ་བཞག་ སྟེ། དི་སྔར་བཞིན་བྱས་པས། ཨ་ག་མ་ཏ་(དེ་རིང་ཕྱིན། )ཅེས་པ་ལ་སོགས་པ་ལྟ་བུའོ། ། བཞི་པ་ཀཱ་རི་ཏ་དང་བུ་རྒྱུད་ཀྱིས་རྐྱེན་འཕྱིད་ཚུལ་ནི། ཀ་རི་ཏའི་ཨཱམ་ཨིཊ་བི་ཀ་ར་ཎ་མ་ ཡིན་པ་ལའོ་ཞེས་པ་ནི། ཨིན་ཀཱ་རི་ཏའི་མིང་ཅན། ཨཱམ྄་དང་། ཨིཊ་དང་། བི་ཀ་ར་ཎ་རྣམས་ མ་ཡིན་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་འགྱུར་ཏེ། དཔེར་ན། ཀྲྀཉ་བྱེད་པ་དང་། ཧྲ ཉ་འཕྲོག་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། ཨཱ་གཉིས་པར། བྱིངས་ལས་ཀྱང་ཞེས་པས། ཨིན་བྱིན་པའི་ན་ཁྱད་དོན་དབྱི་ཞིང་། ཨཱ་དྲུག་པར། ཨིན་ཨིཙ་ཞེས་པས་རྀ་ཡིག་འཕེལ་བ་ བྱས་ཏེ། ཀཱ་རི་ཧཱ་རི་ཞེས་གནས་པ་ལ། ཀྲྀ་ཏ་ལྔ་པར། ཨིཥི་ཤྲནྠི་ཨ་སི་ཞེས་པས་ཡུའི་རྐྱེན་ 6-1-367 བྱིན་པ་ན། མདོ་འདིས་ཀཱ་རི་ཏ་དབྱི་ཞིང་། ཀྲྀཏ་དྲུག་པར། ཡུ་བུ་ཛྷ་རྣམས་ཀྱི་ཞེས་པས་ཡུ་ ཡིག་ཨ་ན་རུ་བསྒྱུར་བ་ལ། ནཱ་བཞི་པར། བུད་མེད་ལ་ཨ་ལས་ཨཱཔའོ་ཞེས་པས། ཨཱཔའི་ རྐྱེན་སྦྱར་བའི་མཐར་སི་བྱིན་པ་ཤྲངྔྷཱ་ལས་ཕྱིས་ལ། ར་ཥ་རྀའི་ཡི་གེ་ཞེས་པ་ལྟར་ན་ཡིག་ཎ་ རུ་བསྒྱུར་བས། ཀཱ་ར་ཎཱ(བྱེད་པ་པོ)། ཧཱ་ར་ཎཱ་(འབྲོག་པ་པོ། )ཞེས་པ་དང་། ཡང་སྔར་བཞིན་ཀྲྀ་ལ་ ཨིན་བྱིན་ནས་རྀ་ཡིག་འཕེལ་བར་འགྱུར་བའི་མཐར། ཨ་དྱ་ཏ་ནཱིའི་དི་དང་། ཨཱ་གཉིས་པར། ཤྲི་དྲུ་ཞེས་པས་བར་དུ་ཙཎ་བྱིན་པ་ན། ཙ་དང་། ཎ་ཁྱད་དོན་དང་། མདོ་འདིས་ཨིན་དབྱི་ཞིང་། ཨཱ་ལྔ་པར། ཨིན་ལ་མཚུངས་པ་ཞེས་པས་བྱིངས་ཀྱི་དབྱངས་ཐུང་ངུར་བསྒྱུར་ལ། ཙཎ་པ་ རོ྅ཀྵཱ་ཞེས་པས་གཉིས་སུ་བཞག་པའི་དང་པོ་ལྷག་མར་བྱས་ཏེ། མཚུངས་པ་མ་ཕྱིས་ཞེས་ པས་སྔ་མའི་དབྱངས་ཡིག་ཨི་དང་། ཡང་བའི་རིང་པོའོ་ཞེས་པས་དེའང་རིང་པོ་དང་། ཀ་སྡེའི་ ཙ་སྡེའོ་ཞེས་པས་ཀའང་ཙ་རུ་བསྒྱུར་ནས། བྱིངས་་ཀྱི་དང་པོར་ཞེས་པས་སྔོན་དུ་ཨཊ་བཞག་ སྟེ། དི་ཡིག་སྔར་བཞིན་བྱས་པས། ཨ་ཙཱི་ཀ་རཏ་(དེ་རིང་བྱས་སོ། །)ཅེས་པ་ལྟ་བུའོ། །ཨིན་ཀཱ་རི་ ཏའི་མིང་ཅན་ཨཱམ་དང་། ཨིཊ་དང་བི་ཀ་ར་ཎའི་རྐྱེན་ཕ་རོལ་ལ་ནི་མི་འཕྱིད་དེ། དཔེར་ན། སྔར་བཞིན་ཀྲྀ་ལ་ཨིན་བྱིན་ནས་འཕེལ་བར་གྱུར་པས། ཀཱ་རྀ་ཞེས་གནས་པ་ལ། པ་རོ྅ཀྵཱའི་ ཨཊ་བྱིན་པ་ན། ཨཱ་གཉིས་པར། ཙ་ཀཱས་དང་། ཀཱས་དང་། རྐྱེན་གྱི་མཐའ་རྣམས་ཞེས་ པས་བྱིངས་མཐར་ཨཱམ་གྱི་རྐྱེན་སྦྱིན་ཞིང་། ཨིན་ཡོན་ཏན་དུ་གྱུར་པ་དང་མཚམས་སྦྱར་ལ། ཨཱམའི་རྗེས་སུ་ཀྲྀཉ་ཞེས་པས། ཨཊའི་སྔོན་དུ་ཀྲྀཉ་བྱིན་པའི་ཉ་ཕྱིས་ཏེ་སྔར་བཞིན་གཉིས་ སུ་བཞག་ནས། ཨཱ་གསུམ་པར། རྀ་ཡིག་གི་ཞེས་པས་སྔ་མའི་རྀ་ཡིག་ཨ་དང་། ཀ་སྡེའི་ཙ་ སྡེའོ་ཞེས་པས་ཀའང་ཙ་དང་། ཨཱ་དྲུག་པར། ཨིན་ཨིཙ་ཞེས་པས་ཕྱི་མའི་རྀ་ཡིག་འཕེལ་བར་ བསྒྱུར་བས། ཀཱ་ར་ཡཱཾ(བྱེད་པོས་བྱས)། ཙ་ཀཱ་ར་(བྱེད་པོས་བྱས། )ཞེས་པ་དང་། ཀཱ་རི་ལ་ཤྭསྟ་ནཱིའི་ ཏཱ་བྱིན་པ་ན། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པའི་ཞེས་པས་བྱིངས་མཐར་ཨིཊ་ 6-1-368 བྱིན་ནས། ཨི་ཡོན་ཏན་དུ་བྱས་ཏེ་མཚམས་སྦྱར་བས། ཀཱ་ར་ཡི་ཏཱ་(བྱེད་པར་ཤོག) ཞེས་པ་དང་། ཀཱ་རི་ལ་བརྟ་མཱ་ནཱའི་ཏི་དང་། བར་དུ་སྔར་བཞིན་ཨན་བྱིན་ནས། ཨིན་ཡོན་ཏན་དུ་བྱས་ཏེ་ མཚམས་སྦྱར་བས། ཀཱ་ར་ཡ་ཏི་(བྱེད་པ་ལ་སྦྱོར་རོ། །)ཞེས་པ་ལྟ་བུའོ། །བུ་རྒྱུད་ཀྱི་དབྱངས་སྔ་མ་ མིན་པའི་ཡའི་ཡིན་ཨཱ་ཡི་རྣམས་ལའོ་ཞེས་པ་ནི་བུ་རྒྱུད་ཀྱི་དོན་ལ་བྱིན་པའི་དེ་ཕན་གྱི་རྐྱེན་ དབྱངས་ཡིག་སྔ་མར་ཡོད་པ་མ་ཡིན་པའི་ཡ་ཡིག་རྣམས་ཡིན་དང་། ཨཱ་ཡིའི་རྐྱེན་ཕ་རོལ་ ཏུ་ཡོད་པ་ལ་དབྱི་བར་འགྱུར་ཞིང་། ཡའི་ཨ་ཡིག་ནི་བརྗོད་པའི་དོན་ཏེ། དཔེར་ན། གརྒའི་ བུ་རྒྱུད་ཅེས་པའི་དོན་ལ། ནཱ་དྲུག་པར། གརྒ་སོགས་ལས་ཞེས་པས་ཎྱའི་རྐྱེན་བྱིན་པ་ན། ནཱ་ དྲུག་པར། ཎ་དང་བཅས་པ་ལ་དང་པོར་འཕེལ་བའོ་ཞེས་པས་ག་སྔ་མ་རིང་པོར་བསྒྱུར་ ཏེ། ཎ་ཡིག་མདོ་འདིའི་དོན་ལ་འོངས་པ་ཕྱིས་པ་ལ། ཨཱ་གཉིས་པར། མིང་ལས་བདག་ཉིད་ འདོད་པ་ལ་ཞེས་པས་ཡིན་གྱི་རྐྱེན་བྱིན་པའི་ཨི་དང་། ན་ཁྱད་དོན་དང་། མདོ་འདིས་བུ་རྒྱུད་ ཀྱི་ཡ་དབྱི་ཞིང་། ཨཱ་བཞི་པར། ཡིན་ལ་ཨ་ཡིག་གི་ཞེས་པས་ག་ཕྱི་མའི་དབྱངས་ཨི་རིང་པོར་ བསྒྱུར་ཏེ། མཐར་བརྟ་མཱ་ནཱའི་ཏི་དང་། བར་དུ་སྔར་བཞིན་ཨན་བྱིན་ནས་མཚམས་སྦྱར་བས། གཱརྒཱི་ཡ་ཏི་(གཱརྒའི་བུ་རྒྱུད་འདོད་པར་བྱེད། )ཅེས་པ་དང་། ཡང་སྔར་བཞིན། གཱརྒྱ་ལ་བྱེད་པ་པོ་ལ་ ཞེས་པས། ཨཱ་ཡིའི་རྐྱེན་བྱིན་པའི་ཨི་ཁྱད་དོན་དང་། མདོ་འདིས་བུ་རྒྱུད་ཀྱི་ཡ་དབྱི་ཞིང་། ཨཱ་ གཉིས་པར། ཨཱ་ཡིའི་མཐའ་ལས་ཞེས་པས་མཐར་བརྟ་མཱ་ནཱའི་ཏེ་དང་། བར་དུ་སྔར་བཞིན་ ཨན་བྱིན་ནས་མཚམས་སྦྱར་བས། གཱརྒཱཡ་ཏེ་(གཱརྒའི་བུ་གྱིས། ) ཞེས་པ་ལྟ་བུའོ། །རྣམས་ཞེས་ པའི་མང་ཚིག་ལས་རྐྱེན་གཞན་ལའང་འཕྱིད་པ་ཡོད་དེ། དཔེར་ན། སློབ་མ་ལ་ཕན་པའི་ནཱ་ བདུན་པར། ཎྱའི་མཐའ་ལས་ཞེས་པས། གཱརྒྱ་ལ་ཨཱི་ཡིག་བྱིན་ནས། མདོ་འདིས་བུ་རྒྱུད་ཀྱི་ ཡ་དང་། ནཱ་བཞི་པར། བུད་མེད་དུ་བྱས་པའི་ཨཱི་ཡིག་ལ་ཞེས་པས་ག་ཕྱི་མའི་དབྱངས་ཕྱིས་ ཏེ་སྦྱར་བའི་སི་བྱིན་པ་ནཱ་དཱི་ལས་ཕྱིས་པས། གཱརྒཱི་(གརྒ་མོའི་བུ། )ཞེས་པ་ལྟ་བུའོ། །བུ་རྒྱུད་ཀྱི་ 6-1-369 དོན་ལ་བྱིན་པའི་དེ་ཕན་གྱི་རྐྱེན་དབྱངས་ཡིག་སྔ་མར་ཡོད་པ་ཅན་གྱི་ཡ་ཡིག་ནི། ཡིན་དང་ ཨཱ་ཡིའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་མི་འཕྱིད་དེ། དཔེར་ན། ཀཱ་རི་ཀཱའི་བུ་རྒྱུད་ཅེས་པའི་དོན་ ལ། ནཱ་དྲུག་པར། བུད་མེད་དང་ཨ་ཏྲི་སོགས་ཞེས་པས་ཨེ་ཡཎ་གྱི་རྐྱེན་བྱིན་པའི་ཎ་ཁྱད་དོན་ དང་། ཨིའི་ཡི་གེ་དང་། ཨའི་ཡི་གེ་དག་ཅེས་པས་ཀཱ་ཕྱི་མའི་དབྱངས་ཕྱིས་ཏེ་སྦྱར་བ་དག་ལ་ སྔར་བཞིན་ཡིན་དང་། ཨཱ་ཡིའི་རྐྱེན་བྱིན་པའི་ཁྱད་དོན་རྣམས་དབྱི་ཞིང་། ཨཱ་བཞི་པར། ཡིན་ ལ་ཞེས་པས། ཡིན་ལ་ཨེ་ཡའི་དབྱངས་ཨི་རིང་པོར་བསྒྱུར་ནས། ཡིན་གྱི་མཐར་ཏི་དང་། ཨཱ་ ཡིའི་མཐར་ཏེ་དང་། གཉི་གའི་བར་དུ་ཨན་བྱིན་ཏེ་མཚམས་སྦྱར་བས། ཀཱ་རི་ཀེ་ཡཱི་ཡ་ཏི(ཀཱ་རི་ ཀཱའི་བུ་འདོད། )། ཀཱ་རི་ཀེ་ཡཱ་ཡ་ཏེ་(ཀཱ་རི་ཀཱའི་བུ་གྱིས། ) ཞེས་པ་ལྟ་བུའོ། ། ལྔ་པ་རྟགས་ཀྱི་ན་དང་། རྣམ་དབྱེའི་དི་སི་དང་ཡ་འཕྱིད་ཚུལ་ནི། ན་དབྱི་བ་འང་ངོ་ཞེས་ པ་ནི་ཡིན་དང་། ཨཱ་ཡིའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་རྟགས་ཀྱི་ན་ཡིག་ཀྱང་དབྱི་བར་འགྱུར་ རོ། །དཔེར་ན། པནྠི་ལ་ཡིན་དང་། ཨཱ་ཡིའི་རྐྱེན་བྱིན་པའི་ཁྱད་དོན་སྔར་བཞིན་ཕྱིས་ནས། མདོ་འདིས་ན་ཡིག་དབྱི་ཞིང་། ཨཱ་བཞི་པར། ནཱ་མི་མཐའ་རྣམས་ཀྱི་ཡིན་ཨཱ་ཡི་ཞེས་པས་ཐི་ རིང་པོར་བསྒྱུར་ལ། འདི་ཉིད་དུ། ནཱ་མི་དང་གསལ་བྱེད་མཐའ་ལས་ཞེས་པས་ཐཱིའི་མཐར་ ཨཱ་ཡིའི་ཨཱ་ཕྱིས་ཏེ། སྔར་བཞིན་ཡིན་གྱི་མཐར་ཏི་དང་། ཨཱ་ཡིའི་མཐར་ཏེ་དང་། གཉི་གའི་ བར་དུ་ཨན་བྱིན་ནས་སྦྱར་བས། པ་ཐཱི་ཡ་ཏི(འགྲོ་བར་འདོད)། པ་ཐཱི་ཡ་ཏེ་(འགྲོ་བར་གྱིས། )ཞེས་པ་ དང་། དེ་བཞིན་དུ། རཱ་ཛན་ལ་ཡིན་དང་ཨཱ་ཡི་བྱིན་ནས་ན་དབྱི་ཞིང་། ཨཱ་བཞི་པར། ཡིན་ལ་ ཞེས་པས་ཁྱད་པར་ཡིན་ལ་ཛའི་ཨ་ཡིག་ཨཱི་རིང་པོར་བསྒྱུར་ཏེ། ཏི་དང་། ཏེ་དང་། ཨན་སྔར་ བཞིན་སྦྱར་བས། རཱ་ཛཱ་ཡ་ཏི(རྒྱལ་པོ་འདོད་པར་བྱེད)། རཱ་ཛཱ་ཡ་ཏི་ཞེས་པ་དང་། བིདྭནྶུའི་ཨུ་རྗེས་ འབྲེལ་ཕྱིས་པ་ལ། ཡིན་དང་ཨཱ་ཡི་བྱིན་ནས་ན་དབྱི་ཞིང་། ནཱ་མི་དང་གསལ་བྱེད་མཐའ་ལས་ ཞེས་པས་ཨཱ་ཡིའི་ཨཱ་ཕྱིས་ཏེ། ཏི་དང་། ཏེ་དང་། ཨན་སྔར་བཞིན་སྦྱར་བས། བི་དྭ་སྱ་ཏི(མཁས་ 6-1-370 པར་འདོད་པར་བྱེད)། བི་དྭ་སྱ་ཏེ་(མཁས་པར་གྱིས། )ཞེས་པ་ལྟ་བུའོ། །གསལ་བྱེད་ལས་དི་སི་དག་ གིའོ། །ཞེས་པ་ནི་བྱིངས་གསལ་བྱེད་མཐའ་ཅན་ལས་ཕ་རོལ་ཏུ་ཕྱིན་པའི་རྐྱེན་དི་དང་སི་དག་ དབྱི་བར་འགྱུར་ཏེ། དཔེར་ན། དྭིཥ་མི་དགའ་བའི་བྱིངས་ལ། ཧྱསྟ་ནཱིའི་དི་དང་སི་དག་བྱིན་ ནས། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོར་ཧྱསྟ་ནཱི་ཞེས་པས་དང་པོར་ཨཊ་བཞག་ཅིང་། མདོ་ འདིས་དི་དང་སི་དག་ཕྱིས་ལ། ནཱ་གསུམ་པར། རྫོགས་པ་ལ་ཡང་ནའོ་ཞེས་པས་ཥ་ཡིག་རྀ་ཊུ་ ར་ཥ་སྤྱི་བོ་ལས་སྐྱེས་པ་གནས་མཐུན་པས་ཊ་རུ་བསྒྱུར་ཏེ། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིའི་འང་ ཞེས་པས་བྱིངས་ཀྱི་ཨི་ཡིག་གི་ཡོན་ཏན་ཨེ་རུ་བྱས་པས། ཨ་དྭེཊ(ཁར་སང་མི་དགའ)། ཨ་དྭེཊ་ ཞེས་པ་དང་། དེ་བཞིན་དུ་ལི་ཧ་རོ་མྱང་བའི་བྱིངས་ལ་སྔར་བཞིན་དི་སི་བྱིན་པ་དབྱི་ཞིང་དང་ པོར་ཨཊ་བཞག་སྟེ། འདི་ཉིད་དུ། ཧའི་ཌྷའོ་ཞེས་པས། ཧ་ཡིག་ཌྷ་དང་རྫོགས་པ་ལ་ཡང་ནས་ དེའང་ཊ་རུ་བསྒྱུར་ལ། ལིའི་ཨི་ཡོན་ཏན་ཨེ་རུ་བྱས་པས། ཨ་ལེཊ(ཁ་སང་རོ་མྱང་)། ཨ་ལེཊ་ཞེས་ པ་དང་། དུ་ཧ་འཇོ་བའི་བྱིངས་ལ་སྔར་བཞིན་དི་སི་བྱིན་པ་དབྱི་ཞིང་དང་པོར་ཨཊ་བཞག་ སྟེ། ལེའུ་འདི་ཉིད་དུ། ད་དང་པོའི་ཞེས་པས་ཧ་ཡིག་གྷ་དང་། ཕྱིས་པ་ལ་ཡང་དི་སི་དག་ལའོ་ ཞེས་པས་ད་ཡིག་དྷ་དང་། རྫོགས་པ་ལ་ཡང་ནས་གྷའང་ཀ་རུ་བསྒྱུར་ནས། དྷུའི་ཨུའི་ཡོན་ ཏན་ཨོ་རུ་བྱས་པས། ཨ་དྷོཀ(ཁར་སང་བཞོས)། ཨ་དྷོཀ་(ཁར་སང་བཞོས། )ཅེས་པ་ལྟ་བུའོ། །བྱིངས་ དབྱངས་ཀྱི་མཐའ་ཅན་ལས་ནི་ཕ་རོལ་གྱི་དི་དང་སི་མི་འཕྱིད་དེ། དཔེར་ན། བྷཱུ་ཡོད་པའི་ བྱིངས་ཀྱི་མཐར་དི་དང་། སི་དང་། བར་དུ་ཨན་དང་། དང་པོར་ཨཊ་བྱིན་ནས། སྔར་བཞིན་ བྱིངས་ཀྱི་དབྱངས་ཡོན་ཏན་དུ་བྱས་ཏེ་མཚམས་སྦྱར་ཞིང་། དི་སིའི་ཨི་ཡིག་དག་མདོ་སྔ་མའི་ ཁྱད་པར་གྱིས་དོན་ལ་འོངས་པ་ཕྱིས་ནས། ད་ཡིག་རྫོགས་པ་ལ་ཡང་ན་ཏ་དང་། ས་ཡིག་ཨཱ་ བརྒྱད་པར། ར་ཡིག་དང་། ས་ཡིག་དག་གི་ཞེས་པས་རྣམ་བཅད་དུ་བསྒྱུར་བས། ཨ་བྷ་ཝཏ། ཨ་བྷ་ཝཿ(དེ་རིང་ཡོད། ) ཞེས་པ་ལྟ་བུའོ། །ཡའི་ཨན་མེད་པ་ལའོ་ཞེས་པ་ནི་བྱིངས་གསལ་བྱེད་ 6-1-371 མཐའ་ཅན་དང་འབྲེལ་བའི་ཡ་ཡིག་ཙེ་ཀྲཱི་ཡི་ཏའི་མིང་ཅན་བྱིངས་དངོས་མ་ཡིན་པ་ནི། ཨན་ གྱི་རྐྱེན་མེད་པའི་བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་མ་དབྱི་བར་འགྱུར་ ཏེ། དཔེར་ན། པ་ཙ་འཚེད་པའི་བྱིངས་ཨ་བརྗོད་དོན་ཕྱིས་པ་ལ། ཨཱ་གཉིས་པར། བྱིངས་ ལས་བྱ་བ་ཡང་དག་པར་མངོན་པར་སྡུད་པ་ཞེས་པས་ཡ་སྒྲའི་རྐྱེན་བྱིན་པ་ན། ཨཱ་གསུམ་པའི་ ཙཎ་པ་རོ྅ཀྵཱས་གཉིས་སུ་བཞག་ཅིང་གསལ་བྱེད་དང་པོ་ལྷག་མར་བྱས་ནས། ཨཱ་ག་མ་མེད་ པའི་འོ་ཞེས་པས་སྔ་མའི་དབྱངས་རིང་པོར་བསྒྱུར་ཏེ་སྦྱར་བ་ལས། ཤྭསྟ་ནཱིའི་ཏཱ་དང་། བྷཝི་ ཥྱནྟིའི་སྱ་ཏི་བྱིན་ནས། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པ་ཞེས་པས་བར་དུ་ཨིཊ་ བྱིན་ཞིང་། མདོ་འདིས་ཡའི་རྐྱེན་དང་། མདོ་འོག་མས་དེའི་སྲོག་གི་ཨ་ཕྱིས་ལ། རྒྱུ་མཚན་ ལས་སྱ་ཏིའི་ས་ཡིག་ཥ་རུ་བསྒྱུར་ཏེ་སྦྱར་བས། པཱ་པ་ཙི་ཏཱ(འཚེད་པར་འགྱུར)། པཱ་པ་ཙིཥྱ་ཏི་(འཚེད་ པར་འགྱུར། )ཞེས་པ་ལྟ་བུའོ། །བྱིངས་གསལ་བྱེད་མཐའ་ཅན་དང་འབྲེལ་བའི་ཡ་ཡིག་ཡིན་ཀྱང་ ཨན་གྱི་རྐྱེན་ཕ་རོལ་དུ་ཡོད་ན་མི་འཕྱིད་དེ། དཔེར་ན། པ་ཙ་ལ་ཙེ་ཀྲཱི་ཡི་ཏ་བྱིན་ནས། སྔ་མའི་ དབྱངས་རིང་པོར་བསྒྱུར་བའི་བར་སྔར་བཞིན་བྱས་པའི་མཐར། བརྟ་མཱ་ནཱའི་ཏེ་དང་བར་དུ་ ཨན་བྱིན་ལ། འདི་ཉིད་དུ། ཨ་དང་མཚམས་སྦྱོར་གྱི་ཞེས་པས། ཡའི་ཨ་ཡིག་ཨན་གྱི་ཨ་རུ་ བསྒྱུར་ཞིང་བར་གྱི་ཨན་ཕྱིས་ཏེ་སྦྱར་བས། པཱ་པ་ཙྱ་ཏེ་(འཚེད་པར་བྱེད་འདོད། ) ཞེས་པ་ལྟ་བུའོ། ། དྲུག་པ་བྱིངས་མཐའི་ཨ་དང་། སིཙ་དང་། ས་ཀ་འཕྱིད་ཚུལ་ནི། ཨའི་འང་དབྱིའོ་ཞེས་ པ་བྱིངས་མཐའི་ཨ་ཡིག་ནི། ཨན་གྱི་རྐྱེན་མེད་པའི་བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ཕ་ རོལ་ཏུ་ཡོད་པ་ལ་དབྱི་བར་འགྱུར་ཏེ། དཔེར་ན། ཀྲྀཉ་བྱེད་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་ པ་ལ་སན་གྱི་རྐྱེན་བྱིན་པ་ན། སྔར་བཞིན་བྱིངས་གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། རྀ་ ཡིག་གི་ཞེས་པས་སྔ་མའི་རྀ་ཡིག་ཨ་ཡིག་དང་། སན་ལ་ཨའི་ཡི་གེའོ་ཞེས་པས་དེའང་ཨི་ ཡིག་དང་། ཨཱ་ལྔ་པར། རཱྀཏ་མཐའི་ཡོན་ཏན་མེད་པ་ལ་ཞེས་པས་ཕྱི་མའི་རྀ་ཡིག་ཨིར་དང་། 6-1-372 ཨཱ་བརྒྱད་པར། ནཱ་མིའི་ར་བ་དག་གི་ཞེས་པས་ཨི་ཡིག་དེའང་རིང་པོ་དང་། ཀ་སྡེའི་ཙ་སྡེའོ་ ཞེས་པས་ཀ་སྔ་མ་ཙ་ཡིག་ཏུ་བསྒྱུར་བའི་མཐར་ཤྭསྟ་ནཱིའི་ཏཱ་དང་། བྷ་ཝི་ཥྱནྟིའི་སྱ་ཏི་དང་། ཨཱ་ བདུན་པར། བྱིངས་ཐམས་ཅད་པ་མིན་པའི་ཞེས་པས་བར་དུ་ཨི་ཊ་བྱིན་ནས། མདོ་འདིས་ སན་གྱི་ཨ་ཡིག་དབྱི་ཞིང་། རྒྱུ་མཚན་ལས་ས་ཡིག་དག་ཥ་རུ་བསྒྱུར་ཏེ་སྦྱར་བས། ཙི་ཀཱི་ཪྵི་ ཏཱ(སར་བྱེད་པར་འདོད)། ཙི་ཀཱི་ཪྵིཥྱ་ཏི་ཞེས་པ་དང་། གཎ་བགྲང་བ་དང་། མྲྀ་ག་འཚོལ་བའི་བྱིངས་ ལ། ཨཱ་གཉིས་པར། ཙུ་ར་སོགས་ལས་ཞེས་པས་ཨིན་བྱིན་ནས། མདོ་འདིས་ཎ་དང་གའི་ཨ་ ཡིག་དབྱི་ཞིང་། མཐར་བརྟ་མཱ་ནཱའི་ཏི་དང་བར་དུ་ཨན་བྱིན་ཏེ། ཨིནའི་ཡོན་ཏན་ཨེ་རུ་བྱས་ ནས་མཚམས་སྦྱར་བས། ག་ཎ་ཡ་ཏི(བགྲང་བར་གྱིས)། མྲྀ་ག་ཡ་ཏི་(འཚོལ་བར་གྱིས། ) (འདིར་མྲྀ་ག་ལ་ ཡོན་ཏན་དུ་མི་འགྱུར་ཞེས་སློབ་ཕན་ལས་བཤད་དོ། །)ཞེས་པ་ལྟ་བུའོ། །སི་ཙའི་དྷ་ཡིག་ལའོ་ཞེས་པ་སི་ཙའི་ རྐྱེན་ནི་དྷ་ཡིག་དང་པོ་ཅན་གྱི་རྣམ་དབྱེ་ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་འགྱུར་ཏེ། དཔེར་ན། ལཱུ་ཉ་གཅོད་པ་དང་། དྷཱུ་ཉ་འདར་བའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། ཨ་དྱ་ཏ་ནཱིའི་དྷྭཾ་བྱིན་ པ་ན། ཨཱ་གཉིས་པར། ཨ་དྱ་ཏ་ནཱི་ལས་ཞེས་པས་བར་དུ་སིཙ་བྱིན་པ་མདོ་འདིས་དབྱི་ཞིང་། ཨཱ་བདུན་པར། བྱིངས་ཐམས་ཅད་པ་ཞེས་པས་བྱིངས་མཐར་ཨིཊ་བྱིན་ནས། ཨཱ་ལྔ་པར། ནཱ་ མི་མཐའི་བྱིངས་དང་། ཞེས་པས་བྱིངས་ཀྱི་དབྱངས་ཡོན་ཏན་བྱས་ཏེ་མཚམས་སྦྱར་ལ། ཐོག་ མར་སྔར་བཞིན་ཨཊ་བཞག་པས། ཨ་ལ་ཝི་དྷཱམ(དེ་རིང་ཆོད་ཅིག)། ཨ་དྷ་ཝི་དྷཱམ་(དེ་རིང་འདར་ རོ། །)ཞེས་པ་ལྟ་བུའོ། །དྷུཊ་ལས་ཀྱང་དྷུཊ་ལའོ་ཞེས་པ་བྱིངས་དྷུཊའི་མཐའ་ཅན་ལས་ཀྱང་ཕ་ རོལ་གྱི་སི་ཙ་ནི་དྷུཊ་ཅན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་འགྱུར་ཏེ། དཔེར་ན། བྷི་དིར་ འཇོམས་པའི་བྱིངས་ཨིར་རྗེས་འབྲེལ་ཕྱིས་པ་ལ། ཨ་དྱ་ཏ་ནཱིའི་ཏ་དང་ཐཱས་བྱིན་པ་ན། སྔར་ བཞིན་བར་དུ་སིཙ་བྱིན་པ་མདོ་འདིས་དབྱི་ཞིང་། ཨཱ་བརྒྱད་པར། ཤིཊ་མ་ཡིན་པ་རྣམས་ཀྱི་ ཞེས་པས་བྷི ད་ཀྱི་ད་ཡིག་ཏ་དང་། ར་དང་། ས་ཡིག་དག་གི་ཞེས་པས་ཐཱས་ཀྱི་ས་རྣམ་བཅད་ 6-1-373 དུ་བསྒྱུར་ནས། སྔར་བཞིན་ཐོག་མར་ཨ་ཊ་བཞག་པས། ཨ་བྷི ཏྟ། ཨ་བྷི ཏྠཱཿ(འཇོམས་སོ། །)ཞེས་ པ་དང་། དེ་བཞིན་དུ་བུ་དྷ་རྟོགས་པའི་བྱིངས་ཨ་བརྗོད་དོན་ཕྱིས་པ་ལ། སྔར་བཞིན། ཏ་དང་ ཐཱས་བྱིན་ནས། བར་དུ་སིཙ་བྱིན་པ་དབྱི་ཞིང་། ཨཱ་བརྒྱད་པར། གྷ་ཌྷ་དྷ་བྷ་རྣམས་ཞེས་པས། ཏ་དང་ཐཱ་དག་དྷ་ཡིག་དང་། དྷུཊ་རྣམས་ཀྱི་ཞེས་པས་བྱིངས་ཀྱི་དྷ་ཡིག་ད་དང་། མཐའི་ས་རྣམ་ བཅད་དུ་བསྒྱུར་ཏེ། ཐོག་མར་ཨཊ་བཞག་པས། ཨ་བུདྡྷཿ(དེ་རིང་རྟོགས་སོ། །) ཨ་བུདྡྷཱཿཞེས་པ་ལྟ་ བུའོ། །ཐུང་ངུ་ལས་ཀྱང་ཨིཊ་མེད་པ་ལའོ། །ཞེས་པ་བྱིངས་མཐའི་དབྱངས་ཐུང་ངུ་ལས་ཀྱང་ ཕ་རོལ་གྱི་ཨིཊ་མེད་པའི་སིཙ་ནི་དྷུཊ་ཅན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་འགྱུར་ཏེ། དཔེར་ན། ཀྲྀཉ་བྱེད་པ་དང་། ཧྲྀཉ་འཕྲོག་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། ཨ་དྱ་ཏ་ནཱིའི་ ཏ་དང་ཐཱས་བྱིན་པ་ན། ཨ་དྱ་ཏ་ནཱི་ལས་ཞེས་པས་བར་དུ་སིཙ་བྱིན་པ་མདོ་འདིས་ཕྱིས་ནས། སྔར་བཞིན་ཐོག་མར་ཨཊ་བཞག་པས། ཨ་ཀྲྀ་ཏ(དེ་རིང་བྱེད)། ཨ་ཀྲྀ་ཐཱཿ ཨ་ཧྲྀ་ཏཿ(དེ་རིང་ཕྲོགས། ) ཨ་ཧྲྀ་ཐཱཿཞེས་པ་ལྟ་བུའོ། །བྱིངས་མཐའི་དབྱངས་ཐུང་ངུ་ལས་ཕ་རོལ་ཏུ་ཨིཊ་ཡོད་པ་ཅན་གྱི་ སིཙ་ནི་དྷུཊ་ཅན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་མི་འཕྱིད་དེ། དཔེར་ན། པྲྀཉ་འདམ་པའི་བྱིངས་ ཉ་རྗེས་འབྲེལ་ཕྱིས་པ་ལ། ཨ་དྱ་ཏ་ནཱིའི་ཏཱཾ་དང་། བར་དུ་སྔར་བཞིན་སིཙ་བྱིན་པའི་ཨི་དང་ཙ་ ཁྱད་དོན་ཕྱིས་ཤིང་། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པའི་ཞེས་པས་བྱིངས་མཐར་ ཨིཊ་སྦྱིན་ཞིང་། འདི་ཉིད་དུ། སིཙ་ལ་པ་རསྨཻ་ལའོ་ཞེས་པས། བྱིངས་ཀྱི་རྀ་ཡིག་འཕེལ་བ་ བྱས་ཏེ་སྦྱར་ནས། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་བ་ན། ཨཱ་བརྒྱད་པར། ཥ་དང་ཊ་སྡེ་ ལས་ཞེས་པས་ཏཱམ་གྱི་ཏ་ཡིག་ཊ་རུ་བསྒྱུར་ཞིང་སྦྱར་ཏེ། སྔར་བཞིན་ཐོག་མར་ཨཊ་བཞག་ པས། ཨ་བཱ་རིཥྚཱཾ་(དེ་རིང་འདམ་ཁ་བྱེད་)ཞེས་པ་ལྟ་བུའོ། །ཨིཊ་ལས་ཀྱང་ཨཱིཊ་ལའོ། །ཞེས་པ་ ཨིཊ་ལས་ཕ་རོལ་གྱི་སིཙ་ནི་དེའི་འང་ཕ་རོལ་ཏུ་ཨཱིཊ་ཡོད་པ་ལ་དབྱི་བར་འགྱུར་ཏེ། དཔེར་ ན། ལཱུཉ་གཅོད་པ་དང་། པཱུཉ་འཐུང་བའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། ཨ་དྱ་ཏ་ནཱིའི་དི་ 6-1-374 བྱིན་པ་ན། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པའི་ཞེས་པས་བྱིངས་མཐར་ཨིཊ་དང་། ཨ་དྱ་ཏ་ནཱི་ལས་ཞེས་པས་དེའི་མཐར་སིཙ་དང་། སིཙ་ལས་ཞེས་པས་དེའི་ཡང་མཐར་ཨཱིཊ་ རིང་པོ་བྱིན་ནས། ཊ་ཡིག་དག་ནི་མདོ་འདིའི་ཁྱད་དོན་ཡིན་པས་དབྱི་ཞིང་། སིཙ་ལ་པ་རསྨཻ་ ལའོ་ཞེས་པས་བྱིངས་ཀྱི་དབྱངས་འཕེལ་བ་བྱས་ལ། མདོ་འདིས་སིཙ་ཕྱིས་ནས་མཚམས་ སྦྱར་ཏེ། སྔར་བཞིན་ཐོག་མར་ཨཊ་བཞག་ཅིང་། དི་ཡིག་སྔར་བཞིན་བྱས་པས། ཨ་ལཱ་ཝཱི་ ཏ་(དེ་རིང་གཅོད། ) ཨ་པཱ་བཱིཏ་(དེ་རིང་འཐུངས། )ཅེས་པ་ལྟ་བུའོ། །བརྩེགས་པའི་དང་པོ་ས་ཀ་དག་ གི་མཐའ་ལའང་ངོ་ཞེས་པ་བརྩེགས་པའི་དང་པོའི་ས་ཡིག་དང་། ཀ་ཡིག་དག་ནི་དྷུཊ་ཅན་གྱི་ རྐྱེན་ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་འགྱུར་ཞིང་། མཐའ་ལའང་ཞེས་པས་ཚིག་མཐར་འཇུག་ བཞིན་པའི་བརྩེགས་པའི་དང་པོའི་ས་ཡིག་དང་། ཀ་ཡིག་ཀྱང་དབྱི་བར་འགྱུར་ཏེ། དཔེར་ན། ས་ཡིག་དྷུཊ་ལ་འཕྱིད་པ་ནི། ར་བྷ་རྩོམ་པའི་བྱིངས་ཨ་བརྗོད་དོན་ཕྱིས་པ་ཨཱང་སྔོན་མ་ཅན་ ལ་རྩོམ་པར་འདོད་པའི་དོན་ལ་སན་གྱི་རྐྱེན་བྱིན་ནས། སྔར་བཞིན་བྱིངས་གཉིས་སུ་བཞག་ ཅིང་། ཨཱ་གསུམ་པར། སན་ལ་མི་མཱི་མཱ་དཱ་ར་བྷ་ཞེས་པས་ཕྱི་མའི་རའི་ཨ་ཡིག་ཨིས་སུ་བསྒྱུར་ ལ། འདི་ཉིད་ནས། ཨ་བྷྱཱ་ས་ཞེས་པ་བྱིངས་སྔ་མ་དང་། མདོ་འདིས་ཨིས་ཀྱི་ས་ཡིག་བྷའི་སྟེང་ དུ་བརྩེགས་པ་ཕྱིས་ཏེ། ཨཱ་བརྒྱད་པར། ཤིཊ་མ་ཡིན་པ་རྣམས་ཀྱི་ཞེས་པས་བྷ་ཡིག་པ་རུ་ བསྒྱུར་ནས་སྦྱར་བའི་མཐར། བརྟ་མཱ་ནཱའི་ཏེ་བྱིན་པས། ཨཱ་རིངྶ་ཏེ་(དེ་རིང་རྩོམ་མོ། །)ཞེས་པ་དང་། ཀ་ཡིག་བྷུ་ཊ་ལ་འཕྱིད་པ་ནི། ཨཱང྄་སྔོན་མ་ཅན་གྱི་ཙ་ཀྵིང་གསལ་བར་སྨྲ་བའི་བྱིངས་ཨིང྄་ རྗེས་འབྲེལ་ཕྱིས་པ་ལ་བརྟ་མཱ་ནཱའི་ཏེ་དང་སེ་བྱིན་ནས། མདོ་འདིས་བརྩེགས་པའི་དང་པོ་ཀ་ དབྱི་ཞིང་། ཨཱ་བརྒྱད་པར། ཥ་དང་ཊ་སྡེ་ལས་ཞེས་པས་ཏེའི་ཏ་ཡིག་ཊ་དང་། ཥ་ཌྷ་དག་གིས་ ས་ལ་ཞེས་པས་སེ་ཕ་རོལ་ལ་བྱིངས་ཀྱི་ཥ་ཡིག་ཀ་དང་། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་ བས་ཨཱ་ཙཥྚེ། (གསལ་བར་སྨྲའོ། །) ཨཱ་ཙཀྵེ་ཞེས་པ་དང་། ཚིག་མཐའི་བརྩེགས་པའི་དང་པོ་ས་ཡིག་ 6-1-375 འཕྱིད་པ་ནི། བསྐ་འགྲོ་བའི་དོན་གྱི་བྱིངས་ཨ་ཡིག་བརྗོད་དོན་ཕྱིས་པ་ལ་འཁྱོག་པོར་འགྲོ་ བའི་དོན་ལ་ཡ་སྒྲ་བྱིན་པ་ན། སྔར་བཞིན་བྱིངས་གཉིས་སུ་བཞག་སྟེ་དང་པོ་ལྷག་མར་བྱས་ ལ། ཨཱ་བཞི་པར། ཙེ་ཀྲཱི་ཡི་ཏའི་ཡང་ནའོ་ཞེས་པས་ཡ་སྒྲ་དབྱི་ཞིང་། ཨཱ་གསུམ་པར། ཨཱ་ག་ མ་མེད་པའི་ཞེས་པས་པ་ཡིག་སྔ་མ་རིང་པོར་བསྒྱུར་ལ། མཐར་ཧྱསྟ་ནཱིའི་དི་དང་བར་དུ་ཨན་ བྱིན་ནས། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོ་ཞེས་པས་ཐོག་མར་ཨཊ་བཞག་ཅིང་། ཨཱ་བཞི་ པར། ཨད་སོགས་ལས་ཞེས་པས་ཨན་དང་། འདི་ཉིད་དུ་གསལ་བྱེད་ལས་དི་སི་ཞེས་པའི་ དི་དང་། མདོ་འདིས་བྱིངས་ཀྱི་ས་ཡིག་ཕྱིས་པས། ཨ་བཱ་བཀ྄(ཡང་ཡང་འགྲོའོ། །) ཅེས་པ་དང་། ཚིག་མཐའི་བརྩེགས་པའི་དང་པོ་ཀ་ཡིག་འཕྱིད་པ་ནི་རཀྵ་བསྲུང་བའི་བྱིངས་ཨ་ཡིག་བརྗོད་ དོན་ཕྱིས་པ་ལ་ཤིན་ཏུ་བསྲུང་ངོའི་དོན་ལ་ཡ་སྒྲ་བྱིན་ནས། གཉིས་སུ་བཞག་པ་དང་། ཡ་སྒྲ་ དབྱི་བ་དང་། ར་སྔ་མ་རིང་པོར་བསྒྱུར་བ་དང་། དང་པོར་ཨཊ་བཞག་པ་དང་། མཐར་དི་དང་། བར་དུ་ཨན་བྱིན་པ་དབྱི་བ་རྣམས་སྔ་མ་བཞིན་བྱས་ལ། མདོ་འདིས་ཀ་ཡིག་ཕྱིས་ཏེ། ནཱ་ གསུམ་པར། རྫོགས་པ་ལ་ཡང་ནའོ་ཞེས་པས་ཥ་ཡིག་གནས་མཐུན་པས་ཊ་རུ་བསྒྱུར་བས། ཨ་རཱ་རཊ་(དེ་རིང་བསྲུང་ངོ་། །)ཞེས་པ་ལྟ་བུའོ། ། སྤྱི་དོན་བརྒྱད་པ་ཀུན་ལ་ཉེར་མཁོའི་མཚན་ཉིད་བསྟན་པ་ནི། ཙ་སྡེའི་འདྲ་བའི་ཡི་གེ་མ་ ཡིན་པ་ལ་ཀིའོ་ཞེས་པ་བྱིངས་ཀྱི་ཙ་སྡེའི་ཡི་གེ་རྣམས་ནི། འདྲ་བའི་ཡི་གེ་ཙ་སྡེའི་སྡེ་བ་རྣམས་ ཡིན་ལ། དེ་རྣམས་མ་ཡིན་པའི་དྷུཊ་ཅན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཀི་རུ་འགྱུར་ཞིང་། དེར་ མ་ཟད་ཚིག་མཐའི་ཙ་སྡེའི་ཡི་གེ་རྣམས་ཀྱང་ཀི་རུ་འགྱུར་ཏེ། ཀའི་ཨི་ཡིག་ནི་བརྗོད་པའི་དོན་ དུ་སྨོས་པའོ། །དཔེར་ན། པ་ཙ་འཚེད་པ་དང་། ཡུ་ཛིར་སྦྱོར་བའི་བྱིངས་ཙའི་ཨ་དང་། ཛིར་ གྱི་ཨིར་རྗེས་འབྲེལ་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་དང་། བྷ་ཝི་ཥྱནྟཱིའི་སྱ་ཏི་བྱིན་ནས། མདོ་འདིས་ ཙ་དང་ཛ་ཡིག་ཀ་རུ་བསྒྱུར་ཏེ། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་། ཞེས་པས་ཡུའི་ཨུ་ཡོན་ 6-1-376 ཏན་བྱས་ནས། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་བས། པཀྟཱ(སང་འཚེད)། པཀྵྱ་ཏི(འཚེད་པར་ འགྱུར)། ཡོཀྟཱ(སང་སྦྱོར)། ཡོཀྵྱཏི་(སྦྱོར་བར་འགྱུར་རོ། །) ཞེས་པ་དང་། ཚིག་མཐའི་ཙ་སྡེའི་ཡི་གེ་ཀ་ རུ་བསྒྱུར་བ་ནི་པཙ་དང་། ཡུཛ་ལ་ཡང་ཡང་འཚེད་དོ། །ཡང་ཡང་སྦྱོར་རོའི་དོན་ལ་ཡ་སྒྲ་ བྱིན་པ་ན། སྔར་བཞིན་བྱིངས་གཉིས་སུ་བཞག་སྟེ་གསལ་བྱེད་དང་པོ་ལྷག་མར་བྱས་ལ། ཨཱ་ གསུམ་པར། ཨཱ་ག་མ་མེད་པའི་ཞེས་པས། པ་སྔ་མ་རིང་པོ་དང་། ཙེ་ཀྲཱི་ཡི་ཏ་ལ་ཞེས་པས་ ཡུ་སྔ་མ་དང་། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མི་ཞེས་པས་ཡུ་ཕྱི་མ་གཉི་ག་ཡོན་ཏན་བྱས་ནས། ཨཱ་ བཞི་པར། ཙེ་ཀྲཱི་ཡི་ཏའི་ཡང་ན་འོ་ཞེས་པས་ཡ་སྒྲ་དང་། མཐར་ཧྱསྟ་ནཱིའི་དི་བྱིན་པ་གསལ་ བྱེད་ལས་དི་སི་ཞེས་པས་དབྱི་ཞིང་། མདོ་འདིས་ཙ་དང་ཛ་ཡིག་ཀ་རུ་བསྒྱུར་ཏེ། སྔར་བཞིན་ ཐོག་མར་ཨཊ་བཞག་པས། ཨ་པཱ་པཀ྄་(ཁར་སང་བཙོས་སོ། །)ཨ་ཡོ་ཡོཀ྄་(ཡང་ཡང་སྦྱོར། )ཅེས་པ་ལྟ་ བུའོ། །ཙ་སྡེའི་ཡི་གེ་རྣམས་རང་དང་འདྲ་བའི་ཙ་སྡེའི་ཡི་གེ་རྣམས་ཕ་རོལ་ཏུ་ཡོད་པ་ལ་ནི་ཀ་ རུ་མི་འགྱུར་ཏེ། དཔེར་ན། ཨུཛྷ་གཏོང་བ་དང་། ཨུཉྪི་ཟ་བའི་བྱིངས་ཛྷའི་ཨ་བརྗོད་དོན་དང་། ཚིའི་ཨི་རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ཏི་དང་བར་དུ་ཨན་བྱིན་པ་ན། སྡེ་པ་སྡེ་པས་ མཚུངས་པའོ་ཞེས་པའི་ཚིག་ལས་ཕ་རོལ་གྱི་ཛྷ་དང་ཚ་འདྲ་ཡིག་ཡིན་པས་ན། ཛ་དང་ཉ་ཡིག་ ཀ་རུ་མི་འགྱུར་བར་རང་བཞིན་དུ་གནས་པས། ཨུཛྫྷ་ཏི(གཏོང་བར་བྱེད)། ཨུཉྪ་ཏི་(ཟ་བར་བྱེད། ) ཞེས་པ་ལྟ་བུའོ། །ཧའི་ཌྷའོ་ཞེས་པ་བྱིངས་ཀྱི་ཧ་ཡིག་ནི་དྷུཊ་ཅན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ ཌྷ་རུ་འགྱུར་ཞིང་། དེར་མ་ཟད་ཚིག་མཐའི་ཧ་ཡིག་ཀྱང་ཌྷ་རུ་འགྱུར་ཏེ། དཔེར་ན། ལི་ཧ་རོ་ མྱང་བའི་བྱིངས་ལ། བྷ་ཝི་ཥྱནྟིའི་སྱ་ཏི་བྱིན་ནས། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མའི་ཞེས་པས་ལིའི་ ཨི་ཡིག་ཡོན་ཏན་དང་། མདོ་འདིས་ཧ་ཡིག་ཌྷ་དང་། ཨཱ་བརྒྱད་པར། ཥ་ཌྷ་དག་གི་ས་ལ་ཞེས་ པས་ཌྷའང་ཀ་དང་། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་བས། ལེཀྵྱ་ཏི་(རོ་མྱང་བར་བྱེད)ཞེས་པ་ དང་། ཚིག་མཐའི་ཧ་ཡིག་ཌྷ་རུ་བསྒྱུར་བ་ནི་ལིཧ་ལ་ཡང་ཡང་མྱང་བར་འདོད་དོའི་དོན་ལ་ཡ་ 6-1-377 སྒྲ་བྱིན་པ་ན། སྔར་བཞིན་བྱིངས་གཉིས་སུ་བཞག་སྟེ། ཨ་བྷྱཱ་སའི་གསལ་བྱེད་དང་པོ་ལྷག་ མར་བྱས་ནས། ཨཱ་གསུམ་པར། ཙེ་ཀྲཱི་ཡི་ཏ་ལ་ཞེས་པས་ལི་སྔ་མ་དང་། ཨཱ་ལྔ་པར། ཨུ་པ་ དྷཱ་ནཱ་མི་ཞེས་པས་ལི་ཕྱི་མའི་ཨི་ཡོན་ཏན་བྱ་ཞིང་། མཐར་ཧྱསྟ་ནཱིའི་སི་བྱིན་པ། གསལ་བྱེད་ ལས་དི་སི་ཞེས་པས་ཕྱིས་ལ། སྔར་བཞིན་ཐོག་མར་ཨཊ་བཞག་སྟེ། མདོ་འདིས་ཧ་ཡིག་ཌྷ་རུ་ བསྒྱུར་བས། ཨ་ལེ་ལེ་ཌྷྱ་(ཁ་སང་ཤིན་ཏུ་མྱང་། ) ཞེས་པ་ལྟ་བུའོ། །ད་དང་པོའི་གྷའོ་ཞེས་པ། བྱིངས་ ཀྱིས་ཆ་ཤས་ད་ཡིག་དང་པོ་ཅན་གྱི་ཧ་ཡིག་གང་ཡིན་པ་དེ་ནི། དྷུཊ་ཅན་གྱི་རྐྱེན་ཕ་རོལ་ན་ ཡོད་པ་ལ་གྷ་རུ་འགྱུར་ཞིང་། དེར་མ་ཟད་ཚིག་མཐའི་ཧ་ཡིག་ཀྱང་གྷ་རུ་འགྱུར་ཏེ། དཔེར་ན། དུཧ་འཇོ་པ་དང་། དིཧ་སོགས་པའི་བྱིངས་ལ་ཀྲི་ཡཱ་ཏི་པཏྟིའི་སྱཏ་བྱིན་ནས། ཨཱ་ལྔ་པར། ཨུ་ པ་དྷཱ་ནཱ་མི་ཞེས་པས་དུ་དང་། དིའི་དབྱངས་ཡོན་ཏན་དང་། མདོ་འདིས་ཧ་ཡིག་གྷ་དང་། ཨཱ་ བརྒྱད་པར། བྱིངས་ཀྱི་གསུམ་པ་དང་པོའི་ཞེས་པས། ད་ཡིག་དྷ་དང་། ཤིཊ་མ་ཡིན་པ་རྣམས་ ཀྱི་སྒྲ་མེད་པ་རྣམས་ལ་ཞེས་པས་གྷ་ཡིག་ཀྱང་ཀ་དང་། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་ཏེ། བྱིངས་ཀྱི་དང་པོར་ཞེས་པས་སྔོན་དུ་ཨཊ་བཞག་པས། ཨ་དྷོ་ཀྵྱཏ། ཨ་དྷེ་ཀྵྱཏ་ཅེས་པ་དང་། ཚིག་མཐའི་ཧ་ཡིག་གྷ་རུ་འགྱུར་བ་ནི། དུ་ཧ་ལ་ཧྱསྟ་ནཱིའི་དི་བྱིན་པ་ན་གསལ་བྱེད་མཐའ་ ལས་དང་། བར་དུ་ཨན་བྱིན་པ་ཨད་སོགས་ལས་ཕྱིས་ཏེ་སྔར་བཞིན་བྱིངས་ཀྱི་དབྱངས་ཡོན་ ཏན་དང་། ཧ་ཡིག་གྷ་དང་། ད་ཡིག་དྷ་དང་། གྷ་ཡིག་ཀྱང་ཀ་རུ་བསྒྱུར་ནས། བྱིངས་ཀྱི་དང་ པོར་ཨཊ་བཞག་པས། ཨ་དྷོ་ཀ་(ཁར་སང་བཞོས། ) ཅེས་པ་ལྟ་བུའོ། ། དགུ་པ་བྱིངས་དང་། རྣམ་དབྱེའི་ཆ་ཤས་གཞན་དུ་འགྱུར་ཚུལ་ལ་གསུམ་ལས། དང་པོ་ བྱིངས་ཀྱི་ཆ་ཤས་གཞན་དུ་འགྱུར་ཚུལ་ནི། ན་ཧའི་དྷའོ་ཞེས་པ་ནི་ན་ཧ་འཆིང་བ་ལའོ། །ཞེས་ པ་འདིའི་ཧ་ཡིག་ནི་དྷུཊ་ཅན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་དྷ་རུ་འགྱུར་ཞིང་། དེར་མ་ཟད་ ཚིག་མཐའི་ཧ་ཡིག་ཀྱང་དྷ་རུ་འགྱུར་ཏེ། དཔེར་ན། ན་ཧ་ལ་ཤསྟྭ་ནཱིའི་ཏཱ་དང་། བྷ་ཝི་ཥྱནྟིའི་ 6-1-378 སྱ་ཏི་བྱིན་ནས། མདོ་འདིས་ཧ་ཡིག་དྷ་རུ་བསྒྱུར་བ་ན། ཨཱ་བརྒྱད་པར། གྷ་ཌྷ་དྷ་བྷ་རྣམས་ ལས་ཞེས་པས་རྐྱེན་གྱི་ཏཱ་ཡིག་དྷཱ་དང་། དྷུཊ་རྣམས་ཀྱི་བཞི་པ་ལ་ཞེས་པས་དྷ་ཡིག་སྔ་མ་ད་ དང་། སྒྲ་མེད་པ་རྣམས་ལ་ཞེས་པས་སྱ་ཏིའི་སྔ་མའི་དྷཱ་ཡིག་ཏ་རུ་བསྒྱུར་བས། ནངྔྷཱ (སང་འཆིང་)། ནཏྶྱཏི་(འཆིང་བར་འགྱུར་རོ། །)ཞེས་པ་དང་། ཚིག་མཐའི་ཧ་ཡིག་དྷ་རུ་འགྱུར་བ་ནི། ན་ཧ་ལ་ ཡང་ཡང་འཆིང་ངོའི་དོན་ལ་ཡ་སྒྲ་བྱིན་པ་ན། བྱིངས་གཉིས་སུ་བཞག་སྟེ། དང་པོ་ལྷག་མར་ བྱས་ནས། ཨཱ་གསུམ་པར། ཨཱ་ག་མ་མེད་པའི་ཞེས་པས་ན་སྔ་མ་རིང་པོར་བསྒྱུར་ཞིང་། ཨཱ་ བཞི་པར། ཙེ་ཀྲཱི་ཡི་ཏ་ལ་ཞེས་པས་ཡ་སྒྲ་དང་། མཐར་ཧྱསྟ་ནཱིའི་དི་བྱིན་པ་གསལ་བྱེད་མཐའ་ ལས་ཕྱིས་ལ། མདོ་འདིས་ཧ་ཡིག་དྷ་དང་། ཨཱ་བརྒྱད་པར། ཚིག་མཐར་དྷུཊ་རྣམས་ཀྱི་ཞེས་ པས་དྷའང་ཏ་རུ་བསྒྱུར་ཏེ། དང་པོར་སྔར་བཞིན་ཨཊ་བཞག་པས། ཨ་ནཱན་ཏ་(ཁ་སང་འཆིང་། ) ཅེས་པ་ལྟ་བུའོ། །བྷྲྀཛ་སོགས་རྣམས་ཀྱི་ཥའོ་ཞེས་པས་བྷྲསྫ་འཚེད་པ་དང་། ཡང་ན་དེ་ཉིད་བྷྲྀ་ ཛ་རུ་བསྒྱུར་བ་དང་། སོགས་ཀྱི་སྒྲས་སྲྀཛ་འགྲོ་བ་དང་། མྲྀ་ཛཱུ་ཥ་དག་པ་དང་། ཡ་ཛ་ལྷ་མཆོད་ པ་དང་། རཱ་ཛྼམ་གསལ་བ་དང་། བྷྲཱ་ཛྼམ་གསལ་བའི་བྱིངས་རྣམས་ཀྱི་མཐའི་ཛ་ཡིག་རྣམས་ནི་ དྷུ་ཊ་ཅན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཥ་ཡིག་ཏུ་འགྱུར་ཞིང་། དེར་མ་ཟད་ཚིག་མཐར་གྱུར་ པ་ནའང་ཥ་ཡིག་ཏུ་འགྱུར་ཏེ། དཔེར་ན། བྱིངས་མཐའ་རྣམས་དྷུཊ་ལ་ཥ་ཡིག་ཏུ་འགྱུར་བ་ ནི་ཐམས་ཅད་ཀྱི་མཐར་ཤྭསྟ་ནཱིའི་ཏཱ་བྱིན་པ་ན། མདོ་འདིས་ཛ་ཡིག་རྣམས་ཥ་རུ་བསྒྱུར་ནས། ཨཱ་བརྒྱད་པར། ཥ་དང་ཊ་སྡེ་ལས་ཞེས་པས་རྐྱེན་གྱི་ཏ་ཡིག་ཊ་རུ་བསྒྱུར་བ་ནི་མཚུངས་པར་ སྦྱར་ཞིང་། ཁྱད་པར་དུ་འདི་ཉིད་དུ་བརྩེགས་པ་དང་པོའི་ས་ཀ་དག་གི་ཞེས་པས། བྷྲསྫའི་ ས་ཡིག་ཕྱིས་པས། བྷྲཥྚཱ་(ནང་པར་འཚེད། ) ཞེས་པ་དང་། ཨཱ་བཞི་པར། གྲ་ཧི་ཛྱཱ་བ་ཡི་ཞེས་པས་ བྷྲསྫའི་ར་ཡིག་ཡང་ན་སླར་རྀ་ཡིག་ཏུ་འགྱུར་ཏེ། འདི་ཉིད་དུ་བརྩེགས་པ་དང་པོའི་ཞེས་པས་ ས་ཡིག་ཕྱིས་ནས། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིའི་ཞེས་པས་རྀ་ཡིག་ཡོན་ཏན་བྱས་པས། བྷཪྵྚཱ་ 6-1-379 (ནང་པར་འཚེད། )ཞེས་པ་དང་། ཨཱ་བཞི་པར། སྲྀ་ཛི་དྲྀ་ཤི་དག་གི་ཞེས་པས། སྲྀའི་མཐར་ཨ་ཡིག་ ཨཱ་ག་མ་བྱེད་ནས་མཚམས་སྦྱར་བས། སྲཥྚཱྀ་(ནང་པར་སྤྲོ། ) ཞེས་པ་དང་། མྲྀ་ཛཱུ་ཥའི་ཨཱུ་དང་ཥ་ རྗེས་འབྲེལ་ཕྱིས་ཏེ། ཨུ་པ་དྷཱ་ནཱ་མིའི་ཞེས་པས། རྀ་ཡིག་ཡོན་ཏན་བྱས་པ། ཨཱ་བརྒྱད་པར། མརྫའི་མཱརྫའོ་ཞེས་པས་མཱརྫ་རུ་བསྒྱུར་བས། མཱཪྵྚཱ(ནང་པར་དག)ཞེས་པ་དང་། ཡཛ་ལས། ཡཥྚཱ་ (ནང་པར་མཆོད། )ཞེས་པ་དང་། རཱ་ཛྼམ་དང་། བྷྲཱ་ཛྼམའི་རྀ་ཡིག་རྗེས་འབྲེལ་ཕྱིས་པ་ལས། རཱཥྚཱ(ནང་ པར་གསལ)། བྷྲཥྚཱ་ཞེས་པ་ལྟ་བུའོ། །ཚིག་མཐའི་ཛ་ཡིག་ཥ་རུ་བསྒྱུར་བ་ནི། བྱིངས་དེ་རྣམས་ ཀྱི་རྗེས་འབྲེལ་རྣམས་ཕྱིས་པ་ལ། ཡང་ཡང་ངམ་ཤིན་ཏུའི་དོན་ལ་ཡ་སྒྲ་བྱིན་ནས། བྱིངས་ གཉིས་སུ་བཞག་སྟེ། གསལ་བྱེད་དང་པོ་ལྷག་མར་བྱེད་པ་དང་། ཨཱ་བཞི་པར། ཙེ་ཀྲཱི་ཡི་ ཏའི་ཡང་ནའོ་ཞེས་པས་ཡ་སྒྲ་འཕྱིད་པ་དང་། མཐར་ཧྱསྟ་ནཱིའི་དི་བྱིན་པ་གསལ་བྱེད་མཐའ་ ལ་འཕྱིད་པ་དང་། བྱིངས་ཀྱི་དང་པོར་ཨཊ་འཇོག་པ་དང་། མདོ་འདིས་ཛ་ཡིག་རྣམས་ཥ་རུ་ བསྒྱུར་བ་དང་། ནཱ་གསུམ་པར་རྫོགས་པ་ལ་ཡང་ནའོ་ཞེས་པས་གནས་མཚུངས་པའི་ཕྱིར་ཥ་ ཡིག་ཀྱང་ཊ་རུ་བསྒྱུར་ཏེ་སྦྱོར་བ་ནི་ཐམས་ཅད་ལ་མཚུངས་ཤིང་། ཁྱད་པར་བྷྲྀ་ཛ་དང་། སྲྀ་ ཛ་དང་། མྲྀཛ་རྣམས་ལ། ཨཱ་གསུམ་པར། རྀ་ཡིག་གི་ཨ་ཡིག་གོ་ཞེས་པས་བྱིངས་གཉིས་སུ་ བྱས་པའི་སྔ་མའི་རྀ་ཡིག་ཨ་ཡིག་ཏུ་བསྒྱུར་བའི་མཐར། རྀ་དང་ལྡན་པའི་རཱིའོ་ཞེས་པས་རཱི་ ཨཱ་ག་མ་བྱིན་ནས། ཨུ་པ་དྷཱ་ནཱ་མིའི་ཞེས་པས་ཕྱི་མའི་རྀ་ཡིག་ཡོན་ཏན་བྱས་ཏེ། གཉིས་པ་ བཞི་པ་ཞེས་པས་བྷ་སྔ་མ་བ་ཡིག་ཏུ་བསྒྱུར་བས། ཨ་བ་རཱི་བྷཪྚཱ་(ཁར་སང་བཙོས་སོ། །) ཨ་ས་རཱི་སཪྚཱ་(ཁ་སང་སོང་ངོ་། །)ཞེས་པ་དང་། མྲྀ་ཛལ་ཁྱད་པར་དུ། ཨཱ་བརྒྱད་པར། མརྫའི་མཱརྫའོ་ཞེས་ པ་ལྟར་བསྒྱུར་བས། ཨ་མ་རཱི་མཪྚཱ་(ཁ་སང་དང་། )ཞེས་པ་དང་། ཡཛ་ལ་ཨཱ་ག་མ་མེད་པའི་ཞེས་ པས་ཡ་སྔ་མ་རིང་པོར་བསྒྱུར་བས། ཨ་ཡཱ་ཡཊ་(ཁ་སང་མཆོད། ) ཅེས་པ་དང་། རཱ་ཛ་ལ། ཨ་རཱ་ རཱ་ཊ་(ཁ་སངས་རྒྱལ། ) ཅེས་པ་དང་། བྷྲ་ཛའི་བྷ་སྔ་མ་སྔར་བཞིན་བ་རུ་བསྒྱུར་བས། ཨ་བཱ་བྷྲཊ་ 6-1-380 (ཁ་སང་གསལ། ) ཅེས་པ་ལྟ་བུའོ། །ཙྪ་ཤ་དག་གི་འང་ངོ་ཞེས་པ་ནི་བྱིངས་ཀྱི་ཚ་ཡིག་དང་། ཤ་ ཡིག་དག་ཀྱང་། དྷུ་ཊ་ཅན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཥ་ཡིག་ཏུ་འགྱུར་ཞིང་། དེར་མ་ཟད་ ཚིག་མཐའི་ཚ་དང་། ཤ་དག་ཀྱང་ཥ་ཡིག་ཏུ་འགྱུར་ཏེ། དཔེར་ན། པྲཙྪ་ཤེས་པར་འདོད་པ་ དང་། བི་ཤ་འཇུག་པའི་བྱིངས་ལ་ཤྭསྟ་ནཱིའི་ཏཱ་དང་། བྷ་ཝི་ཥྱནྟིའི་སྱ་ཏི་བྱིན་པ་ན། ཨུ་པ་དྷཱ་ནཱ་ མིའི་ཞེས་པས་བིའི་ཨི་ཡོན་ཏན་བྱས་ལ། མདོ་འདིས་ཚ་དང་། ཤ་ཡིག་ཥ་རུ་བསྒྱུར་ཞིང་། ནཱ་ གསུམ་པར། བརྩེགས་པའི་དང་པོའི་དྷུ་ཊའི་འོ་ཞེས་པས་པྲཙྪའི་ཙ་ཕྱིས་ཏེ། ཨཱ་བརྒྱད་པར། ཥ་དང་ཊ་སྡེ་ལས་ཞེས་པས་རྐྱེན་གྱི་ཏཱ་ཡིག་ཊཱ་དང་། ཥ་ཌྷ་དག་གིས་ཞེས་པས་ཥ་ཡིག་ཀྱང་སྱ་ ཕ་རོལ་ལཀ་དང་། རྒྱུ་མཚན་ལས་སྱའི་ས་ཡིག་ཀྱང་ཥ་རུ་བསྒྱུར་བས། སྲཥྚཱྀ(སང་ཤེས་པར་བྱ)། པྲཀྵྱཏི། (ཤེས་པར་འགྱུར་རོ། །)བིཥྚཱ(སང་འཇུག)། བེཀྵྱ་ཏི་(འཇུག་པར་འགྱུར་རོ། །)ཞེས་པ་ལྟ་བུའོ། །ཚིག་ མཐའི་ཚ་དང་། ཤ་ཡིག་ཥ་རུ་འགྱུར་བ་ནི་པྲཙྪ་ལ་ཡང་ཡང་ཤེས་པར་འདོད་དོའི་དོན་ལ་ཡ་སྒྲ་ བྱིན་པ་ན། ཨཱ་བཞི་པར། གྲ་ཧི་ཛྱཱ་ཞེས་པས། ར་ཡིག་རྀ་རུ་བསྒྱུར་ནས་གཉིས་སུ་བཞག་ཅིང་། དང་པོ་ལྷག་མར་བྱས་ནས། ཨཱ་གསུམ་པར། རྀ་ཡིག་གི་ཞེས་པས་སྔ་མའི་རྀ་ཡིག་ཨ་ཡིག་ ཏུ་བསྒྱུར་བའི་མཐར་རྀ་དང་ལྡན་པའི་ཞེས་པས་རཱི་ཨཱ་ག་མ་བྱིན་ལ། ཙེ་ཀྲཱི་ཡི་ཏའི་ཡང་ན་ ཞེས་པས་ཡ་སྒྲ་ཕྱིས་པའི་མཐའ་དང་། བི་ཤའི་མཐར། ཧྱསྟ་ནཱིའི་དི་བྱིན་ནས། ཨུ་པ་དྷཱ་ཞེས་ པས་པྲྀ་ཕྱི་མ་དང་། བི་ཡོན་ཏན་བྱས་ཏེ་སྔར་བཞིན་དང་པོར་ཨཊ་བཞག་ཅིང་། གསལ་བྱེད་ ལས་དི་ཕྱིས་ལ། མདོ་འདིས་ཚ་དང་། ཤ་ཡིག་ཥ་རུ་བསྒྱུར་བའང་། ཚིག་མཐར་དྷུ་ཊ་རྣམས་ ཀྱི་ཞེས་པས་ཊ་རུ་བསྒྱུར་བས། ཨ་པ་རཱི་པཪྚྲ(ཁར་སང་ཡང་ཡང་ཤེས་པར་བྱས)། ཨ་བེ་བེཊ྄་(ཁར་སང་ ཤིན་ཏུ་འཇུག)ཞེས་པ་ལྟ་བུའོ། ། གཉིས་པ་སྐྱེས་པའི་རྟགས་ཅན་སྔར་བཞིན་གནས་ཚུལ་ནི། སྐྱེས་པར་བཤད་པ་ནི་ཨཱ་ཡི་ ལ་སྐྱེས་པ་བཞིན་ནོ། །ཞེས་པ་སྔར་སྐྱེས་པར་བཤད་པ་ད་ལྟ་བུད་མེད་ལ་འཇུག་པ་དེ་ནི་ཨཱ་ 6-1-381 ཡིའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་སྔར་གྱི་སྐྱེས་པའི་རྟགས་ཀྱི་གཟུགས་གང་ཡིན་པ་དེ་བཞིན་དུ་ འགྱུར་ཏེ། དཔེར་ན། བྲཱཧྨ་ཎ་དང་། ཨེན་སྐྱེས་པའི་རྟགས་ཅན་དེ་དག་བུད་མེད་དུ་བརྗོད་པ་ ལ། ནཱ་བཞི་པའི་ན་ད་སོགས་ཀྱིས་མདོའམ། སློབ་མ་ལ་ཕན་པའི་ནཱ་བདུན་པར་སྐྱེས་པ་དང་ ལྡན་པ་ལས། ཞེས་པས། ཨཱིའི་རྐྱེན་བྱིན་པ། ནཱ་བཞི་པར། བུད་མེད་དུ་བྱས་པའི་ཨཱི་ཡིག་ལ་ ཞེས་པས། ཎ་དང་ནའི་ཨ་ཕྱིས་ཏེ་སྦྱར་བ་ལ། ཨཱ་གཉིས་པར། བྱེད་པ་པོ་ལ་ཨཱ་ཡི་སྟེ་ཞེས་པས་ ཨཱ་ཡིའི་རྐྱེན་བྱིན་པའི་ཡིའི་ཨི་ཡིག་ཁྱད་དོན་དང་། མདོ་འདིས་བུད་མེད་དུ་བསྒྲུབས་པའི་ ཨཱི་ཡིག་ཕྱིས་ནས། སྔར་གྱི་སྐྱེས་པའི་གཟུགས་སུ་བཞག་པའི་མཐར། བརྟ་མཱ་ནཱའི་སྔ་མ་ལ་ ཏི་དང་། ཕྱི་མ་ལ་ཏེ་བྱིན་ནས། བར་དུ་སྔར་བཞིན་ཨན་བྱིན་པ་འདི་ཉིད་དུ་ཨ་དང་མཚམས་ སྦྱོར་གྱིས་ཞེས་པས་ཎ་དང་ནའི་ཨཱ་ཡིག་ཏུ་བསྒྱུར་ཏེ། ཨན་ཕྱིས་ནས་སྦྱར་བས། བྲཱཧྨ་ཎཱ་ཡ་ ཏི(བྲམ་ཟེ་བཞིན་དུ་བྱེད)། ཨེ་ནཱ་ཡ་ཏེ་ཞེས་པ་ལྟ་བུའོ། །ཨཱ་ཡིའི་རྐྱེན་མ་ཡིན་པ་ལ་ནི་སྔར་གྱི་སྐྱེས་ པའི་གཟུགས་བཞིན་དུ་མི་འགྱུར་ཏེ། དཔེར་ན། བྲཱཧྨ་ཎ་སྐྱེས་པའི་རྟགས་ཅན་བུད་མེད་དུ་ བརྗོད་པ་ལ་ཨཱིའི་རྐྱེན་བྱིན་ནས་སྔར་བཞིན་བསྒྲུབས་པ་ལ། ཨཱ་གཉིས་པར། མིང་ལས་ཞེས་ པས་ཡིན་གྱི་རྐྱེན་བྱིན་པའི་ཨི་དང་། ན་ཁྱད་དོན་ཕྱིས་པའི་མཐར་སྔ་མ་བཞིན་ཏི་བར་དུ་ཨན་ བྱིན་པས། བྲཱཧྨ་ཎཱི་ཡ་ཏི་(བྲམ་ཟེ་བཞིན་དུ་འདོད་པར་བྱེད། ) ཞེས་པ་ལྟ་བུའོ། །གསུམ་པ་རྣམ་དབྱེའི་ ཆ་ཤས་གཞན་དུ་འགྱུར་ཚུལ་ནི། ཨ་ལས་ཨཱ་ཏཱམ་ཨཱ་ཐཱ་མའི་དང་པོའི་ཨིའོ་ཞེས་པ་མཐའི་ཨ་ ཡིག་ལས་ཕ་རོལ་གྱི་ཨཱ་ཏཱ་མ་དང་། ཨཱ་ཐཱམ་ཞེས་པ་འདི་དག་གི་དང་པོའི་ཨཱ་ཡིག་ཉིད་ནི་ཨི་ ཉིད་དུ་འགྱུར་ཏེ། དཔེར་ན། པ་ཙ་འཚེད་པ་དང་། ཡཛ་ལྷ་མཆོད་པའི་བྱིངས་ཙ་དང་། ཛའི་ ཨ་བརྗོད་དོན་ཕྱིས་པའི་མཐར། པཉྩ་མཱིའི་ཨཱ་ཏཱ་མ་དང་། ཨཱ་ཐཱམ་དང་། བར་དུ་བྱེད་པ་པོ་ལ་ ཞེས་པས་ཨན་བྱིན་ནས། མདོ་འདིས་ཨཱ་ཡིག་དག་ཨི་རུ་བསྒྱུར་ཏེ་མཚམས་སྦྱར་བས། པ་ ཙེ་ཏཱམ། (སྨིན་པར་ཤོག) པ་ཙེ་ཐཱམ། ཡ་ཛེ་ཏཱམ(མཆོད་པར་སྨོན)། ཡ་ཛེ་ཐཱམ་ཞེས་པ་ལྟ་བུའོ། །ཨཱ་ 6-1-382 ཏེ་ཨཱ་ཐེ་ཞེས་པའི་འང་ངོ་ཞེས་པ་ནི་མཐའི་ཨ་ཡིག་ལས་ཕ་རོལ་གྱི་ཨཱ་ཏེ་དང་། ཨཱ་ཐེ་ཞེས་པ་ འདི་དག་གི་དང་པོའི་ཨཱ་ཡིག་ཀྱང་ཨི་ཉིད་དུ་འགྱུར་ཏེ། དཔེར་ན། པ་ཙ་དང་། ཡ་ཛ་བརྗོད་ དོན་ཕྱིས་པའི་མཐར་བརྟ་མཱ་ནཱའི་ཨཱ་ཏེ་དང་། ཨཱ་ཐེ་དང་། བར་དུ་ཨན་བྱིན་ནས། ཨཱ་ཡིག་ དག་ཨི་རུ་བསྒྱུར་ཏེ་མཚམས་སྦྱར་བས། པ་ཙེ་ཏེ(འཚེད་པར་བྱེད། )། པ་ཙེ་ཐེ། ཡ་ཛེ་ཏེ། ཡ་ཛེ་ཐེ་ (མཆོད་པར་བྱེད། )ཞེས་པ་ལྟ་བུའོ། །སཔྟ་མཱིའི་ཡ་སྒྲའི་འང་ངོ་ཞེས་པ་ནི། ཨ་ཡིག་གི་མཐའ་ལས་ ཕ་རོལ་གྱི་སཔྟ་མཱིའི་རྐྱེན་རྣམས་ལས་ཡ་སྒྲ་སྟེ་ཡ་ཡིག་དང་པོ་ཅན་དབྱངས་དང་བཅས་པའང་ ཨི་ཉིད་དུ་འགྱུར་ཏེ། དཔེར་ན། པ་ཙའི་མཐར་སཔྟ་མཱིའི་ཡཱཏ་དང་། ཡཱ་ཏཱམ་དང་། ཡཱས་དང་། བར་དུ་ཨན་བྱིན་ནས། མདོ་འདིས་ཡ་ཡིག་དབྱངས་དང་བཅས་པ་ཨི་རུ་བསྒྱུར་ཏེ་སྦྱར་བས། པ་ཙེཏ྄(འཚེད་ནུས)། པ་ཙེ་ཏཱ་མ། པ་ཙེཿཞེས་པ་ལྟ་བུའོ། །ཡཱམ་ཡུས་དག་གི་ཨི་ཡམ་ཨི་ཡུས་ དག་གོ་ཞེས་པ་ནི། ཨ་ཡིག་གི་མཐའ་ལས་ཕ་རོལ་གྱི་སཔྟ་མཱིའི་རྐྱེན་ཡཱཾ་དང་། ཡུས་ཞེས་པའི་ འདི་དག་གོ་རིམ་བཞིན་དུ་ཨི་ཡཾ་དང་། ཨི་ཡུས་ཞེས་པ་དག་ཏུ་འགྱུར་ཏེ། དཔེར་ན། ཡ་ཛའི་ མཐར་སཔྟ་མཱིའི་ཡཱཾ་དང་། ཡུས་དང་། བར་དུ་ཨན་བྱིན་ནས། ཡཱཾ་ནི་ཨི་ཡཾ་དང་། ཡུས་ནི་ཨི་ ཡུས་སུ་བསྒྱུར་ཏེ་མཚམས་སྦྱར་བས། ཡ་ཛེ་ཡཾ(ལྷ་མཆོད་པར་གྱིས)། ཡ་ཛེ་ཡུཿ ཞེས་པ་ལྟ་བུའོ། ། སྤྱིའི་བཅུ་བ་བྱིངས་ཀྱི་ཨུ་པ་དྷཱའི་དབྱངས་རིང་པོར་འགྱུར་ཚུལ་ནི། ཤཾ་སོགས་རྣམས་ཀྱི་ ཡན་ལ་རིང་པོའོ་ཞེས་པ་ཤ་མུ་ཉེ་བར་ཞི་བ་དང་། སོགས་ཀྱིས་སྒྲས་ཏ་མུ་འདོད་པ་དང་། ད་ མུ་ཉེ་བར་ཞི་བ་དང་། ཤྲམུ་དཀའ་ཐུབ་དང་། བྷྲ་མུ་མི་གནས་པ་དང་། ཀྵམུཥ་བཟོད་པ་དང་། ཀླ་མུ་ངལ་བ་དང་། མ་དི་བཟོད་པའི་བྱིངས་རྣམས་ཀྱིས་དབྱངས་ཨ་ཡིག་ནི་ཡན་གྱི་རྐྱེན་ ཕ་རོལ་ཏུ་ཡོད་པ་ལ་རིང་པོར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨུ་ཡིག་རྣམས་དང་། ཥ་དང་། ཨི་ཡིག་རྗེས་འབྲེལ་ཕྱིས་པ་ལ། ཨཱ་གཉིས་པར། དིབ་སོགས་ལས་ཞེས་པས་ཡན་ བྱིན་པའི་ན་ཡིག་ཁྱད་དོན་ཕྱིས་ནས། མདོ་འདིས་བྱིངས་ཀྱི་ཨ་ཡིག་རྣམས་རིང་པོར་བསྒྱུར་ 6-1-383 ཏེ། མཐར་བརྟ་མཱ་ནཱའི་ཏི་བྱིན་པས། ཤཱ་མྱ་ཏི(ཞི་བར་བྱེད)། ཏཱ་མྱ་ཏི(འདོད་པར་བྱེད)། དཱ་མྱ་ཏི(དུལ་ བར་བྱེད)། ཤྲཱ་མྱ་ཏི(དཀའ་ཐུབ་བྱེད)། བྷྲཱ་མྱ་ཏི(གཡོ་བར་བྱེད)། ཀྵཱ་མྱ་ཏི(བཟོད་པར་བྱེད)། ཀླཱ་མྱ་ཏི(ངལ་བར་ བྱེད)། མཱ་དྱ་ཏི་(དགའ་བར་བྱེད། )ཞེས་པ་ལྟ་བུའོ། །ཤཾ་སོགས་རྣམས་ཀྱི་དབྱངས་ཡིན་ཀྱང་རྐྱེན་ གཞན་ལ་རིང་པོར་མི་འགྱུར་ཏེ། དཔེར་ན། ཤཾ་ལ་ཤྭསྟ་ནཱིའི་ཏཱ་དང་། ཨཱ་བདུན་པར། བྱིངས་ ཐམས་ཅད་པ་མིན་པའི་ཞེས་པས་བྱིངས་མཐའ་ཨིཊ་བྱིན་ནས་སྦྱར་བས། ཤ་མི་ཏཱ་(ནང་པར་ ཞི། )ཞེས་པ་ལྟ་བུའོ། །དེ་བཞིན་དུ་གཞན་རྣམས་ལའང་སྦྱར་རོ། །ཥྛི་བུ་ཀླ་མུ་ཨཱ་ཙམ་རྣམས་ཀྱི་ ཨན་ལའོ། །ཞེས་པ་ཥྛི་བུ་ངེས་པར་གནས་པ་དང་། ཀླ་མུ་ངལ་བ་དང་། ཨཱང་སྔོན་མ་ཅན་གྱིས་ ཙ་མུ་ཟ་བའི་བྱིངས་འདི་རྣམས་ཀྱི་དབྱངས་ནི། ཨན་ཕ་རོལ་ཏུ་ཡོད་པ་ལ་རིང་པོར་འགྱུར་ ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨུ་ཡིག་རྗེས་འབྲེལ་ཕྱིས་པའི་མཐར། བརྟ་མཱ་ནཱའི་ཏི་དང་། བར་དུ་སྔར་བཞིན་ཨན་བྱིན་ནས། མདོ་འདིས་དབྱངས་རྣམས་རིང་པོར་བསྒྱུར་ཏེ་མཚམས་ སྦྱར་བས། ཥྛཱི་བ་ཏི(ངེས་པར་གནས་པར་བྱེད)། ཀླཱམ་ཏི(ངལ་བར་བྱེད)། ཨཱ་ཙཱ་མ་ཏི་(ཟ་བར་བྱེད། )ཞེས་པ་ ལྟ་བུའོ། ། དེ་རྣམས་རྐྱེན་གཞན་ལ་ནི་རིང་པོར་མི་འགྱུར་ཏེ། དཔེར་ན། ཥྛིབ་ལ་ཤྭསྟི་ནཱིའི་ཏཱ་བྱིན་ ནས། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིའི་ཞེས་པས་བྱིངས་ཀྱི་དབྱངས་ཡོན་ཏན་བྱ་ཞིང་། ཨཱ་བདུན་ པར། བྱིངས་ཐམས་ཅད་པ་མིན་པའི་ཞེས་པས། བྱིངས་མཐར་ཨིཊ་བྱིན་པས། ཥྛི་བི་ཏཱ་(སང་ ངེས་པར་གནས། ) ཞེས་པ་ལྟ་བུ་སྟེ། དེ་བཞིན་དུ་གཞན་དག་ལའང་སྦྱར་རོ། །ཀྲ་མའི་པ་རསྨཻ་ ལའོ། །ཞེས་པ་ཀྲ་མུ་རྐང་པ་བསྐྱོད་པའི་བྱིངས་འདིའི་དབྱངས་ན། ཨན་གྱི་རྐྱེན་དང་། པ་ རསྨཻ འི་ཚིག་དེའི་ཕ་རོལ་ཏུ་ཡོད་པ་ལ་རིང་པོར་འགྱུར་ཏེ། དཔེར་ན། ཀྲ་མུའི་ཨུ་རྗེས་འབྲེལ་ ཕྱིས་པའི་མཐར། བརྟ་མཱ་ནཱའི་པ་རསྨཻ འི་ཏི་དང་། ཏས་དང་། བར་དུ་ཨན་བྱིན་ནས། མདོ་ འདིས་ཀྲའི་ཨ་རིང་པོར་བསྒྱུར་བས། ཀྲཱ་མ་ཏི(འགོམ་པར་བྱེད)། ཀྲཱ་མ་ཏཿ(འགོམ་པར་བྱེད་པ་དག) 6-1-384 ཞེས་པ་ལྟ་བུའོ། །ཕ་རོལ་ཏུ་པ་རསྨཻ འི་ཚིག་མེད་ན་བར་དུ་ཨན་གྱི་རྐྱེན་ཡོད་ཀྱང་རིང་པོར་མི་ འགྱུར་ཏེ། དཔེར་ན། ཨཱང་སྔོན་མ་ཅན་གྱི་ཀྲམ་ལ་བརྟ་མཱ་ནཱའི་ཨཱཏ྄་མ་ནེའི་ཏེ་དང་། བར་དུ་ ཨན་བྱིན་ནས་སྦྱར་བས། ཨཱ་ཀྲ་མ་ཏེ་(ཀུན་ཏུ་འགོམ་པར་བྱེད། ) ཞེས་པ་ལྟ་བུའོ། ། བཅུ་གཅིག་པ་རྫས་སྨོས་པའི་སྒོ་ནས་བྱིངས་རྣམས་གཞན་དུ་འགྱུར་ཚུལ་ནི། གམ་ཨི་ ཥུ་ཡམ་རྣམས་ཀྱི་ཚའོ། །ཞེས་པ་གམླྀ་འགྲོ་བ་དང་། ཨི་ཥུ་འདོད་པ་དང་། ཡ་མུ་འཇིག་པའི་ བྱིངས་ཀྱི་མཐའི་ཡི་གེ་རྣམས་ཨན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཚ་ཡིག་ཏུ་བསྒྱུར་ཏེ། དཔེར་ ན། བྱིངས་དེ་རྣམས་ཀྱི་ལྀ་དང་། ཨུ་རྗེས་འབྲེལ་ཕྱིས་པའི་མཐར། བརྟ་མཱ་ནཱའི་ཏི་དང་། བར་ དུ་ཨན་ཕྱིན་པ་ན། མདོ་འདིས་མཐའི་ཡི་གེ་རྣམས་ཚ་རུ་བསྒྱུར་ཞིང་། སན་ལྔ་པར་དབྱངས་ ལས་ཕ་རོལ་ཚ་ཡིག་ཅེས་པས་ཚ་ཡིག་གཉིས་སུ་བརྩེགས་ལ། ནཱ་གསུམ་པར། སྒྲ་མེད་པ་ལ་ དང་པོའོ་ཞེས་པས་ཚ་སྟེང་མ་ཙ་རུ་བསྒྱུར་ནས་སྦྱར་བས། གཙྪཏི(འགྲོ་བར་བྱེད)། ཨིཙྪ་ཏི(འདོད་ པར་བྱེད)། ཡཙྪ་ཏི་(འཇིག་པར་བྱེད། )ཞེས་པ་ལྟ་བུའོ། །པཱའི་པི་ཝའོ་ཞེས་པ་པཱ་འཐུང་བའི་བྱིངས་ འདི་ནི་ཨན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་པི་ཝ་རུ་འགྱུར་ཏེ། དཔེར་ན། ཕཱའི་མཐར་བརྟ་མཱ་ ནཱའི་ཏི་དང་། བར་དུ་ཨན་བྱིན་པ་ན། མདོ་འདིས་པཱ་ཡིག་པཱི་ཝ་རུ་བསྒྱུར་ནས། འདི་ཉིད་དུ་ ཨ་དང་མཚམས་སྦྱོར་གྱི་ཞེས་པས་ཝའི་དབྱངས་ཕྱིས་ཏེ་སྦྱར་བས། པི་ཝ་ཏི་(འཐུང་བར་བྱེད། ) ཞེས་པ་ལྟ་བུའོ། །གྷྲཱའི་ཛི་གྷྲཱའོ་ཞེས་པས་གྷྲཱ་དྲི་ལེན་པ་ལའོ། །ཞེས་པའི་བྱིངས་འདི་ནི་ཨན་གྱི་ རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཛིགྷྲ་རུ་འགྱུར་ཏེ། དཔེར་ན། གྷྲཱའི་མཐར་བརྟ་མཱ་ནཱའི་ཏི་དང་། བར་ དུ་ཨན་བྱིན་པ་ན། མདོ་འདིས་ཛིགྷྲ་རུ་བསྒྱུར་ནས། ཨ་དང་མཚམས་སྦྱོར་ཞེས་པས་གྷྲའི་ དབྱངས་ཨན་གྱི་ཨ་རུ་བསྒྱུར་ཏེ། ཨན་ཕྱིས་ཏེ་སྦྱར་བས། ཛི་གྷྲ་ཏི་(དྲི་ལེན་པར་བྱེད། )ཞེས་པ་ལྟ་ བུའོ། །དྷྨཱའི་དྷ་མའོ་ཞེས་པ་དྷྨཱ་སྒྲ་དང་མེ་ཀུན་ཏུ་སྦྱོར་བ་ལ་འཇུག་པའི་བྱིངས་འདི་ནི་ཨན་གྱི་ རྐྱེན་ཕ་རོལ་ཏུ་ཡོད་པ་ལ་དྷ་མ་རུ་འགྱུར་ཏེ། དཔེར་ན། དྷྨཱའི་མཐར་སྔར་བཞིན་ཏི་དང་། བར་ 6-1-385 དུ་ཨན་བྱིན་ནས། མདོ་འདིས་དྷ་མ་རུ་བསྒྱུར་ཞིང་། མའི་དབྱངས་ལས་ཨན་སྔ་མ་བཞིན་ ཕྱིས་ཏེ་སྦྱར་བས། དྷ་མ་ཏི་(མེ་འབུད། ) ཞེས་པ་ལྟ་བུའོ། །སྠཱའི་ཏིཥྛའོ་ཞེས་པ་ནི། སྠཱ་གནས་ པའི་བྱིངས་འདི་ནི་ཨན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཏིཥྛ་རུ་འགྱུར་ཏེ། དཔེར་ན། སྠཱ་ལ་སྔར་ བཞིན་ཏི་དང་ཨན་བྱིན་ནས། མདོ་འདིས་ཏིཥྛ་རུ་བསྒྱུར་ཞིང་། ཥྛའི་དབྱངས་ལས་ཨན་སྔ་མ་ ལྟར་ཕྱིས་ཏེ་སྦྱར་བས། ཏིཥྛ་ཏི་(གནས་སོ། །)ཞེས་པ་ལྟ་བུའོ། །མྣཱའི་མ་ནའོ་ཞེས་པ་མྣཱ་གོམས་ པའི་བྱིངས་འདི་ནི་ཨན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་མ་ན་རུ་འགྱུར་ཏེ། དཔེར་ན། ལ་སྔར་ བཞིན་ཏི་དང་ཨན་བྱིན་ནས། མདོ་འདིས་མན་རུ་བསྒྱུར་ཞིང་། ནའི་དབྱངས་ལས་ཨན་སྔ་མ་ ལྟར་ཕྱིས་ཏེ་སྦྱར་བས། མ་ན་ཏི་(གོམས་པར་བྱེད། )ཞེས་པ་ལྟ་བུའོ། །དཱ་ཎའི་ཡཙྪའོ་ཞེས་པ་དཱཎ་ སྦྱིན་པའི་བྱིངས་འདི་ནི་ཨན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཡཙྪ་རུ་འགྱུར་ཏེ། དཔེར་ན། དཱཎ་ ལ་(སློབ་ཕན་དུ་ཎ་ནི་མདོ་འདིའི་དོན་ཏོ་ཞེས་པ་འབྱུང་ངོ་། །) སྔ་མ་སྔར་བཞིན་ཏི་དང་ཨན་བྱིན་ནས། མདོ་ འདིས་ཡཙྪ་རུ་བསྒྱུར་བའི་ཚའི་དབྱངས་ལས་ཨན་སྔ་མ་ལྟར་ཕྱིས་ཏེ་སྦྱར་བས། ཡཙྪ་ཏི་(སྦྱིན་ པར་བྱེད། )ཞེས་པ་ལྟ་བུའོ། །དྲྀ་ཤིའི་པ་ཤྱའོ་ཞེས་པས། དྲྀ་ཤིར་ལྟ་བའི་བྱིངས་ནི། ཨན་གྱི་རྐྱེན་ ཕ་རོལ་ཏུ་ཡོད་པ་ལ་ཤྱ་རུ་འགྱུར་ཏེ། དཔེར་ན། དྲྀ་ཤི་སྔར་བཞིན་ཏི་དང་ཨན་བྱིན་ནས། མདོ་ འདིས་པ་ཤྱ་རུ་བསྒྱུར་བའི་ཤྱའི་དབྱངས་ལས་ཨན་སྔ་མ་ལྟར་ཕྱིས་ཏེ་སྦྱར་བས། པ་ཤྱ་ཏི་ (བལྟ་བར་བྱེད། )ཞེས་པ་ལྟ་བུའོ། །ཨརྟིའི་རྀཙྪའོ་ཞེས་པ་ཨརྟི་ཏེ་རྀ་འགྲོ་བའི་བྱིངས་འདི་ནི་ཨན་ གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་རྀ་ཙྪ་རུ་འགྱུར་ཏེ། དཔེར་ན། རྀ་ལ་སྔར་བཞིན་ཏི་དང་ཨན་བྱིན་ ནས། རི་ཙྪ་རུ་བསྒྱུར་བའི་ཚའི་དབྱངས་ལས་ཨན་སྔ་མ་ལྟར་ཕྱིས་ཏེ་སྦྱར་བས། རྀཙྪ་ཏི་(འགྲོ་ བར་བྱེད། ) ཞེས་པ་ལྟ་བུའོ། །སརྟིའི་དྷཱ་ཝའོ་ཞེས་པས་སརྟི་ཏེ་སྲྀ་འགྲོ་བའི་བྱིངས་འདི་ནི་ཨན་ གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་དྷཱ་ཝ་རུ་འགྱུར་ཏེ། དཔེར་ན། སྲྀ་ལ་སྔར་བཞིན་ཏི་དང་ཨན་བྱིན་ ནས། དྷཱ་ཝ་རུ་བསྒྱུར་བའི་ཝའི་དབྱངས་ལས་ཨན་སྔ་མ་ལྟར་ཕྱིས་ཏེ་སྦྱར་བས། དྷཱ་ཝ་ཏི་(རྒྱུག་ 6-1-386 པར་བྱེད། ) ཞེས་པ་ལྟ་བུའོ། །ཤ་དིའི་ཤཱི་ཡའོ་ཞེས་པ་ནི། ཤ་ངླྀ་ཉམས་པའི་བྱིངས་འདི་ནི་ཨན་ གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཤཱི་ཡ་རུ་འགྱུར་ཏེ། དཔེར་ན། ཤ་ངླྀའི་ལྀ་རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ཏེ་དང་། བར་དུ་ཨན་བྱིན་ནས་ཤཱི་ཡ་རུ་བསྒྱུར་བའི་ཡའི་དབྱངས་ལས་ཨན་སྔ་མ་ ལྟར་ཕྱིས་ཏེ་སྦྱར་བས། ཤཱི་ཡ་ཏེ་(ཉམས་པར་བྱེད། )ཞེས་པ་ལྟ་བུའོ། །སཱ་དིའི་སཱིད་འོ་ཞེས་པ། ཥ་ ངླྀ་འཇིག་པའི་བྱིངས་འདི་ནི་ཨན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་སཱིད་རུ་འགྱུར་ཏེ། དཔེར་ན། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོའི་ཥའི་ཞེས་པས་ཥ་ཡིག་ས་རུ་བསྒྱུར་བའི་ས་ངླྀའི་ལྀ་རྗེས་ འབྲེལ་ཕྱིས་པ་རུ་དྲཿདང་། ཉེར་བསྒྱུར་པྲ་སྔོན་མ་ཅན་ལ་སྔར་བཞིན་ཏི་དང་ཨན་བྱི་ནས། སཱི་ ད་རུ་བསྒྱུར་ཏེ་སྦྱར་བས། རུ་དྲཿཔྲ་སཱི་ད་ཏི་(དྲག་པོ་རབ་ཏུ་ཉམས་པར་བྱེད། )ཞེས་པ་ལྟ་བུའོ། །ཛ་ནའི་ བི་ཀ་ར་ཎ་ལ་ཛཱའོ་ཞེས་པ། ཛ་ནི་རབ་ཏུ་སྐྱེ་བའི་བྱིངས་འདི་ནི་བི་ཀ་ར་ཎའི་རྐྱེན་ཕ་རོལ་ཏུ་ ཡོད་པ་ལ་ཛཱ་རུ་བསྒྱུར་ཏེ། དཔེར་ན། ཛཱ་ནིའི་མཐར་བརྟ་མཱ་ནཱའི་ཏི་དང་། བར་དུ་ཨཱ་གཉིས་ པར། དི་བ་སོགས་ལས་ཞེས་པས་ཡན་བི་ཀ་ར་ཎ་བྱིན་ནས་མདོ་འདིས་ཛཱ་རུ་བསྒྱུར་བས། ཛཱ་ ཡ་ཏི་(རབ་ཏུ་སྐྱེ་བར་བྱེད། ) ཞེས་པ་ལྟ་བུའོ། །ཛ་ནིའི་ཡན་ལ་ཛཱའོ་ཞེས་བརྗོད་པར་རིགས་པ་ལས་ བི་ཀ་ར་ཎ་སྨོས་པ་ནི། མདོ་ཕྱི་མ་དག་གི་དོན་དུའོ། །ཛྙཱའི་འང་ངོ་ཞེས་པ་ནི་ཛྙཱ་རྟོགས་པའི་ བྱིངས་འདི་ཉིད་ཀྱང་བི་ཀ་ར་ཎའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཛཱ་རུ་འགྱུར་ཏེ། དཔེར་ན། ཛྙཱའི་ མཐར་བརྟ་མཱ་ནཱའི་ཏི་དང་། བར་དུ་ཨཱ་གསུམ་པར། ཀྲཱི་སོགས་ལས་ཞེས་པས་ནཱ་བི་ཀ་ར་ཎ་ བྱིན་ནས་ཛཱ་རུ་བསྒྱུར་བས། ཛཱ་ནཱ་ཏི་(རྟོགས་པར་བྱེད། ) ཞེས་པ་ལྟ་བུའོ། །པཱ་སོགས་རྣམས་ཀྱི་ ཐུང་ངུའོ་ཞེས་པས་པཱང་དག་པ་དང་སོགས་ཀྱི་སྒྲས་ལཱུཉ་གཅོད་པ་དང་། སྟྲཱི་སྒྲིབ་པ་ལ་སོགས་ པའི་བྱིངས་འདི་རྣམས་ཀྱི་དབྱངས་ནི་བི་ཀ་ར་ཎའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཐུང་ངུར་འགྱུར་ ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ང་དང་། ཉ་རྗེས་འབྲེལ་ཕྱིས་པའི་མཐར་སྔར་བཞིན་བརྟ་ མཱ་ནཱའི་ཏི་དང་། བར་དུ་ནཱ་བི་ཀ་ར་ཎ་བྱིན་ནས། མདོ་འདིས་བྱིངས་ཀྱི་དབྱངས་རྣམས་ཐུང་ 6-1-387 ངུར་བསྒྱུར་ཞིང་། རྒྱུ་མཚན་ལས། སྟྲཱིའི་ན་ཡིག་ཎ་རུ་བསྒྱུར་བས། པུ་ནཱ་ཏི(དག་གོ)། ལུ་ནཱ་ ཏི། (གཅོད་དོ། །) སྟྲྀ་ཎཱ་ཏི་(སྒྲིབས་སོ། །)ཞེས་པ་ལྟ་བུའོ། ། བཅུ་གཉིས་པ་བྱིངས་ཀྱི་ཨུའི་ཡི་གེ་འཕེལ་བ་དང་ཡོན་ཏན་དུ་འགྱུར་ཚུལ་ནི། གསལ་ བྱེད་དང་པོ་ཡོན་ཏན་ཅན་བྱིངས་ཐམས་ཅད་པ་ལ་ཨུཏའི་འཕེལ་བའོ་ཞེས་པ་ནི་གསལ་བྱེད་ དང་པོར་ཡོད་པ་ཡོན་ཏན་དང་བཅས་པ་ཅན་གྱི་བྱིངས་ཐམས་ཅད་པའི་རྐྱེན་ཕ་རོལ་ཏུ་ཡོད་ པ་ལ། བྱིངས་ཀྱི་ཨུ་ཡིག་རྣམས་དེའི་འཕེལ་བ་ཨཽ་ཡིག་ཏུ་འགྱུར་ཞིང་། ཏ་ཡིག་ནི་ཐེ་ཚོམ་ སེལ་བའི་དོན་དུ་སྟེ། དཔེར་ན། ཡུ་སྤེལ་བ་དང་། ཥྚུཉ་བསྟོད་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་ པ་ལ། བརྟ་མཱ་ནཱའི་ཏི་དང་སི་བྱིན་པ་ན། བར་དུ་ཨན་བྱིན་པ་ཨད་སོགས་ཀྱིས་དབྱི་ཞིང་། མདོ་འདིས་བྱིངས་ཀྱི་ཨུ་ཡིག་དག་ཨཽ་རུ་བསྒྱུར་ལ། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོའི་ཞེས་ པས་ཥྚུའི་ཥ་ཡིག་ས་རུ་བསྒྱུར་བ་ན། པ་རི་བྷཱ་ཥར། རྒྱུ་མཚན་མེད་པར་རྒྱུ་མཚན་ཅན་ཡང་ ཞེས་པས་ཊ་ཡིག་ཀྱང་ཏ་རུ་བསྒྱུར་ནས། རྒྱུ་མཚན་ལས་སིའི་ས་ཡིག་ཥ་རུ་བསྒྱུར་བས། ཡཽ་ཏི། (སྤེལ་བར་བྱེད། )ཡཽ་ཥི། (སོགས་པར་བྱེད། )སྟཽ་ཏི། སྟཽ་ཥི་ཞེས་པ་ལྟ་བུའོ། །དབྱངས་ཡིག་དང་པོར་ཡོད་ པ་ཡོན་ཏན་ཅན་གྱི་བྱིངས་ཐམས་ཅད་པའི་རྐྱེན་ཕ་རོལ་ལ་ནི། བྱིངས་ཀྱི་ཨུ་ཡིག་གི་འཕེལ་ པ་ཨཽ་ཡིག་ཏུ་མི་འགྱུར་ཏེ། དཔེར་ན། ཡུ་སྤེལ་བའི་བྱིངས་ལ་པཉྩ་མཱིའི་ཨཱ་ནི་བྱིན་ནས། ཨཱ་ལྔ་ པར། ནཱ་མི་མཐའི་བྱིངས་དང་ཞེས་པས་བྱིངས་ཀྱི་དབྱངས་ཡོན་ཏན་དུ་བྱས་ཏེ་མཚམས་སྦྱར་ བས། ཡ་བཱ་ནི་(འཕེལ་བར་ཤོག) ཞེས་པ་ལྟ་བུའོ། །ཨཱུརྞོ་ཏིའི་ཡང་ནའོ། །ཞེས་པ་ཨཱུརྞོ་ཏི་ སྟེ། ཨཱུརྞུཉ་སྒྲིབ་པའི་བྱིངས་འདིའི་ཨུ་ཡིག་ནི་གསལ་བྱེད་དང་པོར་ཡོད་པ་ལ་ཡོན་ཏན་གྱི་ བྱིངས་ཐམས་ཅད་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་འཕེལ་བར་འགྱུར་ཞིང་། ཡང་ན་ཡོན་ཏན་ དུ་འགྱུར་ཏེ། དཔེར་ན། པྲ་སྔོན་མ་ཅན་ཨཱུརྞུཉ་འི་ཉ་རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ཏི་ དང་མི་བྱིན་ནས། ཎུའི་ཨུ་ཡིག་འཕེལ་བའམ་ཡོན་ཏན་དུ་བྱས་ཏེ། པྲའི་ཨ་དང་ཨཱུ་མཚམས་ 6-1-388 སྦྱར་བས། པྲོ་རྞཽ་ཏི་(དང་པོར་བསྒྲིབས་སོ། །)པྲོ་རྞོ་ཏི། པྲོ་རྞཽཾ་མི། པྲོ་རྞོ་མི་ཞེས་པ་ལྟ་བུའོ། །ཧྱསྟ་ནཱིའི་ ཡོན་ཏན་འང་ངོ་ཞེས་པ་ཨཱུར་ཎུའི་ཎའི་ཨུ་ཡིག་ཧྱསྟ་ནཱིའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཡོན་ཏན་ དུའང་འགྱུར་ཏེ། དཔེར་ན། པྲ་སྔོན་མ་ཅན་ཨཱུར་ཎུ་ལ་ཧྱསྟ་ནཱིའི་དི་བྱིན་པ་ན། ཨཱ་བརྒྱད་པར་། དབྱངས་དང་པོ་ཅན་རྣམས་ཀྱི་ཞེས་པས་ཨཱར་གྱི་ཨཱ་ཡིག་འཕེལ་བ་བྱས་ནས་པྲའི་ཨ་དང་ མཚམས་སྦྱར་ཞིང་། མདོ་འདིས་ཎའི་ཨུ་ཡིག་ཡོན་ཏན་བྱས་ནས། དི་ཡིག་སྔར་བཞིན་བྱས་ པས། པྲཽ་རྞོ་ཏ་(ཁ་སང་བསྒྲིབས་སོ། །)ཅེས་པ་ལྟ་བུ་སྟེ། མདོ་སྔ་མའི་ཕྱོགས་གཅིག་ལ་འཕེལ་བ་ ཐོབ་པ་ལས་དམིགས་བསལ་ལོ། ། བཅུ་གསུམ་པ་རྫས་སྨོས་པའི་སྒོ་ནས་བྱིངས་ལས་ཨིཊ་སོགས་ཨཱ་ག་མ་འཇུག་ཚུལ་ ནི། ཏྲྀ་ཧིའི་བི་ཀ་ར་ཎ་ལས་ཨིཊའོ་ཞེས་པ་ནི་ཏྲྀ་ཧ་འཚེ་བའི་བྱིངས་འདི་ལ་བྱེད་པ་པོའི་དོན་ ལ་བྱིན་པའི་བི་ཀ་ར་ཎ་ལས་གསལ་བྱེད་དང་པོར་ཡོད་པའི་ཡོན་ཏན་ཅན་གྱི་རྐྱེན་ཕ་རོལ་ ཏུ་ཡོད་པ་ལ། བི་ཀ་ར་ཎའི་མཐར་ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཏྲྀཧ་ལ་ཨཱ་ གཉིས་པར། རུ་དྷ་སོགས་ཀྱི་དབྱངས་ལས་ཞེས་པས་བྱིངས་ཀྱི་དབྱངས་མཐར་ན་བི་ཀ་ར་ཎ་ སྦྱིན་པ། རྒྱུ་མཚན་ལས་ཎ་རུ་བསྒྱུར་བའི་མཐར། བརྟ་མཱ་ནཱའི་ཏི་དང་། སི་དང་། མི་བྱིན་པ་ ན། མདོ་འདིས་ཎའི་མཐར་ཨིཊ་ཨཱ་ག་མ་སྦྱིན་པའི་ཊ་ཡིག་ནི་སྔོན་གྱི་སློབ་དཔོན་ལ་རབ་ཏུ་ གྲགས་པའི་ཨཱ་ག་མར་གསལ་བར་བྱེད་པའི་དོན་ཡིན་པས་དབྱི་ཞིང་། འདི་ཉིད་དུ། ཧའི་ཌྷའོ་ ཞེས་པས་ཏི་དང་། སི་ཕ་རོལ་ལ་བྱིངས་ཀྱི་ཧ་ཡིག་ཌྷ་དང་། ཨཱ་བརྒྱད་པར། གྷ་ཌྷ་དྷ་བྷ་ཞེས་ པ་ཏ་ཡིག་དྷ་དང་། ཥ་དང་། ཊ་སྡེ་ལས་ཞེས་པས་དྷའང་ཌྷ་རུ་བསྒྱུར་ལ། ཌྷའི་ཌྷ་ལ་ཞེས་པས་ ཧ་ཡིག་ཌྷ་རུ་བསྒྱུར་བ་ཌྷ་ཕ་རོལ་ལ་ཕྱིས་ནས། ཥ་ཌྷ་དག་གི་ས་ལ་ཞེས་པས། སི་ཕ་རོལ་ལ་ཧ་ ཡིག་ཌྷ་རུ་བསྒྱུར་བ་དེའང་ཀ་དང་། རྒྱུ་མཚན་ལས་སིའི་སའང་ཥ་རུ་བསྒྱུར་ཏེ་མཚམས་སྦྱར་ བས། ཏྲྀ་ཎེ་ཌྷི(འཚེ་བར)། ཏྲྀ་ཎེ་ཀྵི། ཏྲྀ་ཎེ་ཧྨི་ཞེས་པ་ལྟ་བུའོ། །བྲཱུ་ལས་ངག་དང་པོར་ཨཱིཊའོ་ཞེས་ 6-1-389 པ་ནི། བྲཱུཉ་གསལ་བར་སྨྲ་བའི་བྱིངས་ལས། གསལ་བྱེད་དང་པོ་ཡོན་ཏན་ཅན་གྱི་བྱིངས་ ཐམས་ཅད་པའི་ངག་གམ། ཚིག་གི་དང་པོར་ཨཱིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། བྲཱཉའི་ཉ་རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ཏི་དང་། སི་དང་། མི་བྱིན་ནས། མདོ་འདིས་ རྣམ་དབྱེའི་དང་པོར། ཨཱིཊ་ཨཱ་ག་མ་བྱིན་པའི་ཊ་ཡིག་ནི། འདི་ཉིད་དུ། ཨིཊ་ལས་ཀྱང་ཨཱིཊའི་ ཞེས་པས་ཁྱད་དོན་ཡིན་པས་དབྱི་ཞིང་། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་། ཞེས་པས་བྲཱའི་ ཨཱ་ཡིག་ཡོན་ཏན་བྱས་ནས་མཚམས་སྦྱར་ཏེ། རྒྱུ་མཚན་ལས་སིའི་ས་ཡིག་ཥ་རུ་བསྒྱུར་བས། པྲ་ཝཱི་ཏི། (གསལ་པོར་སྨྲའོ། །)པྲ་ཝཱི་ཥི། པྲ་ཝཱི་མི་ཞེས་པ་ལྟ་བུའོ། །ཨསྟི་ལས་དི་སི་དག་ལའོ་ཞེས་ པ་ནི། ཨས་ཡོད་པའི་བྱིངས་འདིའི་མཐའ་ལས། དི་དང་། སིའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཨས་ལ་ཧྱསྟ་ནཱིའི་དི་དང་། སི་བྱིན་པ་ན་བྱིངས་ མཐར་ཨཱིཊ་ཨཱ་ག་མ་སྦྱིན་པའི་ཊ་སྔ་མ་བཞིན་ཕྱིས་ནས། ཨཱ་བརྒྱད་པར། ཨསྟིའི་འོ་ཞེས་པས་ ཨས་ཀྱི་ཨ་རིང་པོར་བསྒྱུར་ཞིང་། དི་དང་། སིའི་ཨི་ཁྱད་དོན་ཕྱིས་ཏེ། ད་རྫོགས་པ་ལ་ཡང་ན་ དང་ས་རྣམ་བཅད་དུ་བྱས་པས། ཨཱ་སཱིཏ། (ཁར་སང་ཡོད། )ཨཱ་སཱིཿཞེས་པ་ལྟ་བུའོ། །དི་སོགས་དང་ ལྷན་ཅིག་པའི་ཧྱསྟ་ནཱིའི་སི་སྨོས་པས་རྣམ་དབྱེ་གཞན་གྱི་སི་ལ་ཨས་ཀྱི་མཐར་ཨཱིཊ་ཨཱ་ག་མ་ མི་འབྱུང་སྟེ། དཔེར་ན། ཨས་ལ་བརྟ་མཱ་ནཱའི་སི་བྱིན་ནས། འདི་ཉིད་དུ། ཨསྟིའི་སི་ལའོ་ཞེས་ པས་ཨས་ཀྱིས་དང་། བར་དུ་ཨན་བྱིན་པ་ཨད་སོགས་ལས་ཕྱིས་པས། ཨ་སི་(ཡོད་དོ། །)ཞེས་ པ་ལྟ་བུའོ། །སི་ཙ་ལས་སོ་ཞེས་པ་ནི། སི་ཙའི་མཐའ་ལས་ཀྱང་ཕ་རོལ་ཏུ་ཡོད་པའི་དི་དང་། སིའི་རྐྱེན་ཕྱི་དང་པོར་ཨཱིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཀྲྀཉ་བྱེད་པའི་བྱིངས་ ཉ་རྗེས་འབྲེལ་ཕྱིས་པ་ལ་ཨ་དྱ་ཏ་ནཱིའི་དི་དང་སི་བྱིན་པ་ན། ཨཱ་གཉིས་པར། ཨ་དྱ་ཏི་ནཱི་ལའོ་ ཞེས་པས་བྱིངས་མཐར། སི་ཙ་བྱིན་པ་ཨི་དང་། ཙ་ཁྱད་དོན་དབྱི་ཞིང་། འདི་ཉིད་དུ་དབྱངས་ མཐའ་རྣམས་ཀྱི་སི་ཙ་ལ་པ་རསྨཻ་ལ་ཞེས་པས་བྱིངས་ཀྱི་རྀ་ཡིག་འཕེལ་བ་བྱས་ནས། མདོ་ 6-1-390 འདིས་དི་དང་། སིའི་དང་པོར་ཨཱིཊ་བྱིན་པའི་ཊ་སྔར་བཞིན་ཕྱིས་ལ། ནཱ་མི་ལས་སིའི་ས་ཡིག་ ཥ་རུ་བསྒྱུར་ཏེ་དི་དང་། སིའི་ཨི་ཁྱད་དོན་ཕྱིས་ནས། ད་རྫོགས་པ་ལ་ཡང་ན་དང་ས་རྣམ་བཅད་ དུ་བྱ་ཞིང་། ཨཱ་བརྒྱད་པར། ཧྱསྟ་ནཱི་ཨ་དྱ་ཏ་ནཱི་ཞེས་པས་བྱིངས་ཀྱི་དང་པོར་ཨཊ་བཞག་པས། ཨ་ཀཱཪྵཱིཏ། (དེ་རིང་བྱེད་དོ། །) ཨ་ཀཱིཪྵཱིཿ (དེ་རིང་བྱེད་དོ། །)ཞེས་པ་ལྟ་བུའོ། །རུད་སོགས་རྣམས་ལས་ ཀྱང་ངོ་ཞེས་འདི་རུ་དིར་མཆི་མ་འཛག་པ་དང་། སོགས་ཀྱི་སྒྲས་ཉི་སྭ་པ་ཉལ་བ་དང་། ཤྭ་ས་ དང་། ཨན་སྲོག་འཛིན་པ་དང་། ཛཀྵ་ཟ་བའི་བྱིངས་ལྔ་པོ་འདི་རྣམས་ལས་ཕ་རོལ་ཏུ་ཡོད་ པའི་དི་དང་། སིའི་རྐྱེན་གྱི་དང་པོར་ཨཱིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་ རྣམས་ཀྱི་ཨིར་དང་། ཉི་རྗེས་འབྲེལ་དང་། པ་དང་། ས་དང་། ཀྵའི་ཨ་བརྗོད་དོན་ཕྱིས་པ་ལ། ཧྱ་སྟ་ནཱིའི་དི་དང་། སི་བྱིན་པའི་ཨི་ཁྱད་དོན་དབྱི་ཞིང་། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིའི་ཞེས་པས་ རུའི་ཨུ་ཡིག་ཡོན་ཏན་བྱས་ནས། ཨན་གྱིས་སྔོན་དུ་པྲ་བཞག་ལ་མཚམས་སྦྱར་ལ། ར་ཥ་རྀའི་ ཡི་གེ་ཞེས་པས་ན་ཡིག་ཎ་རུ་བསྒྱུར་ཞིང་སྔར་བཞིན་བྱིངས་ཀྱི་དང་པོར་ཨཊ་བཞག་སྟེ། མདོ་ འདིས་དི་དང་སིའི་དང་པོར་ཨཱིཊ་བྱིན་ནས། ད་ཡིག་ཏ་དང་ས་རྣམ་བཅད་དུ་བསྒྱུར་བས་རིམ་ པ་བཞིན། ཨ་རོ་དཱི་ཏ(དེ་རིང་དུ་བར་བྱེད)། ཨ་རོ་དཱིཿ ཨ་སྭ་པཱི་ཏ། ཨ་སྭ་པཱིཿ (དེ་རིང་གཉིད་ལོག) ཨ་ ཤྭ་སཱིཏ(དེ་རིང་འཚེ)། ཨ་ཤྭ་སཱིཿ (དེ་རིང་འཚེ། ) པྲཱ་ཎཱིཏ། པྲཱ་ཎཱིཿ ཨ་ཛཀྵཱི་ཏ། ཨ་ཛཀྵཱིཿ (དེ་རིང་ཟ། ) ཞེས་པ་ལྟ་བུའོ། །ཨད྄་ལས་ཨཊའོ་ཞེས་པ་ནི། ཨད་ཟ་བའི་བྱིངས་འདི་ལས་ཕ་རོལ་ཏུ་ཡོད་ པའི་དི་དང་། སིའི་རྐྱེན་གྱི་དང་པོར་ཨཊ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཨད་ལ་ ཧྱ་སྟ་ནཱིའི་དི་དང་སི་ཕྱིན་པའི་ཨི་ཁྱད་དོན་དབྱི་ཞིང་། མདོ་འདིས་རྐྱེན་གྱི་དང་པོར་ཨཊ་བྱིན་ པའི་ཊ་ཡིག་རྣམ་པ་སྣ་ཚོགས་པའི་དོན་ཡིན་པས་ཕྱིས་ལ། ཨཱ་བརྒྱད་པར། ཨའི་ཡི་གེའི་ཨཱའོ་ ཞེས་པས་ཨཱ་རིང་པོར་བསྒྱུར་ནས། ད་ཡིག་ཏ་དང་། ས་རྣམ་བཅད་དུ་བྱས་པས། ཨཱ་དཏ། (ཁར་སང་ཟོས། )ཨཱ་དཿ(ཁར་སང་ཟོས། )ཞེས་པ་ལྟ་བུའོ། ། 6-1-391 བཅུ་བཞི་པ་བྱིངས་ཀྱི་ཆ་ཤས་ལ་རྣམ་འགྱུར་དང་། ཐ་ཡིག་ཨཱ་ག་མ་འབྱུང་ཚུལ་ནི། སའི་ ས་ལ་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཏའོ། །ཞེས་པ་བྱིངས་མཐའི་ས་ཡིག་ནི་ས་ཡིག་ དང་པོ་ཅན་བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཏ་ཡིག་ཏུ་འགྱུར་ ཏེ། དཔེར་ན། པས་གནས་པའི་བྱིངས་ལ་བྷ་ཝི་ཥྱནྟིའི་སྱ་ཏི་བྱིན་ནས། པས་ཀྱི་ས་ཡིག་ཏ་ རུ་བསྒྱུར་བས། བཏྶྱ་ཏེ་(གནས་པར་འགྱུར་རོ། །)ཞེས་པ་དང་། གནས་པར་འདོད་དོའི་དོན་ལ། བས་ལ་སན་བྱིན་ནས། ཨཱ་གསུམ་པར། ཙཎ་པ་རོ྅ཀྵཱ་ཞེས་པས་བྱིངས་གཉིས་སུ་བཞག་ སྟེ། གསལ་བྱེད་དང་པོ་ལྷག་མར་བྱས་ལ། སན་ལ་ཨའི་ཡི་གེ་ཞེས་པས་སྔ་མའི་དབྱངས་ཨི་ རུ་བསྒྱུར་ཞིང་། མཐར་བརྟ་མཱ་ནཱའི་ཏི་བྱིན་པས་བི་བཏྶ་ཏི་(གནས་པར་འདོད། ) ཞེས་པ་ལྟ་བུའོ། ། བྱིངས་མཐའི་ས་ཡིག་གི་ཕ་རོལ་ཏུ་ས་ཡིག་དང་པོ་ཅན་ཡོད་ཀྱང་བྱིངས་ཐམས་ཅད་པ་ཡིན་ པ་ལ་ནི་ཏ་ཡིག་ཏུ་མི་འགྱུར་ཏེ། དཔེར་ན། ཨཱས་ཉེ་བར་འཇུག་པའི་བྱིངས་ལ་བརྟ་མཱ་ནཱའི་སི་ བྱིན་པ་སྦྱར་བས། ཨཱསྶི་(ཉེ་བར་འཇུག)ཞེས་པ་ལྟ་བུའོ། །བཙའི་ཨུ་པ་དྷཱའི་ཨཎ་ལ་ཨོའོ་ཞེས་པ་ བཙ་སྨྲ་བའི་བྱིངས་ཀྱི་ཨུ་པ་དྷཱ་སྟེ། སྔ་མའི་དབྱངས་ནི་ཨཎ་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཨོ་ ཉིད་དུ་འགྱུར་ཏེ། དཔེར་ན། བཙ་ལ་ཨཱ་གཉིས་པར་ཨ་སུ་བ་ཙི་ཞེས་པས་བྱིངས་མཐར་ཨཎ་ བྱིན་པའི་ཎ་ཡིག་ཁྱད་དོན་དབྱི་ཞིང་། མདོ་འདིས་བའི་དབྱངས་ཨོ་རུ་བསྒྱུར་ནས། མཐར་ ཨ་དྱ་ཏ་ནཱིའི་དི་དང་ཏཱམ་དང་། ཨམ་བྱིན་པ་ན། སྔར་བཞིན་བྱིངས་ཀྱི་དང་པོར་ཨཊ་བཞག་ སྟེ། དི་ཡིག་སྔར་བཞིན་བྱས་པས། ཨ་བོ་ཙཏ་ཅེས་པ་དང་། ཏཱམ་ལ་ནི། ཨ་བོ་ཙ་ཏཱམ་(དེ་རིང་ སྨྲས་སོ། །)ཞེས་པ་དང་། འདི་ཉིད་དུ། ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་ལ་ཞེས་པས། ཨམ་ གྱི་ཨ་ཡིག་ཕྱིས་ཏེ་བར་དུ་ནུ་ཨཱ་ག་མ་བྱིན་པས། ཨ་བོ་ཙ་ནཱ་མ་(དེ་རིང་སྨྲས་སོ། །)ཞེས་པ་ལྟ་བུའོ། ། ཨ་སྱ་ཏིའི་མཐའ་ཐའོ་ཞེས་པ་ནི། ཨ་སུ་འཕེན་པའི་བྱིངས་འདི་མཐར་ཨན་གྱི་རྐྱེན་ཕ་རོལ་ ཏུ་ཡོད་པ་ལ་ཐ་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཨ་སུའི་རྗེས་འབྲེལ་ཕྱིས་པ་ལ། 6-1-392 ཨཱ་གཉིས་པར། ཨ་སུ་པ་ཙི་ཞེས་པས་ཨཎ་དང་། མཐར་ཨ་དྱ་ཏ་ནཱིའི་དི་བྱིན་ནས། ཨཱ་བརྒྱད་ པར། ཨའི་ཡི་གེ་ཞེས་པས་བྱིངས་ཀྱི་དང་པོའི་ཨ་ཡིག་རིང་པོར་བསྒྱུར་ཞིང་། མདོ་འདིས་ བྱིངས་མཐར་ཐ་ཨཱ་ག་མ་བྱིན་ཏེ་སྦྱར་བས། ཨཱསྠཏ་(འཕེན་ནོ། །)ཅེས་པ་ལྟ་བུའོ། ། བཅོ་ལྔ་པ་བྱིངས་དང་དེའི་ཆ་ཤས་གཞན་དུ་འགྱུར་ཚུལ་ནི། སློབ་ཕན་དུ། འདིར་ཤྭ་ཡ་ ཏིའི་ཨའོ་ཞེས་པའི་མདོ་ལྷག་པོ་ཞིག་ཡོད་པའི་དོན། ཊུ་ཨོ་ཤྭི་འགྲོ་བ་འཕེལ་བ་འདིའི་ཊུ་ཨོ་ རྗེས་འབྲེལ་ཕྱིས་པའི་ཤྭིའི་ཨི་ཨཎ་ཕ་རོལ་ལ་ཨ་རུ་འགྱུར་ཏེ། ཤྭི་ལ། ཨ་དྱ་ཏ་ནཱིའི་དི་དང་། བར་དུ་ཨཎ་བྱིན་པས། ཨ་ཤྭཏ྄་ཅེས་པ་ལྟ་བུའོ། །པ་ཏིའི་པ་པྟིའོ་ཞེས་པ་པཏླྀ་འགྲོ་བའི་ བྱིངས་འདི་ནི། ཨཎ་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་པ་པྟི་རུ་འགྱུར་ཏེ། དཔེར་ན། པཏླྀའི་ལྀ་ རྗེས་འབྲེལ་ཕྱིས་པ་ལ། ཨཱ་གཉིས་པར། པུཥ་སོགས་ཞེས་པས། ཨཎ་བྱིན་པའི་ཎ་ཁྱད་དོན་ དང་། མདོ་འདིས་པ་པྟི་རུ་བསྒྱུར་བའི་ཨི་བརྗོད་དོན་ཕྱིས་ནས་སྦྱར་བའི་མཐར། སྔར་བཞིན་ དི་བྱིན་ནས་དང་པོར་ཨཊ་བཞག་པས། ཨ་པ་པྟ་ཏ་(དེ་རིང་ལམ་ལ་འགྲོ། )ཅེས་པ་ལྟ་བུའོ། །ཀྲྀ་པིའི་ རའི་ལའོ་ཞེས་པས་ཀྲྀ་པཱུ་ནུས་པའི་བྱིངས་འདིའི་རྀ་ཡིག་ཡོན་ཏན་བྱས་པའི་ར་ཡིག་གང་ཡིན་ པ་དེ་ནི། ལ་ཉིད་དུ་འགྱུར་ཏེ། དཔེར་ན། ཀྲྀ་པཱུའི་ཨཱུ་ཡིག་རྗེས་འབྲེལ་ཕྱིས་པ་ལ་ཤྭསྟ་ནཱིའི་ཏཱ་ དང་། བྷ་ཝི་ཥྱནྟིའི་སྱ་ཏི་བྱིན་པ་ན། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིའི་ཞེས་པས། ཀྲྀའི་རྀ་ཡིག་ཡོན་ ཏན་བྱས་ནས། མདོ་འདིས་ར་ཡིག་ལ་ཡིག་ཏུ་བསྒྱུར་བས། ཀལྤྟཱྀ། ཀ་ལྤྶྱ་ཏི་(སང་ནུས་པར་གྱུར། ) ཞེས་པ་ལྟ་བུའོ། །གིར་ཏིའི་ཙེ་ཀྲཱི་ཡི་ཏ་ལའོ་ཞེས་པ་གྲཱ་གསལ་བའི་བྱིངས་འདིའི་ཙེ་ཀྲཱྀ་ཡི་ཏ་ ཕ་རོལ་ལ་གིར་དུ་བསྒྱུར་བའི་ར་ཡིག་གང་ཡིན་པ་དེའང་ལ་ཉིད་དུ་འགྱུར་ཏེ། དཔེར་ན། ནི་ སྔོན་མ་ཅན་གྱི་གྲཱྀ་ལ་གསང་བར་གསལ་བར་བྱེད་དོའི་དོན་ལ་ཡ་སྒྲ་བྱིན་པ་ན། ཨཱ་ལྔ་པར། རཱྀཏ་མཐའ་རྣམས་ཀྱི་ཡོན་ཏན་མེད་པ་ལ་ཞེས་པས་བྱིངས་ཀྱི་རཱྀ་ཡིག་ཨིར་དུ་བསྒྱུར་ཞིང་། མདོ་འདིས་དེའི་ར་ཡིག་ལ་རུ་བསྒྱུར་ནས་སྔར་བཞིན་བྱིངས་གཉིས་སུ་བཞག་སྟེ་གསལ་བྱེད་ 6-1-393 དང་པོ་ལྷག་མར་བྱས་ལ། ཨཱ་གསུམ་པར། ཙེ་ཀྲཱི་ཡི་ཏ་ལ་ཞེས་པས་སྔ་མའི་དབྱངས་ཡོན་ ཏན་དང་། ཀ་སྡེའི་ཙ་སྡེའོ་ཞེས་པས་ག་ཡིག་ཛ་རུ་བསྒྱུར་བའི་མཐར། ཝརྟ་མཱ་ནཱའི་ཏེ་བྱིན་ པས། ནི་ཛེ་གིལྻ་ཏེ་(ངེས་པར་གསལ་བར་བྱེད། )ཞེས་པ་ལྟ་བུའོ། །ཙེ་ཀྲཱི་ཡི་ཏ་མ་ཡིན་པའི་རྐྱེན་ལ་ནི་ གྲཱྀ་ཡིག་གིར་དུ་བསྒྱུར་བའི་ར་ཡིག་ལ་ཡིག་ཏུ་མི་འགྱུར་ཏེ། དཔེར་ན། ནི་གྲཱྀའི་མཐར་ཝརྟ་མཱ་ ནཱའི་ཏེ་དང་། བར་དུ་ཨཱ་གཉིས་པར། བྱིངས་ཐམས་ཅད་པ་ལ་ཞེས་པས་ཡཎ་བྱིན་ནས། ཨཱ་ ལྔ་པར། རཱྀཏ་མཐའ་རྣམས་ཀྱིས་ཡོན་ཏན་མེད་པ་ལ་ཞེས་པས་གྲཱྀའི་རཱྀ་ཡིག་ཨིར་དུ་བསྒྱུར་ཏེ་ སྦྱར་བས། ནི་གིཪྻ་ཏེ་ཞེས་པ་ལྟ་བུའོ། །དབྱངས་ལ་ཡང་ནའོ་ཞེས་པ་གྲྀ་ཡིག་གིར་དུ་བསྒྱུར་ བའི་ར་ཡིག་ནི། དབྱངས་ཕ་རོལ་ཏུ་ཡོད་པ་ལ་ཡང་ན་ལ་ཡིག་ཏུ་འགྱུར་ཏེ། དཔེར་ན། ནི་ སྔོན་མ་ཅན་གྱི་གྲཱྀ་ལ་བརྟ་མཱ་ནཱའི་ཏི་དང་། བར་དུ་ཨན་བྱིན་པ་ན། ཨཱ་ལྔ་པར། བི་ཀ་ར་ཎ་ལ་ ཨཎ་ལ་ཞེས་པས་གིར་དུ་བསྒྱུར་བའི་ར་ཡིག་ཡང་ན་ལ་ཡིག་ཏུ་བསྒྱུར་བས། ནི་གི་ལ་ཏི་(ངེས་ པར་གནོན་པར་བྱེད། )ཞེས་པ་དང་། ཡང་ན་མ་བསྒྱུར་བས། ནི་གི་ར་ཏི་ཞེས་པ་ལྟ་བུའོ། ། བཅུ་དྲུག་པ་བྱིངས་ཀྱི་གསུམ་པ་དང་པོ་སོགས་རང་རང་གི་སྡེ་པའི་བཞི་པར་འགྱུར་ཚུལ་ ནི། བྱིངས་ཀྱི་གསུམ་པ་དང་པོའི་གྷ་ཌྷ་དྷ་བྷ་མཐའི་དང་པོ་ས་དྷྭ་དག་ལ་བཞི་པ་ཉིད་དོ། །ཞེས་ པ་བྱིངས་ཀྱིས་ཆ་ཤས་སྡེ་པའི་གསུམ་པ་དང་པོ་ན་ཡོད་པ། གྷ་དང་། ཌྷ་དང་། དྷ་དང་། བྷ་ཡིག་ གང་ཡང་རུང་བའི་མཐའ་ཅན་རྣམས་ཀྱི་དང་པོ་གང་ཡིན་པ་དེ་ནི། ས་ཡིག་དང་པོར་ཡོད་པ་ དང་། དྷྭ་སྒྲའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། རང་རང་གི་སྡེ་པའི་བཞི་པར་འགྱུར་ཏེ། དཔེར་ན། ས་ཡིག་དང་པོ་ཅན་གྱི་རྐྱེན་ལ་ནི་དུཧ་འཇོ་བ་དང་། གུཧཱུ་སྡོམ་པའི་བྱིངས་ཧཱུའི་ཨཱུ་རྗེས་འབྲེལ་ ཕྱིས་པ་དང་། བུདྷ་རྟོགས་པའི་བྱིངས་རྣམས་ལ། ཀྲཱི་ཡཱ་ཏི་པཏྟིའི་སྱཏ་བྱིན་ནས། སྔར་བཞིན་ བྱིངས་ཀྱི་དང་པོར་ཨཊ་བཞག་ཅིང་། འདི་ཉིད་དུ། ད་དང་པོའི་ཧའི་གྷའོ་ཞེས་པས་དུཧའི་ ཧ་ཡིག་གྷ་དང་། ཧའི་ཌྷའོ་ཞེས་པས། གུཧའི་ཧ་ཡིག་ཌྷ་དང་། མདོ་འདིས་སྡེ་པའི་གསུམ་པ་ 6-1-394 བྱིངས་ཀྱི་དང་པོ་ན་ཡོད་པ་རྣམས་རང་རང་གི་བཞི་པར་བསྒྱུར་ལ། ཨཱ་བརྒྱད་པར། སྒྲ་མེད་ པ་རྣམས་ལ་ཞེས་པས་དྷུ་གྷའི་གྷ་ཡིག་ཀ་དང་། བྷུདྷའི་དྷ་ཡིག་ཏ་དང་། ཥ་ཌྷ་དག་གི་ཞེས་ པས་གྷུཌྷའི་ཌྷ་ཡིག་ཀ་རུ་བསྒྱུར་ཏེ། ཨུ་པ་དྷཱ་ནཱ་མིའི་ཞེས་པས་བྱིངས་ཀྱི་དབྱངས་རྣམས་ཡོན་ ཏན་བྱས་ནས་རྒྱུ་མཚན་ལས་རྐྱེན་གྱི་ས་ཡིག་དང་པོ་དག་ཥ་རུ་བསྒྱུར་བས། ཨ་དྷོཀྵྱཏ(འཇོ་ བར་འགྱུར་རམ)། ཨ་གྷོ་ཀྵྱཏ(སྡོམ་པར་འགྱུར)། ཨབྷོཏྶྱཏ་(རྟོགས་པར་འགྱུར། ) ཅེས་པ་ལྟ་བུའོ། །གྷ་ཌྷ་ དྷའི་མཐའ་ཅན་ནོ། །བྷའི་མཐའ་ཅན་ནི། དན་བྷུ་ཚུལ་འཆོས་པའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་ པ་ལ་སན་གྱི་རྐྱེན་བྱིན་ནས། སྔར་བཞིན་བྱིངས་གཉིས་སུ་བཞག་སྟེ། ཨཱ་གསུམ་པར། དན་ བྷི འི་ཨིཏ་འང་ངོ་ཞེས་པས་ཨ་བྷྱཱ་ས་དབྱི་ཞིང་། དའི་ཨ་ཡིག་ཨི་དང་། མདོ་འདིས་ད་ཡིག་དྷ་ རུ་བསྒྱུར་ལ། མཐར་བརྟ་མཱ་ནཱའི་ཏི་བྱིན་ནས། ཨཱ་བརྒྱད་པར། སྒྲ་མེད་པ་རྣམས་ལ་ཞེས་པས་ བྷ་ཡིག་པ་རུ་བསྒྱུར་ཏེ། རྣམ་པར་བཤད་པ་ལས་ཨ་ནུ་ཥཾ་ག་ཕྱིས་པས། དྷིཔྶ་ཏི་(འཆོས་པར་བྱེད། ) ཞེས་པ་ལྟ་བུའོ། །དྷྭའི་རྐྱེན་ལ་དུཧ་དང་། ནི་སྔོན་མ་ཅན་གྱིས་གུཧ་དང་། བུདྷ་རྣམས་ལ་ཨ་དྱ་ ཏ་ནཱིའི་དྷྭཾ་བྱིན་པ་ན། སྔར་བཞིན་དུ་ཧའི་ཧ་ཡིག་གྷ་དང་། གུཧའི་ཧ་ཡིག་ཌྷ་དང་། མདོ་འདིས་ བྱིངས་ཀྱི་གསུམ་པ་དང་པོ་རྣམས། རང་རང་གི་བཞི་པར་བསྒྱུར་ཏེ། ཨཱ་བརྒྱད་པར། དྷུཊ་ རྣམས་ཀྱི་གསུམ་པའོ་ཞེས་པས་བྱིངས་མཐའི་གྷ་ཡིག་ག་དང་། དྷ་ཡིག་ད་དང་། ཥ་དང་། ཊ་ སྡེ་ལས་ཞེས་པས་བྱིངས་མཐའ་ཌྷ་ཡིག་ལས་རྐྱེན་གྱི་དྷ་ཡིག་ཀྱང་ཌྷ་རུ་བསྒྱུར་ཞིང་། ཌྷའི་ཌྷ་ ལ་ཞེས་པས་བྱིངས་མཐའི་ཌྷ་ཕྱིས་ནས། དེའི་ཨུ་པ་དྷཱ་རིང་པོར་བསྒྱུར་ནས། བྱིངས་ཀྱི་དང་ པོར་སྔར་བཞིན་ཨཊ་བཞག་ནས། ནི་སྔོན་མ་ཅན་གྱི་ཨི་དང་མཚམས་སྦྱར་ནས། བྷུད་ཀྱི་ མཐར། ཨཱ་གཉིས་པར། ཨཱ་དྱ་ཏ་ནཱི་ལས་ཞེས་པས་སིཙ་བྱིན་པ་འདི་ཉིད་དུ། སིཙའི་དྷ་ཡིག་ ལ་ཞེས་པ་ལྟར་ཕྱིས་པས། ཨ་དྷུགྡྷྭ(དེ་རིང་འཇོ་བོ)། ནྱ་གྷུཌྡྷྭཾ(དེ་རིང་ངེས་པར་སྡོམ)། ཨ་བྷུདྡྷྭཾ(དེ་རིང་ རྟོགས། )ཞེས་པ་ལྟ་བུ་སྟེ། །གྷ་ཌྷ་དྷའི་མཐའ་ཅན་ནོ། །བྷའི་མཐའ་ཅན་ནི། དན་བྷ་ལ་ཨ་པྱཏ་ 6-1-395 ནཱིའི་དྷྭམ་བྱིན་པ་ན། མདོ་འདིས་ད་ཡིག་དྷ་རུ་བསྒྱུར་ནས། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་ པས་བྷ་ཡིག་ཀྱང་བ་རུ་བསྒྱུར་ཞིང་། རྣམ་པར་བཤད་པ་ལས་ཨ་ནུ་ཥཾ་ག་ཕྱིས་ཏེ། སྔར་བཞིན་ སྔོན་དུ་ཨཊ་བཞག་པས། ཨ་དྷ་བྡྷྭཾ་(དེ་རིང་ཚུལ་འཆོས། )ཞེས་པ་ལྟ་བུའོ། །བྱིངས་སྡེ་པའི་གསུམ་པ་ དང་པོ་ན་ཡོད་པ་གྷ་ཌྷ་དྷ་བྷ་གང་རུང་གི་མཐའ་ཅན་ཡིན་ཡང་། ས་ཡིག་དང་པོ་དང་། དྷྭ་སྒྲ་མ་ ཡིན་པའི་རྐྱེན་ཕ་རོལ་ལ་ནི། སྡེ་པའི་གསུམ་པ་དེ་རང་རང་གི་བཞི་པར་མི་འགྱུར་ཏེ། དཔེར་ ན། དུཧ་ལ་ཤྭསྟ་ནཱིའི་ཏཱ་བྱིན་པ་ན། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིའི་ཞེས་པས་དུའི་དབྱངས་ཡོན་ ཏན་དང་། འདི་ཉིད་དུ། ད་དང་པོ་ཞེས་པས་ཧ་ཡི་གྷ་དང་། ཨཱ་བརྒྱད་པར། གྷ་ཌྷ་དྷ་བྷ་རྣམས་ ལས་ཞེས་པས་རྐྱེན་གྱི་ཏཱ་ཡིག་དྷཱ་དང་། དྷུཊ་རྣམས་ཀྱིས་གྷ་ཡིག་ཀྱང་ག་རུ་བསྒྱུར་ནས་སྦྱར་ བས། དོགྡྷཱ་(སང་འཇོ་བོ། ) ཞེས་པ་ལྟ་བུའོ། །དི་སི་དག་ཕྱིས་པ་ལའང་ངོ་། །ཞེས་པ་བྱིངས་ཀྱི་ ཆ་ཤས་སྡེ་པའི་གསུམ་པ་དང་པོ་ན་ཡོད་པ། གྷ་ཌྷ་དྷ་བྷའི་མཐའ་ཅན་རྣམས་ནི། ཕ་རོལ་གྱི་ དི་སིའི་རྐྱེན་དག་ཕྱིས་པར་གྱུར་པ་ལའང་རང་རང་གི་སྡེ་པའི་བཞི་པར་འགྱུར་ཏེ། དཔེར་ ན། དུཧ་འཇོ་བའི་བྱིངས་ལ་ཧྱསྟ་ནཱིའི་དི་དང་སི་བྱིན་པ་ན། འདི་ཉིད་དུ། ད་དང་པོའི་ཞེས་ པས་ཧ་ཡིག་གྷ་རུ་བསྒྱུར་ནས། གསལ་བྱེད་ལས་དི་སི་དག་གི་ཞེས་པས་དི་དང་སི་ཕྱིས་ལ། མདོ་འདིས་ད་ཡིག་དྷ་དང་། རྫོགས་པ་ལ་ཡང་ནའོ་ཞེས་པས་གྷ་ཡིག་ཀའམ་ག་རུ་བསྒྱུར་ ཞིང་། སྔར་བཞིན་དང་པོར་ཨཊ་བཞག་ནས་བྱིངས་ཀྱི་དབྱངས་ཡོན་ཏན་བྱས་པས། ཨ་དྷོ་ ཀ (ཁར་སང་བཞོས)། ཨ་དྷོ་ག་ཅེས་པ་ལྟ་བུ་སྟེ། ཌྷ་དྷ་བྷའི་མཐའ་ཅན་རྣམས་ལས་དེ་བཞིན་དུ་ ཤེས་པར་བྱའོ། །ད་དྷཱ་ཏིའི་ཏ་ཐ་དག་ལའང་ངོ་ཞེས་པ་ནི། གྷ་ཌྷ་དྷ་བྷ་མཐའ་ཞེས་པ་རྣམས་ ལས་དྷ་མཐའ་སྨོས་པ་རྗེས་སུ་འཇུག་སྟེ། ཌུདྷཱཉ་འཛིན་པ་དང་། ལེན་པའི་བྱིངས་འདི་ཛུ་ཧོ་ ཏི་ལ་སོགས་པའི་མིང་ཅན་ཡིན་པས། གཉིས་སུ་བཞག་པའི་མཐའི་དྷ་ཡིག་ལས་དེའི་དང་པོ་ ནི། ས་ཡིག་དང་། དྷྭ་སྒྲ་དང་། ཏ་ཡིག་དང་། ཐ་ཡིག་རྣམས་ཀྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལའང་ 6-1-396 རང་གི་སྡེ་པའི་བཞི་པར་འགྱུར་ཏེ། དཔེར་ན། ཌུདྷཱཉའི་ཌུ་དང་། ཉ་རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་སེ་དང་། དྷྭེ་དང་། ཏས་དང་། ཐས་རྣམས་བྱིན་པ་ན། བར་དུ་ཨན་བྱིན་པ་ཛུ་ཧོ་ ཏི་སོགས་ཀྱིས་ཕྱིས་པས། ཨཱ་གཉིས་པར། ཛུ་ཧོ་ཏི་སོགས་རྣམས་ཀྱི་ཞེས་པས་བྱིངས་གཉིས་ སུ་བཞག་སྟེ། ཨཱ་གསུམ་པར། གཉིས་པ་བཞི་པ་དག་གི་ཞེས་པས་དྷཱ་སྔ་མ་དཱ་དང་། ཐུང་ངུའོ་ ཞེས་པས། དེའི་དབྱངས་ཐུང་ངུར་བསྒྱུར་ཞིང་། ཨཱ་བཞི་པར། ཨ་བྷྱསྟ་རྣམས་ཀྱི་ཞེས་པས་ ཕྱི་མའི་དབྱངས་ཕྱིས་ལ། མདོ་འདིས་སྔ་མའི་ད་ཡིག་དྷ་རུ་བསྒྱུར་ནས། ཨཱ་བརྒྱད་པར། སྒྲ་ མེད་པ་རྣམས་ལ་ཞེས་པས་སེ་དང་། ཏ་དང་། ཐའི་རྐྱེན་ལ་བྱིངས་མཐའི་དྷ་ཡིག་ཏ་དང་། དྷུཊ་ རྣམས་ཀྱི་བཞི་པ་རྣམས་ལ་ཞེས་པས། དྷྭེ་ལ་དྷ་ཡིག་ད་རུ་བསྒྱུར་བས། དྷ་ཏྶེ། (ལེན་ནོ། །) དྷདྡྷྭེ། དྷཏྟཿ དྷརྟྠཿཞེས་པ་ལྟ་བུའོ། །དམིགས་བསལ་ཅན་དེ་རྣམས་ལས་གཞན་པའི་རྐྱེན་རྣམས་ ལ་ནི། དབྱིངས་ཀྱི་དྷ་ཡིག་གི་དང་པོ་རང་གི་བཞི་པར་མི་འགྱུར་ཏེ། དཔེར་ན། དྷཱ་ལ་བརྟ་མཱ་ ནཱའི་མི་བྱིན་པ་ན། སྔར་བཞིན་བྱིངས་གཉིས་སུ་བཞག་ནས། གཉིས་པ་བཞི་པ་དག་གི་ཞེས་ པས་དྷ་སྔ་མ་དཱ་དང་། ཐུང་ངུའོ་ཞེས་པས་དེའི་དབྱངས་ཐུང་ངུར་བསྒྱུར་ཞིང་། བྱིངས་མཐར་ ཨན་བྱིན་པ་ཛུ་ཧོ་ཏི་སོགས་ཀྱིས་ཕྱིས་པས། ད་དྷཱ་མི་(འཛིན་པར་བྱེད། )ཞེས་པ་ལྟ་བུའོ། །ཞེས་ པ་བྱིངས་རྣམས་ཚིག་ཏུ་བསྒྲུབཚུལ་ཀུན་བཤད་པའི་མདོ་ལས་རྐང་པ་དྲུག་པའི་འགྲེལ་པ་ རྫོགས་སོ།། །། ཀུན་བཤད་བདུན་པ་ཨིཊ་འཇུག་པ་དང་། མི་འཇུག་པའི་ཁྱད་པར་བསྟན་པ་ལ་བཞི་ ལས། དང་པོ་བྱིངས་མཐར་རྐྱེན་སོ་སོ་ལ་ཨིཊ་ཨཱ་ག་མ་འཇུག་ཚུལ་སྤྱིར་བསྟན་པ་ནི། བྱིངས་ ཐམས་ཅད་པ་མིན་པ་གསལ་བྱེད་དང་པོ་ཡ་ཡིག་དང་པོ་མིན་པའི་དང་པོར་ཨིཊ་ཨཱ་ག་མའོ་ ཞེས་པ་ནི། བྱིངས་ལས་ཕ་རོལ་ཏུ་བྱིངས་ཐམས་ཅད་པའི་མིང་ཅན་གྱི་རྐྱེན་མ་ཡིན་པ། གསལ་བྱེད་དང་པོ་ཅན་ཡིན་པ། ཡ་ཡིག་དང་པོ་ན་ཡོད་པ་མ་ཡིན་པའི་རྐྱེན་གྱི་དང་པོར་ཨིཊ་ 6-1-397 ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། བྷཱུ་ཡོད་པའི་བྱིངས་ལ་ཤྭསྟ་ནཱིའི་ཏཱ་དང་། བྷ་ཝི་ཥྱནྟིའི་ སྱ་ཏི་བྱིན་པ་ན། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་། ཞེས་པས་བྷཱུའི་ཨཱུ་ཡིག་ཡོན་ཏན་བྱས་ ནས། མདོ་འདིས་བར་དུ་ཨིཊ་བྱིན་པའི་ཊ་ཡིག་ནི། ཨཱ་དྲུག་པར། ཨིཊ་ལས་ཀྱང་ཨཱིཊ་ལའོ་ ཞེས་པའི་ཁྱད་པར་གྱི་དོན་ཡིན་པས་འཕྱིད་པ་འོག་མ་རྣམས་ལའང་དྲན་པར་བྱ་ཞིང་། དབྱངས་སྔ་ཕྱི་མཚམས་སྦྱར་ཏེ། རྒྱུ་མཚན་ལས་ས་ཡིག་ཥ་ཡིག་ཏུ་བསྒྱུར་བས། བྷ་ཝི་ཏཱ(ནང་ པར་འབྱུང་)། བྷ་ཝི་ཥྱ་ཏི་(འབྱུང་བར་འགྱུར་རོ། །)ཞེས་པ་ལྟ་བུའོ། །བྱིངས་ཐམས་ཅད་པའི་རྐྱེན་ལ་ནི་ ཨིཊ་མི་འབྱུང་སྟེ། དཔེར་ན། བྷཱུ་ལ་བརྟ་མཱ་ནཱའི་ཏི་བྱིན་པ་ན། ཨཱ་གཉིས་པར། བྱེད་པ་པོ་ལ་ ཞེས་པས་བར་དུ་ཨན་བྱིན་ནས། སྔར་བཞིན། བྷཱུའི་ཨཱུ་ཡོན་ཏན་བྱས་ཏེ་མཚམས་སྦྱར་བས། བྷ་ཝ་ཏི་(ཡོད་དོ། །)ཞེས་པ་ལྟ་བུའོ། །བྱིངས་ཐམས་ཅད་པ་མིན་ཡང་དབྱངས་ཡིག་དང་པོ་ཅན་ ལའང་ཨིཊ་མི་འབྱུང་སྟེ། དཔེར་ན། བྷཱུ་ལ་པ་རོ྅ཀྵཱའི་ཨཊ་བྱིན་ནས། ཨཱ་གསུམ་པར། ཙཎ་ པ་རོ྅ཀྵཱ་ཞེས་པས་བྱིངས་གཉིས་སུ་བཞག་སྟེ། བྷ་ཝ་ཏིའི་ཨའོ་ཞེས་པས་སྔ་མའི་དབྱས་ཨ་ དང་། གཉིས་པ་བཞི་པ་དག་གིས་ཞེས་པས་བྷ་ཡིག་བ་རུ་བསྒྱུར་ཞིང་། ཨཱ་བཞི་པར། བྷཱུའི་ མཐའ་པ་རོ྅ཀྵཱ་ཞེས་པས་ཕྱི་མའི་མཐར་ཝཱ་ཡིག་ཨཱ་ག་མ་བྱིན་ཏེ་སྦྱར་བས། བ་བྷཱུ་ཝ་(བྱུང་ ཟིན། )ཞེས་པ་ལྟ་བུའོ། །གསལ་བྱེད་དང་པོ་ཡིན་ཡང་ཡ་ཡིག་ཡིན་ནའང་ཨིཊ་མི་འབྱུང་སྟེ། དཔེར་ན། བྷཱུ་ལ་ཤྭསྟ་ནཱིའི་ཡཱཏ་བྱིན་པས། བྷཱུ་ཡཱཏ་(གྱུར་ཅིག) ཅེས་པ་ལྟ་བུའོ། །སྣུ་ཀྲ་མི་དག་ ལས་པ་རསྨཻ་ལའོ་ཞེས་པ་ནི། ཥྞུ་བསྟོད་པ་དང་། ཀྲ་མུ་རྐང་པ་བསྐྱོད་པའི་བྱིངས་དག་ལས་ཕ་ རོལ་ཏུ་བྱིངས་ཐམས་ཅད་པ་མིན་པའི་པ་རསྨཻའི་རྐྱེན་གསལ་བྱེད་དང་པོ་ཅན་ཡ་ཡིག་དང་པོ་ ཅན་མ་ཡིན་པ་ཡོད་པ་ལ། རྐྱེན་གྱི་དང་པོ་ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། པྲ་ སྔོན་མ་ཅན་གྱི་ཥྞུ་ལ་ཤྭསྟ་ནཱིའི་ཏཱ་དང་། བྷ་ཝི་ཥྱནྟིའི་སྱ་ཏི་བྱིན་པ་ན། ཨཱ་བརྒྱད་པར། བྱིངས་ ཀྱི་དང་པོའི་ཥའི་ཞེས་པས་ཥ་ཡིག་ས་དང་། པ་རི་བྷཱ་ཥར་རྒྱུ་མཚན་མེད་པར་རྒྱུ་མཚན་ཅན་ 6-1-398 ཡང་ཞེས་པས་ཎ་ཡིག་ན་དང་། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་ཞེས་པས་ཨུ་ཡིག་ཨོ་རུ་ བསྒྱུར་ནས། མདོ་འདིས་བར་དུ་ཨིཊ་བྱིན་པ་དང་མཚམས་སྦྱར་ཏེ། རྒྱུ་མཚན་ལས་ས་ཡིག་ ཥ་རུ་བསྒྱུར་བས། པྲ་སྣ་ཝི་ཏཱ(སང་རབ་ཏུ་བསྟོད)། པྲསྣ་ཝི་ཥྱ་ཏི་(རབ་ཏུ་བསྟོད་པར་འགྱུར་རོ། །)ཞེས་པ་ དང་། ཀྲ་མུའི་ཨུ་རྗེས་འབྲེལ་ཕྱིས་པ་ལའང་། སྔར་བཞིན་ཏཱ་དང་། སྱ་ཏི་བྱིན་ནས་བར་དུ་ ཨིཊ་བྱིན་པས། ཀྲ་མི་ཏཱ(སང་བསྐྱོད)། ཀྲ་མིཥྱ་ཏི་(བ་སྤྱོད་པར་འགྱུར་རོ། །)ཞེས་པ་ལྟ་བུའོ། །བྱིངས་ ཐམས་ཅད་པ་མིན་པའི་ཨཱཏྨ་ནེའི་རྐྱེན་གྱི་དང་པོར་ནི། ཨིཊ་ཨཱ་ག་མ་མི་འགྱུར་ཏེ། དཔེར་ན། པྲསྣུ་ལ། ཨཱ་གཉིས་པར། དངོས་པོ་དང་ལས་དག་ལ་ཨཱཏྨ་ནེའི་ཞེས་པས། ཨཱ་ཤཱིཥའི་ཨཱཏྨ་ ནེའི་ཚིག་སཱིཥྚ་དང་། བྷ་ཝིཥྱནྟིའི་སྱ་ཏི་བྱིན་ནས། ཨཱ་ལྔ་པར། ཨཱ་ཤཱིཥ་ལའང་པ་རསྨཻ་ལ་ཞེས་ པ་དང་། ནཱ་མི་མཐའི་ཞེས་པས་ཨུ་ཡིག་ཨོ་དང་། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་བས། པྲསྣོ་ཥཱིཥྚ། པྲསྣོ་ཥྱ་ཏི་ཞེས་པ་དང་། པྲ་ཀྲ་མུའི་ཨུ་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་སཱིཥྚ་དང་། སྱ་ཏི་བྱིན་ནས། ནཱ་བཞི་པར། མ་ན་དག་གི་དྷུཊ་ལ་ཞེས་པས་མ་རྗེས་སུ་ང་རོར་བསྒྱུར་བས། པྲ་ཀྲཾ་སཱིཥྚ(སང་གོམ་པ་འདོར)། པྲ་ཀྲཾ་སྱ་ཏི་(གོམ་པ་བསྐྱོད་པར་འགྱུར་རོ། །)ཞེས་པ་ལྟ་བུ་སྟེ། མདོ་སྔ་མ་ ལས་དམིགས་བསལ་ལོ། །རུད་སོགས་ལས་བྱིངས་ཐམས་ཅད་པ་ལའོ་ཞེས་པ་ནི་རུ་དིར་ མཆི་མ་འཛག་པ་དང་། སོགས་པའི་སྒྲས་ཉི་ཥྭ་པ་ཉལ་བ་དང་། ཤྭ་ས་དང་པྲ་སྔོན་མ་ཅན་གྱི་ ཨ་ན་སྲོག་དང་། ཛཀྵ་ཟ་བའི་བྱིངས་རྣམས་ལས་ཕ་རོལ་ཏུ། བྱིངས་ཐམས་ཅད་པའི་རྐྱེན་ གསལ་བྱེད་དང་པོ་ཅན། ཡ་ཡིག་དང་པོ་ཅན་མ་ཡིན་པ་ཡོད་པ་ལ་རྐྱེན་གྱི་དང་པོར་ཨིཊ་ཨཱ་ ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨིར་དང་། ཉི་རྗེས་འབྲེལ་དང་། ས་ དང་། ན་དང་། ཀྵའི་དབྱངས་བརྗོད་དོན་ཕྱིས་པ་ལ། བརྟ་མཱ་ནཱའི་ཏི་བྱིན་ནས། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིའི་ཞེས་པས་རུའི་ཨུ་ཡོན་ཏན་བྱས་ལ། མདོ་འདིས་བར་དུ་ཨིཊ་བྱིན་པས། རོ་དི་ ཏི(དྲུ་བར་བྱེད)། སྭ་སི་ཏི(ཉལ་བར་བྱེད)། ཤྭ་སི་ཏི(འཚོ་བར་བྱེད)། པྲཱ་ཎི་ཏི། ཛཀྵི་ཏི་(ཟ་བར་བྱེད། )ཞེས་ 6-1-399 པ་ལྟ་བུའོ། །ཨཱི་ཤ་ལས་ས་ལའོ་ཞེས་པ་ནི་ཨཱི་ཤ་དབང་ཕྱུག་ལའོ། །ཞེས་པའི་བྱིངས་འདི་ ལས་ཕ་རོལ་ཏུ། བྱིངས་ཐམས་ཅད་པའི་རྐྱེན་ས་ཡིག་དང་པོ་ཅན་ཡོད་པ་ལ། རྐྱེན་གྱི་དང་ པོར་ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཱི་ཤའི་ཨ་བརྗོད་དོན་ཕྱིས་པ་ལ། བརྟ་མཱ་ ནཱའི་སེ་དང་། པཉྩ་མཱིའི་སྭ་བྱིན་ནས། མདོ་འདིས་ཨིཊ་བྱིན་པ་དང་སྦྱར་ཞིང་། རྒྱུ་མཚན་ལས་ ས་ཡིག་ཥ་རུ་བསྒྱུར་བས། ཨཱི་ཤི་ཥེ(དབང་ཕྱུག་བྱེད)། ཨཱི་ཤི་ཥྭ་(དབང་ཕྱུག་འདོད། )ཞེས་པ་ལྟ་བུའོ། ། ཨཱིཌ་ཛན་དག་གིས་དང་དྷྭ་ལའང་ངོ་ཞེས་པ་ནི། ཨཱི་ཌ་བསྟོད་པ་དང་། ཛན་སྐྱེ་བའི་བྱིངས་ དག་གི་ཕ་རོལ་ཏུ། བྱིངས་ཐམས་ཅད་པའི་རྐྱེན་ས་ཡིག་དང་། དྷྭ་སྒྲ་དང་པོ་ཅན་ཡོད་པ་ ལའང་རྐྱེན་གྱི་དང་པོར་ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཞིང་། འང་གི་སྒྲ་ལས་ཨཱི་ཤ་ལས་ཀྱང་ འགྱུར་ཏེ། དཔེར་ན། ཨཱི་ཌའི་ཌའི་ཨ་བརྗོད་དོན་ཕྱིས་པ་ལ། བརྟ་མཱ་ནཱའི་སེ་དང་། དྷྭེ་དང་། པཉྩ་མཱིའི་སྭ་དང་། དྷྭ་མ་བྱིན་ནས། མདོ་འདིས་བར་དུ་ཨིཊ་སྦྱར་ཞིང་། རྒྱུ་མཚན་ལས་ས་ ཡིག་ཥ་རུ་བསྒྱུར་བས། ཨཱི་ཌི་ཥེ། (བསྟོད་དོ། །) ཨཱི་ཌི་དྷྭེ། ཨཱི་ཌི་ཥཱ(བསྟོད་ནུས)། ཨཱི་ཌི་དྷྭམ་(བསྟོད་ ནུས། )ཞེས་པ་དང་། བི་དང་ཨ་ཏི་སྔོན་མ་ཅན་ཛ་ནའི་ནའི་ཨ་བརྗོད་དོན་ཕྱིས་པ་ལའང་རྐྱེན་དེ་ རྣམས་བྱིན་ནས། ཛུ་ཧོ་ཏི་སོགས་ཡིན་པས་བྱིངས་གཉིས་སུ་བཞག་སྟེ། གསལ་བྱེད་དང་པོ་ ལྷག་མར་བྱས་ལ། ཨཱ་དྲུག་པར། གམ་ཧན་ཛན་ཞེས་པས་ཕྱི་མའི་དབྱངས་དབྱི་ཞིང་། ནཱ་བཞི་ པར། ཏ་སྡེའི་ཙ་ཊའི་སྡེ་པ་ཞེས་པས་ན་ཡིག་ཉ་རུ་བསྒྱུར་ཏེ། ས་ཡིག་སྔར་བཞིན་ཥ་རུ་བསྒྱུར་ བས། བྱ་ཏི་ཛ་ཛྙི་ཥེ(ཤིན་ཏུ་སྐྱེ་བར་བྱེད)། བྱ་ཏི་ཛཛྙི་དྷྭེ(ཤིན་ཏུ་སྐྱེ་བར་བྱེད)། བྱ་ཏི་ཛཛྙིཥ(ཤིན་ཏུ་སྐྱེ་ནུས)། བྱ་ཏི་ཛཛྙི་དྷྭམ་(ཤིན་ཏུ་སྐྱེ་ནུས། )ཞེས་པ་དང་། ཨཱི་ཤའི་ཤ་ཡིག་གི་ཨ་བརྗོད་དོན་ཕྱིས་པ་ལའང་། སྔར་བཞིན་རྐྱེན་དེ་རྣམས་དང་ཨིཊ་བྱིན་ནས་ས་ཡིག་ཥ་རུ་བསྒྱུར་བས། ཨཱི་ཤི་ཥེ། ཨི་ཤི་དྷྭེ། ཨཱི་ཤི་ཥྭ། ཨཱི་ཤི་དྷྭམ་ཞེས་པ་ལྟ་བུའོ། །གམ་ལས་ས་ལ་པ་རསྨཻ་ལའོ་ཞེས་པ་ནི། པ་རསྨཻ་ལ་ ཞེས་མདོ་བཀླགས་པའི་རྒྱུ་མཚན་ལས་བྱིངས་ཐམས་ཅད་པ་མིན་པ་ཞེས་པ་རྗེས་སུ་འཇུག་ 6-1-400 སྟེ། གམླྀ་འགྲོ་བ་ལའོ་ཞེས་པའི་བྱིངས་འདི་ལས་ཕ་རོལ་ཏུ། བྱིངས་ཐམས་ཅད་པ་མིན་པའི་ པ་རསྨཻ འི་རྐྱེན་ས་ཡིག་དང་པོ་ཅན་ཡོད་པ་ལ། རྐྱེན་གྱི་དང་པོར་ཨིཊ་ཨཱ་ག་མ་སྦྱིན་པར་ འགྱུར་ཞེས་པ་འཆད་འགྱུར་གྱི་ཡ་མིར་མི་ན་མི་ག་མི་ཞེས་པའི་དགག་པ་འགོག་པ་སྟེ། དཔེར་ ན། གམླྀ འི་ལྀ་རྗེས་འབྲེལ་ཕྱིས་པ་ལ། བྷ་ཝི་ཥྱནྟིའི་པ་རསྨཻ འི་སྱ་ཏི་དང་། བྱ་བ་ཤོར་བའི་སྱཏ་ བྱིན་ནས་རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་ཞིང་། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོར་ཞེས་ པས་ཕྱི་མའི་སྔོན་དུ་ཨཊ་བཞག་པས། ག་མི་ཥྱ་ཏི(འགྲོ་བར་འགྱུར)། ཨ་ག་མི་ཥྱཏ་(འགྲོ་མ་ཐུབ། ) ཅེས་པ་ལྟ་བུའོ། །བྱིངས་ཐམས་ཅད་པ་མ་ཡིན་ཡང་། ཨཱཏྨ་ནེའི་ཚིག་ཕ་རོལ་ལ་ནི་ཨིཊ་ཨཱ་ག་ མ་མི་འགྱུར་ཏེ། དཔེར་ན། སམ་སྔོན་མ་ཅན་གྱི་གམ་ལ། ཨཱ་ཤཱིཥའི་སཱིཥྚ་དང་། བྷ་ཝིཥྱནྟིའི་སྱ་ ཏི་བྱིན་ནས། མ་ཡིག་དྷུཊ་ལ་རྗེས་སུ་ང་རོར་བསྒྱུར་བས། སཾ་གཾ་སཱིཥྚ(འགྲོ་བར་སྨོན)། སཾ་གཾ་སྱ་ཏི་ (ཡང་དག་པར་འགྲོ་བར་འགྱུར། )ཞེས་པ་ལྟ་བུའོ། །ཧན་དང་རྀཏ་མཐའ་ལས་སྱ་ལའོ་ཞེས་པ་ནི། ཧ་ན་ འཚེ་བ་དང་། འགྲོ་བའི་བྱིངས་དང་། རྀ་ཡིག་མཐའ་ཅན་གྱི་བྱིངས་རྣམས་ལས་ཀྱང་ཕ་རོལ་ ཏུ་སྱ་ཡིག་དང་པོ་ཅན་གྱི་རྐྱེན་ཡོད་པ་ལ། བར་དུ་ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། རྀཏ་ ཅེས་པའི་ཏ་ཡིག་ནི་རྀ་ཐུང་ངུ་ཁོ་ན་བཟུང་བའི་དོན་ཏོ། །དཔེར་ན། ཧ་ནའི། ནའི་ཨ་བརྗོད་ དོན་ཕྱིས་པ་དང་། ཀྲྀ་བྱེད་པའི་བྱིངས་ལ། བྷ་ཝི་ཥྱནྟིའི་སྱ་ཏི་བྱིན་པ་ན། མདོ་འདིས་བར་དུ་ ཨིཊ་སྦྱར་ནས། ཨཱ་ལྔ་པར། ནཱ་མི་མཐའི་ཞེས་པས་ཀྲྀའི་རྀ་ཡིག་ཡོན་ཏན་དང་། སྔར་བཞིན་ ས་ཡིག་ཥ་རུ་བསྒྱུར་པས། ཧ་ནི་ཥྱ་ཏི(འཚེ་བར་འགྱུར)། ཀ་རིཥྱ་ཏི་(བྱེད་པར་འགྱུར། )ཞེས་པ་ལྟ་བུའོ། ། སྱ་ཡིག་དང་པོ་ཅན་མིན་པའི་རྐྱེན་ལ་ནི་བྱིངས་མཐར་ཨིཊ་མི་འབྱུང་སྟེ། དཔེར་ན། ཧ་ན་ལ་ བརྟ་མཱ་ནཱའི་ཏི་བྱིན་ནས། བར་དུ་ཨན་བྱིན་པ་ཨད་སོགས་ལས་དབྱི་ཞིང་། ནཱ་བཞི་པར། མན་ དག་དྷུཊ་ལ་ཞེས་པས་ན་རྗེས་སུ་ང་རོར་གྱུར་པ། སྡེ་པ་ལ་སྡེ་པའི་མཐའ་འོ་ཞེས་པས་སླར་ ཡང་ན་ཡིག་ཏུ་གྱུར་པས། ཧནྟི་(འཚེ་བར་བྱེད། )ཞེས་པ་དང་། ཀྲྀ་ལའང་སྔར་བཞིན་ཏི་བྱིན་པ་ན། 6-1-401 ཨཱ་གཉིས་པར། ཏན་སོགས་ལས་ཞེས་པས་བར་དུ་ཨུ་སྦྱིན་ཞིང་། ཨཱ་ལྔ་པར། ཀ་རོ་ཏིའིའོ་ ཞེས་པས་ཀྲྀའི་རྀ་ཡིག་ཡོན་ཏན་དང་། ནཱ་མི་མཐའི་བྱིངས་དང་ཞེས་པས་ཨུའང་ཡོན་ཏན་ བྱས་ནས་སྦྱར་བས། ཀ་རོ་ཏི་(བྱེད་དོ། །)ཞེས་པ་ལྟ་བུའོ། །ཨཉྫི་ལས་སིཙ་ལའོ་ཞེས་པ་ནི། ཨཉྫཱུ་ གསལ་བའི་བྱིངས་འདི་ལས་སིཙའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། བར་དུ་ཨིཊ་ཨཱ་ག་མ་སྦྱིན་ པར་འགྱུར་ཏེ་། དཔེར་ན། ཨཉྫཱུའི་ཨཱུ་ཡིག་རྗེས་འབྲེལ་ཕྱིས་པ་ལ་ཨ་དྱ་ཏ་ནཱིའི་དི་དང་། ཏཱམ་ དང་ཨན་བྱིན་པ་ན། ཨཱ་གཉིས་པར། ཨ་དྱ་ཏ་ནཱི་ལས་ཞེས་པས་བྱིངས་མཐར་སིཙ་དང་། མདོ་འདིས་སིཙའི་སྔ་མར་ཨིཊ་སྦྱིན་ཞིང་། ཨཱ་བརྒྱད་པར། ཨ་ཡིག་གི་ཨཱ་ཡིག་གོ་ཞེས་པས་ བྱིངས་ཀྱི་ཨ་ཡིག་རྣམས་རིང་པོར་བསྒྱུར་ལ། ཁྱད་པར་དྲུག་པར་སིཙ་ལས་སོ་ཞེས་པས་དིའི་ སྔོན་དུ་ཨཱིཊ་རིང་པོ་བྱིན་ནས། ཨིཊ་ལས་ཀྱང་ཨཱིཊ་ལའོ་ཞེས་པས་བར་གྱི་སིཙ་ཕྱིས་ཏེ་ མཚམས་སྦྱར་ཞིང་། སྔར་བཞིན་དིའི་ཨི་ཡིག་ཕྱིས་ཏེ་རྫོགས་པ་ལ་ཡང་ན་བྱས་པས། ཨཱཉྫི་ཏ་ (དེ་རིང་གསལ། )ཅེས་པ་དང་། ཏཱམ་དང་། ཨན་གྱི་རྐྱེན་ལ་སིཙའི་ཨི་དང་། ཙ་ཁྱད་དོན་ཕྱིས་ནས། ཨཱ་བརྒྱད་པའི་རྒྱུ་མཚན་ལས་ས་ཡིག་དག་ཥ་དང་། ཥ་དང་ཊ་སྡེ་ལས་ཞེས་པས་ཏཱམ་གྱི་ཏ་ ཡིག་ཊ་དང་། ཨཱ་བཞི་པར། ཨནའི་ཨུས་སོ་ཞེས་པས་ཨན་ཡང་ཨུས་སུ་བསྒྱུར་ཏེ་སྦྱར་བས། ཨཱཉྚིཥྚཱ་མ(དེ་རིང་གསལ)། ཨཱཉྫི་ཥུཿ(དེ་རིང་གསལ། )ཞེས་པ་ལྟ་བུའོ། །སྟུ་སུ་དྷཱུཉ་རྣམས་ལས་པ་རསྨཻ་ ལའོ་ཞེས་པ་ནི་ཥྚུཉ྄་བསྟོད་པ་དང་། ཥུ་བསྟོད་པ་དང་། དབང་ཕྱུག་དག་དང་། དྷཱུཉ྄་གཡོ་བའི་ བྱིངས་འདི་རྣམས་ལས་སིཙ྄་དང་། པ་རསྨཻ འི་ཚིག་ཕ་རོལ་ཏུ་ཡོད་པ་ལ་བྱིངས་མཐར་ཨིཊ་ཨཱ་ ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཉ་རྗེས་འབྲེལ་ཕྱིས་པ་ལ། ཨ་དྱ་ཏ་ ནཱིའི་དི་དང་། སྔར་བཞིན་དིའི་སྔོན་དུ་སིཙ྄་དང་། མདོ་འདིས་བྱིངས་མཐར་ཨིཊ་དང་། ཨཱ་ དྲུག་པར། སིཙ྄་ལས་སོ་ཞེས་པས་སིཙའི་མཐར་ཡང་ཨཱིཊ་རིང་པོ་བྱིན་ནས། ཨིཊ་ལས་ཀྱང་ ཨཱིཊ་ལས་ཞེས་པས་སིཙ྄་ཕྱིས་ཏེ་མཚམས་སྦྱར་ཞིང་། དབྱངས་མཐའ་རྣམས་ཀྱི་སིཙ྄་ལ་པ་ 6-1-402 རསྨཻ་ལའོ་ཞེས་པས་བྱིངས་ཀྱི་ཨུ་ཡིག་རྣམས་ཀྱི་འཕེལ་བ་ཨཽ་ཡིག་ཏུ་བསྒྱུར་ཏེ་མཚམས་སྦྱར་ ལ། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོར་ཥའི་ཞེས་པས་ཥ་ཡིག་ས་ཡིག་ཏུ་བསྒྱུར་བ་ན། པ་རི་ བྷཱ་ཥར། རྒྱུ་མཚན་མེད་པར་རྒྱུ་མཚན་ཅན་ཡང་མི་འབྱུང་ཞེས་པས་ཊ་ཡིག་ཀྱང་ཏ་རུ་བསྒྱུར་ ཞིང་། བྱིངས་ཀྱི་དང་པོར་ཞེས་པས་ཨཊ་སྔོན་དུ་བཞག་སྟེ། དིའི་ཨི་ཁྱད་དོན་ཕྱིས་ནས་རྫོགས་ པ་ལ་ཡང་ན་བྱས་པས། ཨསྟཱ་ཝཱིད། (དེ་རིང་བསྟོད་དོ། །) ཨ་སཱ་ཝཱིཏ། ཨ་དྷཱ་ཝཱིཏ་(དེ་རིང་གཡོ། )ཅེས་པ་ ལྟ་བུའོ། །བྱིངས་དེ་དག་གི་མཐར་སིཙ་ཡོད་ཀྱང་པ་རསྨཻའི་ཚིག་ཕ་རོལ་ན་མེད་ན། ཨིཊ་ཨཱ་ ག་མ་མི་འབྱུང་སྟེ། དཔེར་ན། སྟུ་དང་། སུ་དང་། དྷཱུ་ལ་ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཏ་བྱིན་ནས། སྔར་བཞིན་བྱིངས་མཐར་སིཙ྄་བྱིན་པའི་ཨི་དང་ཙ་ཁྱད་དོན་དབྱི་ཞིང་། ཨཱ་ལྔ་པར། ནཱ་མི་ མཐའི་བྱིངས་དང་ཞེས་པས་བྱིངས་ཀྱི་ཨུ་ཡིག་རྣམས་ཡོན་ཏན་ཨོ་དང་། རྒྱུ་མཚན་ལས་ས་ ཡིག་རྣམས་ཥ་དང་། ཥ་དང་། ཊ་སྡེ་ལས་ཞེས་པས་ཏ་ཡིག་རྣམས་ཊ་རུ་བསྒྱུར་ཏེ་སྦྱར་བའི་ ཐོག་མར་ཨཊ་བཞག་པས། ཨསྟོཥྚ(དེ་རིང་བསྟོད)། ཨསོཥྚ། ཨ་དྷོཥྚ་(དེ་རིང་གཡོ། )ཞེས་པ་ལྟ་བུའོ། ། ཡ་མི་ར་མི་ན་མི་ཨཱཏ་མཐའ་རྣམས་ཀྱི་སི་མཐའ་འང་ངོ་ཞེས་པ་ནི་ཡ་མུ་ཉེ་བར་འགོག་པ་ དང་། ར་མུ་རྩེ་བ་དང་། ཎ་མ་འདུད་པའི་བྱིངས་འདི་རྣམས་དང་། ཨཱཏ་མཐའ་སྟེ་ཨཱ་ཡིག་རིང་ པོའི་མཐའ་ཅན་རྣམས་ལ། སིཙ་དང་། པ་རསྨཻ འི་ཚིག་ཕ་རོལ་ཏུ་ཡོད་པ་ལ། བྱིངས་ཀྱི་མཐར་ སི་མཐའ་སྟེ། ས་ཡིག་ཨཱ་ག་མ་དང་ཨིཊ་སྦྱིན་པར་འགྱུར་ཏེ། འཆད་པར་འགྱུར་བའི་ཡ་མི་ར་ མི་ཞེས་པ་དང་། ཨཱཏ་ལས་དབྱངས་གཅིག་པ་ལ་ཞེས་པའི་དགག་པ་ལས་དམིགས་བསལ་ ལོ། །དཔེར་ན། ཡ་མུའི་ཨུ་རྗེས་འབྲེལ་ཕྱིས་པ་ལ། ཨ་དྱ་ཏ་ནཱིའི་ཏཱམ་དང་། ཨན་བྱིན་ནས། ཨཱ་གཉིས་པར། ཨ་དྱ་ཏ་ནཱི་ལས་ཞེས་པས་བྱིངས་མཐར་སིཙ྄་བྱིན་པའི་ཨི་དང་ཙ་ཁྱད་དོན་ དབྱི་ཞིང་། མདོ་འདིས་སི་ཙའི་སྔ་མར་ས་ཡིག་ཨཱ་ག་མ་དང་ཨིཊ་བྱིན་པ་སྦྱར་ལ། རྒྱུ་མཚན་ ལས་ས་ཡིག་ཥ་རུ་བསྒྱུར་བ་ན། ཥ་དང་། ཊ་སྡེ་ལས་ཞེས་པས་ཏ་ཡིག་ཀྱང་ཊ་རུ་བསྒྱུར་ཏེ། 6-1-403 ཨཱ་བཞི་པར། ཨན་གྱི་ཨུས་སོ་ཞེས་པས་ཨཎ་ཡང་ཨུས་སུ་བསྒྱུར་ལ། ར་དང་ས་ཡིག་དག་གི་ ཅེས་པས་ས་རྣམ་བཅད་དུ་བསྒྱུར་ནས། སྔར་བཞིན་བྱིངས་ཀྱི་དང་པོར་ཨཊ་བཞག་སྟེ་མ་ ཡིག་རྗེས་སུ་ང་རོར་བསྒྱུར་བས། ཨ་ཡཾ་སིཥྚཱམ(དེ་རིང་འགོག་གོ)། ཨ་ཡཾ་སི་ཥུཿཞེས་པ་དང་། དེ་ བཞིན་དི་བི་སྔོན་མ་ཅན་གྱི་མུའི་ཨུ་རྗེས་འབྲེལ་ཕྱིས་པ་ལའང་གཞན་རྣམས་སྔར་དང་འདྲ་ བར་སྦྱར་ཏེ། བིའི་ཨི་དང་ཨཊ་མཚམས་སྦྱར་བས། བྱ་རཾ་སི་ཥྚཱཾ། (དེ་རིང་རྩེའོ། །)བྱ་རཾ་སི་ཥུཿཞེས་ པ་དང་། ཎ་མའི་མའི་ཨ་བརྗོད་དོན་ཕྱིས་པ་ལའང་གཞན་རྣམས་སྔར་དང་འདྲ་ཞིང་། ཎའི་ ནའོ་ཞེས་པས་ཎ་ཡིག་ན་རུ་བསྒྱུར་བས། ཨ་ནཾ་སིཥྚཱམ། (དེ་རིང་འདུད་དོ། །) ཨ་ནཾ་སིཥུཿཞེས་པ་ དང་། ཨཱཏ་མཐའ་ཡཱ་ཐོབ་པའི་བྱིངས་ལའང་སྔར་བཞིན་སྦྱར་བས། ཨ་ཡཱ་སིཥྚཱམ། (དེ་རིང་ཐོབ་ བོ། །) ཨ་ཡཱ་སི་ཥུཿཞེས་པ་ལྟ་བུའོ། །སྨི ང་པཱུང་རྀ་ཨཉྫུ་ཨ་ཤཱུ་ཀྲཱྀ་གྲཱྀ་དྲཱྀ་དྷྲཱྀ་པྲཙྪ་རྣམས་ཀྱི་སན་ ལའོ་ཞེས་པ་ནི་སྨི ང་འཛུམ་པ་དང་། པཱུང་གཙང་བ་དང་། རྀ་འགྲོ་བ་དང་། ཨཉྫུ་གསལ་བ་ དང་། ཨཤཱུ་ཁྱབ་པ་དང་། ཀྲཱྀ་གཡེང་བ་དང་། གྲཱྀ་གསལ་བར་བྱེད་པ་དང་། དྲཱྀང་མ་གུས་པ་ དང་། དྷྲཱྀ ང་འཇིགས་པ་དང་། པྲཙྪ་ཤེས་འདོད་ཀྱི་བྱིངས་འདི་རྣམས་ལས་ཕ་རོལ་ཏུ་སན་གྱི་ རྐྱེན་ཡོད་པ་ལ། བྱིངས་མཐར་བྱེད་ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཞེས་པའང་འཆད་འགྱུར་ གྱི་དགག་པ་རྣམས་ལས་དམིགས་བསལ་སྟོན་པ་སྟེ། དཔེར་ན། བྱིངས་དེ་རྣམས་ཀྱི་ང་ཡིག་ རྣམས་དང་། ཨུའི་ཡི་གེ་རྗེས་འབྲེལ་དང་། ཨ་ཡིག་བརྗོད་དོན་ཕྱིས་པ་རྣམས་ལ། འཛུམ་ པར་བྱེད་འདོད་དོ་ཞེས་པ་ལ་སོགས་པའི་དོན་ལ་སན་གྱི་རྐྱེན་བྱིན་པ་ན། ཨཱ་ལྔ་པར། ནཱ་མི་ མཐའི་ཞེས་པས་བྱིངས་མཐའི་ཨི་ཡིག་ཨེ་དང་། ཨུ་ཡིག་ཨོ་དང་། རྀ་ཡིག་རྣམས་ཨར་དུ་ བསྒྱུར་ཞིང་། ཨཱ་གསུམ་པར། ཙ་ཎ་པ་རོ྅ཀྵཱ་ཞེས་པས་ལན་གཉིས་སུ་བཞག་སྟེ། གསལ་ བྱེད་དང་པོ་ལྷག་མར་བྱ་བ་དང་། མདོ་འདིས་བྱིངས་མཐར་ཨིཊ་བྱིན་ནས་མཚམས་སྦྱར་བ་ དང་། སན་གྱི་ན་ཁྱད་དོན་ཕྱིས་ཏེ། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་བའི་མཐར། བརྟ་མཱ་ 6-1-404 ནཱའི་ཏི་དང་ཨན་བྱིན་ནས་སྦྱོར་བ་ནི་ཐམས་ཅད་ལ་མཚུངས་ཤིང་། ཁྱད་པར་སྨའི་སྔ་མར་ཉེ་ བསྒྱུར་བི་བཞག་པས། བི་སེ་སྨ་ཡི་ཥ་ཏི་(རྨད་དུ་བྱུང་བ་འདོད་དོ། །) ཞེས་པ་དང་། ཛ་དང་། མཐར་ གནས་དང་། པ་སྡེ་ཕ་རོལ་ཅན་ཨུའི་ཡི་གེ་ཞེས་པས་སུ་སྔ་མའི་དབྱངས་ཨི་རུ་བསྒྱུར་པས། པི་པ་ཝི་ཥ་ཏི་ཞེས་པ་དང་། (པུས་ཝི་ཏི་ཞེས་པ་ཊཱི་ཀ་གཞན་ལོ་ཆེན་དང་སྟག་ཚང་བ་ལ་ཡོད། )ཨཱ་གསུམ་པར། དབྱངས་དང་པོ་ལ་གཉིས་པའི་ཞེས་པས་ཨར་གྱི་ར་དང་། ཨཉྫའི་ཛ་དང་། ཨ་ཤའི་ཤ་ཡིག་ རྣམས་ལ་ཨིཊ་སྦྱར་བ་གཉིས་སུ་བཞག་པས། ཨ་རི་རི་ཥ་ཏི། (འགྲོ་བར་འདོད་དོ། །) ཨཉྫི་ཛི་ཥ་ ཏི། (གསལ་བར་འདོད་དོ། །) ཨ་ཤི་ཤི་ཥ་ཏི་(ཁྱབ་པར་འདོད་དོ། །) ཞེས་པ་ལྟ་བུ་དང་། སན་ལ་ཨའི་ཡི་གེ་ ཞེས་པས་སྔ་མའི་སྲོག་གི་ཨ་ཡིག་རྣམས་ཨི་རུ་བསྒྱུར་ཞིང་། ཀ་སྡེའི་ཙ་སྡེའོ་ཞེས་པས་ཀ་ ཡིག་སྔ་མ་ཙ་དང་། ག་ཡིག་སྔ་མ་ཛ་དང་། གཉིས་པ་བཞི་པ་དག་གི་ཞེས་པས་དྷ་ཡིག་སྔ་མ་ ད་དང་། ཨཱ་བཞི་པར། གྲ་ཧི་སྭ་པི་པྲཙྪ་རྣམས་ཀྱིས་སན་ལ་ཞེས་པས་པྲ་ཕྱི་མའི་ར་ཡིག་རྀ་རུ་ བསྒྱུར་བས། ཙི་ཀ་རི་ཥ་ཏི། (གཡེང་བར་འདོད་དོ། །)ཛི་ག་རི་ཥ་ཏི། (སྣང་བར་འདོད་དོ། །) དི་ད་རི་ཥ་ཏི། (མི་ ནུས་པར་འདོད་དོ། །) དི་དྷ་རི་ཥ་ཏི། (འཇིགས་པར་བྱེད་དོ། །) སི་པྲྀཙྪི་ཥ་ཏི་(ཤེས་པར་འདོད་) ཞེས་པ་ལྟ་བུའོ། ། གྲ་ཧི་ལས་པ་རོ྅ཀྵཱ་མིན་པ་ལ་ཨིཊའི་རིང་པོའོ་ཞེས་པ་ནི། གྲ་ཧ་ཉེ་བར་ལེན་པའི་བྱིངས་ འདི་ལས་ཕ་རོལ་ཏུ་པ་རོ྅ཀྵཱ་མ་ཡིན་པའི་རྐྱེན་བྱིན་པ་ལ་ཨིཊ་ཨཱ་ག་མ་བྱིན་པ་རིང་པོར་ འགྱུར་ཏེ། དཔེར་ན། གྲ་ཧའི་ཧའི་ཨ་བརྗོད་དོན་ཕྱིས་ལ་ཤྭསྟ་ནཱིའི་ཏཱ་དང་། བྷ་ཝི་ཥྱནྟིའི་སྱ་ཏི་ བྱིན་པ་ན། མདོ་འདིས་བྱིངས་མཐར་ཨིཊ་བྱིན་པ་རིང་པོར་བསྒྱུར་ནས་སྦྱར་ཏེ། རྒྱུ་མཚན་ ལས་ས་ཡིག་ཥ་རུ་བསྒྱུར་བས། གྲ་ཧཱི་ཏཱ(སང་ཉེ་བར་ལེན)། གྲ་ཧཱི་ཥྱ་ཏི་ཞེས་པ་ལྟ་བུའོ། །གྲ་ཧིའི་ ཕ་རོལ་ཏུ་པ་རོ྅ཀྵཱའི་རྐྱེན་ཡོད་ན་ཨིཊ་རིང་པོར་མི་འགྱུར་ཏེ། དཔེར་ན། གྲ་ཧ་ལ་པ་རོ྅ཀྵཱའི་ ཝ་དང་མ་བྱིན་པ་ན། མདོ་འདིས་བྱིངས་མཐར་ཨིཊ་སྦྱིན་ཞིང་། ཙཎ་པ་རོ྅ཀྵཱས་བྱིངས་ གཉིས་སུ་བཞག་སྟེ། གསལ་བྱེད་དང་པོ་ལྷག་མར་བྱས་ལ། ཙ་སྡེའི་ཀ་སྡེའོ་ཞེས་པས་ག་སྔ་ 6-1-405 མ་ཛ་དང་། ཨཱ་བཞི་པར། གྲ་ཧི་ཛྱཱ་ཞེས་པས་གྲ་ཕྱི་མའི་ར་ཡིག་རྀ་རུ་བསྒྱུར་བས། ཛ་གྲྀ་ཧི་ ཝ(ཉེ་བར་བླངས་ཚར)། ཛ་གྲྀ་ཧི་མ་ཞེས་པ་ལྟ་བུའོ། ། གཉིས་པ་ཨིཊ་ཨཱ་ག་མ་མི་འཇུག་པའི་དམིགས་བསལ་རྒྱས་པར་བཤད་པ་ནི། ཨཱཏ་ ལས་དབྱངས་གཅིག་པ་ལས་ཨིཊ་མེད་པའོ་ཞེས་པ་ནི་ཨཱཏ་ཏེ་ཨཱ་ཡིག་མཐའ་ཅན་གྱི་བྱིངས་ དབྱངས་གཅིག་པ་ཅན་ལས་ཕ་རོལ་ཏུ། བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་གྱི་དང་པོར་ ཨིཊ་ཨཱ་ག་མ་འབྱུང་བ་མེད་ཅིང་། ཏ་ཡིག་ནི་ཐེ་ཚོམ་སེལ་བའི་དོན་ཏེ། དཔེར་ན། དཱ་སྦྱིན་ པའི་བྱིངས་ལ་ཤྭསྟ་ནཱིའི་ཏཱ་དང་། ཨཱ་ཤཱི་ཥའི་སཱིཥྚ་དང་། བྷ་ཝི་ཥྱནྟིའི་སྱ་ཏི་བྱིན་ནས། མདོ་ འདིས་ཨིཊ་བཀག་པས། དཱ་ཏཱ་དཱ་སཱིཥྚ(སང་སྦྱིན)། དཱ་སྱ་ཏི་(སྦྱིན་པར་འགྱུར། )ཞེས་པ་ལྟ་བུའོ། ། བྱིངས་ཨཱ་ཡིག་མཐའ་ཅན་ཡིན་ཡང་དབྱངས་གཉིས་པ་ལ་སོགས་པ་ལ་ནི་ཨིཊ་འཐོབ་སྟེ། དཔེར་ན། ད་རི་དྲཱ་འགྲོ་བ་ངན་པའི་བྱིངས་ལ། ཤྭསྟ་ནཱིའི་ཏཱ་བྱིན་ནས། ཨཱ་དྲུག་པར། ད་རི་དྲཱ་ ཏིའི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཞེས་པས་དྲཱའི་དབྱངས་ཕྱིས་ཏེ། མདོ་འདིས་བྱིངས་ མཐར་ཨིཊ་སྦྱར་བས། ད་རི་དྲི་ཏཱ་(མུ་སྟོ་པར་འགྱུར། ) ཞེས་པ་ལྟ་བུའོ། །ཤྭི་ཤྲི་ཌཱིང་ཤཱིང་མ་ཡིན་པ་ ལས་ཨིའི་ཡི་གེ་ལས་སོ་ཞེས་པ་ནི་ཊུ་ཨོ་ཤྭི་འགྲོ་བ་འཕེལ་བ་དང་། ཤྲི ཉ་བསྟེན་པ་དང་། ཌཱིང་ འཕུར་བ་དང་། ཤཱིང་ཉལ་བའི་བྱིངས་རྣམས་མ་ཡིན་པའི་ཨིའི་ཡི་གེའི་མཐའ་ཅན་དབྱངས་ གཅིག་པའི་བྱིངས་ལས་ཕ་རོལ་ཏུ། བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ཡོད་པ་ལ་བྱིངས་ མཐར་ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཙིཉ་སོག་པ་དང་། ཎཱིཉ་ཐོབ་པའི་ བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ་ཤྭསྟ་ནཱིའི་ཏཱ་དང་། ཨཱ་ཤཱིཥའི་སཱིཥྚ་བྱིན་ནས། ཨཱ་ལྔ་པར། ནཱ་ མི་མཐའི་བྱིངས་དང་། ཞེས་པས་ཨི་ཡིག་གི་ཡོན་ཏན་ཨེ་དང་། རྒྱུ་མཚན་ལས་ས་ཡིག་ཥ་རུ་ བསྒྱུར་བས། ཙེ་ཏཱ(སང་གསོག)། ཙེ་ཥཱིཥྚ། (སོག་པར་འགྱུར་རོ། །) ནེ་ཏཱ(སང་འཐོབ)། ནེ་ཥཱིཥྚ་(ཐོབ་པར་འགྱུར་ རོ། །)ཞེས་པ་ལྟ་བུའོ། །དམིགས་བསལ་ཅན། ཤྭི་ལ་སོགས་པ་རྣམས་ལས་ཕ་རོལ་ཏུ་བྱིངས་ 6-1-406 ཐམས་ཅད་པ་མ་ཡིན་པའི་རྐྱེན་ཡོད་པ་ལ་ནི། བྱིངས་མཐར་ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་ ཏེ། དཔེར་ན། སྔར་གྱི་བྱིངས་དེ་རྣམས་ཀྱི་ཊུ་ཨོ་དང་། ཉ་དང་། ང་རྗེས་འབྲེལ་ཕྱིས་པ་ལ་ ཤྭསྟ་ནཱིའི་ཏཱ་བྱིན་པ་ན། ནཱ་མི་མཐའི་ཞེས་པས་བྱིངས་ཀྱི་དབྱངས་རྣམས་ཡོན་ཏན་དུ་བྱས་ ནས། མདོ་འདིས་བྱིངས་མཐར་ཨིཊ་བྱིན་པ་དང་མཚམས་སྦྱར་བས། ཤྭ་ཡི་ཏཱ(འཕེལ་བར་ འགྱུར)། ཤྲ་ཡི་ཏཱ(བསྟེན་པར་འགྱུར)། ཌ་ཡི་ཏཱ(སང་འཕུར)། ཤ་ཡི་ཏཱ་(སང་ཉལ། )ཞེས་པ་ལྟ་བུའོ། །ཡུ་རུ་ ཎུ་སྣུ་ཀྵུ་ཀྵྞུ་མ་ཡིན་པ་ལས་ཨུཏ་ལས་སོ་ཞེས་པ་ནི་ཡུ་སྤེལ་བ་དང་། རུ་སྒྲ་དང་། ཎུ་བསྟོད་པ་ དང་། སྣུ་རབ་ཏུ་འཛག་པའམ་བསྟོད་པ་དང་། ཊུ་ཀྵུ་སྒྲ་དང་། ཀྵྞུ་རྣོ་བའི་བྱིངས་འདི་རྣམས་མ་ ཡིན་པའི་ཨུ་ཡིག་མཐའ་ཅན་དབྱངས་གཅིག་པའི་བྱིངས་ལས་ཕ་རོལ་ཏུ། བྱིངས་ཐམས་ཅད་ པ་མ་ཡིན་པའི་རྐྱེན་ཡོད་པ་ལ། བྱིངས་མཐར་ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། ཨུཏ་ཅེས་ པའི་ཏ་ཡིག་ནི་ཨུ་ཐུང་ངུ་ཁོ་ན་གོ་བའི་དོན་ཏོ། །དཔེར་ན། སྟུ་བསྟོད་པའི་བྱིངས་ལ་ཤྭསྟ་ནཱིའི་ ཏཱ་དང་། བྷ་ཝི་ཥྱནྟིའི་སྱ་ཏི་བྱིན་པ་ན། སྔར་བཞིན་ནཱ་མི་མཐའི་བྱིངས་དང་ཞེས་པས་བྱིངས་ ཀྱི་དབྱངས་ཡོན་ཏན་དང་། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་བས། སྟོ་ཏཱ(སང་བསྟོད)། སྟོཥྱ་ཏི་ (བསྟོད་པར་འགྱུར་རོ། །)ཞེས་པ་ལྟ་བུའོ། །དམིགས་བསལ་ཅན་ཡུ་ལ་སོགས་པ་རྣམས་ལས་ཕ་ རོལ་ཏུ། བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ལ་ནི་བྱིངས་མཐར་ཨིཊ་ཨཱ་ག་མ་སྦྱིན་པར་ འགྱུར་ཏེ། དཔེར་ན། སྔར་གྱི་བྱིངས་དེ་རྣམས་ཀྱི་ཊུ་རྗེས་འབྲེལ་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་བྱིན་ པ་ན། སྔར་བཞིན་བྱིངས་ཀྱི་ཨུ་ཡིག་རྣམས་ཨོ་རུ་བསྒྱུར་བ་དང་། མདོ་འདིས་བར་དུ་ཨིཊ་ བྱིན་པ་མཚམས་སྦྱར་ནས། ཨཱ་བརྒྱད་པར། ཎའི་ཎའོ་ཞེས་པས་ཎ་ཡིག་ན་དང་། ཥའི་སའོ་ ཞེས་པས་ཥ་ཡིག་ས་དང་། པ་རི་བྷཱ་ཥ་རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་ཡང་ཞེས་པས་ཎ་ཡིག་ ན་རུ་བསྒྱུར་བས། ཡ་ཝི་ཏཱ། (སང་བསྲེའོ། །) ར་བི་ཏཱ(སྒྲ་འབྱུང་)། ན་ཝི་ཏཱ(སང་བསྟོད)། སྣ་ཝི་ཏཱ(སང་ འཇིག)། ཀྵ་ཝི་ཏཱ(སང་རབ་ཏུ་བྱེད་པའམ་བསྟོད་པ)། ཀྵྞ་ཝི་ཏཱ་(སང་རྣོའོ། །)ཞེས་པ་ལྟ་བུའོ། །བྲྀང་བྲྀཉ་མ་ 6-1-407 ཡིན་པ་ལས་རྀཏ་ལས་སོ། །ཞེས་པ་ནི་བྲྀང་ཡང་དག་པར་གུས་པ་དང་། བྲྀཉ་ཞུ་བའམ་འདམ་ པའི་བྱིངས་འདི་དག་མ་ཡིན་པའི་རྀ་ཡིག་མཐའ་ཅན་དབྱངས་གཅིག་པའི་བྱིངས་ལས་ཕ་ རོལ་ཏུ། བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ཡོད་པ་ལ་ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ ཞིང་། ཏ་ཡིག་ནི་སྔ་མའི་དབྱངས་ཁོ་ན་ངེས་པར་བཟུང་བའི་དོན་ཏེ། དཔེར་ན། ཀྲྀཉ་བྱེད་པ་ དང་། ཧྲྀཉ་འཕྲོག་པའི་བྱིངས་ཀྱི་ཉ་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་ཏཱ་བྱིན་ནས་རྀའི་ ཡོན་ཏན་ཨར་དུ་བྱས་པས། ཀརྟཱ(སང་བྱེད)། ཧརྟཱ་(སང་འཕྲོག)ཞེས་པ་ལྟ་བུའོ། །བྲྀང་དང་བྲྀཉ་ ལས་ཕ་རོལ་ཏུ་བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ཡོད་པ་ལ་ནི་བར་དུ་ཨིཊ་ཨཱ་ག་མ་ སྦྱིན་པར་འགྱུར་ཏེ། དཔེར་ན། བྲྀང་དང་། བྲྀཉའི་སྔོན་དུ་ཉེར་བསྒྱུར་པྲ་བཞག་ནས་ང་དང་། ཉ་རྗེས་འབྲེལ་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་བྱིན་པ་ན་སྔར་བཞིན་རྀ་ཡིག་ཡོན་ཏན་བྱས་ཏེ། མདོ་ འདིས་བར་དུ་ཨིཊ་བྱིན་པ་དང་སྦྱར་བས། བ་རི་ཏཱ(སང་གུས)། པྲ་པ་རི་ཏཱ་(རབ་ཏུ་ཞུའོ། །)ཞེས་པ་ ལྟ་བུའོ། །ཀ་ལས་ཤ་ཀི་ལས་སོ་ཞེས་པ་ནི་ཀ་ཡིག་མཐའ་ཅན་གྱི་བྱིངས་རྣམས་ལས་ཁྱད་ པར་ཤཀ་རྣམ་པར་བཤད་པའམ། ཤཀླྀ་ནུས་པའི་བྱིངས་འདི་དག་ལས་ཕ་རོལ་ཏུ་བྱིངས་ ཐམས་ཅད་པ་མ་ཡིན་པའི་རྐྱེན་ཡོད་པ་ལ། བར་དུ་ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྱིངས་དེ་དག་གི་ཀའི་ཨ་བརྗོད་དོན་དང་། ལྀ་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ ཏཱ་བྱིན་ཏེ་སྦྱར་བས། ཤཀྟཱ(བཟོད་པ)། ཤཀྟཱ་(ནུས་པ། )ཞེས་པ་ལྟ་བུའོ། །ཙ་ལས་པ་ཙི་ཝ་ཙི་བི་ཙི་ སི་ཙི་རི་ཙི་མུ་ཙི་ལས་སོ། །ཞེས་པ་ཙ་ཡིག་མཐའ་ཅན་གྱི་བྱིངས་རྣམས་ལས། ཁྱད་པར་དུ། ཌུ་པཙ་ཥ་འཚེད་པ་དང་། ཝཙ་སྨྲ་བ་དང་། ཥིཙ་འཛག་པ་དང་། རི་ཙིར་སྤོང་བ་དང་། མུཙླྀ་ གྲོལ་བའི་བྱིངས་འདི་རྣམས་ལས་ཕ་རོལ་ཏུ་བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ཡོད་པ་ ལ། བར་དུ་ཨིཊ་ཨཱ་ག་མ་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཌུ་དང་། ཥ་རྗེས་འབྲེལ་དང་། ཙའི་ཨ་བརྗོད་དོན་དང་། ཨིར་དང་། ལྀ་རྗེས་འབྲེལ་ཕྱིས་པ་ལ་ཤྭསྟ་ 6-1-408 ནཱིའི་ཏཱ་བྱིན་པ་ན། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིའི་འང་ཡང་བའི་ཞེས་པས་ཨི་དང་ཨུ་ཡོན་ཏན་ བྱས་ལ། ཨཱ་དྲུག་པར། ཙ་སྡེའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་པས་ཙ་ཡིག་རྣམས་ཀ་རུ་ བསྒྱུར་ཞིང་། མདོ་འདིས་ཨིཊ་བཀག་ནས། ཥ་ཡིག་སྔར་བཞིན་ས་རུ་བསྒྱུར་བས། པཀྟཱ། (སང་ འཆོད་དོ། །) ཝཀྟཱ། (སང་སྨྲའོ། །)སེཀྟཱ་(སང་བསྲུང་ངོ་། །)རེཀྟཱ། (སང་སྤང་ངོ་། །)མོཀྟཱ་(སང་གྲོལ་ལོ། །)ཞེས་པ་ལྟ་ བུའོ། །ཚ་ལས་པྲཙྪ་ལས་སོ་ཞེས་པ་ནི་ཚ་ཡིག་མཐའ་ཅན་གྱི་བྱིངས་རྣམས་ལས། ཁྱད་པར་ པྲཙྪ་ཤེས་པར་འདོད་པའི་བྱིངས་འདི་ལས་ཕ་རོལ་ཏུ་བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ ཡོད་པ་ལ། བར་དུ་ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། པྲཙྪ་ལ་སྔར་བཞིན་ཏཱ་ དང་སྱ་ཏི་བྱིན་ནས། ཨཱ་དྲུག་པར། ཚ་ཤ་དག་གི་འང་འོ་ཞེས་པས་ཙྪ་ཡིག་ཥ་ཡིག་ཥ་དང་ཊ་སྡེ་ ལས་ཞེས་པས་ཏཱ་ཡིག་ཊཱ་དང་། ཨཱ་བརྒྱད་པར། ཥ་ཌྷ་དག་གི་ཞེས་པས་རྐྱེན་གྱི་ས་ཡིག་མཐོང་ བ་ལས་ཥ་ཡིག་ཀ་དང་། རྒྱུ་མཚན་ལས། ས་ཡིག་ཀྱང་ཥ་རུ་བསྒྱུར་བས། པྲཥྚཱྀ། (སང་ཤེས་པར་ འདོད་དོ། །) པྲཀྵྱ་ཏི་(ཤེས་པར་གྱུར། )ཞེས་པ་ལྟ་བུའོ། །ཛ་ལས་ཡུ་ཛི། རུ་ཛི། རཉྫི། བྷུ་ཛི། བྷ་ཛི། བྷཉྫི། སཉྫི། དྱཛི། བྷྲ་སྫི། ཡཛི། མསྫི། སྲི་ཛི། ནི་ཛི། བི་ཛི། ཥྭནྫི ལས་སོ་ཞེས་པ་ནི། སློབ་ཕན་ དུ་བཅུ་དྲུག་གསུངས་ཀྱང་། དུར་ག་སིང་ཧ་ར་བཅོ་ལྔ་པོ་འདི་རྣམས་ལས་ཞེས་གསུངས་པ་ ལྟར། ཛ་ཡིག་མཐའ་ཅན་གྱི་བྱིངས་རྣམས་ལས་ཁྱད་པར་དུ་ཡུ་ཛིར་སྦྱོར་བའམ། ཡང་ན། ཡུ་ ཛ་ཏིང་ངེ་འཛིན་དང་། རུ་ཛོ་འཇོམས་པ་དང་། རཉྫ་ཚོས་དང་། བྷུ་ཛོ་འཁྱོག་པའམ། ཡང་ན། བྷུ་ཛ་སྐྱོང་བ་དང་། བྷ་ཛ་བསྟེན་པ་དང་། བྷཉྫོ་ཉེད་པ་དང་། སཉྫ་རང་གི་ཡན་ལག་དང་། ཏྱ་ཛ་ སྤོང་བ་དང་། བྷྲསྫ་འཚེད་པ་དང་། ཡཛ་ལྷ་མཆོད་པ་དང་། ཊུ་མསྫོ་དག་པ་དང་། སྲྀཛ་སྤྲོ་བ་ དང་། ནི་ཛིར་དག་པ་དང་། པི་ཛིར་ཐ་དད་པའི་དངོས་པོ་དང་། ཥྭཉྫ་ཡོངས་སུ་འཁྱུད་པའི་ བྱིངས་འདི་རྣམས་ལས་ཕ་རོལ་ཏུ་བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ཡོད་པ་ལ་བར་དུ་ ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨིར་དང་། ཨོ་དང་། ཨུ་ 6-1-409 རིག་རྣམས་དང་། ཊུ་ཡིག་རྗེས་འབྲེལ་དང་ཨ་བརྗོད་དོན་ཕྱིས་པ་རྣམས་ལ། ཤྭསྟ་ནཱིའི་ཏཱ་ བྱིན་པ་ན། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིའི་ཞེས་པས་བྱིངས་ཀྱི་ཨུ་ཡིག་རྣམས་དང་། ཨི་ཡིག་ དག་ཡོན་ཏན་བྱས་ནས། ཨཱ་དྲུག་པར། ཙ་སྡེ་འདྲ་བའི་ཡི་གེ་ཞེས་པས། ཛ་ཡིག་རྣམས་ཀ་ དང་། ནཱ་བཞི་པར། མན་ངག་དྷུཊ་ལ་ཞེས་པས་ན་ཡིག་རྣམས་རྗེས་སུ་ང་རོར་བསྒྱུར་བས་ རིམ་པ་བཞིན། ཡོཀྟཱ(སང་ཏིང་ངེ་འཛིན་ལ་སྦྱོར)། རོཀྟཱ(འཇོམས)། རནྟཱ(འཚོད)། བྷོཀྟཱ(འཁྱོག)། བྷཀྟཱ(སོང་ བསྟེན)། བྷཾཀྟཱ(ཉེད)། སཾཀྟཱ(ཡན་ལག)། ཏྱཀྟཱ་(སྤོང་། )ཞེས་པ་དང་། ཁྱད་པར་ཨཱ་དྲུག་པར། བརྩེགས་ པ་དང་པོའི་ས་ཀ་དག་གི་ཞེས་པས་བྷྲསྫའི་ས་ཕྱིས་ནས། བྷྲྀ་ཛ་སོགས་རྣམས་ཀྱི་ཥ་འོ་ཞེས་ པས། བྷྲ་ཛ་དང་། ཡ་ཛ་དང་། སྲྀ་ཛ་རྣམས་ཀྱི་ཛ་ཡིག་ཥ་རུ་བསྒྱུར་བ་ན། ཨཱ་བརྒྱད་པར། ཥ་ དང་། ཊ་སྡེ་ལས་ཞེས་པས་ཏཱ་ཡིག་ཀྱང་ཊཱ་རུ་བསྒྱུར་བས། བྷྲཥྚཱ(སང་འཚེད)། ཡཥྚཱ་(སང་མཆོད། ) ཞེས་པ་དང་། ཨཱ་ལྔ་པར། མཤྫ་ན་ཤ་དག་གི་ཞེས་པས་མསྫའི་མའི་དབྱངས་མཐར་ན་ཡིག་ཨཱ་ ག་མ་བྱིན་པ་དྷུཊ་ལ་རྗེས་སུ་ང་རོ་དང་། ནཱ་གསུམ་པར། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་ ས་ཡིག་ད་དང་། ཨཱ་བརྒྱད་པར། ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལ་ཞེས་པས་ནཱའང་ཛ་རུ་བསྒྱུར་ ཞིང་། ཨཱ་དྲུག་པར། བྲཤྫི་མསྫི་དག་གི་ཞེས་པས་བརྩེགས་པའི་ཛ་ཡིག་འོག་མ་ཕྱིས་ནས། ཙ་ སྡེ་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་པས་ཛ་ཡིག་སྟེང་མ་ཀ་རུ་བསྒྱུར་ཏེ་སྦྱར་བས། མཾ་ཀྟཱ་(སང་ དག)ཞེས་པ་དང་། ཨཱ་བཞི་པར། སྲྀ་ཛི་དྲྀ་ཤ་དག་གི་ཞེས་པས་སྲྀ་ཛའི་རྀ་ཡིག་གི་མཐར་ཨ་ ཡིག་ཨཱ་ག་མ་བྱིན་ནས་མཚམས་སྦྱར་བས། སྲཥྚཱྀ་(སང་སྤྲོ། ) ཞེས་པ་དང་། ནི་ཛིར་དང་། བི་ཛིར་ ལ་སྔར་བཤད་པ་བཞིན། ནེཀྟཱ(སང་དག)། བེཀྟཱ་(སང་ཐ་དད། ) ཞེས་པ་དང་། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོའི་ཞེས་པས་པ་རི་སྔ་མ་ཅན་གྱི་ཥྭཾ་ཀའི་ཥ་ཡིག་ས་རུ་བསྒྱུར་བས། པ་རི་སྭཾཀྟཱ་ (སངས་ཡོངས་སུ་འཁྱུད། ) ཞེས་པ་ལྟ་བུའོ། །ད་ལས་ཨ་དི། ཏུ་དི། ནུ་དི། ཀྵུདི། སྭི དི། བི་དི། ཙྪི་དི། བྷི་དི། ཧ་དི། ཤ་དི། ས་དི། པ་དི། སྐན་དི། ཁི་དི་ལས་སོ་ཞེས་པ་ནི་ད་ཡིག་མཐའ་ཅན་གྱི་ 6-1-410 བྱིངས་རྣམས་ལས་ཁྱད་པར་ཨད་ཟ་བ་དང་། ཏུད་གཟིར་བ་དང་། ནུ་ད་བསྐུལ་བ་དང་། ཀྵུ་ དིར་ཕྲ་མོར་བྱེད་པ་དང་། སྭི་ད་ལུས་ཀྱི་རྣམ་འགྱུར་དང་། བིད་ཡོད་པ་དང་། བིདླྀ་ཐོབ་པ་དང་། བི་ད་རྣམ་པར་དཔྱོད་པ་དང་། ཙྪི་དིར་གཉིས་སུ་བྱེད་པ་དང་། བྷི་དིར་རྣམ་པར་འཇོམས་པ་ དང་། ཧ་ད་བཤང་བ་འདོར་བ་དང་། ཤངླྀ་འཇོམས་པ་དང་། སངླྀ་འཇིག་པ་དང་། འགྲོ་བ་དང་། ངེས་པར་ཀུན་སྦྱིན་པ་དང་། ཡང་ན། ངེས་པར་ཉམས་པ་དང་། པ་ད་འགྲོ་བ་དང་། སྐན་ དིར་སྐེམས་པ་དང་། ཁི་དི་སྐྱོ་བའམ་ཡང་ན་ཡོངས་སུ་གདུང་བའི་བྱིངས་བཅུ་དྲུག་པོ་འདི་ རྣམས་ལས་ཕ་རོལ་ཏུ་བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ཡོད་པ་ལ། བར་དུ་ཨིཊ་ཨཱ་ག་ མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨ་ཡིག་བརྗོད་དོན་དང་། ཨིར་དང་། ལྀ་ཡིག་རྗེས་འབྲེལ་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་བྱིན་པ་ན། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མི་ཞེས་ པས་ཨུ་ཡིག་དང་ཨི་ཡིག་རྣམས་ཡོན་ཏན་བྱས་ནས། ཨཱ་བརྒྱད་པར། སྒྲ་མེད་པ་རྣམས་ཀྱི་ ཤིཊ་མ་ཡིན་པ་ལ་ཞེས་པས་མཐའི་ད་ཡིག་རྣམས་ཏ་རུ་བསྒྱུར་ཏེ་སྦྱར་བས། རིམ་པ་བཞིན། ཨཏྟཱ། (སང་ཟའོ། །)ཏོཏྟཱ(སང་གཟིར)། ནོཏྟཱ(སང་བསྐུལ)། ཀྵཱཏྟཱྀ(སང་ཕྲ་བར་བྱེད)། སྭེཏྟཱ(སང་འགྱུར)། བེཏྟཱ(སང་ ཡོད)། བེཏྟཱ(སང་ཐོབ)། བེཏྟཱ(སང་དཔྱོད)། ཙྪེཏྟཱ(སང་གཅོད)། བྷེཏྟཱ(སང་འབྱེད)། ཧཏྟཱ(སང་བཤང་བ་ འདོར)། ཤཏྟཱ(སང་འཇོམས)། སཏྟཱ(སང་འཇིག)། པཏྟཱ(སང་འགྲོ)། སྐནྡྷཱ(སང་སྐེམས། )། ཁིཏྟཱ་(སང་སྐྱོ། ) ཞེས་ པ་ལྟ་བུའོ། །དྷ་ལས་རཱ་དྷི། རུ་དྷི། ཀྲུ་དྷི། ཀྵུ་དྷི། བན་དྷི། ཤུ་དྷི། སིདྷ། བུདྷ། ཡུ་དྷི། བྱ་དྷི། སཱ་ དྷི་ལས་སོ་ཞེས་པ་ནི་དྷ་ཡིག་མཐའ་ཅན་གྱི་བྱིངས་རྣམས་ལས་ཁྱད་པར་རཱ་དྷ་ཡང་དག་པར་ འགྲུབ་པ་དང་། རུ་དྷི་འགོག་པ་དང་། ཀྲུ་དྷ་ཁྲོ་བ་དང་། ཀྵུ་དྷ་བཀྲེས་པ་དང་། བན་དྷ་འཆིང་ བ་དང་། ཤུ་དྷ་གཙང་བ་དང་། ཥི་དྷུ་ཡང་དག་པར་གྲུབ་པ་དང་། བུ་དྷ་ཁོང་དུ་ཆུད་པ་དང་། ཡུ་ དྷ་གཡུལ་དང་། བྱ་དྷ་བསྣུན་པ་དང་། སཱ་དྷ་ཡང་དག་པར་གྲུབ་པའི་བྱིངས་བཅུ་གཅིག་པོ་ འདི་རྣམས་ལས་ཕ་རོལ་ཏུ་བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ཡོད་པ་ལ། བར་དུ་ཨིཊ་ 6-1-411 ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨ་ཡིག་རྣམས་བརྗོད་དོན་དང་། ཨིར་དང་། ཨུ་རྗེས་འབྲེལ་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་བྱིན་པ་ན། སྔར་བཞིན་བྱིངས་ཀྱི་ཨུ་ ཡིག་རྣམས་དང་ཨི་ཡིག་ཡོན་ཏན་བྱས་ནས། ཨ་བརྒྱད་པར། གྷ་ཌྷ་དྷ་བྷ་རྣམས་ལ་ཞེས་པས་ རྐྱེན་གྱི་ཏཱ་ཡིག་དྷཱ་དང་། དྷུཊ་རྣམས་ཀྱི་བཞི་པ་རྣམས་ལ་ཞེས་པས་བྱིངས་ཀྱི་དྷ་ཡིག་རྣམས་ད་ དང་། ཥའི་སའོ་ཞེས་པས་ཥིད་ཀྱི་ཥ་ཡིག་ས་རུ་བསྒྱུར་ཏེ་སྦྱར་བས་རིམ་པ་བཞིན། རཱ་ངྔྷཱྀ། (སང་དགའ་འོ། །) ནོངྔྷཱ(འགོག)། ཀོངྔྷཱ(ཁྲོ)། ཀྵོངྔྷཱ(བཀྲེས)། བནྡྡྷ(སང་འཆིང་)། ཤོངྔྷཱ(སང་གཙང་)། སེངྔྷཱ(སང་ འགྲུབ)། བོངྔྷཱ(སང་རྟོགས)། ཡོངྔྷཱ(སང་གཡུལ་བྱེད)། བྱངྔྷཱ(སང་བསྣུན)། སཱངྔྷཱ་(སང་སྒྲུབ། )ཞེས་པ་ལྟ་བུའོ། ། ན་ལས་ཧ་ན་མ་ནི་ལས་སོ་ཞེས་པ་ནི་ན་ཡིག་མཐའ་ཅན་གྱི་བྱིངས་རྣམས་ལས། ཁྱད་པར་ཧ་ ན་འཚེ་བ་དང་། མན་ཤེས་པའི་བྱིངས་འདི་དག་ལས་ཕ་རོལ་ཏུ་བྱིངས་ཐམས་ཅད་པ་མིན་ པའི་རྐྱེན་ཡོད་པ་ལ། བར་དུ་ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྱིངས་དེ་དག་ གི་ནའི་ཨ་བརྗོད་དོན་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་བྱིན་ནས་སྦྱར་བས། ཧནྟཱ(སང་བསྣུན)། མནྟཱ་(སང་ ཤེས། ) ཞེས་པ་ལྟ་བུའོ། །པ་ལས་ཨཱ་པི། ཏ་པི། ཏི་པི། སྭ་པི། བ་པི། ཤ་པི། ཚུ་པི། ཀྵི་པི། ལི་ པི། ལུ་པི། སྲྀ་པི་ལས་སོ་ཞེས་པ་ནི་པ་ཡིག་མཐའ་ཅན་གྱི་བྱིངས་རྣམས་ལས། ཁྱད་པར་ཨཱ་པླྀ་ ཁྱབ་པ་དང་། ཏ་པ་ཡང་དག་པར་གདུང་བ་དང་། ཏི་པླྀ་ཟག་པར་བྱེད་པ་དང་། ཉི་ཥྭ་པ་ཉལ་ བ་དང་། ཊུ་བ་པ་ས་བོན་འདེབས་པ་དང་། ཤ་པ་སྨོད་པ་དང་། ཚུ་པ་རེག་པ་དང་། ཀྵི་པ་ གཏོང་པ་དང་། ལྀ་པ་ཉེ་བར་བྱུག་པ་དང་། ལུ་པླྀ་གཅོད་པ་དང་། སྲྀ་པླྀ་འགྲོ་བའི་བྱིངས་བཅུ་ གཅིག་པོ་འདི་རྣམས་ལས་ཕ་རོལ་ཏུ་བྱིངས་ཐམས་ཅད་པའི་རྐྱེན་ཡོད་པ་ལ། བར་དུ་ཨིཊ་ཨཱ་ ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ལྀ་ཡིག་རྣམས་དང་། ཉི་དང་། ཊུ་ རྗེས་འབྲེལ་དང་། ཨ་ཡིག་བརྗོད་དོན་རྣམས་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་བྱིན་པ་ན། སྔར་བཞིན་ བྱིངས་ཀྱི་དབྱངས་རྣམས་ཡོན་ཏན་བྱས་ནས། ཥྭཔ་ཀྱི་ཥ་ཡིག་ས་རུ་བསྒྱུར་ཏེ་སྦྱར་བས་རིམ་ 6-1-412 པ་བཞིན། ཨཱཔྟཱ། (སང་ཁྱབ་བོ། །) ཏཔྟཱ(གདུང་)། ཏེཔྟཱ(ཟག)། སྭཔྟཱ(ཉལ)། བཔྟཱྀ(འདེབས)། ཤཔྟཱ(སྨོད)། ཚོཔྟཱ(རེག)། ཀྵེཔྟཱ(གཏོར)། ལེཔྟཱ(འབྱུག)། ལོཔྟཱ(གཅོད)། སཪྤྟཱ(འགྲོ། ) (ཕྱི་མ་འདི་ལ་སློབ་ཕན་དུ་ཨ་ཡིག་ཨཱ་ག་ མ་སྦྱར་བའི་སྲཔྟཱ་ཅེས་པད་མ་ང་འདུག་གོ)ཞེས་པ་ལྟ་བུའོ། །བྷ་ལས་ཡ་བྷི། ར་བྷི། ལ་བྷི་རྣམས་ལས་སོ་ ཞེས་པ་ནི་བྷ་ཡིག་མཐའ་ཅན་གྱི་བྱིངས་རྣམས་ལས། ཁྱད་པར་ཡ་བྷ་ཕྱིན་ཅི་ལོག་ཏུ་འཁྲིག་ པ་དང་། ར་བྷ་རྩོམ་པ་དང་། ཌུ་ལ་བྷ་ཥ་ཐོབ་པའི་བྱིངས་གསུམ་པོ་འདི་རྣམས་ལས་ཕ་རོལ་ ཏུ་བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། བར་དུ་ཨིཊ་ཨཱ་ག་མ་སྦྱིན་ པར་མི་འགྱུར་ཏེ། དཔེར་ན། དེ་རྣམས་ཀྱིས་ཨ་ཡིག་བརྗོད་དོན་དང་། ཌུ་དང་། ཥ་རྗེས་འབྲེལ་ ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་བྱིན་པ་ན། ཨཱ་བརྒྱད་པར། གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་ཏཱ་ཡིག་ དྷཱ་དང་། དྷུ་ཊ་རྣམས་ཀྱི་བཞི་པ་རྣམས་ལས་ཞེས་པས་བྷ་ཡིག་བ་རུ་བསྒྱུར་ནས་སྦྱར་བས། ཡབྡྷཱ། (སང་ཕྱིན་ཅི་ལོག་ཏུ་འཁྲིག་གོ)རབྡྷཱ་(སང་རྩོམ)། ལབྡྷཱ་(གང་ཐོབ། )ཞེས་པ་ལྟ་བུའོ། །མ་ལས་ཡ་མི། ར་མི། ན་མི། ག་མི་ལས་སོ་ཞེས་པ་ནི་མ་ཡིག་མཐའ་ཅན་གྱི་བྱིངས་རྣམས་ལས། ཁྱད་པར་ ཡ་མུ་འཇིག་པ་དང་། ར་མུ་རྩེ་བ་དང་། ཎ་མ་འདུད་པ་དང་། སྒྲ་དང་། གམླྀ་འགྲོ་བའི་བྱིངས་ བཞི་པོ་འདི་རྣམས་ལས་ཕ་རོལ་ཏུ་བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ཡོད་པ་ལ། བར་དུ་ ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་མཐའི་ཨ་བརྗོད་དོན་ དང་། ཨུ་དང་། ལྀ་རྗེས་འབྲེལ་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་བྱིན་པ་ན། ནཱ་བཞི་པར། མ་ན་དག་ ཅེས་པས་མ་རྣམས་རྗེས་སུ་ང་རོར་གྱུར་པ། སྡེ་པ་ལ་སྡེ་པའི་མཐའོ་ཞེས་པས་སླར་ཡང་ན་ ཡིག་ཏུ་བསྒྱུར་ནས། ཨཱ་བརྒྱད་པར། ཎའི་ནའོ་ཞེས་པས་ཎཾ་གྱིས་ཎ་ཡིག་ན་རུ་བསྒྱུར་བས། ཡནྟཱ(སང་འཇིག་གོ)། རནྟཱ། ནནྟཱ། གནྟཱ་ཞེས་པ་ལྟ་བུའོ། །ཤ་ལས་རི་ཤི རུ་ཤི ཀྲུ་ཤི བི་ཤི ལི་ ཤི དི་ཤི དྲྀ་ཤི སྤྲྀ་ཤི མྲྀ་ཤི རྀ་ཤི དྀ་ཤི་ལས་སོ་ཞེས་པ་ནི་ཤ་ཡིག་མཐའ་ཅན་གྱི་བྱིངས་ རྣམས་ལས། ཁྱད་པར་རི་ཤ་དང་། རུ་ཤ་འཚེ་བ་དང་། ཀྲུ་ཤ་བོད་པ་དང་། བི་ཤ་འཇུག་པ་ 6-1-413 དང་། ལི་ཤ་ཆུང་བའི་དངོས་པོ་དང་། དི་ཤ་ཕྱིར་གཏོང་བ་དང་། དྲྀ་ཤིར་བལྟ་བ་དང་། སྤྲྀ་ཤ་ རེག་པ་དང་། མྲྀ་ཤ་ཀུན་ནས་བཟོད་པ་དང་། དྀ་ཤ་ཟ་བིའི་བྱིངས་བཅུ་པོ་དེ་རྣམས་ལས་ཕ་ རོལ་ཏུ་བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ཡོད་པ་ལ། བར་དུ་ཨིཊ་ཨཱ་ག་མ་སྦྱིན་པར་མི་ འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨ་ཡིག་རྣམས་བརྗོད་དོན་དང་། ཨིར་རྗེས་འབྲེལ་ ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་བྱིན་ནས། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མི་ཞེས་པས་བྱིངས་ཀྱི་དབྱངས་ རྣམས་ཡོན་ཏན་བྱས་ནས། ཨཱ་དྲུག་པར། ཚ་ཤ་དག་གི་འང་ངོ་ཞེས་པས་བྱིངས་མཐའི་ཤ་ ཡིག་རྣམས་ཥ་དང་། ཨཱ་བརྒྱད་པར། ཥ་དང་ཊ་སྡེ་ལས་ཞེས་པའི་རྐྱེན་གྱི་ཏཱ་ཡིག་རྣམས་ཊཱ་རུ་ བསྒྱུར་ཞིང་། ཨཱ་བཞི་པར། སྲྀ་ཛི་དྲྀ་ཤ་དག་གི་ཞེས་པས་དྲྀ་ཤའི་རྀའི་མཐར་ཨ་ཡིག་ཨཱ་ག་མ་ བྱིན་ཏེ་མཚམས་སྦྱར་བས། རེཥྚཱ། རོཥྚཱ(སང་འཚེ)། ཀྲོཥྚཱ(འབོད)། བེཥྚཱ(འཇུག)། ལེཥྚཱ(ཆུང་)། དེཥྚཱ(གཏོང་)། དྲཥྚཱ(བལྟ)། སྤཪྵྚཱ(རེག)། མཪྵྚཱ(བཟོད)། དཾཥྚཱ་(སློབ་ཕན་དུ་)ཞེས་པ་ལྟ་བུའོ། །ཥ་ལས་ ཏྭཱི་ཥི། པུ་ཥྱ་ཏི། ཀྲྀ་ཥི། ཤླིཥྱ་ཏི། དྭི་ཥི། པི་ཥི། བི་ཥི། ཤི་ཥི། ཤུ་ཥི། ཏུ་ཥི། དུ་ཥི་ལས་སོ་ཞེས་པ་ ནི་ཥ་ཡིག་མཐའ་འབྲི་བ་དང་། ཤླེ་ཥ་འཁྱུད་པ་དང་། དྭི་ཥ་མི་དགའ་བ་དང་། པི་ཥླྀ་ཕྲ་མོར་ བྱེད་པ་དང་། བི་ཥླྀ་ཁྱབ་པ་དང་། ཤི་ཥླྀ་འཇིག་པ་དང་། ཤུ་ཥ་སྐེམས་པ་དང་། དུ་ཥ་དགའ་བ་ དང་། དུ་ཥ་རྣམ་འགྱུར་གྱི་བྱིངས་བཅུ་གཅིག་པོ་འདི་རྣམས་ལས་ཕ་རོལ་ཏུ། བྱིངས་ཐམས་ ཅད་པ་མ་ཡིན་པའི་རྐྱེན་ཡོད་པ་ལ་བར་དུ་ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨ་ཡིག་རྣམས་བརྗོད་དོན་དང་། ལྀ་ཡིག་རྣམས་རྗེས་འབྲེལ་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་བྱིན་པ་ན། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མི་ཞེས་བྱིངས་ཀྱི་དབྱངས་རྣམས་ཡོན་ཏན་ བྱས་ནས། ཨཱ་བརྒྱད་པར། ཥ་དང་ཊ་སྡེ་ལས་ཞེས་པས་རྐྱེན་གྱི་ཏཱ་ཡིག་རྣམས་ཊཱ་རུ་བསྒྱུར་ བས། ཏྭེཥྚཱ(སང་གསལ)། པོཥྚཱ(རྒྱས)། ཀཪྵྚཱ(འབྲི )། ཤླེཥྚཱ(འཁྱུད)། དྭེཥྚཱྀ(སྡང་བར་འགྱུར)། པེཥྚཱ(ཕྲ)། བེཥྚཱ(ཁྱབ་པར་འགྱུར)། ཤེཥྚཱ(སང་འཇིག)། ཤོཥྚཱ(སྐེམས)། ཏོཥྚཱྀ(དགའ)། དོཥྚཱ་(སང་འགྱུར། )ཞེས་པ་ལྟ་ 6-1-414 བུའོ། །ས་ལས་བས་ཏི་གྷ་སི་ལས་སོ་ཞེས་པ་ནི་ས་ཡིག་མཐའ་ཅན་གྱི་བྱིངས་རྣམས་ལས། ཁྱད་པར་བས་གནས་པ་དང་། གྷ་སི་མདོ་ལས་བྱུང་བའི་བྱིངས་འདི་དག་ལས་ཕ་རོལ་ཏུ་ བྱིངས་ཐམས་ཅད་པ་མ་ཡིན་པའི་རྐྱེན་ཡོད་པ་ལ་བར་དུ་ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྱིངས་དེ་དག་གི་ཨ་བརྗོད་དོན་དང་། ཨི་རྗེས་འབྲེལ་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་ བྱིན་ནས་སྦྱར་བས། བསྟཱ། (སང་གནས་སོ། །) གྷསྟཱ་(སང་ཟ། )ཞེས་པ་ལྟ་བུའོ། །ཧ་ལས་ད་ཧི། དི་ཧི། དུ་ཧི། མི་ཧི། རུ་ཧི། ལི་ཧི། ན་ཧི། བ་ཧི་ལས་སོ་ཞེས་པ་ནི། ཧ་ཡིག་མཐའ་ཅན་གྱི་བྱིངས་ རྣམས་ལས་ཁྱད་པར་ད་ཧ་ཐལ་བར་བྱེད་པ་དང་། དི་ཧ་ཉེ་བར་སོག་པ་དང་། དུ་ཧ་རབ་ཏུ་ འཇོ་བ་དང་། མི་ཧ་གསིང་བྲན་དང་། རུ་ཧ་ས་བོན་དང་། ལི་ཧ་རོ་མྱང་བ་དང་། ཎ་ཧ་འཆིང་བ་ དང་། བ་ཧ་ཐོབ་པའི་བྱིངས་བརྒྱད་པོ་འདི་རྣམས་ལས་ཕ་རོལ་ཏུ་བྱིངས་ཐམས་ཅད་པ་མ་ ཡིན་པའི་རྐྱེན་ཡོད་པ་ལ་བར་དུ་ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྱིངས་དེ་ རྣམས་ཀྱི་མཐའི་ཨ་ཡིག་རྣམས་བརྗོད་དོན་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་བྱིན་པ་ན། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མི་ཞེས་པས་བྱིངས་ཀྱི་དབྱངས་རྣམས་ཡོན་ཏན་བྱས་ནས། ཨཱ་དྲུག་པར། ད་དང་ པོའི་ཧའི་གྷའོ་ཞེས་པས་དང་པོ་གསུམ་གྱི་ཧ་ཡིག་གྷ་དང་། ཨཱ་བརྒྱད་པར། གྷ་ཌྷ་དྷ་བྷ་རྣམས་ ལས་ཞེས་པའི་རྐྱེན་གྱི་ཏཱ་ཡིག་དྷཱ་དང་། དྷུཊ་རྣམས་ཀྱི་བཞི་ རྣམས་ལ་ཞེས་ནས་གྷ་ཡིག་ཀྱང་ག་རུ་བསྒྱུར་བས། དགྡྷཱ(སང་སྲེག)། དེགྡྷཱ(སོག)། དོགྡྷཱ་ (འཕོ། )ཞེས་པ་དང་། ཧའི་ཌྷའོ་ཞེས་པས་བྱིངས་མཐའི་ཧ་ཡིག་གཞན་རྣམས་ཌྷ་རུ་བསྒྱུར་བ་ ན། ཥ་དང་ཊ་སྡེ་ལས་ཞེས་པའི་རྐྱེན་གྱི་ཏཱ་ཡིག་རྣམས་ཀྱང་ཌྷཱ་རུ་བསྒྱུར་ཏེ། ཌྷའི་ཌྷ་ལ་དབྱིའོ་ ཞེས་པས་བྱིངས་མཐའི་ཌྷ་ཡིག་ཕྱིས་པས། མེ་ཌྷཱྀ(གསིང་བྲན་བྱེད)། རོ་ཌྷཱ(ས་བོན)། ལེ་ཌྷཱ་(སང་མྱང་། )ཞེས་པ་དང་། ཎའི་ནའོ་ཞེས་པས་ཎ་ཧའི་ཎ་ཡིག་ན་དང་། ཨཱ་དྲུག་པར། ན་ཧིའི་དྷའོ་ཞེས་ པས་ཧ་དྷ་དང་། སྔར་བཞིན་ཏཱ་ཡིག་དྷཱ་དང་། དྷུཊ་རྣམས་ཀྱི་ཞེས་པས་བྱིངས་མཐའི་དྷ་ཡིག་ 6-1-415 ད་རུ་བསྒྱུར་བས། ནངྔྷཱ་(སང་འཆིང་། )ཞེས་པ་དང་། ས་ཧི་བ་ཧ་དག་གི་ཞེས་པས་བ་ཧའི་བའི་ཨ་ ཡིག་ཨོ་རུ་བསྒྱུར་ཏེ། གཞན་སྔར་བཞིན་སྦྱར་བས། བོངྔྷཱ་(སར་ཐོབ)ཞེས་པ་ལྟ་བུའོ། །དུརྒ་ སིང་ཧར། རི་ཧི་དང་ལུ་ཧི་དག་མདོ་ཁ་ཅིག་ལས་ཞེས་པས་དེ་དག་གི་དཔེར་བརྗོད་ཀྱང་ མཛད་དོ། །གྲཧ་གུ་ཧ་དག་གི་སན་ལའོ་ཞེས་པ་ནི། གྲཧ་ཉེ་བར་ལེན་པ་དང་། གུ་ཧཱུ་སྒྲིབ་ པའི་བྱིངས་འདི་དག་གི་མཐར་སན་གྱི་རྐྱེན་ཡོད་པ་ལ། བར་དུ་ཨིཊ་ཨཱ་ག་མ་སྦྱིན་པར་མི་ འགྱུར་ཏེ། དཔེར་ན། བྱིངས་དེ་དག་གི་ཨ་བརྗོད་དོན་དང་། ཨཱུ་རྗེས་འབྲེལ་ཕྱིས་པ་ལ་ཉེ་བར་ ལེན་པར་འདོད་དོ། །སྒྲིབ་པར་འདོད་དོའི་དོན་ལ་སན་བྱིན་པའི་ན་ཁྱད་དོན་དབྱི་ཞིང་། ཨཱ་ གཉིས་པར། ཙཎ་པ་རོ྅ཀྵཱ་ཞེས་པས་བྱིངས་གཉིས་སུ་བཞག་སྟེ། གསལ་བྱེད་དང་པོ་ལྷག་ མར་བྱས་ལ། ཨཱ་གསུམ་པར། ཀ་སྡེའི་ཙ་སྡེའོ་ཞེས་པས་ག་ཡིག་དང་པོ་དག་ཛ་དང་། ཨཱ་བཞི་ པར། གྲ་ཧི་སྭ་པི་ཞེས་པས་གྲ་ཧིའི་ར་ཡིག་རྀ་དང་། ཨཱ་དྲུག་པར། ཧའི་ཌྷའོ་ཞེས་པས་ཧ་ཡིག་ དག་ཌྷ་དང་། བྱིངས་ཀྱི་གསུམ་པ་དང་པོའི་ཞེས་པས་ཕྱི་མའི་ག་ཡིག་དག་གྷ་རུ་བསྒྱུར་ནས། ཨཱ་བརྒྱད་པར། ཥ་ཌྷ་དག་གི་ས་ལ་ཞེས་པས་ཌྷ་ཡིག་དག་ཀྱང་ཀ་རུ་བསྒྱུར་བ་ན། རྒྱུ་མཚན་ ལས་ས་ཡིག་ཥ་རུ་བསྒྱུར་ཞིང་། ཨཱ་གསུམ་པར། སན་ལ་ཨ་ཡིག་གོ་ཞེས་པས་ཛགྷྲྀའི་ཛའི་ ཨ་ཡིག་ཨི་རུ་བསྒྱུར་ཏེ། མཐར་བརྟ་མཱ་ནཱའི་ཏི་བྱིན་པས། ཛི་གྷྲྀཀྵ་ཏི(ཉེ་བར་ལེན་པར་བྱེད)། ཛུ་ གྷུཀྵ་ཏི་(ཡང་ཡང་སྒྲིབ་པར་བྱེད། )ཞེས་པ་ལྟ་བུའོ། །སན་མ་ཡིན་པའི་རྐྱེན་ལ་ནི་བྱིངས་མཐར་ཨིཊ་ ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་དག་ལ་ཤྭསྟ་ནཱིའི་ཏཱ་དང་། བར་དུ་ཨིཊ་ བྱིན་པས། གྲ་ཧི་ཏཱ། གུ་ཧི་ཏཱ་ཞེས་པ་ལྟ་བུའོ། །ཨུའི་ཡི་གེའི་མཐའ་ལས་ཀྱང་ངོ་ཞེས་པ་ནི་ ཡི་གེ་ཞེས་སྨོས་པས་ཨུ་ཡིག་དང་ཨཱ་ཡིག་དག་གི་མཐའ་ཅན་གྱི་བྱིངས་རྣམས་ལས་ཕ་རོལ་ ཏུ་སན་གྱི་རྐྱེན་ཡོད་པ་ལ་ཡང་བར་དུ་ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། རུ་སྒྲ་ དང་། ཎུ་བསྟོད་པའི་བྱིངས་ཨུ་ཡིག་ཐུང་ངུའི་མཐའ་ཅན་དང་། བྷཱུ་ཡོད་པ་དང་། སཱཉ་གཙང་ 6-1-416 བའི་བྱིངས་ཨཱུ་ཡིག་རིང་པོའི་མཐའ་ཅན་ཉ་རྗེས་འབྲེལ་ཕྱིས་པ་ལ་སན་བྱིན་ནས། ཨཱ་བརྒྱད་ པར། ཎའི་ནའོ་ཞེས་པས་ཎུའི་ཎ་ཡིག་ན་རུ་བསྒྱུར་ཞིང་། སྔར་བཞིན་བྱིངས་རྣམས་གཉིས་ སུ་བཞག་སྟེ། ཨཱ་གསུམ་པར། གཉིས་པ་བཞི་པ་དག་གི་ཞེས་པས་བྷཱུ་སྔ་མའི་བྷ་ཡིག་བ་དང་། ཐུང་ངུའོ་ཞེས་པས་བྱིངས་སྔ་མའི་དབྱངས་རིང་པོ་དག་ཐུང་ངུ་དང་། ཨཱ་བརྒྱད་པར། དབྱངས་ མཐའ་རྣམས་ཀྱི་ཞེས་པས་ཕྱི་མའི་དབྱངས་རིང་པོ་དང་། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་ ཏེ། མཐར་བརྟ་མཱ་ནཱའི་ཏི་བྱིན་པས། རུ་རཱུ་ཥ་ཏི(སྒྲ་སྒྲོགས་པར་འདོད)། ནུ་ནཱ་ཥ་ཏི(ཡང་ཡང་བསྟོད)། བུ་ བྷཱུ་ཥ་ཏི(ཤིན་ཏུ་ཡོད)། པུ་པཱ་ཥ་ཏི་(ཡང་ཡང་དག)ཞེས་པ་ལྟ་བུའོ། ། གསུམ་པ་ཨི་ཡིག་ལ་སོགས་པའི་ཁྱད་པར་དང་བཅས་ཏེ་བསྟན་པ་ནི། ཨིའི་ཡི་གེ་དང་ རྀ་དྷ་བྷྲ་སྫ་དན་བྷུ་ཤྲི་ཡུ་ཨཱར་ཎུ་བྷར་ཛྙཱ་པི་ས་ནི་ཏ་ནི་པ་ཏི་ད་རི་དྲཱ་རྣམས་ཀྱི་ཡང་ནའོ་ཞེས་པ་ ནི་ཨིའི་ཡི་གེ་ཐུང་ངུ་དང་རིང་པོའི་མཐའ་ཅན་གྱིས་བྱིངས་རྣམས་དང་། རྀ་དྷུ་འཕེལ་བ་དང་། བྷྲསྫ་འཚེད་པ་དང་། དན་བྷུ་ཚུལ་འཆོས་པ་དང་། ཤྲྀཉ་བསྟེན་པ་དང་། ཡུ་སྤེལ་བ་དང་། ཨཱར་ ཎུ་ཉ་སྒྲིབ་པ་དང་། བྷར་ཏེ་ཌུ་བྷྲྀཉ་འཛིན་པ་དང་། ཛྙཱ་རྟོགས་པ་དང་། ཥ་ནུ་སྦྱིན་པ་དང་། ཏ་ ནུ་རྒྱས་པ་དང་། པ་ཏྀ་ལམ་ལ་འགྲོ་བ་དང་། ད་རི་དྲཱ་འགྲོ་བ་ངན་པའི་བྱིངས་འདི་རྣམས་ཀྱི་ཕ་ རོལ་ཏུ་སན་གྱི་རྐྱེན་ཡོད་པ་ལ་ཕ་རོལ་ཏུ་ཨིཊ་ཨཱ་ག་མ་སྦྱིན་པར་ཡང་ན་མི་འགྱུར་ཞིང་། ཡང་ ན་འགྱུར་ཏེ། དཔེར་ན། ཨིཊ་མི་འགྱུར་བའི་ཕྱོགས་ལ། ཨི་ཐུང་ངུའི་མཐའ་ཅན་ཙིཉ་སོག་པ་ དང་། ཨཱི་རིང་པོའི་མཐའ་ཅན་ཌཱིང་ནམ་མཁའ་ལ་འཕུར་བའི་བྱིངས་འདི་དག་གི་ཉ་དང་ང་ དང་། རྀ་དྷུ་ལ་སོགས་པའི་དྷུ་དང་བྷུ་དང་ནུ་རྣམས་ཀྱི་ཨུ་ཡིག་དང་ཉ་ཡིག་རྣམས་དང་ཌུ་དང་ ལྀ་རྣམས་རྗེས་འབྲེལ་དང་། བྷྲསྫའི་ཛའི་ཨ་ཡིག་བརྗོད་དོན་ཕྱིས་པ་རྣམས་ལ། སོག་པར་ འདོད་དོ་ལ་སོགས་པའི་དོན་ལས་སན་བྱིན་པའི་ན་ཁྱད་དོན་དབྱི་ཞིང་། ཙཎ་པ་རོ྅ཀྵཱ་ཞེས་ པས་བྱིངས་རྣམས་གཉིས་སུ་བཞག་སྟེ། ཨ་བྷྱཱ་སའི་ཞེས་པས་གསལ་བྱེད་དང་པོ་ལྷག་མར་ 6-1-417 བྱས་པ་ལ། ཐམས་ཅད་ཀྱི་མཐར་བརྟ་མཱ་ནཱའི་ཏི་བྱིན་ནས། ཨཱ་བརྒྱད་པར། དབྱངས་མཐའ་ རྣམས་ཀྱི་སན་ལ་ཞེས་པས་བྱིངས་ཕྱི་མའི་དབྱངས་རིང་པོ་དང་། ཨཱ་གསུམ་པར། ཐུང་ངུའོ་ ཞེས་པས་ཌཱི་སྔ་མའི་དབྱངས་ཐུང་ངུ་དང་། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་བས། ཙི་ཙཱི་ཥ་ ཏི། (སོག་པར་འདོད་དོ། །) ཌི་ཌཱི་ཥ་ཏི་ཞེས་པ་དང་། རྀ་དྷའི་རྀ་ཡིག་ཕྱི་མ་རྣམ་པར་བཤད་པ་ལས་ ཨཱིར་དུ་བསྒྱུར་ཏེ་ཨ་བྷྱཱ་སའང་ཕྱིས་ནས། ཨཱ་བརྒྱད་པར། ཤིཊ་མིན་པ་རྣམས་ཀྱི་ཞེས་པས་དྷ་ ཡིག་ཏ་རུ་བསྒྱུར་བས། ཨཱིརྟྶཏི་ཞེས་པ་དང་། ཨཱ་དྲུག་པར། བརྩེགས་པའི་དང་པོ་ཀ་ས་དག་ གི་ཞེས་པས་བྷྲསྫའི་ས་ཡིག་ཕྱིས་ནས། སྔ་མའི་གསལ་བྱེད་དང་པོ་ལྷག་མར་བྱས་པའི་བྷ་ ཡིག་ནི། ཨཱ་གསུམ་པར། གཉིས་པ་བཞི་པ་དག་གི་ཞེས་པས་པ་རུ་བསྒྱུར་ཞིང་། སན་ལ་ཨའི་ ཡི་གེ་ཞེས་པས་པའི་དབྱངས་ཨི་དང་། ཨཱ་དྲུག་པར། བྷྲྀཛ་སོགས་རྣམས་ཀྱི་ཞེས་པས་ཕྱི་མའི་ ཛ་ཡིག་ཥ་དང་། ཨཱ་བརྒྱད་པར། ཥ་ཌྷ་དག་གི་ཞེས་པས་ཥའང་ཀ་རུ་བསྒྱུར་བས་བི་བྷྲཀྵ་ཏི་ ཞེས་པ་དང་། ཨཱ་གསུམ་པར། འདི་ནས་ཨ་བྷྱཱ་ས་ཞེས་པས་དན་བྷའི་ཨ་བྷྱཱ་ས་ཕྱིས་ནས། དན་ བྷི འི་ཨིཏ་འང་ངོ་ཞེས་པས་དའི་དབྱངས་ཨི་རུ་བསྒྱུར་ཞིང་། ཨཱ་དྲུག་པར། ཨིཏ་རྗེས་སུ་ འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཞེས་པས་ཨ་ནུ་ཥཾ་ག་ཕྱིས་ཏེ། བྱིངས་ཀྱི་གསུམ་པ་དང་པོ་ཞེས་ པས་ད་ཡིག་དྷ་དང་། ཨཱ་བརྒྱད་པར། ཤིཊ་མ་ཡིན་པ་རྣམས་ཀྱི་སྒྲ་མེད་པ་རྣམས་ལ་ཞེས་པས་ བྷ་ཡིག་པ་རུ་བསྒྱུར་བས། དྷིཔྶ་ཏི་ཞེས་པ་དང་། ཤྲི་དང་ཡུ་ལ་སྔར་བཤད་པ་བཞིན་སྦྱར་ བས། ཤི་ཤྲཱི་ཥ་ཏི། ཡུ་ཡཱུ་ཥ་ཏི་ཞེས་པ་དང་། ཨཱ་གསུམ་པར། དབྱངས་དང་པོ་ལས་གཉིས་པའི་ ཞེས་པས་པྲ་སྔོན་མ་ཅན་གྱི་ཨུརྞུའི་ཎུ་ལན་གཉིས་བཞག་སྟེ། ར་དང་བཅས་ནས་མི་འཇོག་ གམ་སྙམ་ན། ན་བ་ད་ར་རྣམས་ཞེས་པའི་དམིགས་བསལ་གསུངས་པས་ཕྱི་མའི་མགོར་ར་ ཡིག་མི་འབྱུང་ཞིང་། ཨཱ་བརྒྱད་པར། ཎའི་ནའོ་ཞེས་པས་ཎ་ཕྱི་མ་ན་རུ་བསྒྱུར་ནས་པྲ་དང་ཨུ་ མཚམས་སྦྱར་བས། པྲོརྞུ་ནཱུ་ཥ་ཏཱི་ཞེས་པ་དང་། ཨཱ་ལྔ་པར། མཆུར་གྱུར་པ་ཨཱུ་པ་དྷཱའི་ཞེས་ 6-1-418 པས་བྷྲྀའི་རྀ་ཡིག་ཨུར་དང་། ཨཱ་གསུམ་པར། གཉིས་པ་བཞི་པ་དག་གི་ཞེས་པས་བྷ་ཡིག་སྔ་ མ་བ་དང་། ཨཱ་བརྒྱད་པར། ནཱ་མིའི་ར་བ་དག་ལ་ཞེས་པས། བྷཱུ་ཡིག་ཕྱི་མ་རིང་པོར་བསྒྱུར་ བས། བུ་བྷཱུར་ཥ་ཏི་ཞེས་པ་དང་། ཛྙཱ་ལ་རྟོགས་སུ་འཇུག་པ་ལ་སྦྱོར་རོའི་དོན་ལ་ཨིན་བྱིན་པ་ ན། ཨཱ་དྲུག་པར། ཨརྟི་ཧྲཱྀཙླྀ་ཞེས་པས་བྱིངས་མཐར་པ་ཡིག་ཨཱ་ག་མ་བྱིན་ནས། ཀཱ་རི་ཏའི་ཨཱཾ་ ཨིཊ་ཅེས་པས་ཨིན་ཕྱིས་ནས། ཨཱ་བཞི་པར། མ་རྗེས་སུ་འབྲེལ་པ་རྣམས་ཀྱི་ཞེས་པས་ཛྙཱ་ ཐུང་ངུར་བསྒྱུར་བའི་དབྱངས་རྣམ་པར་བཤད་པ་ལ་ཨཱི་རུ་བསྒྱུར་ཏེ་ཨ་བྷྱཱ་ས་ཕྱིས་པས། ཛྙཱིཔྶ་ ཏི་ཞེས་པ་དང་། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོ་ཞེས་པས་ཥན་གྱི་ཥ་ཡིག་ས་དང་། དྷུཊ་ལ་ སན་ཞེས་པས་སན་ཕྱི་མའི་དབྱངས་ན་ཡིག་དང་བཅས་པ་ཨཱ་རིང་པོ་དང་། ཨཱ་གསུམ་པར། སན་ལ་ཨའི་ཡི་གེ་ཞེས་པས་སྔ་མའི་དབྱངས་ཨི་རུ་བསྒྱུར་བས། སི་སཱ་ས་ཏི་ཞེས་པ་དང་། དེ་ བཞིན་དུ་ཏན་དང་པད་དང་། ད་རི་དྲཱ་རྣམས་ཀྱི་སྔ་མའི་དབྱངས་ཨི་རུ་བསྒྱུར་ཏེ། གཞན་སྔར་ བཞིན་སྦྱར་བས། ཏི་ཏཾ་ས་ཏི། པི་པཏྶ་ཏི། དི་ད་རི་དྲཱ་ས་ཏི་ཞེས་པ་ལྟ་བུའོ། །ཡང་ན་ཨིཊ་སྦྱིན་ པའི་ཕྱོགས་ལ་ནི་བྱིངས་མཐར་ཨིཊ་དང་། དེའི་མཐར་སན་བྱིན་པ་ན། གསལ་བྱེད་དང་པོ་ ལྷག་མར་བྱས་པའི་བར་སྔར་དང་འདྲ་ཞིང་། ཁྱད་པར་ཙི་དང་ཌཱི་ཕྱི་མའི་དབྱངས། ཨཱ་ལྔ་ པར། སན་ལའང་ཨིཊ་མེད་པ་ལའོ་ཞེས་པའི་དགག་པས་ཡོན་ཏན་བྱས་ཏེ་མཚམས་སྦྱར་ ནས། བྱིངས་མཐའི་ཨི་ཡིག་རྣམས་ནི་བྱིངས་མཐའི་དབྱངས་དངོས་མ་ཡིན་པས་རིང་པོར་མི་ འགཏི་བྱིན་ནས། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་བའང་ཐམས་ཅད་ལ་མཚུངས་པས། ཙི་ ཙ་ཡིག་ཥ་ཏི། ཌི་ཌ་ཡ་ཥ་ཏི་ཞེས་པ་དང་བྱིངས་འོག་མ་རྣམས་ཀྱི་དབྱངས་ཡོན་ཏན་བྱེད་པའི་ ལུང་ཡང་སྔ་མ་བཞིན་སྦྱར་ཏེ། རྀ་དྷའི་རྀ་ཡིག་ཡོན་ཏན་བྱས་ལ། ཨཱ་གསུམ་པར། དབྱངས་ དང་པོ་ལས་ཞེས་པས་དྷ་ཡིག་ཨིཊ་སྦྱར་བ་ལན་གཉིས་བཞག་སྟེ། ན་བ་ད་ར་རྣམས་ཞེས་ པའི་དམིགས་བསལ་གྱི་ཕྱི་མའི་མགོར་ར་ཡིག་མི་འབྱུང་ཞིང་། གཉིས་པ་བཞི་པ་དག་གི་ 6-1-419 ཞེས་པས་དྷ་ཡིག་སྔ་མ་ད་རུ་བསྒྱུར་བས། ཨརྡི་དྷི་ཥ་ཏི་ཞེས་པ་དང་། བྷྲསྫའི་གཞན་སྔར་དང་ འདྲ་བ་ལ། ནཱ་གསུམ་པར། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་ས་ཡིག་མི་འཕྱིད་པར་ གནས་མཚུངས་པ་ལས་ད་ཡིག་ཏུ་བསྒྱུར་ཏེ། ནཱ་བཞི་པར། ཏ་སྡེའི་ཙཊའི་སྡེ་པ་སྦྱོར་བ་ལ་ ཞེས་པས་དའང་ཛ་ཡིག་ཏུ་བསྒྱུར་བས། བི་བྷྲཛྫི་ཥ་ཏི་ཞེས་པ་དང་། དནྦྷའི་ཨབྷྱཱ་ས་མི་འཕྱིད་ ཅིང་། ད་སྔ་མའི་དབྱངས་སྔར་བཞིན་ཨི་རུ་བསྒྱུར་ཏེ། ཕྱི་མའི་ན་ཡིག་རྗེས་སུ་ང་རོར་གྱུར་པ་ སྡེ་པའི་མཐའ་འོ་ཞེས་པས་སླར་མ་རུ་བསྒྱུར་བས། དི་དམ་བྷི་ཥ་ཏི་ཞེས་པ་དང་། ཤྲི་དང་ཡུ་ དང་པྲ་སྔོན་མ་ཅན་གྱི་ཨུརྟ་རྣམས་ཀྱི་ཕྱི་མའི་དབྱངས་ཡོན་ཏན་བྱས་ཏེ་མཚམས་སྦྱར་བས། ཤི་ཤྲ་ཡི་ཥ་ཏི། ཡུ་ཡ་ཝི་ཥ་ཏི། བྲོར་ཎུ་ན་ཝི་ཥ་ཏི་ཞེས་པ་དང་། བྷྲྀ་སྔ་མའི་དབྱངས། ཨཱ་གསུམ་ པར། རྀ་ཡིག་གི་ཨ་ཡིག་གོ་ཞེས་པས་ཨ་ཡིག་དང་། གཉིས་པ་བཞི་པ་ཞེས་པས་བྷ་ཡིག་པ་ དང་། སྔར་བཞིན་སན་ལ་ཨའི་ཡི་གེ་ཞེས་པས། དེའི་དབྱངས་ཨི་རུ་བསྒྱུར་ཞིང་བྷྲྀ་ཕྱི་མ་ཡོན་ ཏན་བྱས་ཏེ་མཚམས་སྦྱར་བས། བི་བྷ་རི་ཥ་ཏི་ཞེས་པ་དང་། ཛྙཱའི་ཨ་བྷྱཱ་ས་མི་འཕྱིད་ཅིང་། དེའི་དབྱངས་སྔ་མ་བཞིན་ཨི་རུ་བསྒྱུར་ལ། ཛྙཱ་ཕྱི་མའི་མཐར་ཨིན་བྱིན་པ། ཨཱ་དྲུག་པར། ཀཱ་ རི་ཏའི་ཨཱམ་ཨིཊ་ཞེས་པས་མི་འཕྱིད་ཅིང་། བྱིངས་མཐའི་པ་ཡིག་ཨཱ་ག་མ་དང་སྦྱར་ནས་ ཡོན་ཏན་བྱས་ཏེ་མཚམས་སྦྱར་བས། ཛི་ཛྙཱ་པ་ཡི་ཥ་ཏི་ཞེས་པ་དང་། སན་དང་ཏན་དང་པད་ རྣམས་ཀྱིའང་སྔ་མའི་དབྱངས་སྔར་བཞིན་ཨི་རུ་བསྒྱུར་ཏེ། ཕྱི་མའི་གསལ་བྱེད་ཨིཊ་དང་ སྦྱར་བས། སི་ཥ་ནི་ཥ་ཏི། ཏི་ཏ་ནི་ཥ་ཏི། པི་པ་ཏི་ཥ་ཏི་ཞེས་པ་དང་། ད་རི་དྲཱའི་ཨཱ་ཡིག་ཨཱ་དྲུག་ པར། ད་རི་དྲཱ་ཏིའི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཞེས་པས་ཕྱིས་ཏེ། ཨིཊ་དང་སྦྱར་ནས་ ད་སྔ་མའི་དབྱངས་ཨི་རུ་བསྒྱུར་བས། དི་ད་རི་དྲི་ཥ་ཏི་ཞེས་པ་ལྟ་བུའོ། །བྷཱུ་ལས་སི་ཙ་འཇིག་ པ་ལའོ། །ཞེས་པ་ནི་བྷཱུ་ཡོད་པའི་བྱིངས་མཐར་སིཙ྄་བྱིན་པ་བྱིངས་ཐམས་ཅད་པ་མ་ཡིན་པའི་ རྐྱེན་གྱི་མཐུས་འཇིག་པར་གྱུར་པ་ན་ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྷཱུ་ལ་ 6-1-420 ཨ་དྱ་ཏ་ནཱིའི་དི་བྱིན་པ་ན། ཨཱ་གཉིས་པར། ཨ་དྱཱ་ཏ་ནཱི་ལས། ཞེས་པས་བྱིངས་མཐར་སིཙ྄་ བྱིན་པ་ལ། ཨཱ་བཞི་པར། ཨིཎ་སྠཱ་དཱ་པི་བ་ཏི་བྷཱུ་རྣམས་ལས་སིཙའི་པ་རསྨཻ་ལ་ཞེས་པས་ཕྱིས་ ནས། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོར་ཞེས་པས་སྔོན་དུ་ཨཊ་བཞག་ཅིང་། དེའི་ཨི་ཁྱད་ དོན་ཕྱིས་པ་རྫོགས་པ་ལ་ཡང་ན་བྱས་པས། ཨ་བྷཱུཏ་(དེ་རིང་ཡོད་)ཅེས་པ་ལྟ་བུའོ། །བྷཱུའི་མཐའ་ ཡིན་ཡང་སི་ཙ་མི་འཇིག་ན་ཨིཊ་སྦྱིན་པར་འགྱུར་ཏེ། དཔེར་ན། བི་ཨ་ཏི་སྔོན་མ་ཅན་གྱི་བྷཱུ་ ལ་ཨ་དྱ་ཏ་ནཱིའི་ཨཱཏྨ་ནེའི་ཏ་བྱིན་པ་ན། མདོ་སྔ་མས་བར་དུ་སིཙ྄་བྱིན་པ། སྔར་པ་རསྨཻ་ལ་ འཕྱིད་པ་ཡིན་གྱི། འདིར་ཨཱཏྨ་ནེ་ལ་མི་འཕྱིད་པས། ཨི་དང་ཙ་ཁྱད་དོན་དབྱི་ཞིང་། མདོ་ འདིས་བྱིངས་མཐར་ཨིཊ་བྱིན་ནས། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་། ཞེས་པས་བྷཱུའི་ཨཱུ་ ཡོན་ཏན་བྱས་ཏེ་མཚམས་སྦྱར་བས། རྒྱུ་མཚན་ལས་ས་ཡིག་ཥ་དང་། ཨཱ་བརྒྱད་པར། ཥ་དང་ ཊ་སྡེ་ལས་ཞེས་པས་ཏ་ཡིག་ཊ་རུ་བསྒྱུར་ཞིང་། སྔར་བཞིན་ཨཊ་དང་པོར་བཞག་སྟེ་མཚམས་ སྦྱར་བས། བྱ་ཏྱ་བྷ་ཝིཥྚ་ཞེས་པ་ལྟ་བུའོ། །སྲྀ་བྷྲྀ་བྲྀ་སྟུ་དྲུ་ཤྲུ་སྲུ་རྣམས་ཁོ་ན་ལས་པ་རོ྅ཀྵཱ་ ལའོ་ཞེས་པ་ནི། སྲྀ་འགྲོ་བ་དང་། ཌུ་བྷྲྀཉ་འཛིན་པ་དང་། བྲྀ་སྟེ་བྲྀང་དང་། བྲྀཉ་སྒྲིབ་པ་དང་། ཥྚུཉ་བསྟོད་པ་དང་། དྲུ་འགྲོ་བ་དང་། ཤྲུ་རྟོགས་པ་དང་། སྲུ་འགྲོ་བའི་བྱིངས་འདི་རྣམས་ཁོ་ ནའི་མཐའ་ལས་ཕ་རོལ་ཏུ་པ་རོ྅ཀྵཱའི་རྐྱེན་ཡོད་པ་ལ་བར་དུ་ཨིཊ་ཨཱ་ག་མ་སྦྱིན་པར་མི་ འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཌུ་དང་ང་དང་ཉ་རྣམས་རྗེས་འབྲེལ་ཡིན་པས་ཕྱིས་ པ་ལ། པ་རོ྅ཀྵཱའི་བ་དང་མ་བྱིན་ནས། ཙཎ་པ་རོ྅ཀྵཱ་ཞེས་པས་བྱིངས་རྣམས་གཉིས་སུ་ བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ལ། ཨཱ་གསུམ་པར། རྀ་ཡིག་གི་ཞེས་པས་སྔ་ མའི་རྀ་ཡིག་རྣམས་ཨ་རུ་བསྒྱུར་ཏེ། ཁྱད་པར་བྷྲྀ་ལ། གཉིས་པ་བཞི་པ་དག་གི་ཞེས་པས་བྷ་ སྔ་མ་བ་རུ་བསྒྱུར་ཞིང་། ཥྚུ་ལ། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོ་ཥའི་ཞེས་པས་ཥ་ཡིག་ས་ དང་། པ་རྀ་བྷཱ་ཥར་རྒྱུ་མཚན་མེད་པར་རྒྱུ་མཚན་ཅན་ཡང་ཞེས་པས་ཊ་ཡིག་ཀྱང་ཏ་རུ་བསྒྱུར་ 6-1-421 ལ། ཨཱ་གསུམ་པར། ཤིཊ་ལས་ཕ་རོལ་གྱི་སྒྲ་མེད་པ་ལ་ཞེས་པས་སྔ་མའི་ཏ་ཡིག་ལྷག་མར་ བྱས་ཏེ། ས་ཡིག་ཕྱིས་པས་རིམ་པ་བཞིན། ས་པྲྀ་བ། (ཕྱིན་ལོ། །) ས་སྲྀ་མ། བ་བྷྲྀ་བ། བ་བྷྲྀ་མ། བ་བྲྀ་བ། བ་བྲྀ་མ། ཏུ་སྟུ་བ། ཏུ་སྟུ་མ། དུ་དྲུ་བ། དུ་དྲུ་མ། ཤུ་ཤྲུ་བ། ཤུ་ཤྲུ་མ། སུ་སྲུ་བ། སུ་སྲུ་ མ་ཞེས་པ་ལྟ་བུའོ། །རྀ་ཡིག་མཐའ་ལས་ཐལ་ལོའོ་ཞེས་པ་ནི་རྀ་ཡིག་མཐའ་ཅན་གྱིས་བྱིངས་ རྣམས་ལས་ཕ་རོལ་ཏུ། པ་རོ྅ཀྵཱའི་རྐྱེན་ཐལ་ཡོད་པ་ལ། བར་དུ་ཨིཊ་ཨཱ་ག་མ་སྦྱིན་པར་མི་ འགྱུར་ཏེ། དཔེར་ན། དྷྲྭྀ་རྨོངས་པ་དང་། ཧྲྀཉ་འཕྲོག་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ་པ་ རོ྅ཀྵཱའི་ཐལ་བྱིན་ནས་བྱིངས་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ལ། མདོ་འདིས་ཨིཊ་མི་འབྱུང་ཞིང་། ཨཱ་གསུམ་པར། རྀ་ཡིག་གི་ཞེས་པས་སྔ་མའི་རྀ་ཡིག་ཨ་ དང་། གཉིས་པ་བཞི་པ་དག་གི་ཞེས་པས་དྷ་སྔ་མས་ད་དང་ཧའི་ཛའོ་ཞེས་པས་ཧ་སྔ་མ་ཛ་རུ་ བསྒྱུར་ནས། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་ཞེས་པས་ཕྱི་མའི་རྀ་ཡིག་ཡོན་ཏན་བྱས་ཏེ། ཐལ་གྱི་ལ་ཡིག་མདོ་འདི་ལ་སོགས་པའི་ཁྱད་དོན་ཡིན་པ་ཕྱིས་པས། ད་དྷཱརྠ། (རྨོངས་པར་བྱས་ སོ། །) ཛ་ཧརྠ་ཞེས་པ་ལྟ་བུའོ། །ཀྲྀཉ་ལས་སུ་ཊ་མེད་པ་ལའོ་ཞེས་པ་ནི་ཌུ་ཀྲྀཉ་བྱེད་པའི་བྱིངས་ འདི་ལས་སུཊ་ཨཱ་ག་མ་ཐོག་མར་མེད་པ་ན། པ་རོ྅ཀྵཱའི་རྐྱེན་ཕ་རོལ་ལ་བྱིངས་མཐར་ཨིཊ་ ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཌུ་དང་ཉ་རྗེས་འབྲེལ་ཕྱིས་པའི་ཀྲྀ་ལ་པ་རོ྅ཀྵཱའི་ པ་དང་མ་བྱིན་ནས། བྱིངས་གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། ཀ་སྡེའི་ཙ་སྡེའོ་ཞེས་ པས་ཀ་སྔ་མ་ཙ་དང་། རྀ་ཡིག་གི་ཞེས་པས་དེའི་དབྱངས་ཨ་རུ་བསྒྱུར་ནས། མདོ་འདིས་ཨིཊ་ བཀག་པས། ཙ་ཀྲྀ་བ། (བྱེད་དོ། །) ཙ་ཀྲྀ་མ་ཞེས་པ་ལྟ་བུའོ། །སུཊ་ཨཱ་ག་མ་ཐོག་མར་ཡོད་པ་ལ། ཀྲྀ་ཉའི་མཐར་པ་རོ྅ཀྵཱའི་རྐྱེན་ཕ་རོལ་ལ་བར་དུ་ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། སམ་སྔོན་མ་ཅན་གྱི་ཀྲྀ་ལ་སྔར་བཞིན་བ་དང་མ་བྱིན་ནས་བྱིངས་གཉིས་སུ་བཞག་ཅིང་། ཀ་ སྔ་མ་དེ་ཙ་དང་རྀ་ཡིག་ཨ་རུ་བསྒྱུར་ལ། མདོ་འོག་མས་ཀྲྀའི་སྔ་མར་སུཊ་བྱིན་པའི་ཊ་ཡིག་ནི་ 6-1-422 ས་ཡིག་ཨཱ་ག་མ་དང་པོར་བསྟན་པའི་དོན་དང་། ཨུ་ཡིག་ནི་བརྗོད་དོན་ཡིན་པས་དབྱི་ཞིང་། མདོ་འདིས་ཨིཊ་བྱིངས་མཐར་བྱིན་ནས། ཨཱ་ལྔ་པར། ནཱ་མི་མཐའི་ཞེས་པས་རྀ་ཡིག་ཕྱི་མ་ ཡོན་ཏན་བྱས་ཏེ་སྦྱར་བས། སཾ་ཙསྐ་རི་བ། སཾ་ཙསྐ་རི་མ་ཞེས་པ་ལྟ་བུའོ། །བཞི་པ་ཞར་བྱུང་ སུཊ་ཨཱ་ག་མ་འཇུག་ཚུལ་བསྟན་པ་ནི། སཾ་པ་རི་ཨུ་པ་རྣམས་ལས་ཀ་རོ་ཏི་ལ་རྒྱན་དང་འདུས་ པ་ལ་སུཊའོ་ཞེས་པ་ནི་ཉེར་བསྒྱུར་སཾ་དང་པ་ར་དང་ཨུ་པ་ཞེས་པ་འདི་རྣམས་ལས་ཕ་རོལ་གྱི་ ཀ་རོ་ཏི་རྒྱན་དང་འདུས་པའི་དོན་ལ་འཇུག་པ་ན་ཐོག་མར་སུཊ་ཨཱ་ག་མ་སྦྱིན་འགྱུར་ཏེ། དཔེར་ན། སཾ་དང་པ་ར་དང་ཨུ་པ་དང་པོར་ཡོད་པའི་ཀྲྀ་ལ། ཤྭསྟ་ནཱིའི་ཏཱ་བྱིན་པ་ན། མདོ་ འདིས་སུཊ་བྱིངས་ཀྱི་ཐོག་མར་བྱིན་པའི་ཊ་དང་ཨུ་ཡིག་སྔར་བཞིན་ཕྱིས་ནས་རྀ་ཡིག་ཡོན་ ཏན་བྱས་ཏེ་སྦྱར་བས། སཾསྐརྟཱ། (འདུས་བྱས་སོ། །) པ་རིསྐརྟཱ། ཨུ་བསྐརྟཱ་ཞེས་པ་ལྟ་བུའོ། །སཾ་པ་རི་ ཨུ་པ་རྣམས་མ་ཡིན་པའི་ཉེར་བསྒྱུར་དང་པོར་ཡོད་པའི་ཀྲྀ་ལ་ནི། སུཊ་ཨཱ་ག་མ་ཐོག་མར་ སྦྱིན་པར་མི་འགྱུར་ཏེ། དཔེར་ན། པྲ་སྔོན་མ་ཅན་གྱི་ཀྲྀ་ལ་བརྟ་མཱ་ནཱའི་ཏི་དང་། ཨཱ་གཉིས་ པར། ཏན་སོགས་ལས་ཞེས་པས་བར་དུ་བྱིན་པ་ན། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་། ཞེས་པ་དང་། ཀ་རོ་ཏིའོ་ཞེས་པས་ཀྲྀའི་རྀ་ཡིག་ཡོན་ཏན་བྱས་ཏེ་མཚམས་སྦྱར་བས། པྲ་ཀ་རོ་ ཏི་ཞེས་པ་ལྟ་བུའོ། །སཾ་པ་རི་ཨུ་པ་དང་པོར་ཡོད་ཀྱང་ཀྲྀ་མ་ཡིན་པའི་བྱིངས་ཀྱི་ཐོག་མར་སུཊ་ ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། སཾ་སྔོན་མ་ཅན་གྱི་བྷཱུ་ལ་བརྟ་མཱ་ནཱིའི་ཏི་བྱིན་ནས། ནཱ་མི་མཐའི་བྱིངས་དང་ཞེས་པས་བྷཱུའི་ཨཱུ་ཡིག་ཡོན་ཏན་བྱས་ནས། ཨཱ་གཉིས་པར། བྱེད་པ་ པོ་ལ་ཞེས་པས་བྱིངས་མཐར་ཨན་བི་ཀ་ར་ཎ་བྱིན་པ་དང་མཚམས་སྦྱར་བས། སཾ་བྷ་ཝ་ཏི་ ཞེས་པ་ལྟ་བུའོ། །ཞེས་པ་བྱིངས་རྣམས་ཚིག་ཏུ་བསྒྲུབ་ཚུལ་ཀུན་བཤད་པའི་མདོ་ལས་རྐང་པ་ བདུན་པའི་འགྲེལ་པ་རྫོགས་སོ།། །། བརྒྱད་པ་ཉེར་འཁོའི་མཚན་ཉིད་རྒྱས་པར་བཤད་པ་ལ་བཅུའི་དང་པོ་ཚིག་མཐར་དྷུཊ་ 6-1-423 དང་རས་ལ་རྣམ་འགྱུར་འབྱུང་ཚུལ་ནི། ཚིག་མཐར་དྷུཊ་རྣམས་ཀྱི་དང་པོའོ་ཞེས་པ་ནི་ཚིག་ མཐར་གྱུར་པའི་དྷུཊ་རྣམས་རང་རང་གི་སྡེ་པའི་དང་པོར་འགྱུར་ཏེ། དཔེར་ན། སརྦའི་མིང་ ཅན་གྱི་ཏྭད་དང་། ཨརྠ་སྔོན་མ་ཅན་གྱི་བུདྷ་རྟོགས་པའི་བྱིངས་ཀྭིཔ་ཕྱིས་པའི་མཐའ་ཅན་ལ་ སི་བྱིན་པ་གསལ་བྱེད་མཐའ་ལས་ཕྱིས་པས་ཚིག་ཏུ་གྲུབ་པ་ན། ནཱ་གསུམ་པར། བྱིངས་ཧ་ དང་བཞི་པ་མཐའ་ཅན་ཞེས་པས་བུདྷའི་བ་ཡིག་གིས་བཞི་པའི་མཐའ་ཅན་དྷ་ཡིག་མཐོང་བ་ ལས་རང་གི་བཞི་པ་བྷ་རུ་འགྱུར་ཞིང་། མདོ་འདིས་ཚིག་མཐའི་ད་དང་དྷ་ཡིག་རང་གི་སྡེ་པའི་ དང་པོ་ཏ་རུ་བསྒྱུར་ནས་ཏྭད་ཀྱི་ཕ་རོལ་ཏུ་ན་ཡ་ནཾ་དང་། བྷུཏ་ཀྱི་ཕ་རོལ་ཏུ་ནཱ་ཐཿཡོད་པ་ལ། ཏྭཏ་ན་ཡ་ནཾ། ཨརྠ་བྷུཏ་ནཱ་ཐཿ(དོན་རྟོགས་པའི་མགོན་པོ། )ཞེས་པ་ལྟ་བུ་སྟེ། ཡང་ན་སན་བཞི་པར་ ལྔ་པ་ལ་ལྔ་པ་ཞེས་པས་ཏ་ཡིག་ན་རུ་བསྒྱུར་བས། ཏྭན་ན་ཡ་ནཾ། (ཁྱོད་ལ་བསྟེན་ནོ། །) ཨརྠ་བྷུན་ ནཱ་ཐཿ(དོན་རྟོགས་པའི་མགོན་པོ། ) ཞེས་པ་ལྟ་བུའོ། །ར་དང་དག་གི་རྣམ་པར་བཅད་པའོ་ཞེས་པ་ནི་ ཚིག་མཐར་གྱུར་པའི་ར་ཡིག་དང་ས་ཡིག་དག་རྣམ་པར་བཅད་པར་འགྱུར་ཏེ། དཔེར་ན། ར་ ཡིག་ནི་ཌུ་བྷྲྀཉ་འཛིན་པའི་བྱིངས་ཌུ་དང་ཉ་རྗེས་འབྲེལ་ཕྱིས་པ་ལ་ཧྱསྟ་ནཱིའི་དི་བྱིན་ནས། ཨཱ་ གསུམ་པར། ཛུ་ཧོ་ཏི་སོགས་ཀྱི་བྱིངས་གཉིས་སུ་བཞག་ཅིང་། བྷྲྀཉ་ཧཱང་མཱང་རྣམས་ཀྱི་ཞེས་ པས་སྔ་མའི་རྀ་ཡིག་ཨི་དང་། གཉིས་པ་བཞི་པ་དག་གི་ཞེས་པས་བྷ་སྔ་མ་བ་རུ་བསྒྱུར་ལ། ཨཱ་ལྔ་པར། ནཱ་མི་མཐའི་ཞེས་པས་ཕྱི་མའི་རྀ་ཡོན་ཏན་བྱས་པ་ན། ཨཱ་དྲུག་པར། གསལ་བྱེད་ མཐའ་ལས་དི་སི་དག་གི་ཞེས་པས་དི་དབྱི་ཞིང་། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོར་ཞེས་ པས་ཨཊ་སྔོན་དུ་བཞག་སྟེ། མདོ་འདིས་ར་ཡིག་རྣམ་བཅད་དུ་བྱས་པས། ཨ་བི་བྷཿཞེས་ པ་ལྟ་བུའོ། །ས་ཡིག་གི་ནི་ཌུ་པ་ཙཥ་འཚེད་པའི་བྱིངས་ཌུ་དང་ཥ་རྗེས་འབྲེལ་དང་། ཙའི་ དབྱངས་བརྗོད་དོན་ཕྱིས་པ་ལ་བརྟ་མཱ་ནཱའི་ཝས་དང་མས་སྦྱིན་ནས། བར་དུ་བྱེད་པ་པོའི་དོན་ ལ་ཨན་བྱིན་པ། ལེའུ་འདིར། ཨའི་ཝ་མ་དག་ལ་ཞེས་པས་རིང་པོར་བསྒྱུར་ཏེ། མདོ་འདིས་ 6-1-424 ས་ཡིག་རྣམ་བཅད་དུ་བྱས་པས། པ་ཙཱ་ཝཿ (འཚེད་པ་དག)པ་ཙཱ་མཿཞེས་པ་ལྟ་བུའོ། ། གཉིས་པ་རྣམ་དབྱེ་དང་བྱིངས་མཐའ་ལ་རྣམ་འགྱུར་འབྱུང་ཚུལ་ནི། གྷ་ཌྷ་དྷ་བྷ་རྣམས་ ལས་དྷཱ་མ་ཡིན་པ་ལ་ཏ་ཐ་དག་གི་དྷཱའོ་ཞེས་པ་ནི་གྷ་དང་ཌྷ་དང་དྷ་དང་བྷ་ཡིག་རྣམས་ལས། ཌུདྷཱཉ་འཛིན་པའི་བྱིངས་དམིགས་བསལ་དུ་བྱས་པ་འདི་མ་ཡིན་པ་ལས། ཕ་རོལ་གྱི་ཏ་ཡིག་ དང་ཐ་ཡིག་དག་དྷ་ཡིག་ཏུ་འགྱུར་ཏེ། དཔེར་ན། རིམ་པ་བཞིན། དུ་ཧ་འཇོ་བ་དང་། ལི་ཧ་ རོ་མྱོང་བ་དང་། བུ་དྷ་རྟོགས་པ་དང་། ཌུ་ལ་བྷ་ཥ་ཐོབ་པའི་བྱིངས་ཌུ་དང་ཥ་ཡིག་རྗེས་འབྲེལ་ དང་བྷའི་ཨ་བརྗོད་དོན་ཕྱིས་པ་རྣམས་ལ། ཨ་དྱ་ཏ་ནཱིའི་ཏ་དང་ཐཱས་བྱིན་ནས། བར་དུ་དང་ པོ་གཉིས་ལ། ཨཱ་གཉིས་པར། ཨིཊ་མེད་པའི་ཤིཊ་མཐའ་ཞེས་པས་སན་བྱིན་པ་ན་རྣམ་ པར་བཤད་པ་ལས་དབྱི་ཞིང་། ཕྱི་མ་གཉིས་ལ་ཨ་དྱ་ཏ་ནཱི་ལས་ཞེས་པས་སིཙ་བྱིན་པ། ཨཱ་ དྲུག་པར། དྷུཊ་ལས་ཀྱང་དྷུཊ་ལའོ་ཞེས་པས་ཕྱིས་ལ། ཁྱད་པར་ད་དང་པོའི་གྷའོ་ཞེས་པས། དུཧའི་ཧ་ཡིག་གྷ་དང་། ཧའི་ཌྷའོ་ཞེས་པས་ལིཧའི་ཧ་ཡིག་ཌྷ་དང་། མདོ་འདིས་རྐྱེན་གྱི་ཏ་དང་། ཐཱ་ཡིག་དྷ་དང་། འདི་ཉིད་དུ་དྷུཊ་རྣམས་ཀྱི་བཞི་པ་རྣམས་ལ་ཞེས་པས་དུགྷའི་གྷ་ཡིག་ག་ དང་། བུདྷའི་དྷ་ཡིག་ད་དང་། ལ་བྷའི་བྷ་ཡིག་བར་དུ་བསྒྱུར་ནས། ཥ་དང་ཊ་སྡེ་ལས་ཞེས་ པས་ལི་ཌྷའི་ཕ་རོལ་གྱི་དྷ་ཡིག་ཌྷ་རུ་བསྒྱུར་བ་ན། ཌྷའི་ཌྷ་ལ་དབྱི་ཞིང་ཨུ་པ་དྷཱ་རིང་པོའང་ངོ་ ཞེས་པས་ཌྷ་སྔ་མ་དབྱི་ཞིང་། ལི་རིང་པོར་བསྒྱུར་ཏེ། བྱིངས་ཀྱི་དང་པོར་ཞེས་པས་སྔོན་དུ་ ཨཊ་བཞག་ཅིང་། ས་རྣམ་བཅད་དུ་བྱས་པས། ཨ་དུ་གྡྷ(དེ་རིང་འཇོ་བ་སོགས། )ཨ་དུ་གྡྷཱུ ། ཨ་ལཱི་ཌྷ། ཨ་ལཱི་ཌྷཱཿ ཨ་བུདྡྷ། ཨ་བུངྔྷཱྀ། ཨ་ལབྡྷཱ། ཨ་ལབྷཱཿཞེས་པ་ལྟ་བུའོ། །ཌུདྷཱཉའི་དྷཱ་ཡིག་ ལས་ཕ་རོལ་གྱི་ཏ་དང་ཐ་ཡིག་དག་ནི་དྷ་རུ་མི་འགྱུར་ཏེ། དཔེར་ན། རྗེས་འབྲེལ་ཕྱིས་པའི་དྷཱ་ ལ་བརྟ་མཱ་ནཱའི་ཏ་དང་ཐས་བྱིན་ནས། ཛུ་ཧོ་ཏི་སོགས་ཀྱི་དྷཱ་གཉིས་སུ་བཞག་ཅིང་། ཐུང་ངུའོ་ ཞེས་པས་སྔ་མའི་དབྱངས་ཐུང་ངུ་དང་། འདི་ཉིད་དུ་སྒྲ་མེད་པ་རྣམས་ལ་ཞེས་པས་དྷཱ་ཕྱི་མ་ཏཱ་ 6-1-425 རུ་བསྒྱུར་ནས། ཨཱ་བཞི་པར། ཨ་བྷྱསྟ་རྣམས་ཞེས་པས་དེའི་དབྱངས་ཕྱིས་ཏེ་སྦྱར་བས། དྷཏྟ། (འཛིན་ནོ། །) དྷཏྠཿཞེས་པ་ལྟ་བུའོ། །ཥ་ཌྷ་དག་གིས་ས་ལ་ཀའོ་ཞེས་པ་ནི་བྱིངས་མཐའི་ཥ་ཡིག་ དང་ཌྷ་ཡིག་དག་ས་ཡིག་དང་པོར་ཡོད་པའི་རྐྱེན་ཕ་རོལ་ལ་ཀ་ཉིད་དུ་འགྱུར་ཏེ། དཔེར་ན། པིཥླྀ་ཕྱེ་མར་བྱེད་པ་དང་། ལི་ཧ་རོ་མྱང་བའི་བྱིངས་ལྀ་རྗེས་འབྲེལ་ཕྱིས་པ་ལ། བྷ་ཝི་ཥྱནྟིའི་སྱ་ ཏེ་བྱིན་ནས། ཨཱ་དྲུག་པར། ཧའི་ཌྷའོ་ཞེས་པས་ལི་ཧའི་ཧ་ཡིག་ཌྷ་རུ་བསྒྱུར་ཞིང་། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མི་ཞེས་པས་པི་དང་ལིའི་ཨི་ཡིག་ཡོན་ཏན་བྱས་ལ། མདོ་འདིས་བྱིངས་མཐའི་ཥ་ དང་ཌྷ་ཡིག་ཀ་རུ་བསྒྱུར་ཏེ། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་བས། པེཀྵྱ་ཏི། (ཕྱེ་མར་འགྱུར་ རོ། །) ལེཀྵྱ་ཏི་ཞེས་པ་ལྟ་བུའོ། །བྱིངས་མཐར་ཥ་ཡིག་དང་ཌྷ་ཡིག་ཡོད་ཀྱང་། ས་ཡིག་དང་པོར་ ཡོད་པ་མ་ཡིན་པའི་རྐྱེན་ཕ་རོལ་ལ་ནི་ཀ་ཉིད་དུ་མི་འགྱུར་ཏེ། དཔེར་ན། པིཥ་དང་ལི་ཧའི་ མཐར་བརྟ་མཱ་ནཱའི་ཏི་བྱིན་པ་ན། ཨཱ་གཉིས་པར། རུ་དྷ་སོགས་ཀྱི་དབྱངས་ལས་ཞེས་པས་ པིཥའི་དབྱངས་མཐར་ན་ཨཱ་ག་མ་བྱིན་ཞིང་། སྔར་བཞིན་ལིཧའི་ཧ་ཡིག་ཌྷ་རུ་བསྒྱུར་ནས་ ལིའི་ཨི་ཡིག་ཡོན་ཏན་བྱས་ལ། འདི་ཉིད་དུ་ཥ་དང་ཊ་སྡེ་ལས་ཞེས་པས་ཥ་མཐའི་ཏ་ཡིག་ཊ་ དང་། ཌྷ་མཐའི་ཏ་ཡིག་ཌྷ་རུ་བསྒྱུར་ཏེ། ཌྷ་ལ་ཌྷའི་ཞེས་པས་བྱིངས་མཐའི་ཌྷ་ཡིག་ཕྱིས་པས་ པི་ནཥྚི(ཕྱེ་མར་བྱེད། )། ལེ་ཌྷི་ཞེས་པ་ལྟ་བུའོ། །ཥ་དང་ཊ་སྡེ་ལས་ཏ་སྡེའི་ཊ་སྡེའོ་ཞེས་པ་བྱིངས་ མཐའི་ཥ་ཡིག་དང་ཊའི་སྡེ་པ་རྣམས་ལས་ཕ་རོལ་ཏུ་ཏ་སྡེའི་སྡེ་པ་རྣམས་ནི་རིམ་པ་བཞིན་ཊ་ ཡིག་དང་། ཊ་སྡེའི་ནང་ཚན་གང་ཡོད་པ་དེར་འགྱུར་ཏེ། དཔེར་ན། བི་ཤ་འཇུག་པའི་བྱིངས་ ལ་ཤྭསྟ་ནཱིའི་ཏཱ་དང་། ཨཱཌ་བསྟོད་པའི་བྱིངས་ལ་བརྟ་མཱ་ནཱའི་ཏེ་བྱིན་པ་ན། ཨཱ་དྲུག་པར། ཚ་ ཤ་དག་གི་འང་ངོ་ཞེས་པས་བི་ཤའི་ཤ་ཡིག་ཥ་རུ་བསྒྱུར་ནས། ཨཱ་ལྔ་པར། ཨུ་པ་དྷཱ་ཞེས་པས་ བིའི་ཨི་ཡོན་ཏན་བྱས་ལ། འདི་ཉིད་ལ་སྒྲ་མེད་པ་རྣམས་ལ་ཞེས་པས་ཨཱིཌའི་ཌ་ཡིག་ཊ་རུ་ བསྒྱུར་ཞིང་། མདོ་འདིས་ཥ་དང་ཊ་མཐའི་ཏ་ཡིག་དག་ཊ་རུ་བསྒྱུར་བས། བེཥྚཱ་ཨཱིཊྚེ་(སང་འཇུག) 6-1-426 ཞེས་པ་ལྟ་བུའོ། །བྱིངས་མཐར་ཥ་དང་ཊ་སྡེ་ཡོད་ཀྱང་ཕ་རོལ་ཏ་སྡེ་མ་ཡིན་ན་ཊ་དང་དེའི་སྡེ་ པར་མི་འགྱུར་ཏེ། དཔེར་ན། དྭིཥ་མི་དགའ་བའི་བྱིངས་ལ་བརྟ་མཱ་ནཱའི་མི་བྱིན་པས། དྭིཥྨི་ (ཞེ་སྡང་ངོ་། །)ཞེས་པ་ལྟ་བུའོ། །ཌྷ་ལ་ཌྷའི་དབྱི་ཞིང་ཨུ་པ་དྷཱའི་རིང་པོའང་ངོ་ཞེས་པ་ནི་རྐྱེན་གྱི་ཌྷ་ ཡིག་ཕ་རོལ་ཏུ་ཡོད་པ་ལ་བྱིངས་མཐའི་ཌྷ་ཡིག་དབྱི་བར་བྱ་ཞིང་། དེའི་ཨུ་པ་དྷཱའི་དབྱངས་ ཀྱང་རིང་པོར་འགྱུར་ཏེ། དཔེར་ན། ལི་ཧ་རོ་མྱང་བ། གུ་ཧཱུ་སྦེད་པའི་བྱིངས་ཨཱུ་རྗེས་འབྲེལ་ ཕྱིས་པ་ལ། ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས། ཀྟ་དང་ཀྟ་ཝནྟུའི་རྐྱེན་བྱིན་པའི་ཀ་ཡིག་ནི། ཀྲྀཏ་ དང་པོར་ཀ་ལ་ཡཎ་བཞིན་ཞེས་པ་དང་། ཏུའི་ཨུ་ཡིག་ནི། ནཱ་གཉིས་པར། ཨནྟུ་དང་ཨས་ མཐའི་ཡང་ཞེས་པའི་ཁྱད་པར་གྱི་དོན་ཡིན་པས་དབྱི་ཞིང་། ཨཱ་དྲུག་པར། ཧའི་ཌྷའོ་ཞེས་ པས་བྱིངས་མཐའི་ཧ་ཡིག་ཌྷ་དང་། མདོ་སྔ་མས་རྐྱེན་གྱི་ཏ་ཡིག་ཀྱང་ཌྷ་རུ་བསྒྱུར་བ་ན། མདོ་ འདིས་བྱིངས་མཐའི་ཌྷ་ཡིག་དག་ཕྱིས་ནས། དེའི་ཨུ་པ་དྷཱ་རིང་པོར་བསྒྱུར་ཏེ། མིང་ཚིག་ཏུ་ སྒྲུབ་པ་ལ་སི་སྦྱིན་ཞིང་། ནཱ་གཉིས་པར། ཨནྟུ་དང་ཨས་མཐའི་ཡང་བྱིངས་མ་ཡིན་པའི་ཞེས་ པས་ཝནྟི་ཝ་རིང་པོར་བསྒྱུར་ནས། ནཱ་བཞི་པར། བརྩེགས་པའི་མཐའ་ཞེས་པས་དེའི་ཏ་ཡིག་ དང་། གསལ་བྱེད་མཐའ་ལས་ཞེས་པས་ན་མཐའི་སི་དབྱི་ཞིང་། ཌྷ་མཐའི་སི་རྣམ་བཅད་དུ་ བྱས་པས། ལཱི་ཌྷཿ(རོ་མྱོང་། ) ལཱི་ཌྷ་ཝཱན། གཱུ་ཌྷཿ གཱུ་ཌྷ་ཝཱན་(སྦས་ཟིན། ) ཞེས་པ་ལྟ་བུའོ། །བྱིངས་ མཐའི་ཌྷ་ཡིག་ཀྱང་ཕ་རོལ་ཌྷ་ཡིག་མ་ཡིན་ན་མི་འཕྱིད་དེ། དཔེར་ན། ལིཧའི་མཐར་ཨཱ་ཏྱ་ཏ་ ནཱིའི་དི་དང་། ཨཱ་གཉིས་པར། ཨིཊ་མེད་པའི་ཤིཊ་མཐའ་ཞེས་པས་བར་དུ་སཎ་བྱིན་པའི་ཎ་ ཁྱད་དོན་དབྱི་ཞིང་། སྔར་བཞིན་ཧའི་ཌྷ་དང་། འདི་ཉིད་དུ་ཥ་ཌྷ་དག་གི་ཞེས་པས་ཌྷའང་ཀ་ ཡིག་དང་རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་ནས། དིའི་ཨི་ཁྱད་དོན་ཕྱིས་ལ། ད་ཡིག་རྫོགས་ པ་ལ་ཡང་ན་བྱས་ཏེ། བྱིངས་ཀྱི་དང་པོར་ཨཊ་འཆད་འགྱུར་ལྟར་བཞག་པས། ཨ་ལིཀྵཏ་(དེ་ རིང་རོ་མྱངས་སོ། །)ཞེས་པ་ལྟ་བུའོ། ། 6-1-427 གསུམ་པ་བཟོད་ཐོབ་ཀྱི་བྱིངས་དང་དྷུཊ་ལ་རྣམ་འགྱུར་འབྱུང་ཚུལ་ནི། ས་ཧི་བ་ཧ་དག་ གི་ཨ་ཡིག་གི་ཨོ་ཏའོ་ཞེས་པ་ནི། ཥཧ་བཟོད་པ་དང་། བཧ་ཐོབ་པའི་བྱིངས་འདི་དག་གི་ མཐའི་ཌྷ་ཡིག་རྐྱེན་གྱི་ཌྷ་ཡིག་ཕ་རོལ་ལ་ཕྱིས་པར་གྱུར་པ་ན། སྔ་མའི་ཨའི་ཡི་གེ་དག་ཨོ་ ཉིད་དུ་འགྱུར་ཏེ། དཔེར་ན། ཥཧ་དང་བཧ་ལ་ཤྭསྟ་ནཱིའི་ཏཱ་བྱིན་པ་ན། སྔར་བཞིན་བྱིངས་ མཐའི་ཧ་ཡིག་ཌྷ་དང་། དེའི་མཐུས་རྐྱེན་གྱི་ཏཱའང་ཌྷཱ་རུ་བསྒྱུར་ནས། མདོ་སྔ་མས་ཌྷ་དང་པོ་ དབྱི་ཞིང་། འདི་ཉིད་དུ། བྱིངས་ཀྱི་དང་པོའི་ཥའི་ཞེས་པས་ཥ་ཡིག་ས་རུ་བསྒྱུར་ནས། མདོ་ འདིས་ས་དང་བའི་དབྱངས་ཨོ་རུ་བསྒྱུར་བས། སོ་ཌྷཱཿ(སང་བཟོད། )བོ་ཌྷཱ་ཞེས་པ་ལྟ་བུའོ། །དྷུཊ་ རྣམས་ཀྱི་བཞི་པ་རྣམས་ལ་གསུམ་པའོ་ཞེས་པ་བྱིངས་མཐའི་དྷུཊ་རྣམས་ཀྱི་ཡི་གེ་ནི་སྡེ་ པ་རྣམས་ཀྱི་བཞི་པའི་ཡི་གེ་ཕ་རོལ་ཏུ་ཡོད་པ་ལ་རང་རང་གི་སྡེ་པའི་གསུམ་པར་འགྱུར་ ཏེ། དཔེར་ན། དུཧ་འཇོ་བའི་བྱིངས་ལ་ཧྱསྟ་ནཱིའི་ཏ་དང་། ཙ་ཀཱ་སྲྀ་གསལ་བའི་བྱིངས་རྀ་ རྗེས་འབྲེལ་ཕྱིས་པ་ལ་པཉྩ་མཱིའི་ཧི་བྱིན་ནས། ཨཱ་དྲུག་པར། ད་དང་པོའི་ཞེས་པས་དུ་ཧའི་ཧ་ ཡིག་གྷ་དང་། འདི་ཉིད་དུ། གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་རྐྱེན་གྱི་ཏ་ཡིག་དྷ་དང་། ཨཱ་ལྔ་ པར། ཧུ་དྷུཊ་དག་ལ་ཞེས་པས་ཧི་ཡིག་དྷི་དང་། མདོ་འདིས་གྷ་ཡིག་ག་དང་། ས་ཡིག་གནས་ མཚུངས་པ་ལས་ཏ་སྡེའི་གསུམ་པར་ད་རུ་བསྒྱུར་ཞིང་། བྱིངས་ཀྱི་དང་པོར་ཞེས་པས་དུག་ དྷའི་སྔོན་དུ་ཨཊ་བཞག་པས། ཨ་དུགྡྷ(ཁར་སང་བཞེས)། ཙ་ཀཱདྡྷི་ཞེས་པ་ལྟ་བུའོ། །ཤིཊ་མ་ཡིན་ པ་རྣམས་ཀྱི་སྒྲ་མེད་པ་རྣམས་ལ་དང་པོའོ་ཞེས་པ་ནི་བྱིངས་མཐའི་ཤིཊ་སྟེ་ཤ་ཥ་ས་ཧ་རྣམས་ མ་ཡིན་པའི་དྷུཊའི་ཡི་གེ་རྣམས་རྐྱེན་སྒྲ་མེད་པའི་ཡི་གེ་རྣམས་ཕ་རོལ་ཏུ་ཡོད་པ་ལ་རང་རང་ གི་སྡེ་པའི་དང་པོར་འགྱུར་ཏེ། དཔེར་ན། བྷི་དིར་འཇོམས་པ་དང་། ཙྪི་དིར་གཉིས་སུ་བྱེད་ པའི་བྱིངས་ཨིར་རྗེས་འབྲེལ་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་བྱིན་ནས། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མི་ ཞེས་པས་བྱིངས་ཀྱི་དབྱངས་ཡོན་ཏན་བྱས་ལ། མདོ་འདིས་བྱིངས་མཐའི་ད་ཡིག་ཏ་རུ་བསྒྱུར་ 6-1-428 བས། བྷེཏྟཱ(སང་འཇོམས)། ཙྪེཏྟཱ་ཞེས་པ་ལྟ་བུའོ། །ཤིཊའི་མཐའ་ཡིན་ན་སྒྲ་མེད་ཕ་རོལ་ན་ཡོད་ ཀྱང་རང་གི་སྡེ་པའི་དང་པོར་མི་འགྱུར་ཏེ། དཔེར་ན། ཨས་ཡོད་པའི་བྱིངས་ལ། བརྟ་མཱ་ནཱའི་ ཏི་བྱིན་ནས་བར་དུ་ཨན་བྱིན་པ་ཨད་སོགས་ཀྱིས་ཕྱིས་པས། ཨསྟི་ཞེས་པ་ལྟ་བུའོ། །བཞི་ པ་བྱིངས་རྣམས་རྐྱེན་སོ་སོ་ལ་རིང་པོ་དང་ས་ཡིག་ཏ་རུ་འགྱུར་ཚུལ་ནི། ཨའི་བ་མ་དག་ལ་ རིང་པོའོ་ཞེས་པ་བྱིངས་མཐའི་ཨ་ཡིག་ནི་བ་ཡིག་མ་ཡིག་དང་པོར་ཡོད་པའི་རྐྱེན་ཕ་རོལ་ལ་ རིང་པོར་འགྱུར་ཏེ། དཔེར་ན། པཙ་འཚེད་པའི་བྱིངས་ལ་བརྟ་མཱ་ནཱའི་མི་དང་བས་དང་མས་ རྣམས་བྱིན་ནས། བར་དུ་བྱེད་པ་པོ་ལ་ཨན་བྱིན་པ་སྦྱར་ཞིང་མདོ་འདིས་ཙའི་ཨ་ཡིག་རིང་ པོར་བསྒྱུར་ཏེ། འདི་ཉིད་དུ། ར་དང་ས་ཡིག་དག་གི་ཞེས་པས་ས་རྣམ་བཅད་དུ་བྱས་པས། པ་ ཙཱ་མི། (འཚེད་པར་བགྱིའོ། །) པ་ཙཱ་བཿ བ་ཙཱ་མཿ ཞེས་པ་ལྟ་བུའོ། །བྱིངས་མཐའ་ཨ་ཡིག་མ་ཡིན་ པ་ནི་བ་དང་མ་དང་པོར་ཡོད་པའི་རྐྱེན་ཕ་རོལ་ལ་རིང་པོར་མི་འགྱུར་ཏེ། དཔེར་ན། ཌུདྷཱཉ་ འཛིན་པའི་བྱིངས་ཌུ་དང་ཉ་རྗེས་འབྲེལ་ཕྱིས་པ་ལ། སྔར་གྱི་ཝས་དང་མས་བྱིན་པ་ན། ཛུ་ཧོ་ ཏི་སོགས་ཀྱིས་གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། ཐུང་ངུའོ་ཞེས་པས་དྷཱ་སྔ་མ་ཐུང་ངུ་ དང་། གཉིས་པ་བཞི་པ་ཞེས་པས་ད་རུ་བསྒྱུར་ལ། ཨཱ་བཞི་པར། ཨ་བྷྱཱསྟ་རྣམས་ཀྱི་ཨཱ་ཡིག་ ཅེས་པས་དྷཱ་ཕྱི་མའི་དབྱངས་ཕྱིས་པས། ད་དྷྭཿ དདྷྨཿཞེས་པ་ལྟ་བུའོ། །དབྱངས་མཐའ་རྣམས་ ཀྱིས་ན་ལའོ་ཞེས་པ་ནི་བྱིངས་དབྱངས་ཡིག་མཐའ་ཅན་རྣམས་ཀྱི་མཐའ་ནི། སན་གྱི་རྐྱེན་ ཕ་རོལ་ཏུ་ཡོད་པ་ལ་རིང་པོར་འགྱུར་ཏེ། དཔེར་ན། ཙིཉ་སོག་པ་དང་། ཧུ་ལེན་པའི་བྱིངས་ ཉ་རྗེས་འབྲེལ་ཕྱིས་པ་ལ་སོགས་པར་འདོད་དོ་ལེན་པར་འདོད་དོའི་དོན་ལ་སན་བྱིན་ནས། སྔར་བཞིན་གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། ཧའི་ཛའོ་ཞེས་པས་ཧ་སྔ་མ་ཛ་དང་མདོ་ འདིས་བྱིངས་ཕྱི་མ་དག་རིང་པོ་དང་། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་ཏེ། མཐར་བརྟ་མཱ་ ནཱའི་ཏི་བྱིན་པས། ཙི་ཙཱི་ཥ་ཏི་། ཛུ་ཧཱུ་ཥ་ཏི་ཞེས་པ་ལྟ་བུའོ། །དབྱངས་ཡིག་མཐའ་ཅན་མ་ཡིན་ 6-1-429 ན། སན་ཕ་རོལ་ན་ཡོད་ཀྱང་རིང་པོར་མི་འགྱུར་ཏེ། དཔེར་ན། པ་ཙ་ལ་འཚེད་པར་འདོད་ དོའི་དོན་ལ་སན་བྱིན་ནས་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ལ། ཨཱ་གསུམ་པར། སན་ལ་ཨཱའི་ཡི་གེ་ཞེས་པས་སྔ་མའི་དབྱངས་ཨི་དང་། ཨཱ་དྲུག་པར། ཙ་སྡེ་ འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་པས་ཙ་ཡིག་ཀ་དང་། ས་ཡིག་སྔར་བཞིན་ཥ་རུ་བསྒྱུར་ཏེ་ མཐར་ཏི་བྱིན་པས། པི་པཀྵ་ཏི་ཞེས་པ་ལྟ་བུའོ། །ཧན་དང་ཨིང་འི་ག་མི་དག་གི་ཨུ་པ་དྷཱའིའོ་ ཞེས་པས་ཧ་ན་འཚེ་བ་དང་། ཨིང་ཀློག་པའི་བྱིངས་གཾ་དུ་བསྒྱུར་བ་དག་གི་ཨུ་པ་དྷཱའི་དབྱངས་ ནི། སན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་རིང་པོར་འགྱུར་ཏེ། དཔེར་ན། ཧན་དང་། ཨ་དྷི་སྔོན་ མ་ཅན་གྱི་ཨིང་ལ་འཚེ་བར་འདོད་དོ། །ཀློག་པར་འདོད་དོའི་དོན་ལ་སན་བྱིན་པ་ན། ཨཱ་བཞི་ པར། སན་ལ་ཨིཎ་ཨིང་དག་གི་ཞེས་པས་ཨིང་ཡིག་མི་ག་རུ་བསྒྱུར་ནས། བྱིངས་གཉིས་སུ་ བཞག་ཅིང་གསལ་བྱེད་དང་པོ་ལྷག་མར་བྱས་ལ། ཨཱ་གསུམ་པར། ཧའི་ཛའོ་ཞེས་པས་ཧ་སྔ་ མ་ཛ་དང་། ཨཱ་དྲུག་པར། ཨ་བྷྱཱ་ས་ལས་ཀྱང་ངོ་ཞེས་པས་ཧ་ཕྱི་མ་གྷ་དང་། ཨཱ་གསུམ་པར། ཀ་ སྡེའི་ཙ་སྡེའོ་ཞེས་པས་ག་མིའི་སྔ་མ་ཛ་རུ་བསྒྱུར་ཏེ་མིའི་ཨི་བརྗོད་དོན་ཕྱིས་ནས། མདོ་འདིས་ གྷ་དང་ག་རིང་པོ་དང་། ན་དང་མ་གསལ་བྱེད་ལ་རྗེས་སུ་ང་རོར་བསྒྱུར་ཞིང་། སྔ་མའི་མཐར་ བརྟ་མཱ་ནཱའི་ཏི་དང་། ཕྱི་མའི་མཐར་ཏེ་བྱིན་པས། ཛི་གྷཱཾ་ས་ཏི། ཨ་དྷི་ཛི་གཱཾས་ཏེ་ཞེས་པ་ལྟ་ བུའོ། །ཨིད་མ་ཡིན་ན་ཨིཎ་འགྲོ་བའི་བྱིངས་ག་མི་རུ་བསྒྱུར་ཡང་ཨུ་པ་དྷཱ་རིང་པོར་མི་འགྱུར་ ཏེ། དཔེར་ན། ཨིཎ་ལ་འགྲོ་བར་འདོད་དོའི་དོན་ལ་སན་བྱིན་པ་ན། སྔར་བཞིན་སན་ལ་ཨིཎ་ ཨིང་དག་གི་ཞེས་པས་ཨིཎ་ཡིག་ག་མི་རུ་བསྒྱུར་བའི་ཨི་ཕྱིས་པ་ན། གཉིས་སུ་བཞག་ཅིང་ གསལ་བྱེད་དང་པོ་ལྷག་མར་བྱས་པ་སྔ་མའི་ག་ཡིག་ཛ་དང་། ཨཱ་ལྔ་པར། སན་ལ་ཨའི་ཡི་ གེ་ཞེས་པས་དེའི་དབྱངས་ཨི་རུ་བསྒྱུར་ཞིང་། ཨཱ་བདུན་པར། གཾ་ལས་པ་རསྨཻ་ལ་ཞེས་པས་ བྱིངས་མཐར་ཨིཊ་སྦྱར་ནས། ས་ཡིག་ཥ་རུ་བསྒྱུར་ཏེ། མཐར་ཏི་བྱིན་པས། ཛི་ག་མི་ཥ་ཏི་(འགྲོ་ 6-1-430 བར་འདོད་དོ། །)ཞེས་པ་ལྟ་བུའོ། །ཀུར་ཚུར་དག་མིན་པའི་ནཱ་མི་ནའི་ར་དང་ཝ་དག་གིས་གསལ་ བྱེད་ལའོ་ཞེས་པ་ནི། ཀུར་སྒྲ་དང་ཚུར་གཅོད་པའི་བྱིངས་དག་མ་ཡིན་པའི་བྱིངས་གཞན་ནཱ་ མི་ནའི་བྱིངས་མཐར་ར་དང་ཝ་ཡིག་ཡོད་པ་དག་གི་ཕ་རོལ་ཏུ་གསལ་བྱེད་ཀྱི་རྐྱེན་ཡོད་པ་ལ། ནཱ་མི་ནའི་དབྱངས་དེ་རྣམས་རིང་པར་འགྱུར་ཏེ། དཔེར་ན། བི་སྔོན་མ་ཅན་གྱི་ཤྲཱྀ་འཚེ་བ་དང་། ཨ་བ་སྔོན་མ་ཅན་གྱི་གུ་རཱི་རྩོམ་པ་དང་། ཨཱང་སྔོན་མ་ཅན་གྱི་སྲཱྀ་སྐྱོང་བའི་བྱིངས་རྣམས་ ཀྱི་རཱི་ཡིག་གི་ཨཱི་རྗེས་འབྲེལ་ཕྱིས་པའི་མཐར་བརྟ་མ་ནཱའི་ཏེ་དང་། བར་དུ་ཨཱ་གཉིས་པར་ བྱིངས་ཐམས་ཅད་པ་ལ་ཞེས་པས་ཡཎ་བྱིན་པའི་ཎ་ཁྱད་དོན་ཕྱིས་ནས། ཨཱ་ལྔ་པར། རྀཏ་ མཐའ་རྣམས་ཀྱི་ཨིར་འོ་ཞེས་པས་ཤྲཱྀའི་རཱྀ་ཡིག་ཨིར་དང་། ཨཱ་ལྔ་པར། མཆུ་གྱུར་ཨུ་པ་དྷཱའི་ ཞེས་པས་སྲཱྀའི་རཱྀ་ཡིག་ཨུར་དང་། མདོ་འདིས་ཤ་དང་ག་དང་སའི་དབྱངས་རིང་པོར་བསྒྱུར་ བས། བི་ཤཱིཪྻ་ཏེ། ཨ་ཝ་གཱཪྻ་ཏེ། ཨཱ་སཱུཪྻ་ཏེ་ཞེས་པ་ལྟ་བུའོ། །ཀུར་དང་ཚུར་དག་གི་ཕ་རོལ་ ཏུ་གསལ་བྱེད་ཀྱི་རྐྱེན་ཡོད་ཀྱང་ནཱ་མིའི་དབྱངས་རིང་པོར་མི་འགྱུར་ཏེ། དཔེར་ན། ཀུར་དང་ ཚུར་ལ་ཨཱ་ཤཱིཥའི་ཡཏ་བྱིན་ནས། མདོ་འདིས་ནཱ་མིའི་དབྱངས་རིང་པོར་མ་གྱུར་པས། ཀུཪྻཱ་ཏ། ཚུར་ཏ་ཅེས་པ་ལྟ་བུའོ། །ནཱ་མིའི་མཐར་ར་དང་ཝ་ཡིག་ཡོད་ཀྱང་། དེའི་ཕ་རོལ་ཏུ་དབྱངས་ཀྱི་ རྐྱེན་ཡོད་པ་ལའང་ནཱ་མཱིའི་དབྱངས་རིང་པོར་མི་འགྱུར་ཏེ། དཔེར་ན། ཀྲཱྀ་བསྐྱོད་པ་དང་། ཎཱུ་ བསྟོད་པའི་བྱིངས་ལ་བརྟ་མཱ་ནཱིའི་ཏི་དང་། བར་དུ་བྱེད་པ་པོ་ལ་ཨན་བྱིན་ནས། སྔར་བཞིན་ རཱྀ་ཏ་མཐའ་རྣམས་ཀྱི་ཨིར་རོ་ཞེས་པས་ཀྲཱྀའི་རཱྀ་ཡིག་ཨིར་དང་། ཨཱ་བཞི་པར། དབྱངས་དང་ པོ་ལ་ཨི་ཡ་ཨུ་ཝ་དག་གོ་ཞེས་པས་ཎཱའི་ཨཱ་ཡིག་ཨུ་ཝ་རུ་བསྒྱུར་ཞིང་དབྱངས་ཨན་ཕ་རོལ་ ལ་ནཱ་མིའི་དབྱངས་རིང་པོར་མ་གྱུར་པས། ཀི་ར་ཏི(བསྐྱོད་པར་བྱེད)། ནུ་ཝ་ཏི་(བསྟོད་པར་བྱེད། ) ཞེས་པ་ལྟ་བུའོ། །ས་ཡིག་གི་ཧྱསྟ་ནཱིའི་དི་ལ་ཏའོ་ཞེས་པ་ནི་བྱིངས་ས་ཡིག་མཐའ་ཅན་གྱི་ཕ་ རོལ་ཏུ། ཧྱསྟ་ནཱིའི་རྐྱེན་རྣམས་ཀྱི་ནང་ནས་དེ་ཡོད་པ་ལ། མཐའི་ས་ཡིག་ཏ་ཉིད་དུ་འགྱུར་ 6-1-431 ཏེ། དཔེར་ན། ཙ་ཀཱ་སྲྀ་གསལ་བ་དང་། ཨ་ནུ་སྔོན་མ་ཅན་གྱི་ཤཱ་སུ་རྗེས་སུ་སྟོན་པའི་བྱིངས་ རྀ་དང་ཨུ་རྗེས་འབྲེལ་ཕྱིས་པ་ལ། ཧྱསྟ་ནཱིའི་དི་བྱིན་པ། ཨཱ་དྲུག་པར། གསལ་བྱེད་ལས་དི་སི་ ཞེས་པས་ཕྱིས་ནས་མདོ་འདིས་ས་ཡིག་ཏ་རུ་བསྒྱུར་ཞིང་། མདོ་ཕྱི་མས་དང་པོར་ཨཊ་བཞག་ སྟེ། ནུ་དང་མཚམས་སྦྱར་བས། ཨ་ཙ་ཀཱཏ(ཁར་སང་གསལ་བར་བྱས)། ཨ་ནྭ་ཤཱཏ་ཅེས་པ་ལྟ་བུའོ། ། ཧྱསྟ་ནཱི་ཞེས་སྨོས་པས་ཨ་དྱ་ཏ་ནཱིའི་དི་ཕ་རོལ་ལ་ནི། བྱིངས་མཐའི་ས་ཡིག་ཏ་རུ་མི་འགྱུར་ ཏེ། དཔེར་ན། ཙ་ཀཱས་ལ་ཨ་དྱ་ཏ་ནཱིའི་དི་དང་། ཨཱ་གཉིས་པར། ཨ་དྱ་ཏ་ནཱི་ལས་ཞེས་པས་ བར་དུ་སིཙ་དང་། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པའི་གསལ་བྱེད་དང་པོ་ཞེས་ པས་བྱིངས་མཐར་ཨིཊ་ཨཱ་ག་མ་དང་། ཨཱ་དྲུག་པར། སི་ཙ་ལས་སོ་ཞེས་པས་དིའི་སྔ་མར་ ཨཱིཊ་ཨཱ་ག་མ་རིང་པོ་བྱིན་ནས། ཨིཊ་ལས་ཀྱང་ཨཱིཊ་ལའོ་ཞེས་པས་སི་ཙ་དང་ཊ་ཡིག་གཉིས་ དེའི་ཁྱད་དོན་ཡིན་པས་དབྱི་ཞིང་། ཨིའི་ཡི་གེ་དག་མཚམས་སྦྱར་ལ། དིའི་ཨི་ཕྱིས་ནས་ད་ ཡིག་རྫོགས་པ་ལ་ཡང་ན་བྱས་ཏེ་སྔ་མ་བཞིན་དང་པོར་ཨཊ་བཞག་པས། ཨ་ཙ་ཀཱ་སཱིཏ་(དེ་ རིང་གསལ་བར་བྱས། )ཅེས་པ་ལྟ་བུའོ། ། ལྔ་པ་བྱིངས་ཀྱི་དང་པོར་ཨཊ་ཨཱ་ག་མ་འཇུག་ཚུལ་དམིགས་བསལ་དང་བཅས་པ་ནི། བྱིངས་ཀྱི་དང་པོ་ཧྱསྟ་ནཱི་ཨ་དྱ་ཏ་ནཱི་ཀྲི་ཡཱ་ཏི་པཏྟི་རྣམས་ལ་ཨཊའོ་ཞེས་པ་ནི། བྱིངས་རྣམས་ ཀྱི་དང་པོར་ཧྱསྟ་ནཱི་དང་ཨ་དྱ་ཏ་ནཱི་དང་ཀྲི་ཡཱ་ཏི་པཏྟི་རྣམས་ཀྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ ཨཊ་ཨཱ་ག་མ་སྦྱིན་པར་འགྱུར་ཞེས་སྤྱིར་བསྟན་པ་སྟེ། ཊ་ཡིག་ནི་མདོ་འདི་ལ་སོགས་པའི་ ཁྱད་དོན་ཡིན་པའང་ཐམས་ཅད་དུ་ཤེས་པར་བྱའོ། །དཔེར་ན། ཛི་རྒྱལ་བ་དང་། པ་ཋ་ཀློག་ པའི་བྱིངས་ལ། ཧྱསྟ་ནཱིའི་དི་དང་བར་དུ་ཨན་བི་ཀ་ར་ཎ་བྱིན་ནས། ཨཱ་ལྔ་པར། ནཱ་མི་མཐའི་ ཞེས་པས་ཛིའི་ཨི་ཡོན་ཏན་བྱ་ཞིང་མཚམས་སྦྱར་ལ། མདོ་འདིས་དང་པོར་ཨཊ་བྱིན་པའི་ ཊ་ཡིག་མདོ་འདིའི་ཁྱད་པར་གྱི་དོན་ལ་འོངས་པས་ཕྱིས་ཏེ། སྔར་བཞིན་དིའི་ཨི་ཡིག་ཕྱིས་ 6-1-432 ནས་ད་ཡིག་རྫོགས་པ་ལ་ཡང་ན་བྱས་པས། ཨ་ཛ་ཡ་ཏ། ཨ་པ་ཋཏ་ཅེས་པ་དང་། ཡ་ཛ་ལྷ་ མཆོད་པ་དང་། པ་ཙ་འཚེད་པའི་བྱིངས་ལ། ཨ་དྱ་ཏ་ནཱིའི་དི་བྱིན་ནས། ཨཱ་དྲུག་པར། དྷྲྀ་ཛ་ སོགས་རྣམས་ཀྱི་ཞེས་པས་ཡཛའི་ཛ་ཡིག་ཥ་རུ་བསྒྱུར་ཏེ། ཨཱ་གཉིས་པར། ཨ་དྱ་ཏ་ནཱི་ལས་ ཞེས་པས། བྱིངས་མཐར་སི་ཙ་ཕྱིན་པའི་ཨི་དང་ཙ་ཁྱད་དོན་དབྱི་ཞིང་། ཨཱ་དྲུག་པར། ཥ་ཌྷ་ དག་གི་ཞེས་པས་ཥ་ཡིག་ཀ་དང་། ཙ་སྡེའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་པས་པ་ཙའི་ཙ་ ཡིག་ཀ་དང་། ཨའི་འང་རིང་པོའོ་ཞེས་པས་ཡ་དང་པའི་དབྱངས་རིང་པོར་བསྒྱུར་ལ། སི་ཙ་ ལས་སོ་ཞེས་པའི་སའི་མཐར་ཨཱིཊ་རིང་པོ་སྦྱར་ནས། རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་ཏེ། མདོ་འདིས་དང་པོར་ཨཊ་བཞག་ཅིང་། དི་སྔར་བཞིན་དུ་བྱས་པས། ཨ་ཡཱཀྵཱིཏ(དེ་རིང་ལྷ་མཐོང་)། ཨ་པཱཀྵཱིཏ་ཅེས་པ་དང་། ཀྲྀ་བྱེད་པ་དང་། ཧྲྀ་འཕྲོག་པའི་བྱིངས་ལ། ཀྲྀ་ཡཱ་ཏི་པཏྟིའི་སྱཏ་ བྱིན་ནས། ཨཱ་བདུན་པར། ཧ་ན་དང་རྀཏ་མཐའ་རྣམས་ཀྱི་ཞེས་པས་བྱིངས་མཐར་ཨིཊ་བྱིན་ ལ། རྀ་ཡིག་དག་སྔར་བཞིན་ཡོན་ཏན་བྱས་ཏེ་སྦྱར་ཞིང་། གཞན་སྔར་དང་འདྲ་བས། ཨ་ཀ་ རི་ཥྱ་ཏ(མ་བྱས)། ཨ་ཧ་རི་ཥྱཏ་(མ་ཕྲོགས། )ཅེས་པ་ལྟ་བུའོ། །དབྱངས་དང་པོ་རྣམས་ཀྱི་དང་པོའི་ འཕེལ་བའོ་ཞེས་པ་ནི་བྱིངས་དབྱངས་ཡིག་དང་པོར་ཡོད་པ་ཅན་རྣམས་ཧྱསྟ་ནཱི་ལ་སོགས་ པའི་རྐྱེན་དེ་རྣམས་ཕ་རོལ་ཏུ་ཡོད་པ་ལ། དང་པོའི་དབྱངས་གང་ཡིན་པ་དེ་འཕེལ་བ་ཉིད་དུ་ འགྱུར། ཞེས་པ་མདོ་སྔ་མ་ལས་དམིགས་བསལ་ཏེ། དཔེར་ན། ཨཱིཀྵ་ལྟ་བ་དང་། ཨཱིཧ་བྱ་བ་ དང་། ཨཱུཧ་རྟོགས་པའི་བྱིངས་རྣམས་ལ། ཧྱསྟ་ནཱིའི་དི་དང་། བར་དུ་བྱེད་པ་པོའི་དོན་ལ་ཨན་ བྱིན་ནས། མདོ་འདིས་དང་པོའི་དབྱངས་ཨི་ཡིག་དག་ཨཻ་དང་། ཨཱུ་ཡིག་ཨཽ་རུ་བསྒྱུར་ཞིང་། དི་ཡིག་སྔར་བཞིན་བྱས་པས། ཨཻཀྵཏ(བལྟས)། ཨཻཧ་ཏ། (བྱས་སོ། །) ཨཽ་ཧ་ཏ་(བརྟགས་སོ། །)ཅེས་པ་ དང་། བྱིངས་དེ་རྣམས་ལ་ཨ་དྱ་ཏ་ནཱིའི་ཏ་དང་། བར་དུ་སྔར་བཞིན་སི་ཙ་བྱིན་པའི་ཨི་དང་ཙ་ དབྱི་ཞིང་། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པའི་ཞེས་པས་བྱིངས་མཐར་ཨིཊ་བྱིན་ 6-1-433 ནས། རྒྱུ་མཚན་ལས་ས་ཡིག་རྣམས་ཥ་དང་། དང་པོའི་དབྱངས་རྣམས་འཕེལ་བར་བསྒྱུར་ཏེ། དི་ཡིག་སྔར་བཞིན་ཏ་རུ་གྱུར་པ། འདི་ཉིད་དུ་ཥ་དང་ཊ་སྡེ་ཞེས་པས་ཊ་རུ་བསྒྱུར་བས། ཨཻ་ ཀྵི ཥྚ། ཨཻ་ཧིཥྚ། ཨཽ་ཧིཥྚ་ཞེས་པ་དང་། བྱིངས་དེ་རྣམས་ལ། ཀྲི་ཡཱ་ཏི་པཏྟིའི་སྱཏ་དང་། བར་ དུ་སྔར་བཞིན་ཨིཊ་བྱིན་ནས། གཞན་རྣམས་སྔར་དང་འདྲ་བར་སྦྱར་བས། ཨཻ་ཀྵི་ཥྱ་ཏ། ཨཻ་ ཧ་ཥྱཏ། ཨཽ་ཧི་ཥྱཏ་ཅེས་པ་ལྟ་བུའོ། །ཨའི་ཡི་གེའི་ཨཱ་ཡིག་གོ་ཞེས་པ་ནི་བྱིངས་རྣམས་ཀྱི་དང་ པོར་ཡོད་པའི་ཨའི་ཡི་གེ་གང་ཡིན་པ་དེ། ཧྱསྟ་ནཱི་ལ་སོགས་པའི་རྐྱེན་དེ་རྣམས་ཕ་རོལ་ཏུ་ ཡོད་པ་ལ། ཨཱ་ཡིག་ཉིད་དུ་འགྱུར་གྱི། ཨཻ་དང་ཨཽ་དག་ཏུ་མི་འགྱུར་ཞེས་པའང་སྔ་མ་དག་ལ་ དམིགས་བསལ་ཏེ། དཔེར་ན། ཨཊ་འགྲོ་བའི་བྱིངས་ལ་སྔར་བཞིན་ཧྱསྟ་ནཱིའི་དི་དང་བར་ དུ་ཨན་དང་། ཨ་དྱ་ཏ་ནཱིའི་དི་དང་། བར་དུ་ཨིཊ་དང་། བྱ་བ་ཤོར་བའི་སྱཏ་དང་། བར་དུ་ ཨིཊ་རྣམས་སྔ་མ་བཞིན་སྦྱིན་ནས། ས་ཡིག་ཥ་རུ་བསྒྱུར་བ་དང་། དི་ཡིག་སྔར་བཞིན་བྱས་ ལ། མདོ་འདིས་དང་པོའི་ཨ་ཡིག་ཨཱ་ཡིག་ཏུ་བསྒྱུར་བས་རིམ་པ་བཞིན། ཨཱཊ་ཏ། (ཁར་སང་བྱིན་ ནོ། །) ཨཱཊི་ཏ། ཨཱ་ཊི་ཥྱཏ་ཅེས་པ་ལྟ་བུའོ། །ཨསྟིའོ་ཞེས་པ་ནི་ཨས་ཡོད་པའི་བྱིངས་འདིའི་ཨ་ ཡིག་གང་ཡིན་པ་དེ་ཧྱ་སྟ་ནཱིའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཨཱ་ཡིག་ཏུ་འགྱུར་གྱི། ཨཱ་དྱ་ཏ་ནཱི་དང་ ཀྲི་ཡཱ་ཏི་པཏྟི་དག་ལ་ནི་མ་ཡིན་ཏེ། དེ་དག་ཕ་རོལ་ཏུ་བྱས་པའི་ཡུལ་ལ་ཨའི་ཡི་གེ་མི་སྲིད་ པའི་ཕྱིར་རོ། །དཔེར་ན། ཨས་ལ་ཧྱསྟ་ནཱིའི་ཏཱཾ་དང་། ཨན་བྱིན་ནས་མདོ་འདིས་ཨཱ་རིང་པོར་ བསྒྱུར་བས། ཨཱསྟཾ། (ཁར་སང་ཡོད་དོ། །) ཨཱ་སན་ཞེས་པ་ལྟ་བུ་སྟེ། ཨཱ་བཞི་པར། ཨསྟིའི་དང་པོའོ་ ཞེས་པ་ཨ་ཡིག་འཕྱིད་པར་གསུངས་པ་ལས་དམིགས་བསལ་ལོ། ། དྲུག་པ་བྱིངས་ཀྱི་ཁྱད་པར་དག་ལ་ཨ་ཡིག་ཨཱ་ག་མ་འཇུག་པ་དང་མི་འཇུག་པའི་ཚུལ་ ནི། ཨེ་ཏིའི་ཡ་ལའོ་ཞེས་པ་ནི་ཨིཎ་འགྲོ་བའི་བྱིངས་འདི་ཧྱསྟ་ནཱིའི་རྐྱེན་ཕ་རོལ་ལ་ཡ་ཡིག་ ཏུ་གྱུར་པ་ན། དེའི་དང་པོར་ཨ་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཨིཎའི་ཎ་རྗེས་ 6-1-434 འབྲེལ་ཕྱིས་པ་ལ། ཧྱསྟ་ནཱིའི་ཨ་ན་བྱིན་ནས། ཨཱ་བཞི་པར། ཨིཎའི་འང་ངོ་ཞེས་པས་ཨི་ཡིག་ ཡ་རུ་གྱུར་པའི་དང་པོར། མདོ་འདིས་ཨཱ་ཡིག་ཨཱ་ག་མ་མ་བྱིན་པས། ཨཱ་ཡན་(ཁར་སང་སོང་)ཞེས་ པ་ལྟ་བུའོ། །ཧྱསྟ་ནཱིའི་རྐྱེན་ཕ་རོལ་ཏུ་ཡོད་ཀྱང་ཨི་ཡིག་ཡ་རུ་མི་འགྱུར་ན། དེའི་དང་པོར་ ཨཱ་ཡིག་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨི་ལ་ཧྱསྟ་ནཱིའི་ཏཱཾ་བྱིན་ནས། འདི་ཉིད་དུ་ དབྱངས་དང་པོ་རྣམས་ཀྱི་ཞེས་པས། ཨི་ཡིག་འཕེལ་བར་བྱས་པས་ཨཻ་ཏཱ་མ་ཞེས་པ་ལྟ་བུའོ། ། མཱ་དང་མཱསྨ་སྦྱོར་བ་ལ་མ་ཡིན་ནོ་ཞེས་པ་ནི་མཱའི་སྒྲ་དང་། མཱསྨའི་སྒྲ་སྦྱོར་བའི་བྱིངས་དེ་དག་ ལ་ཡང་དང་པོར་ཨཱ་ཡིག་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། མཱའི་སྒྲ་དང་སྦྱོར་བ་བྷ་ ཝཱན་སྔ་མ་ཅན་གྱི་པ་ཙ་དང་། མཱསྨའི་སྒྲ་དང་སྦྱོར་བའི་པཙ་འཚེད་པའི་བྱིངས་ལ། ཨ་དྱ་ཏ་ ནཱིའི་དི་དང་བར་དུ་སྔར་བཞིན་སི་ཙ་བྱིན་ནས། དེའི་ཨི་དང་ཙ་དབྱི་ཞིང་། ཨཱ་དྲུག་པར། ཙ་ སྡེའི་འདྲ་བའི་ཡི་གེ་མ་ཡིན་པ་ཞེས་པས་ཙ་ཡིག་ཀ་དང་། ཨའི་འང་རིང་པོའོ་ཞེས་པས་པའི་ དབྱངས་རིང་པོར་བསྒྱུར་ལ། སི་ཙ་ལས་སོ་ཞེས་པས་སའི་མཐར་ཨཱི་རིང་པོ་བྱིན་ཏེ། དི་དང་ ས་ཡིག་སྔར་བཞིན་བྱས་པས། མཱ་བྷ་ཝཱན་པཱཀྵཱིཏ། (ཁྱོད་ཀྱིས་དེ་རིང་བཙོས་པ་མེད། )མཱསྨ་པཱཀྵཱིཏ་(བཙོས་ ཚར་བ་མེད། )ཅེས་པ་ལྟ་བུའོ། ། བདུན་པ་རྐྱེན་གྱི་དྷ་ཡིག་དང་བྱིངས་ཀྱི་མརྫ་དང་ཥ་དང་ཎ་ཡིག་གཞན་དུ་འགྱུར་ཚུལ་ ནི། ནཱ་མི་མཐའི་བྱིངས་ལས་ཨཱ་ཤཱིཥ་ཨ་དྱ་ཏ་ནཱི་པ་རོ྅ཀྵཱ་རྣམས་ལ་དྷའི་ཌྷའོ་ཞེས་པ་ནི་ནཱ་མི་ མཐའ་ཅན་གྱི་བྱིངས་ལས་ཕ་རོལ་ཏུ་ཨཱ་ཤཱིཥ་དང་ཨ་དྱ་ཏ་ནཱི་དང་པ་རོ྅ཀྵཱའི་རྐྱེན་རྣམས་ཡོད་ པ་ལ་རྐྱེན་གྱི་དྷ་ཡིག་གང་ཡིན་པ་དེ་ཌྷ་ཉིད་དུ་འགྱུར་ཏེ། དཔེར་ན། ཙིཉ་སོག་པ་དང་། ཥྚུཉ་ བསྟོད་པ་དང་། ཀྲྀཉ་བྱེད་པའི་བྱིངས་རྣམས་ཀྱི་ཉ་རྗེས་འབྲེལ་ཕྱིས་པ་ལ། ཨཱ་ཤཱི་ཥའི་སཱི་དྷྭ་མ་ བྱིན་ནས། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་། ཞེས་པས་ཙི་དང་ཥྚུའི་དབྱངས་ཡོན་ཏན་ བྱ་ཞིང་། རྀཏ་མཐའ་རྣམས་ཀྱི་འང་ངོ་ཞེས་པས་ཀྲྀ་ལ་ཡོན་ཏན་མི་འབྱུང་ལ། འདི་ཉིད་དུ། 6-1-435 བྱིངས་ཀྱི་དང་པོ་ཥའི་ཞེས་པས་ཥྚོའི་ཥ་ཡིག་ས་དང་། པ་རི་བྷཱ་ཥར་རྒྱུ་མཚན་ཅན་ཡང་ཞེས་ པས་ཊའང་ཏ་དང་། རྒྱུ་མཚན་ལས་རྐྱེན་གྱི་ས་ཡིག་་དང་། མདོ་འདིས་རྐྱེན་གྱི་དྷ་ཡིག་རྣམས་ ཌྷ་རུ་བསྒྱུར་བས། ཙེ་ཥཱི་ཌྷྭཾ། (བསོག་པར་སྨོན་ནོ། །) སྟོཥཱི་ཌྷྭཾ། ཀྲྀ་ཥཱིཌྷྭཾ་(སོགས། )ཞེས་པ་དང་། བྱིངས་དེ་ རྣམས་ལ་ཨ་དྱ་ཏ་ནིའི་དྷྭ་མ་བྱིན་ནས། གཞན་སྔར་དང་འདྲ་བ་ལས་བྱིངས་ཀྱི་དང་པོར་ཨཊ་ བཞག་པས། ཨ་ཙེ་ཌྷྭཾ། ཨ་སྟོ་ཌྷྭཾ། ཨ་ཀྲྀ་ཌྷྭཾ་ཞེས་པ་དང་། བྱིངས་དེ་རྣམས་ལ་པ་རོ྅ཀྵཱའི་དྷྭེ་ བྱིན་ནས། ཨཱ་གཉིས་པར། ཙན་པ་རོ྅ཀྵཱ་ཞེས་པས་བྱིངས་གཉིས་སུ་བཞག་སྟེ། ཁྱད་པར་ སྔར་བཞིན། ཥྚུའི་ཥ་ཡིག་ས་དང་། ཊ་ཡིག་ཏ་རུ་བསྒྱུར་བ་གཉིས་སུ་བཞག་ཅིང་། ཤིཊ་ལས་ ཕ་རོལ་གྱིས་སྒྲ་མེད་པ་ཞེས་པས་སྔ་མའི་ཏ་ཡིག་ལྷག་མར་བྱས་ལ། སྟུ་ཕྱི་མའི་ས་ཡིག་རྣམ་ འགྱུར་ལ་གནས་པ་ཥ་ཡིག་དང་། ཥ་དང་ཊ་སྡེ་ལས་ཞེས་པས་ཏ་ཡིག་ཊ་རུ་བསྒྱུར་ཏེ། ཨཱ་ བདུན་པར། སྲྀ་བྷྲྀ། བྲྀ་ཞེས་སོགས་ཀྱི་ངེས་པས་ཥྚུ་དང་ཀྲྀ་ཕྱི་མའི་མཐར་ཨིཊ་མི་འབྱུང་ཞིང་། ཙི་ཕྱི་མའི་མཐར་ཨིཊ་བྱིན་ནས། ཨཱ་བཞི་པར། སྔ་མའི་བརྩེགས་པ་མ་ཡིན་པ་ཞེས་པས་ ཙིའི་དབྱངས་ཡ་རུ་བསྒྱུར་བ་དང་སྦྱར་ལ། ཨཱ་གསུམ་པར། ཀ་སྡེའི་ཙ་སྡེའོ་ཞེས་པས་ཀྲྀ་སྔ་ མའི་ཀ་ཡིག་ཙ་དང་། རྀ་ཡིག་གི་ཞེས་པས་དེའི་དབྱངས་ཨ་ཡིག་ཏུ་བསྒྱུར་ཏེ། སྔར་བཞིན་དྷ་ ཡིག་ཌྷ་རུ་བསྒྱུར་བས། ཙི་ཙྱི་ཌྷྭེ། (བསགས་སོ། །)ཏུཥྚུ་ཌྷྭེ། ཙ་ཀྲྀ་ཌྷྭེ་ཞེས་པ་ལྟ་བུའོ། །ན་མི་མཐའི་ བྱིངས་མ་ཡིན་ན་ནི་རྐྱེན་དེ་རྣམས་ཀྱི་དྷ་ཡིག་ཌྷ་རུ་མི་འགྱུར་ཏེ། དཔེར་ན། པ་ཙ་ལ་ཨཱ་ཤཱིཥའི་ སཱི་དྷྭཾ་བྱིན་ནས། ཨཱ་དྲུག་པར། ཙ་སྡེ་འདྲ་བའི་ཡི་གེ་མ་ཡིན་པ་ཞེས་པས་ཙ་ཡིག་ཀ་དང་། སྔར་ བཞིན་ས་ཡིག་ཥ་རུ་བསྒྱུར་བས་པཀྵཱི་དྷྭཾ་ཞེས་པ་ལྟ་བུའོ། །ནཱ་མི་མཐའ་ཅན་གྱི་བྱིངས་ཡིན་ ཡང་། ཨཱ་ཤཱིཥ་ལ་སོགས་པའི་རྐྱེན་དེ་རྣམས་མ་ཡིན་ནའང་དྷ་ཡིག་ཌྷ་རུ་མི་འགྱུར་ཏེ། དཔེར་ ན། ཥྚུ་བསྟོད་པའི་བྱིངས་ལ་བརྟ་མཱ་ནཱའི་དྷྭེ་བྱིན་ནས། སྔར་བཞིན་ཥ་ཡིག་ས་དང་། ཊ་ཡིག་ ཏ་རུ་བསྒྱུར་བས། སྟུ་དྷྭེ་(བསྟོད་དོ། །)ཞེས་པ་ལྟ་བུའོ། །མརྫའི་མཱརྫིའོ་ཞེས་པ་ནི་མྲྀ་ཛཱུཥ་དག་པའི་ 6-1-436 བྱིངས་ཡོན་ཏན་བྱས་ནས་མརྫིའི་གཟུགས་སུ་གནས་པ་དེ་མཱ་རྫི་རུ་བསྒྱུར་ཏེ། དཔེར་ན། མྲ ཛཱུཥའི་ཨཱུ་དང་ཥ་རྗེས་འབྲེལ་ཕྱིས་པ་ལ། ཤྭསྟ་ནཱིའི་ཏཱ་དང་། བྷ་ཝི་ཥྱནྟའི་སྱ་ཏི་བྱིན་ནས། ཨཱ་ ལྔ་པར། ཨུ་པ་དྷཱ་ནཱ་མི་ཞེས་པས་རྀ་ཡིག་ཡོན་ཏན་བྱས་ཏེ་མརྫ་ཞེས་གནས་པ་མདོ་འདིས་ མཱརྫི་རུ་བསྒྱུར་བའི་ཨི་ཡིག་བརྗོད་དོན་དབྱི་ཞིང་། ཨཱ་དྲུག་པར། བྷྲྀ་ཛ་སོགས་རྣམས་ཀྱི་ཞེས་ པས་ཛ་ཡིག་ཥ་དང་། འདི་ཉིད་དུ་ཥ་ཌྷ་དག་གི་ཞེས་པས་སྱ་ཕ་རོལ་ལ་ཥ་ཡིག་ཀ་དང་། ཥ་དང་ ཊ་སྡེ་ལས་ཞེས་པས་རྐྱེན་གྱི་ཏཱ་ཡིག་ཊཱ་དང་། ས་ཡིག་སྔར་བཞིན་ཥ་རུ་བསྒྱུར་བས། མཱཪྵྚཱ(སང་ དག་གོ)། མཱརྐྵྱཏི་(དག་པར་འགྱུར་རོ། །)ཞེས་པ་ལྟ་བུའོ། །མྲྀ་ཛ་མཪྫ་རུ་མ་བསྒྱུར་ན་ནི་མཱཪྫི་མི་འགྱུར་ ཏེ། དཔེར་ན། མྲྀ་ཛ་ལ་བརྟ་མཱ་ནཱའི་ཏས་བྱིན་ནས། ཨཱ་ལྔ་པར། གཉིས་ཉིད་དང་མང་པོ་ཉིད་ ལའང་པ་ར་སྨཻ་ལ་ཞེས་པས་རྀ་ཡིག་ཡོན་ཏན་དུ་མི་འགྱུར་ཞིང་། སྔར་བཞིན་ཛ་ཡིག་ཥ་དང་། ཥ་དང་ཊ་སྡེ་ལས་ཞེས་པས་ཏ་ཡིག་ཊ་རུ་བསྒྱུར་བས། མྲྀཥྚཿ(དག་པ་དག) ཞེས་པ་ལྟ་བུའོ། ། བྱིངས་ཀྱི་དང་པོའི་ཥའི་སའོ་ཞེས་པ་ནི་བྱིངས་རྣམས་ཀྱི་དང་པོར་ཡོད་པའི་ཥ་ཡིག་གང་ཡིན་ པ་དེ་ས་ཉིད་དུ་འགྱུར་ཏེ། དཔེར་ན། ཥཧ་བཟོད་པའི་བྱིངས་ལ་བརྟ་མཱ་ནཱའི་ཏི་དང་། བར་ དུ་ཨན་བྱིན་ནས་མདོ་འདིས་ཥ་ཡིག་ས་རུ་བསྒྱུར་བས། ས་ཧ་ཏི་(བཟོད་པར་བྱེད། ) ཞེས་པ་ལྟ་ བུའོ། །བྱིངས་མ་ཡིན་ན་ནི་དང་པོར་ཡོད་པའི་ཥ་ཡིག་ས་རུ་མི་འགྱུར་ཏེ། དཔེར་ན། ཥ་ཌ་ལ་ གསུམ་པའི་མང་ཚིག་བྷིས་བྱིན་ནས། ཥ་ཡིག་ས་རུ་མ་གྱུར་པས། ཥཌྦྷིཿ (དྲུག་རྣམས་ཀྱིས། )ཞེས་ པ་ལྟ་བུའོ། །བྱིངས་ཡིན་ཡང་མཐའི་ཥ་ཡིག་ནི་ས་རུ་མི་འགྱུར་ཏེ། དཔེར་ན། ལ་ཥ་མཛེས་ པའི་བྱིངས་ལ། ཤྭསྟ་ནཱིའི་ཏཱ་དང་། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པ་གསལ་བྱེད་ དང་པོ་ཅན་ཞེས་པས། བྱིངས་མཐར་ཨིཊ་ཨཱ་ག་མ་བྱིན་པས། ལ་ཥི་ཏཱ་(སང་མཛེས་སོ། །)ཞེས་པ་ ལྟ་བུའོ། །ཎའི་ནའོ་ཞེས་པ་ནི་བྱིངས་རྣམས་ཀྱི་དང་པོར་ཡོད་པའི་ཎ་ཡིག་དེ་ན་ཉིད་དུ་འགྱུར་ ཏེ། དཔེར་ན། ཎ་མ་འདུད་པ་དང་སྒྲ་དང་། ཎཱྀཉ་ཐོབ་པའི་བྱིངས་མཐའི་ཨ་བརྗོད་དོན་དང་ཉ་ 6-1-437 རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ཏི་དང་བར་དུ་ཨན་བྱིན་པ། ནཱ་མི་མཐའི་ཞེས་པས་ཎཱིའི་ དབྱངས་ཡོན་ཏན་བྱས་ཏེ། མཚམས་སྦྱར་ཞིང་། མདོ་འདིས་ཎ་ཡིག་ན་རུ་བསྒྱུར་བས། ན་མ་ ཏི(འདུད་པར་བྱེད)། ན་ཡ་ཏི་(ཐོབ་པར་བྱེད། )ཞེས་པ་ལྟ་བུའོ། །བྱིངས་ཡིན་ཡང་མཐའི་ཎ་ཡིག་ན་རུ་ མི་འགྱུར་ཏེ། དཔེར་ན། བྷཎ་སྒྲ་འི་བྱིངས་ལ་བརྟ་མཱ་ནཱའི་ཏི་དང་། བར་དུ་ཨན་བྱིན་པས། བྷ་ ཎ་ཏི་ཞེས་པ་ལྟ་བུའོ། ། བརྒྱད་པ་རྒྱུ་མཚན་ལས་རྐྱེན་སོགས་ཀྱི་ས་ཡིག་ཥ་རུ་བསྒྱུར་ཚུལ་ནི། རྒྱུ་མཚན་ལས་ རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་སའི་ཥ་ཉིད་དོ་ཞེས་པ་ནི་རྒྱུ་མཚན་ལས་ ཞེས་པ་ནཱ་མའི་ཡི་གེ་རྣམས་དང་། ཀ་དང་ར་ཡིག་རྣམས་ལས་ཕ་རོལ་གྱི་ས་ཡིག་རྐྱེན་ལ་ལས་ གནས་པ་དང་། རྣམ་འགྱུར་ལ་གནས་པ་དང་། ཨཱ་ག་མ་གནས་པ་རྣམས་ནི་ཥ་ཉིད་དུ་འགྱུར་ ཏེ། དཔེར་ན། རིམ་པ་བཞིན། ནཱ་མི་ལས་ནི་ཙི་ཉ་སོག་པ་དང་། ཧུ་སྦྱིན་པའི་བྱིངས་ཉ་རྗེས་ འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ཏི་དང་། སོག་པར་འདོད་དོ་སྦྱིན་པར་འདོད་དོའི་དོན་ལ་སན་ བྱིན་ནས། སྔར་བཞིན་བྱིངས་གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། ཧའི་ཛའོ་ཞེས་པས་ ཧ་སྔ་མ་ཛ་དང་། འདི་ཉིད་དུ་དབྱངས་མཐའ་རྣམས་ཀྱི་ཞེས་པས་ཕྱི་མ་དག་གི་དབྱངས་རིང་ པོ་དང་། མདོ་འདིས་ས་ཡིག་ཥ་རུ་བསྒྱུར་བས། ཙི་ཙཱི་ཥ་ཏི། ཛི་ཧཱུ་ཥ་ཏི་ཞེས་པ་ལྟ་བུའོ། །ཀ་ དང་ར་ལས་ནི། པ་ཙ་ལ་བྷ་ཝི་ཥྱནྟའི་སྱ་ཏི་དང་། ཀྲྀ་བྱེད་པའི་བྱིངས་ལ། ཏི་དང་བར་དུ་སྔར་ བཞིན་སན་བྱིན་ནས། ཨཱ་དྲུག་པར། ཙ་སྡེའི་འདྲ་བའི་ཡི་གེ་མ་ཡིན་པའི་ཞེས་པས་པ་ཙའི་ཙ་ ཡིག་ཀ་རུ་བསྒྱུར་ལ། ས་ན་མཐའ་ལ་སྔར་བཞིན་བྱིངས་ཀྱི་ཀྲྀ་ཡིག་གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། ཀ་སྡེའི་ཙ་སྡེ་ཞེས་པས་ཀྲྀ་སྔ་མའི་ཀ་ཡིག་ཙ་དང་། རྀ་ཡིག་གི་ཞེས་པས་དེའི་ དབྱངས་ཨ་དང་། སན་ལ་ཨའི་ཡི་གེ་ཞེས་པས་དེའང་ཨི་ཡིག་དང་། ཨཱ་ལྔ་པར། རཱྀཏ་མཐའི་ ཡོན་ཏན་མེད་པ་ལ་ཞེས་པས་ཀྲྀ་ཕྱི་མའི་རྀ་ཡིག་ཨིར་དང་། འདི་ཉིད་དུ། ནཱ་མི་ར་བདག་ 6-1-438 ལ་ཞེས་པས་དེའི་ཨིའང་རིང་པོ་དང་། མདོ་འདིས་ས་ཡིག་ཥ་རུ་བསྒྱུར་བས། བཀྵྱཏི(འཚེ་ བར་འགྱུར)། ཙི་ཀཱིཪྵ་ཏི་(འཚེ་བར་འདོད། ) ཞེས་པ་ལྟ་བུའོ། །དེ་དག་ནི་རྐྱེན་དང་གཞི་མཐུན་པའི་ དཔེར་བརྗོད་དོ། །རྣམ་འགྱུར་གྱི་ས་ཡིག་ནི། སི་ཙ་ཟག་པ་དང་། ཉི་སྭ་པ་ཉལ་བའི་བྱིངས་ཉ་ རྗེས་འབྲེལ་ཕྱིས་པ་ལ། པ་རོ྅ཀྵཱའི་ཨཊ་བྱིན་པའི་ཊ་ཁྱད་དོན་ཕྱིས་ནས། ཨུ་པ་དྷཱ་ནཱ་མི་ཞེས་ པས་སི་ཡོན་ཏན་བྱས་ལ། ཙཎ་པ་རོ྅ཀྵཱ་ཞེས་པས་དབྱངས་དག་གཉིས་སུ་བཞག་ཅིང་། ཨཱ་ བཞི་པར། ཨ་བྷྱཱ་སའི་པ་རོ྅ཀྵཱ་ལ་ཞེས་པས་སྭ་སྔ་མའི་ཝ་སླར་ཨུ་ཡིག་དང་། ཨཱ་དྲུག་པར། ཨིན་ཨི་ཙ་ཨཊ་རྣམས་ལ་ཞེས་པས་སྭ་ཕྱི་མའི་དབྱངས་རིང་པོར་བསྒྱུར་ཞིང་། སེ་ཕྱི་མ་འང་ མདོ་འདིས་འཕེལ་བ་ཐོབ་བམ་སྙམ་ན། ཡོན་ཏན་བྱས་པས་འཕེལ་བ་མི་འགྱུར་ལ། མདོ་ འདིས་ས་ཡིག་ཕྱི་མ་དག་ཥ་རུ་བསྒྱུར་བས། སེ་ཥེ་ཙ། (ཟགས་ལོ། །) སུ་ཥྭཱ་ཙ་(ཉལ་ལོ། །)ཞེས་པ་ལྟ་ བུའོ། །འདིར་རྣམ་འགྱུར་གྱི་དོན་ནི་བྱིངས་ལས་ས་ཡིག་རེ་རེ་ལས་མེད་པ་ལ་རྐྱེན་དང་ཕྲད་ པའི་ནུས་པ་ལས་ས་ཡིག་ཕྱི་མ་རྣམ་འགྱུར་ལས་བྱུང་བ་ཡིན་པས་སོ། །ཨཱ་ག་མའི་ས་ཡིག་ནི། པ་རྀ་སྔོན་མ་ཅན་གྱི་ཀྲྀ་ལ། ཤྭསྟ་ནཱིའི་ཏཱ་དང་། ཨཱ་བདུན་པར། སཾ་པ་རི་ཨུ་པ་རྣམས་ལ་ཞེས་ པས། པ་རིའི་མཐར་སུཊ་ཨཱ་ག་མ་བྱིན་པ། ཨུ་བརྗོད་དོན་དང་། ཊ་ཁྱད་དོན་ཕྱིས་པ་ལ། ཨཱ་ ལྔ་པར། ནཱ་མཱི་མཐའི་ཞེས་ཀྲྀའི་དབྱངས་ཡོན་ཏན་བྱ་ཞིང་། མདོ་འདིས་ས་ཡིག་ཥ་རུ་བསྒྱུར་ བས། པ་རིཥྐརྟཱ་ཞེས་པ་ལྟ་བུའོ། །རྒྱུ་མཚན་གྱི་མིང་ཅན་རྣམས་སྔ་མ་ན་མེད་ཅིང་། རྐྱེན་དང་ རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པ་མ་ཡིན་པའི་ས་ཡིག་ནི་ཥ་ཉིད་དུ་མི་འགྱུར་ཏེ། དཔེར་ ན། དཱ་སུ་ཉེ་བར་འཇོག་པའི་བྱིངས་ལ་སྔར་བཞིན་ཏི་དང་། ཨཱ་གཉིས་པར། དི་བ་སོགས་ ལས་ཞེས་པས་བར་དུ་ཨན་བྱིན་ནས་ན་རྗེས་འབྲེལ་ཕྱིས་ཏེ་སྦྱར་བས། དཱསྱ་ཏི་ཞེས་པ་ལྟ་ བུའོ། །ཤཱ་སི་བ་སི་གྷ་སི་རྣམས་ཀྱི་འང་ངོ་ཞེས་པ་ནི་ཤཱ་སུ་རྗེས་སུ་སྟོན་པ་དང་། བ་སི་རྗེས་སུ་ གནས་པ་དང་། ཨད་ཟ་བའི་བྱིངས་གྷསླྀ་རུ་བསྒྱུར་བ་འདི་རྣམས་ཀྱི་རྒྱུ་མཚན་ལས་ཕ་རོལ་ 6-1-439 གྱི་ས་ཡིག་རྣམས་ཀྱང་ཥ་ཉིད་དུ་འགྱུར་ཏེ། དཔེར་ན། བྱིངས་དེ་དག་གི་སྔ་མ་གཉིས་ཀྱི་ཨུ་ དང་ཨི་རྗེས་འབྲེལ་ཕྱིས་པ་ལ། བརྟ་མཱ་ནཱའི་ཏེ་དང་། བྱིངས་ཐམས་ཅད་པ་ལ་ཞེས་པས་བར་ དུ་ཡཎ་བྱིན་ནས། ཨཱ་བཞི་པར། ཤཱ་སིའི་ཨུ་པ་དྷཱའི་ཨཎ་དང་གསལ་བྱེད་དག་ལ་ཞེས་པས། ཤཱས་ཀྱི་དབྱངས་ཨི་དང་སྭ་པི་ཝ་ཙི་ཞེས་པས་བས་ཀྱི་བ་ཨུ་དང་། མདོ་འདིས་ནཱ་མི་མཐའི་ས་ ཡིག་ཥ་རུ་བསྒྱུར་བས། ཤི་ཥྱ་ཏེ(སློབ་པར་བྱེད)། ཨུ་ཥྱ་ཏེ་(གནས་པར་བྱེད། )ཞེས་པ་དང་། ཨད་ལ་ པ་རོ྅ཀྵཱའི་ཨ་ཏུས་དང་། ཨུས་བྱིན་ནས། པ་རོ྅ཀྵཱ་ལ་ཡང་ནའོ་ཞེས་པས་ཨད་ཡིག་བྷསླྀ་ རུ་བསྒྱུར་བའི་ཨི་རྗེས་འབྲེལ་ཕྱིས་པ་སྔར་བཞིན་གཉིས་སུ་གཞག་སྟེ་དང་པོ་ལྷག་མར་བྱས་ ལ། ཨཱ་གསུམ་པར། གཉིས་པ་བཞི་པ་ཞེས་པས་གྷ་ཡིག་སྔ་མ་ག་དང་། ཀ་སྡེའི་ཙ་སྡེའོ་ཞེས་ པས་དེའང་ཛ་རུ་བསྒྱུར་ཞིང་། ཨཱ་དྲུག་པར། གམ་ཧན་ཛན་ཥན་གྷས་ཞེས་པས་ཕྱི་མའི་ཨུ་པ་ དྷཱའི་དབྱངས་ཕྱིས་པ་ན། འདི་ཉིད་དུ་ཤིཊ་མ་ཡིན་པ་རྣམས་ཀྱི་ཞེས་པས་གྷ་ཕྱི་མའི་ཀ་དང་། མདོ་འདིས་ཀ་མཐའི་ས་ཡིག་ཥ་རུ་བསྒྱུར་བས། ཛཀྵ་ཏུཿ(ཟོས་ལོ། །) ཛཀྵུཿ(ཟོས་ལོ། །) ཞེས་པ་ ལྟ་བུའོ། །སྟཽ་ཏི་ཨན་མཐའི་དག་ཁོ་ནའི་ཥན་ལའོ་ཞེས་པ་ནི་སྟཽ་ཏི་ཞེས་པས་ཥྚུ་བསྟོད་པའི་ བྱིངས་དང་། ཨིན་གྱིས་མཐའ་ཅན་གྱི་བྱིངས་དག་ཁོ་ནའི་ས་ཡིག་ཀྱང་། ཥ་ཎ་ཏེ་སན་གྱི་ས་ ཡིག་ཥ་རུ་བསྒྱུར་བ་ཕ་རོལ་ཏུ་ཡོད་པ་ལ་ཥ་རུ་འགྱུར་ཏེ། དཔེར་ན། ཥྚུ་ལ་སན་བྱིན་པའི་ན་ ཁྱད་དོན་དབྱི་ཞིང་། འདི་ཉིད་དུ་བྱིངས་ཀྱི་དང་པོ་ཞེས་པས་ཥ་ཡིག་ས་དང་སྔར་བཞིན་ཊ་ ཡིག་ཏ་རུ་བསྒྱུར་ནས། ཙཎ་པ་རོ྅ཀྵཱ་ཞེས་པས་གཉིས་སུ་བཞག་ཅིང་། འདི་ཉིད་དུ་ཤིཊ་ ལས་ཕ་རོལ་གྱི་ཞེས་པས་སྟུ་སྔ་མའི་ས་ཕྱིས་ལ། དབྱངས་མཐའ་རྣམས་ཀྱི་སན་ལ་ཞེས་པས་ སྟུ་ཕྱི་མའི་དབྱངས་རིང་པོ་དང་། རྒྱུ་མཚན་ལས་སན་གྱི་ས་ཡིག་ཥ་དང་། མདོ་འདིས་སྟཱུའི་ས་ ཡིག་ཥ་དང་། ཥ་དང་ཊ་སྡེ་ལས་ཞེས་པས་སྟུའི་ཏའང་ཊ་རུ་བསྒྱུར་ཏེ། མཐར་བརྟ་མ་ནའི་ཏི་ བྱིན་པས། རུཥྚཱུཥ་ཏི་(བསྟོད་པར་འདོད་དོ། །)ཞེས་པ་དང་། སྭཔ་ཉལ་བ་དང་། སིཙ་འཛག་པའི་ 6-1-440 བྱིངས་ལ། ཨཱ་གཉིས་པར། རྒྱུ་ལའོ་ཞེས་པས་ཨིན་དང་། ཉལ་བར་འདོད་དོ་འཇིག་པར་ འདོད་དོའི་དོན་ལ་སན་དང་། ཨཱ་བདུན་པར། བྱིངས་ཐམས་ཅད་པ་མིན་པའི་ཞེས་པས་ཨིན་ མཐར་ཨིཊ་བྱིན་ནས། སྔར་བཞིན་བྱིངས་དག་གཉིས་སུ་བཞག་སྟེ་གསལ་བྱེད་དང་པོ་ལྷག་ མ་བྱས་ལ། ཨཱ་བཞི་པར། སྭ་པི་དག་གི་ཨཱ་བྷྱཱ་སའི་ཞེས་པས་སྭ་སྔ་མའི་ཝ་ཡིག་ཨུ་དང་། ཨཱ་ དྲུག་པར། ཨིན་ཨི་ཙ་ཞེས་པས་སྭ་ཕྱི་མའི་དབྱངས་རིང་པོར་བསྒྱུར་ཞིང་། ཨཱ་ལྔ་པར། ཨུ་པ་ དྷཱ་ནཱ་མི་ཞེས་པས་སི་ཕྱི་མ་ཡོན་ཏན་བྱས་ཏེ། ནཱ་མི་མཐའི་ཞེས་པས་ཨིན་ཡང་ཡོན་ཏན་བྱས་ ནས་མཚམས་སྦྱར་ལ། སྔོན་བཞིན་སན་གྱི་ས་ཡིག་ཥ་དང་མདོ་འདིས། སྭ་དང་སི་ཕྱི་མའི་ ས་ཡིག་ཀྱང་ཥ་རུ་བསྒྱུར་ཏེ་མཐར་ཏི་བྱིན་པས། སུ་ཥྭ་པ་ཡི་ཥ་ཏི། (ཉལ་དུ་འཇུག་པར་འདོད་དོ། །) སི་ ཥེ་ཙ་ཡི་ཥ་ཏི་(ཟག་ཏུ་འཇུག་པར་འདོད་དོ། །)ཞེས་པ་ལྟ་བུའོ། །ཁོ་ནའི་ངེས་བཟུང་གིས། སྟཽ་ཏི་དང་། ཨན་མཐའི་ཅན་དག་མ་ཡིན་པའི་ས་ཡིག་ནི། སན་གྱི་ས་ཡིག་ཥ་རུ་བསྒྱུར་བ་ཕ་རོལ་ཏུ་ཡོད་ ཀྱང་ཥ་ཡིག་ཏུ་མི་འགྱུར་ཏེ། དཔེར་ན། ཥུཉ་དབང་བསྐུར་བ་དང་། སི་ཙ་འཛག་པའི་བྱིངས་ ཉ་རྗེས་འབྲེལ་ཕྱིས་པ་ལ། དབང་བསྐུར་བར་འདོད་དོ་འཛག་པར་འདོད་དོའི་དོན་ལ་སན་ བྱིན་ནས། བྱིངས་ཀྱི་དང་པོའི་ཞེས་པས་ཥུའི་ཥ་ཡིག་ས་རུ་བསྒྱུར་ཞིང་། སྔར་བཞིན་བྱིངས་ དག་གཉིས་སུ་བཞག་སྟེ། དབྱངས་མཐའ་རྣམས་ཀྱི་ཞེས་པས་སུ་ཕྱི་མའི་དབྱངས་རིང་པོ་དང་། ཨཱ་དྲུག་པར། ཙ་སྡེའི་ཞེས་པས་སི་ཙའི་ཙ་ཡིག་ཀ་དང་། རྒྱུ་མཚན་ལས། སན་གྱིས་ས་ཡིག་ ཥ་རུ་བསྒྱུར་ནས། མཐར་ཏི་བྱིན་པས། སུ་སཱུ་ཥ་ཏི། (དབང་བསྐུར་བར་འདོད་དོ། །) སི་སཱིཀྵ་ཏི་(འཛག་ པར་འདོད་དོ། །)ཞེས་པ་ལྟ་བུའོ། ། དགུ་པ་རྐྱེན་གྱི་བྱ་བ་བཀག་སྟེ། དབྱངས་ཀྱི་ཆོ་ག་བསྟན་ནས་རྗེས་འབྲེལ་རྣམས་ འཕྱིད་ཚུལ་ནི། འཇིག་གོའི་ཕྱིས་པ་ལ་རྐྱེན་གྱི་བྱ་བ་མ་ཡིན་ནོ་ཞེས་པ་ནི་འཇིག་གོའི་སྒྲས་ གང་ཕྱིས་པ་དེ་ལ། རྐྱེན་གྱི་མཚན་ཉིད་ཀྱིས་རང་བཞིན་ལ་བྱ་བ་ཐོབ་པ་རྣམས་ཀྱང་། ཕྱིས་ 6-1-441 པའི་རྒྱུ་མཚན་གྱི་བྱེད་པར་འགྱུར་བ་མ་ཡིན་པར་དང་པོའི་རང་གཟུགས་དེ་བཞིན་དུ་གནས་ ཏེ། དཔེར་ན། དུཧ་འཇོ་བའི་བྱིངས་ལ་བརྟ་མཱ་ནའི་ཏས་དང་ཨན་ཏི་བྱིན་ནས། བར་དུ་བྱེད་ པ་པོའི་དོན་ལ་ཨན་བྱིན་པ་ན། ཨཱ་བཞི་པར། ཨད་སོགས་ལས་བི་ཀ་ར་ཎའི་ཞེས་པས་དབྱི་ ཞིང་། ཨཱ་དྲུག་པར། ད་དང་པོའི་ཞེས་པས་ཧ་ཡིག་གྷ་རུ་བསྒྱུར་བ་ན། འདི་ཉིད་དུ་གྷ་ཌྷ་དྷ་བྷ་ རྣམས་ལས་ཞེས་པས་ཏས་ཀྱི་ཏ་ཡིག་དྷ་དང་། དྷུཊ་རྣམས་ཀྱི་བཞི་པ་ཞེས་པས་གྷ་ཡིག་ཀྱང་ ག་རུ་བསྒྱུར་ཏེ། ཨཱ་ལྔ་པར། བི་ཀ་ར་ཎ་ལ་ཨན་ཉིད་ལའོ་ཞེས་པས། རྐྱེན་གྱི་བྱ་བ་དུ་ཧའི་ཨུ་ ཡིག་ཡོན་ཏན་དུ་ཐོབ་ནའང་ཨན་ཕྱིས་པས་ཡོན་ཏན་མི་བྱེད་པར། དུགྦྷཿ (འཇོ་བ་དག)དུ་ཧནྟི་ (འཇོ་བ་རྣམས། ) ཞེས་པ་ལྟ་བུའོ། །གཉིས་པ་བརྗོད་པའི་རྒྱུ་མཚན་དབྱངས་ལ་གཉིས་བརྗོད་པ་ བྱས་པ་ན་དབྱངས་ཀྱི་ཆོ་གའོ་ཞེས་པས་བྱིངས་རྣམས་ལན་གཉིས་བརྗོད་པའི་རྒྱུ་མཚན་དུ་ གྱུར་པ་ནི། དབྱངས་དང་པོ་ཅན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། སྔར་བྱིངས་ལན་གཉིས་སུ་ བརྗོད་པ་བྱས་པ་ན། ཕྱིས་དབྱངས་ཀྱི་བྱ་བ་གང་ཐོབ་པ་དེ་བྱ་བར་འགྱུར་ཏེ། དཔེར་ན། པཱ་ འཐུང་བ་དང་། གམླྀ་འགྲོ་བའི་བྱིངས་ལྀ་རྗེས་འབྲེལ་ཕྱིས་པ་ལ། པ་རོ྅ཀྵཱའི་ཨ་ཏུས་དང་ ཨུས་བྱིན་ནས། ཨཱ་གསུམ་པར། ཙཎ་པ་རོ྅ཀྵཱ་ཞེས་པས་བྱིངས་དག་གཉིས་སུ་བཞག་ཅིང་། མདོ་འདིས་དབྱངས་ཀྱི་ཆོ་ག་ཨཱ་བཞི་པར་བྱིངས་ཐམས་ཅད་མ་ཡིན་པ་ལ་ཞེས་པས་པཱ་ཕྱི་ མའི་ཨཱ་དང་། ཨཱ་དྲུག་པར། གམ་ཧན་ཛན་ཁན་གྷས་ཞེས་པས། གམ་ཕྱི་མའི་ཨུ་པ་དྷཱ་ཕྱིས་ ཏེ་སྦྱར་ནས། ཨཱ་གསུམ་པར། ཐུང་ངུའོ་ཞེས་པས་པཱ་སྔ་མ་ཐུང་ངུ་དང་། ཀ་སྡེའི་ཙ་སྡེའོ་ཞེས་ པས་ག་སྔ་མ་ཛ་རུ་བསྒྱུར་བས། པ་པ་ཏུཿ(འབྱུང་བ་དག) པ་པུཿ (འཐུང་བ་རྣམས། )ཛགྨ་ཏུཿ(འགྲོ་བ་ དག) ཛགྨུཿ(འགྲོ་བ་རྣམས་)ཞེས་པ་ལྟ་བུའོ། །རྐྱེན་སྤྱིའི་བྱ་བ་ཐོབ་པ་ལ་ནི་དབྱངས་ཀྱི་ཆོ་གར་མི་ འགྱུར་ཏེ། དཔེར་ན། ཨཱང་སྔོན་མ་ཅན་གྱི་པྱཱ་ཡཱི་འཕེལ་བའི་བྱིངས་ཨཱི་རྗེས་འབྲེལ་ཕྱིས་པ་ ལ། པ་རོ྅ཀྵཱའི་ཨེ་བྱིན་ནས། ཨཱ་བཞི་པར། པྱཱ་ཡའི་པ་རོ྅ཀྵཱ་ཞེས་པས་པྱཱ་ཡ་ནི་པཱི་རུ་བསྒྱུར་ 6-1-442 བ་སྔར་བཞིན་གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། ཐུང་ངུ་ཞེས་པས། པཱི་སྔ་མ་ཐུང་ངུ་ དང་། ཨཱ་བཞི་པར། སྔ་མ་བརྩེགས་པ་མ་ཡིན་པའི་ཞེས་པས་མཱི་ཕྱི་མའི་དབྱངས་ཡ་རུ་བསྒྱུར་ བས། ཨཱ་པི་པྱེ་(འཕེལ་ལོ། །)ཞེས་པ་ལྟ་བུའོ། །རྐྱེན་གྱི་ཨེ་དབྱངས་ཡིག་ཡིན་པས་དབྱངས་ཀྱི་ ཆོ་གར་མི་འགྱུར་རམ་སྙམ་ན། པ་རོ྅ཀྵཱའི་རྐྱེན་སྤྱི་ལ་བྱ་བ་ཐོབ་པ་ནི་དབྱངས་ཁོ་ནའི་བྱ་བ་ མི་འགྱུར་རོ། །གང་རྗེས་སུ་འབྲེལ་པ་མི་སྦྱོར་རོ་ཞེས་པ་བྱིངས་རྣམས་ཀྱི་ཐོག་མཐའི་ཡི་གེས་ རྐྱེན་རྣམས་ཀྱི་འཇུག་ཚུལ་དང་། བྱིངས་སོ་སོའི་ཁྱད་པར་རྟོགས་པར་བྱེད་པ་ཌུཀྲྀཉའི་ཌུ་དང་ ཉ་ཡིག་ལྟ་བུ་གང་ཡིན་པ་དེ་རྣམས་ནི་རྗེས་སུ་འབྲེལ་པའི་མིང་ཅན་ཏེ། སྔོན་གྱི་སློབ་དཔོན་ རྣམས་ཀྱིས་མིང་གི་ཡན་ལག་རྣམས་ཀྱི་རྒྱུ་བྱ་བའི་དོན་བརྗོད་པའི་མིང་ཅན་དུ་རྟོགས་པར་བྱ་ བའི་དོན་དུ་སྨོས་པ་ཡིན་པས་རྐྱེན་རྣམས་དང་མི་སྦྱོར་བར་དབྱི་བར་བྱའོ། །ཞེས་པ་འདི་ཉིད་ གོང་འོག་ཏུ་བསྟན་པའི་བྱིངས་རྗེས་འབྲེལ་འཕྱིད་པའི་སྐབས་ཐམས་ཅད་དུ་དྲན་པ་བྱའོ། ། དཔེར་ན། ཊུ་བེ་པྲྀ་གཡོ་བའི་བྱིངས་ཊུ་དང་རྀ་རྗེས་འབྲེལ་མདོ་འདིས་ཕྱིས་པ་ལ། ཀྲྀཏ་ལྔ་ པར། ཊུ་རྗེས་འབྲེལ་པ་ལ་ཨ་ཐུའོ་ཞེས་པས་ཨ་ཐུ་བྱིན་ནས་མིང་དུ་གྲུབ་པ་དེ་ཚིག་ཏུ་བསྒྲུབ་ པ་ན་སི་བྱིན་པས། བེ་པ་ཐུཿ(གཡོ་བར་བྱེད། ) ཞེས་པ་ལྟ་བུའོ། ། བཅུ་པ་ཤིཊ་དང་སཾ་པྲ་སཱ་ར་ཎ་དང་ཡོན་ཏན་དང་འཕེལ་བ་རྣམས་ངོས་བཟུང་བ་ནི། ཤ་ སོགས་རྣམས་ཤིཊའོ་ཞེས་པ་ཤ་ཡིག་དང་། སོགས་པའི་སྒྲས་ཥ་དང་། ས་དང་ཧ་ཡིག་རྣམས་ ནི་ཤིཊའི་མིང་ཅན་དུ་འགྱུར་ཏེ། གོང་འོག་ཏུ་ཤིཊའམ། དྲོ་བ་ཞེས་སྨོས་པ་ཐམས་ཅད་དུ་དྲན་ པར་བྱའོ། །དཔེར་ན། ལིཧ་རོ་མྱོང་བའི་བྱིངས་ལ། ཧྱསྟ་ནཱིའི་དི་དང་ཨཱ་གཉིས་པར་ཨིཊ་ མེད་པའི་ཤིཊ་མཐའ་ཞེས་པས་བར་དུ་སན་བྱིན་ནས། ཨཱ་དྲུག་པར། ཧའི་ཌྷའོ་ཞེས་པས་ཧ་ ཡིག་ཌྷ་དང་། འདི་ཉིད་དུ་ཥ་ཌྷ་དག་གི་ཞེས་པས་དེའང་ཀ་དང་། རྒྱུ་མཚན་ལས་ས་ཡིག་ཥ་རུ་ བསྒྱུར་ཞིང་། སྔར་བཞིན་བྱིངས་ཀྱི་དང་པོར་ཨཊ་བཞག་སྟེ། དིའི་ཨི་བརྗོད་དོན་ཕྱིས་ནས། 6-1-443 ད་ཡིག་རྫོགས་པ་ལ་ཡང་ན་བྱས་པས། ཨ་ལིཀྵཏ་(དི་རིང་རོ་མྱང་ངོ་། །)ཅེས་པ་ལྟ་བུའོ། །ཨི་ཨུ་ རྀཏ་མཐའ་གནས་ཀྱི་རྒྱུ་མཚན་རྣམས་སམ་པྲ་སཱ་ར་ཎའོ་ཞེས་པ་ནི་ཨི་ཡིག་དང་ཨུ་ཡིག་དང་ རྀ་ཡིག་རྣམས་ནི་རིམ་པ་བཞིན། མཐར་གནས་ཀྱི་ཡི་གེ་ཡ་དང་ཝ་དང་ར་ཡིག་དབྱངས་དང་ བཅས་པ་ལས་བྱུང་བའི་རྒྱུ་མཚན་ཅན་རྣམས་ཏེ། དེ་རྣམས་ཀྱི་མིང་སཾ་པྲ་སཱ་ར་ཎ་ཞེས་པ་ སླར་བསྒྱུར་བ་ཞེས་བྱ་བ་ཡིན་ལ། མཐའི་ཏ་ཡིག་ནི་སཾ་པྲ་སཱ་ར་ཎའི་ཡི་གེ་རྣམས་རིང་པོར་མི་ འགྱུར་བའི་དོན་ཡིན་ཞིང་། འདིའང་སྔ་ཕྱིར་སཾ་པྲ་སཱ་ར་ཎ་ཞེས་སྨོས་པའི་སྐབས་ཐམས་ཅད་ དུ་དྲན་པར་བྱའོ། །དཔེར་ན། ཡ་ཛ་ལྷ་མཆོད་པ་དང་། ཌུ་བ་པ་སྣལ་མའི་རྒྱུན་དང་། གྲཧ་ ཉེ་བར་ལེན་པའི་བྱིངས་ཌུ་རྗེས་འབྲེལ་དང་པའི་ཨ་བརྗོད་དོན་ཕྱིས་པ་ལ། བརྟ་མཱ་ནཱའི་ཏི་ དང་། ཨཱ་གཉིས་པར། བྱིངས་ཐམས་ཅད་པ་ལ་ཞེས་པས། བར་དུ་ཡཎ་བྱིན་ནས། ཨཱ་བཞི་ པར། གྲ་ཧི་ཛྱཱ་ཞེས་པ་དང་། སྭ་པི་ཝ་ཙི་ཡཛ་སོགས་ཀྱི་ཞེས་པས་བྱིངས་ཀྱི་ཡ་ཡིག་དབྱངས་ དང་བཅས་པ་སླར་ཨི་ཡིག་དང་། ཝ་ཡིག་དབྱངས་དང་བཅས་པ་སླར་ཨུ་ཡིག་དང་། གྲའི་ར་ ཡིག་དབྱངས་དང་བཅས་པ་སླར་རྀ་ཡིག་ཏུ་བསྒྱུར་ཏེ་སྦྱར་བས། ཨི་ཛྱ་ཏི(ལྷ་མཆོད་པར་བྱེད)། ཨུ་ པྱ་ཏི(སྣལ་མར་བྱེད)། གྲྀ་ཧྱ་ཏི་(ལེན་པར་བྱེད། )ཞེས་པ་ལྟ་བུའོ། །ཨར་དང་མཚམས་སྦྱོར་གྱི་ཡི་གེ་ སྔ་མ་གཉིས་དག་ཀྱང་ཡོན་ཏན་ནོ་ཞེས་པ་ནི་རྀ་ཡིག་ཨར་དུ་བསྒྱུར་བའི་མིང་ཡོན་ཏན་ཞེས་ བྱ་ཞིང་། མཚམས་སྦྱོར་གྱི་ཡི་གེ་ཨཻའི་སྔ་མ་ཨེ་དང་། ཨཽའི་སྔ་མ་ཨོ་ཡིག་གཉིས་པོ་དག་རིམ་ པ་བཞིན་ཨི་དང་ཨུའི་ཡི་གེ་བསྒྱུར་བ་ལས་བྱུང་བའི་མིང་ཡང་ཡོན་ཏན་ཞེས་བྱ་སྟེ། འདི་ཡང་ སྔ་ཕྱིར་ཡོན་ཏན་ཞེས་སྨོས་པའི་སྐབས་ཐམས་ཅད་དུ་དྲན་པར་བྱའོ། །དཔེར་ན། ཀྲྀཉ་བྱེད་ པ་དང་། ཙི་ཉ་སོག་པ་དང་། ཥྚུཉ་བསྟོད་པའི་བྱིངས་ཉ་རྗེས་འབྲེལ་རྣམས་ཕྱིས་ལ། ཤྭསྟ་ ནཱིའི་ཏཱ་བྱིན་ནས། སྔར་བཞིན་ཥྚའི་ཥ་ཡིག་ས་དང་། ཊ་ཡིག་ཏ་རུ་བསྒྱུར་ཞིང་། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་ཞེས་པས་རྀ་ཡིག་ཨར་དང་ཨི་ཡིག་ཨེ་དང་། ཨུ་ཡིག་ཨོ་རུ་བསྒྱུར་ 6-1-444 བས། ཀརྟཱ(བྱེད་པ)། ཙེ་ཏཱ(སོག་པ)། སྟོ་ཏཱ་(བསྟོད་པ། )ཞེས་པ་ལྟ་བུའོ། །ཨཱར་དང་ཕྱི་མ་དག་ཀྱང་ འཕེལ་བའོ་ཞེས་པ་ནི་རྀ་ཡིག་ཨཱར་དུ་བསྒྱུར་བའི་མིང་འཕེལ་བ་ཞེས་བྱ་ཞིང་། མཚམས་སྦྱོར་ གྱི་ཡི་གེ་ཨེའི་ཕྱི་མ་ཨཻ་ཡིག་དང་། ཨོའི་ཕྱི་མ་ཨཽ་ཡིག་དག་རིམ་པ་བཞིན་ཨི་དང་། ཨུའི་ཡི་གེ་ བསྒྱུར་བ་ལས་བྱུང་བའི་མིང་ཡང་འཕེལ་བ་ཞེས་བྱའོ། །འདིའང་སྔ་ཕྱིར་འཕེལ་བ་ཞེས་སྨོས་ པའི་སྐབས་ཐམས་ཅད་དུ་དྲན་པར་བྱའོ། །དཔེར་ན། ཀྲྀཉ་བྱེད་པ་དང་། ནཱྀཉ་འདྲེན་པ་དང་། ལཱུཉ་གཅོད་པའི་ཉ་རྗེས་འབྲེལ་ཕྱིས་པ་ལ་པ་རོ྅ཀྵཱའི་ཨཊ་བྱིན་པའི་ཊ་ཁྱད་དོན་ཕྱིས་ནས། བྱིངས་རྣམས་གཉིས་སུ་བཞག་ཅིང་། ཨཱ་གསུམ་པར། ཀ་སྡེའི་ཙ་སྡེའོ་ཞེས་པས། ཀྲྀ་སྔ་མའི་ ཀ་ཡིག་ཙ་དང་། རྀ་ཡིག་གི་ཨ་ཡིག་གོ་ཞེས་པས་དེའི་དབྱངས་ཨ་དང་། ཐུང་ངུའོ་ཞེས་པས་ ནཱི་དང་ལཱུ་སྔ་མ་ཐུང་ངུར་བསྒྱུར་ཏེ། ཨཱ་དྲུག་པར། ཨིན་ཨིཙ་ཨཊ་རྣམས་ལ་ཞེས་པས་ཕྱི་མ་ རྣམས་ཀྱི་འཕེལ་བ་རྀ་ཡིག་ཨཱར་དང་། ཨཱི་ཡིག་ཨཻ་དང་ཨཱུ་ཡིག་ཨཽ་རུ་བསྒྱུར་ནས་མཚམས་ སྦྱར་བས། ཙ་ཀཱ་ར། ནི་ནཱ་ཡ། ལུ་ལཱ་ཝ་ཞེས་པ་ལྟ་བུའོ། །ཞེས་པ་བྱིངས་རྣམས་ཚིག་ཏུ་བསྒྲུབ་ ཚུལ་ཀུན་བཤད་པའི་མདོ་ལས་རྐང་པ་བརྒྱད་པའི་འགྲེལ་པ་རྫོགས་སོ།། །། ཀུན་མཁྱེན་གསུང་བཞིན་འགྲོ་ཀུན་ལ། ། ཀུན་ནས་ལེགས་བཤད་ཀུན་བཤད་པས། ། ཀུན་ཀྱང་ཐར་པའི་ལམ་ཞུགས་པས། ། ཀུན་མཁྱེན་གོ་འཕང་ཐོབ་གྱུར་ཅིག ། ཤུ་བྷཾ། ། 6-1-445 ༄༅། །ཀ་ལཱ་པའི་ཀྲྀཏ་ཀྱི་ཊཱིཀ་བཞུགས་སོ། ། ༄༅། །ན་མོ་མཉྫུ་བཛྲཱ་ཡ། དབྱིངས་རིག་དབྱེར་མེད་དམ་པའི་དོན། །སྨྲ་མཁས་འཇམ་ དབྱངས་ལ་བཏུད་ནས། །བྱིངས་ལས་མིང་དུ་སྒྲུབ་པའི་མདོ། །ཀྲྀཏ་སོགས་རྐྱེན་རྣམས་རྣམ་ པར་བཤད། ། དེ་ཡང་ཀྲྀཏ་རྐང་དྲུག་གིས་བྱིངས་རྣམས་མིང་དུ་སྒྲུབ་པ་ལ། ཀྲྀཏ་རྐྱེན་རྣམས་དང་བྱིངས་ ལ་རྣམ་འགྱུར་འབྱུང་ཚུལ་གྱི་མཚན་ཉིད་རྒྱས་པར་བཤད་པ། བྱིངས་དོན་སོ་སོ་ལ་ཀྲྀཏ་དང་ ཁྱད་པར་ཀྲྀཏྱའི་རྐྱེན་རྣམས་འཇུག་ཚུལ། ལས་དང་མིང་ཉེ་བའི་ཚིག་གཙོ་བོ་ལ་བྱིངས་ལ་ རྐྱེན་སོ་སོར་སྦྱོར་ཚུལ། བྱིངས་སོ་སོའི་མཐར་རྐྱེན་གྱི་བྱེད་ལས་གཙོ་བོར་བསྟན་པ། བྱིངས་ སོ་སོ་ལ་རྐྱེན་རྣམས་སོ་སོར་འཇུག་ཚུལ་རྒྱས་པར་བཤད་པ། བྱིངས་དོན་སོ་སོ་ལ་ཀྟྭཱ་དང་ ཎམ་རྐྱེན་གཙོ་བོར་འཇུག་པ་དང་། མཚན་ཉིད་ཁ་བསྐང་སྟེ་སྟོན་ཚུལ་ལོ། ། དེ་རྣམས་ཀྱི་དང་པོ་ལའང་བཅུ་གཅིག་གི་དང་པོ་བྱིངས་ལ་ཉཎ་རྗེས་འབྲེལ་གྱི་རྐྱེན་ལ་ རྣམ་འགྱུར་འབྱུང་ཚུལ་དམིགས་བསལ་དང་བཅས་པ་ནི། གྲུབ་པ་ཉ་ཎ་རྗེས་སུ་འབྲེལ་པ་ལ་ ཨི་ཙ་བཞིན་དུའོ་ཞེས་པའི་གྲུབ་པ་ནི་བཀྲ་ཤིས་པའི་དོན་དུ་ཐོག་མར་སྨོས་པ་ཡིན་ལ། ཉ་ ཡིག་དང་ཎ་ཡིག་རྗེས་སུ་འབྲེལ་པའི་ཀྲྀཏ་ཀྱི་རྐྱེན་རྣམས་ཕ་རོལ་དུ་ཡོད་པ་ལ་བྱིངས་ལ་བྱ་བ་ ཐོབ་ཚུལ་ནི། ཨིཙ྄་ཕ་རོལ་ལ་སྔར་ཀུན་བཤད་དུ་བྱ་བ་གང་བཤད་པ་དེ་བཞིན་དུ་འདིར་ཡང་ འགྱུར་ཞེས་པ་སྟེ། དཔེར་ན། ཌུ་པ་ཙཥ་འཚེད་པ་དང་། ཌུ་ཀྲྀཉ་བྱེད་པ་དང་། ཌུ་དཱཉ་སྦྱིན་པའི་ བྱིངས་རྣམས་ཀྱི་ཌུ་དང་ཉ་དང་ཥ་ཡིག་རྣམས་རྗེས་འབྲེལ་དང་། ཙའི་དབྱངས་བརྗོད་དོན་ ཕྱིས་པ་མིང་དུ་བསྒྲུབ་པ་ན་རིམ་པ་ལྟར། ཀྲྀཏ་ལྔ་པར་དངོས་པོ་ལ་ཞེས་པས་གྷཉ་དང་། །ཀྲ 6-1-446 ཏ་གཉིས་པར་བུཎ་ཏྲྀཙ་དག་གོ་ཞེས་པས་བྱེད་པ་པོའི་དོན་ལ་བུཎ་བྱིན་ནས་ཉ་དང་ཎ་ཡིག་ དག་མདོ་འདིའི་དོན་ལ་འོངས་པ་དང་། ཀྲྀཏ་དྲུག་པར་ཙ་ཛ་དག་གི་ཀ་ག་དག་གོ་ཞེས་པས་གྷ་ ཁྱད་དོན་ཕྱིས་ཏེ་དབྱངས་བཞག་ལ་མདོ་འདིས་པ་ཙའི་ཙ་ཡིག་ཀ་རུ་བསྒྱུར་ཞིང་། ཨི་ཙ་དང་ འདྲ་བའི་བྱ་བ་ཨཱ་དྲུག་པར་ཨིན་ཨི་ཙ་ཨཊ་རྣམས་ལ་ཨའི་ཨུ་པ་དྷཱ་རིང་པོར་སྟེ་ནཱ་མི་རྣམས་ ཀྱི་འཕེལ་བ་ཞེས་པ་དང་། ཨཱཏ་རྣམས་ཀྱི་ཨིཙ་ལ་ཨཱ་ཡིའོ། །ཞེས་པ་ལྟར་འདིར་ཡང་པ་ཙའི་ པ་ཡིག་རིང་པོ་དང་། ཀྲྀའི་རྀ་ཡིག་འཕེལ་བ་དང་། དཱའི་དབྱངས་ཨཱ་ཡི་རུ་བསྒྱུར་ནས། ཡའི་ ཨི་ཁྱད་དོན་ཕྱིས་ལ། ཀྲྀཏ་དྲུག་པར་ཡུ་པུ་ཛྷ་རྣམས་ཀྱི་ཞེས་པས་བུ་ཡིག་ཨ་ཀ་རུ་བསྒྱུར་ཏེ་ སྦྱར་ནས། ཚིག་ཏུ་བསྒྲུབ་པ་ལ་ཐམས་ཅད་ཀྱི་མཐར་སི་བྱིན་པ་རིམ་པ་བཞིན། པཱ་ཀཿ(འཚེད་ དོ། །)པཱ་ཙ་ཀཿ(འཚེད་པ་པོ། )ཀཱ་རཿ(བྱེད་དོ། །)ཀཱ་ར་ཀཿ (བྱེད་པ་པོ། )དཱ་ཡཿ (སྦྱིན་ནོ། །)དཱ་ཡ་ཀཿ(སྦྱིན་པ་པོ། ) ཞེས་པ་ལྟ་བུའོ། །ཧན་ཏིའི་ཏའོ། །ཞེས་པ་ནི་ཧན་འཚེ་བའི་བྱིངས་ཀྱི་ན་ཡིག་ཉ་ཎ་རྗེས་སུ་ འབྲེལ་པའི་ཀྲྀཏ་ཀྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཏ་ཡིག་ཏུ་འགྱུར་ཞིང་ཨིཙ་དང་འདྲ་བའི་བྱ་བ་ ཐོབ་ཅེས་པ་སྟེ། དཔེར་ན། ཧན་ལ་སྔ་མ་ལྟར་གྷཉ་དང་བུཎ་དག་བྱིན་ནས་རྗེས་འབྲེལ་ཕྱིས་ ཏེ། མདོ་འདིས་ན་ཡིག་ཏ་དང་། ཨིཙ་བཞིན་ཞེས་པས་སྔ་མ་ལྟར་ཧའི་དབྱངས་རིང་པོ་དང་། ཨཱ་དྲུག་པར་ཧན་ཏི་ཧའི་ཨིན་ཨི་ཙ་དག་ལ་གྷིའོ་ཞེས་པས་ཧ་ཡིག་དག་གྷ་རུ་བསྒྱུར་ཞིང་། རྐྱེན་གྱི་གྷ་ཁྱད་དོན་འཕྱིད་པ་དང་། བུ་ཡིག་ཨ་ཀ་རུ་བསྒྱུར་བ་དང་། མཐར་སི་སྟེར་བ་ལ་ སོགས་སྔ་མ་ལྟར་བྱས་པས། གྷཱ་ཏཿ(བསྣུན་པ། ) གྷཱཏ་ཀཿ(བསྣུན་པར་བྱེད། ) ཞེས་པ་ལྟ་བུའོ། །ཨིཊ་ དང་བཅས་པ་ཨམ་མཐའི་བ་མི་ཀ་མི་ཙམ་མིན་པ་རྣམས་ཀྱི་མ་ཡིན་ནོ་ཞེས་པ་ལ་ཨིཊ་དང་ བཅས་པའི་ཨམ་མཐའི་བྱིངས་རྣམས་ལས། ཁྱད་པར། ཝ་མི་དང་། ཀ་མི་དང་། ཙམ་མིན་ པའི་བྱིངས་རྣམས་ཀྱི་ཉ་ཎ་རྗེས་སུ་འབྲེལ་པའི་ཀྲྀཏ་ཀྱི་རྐྱེན་ཕ་རོལ་དུ་ཡོད་པ་ལ་ཨིཙ་དང་ འདྲ་བའི་བྱ་བར་འགྱུར་བ་མ་ཡིན་ནོ་ཞེས་པ་ནི་མདོ་སྔ་མ་ལས་དམིགས་བསལ་ཏེ། དཔེར་ 6-1-447 ན། ཤ་མུ་ཉེ་བར་ཞི་བ་དང་། ཏ་མུ་འདོད་པའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་གཉི་ག་ལ། གྷ་ ཉ་དང་བུཎ་བྱིན་ནས། ཨིཙ་དང་འདྲ་བའི་བྱ་བ་བཀག་པའི་ཕྱིར་བྱིངས་ཀྱི་ཨུ་པ་དྷཱ་རིང་པོར་ མི་འགྱུར་ཞིང་། གཞན་སྔར་བཞིན་བསྒྲུབས་པས། ཤ་མཿཤ་མ་ཀཿ(ཞི་བར་བྱེད། ) ཞེས་པ་དང་། ཏམཿ ཏ་མ་ཀཿ(འདོད་པར་བྱེད། ) ཞེས་པ་ལྟ་བུའོ། །དཔེར་བརྗོད་འདི་དག་ལ་ཨིཊ་ཨཱ་ག་མ་ མེད་ནའང་། ཨིཊ་དང་བཅས་པ་སྨོས་པས། ཨཱ་བདུན་པར་ཡ་མི་ར་མི་ཞེས་སོགས་ཀྱི་ངེས་ པ་ལས། ཨིཊ་དང་བཅས་པའི་བྱིངས་རྣམས་ཉེ་བར་མཚོན་པའི་དོན་ཏོ། །ཨིཊ་དང་བཅས་ པ་མ་ཡིན་པའི་ཨམ་མཐའི་བྱ་བ་ནི་ཨིཙ་དང་འདྲ་བར་འགྱུར་ཏེ། དཔེར་ན། ཡ་མུ་སྡོམ་པའི་ དབྱིངས་ལ་ཨིཊ་འཇུག་པ་ཨཱ་བདུན་པར་བཀག་པས་ཨུ་རྗེས་འབྲེལ་ཕྱིས་པ་ལ་གྷཉ་དང་། ཕུཎ་བྱིན་ནས་སྔ་མ་ལྟར་བསྒྲུབས་ཏེ། ཨིཙ་དང་འདྲ་བའི་བྱ་བ་ཡ་རིང་པོར་བསྒྱུར་བས། ཡཱ་མཿ ཡཱ་མ་ཀཿ(སྡོམ་པར་བྱེད། )ཞེས་པ་ལྟ་བུའོ། །ཨམ་མཐའ་མ་ཡིན་པའི་བྱིངས་ཨའང་ཨིཙ་ དང་འདྲ་བ་འགྱུར་ཏེ། དཔེར་ན། པཋ་ཀློག་པའི་བྱིངས་ལ། གྷཉ་དང་ཝུཎ་བྱིན་ནས་སྔར་ བཞིན་བསྒྲུབས་པས། པཱཋཿ(ཀློག་གོ) པཱཋ་ཀཿ(ཀློག་པར་བྱེད། ) ཞེས་པ་ལྟ་བུའོ། །ཝ་མི་ཀ་མི་ཙམ་ རྣམས་ལའང་ཨིཙ་དང་འདྲ་བར་འགྱུར་ཏེ། དཔེར་ན། ཌུ་ཝ་མ་སྐྱུག་པ་དང་། ཀ་མུ་མཛེས་ པ་དང་། ཨཱང་སྔ་མ་ཅན་གྱི་ཙ་མུ་ཟ་བའི་བྱིངས་རྣམས་ཀྱི་ཌུ་དང་ཨུ་རྗེས་འབྲེལ་དང་། མའི་ ཨ་བརྗོད་དོན་ཕྱིས་པ་རྣམས་ལ་སོ་སོར་གྷཉ་དང་། ཝུ་ཎ་བྱིན་ནས་སྔ་མ་ལྟར་བསྒྲུབས་པས། ཝཱ་མཿ(སྐྱུག་གོ) ཝཱ་མ་ཀཿ(སྐྱུག་པར་བྱེད། ) ཞེས་པ་དང་། ཀཱ་མཿ(མཛེས་པ། ) ཀཱ་མ་ཀཿ(མཛེས་པར་བྱེད། ) ཞེས་པ་དང་། ཨཱ་ཙཱ་མཿ(ཀུན་དུ་ཟོ། །) ཨཱ་ཙཱ་མ་ཀཿ(ཀུན་དུ་ཟ་བར་བྱེད། ) ཞེས་པ་ལྟ་བུའོ། །དཱི་དྷཱི་བེ་བཱི་ དག་གིའོ་ཞེས་པ་ནི་དཱི་དྷཱིང་གསལ་བ་དང་། བེ་བཱིང་མགྱོགས་པའི་བྱིངས་འདི་དག ཉ་ཎ་ རྗེས་སུ་འབྲེལ་པའི་ཀྲྀཏ་ཀྱི་རྐྱེན་ཕ་རོལ་དུ་ཡོད་པ་ལ། ཨི་ཙ་དང་འདྲ་བའི་བྱ་བར་མི་འགྱུར་ ཏེ། དཔེར་ན། ཨཱང་སྔོན་མ་ཅན་གྱི་དཱི་དྷཱིང་དང་བེ་བཱིང་གི་ང་རྗེས་འབྲེལ་ཕྱིས་ཏེ། གསལ་བ་ 6-1-448 དང་མགྱོགས་པའི་ངང་ཚུལ་ཞེས་པའི་དོན་ལ། ཀྲྀཏ་བཞི་པར་ནི་ན་དི་ཧཾ་སི་ཞེས་སོགས་ཀྱི་ བུཉ་བྱིན་ནས། ཉ་རྗེས་འབྲེལ་ཕྱིས་ཏེ། ཨི་ཙ་དང་འདྲ་བའི་བྱ་བ་ཐོབ་པ་ན་བྱིངས་ཀྱི་ནཱ་མི་ འཕེལ་བར་འགྱུར་བ་ཡིན་པ་ལ། འདིར་དམིགས་བསལ་གྱིས་བཀག་པས། ཀྲྀཏ་དྲུག་པར་ ཡུ་བུ་ཛྷ་རྣམས་ཀྱི་ཞེས་པས་བུ་ཡིག་ཨ་ཀ་རུ་བསྒྱུར་ནས་མཚམས་སྦྱར་ཏེ། མཐར་སི་བྱིན་ པས། ཨཱ་དཱི་དྷྱ་ཀཿ(ཀུན་གསལ་བར་བྱེད། )ཨཱ་བེ་བྱ་ཀཿ(ཀུན་དུ་མགྱོགས། )ཞེས་པ་ལྟ་བུའོ། །(རྐྱེན་ལ་འཇིག་ པ་རྣམས་ཀྱིའང་ན་མིན་པ་རྣམ་ཀྱིའོ་ཞེས་པའི་གཞུང་འགྲེལ་མ་མཛད་འདུག་གོ། ) གཉིས་པ་ཤ་དང་ང་དང་ཀ་རྗེས་འབྲེལ་གྱི་རྐྱེན་ལ་རྣམ་འགྱུར་འབྱུང་ཚུལ་དམིགས་ བསལ་དང་བཅས་པ་ནི། ཤ་ལ་བྱིངས་ཐམས་ཅད་པ་བཞིན་ནོ་ཞེས་པ་བྱིངས་གང་ཞིག ཤ་ ཡིག་རྗེས་སུ་འབྲེལ་པའི་ཀྲྀཏ་ཀྱི་རྐྱེན་ཕ་རོལ་དུ་ཡོད་པ་ལ། སྔར་ཀུན་བཤད་རྣམས་སུ་ བྱིངས་ཐམས་ཅད་པའི་རྣམ་དབྱེ་ལ་བྱ་བ་གང་བཤད་པ་དེ་བཞིན་དུ་འགྱུར་ཏེ། དཔེར་ན། ཧུ་ སྦྱིན་པའི་བྱིངས་ལ། ཀྲྀཏ་བཞི་པར་ད་ལྟར་བ་ལ་ཞེས་པས་ཤནྟྲྀང་བྱིན་ནས། ང་ཡིག་མདོ་ འགོ་མའི་ཁྱད་དོན་དང་། རྀ་ཡིག་ཨུཏ་དང་རྀ་ཡིག་ཅེས་པའི་ཁྱད་དོན་དང་། ཤ་ཡིག་མདོ་ འདིའི་ཁྱད་དོན་ཡིན་པས་འཕྱིད་པ་ནི་འཆད་འགྱུར་བ་ཐམས་ཅད་དུའང་ཤེས་པར་བྱ་ཞིང་། བྱིངས་ཐམས་ཅད་པ་དང་འདྲ་བའི་དོན་ནི། ཨཱ་གཉིས་པར་བྱེད་པ་པོ་ལ་ཞེས་པས་ཨན་ བི་ཀ་ར་ཎ་བྱིན་པ། ཨཱ་བཞི་པར་ཛུ་ཧོ་ཏི་ལ་སོགས་རྣམས་ཀྱི་ཞེས་པས་ཕྱིས་ལ། ཨཱ་གཉིས་ པར་ཛི་ཧོ་ཏི་ལ་སོགས་པ་རྣམས་ཀྱི་ཞེས་པས་བྱིངས་གཉིས་སུ་བཞག་སྟེ། ཨཱ་གསུམ་པར་ ཧའི་ཛའོ་ཞེས་པས་ཧ་སྔ་མ་ཛ་དང་། ཨཱ་བཞི་པར་ཛུ་ཧོ་ཏིའི་བྱིངས་ཐམས་ཅད་པ་ལའོ་ཞེས་ པས་ཧ་ཕྱི་མའི་དབྱངས་ཝ་རུ་བསྒྱུར་ནས། ཨཱ་ལྔ་པར་ཨ་བྷྱསྟ་ལས་ཨན་ཏིའི་ཞེས་པས་ཨན་ ཏའི་ན་དང་མཐར་སི་བྱིན་པ་གསལ་བྱེད་ལས་ཕྱིས་པས། ཛུ་ཧྭཏ་ཅེས་པ་ལྟ་བུའོ། །དེ་བཞིན་ དུ་བཙ་འཚེད་པ་དང་། པཋ་ཀློག་པའི་བྱིངས་ལ་སྔར་བཞིན་ཤནྟྲྀང་བྱིན་པའི་རྗེས་འབྲེལ་ 6-1-449 རྣམས་ཕྱིས་ནས། ཁྱད་པར་ཨཱ་དྲུག་པར་ཨ་དང་མཚམས་སྦྱོར་གྱི་ཞེས་པས་ཨན་ཏའི་ཨ་དང་། ནཱ་བཞི་པར་བརྩེགས་པའི་མཐའ་ཞེས་པས་དེའི་ཏ་དང་། མཐར་སི་བྱིན་པའང་གསལ་བྱེད་ ལས་ཕྱིས་པས། པ་ཙཱ་ན། (འཚེད་དོ། །) པ་ཋཱན་(ཀློག་གོ། ) ཞེས་པ་ལྟ་བུའོ། །ང་ལ་ཡོན་ཏན་མེད་དོ་ ཞེས་པ་ནི་ང་ཡིག་རྗེས་སུ་འབྲེལ་བའི་ཀྲྀཏ་ཀྱི་རྐྱེན་ཕ་རོལ་དུ་ཡོད་པ་ལ། བྱིངས་ཀྱི་ཨི་ཡིག་ ཨེ་རུ་འགྱུར་བ་ལ་སོགས་པའི་ཡོན་ཏན་མེད་དེ། དཔེར་ན། བིད་ཤེས་པ་དང་། ལིཧ་རོ་མྱང་ བའི་བྱིངས་ལ་སྔར་བཞིན་ཤནྟྲྀང་བྱིན་པའི་རྗེས་འབྲེལ་རྣམས་དང་བར་དུ་ཨན་བྱིན་པའང་། ཨཱ་བཞི་པར་ཨད་སོགས་ལས་ཞེས་པས་ཕྱིས་ནས། སྔར་བཞིན་བརྩེགས་པའི་མཐའ་དང་ སི་བྱིན་པའང་ཕྱིས་ཏེ། མདོ་འདིས། བི་དང་ལིའི་ཨི་ཡིག་ཡོན་ཏན་ཨེ་རུ་བསྒྱུར་བ་མེད་པས། བི་དཱན(རིག་གོ)། ལི་ཧཱན་(རོ་མྱངས་སོ། །)ཞེས་པ་ལྟ་བུའོ། །ཀ་ལ་ཡཎ་བཞིན་འང་སྟེ་ཡ་ལ་བརྗོད་ པ་བོར་བའོ་ཞེས་པ་ནི་བྱིངས་གང་ཞིག ཀ་ཡིག་རྗེས་སུ་འབྲེལ་པའི་ཀྲྀཏ་ཀྱི་རྐྱེན་ཕ་རོལ་དུ་ ཡོད་པ་ལ། སྔར་ཀུན་བཤད་རྣམས་སུ་ཡཎ་གྱི་རྐྱེན་ལ་གང་བཤད་པ་དེ་བཞིན་དུའང་འགྱུར་ ཞིང་། ཁྱད་པར་ཡ་ལ་བརྗོད་པའི་བྱ་བ། ཨཱ་བཞི་པར། ཡཎ་དང་ཨཱ་ཤཱི་ཥ་དག་གི་ཡ་ལའོ་ཞེས་ པ་ལ་སོགས་པ་རྣམས་བོར་ནས་མི་བྱེད་དེ། དཔེར་ན། ཀྲྀཉ་བྱེད་པའི་བྱིངས་ཉ་རྗེས་འབྲེལ་ ཕྱིས་པ་ལས། ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས་ཀྟ་དང་ཀྟ་ཝནྟུ་བྱིན་ནས་རྐྱེན་གྱི་ཀ་ཡིག་མདོ་ འདིའི་ཁྱད་དོན་དང་། ཏུའི་ཨུ་ཡིག་ཁྱད་དོན་ཡང་ཕྱིས་ཏེ། ཡཎ་དང་འདྲ་བའི་དོན། ཨཱ་ལྔ་ པར་ཎ་ཡིག་རྗེས་སུ་འབྲེལ་པ་དང་ཞེས་པས། བྱིངས་ཀྱི་རྀ་ཡིག་ཡོན་ཏན་དུ་མི་འགྱུར་ཞིང་། ཡ་ལ་བརྗོད་པ་བོར་བ་ཞེས་པས། ཨཱ་བཞི་པར་ནཱ་མི་མཐའ་རྣམས་ཀྱི་ཡཎ་ཞེས་སོགས་ ཀྱི་རྀ་ཡིག་རིང་པོར་འགྱུར་བ་ལ་སོགས་པའང་མི་བྱེད་ལ། མཐར་སི་བྱིན་པ་ན། ནཱ་གཉིས་ པར། ཨནྟུ་དང་ཨས་མཐའི་འང་ཞེས་པས་ཝནྟའི་ཝ་ཡིག་རིང་པོར་བསྒྱུར་ཏེ། བརྩེགས་པའི་ མཐའ་དང་། ཕྱི་མའི་སི་གསལ་བྱེད་ལས་ཕྱིས་པས། ཀྲྀཏཿ(བྱས་སོ། །)ཀྲྀཏ་ཝཱན་(བྱས་ཟིན། ) ཞེས་ 6-1-450 པ་དང་། དེ་བཞིན་དུ་ཧྲྀཉ་འཕྲོགས་པའི་བྱིངས་ལའང་མཚུངས་པར་སྦྱར་བས། ཧྲྀཏཿ(ཕྲོགས་ སོ། །) ཧྲྀ་ཏ་ཝཱན་(འཕྲོགས་ཟིན། )ཞེས་པ་ལྟ་བུའོ། །ཛཱ་གྲྀའི་ཤན་ཏྲྀང་བི་དག་མ་ཡིན་པའི་ཀྲྀཏ་ལའོ་ ཞེས་པ་ནི་ཛཱ་གྲྀ་སད་པའི་བྱིངས་འདི་ཉིད། ཤན་ཏྲྀང་དང་བི་དག་མ་ཡིན་པའི་ཀྲྀཏ་ཀྱི་རྐྱེན་ རྣམས་ཕ་རོལ་དུ་ཡོད་པ་ལ། ཡཎ་ཕ་རོལ་ལ་གང་བཤད་པ་དེ་དང་འདྲ་བའི་བྱ་བར་འགྱུར་ ཏེ། དཔེར་ན། ཛཱ་གྲྀ་དག་ལ་ཀྲྀཏ་ལྔ་པར་དངོས་པོ་ལ་ཞེས་པས་གྷཉ་དང་། ཀྲྀཏ་གཉིས་པར་ བུཎ་ཏྲྀ་ཙ་དག་གོ་ཞེས་པས་བུཎ་བྱིན་པའི་རྗེས་འབྲེལ་དང་གྷ་ཁྱད་དོན་ཕྱིས་ནས་དབྱངས་ བཞག་སྟེ། ཡཎ་དང་འདྲ་བའི་དོན་ནི། ཨཱ་དྲུག་པར་ཡཎ་དང་ཨཱ་ཤཱིཥ་དག་ལ་ཡ་ལ་ཞེས་པས་ རྀ་ཡིག་ཡོན་ཏན་བྱ་ཞིང་། ཀྲྀཏ་དྲུག་པར་ཡུ་བུ་ཛྷ་རྣམས་ཀྱི་ཞེས་པས་བུ་ཡིག་ཨ་ཀ་རུ་བསྒྱུར་ ཏེ། མཐར་སི་ཕྱིན་པས། ཛཱ་ག་རཿ(སད་དོ། །) ཛཱ་ག་ར་ཀཿ(སད་པར་བྱེད། ) ཞེས་པ་ལྟ་བུའོ། །ཤན་ ཏྲྀང་དང་བིའི་རྐྱེན་ཕ་རོལ་དུ་ཡོད་པ་ལ་ནི་ཡཎ་དང་འདྲ་བར་མི་འགྱུར་ཏེ། དཔེར་ན། ཛཱ་གྲྀ་ ལ་སྔར་བཞིན་ཤན་ཏྲྀང་བྱིན་པའི་རྗེས་འབྲེལ་དང་། བར་དུ་ཨན་བི་ཀ་ར་ན་བྱིན་པའང་ཨད་ སོགས་ཀྱིས་ཕྱིས་ནས། ཤ་རྗེས་སུ་འབྲེལ་པ་ལ་བྱིངས་ཐམས་ཅད་པ་བཞིན་ཞེས་པ་དང་། ཨཱ་ལྔ་པར་ཨབྷྱ་སྟ་ལས་ཞེས་པས་ཨནྟའི་ནའང་ཕྱིས་ཏེ་རྀ་ཡིག་ཨ་དང་མཚམས་སྦྱར་བ་ལ། མཐར་སི་བྱིན་པ་གསལ་བྱེད་ལས་ཕྱིས་བས། ཛཱ་གྲཏ་(སད་པར་བྱས་སོ། །)ཅེས་པ་དང་། ཡང་ཛཱ་ གྲྀ་ལ། ཀྲྀཏ་བཞི་པར་ཨུཎ་སོགས་རྣམས་བྱུང་བ་ལའང་ངོ་ཞེས་པའི་མདོ་ལས་འཕྲོས་པའི་ ཨུཎའི་རྐང་པ་དང་པོར་ཛྲཱྀ་གྲྀ་སྟྲྀ་ཛཱ་གྲྀ་རྣམས་ལས་ཀྭིན་ནོ་ཞེས་པས་ཀྭིན་བྱིན་ནས། ཀ་ཡིག་ ནི་ཀ་ལ་ཡཎ་བཞིན་ཞེས་པའི་ཁྱད་དོན་དང་། ན་ཡིག་ནི་དབྱངས་སམ་རྣམ་པ་སྣ་ཚོགས་པའི་ དོན་ཡིན་པས་ཕྱིས་ཏེ། མཐར་སི་བྱིན་པས། ཛཱ་གྲྀ་ཝིཿ(གཉིད་སད་དོ། །) ཞེས་པ་ལྟ་བུའོ། ། གསུམ་པ་བྱིངས་རྣམས་ཀྟྭཱ་དང་ནིཥྛཱའི་རྐྱེན་ལ་ཡོན་ཏན་ཐོབ་ཚུལ་རྣམ་བརྟག་དང་ བཅས་པ་ནི་རུད་སོགས་དང་ཀྵུདྷ་ཀུ་ཥ་ཀླི་ཤ་མྲྀཌ་མྲྀད་ཝད་ཝས་གྲཧ་རྣམས་མ་ཡིན་པའི་ 6-1-451 ཨིཊ་དང་བཅས་པའི་ཀྟྭཱ་ཡོན་ཏན་ཅན་ནོ་ཞེས་པ་ནི་རུ་དིར་མཆི་མ་འཛག་པ་དང་སོགས་ ཀྱི་སྒྲས་བིད་ཤེས་པ་དང་མུཥ་རྐུ་བ་ལ་སོགས་པའི་བྱིངས་རྣམས་དང་། ཀྵུདྷ་བཀྲེས་པ་དང་། ཀུཥ་འབྱིན་པ་དང་། ཀླི་ཤུ་རྣམ་པར་གནོད་པའམ། ཡང་ན་ཀླི་ཤ་ཉེ་བར་གདུང་བ་དང་། མྲྀཌ་ སྐམས་པ་དང་། མྲྀཏ་ཞིབ་མོར་བྱེད་པ་དང་། ཝད་གསལ་བར་སྨྲ་བ་དང་། ཝས་གནས་པ་དང་། གྲཧ་ཉེ་བར་ལེན་པའི་བྱིངས་རྣམས་མ་ཡིན་པའི་བྱིངས་གཞན་རྣམས་ནི་ཨིཊ་དང་བཅས་ པའི་ཀྟྭཱའི་རྐྱེན་ཕ་རོལ་དུ་ཡོད་པ་ལ་ཡོན་ཏན་ཅན་དུ་འགྱུར་ཏེ། དཔེར་ན། བྲྀ་དྷུ་འཕེལ་བ་ དང་། དི་བུ་བརྩེ་བ་དང་། ཤན་སུ་བསྟོད་པའི་བྱིངས་རྣམས་ཀྱི་ཨུ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་ དྲུག་པར་བྱེད་པ་པོ་གཅིག་དག་གི་སྔ་མའི་དུས་ལའོ་ཞེས་པས་ཀྟྭཱ་སྟེར་བ་ནི་འཆད་འགྱུར་ ཐམས་ཅད་དུའང་ཤེས་པར་བྱ་ཞིང་། ཀ་ཁྱད་དོན་སྔར་བཞིན་ཕྱིས་ནས། ཨུད་རྗེས་སུ་འབྲེལ་ པ་པཱུ་ཀླི་ཤ་རྣམས་ཀྱི་ཞེས་པས་བྱིངས་མཐར་ཨིཊ་བྱིན་པ་ན་མདོ་འདིས་ཡོན་ཏན་བྱས་ལ། ཤན་སའི་ན་ཡིག་ཀ་རྗེས་སུ་འབྲེལ་པ་ལ་ཡཎ་དང་འདྲ་བར་བཤད་པས། ཨཱ་དྲུག་པར་ཨིཏ་ རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཞེས་པས་འཕྱིད་པ་ཐོབ་ནའང་། འདིར་ཡོན་ཏན་ཅན་ ནོ་ཞེས་དམིགས་བསལ་གསུངས་པས་མི་འཕྱིད་པར། ནཱ་བཞི་པར། མ་ན་དག་གི་དྷུཊ་ལ་ ཞེས་པས་རྗེས་སུ་ང་རོར་བསྒྱུར་ཏེ། ཐམས་ཅད་ཀྱི་མཐར་སི་བྱིན་པ་འདི་ཉིད་དུ། ཀྟྭཱ་དང་མ་ དང་མཚམས་སྦྱོར་གྱི་ཡི་གེའི་མཐའ་མི་ཟད་པའོ་ཞེས་བཤད་པས། ནཱ་བཞི་པར་མི་ཟད་པ་ ལས་ཀྱང་ངོ་ཞེས་པས་འཕྱིད་པ་ནི་འཆད་འགྱུར་ཐམས་ཅད་དུའང་དྲན་པར་བྱ་བ་ཡིན་པས། བར་དྷི་ཏྭཱ(འཕེལ་བར་བྱས་ཏེ)། དེ་ཝི་ཏྭཱ(བརྩེ་བར་བྱས་ཏེ)། ཤཾ་སི་ཏྭཱ་(བསྟོད་པར་བྱས་ཏེ། )ཞེས་པ་ལྟ་བུའོ། ། ཨིཊ་དང་བཅས་པ་མ་ཡིན་པའི་ཀྟྭཱའི་རྐྱེན་ལ་ནི་བྱིངས་ཡོན་ཏན་ཅན་དུ་མི་འགྱུར་ཏེ། དཔེར་ ན། ཀྲྀཉ་བྱེད་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལཀྟྭཱ་བྱིན་ནས། ཨཱ་བདུན་པར་རྀཏ་ལས་ བྲྀང་བྲྀ་ཉ་མ་ཡིན་པ་ལ་ཞེས་པའི་ངེས་པས་ཨིཊ་བཀག་པའི་ཕྱིར། ཡོན་ཏན་མ་བྱས་པར་ 6-1-452 མཐར་སི་བྱིན་པ་སྔར་བཞིན་ཕྱིས་པས་ཀྲྀ་ཏྭཱ་ཞེས་པ་ལྟ་བུའོ། །རུད་སོགས་དང་། ཀྵུ་དྷ་སོགས་ རྣམས་ཨིཊ་དང་བཅས་པའི་ཀྟྭཱའི་རྐྱེན་ལའང་ཡོན་ཏན་དུ་མི་འགྱུར་ཏེ། སྔར་བཤད་པའི་རུད་ སོགས་རྣམས་ལ་ཀྟྭཱ་བྱིན་པའི་རྗེས་འབྲེལ་ཕྱིས་ནས། ཨཱ་བདུན་པར་བྱིངས་ཐམས་ཅད་པ་མ་ ཡིན་པའི་གསལ་བྱེད་དང་པོ་ཡ་ཡིག་དང་པོ་ཅན་མིན་པའི་དང་པོར་ཞེས་པ་དང་། ཁྱད་པར་ ཀྲྀཏ་དྲུག་པར་ཀྵུདྷི་ཝ་ས་དག་གི་འང་ངོ་ཞེས་པས་བར་དུ་ཨིཊ་བྱིན་པ་སྦྱར་ཏེ། མདོ་འདིས་ བྱིངས་རྣམས་ཡོན་ཏན་མ་བྱས་པར་སི་བྱིན་པ་སྔར་བཞིན་ཕྱིས་པས། རུ་དི་ཏྭཱ(དུད་མོ་བྱས་ཏེ)། བི་དི་ཏྭཱ(ཤེས་པར་བྱས་ནས)། མུ་ཥིཏྭཱ(རྐུན་མ་བྱས་ཏེ)། ཀྵུདྷི་ཏྭཱ(བཀྲེས་པར་བྱས་ཏེ)། ཀུ་ཥིཏྭཱ(འབྱིན་པར་བྱས་ ཏེ)། ཀླི་ཥི་ཏྭཱ(ཉེ་བར་གདུང་བར་བྱས་ཏེ)། མྲྀ་ཌི་ཏྭཱ(སྐེམས་ཏེ)། མྲྀ་དི་ཏྭཱ་(ཞིབ་མོར་བྱས་ཏེ། )ཞེས་པ་ དང་། གཞན་འདྲ་བ་ལ། ཨཱ་བཞི་པར་སྭ་པི་ཝ་ཙི་ཡཛ་སོགས་ཞེས་པས་ཝད་དང་ཝས་ཀྱི་ཝ་ ཡིག་སམ་པྲ་སཱ་ར་ཎ་བྱས་ཏེ་ཨུ་རུ་བསྒྱུར་ཞིང་གྲ་ཧི་ཛྱཱ་ཞེས་པས་གྲའི་ར་དབྱངས་དང་བཅས་ པའང་རྀ་རུ་བསྒྱུར་ལ། ཨཱ་བརྒྱད་པར་ཤ་སི་ཝ་སི་ཞེས་པས་ཝས་ཀྱི་ས་ཡིག་ཥ་དང་ཨཱ་བདུན་ པར་གྲ་ཧི་ལ་པ་རོ྅ཀྵཱ་མིན་པ་ལ་ཞེས་པས་གྲྀ་ཧའི་ཨིཊ་རིང་པོར་བསྒྱུར་བས། ཨུ་དི་ཏྭཱ(གསལ་ བར་སྨྲས་ཏེ)། ཨུ་ཥི་ཏྭཱ(གནས་པར་བྱས་ཏེ)། གྲྀཧཱིཏྭཱ་(ཉེ་བར་བཟུང་ནས། )ཞེས་པ་ལྟ་བུའོ། །སྐན་ད་སྱན་ ད་དག་གི་ཀྟྭཱའོ་ཞེས་པ་ནི་སྐན་དིར་སྐེམ་པ་དང་སྱནྡཱུ་འཛག་པའི་བྱིངས་འདི་དག་གི་ན་ཡིག ཨིཊ་དང་བཅས་པ་མ་ཡིན་པའི་ཀྟྭཱའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་མི་འགྱུར་བའི་ཡོན་ ཏན་ཅན་དུ་འགྱུར་ཏེ། སླར་ཡང་ཀྟྭཱ་སྨོས་པ་ནི་དུར་ཕན་དག་ལས་ཀྟྭཱ་ཡབ་ཏུ་བསྒྱུར་བ་བྱས་ ན་ཡོན་ཏན་ཅན་དུ་མི་འགྱུར་དོན་དུའོ། །ཞེས་གསུངས་སོ། །དཔེར་ན། སྐན་དིར་དང་སྱན་ ངཱུ འི་ཨིར་དང་ཨཱུ་རྗེས་འབྲེལ་ཕྱིས་པ་ལ་ཀྟྭཱ་བྱིན་པ་ན། ཨཱ་བདུན་པར་ཨ་དི་རུ་དི་ཞེས་པའི་ ངེས་པས་སྐན་དའི་མཐར་ཨིཊ་མི་འཇུག་ཅིང་། ཀྲྀཏ་དྲུག་པར་ཨཱུཏ་རྗེས་སུ་འབྲེལ་པ་ཞེས་ པས་སྱན་དའི་མཐར་ཡང་ཨིཊ་མི་འཇུག་ལ། མདོ་འདིས་དབྱི་བར་མི་འགྱུར་བའི་ཡོན་ཏན་ 6-1-453 ཅན་དུ་གསུངས་པས་དེ་དག་གི་ན་ཡིག་མི་འཕྱིད་པར། ནཱ་གསུམ་པར་བརྩེགས་པའི་མཐའ་ དབྱིའོ་ཞེས་པས་ད་ཡིག་དག་དང་། མཐར་སི་བྱིན་པ་སྔར་བཞིན་ཕྱིས་པས། སྐནྟྭཱ(བསྐེམས་ ནས)། སྱནྟྭཱྀ་(ཟགས་ནས། )ཞེས་པ་ལྟ་བུའོ། །ཀྟྭཱའི་རྐྱེན་ཡབ་རུ་བསྒྱུར་བ་ན་དབྱི་བར་མི་འགྱུར་ བའི་ཡོན་ཏན་མི་ཐོབ་པས། དེ་དག་གི་ན་ཡིག་འཕྱིད་ཏེ། དཔེར་ན་པྲ་སྔོན་མ་ཅན་སི་སོགས་ ཀྱི་ཨམ་བྱིན་པའི་མཐར་སྐན་ད་དང་། སྱན་ད་ལ་སྔར་བཞིན་ཀྟྭཱ་བྱིན་ནས། ཀྲྀཏ་གཉིས་པར་ དེའི་དེ་ཡིས་བསྡུ་བའོ་ཞེས་པས་ཨམ་མི་ཟད་པའི་བསྡུ་བས་ཕྱིས་པ་ན། ཀྲྀཏ་དྲུག་པར་བསྡུ་ བ་ལ་འབྱུང་བ་ལ་ཞེས་པས་ཀྟྭཱའི་རྐྱེན་ཡ་པ་རུ་བསྒྱུར་བའི་པ་ཡིག་ཁྱད་དོན་དང་མདོ་འདིས་ ཡོན་ཏན་མི་ཐོབ་པའི་ཕྱིར་ན་ཡིག་ཕྱིས་ཏེ། མཐར་སི་བྱིན་པའང་སྔར་བཞིན་ཕྱིས་པས། པྲསྐདྱ། (དང་པོ་བསྐམས་ཏེ། )པྲསྱདྱ་(དང་པོ་ཟགས་ནས། )ཞེས་པ་ལྟ་བུའོ། །གསལ་བྱེད་དང་པོ་ཨུ་ཨི་ ཨུ་པ་དྷཱ་ཅན་གྱི་ཝ་མིན་པའི་ཡང་ནའོ་ཞེས་པ་ནི་བྱིངས་གསལ་བྱེད་དང་པོར་ཡོད་པ་ཨུ་ཡིག་ དང་ཨི་ཡིག་ཨུ་པ་དྷཱ་ཅན་གྱི་མཐའ་ཝ་ཡིག་མ་ཡིན་པ་རྣམས་ཀྟྭཱའི་རྐྱེན་ཨིཊ་དང་བཅས་པ་ ཕ་རོལ་དུ་ཡོད་པ་ལ། ཡང་ན་ཡོན་ཏན་ཅན་དུ་འགྱུར་ཞིང་། ཡང་ན་མི་འགྱུར་ཏེ། དཔེར་ན། ངྻུཏ་གསལ་བ་དང་། ལི་ཁ་འབྲི་བའི་བྱིངས་ལ་སྔར་བཞིན་ཀྟྭཱ་དང་། ཨཱ་བདུན་པར། བྱིངས་ ཐམས་ཅད་པ་མིན་པ་ཞེས་པས་བར་དུ་ཨིཊ་བྱིན་ནས། མདོ་འདིས་ཨུ་པ་དྷཱའི་ཨུ་དང་ཨིའི་ ཡོན་ཏན་ཨོ་དང་ཨེ་རུ་བསྒྱུར་ཞིང་མཐར་སི་བྱིན་པ་སྔར་བཞིན་ཕྱིས་པས། དྱོ་ཏི་ཏྭ། གསལ་ བར་བྱས་ཏེ། ལེ་ཁི་ཏྭ་བྲིས་ཏེ། ཞེས་པ་དང་། གཞན་འདྲ་བ་ལ་ཡོན་ཏན་དུ་མ་བསྒྱུར་བས། ངྻུཏི་ཏྭཱ། ལི་ཁི་ཏྭཱ་ཞེས་པ་ལྟ་བུའོ། །གསལ་བྱེད་དང་པོར་ཡོད་པ་མ་ཡིན་པའི་ཨུ་དང་ཨི་ཨུ་པ་ དྷཱ་ནི་ཨིཊ་དང་བཅས་པའི་ཀྟྭཱའི་རྐྱེན་ལ་ཡོན་ཏན་དུ་འགྱུར་ཏེ། དཔེར་ན། ཨུ་ཥ་བསྲེག་པ་དང་། ཨི་ཥུ་འདོད་པའི་བྱིངས་ཥུའི་ཨུ་རྗེས་འབྲེལ་ཕྱིས་པ་ལཀྟྭཱ་དང་། ཀྲྀཏ་དྲུག་པར་ཨུཏ་རྗེས་ སུ་འབྲེལ་པ་དང་པཱུང་ཞེས་པས་བར་དུ་ཨིཊ་བྱིན་ནས་སྔར་བཞིན་ཡོན་ཏན་བྱས་ཏེ་སི་ཕྱིས་ 6-1-454 པས། ཨོ་ཥི་ཏྭཱ(བསྲེགས་ཏེ)། ཨེ་ཥ་ཏྭཱ་(འདོད་དེ། )ཞེས་པ་ལྟ་བུའོ། ། གསལ་བྱེད་དང་པོར་ཡོད་ཀྱང་ཨུ་དང་ཨི་ཨུ་པ་དྷཱ་ཅན་མིན་ནའང་རྟག་ཏུ་ཡོན་ཏན་དུ་ འགྱུར་ཏེ། དཔེར་ན། ནྲྀ་ཏི་ལུས་གཡོ་བའི་བྱིངས་ཨི་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཀྟྭཱ་ དང་ཨིཊ་བྱིན་ནས་ཡོན་ཏན་བྱས་ཏེ་སི་ཕྱིས་པས། ནཪྟིཏྭཱ་(གར་བྱས་ནས། )ཞེས་པ་ལྟ་བུའོ། །ཝ་ ཡིག་མཐའ་ཅན་ཡིན་ན། གསལ་བྱེད་དང་པོ་ཨུ་དང་ཨི་ཨུ་པདྷཱ་ཅན་ཡིན་ཡང་རྟག་ཏུ་ཡོན་ ཏན་ཅན་དུ་འགྱུར་ཏེ། དཔེར་ན། དིཝུ་བརྩེ་བའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ ཀྟྭཱ་དང་ཨིཊ་བྱིན་ནས་ཡོན་ཏན་བྱས་ཏེ་མཐར་སི་ཕྱིས་པས། དེ་ཝི་ཏྭཱ་(བརྩེ་བར་བྱས་ཏེ། )ཞེས་པ་ ལྟ་བུའོ། །ཏྲྀ་ཥེ་མྲྀ་ཥ་ཀྲྀ་ཥི་པཉྩི་ལུཉྩ་རིཏ་རྣམས་ཀྱིའང་ངོ་ཞེས་པ་ནི་ཉི་ཏྲྀཥ་སྐོམ་པ་དང་། མྲྀ་ཥ་ བཟོད་པ་དང་། ཀྲྀ་ཥ་ཆུང་ངུར་བྱེད་པ་དང་། ཉྩུ་འགྲོ་བའི་དོན་དང་། ལུཉྩ་ངེས་པར་སེལ་བ་དང་། རྀཏ་མདོ་ལས་བྱུང་བའི་བྱིངས་འདི་རྣམས་ཀྱང་། ཀྟྭཱའི་རྐྱེན་ཨིཊ་དང་བཅས་པ་ཕ་རོལ་དུ་ ཡོད་པ་ལ་ཡང་ན་ཡོན་ཏན་དུ་འགྱུར་ཞིང་། ཡང་ན་མི་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ ཀྱི་ཉི་དང་ཨུ་དང་ཨི་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་ཀྟྭཱ་དང་བར་དུ་ཨིཊ་བྱིན་ནས། རྀ་ ཡིག་རྣམས་ཀྱི་ཡོན་ཏན་ཨར་དུ་བསྒྱུར་ཞིང་། མཐར་སི་བྱིན་པ་ཕྱིས་པས། ཏཪྵིཏྭཱ(བསྐོམས་ ནས)། མཪྵིཏྭཱ(བཟོད་ནས)། ཀཪྵིཏྭཱ(ཆུང་ངུར་བྱས་ནས)། པཉྩི་ཏྭཱ(སོང་ནས)། ལུཉྩི་ཏྭཱྀ(ངེས་པར་སེལ་ཏེ)། ཨཪྟི་ཏྭཱ་(སོང་སྟེ། )ཞེས་པ་དང་། ཡང་ན་ཡོན་ཏན་དུ་མི་འགྱུར་བའི་ཕྱོགས་ལ་གཞན་འདྲ་ཞིང་། ཨ་ནུ་ཥཾ་ག་རྣམ་འགྱུར་བྱས་པའི་ཉ་ཡིག་ཕྱིས་པས། ཏྲྀ་ཥི་ཏྭཱ། མྲྀ་ཥི་ཏྭཱ། ཀྲྀ་ཥི་ཏྭཱ། བ་ཙི་ཏྭཱ། ལུ་ཙི་ ཏྭཱ། རྀ་ཏི་ཏྭཱ། ཞེས་པ་ལྟ་བུའོ། །ཐ་དང་ཕ་མཐའ་ཅན་ཀྱིའང་ཨ་ནུ་ཥཾ་ག་ཅན་རྣམས་ཀྱིའོ་ཞེས་ པ་ནི་ཐ་ཡིག་དང་ཕ་ཡིག་མཐའ་ཅན་གྱི་བྱིངས་ཨ་ནུ་ཥཾ་ག་ཅན་རྣམས་ཀྱང་ཀྟྭཱའི་རྐྱེན་ཨིཊ་ དང་བཅས་པ་ཕ་རོལ་དུ་ཡོད་པ་ལ། ཡང་ན་ཡོན་ཏན་ཅན་དུ་འགྱུར་ཞིང་ཡང་ན་མི་འགྱུར་ ཏེ་དཔེར་ན། གྲནྠ་གཞུང་བསྒྲིག་པ་དང་། གུམྥ་འཁྱུད་པའི་བྱིངས་ལ། ཀྟྭཱ་དང་བར་དུ་ཨིཊ་ 6-1-455 བྱིན་ནས། དབྱི་བ་མ་ཡིན་པའི་ཡོན་ཏན་ཅན་དུ་ཐོབ་པའི་ཕྱོགས་ལ་ཨ་ནུ་ཥཾ་ག་མ་ཕྱིས་པར། མཐའི་སི་ཕྱིས་པས་གྲནྠི་ཏྭཱ། གུམྥི་ཏྭཱ་ཞེས་པ་དང་། ཡོན་ཏན་མི་ཐོབ་པའི་ཕྱོགས་ལ་ཨ་ནུ་ཁི་ ག་དང་སི་ཕྱིས་པས། གྲ་ཐི་ཏྭཱ(གཞུང་བསྒྲིགས་ཏེ)། གུ་ཕི་ཏྭཱ་(འཁྱུད་དེ། )ཞེས་པ་ལྟ་བུའོ། །ཐ་ཡིག་དང་ ཕ་ཡིག་མཐའ་ཅན་མ་ཡིན་པའི་བྱིངས་ཨ་ནུ་ཥཾ་ག་ཅ་ན་ནི་རྟག་ཏུ་མི་འཕྱིད་པའི་ཡོན་ཏན་ཅན་ དུ་འགྱུར་ཏེ། དཔེར་ན། ཤྲནྶུ་འོག་ཏུ་ལྟུང་བའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལཀྟྭཱ་དང་ཨིཊ་ བྱིན་ནས་ན་ཡིག་མ་ཕྱིས་པར་སི་ཕྱིས་པས། ཤྲནྶིཏྭཱ་(འོག་ཏུ་ལྟུང་སྟེ། )ཞེས་པ་ལྟ་བུའོ། །ཨ་ནུ་ཥཾ་ ག་ཅན་མ་ཡིན་པའི་ཐ་ཡིག་དང་ཕ་ཡིག་མཐའ་ཅན་རྣམས་ནི་རྟག་ཏུ་ཡོན་ཏན་ཅན་དུ་འགྱུར་ ཏེ། དཔེར་ན། ཀུ་ཐ་རུལ་པ་དང་། རི་ཕ་འགྲོ་བའི་བྱིངས་ལ། ཀྟྭཱ་དང་ཨིཊ་བྱིན་ནས། ཨུ་དང་ ཨི་ཡོན་ཏན་བྱས་པས། ཀོ་ཐི་ཏྭཱ(རུལ་ནས)། རེ་ཕི་ཏྭཱ་(འགྲོ་སྟེ། ) ཞེས་པ་ལྟ་བུའོ། །ཛ་མཐའ་དང་ ན་ཤ་རྣམས་ཀྱི་ཨིཊ་མེད་པ་རྣམས་ཀྱིའོ་ཞེས་པ་ནི་ཛ་ཡིག་མཐའ་ཅན་གྱི་བྱིངས་དང་། ན་ཤ་ མི་མཐོང་བའི་བྱིངས་རྣམས་ཀྱི་ཨ་ནུ་ཥཾ་ག་དག །ཨིཊ་མེད་པའི་ཀྟྭཱའི་རྐྱེན་ཕ་རོལ་ཏུ་ཡོད་ པ་ལ་ཡོན་ཏན་ཅན་དུ་ཡང་ན་འགྱུར་ཞིང་ཡང་ན་མི་འགྱུར་ཏེ། དཔེར་ན། རནྫ་ཚོས་ཀྱི་བྱིངས་ ལ་ཀྟྭཱ་བྱིན་པ་ན། ཨཱ་བདུན་པར། ཡུ་ཛི་རུ་ཛི་ཞེས་པས་ཨིཊ་མི་འཇུག་ཅིང་། ཨ་ནུ་ཥཾ་ག་མི་ འཕྱིད་པའི་ཡོན་ཏན་བྱས་ཏེ། ནཱ་བཞི་པར། མ་ན་དག་གི་དྷུཊ་ལ་ཞེས་པས་རྗེས་སུ་ང་རོར་ བསྒྱུར་ཞིང་། ཀྲྀཏ་དྲུག་པར་ཙ་ཛ་དག་གི་ཞེས་པས་ཛ་ཡིག་ག་རུ་བསྒྱུར་བ་སྒྲ་མེད་མཐོང་བ་ ལས་ཀ་རུ་བསྒྱུར་ཏེ་སྦྱར་ནས་མཐའི་སི་སྔར་བཞིན་ཕྱིས་པས། རཀྟྭཱཾ་(ཚོས་བྱས་ཏེ། )ཞེས་པ་དང་། གཞན་འདྲ་བ་ལ་ཡོན་ཏན་མེད་པའི་ཕྱོགས་ལ། ན་ཡིག་ཕྱིས་པས། རཀྟྭཱ་ཞེས་པ་དང་། ན་ ཤ་མི་མཐོང་བའི་བྱིངས་ལ་ཀྟྭཱ་བྱིན་པ་ན། ཀྲྀཏ་དྲུག་པར་ར་དྷ་སོགས་རྣམས་ཀྱི་ཞེས་པས་ ཨིཊ་མི་འཇུག་ཅིང་། ཨཱ་ལྔ་པར་མརྫི་ན་ཤ་དག་གི་ཞེས་པས་ཤའི་སྔ་མར་ན་ཡིག་ཨཱ་ག་མ་ བྱིན་ནས། ཨཱ་དྲུག་པར་ཚ་ཤ་དག་གིའང་ངོ་ཞེས་པས་ཤ་ཡིག་ཥ་དང་། ཨཱ་བརྒྱད་པར་ཥ་དང་ 6-1-456 ཊ་སྡེ་ལས་ཏ་སྡེའི་ཞེས་པས་ཏྭཱའི་ཏ་ཡིག་ཊ་རུ་བསྒྱུར་བ། སྔར་བཞིན་ཨ་ནུ་ཥཾ་ག་མ་ཕྱིས་པར་ རྗེས་སུ་ང་རོར་བསྒྱུར་བས། ནཾཥྚཱ་(ཉམས་ནས། ) ཞེས་པ་དང་། ཡོན་ཏན་མ་བྱས་པར་ན་ཡིག་ ཕྱིས་པས། ནཥྚཱ་ཞེས་པ་ལྟ་བུའོ། །ཨིཊ་ཡོད་པ་ལ་ནི་རྟག་ཏུ་མི་འཕྱིད་པའི་ཡོན་ཏན་ཅན་དུ་ འགྱུར་ཏེ། དཔེར་ན། ཨནྫ་གསལ་བའི་བྱིངས་ལ་སྔར་བཞིན་ཀྟྭཱ་ཨིཊ་དང་བཅས་པ་བྱིན་ ནས། མཐར་སི་བྱིན་པ་ཕྱིས་པས་ཨནྫི་ཏྭཱ་(གསལ་བར་བྱས་ཏེ། ) ཞེས་པ་ལྟ་བུའོ། །ཤཱིང་པཱུང་དྷྲྀ་ཥི་ ཀྵི་དཱི་སྭི་དི་མིད་རྣམས་ཀྱི་ཨིཊ་དང་བཅས་པའི་ནིཥྛཱའོ་ཞེས་པ་ནི་ཤཱིང་ཉལ་བ་དང་། པཱུང་དག་ པར་བྱེད་པ་དང་། ཉི་དྷྲི་ཥཱ་སྤྱི་བརྟོལ་ཅན་དང་། ཀྵྭིདཱ་སྣུམ་པ་དང་། ཀྵྭིདཱ་ལུས་ཀྱི་རྡུལ་འབྱུང་ བ་དང་། ཉི་མི་དཱ་སྣུམ་པའི་བྱིངས་འདི་རྣམས་ཀྱི་དབྱངས། ཨིཊ་དང་བཅས་པའི་ནིཥྛཱའི་རྐྱེན་ ཕ་རོལ་དུ་ཡོད་པ་ལ། ཡོན་ཏན་ཅན་དུ་འགྱུར་བ་ནི། ཀ་ལ་ཡཎ་བཞིན་ཞེས་པའི་དགག་པ་ ཐོབ་པ་ལས་དམིགས་བསལ་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱིང་དང་ཉི་དང་ཨཱ་ཡིག་རྗེས་ འབྲེལ་རྣམས་ཕྱིས་པ་ལ། ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས་ཀྟ་དང་ཀྟ་ཝནྟུ་སྦྱིན་པ་དང་། ཀ་ དང་ཏུའི་ཨུ་ཡིག་ཁྱད་དོན་འཕྱིད་པ་དང་། ཀྲྀཏ་དྲུག་པར་དངོས་པོ་དང་པོའི་ཞེས་པ་དང་པཱུང་ ཀླིཤ་ཞེས་པས་བྱིངས་མཐའ་རྣམས་སུ་ཨིཊ་སྦྱིན་པ་དང་། མདོ་འདིས་བྱིངས་ཀྱི་དབྱངས་ རྣམས་ཡོན་ཏན་དུ་བྱེད་པ་ནི་ཐམས་ཅད་ལ་མཚུངས་ཤིང་། ཁྱད་པར་ཤཱིང་ལ་ཀྟ་དང་བར་དུ་ ཨིཊ་བྱིན་ནས། སྔར་བཤད་པ་ལྟར་བསྒྲུབས་ཏེ་མཚམས་སྦྱར་བ་ལ་སི་བྱིན་པ་རྣམ་བཅད་དུ་ བསྒྱུར་བས། ཤ་ཡི་ཏཿ(ཉལ་ལོ། །)ཞེས་པ་དང་། ཀྟ་ཝནྟུ་བྱིན་ནས་སྔར་བཞིན་བསྒྲུབས་ཏེ། སི་ བྱིན་པ་ན། ནཱ་གཉིས་པར་ཨནྟུ་དང་ཨས་མཐའི་ཞེས་པས་ཝ་ཡིག་རིང་པོར་བསྒྱུར་ཞིང་། ནཱ་ གསུམ་པར་བརྩེགས་པའི་མཐའ་དབྱིའོ་ཞེས་པས་ཝནྟིའི་ཏ་དང་། ནཱ་དང་པོར། གསལ་བྱེད་ ལས་ཀྱང་ངོ་ཞེས་པ་ལྟར་སི་ཕྱིས་པས། ཤ་ཡི་ཏ་ཝཱན་(ཉལ་ཟིན། ) ཞེས་པ་དང་། དེ་བཞིན་དུ་ པཱུང་ལའང་མཚུངས་བར་སྦྱར་བས། པ་ཝི་ཏཿ(དག་པར་བྱས་ཟིན། )པ་ཝི་ཏ་ཝཱན་ཞེས་པ་དང་། དྷྲྀ་ 6-1-457 ཥའི་སྔོན་དུ་ཉེར་བསྒྱུར་པྲ་དང་ཨཱང་མཚམས་སྦྱར་བ་བཞག་སྟེ། གཞན་སྔར་དང་འདྲ་བས་པྲཱ་ དྷཪྵ་ཏཿ(དཔྲལ་མགོ་ཅན། )པྲཱ་དྷཪྵ་ཏ་ཝཱན་(སྤྱི་བརྟོལ་བྱས་ཟིན། )ཞེས་པ་དང་། ཨཱ་བརྒྱད་པར། བྱིངས་ ཀྱི་དང་པོའི་ཥའི་ཞེས་པས་ཥྭིད་ཀྱི་ཥ་ཡིག་ས་རུ་བསྒྱུར་ཞིང་ཀྵྭིད་དང་སྭི ད་དང་། མིད་ཀྱི་ སྔོན་དུ་པྲ་བཞག་སྟེ། གཞན་སྔར་བཞིན་བསྒྲུབས་པས། པྲཀྵྭེདི་ཏཿ(སྣུམ་པར་བྱས། )པྲཀྵྭེདི་ཏ་ ཝཱན། པྲ་སྭེ་དི་ཏཿ (རྡུལ་བྱུང་། )པྲ་སྭེ་དི་ཏ་ཝཱན། པྲ་མེ་དི་ཏཿ (སྣུམ་པ་བྱས། )པྲ་མེ་དི་ཏ་ཝཱན་ཞེས་ པ་ལྟ་བུའོ། །ཨིཊ་དང་བཅས་པ་མ་ཡིན་ན་ནིཥྛཱ་ཡོད་ཀྱང་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ ན། པཱུ་དང་དྷྲྀ་ཥ་ལས། ཀྲྀཏ་དྲུག་པར་དང་པོའི་ལས་ལ་ཞེས་པ་དང་། ཀྲྀཏ་བཞི་པར་ཉི་རྗེས་ སུ་འབྲེལ་པ་དང་ཞེས་པས་ཀྟ་བྱིན་ནས་ཁྱད་དོན་ཕྱིས་ཏེ། ཀྲྀཏ་དྲུག་པར་པཱུང་ཀླི་ཤ་དག་ལ་ ཡང་ནའོ་ཞེས་པ་དང་། དངོས་པོ་དང་དང་པོའི་ལས་དག་ལ་ཡང་ནའོ་ཞེས་པས་ཡང་ན་ཨིཊ་ མེད་པའི་ཕྱོགས་ལ་མདོ་འདིས་ཡོན་ཏན་དུ་མི་འགྱུར་ཞིང་། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ལས་ ཞེས་པ་ལྟར་ཥའི་ནུས་པས་ཏ་ཡིག་ཊ་རུ་བསྒྱུར་བའི་མཐར་སི་བྱིན་པས། པཱ་ཏཿ(དག་པར་བྱས། ) དྷྲྀཥྚཿ (སྤོབས་པ་ཅན། )ཞེས་པ་ལྟ་བུའོ། །མྲྀ་ཥའི་བཟོད་པ་ལའོ་ཞེས་པ་ནི་མྲྀཥ་ཞེས་པའི་བྱིངས་ འདི་ཉིད་བཟོད་པ་ལ་འཇུག་བཞིན་པའི་ཚེ། ཨིཊ་དང་བཅས་པའི་ནིཥྛཱའི་རྐྱེན་ཕ་རོལ་དུ་ཡོད་ པ་ལ་ཡོན་ཏན་དུ་འགྱུར་ཏེ། དཔེར་ན། མྲྀ་ཥལས། ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས་ཀྟ་དང་ ཀྟ་ཝནྟུ་དང་། བར་དུ་ཨིཊ་བྱིན་ནས་རྀ་ཡིག་ཡོན་ཏན་དུ་བྱས་ཏེ་མཐར་སི་བྱིན་པ་ན་བསྒྲུབ་ ཚུལ་སྔ་མ་བཞིན་བྱས་པས། མཪྵིཏཿ མཪྵིཏ་ཝཱན་ཞེས་པ་ལྟ་བུའོ། །བཟོད་པ་ལ་མི་འཇུག་ ན་ཨིཊ་དང་བཅས་པའི་ནིཥྛཱ་ཕ་རོལ་ན་ཡོད་ཀྱང་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། ཨ་པ་ སྔོན་མ་ཅན་གྱི་མྲྀཥ་ལ། ཀྲྀཏ་ལྔ་པར་དངོས་པོ་ལ་མ་ནིང་ལ་ཞེས་པས་ཀྟ་དང་། ཨཱ་བདུན་ པར་བྱིངས་ཐམས་ཅད་པ་མིན་པའི་ཞེས་པས་བར་དུ་ཨིཊ་བྱིན་ནས། མཐར་སི་བྱིན་པ་ནཱ་ གཉིས་པར་མ་ནིང་ལས་སི་ཨམ་དག་གིས་ཞེས་པས་ཕྱིས་ལ། ཨ་ཡིག་ལས་སཾ་བུདྡྷི་མ་ཡིན་ 6-1-458 པ་ལ་ཞེས་པས་ཏའི་མཐར་མུ་ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཕྱིས་ཏེ། མ་གསལ་བྱེད་ལ་ རྗེས་སུ་ང་རོར་བསྒྱུར་བས། ཨ་པ་མྲྀཥི་ཧཾ་ཞེས་པ་ལྟ་བུའོ། །དངོས་པོ་དང་དང་པོའི་ལས་དག་ ལ་ཨུཏ་ཨུ་པདྷཱ་ལས་ཡང་ནའོ་ཞེས་པ་ནི་དངོས་པོ་དང་དང་པོའི་ལས་ཀྱི་དོན་ལ་ཨུ་ཡིག་ཨུ་ པ་དྷཱ་ཅན་གྱི་བྱིངས་རྣམས། ཨིཊ་དང་བཅས་པའི་ནིཥྛཱའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཡོན་ཏན་ ཅན་དུ་ཡང་ན་འགྱུར་ཞིང་ཡང་ན་མི་འགྱུར་ཏེ། ཨུཏ་ཅེས་ཏ་ཡིག་སྦྱར་བ་ནི་ཨུ་ཡིག་རིང་པོ་ གཅོད་པའི་དོན་ཏེ། དཔེར་ན། དངོས་པོ་ལ་ནི་ངྻུཏི་འབར་བ་དང་། མུ་དི་དགའ་བའི་བྱིངས་ ཨི་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་ལྔ་པར་དངོས་པོ་ལ་མ་ནིང་ལ་ཞེས་པས་ཀྟ་བྱིན་པའི་ཀ་ཁྱད་ དོན་དབྱི་ཞིང་། ཨཱ་བདུན་པར་བྱིངས་ཐམས་ཅད་པ་མིན་པ་ཞེས་པས་བར་དུ་ཨིཊ་བྱིན་ནས། ཡང་ན་ཡོན་ཏན་བྱས་ཏེ། སྔར་བཞིན་སི་བྱིན་པ་མ་ནིང་ལས་དབྱི་ཞིང་མུ་ཨཱ་ག་མ་སྦྱར་བས། དྱོ་ཏི་ཏཾ། (འབར་རོ། །)མོ་དི་ཏཾ་(དགའ་བར་བྱས། )ཞེས་པ་དང་གཞན་འདྲ་བ་ལ་ཡང་ན་ཡོན་ཏན་མ་ བྱས་བས། དྱུ་ཏི་ཏཾ། མུ་དི་ཏཾ་ཞེས་པ་ལྟ་བུའོ། །དང་པོའི་ལས་ལ་ནི་པྲ་སྔ་མ་ཅན་གྱི་དྱུཏ་དང་ མུད་ལ། ཀྲྀཏ་དྲུག་པར། དང་པོའི་ལས་ལ་ཞེས་པས་ཀྟ་དང་། སྔར་བཞིན་བར་དུ་ཨིཊ་བྱིན་ ནས་ཡང་ན་ཡོན་ཏན་བྱས་ཏེ། མཐར་སི་བྱིན་པ་རྣམ་བཅད་དུ་བསྒྱུར་བས། པྲ་དྱོ་ཏི་ཏཿ པྲ་ མོ་དི་ཏཿཞེས་པ་དང་། ཡང་ན་ཡོན་ཏན་མ་བྱས་པས། པྲ་དྱུ་ཏི་ཏཾཿཔྲ་མུ་དི་ཏཿཞེས་པ་ལྟ་བུ་སྟེ། པྲའི་སྒྲ་ནི་དང་པོའི་ལས་གསལ་བར་བྱེད་པའི་དོན་ཏོ། །དངོས་པོ་དང་ལས་ཀྱི་དོན་མ་ཡིན་ ན་ཨུཏ་ཨུ་པ་དྷཱ་ཅན་ཡིན་ཀྱང་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། མུད་ལ་ཀྲྀཏ་དྲུག་པར་ འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟ་དང་། སྔར་བཞིན་བར་དུ་ཨིཊ་དང་མཐར་སི་ བྱིན་པས། མུ་དི་ཏཿ(དགའོ། །)ཞེས་པ་ལྟ་བུའོ། །དངོས་པོ་དང་དང་པོའི་ལས་ཀྱི་དོན་ཡིན་ཀྱང་། ཨུཏ་ཨུ་པ་དྷཱ་ཅན་མ་ཡིན་ནའང་ཡོན་ཏན་དུ་མི་འགྱུར་ཏེ། དཔེར་ན། ལི་ཁ་འདྲི་བའི་བྱིངས་ ལ་ཀྲྀཏ་ལྔ་པར་དངོས་པོ་ལ་མ་ནང་ལ་ཞེས་པས་ཀྟ་དང་། སྔར་བཞིན་བར་དུ་ཨིཊ་བྱིན་ནས། 6-1-459 མཐར་སི་བྱིན་པ་མ་ནིང་ལས་ཕྱིས་ཏེ། མུ་ཨཱ་ག་མ་སྦྱར་བས། ལི་ཁི་ཏཾཿ(བྲིས་སོ། །) ཞེས་པ་ལྟ་ བུའོ། ། བཞི་པ་བྱིངས་རྣམས་ནིཥྛཱ་དང་གྷ་དང་ཁ་རྗེས་སུ་འབྲེལ་པ་ལ་ཐུང་ངུར་འགྱུར་ཚུལ་ནི། ཧླཱད་ཀྱི་ཐུང་ངུའོ་ཞེས་པ་ཧླཱད་བདེ་བའི་བྱིངས་འདི་ཉིད། ནིཥྛཱའི་རྐྱེན་ཙམ་ཕ་རོལ་དུ་ཡོད་ པ་ལ་ཐུང་ངུར་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཧླཱད་ལ། ཀྲྀཏ་དྲུག་པར་འགྲོ་བའི་དོན་ དང་མེད་པ་ཞེས་པས་ཀྟ་དང་། ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས་ཀྟ་ཝནྟུ་བྱིན་ནས། ཀྲྀཏ་ དྲུག་པར་ཌཱིད་ཤྭི་ཞེས་པས་ཨིཊ་མི་འཇུག་ཅིང་། མདོ་འདིས་དབྱངས་ཐུང་ངུར་བསྒྱུར་ལ། ཀྲྀཏ་ དྲུག་པར་ད་ལས་དའི་འང་ངོ་ཞེས་པས་རྐྱེན་གྱི་ཏ་ཡིག་དག་ན་ཡིག་དང་། བྱིངས་ཀྱི་དའང་ ན་ཡིག་ཏུ་བསྒྱུར་ཏེ། མཐར་སི་བྱིན་ནས་སྔར་བཞིན་བསྒྲུབས་པས། པྲཧླནྣཿ(རབ་ཏུ་དགའོ། །) པྲཧླནྣ་ཝཱན་ཞེས་པ་ལྟ་བུའོ། །ཚཱ་དིའི་གྷ་ཨིས་མན་ཏྲན་ཀྭིཔ་རྣམས་ལའང་ངོ་ཞེས་པ་ཚཱད་ཡང་ དག་པར་སྒྲིབ་པ་ལའོ་ཞེས་པའི་བྱིངས་འདིའི་དབྱངས། གྷ་དང་ཨིས་དང་མན་དང་ཏྲན་དང་། ཀྭིཔ་རྣམས་ཀྱི་རྐྱེན་ཕ་རོལ་དུ་ཡོད་པ་ལ་ཐུང་ངུར་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཚཱད་ ལ། ཀྲྀཏ་ལྔ་པར་སྐྱེས་པ་ལ་མིང་ལ་ཞེས་པས་གྷའི་རྐྱེན་དང་། ཚཱད་རྐྱང་པ་ལ། ཨུཎ་སོགས་ ལས་འཕྲོས་པའི་མདོར་ཨཪྩི་ཤུ་ཙི་ཧུ་སྲི་ཚཱ་དི་ཙྪྀ་འདི་རྣམས་ལ་ཨིས་སོ་ཞེས་པས་ཨིས་དང་། ཚཱ་དི་ལས་མ་ནའོ་ཞེས་པས་མན་དང་། ཥྚཱན་འོ་ཞེས་པས་ཥྚྲཱ་ན་དང་། གྲྀ་ཧ་སྔ་མ་ཅན་གྱི་ ཚཱད་ལ། ཀྲྀཏ་གསུམ་པར་ཀྭི་པའོ་ཞེས་པས་ཀྭིཔ་བྱིན་པ་ན་གྷ་གསལ་བྱེད་དང་། ཥྚྲཱན་གྱི་ ཥ་དང་ཀྭི་རངས་པོ་རྣམས་ཁྱད་པར་གྱི་དོན་དང་། ཥྚྲཱན་གྱི་ན་ཡིག་རྣམ་པ་སྣ་ཚོགས་ཀྱི་དོན་ ཡིན་པས། དབྱི་ཞིང་། ཚཱད་ཙུར་སོགས་ཀྱི་ནང་ཚན་ཡིན་པས། ཨཱ་གཉིས་པར་ཙུར་སོགས་ ལས་ཀྱང་ངོ་ཞེས་པས་ད་ཡིག་གི་མཐར་ཨིན་བྱིན་པའང་། ཨཱ་དྲུག་པར་ཀཱ་རི་ཏའི་ཨཱམ་ཨིཏ་ ཞེས་པས་ཕྱིས་ཏེ། མདོ་འདིས་ཚཱ་ཡིག་ཐུང་ངུར་བསྒྱུར་ནས། མཐར་སི་བྱིན་པ་ནི་ཐམས་ཅད་ 6-1-460 ལ་མཚུངས་ཤིང་། ཁྱད་པར་པྲ་ཚཱད་ཀྱི་ད་ལ་གྷའི་ཨ་ཡིག་སྦྱར་ནས། སི་རྣམ་བཅད་དུ་སྦྱར་ ཏེ། སན་ལྔ་པར་དབྱངས་ལས་ཕ་རོལ་གྱི་ཚ་ཡིག་ཅེས་པས་ཚ་ཡིག་གཉིས་སུ་བསྒྱུར་ལ། ནཱ་ གསུམ་པར་སྒྲ་མེད་པ་ལ་དང་པོའི་ཞེས་པས་སྟེང་མ་ཙ་རུ་བསྒྱུར་བས། པྲ་ཙྪ་དཿ(དང་པོར་སྒྲིབ་ བོ། །)ཞེས་པ་དང་། ཚད་ལ་ཨིས་སྦྱར་ནས་གསལ་བྱེད་མཐའ་ལས་སི་ཕྱིས་ཏེ། ཨིས་ཀྱི་ས་རྣམ་ བཅད་དུ་བསྒྱུར་བས། ཚ་དིཿ(སྒྲིབ་བོ། །)ཞེས་པ་དང་། ཚད་ལ་མན་བྱིན་པ་ན། ནཱ་གཉིས་པར་ མ་ནིང་ལས་སི་ཨམ་དག་ཅེས་པས་སི་དབྱི་ཞིང་། དེ་ལ་བརྗོད་པའམ་མ་ཡིན་ནོ་ཞེས་པས་མ་ རིང་པོར་མི་འགྱུར་ལ། ནཱ་གསུམ་པར་རྟགས་མཐའི་ཞེས་པས་ན་ཡིག་ཀྱང་ཕྱིས་པས། ཚདྨ་ (སྒྲིབ་པའོ། །)ཞེས་པ་དང་། ཊྲའི་མཐའི་ཡང་མ་ནིང་ལས་སི་ཕྱིས་ཏེ། དམིགས་བསལ་གྱིས་སྔར་ བཞིན་མུ་ཨཱ་ག་མ་སྦྱིན་ཞིང་། མདོ་འདིར་ཨིས་མན་ཏྲན་ཞེས་བརྗོད་པ་ལས། ཥ་ཉིད་ལྡོག་ པ་ན་ཊ་ཉིད་ཀྱང་ལྡོག་གོ་ཞེས་སློབ་ཕན་དུ་བཤད་པས་ཊ་ཡིག་ཏ་རུ་བསྒྱུར་ནས་རྫོགས་པ་ལ་ ཡང་ནའོ་ཞེས་པས་དའང་ཏ་རུ་བསྒྱུར་བས། ཚཏྟྲཾ(གདུགས། )ཞེས་པ་དང་། ཕྱི་མ་ལའང་གསལ་ བྱེད་ལས་སི་ཕྱིས་ཏེ། ཚ་ཡིག་གཉིས་དང་སྟེང་མ་ཙ་རུ་འགྱུར་བ་སྔ་མ་བཞིན་དང་། རྫོགས་ པ་ལ་ཡང་ན་བྱས་པས། གྲྀཧ་ཙྪཏ(ཁང་པའི་གྲིབ་མ་)ཅེས་པ་ལྟ་བུའོ། །ཉེ་བའི་ཚིག་མི་ཟད་པ་ མིན་པ་རིང་པོའི་ཁ་རྗེས་སུ་འབྲེལ་བ་ལའོ་ཞེས་པ་ནི་ཉེ་བའི་ཚིག་མི་ཟད་པའི་མིང་ཅན་མིན་ པའི་བྱིངས་ཀྱི་སྔ་མར་ཡོད་པའི་རིང་པོའི་མཐའ་ཅན་དེ་ཉིད་ཁ་རྗེས་སུ་འབྲེལ་པའི་རྐྱེན་དང་ ལྡན་པའི་བྱིངས་ཕ་རོལ་དུ་ཡོད་པ་ལ། ཐུང་ངུར་འགྱུར་ཏེ། དཔེར་ན། ས་ཏཱི་དང་། ཏ་རུ་ཎཱི་ རིང་པོའི་མཐའ་ཅན་སྔ་མ་ཅན་གྱི་མན་ཤེས་པའི་བྱིངས་ལ། ཀྲྀཏ་གསུམ་པར་བདག་ཉིད་ལ་ ཁ་ཤའང་ངོ་ཞེས་པས་ཁ་ཤ་བྱིན་པ་ན། ཤ་ཡིག་བཤད་ཟིན་གྱི་ཁྱད་དོན་དང་། ཁ་ཡིག་མདོ་ འདིའི་ཁྱད་དོན་ཡིན་པས་དབྱི་ཞིང་། ཁའི་དབྱངས་ཨ་ཡིག་བཞག་ལ། ཨཱ་གཉིས་པར་དི་ཝ་ སོགས་ལས་ཞེས་པས་བར་དུ་ཡན་བྱིན་ནས། དེའི་ན་ཡིག་ཁྱད་དོན་དང་། ཨཱ་དྲུག་པར་ཨཱ་ 6-1-461 དང་མཚམས་སྦྱོར་གྱི་ཡི་གེ་དག་ལ་ཞེས་པས་ཡའི་དབྱངས་ཕྱིས་ཏེ། ནཱ་བཞི་པར། བུད་མེད་ ལ་ཨ་ལས་ཨཱ་པའོ་ཞེས་པས་བུད་མེད་དུ་སྒྲུབ་པ་ལ་ཨཱ་བྱིན་ནས་མཚམས་སྦྱར་ཞིང་། མདོ་ འདིས་སྔ་མ་ཉེ་བའི་ཚིག་ཏཱི་དང་ཎཱི་ཐུང་ངུར་བསྒྱུར་ལ། འདི་ཉིད་དུ། ཐུང་བ་དང་། ཨ་རུ་ཥ་ དག་ཅེས་པས་སྔ་མ་དག་གི་མཐར་མུ་ཨཱ་ག་མ་བྱིན་ནས། གཉིས་ཀའི་མཐར་སི་བྱིན་པ་ཤྲད་ དྷཱ་ལས་ཕྱིས་ཏེ། དེ་དག་གི་ཕ་རོལ་ན། ཀུ་ལ་ཊཱ་དང་། བྲྀད་དྷཱ་ཡོད་པ་ལས། ས་ཏིཾ་མ་ནྱཱ་ཀུ་ལ་ ཊཱ། ཏ་རུ་ཎིཾ་མ་ཎྱཱ་བྲྀད་དྷཱ་ཞེས་པ་ལྟ་བུའོ། །ཉེ་བའི་ཚིག་མི་ཟད་པའི་མིང་ཅན་ཡིན་ན། རིང་ པོའི་མཐའ་ཅན་ཡིན་ཀྱང་། ཁ་རྗེས་སུ་འབྲེལ་པའི་རྐྱེན་དང་ལྡན་པའི་བྱིངས་ཕ་རོལ་ལ་ཐུང་ ངུར་མི་འགྱུར་ཏེ། དཔེར་ན། དི་ཝཱ་དང་། དོ་ཥཱ་མི་ཟད་པའི་མིང་ཅན་སྔ་མར་ཡོད་པའི་མན་ལ། ཁ་ཤ་དང་། བར་དུ་ཡན་དང་། དེའི་མཐར་ཨཱ་བྱིན་ནས་སི་འཕྱིད་པའི་བར་སྔ་མ་ལྟར་བྱས་ཏེ། ཉེ་བའི་ཚིག་ཐུང་ངུར་མ་གྱུར་པ་དག་གི་ཕ་རོལ་ན་རཱ་ཏྲིཿདང་། མ་ཧཿཡོད་པ་ལས། དིཝཱ་མནྱཱ་ རཱ་ཏྲིཿ(ཉིན་མོར་ཤེས་པ་མཚན་མོ། )དོ་ཥཱ་མ་ནྱཱམ་ཧཿ(མཚན་མོར་ཤེས་པ་ཉིན་མོར། )ཞེས་པ་ལྟ་བུའོ། ། ལྔ་པ་བྱིངས་སོ་སོའི་མཐར་ཨཱ་ག་མ་རྣམས་ཇི་ལྟར་འཇུག་ཚུལ་ནི། དབྱངས་གཅིག་པའི་ ནཱ་མིའི་ཨམ་སྟེ་རྐྱེན་བཞིན་འང་ངོ་ཞེས་པ་ཉེ་བའི་ཚེག་མི་ཟད་པ་མིན་པ། དབྱངས་གཅིག་ དང་ལྡན་པའི་ནཱ་མིའི་དབྱངས་གང་རུང་གི་མཐར། ཁ་རྗེས་སུ་འབྲེལ་པའི་རྐྱེན་དང་ལྡན་པའི་ བྱིངས་ཕ་རོལ་ལ། ཨམ་ཨཱ་ག་མ་སྦྱིན་པར་འགྱུར་ཞིང་། རྐྱེན་བཞིན་ཞེས་པ་ཨཾ་དང་ཉེ་བར་ སྨོས་པས། བྱ་བ་རྣམས་ནི་གཉིས་པའི་གཅིག་ཚིག་གི་ཨམ་ཁོ་ན་དང་འདྲ་བར་ཤེས་པར་བྱ་ སྟེ། དཔེར་ན། གོ་དང་ཤྲཱི་དང་བྷཱུ་དང་ཏྲྀ་སྔ་མ་ཅན་གྱི་མན་ལ། ཁ་ཤ་དང་བར་དུ་ཡན་བྱིན་ ནས་སྔར་བཞིན་བསྒྲུབས་པའི་མཐར་སི་སྦྱིན་ཞིང་མདོ་འདིས་སྔ་མ་གོལ་སོགས་པའི་མཐར་ ཨཾ་ཨཱ་ག་མ་བྱིན་པ་ན། རྐྱེན་དང་འདྲ་བའི་བྱ་བ་ནཱ་གཉིས་པར་ཨམ་ཤས་དག་ལ་ཞེས་པས་ གོའི་དབྱངས་ཨཱ་དང་། ཨཱིཏ་ཨཱུཏ་དག་གི་ཨི་ཡ་ཨུ་ཝ་དག་དབྱངས་ལའོ་ཞེས་པས་ཤྲཱིའི་ 6-1-462 དབྱངས་ཨིཡ་དང་བྷཱུའི་དབྱངས་ཨུཝ་དང་། ནཱ་དང་པོར་གྷུཊ་ལའང་ངོ་ཞེས་པས་ཏྲྀའི་དབྱངས་ ཨར་དུ་བསྒྱུར་ཏེ་སྐྱར་བས། གཱཾ་མ་ནྱཿ(མཐོ་རིས་ཤེས། ) ཤྲཱི་ཡཾ་མ་ནྱཿ(བསྟེན་པར་ཤེས། )བྷུ་ཝཾ་མ་ནྱཿ (ས་གཞི་ཤེས། )ཏ་རཾ་མ་ནྱཿ (སྒྲོལ་མ་ཤེས། )ཞེས་པ་ལྟ་བུའོ། །དབྱངས་གཅིག་པ་ཡིན་ཀྱང་ནཱ་མི་མ་ ཡིན་ན། ཁ་རྗེས་སུ་འབྲེལ་པའི་རྐྱེན་དང་ལྡན་པའི་བྱིངས་ཕ་རོལ་ལ། ཨམ་ཨཱ་ག་མ་སྦྱིན་ པར་མི་འགྱུར་ཏེ། དཔེར་ན། ཛྙཱ་སྔ་མ་ཅན་གྱི་མན་ལ་སྔར་བཞིན་ཁ་ཤ་དང་བར་དུ་ཡན་དང་ དེའི་མཐར་ཨཱ་བྱིན་ནས་སི་འཕྱིད་པའི་བར་སྔ་མ་ལྟར་བྱས་ལ། མདོ་སྔ་མས་ཉེ་བའི་ཚིག་ཛྙཱ་ རིང་པོ་ཐུང་ངུར་བསྒྱུར་ཞིང་། མདོ་འགོ་མས་མ་ཨཱ་ག་མ་བྱིན་པས། ཛྙཾ་མ་ཎྱ་(ཁོང་དུ་ཆུད་པ་ཤེས། ) ཞེས་པ་ལྟ་བུའོ། །དབྱངས་གཅིག་པ་མ་ཡིན་ན་ནཱ་མི་ཡིན་ཀྱང་། ཁ་རྗེས་སུ་འབྲེལ་པ་དང་ ལྡན་པའི་བྱིངས་ཕ་རོལ་ལ། ཨམ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། སེ་ནཱ་ནཱི་སྔ་མ་ ཅན་གྱི་མན་ལ་ཁ་ཤ་དང་བར་དུ་ཡན་བྱིན་ནས་སྔར་བཞིན་བསྒྲུབས་པའི་མཐར་སི་སྦྱིན་ཞིང་། ཉེ་བའི་ཚིག་ཐུང་ངུར་བསྒྱུར་ཏེ། སྔར་བཞིན་མ་ཨཱ་ག་མ་བྱིན་པས། སེ་ནཱ་ནི་མཾ་ནྱཿ(སྡེ་རྣམས་ ཤེས། )ཞེས་པ་ལྟ་བུའོ། །ཐུང་བ་དང་ཨ་རུ་ཥ་དག་གི་མ་མཐའོ་ཞེས་པ་ནི་ཉེ་བའི་ཚིག་མི་ཟད་པ་ མིན་པ་ཐུང་ངུའི་མཐའ་ཅན་དང་། ཨ་རུ་ཥ་ཞེས་པ་འདི་དག་གི་མཐར། ཁ་རྗེས་སུ་འབྲེལ་ པའི་རྐྱེན་དང་ལྡན་པའི་ཕྱིངས་ཕ་རོལ་ལ། མ་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། མཐའི་སྒྲ་ནི་ ཨཱ་ག་མ་ཉིད་དུ་གསལ་བར་བྱེད་དོ་ཞེས་ཀྱང་གསུངས་སོ། །དཔེར་ན། སྟ་ན་སྔ་མ་ཅན་གྱི་ དྷེཊ་འཐུང་བའི་བྱིངས་ཊ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་གསུམ་པར་ཤཱ་ནི་སྟ་ན་མུཉྫ་ཞེས་པས་ ཁ་ཤ་བྱིན་ནས། ཨཱ་གཉིས་པར་བྱེད་པ་པོ་ལ་ཞེས་པས་བར་དུ་ཨན་བི་ཀ་ར་ཎ་བྱིན་པ་ན། ཨཱ་ དྲུག་པར་ཨ་དང་མཚམས་སྦྱོར་གྱི་ཞེས་པས་ཁའི་དབྱངས་བཞག་པའང་ཕྱིས་པ་ལ། དྷིའི་ དབྱངས་དང་མཚམས་སྦྱར་ཞིང་མདོ་འདིས་ཉེ་བའི་ཚིག་གི་མཐར་མ་ཨཱ་ག་མ་བྱིན་ནས་རྗེས་ སུ་ང་རོར་གྱུར་པ། སྡེ་པ་ལ་སྡེ་པའི་མཐའ་ན་ཡིག་ཏུ་བསྒྱུར་ཏེ། མཐར་སི་བྱིན་པས། སྟ་ནཪྡྷ་ 6-1-463 ཡཿ(ནུ་མ་ལ་འཐུང་ངོ་། །)ཞེས་པ་དང་། ཨ་རུ་ཥ་སྔ་མ་ཅན་གྱི་ཏུ་ད་བརྡུང་བའི་བྱིངས་ལ། ཀྲྀཏ་ གསུམ་པར་བི་དྷུ་ཨ་རུས་ཏི་ལ་ཞེས་པས་ཁཤ་བྱིན་ནས་བསྒྲུབ་ཚུལ་གཞན་སྔར་དང་འདྲ་བ་ ལ། ནཱ་གསུམ་པར་བརྩེགས་པ་དང་པོའི་དྷུཊ་ལས་སོ་ཞེས་པས་ཨ་རུས་ཀྱིས་དབྱི་ཞིང་། བི་ ཀཱ་ར་ཎའི་ཨ་ཡིག་ད་ལ་སྦྱར་བས། ཨརུནྟུ་དཿཞེས་པ་ལྟ་བུ། ས་ཏྱ་ཨ་གད་ཨསྟུ་རྣམས་ཀྱི་ ཀཱར་ལའོ་ཞེས་པ་ནི་ས་ཏྱ་དང་ཨག་ད་དང་ཨསྟུ་རྣམས་ཀྱི་མཐར། ཀཱ་རའི་སྒྲ་ཕ་རོལ་ལ་མ་ ཡིག་ཨཱ་ག་མ་སྦྱིན་པར་བྱ་སྟེ། དེ་རྣམས་སྔ་མ་ཅན་གྱི་ཌུ་ཀྲྀཉ་བྱེད་པའི་བྱིངས་རྗེས་འབྲེལ་ དག་ཕྱིས་པ་ལ། ཀྲྀཏ་གསུམ་པར་ལས་ལ་ཨཎའོ་ཞེས་པས་ཨཎ་བྱིན་པའི་ཎ་ཡིག་ཨི་ཙ་དང་ བྱ་བ་འདྲ་བའི་དོན་ཡིན་པས་ཕྱིས་ནས། དེའི་མཐུས། ཨཱ་དྲུག་པར་ཨིན་ཨིཙ་ཨཊ་རྣམས་ལ་ ཞེས་པས་རྀ་ཡིག་འཕེལ་བ་བྱས་ཏེ་ཨ་དང་སྦྱར་བས་ཀཱར་ཞེས་པར་གྱུར་པ་ན། མདོ་འདིས་ ས་ཏྱ་སོགས་ཀྱི་མཐར་མ་ཨཱ་ག་མ་དང་། མཐར་སི་བྱིན་པས། སཏྱཾ་ཀཱ་རཿ(བདེན་པར་བྱེད། ) ཨ་ ག་དཾ་ཀཱ་རཿ(དཔུང་རྒྱན། ) ཨསྟུཾཀཱ་རཿཞེས་པ་ལྟ་བུའོ། །གི་ལ་མ་ཡིན་པའི་གི་ལ་ལའོ་ཞེས་པ་ལ། སློབ་ཕན་དུ་ཉེ་བའི་ཚིག་མི་ཟད་པ་མིན་པ་དང་ཐུང་ངུ་སྨོས་པ་རྗེས་སུ་འཇུག་ཅེས་གསུངས་ པས། ཉེ་བའི་ཚིག་མི་ཟད་པ་མིན་པ་ཐུང་ངུའི་མཐའ་ཅན་གི་ལའི་སྒྲ་མ་ཡིན་པའི་མཐར། གི་ ལའི་སྒྲ་ཕ་རོལ་ཏུ་ཡོད་པ་ལ་མ་ཡིག་ཨཱ་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཏི་མི་དང་ཤ་ཏྲུ་སྔ་ མ་ཅན་གྱི་གྲཱྀ་ངེས་པར་གནོན་པའི་བྱིངས་དག་ལ། ཀྲྀཏ་གཉིས་པར་ནཱ་མི་ཨུ་པ་དྷཱ་དང་པྲཱྀ་ཀྲཱྀ་གྲཱྀ་ ཛྙཱ་རྣམས་ཀྱི་ཀའོ་ཞེས་པས་ཀའི་རྐྱེན་བྱིན་ནས། ཀ་ཁྱད་དོན་དབྱི་ཞིང་དེའི་དབྱངས་བཞག་ སྟེ། འདི་ཉིད་དུ་ཀ་ལ་ཡཎ་བཞིན་ཞེས་པས། ཨཱ་ལྔ་པར། རཱྀཏ་མཐའི་ཡོན་ཏན་མེད་པ་ལ་ ཞེས་པས་རཱྀ་ཡིག་ཨིར་དུ་བསྒྱུར་པ་ན། ཨཱ་དྲུག་པར་དབྱངས་ལ་ཡང་ནའོ་ཞེས་པས་རའང་ལ་ ཡིག་ཏུ་བསྒྱུར་ནས་གི་ལ་ཞེས་པར་གྱུར་པ་ན། མདོ་འདིས་ཉེ་བའི་ཚིག་གི་མཐར་མ་ཨཱ་ག་མ་ བྱིན་ནས། མཐར་ཡང་སི་བྱིན་པས། ཏི་མིངྒི་རྦཿ (ཉ་མིད། )ཤ་ཏྲུཾ་གི་ལཿ(དགྲ་བོ་ངེས་པར་གནོན་ནོ། །) 6-1-464 ཞེས་པ་ལྟ་བུའོ། །ཉེ་བའི་ཚིག་གི་ལ་ཡིན་ན་དེའི་མཐར། གི་ལ་ཕ་རོལ་དུ་ཡོད་ཀྱང་། མ་ཨཱ་ག་ མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། གི་ལ་སྔ་མ་ཅན་གྱི་གྲཱྀ་ལ་ཀའི་རྐྱེན་བྱིན་ནས་བསྒྲུབས་ ཚུལ་སྔར་བཞིན་བྱས་པ་ན་ཕ་རོལ། གི་ལ་ཡིན་ཀྱང་། མདོ་འདིས་སྔ་མའི་མཐར་མ་ཨཱ་ག་མ་ མི་འཇུག་པས། གི་ལ་གི་ལཿ(ངེས་པར་གནོན་པའི་སྒྲ། )ཞེས་པ་ལྟ་བུའོ། །ཉེར་བསྒྱུར་ལས་སུ་དུར་ དག་མིན་པ་ལས་ལ་བྷའི་བྷ་ལས་སྔོན་དུ་ཁལ་གྷཉ་དག་ལའོ་ཞེས་པ་ནི་ཉེར་བསྒྱུར་རྣམས་ ལས་ཁྱད་པར་དུ་སུ་དང་དུར་དག་མ་ཡིན་པ་ལས་ཕ་རོལ་གྱི་ལ་བྷ་ཐོབ་པའི་བྱིངས་ཀྱི་ཕ་ རོལ་དུ་ཁལ་དང་གྷཉའི་རྐྱེན་དག་ཡོད་པ་ལ་བྷའི་སྔོན་དུ་མ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཱ་ཥ་ཏ་དང་བྲ་སྔ་མ་ཅན་གྱི་ལ་བྷ་ལ། ཀྲྀཏ་ལྔ་པར་ཨཱི་ཥཏ་དུར་སུ་རྣམས་ལ་ཞེས་ པས། ཁལ་བྱིན་པ་ན། ཁ་དང་ལ་གསལ་བྱེད་མདོ་འདི་ལ་སོགས་པའི་ཁྱད་དོན་ཡིན་པས་ ཕྱིས་ནས་དབྱངས་ཨ་བཞག་པ་བྷ་ལ་སྦྱར་ཞིང་། མདོ་འདིས་བྷའི་སྔོན་དུ་མ་ཨཱ་ག་མ་དང་། མཐར་སི་བྱིན་པས་ཨཱི་ཥཏ་པྲ་ལམྦྷཿ (རབ་ཏུ་ཐོག) ཞེས་པ་དང་། ཨུ་པ་སྔ་མ་ཅན་གྱི་ལ་བྷ་ལ། དངོས་པོ་ལའོ་ཞེས་པས་གྷ་ཉ་བྱིན་པའི་གྷ་དང་ཉ་གསལ་བྱེད་ཁྱད་དོན་ཕྱིས་ནས་དབྱངས་ བཞག་སྟེ། བྷའི་སྔོན་དུ་མ་ཨཱ་ག་མ་དང་། མཐར་སི་བྱིན་པས། ཨུ་པ་ལམྦྷཿ (དམིགས་པ། )ཞེས་ པ་ལྟ་བུའོ། །ཉེར་བསྒྱུར་མ་ཡིན་པ་སྔ་མ་ཅན་གྱི་ལ་བྷའི་ཕ་རོལ་དུ་ཁལ་དང་། གྷཉ་ཡོད་ཀྱང་། བྷའི་སྔོན་དུ་མ་ཨཱ་ག་མ་མི་འཇུག་སྟེ། དཔེར་ན། ཨཱི་ཥཏ་སྔ་མ་ཅན་གྱི་ལ་བྷ་ལ་ཁལ་དང་སི་ བྱིན་ནས་བསྒྲུབ་ཚུལ་སྔ་མ་བཞིན་བྱས་ཏེ། མདོ་འདིས་མ་ཨཱ་ག་མ་མི་འཇུག་ཅིང་སན་བཞི་ པར་ཏ་ཡིག་ལ་དང་ཙ་ཊའི་སྡེ་པ་ལ་ཞེས་པས། ཨཱིཥཏ་ཀྱི་ཏ་ཡིག་ལ་རུ་བསྒྱུར་བས། ཨཱིཥ་ ལླབྷཿ (ཅུང་ཟད་ཐོབ་བོ། །) ཞེས་པ་ལྟ་བུའོ། །ཉེར་བསྒྱུར་སུ་དང་དུར་ཡིན་ན་ཡང་། ཁལ་དང་གྷཉ་ ཕ་རོལ་ལ། བྷའི་སྔོན་དུ་མ་ཨཱ་ག་མ་མི་འཇུག་སྟེ། དཔེར་ན། དེ་དག་སྔོན་མ་ཅན་གྱི་ལ་བྷ་ལ། ཁལ་དང་སི་བྱིན་ནས་སྔར་བཞིན་བསྒྲུབས་ཏེ། མདོ་འདིས། མ་ཨཱ་ག་མ་མི་འཇུག་པས། སུ་ 6-1-465 ལ་བྷཿ(ལེགས་པ་ཐོབ། ) དུར་ལ་བྷཿ(ངན་པ་ཐོབ། ) ཞེས་པ་ལྟ་བུའོ། །ཨཱང་ལས་ཡ་ལའོ། །ཞེས་པ་ནི་ ཉེར་བསྒྱུར་ཨཱང་ལས་ལབྷའི་ཕ་རོལ་དུ་ཡ་ཡིག་དང་པོ་ཅན་གྱི་རྐྱེན་ཡོད་པ་ལ། བྷའི་སྔོན་དུ་ མ་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཱང་ང་ཡིག་རྗེས་འབྲེལ་ཕྱིས་པ་སྔ་མ་ཅན་ གྱི་ལ་བྷ་ལ། ཀྲྀཏ་གཉིས་པར། ཤ་ཀི་ས་ཧི་པ་སྡེ་མཐའ་ཅན་ལས་ཀྱང་ངོ་། །ཞེས་པས་ཡའི་ རྐྱེན་བྱིན་པ་ན། མདོ་འདིས་བྷའི་སྔོན་དུ་མ་ཨཱ་ག་མ་དང་། མཐར་སི་བྱིན་པས། ཨཱ་ལ་མྦྷྱ ཿ (ཀུན་དུ་ཐོབ་པ། )ཞེས་པ་ལྟ་བུའོ། །ཨུ་པ་ལས་བསྔགས་པ་ལའོ་ཞེས་པ་ནི་ཉེར་བསྒྱུར་ཨུ་པ་ལས་ ཕ་རོལ་གྱི་ལ་བྷ་བསྔགས་པའི་དོན་ལ་འཇུག་པ་ན། ཡའི་རྐྱེན་ཕ་རོལ་དུ་ཡོད་པ་ན་ལ་བྷའི་ སྔོན་དུ་མ་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཨུ་པ་སྔ་མ་ཅན་གྱི་ལ་བྷ་ལ། སྔ་མ་ ལྟར་ཡའི་རྐྱེན་བྱིན་པ་ན། མདོ་འདིས་བྷའི་སྔོན་དུ་མ་ཨཱ་ག་མ་སྦྱར་ཞིང་མཐར་བུད་མེད་དུ་ བསྒྲུབས་པ་ལ་སྔར་བཞིན་ཨཱ་བྱིན་ནས་མཚམས་སྦྱར་ཏེ། སི་བྱིན་པ་ཤྲད་དྷཱ་ལས་ཕྱིས་པས། ཨུ་པ་ལམ་བྷྱཱ་(ཉེ་བར་ཐོབ། )ཞེས་པ་ལྟ་བུའོ། །རཱ་ཏྲི་ལས་ཀྲྀཏ་ལ་ཡང་ནའོ། །ཞེས་པ་ནི་རཱ་ཏྲི་ལས་ ཕ་རོལ་གྱི་བྱིངས་གང་ཞིག ཀྲྀཏ་རྐྱེན་གྱི་མཐའ་ཅན་ཕ་རོལ་དུ་ཡོད་པ་ལ། སྔ་མར་མ་ཡིག་ ཨཱ་ག་མ་སྦྱིན་པར་ཡང་ན་འགྱུར་ཞིང་ཡང་ན་མི་འགྱུར་ཏེ། དཔེར་ན། རཱ་ཏྲི་སྔ་མ་ཅན་གྱི་ཙར་ འགྲོ་བའི་བྱིངས་ལ། ཀྲྀཏ་གསུམ་པར་ཙ་རི་ལས་ཊའོ་ཞེས་པས་ཊའི་རྐྱེན་བྱིན་པའི་ཊ་ཁྱད་ དོན་ཕྱིས་ནས་དབྱངས་བཞག་ཅིང་། མདོ་འདིས་ཏྲིའི་མཐར་མ་ཨཱ་ག་མ་དང་། མཐར་སི་བྱིན་ པས། རཱི་ཏྲི་ཙ་རཿ(མཚན་མོ་རྒྱུག)ཞེས་པ་དང་གཞན་འདྲ་བ་ལ། ཡང་ན་མ་ཨཱ་ག་མ་མ་བྱིན་པས། རཱ་ཏྲི་ཙ་རཿཞེས་པ་ལྟ་བུའོ། །པུ་རན་ད་ར་ཝཱ་ཙམ་ཡ་མ་སརྦཾ་ས་ཧ་དྭི་ཥན་ཏ་པ་རྣམས་ཀྱང་ངོ་། ། ཞེས་པ་ནི་པུ་རན་ད་ར་དང་། ཝཱ་ཙམ་ཡ་མ་དང་། སརྦཾ་ས་ཧ་དང་། དྭི་ཥན་ཏ་པ་རྣམས། ཨཎའི་རྐྱེན་གྱི་མཐའ་ཅན་ཕ་རོལ་དུ་ཡོད་པ་ལ། སྔ་མ་པུར་ལ་སོགས་པ་རྣམས་ཀྱི་མཐར་མ་ ཨཱ་ག་མ་སྦྱར་བའི་སྒྲ་འདི་རྣམས་ཀྱང་། ནི་པཱ་ཏའི་མཐའ་ཅན་ཡིན་ཞིང་། སྔར་དུ་གྲུབ་པ་ཉིད་ 6-1-466 གང་ཡིན་པ་དེ་བཤད་པར་བྱའོ་ཞེས་པའི་དོན་ཏེ། དཔེར་ན། པུ་ར་སྔ་མ་ཅན་དྲཱྀ་འཇིག་པ་དང་། ཝཱ་ཙ་སྔ་མ་ཅན་གྱི་ཡམ་ཉེ་བར་འཇིག་པ་དང་། སརྦ་སྔ་མ་ཅན་གྱི་སཧ་ནུས་པ་དང་། དྭི་ཥ་ སྔ་མ་ཅན་གྱི་ཏ་པ་གདུང་བའི་བྱིངས་རྣམས་ལ། ཀྲྀཏ་གསུམ་པར་ལས་ལ་ཨཎའོ་ཞེས་པས་ ཨཎ་བྱིན་པའི་ཎ་ཡིག་ཨིཙ་དང་འདྲ་བའི་ཁྱད་དོན་ཡིན་པས་ཕྱིས་ནས། དྲཱྀའི་མཐར་ཨིན་ བྱིན་པ་ན། ཨཱ་དྲུག་པར་ཨིན་ཨི་ཙ་ཞེས་པས་འཕེལ་བ་བྱས་ཏེ། ཀཱ་རི་ཏའི་ཨཱམ་ཨིཊ་ཞེས་ པས་ཨིན་དབྱི་ཞིང་། མདོ་འདིས། པུ་ར་སོགས་ཀྱི་མཐར་མ་ཨཱ་ག་མ་བྱིན་པ་སྔ་པ་ལ་སྡེ་པའི་ མཐར་བསྒྱུར་ལ། ཨིཙ་དང་འདྲ་བའི་བྱ་བས་ད་དང་ཡ་དང་ཧ་དང་ཏ་དང་རྣམས་རིང་པོར་ བསྒྱུར་བ་ཐོབ་པ་ནའང་ས་ན་གསུམ་པར་བཤད་པ་ལྟར་ཐོབ་པའི་བྱ་བའང་ཚིག་ཕྲད་ཀྱི་ཡུལ་ ལ་བཀག་པས་རིང་པོར་མི་འགྱུར་ཞིང་། དཱའི་དབྱངས་ཀྱང་ཐུང་ངུར་བསྒྱུར་ཏེ། མཐར་བྱིན་ པས། པུ་རནྡ་ད་རཿ(གྲོང་ཁྱེར་འཇོམས། ) ཝཱ་ཙཾ་ཡ་མཿ (སྨྲས་པས་འཇིགས། )སརྦཾ་ས་ཧཿ(ཐམས་ཅད་བཟོད། ) དཱིཥནྟ་པཿདགྲ་བོ་གདུང་། ) ཞེས་པ་ལྟ་བུའོ། །བྱིངས་ཀྱི་མཐའ་པ་རྗེས་སུ་འབྲེལ་པ་ལ་ཏའོ་ཞེས་པ་ ལ། དུར་ཕན་དག་ལས་ཐུང་ངུ་ཞེས་པ་རྗེས་སུ་འཇུག་ཅེས་གསུངས་པས་དབྱངས་ཐུང་ངུའི་ མཐའ་ཅན་གྱི་བྱིངས་གང་ཞིག པ་ཡིག་རྗེས་སུ་འབྲེལ་པའི་ཀྲྀཏ་ཀྱི་རྐྱེན་ཕ་རོལ་དུ་ཡོད་པ་ ལ། བྱིངས་མཐར་ཏ་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། པུ་ཎྱ་དང་ཏ་པ་སྔ་མ་ཅན་ གྱི་ཀྲྀཉ་བྱེད་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ་ཀྲྀཏ་གསུམ་པར་སུ་པུཎྱ་པཱ་པ་ཞེས་པས་ ཀྭིཔ་བྱིན་པ་ན། མདོ་འདིས་ཀྲྀའི་མཐར་ཏ་ཨཱ་ག་མ་སྦྱིན་ཞིང་། ཀྭི་པའི་པ་ཡིག་མདོ་འདིའི་ ཁྱད་དོན་ལ་འོངས་པ་དང་། ཀ་ཡིག་སྔར་བཤད་པའི་ཁྱད་དོན་དང་། ཨི་ཡིག་བརྗོད་པའི་ དོན་དང་། ཝ་ཡིག་འཆད་འགྱུར་གྱི་སྦྱར་བ་མིན་པའི་བིའི་ཞེས་པས་ཕྱིས་ནས་མཐར་སི་བྱིན་ པའང་གསལ་བྱེད་ལས་ཕྱིས་པས་པུ་ཎྱ་ཀྲྀཏ། (བསོད་ནམས་བྱས། ) ཏ་པ་ཀྲྀཏ་(དཀའ་ཐུབ་བྱས། )ཅེས་ པ་ལྟ་བུའོ། །པ་ཡིག་རྗེས་སུ་འབྲེལ་པ་མ་ཡིན་པའི་རྐྱེན་ཕ་རོལ་ཏུ་ཡོད་ཡོད་པ་ལ། བྱིངས་ 6-1-467 མཐར་ཏ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཀྲྀ་ལ། ཀྲྀཏ་བཞི་པར་ཉ་རྗེས་སུ་འབྲེལ་ པ་དང་འདོད་པ་བློ་ཞེས་པས་ཀྟ་བྱིན་པའི་ཀ་ཁྱད་དོན་ཕྱིས་ནས། མཐར་སི་བྱིན་པས། ཀྲྀཏཿ (བྱས་སོ། །) ཞེས་པ་ལྟ་བུའོ། ། དྲུག་པ་ཀྲྀཏ་ཀྱི་ཡ་དབྱངས་དང་མཚུངས་ཤིང་བི་དང་བྱིངས་ཀྱི་ཆ་ཤས་འཕྱིད་ཚུལ་ནི། ཨོཏ་ཨཽཏ་དག་ལས་ཀྲྀཏ་ཀྱི་ཡ་དབྱངས་བཞིན་ནོ་ཞེས་པ་ཨོ་ཡིག་དང་ཨཽ་ཡིག་དག་ལས་ ཕ་རོལ། ཀྲྀཏ་ཀྱི་རྐྱེན་དང་འབྲེལ་པའི་ཡ་ཡིག་ནི་སྔ་མའི་དབྱངས་དང་མཚམས་སྦྱོར་པའི་ ཆ་ནས་དབྱངས་བཞིན་དུ་འགྱུར་ཏེ། ཏ་ཡིག་སྦྱར་བ་ནི་དེ་དག་ལས་གཞན་པ་བསལ་བའི་ དོན་དུའོ། །དཔེར་ན། ལཱུཉ་གཅོད་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་གཉིས་པར་ དབྱངས་ལས་ཡའོ་ཞེས་པས་ཡ་བྱིན་པ་ན། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་ཨཱུ་ ཡོན་ཏན་བྱས་པའི་ཨོ་ཡིག་ཕ་རོལ་གྱི་ཕ་རོལ་གྱི་ཡ་དབྱངས་དང་འདྲ་བས་ཨ་ཝ་རུ་བསྒྱུར་ ནས། སྔར་བཞིན་མུ་ཨཱ་ག་མ་སྦྱིན་ཞིང་། མཐར་སི་བྱིན་པ་མ་ནིང་ལས་ཕྱིས་པས། ལ་ཝྱཾ་ (གཅོད་དོ། །)ཞེས་པ་དང་། ཨ་བ་སྱ་སྔ་མ་ཅན་ལཱུ་ལ་སྔར་བཞིན་ཡ་དང་། ཀྲྀཏ་གཉིས་པར་ཨུའི་ ཡི་གེ་ལས་གདོན་མི་ཟ་བའོ་ཞེས་པས་གྷྱཎ་བྱིན་པ་ན། གྷ་དང་ཎ་ཁྱད་དོན་དབྱི་ཞིང་། ཎ་ ཡིག་གི་རྐྱེན་ལ་ཨིཙ་དང་བྱ་བ་འདྲ་བར་བསྟན་པས། ཨཱ་དྲུག་པར་ཨིན་ཨི་ཙ་ཨཊ་རྣམས་ལ་ ཞེས་པས་ཨཱུ་ཡིག་འཕེལ་བ་བྱས་པའི་ཨཽ་ཡིག་ཕ་རོལ་གྱི་ཡ་དབྱངས་དང་འདྲ་བས་ཨཱ་ཝ་རུ་ བསྒྱུར་ནས་མུ་ཨཱ་ག་མ་སྦྱིན་པ་དང་། སི་དབྱི་བར་སྔར་བཞིན་བྱས་པས་ཨ་བ་སྱ་ལཱ་ཝྱཾ་ཞེས་ པ་ལྟ་བུའོ། །ཨོ་ཨཽ་དག་ལས་གཞན་བའི་དབྱངས་ལས་ནི་ཀྲྀཏ་ཀྱི་ཡ་དབྱངས་དང་འདྲ་བར་ མི་འགྱུར་ཏེ་དཔེར་ན། ཙིཉ་སོག་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཡ་བྱིན་ ནས་ཡོན་ཏན་བྱས་པའི་ཨེ་ཡིག་ཡ་དབྱངས་དང་འདྲ་བའི་བྱ་བ་ལ་ཨ་ཡ་རུ་འགྱུར་ནའང་། འདིར་མི་འགྱུར་ཞིང་། མཐར་སི་བྱིན་པས། ཙེ་ཡཿཞེས་པ་ལྟ་བུའོ། །ཨོ་ཨཽ་དག་ཡིན་ཀྱང་ཀྲ 6-1-468 ཏ་མ་ཡིན་པའི་ཡ་ཡིག་གི་རྐྱེན་ནི་དབྱངས་དང་འདྲ་བར་མི་འགྱུར་ཏེ། དཔེར་ན། ཨུ་པ་སྔ་མ་ ཅན་གྱི་བེཉ་སྐུད་པའི་རྒྱུད་ཀྱི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། ཨཱ་གཉིས་པར་བྱིངས་ཐམས་ ཅད་པ་ལ་ཡཎ་འོ་ཞེས་པས་ཡཎ་བྱིན་པའི་ཎ་ཁྱད་དོན་དབྱི་ཞིང་། ཨཱ་བཞི་པར་སྭ་པི་བ་ཙི་ ཞེས་པས་བེ་དང་དབྱངས་དང་བཅས་པ་ཨུ་རུ་བསྒྱུར་ནས། པའི་ཨ་དང་མཚམས་སྦྱར་ཏེ། ཨོ་རུ་གྱུར་པ་ཡ་དབྱངས་དང་འདྲ་བ་ལ་ཨ་ཡ་རུ་འགྱུར་ནའང་། འདིར་མི་འདྲ་བས། མཐར་ བརྟ་མཱ་ནཱའི་ཏེ་བྱིན་པས། ཨུ་པོ་ཡ་ཏེ་ཞེས་པ་ལྟ་བུའོ། །ཛི་ཀྵི་དག་གི་ནུས་པ་ལའོ་ཞེས་པ། ཛི་ རྒྱལ་པ་དང་ཀྵི་ཟད་པའི་བྱིངས་འདི་དག་གི་ནུས་པའི་དོན་ལ་འཇུག་པ་ན། ཀྲྀཏ་རྐྱེན་གྱི་ཡ་ ཡིག་དབྱངས་དང་འདྲ་བར་འགྱུར་ཏེ། དཔེར་ན། ཛི་ལ་རྒྱལ་བའི་ཆེད་དུ་ནུས་པ་བྱ་ཞེས་པ་ དང་། ཀྵི་ལ་ཟད་པའི་ཆེད་དུ་ནུས་པ་བྱ་ཞེས་པའི་དོན་ལ། ཀྲྀཏ་གཉིས་པར་དབྱངས་དང་ཞེས་ པའི་ཡའི་རྐྱེན་བྱིན་ནས། སྔར་བཞིན་བྱིངས་ཀྱི་ཨི་ཡོན་ཏན་བྱས་པའི་ཨེ་ཡིག མདོ་འདིས་ ཡ་དབྱངས་དང་འདྲ་བའི་བྱ་བ་ཨ་ཡ་རུ་བསྒྱུར་ཏེ། མཐར་སི་བྱིན་པས། ཛཡྻཿ ཀྵཡྻཿཞེས་པ་ ལྟ་བུའོ། །ནུས་པའི་དོན་མ་ཡིན་པ་ལ་ནི་ཀྲྀཏ་ཀྱི་ཡ་དབྱངས་བཞིན་དུ་མི་འགྱུར་ཏེ། དཔེར་ན། ཛི་ལ། རྒྱལ་བར་བྱའོ་ཞེས་པ་དང་། ཀྵི་ལ་ཟད་པར་བྱའོ། །ཞེས་པའི་དོན་ལ་ཡའི་རྐྱེན་བྱིན་ ནས་ཡོན་ཏན་བྱས་པའི་ཨེ་ཡིག ཡ་དབྱངས་དང་འདྲ་བ་ལ་ཨཡ་རུ་འགྱུར་ནའང་། འདིར་ མི་འགྱུར་ཞིང་། མཐར་སི་བྱིན་པས། ཛེ་ཡཿ ཀྵེ་ཡཿཞེས་པ་ལྟ་བུའོ། །ཀྲཱིཉ་ལས་དེའི་དོན་ལའོ་ ཞེས་པ་ནི། ཌུཀྲཱིཉ་རྫས་བརྗེ་བའི་བྱིངས་ལས། བྱིངས་དེའི་དོན་རང་དང་གཞན་གྱི་རྫས་བརྗེ་ བ་ལ་འཇུག་བཞིན་པ་ན། ཕ་རོལ་ཀྲྀཏ་ཀྱི་ཡ་ཡིག་དབྱངས་དང་འདྲ་བར་འགྱུར་ཏེ། དཔེར་ ན། ཌུ་ཀྲཱིཉ་རྗེས་འབྲེལ་དག་ཕྱིས་པ་ལ་སྔར་བཞིན་ཡའི་རྐྱེན་བྱིན་ནས་ཡོན་ཏན་བྱས་པའི་ ཨེ་ཡིག མདོ་འདིས་ཡ་དབྱངས་དང་འདྲ་བའི་བྱ་བ་ལ་ཨཡ་རུ་བསྒྱུར་བའི་མཐར་སི་བྱིན་པ་ རྣམ་བཅད་དུ་གྱུར་པའི་ཕ་རོལ་དུ་གཽཿ ཡོད་པ་ན། སན་ལྔ་པར་ཨཱ་དང་སྒྲ་ལྡན་དག་གིའང་ངོ་། ། 6-1-469 ཞེས་པས་རྣམ་བཅད་ཨུ་རུ་བསྒྱུར་ཏེ་སྔ་མའི་དབྱངས་དང་མཚམས་སྦྱར་བས། ཀྲ་ཡྻཽགཽཿ(བ་ ལང་འཚོང་། ) ཞེས་པ་ལྟ་བུའོ། །ཀྲཱི་ལས་དེའི་དོན་ལ་མི་འཇུག་པ་ན་ཀྲྀཏ་ཀྱི་ཡ་དབྱངས་དང་འདྲ་ བར་མི་འགྱུར་ཏེ། དཔེར་ན་ཀྲཱི་ལ་སྔར་བཞིན་ཡའི་རྐྱེན་བྱིན་ནས་ཡོན་ཏན་བྱས་པའི་ཨེ་ཡིག ཁྱད་པར་དེའི་དོན་ལ་མི་འཇུག་པ་ན། ཡ་དབྱངས་དང་འདྲ་བའི་བྱ་བར་མི་འགྱུར་ཞིང་། མཐར་སི་བྱིན་ནས་བསྒྲུབ་ཚུལ་སྔར་བཞིན་བྱས་པས། ཀྲེ་ཡོ་གཽཿཞེས་པ་ལྟ་བུ་སྟེ། རིན་གྱིས་ བླང་བར་བྱ་བའི་བ་ལང་ཡོད་པ་མ་ཡིན་ལ། ཟོང་ཡོད་པའང་མ་ཡིན་པ་ན་དེའི་དོན་རྫས་བརྗེ་ བ་མེད་པའི་དོན་ཏོ། །སྦྱར་བ་མ་ཡིན་པའི་ཝིའི་དབྱིའོ་ཞེས་པ་ཀྲྀཏ་རྐྱེན་གྱི་མིང་ཅན་ཀྭིབ་ལ་ སོགས་པའི་རྗེས་འབྲེལ་རྣམས་བསལ་ནས་ཡི་གེ་གཞན་དང་སྦྱར་བ་མ་ཡིན་པའི་ཝ་ཡིག་ ཙམ་གང་ཡིན་པ་དེ་ནི་དབྱི་བར་བྱ་སྟེ། དཔེར་ན། ཨགྣི་སྔ་མ་ཅན་གྱི་ཙིཉ་སོག་བྱའི་བྱིངས་ ཉ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་གསུམ་པར་ཨགྣི་ལ་ཙི་ལས་སོ་ཞེས་པས། ཀྭི་པ་བྱིན་ནས། ཀ་དང་པ་ཡིག་སྔར་བཤད་པའི་ཁྱད་དོན་དང་། ཨི་བརྗོད་དོན་ཕྱིས་པའི་ཝ་ཡིག་མདོ་འདིས་ ཕྱིས་ཏེ། འདི་ཉིད་དུ་བྱིངས་ཀྱི་མཐར་པ་རྗེས་སུ་འབྲེལ་པ་ལ་ཞེས་པས་ཙིའི་མཐར་ཏ་ཨཱ་ག་ མ་སྦྱིན་ཞིང་། མཐར་སི་བྱིན་པའི་གསལ་བྱེད་ལས་ཕྱིས་པས། ཨགྣི་ཙིཏ་(མེ་བསགས་སོ། །)ཅེས་ པ་ལྟ་བུའོ། །དེ་བཞིན་དུ་གཞན་ལའང་རྒྱ་ཆེར་སྦྱར་རོ། །སྦྱར་བ་ཡིན་པའི་ཝི་ནི་མི་འཕྱིད་ཏེ། དཔེར་ན། ཛཱ་གྲྀ་སད་པའི་བྱིངས་ལ། ཨུཎ་སོགས་ཀྱི་མདོར་ཛྲཱྀ་གྲྀ་སྟྲྀ་ཛཱ་གྲྀ་རྣམས་ལས་ཀྭིན་ནོ་ ཞེས་པས་ཀྭིན་བྱིན་ནས། ཀ་ཁྱད་དོན་དང་ན་རྣམ་པ་སྣ་ཚོགས་ཀྱི་དོན་ཕྱིས་པའི་ཝ་ཡིག་ནི་ ཨི་ཡིག་དང་ལྡན་ཞིང་སྦྱར་བ་ཡིན་པས་མ་ཕྱིས་པར་སི་བྱིན་པས་ཛཱ་གྲྀ་ཝིཿ(གཉིད་སད་དོ། །)ཞེས་ པ་ལྟ་བུའོ། །ཡ་ཝ་དག་གི་གསལ་བྱེད་ལ་ཡ་མ་ཡིན་པ་ལའོ་ཞེས་པ་བྱིངས་ཀྱི་ཆ་ཤས་ཡ་ཡིག་ དང་ཝ་ཡིག་དག་གི་ངོ་བོ་ནི། ཀྲྀཏ་ཀྱི་རྐྱེན་གསལ་བྱེད་ཕ་རོལ་དུ་ཡོད་པ་ལ་དབྱི་བར་འགྱུར་ ཞིང་། ཡ་ཡིག་མ་ཡིན་པ་ལ་ཞེས་པས། གསལ་བྱེད་ཡིན་ཀྱང་ཡའི་རྐྱེན་ཕ་རོལ་ལ་དབྱི་བར་ 6-1-470 མི་འགྱུར་ཏེ། དཔེར་ན། ཀྣཱུཡཱི་སྒྲའི་བྱིངས་ཨཱི་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་གསུམ་པར་ནིཥྛཱའོ་ ཞེས་པས། ཀྟ་དང་ཀྟ་ཝནྟུ་བྱིན་པའི་ཀ་དང་ཨུ་ཁྱད་དོན་དང་། མདོ་འདིས་བྱིངས་ཀྱི་ཆ་ཤས་ ཡ་ཕྱིས་ནས། དང་པོའི་མཐར་སི་བྱིན་པ་རྣམ་བཅད་དུ་བསྒྱུར་ཞིང་། ཕྱི་མའི་མཐར་སི་བྱིན་ པ་ན། ནཱ་གཉིས་པར་ཨནྟུ་དང་ཨས་མཐའི་འང་ཞེས་པས་ཝནྟའི་ཝ་རིང་པོར་བསྒྱུར་ལ། ནཱ་ གསུམ་པར་བརྩེགས་པའི་མཐའ་ཞེས་པས་ཏ་དང་། ནཱ་དང་པོར་གསལ་བྱེད་ལས་ཀྱང་ཞེས་ པས་སི་ཕྱིས་པས་ཀྣཱུཏཿ(སྒྲ་བྱས། ) ཀྣཱུཏ་ཝཱན་ཞེས་པ་དང་། དི་བུ་བརྩེའི་བྱིངས་ཨུ་རྗེས་འབྲེལ་ ཕྱིས་པ་ལ། ཀྲྀཏ་བཞི་པར་ཀྭནྶུ་ཀ་ན་དག་ཅེས་པས་ཀྭནྶུ་བྱིན་པའི་ཀ་དང་ཨུ་རྗེས་འབྲེལ་དང་། མདོ་འདིས་བྱིངས་ཀྱི་ཆ་ཤས་ཝ་ཡིག་ཕྱིས་ནས། ཀྲྀཏ་བཞི་པར། ཀྭནྶུ་ཀན་དག་པ་རོ྅ཀྵཱ་ བཞིན་འང་ངོ་ཞེས་པ་དང་། ཨཱ་གསུམ་པར་ཙཎ་པ་རོ྅ཀྵཱ་ཞེས་པས་དེ་གཉིས་སུ་བཞག་པའི་ མཐར་སི་བྱིན་པ་ན། ནཱ་གཉིས་པར་ས་མཐའ་དང་མ་ཧནྟ་དག་གི་ནའི་ཨུ་པ་དྷཱ་ཞེས་པས་ ཝནྶའི་ཝ་རིང་པོར་བསྒྱུར་ཏེ། སྔར་བཞིན་བརྩེགས་པའི་མཐའ་ས་ཡིག་དང་། གསལ་བྱེད་ ལ་སི་ཕྱིས་པས། དི་དི་ཝཱན་(རྩེ་བར་བྱས། ) ཞེས་པ་ལྟ་བུའོ། །རྐྱེན་གསལ་བྱེད་མ་ཡིན་པའི་ དབྱངས་ཕ་རོལ་དུ་ཡོད་པ་ལ། བྱིངས་ཀྱི་ཆ་ཤས་ཡ་ཝ་དག་དབྱི་བར་མི་འགྱུར་ཏེ། ཀྣཱུཡ་ དང་། དི་ཝ་ལ། ཀྲྀཏ་གཉིས་པར་ཝུཎ་ཏྲྀ་ཙ་དག་གོ །ཞེས་པས། ཏྲྀ་ཙ་བྱིན་པའི་ཙ་ཁྱད་དོན་ ཕྱིས་ནས། ཨཱ་བདུན་པར་བྱིངས་ཐམས་ཅད་པ་མིན་པའི་གསལ་བྱེད་དང་པོ་ཞེས་པས་བར་ དུ་ཨིཊ་བྱིན་པའི་ཊ་ཁྱད་དོན་དབྱི་ཞིང་། ཨི་དབྱངས་ཡིག་ཡིན་པས་ཡ་ཝ་དག་མ་ཕྱིས་པ་ལ་ སྦྱར་ཏེ། མཐར་སི་བྱིན་པ་ན། ནཱ་དང་པོར་སི་ལ་ཨཱ་སྟེ་སི་དབྱི་བའང་ངོ་ཞེས་པས་ཏྲྀའི་རྀ་ཡིག་ ཨཱ་རུ་བསྒྱུར་ནས་སི་ཕྱིས་པས། ཀྣཱུཡི་ཏཱ(སྒྲ་དང་)། དི་ཝི་ཏཱ་(མཆེ་བ་དང་)ཞེས་པ་ལྟ་བུའོ། །རྐྱེན་ གསལ་བྱེད་ཡིན་ཀྱང་ཡ་ཡིག་ཕ་རོལ་ལ་བྱིངས་ཀྱི་ཡ་ཝ་དབྱི་བར་མི་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཀྣུཡ་དང་དི་ཝ་ལ། ཀྲྀཏ་དྲུག་པར་བྱེད་པ་པོ་གཅིག་དག་གི་ཞེས་པས་ཀྟྭཱ་བྱིན་ 6-1-471 ལ། དེ་ཉིད་དུ་ཚིག་སྡུད་ལ་འབྱུང་བ་ཞེས་པས་ཡཔ་ཏུ་བསྒྱུར་པའི་པ་ཁྱད་དོན་ཕྱིས་ནས། ཨཱ་ བརྒྱད་པར་ནཱ་མིའི་ར་བ་དག་ལ་ཞེས་པས་དི་རིང་པོར་བསྒྱུར་ཞིང་། མཐར་སི་བྱིན་པ་ན། ནཱ་ བཞི་པར་མི་ཟད་པ་ལས་ཀྱང་ངོ་ཞེས་པ་ལྟར་ཕྱིས་པས། པྲཀྣཱུ་ཡྻ(དང་པོར་སྒྲ་བྱས་ཏེ)། པྲ་དཱི་ཝྻ་ (རབ་དུ་བརྩེའོ། །)ཞེས་པ་ལྟ་བུའོ། ། བདུན་པ་ཨིན་འཕྱིད་ཚུལ་དམིགས་བསལ་དང་བཅས་པ་དང་། བྱིངས་རྣམས་ཡཔ་ལ་ རྣམ་འགྱུར་འབྱུང་ཚུལ་ནི། ཨི་ནིའི་ནིཥྛཱ་ཨིཊ་ཅན་ལའོ་ཞེས་པ་ཨིན་ཀཱ་རི་ཏའི་མིང་ཅན་ནི་ ནིཥྛཱའི་རྐྱེན་ཨིཊ་དང་བཅས་པ་ཕ་རོལ་དུ་ཡོད་པ་ལ་དབྱི་བར་འགྱུར་ཏེ། དཔེར་ན། ཀྲྀཉ་བྱེད་ པ་དང་། ཧྲྀཉ་འཕྲོག་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ་ཨཱ་གཉིས་པར་རྒྱུ་ལའོ་ཞེས་པས་ ཨིན་བྱིན་པ་ན། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་རྀ་ཡིག་དག་འཕེལ་བ་བྱས་ནས། ཀྲྀཏ་ གསུམ་པར་ནི་ཥྛཱའོ་ཞེས་པས་དེ་དག་གི་མཐར་ཀྟ་དང་། ཀྟ་ཝནྟུ་བྱིན་པའི་ཀ་དང་། ཨུ་ཁྱད་ དོན་དབྱི་ཞིང་། ཨཱ་བདུན་པར་བྱིངས་ཐམས་ཅད་པ་མིན་པའི་ཞེས་པས་ཨིན་གྱི་མཐར་ཨིཊ་ བྱིན་པ་ན། མདོ་འདིས་ཨིན་ཕྱིས་ཏེ། མཐར་སི་བྱིན་པ་ན། ནཱ་གཉིས་པར་ཨནྟུ་དང་། ཨས་ མཐའི་ཞེས་པས་ཝ་རིང་པོར་བསྒྱུར་ཞིང་། སྔར་བཞིན་བརྩེགས་པའི་མཐའ་དང་སི་ཕྱིས་ པས། ཀཱ་རི་ཏཿ(བྱས་སོ། །) ཀཱ་རི་ཏ་ཝཱན། ཧཱ་རི་ཏཿ(ཕྲོགས་སོ། །) ཧཱ་རི་ཏ་ཝཱན་ཞེས་པ་ལྟ་བུའོ། །ནིཥྛཱ་ མ་ཡིན་ན་ཨིཊ་དང་བཅས་པའི་ཀྲྀཏ་རྐྱེན་གཞན་ལ་ནི་ཨིན་དབྱི་བར་འགྱུར་ཏེ། དཔེར་ན། ཀྲྀ་དང་ཧྲྀ་ལ་སྔར་བཞིན་ཨིན་བྱིན་ནས་རྀ་ཡིག་དག་འཕེལ་བར་བྱ་ཞིང་། ཀྲྀཏ་གཉིས་པར། ཝུཎ་ཏྲྀ་ཙ་དག་གོ་ཞེས་པས་ཏྲྀཙ་བྱིན་པའི་ཙ་ཁྱད་དོན་ཕྱིས་ལ། སྔར་བཞིན་ཨིན་གྱི་མཐར་ ཨིཊ་བྱིན་པ་ན། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་ཨིན་ཡོན་ཏན་བྱས་ཏེ་མཚམས་ སྦྱར་ཞིང་། མཐར་སི་བྱིན་པ་ན། སྔར་བཞིན་སི་ལ་ཨཱ་སྟེ་སི་དབྱི་བའང་ངོ་ཞེས་པ་ལྟར་བྱས་ པས། ཀཱ་ར་ཡི་ཏཱ། (བྱེད་དོ། །) ཧ་ར་ཡི་ཏཱ་(འཕྲོག་གོ)ཞེས་པ་ལྟ་བུའོ། །ཨཱ་ལུ་ཨིཥྞུ་ཨཱ་ཡྻ་ཨནྟ་ཨིཏྣུ་ 6-1-472 རྣམས་ལ་མ་ཡིན་ནོ་ཞེས་པ་ནི་ཨཱ་ལུ་དང་ཨིཥྞུ་དང་ཨཱ་ཡྻ་དང་ཨནྟ་དང་ཨིཏྣུ་ཞེས་པའི་རྐྱེན་ འདི་རྣམས་ཕ་རོལ་དུ་ཡོད་པ་ལ། ཨིན་ཀཱ་རི་ཏའི་མིང་ཅན་དབྱི་བར་མི་འགྱུར་ཏེ། ཨཱ་དྲུག་ པར། ཀཱ་རི་ཏའི་ཨཱ་མ་ཨིཊ་ཞེས་པས་འཕྱིད་པ་ཐོབ་པ་ལས་དམིགས་བསལ་ལོ། །དཔེར་ན། གྲྀ་ཧུ་འཛིན་པའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཨིན་བྱིན་པའི་མཐར་ཀྲཏ་བཞི་ པར་ད་ཡི་པ་ཏི་གྲྀ་ཧི་ཞེས་པས་ཨཱ་ལུ་བྱིན་ནས། མདོ་འདིས་ཨིན་མ་ཕྱིས་པར་ཡོན་ཏན་བྱས་ ཏེ་མཚམས་སྦྱར་བའི་མཐར་སི་སྦྱིན་པ་ནི་ཐམས་ཅད་ལ་མཚུངས་པས། གྲྀ་ཧ་ཡཱ་ལུཿ(ཁང་བ་ ཡིད་འོང་། )ཞེས་པ་དང་། པྲཱྀ་སྐྱོང་བའི་བྱིངས་ལ། ཨཱ་གཉིས་བར་རྒྱུ་ལའོ་ཞེས་པས་ཨིན་བྱིན་པ་ ན། སྔར་བཞིན་རཱྀ་ཡིག་འཕེལ་བ་དང་། ཨིན་ཡོན་ཏན་བྱས་ཏེ་མཚམས་སྦྱར་བའི་མཐར། དེ་ ཉིད་དུ་བྷྲཱ་ཛི་ཨ་ལཾ་ཀྲྀཉ་བྷཱུ་ས་ཧི་ཞེས་པས་ཨིཥྞུཙ་བྱིན་པས། པཱ་ར་ཡིཥྞུཿ(སྦྱོང་བར་བྱེད། ) ཞེས་པ་ དང་། སྤྲྀ་ཧ་འདོད་པའི་བྱིངས་ལ་སྔར་བཞིན་ཨིན་བྱིན་པ་ན། ཨཱ་དྲུག་པར་ཨའི་ཡང་དབྱིའོ་ ཞེས་པས་ཧའི་དབྱངས་ཕྱིས་པའི་མཐར། ཨུཎ་སོགས་ཀྱི་མདོར་ཤྲུཏ་ཀྵི་སྤྲྀ་ཧི་གྲྀ་ཧི་རྣམས་ ལས་ཞེས་པས་ཨཱཡྻ་བྱིན་ནས། ཨིན་ཡོན་ཏན་བྱས་པས། སྤྲྀ་ཧ་ཡཱ་ཡྻཿ(འདོད་པར་བྱེད། ) ཞེས་པ་ དང་། མཎ་ཌི་རྒྱན་གྱི་བྱིངས་ཨི་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཨིན་བྱིན་པ་ན། དེ་ཉིད་ དུ་གཎ་རི་མཎ་ཌི་ན་དི་རྣམས་ལས་ཛྷའང་ངོ་ཞེས་པ་ཛྷའི་རྐྱེན་སྦྱིན་ཞིང་། ཀྲྀཏ་དྲུག་པར་ཡུ་ བུ་ཛྷ་ཞེས་པས་ཛྷ་ཡིག་ཨནྟ་རུ་བསྒྱུར་ནས། ཨིན་ཡོན་ཏན་བྱས་པས། མཎ་ཊ་ཡནྟཿ(སྙིང་པོར་ བྱས། ) ཞེས་པ་དང་། སྟ་ན་གསལ་བར་བྱེད་པའི་བྱིངས་ལ། ཨཱ་གཉིས་པར་ཙུ་ར་སོགས་ལས་ ཀྱང་ངོ་ཞེས་པས་ཨིན་བྱིན་ནས་ཨཱ་དྲུག་པར། ཨའི་འང་དབྱིའོ་ཞེས་པས་ནའི་དབྱངས་ཕྱིས་ པའི་མཐར། དེ་ཉིད་དུ་སྟ་ནི་རུ་ཥི་པུ་ཥི་ཞེས་པས་ཨིཏྣུའི་རྐྱེན་བྱིན་པ་ན། སྔར་བཞིན་ཨིན་མི་ འཕྱིད་པར་ཡོན་ཏན་བྱས་པས། སྟ་ན་ཡིཏྣུ(གསལ་བར་བྱས། )ཞེས་པ་ལྟ་བུའོ། །ཡང་བ་སྔ་མ་ཅན་ ནི་ཡ་པ་ལ་ཨ་ཡའོ་ཞེས་པས་ཡང་བའི་ཡི་གེ་སྔ་མ་ཅན་གྱི་ཨིན་ནི། ཡཔ་ཞེས་པའི་རྐྱེན་ཕ་ 6-1-473 རོལ་ཏུ་ཡོད་པ་ལ་ཨ་ཡ་རུ་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཤ་མུ་ཞི་བའི་བྱིངས་ཨུ་རྗེས་ འབྲེལ་ཕྱིས་པ་ལ་སྔར་བཞིན་ཨིན་བྱིན་ནས། ཨཱ་དྲུག་པར། ཨིན་ཨིཙ་ཞེས་པས་ཤ་རིང་པོར་ བསྒྱུར་བས། ཨཱ་བཞི་པར་མ་རྗེས་སུ་འབྲེལ་པ་རྣམས་ཀྱི་ཞེས་པས་ཐུང་ངུར་བསྒྱུར་བ་ལ། ཀྲྀཏ་ དྲུག་པར་བྱེད་པ་པོ་གཅིག་དག་གི་ཞེས་པས། ཀྟྭཱ་བྱིན་པ། དེ་ཉིད་དུ་ཚིག་སྡུད་ལ་འབྱུང་བ་ ཞེས་པས་ཡབ་ཏུ་བསྒྱུར་བ་ན། མདོ་འདིས་ཨིན་ཨ་ཡ་རུ་བསྒྱུར་ཏེ། པ་ཡིག་སྔར་བཞིན་དབྱི་ ཞིང་མཐར་སི་བྱིན་པའང་མི་ཟད་པ་ལས་ཕྱིས་པས། པྲ་ཤ་མཡྻ་(རབ་ཏུ་ཞི་སྟེ། )ཞེས་པ་ལྟ་བུའོ། ། ལྗི་བ་སྔ་མ་ཅན་གྱི་ཨིན་ནི་ཡབ་ཕ་རོལ་ལ་ཨ་ཡ་རུ་མི་འགྱུར་ཏེ། དཔེར་ན། བི་སྔ་མ་ཅན་གྱི་ ཙར་འགྲོ་བའི་བྱིངས་ལ་སྔར་བཞིན་ཨིན་བྱིན་ནས། ཨུ་པ་དྷཱ་ཙ་རིང་པོར་བསྒྱུར་ཞིང་། སྔ་མ་ ལྟར་ཀྟྭཱ་བྱིན་པ་ཡབ་ཏུ་བསྒྱུར་བ་ན། ཨིན་གྱི་སྔ་མར་ཙ་རིང་པོ་ལྗི་བ་ཡོད་པའི་ཕྱིར་ཨ་ཡ་རུ་ མི་འགྱུར་ཞིང་། ཨཱ་དྲུག་པར་ཀཱ་རི་ཏའི་ཨཱ་མ་ཞེས་པས་ཨིན་དང་། སྔར་བཞིན་པ་དང་སིའང་ ཕྱིས་པས། བི་ཙཱཪྻ་(རྣམ་པར་སྤྱོད་དོ། །) ཞེས་པ་ལྟ་བུའོ། །མཱི་ན་ཏི་སོགས་དང་དཱ་སོགས་རྣམས་ ཀྱི་ཨཱའོ་ཞེས་པ་ནི་མཱི་ན་ཏི་སྟེ་མཱིཉ་འཚེ་བ་དང་། སོགས་པའ་སྒྲས་ཌུ་མི་ཉར་རབ་ཏུ་འཕེན་ པ་དང་། ཌཱིང་ཟད་པ་དང་། ཌུ་དཱཉ་སྦྱིན་པ་དང་། སོགས་པའི་སྒྲས་ཌུ་དྷཱཉ་རྒྱས་པ་དང་། མཱ་ འཇལ་བ་དང་། གཻ་སྒྲ་དང་། ཡང་ན་གཱ་འགྲོ་བ་དང་། པཱ་འཐུང་བ་དང་། ཥྛཱ་གནས་པ་དང་། ཥོ་ མཐའི་ལས་དང་། ཨོ་ཧཱཀ་འདོར་བའི་བྱིངས་འདི་རྣམས་ཀྱི་དབྱངས། ཡཔ་ཀྱི་རྐྱེན་ཕ་རོལ་དུ་ ཡོད་པ་ལ་ཨཱ་ཉིད་དུ་འགྱུར་ཏེ། དཔེར་ན། མཱིཉ་དང་། ཌཱིང་དང་། ཌུ་དཱཉ་དང་། གཻ་རྣམས་ཀྱི་ ཉ་དང་ང་དང་ཌུ་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་ཀྟྭཱ་བྱིན་པ་ཡ་པ་ཏུ་བསྒྱུར་བ་ན། བྱིངས་ ཀྱི་དབྱངས་རྣམས་ཨཱ་ཡིག་ཏུ་བསྒྱུར་ནས། སྔར་བཞིན་པ་ཁྱད་དོན་དང་། སི་བྱིན་པ་མི་ཟད་ པ་ལས་ཕྱིས་པས། པྲ་མཱ་ཡ(དང་པོར་འཕེན་ཏེ)། པྲ་ཌཱ་ཡ(དང་པོར་ཐད་ཏེ)། པྲ་དཱ་ཡ(དང་པོར་བྱིན་ཏེ)། པྲ་གཱ་ཡ་(རབ་ཏུ་སྨྲས་ཏེ། )ཞེས་པ་ལྟ་བུའོ། །ཀྵི འི་རིང་པོའོ། །ཞེས་པ་ཀྵི་ཟད་པའི་བྱིངས་འདིའི་ 6-1-474 དབྱངས་ནི། ཡབ་ཀྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་རིང་པོར་འགྱུར་ཏེ་དཔེར་ན། པྲ་སྔ་མ་ཅན་གྱི་ ཀྵི་ལ་སྔར་བཞིན་ཀྟྭཱ་བྱིན་པ་ཡ་པ་ཏུ་བསྒྱུར་བ་ན། མདོ་འདིས་ཀྵའི་ཨི་རིང་པོར་བསྒྱུར་ནས། པ་ཁྱད་དོན་དང་མཐའི་སི་ཕྱིས་པས། པྲ་ཀྴཱི་ཡ་(དང་པོར་ཟད་དེ། )ཞེས་པ་ལྟ་བུའོ། །ཀྵི འི་ཀྴཱིའོ་ཞེས་ པ་བྱ་རྒྱུ་ལ་རིང་པོ་སྨོས་པ་ནི་མདོ་ཕྱི་མ་རིང་པོ་རྟག་ཏུ་མ་ཡིན་པའི་དོན་དུའོ་ཞེས་སློབ་ཕན་དུ་ གསུངས་སོ། ། བརྒྱད་པ་བྱིངས་སོ་སོ་ལ་ནིཥྛཱ་དང་ཡཔ་དང་ཀྭི་པའི་རྐྱེན་ལས་རྣམ་འགྱུར་འབྱུང་ཚུལ་ནི། ནིཥྛཱ་ལའང་ངོ་ཞེས་པ་ནིཥྛཱའི་རྐྱེན་ཕ་རོལ་དུ་ཡོད་པ་ལའང་། ཀྵི འི་དབྱངས་རིང་པོར་འགྱུར་ཏེ། དཔེར་ན། ཀྵི་ལ། ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས་ཀྟ་དང་ཀྟ་ཝནྟུ་བྱིན་ནས། མདོ་འདིས་ཀྵི་ རིང་པོར་བསྒྱུར་ལ། ཀ་དང་ཨུ་ཁྱད་དོན་དབྱི་ཞིང་། ཀྲྀཏ་དྲུག་པར་ཀྵི་ལས་རིང་པོ་ལས་སོ་ ཞེས་པས་ཏ་ཡིག་ན་རུ་བསྒྱུར་བ། ནཱ་བཞི་པར་ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་པས་ཎ་རུ་ བསྒྱུར་ཏེ། མཐར་སི་བྱིན་པ་ན་སྔར་བཞིན་ཝ་ཡིག་རིང་པོར་བསྒྱུར་ནས། ཕྱི་མའི་མཐའ་སི་ དང་བརྩེགས་པའི་མཐའ་ཕྱིས་པས། ཀྵཱི་ཎཿཀྵི་ཎ་ཝཱན་(ཟད་པར་བྱས། )ཞེས་པ་ལྟ་བུའོ། །རིང་པོ་ རྟག་ཏུ་མ་ཡིན་པ་ཉིད་ཀྱི་ཕྱིར་དངོས་པོ་དང་ལས་ཀྱི་དོན་ལ་རིང་པོར་མི་འགྱུར་ཏེ། དཔེར་ན། ཀྵི་ལ་ཀྲྀཏ་ལྔ་པར་དངོས་པོ་ལ་མ་ནིང་ལ་ཞེས་པས་ཀྟ་བྱིན་པའི་ཀ་ཁྱད་དོན་ཕྱིས་ནས། དངོས་པོའི་དོན་ལ་འཇུག་པས་རིང་པོར་མི་འགྱུར་ལ། སྔར་བཞིན་སི་བྱིན་པ་དབྱི་ཞིང་། མུ་ ཨཱ་ག་མ་བྱིན་པས། ཀྵི་ཏཾ་(ཟད་དོ། །)ཞེས་པ་ལྟ་བུའོ། །སྥཱ་ཡཱིའི་སྥཱིའོ་ཞེས་པ་ནི་སྥཱ་ཡཱི་རྒྱས་པ་དང་ འཕེལ་བའི་བྱིངས་འདི་ཉིད། ནིཥྛཱའི་རྐྱེན་ཕ་རོལ་དུ་ཡོད་པ་ལ་སྥཱི་རུ་འགྱུར་ཏེ། དཔེར་ན། སྥཱ་ ཡཱི་ཨཱི་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཀྟ་དང་ཀྟ་ཝནྟུ་བྱིན་ནས། ཀ་དང་ཨུ་ཁྱད་དོན་དབྱི་ ཞིང་། མདོ་འདིས་སྥཱི་རུ་བསྒྱུར་པའི་མཐར་སི་བྱིན་ཏེ་སྔར་བཞིན་བསྒྲུབས་པས། སྥཱིཏཿ(སྤྲོས་ སོ། །) སྥཱིཏ་ཝཱན་ཞེས་པ་ལྟ་བུའོ། །ནིཥྛཱ་མ་ཡིན་པའི་རྐྱེན་ཕ་རོལ་ལ་ནི་སྥཱིརུ་མི་འགྱུར་ཏེ། དཔེར་ 6-1-475 ན། སྥཱ་ཡཱི་ལ། ཀྲྀཏ་ལྔ་པར་བུད་མེད་ལ་ཀྟི འོ་ཞེས་པས་ཀྟི་བྱིན་པའི་ཀ་ཁྱད་དོན་དབྱི་ཞིང་རྐྱེན་ དེ་ནིཥྛཱ་མ་ཡིན་པས་སྥཱིརུ་མ་བསྒྱུར་བར། འདི་ཉིད་དུ་ཡ་ཝ་དག་གི་གསལ་བྱེད་ལ་ཞེས་པས་ ཡ་ཕྱིས་ནས། སི་བྱིན་པས་སྥཱ་ཏིཿ (རྒྱས་སོ། །)ཞེས་པ་ལྟ་བུའོ། །པྱཱ་ཡའི་རང་གི་ཡན་ལག་ལ་ པཱིའོ་ཞེས་པ་ནི། པྱཱ་ཡཱི་རྒྱས་པ་དང་། འཕེལ་བ་ལ་འཇུག་པའི་བྱིངས་འདི་ཉིད་རང་གི་ཡན་ ལག་ལ་འཇུག་བཞིན་པའི་ཚེ་ནིཥྛཱའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་པཱི་རུ་འགྱུར་ཏེ། དཔེར་ན། པྱཱ་ ཡཱིའི་ཨཱི་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་དྲུག་པར་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟ་ བྱིན་པའི་ཀ་ཁྱད་དོན་དབྱི་ཞིང་། མདོ་འདིས་པཱི་རུ་བསྒྱུར་ནས། དེ་ཉིད་དུ་ལཱུ་སོགས་དང་ཨོཏ་ རྗེས་སུ་འབྲེལ་པ་ལ་ཞེས་པས་ཏ་ཡིག་ན་རུ་བསྒྱུར་ལ། སི་བྱིན་པ་མ་ནིང་ལས་ཕྱིས་ཏེ་མུ་ཨཱ་ ག་མ་བྱིན་པའི་ཕ་རོལ་ན་མུ་ཁཾ་ཡོད་པ་ལས་པཱི་ནཾ་མུ་ཁཾ་(ཁ་བྱེའོ། །)ཞེས་པ་ལྟ་བུའོ། །རང་གི་ཡན་ ལག་ལ་མི་འཇུག་པ་ན་པཱི་རུ་མི་འགྱུར་ཏེ། དཔེར་ན། པྱཱ་ཡ་ལ་སྔར་བཞིན་ཀྟ་བྱིན་པའི་ཀ་ དབྱི་ཞིང་། ཏ་ཡིག་ན་རུ་བསྒྱུར་ལ། འདི་ཉིད་དུ་ཡ་ཝ་དག་གི་གསལ་བྱེད་ལ་ཞེས་པས་ཡ་ ཕྱིས་ནས། སི་བྱིན་པའི་ཕ་རོལ་ན་སྭེ་དཿ(རྡུལ་འཕེལ། )ཡོད་པ་ལས་པྱཱ་ནཿསྭེདཿ ཞེས་པ་ལྟ་བུའོ། ། ཤྲྀ་ཏཾ་འཚེད་པ་ལའོ་ཞེས་པ་ནི་ཤྲྀ་ཏཾ་ཞེས་པའི་གཟུགས་འདི་ཉིད། འོ་མ་དང་མར་གྱི་དོན་ དག་ལ་འཚེད་པར་རྟོགས་པར་བྱ་བ་ཚིག་ཕྲད་དུ་བྱས་པ་སྟེ་ཞེས་དུར་ཕན་དག་ལས་གསུངས་ པས། དེའི་ཚེ་ཤྲཱ་ཡིག་ཤྲྀ་རུ་གྱུར་པའོ། །དཔེར་ན། ཤྲཱ་འཚེད་པའི་བྱིངས་ལ་སྔར་བཞིན་ཀྟ་ བྱིན་པའི་ཀ་ཁྱད་དོན་དབྱི་ཞིང་། མཐར་སི་བྱིན་པ་ཕྱིས་ཏེ། མུ་ཨཱ་ག་མ་བྱིན་ནས། ཤྲཱ་ཡིག་ཤྲཾ་ རུ་བསྒྱུར་བའི་ཕ་རོལ་ན། ཀྵཱི་རཾ་དང་ཧཝིཿཡོད་པ་ལས། ཤྲྀ་ཏཾ་ཀྵཱི་རཾ(འོ་མ་བསྐོལ)། ཤྲྀ་ཏཾ་ཧ་ཝིཿ (མར་བསྐོལ། )ཞེས་པ་ལྟ་བུའོ། །འོ་མ་དང་མར་དག་ལས་གཞན་པའི་འཚེད་པར་རྟོགས་པར་བྱ་ བ་ལ་ནི་ཚིག་ཕྲད་དུ་མི་འགྱུར་ཏེ། དཔེར་ན་ཤྲཱ་ལ་སྔར་བཞིན་ཀྟ་བྱིན་པའི་ཀ་དབྱི་ཞིང་། ཀྲྀཏ་ དྲུག་པར་ཨཱཏ་ལས་མཐར་གནས་བརྩེགས་པ་ལས་ཞེས་པས་ཏ་ཡིག་ན་རུ་བསྒྱུར་བ། ནཱ་བཞི་ 6-1-476 པར་ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་པས་ཎ་རུ་བསྒྱུར་ནས། བུད་མེད་དུ་བསྒྲུབ་པ་ལ་ཨཱའི་ རྐྱེན་བྱིན་ཏེ་མཚམས་སྦྱར་བའི་མཐར་སི་བྱིན་པ་ནཱ་དང་པོར་ཤྲད་དྷཱ་ལས་ཞེས་པས་དབྱི་ཞིང་། ཚིག་ཕྲད་དུ་མ་བྱས་པ་ན་ཤྲྀ་རུ་མི་འགྱུར་ལ། ཕ་རོལ་ན་ཡ་བཱ་གཱུཿཡོད་པ་ལས། ཤྲཱ་ཎཱ་ཡ་བཱ་ གཱུཿ (ཐུག་པ་འཚོད་དོ། །)ཞེས་པ་ལྟ་བུའོ། །པྲ་སྟྱཱའི་སཾ་པྲ་སཱ་ར་ཎའོ་ཞེས་པས་པྲ་སྔ་མ་ཅན་གྱི་ཥྜྱཻ་སྒྲ་ དང་འདུས་པ་དག་ལའོ་ཞེས་པ་འདིའི་ཡ་དབྱངས་དང་བཅས་པ་ནི། ནིཥྛཱའི་རྐྱེན་ཕ་རོལ་དུ་ ཡོད་པ་ལ་སཾ་པྲ་སཱ་ར་ཎ་བྱ་བར་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་སྟྱཻ་ལ། སྔར་བཞིན་ཀྟ་ དང་། ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས་ཀྟ་ཝནྟུ་བྱིན་པའི་ཀ་དང་ཨུ་ཁྱད་དོན་ཕྱིས་ནས། མདོ་ འདིས་སྟྱཻའི་ཡ་དབྱངས་དང་བཅས་པ་སཾ་པྲ་སཱ་ར་ཎ་བྱས་ཏེ་ཨི་རུ་བསྒྱུར་བ་འདི་ཉིད་དུ་དེའི་ མཐའ་རིང་པོའོ་ཞེས་པས་རིང་པོར་བསྒྱུར་ཞིང་། མཐར་སི་བྱིན་ནས་སྔར་བཞིན་བསྒྲུབས་ པས། པྲསྟཱིཏཿ(དང་པོར་སྒྲ་བྱས། )པྲསྟཱིཏ་ཝཱན་ཞེས་པ་ལྟ་བུའོ། །ཁུ་བའི་གོང་བུ་དང་རེག་པ་དག་ལ་ ཤྱཱའི་འོ་ཞེས་པ་ཁུ་བའམ་གཤེར་བའི་གོང་བུ་དང་རེག་པ་ཡོད་པའི་དོན་ལ། ཤྱེང་འགྲོ་བ་ ལའོ་ཞེས་པ་འདིའི་ཡ་དབྱངས་དང་བཅས་པ་ནི། ནིཥྛཱའི་རྐྱེན་ཕ་རོལ་དུ་ཡོད་པ་ལ་སཾ་པྲ་སཱ་ར་ ཎ་བྱ་བར་འགྱུར་ཏེ་དཔེར་ན། ཤྱེང་གི་ང་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཀྟ་ཕྱིན་པའི་ཀ་ ཕྱིས་ནས། མདོ་འདིས། ཤྱེའི་ཡ་དབྱངས་དང་བཅས་པ་སཾ་པྲ་སཱེ་ར་ཎ་བྱས་པ་སྔར་བཞིན་ རིང་པོར་བསྒྱུར་ཞིང་། སྔ་མ་གཉིས་ལ། ཀྲྀཏ་དྲུག་པར་ཤྱེ་ལས་རེག་པ་མ་ཡིན་པ་ལས་ཞེས་ པས་ཁུ་བའི་གོང་བུའི་དོན་ལ་ཏ་ཡིག་ན་རུ་བསྒྱུར་ཏེ། མཐར་སི་བྱིན་པ་མ་ནིང་ལས་ཕྱིས་ ཤིང་། མུ་ཨཱ་ག་མ་བྱིན་ནས། ཁུ་བའི་གོང་བུའི་དོན་ལ་ཕ་རོལ་ཏུ་གྷྲྀ་ཏཾ་དང་། མེ་དམ་དང་། རེག་པའི་དོན་ལ་ཛ་ལམ་དང་བརྟེ་ཡོད་པ་ལ། ཤཱི་ནཾ་གྷྲྀ་ཏཾ(མར་གོར)། ཤཱི་ནཾ་མེ་དཾ(ཞག་གོང་)། ཤཱི་ ཏཾ་ཛ་ལཾ(ཆུའོ་གྲང་)། ཤཱི་ཏཾ་བརྟེ་ཞེས་པ་ལྟ་བུའོ། །ཁུ་བའི་གོང་བུའི་དོན་མ་ཡིན་པ་ལ་སཾ་པྲ་སཱ་ར་ ཎ་རུ་མི་འགྱུར་ཏེ། དཔེར་ན། ཤྱེ་ལ་སྔར་བཞིན་ཀྟ་བྱིན་ནས། ཨཱ་བཞི་པར་མཚམས་སྦྱོར་གྱི་ 6-1-477 ཡི་གེའི་མཐའ་རྣམས་ཀྱི་ཞེས་པས་ཤྱེའི་དབྱངས་ཨཱ་རིང་པོར་བསྒྱུར་ཞིང་། ཀྲྀཏ་དྲུག་པར་ཤྱེ་ ལས་རེག་པ་མ་ཡིན་པ་ལས་ཞེས་པས་ཏའང་ན་རུ་བསྒྱུར་ཏེ་སི་བྱིན་པས། ཤྱཱ་ནཿ(སྔོ་བསངས། ) ཞེས་པ་ལྟ་བུའོ། །པྲ་ཏི་ལས་ཀྱང་ངོ་ཞེས་པ། པྲ་ཏིའི་སྒྲ་སྔ་མ་ཅན་ལས་ཀྱང་ཤྱེའི་ཡ་ཡིག་ དབྱངས་དང་བཅས་པ། ནིཥྛཱའི་རྐྱེན་ཕ་རོལ་དུ་ཡོད་པ་ལ་སཾ་པྲ་སཱ་ར་ཎ་རུ་འགྱུར་བ་ནི་ཁུ་བའི་ གོང་བུ་དང་རེག་པའི་དོན་མ་ཡིན་པ་བརྗོད་པར་འགྱུར་བའི་ཕྱིར་མདོ་སོ་སོར་བྱས་པ་སྟེ། དཔེར་ན། པྲ་ཏི་སྔ་མ་ཅན་གྱི་ཤྱེ་ལ་ཀྟ་ལ་ཀྟ་ཝནྟུ་དང་སི་བྱིན་ནས་སྔར་བཞིན་བསྒྲུབས་པས། པྲ་ཏི་ཤཱི་ནཿ པྲ་ཏི་ཤཱི་ན་ཝཱན་(སོ་སོར་སོང་ནས། ) ཞེས་པ་ལྟ་བུའོ། །དུར་སིང་དུ་པྲ་ཏི་སྔ་མ་ཅན་ འདི་ནད་ཁོ་ན་ལ་འཇུག་པར་བྱེད་དོ། །ཞེས་ཀྱང་གསུངས་སོ། །ཨབྷི་ཨ་ཝ་དག་ལས་ཡང་ ནའོ་ཞེས་པ་ནི་ཨབྷི་དང་ཨ་ཝ་ཞེས་པའི་ཉེར་བསྒྱུར་འདི་དག་སྔ་མ་ཅན་ལས་ཕ་རོལ་གྱི་ ཤྱེའི་ཡ་དབྱངས་དང་བཅས་པ། ནིཥྛཱའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་སཾ་པྲ་སཱ་ར་ཎ་རུ་ཡང་ན་ འགྱུར་ཞིང་ཡང་ན་མི་འགྱུར་ཏེ། དཔེར་ན། ཨ་བྷི་དང་ཨ་ཝ་སྔ་མ་ཅན་གྱི་ཤྱེ་ལ་ཀྟ་བྱིན་ནས་ སཾ་པྲ་སཱ་ར་ཎ་བྱས་ཏེ། མུ་དང་སི་བྱིན་ནས་སྔར་བཞིན་བསྒྲུབས་པས། ཨ་བྷི་ཤཱི་ནཾ། ཨ་ཝ་ཤཱི་ ནཾ་ཞེས་པ་དང་གཞན་འདྲ་བ་ལ་ཡང་ན་མི་འགྱུར་བའི་ཕྱོགས་ལ། ཨཱ་བཞི་པར། མཚམས་ སྦྱོར་གྱི་ཡི་གེའི་ཞེས་པ་ལྟར་ཤྱེའི་དབྱངས་ཨཱ་རུ་བསྒྱུར་བས། ཨ་བྷི་ཤྱཱ་ནཾ། ཨ་ཝ་ཤྱཱ་ནཾ་ཞེས་ པ་ལྟ་བུའོ། །ཝེཉ྄་ཛྱཱ་དག་གི་ཡཔ་ལ་མ་ཡིན་ནོ་ཞེས་པ་ནི་ཝེཉ྄་སྣལ་མའི་རྒྱུད་དང་། ཛྱཱ་ལང་ཚོ་ ཉམས་པའི་བྱིངས་འདི་དག་ཝ་དང་ཡའི་ཡི་གེ་དབྱངས་དང་བཅས་པ། སྤྱིར་བཏང་ལ་ཝཉ྄་ནི་ ཡཛ་ལ་སོགས་པ་ཉིད་དང་། ཛྱཱའང་གྲཧ་ལ་སོགས་པ་ཉིད་ཀྱི་ཕྱིར་སཾ་པྲ་སཱ་ར་ཎ་ཐོབ་པ་ལ། མདོ་འདིས་དམིགས་བསལ་གྱིས་ཡཔ་ཕ་རོལ་དུ་ཡོད་པ་ལ་སཾ་པྲ་སཱ་ར་ཎ་རུ་མི་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཝེཉ྄་དང་། ཛྱཱཉའི་ཉ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་དྲུག་པར་བྱེད་ པ་པོ་གཅིག་དག་གི་ཞེས་པས་ཀྟྭཱ་བྱིན་པ། དེ་ཉིད་དུ་བསྡུ་བ་འབྱུང་བ་ཞེས་པས་ཡཔ་ཏུ་ 6-1-478 བསྒྱུར་ནས། སྔར་བཞིན་མཚམས་སྦྱོར་གྱི་ཡི་གེའི་ཞེས་པས་ཝེའི་དབྱངས་ཨཱ་རུ་བསྒྱུར་ཞིང་ པ་ཁྱད་དོན་དང་། སི་མི་ཟད་པ་ལས་ཕྱིས་པས། པྲ་ཝཱ་ཡ། པྲ་ཛྱཱ་ཡ་ཞེས་པ་ལྟ་བུའོ། །བྱཱའི་འང་ ངོ་ཞེས་པ་ནི་བྱེཉ་སྡོམ་པར་བྱེད་པའི་བྱིངས་འདིའི་ཡ་དབྱངས་དང་བཅས་པའང་། ཡཛ་ སོགས་ཀྱི་ནང་ཚན་ཡིན་པའི་ཕྱིར་སྤྱིར་བཏང་ལ། སཾ་པྲ་སཱ་ར་ཎ་རུ་བསྒྱུར་བ་ཐོབ་ནའང་། མདོ་འདིས་དམིགས་བསལ་གྱིས་ཡབ་ཕ་རོལ་ལ་སཾ་པྲ་སཱ་ར་ཎ་རུ་མི་འགྱུར་ཏེ། དཔེར་ན། པྲ་ སྔ་མ་ཅན་གྱི་བྱེཉའི་ཉ་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཀྟྭཱ་བྱིན་པ་ཡབ་ཏུ་བསྒྱུར་བ་ན། བྱེའི་དབྱངས་སྔར་བཞིན་ཨཱ་རུ་བསྒྱུར་ནས། པ་དང་སི་ཕྱིས་པ་དང་། པྲ་བྱཱ་ཡ་ཞེས་པ་ལྟ་བུའོ། ། སཾ་པ་རི་དག་ལས་ཡང་ནའོ་ཞེས་པ་ནི་ཉེར་བསྒྱུར་སཾ་དང་པ་རི་དག་སྔ་མ་ཅན་གྱི་བྱེཉའི་ཡ་ དབྱངས་དང་བཅས་པ། ཡཔ་ཕ་རོལ་ལ་སཾ་པྲ་སཱ་ར་ཎ་རུ་ཡང་ན་འགྱུར་ཞིང་ཡང་ན་མི་འགྱུར་ ཏེ། དཔེར་ན། སཾ་དང་པ་རི་སྔོན་མ་ཅན་གྱི་བྱེཉའི་ཉ་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཀྟྭཱ་ བྱིན་པ་ཡབ་དུ་བསྒྱུར་བ་ན། ཡ་དབྱངས་དང་བཅས་པ་སཾ་པྲ་སཱ་ར་ཎ་བྱས་པས། མདོ་འོག་ མས་རིང་པོར་བསྒྱུར་ནས། པ་དང་སི་ཕྱིས་པས། སཾ་ཝཱི་ཡ(ཡང་དག་པར་སྡོམ)། པ་རི་ཝཱི་ཡ་ཞེས་ པ་དང་། གཞན་འདྲ་བ་ལ་སཾ་པྲ་སཱ་ར་ཎ་མ་བྱས་པར། བྱེའི་དབྱངས་སྔར་བཞིན་ཨཱ་རུ་བསྒྱུར་ བས། སཾ་བྱཱ་ཡ། པ་རི་བྱཱ་ཡ་ཞེས་པ་ལྟ་བུའོ། །དེའི་མཐའ་རིང་པོའོ་ཞེས་པ་ནི་སཾ་པྲ་སཱ་ར་ཎ་ བྱས་པ་གང་ཡིན་པ་དེའི་མཐའི་དབྱངས་ཡིག་རིང་པོར་འགྱུར་ཏེ། དཔེར་ན། ཧྭེཉ་འགྲན་པའི་ བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ན། ཀྲྀཏ་གསུམ་པ་ནིཥྛཱའོ་ཞེས་པས་ཀྟ་བྱིན་པའི་ཀ་ཁྱད་དོན་ དབྱི་ཞིང་། ཨཱ་བཞི་པར་སྭ་པི་ཝ་ཙི་ཞེས་པས་ཝ་ཡིག་དབྱངས་དང་བཅས་པ་སཾ་པྲ་སཱ་ར་ཎ་ བྱས་ནས་ཨུ་རུ་བསྒྱུར་བ། མདོ་འདིས་རིང་པོར་བསྒྱུར་ཏེ་མཐར་སི་བྱིན་པས། ཧཱུ་ཏཿ(འགྲན་ ནོ། །)ཞེས་པ་ལྟ་བུའོ། །དུར་སིང་དུ། མཐའ་སྨོས་པ་ནི་མིང་ཉིད་ཀྱི་དོན་དང་། དེ་སྨོས་པ་ནི་མ་ འདྲེས་པར་རྟོགས་པའི་དོན་དུའོ། །ཞེས་ཀྱང་གསུངས་སོ། །ཝཱའི་ཀྭིཔ་ལའོ་ཞེས་པས་ཝེཉ྄་སཾ་ 6-1-479 པྲ་སཱ་ར་ཎ་བྱས་པ་ནི། ཀྭིཔ་ཕ་རོལ་དུ་ཡོད་པ་ལ་རིང་པོར་འགྱུར་ཏེ། དཔེར་ན། ཝེ་ཉའི་ཉ་ རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་གསུམ་པར་ཀྭིཔ་འང་ངོ་ཞེས་པས་ཀྭིཔ་བྱིན་པ་ན། ཨཱ་བཞི་པར། སྭ་པི་ཝ་ཙི་ཞེས་པས་ཝེ་དབྱངས་དང་བཅས་པ་ཨུ་རུ་བསྒྱུར་བའི་སཾ་པྲ་སཱ་ར་ཎ་བྱས་པ། མདོ་ འདིས་རིང་པོར་བསྒྱུར་ནས། སྔར་བཞིན་ཀྭིཔ་ཕྱིས་ཏེ་སི་བྱིན་པ་རྣམ་བཅད་དུ་བྱས་པ། ཨཱུཿ(སྣལ་མའོ། །)ཞེས་པ་ལྟ་བུའོ། །ཀྭིཔ་མ་ཡིན་པའི་རྐྱེན་ལ་རིང་པོར་མི་འགྱུར་ཏེ། དཔེར་ན། ཝེ་ལ་ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས། ཀྟ་བྱིན་ནས། སཾ་པྲ་སཱ་ར་ཎ་བྱས་པའི་མཐར་སི་བྱིན་ ནས། ཨུ་ཏཿཞེས་པ་ལྟ་བུའོ། །དྷྱཱ་བྱཱ་དག་གིའོ་ཞེས་པ་ནི་དྷྱཻ་སེམས་པ་དང་། པྱཱ་ཡཱི་རྒྱས་པའམ་ འཕེལ་བའི་བྱིངས་འདི་དག་གི་ཡ་ཡིག་དབྱངས་དང་བཅས་པ་སཾ་པྲ་སཱ་ར་ཎར་གྱུར་པ། ཀྭིཔ་ ཕ་རོལ་ལ་རིང་པོར་འགྱུར་ཏེ། དཔེར་ན། དྷྱཻ་དང་། ཨཱང་སྔོན་མ་ཅན་གྱི་པྱཱ་ཡཱིའི་ཨཱི་རྗེས་ འབྲེལ་ཕྱིས་པ་ལ་སྔར་བཞིན་ཀྭིཔ་བྱིན་ནས། དུར་སིང་དུ། བཤད་པ་ལས་སཾ་པྲ་སཱ་ར་ཎར་ གྲུབ་པོ་ཞེས་པས་ཡ་ཡིག་དབྱངས་དང་བཅས་པ་དག་ཨི་རུ་བསྒྱུར་པའི་སཾ་པྲ་སཱ་ར་ཎ་བྱས་པ། མདོ་འདིས་རིང་པོར་བསྒྱུར་ཞིང་། འདི་ཉིད་དུ་ཡཝ་དག་གི་གསལ་བྱེད་ལ་ཞེས་པས་ཡ་དང་། སྔར་བཞིན་ཀྭིཔ་ཕྱིས་ཏེ་སི་བྱིན་པས། དྷཱིཿ(བློ་གྲོས། )ཨཱ་པཱིཿ(འཕེལ་ལོ། །) ཞེས་པ་ལྟ་བུའོ། །ལྔ་པའི་ ཨུ་པ་དྷཱའི་དྷུཊ་ལའང་ཡོན་ཏན་མེད་པ་ལའོ་ཞེས་པ་ནི་བྱིངས་ལྔ་པའི་མཐའ་ཅན་གྱི་ཨུ་པ་དྷཱའི་ དབྱངས་རྣམས། ཀྭིཔ་དང་དྷུཊ་དང་པོ་ཅན་གྱིའང་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་དུ་ཡོད་པ་ ལ་རིང་པོར་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཤ་མུ་ཞི་བ་དང་། ཏ་མུ་འདོད་པའི་བྱིངས་ ཨུ་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཀྭིཔ་བྱིན་པ་ན། མདོ་འདིས་ཨུ་པ་དྷཱ་ཤ་དང་ཏ་རིང་པོར་ བསྒྱུར་ཤིང་། ཀྲྀཏ་དྲུག་པར་བྱིངས་ཀྱི་མའི་ནའོ་ཞེས་པས་མ་ཡིག་ན་རུ་བསྒྱུར་ནས། སྔར་ བཞིན་ཀྭིཔ་དང་། གསལ་བྱེད་མཐའ་ལས་སི་ཕྱིས་པས། པྲ་ཤཱན། (རབ་ཏུ་ཞིའོ། །) པྲ་ཏཱན་(རབ་ཏུ་ འདོད་དོ། །)ཞེས་པ་དང་། པྲ་སྔ་མ་ཅན་མ་ཡིན་པའི་ཤ་མུ་དང་ཏ་མུ་དག་ལ། དྷུཊ་དང་པོ་ཅན་ 6-1-480 ཡོན་ཏན་མེད་པའི་རྐྱེན། ཀྲྀཏ་དྲུག་པར་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟ་དང་། ཀྲྀཏ་ གསུམ་པར་ནིཥྛཱའོ་ཞེས་པས་ཀྟ་ཝནྟུ་བྱིན་པ་ན། ཨུ་པ་དྷཱ་རིང་པོ་དང་མ་ཡིག་ན་རུ་བསྒྱུར་ ཞིང་། ནིཥྛཱའི་རྐྱེན་གྱི་མཐར་སྔར་བཞིན་བསྒྲུབས་པས། ཤཱནྟཿ(ཞི་བ། ) ཤཱནྟ་ཝཱན། ཏཱནྟ། ཏཱནྟ་ ཝཱན་(འདོད་པ། )ཞེས་པ་ལྟ་བུའོ། །ལྔ་པའི་མཐའ་ཅན་མ་ཡིན་པའི་ཨུ་པ་དྷཱ་ནི་དྷཱུཊ་དང་པོ་ཅན་ ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ལ་རིང་པོར་མི་འགྱུར་ཏེ། དཔེར་ན། བ་ཙ་འཚེད་པའི་བྱིངས་ ཙའི་ཨ་བརྗོད་དོན་ཕྱིས་པ་ལ། ཀྲྀཏ་དྲུག་པར་བྱེད་པ་པོ་གཅིག་དག་གི་ཞེས་པས་ཀྟཱ་བྱིན་ པའི་ཀ་ཁྱད་དོན་དབྱི་ཞིང་། ཀྲྀཏ་དྲུག་པར་ཙ་ཛ་དག་གི་དྷཱུ་ཊ་གྷ་རྗེས་སུ་འབྲེལ་པ་ལ་ཞེས་ པས་ཙ་ཡིག་ཀ་རུ་བསྒྱུར་ནས་སི་བྱིན་པ་མི་ཟད་པ་ལས་ཕྱིས་པས། པཀྟྭཱ(སྨིན་ཏེ། )ཞེས་པ་ལྟ་ བུའོ། །དྷུཊ་དང་པོ་ཅན་མ་ཡིན་ནའང་། ལྔ་པའི་མཐའ་ཅན་གྱི་ཨུ་པ་དྷཱ་རིང་པོར་མི་འགྱུར་ཏེ། དཔེར་ན། གམླྀ་འགྲོ་བའི་བྱིངས་ལྀ་རྗེས་འབྲེལ་ཕྱིས་པ་ལ། ཨཱ་གཉིས་པར་བྱིངས་ཐམས་ ཅད་པ་ལ་ཞེས་པས་ཡཎ་བྱིན་པའི་ཎ་རྗེས་འབྲེལ་དབྱི་ཞིང་མདོ་འདིས་ག་རིང་པོར་མི་འགྱུར་ ལ། མཐར་བརྟ་མཱ་ནའི་ཏེ་བྱིན་པས། གམྱ་ཏེ་(འགྲོ་བར་བྱེད། )ཞེས་པ་ལྟ་བུའོ། །ཚ་བ་དག་གི་ལྔ་ པ་ལའང་ཤ་ཨཱུཊ་དག་གོ་ཞེས་པ་ནི་བྱིངས་ཀྱི་ཆ་ཤས་ཚ་ཡིག་དང་ཝ་ཡིག་དག ཀྭིཔ་དང་ དྷུཏ་ཡོན་ཏན་མེད་པ་ཅན་དང་། ལྔ་པ་དང་པོ་ཅན་གྱི་རྐྱེན་རྣམས་ཕ་རོལ་དུ་ཡོད་པ་ལའང་། རིམ་པ་ལྟར་ཚ་ཡིག་ཤ་དང་། ཝ་ཡིག་ཨཱུ་ཊ་རུ་འགྱུར་ཏེ། དཔེར་ན། གོ་སྔ་མ་ཅན་གྱི་བི་ཚ་ འགྲོ་བའི་བྱིངས་ལ་སྔར་བཞིན་ཀྭིཔ་བྱིན་པ་ན། མདོ་འདིས་ཚ་ཡིག་ཤ་རུ་བསྒྱུར་ཞིང་། ནཱ་ གསུམ་པར་ཧ་ཤཥ་ཚ་མཐའ་དང་ཞེས་པས་ཤའང་ཌ་དང་། རྫོགས་པ་ལ་ཡང་ནའོ་ཞེས་པས་ ཌའང་ཊ་རུ་བསྒྱུར་ནས་སྔར་བཞིན་ཀྭིཔ་དང་སི་བྱིན་པ་གསལ་བྱེད་ལས་ཕྱིས་པས། གོ་བིཊ་ (བ་ལང་འགྲོ། )ཞེས་པ་དང་། ཥི་བུ་སྣལ་མའི་རྒྱུད་ཀྱི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ། ཀྭིཔ་བྱིན་ པ་ན། མདོ་འདིས་ཝ་ཡིག་ཨཱུཊ་རུ་བསྒྱུར་བའི་ཊ་ཡིག་ནི། ཀྲྀཏ་དྲུག་པར་ཨའི་ཡི་གེ་ལ་ཨཱུཊའི་ 6-1-481 འཕེལ་བའོ་ཞེས་པའི་ཁྱད་དོན་ཡིན་པས་འཕྱིད་པ་འོག་མ་རྣམས་ལའང་མཚུངས་ཤིང་། ཨཱུ་ ཡིག་ཥིའི་ཨི་དང་མཚམས་སྦྱར་ནས། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོའི་ཥའི་ཞེས་པས་ ཥའང་ས་རུ་བསྒྱུར་ཏེ་སི་བྱིན་པ་རྣམ་བཅད་དུ་གྱུར་པས། སྻཱུཿ(སྣལ་མར་བྱེད། ) ཞེས་པ་དང་། པྲ་ ཚ་ཤེས་འདོད་ཀྱི་བྱིངས་ལ་དྷུཊ་དང་པོ་ཅན་གྱི་རྐྱེན་ནིཥྛཱའོ་ཞེས་པ་ལྟར་ཀྟ་དང་། ཀྟ་ཝནཱུ་བྱིན་ པ་ན། ཚ་ཡིག་ཤ་རུ་བསྒྱུར་ཞིང་། ཨཱ་བཞི་པར་གྲ་ཧི་ཛྱཱ་ཞེས་པས་པྲའི་ར་ཡིག་རྀ་རུ་བསྒྱུར་ བའི་སཾ་པྲ་སཱ་ར་ཎ་བྱས་པ་ལ། ཨཱ་དྲུག་པར། ཚ་ཤ་དག་གི་འང་ངོ་ཞེས་པས་ཤ་ཡིག་ཥ་དང་། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ལས་ཞེས་པས་རྐྱེན་གྱི་ཏའང་ཊ་རུ་བསྒྱུར་བའི་མཐར་སི་བྱིན་ནས་ སྔར་བཞིན་བསྒྲུབས་པས། པྲྀཥྚཿ(ཤེས་པར་འདོད། ) པྲྀཥྚ་ཝཱན་ཞེས་པ་དང་། སྔར་བཞིན་ཥི་ཝ་ ལ་ཀྟ་དང་ཀྟ་ཝནྟུ་བྱིན་པ་ན། ཝ་ཡིག་ཨཱུཊ་རུ་བསྒྱུར་ནས་ཥིའི་ཨི་དང་མཚམས་སྦྱར་ཞིང་། གཞན་སྔར་དང་འདྲ་བས། སྱཱུཏཿ(སྣལ་མར་བྱས། )སྱཱུ་ཏ་ཝཱན་ཞེས་པ་དང་། པྲ་ཙ་ལ་ལྔ་པ་དང་པོ་ ཅན། ཀྲྀཏ་ལྔ་པར་བིཙྪི་པྲཙྪི་ཞེས་པ་ལྟར་ན་ད་ཞེས་པའི་རྐྱེན་ང་རྗེས་འབྲེལ་ཕྱིས་པ་བྱིན་པ་ ན། ཚ་ཡིག་ཤ་དང་། སྔར་བཞིན་ཤའང་ཥ་དང་། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ལས་ཞེས་པས་ ནའང་ཎ་རུ་བསྒྱུར་ནས་སི་བྱིན་པས། པྲཥྞཿ(འདྲིའོ། །)ཞེས་པ་དང་། ཥི་ཝ་ལ་ལྔ་པ་དང་པོ་ཅན་ཀྲྀཏ་ ལྔ་པར་ཨུཎའི་མདོ་ལས་མན་ནོ་ཞེས་པས་མན་བྱིན་པ་ན། ཝ་ཡིག་ཨཱུཊ་རུ་བསྒྱུར་ཞིང་ཨཱ་ ལྔ་པར་ནཱ་མིའི་མཐའི་བྱིངས་དང་ཞེས་པས་ཨཱུ་ཡིག་ཡོན་ཏན་བྱས་ནས། ཥིའི་ཨི་དང་ མཚམས་སྦྱར་ལ། ནཱ་གཉིས་པར་གྷུ་ཊ་ལའང་སཾ་བུད་དྷི་མ་ཡིན་པ་ལས་ཞེས་པས་མ་ཡིག་ རིང་པོར་བསྒྱུར་ཏེ། སི་གསལ་བྱེད་ལས་ཕྱིས་ནས་ནཱ་གསུམ་པར་རྟགས་མཐའི་ན་ཡིག་གོ་ ཞེས་པ་ལྟར་ནའང་ཕྱིས་པས། སྱོ་མཱ་(སྣལ་མར་བྱེད། )ཞེས་པ་ལྟ་བུའོ། །ཤྲི་ཝི་ཨ་ཝི་མ་ཝི་ཛྭ་རི་ཏྭ་ ར་རྣམས་ཀྱི་ཨུ་པ་དྷཱའི་འོ། །ཞེས་པ་ནི་ཤྲི་ཝུ་འགྲོ་བ་དང་སྐྱེམས་པ་དང་། ཨཝ་བསྲུང་བ་དང་། མཝ་འཆིང་བ་དང་། ཛྭར་ནད་དང་། ཉི་ཏྭར་ཀུན་དུ་འཁྱམས་པའི་བྱིངས་འདི་རྣམས་ཀྱི་ཝ་ 6-1-482 ཡིག་དང་། ཨུ་པ་དྷཱའི་དབྱངས་རྣམས་ཀྱང་ཀྭིཔ་དང་། དྷུཊ་ཡོན་ཏན་མེད་པ་དང་། ལྔ་པ་དང་ པོ་ཅན་གྱི་རྐྱེན་རྣམས་ཕ་རོལ་ཏུ་ཡོད་པ་ལ། ཨཱུཊ་རུ་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ ཨུ་དང་ཉི་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་ཀྭིཔ་བྱིན་པ་ན། མདོ་འདིས་ཝ་ཡིག་དང་ཨུ་པ་ དྷཱ་རྣམས་ཨཱུཊ་རུ་བསྒྱུར་ནས། སྔར་མའི་དབྱངས་དང་མཚམས་སྦྱར་ཞིང་། སྔར་བཞིན་ཀྭིཔ་ དང་། གསལ་བྱེད་མཐའི་སི་ཕྱིས་ལ། དབྱངས་མཐའི་སི་དང་། མཐའི་ར་ཡིག་དག་ཀྱང་རྣམ་ བཅད་དུ་བསྒྱུར་བས། ཤྲཱུཿཨཱུཿམཱུཿཛཱུཿཏཱུཿཞེས་པ་ལྟ་བུའོ། །ཤྲི ཝ་ལ་དྷུཊ་དང་པོ་ཅན། ཀྟ་དང་ ཀྟ་ཝནྟུ་དང་། ཕྱི་མ་རྣམས་ལ། ཀྲྀཏ་ལྔ་པར། བུད་མེད་ལ་ཀྟི འོ་ཞེས་པས་ཀྟི་བྱིན་པའི་ཀ་ཁྱད་ དོན་དབྱི་ཞིང་། མདོ་འདིས་ཝ་ཡིག་དང་ཨུ་པ་དྷཱ་རྣམས་ཨཱུཊ་རུ་བསྒྱུར་ནས་མཚམས་སྦྱར་ ཞིང་། མཐར་སི་བྱིན་པས། ཤྲཱུཏཿ(ཐོས་སོ། །) ཤྲཱུ་ཏ་ཝཱན། ཨཱུ་ཏིཿ(བསྲུང་ངོ་། །) མཱུ་ཏིཿ(འཆིང་ངོ་། །) ཛཱུརྟིཿ(ནད་དོ། །) ཏཱུརྟིཿ(ཀུན་དུ་འཁྱམས་སོ། །)ཞེས་པ་ལྟ་བུའོ། །བྱིངས་དེ་རྣམས་ལ་ལྔ་པ་དང་པོ་ཅན་ གྱི་རྐྱེན། ཨུཎ་སོགས་ཀྱི་མདོར་མནའོ་ཞེས་པས་མན་བྱིན་པ་ན། མདོ་འདིས་ཝ་ཡིག་དང་ཨུ་ པ་དྷཱ་རྣམས་ཨཱུཊ་རུ་བསྒྱུར་ནས་མཚམས་སྦྱར་ཞིང་། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་ པས་ཨཱུ་དང་པོ་གསུམ་ཨོ་རུ་བསྒྱུར་བའི་ཡོན་ཏན་བྱས་ལ། དེ་ཉིད་དུ་ཨཝ་ཏི་ལས་མཐའི་ དབྱངས་སོགས་དབྱི་བ་འང་ངོ་ཞེས་པས་ཨོ་ཡིག་གཅིག་པུའི་མཐར་མན་གྱི་ན་ཡིག་མའི་ དབྱངས་དང་བཅས་པ་ཕྱིས་ཏེ། ཐམས་ཅད་ཀྱི་མཐར་སི་བྱིན་པ་ན། ནཱ་གཉིས་པར་གྷུཊ་ ལའང་སཾ་བུད་དྷི་མ་ཡིན་པ་ལ་ཞེས་པས་མ་ཡིག་གཞན་རྣམས་རིང་པོར་བསྒྱུར་ནས་སྔར་ བཞིན་སི་དང་། རྟགས་མཐའི་ན་ཡིག་ཕྱིས་པས། ཤྲོ་མ། ༀ། མོ་མ། ཛཱུརྨཱ། ཏཱུརྨཱ་ཞེས་པ་ལྟ་ བུའོ། །དུར་སིང་དུ་འདི་རྣམས་ཀྱི་ཐ་ཡིག་ཨུ་པ་དྷཱ་དང་ལྷན་ཅིག་ཀྭིཔ་དང་དྷུཊ་ཡོན་ཏན་མེད་ པ་དང་ལྔ་པ་ལ་ཨཱུཊ་རུ་འགྱུར་ཞེས་གསུངས་པས་ལྷན་ཅིག་པའི་སྒྲས་ཨཱུཊ་རུ་བསྒྱུར་བ་ གཅིག་པུས་ཆོག་པར་ཡང་གསལ་ལོ། །ར་ལས་དབྱི་བར་བྱ་བ་དག་གོ་ཞེས་པ་ནི་བྱིངས་ཀྱི་ཆ་ 6-1-483 ཤས་ར་ཡིག་ལས་ཕ་རོལ་གྱི་ཚ་ཡིག་དང་ཝ་ཡིག་དག་ཀྭིཔ་དང་དྷུཊ་ཡོན་ཏན་མེད་པ་དང་། ལྔ་པ་དང་པོ་ཅན་གྱི་རྐྱེན་ཕ་རོལ་དུ་ཡོད་པ་ལ་དབྱི་བར་བྱ་བར་འགྱུར་ཏེ། དཔེར་ན། ཧུཪྪ་ འཁྱོག་པ་དང་། དྷུཪྺ་འཚེ་བའི་བྱིངས་དག་ལ། སྔར་བཞིན་ཀྭིཔ་དང་། ཀྟ་དང་། མན་གྱི་རྐྱེན་ རྣམས་བྱིན་པ་ན། མདོ་འདིས་ཚ་དང་ཝ་རྣམས་དབྱི་ཞིང་། ནཱ་གསུམ་པར་ཨཱིར་ཨཱུར་དག་གོ་ ཞེས་པས་ཨུར་རྣམས་ཨཱུར་དུ་བསྒྱུར་ནས་སྔར་བཞིན་ཀྭི་པ་ཕྱིས་ལ། ཀྲྀཏ་དྲུག་པར་ར་ལས་ ནིཥྛཱའི་ཞེས་པས་ཏ་ཡིག་ན་རུ་བསྒྱུར་བ། ནཱ་བཞི་པར། ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་པས་ ཎ་རུ་བསྒྱུར་ཏེ་མན་གྱི་མ་རིང་པོ་དང་ན་དབྱི་བ་སྔར་བཞིན་བྱས་ནས། མཐའི་སི་རྣམས་ གསལ་བྱེད་ལས་དབྱི་ཞིང་། ར་ཡིག་རྣམས་རྣམ་བཅད་དུ་བསྒྱུར་བས་རིམ་པ་ལྟར། ཧཱུཿ(འཁྱོག་ པོའོ། །)དྷཱུཿ (འཚེ་འོ། །)ཞེས་པ་དང་། ཧཱུརྞཿ དྷཱུརྞཿ ཧཱུརྨཱཿ དྷཱུརྨཱཿ ཞེས་པ་ལྟ་བུའོ། །དགུ་པ་བྱིངས་སོ་ སོའི་ལྔ་པ་རྣམས་རྐྱེན་སོ་སོ་ལ་འཕྱིད་ཚུལ་ཁྱད་པར་དང་བཅས་པ་ནི། བ་ན་ཏི་ཏ་ནོ་ཏི་ སོགས་ཨིཊ་བཀག་པ་རྣམས་ཀྱི་ལྔ་པ་དྷུཊ་ལ་སྟེ་ཨཱཏ་འི་ཨཏ་འང་ངོ་ཞེས་པ་བན་གུས་པ་དང་། ཏ་ནུ་རྒྱས་པ་དང་། སོགས་པའི་ཀྵ་ཎུ་འཚེ་བ་ལ་སོགས་པའི་བྱིངས་རྣམས་དང་། ཨིཊ་ཐོབ་ པ་བཀག་པའི་བྱིངས་རྣམས་ཀྱི་ཆ་ཤས་སྡེ་པའི་ལྔ་པ་ནི། དྷུཊ་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ དུ་ཡོད་པ་ལ་དབྱི་བར་འགྱུར་ཞིང་། བྱིངས་དེ་རྣམས་ཀྱི་ཨཱ་རིང་པོ་རྣམས་ཀྱང་ཨ་ཡིག་ཐུང་ ངུར་འགྱུར་ཏེ། ཏ་ཡིག་སྦྱར་བ་ནི་ཐེ་ཚོམ་སེལ་བའི་དོན་ཏོ། །དཔེར་ན། བན་ལ་ཀྲྀཏ་ལྔ་པར་ བུད་མེད་ལ་ཞེས་པས་ཀྟི་དང་། ཏ་ནུ་དང་། ཀྵ་ཎུ་དང་། ཨཱ་བདུན་པར་ཡ་མི་ར་མི་ཞེས་སོགས་ ཀྱི་ངེས་པས་ཨིཊ་བཀག་པ་ཅན་ཡ་མུ་སྡོམ་པ་དང་། ར་མུ་བརྩེ་བའི་བྱིངས་རྣམས་ཀྱི་ཨུ་རྗེས་ འབྲེལ་ཕྱིས་པ་ལ། ཀྲྀཏ་དྲུག་པར་འགྲོ་བའི་དོན་དང་ཞེས་པས་ཀྟ་བྱིན་པའི་ཀ་ཁྱད་དོན་དབྱི་ ཞིང་། འདི་ཉིད་དུ་ལྔ་པའི་ཨུ་པ་དྷཱའི་དྷུཊ་ལ་ཡོན་ཏན་མེད་པ་ལ་ཞེས་པས་བྱིངས་རྣམས་ཀྱི་ ཨུ་པ་དྷཱ་ཨ་ཡིག་རྣམས་རིང་པོར་བསྒྱུར་ཏེ། མདོ་འདིས་སྡེ་པའི་ལྔ་པ་ན་དང་མ་རྣམས་ཕྱིས་ 6-1-484 ནས། བྱིངས་ཀྱི་ཨཱ་ཡིག་རིང་པོ་རྣམས་ཐུང་ངུར་བསྒྱུར་ཞིང་། ཐམས་ཅད་ལ་སི་བྱིན་པས། བ་ ཏི། (གུས་སོ། །) ཏ་ཏཿ(རྒྱས་སོ། །) ཀྵཏཿ(འཆོའོ། །) ཡ་ཏཿ(སྡོམ་མོ། །) ར་ཏཿ(བརྩེའོ། །) ཞེས་པ་ལྟ་བུའོ། ། བྱིངས་ཀྱི་ཆ་ཤས་སྡེ་བའི་ལྔ་པ་ཨིཊ་བཀག་པ་ཅན་ཡིན་ཀྱང་། དྷུཊ་མ་ཡིན་པའི་རྐྱེན་ཕ་རོལ་ ལ་དབྱི་བར་མི་འགྱུར་ཏེ། དཔེར་ན། ཧན་འཚེ་བའི་བྱིངས་ལ། ཨཱ་གཉིས་པར་བྱིངས་ཐམས་ ཅད་པ་ལ་ཞེས་པས་ཡཎ་བྱིན་ནས་དྷུཊ་མ་ཡིན་པའི་ཕྱིར། ནཱ་ཡིག་མ་ཕྱིས་པར་མཐར་བརྟ་མཱ་ ནའི་ཏེ་བྱིན་པས། ཧ་ནྱ་ཏེ་(བསྣུན་པར་བྱེད། )ཞེས་པ་ལྟ་བུའོ། །ཡབ་ལའང་ངོ་ཞེས་པ་ནི་པ་ན་ཏི་ དང་ཏ་ནོ་ཏི་སོགས་དང་། ཨིཊ་བཀག་པའི་ཆ་ཤས་སྡེ་པའི་ལྔ་པ་རྣམས་ཡབ་ཀྱི་རྐྱེན་ཕ་རོལ་ ཏུ་ཡོད་པ་ལའང་དབྱི་བར་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་བན་དང་ཏན་དང་ཧན་ལ། ཀྲྀཏ་དྲུག་པར་བྱེད་པ་པོ་གཅིག་དག་གི་ཞེས་པས་ཀྟྭཱ་བྱིན་པ་ཡབ་དུ་བསྒྱུར་བ་ན། མདོ་འདིས་ ལྔ་པ་ན་ཡིག་རྣམས་དབྱི་ཞིང་། འདི་ཉིད་དུ་བྱིངས་ཀྱི་མཐའ་པ་རྗེས་སུ་འབྲེལ་པ་ལ་ཞེས་ པས་བྱིངས་མཐར་ཏ་ཨཱ་ག་མ་བྱིན་ནས། པ་ཡིག་དང་མི་ཟད་པ་ལས་སི་སྔར་བཞིན་ཕྱིས་ པས། པྲ་བ་ཏྱ། (མཆོག་དུ་གུས་སོ། །) པྲ་ཏ་དྱ། (རབ་ཏུ་རྒྱས་སོ། །) པྲཧ་ཏྱ་(དང་པོར་བསྣུན་ནོ། །)ཞེས་པ་ལྟ་ བུའོ། །མའི་ཡང་ནའོ་ཞེས་པ་ནི་ཨིཊ་བཀག་པའི་མ་ཡིག་རྣམས། ཡབ་ཕ་རོལ་དུ་ཡོད་པ་ལ་ ཡང་ན་དབྱི་བར་འགྱུར་ཞིང་ཡང་ན་མི་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཡ་མུ་སྡོམ་པ་ དང་། ནམ་འདུད་པའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་ཀྟྭཱ་བྱིན་པ་ཡབ་དུ་ བསྒྱུར་བ་ན། མདོ་འདིས་ཡང་ན་མ་ཡིག་ཕྱིས་ནས། སྔར་བཞིན་མཐར་ཏ་ཨཱ་ག་མ་སྦྱིན་ཞིང་། ར་ཥ་རྀའི་ཡི་གེས་ན་ཡིག་ཎ་རུ་བསྒྱུར་ལ། སི་བྱིན་པ་མི་ཟད་པ་ལས་ཕྱིས་པས། པྲ་ཡཏྱ། པྲཎ་ ཏྱ། ཞེས་པ་དང་། གཞན་འདྲ་བ་ལ་ཡང་ན་མ་ཡིག་མ་ཕྱིས་པར། པྲ་ཡ་མྱ(རབ་ཏུ་སྡོམས)། པྲ་ཎ་ མྱ་(རབ་དུ་བདུད་དོ། །)ཞེས་པ་ལྟ་བུའོ། །ཏིཀ་ལ་རིང་པོའང་མ་ཡིན་ནོ་ཞེས་པ་ནི་བན་ཏི་དང་། ཏ་ ནོ་ཏི་སོགས་དང་། ཨིཊ་བཀག་པ་རྣམས་ཀྱི་ཆ་ཤས་སྡེ་པའི་ལྔ་པ་རྣམས། ཏིཀ་ཅེས་པའི་རྐྱེན་ 6-1-485 ཕ་རོལ་ཏུ་ཡོད་པ་ལ་དབྱི་བར་མི་འགྱུར་ཞིང་། དབྱངས་རིང་པོ་ཡང་འགྱུར་བ་མ་ཡིན་ཏེ། དཔེར་ན། བན་དང་། ཏན་དང་། ཡམ་རྣམས་ལ། ཀྲྀཏ་ལྔ་པར་ཏིག་ཀྲྀཏ་དག་མང་ལའང་ཞེས་ པས་ཏིཀ་བྱིན་པ་ན། ཀ་ཁྱད་དོན་དབྱི་ཞིང་། འདི་ཉིད་དུ་ལྔ་པའི་ཨུ་པ་དྷཱའི་དྷུཊ་ལའང་ཞེས་ པས་བྱིངས་དེ་རྣམས་ཀྱི་ཨུ་པ་དྷཱ་རིང་པོར་བསྒྱུར་བ་ཐོབ་ནའང་། མདོ་འདིས་རིང་པོར་མི་ འགྱུར་ལ། ལྔ་པ་རྣམས་ཀྱང་མི་འཕྱིད་ཅིང་། ནཱ་བཞི་པར་སྡེ་པ་ལ་སྡེ་པའི་མཐའོ་ཞེས་པས་ ཡམ་གྱི་མའང་ན་རུ་བསྒྱུར་ཏེ་མཐར་སི་བྱིན་པས། བནྟིཿ(གུས་པ་བྱེད། ) ཏནྟིཿ(རྒྱས་པར་བྱེད། ) ཡནྟིཿ (སྡོམ་པར་བྱེད། ) ཞེས་པ་ལྟ་བུའོ། །ཨུན་དིའི་མན་ལའོ་ཞེས་པ་ཨུན་དི་འདྲུལ་བའི་བྱིངས་འདིའི་ ལྔ་པ་ནི། མན་གྱི་རྐྱེན་ཕ་རོལ་དུ་ཡོད་པ་ལ་དབྱི་བར་འགྱུར་ཏེ། དཔེར་ན། ཨུན་དིའི་ཨི་རྗེས་ འབྲེལ་ཕྱིས་པ་ལ། ཨུཎ་སོགས་ཀྱི་མདོར་མན་ནོ་ཞེས་པས་མན་བྱིན་པ་ན། མདོ་འདིས་ན་ ཡིག་དབྱི་ཞིང་། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའི་འང་ཞེས་པས་ཨུ་ཡོན་ཏན་བྱས་ལ། མ་ནིང་ལས་ སི་དང་རྟགས་མཐའི་ན་ཡིག་སྔར་བཞིན་ཕྱིས་ནས། བརྗོད་པའི་བྱ་བ་མ་ནིང་ལ་བཀག་པའི་ ཕྱིར་མ་མིག་སྔར་བཞིན་རིང་པོར་མི་འགྱུར་བས། ཨོདྨ་(རུལ་བར་བྱེད། )ཞེས་པ་ལྟ་བུའོ། །ཨིན་ དྷིའི་གྷཉ་ལའོ་ཞེས་པ་ཉི་ཨིན་དྷི་འབར་བའི་བྱིངས་འདིའི་ཆ་ཤས་ལྔ་པ་ནི་གྷཉའི་རྐྱེན་ཕ་ རོལ་དུ་ཡོད་པ་ལ་དབྱི་བར་འགྱུར་ཏེ། དཔེར་ན། ཉི་ཨིན་དྷིའི་ཉི་དང་དྷིའི་ཨི་རྗེས་འབྲེལ་ ཕྱིས་པ་ལ། ཀྲྀཏ་ལྔ་པར་གསལ་བྱེད་མཐའ་ལས་ཀྱང་ཞེས་པས་གྷཉ་བྱིན་པའི་གྷ་དང་ཉ་ཁྱད་ དོན་ཕྱིས་ནས་དབྱངས་བཞག་ཅིང་། མདོ་འདིས་ན་ཡིག་ཕྱིས་ཏེ། ཨུ་པ་དྷཱ་ནཱ་མི་ཞེས་པས་ཨི་ ཡོན་ཏན་བྱས་པའི་མཐར་སི་བྱིན་པས། ཨེ་དྷཿ(བུད་ཤིང་ངོ་། །)ཞེས་པ་ལྟ་བུའོ། །སྱན་ད་རྒྱུག་པ་ ལའོ་ཞེས་པས་སྱན་དཱུ་འཛག་པའི་བྱིངས་འདིའི་ཆ་ཤས་ལྔ་པ་ནི། དུར་ཕན་དག་ལས་ཤུགས་ སོ་ཞེས་པ་ལྟར་རམ་རྒྱུག་པའི་དོན་ལ་འཇུག་པ་ན། གྷཉ་ཕ་རོལ་ལ་དབྱི་བར་འགྱུར་ཏེ། དཔེར་ན། སྱན་དཱུའི་ཨཱུ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་ལྔ་པར་དངོས་པོ་ལ་གྷཉའོ་ཞེས་པའི་ 6-1-486 གྷཉ་བྱིན་པའི་ཁྱད་དོན་དབྱི་ཞིང་མདོ་འདིས་ན་ཡིག་ཕྱིས་ནས། མཐར་སི་བྱིན་པས། སྱ་ དཿཞེས་པ་ལྟ་བུའོ། །རྒྱུག་པའི་དོན་ལ་ཅན་མ་ཡིན་ན་གྷཉ་ཕ་རོལ་དུ་ཡོད་ཀྱང་ལྔ་པ་དབྱི་བར་ མི་འགྱུར་ཏེ། དཔེར་ན། ཏྱཻ་ལ་སྱ་སྔ་མ་ཅན་གྱི་སྱན་ད་ལ་སྔར་བཞིན་གྷཉ་དང་སི་བྱིན་པས། ཏྱཻ་ལ་སྱ་སྱནྡ་དཿ(ཏིལ་གྱི་ཁུ་བ། ) ཞེས་པ་ལྟ་བུའོ། །རནྫིའི་དངོས་པོ་དང་བྱེད་པ་དག་ལའོ་ཞེས་པ་ རནྫ་ཚོས་ཀྱི་བྱིངས་འདིའི་ཆ་ཤས་སྡེ་པའི་ལྔ་པ་ནི། དངོས་པོ་དང་བྱེད་པའི་དོན་ལ་འཇུག་པ་ ན་གྷཉ་ཕ་རོལ་དུ་ཡོད་པ་ལ་དབྱི་བར་འགྱུར་ཏེ། དཔེར་ན། རནྫ་དག་ལ་སྔར་བཞིན་དངོས་ པོའི་དོན་དང་། ཀྲྀཏ་ལྔ་པར་གསལ་བྱེད་ལས་ཀྱང་ངོ་ཞེས་པས་གྷཉ་དག་བྱིན་པ་ན། མདོ་ འདིས་ན་ཡིག་དབྱི་ཞིང་། ཉ་རྗེས་སུ་འབྲེལ་བ་ལ་ཨིཙ་དང་འདྲ་བར་བཤད་པས། ཨཱ་དྲུག་ པར་ཨིན་ཨིཙ་ཨཊ་རྣམས་ལ་ཞེས་པས་ཨུ་པ་དྷཱ་རིང་པོ་དང་། ཀྲྀཏ་དྲུག་པར་ཙ་ཛ་དག་གི་ཀ་ ག་དག་གོ་ཞེས་པས་ཛ་ཡིག་ག་རུ་བསྒྱུར་ནས། མཐར་སི་བྱིན་པས། རཱ་གཿ(དམར་པོའོ། །) རཱ་ གཿ(ཆགས་པའོ། །)ཞེས་པ་ལྟ་བུའོ། །དངོས་པོ་དང་བྱེད་པའི་དོན་ཅན་དག་མ་ཡིན་པ་ལ་ནི་གྷཉ་ ཕ་རོལ་དུ་ཡོད་ཀྱང་ལྔ་པ་དབྱི་བར་མི་འགྱུར་ཏེ། དཔེར་ན། རནྫ་གཞིའི་དོན་ལ་འཇུག་པ་ན། ཀྲྀཏ་ལྔ་པར་གསལ་བྱེད་ལས་ཀྱང་ངོ་ཞེས་པས་གྷཉ་བྱིན་ནས་ཁྱད་དོན་དབྱི་ཞིང་། འདི་ཉིད་ དུ་ལྔ་པའི་ཨུ་པ་དྷཱའི་ཞེས་པས་ར་ཡིག་རིང་པོར་བསྒྱུར་ནས་ན་ཡིག་མ་ཕྱིས་པར་རྗེས་སུ་ང་ རོར་བསྒྱུར་ཏེ། སྔར་བཞིན་ཛ་ཡིག་ག་རུ་བསྒྱུར་བའི་མཐར་སི་བྱིན་པས། རཱཾ་གཿ ཞེས་པ་ལྟ་ བུའོ། །བུཥ་དང་གྷི་ནི་ཎ་དག་ལའང་ངོ་ཞེས་པ་རནྫའི་ལྔ་པ་ནི་བུ་ཥ་དང་གྷི་ནི་ཎ་གྱི་རྐྱེན་ཕ་རོ་ དུ་ཡོད་པ་ལའང་དབྱི་བར་འགྱུར་ཏེ། དཔེར་ན། རནྫ་ལ། ཀྲྀཏ་གཉིས་པར་བཟོ་བོ་ལ་བུཥའོ་ ཞེས་པས་བུཥ་བྱིན་པའི་ཥ་ཁྱད་དོན་དབྱི་ཞིང་། །མདོ་འདིས་ན་ཕྱིས་ནས། ཀྲྀཏ་དྲུག་པར་ཡུ་ བུཛྷ་ཞེས་པས་བུ་ཡིག་ཨ་ཀ་རུ་བསྒྱུར་བའི་མཐར་སི་བྱིན་པས། ར་ཛ་ཀཿ(ཚོས་མཁན་ནོ། །)ཞེས་ པ་དང་། ཀྲྀཏ་བཞི་པར་ཡུ་ཛ་རུཛ་བྷཛ་བྷུ་ཛ་ཞེས་པས་གྷི་ནི་ཎ་བྱིན་པའི་གྷ་དང་ཎ་ཡིག་ཁྱད་ 6-1-487 དོན་དང་། ནིའི་ཨི་ཡིག་བརྗོད་དོན་དང་། མདོ་འདིས་བྱིངས་ཀྱི་ན་ཡིག་རྣམས་དབྱི་ཞིང་། ཎ་ རྗེས་སུ་འབྲེལ་པ་ལ་ཨིཙ་དང་འདྲ་བར་བཤད་པས། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པ་ལྟར་ར་ ཡིག་རིང་པོ་དང་། སྔར་བཞིན་ཛའང་ག་རུ་བསྒྱུར་ནས་མཐར་སི་བྱིན་པ་ན། ནཱ་གཉིས་པར་ ཨིན་ཧན་པཱུ་ཥན་ཞེས་པས་གིའི་ཨིའང་རིང་པོར་བསྒྱུར་ཏེ། རྟགས་མཐའི་ན་དང་། གསལ་ བྱེད་ལས་སི་ཕྱིས་པས། རཱ་གཱི་(ཚོས་མའོ། །)ཞེས་པ་ལྟ་བུའོ། །བྲྀ་ཧིའི་ཨིཊ་མིན་པའི་དབྱངས་ལ་ ཡང་ནའོ་ཞེས་པ་བྲྀ་ཧི་འཕེལ་བའི་བྱིངས་འདིའི་ཆ་ཤས་སྡེ་པའི་ལྔ་པ་ནི། ཨིཊ་མ་ཡིན་པའི་ དབྱངས་ཀྱི་རྐྱེན་ཕ་རོལ་དུ་ཡོད་པ་ལ་ཡང་ན་དབྱི་བར་འགྱུར་ཞིང་ཡང་ན་མི་འགྱུར་ཏེ། དཔེར་ན། བྲྀ་ཧའི་ཨི་རྗེས་འབྲེལ་ཕྱིས་པ་ལ་ཀྲྀཏ་གཉིས་པར་བུན་ཏྲྀ་ཙ་དག་གོ་ཞེས་པས་ བུཎ་བྱིན་པ་ན། ཨཱ་དྲུག་པར་ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་ཞེས་པའི་ཤེས་བྱེད་ལས་ བྱིངས་ཀྱི་དབྱངས་མཐར་ན་ཨཱ་ག་མ་བྱིན་ནས། སྔར་བཞིན་ཎ་ཁྱད་དོན་དབྱི་ཞིང་། བུ་ཡིག་ ཨ་ཀ་རུ་བསྒྱུར་བ་ན། མདོ་འདིས་ཡང་ན་ན་ཡིག་ཕྱིས་ཏེ། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ཞེས་ པས་རྀ་ཡོན་ཏན་བྱས་ནས། མཐར་སི་བྱིན་པས། བརྷ་ཀཿཞེས་པའམ། གཞན་འདྲ་བ་ལ། ཡང་ན་ན་ཡིག་མ་ཕྱིས་པར་རྗེས་སུ་ང་རོར་གྱུར་པས། བྲིཾཧ་ཀཿཞེས་པ་ལྟ་བུའོ། །རྐྱེན་ཨིཊ་ ཡིན་ན་ལྔ་པ་མི་འཕྱིད་པས་ཡང་ནའི་སྒྲ་མི་འཇུག་སྟེ། དཔེར་ན། བྲྀན་ཧིའི་ཨི་རྗེས་འབྲེལ་ ཕྱིས་པ་ལ། ཀྲྀཏ་གཉིས་པར་བུཎ་ཏྲྀ་ཙ་དག་གོ་ཞེས་པས་ཏྲྀཙ་བྱིན་པའི་ཙ་ཁྱད་དོན་དབྱི་ཞིང་། ཨཱ་བདུན་པར་བྱིངས་ཐམས་ཅད་པ་མིན་པ་གསལ་བྱེད་དང་པོ་ཅན་ཞེས་པས་བར་དུ་ཨིཊ་ བྱིན་པ་ན། མདོ་འདིས་ན་ཡིག་མི་འཕྱིད་ལ་མཐར་སི་བྱིན་པ་ན། ནཱ་དང་པོར་སི་ལ་ཨཱ་སྟེ་སི་ དབྱི་བའང་ངོ་ཞེས་པས་ཏྲྀའི་དབྱངས་ཨཱ་རུ་བསྒྱུར་ནས་སི་ཕྱིས་པས། བྲྀཧ་ཏཱ་ཞེས་པ་ལྟ་བུའོ། ། གསལ་བྱེད་དང་པོ་ཅན་གྱི་རྐྱེན་ལའང་ལྔ་པ་མི་འཕྱིད་པས་ཡང་ནཱའི་སྒྲ་མི་འཇུག་སྟེ། དཔེར་ ན། བྲྀཧ་ལ་ཨཱ་གཉིས་པར་བྱིངས་ཐམས་ཅད་པ་ལ་ཞེས་པས་ཡཎ་བྱིན་ནས་ཎ་ཁྱད་དོན་དབྱི་ 6-1-488 ཞིང་། ལྔ་པ་མ་ཕྱིས་བར་མཐར་བརྟ་མཱ་ནའི་ཏེ་བྱིན་པས་བྲྀཧྱ་ཏེ། ཞེས་པ་ལྟ་བུའོ། །ཡ་མ་ མན་ཏན་གམ་རྣམས་ཀྱི་ཀྭིཔ་ལའོ་ཞེས་པ་ནི་ཡ་མུ་སྡོམ་པ་དང་། མན་ཤེས་པ་དང་། ཏནུ་རྒྱས་ པ་དང་། གམླྀ་འགྲོ་བའི་བྱིངས་འདི་རྣམས་ཀྱི་ཆ་ཤས་སྡེ་པའི་ལྔ་པ་རྣམས་ཀྭིཔ་ཕ་རོལ་དུ་ ཡོད་པ་ལ་དབྱི་བར་འགྱུར་ཏེ། དཔེར་ན། སཾ་སྔ་མ་ཅན་གྱི་ཡ་མུ་དང་། པ་རི་སྔ་མ་ཅན་གྱི་མན་ དང་། ཏ་ནུ་དང་། གྲཱ་མ་སྔ་མ་ཅན་གྱི་གམླྀ་རྣམས་ཀྱི་ཨུ་དང་ལྀ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་ གསུམ་པར་ཀྭིཔ་འང་ངོ་ཞེས་པས་ཀྭིཔ་བྱིན་པ་ན། མདོ་འདིས་མ་ཡིག་དང་ན་ཡིག་རྣམས་ དབྱི་ཞིང་། འདི་ཉིད་དུ་བྱིངས་ཀྱི་མཐར་བ་རྗེས་སུ་འབྲེལ་པ་ལ་ཞེས་པས་ཏ་ཨཱ་ག་མ་བྱིན་ ནས། སྔར་བཞིན་ཀྭིཔ་དང་། གསལ་བྱེད་ལས་སི་ཕྱིས་ཏེ། ནཱ་ལྔ་པར་ཐུང་ངུའི་རིང་པོ་ཉིད་དོ་ ཞེས་པས། པ་རི་ཕྱི་མའིརིའི་དབྱངས་རིང་པོར་བསྒྱུར་བས། སཾ་ཡཏ། (ཡང་དག་པར་སྡོམ་མོ། །) པ་ རི་མཏ། (ཡོངས་སུ་ཤེས་སོ། །) པ་རཱི་ཏཏ། (ཡོངས་སུ་རྒྱས་སོ། །) གྲཱ་མ་གཏ་(གོང་དུ་འགྲོའོ། །)ཅེས་པ་ལྟ་བུའོ། ། བིཊ་ཝན་དག་ལ་ཨཱའོ་ཞེས་པ་ནི། བྱིངས་ཀྱི་ཆ་ཤས་སྡེ་པའི་ལྔ་པ་མཐའ་ཅན་རྣམས། བིཊ་ དང་ཝན་གྱི་རྐྱེན་དག་ཕ་རོལ་དུ་ཡོད་པ་ལ་ཨཱ་ཡིག་རིང་པོ་ཉིད་དུ་འགྱུར་ཏེ། དཔེར་ན། དཱུར་ སྔ་མ་ཅན་གྱི་ཀྲ་མུ་རྐང་པ་རྣམ་པར་འགོད་པ་དང་། ཨ་གྲེ་སྔ་མ་ཅན་གྱི་གམླྀ་འགྲོ་བའི་བྱིངས་ ཨུ་དང་ལྀ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་གསུམ་པར་ཀྲ་མི་ག་མི་ཁ་མི་ཞེས་པས་བིཊ་བྱིན་པའི་ བིའི་ཨི་བརྗོད་དོན་དང་། ཝ་ཡིག་ལེའུ་འདི་ཉིད་དུ་སྦྱར་བ་མིན་པའི་ཞེས་པ་དང་། ཊ་ཡིག་ འདིའི་ཁྱད་དོན་ཕྱིས་ནས་མདོ་འདིས་མ་ཡིག་ཨཱ་རུ་བསྒྱུར་ཏེ་མཚམས་སྦྱར་ཞིང་། མཐར་སི་ བྱིན་པས། དཱུར་ཀྲཱཿ(རིང་དུ་མནན་ནོ། །) ཨ་གྲེ་གཱཿ(མཆོག་ཏུ་འགྲོའོ། །) ཞེས་པ་དང་། བྱིངས་དེ་དག་ལ་ ཨུ་ཎཱ་དིར་ཀྲ་མི་ག་མི་དག་ལས་མ་ནིན་ཀྭ་ནི་པ་ཝ་ནིཔ་ཅེས་པས་ཝ་ནིཔ་བྱིན་པའི་པ་ཡིག་ སྔར་བཤད་པའི་ཁྱད་དོན་དང་ནིའི་ཨི་ཡིག་བརྗོད་དོན་དབྱི་ཞིང་མ་ཡིག་ཨཱ་རུ་བསྒྱུར་ནས། མཐར་སི་བྱིན་པ་ནི། ནཱ་གཉིས་པར་གྷུཊ་ལའང་སཾ་བུད་དྷི་མ་ཡིན་པ་ལ་ཞེས་པས་ཝ་ཡིག་ 6-1-489 རིང་པོར་བསྒྱུར་ཏེ། གསལ་བྱེད་ལས་སི་དང་རྟགས་མཐའི་ན་ཕྱིས་པས། དཱུ་ར་ཀྲཱ་ཝཱ། ཨ་གྲེ་ གཱ་ཝཱ་ཞེས་པས་ལྟ་བུའོ། །ཁ་ནི་ས་ནི་ཛན་རྣམས་ཀྱི་དྷུཊ་ལའོ་ཞེས་པ་ནི། ཁ་ནུ་ངེས་པར་ འཇོམས་པ་དང་། ཥ་ཎུ་སྦྱིན་པ་དང་། ཛན་སྐྱེ་བའམ་ཡང་ན་ཛ་ནི་བསྐྱེད་པའི་བྱིངས་འདི་ རྣམས་ཀྱི་མཐའི་སྡེ་པའི་ལྔ་པ་རྣམས། དྷུཊ་དང་པོ་ཅན་གྱི་རྐྱེན་ཕ་རོལ་དུ་ཡོད་པ་ལ་ཨཱ་ཉིད་ དུ་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨུ་དང་ཨི་ཁྱད་དོན་ཕྱིས་པ་ལ། ཀྲྀཏ་གསུམ་པར་ ནིཥྛཱའོ་ཞེས་པས་ཀྟ་དང་ཀྟ་ཝནྟུ་བྱིན་པའི་ཀ་དང་ཨུ་རྗེས་འབྲེལ་དབྱི་ཞིང་། མདོ་འདིས་ལྔ་པ་ རྣམས་ཨཱ་རུ་བསྒྱུར་ནས་མཚམས་སྦྱར་ལ། ཨཱ་བརྒྱད་པར་བྱིངས་ཀྱི་དང་པོའི་ཥའི་ཞེས་པས་ ཥ་ཡིག་ས་རུ་བསྒྱུར་ནས་མཐར་སི་བྱིན་ཏེ་སྔར་བཞིན་བསྒྲུབས་པས། ཁཱ་ཏཿ(ངེས་པར་བཅོམ་མོ། །) ཁཱ་ཏ་ཝཱན། སཱ་ཏཿ(བྱིན་ཏོ། །)སཱ་ཏ་ཝཱན། ཛཱ་ཏཿ(སྐྱེས་སོ། །) ཛཱ་ཏ་ཝཱན་ཞེས་པ་ལྟ་བུའོ། །དྷུཊ་མ་ ཡིན་པའི་རྐྱེན་ཕ་རོལ་ལ་ནི་ལྔ་པ་རྣམས་ཨ་ཉིད་དུ་མི་འགྱུར་ཏེ། དཔེར་ན། ཁན་ལ་ཀྲྀཏ་ གཉིས་པར་བུ་ཎ་ཏྲྀཙ་དག་གོ་ཞེས་པས་ཏྲྀ་ཙ་བྱིན་ནས་ཙ་ཁྱད་དོན་དབྱི་ཞིང་། ཨ་བདུན་པར་ བྱིངས་ཐམས་ཅད་པ་མིན་པའི་ཞེས་པས་བར་དུ་ཨིཊ་བྱིན་པ་ན། ལྔ་པ་ཨཱ་རུ་མ་གྱུར་པ་དང་ སྦྱར་ལ། མཐར་སི་བྱིན་ཏེ་སྔར་བཞིན་རྀ་ཡིག་ཨཱ་རུ་བསྒྱུར་ནས་སི་ཕྱིས་པས། ཁ་ནི་ཏཱ་(ངེས་ པར་འཇོམས་པ་པོ། ) ཞེས་པ་ལྟ་བུའོ། །ཡ་ལ་ཡང་ནའོ་ཞེས་པ་ནི་ཁ་ནི་ས་ནི་ཛན་རྣམས་ཀྱི་ལྔ་པ་ རྣམས། ཡ་ཡིག་དང་པོ་ཅན་གྱི་རྐྱེན་ཡོན་ཏན་མེད་པ་ཕ་རོལ་དུ་ཡོད་པ་ལ། ཡང་ན་ཨཱ་ཉིད་དུ་ འགྱུར་ཞིང་ཡང་ན་མི་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཁན་དང་སན་དང་ཛན་རྣམས་ལ། ཀྲྀཏ་དྲུག་པར་བྱེད་པ་པོ་གཅིག་དག་གི་ཞེས་པས་ཀྟྭཱ་བྱིན་པའི་ཡབ་ཏུ་བསྒྱུར་བའི་པ་ཁྱད་ དོན་དབྱི་ཞིང་། མདོ་འདིས་ན་ཡིག་རྣམས་ཨཱ་རུ་བསྒྱུར་ཏེ་མཚམས་སྦྱར་ནས། མཐར་སི་བྱིན་ པ་མི་ཟད་པ་ལས་ཕྱིས་པས། པྲ་ཁཱ་ཡ། པྲ་སཱ་ཡ། པྲ་ཛཱ་ཡ་(སྐྱེ་དགུའོ། །)ཞེས་པའམ། གཞན་འདྲ་ བ་ལ་ཡང་ན་ལྔ་པ་རྣམས་ཨཱ་རུ་མ་གྱུར་པར་རྐྱེན་གྱི་ཡ་དང་སྦྱར་བས། པྲ་ཁ་། པྲ་ས། པྲ་ཛ་ནྱ་ 6-1-490 ཞེས་པ་ལྟ་བུའོ། །སན་གྱི་ཏིཀ་ལ་ཡང་ནའོ་ཞེས་པ་ནི་ཁན་ལ་སོགས་པའི་བྱིངས་གསུམ་པོ་ རྣམས་ཀྱི་ནང་ནས་ཁྱད་པར་སན་སྦྱིན་པའི་བྱིངས་འདིའི་ལྔ་པ། ཏིཀ་ཅེས་པའི་རྐྱེན་ཕ་རོལ་ དུ་ཡོད་པ་ལ། ཡང་ན་ཨཱ་ཡིག་ཏུ་འགྱུར་ཞིང་ཡང་ན་མི་འགྱུར་ཏེ། དཔེར་ན། སན་ལ་ཀྲྀཏ་ལྔ་ པར་ཏིཀ་ཀྲྀཏ་དག་མིང་ལའང་ཞེས་པས་ཏིཀ་བྱིན་པའི་ཀ་ཁྱད་དོན་དབྱི་ཞིང་། མདོ་འདིས་ ཡང་ན་ན་ཡིག་ཨཱ་རུ་བསྒྱུར་ནས་སི་བྱིན་པས། སཱ་ཏིཿ(སྦྱིན་པ་ལྷག་མ་མཐའ། ) ཞེས་པའམ། ཡང་ན་ མ་བསྒྱུར་བས། སནྟིཿ(སྦྱིན་པར་བྱེད། ) ཞེས་པ་ལྟ་བུའོ། །སྥུ་རི་སྥུ་ལི་དག་གི་ཨོཏ་འི་གྷཉ་ལའོ་ ཞེས་པ་ནི། སྥུ་རི་འཕྲོགས་པ་དང་། སྥུ་ལི་གཡོ་བའི་བྱིངས་འདི་དག་གི་ཨུ་ཡིག་ཨོཏ་དུ་གྱུར་ པ་ནི། གྷཉ་འི་རྐྱེན་ཕ་རོལ་དུ་ཡོད་པ་ལ་ཨཱ་ཉིད་དུ་འགྱུར་ཏེ། དཔེར་ན། བི་སྔ་མ་ཅན་གྱི་སྥུ་ རི་དང་སྥུ་ལི་དག་གི་ཨི་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་ལྔ་པར་དངོས་པོ་ལ་ཞེས་པས་གྷཉ་བྱིན་ པའི་ཁྱད་དོན་དབྱི་ཞིང་། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ཞེས་པས་སྥུའི་ཨུ་ཡིག་ཡོན་ཏན་བྱས་ པའི་ཨོ་ཡིག་མདོ་འདིས་ཨཱ་རུ་བསྒྱུར་ནས་སྦྱར་ཞིང་། སི་བྱིན་པས། བིསྥཱ་རཿ(རྣམ་པར་འཕྲོའོ། །) བི་སྥཱ་ལཿ(རྣམ་པར་གཡོའོ། །)ཞེས་པ་ལྟ་བུ་ནི་སློབ་ཕན་དང་མཐུན་ནོ། །དུར་སིང་དུ་ཡང་ན་འགྱུར་ ཏེ། དཔེར་ན། བིསྥཱ་རཿ བི་སྥོ་རཿ བིསྥཱ་ལཿ བི་སྥོ་ལཿཞེས་པ་ལྟ་བུའོ་ཞེས་ཀྱང་གསུངས་སོ། ། ཛ་ཧཱ་ཏིའི་ཀྟྭཱ་ལ་ཨིཏའོ་ཞེས་པ་ཨོ་ཧཱ་ཀ་གཏོང་བའི་བྱིངས་འདིའི་དབྱངས་ནི། ཀྟྭཱའི་རྐྱེན་ཕ་ རོལ་དུ་ཡོད་པ་ལ་ཨི་ཉིད་དུ་འགྱུར་ཏེ། ཏ་ཡིག་སྦྱར་བ་གཞན་སེལ་བའི་དོན་ཏོ། །དཔེར་ ན། ཨོ་ཧཱ་ཀའི་ཨོ་དང་ཀ་རྗེས་འབྲེལ་ལམ་ཁྱད་དོན་ཕྱིས་པ་ལ་སྔར་བཞིན་ཀྟྭཱ་བྱིན་པའི་ཀ་ ཁྱད་དོན་དབྱི་ཞིང་། མདོ་འདིས་ཧཱའི་དབྱངས་ཨི་རུ་བསྒྱུར་ནས། སི་བྱིན་པ་མི་ཟད་པ་ལས་ ཕྱིས་པས་ཧི་ཏྭཱ་(ནོར་པའམ་མ་གཏོགས་པ། )ཞེས་པ་ལྟ་བུའོ། །ཛ་ཧཱ་རི་(གཏོང་ངོ་། །)ཞེས་སྨོས་པ་ནི་ཨོ་ ཧཱང་འགྲོ་བའི་བྱིངས་འདིའི་དབྱངས་ཀྟྭཱའི་རྐྱེན་ལ་ཨི་ཉིད་དུ་མི་འགྱུར་བའི་དོན་ཏེ། དཔེར་ན། ཨོ་དང་རྗེས་འབྲེལ་ཕྱིས་པའི་ཧཱ་ལ་ཀྟྭཱ་བྱིན་ནས་སི་མི་ཟད་པ་ལས་ཕྱིས་པས། ཧཱ་ཏྭཱ་(བཏང་སྟེ། ) 6-1-491 ཞེས་པ་ལྟ་བུའོ། །བཅུ་པ་ཏ་ཡིག་དང་པོ་ཅན་གྱི་རྐྱེན་ཡོན་ཏན་མེད་པ་ཕ་རོལ་ལ་བྱིངས་སོ་སོ་ ལ་རྣམ་འགྱུར་འབྱུང་ཚུལ་ནི། དྱ་ཏི་སྱ་ཏི་མཱ་སྠཱ་རྣམས་ཀྱི་ཏ་ལ་ཡོན་ཏན་མེད་པ་ལའོ་ཞེས་པ་ དོ་དུམ་བུར་བྱེད་པ་དང་། ཥོ་མཐའི་ལས་དང་། མཱའམ་མཱང་འཇལ་བ་དང་། ཡང་ན་མིང་ བརྡབས་ལན་དང་། སྠཱ་གནས་པ་དང་འཕེལ་པའི་བྱིངས་འདི་རྣམས་ཀྱི་དབྱངས། རྐྱེན་ཏ་ ཡིག་དང་པོ་ཅན་ཡོན་ཏན་མེད་རྣམས་ཕ་རོལ་དུ་ཡོད་པ་ལ་ཨི་ཉིད་དུ་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ང་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་ཀྟ་དང་ཀྟ་ཝནྟུ་བྱིན་པའི་ཁྱད་དོན་ དབྱི་ཞིང་། ཨཱ་བརྒྱད་པར་བྱིངས་ཀྱི་དང་པོའི་ཥའི་ཞེས་པས་ཥ་ཡིག་ས་དང་། མདོ་འདིས་ བྱིངས་ཀྱི་དབྱངས་རྣམས་ཨི་རུ་བསྒྱུར་ཞིང་། མཐར་སི་བྱིན་ནས་སྔར་བཞིན་བསྒྲུབས་པས། དི་ཏཿ(དུམ་བུར་བྱས་སོ། །) དི་ཏ་ཝཱཾ། སི་ཏཿ(མཐར་བྱས་སོ། །)སི་ཏ་ཝཱན། མི་ཏཿ(འཇལ་བར་བྱས། ) མི་ཏ་ ཝན། སྠི་ཏཿ(གནས་སོ། །)སྠི་ཏ་ཝཱན་ཞེས་པ་ལྟ་བུའོ། །ཡོན་ཏན་མེད་པའི་རྐྱེན་ཡིན་ཀྱང་ཏ་ཡིག་ དང་པོ་ཅན་མ་ཡིན་ན། དེ་རྣམས་ཀྱི་དབྱངས་ཨི་ཉིད་དུ་མི་འགྱུར་ཏེ། དཔེར་ན། དོ་ལ་ཨཱ་ གཉིས་པར་བྱིངས་ཐམས་ཅད་པ་ལ་ཞེས་པས་ཡཎ་བྱིན་པ་ན། ཨཱ་བཞི་པར་དཱ་མཱ་གཱ་ཡ་ཏི་ ཞེས་པས་དོའི་དབྱངས་ཨཱི་རིང་པོར་སྒྱུར་ནས་མཐར་བརྟ་མཱ་ནའི་ཏེ་བྱིན་པས། དཱི་ཡ་ཏེ་(དུམ་ བུར་བྱེད། )ཞེས་པ་ལྟ་བུའོ། །ཡོན་ཏན་ཅན་གྱི་རྐྱེན་ཏཱ་ཡིག་དང་པོ་ཅན་ཡིན་འང་ཨི་ཉིད་དུ་མི་ འགྱུར་ཏེ། དཔེར་ན། དོ་ལ་ཀྲྀཏ་གཉིས་པར་ཝུཎ་ཏྲྀཙ་ཞེས་པས། ཏྲྀ་ཙ་བྱིན་པའི་ཙ་དབྱི་ཞིང་། སི་བྱིན་ནས་རྀ་ཡིག་ཨཱ་རུ་བསྒྱུར་ནས་སི་ཕྱིས་པ་ན། ཨཱ་བཞི་པར་མཚམས་སྦྱོར་གྱི་ཡི་གེའི་ མཐའ་རྣམས་ཀྱི་ཞེས་པས་དོའི་དབྱངས་ཨཱ་རུ་བསྒྱུར་བས། དཱ་ཏཱཿ(དུམ་བུ་བྱེད་བོ། །)ཞེས་པའམ་ ཡང་ན་ཤྭསྟ་ནཱི་ཏཱ་བྱིན་པས་སྔར་བཞིན་བསྒྲུབས་པས། དཱ་ཏཱ་ཞེས་པ་ལྟ་བུའོ། །ཚཱ་ཤཱ་དག་གི་ ཡང་ནའོ་ཞེས་པས་ཙྪོ་གཅོད་པ་དང་ཤོ། ཕྲ་མོར་བྱེད་པའི་བྱིངས་འདི་དག་གི་དབྱངས་ནི། ཏ་ ཡིག་དང་པོ་ཅན་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་དུ་ཡོད་པ་ལ་ཨི་ཉིད་དུ་ཡང་ན་འགྱུར་ཞིང་ 6-1-492 ཡང་ན་མི་འགྱུར་ཏེ། དཔེར་ན། ཙྪོ་དང་ཤོ་ལ་སྔར་བཞིན་ནིཥྛཱའོ་ཞེས་པས་ཀྟ་དང་ཀྟ་ཝནྟུ་བྱིན་ པ་ན། མདོ་འདིས་བྱིངས་ཀྱི་དབྱངས་ཡང་ན་ཨི་རུ་བསྒྱུར་ཞིང་། སི་བྱིན་ནས་སྔར་བཞིན་ བསྒྲུབས་པས། ཙྪི་ཏཿ(གཅོད་དོ། །) ཙྪི་ཏ་ཝཱནཿ ཤི་ཏཿ(ཕྲ་མོར་བྱེད། ) ཤི་ཏ་ཝཱནཿ ཞེས་པ་དང་། ཡང་ ན་ཨི་རུ་མ་བསྒྱུར་བར་སྔར་བཞིན་མཚམས་སྦྱོར་གྱི་ཡི་གེ་ཨཱ་རུ་བསྒྱུར་བས། ཙྪཱ་ཏཿ ཙྪཱ་ཏ་ ཝཱནཿ ཤཱ་ཏཿ ཤཱ་ཏ་ཝཱན་ཞེས་པ་ལྟ་བུའོ། །ད་དྷཱ་ཏིའི་ཧི་ཞེས་པས་ཌུ་དྷཱཉ་འཛིན་པ་དང་སྦྱིན་ པའི་བྱིངས་འདི་ཉིད་དབྱངས་དང་བཅས་པ་ནི། ཏ་ཡིག་དང་པོ་ཅན་ཡོན་ཏན་མེད་པའི་རྐྱེན་ ཕ་རོལ་དུ་ཡོད་པ་ལ་ཧི་རུ་འགྱུར་ཏེ། དཔེར་ན། ཌུ་དང་ཉ་རྗེས་འབྲེལ་ཕྱིས་པའི་དྷཱ་ལ། སྔར་ བཞིན་ཀྟ་དང་ཀྟ་ཝནྟུ་བྱིན་པ་ན། མདོ་འདུས་དྷཱ་ཡིག་དབྱངས་དང་བཅས་པ་ཧི་རུ་བསྒྱུར་ཞིང་། སི་བྱིན་ནས་སྔར་བཞིན་བསྒྲུབས་པས། ཧི་ཏཿ (འཛིན་ནོ། །)ཧི་ཏ་ཝཱནཿཞེས་པ་ལྟ་བུའོ། །ད་དྷཱ་ ཏི་ཞེས་སྨོས་པ་ནི་དྷེཊ་བཏུང་བའི་བྱིངས་འདི་ཉིད། ཏ་ཡིག་དང་པོ་ཅན་ཡོན་ཏན་མེད་པའི་ རྐྱེན་ཕ་རོལ་ལ་ཧི་རུ་མི་འགྱུར་བའི་དོན་ཏེ། དཔེར་ན། དྷེཊའི་ཊ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་ དྲུག་པར་འགྲོ་བའི་དོན་དང་ཞེས་པས་ཀྟ་བྱིན་པའི་ཀ་ཁྱད་དོན་དབྱི་ཞིང་། ཨཱ་བཞི་པར་དཱ་ མ་གཱ་ཡ་ཏི་ཞེས་པས་དྷིའི་དབྱངས་ཨཱི་རུ་བསྒྱུར་བའི་མཐར་སི་བྱིན་པས། ཧཱི་ཏཿ (འཐུང་ངོ་། །) ཞེས་པ་ལྟ་བུའོ། །དུར་སིང་དུ་བྱིངས་མཐའ་འང་བརྗོད་པ་ལས་ཡང་ན་འཇུག་པ་མ་ཡིན་ནོ་ ཞེས་ཀྱང་གསུངས་སོ། །ཙར་ཕལ་དག་གི་ཨའི་ཨུ་ཏའོ་ཞེས་པ་ཙར་འགྲོ་བའི་དོན་དང་ཕལ་ རྫོགས་པའམ། ཡང་ན་ཉི་ཕལ་འགྲོ་བའི་བྱིངས་འདི་དག་གི་དབྱངས་ཨ་ཡིག་ནི། ཏ་ཡིག་ དང་པོ་ཅན་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་དུ་ཡོད་པ་ལ་ཨུ་ཉིད་དུ་འགྱུར་ཏེ། དཔེར་ན། ཙར་ དང་པྲ་སྔ་མ་ཅན་གྱི་ཉི་ཕལ་གྱི་ཉི་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་ལྔ་པར་བུད་མེད་ལ་ཞེས་པས་ ཀྟི་བྱིན་པའི་ཀ་ཁྱད་དོན་དབྱི་ཞིང་། མདོ་འདིས་ཙ་དང་ཕའི་དབྱངས་ཨུ་རུ་བསྒྱུར་བས། ཨཱ་ བརྒྱད་པར་ནཱ་མིའི་ར་བ་དག་ལ་ཞེས་པས་རིང་པོར་བསྒྱུར་ནས་སི་བྱིན་པ་དང་། ཙཱུརྟིཿ(འགྲོ་ 6-1-493 འོ། །) པྲ་ཕུལྟིཿ(རབ་ཏུ་རྫོགས་སོ། །)ཞེས་པ་ལྟ་བུའོ། །ཏ་ཡིག་དང་པོ་ཅན་མ་ཡིན་པའི་རྐྱེན་ལ་ནི་དེ་ དག་གི་ཨ་ཡིག་ཨུ་རུ་མི་འགྱུར་ཏེ། དཔེར་ན། ཙར་དང་ཕལ་ལ་ཀྲྀཏ་དྲུག་པའི་འགྲོ་བའི་དོན་ དང་ལས་མེད་པ་ཞེས་པས་ཀྟ་བྱིན་པའི་ཁྱད་དོན་དབྱི་ཞིང་། དེ་ཉིད་དུ་དངོས་པོ་དང་དང་པོའི་ ལས་དག་ལ་ཡང་ནའོ་ཞེས་པས་བར་དུ་ཨིཊ་བྱིན་པ་ཏ་ཡིག་མ་ཡིན་པའི་ཕྱིར། ཙ་དང་ཕའི་ཨ་ ཡིག་ཨུ་རུ་མ་བསྒྱུར་བར། མཐར་སི་བྱིན་པས། ཙ་རི་ཏཿཕ་ལི་ཏཿཞེས་པ་ལྟ་བུའོ། །དྷཱ་མ་ཡིན་ པའི་དཱའི་དཏའོ་ཞེས་པ་ནི་དྷཱ་མ་ཡིན་པ་སྟེ་དྷེཊ་བཏུང་བའི་བྱིངས་མ་གཏོགས་པ། དཱའི་མིང་ ཅན་སྔར་བཤད་པའི་ཌུ་དཱཉ་དང་ཌུ་དྷཱཉ་ལ་སོགས་པ་རྣམས། ཏ་ཡིག་དང་པོ་ཅན་ཡོན་ཏན་ མེད་པའི་རྐྱེན་ཕ་རོལ་དུ་ཡོད་པ་ལ་དཏ་དུ་མི་འགྱུར་ཏེ། དཔེར་ན། ཌུ་དཱཉའི་ཌུ་དང་ཉ་རྗེས་ འབྲེལ་ཕྱིས་པ་ལ། སྔར་བཞིན་ཀྟྭཱ་བྱིན་པའི་ཀ་ཁྱད་དོན་དབྱི་ཞིང་། མདོ་འདིས་དཱ་ཡིག་དཏ་ དུ་བསྒྱུར་ནས། སི་བྱིན་པ་མི་ཟད་པ་ལས་ཕྱིས་པས། དཎྟཱ་ཞེས་པ་ལྟ་བུའོ། །དྷཱ་སྟེ་དྷེ་ཊ་ཡིན་ ན་ཏ་ཡིག་དང་པོ་ཅན་ཡོན་ཏན་མེད་པ་ཕ་རོལ་ལ་དཏ་དུ་མི་འགྱུར་ཏེ། དཔེར་ན། དྷེཊ་རྗེས་ འབྲེལ་ཕྱིས་པ་ལ། སྔར་བཞིན་ཀྟ་དང་ཀྟ་ཝནྟུ་བྱིན་པ་ན་ཨཱ་བཞི་པར་དཱ་མཱ་གཱ་ཡ་ཏི་ཞེས་པས་ དྷིའི་དབྱངས་ཨཱི་རུ་བསྒྱུར་ཞིང་། སི་བྱིན་པ་སྔར་བཞིན་བསྒྲུབས་པས། དྷཱི་ཏཿ(འཐུངས་སོ། །)དྷཱི་ཏ་ ཝཱན་ཞེས་པ་ལྟ་བུའོ། །དཱའི་མིང་ཅན་མ་ཡིན་པ་རྣམས་ཀྱང་ཏ་ཡིག་ཡོན་ཏན་མེད་པ་ཕ་རོལ་ ལ་དཏ་དུ་མི་འགྱུར་ཏེ། དཔེར་ན། དཱཔ་གཅོད་པའི་བྱིངས་པ་ཁྱད་དོན་ཕྱིས་པ་ལ། ཀྲྀཏ་ལྔ་ པར་དངོས་པོ་ལ་མ་ནང་ལ་ཞེས་པས་ཀྟ་བྱིན་པའི་ཀ་ཁྱད་དོན་དབྱི་ཞིང་། དེ་ཉིད་དཱའི་མིང་ ཅན་མ་ཡིན་པས་དཏ་དུ་མ་བསྒྱུར་བར་སི་བྱིན་པ་མ་ནིང་ལས་ཕྱིས་ནས། མུ་ཨཱ་ག་མ་བྱིན་ པའི་ཕ་རོལ་ནཀྵེ་ཏྲཾ་ཡོད་པ་ལས། དཱ་ཏཾ་ཀྵེ་ཏྲཾ་(ཞིང་རྔ་བར་བྱས། )ཞེས་པ་ལྟ་བུའོ། །ཉེར་བསྒྱུར་ ལས་དབྱངས་ལས་ཏའོ་ཞེས་པ་ནི་ཉེར་བསྒྱུར་རྣམས་ལས་ཀྱང་ཁྱད་པར་ཉེར་བསྒྱུར་ དབྱངས་མཐའ་ཅན་ལས་ཕ་རོལ་གྱི། དྷེཊ་བོར་བའི་དཱའི་མིང་ཅན་རྣམས། ཏ་ཡིག་དང་པོ་ 6-1-494 ཅན་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་དུ་ཡོད་པ་ལ། ཏ་ཡིག་དབྱངས་མེད་དུ་འགྱུར་ཏེ། དཔེར་ ན། པྲ་དང་། ཨ་ཝ་སྔ་མ་ཅན་གྱི་དེང་བསྲུང་བའི་བྱིངས་ང་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ དངོས་པོ་ལ་མ་ནིང་ལ་ཞེས་པས་ཀྟ་བྱིན་པའི་ཁྱད་དོན་དབྱི་ཞིང་། མདོ་འདིས་དེ་དབྱངས་ དང་བཅས་པ་ཏ་དབྱངས་མེད་དུ་བསྒྱུར་ཞིང་། མ་ནིང་ལས་སི་ཕྱིས་ནས་མུ་ཨཱ་ག་མ་བྱིན་ པས། པྲཏྟཾ། (རབ་ཏུ་བསྲུང་ངོ་། །) ཨ་ཝཎྟ་(ངེས་པར་བསྲུང་ངོ་། །)ཞེས་པ་ལྟ་བུའོ། །ཉེར་བསྒྱུར་གསལ་ བྱེད་མཐའ་ཅན་ལས་ནི་དྷེཊ་བོར་བའི་དཱའི་མིང་ཅན་རྣམས། ཏ་ཡིག་དང་པོ་ཅན་ཡོན་ཏན་ མེད་པ་ཕ་རོལ་ལ་ཏ་དབྱངས་མེད་དུ་མི་འགྱུར་ཏེ། དཔེར་ན། ནིར྄་སྔ་མ་ཅན་གྱི་དེ་ལ་སྔར་ བཞིན་ཀྟ་བྱིན་ནས། མདོ་སྔ་མས་དེ་ཡིག་དབྱངས་དང་བཅས་པ་དཏ་བསྒྱུར་ཞིང་། སི་ཕྱིས་ཏེ་ མུ་ཨཱ་ག་མ་བྱིན་པས། ནིར་དཏྟཾ་(ངེས་པར་བསྲུང་ངོ་། །)ཞེས་པ་ལྟ་བུའོ། །ཨ་དའི་ཡཔ་ལའང་ ཛགྔྷིའི་འོ་ཞེས་པ་ནི་ཨད་ཟ་བའི་བྱིངས་འདི་ཉིད། ཏ་ཡིག་དང་པོ་ཅན་ཡོན་ཏན་མེད་པ་དང་། ཡབ་ཕ་རོལ་དུ་ཡོད་པ་ལའང་ཛགྔྷི་ཞེས་པར་འགྱུར་ཏེ། དྷིའི་ཨི་ཡིག་ནི་བརྗོད་པའི་དོན་ཏོ། ། དཔེར་ན། ཨད་ལ་ཀྟ་དང་། ཀྟ་ཝནྟུ་དང་། པྲ་སྔ་མ་ཅན་གྱི་ཨད་ལ་ཀྟྭཱ་ཡབ་ཏུ་བསྒྱུར་བ་བྱིན་ ནས། མདོ་འདིས་ཨད་ཡིག་ཛ་རུ་བསྒྱུར་བ་ན། ཨཱ་བརྒྱད་པར་གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་ པས་རྐྱེན་གྱི་ཏ་ཡིག་དྷ་དང་། དྷུ་ཊ་རྣམས་ཀྱི་ཞེས་པས་བྱིངས་ཀྱི་དྷ་ཡིག་དེའི་གསུམ་པ་ད་རུ་ བསྒྱུར་ཞིང་། སི་བྱིན་ནས་སྔར་བཞིན་བསྒྲུབས་པས། ཛགྡྡྷཿ(ཟོས་སོ། །བརྩེགས་པའི་མཐའ་དབྱིའོ། །) ཛགྡྡྷ་ཝཱན། པྲ་ཛགྡྷྱ་ཞེས་པ་ལྟ་བུའོ། །བཅུ་གཅིག་པ་ཨད་ལ་ཁྱད་པར་དང་ནིཥྛཱ་དང་མི་ཟད་ པ་ངོས་བཟུང་བ་ནི། གྷཉ་ཨལ་དག་ལ་གྷསླྀ འོ་ཞེས་པ་ཨད་ཟ་བའི་བྱིངས་འདི་ཉིད། གྷཉ་ དང་ཨ་ལ་ཕ་རོལ་ཏུ་ཡོད་པ་ལ་གྷ་སླྀ་རུ་འགྱུར་ཏེ། ལ་ཡིག་ནི་རྗེས་སུ་འབྲེལ་པའི་དོན་ཏོ། ། སློབ་ཕན་དུ་གྷ་སི་རུ་འགྱུར་ཏེ། སིའི་ཨི་ཡིག་ནི་བརྗོད་པའི་དོན་ཏོ། །ཞེས་ཀྱང་གསུངས་སོ། ། དཔེར་ན། ཨད་ལས་ཀྲཏ་ལྔ་པར་བྱེད་པ་པོ་མིན་པའི་བྱེད་པ་ལ་ཞེས་པས། གྷཉ་དང་། པྲ་སྔ་ 6-1-495 མ་ཅན་གྱི་ཨད་ལ། ཉེར་བསྒྱུར་ལ་ཨ་དིའི་འོ་ཞེས་པས་ཨལ་བྱིན་པའི་གྷ་དང་ཉ་ཡིག་སྔར་ བཤད་པ་དང་། ལ་ཡིག་མདོ་འདིའི་ཁྱད་དོན་ཡིན་པས་དབྱི་ཞིང་། ཨད་ཡིག་གྷསླྀ་རུ་བསྒྱུར་ བའི་ལྀ་རྗེས་འབྲེལ་ཡང་ཕྱིས་ལ། ཨཱ་དྲུག་པར་ཨིན་ཨི་ཙ་ཞེས་པས་ཉ་ཡིག་རྗེས་འབྲེལ་ཨི་ ཙ་དང་འདྲ་བར་བསྟན་པས་གྷ་སྔ་མ་རིང་པོར་བསྒྱུར་ནས་སི་བྱིན་པས། གྷཱ་སཿ པྲ་གྷ་སཿཞེས་ པ་ལྟ་བུའོ། །ཀྟ་དང་ཀྟ་ཝནྟུ་དག་ནིཥྛཱའོ་ཞེས་པ་ནི་ཀྟ་དང་ཀྟ་ཝནྟུ་ཞེས་པའི་རྐྱེན་འདི་དག་ ནིཥྛཱའི་མིང་ཅན་དུ་འགྱུར་ཏེ། ནིཥྛཱའི་མིང་ཅན་དུ་དགོས་ཤེ་ན། ཀྲྀཏ་དྲུག་པར་ར་ལས་ནིཥྛཱའི་ ཏའི་ན་སྟེ་ཞེས་པ་ལ་སོགས་པར་དྲན་པར་བྱའོ། །དཔེར་ན། ཀྲཱྀ་རྣམ་པར་བསྐྱོད་པའི་བྱིངས་ ལ། ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས་ཀྟ་དང་ཀྟ་ཝནྟུ་བྱིན་པའི་ཀ་ཡིག་དག་ནི་འདི་ཉིད་དུ་ཀ་ ལ་ཡཎ་བཞིན་ཞེས་པའི་ཁྱད་དོན་དང་། ཨུ་ཡིག་ནི་ནཱ་གཉིས་པར་ཨནྟུ་དང་ཨས་མཐའིའང་ ཞེས་པ་ལ་སོགས་པའི་ཁྱད་དོན་ཡིན་པས་དབྱི་ཞིང་། ཨཱ་ལྔ་པར་རཱྀཏ་མཐའི་ཡོན་ཏན་མེད་པ་ ལ་ཞེས་པས་རཱྀ་ཡིག་ཨིར་དང་། ཨཱ་བརྒྱད་པར་ནཱ་མི་ར་བ་དག་ལ་ཞེས་པས་དེའང་རིང་པོ་ དང་། ཀྲྀཏ་དྲུག་པར་ར་ལས་ནིཥྛཱའི་ཞེས་པས་ཏ་ཡིག་ན་དང་། ནཱ་བཞི་པར་ར་ཥ་རྀའི་ཡི་གེ་ རྣམས་ལས་ཞེས་པས་དེའང་ཎ་རུ་བསྒྱུར་བའི་མཐར་སི་བྱིན་པ་ན། སྔ་མའི་མཐར་རྣམ་བཅད་ དང་། ནཱ་གཉིས་པར་ཨནྟུ་དང་ཨས་མཐའི་འང་ཞེས་པས་ཝ་ཡིག་རིང་པོར་བསྒྱུར་་ནས། གསལ་བྱེད་ལས་སི་དང་། རྟགས་མཐའི་ན་ཕྱིས་པས། ཀཱིརྞཿ(རྣམ་པར་སྦྱོང་ངོ་། །)ཀཱི་རྞ་ཝཱན་ཞེས་ པ་ལྟ་བུའོ། །སློབ་ཕན་དུ། ཀྟྭཱ་དང་མ་དང་མཚམས་སྦྱོར་གྱི་ཡི་གེའི་མཐའ་མི་ཟད་པའོ་ཞེས་ པ་ནི། ཀྟྭཱའི་མཐའ་དང་མ་མཐའ་ཅན་དང་མཚམས་སྦྱོར་གྱི་ཡི་གེ་ཨེ་ཨཻ་ཨོ་ཨཽའི་མཐའ་ཅན་ གྱི་ཀྲྀཏ་ཀྱི་རྐྱེན་རྣམས་མི་ཟད་པའི་མིང་ཅན་དུ་འགྱུར་ཏེ། མི་ཟད་པའི་མིང་གི་དགོས་པ་ནི་ནཱ་ བཞི་པར་མི་ཟད་པ་ལས་ཀྱང་ངོ་ཞེས་པ་ལ་སོགས་པས་རྐྱེན་འདི་རྣམས་ཀྱིས་མཐར་སི་ སོགས་རྣམ་དབྱེ་རྣམས་འཇིག་པ་ལ་སོགས་པའི་སྐབས་སུ་དྲན་པར་བྱ་བའི་དོན་དུའོ། ། 6-1-496 དཔེར་ན། །ཌུ་ཀྲྀཉ་བྱེད་པའི་བྱིངས་རྗེས་འབྲེལ་ཕྱིས་པའི་ཀྲྀ་ལ། ཀྲྀཏ་དྲུག་པར་བྱེད་པ་པོ་ གཅིག་དག་གི་ཞེས་པས་ཀྟྭཱ་དང་། སྭཱ་དུཾ་སྔ་མ་ཅན་གྱི་ཀྲྀ་ལ། ཀྲྀཏ་དྲུག་པར་རོ་མྱང་བ་ལའང་ ངོ་ཞེས་པས་མ་མཐའ་ཅན། ཁ་མིཉ་དང་། ཀྲྀ་ལ་སློབ་ཕན་གྱི་ཀྲྀཏ་གཉིས་པར་ཏ་བཻ་ཀེ་ཀེ་ནྱ་ ཏྭཱ་རྣམས་སོ་ཞེས་པས་མཚམས་སྦྱོར་གྱི་མཐའ་ཅན་ཏ་བཻ་རྣམས་བྱིན་པའི་ཀ་དང་ཁ་དང་ཉ་ རྣམས་ཁྱད་དོན་དང་། མིའི་ཨི་ཡིག་བརྗོད་དོན་རྣམས་དབྱི་ཞིང་། ཨཱ་དྲུག་པར་ཨིན་ཨིཙ་ ཨཊ་རྣམས་ལ་ཞེས་པས་བར་མའི་རྀ་འཕེལ་བ་དང་། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་། ཞེས་པས་ཕྱི་མའི་རྀ་ཡོན་ཏན་བྱས་ནས་ཐམས་ཅད་ཀྱི་མཐར་སི་བྱིན་པ་མི་ཟད་པའི་མཐའ་ ལས་ཕྱིས་པས། ཀྲྀ་ཏྭཱ(བྱས་ཏེ)། སྭཱ་དུཾ་ཀཱ་རཾ(མྱང་བར་བྱས)། ཀརྟ་བཻ་(བྱས་ཏེ། ) ཞེས་པ་ལྟ་བུ་སྟེ་གོང་ འོག་མང་པོར་ཕན་པའི་དགོས་པ་ཆེན་པོ་དང་ལྡན་པའོ། །དུར་སིང་དུ་མདོ་མ་མཛད་ནའང་། ཀྟ་དང་ཀྟ་ཝནྟུ་དག་ནིཥྛཱའོ་ཞེས་པའི་འགྲེལ་པ་ལས་འཕྲོས་ནས་དོན་བསྡུ་ལྟ་བུར་ཀྟྭཱ་དང་མ་ ཡིག་མཐའ་ཅན་གྱིའང་ཀྲྀཏ་ཀྱི་རང་བཞིན་ཅན་ལས་གྲངས་མེད་པ་ཞེས་པ་སྟེ་ཡང་ན་དེ་ཉིད་ མི་ཟད་པ་ཞེས་ཀྱང་གསུངས་སོ། །ཞེས་པ་བྱིངས་རྣམས་མིང་དུ་སྒྲུབ་པར་བྱེད་པ་ཀྲྀཏ་ཀྱི་མདོ་ རྣམས་ལས་རྐང་པ་དང་པོའི་འགྲེལ་པ་རྫོགས་སོ།། །། གཉིས་པ་བྱིངས་དོན་སོ་སོ་ལ་ཀྲྀཏ་དང་ཁྱད་པར་ཀྲྀ་ཏྱའི་རྐྱེན་རྣམས་འཇུག་ཚུལ་ལ་ལྔ་ ལས། དང་པོ་རྐྱེན་གྱི་འཇུག་ནས་སྔ་ཕྱིར་འཇོག་ཚུལ་བསྡུ་བ་དམིགས་བསལ་དང་བཅས་པ་ ནི། བྱིངས་ལས་སོ་ཞེས་པ་སྤྱིར་བཏང་བ་སྟེ། གོང་འོག་ནས་རིམ་པ་ལྟར། ཡུ་བུ་ཛྷ་རྣམས་ ཀྱི་ཨ་ན་ཨ་ཀ་ཨན་ཏ་རྣམས་སོ་ཞེས་པ་འདི་ལས་གོང་དུ་བར་མ་ཆད་དུ་བྱུང་བའི་རྐྱེན་ཀྲྀཏ་ ཀྱི་མིང་ཅན་དེ་རྣམས་བྱིངས་ལས་ཕ་རོལ་དུ་འགྱུར་བར་རིགས་པར་བྱའོ་ཞེས་པའི་དོན་ཏོ། ། བདུན་པ་བརྗོད་པ་ཉེ་བའི་ཚིག་གོ་ཞེས་པ་ལ་སློབ་ཕན་དུ་བྱིངས་ལ་སྤྱིར་བཏང་བ་སྟེ་བཤད་ ཟིན་པ་དང་འཆད་པར་འགྱུར་བའི་ཀྲྀཏ་ཀྱི་མདོ་ལ་རྣམ་དབྱེ་བདུན་པ་བརྗོད་པ་སྟེ་ངེས་པར་ 6-1-497 བྱིན་པའི་མཐའ་ཅན་ཡན་ཆད་ཀྱི་དངོས་དོན་དེ་རྣམས་ཉེ་བའི་ཚིག་གི་མིང་ཅན་དུ་འགྱུར་ ཞེས་གསུངས་ཤིང་། དུར་སིང་དུའང་བྱིངས་ལ་སྤྱིར་བཏང་བསྟེ། འདིར་བདུན་པ་མདོ་ལ་ ངེས་པར་བསྟན་པ་ཉེ་བའི་ཚིག་གི་མིང་ཅན་དུ་འགྱུར་རོ་ཞེས་གསུངས་སོ། །ཉེ་བའི་ཚིག་གི་ མིང་དེ་གང་དུ་དགོས་ན། ཀྲྀཏ་དང་པོར་ཉེ་བའི་ཚིག་མི་ཟད་པ་མིན་པ་ཞེས་པ་ལ་སོགས་པ་ དེ་རྣམས་སུའོ། །དཔེར་བརྗོད་ནི། ཀྲྀཏ་གསུམ་པར་ལས་ལ་ཨཎའོ་ཞེས་པ་ལ་སོགས་པའི་ མདོ་བཤད་ཟིན་དང་འཆད་འགྱུར་རྣམས་ཡིན་ཞིང་། མདོ་འདིའི་ལས་ལ་ཞེས་པ་ཁོ་ན་ཉེ་ བའི་ཚིག་སྟེ། རྣམ་དབྱེ་བདུན་པའི་གཅིག་ཚིག་གི་མཐའ་ཅན་ཡིན་པའི་ཕྱིར་རོ། །ལས་ལ་ ཞེས་པའི་དོན་ཉེ་བའི་ཚིག་དེའང་དཔེར་ན། ཀུམ་བྷ་ལ། ནཱ་བཞི་པར་ལྷག་མ་རྣམས་ལས་དང་ ཞེས་པས་ལས་སུ་བྱ་བ་ལ་རྣམ་དབྱེ་གཉིས་པའི་གཅིག་ཚིག་སྦྱར་བའི་ཉེ་བའི་ཚིག་སྔ་མ་ཅན་ གྱི་ཀྲྀཉ་བྱེད་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། ལས་ལ་ཨཎའོ་ཞེས་པས་ཨཎ་བྱིན་པའི་ ཎ་ཡིག་ཨིཙ་དང་འདྲ་བའི་ཁྱད་དོན་ཡིན་པས་དབྱི་ཞིང་། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་ ཀྲྀའི་རྀ་ཡིག་འཕེལ་བ་བྱས་ཏེ། འདི་ཉིད་དུ་དེའི་དེ་ཡིས་བསྡུ་བའོ་ཞེས་པ་དང་། ནཱ་ལྔ་པར་ དེར་གནས་རྣམ་དབྱེ་རྣམས་དབྱིའོ་ཞེས་པས་ཀུམ་བྷཾ་ཉེ་བའི་ཚིག་གི་རྣམ་དབྱེ་ཨཾ་ཕྱིས་ནས། མཐར་སི་བྱིན་པས། ཀུམ་བྷ་ཀཱརཿ(རྫ་མཁན་ནོ། །)ཞེས་པ་ལྟ་བུའོ། །གལ་ཏེ་མིང་ཡིན་ན་དེ་སྔ་ མར་རོ་ཞེས་པ་ནི། ཉེ་བའི་ཚིག་དེ་མིང་སྟེ་རྟགས་ཡིན་པར་གྱུར་ན། དེའི་ཚེ་བྱིངས་ལས་སྔ་མ་ ཁོ་ནར་སྦྱར་བར་བྱ་སྟེ། དཔེར་ན། ཉེ་བའི་ཚིག་ཀུམ་བྷཾ་དང་ཀཋཾ་མིང་ཡིན་པའི་ཕྱིར་དེ་དག་ རིམ་པ་བཞིན་སྔ་མར་བཀོད་པའི་ཀྲྀཉ་བྱེད་པ་དང་། ད་ཧ་བསྲེག་པའི་བྱིངས་ཉ་རྗེས་འབྲེལ་ ཕྱིས་པ་ལ། སྔར་བཞིན་ལས་ལ་ཞེས་པས་ཨཎ་བྱིན་ནས་གཉིས་པའི་གཅིག་ཚིག་བསྡུ་བས་ ཕྱིས་ཏེ། ཨིན་ཨིཙ་ཞེས་པས་རྀ་ཡིག་འཕེལ་བ་དང་། ད་ཡིག་རིང་པོར་བསྒྱུར་བའི་མཐར་ སི་ཕྱིས་པས། ཀུམྦྷ་ཀཱ་རཿ(བུམ་པ་བྱེད། ) ཀཥྛ་དཱ་ཧཿ(ཤིང་བསྲེག་གོ)ཞེས་པ་ལྟ་བུའོ། །ཉེ་བའི་ཚིག་ 6-1-498 དེ་མིང་མ་ཡིན་ན། བྱིངས་ཀྱི་སྔ་མ་ཁོ་ནར་འགྱུར་བའི་ངེས་པ་མེད་ཅིང་ཕྱི་མར་བཀོད་པས་ ཀྱང་རུང་སྟེ། དཔེར་ན། བྷུ་ཛ་ཟ་བའི་བྱིངས་ལ། ཀྲྀཏ་ལྔ་པར་འདོད་པའི་དོན་རྣམས་ལ་བྱེད་ པ་པོ་གཅིག་པ་ཅན་ཞེས་པས་ཏུམ་གྱི་རྐྱེན་བྱིན་པ་ན། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ཞེས་པས། བྷུའི་དབྱངས་ཡོན་ཏན་བྱས་ནས། ཨཱ་དྲུག་པར་ཙ་སྡེའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཀིའོ་ཞེས་ པས་ཛ་ཡིག་ཀ་རུ་བསྒྱུར་ཏེ། སི་བྱིན་པ་མི་ཟད་པ་ལས་ཕྱིས་པས། བྷོཀ་ཏུམ་ཞེས་པ་སྔ་མར་ བཀོད་པའི་ཕ་རོལ་དུ་ཨིཥུ་འདོད་པའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ། ཨཱ་གཉིས་པར་ཏུ་ མའི་མཐའི་བྱིངས་ལས་ཞེས་པས་བརྟ་མཱ་ནཱའི་ཏི་དང་། བྱེད་པ་པོ་ལ་ཞེས་པས་བར་དུ་ཨན་ བྱིན་ནས་ན་ཁྱད་དོན་དབྱི་ཞིང་། ཨཱ་དྲུག་པར་གམ་ཨི་ཥུ་ཡམ་རྣམས་ཀྱི་ཞེས་པས་ཥ་ཡིག་ཚ་ རུ་བསྒྱུར་བ། སན་ལྔ་པར་དབྱངས་ལས་ཕ་རོལ་གྱི་ཚ་ཡིག་ཅེས་པས་ཚ་གཉིས་སུ་བསྒྱུར་ལ། ནཱ་གསུམ་པར་སྒྲ་མེད་པ་ལ་ཞེས་པས་ཚ་སྟེང་མ་ཙ་རུ་བསྒྱུར་ཏེ་སྦྱར་བས། བྷོཀྟུ་མིཙྪ་ཏི་(ཟ་ བར་འདོད་དོ། །)ཞེས་པའམ་ཡང་ན་ཉེ་བའི་ཚིག་བྱིངས་ཀྱི་ཕ་རོལ་དུ་བཀོད་པས། ཨིཙྪ་ཏི་བྷོཀྟུཾ་ ཞེས་པ་ལྟ་བུའོ། །དེའི་དེ་ཡིས་བསྡུ་བའོ་ཞེས་པ་ནི་མིང་ཉེ་བའི་ཚིག་དེའི་རྣམ་དབྱེ་ནི། དེ་ ཡིས་ཏེ་ཀྲྀཏ་ཀྱི་རྐྱེན་གྱི་མཐའ་ཅན་གྱི་བྱིངས་དང་ལྷན་ཅིག་པའི་བསྡུ་བས་དབྱི་བར་འགྱུར་ཏེ། དཔེར་ན། གཱཾ་དང་ཀཾ་བ་ལཾ་སྔ་མ་ཅན་གྱི་ཌུ་དཱཉ་སྦྱིན་པའི་བྱིངས་ཌུ་དང་ཉ་རྗེས་འབྲེལ་ཕྱིས་ པ་ལ། ཀྲྀཏ་གསུམ་པར་ཨཏ་ལས་ཉེར་བསྒྱུར་མེད་པ་ལས་ཌའོ་ཞེས་པས་ཌའི་རྐྱེན་སྦྱིན་པ་ ན། ནཱ་དྲུག་པར་ཌ་རྗེས་སུ་འབྲེལ་པ་ལ་མཐའི་དབྱངས་སོགས་ཞེས་པས་དཱའི་དབྱངས་དང་། ཌ་ཁྱད་དོན་ཕྱིས་ནས་དེའི་དབྱངས་བཞག་ལ། མདོ་འདིས་ཉེ་བའི་ཚིག་གི་རྣམ་དབྱེ་ཨཾ་དབྱི་ ཞིང་ནཱ་ལྔ་པར་དབྱངས་མཐའི་རང་བཞིན་འང་ངོ་ཞེས་པས་གཱ་ཡིག་སྔར་གྱི་གོ་རུ་བསྒྱུར་ཏེ། མཐར་སི་བྱིན་པས། གོ་དཿ(བ་ལང་སྦྱིན་པར་བྱེད། ) ཀཾ་བ་ལ་དཿ(གོས་སྦྱིན་པར་བྱེད། )ཞེས་པ་ལྟ་བུའོ། ། ཨམ་མིན་པའི་མི་ཟད་པ་ཡིས་མ་ཡིན་ནོ་ཞེས་པ་མིང་ཉེ་བའི་ཚིག་དེའི་རྣམ་དབྱེ་ནི། ཨམ་ 6-1-499 མིན་པ་སྟེ་ཨམ་ལས་གཞན་པའི་མི་ཟད་པའི་ཀྲྀཏ་ཀྱི་རྐྱེན་གྱི་མཐའ་ཅན་གྱི་བྱིངས་དང་ལྷན་ ཅིག་པའི་བསྡུ་བས་དབྱི་བར་འགྱུར་བ་མ་ཡིན་ཏེ། དཔེར་ན། ཀཱ་ལཿདང་། ས་མ་ཡཿ རྣམ་ དབྱེ་དང་པོའི་གཅིག་ཚིག་གི་མཐའ་ཅན་མིང་ཉེ་བའི་ཚིག་སྔ་མ་ཅན་གྱི་བྷུཛ་ཟ་བའི་བྱིངས་ ལ། ཀྲྀཏ་ལྔ་པར་ཀཱ་ལ་ས་མ་ཡ་བེ་ལ་ནུས་པའི་དོན་རྣམས་ལའང་ངོ་ཞེས་པས་མི་ཟད་པའི་ མིང་ཅན་གྱི་ཀྲྀཏ་ཀྱི་རྐྱེན་ཏུམ་བྱིན་པ་ན། སྔར་བཞིན་བྷུའི་དབྱངས་ཡོན་ཏན་བྱས་ནས། ཛ་ ཡིག་ཀ་རུ་བསྒྱུར་ཏེ། མདོ་འདིས་རྐྱེན་ཨམ་མ་ཡིན་པ་ལ་མིང་ཉེ་བའི་ཚིག་རྣམ་དབྱེ་མ་ཕྱིས་ པར་སན་ལྔ་པར། ཨ་དང་སྒྲ་ལྡན་དག་གི་འང་ངོ་ཞེས་པས་རྣམ་བཅད་ཨུ་རུ་བསྒྱུར་བ་སྔ་མའི་ དབྱངས་དང་མཚམས་སྦྱར་ཞིང་། མཐར་སི་བྱིན་པ་མི་ཟད་པ་ལས་ཕྱིས་པས། ཀཱ་ལོ་བྷོཀྟུ་ མ(དུས་སུ་ཟ་བར་འདོད)། ས་མ་ཡོ་བྷོཀྟུམ་ཞེས་པ་ལྟ་བུའོ། །མིང་ཉེ་བའི་ཚིག་དེའི་རྣམ་དབྱེ། མི་ ཟད་པའི་རྐྱེན་ཨམ་གྱི་མཐའ་ཅན་ཡིན་ན་བྱིངས་དང་ལྷན་ཅིག་པའི་ཐོག་མའི་དངོས་པོའི་ ཚིག་སྡུད་ཀྱིས་དབྱི་བར་འགྱུར་ཏེ། དཔེར་ན། ཀ་ནྱཱཾ་གཉིས་པའི་གཅིག་ཚིག་གི་མཐའ་ཅན་ མིང་ཉེ་བའི་ཚིག་སྔ་མ་ཅན་གྱི་དྲྀ་ཤ་ལྟ་བའི་བྱིངས་ལ། ཀྲྀཏ་དྲུག་པར་མཐའ་དག་ལ་དྲྀ་ཤ་ལ་ ཎམའོ་ཞེས་པས་ཎམ་བྱིན་པའི་ཎ་ཁྱད་དོན་དབྱི་ཞིང་། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ཞེས་པས་ རྀ་ཡོན་ཏན་བྱས་ལ། མདོ་འདིས་མིང་ཉེ་བའི་ཚིག་གི་རྣམ་དབྱེ་ཕྱིས་ནས། མཐར་སི་བྱིན་ པའང་མི་ཟད་པ་ལས་ཕྱིས་པའི་ཕ་རོལ་དུ་ཝ་ར་ཡ་ཏི་ཡོད་པ་ལ། ཀ་ནྱཱ་དཪྴཾ་ཝ་ར་ཡ་ཏི་(བུ་མོ་ ལ་ལྟ་བ་མཆོག་ཏུ་བྱེད་དོ། །)ཞེས་པ་ལྟ་བུའོ། ། གསུམ་པ་སོགས་རྣམས་ཀྱི་ཡང་ནའོ་ཞེས་པ་སློབ་ཕན་དུ་མདོ་འདི་ནས་བརྩམས་ཏེ། ཀྲྀཏ་ དྲུག་པར་བྱེད་པ་པོ་ལ་ཀྲྀཏ་རྣམས་སོ་ཞེས་པ་འདི་ལས་གོང་དུ་འཆད་པར་འགྱུར་བ་དེ་ རྣམས་ནི་གསུམ་པ་རྣམས་བརྗོད་པ་སྟེ། དེས་ན་རྣམ་དབྱེ་གསུམ་པ་དང་། ལ་སོགས་པས་ རྣམ་དབྱེ་བཞི་པ་ལ་སོགས་ཉེ་བའི་ཚིག་གི་ཚིག་གི་རྣམ་དབྱེ་རྣམས་མི་ཟད་པའི་ཀྲྀཏ་ཀྱི་རྐྱེན་ 6-1-500 གྱི་མཐའ་ཅན་བྱིངས་དང་ལྷན་ཅིག་པས་ཐོག་མའི་དངོས་པོའི་བསྡུ་བར་ཡང་ན་འགྱུར་ཏེ་ ཞེས་གསུངས་ཤིང་། དུར་སིང་དུ་གསུམ་པ་ལ་ཨུ་པ་དཾ་ཤ་ལའོ་ཞེས་བརྩམས་པའི་བར་གང་ ཡིན་པའི་ཉེ་བའི་ཚིག་དེ་རྣམས་གསུམ་པ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་ཨམ་མཐའ་ ཡིས་ཀྱང་དང་པོའི་དངོས་པོ་ཡང་ན་བསྡུ་བར་ཡང་ན་འགྱུར་ཞེས་གསུངས་ཏེ། དཔེར་ན། ཉེ་ བའི་ཚིག་མཱུ་ལ་ཀེ་ན་སྐྱེས་པའི་རྟགས་རྣམ་དབྱེ་གསུམ་པའི་གཅིག་ཚིག་གི་མཐའ་ཅན་གྱི་ཕ་ རོལ་དུ་ཨུ་པ་སྔོན་མ་ཅན་གྱི་དཾ་ཤ་ཟ་བའི་བྱིངས་ལ། ཀྲྀཏ་དྲུག་པར་གསུམ་པ་ལ། ཨུ་པ་དཾ་ཤ་ ལའོ་ཞེས་པས་ཎམ་གྱི་རྐྱེན་བྱིན་པའི་ཎ་ཁྱད་དོན་དབྱི་ཞིང་། མདོ་འདིས་ཡང་ན་བསྡུ་བ་བྱས་ ཏེ་ཉེ་བའི་ཚིག་གི་རྣམ་དབྱེ་ཕྱིས་ནས་སི་བྱིན་པའང་མི་ཟད་པ་ལས་ཕྱིས་པའི་མཐའ་བྷུཾཀྟེ་ ཡོད་པ་ལ། མཱུ་ལ་ཀོ་པ་དཾ་ཤཾ་བྷུཾཀྟེ་(རྩ་བ་ནས་སོས་ཟ་བ་བྱེད། )ཞེས་པའམ། ཡང་ན་ཉེ་བའི་ཚིག་གི་ རྣམ་དབྱེ་བསྡུ་པ་མ་ཕྱིས་པས། མཱུ་ལ་ཀེ་ནོ་བ་དཾ་ཤཾ་བྷུཾཀྟེ་(རྩ་བ་ནས་སོས་ཟ་བར་བྱེད། )ཞེས་པ་ལྟ་ བུའོ། །དེ་བཞིན་དུ་བཞི་པ་ལ་སོགས་པ་སྦྱར་བའི་ཉེ་བའི་ཚིག་རྣམས་ལའང་ཤེས་པར་བྱའོ། ། གཉིས་པ་ཀྲྀཏ་རྐྱེན་རྣམས་ཀྱི་སྤྱིར་བཏང་དང་དམིགས་བསལ་གྱི་ཁྱད་པར་བསྟན་པ་ ནི། ཀྲྀཏའོ་ཞེས་པ་སྤྱིར་བཏང་བ་སྟེ། འདི་ནས་བརྩམས་ཏེ་འཆད་པར་འགྱུར་བཞིན་པའི་ རྐྱེན་གང་ཡིན་པ་དེ་རྣམས་ནི་ཀྲྀཏ་ཀྱི་མིང་ཅན་དུ་རིགས་པར་བྱ་སྟེ། ཀྲྀཏ་ཀྱི་མིང་དེ་གང་དུ་ དགོས་ཤེ་ན། བྱེད་པ་པོ་ལ་ཀྲྀཏ་རྣམས་སོ་ཞེས་པ་ལ་སོགས་པ་རྣམས་སུའོ། །དཔེར་ན། ཌུ་ ཀྲྀཉ་བྱེད་པའི་བྱིངས་ཌུ་དང་ཉ་རྗེས་འབྲེལ་ཕྱིས་པ་ལ། འདི་ཉིད་དུ་བུཎ་དང་ཏྲྀ་ཙ་དག་གོ་ ཞེས་པས་བུཎ་དང་ཏྲྀ་ཙ་སྦྱིན་པའི་ཎ་དང་ཙ་ཁྱད་དོན་དབྱི་ཞིང་། ཨཱ་དྲུག་པར་ཨིན་ཨིཙ་ཞེས་ པས་ཀྲྀ་སྔ་མའི་རྀ་འཕེལ་བ་བྱས་ཏེ། ཀྲྀཏ་དྲུག་པར་ཡུ་བུ་ཛྷ་རྣམས་ཀྱི་ཞེས་པས་བུ་ཡིག་ཨ་ ཀར་བསྒྱུར་ནས་མཐར་སི་བྱིན་ནས། ཀཱ་ར་གཿ(བྱེད་ལྡན་ནོ། །) ཞེས་པ་དང་། ཨཱ་ལྔ་པར་ནཱ་མི་ 6-1-501 མཐའི་ཞེས་པས་ཀྲྀ་ཕྱི་མའི་རྀ་ཡོན་ཏན་བྱས་ཏེ། མཐར་སི་བྱིན་པ་ན། ནཱ་དང་པོར་སི་ལ་ཨཱ་ སྟེ་སི་དབྱི་བའང་ངོ་ཞེས་པས་ཏྲའི་རྀ་ཡིག་ཨཱ་རུ་བསྒྱུར་ནས་སི་ཕྱིས་པས། ཀརྟཱ་(བྱེད་པོའོ། །) ཞེས་པ་ལྟ་བུའོ། །བུད་མེད་མ་ཡིན་པ་ལ་གཟུགས་མཚུངས་པ་མ་ཡིན་པ་ཡང་ནའོ་ཞེས་པ་ བུད་མེད་ཀྱི་ཡུལ་ལ་ནི་སྤྱིར་བཏང་གི་རྐྱེན་ལ་དམིགགས་བསལ་གྱིས་རྟག་ཏུ་གནོད་པའི་ ཕྱིར་ཡང་ནའི་སྒྲ་མི་འཇུག་པས་དེ་མ་ཡིན་པ་ད་ང་། སྤྱིར་བཏང་གི་རྐྱེན་གཟུགས་མཚུངས་པ་ ལའང་ཡང་ནའི་སྒྲ་མི་འཇུག་པས་ཐ་དད་པའི་གཟུགས་རྣམས་ལ་དམིགས་བསལ་གྱི་རྐྱེན་ གྱིས་ཡང་ན་གནོད་པར་འགྱུར་ཞིང་ཡང་ན་གནོད་པར་མི་འགྱུར་ཏེ། དཔེར་ན། བི་སྔ་མ་ ཅན་གྱི་ཀྵི པ་དེད་པའི་བྱིངས་ལ། འདི་ཉིད་དུ་བུཎ་ཏྲྀཙ་དག་གོ་ཞེས་པའི་རྐྱེན་འདི་དག་སྤྱིར་ བཏང་བ་ལ། ནཱ་མི་ཨུ་པ་དྷཱ་དང་པྲཱྀ་ཀྲཱྀ་གྲཱྀ་ཛྙཱ་རྣམས་ཀྱི་ཀའོ་ཞེས་པ་དམིགས་བསལ་གྱིས་ཡང་ ན་གནོད་པར་འགྱུར་བས། ཀའི་རྐྱེན་བྱིན་པའི་ཀ་ཡིག་ཁྱད་དོན་ཕྱིས་ཏེ་དེའི་དབྱངས་པ་ལ་ སྦྱར་ནས། མཐར་སི་བྱིན་པས། བིཀྵི་པཿཞེས་པའམ། ཡང་ན་གནོད་པར་མི་འགྱུར་པས་ བུཎ་དང་ཏྲྀཙ་བྱིན་པའི་ཎ་དང་ཙ་ཁྱད་དོན་ཕྱིས་ཏེ། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ཞེས་པས་ ཀྵི འི་དབྱངས་ཡོན་ཏན་བྱས་ལ། སྔར་བཞིན་བུ་ཡིག་ཨ་ཀ་རུ་བསྒྱུར་ནས། མཐར་སི་བྱིན་ ཞིང་། ཏྲྀའི་དབྱངས་ཨཱ་རུ་བསྒྱུར་ཏེ། དེའི་མཐར་སི་ཕྱིས་པས། བི་ཀྵེ་བ་ཀཿ བི་ཀྵེ་པྟཱ་ཞེས་པ་ ལྟ་བུའོ། །སྤྱིར་བཏང་དང་དམིགས་བསལ་གྱི་རྐྱེན་གཟུགས་མཚུངས་ན་རྟག་ཏུ་གནོད་པས་ ཡང་ན་མི་འཇུག་པ་ནི། དཔེར་ན། གོ་སྔ་མ་ཅན་གྱི་དཱ་ཉ་སྦྱིན་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་ པ་ལ། ཀྲྀཏ་གསུམ་བར་ལས་ལ་ཨཎའོ་ཞེས་པའི་སྤྱིར་བཏང་དང་། ཉེར་བསྒྱུར་མེད་པའི་ ཨཱཏ་ལ་ཌའོ་ཞེས་པ་དམིགས་བསལ་གྱི་མདོ་དེ་དག་ཎ་དང་ཌ་ཁྱད་དོན་ཕྱིས་པ་ན་ཨ་ཡིག་ ཏུ་གཟུགས་མཚུངས་པའི་ཕྱིར་ཨན་མི་སྟེར་བར་ཌ་བྱིན་ནས། ཌ་རྗེས་སུ་འབྲེལ་པ་ལ་ཞེས་ པས་དཱའི་དབྱངས་ཕྱིས་ཏེ་ཌའི་ཨ་སྦྱར་བའི་མཐར་སི་བྱིན་པས། གོ་དཿ(བ་ལང་སྦྱིན་ནོ། །)ཞེས་པ་ 6-1-502 ལྟ་བུའོ། །བུད་མེད་ཀྱི་ཡུལ་ལ་སྤྱིར་བཏང་ལ་དམིགས་བསལ་གྱིས་རྟག་ཏུ་གནོད་པས་ཡང་ ན་མི་འཇུག་པ་ནི། དཔེར་ན། ཌུ་ཀྲྀཉ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་ལྔ་པར་འདོད་པའི་དོན་ རྣམས་ལ་བྱེད་པ་པོ་གཅིག་པ་ཞེས་པས་ཏུམ་དང་། ཨཱ་གཉིས་པར་ཏུམ་འི་མཐའི་བྱིངས་ལས་ ཞེས་པས་དེའི་ཡང་མཐར་སན་བྱིན་པ་ན། ཨཱ་བརྒྱད་པར་དབྱངས་མཐའ་རྣམས་ཀྱི་སན་ལའོ་ ཞེས་པས་ཏུམ་ཕྱིས་ནས་ཀྲྀ་རིང་པོར་བསྒྱུར་ཞིང་། ཨཱ་ལྔ་པར་རཱྀ་ཏ་མཐའི་ཡོན་ཏན་མེད་པ་ ལ་ཞེས་པས་དེའི་རྀའང་ཨིར་དུ་བསྒྱུར་བ། ཨཱ་གསུམ་པར་ཙཎ་པ་རོ྅ཀྵཱ་ཞེས་པས་གཉིས་སུ་ བཞག་སྟེ། གསལ་བྱེད་དང་པོ་ལྷག་མར་བྱའོ་ཞེས་པས་སྔ་མའི་ར་ཕྱིས་ལ། ཀ་སྡེའི་ཙ་སྡེའོ་ ཞེས་པས་ཀ་སྔ་མ་ཙ་ཡིག་དང་། ཨཱ་བརྒྱད་པར་ནཱ་མིའི་ར་ཝ་དག་ལ་ཞེས་པས་ཀི་ཕྱི་མ་རིང་ པོ་དང་། དེ་ཉིད་དུ་རྒྱུ་མཚན་ལས་ཞེས་པས་ས་ཡིག་ཥ་རུ་བསྒྱུར་ནས་སྔར་བཞིན་ན་དབྱི་ཞིང་། ཀྲྀཏ་ལྔ་པར་བུད་མེད་ལ་ཀྟི འོ་ཞེས་པའི་སྤྱིར་བཏང་གི་མདོ་དེ་ལ། ཤན་སི་དང་། རྐྱེན་ལས་ ཨའོ་ཞེས་པའི་དམིགས་བསལ་གྱི་མདོ་འདིས་རྟག་ཏུ་གནོད་པའི་ཕྱིར་ཀྟི་མི་སྟེར་བར་ཨའི་ རྐྱེན་བྱིན་པ་ན། ཨཱ་དྲུག་པར་ཨའི་འང་དབྱིའོ་ཞེས་པས་ཥའི་དབྱངས་ཕྱིས་ཏེ་སྦྱར་ནས། བུད་ མེད་དུ་སྒྲུབ་པ་ལ་ནཱ་བཞི་པར་ཨ་ལས་ཨཱའོ་ཞེས་པས་ཨཱ་རིང་པོ་བྱིན་ཏེ་མཚམས་སྦྱར་བའི་ མཐར་སི་བྱིན་པ་ཤྲད་དྷཱ་ལས་ཕྱིས་པས། ཙི་ཀཱིཪྵཱ(བྱེད་འདོད་པ། )ཞེས་པ་ལྟ་བུའོ། ། གསུམ་པ་བྱེ་བྲག་ཏུ་ཀྲྀ་ཏྱའི་རྐྱེན་རྣམས་བྱིངས་སོ་སོ་ལ་འཇུག་ཚུལ་དང་དེ་དག་ངོས་ བཟུང་བ་ནི། ཏ་བྱ་ཨ་ནཱི་ཡ་དག་གོ་ཞེས་པ་བྱིངས་ལས་ཕ་རོལ་དུ་ཏ་བྱ་དང་ཨ་ནཱི་ཡ་ཀྲྀཏྱའི་ རྐྱེན་གྱི་མིང་ཅན་དག་འགྱུར་ཏེ། དཔེར་ན། ཨཱས་སྡོད་པ་ད་ང་། ཀྲྀཉ་རྗེས་འབྲེལ་ཕྱིས་པའི་ བྱིངས་དག་ལ། མདོ་འདིས་ཏ་བྱ་དང་ཨ་ནཱི་ཡ་དག་སོ་སོར་འབྱིན་པ་ན། ཨཱ་བདུན་པར་ བྱིངས་ཐམས་ཅད་པ་མིན་པ་ཞེས་པས་ཨཱས་སྔ་མ་ལ་ཨིཊ་བྱིན་པའི་ཊ་རྗེས་འབྲེལ་དང་། གཉིས་ཀའི་མཐར་སི་བྱིན་པ་མ་ནིང་ལས་ཕྱིས་ནས། སྔར་བཞིན་མུ་ཨཱ་ག་མ་བྱིན་པས། ཨཱ་ 6-1-503 སི་ཏ་བྱཾ། ཨཱ་ས་ནཱི་ཡཾ་ཞེས་པ་དང་། གཞན་སྔར་དང་འདྲ་བ་ལ། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་ དང་། ཞེས་པས་ཀྲྀའི་རྀ་ཡིག་ཡོན་ཏན་བྱས་ཏེ། སྔར་བཞིན་རའི་ནུས་པས་ན་ཡིག་ཎ་རུ་ བསྒྱུར་བས། ཀརྟ་བྱཾ། (བྱའོ། །)ཀ་ར་ཎཱི་ཡཾ་ཞེས་པ་ལྟ་བུའོ། །དབྱངས་ལས་ཡའོ་ཞེས་པ་ནི་ དབྱངས་མཐའ་ཅན་གྱི་བྱིངས་ལས་ཕ་རོལ་དུ་ཡའི་རྐྱེན་བྱིན་པར་འགྱུར་ཏེ། དཔེར་ན། ཙིཉ་ སོགས་པ་དང་བྷཱུ་ཡོད་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཡའི་རྐྱེན་བྱིན་ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་ཙི་དང་བྷཱུའི་དབྱངས་ཡོན་ཏན་བྱས་ཏེ་ཨེ་དང་ཨོ་ རུ་གྱུར་པ་ན། ཀྲྀཏ་དང་པོར་ཨོཏ་ཨཽཏ་དག་ལས་ཀྲྀཏའི་ཡ་དབྱངས་བཞིན་ནོ་ཞེས་པས་ཨོ་ ཡིག་ཨ་ཝ་རུ་བསྒྱུར་ཞིང་། སྔར་བཞིན་སི་བྱིན་པ་མ་ནིང་ལས་ཕྱིས་ནས་མུ་ཨཱ་ག་མ་བྱིན་ ནས། ཙེ་ཡཾ(སོག་གོ། )བྷ་ཝྱཾ་(འགྱུར་རོ། །)ཞེས་པ་ལྟ་བུའོ། །དུར་ཕན་དག་ཏུ་དབྱངས་མཐའ་ལས་ ཞེས་པ་ནི་གོ་བདེ་བའི་དོན་དུའོ་ཞེས་ཀྱང་གསུངས་སོ། །ཤ་ཀི་ས་ཧ་པ་སྡེའི་མཐའ་ལས་ཀྱང་ ངོ་ཞེས་པ་ནི། ཤ་ཀི་དོགས་པ་དང་། ས་ཧ་ནུས་པ་དང་། པ་སྡེའི་མཐར་ཅན་གྱི་བྱིངས་རྣམས་ ལས་ཀྱང་ཕ་རོལ་ཏུ་ཡའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཤ་ཀི་དང་། ས་ཧ་དང་། པ་སྡེའི་ མཐའ་ཅན་ཌུ་ལ་བྷཥ་ཐོབ་པ་དང་། གམླྀ་འགྲོ་བའི་བྱིངས་རྣམས་ཀྱི་ཨི་དང་ཌུ་དང་ཥ་དང་ལྀ་ རྣམས་རྗེས་འབྲེལ་དང་། བྷའི་ཨ་བརྗོད་དོན་ཕྱིས་པ་ལ། མདོ་འདིས་ཡ་བྱིན་ནས། སྔར་ བཞིན་སི་ཕྱིས་ཏེ། མུ་ཨཱ་ག་མ་སྦྱར་བས། ཤཀྱཾ(དགོས་པ་བྱེད)། ས་ཧྱཾ(ནུས་པར་བྱེད)། ག་མྱཾ། (འགྲོའོ། །) ལ་བྷྱཱཾ་(ཐོབ་བོ། །)ཞེས་པ་ལྟ་བུའོ། །ཨཱཏ་ཁན་དག་གི་ཨིཏ་འང་ངོ་ཞེས་པ་ནི་ཨཱ་ཡིག་མཐའ་ཅན་ གྱི་བྱིངས་རྣམས་དང་། ཁ་ནུ་ངེས་པར་འཇོམས་པའི་བྱིངས་འདི་དག་ལས་ཀྱང་ཕ་རོལ་ཏུ་ ཡའི་རྐྱེན་སྦྱིན་པར་འགྱུར་ཞིང་། དེ་དག་གི་བྱིངས་མཐའ་གང་ཡིན་པ་དེ་ཉིད་ཨི་ཡིག་ཏུའང་ འགྱུར་ཏེ། ཏ་སྦྱར་བ་ནི་དེ་དག་ལས་གཞན་སེལ་བའི་དོན་ཏོ། །དཔེར་ན། ཨཱཏ་མཐའ་ཅན་ ཌུ་དཱཉ་སྦྱིན་པ་དང་། པཱ་འཐུང་བའི་བྱིངས་དང་། ཁ་ནུ་རྣམས་ཀྱི་ཌུ་དང་ཉ་དང་ཨུ་རྗེས་འབྲེལ་ 6-1-504 ཕྱིས་པ་ལ། མདོ་འདིས་ཡ་བྱིན་ནས། བྱིངས་མཐའི་ཨཱ་ཡིག་དག་ཨི་རུ་བསྒྱུར་བ་ན། ཨཱ་ལྔ་ པར། ནཱ་མི་མཐའི་ཞེས་པས་ཡོན་ཏན་བྱས་ཏེ། ན་ཡིག་ཨི་རུ་བསྒྱུར་བ་ཁའི་དབྱངས་དང་ མཚམས་སྦྱར་ཞིང་། སྔར་བཞིན་སི་ཕྱིས་ནས་མུ་བྱིན་པས། དེ་ཡཾ། (སྦྱིན་ནོ། །) སེ་ཡཾ། (འཐུང་ངོ་། །) ཁེ་ཡཾ་(འཇོམས་སོ། །)ཞེས་པ་ལྟ་བུའོ། །སློབ་ཕན་དུ་ནི་མཐའི་ཨི་ཡིག་རིང་པོ་བཤད་དེ། རིང་པོ་ བརྗོད་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཞེས་ཀྱང་གསུང་ངོ་། །ཡ་མི་མ་དཱི་གད་རྣམས་ཀྱི་ ནི་ཉེར་བསྒྱུར་མེད་པ་ལའོ་ཞེས་པ་ཡམ་ཉེ་བར་འཇིག་པ་དང་། མ་དཱི་དགའ་བ་དང་གད་ གསལ་བར་སྨྲ་བའི་བྱིངས་འདི་རྣམས་ཀྱི་མཐར་ནི་སྔོན་དུ་ཉེར་བསྒྱུར་མེད་པ་ལ་ཡའི་རྐྱེན་ སྦྱིན་པར་འགྱུར་ཏེ། ནིའི་སྒྲ་ནི་ཉེར་བསྒྱུར་ཡོད་པ་ལ་ཡའི་རྐྱེན་མི་འཇུག་པའི་དོན་ཏོ། ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨཱི་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཡ་བྱིན་ནས། སྔར་ བཞིན་སི་ཕྱིས་ཏེ། མུ་ཨཱ་ག་མ་སྦྱར་བས། ཡ་མྱཾ། (འཇོག་གོ། ) མ་དྱཾ(ཆང་། ལྷུག་པ)། ག་དྱཾ་(གསལ་པོར་ སྨྲའོ། །)ཞེས་པ་ལྟ་བུའོ། །བྱིངས་དེ་རྣམས་ཀྱི་སྔ་མར་ཉེར་བསྒྱུར་ཡོད་ན་ཡའི་རྐྱེན་སྦྱིན་པར་མི་ འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཡཾ་དང་མད་དང་གད་ལ་འདི་ཉིད་རྀའི་ཡིག་དང་གསལ་ བྱེད་མཐའ་ལས་གྷྱཎའོ་གྷྱཎ་བྱིན་པའི་གྷ་དང་ཎ་ཡིག་ཁྱད་དོན་དབྱི་ཞིང་། ཨཱ་དྲུག་པར་ཨིན་ ཨིཙ་ཞེས་པས། བྱིངས་རྣམས་ཀྱི་ཨུ་པ་དྷཱ་རིང་པོར་བསྒྱུར་ནས། སྔར་བཞིན་སི་ཕྱིས་ཏེ་མུ་ སྦྱར་བས། པྲ་ཡཱ་མྱཾ། པྲ་མཱ་དྱཾ། པྲ་གཱ་དྱཾ་ཞེས་པ་ལྟ་བུའོ། །ཙ་རི་ལས་ཨཱང་ལའང་བླ་མ་མ་ཡིན་ པ་ལའོ་ཞེས་པ་ནི་ཙར་འགྲོ་བའི་བྱིངས་ལས་ཉེར་བསྒྱུར་ཨཱང་ཉེ་བའི་ཚིག་ལའང་བླ་མ་མ་ ཡིན་པའི་དོན་ལ་འཇུག་པ་ན་ཡའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཱང་རྗེས་འབྲེལ་ང་ ཕྱིས་པ་སྔ་མ་ཅན་གྱི་ཙར་ལ། མདོ་འདིས་ཡ་དང་། མཐར་སི་བྱིན་པས། ཨཱ་ཙཪྻཿ(ཀུན་ཏུ་རྒྱུའོ། །) ཞེས་པ་ལྟ་བུའོ། །བླ་མའི་དོན་ལ་འཇུག་པ་ལ་ནི་ཡའི་རྐྱེན་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨཱ་སྔ་མ་ཅན་གྱི་ཙར་ལ། འདི་ཉིད་དུ་རྀའི་ཡི་གེ་དང་གསལ་བྱེད་མཐའ་ལས་ཞེས་པས་སྔར་ 6-1-505 བཞིན་གྷྱཎ་བྱིན་པའི་ཁྱད་དོན་དབྱི་ཞིང་། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་ཙ་རིང་པོར་ བསྒྱུར་ནས་སི་བྱིན་པས། ཨཱ་ཙཱརྱཿ(སློབ་དཔོན། )ཞེས་པ་ལྟ་བུའོ། །དུར་སིང་དུ་ནི་ཉེར་བསྒྱུར་ མེད་པ་ལ་ཙ་རི་ལས་ཡ་འགྱུར་ཏེ་ཨཱང་ལའང་བླ་མ་མ་ཡིན་པ་དག་ལ་ཡ་འགྱུར་རོ་ཞེས་ དཔེར་བརྗོད་དང་བཅས་པའང་གསུངས་སོ། །པཎྱ་ཨ་ཝ་དྱཱ་བཪྻཱ་རྣམས་བཙོང་བྱ་སྨད་བྱ་ འགོག་པ་མེད་པ་རྣམས་ལའོ་ཞེས་པ་ནི་པ་ཎྱ་བཙོང་བྱའི་དོན་དང་། ཨ་ཝ་དྱཱ་སྨད་བྱའི་དོན་ དང་། བརྱ་འགོག་པ་མེད་པ་སྟེ་བགེགས་མེད་པ་རྟོགས་པར་བྱ་བཞིན་པ་རྣམས་ལ་ཡའི་རྐྱེན་ བྱིན་པ་ནི། ནི་པཱ་ཏ་སྟེ་ཚིག་ཕྲད་དུ་གྱུར་པའོ་ཞེས་པའི་དོན་ཏོ། །ཚིག་ཕྲད་དུ་གྱུར་ཚུལ་ནི། དཔེར་ན། པཎ་ཐ་སྙད་ཀྱི་བྱིངས་འདི་གསལ་བྱེད་ཀྱི་མཐའ་ཅན་ཡིན་པས་གྷྱཎའི་རྐྱེན་ཐོབ་ པ་ལ། མདོ་འདིས་ནུས་པས་དེ་བཀག་ནས་ཡའི་རྐྱེན་བྱིན་པའི་ནི་པཱ་ཏའོ་ཞེས་པ་བསྒྱུར་ན་ ཚིག་ཕྲད་དམ། འབའ་ཞིག་པའོ་ཞེས་པའོ། །དེའི་མཐར་སྔར་བཞིན་སི་ཕྱིས་ནས་མུ་བྱིན་པའི་ ཕ་རོལ་དུ་ཏཾ་བུ་ལམ་ཡོད་པ་ལས། པཎྱཾ་ཏཾ་བུ་ལཾ་(ལམ་དུ་འཚོང་། )ཞེས་པ་དང་། ན་ཉའི་གསལ་ བྱེད་ཉ་ཡིག་ཁྱད་དོན་དང་། ནཱ་ལྔ་པར། དེའི་སྐྱེས་བུ་ལ་ཞེས་པས་ན་ཡིག་ཕྱིས་ཏེ་ཨ་ཡིག་ བཞག་པ་སྔ་མ་ཅན་གྱི་ཝད་གསལ་བར་སྨྲ་བའི་བྱིངས་ལ། འདི་ཉིད་མིང་ལས་བད་ལ་ཀྱཔ་ འོ་ཞེས་པས་ཀྱཔ་འི་རྐྱེན་ཐོབ་པ་ལའང་ཡའི་རྐྱེན་བྱིན་པ་ཚིག་ཕྲད་དེ་དེའི་མཐར་ཡང་སྔར་ བཞིན་སི་ཕྱིས་ནས་མུ་བྱིན་པའི་ཕ་རོལ་དུ་པཱ་པཾ་ཡོད་པ་ལས། ཨ་ཝ་དྱཾ་པཱ་པཾ་(གསལ་བོར་མི་སྨྲ་ བའི་སྡིག་པ། )ཞེས་པ་དང་། ཤ་ཏེ་ན་སྔ་མ་ཅན་གྱི་བྲྀཉ་འདམ་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ ལ། འདི་ཉིད་དུ་བྲྀཉ་བྲྀཛུ་ཥི་ཞེས་པས་ཀྱཔའི་རྐྱེན་ཐོབ་པ་ལའང་ཡའི་རྐྱེན་སྦྱིན་པ་ཚིག་ཕྲད་ ཏེ་ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་ཞེས་པས་རྀ་ཡོན་ཏན་བྱས་ནས་བུད་མེད་དུ་སྒྲུབ་པ་ལ་ ཨཱའི་རྐྱེན་སྦྱིན་ཞིང་། སི་བྱིན་པ་ཤྲད་དྷཱ་ལས་ཕྱིས་པའི་ཕ་རོལ་དུ་ཀ་ནྱ་ཡོད་པ་ལ། ཤ་ཏེ་ན་ བཪྻཱ་ཀ་ནྱཱ་(བརྒྱའི་འདམ་ཀའི་བུ་མོ། ) ཞེས་པ་དང་། དེ་བཞིན་དུ་ས་ཧ་སྲེ་ཎ་སྔ་མ་ཅན་གྱི་བྲྀང་ཟ་ 6-1-506 བའི་བྱིངས་ང་རྗེས་འབྲེལ་ཕྱིས་པ་ལ། འདི་ཉིད་དུ་རྀ་ཡིག་དང་གསལ་བྱེད་མཐའ་ལས་ཞེས་ པསགྷྱཎའི་རྐྱེན་ཐོབ་པ་ལའང་ཡའི་རྐྱེན་བྱིན་པ་ཚིག་ཕྲད་དེ། བསྒྲུབ་ཚུལ་གཞན་རྣམས་སྔ་ མ་བཞིན་བྱས་པས། ས་ཧ་སྲེ་ཎ་བཪྻཱ་ཀནྱཱ་(སྟོང་གི་འདམ་ཁ་བྱས་པའི་བུ་མོ་)ཞེས་པ་ལྟ་བུའོ། །འདི་ རྣམས་བཙོང་བྱ་དང་སྨད་བྱ་དང་འགོག་པ་མེད་པ་རྣམས་ལ་མི་འཇུག་པ་ན་ཡའི་རྐྱེན་མི་སྦྱོར་ ཞིང་ཚིག་ཕྲད་དུའང་མི་འགྱུར་ཏེ། དཔེར་ན་པཎ་ལ་འདི་ཉིད་དུ་གསལ་བྱེད་མཐའ་ལས་ཞེས་ པས་གྷྱཎ་ཁྱད་དོན་ཕྱིས་པ་བྱིན་ནས། ཨཱ་དྲུག་པར། ཨིན་ཨིཙ་ཞེས་པས་པའི་དབྱངས་རིང་ པོར་བསྒྱུར་ཞིང་སི་ཕྱིས་ཏེ་མུ་སྦྱར་བས། པཱ་ཎྱཾ་(ཐ་སྙད་དོ། །)ཞེས་པ་དང་། ནཉ་སྔ་མ་ཅན་གྱི་ཝད་ ལ། འདི་ཉིད་དུ་རྀའི་ཡི་གེ་དང་ཞེས་པས་གྷྱཎ་ཁྱད་དོན་ཕྱིས་པ་བྱིན་ནས་ཨཱ་བཞི་པར་སྭ་པི་ ཝ་ཙི་ཡ་ཛ་སོགས་རྣམས་ཀྱི་ཞེས་པས་ཝ་ཡིག་སཾ་པྲ་སཱ་ར་ཎ་བྱས་ཏེ་ཨུ་ཡིག་ཏུ་བསྒྱུར་ལ། ནཱ་ ལྔ་པར། དབྱངས་ལས་ཡི་གེ་བཟློག་པར་བྱའོ་ཞེས་པས་ན་ཉའི་ཁྱད་དོན་ཕྱིས་ཏེ། ནའི་ དབྱངས་ཕྲལ་པ་དེའི་སྔ་མར་བཞག་ཅིང་། སྔར་བཞིན་སི་ཕྱིས་ནས་མུ་བྱིན་པས། ཨ་ནུ་དྱཾ་(མི་ སྨྲ། )ཞེས་པ་དང་། བྲྀཉ་ལ་འདི་ཉིད་དུ་པྲྀཉ་པྲྀཛུ་ཥི་ཞེས་པས་ཀྱཔ་བྱིན་ནས་ཁྱད་དོན་དབྱི་ཞིང་ ཀྲྀཏ་དང་པོར་བྱིངས་ཀྱི་མཐའ་པ་རྗེས་སུ་འབྲེལ་པ་ལ་ཞེས་པས་བྲྀའི་མཐར་ཏ་ཨཱ་ག་མ་སྦྱར་ ཏེ་སི་ཕྱིས་ནས་མུ་བྱིན་པས། བྲྀཏྱཾ་(བདམ་མོ་)ཞེས་པ་དང་། བྲྀང་ལས་སྔར་བཞིན་རྀའི་ཡི་གེ་ དང་ཞེས་པས་གྷྱཎ་བྱིན་ནས་ཁྱད་དོན་དབྱི་ཞིང་། ཨཱ་དྲུག་པར། ཨིན་ཨིཙ་ཞེས་པས་རྀ་ཡིག་ འཕེལ་བར་བྱས་ཏེ། བུད་མེད་དུ་སྒྲུབ་པ་ལ་ཨཱ་བྱིན་ཤྲད་དྷཱ་ལས་སི་ཕྱིས་པས། བཱཪྻཱ་ཞེས་པ་ ལྟ་བུའོ། །བ་ཧྱཾ་བྱེད་པ་ལའོ་ཞེས་པ་ནི། བ་ཧྱཾ་ཞེས་པ་འདི་བྱེད་པའི་དོན་ལ་འཇུག་པ་ན་ཡའི་ རྐྱེན་བྱིན་པས་ཚིག་ཕྲད་དུ་གྱུར་པའོ་ཞེས་པའི་དོན་ཏེ། དཔེར་ན། བཧ་ཐོབ་པའི་བྱིངས་ལ། ཀྲྀཏ་ལྔ་པར་བྱེད་པ་དང་གཞི་དག་ལའང་ཞེས་པས་ཡུཊའི་རྐྱེན་ཐོབ་པ་ལ། འདིར་ཡའི་རྐྱེན་ བྱིན་པ་ནི་ཚིག་ཕྲད་དོ། །དེའི་མཐར་བཞིན་སི་ཕྱིས་ནས་མུ་བྱིན་པའི་ཕ་རོལ་ཏུ་ཤ་ཀ་ཊཾ་ཡོད་ 6-1-507 པ་ལ། བ་ཧྱཾ་ཤ་ཀ་ཊཾ་(ཤིང་རྟ་ལ་ཞོན་ནོ། །)ཞེས་པ་ལྟ་བུའོ། །བྱེད་པའི་དོན་མ་ཡིན་པ་ལ་ནི་ཡའི་ རྐྱེན་མི་སྟེར་ཞིང་ཚིག་ཕྲད་དུ་མི་འགྱུར་ཏེ། དཔེར་ན། བཧ་ལ་སྔར་བཞིན་གྷྱཎ་རྗེས་འབྲེལ་ ཕྱིས་པ་བྱིན་ནས། བ་རིང་པོར་བསྒྱུར་ཞིང་སི་ཕྱིས་ཏེ་མུ་བྱིན་པས། བཱ་ཧྱཾ་(ཕྱི་རོལ་པ། )ཞེས་པ་ལྟ་ བུའོ། །ཨཪྻ་ཇོ་བོ་རྗེ་རིགས་དག་ལའོ་ཞེས་པ་ནི་ཨཪྻ་ཞེས་པ་འདི་ཇོ་བོ་དང་རྗེ་རིགས་དག་ གི་དོན་ལ་འཇུག་པ་ན་ཡའི་རྐྱེན་བྱིན་པས་ཚིག་ཕྲད་དུ་གྱུར་པའོ་ཞེས་པ་སྟེ། དཔེར་ན། རྀ་ འགྲོ་བའི་བྱིངས་ལ། སྔར་བཞིན་རྀའི་ཡི་གེ་དང་ཞེས་པས་གྷྱཎའི་རྐྱེན་ཐོབ་པ་ལ་དེ་བཀག་ ནས་ཡའི་རྐྱེན་བྱིན་པ་ནི་ཚིག་ཕྲད་ཏེ། རྀ་ཡོན་ཏན་བྱས་ནས་མཐར་སི་བྱིན་པའི་ཕ་རོལ་དུ་སྭཱ་ མཱི་དང་བཻ་ཤྱཿཡོད་པ་ལ། ཨཪྻཿ སྭཱ་མཱི། (ཇོ་བོ། )ཨཪྻོ་བཻ་ཤྱཿ(རྗེ་རིགས་སོ། །)ཞེས་པ་ལྟ་བུའོ། །ཇོ་ བོ་དང་རྗེ་རིགས་དག་གི་དོན་མ་ཡིན་པ་ལ་ནི་ཡའི་རྐྱེན་མི་སྦྱོར་ཞིང་ཚིག་ཕྲད་དུའང་མི་ འགྱུར་ཏེ། དཔེར་ན། རྀ་ལ། སྔར་བཞིན་གྷྱཎ་རྗེས་འབྲེལ་ཕྱིས་པ་བྱིན་ནས། རྀ་འཕེལ་བ་ བྱས་ཏེ་མཐར་སི་བྱིན་པས། ཨཱཪྻཿ(འཕགས་པ། )ཞེས་པ་ལྟ་བུའོ། །ཨུ་པ་སཪྻཱ་སྐྱེད་པའི་དུས་ ལྡན་མའོ་ཞེས་པ་ནི་ཨུ་པ་སཪྻཱ་ཞེས་པའི་སྒྲ་འདི་མངལ་བཟུང་བ་གང་སྐྱེད་པའི་དུས་ལ་བབ་ པ་བརྗོད་པར་གྱུར་པ་ན་ཡའི་རྐྱེན་བྱིན་པས་ཚིག་ཕྲད་དུ་གྱུར་པའོ་ཞེས་པ་སྟེ། དཔེར་ན། ཨུ་ པ་སྔ་མ་ཅན་གྱི་སྲྀ་འགྲོ་བའི་བྱིངས་ལ། སྔར་བཞིན་གྷྱཎའི་རྐྱེན་ཐོབ་པ་ལ། དེ་བཀག་ནས། ཡའི་རྐྱེན་བྱིན་པ་ནི་ཚིག་ཕྲད་ཏེ། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་རྀ་ཡོན་ཏན་ བྱས་བས། བུད་མེད་སྒྲུབ་པ་ལ་ཨཱའི་རྐྱེན་བྱིན་ཏེ་སི་བྱིན་པ་ཤྲད་དྷཱ་ལས་ཕྱིས་པའི་ཕ་རོལ་ན་ གཽཿཡོད་པ་ལས། ཨུ་པ་སཪྻཱ་གཽཿ(བེའུ་སྐྱེ་རུ་ཉེ་བའི་བ། )ཞེས་པ་ལྟ་བུའོ། །བསྐྱེད་པའི་དུས་ལ་བབས་ པ་བརྗོད་པ་མ་ཡིན་པ་ལ་ནི་ཡའི་རྐྱེན་མི་སྦྱོར་ཞིང་ཚིག་ཕྲད་དུ་མི་འགྱུར་ཏེ། དཔེར་ན། ཨུ་པ་ སྲྀ་ལ་སྔར་བཞིན་གྷྱཎ་བྱིན་ནས་རྀ་འཕེལ་བ་བྱས་ཏེ་བུད་མེད་དུ་བསྒྲུབས་ཤིང་སི་ཕྱིས་པའི་ ཕ་རོལ་ན། ཤ་ར་དི་ཝཱ་ར་ཎ་ཡོད་པ་ལས་ཨུ་པ་སཱཪྻཱ་ཤ་ར་དི་ཝཱ་ར་ཎ་ཞེས་པ་ལྟ་བུའོ། །ཨ་ 6-1-508 ཛཪྻ་ཡང་དག་པར་སོང་བ་ལའང་ངོ་ཞེས་པ་ནི་ཨ་ཛཪྻ་ཞེས་པའི་སྒྲ་འདི་ཡང་དག་པར་སོང་ བ་པོའི་བྱིངས་དོན། ཡང་དག་པར་སོང་བ་བྱེད་པོར་གྱུར་པ་ན་ཡའི་རྐྱེན་བྱིན་པས་ཚིག་ཕྲད་ དུ་གྱུར་པའོ་ཞེས་པ་སྟེ། དཔེར་ན། ནཉ་སྔ་མ་ཅན་གྱི་ཛྼིཥ་ལང་ཚོ་ཉམས་པའི་བྱིངས་ཥ་རྗེས་ འབྲེལ་ཕྱིས་པ་ལ། འདི་ཉིད་དུ་བུན་ཏྲྀ་ཙ་དག་གོ་ཞེས་པ་ལ་སོགས་པས། བུཎ་ལ་སོགས་པ་ ཐོབ་པ་ལ། དེ་བཀག་ནས་ཡའི་རྐྱེན་བྱིན་པ་ནི་ཚིག་ཕྲད་སྟེ་སྔར་བཞིན་རྀ་ཡོན་ཏན་བྱས་ནས། སི་ཕྱིས་ཏེ་མུ་བྱིན་ནས། ནཱ་ལྔ་པར་དེའི་སྐྱེས་བུ་ལ་ན་དབྱིའོ་ཞེས་པས་ན་ཉའི་ན་དང་ཉ་སྔར་ བཞིན་ཕྱིས་ཏེ་དབྱངས་བཞག་པའི་ཕ་རོལ་ན། ཨཱརྱཱ་སཾ་ག་ཏཾ་ཡོད་པ་ལས། ཨ་ཛཪྻཱ་མཱཪྻཱ་སཾ་ ག་ཏཾ་(ཡང་དག་པར་འཕགས་ཏེ་སོང་བ། )ཞེས་པ་ལྟ་བུའོ། །ཡང་དག་པར་སོང་བ་མ་ཡིན་པ་ལ་ནི་ཡའི་ རྐྱེན་མི་སྦྱོར་ཞིང་ཚིག་ཕྲད་དུ་མི་འགྱུར་ཏེ། དཔེར་ན། ཨཛྼི་ལ་འདི་ཉིད་དུ་བུཎ་ཏྲྀ་ཙ་དག་གོ་ ཞེས་པས་ཏྲྀ་ཙ་དང་། ཨ་བདུན་པར་བྱིངས་ཐམས་ཅད་པ་མིན་པ་ཞེས་པས་བར་དུ་ཨིཊ་བྱིན་ པ། ཁྱད་དོན་དག་དབྱི་ཞིང་། སྔར་བཞིན་རྀ་ཡོན་ཏན་བྱས་ནས་མཐར་སི་བྱིན་པ་ན། ནཱ་དང་ པོར་སི་ལ་ཨཱ་སྟེ་དབྱི་བའང་ངོ་ཞེས་པས། ཏྲྀའི་རྀ་ཡིག་ཨཱ་རུ་བསྒྱུར་ནས་སི་ཕྱིས་པའི་ཕ་རོལ་ ན་ཀཾ་བ་ལཿ ཡོད་པ་ལས། ཨ་ཛ་རི་ཏཱ་ཀཾ་པ་ལཿཞེས་པ་ལྟ་བུའོ། །མིང་ལ་ཝད་ལས་ཀྱཔ་འང་ ངོ་ཞེས་པ་ལ་སློབ་ཕན་དུ། ཉེར་བསྒྱུར་མེད་པ་ལ་ཞེས་པ་འདིར་འཇུག་སྟེ་མདོ་ཕྱི་མ་རྣམས་ ལའང་ངོ་ཞེས་གསུངས་པ་ལྟར། མིང་ཉེ་བའི་ཚིག་ལ། ཉེར་བསྒྱུར་མེད་པའི་ཝད་ལས་ཕ་ རོལ་ཏུ་ཡའི་རྐྱེན་སྦྱིན་པར་འགྱུར་ཞིང་། དེར་མ་ཟད་ཀྱཔ྄་ཞེས་པའི་རྐྱེན་འདིའང་སྦྱིན་པར་ འགྱུར་ཏེ། དུར་སིང་དུའང་། འང་གི་སྒྲ་ལས་ཡའི་རྐྱེན་ཡང་འཇུག་པར་གསུངས་སོ། །དཔེར་ ན། མིང་ས་ཏྱ་སྔ་མ་ཅན་གྱི་ཝད་ལ་མདོ་འདིས་ཡ་བྱིན་ནས། སྔར་བཞིན་སི་ཕྱིས་ནས་མུ་སྦྱར་ བས། ས་ཏྱ་ཝ་དྱཾ་(བདེན་པར་སྨྲའོ། །)ཞེས་པ་དང་། ཀྱཔ་བྱིན་ནས་ཀ་དང་པ་ཁྱད་དོན་དབྱི་བ་ནི་ འོག་མ་རྣམས་ལའང་ཤེས་པར་བྱ་ཞིང་། ཨཱ་བཞི་པར་སྭ་པི་ཝ་ཙི་ཡ་ཛ་སོགས་ཞེས་པས་ཝ་ 6-1-509 ཡིག་ཨུ་རུ་བསྒྱུར་བའི་སཾ་པྲ་སཱ་ར་ཎ་བྱས་ཏེ་མཚམས་སྦྱར་ནས། སི་ཕྱིས་ཏེ་མུ་བྱིན་པས། ས་ ཏྱོ་དྱཾ་ཞེས་པ་ལྟ་བུའོ། །མིང་ཉེ་བའི་ཚིག་མེད་པ་དང་། ཉེར་བསྒྱུར་སྔ་མར་ཡོད་པ་ལ་ནི་རྐྱེན་ དེ་དག་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཝད་རྐྱང་པ་དང་། པྲ་སྔ་མ་ཅན་གྱི་ཝད་ལ། སྔར་ བཞིན་གྷྱཎ་རྗེས་འབྲེལ་ཕྱིས་པ་བྱིན་ནས། ཨུ་པ་དྷཱ་རིང་པོར་བསྒྱུར་ཞིང་སི་ཕྱིས་ཏེ་མུ་སྦྱར་ བས། ཝཱ་དྱཾ། (རོལ་མོའོ། །) པྲ་ཝཱ་དྱཾ་(མཆོག་སྨྲའོ། །)ཞེས་པ་ལྟ་བུའོ། །བྷཱུ་ལས་དངོས་པོ་ལའོ་ཞེས་པ་ ནི་མིང་ཉེ་བའི་ཚིག་ཉེར་བསྒྱུར་མེད་པར་གྱུར་པ་ན། བྷཱུ་ཡོད་པའི་བྱིངས་ལས་དངོས་པོའི་ དོན་འཇུག་པ་ལ་ཀྱཔའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། མིང་བྲཧྨ་དང་། དེ་ཝ་སྔ་མ་ཅན་ གྱི་བྷཱུ་ལ། མདོ་འདིས་ཀྱཔ་བྱིན་ནས། སྔར་བཞིན་ཁྱད་དོན་དང་། སི་ཕྱིས་ཏེ་མུ་བྱིན་པའི་ཕ་ རོལ་ན་ག་ཏཿཡོད་པ་ལས་བྲཧྨ་བྷཱུ་ཡཾ་ག་ཏཿ(ཚངས་པ་བྱུང་ནས་སོང་ངོ་། །) དེ་ཝ་བྷཱུ་ཡཾ་ག་ཏཿ(ལྷ་བྱུང་ནས་ སོང་ངོ་། །) ཞེས་པ་ལྟ་བུའོ། །མིང་ཉེ་བའི་ཚིག་མེད་པ་དང་། ཉེར་བསྒྱུར་སྔ་མར་ཡོད་པ་ལ་ནི་ ཀྱཔ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྷཱུ་རྐྱང་པ་དང་བྲ་སྔ་མ་ཅན་གྱི་བྷཱུ་ལ། འདི་ཉིད་དུ་ དབྱངས་ལས་ཡའོ་ཞེས་པས་ཡའི་རྐྱེན་བྱིན་ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་ པས་བྷཱུའི་དབྱངས་ཨོ་རུ་བསྒྱུར་བ། ཀྲྀཏ་དང་པོར་ཨོཏ་ཨཽཏ་དག་ལས་ཡ་དབྱངས་བཞིན་ནོ་ ཞེས་པས། ཨ་ཝ་རུ་བསྒྱུར་ཏེ་སི་ཕྱིས་ནས་མུ་བྱིན་པས་བྷཝྱཾ་(བྱུང་ངོ་། །) པྲ་བྷཝྱཾ་(རབ་ཏུ་བྱུང་ངོ་། །) ཞེས་པ་ལྟ་བུའོ། །ཧནྟིའི་ཏའོ་འང་ངོ་ཞེས་པ་ནི་མིང་ཉེ་བའི་ཚིག་ཉེར་བསྒྱུར་མེད་པར་གྱུར་པ་ ན། ཧན་འཚེ་བའི་བྱིངས་ལས་དངོས་པོའི་དོན་ལ་ཀྱཔའི་རྐྱེན་སྦྱིན་པར་འགྱུར་ཞིང་། དེའི་ན་ ཡིག་ནི་ཏ་ཡིག་དུའང་འགྱུར་ཏེ། དཔེར་ན། མིང་བྲཧྨ་དང་ཤྭ་ཉེ་བའི་ཚིག་སྔ་མ་ཅན་གྱི་ཧན་ ལ་མདོ་འདིས་ཀྱཔ་བྱིན་ནས། ན་ཡིག་ཏ་རུ་བསྒྱུར་ཞིང་། སྔར་བཞིན་བུད་མེད་དུ་བསྒྲུབ་པ་ ལ་ཨཱའི་རྐྱེན་བྱིན་ཏེ། ཤྲད་དྷཱ་ལས་སི་ཕྱིས་པས། བྲཧྨ་ཧ་ཏྱཱ་(ཚངས་པ་བཅོམ)། ཤྭ་ཧ་ཏྱཱ་(ཁྱི་བཅོམ། ) ཞེས་པ་ལྟ་བུའོ། །མིང་ཉེ་བའི་ཚིག་མེད་པ་དང་། ཉེར་བསྒྱུར་སྔ་མར་ཡོད་པ་ལ་ནི་ཀྱཔ་སྦྱིན་ 6-1-510 པར་མི་འགྱུར་ཏེ། དཔེར་ན། ཧན་རྐྱང་པ་དང་། ཨུ་པ་སྔ་མ་ཅན་གྱི་ཧན་ལ། ཀྲྀཏ་སྔ་པར་ དངོས་པོ་ལའང་ངོ་ཞེས་པས་གྷཉ་བྱིན་ནས་གསལ་བྱེད་ཁྱད་དོན་དབྱི་ཞིང་དབྱངས་བཞག་ ལ། ཀྲྀཏ་དང་པོར་ཧན་ཏའི་ཏའོ། །ཞེས་པས་ན་ཡིག་ཏ་དང་། ཨཱ་དྲུག་པར་ཧན་ཏིའི་ཧའི་ཞེས་ པས་ཧ་ཡིག་གྷ་དང་། ཨིན་ཨིཙ་ཞེས་པས་གྷ་རིང་པོར་བསྒྱུར་ཏེ་སི་བྱིན་པས། གྷཱ་ཏཿ(བསྣུན་ ནོ། །)ཨུ་པ་གྷཱ་ཏཿ(ཉེ་བར་བསྣུན་ནོ། །) ཞེས་པ་ལྟ་བུའོ། །བྲྀཉ། དྲྀ། ཛུ་ཥི། ཨིཎ། ཤཱ་སུ། སྟུ། གུཧ་ རྣམས་ཀྱི་ཀྱཔ་འོ་ཞེས་པ་ནི་བྲྀཉ་འདམ་པ་དང་། དྲྀང་མ་གུས་པ་དང་། ཛུ་ཥི་དགའ་བ་དང་། ཨིཎ་འགྲོ་བ་དང་། ཤཱ་སུ་རྗེས་སུ་སྟོན་པ་དང་། ཥྚཱཉ་བསྟོད་པ་དང་། གུ་ཧུ་སྦེད་པའི་བྱིངས་ འདི་རྣམས་ཀྱི་མཐར་ཀྱཔ་འི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཉ་དང་ ང་དང་ཨི་དང་ཎ་དང་ཨུ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀྱཔ་བྱིན་ནས། ཀྲྀཏ་དང་པོར་ བྱིངས་ཀྱི་མཐའ་པ་རྗེས་སུ་འབྲེལ་པ་ལ་ཞེས་པས་བྱིངས་དབྱངས་མཐའ་ཅན་རྣམས་ཀྱི་ མཐར་ཏ་ཨཱ་ག་མ་དབྱངས་མེད་པ་སྦྱིན་ཞིང་། ཁྱད་པར་ཏྲྀའི་སྔོན་དུ་ཉེར་བསྒྱུར་ཨཱང་རྗེས་ འབྲེལ་ཕྱིས་པ་བཞག་སྟེ། ཐམས་ཅད་ཀྱི་མཐར་སི་བྱིན་པས། བྲྀ་ཏྱཿ (འདམ་མོ། །)ཨཱ་དྲྀ་ཏྱཿ(མི་ གུས་སོ། །) ཛུ་ཥྱཿ(དགའོ། །) ཨི་ཏྱཿ(འགྲོ་འོ། །ཞེས་པ་དང་། )གཞན་རྣམས་འདྲ་བ་ལ། ཨཱ་བཞི་པར། ཤཱ་ སིའི། ཨུ་པ་དྷཱའི་ཞེས་པས་ཤཱས་ཀྱི་ཤཱའི་དབྱངས་ཨི་རུ་བསྒྱུར་བ་ན་རྒྱུ་མཚན་ལས་ས་ཡིག་ཥ་ རུ་འགྱུར་བས། ཤིཥྱཿ(སློབ་བོ། །)ཞེས་པ་དང་། ཨཱ་བརྒྱད་པར་བྱིངས་ཀྱི་དང་པོའི་ཞེས་པས་ཥྚུའི་ ཥ་ཡིག་ས་དང་། པ་རི་བྷཱ་ཥར་རྒྱུ་མཚན་མེད་པར་ཞེས་པས་ཊའང་ཏ་རུ་བསྒྱུར་བས། སྟུཏྱཿ (བསྟོད་དོ། །)ཞེས་པ་དང་། གུ་ཧ་ལས་སྔར་བཞིན་བསྒྲུབས་པས་གུ་ཧྱཿ (གསང་ངོ་། །)ཞེས་པ་ལྟ་ བུའོ། །ཀླྀ་པི་ཙྼིཏི་མིན་པའི་རྀཏ་ཨུ་པ་དྷཱ་ལས་ཀྱང་ངོ་ཞེས་པ་ནི། ཀླྀ་པུ་ནུས་པ་དང་། ཙྼིཏི་ འཕེལ་བའི་བྱིངས་འདི་དག་མ་ཡིན་པའི་རྀ་ཡིག་ཨུ་པ་དྷཱ་ཅན་གྱི་བྱིངས་རྣམས་ལས་ཀྱང་ཕ་ རོལ་ཏུ་ཀྱཔའི་རྐྱེན་སྦྱིན་པར་འགྱུར་ཏེ། ཏ་ཡིག་ནི་གཞན་སེལ་བའི་དོན་ཏོ། །དཔེར་ན། བྲྀ་ 6-1-511 ཏུ་འཇུག་པ་དང་། བྲྀདྷུ་འཕེལ་བའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་སྔར་བཞིན་ ཀྱཔ་བྱིན་ནས། སི་ཕྱིས་ཏེ་མུ་སྦྱར་བས། བྲྀ་ཏྱཾ། (འདུག་གོ)བྲྀདྷྱཾ་(འཕེལ་ལོ། །)ཞེས་པ་ལྟ་བུའོ། ། ཀླྀ་པུ་ཙྼིཏི་ཡིན་ན་ནི་ཀྱཔའི་རྐྱེན་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྱིངས་དེ་དག་གི་ཨུ་དང་ ཨི་རྗེས་འབྲེལ་ཕྱིས་པ་ལ། འདི་ཉིད་དུ་ཤ་ཀི་ས་ཧི་པ་སྡེ་ཞེས་པས་ཀླྀ་པ་ལ་ཡའི་རྐྱེན་དང་། རྀའི་ཡི་གེ་དང་། གསལ་བྱེད་མཐའ་ལས་ཞེས་པས། ཙྼིཏ་ལ་གྷྱཎ་ཁྱད་དོན་ཕྱིས་པ་བྱིན་ ནས། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིའང་ཞེས་པས་ལྀ་དང་རྀ་ཡོན་ཏན་བྱས་ཏེ། སྔར་བཞིན། སི་ ཕྱིས་ནས་མུ་བྱིན་པས། ཀལྤྱཱཾ་(ནུས་སོ། །)ཙརྟྱཾ་(འཕེལ་ལོ། །)ཞེས་པ་ལྟ་བུའོ། །བྷྲྀཉ་ལས་མིང་མ་ ཡིན་པ་ལའོ་ཞེས་པ་ནི་བྷ྄ིཉ་གང་བའི་བྱིངས་འདི་ལས་མིང་མ་ཡིན་པའི་ཡུལ་ལ་ཀྱཔའི་རྐྱེན་ སྦྱིན་པར་འགྱུར་ཏེ། དཔེར་ན། ཉ་རྗེས་འབྲེལ་ཕྱིས་པའི་བྷྲྀ་ལ་མདོ་འདིས་སྔར་བཞིན་ཀྱཔ་ དང་། བྱིངས་མཐར་ཏ་ཨཱ་ག་མ་དང་མཐར་སི་བྱིན་པས། བྷྲྀ་ཏྱཿ(ཁུར་པོའོ། །) ཞེས་པ་ལྟ་བུའོ། ། མིང་གི་ཡུལ་ལ་ནི་ཀྱཔ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། སྔར་བཞིན་གྷྱཎ་བྱིན་ནས་རྀ་ འཕེལ་བར་བྱས་ཏེ་བུད་མེད་དུ་སྒྲུབ་པ་ལ་ཨཱ་སྦྱིན་ཞིང་སི་བྱིན་པ་ཤྲད་དྷཱ་ལ་ཕྱིས་པའི་ཕ་རོལ་ ཏུ་མིང་གི་ཁྱད་པར་ནཱ་མ་ཀྵཏྟྲིཡཱཿདང་། བ་དྷཱུཿཡོད་པ་ལས། བྷཱཪྻཱ་ནཱ་མཀྵཏྟྲིཡཱཿ(ཆུང་མའི་མིང་རྒྱལ་ རིགས། ) བྷཱཪྻཱ་བ་དྷཱུཿ(ཆུང་མ་དང་མནའ་མའོ། །) ཞེས་པ་ལྟ་བུའོ། །ཨ་པི་པྲ་ཏི་དག་ལ་གྲ་ཧ་ལས་ཡང་ ནའོ་ཞེས་པ་ནི་ཨ་པི་དང་པྲ་ཏི་དག་ལས་ཕ་རོལ་གྱི་གྲཏ་འཛིན་པའི་བྱིངས་ལས་ཕ་རོལ་ཏུ་ ཀྱཔ་ཡང་ན་སྦྱིན་པར་འགྱུར་ཞིང་ཡང་ན་མི་འགྱུར་ཏེ། དཔེར་ན། ཨ་པི་དང་པྲ་ཏི་སྔ་མ་ཅན་ གྱི་གྲཧ་ལ། མདོ་འདིས་ཡང་ན་སྔར་བཞིན་ཀྱཔ་བྱིན་ནས། ཨཱ་བཞི་པར་གྲ་ཧི་ཛྱཱ་བ་ཧི་ཞེས་ པས་གྲའི་ར་ཡིག་རྀ་རུ་བསྒྱུར་བའི་སཾ་པྲ་སཱ་ར་ཎ་བྱས་ཏེ། སི་ཕྱིས་ནས་མུ་བྱིན་པས། ཨ་པི་གྲྀ་ ཧྱཾ། པྲ་ཏི་གྲྀ་ཧྱཾ་ཞེས་པ་དང་། ཡང་ན་འདི་ཉིད་དུ་རྀའི་ཡི་གེ་དང་གསལ་བྱེད་མཐའ་ལས་ཞེས་ པས་གྷྱཎ་བྱིན་ནས། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་གྲའི་དབྱངས་རིང་པོར་བསྒྱུར་ཏེ། སི་ 6-1-512 ཕྱིས་ནས་མུ་བྱིན་པས། ཨ་པི་གྲཱ་ཧྱཾ། པྲ་ཏི་གྲཱ་ཧྱཾ་ཞེས་པ་ལྟ་བུའོ། །ཚིག་དང་ཕྱོགས་དག་ ལའང་ངོ་ཞེས་པ་ནི། ཚིག་དང་ཕྱོགས་ཀྱི་དོན་ལའང་གྲ་ཧ་ལས་ཕ་རོལ་ཏུ་ཀྱཔ་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་གྲ་ཧ་ལ་མདོ་འདིས་སྔར་བཞིན་ཀྱཔ་བྱིན་ནས་གྲའི་ར་ ཡིག་སཾ་པྲ་སཱ་ར་ཎ་བྱས་ཏེ་སི་ཕྱིས་ནས་མུ་བྱིན་པའི་ཕ་རོལ་ལ་ན་བ་དམ་ཡོད་པ་ལས། པྲ་གྲྀ་ ཧྱཾ་བ་དཾ་(ཚིག་གོ། )ཞེས་པ་དང་། བ་སུ་དེ་བ་སྔ་མ་ཅན་གྱི་གྲ་ཧ་ལའང་གཞན་སྔར་དང་འདྲ་བ་ ལའང་མཐར་སི་བྱིན་པས། བ་སུ་དེ་ཝ་གྲྀ་ཧྱཿ(ནོར་ལྷའི་ཁྱིམ། ) ཞེས་པ་ལྟ་བུའོ། །འང་གི་སྒྲ་ལས་ རང་དབང་མེད་པའི་དོན་ལའང་ཀྱཔ་རྐྱེན་དུ་འགྱུར་ཏེ། དཔེར་ན། གྲཧ་ལ་ཀྱཔ་བྱིན་ནས་སཾ་ པྲ་སཱ་ར་ཎ་བྱས་ཏེ་སི་བྱིན་པས། གྲྀ་ཧྱཿགཞན་དབང་ཞེས་པའི་དོན་ཏོ། །ཕྱི་རོལ་གྱི་དོན་ ལའང་ཀྱཔ་རྐྱེན་དུ་འགྱུར་ཏེ། དཔེར་ན། གྲཱ་མ་སྔ་མ་ཅན་གྱི་གྲ་ཧ་ལ་ཀྱཔ་བྱིན་ནས་སཾ་པྲ་སཱ་ ར་ཎ་བྱས་ཏེ། བུད་མེད་དུ་བསྒྲུབས་ནས་ཤྲད་དྷཱ་ལས་སི་ཕྱིས་པའི་ཕ་རོལ་དུ་སེ་ན་ཡོད་པ་ ལས། གྲཱ་མ་གྲྀ་ཧྱ་སེ་ན་ཞེས་པ་ལྟ་བུའོ། །བི་ལ་ནཱི་པཱུང་དག་ལས་སྙིགས་མ་རྩྭ་མུཉྫ་དག་ལའོ་ ཞེས་པ་ནི་བིའི་སྒྲ་ཉེ་བའི་ཚིག་ལ་ནཱིཉ་འདྲེན་པ་དང་། པཱུང་དག་བྱེད་ཀྱི་བྱིངས་འདི་དག་ལས་ རིམ་པ་ལྟར་སྙིགས་མ་དང་རྩྭ་མུཉྫའི་དོན་དག་ལ་འཇུག་པན་ཀྱཔ་འི་སྦྱིན་པར་འགྱུར་ཏེ། དཔེར་ན། ནཱིཉ་དང་པཱུང་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀྱཔ་བྱིན་ནས་ཁྱད་དོན་དབྱི་ ཞིང་སི་བྱིན་པས། བི་ནཱི་ཡཿ བི་པཱུ་ཡཿཞེས་པ་ལྟ་བུའོ། །བི་ཉེ་བའི་ཚིག་ཡོད་ཀྱང་སྙིགས་མ་ དང་རྩྭ་མུཉྫའི་དོན་མ་ཡིན་ན་ཀྱབ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བི་སྔ་མ་ཅན་གྱི་ནཱི་དང་ པཱུ་ལ། འདི་ཉིད་དུ་དབྱངས་ལ་ཡའོ་ཞེས་པས་ཡའི་རྐྱེན་བྱིན་ནས། ཨཱ་ལྔ་པར་ནཱ་མི་མཐའི་ བྱིངས་དང་ཞེས་པས་གཉིས་ཀ་ཡོན་ཏན་བྱས་པ་ན། ཀྲྀཏ་དང་པོར་ཨོཏ་ཨཽཏ་དག་ལས་ཞེས་ པས་ཨོ་ནི་ཨཝ་རུ་བསྒྱུར་ཞིང་། སྔར་བཞིན་སི་ཕྱིས་ནས་མུ་བྱིན་པས། བི་ནེ་ཡཾ། བི་པ་ཝྱཾ་ ཞེས་པ་ལྟ་བུའོ། །ཀྲྀ་བྲ་ཥྀ་མྲྀ་ཛ་རྣམས་ཀྱི་ཡང་ནའོ་ཞེས་པ་ནི་ཌུ་ཀྲྀ་ཉ་བྱེད་པ་དང་། བྲྀ་ཥུ་ 6-1-513 བསྟེན་པ་དང་། མྲྀ་ཛུ་དག་པའི་བྱིངས་འདི་རྣམས་ཀྱི་ཕ་རོལ་དུ་ཀྱཔ་འི་རྐྱེན་ཡང་ན་སྦྱིན་པར་ འགྱུར་ཞིང་། ཡང་ན་མི་འགྱུར་ཏེ། དཔེར་ན། དེ་རྣམས་ཀྱི་ཌུ་དང་ཉ་དང་ཨུ་ཡིག་རྗེས་འབྲེལ་ རྣམས་ཕྱིས་པ་ལ། མདོ་འདིས་ཀྱཔ་བྱིན་ནས་ཀྲྀཏ་དང་པོར་བྱིངས་ཀྱི་མཐར་པ་རྗེས་སུ་ འབྲེལ་པ་ལ་ཞེས་པས་ཀྲྀ་ལ་ཏ་ཨཱ་ག་མ་སྦྱིན་ཞིང་སྔར་བཞིན་སི་ཕྱིས་ཏེ་མུ་བྱིན་པས། ཀྲྀ་ ཏྱཾ། (བྱེད་དོ། །) པྲྀ་ཥྱཾ། (བསྟེན་ནོ། །) མྲྀ་ཛྱཾ་(དག་གོ་)ཞེས་པ་དང་། ཡང་ན་ཀྱཔ་མི་སྟེར་པར། འདི་ཉིད་ དུ་རྀའི་ཡི་གེ་དང་གསལ་བྱེད་མཐའ་ལས་ཞེས་པས་གྷྱཎ་བྱིན་ནས། ཨཱ་དྲུག་པར་ཨིན་ཨིཙ་ ཞེས་པས་ཀྲྀའི་རྀ་ཡིག་འཕེལ་བ་བྱ་ཞིང་། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའི་འང་ཞེས་པས་བྲྀ་དང་མྲྀ་ ཡོན་ཏན་བྱས་པ་ན། ཨཱ་བརྒྱད་པར་མཪྫའི་མཱཪྫའི་ཞེས་པས་མརྫ་ནི་མཪྫའི་རུ་བསྒྱུར་བའི་ཨི་ རྗེས་འབྲེལ་ཕྱིས་ཏེ། ཀྲྀཏ་དྲུག་པར་ཙ་ཛ་དག་གི་དྷུཊ་གྷ་རྗེས་སུ་འབྲེལ་པ་ལ་ཞེས་པས་ཛ་ ཡིག་ཀྱང་ག་རུ་བསྒྱུར་ནས། སི་ཕྱིས་ཏེ་མུ་བྱིན་པས། ཀཱཪྻཾ། བཪྵྱཾ། མཱྀརྒྱཱཾ་ཞེས་པ་ལྟ་བུའོ། ། སཱུཪྻ་རུ་ཙྱ་ཨ་བྱ་ཐྱ་རྣམས་བྱེད་པ་པོའི་འོ་ཞེས་པ་སཱུཪྻ་དང་རུཙྱ་དང་ཨ་བྱ་ཐྱ་ཞེས་པ་འདི་ རྣམས་ལ་ཀྱཔ་རྐྱེན་དུ་གྱུར་པ་ནི་བྱེད་པ་པོའི་དོན་ལ་ཚིག་ཕྲད་དུ་གྱུར་པའོ་ཞེས་པ་སྟེ། དཔེར་ ན། ཚིག་ཕྲད་དུ་འགྱུར་ཚུལ་ནི། སྲྀ་འགྲོ་བ་དང་། རུཙ་གསལ་བ་དང་། ནཉ་སྔ་མ་ཅན་གྱི་བྱ་ ཐྱ་འཇིགས་པའི་བྱིངས་རྣམས་ཀྱི་མཐར། རྀའི་ཡི་གེ་དང་གསལ་བྱེད་མཐའ་ལས་ཞེས་པས་ གྷྱཎ་སོགས་ཀྱི་རྐྱེན་ཐོབ་པ་ལ་དེ་བཀག་ནས་ཀྱཔ་བྱིན་པས་བྱེད་པ་པོའི་དོན་ལ་ཚིག་ཕྲད་དུ་ གྱུར་པའོ། །དེའང་མདོ་འདིས་བྱ་བ་ཐོབ་པ་མ་ཡིན་པ་སྲའི་རྀ་ནི་ཨཱུར་དུ་བསྒྱུར་ཞིང་། ནཱ་ལྔ་ པར་དེའི་སྐྱེས་བུ་ལ་ཞེས་པས་ནཉའི་ཉ་ཁྱད་དོན་དང་ན་ཕྱིས་ཏེ། དེའི་དབྱངས་བཞག་ནས། མཐར་སི་བྱིན་པས། སཱུཪྻཿ(ཉི་མའོ། །) རུ་ཙྱཿ ཨ་བྱ་ཐྱཿཞེས་པ་ལྟ་བུའོ། །བྷི་དྱ་ཨུད་དྷྱ་དག་ཆུ་ བོ་ལའོ་ཞེས་པ་བྷི་དྱ་དང་ཨུད་དྷྱའི་འདི་དག་ཀྱཔ་རྐྱེན་དུ་གྱུར་པ་ནི་ཆུ་བོ་ལ་བྱེད་པ་པོ་རྟོགས་ པར་བྱ་བཞིན་པས་ཚིག་ཕྲད་དུ་གྱུར་པའོ་ཞེས་པ་སྟེ། དཔེར་ན། བྷི་དིར་འཇོམས་པ་དང་། 6-1-514 ཨུཛྫྷ་འཕེལ་བའི་བྱིངས་ཨིར་རྗེས་འབྲེལ་ཕྱིས་པ་ལ། འཆད་འགྱུར་གྷྱཎ་ལ་སོགས་པའི་ རྐྱེན་ཐོབ་ནའང་། དེ་བཀག་ནས་ཀྱཔ་བྱིན་པས་དོན་དེ་དག་ལ་ཚིག་ཕྲད་དུ་གྱུར་པ་ཡིན་ལ། དེའང་མདོ་འདིས་བྱ་བ་ཐོབ་པ་མིན་པ་ཛ་ཡིག་ད་དང་། ཛྷ་ཡིག་དྷ་རུ་བསྒྱུར་ནས། སི་བྱིན་ པས། བྷི་དྱཿ ཨུད་དྷྱཿཞེས་པ་ལྟ་བུའོ། །ཆུ་བོ་ལ་བྱེད་པ་པོ་རྟོགས་པར་བྱ་བཞིན་པ་མ་ཡིན་པ་ ལ་ནི་ཀྱཔ་མི་སྟེར་ཞིང་ཚིག་ཕྲད་དུ་མི་འགྱུར་ཏེ། དཔེར་ན། ཨུཛྫྷ་ལ། འདི་ཉིད་དུ་བུཎ་ཏྲྀ་ཙ་ ཞེས་པས་མཐར་ཏྲྀ་ཙ་དང་། ཨཱ་བདུན་པར་བྱིངས་ཐམས་ཅད་པ་མིན་པ་ཞེས་པས། བར་དུ་ ཨིཊ་བྱིན་ནས་ཁྱད་དོན་དབྱི་ཞིང་། སི་བྱིན་པ་ན་སྔར་བཞིན་ཏྲྀའི་རྀ་ཡིག་ཨཱ་རུ་བསྒྱུར་ཏེ་སི་ ཕྱིས་པ། ཨུཛྫྷི་ཏཱ་ཞེས་པ་ལྟ་བུའོ། །པུ་ཥྱ་སི་དྷྱ་དག་རྒྱུ་སྐར་ལའོ་ཞེས་པ་པུ་ཥྱ་དང་སིདྷྱ་འདི་ དག་ལ་ཀྱཔ་རྐྱེན་དུ་གྱུར་པ་ནི་རྒྱུ་སྐར་གྱི་དོན་ལ་ཚིག་ཕྲད་དུ་གྱུར་པའོ་ཞེས་པ་སྟེ། དཔེར་ན། པུ་ཥ་རྒྱས་པ་དང་ཥི་དྷུ་གྲུབ་པའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་ལྔ་པར་བྱེད་པ་དང་ གཞི་དག་ལའོ་ཞེས་པས་ཡུཊ་འི་རྐྱེན་ཐོབ་ནའང་། དེ་བཀག་ནས་ཀྱཔ་བྱིན་པས་དོན་དེ་དག་ ལ་ཚིག་ཕྲད་དུ་གྱུར་པ་ཡིན་ལ། ཨཱ་བརྒྱད་པར་བྱིངས་ཀྱི་དང་པོའོ་ཞེས་པས་ཥ་ཡིག་ས་རུ་ བསྒྱུར་ནས་མཐར་སི་བྱིན་པས། པུ་ཥྱཿ(རྒྱལ། ) སི་དྷྱཿ(རྒྱལ་)ཞེས་པ་ལྟ་བུའོ། །རྒྱུ་སྐར་གྱི་དོན་མ་ ཡིན་པ་ལ་ནི་ཀྱཔ་མི་སྦྱོར་ཞིང་ཚིག་ཕྲད་དུ་མི་འགྱུར་ཏེ། དཔེར་ན། པུ་ཥ་དང་སིདྷ་ལ་སྔར་གྱི་ མདོས་ཡུཊ་བྱིན་ནས་ཁྱད་དོན་དབྱི་ཞིང་། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ཞེས་པས་ཨུ་པ་དྷཱའི་ དབྱིངས་ཡོན་ཏན་བྱས་པས། ཀྲྀཏ་དྲུག་པར་ཡུ་བུ་དྷ་ཞེས་པས་ཡུ་ཡིག་ཨན་དང་། སྔར་བཞིན་ ཥའི་ནུས་པ་ན་ཡིག་ཀྱང་ཎ་རུ་བསྒྱུར་ནས་སི་བྱིན་པས། པོ་ཥ་ཎཿ(གསོ་སྦྱོང་ངོ་། །) སེ་དྷ་ནཿཞེས་ པ་ལྟ་བུའོ། །ཡུ་གྱི་ཐེག་པ་ལའོ་ཞེས་པ་ཡུ་གྱི་ཞེས་པའི་སྒྲ་འདིས་ཀྱཔ་འི་རྐྱེན་བྱིན་པས་ཐེག་ པའི་དོན་ལ་ཚིག་ཕྲད་དུ་གྱུར་པའོ་ཞེས་པ་སྟེ། དཔེར་ན། ཡུ་ཛི་སྦྱོར་བའི་བྱིངས་ཨི་རྗེས་ འབྲེལ་ཕྱིས་པ་ལ། འཆད་འགྱུར་གྱི་གྷྱཎ་ལ་སོགས་པའི་རྐྱེན་ཐོབ་ནའང་། དེ་བཀག་ནས་ 6-1-515 ཀྱཔ་བྱིན་པས། ཚིག་ཕྲད་དུ་གྱུར་པ་ཡིན་ལ། དེའང་མདོ་འདིས་བྱ་བ་མི་ཐོབ་པ་ཛ་ཡིག་ག་རུ་ བསྒྱུར་ནས་སི་བྱིན་པའི་ས་ཡིག་རྣམ་བཅད་དུ་གྱུར་པའི་མཐར་ཨ་ཤྭཿཡོད་པ་ལས། ཡུ་གྱོ་ཨ་ ཤྭཿཞེས་པ་ལྟ་བུའོ། །ཐེག་པའི་དོན་མ་ཡིན་པ་ལ་ནི་ཀྱཔ་མི་སྟེར་ཞིང་ཚིག་ཕྲད་དུ་མི་འགྱུར་ ཏེ། དཔེར་ན། ཡུཛ་ལ་རྀའི་ཡི་གེ་དང་གསལ་བྱེད་མཐའ་ལས་ཞེས་འཆད་པར་འགྱུར་བ་ལྟར་ གྷྱཎ་བྱིན་ནས་སྔར་བཞིན་ཨུ་པ་དྷཱ་ཡོན་ཏན་བྱས་ལ། ཀྲྀཏ་དྲུག་པར་ཙ་ཛ་དག་གི་ཞེས་པ་ཛ་ ཡིག་ག་རུ་བསྒྱུར་ཞིང་སི་བྱིན་པའི་ཕ་རོལ་ཏུ་བྲཱཧྨ་ཎཿཡོད་པ་ལས། ཡོ་གྱོ་བྲཱཧྨ་ཎཿ(བྲམ་ཟེར་རུང་ ངོ་། །)ཞེས་པ་ལྟ་བུའོ། །ཀྲྀཏ་པ་ཙྱ་ཀུ་པྱ་དག་མིང་ལའོ་ཞེས་པ་ནི་ཀྲྀཥྚ་པ་ཙྱ་དང་ཀུ་པྱ་ཞེས་པ་ འདི་དག་མིང་གི་ཡུལ་ལ་ཀྱཔ་བྱིན་པས་ཚིག་ཕྲད་དུ་གྱུར་པའོ་ཞེས་པ་སྟེ། དཔེར་ན། ཀྲྀཥྚ་ སྔ་མ་ཅན་གྱི་པཙ་འཚེད་པ་དང་། གུ་པཱུ་བསྲུང་བའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ། འཆད་ འགྱུར་གྱི་གྷྱཎ་ལ་སོགས་པའི་རྐྱེན་ཐོབ་ནའང་། དེ་བཀག་ནས་ཀྱཔ་བྱིན་པས་ཚིག་ཕྲད་དུ་ གྱུར་པ་ཡིན་ལ། སྔ་མ་བུད་མེད་དུ་བསྒྲུབ་པ་ལ་ཨཱ་བྱིན་ནས་སི་ཕྱིས་པའི་ཕ་རོལ་ཏུ་བྲཱྀ་ཧ་ ཡཿཡོད་པ་ལས། ཀྲྀཏ་པཙྱཱ་པྲཱི་ཧ་ཡཿ(འབྲུ་སྨིན་པ་རྔོད་དོ། །) ཞེས་པ་དང་། ཕྱི་མའི་ག་ཡིག་ཀ་རུ་ བསྒྱུར་ཏེ། སྔར་བཞིན་སི་ཕྱིས་ནས་མུ་བྱིན་པས། ཀུ་པྱཾ་ཞེས་པ་ལྟ་བུའོ། །མིང་གི་ཡུལ་མ་ ཡིན་པ་ལ་ནི་ཀྱཔ་མི་སྟེར་ཞིང་ཚིག་ཕྲད་དུ་མི་འགྱུར་ཏེ། དཔེར་ན། བྱིངས་སྔ་མ་ལ་མདོ་འོག་ མས་གྷྱཎ་བྱིན་ནས། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་པ་ཡིག་རིང་པོ་དང་། ཀྲྀཏ་དྲུག་པར་ཙ་ ཛ་དག་གི་ཞེས་པས་ཙ་ཡིག་ཀ་རུ་བསྒྱུར་ཞིང་། སི་བྱིན་པས། ཀྲྀཥྚ་པཱ་ཀྱཿཞེས་པ་དང་། འདི་ ཉིད་དུ་ཤ་ཀི་ས་ཧི་པ་སྡེ་ཞེས་པས་ཕྱི་མ་ལ་ཡའི་རྐྱེན་བྱིན་ནས། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ ཞེས་པས་གུའི་དབྱངས་ཡོན་ཏན་བྱས་ཏེ་སི་བྱིན་པས། གོ་པྱཿཞེས་པ་ལྟ་བུའོ། །རྀའི་ཡི་གེ་ དང་གསལ་བྱེད་མཐའ་ལས་གྷྱཎའོ་ཞེས་པ་ནི། བྱིངས་རྀའི་ཡི་གེ་ཐུང་རིང་གི་མཐའ་ཅན་ དང་། གསལ་བྱེད་མཐའ་ཅན་རྣམས་ལས་ཕ་རོལ་ཏུ་གྷྱཎའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ 6-1-516 ན། རྀ་ཡིག་ཐུང་རིང་གི་མཐའ་ཅན་ཌུ་ཀྲྀཉ་བྱེད་པ་དང་། ཀྲཱྀ་པ་གཅོད་པའི་བྱིངས་ཌུ་དང་ཉ་ དང་། པ་ཁྱད་དོན་ཕྱིས་པ་དང་། གསལ་བྱེད་མཐའ་ཅན་ཌུ་པ་ཙ་ཥ་འཚེད་པ་དང་། ཝཙ་སྨྲ་ བའི་བྱིངས་ཌུ་དང་ཥ་རྗེས་འབྲེལ་དང་། ཙའི་དབྱངས་བརྗོད་དོན་ཕྱིས་པ་ལ། མདོ་འདིས་ གྷྱཎ་བྱིན་པའི་གྷ་ཡིག་ནི། ཀྲྀཏ་དྲུག་པར་ཙ་ཛ་དག་གི་དྷུཊ་དང་གྷ་རྗེས་སུ་འབྲེལ་པ་ལ་ཞེས་ པའི་ཁྱད་དོན་དང་། ཎ་ཡིག་ནི་ཨིཙ་དང་འདྲ་བའི་ཁྱད་དོན་ཡིན་པས་འཕྱིད་པ་ནི་ཐམས་ཅད་ དུའང་ཤེས་པར་བྱ་ཞིང་། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་རྀའི་ཡི་གེ་དག་འཕེལ་བ་བྱས་ལ། པ་དང་ཝ་རིང་པོ་དང་། ཙ་ཛ་དག་གི་ཞེས་པས་ཙ་ཡིག་དག་ཀྱང་ཀ་རུ་བསྒྱུར་ཏེ། སྔར་བཞིན་ སི་བྱིན་པ་མ་ནིང་ལས་ཕྱིས་ནས་མུ་ཨཱ་ག་མ་བྱིན་པས། ཀཱཪྻཾ། (བྱེད་དོ། །) ཏཱྀཪྻཾ། (གཅོད་དོ། །) པཱཀྱཾ། (སྨོན་ནོ། །) ཝཱ་ཀྱཾ་(དག་གོ)ཞེས་པ་ལྟ་བུའོ། །ཨཱ་སུ། ཡུ། བ་པི། ར་པི། ཏྲ་པི། ད་བྷི། ཙམ་ རྣམས་ཀྱིའང་ངོ་ཞེས་པ་ནི་ཨཱང་སྔ་མ་ཙན་གྱི་ཥུཉ་འཁྲུད་པ་དང་། ཡུ་བསྲེ་བ་དང་། ཌུ་ཐས་ས་ བོན་དང་སྣལ་མའི་རྒྱུན་དང་། ར་བ་དང་ལཔ་གསལ་བར་སྨྲ་བ་དང་། ཏྲ་པཱུ་ཥ་ངོ་ཚ་བ་དང་། དནྡྷུ་ཚུལ་འཆོས་པ་དང་། ཙ་མུ་ཟ་བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུའང་གྷྱཎའི་རྐྱེན་སྦྱིན་ པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཉ་དང་ཌུ་དང་ཥ་དང་། ཨཱུ་དང་ཨུ་ཡིག་རྗེས་ འབྲེལ་རྣམས་ཕྱིས་པ་ལ། མདོ་འདིས་གྷྱཎ་བྱིན་ནས་ཁྱད་དོན་དབྱི་ཞིང་། ཨཱ་བརྒྱད་པར་ བྱིངས་ཀྱི་དང་པོ་ཥའི་ཞེས་པས་ཥ་ཡིག་ས་རུ་བསྒྱུར་ལ། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་ དབྱངས་མཐའི་ཨུ་ཡིག་དག་འཕེལ་པ་ཨཽ་དང་། གསལ་བྱེད་མཐའ་ཅན་རྣམས་ཀྱི་ཨུ་པ་དྷཱ་ རིང་པོར་བསྒྱུར་ཏེ། ཀྲྀཏ་དང་པོར་ཨོཏ་ཨཽཏ་དག་ལས་ཞེས་པས་ཨཽ་ཡིག་ཨཱ་ཝ་རུ་བསྒྱུར་ ནས། དུར་ཕན་དག་ལས་འདིར་ཀྲྀཏ་ལ་ན་དབྱིའོ་ཞེས་པས་དནྡྷིའི་ན་དབྱི་ཞིང་། ཏྲཱའི་སྔོན་དུ་ ཉེར་བསྒྱུར་ཨ་པ་དང་། དཱ་བྷའི་སྔོན་དུ་ཨ་ཝ་དང་། ཙཱམ་གྱི་སྔོན་དུ་ཨཱང་བཞག་སྟེ། ཐམས་ ཅད་ཀྱི་མཐར་སྔར་བཞིན་སི་ཕྱིས་ནས་མུ་བྱིན་པས། ཨཱ་སཱ་ཝྱཾ(ཀུན་ཏུ་སྐྱེ)། ཡཱ་ཝྱཾ (སྤེལ)། རཱ་ 6-1-517 པྱཾ(སྨྲ)། བཱ་པྱཾ(ས་བོན)། ཨ་པ་ཏྲཱ་པྱཾ། ཨ་ཝ་དཱ་བྷྱཾ(ཚུལ་འཆོས་སྤང་)། ཨཱ་ཙཱ་མྱཾ་(ཟ་བ། )ཞེས་པ་ལྟ་བུའོ། ། ཨུའི་ཡི་གེ་ལ་ངེས་པ་ཅན་ལའོ་ཞེས་པ་ནི། ཨུའི་ཡི་གེ་ཐུང་རིང་མཐའ་ཅན་གྱི་བྱིངས་ལས་ ངེས་པ་ཅན་གདོན་མི་ཟ་བར་གྱུར་པ་རྟོགས་བཞིན་པ་ལ་གྷྱཎ་འི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ལཱུཉ་གཅོད་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་གྷྱཎ་བྱིན་ནས་སྔར་ བཞིན་དབྱངས་འཕེལ་བ་བྱས་པ་ཨཱ་ཝ་རུ་བསྒྱུར་བའི་མཐར་སི་ཕྱིས་ཏེ་མུ་བྱིན་པས། ལཱ་ཝྱཾ། ངེས་པར་གཅོད་དོ་ཞེས་པའི་དོན་ཅན་ལྟ་བུའོ། །ངེས་པ་ཅན་མ་ཡིན་པའི་དོན་ལ་ནི་གྷྱཎ་སྦྱིན་ པར་མི་འགྱུར་ཏེ། དཔེར་ན། ལཱུ་ལ་འདི་ཉིད་དུ་དབྱངས་ལས་ཞེས་པས་ཡའི་རྐྱེན་བྱིན་ནས་ སྔར་བཞིན་ཡོན་ཏན་བྱས་པ་ཨ་ཝ་རུ་བསྒྱུར་ཞིང་སི་ཕྱིས་ཏེ་མུ་བྱིན་པས། ལ་ཝྱཾ་(གཅོད་དོ། །) ཞེས་པ་ལྟ་བུའོ། །པཱ་དྷཱ་དག་གི་མཱ་ན་དང་སཱ་མི་དྷི་ནཱི་དག་ལའོ་ཞེས་པ་ནི་པཱ་འཐུང་བ་དང་། ཌུདྷཱཉ་འཛིན་པའི་བྱིངས་འདི་དག་མཐར་རིམ་པ་བཞིན་དུ་མཱ་ན་དང་། སཱ་མི་དྷི་ནཱིའི་དོན་དག་ ལ་གྷྱཎ་འི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པཱའི་མཐར་མཱ་ནཾའི་དོན་དང་། ཌུ་དང་ཉ་རྗེས་ འབྲེལ་ཕྱིས་པའི་དྷཱའི་མཐར་སཱ་མི་དྷི་ནཱིའི་དོན་ལ། མདོ་འདིས་གྷྱཎ་བྱིན་ནས། ཨཱ་དྲུག་པར་ ཨཱཏ་མཐའ་རྣམས་ཀྱི་ཨིཙ་ལ་ཞེས་པས་བྱིངས་མཐའི་དབྱངས་ཨཱ་ཡི་རུ་བསྒྱུར་བའི་ཨི་བརྗོད་ དོན་དབྱི་ཞིང་། སྔར་བཞིན་སྔ་མའི་མཐར་སི་ཕྱིས་ནས་མུ་བྱིན་ཏེ། ཕྱི་མའི་མཐའ་བུད་མེད་དུ་ བསྒྲུབས་ནས་ཤྲད་དྷཱ་ལས་སི་ཕྱིས་པས། པཱ་ཡྻཾ་མཱ་ནཾ། (ཡི་གེའི་གྲངས་ལས་བརྡའ་བྱས་པ་དེས་མེ་ཡམ་ཤིང་ དང་མར་གྱིས་འབར་བ་ལ་སྦྱིན་སྲེག་བྱེད་པ། )དྷཱ་ཡྻ་སཱ་མི་དྷེ་ནཱི་ཞེས་པ་ལྟ་བུའོ། །མཱ་ནཾ་དང་། སཱ་མི་དྷེ་ནཱིའི་ དོན་མ་ཡིན་པ་ལ་ནི་བྱིངས་དེ་དག་ལ་གྷྱཎའི་རྐྱེན་སྦྱིན་པར་མི་འགྱུར་ཏེ། དཔེར་ན། པཱ་དང་ དྷཱ་ལ་འདི་ཉིད་དུ་དབྱངས་ལས་ཞེས་པས་ཡའི་རྐྱེན་བྱིན་པ་ན། ཨཱཏ་ཁན་དག་གི་ཞེས་པས་དེ་ དག་གི་དབྱངས་ཨི་རུ་བསྒྱུར་བ། ཨཱ་ལྔ་པར་ནཱ་མི་མཐའ་ཞེས་པས་ཡོན་ཏན་བྱས་ནས་སྔར་ བཞིན་སི་ཕྱིས་ནས་མུ་བྱིན་པས། པེ་ཡཾ། འཐུང་ངོ་། །) དྷེ་ཡཾ་(འཛིན་ནོ། །)ཞེས་པ་ལྟ་བུའོ། །པྲ་ཨཱང་ 6-1-518 དག་ལ་ནཱི་ལས་ཡང་དག་པར་མི་འདོད་པ་དང་མི་རྟག་པ་དག་ལ་དབྱངས་བཞིན་ནོ་ཞེས་པ་ ནི་པྲ་དང་ཨཱང་ཞེས་པ་འདི་དག་ཉེ་བའི་ཚིག་ལ་ནཱི་ཉ་ཐོབ་པའི་བྱིངས་འདི་ལས་རིམ་པ་ བཞིན་དུ་ཡང་དག་པར་མི་འདོད་པ་དང་། མི་རྟག་པའི་དོན་ལ་གྷྱཎའི་རྐྱེན་སྦྱིན་པར་འགྱུར་ ཞིང་། དེའང་དབྱངས་བཞིན་དུ་འགྱུར་ཏེ། དཔེར་ན། ཉ་རྗེས་འབྲེལ་ཕྱིས་ནས་པྲ་སྔ་མ་ཅན་ གྱི་ནཱི་ཡང་དག་པར་མི་འདོད་པ་དང་། ཨཱང་སྔ་མ་ཅན་གྱི་ནཱི་མི་རྟག་པའི་དོན་ལ་འཇུག་པ་ལ། མདོ་འདིས་གྷྱཎ་བྱིན་པ་ན། སྔར་བཞིན་ཨིཙ་དང་འདྲ་བས་ནཱིའི་དབྱངས་འཕེལ་བར་བྱས་ པ། རྐྱེན་དེ་ཉིད་དབྱངས་དང་འདྲ་བས་ཨཱ་ཡ་རུ་བསྒྱུར་ནས། མཐར་སི་སྦྱིན་ཞིང་། རའི་ནུས་ པས་ན་སྔ་མ་ཎ་དུ་བསྒྱུར་བས། པྲ་ཎཱ་ཡྻཿ ཨཱ་ནཱ་ཡྻཿཞེས་པ་ལྟ་བུའོ། །ཡང་དག་པར་མི་འདོད་ པ་མ་ཡིན་པ་དང་། མི་རྟག་པ་མ་ཡིན་པ་ལ་ནི་གྷྱཎ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། པྲ་དང་ ཨཱ་སྔ་མ་ཅན་གྱི་ནཱི་ལ། སྔར་བཞིན་ཡའི་རྐྱེན་བྱིན་ནས་ཡོན་ཏན་བྱས་ཏེ་སི་བྱིན་པས། པྲ་ཎེ་ ཡཿ ཨཱ་ནེ་ཡཿཞེས་པ་ལྟ་བུའོ། །སཉྩི་དང་ཀུཎྜ་པཱ་ལས་མཆོད་སྦྱིན་ལའོ་ཞེས་པ་ནི་སམ་སྔ་མ་ ཅན་གྱི་ཙིཉ་སོགས་པ་དང་། ཀུཎྜ་སྔ་མ་ཅན་གྱི་པཱ་ཐུང་བའི་བྱིངས་འདི་དག་ལས་མཆོད་སྦྱིན་ མངོན་པར་བརྗོད་པ་ལ་གྷྱཎ་འི་རྐྱེན་སྦྱིན་པར་འགྱུར་ཞིང་། དེའང་དབྱངས་བཞིན་དུ་འགྱུར་ ཏེ། དཔེར་ན། སཾ་གྱི་མ་ཡིག་ཙ་མཐོང་བ་ལས། སན་བཞི་པར་སྡེ་པ་ལ་དེའི་སྡེ་པའི་ལྔ་པར་ ཞེས་པས་ཉ་རུ་བསྒྱུར་ནས། སཉ་སྔ་མ་ཅན་གྱི་ཙིཉའི་ཉ་རྗེས་འབྲེལ་ཕྱིས་པ་དང་། ཀུཎྜ་སྔ་མ་ ཅན་གྱི་པཱ་ལ། མདོ་འདིས་གྷྱཎ་བྱིན་ནས། སྔར་བཞིན་ཙིའི་དབྱངས་འཕེལ་བ་བྱས་པ། དབྱངས་དང་འདྲ་བ་ལ་ཨཱ་ཡ་རུ་བསྒྱུར་ཞིང་། པཱའི་དབྱངས་ཀྱང་སྔ་མ་ལྟར་ཨཱ་ཡ་རུ་བསྒྱུར་ཏེ་ སི་བྱིན་པས། སཉྩཱ་ཡྻཿ ཀུཎྜ་པཱ་ཡྻཿཞེས་པ་ལྟ་བུའོ། །མཆོད་སྦྱིན་མངོན་པར་བརྗོད་པ་མ་ཡིན་ པ་ལ་ནི་གྷྱཎ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། སཉྩི་དང་ཀུཎྜ་པཱ་ལ་སྔར་བཞིན་ཡའི་རྐྱེན་ བྱིན་ནས། ཙིའི་དབྱངས་ཡོན་ཏན་བྱ་ཞིང་། འདི་ཉིད་དུ་ཨཱཏ་ཁན་དག་གི་ཞེས་པས་པའི་ 6-1-519 དབྱངས་ཨི་རུ་བསྒྱུར་བའང་ཡོན་ཏན་བྱས་ཏེ་སི་བྱིན་པས། སཉྩེ་ཡཿ ཀུཎྜ་སེ་ཡཿཞེས་པ་ལྟ་ བུའོ། །རཱ་ཛ་སཱུ་ཡ་འང་ངོ་ཞེས་པ་ནི་རཱ་ཛ་སཱུ་ཡ་ཞེས་པའི་སྒྲ་འདི་ཡང་མཆོད་སྦྱིན་མངོན་པར་ བརྗོད་པ་ལ་གྷྱཎའི་རྐྱེན་བྱིན་པས་ཚིག་ཕྲད་དུ་གྱུར་པའོ་ཞེས་པ་སྟེ། དཔེར་ན། རཱ་ཛ་སྔ་མ་ ཅན་ཥུཉ་ཁྲུས་ཀྱི་བྱིངས་ལ་ཡ་ལ་སོགས་པའི་རྐྱེན་ཐོབ་ནའང་། དེ་བཀག་ནས་གྷྱཎ་བྱིན་པས་ ཚིག་ཕྲད་དུ་གྱུར་པ་ཡིན་ལ། དེའང་ཨིཙ་དང་འདྲ་བའི་བྱ་བས་སྔར་བཞིན་ཥུའི་དབྱངས་ འཕེལ་པ་ཐོབ་པ་ལ་དེ་མི་བྱེད་པ། མདོ་འདིས་ཐོབ་པ་མ་ཡིན་པའི་བྱ་བ་རིང་པོར་བསྒྱུར་ ནས། ཨཱ་བརྒྱད་པར་བྱིངས་ཀྱི་དང་པོའི་ཞེས་པས་ཥ་ཡིག་ས་རུ་བསྒྱུར་ཏེ་སི་བྱིན་པས། རཱ་ཛ་ སཱུ་ཡཿཞེས་པ་ལྟ་བུའོ། །སཱཾ་ནཱ་ཡྻ་ནི་ཀཱ་ཡྻ་དག་བསྲེག་བྱ་དང་ངེས་པར་གནས་པ་དག་ལའོ་ ཞེས་པ་ནི་སྒྲ་འདི་དག་རིམ་པ་ལྟར། བསྲེག་བྱ་དང་ངེས་པར་གནས་པ་དག་གི་དོན་ལ་འཇུག་ པ་ན་གྷྱཎ་འི་རྐྱེན་བྱིན་པས་ཚིག་ཕྲད་དུ་གྱུར་པའོ་ཞེས་པ་སྟེ། དཔེར་ན། སཾ་སྔ་མ་ཅན་གྱི་ནཱི་ ཉ་ཐོབ་པ་དང་། ནི་སྔ་མ་ཅན་གྱི་ཙིཉ་སོགས་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ། ཡ་ལ་ སོགས་པའི་རྐྱེན་ཐོབ་ནའང་། བསྲེག་བྱ་དང་ངེས་པར་གནས་པའི་དོན་ལ་གྷྱཎ་བྱིན་པས་ ཚིག་ཕྲད་དུ་གྱུར་པ་ཡིན་ལ། དེའང་སྔར་བཞིན་འཕེལ་བ་ཐོབ་པ་ལ། མདོ་འདིས་ཐོབ་པ་མ་ ཡིན་པའི་བྱ་བ། དེ་དག་གི་དབྱངས་ཨཱ་ཡ་དང་། ཉེར་བསྒྱུར་གྱི་ས་འང་རིང་པོ་དང་། ཙའང་ཀ་ རུ་བསྒྱུར་ནས། སྔ་མའི་མཐར་སི་ཕྱིས་ཏེ་མུ་བྱིན་པ། ཕྱི་མའི་མཐར་སི་བྱིན་པས། སཱཾ་ནཱ་ཡྻཾ། ནི་ཀཱ་ཡྻཿཞེས་པ་ལྟ་བུའོ། །བསྲེག་བྱ་དང་ངེས་པར་གནས་པའི་དོན་མ་ཡིན་པ་ལ་གྷྱཎ་མི་ སྟེར་ཞིང་ཚིག་ཕྲད་དུ་མི་འགྱུར་ཏེ། དཔེར་ན། སཾ་ནཱི་དང་། ནི་ཙི་ལ་སྔར་བཞིན་ཡའི་རྐྱེན་བྱིན་ ནས་ཡོན་ཏན་བྱས་ཏེ་སི་བྱིན་པས། སནྣེ་ཡཿ ནི་ཙེ་ཡཿཞེས་པ་ལྟ་བུའོ། །པ་རི་ཙཱ་ཡྻ་དང་ཨུ་པ་ ཙཱ་ཡྱ་དག་མེ་ལའོ་ཞེས་པ་ནི་སྒྲ་འདི་དག་མེ་མངོན་པར་བརྗོད་པ་ལ་གྷྱཎ་འི་རྐྱེན་བྱིན་པས་ ཚིག་ཕྲད་དུ་གྱུར་པའོ་ཞེས་པ་སྟེ། དཔེར་ན། པ་རི་དང་ཨུ་པ་སྔ་མ་ཅན་གྱི་ཙིཉ་རྗེས་འབྲེལ་ 6-1-520 ཕྱིས་པ་ལ། ཡ་ལ་སོགས་པའི་རྐྱེན་ཐོབ་ནའང་དེ་བཀག་ནས་གྷྱཎ་བྱིན་པས་ཚིག་ཕྲད་དུ་ གྱུར་པ་ཡིན་ལ། དེའང་ཙིའི་དབྱངས་ཨཱ་ཡ་རུ་བསྒྱུར་ཏེ་སི་བྱིན་པས། པ་རི་ཙཱཡྻཿ ཨུ་བ་ཙཱ་ ཡྻཿཞེས་པ་ལྟ་བུའོ། །མངོན་པར་བརྗོད་པ་མ་ཡིན་པ་ལ་ནི་གྷྱཎ་མི་སྟེར་ཞིང་ཚིག་ཕྲད་དུ་མི་ འགྱུར་ཏེ། དཔེར་ན། པ་རི་ཙི་དང་། ཨུ་པ་ཙི་ལ་སྔར་བཞིན་ཡའི་རྐྱེན་བྱིན་ནས་ཡོན་ཏན་བྱས་ ཏེ་སི་བྱིན་པས། པ་རི་ཙེ་ཡཿ ཨུ་པ་ཙེ་ཡཿཞེས་པ་ལྟ་བུའོ། །ཙི་ཏྱ་ཨག་ནི་ཙི་ཏྱ་དག་ཀྱང་ངོ་། ། ཞེས་པ་ནི། འདི་ནི་སྒྲ་འདི་དག་ཀྱང་མེའི་ཡུལ་དང་དངོས་པོའི་དོན་ལ་འཇུག་པ་ན་གྷྱཎའི་ རྐྱེན་བྱིན་པས་ཚིག་ཕྲད་དུ་གྱུར་པའོ། །ཞེས་པ་སྟེ། དཔེར་ན། ཙིཉ་དང་ཨགྣི་ཙི་ཉ་རྗེས་ འབྲེལ་ཕྱིས་པ་ལ་སྔར་བཞིན་ཡ་སོགས་ཀྱི་རྐྱེན་ཐོབ་ནའང་དེ་བཀག་ནས་གྷྱཎ་བྱིན་པས་ ཚིག་ཕྲད་དུ་གྱུར་པ་ཡིན་ལ། དེའང་མདོ་འདིས་ཐོབ་པ་མ་ཡིན་པའི་བྱ་བ་ཏ་ཨཱ་ག་མ་སྦྱར་ཏེ། ཐོབ་པའི་བྱ་བ་འཕེལ་བ་བཀག་ནས། སྔ་མ་ལ་སི་སྦྱིན་ཞིང་། ཕྱི་མའི་མཐའ་བུད་མེད་དུ་ བསྒྲུབས་ཏེ་ཤྲད་དྷཱ་ལས་སི་ཕྱིས་པས། ཙིཏྱཿ ཨགྣི་ཙི་ཏྱཱ་ཞེས་པ་ལྟ་བུའོ། །ཨ་མཱ་བཱ་སྱཱ་ཡང་ ནའོ་ཞེས་པ་ནི་སྒྲ་འདི་དག་ཉི་མ་དང་ཟླ་བ་ལྷན་ཅིག་གནས་པའི་དོན་ལ་གྷྱཎའི་རྐྱེན་བྱིན་ པས་ཚིག་ཕྲད་དུ་གྱུར་པ་ཡིན་ལ། བ་ཡིག་ཡང་ན་རིང་པོར་གྱུར་པའང་ཚིག་ཕྲད་དུ་གྱུར་པའི་ ཞེས་པ་སྟེ། དཔེར་ན། ཨ་མཱའི་སྒྲ་སྔོན་དུ་བཀོད་པ་ནི་ལྷན་ཅིག་པའི་དོན་ཡིན་ཞིང་། བས་ གནས་པའི་བྱིངས་ལ་གྷྱཎ་(གི་གུ་ཧཱུ་སྦེད། གུ་ཏོ་ཟེར་རོ། །)བྱིན་པས་ཉི་ཟླ་ལྷན་ཅིག་ཏུ་གནས་པའི་ དུས་གནམ་སྟོང་གི་དོན་ལ་ཚིག་ཕྲད་དུ་གྱུར་པ་སྟེ། དེའང་སྔར་བཞིན་བུད་མེད་དུ་བསྒྲུབས་ ནས་སི་བྱིན་པ་ཤྲད་དྷཱ་ལས་ཕྱིས་པས། ཨ་མཱ་བ་སྱཱ་ཞེས་པ་དང་། གཞན་འདྲ་བ་ལ། ཡང་ནའི་ སྒྲས་བས་ཀྱི་ཨུ་པ་དྷཱ་རིང་པོར་བསྒྱུར་བའང་ཚིག་ཕྲད་དུ་གྱུར་པ་ནི། ཨཱ་མཱ་བཱ་སྱཱ་ཞེས་པ་ལྟ་ བུའོ། །སློབ་ཕན་དུ་ནི་སྔར་བཤད་ཟིན་པའི་ཀྱབ་འི་རྐྱེན་བྱིན་པས་དོན་དེ་དག་ལ་ཚིག་ཕྲད་ དུ་གྱུར་པའོ་ཞེས་ཀྱང་གསུངས་སོ། །ཏཝཻ། ཀེ་(འདི་གཞུང་དང་ལོ་ཆེན་གྱི་ཊཱི་ཀ་ན་མེད། )ཀེ་ནྱ་ཏྭཱ་རྣམས་ 6-1-521 སོ་ཞེས་པ་ནི་བྱིངས་ལས་ཕ་རོལ་དུ། ཏ་ཝཻ་དང་ཀེ་དང་ཀེ་ནྱ་དང་ཏྭཱ་ཞེས་པས་འདི་རྣམས་རྐྱེན་ དུ་སྦྱིན་པར་འགྱུར་ཏེ། དཔེར་ན། པ་རི་སྔ་མ་ཅན་གྱི་བཱ་འགྲོ་བའི་བྱིངས་ལ་ཏ་ཝཻ་བྱིན་པས། བ་རི་བཱ་ཏ་ཝཻ་ཞེས་པ་དང་། ཨ་བ་སྔ་མ་ཅན་གྱི་གཱ་ཧུ་རྣམ་པར་བསྲུབ་པའི་བྱིངས་ཨུ་རྗེས་ འབྲེལ་ཕྱིས་པ་ལ་ཀེ་བྱིན་ནས་ཀ་ཁྱད་དོན་ཕྱིས་པས། ཨ་བ་གཱ་ཧེ་ཞེས་པ་དང་། ཤུ་སཱུཥ་འགྲོ་ བའི་བྱིངས་ལ་ཀེནྱ་བྱིན་ནས་ཀ་ཁྱད་དོན་དང་། ཨཱ་དྲུག་པར། ཨའི་འང་དབྱིའོ་ཞེས་པས་ཥའི་ དབྱངས་ཕྱིས་ཏེ། ཥའི་ནུས་པས་ན་ཡིན་ཎ་རུ་བསྒྱུར་བའི་མཐར་སི་བྱིན་པས། ཤུ་སྲུ་ཥེ་ ཎྱཿཞེས་པ་དང་། ཌུ་ཀྲྀཉ་རྗེས་འབྲེལ་ཕྱིས་པ་ལ་ཏྭཱ་བྱིན་ནས། ཨཱ་ལྔ་པར་ནཱ་མིའི་མཐའི་ བྱིངས་དང་ཞེས་པ་ལྟར་ཡོན་ཏན་བྱས་པས། ཀཪྟྭཱྀ་ཞེས་པ་ལྟ་བུའོ། །ཎྱ་ལས་གཞན་པའི་ མཐའ་རྣམས་སུ་སི་བྱིན་པ་ནི། ཀྲྀཏ་དང་པོ་མི་ཟད་པའི་མཐའ་ཅན་དུ་བཤད་པས་ཕྱིས་པ་སྟེ། སྡེབ་སྦྱོར་གྱི་ཡུལ་ཁོ་ན་ལ་རྐྱེན་འདི་རྣམས་སོ་ཞེས་ཀྱང་སློབ་ཕན་དུ་གསུངས་སོ། །དེ་རྣམས་ ཀྲྀཏྱ་རྣམས་སོ་ཞེས་པ་ནི་སྔར་བཤད་ཟིན་པའི་ཏ་བྱ་དང་ཨཱ་ནཱི་ཡ་ཡ་དང་ཀྱཔ་དང་གྷྱཎ་དང་ ཏ་ཝཻ་དང་ཀེ་དང་ཀེ་ནྱ་དང་ཏྭཱ་ཞེས་པའི་རྐྱེན་དེ་རྣམས་ཀྲྀཏྱའི་མིང་ཅན་དུ་འགྱུར་རོ། །ཞེས་ པས་དོན་བསྡུས་ནས་ཀྲྀཏ་ཀྱི་བྱེ་བྲག་ཀྲྀཏྱའི་མིང་ཅན་རྣམས་ངོས་བཟུང་བ་སྟེ། ཀྲྀཏྱའི་མིང་ ཅན་དེ་རྣམས་གང་དུ་དགོས་ཤེ་ན། ཀྲྀཏ་དྲུག་པར། དངོས་པོ་དང་ལས་ལ་ཀྲྀཏྱ་ཞེས་པ་ལ་ སོགས་པ་རྣམས་སུའོ། །རྐྱེན་འདི་རྣམས་ལས་དམིགས་བསལ་ཅན་མ་གཏོགས་པ་དངོས་པོ་ དང་། ལས་ཀྱི་དོན་ཁོ་ན་ལ་འགྱུར་བའི་ཚུལ་ཡང་། ཀྲྀཏ་དྲུག་པར་འཆད་པར་འགྱུར་བ་ལྟར་ ཤེས་པར་བྱའོ། །བཞི་པ་བྱིངས་སོ་སོའི་བྱེད་པ་པོའི་དོན་ལ་བུཎ་སོགས་ཀྱི་ཀྲྀཏ་རྐྱེན་སོ་སོར་ འཇུག་ཚུལ་ནི། བུཎ་ཏྲྀཙ་དག་གོ་ཞེས་པ་ནི་བྱེད་པ་པོའི་དོན་ལ་བྱིངས་ལས་ཕ་རོལ་ཏུ་བུཎ་ དང་ཏྲྀ་ཙའི་རྐྱེན་འདི་དག་སྦྱིན་པར་འགྱུར་ཏེ། དཔེར་ན། ཌུ་ཀྲྀཉ་བྱེད་པ་དང་། ཌུ་པཙཥ་ འཚེད་པའི་བྱིངས་ཌུ་དང་ཉ་དང་ཥ་རྣམས་རྗེས་འབྲེལ་དང་། ཙའི་ཨ་ཡིག་བརྗོད་དོན་ཕྱིས་པ་ 6-1-522 ལ་མདོ་འདིས་བུཎ་བྱིན་པའི་ཎ་ཡིག་ཨིཙ་དང་འདྲ་བའི་ཁྱད་དོན་ཡིན་པས་འཕྱིད་པ་ནི་ ཐམས་ཅད་དུ་ཤེས་པར་བྱ་ཞིང་། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་ཀྲྀའི་རྀ་འཕེལ་བ་དང་། པ་རིང་པོ་དང་། ཀྲྀཏ་དྲུག་པར་ཡུ་བུ་ཛྷ་ཞེས་པས་བུ་ཡིག་ཨ་ཀ་རུ་བསྒྱུར་ནས་སི་བྱིན་པས། ཀཱ་ར་ཀཿ(བྱེད་པ་པོ། ) པཱ་ཙ་ཀཿ(འཚེད་མཁན། )ཞེས་པ་དང་། བྱིངས་དེ་དག་ལ་ཏྲྀ་ཙ་བྱིན་པའི་ཙ་ ཡིག་ནི་ནཱ་དང་པོར་བྱིངས་ལས་ཏྲྀ་སྒྲའི་ཨར་འོ་ཞེས་པ་འདིར་ཏྲྀཎ་ལས་ཁྱད་པར་དུ་བྱེད་པའི་ དོན་ཡིན་པས་འཕྱིད་པའང་ཐམས་ཅད་དུ་དྲན་པར་བྱ་ཞིང་། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་ དང་ཞེས་པས་ཀྲྀའི་རྀ་ཡོན་ཏན་དང་ཀྲྀཏ་དྲུག་པར་ཙ་ཛ་དག་གི་ཞེས་པས་ཙ་ཡིག་ཀ་རུ་ བསྒྱུར་ཏེ་སི་བྱིན་པ་ན། ནཱ་དང་པོར་སི་ལ་ཨཱ་སྟེ་སི་དབྱི་བའང་ངོ་ཞེས་པས་ཏྲྀའི་རྀ་ཡིག་ཨཱ་རུ་ བསྒྱུར་ནས་སི་ཕྱིས་པས། ཀརྟཱ་(བྱེད་པོ། )པཀྟཱ་(འཚེད་པོ)ཞེས་པ་ལྟ་བུའོ། །པ་ཙ་ལ་སོགས་པ་ རྣམས་ལས་ཨ་ཙ་འང་ངོ་ཞེས་པ་ནི་ཌུ་པ་ཙ་ཥ་འཚེད་པ་དང་། སོགས་པའི་སྒྲས་པཏ་དང་ཝད་ དང་བྷ་ཝ་དང་པཱུ་དཊ་དང་དེ་ཝཊ་དང་གཱ་ཧཊ་དང་ཙོ་རཊ་སེ་བ་དང་ཤེ་ཥ་དང་སྭ་པཙ་དང་ སརྦ་སྭ་དང་ཛཱ་གྲྀ་དང་བྷ་ར་ལ་སོགས་པའི་བྱིངས་རྣམས་ལས་ཕ་རོལ་དུ་ཨ་ཙའི་རྐྱེན་ཁྱད་ པར་དུའང་སྦྱིན་པར་འགྱུར་ཏེ། དཔེར་ན། རྗེས་འབྲེལ་ཕྱིས་པའི་པ་ཙ་དང་། ཝ་ད་གསལ་ བར་སྨྲ་བའི་བྱིངས་དག་གི་ཨ་བརྗོད་དོན་ཕྱིས་པ་ལ། མདོ་འདིས་ཨཙ་བྱིན་པའི་ཙ་ཡིག་ འདིའི་ཁྱད་དོན་ཡིན་པས་ཕྱིས་ནས་མཐར་སི་བྱིན་པས། པ་ཙཿ(འཚེད་པོ། ) ཝ་དཿ(བསལ་བར་སྨྲ་ བའོ། །)ཞེས་པ་ལྟ་བུའོ། །དེ་བཞིན་དུ་གཞན་རྣམས་ལའང་སྦྱར་བས་ཤེས་སོ། །ནནྡི་སོགས་ ལས་ཡུའོ་ཞེས་པ་ནི་ནནྡི་ཡང་དག་པར་དགའ་བའི་བྱིངས་དང་སོགས་པའི་སྒྲས་བཱ་ཤ་འཇུག་ པ་དང་། མ་དཱི་དགའ་བ་དང་། དཱུཥ་རྣམ་འགྱུར་དང་། རཱ་དྷ་ཡང་དག་པར་འགྲུབ་པ་དང་། བྲྀ་ དྷུ་འཕེལ་བ་དང་། ཤུ་བྷ་གསལ་བ་དང་། རུ་ཙ་སྣང་བ་དང་། ཥ་ཧ་དགའ་བ་དང་། ཏཔ་ཡང་ དག་པར་གདུང་བ་དང་། དམུ་ཉེ་བར་ཞི་བ་དང་། མ་ད་རྒྱགས་པ་ད་ང་། དྲྀ་ཤིང་ལྟ་བ་དང་། ར་ 6-1-523 མུ་དགའ་བ་དང་། ཀྲནྡ་ཟུག་རྔུ་དང་། ཡུ་སྤེལ་བ་དང་། ལཱུ་གཅོད་པ་དང་། ཎུ་བསྟོད་པའི་ བྱིངས་ཀྱི་ཚོགས་འདི་རྣམས་དང་། ནནྡི་ཞེས་ཨིན་གྱི་མཐའ་ཅན་སྨོས་པའི་ཕྱིར་དུར་ཕན་དག་ ལས། ཨིན་གྱི་མཐའ་ཅན་རྣམས་ཁོ་ན་ནི་ནནྡི་སོགས་འདི་རྣམས་ཀྱི་མིང་གི་ཚོགས་སུ་བཀླག་ ཅིང་བཤད་པར་བྱའོ་ཞེས་གསུངས་པས། རུཙ་སོགས་ཡན་ཆད་ལ་ཨིན་བྱིན་པའི་མཐའ་ཅན་ གྱི་བྱིངས་རྣམས་ལས་ཀྱང་ཕ་རོལ་ཏུ་ཡུའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཌུ་ན་དི་ཡང་ དག་པར་དགའ་བ་དང་། བཱཤ་འཇུག་པའི་བྱིངས་ཌུ་དང་ཨི་རྗེས་འབྲེལ་ཕྱིས་པ་ལ། ཨཱ་ གཉིས་པར་རྒྱུ་ལའོ་ཞེས་པས་ཨིན་བྱིན་པ་ན། ཨཱ་དྲུག་པར་ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་ རྣམས་ཀྱི་ཞེས་པའི་ངེས་པ་ལས་ནའི་མཐར་ན་ཨཱ་ག་མ་སྦྱིན་ཞིང་། མདོ་འདིས་ཡུ་བྱིན་པ་ན། ཀཱ་རི་ཏའི་ཨཱམ་ཨིཊ་ཞེས་པས་ཨིན་ཕྱིས་ནས། ཀྲྀཏ་དྲུག་པར་ཡུ་བུ་ཛྷ་ཞེས་པས་ཡུ་ཡིག་ཨན་ རུ་བསྒྱུར་ཏེ་སི་བྱིན་པས། ནནྡ་ནཿ(དགའ་བར་བྱེད་པོ། །) བཱ་ཤ་ནཿ(འཇུག་པ་པོ། ) ཞེས་པ་ལྟ་བུ་སྟེ། དེ་ བཞིན་དུ་གཞན་རྣམས་ལ་སྦྱར་རོ། །གྲཧ་སོགས་ལ་ཎི་ནིའོ་ཞེས་པ་ནི་གྲཧ་ཉེ་བར་ལེན་པའི་ བྱིངས་དང་། སོགས་པའི་སྒྲས་ཨུཏྶཱ་ཧ་དང་། ཨུཏ་བྷཱ་ས་དང་། མནྟྲ་དང་། སཾ་མ་ད་དང་། ནི་ རཀྵ་དང་། སཾ་བྱཱ་བྷཱ་ར་དང་། ཨཱ་དྷྱཱ་ཧཱ་ར་དང་། ཨ་ཡཱ་ཙ་དང་། ཨ་དྲཱ་ཛཱ་ཞེས་པའི་བྱིངས་འདི་ རྣམས་ལས་ཕ་རོལ་དུ་ཎི་ནིའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། གྲཧ་དང་ཨུཏྶཱ་ཧའི་ཨ་ བརྗོད་དོན་ཕྱིས་པ་ལ། མདོ་འདིས་ཎི་ནི་བྱིན་པའི་ཎ་ཡིག་ཨིཙ་དང་འདྲ་བའི་ཁྱད་དོན་དང་། ནིའི་ཨི་ཡིག་བརྗོད་དོན་ཡིན་པས་དབྱི་ཞིང་། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་གྲ་རིང་པོར་ བསྒྱུར་ནས། སི་བྱིན་པ་ན། ནཱ་གཉིས་པར། ཨིན་ཧན་པཱུ་ཥན་ཞེས་པས་ནའི་ཨུ་པ་དྷཱ་ཨི་ཡིག་ རིང་པོར་བསྒྱུར་ཏེ། ནཱ་དང་པོར་གསལ་བྱེད་ལས་ཀྱང་ཞེས་པས་སི་དང་། ནཱ་གསུམ་པར། རྟགས་མཐའི་ན་ཡིག་ཅེས་པ་ལྟར་ནའང་ཕྱིས་པས་གྲཱ་ཧཱི། ཨུཏྶཱ་ཧཱི་ཞེས་པ་ལྟ་བུའོ། །དེ་བཞིན་ དུ་གཞན་ལའང་སྦྱར་རོ། །ནཱ་མི་ཨུ་པ་དྷཱ་དང་པྲཱི་ཀྲཱ་གྲཱ་ཛྙཱ་རྣམས་ཀྱི་ཀའོ་ཞེས་པ་ནི། ནཱ་མི་ཨུ་པ་ 6-1-524 དྷཱ་ཅན་གྱི་བྱིངས་རྣམས་དང་། པྲཱིཧ་ཚིམ་པ་ད་ང་། ཀྲཱྀ་རྣམ་པར་བསྐྱོད་པ་དང་། གྲཱྀ་གསལ་བར་ བྱེད་པ་དང་། ཛྙཱ་ཁོང་དུ་ཆུད་པར་བྱེད་པའི་བྱིངས་ཀྱི་ཕ་རོལ་ཏུ་ཀ་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨུ་པ་དྷཱ་ནཱ་མི་སྔ་མའི་ཅན་གྱི་ཀྵི བ་འཕེན་པ་དང་། ལི་ཁ་འབྲི་བ་དང་། ཡི་གེ་དགོད་ པའི་བྱིངས་དང་། པྲཱི་ཉའི་ཉ་རྗེས་འབྲེལ་ཕྱིས་པ་དང་། ཀྲཱྀ་དང་གྲཱྀ་དང་ཛྙཱ་རྣམས་ལ་མདོ་འདིས་ ཀ་བྱིན་པའི་ཀ་ཡིག་ཡཎ་དང་འདྲ་བའི་ཁྱད་དོན་ཡིན་པས་ཕྱིས་ནས་དབྱངས་བཞག་ཅིང་། ཨཱ་བཞི་པར་བྱིངས་ཀྱི་ཨཱིའི་ཡི་གེ་དང་ཞེས་པས་པྲཱིའི་དབྱངས་ཨི་ཡ་དང་། ཨཱ་ལྔ་པར་རཱྀཏ་ མཐའི་ཡོན་ཏན་མེད་པ་ལ་ཞེས་པས་ཀྲཱ་དང་གྲཱའ ི་རཱ་ཡིག་ཨིར་དུ་བསྒྱུར་ནས། ཨཱ་བཞི་པར་ བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཞེས་པས་ཛྙཱའི་དབྱངས་ཕྱིས་ཏེ་སི་བྱིན་པས། བི་ཀྵི་ པཿ(འཕེན་པ་པོ། ) བི་ལི་ཁཿ(འདྲི་བ་པོ། །) པྲི་ཡཿ(དགའ་འོ། །) ཀི་རཿ(རྣམ་པར་བསྐྱོད་དོ། །) གི་རཿ(གསལ་བར་ བྱེད་པོ། ) ཛྙཱཿ(རྟོགས་པ་པོ། ) ཞེས་པ་ལྟ་བུའོ། །ཉེར་བསྒྱུར་ལ་ནི་ཨཱཏ་ལས་ཌའོ་ཞེས་པ་ནི་ཉེར་ བསྒྱུར་ཉེ་བའི་ཚིག་ལ་བྱིངས་ཨཱ་ཡིག་མཐའ་ཅན་རྣམས་ལས་ཕ་རོལ་ཏུ་ཌའི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། སུ་སྔ་མ་ཅན་གྱི་གླཻ་དགའ་བ་ཟད་པ་དང་། མླཻ་ལུས་ཀྱི་རྣམ་འགྱུར་དང་། པྲ་སྔ་མ་ཅན་གྱི་ཧྭེཉ་འགྲན་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཌ་བྱིན་པའི་ཌ་ ནི་དུར་ཕན་དག་ལས་ཌའི་རྐྱེན་བྱེད་པ་ནི་སཾ་པྲ་སཱ་ར་ཎ་རུ་མི་འགྱུར་བའི་དོན་དུའོ་ཞེས་པའི་ ཁྱད་དོན་ཡིན་པས་ཕྱིས་ནས་དབྱངས་བཞག་ཅིང་། ཨཱ་བཞི་པར་མཚམས་སྦྱོར་གྱི་ཡི་གེའི་ མཐའ་རྣམས་ཀྱི་ཞེས་པས་བྱིངས་ཀྱི་དབྱངས་རྣམས་ཨཱ་རུ་བསྒྱུར་བ། ནཱ་དྲུག་པར་ཌ་རྗེས་སུ་ འབྲེལ་པ་ལ་མཐའི་དབྱངས་སོགས་ཞེས་པས་ཕྱིས་ནས་སི་བྱིན་པས། སུ་གླཿ སུ་མླཿ པྲ་ ཧྭཿཞེས་པ་ལྟ་བུའོ། །དྷིཊ་དྲྀ་ཤི་པཱ་གྷྲཱ་དྷྨཱ་ལས་ཤའོ་ཞེས་པ་ནི། ཉེར་བསྒྱུར་ཉེ་བའི་ཚིག་ལ་དྷིཊ་ འཐུང་བ་དང་། དྲྀ་ཤིར་མཐོ་བ་དང་། པཱ་འཐུང་བ་དང་། གྷྲཱ་དྲི་ལེན་པ་ད་ང་། དྷྨཱ་མེ་དང་། སྦྱོར་ བའི་བྱིངས་རྣམས་ལས་ཕ་རོལ་ཏུ་ཤའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨུཏ་སྔ་མ་ཅན་ 6-1-525 གྱི་དྷིཊ་དང་། ཧྀ་ཤིར་དང་། པཱ་དང་། གྷྲཱ་དང་། དྷྨཱ་རྣམས་ཀྱི་ཊ་དང་ཨིར་རྗེས་འབྲེལ་ཕྱིས་པ་ ལ། མདོ་འདིས་ཤ་བྱིན་པའི་ཤ་ཡིག་བྱིངས་ཐམས་ཅད་པ་དང་། འདྲ་བའི་ཁྱད་དོན་ཡིན་པས་ ཕྱིས་ནས་དབྱངས་བཞག་ཅིང་། ཨཱ་གཉིས་པར་བྱེད་པ་པོ་ལ་ཞེས་པས་བར་དུ་ཨན་བྱིན་པ་ ན། ཨཱ་དྲུག་པར་ཏྲྀ་ཤའི་པ་ཤྱའོ་ཞེས་པ་དང་། པཱའི་པི་ཝ་འོ་ཞེས་པ་དང་། གྷྲཱའི་ཛི་གྷྲའོ་ཞེས་པ་ དང་། དྷྨཱའི་དྷ་མའོ་ཞེས་པ་ལྟར་བསྒྱུར་་བའི་ཕྱི་མའི་དབྱངས་རྣམས་བརྗོད་དོན་ཡིན་པས་ཕྱིས་ ཏེ། ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་ལ་ཞེས་པས་རྐྱེན་གྱི་ཨའང་ཕྱིས་ལ་དྷིའི་དབྱངས་ མཚམས་སྦྱར་ཏེ། ཨུཏ་ཀྱི་ཏ་ཡིག་སན་བཞི་པར་སྡེ་པའི་དང་པོ་ཚིག་མཐའ་རྣམས་ཞེས་པས་ དྷ་མཐོང་པ་ལས་ད་དང་། ཏ་ཡིག་ལ་དང་ཙ་ཊའི་སྡེ་པ་ལ་ཞེས་པས་ཛ་མཐོང་བ་ལས་ཛ་རུ་ བསྒྱུར་ནས་མཐར་སི་བྱིན་པས། ཨུདྡྷ་ཡཿ ཨུཏྤ་པ་ཤྱཿ ཨུཏྤི་ཝཿ ཨུཛྫི་གྷྲཿ ཨུདྡྷ་མཿ ཞེས་པ་ལྟ་ བུའོ། །སཱ་ཧི་ཤཱ་ཏི་བི་དི་ཨུ་དེ་ཛི་ཙེ་ཏི་དྷཱ་རི་པཱ་རི་ལི་པི་བིནྡ་རྣམས་ཀྱི་ནི་ཉེར་བསྒྱུར་མེད་པ་ ལའོ་ཞེས་པ་ནི། ཥཧ་བཟོད་པ་དང་། ཤ་ཏི་མདོ་ལས་བྱུང་བའི་བྱིངས་དང་། བི་དི་ཐུན་མོང་ བ་དང་། ཨུཏ་སྔ་མ་ཅན་གྱི་ཨེ་ཛྼ་གཡོ་བ་དང་། ཙི་ཏཱི་ཤེས་པ་དང་། དྷྲྀང་བརྟན་པ་དང་། པཱ་ར་ ལས་ཡོངས་སུ་རྫོགས་པའམ། ཡང་ན་པྲཱྀ་སྐྱོང་བ་དང་ཡོངས་སུ་རྫོགས་པའི་བྱིངས་རྣམས་ ཨིན་གྱི་མཐའ་ཅན་དུ་གྱུར་པ་དང་། ལི་པ་ཉེ་བར་འཇུག་པ་དང་། བི་ངླཱ་ཐོབ་པའི་བྱིངས་ ཨིན་གྱི་མཐའ་ཅན་མ་ཡིན་པ་དག་ལས་ཀྱང་། ཉེར་བསྒྱུར་མེད་པར་གྱུར་པ་ལ་ཕ་རོལ་ཏུ་ ཤའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན་བྱིངས་དེ་རྣམས་ཀྱི་མཐའི་ཨིའི་ཡི་གེ་དང་། རྀ་དང་། ང་དང་། ལྀ་རྣམས་རྗེས་འབྲེལ་ཕྱིས་པའི་དྷྲྀ་ཡན་ཆད་ཐམས་ཅད་ལ། ཨཱ་གཉིས་པར་བྱིངས་ ལས་ཀྱང་རྒྱུ་ལའོ་ཞེས་པས་ཨིན་དང་། ཙུར་སོགས་ལས་ཀྱང་ངོ་ཞེས་པས་པྲྀ་ལའང་ཨིན་ སྦྱིན་ཞིང་། སྔར་བཞིན་ཨ་ཡིག་ཨུ་པ་དྷཱ་ཥ་ཡིག་དང་ས་ཡིག་དག་རིང་པོ་དང་། ནཱ་མིའི་མཐའ་ ཅན་དྷྲྀ་དང་པྲྀའི་རྀ་ཡིག་དག་འཕེལ་བ་བྱས་ཏེ་ཨཱར་དང་། ཨཱ་ལྔ་པར། ཨུ་པ་དྷཱ་ནཱ་མིའང་ཞེས་ 6-1-526 པས་བི་དང་ཙིའི་ཨི་ཡིག་དག་ཡོན་ཏན་བྱས་ཏེ་ཨེ་རུ་བསྒྱུར་ལ། ཨཱ་གཉིས་པར་བྱེད་པ་པོ་ལ་ ཞེས་པས་ཐམས་ཅས་ཀྱི་མཐར་ཨན་བྱིན་པ་ན། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་ ཨིན་ཐམས་ཅད་ཡོན་ཏན་བྱས་ཏེ་ཨེ་རུ་གྱུར་པ་དང་མཚམས་སྦྱར་བའི་མཐར། མདོ་འདིས་ ཤའི་རྐྱེན་བྱིན་པའི་ཁྱད་དོན་དབྱི་ཞིང་། ཨཱ་བརྒྱད་པར་བྱིངས་ཀྱི་དང་པོའི་ཥའི་ཞེས་པས་ཥ་ ཡིག་ས་རུ་བསྒྱུར་ཏེ། ཨཱ་ལྔ་པར་མུ་ཙ་སོགས་ཀྱི་དབྱངས་ལས་ཞེས་པས་ལིཔ་དང་བིད་ཀྱི་ དབྱངས་མཐར་ན་ཨཱ་ག་མ་བྱིན་ནས། ཨཱ་དྲུག་པར་ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་ལ་ ཞེས་པས་རྐྱེན་གྱི་ཨ་ཕྱིས་ཏེ་མཐར་སི་བྱིན་པས། སཱ་ཧ་ཡཿ(བཟོད་པར་བྱེད། ) ཤཱ་ཏ་ཡཿ བེ་ད་ཡཿ ཨུ་དེ་ཛ་ཡཿ ཙེ་ཏ་ཡཿ དྷཱ་ར་ཡཿ པཱ་ར་ཡཿ ལིམྦཿ བིན་དཿ(ཐོབ་པ་པོ། )ཞེས་པ་ལྟ་བུའོ། །བྱིངས་ འདི་རྣམས་ལས་སྔོན་དུ་ཉེར་བསྒྱུར་ཡོད་ན་ཤའི་རྐྱེན་སྦྱིན་པར་མི་འགྱུར་ཏེ། དཔེར་ན་པྲ་སྔ་ མ་ཅན་གྱི་ལིཔ་ལ། འདི་ཉིད་དུ་ནཱ་མི་ཨུ་པ་དྷཱ་དང་པྲཱི་ཞེས་པས་ཀའི་རྐྱེན་སྦྱིན་ནས་ཁྱད་དོན་ ཕྱིས་ཏེ་དབྱངས་པ་ལ་སྦྱར་བའི་མཐར་སི་བྱིན་པས། བྲ་ལི་པཿཞེས་པ་ལྟ་བུ་སྟེ། དེ་བཞིན་ གཞན་རྣམས་ལའང་སྦྱར་བས་ཤེས་སོ། །ཛྭལ་སོགས་དང་དཱུ་དང་ནཱི་དང་བྷཱུ་ལས་ཎ་ཡང་ནའོ་ ཞེས་པ་ནི་ཛྭ་ལ་འབར་བ་དང་། སོགས་པའི་སྒྲས་ཙལ་ནས་བརྩམས་ཏེ་ཀས་འགྲོ་བའི་བྱིངས་ ཀྱི་བར་རྣམས་དང་། ཌུ་དཱུ་ཉེ་བར་གདུང་བ་དང་། ཎཱིཉ་ཐོབ་པ་དང་། བྷཱུ་ཡོད་པའི་བྱིངས་འདི་ རྣམས་ལས་སྔོན་དུ་ཉེར་བསྒྱུར་མེད་པ་ལ་ཕ་རོལ་ཏུ་ཎའི་རྐྱེན་སྦྱིན་པར་ཡང་ན་འགྱུར་ཞིང་ ཡང་ན་མི་འགྱུར་ཏེ། དཔེར་ན། ཛྭལ་དང་། ཙལ་དང་། ཌུདུ་དང་། ཎཱིཉ་དང་། བྷཱུ་རྣམས་ཀྱི་ཌུ་ དང་ཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཎ་བྱིན་པའི་ཎ་ཡིག་ཨིཙ་དང་འདྲ་བའི་ཁྱད་དོན་ ཡིན་པས་ཕྱིས་ནས་དབྱངས་འཇོག་པ་ནི་འོག་མ་རྣམས་ལའང་ཤེས་པར་བྱ་ཞིང་། ཨཱ་དྲུག་ པར་ཨིན་ཨིཙ་ཞེས་པས་སྔ་མ་དག་གི་ཨུ་པ་དྷཱ་རིང་པོར་བསྒྱུར་ལ། ནཱ་མིའི་མཐའ་ཅན་ཕྱི་མ་ རྣམས་འཕེལ་བ་བྱས་ཏེ་མཚམས་སྦྱར་ཞིང་། ཨཱ་བརྒྱད་པར་ཎའི་ནའོ་ཞེས་པས་ཎ་ཡིག་ཎ་རུ་ 6-1-527 བསྒྱུར་བ་རྣམས་ཀྱི་མཐར་སི་བྱིན་པས། ཛྭཱ་ལཿ(མེ་ལྕེའོ། །) ཙཱ་ལཿ (གཡོ་བ། ) དཱ་ཝཿ ནཱ་ཡཿ བྷཱ་ ཝཿ(དངོས་པོ། )ཞེས་པ་དང་། ཡང་ན་ཎ་མི་སྟེར་བར་འདི་ཉིད་དུ་པ་ཙ་སོགས་ལས་ཞེས་པས་ ཐམས་ཅད་ཀྱི་མཐར་ཨཙ་བྱིན་པའི་ཙ་ཁྱད་དོན་དབྱི་ཞིང་། ནཱ་མི་རྣམས་ཡོན་ཏན་བྱས་ཏེ་ མཚམས་སྦྱར་བའི་མཐར་སི་བྱིན་པས། ཛྭལ་(མེ་ལྕེའོ། །) ཙ་ལཿ(གཡོ་བ། ) ད་ཝཿ ན་ཡཿ བྷ་ ཝཿ(དངོས་པོ། ) ཞེས་པ་ལྟ་བུའོ། །སློབ་ཕན་དུ། དུ་དང་ནཱི་ལ་ཎའི་རྐྱེན་རྟག་ཏུ་འདོད་ཅེས་བཤད་ པ་ནི་མདོ་ལས་ཡང་ན་ཞེས་གསུངས་པ་དང་འགལ་ལོ། །བྱིངས་འདི་རྣམས་ལ་སྔོན་དུ་ཉེར་ བསྒྱུར་ཡོད་ན་ཎའི་རྐྱེན་སྦྱིན་པར་མི་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཛྭལ་ལ་སྔར་ བཞིན་ཨཙ་དང་སི་བྱིན་པས། པྲ་ཛྭ་ལཿ ཞེས་པ་ལྟ་བུའོ། །སཾ་ཨཱང་དག་ལ་ཤྲུ་ལས་སོ་ཞེས་པ་ ནི་སཾ་ཨཱང་འདི་དག་ཉེ་བའི་ཚིག་ཅན་གྱི་ཤྲུ་འགྲོ་བའི་བྱིངས་འདི་ལས་ཕ་རོལ་ཏུ་ཎའི་རྐྱེན་ སྦྱིན་པར་འགྱུར་ཏེ། ཡང་ན་ཞེས་པ་ནི་མི་འཇུག་གོ དཔེར་ན། སཾ་དང་ཨཱཾ་སྔ་མ་ཅན་གྱི་ཤྲུལ། མདོ་འདིས་ཎ་བྱིན་ནས། སྔར་བཞིན་ནཱ་མི་འཕེལ་བ་བྱས་ཏེ། མཚམས་སྦྱར་བའི་མཐར་སི་ བྱིན་པས། སཾ་ཤྲཱ་ཝཿ(ཡང་དག་པར་ཐོས། ) ཨཱ་ཤྲཱ་ཝཿ(ཀུན་ནས་ཐོས། )ཞེས་པ་ལྟ་བུའོ། །སཾ་དང་ཨཱང་ཉེ་ བའི་ཚིག་མ་ཡིན་པའི་ཤྲུལ་ནི་ཎ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཤྲུལ་སྔར་བཞིན་ཨཙ་ བྱིན་ནས། ཨཱ་ལྔ་པར་ནཱ་མི་མཐའི་ཞེས་པས་ཨུ་ཡོན་ཏན་བྱས་ཏེ་མཚམས་སྦྱར་ནས་སི་བྱིན་ པས། ཤྲཝཿ(ཐོས་སོ། །)ཞེས་པ་ལྟ་བུའོ། །ཨ་ཝ་ལ་གྲྀ་ཥཱ་དག་གིའོ་ཞེས་པ་ནི་ཨ་ཝ་ཉེ་བའི་ཚིག་ ཅན་ཧྲིཉ་འཕྲོག་པ་དང་ཥོ་མཐའི་ལས་ལ་འཇུག་པའི་བྱིངས་འདི་དག་གི་ཕ་རོལ་དུའང་ཎའི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨ་ཝ་སྔ་མ་ཅན་གྱི་ཧྲྀཉ་རྗེས་འབྲེལ་ཕྱིས་པ་དང་ཥོ་ལ། མདོ་འདིས་ཎ་བྱིན་ནས། སྔར་བཞིན་རྀ་ཡིག་འཕེལ་བ་དང་། ཥ་ཡིག་ས་དང་། ཨཱ་བཞི་པར་ མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ཞེས་པས་སའི་དབྱངས་ཨཱ་དང་། ཨཱ་དྲུག་པར་ཨཱཏ་ མཐའ་རྣམས་ཀྱི་ཨིཙ་ལ་ཞེས་པས་དེ་ཡང་ཨཱཡ་རུ་བསྒྱུར་ཏེ་སི་བྱིན་པས། ཨ་ཝ་ཧཱ་རཿ(སེ་མོ་ 6-1-528 དོ། ) ཨ་ཝ་ས་ཡཿཞེས་པ་ལྟ་བུའོ། །དི་ཧི་ལི་ཧི་ཤླི་ཥི་ཤྭ་སི་བྱ་དྷི་ཨཏི་ཨིཎ་ཤྱཱ་ཨཱཏ་རྣམས་ཀྱིའང་ ངོ་ཞེས་པ་ནི་དིཧ་ཉེ་བར་སོག་པ་དང་། ལི་ཧ་རོ་མྱོང་བ་དང་། ཤླི་ཥ་འཁྱུད་པ་དང་། ཤྭ་ས་སྲོག་ འཛིན་པ་དང་། བྱདྷ་འཐོར་བ་དང་། ཨ་ཏི་སྔ་མ་ཅན་གྱི་ཨིན་འགྲོ་བ་དང་། ཨ་ཝ་སྔ་མ་ཅན་ གྱི་ཤྱཻ ང་འགྲོ་བ་དང་། ཨཱ་ཡིག་མཐའ་ཅན་གྱི་བྱིངས་རྣམས་ཀྱི་ཕ་རོལ་དུའང་ཎའི་རྐྱེན་སྦྱིན་ པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཎ་དང་ང་རྗེས་འབྲེལ་ཕྱིས་པ་དང་། ཨཱཏ་ མཐའ་ཅན་ཌུ་དཱཉ་སྦྱིན་པའི་བྱིངས་རྗེས་འབྲེལ་ཌུ་ཉ་ཕྱིས་པ་ལ། མདོ་འདིས་ཎ་བྱིན་ནས། སྔར་བཞིན་ནཱ་མི་ཨུ་པ་དྷཱ་ཅན་ཨི་ཡིག་རྣམས་ཡོན་ཏན་བྱས་ཏེ་ཨེ་དང་། ཨ་ཡིག་ཨུ་པ་དྷཱ་ཅན་ དག་རིང་པོ་དང་། ནཱ་མི་མཐའ་ཅན་ཨིཎ་གྱི་ཎ་ཕྱིས་ནས་ཨི་ཡིག་འཕེལ་བ་དང་། ཨཱཏ་མཐའ་ ཅན་ཨཱ་ཡ་རུ་བསྒྱུར་ནས་མཚམས་སྦྱར་ཏེ། ཐམས་ཅད་ཀྱི་མཐར་སི་བྱིན་པས། དེ་ཧཿ(ལུས་ སོ། །) ལེ་ཧཿ རོ་མྱང་ངོ་། །) ཤླིཥཿ(འཁྱུད་པའོ། །) ཤྭཱ་སཿ(དབུགས་སོ། །)བྱཱ་དྷཿ(བསྣུན་པའོ། །) ཨ་ཏྱཱ་ཡཿ(ཤིན་ཏུ་ འགྲོ་བའོ། །) ཨ་ཝ་ཤྱཱ་ཡཿ དཱ་ཡཿ(སྦྱིན་ནོ། །) ཞེས་པ་ལྟ་བུའོ། །གྲ་ཧི་ལས་ཡང་ནའོ་ཞེས་པ་ནི་གྲཧ་ ཉེ་བར་ལེན་པའི་བྱིངས་འདི་ལས་ཕ་རོལ་ཏུ་ཡང་ན་ཎའི་རྐྱེན་སྦྱིན་པར་འགྱུར་ཞིང་ཡང་ན་མི་ འགྱུར་ཏེ། དཔེར་ན། གྲཧ་ལ། དུར་ཕན་དག་ལས། ཆུ་ལ་སྤྱོད་པའི་དོན་ལ། མདོ་འདིས་ཎ་ བྱིན་ནས། སྔར་བཞིན་ཨུ་པ་དྷཱ་རིང་པོར་བསྒྱུར་ཏེ་སི་བྱིན་པས་གྲཱཧཿཞེས་པ་དང་། ཡང་ན་ཉི་ མ་ལ་སོགས་པ་སྣང་བྱེད་ཀྱི་དོན་ལ་སྔར་བཞིན་ཨཙ་དང་སི་བྱིན་པས། གྲ་ཧཿཞེས་པ་ལྟ་བུའོ། ། ལྔ་པ་བྱིངས་རྣམས་དོན་གཞན་ལ་འཇུག་པ་ན་ཨཀ་སོགས་ཀྲྀཏ་རྐྱེན་རྣམས་སོ་སོར་ སྟེར་ཚུལ་ནི། ཁང་པ་ལ་ནི་ཨཀའོ་ཞེས་པ་གྲཧ་ལས་ཁང་པའི་དོན་ལ་འཇུག་པ་ན་ཕ་རོལ་ ཏུ་ཨཀའི་རྐྱེན་སྦྱིན་པར་བྱ་སྟེ། དཔེར་ན། གྲཧ་ལ་ཨཀ་བྱིན་པའི་ཀ་ཡིག་ཡཎ་དང་འདྲ་བའི་ ཁྱད་དོན་ཡིན་པས་ཕྱིས་ནས། ཨཱ་བཞི་པར་གྲ་ཧི་ཛྱཱ་ཞེས་པས་གྲའི་ར་ཡིག་དབྱངས་དང་ 6-1-529 བཅས་པ་རྀ་རུ་བསྒྱུར་ཏེ་སི་བྱིན་པ་སྔར་བཞིན་མ་ནིང་ལས་ཕྱིས་ནས་མུ་ཨཱ་ག་མ་བྱིན་པས། གྲྀ་ཧཾ་ཞེས་པ་ལྟ་བུའོ། །བཟོ་བོ་ལ་པུ་ཥའོ་ཞེས་པ་ནི་དུར་ཕན་དག་ལས་འབྱུང་བ་ལྟར། ནྲྀ་ཏི་ ཁ་ནུ་རཉྩི་རྣམས་ཁོ་ན་ལས་བཟོ་བོ་མངོན་པར་བརྗོད་པའི་དོན་ལ་ཕ་རོལ་ཏུ་བུཥའི་རྐྱེན་སྦྱིན་ པར་འགྱུར་ཏེ། དཔེར་ན། ནྲྀ་ཏི་ལུས་གཡོ་བ་དང་། ཁ་ནུ་ངེས་པར་འཇོམས་པ་དང་། རཉྫི་ ཚོས་ཀྱི་བྱིངས་རྣམས་ཨི་དང་ཨུ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་བུཥ་བྱིན་པའི་ཥ་ཡིག་ནི་ ཨཱི་ཡིག་གི་དོན་ཡིན་པས་དབྱི་ཞིང་། ཀྲྀཏ་དྲུག་པར་ཡུ་བུ་ཛྷ་ཞེས་པས་བུ་ཡིག་ཨ་ཀ་རུ་བསྒྱུར་ ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་རྀ་ཡོན་ཏན་བྱས་ལ། ཀྲྀཏ་དང་པོར་བུཥ་ དང་གྷི་ཎིན་དག་ལ་ཞེས་པས་རཉྫའི་ཉ་ཕྱིས་ཏེ་སྐྱེས་པའི་རྟགས་ལ་སི་བྱིན་པས། ནརྟ་ཀཿ(གར་ མཁན། ) ཁ་ཎ་ཀཿ(རྐོས་མཁན། ) ར་ཛ་ཀཿ(ཚོག་མཁན། ) ཞེས་པ་དང་། བུད་མེད་དུ་སྒྲུབ་པ་ལ། བུ་ ཡིག་ཨ་ཀར་གྱུར་པའི་མཐར། ནཱ་བཞི་པར་ནཱ་ད་སོགས་ཞེས་པ་དང་། སློབ་ཕན་གྱི་ནཱ་བདུན་ པར་ཥ་ཊ་རྗེས་སུ་འབྲེལ་པ་ལ་ཞེས་པས་ཨཱིའི་རྐྱེན་བྱིན་པ་ན། བུད་མེད་དུ་བྱས་པའི་ཨཱི་ཡིག་ ལ་ཞེས་པས་མཐའི་ཨ་དང་། ནཱ་དང་པོར་ཨཱི་ཡིག་མཐའ་ཞེས་པ་ལྟར་སིའང་ཕྱིས་པས། ནཱརྟ་ ཀཱི། ཁ་ན་ཀཱི། ར་ཛ་ཀཱི་ཞེས་པ་ལྟ་བུའོ། །གཱ་ལས་ཐ་ཀའོ་ཞེས་པ་ནི་གཻ་སྒྲ་ལའོ་ཞེས་པའི་ བྱིངས་འདི་ལས་བཟོ་བོའི་དོན་བརྗོད་པ་ན་ཐ་ཀའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། གཻ་ལ་ མདོ་འདིས་ཐ་ཀ་བྱིན་པ་ན། ཨཱ་བཞི་པར་མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ཞེས་པས་ གཻའི་དབྱངས་ཨཱ་རུ་བསྒྱུར་ནས་སི་བྱིན་པས། གཱ་ཐ་ཀཿ(ཚིགས་བཅད་མཁན། ) ཞེས་པ་ལྟ་བུའོ། ། ཎྻུཊ་འང་ངོ་ཞེས་པ་ནི་གཻ་ལ་བཟོ་བོའི་དོན་བརྗོད་པ་ན་ཎྻུཊ་འང་རྐྱེན་དུ་སྦྱིན་པར་འགྱུར་ཏེ། དཔེར་ན། གཻ་ལ་ཎྻུཊ་བྱིན་པའི་ཎ་ཡིག་ཨིཙ་དང་འདྲ་བའི་དོན་དང་། ཊ་ཡིག་ཨཱི་ཡིག་གི་དོན་ ཡིན་པས་དབྱི་ཞིང་། སྔར་བཞིན་གཻའི་དབྱངས་ཨཱ་དང་། ཨཱ་དྲུག་པར་ཨཱཏ་མཐའ་རྣམས་ཀྱི་ ཨིཙ་ལ་ཞེས་པས་དེ་ཡང་ཨཱ་ཡ་དང་། ཨུའང་སྔར་བཞིན་ཨ་ན་རུ་བསྒྱུར་ནས་སི་བྱིན་པས། 6-1-530 གཱ་ཡ་ནཿ(གླུ་མཁན། ) ཞེས་པ་དང་། ཡང་སྔར་བཞིན་བུད་མེད་དུ་བསྒྲུབས་པས་གཱ་ཡ་ནཱི་ཞེས་པ་ ལྟ་བུའོ། །ཧཱ་ལས་དུས་དང་འབྲུ་དག་ལའོ་ཞེས་པ་ནི་ཨོ་ཧཱཀ་གཏོང་བའམ། ཡང་ན་ཨོ་ཧཱང་ འགྲོ་བའི་བྱིངས་འདི་ལས། དུས་དང་འབྲུའི་དོན་བརྗོད་པ་ནའང་ཕ་རོལ་ཏུ་ཎྱུཊའི་རྐྱེན་སྦྱིན་ པར་འགྱུར་ཏེ། དཔེར་ན། ཨོ་དང་ཀ་རྗེས་འབྲེལ་ཕྱིས་པའི་ཧཱ་ལ། དོན་དེ་དག་བརྗོད་པ་ན་ མདོ་འདིས་ཎྱུཊ་བྱིན་ནས་ཁྱད་དོན་དབྱི་ཞིང་སྔར་བཞིན་ཧཱའི་དབྱངས་ཨཱཡ་དང་། ཡུ་ཡིག་ཨ་ ན་རུ་བསྒྱུར་ནས་སི་བྱིན་པས་ཧཱ་ཡ་ནཿཞེས་པས་ལོ་དང་། ཧཱ་ཡནཿཞེས་པས་འབྲུ་བརྗོད་པ་ ལྟ་བུའོ། །དུས་དང་འབྲུའི་དོན་མ་ཡིན་པ་ལ་ནི་ཎྱུཊ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཧཱ་ལ་ འདི་ཉིད་དུ་བུཎ་ཏྲྀ་ཙ་དག་གོ་ཞེས་པས་ཏྲྀ་ཙ་དག་གོ་ཞེས་པས་ཏྲྀ་ཙ་བྱིན་པའི་ཙ་ཁྱད་དོན་དབྱི་ ཞིང་སི་བྱིན་པ་ན་སྔར་བཞིན་ཏྲྀའི་དབྱངས་ཨཱ་རུ་བསྒྱུར་ནས་སི་ཕྱིས་པས། ཧཱ་ཏཱ་(གདོང་ངོ་། །) ཞེས་པ་ལྟ་བུའོ། །སྨོན་པ་ལ་ཨ་ཀའོ་ཞེས་པ་ནི་སྨོན་པ་རྟོགས་པར་བྱ་བཞིན་པའི་བྱིངས་ལས་ ཕ་རོལ་ཏུ་ཨ་ཀའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཛཱི་ཝ་སྲོག་གི་རྒྱུན་གྱི་བྱིངས་ལ་མདོ་ འདིས་ཨ་ཀའི་རྐྱེན་སྦྱར་ཏེ་སི་བྱིན་པས། ཛཱི་ཝ་ཀཿ(ཚེ་རིང་པོ་ཅམ། ) (རིང་དུ་འཚོ་བ་ཅན། )ཞེས་པ་ལྟ་ བུའོ། །སྨོན་པའི་དོན་མ་ཡིན་པ་ལ་ནི་ཨ་ཀ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཛཱི་ཝ་ལ་སྔར་ བཞིན་ཏྲྀཙ་དང་། བྱིངས་ཐམས་ཅད་པ་མིན་པ་ཞེས་པས་བར་དུ་ཨིཊ་དང་། མཐར་སི་སྦྱིན་ ནས་སྔར་བཞིན་བསྒྲུབས་པས། ཛཱི་ཝི་ཏཱ་(འཚོ་བ་བོ། །)ཞེས་པ་ལྟ་བུའོ། །སྲུཾ་སྲུ་སྲྀ་ལཱུ་རྣམས་ཀྱི་ ལེགས་པར་བྱེད་པ་ལའོ་ཞེས་པ་ནི་སྲུང་འགྲོ་བ་དང་སྲུ་ཐོས་པ་དང་། སྲྀ་འགྲོ་བ་དང་། ལཱུཉ་ གཅོད་པའི་བྱིངས་འདི་རྣམས་ཀྱི་མཐར། ལེགས་པར་བྱེད་པའི་དོན་ལ་ཨ་ཀའི་རྐྱེན་སྦྱིན་ པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ང་དང་ཉ་རྗེས་འབྲེལ་ཕྱིས་པ་ལ་ལེགས་པར་ བྱེད་པ་པོའི་དོན་བརྗོད་པ་ན། མདོ་འདིས་ཨ་ཀ་བྱིན་ནས། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ཞེས་ པས་ཨུ་པ་དྷཱའི་དབྱངས་ཡོན་ཏན་བྱས་ཏེ་སྲུ་དག་གི་ཨུ་ཡིག་ཨོ་དང་། སྲྀའི་རྀ་ཡིག་ཨར་དང་། 6-1-531 ནཱ་མི་མཐའི་ཞེས་པས་ལཱུའི་ཨཱུའང་ཡོན་ཏན་བྱས་ཏེ་ཨོ་རུ་བསྒྱུར་ནས་མཚམས་སྦྱར་པའི་ མཐར་སི་བྱིན་ནས། སྲ་ཝ་ཀཿ (ལེགས་པར་འགྲོའོ། །)སྲ་ཝ་ཀཿ ས་ར་ཀཿ ལ་ཝ་ཀཿཞེས་པ་ལྟ་ བུའོ། །ལེགས་པར་བྱེད་པའི་དོན་མ་ཡིན་པ་ལ་ནི་ཨ་ཀའི་རྐྱེན་སྦྱིན་པར་མི་འགྱུར་ཏེ། དཔེར་ ན། སྲུ་སྔར་བཞིན་ཏྲྀཙ་བྱིན་པའི་ཙ་ཁྱད་དོན་དབྱི་ཞིང་། ཨུ་ཡིག་ཡོན་ཏན་བྱས་ནས་སི་བྱིན་ པ་ན། ཏྲྀའི་རྀ་ཡིག་ཨཱ་རུ་བསྒྱུར་ཏེ་སི་ཕྱིས་པས། སྲོ་ཏཱ་(རྒྱུན་དུ་ཞུགས་པ། ) ཞེས་པ་ལྟ་བུའོ། །ཞེས་ པ་བྱིངས་རྣམས་མིང་དུ་སྒྲུབ་པར་བྱེད་པ་ཀྲྀཏ་ཀྱི་མདོ་རྣམས་ལས་རྐང་པ་གཉིས་པའི་འགྲེལ་ པ་རྫོགས་སོ།། །། གསུམ་པ་ལས་དང་མིང་ཉེ་བའི་ཚིག་གཙོ་བོ་ལ་བྱིངས་ལ་རྐྱེན་རྣམས་སོ་སོར་སྦྱོར་ཚུལ་ ལ་དྲུག་ལས། དང་པོ་གཙོ་བོར་ལས་ཉེ་བའི་ཚིག་ལ་བྱིངས་ལ་ཨཎ་སོགས་ཀྱི་རྐྱེན་སྦྱོར་ཚུལ་ རྒྱས་པར་བཤད་པ་ནི། ལས་ལ་ཨཎའོ་ཞེས་པ་ནི་ལས་ཀྱི་མིང་ཉེ་བའི་ཚིག་ལ་བྱིངས་ལས་ཕ་ རོལ་དུ་ཨཎའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཀུམྦྷ་དང་། ཀུཎྜ་དང་། བེ་ད་རྣམས་ལ། ལས་སུ་བྱ་བའི་དོན་ལ་རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ་བྱིན་པ་ན། ནཱ་དང་པོར་ཨ་ ཡིག་ལ་དབྱིའོ་ཞེས་པས་རྟགས་མཐའི་དབྱངས་རྣམས་ཕྱིས་ཏེ་སྦྱོར་བ་ནི་ཐམས་ཅད་དུའང་ ཤེས་པར་བྱ་ཞིང་། ཉེ་བའི་ཚིག་ཏུ་གྲུབ་པ་དེ་རྣམས་རིམ་པ་ལྟར་སྔ་མ་ཅན་གྱི་ཌུ་ཀྲྀཉ་རྗེས་ འབྲེལ་ཕྱིས་པ་གཉིས་དང་། ཨ་དྷི་སྔ་མ་ཅན་གྱི་ཨིང་ཀློག་པའི་བྱིངས་ང་རྗེས་འབྲེལ་ཕྱིས་པ་ རྣམས་ལ་མདོ་འདིས་ཨཎ་བྱིན་པའི་ཎ་ཡིག་ཨི་ཙ་དང་འདྲ་བའི་ཁྱད་དོན་འཕྱིད་པའང་ ཐམས་ཅད་དུ་ཤེས་པར་བྱ་སྟེ། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་རྀ་ཡིག་དག་དང་ཨི་ཡིག་ འཕེལ་བ་བྱས་ནས་མཚམས་སྦྱར་ལ། ཀྲྀཏ་གཉིས་པར་དེའི་དེ་ཡིས་བསྡུ་བའོ་ཞེས་པས་སྔ་མ་ རྣམས་ཀྱི་རྣམ་དབྱེ་ཨཾ་ཀྲྀཏ་ཀྱི་མཐའ་ཅན་གྱི་བྱིངས་དང་ལྷན་ཅིག་པའི་བསྡུ་བས། ནཱ་ལྔ་བར་ དེར་གནས་རྣམ་དབྱེ་རྣམས་ཞེས་པས་འཕྱིད་པའང་ཐམས་ཅད་དུ་ཤེས་པར་བྱ་ཞིང་། མཐར་ 6-1-532 སི་བྱིན་པས། ཀུམྦྷ་ཀཱ་རཿ(རྫ་མཁན། ) ཀུཎྜ་ཀཱ་རཿ(ཐབ་བཟོ་བ། )བེ་ད་དྷྱཱ་ཡཿ(རིག་བྱེད་ཀློག་པ། )ཞེས་ པ་ལྟ་བུའོ། །ཧྭཱ་བཱ་མཱ་ལས་ཀྱང་ངོ་ཞེས་པ་ནི་ལས་ཀྱི་མིང་ཉེ་བའི་ཚིག་ཅན་ཧྭེཉ་འགྲན་པ་དང་། བེཉ་སྣལ་མའི་རྒྱུན་དང་། མཱ་ཐུན་མོང་བའི་བྱིངས་འདི་རྣམས་ལས་ཀྱང་ཕ་རོལ་ཏུ་ཨཎ་འི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། སྭརྒ་དང་ཏནྟྲ་དང་དྷྱཱ་ནྱ་རྣམས་རིམ་པ་ལྟར་སྔ་མར་ཡོད་ པའི་བྱིངས་དེ་རྣམས་ཀྱི་ཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཨཎ་བྱིན་ནས། ཨཱ་བཞི་པར་ མཚམས་སྦྱོར་གྱི་ཡི་གེའི་ཞེས་པས་ཨེ་ཡིག་དག་ཨཱ་དང་། ཨཱ་དྲུག་པར་ཨཱཏ་མཐའ་རྣམས་ཀྱི་ ཨིཙ་ལ་ཞེས་པས་དེའང་ཨཱ་ཡི་རུ་བསྒྱུར་བའི་ཨི་བརྗོད་དོན་ཕྱིས་ཏེ་སི་བྱིན་པས། སྭརྒ་ཧྭཱ་ ཡཿ(མཐོ་རིས་ལས་འགྲན་ནོ། །) ཏནྟྲ་བཱ་ཡཿ(ཐགས་རྒྱུ་སྣལ་མའོ། །) དྷྱཱ་ནྱ་མཱ་ཡཿ(འབྲུ་ནི་ཐུན་མོང་ངོ་། །)ཞེས་པ་ ལྟ་བུའོ། །ཤཱི་ལི། ཀཱ་མི། བྷཀྵི། ཙ་རི་རྣམས་ལས་ཎའོ་ཞེས་པ་ནི་ལས་ཀྱི་མིང་ཉེ་བའི་ཚིག་ ཅན་ཤཱི་ལ་ཉེ་བར་འཛིན་པ་དང་། ཀ་མུ་མཛེས་པ་དང་། བྷཀྵ་ཟ་བ། ཨཱང་སྔ་མ་ཅན་གྱི་ཙར་ འགྲོ་བའི་བྱིངས་། འདི་རྣམས་ཨིན་གྱི་མཐའ་ཅན་ལས་ཕ་རོལ་ཏུ་ཎའི་རྐྱེན་སྦྱིན་པར་འགྱུར་ ཏེ། དཔེར་ན། མཱཾ་ས་དང་དྷརྨ་དང་སརྦ་དང་ཀ་ལྱཱ་ཎ་རྣམས་རིམ་པ་ལྟར་སྔ་མ་ཅན་གྱི་བྱིངས་ དེ་རྣམས་ཀྱི་མུའི་ཨུ་རྗེས་འབྲེལ་ཕྱིས་པ་ལ། ཨཱ་གཉིས་པར་ཙུར་སོགས་ལས་ཀྱང་ངོ་ཞེས་ པས་ཨིན་བྱིན་པ་ན། སྔར་བཞིན་ཀ་དང་ཙ་རིང་པོར་བསྒྱུར་ཏེ། ཨཱ་དྲུག་པར་ཀཱ་རི་ཏའི་ཨཱམ་ ཨིཊ་ཞེས་པས་ཨིན་དབྱི་ཞིང་། མདོ་འདི་ས་ཎ་བྱིན་པའི་ཎ་ཁྱད་དོན་ཕྱིས་ནས་དབྱངས་ བཞག་སྟེ་མཐར་སི་བྱིན་པས། མཱཾ་ས་ཤཱི་ལཾཿ(ཤ་ཉེ་བར་འཛིན། ) དྷརྨ་ཀཱ་མཿ(ཆོས་འདོད་དོ། །) སརྦ་ བྷཀྵཿ(ཐམས་ཅད་ཟའོ། །) ཀ་ལྱཱ་ཎ་ཨཱ་ཙཱ་ར་(དགེ་བ་ཀུན་ཏུ་སྤྱོད་དོ། །)ཞེས་པ་ལྟ་བུའོ། །ཉེར་བསྒྱུར་མེད་ པའི་ཨཱཏ་ལས་ཌའོ་ཞེས་པ་ནི་ལས་ཀྱི་མིང་ཉེ་བའི་ཚིག་ཅན་ཉེར་བསྒྱུར་མེད་པའི་ཨཱ་ཡིག་ མཐའ་ཅན་གྱི་བྱིངས་རྣམས་ལས་ཕ་རོལ་ཏུ་ཌའི་རྐྱེན་སྦྱིན་པར་འགྱུར་ཞིང་། ཏ་ཡིག་ནི་ཐེ་ ཚོམ་སེལ་བའི་དོན་ཏེ། དཔེར་ན། གོ་དང་ཀམ་བ་ལ་ཉེ་བའི་ཚིག་སྔ་མ་ཅན་གྱི་ཌུ་དཱཉ་སྦྱིན་ 6-1-533 པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཌ་བྱིན་པའི་ཌ་ཡིན་ནི། ནཱ་དྲུག་པར་ཌ་རྗེས་ སུ་འབྲེལ་པ་ལ་མཐའི་དབྱངས་སོགས་ཞེས་པའི་ཁྱད་དོན་ཡིན་པས་ཕྱིས་ནས་དབྱངས་ བཞག་ཅིང་མདོ་འདིས་ཉིད་ཀྱིས་དཱའི་དབྱངས་ཀྱང་ཕྱིས་ཏེ་སི་བྱིན་པས། གོ་དཿ(ས་གཞི་སྦྱིན། ) ཀམ་བལ་དཿ(གོས་སྦྱིན། ) ཞེས་པ་ལྟ་བུའོ། །ལས་ཉེ་བའི་ཚིག་ཨཱ་ཡིག་མཐའ་ཅན་གྱི་བྱིངས་ ཡིན་ཡང་། ཉེར་བསྒྱུར་ཡོད་ན་ནི་ཌའི་རྐྱེན་སྦྱིན་པར་མི་འགྱུར་ཏེ། དཔེར་ན། པ་ཌ་བཱ་ཉེ་བའི་ ཚིག་ཅན་སཾ་སྔ་མ་ཅན་གྱི་དཱ་ལ། འདི་ཉིད་དུ་ལས་ལ་ཞེས་པས་ཨན་བྱིན་ནས། སྔར་བཞིན་ དཱའི་དབྱངས་ཨཱ་ཡ་རུ་བསྒྱུར་ཏེ་སི་བྱིན་པས། བ་ཌ་བཱ་སཾ་དཱ་ཡ(རྒོད་མ་སྦྱིན། ) ཞེས་པ་ལྟ་བུའོ། ། དུར་སིང་དུ་ནི་ཉེར་བསྒྱུར་མེད་པའི་ཀའོ་ཞེས་པ་དང་། མདོ་དེ་ལས་འཕྲོས་པ་རྣམས་ལའང་ ཀའི་རྐྱེན་སྦྱིན་པར་བཤད་དོ། །མིང་ལ་སྠཱ་ལས་ཀྱང་ངོ་ཞེས་པ་ནི་མིང་ཉེ་བའི་ཚིག་ལ་སྠཱ་ གནས་པའི་བྱིངས་འདི་ལས་ཀྱང་ཕ་རོལ་ཏུ་ཌའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ས་མ་ དང་ཏ་ཏྲ་མིང་ཉེ་བའི་ཚིག་ཅན་གྱི་སྠཱ་དག་ལ་མདོ་འདིས་ཌ་བྱིན་ནས། སྔར་བཞིན་སྠཱའི་ དབྱངས་དང་ཌ་ཕྱིས་ཏེ་སི་བྱིན་པས། ས་མ་སྠཱཿ (ཡང་དག་པར་གནས་སོ། །) ཏ་ཏྲ་སྠཱཿ(དེ་ལ་གནས་སོ། །) ཞེས་པ་ལྟ་བུའོ། །ཏུན་ད་ཤོ་ཀ་དག་ལ་པ་རྀ་མྲྀ་ཛ་ཨ་པ་ནུད་དག་གིའོ་གཞེས་པ་ནི་ཏུནྡ་དང་། ཤོ་ཀ་དག་རིམ་པ་བཞིན་ཉེ་བའི་ཚིག་ཅན་པ་རི་སྔ་མ་ཅན་གྱི་མྲྀ་ཛཱུ་དག་པ་དང་། ཨ་པ་སྔ་མ་ ཅན་གྱི་ནུད་དོད་པའི་བྱིངས་འདི་དག་གི་ཕ་རོལ་ཏུའང་ཌའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ ན། ཏུན་ཉེ་བའི་ཚིག་ཅན་པ་རྀ་མྲྀ་ཛཱུ་དང་། ཤོ་ཀ་ཉེ་བའི་ཚིག་ཅན་ཨ་པ་ནུད་དག་གི་ཨཱུ་རྗེས་ འབྲེལ་ཕྱིས་པ་ལ། །མདོ་འདིས་ཌ་བྱིན་པའི་ཁྱད་དོན་ཕྱིས་ཏེ་སི་བྱིན་པས། ཏུན་དཔ་རི་མྲྀ་ ཛཿ(གདུང་བ་ཡོངས་སུ་དག) ཤོ་ཀ་ཨ་པ་ནུ་དཿ(མྱ་ངན་བསལ་ལོ། །)ཞེས་པ་ལྟ་བུའོ། །པྲ་ལ་དཱ་དང་ཛྙཱ་ ལས་སོ་ཞེས་པ་ནི་ལས་ཉེ་བའི་ཚིག་དང་པྲའི་སྒྲ་ཉེ་བའི་ཚིག་ལ། ཌུ་དཱཉ་སྦྱིན་པ་དང་། ཛྙཱ་ ཁོང་དུ་ཆུད་པའི་བྱིངས་འདི་དག་ལས་ཕ་རོལ་ཏུའང་ཌའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། 6-1-534 པྲ་པཱ་ཉེ་བའི་ཚིག་ཅན་པྲ་སྔ་མ་ཅན་གྱི་ཌུ་དཱཉ་རྗེས་འབྲེལ་ཕྱིས་པ་ལ། པནྠི་ཉེ་བའི་ཚིག་ཅན་ པྲ་སྔ་མ་ཅན་ཛྙཱ་ལ། མདོ་འདིས་ཌ་བྱིན་པ་ན། ནཱ་དྲུག་པར་ཌ་རྗེས་སུ་འབྲེལ་པ་ལ་ཞེས་པས་ དཱ་དང་ཛྙཱའི་དབྱངས་དབྱི་ཞིང་སི་བྱིན་པ་ནཱ་གཉིས་པར་གསལ་བྱེད་ལའང་འདི་རྣམས་ཀྱི་ ཞེས་པས་པནྠིའི་ནའང་ཕྱིས་པ་ལ། པྲ་པཱ་པྲ་དཿ(དང་པོར་འཐུང་ན་སྦྱིན། ) པ་ཐི་པྲ་ཛྙཿ(ལམ་ཁོང་དུ་ཆུད། ) ཞེས་པ་ལྟ་བུའོ། །ལས་ཉེ་བའི་ཚིག་ཡོད་ཀྱང་པྲའི་སྒྲ་ཉེ་བའི་ཚིག་མེད་ན་དཱ་དང་ཛྙཱ་ལ་ཌ་སྦྱིན་ པར་མི་འགྱུར་ཏེ། དཔེར་ན། པྲ་པཱ་དང་སཾ་ཉེ་བའི་ཚིག་སྔ་མ་ཅན་གྱི་དཱ་ལ། འདི་ཉིད་དུ་ལས་ ལ་ཞེས་པས་ཨཎ་བྱིན་ནས། སྔར་བཞིན་དཱའི་དབྱངས་ཨཱ་ཡ་རུ་བསྒྱུར་ཏེ། སི་བྱིན་པས། པྲ་ པཱ་སཾ་དཱ་ཡཿཞེས་པ་ལྟ་བུའོ། །སཾ་ལ་ཁྱཱ་ལས་སོ་ཞེས་པ་ནི་ལས་དང་སཾ་ཉེ་བའི་ཚིག་ལ། ཙཀྵི ང་ གསལ་བར་སྨྲ་བའི་བྱིངས་ཁྱཱཉ་རུ་བསྒྱུར་བ་འདི་ལས་ཕ་རོལ་ཏུའང་ཌའི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། གོ་དང་སཾ་ཉེ་བའི་ཚིག་སྔ་མ་ཅན་གྱི་ཙཀྵི ང་ལ། མདོ་འདིས་ཌ་བྱིན་ནས་ ཨཱ་བཞི་པར་ཙཀྵི ང་འི་ཁྱཱཉ་འོ་ཞེས་པ་ལྟར་བསྒྱུར་བའི་ཉ་རྗེས་འབྲེལ་དབྱི་ཞིང་། ཁྱཱའི་ དབྱངས་ཀྱང་སྔར་བཞིན་ཕྱིས་ཏེ་སི་བྱིན་པས། གོ་སཾ་ཁྱཿ(བ་གླང་བགྲང་། ) ཞེས་པ་ལྟ་བུའོ། །གཱ་ ལས་ཊཀའོ་ཞེས་པ་ནི་ལས་ཉེ་བའི་ཚིག་ཉེར་བསྒྱུར་མེད་པ་ལ་གཻ་ལ་སྒྲའོ་ཞེས་པའི་བྱིངས་ འདི་ལས། ཕ་རོལ་ཏུ་ཊཀའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པཱ་མ་ཉེ་བའི་ཚིག་སྔ་མ་ཅན་ གྱི་གཻ་ལ། མདོ་འདིས་ཊཀ་བྱིན་པའི་ཊ་ཡིག་ནི། སློབ་ཕན་གྱི་ནཱ་བདུན་པར་ཥ་ཊ་རྗེས་སུ་ འབྲེལ་པ་ལ་ཞེས་པའི་ཁྱད་དོན་དང་། ཀ་ཡིག་ཡཎ་དང་འདྲ་བའི་ཁྱད་དོན་ཡིན་པས་ཕྱིས་ ནས་དབྱངས་བཞག་ཅིང་། ཨཱ་བཞི་པར་མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ཞེས་པའི་ གཻའི་དབྱངས་ཨཱ་རུ་བསྒྱུར་བའང་། དེ་ཉིད་དུ་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཞེས་པས་ ཕྱིས་ཏེ་སི་བྱིན་པས། པཱ་མ་གཿཞེས་པ་ལྟ་བུའོ། །སུ་རཱ་ཤཱི་དྷུ་དག་ལ་པི་ཝ་ཏི་ལས་སོ་ཞེས་པ་ ནི་སུ་རཱ་དང་ཤཱི་དྷུ་དག་གིས་ལས་ཉེ་བའི་ཚིག་ལ། པཱ་འཐུང་བའི་བྱིངས་འདི་ལས་ཀྱང་ཕ་རོལ་ 6-1-535 ཏུ་ཊཀའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། སུ་རཱ་པཱ་དང་། ཤཱི་དྷུ་པཱ་ལ། མདོ་འདིས་ཊཀ་ བྱིན་པ་ན། སྔར་བཞིན་པཱའི་དབྱངས་དབྱི་ཞིང་། བུད་མེད་དུ་བསྒྲུབ་པ་ལ་སློབ་ཕན་གྱི་ནཱ་ བདུན་པར་ཥ་ཊ་རྗེས་སུ་འབྲེལ་པ་ལ་ཞེས་པས་ཨཱིའི་རྐྱེན་བྱིན་ནས། ནཱ་བཞི་པར་ཨཱིའི་རྐྱེན་ ལ་བུད་མེད་དུ་བྱས་པའི་ཨཱི་ཡིག་ལ་ཞེས་པས་རྐྱེན་གྱི་ཨ་ཡིག་ཕྱིས་ཏེ། སི་བྱིན་པའང་། ནཱ་ དང་པོར་ཨཱི་ཡིག་ལ་ཞེས་པ་ལྟར་ཕྱིས་པས། སུ་རཱ་པཱི་(ཆང་འཐུང་། ) ཤཱི་དྷུ་པཱི་(ལོ་ཏོག་གི་ཆང་འཐུང་། ) ཞེས་པ་ལྟ་བུའོ། །སུ་རཱ་དང་། ཤཱི་དྷུ་ཉེ་བའི་ཚིག་མ་ཡིན་པ་ལ་ནི་པཱ་ལས་ཕ་རོལ་ཏུ་ཊཀ་སྦྱིན་ པར་མི་འགྱུར་ཏེ། དཔེར་ན། ཀྵཱིར་ཉེ་བའི་ཚིག་སྔ་མ་ཅན་གྱི་པཱ་ལ། འདི་ཉིད་དུ་ཨཱཏ་ལས་ ཉེར་བསྒྱུར་མེད་པ་ལ་ཞེས་པས་ཊའི་རྐྱེན་བྱིན་ནས་སྔར་བཞིན་པཱའི་དབྱངས་ཕྱིས་པ་ལ། བུད་མེད་དུ་བསྒྲུབ་པ་ལ་ཨཱའི་རྐྱེན་བྱིན་ཏེ་སི་བྱིན་པ་ཤྲད་དྷཱ་ལས་ཕྱིས་པའི་ཕ་རོལ་ན་བྲཱཧྨ་ཎཱི་ ཡོད་པ་ལས། ཀྵཱི་ར་པཱ་བྲཱཧྨ་ཎཱི་(འོ་མ་འཐུང་བ་བྲམ་ཟེའོ། །)ཞེས་པ་ལྟ་བུའོ། །པི་ཝ་ཏི་ཞེས་སྨོས་པ་ ལས་པཱ་འཐུང་བའི་བྱིངས་མ་ཡིན་ནའང་ཊཀ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། སུ་རཱ་ཉེ་བའི་ ཚིག་སྔ་མ་ཅན་གྱི་པཱ་སྲུང་བའི་བྱིངས་ལ་ཌའི་རྐྱེན་བྱིན་ནས་སི་འཕྱིད་པའི་བར་སྔར་བཞིན་ བྱས་པའི་ཕ་རོལ་ན་བྲྀ་ཥ་ལཱི་ཡོད་པ་ལས། སུ་རཱ་པཱ་བྲྀ་ཥ་ལཱི་(ཆང་བསྲུང་བ་ཁྱུ་མཆོག་གོ) ཞེས་པ་ལྟ་ བུའོ། །ཧྲྀཉ་ལས་བ་ཡས་དང་གྱེན་དུ་འདྲེན་པ་མིན་པ་དག་ལ་ཨ་ཙའོ་ཞེས་པ་ནི་ལས་ཉེ་བའི་ ཚིག་ཅན་ཧྲྀཉ་འཕྲོག་པའི་བྱིངས་འདི་ལས་པ་ཡས་རྟོགས་པར་བྱ་བཞིན་པ་དང་གྱེན་དུ་ འདྲེན་པ་སྟེ་སྟེང་དུ་འདྲེན་པ་མ་ཡིན་པ་ལ་འཇུག་བཞིན་པ་དག་ལ་ཕ་རོལ་ཏུ་ཨཙའི་རྐྱེན་ སྦྱིན་པར་འགྱུར་ཏེ། དཔེར་ན། བ་ཡས་ལ་ནི། ཨསྠི་དང་། ཀ་བ་ཙ་ཉེ་བའི་ཚིག་སྔ་མ་ཅན་གྱི་ ཧྲྀཉ་རྗེས་འབྲེལ་ཕྱིས་པ་དག་ལ། མདོ་འདིས་ཨཙ་ཁྱད་དོན་ཕྱིས་པ་བྱིན་ནས་ཨཱ་ལྔ་པར་ནཱ་ མི་མཐའི་ཞེས་པས་ཧྲྀའི་དབྱངས་ཡོན་ཏན་བྱས་ཏེ་སི་བྱིན་པའི་མཐར་རིམ་པ་ལྟར་ཤྭཱ་དང་། ཀྵཏ་ཏྲི་ཡ་ཀུ་མ་མཱ་རཿཡོད་པ་ལས། ཨསྠི་ཧ་རཿཤྭཱ་(རུས་པ་ཟ་བ་ཁྱིའོ། །)ཀ་བ་ཙ་ཧ་རཿ(གོ་ཆ་འཕྲོག་པ་ 6-1-536 རྒྱལ་རིགས་གཞོན་ནུའོ། །)ཀྵཏ་ཏྲི་ཡ་ཀུ་མཱ་རཿཞེས་པ་ལྟ་བུའོ། །གྱེན་དུ་འདྲེན་པ་མ་ཡིན་པ་ལ་ནི། ཨཾ་ག་དང་རྀཀྠ་སྔ་མ་ཅན་གྱི་ཧྲྀ་དག་ལ་མདོ་འདིས་སྔར་བཞིན་ཨཙ་བྱིན་ནས་ཡོན་ཏན་བྱས་ ཏེ་སི་བྱིན་པས། ཨཾ་ག་ཧ་རཿ(ཡལ་ག་འཕྲོག་གོ། )རྀཀྠ་ཧ་རཿཞེས་པ་ལྟ་བུའོ། །བ་ཡས་དང་གྱེན་དུ་ འདྲེན་པ་ལ་འཇུག་བཞིན་པ་ལ་ནི་ཧྲྀཉ་ལ་ཨཙ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྷཱ་ར་སྔ་མ་ ཅན་གྱི་ཧྲྀ་ལ། འདི་ཉིད་དུ་ལས་ལ་ཞེས་པས་ཨཎ་བྱིན་ནས། ཨཱ་དྲུག་པར་ཨིན་ཨིཙ་ཞེས་ པས་ཧྲྀའི་དབྱངས་འཕེལ་བ་བྱས་ཏེ་སི་བྱིན་པས། བྷཱ་རཱ་ཧཱ་རཱ(ཁུར་པོ་འཕྲོག)ཞེས་པ་ལྟ་བུའོ། ། ཨཱང་ལ་དེའི་ངང་ཚུལ་ལའོ་ཞེས་པ་ནི་ལས་ཉེ་བའི་ཚིག་ཅན་ཨཱང་སྔ་མ་ཅན་ལ། ཧྲྀཉ་ལས། དུར་ཕན་དག་ཏུ། འབྲས་བུ་ལ་ལྟོས་པ་མེད་པར་འཇུག་པ་ནི་དེའི་ངང་ཚུལ་ལོ་ཞེས་པ་ལྟར་དེ་ རྟོགས་པར་བྱ་བཞིན་པ་ལ་ཕ་རོལ་ཏུ་ཨཙའི་རྐྱེན་སྦྱིན་པར་བྱ་སྟེ། དཔེར་ན། པུཥྤ་དང་ཕ་ལ་ དག་ཉེ་བའི་ཚིག་ཨཱང་སྔ་མ་ཅན་གྱི་ཧྲྀ་ལ། མདོ་འདིས་ཨཙ་བྱིན་ནས། སྔར་བཞིན་ཡོན་ཏན་ བྱས་ཏེ་སི་བྱིན་པས། པུཥྤ་ཧ་རཿ(མེ་ཏོག་ཟ་བ་དང་། ) པ་ལཱ་ཧ་རཿ(འབྲས་བུ་ཟ་བ་དང་) ཞེས་པ་ལྟ་བུའོ། ། དེའི་ངང་ཚུལ་མ་ཡིན་པ་ལ་ནི་ཨཙ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྷཱ་ར་སྔ་མ་ཅན་གྱི་ཧྲྀ་ ལ་སྔར་བཞིན་ཨན་བྱིན་ནས་འཕེལ་བ་བྱས་ཏེ་སི་བྱིན་པས། བྷཱ་ར་ཧཱ་རཿཞེས་པ་ལྟ་བུའོ། ཨར་ཧ་ལས་ཀྱང་ངོ་ཞེས་པ་ནི་ལས་ཉེ་བའི་ཚིག་ཅན་ལ་ཨར་ཧ་འོས་པའི་བྱིངས་འདི་ལས་ ཀྱང་ཕ་རོལ་དུ་ཨཙའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པཱུ་ཛ་སྔ་མ་ཅན་གྱི་ཨར྄་ཧ་ལས་ མདོ་འདིས་ཨཙ་དང་། མཐར་སི་བྱིན་པས། པཱུ་ཛཱརྷཿ(མཆོད་པར་འོས། ) ཞེས་པ་ལྟ་བུའོ། །དཎྜ་ དང་སཱུ་ཏྲ་དག་མ་ཡིན་པའི་མཚོན་ཆ་ལའང་དྷྲྀཉ་ལས་སོ་ཞེས་པ་ནི་དཎྜ་དང་སཱུ་ཏྲ་དག་མ་ཡིན་ པའི་མཚོན་ཆའི་ལས་ཉེ་བའི་ཚིག་ལའང་། དྷྲྀཉ་བརྟན་པའི་བྱིངས་འདི་ལས་ཕ་རོལ་ཏུ་ ཨཙའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བཛྲ་དང་ཙཀྲ་སྔ་མ་ཅན་གྱི་དྷྲྀ་དག་ལ། མདོ་ འདིས་ཨཙ་བྱིན་ནས། སྔར་བཞིན་དྷྲྀའི་རྀ་ཡོན་ཏན་བྱས་ཏེ་སི་བྱིན་པས། བཛྲ་དྷ་རཿ(རྡོ་རྗེ་ 6-1-537 འཛིན་པ། ) ཙཀྲ་དྷ་རཿ(འཁོར་ལོ་འཛིན་པ། ) ཞེས་པ་ལྟ་བུའོ། །དཎྜ་དང་སཱུ་ཏྲ་དག་གི་ལས་ཉེ་བའི་ ཚིག་ལ་ནི་དྷྲྀཉ་ལ་ཨཙ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། དེ་དག་སྔ་མ་ཅན་གྱི་དྷྲྀ་ལ་སྔར་ བཞིན་ཨཎ་བྱིན་ནས་རྀ་ཡིག་འཕེལ་བ་བྱས་ཏེ་སི་བྱིན་པས། དཎྜ་དྷཱ་རཿ(དབྱུག་པ་འཛིན་པ། ) སཱུ་ ཏྲ་དྷཱ་རཿཞེས་པ་ལྟ་བུའོ། །དྷ་ནུས། དཎྜ། ཏྶ་རུ། ལཱཾ་ག་ལ། ཨཾ་ཀུ་ཤ། ཡཥྚི། ཤཀྟི། ཏོ་མ་ར། རྣམས་ལ་གྲ་ཧ་ལས་ཡང་ནའོ་ཞེས་པ་ནི་དྷ་ནུས་དང་། དཎྜ་དང་། ཏྶ་རུ་དང་། ལཱཾ་ག་ལ་དང་། ཨཾ་ཀུ་ཤ་དང་། ཡཥྚི་དང་། ཤཀྟི་དང་། ཏོ་མ་ར་ཞེས་པ་འདི་རྣམས་ཀྱི་ལས་ཉེ་བའི་ཚིག་ཅན་ ལ་གྲ་ཧ་ཉེ་བར་ལེན་པའི་བྱིངས་འདི་ལས་ཕ་རོལ་ཏུ། ཨ་ཙའི་རྐྱེན་སྦྱིན་པར་ཡང་ན་འགྱུར་ ཞིང་ཡང་ན་མི་འགྱུར་ཏེ། དཔེར་ན། དེ་རྣམས་ཉེ་བའི་ཚིག་སྔ་མ་ཅན་གྱི་གྲ་ཧ་ལ་མདོ་འདིས་ ཨཙ་དང་མཐར་སི་བྱིན་པས། དྷ་ནུ་གྲ་ཧཿ(ག་གུ་འཛིན་པ། ) དཎྜ་གྲ་ཧཿ(དབྱུག་པ་བཟུང་བ། ) ཏྶ་རུ་གྲ་ ཧཿ(རལ་གྲིའི་ཡུ་བ་ནས་བཟུང་བ། ) ལཱཾ་ག་ལ་གྲ་ཧཿ(ཐང་བ་བཟུང་བ། ) ཨཾ་ཀུ་ཤ་གྲ་ཧཿ(ལྕགས་ཀྱུ་བཟུང་བ། ) ཡཥྚི་གྲ་ཧཿ(དབྱུག་པ་བཟུང་བ། ) ཤཀྟི་གྲ་ཧཿ(མདུང་ཐུང་བཟུང་བ། ) ཏོ་མ་ར་གྲ་ཧཿ(མདའ་བོ་ཆེ་བཟུང་བ། ) ཞེས་པ་ལྟ་བུའོ། །ཡང་ན་ཨཙ་མི་སྟེར་བར་སྔར་བཞིན་ཨཎ་བྱིན་ནས། ཨུ་པ་དྷཱ་རིང་པོར་ བསྒྱུར་ཏེ་སི་བྱིན་པས། དྷ་ནུ་གྲཱ་ཧཿ དཎྜ་གྲཱ་ཧཿ ཏྶ་རུ་གྲཱ་ཧཿ ལཱཾ་ག་ལ་གྲཱ་ཧཿཨཾ་ཀུ་གྲཱ་ཧཿ ཡཥྚི་ གྲཱ་ཧཿ ཤཀྟི་གྲཱ་ཧཱཿ ཏོ་མ་ར་གྲཱ་ཧཿཞེས་པ་ལྟ་བུའོ། །སློབ་ཕན་དུ། ཡང་ནའི་སྒྲ་ནི། སྡུད་པའོ་ ཞེས་ཀྱང་གསུངས་སོ། །སྟམ་བ་ཀརྞ་དག་ལར་མི་ཛ་པ་དག་གིའོ་ཞེས་པ་ནི་སྟམ་བ་དང་ཀརྞ་ དག་གི་ལས་ཉེ་བའི་ཚིག་ཅན་ལ་ར་མུ་རྩེ་བ་དང་། ཛཔ་བཟླས་པའི་བྱིངས་འདི་དག་ལས་ཕ་ རོལ་ཏུ། རིམ་པ་བཞིན་ལག་ལྡན་དང་སྐྱོ་མའི་དོན་དག་འཇུག་པ་ན་ཨ་ཙའི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། སྟམ་བེ་སྔ་མ་ཅན་གྱི་ར་མུའི་ཨུ་རྗེས་འབྲེལ་ཕྱིས་པ་དང་། ཀརྞེ་སྔ་མ་ ཅན་གྱི་ཛཔ་ལ་མདོ་འདིས་དོན་དེ་དག་ལ་ཨཙ་དང་། མཐར་སི་བྱིན་པས། སྟམྦེ་ར་མཿ(ཀ་བ་ལ་ རྩེས། ) ཀརྞེ་ཛ་པཿ(རྣ་བར་ཟློས། ) ཞེས་པ་ལྟ་བུའོ། ། 6-1-538 གཉིས་པ་ཤམ་སོགས་སྔ་མ་ཅན་མིང་གི་ཡུལ་དང་གཞི་ཉེ་བའི་བྱིངས་ལ་རྐྱེན་རྣམས་སོ་ སོར་སྦྱོར་ཚུལ་ནི། ཤམ་སྔ་མ་རྣམས་ལས་མིང་ལའོ་ཞེས་པ་ནི། ཤམ་གྱི་སྒྲ་སྔ་མ་ཅན་གྱི་ བྱིངས་གང་ཡིན་པ་དེ་རྣམས་ལས་ཕ་རོལ་ཏུ་མིང་གི་ཡུལ་ལ་ཨཙའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཤམ་སྔ་མ་ཅན་གྱི་ཌུ་ཀྲྀཉ་བྱེད་པ་དང་། བྷཱུ་ཡོད་པ་དང་། བད་གསལ་བར་སྨྲ་བའི་ བྱིངས་རྣམས་ཀྱི་ཌུ་དང་ཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཨཙ་བྱིན་ནས། སྔར་བཞིན་ཀྲྀ་ དང་བྷཱུའི་དབྱངས་ཡོན་ཏན་བྱས་ཏེ། སི་བྱིན་པས། ཤཾ་ཀ་རཿ(བདེ་བྱེད། ) ཤཾ་བྷ་བཿ(བདེ་འབྱུང་། ) ཤཾ་བ་དཿ(བདེ་བར་སྨྲ་བ། ) ཞེས་པ་ལྟ་བུའོ། །གཞི་ལའང་ཤཱིང་ལས་སོ་ཞེས་པ་ནི་གཞི་ལ་འཇུག་ པའི་མིང་ཉེ་བའི་ཚིག་ལའང་། ཤཱིང་ཉལ་བའི་བྱིངས་འདི་ལས་ཕ་རོལ་ཏུ་ཨཙའི་རྐྱེན་སྦྱིན་ པར་འགྱུར་ཏེ། དཔེར་ན། ཁ་དང་། བི་ལ་སྔ་མ་ཅན་གྱི་ཤཱིང་རྗེས་འབྲེལ་ཕྱིས་པ་དག་ལ། མདོ་འདིས་ཨཙ་བྱིན་ནས། སྔར་བཞིན་ཨི་ཡིག་ཡོན་ཏན་བྱས་ཏེ་མཚམས་སྦྱར་བའི་མཐར་ སི་བྱིན་པས། ཁ་ཤ་ཡཿ(ནམ་མཁར་ཉལ། ) བི་ལ་ཤ་ཡཿ(ཁུང་བུར་ཉལ་ལོ། །) ཞེས་པ་ལྟ་བུའོ། །དུར་ སིང་དུའང་ཨ་ཡིག་ལས། པར་ཤྭ་སོགས་བྱེད་པ་ཉེ་བའི་ཚིག་ལའང་། ཤཱིང་ལ་ཨཙའི་རྐྱེན་ སྦྱིན་པར་གསུངས་ཏེ། དཔེར་ན། པཪྴྭ་དང་། པྲྀཥྛ་དང་། ཨུ་ད་ར་སྔ་མ་ཅན་གྱི་ཤཱིང་ལ་སྔར་ བཞིན་ཨཱཙ་བྱིན་ནས་ཡོན་ཏན་བྱས་ཏེ་སི་བྱིན་པས། པཪྴྭ་ཤ་ཡ། (རྩིབ་ལོགས་སུ་ཉལ། ) པྲྀཥྛ་ཤ་ ཡཿ(རྒྱབ་ཏུ་ཉལ། ) ཨུ་ད་ར་ཤ་ཡཿ(སྟོ་བར་ཉལ། ) ཞེས་པ་ལྟ་བུའོ། །ཙ་རི་ལས་ཊའོ་ཞེས་པ་ནི་གཞི་ ལའང་མིང་ཉེ་བའི་ཚིག་ཅན་ལ་ཙར་འགྲོ་བའི་བྱིངས་འདི་ལས་ཕ་རོལ་ཏུ་ཊའི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། ཀུ་རུ་ཉེ་བའི་ཚིག་སྔ་མ་ཅན་གྱི་ཙར་ལ། མདོ་འདིས་ཊ་བྱིན་པའི་ཊ་ ཡིག་ནི་ཨི་ཡིག་གི་ཁྱད་དོན་ཡིན་པས་ཕྱིས་ནས། དབྱངས་སྦྱར་ཏེ་སི་བྱིན་པས། ཀུ་རུ་ཙ་རཿ (གནམ་སྟོང་ལ་རྒྱུའོ། །)ཞེས་པ་ལྟ་བུའོ། །པུ་རས་ཨ་གྲ་ཏས་ཨ་གྲ་རྣམས་ལས་སར་ཏི་ལས་སོ་ཞེས་ པ་ནི་པུ་རས་དང་། ཨ་གྲ་ཏས་དང་། ཨ་གྲ་རྣམས་ཉེ་བའི་ཚིག་ཅན་ལ་སྲྀ་འགྲོ་བའི་བྱིངས་ 6-1-539 ལས་ཕ་རོལ་ཏུ་ཊའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པུ་རས་སོགས་ཉེ་བའི་ཚིག་སྔ་མ་ ཅན་གྱི་སྲྀ་ལ་མདོ་འདིས་ཊ་བྱིན་ནས་ཁྱད་དོན་འཕྱིད་པ་ནི་ཐམས་ཅད་དུ་ཤེས་པར་བྱ་ཞིང་། ཨཱ་ལྔ་པར། ནཱ་མི་མཐའི་བྱིངས་དང་ཞེས་པས་སྲའི་རྀ་ཡོན་ཏན་བྱས་ཏེ་སི་བྱིན་ལ། དུར་ཕན་ དག་ལས་ཨེ་ཡིག་གི་མཐའ་མི་ཟད་པའོ་ཞེས་པ་ལྟར་ཨ་གྲའི་མཐའ་ཨེ་ཡིག་ཏུ་བསྒྱུར་བ་མི་ ཟད་པའི་མིང་ཅན་དུ་བྱས་ཏེ་སི་བྱིན་པས། པུ་རས་ས་རཿ(སྔོན་ལ་འགྲོའོ། །) ཨ་གྲ་ཏས་ས་ རཿ(མདུན་དུ་འགྲོའོ། །) ཨ་གྲེ་ས་རཿ(དང་པོར་འགྲོའོ། །) ཞེས་པ་ལྟ་བུའོ། །པཱུརྦ་ལ་བྱེད་པ་པོ་ལའོ་ཞེས་ པ་ནི་པཱུརྦའི་སྒྲ་ལ་བྱེད་པ་པོ་ཉེ་བའི་ཚིག་ལའང་། སྲྀ་ལས་ཕ་རོལ་དུ་ཊའི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། པཱུརྦ་སྔ་མ་ཅན་གྱི་སྲྀ་ལ། མདོ་འདིས་ཊ་བྱིན་ནས་སྔར་བཞིན་རྀ་ཡོན་ ཏན་བྱས་ཏེ་སི་བྱིན་པས། པཱུརྦ་ས་རཿཞེས་པ་ལྟ་བུའོ། །པཱུ་རྦའི་སྒྲ་ཉེ་བའི་ཚིག་ཡིན་ཀྱང་བྱེད་ པ་པོ་མ་ཡིན་པ་ལ་ནི་སྲ་ལ་ཊའི་རྐྱེན་སྦྱིན་པར་མི་འགྱུར་ཏེ། དཔེར་ན། པཱུརྦ་སྔ་མ་ཅན་གྱི་སྲི་ ལ། འདི་ཉིད་དུ་ལས་ལ་ཞེས་པ་ཨཎ་བྱིན་ནས། སྔར་བཞིན་རྀ་འཕེལ་བ་བྱས་ཏེ་སི་བྱིན་པས། པཱུརྦ་སཱ་རཿ(ཤར་ལ་འགྲོའོ། །) ཞེས་པ་ལྟ་བུའོ། །ཤབ་ད། ཤློ་ཀ ཀ་ལ་ཧ། གཱ་ཐཱ། བཻ་ར། ཙཱ་ཊུ། སཱུ་ ཏྲ། མནྟྲ། པ་ད། རྣམས་མ་ཡིན་པ་ལ་ཀྲྀཉ་ལས་རྒྱུ་དང་དེའི་ངང་ཚུལ་དང་རྗེས་སུ་མཐུན་པ་ རྣམས་ལའོ་ཞེས་པ་ནི་ཤ་བ་ད་ལ་སོགས་པ་འདི་རྣམས་མ་ཡིན་པའི་ལས་ཉེ་བའི་ཚིག་ཅན་ལ་ ཌུ་ཀྲྀཉ་བྱེད་པའི་བྱིངས་འདི་ལས་ཕ་རོལ་དུ། འབྲས་བུ་སྒྲུབ་པ་ལ་སྦྱོར་བའི་དངོས་པོ་ནི་རྒྱུ་ དང་། འབྲས་བུ་འཕེན་པ་ལ་འཇུག་པ་ནི་དེའི་ངང་ཚུལ་དང་། རྗེས་སུ་ཕན་པ་ནི་རྗེས་སུ་ མཐུན་པ་སྟེ། དེ་རྣམས་རྟོགས་པར་བྱ་བཞིན་པ་ལ་ཊའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། དེ་རྣམས་རིམ་པ་བཞིན། བི་དྱཱ་ཡ་ཤས་དང་། ཤྲཱད་དྷཱ་དང་། ཨཱ་ཛྙཱ་རྣམས་ཉེ་བའི་ཚིག་སྔ་མ་ ཅན་གྱི་ཌུ་ཀྲྀཉ་རྗེས་འབྲེལ་ཕྱིས་པ་རྣམས་ལ་མདོ་འདིས་ཊ་བྱིན་ནས་སྔར་བཞིན་རྀ་ཡོན་ཏན་ བྱས་ཏེ། སློབ་ཕན་གྱི་ནཱ་བདུན་པར་ཥཊ་རྗེས་སུ་འབྲེལ་པ་ལ་ཞེས་པས། བུད་མེད་དུ་སྒྲུབ་པ་ 6-1-540 ལ། སྔ་མའི་མཐར་ཨཱི་བྱིན་པ་ན་སྔར་བཞིན་རྐྱེན་གྱི་ཨ་དང་། ནཱ་དང་པོར་ཨཱི་ཡིག་མཐའ་ ལས་ཞེས་པས་སི་དབྱི་ཞིང་། ཕྱི་མ་དག་ལ་སི་བྱིན་པས། བི་དྱཱ་ཡ་ཤསྐ་རཱི(རིག་པས་གྲགས་པར་ བྱེད)། ཤྲཱ་དྷ་ཀ་རཿ(དད་པར་བྱེད། ) ཨཱ་ཛྙཱ་ཀ་རཿ(བཀའ་བཞིན་བྱེད། )ཞེས་པ་ལྟ་བུའོ། །ཤབ་ད་ལ་ སོགས་རྣམས་ཉེ་བའི་ཚིག་སྔ་མ་ཅན་ལ་ནི་ཀྲྀ་ལ་ཊའི་རྐྱེན་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཤབ་ད་ནས་པ་དའི་བར་དེ་རྣམས་སྔ་མ་ཅན་གྱི་ཀྲྀ་ལ་སྔར་བཞིན་ཨཎ་བྱིན་ནས་རྀ་ཡིག་ འཕེལ་བ་བྱས་ཏེ་སི་བྱིན་པས། ཤབྡ་ཀཱ་རཿ(སྒྲ་མཁན། ) ཤློ་ཀ་ཀཱ་ར(ཚིགས་བཅད་མཁན། ) ཀ་ལ་ཧ་ ཀཱ་རཿ(ཅ་ཅོ་མཁན། ) གཱ་ཐཱ་ཀཱ་རཿ(ཚིགས་བཅད་མཁན། )བཻ་ར་ཀཱ་རཿ ཙཱ་ཊུ་ཀཱ་རཿ སཱུ་ཏྲ་ཀཱ་རཿ(ཐིག་ མཁན། ) མནྟྲ་ཀཱ་རཿ(སྔགས་མཁན། )པ་ད་ཀཱ་རཿཞེས་པ་ལྟ་བུའོ། །ཏྱད་སོགས་ཨཱ་དི། ཨནྟ། ཨ་ ནནྟ། ཀཱ་ར། བ་ཧུ། བཱ་ཧུ། ཨ་ཧས། དི་ཝཱ། བི་བྷཱ། ནི་ཤཱ། པྲ་བྷཱ། བྷས། ཙི་ཏྲ། ཀརྟྲྀ། ནཱནྡཱྀ། ཀི་ མ། ལི་པི། ལི་བི། བ་ལི། བྷཀྟི། ཀྵེ་ཏྲ། ཛཾ་གྷཱ། དྷ་ནུས། ཨ་རུས། གྲངས་རྣམས་ལའང་ངོ་ཞེས་ པ་ནི་ཏྱད་དང་སོགས་པའི་སྒྲས་ཏད་དང་ཡད་ལ་སོགས་པ་རྣམས་དང་། ཨཱ་དི་ལ་སོགས་པ་ འདི་རྣམས་དང་། གྲངས་ཀྱི་དོན་རྣམས་ཀྱི་ལས་ཉེ་བའི་ཚིག་རྣམས་ལའང་། ཀྲྀཉ་ལས་ཕ་ རོལ་ཏུ་ཊའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཏྱད་ལ་སོགས་པ་རྣམས་དང་། ཨཱ་དི་ལ་ སོགས་པ་རྣམས་དང་། གྲངས་ཀྱི་ཁྱད་པར་ཨེ་ཀ་དང་དྭི་དང་ཏྲི་རྣམས་ཉེ་བའི་ཚིག་སྔ་མ་ ཅན་གྱི་ཀྲྀ་ལ། མདོ་འདིས་ཊ་བྱིན་ནས་སྔར་བཞིན་ཀྲྀའི་རྀ་ཡིག་ཡོན་ཏན་བྱས་ལ། ནཱ་གསུམ་ པར་སྒྲ་མེད་པ་ལ་དང་པོའོ། །ཞེས་པས་ཏྱད་ལ་སོགས་པའི་ད་ཡིག་ཏ་རུ་བསྒྱུར་ཏེ། ཐམས་ ཅད་ཀྱི་མཐར་སི་བྱིན་པས། ཏྱཏ་ཀ་རཿ(བྱེད་དེ། ) ཏ་ཏ་ཀ་རཿ ཡཏ་ཀརཿ(གང་བྱེད། ) ཨཱ་དི་ཀ་ རཿ(དང་པོར་བྱེད། ) ཨནྟ་ཀ་རཿ(མཐར་བྱེད། ) ཨ་ནནྟ་ཀ་རཿ(བས་བྱེད། ) ཀཱ་ར་ཀ་རཿ(ཡི་གེ་བྱེད། ) བ་ཧུ་ ཀ་རཿ(མང་པོ་བྱེད། ) བཱ་ཧུ་ཀ་རཿ (དཔུང་པ་བྱེད། ) ཨ་ཧ་སྐརཿ(ཉིན་བྱེད། ) དི་ཝཱ་ཀ་རཿ བི་བྷཱ་ཀ་རཿ ནི་ ཤཱ་ཀ་རཿ(མཚན་མོར་བྱེད་པ། ) པྲ་བྷཱ་ཀ་རཿ (འོད་བྱེད། ) བྷཱ་སྐརཿ(གསལ་བྱེད། ) ཙི་ཏྲ་ཀ་རཿ(བཀྲ་བར་ 6-1-541 བྱེད། ) ཀརྟྲྀ་ཀ་རཿ ནཱནྡཱྀ་ཀ་རཿ(དགའ་བར་བྱེད། )ཀིནྐ་རཿ(མངག་གཞུག་པ། ) ལི་པི་ཀ་རཿ བ་ལི་ཀ་རཿ བྷཀྟི་ཀ་རཿ(ཟས་བྱེད་པ། ) ཀྵེ་ཏྲ་ཀ་རཿ(ཞིང་བྱེད་པ། ) ཛཾ་གྷཱ་ཀ་རཿ དྷ་ནུ་སྐ་རཿ(གཞུ་མཁན། ) ཨ་རུ་སྐ་ རཿ ཨེ་ཀ་ཀ་རཿ(གཅིག་ཏུ་བྱེད་པ། ) དྭི་ཀ་རཿ(གཉིས་བྱེད་པ། ) ཏྲི་ཀ་རཿ(གསུམ་བྱེད་པ། ) ཞེས་པ་ལྟ་བུའོ། ། དུར་སིང་དུའང་ཡ་ཡིག་ལས། ར་ཛ་ནཱི་ཀ་རཿ(མཚན་མོར་བྱེད། ) ཀྵ་པཱ་ཀ་རཿ ཀྵ་ཎ་དཱ་ཀ་ར་ཞེས་ པ་ལ་སོགས་པ་གང་ཡིན་པ་དེ་རྣམས་ལ་བུད་མེད་ལ་སོགས་པ་ལའང་བྱེད་པ་པོ་ལའོ་ཞེས་ ཀྱང་གསུངས་སོ། །ཀརྨའི་སྒྲ་ལ་གླ་ལའོ་ཞེས་པ་ནི་ཀརྨའི་སྒྲ་ཉེ་བའི་ཚིག་ཅན་ལ་གླ་སྟེ་ལས་ རིན་རྟོགས་པར་བྱ་བཞིན་པ་ལ་ཀྲྀཉ་ལས་ཕ་རོལ་ཏུ་ཊའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཀརྨ་ཉེ་བའི་ཚིག་སྔ་མ་ཅན་གྱི་ཀྲྀཉ་རྗེས་འབྲེལ་ཕྱིས་པ་ལ། གླ་རྟོགས་པར་བྱ་བཞིན་པའི་ དོན་ལ་མདོ་འདིས་ཊ་བྱིན་ནས། སྔར་བཞིན་རྀ་ཡོན་ཏན་བྱས་ཏེ་སི་བྱིན་པས། ཀརྨ་ཀ་རཿ (ལས་བྱེད་མཁན། )ཞེས་པ་ལྟ་བུའོ། །ཀརྨ་ཉེ་བའི་ཚིག་ཡོད་ཀྱང་གླ་ལ་འཇུག་བཞིན་པ་མ་ཡིན་ན། ཀྲྀ་ལ་ཊ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཀརྨ་སྔ་མ་ཅན་གྱི་ཀྲྀ་ལ་སྔར་བཞིན་ཨཎ་བྱིན་ ནས། ཀྲྀའི་དབྱངས་འཕེལ་བ་བྱས་ཏེ་སི་བྱིན་པས། ཀརྨ་ཀཱ་རཿ (ལས་བྱེད། )ཞེས་པ་ལྟ་བུའོ། ། སློབ་ཕན་དུ་སྒྲ་སྨོས་པ་ནི་ཀརྨ་རང་གི་ངོ་བོ་བཟུང་བའི་དོན་དུའོ། །ཞེས་གསུངས་ཤིང་། དུར་ སིང་དུ་སྒྲ་སྨོས་པ་ནི་རྐྱེན་གྱི་དོན་དུའོ་ཞེས་གསུངས་སོ། །སྟམ་པ་ཤ་ཀྲྀཏ་དག་ལ་འབྲུ་དང་ བེའུ་ལ་ཨིས་འོ་ཞེས་པ་ནི་སྟམ་བ་དང་ཤ་ཀྲྀཏ་དག་གི་ལས་ཉེ་བའི་ཚིག་ལ་རིམ་པ་ལྟར་འབྲུ་ དང་བེའུ་ཡི་དོན་ལ་འཇུག་པ་ན། ཀྲྀཉ་ལས་ཕ་རོལ་ཏུ་ཨིས་ཀྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། སྟམ་བ་དང་ཤཀྲྀཏ་ཉེ་བའི་ཚིག་སྔ་མ་ཅན་གྱི་ཀྲྀཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་ འདིས་ཨིས་བྱིན་ནས་སྔར་བཞིན་རྀ་ཡོན་ཏན་བྱས་ཏེ། སི་བྱིན་པ་གསལ་བྱེད་མཐའ་ལས་ དབྱི་ཞིང་རྐྱེན་གྱི་ས་རྣམ་བཅད་དུ་བསྒྱུར་བས། སྟམ་བ་ཀ་རིཿ འབྲུའོ། །ཤ་ཀྲྀཏ་ཀ་རིཿ བེའུ་ འོ་ཞེས་པ་ལྟ་བུའོ། །འབྲུ་དང་བེའུ་འི་དོན་མ་ཡིན་ན་ནི། ཀྲྀཉ་ལ་ཨིས་སྦྱིན་པར་མི་འགྱུར་ཏེ། 6-1-542 དཔེར་ན། སྟམ་བ་དང་ཤ་ཀྲྀཏ་སྔ་མ་ཅན་གྱི་ཀྲྀ་ལ་སྔར་བཞིན་ཨཎ་བྱིན་ནས་རྀ་ཡིག་འཕེལ་ བ་བྱས་ཏེ་སི་བྱིན་པས། སྟམ་བ་ཀཱ་རཿཞེས་པ་ལྟ་བུའོ། །ཏྲྀ་ཏི་ནཱ་ཐ་དག་ལ་ཧ་རི་ཏི་ལས་ ཕྱུགས་ལའོ་ཞེས་པ་ནི། ཏྲྀ་ཏི་དང་ནཱ་ཐ་དག་ཉེ་བའི་ཚིག་ཅན་ལ་ཧྲྀཉ་འཕྲོག་པའི་བྱིངས་འདི་ ལས་ཕ་རོལ་ཏུ། ཕྱུགས་ཀྱི་དོན་ལ་འཇུག་པ་ན་ཨིས་ཀྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཏྲྀ་ཏི་དང་ནཱ་ཐ་སྔ་མ་ཅན་གྱི་ཧྲྀཉ་རྗེས་འབྲེལ་ཕྱིས་པ་དག་ལ། མདོ་འདིས་ཨིས་བྱིན་ནས། སྔར་བཞིན་ཧྲྀའི་དབྱངས་ཡོན་ཏན་བྱས་ཏེ་སི་གསལ་བྱེད་ལས་ཕྱིས་པས། ཏྲྀ་ཏི་ཧ་རིཿ ནཱ་ཐ་ ཧ་རིཿ ཞེས་པ་ལྟ་བུའོ། །ཕྱུགས་ཀྱི་དོན་མ་ཡིན་པ་ལ་ནི་ཧྲྀཉ་ལ་ཨིས་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཏྲ་ཏི་དང་ནཱ་ཐ་སྔ་མ་ཅན་གྱི་ཧྲ་ལ་སྔར་བཞིན་ཨཎ་བྱིན་ནས། ཧྲྀའི་དབྱངས་འཕེལ་ བ་བྱས་ཏེ་སི་བྱིན་པས། ཏྲྀ་ཏི་ཧཱ་རཿནཱ་ཐ་ཧཱ་རཿ ཞེས་པ་ལྟ་བུའོ། །པ་ལེ་མ་ལ་ར་ཇས་རྣམས་ ལ་གྲ་ཧི་ལས་སོ་ཞེས་པ་ནི་ཕ་ལེ་དང་། མ་ལ་དང་། ར་ཛས་རྣམས་ཀྱི་ལས་ཉེ་བའི་ཚིག་ཅན་ ལ་གྲཧ་ཉེ་བར་ལེན་པའི་བྱིངས་འདི་ལས་ཕ་རོལ་ཏུ་ཨིས་ཀྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ ན། ཕ་ལེ་ལ་སོགས་པ་དེ་རྣམས་ཉེ་བའི་ཚིག་སྔ་མ་ཅན་གྱི་གྲཧ་ལ། མདོ་འདིས་ཨིས་ཕྱིས་ ནས། སྔར་བཞིན་སུ་གསལ་བྱེད་ལས་ཕྱིས་པས། ཕ་ལེ་གྲ་ཧིཿ(འབྲས་བུ་འཛིན་པ། ) མ་ལ་གྲ་ཧཿ(དྲི་ འཛིན་པ། ) རཛོ་གྲ་ཧིཿ(རྡུལ་འཛིན་པ་) ཞེས་པ་ལྟ་བུའོ། །དེ་ཝ་པཱ་ཏ་དག་ལ་ཨཱ་པི་ལས་སོ་ཞེས་པ་ ནི་དེ་ཝ་དང་བཱ་ཏ་དག་ཉེ་བའི་ཚིག་ཅན་ལ་ཨཱ་པླྀ་ཁྱབ་པའི་བྱིངས་འདི་ལས་ཀྱང་ཕ་རོལ་ཏུ་ ཨིས་ཀྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། དེ་ཝ་དང་བཱ་ཏ་སྔ་མ་ཅན་གྱི་ཨཱ་པླྀ་དག་གི་ལྀ་ རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཨིས་བྱིན་ནས་མཚམས་སྦྱར་ཏེ་སི་སྔར་བཞིན་ཕྱིས་ པས། དེ་ཝཱ་པིཿ(ལྷས་ཁྱབ་པ། ) བཱ་ཏཱ་པིཿ(རླུང་ལྷས་ཁྱབ་བོ། །) ཞེས་པ་ལྟ་བུའོ། །ཨཱཏྨ་ཨུ་ད་ར་ཀུ་ཀྵི་ རྣམས་ལ་བྷྲྀཉ་ལས་ཁིའོ་ཞེས་པ་ནི་ཨཱཏྨ་དང་། ཨུ་ད་ར་དང་། ཀུཀྵི་རྣམས་ཀྱི་ལས་ཉེ་བའི་ ཚིག་ཅན་ཌུ་བྷྲྀཉ་འཛིན་པའི་བྱིངས་འདི་ལས་ཕ་རོལ་ཏུ་ཁིའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ 6-1-543 ན། ཨཱཏྨ་སོགས་ཉེ་བའི་ཚིག་སྔ་མ་ཅན་གྱི་ཌུ་བྷྲྀཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཁི་ བྱིན་པའི་ཁ་ཡིག་ནི་ཀྲྀཏ་དང་པོར་ཁ་རྗེས་སུ་འབྲེལ་པ་ལ་ཞེས་པའི་ཁྱད་དོན་ཡིན་པས་དབྱི་ ཞིང་། སྔར་བཞིན་རྀ་ཡོན་ཏན་བྱས་ཏེ་སི་བྱིན་ནས། ཀྲྀཏ་དང་པོར་ཐུང་བ་དང་ཨ་རུ་ཥ་དག་ གི་ཞེས་པས་ཉེ་བའི་ཚིག་གི་མཐར་མ་ཡིག་ཨཱ་ག་མ་སྦྱར་བས། ཨཱཏྨཾབྷ་རིཿ(བདག་གང་ངོ་། །) ཨུ་ ད་རཾ་བྷ་རིཿ(གསུས་པ་ཁེངས་སོ། །) ཀུ་ཀྵིཾ་བྷ་རིཿ(དགུ་གང་ངོ་། །) ཞེས་པ་ལྟ་བུའོ། །ཨེ་ཛི་ལས་ཁ་ཤའོ་ ཞེས་པ་ནི་ལས་ཉེ་བའི་ཚིག་ཅན་ལ་ཨེ་ཛི་གཡོ་བའི་བྱིངས་ཨིན་གྱི་མཐའ་ཅན་ལས་ཕ་རོལ་ ཏུ་ཁ་ཤའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཾ་ག་དང་། ཛ་ན་ཉེ་བའི་ཚིག་སྔ་མ་ཅན་གྱི་ཨེ་ ཛི་ལ། མདོ་འདིས། ཁཤ་ཕྱིན་པའི་ཁ་ཡིག་སྔ་མ་ལྟར་དང་ཤ་ཡིག་བྱིངས་ཐམས་པ་དང་འདྲ་ བའི་ཁྱད་དོན་ཡིན་པས་ཕྱིས་ནས་ཁའི་དབྱངས་འཇོག་པ་ནི་འོག་མ་རྣམས་ལའང་ཤེས་པར་ བྱ་ཞིང་། སྔར་བཞིན་ཛིའི་དབྱངས་ཡོན་ཏན་བྱས་ཏེ་སི་བྱིན་ལ། ཉེ་བའི་ཚིག་མཐར་མ་ཨཱ་ག་ མ་སྦྱར་བས། ཨཾ་ག་མེ་ཛ་ཡཿ(ཡན་ལག་གཡོའོ། །) ཛ་ན་མེ་ཛ་ཡཿ(སྐྱེ་བོ་གཡོ་བ། ) ཞེས་པ་ལྟ་བུའོ། ། ཤུ་ནཱི། སྟ་ན། མུཉྫ། ཀཱུ་ལ། ཨཱ་སྱ། པུཥྤ་རྣམས་ལ་དྷིཊ་ལས་སོ་ཞེས་པ་ནི་ཤུ་ནཱི་ལ་སོགས་པ་ དྲུག་པོ་འདི་རྣམས་ཀྱི་ལས་ཉེ་བའི་ཚིག་སྔ་མ་ཅན་ལ་དྷེཊ་འཐུང་བའི་བྱིངས་འདི་ལས་ཕ་ རོལ་ཏུ་ཁཤའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཤུ་ནཱི་ལ་སོགས་པ་དེ་རྣམས་ཉེ་བའི་ཚིག་ སྔ་མ་ཅན་གྱི་དྷེཊ་རྗེས་འབྲེལ་ཕྱིས་པ་རྣམས་ལ་མདོ་འདིས་ཁཤ་བྱིན་ནས། ཀྲྀཏ་དང་པོར་ རིང་པོ་ཉེ་བའི་ཚིག་མི་ཟད་པ་མིན་པའི་ཞེས་པས། ཤུ་ནཱིའི་ཨཱི་ཐུང་ངུར་བསྒྱུར་ཞིང་། ཉེ་བའི་ ཚིག་མཐའ་རྣམས་སུ་མ་ཨཱ་ག་མ་བྱིན་པ་ནཱ་བཞི་པར་མ་ན་དག་དྷུཊ་ལ་ཞེས་པས་རྗེས་སུ་ང་ རོ་འམ། སྡེ་པ་ལ་སྡེ་པའི་མཐར་བསྒྱུར་ལ། དྷེའི་དབྱངས་རྐྱེན་གྱི་ཨ་དང་མཚམས་སྦྱར་ཏེ་སི་ བྱིན་པས། ཤུ་ནིཾ་དྷ་ཡཿ(འོག་ཏུ་སྤོ་འཕྱང་བ་ལ་འཐུང་ངོ་། །) སྟ་ནཾ་དྷ་ཡཿ(ནུ་མ་ལ་འཐུང་ངོ་། །) མུཉྫཾ་དྷ་ཡཿ ཀཱུ་ ལནྡྷ་ཡཿ ཨཱ་སྱནྡྷ་ཡཿ(གདོང་ལ་འཐུང་ངོ་། །) པུཥྤ་ནྡྷ་ཡཿ(མེ་ཏོག་ལ་འཐུང་ངོ་། །) ཞེས་པ་ལྟ་བུའོ། །ན་ཌཱི། 6-1-544 ཀར། མུཥྚི། པཱ་ཎི། ནཱ་པི་ཀཱ་རྣམས་ལ་དྷྨཱ་ལས་ཀྱང་ངོ་ཞེས་པ་ནི་ནཱ་ཌཱི་ལ་སོགས་པ་ལྔ་པོ་འདི་ རྣམས་ཀྱི་ལས་ཉེ་བའི་ཚིག་ཅན་ལ་སྔར་བཞིན་དྷེཊ་དང་། དྷྨཱ་སྒྲ་དང་མེ་སྦྱོར་བའི་བྱིངས་འདི་ དག་ལས་ཀྱང་ཕ་རོལ་ཏུ་ཁ་ཤའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ནཱ་ཌཱི་ལ་སོགས་པ་སྔ་མ་ ཅན་གྱི་དྷེ་དང་དྷྨཱ་རྣམས་ལ། མདོ་འདིས་ཁ་ཤ་དང་བར་དུ་ཨཱ་གཉིས་པར་བྱེད་པ་པོ་ལ་ཞེས་ པས་ཨན་བྱིན་ནས། ཨཱ་དྲུག་པར་ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་ལ་ཞེས་པས་ཁའི་ དབྱངས་ཕྱིས་ཏེ། སྔར་བཞིན་ནཱ་ཌཱི་དང་ནཱ་པི་ཀཱའི་ཌཱི་དང་ཀཱའི་དབྱངས་ཐུང་ངུར་བསྒྱུར་ཞིང་། ཉེ་བའི་ཚིག་རྣམས་ཀྱི་མཐར་མ་ཨཱ་ག་མ་བྱིན་ལ། ཨཱ་དྲུག་པར་དྷྨཱའི་དྷ་མའོ་ཞེས་པ་ལྟར་ བསྒྱུར་ཏེ་སི་བྱིན་པས། ནཱ་ཌིནྡྷ་ཡཿ(རྩ་བ་འཐུང་ངོ་། །) ཀ་ཌནྡྷ་ཡཿ(ལག་པས་འཐུང་ངོ་། །) མུཥྚི་ནྡྷ་ཡཿ(ཁུ་ ཚུར་གྱིས་འཐུང་ངོ་། །) པཱ་ཎིནྡྷ་ཡཿ(ལག་པས་འཐུང་ངོ་། །) ནཱ་པི་ཀནྡྷ་ཡཿ(སྣས་འཐུང་ངོ་། །ཞེས་པ་དང་། ) ནཱ་ཌིནྡྷ་ དྷཿ(རྩ་བའི་སྐྲའོ། །) ཀ་རནྡྷ་མཿ(ལག་པས་མེ་འབུད། ) མུཥྚིནྡྷ་མཿ པཱ་ཎིནྡྷ་མཿནཱ་སི་ཀནྡྷ་དྷ་མཿཞེས་པ་ ལྟ་བུའོ། །བི་བྷུ་ཨ་རུས་ཏི་ལ་རྣམས་ལ་ཏུཏ་ལས་སོ་ཞེས་པ་ནི། བི་དྷུ་དང་། ཨ་རུས་དང་ཏི་ལ་ ཞེས་པ་འདི་རྣམས་ཀྱི་ལས་ཉེ་བའི་ཚིག་ཅན་ལ་ཏུཏ་གདུང་བའི་བྱིངས་འདི་ལས་ཕ་རོལ་ཏུ་ ཁ་ཤའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བི་དྷུ་སོགས་སྔ་མ་ཅན་གྱི་ཏུཏ་རྣམས་ལ། མདོ་ འདིས་ཁཤ་དང་། ཨཱ་གཉིས་པར་བྱེད་པ་པོ་ལ་ཞེས་པས་བར་དུ་ཨན་བྱིན་པ་ན། ཨཱ་ལྔ་པར་ ཏུཏ་སོགས་གྱི་ཨན་ལ་ཞེས་པས་བྱིངས་ལ་ཡོན་ཏན་མི་འབྱུང་ཞིང་། ཉེ་བའི་ཚིག་གི་མཐར་ མ་ཨཱ་ག་མ་བྱིན་ལ། ནཱ་བཞི་པར་བརྩེགས་པའི་དང་པོའི་དྷུཊའི་འོ་ཞེས་པས་ཨ་རུས་ཀྱི་ས་ ཡིག་དང་། ཨཱ་དྲུག་པར་ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་ལ་ཞེས་པས་རྐྱེན་གྱི་ཨའང་ཕྱིས་ ནས། སི་བྱིན་པས་བི་དྷུ་ན་ཏུ་དཿ ཨ་ཏུནྟུ་དཿ(འཚང་སློང་བ། ) ཏི་ལནྟུ་དཿ(ཏིལ་བརྡུང་ངོ་། །) ཞེས་པ་ལྟ་ བུའོ། །ཨ་སཱུཪྻ་ཨུ་གྲ་དག་ལ་དྲྀ་ཤ་ལས་སོ་ཞེས་པ་ནི། ཨ་སཱུ་ཪྻ་དང་ཨུ་གྲ་དག་གི་ལས་ཉེ་ བའི་ཚིག་ཅན་ལ་དྲྀ་ཤིར་ལྟ་བའི་བྱིངས་ལས་ཕ་རོལ་ཏུ་ཁ་ཤའི་རྐྱེན་སྦྱིན་པར་འགྱུར་ཏེ། 6-1-545 དཔེར་ན། ཉེ་བའི་ཚིག་དེ་དག་སྔ་མ་ཅན་གྱི་དྲྀ་ཤིར་གྱི་ཨིར་རྗེས་འབྲེལ་ཕྱིས་པ་ལ། མདོ་ འདིས་ཁ་ཤ་དང་བར་དུ་ཨན་སྔར་བཞིན་བྱིན་ནས་ཁའི་དབྱངས་སྔར་བཞིན་ཕྱིས་ལ། ཨཱ་ དྲུག་པར་དྲྀ་ཤའི་པ་ཤྱའི་ཞེས་པ་ལྟར་བསྒྱུར་ཏེ། ཉེ་བའི་ཚིག་མཐར་མ་ཨཱ་ག་མ་སྦྱར་ཞིང་སི་ བྱིན་པས། ཨ་སཱུཪྻཾཔ་ཤྱཿ(ཉི་མ་ལ་བལྟས། ) ཨུ་གྲཾ་པ་ཤྱཿ(དྲག་པོ་ལ་བལྟས། ) ཞེས་པ་ལྟ་བུའོ། །ལ་ལཱ་ ཊ་ལ་ཏཔ་ལས་སོ་ཞེས་པ་ནི་ལ་ལཱ་ཊའི་ལས་ཉེ་བའི་ཚིག་ཅན་ལ་ཏབ་གདུང་བའི་བྱིངས་འདི་ ལས་ཕ་རོལ་ཏུ་ཁ་ཤའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ལ་ལཱ་ཊ་སྔ་མ་ཅན་གྱི་ཏཔ་ལ་ མདོ་འདིས་ཁཤ་བྱིན་ནས། སྔར་བཞིན་ཉེ་བའི་ཚིག་ལ་མ་ཨཱ་ག་མ་དང་མཐར་སི་བྱིན་པས། ལ་ལཱ་ཊནྟ་པཿ(དཀའ་ཐུབ་པའི་དཔྲལ་བ་ལ། ) ཞེས་པ་ལྟ་བུའོ། །མི་ཏན་ཁ་ཡོངས་སུ་འཇལ་བ་རྣམས་ ལ་པ་ཙ་ལས་སོ་ཞེས་པ་ནི། མི་ཏ་དང་། ན་ཁ་དང་། ཡོངས་སུ་འཇལ་བའི་དོན་འདི་རྣམས་ཀྱི་ ལས་ཉེ་བའི་ཚིག་ཅན་ལ་ཌུབ་ཙ་འཚེད་བའི་བྱིངས་འདི་ལས་ཕ་རོལ་ཏུ་ཁཤའི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། མི་ཏ་དང་། ན་ཁ་དང་། ཡོངས་སུ་འཇལ་བ་པྲ་སྠས྄་མ་ཅན་གྱི་ཌུ་པ་ཙ་ རྗེས་འབྲེལ་ཕྱིས་པ་ལ། མོད་འདིས་ཁཤ་བྱིན་ནས། སྔར་བཞིན་ཉེ་བའི་ཚིག་ལ་མ་ཨཱ་ག་མ་ དང་། མཐར་སི་བྱིན་པས། མི་ཏཾ་པ་ཙཿ(ཆོས་པའི་འཚེད། ) མ་ཁཾ་པ་ཙཿ(སེན་མོ་འཚེད། ) པྲ་སྠཾཔ་ ཙཿཞེས་པ་ལྟ་བུའོ། །ཀཱུ་ལ་ལ། ཨུ་དྲུ་ཛ་ཨུ་བ་ཧ་དག་གིའོ་ཞེས་པ་ནི་ཀཱུ་ལའི་ལས་ཉེ་བའི་ཚིག་ ཅན་ལ་ཨུཏ་སྔ་མ་ཅན་གྱི་རུཛ་གསལ་བ་དང་། བཧ་ཐོབ་པའི་བྱིངས་འདི་དག་གི་ཕ་རོལ་ཏུ་ ཁ་ཤའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཀཱུ་ལ་སྔ་མ་ཅན་ཨུ་དྲུ་ཛ་དང་ཨུད་བཧ་ལ། མདོ་ འདིས་ཁ་ཤ་དང་བར་དུ་སྔར་བཞིན་ཨན་བི་ཀ་ར་ཎ་བྱིན་པ་ན། ཏུཏ་སོགས་ཀྱི་ཞེས་པས་ བྱིངས་ལ་ཡོན་ཏན་མེད་ཅིང་། རྐྱེན་གྱི་ཨ་ཕྱིས་ནས། ཉེ་བའི་ཚིག་ལ་མ་ཨཱ་ག་མ་དང་། མཐར་ སི་བྱིན་པས། ཀཱུ་ལ་མུདྷུ་ཛཿ ཀཱུ་ལ་མུངྦ་ཧཿཞེས་པ་ལྟ་བུའོ། །བཧཾ་ལི་ཧ་ཨ་བྷྲཾ་ལི་ཧ་པ་རཾ་ཏ་པ་ ཨི་རཾ་མ་ད་རྣམས་ཀྱང་ངོ་ཞེས་པ་ནི་བ་ཧཾ་ལིཧ་དང་། ཨ་བྷྲཾ་ལིཧ་དང་། པ་རཾ་ཏ་པ་དང་། ཨི་རཾ་ 6-1-546 མ་ད་ཞེས་པ་འདི་རྣམས་ལ་ཁ་ཤའི་རྐྱེན་བྱིན་པས་ཚིག་ཕྲད་དུ་གྱུར་པའོ། །ཞེས་པ་སྟེ། དཔེར་ན། བ་ཧ་དང་ཨ་བྷྲ་སྔ་མ་ཅན་གྱི་ལིཧ་རོ་མྱང་བ་དང་། པ་ར་སྔ་མ་ཅན་གྱི་ཏཔ་གདུང་ པ་དང་། ཨི་རཱ་སྔ་མ་ཅན་གྱི་མ་དི་དགའ་བའི་བྱིངས་ཨི་རྗེས་འབྲེལ་ཕྱིས་པ་ལ་ཁཤ་བྱིན་པས་ ཚིག་ཕྲད་དུ་གྱུར་པ་ཡིན་ལ། ཀྲྀཏ་དང་པོར་རིང་པོ་ཉེ་བའི་ཚིག་ཅེས་པས་ཨི་རཱའི་ཨཱ་ཡིག་ ཐུང་ངུར་བསྒྱུར་ཞིང་། སྔར་བཞིན་ཉེ་བའི་ཚིག་མཐར་མ་ཨཱ་ག་མ་བྱིན་ལ། ཨཱ་ལྔ་པར་ནཱ་མིའི་ ཞེས་པས་ལིའི་དབྱངས་ཡོན་ཏན་དང་། ཨཱ་གཉིས་པར་དིཝ་སོགས་ལས་ཞེས་པས་མད་ཀྱི་ མཐར་ཡན་ཐོབ་ནའང་། མདོའི་ནུས་པས་དེ་དག་བཀག་ནས་མཐར་སི་བྱིན་པས། བ་ཧཾ་ལི་ ཧཿ(ཞོན་ལ་རོ་མྱང་། ) ཨ་བྷྲཾ་ལི་ཧཿ(སྤྲིན་ལ་རོ་མྱང་། ) པ་རཾ་ཏ་པཿ། ཨི་རཾ་མ་དཿཞེས་པ་ལྟ་བུའོ། །པྲི་ཡ་ བ་ས་དག་ལ་བ་དི་ལས་ཁའོ་ཞེས་པ་ནི་པྲི་ཡ་དང་བ་ས་དག་གི་ལས་ཉེ་བའི་ཚིག་ཅན་ལ་བད་ གསལ་བར་སྨྲ་བའི་བྱིངས་འདི་ལས་ཕ་རོལ་ཏུ་ཁའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཉེ་ བའི་ཚིག་དེ་དག་སྔ་མ་ཅན་གྱི་བད་ལ་མདོ་འདིས་ཁ་བྱིན་པའི་ཁ་ཡིག་ཁྱད་དོན་ཕྱིས་ནས་ དབྱངས་བཞག་ལ། སྔར་བཞིན་ཉེ་བའི་ཚིག་ལ་མ་ཨཱ་ག་མ་དང་། མཐར་སི་བྱིན་པས། པྲི་ ཡམྦ་དཿ བ་སཾ་བ་དཿཞེས་པ་ལྟ་བུའོ། །སརྦ། ཀཱུ་ལ། ཨ་བྷྲ། ཀ་རཱི་ཥ་རྣམས་ལ་ཀཥ་ལས་སོ་ ཞེས་པ་ནི་སརྦ་སོགས་བཞི་པོ་འདི་རྣམས་ཉེ་བའི་ཚིག་ཅན་ལ་ཀཥ་འགྲོ་བའི་བྱིངས་འདི་ལས་ ཕ་རོལ་ཏུ་ཁའི་རྐྱེན་སྦྱིན་པར་འགྱུར་ཏེ་དཔེར་ན། ཉེ་བའི་ཚིག་དེ་རྣམས་སྔ་མ་ཅན་གྱི་ཀཥ་ལ། མདོ་འདིས་སྔར་བཞིན་ཁའི་རྐྱེན་དང་། ཉེ་བའི་ཚིག་ལ་མ་ཨཱ་ག་མ་དང་། མཐར་སི་བྱིན་པས། སརྦཾ་ཀཥཾཿ(ཐམས་ཅད་ཀྱི་སྙིགས་མ། )ཀཱུ་ལཾ་ཀ་ཥཿ ཨ་བྷྲཾ་ཀ་ཥཿ། ཀ་རཱི་ཥཾ་ཀ་ཥཿཞེས་པ་ལྟ་བུའོ། །བྷ་ ཡ་རྀ་ཏི་མེ་གྷ་རྣམས་ལ་ཀྲྀཉ་ལས་སོ་ཞེས་པ་ནི་བྷ་ཡ་སོགས་གསུམ་པོ་འདི་རྣམས་ཀྱི་ལས་ཉེ་ བའི་ཚིག་ཅན་ལ་ཌུ་ཀྲྀཉ་བྱེད་པའི་བྱིངས་འདི་ལས་ཕ་རོལ་ཏུ་ཁའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཉེ་བའི་ཚིག་དེ་རྣམས་སྔ་མ་ཅན་གྱི་ཌུ་ཀྲྀཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཁ་ 6-1-547 བྱིན་ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས། ཀྲྀའི་ཡོན་ཏན་བྱས་ཏེ། ཉེ་བའི་ཚིག་ ལ་མ་ཨཱ་ག་མ་དང་། མཐར་སི་བྱིན་པས། བྷ་ཡཾ་ཀ་རཿ(འཇིགས་པར་བྱེད། ) རྀ་ཏིཾ་ཀ་རཿ མེ་གྷཾ་ཀ་ རཿ(སྤྲིན་བྱེད། )ཞེས་པ་ལྟ་བུའོ། །ཀྵེ་མ་བྲི་ཡ་མ་ཏྲ་རྣམས་ལས་ཨཎ་འང་ངོ་ཞེས་པ་ནི་ཀྵེ་མ་ སོགས་གསུམ་པོ་འདི་རྣམས་ཀྱི་ལས་ཉེ་བའི་ཚིག་ཅན་ལ་ཀྲྀཉ་ལས་ཕ་རོལ་ཏུ་ཁའི་རྐྱེན་སྦྱིན་ པར་འགྱུར་ཞིང་། དེར་མ་ཟད་ཨཎ་གྱི་རྐྱེན་ཡང་སྦྱིན་པར་འགྱུར་ཏེ། དཔེར་ན། ཉེ་བའི་ཚིག་ དེ་རྣམས་སྔ་མ་ཅན་གྱི་ཀྲྀཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཁ་བྱིན་ནས། སྔར་བཞིན་རྀ་ ཡོན་ཏན་བྱས་ཏེ། ཉེ་བའི་ཚིག་ལ་མ་ཨཱ་ག་མ་དང་། མཐར་སི་བྱིན་པས། ཀྵེ་མཾ་ཀ་རཿ (བདེ་ བར་བྱེད། ) པྲི་ཡཾ་ཀ་རཿ(དགའ་བར་བྱེད། ) མ་ཏྲཾ་ཀ་རཿ ཞེས་པ་དང་། ཨཎ་བྱིན་པ་ན། ཎ་ཡིག་ཨི་ཙ་ དང་འདྲ་བའི་ཁྱད་དོན་ཡིན་པས་དབྱི་ཞིང་། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་ཀྲྀའི་རྀ་འཕེལ་ བར་བྱས་ཏེ། སི་བྱིན་པས། ཀྵེ་མ་ཀཱ་རཿ པྲི་ཡ་ཀཱ་རཿ མ་ཏྲ་ཀཱ་རཿཞེས་པ་ལྟ་བུའོ། །ཨཱ་ཤི་ཏ་ ལ་བྷཱུ་ལས་ནི་དངོས་པོ་དང་བྱེད་པ་དག་ལའོ་ཞེས་པ་ནི་ཨཱ་ཤི་ཏའི་སྒྲ་ཉེ་བའི་ཚིག་ཅན་ལ་བྷཱུ་ ཡོད་པའི་བྱིངས་འདི་ལས་ནི་དངོས་པོ་དང་བྱེད་པའི་དོན་དག་ལ་འཇུག་པ་ན་ཕ་རོལ་ཏུ་ཁའི་ རྐྱེན་སྦྱིན་པར་འགྱུར་ཏེ། ནིའི་སྒྲ་ནི་ཨཎ་འི་རྐྱེན་མི་འཇུག་པའི་དོན་ཏོ། །དཔེར་ན། ཨཱ་ཤི་ཏ་ སྔ་མ་ཅན་གྱི་བྷཱུ་ལ་མདོ་འདིས་ཁ་བྱིན་ནས། སྔར་བཞིན་བྷཱུའི་ཨཱུ་ཡོན་ཏན་བྱས་ཏེ། ཉེ་བའི་ ཚིག་ལ་མུ་བྱིན་ལ། མཐར་སི་བྱིན་པ་མ་ནིང་ལས་དབྱི་ཞིང་སྔར་བཞིན་མུ་ཨཱ་ག་མ་སྦྱར་བས། ཨཱ་ཤི་ཏཾ་བྷ་ཝཾ། དངོས་པོ་དང་། ཨཱ་ཤི་ཏཾ་བྷ་ཝཾ། བྱེད་པའི་དོན་ལ་འཇུག་པ་ལྟ་བུའོ། ། གསུམ་པ་གཙོ་བོ་མིང་ཉེ་བའི་ཚིག་ཅན་གྱི་བྱིངས་ལས་མིང་གི་ཡུལ་ལ་རྐྱེན་སོ་སོར་སྦྱོར་ ཚུལ་ནི། མིང་ལ་ཏྲཱྀ་བྷྲྀ་པྲྀ་ཛི་དྷཱ་རི་ཏ་བི་ད་མི་ས་ཧ་རྣམས་ཀྱི་མིང་ལའོ་ཞེས་པ་ནི་མིང་ཉེ་བའི་ ཚིག་ཅན་ལ་ཏྲཱི་གཅོད་པ་དང་། ཌུ་བྷྲྀཉ་འཛིན་པ་དང་། ཡང་ན་བྷྲྀཉ་སྒྲིབ་པ་དང་། བྲྀད་འདམ་ པ་དང་། ཛི་རྒྱལ་བ་དང་། ཌུདྷྲྀཉ་འཛིན་པ་ལ་ཨིན་བྱིན་ནས་འཕེལ་བ་བྱས་ཏེ་སྦྱར་བ། དྷཱ་ 6-1-548 རི་དང་། ཏཔ་གདུང་བ་དང་། ད་མུ་ཞི་བ་དང་། ཥཧ་བཟོད་པའི་བྱིངས་འདི་རྣམས་ཀྱི་མཐར། མིང་གི་ཡུལ་ལ་འཇུག་པ་ན་ཁའི་རྐྱེན་སྦྱིན་པར་འགྱུར་ཏེ་། དཔེར་ན། མིང་གི་ཁྱད་པར་ར་ཐ་ དང་། བི་ཤྭ་དང་། པ་ཏི་དང་། དྷ་ན་དང་། ཡུ་ག་དང་། ཨརཱ་ཏི་དང་། ཨ་རི་དང་། སརྦ་རྣམས་ རིམ་པ་བཞིན་ཉེ་བའི་ཚིག་སྔ་མ་ཅན་གྱི་ཏྲཱྀ་ལ་སོགས་པ་བརྒྱད་པོ་དེ་རྣམས་ཀྱི་ཌུ་དང་ཉ་དང་ མུའི་ཨུ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཁའི་རྐྱེན་སྦྱིན་པ་ན་སྔར་བཞིན་རྀ་ཡིག་རྣམས་ དང་། ཛིའི་དབྱངས་ཡོན་ཏན་བྱས་ནས་རྐྱེན་གྱི་ཨ་དང་མཚམས་སྦྱར་ཞིང་། ཉེ་བའི་ཚིག་ རྣམས་ལ་སྔར་བཞིན་མུ་ཨཱ་ག་མ་བྱིན་པ། ནཱ་བཞི་པར་མ་ན་དག་གི་ཞེས་པས་རྗེས་སུ་ང་རོ་ འམ། སྡེ་པ་ལ་སྡེ་པའི་མཐའ་རུ་བསྒྱུར་ཏེ། ཁྱད་པར་ཨཱ་དྲུག་པར་ཀཱ་རི་ཏའི་ཨཱ་མ་ཨིཊ་ཞེས་ པས་དྷཱ་རིའི་ཨིན་ཕྱིས་ནས་དུར་སིང་དུ། མངོན་པར་བརྗོད་པ་ལས། ཞེས་པས་དྷཱའི་དབྱངས་ ཐུང་ངུ་དང་། ཨཱ་བརྒྱད་པར་བྱིངས་ཀྱི་དང་པོའི་ཞེས་བ་ཥཧའི་ཥ་ཡིག་ས་རུ་བསྒྱུར་ཏེ། ཐམས་ ཅད་ཀྱི་མཐར་སི་བྱིན་པས། ར་ཐཾ་ཏ་པཿ(ཤིང་རྟ་གཅོད། ) བི་ཤྭཾ་བྷ་རཿ(སྣ་ཚོགས་འགེངས། ) པ་ཏིཾ་པ་ རཿ(ཁྱོ་འདམ་པ། ) དྷ་ནཉྫ་ཡཿ (ནོར་ལས་རྒྱལ། ) ཡུ་གན་དྷ་རཿ(གཉའ་ཤིང་འཛིན། ) ཨ་རཱ་ཏིན་ཏ་པཿ(དགྲ་ གདུང་བསྟེ་དཔའ་བོ། །) ཨ་རིན་ད་མཿ། སརྦཾ་ས་ཧཿ(ཀུན་བཟོད། )ཞེས་པ་ལྟ་བུའོ། །གམ་ལས་ཀྱང་ ངོ་ཞེས་པ་ནི་མིང་ཉེ་བའི་ཚིག་ལ་གམླྀ་འགྲོ་བའི་བྱིངས་འདི་ལས་ཀྱང་། མིང་གི་ཡུལ་ལ་ཕ་ རོལ་ཏུ་ཁའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། སུ་ཏ་དང་བྷུཛ་སྔ་མ་ཅན་གྱི་གམླྀ འི་ལྀ་རྗེས་ འབྲེལ་ཕྱིས་པ་ལ། མདོ་འདིས་ཁ་དང་། སྔར་བཞིན་ཉེ་བའི་ཚིག་ལ་མ་དང་། མཐར་སི་བྱིན་ པས། སུ་ཏཾ་ག་མཿ། བྷཱུ་ཛཾ་ག་མཿ(ལག་འགྲོ། ) ཞེས་པ་ལྟ་བུའོ། །ཨུ་རས་བིཧ་ཡས་དག་གི་ཨུ་ར་ བི་ཧ་དག་ཀྱང་ངོ་ཞེས་པ་ནི་ཨུརས་དང་བི་ཧ་ཡས་ཞེས་པ་འདི་དག་ཉེ་བའི་ཚིག་ཅན་གྱི་གམ་ ལས་ཕ་རོལ་དུ། མིང་གི་ཡུལ་ལ་ཁའི་རྐྱེན་སྦྱིན་པར་འགྱུར་ཞིང་། ཨུ་རས་དང་བི་ཧ་ཡས་ དག་ཀྱང་རིམ་པ་བཞིན་ཨུ་ར་དང་བི་ཧ་དག་ཏུ་བསྒྱུར་བར་འགྱུར་ཏེ། དཔེར་ན། ཨུ་རས་དང་། 6-1-549 བི་ཧ་ཡས་སྔ་མ་ཅན་གྱི་གམ་ལ། མདོ་འདིས་ཁ་བྱིན་ནས། སྔ་མ་དག་ཨུ་ར་དང་པིཧ་དག་ ཏུ་འང་བསྒྱུར་ཏེ། ཉེ་བའི་ཚིག་ལ་མ་དང་། མཐར་སི་བྱིན་པས། ཨུ་རཾ་ག་མཿ (བྲང་འགྲོ། )བི་ཧཾ་ ག་མཿ(མཁར་འགྲོ། ) ཞེས་པ་ལྟ་བུའོ། །མིང་མ་ཡིན་པ་ལ་ཡང་ཌའོ་ཞེས་པ་ནི། མིང་ཉེ་བའི་ཚིག་ ཅན་གྱི་གམ་ལས་ཕ་རོལ་དུ། མིང་དང་མ་ཡིན་པའི་ཡུལ་གཉིས་ཀ་ལ་ཡང་ཌའི་རྐྱེན་སྦྱིན་ པར་འགྱུར་ཏེ། དཔེར་ན། མིང་མ་ཡིན་པའི་ཡུལ་ལ་ཨནྟ་དང་ཨ་དྷཱ་དང་དཱུ་ར་སྔ་མ་ཅན་གྱི་ གམ་དང་། མིང་གི་ཡུལ་ལ་ཨུ་ར་དང་ཏུ་ར་སྔ་མ་ཅན་གྱི་གམ་ལ། མདོ་འདིས་ཌ་བྱིན་པ་ན། ནཱ་དྲུག་པར་ཌ་རྗེས་སུ་འབྲེལ་པ་ལ་མཐའི་དབྱངས་སོགས་དབྱིའོ། །ཞེས་པས་མ་ཡིག་དང་། གའི་དབྱངས་དང་། ཌ་ཡིག་ཀྱང་མདོ་དེའི་ཁྱད་དོན་ཡིན་པས་དབྱི་ཞིང་། ཌའི་དབྱངས་ག་ ལ་སྦྱར་ཏེ་སི་བྱིན་པས། ཨནྟ་གཿ(མཐར་འགྲོའོ། །) ཨ་དྷྭ་གཿ(འོག་ཏུ་འགྲོའོ། །) དཱུ་རཱ་གཿ(རིང་དུ་འགྲོའོ། །) ཞེས་པ་དང་། ཨུ་ར་གཿ(བྲང་འགྲོའོ། །) ཏུ་ར་གཿ(མགྱོགས་འགྲོ། ) ཞེས་པ་ལྟ་བུའོ། །བིཧཾ་ག་ཏུ་རཾ་ག་ བྷུ་ཛཾ་ག་རྣམས་ཀྱང་ངོ་ཞེས་པ་ནི་བི་ཧཾ་ག་དང་། ཏུ་རཾ་ག་དང་། བྷུ་ཛཾ་ག་ཞེས་པ། འདི་རྣམས་ ཀྱང་ཌའི་རྐྱེན་དང་། ཉེ་བའི་ཚིག་ལ་མ་ཨཱ་ག་མ་བྱིན་པས་མིང་གི་ཡུལ་ཁོ་ན་ལ་ཚིག་ཕྲད་དུ་ གྱུར་པའོ་ཞེས་པ་སྟེ། དཔེར་ན། བི་ཧ་ཡས་དང་། ཏུ་ར་དང་བྷུ་ཛ་སྔ་མ་ཅན་གྱི་གམ་ལ། མདོ་ འདིས་ཌ་བྱིན་པ་ན། མ་ཡིག་གའི་དབྱངས་དང་བཅས་པ་ཕྱིས་ནས། མདོའི་ནུས་པས་ཐོབ་པ་ མ་ཡིན་པའི་བྱ་བ། ཉེ་བའི་ཚིག་ལ་མ་ཨཱ་ག་མ་བྱིན་ནས་ཚིག་ཕྲད་དུ་གྱུར་པ་ཡིན་པས། སྔར་ བཞིན་བི་ཧ་ལས་ཀྱང་བི་ཧ་རུ་བསྒྱུར་ཏེ། སི་བྱིན་པས། བ་ཧ་གཿ(བྱའོ། །) ཏུ་རཾ་གཿ(རྟའོ། །) བྷུ་ཛཾ་ གཿ (སྦྲུལ་ལོ། །)ཞེས་པ་ལྟ་བུའོ། །གཞན་ལས་ཀྱང་ངོ་ཞེས་པ་ནི་མིང་ཉེ་བའི་ཚིག་ཅན་གྱི་བྱིངས་ གཞན་ལས་ཀྱང་ཕ་རོལ་ཏུ། མིང་གི་ཡུལ་དང་མིང་མ་ཡིན་པའི་ཡུལ་གཉིས་ཀ་ལ་ཡང་ཌའི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། གི་རི་དང་ཀུཉྫ་དང་། བ་རཱ་རྣམས་རིམ་པ། ལྟར་སྔ་མ་ ཅན་གྱི་ཤཱིང་ཉལ་བ་དང་། ར་མུ་བརྩེ་བ་དང་། ཧན་འཚེ་བའི་བྱིངས་རྣམས་ཀྱི་ང་དང་ཨུ་རྗེས་ 6-1-550 འབྲེལ་ཕྱིས་པ་ལ། མདོ་འདིས་ཌ་བྱིན་ནས། སྔར་བཞིན་མཐའི་གསལ་བྱེད་སྔ་མའི་དབྱངས་ དང་བཅས་པ་དང་། ཌ་ཁྱད་དོན་ཕྱིས་ཏེ་དེའི་དབྱངས་སྔ་མར་སྦྱར་ཞིང་སི་བྱིན་པས། གི་རི་ ཤཿ(རིལ་ཉལ་ལོ། །) ཀུཉྫ་རཿ(གླང་མོ། །) བ་རཱ་ཧཿ(ཕག་པ། ) ཞེས་པ་ལྟ་བུའོ། ། བཞི་པ་སླར་ཡང་ཉེ་བའི་ཚིག་ཅན་གྱི་ཧན་ལ་དོན་སོ་སོ་ལ་རྐྱེན་རྣམས་སོ་སོར་སྦྱོར་ ཚུལ་ནི། ལས་ལ་ཧནྟི་ལས་སྨོན་པ་འགྲོ་བ་དག་ལའོ་ཞེས་པ་ལས་ཉེ་བའི་ཚིག་ཅན་ཧན་འཚེ་ བའི་བྱིངས་འདི་ལས་ཕ་རོལ་ཏུ། སྨོན་པ་དང་འགྲོ་བ་དག་ལ་འཇུག་བཞིན་པ་ན་ཌའི་རྐྱེན་ སྦྱིན་པར་འགྱུར་ཏེ། དཔེར་ན། ཤ་ཏྲུ་དང་། ཀྲོ་ཤ་སྔ་མ་ཅན་གྱི་ཧན་ལ་མདོ་འདིས་ཌ་བྱིན་པ་ ན། སྔར་བཞིན་ན་ཡིག་ཧའི་དབྱངས་དང་བཅས་པ་ཕྱིས་ནས། ཌའི་དབྱངས་སྦྱར་ཏེ་སི་བྱིན་ པས། ཤ་ཏྲུ་ཧཿ(དགྲ་བོ་འཇོམས་པ། )ཀྲོ་ཤ་ཧཿ(ཁྲོ་བོ་འཇོམས་པ། )ཞེས་པ་ལྟ་བུའོ། །དུར་ཕན་དག་ལས་ སླར་ཡང་ལས་སྨོས་པ་ནི་གོ་བདེ་བའི་དོན་དུའོ་ཞེས་གསུངས་སོ། །ཀླེ་ཤ་ཏ་མས་དག་ལ་ཨ་ པ་ལས་སོ་ཞེས་པ་ནི་ཀླེ་ཤ་དང་ཏ་མས་དག་གི་ལས་ཉེ་བའི་ཚིག་ལ་ཨ་པ་ལས་ཕ་རོལ་གྱི་ ཧན་ལ་ཌའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཉེ་བའི་ཚིག་དེ་དག་དང་ཨ་པ་སྔ་མ་ཅན་གྱི་ ཧན་ལ་མདོ་འདིས་ཌ་བྱིན་ནས། སྔར་བཞིན་ན་ཡིག་ཧའི་དབྱངས་དང་བཅས་པ་དབྱི་ཞིང་། ཏ་མས་ཀྱི་ས་ཡིག་རྣམ་བཅད་དུ་གྱུར་པ། ཨ་ཡིག་དག་གི་བར་དུ་ཨུ་རུ་བསྒྱུར་ཏེ་སྔ་མའི་ དབྱངས་དང་མཚམས་སྦྱར་ནས། ཚིག་མཐར་ཨེཏ་ཨོཏ་ལས་ཕ་རོལ་གྱི་ཨ་ཕྱིས་ཏེ་མཐར་ སི་བྱིན་པས། ཀླེ་ཤཱ་པ་ཧཿ ཏ་མོ྅པཧཿཞེས་པ་ལྟ་བུའོ། །དུར་ཕན་དག་དུ་གཞན་ལས་ཀྱང་ངོ་ ཞེས་པས་ཌའི་རྐྱེན་གྲུབ་པ་ལ། སྦྱོར་བ་བརྩམས་པ་ནི་སྤྲོས་པའི་དོན་དུའོ་ཞེས་ཀྱང་གསུངས་ སོ། །ཀུ་མཱ་ར་ཤཱིཪྵ་དག་ལ་ཎི་ནའོ་ཞེས་པ་ནི་ཀུ་མཱ་ར་དང་། ཤཱིར་ཥ་དག་གི་ལས་ཉེ་བའི་ཚིག་ ཅན་ལ་ཧན་ལས་ཕ་རོལ་ཏུ་ཎིན་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཉེ་བའི་ཚིག་དེ་དག་ སྔ་མ་ཅན་གྱི་ཧན་ལ། མདོ་འདིས་ཎིན་བྱིན་པའི་ཎ་ཡིག་ཨིཙ་དང་འདྲ་བའི་ཁྱད་དོན་དབྱི་ 6-1-551 ཞིང་། ཨཱ་དྲུག་པར་ཧན་ཏིའི་ཏའོ་ཞེས་པས་རྐྱེན་གྱི་ན་ཡིག་ཏ་རུ་བསྒྱུར་ནས་སྔ་མ་དང་སྦྱར་ བས་ཧན་ཏི་ཞེས་པར་གྱུར་པ་ན། དེ་ཉིད་དུ་ཧན་ཏིའི་ཧའི་ཨིན་ཨིཙ་དག་ལ་ཞེས་པས་ཧ་ ཡིག་གྷ་རུ་བསྒྱུར་བས། ཨིན་ཨིཙ་དག་ལ་ཞེས་པས་རིང་པོར་བསྒྱུར་ཏེ་སི་བྱིན་པ་ན། ནཱ་ གཉིས་པར་ཨིན་ཧན་ཞེས་པས་ཏའི་དབྱངས་ཀྱང་རིང་པོར་བསྒྱུར་ནས་སྔར་བཞིན་གསལ་ བྱེད་ལས་སི་དང་། རྟགས་མཐའི་ན་ཡིག་ཕྱིས་པས། ཀུ་མཱ་ར་གྷཱ་ཏཱི(བྱིས་པ་ལ་བསྣུན)། ཤཱིར་ཥ་གྷཱ་ ཏཱི་(མགོ་བོ་བཅོམ། )ཞེས་པ་ལྟ་བུའོ། །ཛཱ་ཡཱ་པ་ཏི་དག་ལ་མཚོན་བྱེད་ལཊཀའོ་ཞེས་པ་ནི་ཛཱ་ཡཱ་དང་ པ་ཏི་དག་གི་ལས་ཉེ་བའི་ཚིག་སྔ་མ་ཅན་ལ་ཧན་ལས་ཕ་རོལ་ཏུ། མཚན་ཉིད་དེ་མཚོན་པར་ བྱེད་པ་དང་ལྡན་པའི་བྱེད་པ་པོ་ལ་ཊཀའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཉེ་བའི་ཚིག་དེ་ དག་སྔ་མ་ཅན་གྱི་ཧན་ལ་མདོ་འདིས་ཊཀ་བྱིན་པའི་ཊ་ཡིག་བུད་མེད་དུ་བསྒྲུབ་པའི་ཨཱི་ཡིག་ གི་ཁྱད་དོན་དང་། ཀ་ཡིག་ཡཎ་དང་འདྲ་བའི་ཁྱད་དོན་ཕྱིས་ནས་དབྱངས་བཞག་ཅིང་། ཨཱ་ དྲུག་པར་གམ་ཧ་ན་ཛན་ཞེས་པས་ཧའི་དབྱངས་ཀྱང་ཕྱིས་པ་ན། དེ་ཉིད་དུ་ཨུ་པ་དྷཱ་ཕྱིས་པའི་ འང་ངོ་ཞེས་པས་ཧ་ཡིག་གྷ་རུ་བསྒྱུར་ལ། བུད་མེད་དུ་བསྒྲུབ་པ་ལ་སྔར་བཞིན་ཨཱི་བྱིན་ནས། རྐྱེན་གྱི་ཨ་དང་སིའང་ཕྱིས་པས། ཛཱ་ཡཱ་གྷྣཱཾ། པ་ཏི་གྷྣཱཾ་ཞེས་པ་ལྟ་བུའོ། །མི་མ་ཡིན་པ་བྱེད་པ་ པོ་ལའང་ངོ་ཞེས་པ་ནི་ལས་ཉེ་བའི་ཚིག་ལ་མི་མ་ཡིན་པའི་བྱིངས་ཀྱི་དོན་ལ་འཇུག་བཞིན་པ་ ན་ཧན་ལས་ཕ་རོལ་ཏུ་ཊཀའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཛཱ་ཡཱ་དང་། པ་ཏི་དང་། ཤླེ་ ཥྨ་སྔ་མ་ཅན་གྱི་ཧན་ལ་མདོ་འདིས་ཊཀ་བྱིན་པ་ཁྱད་དོན་དབྱི་ཞིང་། སྔར་བཞིན་ཧའི་དབྱངས་ ཕྱིས་ཏེ་གྷ་རུ་བསྒྱུར་ལ། སྔ་མ་ལ་སི་བྱིན་ནས། པར་པ་སྔར་བཞིན་བུད་མེད་དུ་བསྒྲུབས་ཏེ། ཕྱི་མ་ལ་སི་བྱིན་པ་མ་ནིང་ལས་ཕྱིས་ནས་སྔར་བཞིན་མུ་ཨཱ་ག་མ་བྱིན་པའི་ཕ་རོལ་ན་རིམ་པ་ བཞིན། ཏིལ་ཀཿདང་། རེ་ཁཱ་དང་། མ་དྷུ་རྣམས་ཡོད་པ་ལས། ཛཱ་ཡཱ་གྷྣསྟི་ལ་ཀཿ(ཆུང་མ་གསོད་ པའི་ཐིག་ལེ། ) པ་ཏི་གྷྣཱ་རེ་ཁ། (ཁྱོ་གསོད་པའི་རི་མོ། །) ཤླེ་ཥྨ་གྷྣཾ་མ་དྷུ། (བད་ཀན་འཇོམས་པ་སྦྲང་རྩིའོ། །)ཞེས་པ་ 6-1-552 ལྟ་བུའོ། །ལས་ཉེ་བའི་ཚིག་ཅན་ལ་མ་ཡིན་པའི་བྱེད་པ་པོའི་བྱིངས་ཀྱི་དོན་ལ་འཇུག་བཞིན་ པ་ན། ཧན་ལ་ཊཀ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨཱ་ཁུ་དང་། བྲཱཧྨ་ཎ་སྔ་མ་ཅན་གྱི་ཧན་ ལ། འདི་ཉིད་དུ་ལས་ལ་ཞེས་པས་ཨཎ་བྱིན་ནས་སྔར་བཞིན་ཧ་ཡིག་གྷ་དང་། ན་ཡིག་ཏ་དང་། གྷའི་དབྱངས་རིང་པོར་བསྒྱུར་ཏེ་སི་བྱིན་པའི་ཕ་རོལ་ན་རིམ་པ་བཞིན་པཱུ་ཏྲཿདང་། བྲྀ་ཥ་ ལཿཡོད་པ་ལས། ཨཱ་ཁུ་གྷཱ་ཏཿཔཱུ་ཏྲཿ(བྱིས་པ་གསོད་པ་དམངས་རིགས། ) བྲཱཧྨ་ཎ་གྷཱ་ཏོ་པྲྀ་ཥ་ལཿ(བྲམ་ཟེ་ གསོད་པ་དམངས་རིགས་སོ། །) ཞེས་པ་ལྟ་བུའོ། །ཧསྟི་བཱ་ཧུ། ཀ་པཱ་ཊ་རྣམས་ལ་ནུས་པ་ལའོ་ཞེས་པ་ ནི་ཧསྟི་སོགས་གསུམ་པོ་འདི་རྣམས་ཉེ་བའི་ཚིག་ལ་ནུས་པ་ལ་འཇུག་བཞིན་པའི་ཧན་ལས་ ཕ་རོལ་ཏུ་ཊཀའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཉེ་བའི་ཚིག་དེ་རྣམས་སྔ་མ་ཅན་གྱི་ཧན་ ལ། མདོ་འདིས་ཊཀ་བྱིན་ནས། སྔར་བཞིན་ཧ་ཡིག་གྷ་རུ་བསྒྱུར་ཏེ། དེའི་དབྱངས་ཕྱིས་ནས་ སི་བྱིན་པས། ཧསྟི་གྷྣཿ(གླང་པོ་འཇོམས་ནུས། ) བཱ་ཧུ་གྷྣཿ(དཔུང་བ་འཇོམས་ནུས། ) ཀ་པཱ་ཊ་གྷྣཿ(སྒོ་གླེགས་ ཀྱིས་འཇོམས། )ཞེས་པ་ལྟ་བུའོ། །གསུམ་པོ་དེ་རྣམས་ཀྱི་ལས་ཉེ་བའི་ཚིག་ལ་ནུས་པ་ལ་མི་འཇུག་ པ་ན་ཧན་ལ་ཊཀ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཧསྟི་སྔ་མ་ཅན་གྱི་ཧན་ལ་སྔར་བཞིན་ ཨཎ་བྱིན་ནས། ཧ་ཡིག་གྷ་དང་། དེའི་དབྱངས་རིང་པོ་དང་། ན་ཡིག་ཀྱང་ཏ་རུ་བསྒྱུར་ཏེ་སི་ བྱིན་པས། ཧསྟི་གྷཱ་ཏཿ(གླང་པོ་ཆེ་གསོད་དོ། །)ཞེས་པ་ལྟ་བུའོ། །པཱ་ཎི་གྷ་ཏཱ་ཌ་གྷ་དག་བཟོ་བོ་ལའོ་ ཞེས་པ་ནི་པཱ་ཎི་བྷ་དང་ཏཱ་ཌ་གྷ་ཞེས་པ་འདི་དག་བཟོ་བོའི་བྱེད་པ་པོའི་དོན་ལ་ཚིག་ཕྲད་དུ་ གྱུར་པའོ། །ཞེས་པ་སྟེ། དཔེར་ན། པཱ་ཎི་དང་། ཏཱ་ཌ་སྔ་མ་ཅན་གྱི་ཧན་ལ། མདོ་འདིས་ཊཀ་ བྱིན་པས་ཚིག་ཕྲད་དུ་གྱུར་པ་ཡིན་ལ། དེ་ཡང་མདོའི་ནུས་པས་ཐོབ་པ་མ་ཡིན་པའི་བྱ་བ། ན་ ཡིག་ཧའི་དབྱངས་དང་བཅས་པ་ཕྱིས་ནས། ཧ་ཡིག་ཀྱང་གྷ་རུ་བསྒྱུར་ཏེ་སི་བྱིན་པས། པཱ་ཎི་ གྷཿ(ཕེག་རྡོབ་པ། ) ཏཱ་ཌ་གྷཿཞེས་པ་ལྟ་བུའོ། །པཱ་ཎི་དང་ཏཱ་ཌ་སྔ་མ་ཅན་ཡིན་ཀྱང་བཟོ་བོའི་དོན་ མ་ཡིན་པ་ལ་ནི་ཧན་ལ་ཊཀ་མི་སྟེར་ཞིང་ཚིག་ཕྲད་དུ་མི་འགྱུར་ཏེ། དཔེར་ན། དེ་དག་སྔ་མ་ 6-1-553 ཅན་གྱི་ཧན་ལ་སྔར་བཞིན་ཨཎ་བྱིན་ནས། ཧ་ཡིག་གྷ་དང་། ན་ཡིག་ཏ་དང་། གྷའི་དབྱངས་ རིང་པོར་བསྒྱུར་ཏེ་སི་བྱིན་པས། པཱ་ཎི་གྷཱ་ཏཿ། ཏཱ་ཌ་གྷཱ་ཏཿཞེས་པ་ལྟ་བུའོ། ། ལྔ་པ་སླར་ཡང་མིང་ཉེ་བའི་ཚིག་ལ་བྱིངས་སོ་སོ་ལ་རྐྱེན་རྣམས་སོ་སོར་སྦྱོར་ཚུལ་ནི། མ་ བྱུང་བ་དེ་བྱུང་པ་ལ་ནགྣ། པ་ལི་ཏ། པྲི་ཡ། ཨན་དྷ། སྠཱུལ། སུ་བྷ་ག ཨཱ་ཌྷྱ་རྣམས་ལ་ཀྲྀཉ་ ལས་བྱེད་པ་པོ་ལ་ཁྱུཊ་འོ་ཞེས་པ་མ་བྱུང་བ་དེ་བྱུང་བ་ལ་འཇུག་བཞིན་པའི་ནགྣ་ལ་སོགས་པ་ བདུན་པོ་རྣམས་ཉེ་བའི་ཚིག་ལ་ཌུ་ཀྲྀཉ་བྱེད་པའི་བྱིངས་འདི་ལས་ཕ་རོལ་ཏུ་བྱེད་པ་པོའི་དོན་ ལ་ཁྱུཊའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཉེ་བའི་ཚིག་བདུན་པོ་དེ་རྣམས་སྔ་མ་ཅན་གྱི་ ཌུ་ཀྲྀཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཁྱུཊ་བྱིན་པའི་ཁ་ཡིག་ཀྲྀཏ་དང་པོར་རིང་པོ་ཉེ་ བའི་ཚིག་ཅེས་པའི་ཁྱད་དོན་དང་། ཊ་ཨཱི་ཡིག་གི་ཁྱད་དོན་ཡིན་པས་དབྱི་ཞིང་། ཨཱ་ལྔ་པར་ནཱ་ མི་མཐའི་བྱིངས་དང་ཞེས་པས་ཀྲྀའི་རྀ་ཡོན་ཏན་བྱས་ནས། ཀྲྀཏ་དང་པོར་ཐུང་བ་དང་། ཨ་རུ་ ཥ་དག་གི་ཞེས་པས་ཉེ་བའི་ཚིག་རྣམས་ལ་མ་ཨཱ་ག་མ་བྱིན་ལ། ཀྲྀཏ་དྲུག་པར་ཡུ་བུ་ཛྷ་ཞེས་ པས། རྐྱེན་གྱི་ཡུ་ཡིག་ཨ་ན་རུ་བསྒྱུར་ཏེ། ནཱ་བཞི་པར་ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་པས་ དེའི་ན་ཡིག་ཀྱང་ཎ་རུ་བསྒྱུར་ཞིང་། ཐམས་ཅད་ཀྱི་མཐར་སི་བྱིན་པ་མ་ནིང་ལས་ཕྱིས་ནས་མུ་ ཨཱ་ག་མ་སྦྱར་བའི་ཕ་རོལ་ཏུ་རིམ་པ་ལྟར་གྷྲྀ་ཏཾ་དང་། ཏཻ་ལཾ་དང་། ཤཱི་ལཾ་དང་། ཤོ་ཀཿདང་། ད་ དྷིཿདང་། ཏཱུ་པཾ་དང་། ཙིཏ་ཏཾ་རྣམས་ཡོད་པ་ལས། ནགྣཾཀ་ར་ཎཾ་གྷྲྀ་ཏཾ། (གཅེར་བུར་བྱེད་པ་མར་རོ། །) པ་ལི་ཏཾ་ཀ་ར་ཎཾ་ཏཻ་ལཾ། (སྐྲ་དཀར་དུ་བྱེད་པ་ཏིལ་མར་རོ། །) པྲི་ཡཾ་ཀ་ར་ཎཾ་ཤཱི་ལཾ་(དགའ་བར་བྱེད་པ་ངང་ཚུལ་ ལོ། །) ཨན་དྷཾ་ཀ་ར་ནཾ་ཤོ་ཀཿ(འཐོམས་པར་བྱེད་པ་མྱ་ངན་ནོ། །) སྠཱུལཾ་ཀ་ར་ཎཾད་དྷིཿ(སྦོམ་པོར་བྱེད་པ་ཞའོ། །) སུ་བྷ་གཾ་ཀ་ར་ཎཾ་རཱུ་པཾ་(སྐལ་བ་བཟང་པོར་བྱེད་པ་གཟུགས་སོ། །) ཨཱཌྷྱ་ཀ་ར་ཎཾ་ཙིཏ་ཏཾ་(ཕྱུག་པོར་བྱེད་པ་ སེམས་སོ། །) ཞེས་པ་ལྟ་བུའོ། །མ་བྱུང་བ་དེ་བྱུང་བ་ལ་འཇུག་བཞིན་མ་ཡིན་པ་ལ་ནི་ནགྣ་ལ་ སོགས་པ་ཉེ་བའི་ཚིག་ཅན་གྱི་ཀྲྀཉ་ལས། བྱེད་པ་པོའི་དོན་ལ་ཁྱུཊ་སྦྱིན་པར་མི་འགྱུར་ཏེ། 6-1-554 དཔེར་ན། ཨཱ་ཌྷྱཾ་སྔ་མ་ཅན་གྱི་ཀྲྀཉ་རྗེས་འབྲེལ་ཀྱིས་པ་ལ། བརྟ་མ་ནའི་ཏི་དང་། བར་དུ་ཨུ་ བི་ཀ་ར་ཎ་བྱིན་ནས། ཨཱ་ལྔ་པར་ཀ་རོ་ཏིའི་འོ་ཞེས་པས་ཀྲྀའི་རྀ་དང་། དེ་ཉིད་དུ་ནཱ་མིའི་ མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ཞེས་པས་ཨུའང་ཡོན་ཏན་བྱས་ཏེ་སྦྱར་བའི་ཕ་རོལ་ན་ ཏཻ་ལཾ་ཡོད་པ་ལས། ཨཱ་ཌྷྱཾ་ཀ་རོ་ཏི་ཏཻ་ལཾ་(ཕྱུག་པོར་བྱེད་པ་པ་ཏིལ་མར་རོ། །) ཞེས་པ་ལྟ་བུའོ། །བྷཱུ་ལས་ བྱེད་པ་པོ་ལ་ཁིཥྞུ་ཁུ་ཀཉ་དག་གོ་ཞེས་པ་ནི་མ་བྱུང་བ་དེ་བྱུང་བ་ལ་འཇུག་བཞིན་པའི་ནགྣ་ལ་ སོགས་པ་ཉེ་བའི་ཚིག་རྣམས་ལ་བྷཱུ་ལས་ཕ་རོལ་ཏུ། བྱེད་པ་པོའི་དོན་ལ་ཁིཥྞུ་དང་། ཁུ་ཀཉིའི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ནགྣ་ལ་སོགས་པ་བདུན་པོ་སྔ་མ་ཅན་གྱི་བྷཱུ་ལ། མདོ་ འདིས་ཁིཥྞུ་དང་ཁུ་ཀ་ཉ་དག་སྦྱིན་པའི་ཁ་ཡིག་དག་དང་ཉ་ཡིག་སྔར་བཤད་ཟིན་པའི་ཁྱད་ དོན་ཡིན་པས་དབྱི་ཞིང་། རྐྱེན་སྔ་མ་ལ་བྷཱུའི་དབྱངས་སྔར་བཞིན་ཡོན་ཏན་བྱས་ནས། ཉེ་བའི་ ཚིག་ལ་མ་དང་། མཐར་སི་བྱིན་པས། ནགྣཾབྷ་ཝིཥྞུཿ(གཅེར་བུར་འགྱུར། ) པ་ལི་ཏཾ་བྷ་ཝིཥྞུཿ། པྲ་ཡཾ་ བྷ་ཝིཥྞུཿ ཨན་དྷཾ་བྷ་ཝིཥྞུཿ སྠཱུ་ལཾ་བྷ་ཝིཥྞུཿ སུ་བྷ་གཾ་བྷ་ཝིཥྞུཿ ཨཱ་ཌྷཾ་བྷ་ཝིཥྞུཿཞེས་པ་དང་། རྐྱེན་ཕྱི་མ་ལ་གཞན་སྔར་དང་འདྲ་ཞིང་། བྷཱུའི་དབྱངས་འཕེལ་པ་བྱས་པས། ནགྣཾ་བྷཱ་ཝུ་ཀཿ པ་ལི་ཏཾ་བྷཱ་ཝུ་ཀཿ ཨན་དྷཾ་བྷཱ་ཡུ་ཀཿ སྠཱ་ལཾ་བྷཱ་ཝུ་ཀཿ སུ་བྷ་གཾ་བྷཱ་ཝུ་ཀཿ ཨཱ་ཌྷྱཾ་བྷཱ་ཝུ་ཀུཿཞེས་པ་ ལྟ་བུའོ། །བྷཛ་ལས་བིན་འོ་ཞེས་པ་ནི་མིང་ཉེ་བའི་ཚིག་ལ་བྷཛ་བརྟེན་པའི་བྱིངས་འདི་ལས་ ཕ་རོལ་ཏུ་བི་ཎའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨརྡྷ་དང་། པྲ་སྔ་མ་ཅན་གྱི་བྷཛ་ལ། མདོ་འདིས་བཎི་བྱིན་པའི་ཎ་ཡིག་ཨིཙ་འདྲ་བའི་དོན་དང་། པའི་ཨི་ཡིག་བརྗོད་པའི་དོན་ དང་། བ་ཡིག་ཀྲྀཏ་དང་པོར་སྦྱར་བ་མིན་པའི་ཞེས་པས་ཕྱིས་ནས། སྔར་བཞིན་ཨུ་པ་དྷཱ་རིང་ པོར་བསྒྱུར་ཏེ། སི་བྱིན་ནས་གསལ་བྱེད་ལས་དབྱི་ཞིང་། ནཱ་གསུམ་པར་ཙ་སྡེ་དང་ཏྲྀ་ཤ་ སོགས་ཀྱིའང་ངོ་ཞེས་པས་མཐའི་ཛ་ཡིག་ག་རུ་བསྒྱུར་བ། རྫོགས་པ་ལ་ཡང་ན་ཀ་རུ་བསྒྱུར་ བས། ཨར་དྷ་བྷཱཀ(ཕྱེད་ཟའོ། །) པྲ་བྷཱཀ་(དང་པོ་ཟའོ། །) ཅེས་པ་ལྟ་བུའོ། །ས་ཧ་སྡེབ་སྦྱོར་ལའོ་ཞེས་ 6-1-555 པ་ནི་མིང་ཉེ་བའི་ཚིག་ཅན་ཥཧ་བཟོད་པའི་བྱིངས་འདི་ལས་ཕ་རོལ་ཏུ་སྡེབ་སྦྱོར་གྱི་མིང་ལ་ འཇུག་པ་ན་བིཎ་སྦྱིན་པར་འགྱུར་ཏེ། དཔེར་ན། ཏུ་རཱ་སྔ་མ་ཅན་གྱི་ཥཧ་ལ། མདོ་འདིས་བིཎ་ བྱིན་པ་སྔ་མ་ལྟར་ཕྱིས་ནས། ཨུ་པ་དྷཱ་རིང་པོར་བསྒྱུར་ཏེ། སི་བྱིན་པ་གསལ་བྱེད་ལས་དབྱི་ ཞིང་། ནཱ་གསུམ་པར་ཧ་ཤཥ་ཚ་མཐའ་དང་ཡ་ཛ་སོགས་ཞེས་པས་ཧ་ཡིག་ཌ་རུ་བསྒྱུར་པ་ རྫོགས་པ་ལ་ཡང་ན་ཊ་རུ་བསྒྱུར་བས། ཏུ་རཱ་ཥཱཊ་(མགྱོགས་པར་ནུས་སོ། །)ཅེས་པ་ལྟ་བུའོ། །བ་ཧ་ ལས་ཀྱང་ངོ་ཞེས་པ་ནི་མིང་ཉེ་བའི་ཚིག་ལ་བ་ཧ་ཐོབ་པའི་བྱིངས་འདི་ལས་ཀྱང་ཕ་རོལ་ཏུ་ བིཎ་སྦྱིན་པར་འགྱུར་ཏེ། དཔེར་ན། པྲཥྛ་དང་དི་ཏྱ་སྔ་མ་ཅན་གྱི་བཧ་ལ་མདོ་འདིས་བིཎ་བྱིན་ པ་སྔར་བཞིན་ཕྱིས་ནས། ཨུ་པ་དྷཱ་རིང་པོར་བསྒྱུར་ཏེ། སི་གསལ་བྱེད་ལས་ཕྱིས་ལ། སྔར་ བཞིན་ཧ་ཡིག་ཌ་རུ་གྱུར་པ་རྫོགས་པ་ལ་ཡང་ན་ཊ་རུ་བསྒྱུར་བས། པྲཥྛ་པཱཊ(གསར་དུ་ཐོབ)། དི་ ཏྱ་པཱཊ་ཅེས་པ་ལྟ་བུའོ། །ཨ་ནས་ལ་ཌའང་ངོ་ཞེས་པ་ནི་ཨ་ནས་ཉེ་བའི་ཚིག་ལ། བཧ་ལས་ཕ་ རོལ་ཏུ་བིཎ་སྦྱིན་པར་འགྱུར་ཞིང་། ཨ་ནས་ཀྱི་ས་ཡིག་ཌ་རུའང་བསྒྱུར་བར་འགྱུར་ཏེ། དཔེར་ ན། ཨ་ནས་སྔ་མ་ཅན་གྱི་བཧ་ལ། མདོ་འདིས་བིཎ་བྱིན་པ་སྔར་བཞིན་ཕྱིས་ནས། ཨུ་པ་དྷཱ་ རིང་པོར་བསྒྱུར་ཏེ། སི་བྱིན་པ་གསལ་བྱེད་ལས་དབྱི་ཞིང་། ནཱ་གཉིས་པར་སི་ལ་ནུའོ། །ཞེས་ པས་དབྱངས་མཐར་ནུ་ཨཱ་ག་མ་བྱིན་ནས། སྔར་བཞིན་བརྩེགས་པའི་མཐའ་ཕྱིས་ཏེ། ཨ་ནས་ ཀྱིས་ཡིག་ཊ་རུ་བསྒྱུར་བས། ཨ་ན་ཌྭཱན་ཞེས་པ་ལྟ་བུའོ། །དུ་ཧ་ལས་ཀ་སྡེ་ག་རུ་འང་ངོ་ཞེས་ པ་ནི་ལས་ཉེ་བ་བའི་ཚིག་ལ། དུཧ་འཇོ་བའི་བྱིངས་ལས་ཕ་རོལ་ཏུ་ཀའི་རྐྱེན་སྦྱིན་པར་འགྱུར་ ཞིང་། ཧ་ཡིག་གྷ་རུའང་བསྒྱུར་བར་བྱ་སྟེ། དཔེར་ན། ཀཱམ་སྔ་མ་ཅན་གྱི་དུཧ་ལ། མདོ་འདིས་ ཀ་བྱིན་པའི་ཀ་ཡིག་ཡན་དང་འདྲ་བའི་ཁྱད་དོན་ཡིན་པས་ཕྱིས་ཏེ། ཧ་ཡིག་གྷ་རུ་བསྒྱུར་བ་ལ་ ཀ་དབྱངས་སྦྱར་ཞིང་། བུ་མེད་དུ་བསྒྲུབ་པ་ལ་ཨཱའི་རྐྱེན་བྱིན་ནས་སི་ཤྲད་དྷཱ་ལས་ཕྱིས་པས། ཀཱ་མ་དུ་གྷཱ་(འདོད་པ་འཇོའོ། །) ཞེས་པ་ལྟ་བུའོ། །ཀྲ་མི་ག་མི་ཁ་ནི་ས་ནི་ཛ་ནི་རྣམས་ཀྱི་བིཊ་འོ་ 6-1-556 ཞེས་པ་ནི་མིང་ཉེ་བའི་ཚིག་ལ། ཀྲ་མུ་རྐང་བ་བསྐྱོད་པ་དང་། གམླྀ་འགྲོ་བ་དང་། ཁ་ནུ་ འཇིགས་སུ་རུང་བ་དང་། ཥ་ཎུ་སྦྱིན་པ་དང་། ཛ་ནཱི་རབ་ཏུ་སྐྱེ་བའི་བྱིངས་འདི་རྣམས་ཀྱི་ཕ་ རོལ་ཏུ་བིཊ་འི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། དཱུ་ར་དང་། ཨ་གྲེ་དང་། བི་ཤཱ་དང་། གོ་ དང་། ཨ་བ་རྣམས་རིམ་པ་ལྟར་སྔ་མ་ཅན་གྱི་ཀྲ་མུ་ལ་སོགས་པའི་བྱིངས་དེ་རྣམས་ཀྱི་ཨུ་དང་ ལྀ་དང་ཨཱི་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་བིཊ་བྱས་པའི་ཊ་ཡིག ཀྲྀཏ་དང་པོར་བིཊ་ བན་དག་ལ་ཨཱའོ་ཞེས་པས་དབྱི་ཞིང་། མདོ་དེ་ཉིད་ཀྱི་བྱིངས་མཐའི་ལྔ་པ་རྣམས་ཨཱ་རུ་བསྒྱུར་ ཏེ། བིའི་ཨི་ཡིག་བརྗོད་དོན་དང་། བ་ཡིག་སྔར་བཞིན་སྦྱར་བ་མིན་པས་ཕྱིས་ནས། མཐར་ སི་བྱིན་པས། དུ་རཱ་ཀྲཱཿ(རིང་དུ་གནོན་ནོ། །) ཨ་གྲེ་གཱཿ(མཆོག་ཏུ་འགྲོའོ། །) བི་ཤཱ་ཁཱཿ(ས་ཁའོ། །) གོ་ཥཱཿ (མཐོ་རིས་སྦྱིན། ) ཨབ་ཛཿ(ཆུ་སྐྱེས། )ཞེས་པ་ལྟ་བུའོ། །ཤྭེ་ཏ་བ་ཧ། ཨུཀྠ་ཤཾ་ས། པུ་རོ་དཱ་ཤ། ཨ་བ་ ཡ་ཛི་རྣམས་ལས་བསྔགས་པ་ལ་བིཎ་འོ་ཞེས་པ་ནི་ཤྭེ་ཏ་སྔ་མ་ཅན་གྱི་བཧ་ཐོབ་པ་དང་། ཨུཀ་ ཐ་སྔ་མ་ཅན་གྱི་ཤན་སུ་བསྟོད་པ་དང་། པུ་རོ་སྔ་མ་ཅན་གྱི་དཱ་སྲྀ་སྦྱིན་པ་དང་། ཨ་བ་སྔ་མ་ ཅན་གྱི་ཡཛ་ལྷ་མཆོད་པའི་བྱིངས་འདི་རྣམས་ལས་ཕ་རོལ་ཏུ་བསྔགས་པ་ལ་འཇུག་པ་ན་ བིཎ་འི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨུ་དང་རྀ་རྗེས་འབྲེལ་ཕྱིས་པ་ ལ་མདོ་འདིས་བིཎ་བྱིན་པ་སྔར་བཞིན་ཕྱིས་ནས། དུར་སིང་དུ་རྫོགས་པ་དང་གསལ་བྱེད་ དང་པོ་དག་ལ་འདི་རྣམས་ཀྱི་མཐའི་ཌས་སོ་ཞེས་པས། མཐའི་གསལ་བྱེད་རྣམས་ཌ་ས་སུ་ བསྒྱུར་ཞིང་། ནཱ་དྲུག་པར་ཌ་རྗེས་སུ་འབྲེལ་པ་ལ་ཞེས་པས་མཐའི་གསལ་བྱེད་དེའི་སྔ་མའི་ དབྱངས་རྣམས་ཕྱིས་པ་ལ། ཌའང་མདོ་འདིའི་ཁྱད་དོན་ཡིན་པས་ཕྱིས་པའི་དབྱངས་སྦྱར་ཏེ། ཐམས་ཅད་ཀྱི་མཐར་སི་བྱིན་པ་ན། ནཱ་གཉིས་པར་བྱིངས་མ་ཡིན་པའི་ཨནྟུ་དང་ཨས་མཐའི་ འང་ཞེས་པས་ཨུ་པ་དྷཱ་རྣམས་རིང་པོ་དང་། དུར་སིང་དུ། ཚིག་ཕྲད་ལ་ད་ནི་ཌ་ཉིད་དོ་ཞེས་ པས་ཁྱད་པར་ད་ཡིག་ཌ་རུ་བསྒྱུར་ནས། སི་གསལ་བྱེད་ལས་ཕྱིས་ཏེ། ཌས་ཀྱི་ས་རྣམ་བཅད་ 6-1-557 དུ་སྦྱར་བས། ཤྭེཏ་བཱཿ(དཀར་པོ་ཐོབ། ) ཨུ་ཀྠ་ཤྭཱཿ(བསྟོད་པ་བྱེད། ) པུ་རོ་ཌཱཿ(སྔོན་སྦྱིན། ) ཨ་བ་ཡཱཿ (མཆོད་ པ་མེད། )ཞེས་པ་ལྟ་བུ་སྟེ་རྫོགས་པའི་དཔེར་བརྗོད་དོ། །སློབ་ཕན་དུ་ནི། ཌས་ཁོ་ན་སྦྱར་བས་ ཚིག་ཕྲད་དུའང་གསུངས་སོ། །ཨཱཏ་ལས་མན་ཀྭ་ནིས་པ་བ་ནི་པ་བི་ཙ་རྣམས་སོ་ཞེས་པ་ནི་ཨཱ་ ཡིག་མཐའ་ཅན་གྱི་བྱིངས་རྣམས་ལས་ཕ་རོལ་ཏུ། མན་དང་། ཀྭ་ནི་དང་། བ་ནི་པ་དང་། བིཙ་ ཞེས་པའི་རྐྱེན་འདི་རྣམས་སྦྱིན་པར་འགྱུར་ཏེ། དཔེར་ན། སུ་སྔ་མ་ཅན་གྱི་ཌུ་དཱཉ་སྦྱིན་པ་དང་། ཌུ་དྷཱཉ་འཛིན་པ་དང་། བྷཱུ་རི་སྔ་མ་ཅན་གྱི་ཌུ་དཱཉ་སྦྱིན་པ་དང་། ཀཱི་ལཱ་ལ་སྔ་མ་ཅན་གྱི་པཱ་ འཐུང་པའི་བྱིངས་རྣམས་རྗེས་འབྲེལ་ཕྱིས་པ་ལ་རིམ་པ་བཞིན་དུ་མདོ་འདིས་མན་དང་། ཀྭ་ ནི་པ་དང་། ཝ་ནི་པ་དང་། བིཙ་རྣམས་བྱིན་པའི་ཀ་ཡིག་ཡཎ་དང་འདྲ་བའི་ཁྱད་དོན་དང་། པ་ ཡིག་ཀྲྀཏ་དང་པོར་བྱིངས་ཀྱི་མཐའ་རྗེས་སུ་འབྲེལ་པ་ཞེས་པའི་ཁྱད་དོན་དང་། བིཙའི་ཙ་ ཡིག་བིཊ་སོགས་དང་མི་འཁྲུལ་བའི་ཁྱད་དོན་དང་། ནི་ཡིག་དང་། བིའི་ཨི་ཡིག་བརྗོད་དོན་ དང་། བ་ཡིག་སྦྱར་བ་མིན་པའི་ཞེས་པས་ཕྱིས་ནས། ཨཱ་བཞི་པར་དཱ་མཱ་གཱ་ཡ་ཏི་ཞེས་པས་ དྷཱའི་དབྱངས་ཨཱི་རུ་བསྒྱུར་ཞིང་། ཐམས་ཅད་ཀྱི་མཐར་སི་བྱིན་པ་ན། ནཱ་གཉིས་པར་གྷུཊ་ ལའང་སཾ་བུད་དྷི་མ་ཡིན་པ་ལ་ཞེས་པས་མ་དང་ཝ་ཡིག་དག་རིང་པོར་བསྒྱུར་ལ། དང་པོ་ གསུམ་ཀྱི་མཐར་གསལ་བྱེད་ལས་སི་དང་། རྟགས་མཐའི་ན་ཡིག་ཕྱིས་ཏེ། ཕྱི་མའི་སི་རྣམ་ བཅད་དུ་བསྒྱུར་བས། སུ་དཱ་མཱ། སུ་དྷཱི་ཝཱ། བྷཱུ་རི་དཱཝ། ཀཱི་ལཱ་ལ་པཱཿ(ཆུའོ། །) ཞེས་པ་ལྟ་བུའོ། ། སློབ་ཕན་དུ། ཉེར་བསྒྱུར་ལ་ཡང་། མ་ནིན་ཀྭ་ནི་པ་བ་ནི་པ་རྣམས་ཀྱང་ངོ་ཞེས་ཀྱང་གསུངས་ སོ། །གཞན་རྣམས་ལས་ཀྱང་མཐོང་ངོ་ཞེས་པ་ནི་བྱིངས་གཞན་རྣམས་ལས་ཀྱང་ཕ་རོལ་དུ། མན་དང་། ཀྭ་ནིཔ་དང་། ཝ་ནི་བ་བིཙ་ཞེས། པ་དེ་རྣམས་ཀྱི་རྐྱེན་སྦྱིན་པར། མཆོག་གི་སྦྱོར་ བའི་རྗེས་སུ་འབྲངས་ཏེ་མཐོང་ངོ་ཞེས་པ་སྟེ། དཔེར་ན། སུ་སྔ་མ་ཅན་གྲཱྀ་མི་འགྲོ་བ་དང་། པྲཱ་ ཏ་སྔ་མ་ཅན་གྱི་རྀཏ་འགྲོ་བ་དང་། ཛ་ནཱི་རབ་ཏུ་སྐྱེ་བ་དང་། རྀ་ཤ་འཚེ་བའི་བྱིངས་རྣམས་ཀྱི་ 6-1-558 ཨཱི་བརྗོད་དོན་ཕྱིས་པ་ལ། གོ་རིམ་བཞིན་དུ་མདོ་འདིས་མན་དང་། ཀྭ་ནིཔ་དང་། ཝ་ནིཔ་དང་། བིཙ་རྣམས་བྱིན་པའི་ཁྱད་དོན་རྣམས་སྔར་བཞིན་ཕྱིས་ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་ དང་། ཞེས་པས་ཀྲཱྀའི་རཱྀ་ཡོན་ཏན་བྱ་ཞིང་། ཀྲྀཏ་དང་པོར་བིཊ་བན་དག་ལ་ཞེས་པས་ཛན་གྱི་ ན་ཡིག་ཨཱ་རུ་བསྒྱུར་ལ། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ཞེས་པས་རྀ་ཤའི་དབྱངས་ཀྱང་ཡོན་ ཏན་བྱས་ཏེ། མཐར་སི་བྱིན་པ་ན། ནཱ་གཉིས་པར་གྷུཊ་ལའང་སཾ་བུད་དྷི་མ་ཡིན་པ་ལ་ཞེས་ པས་མ་དང་། ཝ་ཡིག་དག་རིང་པོར་བསྒྱུར་ནས། ནཱ་དང་པོར་གསལ་བྱེད་ལས་ཀྱང་ངོ་ཞེས་ པས་སི་དབྱི་ཞིང་། ནཱ་གསུམ་པར་ཧ་ཤ་ཥ་ཡཛ་སོགས་རྣམས་ཀྱི་ཞེས་པས་རེ་ཤའི་ཤ་ཡིག་ཌ་ རུ་བསྒྱུར་བ་རྫོགས་པ་ལ་ཡང་ན་ཊ་རུ་བསྒྱུར་བས། སུ་གརྨཱ། པྲཱཏ་རི་ཏྭཱ། ཛཱ་ཝཱ། རེཊ་ཅེས་པ་ ལྟ་བུའོ། །ཀྭིབ་འང་ངོ་ཞེས་པ་ནི་བྱིངས་ལས་ཕ་རོལ་ཏུ་ཀྭི་པའི་རྐྱེན་ཡང་སྦྱིན་པར་འགྱུར་ཏེ། དཔེར་ན། ཨུ་ཁཱ་སྔ་མ་ཅན་གྱི་ཤྲནྶུ་དང་། པརྞ་སྔ་མ་ཅན་གྱི་དྷྭནྶུ་འོག་ཏུ་ལྷུང་བའི་བྱིངས་ཨུ་ རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀྭིཔ་བྱིན་པའི་ཀ་ཡིག་ཡཎ་དང་འདྲ་བའི་དོན་དང་། པ་ ཡིག་ཏ་ཨཱ་ག་མའི་དོན་དང་། ཨི་ཡིག་བརྗོད་དོན་དང་། ཝ་ཡིག་ཀྲྀཏ་དང་པོར་སྦྱར་བ་མིན་ པའི་ཞེས་པས་དབྱི་ཞིང་། ཨཱ་དྲུག་པར་ཨིཏ་རྗེས་སུ་འབྲེལ་པ་ལ་ཞེས་པས་བྱིངས་ཀྱི་ན་ཡིག་ དང་། སི་བྱིན་པའང་གསལ་བྱེད་ལས་ཕྱིས་ནས། ནཱ་གསུམ་པར་སྲ་སི་དྷྭས་དག་གི་འང་ངོ་ ཞེས་པས་ས་ཡིག་ད་རུ་བསྒྱུར་བ། རྫོགས་པ་ལ་ཡང་ན་ཏ་རུ་བསྒྱུར་བས། ཨུ་ཁཱ་ཤྲཏ། པརྞ་ དྷྭཏ་ཅེས་པ་ལྟ་བུའོ། །བ་ཧི་ལས་ལྔ་པ་ལ་བྷྲཾ་ཤི་ལས་སོ་ཞེས་པ་ནི། བ་ཧ་ལ་རྣམ་དབྱེ་ལྔ་པ་ སྦྱར་པ་དེ་ཉིད་ཉེ་བའི་ཚིག་ཅན་ལ་བྷྲཾ་ཤུ་འོག་ཏུ་ལྟུང་བའི་བྱིངས་ལས་ཀྱང་ཕ་རོལ་ཏུ་ཀྭི་པའི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བ་ཧཱཏ་ཉེ་བའི་ཚིག་སྔ་མ་ཅན་གྱི་བྷྲཾ་ཤུའི་ཨུ་རྗེས་འབྲེལ་ ཕྱིས་པ་ལ་མདོ་འདིས་སྔར་བཞིན་ཀྭིཔ་བྱིན་པའི་ཁྱད་དོན་རྣམས་དང་། བྱིངས་ཀྱི་ན་ཡིག་ དང་ཀྲྀཏ་གཉིས་པར་དེའི་དེ་ཡིས་བསྡུ་བའོ་ཞེས་པས་ཉེ་བའི་ཚིག་གི་རྣམ་དབྱེ་ང་སི་ཨཱཏ་དུ་ 6-1-559 གྱུར་པ་རྣམས་ཕྱིས་ནས། སི་བྱིན་པའང་གསལ་བྱེད་མཐའ་ལས་དབྱི་ཞིང་། ནཱ་གསུམ་པར་ཧ་ ཤཥ་ཚ་མཐའ་ཞེས་པས་མཐའ་ཤ་ཡིག་ཌ་རུ་བསྒྱུར་བའང་། དེ་ཉིད་ལས་རྫོགས་པ་ལ་ཡང་ ནའོ་ཞེས་པས་ཊ་རུ་བསྒྱུར་བས། བ་ཧ་བྷྲཊ་ཅེས་པ་ལྟ་བུའོ། །ཨུ་ད་ཀ་མ་ཡིན་པ་ལ་སྤྲྀ་ཤ་ ལས་སོ་ཞེས་པ་ནི་ཨུད་ཀ་མ་ཡིན་པའི་མིང་ཉེ་པའི་ཚིག་ཅན་སྤྲྀ་ཤ་རེག་པའི་བྱིངས་འདི་ལས་ ཕ་རོལ་ཏུ་ཀྭིཔ་འི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། གྷྲྀ་ཏཾ་དང་། མན་ཏྲེ་ཎ་ཉེ་བའི་ཚིག་སྔ་ མ་ཅན་གྱི་སྤྲྀ་ཤལ། མདོ་འདིས་ཀྭིཔ་བྱིན་པ་སྔར་བཞིན་དང་། ཉེ་བའི་ཚིག་རྣམ་དབྱེ་ཨཾ་དང་ ཊཱའང་དའི་བསྡུ་བས་ཕྱིས་ནས། སི་བྱིན་པའང་གསལ་བྱེད་ལས་དབྱི་ཞིང་། ནཱ་གསུམ་པར་ཙ་ སྡེ་དང་དྲི་ཤ་སོགས་ཀྱི་ཞེས་པས་ཤ་ཡག་ག་རུ་བསྒྱུར་པའང་། རྫོགས་པ་ལ་ཡང་ན་ཀ་རུ་ བསྒྱུར་བས། གྷྲྀཏ་སྤྲྀཀ་(མར་ལ་རེག་གོ)མནྟྲ་སྤྲྀཀ་(སྔགས་ཀྱི་རེག་པར་བྱེད་དོ། །)ཅེས་པ་ལྟ་བུའོ། །ཨུ་ དཀ་ཉེ་བའི་ཚིག་ཅན་གྱི་སྤྲྀ་ཤ་ལ་ནི་ཀྭིཔ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨུ་ད་ཀཾ་སྔ་མ་ ཅན་གྱི་སྤྲྀ་ཤ་ལ། འདི་ཉིད་དུ་ལས་ལ་ཨཎའོ་ཞེས་པས་ཨ་ཎ་བྱིན་ནས། ཨཱ་ལ་པར་ཨུ་པདྷཱ་ནཱ་ མིའི་འང་ཞེས་པས་སྤྲྀའི་རྀ་ཡོན་ཏན་བྱས་ཏེ། སྔ་མའི་ཨམ་བསྡུ་བས་སྔར་བཞིན་ཕྱིས་ནས་སི་ བྱིན་པས། ཨུད་ཀ་སྤཪྴཿ(ཆུ་ལ་རེག་གོ)ཞེས་པ་ལྟ་བུའོ། །ཨན་ན་མ་ཡིན་པ་ལ་ཨད་ལས་སོ་ ཞེས་པ་ནི་ཨན་ན་མ་ཡིན་པའི་མིང་ཉེ་བའི་ཚིག་ཅན་ཨད་ཟ་བའི་བྱིངས་འདི་ལས་ཕ་རོལ་ཏུ་ ཀྭིཔ་འི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཤ་སྱཾ་དང་། ཨཱ་མཾ་སྔ་མ་ཅན་གྱི་ཨད་ལ། མདོ་ འདིས་ཀྭིབ་བྱིན་པ་དང་། ཉེ་བའི་ཚིག་རྣམ་དབྱེ་སྔར་བཞིན་ཕྱིས་ནས། ཨ་ཡིག་དག་མཚམས་ སྦྱར་ཞིང་། སི་བྱིན་པ་གསལ་བྱེད་ལས་ཕྱིས་ཏེ། ད་ཡིག་རྫོགས་པ་ལ་ཡང་ན་ཏ་ཡིག་ཏུ་ བསྒྱུར་བས། ཤ་སྱཱཏ། (ལོ་ཐོག་ཟའོ། །) ཨཱ་མཱ་ཏ་ཅེས་པ་ལྟ་བུའོ། །ཨན་ན་ཉེ་བའི་ཚིག་ཅན་གྱི་ ཨད་ལ་ནི་ཀྭིཔ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨན་ན་སྔ་མ་ཅན་གྱི་ཨད་ལ་སྔར་བཞིན་ ཨན་བྱིན་ནས་ཨ་ཡིག་རིང་པོར་བསྒྱུར་ཞིང་མཚམས་སྦྱར་ཏེ་སི་བྱིན་པས། ཨན་ནཱ་དཿ(ཟན་ཟ་ 6-1-560 བར་བྱེད། )ཞེས་པ་ལྟ་བུའོ། །ཀྲ་བྱ་ལའང་ངོ་ཞེས་པ་ནི་ཀྲ་བྱ་ཉེ་བའི་ཚིག་ལ་ཨད་ལའང་ཀྭིབ་ སྦྱིན་པར་འགྱུར་ཏེ། དཔེར་ན། ཀྲ་བྱཾ་སྔ་མ་ཅན་གྱི་ཨད་ལ་མདོ་འདིས་ཀྭིཔ་བྱིན་པ་དང་། ཉེ་ བའི་ཚིག་གི་རྣམ་དབྱེའང་སྔར་བཞིན་ཕྱིས་ནས་མཚམས་སྦྱར་ཞིང་སིའང་གསལ་བྱེད་ལས་ ཕྱིས་ཏེ། ད་ཡིག་རྫོགས་པ་ལ་ཡང་ན་ཏ་རུ་བསྒྱུར་བས། ཀྲ་བྱཱཏ་(ཤ་ཟའོ། །) ཅེས་པ་ལྟ་བུའོ། ། རྀ་ཏྭིཀ་ད་དྷྲྀཀ་སྲག་དིཀ་ཨུཥྞིཀ་རྣམས་ཀྱང་ངོ་ཞེས་པ་ནི། རྀ་ཏྭིཀ་དང་། ད་དྷྲྀཀ་དང་། སྲཀ་ དང་། དིཀ་དང་། ཨུཥྞིཀ་ཅེས་པའི་སྒྲ་འདི་རྣམས་ཀྱང་ཀྭིཔ་བྱིན་པས་ཚིག་ཕྲད་ཏུ་གྱུར་པའོ་ ཞེས་པ་སྟེ། དཔེར་ན། རྀ་ཏུ་སྔ་མ་ཅན་གྱི་ཡཛ་ལྷ་མཆོད་པ་དང་། ཉི་དྷྲྀཥ་འཛིན་པ་དང་། སྲྀ་ཛི་ འདོར་བ་དང་། དི་ཤ་ཤིན་དུ་འདོར་བ་དང་། ཨུཏ་སྔ་མ་ཅན་གྱི་ཥྞིཧ་དགའ་བའི་བྱིངས་འདི་ རྣམས་ཀྱི་ཉི་དང་ཥ་དང་ཛིའི་ཨི་རྣམས་རྗེས་འབྲེལ་ཕྱིས་པ་ལ་མདོ་འདིས་སྔར་བཞིན་ཀྭིཔ་ བྱིན་པས་ཚིག་ཕྲད་དུ་གྱུར་པ་ཡིན་ལ། དེའང་ཨཱ་བཞི་པར། སྭ་པི་བ་ཙི་ཡཛ་སོགས་ཞེས་པས་ ཡཛའི་ཡ་ཡིག་དབྱངས་དང་བཅས་པ་ཨི་རུ་བསྒྱུར་བའི་སཾ་པྲ་སཱ་ར་ཎ་བྱས་ཏེ་སྔ་མའི་ དབྱངས་དང་མཚམས་སྦྱར་ཞིང་། མདོ་འདིས་ཐོབ་པ་མ་ཡིན་པའི་བྱ་བ་དྷྲྀཥ་གཉིས་སུ་བཞག་ ནས་གསལ་བྱེད་དང་པོ་ལྷག་མར་བྱས་ཏེ། ཨཱ་གསུམ་པར་རྀ་ཡིག་གི་ཨ་ཡིག་གོ་ཞེས་པས་ སྔ་མའི་རྀ་ཡིག་ཨ་དང་། འདི་ཉིད་དུ་གཉིས་པ་བཞི་པ་དག་གི་ཞེས་པས་དེའི་དྷ་འང་ད་དུ་ བསྒྱུར་ལ། སྲྀཛ་ལའང་མདོ་འདིས་ཐོབ་པ་མ་ཡིན་པའི་བྱ་བ། རྀའི་མཐར་ཨ་ཡིག་ཨཱ་ག་མ་ བྱིན་ནས་མཚམས་སྦྱར་ཏེ། དེ་བཞིན་དུ་ཨུད་ཀྱི་ཏ་ཡིག་ཀྱང་ཕྱིས་ནས། སྔར་བཞིན་སི་བྱིན་ པའང་གསལ་བྱེད་ལས་དབྱི་ཞིང་། ནཱ་གསུམ་པར་ཙ་སྡེ་དང་དྲྀཤ་སོགས་ཀྱི་ཞེས་པས་མཐའི་ གསལ་བྱེད་རྣམས་ག་རུ་བསྒྱུར་བའང་རྫོགས་པ་ལ་ཡང་ན་ཀ་ཡིག་ཏུ་བསྒྱུར་བས། རྀཏྭིཀ (དུས་སུ་ལྷ་མཆོད)། དདྷྲྀཀ(འཛིན་ནོ། །) སྲཀ(འཕྲེང་ངོ་། །) དིཀ(ཕྱོགས་སོ། །) ཨུཥྞིཀ(ཤིན་ཏུ་དགའོ། །)ཅེས་པ་ ལྟ་བུའོ། །སད་སཱུ་དཱི་ཥ་དྲུཧ་དུཧ་ཡུཛ་བིད་བྷི ད་ཚིད་ཛ་ནཱི་རཱཛ་རྣམས་ཀྱི་ཉེར་བསྒྱུར་ལ་ཡང་ངོ་ 6-1-561 ཞེས་པ་ནི་ཥངླྀ་རྣམ་པར་རྒྱུ་བ་དང་འགྲོ་བ་དང་ཀུན་ནས་བརྙས་པར་བྱེད་པ་དང་། ཥཱུང་སྲོག་ ཆགས་མངལ་ནས་བཙའ་བ་དང་། དྭིཥ་མི་དགའ་བ་དང་། དྲུཧ་འཁུ་བ་དང་། དུཧ་འཇོ་བ་དང་། ཡུ་ཛིར་སྦྱོར་བ་དང་། བིད་ཤེས་པ་དང་། བྷི་དིར་འཇོམས་པ་དང་། ཚི་དིར་གཉིས་སུ་བྱེད་ པ་དང་། ཛི་རྒྱལ་བ་དང་། ཎཱིཉ་ཐོབ་པ་དང་། རཱ་ཛྲྀ་གསལ་བའི་བྱིངས་འདི་རྣམས་ཀྱི་སྔོན་དུ་ ཉེར་བསྒྱུར་ཡོད་པ་དང་། མིང་ཉེ་བའི་ཚིག་ཅན་དང་། ཡང་གི་སྒྲས་ཉེར་བསྒྱུར་མེད་ཅིང་མིང་ ཉེ་བའི་ཚིག་ཅན་མ་ཡིན་པ་ལ་ཡང་ཕ་རོལ་ཏུ་ཀྭིཔ་འི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཉེར་བསྒྱུར་ཨུ་པ་དང་། མིང་ས་བྷཱ་ཉེ་བའི་ཚིག་སྔ་མ་ཅན་དང་། དེ་དག་སྔ་མ་ཅན་ཡིན་པའི་ཥ་ ངླྀའི་ལྀ་རྗེས་འབྲེལ་ཕྱིས་པ་རྣམས་ལ་མདོ་འདིས་ཀྭིཔ་བྱིན་ནས་སྔར་བཞིན་འཕྱིད་པ་ནི་འོག་ མ་རྣམས་ལ་ཡང་ཤེས་པར་བྱ་ཞིང་། ཨཱ་བརྒྱད་པར་བྱིངས་ཀྱི་དང་པོའི་ཞེས་པས་ཥ་ཡིག་ས་ རུ་བསྒྱུར་ཏེ། སི་བྱིན་པ་གསལ་བྱེད་མཐའ་ཅན་རྣམས་ལས་འཕྱིད་པའང་ཐམས་ཅད་དུ་ མཚུངས་ལ། ད་ཡིག་སྔར་བཞིན་རྫོགས་པ་ལ་ཡང་ན་ཏ་ཡིག་ཏུ་བསྒྱུར་བས། ཨུ་པ་སཏ། (ཉེ་ བར་རྒྱུའོ། །)ས་བྷ་སཏ། སཏ་ ཅེས་པ་དང་། དེ་བཞིན་དུ་ཉེར་བསྒྱུར་པྲ་དང་། མིང་ཨཎྜ་སྔ་མ་ཅན་དང་། དེ་དག་སྔ་མ་ ཅན་མ་ཡིན་པའི་ཥཱུང་གི་ང་རྗེས་འབྲེལ་ཕྱིས་ནས་ཥ་ཡིག་སྔ་མ་ལྟར་ས་རུ་བསྒྱུར་ཏེ། སི་བྱིན་ པ་དབྱངས་ཀྱི་མཐའ་ཅན་རྣམས་ལ་རྣམ་བཅད་དུ་བསྒྱུར་བས། པྲ་སཱུཿ(རབ་ཏུ་སྐྱེའོ། །) ཨཎྜ་སཱུཿ (སྒོང་ལས་སྐྱེའོ། །) སཱུཿ(སྐྱེའོ། །) ཞེས་པ་དང་། དེ་བཞིན་དུ་སྦྱར་ཏེ། བི་དང་། མི་ཏྲ་སྔ་མ་ཅན་དང་། དེ་དག་མེད་པའི་དྭིཥ་ལ་ཀྭིཔ་སྔར་བཞིན་ཕྱིས་ནས། ནཱ་གསུམ་པར་ཧ་ཤ་ཥ་ཞེས་པ་ཥ་ཡིག་ཊ་ རུ་བསྒྱུར་བའང་རྫོགས་པ་ལ་ཡང་ན་ཊ་དུ་བསྒྱུར་བས། བི་དྭིཊ། (མི་དགའ་མེད་དོ། །) མི་ཏྲ་ དྭིཊ། (གྲོགས་ལ་མི་དགའོ། །) དྭཊ(མི་དགའོ། །)ཞེས་པ་དང་། སུ་དང་། མི་ཏྲ་སྔ་མ་ཅན་དང་། དེ་དག་ མེད་པ་དྲུ་ཧ་དང་། སུ་དང་། གོ་སྔ་མ་ཅན་དང་། དེ་དག་མེད་པའི་དུཧ་དག་ལས། ཀྭིབ་བྱིན་ 6-1-562 པ་སྔར་བཞིན་ཕྱིས་ནས་ནཱ་གསུམ་པར། ད་དང་པོའི་ཧའི་གའོ་ཞེས་པས་ཧ་ཡིག་དག་ག་རུ་ བསྒྱུར་བ་རྫོགས་པ་ལ་ཡང་ན་ཀ་རུ་བསྒྱུར་ཏེ། དེ་ཉིད་དུ་བྱིངས་ཧ་དང་བཞི་པ་མཐའ་ཅན་ ཞེས་པས་ད་ཡིག་དག་ཀྱང་དྷ་རུ་བསྒྱུར་བས། སུ་དྷྲུཀ(ཤིན་ཏུ་འཁུའོ། །) མི་ཏྲ་དྷྲུཀ(གྲོགས་ལ་ འཁུའོ། །) དྷྲུག་(འཁུ་བར་བྱེད་)ཅེས་པ་དང་། སུ་དྷུཀ(ལེགས་པར་འཇོའོ། །) གོ་དྷུཀ་(བ་ལང་འཇོའོ། །) དྷུཀ་ (འཇོ་བར་བྱེད་དོ། །)ཅེས་པ་དང་། པྲ་དང་། ཨ་ཤྭསྔ་མ་ཅན་དང་། དེ་དག་མེད་པའི་ཡུ་ཛིར་གྱི་ཨིར་ རྗེས་འབྲེལ་ཕྱིས་པ་ལ་ཀྭིཔ་སྔར་བཞིན་བྱིན་ནས་ཕྱིས་ཏེ། ནཱ་གསུམ་པར་ཙ་སྡེ་དང་དྲྀ་ཤ་ སོགས་རྣམས་ཀྱི་ཞེས་པས་ཛ་ཡིག་ག་རུ་བསྒྱུར་བའང་། རྫོགས་པ་ལ་ཡང་ན་ཀ་རུ་བསྒྱུར་ བས། པྲཡུག(རབ་ཏུ་སྦྱོར་རོ། །) ཨ་ཤྭ་ཡུག(རྟ་ལ་ཞོན་ནོ། །)ཡུག (སྦྱོར་བར་བྱེད་དོ། །) ཅེས་པ་དང་། སཾ་ དང་། བེད་སྔ་མ་ཅན་དང་། དེ་དག་མེད་པའི་བིད་དང་། པྲ་དང་། ཀོཥྛ་སྔ་མ་ཅན་དང་། དེ་ དག་མེད་པའི་བྷི་དིར་གྱི་ཨིར་རྗེས་འབྲེལ་དང་ཀྭིཔ་སྔར་བཞིན་ཕྱིས་ཏེ། ད་ཡིག་རྫོགས་པ་ ལ་ཡང་ན་ཏ་ཡིག་ཏུ་བསྒྱུར་བས། སཾ་བིཏ། (ཡང་དག་པར་ཤེས་སོ། །) བེད་བིཏ། (རིག་བྱེད་ཤེས་སོ། །) བིཏ་(ཤེས་པར་བྱེད་དོ། །) ཅེས་པ་དང་། པྲ་བྷི ཏ། (རབ་ཏུ་འཇོམས་སོ། །) ཀོཥྛ་བྷི ཏ། བྷི ཏ་(འཇོམས་པར་བྱེད་ དོ། །)ཅེས་པ་དང་། པྲ་དང་། རཛྫུ་སྔ་མ་ཅན་དང་། དེ་དག་མེད་པའི་ཚི་དིར་གྱི་ཨིར་རྗེས་འབྲེལ་ ཕྱིས་ཏེ། དབྱངས་ལ་ཕ་རོལ་གྱི་ཚ་ཡིག་གཉིས་དང་། སྒྲ་མེད་པ་སྟེ་མ་ཙ་རུ་བསྒྱུར་ཞིང་། ད་ ཡིག་རྫོགས་པ་ལ་ཡང་ན་ཏ་རུ་བསྒྱུར་བས། པྲིཙྪཏ། (དང་པོར་གཉིས་སུ་བྱེད་དོ། །)རཛྫུ་ཙྪིཏ(ཐེག་པ་ གཉིས་སུ་བྱེད)། ཚིཏ་(གཉིས་སུ་བྱེད་དོ། །)ཅེས་པ་དང་། ཨ་བྷི་དང་། ཨ་རི་སྔ་མ་ཅན་དང་། དེ་དག་ མེད་པའི་ཛི་ལ། ཀྲྀཏ་དང་པོར་བྱིངས་ཀྱི་མཐར་པ་རྗེས་སུ་འབྲེལ་པ་ལ་ཞེས་པས། ཏ་ཨ་ག་ མ་བྱིན་པས། ཨ་བྷི་ཛིཏ། (མངོན་པར་རྒྱལ་ལོ། །) ཨ་རི་ཛི་ཏ། (དགྲ་ལས་རྒྱལ་ལོ། །) ཛིཏ་(བཏུལ་ལོ། །) ཅེས་ པ་དང་། པྲ་དང་། སེ་ནཱ་སྔ་མ་ཅན་དང་། དེ་དག་མེད་པའི་ཎཱི་ཉའི་ཉ་རྗེས་འབྲེལ་ཕྱིས་ཏེ། ཨཱ་ བརྒྱད་པར་ཎའི་ནའོ་ཞེས་པས་ཎ་ཡིག་ན་དང་། སི་རྣམ་བཅད་དུ་བསྒྱུར་བས། པྲ་ནཱིཿ(མཆོག་ 6-1-563 ཐོབ། )སེ་ནཱ་ནཱིཿ(སྡེ་ཐོབ་བོ། །) ནཱིཿ(ཐོབ་པར་བྱེད་དོ། །) ཞེས་པ་དང་། ཉེར་བསྒྱུར་བི་དང་། མིང་གི་རི་སྔ་ མ་ཅན་དང་། དེ་དག་སྔ་མ་ཅན་མིན་པའི་རཱ་ཛྲྀའི་རྀ་རྗེས་འབྲེལ་ཕྱིས་ཏེ། ནཱ་གསུམ་པར་ཧ་ཤ་ ཥ་ཚ་མཐའ་ཡཛ་སོགས་ཞེས་པས་ཛ་ཡིག་ཌ་རུ་བསྒྱུར་བའང་། དེ་ཉིད་དུ་རྫོགས་པ་ལ་ཡང་ ནའོ། །ཞེས་པས་ཊ་རུ་བསྒྱུར་བས། བི་རཱཊ། (རྣམ་པར་གསལ་ལོ། །)གི་རི་རཱཊ། (རིག་གསལ་བར་བྱེད་དོ། །) རཱཊ་(གསལ་བར་བྱེད། )ཅེས་པ་ལྟ་བུ་སྟེ། དུར་སིང་དུ། སྤྲོས་པའི་དོན་ལ་འདིའོ་ཞེས་གསུངས་སོ། ། ཏྱད་སོགས་ལ། དཔེ་ལ་དྲྀ་ཤ་ལས། ལས་ལ། ཊཀ་དང་། སཀ་དག་ཀྱང་ངོ་ཞེས་པ་ནི་ཏྱཏ་ དང་ཏད་དང་ཡད་ལ་སྭོགས་པ་རྣམས་ཉེ་བའི་ཚིག་ཅན། དཔེའམ་ཉེ་བར་འཇལ་བ་ལ། དྲྀ་ ཤིར་ལྟ་བའི་བྱིངས་འདི་ལས་ཕ་རོལ་ཏུ། ལས་ཉེ་བའི་ཚིག་གི་དོན་ལ་ཊཀ་དང་སག་དག་དང་། ཀྱང་ཡིག་ལས་ཀྭིཔའི་རྐྱེན་རྣམས་སྦྱིན་པར་འགྱུར་ཏེ། དཔེར་ན། ཏྱཏ་སྔ་མ་ཅན་དྲྀ་ཤིར་གྱི་ ཨིར་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཐོག་མར་ཊཀ་བྱིན་པའི་ཊ་ཡིག་ནི་ཨཱི་ཡིག་གི་ཁྱད་ དོན་དང་། ཀ་ཡིག་ཡཎ་དང་འདྲ་བའི་ཁྱད་དོན་ཕྱིས་ནས་ཊའི་དབྱངས་བཞག་ཅིང་། ཀྲྀཏ་ དྲུག་པར་སརྦའི་མིང་ཅན་གྱི་ཨཱའོ་ཞེས་པས་མཐའི་ཏ་ཡིག་ཨཱ་རུ་བསྒྱུར་ཏེ་མཚམས་སྦྱར་ནས་ སི་བྱིན་པས། ཏྱཱ་དྲྀ་ཤཿ(དེ་དང་འདྲའོ། །) ཞེས་པ་དང་། དེ་ནས་སཀ་བྱིན་པའི་ཀ་ཡིག་ཁྱད་དོན་ སྔར་བཞིན་ཕྱིས་ཏེ། ཨཱ་དྲུག་པར་ཚ་ཤ་དག་གི་འང་ངོ་ཞེས་པས་ཤ་ཡིག་ཥ་རུ་བསྒྱུར་བ། ཨཱ་ བརྒྱད་པར་ཥ་ཌྷ་དག་གི་ས་ལ་ཞེས་པས་ཀ་ཡིག་ཏུ་བསྒྱུར་ནས། དེ་ཉིད་དུ་རྒྱུ་མཚན་ལས་ ཞེས་པས་རྐྱེན་གྱི་ས་འང་ཥ་རུ་བསྒྱུར་ཏེ་གཞན་སྔར་བཞིན་སྦྱར་བས་། ཏྱཱ་དྲྀཀྵཿ(དེ་འདྲ་ལོ། །) ཞེས་པ་དང་། དེ་བཞིན་དུ་ཀྭིཔ་བྱིན་པ་སྔར་བཞིན་ཕྱིས་ཏེ། ནཱ་གསུམ་པར་ཙ་སྡེ་དང་དྲྀཤ་ སོགས་ཞེས་པས་བྱིངས་ཀྱི་ཤ་ཡིག་ག་རུ་བསྒྱུར་བ། རྫོགས་པ་ལ་ཡང་ན་ཀ་རུ་བསྒྱུར་ནས་སི་ གསལ་བྱེད་ལས་ཕྱིས་པས། ཏྱཱ་དྲྀཀ་(དེ་དང་མཚུངས་སོ། །)ཅེས་པ་ལྟ་བུ་དང་། དེ་བཞིན་དུ་ཏད་སྔ་ མ་ཅན་གྱི་དྲྀ་ཤིར་ལའང་རྐྱེན་གསུམ་པོ་རིམ་པ་ལྟར་བྱིན་ནས་བསྒྲུབ་ཚུལ་སྔར་བཞིན་བྱས་ 6-1-564 པས། ཏཱ་དྲྀ་ཤཿ ཏཱ་དྲྀཀྵཿ ཏཱ་དྲྀཀཿཅེས་པ་ལྟ་བུའོ། །ཏྱད་སོགས་ཉེ་བའི་ཚིག་མ་ཡིན་ན་དྲ་ཤ་ལ་ རྐྱེན་དེ་རྣམས་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྲྀཀྵ་ཨི་ཝ་སྔ་མ་ཅན་གྱི་དྲྀ་ཤའི་མཐར་བརྟ་ མཱ་ནའི་ཏེ་དང་། ཨཱ་གཉིས་པར། བྱིངས་ཐམས་ཅད་པ་ལ་ཞེས་པས་བར་དུ་ཡཎ་བྱིན་པས། བྲ ཀྵ་ཨི་ཝ་དྲྀ་ཤྱ་ཏེ་(ཤིང་དེ་དང་འདྲ་བར་བལྟའོ། །)ཞེས་པ་ལྟ་བུའོ། །ཉེ་བར་འཇལ་བ་མ་ཡིན་ནའང་ རྐྱེན་དེ་རྣམས་སྦྱིན་པར་མི་འགྱུར་ཏེ། ས་སྔ་མ་ཅན་གྱི་དྲྀཤ་ལ་སྔར་བཞིན་ཏེ་དང་ཡཎ་བྱིན་ ནས་ས་དྲྀ་ཤྱ་ཏེ་(དེ་བལྟ་བར་བྱ་སྟེ། )ཞེས་པ་ལྟ་བུའོ། །ལས་ཀྱི་དོན་ཉེ་བའི་ཚིག་མ་ཡིན་པ་ལའང་ རྐྱེན་དེ་རྣམས་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཏེ་ནེ་ཝ་སྔ་མ་ཅན་གྱི་དྲྀཤ་ལ་ཏེ་དང་། ཡཎ་ བྱིན་པས། ཏེ་ནེ་ཝ་དྲྀ་ཤྱ་ཏེ(དེ་དང་འདྲ་བར་བལྟའོ། །)ཞེས་པ་ལྟ་བུའོ། །མིང་ལ་རིགས་མ་ཡིན་པ་ ལ། དེའི་ངང་ཚུལ་ལ་ཎི་ནིའོ་ཞེས་པ་ནི་མིང་ཉེ་བའི་ཚིག་ཅན་རིགས་མ་ཡིན་པ་རྗོད་པར་བྱེད་ པ་ལ། བྱིངས་ལས་ཕ་རོལ་ཏུ་དེའི་ངང་ཚུལ་རྟོགས་པར་བྱ་བཞིན་པ་ལ་ཎི་ནིའི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། ཨུཥྚ་དང་། ཤཱི་གྷྲ་སྔ་མ་ཅན་གྱི་བྷཱུཛ་བརྟེན་པའི་བྱིངས་ལ། མདོ་འདིས་ ཎི་ནིའི་རྐྱེན་བྱིན་བའི་ཎ་ཡིག་ཨིཙ་དང་འདྲ་བའི་ཁྱད་དོན་དང་། ནིའི་ཨི་ཡིག་བརྗོད་དོན་ ཕྱིས་ནས། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའི་ཞེས་པས་བྷུའི་དབྱངས་ཡོན་ཏན་བྱས་ཏེ་སི་བྱིན་པ་ན། ནཱ་གཉིས་པར་ཨིན་ཧན་ཞེས་པས་ཨི་ཡིག་རིང་པོར་བསྒྱུར་ཞིང་། སི་དང་རྟགས་མཐའི་ན་ ཡིག་ཕྱིས་པས། ཨུཥྚ་བྷོ་ཛཱི། (ཇ་མོ་བརྟེན་ནོ། །) ཤཱི་གྷྲ་བྷོ་ཛཱི་(མྱུར་བར་ཟའོ། །)ཞེས་པ་ལྟ་བུའོ། །མིང་ཉེ་ བའི་ཚིག་ཅན་རིགས་བརྗོད་པར་བྱེད་པ་ལ་ནི་བྱིངས་ལས་ཕ་རོལ་ཏུ་ཎི་ནིའི་རྐྱེན་སྦྱིན་པར་ མི་འགྱུར་ཏེ། དཔེར་ན། བྲཱཧྨ་ཎཱ་ན་དང་། ནི་སྔ་མ་ཅན་གྱི་མ་ཏྲི་གསང་བ་སྨྲ་བའི་བྱིངས་ཨི་ རྗེས་འབྲེལ་ཕྱིས་པ་ལ། ཤྭསྟ་ནཱི་འི་ཏཱ་དང་ཨཱ་གཉིས་པར་ཙུར་སོགས་ལས་ཀྱང་ངོ་ཞེས་པས་ ཨིན་དང་། ཨཱ་དྲུག་པར་ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་ལ་ཞེས་པས་མའི་མཐར་ན་ཨཱ་ག་ མ་དང་། ཀྲྀཏ་གཉིས་པར་བུཎ་ཏྲྀ་ཙའོ་ཞེས་པས་ཏྲྀ་ཙ་བྱིན་པའི་ཙ་ཁྱད་དོན་དབྱི་ཞིང་། ཨཱ་ 6-1-565 བདུན་པར་བྱིངས་ཐམས་ཅད་པ་མིན་པ་ཞེས་པ་ཨིན་གྱི་མཐར་ཨིཊ་བྱིན་ནས། སྔར་བཞིན་ ཨིན་གྱི་ཨི་ཡོན་ཏན་བྱས་ཏེ་མཚམས་སྦྱར་བའི་མཐར་སི་བྱིན་པ་ན། སྔར་བཞིན་ཏྲྀའི་རྀ་ཡིག་ ཨཱ་རུ་བསྒྱུར་ནས་སི་ཕྱིས་པས། བྲཱཧྨ་ཎཱན་མནྟྲ་ཡི་ཏཱ། (བྲམ་ཟེ་རྣམས་ཀྱི་གསང་ཚིག་གོ) ནི་མནྟྲ་ཡི་ཏཱ་ (བདེ་བར་བྱེད་པའི་སྙན་གསན་འབེབས་པའོ། །)ཞེས་པ་ལྟ་བུའོ། །བྱེད་པ་པོ་ལ་ཉེ་བར་འཇལ་བ་ལས་སོ་ ཞེས་པ་ནི་བྱེད་པ་པོ་བརྗོད་པའི་མིང་ཉེ་བའི་ཚིག་ཅན། ཉེ་བར་འཇལ་བའི་དོན་ལ། བྱིངས་ ལས་ཕ་རོལ་ཏུ་ཎི་ནིའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨུཥྚ་སྔ་མ་ཅན་གྱི་ཀྲུ་ཤ་ཁྲོ་བའི་ བྱིངས་ལ། མདོ་འདིས་ཎི་ནི་བྱིན་ནས། སྔར་བཞིན་ཁྱད་དོན་དང་བརྗོད་དོན་དབྱི་ཞིང་། ཀྲུའི་ དབྱངས་སྔར་བཞིན་ཡོན་ཏན་བྱས་ཏེ་སི་བྱིན་པ་ན་སྔར་བཞིན་ཨི་རིང་པོར་བསྒྱུར་ཞིང་། སི་ དང་ན་ཡིག་ཕྱིས་པས། ཨུཥྚ་ཀྲོ་ཤཱི་(རྔ་མོ་བཞིན་དུ་ཁྲོ་བར་བྱེད་དོ། །) ཞེས་པ་ལྟ་བུའོ། །བྱེད་པ་པོ་ བརྗོད་པ་ཡོད་ཀྱང་ཉེ་བར་འཇལ་བའི་དོན་མ་ཡིན་ན། བྱིངས་ལ་ཎི་ནིའི་རྐྱེན་སྦྱིན་པར་མི་ འགྱུར་ཏེ། དཔེར་ན། ཨུཥྚ་སྔ་མ་ཅན་གྱི་ཀྲུ་ཤ་ལ། བརྟ་མཱ་ནའི་ཏི་དང་། ཨཱ་གཉིས་པར་བྱེད་ པ་པོ་ལ་ཞེས་པས་བར་དུ་ཨན་བྱིན་ནས། སྔར་བཞིན་ཀྲུའི་དབྱངས་ཡོན་ཏན་བྱས་པས། ཨུཥྚ་ཀྲོ་ཤ་ཏི་ཞེས་པ་ལྟ་བུའོ། །བརྟུལ་ཞུགས་དང་ཡང་ཡང་དག་ལའང་ངོ་ཞེས་པ་ལ། དུར་ སིང་དུ་སྟོན་པ་དང་བྲལ་བའི་ངེས་པ་ནི་བརྟུལ་ཞུགས་སོ་ཞེས་གསུངས་ཤིང་། མིང་ཉེ་བའི་ ཚིག་ཅན་གྱི་བྱིངས་ལས་ཕ་རོལ་ཏུ་བརྟུལ་ཞུགས་དང་། ཡང་དང་ཡང་དུ་རྟོགས་པར་བྱ་ བཞིན་པའི་དོན་ལའང་ཎི་ནིའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བརྟུལ་ཞུགས་ལ་ནི། ཨ་ ཤྲད་དྷཱ་སྔ་མ་ཅན་བྷུཛ་ཟ་བ་དང་། ཡང་ཡང་ལ་ནི་ཀྵཱི་ར་སྔ་མ་ཅན་གྱི་པཱ་འཐུང་བའི་བྱིངས་ལ། མདོ་འདིས་ཎི་ནི་བྱིན་པའི་ཁྱད་དོན་བརྗོད་དོན་དབྱི་ཞིང་། བྷུའི་དབྱངས་སྔར་བཞིན་ཡོན་ ཏན་བྱས་ཏེ་སི་བྱིན་ནས་སྔར་བཞིན་བསྒྲུབས་པས། ཨ་ཤྲད་དྷཱ་བྷོ་ཛཱི་(མ་དད་པར་ཟ་བའི་བརྟུལ་ ཞུགས་སོ། །)ཞེས་པ་དང་། ཨཱ་དྲུག་པར་ཨཱཏ་མཐའ་རྣམས་ཀྱི་ཨིཙ་ལ་ཞེས་པས་པཱའི་དབྱངས་ཨཱ་ 6-1-566 ཡ་རུ་བསྒྱུར་ཏེ་མཐར་ཛས་བྱིན་པས། ཀྵཱི་ར་པཱ་ཡི་ཎཿ(འོ་མ་མང་དུ་འཐུང་། ) ཞེས་པ་ལྟ་བུའོ། །མན་ ལས་ཏེ་སྐྱེས་པ་བཞིན་འང་ངོ་ཞེས་པ་ལ། དུར་སིང་དུ། ལས་ཉེ་བའི་ཚིག་ལ་ཞེས་པ་དང་། སློབ་ཕན་དུ་མིང་ཉེ་བའི་ཚིག་ལ་ཞེས་གསུངས་ཤིང་། མན་ཤེས་པའི་བྱིངས་འདི་ལས་ཕ་རོལ་ ཏུ་འང་ཎི་ནིའི་རྐྱེན་སྦྱིན་པར་འགྱུར་ལ། འདིར་ཎི་ནིའི་རྐྱེན་གྱིས་མཐའ་ལ་སྔ་མ་དང་ཕྱི་མའི་ ཚིག་དག་ཏུ་བསྒྲུབ་ཚུལ་སྐྱེས་པ་བཞིན་དུ་འང་འགྱུར་ཏེ། དཔེར་ན། ཤོ་བྷ་ན་དང་། པ་ཊུ་སྔ་ མ་ཅན་གྱི་མན་ལ་མདོ་འདིས་ཎི་ནི་བྱིན་པའི་ཁྱད་དོན་བརྗོད་དོན་དབྱི་ཞིང་། ཨཱ་དྲུག་པར་ ཨིན་ཨིཙ་ཨཊ་རྣམས་ལ་ཞེས་པས་མའི་དབྱངས་རིང་པོར་བསྒྱུར་ནས། མཐར་སི་བྱིན་པ་ན་ སྐྱེས་པ་དང་འདྲ་བའི་དངོས་པོར་སྔར་བཞིན་བསྒྲུབས་པས། ཤོ་བྷ་ན་མཱ་ནཱི་(གསལ་བར་ཤེས་སོ། །) པ་ཊུ་མཱ་ནཱི། (མཁས་པར་ཤེས་སོ། །) ཞེས་པ་ལྟ་བུའོ། །བདག་ཉིད་ལ་ཁ་ཤའང་ངོ་ཞེས་པ་ལ་དུར་ སིང་དུ་ལས་ཉེ་བའི་ཚིག་ལ་ཞེས་གསུངས་ཤིང་། སེམས་པར་བྱེད་པ་དང་ཁེངས་པར་བྱེད་པ་ ནི་བདག་ཉིད་དེ། དོན་དེ་ལ་འཇུག་པར་བྱེད་པའི་མན་ལས་ཕ་རོལ་ཏུ་ཎི་ནིའི་རྐྱེན་སྦྱིན་པར་ འགྱུར་ཞིང་། དེར་མ་ཟད་ཁ་ཤའི་རྐྱེན་ཡང་སྦྱིན་པར་འགྱུར་ཏེ། དཔེར་ན། དར་ཤ་ནཱི་ཡ་དང་། པཎྜི་ཏ་སྔ་མ་ཅན་གྱི་མན་ལ་མདོ་འདིས་ཎི་ནི་ཁྱད་དོན་ཕྱིས་པ་བྱིན་ནས་བསྒྲུབ་ཚུལ་སྔར་ བཞིན་བྱས་པས། དཪྴ་ནཱི་ཡ་མ་ནཱི། པཎྜི་ཏ་མ་ནཱི་(མཁས་པར་སེམས་སོ། །)ཞེས་པ་དང་། ཡང་དེ་ དག་ལ་ཁཤ་བྱིན་པའི་ཁ་ཡིག་ནི། ཀྲྀཏ་དང་པོར་ཁ་རྗེས་སུ་འབྲེལ་པ་ལ་ཞེས་པའི་ཁྱད་དོན་ ཡིན་པས་ཕྱིས་ནས་དབྱངས་བཞག་ཅིང་། ཤ་ཡིག་ཀྱང་ཁ་ལ་བྱིངས་ཐམས་ཅད་པ་བཞིན་ ཞེས་པའི་ཁྱད་དོན་ཡིན་པས་ཕྱིས་ནས། ཨཱ་གཉིས་པར་དི་ཝ་སོགས་ལས་ཡན་འོ་ཞེས་པས་ བར་དུ་ཡན་བི་ཀ་ར་ཎ་ཁྱད་དོན་ཡང་སྔར་བཞིན་ཕྱིས་ཏེ། ཀྲྀཏ་དང་པོར་ཐུང་བ་དང་ཨ་རུཥ་ དག་གི་ཞེས་པས་སྔ་མའི་ཚིག་མཐར་མ་ཡིག་ཨཱ་ག་མ་བྱིན་པས་རྗེས་སུ་ང་རོར་བསྒྱུར་ནས། ཨཱ་དྲུག་པར་ཨ་དང་མཚམས་སྦྱོར་གྱི་ཞེས་པས་ཁའི་དབྱངས་ཀྱང་ཕྱིས་ཏེ་མཐར་སི་བྱིན་ 6-1-567 པས། དར་ཤ་ནཱི་ཡཾ་མ་ནཿ པཎྜི་ཏཾ་མ་ནཿཞེས་པ་ལྟ་བུའོ། །བདག་ཉིད་ཀྱི་དོན་ལ་འཇུག་པ་མ་ ཡིན་པ་ལ་ནི་རྐྱེན་དེ་དག་སྦྱིན་པར་མི་འགྱུར་ཏེ། དཔེར་ན། པཎ་ཌི་ཏཾ་སོགས་སྔ་མ་ཅན་གྱི་ མན་ལ་བརྟ་མཱ་ནའི་ཏེ་དང་། བར་དུ་སྔར་བཞིན་ཡན་བི་ཀ་ར་ཎ་ཁྱད་དོན་ཕྱིས་པ་བྱིན་ནས་ པཎ་ཌི་ཏཾ་དེ་ཝ་དཏ་ཏོ་ཡཛྙ་དཏ་ཏཾ་མ་ནྱ་ཏེ་(མཁས་པ་ལྷ་སྦྱིན་དང་མཆོད་སྦྱིན་དུ་སེམས་པར་བྱེད། ) ཞེས་པ་ ལྟ་བུའོ། །དྲུག་པ་བྱེད་ལས་སོགས་ཉེ་བའི་ཚིག་ཅན་གྱི་བྱིངས་ལས་འདས་པའི་དུས་ལ་རྐྱེན་ རྣམས་སྦྱོར་ཚུལ་ནི། བྱེད་པ་ལ་འདས་པ་ལ་ཡཛ་ལས་སོ་ཞེས་པ་བྱེད་པ་ཉེ་བའི་ཚིག་ཅན་ འདས་པའི་དུས་ཀྱི་བྱ་བ་ལ་འཇུག་པ་ན། ཡཛ་ལྷ་མཆོད་པའི་བྱིངས་འདི་ལས་ཕ་རོལ་ཏུ་ཎི་ ནིའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨགྣི་ཥྚོ་སྔ་མ་ཅན་གྱི་ཡཛ་ལ་མདོ་འདིས་ཎི་ནི་ཁྱད་ དོན་ཕྱིས་པ་དང་སི་བྱིན་ནས་སྔར་བཞིན་བསྒྲུབས་པས། ཨགྣི་ཥྚོ་མ་ཡཱ་ཛཱི་ཞེས་པ་ལྟ་བུའོ། ། བྱེད་པ་ཉེ་བའི་ཚིག་མ་ཡིན་པ་ལ་ནི་ཡ་ཛ་ལ་འདས་པའི་དུས་ལ་ཎི་ནི་སྦྱིན་པར་མི་འགྱུར་ཏེ། དཔེར་ན། གྲཱ་མེ་སྔ་མ་ཅན་གྱི་ཡཛ་ལ་བརྟ་མཱ་ནའི་ཏི་དང་། བར་དུ་ཨན་བྱིན་ནས། ཨཱ་དང་ པོར་སྨ་ཡིས་འདས་པ་ལའོ་ཞེས་པས་འདས་པའི་དུས་རྟོགས་པ་ལ་ཏི་འི་མཐར་སྨ་བཞག་ པས། གྲཱ་མེ་ཡ་ཛ་ཏི་སྨ་(གྲོང་དུ་ལྷ་མཆོད་པར་བྱེད་པ་ན། ) ཞེས་པ་ལྟ་བུའོ། །འདས་པའི་དུས་ལ་འཇུག་ པ་མ་ཡིན་པ་ལའང་ཎི་ནི་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨགྣི་ཥྚོ་མེ་ན་སྔ་མ་ཅན་གྱི་ཡཛ་ ལ་ད་ལྟར་བའི་དུས་རྟོགས་པའི་ཆེད་དུ་བརྟ་མཱ་ནའི་ཏེ་དང་བར་དུ་ཨན་བྱིན་པས་ཨགྣི་ཥྚོ་མེ་ ན་ཡ་ཛ་ཏེ་ཞེས་པ་ལྟ་བུའོ། །ལས་ལ་ཧན་ལས་སྨད་པ་ལའོ་ཞེས་པ་ནི་ལས་ཉེ་བའི་ཚིག་ཅན་ ཧན་འཚེ་བའི་བྱིངས་ལས་ཕ་རོལ་ཏུ། འདས་པའི་དུས་ལ་འཇུག་བཞིན་པའི་སྨད་པའི་དོན་ རྟོགས་པར་བྱ་བ་ལ་ཎི་ནིའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པི་ཏྲྀ་དང་། མཱ་ཏུ་ལ་སྔ་མ་ ཅན་གྱི་ཧན་ལ་མདོ་འདིས་ཎི་ནི་བྱིན་ནས་ཁྱད་དོན་དབྱི་ཞིང་། ཨཱ་དྲུག་པར་ཧན་ཏིའི་ཞེས་ པས་ཧ་ཡིག་གྷ་དང་། ན་ཡིག་ཏ་རུ་བསྒྱུར་ཏེ། ཨིན་ཨིཙ་ཨཊ་རྣམས་ལས་ཞེས་པས་གྷ་ཡིག་ 6-1-568 ཀྱང་རིང་པོར་བསྒྱུར་བའི་མཐར་སི་བྱིན་ནས་སྔར་བཞིན་བསྒྲུབས་པས། མི་ཏྲྀ་གྷཱ་ཏཱི། (ཕ་གསོད་ པར་བྱེད་དོ། །)མཱ་ཏུ་ལ་གྷཱ་ཏཱི་(ཞང་ཕོ་གསོད་པར་བྱེད་དོ། །)ཞེས་པ་ལྟ་བུའོ། །སྨད་པའི་དོན་མ་ཡིན་པ་ལ་ ནི་ཎི་ནི་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཙཽ་ར་སྔ་མ་ཅན་གྱི་ཧན་ལ། འདི་ཉིད་དུ་ནིཥྛཱའོ་ཞེས་ པས་ཀྟ་ཝནྟུ་བྱིན་པའི་ཀ་དང་། ཏུའི་ཨུ་ཁྱད་དོན་དབྱི་ཞིང་། ཀྲྀཏ་དང་པོར་བ་ན་ཏི་ཞེས་པས་ ཧན་གྱི་ནའང་ཕྱིས་ནས་མཐར་སི་བྱིན་པ་ན། ནཱ་གཉིས་པར་ཨནྟུ་དང་མཐའི་ཞེས་པས་ཝ་ རིང་པོར་བསྒྱུར་ཏེ། གསལ་བྱེད་མཐའ་ལས་སི་དང་། བརྩེགས་པའི་མཐའ་སྔར་བཞིན་ཕྱིས་ པས། ཙཽ་ར་ཧ་ཏ་ཝཱན་(རྐུན་མ་བསད་ཟིན། ) ཞེས་པ་ལྟ་བུའོ། །བྲཧྨ་བྷྲུ་ཎ་བྲྀ་ཏྲ་རྣམས་ལ་ཀྭིཔ་འོ་ ཞེས་པ་ནི། བྲཧྨ་དང་། བྷྲུ་ཎ་དང་། པྲྀ་ཏྲ་ཞེས་པ་འདི་རྣམས་ཀྱི་ལས་ཉེ་བའི་ཚིག་ཅན་གྱི་ཧན་ ལས་ཕ་རོལ་ཏུ་འདས་པའི་དུས་རྟོགས་པར་བྱ་བ་ལ། ཀྭིཔ་འི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ ན། བྲཧྨ་སོགས་སྔ་མ་ཅན་གྱི་ཧན་ལ་མདོ་འདིས་ཀྭིཔ་བྱིན་པའི་ཁྱད་དོན་རྣམས་སྔར་བཞིན་ ཕྱིས་ནས། མཐར་སི་བྱིན་པ་ན། ནཱ་གཉིས་པར་གྷུཊ་ལའང་སཾ་བུད་དྷི་མ་ཡིན་པ་ལ་ཞེས་པས་ ཧ་རིང་པོར་བསྒྱུར་ཏེ། རྟགས་མཐའི་ན་ཡིག་དང་སི་སྔར་བཞིན་ཕྱིས་པས། བྲཧྨ་ཧཱ། (ཚངས་པ་ བཅོམ། །) བྷྲུ་ཎ་ཧཱ། (མངལ་བཅོམ། ) བྲྀཏྲ་ཧཱ་(འཕེལ་འཇོམས། )ཞེས་པ་ལྟ་བུའོ། །སུ། པུ་ཎྱ། པཱ་པ། ཀརྨ་ མན་ཏྲ་པ་ད་རྣམས་ལས་ཀྲྀཉ་ལས་སོ་ཞེས་པ་ནི། སུ་ལ་སོགས་པ་འདི་རྣམས་ཀྱི་ལས་ཉེ་བའི་ ཚིག་ཅན་འདས་པའི་དུས་ལ་འཇུག་བཞིན་པའི་ཀྲྀཉ་བྱེད་པའི་བྱིངས་འདི་ལས་ཕ་རོལ་ཏུའང་། ཀྭིཔ་འི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། སུ་ལ་སོགས་པ་དེ་རྣམས་སྔ་མ་ཅན་གྱི་ཀྲྀཉ་འི་ ཉ་རྗེས་འབྲེལ་ཕྱིས་པ་ལ་མདོ་འདིས་ཀྭིཔ་བྱིན་པ་སྔར་བཞིན་ཕྱིས་ནས། ཀྲྀཏ་དང་པོར་ བྱིངས་ཀྱི་མཐར་པ་རྗེས་སུ་འབྲེལ་པ་ལ། ཞེས་པས་ཀྲྀའི་མཐར་ཏ་ཡིག་ཨཱ་ག་མ་སྦྱིན་ཞིང་། སི་བྱིན་པ་གསལ་བྱེད་ལས་ཕྱིས་པས་སུ་ཀྲྀཏ། ལེགས་པར་བྱེད་དོ། །པུ་ཎྱ་ཀྲྀཏ། (བསོད་ནམས་ བྱེད་དོ། །) པཱ་པ་ཀྲྀཏ། (སྡིག་པ་བྱེད་དོ། །) ཀརྨ་ཀྲྀཏ། (ལས་བྱེད་དོ། །) མན་ཏྲ་ཀྲྀཏ། (བསང་སྔགས་བྱེད་དོ། །) པ་ 6-1-569 ད་ཀྲྀཏ། (ཚིག་བྱེད་དོ། །) ཅེས་པ་ལྟ་བུའོ། །སོམ་ལ་སུཉ་ལས་སོ་ཞེས་པ་ལ། དུར་སིང་དུ། སོ་མའི་ ལས་ཉེ་བའི་ཚིག་ལ་ཞེས་པ་དང་། སློབ་ཕན་དུ་སོ་མའི་སྒྲ་ཉེ་བའི་ཚིག་ལ་ཞེས་གསུངས་ཤིང་། སུཉ་བསྟོད་པའི་བྱིངས་འདི་ལས་ཕ་རོལ་ཏུའང་། འདས་པའི་དུས་ལ་འཇུག་བཞིན་པ་ ལས། ཀྭིཔ་འི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། སོ་མ་སྔ་མ་ཅན་གྱི་སུཉ་འི་ཉ་རྗེས་འབྲེལ་ ཕྱིས་པ་ལ། མདོ་འདིས་ཀྭིཔ་བྱིན་པ་སྔར་བཞིན་ཕྱིས་ནས། སུའི་མཐར་ཏ་ཡིག་ཨཱ་ག་མ་སྔར་ བཤད་པ་ལྟར་སྦྱིན་ཤིང་། སི་བྱིན་ནས་གསལ་བྱེད་ལས་ཕྱིས་པས་སོ་མ་སུཏ་(ཟླ་བ་བསྟོད་ཟིན། ) ཅེས་པ་ལྟ་བུའོ། །ཨགྣི་ལས་ཙི་ལས་སོ་ཞེས་པ་ནི་ཨགྣིའི་ལས་ཉེ་བའི་ཚིག་ཅན་ཙིཉ་སོགས་ པའི་བྱིངས་འདི་ལས་ཕ་རོལ་ཏུའང་། འདས་པའི་དུས་རྟོགས་པར་བྱ་བ་ལ་ཀྭིཔ་འི་རྐྱེན་སྦྱིན་ པར་འགྱུར་ཏེ། དཔེར་ན། ཨགྣི་སྔ་མ་ཅན་གྱི་ཙིཉ་འི་ཉ་རྗེས་འབྲེལ་ཕྱིས་པ་ལ་མདོ་འདིས་ ཀྭིཔ་བྱིན་པ་སྔར་བཞིན་ཕྱིས་ནས་ཙིའི་མཐར་ཏ་ཡིག་ཨཱ་ག་མ་བྱིན་ཏེ་སི་བྱིན་པ་གསལ་བྱད་ ལས་ཕྱིས་པས། ཨགྣི་ཙིཏ་ཅེས་པ་ལྟ་བུའོ། །བི་ཀྲཱི་ལས་སྨད་པ་ལས་ཨིན་འོ་ཞེས་པ་ནི་ཉེ་ བའི་ཚིག་ལ་བི་སྔ་མ་ཅན་གྱི་ཀྲཱེཉ་བརྩེ་བའི་བྱིང་འདི་ལས་ཕ་རོལ་ཏུའང་། སྨད་པ་དང་འདས་ པའི་དུས་རྟོགས་པར་བྱ་བ་ལ་ཨིན་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། སོ་མ་དང་། ལ་ཝ་ ཎ་བི་དང་བཅས་པ་སྔ་མ་ཅན་གྱི་ཀྲཱིཉའི་ཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཨིན་བྱིན་ ནས་ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་ཀཱིའི་དབྱངས་ཡོན་ཏན་བྱས་ཏེ་མཚམས་ སྦྱར་ཞིང་། སི་བྱིན་པ་ན་སྔར་བཞིན་ཨི་རིང་པོར་བསྒྱུར་ཏེ་སི་དང་མཐའི་ན་ཕྱིས་པས། སོ་མ་ བི་ཀྲ་ཡཱི(ཟླ་བ་ལ་བརྩེ་བ་སྨད་ཟིན)། ལ་ཝ་ཎ་བི་ཀྲ་ཡཱི་(ལན་ཚྭ་ལ་བརྩེ་བ་སྨད་ཟིན། )ཞེས་པ་ལྟ་བུའོ། །སྨད་ པའི་དོན་མ་ཡིན་པ་ལ་ནི་ཨིན་སྦྱིན་པར་མི་འགྱུར་ཏེ། དཔེར་ན། དྷཱ་ནྱ་བི་སྔ་མ་ཅན་གྱི་ཀྲཱི་ལ་ འདི་ཉིད་དུ་ལས་ལ་ཨན་འོ་ཞེས་པས་ཨཎ་བྱིན་པའི་ཎ་ཁྱད་དོན་དབྱི་ཞིང་། ཨཱ་དྲུག་པར་ ཨིན་ཨིཙ་ཨཊ་རྣམས་ལ་ཞེས་པས་ཀྲཱིའི་དབྱངས་འཕེལ་བ་བྱས་ཏེ་མཚམས་སྦྱར་ནས་སི་ 6-1-570 བྱིན་པས། དྷཱ་ནྱ་བི་ཀྲཱ་ཡཿ(འབྲས་ཡོས་ན་རྣམ་པར་བརྩེ། ) ཞེས་པ་ལྟ་བུའོ། །དྲྀ་ཤི་ལས་ཀྭ་ནི་པའོ་ཞེས་ པ་ནི་ལས་ཉེ་བའི་ཚིག་ཅན་དྲྀ་ཤིར་བལྟ་བའི་བྱིངས་འདི་ལས་ཕ་རོལ་ཏུ། འདས་པའི་དུས་ལ་ འཇུག་པ་ན་ཀྭ་ནི་པ་ཀྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། མེ་རུ་སྔ་མ་ཅན་གྱི་དྲྀ་ཤིར་གྱི་ ཨིར་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀྭ་ནིཔ་བྱིན་ནས། ཀ་དང་ཨི་དང་པ་ཡིག་ཁྱད་དོན་ རྣམས་དབྱི་ཞིང་། མཐར་སི་བྱིན་པ་ན། ནཱ་གཉིས་པར་གྷུཊ་ལའང་སཾ་བུད་དྷི་མ་ཡིན་པ་ལ་ ཞེས་པས་ཝ་ཡིག་རིང་པོར་བསྒྱུར་ཏེ། གསལ་བྱེད་ལས་སི་དང་། མཐའི་ན་ཕྱིས་པས་མེ་རུ་དྲྀ་ ཤྭཱ་(ལྷུན་པོ་མཐོང་ཟིན། ) ཞེས་པ་ལྟ་བུའོ། །ས་ཧ་རཱ་ཛན་དག་ལ་ཡུ་དྷ་ལས་སོ་ཞེས་པ་ནི་ས་ཧ་དང་ རཱ་ཛན་ཞེས་པ་འདི་དག་གི་ལས་ཉེ་བའི་ཚིག་ཅན། ཡུ་དྷི་འཁྲུག་པའི་བྱིངས་ལས་ཕ་རོལ་ ཏུའང་། འདས་པའི་དུས་ལ་འཇུག་པ་ན་ཀྭ་ནིཔ་ཀྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ས་ཧཾ་ དང་། རཱ་ཛཱ་ནི་ཞེས་པ་རྣམ་དབྱེ་གཉིས་པའི་གཅིག་ཚིག་སྦྱར་བ་སྔ་མ་ཅན་གྱི་ཡུ་དྷིའི་ཨི་རྗེས་ འབྲེལ་ཕྱིས་པ་ལ་མདོ་འདིས་ཀྭ་ནིཔ་ཁྱད་དོན་ཕྱིས་པ་དང་། སི་བྱིན་ནས་སྔར་བཞིན་ བསྒྲུབས་ཏེ། ཀྲྀཏ་གཉིས་པར་དེའི་དེ་ཡིས་བསྡུ་བའོ་ཞེས་པས་ཉེ་བའི་ཚིག་གི་རྣམ་དབྱེ་ཕྱིས་ ལ། ནཱ་ལྔ་པར་དབྱངས་མཐའི་རང་བཞིན་འང་ངོ་ཞེས་པས་ཛའི་དབྱངས་ཐུང་ངུར་བསྒྱུར་ཞིང་ རྟགས་མཐའི་ན་ཡིག་ཀྱང་རྫོགས་པའི་དོན་ལ་ཕྱིས་པས། ས་ཧ་ཡུ་དྷྭཱ(ལྷན་ཅིག་ཏུ་གཡུལ་བཀྱེ་ཟིན)། རཱ་ཛ་ཡུ་དྷཱ་(རྒྱལ་པོ་གཡུལ་བཀྱེ་ཟིན་)ཞེས་པ་ལྟ་བུའོ། །བདུན་པ་དང་ལྔ་པ་མཐའ་ཅན་ལ་ཛ་ནི་ལ་ ཌ་འོ་ཞེས་པ་ནི་རྣམ་དབྱེ་བདུན་པའི་མཐའ་ཅན་དང་། ལྔ་པའི་མཐའ་ཅན་ཉེ་བའི་ཚིག་ཏུ་ ཡོད་པ་ལ་ཛ་ནི་རབ་ཏུ་སྐྱེ་བའི་བྱིངས་ལས་ཕ་རོལ་ཏུ། འདས་པའི་དུས་ལ་འཇུག་པ་ན་ཌའི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཀུ་ལེ་དང་ཛ་ལེ་བདུན་པ་དང་། ཁེ་དཱཏ་དང་བྲཱཧྨ་ཎཱཏ་ལྔ་ པའི་མཐའ་ཅན་སྔ་མ་ཅན་གྱི་ཛ་ནིའི་ཨི་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཌ་བྱིན་པ་ན། སྔར་བཞིན་དེའི་དེ་ཡིས་བསྡུ་བའོ་ཞེས་པས་ཉེ་བའི་ཚིག་གི་རྣམ་དབྱེ་རྣམས་དང་། ནཱ་དྲུག་ 6-1-571 པར་ཌ་རྗེས་སུ་འབྲེལ་པ་ལ་མཐའི་དབྱངས་སོགས་ཞེས་པས་ཛན་གྱི་ན་ཡིག་ཛའི་དབྱངས་ དང་བཅས་པ་དང་། ཌ་ཁྱད་དོན་རྣམས་ཕྱིས་ནས། ཌའི་དབྱངས་ཛ་ལ་སྦྱར་ཞིང་། སི་བྱིན་ ནས། ནཱ་གཉིས་པར་མ་ནིང་ལས་སི་ཨཾ་དག་ཅེས་པས་ཕྱིས་ལ། ཨ་ཡིག་ལས་སཾ་བུད་དྷི་མ་ ཡིན་པ་ལ་ཞེས་པས་མུ་ཨཱ་ག་མ་བྱིན་པའི་ཨུ་ཁྱད་དོན་ཕྱིས་ཏེ་སྦྱར་བས། ཀུ་ལ་ཛཾ(རིགས་མ་སྐྱེས་ ཟིན)། ཛ་ལ་ཛཾ། (ཆུལ་སྐྱེས་སོ། །) ཁེ་ད་ཛཾ། (སྐྱོ་བ་སྐྱེས་སོ། །) བྲཱཧྨ་ཎ་ཛཾ་(བྲམ་ཟེ་ལས་སྐྱེས་སོ། །)ཞེས་པ་ལྟ་ བུའོ། །གཞན་ལའང་ངོ་ཞེས་པ་ནི་སྔར་བཤད་པ་དེ་དག་ལས་གཞན་པ་ཉེ་བའི་ཚིག་ཅན་གྱི་ ཛ་ནི་ལས་ཕ་རོལ་ཏུའང་། འདས་པའི་དུས་ལ་འཇུག་པ་ན། ཌའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨ་བྷི་དང་པ་རི་དང་ཨ་ནུ་དང་དྭི་སྔ་མ་ཅན་གྱི་ཛ་ནིའི་ཨི་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཌ་བྱིན་ནས། སྔར་བཞིན་ན་ཡིག་ཛའི་དབྱངས་དང་བཅས་པ་དང་། ཌ་ཁྱད་དོན་ དབྱི་ཞིང་ཌའི་དབྱངས་ཛ་ལ་སྦྱར་ཏེ་སི་བྱིན་པས། ཨ་བྷི་ཛཿ(མངོན་པར་སྐྱེས་སོ། །) པ་རི་ཛཿ(ཡོངས་ སུ་སྐྱེས་སོ། །) ཨ་ནུ་ཛཿ(རྗེས་སུ་སྐྱེས་སོ། །) དྭི་ཛཿ(གཉིས་ལ་སྐྱེས་སོ། །) ཞེས་པ་ལྟ་བུའོ། །ནིཥྛཱའོ་ཞེས་པ་ནི་ བྱིངས་ལས་ཕ་རོལ་ཏུ་འདས་པའི་དུས་ལ་འདུག་པ་ནནིཥྛཱའི་རྐྱེན་སྦྱིན་པར་འགྱུར་ཏེ། དེའང་ ཀྲྀཏ་དང་པོར་ཀྟ་དང་ཀྟ་ཝནྟུ་དག་གི་ནིཥྛའོ་ཞེས་པ་ལྟར་རོ། །དཔེར་ན། ཀྲྀཉ་བྱེད་པ་དང་། ཧྲ ཉ་འཕྲོག་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀྟ་བྱིན་པའི་ཀ་རྗེས་འབྲེལ་ཕྱིས་ ནས་སི་བྱིན་པས། ཀྲྀ་ཏཿ(བྱས་སོ། །) ཧྲྀ་ཏཿ(ཕྲོགས་སོ། །)ཞེས་པ་དང་། ཀྟ་ཝནྟུ་སྦྱིན་པའི་ཀ་དང་ཨུ་ རྗེས་འབྲེལ་ཕྱིས་ཏེ་སི་བྱིན་ནས། ནཱ་གཉིས་བར་ཨནྟུ་དང་ཨས་མཐའི་འང་ཞེས་པས་ཝ་རིང་ པོར་བསྒྱུར་ཞིང་། གསལ་བྱེད་ལས་སི་དང་བརྩེགས་པའི་མཐའ་ཕྱིས་པས། ཀྲྀ་ཏ་ཝཱན(བྱས་ ཟིན)། ཧྲྀ་ཏ་ཝཱནཿ(འཕྲོགས་ཟིན། )ཞེས་པ་ལྟ་བུའོ། །སུ་ཡཛ་དག་ལས་ངྭ་ནིཔ་འོ་ཞེས་པ་ནི་ཥུཉ་ མངོན་པར་དབང་བསྐུར་བ་དང་། ཡཛ་ལྷ་མཆོད་པའི་བྱིངས་འདི་དག་ལས་ཕ་རོལ་ཏུ་འདས་ པའི་དུས་ལ་འཇུག་པ་ན་དྭ་ནིཔ་ཀྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཥུཉ་རྗེས་འབྲེལ་ 6-1-572 ཕྱིས་པ་དང་། ཡཛ་ལ་མདོ་འདིས་ངྭ་ནིཔ་བྱིན་པའི་ང་ཡིག་ནི། ཀྲྀཏ་དང་པོར་ངྭ་ལ་ཡོན་ཏན་ མེད་དོ་ཞེས་པའི་ཁྱད་དོན་དང་། སྔར་བཞིན་ཨི་དང་པའང་ཁྱད་དོན་ཡིན་པས་ཕྱིས་ནས། ཨཱ་ བརྒྱད་པར། བྱིངས་ཀྱི་དང་པོའི་ཥའི་ཞེས་པས་ཥ་ཡིག་ས་རུ་བསྒྱུར་ཞིང་། ཀྲྀཏ་དང་པོར་ བྱིངས་ཀྱི་མཐར་ཞེས་པས་སུའི་མཐར་ཏ་ཨཱ་ག་མ་བྱིན་ལ། མཐར་སི་བྱིན་པ་ན། ནཱ་གཉིས་ པར་གྷུཊ་ལའང་སཾ་བུད་དྷི་མ་ཡིན་པ་ལའོ་ཞེས་པས་ཝ་རིང་པོར་བསྒྱུར་ཏེ། གསལ་བྱེད་ལས་ སི་དང་། མཐའི་ན་ཕྱིས་པས། སུ་ཏྭཱ(དབང་སྐུར་ཟིན)། ཡཛྭ་(ལྷ་མཆོད་ཟིན། )ཞེས་ལྟ་བུའོ། །ཛཱིཪྻ་ཏི་ ལས་ཨནྟྲྀ་ནའོ་ཞེས་པ་ནི་ཛྲཱྀ་ཥ་ལང་ཚོ་ཉམས་པའི་བྱིངས་འདི་ལས་ཕ་རོལ་ཏུ་འདས་པའི་ དུས་ལ་འཇུག་པ་ན། ཨནྟྲྀ་ན་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཥ་རྗེས་འབྲེལ་ཕྱིས་པའི་ ཛྲཱྀ་ལ། མདོ་འདིས་ཨནྟྲྀ་ན་བྱིན་པའི་རྀ་དང་ན་ཡིག་ནི་དུར་སིང་དུ། རྗེས་སུ་འབྲེལ་པའི་དོན་ ཏོ་ཞེས་པ་དང་། སློབ་ཕན་དུ། རྀ་ཡིག་ནི། ནཱ་བདུན་པར་ཨུཏ་དང་རྀ་ཡིག་ལ་ཞེས་པའི་ཁྱད་ དོན་དང་ན་ཡིག་རྣམ་པ་སྣ་ཚོགས་པའི་དོན་ཡིན་པས་ཞེས་པ་ལྟར་ཕྱིས་ནས། ཨཱ་ལྔ་པར་ནཱ་ མི་མཐའི་བྱིངས་དང་ཞེས་པས་ཛྲཱྀའི་དབྱངས་ཡོན་ཏན་བྱས་ཏེ། སི་བྱིན་པ་གསལ་བྱེད་ལས་ དང་། བརྩེགས་པའི་མཐའ་ཏ་ཕྱིས་པས། ཛ་རན་ཞེས་པས་ལྟ་བུའོ། །ཞེས་པའི་བྱིངས་རྣམས་ མིང་དུ་སྒྲུབ་པར་བྱེད་པ་ཀྲྀཏ་ཀྱི་མདོ་རྣམས་ལས་རྐང་པ་གསུམ་པའི་འགྲེལ་པ་རྫོགས་སོ།། །། བཞི་པ་བྱིངས་སོ་སོའི་མཐར་རྐྱེན་གྱི་བྱེད་ལས་གཙོ་བོར་སྟོན་ཚུལ་ལ་བརྒྱད་ལས། དང་ པོ་ཀྭནྶུ་དང་ཀཱ་ནའི་རྐྱེན་པ་རོ྅ཀྵཱ་དང་མཚུངས་ཚུལ་ནི། ཀྭནྶུ་དང་ཀཱ་ན་དག་པ་རོ྅ཀྵཱ་བཞིན་ འང་ངོ་ཞེས་པ་བྱིངས་ལས་ཕ་རོལ་ཏུ། འདས་པའི་དུས་ལ་འཇུག་པ་ན་ཀྭནྶུ་དང་ཀཱ་ནའི་རྐྱེན་ འདི་དག་སྦྱིན་པར་འགྱུར་ཞིང་། དེ་དག་ཀྱང་སྔར་ཀུན་བཤད་དུ་པོ་ར྅ཀྵཱ་ལ་བཤད་པའི་བྱ་ བ་གང་ཡིན་པ་དེ་བཞིན་དུའང་འགྱུར་ཏེ། དཔེར་ན། ཌུ་པ་ཙཥ་འཚེད་པའི་བྱིངས་ཌུ་དང་ཥ་ 6-1-573 རྗེས་འབྲེལ་དང་ཙའི་ཨ་བརྗོད་དོན་ཕྱིས་པ་ལ། མདོ་འདིས། ཀྭནྶུ་བྱིན་པའི་ཀ་ཡིག་ཀྲྀཏ་ དང་པོར་ཀ་ལ་ཡཎ་བཞིན་ཞེས་པའི་ཁྱད་དོན་དང་། སུའི་ཨུ་ཡིག་བརྗོད་དོན་དབྱི་ཞིང་པ་ རོ྅ཀྵཱ་བཞིན་ཞེས་པས། ཨཱ་གསུམ་པར་ཙཎ་པ་རོ྅ཀྵཱ་ཞེས་པ་ལྟར་པ་ཙ་གཉིས་སུ་བཞག་སྟེ། ཨཱ་བཞི་པར་གསལ་བྱེད་གཅིག་པུའི་པའི་དབུས་ཞེས་པས་པ་ཕྱི་མའི་དབྱངས་ཨེ་རུ་བསྒྱུར་ ནས། མདོ་དེ་ཉིད་ཀྱིས་ཨ་བྷྱཱ་ས་དབྱི་ཞིང་། ཀྲྀཏ་དྲུག་པར་ཨརྟི་ཨིན་གྷས་ཞེས་པས་ཝནྶའི་སྔ་ མར་ཨིཊ་བྱིན་པའི་ཊ་ཁྱད་དོན་ཕྱིས་པ་སྦྱར་ཏེ། མཐར་སི་བྱིན་པ་ན། ནཱ་གཉིས་པར། ས་ མཐའ་དང་མ་ཧན་ཏ་དག་གི་ཞེས་པས་ཝ་རིང་པོར་བསྒྱུར་ལ། ནཱ་གསུམ་པར་བརྩེགས་པའི་ མཐའ་དབྱིའོ་ཞེས་པས་ས་དབྱི་ཞིང་། གསལ་བྱེད་མཐའ་ལས་སིའང་ཕྱིས་པས། པེ་ཙི་ཝཱན་ (འཚེད་པ་ཟིན། ) ཞེས་པ་དང་། དེ་བཞིན་དུ་ཀཱ་ན་བྱིན་པའི་ཀ་ཁྱད་དོན་ཕྱིས་ནས་དེའི་དབྱངས་ བཞག་ཅིང་། བསྒྲུབ་ཚུལ་གཞན་སྔར་དང་འདྲ་བ་ལ་སི་བྱིན་པ་རྣམ་བཅད་དུ་བསྒྱུར་བས། པེ་ ཙཱ་ནཿ(འཚེད་དོ། །) ཞེས་པ་ལྟ་བུའོ། །གཉིས་པ་བྱིངས་ལས་ད་ལྟར་བལ་ཤནྟྲྀང་ཨཱ་ན་ཤའི་རྐྱེན་ སོགས་འཇུག་ཚུལ་ནི། ད་ལྟར་བ་ལ་དང་པོའི་གཞི་གཅིག་མིན་པ་དང་པོད་པ་དག་ལ་ཤནྟྲྀང་ ཨཱ་ན་ཤ་དག་གོ་ཞེས་པ་ནི་བྱིངས་ལས་ཕ་རོལ་ཏུ། ད་ལྟར་བའི་དུས་ལ་འཇུག་པ་ན། དང་ པོའི་གཞི་གཅིག་མིན་པ་སྟེ། དུར་ཕན་དག་ལས་དང་པོའི་མཐས་གཞི་མཚུངས་པར་གྱུར་པ་ ལ་མི་འགྱུར་ཞེས་གསུངས་པས་གཞི་གཅིག་ཏུ་མཚུངས་པ་མ་ཡིན་པ་དང་། བོད་པའི་ཡུལ་ ལའང་ཤནྟྲྀང་དང་ཨཱ་ན་ཤའི་རྐྱེན་འདི་དག་སྦྱིན་པར་འགྱུར་ཏེ། དཔེར་ན། ཌུ་པ་ཙཥ་རྗེས་ འབྲེལ་ཕྱིས་པ་ལ། མདོ་འདིས་ཐོག་མར་ཤནྟྲྀང་བྱིན་པའི་ཤ་ཡིག ཀྲྀཏ་དང་པོར་ཤ་ལ་ དབྱིངས་ཐམས་ཅད་པ་བཞིན་ཞེས་པའི་ཁྱད་དོན་དང་། ང་ཡིག་ཀྱང་དེ་ཉིད་དུ་ང་ལ་ཡོན་ཏན་ མེད་དོ་ཞེས་པའི་ཁྱད་དོན་དང་། རྀ་ཡིག་ཀྱང་མདོ་འདི་ལ་སོགས་པའི་ཁྱད་དོན་ཡིན་པས་ ཕྱིས་ནས་ཨནྟ་བཞག་ཅིང་། ཨཱ་གཉིས་པར་བྱེད་པ་པོ་ལ་ཞེས་པས་བྱིངས་ཐམས་ཅད་པ་དང་ 6-1-574 འདྲ་བའི་དོན་ལ་བར་དུ་ཨན་བྱིན་པ་ན། ཨཱ་དྲུག་པར་ཨ་དང་མཚམས་སྦྱོར་གྱི་ཞེས་པས་ ཨནྟའི་ཨ་ཕྱིས་ཏེ། མཐར་གཉིས་པའི་གཅིག་ཚིག་ཨམ་བྱིན་པའི་ཕ་རོལ་ན་དེ་ཝ་སོགས་ ཡོད་པ་ལས། པ་ཙནྟཾ་དེ་ཝདཏྟཾ་པ་ཤྱཾ་(འཚེད་པ་པོ་ལྷ་སྦྱིན་ལ་ལྟོས། )ཞེས་པ་དང་། དེ་བཞིན་དུ། བ་ཙ་ ལ་ཨཱ་ན་ཤ་བྱིན་པ་ན་ཤ་ཁྱད་དོན་དབྱི་བ་དང་། བར་དུ་ཨན། སྟེར་བ་སྔར་དང་འདྲ་ཞིང་། འདི་ཉིད་དུ་ཨ་ལས་ཨཱ་ན་ལའོ་ཞེས་པས་ཨཱ་ནའི་སྔོན་དུ་མ་ཨཱ་ག་མ་བྱིན་ནས། མཐར་ཨམ་ བྱིན་པ་ན། ནཱ་དང་པོར་ཨ་ཡིག་ལ་དབྱིའོ་ཞེས་པས་ནའི་ཨ་ཕྱིས་ཏེ་སྦྱར་བའི་ཕ་རོལ་ན་དེ་ཝ་ སོགས་ཡོད་པ་ལས་པ་ཙ་མཱ་ནཾ་དེ་ཝད་ཏྟཾ་པ་ཤྱ་ཞེས་པ་ལྟ་བུའོ། །བོད་པ་ནི་ཧེ་སྔ་མ་ཅན་གྱི་པ་ ཙ་ལ། ཤནྟྲྀང་དང་ཨཱ་ན་ཤ་རྗེས་འབྲེལ་ཕྱིས་པ་བྱིན་ནས། བར་དུ་ཨན་དང་མ་ཨཱ་ག་མ་སྟེ་ ཚུལ་སྔར་བཞིན་བྱས་ཏེ། མཐར་སི་བྱིན་པ་ན། སྔ་མའི་མཐར་གསལ་བྱེད་ལས་སི་དབྱི་ཞིང་། བརྩེགས་པའི་མཐའ་འང་ཕྱིས་ལ། ནཱ་དང་པོར་ཐུང་ངུ་ན་དཱི་ཞེས་པས་ཕྱི་མའི་སིའང་ཕྱིས་པའི་ ཕ་རོལ་ན་དེ་ཝ་དཏྟཿཡོད་པ་ལས། ཧེ་པ་ཙནྡེ་ཝ་དཏྟཿ(ཀྱེ་འཚེད་པ་པོ་ལྷ་སྦྱིན་ལ། ) ཧེ་པ་ཙ་མཱ་ན་དེ་ཝ་ དཏྟཿ(ཀྱེ་འཚེད་པ་པོ་ལྷ་སྦྱིན། ) ཞེས་པ་ལྟ་བུའོ། །དང་པོ་གཞི་གཅིག་པ་དང་། བོད་པ་མ་ཡིན་པ་ལ་ ནི་བྱིངས་ལས་ཕ་རོལ་ཏུ་རྐྱེན་དེ་དག་སྦྱིན་པར་མི་འགྱུར་ཏེ། དཔེར་ན། པཙ་ལ་བརྟ་མཱ་ནའི་ ཏི་དང་། བར་དུ་ཨན་སྔར་བཞིན་བྱིན་པའི་ཕ་རོལ་ན་དེ་ཝ་དཏྟཿཡོད་པ་ལས། པཙ་ཏི་དེ་ཝ་ དཏྟཿཞེས་པ་ལྟ་བུའོ། །ཡང་དམིགས་བསལ་ནི་དུར་ཕན་དག་ལས། ནཉའི་བསྟན་པ་མི་རྟག་ གོ་ཞེས་པའི་ཚིག་ལས། དང་པོའི་གཞི་མཚུངས་པར་གྱུར་པ་ལ་ཡང་བྱིངས་ལས་ཕ་རོལ་ཏུ་ རྐྱེན་དེ་དག་ཡང་ན་སྦྱིན་པར་གསུངས་ཏེ། དཔེར་ན། ཨས་དང་། བིད་ཡོད་པའི་བྱིངས་དག་ ལ་རིམ་པ་ལྟར་ཤནྟྲྀང་དང་། ཨཱ་ན་ཤ་ཁྱད་དོན་ཕྱིས་པ་བྱིན་པ་ན། སྔར་བཞིན་ཨས་ཀྱི་མཐར་ ཨན་བྱིན་པ་ཨད་སོགས་ལས་ཕྱིས་ནས་ཨཱ་བཞི་པར་ཨ་སྟིའི་དང་པོའི་ཞེས་པས་ཨས་ཀྱི་ཨ་ ཕྱིས་ཏེ་སྦྱར་བའི་མཐར་སི་བྱིན་པ་གསལ་བྱེད་ལས་དབྱི་ཞིང་། བརྩེགས་པའི་མཐའ་ཏ་ཡིག་ 6-1-575 ཀྱང་ཕྱིས་པའི་ཕ་རོལ་ན་གུ་ཎཿཡོད་པ་ལས། སན་གུ་ཎཿ(ཡོད་པར་བྱེད་པ་ཡོན་ཏན། ) ཞེས་པ་དང་། ཨཱ་བཞི་པར་དི་ཝ་སོགས་ལས་ཞེས་པས་བོད་ཀྱི་མཐར་ཡན་བྱིན་ནས། སྔར་བཞིན་ཡ་དང་ ཨཱནའི་བར་དུ་མུ་ཨཱ་ག་མ་སྦྱར་ཏེ། མཐར་སི་བྱིན་པའི་ས་ཡིག་རྣམ་བཅད་དང་། དེའང་ཨུ་རུ་ བསྒྱུར་ནས་མཚམས་སྦྱར་བའི་ཕ་རོལ་ན་བྲཱཧྨ་ཎཿཡོད་པ་ལས། བི་དྱ་མཱ་ནོ་བྲཱཧྨ་ཎཿ(རིག་པར་ བྱེད་པ་པོ་བྲམ་ཟེའོ། །)ཞེས་པ་ལྟ་བུའོ། །ཡང་ན་ཨས་དང་བིད་ལ་རིམ་པ་ལྟར་བརྟ་མཱ་ནའི་ཏི་དང་ཏེ་ བྱིན་ནས། སྔར་ལྟར་ཨས་མཐར་ཨན་བྱིན་པ་དབྱི་ཞིང་། བིད་མཐར་ཡན་བྱིན་པའི་ཕ་རོལ་ སྔར་དང་འདྲ་བ་ལས། ཨསྟི་གུ་ཎཿ(ཡོན་ཏན་ཡོད་པར་བྱེད་དོ། །) བི་དྱ་ཏེ་བྲཱཧྨ་ཎཿ(རིག་པར་བྱེད་དོ་བྲམ་ ཟེས། )ཞེས་པ་ལྟ་བུའོ། །བྱ་བའི་མཚོན་བྱེད་དང་རྒྱུ་དག་ལའོ་ཞེས་པ་ནི་བྱ་བ་གང་གིས་མཚོན་ པར་བྱེད་པ་དང་། བྱ་བ་གང་གིས་རྒྱུར་འགྱུར་བདག་གི་དོན་ལ་ད་ལྟར་བའི་དུས་ལ་འཇུག་པ་ ན། བྱིངས་ལས་ཕ་རོལ་ཏུ་ཤནྟྲྀང་དང་། ཨཱ་ན་ཤའི་རྐྱེན་སྦྱིན་པར་བྱ་སྟེ། དཔེར་ན། མཚོན་ བྱེད་ལ་ནི། ཥྛཱ་གནས་པའི་བྱིངས་ལ་ཤནྟྲྀང་ཁྱད་དོན་ཕྱིས་པ་དང་། བར་དུ་སྔར་བཞིན་ཨན་ བྱིན་ནས། ཨཱ་དྲུག་པར་སྠཱའི་ཏིཥྛའོ་ཞེས་པ་ལྟར་བསྒྱུར་ཞིང་། དེ་ཉིད་དུ་ཨ་དང་མཚམས་སྦྱོར་ གྱི་ཞེས་པས་ཨནྟིའི་ཨ་ཕྱིས་ཏེ་སྦྱར་ལ། མཐར་ཛས་བྱིན་པའི་ས་ཡིག་རྣམ་བཅད་དུ་བསྒྱུར་ བའི་ཕ་རོལ་ན། ཨ་ནུ་ལ་སོགས་པའི་ངག་ཡོད་པ་ལས་སན་ལྔ་པར་ཨ་ཡིག་དག་གི་བར་དུ་ ཞེས་པས་ཨུ་རུ་བསྒྱུར་ནས་དབྱངས་སྔ་མ་དང་མཚམས་སྦྱར་ཏེ། སན་གཉིས་པར་ཚིག་མཐར་ ཨིཏ་ཨོཏ་ལས་ཞེས་པས་ཕ་རོལ་གྱི་ཨ་ཕྱིས་པས། ཏིཥྛནྟོ྅ནུཤཱ་ས་ཏི་ག་ཎ་ཀཱཿཤི་ཥྱཱ་ན་ཞེས་ པ་གནས་ཀྱིས་རྗེས་སུ་བསྟན་པ་མཚོན་པར་བྱེད་པ་སྟེ། གང་གི་ཚེ་ཚོགས་པ་རྣམས་གནས་པ་ དེའི་ཚེ་བསླབ་པ་རྣམས་རྗེས་སུ་བསྟན་ཏོ་ཞེས་པའི་དོན་དང་། ཤཱིང་ཉལ་བའི་བྱིངས་ལ་ཨཱ་ན་ ཤའི་ཤ་ཁྱད་དོན་ཕྱིས་པ་བྱིན་ནས། ཨཱ་དྲུག་པར་ཤཱིངའི་བྱིངས་ཐམས་ཅད་པ་ལའོ་ཞེས་པས་ ཤཱིའི་དབྱངས་ཡོན་ཏན་བྱས་ཏེ་སྦྱར་ལ། མཐར་ཛས྄་བྱིན་པ་ན་རྟགས་མཐའ་རིང་པོར་བསྒྱུར་ 6-1-576 ཞིང་ས་རྣམ་བཅད་དུ་གྱུར་པ། ཕ་རོལ་ན་བྷུཉྫ་ལ་སོགས་པའི་ངག་ཡོད་པ་ལས། སན་ལྔ་པར་ སྒྲ་ལྡན་ལ་དབྱིའོ་ཞེས་པ་ལྟར་ཕྱིས་པས། ཤ་ཡཱ་ནཱ་བྷུཉྫ་ཏེ་ལ་ཝ་ནཱཿཞེས་པ་ཉལ་བས་ཟ་བ་ མཚོན་པར་བྱེད་པ་སྟེ། གང་གི་ཚེ་ཉལ་བ་དེའི་ཚེ་ནས་རྣམས་ཟ་བར་བྱེད་དོ་ཞེས་པའི་དོན་ ཅན་ལྟ་བུ་དང་། རྒྱུ་ལ་ནི་ཨཪྫཱ་འདོད་པའི་བྱིངས་ལ་ཤནྟྲྀང་ཁྱད་དོན་ཕྱིས་པ་བྱིན་ནས། ཨཱ་ གཉིས་པར་ཙུར་སོགས་ཀྱང་ཞེས་པས་བྱིངས་མཐར་ཨིན་དང་། དེའི་མཐར་ཡང་། ཨན་བྱིན་ པ་ན། ཨཱ་ལྔ་པར་བི་ཀ་ར་ཎ་ལ་ཨན་ལའོ་ཞེས་པས་ཨིན་ཡོན་ཏན་བྱས་ཏེ། སྔར་བཞིན་ ཨནྟའི་ཨ་ཕྱིས་ནས་སྦྱར་བའི་མཐར་སི་བྱིན་པ་གསལ་བྱེད་ལས་དབྱི་ཞིང་། བརྩེགས་པའི་ མཐའ་འང་ཕྱིས་པའི་ཕ་རོལ་ན། བ་ས་ཏི་ཞེས་པའི་ངག་ཡོད་པ་ལས། ཨརྫ་ཡན་བས་ཏི་ཞེས་ པ་འདོར་བ་གནས་པའི་རྒྱུའོ་ཞེས་པའི་དོན་དང་། ཨ་དྷི་སྔ་མ་ཅན་གྱི་ཨིང་ཀློག་པའི་བྱིངས་ རྗེས་འབྲེལ་ཕྱིས་པ་ལ། ཨཱ་ན་ཤ་ཁྱད་དོན་ཕྱིས་པ་བྱིན་ནས། ཨཱ་བཞི་པར་དབྱངས་དང་པོ་ལ་ ཨི་ཡ་ཨུཝ་དག་གོ་ཞེས་པས་ཨི་ཡིག་ཨི་ཡ་རུ་བསྒྱུར་བའི་མཐར་སི་བྱིན་པ་རྣམ་བཅད་དུ་ བསྒྱུར་བའི་ཕ་རོལ་ན། ལ་བྷ་ཏེ་ཀ་ནྱཱཿཞེས་པའི་ངག་ཡོད་པ་ལས། སན་ལྔ་པར་ཨ་དང་སྒྲ་ ལྡན་དག་གི་ཞེས་པས་ཨུ་རུ་བསྒྱུར་ནས་མཚམས་སྦྱར་བས། ཨ་དྷཱི་ཡཱ་ནོ་ལ་བྷ་ཏེ་ཀནྱཱཿཞེས་ པ་ཀློག་པ་ནི་མཛེས་པ་ཐོབ་པའི་རྒྱུའོ་ཞེས་པའི་དོན་ཅན་ལྟ་བུའོ། །བྱ་བའི་མཚོན་བྱེད་དང་རྒྱུ་ མ་ཡིན་པ་དག་ལ་ནི་རྐྱེན་དེ་དག་སྦྱིན་པར་མི་འགྱུར་ཏེ། དཔེར་ན། པ་ཙ་འཚེད་པ་དང་། པཋ་ ཀློག་པའི་བྱིངས་དག་ལ་རིམ་པ་བཞིན་བརྟ་མཱ་ནའི་ཏི་དང་བར་དུ་ཨན་བྱིན་པའི་ཕ་རོལ་ན་ ཙ་ཡོད་པ་ལས། པ་ཙ་ཏི་ཙ(འཚེད་པར་བྱེད་པ་པོ་དང་)། པ་ཋ་ཏི་ཙ་(ཀློག་པར་བྱེད་པ་པོ་དང་། )ཞེས་པ་ལྟ་ བུ་སྟེ། དེ་དག་ནི་འཚེད་པ་དང་ཀློག་པའི་མཚོན་བྱེད་དང་རྒྱུ་གཉིས་ཀ་མ་ཡིན་པའི་ཕྱིར་རོ། ། བེཏྟི་ལས་ཤནྟྲྀང་འི་ཝནྶུའོ་ཞེས་པ་ནི་བིད་ཤེས་པའི་བྱིངས་འདི་ལས་ཕ་རོལ་ཏུ་ཤནྟྲྀང་གི་ རྐྱེན་བྱིན་པ་དེ་ཝནྶུ་རུ་འགྱུར་ཏེ། དཔེར་ན། བིད་ལ་མདོ་སྔ་མས་ཤནྟྲྀང་བྱིན་པ། མདོ་འདིས་ 6-1-577 ཝནྶུ་རུ་བསྒྱུར་བའི་ཨུ་ཡིག་བརྗོད་དོན་དང་། བར་དུ་ཨན་བྱིན་པ་ཨད་སོགས་ལས་ཕྱིས་ ནས། མཐར་སི་བྱིན་པ་ན། ནཱ་གཉིས་པར་ཨནྟུ་དང་ཨས་མཐའི་ཞེས་པས་ཝ་རིང་པོར་བསྒྱུར་ ཞིང་གསལ་བྱེད་ལས་སི་དང་། བརྩེགས་པའི་མཐའ་ཕྱིས་པས། བི་དྷཱན་(མཁས་པ། )ཞེས་པ་ལྟ་ བུའོ། །དུར་ཕན་དག་ལས་ཤནྟྲྀང་ཡང་ན་ཝནྶུ་རུ་མི་འགྱུར་བའི་རྣམ་བརྟག་ཀྱང་མཛད་དོ། ། ཨཱ་ན་འདིར་ཨཱཏྨ་ནེའོ་ཞེས་པ་ནི། ཀྭནྶུ་ལ་སོགས་པའི་རྐྱེན་དེ་རྣམས་ཀྱི་ནང་ནས་ཨཱ་ནའི་ རྐྱེན་ཁོ་ན་འདིར་ཨཱཏྨ་ནེའི་ཚིག་གི་མིང་ཅན་དུ་འགྱུར་ཞིང་། དེའི་ཤུགས་ལ་ཀྭནྶུ་དང་ཤནྟྲྀང་ དག་པ་རསྨཻ འི་ཚིག་གི་མིང་ཅན་དུའང་འགྱུར་ཏེ། ཨཱཏྨ་ནེའི་མིང་དེ་གང་དུ་དགོས་ཤེ་ན། ཨཱ་ གཉིས་པར་དངོས་པོ་དང་ལས་དག་ལ་ཨཱཏྨ་ནེའི་ཚིག་རྣམས་སོ། །ཞེས་པ་ལ་སོགས་པ་ རྣམས་སུའོ། །དཔེར་ན། ཌུ་ཀྲྀཉ་རྗེས་འབྲེལ་ཕྱིས་པ་ལ་འདི་ཉིད་དུ་ཀྭནྶུ་དང་ཀཱ་ན་དག་ཅེས་ པས་ཀཱ་ན་བྱིན་པའི་ཀ་ཡིག་ཁྱད་དོན་ཕྱིས་ནས་དབྱངས་བཞག་ཅིང་། པ་རོ྅ཀྵཱ་བཞིན་ཞེས་ པས་ཀྲྀ་གཉིས་སུ་བཞག་པ་ན། ཨཱ་གསུམ་པར་རྀ་ཡིག་གི་ཨ་ཡིག་གོ་ཞེས་པས་ཀྲྀ་སྔ་མའི་རྀ་ ཡིག་ཨ་དང་། དེ་ཉིད་དུ་ཀ་སྡེའི་ཙ་སྡེའོ་ཞེས་པས་ཀ་ཡིག་ཀྱང་ཙ་རུ་བསྒྱུར་ལ། རྀ་ཕྱི་མའང་ ཨ་དང་མཚམས་སྦྱར་ཞིང་། ནའང་སྔར་བཞིན་ཎ་རུ་བསྒྱུར་བའི་མཐར་སི་བྱིན་པས། ཙཀྲཱ་ཎཿ (བྱེད་དོ། །)ཞེས་པ་དང་། སྠཱ་གནས་པའི་བྱིངས་ལ། འདི་ཉིད་དུ་ད་ལྟར་བ་ལ་ཞེས་པས་ཨཱ་ན་ཤ་ ཁྱད་དོན་ཕྱིས་པ་བྱིན་ནས། ཨཱ་གཉིས་པར་བྱིངས་ཐམས་ཅད་པ་ལ་ཞེས་པས་བར་དུ་ཡཎ་ བྱིན་པའི་ཁྱད་དོན་དབྱི་ཞིང་། ཨཱ་བཞི་པར་དཱ་མཱ་གཱ་ཡ་ཏི་ཞེས་པས། སྠཱའི་དབྱངས་ཨཱི་རུ་ བསྒྱུར་ཞིང་། འདི་ཉིད་དུ་ཨ་ལས་ཨཱ་ན་ལ་ཞེས་པས་ཡའི་མཐར་མ་ཨཱ་ག་མ་སྦྱར་བའི་ཕ་ རོལ་ཏུ་སི་བྱིན་པ་མ་ནིང་ལས་ཕྱིས་ནས་སྔར་བཞིན་མུ་ཨཱ་ག་མ་བྱིན་པས། སྠཱིཡ་མཱ་ནཾ་(གནས་ པར་བྱེད། ) ཞེས་པ་ལྟ་བུའོ། །ཨཱ་ཤ་ལས་དེའི་ཨཱིའོ་ཞེས་པ་ནི་ཨཱཤ་ཉེ་བར་ཞི་བའི་བྱིངས་འདི་ ལས་ཕ་རོལ་ཏུ་ཨཱ་ནའི་རྐྱེན་བྱིན་པ་དེའི་ཨཱ་ཡིག་ཨཱི་ཉིད་དུ་འགྱུར་ཏེ། དཔེར་ན། ཨཱ་ཤ་ལ་ 6-1-578 འདི་ཉིད་དུ་ད་ལྟར་བ་ལ་ཞེས་པས་ཨཱ་ནཤ་ཁྱད་དོན་ཕྱིས་པ་བྱིན་ནས། མདོ་འདིས་ཨཱ་ཡིག་ ཨཱི་རུ་བསྒྱུར་ཞིང་སི་བྱིན་པས། ཨཱ་ཤཱི་ནཿ(ཉེ་བར་ཞི་བར་བྱེད། ) ཞེས་པ་ལྟ་བུའོ། །དུར་ཕན་དག་ ལས། དེའི་ཞེས་སྨོས་པས་ཤཱ་ནང་གི་ཡང་ཨཱི་ཉིད་དུ་འགྱུར་བར་གསུངས་ཏེ། དཔེར་ན། ཀ་ཏི་ ཧ་དང་ཨུད་སྔ་མ་ཅན་གྱི་ཨཱ་ཤ་ལ། འདི་ཉིད་དུ་ནུས་པ་དང་ན་ཚོད་དང་དེའི་ངང་ཚུལ་ལ་ཞེས་ པས་ཤཱ་ནང་བྱིན་པའི་ཤ་དང་ད་ཁྱད་དོན་ཕྱིས་ནས། མདོ་འདིས་སྲོག་གི་ཨཱ་ཡིག་ཨཱི་རུ་བསྒྱུར་ ཞིང་མཐར་ཛས་བྱིན་ཏེ་མཚམས་སྦྱར་བས། ཀ་ཏི་ཧོ་དཱ་ཤཱི་ནཱཿཞེས་པ་ལྟ་བུའོ། །ཨ་ལས་ཨཱ་ན་ ཤ་ལ་མ་མཐའོ་ཞེས་པ་ནི་བྱིངས་བི་ཀ་ར་ཎ་བྱིན་པའི་ཨ་ཡིག་མཐའ་ཅན་ལས་ཕ་རོལ་ཏུ་ཨཱ་ ནའི་རྐྱེན་བྱིན་པ་ན། བར་དུ་མ་ཡིག་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། པ་ཙ་འཚེད་པ་ དང་། ཡཛ་ལྷ་མཆོད་པའི་བྱིངས་དག་ལ། འདི་ཉིད་དུ་ད་ལྟར་བ་ལ་ཞེས་པས་ཨཱ་ན་ཤ་ཁྱད་ དོན་ཕྱིས་པ་བྱིན་ནས། ཨཱ་གཉིས་པར་བྱེད་པ་པོ་ལ་ཞེས་པས་བར་དུ་ཨན་བི་ཀ་ར་ཎ་བྱིན་པ་ ན། མདོ་འདིས་ཨའི་མཐར་མ་ཨཱ་ག་མ་སྦྱར་ཞིང་། སི་བྱིན་པས། པ་ཙ་མཱ་ནཿ(འཚེད་བཞིན་པ། ) ཡ་ཛ་མཱནཿ(ལྷ་མཆོད་པར་བྱེད་པ་པོ། ) ཞེས་པ་ལྟ་བུའོ། །ཨཱ་ཡིག་ལས་གཞན་པའི་དབྱངས་ལས་ཕ་ རོལ་ཏུ་ཨཱ་ན་ཤའི་རྐྱེན་ཡོད་ཀྱང་མ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཥུཉ་ཁྲུས་ཀྱི་ བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་ཨཱ་ན་ཤ་བྱིན་ནས། ཨཱ་གཉིས་པར་སུ་སོགས་ ལས་ཞེས་པས་བར་དུ་ནུ་བི་ཀ་ར་ཎ་བྱིན་པའི་ཨུ་ཡིག ཨཱ་བཞི་པར་བི་ཀ་ར་ཎའི་ནུའོ་འོ་ཞེས་ པས་ཝརུ་བསྒྱུར་ཞིང་། ཨཱ་བརྒྱད་པར་བྱིངས་ཀྱི་དང་པོའི་ཥའི་ཞེས་པས་ཥ་ཡིག་ཀྱང་ས་རུ་ བསྒྱུར་ཏེ་སི་བྱིན་པས། སུ་ནྭཱནཿ(དབང་སྐུར་བར་བྱེད། ) ཞེས་པ་ལྟ་བུའོ། །པཱུང་ཡཛ་དག་གི་ཤཱ་ནང་ འོ་ཞེས་པ་ནི་པཱུང་དག་བྱེད་དང་ཡཛ་ལྷ་མཆོད་པའི་བྱིངས་འདི་དག་གི་ཕ་རོལ་ཏུ་ཤཱ་ནང་གི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པཱུང་གི་ང་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས། ཤཱ་ནང་ ཕྱིན་པའི་ཤ་ཡིག་བྱིངས་ཐམས་ཅད་པ་དང་འདྲ་བའི་དོན་དང་། ང་ཡིག་བྱེད་པ་ཕྱི་མའི་ཁྱད་ 6-1-579 དོན་ཡིན་པས་ཕྱིས་ནས། བར་དུ་སྔར་བཞིན་ཨན་བྱིན་པ་ན། ཨཱ་ལྔ་པར་བི་ཀ་ར་ཎའི་ཨན་ ལ་ཞེས་པས་པཱུའི་དབྱངས་ཡོན་ཏན་བྱས་ཏེ་མཚམས་སྦྱར་ཞིང་། མདོ་སྔ་མས་བར་དུ་མ་ཨཱ་ག་ མ་དང་། མཐར་སི་བྱིན་པས། པ་ཝ་མཱནཿ(དགའ་བར་བྱེད་པ་པོ། ) ཞེས་པ་དང་། ཡཛ་ལའང་སྔར་ བཞིན་ཤཱ་ནང་རྗེས་འབྲེལ་ཕྱིས་པ་བྱིན་ནས། བར་དུ་ཨན་དང་མ་དང་། མཐར་སི་བྱིན་པས། ཡ་ཛ་མཱ་ནཿཞེས་པ་ལྟ་བུའོ། །ནུས་པ་དང་ན་ཚོད་དང་དེའི་ངང་ཚུལ་ལའོ་ཞེས་པ་ནི་ནུས་པའི་ དོན་དང་ན་ཚོད་ཀྱི་དོན་དང་དེའི་ངང་ཚུལ་གྱི་དོན་རྟོགས་པར་བྱ་བ་ལའང་བྱིངས་ལས་ཕ་ རོལ་ཏུ་ཤཱ་ནང་གི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཀ་ཏཱི་ཧ་དང་ནི་སྔ་མ་ཅན་གྱི་ཧན་འཚེ་ བའི་བྱིངས་ལ། ནུས་པའི་དོན་དུ་མདོ་འདིས་ཤཱ་ནང་ཁྱད་དོན་ཕྱིས་པ་བྱིན་ནས། ཨཱ་དྲུག་པར་ གཾ་ཧན་ཛན་ཞེས་པས་ཧའི་དབྱངས་དབྱི་ཞིང་། དེ་ཉིད་དུ་ཨུ་པ་དྷཱ་ཕྱིས་པའི་འང་ངོ་ཞེས་པས་ ཧ་ཡིག་གྷ་རུ་བསྒྱུར་ཏེ་སྦྱར་བའི་མཐར་སི་བྱིན་པས། ཀ་ཏཱི་ཧ་ནི་གྷཱ་ཎཿ(འདི་ན་ངེས་པར་འཇོམས་ནུས་ པ་དུ་ཡོད། ) ཞེས་པ་དང་། ཀ་བ་ཙཾ་སྔ་མ་ཅན་གྱི་བཧ་ཐོབ་པའི་བྱིངས་ལ་ན་ཚོད་ཀྱི་དོན་ལ་སྔར་ བཞིན་ཤཱནང་དང་། ཨཱ་གཉིས་པར་བྱེད་པ་པོ་ལ་ཞེས་པས་བར་དུ་ཨན་དང་། དེའི་མཐར་མ་ ཨཱ་ག་མ་དང་། མཐར་སི་བྱིན་པས། ཀ་པ་ཙམ་བ་ཧཱ་མཱ་ནཿཞེས་པ་དང་། བྷཱུ་ཥ་རྒྱན་གྱི་བྱིངས་ (འདི་ན་ངེས་པར་འཇོམས་ནུས་པ་དུ་ཡོད། )ལ་དེའི་ངང་ཚུལ་རྟོགས་པའི་དོན་དུ་སྔར་བཞིན་ཤཱན་ང་དང་། ཨཱ་གཉིས་པར་ཙུ་ར་སོགས་ལས་ཀྱང་ཞེས་པས་བར་དུ་ཨིན་དང་། དེའི་མཐར་ཨན་བྱིན་ ནས། ཨིན་ཡོན་ཏན་བྱས་ཏེ་མཚམས་སྦྱར་བས། མཐར་མ་ཨཱ་ག་མ་དང་སི་བྱིན་པས། བྷཱུ་ཥ་ ཡ་མཱ་ནཿ(བརྒྱན་པར་བྱེད་པ་པོ། ) ཞེས་པ་ལྟ་བུའོ། །གསུམ་པ་ཁྱད་པར་བྱིངས་མཐར་ཤནྟྲྀང་འཇུག་ ཚུལ་ནི། ཨིང་དྷཱ་རི་དག་ལས་དཀའ་སྤྱད་མིན་པ་ལ་ཤནྟྲྀང་འོ་ཞེས་པ་ཨིང་ཀློག་པ་དང་། དྷྲྀང་ འཛིན་པའི་བྱིངས་ཨིན་གྱི་མཐའ་ཅན་འདི་དག་ལས་ཕ་རོལ་ཏུ། བཀའ་སྤྱད་རྟོགས་པར་བྱ་ བ་མིན་པ་ལ་ཤནྟྲྀང་གི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨ་དྷི་སྔ་མ་ཅན་གྱི་ཨིང་རྗེས་ 6-1-580 འབྲེལ་ཕྱིས་པ་ལ། མདོ་འདིས་ཤནྟྲྀང་ཁྱད་དོན་ཕྱིས་པའི་ཨནྟ་བྱིན་པ་ན། སྔར་བཞིན་བར་དུ་ ཨན་བྱིན་པ་ཨད་སོགས་ལས་ཕྱིས་ལ། ཨཱ་བཞི་པར་དབྱངས་དང་པོ་ལ་ཨི་ཡ་ཨུཝ་དག་ཅེས་ པས་ཨི་ཡིག་ཨི་ཡ་རུ་བསྒྱུར་ཏེ་སྦྱར་བའི་མཐར་སི་བྱིན་པ་གསལ་བྱེད་ལས་དབྱི་ཞིང་། བརྩེགས་པའི་མཐའ་ཏའང་ཕྱིས་པས། ཨ་དྷཱི་ཡན་(ལྷག་པར་ཀློག་ཏུ་འཇུག་པ་ལ་སྦྱར་རོ། །) ཞེས་པ་དང་། དྷྲྀང་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཤནྟྲྀང་དང་། ཨཱ་གཉིས་པར་རྒྱུ་ལའོ་ཞེས་པས་དྷྲྀའི་ མཐར་ཨིན་བྱིན་ནས། ཨཱ་དྲུག་པར་ཨིན་ཨི་ཙ་ཞེས་པས་རྀ་ཡིག་འཕེལ་བ་བྱས་ལ། སྔར་ བཞིན་བར་དུ་ཨན་བྱིན་པ་ན། ཨིན་ཡོན་ཏན་བྱས་ཏེ་མཚམས་སྦྱར་ཞིང་། དེ་ཉིད་དུ་ཨ་དང་ མཚམས་སྦྱོར་གྱི་ཞེས་པས་ཨནྟའི་ཨ་ཕྱིས་ནས། སི་བྱིན་པ་དང་བརྩེགས་པའི་མཐའ་སྔར་ བཞིན་ཕྱིས་པས། དྷཱ་ར་ཡན་(འཛིན་དུ་འཇུག་པ་ལ་སྦྱོར་བར་བྱེད་དོ། །) ཞེས་པ་ལྟ་བུའོ། །དཀའ་སྤྱད་ རྟོགས་པར་བྱ་བ་ལ་ནི་བྱིངས་དེ་དག་ལ་ཤནྟྲྀང་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཀྲྀཙྪེ་ཎ་ དང་ཨ་དྷི་སྔ་མ་ཅན་གྱི་ཨིང་དང་ཀྲྀཙྪེ་ཎ་སྔ་མ་ཅན་གྱི་དྷཱ་རི་ལ་རིམ་པ་ལྟར་བརྟ་མཱ་ནའི་ཏེ་དང་ ཏི་བྱིན་ནས། བར་དུ་སྔར་བཞིན་ཨན་བྱིན་ནས། ཨིང་གི་མཐར་ཨད་སོགས་ལས་ཕྱིས་ཏེ་ མཚམས་སྦྱར་བས། ཀྲྀཙྪེ་ཎཱ་དྷཱི་ཏེ་(དཀའ་སྤྱད་ཀྱིས་ལྷག་པར་ཀློག་པར་བྱེད་དོ། །) ཞེས་པ་ད་ང་། དྷཱ་རིའི་ ཨི་ཡིག ཨཱ་ལྔ་པར་བི་ཀ་ར་ཎ་ལ་ཨན་ལ་ཞེས་པས་ཡོན་ཏན་བྱས་ཏེ་མཚམས་སྦྱར་བས། ཀྲ ཙྪྭེ་ཎ་དྷཱ་ར་ཡ་ཏི་(དཀའ་སྤྱད་ཀྱིས་འཛིན་པ་བྱེད་དོ། །)ཞེས་པ་ལྟ་བུའོ། །དྭིཥ་ལས་དགྲ་བོ་ལའོ་ཞེས་པ་ ནི་དྲིཥ་མི་དགའ་བའི་བྱིངས་འདི་ལས་ཕ་རོལ་ཏུ། དགྲ་བོའི་དོན་ལ་འཇུག་པ་ན་ཤནྟྲྀང་གི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། དྭིཥ་ལ་མདོ་འདིས་ཤནྟྲྀང་རྗེས་འབྲེལ་ཕྱིས་པ་བྱིན་ནས། བར་དུ་ཨན་བྱིན་པ་ཨད་སོགས་ལས་དབྱི་ཞིང་། སི་བྱིན་པ་དང་བརྩེགས་པའི་མཐའ་འང་ སྔར་བཞིན་ཕྱིས་པས། དྭིཥན་ཞེས་པ་ལྟ་བུའོ། །དགྲ་བོའི་དོན་མ་ཡིན་པ་ལ་ནི་ཤནྟྲྀང་སྦྱིན་ པར་མི་འགྱུར་ཏེ། དཔེར་ན། དྭིཥ་ལ་བརྟ་མཱ་ནའི་ཏི་བྱིན་ནས། བར་དུ་ཨན་བྱིན་པ་སྔར་ 6-1-581 བཞིན་ཕྱིས་ལ། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ལས་ཞེས་པས་ཏ་ཡིག་ཊ་རུ་བསྒྱུར་ཏེ་སྦྱར་བའི་ ཕ་རོལ་ན། པ་ཏིཾ་བྷཱཪྻཱ་ཡོད་པ་ལས། དྭིཥྚི་བེ་ཏིཾ་བྷཱཪྻཱ་(མི་དགའ་བར་བྱེད་དོ་ཁྱོ་བོ་ཆུང་མ་ལ། )ཞེས་པ་ལྟ་ བུའོ། །སུཉ་ལས་མཆོད་སྦྱིན་ལ་ཡང་དག་པར་སྦྱོར་བ་ལའོ་ཞེས་པ་ནི་ཥུཉ་འཁྲུད་པའི་བྱིངས་ འདི་ལས་ཕ་རོལ་ཏུ་མཆོད་སྦྱིན་ལ་ཡང་དག་པར་སྦྱོར་བ་ལ་འཇུག་པ་ན། ཤནྟྲྀང་གི་རྐྱེན་སྦྱིན་ པར་འགྱུར་ཏེ། དཔེར་ན། ཥུཉ་ལ་མདོ་འདིས་ཤནྟྲྀང་བྱིན་ནས། གཉིས་ཀའི་རྗེས་འབྲེལ་དབྱི་ ཞིང་། ཨཱ་གཉིས་པར་སུ་སོགས་ལས་ཞེས་པས་བར་དུ་ནུ་བི་ཀ་ར་བྱིན་པའི་ཨུ་ཡིག་སྔར་ བཞིན་ཝ་རུ་བསྒྱུར་ཏེ་ཥ་ཡིག་ཀྱང་སྔར་བཞིན་ས་རུ་བསྒྱུར་ནས། སི་དང་བརྩེགས་པའི་ མཐའ་ཕྱིས་པས། སུ་ནྭན་(ལྷ་མཆོད་པར་བྱེད་དོ། །) ཞེས་པ་ལྟ་བུའོ། །མཆོད་སྦྱིན་ལ་སྦྱོར་བ་མ་ ཡིན་པ་ལ་ནི་ཤནྟྲྀང་སྦྱིན་པར་མི་འགྱུར་ཏེ། དཔེར་ན། སུ་ལ་བརྟ་མཱ་ནའི་ཏི་དང་། བར་དུ་སྔར་ བཞིན་ནུ་བྱིན་ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ཞེས་པ་ལྟར་ནུའི་ ཨུ་ཡོན་ཏན་བྱས་པས་སུ་ནོ་ཏི་(ཁྲུས་བྱེད་དོ། །) ཞེས་པ་ལྟ་བུའོ། །ཨཪྷ་ལས་བསྔགས་པ་ལའོ་ ཞེས་པ་ནི་ཨཪྷ་མཆོད་པའི་བྱིངས་འདི་ལས་ཕ་རོལ་ཏུ། བསྔགས་པ་ལ་འཇུག་པ་རྟོགས་པའི་ དོན་ལ་ཤནྟྲྀང་གི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཪྷ་ལ་ཤནྟྲྀང་རྗེས་འབྲེལ་ཕྱིས་པ་ བྱིན་ནས། སི་བྱིན་པ་དང་བརྩེགས་པའི་མཐའ་ཕྱིས་པས། ཨཪྷ་རྟ་(བསྔགས་པར་བྱེད་དོ། །)ཞེས་པ་ ལྟ་བུའོ། །བསྔགས་པ་ལ་འཇུག་པ་མ་ཡིན་པ་ལ་ཤནྟྲྀང་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨཪྷ་ལ་བརྟ་མཱ་ནའི་ཏི་དང་། བར་དུ་སྔར་བཞིན་ཨན་བྱིན་པའི་ཕ་རོལ་ན་ཙཽ་རོ་བ་དྷཾ་ཡོད་པ་ ལས། ཨར་ཧ་ཏི་ཙཽ་རོ་བ་དྷི་(ཆོམ་རྐུན་འཆིང་བར་འོས། ) ཞེས་པ་ལྟ་བུའོ། །བཞི་པ་བྱིངས་སོ་སོ་ལས་ དེའི་ངང་ཚུལ་སོགས་ལ་ཏྲྀན་སོགས་ཉེར་བརྒྱད་འཇུག་ཚུལ་ནི། དེའི་ངང་ཚུལ་དེའི་ཆོས་དེའི་ ལེགས་པར་བྱེད་པ་རྣམས་ལ་ཀྭིཔའི་བར་རོ་ཞེས་པ་ལ། དེའི་ཞེས་པ་ནི་བྱིངས་ཀྱི་དོན་ངེས་ པར་བསྟན་པ་ཡིན་ཞིང་། དེའི་ངང་ཚུལ་ནི་རང་བཞིན་དང་། དེའི་ཆོས་ནི་ཀུན་ཏུ་སྤྱོད་པ་དང་། 6-1-582 དེའི་ལེགས་པར་བྱེད་པ་ནི་དགེ་བའི་དོན་ཏོ། །དེ་རྣམས་ཀྱི་བྱིངས་དོན་ལས་ཕ་རོལ་ཏུ་བྱེད་ པ་པོ་ལ། ཏྲྀན་ནས་བརྩམས་ཏེ་ཀྭིཔའི་བར་གྱི་རྐྱེན་ཉི་ཤུ་རྩ་བརྒྱད་པོ་སྦྱིན་པར་བྱའོ་ཞེས་སྤྱིར་ བསྟན་ནས། ཁྱད་པར། ཏྲྀནའོ་ཞེས་པ་ནི་དེའི་ངང་ཚུལ་དང་དེའི་ཆོས་དང་དེའི་ལེགས་པར་ བྱེད་པ་ལ་བྱིངས་ལས་ཕ་རོལ་ཏུ། ཏྲྀན་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བིད་ཤེས་པའི་ བྱིངས་མཐར་དེའི་ངང་ཚུལ་སོགས་ཀྱི་དོན་ལ་མདོ་འདིས་ཏྲྀན་བྱིན་པའི་ན་ཡིག་ནི། ནཱ་དང་ པོར་བྱིངས་ལས་ཏྲྀ་སྒྲའི་ཞེས་པ་ལྟར་ཏྲྀའི་སྒྲ་འདི་གཟུང་བའི་ཁྱད་དོན་ཡིན་པས་དབྱི་ཞིང་། ཨཱ་བརྒྱད་པར་བྱིངས་ཐམས་ཅད་པ་མིན་པ་གསལ་བྱེད་དང་པོ་ཞེས་པས་བར་དུ་ཨིཊ་བྱིན་པ་ སྦྱར་ནས། མཐར་སི་བྱིན་པ་ན། ནཱ་དང་པོར་སི་ལ་ཨཱ་སྟེ་སི་དབྱི་བ་འང་ངོ་ཞེས་པས་རྀ་ཡིག་ ཨཱ་རུ་བསྒྱུར་ཏེ་སི་ཕྱིས་པའི་ཕ་རོལ་ན་ཛ་ནཱ་སོགས་ཡོད་པ་ལས། བི་དི་ཏཱ་ཛ་ནཱ་པ་ཝཱ་དཱན་(ཤེས་ པར་བྱེད་པ་པོ་སྐྱེ་བོས་སྨད་དོ། །) ཞེས་པ་དང་། མུ་ཎ་ཌ་དུམ་བུར་བྱེད་པའི་བྱིངས་ལ་སྔར་བཞིན་ཏྲྀན་ དང་། ཨཱ་གཉིས་པར་རྒྱུ་ལའོ་ཞེས་པས་བར་དུ་ཨིན་དང་དེའི་མཐར་ཡང་སྔ་མ་ལྟར་ཨིཊ་བྱིན་ ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་ཨིན་ཡོན་ཏན་བྱས་ཏེ་མཚམས་སྦྱར་ཞིང་། མཐར་ཛས་བྱིན་པ་ན། ནཱ་དང་པོར་བྱིངས་ལས་ཏྲྀ་སྒྲའི་ཨཱར་འོ་ཞེས་པས་རྀ་ཡིག་ཨཱར་དུ་ བསྒྱུར་བའི་ཕ་རོལ་ན་ཤྲཱ་བིཥྛཱ་སོགས་ཡོད་པ་ལས། མུཎ་ཌ་ཡི་ཏཱ་རཿཤྲཱ་བིཥྛཱ། ཡ་ནཱཿ བ་དྷཱུ་མཱུ་ ཌྷཾ་ཞེས་པ་དང་། གམླྀ་འགྲོ་བའི་བྱིངས་ལྀ་རྗེས་འབྲེལ་ཕྱིས་པ་ལའང་སྔར་བཞིན་ཏྲྀན་དང་ མཐར་སི་བྱིན་ནས། སི་ལ་ཨཱ་དང་སི་དབྱི་བར་བྱས་ཏེ། ནཱ་བཞི་པར་སྡེ་པ་ལ་སྡེ་པའི་མཐའོ་ ཞེས་པས་མ་ཡིག་ན་རུ་བསྒྱུར་བའི་ཕ་རོལ་ན་ཁེ་ལམ་ཡོད་པ་ལས། གནྟཱ་ཁེ་ལཾ་ཞེས་པ་ལྟ་ བུའོ། །བྷྲཱ་ཛི་ཨ་ལམ་ཀྲྀཉ། བྷཱུ་ས་ཧི། རུ་ཙི། བྲྀ་ཏི། བྲྀ་དྷི། ཙ་རི། པྲ་ཛན། ཨ་པ་ཏྲ་པ་ཨིན་ རྣམས་ཀྱི་ཨིཥྞུཙ་འོ་ཞེས་པ་ནི། བྷྲཱ་ཛྲྀ་གསལ་བ་དང་། ཨ་ལམ་སྔ་མ་ཅན་ཀྲྀཉ་བྱེད་པ་དང་། བྷཱུ་ཡོད་པ་དང་། ཥཧ་བཟོད་པ་དང་། རུ་ཙ་གསལ་བ་དང་། བྲྀ་ཏུ་འཇུག་པ་དང་། བྲྀ་དྷུ་འཕེལ་ 6-1-583 བ་དང་། ཙར་འགྲོ་བ་དང་། པྲ་སྔ་མ་ཅན་ཛ་ནཱི་རབ་ཏུ་སྐྱེ་བ་དང་། ཨ་པ་སྔོན་མ་ཅན་ཏྲ་པུཥ་ངོ་ ཚ་བའི་བྱིངས་འདི་རྣམས་དང་། ཨིན་གྱི་མཐའ་ཅན་གྱི་བྱིངས་རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ ཚུལ་སོགས་དང་བྱེད་པ་པོ་ལ་ཨིཥྞུ་ཙའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ ལ་མདོ་འདིས་ཨིཥྞུཙ་བྱིན་ནས། ཙ་ཡིག་མདོ་འདི་ལ་སོགས་པའི་ཁྱད་དོན་ཡིན་པས་འཕྱིད་ པ་དང་། མཐར་སི་སྟེར་བ་ནི་ཐམས་ཅད་ལ་མཚུངས་ཤིང་། ཁྱད་པར་བྷྲཱ་ཛིའི་རྀ་རྗེས་འབྲེལ་ ཕྱིས་པས། བྷྲཱ་ཛིཥྞུཿ(གསལ་བར་བྱེད་དོ། །)ཞེས་པ་དང་། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་ པས། ཀྲྀཉ་རྗེས་འབྲེལ་ཕྱིས་པ་དང་། བྷཱུའི་དབྱངས་ཡོན་ཏན་བྱས་ཏེ་མཚམས་སྦྱར་བས། ཨ་ ལཾ་ཀ་རིཥྞུཿ (རྒྱན་དུ་བྱེད་པ་པོ་ལོ། )བྷ་ཝིཥྞུཿ(འབྱུང་བར་བྱེད་དོ། །) ཞེས་པ་དང་། སྔར་བཞིན་བྱིངས་ཀྱི་ དང་པོ་ཥ་ཡིག་ས་རུ་བསྒྱུར་ནས། ས་ཧིཥྞུཿ(བཟོད་པར་བྱེད་དོ། །) ཞེས་པ་དང་། ཨཱ་ལྔ་པར་ཨུ་པ་དྷཱ་ ནཱ་མིའང་ཞེས་པས་ཨུ་པ་དྷཱ་ནཱ་མི་ཅན་རྣམས་ཀྱི་དབྱངས་ཡོན་ཏན་བྱས་ཏེ་སྦྱར་བས། རོ་ ཙིཥྞུཿ(གསལ་བར་བྱེད་དོ། །) བཪྟིཥྞུཿ(འཇུག་པར་བྱེད་དོ། །) བརྦྷིཥྞུཿ(འཕེལ་བར་བྱེད། ) ཞེས་པ་དང་། ཙརལ་ ནི། ཙ་རིཥྞུཿ(འགྲོ་བར་བྱེད། ) ཞེས་པ་དང་། ཛ་ནཱིའི་ཨཱི་རྗེས་འབྲེལ་ཕྱིས་པས། པྲ་ཛ་ནིཥྞུཿ(རབ་ཏུ་ སྐྱེའོ། །)ཞེས་པ་དང་། ཏྲ་པུཥའི་ཨུ་དང་ཥ་རྗེས་འབྲེལ་ཕྱིས་པས། ཨ་པ་ཏྲ་པིཥྞུཿ(ངོ་ཚ་བ་ཅན་ནོ། །) ཞེས་པ་དང་། ཨིན་གྱི་མཐའ་ཅན་དྷྲྀཉ་འཛིན་པ་དང་། པྲཱྀ་སྐྱོང་བའི་བྱིངས་ལ། ཨཱ་གཉིས་པར་ རྒྱུ་ལའོ་ཞེས་པས་ཨིན་བྱིན་ནས། ཀྲྀཏ་དང་པོར་ཨཱ་ལུ་ཨིཥྞུ་ཞེས་པས་ཨིན་མ་ཕྱིས་པར་ མཚམས་སྦྱར་བས། དྷཱ་ར་ཡིཥྞུཿ(འཛིན་དུ་འཇུག་གོ)པཱ་ར་ཡིཥྞུཿ(སྐྱོང་དུ་འཇུག་གོ། ) ཞེས་པ་ལྟ་བུའོ། ། ཨུཏ་ལ་མ་དི་པ་ཏི་པཙ་རྣམས་ཀྱིའོ་ཞེས་པ་ནི་ཨུཏ་ཉེ་བའི་ཚིག་ཅན་ལ་མ་དཱི་དགའ་བ་དང་། པ་ཏླྀ་ལམ་ལ་འགྲོ་བ་དང་། ཌུ་པ་ཙཥ་འཚེད་པའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུའང་། དེའི་ ངང་ཚུལ་སོགས་དང་བྱེད་པ་པོ་ལ་ཨིཥྞུཙ་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ ཨཱི་དང་ལྀ་དང་ཌུ་དང་ཥ་རྗེས་འབྲེལ་དང་། ཙའི་དབྱངས་བརྗོད་དོན་ཕྱིས་པ་ལ། མདོ་འདིས་ 6-1-584 ཨིཥྞུཙ་བྱིན་ནས། ཙ་སྔ་མ་ལྟར་དབྱི་ཞིང་། སན་བཞི་པར་སྡེ་པའི་དང་པོ་ཚིག་མཐའ་རྣམས་ ཞེས་པས། (ལྔ་པ་ལ་ལྔ་པ་རྣམས་སུ་སྡེ་ཞེས་པ་ཡིན། )ཨུཏ་སྔ་མའི་ཏ་ཡིག་མ་ཕ་རོལ་ལ་ན་རུ་བསྒྱུར་ཏེ། མཐར་སི་བྱིན་པས། ཨུནྨ་དིཥྞུཿ(གྱེན་དུ་དགའ་བར་བྱེད། ) ཨུཏྤ་ཏིཥྞུཿ(སྟེང་དུ་འགྲོ་བར་བྱེད། ) ཨུཏྤ་ཙིཥྞུཿ (སྟེང་དུ་འཚེད་པར་བྱེད། ) ཞེས་པ་ལྟ་བུའོ། །ཛི་བྷཱུ་དག་གི་སྣུ་ཀའོ་ཞེས་པ་ནི། ཛི་རྒྱལ་བ་དང་བྷཱུ་ཡོད་ པའི་བྱིངས་འདི་དག་གི་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་དང་བྱེད་པ་པོ་ལ་སྣུ་ཀའི་རྐྱེན་སྦྱིན་ པར་འགྱུར་ཏེ། དཔེར་ན། ཛི་དང་བྷཱུ་ལ་མདོ་འདིས་སྣུཀ་བྱིན་པའི་ཀ་ཡིག་ཡཎ་དང་འདྲ་བའི་ ཁྱད་དོན་ཡིན་པས་ཕྱིས་ནས། ཀྲྀཏ་དྲུག་པར་ཤྲི་ཡུའི་ཡི་གེ་ཞེས་པས་བྷཱུའི་སྔ་མར་ཨིཊ་མི་ འཇུག་ཅིང་། ཨཱ་བརྒྱད་པར་རྒྱུ་མཚན་ལས་ཞེས་པས་རྐྱེན་གྱི་ས་ཡིག་ཥ་དང་། ཥ་དང་ཊ་སྡེ་ ལས་ཞེས་པས་ན་ཡིག་ཀྱང་ཎ་རུ་བསྒྱུར་ཏེ་སི་བྱིན་པས། ཛིཥྞུཿ(རྒྱལ་ལོ། །) བྷཱུཥྞུཿ(འཐུང་ངོ་། །) ཞེས་ པ་ལྟ་བུའོ། །གླཱ་མླཱ་སྠཱ་ཀྵི་པ་ཙི་པ་རི་མྲྀཛ་རྣམས་ཀྱི་སྣུའོ་ཞེས་པ་ནི། གླཻ་དགའ་བ་ཟད་པ་དང་། མླཻལུས་ཀྱི་རྣམ་འགྱུར་དང་། སྠཱ་གནས་པ་དང་། ཀྵི་ཟད་པ་དང་། ཌུ་པ་ཙ་ཥ་འཚེད་པ་དང་། པ་རི་སྔ་མ་ཅན་མྲ་ཛུཥ་དག་པའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ་དེའི་ངང་ཚུལ་སོགས་དང་། བྱེད་པ་པོ་ལ་སྣུའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ལ་མདོ་འདིས་སྣུ་དང་ མཐར་སི་སྟེར་བ་ནི་ཐམས་ཅད་ལ་མཚུངས་ཤིང་། ཁྱད་པར་ཨཱ་བཞི་པར་མཚམས་སྦྱོར་གྱི་ཡི་ གེའི་མཐའ་རྣམས་ཀྱི་ཞེས་པས། གླཻ་དང་མླཻའི་དབྱངས་ཨཱ་རུ་བསྒྱུར་བས། གླཱུ་སྣུཿམླཱ་སྣུཿཞེས་ པ་དང་། སྠཱ་ལ་ནི། གླཱ་སྠཱ་སྣུཿ(གནས་སོ། །)ཞེས་པ་དང་། ཨཱ་ལྔ་པར་ནཱ་མི་མཐའི་ཞེས་པས་ཀྵི འི་ དབྱངས་ཡོན་ཏན་བྱས་ཏེ། ཕྱི་མ་གསུམ་གྱི་སྣུ་ཡིག་སྔར་བཞིན་ཥྞུ་རུ་བསྒྱུར་བས། ཀྵེ་ཥྞུཿ (ཟད་ དོ། །)ཞེས་པ་དང་། ཌུ་པ་ཙཥའི་རྗེས་འབྲེལ་སྔར་བཞིན་ཕྱིས་ནས། ཨཱ་དྲུག་པར་ཙ་སྡེའི་འདྲ་ བའི་ཡི་གེ་མ་ཡིན་པ་ལ་ཞེས་པས་པཙའི་ཙ་ཡིག་ཀ་རུ་བསྒྱུར་བས། པཀྵྞུཿ (འཚེད་པ་པོ། )ཞེས་ པ་དང་། མྲྀ་ཛུ་ཥ་འི་ཨུ་དང་ཥ་རྗེས་འབྲེལ་ཕྱིས་ནས། སྔར་བཞིན་ནཱ་མི་མཐའི་ཞེས་པ་རྀ་ཡིག་ 6-1-585 ཡོན་ཏན་བྱས་ཏེ། ཨཱ་བརྒྱད་པར་མརྫའི་མཱརྫ་ཞེས་པ་ལྟར་བསྒྱུར་ཞིང་། ཨཱ་དྲུག་པར་བྷྲྀཛ་ སོགས་རྣམས་ཀྱི་ཞེས་པས་དེའི་ཛ་ཡིག་ཥ་རུ་བསྒྱུར་བའང་། ཨཱ་བརྒྱད་པར་ཥཌྷ་དག་གི་ས་ལ་ ཞེས་པས་ཀ་རུ་བསྒྱུར་བས། པ་རི་མཱརྐྵྞུཿ(ཡོངས་སུ་དག་པ། ) ཞེས་པ་ལྟ་བུའོ། །ཏྲ་སི་གྲྀ་དྷི་དྷྲྀ་ཥི་ ཀྵི པ་རྣམས་ཀྱི་ཀྞུའོ་ཞེས་པ་ནི་ཏྲ་སཱི་སྐྲག་པ་དང་། གྲྀ་དྷུ་མངོན་པར་དགའ་བ་དང་། ཉི་དྷྲྀ་ཥ་ བཞད་གད་དང་། ཀྵི པ་གཏོང་བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ དང་བྱེད་པ་པོ་ལ་ཀྞུའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨཱི་དང་ཨུ་དང་ ཉི་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀྣུ་བྱིན་པའི་ཀ་ཡིག་ཡཎ་དང་འདྲ་བའི་ཁྱད་དོན་ཡིན་ པས་དབྱི་ཞིང་། ཀྲྀཏ་དྲུག་པར་སྒྲ་ལྡན་དང་ཏི་དག་ལའང་ཞེས་པས་བར་དུ་ཨིཊ་མི་འཇུག་པ་ ལ། སྔར་བཞིན་ཥའི་མཐར་ན་ཡིག་ཎ་རུ་བསྒྱུར་ཏེ། ཐམས་ཅད་ཀྱི་མཐར་སི་བྱིན་པས། ཏྲསྣུཿ(སྐྲག་པར་བྱེད། ) གྲྀདྷྣུཿ(མངོན་པར་དགའ་བར་བྱེད། ) དྷྲྀཥྞུཿ(བཞད་གད་བྱེད། ) ཀྵི པྣུཿ(གཏོང་བར་བྱེད། ) ཞེས་པ་ལྟ་བུའོ། །ཤམ་སོགས་བརྒྱད་རྣམས་ཀྱི་གྷི་ནིཎའོ་ཞེས་པ་ནི་ཤ་མུ་ཉེ་བར་ཞི་བ་དང་། རྣམས་ཀྱི་སྒྲས་ཏ་མུ་འདོད་པ་དང་ད་མུ་ཉེ་བར་ཞི་བ་དང་། ཤྲ་མུ་དཀའ་ཐུབ་དང་། ཁྲོ་བ་དང་། བྷྲ་མུ་གཡོ་བ་དང་། ཀྵ་མཱུ་ཥ་བཟོད་པ་དང་། ཀླ་མུ་དམན་པ་དང་། མ་དཱི་དགའ་བའི་བྱིངས་ བརྒྱད་པོ་འདི་རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ་གྷི་ནིཎ་གྱི་རྐྱེན་སྦྱིན་པར་འགྱུར་ ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨུའི་ཡི་གེ་རྣམས་དང་ཥ་དང་ཨཱི་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་གྷི་ནིཎ་བྱིན་པའི་གྷ་ཡིག ཀྲྀཏ་དྲུག་པར་ཙ་ཛ་དག་གི་དྷུ་ཊ་གྷ་རྗེས་སུ་འབྲེལ་པ་ ལ་ཞེས་པའི་དོན་དང་། ཎ་ཡིག་ཨིཙ་དང་འདྲ་བའི་ཁྱད་དོན་དང་ནའི་ཨི་ཡིག་བརྗོད་དོན་ ཡིན་པས་ཕྱིས་ཏེ་སྦྱར་བའི་ཨུ་པ་དྷཱ་རིང་པོར་བསྒྱུར་བ་ཐོབ་ནའང་ཀྲྀཏ་དང་པོར་ཨི་ཊ་དང་ བཅས་པའི་ཨམ་མཐའི་ཞེས་པས་རིང་པོར་མི་འགྱུར་བ་ལ། མཐར་སི་བྱིན་པ་ན། ནཱ་གཉིས་ པར་ཨིན་ཧན་ཞེས་པས་མཐའི་ཨུ་པ་དྷཱ་རིང་པོར་བསྒྱུར་ནས། གསལ་བྱེད་ལས་སི་དང་། 6-1-586 རྟགས་མཐའི་ན་ཡིག་ཕྱིས་ཏེ། ཕྱི་མའི་སྔོན་དུ་པྲ་བཞག་པས། ཤ་མཱི(ཞི་བར་བྱེད)། ཏ་མཱི(འདོད་པ་ ཅན)། ད་མཱི(ཉེ་བར་ཞི་བ་ཅན)། ཤྲ་མཱི(དཀའ་ཐུབ་ཅན)། བྷྲ་མཱི(གཡོ་བར་བྱེད)། ཀྵམཱི(བཟོད་པར་བྱེད)། ཀླ་ མཱི(དམན་པར་བྱེད)། པྲ་མ་དཱི་(བག་མེད་པར་བྱེད། ) ཞེས་པ་ལྟ་བུའོ། །ཤམ་སོགས་ཡིན་ཀྱང་བརྒྱད་པོ་ དེ་རྣམས་མ་ཡིན་པ་ལ་གྷི་ནི་ཎ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨ་སུ་འཕེན་པའི་བྱིངས་ཨུ་ རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་ཏྲྀན་ཁྱད་དོན་ཕྱིས་བྱིན་ནས། ཨཱ་བདུན་པར་བྱིངས་ ཐམས་ཅད་པ་མིན་པ་ཞེས་པས་བར་དུ་ཨིཊ་སྦྱར་ཏེ། སི་བྱིན་པ་ན། སྔར་བཞིན་རྀ་ཡིག་ཨཱ་རུ་ བསྒྱུར་ཞིང་སི་ཕྱིས་པས། ཨ་སི་ཏཱ་(འཕེན་པར་བྱེད་དོ། །)ཞེས་པ་ལྟ་བུའོ། །ཡུཛ་བྷུཛ་བྷཛ་དྭིཥ་དྲུཧ་ དུཧ་དུཥ་ཨཱ་ཀྲཱིཌ་ཏྱཛ་ཨ་ནུ་རུདྷ་ཨཱང་ཡམ་ཨཱང་ཡས་རཉྫ་ཨ་བྷྱཱང་ཧན་རྣམས་ཀྱི་ཡང་ངོ་ཞེས་པ་ ནི་ཡུཛ་སྦྱོར་བའམ་ཡང་ན་ཏིང་ངེ་འཛིན་དང་། བྷུཛ་སྐྱོང་བ་འམ་ཡང་ན་འཁྱོག་པོ་དང་། བྷཛ་ བསྟེན་པ་དང་། དྭིཥ་མི་དགའ་བ་དང་། དྲུཧ་སྐྱེ་བ་དང་། དུཧ་འཇོ་བ་དང་། དུཥ་རྣམ་འགྱུར་ དང་། ཨཱང་སྔོན་མ་ཅན་ཀྲཱིཌ་ཐ་སྙད་དང་། ཏྱཛ་སྤོང་བ་དང་། ཨ་ནུ་རུདྷ་འདོད་པ་དང་། ཨཱང་ སྔོན་མ་ཅན། ཡ་མུ་ཉེ་བར་འཇིག་པ་དང་། ཨཱང་སྔོན་མ་ཅན་ཡ་སུ་འབད་པ་དང་། རཉྫ་ཚེས་ དང་། ཨ་བྷི་དང་། ཨཱང་སྔོན་མ་ཅན་ཧན་འཚེ་བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ་འང་། དེའི་ ངང་ཚུལ་སོགས་ལ་གྷི་ནིཎ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ལ་མདོ་ འདིས་གྷི་ནིཎ་བྱིན་པའི་ཁྱད་དོན་ཕྱིས་ནས། སྦྱོར་བ་ནི་ཐམས་ཅད་ལ་མཚུངས་ཤིང་། ཨཱ་ལྔ་ པར་ཨུ་པ་དྷ་ནཱ་མི་འང་ཞེས་པས་ཡུཛ་དང་བྷཱུ་ཛ་འི་དབྱངས་ཡོན་ཏན་བྱས་ལ། ཀྲྀཏ་དྲུག་པར་ ཙ་ཛ་དག་གི་དྷུཊ་གྷ་རྗེས་སུ་འབྲེལ་པ་ལ་ཞེས་པས་ཛ་ཡིག་དག་ག་རུ་བསྒྱུར་ཏེ། མཐར་སི་ བྱིན་པ་ན་སྔར་བཞིན་ཨུ་པ་དྷཱ་ཨི་ཡིག་རྣམས་རིང་པོར་བསྒྱུར་ནས་གསལ་བྱེད་ལས་སི་དང་། རྟགས་མཐའི་ན་ཡིག་འཕྱིད་པ་ནི་འོག་མ་རྣམས་ལའང་སྦྱོར་བར་ཤེས་པར་བྱ་སྟེ། ཡོ་གཱི། བྷོ་ གཱི་ཞེས་པ་དང་། བྷཛ་ལ་གཞན་སྔར་དང་འདྲ་ཞིང་། ཨཱ་དྲུག་པར་ཨིན་ཨིཙ་ཨཊ་རྣམས་ལ་ 6-1-587 ཞེས་པས། ཨུ་པ་དྷཱ་ཨ་ཡིག་རྣམས་རིང་པོར་འགྱུར་བས། བྷཱ་གཱི་ཞེས་པ་དང་། དྭིཥ་ལ་སོགས་ པའི་དབྱངས་སྔར་བཞིན་ཡོན་ཏན་བྱས་པས། དྭེ་ཥཱི(མི་དགའ་བ་ཅན)། དྲོ་ཧཱི(འཁུ་བ་ཅན)། དོ་ཧཱི(འཇོ་ བར་བྱེད)། དོ་ཥཱི། (སྐྱོན་ཅན་ནོ། །) ཞེས་པ་དང་། ཀྲཱིཌ་འི་ཨུ་པ་དྷཱ་ནཱ་ཡིན་ཀྱང་ལྗི་བ་ཡིན་པའི་ཕྱིར་ ཡོན་ཏན་མ་བྱས་པས། ཨཱ་ཀྲཱི་ཌཱི་(ཀུན་ཏུ་ཐ་སྙད་བྱེད། )ཞེས་པ་དང་། ཏྱ་ཛ་ཡང་ཨུ་པ་དྷཱ་རིང་པོ་དང་། ཛ་ག་རུ་བསྒྱུར་བས་ཏྱཱ་གཱི(སྤོང་བར་བྱེད)། རུདྷའི་ཨུ་ཡིག་སྔར་བཞིན་ཡོན་ཏན་བྱས་པས། ཨ་ནུ་ རོ་དྷཱི་(འདོད་པར་བྱེད་དོ། །)ཞེས་པ་དང་། ཡམུ་དང་། ཡ་སུའི་ཨུ་རྗེས་འབྲེལ་ཕྱིས་ནས། སྔར་བཞིན་ ཨུ་པ་དྷཱ་ཨ་ཡིག་དག་རིང་པོར་བསྒྱུར་བས། ཨཱ་ཡཱ་མཱི། (ཀུན་ནས་འཇིགས་པར་བྱེད་དོ། །) ཨཱ་ཡཱ་པཱི་(ཀུན་ ནས་འབད་པ་ཅན། )ཞེས་པ་དང་། ཀྲྀཏ་དང་པོར་བུཥ་དང་གྷི་ནི་ཎ་དག་ལའང་ངོ་ཞེས་པས་རཉྫའི་ ཉ་ཡིག་ཕྱིས་ཏེ་ཛ་ཡིག་སྔར་བཞིན་ག་རུ་བསྒྱུར་བས། རཱ་གཱི་(ཆོས་བྱེད་དོ། །) ཞེས་པ་དང་། ཨཱ་ དྲུག་པར་ཧན་ཏིའི་ཧའི་ཞེས་པས་ཧན་གྱི་ཧ་ཡིག་གྷ་དང་། ཧན་ཏིའི་ཏའོ་ཞེས་པས་ནའང་ཏ་ ཡིག་དང་། ཨུ་པ་དྷཱ་ཨ་ཡིག་ཀྱང་སྔར་བཞིན་རིང་པོར་བསྒྱུར་བས། ཨ་བྷྱཱ་གྷཱཏི་ཞེས་པ་ལྟ་ བུའོ། །སམ་ལ་སྲྀ་ཛི་པྲྀ་ཙི་ཛྭ་རི་ཏྭར་རྣམས་ཀྱིའོ་ཞེས་པ་ནི་སཾ་གྱི་སྒྲ་ཉེ་བའི་ཚིག་ཅན་སྲྀ་ཛི་ འདོར་བ་དང་། པྲྀ་ཙཱི་ཡང་དག་པར་རེག་པ་དང་། ཛྭར་ནད་དང་། ཉི་ཏྭར་འཁྱམ་པའི་བྱིངས་ འདི་རྣམས་ཀྱི་ཕ་རོལ་ཏུའང་། དེའི་ངང་ཚུལ་སོགས་ལ་གྷི་ནིཎ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨིའི་ཡི་གེ་དག་དང་ཉི་རྗེས་འབྲེལ་ཕྱིས་པ་སམ་སྔ་མ་ཅན་ལ་ མདོ་འདིས་གྷི་ནིཎ་ཁྱད་དོན་ཕྱིས་པ་བྱིན་ནས། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་རྀ་ཡིག་དག་ འཕེལ་བར་བྱ་ཞིང་། ཨུ་པ་དྷཱ་རིང་པོར་བསྒྱུར་བ་རྣམས། ཨཱ་བཞི་པར་མ་རྗེས་སུ་འབྲེལ་པ་ རྣམས་ཀྱི་ཐུང་ངུའོ་ཞེས་པ་ལྟར། བསྒྱུར་ལ། སྔ་མ་བཞིན་ཙ་ཡིག་ཀ་དང་། ཛ་ཡིག་ག་རུ་ བསྒྱུར་ཏེ། མཐར་སི་བྱིན་ནས། སྔ་མ་ལྟར་བསྒྲུབས་པས། སཾ་སརྒཱི། སཾ་སརྐཱིཿ སཾ་ཛྭ་རཱིཿ སཾ་ ཏྭ་རཱི་ཞེས་པ་ལྟ་བུའོ། །བི་ལ། བི་ཙ། ཀནྠ། ཤྲམ་བྷུ། ཀཥ། ལཥ་རྣམས་ཀྱིའོ་ཞེས་པ་ནི། བིའི་ 6-1-588 སྒྲ་ཉེ་བའི་ཚིག་ཅན་ལ། བི་ཙིར་ཐ་དད་པའི་དངོས་དང་། ཀནྠཱ་བསྟོད་པ་དང་། ཤྲམ་བྷུ་ དབུགས་འབྱིན་པ་དང་། ཀཥ་འཚེ་བ་དང་། ལཥ་མཛེས་པའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ ཏུའང་། དེའི་ངང་ཚུལ་སོགས་ལ་གྷ་ནིཎ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་ རྣམས་ཀྱི་ཨིར་དང་ཨཱ་དང་ཨུ་རྣམས་རྗེས་འབྲེལ་ཕྱིས་པ་བི་སྔ་མ་ཅན་ལ། མདོ་འདིས་གྷ་ ནིཎ་ཁྱད་དོན་ཕྱིས་པ་བྱིན་ནས། སྔར་བཞིན་བི་ཙིར་གྱི་བིའི་དབྱངས་ཡོན་ཏན་དང་། ཨུ་པདྷཱ་ ཨ་ཡིག་རྣམས་རིང་པོ་དང་། ཙ་ཡིག་ཀ་རུ་བསྒྱུར་ཞིང་། སི་བྱིན་ནས་སྔར་བཞིན་བསྒྲུབས་ པས། བི་བེ་ཀཱི། བི་ཀནྠཱི། བི་ཤྲམྦྷཱི། བི་ཀཱ་ཥཱི། བི་ལཱ་ཥཱི་ཞེས་པ་ལྟ་བུའོ། །པྲ་ལ། དྲུ། མ་ཐ། བ་ ད། བ་ས། ར་པ། ལ་པ་རྣམས་ཀྱིའོ་ཞེས་པ་ནི། པྲའི་སྒྲ་ཉེ་བའི་ཚིག་ཅན་ལ་དྲུ་འགྲོ་བ་དང་། མ་ཐ་སྲུབ་པ་དང་། བ་ད་བརྡུང་བ་དང་། བ་ས་གནས་པ་དང་། རཔ་དང་ལ་པ་གསལ་བའི་ བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུའང་། དེའི་ངང་ཚུལ་སོགས་ལ་གྷི་ནིཎ་གྱི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་མཐའི་ཨ་ཡིག་བརྗོད་དོན་ཕྱིས་པ་པྲ་སྔ་མ་ཅན་ལ། མདོ་འདིས་གྷི་ནིཎ་ཁྱད་དོན་ཕྱིས་པ་ཕྱིན་ནས། སྔར་བཞིན་ནཱ་མིའི་མཐའ་འཕེལ་བ་དང་། ཨུ་ པ་དྷཱ་ཨ་ཡིག་ཅན་རྣམས་རིང་པོར་བསྒྱུར་ཞིང་། སི་བྱིན་ཏེ་སྔར་བཞིན་བསྒྲུབས་བས། པྲ་དྲཱ་ ཝཱི། པྲ་མཱ་ཐཱི། པྲ་བཱ་དཱི། པྲ་བཱ་སཱི། པྲ་རཱ་པཱི། པྲ་ལཱ་པཱི་ཞེས་པ་ལྟ་བུའོ། །པ་རི་ལ་སྲྀ་དཧ་དག་གི་ འོ་ཞེས་པ་ནི་པ་རི་ཉེ་བའི་ཚིག་ཅན། སྲྀ་འགྲོ་བ་དང་། དཧ་ཐལ་བར་བྱེད་པའི་བྱིངས་འདི་ དག་གི་ཕ་རོལ་ཏུའང་། དེའི་ངང་ཚུལ་སོགས་ལ་གྷི་ནིཎ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ ན། པ་རི་སྔ་མ་ཅན་གྱི་སྲྀ་དང་དཧ་ལ། མདོ་འདིས་གྷི་ནིཎ་བྱིན་ནས། སྔར་བཞིན་རྀ་ཡིག་ འཕེལ་བ་དང་། ད་རིང་པོར་བསྒྱུར་ཞིང་སི་སྦྱིན་པ་སོགས་སྔར་དང་འདྲ་བས། པ་རི་སཱ་རཱི། པ་ རི་དཱ་ཧཱི་ཞེས་པ་ལྟ་བུའོ། །ཀྵི་པ་རཊ་བ་ད་བཱ་དི་དེ་བི་རྣམས་ལས་བུཎ་འང་ངོ་ཞེས་པ་ནི་པ་རི་ ཉེ་བའི་ཚིག་ཅན་ལ་ཀྵི་པ་འདོར་བ་དང་། ཊ་ཡོངས་སུ་བཤད་པ་དང་། ཝད་གསལ་བར་སྨྲ་བ་ 6-1-589 དང་། དེ་ཉིད་ཨིན་གྱི་མཐའ་ཅན་ཝཱ་དི་དང་། དེ་བཞིན་དུ་དེ་ཝི་བརྩེ་བའི་བྱིངས་འདི་རྣམས་ ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ་སྔར་བཞིན་གྷི་ནིཎ་དང་། དེར་མ་ཟད་བུཎ་གྱི་རྐྱེན་ ཡང་སྦྱིན་པར་འགྱུར་ཏེ། དཔེར་ན། པ་རི་སྔ་མ་ཅན་གྱི་བྱིངས་དེ་རྣམས་ལའང་གི་སྒྲས་ཐོག་ མར་གྷི་ནིཎ་བྱིན་ནས། ཨཱ་དྲུག་པར་ཀཱ་རི་ཏའི་ཨཱམ་ཨིཊ་ཞེས་པས་ཨིན་གྱི་མཐའ་དབྱི་ཞིང་། སྔར་བཞིན་ཀྵི འི་དབྱངས་ཡོན་ཏན་བྱས་ལ། ཨུ་པ་དྷཱ་ཨ་ཡིག་རྣམས་རིང་པོར་བསྒྱུར་ཏེ། སི་ བྱིན་ནས་སྔར་བཞིན་བསྒྲུབས་པས། པ་རི་ཀྵེ་པཱི། པ་རི་རཱ་ཊཱི། པ་རི་ཝཱ་དཱི། པ་རི་ཝཱ་དཱི། པ་རི་ དེ་ཝཱི་ཞེས་པ་དང་། མདོ་འདིས་བུཎ་བྱིན་པའི་ཎ་ཡིག་ཨིཙ་དང་འདྲ་བའི་ཁྱད་དོན་དབྱི་ཞིང་། གཞན་རྣམས་སྔར་དང་འདྲ་བ་ལ། ཀྲྀཏ་དྲུག་པར་ཡུ་བུ་ཛྷ་ཞེས་པས་བུ་ཡིག་ཨ་ཀ་རུ་བསྒྱུར་ཏེ་ སྦྱར་ནས་སི་བྱིན་པས། པ་རི་ཀྵེ་པ་ཀཿ པ་རི་རཱ་ཊ་ཀཿ ར་པ་རི་ཝཱ་ད་ཀཿ པ་རི་ཝཱ་ད་ཀཿ པ་རི་ དེ་ཝ་ཀཿཞེས་པ་ལྟ་བུའོ། །ནིནྡ། ཧནྶི། ཀླི་ཤ། ཁཱ་ད། དབྱངས་གཅིག་པ་མིན་པ། བི་ནཱ་ཤི། བྱཱ་ བྷཱཥ། ཨ་སཱུ་ཡ། རྣམས་ཀྱི་བུཉའོ་ཞེས་པ་ནི་ནི་དི་སྨད་པ་ད་ང་། ཧི་སི་འཚེ་བ་དང་། ཀླིཤ་སྤྱི་བོ་ དང་། ཁཱ་དྲྀ་ཟ་བའི་བྱིངས་དང་། ད་རི་དྲཱ་འགྲོ་བ་ངན་པའི་བྱིངས་ལྟ་བུ་དབྱངས་གཅིག་མིན་ པའི་བྱིངས་རྣམས་དང་། བི་སྔ་མ་ཅན་གྱི་ནཱ་ཤི་ཨིན་མཐའ་ཅན་ལས་དང་། བི་དང་ཨཱ་སྔ་མ་ ཅན་གྱི་བྷཱཥ་སྨྲ་བའི་བྱིངས་དང་ཨ་སཱུ་ཡ་ཞེས་པའི་སྒྲ་འདི་རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ ཚུལ་སོགས་ལ། བུཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ལ་མདོ་འདིས་ བུཉ་བྱིན་ནས་ཉ་ཡིག་ཨིཙ་དང་འདྲ་བའི་ཁྱད་དོན་འཕྱིད་པ་དང་། བུ་ཡིག་སྔར་བཞིན་ཨ་ཀ་ རུ་བསྒྱུར་བ་དང་། མཐར་སི་སྟེར་བ་ནི་ཐམས་ཅད་ལ་མཚུངས་ཤིང་། ཁྱད་པར་ནི། དི་དང་ཧ་ སིའི་ཨི་རྗེས་འབྲེལ་ཕྱིས་ནས། ཨཱ་དྲུག་པར་ཨིཊ་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཞེས་ པའི་ངེས་པ་ལས་དབྱངས་མཐར་ན་ཨཱ་ག་མ་བྱིན་པས། ནིནྡ་ཀཿ(སྨད་པར་བྱེད། ) ཧིཀཿ(འཚེ་བར་ བྱེད། ) ཞེས་པ་དང་། སྔར་བཞིན་ཀླི་ཤའི་དབྱངས་ཡོན་ཏན་བྱས་པས། ཀླེ་ཤ་ཀཿ(སྤྱི་བོར་བྱེད་དོ། །) 6-1-590 ཞེས་པ་དང་། ཁཱ་དྲྀའི་རྀ་རྗེས་འབྲེལ་ཕྱིས་པས། ཁཱ་ད་ཀཿ(ཟ་བར་བྱེད་དོ། །) ཞེས་པ་ལྟ་བུའོ། །ཨཱ་ དྲུག་པར་ཨཱཏ་མཐའ་རྣམས་ཀྱི་ཨིཙ་ལ་ཞེས་པ་ལྟར་ད་རྀ་དྲཱའི་ཨཱ་ཡིག་ཨཱཡ་རུ་བསྒྱུར་བས། ད་རི་དྲཱ་ཡ་ཀཿ(དབུལ་བར་བྱེད། ) ཞེས་པ་དང་། སྔར་བཞིན་ནཱ་ཤིའི་ཨིན་ཕྱིས་པས། བི་ནཱ་ཤ་ཀཿ (རྣམ་པར་ཉམས་པར་བྱེད། )ཞེས་པ་དང་། བིའི་ཨི་དང་ཨཱང་མཚམས་སྦྱར་བས། བྱཱ་བྷཱ་ཥ་ཀཿཞེས་པ་ དང་། ཨཱ་དྲུག་པར་ཨའི་འང་དབྱིའོ་ཞེས་པ་ལྟར་ཨ་སཱུ་ཡའི་ཡའི་ཨ་ཕྱིས་པས། ཨ་སཱུ་ཡ་ ཀཿཞེས་པ་ལྟ་བུའོ། །ཉེར་བསྒྱུར་ལ་དེ་ཝི་ཀྲུ་ཤ་དག་གི་འང་ངོ་ཞེས་པ་ནི་ཉེར་བསྒྱུར་ཉེ་བའི་ ཚིག་ཅན་ལ་དེ་ཝི་བརྩེ་བའི་བྱིངས་ཨིན་མཐའ་ཅན་དང་། ཀྲུཥ་ཁྲོ་བའི་བྱིངས་འདི་དག་གི་ཕ་ རོལ་ཏུ། དེའི་ངང་ཚུལ་སོགས་ལ་བུཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཱང་སྔ་མ་ཅན་ གྱི་དེ་ཝི་དང་ཀྲུཤ་དག་ལ་བུ་ཉ་རྗེས་འབྲེལ་ཕྱིས་པ་བྱིན་ནས། སྔར་བཞིན་ཨིན་ཕྱིས་ཏེ་ཀྲུའི་ དབྱངས་ཡོན་ཏན་བྱས་ལ། བུ་ཡིག་ཨ་ཀ་རུ་བསྒྱུར་ཞིང་མཐར་སི་བྱིན་པས། ཨཱ་དེ་ཝ་ཀཿ (ཀུན་ཏུ་བརྩེ་བར་བྱེད། )ཨཱ་ཀྲོ་ཤ་ཀཿ(ཀུན་ཏུ་ཁྲོ་བར་བྱེད། ) ཞེས་པ་ལྟ་བུའོ། །ཉེར་བསྒྱུར་ཉེ་བའི་ཚིག་ ཅན་མ་ཡིན་ན་བྱིངས་དེ་དག་ལ་བུཉ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། དེ་ཝི་དང་ཀྲུ་ཤ་ལ་ འདི་ཉིད་དུ་ཏྲྀ་ནའོ་ཞེས་པས་ཏྲྀན་ཁྱད་དོན་ཕྱིས་པ་བྱིན་ནས། ཨཱ་བདུན་པར་བྱིངས་ཐམས་ ཅད་པ་མིན་པ་ཞེས་པས་བིའི་མཐར་ཨིཊ་བྱིན་པ་ན། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་ པས་ཨིན་ཡོན་ཏན་བྱས་ལ། ཨུ་པ་དྷཱ་ནཱ་མིའང་ཞེས་པས་ཀྲུའི་དབྱངས་ཡོན་ཏན་བྱ་ཞིང་། ཨཱ་ བརྒྱད་པར་རྒྱུ་མཚན་ལས་ཞེས་པས་ཤ་ཡིག་ཥ་དང་། ཥ་དང་ཊ་སྡེ་ལས་ཞེས་པས་ཏ་ཡིག་ཊ་ རུ་བསྒྱུར་ཏེ། མཐར་སི་བྱིན་པ་ན། སྔར་བཞིན་ཏྲྀའི་རྀ་ཡིག་ཨཱ་རུ་བསྒྱུར་ནས་སི་ཕྱིས་པས། དེ་ཝ་ཡི་ཏཱ(བརྩེ་བ་པོ། )ཀྲོཥྚཱ་ཁྲོ་བ་པོ། །ཞེས་པ་ལྟ་བུའོ། །ཁྲོ་བ་དང་རྒྱན་དང་གཡོ་བ་དང་སྒྲའི་ དོན་རྣམས་ལ་ཡུའོ་ཞེས་པ་ནི་བྱིངས་རྣམས་ལས་ཁྲོ་བའི་དོན་རྣམས་དང་རྒྱན་གྱི་དོན་རྣམས་ དང་གཡོ་བའི་དོན་རྣམས་དང་སྒྲའི་དོན་རྣམས་ལས་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ་ཡུའི་ 6-1-591 རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཀུབ་ཁྲོ་བ་དང་། མཎྜི་རྒྱན་དང་། ཙལ་གཡོ་བ་དང་། བྷཎ་སྒྲའི་བྱིངས་འདི་རྣམས་ཀྱི་ཨི་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཡུ་བྱིན་ནས། སྔར་ བཞིན་ཀུའི་དབྱངས་ཡོན་ཏན་བྱ་ཞིང་། ཀྲྀཏ་དྲུག་པར་ཡུ་བུ་ཛྷ་ཞེས་པས་ཡུ་ཡིག་ཨ་ན་རུ་ བསྒྱུར་ཏེ། མཐར་སི་བྱིན་པས། ཀོ་པ་ནཿ(ཁྲོ་བར་བྱེད་དོ། །) མཎྜ་ནཿ(རྒྱན་དུ་བྱེད་དོ། །) ཙ་ལ་ནཿ(གཡོ་ བར་བྱེད་དོ། །) བྷ་ཎ་ནཿ(སྨྲ་བར་བྱེད་དོ། །) ཞེས་པ་ལྟ་བུའོ། རུཙ་སོགས་ལས་ཀྱང་གསལ་བྱེད་དང་ པོ་ལས་སོ་ཞེས་པ་ནི། རུ་ཙ་གསལ་བ་དང་། སོགས་པའི་སྒྲས་བྲྀ་ཏུ་འཇུག་པ་དང་། བྲྀ་དྷུ་ འཕེལ་བ་ལ་སོགས་པའི་བྱིངས་ཀྱི་ཚོགས་རྣམས་ལས་ཀྱང་ཁྱད་པར་གསལ་བྱེད་དང་པོར་ ཡོད་པ་ཅན་ལས་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ་ཡུའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ ན། རུཙ་དང་བྲྀ་ཏུའི་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཡུ་བྱིན་པ་སྔར་བཞིན་ཨ་ན་རུ་ བསྒྱུར་ནས། དེ་དག་གི་དབྱངས་སྔར་བཞིན་ཡོན་ཏན་བྱས་ཏེ་སི་བྱིན་པས། རོ་ཙ་ནཿ(གསལ་ བྱེད། )བརྟ་ནཿ(འཇུག་པའམ། ) ཞེས་པ་ལྟ་བུའོ། །རུཙ་སོགས་ཡིན་ཡང་གསལ་བྱེད་དང་པོ་ཅན་མ་ ཡིན་པ་དང་། གསལ་བྱེད་དང་པོ་ཡིན་ཡང་རུཙ་སོགས་མ་ཡིན་ན་ཡུའི་རྐྱེན་སྦྱིན་པར་མི་ འགྱུར་ཏེ། དཔེར་ན། ཨེ་དྷ་འཕེལ་བ་དང་། བྷཱུ་ཡོད་པའི་བྱིངས་ལ། འདི་ཉིད་དུ་ཏྲྀན་འོ། །ཞེས་ པས་ཏྲྀན་ཁྱད་དོན་ཕྱིས་པ་བྱིན་ནས། ཨཱ་བདུན་པར་བྱིངས་ཐམས་ཅད་པ་མིན་པ་ཞེས་པས་ བྱིངས་མཐར་ཨིཊ་སྦྱིན་ཞིང་། སྔར་བཞིན་དྷའི་ཨ་ཕྱིས་ལ། བྷཱུའི་དབྱངས་ཡོན་ཏན་བྱས་ཏེ་ མཐར་སི་བྱིན་ནས་སྔར་བཞིན་བསྒྲུབས་པས། ཨེ་དྷི་ཏཱ། (འཕེལ་བ་པོ། ) བྷ་ཝི་ཏཱ་(འབྱུང་བ་པོ། ) ཞེས་ པ་ལྟ་བུའོ། །ཛུ། ཙམ་ཀྲ་མྱ། དམ་དྲ་མྱ། སྲྀ། གྲྀ་དྷི་ཛྭལ། ཤུཙ། ལཥ། པཏ། པད་རྣམས་ཀྱིའོ་ ཞེས་པ་ནི། ཛུ་མདོ་ལས་བྱུང་བའི་བྱིངས་དང་། ཙམ་ཀྲ་མྱ་དང་དམ་དྲ་མྱ་ཙེ་ཀྲཱི་ཡི་ཏའི་མཐའ་ ཅན་དང་། སྲྀ་འགྲོ་བ་དང་། གྲྀ་དྷུ་མངོན་པར་འདོར་བ་དང་། ཛྭ་ལ་འབར་བ་དང་། ཤུཙ་མྱ་ ངན་དང་། ཨ་བྷི་སྔ་མ་ཅན་གྱི་ལ་ཥ་མཛེས་པ་དང་། པ་ཏླྀ་ལམ་ལ་འགྲོ་བ་དང་། པད་འགྲོ་ 6-1-592 བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུའང་། དེའི་ངང་ཚུལ་སོགས་ལ་ཡུའི་རྐྱེན་སྦྱིན་པར་འགྱུར་ ཏེ། དཔེར་ན། བྱིངས་དེ་རྣམས་ལ་མདོ་འདིས་ཡུ་བྱིན་པ་སྔར་བཞིན་ཨན་རུ་བསྒྱུར་ནས་སི་ སྟེར་བ་ནི་ཐམས་ཅད་ལ་མཚུངས་ཤིང་། ཁྱད་པར་ཛུའི་དབྱངས་ཡོན་ཏན་བྱས་ཏེ་མཚམས་ སྦྱར་བས། ཛ་ཝ་ནཿ(ཐར་རྒྱུག་པར་བྱེད། ) ཞེས་པ་དང་། ཨཱ་དྲུག་པར་ཨའི་འང་དབྱིའོ་ཞེས་པས་ཡ་ ཡིག་དག་གི་དབྱངས་དང་ཡའི་ཨན་མེད་པ་ལའོ་ཞེས་པས་ཡའང་ཕྱིས་ཏེ། ནའང་སྔར་བཞིན་ ཎ་རུ་བསྒྱུར་བས། ཙཾ་ཀྲ་མ་ཎཿ དཾ་དྲ་མ་ཎཿཞེས་པ་དང་། རྀ་ཡིག་ཡོན་ཏན་བྱས་ཏེ། དྷུའི་ཨུ་ རྗེས་འབྲེལ་ཕྱིས་པས། ས་ར་ཎཿ(འགྲོ་བར་བྱེད། ) གརྡྷ་ནཿ(མངོན་པར་འདོར་བར་བྱེད། ) ཛྭ་ལ་ནཿ (འབར་ བར་བྱེད། ) ཞེས་པ་དང་། ཤུའི་དབྱངས་ཡོན་ཏན་བྱས་པས། ཤོ་ཙ་ནཿ(མྱ་ངན་བྱེད། ) ཨ་བྷི་ལ་ཥ་ ཎཿ(མངོན་པར་མཛེས་པར་བྱེད། )ཞེས་པ་དང་། ལྀ་རྗེས་འབྲེལ་ཕྱིས་ཏེ་པ་ཏ་དང་པད་ཀྱི་སྔ་མར་པྲཱ་ དང་པྲ་ཡོད་པ་ལས། པྲཱཔ་ཏན། པྲཔ་དནཿཞེས་པ་ལྟ་བུའོ། །ཡ་མཐའ་དང་སཱུད་དཱི་པ་དཱིཀྵ་ རྣམས་ཀྱི་མ་ཡིན་ནོ་ཞེས་པ་ནི་ཡ་ཡིག་མཐའ་ཅན་གྱི་བྱིངས་རྣམས་དང་། སཱུད་གཡོ་བ་དང་། དཱི་པི་གསལ་བ་དང་། དཱིཀྵ་མགོ་བོའི་རྒྱན་གྱི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་ སོགས་ལ་ཡུའི་རྐྱེན་སྦྱིན་པར་འགྱུར་བ་མ་ཡིན་ཏེ། དུར་ཕན་དག་ལས། རུཙ་སོགས་ཉིད་ ལས་ཐོབ་པ་ལ་དགག་པའོ་ཞེས་གསུངས་སོ། །དཔེར་ན། ཡ་མཐའ་ཅན་ཀྣཱུ་ཡཱི་སྒྲ་དང་། སྥཱ་ ཡཱི་འཕེལ་བའི་བྱིངས་དང་། སཱུད་སོགས་རྣམས་ཀྱི་ཨཱི་ཡིག་རྗེས་འབྲེལ་ཕྱིས་པ་ལ། འདི་ཉིད་ དུ་ཏྲྀན་འོ་ཞེས་པས་ཏྲྀན་དང་། བར་དུ་སྔར་བཞིན་ཨིཊ་དང་། མཐར་སི་བྱིན་ནས་སྔར་བཞིན་ བསྒྲུབས་པས། ཀྣཱུ་ཡི་ཏཱ། (སྒྲ་བྱེད་དོ། །) སྥཱ་ཡི་ཏཱ(འཕེལ་བར་བྱེད)། སཱུ་དི་ཏཱ(གཡོ་བར་བྱེད)། དཱི་པི་ ཏཱ(གསལ་བར་བྱེད)། དཱི་ཀྵི་ཏཱ་(མགོ་རྒྱན་བྱེད། )ཞེས་པ་ལྟ་བུའོ། །ཤྲཱྀ། ཀམ། གམ། ཧན། བྲྀཥ། བྷཱུ། སྠཱ། ལཥ། པ་ཏ། པད་རྣམས་ཀྱི་ཨུ་ཀཉ་འོ་ཞེས་པ། ཤྲཱྀ་འཚེ་བ་དང་། ཀ་མུ་མཛེས་པ་དང་། གམླྀ་འགྲོ་བ་དང་། ཧན་འཚེ་བ་དང་། བྲྀ་ཥུ་བསྟེན་པ་དང་། བྷཱུ་ཡོད་པ་དང་། སྠཱ་འགྲོ་བ་ལ་མི་ 6-1-593 འཇུག་པ་དང་། ལཥ་མཛེས་པ་དང་། པཏླྀ་ལམ་ལ་འགྲོ་བ་དང་། པད་འགྲོ་བའི་བྱིངས་འདི་ རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ་ཨུ་ཀཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ལ། མདོ་འདིས་ཨུ་ཀཉ་བྱིན་བའི་ཉ་ཡིག་ཨིཙ་དང་འདྲ་པའི་ཁྱད་དོན་ཕྱིས་ ནས། སྔར་བཞིན་ནཱ་མིའི་མཐའ་ཅན་རྣམས་འཕེལ་བ་དང་། ཨུ་པ་དྷཱ་ཨ་ཡིག་རིང་པོར་བསྒྱུར་ བ་དང་། མཐར་སི་སྟེར་བ་ནི་ཐམས་ཅད་ལ་མཚུངས་ཤིང་། ཁྱད་པར་ཀིམ་སྔ་མ་ཅན་གྱི་ཤྲཱྀའི་ རཱྀ་ཡིག་འཕེལ་བ་བྱས་པས། ཀིཾ་ཤཱ་རུ་ཀཿ(མདའོ། །) ཞེས་པ་དང་། ཀ་མུའི་ཨུ་རྗེས་འབྲེལ་ཕྱིས་ ཏེ་སྔར་བཞིན་ཨུ་པ་དྷཱ་རིང་པོར་བསྒྱུར་བས། ཀཱ་མུ་ཀཿ(མཛེས་པར་བྱེད། ) ཞེས་པ་དང་། ཨཱང་སྔ་ མ་ཅན་གྱི་གམླྀ འི་ལྀ་རྗེས་འབྲེལ་ཕྱིས་ཏེ་ཨུ་པ་དྷཱ་རིང་པོར་བསྒྱུར་བས། ཨཱ་གཱ་མུ་ཀཿཞེས་པ་ དང་། ཨཱང་སྔ་མ་ཅན་ཧན་གྱི་ཧ་ཡིག་སྔར་བཞིན་གྷ་དང་ན་ཡིག་ཏ་དང་ཨུ་པ་དྷཱ་རིང་པོར་ བསྒྱུར་བས། ཨཱ་གྷཱ་ཏུ་ཀཿ(ཀུན་ཏུ་འཚེ་བའོ། །) ཞེས་པ་དང་། པྲ་སྔ་མ་ཅན་བྲྀ་ཥུའི་ཨུ་རྗེས་འབྲེལ་ ཕྱིས་ཏེ་རྀ་འཕེལ་བ་བྱས་པས། པྲ་བཪྵུ་ཀཿཞེས་པ་དང་། པྲ་སྔ་མ་ཅན་བྷཱུའི་ཨཱུ་ཡིག་འཕེལ་བ་ བྱས་ཏེ་མཚམས་སྦྱར་བས། བྲ་བྷཱ་ཝུ་ཀཿ(རབ་ཏུ་འབྱུང་བ་པོ། ) ཞེས་པ་དང་། ཨཱ་དྲུག་པར་ཨཱཏ་ མཐའ་རྣམས་ཀྱི་ཨིཙ་ལ་ཞེས་པས། ཨུ་པ་སྔ་མ་ཅན་སྠཱའི་དབྱངས་ཨཱ་ཡ་རུ་བསྒྱུར་བས། ཨུ་ པ་སྠཱ་ཡུ་ཀཿ (ཉེ་བར་གནས་པའོ། །)ཞེས་པ་དང་། ཨུ་པ་སྔ་མ་ཅན་ལ་ཥའི་ཨུ་པ་དྷཱ་སྔར་བཞིན་རིང་ པོར་བསྒྱུར་བས། ཨུ་པ་ལཱ་ཥུ་ཀཿ(ཉེ་བར་མཛེས་པ་པོ། ) ཞེས་པ་དང་། པྲ་སྔ་མ་ཅན་པཏླྀའི་རྗེས་ འབྲེལ་ཕྱིས་ཏེ་ཨུ་པ་དྷཱ་རིང་པོར་བསྒྱུར་བས། པྲ་པཱ་ཏུ་ཀཿཞེས་པ་དང་། ཨུ་པ་སྔ་མ་ཅན་པད་ ཀྱིའང་ཨུ་པ་དྷཱ་རིང་པོར་བསྒྱུར་བས། ཨུ་པ་པཱ་དུ་ཀཿ(བསྡུས་པ་པོ། ) ཞེས་པ་ལྟ་བུའོ། །བྲྀཉ། བྷིཀྵི། ལུཎྜ། ཛལྦི། ཀུཊྚ། རྣམས་ཀྱི་ཥཱཀའོ་ཞེས་པ་ནི་བྲྀཉ་འདམ་པ་དང་། བྷི ཀྵ་སློང་བ་དང་། ལུཎྜ་རྐུ་བ་དང་། ཛལྦ་གསལ་བར་སྨྲ་བ་དང་། ཀུཊྚ་གཅོད་པ་དང་སྨོད་པའི་བྱིངས་འདི་རྣམས་ ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ། ཥཱཀའི་རྐྱེན་སྦྱིན་པར་འགྱུར་ཏེ་། དཔེར་ན། བྱིངས་ 6-1-594 དེ་རྣམས་ཀྱི་ཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཥཱཀ་བྱིན་པའི་ཥ་ཡིག་བུད་མེད་དུ་ བསྒྲུབས་པའི་ཨཱི་ཡིག་གི་ཁྱད་དོན་ཡིན་པས་ཕྱིས་ནས་ཨཱ་ཀ་བཞག་ཅིང་། སྔར་བཞིན་བྲྀའི་ དབྱངས་ཡོན་ཏན་བྱས་ནས་སི་བྱིན་པས། བ་རཱ་ཀཿཞེས་པ་དང་། དེ་ཉིད་བུད་མེད་དུ་སྒྲུབ་པ་ ལ་སློབ་ཕན་གྱི་ནཱ་བདུན་པར་ཥཊ་རྗེས་སུ་འབྲེལ་པ་ལ་ཞེས་པས་ཨཱི་བྱིན་པ་ན། ནཱ་བཞི་པར་ བུད་མེད་དུ་བྱས་པའི་ཨཱི་ཡིག་ལ་ཞེས་པས་ཀའི་དབྱངས་ཕྱིས་ཏེ་སྦྱར་ནས། ནཱ་དང་པོར་ཨཱི་ ཡིག་མཐའ་ལས་ཞེས་པ་ལྟར་སི་ཕྱིས་པས། བ་རཱ་ཀཱི་ཞེས་པ་དང་། དེ་བཞིན་དུ་གཞན་རྣམས་ ལའང་སྦྱར་བས། བྷི་ཀྵཱ་ཀཿ(སློང་བར་བྱེད་དོ། །) བྷི་ཀྵཱ་ཀཱི(སློང་བ་མོ)། ལུཎྜཱ་ཀཱྀ(རྐུ་བར་བྱེད)། ལུཎྜཱ་ ཀཱི(རྐུན་མ)། ཛལྦཱ་ཀཿ(གསལ་བར་སྨྲ་བ་པོ། ) ཛལྤཱ་ཀཱི(གསལ་བར་སྨྲ་བ་མོ། ) ཀུཊྚཱ་ཀཿ(གཅོད་པ་པོ། ) ཀུཊྚཱ་ཀཱི་ (གཅོད་པ་མོ། )ཞེས་པ་ལྟ་བུའོ། །པྲ་ལ་ཛུ་སཱུ་དག་གི་ཨིན་འོ་ཞེས་པ་ནི་པྲའི་སྒྲ་ཉེ་བའི་ཚིག་ཅན་ ལ། ཛུ་མདོ་ལས་བྱུང་བ་དང་། ཥཱུ་རབ་ཏུ་སྐྱེ་བའི་བྱིངས་འདི་དག་གི་ཕ་རོལ་ཏུ། དེའི་ངང་ཚུལ་ སོགས་ལ། ཨིན་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཛུ་དང་ཥཱུ་ལ། མདོ་ འདིས་ཨིན་བྱིན་ནས་སྔར་བཞིན་བྱིངས་ཡོན་ཏན་བྱས་ཏེ་སྦྱར་ཞིང་སི་བྱིན་པ་ན། ནཱ་གཉིས་ པར་ཨི་ཧན་ཞེས་པས་རིང་པོར་བསྒྱུར་ཏེ། གསལ་བྱེད་ལས་སི་དང་། རྟགས་མཐའི་ན་ཡིག་ ཕྱིས་ནས། ཥའང་ས་རུ་བསྒྱུར་བས། པྲ་ཛ་ཝཱི། པྲ་ས་ཝཱི་ཞེས་པ་ལྟ་བུའོ། །ཛི། ཨིཎ། དྲྀ། ཀྵི། བི་ཤྲི། པ་རི་བྷཱུ། བ་མ། ཨ་བྷྱ་མ། ཨ་བྱ་ཐ་རྣམས་ཀྱིའང་ངོ་ཞེས་པ་ནི། ཛི་རྒྱལ་བ་དང་། ཨིཎ་ འགྲོ་བ་དང་། ཏྲྀང་གུས་པ་དང་། ཀྵི་ཟད་པ་དང་། བི་སྔ་མ་ཅན་གྱི་ཤྲི ཉ་བསྟེན་པ་དང་། པ་རི་ སྔ་མ་ཅན་གྱི་བྷཱུ་ཡོད་པ་དང་། ཊུ་བམ་སྐྱུག་པ་དང་། ཨ་བྷི་སྔ་མ་ཅན་གྱི་ཨམ་འགྲོ་བ་དང་། ན་ ཉ་སྔ་མ་ཅན་གྱི་བྱཐ་ཟུག་རྔུའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུའང་། དེའི་ངང་ཚུལ་སོགས་ལ་ ཨིན་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཎ་དང་ང་དང་ཉ་དང་ཊུ་ རྣམས་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཨིན་བྱིན་ནས་སྔར་བཞིན་ནཱ་མིའི་མཐའ་ཅན་ 6-1-595 རྣམས་ཡོན་ཏན་བྱས་ཏེ། མཚམས་སྦྱར་བའི་མཐར་སི་བྱིན་ནས་སྔ་མ་ལྟར་བསྒྲུབས་པས། ཛ་ ཡཱི(རྒྱལ་བར་བྱེད)། ཨ་ཡཱི(འགྲོ་བར་བྱེད)། ད་རཱི(གུས་པར་བྱེད)། ཀྵ་ཡཱི(ཟད་པར་བྱེད)། བིར་ཤྲ་ཡཱི། པ་རི་ བྷ་ཝཱི། བ་མཱི། ཨ་བྷྱ་མཱི། ཨ་བྱ་ཐཱི་ཞེས་པ་ལྟ་བུའོ། །ད་ཡི། པ་ཏི། གྲྀ་ཧི། སྤྲྀ་ཧི། ཤྲད་དྷཱ། ཏནྟྲ། ནི་དྲཱ་རྣམས་ལས་ཨཱ་ལུའོ་ཞེས་པ་ནི། ད་ཡ་སྦྱིན་པ་དང་། འགྲོ་བ་དང་། བསྲུང་བའི་བྱིངས་ དང་། པ་ཏི་འགྲོ་བ་དང་། གྲྀ་ཧི་འཛིན་པ་དང་། སྤྲྀ་ཧི་འདོད་པའི་བྱིངས་འདི་གསུམ་ཙུར་ སོགས་ཨིན་གྱི་མཐའ་ཅན་རྣམས་དང་། ཤྲད་སྔ་མ་ཅན་གྱི་དྷཱཉ་འཛིན་པ་དང་། ཏནྟྲཱ་མདོ་ ལས་བྱུང་བ་དང་། ནི་སྔ་མ་ཅན་གྱི་དྲཱ་སྨད་པ་དང་འགྲོ་བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ་ཨཱ་ལུའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཉ་ རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཨཱ་ལུ་བྱིན་ནས་ཀྲྀཏ་དང་པོར་ཨཱ་ལུ་ཨིཥྞུ་ཞེས་པས་ཨིན་ རྣམས་མ་ཕྱིས་པར་སྔ་བཞིན་ཡོན་ཏན་བྱས་ཏེ་སྦྱར་ཞིང་ཨཱ་ཡིག་མཐའ་ཅན་རྣམས་དང་ མཚམས་སྦྱར་བའི་མཐར་སི་བྱིན་པས། ད་ཡཱ་ལུཿ(སྦྱིན་དུ་འཇུག) པ་ཏ་ཡཱ་ལུཿ(འགྲོ་རུ་འཇུག) གྲྀ་ཧ་ ཡཱ་ལུཿ (འཛིན་དུ་འཇུག) སྤྲྀ་ཧ་ཡའི་ལུཿ(དགའ་རུ་འཇུག) ཤྲྀངྔྷཱ་ལུཿ(དད་པ་ཅན། ) ཏནྟྲཱ་ལུཿ(རྒྱུད་པ་ཅན། ) ནི་དྲཱ་ལུཿ ཞེས་པ་ལྟ་བུའོ། །ཤ་དི། ས་དི། དྷེཊ། དཱ། སི་རྣམས་ལས་རུའོ་ཞེས་པ་ནི། ཤངླྀ་ དམན་པ་དང་། ཥངླྀ་རྣམ་པར་རྒྱུ་བ་དང་། དྷེཊ་འཐུང་བ་དང་། ཌུ་དཱཉ་སྦྱིན་པ་དང་། ཥི་འཆིང་ བའི་བྱིངས་འདི་རྣམས་ལས་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ་རུའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ལྀ་དང་ཊ་དང་ཌུ་དང་ཉ་རྣམས་རྗེས་འབྲེལ་ཡིན་པས་ཕྱིས་པ་ ལ། མདོ་འདིས་རུ་བྱིན་ནས། ཨཱ་བརྒྱད་པར་བྱིངས་ཀྱི་དང་པོའི་ཥའི་ཞེས་པས་ཥ་ཡིག་དག་ ས་དང་། ཨཱ་བཞི་པར་མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ཞེས་པས་དྷིའི་དབྱངས་ཨཱ་ དང་། ཨཱ་ལྔ་པར་ནཱ་མི་མཐའི་ཞེས་པས། སིའི་དབྱངས་ཨེ་རུ་བསྒྱུར་བའི་མཐར་སི་བྱིན་པས། ཤ་དྲུཿ(དམན་པ། ) ས་དྲུཿ(རྣམ་པར་རྒྱུ་བ་ཅན། ) དྷཱ་རུཿ(འབྱུང་བར་བྱེད་པ་ཅན། )དཱ་རུཿ(སྦྱིན་པ་ཅན། ) སེ་རུཿ 6-1-596 (འཆིང་བ་ཅན། ) ཞེས་པ་ལྟ་བུའོ། །སྲྀ་ཨ་དི་གྷས་རྣམས་ཀྱི་མ་རཀའོ་ཞེས་པ་ནི། སྲྀ་འགྲོ་བ་དང་། ཨད་ཟ་བ་དང་། གྷ་སི་མདོ་ལས་བྱུང་བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་ སོགས་ལ་མ་རཀའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨི་རྗེས་འབྲེལ་ ཕྱིས་པ་ལ། མདོ་འདིས་མ་རཀ་བྱིན་པའི་ཀ་ཡིག་ཡཎ་དང་འདྲ་བའི་ཁྱད་དོན་ཡིན་པས་ཕྱིས་ ནས། མཐར་སི་བྱིན་པས། སྲྀ་ཨ་རཿ(འགྲོ་བར་བྱེད། ) ཨདྨ་རཿ(ཟ་བར་བྱེད། ) གྷ་སྨ་ར་(ཟ་ཕོད་པར་ བྱེད། )ཞེས་པ་ལྟ་བུའོ། །མི་དི་བྷཱ་སི་བྷཾ་ཛ་རྣམས་ཀྱི་གྷུ་རའོ་ཞེས་པ་ནི། ཉི་མི་དཱ་གཤེར་བ་དང་། བྷྲཱ་སྲྀ་གསལ་བ་དང་། བྷཾ་ཛ་དགའ་བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་ སོགས་ལ་གྷུ་རའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཉི་དང་དཱེའི་ཨཱ་ ཡིག་དང་རྀ་ཡིག་རྣམས་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་གྷུ་ར་བྱིན་པའི་གྷ་ཡིག ཀྲྀཏ་དྲུག་ པར་ཙ་ཛ་དག་གི་ཞེས་པའི་ཁྱད་དོན་ཡིན་པས་དབྱི་ཞིང་། མདོ་དེ་ཉིད་ཀྱིས་ཛ་ཡིག་ག་རུ་ བསྒྱུར་ལ། ཨཱ་ལྔ་པར་ཨུ་པ་དྷཱ་ཞེས་པས་མིའི་དབྱངས་ཡོན་ཏན་བྱས་ནས། སི་བྱིན་པས། མེ་ དུ་རུཿ(གཤེར་བ་ཅན། ) བྷཱ་སུ་རཿ(གསལ་བར་བྱེད། ) བྷཾ་གུ་རཿ(དགའ་བར་བྱེད། )ཞེས་པ་ལྟ་བུའོ། །ཚི་དི་ བྷི་དི་བི་དི་རྣམས་ཀྱི་ཀུ་རའོ་ཞེས་པ་ནི། ཚི་དིར་གཉིས་སུ་བྱེད་པ་དང་། བྷི་དིར་འཇོམས་པ་ དང་། བིད་ཤེས་པའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ་ཀུ་རའི་རྐྱེན་ སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨིར་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ ཀུ་ར་བྱིན་པའི་ཀ་ཡིག་ཡཎ་དང་འདྲ་བའི་ཁྱད་དོན་ཡིན་པས་ཕྱིས་ཏེ་སྦྱར་ནས་སི་བྱིན་པས། ཚི་དུ་རཿ(གཉིས་སུ་བྱེད་དོ། །) བྷི་དུ་རཿ(འཇོམས་པར་བྱེད་དོ། །) བི་དུ་རཿ(ཤེས་པར་བྱེད་དོ། །) ཞེས་པ་ལྟ་ བུའོ། །ཛཱ་གྲྀ་ལ་ཨཱུ་ཀའོ་ཞེས་པ་ནི། ཛཱ་གྲྀ་སད་པའི་བྱིངས་འདི་ལས་ཕ་རོལ་ཏུ། དེའི་ངང་ཚུལ་ སོགས་ལ་ཨཱུ་ཀའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཛཱ་གྲྀ་ལ་མདོ་འདིས་ཨཱུ་ཀ་བྱིན་ ནས། སྔར་བཞིན་རྀ་ཡོན་ཏན་བྱ་ཞིང་སི་བྱིན་པས། ཛཱ་ག་རཱུ་ཀཿ(གཉིད་སད་པའོ། །) ཞེས་པ་ལྟ་ 6-1-597 བུའོ། །ཡ་ཛི་ཛ་པི་དཾ་ཤི་བད་རྣམས་ཀྱི་ཙེ་ཀྲཱི་ཡི་ཏའི་མཐའ་རྣམས་ཀྱི་འོ་ཞེས་པ་ནི་ཡཛ་ལྷ་ མཆོད་པ་དང་། ཛཔ་བཟླས་པ་ད་ང་། དཾ་ཤ་སོས་ཟ་བ་དང་། བད་སྨྲ་བའི་བྱིངས་འདི་རྣམས་ ཙེ་ཀྲཱི་ཡི་ཏའི་རྐྱེན་བྱིན་པའི་མཐའ་ཅན་རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ་ཨཱུ་ཀའི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ལ། ཨཱ་གཉིས་པར་བྱིངས་ལས་བྱ་བ་ ཡང་དག་པར་ཞེས་པས་ཙེ་ཀྲཱི་ཡི་ཏ་སྟེ་ཡའི་རྐྱེན་སྦྱིན་པ་ན། ཨཱ་གསུམ་པར་ཙཎ་པ་རོ྅ཀྵཱ་ཙེ་ ཀྲཱི་ཡི་ཏ་ཞེས་པས་བྱིངས་རྣམས་གཉིས་གཉིས་སུ་བཞག་ཅིང་། དེ་ཉིད་དུ་གསལ་བྱེད་དང་པོ་ ལྷག་མར་བྱའོ་ཞེས་པས་སྔ་མའི་ཛ་དང་པ་དང་། ཤ་ཡིག་རྗེས་སུ་ང་རོ་དང་བཅས་པ་དང་ད་ ཡིག་རྣམས་ཕྱིས་ལ། དེ་ཉིད་དུ་ཛཔ་སོགས་རྣམས་ཀྱི་འང་ངོ་ཞེས་པས་ཛ་དང་ད་སྔ་མ་ལ་ རྗེས་སུ་ང་རོ་སྦྱིན་ཞིང་། དེ་ཉིད་དུ་ཨཱ་ག་མ་མེད་པའི་མཐའི་ཞེས་པས་ཡ་དང་བ་སྔ་མ་རིང་ པོར་བསྒྱུར་ནས། ཨཱ་དྲུག་པར་ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་ཞེས་པས་དཾ་ཤ་ཕྱི་མའི་རྗེས་ སུ་ང་རོ་ཕྱིས་པའི་མཐར། མདོ་འདིས་ཨཱུ་ཀ་བྱིན་ནས། ཨཱ་དྲུག་པར་ཨའི་འང་དབྱིའོ་ཞེས་ པས་ཙེ་ཀྲཱི་ཡི་ཏ་ཡའི་དབྱངས་དང་། དེ་ཉིད་དུ་ཡའི་ཨན་མིན་པ་ལ་ཞེས་པས་ཡ་ཡིག་ཀྱང་ ཕྱིས་ཏེ་སྦྱར་བའི་མཐར་སི་བྱིན་པས། ཡཱ་ཡ་ཛཱུ་ཀཿ(ཤིན་ཏུ་ལྷ་མཆོད་དོ། །) ཛཾ་ཛ་པཱུ་ཀཿ(ཡང་ཡང་བཟླས་ པ་བྱེད། ) དཾ་ད་ཤཱུ་ཀཿ(ཡང་ཡང་སོས་ཟའོ། །) བཱ་བ་དཱུ་ཀཿ(ཡང་ཡང་སྨྲའོ། །) ཞེས་པ་ལྟ་བུའོ། །དེའི་ཨཙ་ལ་ འཇིག་གོ་ཞེས་པ་ནི་ཙེ་ཀྲཱི་ཡི་ཏའི་རྐྱེན་དེ་ཉིད་ཨཙའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་འཇིག་པར་ འགྱུར་ཏེ། དཔེར་ན། ལཱུཉ་གཅོད་པ་དང་། པཱུང་འཐུང་བའི་བྱིངས་ཉ་དང་ང་རྗེས་འབྲེལ་ཕྱིས་ པ་ལ། སྔར་བཞིན་ཙེ་ཀྲཱི་ཡི་ཏ་བྱིན་པ་གཉིས་སུ་བཞག་ལ། ཨཱ་གསུམ་པར་ཙེ་ཀྲཱི་ཡི་ཏ་ལ་ཡོན་ ཏན་ནོ་ཞེས་པས་སྔ་མ་དག་གི་དབྱངས་ཡོན་ཏན་བྱ་ཞིང་། ཀྲྀཏ་གཉིས་པར་པ་ཙ་སོགས་ རྣམས་ལས་ཞེས་པས་ཡའི་མཐར་ཨཙ་བྱིན་པ་ན། མདོ་འདིས་ཡ་ཡིག་ཕྱིས་ཏེ། ཨཱ་བཞི་པར་ དབྱངས་དང་པོ་ལ་ཨི་ཡ་ཨུ་ཝ་ཞེས་པས་ལཱུ་དང་པཱུའི་དབྱངས་ཨུཝ་རུ་བསྒྱུར་བ་ལ། ཨཙའི་ 6-1-598 ཙ་ཡིག་ཕྱིས་པ་སྦྱར་བའི་མཐར་སི་བྱིན་པས། ལོ་ལུ་ཝཿ(ཡང་ཡང་དུ་གཅོད་དོ། །) པོ་པུ་ཝཿ(ཡང་ཡང་ དུ་འབྱུང་ངོ་། །) ཞེས་པ་ལྟ་བུའོ། །ཡཱ་ཏི་ལས་དེ་ལས་བ་རའོ་ཞེས་པ་ནི་ཡཱ་ཐོབ་པའི་བྱིངས་འདི་ ལས་ཙེ་ཀྲཱི་ཡི་ཏའི་རྐྱེན་བྱིན་པ་དེ་ལས་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ་ཝ་རའི་རྐྱེན་སྦྱིན་ པར་འགྱུར་ཏེ། དཔེར་ན། ཡཱ་ལ་སྔར་བཞིན་ཙེ་ཀྲཱི་ཡི་ཏ་བྱིན་པ་གཉིས་སུ་བཞག་པའི་ཡ་ མཐར། མདོ་འདིས་ཝ་ར་བྱིན་ནས། ཨཱ་དྲུག་པར་ཨའི་འང་དབྱིའོ་ཞེས་པས་ཡའི་དབྱངས་ དང་། ཀྲྀཏ་དང་པོར་ཡ་བ་དག་གི་གསལ་བྱེད་ལ་ཞེས་པས་ཡའང་ཕྱིས་པའི་མཐར་སི་བྱིན་ པས། ཡ་ཡཱ་ཝ་རཿ(ཤིན་ཏུ་ཐོབ་བོ། །) ཞེས་པ་ལྟ་བུའོ། །ཀ་སི། པི་སི། བྷཱ་སི། ཨཱི་ཤ་སྠཱ། པྲ་མ་ད་ རྣམས་ཀྱིའང་ངོ་ཞེས་པ་ནི་ཀས་དང་པི་སྲ་འགྲོ་བ་དང་། བྷཱ་སྲྀ་གསལ་བ་དང་། ཨཱི་ཤ་དབང་ ཕྱུག་དང་། སྠཱ་གནས་པ་དང་། པྲ་སྔ་མ་ཅན་གྱི་མ་དཱི་དགའ་བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ ཏུ་འང་། དེའི་ངང་ཚུལ་སོགས་ལ་ཝ་རའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ ཀྱི་རྀ་ཡིག་དག་དང་དཱིའི་ཨཱི་རྗེས་འབྲེལ་ཕྱིས་པ་ལ་མདོ་འདིས་ཝ་ར་བྱིན་ནས། ཨཱ་ལྔ་པར་ཨུ་ པ་དྷཱ་ནཱ་མིའང་ཡང་པའི་ཞེས་པས་པིའི་དབྱངས་ཡོན་ཏན་བྱས་ཏེ་སྦྱར་བའི་མཐར་སི་བྱིན་ པས། ཀ་སྭ་རཿ(རྒྱས་པའམ་ཁ་བྱེ་བ། ) པེ་སྭ་རཿ(ཞུ་བར་བྱེད། ) བྷཱ་སྭ་རཿ(གསལ་བར་བྱེད། ) ཨཱི་ཤྭ་རཿ(དབང་ ཕྱུག་གོ)སྠཱ་ཝ་རཿ(བརྟན་པོ། ) པྲ་མ་དཱ་རཿ(རབ་ཏུ་དགའ་བའོ། །) ཞེས་པ་ལྟ་བུའོ། །སྲྀ། ཛི། ཨིཎ། ན་ཤ་ རྣམས་ཀྱི་ཀྭ་རཔ་འོ་ཞེས་པ་ནི་སྲྀ་འགྲོ་བ་དང་། ཛི་རྒྱལ་བ་དང་། ཨིཎ་འགྲོ་བ་དང་། ཎ་ཤ་མི་ མཐོང་བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ་ཀྭ་རཔ་ཀྱི་རྐྱེན་སྦྱིན་ པར་འགྱུར་ཏེ། དཔེར་ན། དེ་རྣམས་ཀྱི་ཎ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀྭ་རཔ་བྱིན་ པའི་ཀ་ཡིག་ཡཎ་དང་འདྲ་བའི་ཁྱད་དོན་དང་། པ་ཡིག་ཏ་ཨཱ་ག་མ་འབྱུང་བའི་ཁྱད་དོན་ཡིན་ པས་ཕྱིས་ནས། ཀྲྀཏ་དང་པོར་པ་རྗེས་སུ་འབྲེལ་པ་ལ་ཞེས་པས། ན་ཤ་ལས་གཞན་པ་རྣམས་ ཀྱི་མཐར་ཏ་ཨཱ་ག་མ་སྦྱིན་ཞིང་། ཎ་ཡིག་སྔར་བཞིན་ཎའི་ནའོ་ཞེས་པ་ལྟར་བསྒྱུར་ཏེ་སི་བྱིན་ 6-1-599 པས། སྲྀ་ཏྭ་རཿ(བཀྲམ་པའམ་འཐོར་བའམ་བརྐྱང་ནས། )ཛི་ཏྭ་རཿ(རྒྱལ་ལོ། །)ཨི་ཏྭ་རཿ(འགྲོ་བའོ། །) ན་ཤྭ་ རཿ(མི་མཐོང་བའོ། །) ཞེས་པ་ལྟ་བུའོ། །ག་མའི་ཏའང་ངོ་ཞེས་པ་ནི། གམླྀ་འགྲོ་བའི་བྱིངས་འདི་ ལས་ཕ་རོལ་ཏུ་ཀྭ་རཔ་ཀྱི་རྐྱེན་སྦྱིན་པར་འགྱུར་ཞིང་། དེའི་མ་ཡིག་ནི་ཏ་ཡིག་དུའང་འགྱུར་ ཏེ། དཔེར་ན། གམླྀ འི་ལྀ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀྭ་རཔ་བྱིན་པའི་ཁྱད་དོན་སྔར་ བཞིན་ཕྱིས་ནས། མ་ཡིག་ཏ་རུ་བསྒྱུར་བའི་མཐར་སི་བྱིན་པས། ག་ཏྭ་རཿ(འགྲོ་བ་བྱེད་དོ། །) ཞེས་ པ་ལྟ་བུའོ། །དཱི་པི། ཀམྤི། ཨ་ཛ་སི། ཧྀཾ་སི། ཀ་མི། སྨི། ནམ་རྣམས་ཀྱི་རའོ་ཞེས་པ་ནི། དཱི་པཱི་ གསལ་བ་དང་། ཀམྤི་འདར་བ་དང་། ནཉ་སྔ་མ་ཅན་གྱི་ཛ་སུ་གྲོལ་བ་དང་། ཧ ས་འཚེ་བ་དང་། ཀ་མུ་མཛེས་པ་དང་། སྨི ང་འཛུམ་པ་དང་། ནམ་འདུད་པའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ་རའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨིའི་ཡི་ གེ་དང་ཨུ་དང་ང་རྣམས་རྗེས་འབྲེལ་ཡིན་པས་ཕྱིས་པ་ལ། མདོ་འདིས་ར་བྱིན་ནས། སྔར་ བཞིན་སྨི འི་དབྱངས་ཡོན་ཏན་བྱས་ཏེ། མཐར་སི་བྱིན་པ། ཨ་ཛ་སྲ་དང་ཧྀཾ་སྲ་ལ་མ་ནིང་གི་ མཐའ་ལས་དབྱི་ཞིང་། སྔར་བཞིན་དེ་དག་ལ་མུ་ཨཱ་ག་མ་བྱིན་པས། དཱི་པྲཿ(གསལ་བའོ། །) ཀམྤྲཿ(འདར་བར་བྱེད་དོ། །) ཨ་ཛ་མྲཾ་(མ་གྲོལ་བའོ། །) ཧྀཾ་སྲཾ(བཤན་པ། ) ཀ་མྲཿ(བུད་མེད་ཀྱི་དད་ཅན། ) སྨེ་ རཿ(འཛུམ་པར་བྱེད་དོ། །) ན་སྨྲཿ(འདུད་པར་བྱེད་དོ། །) ཞེས་པ་ལྟ་བུའོ། །སན་མཐའ་དང་ཨཱ་ཤཾ་སི་དང་ བྷི ཀྵ་རྣམས་ཀྱི་ཨུའོ་ཞེས་པ་ནི་བྱིངས་སན་གྱི་མཐའ་ཅན་རྣམས་དང་། ཨཱང་སྔ་མ་ཅན་ཤམ་སུ་ བསྟོད་པ་དང་། བྷི ཀྵ་སློང་བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ། འདིའི་ངང་ཚུལ་སོགས་ལ་ ཨུའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པ་ཙ་འཚེད་པའི་བྱིངས་ལ། ཨཱ་གཉིས་པར་འདོད་ པ་དང་། བྱེད་པ་པོ་གཅིག་པ་ཅན་ལས་ཞེས་པས་སན་བྱིན་ནས། ཨཱ་གསུམ་པར་ཙན་པ་ རོ྅ཀྵཱ་ཞེས་པས་པཙ་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ཞེས་པས་སྔ་མའི་ཙ་ཡིག་ ཕྱིས་ལ། ཨཱ་དྲུག་པར་ཙ་སྡེའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་པས་ཙ་ཕྱི་མ་ཀ་དང་། ཨཱ་ 6-1-600 གསུམ་པར་སན་ལ་ཨའི་ཡི་གེའི་ཞེས་པས་ས་སྔ་མའི་དབྱངས་ཨི་རུ་བསྒྱུར་ཏེ། སན་གྱི་ན་ སྔར་བཞིན་ཕྱིས་ནས་རྒྱུ་མཚན་ལས་ས་ཡིག་ཥ་རུ་བསྒྱུར་ཞིང་། ཨཱ་དྲུག་པར་ཨའི་འང་དབྱིའོ་ ཞེས་པས་ཥའི་དབྱངས་ཕྱིས་པ་སན་མཐའ་ཅན་དང་། ཤཾ་སུའི་ཨུ་རྗེས་འབྲེལ་ཕྱིས་པ་དང་། བྷཀྵ་རྣམས་ལ། མདོ་འདིས་ཨུ་དང་། མཐར་སི་བྱིན་པས། པི་པཀྵུཿ(འཚེད་པའོ། །) ཨཱ་ཤཾ་སུཿ(ཡིད་ སྨོན་བྱེད། ) བྷི་ཀྵུཿ(དགེ་སློང་། ) ཞེས་པ་ལྟ་བུའོ། །བིན་དུ་དང་ཨིཙྪུ་འང་ངོ་ཞེས་པ་ནི་བིན་དུ་དང་ ཨིཙྪུ་ཞེས་པའི་སྒྲ་འདི་དག་ཀྱང་ཨུའི་རྐྱེན་བྱིན་པས་ཚིག་ཕྲད་དུ་གྱུར་པའོ་ཞེས་པ་སྟེ། དཔེར་ ན། བིད་ཤེས་པ་དང་། ཨི་ཥུ་འདོད་པའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ་ཨུའི་རྐྱེན་བྱིན་པས་ ཚིག་ཕྲད་དུ་གྱུར་པ་ཡིན་ལ། དེས་ན་མདོས་ཐོབ་པ་མ་ཡིན་པའི་བྱ་བ་བིད་ཀྱི་དབྱངས་མཐར་ ན་ཨཱ་ག་མ་བྱིན་ནས། ཨིཥ་ནི་ཨིཙ་རུ་བསྒྱུར་ཏེ་སྦྱར་བའི་མཐར་སི་བྱིན་པས། བིན་དུཿ(ཐིག་ ལེའོ། །) ཨིཙྪུཿཞེས་པ་ལྟ་བུའོ། །ཨཱཏ་རྀའི་ཡི་གེའི་མཐའ་ཨུ་པ་དྷཱ་ཕྱིས་པ་རྣམས་ཀྱི་ཀི་སྟེ་གཉིས་ དག་ཀྱང་ངོ་ཞེས་པ་ནི་ཨཱ་ཡིག་མཐའ་ཅན་རྣམས་དང་། རྀའི་ཡི་གེ་ཐུང་རིང་གི་མཐའ་ཅན་ རྣམས་དང་། ཨུ་པ་དྷཱ་ཕྱིས་པ་ཅན་རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ་ཀིའི་རྐྱེན་ སྦྱིན་པར་འགྱུར་ཞིང་། འདི་རྣམས་ཀྱི་གཟུགས་གང་ཡིན་པ་དེ་གཉིས་དག་ཏུའང་འགྱུར་ཏེ། དཔེར་ན། རིམ་པ་བཞིན་པཱ་འཐུང་བ་དང་། ཌུ་ཀྲྀཉ་བྱེད་པ་དང་། ཁ་ནུ་ངེས་པར་འཇོམས་ པའི་བྱིངས་འདི་རྣམས་ཀྱི་ཌུ་དང་ཉ་དང་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀི་བྱིན་པའི་ཀ་ ཡིག་ཡཎ་དང་འདྲ་བའི་ཁྱད་དོན་ཕྱིས་ནས། བྱིངས་རྣམས་གཉིས་སུ་བཞག་ཅིང་། སྔར་ བཞིན་ཁན་སྔ་མའི་ན་ཕྱིས་ལ། ཨཱ་གསུམ་པར། ཐུང་ངུའོ་ཞེས་པས་པཱ་སྔ་མ་ཐུང་ངུ་དང་ཀ་ སྡེའི་ཙ་སྡེའོ་ཞེས་པས་ཀ་སྔ་མ་ཙ་དང་། ཁ་སྔ་མ་ཚ་དང་། གཉིས་པ་བཞི་པ་དག་གི་དང་པོ་ ཞེས་པས་ཚ་ཡིག་ཀྱང་ཙ་དང་། རྀ་ཡིག་ཨའོ་ཞེས་པས་རྀ་སྔ་མ་ཨ་རུ་བསྒྱུར་ཏེ། ཨཱ་བཞི་པར་ བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཞེས་པས་པཱ་ཕྱི་མའི་དབྱངས་དབྱི་ཞིང་། ཨི་མཐོང་བས་རྀ་ 6-1-601 ཕྱི་མར་རུ་བསྒྱུར་ལ། ཨཱ་དྲུག་པར་གམ་ཧན་ཇན་ཁན་ཞེས་པས་ཁན་གྱི་ཨའང་ཕྱིས་པ་རྣམས་ ལ། རྐྱེན་གྱི་ཨི་སྦྱར་ནས་མཐར་སི་བྱིན་པས། པ་པིཿ(འཐུང་ངོ་། །) ཙ་ཀྲྀཿ(བྱེད་དོ། །) ཙ་ཁྣིཿ(ངེས་པར་ འཇོམས་སོ། །) ཞེས་པ་ལྟ་བུའོ། །ཏྲྀ་ཥི་དྷྲི་ཥི་སྭཔ་རྣམས་ཀྱི་ན་ཛིང་འོ་ཞེས་པ་ནི་ཏྲྀཥ་སྐོམ་པ་དང་། དྷྲྀཥ་སྤྱི་བརྟོལ་དང་། སྭཔ་ཉལ་བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ་ ན་ཛིང་གི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ལ་མདོ་འདིས་ན་ཛིང་བྱིན་ པའི་ང་ཡིག་ཡོན་ཏན་མི་འབྱུང་བའི་ཁྱད་དོན་དང་། ཛིའི་ཨི་ཡིག་བརྗོད་དོན་ཕྱིས་ཏེ་སྦྱར་ བའི་མཐར་སི་བྱིན་པ་གསལ་བྱེད་མཐའ་ལས་དབྱི་ཞིང་། ནཱ་བཞི་པར་ཙ་སྡེ་དང་དྲྀ་ཤ་སོགས་ རྣམས་ཀྱིའང་ཞེས་པས་ཛ་ཡིག་ག་དང་། དེ་ཉིད་དུ་རྫོགས་པ་ལ་ཡང་ནའོ་ཞེས་པས་དེའང་ཀ་ དང་། ར་ཥ་རྀའི་ཡི་གེ་ཞེས་པས་ན་ཡིག་སྔ་མ་གཉིས་ཎ་རུ་བསྒྱུར་བས། ཏྲྀཥྞཀ(བརྐམ་ཆགས་ ཅན)། དྷྲྀཥྞཀ(དཔྲལ་མགོ་ཅན་ནམ་སྤོབས་པ་ཅན)། སྭཔྣཀ་(གཉིད་ཅན། )ཅེས་པ་ལྟ་བུའོ། །ཤྲཱྀ་པཾ་དི་དག་གི་ ཨཱ་རུའོ་ཞེས་པ་ནི་ཤྲཱྀང་འཚེ་བ་དང་། བ་དི་མངོན་པར་བརྗོད་པའི་བྱིངས་འདི་དག་གི་ཕ་རོལ་ ཏུ། དེའི་ངང་ཚུལ་སོགས་ལ་ཨཱ་རུའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཤྲཱྀང་དང་བ་དིའི་ཨི་ རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཨཱ་རུ་བྱིན་ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་ པས་རྀ་ཡོན་ཏན་བྱ་ཞིང་། ཨཱ་དྲུག་པར་ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་ཞེས་པའི་ཤུགས་ ལས་བད་ཀྱི་དབྱངས་མཐར་ན་ཨཱ་ག་མ་སྦྱར་བའི་མཐར་སི་བྱིན་པས། ཤ་རཱ་རུཿ(སྡིག་ཅན་ནམ་ སྲོག་ཆགས་གསོད་པའི་ངང་ཚུལ་ཅན། ) བནྡཱ་རུཿ(མངོན་པར་བརྗོད་དོ། །) ཞེས་པ་ལྟ་བུའོ། །བྷཱི་ལས་རུཀ་ལུག་ དག་ཀྱང་ངོ་ཞེས་པ་ནི་བྷཱི་འཇིགས་པའི་བྱིངས་འདི་ལས་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ། རུཀ་དང་ལུག་གི་རྐྱེན་སྦྱིན་པར་འགྱུར་ཞིང་། ཀྱང་གི་སྒྲས་རུཀ་ཀ་དང་ལུཀ་ཀ་དག་ཀྱང་སྦྱིན་ པར་འགྱུར་ཏེ། དཔེར་ན། བྷཱི་ལ་མདོ་འདིས་རུཀ་དང་ལུཀ་བྱིན་པའི་ཀ་ཡིག་ཡཎ་དང་འདྲ་ བའི་ཁྱད་དོན་ཕྱིས་ནས་སྦྱར་བ་དང་། ཡང་ན་རུ་ཀཀ་ལུ་ཀཀ་བྱིན་པའི་མཐར་སི་བྱིན་པ། བྷཱི་ 6-1-602 རུཿ(འཇིགས་སོ། །) བྷཱི་ལུཿ བྷཱི་རུ་ཀཿ(འཇིགས་པར་བྱེད་དོ། །) བྷཱི་ལུཀཿཞེས་པ་ལྟ་བུའོ། བྷྲཱ་ཛི། པྲྀ། དྷུཪྦི། བྷཱས་རྣམས་ཀྱི་ཀྭིཔ་འོ་ཞེས་པ་ནི་བྷྲཱ་ཛྲི་གསལ་བ་དང་། པྲྀ་གང་བ་དང་། དྷུཪྦི་འཚོ་བ་ དང་། བྷཱ་སྲྀ་སྣང་བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་ལ་ཀྭིཔའི་རྐྱེན་ སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་རྀ་དང་ཨི་རྗེས་འབྲེལ་ཕྱིས་པ་ལ། མདོ་ འདིས་ཀྭིཔ་བྱིན་པའི་ཀ་ཡིག་ཡཎ་དང་འདྲ་བའི་ཁྱད་དོན་དང་། པ་ཡིག་ཏ་ཨཱ་ག་མའི་དོན་ དང་། ཝིའི་ཨི་བརྗོད་དོན་དང་། ཝ་ཡིག་ཀྲྀཏ་དང་པོར་སྦྱར་བ་མིན་པའི་ཞེས་པའི་དོན་ཡིན་ པས་ཕྱིས་ནས། ཨཱ་ལྔ་པར་མཆུ་གྱུར་ཨུ་པ་དྷཱའི་ཞེས་པས་བྲྀའི་དབྱངས་ཨུ་རུ་བསྒྱུར་ལ། ཀྲྀཏ་ དང་པོར་ར་ལས་དབྱི་བར་བྱ་བ་དག་གོ་ཞེས་པས་དྷུཪྦའི་བ་ཡིག་དང་། སི་བྱིན་པའང་གསལ་ བྱེད་མཐའ་ཅན་གསུམ་ལས་དབྱི་ཞིང་། ནཱ་གསུམ་པར་ཧ་ཤ་ཥ་ཚ་མཐའ་དང་ཡཛ་སོགས་ ཞེས་པས་བྷྲཱཛ་འི་ཛ་ཡིག་ཌ་རུ་བསྒྱུར་བ་རྫོགས་པ་ལ་ཊ་རུ་བསྒྱུར་ལ། དེ་ཉིད་དུ་ཨིར་ཨུར་ དག་གི་ཨཱིར་ཨཱུར་ཞེས་པས་པུ་དང་དྷུའི་དབྱངས་རིང་པོར་བསྒྱུར་ཏེ། དྷཱུར་གྱི་ར་དང་བྷཱས་གྱི་ ས་རྣམ་བཅད་དུ་བྱས་པས། བྷྲཱཊ། (གསལ་བའོ། །) པཱུཿ(གྲོང་ཁྱེར་རོ། །) དྷཱུཿ(གང་བའོ། །) བྷཱཿ ཞེས་པ་ལྟ་ བུའོ། །ཪྻུཏི་གམ་དག་གི་གཉིས་ཀྱང་ངོ་ཞེས་པ་ནི་དྱུཏ་གསལ་བ་དང་། གམླྀ་འགྲོ་བའི་བྱིངས་ འདི་དག་གི་ཕ་རོལ་ཏུ། དེའི་ངང་ཚུལ་སོགས་དང་། དེའི་ཆོས་དེ་ལེགས་པར་བྱེད་པ་པོ་ལ། ཀྭིཔའི་རྐྱེན་སྦྱིན་པར་འགྱུར་ཞིང་། བྱིངས་དེ་དག་གི་གཟུགས་གཉིས་དག་ཏུའང་འགྱུར་ཏེ། དཔེར་ན། དྱུཏ་དང་། གམླྀ འི་ལྀ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་སྔར་བཞིན་ཀྭིཔ་བྱིན་ ནས། བྱིངས་དེ་དག་གཉིས་སུ་བཞག་ཅིང་། གསལ་བྱེད་དང་པོ་ལྷག་མར་བྱས་ལ། ཨཱ་བཞི་ པར་ཪྻུཏི་སྭ་པི་དག་གི་ཨ་བྷྱཱ་སའི་ཞེས་པས་དྱུ་སྔ་མའི་ཡ་དབྱངས་དང་བཅས་པ་སཾ་པྲ་སཱ་ར་ ཎ་བྱས་ཏེ་ཨི་དང་ཨཱ་གསུམ་པར་ཀ་སྡེའི་ཙ་སྡེའོ་ཞེས་པས་ག་སྔ་མ་ཛ་རུ་བསྒྱུར་ཞིང་། ཀྲྀཏ་ དང་པོར་ཡམ་མན་ཏན་གམ་ཞེས་པས། གམ་ཕྱི་མའི་མ་ཡིག་ཕྱིས་ལ། དེ་ཉིད་དུ་བྱིངས་ 6-1-603 མཐར་པ་རྗེས་སུ་འབྲེལ་པ་ལ་ཞེས་པས་གའི་མཐར་ཏ་ཨཱ་ག་མ་བྱིན་ནས། སི་བྱིན་པ་གསལ་ བྱེད་ལས་ཕྱིས་པས། བིདྱུཏ་(ཀློག་གོ) ཛ་གཏ྄་(འགྲོ་བའོ། །)ཅེས་པ་ལྟ་བུའོ། ། ལྔ་པ་མིང་ཉེ་བའི་ཚིག་དང་། ལས་ལ་བྷཱུ་དང་དྷེཊ་ལ་ཌུ་དང་ཥྚྲཱན་སྟེར་ཚུལ་ནི། བི་ཤམ་ པྲ་རྣམས་ལ་བྷཱུ་ལས་ཌུའོ་ཞེས་པ་བི་དང་ཤམ་དང་པྲ་རྣམས་ཉེ་བའི་ཚིག་ཅན་ལ་བྷཱུ་ཡོད་པའི་ བྱིངས་འདི་ལས་ཕ་རོལ་ཏུ། ཌུའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བི་དང་ཤམ་དང་པྲ་ སྔ་མ་ཅན་གྱི་བྷཱུ་ལ། མདོ་འདིས། ཌུ་བྱིན་པའི་ཌ་ཡིག ནཱ་དྲུག་པར་ཌ་རྗེས་སུ་འབྲེལ་པ་ ལ་མཐའི་དབྱངས་སོགས་ཞེས་པའི་ཁྱད་དོན་ཡིན་པས་དབྱི་ཞིང་། མདོ་དེ་ཉིད་ཀྱིས་བྷཱུའི་ དབྱངས་ཀྱང་ཕྱིས་ནས་སྦྱར་བའི་མཐར་སི་བྱིན་པས། བི་བྷུཿ(ཁྱབ་བདག) ཤམྦྷུཿ(བདེ་འབྱུང་། ) པྲ་ བྷཱུཿ (མངའ་བདག)ཞེས་པ་ལྟ་བུའོ། །དྷེཊ་ལས། ལས་ལ་ཥྚྲནའོ་ཞེས་པ་ནི། དྷེཊ་འཐུང་བའི་ བྱིངས་འདི་ལས་ཕ་རོལ་ཏུ། ལས་ཀྱི་དོན་ལ་ཥྚྲཱན་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། དྷེཊའི་ཊ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཥྚྲཱན་བྱིན་པའི་ཥ་ཡིག་བུད་མེད་དུ་སྒྲུབ་པའི་ ཨཱིའི་ཁྱད་དོན་དང་། ན་ཡིག་རྣམ་པ་སྣ་ཚོགས་པའི་དོན་ཡིན་པས་ཕྱིས་ནས། སློབ་ཕན་དུ། ཥ་ ཉིད་མི་འཇུག་པ་ན་ཊ་ཉིད་ལྡོག་སྟེ་ཞེས་བཤད་པས་ཏྲ་རུ་བསྒྱུར་ལ། ཨཱ་བཞི་པར་མཚམས་ སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ཞེས་པས་དྷིའི་དབྱངས་ཨཱ་རུ་བསྒྱུར་ཞིང་། བུད་མེད་དུ་སྒྲུབ་ པ་ལ་སྔར་བཞིན་ཨཱིའི་རྐྱེན་སྦྱིན་ནས། ཏྲའི་དབྱངས་ཕྱིས་ཏེ་སྦྱར་བ་ལ་སི་བྱིན་པ་ཨཱི་ཡིག་ མཐའ་ལས་ཕྱིས་པས། དྷཱ་ཏྲཱི་(མ་མའོ། །)ཞེས་པ་ལྟ་བུའོ། ། དྲུག་པ་བྱིངས་སོ་སོའི་བྱེད་པ་པོའི་དོན་ལ་ཥྚྲཱན་ཨི་ཏྲན་ཀྟ་རྣམས་འཇུག་ཚུལ་ནི། ནཱི། དཱཔ། ཤ་སུ། ཡུ། ཡུཛ། སྟུ། ཏུད། སི། སིཙ། མིཧ། པ་ཏ། དཾ་ཤ། ནཧ། རྣམས་ཀྱི་བྱེད་ པ་ལའོ་ཞེས་པ་ཎཱིཉ་ཐོབ་པ་དང་། དཱཔ་གཅོད་པ་དང་། ཤ་སུ་འཚེ་བ་དང་། ཡུ་བསྲེ་བ་དང་། ཡུ་ཛིར་སྦྱོར་བ་དང་། ཥྚུཉ་བསྟོད་པ་དང་། ཏུད་གདུང་བ་དང་། ཥིཉ་འཆིང་བ་དང་། ཥིཙ་ 6-1-604 བསྲུང་བ་དང་། མི་ཧ་སིང་བ་དང་། པཏླྀ་ལམ་ལ་འགྲོ་བ་དང་། དཾ་ཤ་ཟ་བ་དང་། ནཧ་འཆིང་ བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ། བྱེད་པའི་དོན་ལ། ཥྚྲཱན་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཉ་དང་། པ་དང་། ཨུ་དང་། ཨིར་དང་། ལྀ་རྣམས་རྗེས་འབྲེལ་ ཡིན་པས་ཕྱིས་ལ། མདོ་འདིས་ཥྚྲཱན་བྱིན་པའི་ཁྱད་དོན་རྣམས་སྔར་བཞིན་ཕྱིས་ནས་ཏྲ་རུ་ བསྒྱུར་བ་དང་། ཨཱ་བརྒྱད་པར་ཎའི་ནའོ་ཞེས་པས་ཎ་ཡིག་དག་ན་དང་། བྱིངས་ཀྱི་དང་པོའི་ ཥའི་ཞེས་པས་ཥ་ཡིག་རྣམས་ས་དང་། པ་རི་བྷཱ་ཥར་རྒྱུ་མཚན་མེད་པར་རྒྱུ་མཚན་ཡང་མེད་ ཅེས་པས་ཊུའི་ཊའང་ཏ་རུ་བསྒྱུར་བ་དང་། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པ་དང་། ཨུ་པ་དྷཱ་ནཱ་མིའང་ཡང་བའི་ཞེས་པས་ནཱ་མི་འི་མཐའ་ཅན་རྣམས་དང་། ཨུ་པ་དྷ་ནཱ་མི་ཅན་ ཡང་བ་རྣམས་ཡོན་ཏན་བྱེད་པ་དང་། ཨཱ་དྲུག་པར་ཙ་སྡེའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཀིའོ་ ཞེས་པས་བྱིངས་མཐའི་ཛ་དང་ཙ་ཡིག་དག་ཀ་རུ་བསྒྱུར་བ་དང་། ཐམས་ཅད་ཀྱི་མཐར་སི་ བྱིན་པ་ན། སྔ་མ་བཅུ་གཅིག་གི་མཐར་སྔར་བཞིན་མ་ནིང་ལས་ཕྱིས་ནས་མུ་ཨཱ་ག་མ་སྟེར་བ་ རྣམས་ཐུན་མོང་དུ་ཤེས་པར་བྱས་པས་རིམ་པ་ལྟར། ནེ་ཏྲཾ(མིག་གམ་དང་ཤིང་གི་རྩ་བ)། དཱ་ ཏྲཾ(ཟོར་བ)། ཤ་ཏྲཾ(མཚོན་ཆ)། ཡོ་ཏྲཾ། ཡོ་ཀྟྲཾ་ཏྲཾ། སྟོ་ཏྲཾ(བསྟོད་པ)། ཏོཏྟྲཾ་(ལྕགས་ཀྱི་ཐོད་དམ་ལྕགས་ཀྱི་རྩེ་མོ་ ཅན། )སེ་ཏྲཾ། སེ་ཀྟྲཾ་ཞེས་པ་དང་། ཨཱ་དྲུག་པར་ཧའི་ཌྷའོ་ཞེས་པས་མིཧའི་ཧ་ཡིག་ཌྷ་དང་། ཨཱ་ བརྒྱད་པར་གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་དེ་དང་སྦྱོར་བའི་རྐྱེན་གྱི་ཏའང་དྷ་རུ་བསྒྱུར་བ། དེ་ཉིད་དུ་ཥ་དང་ཊ་སྡེ་ལས་ཞེས་པས་ཌྷ་རུ་བསྒྱུར་བ་ན། དེ་ཉིད་དུ་ཌྷའི་ཌྷ་ལ་དབྱིའོ་ཞེས་པ་ ལྟར་ཌྷ་སྔ་མ་ཕྱིས་པས། མེ་ཌྷཾ་ཞེས་པ་དང་། པཏྟྲཾ(འདབ་མ་འམ་གཤོག་པའམ་ཤིང་ལོ། )ཞེས་པ་དང་། ཨཱ་དྲུག་པར་ཚ་ཤ་དག་གིའང་ངོ་ཞེས་པས་དཾཤ་ཡི་ཤ་ཡིག་ཥ་རུ་བསྒྱུར་བ་ན། ཨཱ་བརྒྱད་པར་ ཥ་དང་ཊ་སྡེ་ལས་ཞེས་པས་རྐྱེན་གྱི་ཏའང་ཊ་རུ་བསྒྱུར་ནས། བུད་མེད་དུ་བསྒྲུབ་པ་ལ་ཨཱའི་ རྐྱེན་བྱིན་ཏེ་ཤྲད་དྷཱ་ལ་སི་ཕྱིས་པས། དཾཥྚྲཱ་(མཆེ་བ། ) ཞེས་པ་དང་། ཨཱ་དྲུག་པར་ན་ཧིའི་དྷའོ་ 6-1-605 ཞེས་པས། ནཧའི་ཧ་ཡིག་དྷ་དང་། ཨཱ་བརྒྱད་པར་གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་རྐྱེན་གྱི་ཏའང་ དྷ་རུ་བསྒྱུར་བ་ན། དེ་ཉིད་དུ་དྷུཊ་རྣམས་ཀྱི་བཞི་པ་རྣམས་ལ་ཞེས་པས་དྷ་སྔ་མ་ད་རུ་བསྒྱུར་ ཞིང་། བུད་མེད་དུ་བསྒྲུབ་པ་ལ་སྔར་བཞིན་ཨཱིའི་རྐྱེན་བྱིན་ནས་སྔ་མའི་དབྱངས་ཕྱིས་པ་ལ་ སྦྱར་ཏེ་ཨཱི་ཡིག་མཐའ་ལས་སི་ཕྱིས་པས། ནདྡྷཱི་ཞེས་པ་ལྟ་བུའོ། །པཱུ་ལས་ཐོང་པ་དང་ཕག་ དག་ལའོ་ཞེས་པ་ནི་པཱུ་ཞེས་པ་འདིས་པཱུང་འཐུང་བ་དང་པཱུཉ་འདར་བའི་བྱིངས་གཉིས་ཀ་ བསྟན་ཅིང་། དེ་དག་ལས་ཕ་རོལ་ཏུ། ཐོང་པ་དང་ཕག་དག་དང་འབྲེལ་པའི་ཕྱེད་པའི་དོན་ལ་ ཥྚྲཱན་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཧ་ལ་སྱ་དང་། སཱུཀ་ར་སྱ་སྔ་མ་ཅན་གྱི་པཱུང་དང་ པཱུཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཥྚྲཱན་སྔར་བཞིན་རྗེས་འབྲེལ་ཕྱིས་ཏེ་ཏྲ་རུ་བསྒྱུར་བ་ བྱིན་ནས། ནཱ་མིའི་མཐའ་སྔར་བཞིན་ཡོན་ཏན་བྱས་ལ། སི་བྱིན་པ་སྔར་བཞིན་མ་ནིང་ལས་ དབྱི་ཞིང་མུ་ཨཱ་ག་མ་བྱིན་པས། ཧ་ལ་སྱ་པོ་ཏྲཾ། སཱུ་ཀ་ར་སྱ་པོ་ཏྲཾ་ཞེས་པ་ལྟ་བུའོ། །ཨརྟི། ལཱུ་ དྷཱུ། སཱུ། ཁ་ནི། ས་ཧི། ཙ་རི་རྣམས་ལད་ཨི་ཏྲན་འོ་ཞེས་པ་ནི་རྀ་འགྲོ་བ་དང་། ལཱུཉ་གཅོད་ པ་དང་། དྷཱུ་རྣམ་པར་རྟོག་པ་དང་། ཥཱུ་གཏོར་བ་དང་། ཁ་ནུ་ངེས་པར་འཇོམས་པ་དང་། ཥཧ་ བཟོད་པ་དང་། ཙར་འགྲོ་བའི་དོན་གྱི་བྱིངས་འདི་རྣམས་ལས་ཕ་རོལ་ཏུ། བྱེད་པའི་དོན་ལ་ ཨི་ཏྲན་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཉ་དང་ནུའི་ཨུ་རྗེས་འབྲེལ་ ཕྱིས་པ་ལ། མདོ་འདིས་ཨི་ཏྲན་བྱིན་པའི་ན་ཡིག་རྣམ་པ་སྣ་ཚོགས་པའི་དོན་ཡིན་པས་ཕྱིས་ ནས། སྔར་བཞིན་ཥ་ཡིག་དག་ས་རུ་བསྒྱུར་ལ། ནཱ་མིའི་མཐའ་ཅན་རྣམས་ཡོན་ཏན་བྱས་ཏེ་ མཚམས་སྦྱར་ཞིང་། སི་བྱིན་པ་མ་ནིང་ལས་ཕྱིས་ནས། མུ་ཨཱ་ག་མ་བྱིན་པས། ཨ་རི་ཏྲཾ(འགྲོ་ བར་བྱེད)། ལ་ཝི་ཏྲཾ(གཅོད་པར་བྱེད)། དྷ་ཝི་ཏྲཾ(རྣམ་རྟོག་གོ)། ས་ཝི་ཏྲཾ། (གཏོང་ངོ་། །) ཁ་ནི་ཏྲཾ(རྐོ་བར་བྱེད)། ས་ཧི་ཏྲཾ(བཟོད་པར་བྱེད)། ཙ་རི་ཏྲཾ་(རྒྱུ་བར་བྱེད། )ཞེས་པ་ལྟ་བུའོ། །པཱུ་ལས་མིང་ལའོ་ཞེས་པ་ནི། པཱུང་ དག་བྱེད་ཀྱི་བྱིངས་འདི་ལས་ཕ་རོལ་ཏུ། མིང་གི་ཡུལ་ལ་ཨི་ཏྲན་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། 6-1-606 དཔེར་ན། པཱུང་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཨི་ཏྲན་ཁྱད་དོན་ཕྱིས་པ་བྱིན་ནས། སྔར་ བཞིན་པཱུའི་དབྱངས་ཡོན་ཏན་བྱ་ཞིང་། སི་བྱིན་པ་མ་ནིང་ལས་ཕྱིས་ཏེ་མུ་བྱིན་པས། པ་ཝི་ཏྲཾ་ མཆོད་ཕྱིར་ཐོགས་ཞེས་པའམ། ཡང་ན་བུད་མེད་དུ་སྒྲུབ་པ་ལ་ཨཱ་བྱིན་པས། པ་ཝི་ཏྲཱ་ཆུ་ཀླུང་ ངོ་ཞེས་དུར་སིང་ལས་བཤད་པ་ལྟ་བུའོ། །དྲང་སྲོང་དང་ལྷ་དག་གི་བྱེད་པ་པོ་ལའོ་ཞེས་པ་ནི་ པཱུང་ལས་ཕ་རོལ་ཏུ། དྲང་སྲོང་དང་ལྷ་དག་གི་བྱེད་པ་པོ་ལའང་། ཨི་ཏྲན་གྱི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། པཱུ་ལ་མདོ་འདིས་ཨི་ཏྲན་ཁྱད་དོན་ཕྱིས་པ་བྱིན་ནས། སྔར་བཞིན་པཱུའི་ དབྱངས་ཡོན་ཏན་བྱས་ལ། སི་ཕྱིས་ནས་མུ་ཨཱ་ག་མ་བྱིན་པས། པ་ཝི་ཏྲཾ། དྲང་སྲོང་ངོ་། །པ་ཝི་ ཏྲཾ། མེ་ལྷའོ་ཞེས་པ་ལྟ་བུའོ། །ཉི་རྗེས་སུ་འབྲེལ་པ་དང་། འདོད་པ་བློ། མཆོད་པའི་དོན་རྣམས་ ལས་ཀྟའོ་ཞེས་པ་ནི་ཉི་རྗེས་སུ་འབྲེལ་པའི་བྱིངས་རྣམས་དང་། འདོད་པའི་དོན་རྣམས་དང་། བློའི་དོན་རྣམས་དང་། མཆོད་པའི་དོན་རྣམས་ལས་ཀྱང་ཕ་རོལ་ཏུ། ད་ལྟར་བའི་དུས་ལ་ཀྟའི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། རིམ་པ་ལྟར་ཉི་མི་དཱ་སྣུམ་པ་དང་། རཱ་ཛྙཾ་སྔ་མ་ཅན་གྱི་ མན་ཤེས་པ་དང་། བུ་དྷ་རྟོགས་པ་དང་། པཱུཛ་མཆོད་པའི་བྱིངས་ཉི་དང་དཱའི་ཨཱ་རྗེས་འབྲེལ་ ཕྱིས་པ་ལ། མདོ་འདིས་ཀྟ་བྱིན་པའི་ཀ་ཡིག་ཡཎ་དང་འདྲ་བའི་ཁྱད་དོན་ཕྱིས་ནས་མཐར་སི་ སྟེར་བ་ནི་ཐམས་ཅད་ལ་མཚུངས་ཤིང་། ཀྲྀཏ་དྲུག་པར་ད་ལས་དའི་འང་ངོ་ཞེས་པས་མིད་ཀྱི་ ཕ་རོལ་གྱི་ཏ་ཡིག་ན་དང་། དེའི་དའང་ན་རུ་བསྒྱུར་བས། མིནྣཿཞེས་པ་དང་། ཀྲྀཏ་དང་པོར་ བ་ན་ཏི་ཏ་ནོ་ཏི་སོགས་ཞེས་པ་ལྟར་མན་གྱི་ན་ཕྱིས་ནས། རཱ་ཛྙཱཾ་མ་ཏཿ(རྒྱལ་པོ་རྣམས་ཀྱི་ཤེས་སོ། །) ཞེས་པ་དང་། ཨཱ་བརྒྱད་པར་གྷ་ཌྷ་དྷ་བྷ་རྣམས་ལ་ཞེས་པས་བུ་དྷའི་ཕ་གྱི་ཏ་ཡིག་དྷ་རུ་བསྒྱུར་ བ་ན། དེ་ཉིད་དུ་དྷུ་ཊ་རྣམས་ཀྱི་བཞི་ཕ་རྣམས་ལ་ཞེས་པའི་སྔ་མའི་དྷའང་ད་རུ་བསྒྱུར་བས། རཱ་ཛྙཱཾ་བུདྡྷཿ(རྒྱལ་པོ་རྣམས་ཀྱི་རྟོགས། ) ཞེས་པ་དང་། ཨཱ་གཉིས་པར་ཙུར་སོགས་ལས་ཀྱང་ཞེས་པས་ པཱུཛ་ལ་ཨིན་དང་། ཨཱ་བདུན་པར་བྱིངས་ཐམས་ཅད་པ་མིན་པ་ཞེས་པས་དེའི་མཐར་ཨིཊ་ 6-1-607 བྱིན་པ་ན། ཀྲྀཏ་དང་པོ་ཨིན་འི་ནིཥྛཱ་ཨིཊ་ཅན་ལའོ་ཞེས་པས་ཨིན་ཕྱིས་ཏེ་སྦྱར་བས། རཱ་ཛྙཱཾ་ པཱུ་ཛི་ཏཿ(རྒྱལ་པོ་རྣམས་ཀྱི་མཆོད་དོ། །) ཞེས་པ་ལྟ་བུའོ། །དུར་སིང་དུ་མང་པོ་ཉིད་ལས་གཞན་ལ་ ཡང་ངོ་ཞེས་གསུངས་ཤིང་། སློབ་ཕན་དུ། ཀྱང་གི་སྒྲས་གཞན་ལ་ཡང་ད་ལྟར་བ་ལ་ཀྟ་འདོད་ དེ་ཞེས་གསུངས་པ་ནི། དཔེར་ན། རཀྵ་བསྲུང་བ་དང་། ཧྲྀཥུ་ཚིམ་པ་དང་། ཏུཥ་དགའ་བའི་ བྱིངས་ཥུའི་ཨུ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀྟ་ཁྱད་དོན་ཕྱིས་པ་བྱིན་ནས། ཨཱ་གཉིས་ པར་རྒྱུ་ལའོ་ཞེས་པས་རཀྵའི་མཐར་ཨིན་དང་། ཨཱ་བདུན་པར་བྱིངས་ཐམས་ཅད་པ་མིན་པ་ ཞེས་པས་དེའི་མཐར་ཡང་ཨིཊ་བྱིན་པ་ན། སྔར་བཞིན་ཨིན་ཕྱིས་ནས་སྦྱར་ཞིང་། ཨཱ་བརྒྱད་ པར་ཥ་དང་ཊ་སྡེ་ལས་ཞེས་པས་ཕྱི་མ་དག་གི་རྐྱེན་གྱི་ཏ་ཡིག་ཊ་རུ་བསྒྱུར་ཏེ། ཐམས་ཅད་ ཀྱི་མཐར་སི་བྱིན་པས། རཀྵི་ཏཿ(བསྲུང་དུ་འཇུག) ཧྲྀཥྚཿ(དགའ་བ། ) ཏུ ཥྚཿ(མགུ་བ། )ཞེས་པ་ལྟ་བུ་ སྟེ་གཞན་ལ་ཡང་དེ་བཞིན་སྦྱར་རོ། །སློབ་ཕན་དུ་ནི། འདི་ཡན་ཆད་ཀྱིས་ཀྲྀཏ་རྐང་བཞི་པ་ རྫོགས་ནས་ཨུཎ་སོགས་རྣམས་ཞེས་པ་མན་ཆད་ཀྲྀཏ་རྐང་ལྔ་པར་མཛད་དོ། ། བདུན་པ་ད་ལྟར་བ་དང་འདས་པ་དང་འབྱུང་འགྱུར་ག་མི་སོགས་ལའང་ཨུཎ་སོགས་ སྦྱོར་ཚུལ་ནི། ཨུཎ་སོགས་རྣམས་བྱུང་བ་ལ་ཡང་ངོ་ཞེས་པ་བྱིངས་རྣམས་ལས་ཕ་རོལ་ཏུ། ད་ ལྟར་བའི་དུས་ལ་ཨུཎ་ལ་སོགས་པའི་རྐྱེན་རྣམས་སྦྱིན་པར་འགྱུར་ཞིང་། དེར་མ་ཟད་བྱུང་བ་ སྟེ་འདས་པའི་དུས་ལ་ཡང་སྦྱིན་པར་འགྱུར་ཏེ། དཔེར་ན། ཌུ་ཀྲྀཉ་བྱེད་པ་དང་། བཱ་འགྲོ་བའི་ བྱིངས་ཌུ་དང་ཉ་རྗེས་འབྲེལ་ཕྱིས་པ་ལས། ད་ལྟར་བའི་དོན་ལ། ཨུཎ་སོགས་ཀྱི་མདོར་ཀྲྀ། བཱ། པཱ་ཛི། མིསྭ་དི། སཱ་དྷི། ཨཱ་ཤཱུ་རྣམས་ལ་ཨུཎའོ་ཞེས་པས། ཨུཎ་བྱིན་པའི་ཎ་ཡིག་ཨིཙ་ དང་འདྲ་བའི་ཁྱད་དོན་ཡིན་པས་ཕྱིས་ནས། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་ཀྲྀའི་དབྱངས་ འཕེལ་བ་བྱས་ལ། དེ་ཉིད་དུ་ཨཱཏ་མཐའ་རྣམས་ཀྱི་ཨིཙ་ལ་ཞེས་པས་བཱའི་དབྱངས་ཨཱ་ཡ་རུ་ བསྒྱུར་ཏེ་སྦྱར་བའི་མཐར་སི་བྱིན་པས། ཀཱ་རུཿ(བཟོ་བོ། ) བཱ་ཡུཿ(རླུང་ངོ་། །) ཞེས་པ་ལྟ་བུ་དང་། བྷ་ 6-1-608 ས་གཙོ་བ་དང་ཙར་འགྲོ་བའི་བྱིངས་ལས་འདས་པའི་དོན་ལ། ཨུཎ་སོགས་ཀྱི་མདོར་མནའོ་ ཞེས་པས་མན་བྱིན་པའི་ན་ཡིག་རྣམ་པ་སྣ་ཚོགས་ཀྱི་དོན་ཡིན་པས་ཕྱིས་ནས། སི་བྱིན་པས། བྷསྨཿ(ཐལ་བ། ) ཙརྨཿ(པགས་པ། ) ཞེས་པ་ལྟ་བུ་སྟེ། རྒྱས་པར་ཨུཎ་སོགས་ཀྱི་བསྟན་བཅོས་ལས་ ཀྱང་ཤེས་པར་བྱའོ། །འབྱུང་འགྱུར་ལ་ག་མི་ལ་སོགས་པ་རྣམས་ལའོ་ཞེས་པ་ནི་འབྱུང་འགྱུར་ ལ་མ་འོངས་པའི་དུས་བསྒྲུབ་པ་ལའང་། གམླྀ་འགྲོ་བ་དང་། སོགས་པའི་སྒྲས་བྷཱུ་ཡོད་པའི་ སྒྲས་བྷཱུ་ཡོད་པ་སྠཱ་གནས་པ་ལ་སོགས་པའི་བྱིངས་རྣམས་ལས་ཕ་རོལ་ཏུ། ཨུཎ་ལ་སོགས་ པའི་རྐྱེན་རྣམས་སྦྱིན་པར་འགྱུར་ཏེ། དཔེར་ན། གམླྀ་དང་བྷཱུའི་ལྀ་རྗེས་འབྲེལ་ཕྱིས་པ་ལ། ཨུཎ་སོགས་ཀྱི་མདོར། གམླྀ་ལས་ཨི་ནིའོ། །བྷཱུ་ལས་ཀྱང་ངོ་ཞེས་པས་ཨི་ནི་བྱིན་པའི་ནིའི་ ཨི་ཡིག་བརྗོད་དོན་ཕྱིས་ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་བྷཱུའི་དབྱངས་ ཡོན་ཏན་བྱས་ཏེ་མཚམས་སྦྱར་བའི་མཐར་སི་བྱིན་པ་ན། ནཱ་གཉིས་པར་ཨིན་ཧན་ཞེས་པས་ རིང་པོར་བསྒྱུར་ནས། གསལ་བྱེད་ལས་སི་དང་། རྟགས་མཐའི་ན་ཕྱིས་པས། ག་མཱི། (འགྲོའོ། །) བྷ་ཝཱི་(འབྱུང་ངོ་། །)ཞེས་པ་ལྟ་བུ་སྟེ། དེ་བཞིན་དུ། པྲསྠཱ་ཡཱི། པྲ་ཡཱ་མཱི། པྲ་ཏི་རོ་དྷཱི། པྲ་བོ་དྷཱི། ཨ་སུ་ རོ་དྷཱི། པྲ་བཱ་དྷཱི་ཞེས་པ་ལྟ་བུ་ནི་ག་མི་ལ་སོགས་པ་རྣམས་སོ། ། བརྒྱད་པ་བྱ་བ་ལ་བྱ་བའི་དོན་ཉེ་བའི་ཚིག་ལས་འབྱུང་འགྱུར་ལ་བུཎ་སོགས་སྦྱོར་ཚུལ་ ནི། བྱ་བ་ལ་བྱ་བའི་དོན་ལ་བུཎ་ཏུམ་དག་གོ་ཞེས་པ་བྱ་བ་ལ་བྱ་བའི་དོན་ཉེ་བའི་ཚིག་ཅན་ གྱི་བྱིངས་ལས་ཕ་རོལ་ཏུ། འབྱུང་འགྱུར་གྱི་དོན་ལ་འཇུག་པ་ན། བུཎ་དང་ཏུམ་གྱི་རྐྱེན་འདི་ དག་སྦྱིན་པར་འགྱུར་ཏེ། དཔེར་ན། པཙ་འཚེད་པའི་བྱིངས་དག་ལ་མདོ་འདིས་བུཎ་དང་ཏུམ་ བྱིན་པའི་ཎ་ཡིག་ཨིཙ་དང་འདྲ་བའི་ཁྱད་དོན་ཡིན་པས་ཕྱིས་ནས། ཨཱ་དྲུག་པར་ཨིན་ཨིཙ་ ཞེས་པས་བུཎ་ཕ་རོལ་ལ་པའི་དབྱངས་རིང་པོ་དང་། བུའང་སྔར་བཞིན་ཨ་ཀ་དང་། དེ་ཉིད་ དུ་ཙ་སྡེའི་འདྲ་བའི་ཡི་གེ་ཞེས་པའམ་ཀྲྀཏ་དྲུག་པར་ཙ་ཛ་དག་གི་ཞེས་པས་ཏུམ་ཕ་རོལ་ལ་ཙ་ 6-1-609 ཡིག་ཀ་རུ་བསྒྱུར་ཞིང་། སི་བྱིན་པས་ཨ་ཀའི་མཐར་རྣམ་བཅད་དུ་བྱས་ཏེ། ཏུམ་གྱི་མཐར་ མི་ཟད་པ་ལས་ཕྱིས་པའི་ཕ་རོལ་ན་བྲ་ཛ་ཏི་ཡོད་པ་ལས། པཱ་ཙ་ཀོ་བྲ་ཛ་ཏི། (འཚེད་དུ་འགྲོ་བར་བྱེད་ དོ། །) པཀྟུ་མ་བྲ་ཛ་ཏི། (འཚེད་པར་འདོད་པས་འགྲོ་བར་བྱེད་དོ། །) ཞེས་པ་ལྟ་བུའོ། །བྱ་བ་མ་ཡིན་ན་བྱ་ བའི་དོན་ཉེ་བའི་ཚིག་ཅན་གྱི་བྱིངས་ལས་ཕ་རོལ་ཏུ་འབྱུང་འགྱུར་ལ་བུཎ་དང་ཏུམ་སྦྱིན་པར་ མི་འགྱུར་ཏེ། དཔེར་ན། བྷི ཀྵ་སློང་བའི་བྱིངས་ལ་བྷ་བི་ཥྱཾ་ཏི་འི་སྱཻ་བྱིན་པ་ན། ཨཱ་བདུན་པར་ བྱིངས་ཐམས་ཅད་པ་མིན་པ་ཞེས་པས་བར་དུ་ཨིཊ་བྱིན་ནས་རྒྱུ་མཚན་ལས། ས་ཡིག་ཥ་རུ་ བསྒྱུར་བའི་ཕ་རོལ་ན་ཨི་ཏྱ་སོགས་ཡོད་པ་ལས། བྷི་ཀྵི་ཥྱཻ་ཨི་ཏྱ་ཛ་ཊཱ་(སློང་བར་འགྱུར་བ་འདིའི་རལ་ པ། ) ཞེས་པ་ལྟ་བུའོ། །བྱ་བ་ཡིན་ཡང་བྱ་བའི་དོན་ཉེ་བའི་ཚིག་མ་ཡིན་ན་བྱིངས་ལས་ཕ་རོལ་ ཏུ་རྐྱེན་དེ་དག་སྦྱིན་པར་འགྱུར་ཏེ། དཔེར་ན། པཏླྀ་ལམ་ལ་འགྲོ་བའི་བྱིངས་ལྀ་རྗེས་འབྲེལ་ ཕྱིས་པ་ལ། བྷ་བི་ཥྱནྟིའི་སྱ་ཏི་དང་། བར་དུ་སྔར་བཞིན་ཨིཊ་བྱིན་ནས། ས་ཡིག་ཥ་རུ་བསྒྱུར་ བའི་ཕ་རོལ་ན་དྷཱ་བ་སོགས་ཡོད་པ་ལས། པ་ཏི་ཥྱ་ཏི་དྷཱ་བ་ཏ་སྟེ་དཎྜཿཞེས་པ་ལྟ་བུའོ། །དངོས་ པོ་བརྗོད་པ་རྣམས་ཀྱང་ངོ་ཞེས་པ་ནི་བྱ་བ་ལ་བྱ་བའི་དོན་ཉེ་བའི་ཚིག་ཅན་གྱི་བྱིངས་ལས་ཕ་ རོལ་ཏུ། འབྱུང་འགྱུར་གྱི་དུས་ལ་དངོས་པོ་བརྗོད་པར་བྱེད་པའི་རྐྱེན་རྣམས་ཀྱང་སྦྱིན་པར་ འགྱུར་ཏེ། དཔེར་ན། པཙ་འཚེད་པའི་བྱིངས་དག་ལ། ཀྲྀཏ་ལྔ་པར་དངོས་པོ་ལའོ་ཞེས་པས་ གྷཉ་དང་། དེ་ཉིད་དུ་པ་ཙི་གཱ་པཱ་སྠཱ་རྣམས་ལས་དངོས་པོ་ལའོ་ཞེས་པས་ཀྟི འི་རྐྱེན་སྦྱིན་པའི་ གྷ་དང་ཉ་དང་ཀ་ཡིག་ཁྱད་དོན་རྣམས་སྔར་བཞིན་ཕྱིས་ནས་ཨ་དང་ཏི་སྦྱར་ཞིང་། གྷ་ཉ་ཕ་ རོལ་ལ། ཨཱ་དྲུག་པར་ཨིན་ཨི་ཙ་ཞེས་པས་པཱ་རིང་པོ་དང་། དེ་ཉིད་དུ་ཙ་སྡེའི་འདྲ་བའི་ཡི་གེ་ མ་ཡིན་པ་ཞེས་པ་ལ་ཀྲྀཏ་དྲུག་པར་ཙ་ཛ་དག་གིས་ཞེས་པས་ཙ་ཡིག་དག་ཀ་རུ་བསྒྱུར་ནས། མཐར་ངེ་བྱིན་པ་ན། ནཱ་དང་པོར་ངེ་ཡའོ་ཞེས་པས་སྔ་མའི་མཐར་ཡ་དང་། དེ་ཉིད་དུ་ཨ་ཡིག་ སྒྲ་ལྡན་ལ་ཞེས་པས་ཀ་ཡིག་རིང་པོར་བསྒྱུར་ལ། དེ་ཉིད་དུ་ངེ་ལའོ་ཞེས་པས་ཕྱི་མའི་ཏིའི་ 6-1-610 དབྱངས་ཨེ་རུ་བསྒྱུར་ཏེ། དེའི་ང་ཡིག་ཁྱད་དོན་ཕྱིས་པའི་དབྱངས་དང་མཚམས་སྦྱར་བའི་ཕ་ རོལ་ན་བྲཛ་ཏི་ཡོད་པ་ལས། པཱ་ཀཱ་ཡ་བྲཛ་ཏི། (འཚེད་པོའི་ཆེད་དུ་འགྲོ་བར་བྱེད་དོ། །) པཀྟ་ཡེ་བྲ་ཛ་ཏི་ (འཚེད་པའི་ཆེད་དུ་རྒྱུ་བར་བྱེད་དོ། །)ཞེས་པ་ལྟ་བུའོ། །ལས་ལའང་ཨནའོ་ཞེས་པ་ནི། བྱ་བ་ལ་བྱ་བའི་ དོན་གྱི་ལས་ཉེ་བའི་ཚིག་ཅན་གྱི་བྱིངས་ལས་ཕ་རོལ་ཏུའང་། འབྱུང་འགྱུར་གྱི་དུས་ལ་ཨན་ གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཀཎ་ཌ་སྔ་མ་ཅན་གྱི་ལཱུ་ཉ་གཅོད་པ་དང་། གོ་སྔ་མ་ ཅན་གྱི་དཱཉ་སྦྱིན་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཨཎ་བྱིན་པའི་ཎ་ཡིག་ ཨི་ཙ་དང་འདྲ་བའི་ཁྱད་དོན་ཡིན་པས་ཕྱིས་ནས། སྔར་བཞིན་ལཱུའི་དབྱངས་འཕེལ་བ་བྱས་ ཏེ། དཱའི་དབྱངས་ཨཱ་ཡ་རུ་བསྒྱུར་ནས་སྦྱར་བ་ལ་སི་བྱིན་པའི་ཕ་རོལ་ན་བྲ་ཛ་ཏི་ཡོད་པ་ལས། ཀ་ཎ་ར་ལཱ་ཝོ་བྲ་ཛ་ཏི། (སྡོང་པོ་ལ་གཅོད་དུ་འགྲོ་བར་བྱེད་དོ། །) གོ་དཱ་ཡོ་བྲ་ཛ་ཏི་(ས་གཞི་སྦྱིན་པ་ལ་འགྲོ་བར་ བྱེད་དོ། །)ཞེས་པ་ལྟ་བུའོ། །ལྷག་མ་ལའང་ཤནྟྲྀང་ཨཱ་ན་ཤ་དག་སྱ་ལྷན་ཅིག་པའོ་ཞེས་པ་ནི་བྱ་ བ་ལ་བྱ་བའི་དོན་གྱིས་ཉེ་བའི་ཚིག་ཅན་དང་། ལྷག་མ་བྱ་བ་དང་བྱ་བའི་དོན་གྱི་ལས་ཉེ་བའི་ ཚིག་མ་ཡིན་པའང་བྱིངས་ལས་ཕ་རོལ་ཏུ། འབྱུང་འགྱུར་གྱི་དུས་རྟོགས་པར་བྱ་བ་ལ། ཤནྟྲ ནྟྲང་དང་ཨཱན་ཤའི་རྐྱེན་འདི་དག་སྱ་དང་ལྷན་ཅིག་པ་སྦྱིན་པར་འགྱུར་ཏེ། དཔེར་ན། ཀ་ཊཾ་ སྔ་མ་ཅན་གྱི་ཌུ་ཀྲྀཉ་བྱེད་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་དག་ལ། མདོ་འདིས་སྱ་སྔ་མ་ ཅན་གྱི་ཤནྟྲྀང་དང་། ཨཱ་ན་ཤ་བྱིན་པའི་ཤ་ཡིག་དག་རྀ་དང་ང་རྣམས་ཁྱད་དོན་ཕྱིས་ནས། ཨཱ་ ལྔ་པར་ནཱ་མི་མཐའི་ཞེས་པས་རྀ་ཡིག་དག་ཡོན་ཏན་བྱས་ལ། ཨཱ་བདུན་པར་ཧན་དང་རྀཏ་ མཐའ་ལས་སྱ་ལའོ་ཞེས་པས་བྱིངས་མཐར་ཨིཊ་སྦྱིན་ཞིང་། རྒྱུ་མཚན་ལས་ས་ཡིག་དག་ཥ་ རུ་བསྒྱུར་ནས། འདི་ཉིད་དུ། ཨ་ལས་ཨཱ་ན་ལ་ཞེས་པས་ཨཱ་ནའི་སྔ་མར་མ་ཨཱ་ག་མ་བྱིན་ཏེ། ནཱ་བཞི་པར་ར་ཥ་རིའི་ཡི་གེ་ཞེས་པས་ན་ཡིག་ཎ་རུ་བསྒྱུར་བའི་མཐར་སི་བྱིན་པ་ན། སྔ་མའི་ མཐར་གསལ་བྱེད་ལས་ཕྱིས་ལ་བརྩེགས་པའི་མཐའ་ཏ་ཡིག་ཀྱང་དབྱི་ཞིང་། ཕྱི་མའི་མཐར་ 6-1-611 རྣམ་བཅད་དུ་བསྒྱུར་བའི་ཕ་རོལ་ན་བྲ་ཛ་ཏི་ཡོད་པ་ལས། ཀ་ཊཾ་ཀ་རི་ཥྱཾ་བྲ་ཛ་ཏི་(རེ་ལྡེ་བྱེད་དུ་ འགྲོ་བར་བྱེད་དོ། །) ཀ་ཊཾ་ཀ་རི་ཥྱ་མཱ་ཎོ་བྲ་ཛ་ཏི་(རེ་ལྡེ་བྱེད་དུ་འགྲོ་བར་བྱེད་དོ། །)ཞེས་པ་ལྟ་བུའོ། །ལྷག་མ་ བྱ་བ་དང་བྱ་བའི་དོན་གྱི་ལས་ཉེ་བའི་ཚིག་ཅན་མ་ཡིན་པའི་དཔེར་བརྗོད་ནི། སྔ་ཕྱིར་ཉེ་བའི་ ཚིག་དེ་དག་མེད་པའི་ཌུ་ཀྲྀ་ཉ་ལ་རྐྱེན་གཉིས་པོ་བྱིན་ནས་བསྒྲུབ་ཚུལ་སྔར་བཞིན་བྱས་པས། ཀ་རི་ཥྱན། ཀ་རི་ཥྱ་མཱ་ཎཿ ཞེས་པ་ལྟ་བུའོ། །ཞེས་བྱིངས་རྣམས་མིང་དུ་སྒྲུབ་པར་བྱེད་པ་ཀྲྀཏ་ ཀྱི་མདོ་རྣམས་ལས་རྐང་པ་བཞི་པའི་འགྲེལ་རྫོགས་སོ།། །། ལྔ་པ་བྱིངས་སོ་སོ་ལ་རྐྱེན་སོ་སོར་འཇུག་ཚུལ་རྒྱས་པར་བཤད་པ་ལ་བཅུ་གཉིས་ལས། དང་པོ་བྱིངས་སོ་སོ་ལ་གྷཉ་འཇུག་ཚུལ་བསྟན་པ་ལའང་གསུམ་གྱི། དང་པོ་སོ་སོའི་དོན་ལ་ འཇུག་ཚུལ་མདོར་བསྟན་ནི། པད་རུ་ཛ་བིཤ་སྤྲྀ་ཤ་ཨུཙ་རྣམས་ཀྱི་གྷཉའོ་ཞེས་པ་ནི། པད་འགྲོ་ བ་དང་། རུ་ཛ་འཇོམས་པ་དང་། བི་ཤ་རབ་ཏུ་འཇུག་པ་དང་། སྤྲྀ་ཤ་ཡང་དག་པར་རིག་པ་ད་ ང་། ཨུ་ཙ་ཚོགས་པའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ ན། བྱིངས་དེ་རྣམས་ལ་མདོ་འདིས་གྷཉ་བྱིན་པའི་གྷ་ཡིག་ཙ་ཛ་དག་གི་དྷུཊ་གྷ་རྗེས་སུ་འབྲེལ་ པ་ལ་ཞེས་པ་དང་། ཉ་ཡིག་ཀྲྀཏ་དང་པོར་གྲུབ་པ་ཉཎ་རྗེས་སུ་འབྲེལ་པ་ལ་ཞེས་པའི་ཁྱད་ དོན་ཡིན་པས་ཕྱིས་ནས། གྷའི་དབྱངས་བཞག་ལ། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པའི་དབྱངས་ རིང་པོར་བསྒྱུར་ཏེ། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ཞེས་པས། རུ་ལ་སོགས་པའི་ཨུ་པ་དྷཱ་རྣམས་ ཡོན་ཏན་བྱས་ཏེ། ཀྲྀཏ་དྲུག་པར་ཙ་ཛ་དག་གི་དྷུཊ་གྷ་རྗེས་སུ་འབྲེལ་པ་ལ་ཀ་ག་དག་གོ་ཞེས་ པས་ཨོ་ཙའི་ཙ་ཡིག་ཀ་དང་། རུ་ཛའི་ཛ་ཡིག་ག་རུ་བསྒྱུར་ནས། ཐམས་ཅད་མཐར་སི་བྱིན་ པས། པཱ་དཿ(འགྲོ་བར་བྱེད་དོ། །) རོ་གཿ(འཇོམས་པར་བྱེད་དོ། །) བེ་ཤཿ(རེག་པར་བྱེད་པ་པོ། ) སྤ ཪྴཿ(ཚོགས་ པར་བྱེད་པ་པོ། ) ཨོ་ཀཿ(ཚོགས་པར་བྱེད་པ་པོ། )ཞེས་པ་ལྟ་བུའོ། །སྲྀའི་བརྟན་པ་དང་ནད་དག་ལའོ་ ཞེས་པ་ལ། སློབ་ཕན་དུ། སྲྀ་འགྲོ་བའི་བྱིངས་འདི་ལས་བརྟན་པ་དང་ནད་དག་གི་དོན་ལ་ 6-1-612 ཞེས་པ་དང་། དུར་སིང་དུ། བརྟན་པ་དང་ནད་དག་ལ་བྱེད་པ་པོའི་དོན་ལ་ཞེས་གསུངས་ཤིང་། དེ་དག་ལ་བྱིངས་ཀྱི་ཕ་རོལ་ཏུ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། སྲྀ་དང་། ཨ་ཏི་ སྔ་མ་ཅན་གྱི་སྲྀ་ལ། མདོ་འདིས་གྷཉ་བྱིན་པའི་ཁྱད་དོན་སྔར་བཞིན་ཕྱིས་ནས། ཨཱ་དྲུག་པར་ ཨིན་ཨིཙ་ཞེས་པས་རྀ་ཡིག་འཕེལ་བ་བྱ་ཞིང་། སི་བྱིན་པ་ན། ནཱ་ལྔ་པར་ཐུང་ངུའི་རིང་པོ་ཉིད་ དོ་ཞེས་པ་ལྟར་ཨ་ཏིའི་ཏི་རིང་པོར་བསྒྱུར་བས། སཱརཿ(སྙིང་པོ། ) ཨ་ཏཱི་སཱ་རཿ(ཤིན་ཏུ་ནད་དུ་བྱེད་ དོ། །) ཞེས་པ་ལྟ་བུའོ། །དངོས་པོ་ལའོ་ཞེས་པ་ནི་བྱིངས་ལས་ཐམས་ཅད་དུ་དངོས་པོའི་དོན་ ལ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པཙ་འཚེད་པ་དང་། ཏྱཛ་འདོར་བའི་བྱིངས་ ལ་མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་ཁྱད་དོན་འཕྱིད་པ་ནི་ཐམས་ཅད་དུ་ཤེས་པར་བྱ་ ཞིང་། ཀྲྀཏ་དྲུག་པར་ཙ་ཛ་དག་གི་ཞེས་པས་ཙ་ཡིག་ཀ་དང་། ཛ་ཡིག་ག་དང་། ཨཱ་དྲུག་པར་ ཨིན་ཨིཙ་ཞེས་པས་པ་དང་ཏྱའི་དབྱངས་རིང་པོར་བསྒྱུར་བའི་མཐར་སི་བྱིན་པས། པཱ་ཀཿ། ཏྱཱ་གཿ(ཚད་འཁྲུ། ) ཞེས་པ་ལྟ་བུའོ། །བྱེད་པ་པོ་མ་ཡིན་པའི་བྱེད་པ་ལའང་མིང་ལའོ་ཞེས་པ་ནི་ བྱེད་པ་པོ་དོར་བའི་བྱེད་པའི་དངོས་པོ་ལའང་བྱིངས་ལས་ཕ་རོལ་ཏུ། མིང་རྟོགས་པར་བྱ་བ་ ལ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཀྲྀཉ་བྱེད་པ་དང་། ཨཱ་སྔ་མ་ ཅན་ཧྲྀཉ་འཕྲོག་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་གྷཉ་བྱིན་ནས། ཨཱ་དྲུག་ པར་ཨིན་ཨིཙ་ཞེས་པས་རྀ་ཡིག་དག་འཕེལ་བ་བྱ་ཞིང་། སི་བྱིན་ལ། ནཱ་ལྔ་པར་ཐུང་ངུའི་ རིང་པོ་ཉིད་དོ་ཞེས་པ་ལྟར་པྲ་རིང་པོར་བསྒྱུར་བས། པྲཱ་ཀཱ་རཿ(ལྕགས་རིའམ་ར་བ། ) ཨཱ་ཧཱ་རཿ(ཟ་ བ། ) ཞེས་པ་ལྟ་བུའོ། །བྱེད་པ་པོ་ཡིན་ན་གྷཉ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཌུ་ན་ད་ཡང་ དག་པར་དགའ་བའི་བྱིངས་ཌུ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་གཉིས་པར་པཙ་སོགས་རྣམས་ ལ་ཨཙའང་ངོ་ཞེས་པས། ཙ་ཁྱད་དོན་ཕྱིས་ནས། སི་བྱིན་པས། ན་དཿ(སྒྲ་འབྱིན་པ་པོ། )ཞེས་པ་ ལྟ་བུའོ། །བྱེད་པ་ཡིན་ཡང་མིང་གི་ཡུལ་མ་ཡིན་ནའང་གྷཉ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། 6-1-613 ཀྲྀཉ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་གཉིས་པར་ཏ་བྱ་ཨ་ནཱི་ཡང་དག་གོ་ཞེས་པས་ཏ་བྱ་བྱིན་ ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས། ཀྲྀའི་དབྱངས་ཡོན་ཏན་བྱས་ཏེ་སི་བྱིན་ པས། ཀརྟཱ་བྱཿ (བྱེད་པ་པོ། )ཞེས་པ་ལྟ་བུའོ། །ཐམས་ཅད་ལས་ཡོངས་སུ་འཇལ་བ་ལའོ་ཞེས་ པ་ལ། དུར་ཕན་དག་ཏུ་བྱེད་པ་པོ་མ་ཡིན་པའི་བྱེད་པའི་དངོས་པོ་ལའང་མིང་གི་ཡུལ་རྟོགས་ པར་བྱ་བ་ལ་ཞེས་པ་རྗེས་སུ་འཇུག་པར་གསུངས་ཤིང་། བྱིངས་ཐམས་ཅད་ལས་ཕ་རོལ་ ཏུ། ཡོངས་སུ་འཇལ་བའི་དོན་ལ་འཇུག་པ་ནགྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨེ་ ཀ་དཎ་ཌུ་ལ་དང་ནིར་སྔ་མ་ཅན་གྱི་ཙིཉ་སོགས་པ་དང་། དྭཽསཱུཪྻ་དང་ནིར་སྔ་མ་ཅན་གྱི་པཱུང་ འཐུང་བའི་བྱིངས་ཉ་དང་རྗེས་འབྲེལ་ཕྱིས་པ་དག་ལ། མདོ་འདིས་གྷཉ་བྱིན་ནས། ཨཱ་དྲུག་ པར་ཨིན་ཨིཙ་ཞེས་པས་ཙི་དང་པཱུའི་དབྱངས་འཕེལ་བ་བྱས་ཏེ་རྐྱེན་གྱི་ཨ་དང་མཚམས་སྦྱར་ ཞིང་། ནཱ་གསུམ་པར་རེ་ཕ་དང་ས་དག་གི་ཞེས་པས་ནིར་དག་གི་ར་ཡིག་རྣམ་བཅད་དུ་བསྒྱུར་ བ། སན་ལྔ་པར་རྣམ་པར་བཅད་པ་ཙའམ་ཚལ་ཞེས་པས་ཙའི་སྔ་མར་ཤ་དང་། ནཱ་ལྔ་པར་མི་ ཟད་པ་མིན་པའི་རྣམ་པར་བཅད་པ་ནི་ཞེས་པ་ནིའི་སྒྲ་ལས་པཱའི་སྔ་མར་ས་དང་། ནཱ་བཞི་པར་ ནཱ་མི་དང་ཀ་དང་ར་ལས་ཞེས་པས་སའང་ཥ་རུ་བསྒྱུར་ཏེ། མཐར་སི་བྱིན་པས། ཨེ་ཀ་ཏཎྜུ་ ལ་ནིཤྩཱ་ཡཿ དྭཽསཱུཪྻ་ནིཥྤཱ་ཝཿ(ཉི་མ་གཉིས་དག་ལེགས་པར་འཐུང་ངོ་། །) ཞེས་པ་ལྟ་བུའོ། །ཨིང་ཨཱ་དག་ ལས་ཀྱང་ངོ་ཞེས་པ་ནི་ཨིང་ཀློག་པ་དང་ཨཱ་ཡིག་མཐའ་ཅན་གྱི་བྱིངས་དག་ལས་ཀྱང་ཕ་རོལ་ ཏུ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨ་དྷི་དང་། ཨུ་པ་ཨ་དྷི་སྔ་མ་ཅན་གྱི་ཨིང་རྗེས་ འབྲེལ་ཕྱིས་པ་དག་དང་། ཨཱ་ཡིག་མཐའ་ཅན་ཌུ་དཱཉ་སྦྱིན་པ་དང་། ཌུདྷཱཉ་འཛིན་པའི་བྱིངས་ རྫས་འབྲེལ་ཕྱིས་པ་རྣམས་ལ། མདོ་འདིས་གྷཉ་བྱིན་ནས། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་ ཨི་དག་འཕེལ་བར་བྱ་ཞིང་། སྔ་ཕྱིའི་དབྱངས་དང་མཚམས་སྦྱར་ལ། དེ་ཉིད་དུ་ཨཱཏ་མཐའ་ རྣམས་ཀྱི་ཨིཙ་ལ་ཞེས་པས་དཱ་དང་དྷཱའི་དབྱངས་ཨཱ་ཡི་རུ་བསྒྱུར་བའི་ཨི་བརྗོད་དོན་ཕྱིས་ 6-1-614 ནས། མཐར་སི་བྱིན་པས། ཨདྷྱཱ་ཡཿ(ཀློག་པ་པོ)། ཨུ་པཱ་དྷྱཱ་ཡཿ(མཁན་པོ། )དཱ་ཡཿ(སྦྱིན་པ། ) དྷཱ་ཡཿ (འཛིན་པ། )ཞེས་པ་ལྟ་བུའོ། ། གཉིས་པ་ཉེར་བསྒྱུར་ཉེ་བའི་ཚིག་ཅན་ལ་གྷཉ་འཇུག་ཚུལ་རྒྱས་པར་བཤད་པ་ནི། ཉེར་ བསྒྱུར་ལ་རུ་ལས་སོ་ཞེས་པ་ཉེར་བསྒྱུར་ཉེ་བའི་ཚིག་ཅན་རུའི་སྒྲ་འདི་ལས་ཕ་རོལ་དུ་གྷཉའི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། སཾ་དང་། ཨུ་པ་སྔ་མ་ཅན་གྱི་རུ་དག་ལ། མདོ་འདིས་གྷཉ་ བྱིན་ནས། སྔར་བཞིན་རུའི་དབྱངས་འཕེལ་བ་བྱས་ཏེ་མཚམས་སྦྱར་བ་ལ་སི་བྱིན་པས། སཾ་ རཱ་ཝཿ། (ཡང་དག་པར་སྒྲོགས་སོ། །) ཨུ་པ་རཱ་ཝཿ(ཉེ་བར་སྒྲོགས་སོ། །) ཞེས་པ་ལྟ་བུའོ། །ཉེར་བསྒྱུར་ཉེ་ བའི་ཚིག་མ་ཡིན་ན་རུ་ཡིན་ཡང་གྷཉ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། རུ་ལ། འདི་ཉིད་དུ། དབྱངས་དང་བྲྀ་ཏྲྀ་ག་མི་གྲ་ཧ་རྣམས་ཀྱི་ཨ་ལའོ་ཞེས་པས་ཨལ་བྱིན་པའི་ལ་ཁྱད་དོན་ཕྱིས་ ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་རུའི་དབྱངས་ཡོན་ཏན་བྱས་ཏེ་མཚམས་ སྦྱར་བ་ལ་སི་བྱིན་པས། ར་ཝཿ(སྒྲ། ) ཞེས་པ་ལྟ་བུའོ། །སམ་ལ་དུ་ལས་སོ་ཞེས་པ་ནི་སམ་གྱི་ སྒྲ་ཉེ་བའི་ཚིག་ཅན་ཊུ་དུ་ཉེ་བར་གདུང་བའི་བྱིངས་ལས་ཕ་རོལ་ཏུ་གྷཉའི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། སམ་སྔ་མ་ཅན་གྱི་ཊུ་དུའི་ཊུ་རྗེས་འབྲེལ་ཕྱིས་པ་ལ་མདོ་འདིས་གྷཉ་ སྦྱིན་ནས། སྔར་བཞིན་དུའི་དབྱངས་འཕེལ་བ་བྱས་ཏེ་མཚམས་སྦྱར་བ་ལ་སི་བྱིན་པས། སཾ་ དཱ་ཝཿ(ཡང་དག་པར་གདུང་། ) ཞེས་པ་ལྟ་བུའོ། །ཨུཏ་ལའང་ཡུ་དྲུ་དག་གིའོ་ཞེས་པ་ནི། སྔར་བཞིན་ སམ་དང་དེར་མ་ཟད་ཨུད་ཀྱི་སྒྲ་ཉེ་བའི་ཚིག་ཅན་ལའང་ཡུ་སྤེལ་བ་དང་། དྲུ་འགྲོ་བའི་བྱིངས་ འདི་དག་ལས་ཕ་རོལ་ཏུ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། སམ་དང་ཨུད་སྔ་མ་ཅན་ གྱི་ཡུ་དག་དང་། དྲུ་དག་ལ་མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་ཡུ་དང་དྲུའི་དབྱངས་ འཕེལ་བ་བྱས་ཏེ་མཚམས་སྦྱར་བ་ལ་སི་སྦྱིན་ཞིང་། སན་བཞི་པར་སྡེ་པའི་དང་པོ་ཚིག་གི་ མཐའ་རྣམས་དབྱངས་དང་སྒྲ་ལྡན་ལ་ཞེས་པ་ལྟར་ཨུཏ་ཀྱི་ཏ་ཡིག་ད་རུ་བསྒྱུར་བས། སཾ་ཡཱ་ 6-1-615 ཝཿ། ཨུད་ཡཱ་ཝཿ(ཀུན་ནས་འགྲོ་བྱེད)། སཾ་དྲཱ་ཝཿ(འུར་བའོ། །) ཨུད་དྲཱ་ཝཿ(འབྲོས་པའོ། །) ཞེས་པ་ལྟ་བུའོ། ། ཉེར་བསྒྱུར་མེད་པ་ལ་ཤྲི་ཎཱི་བྷཱུ་རྣམས་ལའོ་ཞེས་པ་ནི། ཉེར་བསྒྱུར་མེད་པར་གྱུར་པའི་ཤྲི ཉ་ བསྟེན་པ་དང་། ཎཱི་ཉ་ཐོབ་པ་དང་། བྷཱུ་ཡོད་པའི་བྱིངས་འདི་རྣམས་ལས་ཕ་རོལ་ཏུ་གྷཉའི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་སྔ་མ་གཉིས་ཀྱི་ཉ་རྗེས་འབྲེལ་ཕྱིས་པ་དང་། བྷཱུ་ ལ་མདོ་འདིས་གྷཉ་བྱིན་ནས། དབྱངས་རྣམས་སྔར་བཞིན་འཕེལ་བ་བྱས་ཏེ་མཚམས་སྦྱར་ ལ། ཨཱ་བརྒྱད་པར་ཎའི་ནའོ་ཞེས་པས་ཎ་ཡིག་ན་རུ་བསྒྱུར་བའི་མཐར་སི་བྱིན་པས། ཤྲཱ་ ཡཿ། (གནས་པའམ་བརྟེན་པ། ) ནཱ་ཡཿ། བྷཱ་བཿཞེས་པ་ལྟ་བུའོ། །དེ་རྣམས་ཉེར་བསྒྱུར་ཡོད་པ་ལ་ནི་ གྷཉ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་བྱིངས་དེ་རྣམས་ལ། འདི་ཉིད་དུ་ དབྱངས་དང་བྲྀ་ཏྲྀ་ག་མི་ཞེས་པས་ཨལ་བྱིན་པའི་ལ་ཁྱད་དོན་ཕྱིས་ནས། ཨཱ་ལྔ་པར་ནཱ་མི་ མཐའི་བྱིངས་དང་ཞེས་པས་དབྱངས་རྣམས་ཡོན་ཏན་བྱས་ཏེ་མཚམས་སྦྱར་བ་ལ་སི་བྱིན་ པས། པྲ་ཤྲ་ཡཿ། (འུར་བའོ། །) པྲ་ཎ་ཡཿ(འབྲོས་པའོ། །) པྲ་བྷ་ཝཿཞེས་པ་ལྟ་བུའོ། །བི་ལཀྵུ་ཤྲུ་དག་ ལས་སོ་ཞེས་པ་ནི་བིའི་སྒྲ་ཉེ་བའི་ཚིག་ཅན་ཊུ་ཀྵུ་སྒྲ་དང་ཤྲུ་འགྲོ་བའི་བྱིངས་འདི་དག་གི་ཕ་ རོལ་ཏུ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་དག་གི་ཊུ་རྗེས་འབྲེལ་ཕྱིས་པ་ ལ། མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་ཨུ་ཡིག་དག་འཕེལ་བ་བྱས་ཏེ་མཚམས་སྦྱར་བ་ ལ་སི་བྱིན་པས། བིཀྵཱ་ཝཿ ཤྲུ་བི་ཤྲཱ་ཝཿ ཞེས་པ་ལྟ་བུའོ། །སྟྲྀ་ལས་རྒྱས་པར་བྱེད་པ་ལ་སྒྲ་མ་ ཡིན་པ་ལའོ་ཞེས་པ་ནི་བིའི་སྒྲ་ཉེ་བའི་ཚིག་ཅན་གྱི་སྟྲྀཉ་གཅོད་པའི་བྱིངས་འདི་ལས་ཕ་རོལ་ ཏུ་རྣམ་པར་རྒྱས་པ་ལ་འཇུག་བཞིན་པ་ན། སྒྲའི་ཡུལ་མ་ཡིན་པ་ལ་གྷཉའི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། པ་ཊ་སྱ་དང་བི་སྔ་མ་ཅན་གྱི་སྟྲྀཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ གྷཉ་བྱིན་ནས། སྔར་བཞིན་རྀ་ཡིག་འཕེལ་བ་བྱས་ཏེ་མཚམས་སྦྱར་བ་ལ་སི་བྱིན་པས། པ་ཊ་ སྱ་བ་སྟཱི་རཿཞེས་པ་ལྟ་བུའོ། །སྒྲའི་ཡུལ་འཇུག་པའི་སྟྲྀ་ལ་ནི་གྷཉ་སྦྱིན་པར་མི་འགྱུར་ཏེ། 6-1-616 དཔེར་ན། ཝ་ཙ་སཾ་དང་བི་སྔ་མ་ཅན་གྱི་སྟྲྀ་ལ་སྔར་བཞིན་ཨལ་བྱིན་པའི་ལ་ཁྱད་དོན་ཕྱིས་ ནས་རྀ་ཡོན་ཏན་བྱས་ཏེ་མཚམས་སྦྱར་བ་ལ་སི་བྱིན་པས། ཝ་ཙ་སཾ་བི་སྟ་རཿཞེས་པ་ལྟ་བུའོ། ། པྲ་ལའང་མཆོད་སྦྱིན་མ་ཡིན་པ་ལའོ་ཞེས་པ་ནི་པྲ་ཉེ་བའི་ཚིག་ཅན་གྱི་སྟྲྀ་ལས་ཕ་རོལ་ ལའང་མཆོད་སྦྱིན་མ་ཡིན་པ་ལ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་སྟྲྀ་ ལ་མདོ་འདིས་གྷཉ་བྱིན་ནས། རྀ་འཕེལ་བ་བྱས་ཏེ་མཚམས་སྦྱར་བ་ལ་སི་བྱིན་པས། པྲ་སྟཱ་ རཿཞེས་པ་ལྟ་བུའོ། །མཆོད་སྦྱིན་ལ་ནི་གྷཉ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་ གྱི་སྟྲྀ་ལ་སྔར་བཞིན་ཨལ་ཁྱད་དོན་ཕྱིས་པ་བྱིན་ནས། རྀ་ཡོན་ཏན་བྱས་ཏེ་སྦྱར་བ་ལ་སི་བྱིན་ པས། པྲསྟཱ་རཿཞེས་པལྟ་་བུའོ། །སྡེབ་སྦྱོར་གྱི་མིང་ལའང་ངོ་ཞེས་པ་ནི། སྡེབ་སྦྱོར་གྱི་མིང་གི་ ཡུལ་ལ་སྟྲྀ་ལས་ཕ་རོལ་ཏུ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བི་དང་ཨཱ་སྔ་མ་ཅན་གྱི་ སྟྲྀ་ལ་མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་རྀ་འཕེལ་བ་བྱས་ཏེ་སྦྱར་ལ། སློབ་ཕན་དུ། སྡེབ་ སྦྱོར་གྱི་མིང་ལ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཥ་ཉིད་དུ་བཤད་དོ་ཞེས་པས་བིའི་མཐར་ས་ ཡིག་ཥ་རུ་བསྒྱུར་བ་ན། པ་རི་བྷཱ་ཥར་རྒྱུ་མཚན་མེད་པར་རྒྱུ་མཚན་ཅན་ཡང་ཞེས་པས་ཏའང་ ཊ་རུ་བསྒྱུར་ལ་སི་བྱིན་པས། བིཥྚཱརཿ། (ཕྲེང་དུ་བསྒྲིགས་པའོ། །) ཨཱ་སྟཱརཿ(ཕྲེང་བའོ། །) ཞེས་པ་ལྟ་བུའོ། ། པྲ་ལ་དྲུ་སྟུ་ཤྲུ་ལས་སོ་ཞེས་པ་ནི། པྲའི་སྒྲ་ཉེ་བའི་ཚིག་ཅན་དྲུ་འགྲོ་བ་དང་། སྟུ་བསྟོད་པ་དང་། སྲུ་འགྲོ་བའི་བྱིངས་འདི་རྣམས་ལ་ཕ་རོལ་ཏུ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པྲ་ སྔ་མ་ཅན་གྱི་བྱིངས་དེ་རྣམས་ལ་མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་དབྱངས་རྣམས་ འཕེལ་བ་བྱས་ཏེ་སྦྱར་བ་ལ་སི་བྱིན་པས། པྲ་དྲཱ་ཝཿ། (བྲོས་པ། ) པྲ་སྟཱ་ཝཿ(གོ་སྐབས)། པྲ་ཤྲཱ་ཝཿ (གཅིན་)ཞེས་པ་ལྟ་བུའོ། །ཨ་ཝ་ཨུཏ་དག་ལ་ནཱི་ལས་སོ་ཞེས་པ་ནི་ཨ་ཝ་དང་ཨུཏ་ཉེ་བའི་ཚིག་ དག་ལ། ཎཱིཉ་ཐོབ་པའི་བྱིངས་འདི་དག་ལས་ཕ་རོལ་ཏུ། གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་དག་གི་ཉ་ཁྱད་དོན་ཕྱིས་པ་ལ་མདོ་འདིས་གྷཉ་བྱིན་ནས། ཎ་ཡིག་སྔར་ 6-1-617 བཞིན་ན་རུ་བསྒྱུར་ཏེ་དབྱངས་འཕེལ་བ་བྱས་ནས་སྦྱར་བ་ལ་སི་སྦྱིན་ཞིང་། སན་བཞི་པར་ལྔ་ པ་ལ་ལྔ་པ་རྣམས་སུ་སྟེ། ཞེས་ཨུཏ་ཀྱི་ཏ་ཡིག་ན་རུ་བསྒྱུར་བས། ཨ་ཝ་ནཱ་ཡཿ། ཨུནྣཱ་ཡཿཞེས་ པ་ལྟ་བུའོ། །ནིར་ཨ་བྷི་དག་ལ་པཱུ་ལཱུ་དག་གིའོ་ཞེས་པ་ནི་ནིར་དང་ཨ་བྷི་ཉེ་བའི་ཚིག་དག་ལ་ རིམ་པ་དག་ལ་པཱུང་འཐུང་བ་དང་ལཱུཉ་གཅོད་པའི་བྱིངས་འདི་དག་གི་ཕ་རོལ་ཏུ་གྷཉའི་རྐྱེན་ སྦྱིན་པར་འགྱུར་ཏེ། དཔེར་ན། ནིར་སྔ་མ་ཅན་གྱི་པཱུང་དང་། ཨ་བྷི་སྔ་མ་ཅན་གྱི་ལཱུཉ་རྗེས་ འབྲེལ་ཕྱིས་པ་ལ། མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་ཨཱུ་ཡིག་དག་འཕེལ་བར་བྱས་ཏེ། ནིར་གྱི་ར་ཡིག་རྣམ་བཅད་དུ་བྱས་ལ། ནཱ་ལྔ་པར་མི་ཟད་པ་མིན་པའི་རྣམ་པར་བཅད་པ་ནི་ ཞེས་པས་ས་ཡིག་ཏུ་བསྒྱུར་ཞིང་། ནཱ་བཞི་པར་ནཱ་མི་དང་ཀ་དང་ར་ལས་ཞེས་པས་སའང་ཥ་ ཡིག་ཏུ་བསྒྱུར་ནས་སི་བྱིན་པས། ནིཝཿ(དག་པར་བྱེད། ) ཨ་བྷི་ལཱ་ཝཿ(གཅོད་པའམ་རྔབ། ) ཞེས་པ་ལྟ་ བུའོ། །སཾ་སྟུ་ལས་མཆོད་སྦྱིན་ལའོ་ཞེས་པ་ནི་སཾ་གྱི་སྒྲ་ཉེ་བའི་ཚིག་ཅན་སྟུ་བསྟོད་པའི་བྱིངས་ འདི་ལས་ཕ་རོལ་ཏུ་མཆོད་སྦྱིན་གྱི་ཡུལ་ལ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། སཾ་སྔ་ མ་ཅན་གྱི་སྟུ་ལ་མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་ཨུ་ཡིག་འཕེལ་བ་བྱས་ཏེ་མཚམས་ སྦྱར་བ་ལ་སི་བྱིན་པས། སཾ་སྟཱ་ཝཿ(མཆོད་སྦྱིན་ལ་བྲམ་ཟེ་རྣམས་ཀྱི་བསྟོད་པ་གང་ཡིན་པ་དེ། ) ཞེས་པ་ལྟ་ བུའོ། །ཨུཏ་ནི་དག་ལ་གྲཱྀ་ལའོ་ཞེས་པ་ནི་ཨུཏ་དང་ནི་ཉེ་བའི་ཚིག་ཅན་གྲཱྀ་གསལ་བའི་བྱིངས་ འདི་ལས་ཕ་རོལ་ཏུ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨུཏ་དང་ནི་སྔ་མ་ཅན་གྱི་གྲཱྀ་ དག་ལ། མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་རཱྀ་ཡིག་འཕེལ་བ་བྱ་ཞིང་། ཏ་ཡིག་ད་རུ་ བསྒྱུར་ཏེ་སི་བྱིན་པས། ཨུངྒཱ་རཿ ནི་གཱ་རཿ(སེམས་འཆར་རྐྱེན་པ། ) ཞེས་པ་ལྟ་བུའོ། །ཨུཏ་དང་ནི་ཉེ་ བའི་ཚིག་ཅན་མ་ཡིན་ན་གྷཉ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། གྲཱྀ་ལ་སྔར་བཞིན་ཨལ་བྱིན་ ནས། རཱྀ་ཡོན་ཏན་བྱས་ཏེ་སི་བྱིན་པས། ག་རཿཞེས་པ་ལྟ་བུའོ། །སོ་བ་ལ་ཀྲཱྀ་ལས་སོ་ཞེས་པ་ ནི་ཨུཏ་དང་ནི་ཉེ་བའི་ཚིག་ཅན་སོ་བའི་ཡུལ་ལ་འཇུག་བཞིན་པ་ལ། ཀྲཱྀ་སྐྱོང་བའི་བྱིངས་འདི་ 6-1-618 ལས་ཕ་རོལ་ཏུ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨུཏ་དང་ནི་སྔ་མ་ཅན་གྱི་ཀྲཱྀ་དག་ ལས། མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་རཱྀ་འཕེལ་བ་བྱས་ཏེ་སྦྱར་བ་ལ་སི་བྱིན་པས། ཨུཏྐཱ་རཿ(སོ་བའོ། །) ནི་ཀཱ་རཿ(སོ་བའོ། །) ཞེས་པ་ལྟ་བུའོ། །དུར་ཕན་དག་གི་རྒྱ་དཔེར། ཀིར་ལས་ ཞེས་སྨོས་པས་ཀྲྀ་འཚེ་བ་ལའོ་ཞེས་པ་འདི་ལ་གྷཉའི་རྐྱེན་མི་འགྱུར་བའི་དོན་ཏེ་ཞེས་ཀྱང་ གསུངས་སོ། །ནི་ལ་བྲྀཉ་ལས་སོ་ཞེས་པ་ནི་ཉེ་བའི་ཚིག་ཅན་བྲྀཉ་འདམ་པའི་བྱིངས་འདི་ ལས་ཕ་རོལ་ཏུ་སེ་བ་མངོན་པར་བརྗོད་པ་ལས་གྷཉ་འི་སྦྱིན་པར་འགྱུར་ཏེ། དཔེར་ན། ནི་སྔ་ མ་ཅན་གྱི་བྲྀཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་རྀ་འཕེལ་ བར་བྱས་ཏེ། བུད་མེད་དུ་སྒྲུབ་པ་ལ། ནཱ་བཞི་པར་བུད་མེད་ལ་ཨ་ལས་ཞེས་པས་ཨཱའི་རྐྱེན་ བྱིན་ནས་སྦྱར་བ་ལ། སི་བྱིན་པ་ཤྲད་དྷཱ་ལས་དབྱི་ཞིང་། ནཱ་ལྔ་པར་ཐུང་ངུའི་རིང་པོ་ཉིད་དོ་ ཞེས་པ་ལྟར་ནིའི་དབྱངས་རིང་པོར་བསྒྱུར་བས། ནི་བཱ་རཱ་(འབྲུའི་མིང་ངོ་། །)ཞེས་པ་ལྟ་བུའོ། །ཨུཏ་ ལ་ཤྲི་པཱུ་དག་གིའོ་ཞེས་པ་ནི་ཨུཏ྄་ཉེ་བའི་ཚིག་ཅན་ཤྲི ཉ་བསྟེན་པ་དང་། པཱུང་འཐུང་བའི་ བྱིངས་འདི་དག་གི་ཕ་རོལ་ཏུ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨུཏ་སྔ་མ་ཅན་གྱི་ ཤྲི ཉ་དང་པཱུང་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་དབྱངས་ འཕེལ་བ་བྱས་ཏེ་མཚམས་སྦྱར་བ་ལ་སི་སྦྱིན་ཞིང་། སན་བཞི་པར་སྡེ་བའི་དང་པོ་རྣམས་ ལས་ཤ་ཡིག་དབྱངས་དང་ཞེས་པས། ཤ་ཡིག་ཚ་དང་། དེ་ཉིད་དུ་ཏ་ཡིག་ལ་དང་ཊའི་སྡེ་པ་ ལ་ཕ་རོལ་གྱི་གཟུགས་སོ་ཞེས་པས་ཨུཏ་སྔ་མའི་ཏ་ཡིག་ཚ་དང་། ནཱ་དང་པོར་སྒྲ་མེད་པ་ལ་ དང་པོའོ་ཞེས་པས་ཚ་འང་ཙ་རུ་བསྒྱུར་བས། ཨུཙྪྲཱྀ་ཡཿ(དཔངས། ) ཨུཏ་པཱ་ཝཿཞེས་པ་ལྟ་བུའོ། ། གྲཧ་ལས་ཀྱང་ངོ་ཞེས་པ་ནི་ཨུཏ་ཉེ་བར་ཚིག་ཅན་གྲཧ་ཉེ་བར་ལེན་པའི་བྱིངས་འདི་ལས་ ཀྱང་ཕ་རོལ་ཏུ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨུཏ་སྔ་མ་ཅན་གྱི་གྲཧ་ལ་མདོ་ འདིས་གྷཉ་བྱིན་ནས། ཨཱ་དྲུག་པར་ཨིན་ཨི་ཙ་ཞེས་པས་གྲའི་དབྱངས་རིང་པོ་དང་། སྔར་ 6-1-619 བཞིན་ཏའང་ད་རུ་བསྒྱུར་ཏེ་སི་བྱིན་པས། ཨུ ངྒྲཱ་ཧཿ(ཉེ་བར་ལེན་པ། ) ཞེས་པ་ལྟ་བུའོ། །ཨ་ཝ་ནི་ དག་ལ་སྤྱོ་བ་ལའོ་ཞེས་པ་ནི། ཨ་ཝ་དང་ནི་ཉེ་བའི་ཚིག་ཅན་གྱི་གྲཧ་ལས་ཀྱང་ཕ་རོལ་ཏུ། སྤྱོ་ ཞིང་སྐྱོན་བརྗོད་པ་རྟོགས་པར་བྱ་བ་ལ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨ་ཝ་དང་ ནི་སྔ་མ་ཅན་ནི་གྲཧ་དག་ལ་མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་གྲའི་དབྱངས་རིང་པོར་ བསྒྱུར་ཏེ་སི་བྱིན་པའི་ཕ་རོལ་ན། ཏེ་བྷཱུ་ཡཱཏ་ཡོད་པ་ལས། ཨ་ཝ་གྲཱ་ཧ་སྟེ་བྷཱུ་ཡཱཏ། ནི་གྲཱ་སྟེ་བྷཱུ་ ཡཱཏ་ཅེས་པ་ལྟ་བུའོ། །ཨ་ཝ་དང་ནི་ཉེ་བའི་ཚིག་ཅན་ཡིན་ཀྱང་། སྤྱོ་བ་རྟོགས་པར་བྱ་བ་མ་ ཡིན་པ་ལ། གྷཉ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨ་ཝ་དང་ནི་སྔ་མ་ཅན་གྱི་གྲ་ཧ་ལ། དེ་ ཉིད་དུ་དབྱངས་དང་བྲྀ་ཏྲྀ་ག་མི་གྲ་ཧ་རྣམས་ཀྱི་ཞེས་པས་ཨལ་ཁྱད་དོན་ཕྱིས་པ་དང་སི་བྱིན་ པའི་ཕ་རོལ་ན་པ་ད་སྱ་དང་། ཙོ་ར་སྱ་ཡོད་པ་ལ། ཨ་ཝ་གྲ་ཧཿ པང་སྱ། ནི་གྲ་ཧཤྩོར་སྱ་ཞེས་ པ་ལྟ་བུའོ། །པྲ་ལ་ཐོབ་པར་འདོད་པ་ལའོ་ཞེས་པ་ནི། པྲ་ཉེ་བའི་ཚིག་ཅན་གྱི་གྲ་ཧ་ལས་ཕ་ རོལ་ཏུ། ཐོབ་པར་འདོད་པའི་དོན་རྟོགས་པར་བྱ་བ་ལ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་གྲཧ་ལ་མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་གྲའི་དབྱངས་རིང་ པོར་བསྒྱུར་ཞིང་མཐར་ཊཱ་བྱིན་པ་ན། ནཱ་དང་པོར་ཊཱ་ཨིནའོ་ཞེས་པས་ཊཱ་ཡིག་ཨིན་དང་སྔར་ བཞིན་ནའང་ཎ་རུ་བསྒྱུར་ཏེ་སྦྱར་བས། པྲ་གྲཱ་ཧེ་ཎ་ཞེས་པ་ལྟ་བུའོ། །པྲ་ཉེ་བའི་ཚིག་ཡིན་ཀྱང་ ཐོབ་པར་འདོད་པ་མ་ཡིན་ན་གྷཉ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། པྲ་གྲཧ་ལ་སྔར་བཞིན་ ཨལ་ཁྱད་དོན་ཕྱིས་པ་དང་སི་བྱིན་པས། པྲ་གྲ་ཧཿཞེས་པ་ལྟ་བུའོ། །སཾ་ལ་ཁུ་ཚུར་ལའོ་ཞེས་ པ་ནི་སཾ་ཉེ་བའི་ཚིག་ཅན་གྱི་གྲཧ་ལས་ཕ་རོལ་ཏུ། ཁུ་ཚུར་གྱི་དོན་ལ་གྷཉའི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། ཨ་ལོ་མལླ་སྱ་དང་སཾ་སྔ་མ་ཅན་གྱི་གྲཧ་ལ། མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་གྲའི་དབྱངས་རིང་པོར་བསྒྱུར་ཏེ་སི་བྱིན་པས། ཨ་ལོ་མལླ་སྱ་སཾ་གྲཱ་ཧཿ(གྱད་པའི་ཁུ་ ཚུར་རོ། །) ཞེས་པ་ལྟ་བུའོ། །སམ་ཉེ་བའི་ཚིག་ཡིན་ཀྱང་ཁུ་ཚུར་གྱི་དོན་མ་ཡིན་ན། གྷཉ་སྦྱིན་ 6-1-620 པར་མི་འགྱུར་ཏེ། དཔེར་ན། སམ་གྲ་ཧ་ཨལ་དང་སི་བྱིན་པའི་ཕ་རོལ་ན་དྷཱ་ན་སྱ་ཡོད་པ་ ལས། སཾ་གྲ་ཧོ་དྷཱ་ན་སྱ་(འབྲུ་བསྡུས་པའོ། །)ཞེས་པ་ལྟ་བུའོ། །པ་རི་ལ་མཆོད་སྦྱིན་ལའོ་ཞེས་པ་ནི་ པ་རི་ཉེ་བའི་ཚིག་ཅན་གྱི་གྲཧ་ལ་ཕ་རོལ་ཏུ། མཆོད་སྦྱིན་གྱི་ཡུལ་ལ་གྷཉའི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། པ་རི་སྔ་མ་ཅན་གྱི་གྲཧ་ལ་མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་གྲའི་ དབྱངས་རིང་པོར་བསྒྱུར་བ་ལ་སི་བྱིན་པས། པ་རི་གྲཱ་ཧཿཞེས་ལྟ་བུའོ། །པ་རི་ཉེ་བ་ཅན་ཡིན་ ཀྱང་མཆོད་སྦྱིན་གྱི་དོན་མ་ཡིན་ན་གྷཉ་སྦྱིན་པ་མི་འགྱུར་ཏེ། དཔེར་ན། པ་རི་གྲཧ་ལ་སྔར་ བཞིན་ཨལ་དང་སི་བྱིན་པས། པ་རི་གྲ་ཧཿཞེས་པ་ལྟ་བུའོ། །ཨ་ཝ་ལ་ཆར་པ་དང་འབྲེལ་པ་ ལ་ཡང་ནའོ་ཞེས་པ་ནི་ཨ་ཝ་ཉེ་བའི་ཚིག་ཅན་གྱི་གྲཧ་ལས་ཕ་རོལ་ཏུ་ཆར་པ་དང་། འབྲེལ་ པའི་དོན་མངོན་པར་བརྗོད་པ་ལ། གྷཉའི་རྐྱེན་ཡང་ན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨ་ཝ་ སྔ་མ་ཅན་གྱི་གྲཧ་ལ་མདོ་འདིས་གྷཉ་བྱིན་ནས་སྔར་བཞིན་གྲ་རིང་པོར་བསྒྱུར་ལ་སི་བྱིན་ པས། ཨ་ཝ་གྲཱ་ཧཿ(ཐན་པ། ) ཞེས་པ་དང་། ཡང་ན་གྷཉ་སྦྱིན་པར་མི་འགྱུར་ཞིང་། སྔར་བཞིན་ ཨལ་དང་སི་བྱིན་པས། ཨ་ཝ་གྲ་ཧཿ(ཕན་པ། ) ཞེས་པ་ལྟ་བུའོ། །པྲ་ལ་སྲབ་ལའོ་ཞེས་པ་ནི་པྲ་ ཉེ་བའི་ཚིག་ཅན་གྱི་གྲ་ཧ་ལ་ཕ་རོལ་ཏུ། རྟ་ལ་སོགས་རྣམས་ཀྱི་སྣ་ཐག་གམ་སྲབ་ཀྱི་དོན་ མངོན་པར་བརྗོད་པ་ལ། གྷཉའི་རྐྱེན་ཡང་ན་སྦྱིན་པར་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ གྲ་ཧ་ལ་མདོ་འདི་ལས་སྔར་བཞིན་གྷཉ་དང་སི་བྱིན་པས། པྲ་གྲཱ་ཧཿཞེས་པ་དང་། ཡང་ན་གྷཉ་ སྦྱིན་པར་མི་འགྱུར་ཞིང་། སྔར་བཞིན་ཨལ་དང་སི་བྱིན་པས། པྲགྲྀ་ཧཿ(སྲང་མོ། ) ཞེས་པ་ལྟ་ བུའོ། །ཚོང་པ་རྣམས་ཀྱིའང་ངོ་ཞེས་པ་ནི་ཚོང་པ་རྣམས་དང་འབྲེལ་པའི་སྲང་གི་ཐག་པའི་ དོན་ལ་འང་པྲ་ཉེ་བའི་ཚིག་ཅན་གྱི་གྲཧ་ལས་ཕ་རོལ་ཏུ། གྷཉའི་རྐྱེན་ཡང་ན་སྦྱིན་པར་འགྱུར་ ཏེ། དཔེར་ན། ཏུ་ལཱ་དང་པྲ་སྔ་མ་ཅན་གྱི་གྲ་ཧ་ལ། མདོ་འདིས་སྔར་བཞིན་གྷཉ་བྱིན་ནས་གྲ་ རིང་པོར་འགྱུར་ཞིང་། ཊཱ་བྱིན་པའང་ཨིན་རུ་བསྒྱུར་བའི་ཕ་རོལ་ན་ཙ་ར་ཏི་ཡོད་པ་ལས། ཏུ་ 6-1-621 ལཱ་པྲ་གྲཱ་ཧེ་ཎ་ཙ་ར་ཏི་ཞེས་པ་དང་། ཡང་ན་གྷཉ་སྦྱིན་པར་མི་འགྱུར་ཞིང་། སྔར་བཞིན་ཨལ་ དང་ཊཱ་བྱིན་པས། ཏུ་ལཱ་པྲ་གྲ་ཧེ་ཎ་ཙ་ར་ཏི་(སྲང་ཐག་གིས། ) ཞེས་པ་ལྟ་བུའོ། །ཝྲྀ་ཎོ་ཏི་ལས་སྒྲིབ་ གཡོགས་ལའོ་ཞེས་པ་ནི་པྲ་ཉེ་བའི་ཚིག་ཅན་ཝྲྀཉ་སྒྲིབ་པའི་བྱིངས་ལས་ཕ་རོལ་ཏུ། སྒྲིབ་ གཡོགས་ཀྱི་དོན་ལ་གྷཉའི་རྐྱེན་ཡང་ན་སྦྱིན་པར་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཝྲྀཉ་ རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་རྀ་འཕེལ་བ་བྱས་ཏེ་སི་བྱིན་ པ་ན། ནཱ་ལྔ་པར་ཐུང་ངུའི་རིང་པོ་ཉིད་དོ་ཞེས་པས་པྲ་རིང་པོར་བསྒྱུར་བས། པྲཱ་ཝཱ་རཿ(བེའུར་ བསམ་བླ་གོས། )ཞེས་པ་དང་། ཡང་ན་གྷཉ་སྦྱིན་པར་མི་འགྱུར་ཞིང་། སྔར་བཞིན་ཨལ་བྱིན་ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་རྀ་ཡོན་ཏན་བྱས་ཏེ་སི་བྱིན་པ་ན་པྲའང་སྔ་མ་ བཞིན་རིང་པོར་བསྒྱུར་བས། པྲཱ་ཝ་རཿ ཞེས་པ་ལྟ་བུའོ། །སློབ་ཕན་དུ། སྒྲིབ་གཡོགས་ཀྱི་ ཁྱད་པར་བརྗོད་པ་སྟེ་སྒྲིབ་གཡོགས་ཙམ་ནི་མ་ཡིན་ནོ་ཞེས་ཀྱང་གསུངས་སོ། །ཨཱང་ལ་རུ་པླུ་ དག་ལའོ་ཞེས་པ་ནི་ཨཱང་ཉེ་བའི་ཚིག་ཅན་གྱི་རུ་སྒྲ་དང་། པླུ་འགྲོ་བའི་བྱིངས་འདི་དག་ལས་ ཕ་རོལ་ཏུ། གྷཉའི་རྐྱེན་ཡང་ན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཱང་གིང་རྗེས་འབྲེལ་ཕྱིས་པ་ སྔ་མ་ཅན་གྱི་རུ་དང་པླུ་ལ་མདོ་འདིས་གྷཉ་བྱིན་ནས་དབྱངས་འཕེལ་བར་བྱས་ཏེ་སི་བྱིན་ པས། ཨཱ་རཱ་ཝཿ(ཀུན་བསྒྲགས། ) ཨཱ་པླཱ་ཝཿ(ཆུར་འཇུག་པའམ་རྐྱལ། ) ཞེས་པ་དང་། ཡང་ན་གྷཉ་སྦྱིན་ པར་མི་འགྱུར་ཞིང་། སྔར་བཞིན་ཨལ་དང་སི་བྱིན་པས། ཨཱ་ར་ཝཿ། ཨཱ་པླ་ཝཿཞེས་པ་ལྟ་བུའོ། ། པ་རི་ལ་བྷཱུ་ལས་མ་གུས་པ་ལའོ། །ཞེས་པ་ནི་པ་རི་ཉེ་བའི་ཚིག་ཅན་ལ་བྷཱུ་ཡོད་པའི་བྱིངས་ འདི་ལས་ཕ་རོལ་ཏུ། མ་གུས་པའི་དོན་ལ་གྷཉའི་རྐྱེན་ཡང་ན་སྦྱིན་པར་འགྱུར་ཏེ། དཔེར་ན། པ་རི་བྷཱུ་ལ་མདོ་འདིས་གྷཉ་བྱིན་ནས་ཨཱུ་ཡིག་འཕེལ་བ་བྱས་ཏེ་སི་བྱིན་པས། པ་རི་བྷཱ་ཝཿ ཞེས་པ་དང་། ཡང་ན་གྷཉ་སྦྱིན་པར་མི་འགྱུར་ཞིང་། སྔར་བཞིན་ཨལ་དང་སི་བྱིན་པས། པ་ རི་བྷ་ཝཿ(ཡོངས་སུ་གྱུར་པ། ཞེས་པ་འདིར་མི་འགྱུར་ཏེ། མ་གུས་ཞེས་བཤད་པས་དེའི་དོན་ལ་ཤུགས་བསྟན་གྷཧ་སྟེར་ཞིང་། 6-1-622 ཨལ་བྱིན་ནས་མ་གུས་པར་འགྱུར་ཞེས་པའི་སྩི་ར་ཙ་ཏུར་གྱིས་སོ། །)ཞེས་པ་ལྟ་བུའོ། ། གསུམ་པ་བྱིངས་དོན་སོ་སོ་ལ་གྷཉ་སྦྱོར་ཚུལ་བསྡུས་ཏེ་བསྟན་པ་ནི། ཙི་ལས་ནི་ལག་ པས་ལེན་པ་ལའོ་ཞེས་པས་ཙིཉ་སོགས་པའི་བྱིངས་འདི་ལས་ཕ་རོལ་ཏུ། ལག་པས་ལེན་ པའི་ཡུལ་ལ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དུར་སིང་དུ་ནིའི་སྒྲ་ནི་ཡང་ན་མི་འཇུག་པའི་ དོན་དུ་གསུངས་སོ། །དཔེར་ན། པུཥྤ་དང་ཕ་ལ་དང་པྲ་སྔ་མ་ཅན་གྱི་ཙིཉ་རྗེས་འབྲེལ་ཕྱིས་ པ་ལ་མདོ་འདིས་གྷཉ་བྱིན་ནས་སྔར་བཞིན་ཙིའི་དབྱངས་འཕེལ་བ་བྱས་ཏེ་མཚམས་སྦྱར་བ་ ལ་སི་བྱིན་པས། པུཥྤ་པྲ་ཙཱ་ཡཿ། (མེ་ཏོག་ལག་པས་ལེན། ) ཕ་ལ་པྲ་ཙཱ་ཡཿ(འབྲས་བུ་ལག་པས་ལེན། ) ཞེས་ པ་ལྟ་བུའོ། །ལུས་དང་གནས་དག་ལ་དང་པོའི་ཀའང་ངོ་ཞེས་པ་ནི་ཙིཉ་སོག་པའི་བྱིངས་འདི་ ལས་ཕ་རོལ་ཏུ། ལུས་དང་གནས་དག་གི་དོན་ལ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཞིང་། ཙིའི་ དང་པོ་ཙ་ཡིག་གང་ཡིན་པ་དེའང་ཀ་རུའང་འགྱུར་ཏེ། དཔེར་ན། ཙི་དང་ནི་སྔ་མ་ཅན་གྱི་ཙི་ ལ་མོད་འདིས་གྷཉ་བྱིན་ནས། སྔར་བཞིན་ཙིའི་དབྱངས་འཕེལ་བ་བྱས་ཏེ་ཙ་ཡིག་དག་ཀ་རུ་ བསྒྱུར་པ་ལ་སི་བྱིན་པས། ཀཱ་ཡཿ(ལུས་པོ། ) ནི་ཀཱ་ཡཿ(གནས་པོ། ) ཞེས་པ་ལྟ་བུའོ། །འདུས་པ་ ལའང་མཆོག་དང་ཐ་མ་མ་ཡིན་པ་ལའོ་ཞེས་པ་ནི་སྲོག་ཆགས་རྣམས་ཀྱི་ཚོགས་བརྗོད་པ་ནི་ འདུས་པ་ཡིན་ཞིང་། དེ་ལའང་མཆོག་དང་ཐ་མ་མ་ཡིན་པའི་འདུས་པ་མངོན་པར་བརྗོད་པ་ ལ་ཙི་ཉ་ལས་ཕ་རོལ་ཏུ་གྷཉའི་རྐྱེན་སྦྱིན་པར་འགྱུར་ལ། དང་པོའི་ཙ་ཡིག་ཀ་རུ་འགྱུར་ཏེ། དཔེར་ན། བྲཱཧྨ་ཎ་དང་ནི་སྔ་མ་ཅན་གྱི་ཙི་ལ་མདོ་འདིས་གྷཉ་བྱིན་ནས་སྔ་མ་བཞིན་བསྒྲུབས་ པས། བྲཱཧྨ་ཎ་ནི་ཀཱ་ཡཿཞེས་པ་ལྟ་བུའོ། །མཆོག་དང་ཐ་མའི་འདུས་པ་ལ་ནི་གྷཉ་སྦྱིན་པར་ མི་འགྱུར་ཏེ། དཔེར་ན། ཤྭ་དང་ནི་སྔ་མ་ཅན་གྱི་ཙི་ལ། འདི་ཉིད་དུ་དབྱངས་དང་བྲྀ་ཏྲྀ་ཞེས་ པས་ཨལ་བྱིན་པའི་ཁྱད་དོན་ཕྱིས་ནས། ཙིའི་དབྱངས་ཡོན་ཏན་བྱས་ཏེ་མཚམས་སྦྱར་བ་ལ་ སི་བྱིན་པས། ཤྭ་ནི་ཙ་ཡཿ(ཁྱིའི་ཚོགས་པ། ) ཞེས་པ་ལྟ་བུའོ། །པ་རི་ནི་དག་ལ་ནཱི་ཨིན་དག་ལས་ 6-1-623 ཆོ་ལོ་དང་རིགས་པ་དག་ལའོ་ཞེས་པ་ནི་པ་རི་ཉེ་བའི་ཚིག་ཅན་ནཱིཉ་ཐོབ་པ་དང་། ནི་ཉེ་བའི་ ཚིག་ཅན་ཨིཎ་འགྲོ་བའི་བྱིངས་འདི་དག་ལས་ཕ་རོལ་ཏུ། རིམ་པ་བཞིན་ཆོ་ལོའི་ཡུལ་དང་། རིགས་པའི་དོན་དག་ལ་གྷཉ་འི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པ་རི་སྔ་མ་ཅན་གྱི་ནཱིཉ་ རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་གྷཉ་བྱིན་ནས། སྔར་བཞིན་ཨི་འཕེལ་བྱས་ཏེ། ཊཱ་བྱིན་ པ་ཨི་ན་རུ་བསྒྱུར་ཞིང་མཚམས་སྦྱར་བ་ལ། ནཱ་བཞི་པར་ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་པ་ ལྟར་ན་ཡིག་ཎ་རུ་བསྒྱུར་བས། པ་རི་ཎཱ་ཡེ་ན་(ཆོ་ལོའོ། །) ཞེས་པ་དང་། ནི་སྔ་མ་ཅན་ཨིན་གྱི་ ཎ་ཁྱད་དོན་ཕྱིས་པ་ལའང་། སྔར་བཞིན་གྷཉ་བྱིན་ནས་ཨི་འཕེལ་བ་བྱས་ཏེ་མཚམས་སྦྱར་བ་ ལ་སི་བྱིན་པས། ནྱཱ་ཡཿ(རིགས་པའོ། །)ཞེས་པ་ལྟ་བུའོ། །བི་ཨུ་པ་དག་ལ་ཤེ་ཏེ་ལས་རྣམ་གྲངས་ ལའོ་ཞེས་པ་ནི་བི་དང་ཨུ་པ་དག་ཉེ་བའི་ཚིག་ཅན་གྱི་ཤཱིང་ཉལ་བའི་བྱིངས་འདི་ལས་ཕ་རོལ་ ཏུ། རྣམ་གྲངས་ཀྱི་ཡུལ་ལ་འཇུག་པ་ན་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཏ་ཝ་རཱ་ དང་བི་སྔ་མ་ཅན། མ་མ་རཱ་ཛ་དང་ཨུ་པ་སྔ་མ་ཅན་གྱི་ཤཱིང་རྗེས་འབྲེལ་ཕྱིས་པ་དག་ལ། མདོ་ འདིས་གྷཉ་བྱིན་ནས། ཤཱིའི་དབྱངས་འཕེལ་བ་བྱས་ཏེ་མཚམས་སྦྱར་བ་ལ་སི་བྱིན་པས། ཏ་ ཝ་རཱ་ཛ་བི་ཤཱ་ཡཿ(ཁྱོད་ཀྱི་རྒྱལ་པོའི་རྣམ་གྲངས། ) མ་མ་རཱ་ཛོ་པ་ཤཱ་ཡཿ(ངའི་རྒྱལ་པོའི་རྣམ་གྲངས། ) ཞེས་པ་ ལྟ་བུའོ། །སྤྱིའི་གཉིས་པ་དངོས་པོ་དང་ལས་ལ་ཨི་ནུ་ཎ་དང་ཎཙ་འཇུག་ཚུལ་ནི། མངོན་པར་ ཁྱབ་པ་ལ་དངོས་པོ་ལ་ཨི་ནུཎ་འོ་ཞེས་པ་ནི་མངོན་པར་ཁྱབ་པ་ལ་འཇུག་བཞིན་པའི་བྱིངས་ ལས་ཕ་རོལ་ཏུ། དངོས་པོའི་དོན་ལ་ཨི་ནུ་ཎའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། སམ་སྔ་ མ་ཅན་གྱི་ཀུཊ་འཁྱོག་པོའི་བྱིངས་ལ་མདོ་འདིས་ཨི་ནུཎ་བྱིན་པའི་ཎ་ཡིག ཀྲྀཏ་དང་པོར་ གྲུབ་བ་ཉ་ཎ་རྗེས་སུ་འབྲེལ་པ་ཞེས་པའི་ཁྱད་དོན་དང་། ནུའི་ཨུ་ཡིག་བརྗོད་དོན་ཡིན་པས་ ཕྱིས་ནས། ནཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ཞེས་པས་ཀུའི་དབྱངས་ཡོན་ཏན་བྱས་ཏེ་སྦྱར་བ་ཚིག་ ཏུ་སྒྲུབ་པ་ལ་ཨམ་བྱིན་པས། སཾ་ཀོ་ཌི་ནཾ་(ཡང་དག་པའི་མཐའ་ལ། )ཞེས་པ་ལྟ་བུའོ། །ལས་ལ་ཕན་ 6-1-624 ཚུན་བྱ་བ་ལ་བུད་མེད་ལ་ནཙའོ་ཞེས་པ་ནི་ལས་ལ་ཕན་ཚུན་གྱི་བྱ་བ་རྟོགས་པར་བྱ་བཞིན་པ་ ལ་བྱིངས་ལས་ཕ་རོལ་ཏུ། བུད་མེད་ལ་འཇུག་པ་ན་ཎཙའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ ན། བྱ་ཏི་སྔ་མ་ཅན་གྱི་ཀྲུཤ་འབོད་པའི་བྱིངས་ལ། མདོ་འདིས་ཎཙ་བྱིན་པའི་ཎ་ཁྱད་དོན་སྔ་ མ་བཞིན་དང་། ཙ་ཡིག་མདོ་འདི་ལ་སོགས་པའི་ཁྱད་དོན་ཡིན་པས་ཕྱིས་ནས། ཎའི་དབྱངས་ ཤ་ལ་སྦྱར་ཏེ། སྔར་བཞིན་ཀྲུའི་དབྱངས་ཡོན་ཏན་བྱ་ཞིང་། བུད་མེད་དུ་སྒྲུབ་པ་ལ། ཨཱིའི་ རྐྱེན་བྱིན་པ་ན། ནཱ་བཞི་པར་བུད་མེད་དུ་སྒྲུབ་པའི་ཨཱི་ཡིག་ལ་ཞེས་པས་ཤའི་དབྱངས་ཕྱིས་ ནས་སི་བྱིན་པའང་ཨཱི་ཡིག་མཐའ་ལས་ཕྱིས་པས། བྱ་ཏི་ཀྲོ་ཤཱི་ཞེས་པ་ལྟ་བུའོ། ། གསུམ་པ་བྱིངས་སོ་སོ་ལ་ཨལ་འཇུག་ཚུལ་ཁྱད་པར་དང་བཅས་པ་ནི། དབྱངས་དང་བྲྀ་ དྲྀ་ག་མི་གྲཧ་རྣམས་ཀྱི་ཨལའོ་ཞེས་པ་དབྱངས་ཀྱི་མཐའ་ཅན་གྱི་བྱིངས་རྣམས་དང་། བྲྀཉ་ སྒྲིབ་པའམ་བྲྀང་ཡང་དག་པར་སློང་བ་དང་། དྲྀང་མ་གུས་པ་དང་། གམླྀ་འགྲོ་བ་དང་། གྲ་ཧ་ ཉེ་བར་ལེན་པའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ། ཨ་ལ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ ན། དབྱངས་ཀྱི་མཐའ་ཅན་ཛི་རྒྱལ་བ་དང་། སྟུ་སྟོད་པ་དང་། བྲྀ་དང་དྲྀ་དང་གམླྀ་རྣམས་ཀྱི་ལྀ་ རྗེས་འབྲེལ་ཕྱིས་པ་དང་། གྲ་ཧ་རྣམས་ལ་མདོ་འདིས་ཨལ་བྱིན་པའི་ལ་ཡིག མདོ་འདིས་ ཁྱད་དོན་ཡིན་པས་ཕྱིས་ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་ཛི་དང་སྟུའི་ དབྱངས་ཡོན་ཏན་བྱས་ཏེ། ཐམས་ཅད་ཀྱི་མཐར་སི་བྱིན་པས་རིམ་པ་བཞིན། ཛ་ཡཿ(རྒྱལ་བ། ) སྟ་ཝཿ། (གཏོད་པ། ) བ་རཿ(མཆོག)ད་རཿ། (མ་གུས་པ། ) ག་མཿ། (འགྲོ་བ། ) གྲ་ཧཿ(གཟུང་བ། )ཞེས་པ་ལྟ་ བུའོ། །ཉེར་བསྒྱུར་ལ་ཨ་དིའི་འོ་ཞེས་པ་ནི་ཉེར་བསྒྱུར་ཉེ་བའི་ཚིག་ལ་ཨད་ཟ་བའི་བྱིངས་ འདི་ཕ་རོལ་ཏུ། ཨལ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཨད་ལ་མདོ་ འདིས་ཨལ་བྱིན་ནས། ལ་ཁྱད་དོན་དབྱི་བ་ནི་ཐམས་ཅད་དུ་ཤེས་པར་བྱ་ཞིང་། ཀྲྀཏ་དང་ པོར་གྷཉ་ཨལ་དག་ལ་གྷསླྀ འོ། །ཞེས་པས་ཨད་ནི་གྷསླྀ་རུ་བསྒྱུར་བའི་ལྀ་བརྗོད་དོན་ཕྱིས་ཏེ་ 6-1-625 སྦྱར་བ་ལ་སི་བྱིན་པས། པྲ་གྷ་སཿཞེས་པ་ལྟ་བུའོ། །ཉེར་བསྒྱུར་ཉེ་བའི་ཚིག་ཅན་ལ་ཨལ་ སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨད་ལ་འདི་ཉིད་དུ་དངོས་པོ་ལ་ཞེས་པས་གྷཉ་བྱིན་ནས། ཨད་སྔར་བཞིན་གྷ་སི་དང་ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་གྷའང་རིང་པོར་བསྒྱུར་བ་ལ་སི་ བྱིན་པས། གྷཱ་སཿཞེས་པ་ལྟ་བུའོ། །ནི་ལ་ཎའང་ངོ་ཞེས་པ་ནི། ནི་ཉེ་བའི་ཚིག་ལ་ཨད་ལས་ཕ་ རོལ་ཏུ་ཎའི་རྐྱེན་སྦྱིན་པར་འགྱུར་ཞིང་། འང་གི་སྒྲས་ཨལ་གྱི་རྐྱེན་ཡང་སྦྱིན་པར་འགྱུར་ཏེ། དཔེར་ན། ནི་སྔ་མ་ཅན་གྱི་ཨད་དག་ལ་མདོ་འདིས་ཎ་དང་ཨལ་བྱིན་པའི་ཁྱད་དོན་རྣམས་ ཕྱིས་ནས། ཎའི་རྐྱེན་ལ་ཨ་རིང་པོར་བསྒྱུར་ཏེ་མཚམས་སྦྱར་ཞིང་། ཨལ་ལ་སྔར་བཞིན་ཨད་ ཀྱི་ནི་གྷས་སུ་བསྒྱུར་བ་དག་ལ་སི་བྱིན་པས། ནྱཱ་དཿ(ཟ་བ། ) ནི་གྷ་སཿ(ཟ་བ། ) ཞེས་པ་ལྟ་བུའོ། ། པྲ་སཾ་དག་ལ་མ་དི་ལས་དགའ་བ་ལའོ་ཞེས་པ་ནི་པྲ་དང་། སམ་ཉེ་བའི་ཚིག་ལ་མ་དི་དགའི་ བྱིངས་འདི་ལས་ཕ་རོལ་ཏུ། དགའ་བ་མངོན་པར་བརྗོད་པའི་དོན་ལ་ཨལ་གྱི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། པྲ་དང་སམ་སྔ་མ་ཅན་གྱི་མ་དིའི་ཨི་རྗེས་འབྲེལ་ཕྱིས་པ་དག་ལ། མདོ་ འདིས་ཨལ་དང་། མཐར་སི་བྱིན་པས། པྲ་མ་དཿ(རབ་ཏུ་དགའ་བ། ) སཾ་མ་དཿ(ཡང་དག་པར་དགའ་བ། ) ཞེས་པ་ལྟ་བུའོ། །དགའ་བ་མངོན་པར་བརྗོད་པ་མ་ཡིན་ན་ཨལ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྱིངས་དེ་དག་ལ་སྔར་བཞིན་གྷཉ་བྱིན་ནས། མ་རིང་པོར་བསྒྱུར་ཏེ་སི་བྱིན་པས། པྲ་མཱ་དཿ (བག་མེད་པ། )སཾ་མཱ་དཿ(མྱོས་པ། ) ཞེས་པ་ལྟ་བུའོ། །ཉེར་བསྒྱུར་མེད་པ་ལ་བྱ་དྷི་ཛ་པ་ དག་གིའོ་ཞེས་པ་ནི་ཉེར་བསྒྱུར་ཉེ་བའི་ཚིག་ཏུ་མེད་པར་གྱུར་པ་ལ། བྱདྷ་བསྣུན་པ་དང་། ཛཔ་བཟླས་པའི་བྱིངས་དག་དང་། སྔར་བཤད་པའི་འང་གི་སྒྲས་མ་དི་ལས་ཀྱང་ཕ་རོལ་ཏུ། ཨལ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱདྷ་དང་། ཛཔ་དང་། མད་རྣམས་ལ་མདོ་འདིས་ ཨལ་དང་། མཐར་སི་བྱིན་པས། བྱ་དྷཿ(བསྣུན་པ)། ཛ་བཿ(བཟླས་པ)། མ་དཿ(རྒྱགས་པ་) ཞེས་པ་ལྟ་ བུའོ། །ཉེར་བསྒྱུར་ཉེ་བའི་ཚིག་ལ་ནི་ཨལ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨཱ་དང་། ཨུ་པ་ 6-1-626 དང་། པྲ་རྣམས་རིམ་པ་བཞིན་སྔ་མར་ཡོད་པའི་བྱིངས་དེ་རྣམས་ལ་སྔར་བཞིན་གྷཉ་བྱིན་ ནས། ཨུ་པ་དྷཱའི་དབྱངས་རྣམས་རིང་པོར་བསྒྱུར་ཏེ། སི་བྱིན་པས། པྲ་མཱ་དཿ(བག་མེད་པ། ) ཞེས་ པ་ལྟ་བུའོ། །སྭན་དང་ཧས་དག་གི་ང་ནའོ་ཞེས་པ་ནི་ཉེར་བསྒྱུར་མེད་པར་གྱུར་པའི་སྭན་སྒྲ་ དང་ཧ་སེ་རྒོད་པའི་བྱིངས་འདི་དག་གི་ཕ་རོལ་ཏུ། ཨལ་གྱི་རྐྱེན་ཡང་ན་སྦྱིན་པར་འགྱུར་ཏེ། དཔེར་ན། སྭན་ཧ་སེའི་ཨེ་ཁྱད་དོན་ཕྱིས་པ་ལ། མདོ་འདིས་སྔར་བཞིན་ཨལ་དང་སི་བྱིན་ པས། སྦ་ནཿ། (སྒྲའོ། །) ཧ་སཿ(རྒོད་པ། ) ཞེས་པ་དང་། ཡང་ན་ཨལ་སྦྱིན་པར་མི་འགྱུར་ཞིང་། སྔར་ བཞིན་གྷཉ་ད་ར་སི་བྱིན་པས། སྭཱནཿ(སྒྲའོ། །) ཧཱ་སཿ(བཞད་པ་) ཞེས་པ་ལྟ་བུའོ། །སམ་ནི་ཨུ་པ་ བི་རྣམས་ལའང་ཡམ་ལས་སོ་ཞེས་པ་ནི་ཉེར་བསྒྱུར་མེད་པར་གྱུར་པ་དང་། སམ་དང་ནི་དང་ ཨུ་པ་དང་བི་རྣམས་ཉེ་བའི་ཚིག་ལའང་ཡ་མུ་ཉེ་བར་འཇིག་པའི་བྱིངས་འདི་ལས་ཕ་རོལ་ཏུ་ ཨལ་གྱི་རྐྱེན་ཡང་ན་སྦྱིན་པར་འགྱུར་ཏེ། དཔེར་ན། ཡ་མུ་དང་སམ་དང་ནི་དང་ཨུ་པ་དང་བི་ སྔ་མ་ཅན་གྱི་ཡ་མུའི་ཨུ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཨལ་དང་། མཐར་སི་བྱིན་པས། ཡ་མཿ། (གཤིན་རྗེ། ) སཾ་ཡ་མཿ། ནི་ཡ་མཿ(ངེས་པ)། ཨུ་པ་ཡ་མཿ (ཉེ་བར་འཇལ་བ)། བི་ཡ་མཿ(ངེས་པ། ) ཞེས་པ་དང་། ཡང་ན་ཨལ་སྦྱིན་པར་མི་འགྱུར་ཞིང་། སྔར་བཞིན་གྷཉ་དང་སི་བྱིན་པས། ཡཱ་ མཿ། སཾ་ཡཱ་མཿ། ནི་ཡཱ་མཿ། ཨུ་པ་ཡཱ་མཿ། བི་ཡཱ་མཿཞེས་པ་ལྟ་བུའོ། །ནི་ལ་གད་ནད་པ་ཋ་སྭན་ རྣམས་ཀྱི་འོ་ཞེས་པ་ནི་ཉེ་བའི་ཚིག་ལ། གད་གསལ་བར་སྨྲ་བ་དང་། ནད་མི་གསལ་བའི་སྒྲ་ དང་། པཋ་གློག་པ་དང་། སྭན་སྒྲའི་བྱིངས་ལས་ཕ་རོལ་ཏུ། ཨལ་གྱི་རྐྱེན་ཡང་ན་སྦྱིན་པར་ འགྱུར། དཔེར་ན། ནི་སྔ་མ་ཅན་གྱི་གད་ལ་སོགས་པ་རྣམས་ལ། མདོ་འདིས་ཨལ་དང་མཐར་ སི་བྱིན་པས། ནི་ག་དཿ། ནི་ན་དཿ། ནི་པ་ཋཿ། ནི་སྭནཿཞེས་པ་དང་། ཡང་ན་ཨལ་སྦྱིན་པར་མི་ འགྱུར་ཞིང་། སྔར་བཞིན་གྷཉ་དང་། སི་བྱིན་པས། ནི་གཱ་དཿ། ནི་ནཱ་དཿ། ནི་བཱ་ཋཿ། ནི་སྭཱནཿ ཞེས་པ་ལྟ་བུ་སྟེ། དུར་ཕན་དག་ཏུ། སྭན་ཧས་དག་གི་ཞེས་པའི་ཚིག་ལས་ཉེར་བསྒྱུར་མེད་པ་ 6-1-627 མི་འཇུག་ཅེས་ཀྱང་གསུངས་སོ། །ཀྭཎ་ལས་པི་ཝང་ལའང་ངོ་ཞེས་པ་ནི་ཉེ་བའི་ཚིག་ཅན་གྱི་ ཀྭཎ་དང་། ཉེར་སྒྱུར་མེད་པའི་ཀྭཎ་སྒྲའི་བྱིངས་འདི་ལས་ཕ་རོལ་ཏུའང་། པི་ཝང་གི་ཡུལ་ལ། ཨལ་གྱི་རྐྱེན་ཡང་ན་སྦྱིན་པར་འགྱུར་ཏེ། དཔེར་ན། ནི་སྔ་མ་ཅན་གྱི་ཀྭཎ་དང་། ཉེར་བསྒྱུར་ མེད་པའི་ཀྭཎ་ལ། མདོ་འདིས་ཨལ་དང་། མཐར་སི་བྱིན་པས། ནི་ཀྭ་ཎཿ། ཀྭ་ཎཿཞེས་པ་ད་ ང་། ཡང་ན་ཨལ་སྦྱིན་པར་མི་འགྱུར་ཞིང་། སྔར་བཞིན་གྷཉ་དང་སི་བྱིན་པས། ནི་ཀྭཱ་ཎཿ། (རྒྱུད་ མངས་པི་ཝང་། )ཀྭཱཎཿ(པི་ཝང་) ཞེས་པ་ལྟ་བུའོ། །པཎ་ལས་ཡོངས་སུ་འཇལ་བ་ལ་རྟག་ཏུའོ་ཞེས་ པ་ནི་པཎ་ཐ་སྙད་དང་བསྟོད་པའི་བྱིངས་ལས་ཕ་རོལ་ཏུ། ཡོངས་སུ་འཇལ་བའི་དོན་ལ་ འཇུག་པ་ན་རྟག་ཏུ་ཨལ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པཎ་ལ་མདོ་འདིས་ཨལ་ དང་། མཐར་སི་བྱིན་པས། པ་ཎཿཞེས་པ་ལྟ་བུའོ། །ཡོངས་སུ་འཇལ་བའི་དོན་མ་ཡིན་ན་ ཨལ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། སྔར་བཞིན་གྷཉ་དང་སི་བྱིན་པས། པཱ་ཎཿ(ཐ་སྙད། ) ཞེས་པ་ལྟ་བུའོ། །སམ་ཨུད་དག་ལ་ཨ་ཛ་ལས་ཕྱུགས་རྣམས། ལའོ་ཞེས་པ་ནི་སམ་དང་ཨུད་ དག་ཉེ་བའི་ཚིག་ལ་ཨཛ་འགྲོ་བ་དང་འཕེན་པའི་བྱིངས་འདི་ལས་ཕ་རོལ་ཏུ། ཕྱུགས་རྣམས་ ཀྱི་ཡུལ་ལ་འཇུག་པ་ན་ཨལ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། སཾ་དང་ཨུད་སྔ་མ་ཅན་ གྱི་ཨ་ཛ་དག་ལ་མདོ་འདིས་ཨལ་དང་། མཐར་སི་བྱིན་པས། ས་མ་ཛཿ། (ཕྱུགས་སོ། །) ཨུད་ཛཿ ཞེས་པ་ལྟ་བུའོ། །ཕྱུགས་རྣམས་ཀྱི་ཡུལ་ལ་འཇུག་པ་མ་ཡིན་ན་ཨལ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། སྔར་བཞིན་དེ་དག་ལ་གྷཉ་དང་སི་བྱིན་པས། ས་མཱ་ཛཿ(བསྡུ་བ)། ཨུ་དཱ་ཛཿཞེས་པ་ ལྟ་བུའོ། །གྲཧ་ལས་ཆོ་ལོའི་སྐུགས་རྣམས་ལའང་ངོ་ཞེས་པ་ནི་གྲཧ་ཉེ་བར་ལེན་པའི་བྱིངས་ འདི་ལས་ཕ་རོལ་ཏུ། ཆོ་ལོའི་སྐུགས་རྣམས་ཀྱི་ཡུལ་དུའང་། ཨལ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། གྲཧ་ལ་མདོ་འདིས་ཨལ་བྱིན་པ། དུར་སིང་དུ་ལ་ཚིག་ཕྲད་དུ་གསུངས་པས་གྲཧའི་ ར་ཡིག་ལ་རུ་བསྒྱུར་བའང་ཚིག་ཕྲད་ཡིན་ཞིང་། དེའི་མཐར་ཡང་སི་བྱིན་པས། གླ་ཧཿ(སྐུགས། 6-1-628 ཆོ་ལོ། སྐུགས་སོ། །)ཞེས་པ་ལྟ་བུའོ། །སློབ་ཕན་དུ། གླཧ་དམན་པའི་བྱིངས་འདི་ལས་ཆོ་ལོའི་ སྐུགས་ཀྱི་ཡུལ་ལ་འཇུག་བཞིན་པ་ཨལ་རྐྱེན་དུ་འགྱུར་ཞེས་ཀྱང་གསུངས་སོ། །སརྟི་ལས་ རབ་ཏུ་སྐྱེ་བ་ལའོ་ཞེས་པ་སྲྀ་འགྲོ་བའི་བྱིངས་ལས་ཕ་རོལ་ཏུ་རབ་ཏུ་སྐྱེ་བ་ནི། དུར་ཕན་དག་ ལས་མངལ་འཛིན་པར་གྱུར་པ་ལ་ཞེས་གསུངས་པའི་དོན་ལ། ཨལ་གྱི་རྐྱེན་སྦྱིན་པར་འགྱུར་ ཏེ། དཔེར་ན། ག་ཝཱ་མུ་པ་སྔ་མ་ཅན་གྱི་སྲ་ལ་མདོ་འདིས་ཨལ་བྱིན་ནས། སྲྀའི་དབྱངས་ཡོན་ ཏན་བྱས་ཏེ་སི་བྱིན་པས། ག་ཝཱ་མུ་པ་ས་རཿ(བ་གླང་རྣམས་རྩེ་བར་སྐྱེའོ། །) ཞེས་པ་ལྟ་བུའོ། །མངལ་ འཛིན་པར་གྱུར་པ་མ་ཡིན་པ་ནི་ཨལ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨུ་པ་སྔ་མ་ཅན་གྱི་སྲྀ་ ལ་སྔར་བཞིན་གྷཉ་བྱིན་ནས། རྀ་འཕེལ་བ་བྱས་ཏེ་སི་བྱིན་པས། ཨུ་པ་སཱ་རཿཞེས་པ་ལྟ་བུའོ། ། ཨ་བྷི་ཨུ་པ་ནི་བི་རྣམས་ལ་ཧྭཱའི་ཧུའི་འང་ངོ་ཞེས་པ་ནི་ཨ་བྷི་དང་། ཨུ་པ་དང་། ནི་དང་། བི་ རྣམས་ཉེ་བའི་ཚིག་ལ་ཧྭེ་ཉ་འགྲན་པའི་བྱིངས་ཧྭཱ་རུ་བསྒྱུར་བ་འདི་ལས་ཕ་རོལ་ཏུ། ཨལ་གྱི་ རྐྱེན་སྦྱིན་པར་འགྱུར་ཞིང་། ཧྭཱའི་གཟུགས་ཧུ་རུའང་བསྒྱུར་བར་འགྱུར་ཏེ། དཔེར་ན། ཨ་བྷི་ སོགས་སྔ་མ་ཅན་གྱི་ཧྭེཉ་རྗེས་འབྲེལ་ཕྱིས་པ་རྣམས་ལ། མདོ་འདིས་ཨལ་བྱིན་ནས། ཨཱ་བཞི་ པར་མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་བི་ཀ་ར་ཎ་མ་ཡིན་པ་ལ་ཞེས་པས་ཧྭེའི་ དབྱངས་ཨཱ་རིང་པོར་བསྒྱུར་བའི་ཧྭཱ་ཡིག་མདོ་འདིས་ཧུ་རུ་བསྒྱུར་བའི་དབྱངས་ཀྱང་སྔར་ བཞིན་ཡོན་ཏན་བྱས་ཏེ་མཚམས་སྦྱར་བ་ལ་སི་བྱིན་པས། ཨ་བྷི་ཧ་ཝཿ ཨུ་བ་ཧ་བཿ ནི་ཧ་བཿ བི་ཧ་ཝཿཞེས་པ་ལྟ་བུའོ། །ཨཱང་ལ་གཡུལ་ལའོ་ཞེས་པ་ནི་ཨཱང་ཉེ་བའི་ཚིག་ལ། ཧྭེཉ་ལས་ཕ་ རོལ་ཏུ་གཡུལ་གྱི་དོན་ལ་ཨལ་གྱི་རྐྱེན་སྦྱིན་པར་འགྱུར་ཞིང་། ཧུ་རུའང་བསྒྱུར་བར་འགྱུར་ཏེ། དཔེར་ན། ཨཱང་གི་ང་ཡིག་མདོ་འདི་ལ་སོགས་པའི་ཁྱད་དོན་ཡིན་པས་ཕྱིས་པ་སྔ་མ་ཅན་གྱི་ ཧྭེཉ་རྗེས་འབྲེལ་ཕྱིས་པ་ལ། ཨལ་བྱིན་ནས་སྔ་མ་བཞིན་བསྒྲུབས་པས། ཨཱ་ཧ་ཝཿ(གཡུལ་ལོ། །) ཞེས་པ་ལྟ་བུའོ། །གཡུལ་གྱི་དོན་མ་ཡིན་པ་ལ་ནི་ཨལ་སྦྱིན་པར་མི་འགྱུར་ཞིང་། ཧུ་རུའང་མི་ 6-1-629 འགྱུར་ཏེ། དཔེར་ན། ཨཱང་ག་ན་མ་དང་། ཨཱ་སྔ་མ་ཅན་གྱི་ཧྭེ་ལ། སྔར་བཞིན་གྷཉ་བྱིན་ནས། ཨཱ་བཞི་པར་མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ཞེས་པས་ཧྭེའི་དབྱངས་ཨཱ་རིང་པོར་ བསྒྱུར་བ། ཨཱ་དྲུག་པར་ཨཱཏ་མཐའ་རྣམས་ཀྱི་ཨིཙ་ལ་ཞེས་པས་ཨཱ་ཡ་རུ་བསྒྱུར་ཏེ་སི་བྱིན་ པས། ཨཱང་གན་མཱ་ཧྭཱ་ཡཿཞེས་པ་ལྟ་བུའོ། །ཉེར་བསྒྱུར་མེད་པའི་དངོས་པོ་ལའོ་ཞེས་པ་ནི་ ཉེར་བསྒྱུར་ཉེ་བའི་ཚིག་ཏུ་མེད་པའི་ཧྭེ་ཉ་ལས་ཕ་རོལ་ཏུ། དངོས་པོའི་དོན་ལ་ཨལ་གྱི་རྐྱེན་ སྦྱིན་པར་འགྱུར་ཞིང་། བྱིངས་དེ་ཉིད་ཧུ་རུའང་འགྱུར་ཏེ། དཔེར་ན། ཧྭེཉ་རྗེས་འབྲེལ་ཕྱིས་པ་ ལ་མདོ་འདིས་ཨལ་བྱིན་ནས་བསྒྲུབ་ཚུལ་སྔར་བཞིན་བྱས་པས། ཧ་ཝཿཞེས་པ་ལྟ་བུའོ། ། ཉེར་བསྒྱུར་ཡོད་པ་ལ་ཨལ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨཱ་སྔ་མ་ཅན་གྱི་ཧྭེ་ལ་སྔར་ བཞིན་གྷཉ་བྱིན་ནས། སྔར་བཞིན་དུ་ཧྭེའི་དབྱངས་ཨཱ་དང་། དེའང་ཨཱ་ཡ་རུ་བསྒྱུར་ཏེ་སི་བྱིན་ པས་ཨཱ་ཧཱ་ཡ་(བོད་པ་)ཞེས་པ་ལྟ་བུའོ། །ཧན་ཏིའི་བ་དྷི་འང་ངོ་ཞེས་པ་ནི་ཧན་འཚེ་བའི་བྱིངས་ འདི་ལས་ཕ་རོལ་ཏུ། དངོས་པོའི་དོན་ལ་ཨལ་གྱི་རྐྱེན་སྦྱིན་པར་འགྱུར་ཞིང་། ཧན་གྱི་ གཟུགས་བ་དྷི་རུའང་འགྱུར་ཏེ། དཔེར་ན། ཧན་ལ་མདོ་འདིས་ཨལ་བྱིན་ནས། བ་དྷི་རུ་ བསྒྱུར་བའི་ཨི་ཡིག་བརྗོད་དོན་ཡིན་པས་ཕྱིས་ཏེ་སི་བྱིན་པས། བ་དྷཿ(གནོད་པ། ) ཞེས་པ་ལྟ་ བུའོ། །ཉེར་བསྒྱུར་ཡོད་ན་ཨལ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། སམ་སྔ་མ་ཅན་གྱི་ཧན་ལ་ སྔར་བཞིན་གྷཉ་བྱིན་ནས། ཀྲྀཏ་དང་པོར་ཧན་ཏིའི་ཏའོ་ཞེས་པས་ཧན་གྱི་ན་ཡིག་ཏ་དང་། ཨཱ་ དྲུག་པར་ཨིན་ཨིཙ་དག་ལ་ཧན་ཏིའི་ཧའོ་ཞེས་པས་ཧ་ཡིག་ཀྱང་གྷ་དང་། དེ་ཉིད་དུ་ཨིན་ ཨིཙ་དག་ལ་ཞེས་པས་གྷའི་དབྱངས་ཀྱང་རིང་པོར་བསྒྱུར་ཏེ་སི་བྱིན་པས། སཾ་གྷ་ཏཿ(གསོད་པ། ) ཞེས་པ་ལྟ་བུའོ། །མཱུརྟིལ་གྷ་ནི་འང་ངོ་ཞེས་པས་མཱུརྟི་ནི། དུར་ཕན་དག་ལས། སྲ་བར་བྱེད་ པའོ་ཞེས་གསུངས་པས། ཧན་ལས་ཕ་རོལ་ཏུ། སྲ་བའི་དོན་མངོན་པར་བརྗོད་པ་ལ། ཨལ་ གྱི་རྐྱེན་སྦྱིན་པར་འགྱུར་ཞིང་། ཧན་གྱི་གཟུགས་ནི་གྷ་ནི་རུའང་འགྱུར་ཏེ། དཔེར་ན། ད་དྷི་སྔ་ 6-1-630 མ་ཅན་ནི་ཧན་ལ་མདོ་འདིས་ཨལ་བྱིན་ནས། གྷ་ནི་རུ་བསྒྱུར་བའི་ཨི་ཡིག་བརྗོད་དོན་ཕྱིས་ ཏེ། སི་བྱིན་པས། ད་དྷི་གྷ་ནཿ(ཞོ་སྐ་མོ། ) ཞེས་པ་ལྟ་བུའོ། །པྲ་ལ་ཁང་པའི་ཕྱོགས་གཅིག་ལ་ གྷཉ་འང་ངོ་ཞེས་པ་ནི་པྲ་ལས་ཕ་རོལ་ཧན་ལ། ཁང་པའི་ཕྱོགས་གཅིག་བརྗོད་པ་ན། ཨལ་ དང་གྷཉའི་རྐྱེན་ཡང་སྦྱིན་པར་འགྱུར་ཞིང་། ཧན་གྱི་གཟུགས་གྷ་ནི་རུའང་འགྱུར་ཏེ། དཔེར་ ན། པྲ་སྔ་མ་ཅན་གྱི་ཧན་དག་ལ། མདོ་འདིས་ཨལ་དང་གྷཉ་བྱིན་ནས། གྷ་ནི་རུ་བསྒྱུར་བའི་ ཨི་ཡིག་བརྗོད་དོན་དབྱེ་ཞིང་། གྷཉ་ཕ་རོལ་ལ་བྱིངས་ཀྱི་གྷ་རིང་པོར་བསྒྱུར་ཏེ་སི་བྱིན་པས། པྲ་གྷ་ནཿ(སྒོ་དྲུང་། ) པྲ་གྷཱ་ནཿ(སྒོ་འཁྱམས། ) ཞེས་པ་ལྟ་བུ་སྟེ། དུར་ཕན་དག་ལས། ཁང་པའི་སྒོ་དང་ ཁང་ནང་དག་རྣམ་པ་གཉིས་སུ་བྱས་པའི་ཕྱི་རོལ་ཏུ་གྱུར་པ་གང་ཡིན་པའོ་ཞེས་ཀྱང་གསུངས་ སོ། །ཨན་ཏརྒྷ་ན། ཨུངྒྷ་ན་དག་ཡུལ་དང་ཨ་ཏྱཱ་དྷཱ་ན་དག་ལའོ་ཞེས་པ་ནི་ཨན་ཏར་གྷནཿཡུལ་ དང་། ཨུད་གྷ་ནཿ དུར་ཕན་དག་ལས། གང་ལ་སྟེང་དུ་ཤིང་འཇོག་པར་བྱེད་པ་དེ་ནི་ཨཏྱཱ་དྷཱ་ ནའོ་ཞེས་གསུངས་པའི་དོན་ལ་ཚིག་ཕྲད་དུ་གྱུར་པ་ཡིན་ཞིང་། དེ་དག་ཀྱང་ཧན་ལས་ཨལ་གྱི་ རྐྱེན་བྱེད་ནས་བསྒྲུབ་པ་སྟེ། དཔེར་ན། ཨན་ཏར་དང་། ཨུད་སྔ་མ་ཅན་གྱི་ཧན་ལ་མདོ་འདིས་ དོན་དེ་དག་ལ་ཨལ་བྱིན་ནས། སྔར་བཞིན་གྷ་ནི་རུ་བསྒྱུར་བ་ལ་སི་བྱིན་པས། ཨནྟརྒྷ་ ནཿ(ཡུལ་ལོ། ) ཨུངྒྷ་ནཿ(སྟེང་དུ་ཤིང་འཇོག་པའོ། །) ཞེས་པ་ལྟ་བུའོ། །ཨ་ཡས་བི་དྲུ་རྣམས་ལ་བྱེད་པ་ ལའོ་ཞེས་པ་ནི་ཨ་ཡས་དང་། བི་དང་། དྲུ་རྣམས་ཉེ་བའི་ཚིག་ལ། ཧན་ལས་ཕ་རོལ་ཏུ། བྱེད་ པའི་དོན་ལ་ཨལ་གྱི་རྐྱེན་སྦྱིན་པར་འགྱུར་ཞིང་། ཧན་གྱི་གཟུགས་གྷ་ནི་རུའང་འགྱུར་ཏེ། དཔེར་ན། ཨ་ཡས་སོགས་སྔ་མ་ཅན་གྱི་ཧན་ལ་མདོ་འདིས་ཨལ་བྱིན་ནས། གྷ་ནི་རུ་བསྒྱུར་ ཞིང་། ཨི་བརྗོད་དོན་ཕྱིས་ཏེ་སྦྱར་བ་ལ་སི་བྱིན་པས། ཨ་ཡོ་གྷ་ནཿ། བི་གྷ་ནཿ། དྲུ་གྷ་ནཿཞེས་ པ་ལྟ་བུའོ། །དུར་ཕན་དག་ལས་མིང་ལཎ་ཉིད་དོ་ཞེས་གསུངས་པས། ཁ་ཅིག་ཎ་ཉིད་སྦྱོར་ བར་ཡང་འདོད་དོ། ། 6-1-631 བཞི་པ་ཉེར་བསྒྱུར་ཉེ་བའི་ཧན་ཏི་དོན་སོ་སོ་ལ་ཌ་དང་ཀ་སྦྱོར་ཚུལ་ནི། པ་རི་ལ་ཌའོ་ ཞེས་པ་པ་རི་ཉེ་བའི་ཚིག་ལ་ཧན་ལས་ཕ་རོལ་ཏུ་བྱེད་པའི་དོན་ལ་ཌའི་རྐྱེན་སྦྱིན་པར་འགྱུར་ ཞིང་། ཧན་གྱི་གཟུགས་གྷ་ནི་རུའང་འགྱུར་ཏེ། དཔེར་ན། པ་རི་སྔ་མ་ཅན་གྱི་ཧན་ལ་མདོ་ འདིས་ཌ་བྱིན་ནས། གྷ་ནི་རུ་བསྒྱུར་པའི་ཨི་བརྗོད་དོན་དང་། ཌ་ཡིག་མདོ་འདི་ལ་སོགས་ པའི་ཁྱད་དོན་ཡིན་པས་དབྱི་ཞིང་། ནཱ་དྲུག་པར་ཌ་རྗེས་སུ་འབྲེལ་པ་ལ་མཐའི་དབྱངས་ སོགས་དབྱིའོ་ཞེས་པས་ན་ཡིག་གྷའི་དབྱངས་དང་བཅས་པ་ཕྱིས་ཏེ། ཌའི་དབྱངས་དང་སྦྱར་ བ་ལ་སི་བྱིན་པས། པ་རི་གྷཿ(ལོངས་འཇོམས། ) ཞེས་པ་ལྟ་བུའོ། །ནི་ལ་རྒྱུ་མཚན་ལའོ་ཞེས་པ་ནི། ནི་ཉེ་བའི་ཚིག་ལ་ཧན་ལས་ཕ་རོལ་ཏུ། དུར་སིང་ལས་དངོས་པོའི་ཁྱད་དོན་ངེས་པ་རྒྱུ་མཚན་ ཏེ་ཞེས་གསུངས་པའི་དོན་ལ་ཌའི་རྐྱེན་སྦྱིན་པར་འགྱུར་ཞིང་། ཧན་གྱི་གཟུགས་གྷ་ནི་རུའང་ འགྱུར་ཏེ། དཔེར་ན། ནི་སྔ་མ་ཅན་གྱི་ཧན་ལ་མདོ་འདིས་ཌ་བྱིན་ནས། གྷ་ནི་རུ་བསྒྱུར་ཞིང་། སྔ་མ་བཞིན་གྷའི་དབྱངས་ན་ཡིག་དང་བཅས་པ་དང་། ཌ་ཁྱད་དོན་ཕྱིས་ཏེ། དེའི་དབྱངས་ སྦྱར་བ་ལ་སི་བྱིན་ནས། ནི་གྷཿ(ངེས་པར་འཇོམས། ) ཞེས་པ་ལྟ་བུའོ། །རྒྱུ་མཚན་མ་ཡིན་པ་ལ་ནི་ཌ་ སྦྱིན་པར་མི་འགྱུར་ཏེ། དཔེར་ན། ནི་ཧན་ལ་གྷཉ་བྱིན་ནས། སྔར་བཞིན་ན་ཡིག་ཏ་དང་། ཧ་ ཡིག་གྷ་དང་། གྷའི་དབྱངས་རིང་པོར་བསྒྱུར་ཏེ་སི་བྱིན་པས། ནི་གྷཱཏཿཞེས་པ་ལྟ་བུའོ། །སམ་ ཨུད་དག་ལ་ཚོགས་པ་དང་བསྔགས་པ་དག་ལའོ་ཞེས་པ་ནི་སཾ་དང་ཨུད་ཉེ་བའི་ཚིག་ལ་ཧན་ ལས་ཕ་རོལ་ཏུ། རིམ་པ་བཞིན་ཚོགས་པ་བརྗོད་པ་དང་བསྔགས་པ་ལ་འཇུག་པ་ན་ཌའི་རྐྱེན་ སྦྱིན་པར་འགྱུར་ཞིང་། ཧན་གྱི་གཟུགས་གྷ་ནི་རུའང་འགྱུར་ཏེ། དཔེར་ན། སཾ་དང་ཨུད་སྔ་མ་ ཅན་གྱི་ཧན་ལ་དོན་དེ་དག་གི་ཆེད་དུ་མདོ་འདིས་ཌ་བྱིན་ནས་སྔར་བཞིན་བསྒྲུབས་ཏེ་སི་བྱིན་ པའི་ཕ་རོ་ན་རིམ་པ་ལྟར། པཱ་ཤཱུ་ནཾ་དང་། མ་ནུ་ཥྱཿ ཡོད་པ་ལས། སཾ་གྷཿཔཱ་ཤཱུ་ནཱཾ(ཕྱུགས་རྣམས་ ཀྱི་ཚོགས)། ཨུངྒྷོ་མ་ནུ་ཥྱཿ(ཉེ་བར་བསྔགས་སོ་མིའོ། །) ཞེས་པ་ལྟ་བུའོ། །ཚོགས་པ་དང་བསྔགས་པ་ལ་ 6-1-632 འཇུག་པ་མ་ཡིན་པ་ལ་ནི་ཌ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། བྱིངས་དེ་དག་ལ་སྔར་བཞིན་ གྷཉ་དང་སི་བྱིན་པས། སཾ་གྷཱ་ཏཿ། (གསོད་པའོ། །) ཨུངྒྷཱ་ཏཿ(ཉེ་བར་གསོད་པའོ། །) ཞེས་པ་ལྟ་བུའོ། ། ཨུ་པ་ལས་གཞི་ལ་ཀའོ་ཞེས་པ་ནི་ཨུ་པ་ཉེ་བའི་ཚིག་ལ་ཧན་ལས་ཕ་རོལ་ཏུ། གཞི་རྟོགས་ པར་བྱ་བ་ལ་ཀའི་རྐྱེན་སྦྱིན་པར་འགྱུར་ཞིང་། དུར་སིང་དུ། གྷ་ནི་བསྒྱུར་བའང་འཇུག་པར་ གསུངས་ཏེ། དཔེར་ན། སརྦ་ཏ་དང་ཨུ་པ་སྔ་མ་ཅན་གྱི་ཧན་ལ། མདོ་འདིས་ཀ་བྱིན་པའི་ཀ་ ཡིག་ཀྲྀཏ་དང་ཐོར་ཀ་ལ་ཡཎ་བཞིན་ཞེས་པའི་ཁྱད་དོན་ཡིན་པས་ཕྱིས་ནས། དེའི་དབྱངས་ བཞག་ཅིང་། བྱིངས་གྷ་ནི་རུ་བསྒྱུར་བ་ན། སྔར་བཞིན་ཨི་བརྗོད་དོན་དང་། ཨཱ་དྲུག་པར་གམ་ ཧན་ཛན་ཞེས་པས་གྷའི་དབྱངས་ཕྱིས་ནས་སྦྱར་ཏེ་སི་བྱིན་པ་མ་ནིང་ལས་དབྱི་ཞིང་། མུ་ཨཱ་ ག་མ་བྱིན་པའི་ཕ་རོལ་ན་བས་ཏི་ཡོད་པ་ལས། སརྦ་ཏོ་པ་གྷྣཾ་བ་ས་ཏི་(ཐམས་ཅད་ལས་ཉེ་བར་གནས་ པའི་གཞི། )ཞེས་པ་ལྟ་བུའོ། །སློབ་ཕན་དུ། གྷ་ནི་རུ་མ་བསྒྱུར་བའི་ལུགས་ལའང་། གམ་ཧན་ ཞེས་པས་ཧའི་དབྱངས་ཕྱིས་ནས། དེ་ཉིད་དུ་ཨུ་པ་དྷཱ་ཕྱིས་པའི་ཡང་ཞེས་པས། ཧ་ཡིག་གྷ་རུ་ བསྒྱུར་ཏེ་གཞན་སྔར་བཞིན་སྦྱར་བས། རྗེས་སྔ་མ་ཇི་ལྟ་བ་བཞིན་ནོ། །གཞི་མ་ཡིན་པ་ལ་ནི་ ཀ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨུ་པ་དྷཱ་སྔ་མ་ཅན་གྱི་ཧན་ལ་གྷཉ་བྱིན་ནས་སྔར་བཞིན་ བསྒྲུབས་ཏེ་སི་བྱིན་པས། ཨུ་པ་དྷཱ་གྷཱ་ཏཿ(སྔ་མ་གསོད་པ། ) ཞེས་པ་ལྟ་བུའོ། །སྟམྤ་ལ་ཨཏ་འང་ ངོ་ཞེས་པ་ནི། སྟམྤ་ཉེ་བའི་ཚིག་ལ་ཧན་ལས་ཕ་རོལ་ཏུ། ཨཏ་གྱི་རྐྱེན་སྦྱིན་པར་འགྱུར་ཞིང་། འང་གི་སྒྲས་ཀའི་རྐྱེན་སྦྱིན་པ་དང་། གྷ་ནི་རུ་བསྒྱུར་བའང་རྗེས་སུ་འཇུག་སྟེ། དཔེར་ན། སྟམྤ་ སྔ་མ་ཅན་གྱི་ཧན་དག་ལ་མདོ་འདིས་ཨཏ་དང་ཀ་བྱིན་པའི་ཏ་ཡིག་མདོ་འདིའི་དོན་དང་ཀ་ ཡིག་ཁྱད་དོན་ཕྱིས་ནས་ཨ་ཡིག་དག་བཞག་ལ། བྱིངས་གྷ་ནི་རུ་བསྒྱུར་བའི་ཨི་བརྗོད་དོན་ དང་། གྷའི་དབྱངས་ཀྱང་སྔར་བཞིན་ཕྱིས་ཏེ། སི་བྱིན་པ་རྣམ་བཅད་དུ་བསྒྱུར་བའི་ཕ་རོལ་ ན་རིམ་པ་བཞིན་དཎ་ཌཿདང་ཡཥྚིཿ ཡོད་པ་དང་མཚམས་སྦྱར་བས། སྟམྤ་གྷྣོ་དཎྜཿ སྟམྤ་གྷྣོ་ 6-1-633 ཡཥྚིཿ ཞེས་པ་ལྟ་བུའོ། ། ལྔ་པ་ཊུ་དང་ཌུ་རྗེས་སུ་འབྲེལ་པའི་བྱིངས་དང་ཁྱད་པར་འགའ་ཞིག་ལ་ཨ་ཐུ་སོགས་ལ་ འཇུག་ཚུལ་ནི། ཊུ་རྗེས་སུ་འབྲེལ་པ་ལས་ཨ་ཐུའོ། །ཞེས་པ་ཊུ་རྗེས་སུ་འབྲེལ་པའི་བྱིངས་ རྣམས་ལས་ཕ་རོལ་ཏུ། དུར་སིང་ལས། དངོས་པོ་ཁོ་ན་ལ་ཞེས་གསུངས་པའི་དོན་ལ་ཨ་ཐུའི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཊུ་བེ་པྲི་གཡོ་བ་དང་། ཊུ་ཀྵུཥ་སྒྲའི་བྱིངས་འདི་དག་གི་ ཊུ་ཡིག་མདོ་འདིའི་ཁྱད་དོན་དང་། ཨི་ཡིག་དང་ཥ་ཡིག་འཆད་འགྱུར་གྱི་ཁྱད་དོན་ཡིན་པས་ ཕྱིས་པ་ལ་མདོ་འདིས་ཨ་ཐུ་བྱིན་ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་ཀྵུའི་ དབྱངས་ཡོན་ཏན་བྱས་ཏེ་སྦྱར་བ་ལ་སི་བྱིན་པས། བེ་པྲ་ཐུཿ ཀྵ་པ་ཐུཿཞེས་པ་ལྟ་བུའོ། །ཌུ་ རྗེས་སུ་འབྲེལ་བ་ལས་དེ་ཡིས་ཚར་བ་ལ་ཏྲི་མ་ཀའོ་ཞེས་པ་ནི་ཌུ་རྗེས་སུ་འབྲེལ་པའི་བྱིངས་ རྣམས་ལས་ཕ་རོལ་ཏུ། བྱིངས་དོན་དེས་ཚར་བའི་དོན་ལ་འཇུག་པ་ནི་ཏྲི་མ་ཀའི་རྐྱེན་སྦྱིན་ པར་འགྱུར་ཏེ། དཔེར་ན། ཌུ་པ་ཙ་ཥ་འཚེད་པ་དང་། ཌུ་ཀྲྀཉ་བྱེད་པའི་བྱིངས་ཀྱི་ཌུ་མདོ་འདིའི་ ཁྱད་དོན་དང་། ཥ་དང་ཉ་རྗེས་འབྲེལ་དང་། ཙའི་ཨ་བརྗོད་དོན་ཕྱིས་པ་ལ་མདོ་འདིས་ཏྲི་མ་ ཀ་བྱིན་པའི་ཀ་ཡིག་ཁྱད་དོན་སྔར་བཞིན་ཕྱིས་ལ། ཀྲྀཏ་དྲུག་པར་ཙ་ཛ་དག་གི་དྷུ་ཊ་ལ་ཞེས་ པས་ཙ་ཡིག་ཀ་རུ་བསྒྱུར་ཞིང་། སི་བྱིན་པ་མ་ནིང་ལས་ཕྱིས་ཏེ། མུ་ཨཱ་ག་མ་བྱིན་པས། པཀྟྲི་ མཾ(འཚེད་པ་ཟིན)། ཀྲྀ་ཏྲི་མཾ་(བྱེད་པ་ཚར་རོ། །)ཞེས་པ་ལྟ་བུའོ། །ཡཱ་ཙི། པིཙྪི་པྲཙྪི་ཡ་ཛི་སྭ་པི་རཀྵི་ཡཏ་ རྣམས་ཀྱི་ན་ངའོ་ཞེས་པ་ནི་ཊུ་ཡ་ཙྲྀ་སློང་བ་དང་། བིཙྪ་འགྲོ་བ་དང་། པྲཙྪ་འདྲི་བ་དང་། ཡཛ་ ལྷ་མཆོད་པ་དང་། ཉི་ཥྭཔ་ཉལ་བ་དང་། རཀྵ་བསྲུང་བ་དང་། ཡ་ཏི་འབད་པའི་བྱིངས་འདི་ རྣམས་ཀྱི་ཕ་རོལ་ཏུ་ནང་གི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཊུ་དང་རྀ་ དང་ཉི་དང་ཨི་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ནང་བྱིན་པའི་ང་ཡིག ཀྲྀཏ་དང་པོར་ང་ལ་ ཡོན་ཏན་མེད་དོ་ཞེས་པའི་ཁྱད་དོན་ཡིན་པས་ཕྱིས་ནས་སྦྱར་བའི་མཐར་སི་སྟེར་བ་ནི་ཐམས་ 6-1-634 ཅད་ལ་མཚུངས་ཤིང་། ནཱ་བཞི་པར་ཏ་སྡེའི་ཙ་ཊའི་སྦྱོར་བ་ལ་ཞེས་པས་ཙ་ཡིག་དང་སྦྱོར་བའི་ ན་ཡིག་ཉ་རུ་བསྒྱུར་ཏེ། དེ་ཉིད་བུད་མེད་དུ་སྒྲུབ་པ་ལ་ཨ་ལས་ཞེས་པས་ཨཱའི་རྐྱེན་བྱིན་པའི་ མཐར་སི་ཤྲད་དྷཱ་ལས་ཕྱིས་པས་ཡཙྪཱ་(སློང་བ། ) ཞེས་པ་དང་། ཀྲྀཏ་དང་པོར་ཚ་ཝ་དག་གི་ལྔ་ པ་ལ་ཞེས་པས། ཙྪ་དག་ཤ་ཡིག་ཏུ་བསྒྱུར་བས། བིཤྣཿ(འགྲོ་བ)། པྲཤྣཿ(འདྲི་བ། ) ཞེས་པ་དང་། སྔར་བཞིན་ཏ་སྡེའི་ཞེས་པས་ཛ་ཡིག་དང་། སྦྱོར་བའི་ན་ཉ་རུ་བསྒྱུར་བས། ཡཛྙཿ(མཆོད་ སྦྱིན། )ཞེས་པ་དང་། ཨཱ་བརྒྱད་པར་བྱིངས་དང་པོའི་ཥའི་ཞེས་པ་ལྟར་ཥ་ཡིག་ས་རུ་བསྒྱུར་བས། སྤསྣཿ(ཉལ་བ། ) ཞེས་པ་དང་། དེ་ཉིད་དུ་ཥ་དང་ཊ་སྡེ་ལས་ཞེས་པ་ལྟར་ཀྵ་དང་སྦྱོར་བའི་ན་ཡིག་ ཎ་རུ་བསྒྱུར་བས། ཀཀྵྞཿ(བསྲུང་བ་པ། ) ཞེས་པ་དང་། ཡཏྣཿ(འབད་པ། ) ཞེས་པ་ལྟ་བུའོ། ། དྲུག་པ་ཉེར་བསྒྱུར་དང་ལས་ཉེ་བའི་ཚིག་ལ་ཀི་དང་བུད་མེད་དང་བྱིངས་འགའ་ཞིག་ ལ་ཀྟི་འཇུག་ཚུལ་ནི། ཉེར་བསྒྱུར་ལ་དཱ་ལས་ཀིའོ་ཞེས་པ་ཉེར་བསྒྱུར་ཉེ་བའི་ཚིག་ལ་དཱའི་ མིང་ཅན་གྱི་བྱིངས་རྣམས་ལས་ཕ་རོལ་ཏུ། ཀིའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཱ་སྔ་ མ་ཅན་གྱི་ཌུ་དཱཉ་སྦྱིན་པ་དང་། ནི་དང་བི་སྔ་མ་ཅན་གྱི་ཌུ་དྷཱཉ་འཛིན་པའི་བྱིངས་ཌུ་དང་ཉ་ རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀི་བྱིན་པའི་ཀ་ཡིག་ཁྱད་དོན་དང་། ཨཱ་བཞི་པར་བྱིངས་ ཐམས་ཅད་པ་མ་ཡིན་པ་ལ་ཞེས་པས། དཱ་དང་དྷཱའི་དབྱངས་ཕྱིས་ནས་སྦྱར་བ་ལ་སི་བྱིན་ པས། ཨཱ་དིཿ ནི་དྷཿ བིདྷིཿ ཞེས་པ་ལྟ་བུའོ། །ཉེར་བསྒྱུར་ཉེ་བའི་ཚིག་ཏུ་མེད་ན་ཀི་སྦྱིན་པར་ མི་འགྱུར་ཏེ། དཔེར་ན། དཱ་དང་བྷཱ་ལ་སྔར་བཞིན་གྷཉ་བྱིན་ནས། ཨཱ་དྲུག་པར་ཨཱཏ་མཐའ་ རྣམས་ཀྱི་ཨིཙ་ལ་ཞེས་པས། དེ་དག་གི་དབྱངས་ཨཱཡ་རུ་བསྒྱུར་ཏེ་སི་བྱིན་པས། དཱ་ཡཿ(བྱིན་ པ། ) དྷཱ་ཡཿ(འཛིན་པ། ) ཞེས་པ་ལྟ་བུའོ། །ལས་ལ་གཞི་ལའང་ངོ་ཞེས་པ་ནི་ལས་ཉེ་བའི་ཚིག་ ལ་དཱའི་མིང་ལས་ཕ་རོལ་ཏུ་གཞིའི་དོན་ལའང་ཀིའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཛ་ ལ་དང་། ས་ར་སྔ་མ་ཅན་གྱི་ཌུ་དྷཱཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀི་བྱིན་ནས། སྔར་ 6-1-635 བཞིན་ཀ་ཁྱད་དོན་དང་། དྷཱའི་དབྱངས་ཀྱང་ཕྱིས་ཏེ་སི་བྱིན་པས། ཛ་ལ་དྷིཿ(ཆུ་གཏེར། ) ས་ར་དྷིཿ (མཚོ་གཏེར། )ཞེས་པ་ལྟ་བུའོ། །བུད་མེད་ལ་ཀྟི འོ་ཞེས་པ་ནི། སློབ་ཕན་དུ། བྱིངས་ལས་ཕ་རོལ་ ཏུ་བུད་མེད་ཀྱི་ཡུལ་ལ་ཀྟི འི་རྐྱེན་སྦྱིན་པར་གསུངས་ཤིང་། དུར་སིང་དུ། བུད་མེད་ཀྱི་རྟགས་ ལ་བྱེད་པ་པོ་དང་བྱེད་པ་མ་ཡིན་པའི་མིང་ལ་ཀྟི འི་རྐྱེན་སྦྱིན་པར་གསུངས་ཏེ། དཔེར་ན། ཌུ་ ཀྲྀཉ་བྱེད་པ་དང་ཙིཉ་སོག་པ་དང་། སྟུ་བསྟོད་པའི་བྱིངས་རྣམས་ཀྱི་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀྟི་བྱིན་ནས། ཀ་ཁྱད་དོན་ཕྱིས་ཏེ་སི་བྱིན་པས། ཀྲྀ་ཏིཿ(བྱེད་པ། ) ཙི་ཏིཿ(སོག་པ། ) སྟུ་ ཏིཿ(བསྟོད་པ། ) ཞེས་པ་ལྟ་བུའོ། །སཱ་ཏི་ཧེ་ཏི་ཡཱུ་ཏི་ཛཱུ་ཏི་རྣམས་ལས་ཀྱང་ངོ་ཞེས་པ་ནི་སཱ་ཏི་ལ་ སོགས་པ་འདི་རྣམས་ཀྟི འི་རྐྱེན་བྱིན་པས་ཚིག་ཕྲད་དུ་གྱུར་པ་སྟེ། དཔེར་ན། ཥོ་མཐའི་ལས་ དང་། ཧི་འགྲོ་བ་དང་། ཡུ་སྤེལ་བ་དང་། ཛུ་མདོ་ལས་བྱུང་བའི་དབྱངས་འདི་རྣམས་ལ། མདོ་ འདིས་ཀྟི་བྱིན་པའི་ཁྱད་དོན་ཕྱིས་ནས། ཨཱ་བརྒྱད་པར་བྱིངས་ཀྱི་དང་པོའི་ཞེས་པས་ཥ་ཡིག་ ས་རུ་བསྒྱུར་ཞིང་། ཀྲྀཏ་དང་པོར་དྱ་ཏི་སྱ་ཏི་ཞེས་པས་སའི་དབྱངས་ཨི་ཉིད་དུ་བསྒྱུར་བ་ཐོབ་ ནའང་། ཚིག་ཕྲད་དུ་གྱུར་པས་དེའི་བྱ་བ་བཀག་ནས། ཨཱ་བཞི་པར་མཚམས་སྦྱོར་གྱི་ཡི་གེའི་ མཐའ་རྣམས་ཀྱི་ཞེས་པས་སའི་དབྱངས་ཨཱ་རུ་བསྒྱུར་ཏེ། ཧིའི་དབྱངས་ཨཱ་ལྔ་པར་ཎ་ཡིག་ རྗེས་སུ་འབྲེལ་པ་དང་ཙི་ཀྲཱི་ཡི་ཏ་དག་ལམ་ཡིན་ནོ་ཞེས་པས་ཡོན་ཏན་མི་ཐོབ་ནའང་ཚིག་ ཕྲད་དུ་གྱུར་པས། ཐོབ་པ་མ་ཡིན་པའི་བྱ་བ་ཡོན་ཏན་བྱས་ལ། དེ་བཞིན་དུ་ཡུ་དང་ཛུའང་རིང་ པོ་བསྒྱུར་ནས། ཏིའི་མཐར་སི་བྱིན་པས། སཱ་ཏིཿ། ཧེ་ཏིཿ། ཡཱུ་ཏིཿ། ཛཱུ་ཏིཿཞེས་པ་ལྟ་བུའོ། །པཱ་ ཙི་གཱ་པཱ་སྠཱ་རྣམས་ལས་དངོས་པོ་ལའོ་ཞེས་པ་ནི་ཌུ་པཙཥ་འཚེད་པ་གཻ་སྒྲ་དང་། པཱ་འཐུང་བ་ དང་། སྠཱ་གནས་པའི་བྱིངས་འདི་རྣམས་ལས་ཕ་རོལ་ཏུ། དངོས་པོའི་དོན་རྣམས་ལ་ཀྟི འི་རྐྱེན་ སྦྱིན་པར་འགྱུར་ཏེ། དེ་ཡང་འདི་ཉིད་དུ་འཆད་པར་འགྱུར་བའི་པ་ཙ་ཥ་ལ་ཥ་རྗེས་སུ་འབྲེལ་ པ་དང་ཞེས་པ་དང་། གཞན་རྣམས་ལ་ཉེར་བསྒྱུར་ལ་ཨཱཏ་ལས་ཀྱང་ཞེས་པས་ཨང་གི་རྐྱེན་ 6-1-636 ཐོབ་པ་ལས་དམིགས་བསལ་ལོ། །སློབ་ཕན་དུ། བུད་མེད་ལ་ཞེས་པ་ནི་ཀྲྀཏྱ་དང་ཡུཊ་རྣམས་ གཞན་རྣམས་ལའང་ངོ་ཞེས་པའི་བར་གྱི་མདོ་རྣམས་ལ་འཇུག་པར་གསུངས་སོ། །དཔེར་ན། ཌུ་པ་ཙཥ་རྗེས་འབྲེལ་དང་བརྗོད་དོན་ཕྱིས་པ་དང་། ཨུད་དང་པྲ་དང་སཾ་རྣམས་སྔ་མ་ཅན་གྱི་ གཻ་དང་པཱ་དང་སྠཱ་ལ། མདོ་འདིས་ཀྟི་བྱིན་ནས་ཁྱད་དོན་དབྱི་ཞིང་། ཀྲྀཏ་དྲུག་པར་ཙ་ཛ་དག་ གི་ཞེས་པས་ཙ་ཡིག་ཀ་དང་། ཨཱ་བཞི་པར་དཱ་མཱ་གཱ་ཡ་ཏི་ཞེས་པས་གཻ་དང་པཱའི་དབྱངས་ཨཱི་ རིང་པོ་དང་། ཀྲྀཏ་དང་པོར་དྱ་ཏི་སྱ་ཏི་མཱ་སྠཱ་རྣམས་ཀྱི་ཞེས་པས་སྠཱའི་དབྱངས་ཨི་ཐུང་ངུར་ བསྒྱུར་ཏེ། ཏིའི་མཐར་སི་བྱིན་པས། པཀྟིཿ། ཨུངྒཱི་ཏིཿ། པྲ་པཱི་ཏིཿ། སཾ་སྠི་ཏིཿཞེས་པ་ལྟ་བུའོ། ། བདུན་པ་བྱིངས་སོ་སོ་ལ་ཀྱཔ་དང་ཤ་དང་ཡ་དང་ཨཱད་དང་ཡུ་དང་ཀྟི་འཇུག་ཚུལ་ནི། བྲཛ་ཡཛ་དག་གི་ཀྱཔའོ་ཞེས་པ་བྲཛ་འགྲོ་བ་དང་། ཡཛ་ལྷ་མཆོད་པའི་བྱིངས་འདི་དག་གི་ ཕ་རོལ་ཏུ། དངོས་པོ་དང་བུད་མེད་ཀྱི་ཡུལ་ལ་ཀྱཔའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་དག་ལ་མདོ་འདིས་ཀྱཔ་བྱིན་པའི་ཀ་དང་པ་ཡིག་ཁྱད་དོན་སྔར་བཞིན་ཕྱིས་ནས། ཡ་དབྱངས་དང་བཅས་པ་སྦྱར་ཏེ། ཨཱ་བཞི་པར་སྭ་པི་ཝ་ཙི་ཡ་ཛ་ཞེས་པས་ཡ་ཛའི་ཡ་ཡིག་ ཨི་རུ་བསྒྱུར་ཞིང་། བུད་མེད་དུ་སྒྲུབ་པ་ལ་སྔར་བཞིན་ཨཱའི་རྐྱེན་བྱིན་ནས། སི་བྱིན་པ་ཤྲད་ དྷཱ་ལས་ཕྱིས་པས། བྲ་ཛྱཱ། ཨི་ཛྱཱ་ཞེས་པ་ལྟ་བུའོ། །ས་མ་ཛ། ཨཱས། ནི་ཥད། ནི་པ་ཏི། ཤཱིང་། སུ། བི་དི། ཨ་ཊི། ཙ་རི། མ་ནི། བྷྲྀཉ། ཨིཎ་རྣམས་ཀྱི་མིང་ལའོ་ཞེས་པ་ནི་སཾ་སྔ་མ་ཅན་ གྱི་ཨཛ་འགྲོ་བ་དང་། ཨཱས་ཟ་བ་དང་། ནི་སྔ་མ་ཅན་གྱི་ཥངླྀ་རྣམ་པར་རྒྱུ་བ་དང་། པཏླྀ་ལམ་ ལ་འགྲོ་བ་དང་། ཤིང་ཉལ་བ་དང་། ཥུཉ་དབང་བསྐུར་བ་དང་། བིད་ཤེས་པ་དང་། ཨ་ཊི་ འགྲོ་བ་དང་། བ་རི་སྔ་མ་ཅན་གྱི་ཙ་རི་འགྲོ་བའི་དོན་དང་། མན་ཤེས་པ་དང་། བྷྲྀཉ་འཛིན་པ་ དང་རྒྱས་པ་དང་། ཨིཎ་འགྲོ་བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུའང་། བུད་མེད་དང་མིང་གི་ ཡུལ་ལ་ཀྱཔའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ལྀ་དང་ང་དང་ཉ་དང་ 6-1-637 ཨི་དང་། ཎ་ཡིག་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀྱཔ་ཁྱད་དོན་ཕྱིས་པ་བྱིན་ནས། བུད་ མེད་དུ་སྒྲུབ་པ་ལ་ཨཱའི་རྐྱེན་བྱིན་ཏེ་སི་བྱིན་པ་ཤྲད་དྷཱ་ལ་འཕྱིད་པ་ནི་ཐམས་ཅད་ལ་མཚུངས་ ཤིང་། དང་པོ་བཞི་ལ་དེ་ལྟར་བསྒྲུབས་པས། ས་མ་ཛྱཱེ། ཨ་སྱཱ། ནི་ཥ་དྱཱ། ནི་པ་དྱཱ། ཞེས་པ་ དང་། ཨ་དྲུག་པར་ཡ་ལ་ཨཱི་ནི་ཨ་ཡའོ་ཞེས་པས་ཤཱིའི་དབྱངས་ཨ་ཡ་རུ་བསྒྱུར་བས། ཤ་ཡྱ་ ཞེས་པ་དང་། ཨཱ་བརྒྱད་པར། བྱིངས་ཀྱི་དང་པོའི་ཥ་ཞེས་པས་ཥ་ཡིག་ས་རུ་བསྒྱུར་ཏེ། ཀྲྀཏ་ དང་པོར་བྱིངས་མཐར་པ་རྗེས་སུ་འབྲེལ་པ་ལ་ཞེས་པས་དེའི་མཐར་ཏ་ཨཱ་ག་མ་བྱིན་པས། སུཏྱཱ་ཞེས་པ་དང་། བིད་ལས་ནི། བི་དྱཱ་(རིག་མ། )ཞེས་པ་དང་། དུར་ཕན་དག་ཏུ་ཨ་ཊི་ལས་ མངོན་པར་བརྗོད་པ་ལས་ཙེཀྲཱི་ཡི་ཏའི་མཐའ་ཁོ་ན་ལ་ཀྱཔ་རྐྱེན་དུ་འགྱུར་ཞེས་གསུངས་ པས། མཆོག་གི་སྦྱོར་བ་ལས་བཤད་པ་ལྟར་ཨཊ་ལ་ཡའི་རྐྱེན་བྱིན་ནས། ཨཱ་གསུམ་པར་ ཙཎ་པ་རོ྅ཀྵཱ་ཙེ་ཀྲཱི་ཡི་ཏ་ཞེས་པས་བྱིངས་སུ་གཉིས་འཇོག་པ་ལ། དེ་ཉིད་དུ་དབྱངས་དང་ པོ་ལས་གཉིས་པའི་འོ་ཞེས་ཊྱ་གཉིས་སུ་བཞག་ཅིང་། དེ་ཉིད་དུ་ཨ་བྷྱཱ་སའི་གསལ་བྱེད་དང་ པོ་ལྷག་མར་བྱའོ་ཞེས་པས་ཊྱ་སྔ་མའི་ཡ་ཕྱིས་ནས། དེའི་དབྱངས་ཊ་ལ་སྦྱར་བ། དེ་ཉིད་དུ་ ཨཱ་ག་མ་མེད་པའི་རེད་བོའོ་ཞེས་པས་རིང་པོར་བསྒྱུར་ལ། ཨཱ་དྲུག་པར་ཡའི་ཨན་མེད་པ་ ལའོ། །ཞེས་པས་ཊྱ་ཕྱི་མའི་ཡ་ཡིག་དབྱངས་དང་བཅས་པ་ཕྱིས་ཏེ། རྐྱེན་གྱི་ཡ་སྦྱར་བས། ཨ་ ཊཱ་ཊྱཱ་ཞེས་པ་དང་། དེ་ནས་གཉིས་ནི། པ་རི་ཙཪྻཱ། མ་ནྱཱ་ཞེས་པ་དང་། དེ་ནས་གཉིས་ནི། ཀྲྀཏ་ དང་པོར་བྱིངས་མཐར་ཞེས་པས་སྔར་བཞིན་ཏ་ཨཱ་ག་མ་བྱིན་པས། བྷྲྀ་ཏྱཱ། ཨི་ཏྱཱ་ཞེས་པ་ ལྟ་བུའོ། །ཀྲྀཉ་ལས་ཤའང་ངོ་ཞེས་པ་ནི་ཀྲྀཉ་བྱེད་པའི་བྱིངས་འདི་ལས་ཕ་རོལ་ཏུ་ཤའི་རྐྱེན་ སྦྱིན་པར་འགྱུར་ཞིང་། འང་གི་སྒྲས་སྔར་བཞིན་ཀྱཔའང་སྦྱིན་པར་འགྱུར་ཏེ། དཔེར་ན། ཉ་ རྗེས་འབྲེལ་ཕྱིས་པའི་ཀྲྀ་ལ་མདོ་འདིས་ཤ་བྱིན་པའི་ཤ་ཡིག་སྔར་བཞིན་ཁྱད་དོན་ཕྱིས་ནས་ ཨ་བཞག་སྟེ། ཨཱ་གཉིས་པར་བྱིངས་ཐམས་ཅད་པ་ལ་ཡཎ་འོ་ཞེས་པས་རྐྱེན་གྱི་སྔ་མར་ཡཎ་ 6-1-638 བྱིན་པའི་ཎ་ཁྱད་དོན་དབྱི་ཞིང་། ཨཱ་བཞི་པར་ཡཎ་ཨཱ་ཤི་ཥ་དག་ལ་ཡ་ལའོ་ཞེས་པས་ཀྲྀའི་ མཐར་ཨི་ཨཱ་ག་མ་བྱིན་ནས། བུད་མེད་དུ་སྒྲུབ་པ་ལ་སྔར་བཞིན་ཨཱའི་རྐྱེན་བྱིན་ཏེ་མཚམས་ སྦྱར་བ་ལ་སི་བྱིན་པ་ཤྲད་དྷཱ་ལས་ཕྱིས་པས། ཀྲྀ་ཡཱ་(བྱ་བ། ) ཞེས་པ་དང་། ཀྲྀ་ལ་ཀྱཔ་ཁྱད་དོན་ ཕྱིས་པ་བྱིན་ནས། སྔར་བཞིན་ཏ་ཨཱ་ག་མ་བྱིན་ཏེ་བུད་མེད་དུ་བསྒྲུབས་ནས་སི་ཕྱིས་པས། ཀྲྀ་ ཏྱཱ་(བྱེད་ལ། ) ཞེས་པ་ལྟ་བུའོ། །དུར་སེང་ལས་ཀྲྀཉ་ལས་ཤ་འགྱུར་ཞིང་ཀྟི་དང་ཀྱཔ་འང་ངོ་ཞེས་ ཀྱང་གསུངས་སོ། །སརྟི་ལས་ཀྱང་ཡའོ་ཞེས་པ་ནི་སྲ་འགྲོ་བའི་བྱིངས་འདི་ལས་ཀྱང་ཕ་རོལ་ ཏུ་ཡའི་རྐྱེན་སྦྱིན་པར་འགྱུར་ཏེ། སློབ་ཕན་དུ། ཀྱང་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ་ ཞེས་གསུངས་སོ། །དཔེར་ན། པ་རི་སྔ་མ་ཅན་གྱི་སྲྀ་ལ་མདོ་འདིས་ཡ་བྱིན་ནས། ཨཱ་ལྔ་པར་ ནཱ་མི་མཐའི་བྱིངས་དང་ཞེས་པས་སྲའི་དབྱངས་ཡོན་ཏན་བྱས་ཏེ། བུད་མེད་དུ་བསྒྲུབས་ནས་ སི་ཕྱིས་པས། པ་རི་སཪྻཱ་ཞེས་པ་ལྟ་བུའོ། །དུར་སིང་དུ། ཀྱང་ཡིག་ལས་ཛཱ་གརྟི་ལས་ཀྱང་ ངོ་ཞེས་པས་ཛཱ་གྲྀ་སད་པའི་བྱིངས་ལ་ཡ་བྱིན་ནས་སི་འཕྱིད་པའི་བར་སྔར་བཞིན་བྱས་པས། ཛཱ་གཪྻཱ་ཞེས་པ་ལྟ་བུའོ། །ཨིཙྪཱའོ་ཞེས་པས་ཨིཥུ་འདོད་པའི་བྱིངས་ཨིཙྪ་རུ་བསྒྱུར་བ་ནི་ཚིག་ ཕྲད་དེ། དཔེར་ན། ཨིཥུའི་ཨུ་རྗེས་འབྲེལ་ཕྱིས་པ་ལ་ཤའི་རྐྱེན་བྱིན་པ་ནི། མདོ་འདིའི་ནུས་ པ་ཐོབ་པ་མ་ཡིན་པའི་བྱ་བ་ཥ་ཡིག་ཚ་རུ་བསྒྱུར་ཞིང་། སན་ལྔ་པར་དབྱངས་ལས་ཕ་རོལ་ཚ་ གཉིས་སུ་འགྱུར་རོ་ཞེས་པས་དེའང་གཉིས་སུ་བསྒྱུར་ལ། ནཱ་གསུམ་པར་སྒྲ་མེད་པ་ལ་དང་ པོའོ་ཞེས་པས་ཚ་གོང་མ་ཙ་རུ་བསྒྱུར་ཏེ། བུད་མེད་དུ་བསྒྲུབས་ནས་སི་ཕྱིས་པས། ཨིཙྪཱ་(འདོད་ པ། )ཞེས་པ་ལྟ་བུའོ། །ཤན་སི་དང་རྐྱེན་ལས་ཨའོ་ཞེས་པ་ནི་ཤན་སུ་བསྟོད་པའི་བྱིངས་འདི་ དང་། བྱིངས་ལས་སན་སོགས་ཀྱི་རྐྱེན་སྦྱར་བས་སླར་བྱིངས་སུ་བསྒྱུར་བ་ལས་ཕ་རོལ་ཏུའང་ ཨའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཱ་སྔ་མ་ཅན་གྱི་ཤནྶུའི་རྗེས་འབྲེལ་ཕྱིས་པ་ལ་མདོ་ འདིས་ཨ་བྱིན་ནས། །སྔར་བཞིན་བུད་མེད་དུ་བསྒྲུབས་ཏེ་སི་ཕྱིས་པས། ཨཱ་ཤནྶཱ་ཞེས་པ་ 6-1-639 དང་། ཌུ་ཀྲྀཉ་བྱེད་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ། ཨཱ་གཉིས་པར་བྱིངས་ལས་འདོད་པ་ དང་བྱེད་པ་པོ་གཅིག་ཅན་ལས་ཞེས་པས་སན་གྱི་རྐྱེན་པའི་ན་ཁྱད་དོན་ཕྱིས་ནས། ཨཱ་གསུམ་ པར་ཙཎ་པ་རོ྅ཀྵཱ་ཙཻ་ཀྲཱི་ཡི་ཏ་སན་མཐའ་རྣམས་ལ་ཞེས་པས་ཀྲྀ་གཉིས་སུ་བཞག་ཅིང་། དེ་ ཉིད་དུ་རྀའི་ཡི་གེ་ཨའོ་ཞེས་པས་ཀྲྀ་སྔ་མའི་རྀ་ཡིག་ཨ་དང་། སན་ལ་ཨའི་ཡི་གེ་ཞེས་པས་ ཨའང་ཨི་དང་། ཀ་སྡེའི་ཙ་སྡེའོ་ཞེས་པས་ཀ་སྔ་མ་ཙ་དང་། ཨཱ་ལྔ་པར་རྀཏ་མཐའི་ཡོན་ཏན་ མེད་པ་ལ་ཞེས་པས་ཀྲྀ་ཕྱི་མའི་རྀ་ཡིག་ཨིར་དང་། ཨཱ་བརྒྱད་པར་ནཱ་མིའི་ར་ཝ་དག་གི་ཞེས་ པས་ཨིའང་རིང་པོ་དང་། ཨཱ་བརྒྱད་པར་རྒྱུ་མཚན་ལས་ཞེས་པས་ས་ཡིག་ཥ་རུ་བསྒྱུར་ཏེ། ཙི་ ཀཱིཪྵ་ཞེས་པ་སན་གྱི་མཐའ་ཅན་ལ། མདོ་འདིས་ཨ་བྱིན་ནས། ཨཱ་དྲུག་པར་ཨའི་ཡང་དབྱིའོ་ ཞེས་པས་ཥའི་དབྱངས་དབྱི་ཞིང་། བུད་མེད་དུ་བསྒྲུབས་ཏེ་སི་ཕྱིས་པས། ཙི་ཀཱིཥ་ཞེས་པ་དང་། ལཱུཉ་གཅོད་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། ཨཱ་བརྒྱད་པར་བྱིངས་ལས་བྱ་བ་ཡང་ དག་པར་མངོན་པར་སྡུད་པ་ལ་ཞེས་པས་ཙེ་ཀྲཱི་ཡི་ཏའི་རྐྱེན་ཡ་བྱིན་ནས། སྔར་བཞིན་ཙཎ་པ་ རོ྅ཀྵཱ་ཞེས་པས་ལཱུཉ་གཉིས་སུ་གཞག་ཅིང་། ཨཱ་གསུམ་པར་ཙེ་ཀྲཱི་ཡི་ཏ་ཞེས་པས་ལཱུ་སྔ་མའི་ དབྱངས་ཡོན་ཏན་བྱས་ཏེ། ལོ་ལཱུ་ཡ་ཞེས་པ་ཙེ་ཀྲཱི་ཡི་ཏའི་མཐའ་ཅན་ལ། མདོ་འདིས་ཨ་བྱིན་ ནས་སྔར་བཞིན་ཡའི་དབྱངས་དབྱི་ཞིང་བུད་མེད་དུ་བསྒྲུབས་ཏེ་སི་བྱིན་པས། ལོ་ལཱུ་ཡཱ་(ཡང་ ནས་ཡང་དུ་གཅོད་དོ། །)ཞེས་པ་ལྟ་བུའོ། །ལྗི་བ་ལས་ཀྱང་ནིཥྛཱ་ལ་ཨིཊ་དང་བཅས་པའི་འོ་ཞེས་པ་ ནི་བྱིངས་ལྗི་བའི་མིང་ཅན་དང་ལྡན་པ་ལས་ཀྱང་ཕ་རོལ་ཏུ། ནིཥྛཱའི་རྐྱེན་ལ་ཨིཊ་དང་བཅས་ པར་གྱུར་པ་དེའི་ཚེ། དེ་གཉིས་ཀ་ལྷན་ཅིག་ཏུ་ཨའི་རྐྱེན་གྱི་ངོ་བོར་འགྱུར་ཏེ། དཔེར་ན། ཨཱིཧ་ རྣམ་པར་རྟོག་པ་དང་། ཨཱིཀྵ་ལྟ་བ་དང་། ཛཱ་གྲྀ་སད་པའི་བྱིངས་འདི་རྣམས་ལ། ཀྲྀཏ་ལྔ་པར་ དངོས་པོ་ལ་མ་ནིང་ལ་ཞེས་པས་ཀྟ་བྱིན་པའི་ཀ་ཁྱད་དོན་ཕྱིས་ནས། ཨཱ་བདུན་པར་བྱིངས་ ཐམས་ཅད་པ་མིན་པ་གསལ་བྱེད་དང་པོ་ཡ་ཡིག་དང་པོ་མིན་པའི་ཞེས་པས་བར་དུ་ཨིཊ་ 6-1-640 བྱིན་པ་ན། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ཞེས་པས་གྲྀའི་དབྱངས་ཡོན་ ཏན་བྱས་ཏེ་སྦྱར་བས། ཨཱི་ཧི་ཏ། ཨཱི་ཀྵི་ཏ། ཛཱ་ག་རི་ཏ། ཞེས་པར་འགྱུར་ནའང་། མདོ་འདིས་ ནིཥྛཱའི་ཀྟ་ཨིཊ་དང་བཅས་པ་ཨའི་རྐྱེན་དུ་བསྒྱུར་ཏེ་སྦྱར་བས། བུད་མེད་དུ་བསྒྲུབ་པ་དང་སི་ འཕྱིད་པའི་བར་སྔར་བཞིན་བྱས་པས། ཨཱི་ཧཱ། ཨཱི་ཀྵཱ། ཛཱ་ག་རཱ་ཞེས་པ་ལྟ་བུའོ། །བྱིངས་ལྗི་ བ་དང་ལྡན་པ་མ་ཡིན་ན་ནིཥྛཱ་དང་ཨའི་རྐྱེན་གྱི་ངོ་བོ་མི་འགྱུར་ཏེ། དཔེར་ན། ནི་སྔ་མ་ཅན་ གྱི་གྲཧ་ཉེ་བར་ལེན་པའི་བྱིངས་ལ། འདི་ཉིད་དུ་བུད་མེད་ལ་ཀྟི འོ་ཞེས་པས་ཀྟི་བྱིན་པའི་ཀ་ ཁྱད་དོན་ཕྱིས་ནས། ཨཱ་བཞི་པར་གྲ་ཧི་ཛྱཱ་ཞེས་པས་གྲའི་ར་ཡིག་དབྱངས་དང་བཅས་པ་རྀ་རུ་ བསྒྱུར་ཏེ། བར་དུ་སྔར་བཞིན་ཨིཊ་བྱིན་པའི་ཨི་ཡིག ཨཱ་བརྒྱད་པར་གྲ་ཧི་ལས་པ་རོ྅ཀྵཱ་ མིན་པ་ལ་ཞེས་པས་རིང་པོར་བསྒྱུར་ནས། མཐར་སི་བྱིན་པས། ནི་གྲྀ་ཧཱི་ཏིཿཞེས་པ་ལྟ་བུའོ། ། བྱིངས་ལྗི་བ་དང་ལྡན་པ་ཡིན་ཀྱང་ནིཥྛཱ་ཨིཊ་དང་བཅས་པ་མ་ཡིན་པའི་རྐྱེན་ལ་ནི་ཨའི་རྐྱེན་ མི་འགྱུར་ཏེ། དཔེར་ན། དཱི་པཱི་འབར་བའི་བྱིངས་ཨཱི་རྗེས་འབྲེལ་ཕྱིས་པ་ལ། ནིཥྛཱ་སྦྱིན་པ་ཐོབ་ ཀྱང་། ཀྲྀཉ་དྲུག་པར་ཌཱིང་ཤྭི་ཨཱིཏ་རྗེས་སུ་འབྲེལ་པ་དང་ཞེས་པས་ཨིཊ་མི་ཐོབ་པས་ན། སྔར་ བཞིན་ཀྟི་དང་སི་བྱིན་པས། དཱིཔྟིཿ(འབར་བ། ) ཞེས་པ་ལྟ་བུའོ། །ཥ་རྗེས་སུ་འབྲེལ་པ་དང་བྷི ད་ སོགས་རྣམས་ནི་ཨང་ངོ་ཞེས་པ་ནི་ཥ་ཡིག་རྗེས་སུ་འབྲེལ་པའི་བྱིངས་རྣམས་དང་། བྷི་དིར་ འཇོམས་པ་དང་། སོགས་པའི་སྒྲས། ཙྪི་དིར་གཉིས་སུ་བྱེད་པ་དང་། རྀ་འགྲོ་བ་དང་། ཌུ་ཀྲ ཉ་བྱེད་པ་དང་། ཧྲྀཉ་འཕྲོག་པ་དང་། དྷྲིཉ་འཛིན་པ་དང་། ཀྵི་པ་འཕེན་པ་དང་། ཊུབ་པ་སྐྱུག་ པའི་བྱིངས་རྣམས་བྷི་དིར་ལ་སོགས་པ་ཡིན་ལ། དེ་རྣམས་ལས་ཕ་རོལ་ཏུ། ཨང་གི་རྐྱེན་བྱིན་ པར་འགྱུར་ཏེ། ནིའི་སྒྲ་ནི་ཀྟིའི་རྐྱེན་འགོག་པའི་དོན་ཏོ། །དཔེར་ན། ཌུ་པ་ཙཥ་འཚེད་པ་དང་། ཛྲྀཥ་ལང་ཚོ་ཉམས་པ་དང་། ཀྵམུཥ་བཟོད་པའི་བྱིངས་ཥ་རྗེས་སུ་འབྲེལ་པ་རྣམས་དང་། བྷི་ དིར་དང་། ཙྪི་དིར་གྱི་ཨིར་དང་ཌུ་དང་ཨུ་རྗེས་འབྲེལ་དང་ཥ་ཡིག་མདོ་འདིའི་ཁྱད་དོན་ཡིན་ 6-1-641 པས་ཕྱིས་པ་ལ། མདོ་འདིས་ཨང་བྱིན་པའི་ང་ཁྱོད་དོན་དབྱི་ཞིང་། སློབ་ཕན་གྱི་ནཱ་གསུམ་ པར་ཛ་རཱ་དབྱངས་ལ་ཛ་རས་ཡང་ནའོ་ཞེས་པའི་ཤེས་པར་བྱེད་པ་ལས་ཡོན་ཏན་ནོ། ། ཞེས་པས་ཛྲྀའི་དབྱངས་ཡོན་ཏན་བྱས་ཏེ། སྔར་བཞིན་བུད་མེད་དུ་བསྒྲུབས་ནས་སི་བྱིན་ པས། པ་ཙཱ། (འཚེད་དོ། །) ཛ་རཱ། (རྒས་པོ། ) ཀྵ་མཱ། (བཟོད་པར་བྱེད་དོ། །) བྷི་དཱ། (འཇོམས་སོ། །) ཙྪི་དཱ་(གཅོད་ དོ། །)ཞེས་པ་ལྟ་བུའོ། །དེ་བཞིན་དུ་ཥ་རྗེས་སུ་འབྲེལ་པའི་བྱིངས་གཞན་རྣམས་དང་། སྔར་ བསྟན་པའི་རྀ་ལ་སོགས་པ་རྣམས་ལའང་སྦྱར་རོ། །བྷཱི་ཥི་ཙིནྟི། པཱུ་ཛི་ཀ་ཐི་ཀུམ་པི་ཙ་རྩི་སྤྲྀ་ཧི་ ཏོ་ལི་དོ་ལི་རྣམས་ལས་ཀྱང་ངོ་ཞེས་པ་ལ་དུར་ཕན་དག་དུ། ཉི་བྷཱི་འཇིགས་པ་དང་། ཙི་ཏི་དྲན་ པ་དང་། པཱུ་ཛ་མཆོད་པ་དང་། ཀ་ཐ་ངག་གི་རྒྱུན་དང་། ཀུ་པི་འགྱེད་པ་དང་། ཙར་ཀློག་པ་དང་། སྤྲྀ་ཧ་འདོད་པ་དང་། ཏུ་ལ་བསྙོ་བར་བྱེད་པ་དང་། དུ་ལ་འདེགས་པའི་བྱིངས་རྣམས་ལས་ ཀྱང་ཨིན་གྱི་མཐའ་ལས། ཨང་གི་རྐྱེན་སྦྱིན་པར་གསུངས་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ ཉི་ཡིག་དང་། ཏི་དང་པིའི་ཨི་རྗེས་འབྲེལ་ཕྱིས་པ་ལ་ཨིན་བྱིན་པའི་མཐར། མདོ་འདིས་ཨང་ ཁྱད་དོན་ཕྱིས་པ་བྱིན་ནས། ཨཱ་དྲུག་པར་ཀཱའི་ཏའི་ཨཱམ་ཨིཊ་བི་ཀ་ར་ཎ་མ་ཡིན་པ་ལ་ཞེས་ པས་ཨིན་ཕྱིས་ཏེ། བུད་མེད་དུ་བསྒྲུབས་ནས་སི་འཕྱིད་པ་ནི་ཐམས་ཅད་ལ་མཚུངས་ཤིང་། ཁྱད་པར་ཨཱ་གཉིས་པར་རྒྱུ་ལའོ་ཞེས་པས་བྷཱིའི་མཐར་ཨིན་བྱིན་ནས། སློབ་ཕན་གྱི་ཨཱ་དྲུག་ པར་བྷཱིའི་ཥུཀ་ཡང་ནའོ་ཞེས་པས་བར་དུ་ཥྱ་ཨཱ་ག་མ་བྱིན་པའི་ཨུ་རྗེས་འབྲེལ་ཕྱིས་ཏེ་སྦྱར་ བས། བྷཱི་ཥཱ་ཞེས་པ་དང་། ཨཱ་གཉིས་པར་ཙུར་སོགས་ལས་ཀྱང་ངོ་ཞེས་པས་གཞན་རྣམས་ཀྱི་ མཐར་ཨིན་བྱིན་ནས། ཨཱ་དྲུག་པར་ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པ་རྣམས་ཀྱི་ཞེས་པའི་ ངེས་པ་ལས་ཙི་དང་ཀུའི་མཐར་ན་ཨཱ་ག་མ་བྱིན་ལ། ནཱ་བཞི་པར་སྡེ་པ་ལ་སྡེ་པའི་མཐའོ་ཞེས་ པས་ཀུའི་ན་ཡིག་པ་མཐོང་བས་མ་རུ་བསྒྱུར་ཞིང་། ཨཱ་དྲུག་པར་ཨའི་འང་དབྱིའོ་ཞེས་པས་ཛ་ དང་ཐ་དང་ཙ་དང་ཧ་དང་ལའི་དབྱངས་རྣམས་ཕྱིས་ཏེ། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའི་འང་ཞེས་ 6-1-642 པས་ཏུ་དང་དུའི་དབྱངས་ཡོན་ཏན་བྱས་པས། ཙིནྟཱ(སེམས་པ)། པཱུཛཱ(མཆོད་པ)། ཀ་ཐཱ(ཅི་ལྟར)། ཀུམྤཱ(འགྱེད་པ)། ཙརྩཱ(ཀློག་པ)། སྤྲྀ་ཧཱ(འདོད་པ)། ཏོ་ལཱ(སྟོ་བྱེད་མ)། དོ་ལཱ་(འདེགས་པ། )ཞེས་པ་ལྟ་བུའོ། ། ཉེར་བསྒྱུར་ལ་ཨཱཏ་ལས་ཀྱང་ངོ་ཞེས་པ་ནི། ཉེར་བསྒྱུར་ཉེ་བའི་ཚིག་ལ་ཨཱ་ཡིག་མཐའ་ཅན་ གྱི་བྱིངས་རྣམས་ལས་ཀྱང་ཕ་རོལ་ཏུ་ཨང་གི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨུ་པ་སྔ་མ་ ཅན་གྱི་ཌུ་དཱཉ་སྦྱིན་པ་དང་ཌུ་དྷཱཉ་འཛིན་པ་དང་། སཾ་སྔ་མ་ཅན་གྱི་སྠཱ་གནས་པའི་བྱིངས་རྗེས་ འབྲེལ་ཕྱིས་པ་ལ། མདོ་འདིས་ཨད་ཁྱད་དོན་ཕྱིས་པ་བྱིན་ནས། ཨཱ་བཞི་པར་བྱིངས་ཐམས་ ཅད་པ་མ་ཡིན་པ་ལ་ཞེས་པས་བྱིངས་ཀྱི་དབྱངས་རྣམས་ཕྱིས་ཏེ། བུད་མེད་དུ་བསྒྲུབས་ནས་ སི་ཕྱིས་པས། ཨུ་པ་དཱ(ཉེ་བར་སྦྱིན་མ)། ཨུ་པ་དྷཱ(སྔ་མ)། སཾ་སྠཱ་(ལེགས་པར་གནས་མ། )ཞེས་པ་ལྟ་བུའོ། ། ཉེར་བསྒྱུར་མེད་ན་ཨང་སྦྱིན་པར་མི་འགྱུར་ཏེ། དཔེར་ན། སྠཱ་ལ་འདི་ཉིད་དུ། བུད་མེད་ལ་ ཞེས་པས་ཀྟི་བྱིན་ནས་ཀ་ཁྱད་དོན་དབྱི་ཞིང་། ཀྲྀཏ་དང་པོར་དྱ་ཏི་སྱ་ཏི་མཱ་སྠཱ་རྣམས་ཀྱི་ཞེས་ པས་སྠཱའི་དབྱངས་ཨི་རུ་བསྒྱུར་ཏེ་སི་བྱིན་པས། སྠི་ཏིཿ(གནས་མ། ) ཞེས་པ་ལྟ་བུའོ། །ཨི་ཥི་ཤྲནྠི་ ཨཱ་སི་ཝནྟི་བི་དི་ཀཱ་རི་ཏའི་མཐའ་རྣམས་ལས་ཡུའོ་ཞེས་པ་ནི་ཨིཥ་འགྲོ་བ་དང་། ཡང་ན་ཨི་ཥུ་ ཡང་ཡང་དང་། ཤྲནྠ་གཞུང་སྒྲིག་པ་དང་། ཨཱས་ཉེ་བར་འཇོག་པ་དང་། ཝ་དི་གསོང་པོར་སྨྲ་ བ་དང་། བིད་ཤེས་པའི་བྱིངས་རྣམས་དང་། ཀཱ་རི་ཏ་སྟེ་ཨིན་རྐྱེན་དུ་བྱིན་པའི་བྱིངས་མཐའ་ རྣམས་ལས་ཕ་རོལ་ཏུ། ཡུའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་། བྱིངས་སྔ་མ་རྣམས་ཀྱི་ཥུའི་ཨུ་ དང་དིའི་ཨི་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཡུ་བྱིན་པ། ཀྲྀཏ་དྲུག་པར་ཡུ་བུ་ཛྷ་རྣམས་ཀྱི་ ཞེས་པས་ཨ་ན་རུ་བསྒྱུར་ནས། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའི་འང་ཞེས་པས་ཨི་དང་། བི་ཡོན་ ཏན་བྱས་ལ། ནཱ་བཞི་པར་ར་ཥ་རྀའི་ཡི་གེ་རྣམས་ལ་ཞེས་པས་ཥའི་མཐའི་ན་ཡིག་ཎ་རུ་བསྒྱུར་ ཞིང་། ཨཱས་ཀྱི་སྔ་མར་ཨུ་པ་བཞག་སྟེ། ཨཱ་དྲུག་པར་ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་ ཀྱི་ཞེས་པས་ཝའི་དབྱངས་མཐར་ན་ཨཱ་ག་མ་བྱིན་ནས། སྔར་བཞིན་བུད་མེད་དུ་བསྒྲུབས་ཏེ། 6-1-643 སི་ཕྱིས་པས། ཨེ་ཥ་ཎཱ། ཤྲནྠ་ནཱ། ཨུ་པཱ་ས་ནཱ། ཝནྡནཱ། བེད་ནཱ་ཞེས་པ་དང་། ཀཱ་རི་ཏའི་མཐའ་ ཅན་ནི་ཌུ་ཀྲྀཉ་བྱེད་པ་དང་། ཧྲྀཉ་འཕྲོག་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ། ཨཱ་གཉིས་པར་ རྒྱུ་ལའོ་ཞེས་པས་ཨིན་བྱིན་པ་ན། ཨཱ་དྲུག་པར་ཨིན་ཨིཙ་ཨཊ་རྣམས་ལ་ཞེས་པས་ཀྲྀ་དང་ཧྲ འི་དབྱངས་འཕེལ་བ་བྱས་པ་ལ། མདོ་འདིས་ཡུ་བྱིན་པ་སྔར་བཞིན་ཨ་ན་རུ་བསྒྱུར་ནས། དེ་ ཉིད་དུ་ཀཱ་རི་ཏའི་ཨཱམ་ཨིཊ་བི་ཀ་ར་ཎ་མ་ཡིན་པ་ལ་ཞེས་པས་ཨིན་དབྱི་ཞིང་། རའི་མཐར་ན་ ཡིག་སྔར་བཞིན་ཎ་རུ་བསྒྱུར་ལ། བུད་མེད་དུ་བསྒྲུབས་ཏེ་སི་ཕྱིས་པས། ཀཱ་ར་ཎཱ། ཧཱ་ར་ཎཱ་ ཞེས་པ་ལྟ་བུའོ། །ཀཱརྟི་ཨི་ཥ་དག་གི་ཀྟི འང་ངོ་ཞེས་པ་ནི་ཀྲྀཏ་ཡང་དག་པར་བསྔགས་པའི་ ཨིན་གྱི་མཐའ་ཅན་དང་། ཨིཥ་འགྲོ་བའི་བྱིངས་འདི་དག་གི་ཕ་རོལ་ཏུ། ཀྟི འི་རྐྱེན་སྦྱིན་པར་ འགྱུར་ཞིང་། འང་གི་སྒྲས་ཡུའི་རྐྱེན་ཡང་སྦྱིན་པར་འགྱུར་ཏེ། དཔེར་ན། ཀྲྀཏ་ལ་ཨཱ་གཉིས་ པར་ཙུར་སོགས་ལས་ཞེས་པས་ཨིན་བྱིན་ནས། ཀྲྀའི་རྀ་ཡིག་ཨིར་དུ་བསྒྱུར་བ། ཨཱ་བརྒྱད་ པར་ནཱ་མིའི་ར་ཝ་དག་ལ་ཞེས་པས་ཨཱི་རིང་པོར་བསྒྱུར་བའི་ཀཱིརྟི་དང་། པ་རི་སྔ་མ་ཅན་གྱི་ ཨིཥ་ལ། མདོ་འདིས་ཀྟི་ཁྱད་དོན་ཕྱིས་པ་བྱིན་ནས་སྔར་བཞིན་ཨིན་དང་། ནཱ་གསུམ་པར་ བརྩེགས་པའི་མཐའ་དབྱིའོ་ཞེས་པས་བྱིངས་ཀྱི་ཏའང་ཕྱིས་ཏེ། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ ལས་ཞེས་པས་ཥ་དང་སྦྱོར་བའི་ཏ་ཡིག་ཊ་རུ་བསྒྱུར་ནས་སི་བྱིན་པས། ཀཱིརྟིཿ(གྲགས་པ། ) པ་ རཱིཥྚིཿ ཞེས་པ་དང་། ཡང་བྱིངས་དེ་དག་ལ་མདོ་འདིས་ཡུ་བྱིན་ནས། སྔར་བཞིན་ཨིན་ཕྱིས་ ལ། ཡུ་ཡིག་ཨ་ན་རུ་བསྒྱུར་བའི་ནའང་ཥའི་མཐར་ཎ་རུ་བསྒྱུར་ཞིང་། ཨི་ཡོན་ཏན་བྱས་ཏེ་ བུད་མེད་དུ་བསྒྲུབས་ནས་སི་ཕྱིས་པས། ཀཱིརྟ་ནཱ(གྲགས་པ་ཅན་མ)། པཪྻེ་ཥ་ཎཱ་ཞེས་པ་ལྟ་བུའོ། ། བརྒྱད་པ་བྱིངས་དོན་སོ་སོ་ལ་འཇུག་པ་ན་པུཉ་དང་ཨ་ནི་སྦྱོར་ཚུལ་ནི། ནད་བརྗོད་པ་ལ་ བུཉའོ་ཞེས་པ་ནད་བརྗོད་པར་གྱུར་པའི་བྱིངས་ལས་ཕ་རོལ་ཏུ། བུཉའི་རྐྱེན་སྦྱིན་པར་འགྱུར་ ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་བཧ་ཐོབ་པ་དང་། བི་སྔ་མ་ཅན་གྱི་སཱུཙ་ཕྲ་མའི་བྱིངས་ལ། 6-1-644 མདོ་འདིས་བུཉ་བྱིན་པའི་ཉ་ཡིག་ཨིཙ་དང་འདྲ་བའི་ཁྱད་དོན་ཡིན་པས་ཕྱིས་ནས། ཨཱ་ གཉིས་པར་ཙུར་སོགས་ལས་ཞེས་པས་བྱིངས་མཐར་ཨིན་སྦྱིན་ཞིང་། སྔར་བཞིན་པའི་ དབྱངས་རིང་པོར་བསྒྱུར་ཏེ་ཨིན་ཕྱིས་ལ། ཀྲྀཏ་དྲུག་པར་ཡུ་བུ་ཛྷ་ཞེས་པས་བུ་ཡིག་ཨ་ཀ་རུ་ བསྒྱུར་ཏེ། བུད་མེད་དུ་བསྒྲུབས་ནས་སི་དབྱི་ཞིང་། ནཱ་གཉིས་པར་ཀའི་རྐྱེན་ལ་བུད་མེད་དུ་ བྱས་པའི་ཞེས་པས་ཧ་དང་ཙའི་དབྱངས་ཨི་དང་། ནཱ་བཞི་པར་ནཱ་མི་དང་ཀ་དང་ར་ལས་ཞེས་ པས་ས་ཡིག་ཥ་རུ་བསྒྱུར་བས། པྲ་པཱ་ཧི་ཀཱ། བི་ཥཱུ་ཙི་ཀཱ་(མཛེ་ཅན་མ། )ཞེས་པ་ལྟ་བུའོ། །སློབ་ཕན་ དུ་བརྗོད་པ་སྨོས་པ་ནི་ཚིག་གཞན་བརྗོད་པའི་ནད་ལ་བུཉ་མི་འཇུག་པའི་དམིགས་བསལ་ ཡང་གསུངས་ཏེ། དཔེར་ན། བྷུཛ་ལ། ཨཱ་གཉིས་པར་བྱིངས་ལས་འདོད་པ་དང་བྱེད་པ་པོ་ གཅིག་ཅན་ལས་ཞེས་པས་སན་བྱིན་པའི་ན་ཁྱད་དོན་ཕྱིས་ནས། ཨཱ་གསུམ་པར་ཙཎ་པ་ རོ྅ཀྵཱ་ཞེས་པས་བྱིངས་གཉིས་སུ་བཞག་ཅིང་། དེ་ཉིད་དུ་གསལ་བྱེད་དང་པོ་ཞེས་པས་སྔ་ མའི་ཛ་ཕྱིས་ལ། གཉིས་པ་བཞི་པ་དག་གི་ཞེས་པས་བྷ་སྔ་མའི་བྷ་ཡིག་བ་དང་། ཨཱ་དྲུག་པར་ ཙ་སྡེའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་པས་ཕྱི་མའི་ཛ་ཡིག་ཀ་དང་། སྔར་བཞིན་ས་ཡིག་ཥ་ རུ་བསྒྱུར་ཏེ། བུ་བྷུཀྵ་ཞེས་པ་ནི་བྷསྨ་ཀའི་སྒྲ་དང་ཉེ་བའི་ཚིག་ལས་ནད་ལ་འཇུག་པར་ གསུངས་པས། འདི་ཉིད་དུ་ཤནྶུ་དང་རྐྱེན་གྱི་མཐའ་ལས་ཞེས་པས་ཥའི་མཐར་ཨའི་རྐྱེན་བྱིན་ ནས། ཨཱ་དྲུག་པར་ཨའི་འང་དབྱིའོ་ཞེས་པས་ཥའི་དབྱངས་ཕྱིས་ཏེ་བུད་མེད་དུ་བསྒྲུབས་ནས་ སི་བྱིན་པའི་ཕ་རོལ་ན། བྷསྨ་ཀེ་ན་ཡོད་པ་ལས་བུ་བྷུཀྵཱ་བྷསྨ་ཀེ་ན་ཞེས་པ་ལྟ་བུའོ། །མིང་ ལའང་ངོ་ཞེས་པ་ནི་བྱིངས་ལས་ཕ་རོལ་ཏུ་མིང་གི་ཡུལ་ལའང་བུཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨུད་དཱ་ལ་པུཥྤ་སྔ་མ་ཅན་གྱི་བྷཉྫ་ཀུན་ནས་ཉེད་པ་དང་ཨ་བྷྱོ་ཥ་སྔ་མ་ཅན་གྱི་ཁཱ་དྲྀ་ ཟ་བར་བྱེད་པའི་བྱིངས་རྀ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་བུཉ་བྱིན་པ་སྔར་བཞིན་ཨ་ཀ་ རུ་བསྒྱུར་པའི་ཨ་ཡིག་ཀྱང་ཨི་རུ་བསྒྱུར་ནས་བུད་མེད་དུ་བསྒྲུབས་ཏེ་སི་བྱིན་པས། ཨུད་དཱ་ 6-1-645 ལ་པུཥྤ་བྷཉྫི་ཀཱ། ཨ་བྷྱོ་ཥ་ཁཱ་དི་ཀཱ་ཞེས་པ་ལྟ་བུའོ། །བརྒྱུད་རིམ། འོས་པ། བུ་ལོན་རྣམས་ ལའང་ངོ་ཞེས་པ་ལ། སློབ་ཕན་དུ། བརྒྱུད་རིམ་ནི་བརྒྱུད་པར་སྦྱོར་བའི་རིམ་པའོ། །འོས་པ་ ནི་རིགས་པའོ་ཞེས་པ་གསུངས་པ་ལྟར་བརྒྱུད་རིམ་དང་། འོས་པ་དང་། བུ་ལོན་རྣམས་ལ་ འཇུག་བཞིན་པའི་བྱིངས་ལས་ཕ་རོལ་ཏུའང་བུཉའི་རྐྱེན་སྦྱིན་པར་འགྱུར་ཏེར་དཔེར་ན། རིམ་པ་བཞིན། བྷ་ཝ་ཏཿསྔ་མ་ཅན་གྱི་ཨཱས་སྡོད་པ་ད་ང་། པ་ཡཿསྔ་མ་ཅན་གྱི་པཱ་འཐུང་བ་དང་། ཨིཀྵུ་སྔ་མ་ཅན་གྱི་བྷཀྵ་ཟ་བའི་བྱིངས་རྣམས་ལ། མདོ་འདིས་བུཉ་བྱིན་པ་སྔར་བཞིན་ཨ་ ཀ་རུ་བསྒྱུར་ནས། ཨཱ་དྲུག་པར་ཨཱཏ་མཐའ་རྣམས་ཀྱི་ཨིཙ་ལ་ཞེས་པས་པཱའི་དབྱངས་ཨཱཡ་རུ་ བསྒྱུར་ཞིང་། བུད་མེད་དུ་བསྒྲུབས་ཏེ་སི་ཕྱིས་ནས། སྔར་བཞིན་ས་དང་ཡ་དང་ཀྵའི་དབྱངས་ ཨི་རུ་བསྒྱུར་བའི་ཕྱི་མ་གཉིས་ཀྱི་ཕ་རོལ་ཏུ། ཨར་ཧ་ཏི་དང་། མེ་དྷཱ་ར་ཡ་ཏི་ཡོད་པ་ལས། བྷ་ ཝ་ཏཿ ཨཱ་སི་ཀཱཿ། པ་ཡཿ པཱ་ཡི་ཀཱ་ཨར་ཧ་ཏི། ཨི་ཀྵུ་བྷཀྵི་ཀཱ་མི་དྷཱ་ར་ཡ་ཏི་ཞེས་པ་ལྟ་བུའོ། ། འདྲི་བ་དང་བཤད་པ་དག་ལ་ཨིཉ་འང་ཡང་ནའོ་ཞེས་པ་ནི་འདྲི་བར་དང་བཤད་པ་དག་ལ་ འཇུག་བཞིན་པའི་བྱིངས་ལས་ཕ་རོལ་ཏུ། ཨིཉའི་རྐྱེན་སྦྱིན་པར་འགྱུར་ཞིང་། འང་གི་སྒྲས་ སྔར་བཞིན་བུཉའང་སྦྱིན་པར་འགྱུར་ལ། ཡང་ནའི་སྒྲ་སྨོས་པ་ནི། དུར་ཕན་དག་ལས་རྐྱེན་ གཞན་ཡང་ཇི་ལྟར་མཐོང་བ་བཞིན་སྦྱིན་པར་གསུངས་ཏེ། དཔེར་ན། འདྲི་བ་ལ། ཀཱཾ་ཏྭམ་སྔ་ མ་ཅན་གྱི་ཀྲྀཉ་བྱེད་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ་མདོ་འདིས་ཨིཉ་བྱིན་པའི་ཉ་ཁྱད་ དོན་ཕྱིས་ནས། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་ཀྲྀའི་དབྱངས་འཕེལ་བ་བྱས་ཏེ་སྦྱར་བ་ལ། གཉིས་ཚིག་ཨམ་བྱིན་པ་ན། ནཱ་དང་པོར་ཨག་ནི་ལས་ཨམ་གྱི་ཨ་ཡིག་གོ་ཞེས་པས་ཨ་ཕྱིས་ པའི་ཕ་རོལ་ན་ཨ་ཀཱཪྵི་ཡོད་པ་ལས། ཀཱཾ་ཏྭཾ་ཀཱ་རི་མ་ཀཱྀ(ཅི་ཁྱོད་ཀྱི་བྱས་སམ་མ་བྱས། )ཞེས་པ་དང་། ཡང་སྔ་ཕྱི་སྔར་དང་འདྲ་བའི་ཀྲྀ་ལ་མདོ་འདིས་བུཉ་ཁྱད་དོན་ཕྱིས་པ་བྱིན་ནས་སྔར་བཞིན་རྀ་ ཡིག་འཕེལ་བ་བྱས་ཏེ་བུ་ཡིག་ཨ་ཀ་དང་ཨ་ཡིག་ཀྱང་ཨི་རུ་བསྒྱུར་བ་ལ་ཨམ་བྱིན་པས། ཀཱཾ་ 6-1-646 ཏྭཾ་ཀཱ་རི་ཀ་མ་ཀཱིཪྵི་ཞེས་པ་ལྟ་བུའོ། །ཡང་ནའི་སྒྲ་ལས་རྐྱེན་གཞན་ཡང་སྦྱོར་ཚུལ་ནི། དཔེར་ ན། ཀཱཾ་སྔ་མ་ཅན་གྱི་ཀྲྀ་ལ། འདི་ཉིད་དུ་ཀྲྀཉ་ལས་ཤའང་ངོ་ཞེས་པས། སྔར་བཞིན་ཤ་དང་ ཀྱཔ་དང་ཀྟི འི་རྐྱེན་རྣམས་རིམ་པ་ལྟར་བྱིན་ནས། རྗེས་འབྲེལ་རྣམས་ཕྱིས་ཏེ། མཐར་ཨམ་ སྟེར་བ་ནི་ཐམས་ཅད་ལ་མཚུངས་ཤིང་། ཤའི་རྐྱེན་ལ། ཨཱ་གཉིས་པར་བྱིངས་ཐམས་ཅད་པ་ ལ་ཞེས་པས་བར་དུ་ཡཎ་དང་། ཨཱ་བཞི་པར་ཡཎ་ཨཱ་ཤི་ཥ་དག་ལ་ཡ་ལའོ་ཞེས་པས་ཀྲྀའི་ མཐར་ཨི་ཨཱ་ག་མ་བྱིན་ནས་མཚམས་སྦྱར་བས། ཀཱཾ་ཀྲེ་ཡམ་(བྱ་བ་ཅི། ) ཞེས་པ་དང་། ཀྱཔ་ལ། ཀྲྀཏ་དང་པོར་བྱངས་མཐར་པ་རྗེས་སུ་འབྲེལ་པ་ལ་ཞེས་པས། ཀྲྀའི་མཐར་ཏ་ཨཱ་ག་མ་བྱིན་ པས། ཀཱཾ་ཀྲྀ་ཏྱི་(ཅི་བྱེད་པ། ) ཞེས་པ་དང་། ཀྟི་ལ། སྔར་བཞིན་ཨག་ནི་ལས་ཨམ་གྱི་ཨ་ཡིག་ཕྱིས་ པས། ཀཱཾ་ཀྲྀ་ཏིམ་(ཅི་བྱེད། ) ཞེས་པ་ལྟ་བུའོ། །བཤད་པའི་དོན་ལ། སརྦཱཾ་སྔ་མ་ཅན་གྱི་ཀྲྀ་ལ་མདོ་ འདིས་ཨིཉ་དང་། བུཉ་བྱིན་ནས། བསྒྲུབ་ཚུལ་སྔ་མ་ལྟར་བྱས་པས། སརྦཱཾཀཱ་རིམ(ཐམས་ཅད་ བྱས)། སརྦཱ་ཀཱ་ཀ་མ་ཞེས་པ་དང་། ཡང་ནའི་སྒྲས་ཤ་དང་ཀྱཔ་དང་ཀྟི་རྣམས་བྱིན་ནས་བཤད་ མ་ཐག་པ་ལྟར་བསྒྲུབས་པས། སརྦཱཾ་ཀྲི་ཡམ། (བྱ་བ་ཐམས་ཅད། )སརྦཱཾ་ཀྲྀ་ཏྱམ་སརྦཱཾ་ཀྲྀ་ཏིམ་ཞེས་པ་ ལྟ་བུའོ། །ནཉ་ལ་སྤྱོ་བ་ལ་ཨ་ནིའོ་ཞེས་པ་ནི་དགག་ཚིག་གི་ནཉ་ཉེ་བའི་ཚིག་ལ་བྱིངས་ལས་ ཕ་རོལ་ཏུ། སྤྱོ་བ་རྟོགས་པར་བྱ་བཞིན་པ་ལ་ཨ་ནིའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ནཉའི་ཉ་ཁྱད་དོན་ཕྱིས་པ་སྔ་མ་ཅན་གྱི་ཀྲྀ་ལ། མདོ་འདིས་ཨ་ནི་བྱིན་ནས། ཨཱ་ལྔ་པར་ནཱ་མི་ མཐའི་བྱིངས་དང་ཞེས་པས་ཀྲྀའི་དབྱངས་ཡོན་ཏན་བྱ་ཞིང་། ནཱ་བཞི་པར་ར་ཥ་རྀའི་ཡི་གེ་ རྣམས་ལས་ཞེས་པས། ནཱིའི་ན་ཡིག་ཎ་རུ་བསྒྱུར་བ་ལ་སི་བྱིན་པའི་ཕ་རོལ་ན་ཏེ་བྷཱུ་ཡཏ་ སོགས་ཡོད་པ་ན། ནའི་མཐར་སི་བྱིན་པ་ན་སྐྱེས་བུའི་བསྡུ་བས་ཕྱིས་ཏེ། ནཱ་ལྔ་པར་དེའི་སྐྱེས་ བུ་ལ་ནའི་དབྱིའོ་ཞེས་པས་ན་ཡིག་ཀྱང་ཕྱིས་ནས་དེའི་དབྱངས་བཞག་པས་ཨ་ཀ་ར་ཎི་ཏེ་བྷཱུ་ ཡཱད་པྲྀ་ཥ་ལཿཞེས་པ་ལྟ་བུའོ། །ནཉ་ཉེ་བའི་ཚིག་ཏུ་མེད་ན་ཨ་ནི་སྦྱིན་པར་མི་འགྱུར་ཏེ། 6-1-647 དཔེར་ན། མྲྀང་སྲོག་གཏོང་བའི་བྱིངས་ང་རྗེས་འབྲེལ་ཕྱིས་པ་ལ། འདི་ཉིད་དུ་བུད་མེད་ལ་ ཞེས་པས་ཀྟི་བྱིན་པའི་ཀ་ཁྱད་དོན་ཕྱིས་ནས། སི་བྱིན་པའི་ཕ་རོལ་ན་ཏེ་ཛཱནྨཿཡོད་པ་ལས། མྲྀ་ ཏི་སྟེ་ཛཱནྨཿཞེས་པ་ལྟ་བུའོ། །ནཉ་ཉེ་བའི་ཚིག་ཏུ་ཡོད་ཀྱང་སྤྱོ་བ་རྟོགས་པར་བྱ་བ་མ་ཡིན་པ་ ལའང་ཨ་ནི་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ནཉ་ཁྱད་དོན་ཕྱིས་པ་སྔ་མ་ཅན་གྱི་ཀྲྀ་ལ་སྔར་ བཞིན་ཀྟི་དང་སི་བྱིན་པའི་ཕ་རོལ་ན་ཏ་སྱ་སོགས་ཡོད་པ་ལས། ཨ་ཀྲྀ་ཏིསྟ་སྱ་ཀ་ཊ་(ལ་རྒྱས་ དེའི་རེ་ལྡེའི། )ཞེས་པ་ལྟ་བུའོ། །དགུ་པ་ཀྲྀ་ཏྱ་དང་ཡུཊ་དང་ཀྟ་དང་གྷ་རྣམས་བྱ་བ་གཞན་ལའང་ འཇུག་ཚུལ་ནི། ཀྲྀ་ཏྱ་ཡུཊ་རྣམས་གཞན་ལའང་ངོ་ཞེས་པ་ཏ་བྱ་དང་ཨ་ནཱི་ཡ་ལ་སོགས་པར་ སྔར་བཤད་ཟིན། ཀྲྀཏྱའི་མིང་ཅན་དགུ་པོ་རྣམས་དང་། ཡུཊ་རྣམས་ནི་དོན་གང་ལ་སྔ་ཕྱིར་ འཇུག་པར་བཤད་པ་དེ་ལས་དོན་གཞན་ལའང་འཇུག་པར་འགྱུར་ཏེ། དཔེར་ན། སྣཱ་གཙང་ བ་དང་། དག་བྱེད་དང་ཌུ་དཱཉ་སྦྱིན་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་དྲུག་པར་དངོས་ པོ་དང་ལས་དག་ཀྲྀ་ཏྱ་ཞེས་འཆད་པར་འགྱུར་བ་ལས་གཞན་པའི་དོན། བྱེད་པའི་དོན་དང་ ཡང་དག་པར་སྦྱིན་པའི་དོན་ལའང་རིམ་པ་ལྟར་ཨ་ནཱི་ཡ་བྱིན་ནས་མཚམས་སྦྱར་བ་ལ་སི་ བྱིན་པ་ན། སྔ་མའི་མཐར་མ་ནིང་ལས་ཕྱིས་ཏེ་མུ་ཨཱ་ག་མ་བྱིན་པའི་ཕ་རོལ་ན། ཙུཪྞཱཾ་དང་། ཕྱི་མའི་ཕ་རོལ་ན། བྲཱཧྨ་ཎཿཡོད་པ་ལས། སྣཱ་ནཱི་ཡཾ་ཙུཪྞཱཾ(ཁྲུས་དང་ཕྱེ་མ་ལ)། དཱ་ནཱི་ཡོ་བྲཱཧྨ་ཎཿ (བྲམ་ཟེའི་ཆེད་དུ་སྦྱིན་པ། )ཞེས་པ་དང་། ཨ་ཝ་སྔ་མ་ཅན་གྱི་ཥིཙ་འཁྲུད་པའི་བྱིངས་ལ། འཆད་པར་ འགྱུར་བའི་བྱེད་པ་དང་གཞི་དག་ལའང་ཞེས་པ་ལས་གཞན་པའི་དོན། ལས་ལ་ཡུཊ་བྱིན་ པའི་ཊ་ཁྱད་དོན་ཕྱིས་ནས། ཀྲྀཏ་དྲུག་པར་ཡུ་བུ་ཛྷ་ཞེས་པས་ཡུ་ཡིག་ཨ་ན་རུ་བསྒྱུར་ཏེ། ཨཱ་ ལྔ་པར་ཨུ་པ་དྷཱ་ནཱ་མིའི་འང་ཞེས་པས་ཤིའི་དབྱངས་ཡོན་ཏན་བྱས་ལ། ཨཱ་བརྒྱད་པར་བྱིངས་ ཀྱི་དང་པོའི་ཥའི་ཞེས་པས་ཥ་ཡིག་ས་རུ་བསྒྱུར་ནས། སི་བྱིན་པ་མ་ནིང་ལས་ཕྱིས་ཏེ་མུ་ཨཱ་ག་ མ་བྱིན་པས། ཨ་ཝ་སེ་ཙ་ནཾ་(ངེས་པར་འཁྲུད་པ། )ཞེས་པ་ལྟ་བུ་སྟེ། དེ་བཞིན་དུ་ཀྲྀ་ཏྱའི་རྐྱེན་གཞན་ 6-1-648 རྣམས་ལའང་རིགས་པར་བྱའོ། །སློབ་ཕན་དུ་ཀྲྀཏ་གཟུང་བར་བྱ་བ་ལ། ཀྲྀ་ཏྱ་དང་། ཡུཊ་ སྨོས་པ་ནི་ཀྲྀཏ་ཀྱི་རྐྱེན་ཡང་སྦྱོར་བའི་རྗེས་སུ་འབྲངས་ནས་དོན་གཞན་ལ་ཡང་ལྟ་ཞིང་ བསམ་པར་བྱའོ་ཞེས་ཀྱང་གསུངས་སོ། ། དངོས་པོ་ལ་མ་ནིང་ལ་ཀྟའོ་ཞེས་པ་ནི་དངོས་པོའི་དོན་ལ་བྱིངས་ལས་ཕ་རོལ་ཏུ། མ་ ནིང་གི་རྟགས་ལ་ཀྟའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཧས་རྒོད་པ་དང་ཤཱིང་ཉལ་བའི་ བྱིངས་ལ། མདོ་འདིས་ཀྟ་བྱིན་པའི་ཀ་ཁྱད་དོན་ཕྱིས་ནས། ཨཱ་བདུན་པར་བྱིངས་ཐམས་ཅད་ པ་མིན་པ་གསལ་བྱེད་དང་པོ་ཞེས་པས་བྱིངས་མཐར་ཨིཊ་བྱིན་པའི་ཊ་ཁྱད་དོན་ཡང་དབྱི་ ཞིང་། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་ཤིའི་དབྱངས་ཡོན་ཏན་བྱས་ཏེ། སི་བྱིན་ པ་མ་ནིང་ལས་ཕྱིས་ནས་མུ་ཨཱ་ག་མ་བྱིན་པས། ཧ་སི་ཏཾ(རྒོད་པ)། ཤ་ཡི་ཏཾ་(ཉལ་བ། ) ཞེས་པ་ལྟ་ བུའོ། །ཡུཊ་འང་ངོ་ཞེས་པ་ནི་དངོས་པོའི་དོན་ལ་བྱིངས་ལས་ཕ་རོལ་ཏུ། མ་ནིང་གི་རྟགས་ལ་ ཡུཊའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཱས་སྡོད་པ་དང་། གམླྀ་འགྲོ་བའི་བྱིངས་ལྀ་རྗེས་ འབྲེལ་ཕྱིས་པ་ལ། མདོ་འདིས་ཡུཊ་བྱིན་པའི་ཊ་ཁྱད་དོན་ཕྱིས་ནས། ཡུ་སྔར་བཞིན་ཨ་ན་རུ་ བསྒྱུར་བ་ལ་སི་བྱིན་པ་མ་ནིང་ལས་ཕྱིས་ཏེ་མུ་ཨཱ་ག་མ་བྱིན་པས། ཨཱ་ས་ནཾ(གདན)། ག་མ་ནཾ་ (བགྲོད་པ། )ཞེས་པ་ལྟ་བུའོ། །བྱེད་པ་དང་གཞི་དག་ལའང་ངོ་ཞེས་པ་ནི་བྱེད་པ་དང་གཞིའི་དོན་ དག་ལའང་བྱིངས་ལས་ཕ་རོལ་ཏུ་ཡུཊའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། བྱེད་པའི་དོན་ ཨི་དྷྨ་སྔ་མ་ཅན་གྱི་ཨོ་བྲཤྩུ་གཅོད་པའི་བྱིངས་ཨོ་དང་ཨུ་རྗེས་འབྲེལ་ཕྱིས་པ་ལ་མདོ་འདིས་ ཡུཊ་བྱིན་པ་ཨ་ན་རུ་བསྒྱུར་ནས་སི་ཕྱིས་ཏེ་མུ་བྱིན་པས། ཨིདྷྨ་བྲཤྩ་ནཾ་ཞེས་པ་དང་། གཞིའི་ དོན་ཤཀྟ་སྔ་མ་ཅན་ཌུ་དྷཱཉ་འཛིན་པ་དང་རྒྱས་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ ཡུཊ་བྱིན་པ་ཡ་ཨ་ན་རུ་བསྒྱུར་ཏེ། བུད་མེད་དུ་སྒྲུབ་པ་ལ། སློབ་ཕན་གྱི་ནཱ་བདུན་པར་ཥ་ཊ་ རྗེས་སུ་འབྲེལ་པ་ལ་ཞེས་པས་ཨཱིའི་རྐྱེན་བྱིན་ནས། ནཱ་བཞི་པར་བུད་མེད་དུ་བྱས་པའི་ཨཱི་ 6-1-649 ཡིག་ལ་ཞེས་པས་ནའི་དབྱངས་དང་། སི་བྱིན་པའང་ནཱ་དང་པོར་ཨཱི་ཡིག་མཐའ་ལས་ཞེས་པ་ ལྟར་ཕྱིས་པས། ཤཀྟ་དྷཱ་ནཱི་(ནུས་པ་རྒྱས་པ། ) ཞེས་པ་ལྟ་བུའོ། །སྐྱེས་པ་ལ་མིང་ལ་གྷའོ་ཞེས་པ་ནི་ བྱེད་པ་དང་གཞི་དག་མངོན་པར་བརྗོད་པའི་སྐྱེས་པའི་རྟགས་ལ་བྱིངས་ལས་ཕ་རོལ་ཏུ་མིང་ གི་ཡུལ་ལ་གྷའི་རྐྱེན་སྦྱིན་པར་འགྱུར་ཏེ། དུར་ཕན་དག་ཏུ། གསལ་བྱེད་མཐའ་ལས་གྷཉའོ་ ཞེས་འཆད་པར་འགྱུར་བའི་ཤུགས་ལས་དབྱངས་མཐའ་ལ་རྐྱེན་འདིའོ་ཞེས་ཀྱང་གསུངས་ སོ། །དཔེར་ན། བྱེད་པའི་དོན་པླུང་འགྲོ་བ་དང་། གཞིའི་དོན་ལ་ཨཱ་སྔ་མ་ཅན་གྱི་ཀྲྀཉ་བྱེད་ པའི་བྱིངས་ལ། མདོ་འདིས་གྷ་བྱིན་པའི་གསལ་བྱེད་ཁྱད་དོན་ཕྱིས་ནས་དབྱངས་བཞག་ཅིང་། ཨཱ་ལྔ་པར་ནཱ་མི་མཐའི་དབྱངས་དང་ཞེས་པས་བྱིངས་ཀྱི་དབྱངས་ཡོན་ཏན་བྱས་ཏེ་མཚམས་ སྦྱར་བ་ལ་སི་བྱིན་པས། པླ་ཝཿ(སྤྲེ་བུའམ་སྦལ་པ། ) ཨཱ་ཀ་རཿ(འབྱུང་གནས། ) ཞེས་པ་ལྟ་བུའོ། ། སྐྱེས་པའི་རྟགས་མ་ཡིན་ན་གྷ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་སཱ་དྷ་ ཡང་དག་པར་བསྒྲུབས་པའི་བྱིངས་ལ་མདོ་སྔ་མས་ཡུཊ་བྱིན་ནས་སྔར་བཞིན་བསྒྲུབས་པས། པྲ་སཱ་དྷ་ནཾ་(སྒྲུབ་བོ། །)ཞེས་པ་ལྟ་བུའོ། །གོ་ཙ་ར་སཉྩ་ར། བ་ཧ། པྲ་ཛ། བྱ་ཛ། ཀྲ་མ། ཨཱ་པཎ། ནི་ ག་མ་རྣམས་ཀྱང་ངོ་ཞེས་པ་ནི་གོ་ཙ་ར་ལ་སོགས་པ་འདི་རྣམས་བྱེད་པ་དང་གཞི་མངོན་པར་ བརྗོད་པའི་སྐྱེས་པའི་རྟགས་ལ་བྱིངས་ལས་ཕ་རོལ་ཏུ་གྷའི་རྐྱེན་བྱིན་པས་ཚིག་ཕྲད་དུ་གྱུར་ པ་སྟེ། དཔེར་ན། གོ་དང་སཾ་སྔ་མ་ཅན་གྱི་ཙར་འགྲོ་བའི་དོན་དང་། བཧ་ཐོབ་པ་དང་། པྲཛ་ བརྟུལ་ཞུགས་དང་། བི་སྔ་མ་ཅན་གྱི་ཨཛ་འགྲོ་བ་དང་། པྲ་མུ་རྐང་པ་བསྐྱོད་པ་དང་། ཨཱ་སྔ་ མ་ཅན་གྱི་པཎ་ཐ་སྙད་དང་། ནི་སྔ་མ་ཅན་གྱི་གམླྀ་འགྲོ་བའི་བྱིངས་རྣམས་ཀྱི་ཨུ་དང་ལྀ་རྗེས་ འབྲེལ་ཕྱིས་པ་ལ། འདི་ཉིད་དུ་གསལ་བྱེད་ལས་ཀྱང་ངོ་ཞེས་པས་གྷཉའི་རྐྱེན་ཐོབ་པ་ལ། དེ་ མི་བྱེད་པར་གྷའི་རྐྱེན་བྱིན་པས་ཚིག་ཕྲད་དུ་གྱུར་པ་ཡིན་ཅིང་། ཀྲྀཏ་དྲུག་པར་ཙ་ཛ་དག་གི་ དྷུཊ་གྷ་རྗེས་སུ་འབྲེལ་པ་ལ་ཞེས་པས་ཛ་ཡིག་དག་ག་རུ་བསྒྱུར་བ་ཐོབ་པ་ལ། དེའང་མི་བྱེད་ 6-1-650 པར་གྷ་ཁྱད་དོན་ཕྱིས་ནས་དེའི་དབྱངས་སྦྱར་ཏེ་ཐམས་ཅད་ཀྱི་མཐར་སི་བྱིན་པས། གོ་ཙ་ རཿ(སྤྱོད་ཡུལ། ས་གཞི་རྣམས་སྤྱོད་དོ། །) སཾ་ཙ་རཿ(ཡང་དག་པར་རྒྱུ་བ)། བ་ཧཿ(ཐོབ་བོ)། བྲ་ཛཿ (བརྟུལ་ཞུགས)། བྱ་ཛཿ (གཡོ་བ)། ཀྲ་མཿ(རིམ་པ)། ཨཱ་པ་ཎཿ། (ཀུན་ནས་ཚོང་བྱེད་དོ། །) ནི་ག་མཿ(ངེས་པར་འཕྲོད་པར་བྱེད་ དོ། །)ཞེས་པ་ལྟ་བུའོ། །དུར་ཕན་དུ། ཀྱང་གི་སྒྲ་ལས་ཀ་ཤ་དང་ནི་ཀཥ་དག་ལའང་འགྱུར་བར་ གསུངས་ཏེ། དཔེར་ན། ཀས་འདར་བ་དང་། ནི་སྔ་མ་ཅན་གྱི་ཀས་ལ་མདོ་འདིས་སྔར་བཞིན་ གྷ་བྱིན་ནས། ནཱ་བཞི་པར་ནཱ་མི་དང་ཀ་དང་ར་ལས་ཞེས་པས་ས་ཡིག་ཥ་རུ་བསྒྱུར་ཏེ་སི་བྱིན་ པས། ཀ་ཥཿ། (འདར་བར་བྱེད་དོ། །) ནི་ཀ་ཥཿ (ངེས་པར་འདར་བར་བྱེད་དོ། །) ཞེས་པ་ལྟ་བུའོ། ། བཅུ་པ་བྱིངས་སོ་སོའི་དོན་ལ་གྷཉ་དང་ཁལ་དང་ཡུའི་རྐྱེན་རྣམས་སྦྱོར་ཚུལ་ནི། ཨ་ཝ་ལ་ ཏྲཱི་སྟྲཱི་དག་གི་གྷཉའོ་ཞེས་པ་ལ་ཝ་ཉེ་བའི་ཚིག་ལ་ཏྲཱི་རྐྱལ་བ་དང་། སྟྲཱི་ཉ་ཀུན་ཏུ་འགེབས་པའི་ བྱིངས་འདི་དག་ལས་ཕ་རོལ་ཏུ། བྱེད་པ་དང་གཞི་མངོན་པར་བརྗོད་པའི་སྐྱེས་པའི་རྟགས་ ལ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨ་ཝ་སྔ་མ་ཅན་ཏྲཱྀ་དང་སྟྲཱིཉ་རྗེས་འབྲེལ་ཕྱིས་ པ་ལ། མདོ་འདིས་གྷཉ་བྱིན་པའི་གྷ་དང་ཉ་ཁྱད་དོན་ཕྱིས་ནས་དབྱངས་བཞག་ཅིང་། ཨཱ་དྲུག་ པར་ཨིན་ཨིཙ་ཞེས་པས་རྀའི་ཡི་གེ་འཕེལ་བ་བྱས་ཏེ་སི་བྱིན་པས། ཨ་ཝ་ཏཱ་རཿ(འཇུག་པར་བྱེད་ དོ། །) ཨ་ཝ་སྟཱ་རཿ(གླགས་ལྟ་བར་བྱེད་དོ། །) ཞེས་པ་ལྟ་བུའོ། །གསལ་བྱེད་ལས་ཀྱང་ངོ་ཞེས་པ་ནི་ གསལ་བྱེད་མཐའ་ཅན་གྱི་བྱིངས་ལས་ཀྱང་ཕ་རོལ་ཏུ་བྱེད་པ་དང་གཞི་མངོན་པར་བརྗོད་ པའི་སྐྱེས་པའི་རྟགས་ལ་གྷཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ལི་ཁ་འདྲི་བ་དང་། བིད་ ཤེས་པའི་བྱིངས་ལ་མདོ་འདིས་སྔར་བཞིན་གྷཉ་བྱིན་ནས། ཨཱ་ལྔ་པར་ཨུ་པ་དྷ་ནཱ་མིའང་ཞེས་ པས་ལི་དང་པིའི་དབྱངས་ཡོན་ཏན་བྱས་ཏེ་སི་བྱིན་པས། ལེ་ཁཿ(འདྲི་བར་བྱེད་དོ། །) བེ་དཿ(ཚོར་ བར་བྱེད་དོ། །)ཞེས་པ་ལྟ་བུའོ། །དུར་སིང་དུ། དབྱངས་ཀྱི་མཐའ་ཅན་ལས་ཀྱང་གྷཉ་རྐྱེན་དུ་ འགྱུར་བ་གསུངས་ཏེ། དཔེར་ན། སཾ་སྔ་མ་ཅན་གྱི་ཧྲྀཉ་འཕྲོག་པ་དང་། ཨཱ་སྔ་མ་ཅན་གྱི་དྷྲྀཉ་ 6-1-651 འཛིན་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་གྷཉ་བྱིན་ནས་རྀ་ཡིག་འཕེལ་བ་བྱས་ ཏེ་སི་བྱིན་པས། སཾ་ཧཱ་རཿ(ཡང་དག་པར་བསྡུ་བར་བྱེད་དོ། །)ཨཱ་དྷཱ་རཿཞེས་པ་ལྟ་བུའོ། །ཨུ་དཾ་ཀ་ཆུ་མིན་ པ་ལའོ་ཞེས་པ་ཨུ་དཉྩ་ཞེས་པ་གྷཉའི་རྐྱེན་ལ་ཨུ་དཾ་ཀ་ཞེས་པར་བསྒྱུར་བ་ནི་ཆུ་མ་ཡིན་པའི་ ཡུལ་ལ་ཚིག་ཕྲད་དུ་གྱུར་པ་སྟེ། དཔེར་ན། ཨུད་སྔ་མ་ཅན་གྱི་ཨཉྩ་འགྲོ་བ་དང་མཆོད་པའི་ བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་གྷཉ་བྱིན་ནས། ཀྲྀཏ་དྲུག་པར་ཙ་ཛ་དག་གི་ ཞེས་པས་ཙ་ཡིག་ཀ་རུ་བསྒྱུར་ཞིང་། མདོ་འདིས་ཐོས་པ་མ་ཡིན་པ་ཉ་ཡིག་རྗེས་སུ་ང་རོར་ བསྒྱུར་བ་ལ་སི་བྱིན་པས། ཨུ་དཾ་ཀཿ(སྟེང་དུ་འགྲོ་འམ་མཆོད་པར་བྱེད་དོ། །) ཞེས་པ་ལྟ་བུའོ། །ཆུ་ཞེས་ པའི་ཡུལ་ལ་ནི་གྷཉ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨུ་ད་ཀ་སྔ་མ་ཅན་གྱི་ཨུ་དཉྩ་ལ། འདི་ ཉིད་དུ་ཡུཊ་འང་ཞེས་པས་ཡུཊ་བྱིན་པར་སྔར་བཞིན་ཨ་ན་རུ་བསྒྱུར་ནས་སི་ཕྱིས་ཏེ་མུ་བྱིན་ པས། ཨུད་ཀོ་དཉྩ་ནཾ་ཞེས་པ་ལྟ་བུའོ། །དྲ་བ་ལ་ཨཱ་ནཱ་ཡའོ་ཞེས་པ་ནི་དྲ་བའི་དོན་ལ། ནཱིང་ལ་ གྷཉ་བྱིན་པས་ཨཱ་ན་ཡ་ཞེས་པ་ཚིག་ཕྲད་དུ་གྱུར་པ་སྟེ། དཔེར་ན། ཨཱ་སྔ་མ་ཅན་གྱི་ནཱིང་ཐོབ་ པའི་བྱིངས་ང་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་སྔར་བཞིན་གྷཉ་བྱིན་ནས། ཨཱ་དྲུག་པར་ ཨིན་ཨིཙ་ཞེས་པས་ནཱིའི་དབྱངས་འཕེལ་བ་བྱས་ཏེ་མཚམས་སྦྱར་བ་ལ་སི་བྱིན་པའི་ཕ་རོལ་ ན། མཏ་སྱཱ་ནཱཾ་ཡོད་པ་ལས། ཨཱ་ནཱ་ཡོ་མ་ཏ་སྱཱ་ནཾ་(ཉ་རྣམས་ཀྱི་རྒྱའོ། །)ཞེས་པ་ལྟ་བུའོ། །དྲ་བའི་དོན་ མ་ཡིན་པ་ལ་གྷཉ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨཱ་སྔ་མ་ཅན་གྱི་ནཱི་ལ། འདི་ཉིད་དུ་སྐྱེས་ པ་ལ་མིང་ལ་ཞེས་པས་གྷའི་རྐྱེན་བྱིན་ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་ནཱིའི་ དབྱངས་ཡོན་ཏན་བྱས་ཏེ་མཚམས་སྦྱར་བ་ལ་སི་བྱིན་པས། ཨཱ་ན་ཡཿ(ཀུན་ཏུ་ཐོམ་པར་བྱེད་དོ། །) ཞེས་པ་ལྟ་བུའོ། །ཨཱིཥད་དུར་སུ་རྣམས་ལ་དཀའ་བ་དང་མི་དཀའ་བའི་དོན་རྣམས་ལ་ཁལའོ་ ཞེས་པ་ནི་ཨཱིཥཏ་དང་དུར་དང་སུ་ཞེས་པ་འདི་རྣམས་ཉེ་བའི་ཚིག་ལ་བྱིངས་ལས་ཕ་རོལ་ཏུ་ རིམ་པ་བཞིན་དངོས་པོ་དང་ལས་ཀྱི་དོན་དང་། སྡུག་བསྔལ་བའི་བྱ་བ་དཀའ་བའི་དོན་དང་། 6-1-652 བདེ་བའི་བྱ་བ་མི་དཀའ་བའི་དོན་རྣམས་ལ་ཁལ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཱི་ ཥཏ་དང་དུར་དང་སུ་སྔ་མ་ཅན་གྱི་ཀྲྀཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཁལ་བྱིན་པའི་ཁ་ ཡིག་ཀྲྀ་ཏ་དང་པོར་ཁ་རྗེས་སུ་འབྲེལ་པ་ལ་ཞེས་པའི་ཁྱད་དོན་ལ་ཡིག་མདོ་འདི་དང་ཀྲྀཏ་ དྲུག་པར་དངོས་པོ་དང་ལས་དག་ལ་ཀྲྀ་ཏྱ་ཀྟ་ཁ་ལའི་དོན་རྣམས་སོ་ཞེས་པའི་ཁྱད་དོན་ཡིན་ པས་ཕྱིས་ནས། ཁའི་དབྱངས་བཞག་ཅིང་། ཨཱ་ལྔ་པར་ནཱ་མིའི་མཐའི་ཞེས་པས་ཀྲྀའི་དབྱངས་ ཡོན་ཏན་བྱས་ཏེ་སྦྱར་བ་ལ་སི་བྱིན་པས། ཨཱིཥངྐ་རཿ(ཅུང་ཟད་བྱེད་དོ། །) དུཿཀ་ར། (དཀའ་བར་བྱེད་ དོ། །) སུ་ཀ་རཿ(བདེ་བར་བྱེད་དོ། །)ཞེས་པ་དང་། ཨཱི་ཥཏ་སོགས་སྔ་མ་ཅན་གྱི་བྷུ་ཛ་ཟ་བའི་བྱིངས་ ལ་སྔར་བཞིན་ཁ་ལ་ཁྱད་དོན་ཕྱིས་པ་བྱིན་ནས། ཨུ་པ་དྷཱ་ནཱ་མིའང་ཞེས་པས་བྷུའི་དབྱངས་ ཡོན་ཏན་བྱས་ཏེ་སི་བྱིན་པ། ཨཱི་ཥངྦྷོ་ཛཿ། (ཅུང་ཟད་ཟ་བར་བྱེད་དོ། །) དུརྦྷོ་ཛཿ། (ངན་པ་ཟ་བར་བྱེད་དོ། །) སུ་བྷོ་ཛཿ། (བདེ་བར་ཟ་བར་བྱེད་དོ། །) ཨི་ཥད་ཉེ་བའི་ཚིག་མ་ཡིན་ན་ཁལ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཀྲྀཙྪྭེ་ཎ་སྔ་མ་ཅན་གྱི་ཀྲྀ་ལ་ཀྲྀཏ་གཉིས་པར་རྀ་ཡིག་དང་གསལ་བྱེད་མཐའ་ལས་ གྷྱཎ་བྱིན་པའི་གྷ་དང་ཉ་ཁྱད་དོན་ཕྱིས་ནས། ཡ་དབྱངས་དང་བཅས་པ་བཞག་ཅིང་། ཨཱ་དྲུག་ པར། ཨིན་ཨི་ཙ་ཞེས་པས་རྀ་འཕེལ་བ་བྱས་ཏེ། སི་བྱིན་པ་མ་ནིང་ལས་ཕྱིས་ནས་མུ་ཨཱ་ག་མ་ བྱིན་པས། ཀྲྀཙྪྲེ་ཀཱཪྻ་(འོ་རྒྱལ་བས་བྱ་བ་བྱེད་དོ། །)ཞེས་པ་ལྟ་བུའོ། །དཀའ་བ་དང་མི་དཀའ་བའི་ དོན་མ་ཡིན་པ་ལའང་ཁལ་རྐྱེན་དུ་མི་འགྱུར་ཏེ། དཔེར་ན། ཨཱི་ཥཏ་སྔ་མ་ཅན་གྱི་ཀྲྀ་ལ་སྔར་ བཞིན་གྷྱཎ་བྱིན་ནས་བསྒྲུབས་པས། ཨཱི་ཥངྐཱ་ཪྻཾ་(ཅུང་ཟད་བྱེད་དོ། །)ཞེས་པ་ལྟ་བུའོ། །བྱེད་པ་པོ་ དང་ལས་དག་ལའང་བྷཱུ་ཀྲྀཉ་དག་གིའོ་ཞེས་པ་ནི་ཨཱི་ཥཏ་དང་ངུར་དང་སུ་རྣམས་དཀའ་བ་ དང་དཀའ་བ་མ་ཡིན་པའི་དོན་ཅན་རྣམས་དང་། བྱེད་པ་པོ་དང་། ལས་ཉེ་བའི་ཚིག་དག་ ལའང་བྷཱུ་ཡོད་པ་དང་ཀྲྀཉ་བྱེད་པའི་བྱིངས་འདི་དག་གི་ཕ་རོལ་ཏུ་ཁལ་གྱི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། ཨཱི་ཥད་ལ་སོགས་པ་རྣམས་ཀྱི་མཐར་ཨཱ་ཌྷེཎ་དང་ཨཱ་ཌྷྱཾ་ཡོད་པ་སྔ་མ་ 6-1-653 ཅན་གྱི་བྷཱུ་ལ་མདོ་འདིས་སྔར་བཞིན་ཁལ་ཁྱད་དོན་ཕྱིས་པ་བྱིན་ནས། བྷཱུའི་དབྱངས་ཡོན་ ཏན་བྱས་ཏེ་མཚམས་སྦྱར་བ་ལ་སི་བྱིན་པས། ཨཱི་ཥ་དཱ་ཌྷེཎ་བྷ་ཝཿ (ཅུང་ཟད་ཕྱུག་པ་ཡིས་དངོས་པོ)། ཨཱི་ཥ་དཱ་ཌྷྱཾ་བྷ་ཝཿ (ཅུང་ཟད་ཕྱུག་པ)། དུ་རཱ་ཌྷྱེཎ་བྷ་ཝཿ (ཕྱུག་པོ་ངན་པ་ཡིས་དངོས་པོ)། དུ་རཱ་ཌྷྱཾ་བྷ་ཝཿ། སྭཱ་ཌྷྱེཎ་བྷ་ཝཿ (རང་ཕྱུག་པ་ཡིས་དངོས་པོ)། སྭཱ་ཌྷྱཾ་བྷ་ཝཿ ཞེས་པ་དང་། ཨཱི་ཥཏ་སོགས་སྔ་མ་ཅན་གྱི་ ཀྲྀཉ་རྗེས་འབྲེལ་ཕྱིས་པ་ལའང་སྔར་བཞིན་ཁལ་བྱིན་ནས་ཀྲྀའི་དབྱངས་ཡོན་ཏན་བྱས་ཏེ། མཚམས་སྦྱར་བ་ལ་སི་བྱིན་པས། ཨཱི་ཥ་དཱ་ཌྷྱེཎ་ཀ་རཿ། (ཅུང་ཟད་ཕྱུག་པ་ཡིས་བྱེད་དོ། །) ཨཱི་ཥ་དཱ་ཌྷྱཾཀ་ རཿ། (ཉུང་ཟད་ཕྱུག་པ་ལ་བྱེད་དོ། །) དུ་རཱ་ཌྷྱེཎ་ཀ་རཿ། (ཕྱུག་པོ་ངན་པ་ཡིས་བྱེད་དོ། །) དུ་རཱ་ཌྷྱཾ་ཀ་རཿ། སྭཱ་ཌྷྱེཎ་ ཀ་རཿ (རང་ཕྱུག་པ་ཡིས་བྱེད་དོ། །)སྭཱ་ཌྷྱཾཀ་རཿཞེས་པ་ལྟ་བུའོ། །ཨཱཏ་མཐའ་རྣམས་ལས་ད་རི་དྲཱ་ཏི་ མིན་པ་ལ་ཡུའོ་ཞེས་པ་ནི་ཨཱི་ཥཏ་སོགས་པ་རྣམས་དཀའ་བ་དང་དཀའ་བ་མ་ཡིན་པའི་དོན་ ཅན་ཉེ་བའི་ཚིག་ལ། ཨ་ཡིག་རིང་པོ་མཐའ་ཅན་གྱི་བྱིངས་རྣམས་ལས་ཕ་རོལ་ཏུ། ད་རི་དྲཱ་མ་ ཡིན་པ་ལ་ཡུའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཱི་ཥཏ་ལ་སོགས་པ་སྔ་མ་ཅན་གྱི་པཱ་ འཐུང་བའི་བྱིངས་ལ། མདོ་འདིས་ཡུ་བྱིན་པ་སྔར་བཞིན་ཨན་རུ་བསྒྱུར་ནས་སྦྱར་བ་ལ་སི་ བྱིན་པས། ཨཱི་ཥཏ་པཱ་ཎཿ། (ཅུང་ཟད་འཐུང་བར་བྱེད་དོ། །) དུཿཔཱ་ནཿ(འཐུང་བར་བྱེད་པ་དཀའ། ) སུ་པཱ་ནཿ(བདེ་ བར་འཐུང་བར་བྱེད། )ཞེས་པ་ལྟ་བུའོ། །ཨཱི་ཥཏ་སོགས་ཉེ་བའི་ཚིག་ཏུ་ཡོད་ཀྱང་། ད་རི་དྲཱ་ཡིན་ན་ ཡུ་རྐྱེན་དུ་མི་འགྱུར་ཏེ། དཔེར་ན། ཨཱི་ཥཏ་སྔ་མ་ཅན་རི་དྲཱ་འགྲོ་བ་ངན་པའི་བྱིངས་ལ། མདོ་སྔ་ མས་ཁལ་ཁྱད་དོན་ཕྱིས་པ་བྱིན་ནས། ཨཱ་དྲུག་པར་ད་རི་དྲཱ་ཏིའི་བྱིངས་ཐམས་ཅད་པ་མ་ཡིན་ པ་ལ་ཞེས་པས་དྲཱའི་དབྱངས་ཕྱིས་ཏེ་སྦྱར་བ་ལ་སི་བྱིན་པས། ཨཱི་ཥད་ད་རི་དྲཿ(ཅུང་ཟད་དབུལ་བར་ བྱེད་དོ། །) ཞེས་པ་ལྟ་བུའོ། །ཤཱ་སུ། ཡུ་དྷི། དྲྀ་ཤི། དྷྲྀ་ཥི། མྲྀ་ཥ་རྣམས་ཀྱི་ཡང་ནའོ་ཞེས་པ་ནི་ཨཱི་ ཥཏ་ལ་སོགས་པ་རྣམས་དཀའ་བ་དང་དཀའ་བ་མིན་པའི་དོན་ཅན་ཉེ་བའི་ཚིག་ལ་ཤཱ་སུ་རྗེས་ སུ་བསྟན་པ་དང་། ཡུདྷ་འཁྲུག་པ་དང་། དྲྀ་ཤིར་ལྟ་བ་དང་། དྷྲྀ་ཥཱ་སྤོབས་པ་དང་། མྲྀཥ་བཟོད་ 6-1-654 པའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ། ཡང་ན་ཡུའི་རྐྱེན་སྦྱིན་པར་འགྱུར་ཞིང་། ཡང་ན་སྔར་ བཞིན་ཁལ་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ལ་མདོ་འདིས་ཡུ་བྱིན་པ་ཨ་ན་རུ་ བསྒྱུར་བ་དང་། ཡང་ན། ཁལ་ཁྱད་དོན་ཕྱིས་པ་བྱིན་པའི་མཐར་སི་སྟེར་བ་ནི་ཐམས་ཅད་ལ་ མཚུངས་ཤིང་། ཁྱད་པར་ཤཱ་སུའི་རྗེས་འབྲེལ་ཕྱིས་པ་ལ་རྐྱེན་གཉི་ག་བྱིན་ནས། སན་བཞི་ པར་ཤ་ལ་ཙ་འོ་ཞེས་པས་ཨཱི་ཥཏ་ཀྱི་ཏ་ཡིག་ཙ་དང་། སྡེ་པའི་དང་པོ་རྣམས་ལས་ཤ་ཡིག་ དབྱངས་དང་ཞེས་པས་ཤཱས་ཀྱི་ཤའང་ཚ་ཡིག་ཏུ་བསྒྱུར་བས། ཨཱི་ཥཙྪཱ་ས་ནཿ། (ཅུང་ཟད་སྟོན་པར་ བྱེད་དོ། །)ཨཱི་ཥཙྪཱ་སཿ། དཱུཿཤཱ་ས་ནཿ། (ངན་པར་སྟོན་པར་བྱེད་དོ། །) དུཿཤཱ་སཿ། སུ་ཤཱ་ས་ནཿ། (ལེགས་པར་ སྟོན་པར་བྱེད་དོ། །)སུ་ཤཱ་སཿཞེས་པ་དང་། ཡུ་དྷ་ལ་སྔར་བཞིན་བྱིངས་ཀྱི་ཨུ་པ་དྷཱའི་དབྱངས་ཡོན་ ཏན་བྱས་ཏེ། སྡེ་པའི་དང་པོ་ཚིག་མཐའ་རྣམས་དབྱངས་དང་སྒྲ་ལྡན་ལ་ཞེས་པས་ཏ་ཡིག་རང་ གི་སྡེ་པའི་གསུམ་པ་ད་ཡིག་ཏུ་བསྒྱུར་བས། ཨཱི་ཥ་དྱོ་དྷ་ནཿ། (ཅུང་ཟད་འཁྲུགས་པར་བྱེད་དོ། །) ཨཱི་ཥདྱོ་ དྷཿ། དུཪྻོ་དྷ་ནཿ། དུཪྻོ་དྷཿ། སུ་ཡོ་དྷ་ནཿ། (ལེགས་པར། )སུ་ཡོ་དྷཿཞེས་པ་དང་། དྲྀ་ཤིར་གྱི་ཨིར་ རྗེས་འབྲེལ་ཕྱིས་ཏེ་རྀ་ཡོན་ཏན་བྱས་པས། ཨཱི་ཥདྡཪྴནཿ། (ཅུང་ཟད་མཐོང་བར་བྱེད་དོ། །) ཨཱི་ ཥདྡཪྴཿདུརྡཪྴ་ནཿ(ངན་པར)། དུརྡཪྴཿ སུ་དཪྴ་ནཿ(ལེགས་པར)། སུ་དཪྴཿ(ལེགས་པར། )ཞེས་པ་ དང་། དྷྲྀ་ཥཱ་རི་རྗེས་འབྲེལ་ཕྱིས་ནས་རྀ་ཡོན་ཏན་བྱས་ཏེ། ནཱ་བཞི་པར། ར་ཥ་རྀའི་ཡི་གེ་ཞེས་ པས་ན་ཡིག་ཎ་རུ་བསྒྱུར་བས། ཨཱི་ཥདྡྷཪྵ་ཎཿ(ངན་པ་བཟོད་པར་བྱེད། ) ཨཱི་ཥདྡྷཪྵཿ། (ཅུང་ཟད་སྤོབས་ པར་བྱེད་དོ། །) དུརྡྷཪྴ་ཎཿ། (ཅུང་ཟད་སྤོབས་པར་བྱེད་དོ། །) དུརྡྷཪྵཿ། (ངན་པར་སྤོབས་པར་བྱེད་དོ། །) སུ་དྷཪྴ་ ནཿ། (བདེ་བར་སྤོབས་པར་བྱེད་དོ། །) སུདྷཪྴ་(བདེ་བར་སྤོབས་པར་བྱེད་དོ། །)ཞེས་པ་དང་། མྲྀ་ཥའི་རྀ་ཡོན་ ཏན་བྱས་ཏེ་སན་བཞི་པར་ལྔ་པ་ལ་ལྔ་པ་རྣམས་སུ་ཞེས་པས་མ་ཡིག་ཕ་རོལ་ལ་ཏ་ཡིག་རང་ གི་སྡེ་པའི་ལྔ་པ་ན་ཡིག་ཏུ་བསྒྱུར་བས། ཨཱིཥནྨཪྵ་ཎཿ། (ཅུང་ཟད་བཟོད་པར་བྱེད་དོ། །) ཨཱི་ཥནྨཪྵཿ དུཪྨཪྵ་ཎཿ(ངན་པ་བཟོད་པར་བྱེད་དོ། །) དུཪྨཪྵཿ། སུ་མཪྵ་ཎཿ། (བདེ་བར་བཟོད་པར་བྱེད་དོ། །) སུ་མཪྵཿ 6-1-655 ཞེས་པ་ལྟ་བུའོ། །བཅུ་གཅིག་པ་འདོད་པའི་དོན་དང་ནུས་པའི་དོན་ཉེ་བའི་ཚིག་ལ་ཏུམ་ འཇུག་ཚུལ་ནི། བྱེད་པ་པོ་གཅིག་པ་རྣམས་ལ་འདོད་པའི་དོན་རྣམས་ལ་ཏུམའོ་ཞེས་པ་བྱེད་ པ་པོ་ངོ་བོ་གཅིག་པ་ཡིན་པར་མཚུངས་ཤིང་། འདོད་པའི་དོན་ཅན་གྱི་བྱིངས་རྣམས་སྔ་ཕྱིར་ ཉེ་བའི་ཚིག་ལ། བྱིངས་ལས་ཕ་རོལ་ཏུ་ཏུཾ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། འདོད་པའི་ དོན་ཅན་ཨིཙྪ་ཏི་དང་། བཱཙྪ་ཏི་སྔ་མ་ཅན་གྱི་བྷུ་ཛ་ཟ་བའི་བྱིངས་ལ་མདོ་འདིས་ཏུཾ་བྱིན་ནས། སྔར་བཞིན་དྷུའི་དབྱངས་ཡོན་ཏན་བྱས་ཏེ། ཨཱ་དྲུག་པར་ཙ་སྡེའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ ཞེས་པས་ཛ་ཡིག་ཀ་རུ་བསྒྱུར་ནས་སྦྱར་བ་ལ་སི་བྱིན་པ་མི་ཟད་པ་ལས་ཕྱིས་པས། ཨིཙྪ་ཏི་ བྷོཀྟུམ(འདོད་པར་བྱེད་དོ་ཟ་བ་ལ)། བཱཙྪ་ཏི་བྷོཀྟུམ་ཞེས་པ་ལྟ་བུའོ། །བྱེད་པ་པོ་གཅིག་པ་ཅན་མ་ ཡིན་ན། འདོད་པའི་དོན་ཅན་གྱི་བྱིངས་སྔ་ཕྱིར་ཉེ་བའི་ཚིག་ཏུ་ཡོད་ཀྱང་ཏུཾ་རྐྱེན་དུ་མི་འགྱུར་ ཏེ། དཔེར་ན། དེཝ་དཏ་ཏཾ་སྔ་མ་ཅན་གྱི་བྷུ་ཛ་ལ། ཀྲྀཏ་བཞི་པར་ད་ལྟར་བ་ལ་ཤན་ཏྲྀང་ཨཱ་ ནཤ་དག་གོ་ཞེས་པས་ཨཱ་ན་ཤ་བྱིན་པའི་ཤ་ཡིག་བྱིངས་ཐམས་ཅད་པ་དང་འདྲ་བའི་ཁྱད་ དོན་ཡིན་པས། ཕྱིས་ནས་སྦྱར་ལ། ཨཱ་གཉིས་པར་དྷ་སོགས་ཀྱི་དབྱངས་ལས་ཞེས་པ་ན་ཡིག་ བྷུའི་དབྱངས་མཐར་སྦྱར་ཞིང་། ཨཱ་བཞི་པར་རུ་དྷ་སོགས་ཀྱི་བི་ཀ་ར་ཎའི་མཐའ་དབྱིའོ་ཞེས་ པས་དེའི་དབྱངས་ཕྱིས་ཏེ། ནཱ་བཞི་པར་མ་ན་དག་དྷུ་ཊ་ལ་ཞེས་པས་ན་དབྱངས་མེད་རྗེས་སུ་ ང་རོར་བསྒྱུར་བ། སྡེ་པ་ལ་སྡེ་པའི་མཐའོ་ཞེས་པས་ཛ་མཐོང་བ་ལས་ཉ་རུ་བསྒྱུར་ནས། སི་ བྱིན་པ་མ་ནིང་ལས་ཕྱིས་ཏེ། མུ་ཨཱ་ག་མ་བྱིན་པའི་ཕ་རོལ་ན་ཨིཙྪ་ཏི་སོགས་ཡོད་པ་ལས། དེ་ ཝ་དཏྟཾ་བྷུཉྫ་ནཾ་ཨིཙྪ་ཏི་ཡཛྙ་དཏྟཿཞེས་པ་ལྟ་བུའོ། །ཀཱ་ལ། ས་མ་ཡ། བེ་ལཱ། ནུས་པའི་དོན་ རྣམས་ལའང་ངོ་ཞེས་པ་ནི་པ་ནི་ཀཱ་ལ་དང་། ས་མ་ཡ་དང་། བེ་ལཱ་དང་། སྒྲུབ་པར་ནུས་པའི་ དོན་རྣམས་སྔ་ཕྱིར་ཉེ་བའི་ཚིག་ཏུ་ཡོད་པ་ལའང་། བྱིངས་ལས་ཕ་རོལ་ཏུ་ཏུཾ་གྱི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། ཀཱ་ལཿདང་། ས་མ་ཡ་དང་། བེ་ལཱ་དང་། ནུས་པའི་དོན་ས་མརྠ་དང་། 6-1-656 པཪྻཱཔྟཿ སྔ་མ་ཅན་གྱི་བྷུ་ཛ་ལ། མདོ་འདིས་ཏུམ་བྱིན་ནས། སྔར་བཞིན་བྷུའི་དབྱངས་ཡོན་ ཏན་བྱས་ཏེ། ཛ་ཡིག་ཀ་རུ་བསྒྱུར་ཞིང་། སི་བྱིན་པ་མི་ཟད་པ་ལས་ཕྱིས་ནས། རྣམ་བཅད་ རྣམས་སྒྲ་ལྡན་དང་མཚམས་སྦྱར་བས། ཀཱ་ལོ་བྷོཀྟུམ(དུས་སུ་ཟ་བར་བྱེད)། ས་མ་ཡོ་བྷོཀྟུམ། པེ་ ལཱ་བྷོཀྟུམ། ས་མརྠོ་བྷོཀྟུམ(དུས་པས་ཟ་བར་བྱེད)། པཪྻཱཔྟོ་བྷོཀྟུམ(མཐའ་ཡས་པར་ཟ་བར་བྱེད་དོ། །) ཞེས་ པ་ལྟ་བུ་སྟེ། དུར་སིང་དང་མཐུན་པའོ། །སློབ་ཕན་དུ། ཀཱ་ལཿལ་སོགས་པའི་ཉེ་བའི་ཚིག་དེ་ རྣམས་ཕྱི་མར་ཡོད་པའི་དཔེར་བརྗོད་ཀྱང་མཛད་ཅིང་། འང་གི་སྒྲས་ཇི་ལྟར་མཐོང་བ་བཞིན་ གཞན་ལའང་ཏུམ་འདོད་དོ། །བྷོཀྟུ་ཀཱ་ལཿ(ཟ་བར་བྱེད་པའི་འདོད་པ། )བྷོཀྟུམ་ནཱ་(ཟ་བར་བྱེད་པའི་ཡིད། ) བཤད་པ་ལས་ཏུམ་གྱི་མ་དབྱིའོ་ཞེས་ཀྱང་གསུངས་ལ། དུར་སིང་དུ། ཤཀྣོ་ཏི་བྷོ་ཀྟུཾ། དྷྀ་ཥྞོ་ཏི་ བྷོ་ཀྟུཾ་ཞེས་པ་ལ་སོགས་པ་ནུས་པའི་དོན་ལ་འཕྲོས་པའི་དཔེར་བརྗོད་བཅུ་གཉིས་ཀྱང་མཛད་ དོ། ། བཅུ་གཉིས་པ་དོན་སོ་སོ་ལ་ཏྲྀ་ཙ་དང་ཀྲྀ་ཏྱ་དང་ཎི་ནི་དང་ཏིག་དང་ཀྲྀཏ་རྣམས་སྦྱོར་ཚུལ་ ནི། འོས་པ་ལ་ཏྲྀ་ཙའོ་ཞེས་པ་གང་བྱེད་པ་པོར་འོས་པའི་དོན་གྱི་ཁྱད་པར་ལ། བྱིངས་ལས་ ཕ་རོལ་ཏུ་ཏྲྀ་ཙའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཀ་ནྱཱ་ཡ་བྷ་ཝཱན་སྔ་མ་ཅན་གྱི་བཧ་ཐོབ་ པའི་བྱིངས་ལ། མདོ་འདིས་ཏྲྀ་ཙ་བྱིན་པའི་ཙ་ཡིག་མདོ་འདི་ལ་སོགས་པའི་ཁྱད་དོན་ཡིན་ པས་ཕྱིས་ནས། ཨཱ་དྲུག་པར་ཧའི་ཌྷའོ་ཞེས་པས་བྱིངས་ཀྱི་ཧ་ཡིག་ཌྷ་དང་། ཨཱ་བརྒྱད་པར་གྷ་ ཌྷ་དྷ་བྷ་རྣམས་ལས་ཞེས་པས་རྐྱེན་གྱི་ཏ་ཡིག་དྷ་དང་། དེ་ཉིད་དུ་ཥ་དང་ཊ་སྡེ་ལས་ཞེས་པས་ དྷའང་ཌྷ་རུ་བསྒྱུར་ཏེ་ཌྷ་འི་ཌྷ་ལ་དབྱིའོ་ཞེས་པས་བྱིངས་ཀྱི་ཌྷ་ཡིག་དབྱི་ཞིང་། ས་ཧི་བ་ཧ་དག་ གི་ཨ་ཡིག་གི་ཨོཏ་དོ་ཞེས་པས་བའི་དབྱངས་ཨོ་རུ་བསྒྱུར་ནས། སི་བྱིན་པ་ན། ནཱ་དང་པོར་སི་ ལ་ཨཱ་སྟེ་སི་དབྱི་བ་འང་ངོ་ཞེས་པས་དྷྲྀའི་རྀ་ཡིག་ཨཱ་རུ་བསྒྱུར་ཏེ་སི་ཕྱིས་པས། ཀ་ནྱཱ་བྷ་ཝཱན་ བོ་ཌྷཱ་(བུ་མོ་ཁྱོད་ཀྱི་ཐོབ་པར་འོས། ) ཞེས་པ་ལྟ་བུའོ། །སློབ་ཕན་དུ། བུཎ་ཏྲྀ་ཙ་དག་གོ་ཞེས་པ་གྲུབ་ 6-1-657 པ་ལ་སྦྱོར་བ་བརྩམས་པ་ནི་བྱེད་པ་པོར་འོས་པ་ལ་བདུན་པས་གནོད་པར་མི་འགྱུར་ཏེ་ཞེས་ ཀྱང་གསུངས་སོ། །ནུས་པ་ལ་ཀྲྀཏྱ་རྣམས་སོ་ཞེས་པ་ནི་ནུས་པའི་དོན་གྱི་ཁྱད་པར་ལ་བྱིངས་ ལས་ཕ་རོལ་ཏུ། འོས་པའི་དོན་རྣམས་ལ་ཀྲྀཏྱའི་མིང་ཅན་གྱི་རྐྱེན་རྣམས་སྦྱིན་པར་འགྱུར་ ཏེ། དཔེར་ན། ཀ་ནྱཱ་ཡ་སྔ་མ་ཅན་གྱི་བ་ཧ་ལ། ཀྲྀ་ཏྱའི་བྱེ་བྲག་ཨ་ནཱི་ཡ་བྱིན་ནས། བུད་མེད་ དུ་སྒྲུབ་པ་ལ་སྔར་བཞིན་ཨཱའི་རྐྱེན་སྦྱར་ཏེ་སི་བྱིན་པ་ཤྲད་དྷཱ་ལས་ཕྱིས་པས། ནྱཱ་ཡ་བ་ཧ་ནཱི་ཡཱ་ (བུ་མོ་ཐོབ་པར་ནུས་སོ། །)ཞེས་པ་ལྟ་བུའོ། །བསྒོ་བ་ཁས་ལེན་དུས་ལ་བབ་པ་རྣམས་ལའོ་ཞེས་པ་ ནི་བསྒོ་བ་དང་། ཁས་ལེན་པ་དང་དུས་ལ་བབ་པ་རྣམས་རྟོགས་པར་བྱ་བ་ལ། བྱིངས་ལས་ ཕ་རོལ་ཏུ། ཀྲྀ་ཏྱའི་མིང་ཅན་གྱི་རྐྱེན་རྣམས་སྦྱིན་པར་འགྱུར་ཏེ། དཔེར་ན། བསྒོ་བ་ལ། བྷ་ ཝ་ཏཱ་ཀ་ཊཿདང་། ཁས་ལེན་ལ་མ་ཡཱ་ཀ་ཊཿདང་། དུས་ལ་བབ་པ་ལ་ཨ་དྷཱུ་ནཱ་ཀ་ཊཿརྣམས་སྔ་ མ་ཅན་གྱི་ཀྲྀ་ལ། མདོ་འདིས་ཀྲྀ་ཏྱའི་མིང་ཅན་ཏ་བྱ་བྱིན་ནས། སྔར་བཞིན་ཀྲྀའི་དབྱངས་ཡོན་ ཏན་བྱས་ཏེ་སི་བྱིན་པས། རིམ་པ་ལྟར། བྷ་ཝ་ཏཱ་ཀ་ཊཿ(ཁྱོད་ཀྱི་རེ་ལྡེ་གྱིས། ) ཀརྟ་བྱཿ། མ་ཡཱ་ཀ་ཊཿ (བདག་གི་རེ་ལྡེ་བྱས། ) ཀརྟ་བྱཿཨ་དྷཱུ་ནཱ་ཀ་ཊཿ ཀརྟ་བྱཿཞེས་པ་དང་། ཡང་དེ་རྣམས་ལ་ཀྲྀ་ཏྱའི་ཨ་ ནི་ཡ་བྱིན་ནས་སྔར་བཞིན་རྀ་ཡོན་ཏན་བྱས་ཏེ། ན་ཡིག་ཎ་རུ་བསྒྱུར་བ་ལ་སི་བྱིན་པས། བྷ་ ཝ་ཏཱ་ཀ་ཊཿ ཀ་ར་ཎཱི་ཡཿ མ་ཡཱ་ཀ་ཊཿ ཀ་ར་ཎཱི་ཡཿ། ཨ་དྷཱུ་ནཱ་ཀ་ཊཿ ཀཱ་ར་ཎཱི་ཡཿཞེས་པ་ ལྟ་བུའོ། །དུར་ཕན་དག་ཏུ། བསྒོ་བ་ལ་སོགས་པ་རྣམས་ལ་སློབ་དཔོན་རྣམས་ཀྱིས་ལྔ་པར་ བཤད་དེ། དེས་ཀྲྀ་ཏྱ་རྣམས་ལ་གནོད་པར་མི་འགྱུར་རོ་ཞེས་ཀྱང་གསུངས་སོ། །གདོན་མི་ཟ་ བ་དང་བུ་ལོན་ལེན་པ་དག་ལ་ཎི་ནིའོ་ཞེས་པ་ནི་གདོན་མི་ཟ་བའི་དངོས་པོ་རྟོགས་པར་བྱ་བ་ དང་། བུ་ལོན་གྱིའང་བྱེད་པ་པོའི་དོན་ལ། བྱིངས་ལས་ཕ་རོལ་ཏུ་ཎི་ནིའི་རྐྱེན་སྦྱིན་པར་འགྱུར་ ཏེ། དཔེར་ན། གདོན་མི་ཟ་བ་ལ་ཨ་ཝ་ཤྱཾ་སྔ་མ་ཅན་གྱི་ཀྲྀ་དང་། ཌུ་དཱཉ་རྗེས་འབྲེལ་ཕྱིས་པ་ དང་། བུ་ལོན་ལ་ཤ་ཏཾ་དང་ས་ཧ་སྲཾ་སྔ་མ་ཅན་གྱི་དཱ་ལ་མདོ་འདིས་ཎི་ནི་བྱིན་པའི་ཎ་ཡིག་ཨི་ 6-1-658 ཙ་དང་འདྲ་བའི་ཁྱད་དོན་དང་། ནིའི་ཨི་ཡིག་བརྗོད་དོན་ཕྱིས་ནས། ཨཱ་དྲུག་པར་ཨིན་ཨི་ཙ་ ལ་ཞེས་པས་ཀྲྀའི་རྀ་འཕེལ་བ་བྱས་པ་དང་། དེ་ཉིད་དུ་ཨཱཏ་མཐའ་རྣམས་ཀྱི་ཨི་ཙ་ཞེས་པས་ དཱའི་དབྱངས་ཨཱ་ཡ་རུ་བསྒྱུར་བ་ལ་རྐྱེན་གྱི་ཨིན་སྦྱར་ཏེ། མཐར་སི་བྱིན་པ་ན། ནཱ་གཉིས་པར་ ཨིན་ཧན་པཱུ་ཥན་ཞེས་པས་ཨི་རིང་པོར་བསྒྱུར་ཞིང་། གསལ་བྱེད་ལས་སི་དང་རྟགས་མཐའི་ ན་ཡིག་ཕྱིས་པས། ཨ་ཝ་ཤྱཾ་ཀཱ་རཱི། (གདོན་མི་ཟ་བར་བྱེད་དོ། །) ཨ་ཝ་ཤྱཾ་དཱ་ཡཱི། (གདོན་མི་ཟ་བར་སྦྱིན་ནོ། །) ཤ་ཏཾ་དཱ་ཡཱི(བརྒྱ་ཕྲག་གཏོང་བར་བྱེད)། ས་ཧ་སྲཾ་དཱ་ཡཱི་(སྟོང་ཕྲག་གཏོང་བར་བྱེད། )ཞེས་པ་ལྟ་བུའོ། །མིང་ དང་སྨོན་པ་ལ་ཏིཀ་ཀྲྀཏ་དག་ཀྱང་ངོ་ཞེས་པ་ནི་མིང་རྟོགས་པར་བྱ་བ་དང་སྨོན་པའི་ཡུལ་ལ་ བྱིངས་ལས་ཕ་རོལ་ཏུ་ཏིཀ་དང་། ཀྲྀཏ་གྱི་ཁྱད་པར་རྣམས་རྐྱེན་དུ་སྦྱིན་པར་འགྱུར་ཏེ། དཔེར་ ན། ཏ་ནུ་རྒྱས་པའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་དང་། བ་སུ་དང་དེ་ཝ་སྔ་མ་ཅན་གྱི་བྷཱུ་ཡོད་ པའི་བྱིངས་ལ། མདོ་འདིས་ཏི་ཀ་བྱིན་པའི་ཀ་ཁྱོད་དོན་ཕྱིས་ནས་སི་བྱིན་པས། ཏན་ཏིཿ(རྒྱས་ པར་གྱུར་ཅིག) བ་སུ་བྷཱུ་ཏིཿ(དབྱིག་ཏུ་གྱུར་ཅིག) དེ་ཝ་བྷཱུ་ཏིཿ(ལྷ་རུ་གྱུར་ཅིག) ཞེས་པ་དང་། དེ་ཝུ་རྩེ་བ་ དང་། ཡཛ་ལྷ་མཆོད་པའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་ཀྱི་ཁྱད་པར། འདི་ཉིད་དུ་ སྐྱེས་པ་ལ་མིང་ལ་གྷའོ་ཞེས་པས་ཝའི་མཐར་གྷ་དང་། ཡཱ་ཙི་བི་ཙི་པྲཙྪི་ཡ་ཛི་ཞེས་པས་ཛའི་ མཐར་ནང་བྱིན་པའི་གྷ་དང་ང་ཁྱད་དོན་ཕྱིས་ཏེ་གྷའི་དབྱངས་བཞག་ཅིང་། ཨཱ་ལྔ་པར་ཨུ་པ་ དྷཱ་ནཱ་མིའི་ཞེས་པས་དིའི་དབྱངས་ཡོན་ཏན་བྱས་ནས་ནཱ་བཞི་པར་ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ ལ་ཞེས་པས་ན་ཡིག་ཙ་སྡེའི་ལྔ་པ་ཉ་རུ་བསྒྱུར་ཏེ་སྦྱར་བ་ལ་སི་བྱིན་པའི་ཕ་རོལ་ན་དཏྟཿཡོད་ པ་ལས། ཀྲྀཏ་གཉིས་པར་དེའི་དེ་ཡིས་བསྡུ་བའོ་ཞེས་པ་ལྟར་བར་གྱི་སི་ཕྱིས་པས། དེ་ཝ་ དཏྟཿ(ལྷ་སྦྱིན་ནོ། །) ཡ་ཛྙ་དཏྟཿ(མཆོད་སྦྱིན། ) ཞེས་པ་ལྟ་བུའོ། །སློབ་ཕན་དུ་འདི་ཡན་ཆད་ཀྱིས་ཀྲྀཏ་ རྐང་ལྔ་པ་རྫོགས་ནས་མདོ་ཕྱི་མ་འདི་མན་ཆད་དྲུག་པར་ཡང་མཛད་དོ། །བྱིངས་ཀྱི་འབྲེལ་ པ་ལ་རྐྱེན་རྣམས་སོ་ཞེས་པ་ལ་དུར་ཕན་དག་ཏུ་བྱིངས་ཀྱི་དོན་དང་འབྲེལ་པ་ཅན་གྱི་དངོས་ 6-1-659 པོའི་ཁྱད་པར་མཚོན་པར་གྱུར་པ་ལ་ཀྲྀཏ་ཀྱི་མིང་ཅན་གྱི་རྐྱེན་རྣམས་ལེགས་པར་འགྱུར་རོ་ ཞེས་གསུངས་ཏེ། དཔེར་ན། ཨག་ནི་ཥྚོ་མ་སྔ་མ་ཅན་གྱི་ཡ་ཛ་ལྷ་མཆོད་པའི་བྱིངས་ལ། མདོ་ འདིས་ཀྲྀཏ་ཀྱི་ཁྱད་པར། ཀྲྀཏ་གསུམ་པར་བྱེད་པ་ལ་ཡ་ཛ་ལས་འདས་པ་ལའོ་ཞེས་པས་ ཎི་ནི་བྱིན་པའི་ཎ་ཡིག་ཁྱད་དོན་དང་། ནིའི་ཨི་བརྗོད་དོན་ཕྱིས་ནས། ཨཱ་དྲུག་པར་ཨིན་ཨི་ ཙ་ཞེས་པས་ཛའི་དབྱངས་རིང་པོར་བསྒྱུར་ཏེ་སི་བྱིན་པ་ན། ནཱ་གཉིས་པར་ཨིན་ཧན་པཱུ་ཥན་ ཞེས་པས་དེའང་ཨཱི་རིང་པོར་བསྒྱུར་ནས། གསལ་བྱེད་ལས་སི་དང་། རྟགས་མཐའི་ན་ཡིག་ ཕྱིས་པ་དང་། དེའི་ཕ་རོལ་ན་པུ་ཏྲོ྅སྱ་སྔ་མ་ཅན་གྱི། ཛ་ནི་རབ་ཏུ་སྐྱེ་བའི་བྱིངས་ཨི་རྗེས་ འབྲེལ་ཕྱིས་པ་ལ་ཨཱ་དང་པོར་འབྱུང་འགྱུར་གྱི་དུས་ལ་བྷ་ཝི་ཥྱནྟི་དང་། ཨཱ་ཤཱི་ཥ་དང་། ཤྭསྟ་ ནཱིའོ་ཞེས་པས། འབྱུང་འགྱུར་ལ་ཤྭསྟ་ནཱིའི་ཏཱ་བྱིན་ནས། ཨཱ་ལྔ་པར་བྱིངས་ཐམས་ཅད་པ་མིན་ པར་ཞེས་པས། བར་དུ་ཨིཊ་ཁྱད་དོན་ཕྱིས་ཏེ་སྦྱར་བ་ཡོད་པ་ལས། ཨག་ནི་ཥྚོ་མ་ཡཱ་ཛཱི་པུ་ ཏྲོ྅སྱ་ཛ་ནི་ཏཱ་ཞེས་པ་ལྟ་བུ་སྟེ། ལེགས་པར་འགྱུར་བའི་དོན་ནི། སློབ་ཕན་དུ། དེ་ལ་འདིས་ ལེགས་པ་ཉིད་ཀྱི་བྱ་བ་བྱེད་དེ། དེའང་གལ་ཏེ། མེའི་ཚོགས་ཀྱི་མཆོད་སྦྱིན་བྱས་ཟིན་པ་གྱུར་ པ་དེས་ན་དོན་འདི། དེ་ལྟར་སྒྲུབ་པའི་འདིའི་བུ་སྐྱེ་བར་འགྱུར་རོ་ཞེས་པ་ལ་སོགས་གསུངས་ ཤིང་། དུར་སིང་དུ། ཛ་ནི་ཏཱ་ཞེས་པ་འདིའི་འབྲེལ་པ་ལ། འབྱུང་འགྱུར་ལེགས་པར་འགྱུར་རོ་ ཞེས་གསུངས་སོ། །ཞེས་པ་བྱིངས་རྣམས་མིང་དུ་སྒྲུབ་པར་བྱེད་པ་ཀྲྀཏ་ཀྱི་མདོ་རྣམས་ལས་ རྐང་པ་ལྔ་པའི་འགྲེལ་པ་རྫོགས་སོ།། །། དྲུག་པ་བྱིངས་དོན་སོ་སོ་ལ་ཀྟྭཱ་དང་ཎ་མ་གཙོ་བོར་འཇུག་པ་དང་མཚན་ཉིད་ཁ་སྐོང་ ཚུལ་ལ་བཅུ་གཅིག་ལས། དང་པོ་བྱིངས་མཐར་ཀྟྭཱ་འཇུག་ཚུལ་དང་ཤུགས་ལ་ཁ་མུཉ་སྦྱོར་ ཚུལ་ནི། ཨ་ལམ་ཁ་ལུ་དག་གི་དགག་པ་དག་ལཀྟྭཱ་ཡང་ནའོ་ཞེས་པ་ཨ་ལཾ་དང་ཁ་ལུའི་སྒྲ་ འདི་དག་དགག་ཚིག་གི་དོན་ལ་འཇུག་པ་ཉེ་བའི་ཚིག་ཏུ་ཡོད་པ་དག་ལ། བྱིངས་ལས་ཕ་ 6-1-660 རོལ་ཏུ་ཀྟྭཱའི་རྐྱེན་ཡང་ན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨ་ལཾ་དང་ཁ་ལུ་སྔ་མ་ཅན་གྱི། ཀྲྀཉ་ བྱེད་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀྟྭཱ་བྱིན་པའི་ཀ་ཡིག་ཀྲྀཏ་དང་པོར་ཀ་ ལ་ཡཎ་བཞིན་ཞེས་པའི་ཁྱད་དོན་ཡིན་པས་ཕྱིས་ནས། སི་བྱིན་པའང་། དེ་ཉིད་དུ་ཀྟྭཱ་དང་མ་ དང་མཚམས་སྦྱོར་གྱི་མཐའི་མི་ཟད་པའོ་ཞེས་པ་ལྟར་མི་ཟད་པ་ལས་ཕྱིས་པས་ཨ་ལཾ་ཀྲྀ་ཏྭཱཾ། ཁ་ལུ་ཀྲྀ་ཏྭཱ་ཞེས་པ་ལྟ་བུའོ། །ཡང་ན་ཀྲྀཏ་ལྔ་པར་ཀྲྀཏྱ་དང་ཡུ་ཊ་རྣམས་གཞན་ལ་ཡང་ངོ་ཞེས་ པས་ཡུཊ་བྱིན་པའི་ཊ་ཁྱད་དོན་ཕྱིས་ནས། འདི་ཉིད་དུ་ཡུ་བུ་ཛྷ་རྣམས་ཀྱི་ཞེས་པས་ཡུ་ཡིག་ཨ་ ན་རུ་བསྒྱུར་ཏེ། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་ཀྲྀའི་ཡོན་ཏན་བྱ་ཞིང་། ནཱ་བཞི་ པར་ར་ཥ་རྀའི་ཡི་གེ་ཞེས་པས་ན་ཡིག་ཎ་རུ་བསྒྱུར་བའི་མཐར་ཊཱ་བྱིན་པ། ནཱ་དང་པོ་ཊཱ་ཨི་ ནའོ་ཞེས་པ་ལྟར་བསྒྱུར་ཏེ་མཚམས་སྦྱར་བས། ཨ་ལཾ་ཀ་ར་ཎེ་ན། ཁ་ལུ་ཀ་ར་ཎེ་ན་ཞེས་པ་ལྟ་ བུའོ། ། དེ་དག་ལས་གཞན་པའི་དགག་ཚིག་ལ་ནིཀྟྭཱ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། དགག་ ཚིག་མཱ་སྔ་མ་ཅན་གྱི་ཀྲྀ་ལ། ཨཱ་དང་པོར་མཱསྨ་སྦྱོར་བ་ལ་ཨ་དྱ་ཏ་ནཱི་འོ་ཞེས་པས་ཨཏྱ་ཏ་ནཱིའི་ སི་བྱིན་པའི་ཨི་དང་། ཨཱ་གཉིས་པར་ཨ་དྱཏ་ནཱི་ལས་ཞེས་པས་བར་དུ་སི་ཙ་བྱིན་པའི་ཨི་དང་ ཙ་ཁྱད་དོན་ཕྱིས་ནས། ཨཱ་དྲུག་པར་དབྱངས་མཐའ་རྣམས་ཀྱི་སི་ཙ་ལ་པ་རསྨཻ་ལའོ་ཞེས་པས་ རྀ་འཕེལ་བ་བྱས་ཏེ། དེ་ཉིད་དུ་སི་ཙ་ལས་སོ་ཞེས་པས་སི་ཙའི་ས་ཡིག་ལ་ཨཱི་ཊ་བྱིན་པའི་ཊ་ ཁྱད་དོན་ཕྱིས་ནས་སྦྱར་ཞིང་། ཨཱ་བརྒྱད་པར་མཱ་དང་མཱསྨ་སྦྱོར་བ་ལ་མ་ཡིན་ནོ་ཞེས་པས། བྱིངས་ཀྱི་དང་པོར་ཨཊ་ཨཱ་ག་མ་མི་འགྱུར་ལ། དེ་ཉིད་དུ་རྒྱུ་མཚན་ལས་ཞེས་པས་སི་ཙའི་ས་ ཡིག་ཥ་རུ་བསྒྱུར་ཏེ། ཨ་དྱ་ཏ་ནཱིའི་ས་ཡིག་རྣམ་བཅད་དུ་བྱས་པས། མཱ་ཀཱཪྵཱིཿ(མ་བྱས་སོ། །) ཞེས་ པ་ལྟ་བུའོ། །ཨ་ལཾ་དང་། ཁ་ལུའི་སྒྲ་འདི་དག་དགག་ཚིག་གི་དོན་མ་ཡིན་པ་ལ་འཇུག་པ་ཉེ་ བའི་ཚིག་ཏུ་ཡོད་པ་ལའང་ཀྟྭཱ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། དེ་དག་སྔ་མ་ཅན་གྱི་ཀྲྀ་ལ། 6-1-661 ཀྲྀཏ་ལྔ་པར་བྱེད་པ་པོ་མ་ཡིན་པའི་བྱེད་པ་ལའང་མིང་ལའོ་ཞེས་པས་སྔར་བཞིན་གྷཉ་ཁྱད་ དོན་ཕྱིས་པ་བྱིན་ནས་རྀ་ཡིག་འཕེལ་བ་བྱས་ཏེ་སི་བྱིན་པས། ཨ་ལཾ་ཀཱ་རཿ ཁ་ལུ་ཀཱ་རཿཞེས་ པ་ལྟ་བུའོ། །སློབ་ཕན་དུ། འདིར་ཨ་ལཾ་དང་ཁ་ལུའི་སྒྲ་དག་ནི་རྒྱན་དང་ངེས་པ་བརྗོད་པའོ་ ཞེས་ཀྱང་གསུངས་སོ། །མེང་ལས་སོ་ཞེས་པ་ནི་མིང་ཕྱིར་སྦྱིན་པའི་བྱིངས་འདི་ལས་ཕ་རོལ་ ཏུ་བྱེད་པ་པོ་གཅིག་གི་སྔ་མའི་དུས་མ་ཡིན་པ་ལ་ཀྟྭཱའི་རྐྱེན་ཡང་ན་སྦྱིན་པར་འགྱུར་ཏེ། དཔེར་ ན། ཨ་པ་སྔ་མ་ཅན་གྱི་མེང་གི་ང་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཀྟྭཱ་བྱིན་པ་འདི་ཉིད་དུ་ བསྡུ་བ་ལ་འབྱུང་བ་ལ་ཞེས་པས་ཡ་པ་ཏུ་བསྒྱུར་བའི་པ་རྗེས་འབྲེལ་ཕྱིས་ནས། ཨཱ་བཞི་པར་ མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ཞེས་པས་མེའི་དབྱངས་ཨཱ་རིང་པོར་བསྒྱུར་ཏེ་སི་ བྱིན་པ། ཤྲད་དྷཱ་ལས་ཕྱིས་པའི་ཕ་རོལ་ན། པཱ་ཙ་ཏེ་ཡོད་པ་ལས། ཨ་པ་མཱ་ཡ་པཱ་ཙ་ཏེ་ཞེས་པ་ ལྟ་བུའོ། །ཡང་ན། ཨཱ་གཉིས་པར་ང་རྗེས་སུ་འབྲེལ་པ་རྣམས་ལས་སོ་ཞེས་པས། བརྟ་མཱ་ནའི་ ཨཱཏ་མ་ནེའི་ཏེ་བྱིན་ནས། དེ་ཉིད་དུ་བྱེད་པ་པོ་ལ་ཞེས་པས་བར་དུ་ཨན་བྱིན་ཏེ་མཚམས་སྦྱར་ བས། ཨ་པ་མ་ཡ་ཏེ་ཞེས་པ་ལྟ་བུའོ། །བྱེད་པ་པོ་གཅིག་དག་གི་སྔ་མའི་དུས་ལའོ་ཞེས་པ་ལ། སློབ་ཕན་དུ་བྱེད་པ་པོ་ངོ་བོ་གཅིག་ཏུ་མཚུངས་པར་གྱུར་པའི་བྱིངས་གཉིས་དག་གི་ནང་ནས། སྔ་མའི་དུས་ལ་བསྒྲུབ་པར་བྱ་བ་གང་ཡིན་པའི་བྱིངས་དོན་ལ་འཇུག་བཞིན་པའི་བྱིངས་དེ་ ལཀྟྭཱ་རྐྱེན་དུ་འགྱུར་ཞེས་གསུངས་ཤིང་། དུར་སིང་དུ། བྱེད་པ་པོ་གཅིག་དག་གི་བྱིངས་དོན་ གང་གི་ནང་ནས་གང་སྔ་མའི་དུས་དེ་ལ་འཇུག་བཞིན་པའི་བྱིངས་ལཀྟྭཱ་རྐྱེན་དུ་འགྱུར་ཞེས་ གསུངས་ཏེ། དཔེར་ན། བྷུ་ཛ་ཟ་བ་དང་། སྣཱ་གཙང་བ་དང་། པཱ་འཐུང་པའི་བྱིངས་རྣམས་ཀྱི་ ཕ་རོལ་ན་རིམ་པ་བཞིན་པྲ་ཛ་ཏི་དང་ད་དཱ་ཏི་དང་། ཤེ་ཏེ་རྣམས་ཡོད་པ་ལ། མདོ་འདིས་ཀྟྭཱ་ བྱིན་པའི་ཀ་ཁྱད་དོན་ཕྱིས་ནས། འདི་ཉིད་དུ་ཙ་ཛ་དག་གི་ཞེས་པས་ཛ་ཡིག་ག་དང་། སྒྲ་མེད་ པ་ཕ་རོལ་ལ་དེའང་ཀ་རུ་བསྒྱུར་ཞིང་། ཨཱ་བཞི་པར་དཱ་མཱ་གཱ་ཡ་ཏི་པི་ཝ་ཏི་ཞེས་པས་པཱའི་ 6-1-662 དབྱངས་ཨཱི་རུ་བསྒྱུར་ཏེ། སི་བྱིན་པ་མི་ཟད་པ་ལས་ཕྱིས་པ། བྷུ་ཀྟྭཱ་བྲ་ཛ་ཏི། (ཟོས་ནས་འགྲོ་བར་ བྱེད་དོ། །) སྣཱ་ཏྭཱ་ད་པཱ་ཏི། (ཁྲུས་བྱས་ནས་བསྟེན་པར་བྱེད་དོ། །) པཱི་ཏྭཱ་ཤ་ཏ་(འཐུང་ནས་ཉལ་བར་བྱེད་དོ། །)ཞེས་པ་ ལྟ་བུའོ། །བྱེད་པ་པོ་གཉིས་ལ་སོགས་པ་ཅན་ཡིན་ན་བྱིངས་དོན་སྔ་མ་གང་ཡིན་པ་དེ་ལ་ཀྟྭཱ་ རྐྱེན་དུ་མི་འགྱུར་ཏེ། དཔེར་ན། གམླྀ་འགྲོ་བའི་བྱིངས་ལྀ་རྗེས་འབྲེལ་ཕྱིས་པའི་ཕ་རོལ་ན་དེ་ ཝ་སོགས་ཡོད་པ་ལ། ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས་གམ་ལ་ཀྟྭཱ་ཝནྟུ་བྱིན་པའི་ཀ་དང་ཨུ་ ཁྱད་དོན་དང་། ཀྲྀཏ་དང་པོར་ཝན་ཏི་ཏ་ནོ་ཏི་སོགས་ཀྱིས་མ་ཡིག་ཕྱིས་ནས། མཐར་ངི་བྱིན་ པ་ན། ནཱ་གཉིས་པར་ཨ་ནུ་ཥཾ་གའང་ཀྲུཉྩ་དང་ཨིཏ་མ་ཡིན་པའི་ཞེས་པས་ན་ཕྱིས་ཏེ་ཏ་ལ་ ངིའི་ཨི་སྦྱར་བས། ག་ཏ་ཝ་ཏི་དེ་ཝ་དཏྟེ་བྲ་ཛ་ཏི་ཡཛྷ་དཏྟཿ(སོང་ཟིན་པ་ལྷ་སྦྱིན་ལ་འགྲོ་བར་བྱེད་དོ་མཆོད་ སྦྱིན། ) ཞེས་པ་ལྟ་བུའོ། །བྱེད་པ་པོ་གཅིག་ཡིན་ཡང་བྱིངས་གཉིས་མེད་པ་ལ་ཀྟྭཱ་རྐྱེན་དུ་མི་ འགྱུར་ཏེ། དཔེར་ན། པ་ཙ་འཚེད་པ་དང་། པ་ཋ་ཀློག་པའི་བྱིངས་ལ། བརྟ་མཱ་ནཱའི་ཏི་དང་། ངང་དུ་བྱེད་པ་པོ་ལ་ཨན་བྱིན་པའི་ཕ་རོལ་ན་ཙ་ཡོད་པ་ལས། པ་ཙ་ཏི་ཙ། (འཚེད་པ་པོ་དང་། )པ་ ཋ་ཏི་ཙ་(ཀློག་པ་པོ་དང་། ) ཞེས་པ་ལྟ་བུའོ། །ཕ་རོལ་ཚུ་རོལ་སྦྱོར་བ་ལའང་ངོ་ཞེས་པ་ནི། ཕ་རོལ་ གྱི་ཚུ་རོལ་གྱིས་སྦྱོར་བར་གྱུར་པ་དང་ཚུ་རོལ་གྱིའང་ཕ་རོལ་གྱིས་སྦྱོར་བར་གྱུར་པ་ལའང་། བྱིངས་ལས་ཕ་རོལ་ཏུ་ཀྟྭཱའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། དགག་ཚིག་ཨ་ཡིག་དང་པྲ་ སྔ་མ་ཅན་ཨ་པླ་ཁྱབ་པའི་བྱིངས་ལྀ་རྗེས་འབྲེལ་ཕྱིས་པའི་ཕ་རོལ་ན་དཱིཾ་པརྦ་ཏཿཞེས་པ་ཕན་ ཚུན་གྱི་སྦྱོར་བ་ཡོད་པ་དང་། ཨ་ཏི་སྔ་མ་ཅན་གྱི་ཀྲ་མུ་རྐང་པ་བསྐྱོད་པའི་བྱིངས་ཨུ་རྗེས་ འབྲེལ་ཕྱིས་པའི་ཕ་རོལ་ན། སརྦ་ཏཾ་ན་དཱི་ཞེས་པའི་ཕན་ཚུན་གྱི་སྦྱོར་བ་ཡོད་པ་ལ་མདོ་ འདིས་བྱིངས་མཐར་ཀྟྭཱ་བྱིན་པ། འདི་ཉིད་དུ་བསྡུ་བ་ལས་བྱུང་པ་ནཉ་མ་ཡིན་པ་ལ་ཞེས་པས་ ཡབ་ཏུ་བསྒྱུར་བའི་པ་ཁྱད་དོན་ཕྱིས་པ་སྦྱར་ཞིང་། དེ་ལ་ཨཔ་ཀྱི་སྔ་མར་ནཉའི་བསྡུ་བ་ཡོད་ པས་ཀྟྭཱ་ཡཔ་ཏུ་མི་འགྱུར་མོད་སྙམ་ན། ཉེར་བསྒྱུར་པྲ་དེས་བར་དུ་ཆོད་པའི་ཕྱིར་འགྱུར་ལ། 6-1-663 མཐར་སི་བྱིན་པ་མི་ཟད་པ་ལས་ཕྱིས་པས། ཨ་པྲཱ་པྱ་ན་དཱིཾ་པརྦཏཿ ཞེས་པ་ཕ་རོལ་ན་དཱི་ཚུ་ རོལ་གྱི་ཕྱོགས་སུ་གནས་པའི་ཁྱད་པར་པརྦ་ཏཿ སྦྱོར་བ་ཡིས་སོ་ཞེས་པ་དང་། ཨ་ཏི་ཀྲ་མྱ་ སརྦ་ཏཾ་ན་དཱི་ཞེས་པ་ཚུ་རོལ་པརྦཏ་ཕ་རོལ་གྱི་ཕྱོགས་སུ་གནས་པའི་ཁྱད་པར་ནཱ་དཱི་དང་། སྦྱོར་བ་ཡིས་སོ་ཞེས་པ་ལྟ་བུ་སྟེ། དུར་སིང་དུ་མདོའི་གོ་རིམ་བཞིན་གསུངས་པ་དང་མཐུན་ པའོ། །སློབ་ཕན་དུ། ཕ་རོལ་གྱི་ཚུ་རོལ་གྱི་སྦྱོར་བ་ལ། ཨ་ཏི་ཀྲ་མྱ་པརྦ་ཏཾ་ན་དཱི་ཚུ་རོལ་གྱི་རི་ བོ་ཡིས་ཕ་རོལ་ཆུ་ཀླུང་གི་སྦྱོར་བའོ། །ཚུ་རོལ་གྱི་ཕ་རོལ་གྱིས་སྦྱོར་བ་ལ། ཨ་པྲཱ་པྱ་ན་དཱིཾ་པརྦ་ ཏཿ ཕ་རོལ་ཆུ་ཀླུང་གིས་ཚུ་རོལ་རི་བོའི་སྦྱོར་བའོ་ཞེས་གོ་རིམ་བཟློག་སྟེ་གསུངས་པ་ནི་ཐག་ ཉེ་བ་སྔོན་ལ་ངོས་བཟུང་བའི་དོན་ཏོ། །ཡང་ཡང་ལ་ཎམ་ཡང་ན་སྟེ་ཚིག་གཉིས་དག་ཀྱང་ངོ་ ཞེས་པ་ནི་བྱེད་པ་གཅིག་གི་བྱིངས་དོན་གཉིས་དག་གི་ནང་ནས། སྔ་མ་བསྒྲུབ་པར་བྱ་བའི་ བྱིངས་དོན་ལ། ཡང་ཡང་གི་ཁྱད་པར་ལ་འཇུག་བཞིན་པའི་བྱིངས་ལས་ཕ་རོལ་ཏུ་ཎམ་གྱི་ རྐྱེན་ཡང་ན་སྦྱིན་པར་འགྱུར་ཞིང་། ཡང་ན་སྔར་བཞིན་ཀྟྭཱ་སྦྱིན་པར་འགྱུར་ལ། ཎམ་དང་ ཀྟྭཱའི་མཐའ་ཅན་དེ་ཚིག་ཏུ་གྲུབ་པ་ལན་གཉིས་སུའང་བརྗོད་པར་འགྱུར་ཏེ། དཔེར་ན། བྷུ་ཛ་ ཟ་བའི་ཕ་རོལ་ན་བྲ་ཛ་ཡོད་པ་དང་། པཱ་འཐུང་བའི་བྱིངས་ཕ་རོལ་ན་ཤེ་ཏེ་ཡོད་པ་ལ། མདོ་ འདིས་བྱིངས་མཐར། ཎམ་བྱིན་པའི་ཎ་ཡིག་ཨིཙ་དང་འདྲ་བའི་ཁྱད་དོན་ཕྱིས་ནས་ཨམ་ གཞག་ཅིང་། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ཞེས་པས་བྷུའི་དབྱངས་ཡོན་ཏན་བྱས་ལ། ཨཱ་དྲུག་ པར་ཨཱ་ཏ་མཐའ་རྣམས་ཀྱི་ཨི་ཙ་ལ་ཞེས་པས་པཱའི་དབྱངས་ཨཱ་ཡ་རུ་བསྒྱུར་ཏེ་སྦྱར་བ་ལ་སི་ བྱིན་པ་མི་ཟད་པ་ལས་ཕྱིས་ནས་ཚིག་ཏུ་གྲུབ་པ་ལན་གཉིས་གཉིས་སུ་བཞག་པས། བྷོ་ཛཾ་བྷོ་ ཛཾ་བྲ་ཛ་ཏི། (ཡང་ནས་ཡང་དུ་བཟའ་བ་ཟོས་ནས་བགྲོད་པར་བྱེད་དོ། །) པཱ་ཡཾ་པཱ་ཡཾ་ཤེ་ཏེ་(ཡང་ནས་ཡང་དུ་བཏུང་བ་ འཐུངས་ཏེ་གཟིམས་པར་བྱེད། )ཞེས་པ་དང་། ཡང་ན་སྔར་བཞིན་ཀྟྭཱ་བྱིན་པའི་ཀ་ཡིག་ཡཎ་དང་འདྲ་ བའི་ཁྱད་དོན་ཕྱིས་ནས། ཛ་ཡིག་ཀ་དང་། པཱའི་དབྱངས་ཨཱི་རུ་བསྒྱུར་ཏེ་སི་ཕྱིས་ནས་གཉིས་ 6-1-664 གཉིས་སུ་བཞག་པས། བྷུ་ཀྟྭཱ་བྷཱུ་ཀྟྭཱ་བྲ་ཛ་ཏི། པཱི་ཏྭཱ་པཱི་ཏྭཱ་ཤེ་ཏེ་ཞེས་པ་ལྟ་བུའོ། །ཡང་ཡང་གི་ དོན་མ་ཡིན་པ་ལ་ལན་གཉིས་བརྗོད་པར་མི་འགྱུར་ཏེ། བྷུ་ཀྟྭཱ་བྲ་ཛ་ཏི་ཞེས་པ་ལྟ་བུའོ། །ཨ་ གྲེ་བྲ་ཐ་མ་པཱུརྦ་རྣམས་ལ་རྣམ་པར་བཤད་པའོ་ཞེས་པ་ནི། ཨ་གྲེ་དང་། པྲ་ཐ་མ་དང་། པཱུརྦ་ རྣམས་ཉེ་བའི་ཚིག་ལ་བྱིངས་ལས་ཕ་རོལ་ཏུ། རྣམ་པར་བཤད་པ་མཆོག་གི་སྦྱོར་བ་ལས་ ཎམ་དང་ཀྟྭཱའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨ་གྲེ་སོགས་སྔ་མ་ཅན་གྱི་བྷུ་ཛའི་ཕ་རོལ་ ན་བྲ་ཛ་ཏི་ཡོད་པ་ལས། མདོ་འདིས་བྱིངས་མཐར་ཎམ་བྱིན་ནས་སྔར་བཞིན་བསྒྲུབས་པས། ཨ་གྲེ་བྷོ་ཛཾ་བྲ་ཛ་ཏི། པྲ་ས་མཾ་བྷོ་ཛཾ་བྲ་ཛ་ཏི། པཱུརྦ་བྷོ་ཛཾ་བྲ་ཛ་ཏི་ཞེས་པ་དང་། ཀྟྭཱ་བྱིན་ནས་ ཀྱང་སྔར་བཞིན་བསྒྲུབས་པས། ཨ་གྲེ་བྷུ་ཀྟྭཱ་བྲ་ཛ་ཏི། (དང་པོའམ་སྔ་མའམ་ཐོག་མར་ཟོས་ནས་འགྲོ་བར་ བྱེད་དོ། །) པྲ་ཐ་མཾ་བྷུ་ཀྟྭཱ་བྲ་ཛ་ཏི། པཱུརྦ་བྷུ་ཀྟྭཱ་བྲ་ཛ་ཏི་ཞེས་པ་ལྟ་བུའོ། །ལས་ལ་ཀྲྀཉ་ལས་ཁྲོས་ ཚིག་ལ་ཁ་མི་ཉའོ་ཞེས་པ་ནི་ལས་ཉེ་བའི་ཚིག་ལ་ཀྲྀཉ་བྱེད་པའི་བྱིངས་འདི་ལས་ཕ་རོལ་ཏུ། ཁྲོས་པའི་ཚིག་རྟོགས་པར་བྱ་བ་ལ། ཁ་མི་ཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཙཽ་ར་དང་། བྲྀ་ཎ་ལ་སྔ་མ་ཅན་གྱི་ཀྲྀ་ཉ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཁ་མི་ཉ་བྱིན་པའི་ཁ་ཡིག ཀྲྀཏ་དང་པོར་ཁ་རྗེས་སུ་འབྲེལ་པ་དང་ཞེས་པའི་ཁྱད་དོན་དང་། ཉ་ཡིག་ཨི་ཙ་དང་འདྲ་བའི་ ཁྱད་དོན་དང་། ཨི་ཡིག་བརྗོད་དོན་རྣམས་ཕྱིས་ནས་ཨམ་བཞག་ཅིང་། ཨིན་ཨི་ཙ་ཞེས་པས་ ཀྲྀའི་དབྱངས་འཕེལ་བྱས་ཏེ་སྦྱར་ལ། ཀྲྀཏ་དང་པོར་ཐུང་བ་དང་ཨ་རུ་ཥ་དག་གི་ཞེས་པས་ཉེ་ བའི་ཚིག་མཐར་མ་ཨཱ་ག་མ་བྱིན་པ་རྗེས་སུ་ང་རོར་བསྒྱུར་ཞིང་། སི་བྱིན་པ་མི་ཟད་པ་ལས་ ཕྱིས་པའི་ཕ་རོལ་ན་ཨཱ་ཀྲོ་ཤ་ཏི་ཡོད་པ་ལས། ཙཽ་རཾ་ཀཱ་ར་མཱ་ཀྲོ་ཤ་ཏི། (རྐུན་མ་བྱེད་པ་ལ་ཀུན་ཏུ་ཁྲོ་བར་ བྱེད་དོ། །) བྲྀ་ཥ་ལཾ་ཀཱ་ར་མཱ་ཀྲོ་ཤ་ཏི་ཞེས་པ་ལྟ་བུའོ། །ཁྲོས་ཚིག་རྟོགས་པར་བྱ་བ་མ་ཡིན་པ་ལ་ ནི་ཀྲྀཉ་ལ་ཁ་མི་ཉ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། སཱ་དྷཱུ་སྔ་མ་ཅན་གྱི་ཀྲྀ་ཕ་རོལ་ན་སྟོ་ཏི་ ཡོད་པ་ལ། འདི་ཉིད་དུ་བྱེད་པ་པོ་གཅིག་དག་གི་ཞེས་པས་སྔར་བཞིན་ཀྟྭཱ་བྱིན་ནས་སི་བྱིན་ 6-1-665 པས། སཱ་དྷུ་ཀྲྀ་ཏྭཱ་སྟོ་ཏི་ཞེས་པ་ལྟ་བུའོ། །རོ་མྱང་བ་ལའང་ངོ་ཞེས་པ་ནི་རོ་མྱང་བའི་དོན་ཉེ་ བའི་ཚིག་ལ་འང་ཀྲྀ་ཉ་ལས་ཕ་རོལ་ཏུ་ཁ་མི་ཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། སྭཱ་དུ་ དང་། སཾ་པནྣ་དང་། ལ་ཝ་ཎ་སྔ་མ་ཅན་གྱི་ཀྲྀ་ལ། མདོ་འདིས་ཁ་མི་ཉ་ཁྱད་དོན་དང་བརྗོད་ དོན་ཕྱིས་པ་བྱིན་ནས། སྔར་བཞིན་རྀ་ཡིག་འཕེལ་བ་བྱས་ཏེ། ཉེ་བའི་ཚིག་མཐར་མ་ཨཱ་ག་མ་ སྦྱིན་ཞིང་། སི་ཕྱིས་ནས་རྐྱེན་གྱི་མའང་རྗེས་སུ་ང་རོར་བསྒྱུར་བའི་ཕ་རོལ་ན། བྷུཾ་ཀྟེ་ཡོད་པ་ ལས། སྭཱ་དུཾ་ཀཱ་རཾ་བྷུཾ་ཀྟེ། (ཞིམ་པོར་བྱས་པ་ཟ་བར་བྱེད་དོ། །) སཾ་པནྣཾ་ཀཱ་རཾ་བྷུཾ་ཀྟེ། (འབྱོར་པ་བྱས་པ་ཟ་བར་བྱེད་ དོ། །) ལ་ཝ་ཎཾ་ཀཱ་རཾ་བྷུཾ་ཀྟེ། (ལན་ཚྭ་ལ་བྱས་པ་ཟ་བར་བྱེད། ) ཞེས་པ་ལྟ་བུའོ། །ཨ་ནྱ་ཐཱ་ཨེ་ཝཾ་ཀ་ཐཾ་ ཨིཏྠཾ་རྣམས་ལ་གལ་ཏེ་གྲུབ་པའི་སྦྱོར་བ་མ་ཡིན་ནའོ་ཞེས་པ་ནི་ཨ་ནྱ་ཐཱ་ལ་སོགས་པ་འདི་ རྣམས་ཉེ་བའི་ཚིག་ལ་ཀྲྀཉ་ལས་ཕ་རོལ་ཏུ། གལ་ཏེ་བྱེད་པའི་དོན་ཅན་དུ་གྲུབ་པའི་རྐྱེན་བྱིན་ པ་ཕ་རོལ་ཏུ་ཡོད་པ་དང་སྦྱོར་བ་མ་ཡིན་ན། ཁ་མི་ཉའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨ་ནྱ་ཐཱ་དང་། ཨེ་ཝཾ་དང་ཀ་ཐཾ་དང་། ཨིཏྠཾ་རྣམས་སྔ་མ་ཅན་གྱི་ཀྲྀ་ལ། ཕ་རོལ་ན་བྷུཾ་ཀྟེ་ཞེས་པ་ ཨཱ་གཉིས་པར་དངོས་པོ་དང་ལས་ལ་ཨཱཏྨ་ནེའི་ཚིག་རྣམས་སོ་ཞེས་པས་དངོས་པོའི་དོན་ཅན་ གྱི་རྐྱེན་སྦྱར་བ་ཡོད་པ་ན། སྔར་བཞིན་ཁ་མི་ཉ་བྱིན་ནས་རྀ་འཕེལ་བ་བྱས་ཏེ། ཨ་ནྱ་ཐཱ་མ་ གཏོགས་པའི་ཉེ་བའི་ཚིག་ལ་མ་ཨཱ་ག་མ་སྦྱིན་ཞིང་སི་བྱིན་པ་ཕྱིས་པས། ཨ་ནྱ་ཐཱ་ཀཱ་རཾ་བྷུཾ་ཀྟེ། (རྣམ་པ་གཞན་དུ་བྱས་ཏེ་ཟ་བར་བྱེད། )ཨེ་ཝཾ་ཀཱ་རཾ་བྷུཾ་ཀྟེ(དེ་ལྟར་བྱས་ཏེ་ཟ་བར་བྱེད)། ཀ་ཐཾ་ཀཱ་རཾ་བྷུཾ་ཀྟེ(ཅི་ལྟར་ བྱས་ཏེ་ཟ་བར་བྱེད)། ཨིཏྠཾ་ཀཱ་རཾ་བྷུཾ་ཀྟེ་ཞེས་པ་ལྟ་བུའོ། །ཨ་ནྱ་ཐཱ་སོགས་ཉེ་བའི་ཚིག་ཏུ་ཡོད་ཀྱང་ གལ་ཏེ་གྲུབ་པའི་སྦྱོར་བ་ཡིན་ན་ཁ་མི་ཉ་རྐྱེན་དུ་མི་འགྱུར་ཏེ། དཔེར་ན། ཨ་ནྱ་ཐཱ་སྔ་མ་ཅན་ གྱི་ཀྲྀ་ལ་སྔར་བཞིན་ཀྟྭཱ་བྱིན་ནས་སི་ཕྱིས་པའི་ཕ་རོལ་ན་ཤི་རོ་བྷུཾ་ཀྟེ་ཡོད་པ་ལས། ཨ་ནྱ་ཐཱ་ཀྲྀ་ ཏྭཱ་ཤི་རོ་བྷུཾ་ཀྟེ་(རྣམ་པ་གཞན་དུ་བྱས་ནས་མགོ་བོ་ཟ་བར་བྱེད་དོ། །)ཞེས་པ་ལྟ་བུ་སྟེ། འདི་ལ་ནི་དོན་དང་ བཅས་པའི་བྱེད་པ་པོའི་གྲུབ་པའི་སྦྱོར་བ་ཡོད་པའི་ཕྱིར་རོ། །ཡ་ཐཱ་ཏ་ཐཱ་དག་ལ་མི་བཟོད་ 6-1-666 པའི་ལན་ལའོ་ཞེས་པ་ནི་ཡ་ཐཱ་དང་ཏ་ཐཱ་དག་ཉེ་བའི་ཚིག་ལ་ཀྲྀཉ་ལས་ཕ་རོལ་ཏུ། མི་བཟོད་ པའི་ལན་རྟོགས་པར་བྱ་བ་ལ། གལ་ཏེ་གྲུབ་པའི་སྦྱོར་བ་མ་ཡིན་ན་ཁ་མི་ཉའི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། ཉེ་བའི་ཚིག་དེ་དག་སྔ་མ་ཅན་གྱི་ཀྲྀ་ལ་ཕ་རོལ་ན་བྱེད་པ་པོའི་དོན་ཅན་ གྱི་རྐྱེན་སྦྱར་བ་མ་ཡིན་པས་ཨ་ཧཾ་བྷྱོ་ཀྵྱེ་ཡོད་པ་ན། མདོ་འདིས་སྔར་བཞིན་ཁ་མི་ཉ་བྱིན་ནས་ རྀ་འཕེལ་བ་བྱས་ཏེ་སི་ཕྱིས་པས། ཡ་ཐཱ་ཀཱ་རཾ་ཨ་ཧཾ་བྷོ་ཀྵྱེ་(ཇི་བཞིན་བྱས་ཏེ་ངས་ཟོས། ) ཏ་ཐཱ་ཀཱ་རཾ་ ཨ་ཧཾ་བྷོ་ཀྵྱེ་(དེ་བཞིན་བྱས་ཏེ་ངས་ཟོས། )ཞེས་པ་ལྟ་བུའོ། །ཉེ་ཚིག་དེ་དག་ཡོད་ཀྱང་མི་བཟོད་པའི་ ལན་རྟོགས་པར་བྱ་བ་མ་ཡིན་པ་ལ་ཁ་མི་ཉ་རྐྱེན་དུ་མི་འགྱུར་ཏེ། དཔེར་ན། ཡ་ཐཱ་སྔ་མ་ཅན་ གྱི་ཀྲྀ་ལ་སྔར་བཞིན་ཀྟྭཱ་བྱིན་ནས་སི་ཕྱིས་པའི་ཕ་རོལ་ན་ཨ་ཧཾ་སོགས་ཡོད་པ་ལས། ཡ་ཐཱ་ཀྲྀ་ ཏྭཱ་ཨ་ཧཾ་བྷོཀྵྱེ་ཞེས་པ་ལྟ་བུའོ། །གཉིས་པ་ཉེ་བའི་ཚིག་སོ་སོ་ལ་བྱིངས་ལས་ཕ་རོལ་ཏུ་ཎམ་གྱི་ རྐྱེན་འཇུག་ཚུལ་རྒྱས་པར་བཤད་པ་ནི། མཐའ་དག་ལས་དྲྀ་ཤ་ལས་ཎམའོ་ཞེས་པ་མཐའ་ དག་གི་ཁྱད་པར་ཅན་གྱི་ལས་ཉེ་བའི་ཚིག་ལ། དྲྀ་ཤིར་ལྟ་བའི་བྱིངས་འདི་ལས་ཕ་རོལ་ཏུ་ཎཾ་ གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཀ་ནྱཱ་སྔ་མ་ཅན་གྱི་ཏྲྀ་ཤིར་གྱི་ཡི་རྗེས་འབྲེལ་ཕྱིས་པ་ ལ། མདོ་འདིས་ཎམ་བྱིན་པའི་ཎ་ཡིག་ཁྱད་དོན་ཕྱིས་ནས་ཨམ་སྦྱོར་བ་ནི་ཐམས་ཅད་དུ་ཤེས་ པར་བྱ་ཞིང་། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ཞེས་པས་རྀ་ཡོན་ཏན་བྱས་ཏེ་སི་བྱིན་པ་མི་ཟད་པ་ ལས་ཕྱིས་པའི་ཕ་རོལ་ན་ཝཱ་ར་ཡ་ཏི་ཡོད་པ་ལས། ཀནྱཱ་དཪྴཾཝཱ་ར་ཡ་ཏི་ཞེས་པ་ལྟ་བུ་སྟེ། དུར་ ཕན་དག་ལས། གང་དང་གང་གི་མཛེས་མ་མཐོང་བ་དེ་དང་དེ་རྣམས་ཀྱི་མཆོག་ཏུ་བྱེད་དོ་ ཞེས་པའི་དོན་ཅན་དུ་གསུངས་སོ། །ཡཱ་ཝཏ་ལ་བི་ན་ད་ཛཱི་ཝ་དག་གི་འོ་ཞེས་པ་ནི་ཡཱ་ཝཏ་ཀྱི་ སྒྲ་ཉེ་བའི་ཚིག་ལ། པིདླྀ་ཐོབ་པ་དང་། ཛཱི་ཝ་སྲོག་གི་རྒྱུན་གྱི་བྱིངས་འདི་དག་གི་ཕ་རོལ་ཏུའང་ ཎམ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཡཱ་ཝཏ་སྔ་མ་ཅན་གྱི་བྱིངས་དེ་དག་གི་ལྀ་རྗེས་ འབྲེལ་ཕྱིས་པ་ལ། མདོ་འདིས་ཎམ་བྱིན་ནས། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ཡང་བའི་འོ་ཞེས་ 6-1-667 པས་བིའི་དབྱངས་ཡོན་ཏན་བྱས་ཏེ་སི་བྱིན་པ་མི་ཟད་པ་ལས་ཕྱིས་པའི་ཕ་རོལ་ན་རིམ་པ་ བཞིན། བྷུཾ་ཀྟེ་དང་། ས་ཏ་ལ་སོགས་པ་ཡོད་པ་ལས། ཡཱ་ཝ་ཏ་བེ་དཾ་བྷུཾ་ཀྟེ། (ཇི་སྙེད་པ་ཐོབ་པ་བཟའ་ བར་བྱེད་དོ། །) ཡཱ་ཝ་ཛ་ཛཱི་ཝིས་ཏ་ཀཱ་ར་མ་པཱུ་ཛ་ཡཱ་མི་(ཇི་སྙེད་དུ་འཚོ་བའི་བསྙེན་བཀུར་དང་མཆོད་པ་བགྱིའོ། །) ཞེས་པ་ལྟ་བུའོ། །ཙརྨ་ཨུ་ད་ར་དག་ལ་པཱུ་རིའོ་ཞེས་པ་ནི་ཙརྨ་དང་ཨུ་ད་ར་དག་གི་ལས་ཉེ་ བའི་ཚིག་ལ། པཱུར་གང་བའི་བྱིངས་ཨིན་གྱི་མཐའ་ཅན་ལས་ཕ་རོལ་ཏུ་ནཾ་གྱི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། ཙརྨ་དང་། ཨུ་ད་ར་སྔ་མ་ཅན་གྱི་པཱུར་དག་ལ། ཨཱ་གཉིས་པར་རྒྱུ་ལའོ་ ཞེས་པས་ཨིན་བྱིན་པའི་མཐར། མདོ་འདིས་ཎམ་བྱིན་པ་ན། ཨཱ་དྲུག་པར་ཀཱ་རི་ཏའི་ཨཱམ་ ཨིཊ་ཞེས་པས་ཨིན་ཕྱིས་ནས་སྦྱར་ཏེ། སི་མི་ཟད་པ་ལས་ཕྱིས་པའི་ཕ་རོལ་ན་རིམ་པ་བཞིན་ སྟྲཱྀ་ཎཱ་ཏི་དང་། བྷུཾ་ཀྟེ་ཡོད་པ་ལས། ཙརྨ་པཱུ་རཾ་སྟྲཱྀ་ཎཱ་ཏི་(ལྤགས་པ་གང་བར་རྩྭ་ས་བྱེད་དོ། །)ཨུ་ད་ར་པཱུ་རཾ་ བྷུཾ་ཀྟེ་(ལྟོ་བ་གང་བར་བྱེད་པ་ཟས་སོ། །) ཞེས་པ་ལྟ་བུའོ། །ཆར་པའི་ཚད་ལ་སྟེ་ཨཱུ་དབྱི་བ་འང་ཡང་ ནའོ་ཞེས་པ་ལ། དུར་ཕན་དག་ཏུ། ལས་ཉེ་བའི་ཚིག་ལ་ཆར་པའི་ཚད་རྟོགས་པར་བྱ་བཞིན་ པ་ལ་པཱུར་ལས་ཕ་རོལ་ཏུ་ཎམ་གྱི་རྐྱེན་སྦྱིན་པར་འགྱུར་ཞིང་། དེའི་ཨཱུ་ཡིག་དབྱི་བའང་ཡང་ན་ འགྱུར་བར་གསུངས་ཏེ། དཔེར་ན། གོཥྤ་ད་སྔ་མ་ཅན་གྱི་པཱུར་ལ་མདོ་འདིས་ཎམ་བྱིན་ནས་ སྔར་བཞིན་བསྒྲུབས་པའི་ཕ་རོལ་ན་བྲྀཥྚོ་དེ་ཝཿཡོད་པ་ལས། གོཥྤ་ད་པཱུ་རཾ་བྲྀཥྚོ་དེ་ཝཿ (བ་ ལང་གི་རྐང་པའི་ཚད་ཙམ་དུ་ལྷའི་ཆར་པ། )ཞེས་པ་དང་། པཱུའི་ཨཱུ་ཡིག་ཡང་ན་ཕྱིས་ཏེ། སན་དང་པོར་ གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེ་ར་དྲང་ངོ་ཞེས་པ་ལྟར་པ་ཡིག་ཏའི་སྟེང་དུ་ དྲངས་པས། གོཥྤ་ད་པྲཾ་བྲྀཥྚོ་དེ་ཝཿཞེས་པ་ལྟ་བུའོ། །གོས་ཀྱི་དོན་ལ་ཀྣོ་པི་ལས་སོ་ཞེས་པ་ནི་ གོས་ཀྱི་དོན་གྱི་ལས་ཉེ་བའི་ཚིག་ལ་ཀྣུ་ཡཱི་སྒྲའི་བྱིངས་ཨིན་གྱི་མཐའ་ཅན་ལས་ཕ་རོལ་ཏུ། ཆར་པའི་ཚད་རྟོགས་པར་བྱ་བ་ལ་ཎཾ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཙེ་ལ་དང་། ཝ་ སྟ྄་དང་། ཝ་ས་ན་སྔ་མ་ཅན་གྱི་ཀྣུ་ཡཱིའི་ཨཱི་རྗེས་འབྲེལ་ཕྱིས་པ་རྣམས་ལ། སྔར་བཞིན་ཨིན་ 6-1-668 བྱིན་པ་ན། ཨཱ་དྲུག་པར་ཨརྟི་ཧྲི་ཙླྀ་རཱི་ཀྣུ་ཡཱི་ཀྵྨཱ་ཡཱི་ཨཱཏ་མཐའ་རྣམས་ཀྱི་མཐར་པ་སྟེ་ཡ་དབྱི་ ཞིང་ནཱ་མི་རྣམས་ཀྱི་ཡོན་ཏན་འང་ངོ་ཞེས་པས་ཀྣུའི་དབྱངས་ཡོན་ཏན་བྱས་ནས། ཡ་ཡིག་ ཕྱིས་ཏེ་པ་ཨཱ་ག་མ་བྱིན་པ་ལ། མདོ་འདིས་ཎམ་སྦྱིན་ཞིང་། སྔར་བཞིན་ཨིན་ཕྱིས་ཏེ་སྦྱར་ ནས། སི་བྱིན་པ་མི་ཟད་པ་ལས་ཕྱིས་པའི་ཕ་རོལ་ན་བྲྀཥྚཿཡོད་པ་ལས། ཙེ་ལཀྣོ་པཾ་བྲྀཥྚཿཝ་ སྟ྄་ཀྣོ་པཾ་བྲྀཥྚཿ(གོས་ཀྱི་ཚད་དུ་ཆར་པ། ) ཝ་སན་ཀྣོ་པཾ་བྲྀཥྚཿཞེས་པ་ལྟ་བུའོ། །ནི་མཱུ་ལ་ས་མཱུ་ལ་དག་ ལས་ཀ་ཥ་ལས་སོ་ཞེས་པ་ནི། ནི་མཱུ་ལ་དང་ས་མཱུ་དག་གི་ལས་ཉེ་བའི་ཚིག་དག་ལ། ཀཥ་འགྲོ་ བའི་བྱིངས་འདི་ལས་ཕ་རོལ་ཏུ་ཎཾ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཉེ་བའི་ཚིག་དེ་ དག་སྔ་མ་ཅན་གྱི་ཀཥ་ལ། མདོ་འདིས་ཎཾ་བྱིན་ནས་ཨཱ་དྲུག་པར་ཨིན་ཨི་ཙ་ཞེས་པས་ཀའི་ དབྱངས་རིང་པོར་བསྒྱུར་ཏེ་སྦྱར་ཞིང་། སི་ཕྱིས་པའི་ཕ་རོལ་ན། འདི་ཉིད་དུ་འཆད་པར་ འགྱུར་བའི་ཀ་ཥ་སོགས་རྣམས་ལ་དེ་རྣམས་དེ་ཁོ་ན་ཡིས་སྦྱོར་བའོ་ཞེས་པས་ཀ་ཥ་ཏི་ཡོད་པ་ ལ། ནི་མཱུ་ལ་ཀཱ་ཥཾ་ཀ་ཥ་ཏི། ས་མཱུ་ལ་ཀཱ་ཥཾ་ཀ་ཥ་ཏི་ཞེས་པ་ལྟ་བུའོ། །ཤུཥྐ་ཙཱུརྞྞ་རཱུཀྵ་རྣམས་ལ་ པིཥ་ལས་སོ་ཞེས་པ་ནི་ཤུཥྐ་དང་། ཙཱུརྞ་དང་། རཱུཀྵ་རྣམས་ཀྱི་ལས་ཉེ་བའི་ཚིག་ལ། པིཥླྀ་ཕྲ་ མོར་བྱེད་པའི་བྱིངས་འདི་ལས་ཕ་རོལ་ཏུ་ཎམ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཉེ་བའི་ ཚིག་དེ་རྣམས་སྔ་མ་ཅན་གྱི་པིཥླྀའི་ལྀ་རྗེས་འབྲེལ་ཕྱིས་པ་ལ། མདོ་འདིས་ཎཾ་བྱིན་པ་ན། སྔར་ བཞིན་པིའི་དབྱངས་ཡོན་ཏན་བྱས་ཏེ་སི་ཕྱིས་པ་ཕ་རོལ་ན། པི་ནཥྚི་ཡོད་པ་ལས། ཤུཥྐ་པེ་ཥཾ་ པི་ནཥྚི། ཙཱུརྞཔེ་ཥཾ་པི་ནཥྚི། རཱུཀྵ་པེ་ཥཾ་པི་ནཥྚཱི་ཞེས་པ་ལྟ་བུའོ། །ཛཱི་ཝ་ལ་གྲཧ་ལས་སོ་ཞེས་པ་ ནི་ཛཱི་ཝ་འི་ལས་ཉེ་བའི་ཚིག་ལ། གྲཧ་ཉེ་བར་ལེན་པའི་བྱིངས་འདི་ལས་ཕ་རོལ་ཏུ་ཎམ་གྱི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཛཱི་ཝ་སྔ་མ་ཅན་གྱི་གྲཧ་ལ་མདོ་འདིས་ཎམ་བྱིན་ནས། སྔར་བཞིན་གྲའི་དབྱངས་རིང་པོར་བསྒྱུར་ཏེ་སི་ཕྱིས་པའི་ཕ་རོལ་ན། གྲྀཧྞཱ་ཏི་ཡོད་པ་ལས། ཛཱི་ཝ་གྲཱ་ཧཾ་གྲྀཧྞཱ་ཏི་(སྲོག་གཟུང་བ་དང་འཛིན་པར་བྱེད་དོ། །) ཞེས་པ་ལྟ་བུའོ། །ཨ་ཀྲྀ་ཏ་ལ་ཀྲྀཉ་ལས་སོ་ 6-1-669 ཞེས་པ་ནི་ཀྲྀཏའི་ཉེ་བའི་ཚིག་ལ་ཀྲྀ་ཉ་ལས་ཕ་རོལ་ཏུ་ཎམ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨ་ཀྲྀ་ཏ་སྔ་མ་ཅན་གྱི་ཀྲྀ་ཉ་རྗེས་འབྲེལ་ཕྱིས་པ་ལ་མདོ་འདིས་ཎམ་བྱིན་ནས། ཨཱ་ དྲུག་པར་ཨིན་ཨི་ཙ་ཞེས་པས་ཀྲྀའི་དབྱངས་འཕེལ་བ་བྱས་ཏེ། སི་ཕྱིས་པའི་ཕ་རོལ་ན་ཀ་རོ་ ཏི་ཡོད་པ་ལས་ཨ་ཀྲྀ་ཏ་ཀཱ་རཾ་ཀོ་རོ་ཏི་ཞེས་པ་ལྟ་བུའོ། །ས་མཱུ་ལ་ལ་ཧནྟི་ལས་སོ་ཞེས་པ་ནི་ས་ མཱུ་ལའི་ལས་ཉེ་བའི་ཚིག་ལ་ཧན་འཚེ་བའི་བྱིངས་འདི་ལས་ཕ་རོལ་ཏུ་ཎམ་གྱི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། ས་མཱུ་ལ་སྔ་མ་ཅན་གྱི་ཧན་ལ་མདོ་འདིས་ཎམ་བྱིན་ནས། ཀྲྀཏ་དང་པོར་ ཧནྟི་ནའོ་ཞེས་པས་ན་ཡིག་ཏ་དང་། ཨཱ་དྲུག་པར་ཧནྟིའི་ཧའི་ཨིན་ཨི་ཙ་དག་ལ་ཞེས་པས་ཧ་ ཡིག་གྷ་རུ་བསྒྱུར་བའི་དབྱངས་ཀྱང་རིང་པོར་བསྒྱུར་ཞིང་སྦྱར་ཏེ་སི་ཕྱིས་པའི་ཕ་རོལ་ན་ཧནྟི་ ཡོད་པ་ལས། ས་མཱུ་ལ་གྷཱ་ཏཾ་ཧནྟི་ཞེས་པ་ལྟ་བུའོ། །མདོ་གཉིས་པོ་འདི་དག སློབ་ཕན་དུ། མདོ་སྔ་མ་དག་གི་འཕྲོས་སུའང་མཛད་དོ། །བྱེད་པ་ལའོ་ཞེས་པ་ནི་བྱེད་པའི་ཚིག་ཉེ་བའི་ ཚིག་ལའང་ཧན་ལས་ཕ་རོལ་ཏུ་ཎམ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། པཱ་ཎི་དང་། མུཥྚི་ སྔ་མ་ཅན་གྱི་ཧན་ལ་མདོ་འདིས་ཎམ་བྱིན་ནས། སྔར་བཞིན་ཧ་ཡིག་གྷ་དང་། ན་ཡིག་ཏ་དང་། གྷའི་དབྱངས་རིང་པོར་བསྒྱུར་ཞིང་སྦྱར་ཏེ་སི་ཕྱིས་པའི་ཕ་རོལ་ན་རིམ་པ་བཞིན་བྷུ་མིཾ་ཧནྟི་ དང་། ཙཽ་རི་ཧནྟི་ཡོད་པ་ལས། པཱ་ཎི་གྷཱ་ཏི་བྷུ་མིཾ་ཧནྟི། (ལག་པས་བསྣུན་པས་གཞི་ལ་བསྣུན་པར་བྱེད་པའོ། །) མུཥྚི་གྷཱ་ཏཾ་ཙཽ་རཾ་ཧནྟི(ཁུ་ཚུར་གྱིས་བསྣུན་པར་རྐུན་མ་ལ་འཚེ་བར་བྱེད་པའོ། །)ཞེས་པ་ལྟ་བུའོ། །ལག་པའི་ དོན་ལ་གྲ་ཧ་བརྟི་བྲྀཏ་རྣམས་ཀྱིའོ་ཞེས་པ་ནི་ལག་པའི་དོན་གྱི་བྱེད་པ་ཉེ་བའི་ཚིག་ལ་གྲ་ཧ་ ཉེ་བར་ལེན་པ་དང་། བྷཱུ་སོགས་ཀྱི་བྲྀ་ཏུ་འཇུག་པ་དང་། དིཝ་སོགས་ཀྱི་བྲྀ་ཏུ་འཛིན་པའི་ བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུའང་ཎམ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཧསྟ་སྔ་མ་ ཅན་གྱི་གྲ་ཧ་དང་། དྲྀ་ཏུ་དག་གི་རྗེས་འབྲེལ་ཕྱིས་པ་ལ་མདོ་འདིས་ཎམ་བྱིན་ནས། སྔར་ བཞིན་གྲའི་དབྱངས་རིང་པོ་དང་། རྀ་ཡིག་དག་ཡོན་ཏན་བྱས་ཏེ་སི་ཕྱིས་པའི་སྔ་མའི་ཕ་རོལ་ 6-1-670 ན་གྲྀ་ཧྞཱ་ཏི་དང་། ཕྱི་མ་གཉིས་ཀྱི་ཕ་རོལ་ན་བརྟ་ཡ་ཏི་ཡོད་པ་ལས། ཧསྟ་གྲཱ་ཧཾ་གྲྀ་ཧྞཱ་ཏི། ཧསྟ་ བརྟཾ་བརྟ་ཡ་ཏི། (ལག་པས་བཟུང་བ་དང་འཛིན་པར་བྱེད་དོ། །) ཧསྟ་བརྟཾ་བཪྟ་ཡ་ཏི་ཞེས་པ་ལྟ་བུའོ། །རང་ དོན་ལ་པུཥའི་འོ་ཞེས་པ་ལ་བདག་དང་བདག་གི་བ་ཤེས་པར་བྱེད་པ་ལ་འཇུག་པ་ནི་རང་གི་ དོན་ཡིན་ཞིང་། དེ་བརྗོད་པའི་བྱེད་པ་ཉེ་བའི་ཚིག་རྣམས་ལས་པུཥ་རྒྱས་པའི་བྱིངས་འདི་ ལས་ཕ་རོལ་ཏུའང་ཎམ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། སྭཱ་དང་། ཨཱཏྨ་སྔ་མ་ཅན་གྱི་ པུ་ཥ་དག་ལ་མདོ་འདིས་ཎམ་བྱིན་ནས། སྔར་བཞིན་པུའི་དབྱངས་ཡོན་ཏན་བྱས་ཏེ་སི་བྱིན་ པའི་ཕ་རོལ་ན་པོ་ཥ་ཏི་ཡོད་པ་ལས། སྭ་པོ་ཥཾ་པོ་ཥ་ཏི། (རང་རྒྱས་པས་རྒྱས་པར་བྱེད་དོ། །) ཨཱཏྨ་པོ་ཥཾ། (བདག་རྒྱས་པས་རྒྱས་པར་བྱེད་དོ། །) པོ་ཥ་ཏི་ཞེས་པ་ལྟ་བུའོ། །དེ་བཞིན་དུ། མ་ཧཱི་ཥི་པོ་ཥཾ(མ་ཧེ་རྒྱས་པར་ བྱེད)། གོཿཔོ་ཥཾ(བ་ལང་)། པི་ཏྲྀ་པོ་ཥཾ(ཕ)། མཱ་ཏྲྀ་པོ་ཥཾ(མ)། རཻ་པོ་ཥཾ(ནོར)། ཙིཏྟ་པོ་ཥཾ་(སེམས། )ཞེས་ པ་ལྟ་བུའོ། །སྣུམ་པ་ལ་པི་ཥ་ལས་སོ་ཞེས་པ་ནི་སྣུ་མ་པ་བརྗོད་པའི་བྱེད་པ་ཉེ་བའི་ཚིག་ལ། པིཥླྀ་ཕྲ་མོར་བྱེད་པའི་བྱིངས་ལ་ཕ་རོལ་ཏུའང་ཎམ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨུ་ ད་ཀཾ་དང་། ཏཻ་ལ་དང་། གྷྲྀ་ཏ་སྔ་མ་ཅན་གྱི་པིཥླྀའི་ལྀ་རྗེས་འབྲེལ་ཕྱིས་པ་ལ་མདོ་འདིས་ཎམ་ བྱིན་ནས་སྔར་བཞིན་པིའི་དབྱངས་ཡོན་ཏན་བྱས་ཏེ་སི་ཕྱིས་པའི་ཕ་རོལ་ན་པི་ནཥྚི་ཡོད་པ་ ལས། ཨུ་ད་ཀཾ་པེ་ཥཾ་པི་ནཥྚི(ཆུ་སྣུམ་པས་སྣུམ་པར་བྱེད)། ཏཻ་ལ་པེ་ཥཾ་པི་ནཥྚི(ཏིལ་མར)། གྷྲྀ་ཏ་པེ་ཥཾ་པི་ ནཥྚི་(མར་གྱི་)ཞེས་པ་ལྟ་བུའོ། །གཞི་ལ་བན་དྷའི་འོ་ཞེས་པ་ནི་གཞིའི་དོན་ཉེ་བའི་ཚིག་ལ་ བན་དྷ་འཆིང་བའི་བྱིངས་འདི་ལས་ཕ་རོལ་ཏུའང་ཎམ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཙཀྲ་སྔ་མ་ཅན་གྱི་བན་དྷ་ལ་མདོ་འདིས་ཎམ་བྱིན་ནས། རྐྱེན་གྱི་ཨ་ཡིག་དྷའི་ཨ་ཕྱིས་ཏེ་སྦྱར་ ནས་སྔར་བཞིན་སི་ཕྱིས་པའི་ཕ་རོལ་ན་བ་དྷྣཱཏི་ཡོད་པ་ལས། ཙཀྲ་བན་དྷཾ་བདྷྣཱ་ཏི། (འཁོར་ལོ་ འཆིང་བས་འཆིང་བར་བྱེད། ) ཞེས་པ་ལྟ་བུའོ། །མིང་ལའོ་ཞེས་པ་ནི་གཞི་ཉེ་བའི་ཚིག་མ་ཡིན་པའི་ མིང་རྟོགས་པར་བྱ་བཞིན་པ་ལའང་བན་དྷ་ལས་ཕ་རོལ་ཏུ་ཎམ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། 6-1-671 དཔེར་ན། ཀྲཽཉྩ་སྔ་མ་ཅན་གྱི་བན་དྷ་ལ་མདོ་འདིས་སྔར་བཞིན་ཎམ་བྱིན་ནས་སི་ཕྱིས་པའི་ཕ་ རོལ་ན་བན་དྷཿཡོད་པ་ལས། ཀྲཽཉྩ་བན་དྷཾ་བད་དྷཿ(ཀྲུང་ཀྲུང་འཆིང་བས་འཆིང་བར་བྱེད། ) ཞེས་པ་ལྟ་ བུའོ། །ཛཱི་ཝ་པུ་རུ་ཥ་དག་ལ་བྱེད་པ་པོ་དག་ལ་ན་ཤི་ཝ་ཧི་ལས་སོ་ཞེས་པ་ནི་ཛཱི་ཝ་དང་། པུ་རུ་ ཥ་དག་བྱེད་པ་པོར་བརྗོད་པ་ཉེ་བའི་ཚིག་དག་ལ་རིམ་པ་བཞིན་དུ། ན་ཤ་ཉམས་པ་དང་། བ་ ཧ་ཐོས་པའི་བྱིངས་འདི་དག་ལ་ཕ་རོལ་ཏུའང་ཎམ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཛཱི་ ཝ་སྔ་མ་ཅན་གྱི་ན་ཤ་དང་། པུ་རུ་ཥ་སྔ་མ་ཅན་ཝཧ་ལ་མདོ་འདིས་ཎམ་བྱིན་ནས། སྔར་བཞིན་ ན་དང་ཝའི་དབྱངས་རིང་པོར་བསྒྱུར་ཏེ་སི་ཕྱིས་པའི་ཕ་རོལ་ན། ན་ཤྱ་ཏེ་དང་། ཝ་ཧ་ཏི་ཡོད་ པ་ལས། ཛཱི་ཝ་ནཱ་ཤཾ་ན་ཤྱ་ཏེ(འཚོ་བ་ཉམས་པས་ཉམས་པར་བྱེད)། པུ་རུ་ཥ་ཝཱ་ཏི་ཝ་ཏི་(སྐྱེས་བུ་ཐོབ་པས་ ཐོབ་པར་བྱེད་དོ། །)ཞེས་པ་ལྟ་བུའོ། །ཛཱི་ཝ་དང་པུ་རུ་ཥ་བྱེད་པ་པོར་བརྗོད་པ་མ་ཡིན་པའི་ཉེ་བའི་ ཚིག་ལ་ནི་བྱིངས་དེ་དག་ལ་རྐྱེན་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཛཱི་བེ་ན་སྔ་མ་ཅན་གྱི་ན་ ཤ་ལ། ཀྲྀཏ་གསུམ་པར་ནི་ཥྛཱའོ་ཞེས་པས་ཀྟ་བྱིན་པའི་ཀ་ཁྱད་དོན་ཕྱིས་ནས། ཨཱ་དྲུག་པར་ཚ་ ཤ་དག་གི་འང་ངོ་ཞེས་པས་ཤ་ཡིག་ཥ་རུ་བསྒྱུར་བས། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ལས་ཞེས་ པས་རྐྱེན་གྱི་ཏ་ཡིག་ཀྱང་ཊ་རུ་བསྒྱུར་ཏེ་སི་བྱིན་པས། ཛཱི་བེ་ན་ནཥྚཿ(སྲོག་གི་ཉམས་པ། ) ཞེས་པ་ དང་། པུ་རུ་ཥེ་ཎ་སྔ་མ་ཅན་གྱི་ཝ་ཧ་ལ་སྔར་བཞིན་ཀྟ་བྱིན་ནས་ཨཱ་བཞི་པ་སྭ་པི་ཝ་ཙི་ཡཛ་ སོགས་ཞེས་ཝ་ཡིག་ཨུ་རུ་སླར་བསྒྱུར་ཞིང་། ཨཱ་དྲུག་པར་ཧའི་ཌྷའོ་ཞེས་པས་ཧ་ཡིག་ཌྷ་དང་། ཨཱ་བརྒྱད་པར་གྷ་ཌྷ་དྷ་བྷ་རྣམས་ལས་རྐྱེན་གྱི་ཏ་ཡིག་དྷ་རུ་བསྒྱུར་ཏེ། དེ་ཉིད་དུ་ཥ་དང་ཊ་སྡེ་ ལས་ཞེས་པས་དྷའང་ཌྷ་རུ་བསྒྱུར་བ། དེ་ཉིད་ཌྷའི་ཌྷ་ལ་དབྱི་ཞིང་ཨུ་པ་དྷཱ་རིང་པོའང་ངོ་ཞེས་ པས་བྱིངས་མཐའི་ཌྷ་ཕྱིས་ནས་ཨུ་རིང་པོར་བསྒྱུར་ཏེ་མཐར་སི་བྱིན་པས། པུ་རུ་ཥེ་ཎ་ཨཱུ་ ཌྷཿཞེས་པ་ལྟ་བུའོ། །ཨཱུརྔྷ་ལ་ཤུ་ཥ་པཱུ་ར་དག་གིའོ་ཞེས་པ་ནི་ཨཱུར་དྷའི་བྱེད་པ་པོར་བརྗོད་པ་ ཉེ་བའི་ཚིག་ལ། ཤུཥ་སྐེམས་པ་དང་། པཱུར་གང་བའི་བྱིངས་འདི་དག་གི་ཕ་རོལ་ཏུའང་ཎམ་ 6-1-672 གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཱུརྔྷ་སྔ་མ་ཅན་གྱི་ཤུཥ་དང་། པཱུར་དག་ལ་མདོ་འདིས་ ཎམ་བྱིན་ནས། སྔར་བཞིན་ཤུའི་དབྱངས་ཡོན་ཏན་བྱས་ཏེ་སི་ཕྱིས་པའི་ཕ་རོལ་ལ་ན་རིམ་པ་ བཞིན་དུ་ཤུཥྐཿདང་། པཱུརྞཿཡོད་པ་ལས། ཨཱུརྔྷ་ཤོ་ཥཾ་ཤུསྐཿ(སྟེང་དུ་སྐེམ་པ་རྣམས་ལའོ། །)ཨཱུརྔྷ་པཱུ་རཾ་ པུརྞཿ(སྟེང་དུ་གང་བར་རྫོགས་པའོ། །) ཞེས་པ་ལྟ་བུའོ། །ཨཱུརྔྷ་བྱེད་པ་པོར་བརྗོད་པ་མ་ཡིན་པ་ཉེ་བའི་ ཚིག་ལ་ནི་བྱིངས་དེ་དག་ལ་ཎམ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨཱུརྔྷེ་ཎ་སྔ་མ་ཅན་གྱི་ཤུཥ་ དང་པཱུར་ལ་བརྟ་མཱ་ནའི་ཏི་བྱིན་ནས། ཨཱ་གཉིས་པར་བྱིངས་ཐམས་ཅད་པ་ལ་ཞེས་པས་བར་ དུ་ཡཎ་བྱིན་ཏེ་སྦྱར་ནས། ཨཱུདྡྷེ་ཎ་ཤུ་ཥྱ་ཏེ། (སྟེང་གིས་སྐེམས་པར་བྱེད་དོ། །) ཨཱུདྡྷེ་ཎ་པཱུཪྻ་ཏེཿ(སྟེང་གིས་ གང་བར་བྱེད་དོ། །) ཞེས་པ་ལྟ་བུའོ། །ཉེ་བར་འཇལ་བ་ལ་ལས་ལའང་ངོ་ཞེས་པ་ནི་ཉེ་བར་འཇལ་ བར་བྱེད་པ་པོ་དང་། ལས་ཉེ་བའི་ཚིག་ལའང་བྱིངས་ལས་ཕ་རོལ་ཏུ་ཎམ་གྱི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། བྱེད་པ་པོ་ཉེ་བར་འཇལ་བ་ནི་ཨ་ཛ་ཀ་སྔ་མ་ཅན་གྱི་ན་ཤ་ཉམས་པའི་ བྱིངས་ལ་མདོ་འདིས་ཎམ་བྱིན་ནས། སྔར་བཞིན་ཎའི་དབྱངས་རིང་པོར་བསྒྱུར་ཏེ་སི་ཕྱིས་ པའི་ཕ་རོལ་ན་ནཥྚཿཡོད་པ་ལས། ཨ་ཛ་ཀ་ནཱ་ཤཱཾ་ནཥྚཿ རྟ་བཞིན་དུ་ཉམས་སོ་ཞེས་པའི་དོན་ ཅན་ལྟ་བུའོ། །ལས་ཉེ་བར་འཇལ་བ་ནི་རཏྣ་དང་ནི་སྔ་མ་ཅན་གྱི་ཌུ་དྷཱཉ་འཛིན་པའི་བྱིངས་ རྗེས་འབྲེལ་ཕྱིས་པ་ལ་མདོ་འདིས་ཎམ་བྱིན་ནས། ཨཱ་དྲུག་པར་ཨཱཏ་མཐའ་རྣམས་ཀྱི་ཨི་ཙ་ ལ་ཞེས་པས་དྷཱའི་དབྱངས་ཨཱ་ཡ་རུ་བསྒྱུར་ཏེ་སྦྱར་ནས་སི་ཕྱིས་པའི་ཕ་རོལ་ན། ནི་ཧི་ཏཿཡོད་ པ་ལས། རཏྣ་དྷཱ་ཡཾ་ནི་ཧི་ཏཿ རིན་པོ་ཆེ་བཞིན་དུ་སྦས་སོ་ཞེས་པའི་དོན་ཅན་ལྟ་བུའོ། །ཉེ་བར་ འཇལ་བའི་ཚིག་མ་ཡིན་པ་ལ་ནི། བྱིངས་ལ་ཎམ་གྱི་རྐྱེན་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨ་ཛ་ཀཿསྔ་མ་ཅན་གྱི་ན་ཤ་ལ། ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས་ཀྟ་ཁྱད་དོན་ཕྱིས་པ་བྱིན་ ནས། ཨཱ་དྲུག་པར་ཚ་ཤ་དག་གིའང་ངོ་ཞེས་པས་ཤ་ཡིག་ཥ་དང་། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ ལས་ཞེས་པས་ཏའང་ཊ་རུ་བསྒྱུར་ཏེ་སི་བྱིན་པས། ཨ་ཛ་ཀོ་ནཥྚཿ(རྭ་ཉམས་པར་བྱས་ཟིན། ) ཞེས་ 6-1-673 པ་ལྟ་བུའོ། །གྷྲྀ་ཏཾ་དང་ནི་སྔ་མ་ཅན་གྱི་དྷཱ་ལ། ཀྲྀཏ་ལྔ་པར་དངོས་པོ་ལ་མ་ནིང་ལ་ཞེས་པས། སྔར་བཞིན་ཀྟ་བྱིན་ནས། ཀྲྀཏ་དང་པོར་དཱ་དྷཱ་ཏིའི་ཧིའི་ཞེས་པས་དྷཱ་ཡིག་ཧི་རུ་བསྒྱུར་ཏེ། སི་ བྱིན་པ་མ་ནིང་ལས་དབྱི་ཞིང་། སྔར་བཞིན་མུ་ཨཱ་ག་མ་བྱིན་པས། གྷྲྀ་ཏཾ་ནི་ཧི་ཏཾ་(མར་བྱས་ཟིན། ) ཞེས་པ་ལྟ་བུའོ། །ཀཥ་ལ་སོགས་པ་རྣམས་ལ་དེ་རྣམས་ཁོ་ན་ཡིས་རྗེས་སུ་སྦྱོར་བའོ་ཞེས་པ་ ནི། ནི་མཱུ་ལས་མཱུ་ལ་དག་ལ་ཀཥ་ལས་སོ་ཞེས་པ་ནས་བརྩམས་ཏེ་མདོ་འདིའི་བར་གྱི་བྱིངས་ གང་ཡིན་པ་དེ་རྣམས་ཀཥ་ལ་སོགས་པ་རྣམས་སོ། །ཀཥ་ལ་སོགས་པའི་བྱིངས་ཎཾ་གྱི་རྐྱེན་ སྦྱར་བ་དེ་རྣམས་ཀྱི་ཕ་རོལ་ཏུ་རྗེས་སུ་སྦྱོར་བ་ནི་སྔར་བཤད་པ་དེ་རྣམས་ཁོ་ན་ཡིས་རྗེས་སུ་ སྦྱོར་བར་འགྱུར་གྱི། ཚིག་གཞན་དང་རྗེས་སུ་སྦྱོར་བར་མི་བྱའོ། །དེ་ཡང་ཀཥ་ལ་སོགས་པའི་ བྱིངས་ནཾ་གྱི་རྐྱེན་སྦྱར་བ་གཞན་དང་མི་འཁྲུལ་བར་ངེས་པའི་དོན་དུ་བཀོད་དེ། སློབ་ཕན་ དུའང་། ཎ་མའི་མཐའི་སྒྲའི་དོན་གསལ་བར་བྱེད་པའི་དོན་དུ་རྗེས་སུ་སྦྱོར་བ་གདོན་མི་ཟ་ བར་བྱའོ་ཞེས་གསུངས་ཤིང་། དཔེར་བརྗོད་ནི། ཀཥ་ལ་སོགས་པ་རང་རང་གི་སྐབས་སུ་ བཤད་ཟིན་པ་རྣམས་སོ། ། གསུམ་པ་ལ་ཨུ་པ་དམ་ཤིའི་འོ་ཞེས་པ་ནི་སི་སོགས་ཀྱི་རྣམ་དབྱེ་གསུམ་པའི་མཐའ་ཅན་ ཉེ་བའི་ཚིག་ལ། ཨུ་པ་སྔ་མ་ཅན་གྱི་དཾ་ཤ་ཟ་བའི་བྱིངས་འདི་ལས་ཕ་རོལ་ཏུའང་ཎཾ་གྱི་རྐྱེན་ སྦྱིན་པར་འགྱུར་ཏེ། དཔེར་ན། མཱུ་ལ་ཀེ་ན་གསུམ་པའི་ཊཱ་བྱིན་པའི་མཐའ་ཅན་དང་། ཨུ་པ་སྔ་ མ་ཅན་གྱི་དཾ་ཤ་ལ་མདོ་འདིས་སྔར་བཞིན་ཎཾ་བྱིན་ནས་སི་ཕྱིས་པའི་ཕ་རོལ་ན་བྷུཾཀྟེ་ཡོད་པ་ ལས། མཱུ་ལ་ཀེ་ནོ་པ་དཾ་ཤཾ་བྷུཾཀྟེ་ཞེས་པ་ལྟ་བུའོ། །ཀྲྀཏ་གཉིས་པར་གསུམ་པ་སོགས་ཀྱི་ཡང་ ནའོ་ཞེས་པའི་ཕྱོགས་ལ་ཉེ་བའི་ཚིག་གི་རྣམ་དབྱེ་གསུམ་པ་ཕྱིས་པས། མཱུ་ལ་ཀ་ཨུ་པ་དཾ་ཤཾ་ བྷུཾ་ཀྟེ་(རྩ་བ་ཅན་སྦྲུལ་གྱིས་ཟོས། ) ཞེས་པ་ལྟ་བུའོ། །འཚེ་བའི་དོན་ལས་ཀྱང་ལས་གཅིག་པ་ཅན་ ལས་སོ་ཞེས་པ་ནི་གསུམ་པའི་མཐའ་ཅན་ཉེ་བའི་ཚིག་ལ། འཚེ་བའི་དོན་ཅན་གྱི་བྱིངས་ལས་ 6-1-674 ཕ་རོལ་ཏུ། རྗེས་སུ་སྦྱོར་བཞིན་པའི་ལས་གཅིག་ཏུ་མཚུངས་པ་ཅན་ལ་ཎཾ་གྱི་རྐྱེན་སྦྱིན་པར་ འགྱུར་ཏེ། དཔེར་ན། དཎ་ཌེ་ན་དང་། ཨུ་པ་སྔ་མ་ཅན་གྱི་ཧན་འཚེ་བའི་བྱིངས་ལས་ཕ་རོལ་ ན་གཱཿ ཀ་ལ་ཡ་ཏི་ཡོད་པ་ལས་མདོ་འདིས་ཎཾ་བྱིན་ནས། ཀྲྀཏ་དང་པོར་ཧན་ཏིའི་ཏ་ཞེས་པས་ ན་ཡིན་ཏ་དང་། ཨཱ་དྲུག་པར་ཧ་ནིའི་ཧིའི་ཞེས་པས་ཧ་ཡིག་གྷ་དང་། དེ་ཉིད་དུ་ཨིན་ཨི་ཙ་ ཞེས་པས་གྷའི་དབྱངས་རིང་པོར་བསྒྱུར་ཏེ། སི་བྱིན་པ་མི་ཟད་པ་ལས་ཕྱིས་པས། དཎྜེ་ནོ་པ་ གྷཱ་ཏཾ་གཱཿ ཀ་ལ་ཡ་ཏི་ཞེས་པ་དང་། ཡང་ན་ཕྱོགས་ལ་སྔར་བཞིན་ཉེ་བའི་ཚིག་གི་རྣམ་དབྱེ་ ཕྱིས་པས། དཎྜ་ཨུ་པ་གྷཱ་ཏཾ་གཱཿ ཀ་ལ་ཡ་ཏི་ཞེས་པ་ལྟ་བུ་སྟེ། དབྱུག་པས་བསྣུན་པའི་ལས་བ་ གླང་གཅིག་པུ་ལ་གོ་པར་བྱེད་པའོ། །རྗེས་སུ་སྦྱོར་བཞིན་པའི་ལས་གཉིས་ལ་སོགས་པ་ཅན་ ཡིན་ན། ཧན་ལ་ཎཾ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། དཎ་ཌེ་ན་དང་། ཨཱ་སྔ་མ་ཅན་གྱི་ཧན་ཕ་ རོལ་ན་ཙཽ་རཾ་ལ་སོགས་པ་ཡོད་པ་ལ། འདི་ཉིད་དུ་བྱེད་པ་གཅིག་གི་ཞེས་པས། ཀྟྭཱ་བྱིན་པ། བསྡུ་བ་ལ་ཞེས་པས་ཡབ་ཏུ་བསྒྱུར་བ་ན། ཀྲྀཏ་དང་པོར་ཡབ་ལའང་ངོ་ཞེས་པས་ཧན་གྱི་ན་ ཕྱིས་ནས། དེ་ཉིད་དུ་བྱིངས་ཀྱི་མཐར་པ་རྗེས་སུ་འབྲེལ་པ་ལ་ཞེས་པས་ཧའི་མཐར་ཏ་ཨཱ་ག་ མ་བྱིན་ཏེ་སི་མི་ཟད་པ་ལས་ཕྱིས་པས། དཎ་ཌེ་ནཱ་ཧ་ཏྱ་ཙཽ་རཾ་གོ་པཱ་ལ་ཀོ་གཱཿཀ་ལ་ཡ་ཏི་ཞེས་ པ་ལྟ་བུ་སྟེ། དབྱུག་པས་བསྣུན་པར་བྱེད་པ་པོའི་ལས་ཆོམ་རྐུན་དང་བ་ལང་གཉིས་ཀ་ལ་ འགྱུར་བའི་ཕྱིར་རོ། །བདུན་པ་ལའང་ཚད་དང་ཀུན་ནས་འགྲོ་བ་དག་ལའོ་ཞེས་པ་ནི་སྔར་ བཞིན་རྣམ་དབྱེ་གསུམ་པའི་མཐའ་ཅན་དང་། དེར་མ་ཟད་བདུན་པའི་མཐའ་ཅན་ཉེ་བའི་ ཚིག་ལའང་བྱིངས་ལས་ཕ་རོལ་ཏུ། ཚད་དང་ཀུན་ནས་འགྲོ་བ་དག་རྟོགས་པར་བྱ་བ་ལ་ཎཾ་གྱི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཚད་ལ། དྭྱང་གུ་ལེན། གསུམ་པའི་མཐའ་ཅན་དང་། དྭྱང་གུ་ལེ་བདུན་པའི་མཐའ་ཅན་དག་དང་། ཨུཏ་སྔ་མ་ཅན་གྱི་ཀྲྀཥ་འབྲི་བའི་བྱིངས་ལ་མདོ་ འདིས་ཎཾ་བྱིན་ནས། སྔར་བཞིན་རྀ་ཡོན་ཏན་བྱས་ཏེ་སི་ཕྱིས་པས། དྭྱང་གུ་ལེན་ཨུཏྐ་ཪྵཾ་(སོར་ 6-1-675 གཉིས་ཀྱི་ཚད་ལ་ཉེ་བར་འགུགས་སོ། །) དྭྱང་གུ་ལེ་ཨུཏྐ་ཪྵཾ་(སོར་གཉིས་ཀྱི་ཚད་དུ་ཉེ་བར་འགུགས་སོ། །) ཞེས་པ་ དང་། ཡང་ནའི་ཕྱོགས་ལ་ཉེ་བའི་ཚིག་གི་རྣམ་དབྱེ་ཕྱིས་པས། དྭྱང་གུ་ལ་ཨུཏྐ་ཪྵཾ། (སོར་གཉིས་ཀྱི་ ཚད་དུ་ཉེ་བར་འགུགས་སོ། །) ཞེས་པ་ལྟ་བུ་དང་། ཀུན་ནས་འགྲོ་བ་ལ། ཀེ་ཤཻར་གསུམ་པ་དང་། ཀེ་ ཤེ་ཥུ་བདུན་པའི་མཐའ་ཅན་སྔ་མར་ཡོད་པའི་གྲ་ཧ་ཉེ་བར་ལེན་པའི་བྱིངས་ལ་སྔར་བཞིན་ ཎམ་བྱིན་ནས་གྲའི་དབྱངས་རིང་པོར་བསྒྱུར་ཏེ་སི་བྱིན་པས། ཀེ་ཤཻར་གྲ་ཧཾ། ཀེ་ཤེ་ཥུ་གྲ་ཧཾ་ ཞེས་པ་དང་། ཡང་ན་ཉེ་བའི་ཚིག་གི་རྣམ་དབྱེ་ཕྱིས་པའི་ཕ་རོལ་ན་དཔེར་མཚོན་པ་ལ་ཡུ་དྷྱན་ ཏེ་ཡོད་པ་ལས། ཀེ་ཤ་གྲ་ཧཾ་ཡུ་དྷྱན་(སྐྲ་ནས་བཟུང་སྟེ་འཁྲུག་པར་བྱེད། ) ཞེས་པ་ལྟ་བུའོ། །ཨུ་པ་ལ་པཱི་ ཌ་རུ་དྷ་ཀཪྵ་ལས་ཀྱང་ངོ་ཞེས་པ་ནི། རྣམ་དབྱེ་གསུམ་པ་དང་། བདུན་པའི་མཐའ་ཉེ་ཚིག་ལ། ཨུ་པ་སྔ་མ་ཅན་གྱི་པཱི་ཌ་ཟུག་རྔུ་དང་། རུ་དྷིར་སྒྲིབ་པ་དང་། ཀྲྀ་ཥ་འབྲི་བའི་བྱིངས་འདི་ལས་ ཀྱང་ཕ་རོལ་ཏུ་ཎཾ་གྱི་རྐྱེན་སྦྱིན་པར་འགྱུར། དཔེར་ན། གསུམ་པ་དང་། བདུན་པའི་མཐའ་ ཅན་ཞེས་ཐམས་ཅད་ལ་སྦྱར་ཞིང་། པཱར་ཤྭཱབྷྱཱཾ་དང་། པཱར་ཤྭ་ཡོར་དང་། ཨུ་པ་སྔ་མ་ཅན་གྱི་པཱི་ ཌ་ལ་མདོ་འདིས་ཎཾ་བྱིན་ནས་སི་ཕྱིས་པས། པཱར་ཤྭཱ་བྷྱཱཾཨུ་པ་པཱ་ཌཾ། པཱར་ཤྭ་ཡོ་རུ་པ་པཱི་ཌཾ་ཞེས་ པ་དང་། ཡང་ན་ཉེ་ཚིག་གི་རྣམ་དབྱེ་ཕྱིས་པའི་ཕ་རོལ་ན་དཔེར་མཚོན་པའི་ཤེ་ཏེ་ཡོད་པ་ ལས། པཱར་ཤྭ་ཨུ་པ་བཱི་ཌཾ་ཤེ་ཏེ་(རྩིབ་ལོགས་ཟུག་རྔུས་ཉལ་བར་བྱེད། ) ཞེས་པ་དང་། དེ་བཞིན་དུ་བྲ་ཛེ་ ན་དང་། བྲ་ཛེ་དང་། ཨུ་པ་སྔ་མ་ཅན་གྱི་རུ་དྷིར་གྱི་ཨིར་རྗེས་འབྲེལ་ཕྱིས་པ་ལའང་གཞན་ སྔར་དང་འདྲ་ཞིང་། རུའི་དབྱངས་སྔར་བཞིན་བྱས་ཏེ། ཡང་ནའི་ཕྱོགས་ལ་དཔེར་མཚོན་པའི་ གཱཿསོགས་ཕ་རོལ་ན་ཡོད་པ་ལས། བྲ་ཛེ་ན་ཨུ་པ་རོ་དྷཾ། བྲ་ཛེ་ཨུ་པ་རོ་དྷཾ། བྲ་ཛ་ཨུ་པ་རོ་དྷཾ་ གཱཿསྠཱ་པ་ཡ་ཏི་ཞེས་པ་དང་། པཱ་ཎི་ནཱ་དང་། པཱ་ཎཽ་དང་། པཱ་ཎི་དང་། ཨུ་པ་སྔ་མ་ཅན་ཀྲྀཥ་ ལའང་གཞན་སྔར་དང་འདྲ་ཞིང་། ཀྲྀའི་དབྱངས་སྔར་བཞིན་ཡོན་ཏན་བྱས་ཏེ། ཡང་ནའི་ ཕྱོགས་ལ་དཔེར་མཚོན་པའི་དྷཱ་ན་སོགས་ཕ་རོལ་ན་ཡོད་པ་ལས། པཱ་ཎྀ་ནཱ་ཨུ་པ་ཀཪྵཾ། པཱ་ཎཽ་ 6-1-676 ཨུ་པ་ཀཪྵཾ། པཱ་ཎི་ཨུ་པ་ཀཪྵཾ་དྷཱ་ན་བྷ་ཀྵ་ཡ་ཏི་(ལག་པས་ཉེ་བར་བཀུག་པའི་ནོར་ཟ་བར་བྱེད་དོ། །)ཞེས་པ་ ལྟ་བུའོ། །ངེས་པར་ཀུན་སྦྱིན་པ་ལ་ཡོངས་སུ་འདོད་པ་ལའོ་ཞེས་པ་ནི། ངེས་པར་ཀུན་སྦྱིན་པ་ སྟེ་རྣམ་དབྱེ་ལྔ་པའི་མཐའ་ཅན་ཉེ་བའི་ཚིག་ལའང་བྱིངས་ལས་ཕ་རོལ་ཏུ་ཡོངས་སུ་འདོད་ པའི་རྟོགས་པར་བྱ་བ་ལ། ནཾ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཤ་ཡྱཱ་ཡཱཿདང་ཨུཏ་སྔ་མ་ ཅན་གྱི་ཥྠཱ་གནས་པའི་བྱིངས་ལ་མདོ་འདིས་ཎཾ་བྱིན་ནས། སློབ་ཕན་དུ། འཇིག་རྟེན་གྱི་ཉེ་ བར་སྤྱོད་པ་ལས་ཨུཏ་ལས་སྠཱའོ་ཞེས་པས་ཥྠཱ་ཡིག་སྠཱ་རུ་བསྒྱུར་ཏེ། དེ་ཉིད་དུ་ཨུཏ་ལས་སྠཱ་ དང་སྟམ་པ་དག་གི་སྔ་མའི་ཞེས་པས་སྠཱའི་ས་ཡིག་ཏ་རུ་བསྒྱུར་ཞིང་། རྣམ་པར་བཤད་པ་ ལས་ཨུཏ་ཀྱི་ཏ་ཡིག་ཕྱིས་ལ། ཨཱ་དྲུག་པར་ཨཱཏ་མཐའ་རྣམས་ཀྱི་ཨིཙ་ལ་ཞེས་པས་ཐའི་ དབྱངས་ཨཱ་ཡ་རུ་བསྒྱུར་ནས། སན་ལྔ་པར་ཨ་ལས་དབྱངས་གཞན་ལ་ཞེས་པས་ཉེ་བའི་ཚིག་ གི་རྣམ་བཅད་དང་། སྔར་བཞིན་སི་ཕྱིས་པའི་ཕ་རོལ་ན་དྷཱ་བ་ཏི་ཡོད་པ་ལས། ཤ་ཡྱཱ་ཡཱ་ཨུཏྠཱ་ ཡཾ་དྷཱ་བ་ཏི་(ཉལ་བ་ལས་ལངས་ཏེ་བསྒུག་པར་བྱེད་དོ། །)ཞེས་པ་ལྟ་བུའོ། །ཡོངས་སུ་རྟོགས་པར་བྱ་བ་མ་ ཡིན་ན་ངེས་པར་ཀུན་སྦྱིན་པའི་མཐའ་ཅན་ཉེ་བའི་ཚིག་ཏུ་ཡོད་ཀྱང་བྱིངས་ལས་ཕ་རོལ་ཏུ་ཎཾ་ སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨཱས་ནཱ་ཏ་དང་། ཨུཏ་སྔ་མ་ཅན་གྱི་ཥྛཱའི་ཕ་རོལ་ན་གཙྪ་ཏི་ ཡོད་པ་ལ། འདི་ཉིད་དུ་བྱེད་པ་གཅིག་དག་གི་སྔ་མའི་དུས་ལ་ཞེས་པས་ཀྟྭཱ་བྱིན་པ་འཆད་ པར་འགྱུར་བའི་བསྡུ་བ་ལས་འབྱུང་བ་ལ་ཞེས་པས་ཡབ་ཏུ་བསྒྱུར་བའི་པ་ཁྱད་དོན་ཕྱིས་ ནས། སྔ་མ་བཞིན་ཥྛཱ་ཡིག་སྠཱ་དང་། དེའི་ས་ཡིག་ཏ་རུ་བསྒྱུར་ཏེ། ཨུཏ་ཀྱི་ཏ་དང་སི་ཕྱིས་པས། ཨཱ་ས་ནཱཏ་ཨུཏྠཱ་ཡ་གཙྪ་ཏི་(སྙན་ལས་ལངས་ནས་འགྲོ་བར་བྱེད་དོ། །)ཞེས་པ་ལྟ་བུའོ། །གཉིས་པ་ལའང་ ངོ་ཞེས་པ་ནི། རྣམ་དབྱེ་གཉིས་པའི་མཐའ་ཅན་ཉེ་བའི་ཚིག་ལའང་བྱིངས་ལས་ཕ་རོལ་ཏུ། ཡོངས་སུ་འདོད་པར་རྟོགས་པར་བྱ་བ་ལ་ཎཾ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཡཥྚིཾ་དང་། ལོཥྚཾ་གཉིས་པའི་མཐའ་ཅན་སྔ་མར་ཡོད་པའི་གྲཧ་ཉེ་བར་ལེན་པའི་བྱིངས་ཕ་རོལ་ན་ཡུ་ 6-1-677 དྷྱན་ཏེ་ཡོད་པ་ལ་མདོ་འདིས་ཎཾ་བྱིན་ནས། སྔར་བཞིན་གྲའི་དབྱངས་རིང་པོར་བསྒྱུར་ཏེ། ཀྲྀཏ་ གཉིས་པར་དེའི་དེ་ཡིས་བསྡུ་བའོ་ཞེས་པས་ཉེ་བའི་ཚིག་གི་རྣམ་དབྱེ་དང་། སྔར་བཞིན་སི་ ཕྱིས་པས། ཡཥྚི་གྲཱ་ཧཾ་ཡུ་དྷྱན་ཏེ། (དབྱུག་པ་གཟུང་སྟེ་འཁྲུག་པར་བྱེད་དོ། །) ལོཥྚ་གྲཱ་ཧཾ་ཡུ་དྷྱན་ཏེ་(བོང་པ་ གཟུང་སྟེ་འཁྲུག་པར་བྱེད་དོ། །)ཞེས་པ་ལྟ་བུའོ། །རང་གི་ཡན་ལག་ལ་མ་ངེས་པ་ལའོ་ཞེས་པ་ནི། དུར་ ཕན་དག་ཏུ། གང་ལ་ཡན་ལག་བཅད་ན་སྲོག་ཆགས་འཆི་བ་མ་ཡིན་པ་དེ་ངེས་པ་མ་ཡིན་ པའོ་ཞེས་གསུངས་པ་ལྟར། རང་གི་ལུས་ཀྱི་ཡན་ལག་ངེས་པ་མ་ཡིན་པ་རྣམ་དབྱེ་གཉིས་པའི་ མཐའ་ཅན་ཉེ་བའི་ཚིག་ལ། བྱིངས་ལས་ཕ་རོལ་ཏུ་ནཾ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཀྵི་ཎིཾ་མ་ནིང་གི་རྟགས་གཉིས་པའི་མཐའ་ཅན་དང་། ནི་སྔ་མ་ཅན་གྱི་ཀུ་ཙ་ཁ་བྱེ་བའི་ བྱིངས་ལས་མདོ་འདིས་ཎམ་བྱིན་ནས། སྔར་བཞིན་ཀུའི་དབྱངས་ཡོན་ཏན་བྱས་ཏེ། ཉེ་ཚིག་ གི་རྣམ་དབྱེ་དང་སི་ཕྱིས་པའི་ཕ་རོལ་ན་ཛ་ལྤ་ཏི་ཡོད་པ་ལས། ཨཀྵི་ཎི་ཀོ་ཙཾ་ཛལྤ་ཏི་ཞེས་པ་ དང་། བྷྲུ་ཝཽ་བུད་མེད་ཀྱི་རྟགས་གཉིས་པའི་མཐའ་ཅན་དང་། བི་སྔ་མ་ཅན་གྱི་ཀྵི་པ་འཕེལ་ བའི་བྱིངས་ལ་སྔར་བཞིན་ཎམ་བྱིན་ནས། ཀྵི འི་དབྱངས་ཡོན་ཏན་བྱས་ཏེ། ཉེ་ཚིག་གི་རྣམ་ དབྱེ་དང་སི་ཕྱིས་པའི་ཕ་རོལ་ན། ཀ་ར་ཡ་ཏི་ཡོད་པ་ལས། བྷྲཱུ་བི་ཀྵེ་པཾ་ཀ་ར་ཡ་ཏི་(སྨིན་མ་གཡོ་ བར་བྱེད་དོ། །)ཞེས་པ་ལྟ་བུའོ། །རང་གི་ཡན་ལག་ངེས་པ་ཅན་ཡིན་ན། གཉིས་པ་མཐའ་ཅན་ཉེ་ བའི་ཚིག་ཡིན་ཡང་ཎམ་རྐྱེན་དུ་མི་འགྱུར་ཏེ། དཔེར་ན། ཤི་རོ་དང་ཨུཏ་སྔ་མ་ཅན་གྱི་ཀྵི་པ་ལ་ སྔར་བཞིན་ཀྟྭཱ་བྱིན་པ་ཡབ་ཏུ་བསྒྱུར་ནས། སྔར་བཞིན་ཉེ་བའི་ཚིག་གི་རྣམ་དབྱེ་དང་སི་ཕྱིས་ པའི་ཕ་རོལ་ན་ཀ་ཐ་ཡ་ཏི་ཡོད་པ་ལས། ཤི་ར་ཨུད་ཀྵི་པྱ་ཀ་ཐ་ཡ་ཏི་(མགོ་བོ་བཅད་ནས་ཅི་ལྟར་བྱེད། ) ཞེས་པ་ལྟ་བུའོ། །ཡོངས་སུ་ཉོན་མོངས་པར་བྱེད་པ་ལའང་ངོ་ཞེས་པ་ནི། ཡོངས་སུ་ཉོན་ མོངས་པར་བྱེད་བཞིན་པའི་རང་གི་ཡན་ལག་རྣམ་དབྱེ་གཉིས་པའི་མཐའ་ཅན་ཉེ་བའི་ཚིག་ ལ། བྱིངས་ལས་ཕ་རོལ་ཏུ་ཎམ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨུ་རཱཾ་ཥི་མ་ནིང་གི་ 6-1-678 རྟགས་གཉིས་པའི་མང་ཚིག་མཐའ་ཅན་དང་། པྲ་ཏི་སྔ་མ་ཅན་གྱི་པིཥླྀ་ཕྲ་མོར་བྱེད་པའི་ བྱིངས་ལྀ་རྗེས་འབྲེལ་ཕྱིས་པ་ལ་མདོ་འདིས་ཎམ་བྱིན་ནས། སྔར་བཞིན་པིའི་དབྱངས་ཡོན་ ཏན་བྱས་ཏེ། ཉེ་བའི་ཚིག་རྣམ་དབྱེ་དང་སི་དབྱི་ཞིང་། ཨུ་རས་ཀྱི་ས་རྣམ་བཅད་དུ་བྱས་པའི་ ཕ་རོལ་ན་ཡུ་དྷྱན་ཏེ་ཡོད་པ་ལས། ཨུ་རཿཔྲ་ཏི་པེ་ཥཾ་ཡུ་དྷྱ་ནྟེ་ཞེས་པ་ལྟ་བུའོ། །ཁྱབ་པར་བྱ་ བཞིན་པ་དང་ཀུན་ནས་བསྟེན་པར་བྱ་བཞིན་པ་དག་ལ་བི་ཤི་པ་ཏི་པ་དི་སྐནྡ་རྣམས་ཀྱིའོ་ ཞེས་པ་ལ། དུར་ཕན་དག་ཏུ། བི་ཤི་ལ་སོགས་པའི་བྱ་བ་རྣམས་ཀྱིས་རྫས་མཐའ་དག་གི་དོན་ དང་འབྲེལ་པ་ཁོ་ན་ནི་ཁྱབ་པའོ། །ཀུན་ནས་བསྟེན་པ་ནི་ཡང་ཡང་སྟེ། དེ་དག་རྟོགས་པར་བྱ་ བཞིན་པ་ལའང་རྣམ་དབྱེ་གཉིས་པའི་མཐའ་ཅན་ཉེ་བའི་ཚིག་ལ་བི་ཤ་འཇུག་པ་དང་། པཏླྀ་ ལམ་ལ་འགྲོ་བ་དང་། པད་འགྲོ་བ་དང་། སྐན་དིར་སྐེམས་པའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ ཏུ་ཎམ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། གེ་ཧཾ་རྣམ་དབྱེ་གཉིས་པའི་གཅིག་ཚིག་གི་ མཐའ་ཅན་དང་། ཨ་ནུ་དང་པྲ་སྔ་མ་ཅན་གྱི་བི་ཤ་དང་། པཏླྀ་དང་། པད་རྣམས་ཀྱི་ལྀ་རྗེས་ འབྲེལ་ཕྱིས་པ་དང་། གེ་ཧཾ་དང་། ཨ་ཝ་སྔ་མ་ཅན་གྱི་སྐན་དིར་གྱི་ཨིར་རྗེས་འབྲེལ་ཕྱིས་པ་ ལ། མདོ་འདིས་ཎམ་བྱིན་ནས། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའི་ཞེས་པས་པིའི་དབྱངས་ཡོན་ཏན་ བྱས་ཏེ། ཨཱ་དྲུག་པར་ཨིན་ཨིཙ་ཨཊ་རྣམས་ལ་ཞེས་པས་པ་ཡིག་དག་རིང་པོར་བསྒྱུར་ཞིང་། ཁྱད་པར་འདི་ཉིད་དུ་ཡང་ཡང་ལ་ནཾ་ཡང་ན་སྟེ་ཚིག་གཉིས་ཀྱང་ངོ་ཞེས་པ་ལ། དུར་ཕན་དག་ ཏུ། དེ་ལས་ཁྱད་པར་བྱ་བཞིན་པ་ལ་རྫས་བརྗོད་པའི་གཉིས་བརྗོད་དོ་ཞེས་པས་གེ་ཧཾ་ལན་ གཉིས་བརྗོད་དེ། ཐམས་ཅད་ཀྱི་མཐར་སི་བྱིན་པ་མི་ཟད་པ་ལས་ཕྱིས་པའི་ཕ་རོལ་ན་ཨཱ་སྟེ་ ཡོད་པ་ལས། གེ་ཧཾ་གེ་ཧ་མ་ནུ་པྲ་བེ་ཤ་མཱ་སྟེ་(ཡང་ནས་ཡང་དུ་ཁང་པར་རྗེས་སུ་འཇུག་པ་ཡོད་དོ། །) གེ་ཧཾ་ གེ་ཧ་མ་ནུ་པྲ་པཱ་ཏ་མཱ་སྟེ། གེ་ཧཾ་གེ་ཧ་མ་ནུ་པྲ་པཱ་ད་མཱ་སྟེ། གེ་ཧཾ་གེ་ཧ་མ་ཝ་སྐནྡ་མཱ་སྟེ་ཞེས་པ་ལྟ་ བུའོ། །ཁྱབ་པར་བྱ་བཞིན་པའི་དོན་ཏེ། ཡང་གཞན་སྔར་དང་འདྲ་བ་ལ། དུར་ཕན་དག་ལས། 6-1-679 ཀུན་ཏུ་བསྟེན་པར་བྱ་བཞིན་པ་ལ་ནི་བྱ་བ་བརྗོད་པའི་གཉིས་བརྗོད་དོ་ཞེས་པ་ལྟར་ཨ་ནུ་པྲ་ བེ་ཤཾ་སོགས་ཎཾ་གྱི་མཐའ་ཅན་ལན་གཉིས་བརྗོད་པས། གེ་ཧ་མ་ནུ་པྲ་བེ་ཤ་མ་ནུ་པྲ་བེ་ཤ་མཱ་ སྟེ། གེ་ཧ་མ་ནུ་པྲ་པཱ་ཏ་མ་ནུ་པྲ་པཱ་ཏ་མཱ་སྟེ། གེ་ཧ་མ་ནུ་པྲ་པཱ་ད་མ་ནུ་པྲ་པཱ་ད་མཱ་སྟེ། གེ་ཧ་མ་ཝ་ སྐནྡ་མ་ཝ་སྐནྡ་མཱ་སྟེ་ཞེས་པ་ལྟ་བུ་སྟེ། ཀུན་ནས་བསྟེན་པར་བྱ་བཞིན་པའི་དོན་ཏོ། །དུར་ཕན་ དག་ལས། གང་གི་ཚེ་གསུམ་པ་ལ་སོགས་པ་རྣམས་ཀྱང་ཡང་ནའོ་ཞེས་པའི་ཕྱོགས་གཅིག་ ལ་ཚིག་སྡུད་པ་དེའི་ཚེ་ནི། དེ་ཉིད་ཀྱི་ཁྱབ་པ་དང་ཀུན་ཏུ་བསྟེན་པ་དག་བརྗོད་པ་ཉིད་ཀྱི་ཕྱིར་ གཉིས་བརྗོད་པར་མི་འགྱུར་ཏེ། མངོན་པར་བརྗོད་པའི་སྒྲའི་ནུས་པའི་རང་བཞིན་ལས་སོ་ ཞེས་གསུངས་པ་ལྟར། ཀྲྀཏ་གཉིས་པར། གསུམ་པ་ལ་སོགས་པ་རྣམས་ཀྱི་ཡང་ནའོ་ཞེས་ པའི་བསྡུ་བའི་ཕྱོགས་ལ་ཉེ་བའི་ཚིག་རྣམ་དབྱེ་རྣམས། དེ་ཉིད་དུ། དེའི་དེ་ཡིས་བསྡུ་བའོ་ ཞེས་པས་ཕྱིས་པ་ན། ཁྱབ་པ་ལ་རྫས་བརྗོད་པ་དང་། ཀུན་ཏུ་བསྟེན་པ་ལ་བྱ་བ་བརྗོད་པ་ གཉིས་གཉིས་སུ་བརྗོད་པར་མི་འགྱུར་ཏེ། དཔེར་ན། གི་ཧཱ་ནུ་པྲ་པཱ་ཤ་མཱ་སྟེ། གེ་ཧཱ་ནུ་པྲ་པཱ་ད་ མ་སྟེ། གི་ཧཱ་ནུ་པྲ་བེ་ད་མཱ་སྟེ། གེ་ཧཱ་ཝ་སྐནྡ་མཱ་སྟེ་ཞེས་པ་ལྟ་བུའོ། །ཁྱབ་པར་བྱ་བ་དང་ཀུན་ཏུ་ བསྟེན་པར་བྱ་བ་མ་ཡིན་ན། གཉིས་པའི་མཐའ་ཅན་ཉེ་བའི་ཚིག་ཏུ་ཡོད་ཀྱང་བི་ཤི་ལ་སོགས་ པའི་ཕ་རོལ་ཏུ་ཎཾ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། གེ་ཧཾ་དང་། ཨ་ནུ་དང་པྲ་སྔ་མ་ཅན་གྱི་བི་ ཤ་སོགས་ལ། འདི་ཉིད་དུ་བྱེད་པ་པོ་གཅིག་དག་གི་ཞེས་པས་ཀྟྭཱ་བྱིན་པ། བསྡུ་བ་འབྱུང་བ་ལ་ ཞེས་པས་ཡབ་ཏུ་བསྒྱུར་བའི་པ་ཁྱད་དོན་ཕྱིས་ནས། བིའི་དབྱངས་སྔར་བཞིན་ཡོན་ཏན་བྱས་ ཏེ་སི་མི་ཟད་པ་ལས་ཕྱིས་པའི་ཕ་རོལ་ན་བྷུཾ་ཀྟེ་ཡོད་པ་ལས། གེ་ཧ་མ་ནུ་པྲ་བེ་ཤྱ་བྷུཾ་ཀྟེ་(ཁང་ པར་ཞུགས་ནས་ཟ་བ་བྱེད་དོ། །) ཞེས་པ་ལ་སོགས་པ་ལྟ་བུའོ། །དུས་རྣམས་ལ་ཏྲྀ་ཥི་ཨ་སུ་དག་གི་བྱ་ བའི་འང་བར་ལའོ་ཞེས་པ་ནི་བྱ་བ་གཞན་གྱི་དུས་རྣམས་བརྗོད་བཞིན་པ་རྣམ་དབྱེ་གཉིས་ པའི་མཐའ་ཅན་ཉེ་བའི་ཚིག་ལ། ཉི་ཏྲྀཥ་སྒོམ་པ་དང་། ཨ་སུ་འཕེན་པའི་བྱིངས་འདི་དག་གི་ 6-1-680 ཕ་རོལ་ཏུ། བྱ་བའི་བར་དུ་ཆོད་པའི་དོན་ལ་འཇུག་པ་ན་ཎཾ་གྱི་རྐྱེན་སྦྱིན་པར་མི་འགྱུར་ཏེ། དཔེར་ན། དྭྱ་ཧཾ་སྔ་མ་ཅན་གྱི་ཉི་ཏྲྀཥ་དང་། ཨ་ཏི་སྔ་མ་ཅན་གྱི་ཨ་སུའི་ཉི་དང་ཨུ་རྗེས་འབྲེལ་ ཕྱིས་པ་ལ། མདོ་འདིས་ཎཾ་བྱིན་ནས། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའི་ཞེས་པས་ཏྲྀའི་དབྱངས་ཡོན་ ཏན་བྱ་ཞིང་། ཨཱ་དྲུག་པར་ཨིན་ཨི་ཙ་ཞེས་པས་ཨ་རིང་པོར་བསྒྱུར་ཏེ་མཚམས་སྦྱར་ལ། ཀྲྀཏ་ གཉིས་པར་གསུམ་པ་སོགས་ཀྱི་ཡང་ན་ཞེས་པས་ཉེ་ཚིག་གི་རྣམ་དབྱེ་དང་མི་ཟད་པ་ལས། སི་ཕྱིས་པའི་ཕ་རོལ་ན་གཱཿསོགས་ཡོད་པ་ལས། དྭྱ་ཧ་ཏཪྵཾ་གཱཿཔཱ་ཡ་ཏི་ཚིམ་པས་འཐུང་བའི་ བྱ་བའི་ཆོད་པ་ཉིད་དོ་ཞེས་པ་དང་། དྭྱ་ཧ་ཏྱཱ་སཾ་གཱཿ པཱ་ཡ་ཏི་ཤིན་ཏུ་འཕེན་པས་འཐུང་བའི་བྱ་ བའི་བར་ཆོད་པ་ཉིད་དོ་ཞེས་པ་ལྟ་བུའོ། །ཡང་ན་ཉེ་བའི་ཚིག་གི་རྣམ་དབྱེ་མ་ཕྱིས་པའི་ ཕྱོགས་ལ་ནི། དྭྱ་ཧཾ་ཏཪྵཾ་གཱཿ པཱ་ཡ་ཡ་ཏི། (བདག་ཅག་གཉིས་ཚིམ་པས་བ་ལང་འཐུང་ངུ་འཇུག་གོ)དྭྱ་ཧ་མ་ཏྱཱ་ སཾ་གཱཿཔཱ་ཡ་ཡ་ཏི་ཞེས་པ་ལྟ་བུའོ། །བྱ་བ་གཞན་གྱི་དུས་རྣམས་བརྗོད་པ་མ་ཡིན་ན། རྣམ་དབྱེ་ གཉིས་པའི་མཐའ་ཅན་ཉེ་བའི་ཚིག་ཡིན་ཀྱང་། བྱིངས་དེ་དག་ལ་ཎཾ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཡོ་ཛ་ནཾ་དང་། ཨ་ཏི་སྔ་མ་ཅན་གྱི་ཨས་ལ། སྔར་བཞིན་ཀྟྭཱ་བྱིན་པ་ཡབ་ཏུ་བསྒྱུར་ ནས་སི་ཕྱིས་པའི་ཕ་རོལ་ན་གཱཿསོགས་ཡོད་པ་ལས། ཡོ་ཛ་ན་མ་ཏྱ་སྱ་གཱཿཔཱ་ཡ་ཡ་ཏི་ཞེས་པ་ ལྟ་བུའོ། །བྱ་བ་གཞན་གྱི་དུས་བརྗོད་པ་ཡིན་ཡང་། ཏྲྀཥ་དང་ཨ་སུ་མ་ཡིན་པ་ལའང་ཎཾ་རྐྱེན་ དུ་མི་འགྱུར་ཏེ་དཔེར་ན། དྭྱ་ཧཾ་དང་། ཨུ་པ་སྔ་མ་ཅན་གྱི་ཨུ་ཥ་བསྲེགས་པའི་བྱིངས་ལ། སྔར་ བཞིན་ཀྟྭཱ་བྱིན་ནས་མཚམས་སྦྱར་ཏེ་སི་ཕྱིས་པའི་ཕ་རོལ་ན་བྷུཾ་ཀྟེ་ཡོད་པ་ལས། དྭྱ་ཧ་མུ་པོ་ཥྱ་ བྷུཾ་ཀྟེ་(བདག་ཅག་གཉིས་བསྲེགས་ཏེ་ཟའོ། །)ཞེས་པ་ལྟ་བུའོ། །བྱ་བའི་བར་བྱ་བ་གཞན་གྱིས་བར་ཆོད་ པ་མ་ཡིན་ནའང་དེ་དག་ལ་ཎཾ་རྐྱེན་དུ་མི་འགྱུར་ཏེ། དཔེར་ན། ཨ་ཧར་དང་ཨ་ཏི་སྔ་མ་ཅན་གྱི་ ཨཱས་ལ། སྔར་བཞིན་ཀྟྭཱ་བྱིན་པ་ཡབ་ཏུ་བསྒྱུར་ནས་སི་ཕྱིས་པའི་ཕ་རོལ་ན། ཨིཥཱུ་ན་ག་ ཏཿཡོད་པ་རྣམས་དང་། མཚམས་སྦྱར་བས། ཨ་ཧ་ར་ཏྱཱ་སྱེཥཱུན་ག་ཏཿཞེས་པ་ལྟ་བུའོ། །ནཱ་ 6-1-681 མན་ལ་ཨཱ་དི་ཤི་གྲཧ་དག་གིའོ་ཞེས་པ་ནི་ནཱ་མན་གྱི་སྒྲ་གཉིས་པའི་མཐའ་ཅན་ཉེ་བའི་ཚིག་ ལ། ཨཱང་སྔ་མ་ཅན་གྱི་དི་ཤ་སྤྱིར་གཏོང་བ་དང་། གྲཧ་ཉེ་བར་ལེན་པའི་བྱིངས་འདི་དག་གི་ཕ་ རོལ་ཏུ་འང་ནཾ་གྱི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ནཱ་མཱ་ནི་མ་ནིང་གི་རྟགས་རྣམ་དབྱེ་ གཉིས་པའི་མང་ཚིག་མཐའ་ཅན། ཨཱང་རྗེས་འབྲེལ་ཕྱིས་པ་སྔ་མ་ཅན་གྱི་དི་ཤ་དང་ནཱ་མཱ་ནི་ སྔ་མ་ཅན་གྱི་གྲ་ཧ་ལ་མདོ་འདིས་ཎ་མ་བྱིན་ནས། སྔར་བཞིན་དེའི་དབྱངས་ཡོན་ཏན་བྱས་ཏེ། དགྲའི་དབྱངས་རིང་པོར་བསྒྱུར་ནས་མཚམས་སྦྱར་ཞིང་། མི་ཟད་པ་ལས་སི་ཕྱིས་པའི་ཕ་ རོལ་ན་ཨཱ་ཧྭཱ་ཡ་ཏི་ཡོད་པ་ལས། ནཱ་མཱ་ནྱཱ་དེ་ཤ་མཱ་ཧྭཱ་ཡ་ཏི། (མིང་རྣམས་བསྒྱུར་ནས་ཡང་ཡང་བོད་པར་བྱེད་ དོ། །) ནཱ་མཱ་ནི་གྲཱ་ཧ་མཱ་ཧྭཱ་ཡ་ཏི། (མིང་རྣམས་སྨོས་ཏེ་བོད་པར་བྱེད་དོ། །) ཞེས་པ་དང་། ཡང་ན་གཞན་སྔར་ དང་འདྲ་བ་ལ་དེའི་དེ་ཡིས་བསྡུ་བའོ་ཞེས་པས་ཉེ་བའི་ཚིག་གི་རྣམ་དབྱེ་ཕྱིས་པ་ན། ནཱ་ལྔ་ པར་དབྱངས་མཐའི་རང་བཞིན་འང་ངོ་ཞེས་པས་མ་ཡིག་ཐུང་ངུར་བསྒྱུར་ནས། ནཱ་གསུམ་ པར་རྟགས་མཐའི་ན་ཡིག་གོ་ཞེས་པ་ལྟར་ན་ཡིག་ཕྱིས་པས། ནཱ་མ་དེ་ཤ་མཱ་ཧྭཱ་ཡ་ཏི་(མིང་སྨོས་ ནས་བོད་པར་བྱེད་དོ། །) ནཱ་མ་གྲཱ་ཧ་མཱ་ཧྭཱ་ཡ་ཏི་(མིང་སྨོས་ནས་བོད་པར་བྱེད་དོ། །)ཞེས་པ་ལྟ་བུའོ། ། གསུམ་པ་ཉེ་བའི་ཚིག་སོ་སོ་ལ་བྱིངས་མཐར་རྐྱེན་དེ་དག་འཇུག་ཚུལ་ནི། མི་ཟད་པ་ ལས་ཀྲྀཉ་ལས་ཇི་ལྟར་འདོད་པ་བཤད་པ་མིན་པ་ལས་ཀྟྭཱ་འང་ངོ་ཞེས་པ་མི་ཟད་པའི་མིང་ ཅན་ཉེ་བའི་ཚིག་ལ་ཀྲྀཉ་བྱེད་པའི་བྱིངས་འདི་ལས་ཕ་རོལ་ཏུ་ཇི་ལྟར་འདོད་པ་བཤད་པ་མ་ ཡིན་པར་རྟོགས་པར་བྱ་བ་ལ་ཎམ་གྱི་རྐྱེན་དང་ཀྟྭཱའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཨུ་ ཙྪཻཿསྔ་མ་ཅན་གྱི་ཀྲྀཉ་རྗེས་འབྲེལ་ཕྱིས་པ་ལ་མདོ་འདིས་ཎམ་བྱིན་པས། ཨཱ་དྲུག་པར་ཨིན་ཨི་ ཙ་ཞེས་པས་ཀྲའི་དབྱངས་འཕེལ་བ་བྱས་ཏེ། སི་བྱིན་པ་མི་ཟད་པ་ལས་ཕྱིས་པའི་ཕ་རོལ་ན་ ཨཱ་ཙཥྚེཡོད་པ་ལས། ཨུ་ཙྪཻཿཀཱ་ར་མཱ་ཙཥྚེ་ཞེས་པ་དང་། གཞན་སྔར་དང་འདྲ་བ་ལ་སྔར་ བཞིན་ཀྟྭཱ་ཁྱད་དོན་ཕྱིས་པ་བྱིན་ནས། ཨུ་ཙྪཻཿཀྲྀཏཱ་ཨཱ་ཙ་ཥྚེ་ཞེས་པ་དང་། དབསྡུ་བའི་ཕྱོགས་ 6-1-682 ལ་སྔར་བཞིན་ཀྟྭཱ་ཡབ་ཏུ་བསྒྱུར་ཏེ། ཀྲྀཏ་དང་པོར་བྱིངས་མཐར་པ་རྗེས་སུ་འབྲེལ་པ་ཞེས་ པ་ལྟར་ཀྲྀའི་མཐར་ཏ་ཨཱ་ག་མ་བྱིན་པས། ཨུ་ཙྪཻ་ཀྲྀ་ཏྱཱ་ཙཥྚེ་ཞེས་པ་ལྟ་བུའོ། །ཇི་ལྟར་འདོད་པ་ བཤད་པ་ཡིན་ན་ཎཾ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། སྔ་ཕྱི་གོང་དང་འདྲ་བའི་ཀྲྀ་ལ། འདི་ ཉིད་དུ་བྱེད་པ་གཅིག་དག་གི་ཞེས་པས་སྔར་བཞིན་ཀྟྭཱ་བྱིན་ནས་སི་ཕྱིས་པས། ཨུ་ཙྪཻཿཀྲྀ་ཏྭཱ་ ཙཥྚེ་ཞེས་པ་ལྟ་བུའོ། །དུར་ཕན་དག་ལས་ཚིག་སྡུད་རྣམ་བརྟག་གི་དོན་ལ་ཀྟྭཱ་སྨོས་པའོ་ཞེས་ ཀྱང་གསུངས་སོ། །ཏིཪྻ་ཀ་ལ་ཨ་པ་བརྒ་ལའང་ངོ་ཞེས་པ་ནི་ཏིཪྻ་ཀ་གི་སྒྲ་ཉེ་བའི་ཚིག་ལ། ཀྲྀཉ་བྱེད་པའི་བྱིངས་འདི་ལས་ཕ་རོལ་ཏུ། ཨཔ་བརྒ་རྟོགས་པར་བྱ་བ་ལའང་ཎམ་དང་ཀྟྭཱའི་ རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། ཏིཪྻ་ཀ་སྔ་མ་ཅན་གྱི་ཀྲྀ་ལ་མདོ་འདིས་ཎཾ་བྱིན་ནས་སྔར་ བཞིན་རྀ་འཕེལ་བ་བྱས་ཏེ་སི་ཕྱིས་པས། ཏི་ཪྻ་ཀྐཱ་རཾ་ཞེས་པ་དང་། སྔར་བཞིན་ཀྟྭཱ་བྱིན་ནས། སི་ཕྱིས་པའི་ཕ་རོལ་ན་ག་ཏཿཡོད་པ་ལས། ཏིཪྻ་ཀྐྲྀ་ཏྭཱ་ག་ཏཿཞེས་པ་དང་། ཡང་ན་སྔར་བཞིན་ ཀྟྭཱ་བྱིན་ནས་ཡབ་ཏུ་བསྒྱུར་ཏེ་ཨཱ་ག་མ་བྱིན་པས། ཏིཪྻ་ཀྐྲ་ཏྱ་ཞེས་པ་ལྟ་བུའོ། །ཏིཪྻ་ཀ་ཉེ་ བའི་ཚིག་ཏུ་ཡོད་ཀྱང་ཨ་བ་བརྒ་རྟོགས་པར་བྱ་བ་མ་ཡིན་ན་ཎཾ་སྦྱིན་པར་མི་འགྱུར་ཏེ། དཔེར་ ན། ཏིཪྻཀ་སྔ་མ་ཅན་གྱི་ཀྲྀ་ལ་སྔར་བཞིན་བྱེད་པ་པོ་གཅིག་དག་གི་ཞེས་པ་ཀྟྭཱ་བྱིན་ནས་སི་ ཕྱིས་པའི་ཕ་རོལ་ན་ཀཱ་ཥྛཾག་ཏཿཡོད་པ་ལས། ཏིཪྻཀྐྲྀ་ཏྭཱཀཱ་ཥྛཾག་ཏཿཞེས་པ་ལྟ་བུའོ། །རང་གི་ ཡན་ལག་ལ་ཏས་ལའོ་ཞེས་པ་ནི་རང་གི་ཡན་ལག་གི་མིང་ཅན་ཏས་ཀྱི་རྐྱེན་གྱི་མཐའ་ཅན་ཉེ་ བའི་ཚིག་ལ། ཀྲྀཉ་ལས་ཕ་རོལ་ཏུ་ཎཾ་དང་ཀྟྭཱའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། མུ་ཁ་ལ། ནཱ་དྲུག་པར་ལྔ་པ་ལ་ཏས་སོ་ཞེས་པས་ཏས་མི་ཟད་པའི་མིང་ཅན་བྱིན་ནས་སི་ཕྱིས་ཏེ་རྣམ་ བཅད་དུ་བསྒྱུར་བ་སྔ་མ་ཅན་གྱི་ཀྲྀ་ལ་མདོ་འདིས་སྔར་བཞིན་ཎཾ་བྱིན་ནས་རྀ་འཕེལ་བ་བྱས་ ཏེ་སི་ཕྱིས་པའི་ཕ་རོལ་ན་ཨཱ་སྟེ་ཡོད་པ་ལ། མུ་ཁ་ཏཿཀཱར་མཱ་སྟེ་ཞེས་པ་དང་། སྔར་བཞིན་ཀྟྭཱ་ བྱིན་པས། མུ་ཁ་ཏཿ ཀྲྀ་ཏྭཱ་ཨཱ་སྟེ་ཞེས་པ་དང་། ཡང་ཀྟྭཱ་ཡབ་ཏུ་བསྒྱུར་ཏེ་ཏ་ཨཱ་ག་མ་བྱིན་པས། 6-1-683 མུ་ཁ་ཏཿཀྲྀ་ཏྱཱ་སྟེ་ཞེས་པ་ལྟ་བུའོ། །ཏས་ཀྱི་མཐའ་ཅན་ཡིན་ཡང་། རང་གི་ཡན་ལག་ཉེ་བའི་ ཚིག་མ་ཡིན་ན་ཎཾ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། སརྦ་ལ་ཏས་བྱིན་པ་སྔ་མ་ཅན་གྱི་ཀྲྀ་ལ་ སྔར་བཞིན་ཀྟྭཱ་བྱིན་པས། སརྦ་ཏཿཀྲྀ་ཏྭཱ་ཞེས་པ་ལྟ་བུའོ། །རང་གི་ཡན་ལག་ཉེ་བའི་ཚིག་ཏུ་ ཡོད་ཀྱང་རྐྱེན་གྱི་ཏས་མ་ཡིན་པའི་ཏས་གཞན་ལའང་ཎམ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། མུ་ཁ་སྔ་མ་ཅན་གྱི་ཏ་སུ་ཉེ་བར་ཟད་པའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་གསུམ་པར་ ཀྭི་པ་འང་ངོ་ཞེས་པས་ཀྭི་པ་བྱིན་པ་སྔར་བཞིན་ཕྱིས་ཏེ་སི་བྱིན་པའང་གསལ་བྱེད་ལས་ཕྱིས་ པ་སྔ་མ་ཅན་གྱི་ཀྲྀ་ལ་སྔར་བཞིན་ཀྟྭཱ་བྱིན་ནས་སི་ཕྱིས་པའི་ཕ་རོལ་ན་ག་ཏཿཡོད་པ་ལས། མུ་ ཁ་ཏཿཀྲྀ་ཏྭཱ་ག་ཏཿཞེས་པ་ལྟ་བུའོ། །ཏཱུཥྞིཾ་ལའང་བྷཱུ་ལས་སོ་ཞེས་པ་ནི། རང་གི་ཡན་ལག་ཏས་ ཀྱི་རྐྱེན་གྱི་མཐའ་ཅན་དང་། དེར་མ་ཟད་ཏཱུཥྞིཾ་གི་སྒྲ་ཉེ་བའི་ཚིག་ལའང་བྷཱུ་ཡོད་པའི་བྱིངས་ འདི་ལས་ཕ་རོལ་ཏུ་ཎཾ་དང་ཀྟྭཱའི་རྐྱེན་སྦྱིན་པར་འགྱུར་ཏེ། དཔེར་ན། མུ་ཁ་ཏས་སྔ་མ་ཅན་གྱི་ བྷཱུ་ལ་མདོ་འདིས་སྔར་བཞིན་ཎཾ་བྱིན་ནས། བྷཱུའི་དབྱངས་འཕེལ་བ་བྱས་ཏེ་སི་ཕྱིས་ནས། ཏས་ ཀྱི་ས་རྣམ་བཅད་དུ་བསྒྱུར་བ། སན་ལྔ་པར་ཨ་དང་སྒྲ་དག་གིའང་ངོ་ཞེས་པས་ཨུ་རུ་བསྒྱུར་ཏེ་ མཚམས་སྦྱར་བས། མུ་ཁ་ཏོ་བྷཱ་ཝཾ་ཞེས་པ་དང་། སྔར་བཞིན་ཀྟྭཱ་བྱིན་པས། མུ་ཁ་ཏོ་བྷཱུ་ཏྭཱ་ཞེས་ པ་དང་། ཡང་ན་ཀྟྭཱ་ཡབ་ཏུ་བསྒྱུར་བས། མུ་ཁ་ཏོ་བྷཱུ་ཡ་ཞེས་པ་དང་། ཏཱུཥྞིཾ་སྔ་མ་ཅན་གྱི་བྷཱུ་ལ་ འང་མདོ་འདིས་ཎཾ་དང་། ཀྟྭཱ་བྱིན་ནས་སྔར་མ་བཞིན་བསྒྲུབས་པས། ཏཱུ་ཥྞིཾ་བྷཱ་ཝཾ(མི་སྨྲ་བའི་དངོས་ པོ)། ཏཱུཥྞིཾ་བྷཱུ་ཏྭཱ(ཁ་རོག་པར་གྱུར་ནས)། ཏཱུཥྞིཾ་བྷཱུ་ཡ་(མི་སྨྲ་བར་གྱུར་ནས། )ཞེས་པ་ལྟ་བུའོ། །བཞི་པ་བྱིངས་ སོ་སོ་ལ་ཀྲྀཏ་དང་ཀྲྀཏྱ་དང་ཁལ་དང་ཀྟ་རྣམས་འཇུག་ཚུལ་ནི། བྱེད་པ་པོ་ལ་ཀྲྀཏ་རྣམས་སོ་ ཞེས་པ་ལ། སློབ་ཕན་དུ་རང་གི་དོན་ལ་མི་འཇུག་པའི་དོན་དུ་སྦྱོར་བ་བརྩམས་སོ་ཞེས་ གསུངས་པ་ལྟར། བྱིངས་སོ་སོ་རྣམས་རང་རང་གི་བྱ་བ་སོ་སོ་བ་དེ་དང་དེའི་དོན་ལ་མི་འཇུག་ པར་བྱེད་པ་པོའི་དོན་ལ་འཇུག་པ་ན། ཀྲྀཏ་ཀྱི་རྐྱེན་གྱི་མིང་ཅན་དམིགས་བསལ་ཅན་མ་ཡིན་ 6-1-684 པ་རྣམས་སྦྱོར་བར་ཤེས་པར་བྱ་སྟེ། དཔེར་ན། ཌུ་ཀྲྀཉ་བྱེད་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ ལ། ཀྲྀཏ་གཉིས་པར་བུཎ་ཏྲྀཙ་དག་གོ་ཞེས་པས་བུཎ་བྱིན་པའི་ཎ་ཁྱད་དོན་ཕྱིས་ནས་འཆད་ པར་འགྱུར་བའི་ཡུ་བུ་ཛྷ་ཞེས་པས་བུ་ཡིག་ཨ་ཀ་རུ་བསྒྱུར་ཞིང་། ཨཱ་དྲུག་པར་ཨིན་ཨི་ཙ་ཞེས་ པས་ཀྲྀའི་དབྱངས་འཕེལ་བ་བྱས་ཏེ་སི་བྱིན་པས། ཀཱ་ར་ཀཿ(བྱེད་པ་པོ། ) ཞེས་པ་དང་། ཏྲྀ་ཙ་ བྱིན་པའི་ཙ་ཁྱད་དོན་ཕྱིས་ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་ཀྲྀའི་དབྱངས་ ཡོན་ཏན་བྱ་ཞིང་། སི་བྱིན་པ་ན། ནཱ་དང་པོར་སི་ལ་ཨཱ་སྟེ་སི་དབྱི་བ་ཡང་ངོ་ཞེས་པས། ཏྲྀའི་ དབྱངས་ཨཱ་རིང་པོར་བསྒྱུར་ཏེ་སི་ཕྱིས་པས་ཀརྟཱ་(བྱེད་པ་པོ། ) ཞེས་པ་ལྟ་བུའོ། །དམིགས་ བསལ་ཅན་གྱི་རྐྱེན་སྦྱར་བ་རྣམས་ནི་བྱེད་པ་པོ་ལ་མི་འཇུག་སྟེ། ཀྲྀཏ་གསུམ་པར། མ་བྱུང་བ་ དེ་བྱུང་བ་ལ་ནགྣ་པ་ལི་ཏ་པྲི་ཡ་ཨནྡྷསྠཱུ་ལ་སུ་བྷ་ག་ཨཱ་ཌྷྱ་རྣམས་ལ་ཀྲྀཉ་ལས་བྱེད་པ་ལ་ཁྱུཊ་ འོ་ཞེས་པ་དཔེར་བརྗོད་དང་བཅས་པས་གསལ་བར་བསྟན་པ་ལྟར་རོ། །དངོས་པོ་དང་ལས་ དག་ལ་ཀྲྀཏྱ་ཀྟ་ཁ་ལའི་དོན་རྣམས་སོ་ཞེས་པ་ནི་དངོས་པོ་དང་ལས་དག་གི་དོན་ལའང་ བྱིངས་ལས་ཕ་རོལ་ཏུ། ཀྲྀ་ཏྱའི་མིང་ཅན་རྣམས་དང་། ཀྟ་དང་། ཁལ་གྱི་རྐྱེན་རྣམས་སྦྱིན་པར་ འགྱུར་ཞིང་། དོན་སྨོས་པ་ནི། ཁལ་དང་ལྷན་ཅིག་སྤྱོད་པའི་རྐྱེན་གང་ཡིན་པ་དེ་དང་དོན་དེ་ དག་ལ་འཇུག་པར་འགྱུར་བ་སྟེ། དཔེར་ན། དངོས་པོ་ལ་ནི་ཨཱས་སྡོད་པའི་བྱིངས་འདི་དག་ ལ། ཀྲྀཏ་གཉིས་པར་ཏ་བྱ་ཨ་ནཱི་ཡ་དག་གོ་ཞེས་པས་ཀྲྀཏ་ཀྱི་མིང་ཅན་ཏ་བྱ་དང་། ཀྲྀཏ་ལྔ་ པར་དངོས་པོ་ལ་མ་ནིང་ལ་ཞེས་པས་ཀྟ་བྱིན་པའི་ཀ་ཁྱད་དོན་ཕྱིས་ནས། ཨཱ་བདུན་པར་ བྱིངས་ཐམས་ཅད་པ་མིན་པ་གསལ་བྱེད་དང་པོ་ཞེས་པས་ཨཱས་དག་གི་མཐར་ཨིཊ་ཨཱ་ག་མ་ བྱིན་ཏེ། མཐར་སི་བྱིན་པ་མ་ནིང་ལས་འཕྱིད་པ་དང་། མུ་ཨཱ་ག་མ་སྟེར་བ་དང་། ཕ་རོལ་ན་བྷ་ ཝ་ཏ་ཡོད་པ་ནི་ཐམས་ཅད་ལ་མཚུངས་པས། ཨཱ་སི་ཏ་བྱཾ་བྷ་ཝ་ཏུ(སྡོད་པར་བྱེད་པའི་དངོས་པོ)། ཨཱ་ སི་ཏཾ་བྷ་ཝ་ཏཱ་(བསྡད་ཟིན་པའི་དངོས་པོ། )ཞེས་པ་དང་། ཨཱི་ཥ་དཱ་ཌྷྱ་སྔ་མ་ཅན་གྱི་བྷཱུ་ཡོད་པའི་བྱིངས་ 6-1-685 ལ། ཨཱ་ལྔ་པར་བྱེད་པ་པོ་དང་ལས་དག་ལའང་བྷཱུ་ཀྲྀ་ཉ་དག་གི་འོ་ཞེས་ཁལ་བྱིན་པའི་ཁ་ གསལ་བྱེད་དང་ལ་ཁྱད་དོན་ཕྱིས་ནས། དེ་ཉིད་དུ་ནཱ་མི་མཐའི་བྱིངས་དང་ཞེས་པས་བྷཱུའི་ དབྱངས་ཡོན་ཏན་བྱས་ཏེ། ཀྲྀཏ་དང་པོར། ཐུང་བ་ལ་ཨ་རུ་ཥ་དག་གི་མ་མཐའོ། །ཞེས་པས་ ཨཱཌྷྱའི་མཐར་ཡང་མ་ཨཱ་ག་མ་བྱིན་པས། ཨཱི་ཥ་དཱ་ཌྡྷྱ་བྷ་ཝཾ་བྷ་ཝ་ཏཱ་(ཅུང་ཟད་ཕྱུག་པའི་དངོས་པོར་གྱུར་ པ། )ཞེས་པ་དང་། ཨཱིཥཏ་སྔ་མ་ཅན་གྱི་སྠཱ་གནས་པའི་བྱིངས་ལ། ཨཱ་ལྔ་པར་ཨཱཏ་རྣམས་ལ་ད་ རི་དྲཱ་ཏི་མིན་པ་ལ་ཡུའོ་ཞེས་པས། ཁལ་དང་དོན་མཚུངས་པ་ཅན་ཡུའི་རྐྱེན་བྱིན་ནས། འདི་ ཉིད་དུ་ཡུ་བུ་ཛྷ་རྣམས་ཀྱི་ཞེས་པས་ཨ་ན་རུ་བསྒྱུར་ཏེ་མཚམས་སྦྱར་བས། ཨཱི་ཥཏ་སྠཱ་ནཾ་བྷ་ཝ་ ཏ་(ཅུང་ཟད་གནས་པའི་དངོས་པོར་གྱུར་པ། )ཞེས་པ་ལྟ་བུའོ། །ལས་ཀྱི་དོན་ལ་ནི། བྷུ་ཛ་ཟ་བའི་བྱིངས་ ལ་སྔར་བཞིན་ཏ་བྱ་བྱིན་ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་བྷཱུའི་དབྱངས་ ཡོན་ཏན་བྱས་ཏེ། འདི་ཉིད་དུ་ཙ་ཛ་དག་གི་དྷུ་ཊ་གྷཱ་རྗེས་སུ་འབྲེལ་པ་ལ་ཞེས་པས་ཛ་ཡིག་ག་ དང་། དེའི་འང་སྒྲ་མེད་པ་ལ་ཀ་རུ་བསྒྱུར་ཞིང་། སྔར་བཞིན་སི་ཕྱིས་ནས་མུ་ཨཱ་ག་མ་བྱིན་ པའི་ཕ་རོལ་ན་ཨོ་ད་ནོ་སོགས་ཡོད་པ་ལས། བྷོཀྟ་བྱི་ཨོ་ཏ་ནོ་བྷ་ཝ་ཏཱ་(བཟའ་བར་བྱའོ་ཟན་གྱི་དངོས་ པོ། ) ཞེས་པ་དང་། ཀྲྀཉ་བྱེད་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཀྟ་དང་སི་བྱིན་ པའི་ཕ་ན་ཀ་ཊོ་སོགས་ཡོད་པ་ལས། ཀྲྀཏཿཀ་ཊོ་བྷ་ཝ་ཏཱ་(བྱས་ཟིན་རེ་ལྡེའི་དངོས་པོ། )ཞེས་པ་དང་། ། ཨཱི་ཥཏ་སྔ་མ་ཅན་གྱི་ཀྲྀ་ལ་སྔར་བཞིན་ཁལ་བྱིན་ནས། ནཱ་མི་མཐའི་ཞེས་པས་རྀ་ཡོན་ཏན་ བྱས་ཏེ་སི་བྱིན་པའི་ཕ་རོལ་ན་ཀ་ཊོ་སོགས་ཡོད་པ་ལས། ཨཱི་ཥ་ཏ་ཀ་རཿ(ཅུང་ཟད་བྱས་པ་རེ་ལྡེའི་ དངོས་པོ། ) ཀ་ཊོ་བྷ་ཝ་ཏཱ་(ཅུང་ཟད་བྱས་པ་རེ་ལྡེའི་དངོས་པོ། )ཞེས་པ་དང་། ཨཱི་ཥཏ་སྔ་མ་ཅན་གྱི་ཌུ་དཱ་ཉ་ སྦྱིན་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་ཡུ་བྱིན་པ་ཨ་ན་རུ་བསྒྱུར་ཏེ་སི་བྱིན་ པའི་ཕ་རོལ་ན་གཽར་སོགས་ཡོད་པ་ལས། ཨཱི་ཥཏ་དཱ་ནོ་གཽ་ར་བྷ་ཝ་ཏཱ་(ཅུང་ཟད་སྦྱིན་པ་བ་ལང་གི་ དངོས་པོ། )ཞེས་པ་ལྟ་བུའོ། །དང་པོའི་ལས་ལ་བྱེད་པ་པོ་ལའང་ཀྟའོ་ཞེས་པ་དང་པོ་བྱུང་བའི་བྱ་ 6-1-686 བའི་སྐད་ཅིག་གི་ནི་དང་པོའི་ལས་ཏེ། དང་པོའི་ལས་གང་ཡིན་པ་དེ་ལ། བྱེད་པ་པོའི་དོན་ལ་ བྱིངས་ལས་ཕ་རོལ་ཏུ་ཀྟའི་རྐྱེན་སྦྱིན་པར་འགྱུར་ཞིང་། འང་གི་སྒྲ་ནི་དུར་ཕན་དག་ལས་ཇི་ ལྟར་ཐོབ་པ་བཞིན་འང་ངོ་ཞེས་ཀྱང་གསུངས་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཀྲྀཉ་བྱེད་པའི་ བྱིངས་རྗེས་འབྲེལ་ཕྱིས་པ་ལས། མདོ་འདིས་ཀྟ་དང་སི་བྱིན་པའི་ཕ་རོལ་ན། ཀ་ཊོ་སོགས་ ཡོད་པ་ལས། པྲ་ཀྲྀ་ཏཿཀ་ཊོ་དེ་ཝ་དཏྟེ་ན་ཞེས་པ་དང་། ཇི་ལྟར་ཐོབ་པ་བཞིན་ཞེས་པས། སྔ་ ཕྱི་སྔར་དང་འདྲ་བའི་ཀྲྀ་ལ། ཀྲྀཏ་ལྔ་པར་དངོས་པོ་ལ་ཞེས་པ་ལྟར་སྔར་བཞིན་དངོས་པོའི་ དོན་ལ་ཀྟ་བྱིན་པས། མ་ནིང་ལས་སི་ཕྱིས་ཏེ། མུ་ཨཱ་ག་བྱིན་ནས། པྲ་ཀྲྀ་ཏཾ་ཀ་ཊོ་དེ་ཝ་དཏྟེ་ན་ ཞེས་པ་དང་། དེ་བཞིན་དུ་མདོ་སྔ་མ་ལས་ཀྱི་དོན་ལ་ཀྟ་དང་སི་བྱིན་པས། པྲཀྲྀ་ཏཿ(དང་པོར་བྱས་ ཟིན་རེ་ལྡེ་ལྷ་སྦྱིན་གྱིས། )ཀ་ཊོ་དེ་ཝ་དཏྟེ་ན་ཞེས་པ་ལྟ་བུ་སྟེ། དུར་ཕན་དག་ལས། པྲའི་སྒྲ་ནི་དང་ པོའི་ལས་གསལ་བར་བྱེད་པའོ་ཞེས་ཀྱང་གསུངས་སོ། །འགྲོ་བའི་དོན་དང་། ལས་མེད་པ་ དང་། ཤླི་ཥ་ཤཱིང་། སྠཱ། ཨཱས་ཝས། ཛན། རུ་ཧ། ཛཱིརྱ་ཏི་རྣམས་ལས་ཀྱང་ངོ་། །ཞེས་པ་ནི་འགྲོ་ བའི་དོན་རྣམས་དང་། ལས་མེད་པ་དང་། ཤླི་ཥ་འཁྱུད་པ་དང་། ཤཱིང་ཉལ་བ་དང་། སྠཱ་གནས་ པ་དང་། ཨཱས་ཉེ་བར་གནས་པ་དང་། ཝས་ངེས་པར་གནས་པ་དང་། དཛ་ནི་སྐྱེ་བ་དང་། རུ་ ཧ་རབ་ཏུ་སྐྱེ་བ་དང་། དཛྲཱི་ཥ་ལང་ཚོ་ཉམས་པའི་བྱིངས་འདི་རྣམས་ལས་ཀྱང་ཕ་རོལ་ཏུ། བྱེད་ པ་པོའི་དོན་ལ་ཀྟའི་རྐྱེན་སྦྱིན་པར་འགྱུར་ཞིང་། དུར་ཕན་དག་ཏུ། ཀྱང་གི་སྒྲ་ནི་ཇི་ལྟར་ཐོབ་ པ་བཞིན་འང་ངོ་ཞེས་གསུངས་པས། ལས་ཀྱི་དོན་ལའང་ཀྟ་སྦྱིན་པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ལ་མདོ་འདིས་བྱེད་པ་པོའི་དོན་ལ་ཀྟ་དང་། དུར་སིང་དུ་ཤླིཥ་ལ་སོགས་པ་ རྣམས་ཉེར་བསྒྱུར་དང་བཅས་ཤིང་། ལས་དང་བཅས་པ་ཅན་ཞེས་གསུངས་པ་ལྟར་མདོ་སྔ་ མའི་སྔ་མས་ལས་ཀྱི་དོན་ལ་ཇི་ལྟར་ཐོབ་པ་བཞིན་ཀྟ་བྱིན་པའི་ཀ་ཁྱད་དོན་ཕྱིས་ནས། མཐར་སི་བྱིན་པ་རྣམ་བཅད་དུ་བསྒྱུར་ཏེ་མཚམས་སྦྱར་བ་རྣམས་ཕ་རོལ་གྱི་ཡི་གེ་མི་འདྲ་ 6-1-687 བའི་སྒོ་ནས་གཉིས་གཉིས་སུ་འགྱུར་བ་ནི་ཐམས་ཅད་ལ་མཚུངས་ཤིང་། ཁྱད་པར་གམླྀ་འགྲོ་ བའི་བྱིངས་ཀྱི་ལྀ་རྗེས་འབྲེལ་ཕྱིས་ནས། ཀྲྀཏ་དང་པོར་པ་ན་ཏིཏ་ནོཏི་སོགས་ཨིཊ་བཀག་པ་ རྣམས་ཀྱི་ལྔ་པ་དྷུཊ་ལ་སྟེ་ཞེས་པས་མ་ཡིག་ཀྱང་ཕྱིས་པའི་ཕ་རོལ་ན། བྱེད་པ་པོ་ལ་གྲཱ་མཾ་ སོགས་དང་ལས་ལ་གྲཱ་མོ་སོགས་ཡོད་པ་ལས། ག་ཏོ་གྲཱ་མཾ་བྷ་ཝཱན(གྲོང་དུ་འགྲོ་བར་ཁྱོད)། ག་ཏོ་ གྲཱ་མོ་བྷ་ཝ་ཏཱ་(གྲོང་དུ་འགྲོ་བའི་དངོས་པོ། ) ཞེས་པ་དང་། གླཻ་དགའ་བ་ཟད་པའི་བྱིངས་ལ། ཨཱ་བཞི་ པར་མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ཞེས་པས་ཨཻ་ཡིག་ཨཱ་རིང་པོར་བསྒྱུར་བ་ན། འདི་ཉིད་དུ་ཨཱཏ་ལས་མཐར་གནས་བརྩེགས་པ་ལས་ཞེས་པས་རྐྱེན་གྱི་ཏ་ཡིག་ན་རུ་བསྒྱུར་ བའི་ཕ་རོལ་ན་བྱེད་པ་པོ་ལ་བྷ་ཝཱན་དང་། ལས་ལ་བྷ་ཝ་ཏཱ་ཡོད་པ་ལས། གླཱ་ནོ་བྷ་ཝཱན། གླཱ་ ནོ་བྷ་ཝ་ཏཱ་ཞེས་པ་དང་། ཨུ་པ་སྔ་མ་ཅན་གྱི་ཤླི་ཥ་ལ། ཨཱ་དྲུག་པར་ཥ་དང་ཊ་སྡེ་ལས་ཞེས་ པས་རྐྱེན་གྱི་ཏ་ཡིག་ཊ་རུ་བསྒྱུར་བའི་ཕ་རོལ་ན་བྱེད་པ་པོ་ལ་གུ་ཏཾ་སོགས་དང་། ལས་ལ་གུ་ ཏུར་སོགས་ཡོད་པ་ལས། ཨུ་པ་ཤླིཥྚོ་གུ་ཏུཾ་བྷ་ཝཱན། ཨུ་པ་ཤླིཥྚོ་གུ་ཏུརྦྷ་ཝ་ཏཱ་ཞེས་པ་དང་། ཨ་ཏི་སྔ་མ་ཅན་གྱི་ཤཱིང་འི་ང་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་དང་པོར་ཤཱིང་པཱུང་ཞེས་པས་ཤཱིའི་ དབྱངས་ཡོན་ཏན་བྱས་ཏེ། ཨཱ་བདུན་པར་བྱིངས་ཐམས་ཅད་པ་མིན་པའི་ཞེས་པས་དེའི་ མཐར་ཨིཊ་བྱིན་ནས་མཚམས་སྦྱར་བའི་ཕ་རོལ་སྔར་དང་འདྲ་བ་ལས། ཨ་ཏི་ཤ་ཡི་ཏོ་གུ་ཏུཾ་ བྷ་ཝཱན། ཨ་ཏི་ཤ་ཡི་ཏོ་གུ་ཏུརྦྷ་ཝ་ཏཱ་ཞེས་པ་དང་། ཨུ་པ་སྔ་མ་ཅན་གྱི་སྠཱ། ཀྲྀཏ་དང་པོར་དྱ་ཏི་ སྱ་ཏི་ཞེས་པས་སྠའི་དབྱངས་ཨི་རུ་བསྒྱུར་བའི་ཕ་རོལ་སྔར་དང་འདྲ་བ་ལས། ཨུ་པ་སྠི་ཏོ་གུ་ ཏུཾ་བྷ་ཝན། ཨུཔ་སྠི་ཏོ་གུ་ཏུརྦྷ་ཝ་ཏཱ་ཞེས་པ་དང་། ཨུ་པ་སྔ་མ་ཅན་གྱི་ཨཱས་ལའང་སྔར་བཞིན་ ཨིཊ་བྱིན་ཏེ་སྦྱར་བའི་ཕ་རོལ་སྔར་དང་འདྲ་བ་ལས། ཨུ་པཱ་སི་ཏོ་གུ་ཏུ་བྷ་ཝཱན། ཨུ་པཱ་སི་ཏོ་གུ་ ཏུརྦྷ་ཝ་ཏཱ་ཞེས་པ་དང་། ཨ་ནུ་སྔ་མ་ཅན་གྱི་ཝས་ལ། ཨཱ་བཞི་པར་སོགས་པི་ཝ་ཙི་ཞེས་པས་ ཝ་ཡིག་ཨུ་རུ་བསྒྱུར་ནས་སྔ་མའི་དབྱངས་དང་མཚམས་སྦྱར་ནས། རྒྱུ་མཚན་ལས། ས་ཡིག་ 6-1-688 ཥ་རུ་བསྒྱུར་ཞིང་། འདི་ཉིད་དུ་ནིཥྛཱ་ལའང་ངོ་ཞེས་པས་ཨིཊ་ཨཱ་ག་མ་བྱིན་པའི་ཕ་རོལ་སྔར་ དང་འདྲ་བ་ལས། ཨནཱུ་ཥི་ཏོ་གུ་ཏུཾ་བྷ་ཝཱན། ཨ་ནཱུ་ཥི་ཏོ་གུ་ཏུརྦྷ་ཝ་ཏཱ་ཞེས་པ་དང་། ཨ་ནུ་སྔ་མ་ ཅན་གྱི་ཛན་ལ་ཀྲྀཏ་དང་པོར་ཁ་ནི་ས་ནི་ཛ་ནི་རྣམས་ཀྱི་དྷུཊ་ལའོ་ཞེས་པས་ན་ཡིག་ཨ་རུ་ བསྒྱུར་ཏེ་ཛའི་དབྱངས་དང་མཚམས་སྦྱར་བའི་ཕ་རོལ་ན་མ་ན་ཀོ་སོགས་དང་མན་བ་ཀཱཾ་ སོགས་དང་མ་ན་པ་ཀྟཾ་ཡོད་པ་ལས་ཨ་ནུ་ཛཱ་ཏོ་མཱ་ན་བ་ཀཱོ། ཨ་ནུ་ཛཱ་ཏོ་མཱ་ན་བ་ཀོ་མཱ་ན་བ་ཀཱཾ་ ཨ་ནུ་ཛཱ་ཏོ་མཱ་ན་བ་ཀཱ་མཱ་ན་བ་ཀེ་ན་ཞེས་པ་དང་། ཨཱད་སྔ་མ་ཅན་གྱི་རུ་ཧ་ལ་ཨཱ་དྲུག་པར་ཧའི་ ཌྷའོ་ཞེས་པས་ཧ་ཡིག་ཌྷ་དང་། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ལས་ཞེས་པས་རྐྱེན་གྱི་ཏའང་ཌྷ་རུ་ བསྒྱུར་ནས། དེ་ཉིད་དུ་ཌྷའི་ཌྷ་ལ་དབྱི་སྟེ་ཨུ་པ་དྷཱ་རིང་པོའང་ངོ་ཞེས་པས་ཌྷ་སྔ་མ་དབྱི་ཞིང་ རུའི་དབྱངས་རིང་པོར་བསྒྱུར་བའི་ཕ་རོལ་ན་བྲྀཀྵཾ་སོགས་དང་། བྲྀཀྵོ་སོགས་ཡོད་པ་ལས། ཨཱ་རཱུ་ཌྷོ་བྲྀཀྵཾ་བྷ་ཝཱན། ཨཱ་རཱུ་ཌྷོ་བྲྀཀྵ་བྷ་ཝ་ཏཱ་ཞེས་པ་དང་། ཨ་ནུ་སྔ་མ་ཅན་གྱི་ཛྲཱྀ་ཥའི་ཥ་རྗེས་ འབྲེལ་ཕྱིས་ནས། ཨཱ་ལྔ་པར་རཱྀཏ་མཐའི་ཡོན་ཏན་མེད་པ་ལ་ཞེས་པས་རཱྀ་ཡིག་ཨིར་དང་། ཀྲྀཏ་ དང་པོར་ར་ལས་ནིཥྛཱའི་ཞེས་པས་རྐྱེན་གྱི་ཏ་ཡིག་ན་དང་། ནཱ་བཞི་པར་ར་ཥ་རྀའི་ཡི་གེ་ ཞེས་པས་ནའང་ཎ་ཡིག་དང་། ཨཱ་བརྒྱད་པར་ནཱ་མིའི་ར་ཝ་དག་ལ་ཞེས་པས་ཨི་ཡིག་ཀྱང་ རིང་པོར་བསྒྱུར་བའི་ཕ་རོལ་ན་བྲྀ་ལིཾ་སོགས་དང་། བྲྀ་ཥ་ལཱི་ཡོད་པ་ལས། ཨཱ་ནུ་ཛཱི་རོ་རྞོབྲྀ་ཥ་ ལྀབྷ་ཝཱན། ཨ་ནུ་ཛཱི་རོརྞོབྲྀ་ཥ་ལཱི་བྷ་ཝ་ཏཱ་ཞེས་པ་ལྟ་བུའོ། ། ལྔ་པ་ཚིག་ཕྲད་དང་གཞན་ལའང་འཇུག་ཚུལ་དང་ཡུ་བུ་ཛྷ་ཀྟྭཱ་རྣམས་ལ་རྣམ་འགྱུར་ འབྱུང་ཚུལ་ནི། དཱ་ས་གོ་གྷྣ་དག་ཡང་དག་པར་རབ་ཏུ་སྦྱིན་པ་ལའོ་ཞེས་པ་ནི། དཱ་ས་དང་གོ་གྷྣ་ ཞེས་པ་འདི་དག་ཡང་དག་པར་རབ་ཏུ་སྦྱིན་པའི་དོན་ལ་ཚིག་ཕྲད་དུ་གྱུར་པ་སྟེ། དཔེར་ན། དཱ་ སྲྀ་སྦྱིན་པའི་བྱིངས་རྀ་རྗེས་འབྲེལ་ཕྱིས་པ་ལ། མདོ་སྔ་མས་ཀྟའི་རྐྱེན་ཐོབ་ཀྱང་། གང་གི་ཆེད་ དུ་འབངས་བྱ་བའི་དོན་ལ། ཀྲྀཏ་གཉིས་པར་པ་ཙ་སོགས་རྣམས་ལས་ཨ་ཙའང་ངོ་ཞེས་པས་ 6-1-689 ཨ་ཙའི་ཙ་ཡིག་ཁྱད་དོན་ཕྱིས་པ་བྱིན་པས་ཚིག་ཕྲད་དུ་གྱུར་པ་ཡིན་ལ། མཐར་སི་བྱིན་པས། དཱ་སཿ (བྲན་གྱི་ཆེད་དུ། )ཞེས་པ་དང་། གོ་སྔ་མ་ཅན་གྱི་ཧ་ན་འཚེ་བའི་བྱིངས་ལ་ཀྟ་སོགས་ཀྱི་རྐྱེན་ ཐོབ་ཀྱང་གང་ཞིག་འོང་བའི་ཆེད་དུ་བ་ལང་གསོད་པར་བྱེད་པའི་དོན་ལ་ཊཀའི་རྐྱེན་ཊ་དང་ ཀ་ཡིག་ཁྱད་དོན་ཕྱིས་པའི་དབྱངས་བྱིན་པས་ཚིག་ཕྲད་དུ་གྱུར་པ་ཡིན་ལ། ཨཱ་དྲུག་པར་ག་ མ་ཧ་ན་ཛན་ཞེས་པས་ཧའི་དབྱངས་ཕྱིས་པ་ན། དེ་ཉིད་དུ་ཨུ་པ་དྷཱ་ཕྱིས་པའི་འང་ངོ་ཞེས་པས་ ཧ་ཡིག་གྷ་རུ་བསྒྱུར་ཏེ་སི་བྱིན་པའི་ཕ་རོལ་ན་ཨ་ཏི་ཐིཿ ཡོད་པ་ལས། གེགྷྣོ྅་ཏི་ཐིཿ(མགྲོན་པོའི་ ཆེད་དུ་བ་ལང་གསོད་པ། )ཞེས་པ་ལྟ་བུའོ། །བྷཱི་མ་ལ་སོགས་པ་རྣམས་ངེས་པར་ཀུན་སྦྱིན་པ་ལའོ་ ཞེས་པ་ནི་བྷཱི་ལ་སོགས་པ་རྣམས་ཀྱི་སྒྲ་ངེས་པར་ཀུན་སྦྱིན་པའི་དོན་ལ་ཚིག་ཕྲད་དུ་གྱུར་པ་ སྟེ། དཔེར་ན། བྷཱི་འཇིགས་པའི་བྱིངས་ལ་སྔར་བཞིན་ཀྟ་ལ་སོགས་པའི་རྐྱེན་ཐོབ་ཀྱང་། འདི་ ལས་འཇིགས་པར་བྱེད་དོ་ཞེས་པའི་དོན་ལ། མཀ་ཡི་རྐྱེན་ཀ་ཁྱད་དོན་ཕྱིས་པ་བྱིན་པས་ཚིག་ ཕྲད་དུ་གྱུར་པ་ཡིན་ཞིང་། མཐར་སི་སྟེར་བ་ནི་འོག་མ་དག་ལའང་མཚུངས་པས། བྷཱི་མཿཞེས་ པ་དང་། ཡང་ན་ཁྱད་པར་མདོས་ཐོབ་པ་མ་ཡིན་པའི་བྱ་བ་སློབ་ཕན་གྱི་ཨཱ་དྲུག་པར་བྷི་ལ་ ཥུཀ་ཡང་ནའོ་ཞེས་པས་བྷཱི་དབྱངས་མཐར་ཥུཀ་ཨཱ་ག་མའང་བྱིན་པའི་ཨུ་དང་ཀ་ཁྱད་དོན་ ཕྱིས་ཏེ་སྦྱར་བས། བྷཱིཥྨཿ ཞེས་པ་དང་། ཡང་ན། ཨུཎ་སོགས་ཀྱི་མདོར་ལཱུ་ཥཱི་ཛྙི་ཞེས་པ་དང་། ཨཱ་ན་ཀའི་རྐྱེན་བྱིན་པ་ན། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་བྷཱིའི་དབྱངས་ཡོན་ ཏན་བྱས་ཏེ་མཚམས་སྦྱར་བས། བྷ་ཡཱནཿཞེས་པ་ལྟ་བུའོ། །སོགས་པའི་སྒྲ་ནི་སློབ་ཕན་དུ། ཙ་ ཏུཿ སྲཱུ་བཿ ཤྲུཀ་ཅེས་པ་རྣམས་བྷཱི་མ་སོགས་སུ་བཤད་ཅིང་། དུར་སིང་དུ། བྷཱི་མཿ བྷཥྨཿ ཙ་ ཏུཿ པྲ་སྐན་ད་ནཿ པྲ་བ་ད་ནཿ ས་མུན་ཏྲཿ འདི་རྣམས་བྷཱི་མ་སོགས་ཅན་དུ་རྣམ་པར་བསྐྱེད་པ་ ནི་དཔེར་བརྗོད་ཁ་ཅིག་གོ་ཞེས་ཀྱང་གསུངས་སོ། ། དེ་དག་ལས་གཞན་དུ་ཨུཎ་སོགས་རྣམས་སོ་ཞེས་པ་ནི་ཡང་དག་པར་རབ་ཏུ་སྦྱིན་པ་ 6-1-690 དང་། ངེས་པར་ཀུན་སྦྱིན་པ་དེ་དག་ལས་བྱེད་པ་ཅན་གཞན་ལ་ཡང་ཨུན་སོགས་ཀྱི་རྐྱེན་ རྣམས་སྦྱིན་པར་འགྱུར་ཞིང་། དུར་ཕན་དག་ཏུ་ཀྲྀཏ་ཉིད་ལས་ཨུན་སོགས་རྣམས་བྱེད་པ་པོ་ ཉིད་དུ་ཐོབ་པ་དང་། ལས་རྣམས་ལ་ཡང་བཤད་པར་བྱའོ་ཞེས་གསུངས་ཏེ། དཔེར་ན། ཏ་ ནུ་རྒྱས་པའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་ལ། ཨུཎ་སོགས་ཀྱི་མདོར་སི་ཏ་ནི། ག་མི། མ་སི། ཨ་གྷི་དྷཱཉ་ཀྲུ་ཤི་རྣམས་ལས་ཏུན་འོ་ཞེས་པས་ཏུན་བྱིན་པའི་ན་ཡིག་རྣམ་པ་སྣ་ཚོགས་ཀྱི་དོན་ ཡིན་པས་ཕྱིས་ནས་སི་བྱིན་པས། ཏནྟུཿཞེས་པ་ལྟ་བུ་སྟེ། དེ་བཞིན་དུ་རྐྱེན་གཞན་རྣམས་ཀྱི་ སྦྱོར་ཚུལ་རྒྱས་པར་ཨུཎ་སོགས་ཀྱི་བསྟན་བཅོས་ཉིད་ལས་ཤེས་པར་བྱའོ། །བརྟན་པ་དང་ འགྲོ་བ་དང་ཟས་ཀྱི་དོན་རྣམས་ལས་གཞི་ལའང་ཀྟའོ་ཞེས་པ་ནི་བརྟན་པ་གཡོ་བ་མེད་པའི་ དོན་རྣམས་དང་། འགྲོ་བའི་དོན་རྣམས་དང་། ཟས་ཀྱི་དོན་རྣམས་ལས་གནས་གཞིའི་དོན་ རྣམས་ལའང་བྱིངས་ལས་ཕ་རོལ་ཏུ་ཀྟའི་རྐྱེན་སྦྱིན་པར་འགྱུར་ཞིང་། ཇི་ལྟར་ཐོབ་པ་བཞིན་ ལས་དང་བྱེད་པ་པོའི་དོན་ལའང་ཀྟ་སྦྱིན་པར་འགྱུར་ཏེ། དཔེར་ན། ཨཱས་སྡོད་པའི་བྱིངས་ ལས་མདོ་འདིས་ཀྟ་བྱིན་པའི་ཁྱད་དོན་སྔར་བཞིན་ཕྱིས་ནས། ཨཱ་བདུན་པར་བྱིངས་ཐམས་ ཅད་པ་མིན་པ་ཞེས་པས་བར་དུ་ཨིཊ་དང་། མཐར་སི་བྱིན་པའི་ཕ་རོལ་ན་བྷ་ཝཱན་ཡོད་པ་ ལས། ཨཱ་སི་ཏོ་བྷ་ཝཱན་ཞེས་པ་དང་། གྲཱ་མ་སྟཻ་ར་སྔ་མ་ཅན་གྱི་ཡཱ་ཐོབ་པའི་བྱིངས་ལ་སྔར་ བཞིན་ཀྟ་དང་སི་བྱིན་པས། གྲཱ་མ་སྟཻ་ཪྻཱ་ཏཿཞེས་པ་དང་། ཨི་ཧ་སྟཻ་ར་སྔ་མ་ཅན་གྱི་བྷུ་ཛ་ཟ་ བའི་བྱིངས་ལ་ཀྟ་བྱིན་ནས། མདོ་འོག་མས་ཛ་ཡིག་ག་དང་། དེའང་སྒྲ་མེད་པ་ལ་ཕ་རོལ་ལ་ ཀ་རུ་བསྒྱུར་ཏེ། སི་བྱིན་པ་མ་ནིང་ལས་ཕྱིས་ནས་མུ་ཨཱ་ག་མ་བྱིན་པའི་ཕ་རོལ་ན་སཱི་ཏཾ་ཡོད་ པ་ལས། ཨི་ཧ་སྟཻ་བྷུ་ཀྟཾ་སཱི་ཏཾ་ཞེས་པ་ལྟ་བུའོ། །ཡུ་བུ་ཛྷ་རྣམས་ཀྱི་ཨ་ན་ཨ་ཀ་ཨནྟ་རྣམས་སོ་ ཞེས་པ་ནི་རྐྱེན་གྱི་ཡུ་དང་བུ་དང་ཛྷ་རྣམས་བྱིངས་ཀྱི་ཕ་རོལ་ཏུ་བྱིན་པ་ན། རིམ་པ་བཞིན་དུ་ ཨ་ན་དང་ཨ་ཀ་དང་ཨནྟ་རྣམས་སུ་འགྱུར་ཏེ། དཔེར་ན། ནན་དི་དགའ་བའི་བྱིངས་ཨི་རྗེས་ 6-1-691 འབྲེལ་ཕྱིས་པ་ལ། ཀྲྀཏ་གཉིས་པར་ནན་དི་སོགས་ལས་ཡུའོ་ཞེས་པས་ཡུའི་རྐྱེན་བྱིན་པ། མདོ་འདིས་ཨ་ན་རུ་བསྒྱུར་ཏེ། མཐར་སི་བྱིན་པ་ནི་ཐམས་ཅད་ལ་མཚུངས་པས། ནནྡ་ནཿ (དགའ་བར་བྱེད་དོ། །) ཞེས་པ་དང་། ཀྲྀཉ་བྱེད་པའི་བྱིངས་ཉ་རྗེས་འབྲེལ་ཕྱིས་པ་ལ། དེ་ཉིད་དུ་ བུ་ཎ་ཏྲི་ཙ་དག་གོ་ཞེས་པས་བུཎ་བྱིན་པའི་ཎ་ཁྱད་དོན་ཕྱིས་ནས་བུ་ཡིག་ཨ་ཀ་རུ་བསྒྱུར་ཏེ། ཨཱ་དྲུག་པར་ཨིན་ཨི་ཙ་ཞེས་ལྟར་ཀྲྀའི་དབྱངས་འཕེལ་བྱས་པས། ཀཱ་ར་ཀཿ(བྱེད་པ་པོ། ) ཞེས་ པ་དང་། བི་ཤ་འཇུག་པའི་བྱིངས་ལ་ཨུཎ་སོགས་ཀྱི་མདོ་ཛྲིཥ་བི་ཤ་དག་ལས་ཛྷ་ཙའོ་ཞེས་ པས་ཛྷ་ཙ་བྱིན་པའི་ཙ་རྗེས་འབྲེལ་ཕྱིས་ནས། ཛྷ་ཡིག་ཨནྟ་རུ་བསྒྱུར་ཏེ། ཨཱ་ལྔ་པར་ཨུ་པ་དྷཱ་ ནཱ་མིའང་ཞེས་པ་ལྟར་བིའི་དབྱངས་ཡོན་ཏན་བྱས་པས། བི་ཤནྟཿཞེས་པ་ལྟ་བུའོ། །ན་ཉ་མ་ ཡིན་པའི་བསྡུ་བ་ལས་འབྱུང་བ་ལ་ཀྟྭཱའི་ཡ་པའོ་ཞེས་པ་ནི་ནཉའི་མཐའི་བསྡུ་བ་མ་ཡིན་པ་སྟེ་ དེ་ལས་གཞན་པའི་བསྡུ་བའི་ཕྱོགས་ལ། སློབ་ཕན་དུ་འབྱུང་བ་སྨོས་པ་ནི་བསྡུ་བ་ལས་སྔར་ ཡཔ་ཏུ་བསྒྱུར་བའི་དོན་དུའོ་ཞེས་གསུངས་པས་ཉེ་བའི་ཚིག་གི་རྣམ་དབྱེ་བསྡུ་བའི་ཐོག་མར་ ཀྟྭཱ་ཡཔ་ཏུ་བསྒྱུར་ནས། དེའི་རྗེས་སུ་ཚིག་སྡུད་བྱས་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཌུ་ཀྲྀཉ་ བྱེད་པ་དང་ཎཾ་འདུད་པ་དང་། ཨཱང་སྔ་མ་ཅན་གྱི་ཤྲྀ་ཉ་བསྟེན་པའི་བྱིངས་རྗེས་འབྲེལ་ཕྱིས་ པ་ལ། མདོ་འདིས་ཀྟྭཱ་བྱིན་པ་ཡཔ་དུ་བསྒྱུར་ནས། དེའི་རྗེས་སུ་ཉེ་བའི་ཚིག་པྲ་ལ་རྣམ་དབྱེ་ སི་བྱིན་པ་ཚིག་སྡུད་ཀྱིས་ཕྱིས་ཏེ། ཀྲྀཏ་དང་པོར་བྱིངས་མཐར་པ་རྗེས་སུ་འབྲེལ་པ་ལ་ཞེས་ པས་ཀྲྀ་དང་ཤྲི འི་མཐར་ཏ་ཨཱ་ག་མ་སྦྱིན་ཞིང་། ཡཔ་ཀྱི་པ་ཡིག་མདོ་དེའི་ཁྱད་དོན་དང་། སི་ བྱིན་པ་མི་ཟད་པ་ལས་ཕྱིས་པས། པྲ་ཀྲྀ་ཏྱ(ཕལ་པའམ་རང་བཞིན་པ)། པྲ་ཎ་མྱ(ཕྱག་བྱས་ནས)། ཨཱ་ཤྲི་ ཏྱ་(ཀུན་ཏུ་བསྟན་ཏེ། )ཞེས་པ་ལྟ་བུའོ། །བསྡུ་བ་གནས་པ་མ་ཡིན་པ་ལ་ནི་ཀྟྭཱ་ཡཔ་ཏུ་མི་འགྱུར་ཏེ། དཔེར་ན། ཀྲྀ་ལ་སྔར་བཞིན་ཀྟྭཱ་བྱིན་ནས། ཁྱད་དོན་དང་སི་མི་ཟད་པ་ལས་ཕྱིས་པས། ཀྲྀ་ཏྭཱ་ (བྱས་ནས། ) ཞེས་པ་ལྟ་བུའོ། །ན་ཉའི་བསྡུ་བ་གནས་པ་ལའང་ཀྟྭཱ་ཡཔ་ཏུ་མི་འགྱུར་ཏེ། དཔེར་ 6-1-692 ན། ན་ཉའི་ཉ་ཡིག་ཁྱད་དོན་ཕྱིས་པ་སྔ་མ་ཅན་གྱི་ཀྲྀ་ལ་སྔར་བཞིན་ཀྟྭཱ་བྱིན་ནས། ནཉ་ལ་ སི་བྱིན་པ་དེའི་སྐྱེས་བུའི་བསྡུ་བས་ཕྱིས་ཏེ། ནཱ་ལྔ་པར་དེའི་སྐྱེས་བུ་ལ་ན་དབྱིའོ་ཞེས་པས་ན་ ཕྱིས་ནས་དེའི་དབྱངས་བཞག་སྟེ། སི་བྱིན་པ་སྔར་བཞིན་ཕྱིས་པས། ཨ་ཀྲྀ་ཏྭཱ་(མ་བྱས་ཏེ། )ཞེས་ པ་ལྟ་བུའོ། ། དྲུག་པ་བྱིངས་ཀྱི་ཆ་ཤས་ཙ་ཛ་དག་རྐྱེན་སོ་སོ་ལ་ཀ་ག་དག་ཏུ་འགྱུར་མི་འགྱུར་བསྟན་པ་ ནི། ཙ་ཛ་དག་གི་དྷུཊ་གྷ་རྗེས་སུ་འབྲེལ་པ་ལ་ཀ་ག་དག་གོ་ཞེས་པ་བྱིངས་མཐའི་ཙ་ཡིག་དང་ ཛ་ཡིག་དག་དྷུཊའི་མིང་ཅན་གྱི་རྐྱེན་དང་། གྷ་ཡིག་རྗེས་སུ་འབྲེལ་པའི་རྐྱེན་ཕ་རོལ་ཏུ་ཡོད་ པ་ལས། རིམ་པ་བཞིན་ཀ་ཡིག་དང་ག་ཡིག་དག་ཏུ་འགྱུར་ཏེ། དཔེར་ན། པ་ཙ་འཚེད་པའི་ བྱིངས་དག་ལ། ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས་རིམ་པ་བཞིན་དྷུཊའི་མིང་ཅན་ཀྟ་དང་། ཀྲྀཏ་ ལྔ་པར་དངོས་པོ་ལའོ་ཞེས་པས་གྷཉ་དག་བྱིན་པའི་ཁྱད་དོན་ཕྱིས་ནས། ཏའི་མཐར་བུད་ མེད་དུ་སྒྲུབ་པ་ལ། ནཱ་བཞི་པར་ཨཱའོ་ཞེས་པས་ཨཱའི་རྐྱེན་སྦྱར་ཏེ། ཨཱ་དྲུག་པར་ཨིན་ཨི་ཙ་ ཞེས་པས་གྷ་ཉའི་རྐྱེན་ལ་པ་རིང་པོར་བསྒྱུར་ཞིང་། གཉིས་ཀ་ལ་སི་བྱིན་ནས། དང་པོར་ཤྲད་ དྷཱ་ལས་ཕྱིས་པས། པཀྟཱ། པཱ་ཀཿཞེས་པ་དང་། དེ་བཞིན་དུ་བྷུ་ཛ་འཁྱོག་པའི་བྱིངས་དག་ལ་ སྔར་བཞིན་ཀྟ་དང་གྷཉ་དག་བྱིན་ནས། ཛ་ཡིག་ག་རུ་བསྒྱུར་ཏེ། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མི་ཞེས་ པས་བྷའི་དབྱངས་ཡོན་ཏན་བྱས་ལ། ཏ་དང་སྦྱོར་བའི་ག་ཡིག་སྒྲ་མེད་པ་ལ་ཀ་རུ་བསྒྱུར་ཞིང་། གཞན་སྔར་བཞིན་བྱས་པས། བྷོཀྟ། བྷོ་གཿ(ལོངས་སྤྱོད། ) ཞེས་པ་ལྟ་བུའོ། །ནྱང་ཀུ་སོགས་ རྣམས་ཀྱི་ཧའི་འང་གྷའོ་ཞེས་པ་ནི་ནྱང་ཀུ་དང་། སོགས་པའི་སྒྲས་བྷྲྀ་གུ་ལ་སོགས་པ་རྣམས་ ཀྱི་ཙ་ཛ་དག་ཀྱང་། རིམ་པ་ལྟར་ཀ་ག་དག་ཏུ་འགྱུར་ཞིང་། དེ་རྣམས་ཀྱི་ཧ་ཡིག་གང་ཡིན་པ་ དེའང་གྷ་ཉིད་དུ་འགྱུར་ཏེ། དཔེར་ན། ནི་སྔ་མ་ཅན་གྱི་ཨནྩུ་འགྲོ་བའི་བྱིངས་ཨུ་རྗེས་འབྲེལ་ ཕྱིས་པ་ལ། ཨུཎ་སོགས་ཀྱི་མདོར་ནི་ལས་ཨནྩ་ལ་སོ་ཞེས་པས་ཨུའི་རྐྱེན་བྱིན་ནས། མདོ་ 6-1-693 འདིས་ཙ་ཡིག་ཀ་རུ་བསྒྱུར་ཏེ། ནཱ་བཞི་པར་མ་ན་དག་དྷུཊ་ལས་ཞེས་པས་ན་ཡིག་རྗེས་སུ་ང་ རོའམ། ཡང་ན་དེ་ཉིད་དུ་སྡེ་པ་ལ་སྡེ་པའི་མཐའོ་ཞེས་པས་ཀ་ཕ་རོལ་ལ་ང་རུ་བསྒྱུར་ཞིང་སི་ བྱིན་པས། ནྱངྐུཿ ཞེས་པ་དང་། བྷྲསྫ་འཚེད་པའི་བྱིངས་ལ། ཨུཎ་སོགས་ལ། པྲ་ཐི་མ་དི་བྲཤྩི་ བྷྲ་སྫ་རྣམས་ཀྱི་སཾ་པྲ་སཱ་ར་ཎ་སྟེ་ས་དབྱི་བའང་ངོ་ཞེས་པས། ཨུའི་རྐྱེན་བྱིན་ནས། མདོ་དེ་ཉིད་ ཀྱི་ར་ཡིག་སླར་རྀ་རུ་བསྒྱུར་ཞིང་ས་ཡིག་ཕྱིས་ཏེ། མདོ་འདིས་ཛ་ཡིག་ག་རུ་བསྒྱུར་ནས་སི་ བྱིན་པས། བྷྲྀ་གུཿཞེས་པ་ལྟ་བུའོ། །ནྱཾ་ཀུ་སོགས་རྣམས་ཀྱི་ཧ་ཡིག་གྷ་རུ་འགྱུར་ཚུལ་ནི། ཨ་ཝ་ དང་ནི་སྔ་མ་ཅན་གྱི་ད་ཧ་བསྲེགས་པའི་བྱིངས་དག་ལ། ཀྲྀཏ་ལྔ་པར་དངོས་པོ་ལ་ཞེས་པས་ གྷཉ་ཁྱད་དོན་ཕྱིས་པ་བྱིན་ནས། མདོ་འདིས་ཧ་ཡིག་གྷ་དང་ཨཱ་དྲུག་པར་ཨིན་ཨིཙ་ཞེས་པ་ དའི་དབྱངས་རིང་པོར་བསྒྱུར་ཏེ་སི་བྱིན་པས། ཨ་ཝ་དཱ་གྷཿ ནི་དཱ་གྷཿཞེས་པ་ལྟ་བུའོ། །སློབ་ ཕན་དུ། ནྱང་ཀུཿ བྷྲྀ་གུཿ མད་ཀུཿ དཱུ་རེ་པཱ་ཀཿ སྥ་ལེ་པཱ་ཀཿ བི་ཥཾ་གཿ མེ་གྷཿ སྭ་པཱ་ཀཿ ཏ་ཀྲཿ ཝ་ཀྲུཿ ན་ཀྲཿ ཨ་ཝ་དཱ་གྷཿ ནི་དཱ་གྷཿ རྣམས་ནྱང་ཀུ་སོགས་རྣམས་སོ་ཞེས་གསུངས་ཤིང་། དུར་སིང་དུ། ནྱང་ཀུཿ མད་ཀུཿ བྷྲྀ་གུཿ ཏ་ཀྲཾ། བ་གྲཾ་ཤྭ་སཱ་ཀཿ། མཾ་ས་པཱ་ཀཿ ཀ་པོ་ཏ་པཱ་ཀཿ། ཨུ་ལུ་ཀ་པཱ་ཀཿ། ཨ་ནོ་པཱ་ཀཿཞེས་པ་འགའ་ཞིག་ལས་སོ། །ཞེས་པ་དང་། མེ་གྷཿ། དཱུ་རེ་པཱ་ཀཿ། སྥ་ལེ་པཱ་ཀཿ། ཨ་ཝ་དཱ་གྷཿ། ནི་དཱ་གྷཿ། ཨརྒྷ་ཞེས་པའི་ཚོགས་རྣམས་ནྱང་ཀུ་སོགས་སུ་མཛད་ དོ། །ཀ་སྡེ་དང་པོ་དང་བྲ་ཛི་རྣམས་ཀྱི་མ་ཡིན་ནོ་ཞེས་པ་ནི་ཀའི་སྡེ་དང་པོ་ན་ཡོད་པའི་བྱིངས་ རྣམས་དང་། བྲཛ་ཨཛ་འགྲོ་བའི་བྱིངས་འདི་དག་གི་ཙ་ཛ་དག་དྷུཊ་དང་གྷ་རྗེས་སུ་འབྲེལ་ པའི་རྐྱེན་ཕ་རོལ་ཏུ་ཡོད་ཀྱང་ཀ་ག་དག་ཏུ་འགྱུར་བ་མ་ཡིན་ནོ་ཞེས་པ་མདོ་སྔ་མ་ལས་ དམིགས་བསལ་ཏེ། དཔེར་ན། ཀ་སྡེ་དང་པོ་ཅན་ཀཱུ་ཛ་སྒྲ་དང་། ཁརྫ་གཟི་བརྗིད་དང་། གརྫ་ སྒྲའི་བྱིངས་རྣམས་དང་། པ་རི་སྔ་མ་ཅན་གྱི་བྲཛ་དང་སཾ་སྔ་མ་ཅན་གྱི་ཨ་ཛ་ལ། སྔར་བཞིན་ གྷཉ་ཁྱད་དོན་ཕྱིས་པ་བྱིན་ནས། ཨཱ་དྲུག་པར་ཨིན་ཨི་ཙ་ཞེས་པས་བྲའི་དབྱངས་དང་། ཨ་ 6-1-694 ཡིག་རིང་པོར་བསྒྱུར་ཏེ། ཐམས་ཅད་ཀྱི་མཐར་སི་བྱིན་པས། ཀཱུ་ཛཿ(ཨ་ཡིག་ལ་དབྱི་མི་དགོས། ) ཁརྫཿ གརྫཿ(སྒྲའི་སྤྲིན་ནོ། །) པ་རི་བྲཱ་ཛཿ(ཡང་རྒྱུ་བ། )ས་མཱ་ཛཿ(བསྡུ་བ། )ཞེས་པ་ལྟ་བུའོ། །གདོན་མི་ ཟ་བ་ལ་གྷྱཎ་ལའོ་ཞེས་པ་ནི་གདོན་མི་ཟ་བའི་དོན་ལ་འང་གྷྱཎ་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། བྱིངས་ཀྱི་ཙ་ཛ་དག་ཀ་ག་དག་ཏུ་མི་འགྱུར་ཏེ། དཔེར་ན། ཨ་ཝ་ཤྱ་སྔ་མ་ཅན་གྱི་པ་ཙ་འཚེད་ པ་དང་། ཡཛ་ལྷ་མཆོད་པའི་བྱིངས་ལ། ཀྲྀཏ་གཉིས་པར་རྀའི་ཡི་གེ་དང་གསལ་བྱེད་མཐའ་ ལས་གྷྱཎའོ་ཞེས་པས་སྔར་བཞིན་གྷྱཎ་ཁྱད་དོན་ཕྱིས་པ་བྱིན་ནས། ཨཱ་དྲུག་པར་ཨིན་ཨི་ཙ་ ཞེས་པས་པ་དང་ཡའི་དབྱངས་རིང་པོར་བསྒྱུར་ཏེ། སི་བྱིན་པ་མ་ནིང་ལས་ཕྱིས་ནས་མུ་ཨཱ་ག་ མ་བྱིན་པས། ཨ་ཝ་ཤྱ་པཱ་ཙྱཾ། (ངེས་པར་འཚེད་པར་བྱེད་དོ། །) ཨ་ཝ་ཤྱ་ཡཱ་ཛྱཾ་(གདོན་མི་ཟ་བར་ལྷ་མཆོད་པར་ བྱེད་དོ། །)ཞེས་པ་ལྟ་བུའོ། །གདོན་མི་ཟ་བའི་དོན་མ་ཡིན་ན་བྱིངས་ཀྱི་ཙ་ཛ་དག་གྷྱཎ་གྱི་རྐྱེན་ཕ་ རོལ་ལ་ཀ་ག་དག་ཏུ་འགྱུར་ཏེ། དཔེར་ན། པ་ཙ་ལ་སྔར་བཞིན་གྷྱཎ་ཁྱད་དོན་ཕྱིས་པ་བྱིན་ ནས་ཙ་ཡིག་ཀ་དང་། པའི་དབྱངས་རིང་པོར་བསྒྱུར་ཏེ། སི་ཕྱིས་ནས་མུ་བྱིན་པས། པཱ་ཀྱཾ་ (འཚེད་པར་བྱེད་དོ། །)ཞེས་པ་ལྟ་བུའོ། །པྲ་ཝ་ཙི། རྀ་ཙི། རུ་ཙི། ཡཱ་ཙི་ཏྱཛ་རྣམས་ཀྱིའོ། །ཞེས་པ་ནི་ གདོན་མི་ཟ་བའི་དོན་བརྗོད་པ་མ་ཡིན་པ་ཅན་པྲ་སྔ་མ་ཅན་ཝ་ཙ་སྨྲ་བ་དང་། རྀ་ཙ་བསྟོད་པ་ དང་། རུ་ཙ་གསལ་བ་དང་། ཊུ་ཡཱ་ཙྼྀ་སློང་བ་དང་། ཏྱ་ཛ་འདོར་བའི་བྱིངས་འདི་རྣམས་ཀྱི་ཙ་ ཛ་དག་ཀྱང་གྷྱཎ་གྱི་རྐྱེན་ཕ་རོལ་ལ་ཀ་ག་དག་ཏུ་མི་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ ཊུ་དང་ཙྼྀའི་རྀ་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་གྷྱཎ་ཁྱད་དོན་ཕྱིས་པ་བྱིན་ནས། ཝ་དང་ ཏྱའི་དབྱངས་རིང་པོ་དང་། རྀ་དང་ཏུའི་དབྱངས་ཡོན་ཏན་བྱས་ཏེ། ཐམས་ཅད་ཀྱི་མཐར་སི་ བྱིན་པས། པྲ་ཝཱ་ཙྱཿ ཨཪྩྱཿ རོ་ཙྱཿ ཡཱ་ཙྱཿ ཏྱཱ་ཛྱཿཞེས་པ་ལྟ་བུའོ། །ཝ་ཙའི་སྒྲ་མ་ཡིན་པ་ལའོ་ ཞེས་པ་ནི། ཝ་ཙ་སྨྲ་བའི་བྱིངས་འདི་ཉིད། སྒྲ་མ་ཡིན་པའི་ཡུལ་ལ་གྷྱཎ་གྱི་རྐྱེན་ཕ་རོལ་ཏུ་ ཡོད་པ་ན་ཙ་ཡིག་ཀ་རུ་མི་འགྱུར་ཏེ། དཔེར་ན། ཝ་ཙ་ལ་སྔར་བཞིན་གྷྱཎ་བྱིན་ནས་ཝ་རིང་ 6-1-695 པོར་བསྒྱུར་ཏེ་སི་བྱིན་པས། ཝཱ་ཙྱཿཞེས་པ་ལྟ་བུའོ། །སྒྲའི་ཡུལ་ལ་ནི་ཙ་ཡིག་ཀ་རུ་འགྱུར་ཏེ། དཔེར་ན། ཝ་ཙ་ལ་སྔར་བཞིན་གྷྱཎ་བྱིན་ནས་ཙ་ཡིག་ཀ་དང་ཝ་ཡིག་རིང་པོ་བསྒྱུར་ཏེ། སི་མ་ ནིང་ལས་ཕྱིས་ནས་མུ་བྱིན་པས། ཝཱ་ཀྱཾ་ཞེས་པ་ལྟ་བུའོ། །ནི་པྲ་དག་ལས་ཡུ་ཛའི་ནུས་པ་ལའོ་ ཞེས་པ་ནི་པྲ་དག་ལས་ཕ་རོལ་ཏུ་ཡུཛ་སྦྱོར་བའི་བྱིངས་འདིའི་ཛ་ཡིག ནུས་པའི་དོན་ལ་ འཇུག་པ་ན་གྷྱཎ་ཕ་རོལ་ལ་གཉིད་དུ་མི་འགྱུར་ཏེ། དཔེར་ན། ནི་དང་པྲ་སྔ་མ་ཅན་གྱི་ཡུཛ་ལ་ སྔར་བཞིན་ནུས་པའི་དོན་ལ་གྷྱཎ་བྱིན་ནས་ཡུའི་དབྱངས་ཡོན་ཏན་བྱས་ཏེ། སི་བྱིན་པས། ནི་ ཡོ་ཛྱཿ། པྲ་ཡོ་ཛྱཿཞེས་པ་ལྟ་བུའོ། །ནུས་པའི་དོན་མ་ཡིན་ན་ཛ་ཡིག་ག་རུ་འགྱུར་ཏེ། དཔེར་ན། ནི་དང་པྲ་སྔ་མ་ཅན་གྱི་ཡུཛ་ལ། སྔར་བཞིན་ནུས་པའི་དོན་ལ་གྷྱཎ་བྱིན་ནས། ཡི་དབྱངས་ ཡོན་ཏན་བྱས་ཏེ། སི་བྱིན་པས། ནི་ཡོ་ཛྱཿ། པྲ་ཡོ་ཛྱཿཞེས་པ་ལྟ་བུའོ། །ནུས་པའི་དོན་མ་ཡིན་ ན་ཛ་ཡིག་ག་རུ་འགྱུར་ཏེ། དཔེར་ན་ནི་དང་། པྲ་སྔ་མ་ཅན་གྱི་ཡུཛ་ལ་སྔར་བཞིན་གྷྱཎ་བྱིན་ ནས། ཛ་ཡིག་ག་རུ་བསྒྱུར་ཏེ། ཡུའི་དབྱངས་ཡོན་ཏན་བྱས་ནས་སི་བྱིན་པས། ནི་ཡོ་གྱཿ པྲ་ ཡོ་གྱཿཞེས་པ་ལྟ་བུའོ། །བྷུ་ཛའི་ཟས་ལའོ་ཞེས་པ་ནི་བྷུ་ཛ་སྐྱོང་བའི་བྱིངས་འདིའི་ཛ་ཡིག་ཟས་ ཀྱི་ཡུལ་ལ་འཇུག་པ་ན། གྷཎ་གྱི་རྐྱེན་ཕ་རོལ་ལ་ག་ཉིད་དུ་མི་འགྱུར་ཏེ། དཔེར་ན། བྷུ་ཛ་ལ་ སྔར་བཞིན་གྷྱཎ་བྱིན་ནས་ཨུ་ཡོན་ཏན་བྱས་ཏེ་སི་ཕྱིས་ནས་སུ་བྱིན་པའི་ཕ་རོལ་ན་པཱ་ཡ་སཱཾ་ ཡོད་པ་ལས། བྷོ་ཛྱཾ་པཱ་ཡ་སཾ་ཞེས་པ་ལྟ་བུའོ། །ཟས་ཀྱི་དོན་མ་ཡིན་ན་ཛ་ཡིག་ག་ཉིད་དུ་ འགྱུར་ཏེ། དཔེར་ན། བྷུ་ཛ་ལ་སྔར་བཞིན་གྷྱཎ་བྱིན་ནས་ཛ་ཡིག་ག་རུ་བསྒྱུར་ཏེ་ཨུ་ཡོན་ཏན་ བྱས་ནས་སི་བྱིན་པའི་ཕ་རོལ་ན། ཤཱཊ་ཀཿཡོད་པ་ལས། བྷོ་གྱཿཤཱ་ཊ་ཀཿཞེས་པ་ལྟ་བུའོ། །བྷུ་ ཛ་ནྱཱ་བྫ་དག་ལག་པ་དང་ནད་དག་ལའོ་ཞེས་པ་ནི་བྷུ་ཛ་དང་ནྱུ་བྫ་ཞེས་པ་འདི་དག་གྷཉའི་ རྐྱེན་སྦྱར་བ་ལས་རིམ་པ་ལྟར་ལག་པ་དང་ནད་ཀྱི་དོན་ལ་ཚིག་ཕྲད་དུ་གྱུར་པ་སྟེ། དཔེར་ན། བྷུ་ཛ་སྐྱོང་བ་དང་། ནི་སྔ་མ་ཅན་གྱི་ཨུཔྫ་ལུགས་ཀྱི་བྱིངས་འདི་དག་ལ། ཀྲྀཏ་གཉིས་པར་རྀའི་ 6-1-696 ཡི་གེ་དང་གསལ་བྱེད་མཐའ་ལས་ཞེས་པས་གྷྱཎ་གྱི་རྐྱེན་ཐོབ་ནའང་། དེ་མི་བྱེད་པར་དོན་དེ་ དག་ལ་གྷཉའི་རྐྱེན་བྱིན་པས་ཚིག་ཕྲད་དུ་གྱུར་པ་སྟེ། དེས་ན་མདོས་ཐོབ་པའི་བྱ་བ་བྷུའི་ དབྱངས་ཡོན་ཏན་དང་ཛ་ཡིག་ག་རུ་བསྒྱུར་བ་མ་བྱས་པར་སི་བྱིན་པས། བྷུ་ཛ་ནྱུ་བྫཿཞེས་པ་ ལྟ་བུའོ། །ལག་པ་དག་ནད་ཀྱི་དོན་མ་ཡིན་པ་ལ་ནི་ཚིག་ཕྲད་དུ་མི་འགྱུར་ཏེ། དཔེར་ན། བྷུཛ་ དང་ནྱུ་བ་ཛ་ལ། ཀྲྀཏ་ལྔ་པར་དངོས་པོ་ལ་ཞེས་པས་སྔར་བཞིན་གྷཉ་བྱིན་ནས་བྷུའི་དབྱངས་ ཡོན་ཏན་བྱས་ཏེ། ཛ་ཡིག་དག་ག་རུ་བསྒྱུར་ནས་སི་བྱིན་པས། བྷོ་གཿནྱུ་བྒཿ ཞེས་པ་ལྟ་བུའོ། ། བདུན་པ་དྲྀཀ་སོགས་དང་ཨནྩ་ཀྭིཔ་མཐའ་ཅན་རྣམས་ཕ་རོལ་ལ་སྔ་མའི་རྟགས་ལ་རྣམ་ འགྱུར་འབྱུང་ཚུལ་ནི། དྲྀཀ་དྲྀ་ཤ་དྲྀཀྵ་རྣམས་ལས་མཱ་ནའི་སའོ་ཞེས་པ་ནི། དྲྀཀ་དང་། དྲྀ་ཤ་ དང་། དྲྀཀྵ་ཞེས་པ་འདི་རྣམས་ཕ་རོལ་ཏུ་ཡོད་པ་ལ། དེ་རྣམས་ཀྱི་སྔ་མར་ཡོད་པའི་ས་མཱ་ནའི་ སྒྲ་ནི་ས་ཡིག་ཏུ་འགྱུར་ཏེ། དཔེར་ན། ས་མཱ་ན། སྔ་མ་ཅན་གྱི་དྲྀ་ཤིར་ལྟ་བའི་བྱིངས་ཨིར་རྗེས་ འབྲེལ་ཕྱིས་པ་ལ། དུར་ཕན་དག་ཏུ། ས་མཱ་ན་སྔོན་མ་དག་ཏུ་བཤད་ཟིན་པ་ལ་དྲྀ་ཤ་ལས་ ཀྭིཔ་དང་ཊཀ་དང་ས་ཀ་རྣམས་འགྱུར་རོ་ཞེས་པ་དང་། ཀྲྀཏ་གསུམ་པར་དཔེ་ལ་དྲྀ་ཤི་ལས་ ཞེས་པས་ཀྭིཔ་བྱིན་པ་སྔར་བཞིན་ཕྱིས་པའི་མཐར་སི་བྱིན་པའང་གསལ་བྱེད་ལས་ཕྱིས་པ་ ན། ནཱ་གསུམ་པར་ཙ་སྡེ་དང་དྲྀ་ཤ་སོགས་རྣམས་ཀྱི་ཞེས་པས་ཤ་ཡིག་ག་རུ་བསྒྱུར་བ་རྫོགས་ པ་ཡང་ན་ཀ་རུ་བསྒྱུར་ཏེ། མདོ་འདིས་ས་མཱ་ནའི་སྒྲ་ས་ཡིག་ཏུ་བསྒྱུར་བ་ནི་འོག་མ་དག་ ལའང་མཚུངས་པས། ས་དྲྀ་ཀ་(མཚུངས་པ་མཐོང་། )ཅེས་པ་དང་། དེ་བཞིན་དུ་ས་མཱ་ན་དྲྀ་ཤ་ལ་ ཊཀ་གི་རྐྱེན་བྱིན་ནས། ཊ་དང་ཀ་དང་ཁྱད་དོན་ཕྱིས་ཏེ་དབྱངས་སྦྱར་བ་ལ་སི་བྱིན་པས། ས་དྲ ་ཤཿཞེས་པ་དང་། བྱིངས་དེ་ཉིད་ལ་སཀ་གི་རྐྱེན་བྱིན་པའི་ཀ་ཁྱད་དོན་ཕྱིས་ནས། ཨཱ་དྲུག་ པར་ཚ་ཤ་དག་གིའང་ངོ་ཞེས་པས་བྱིངས་ཀྱི་ཤ་ཡིག་ཥ་རུ་བསྒྱུར་བ། ཨཱ་བརྒྱད་པར་ཥ་ཌྷ་དག་ གིས་ས་ལ་ཀའོ་ཞེས་པས་རྐྱེན་གྱི་ས་ཡིག་མཐོང་བ་ལས་ཀ་རུ་བསྒྱུར་ཞིང་། དེ་ཉིད་དུ་རྒྱུ་ 6-1-697 མཚན་ལས་ཞེས་པས་སའང་ཥ་རུ་བསྒྱུར་ཏེ་སི་བྱིན་པས། ས་དྲྀཀྵཿཞེས་པ་ལྟ་བུའོ། །ཨི་ དམའི་ཨཱིའོ་ཞེས་པ་ནི་ཨི་དམ་ཞེས་པའི་སྒྲ་འདི་ཉིད་དྲྀཀ་དང་། དྲྀ་ཤ། ཏྲྀཀྵ་རྣམས་ཕ་རོལ་ཏུ་ ཡོད་པ་ལ་ཨཱི་ཞེས་པར་འགྱུར་ཏེ། དཔེར་ན། ཨི་དམ་སྔ་མ་ཅན་གྱི་དྲྀ་ཤ་ལ། ཀྭིཔ་དང་། ས་ག་ རྣམས་བྱིན་ནས། བསྒྲུབ་ཚུལ་གཞན་རྣམས་སྔར་བཞིན་བྱས་ཏེ། མདོ་འདིས་ཨི་དམ་ཞེས་པ་ ཨཱི་ཉིད་དུ་བསྒྱུར་བས། ཨཱི་དྲྀཀ། (འདི་མཐོང་བར་བྱེད་དོ། །) ཨཱི་དྲྀ་ཤཿ(འདི་མཐོང་བར་བྱེད་དོ། །) ཨཱི་དྲ ཀྵཿ(འདི་མཐོང་བར་བྱེད་དོ། །)ཞེས་པ་ལྟ་བུའོ། །ཀིམ་འི་ཀཱིའོ་ཞེས་པ་ནི། ཀིམ་ཞེས་པ་འདི་དྲྀཀ་ལ་ སོགས་པ་རྣམས་ཕ་རོལ་ཏུ་ཡོད་པ་ལ་ཀཱི་ཉིད་དུ་འགྱུར་ཏེ། དཔེར་ན། ཀིམ་སྔ་མ་ཅན་གྱི་དྲྀ་ ཤ་ལ་སྔར་བཞིན་ཀྭིཔ་དང་ཊཀ་དང་སཀ་རྣམས་བྱིན་ནས་བསྒྲུབ་ཚུལ་སྔར་བཞིན་བྱས་ཏེ། མདོ་འདིས་ཀི་མ་དེ་ཉིད་ཀཱི་རུ་བསྒྱུར་བས། ཀཱི་དྲྀཀ(ཅི་མཐོང་བར་བྱེད)། ཀཱ་དྲྀ་ཤཿ(ཅི་མཐོང་བར་བྱེད། ) ཀཱི་དྲྀཀྵཿ(ཅི་མཐོང་བར་བྱེད། )ཞེས་པ་ལྟ་བུའོ། །ཨ་དས་ཨ་མཱུའོ་ཞེས་པ་ནི། ཨ་དས་ཞེས་པ་འདི་དྲྀཀ་ ལ་སོགས་པ་རྣམས་ཕ་རོལ་ཏུ་ཡོད་པ་ལ་ཨཱ་མཱུ་རུ་འགྱུར་ཏེ། དཔེར་ན། ཨ་དས་སྔ་མ་ཅན་ གྱི་དྲྀ་ཤལ་གྱི་ཀྭིཔ་ལ་སོགས་པ་བྱིན་ནས་སྔར་བཞིན་བསྒྲུབས་ཏེ། མདོ་འདིས་ཨ་དས་ཉིད་ ཨ་མཱུ་རུ་བསྒྱུར་བས། ཨ་མཱུ་དྲྀ་ཀཿ(དེ་མཐོང་བར་བྱེད་དོ། །)ཨ་མཱུ་དྲྀ་ཤཿ། ཨ་མཱུ་དྲྀཀྵཿཞེས་པ་ལྟ་བུའོ། ། སརྦའི་མིང་ཅན་གྱི་ཨཱའོ་ཞེས་པ་ནི་སརྦའི་མིང་ཅན་རྣམས་ཀྱི་མཐའི་གསལ་བྱེད་དང་ དབྱངས་རྣམས་ཀྱང་དྲྀཀ་ལ་སོགས་པ་རྣམས་ཕ་རོལ་ཏུ་ཡོད་པ་ལ་ཨཱ་ཉིད་དུ་འགྱུར་ཏེ། དཔེར་ན། སརྦའི་མིང་ཅན་ཏད་དང་ཡང་སྔ་མ་ཅན་གྱི་དྲྀཤ་ལ་ཀྭིཔ་ལ་སོགས་རྣམས་བྱིན་ ནས། སྔར་བཞིན་བསྒྲུབས་ཏེ། མདོ་འདིས་མཐའི་ད་ཡིག་དག་ཨཱ་རུ་བསྒྱུར་ཞིང་མཚམས་ སྦྱར་བས། ཏཱ་དྲྀཀ(དེ་མཐོང་བར་བྱེད་དོ། །) ཏཱ་དྲྀ་ཤཿཏཱ་དྲྀཀྵཿ ཡཱ་དྲྀ་ཀ(གང་མཐོང་བར་བྱེད་དོ། །) ཡཱ་དྲྀ་ཤཿ ཡཱ་དྲྀཀྵཿཞེས་པ་ལྟ་བུའོ། །བི་ཤྭཀ་དེ་ཝ་དག་གི་འང་མཐའི་དབྱངས་སོགས་ཀྱི་ཨནྩ་ཏི་ལ་ཀྭིཔ་ ལ་ཨ་དྲིའོ་ཞེས་པ་ནི་སརྦའི་མིང་ཅན་རྣམས་དང་། བི་ཤྭཀ་དང་། དེ་ཝ་ཞེས་པ་འདི་དག་ 6-1-698 གིའང་མཐའི་དབྱངས་རྣམས་དང་། སོགས་པའི་སྒྲས་མཐའི་འོ་གསལ་བྱེད་ཀྱི་ཆ་ཤས་གང་ ཡིན་པ་དེ་དང་བཅས་པ་རྣམས། ཨནྩུ་འགྲོ་བའི་བྱིངས་ཀྭིཔའི་མཐའ་ཅན་ཕ་རོལ་ཏུ་ཡོད་པ་ ལ་ཨ་དྲྀ་རུ་འགྱུར་ཏེ། དཔེར་ན། ཏད་སརྦའི་མིང་ཅན་དང་། བི་ཤྭཀ་དང་། དེ་བ་སྔ་མ་ཅན་གྱི་ ཨནྩུའི་ཨུ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་གསུམ་པར་ཀྭིཔ་འང་ངོ་ཞེས་པས་ཀྭིཔ་བྱིན་ནས། སྔར་བཞིན་ཕྱིས་ཏེ། ནཱ་གསུམ་པར་ཙ་སྡེ་དང་དྲྀ་ཤ་སོགས་རྣམས་ཀྱི་ཞེས་པས་ཨནྩུའི་ཙ་ ཡིག་ག་རུ་བསྒྱུར་བ་ན། ནཱ་བཞི་པར་སྡེ་པ་ལ་སྡེ་པའི་མཐའོ་ཞེས་པས་ན་ཡིག་ད་རུ་བསྒྱུར་ ཞིང་། སི་བྱིན་པ་གསལ་བྱེད་མཐའ་ལས་ཕྱིས་ལ། ནཱ་གསུམ་པར་བརྩེགས་པའི་མཐའ་ དབྱིའོ་ཞེས་པས་ག་ཡིག་ཀྱང་ཕྱིས་ཏེ། མདོ་འདིས་ཏའི་དབྱངས་མཐའི་གསལ་བྱེད་ད་ཡིག་ དང་བཅས་པ་དང་། ཤྭཱའི་དབྱངས་མཐའི་གསལ་བྱེད་ཀ་ཡིག་དང་བཅས་པ་དང་། དེ་ཝའི་ཝ་ ཡིག་རྣམས་ཨ་ཏྲི་རུ་བསྒྱུར་ནས། ཕ་རོལ་གྱི་ཨང་དང་མཚམས་སྦྱར་བས། ཏདྲྱང་། གཱི་ཤྭཱདྲྱ་ དྲྱང་དེ་དྲྱང་ཞེས་པ་ལྟ་བུའོ། །ཨནྩ་མ་ཡིན་པ་ཀྭིཔའི་མཐའ་ཅན་གཞན་ཕ་རོལ་ན། སརྦའི་ མིང་ཅན་རྣམས་དང་། བི་ཤྭཀ་དང་། དེ་ཝའི་དབྱངས་ཡིག་མཐའི་གསལ་བྱེད་དང་བཅས་པ་ ཨ་ཏྲི་རུ་མི་འགྱུར་ཏེ། དཔེར་ན། བི་ཤྭཀ་སྔ་མ་ཅན་གྱི་ཡུཛ་སྦྱོར་བའི་བྱིངས་ལ་སྔར་བཞིན་ ཀྭིཔ་དང་སི་བྱིན་པ་ཕྱིས་ནས། ནཱ་གསུམ་པར་ཙ་སྡེ་དང་ཞེས་པས་ཛ་ཡིག་ག་རུ་བསྒྱུར་ཏེ་ དེའང་རྫོགས་པ་ལ་ཀ་རུ་བསྒྱུར་བས། བི་ཤྭ་ག་ཅེས་པ་ལྟ་བུའོ། །ས་ཧ། སན། ཏི་རས་རྣམས། ས་དྷྲྀ། ས་མི། ཏི་རི་རྣམས་སོ་ཞེས་པ་ནི། ས་ཧ་དང་། སན་དང་། ཏི་རས་ཞེས་པ་འདི་རྣམས། ཨནྩ་ཀྭི་པའི་མཐའ་ཅན་ཕ་རོལ་ཏུ་ཡོད་པ་ལ་རིམ་པ་བཞིན་དུ། ས་དྷྲི་དང་། ས་མི་དང་། ཏི་རི་ རྣམས་སུ་འགྱུར་ཏེ། དཔེར་ན། ས་ཧ་དང་། སན་དང་། ཏི་རས་སྔ་མ་ཅན་གྱི་ཨནྩ་ལ་ཀྭིཔ་དང་ སི་བྱིན་པ་སྔ་མ་ལྟར་ཕྱིས་ཏེ། མདོ་འདིས་ས་ཧ་ཞེས་པ་ས་དྷི་དང་། སན་ཞེས་པ་ས་མི་དང་། ཏི་རས་ཞེས་པ་ཏི་རི་རུ་བསྒྱུར་ནས། ཕ་རོལ་ཀྱི་ཨང་དང་མཚམས་སྦྱར་བས། ས་དྷྲྱང་། ས་ 6-1-699 མྱང་། ཏིརྱར་ཞེས་པ་ལྟ་བུའོ། །བརྒྱད་པ་བྱིངས་ཀྱི་ཆ་ཤས་ལའང་ཀྭིཔ་ཕ་རོལ་ལ་རྣམ་འགྱུར་ འབྱུང་ཚུལ་ནི། རུ་ཧའི་ཡང་ན་དྷའོ་ཞེས་པ་རུ་ཧ་རབ་ཏུ་སྐྱེ་བའི་བྱིངས་འདིའི་ཧ་ཡིག་ནི་ཡང་ ན་དྷ་ཉིད་དུ་འགྱུར་ཏེ། དཔེར་ན། བི་སྔ་མ་ཅན་གྱི་རུ་ཧ་ལ་ཀྭིཔ་བྱིན་པ་སྔར་བཞིན་ཕྱིས་ནས། མདོ་འདིས་ཧ་ཡིག་དྷ་རུ་བསྒྱུར་བ། ནཱ་གསུམ་པར་རྫོགས་པ་ལ་ཡང་ནའོ་ཞེས་པས་ཏ་རུ་ བསྒྱུར་ཞིང་། ནཱ་ལྔ་པར་ཐུང་ངུའི་རིང་པོ་ཉིད་དོ་ཞེས་པས་བི་རིང་པོར་བསྒྱུར་ཏེ། སི་བྱིན་པ་ གསལ་བྱེད་ལས་ཕྱིས་པས། བཱི་རུཏ་(ཊིཀ་གཉིས་ན་བི་རིང་པོར་མེད། ) ཅེས་པ་དང་། དུར་ཕན་དག་ ལས། ཡང་ནའི་སྒྲ་ནི་རྣམ་པར་བཞག་པ་རྣམ་པར་བཤད་པ་སྟེ། དེས་ན་བི་སྔོན་མའི་རུ་ཧིའི་ དྷ་ཉིད་དུ་རྟག་ཏུའོ་ཞེས་པས་ཧ་ཡིག་དྷ་ཁོ་ནར་བསྒྱུར་ནས། སྔར་བཞིན་བི་རིང་པོར་བསྒྱུར་ ཏེ་གཉིས་ཚིག་ཨཽ་བྱིན་པས། བཱི་རུ་དྷཽ་ཞེས་པ་ལྟ་བུའོ། །བི་ལས་གཞན་པ་སྔ་མ་ཅན་ལ་ནི་རྟག་ ཏུ་ཧ་ཡིག་དྷ་རུ་མི་འགྱུར་ཏེ། དཔེར་ན། བྷུ་སྔ་མ་ཅན་གྱི་རུ་ཧ་ལ་སྔར་བཞིན་ཀྭིཔ་བྱིན་པ་ཕྱིས་ ནས། མདོ་འདིས་ཡང་ན་ཧ་ཡིག་དྷ་རུ་མ་བསྒྱུར་བར། ནཱ་གསུམ་པར་ཧ་ཤཥ་ཚ་མཐའ་དང་ ཞེས་པས་ཌ་རུ་བསྒྱུར་བ་རྫོགས་པ་ལ་ཡང་ན་ཊ་རུ་བསྒྱུར་ཏེ། སི་གསལ་བྱེད་ལས་ཕྱིས་པས། བྷཱུ་རུཊ་ཅེས་པ་དང་། ཡང་ན་ཧ་ཡིག་དྷ་རུ་མ་བསྒྱུར་བར་གཉིས་ཚིག་ཨཽ་བྱིན་པས་བྷཱུ་རུ་ཧཽ་ ཞེས་པ་ལྟ་བུའོ། །བྱིངས་ཀྱི་མའི་ནའོ་ཞེས་པ་ནི་བྱིངས་མཐའི་མ་ཡིག་གང་ཡིན་པ་དེ། ཀྭིཔའི་ རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ན་ཉིད་དུ་འགྱུར་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཤ་མུ་ཉེ་བར་ཞི་བ་ དང་། ཏ་མུ་འདོད་པའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་དག་ལ། སྔར་བཞིན་ཀྭིཔ་བྱིན་པ་ཕྱིས་ ནས། མདོ་འདིས་མ་ཡིག་དག་ན་རུ་བསྒྱུར་ཏེ། ཀྲྀཏ་དང་པོར་ལྔ་པའི་ཨུ་པ་དྷཱའི་ཞེས་པས་ཤ་ དང་ཏ་རིང་པོར་བསྒྱུར་ཞིང་། སི་བྱིན་པ་གསལ་བྱེད་ལས་ཕྱིས་པས། པྲ་ཤཱན(རབ་ཏུ་ཞི་བ)། པྲ་ ཏཱན་(རབ་ཏུ་འདོད་པ། )ཞེས་པ་ལྟ་བུའོ། །ནཱ་གསུམ་པར་རྟགས་མཐའི་ན་ཡིག་གོ་ཞེས་པས་ན་དབྱི་ བར་མི་འགྱུར་རམ་སྙམ་ན། སློབ་ཕན་དུ། ན་དབྱི་བ་མེད་དེ་མཚན་ཉིད་ལས་བྱུང་བའི་ཕྱིར་ 6-1-700 རོ་ཞེས་གསུངས་ཤིང་། དུར་སིང་ལས། དེའི་མཐའི་ཞེས་པ་དེ་ནི་ན་དབྱི་བར་མི་འགྱུར་ཏེ། ཀྭིཔ་གནས་ཅན་དང་འདྲ་བའི་དངོས་པོ་ལས་རྟགས་མཐའི་ན་ཡིག་དབྱི་བར་མི་འགྱུར་རོ་ ཞེས་གསུངས་པ་ནི་རྟགས་མཐའི་ན་ཡིག་རང་བཞིན་པ་མ་ཡིན་ཞིང་། མ་ཡིག་བསྒྱུར་བ་ཅན་ ཡིན་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །སློབ་ཕན་དུ་བྱིངས་སྨོས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ ཏོ་ཞེས་གསུངས་ཤིང་། དུར་སིང་དུ་བྱིངས་སྨོས་པ་ནི་ཡང་ན་མི་འཇུག་པའི་དོན་དུའོ་ཞེས་ ཀྱང་གསུངས་སོ། །ཝ་མ་དག་ལའང་ངོ་ཞེས་པ་ནི་བྱིངས་མཐའི་མ་ཡིག་རྣམས། ཝ་དང་མ་ ཡིག་དང་པོ་ཅན་གྱི་རྐྱེན་ཕ་རོལ་ཏུ་ཡོད་པ་ལའང་ན་ཡིག་ཏུ་འགྱུར་ཏེ། དཔེར་ན། གམླྀ་འགྲོ་ བའི་བྱིངས་ཡྀ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་བཞི་པར་ཀྭནྟ་ཀཱ་ན་དག་པར་རོ྅ཀྵ་བཞིན་འོང་ ངོ་ཞེས་པས་ཀྭནྶུ་བྱིན་པའི་ཀ་རྗེས་འབྲེལ་དང་ཨུ་བརྗོད་དོན་ཕྱིས་ནས། ཨཱ་གསུམ་པར་ཙཎ་ པ་རོ྅ཀྵ་ཙཻ་ཀྲཱི་ཡི་ཏ་ཞེས་པས་བྱིངས་གཉིས་སུ་བཞག་ཅིང་དེ་ཉིད་དུ་ཨ་བྷྱཱ་སའི། གསལ་ བྱེད་དང་པོ་ཞེས་པས་སྔ་མའི་མ་ཡིན་ཕྱིས་ལ། དེ་ཉིད་དུ་ཀ་སྡེའི་ཙ་སྡེའོ་ཞེས་པས་ག་སྔ་མ་ཛ་ རུ་བསྒྱུར་ཏེ། མདོ་འདིས་མ་ཡིག་ན་རུ་བསྒྱུར་ནས། གསལ་བྱེད་ལས་སི་དང་། བརྩེགས་པའི་ མཐའ་ས་ཡིག་དབྱི་ཞིང་། ནཱ་གཉིས་པར་ས་མཐའ་དང་མ་ཧན་ཏ་དག་གི་ཞེས་པས་ཝཱ་རིང་ པོར་བསྒྱུར་བས། ཛ་ག་ནྭཱན་(འགྲོ་བར་བྱེད། )ཞེས་པ་དང་། ཡང་གམ་ལ། ཨཱ་གཉིས་པར་བྱིངས་ ལས་བྱ་བ་ཡང་དག་པར་སྡུད་པ་ལ་ཞེས་པས། ཙེ་ཀྲཱི་ཡི་ཏའི་མིང་ཅན་ཡའི་རྐྱེན་བྱིན་ནས། བསྒྲུབ་ཚུལ་གཞན་ཐམས་ཅད་སྔར་དང་འདྲ་བ་ལ། མཆོག་གི་སྦྱོར་བར་གམ་ལས་ཙེ་ཀྲཱི་ཡི་ཏ་ འཇིགས་པར་བཤད་པས་ཡ་དབྱི་ཞིང་། ཨུཎ་སོགས་ཀྱི་མདོར་མསའོ་ཞེས་པས་ཡ་ཕྱིས་པའི་ མཐར་མས་བྱིན་ཏེ། དེའི་ས་རྣམ་བཅད་དུ་བསྒྱུར་བས། ཛགན་མཿ(ཡང་དང་ཡང་དུ་བགྲོ་བར་བྱེད། ) ཞེས་པ་ལྟ་བུའོ། །དབྱངས་ལ་བྱིངས་ཏེ་ཨཱཏ་མ་ཡིན་པའོ་ཞེས་པ་ནི་བྱིངས་མཐའི་མ་ཡིག་ན་ རུ་བསྒྱུར་བ་རྣམས་རྣམ་དབྱེ་དབྱངས་ཡིག་ཅན་ཕ་རོལ་ཏུ་ཡོད་པ་ན། སྔར་བྱིངས་ཀྱི་དུས་ཀྱི་ 6-1-701 ངོ་བོ་བཞིན་དུ་མ་ཡིག་ཏུ་འགྱུར་ཞིང་། ཨཱཏ་མ་ཡིན་པ་ཞེས་པ་ཨུ་པ་དྷཱའི་ཨ་ཡིག་རིང་པོར་ བསྒྱུར་བ་རྣམས། བྱིངས་ཀྱི་དུས་ཀྱི་ཐུང་ངུར་ཡོད་པ་བཞིན་འགྱུར་བ་མ་ཡིན་ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཤ་མུ་དང་ཏ་མུའི་ཨུ་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཀྭིཔ་བྱིན་པ་ཕྱིས་ ནས། མདོ་སྔ་མས་མ་ཡིག་དག་ན་རུ་བསྒྱུར་ཏེ། ཀྲྀཏ་དང་པོར་ལྔ་པའི་ཨུ་པ་དྷཱའི་ཞེས་པས་ཤ་ དང་ཏ་རིང་པོར་བསྒྱུར་ཞིང་། ཚིག་ཏུ་སྒྲུབ་པ་ལ་ཨཽ་དང་ཛས་ཁྱད་དོན་ཕྱིས་པའི་ཨས་བྱིན་ ནས་མདོ་འདིས་དབྱངས་ཕ་རོལ་ལ་ན་ཡིག་བྱིངས་ཀྱི་དུས་ན་ཡོད་པ་བཞིན་མ་རུ་བསྒྱུར་ཏེ། ཨཱཏ་མ་ཡིན་པ་ཞེས་པས་ཤ་དང་ཏའི་དབྱངས་བྱིངས་ཀྱི་དུས་ན་ཐུང་ངུར་ཡོད་པ་བཞིན་མི་ འགྱུར་བར་རིང་པོར་བཞག་པས། པྲ་ཤཱ་མཽ(རབ་ཏུ་ཞི་བ་དག)། པྲ་ཤཱ་མཿ(རབ་ཏུ་ཞི་བ་རྣམས། ) པྲ་ཏཱ་མཽ། (རབ་ཏུ་འདོད་པ་དག) པྲ་ཏ་མཿ(རབ་ཏུ་འདོད་པ་རྣམས། ) ཞེས་པ་ལྟ་བུའོ། །རྣམ་དབྱེ་གསལ་བྱེད་དང་པོ་ ཅན་ཕ་རོལ་ཏུ་ཡོད་པ་ལ་ནི་བྱིངས་ཀྱི་ན་ཡིག་སླར་མ་ཡིག་ཏུ་མི་འགྱུར་ཏེ། དཔེར་ན། པྲ་ ཤམ་ལ་སྔར་བཞིན་ཀྭིཔ་བྱིན་པ་ཕྱིས་ནས། མདོ་སྔ་མས་མ་ཡིག་ན་རུ་བསྒྱུར་ཏེ། ཚིག་ཏུ་ བསྒྲུབ་པ་ལ་བྷྱཱམ་བྱིན་པ་གསལ་བྱེད་ཡིན་པའི་ཕྱིར་ན་ཡིག་མ་རུ་སླར་མ་བསྒྱུར་བས། པྲ་ ཤཱནྦྷྱཾ(རབ་ཏུ་ཞི་བ་དག་གི)ཞེས་པ་ལྟ་བུའོ། ། དགུ་པ་བྱིངས་མཐར་རྐྱེན་སོ་སོ་ལ་ཨིཊ་ཨཱ་ག་མ་འགྱུར་མི་འགྱུར་སྤེལ་མར་བསྟན་པ་ ནི། ཨརྟི་ཨིན་གྷས་དབྱངས་གཅིག་པ་ཨཱཏ་རྣམས་ཀྱི་ཝནྶི་ལ་ཨིཊའོ་ཞེས་པ་ཨརྟི་སྟ་རྀ་དང་ ཨིཎ་འགྲོ་བ་དང་། ཨད་ཟ་བའི་བྱིངས་གྷསླྀ་རུ་བསྒྱུར་བ་དང་། དབྱངས་ཡིག་གཅིག་དང་ ལྡན་པ་དང་ཨཱ་ཡིག་རིང་པོའི་མཐའ་ཅན་གྱི་བྱིངས་རྣམས་ལ་ཕ་རོལ་ཏུ་ཝནྶིའི་རྐྱེན་བྱིན་པ་ ན། བར་དུ་ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། ཝནྶིའི་ཨི་ཡིག་ནི་བརྗོད་པའི་དོན་ཏོ། །དཔེར་ ན། བྱིངས་དེ་རྣམས་ལ། ཀྲྀཏ་བཞི་པར་ཀྭནྶུ་ཀཱ་ན་དག་པ་རོ྅ཀྵཱ་བཞིན་འང་ངོ་ཞེས་པས་ཀྭནྶུ་ བྱིན་པའི་ཀ་ཁྱད་དོན་དང་ཨུ་བརྗོད་དོན་ཕྱིས་ནས། ཨཱ་གསུམ་པར་ཙཎ་པ་རོ྅ཀྵཱ་ཞེས་པས་ 6-1-702 བྱིངས་གཉིས་སུ་འཇོག་པ་དང་། མདོ་འདིས་ཝནྶིའི་དང་པོར་ཨིཊ་བྱིན་ནས་ཊ་ཁྱད་དོན་ཕྱིས་ ཏེ་སྦྱོར་བ་དང་། མཐར་སི་བྱིན་པ་ན། ནཱ་གཉིས་པར་ས་མཐའ་དང་མཧནྟ་དག་གི་ནའི་ཨུ་པ་ དྷཱའི་འོ་ཞེས་པས་ཝ་ཡིག་རིང་པོར་འགྱུར་བ་དང་། སི་གསལ་བྱེད་ལས་འཕྱིད་པ་དང་ བརྩེགས་པའི་མཐའ་ས་ཡིག་འཕྱིད་པ་ནི་ཐམས་ཅད་ལ་མཚུངས་ཤིང་། ཁྱད་པར་ཨཱ་གསུམ་ པར་རྀ་ཡིག་གི་ཞེས་པས་རྀ་སྔ་མ་ཨ་ཡིག་ཏུ་བསྒྱུར་ནས། དེ་ཉིད་དུ་དང་པོའི་ཨའི་ཐམས་ ཅད་དུ་ཞེས་པས་ཨའང་རིང་པོར་བསྒྱུར་ཏེ། སན་གཉིས་པར་རྀའི་ཡི་གེ་རའོ་ཞེས་པ་ལྟར་ཕ་ རོལ་ཏུ་ཨི་མཐོང་བ་ལས་རྀ་ཕྱིར་མ་ར་རུ་བསྒྱུར་བས། ཨཱ་རི་ཝཱན་(འགྲོ་བར་བྱེད། )ཞེས་པ་དང་། ཨིཎ་གྱི་ཎ་ཁྱད་དོན་ཕྱིས་ཏེ། ཨཱ་གསུམ་པར་ཨིཎ་འ་པ་རོ྅ཀྵཱ་ལ་ཞེས་པས་ཨི་སྔ་མ་རིང་པོ་ དང་། ཨཱ་བཞི་པར་ཨིན་འི་འང་ངོ་ཞེས་པས་ཨི་ཕྱི་མ་ཡ་རུ་བསྒྱུར་བས། ཨཱི་ཡི་ཝཱན་(འགྲོ་བར་ བྱེད། )ཞེས་པ་དང་། དེ་ཉིད་དུ་པ་རོ྅ཀྵཱ་ལ་ཡང་ནའོ་ཞེས་པས་ཨད་གྷསླྀ་རུ་བསྒྱུར་བའི་ལྀ་རྗེས་ འབྲེལ་ཕྱིས་ཏེ། ཨཱ་གསུམ་པར་ཀ་སྡེའི་ཙ་སྡེའོ་ཞེས་པས་གྷ་སྔ་མ་ཛྷ་དང་། དེ་ཉིད་དུ་གཉིས་ པ་བཞི་པ་དག་གི་ཞེས་པས་ཛྷའང་ཛ་རུ་བསྒྱུར་ནས། ཨ་བྷྱཱ་སའི་གསལ་བྱེད་དང་པོ་ཞེས་པས་ སྔ་མའི་ས་ཕྱིས་ལ། ཨཱ་དྲུག་པར་གམ་ཧན་ཛན་ཁན་གྷས་ཞེས་པས་གྷ་ཕྱི་མའི་དབྱངས་དབྱི་ ཞིང་། ནཱ་གསུམ་པར་སྒྲ་མེད་པ་ལ་དང་པོའི་ཞེས་པས། གྷ་ཡིག་ཀ་དང་། ཨཱ་བརྒྱད་པར་ཤཱ་སི་ བ་སི་གྷ་སི་རྣམས་ཀྱི་འང་ངོ་ཞེས་པས་ས་ཡིག་ཥ་རུ་བསྒྱུར་བས། ཛཀྵི་ཝཱན་(ཐོས་སོ། །) ཞེས་པ་ དང་། ཨཱ་བཞི་པར་གསལ་བྱེད་གཅིག་པུ་བའི་དབུས་ཞེས་པས་དབྱངས་གཅིག་པ་ཅན་པཙ་ འཚེད་པ་དང་པཋ་ཀློག་པའི་བྱིངས་དག་གིས་པ་ཕྱི་མའི་དབྱངས་ཨེ་རུ་བསྒྱུར་ཏེ་ཨ་བྷྱཱ་ས་ ཕྱིས་པས། པེ་ཙི་ཝཱན། (བཅོས་སོ། །) པེ་ཐི་ཝཱན་(གླགས་སོ། །) ཞེས་པ་དང་། ཨཱཏ་མཐའ་ཅན་ནི་པཱ་ འཐུང་བ་དང་། ཌུདཱཉ་སྦྱིན་པའི་རྗེས་འབྲེལ་ཕྱིས་པ་དག་ཡིན་ལ། ཨཱ་གསུམ་པར་ཐུང་ངུའོ་ ཞེས་པས་པཱ་དང་དཱ་སྔ་མ་དག་གི་དབྱངས་ཐུང་ངུར་བསྒྱུར་ཏེ། ཨཱ་བཞི་པར་ཨིཊ་ལའང་ངོ་ 6-1-703 ཞེས་པ་ལྟར་ཕྱི་མ་དག་གི་དབྱངས་ཕྱིས་པས། པ་པི་ཝཱན་(འཐུངས་སོ། །)ད་དི་ཝཱན་(སྦྱིན་ནོ། །)ཞེས་ པ་ལྟ་བུའོ། །གམ་ཧན་བིད་དི་ཤ་ཏྲྀ་ཤ་རྣམས་ཀྱི་ཡང་ནའོ་ཞེས་པ་ནི་གམླྀ་འགྲོ་བ་དང་། ཧན་ འཚེ་བ་དང་། བིད་ཤེས་པ་དང་། བི་ཤ་འཇུག་པ་དང་། དྲྀ་ཤིར་ལྟ་བའི་བྱིངས་འདི་རྣམས་ཀྱི་ ཕ་རོལ་ཏུ་ཝནྶིའི་རྐྱེན་བྱིན་པ་ན། བར་དུ་ཨིཊ་ཨཱ་ག་མ་ཡང་ན་སྦྱིན་པར་འགྱུར་ཞིང་། ཡང་ན་ མི་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ལྀ་དང་ཨིར་རྗེས་འབྲེལ་ཕྱིས་པ་ལ་ཀྭནྶུ་བྱིན་ ནས་བྱིངས་རྣམས་གཉིས་སུ་བཞག་ཅིང་། ཨ་བྷྱཱ་སའི་གསལ་བྱེད་དང་པོ་ལྷག་མར་བྱས་ནས། སི་སྟེར་བ་ལ་སོགས་པའི་བསྒྲུབ་ཚུལ་སྔར་དང་མཚུངས་ཤིང་། ཁྱད་པར་ཨཱ་གསུམ་པར་ཀ་ སྡེའི་ཙ་སྡེའོ་ཞེས་པས་ག་སྔ་མ་ཛ་རུ་བསྒྱུར་ཏེ། ཨཱ་དྲུག་པར་གམ་ཧན་ཞེས་པས་ག་ཕྱི་མའི་ དབྱངས་ཕྱིས་ནས། ཨིཊ་བྱིན་པས། ཛགྨི་ཝཱན་(ཕྱིན་ནོ། །) ཞེས་པ་དང་། ཡང་ན་ཨིཊ་མི་སྟེར་ བའི་ཕྱོགས་ལ། གསལ་བྱེད་དང་པོར་ཡོད་པ་ལ་གའི་དབྱངས་མི་འཕྱིད་ཅིང་། འདི་ཉིད་དུ་ ཝ་མ་དག་ལ་ཡང་ནའོ་ཞེས་པ་ལྟར་མ་ཡིག་ན་རུ་བསྒྱུར་བས། ཛ་གནྺཱན་(སོང་ཟིན། )ཞེས་པ་དང་། ཨཱ་གསུམ་པར་ཧའི་ཛའོ་ཞེས་པས། ཧ་སྔ་མ་ཛ་རུ་བསྒྱུར་ཏེ། སྔར་བཞིན་ཨིཊ་བྱིན་ནས། ཨུ་ པ་དྷཱ་ཧ་ཕྱི་མའི་དབྱངས་དབྱི་ཞིང་། ཨཱ་དྲུག་པར་ཨུ་པ་དྷཱ་ཕྱིས་པའི་འང་ངོ་ཞེས་པ་ལྟར་ཧ་ཡིག་ གྷ་རུ་བསྒྱུར་བས། ཛགྷྣི་ཝཱན་(བཙོས་སོ། །)ཞེས་པ་དང་། ཡང་ན་ཨིཊ་མ་བྱིན་པར། དེ་ཉིད་དུ་ཨ་ བྷྱཱ་ས་ལས་ཀྱང་ངོ་ཞེས་པ་ལྟར་ཧ་ཡིག་ཕྱི་མའང་གྷ་རུ་བསྒྱུར་བས། ཛ་གྷནྺཱན་ཞེས་པ་དང་། བིད་དང་བི་ཤ་དག་ལ་ཨིཊ་བྱིན་པ་དང་མ་བྱིན་པ་ལས། བི་བི་དི་ཝཱན། (ཤེས་སོ། །) བི་བི་ དྭན། (མཁས་སོ། །) བི་བི་ཤ་ཝཱན། (ཞུགས་སོ། །) བི་བི་ཤྭཱན་(འཇུག་གོ)ཞེས་པ་དང་། ཨཱ་གསུམ་པར་ རྀའི་ཡི་གེ་ཨའོ་ཞེས་པས། ཏྲྀ་སྔ་མའི་རྀ་ཡིག་ཨ་རུ་བསྒྱུར་ཏེ། ཨིཊ་བྱིན་པ་དང་མ་བྱིན་པ་ ལས། ད་ཏྲྀ་ཤི་ཝཱན། བལྟས། ད་ཏྲྀ་ཤྭཱན་ཞེས་པ་ལྟ་བུའོ། །དཱ་ཤྭཱན་སཱ་ཧྭཱན། མཱི་ཌན་འང་ངོ་ཞེས་ པ་ནི། དཱ་ཤྭཱན་དང་། སཱ་ཧྭཱན་དང་། མཱི་ཌན་ཞེས་པ་འདི་རྣམས་ཝནྶའི་རྐྱེན་བྱིན་པ་ལས་ཚིག་ 6-1-704 ཕྲད་དུ་གྱུར་པ་སྟེ། འང་ཡིག་འདི་བསྡུ་བའི་དོན་ཏོ། །དཔེར་ན། དཱ་ཤྲྀ་སྦྱིན་པ་དང་། སཧ་ནུས་ པ་དང་། མིཧ་སིང་པའི་བྱིངས་རྣམས་ཀྱི་རྀ་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་ཀྭནྶུ་བྱིན་ ནས། བྱིངས་རྣམས་གཉིས་སུ་བཞག་སྟེ་སྔ་མའི་གསལ་བྱེད་དང་པོ་ལྷག་མར་བྱ་ཞིང་། ཁྱད་ པར་བྷྱཱས་རྣམས་དབྱི་བ་དང་། ས་ཧའི་ས་ཡིག་རིང་པོ་དང་། མི་ཧའི་མི་ཡིག་རིང་པོ་དང་། ཧ་ ཡིག་ཌ་རུ་བསྒྱུར་བ་དང་། ཨིཊ་མི་སྦྱིན་པ་རྣམས་ཀྱང་། དུར་སིང་དུ། རྣམ་པར་བཤད་པ་ ལས་ཐོབ་པ་མ་ཡིན་པ་འདིའོ་ཞེས་ལྟར་མདོ་འདིས་ཐོབ་པ་མ་ཡིན་པའི་བྱ་བ་བྱས་པའི་ཕྱིར་ ཚིག་ཕྲད་དུ་གྱུར་པ་ཡིན་ལ། མཐར་སི་བྱིན་ནས་སྔར་བཞིན་ཝ་ཡིག་རིང་པོར་བསྒྱུར་ཏེ། གསལ་བྱེད་ལས་སི་དང་བརྩེགས་པའི་མཐའ་ཕྱིས་པས། དཱ་ཤྭཱན། སཱ་ཧྭཱན། མཱི་ཌན་ཞེས་པ་ལྟ་ བུའོ། །ཤྲི་ཨུའི་ཡི་གེ་བྲྀ་རཱྀཏ་རྣམས་ཀྱི་ཀ་རྗེས་སུ་འབྲེལ་པ་ལ་མ་ཡིན་ནོ་ཞེས་པ་ནི་ཤྲི ཉ་ བསྟེན་པ་དང་། ཨུའི་ཡི་གེ་ཐུང་ངུར་དང་རིང་པོའི་མཐའ་ཅན་རྣམས་དང་། བྲྀང་ཡང་དག་ པར་ཟ་བ་དང་། བྲྀཉ་འདམ་པའམ་ཞུ་བའི་བྱིངས་དག་ལ། རྀ་ཡིག་རིང་པོའི་མཐའ་ཅན་གྱི་ བྱིངས་རྣམས་ཀྱི་ཕ་རོལ་ཏུ་ཀ་ཡིག་རྗེས་སུ་འབྲེལ་པའི་རྐྱེན་ཡོད་པ་ལ། བར་དུ་ཨིཊ་ཨཱ་ག་མ་ སྦྱིན་པར་མི་འགྱུར་ཞེས་པ། ཨཱ་བདུན་པར་བྱིངས་ཐམས་ཅད་པ་མ་ཡིན་པ་གསལ་བྱེད་དང་ པོ་ཞེས་སོགས་ཀྱིས་ཨིཊ་ཐོབ་པ་ལས་དམིགས་བསལ་སྟོན་པ་སྟེ། དཔེར་ན། བྱིངས་དེ་ རྣམས་ལ་འདི་ཉིད་དུ་འགྲོ་བའི་དོན་དང་ལས་མེད་པར་ཞེས་པས་ཀྟ་དང་། བྱེད་པ་པོ་གཅིག་ དག་གི་ཞེས་པས་ཀྟྭཱ་བྱིན་ནས་ཀ་ཡིག་ཁྱད་དོན་འཕྱིད་པ་དང་། མདོ་འདིས་བྱིངས་མཐར་ ཨིཊ་མི་འཇུག་པ་དང་། སི་བྱིན་ནས་ཀྟྭཱའི་མཐར་སྔར་བཞིན་མི་ཟད་པ་ལས་འཕྱིད་པ་རྣམས་ ནི་ཐམས་ཅད་ལ་མཚུངས་ཤིང་། ཁྱད་པར་ཤྲི་ཉའི་ཁྱད་དོན་ཕྱིས་པ་ལ། ཀྟ་དང་ཀྟྭཱ་བྱིན་པས། ཤྲི་ཏཿ(བསྟེན་ནོ། །) ཤྲི་ཏྭཱ་(བསྟེན་ཏེ། )ཞེས་པ་དང་། ཨུ་ཡིག་ཐུང་ངུའི་མཐའ་ཅན་ཡུ་བསྲེ་བའི་ བྱིངས་ལ་རྐྱེན་དེ་དག་སྦྱར་བས། ཡུ་ཏཿ(བསྲེས་སོ། །) ཡུ་ཏྭཱ་(བསྲེས་ཏེ། )ཞེས་པ་དང་། ཨུ་ཡིག་རིང་ 6-1-705 པོའི་མཐའ་ཅན་ལཱུཉ་གཅོད་པའི་བྱིངས་ཉ་ཁྱད་དོན་ཕྱིས་པ་ལའང་དེ་བཞིན་དུ་སྦྱར་ཏེ། འདི་ ཉིད་དུ་ལཱུ་སོགས་དང་ཨོཏ་རྗེས་སུ་འབྲེལ་པ་ལ་ཞེས་པས་ཀྟའི་ཏ་ཡིག་ན་རུ་བསྒྱུར་བས་ལཱུ་ ནཿ(གཅོད་དོ། །) ལཱུ་ཏྭཱ་(བཅད་ནས། )ཞེས་པ་དང་། བྲྀ་ཞེས་པ་བྲྀང་དང་བྲྀཉའི་ང་དང་ཉ་རྗེས་འབྲེལ་ ཕྱིས་པ་ལ་རྐྱེན་གཉིས་པོ་སྦྱར་བས། བྲྀ་ཏཿ(ཟོས་སོ། །) བྲྀ་ཏྭཱ་(ཟོས་ནས)། ཞེས་པ་དང་། རཱྀཏ་ཀྱི་ མཐའ་ཅན་ཏྲཱྀ་རྐྱལ་བའི་དབྱངས་ལའང་དེ་བཞིན་དུ་སྦྱར་ཏེ། ཨཱ་ལྔ་པར་རཱྀཏ་མཐའི་ཡོན་ཏན་ མེད་པ་ལ་ཞེས་པས་ཏྲྀའི་དབྱངས་ཨིར་དུ་བསྒྱུར་ཞིང་། ཨཱ་བརྒྱད་པར་ནཱ་མིའི་ར་བ་དག་ལ་ ཞེས་པས་ཨིའང་རིང་པོར་བསྒྱུར་ལ། འདི་ཉིད་དུ་ར་ལས་ནིཥྠཱའི་ཞེས་པས་ཀྟའི་ཏ་ཡིག་ན་ དང་། ནཱ་བཞི་པར་ར་ཥ་རྀ་འི་ཞེས་པ་ལྟར་ནའང་ཎ་རུ་བསྒྱུར་བས། ཏཱིཪྞཿ(སྒྲོལ་ལོ། །) ཏཱིར་ཏྭཱ་ (རྒལ་ནས། ) ཞེས་པ་ལྟ་བུའོ། །ཀྲྀཏ་ལ་སྒྲ་ལྡན་དང་ཏི་དག་ལའང་ངོ་ཞེས་པ་ནི་བྱིངས་རྣམས་ ལས་ཕ་རོལ་ཏུ་ཀྲྀཏ་རྐྱེན་གྱི་མིང་ཅན་རྣམས་ཡོད་ཅིང་། ཁྱད་པར་སྒྲ་ལྡན་དང་། ཏིའི་རྐྱེན་ ཡོད་པ་ལའང་བྱིངས་མཐའི་ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨཱི་ཤ་མཆོག་གི་ དབང་ཕྱུག་གི་བྱིངས་ལ། ཀྲྀཏ་བཞི་པར་ཀ་སི་པི་སི་བྷ་སི་ཨཱིཤ་ཞེས་པ་སྒྲ་ལྡན་གྱི་རྐྱེན་ཝ་ར་ དང་། དཱིཔ་གསལ་བའི་བྱིངས་དེ་ཉིད་དུ་དཱི་པི་ཀམཱི་ཞེས་པས་སྒྲ་ལྡན་གྱི་རྐྱེན་ར་དང་། དཱིཔ་ལ། ཀྲྀཏ་ལྔ་པར་བུད་མེད་ལ་ཀྟི འོ་ཞེས་པས་ཀྟི འི་ཀ་ཁྱད་དོན་ཕྱིས་པ་ཏིའི་རྐྱེན་བྱིན་ནས། མདོ་ འདིས་བྱིངས་མཐར་ཨིཊ་མི་སྦྱོར་ཞིང་། ཐམས་ཅད་ཀྱི་མཐར་སི་བྱིན་པས། ཨཱི་ཤྭ་རཿ(དབང་ ཕྱུག) དཱི་པྲཿ(མར་མེ། ) དཱིབྷིཿ(གསལ་བྱེད། ) ཞེས་པ་ལྟ་བུའོ། །ཨི་ཥུ་སཧ་ལུ་བྷ་རུ་ཥ་ཧི་ཥ་རྣམས་ཀྱི་ ཏ་ལ་ཡང་ནའོ་ཞེས་པ་ནི། ཨི་ཥུ་འདོད་པ་ད་ང་། ཥཧ་བཟོད་པ་དང་། ལུབྷ་བརྐམ་ཆགས་ཅན་ དང་། རུ་ཥ་དང་། རྀཥ་འཚེ་བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ་ཏ་ཡིག་དང་པོ་ཅན་གྱི་རྐྱེན་ ཡོད་པ་ལ་ཨིཊ་ཨཱ་ག་མ་ཡང་ན་སྦྱིན་པར་མི་འགྱུར་ཞིང་། ཡང་ན་འགྱུར་ཏེ། དཔེར་ན། བྱིངས་ དེ་རྣམས་ལ། ཀྲྀཏ་གཉིས་པར་བུ་ཎ་ཏྲྀ་ཙ་དག་གོ་ཞེས་པས་ཏྲྀ་ཙ་བྱིན། མདོ་འདིས་ཡང་ན་ 6-1-706 ཨིཊ་མི་སྦྱོར་བ་དང་། ཨཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ཞེས་པས་ཨི་ཡིག་རྣམས་ཨེ་དང་། ཨུ་ཡིག་ རྣམས་ཨོ་རུ་བསྒྱུར་བ་དང་། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ལས་ཞེས་པས་རྐྱེན་གྱི་ཏཱ་ཡིག་ཥ་ ཡིག་དང་སྦྱོར་བ་རྣམས་ཊ་རུ་བསྒྱུར་བ་དང་། ཧའི་མཐར་ཌྡྷ་རུ་བསྒྱུར་བ་དང་། མཐར་སི་ བྱིན་པ་ནཱ་དང་པོར་སི་ལ་ཨཱ་སྟེ་སི་དབྱི་བའང་ངོ་ཞེས་པ་ནི་ཐམས་ཅད་ལ་མཚུངས་ཤིང་། ཁྱད་ པར། ཨི་ཥུ་ཨུ་རྗེས་འབྲེལ་ཕྱིས་ནས་ཨི་ཡིག་ཨེ་དང་ཏཱ་ཡིག་ཊ་རུ་བསྒྱུར་བས། ཨེཥཱ(འདོད་ དོ། །)ཞེས་པ་དང་། ཨཱ་བརྒྱད་པར་བྱིངས་ཀྱི་དང་པོའི་ཥའི་སའོ་ཞེས་པས་ཥ་ཧའི་ཥ་ཡིག་ས་དང་། དེ་ཉིད་དུ་ས་ཧི་བཧ་དག་གི་ཨའི་ཡི་གེའི་ཨོཏའོ་ཞེས་པས་སའི་དབྱངས་ཨོ་རུ་བསྒྱུར་ཞིང་། ཨཱ་དྲུག་པར་ཧའི་ཌྷའོ་ཞེས་པས་ཧ་ཡིག་ཌྷ་དང་། རྐྱེན་གྱི་ཏཱའང་བསྒྱུར་བ་ན། ཨཱ་བརྒྱད་པར་ ཌྷའི་ཌྷ་ལ་དབྱི་སྟེ་ཨུ་པ་དྷཱའི་རིང་པོའང་ངོ་ཞེས་པ་ལྟར་བྱིངས་མཐའི་ཌྷ་ཕྱིས་པས་སོཌྷཱ་(བཟོད་ དོ། །)ཞེས་པ་དང་། བྷའི་ཨུ་ཡིག་ཨོ་རུ་བསྒྱུར་ཏེ། དེ་ཉིད་དུ་གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་ བྷའི་མཐར་ཏ་ཡིག་དྷ་རུ་བསྒྱུར་བ་ན། དེ་ཉིད་དུ་དྷུཊ་རྣམས་ཀྱི་བཞི་པ་རྣམས་ལ་གསུམ་པའོ་ ཞེས་པས་བྷ་ཡིག་རང་གི་སྡེ་པའི་གསུམ་པ་བ་ཡིག་ཏུ་བསྒྱུར་བས། ལོབྡྷཱ(བརྐམ་ཆགས་སོ། །)ཞེས་ པ་དང་། རུཥའི་ཨུ་ཡིག་ཨོ་དང་ཏ་ཡིག་ཊ་རུ་བསྒྱུར་བས། རོཥྚཱ་(འཚེ། )ཞེས་པ་དང་། རིཥའི་ཨི་ ཡིག་ཨེ་དང་། ཏ་ཡིག་ཊ་རུ་བསྒྱུར་བས། རེཥྚཱ་(འཚེའོ། །)ཞེས་པ་ལྟ་བུ་དང་། ཡང་ན་མདོ་འདིས་ བྱིངས་མཐར་ཨིཊ་ཨཱ་ག་མ་བྱིན་ནས་གཞན་སྔར་དང་འདྲ་བ་ལ། ཏ་ཡིག་ཊ་ལ་སོགས་པར་ མ་བསྒྱུར་བས། ཨེཥིཏཱ། (འདོད་པའི་ཕྱིར། )ས་ཧི་ཏཱ། ལོ་བྷི་ཏཱ། རོ་ཥི་ཏ། རེ་ཥི་ཏཱ་ཞེས་པ་ལྟ་བུའོ། ། རདྷ་སོགས་རྣམས་ལས་ཀྱང་ངོ་ཞེས་པ་ལ་དུར་སིང་དུ། ཏ་ལ་ཞེས་པ་མི་འཇུག་སྟེ་སོ་སོར་ བརྗོད་པ་ལས་སོ་ཞེས་གསུངས་པས། རདྷ་འཚེ་བ་དང་། སོགས་པའི་སྒྲས་ཎ་ཤ་ཉམས་པ་ལ་ སོགས་པའི་བྱིངས་ཀྱི་ཕ་རོལ་ཏུ། བྱིངས་ཐམས་ཅད་པ་མིན་པ་ཡ་ཡིག་མ་ཡིན་པའི་གསལ་ བྱེད་དང་པོ་ཅན་གྱི་རྐྱེན་ཡོད་པ་ལས་ཀྱང་ཨིཊ་ཨཱ་ག་མ་ཡང་ན་སྦྱིན་པར་མི་འགྱུར་ཞིང་། 6-1-707 ཡང་ན་འགྱུར་ཏེ། དཔེར་ན། རདྷ་དང་ཎ་ཤ་ལ། ཨཱ་དང་པོར་འབྱུང་འགྱུར་ལ་བྷ་ཝི་ཥྱནྟི་དང་ ཞེས་པས་བྷ་བིཥྱནྟིའི་སྱ་ཏི་བྱིན་ནས་མདོ་འདིས་ཡང་ན་ཨིཊ་མ་བྱིན་པར། ཨཱ་གཉིས་པར་ ཤིཊ་མ་ཡིན་པ་རྣམས་ཀྱི་སྒྲ་མེད་པ་དང་པོའོ་ཞེས་པ་ལྟར་རདྷའི་དྷ་ཡིག་ས་མཐོང་བ་ལ་ཏ་རུ་ བསྒྱུར་བས། རཏྶྱཏི་(འཚེ་བར་འགྱུར་རོ། །)ཞེས་པ་དང་། དེ་ཉིད་དུ་ཎ་ནའོ་ཞེས་པས་ཎཤའི་ཎ་ ཡིག་ན་རུ་བསྒྱུར་ནས། ཨཱ་ལྔ་པར་མཤྫི་ན་ཤ་དག་གི་དྷུཊ་ལའོ་ཞེས་པས་ནའི་མཐར་ན་ཨཱ་ག་ མ་བྱིན་པ་རྗེས་སུ་ང་རོར་བསྒྱུར་ཏེ། ཨཱ་དྲུག་པར་ཚ་ཤ་དག་གིའང་ངོ་ཞེས་པས་ཤ་ཡིག་ཥ་རུ་ བསྒྱུར་བ་ཨཱ་བརྒྱད་པར་ཥཌྡྷ་དག་གི་ས་ལ་ཀའོ་ཞེས་པས་ཀ་རུ་བསྒྱུར་བ་ན། དེ་ཉིད་དུ་རྒྱུ་ མཚན་ལས་ཞེས་ལྟར་སྱའི་ས་ཡིག་ཀྱང་ཥ་རུ་བསྒྱུར་བས། ནཾ་ཀྵྱ་ཏི་(ཉམས་པར་འགྱུར་རོ། །)ཞེས་པ་ དང་། ཡང་ན་མདོ་འདིས་བྱིངས་མཐར་ཨིཊ་བྱིན་ནས། སྔར་བཞིན་རྒྱུ་མཚན་ལ་ས་ཡིག་དག་ ཀྱང་ཥ་རུ་བསྒྱུར་བས། ར་དྷི་ཥྱ་ཏི། ནཾ་ཤི་ཥྱ་ཏི་ཞེས་པ་ལྟ་བུའོ། །རདྷ་དང་། ཎཤ་དང་། ཏྲྀཔ་ ཚིམ་པ་དང་། ཏྲྀཔ་དགའ་བ་དང་། དུཧ་སྐྱེ་བ་དང་། མུཧ་སེམས་དང་བྲལ་བ་དང་། སྣུཧ་སྐྱུག་ པ་དང་། སྣི ཧ་དགའ་བའི་བྱིངས་འདི་རྣམས་ནི་རདྷ་ལ་སོགས་པ་བརྒྱད་པོ་རྣམས་ཏེ། དེ་ རྣམས་ཀྱི་མཐར་ཡང་ཨིཊ་ཡང་ན་འཇུག་པར་ཤེས་པར་བྱའོ། །སྭ་ར་ཏི་སཱུ་ཏི་སཱུ་ཡ་ཏི་ཨཱུཏ་ རྗེས་སུ་འབྲེལ་པ་ལས་ཀྱང་ངོ་ཞེས་པ་ནི་སྦྲྀ་སྒྲ་དང་། ཉེ་བར་གདུང་བ་དང་། ཥཱུང་སྲོག་ཆགས་ མངལ་ནས་བཙའ་བ་དང་། ཥཱུང་རབ་ཏུ་སྐྱེ་བ་དང་། ཨཱུ་ཡིག་རིང་པོ་རྗེས་སུ་འབྲེལ་པ་ཅན་གྱི་ བྱིངས་རྣམས་ལས་ཀྱང་ཕ་རོལ་ཏུ། བྱིངས་ཐམས་ཅད་པ་མ་ཡིན་པ་ལ་གསལ་བྱེད་དང་པོ་ ཅན་གྱི་རྐྱེན་ཡོད་པ་ལ། བྱིངས་མཐར་ཨིཊ་ཨཱ་ག་མ་ཡང་ན་སྦྱིན་པར་མི་འགྱུར་ཞིང་། ཡང་ན་ འགྱུར་ཏེ། སྭ་ར་ཏི་སོགས་ཀྱི་ཏ་ཡིག་སྨོས་པ་ནི་བྱིངས་གཞན་དང་མི་འཁྲུལ་བའི་དོན་ཏོ། ། དཔེར་ན། སྦྲྀ་དང་། ཥཱུང་དག་གི་ང་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་ཤྭསྟ་ནཱིའི་ཏཱ་བྱིན་ ནས། མདོ་འདིས་ཡང་ན་ཨིཊ་མ་བྱིན་པར། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་རྀ་ 6-1-708 དང་ཨཱུ་ཡིག་དག་ཡོན་ཏན་བྱས་ཏེ། ཨཱ་བརྒྱད་པར་བྱིངས་ཀྱི་དང་པོའི་ཥའི་ཞེས་པས་ཥ་ཡིག་ དག་ས་རུ་བསྒྱུར་བས། སྭརཏཱ། སོ་ཏཱ། སོ་ཏཱ་ཞེས་པ་དང་། ཡང་ན་ཨིཊ་བྱིན་ནས་སྔར་བཞིན་ ཡོན་ཏན་བྱས་པའི་ཨོ་ཡིག་དག་དང་མཚམས་སྦྱར་བས། སྭ་རི་ཏཱ(སྨྲ་བྱེད)། ས་ཝི་ཏྲ(སྦ་བྱེད)། ས་ཝི་ཏཱ་ཞེས་པ་དང་། ཨཱུཏ་རྗེས་སུ་འབྲེལ་པ། ནི་སྔ་མ་ཅན་གྱི་གུ་ཧཱུ་ཀུན་ནས་སྒྲིབ་པའི་ བྱིངས་ཨཱུ་རྗེས་འབྲེལ་ཕྱིས་པ་ལས་སྔ་མ་ལྟར་ཏཱ་བྱིན་ནས། ཡང་ན་ཨིཊ་མ་བྱིན་པར། ཨཱ་ལྔ་ པར་ཨུ་པ་དྷཱ་ནཱ་མིའང་ཞེས་པས་གུའི་དབྱངས་ཡོན་ཏན་བྱས་ཏེ། ཨཱ་དྲུག་པར་ཧའི་ཌྡྷའོ་ཞེས་ པས་ཧ་ཡིག་ཌྡྷ་དང་། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ཞེས་པས་རྐྱེན་གྱི་ཏའང་ཌྡྷ་རུ་བསྒྱུར་ཞིང་། དེ་ཉིད་བུ་ཌྡྷའི་ཌྡྷ་ལ་ཞེས་པ་ལྟར་བྱིངས་མཐའི་ཌྡྷ་ཕྱིས་པས། ནི་གོ་ཌྡྷ་ཞེས་པ་དང་། ཡང་ན་ ཨིཊ་བྱིན་ནས། ཨཱ་བཞི་པར་གོ་ཧིའི་ཨུ་པ་དྷཱའི་ཨཱུཏའོ་ཞེས་པ་ལྟར་གུའི་དབྱངས་ཨཱུ་རིང་པོར་ བསྒྱུར་བས། གཱུ་ཧི་ཏཱ་(སྦེད་དོ། །)ཞེས་པ་ལྟ་བུའོ། །ཨུཏ་རྗེས་སུ་འབྲེལ་པ་པཱུཀླིཤ་རྣམས་ཀྱི་ ཀྟྭཱལའོ་ཞེས་པ་ནི་ཨུ་ཡིག་ཐུང་ངུ་རྗེས་སུ་འབྲེལ་པ་ཅན་གྱི་བྱིངས་རྣམས་དང་། པཱུང་འཐུང་བ་ དང་། ཀླིཤ་ཉེ་བར་གདུང་བའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ་ཀྟྭཱའི་རྐྱེན་ཡོད་པ་ལ་ཡང་། བྱིངས་མཐར་ཨིཊ་ཨཱ་ག་མ་ཡང་ན་སྦྱིན་པར་མི་འགྱུར་ཞིང་། ཡང་ན་འགྱུར་ཏེ། དཔེར་ན། ཨུ་ རྗེས་སུ་འབྲེལ་པ་ཅན་ཤ་མུ་ཉེ་བར་ཞི་བའི་བྱིངས་ཨུ་རྗེས་འབྲེལ་ཕྱིས་པ་དང་། པཱུང་གིང་ རྗེས་འབྲེལ་ཕྱིས་པ་ལ། ཀླིཤ་རྣམས་ལ་སྔར་བཞིན་ཀྟྭཱ་བྱིན་པའི་ཀ་ཁྱད་དོན་ཕྱིས་ནས། མདོ་ འདིས་ཡང་ན་ཨིཊ་མ་བྱིན་པར་ཀྲྀཏ་དང་པོར་ལྔ་པའི་ཨུ་པ་དྷཱའི་ཞེས་པས་ཤམ་གྱི་ཤ་ཡིག་ རིང་པོར་བསྒྱུར་ཏེ། ནཱ་བཞི་པར་སྡེ་པ་ལ་སྡེ་པའི་མཐའོ་ཞེས་པས་ཏ་མཐོང་བ་ལས་མ་ཡིག་ ན་རུ་བསྒྱུར་ཞིང་། ཨཱ་དྲུག་པར་ཚ་ཤ་དག་གིའང་ངོ་ཞེས་པས་ཀླིཤའི་ཤ་ཡིག་ཥ་རུ་བསྒྱུར་ ནས། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ལས་ཞེས་པས་རྐྱེན་གྱི་ཏའང་ཊ་རུ་བསྒྱུར་ཏེ། ཐམས་ཅད་ ཀྱི་མཐར་སི་བྱིན་པ་སྔར་བཞིན་མི་ཟད་པ་ལས་ཕྱིས་པས། ཤཱནྟྭཱ(ཞི་ནས)། པཱུ་ཏྭཱ(འཐུངས་ནས)། 6-1-709 ཀླིཥྚྭཱྀ་(ཟུག་རྔུའོ། །)ཞེས་པ་དང་། ཡང་ན་ཨིཊ་བྱིན་ནས། ནཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་ པས་བཱུའི་དབྱངས་ཡོན་ཏན་བྱས་ཏེ་མཚམས་སྦྱར་བས། ཤ་མི་ཏྭཱ། བ་ཝི་ཏྭཱ། ཀླི་ཤི་ཏྭཱ་ཞེས་པ་ ལྟ་བུའོ། །ཛྲཱྀ་བྲཤྩི་དག་གི་ཨིཊའོ་ཞེས་པ་ནི། ཛྲཱྀ་ཥ་ལང་ཚོ་ཉམས་པ་དང་། ཨོ་བྲཤྩཱུ་གཅོད་པའི་ བྱིངས་འདི་དག་གི་ཕ་རོལ་ཏུ་ཀྟྭཱའི་རྐྱེན་ཡོད་པ་ལ་བྱིངས་མཐར་ཨིཊ་ཨཱ་ག་མ་སྦྱིན་པ་ཁོ་ནར་ འགྱུར་ཏེ། སླར་ཡང་ཨིཊ་སྨོས་པ་ནི་མདོ་འདི་མན་ཆད་ལ་ཡང་ནའི་སྒྲ་མི་འཇུག་པའི་དོན་ དུའོ། །དུར་སིང་དུའང་། སླར་ཡང་ཨིཊ་སྨོས་པ་ནི་འདི་དང་ཕྱི་མར་རྟག་ཏུ་བའི་དོན་ལའང་ངོ་ ཞེས་གསུངས་ཤིང་། སློབ་ཕན་དུ་སླར་ཡང་ཨིཊ་སྨོས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ་ཞེས་ ཀྱང་གསུངས་སོ། །དཔེར་ན། ཛྲཱྀཥའི་ཥ་དང་། ཨོ་བྲཤྩཱུའི་ཨོ་དང་ཨཱུ་རྣམས་རྗེས་འབྲེལ་ཡིན་ པས་ཕྱིས་པ་ལ། སྔར་བཞིན་ཀྟྭཱ་དང་། མདོ་འདིས་བྱིངས་མཐར་ཨིཊ་བྱིན་ནས། ཨཱ་ལྔ་པར་ནཱ་ མི་མཐའི་བྱིངས་དང་ཞེས་པས་ཛྲཱྀའི་དབྱངས་ཡོན་ཏན་བྱས་ཏེ། སི་བྱིན་པ་མི་ཟད་པ་ལས་ ཕྱིས་པས། ཛ་རི་ཏྭཱ་(རྒས་ཏེ། ) བྲཤྩི་ཏྭཱ་(མཆོད་དེ། ) ཞེས་པ་ལྟ་བུའོ། །དུར་སིང་དུ། ཨཱིཊའི་རིང་པོ་ སྨོས་སོ་ཞེས་པས་འདིར་རྣམ་པར་བཤད་པའི་སྦྱོར་བ་སོགས་གང་ཡིན་པ་ལས་ཡང་ན་རིང་ པོ་སྟེ། ཛ་རཱི་ཏྭཱ་ཞེས་ཀྱང་གསུངས་སོ། །ལུ་བྷའི་རྣམ་པར་རྨོངས་པ་ལའོ་ཞེས་པ་ནི་ལུ་བྷ་ ཆགས་པའི་བྱིངས་འདིའི་མཐར། རྣམ་པར་རྨོངས་པའི་དོན་དུ་འཇུག་པ་ན། ཕ་རོལ་ཏུ་ཀྟྭཱ་ རྐྱེན་ཡོད་པ་ལ་ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ལུ་བྷ་ལ་སྔར་བཞིན་ཀྟྭཱ་དང་། མདོ་འདིས་ཨིཊ་བྱིན་ནས་སི་སྔར་བཞིན་ཕྱིས་པས། ལུབྷི་ཏྭཱ་ཞེས་པ་ལྟ་བུའོ། །རྣམ་པར་ དཀྲུགས་པའི་དོན་ལ་ནི་ཨིཊ་ཨཱ་ག་མ་ཡང་ན་སྦྱིན་པར་འགྱུར་ཏེ། དཔེར་ན། ལུ་བྷ་ལ་སྔར་ བཞིན་ཀྟྭཱ་བྱིན་ནས། ཨཱ་བརྒྱད་པར་གྷ་ཌྷ་དྷ་བྷ་རྣམས་ལ་ཞེས་པས་ཏ་ཡིག་དྷ་རུ་བསྒྱུར་བ་ན། དེ་ཉིད་དུ་དྷུཊ་རྣམས་ཀྱི་བཞི་པ་རྣམས་ལ་ཞེས་པ་ལྟར་བྷ་ཡིག་ཀྱང་བ་རུ་བསྒྱུར་བས། ལུབྡྷཱ་ དྷྭཱ(དཀྲུགས་ནས། )ཞེས་པ་དང་། ཡང་ན། ཨིཊ་བྱིན་ནས། ལུ་བྷི་ཏྭཱ་ཞེས་པ་ལྟ་བུའོ། །ཀྵུ་དྷ་ཝས་ 6-1-710 དག་གིའང་ངོ་ཞེས་པ་ནི་ཀྵུ་དྷ་བཀྲེས་པ་དང་། ཝས་གནས་པའི་བྱིངས་འདི་དག་གི་ཕ་རོལ་ཏུ་ ཀྟྭཱ་རྐྱེན་ཡོད་པ་ལའང་བྱིངས་མཐར་ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། འང་ཡིག་ནི་བསྡུས་ བའི་དོན་ཏོ། །དུར་སིང་དུ། འང་ཡིག་གི་ལུ་བྷའི་རྣམ་པར་རྨོངས་པ་ལ་ཞེས་རྗེས་སུ་བྱེད་པ་ སྟེ་ཕྱི་མའི་དོན་ལའོ་ཞེས་གསུངས་སོ། །དཔེར་ན། ཀྵུ་དྷ་དང་ཝས་ལ་སྔར་བཞིན་ཀྟྭཱ་དང་། མདོ་འདིས་ཨིཊ་བྱིན་ནས། ཨཱ་བརྒྱད་པར་སྭ་པི་ཝ་ཙི་ཡཛ་སོགས་ཞེས་པས་ཝ་ཡིག་ཨུ་རུ་ བསྒྱུར་བའི་སཾ་པྲ་སཱ་ར་ཎ་བྱས་ཏེ། རྒྱུ་མཚན་ལས་ས་ཥ་རུ་བསྒྱུར་ཞིང་། སི་སྔར་བཞིན་ཕྱིས་ པས། ཀྵུ་དྷི་ཏྭཱ(བཀྲེས་ནས)། ཨུ་ཥི་ཏྭཱ་(གནས་ཏེ། )ཞེས་པ་ལྟ་བུའོ། །ནི་ཥྛཱ་ལའང་ངོ་ཞེས་པ་ནི་ཀྵུ་དྷི་ དང་། ཝས་དག་གི་ཕ་རོལ་ན་ནི་ཥྛཱིའི་རྐྱེན་ཡོད་པ་ལའང་བྱིངས་མཐར་ཨིཊ་ཨཱ་ག་མ་སྦྱིན་ པར་འགྱུར་ཏེ། དཔེར་ན། ཀྵུདྷ་དང་ཝས་ལ། འདི་ཉིད་དུ་འགྲོ་བའི་དོན་དང་ལས་མེད་པ་ ཞེས་པས་ཀྟ་དང་། ཀྲྀཏ་གསུམ་པར་ནི་ཥྛཱའོ་ཞེས་པས། ཀྟ་ཝནྟུ་བྱིན་པའི་ཀ་དག་དང་ཨུ་ཁྱད་ དོན་འཕྱིད་པ་ནི་ཐམས་ཅད་ལ་མཚུངས་ཤིང་། མདོ་འདིས་ཨིཊ་བྱིན་ནས། སྔར་བཞིན་ཝས་ ཀྱི་ཝ་ཡིག་ཨུ་དང་ས་ཡིག་ཥ་རུ་བསྒྱུར་ཏེ། མཐར་སི་བྱིན་པ་ཏའི་མཐར་རྣམ་བཅད་དུ་བསྒྱུར་ ཞིང་། ནཱ་གཉིས་པར་ཨནྟུ་དང་ཨས་མཐའི་འང་ཞེས་པས་ཝ་རིང་པོར་བསྒྱུར་བའི་མཐར་ གསལ་བྱེད་ལས་ཕྱིས་ཏེ། བརྩེགས་པའི་མཐའ་ཏ་ཡིག་ཀྱང་ཕྱིས་པས། ཀྵུ་དྷི་ཏཿ(བཀྲེས་སོ། །) ཀྵུ་དྷི་ཏ་ཝཱན། (བཀྲེས་སོ། །) ཨུ་ཥི་ཏཿ(གནས་སོ། །) ཨུ་ཥི་ཏ་ཝཱན་ཞེས་པ་ལྟ་བུའོ། །དུར་སིང་དུ། ལུབྷ་ འི་རྣམ་པ་ལའང་ནིཥྛཱ་ལ་ཨིཊ་འགྱུར་བར་གསུངས་པས། ལུབྷ་ལ་སྔར་བཞིན་ཀྟ་དང་། ཀྟ་ ཝནྟུ་དང་བྱིངས་མཐར་ཨིཊ་བྱིན་ནས། བསྒྲུབ་ཚུལ་སྔ་མ་ལྟར་བྱས་པས། ལུ་བྷི་ཏཿ(རྣམ་པར་ རྨོངས་སོ། །)ལུ་བྷི་ཏ་ཝཱན་ཞེས་པ་ལྟ་བུའོ། །རྣམ་པར་དཀྲུགས་པ་ལ་ནི་ཨིཊ་མི་འཇུག་སྟེ། རྣམ་ པར་བཤད་པ་ལ་ཡང་འགེགས་པར་བྱེད་དོ་ཞེས་གསུངས་པས་ཨིཊ་མེད་པའི་ཕྱོགས་ལ་སྔར་ བཞིན་རྐྱེན་གྱི་ཏ་ཡིག་དྷ་དང་། བྱིངས་ཀྱི་བྷ་ཡིག་བ་རུ་བསྒྱུར་ནས་གཞན་སྔར་དང་འདྲ་བས། 6-1-711 ལུབྡྷཿ(རྣམ་པར་དཀྲུགས་སོ། །) ལུབྡྷ་ཝཱན་(རྣམ་པར་དཀྲུགས་པར་བྱེད་དོ། །) ཞེས་པ་ལྟ་བུའོ། །པཱུ་ཀླི་ཤ་དག་ གི་ཡང་ནའོ་ཞེས་པ་ནི་པཱུང་འཐུང་བ་དང་། ཀླི་ཤ་ཉེ་བར་གདུང་བའི་བྱིངས་འདི་དག་གི་ཕ་ རོལ་ཏུ་ནིཥྛཱའི་རྐྱེན་ཡོད་པ་ལ་བྱིངས་མཐར་ཨིཊ་ཨཱ་ག་མ་ཡང་ན་སྦྱིན་པར་མི་འགྱུར་ཞིང་། ཡང་ན་འགྱུར་ཏེ། དཔེར་ན། པཱུང་། རྗེས་འབྲེལ་ཕྱིས་པ་དང་། ཀླི་ཤ་རྣམས་ལ་སྔར་བཞིན་ཀྟ་ དང་། ཀྟ་ཝནྟུ་བྱིན་ནས། ཨཱ་དྲུག་པར་ཚ་ཤ་དག་གི་འང་ངོ་ཞེས་པས་ཤ་ཡིག་ཥ་དང་། ཨཱ་ བརྒྱད་པར་ཥ་དང་ཊ་སྡེ་ལས་ཞེས་པས་ཥ་དང་སྦྱོར་བའི་ཏ་ཡིག་ཊ་རུ་བསྒྱུར་ཏེ། མདོ་འདིས་ ཡང་ན་ཨིཊ་མ་བྱིན་པར་སི་སྟེར་བ་ལས་ས་སྔར་བཞིན་བྱས་པས། པཱུ་ཏཿ(འཐུངས་སོ། །) པཱུཏ་ ཝཱན། (འཐུངས་པར་བྱས་སོ། །) ཀླིཥྚཿ(ངལ་ལོ། །) ཀླིཥྚ་ཝཱན་(ངལ་བར་བྱས་སོ། །)ཞེས་པ་དང་། ཡང་ན་ཨི་ ཊ་བྱིན་ནས། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་པཱུའི་དབྱངས་ཡོན་ཏན་བྱས་ཏེ་ མཚམས་སྦྱར་ལ། གཞན་སྔར་བཞིན་བྱས་པས། པ་ཝི་ཏཿ(མཆོད་སྦྱིན་ཐོགས། )པ་ཝི་ཏ་ཝཱན། ཀླི་ ཤི་ཏཿ ཀླི་ཤི་ཏ་ཝཱན་ཞེས་པ་ལྟ་བུའོ། །ཌཱིང་ཤྭི་ཨཱིཏ་རྗེས་སུ་འབྲེལ་པ་དང་ཨིཊ་ཡང་ན་བ་ རྣམས་ཀྱི་པ་ཏི་ནིཥྐུཥ་དག་ལ་མིན་(འདི་ལ་ཊཱི་ཀ་གཉིས་ན་ནི་ཥྐུཥ་དག་མིན་པའི་འོ་ཞེས་པ་ལས་མི་འཇུག ཊཱི་ཀ་ འདི་དང་གཞུང་ན་དག་མིན་པའི་མིན་ནོ། །ཞེས་པ་ཡོད་པ་དག་གི། )པའི་མ་ཡིན་ནོ་ཞེས་པ་ནི་ཌཱིང་འཕུར་བ་དང་། ཊུ་ཨོ་ཤྭི་འགྲོ་བ་འཕེལ་བ་དང་ཨཱི་ཡིག་རིང་པོ་རྗེས་སུ་འབྲེལ་པའི་བྱིངས་རྣམས་དང་། ཨིཊ་ ཡང་ན་འཇུག་ཅིང་ཡང་ན་མི་འཇུག་པའི་བྱིངས་རྣམས་ལ། པཏླྀ་ལམ་ལ་འགྲོ་བ་དང་། ནིར་ སྔ་མ་ཅན་གྱི་ཀུཥ་ངེས་པར་འགུགས་པའི་བྱིངས་འདི་དག་མ་གཏོགས་པ་རྣམས་ཀྱི་ཕ་རོལ་ ཏུ། ནི་ཥྛཱའི་རྐྱེན་ཡོད་པ་ལ་ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་བ་མ་ཡིན་ཏེ། དཔེར་ན། ཌཱིང་གི་ང་ དང་། ཊུ་ཨོ་ཤྭིའི་ཊུ་དང་ཨོ་རྗེས་འབྲེལ་ཕྱིས་པ་དང་། ཨཱི་ཡིག་རྗེས་སུ་འབྲེལ་པ་དཱི་པཱི་འབར་ བའི་བྱིངས་ཨཱི་རྗེས་འབྲེལ་ཕྱིས་པ་དང་། ཤ་མུ་ཉེ་བར་ཞི་བའི་བྱིངས་ཀྟྭཱའི་རྐྱེན་ལ། འདི་ཉིད་ དུ། ཨུཏ་རྗེས་སུ་འབྲེལ་པ་པཱུ་ཀླི་ཤ་རྣམས་ཀྱི་ཞེས་པས་ཨིཊ་ཡང་ན་ཐོབ་པ་ཅན། མུའི་ཨུ་ 6-1-712 རྗེས་འབྲེལ་ཕྱིས་པ་རྣམས་ལ། སྔར་བཞིན་ཀྟ་དང་ཀྟ་ཝནྟུ་བྱིན་ནས། ཨཱ་བཞི་པར་སྭ་པི་ཝ་ཙི་ ཡ་ཛ་སོགས་ཞེས་པས་ཤྭི་འི་ཝ་ཡིག་དབྱངས་དང་བཅས་པ་ཨུ་རུ་བསྒྱུར་བའི་སཾ་པྲ་སཱ་ར་ཎ་ བྱས་ལ། ཀྲྀཏ་དང་པོར་དེའི་མཐར་རིང་པོའོ་ཞེས་པས་ཨུའང་རིང་པོར་བསྒྱུར་ཞིང་། འདི་ ཉིད་དུ་ལཱུ་སོགས་དང་ཨོཏ་རྗེས་སུ་འབྲེལ་བ་ལས་ཀྱང་ངོ་ཞེས་པ་ལྟར་ཌཱི་ནི་ལཱུ་སོགས་ཅན་ ཡིན་ལ། ཤུ་ནི་ཨོཏ་རྗེས་སུ་འབྲེལ་པ་ཅན་ཡིན་པས་དེ་དག་གི་རྐྱེན་གྱི་ཏ་ཡིག་ན་རུ་བསྒྱུར་ ཏེ། ཀྲྀཏ་དང་པོར་ལྔ་པའི་ཨུ་པ་དྷཱའི་ཞེས་པས་ཤམ་གྱི་ཤ་ཡིག་རིང་པོ་དང་། ནཱ་བཞི་པར་སྡེ་ པ་ལ་སྡེ་པའི་མཐའོ་ཞེས་པས་མ་ཡིག་ཀྱང་ན་རུ་བསྒྱུར་ནས། མདོ་འདིས་བྱིངས་མཐར་ཨིཊ་ མི་འཇུག་ཅིང་སི་སྟེར་བ་ལ་སོགས་པ་སྔར་བཞིན་བྱས་པས། ཌཱི་ནཿ(འཕུར་རོ། །) ཌཱི་ན་ཝཱན། (ཕུར་ ཟིན་ནོ། །) ཤཱུ་ནཿ ཤཱུ་ན་ཝཱན། དཱིཔྟཿ(གསལ་ལོ། །) དཱིཔྟ་ཝཱན། (གསལ་བར་བྱས་སོ། །) ཤཱནྟཿ(ཞིའོ། །) ཤཱནྟ་ ཝཱན་(ཞི་བར་བྱས་ཟིན། ) ཞེས་པ་ལྟ་བུ་སྟེ། དེ་བཞིན་དུ་ཨིཊ་རྗེས་སུ་འབྲེལ་པའི་བྱིངས་གཞན་ རྣམས་དང་ཨིཊ་ཡང་ན་འཇུག་པ་ཅན་རྣམས་ལའང་ཤེས་པར་བྱའོ། །ཨིཊ་ཡང་ན་འཇུག་པ་ ཅན་པ་ཏི་དང་ནིཥ་ཀུཥ་དག་ཡིན་ན། ནིཥྛཱའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ། བྱིངས་མཐར་ཨིཊ་ཨཱ་ ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། པཏླྀའི་ལྀ་རྗེས་འབྲེལ་ཕྱིས་པ་དང་། ནིར་གྱིར་རྣམ་ བཅད་དུ་བསྒྱུར་བ། ནཱ་ལྔ་པར་མི་ཟད་པ་མིན་པའི་རྣམ་པར་བཅད་པ་ནི་ཞེས་པའི་ནིའི་སྒྲ་ ལས་ཀ་མཐོང་བ་ན་ས་རུ་བསྒྱུར་ཞིང་། རྒྱུ་མཚན་ལས། སའང་ཥ་རུ་བསྒྱུར་བའི་ནི་ཥྐུཥ་ལ་ སྔར་བཞིན་ཀྟ་དང་ཀྟ་ཝནྟུ་བྱིན་ནས། མདོ་འདིས་བར་དུ་ཨིཊ་དང་། མཐར་སི་བྱིན་ཏེ། བསྒྲུབ་ཚུལ་སྔར་བཞིན་བྱས་པས། པ་ཏི་ཏཿ(འགྲོའོ། །) པ་ཏི་ཏ་ཝཱན(འགྲོ་བར་བྱས་ཟིན)། ནི་ཥྐུཥི་ ཏཿ(ངེས་པར་འགུགས་སོ། །) ནི་ཥྐུཥི་ཏ་ཝཱན་(ངེས་པ་འགུགས་སོ། །)ཞེས་པ་ལྟ་བུའོ། །ཨཱཏ་རྗེས་སུ་འབྲེལ་ པ་ལས་ཀྱང་ངོ་ཞེས་པ་ནི་ཨཱ་ཡིག་རིང་པོ་རྗེས་སུ་འབྲེལ་པ་ཅན་གྱི་དབྱངས་རྣམས་ཀྱི་ཕ་རོལ་ ཏུ། ནི་ཥྛཱའི་རྐྱེན་ཡོད་པ་ལའང་ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཉི་མི་དཱ་ 6-1-713 ཆགས་པ་དང་། སྭི་དཱ་ལུས་ཀྱི་རྣམ་འགྱུར་གྱི་བྱིངས་ཉི་དང་ཨཱ་རྗེས་འབྲེལ་ཕྱིས་པ་ལ། སྔར་ བཞིན་ཀྟ་དང་ཀྟ་ཝནྟུ་བྱིན་ནས། འདི་ཉིད་དུ་ད་ལས་དའི་འང་ངོ་ཞེས་པས་རྐྱེན་གྱི་ཏ་ཡིག་ དང་བྱིངས་མཐའི་ད་ཡིག་དག་ན་རུ་བསྒྱུར་ཏེ། སི་སྟེར་བ་ལ་སོགས་པ་སྔར་བཞིན་བྱས་པས། མིནྣཿ མིནྣ་ཝཱན། སྭིནྣཿ སྭིནྣ་ཝཱན་ཞེས་པ་ལྟ་བུའོ། །དུར་སིང་དུ། ཀྱང་ཡིག་ནི་ཀྟ་ཀུན་ཏུ་སྡུད་ པའི་དོན་ཏོ་ཞེས་ཀྱང་གསུངས་སོ། ། དངོས་པོ་དང་ལས་དག་ལ་ཡང་ནའོ་ཞེས་པ་ནི་ཨཱཏ་རྗེས་སུ་འབྲེལ་པའི་བྱིངས་ཀྱི་ཕ་ རོལ་ཏུ། ནིཥྛཱའི་རྐྱེན་ཡོད་པ་ལ། དངོས་པོ་དང་ལས་ཀྱི་དོན་ལ་འཇུག་པ་ན། བྱིངས་མཐར་ ཨིཊ་ཨཱ་ག་མ་ཡང་ན་སྦྱིན་པར་མི་འགྱུར་ཞིང་ཡང་ན་འགྱུར་ཏེ། དཔེར་ན། ཉི་མི་དཱ་དང་། སྭི་ དཱ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་བཞི་པར་དངོས་པོ་ལ་མ་ནིང་ལས་ཞེས་པས། ཀྟ་བྱིན་ནས། སྔར་བཞིན་རྐྱེན་གྱི་ཏ་དང་བྱིངས་མཐའི་ད་ཡིག་ན་རུ་བསྒྱུར་ཏེ། མདོ་འདིས་ཡང་ན་ཨིཊ་མ་ བྱིན་པར་མཐར་སི་བྱིན་པ་མ་ནིང་ལས་ཕྱིས་ནས། སྔར་བཞིན་མུ་ཨཱ་ག་མ་བྱིན་པས། མིནྣཾ། སྭིནྣཾ་ཞེས་པ་དང་། ཡང་ན་ཨིཊ་བྱིན་པ་ན། ནཱ་ལྔ་པར་ཨུ་པ་དྷཱ་ནཱ་མིའང་ཞེས་པས་མི་དང་སྭི འི་ དབྱངས་ཨེ་རུ་བསྒྱུར་ཏེ། ཏ་དང་ད་ཡིག་དག་ན་རུ་མི་འགྱུར་ཞིང་གཞན་སྔར་དང་འདྲ་བས། མེ་དི་ཏཾ། སྭེ་དི་ཏམ་ཞེས་པ་དང་། དང་པོའི་ལས་གསལ་བར་བྱ་བའི་དོན་དུ་བྱིངས་དེ་དག་པྲ་ སྔ་མ་ཅན་ལ། འདི་ཉིད་དུ། དང་པོའི་ལས་ལ་བྱེད་པ་པོ་ལའང་ཞེས་པས་ཀྟ་བྱིན་ནས་བསྒྲུབ་ ཚུལ་གཞན་སྔར་དང་འདྲ་ཞིང་། ཡང་ན་ཨིཊ་མ་བྱིན་པར་སི་རྣམ་བཅད་དུ་བསྒྱུར་བས། པྲ་ མིནྣཿ པྲ་སྭིནྣཿཞེས་པ་དང་། ཡང་ན་ཨིཊ་བྱིན་པས། པྲ་མེ་དི་ཏཿ པྲ་སྭེ་དི་ཏཿ ཞེས་པ་ལྟ་ བུའོ། །ཀྵུ་བྷི་བཱ་ཧི་སྭ་ནི་དྷྭ་ནི་ཕ་ཎི་ཀ་ཥི་གྷུ་ཥ་རྣམས་ཀྟ་ལ་སྲུབ་པ་ཤིན་ཏུ་བ་ཡིད་མུན་པ་ ཚེགས་མེད་པ་འོ་བརྒྱལ་བ་སྒྲའི་བྱེ་བྲག་མིན་པ་རྣམས་ལ་ཨིཏ་མ་ཡིན་ནོ་ཞེས་པ་ནི་ཀྵུ་བྷ་ ཡང་དག་པར་གཡོ་བ་དང་། བཱ་ཧུ་རབ་ཏུ་འབད་པ་དང་། སྭན་དང་དྷྭ་ན་སྒྲ་དང་། པཎ་འགྲོ་བ་ 6-1-714 དང་། ཀཥ་འཚེ་བ་དང་། གྷུ་ཥི་སྒྲ་མ་ཡིན་པའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ་ནིཥྛཱའི་བྱེ་བྲག་ ཀྟའི་རྐྱེན་ཡོད་པ་ལ། བྱིངས་འདི་རྣམས་རིམ་པ་ལྟར་སྲུབ་པ་དང་། ཤིན་ཏུ་བ་དང་། ཡིད་དང་། མུན་པ་དང་། ཚེགས་མེད་པ་དང་། འོ་བརྒྱལ་བ་དང་། སྒྲའི་བྱེ་བྲག་མ་ཡིན་པ་རྣམས་ཀྱི་ དོན་ལ་འཇུག་པ་ན། ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་བ་མ་ཡིན་ཏེ། བྱིངས་དེ་རྣམས་ཀྱི་ཧུའི་ཨུ་ དང་ཥིའི་ཨི་ཡིག་རྗེས་འབྲེལ་ཕྱིས་པས། སྲུབ་པ་ལ་སོགས་པའི་དོན་ལ་འཇུག་པ་ན། སྔར་ བཞིན་ཀྟ་བྱིན་ནས། ཨཱ་བརྒྱད་པར་གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས། ཀྵུ་བྷའི་མཐར་རྐྱེན་གྱི་ རྟ་ཡིག་དྷ་རུ་བསྒྱུར་བ་ན། དེ་ཉིད་དུ་དྷུ་ཊ་རྣམས་ཀྱི་བཞི་པ་རྣམས་ལ་ཞེས་པས་བྱིངས་ཀྱི་ བྷའང་བ་རུ་བསྒྱུར་ཞིང་། ཨཱ་དྲུག་པར་ཧའི་ཌྷའོ་ཞེས་པས་བཱ་ཧའི་ཧ་ཡིག་ཌྷ་རུ་བསྒྱུར་བ་ན། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ལས་རྐྱེན་གྱི་ཏའང་ཌྷ་རུ་བསྒྱུར་ཏེ། དེ་ཉིད་དུ་ཌྷའི་ཌྷ་ལ་དབྱི་སྟེ་ ཞེས་པས་བྱིངས་མཐའི་ཌྷ་ཕྱིས་ལ། ཀྲྀཏ་དང་པོར་ལྔ་པའི་ཨུ་པ་དྷཱའི་ཞེས་པས་སྭན་དང་དྷྭན་ དང་ཕཎ་རྣམས་ཀྱི་དབྱངས་རིང་པོར་བསྒྱུར་ནས། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ལས་ཞེས་པས་ རྐྱེན་གྱི་ཏ་ཡིག་ཎ་དང་སྦྱོར་བའི་ཚེ་ཎ་ཡིག་དང་། ཥ་དང་སྦྱོར་བའི་ཚེ་ཊ་ཡིག་ཏུ་བསྒྱུར་ཏེ། ཐམས་ཅད་ཀྱི་མཐར་སི་བྱིན་པ། སྔ་མ་མ་གཏོགས་པ་རྣམས་ཀྱི་མཐར་སྔར་བཞིན་མ་ནིང་ ལས་ཕྱིས་ནས་མུ་ཨཱ་ག་མ་བྱིན་པས། ཀྵུབྡྷཿ ཐཱཌྷཾ། སྭཱནྟཾ། དྷྭཱཾནྟཾ། ཕཱཎྞཾ། ཀཥྚཾ། གྷུཥྚཾ་ཞེས་པ་ལྟ་ བུའོ། །ཀྵུ་བྷ་ལ་སོགས་པའི་བྱིངས་འདི་རྣམས་སྲུབ་པ་ལ་སོགས་པའི་དོན་རྣམས་ལ་འཇུག་ པ་མ་ཡིན་ན་ཕ་རོལ་ཏུ། ནིཥྛའི་བྱེ་བྲག་ཀྟའི་རྐྱེན་ཡོད་པ་ལ་བྱིངས་མཐར་ཨིཊ་ཨཱ་ག་མ་སྦྱིན་ པར་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ལ་ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས་ཀྟ་དང་། མདོ་འདིས་ཨིཊ་བྱིན་ནས། ཐམས་ཅད་ཀྱིས་མཐར་སི་བྱིན་པ། ཀྵུ་བྷི་ཏཿ(ཡང་དག་པར་གཡོས། ) བཱ་ཧི་ཏཿ(རབ་ཏུ་འབད་དོ། །) སྭ་ནི་ཏཿ(སྒྲོགས་སོ། །) དྷྭ་ནི་ཏཿ(སྒྲའོ། །) ཕ་ཎི་ཏཿ(འགྲོའོ། །) ཀ་ཥི་ཏཿ(འཚེའོ། །) གྷུ་ཥི་ཏཿ ཞེས་པ་ལྟ་བུའོ། །ལགྣ་མླིཥྚ་བི་རི་བྡྷ་རྣམས་ནུས་པ་མི་གསལ་བ་དབྱངས་རྣམས་ 6-1-715 ལའོ་ཞེས་པ་ནི་ལགྣ་དང་། མླིཥྚ་དང་། བི་རིབྡྷ་ཞེས་པ་འདི་རྣམས་རིམ་པ་བཞིན་དུ་ནུས་པ་ དང་། མི་གསལ་བ་དང་། དབྱངས་ཀྱི་དོན་རྣམས་ལ་འཇུག་པ་ན་ཀྟའི་རྐྱེན་བྱིན་པས་ཚིག་ ཕྲད་དུ་གྱུར་པ་སྟེ། དཔེར་ན། ལ་གེ་འགྲོགས་པ་དང་། མླེཙྪ་མི་གསལ་བ་དང་། བིད་སྔ་མ་ ཅན་རེ་བྷྲྀ་སྒྲའི་བྱིངས་རྣམས་ཀྱི་ཨེ་དང་རྀ་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་ཀྟ་བྱིན་ནས། མདོས་ཐོབ་པའི་བྱ་བ་ཨིཊ་བཀག་སྟེ། ཐོབ་པ་མ་ཡིན་པའི་བྱ་བ་ཏ་ཡིག་ན་དང་། མླེ་དང་། རེའི་དབྱངས་ཨི་རུ་བསྒྱུར་བ་རྣམས་ཚིག་ཕྲད་ཀྱི་དོན་ཡིན་ལ། ཨཱ་དྲུག་པར་ཚ་ཤ་དག་གིའང་ ཞེས་པས་མླེ་ཙྪའི་ཙྪ་ཡིག་ཥ་རུ་བསྒྱུར་ཞིང་། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ལས་ཞེས་པས་དེའི་ ཏའང་ཊ་རུ་བསྒྱུར་ཏེ་སྔར་བཞིན་བི་རི་བྷའི་མཐར་ཏ་ཡིག་དྷ་དང་། བྷའང་བ་རུ་བསྒྱུར་ནས། སི་བྱིན་པ་བར་མའི་མཐར་མ་ནིང་ལས་ཕྱིས་ཏེ་མུ་བྱིན་པས། ལགྣཿ། མླིཥྚཾ། བི་རིབྡྷཿ ཞེས་པ་ ལྟ་བུའོ། །བྱིངས་དེ་རྣམས་ནུས་པ་དང་མི་གསལ་བ་དང་དབྱངས་ཀྱི་དོན་རྣམས་མ་ཡིན་པ་ལ་ འཇུག་པ་ན་ཚིག་ཕྲད་དུ་མི་འགྱུར་ཞིང་། ཕ་རོལ་ཏུ་ཀྟའི་རྐྱེན་ཡོད་པ་ལ་བྱིངས་མཐར་ཨིཊ་ ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ལག་དང་མླཻཙྪ་དང་བི་རེ་བྷ་རྣམས་ལ་ཀྲྀཏ་བཞི་པར་ དངོས་པོ་ལ་མ་ནིང་ལ་ཞེས་པས་ཀྟ་དང་། མདོ་འདིས་འམ། ཨཱ་བདུན་པར་བྱིངས་ཐམས་ ཅད་པ་མིན་པ་གསལ་བྱེད་དང་པོ་ཞེས་པས་ཨིཊ་བྱིན་ནས། མཐར་སི་བྱིན་པ་སྔར་བཞིན་མ་ ནིང་ལས་ཕྱིས་ཏེ། མུ་བྱིན་པས། ལ་གི་ཏཾ། མླེཙྪི་ཏཾ། བི་རེ་བྷི་ཏཾ་ཞེས་པ་ལྟ་བུའོ། །པ་རི་བྲྀ་ཌྷ་ ཏྲྀ་ཌྷ་དག་མངའ་བདག་དང་སྟོབས་དང་ལྡན་པ་དག་ལའོ་ཞེས་པ་ནི་པ་རི་བྲྀ་ཌྷ་ཏྲི་ཌྷ་ཞེས་འདི་ དག་རིམ་པ་བཞིན་དུ་མངའ་བདག་དང་སྟོབས་དང་ལྡན་པའི་དོན་དག་ལ་འཇུག་པ་ན་ཀྟའི་ རྐྱེན་བྱིན་པས་ཚིག་ཕྲད་དུ་གྱུར་པ་སྟེ། དཔེར་ན། པ་རི་སྔ་མ་ཅན་གྱི་བྲྀཧ་དང་ཏྲྀཏི་འཕེལ་ བའི་བྱིངས་ཨི་རྗེས་འབྲེལ་ཕྱིས་པ་ལ། དོན་དེ་དག་ལ་འཇུག་པ་ན་སྔར་བཞིན་ཀྟ་བྱིན་ནས། མདོ་འདིས་ཐོབ་པའི་བྱ་བ་ཨིཊ་བཀག་སྟེ། ཐོབ་པ་མ་ཡིན་པའི་བྱ་བ། ཨཱ་དྲུག་པར་ཨིཏ་རྗེས་ 6-1-716 སུ་འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཞེས་པའི་ངེས་པས་ཏྲྀའི་དབྱངས་མཐར་ན་ཨཱ་ག་མ་བྱིན་པ་ ཕྱིས་པ། དེ་ཉིད་དུ་ཧའི་ཌྷའོ་ཞེས་པས་ཧ་ཡིག་དག་ཌྷ་རུ་བསྒྱུར་ཞིང་། ཨཱ་བརྒྱད་པར་ཥ་དང་ ཊ་སྡེ་ལས་ཞེས་པས་ཏའང་ཌྷ་རུ་བསྒྱུར་བ་ན། དེ་ཉིད་དུ་ཌྷའི་ཌྷ་ལ་དབྱི་སྟེ་ཞེས་པས་བྱིངས་ མཐའི་ཌྷ་ཕྱིས་ཏེ་སི་བྱིན་པས། པ་རི་བྲྀ་ཌྷཿ(མངའ་བདག་ནི། ) ཏྲྀ་ཌྷཿ(བརྟན་པའོ། །) ཞེས་པ་ལྟ་བུའོ། ། མངའ་བདག་དང་སྟོབས་དང་ལྡན་པའི་དོན་ལ་འཇུག་པ་མ་ཡིན་ན་ཚིག་ཕྲད་དུ་མི་འགྱུར་ ཞིང་། བྱིངས་དེ་དག་གི་ཕ་རོལ་ཏུ་ཀྟའི་རྐྱེན་ཡོད་པ་ལ་ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། པ་རི་བྲྀཧ་དང་། ཏྲྀཧ་ལ། དངོས་པོ་ལ་ཞེས་པས་སྔར་བཞིན་ཀྟ་དང་། ཨཱ་བདུན་ པར་བྱིངས་ཐམས་ཅད་པ་མིན་པ་ཞེས་པས་བྱིངས་མཐར་ཨིཊ་བྱིན། སྔར་བཞིན་སི་བྱིན་པ་ མ་ནིང་ལས་ཕྱིས་ཏེ་མུ་བྱིན་པས། པ་རི་བྲྀ་ཧི་ཏཾ། ཏྲྀ་ཧི་ཏཾ་ཞེས་པ་ལྟ་བུའོ། །སམ་ནི་བི་རྣམས་ ལས་ཨརྡི་ལས་སོ་ཞེས་པ་ནི་ཉེར་བསྒྱུར་སཾ་དང་ནི་དང་བི་རྣམས་ལ་ཕ་རོལ་གྱི་ཨརྡི་འགྲོ་བ་ ལ་སྟེ་སློང་བ་ལའང་ངོ་ཞེས་པའི་བྱིངས་འདིའི་མཐའ་ལས་ཀྱང་། སློབ་ཕན་དུ། ནིཥྛཱ་ཁོ་ན་ ལའོ་ཞེས་འདི་མན་ཆད་ལ་བཤད་ཀྱང་། དུར་སིང་དུ། ཀྟའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཨིཊ་ ཨཱ་ག་མ་སྦྱིན་པར་མི་འགྱུར་བར་གསུངས་ཏེ། དཔེར་ན། ཉེར་བསྒྱུར་དེ་རྣམས་སྔ་མ་ཅན་གྱི་ ཨརྡིའི་ཨི་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཀྟ་བྱིན་ནས། འདི་ཉིད་དུ་ད་ལས་དའི་འང་ངོ་ ཞེས་པ་རྐྱེན་གྱི་ཏ་དང་། བྱིངས་མཐའི་ད་ཡིག་དག་ན་རུ་བསྒྱུར་ཏེ། ནཱ་བཞི་པར་ར་ཥ་རྀའི་ཡི་ གེ་རྣམས་ལས་ཞེས་པས་ར་དང་སྦྱོར་བའི་ན་ཡིག་ཎ་རུ་བསྒྱུར་བ་ན། དེ་ཉིད་དུ་ཏ་སྡེའི་ཙ་ཊའི་ སྡེ་པ་སྦྱོར་བ་ལ་ཞེས་པས་ན་ཡིག་ཎ་རུ་བསྒྱུར་བ་ན། དབྱངས་སྔ་ཕྱི་མཚམས་སྦྱར་ནས་སི་ ཕྱིས་པས། ས་མརྞྞཿ ནྱརྞྞཿ བྱརྞྞཿ ཞེས་པ་ལྟ་བུའོ། །ཉེར་བསྒྱུར་དེ་རྣམས་སྔ་མར་མེད་ན་ ཨརྡའི་ཕ་རོལ་ཏུ་ཀྟའི་རྐྱེན་ཡོད་པ་ལ་ཨིཊ་ཨཱ་ག་མ་སྦྱིན་པར་འགྱུར་ཏེ། དཔེར་ན། ཨརྡ་ལ་ སྔར་བཞིན་ཀྟ་དང་། བར་དུ་ཨིཊ་དང་། མཐར་སི་བྱིན་པས། ཨརྡི་ཏཿ(སློང་བའོ། །) ཞེས་པ་ལྟ་ 6-1-717 བུའོ། །ཨ་བྷི་ལས་ཉེ་བ་ལའོ་ཞེས་པ་ནི། ཨ་བྷི་ལས་ཕ་རོལ་གྱི་ཨརྡའི་མཐར་ཉེ་བའི་དོན་ལ་ འཇུག་པ་ན། ཀྟའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཨིཊ་ཨཱ་ག་མ་སྦྱིན་པར་མི་འགྱུར་ཏེ། དཔེར་ན། ཨ་བྷི་སྔ་མ་ཅན་གྱི་ཨརྡ་ལ་སྔར་བཞིན་ཀྟ་བྱིན་ནས། ཏ་དང་ད་ཡིག་ན་རུ་བསྒྱུར་བ་ལ་སོགས་ པ་སྔ་མ་ལྟར་བྱས་ཏེ་མཚམས་སྦྱར་ཞིང་སི་བྱིན་པའི་ཕ་རོལ་ན་སེ་ནཿ ཡོད་པ་ལ། ཨ་བྷྱརྞྞཿ (དམག་དང་ཉེ་བའོ། །) སེ་ནཿཞེས་པ་ལྟ་བུའོ། །ཨ་བྷི་སྔ་མ་ཅན་ཡིན་ཡང་ཉེ་བའི་དོན་ལ་འཇུག་པ་ མ་ཡིན་ན། ཀྟ་ཕ་རོལ་ལ་ཨིཊ་སྦྱིན་པར་འགྱུར་ཏེ། དཔེར་ན། ཨ་བྷི་ཨརྡ་ལ་སྔར་བཞིན་ཀྟ་ དང་། བར་དུ་ཨིཊ་དང་། མཐར་སི་བྱིན་པའི་ཕ་རོལ་ན་ཤཱི་ཏེ་ན་ཡོད་པ་ལ། ཨ་བྷྱརྡི་ཏཿཤཱི་ཏེ་ ན་ཞེས་པ་ལྟ་བུའོ། །རུ་ཥི་ཨམ་ཏྭར་སི་གྷུ་ཥ་ཨཱ་སྭན་རྣམས་ཀྱི་ཡང་ནའོ་ཞེས་པ་ནི་དུ་ཥ་ཁྲོ་བོ་ དང་། ཨམ་འགྲོ་བ་དང་། ཉི་ཏྭར་མགྱོགས་པ་དང་། སཾ་སྔ་མ་ཅན་གྱི་གྷུཥ་སྒྲ་མ་ཡིན་པ་དང་། ཨཱང་སྔ་མ་ཅན་གྱི་སྭ་ན་སྒྲའི་བྱིངས་འདི་རྣམས་ཀྱི་ཕ་རོལ་ཏུ་ཀྟའི་རྐྱེན་ཡོད་པ་ལ། ཨིཊ་ཨཱ་ག་ མ་ཡང་ན་སྦྱིན་པར་མི་འགྱུར་ཞིང་། ཡང་ན་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཉི་རྗེས་ འབྲེལ་ཕྱིས་པ་ལ། ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས་ཀྟ་དང་། མཐར་སི་བྱིན་པ་ནི་ཐམས་ ཅད་ལ་མཚུངས་ཤིང་། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ལས་ཞེས་པ་ལྟར་རུ་ཥ་དང་སྦྱོར་བའི་ཏ་ ཡིག་ཊ་རུ་བསྒྱུར་བས། རུ ཥྚཿ(ཁྲོ་བོ། ) ཞེས་པ་དང་། ནཱ་བཞི་པར་སྡེ་པ་ལ་སྡེ་པའི་མཐའོ་ཞེས་ པས་ཨམ་གྱི་མ་ཡིག་ན་རུ་བསྒྱུར་ཏེ། ཀྲྀཏ་དང་པོར་ལྔ་པའི་ཨུ་པ་དྷཱའི་ཞེས་པ་ལྟར་ཨའང་ རིང་པོར་བསྒྱུར་བས། ཨཱནྟཿཞེས་པ་དང་། དེ་ཉིད་དུ་ཤྲི་བི་ཨ་བི་ཛྭ་རི་ཏྭར་རྣམས་ཀྱི་ཨུ་པ་ དྷཱའི་ཞེས་པས་ཏྭར་གྱི་ཝ་ཡིག་ཨུ་རུ་བསྒྱུར་ཏེ། འདི་ཉིད་དུ། ར་ལས་ནིཥྛཱའི་ཞེས་འཆད་པར་ འགྱུར་བས་དེའི་མཐར་ཏ་ཡིག་ན་རུ་བསྒྱུར་བ་ནཱ་བཞི་པར་ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་ པ་ལྟར་ཎ་རུ་བསྒྱུར་བས། ཏུརྞཿ(རྟའོ། །) ཞེས་པ་དང་། གྷུཥྚའི་ཕ་རོལ་གྱི་སི་མ་ནིང་ལས་ཕྱིས་ ཏེ་མུ་བྱིན་པས། སཾ་གྷུཥྚཾ་ཞེས་པ་དང་། ཀྲྀཏ་དང་པོར་ལྔ་པའི་ཨུ་པ་དྷཱའི་ཞེས་པ་ལྟར་སྭ་རིང་ 6-1-718 པོར་བསྒྱུར་བས། ཨཱ་སྭཱནྟཿཞེས་པ་ལྟ་བུའོ། །ཡང་ན་མདོ་འདིས་ཐམས་ཅད་ཀྱི་བྱིངས་མཐར་ ཨིཊ་བྱིན་པས། རུ་ཥི་ཏཿ(ཁྲོ་བ། ) ཨ་མི་ཏཿ(འགྲོ་བ། ) ཏྭ་རི་ཏཿ(མྱུར་བ། )སཾ་གྷུ་ཥི་ཏཿ ཨཱ་སྭ་ནི་ ཏཿཞེས་པ་ལྟ་བུའོ། །ཧྲྀ་ཥ་ལས་སྤུ་རྣམས་ལའོ་ཞེས་པ་ནི་ཧྲྀ་ཥ་དགའ་བའམ། ཡང་ན་ཧྲྀ་ཥུ་ བརྫུན་གྱི་བྱིངས་འདི་དག་གི་ཕ་རོལ་ཏུ་ཀྟའི་རྐྱེན་ཡོད་པ་ལ། སྤུའི་ཡུལ་རྣམས་ལ་འཇུག་ བཞིན་པ་ན་ན་སྦྱིན་པར་མི་འགྱུར་ཞིང་། ཡང་ན་འགྱུར་ཏེ། དཔེར་ན། ཧྲྀ་ཥ་ལ། འདི་ཉིད་དུ་ བྱེད་པ་པོའི་ལས་ལ་བྱེད་པ་པོ་ལའང་ཞེས་པས་ཀྟ་བྱིན་ནས། སྔར་བཞིན་ཥའི་མཐར་ཏ་ཡིག་ ཊ་རུ་བསྒྱུར་ཞིང་། ཡང་ན་མདོ་འདིས་ཨིཊ་སྦྱར་ཏེ། མཐར་སི་ཕྱིན་པས། ཧྲྀ་ཥྚཿ ཧྲྀ་ཥི་ཏཿ སྐྲ་ རྣམས་སོ་ཞེས་པ་དང་། ཧྲྀ་ཥུའི་ཨུ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་ལྔ་པར་དངོས་པོ་ལ་མ་ནིང་ ལ་ཞེས་པས་ཀྟ་བྱིན་པས། ཥའི་མཐར་ཏ་ཡིག་ཊ་རུ་བསྒྱུར་ཞིང་། ཡང་ན་བྱིངས་མཐར་ཨིཊ་ སྦྱར་ཏེ། སི་བྱིན་པ་མ་ནིང་ལས་ཕྱིས་ནས་མུ་བྱིན་པས། ཧྲྀཥྚ། ཧྲྀ་ཥི་ཏ། སྤུ་རྣམས་སོ་ཞེས་པ་ ལྟ་བུའོ། །དུར་ཕན་དག་ལས། ཡ་མཚན་དང་ཐོགས་པ་དང་བཅས་པའི་དོན་ལའང་། ཧྲྀཥ་ ལས་ཀྟའི་རྐྱེན་ལ། ཨིཊ་རྣམ་པར་བརྟགས་པ་ཅན་དུ་གསུངས་ཏེ། དཔེར་ན། ཧྲྀཥྚཿ ཧྲྀ་ཥི་ཏཿ ཡ་མཚན་ནོ་ཞེས་པ་ལྟ་བུ་དང་། ཁྱད་པར་བུད་མེད་དུ་བསྒྲུབས་ཏེ། ཧྲྀཥྚཱྀ། ཧྲྀ་ཥི་ཏཱ། ཐོགས་ པར་བྱེད་དོ་ཞེས་པའི་དོན་ཅན་ལྟ་བུའོ། །དཱནྟ་ཤཱནྟ་པཱུཪྞ་དསྟ་སྤཥྚ་ཚནྣ་ཛྙཔྟ་རྣམས་ཀྱང་ཨིན་ མཐའི་ཡང་ནའོ་ཞེས་པ་ནི་དཱནྟ་དང་ཤཱནྟ་དང་པཱུརྞ་དང་དསྟ་དང་། སྤཥྚ་དང་། ཚནྣ་དང་། ཛྙཔྟ་ རྣམས་ཀྱང་། ཨིན་ཀཱ་རི་ཏའི་མིང་ཅན་གྱི་མཐའ་དང་ལྡན་པ་རྣམས། ཀྟའི་རྐྱེན་བྱིན་པ་ལས་ ཡང་ན་ཚིག་ཕྲད་དུ་འགྱུར་ཞིང་། ཡང་ན་བྱིངས་མཐར་ཨིཊ་ཨཱ་ག་མ་བྱིན་པའི་ཚེ་ཚིག་ཕྲད་དུ་ མི་འགྱུར་ཏེ། དཔེར་ན། ཚིག་ཕྲད་དུ་འགྱུར་བའི་ཕྱོགས་ལ་ད་མུ་ཉེ་བར་དུལ་བ་དང་། ཤ་མུ་ ཉེ་བར་ཞི་བ་དང་། པཱུ་རཱི་ཁྱབ་པ་དང་། ད་སྤ་ཉེ་བར་འཕེན་པ་དང་། སུ་ཤ་གནོད་པ་དང་། ཙྪད་ཡང་དག་པར་སྒྲིབ་པ་དང་། ཛྙཱ་ཁོང་དུ་ཆུད་པའི་བྱིངས་རྣམས་ཀྱི་ཨུ་ཡིག་རྣམས་དང་ཨཱི་ 6-1-719 རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས་ཀྟ་བྱིན་ནས། ཨ་གཉིས་པར་ བྱིངས་དོན་ལ་ཨིན་ཏེ་ཀཱ་རི་ཏའོ་ཞེས་པས་བྱིངས་མཐར་ཨིན་བྱིན་པ་ན། ཨཱ་དྲུག་པར་ཨིན་ ཨིཙ་ཞེས་པས་བྱིངས་རྣམས་ཀྱི་ཨུ་པ་དྷཱ་ཐུང་ངུ་རྣམས་རིང་པོར་བསྒྱུར་ཏེ། ཨ་བཞི་པར་མ་ རྗེས་སུ་འབྲེལ་པ་རྣམས་ཀྱི་ཐུང་ངུའོ་ཞེས་པས། དཱམ་དང་ཤཱམ་དང་ཛྙཱ་འི་དབྱངས་ཐུང་ངུར་ བསྒྱུར་ཞིང་། ཀྲྀཏ་དང་པོར་ལྔ་པའི་ཨུ་པ་དྷཱ་ཞེས་པས་སླར་ཡང་དམ་དང་ཤམ་དག་གི་ དབྱངས་རིང་པོར་བསྒྱུར་ལ། ནཱ་བཞི་པར་སྡེ་པ་ལ་སྡེ་པའི་མཐའོ་ཞེས་པས་མ་ཡིག་དག་ཀྱང་ ན་རུ་བསྒྱུར་ཏེ། འདི་ཉིད་དུ་ར་ལས་ནིཥྛཱའི་ཞེས་པས་པཱུར་ལས་ཕ་རོལ་གྱི་ཏ་ཡིག་ན་རུ་ བསྒྱུར་བ། སྔར་བཞིན་ཎ་རུ་བསྒྱུར་ཞིང་། ཨཱ་དྲུག་པར་ཚ་ཤ་དག་གིའང་ཞེས་པས་སྤ་ཤའི་ཤ་ ཡིག་ཥ་རུ་བསྒྱུར་བ་ན། ཨཱ་བརྒྱད་པར་ཥ་དང་ཊ་སྡེ་ལས་ཞེས་པས་ཥ་དང་སྦྱོར་བའི་ཊ་རུ་ བསྒྱུར་ལ། འདི་ཉིད་དུ་ད་ལས་ཞེས་པས་ཙྪད་མཐའི་ཏ་དང་དའང་ན་རུ་བསྒྱུར་ཞིང་། ཨཱ་དྲུག་ པར་ཨརྟི་ཧྲཱྀ་ཨཱཏ་མཐའ་རྣམས་ཀྱི་ཞེས་པས་ཛྙཱའི་མཐར་པ་ཨཱ་ག་མ་བྱིན་ཏེ། དུར་སིང་དུ། ཨིཊ་འགེགས་པ་དང་། ཨིན་འཇིག་པའང་ཚིག་ཕྲད་དོ་ཞེས་གསུངས་པ་ལྟར་མདོས་ཐོབ་ པའི་བྱ་བ། ཨཱ་བརྒྱད་པར་བྱིངས་ཐམས་ཅད་པ་མིན་པ་གསལ་བྱེད་དང་པོ་ཞེས་པས་བྱིངས་ མཐར་ཨིཊ་བྱིན་པར་བཀག་ནས། ཐོབ་པ་མ་ཡིན་པའི་བྱ་བ། དཱས་དང་སྤཱ་ཤ་དང་ཙྪན་རྣམས་ ཀྱི་དབྱངས་ཐུང་ངུར་བསྒྱུར་ཞིང་། ཨཱ་དྲུག་པར་ཀཱ་རི་ཏའི་ཨཱམ་ཨིཊ་ཞེས་པས་ཨིན་ཕྱིས་ཏེ། ཐམས་ཅད་ཀྱི་མཐར་སི་བྱིན་པས། དཱནྟཿ(དུལ་བ། ) ཤཱནྟཿ(ཞི་བ། ) པཱུརྞཿ(གང་བ། ) དསྟཿ(འཕེན་པ། ) སྤཥྚཿ(གནོད་པ། ) ཙྪནྣཿ(སྒྲིབ་པ། ) ཛྙཔྟཿ(ཁོངས་སུ་ཆུད་པ། ) ཞེས་པ་ལྟ་བུའོ། །ཡང་ན་ཚིག་ཕྲད་དུ་མི་ འགྱུར་བའི་ཕྱོགས་ལ། བྱིངས་དེ་རྣམས་ཀྱི་ཕ་རོལ་ཏུ་སྔར་བཞིན་ཀྟ་དང་། བྱིངས་མཐར་ཨིན་ དང་། ཨཱ་བདུན་པར་བྱིངས་ཐམས་ཅད་པ་མིན་པ་ཞེས་པས་ཨིན་གྱི་མཐར་ཨིཊ་བྱིན་པ་ན། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་བྱིངས་རྣམས་ཀྱི་ཨུ་པ་དྷཱའི་དབྱངས་ཐུང་ངུ་རྣམས་རིང་པོར་ 6-1-720 བསྒྱུར་ཏེ། ཨཱ་བཞི་པར་མ་རྗེས་སུ་འབྲེལ་པ་རྣམས་ཀྱི་ཐུང་ངུའོ་ཞེས་པས་དཱན་ཤཱན་ཛྙཱ་རྣམས་ ཀྱི་ཐུང་ངུར་བསྒྱུར་ལ། སྔར་བཞིན་ཛྙཱའི་མཐར་པ་ཨཱ་ག་མ་སྦྱིན་ཞིང་། ཨཱ་དྲུག་པར་ཀཱ་རི་ཏའི་ ཨཱམ་ཨིཊ་ཞེས་པས་ཨིན་འཕྱིད་པ་མི་ཐོབ་ནའང་། ཀྲྀཏ་དང་པོར་ཨིན་གྱི་ནིཥྛཱ་ཨིཊ་ཅན་ལ་ ཞེས་པའི་དམིགས་བསལ་གྱིས་ཨིན་ཕྱིས་ནས། ཐམས་ཅད་ཀྱི་མཐར་སི་བྱིན་པ། ད་མི་ཏཿ ཤ་མི་ཏཿ པཱུ་རི་ཏཿ དཱ་པི་ཏཿ སྤཱ་ཤི་ཏཿ ཙྪཱ་དི་ཏཿ ཛྙ་པི་ཏཿ ཞེས་པ་ལྟ་བུའོ། ། བཅུ་པ་བྱིངས་སོ་སོ་བའི་ཆ་ཤས་ལས་ནིཥྛཱའི་ཏ་ཡིག་ན་ཡིག་སོགས་དང་ཚིག་ཕྲད་དུ་ འགྱུར་ཚུལ་ནི། ར་ལས་ནིཥྛཱའི་ཏའི་ན་སྟེ་པྲཱྀ་མཱུ་ཪྩྪི་མ་དི་ཁྱཱ་དྷྱཱ་རྣམས་ལས་མ་ཡིན་ནོ་ཞེས་པ་ བྱིངས་མཐའ་ར་ཡིག་ལས་ཕ་རོལ་གྱི་ནིཥྛཱའི་ཏ་ཡིག་ན་ཡིག་ཏུ་འགྱུར་ཞིང་། པྲཱྀ་སྐྱོང་བ་དང་། མཱུ་ཪྩྪ་རྨོངས་པ་དང་། མ་དི་དགའ་བ་དང་། ཁྱཱ་གཏམ་པ་དང་། དྷྱཻ་སེམས་པའི་བྱིངས་འདི་ རྣམས་ལས་ཕ་རོལ་གྱི་ཏ་ཡིག་ན་ཉིད་དུ་འགྱུར་བ་མ་ཡིན་ཏེ། དཔེར་ན། ཀྲཱྀ་རྣམ་པར་གཡེང་ བ་དང་། ཤྲཱི་འཚེ་བའི་བྱིངས་ལ་སྔར་བཞིན་ཀྟ་དང་ཀྟ་ཝནྟུ་བྱིན་པའི་ཀ་དང་ཨུ་རྗེས་འབྲེལ་ ཕྱིས་ནས། ཨཱ་ལྔ་པར་རཱྀཏ་མཐའི་ཡོན་ཏན་མེད་པ་ལ་ཞེས་པས། རྀ་ཡིག་དག་ཨིར་དུ་བསྒྱུར་ ཞིང་། ཨཱ་བརྒྱད་པར་ནཱ་མིའི་ར་ཝ་དག་ལ་ཞེས་པས་ཨིའང་རིང་པོར་བསྒྱུར་ཏེ། མདོ་འདིས་ རྐྱེན་གྱི་ཏ་ཡིག་ན་རུ་བསྒྱུར་བ་སྔར་བཞིན་ཎ་རུ་བསྒྱུར་ནས། མཐར་སི་བྱིན་པ་ན། ནཱ་གཉིས་ པར་ཨནྟུ་དང་ཞེས་པས་ཝནྟ་ཡི་ཝ་ཡིག་རིང་པོར་བསྒྱུར་ཞིང་དེའི་གསལ་བྱེད་ལས་སི་དང་ བརྩེགས་པའི་མཐའ་ཏ་ཡིག་ཕྱིས་པས། ཀཱིརྞཿ ཀཱིརྞ་ཝཱནཿ ཤཱིརྞཿ ཤཱི་རྞ་ཝཱན། ཞེས་པ་ལྟ་བུའོ། ། བྱིངས་མཐའ་ར་ཡིག་མ་ཡིན་པ་ལས་ཕ་རོལ་གྱི་ནིཥྛཱའི་ཏ་ཡིག་ན་ཉིད་དུ་མི་འགྱུར་ཏེ། དཔེར་ན། ཌུ་ཀྲྀཉ་བྱེད་པའི་བྱིངས་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཀྟ་དང་སི་བྱིན་པས། ཀྲྀཏཿ(བྱེད་དོ། །) ཞེས་པ་ལྟ་བུའོ། །བྱིངས་མཐའ་ར་ཡིག་ཡིན་ཡང་། ནིཥྛཱའི་རྐྱེན་མ་ཡིན་པའི་ཏ་ ཡིག་ནི་ན་ཡིག་ཏུ་མི་འགྱུར་ཏེ། དཔེར་ན། ཀྲྀ་ལ་ཤྭསྟ་ནཱིའི་ཏཱ་བྱིན་ནས། ཨཱ་ལྔ་པར་ནཱ་མི་ 6-1-721 མཐའི་བྱིངས་དང་ཞེས་པས་ཀྲྀའི་ཡོན་ཏན་བྱས་པས། ཀརྟཱ་(བྱེད་དོ། །) ཞེས་པ་ལྟ་བུའོ། །པྲཱྀ་ལ་ སོགས་པ་ལས་ཕ་རོལ་གྱི་ནིཥྛཱའི་ཏ་ཡིག་ན་ཉིད་དུ་མི་འགྱུར་ཏེ། དཔེར་ན། པྲཱྀ་དང་། མཱུ་ཪྩྪ་ དང་། མ་དི་དང་། ཁྱཱ་དང་། དྷྱཻ་རྣམས་ཀྱི་ཨི་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་ཀྟ་བྱིན་ནས། ཨཱ་ལྔ་པར་མཆུར་གྱུར་ཨུ་པ་དྷཱའི་ཞེས་པས་པྲཱྀའི་དབྱངས་ཨུ་རུ་བསྒྱུར། ཨཱ་བརྒྱད་པར་ནཱ་མཱིའི་ ར་ཝ་དག་ལ་ཞེས་པས། ཨུའང་རིང་པོར་བསྒྱུར་ཏེ། ཨུན་སོགས་ཀྱི་མདོར་མཱུཪྩྪ་ཕྱིས་པ་ལ་ ཞེས་པས་མུཪྩྪའི་ཙྪ་ཕྱིས་ལ། ཨཱ་བརྒྱད་པར་ཤིཊ་མ་ཡིན་པ་རྣམས་ཀྱི་སྒྲ་མེད་པ་རྣམས་ལ་ ཞེས་པས་མད་ཀྱི་ད་ཡིག་ཏ་རུ་བསྒྱུར་ནས། ཨཱ་བཞི་པར་མཚམས་སྦྱོར་གྱི་ཡི་གེའི་མཐའ་ རྣམས་ཀྱི་བི་ཀ་ར་ཎ་མ་ཡིན་པ་ལ་ཞེས་པས་དྷྱཻའི་དབྱངས་ཨཱ་རིང་པོར་བསྒྱུར་ཏེ། མདོ་འདིས་ རྐྱེན་གྱི་ཏ་ཡིག་ན་རུ་མི་འགྱུར་ཞིང་། ཐམས་ཅད་ཀྱི་མཐར་སི་བྱིན་པས། པཱུརྟཿ མཱུརྟཿ མཏྟཿ ཁྱཱ་ཏཿ(བཤད་པ། ) དྷྱཱ་ཏཿ(སེམས་པ། ) ཞེས་པ་ལྟ་བུའོ། །ད་ལས་དའི་འང་ངོ་ཞེས་པ་ནི་བྱིངས་མཐའ་ ད་ལས་ཕ་རོལ་ཏུ། ནིཥྛཱའི་རྐྱེན་གྱི་ཏ་ཡིག་ན་རུ་འགྱུར་ཞིང་། དེར་མ་ཟད་བྱིངས་མཐའ་ད་ ཡིག་གང་ཡིན་པ་དེའང་ན་ཉིད་དུ་འགྱུར་ཏེ། སློབ་ཕན་དུ། ད་ལས་སྔ་མའི་དའང་ངོ་ཞེས་པའི་ མདོའང་མཛད་དོ། །དཔེར་ན། བྷི་དིར་རྣམ་པར་འཇོམས་པ་དང་། ཉི་མི་དཱ་ཆགས་པའི་ བྱིངས་ཨིར་དང་ཉི་དང་ཨཱ་ཡིག་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས་ཀྟ་ དང་ཀྟ་ཝནྟུ་བྱིན་ནས། མདོ་འདིས་རྐྱེན་གྱི་ཏ་ཡིག་དང་། བྱིངས་ཀྱི་ད་ཡིག་དག་ན་ཡིག་ཏུ་ བསྒྱུར་ཞིང་། སི་བྱིན་ཏེ་བསྒྲུབ་ཚུལ་སྔར་བཞིན་བྱས་པས། བྷིནྣཿ(འགྲེལ་བ། ) བྷིནྣ་ཝཱན། མིནྣཿ། མིནྣ་ཝཱན་ཞེས་པ་ལྟ་བུའོ། །མཐར་གནས་བརྩེགས་པ་ལས་ཨཱཏ་ལས་སོ་ཞེས་པ་ནི་བྱིངས་ མཐར་གནས་ཀྱི་ཡི་གེ་བརྩེགས་པ་ཅན་ཨཱ་ཡིག་རིང་པོའི་དབྱངས་མཐའ་ཅན་ལས། ཕ་རོལ་ ཏུ་ནིཥྛཱའི་ཏ་ཡིག་ན་ཡིག་ཏུ་འགྱུར་ཏེ། དཔེར་ན། བི་སྔ་མ་ཅན་གྱི་ཏྲཱ་སྨད་པ་དང་། དགའ་བ་ ཟད་པའི་བྱིངས་ལ། འདི་ཉིད་དི་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟ་དང་། ཀྲྀཏ་ 6-1-722 གསུམ་པར་ནིཥྛཱའོ་ཞེས་པས། ཀྟ་ཝནྟུ་བྱིན་ནས། ཨཱ་བཞི་པར་མཚམས་སྦྱོར་གྱི་མཐའི་ཡི་གེ་ རྣམས་ཀྱི་ཞེས་པས་གླཻའི་དབྱངས་ཨཱ་རིང་པོར་བསྒྱུར་ཞིང་། མདོ་འདིས་ཏ་ཡིག་དག་ན་རུ་ བསྒྱུར་ལ། ནཱ་བཞི་པར་ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་པས་ཏྲཱའི་མཐར་ན་ཡིག་ཎ་རུ་བསྒྱུར་ ཏེ་སི་བྱིན་ནས་སྔར་བཞིན་བསྒྲུབས་པས། བི་ཏྲཱ་ཎཿ བི་ཏྲཱ་ཎ་ཝཱན། གླཱ་ནཿ(དམན་པ། ) གླཱ་ན་ ཝཱན་ཞེས་པ་ལྟ་བུའོ། །བྱིངས་མཐར་གནས་བརྩེགས་པ་ཅན་ཡིན་ཡང་ཨཱ་ཡིག་མཐའ་ཅན་མ་ ཡིན་ན། ནིཥྛཱའི་ཏ་ཡིག་ན་རུ་མི་འགྱུར་ཏེ། དཔེར་ན། ཙྱུང་འགྲོ་བའི་བྱིངས་ང་རྗེས་འབྲེལ་ ཕྱིས་པ་ལ་སྔར་བཞིན་ཀྟ་དང་སི་བྱིན་པས། ཙྱུ་ཏཿ(ཟག་པ། ) ཞེས་པ་ལྟ་བུའོ། །བྱིངས་ཨཱཏ་ མཐའ་ཅན་ཡིན་ཡང་མཐར་གནས་བརྩེགས་པ་ཅན་མ་ཡིན་ན། ནིཥྛཱའི་ཏ་ཡིག་ན་རུ་མི་འགྱུར་ ཏེ། དཔེར་ན། སྣ་གཙང་མའི་བྱིངས་ལ་སྔར་བཞིན་ཀྟ་དང་སི་བྱིན་པས། སྣཱཏཿ(ཁྲུས། ) ཞེས་པ་ ལྟ་བུའོ། །དུར་ཕན་དག་ལས། བྱིངས་ལས་གཞན་པ་དང་འབྲེལ་པ་ཅན་གྱི་མཐར་གནས་ བརྩེགས་པ་ཨཱཏ་མཐའ་ཅན་ཡིན་ཡང་། ནིཥྛཱའི་ཏ་ཡིག་ན་རུ་མི་འགྱུར་བར་གསུངས་ཏེ། དཔེར་ན། ནིར་སྔ་མ་ཅན་གྱི་ཡཱ་ཐོབ་པ་དང་། ཝཱ་འགྲོ་བའི་བྱིངས་ལ་སྔར་བཞིན་ཀྟ་དང་སི་ བྱིན་པས། ནིཪྻཱ་ཏཿ ནིཪྺཱཏཿ ཞེས་པ་ལྟ་བུའོ། །ལཱུ་སོགས་དང་ཨོཏ་རྗེས་སུ་འབྲེལ་པ་ལས་ ཀྱང་ངོ་ཞེས་པ་ནི་ལཱུཉ་གཅོད་པ་ལའོ་ཞེས་པ་ནས་པྲྀ་སྒྲིབ་པ་ལའོ་ཞེས་པའི་བར་རྣམས་ལཱུ་ སོགས་ཡིན་པས་དེ་རྣམས་དང་། ཨོ་ཡིག་རྗེས་སུ་འབྲེལ་པའི་མཐའ་ཅན་གྱི་བྱིངས་རྣམས་ ལས་ཀྱང་ཕ་རོལ་ཏུ་ནིཥྛཱའི་ཏ་ཡིག་ན་ཉིད་དུ་འགྱུར་ཏེ། དཔེར་ན། ལཱུཉ་དང་སོགས་པས་ཛྱཱ་ ལང་ཚོ་ཉམས་པ་དང་། ཨོད་རྗེས་སུ་འབྲེལ་པ་ཨོ་བོ་ཛཱི་སྟེང་དུ་སོན་པ་དང་། ཨོ་ལ་ཛཱི་ངོ་ཚ་ ཤེས་པ་དང་། བྱིངས་ཀྱི་གླེགས་བམ་དུ་པཱུ་ལ་སོགས་པ་རྣམས་ཨོཏ་རྗེས་སུ་འབྲེལ་པའོ། ། ཞེས་ལྟར་དི་ཝ་སོགས་ཀྱི་ནང་ཚན་ཥུང་རབ་ཏུ་སྐྱེ་བ་དང་ཌཱུང་དཱུང་ཡང་འདུག་རབ་ཏུ་གདུང་ བ་ལ་སོགས་པ་དགུ་ཚན་གཅིག་པཱུང་སོགས་སུ་བཤད་པས་བྱིངས་དེ་རྣམས་ལ། འདི་ཉིད་དུ་ 6-1-723 འགྲོ་བའི་དོན་དང་ཞེས་པས་ཀྟ་དང་། ཀྲྀཏ་གསུམ་པར་ནིཥྛཱའོ་ཞེས་པས་ཀྟ་ཝནྟུ་བྱིན་ནས། མདོ་འདིས་ཏ་ཡིག་ན་རུ་བསྒྱུར་ཏེ་མཐར་སི་བྱིན་ནས་བསྒྲུབ་ཚུལ་སྔར་བཞིན་བྱེད་པ་ནི་ ཐམས་ཅད་ལ་མཚུངས་ཤིང་། ལཱུ་ཉའི་རྗེས་འབྲེལ་ཕྱིས་པས། ལཱུ་ནཿ ལཱུ་ན་ཝཱན་ཞེས་པ་དང་། ཨཱ་བཞི་པར་གྲ་ཧི་ཛྱཱ་ཞེས་པས་ཛྱཱའི་ཡ་ཡིག་དབྱངས་དང་བཅས་པ་ཨི་རུ་སླར་བསྒྱུར་ཏེ། ཀྲྀཏ་ དང་པོར་དེ་མཐའ་རིང་པོའོ་ཞེས་པ་ལྟར། ཨི་འང་རིང་པོར་བསྒྱུར་བས། ཛཱི་ནཿ ཛཱི་ན་ཝཱན་ ཞེས་པ་དང་། ཨོ་བི་ཛཱི་དང་། ཨོ་ལ་ཛཱི་དག་གི་ཨོ་དང་ཨཱི་རྗེས་འབྲེལ་ཕྱིས་ནས། འདི་ཉིད་དུ་ ཙ་ཛ་དག་གི་ཞེས་པས་ཛ་ཡིག་དག་ག་ཡིག་ཏུ་བསྒྱུར་བས། བིགྣཿ བིགྣ་ཝཱན། ལགྣཿ(དུས་སྦྱོར། ) ལགྣ་ཝཱན་ཞེས་པ་དང་། ཥུད་དང་ཌཱུང་དཱུ་དག་གི་ང་རྗེས་འབྲེལ་ཕྱིས་ནས། ཨཱ་བརྒྱད་པར་ བྱིངས་ཀྱི་དང་པོའི་ཞེས་པ་ལྟར་ཥ་ཡིག་ས་རུ་བསྒྱུར་བས། སཱུ་ནཿ སཱུན་ཝཱན། དཱུ་ནཿ དཱུ་ན་ཝཱན་ ཞེས་པ་ལྟ་བུའོ། །དུར་སིང་དུ། ཀྱང་ཡིག་ནི་མ་བརྗོད་པ་བསྡུ་བའི་དོན་ཏེ། རྀ་ཡིག་ལ་སོགས་ པ་རྣམས་ལ་ཀྟི་ནིཥྛཱ་བཞིན་དུ་འདོད་དོ་ཞེས་པས་གསུངས་པ་ནི། དཔེར་ན། ཀྲཱྀ་རྣམ་པར་ གཡེང་བ་དང་། ལཱུཉ་གཅོད་པའི་བྱིངས་ལ་ཉ་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་ལྔ་པར་བུད་མེད་ ལ་ཀྟི འོ་ཞེས་པས། ཀྟི་བྱིན་ནས་ཀ་ཁྱད་དོན་དབྱི་ཞིང་། ཨཱ་ལྔ་པར་རཱྀཏ་མཐའི་ཡོན་ཏན་མེད་ པ་ལ་ཞེས་པས་ཀྲཱྀའི་དབྱངས་ཨིར་དུ་བསྒྱུར་ཏེ། ཨཱ་བརྒྱད་པར། ནཱ་མིའི་ར་ཝ་དག་ལ་ཞེས་ པས་ཨིའང་རིང་པོར་བསྒྱུར་ལ། འདི་ཉིད་དུ། ར་ལས་ཞེས་པ་ལྟར་ཀྟ་དང་འདྲ་བའི་དོན་ལ་ རྐྱེན་གྱི་ཏ་ཡིག་ན་རུ་བསྒྱུར་ནས། ནཱ་བཞི་པར་ར་ཥ་རཱྀའི་ཡི་གེ་ཞེས་པས་རའི་མཐར་ན་ཡིག་ ཎ་རུ་བསྒྱུར་ཏེ་སི་བྱིན་པས། ཀཱིཪྞིཿ ལཱུ་ནི་ཞེས་པ་ལྟ་བུའོ། །བྲཤྩིའི་ཀའང་ངོ་ཞེས་པ་ནི་ཨོ་ བྲཤྩུ་གཅོད་པའི་བྱིངས་འདིའི་མཐའི་ཤ་ཡིག ནིཥྛཱའི་རྐྱེན་ཕ་རོལ་ཏུ་ཡོད་པ་ལ་ཀ་ཡིག་ཏུ་ འགྱུར་ཞིང་། འང་གི་སྒྲས་ནིཥྛཱའི་ཏ་ཡིག་ཀྱང་ན་ཉིད་དུ་འགྱུར་ཏེ། དཔེར་ན། ཨོ་བྲཤྩུའི་ཨོ་ དང་ཨུ་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཀྟ་དང་ཀྟ་ཝནྟུ་བྱིན་ནས། ཨཱ་བཞི་པར་གྲ་ཧི་ཛྱཱ་བྱི་ 6-1-724 ཞེས་པས་བྲའི་ར་ཡིག་དབྱངས་དང་བཅས་པ་རྀ་རུ་སླར་བསྒྱུར་ཞིང་། ཨཱ་དྲུག་པར། བྲཤྩི་ མཤྩ་དག་གི་ཌྷུཊ་ལ་ཞེས་པས་ཙ་ཡིག་ཕྱིས་ཏེ་མདོ་འདིས་ཤ་ཡིག་ཀ་དང་ཏ་ཡིག་ན་རུ་བསྒྱུར་ ལ། ནཱ་བཞི་པར་ར་ཥ་རྀའི་ཡི་གེས་ན་ཎ་རུ་བསྒྱུར་ཏེ་སི་བྱིན་ནས་སྔར་བཞིན་བསྒྲུབས་པས། བྲྀཀྞཿ བྲྀཀྞ་ཝཱན་ཞེས་པ་ལྟ་བུའོ། །ཀྵི་ལ་རིང་པོ་ལས་སོ་ཞེས་པ་ནི་ཀྵི་ཟད་པའི་བྱིངས་འདིའི་ དབྱངས་རིང་པོར་གྱུར་པ་ལས་ཕ་རོལ་གྱི་ཏ་ཡིག་ན་ཉིད་དུ་འགྱུར་ཏེ། དཔེར་ན། ཀྵི་ལ་སྔར་ བཞིན་ཀྟ་དང་། ཀྟ་ཝནྟུ་བྱིན་ནས། ཀྲྀཏ་དང་པོར་ནིཥྛཱ་ལའང་ངོ་ཞེས་པས་ཀྵི་རིང་པོར་བསྒྱུར་ བ་ན། མདོ་འདིས་ཏ་ཡིག་ན་དང་། ནའང་སྔར་བཞིན་ཎ་རུ་བསྒྱུར་ཏེ་སི་བྱིན་ནས་སྔར་བཞིན་ བསྒྲུབས་པས། ཀྴཱི་ཎཿ ཀྴཱི་ཎ་ཝཱན་ཞེས་པ་ལྟ་བུའོ། །ཀྵི འི་དབྱངས་རིང་པོ་མ་ཡིན་ན་ཕ་རོལ་ ནིཥྛཱའི་ཏ་ཡིག་ན་རུ་མི་འགྱུར་ཏེ། དཔེར་ན། ཀྵི་ལ། ཀྲྀཏ་བཞི་པར་དངོས་པོ་ལ་མ་ནིང་ལ་ ཞེས་པས་ཀྟ་བྱིན་ནས་སྔར་བཞིན་སི་བྱིན་པ་མ་ནིང་ལས་ཕྱིས་ཏེ་མུ་སྦྱར་བས། ཀྵི་ཏཾ་ཞེས་པ་ ལྟ་བུའོ། །ཤྱཱ་ལས་རེག་པ་མིན་པ་ལའོ་ཞེས་པ་ནི་ཤྱཻ ང་འགྲོ་བ་ལའོ་ཞེས་པའི་བྱིངས་འདི་ལས་ རེག་པ་མ་ཡིན་པའི་དོན་ལ་འཇུག་པ་ན། ཕ་རོལ་གྱི་ནིཥྛཱའི་ཏ་ཡིག་ན་ཉིད་དུ་འགྱུར་ཏེ། དཔེར་ན། ཤྱཻ ང་གི་ང་རྗེས་འབྲེལ་ཕྱིས་པ་ལ། ཀྲྀཏ་བཞི་པར་དངོས་པོ་ལ་མ་ནིང་ལ་ཞེས་པས་ ཀྟ་བྱིན་ནས། ཀྲྀཏ་དང་པོར་ཁུ་བའི་གོང་བུ་དང་ཞེས་པས་ཤྱཻ འི་ཡ་དབྱངས་དང་བཅས་པ་ཨི་ རུ་སླར་བསྒྱུར་ཞིང་། དེ་ཉིད་དུ་དེ་མཐའ་རིང་པོའོ་ཞེས་པས་ཨིའང་རིང་པོར་བསྒྱུར་ཏེ། མདོ་ འདིས་ཏ་ཡིག་ན་རུ་བསྒྱུར་ནས། སི་བྱིན་པ་མ་ནིང་ལས་ཕྱིས་ཏེ་མུ་སྦྱར་བའི་ཕ་རོལ་ན་གྷྲྀ་ཏཾ་ ཡོད་པ་ལས། ཤཱི་ནཾ་གྷྲྀ་ཏཾ་(མར་གྱི་གོང་བུ། ) ཞེས་པ་ལྟ་བུའོ། །རེག་པ་ལ་འཇུག་པ་ཡིན་ན་དེའི་ཏ་ ཡིག་ན་རུ་མི་འགྱུར་ཏེ། དཔེར་ན། ཤྱཻ ང་ལ་སྔར་བཞིན་ཀྟ་བྱིན་ནས། ཀྲྀཏ་དང་པོར་ཁུ་བའི་ གོང་བུ་དང་རེག་པ་དག་ལས་ཞེས་པས་ཤྱཻ འི་ཡ་ཡིག་དབྱངས་དང་བཅས་པ་ཨི་དང་། དེའང་ སྔར་བཞིན་རིང་པོར་བསྒྱུར་ཞིང་། སི་བྱིན་པ་མ་ནིང་ལས་ཕྱིས་ཏེ་མུ་སྦྱར་བའི་ཕ་རོལ་ན་ཛ་ 6-1-725 ལམ་ཡོད་པ་ལས། ཤཱི་ཏཾ་ཛ་ལཾ་(བསིལ་བའི་ཆུ། )ཞེས་པ་ལྟ་བུའོ། །ཨནྩི་ལས་ངེས་པར་ཀུན་སྦྱིན་ པ་མ་ཡིན་པ་ལའོ་ཞེས་པ་ནི་ཨ་འགྲོ་བའི་བྱིངས་འདི་ལས། ངེས་པར་ཀུན་སྦྱིན་པ་སྟེ་འབྱུང་ ཁུངས་ཀྱི་དོན་ལ་འཇུག་པ་མ་ཡིན་པ་ལས་ཕ་རོལ་གྱི་ནིཥྛཱ་ཏ་ཡིག་ན་ཉིད་དུ་འགྱུར་ཏེ། དཔེར་ ན། སམ་སྔ་མ་ཅན་གྱི་ཨནྩིའི་ཨུ་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཀྟ་དང་ཀྟ་ཝནྟུ་བྱིན་ནས། ཨཱ་དྲུག་པར་ཨིད་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཡོན་ཏན་མེད་པ་ལ་ཞེས་པས་ཨནྩིའི་ ན་དབྱི་ཞིང་། འདི་ཉིད་དུ་ཙ་ཛ་དག་གི་ཞེས་པ་ཙ་ཡིག་ཀ་རུ་བསྒྱུར་ལ། མདོ་འདིས་ཏ་ཡིག་ན་ རུ་བསྒྱུར་ཏེ། སི་བྱིན་ནས་སྔར་བཞིན་བསྒྲུབས་པས། ས་མཀྣཿ ས་མཀྣ་ཝཱན་ཞེས་པ་ལྟ་བུའོ། ། ངེས་པར་ཀུན་སྦྱིན་པ་ལ་འཇུག་པ་ལས་ཕ་རོལ་གྱི་ནིཥྛཱའི་ཏ་ཡིག་ནི་ན་རུ་མི་འགྱུར་ཏེ། དཔེར་ན། ཨུཏ་སྔ་མ་ཅན་གྱི་ཨནྩིལ། ཀྲྀཏ་བཞི་པར་དངོས་པོ་ལ་ཞེས་པས་ཀྟ་བྱིན་ནས། སྔ་ མ་ལྟར་ན་ཕྱིས་ཏེ་ཙ་ཡིག་ཀ་རུ་བསྒྱུར་ཞིང་། སན་བཞི་པར་སྡེ་པའི་དང་པོ་ཚིག་མཐའ་རྣམས་ ཞེས་པས་ཨུཏ་ཀྱི་ཏ་ཡིག་ད་རུ་བསྒྱུར་ནས་སི་བྱིན་པ་སྔར་བཞིན་མ་ནིང་ལས་ཕྱིས་ཏེ་མུ་བྱིན་ པའི་ཕ་རོལ་ན་ཨུ་ད་ཀཾ་ཀཱུ་པཱཏ་ཡོད་པ་ལས། ཨུ་དཀྟ་(སྟེང་དུ་འདྲེན་ནོ། །)མུ་ད་ཀཾ་ཀཱུ་པཱཏ་(ཆུ་ཁྲོན་པ་ ལས། )ཅེས་པ་ལྟ་བུའོ། །དིཝ་ལས་ལེ་ལོ་ཅན་ལའོ་ཞེས་པ་ནི། དི་ཝུ་རོལ་རྩེད་ལའོ་ཞེས་པའི་ བྱིངས་འདི་ལས་ཕ་རོལ་གྱི་ནིཥྛཱ་འི་ཏ་ཡིག་ལེ་ལོ་ཅན་གྱི་དོན་ལ་འཇུག་པ་ན། ན་ཡིག་ཏུ་ འགྱུར་ཏེ། དཔེར་ན། ཨཱང་སྔ་མ་ཅན་གྱི་དི་ཝུའི་ཨུ་རྗེས་འབྲེལ་ཕྱིས་པ་ལ་སྔར་བཞིན་ཀྟ་བྱིན་ ནས། ཀྲྀཏ་དང་པོར་ཚ་ཝ་དག་གི་ལྔ་པ་ལའང་ཤ་ཨཱུཊའོ་ཞེས་པས་ཝ་ཡིག་ཨཱུཊ་རུ་བསྒྱུར་ བའི་ཊ་ཁྱད་དོན་ཕྱིས་ཏེ་དེའི་དབྱངས་དང་མཚམས་སྦྱར་ནས། མདོ་འདིས་ཏ་ཡིག་ན་རུ་ བསྒྱུར་ཏེ་སི་བྱིན་པས། ཨཱདྻཱུ་ནཿ(ལེ་ལོའོ། །) ཞེས་པ་ལྟ་བུའོ། །ལེ་ལོ་ཅན་ལ་འཇུག་པ་མ་ཡིན་ན་ དེའི་ཏ་ཡིག་ན་རུ་མི་འགྱུར་ཏེ། དཔེར་ན། དིཝ་ལ། ཀྲྀཏ་བཞི་པར་དངོས་པོ་ལ་ཞེས་པས་ཀྟ་ བྱིན་ནས། སྔ་མ་ལྟར་ཝ་ཡིག་ཨུ་རུ་བསྒྱུར་ཏེ། སི་བྱིན་པ་མ་ནིང་ལས་ཕྱིས་ནས་མུ་བྱིན་པའི་ 6-1-726 ཕ་རོལ་ན་བརྟ་ཏེ་ཡོད་པ་ལས། དྻཱུ་ཏཾ་བརྟ་ཏེ་ཞེས་པ་ལྟ་བུའོ། །ཧྲཱྀ་གྷྲཱ་ཏྲཱ་ཨུནྡ་ནུད་བིད་རྣམས་ ཀྱི་ཡང་ནའོ་ཞེས་པ་ནི་ཧྲཱྀ་ངོ་ཚ་ཤེས་པ་དང་། གྷྲཱ་དྲི་ལེན་པ་དང་། ཏྲེང་སྐྱོང་བ་དང་། སམ་སྔ་མ་ ཅན་གྱི་ཨུ་ནྡཱི་བངས་པ་དང་། ནུད་གཏོད་པ་དང་། བིད་རྣམ་པར་འབྱེད་པའི་བྱིངས་འདི་ རྣམས་ལས་ཕ་རོལ་གྱི་ནིཥྛཱའི་ཏ་ཡིག ཡང་ན་ན་ཡིག་ཏུ་འགྱུར་ཞིང་ཡང་ན་མི་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ཀྱི་ང་དང་ཨཱི་རྗེས་འབྲེལ་ཕྱིས་པ་ལ། སྔར་བཞིན་ཀྟ་དང་ཀྟ་ཝནྟུ་ དང་། མཐར་སི་བྱིན་ནས་བསྒྲུབ་ཚུལ་སྔར་བཞིན་བྱེད་པ་ནི་ཐམས་ཅད་ལ་མཚུངས་ཤིང་། ཨཱ་བརྒྱད་པར་མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ཞེས་པས་ཏྲེའི་དབྱངས་ཨཱ་རུ་བསྒྱུར་ ཏེ། མདོ་འདིས་ཡང་ན་ཏ་ཡིག་ཏུ་འགྱུར་བའི་ཕྱོགས་ལ། ཧྲཱྀ་གྷྲཱ་ཏྲཱའི་ཕ་རོལ་གྱི་ཏ་ཡིག་ན་རུ་ བསྒྱུར་བ་རྣམས། ནཱ་བཞི་པར་ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་པས་ཎ་རུ་བསྒྱུར་བས། ཧྲཱྀ་ ཎཿཧྲཱྀ་ཎ་ཝཱན། གྷྲཱ་ཎཿ(དགའ་བ། ) གྷྲཱ་ཎ་ཝཱན། ཏྲཱ་ཎཿཏྲཱ་ཎ་ཝཱན་ཞེས་པ་དང་། ཨུད་ནུད་བིད་ རྣམས་ལས་ཕ་རོལ་གྱི་ཏ་ཡིག་ན་རུ་བསྒྱུར་བ་ན། འདི་ཉིད་དུ་ད་ལས་ཞེས་པས་བྱིངས་མཐའི་ ད་རྣམས་ཀྱང་ན་རུ་བསྒྱུར་བས། ས་མུནྣཿ ས་མུནྟ་ཝཱན། ནུནྣཿ ནུནྣ་ཝཱན། བིནྣཿ བིནྣ་ཝཱན་ ཞེས་པ་ལྟ་བུའོ། །ཡང་ན་ཏ་ཡིག་དག་ན་ཡིག་ཏུ་མ་བསྒྱུར་བས། ཧྲཱྀ་ཏཿ ཧྲཱྀ་ཏ་ཝཱན། གྷྲཱ་ཏཿགྷྲཱ་ ཏ་ཝཱན། ཏྲཱ་ཏཿ ཏྲཱ་ཏ་ཝཱན་ཞེས་པ་དང་། ཨཱ་བརྒྱད་པར་ཤིཊ་མ་ཡིན་པ་རྣམས་ཀྱི་སྒྲ་མེད་པ་ རྣམས་ལ་ཞེས་པས་ཨུད་ནུད་བིད་རྣམས་ཀྱི་ད་ཡིག་ཀྱང་ཏ་རུ་བསྒྱུར་བས། ས་མུཏྟཿ ས་མུཏྟ་ ཝཱན། ནུཏྟཿ ནུཏྟ་ཝཱན། བིཏྟཿ བིཏྟ་ཝཱན་ཞེས་པ་ལྟ་བུའོ། །ཀྵཻ་ཤུ་ཥི་པཙ་རྣམས་ཀྱི་མ་ཀ་ཝ་ རྣམས་སོ་ཞེས་པ་ནི་ཀྵི་ཟད་པའི་བྱིངས་ཨིན་གྱི་མཐའ་ཅན་ཀྵཻ་དང་། ཤུཥ་སྐམ་པ་དང་། ཌུ་པ་ ཙཥ་འཚེད་པའི་བྱིངས་གསུམ་པོ་འདི་རྣམས་ལས་ཕ་རོལ་གྱི་ནིཥྛཱའི་ཏ་ཡིག་རྣམས་རིམ་པ་ བཞིན་དུ་མ་དང་ཀ་དང་ཝ་རྣམས་སུ་འགྱུར་ཏེ། དཔེར་ན། བྱིངས་དེ་རྣམས་ལ་སྔར་བཞིན་ཀྟ་ དང་ཀྟ་ཝནྟུ་དང་། མཐར་སི་བྱིན་ནས་བསྒྲུབ་ཚུལ་སྔར་བཞིན་བྱེད་པ་ནི་ཐམས་ཅད་ལ་ 6-1-727 མཚུངས་ཤིང་། ཀྵི་ཟད་པའི་བྱིངས་ལ་ཨཱ་གཉིས་པར་བྱིངས་དོན་ལ་ཞེས་པས་ཨིན་བྱིན་པ་ ན། ཨཱ་དྲུག་པར་ཨིན་ཨིཙ་ཞེས་པས་ཀྵི འི་དབྱངས་ཨཻ་རུ་བསྒྱུར་ཏེ། ཨཱ་དྲུག་པར་ཀཱ་རི་ཏའི་ ཨཱམ་ཨིཙ་ཞེས་པས་ཨིན་ཕྱིས་ལ། ཨཱ་བཞི་པར་མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་ ཞེས་པས་ཀྵཻའི་དབྱངས་ཀྱང་ཨཱ་རུ་བསྒྱུར་ནས། མདོ་འདིས་ཏ་ཡིག་དག་མ་རུ་བསྒྱུར་ནས། མདོ་འདིས་ཏ་ཡིག་དག་མ་རུ་བསྒྱུར་བས། ཀྵཱ་མ(བཟོད་པ)། ཀྵཱ་མ་ཝཱན་ཞེས་པ་དང་། དེ་བཞིན་ དུ་ཤུ་ཥའི་ཏ་ཡིག་ཀ་རུ་བསྒྱུར་བས། ཤུཥྐཿ(ཤ་སྐམ་པོ། ) ཤུཥྐ་ཝཱན་ཞེས་པ་དང་། ཌུཔ་ཙཥའི་ཌུ་ དང་ཥ་རྗེས་འབྲེལ་དང་ཙའི་དབྱངས་བརྗོད་དོན་ཕྱིས་ནས། འདི་ཉིད་དུ་ཙ་ཛ་དག་གི་ཞེས་ པས་ཙ་ཡིག་ཀ་དང་། མདོ་འདིས་ཏ་ཡིག་ཝ་རུ་བསྒྱུར་བས། པ་ཀྭཿ(བཙོས་པ། ) པ་ཀྭ་ཝཱན་ཞེས་ པ་ལྟ་བུའོ། །པྲ་སྟྱཱའི་ཡང་ནའོ་ཞེས་པ་ནི་པྲ་སྔ་མ་ཅན་གྱི་སྟྱཻ་སྒྲ་དང་འདུས་པའི་བྱིངས་འདི་ ལས་ཕ་རོལ་གྱི་ནིཥྛཱའི་ཏ་ཡིག་ཡང་ན་མ་ཡིག་ཏུ་འགྱུར་ཞིང་ཡང་ན་མི་འགྱུར་ཏེ། དཔེར་ན། བྱིངས་དེ་ལ་ཀྟ་དང་ཀྟ་ཝནྟུ་བྱིན་ནས། ཀྲྀཏ་དང་པོར་པྲ་སྟྱཱའི་སཾ་པྲ་སཱ་ར་ཎའོ་ཞེས་པས་སྟྱཻའི་ ཡ་ཡིག་དབྱངས་དང་བཅས་པ་ཨི་རུ་སླར་བསྒྱུར་ཏེ། དེ་ཉིད་དུ་དེ་མཐའ་རིང་པོའོ་ཞེས་པས་ ཨིའང་རིང་པོ་དང་། མདོ་འདིས་ཡང་ན་ཏ་ཡིག་མ་རུ་བསྒྱུར་ཞིང་མཐར་སི་བྱིན་ནས་སྔར་ བཞིན་བསྒྲུབས་པས། པྲ་སྟཱིམཿ པྲསྟཱིམ་ཝཱན་ཞེས་པ་དང་། ཡང་ན་ཏ་ཡིག་མ་རུ་མ་བསྒྱུར་བས། པྲ་སྟཱིཏཿ པྲ་སྟཱིཏ་ཝཱན་ཞེས་པ་ལྟ་བུའོ། །ནིཪྺཱཎ་རླུང་མ་ཡིན་པ་ལའོ་ཞེས་པ་ནི་ནིར་སྔ་མ་ཅན་ གྱི་ཝཱ་འགྲོ་བའི་བྱིངས་ལ་ཀྟའི་རྐྱེན་བྱིན་པས་རླུང་མ་ཡིན་པའི་ཡུལ་ལ་ཚིག་ཕྲད་དུ་གྱུར་པ་སྟེ། དཔེར་ན། ནིཪྺཱལ་སྔར་བཞིན་ཀྟ་བྱིན་པས་རླུང་མ་ཡིན་པའི་ཡུལ་ལ་ཚིག་ཕྲད་དུ་གྱུར་པ་ན་ མདོས་ཐོབ་པ་མ་ཡིན་པའི་བྱ་བ་ཏ་ཡིག་ཎ་རུ་བསྒྱུར་ནས། སི་བྱིན་པ་རྣམ་བཅད་དུ་བསྒྱུར་ བའི་ཕ་རོལ་ན་ཨག་ནི་ཡོད་པ་ལས་རྣམ་བཅད་ཨ་ཡིག་དག་གི་བར་ཨུ་རུ་བསྒྱུར་ཏེ་དེ་དང་ མཚམས་སྦྱར་བས་ཎའི་དབྱངས་ཨོ་རུ་གྱུར་པ་ན། ཚིག་མཐར་ཨེཏ་ཨོཏ་ལས་ཕ་རོལ་གྱི་ཨ་ 6-1-728 ཡིག་ཕྱིས་པས་ནཱིཪྺཱ་ཎོ྅གྣིཿཞེས་པ་ལྟ་བུའོ། །རླུང་གི་ཡུལ་ལ་ནི་ཚིག་ཕྲད་དུ་མི་འགྱུར་བས། ཏ་ཡིག་ན་རུ་མི་འགྱུར་ཏེ། དཔེར་ན། ནིཪྺཱ་ལ་ཀྟ་དང་། སི་བྱིན་པའི་ཕ་རོལ་ན་བཱ་ཏཿཡོད་པ་ ལས། ནིཪྺཱ་ཏོ་ཝ་ཏཿཞེས་པ་ལྟ་བུའོ། །བྷི ཏྟ་རྀ་ཎ་བིཏྟ་རྣམས་དུམ་བུ་བུ་ལོན་ལོངས་སྤྱོད་ རྣམས་ལའོ་ཞེས་པ་ནི་བྷི་དིར་འཇོམས་པ་དང་། རྀ་འགྲོ་བ་དང་། བིངླྀ་ཐོབ་པའི་བྱིངས་འདི་ རྣམས་ལ་ཀྟའི་རྐྱེན་བྱིན་པས། རིམ་པ་ལྟར་དུམ་བུ་དང་། བུ་ལོན་དང་། ལོངས་སྤྱོད་རྣམས་ ཀྱི་དོན་ལ་འཇུག་པ་ན་ཚིག་ཕྲད་དུ་གྱུར་པ་སྟེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཨིར་དང་ལྀ་ རྗེས་འབྲེལ་ཕྱིས་པའི་བྷི་དང་། རྀ་དང་། བིད་རྣམས་ལ། ཀྲྀཏ་བཞི་པར་དངོས་པོ་ལ་ཞེས་པ་ ལྟར་ཀྟ་བྱིན་པས་དོན་དེ་རྣམས་ལ་ཚིག་ཕྲད་དུ་གྱུར་པ་ན། མདོས་ཐོབ་པའི་བྱ་བ་འདི་ཉིད་དུ་ ད་ལས་ཞེས་པས་ད་ཡིག་དག་གི་མཐར་ཏ་ཡིག་ན་དང་། ད་ཡིག་ཀྱང་ན་རུ་འགྱུར་བ་བཀག་ ནས། ཐོབ་པ་མ་ཡིན་པའི་བྱ་བ་རྀའི་མཐར་ཎ་རུ་བསྒྱུར་ཞིང་། ཨཱ་བརྒྱད་པར་ཤིཊ་མ་ཡིན་པ་ རྣམས་ཀྱི་སྒྲ་མེད་པ་རྣམས་ལ་ཞེས་པས་བྱིངས་ཀྱི་ད་ཡིག་དག་ཀྱང་ཏུ་རུ་བསྒྱུར་ཏེ། སི་བྱིན་ པ་སྔར་བཞིན་མ་ནིང་ལས་ཕྱིས་ནས་མུ་སྦྱར་བས། བྟིཏྟཾ། རྀ་ཎཾ། བིཏྟཾ་ཞེས་པ་ལྟ་བུའོ། །བྱིངས་ དེ་རྣམས་དུམ་བུ་ལ་སོགས་པ་ལ་འཇུག་པ་མ་ཡིན་ན་ཀྟའི་རྐྱེན་བྱིན་པས་ཚིག་ཕྲད་དུ་མི་ འགྱུར་ཏེ། དཔེར་ན། དེ་རྣམས་ལ་སྔར་བཞིན་ཀྟ་བྱིན་ནས། འདི་ཉིད་དུ་ད་ལས་དའི་འང་ངོ་ ཞེས་པས་ད་ཡིག་དག་གི་མཐའ་ལས་རྐྱེན་གྱི་ཏ་ཡིག་ན་དང་། བྱིངས་ཀྱི་དའང་ན་རུ་བསྒྱུར་ཏེ་ སྔར་བཞིན་སི་ཕྱིས་ནས་མུ་བྱིན་པས། བྷིནྣཾ། རྀ་ཏཾ། བིནྣཾ་ཞེས་པ་ལྟ་བུའོ། །ཕུལླ་ཀྵཱི་ཝཀྲྀ་ཤ་ ཨཱུལླཱ་གྷ་རྣམས་ཉེར་བསྒྱུར་མེད་པ་ལས་སོ་ཞེས་པ་ནི་ཉི་ཕལ་རྒྱས་པ་དང་། ཀྵཱི་ཝྲྀ་མྱོས་པ་དང་། ཀྲྀཤ་ཕྲ་མོར་བྱེད་པ་དང་། ཨུད་སྔ་མ་ཅན་གྱི་ལཱ་གྷྲྀ་ནུས་པའི་བྱིངས་འདི་རྣམས་ལ་ཀྟའི་རྐྱེན་ བྱིན་པས། ཉེར་བསྒྱུར་མེད་པ་ལ་ཚིག་ཕྲད་དུ་གྱུར་པ་སྟེ། དཔེར་ན། བྱིངས་དེ་རྣམས་ཀྱི་ཉི་ དང་རྀ་ཡིག་དག་རྗེས་འབྲེལ་ཕྱིས་པ་ལས། འདི་ཉིད་དུ་འགྲོ་བའི་དོན་དང་ལས་མེད་པ་ཞེས་ 6-1-729 པས་ཀྟ་བྱིན་ནས། ཉེར་བསྒྱུར་སྔ་མར་མེད་པ་ན། མདོས་ཐོབ་པ་མ་ཡིན་པའི་བྱ་བ་བྱིངས་སྔ་ མའི་མཐར་རྐྱེན་གྱི་ཏ་ཡིག་ལ་རུ་བསྒྱུར་ཏེ། ཕྱི་མ་གསུམ་གྱི་མཐར་ཏ་ཡིག་ཕྱིས་ནས་དེའི་ དབྱངས་བཞག་ཅིང་། མདོས་ཐོབ་པའི་བྱ་བ་ཨཱ་བདུན་པར་བྱིངས་ཐམས་ཅད་པ་མིན་པ་ཞེས་ པས་བྱིངས་མཐར་ཨིཊ་ཐོབ་པ་བཀག་ནས་ཚིག་ཕྲད་དུ་གྱུར་པ་སྟེ། ཚིག་ཕྲད་དམ་འབའ་ ཞིག་པའམ། ནི་པཱ་ཏ་ཞེས་པའི་མིང་དོན་ནི་སན་གསུམ་པར་ཨོཏ་མཐའ་རྣམས་དང་ཨ་ཨི་ཨུ་ ཨཱ་ནི་པཱ་ཏ་རྣམས་དབྱངས་ལ་རང་བཞིན་གྱིས་སོ་ཞེས་པའི་སྐབས་སུ་བཤད་ཟིན་པ་ལྟར་ ཤེས་པར་བྱའོ། །ཁྱད་པར་ཀྲྀཏ་དང་པོར་ཙར་ཕལ་དག་གི་ཨའི་ཨུཏ་དོ་ཞེས་པས་ཕའི་ དབྱངས་ཨུ་རུ་བསྒྱུར་ཏེ། སན་བཞི་པར་སྡེ་པའི་དང་པོ་ཚིག་མཐའ་རྣམས་ཞེས་པས་སྤྱིར་ བཏང་ནས། ཏ་ཡིག་ལ་དང་ཙ་ཊའི་སྡེ་པ་ལས་ཞེས་པས་ཨུཏ་ཀྱི་ཏ་ཡིག་ལ་རུ་བསྒྱུར་ཏེ། ཐམས་ཅད་ཀྱི་མཐར་སི་བྱིན་པས། ཕུལླཿ ཀྵཱི་ཝཿ ཀྲྀ་ཤཿ ཨུལླཱ་གྷཿ ཞེས་པ་ལྟ་བུའོ། །ཉེར་ བསྒྱུར་སྔ་མ་ཅན་ཡིན་ན་དེ་རྣམས་ལས་ཕ་རོལ་ཏུ་ཀྟའི་རྐྱེན་ཡོད་ཀྱང་ཚིག་ཕྲད་དུ་མི་འགྱུར་ ཏེ། དཔེར་ན། པྲ་སྔ་མ་ཅན་གྱི་ཕལ་དང་། ཀྵཱིཝ་དང་། ཀྲྀཤ་དང་། ཨུལླཱ་གྷ་རྣམས་ལ་སྔར་ བཞིན་ཀྟ་བྱིན་ནས། ཨཱ་བདུན་པར་བྱིངས་ཐམས་ཅད་པ་མིན་པ་ཞེས་པས་ཕྱི་མ་གསུམ་གྱི་ བྱིངས་མཐར་ཨིཊ་སྦྱིན་ཞིང་། སྔར་བཞིན་ཕའི་དབྱངས་ཨུ་རུ་བསྒྱུར་ཏེ། མཐར་སི་བྱིན་པས། པྲ་ཕུ་ལྟཿ པྲ་ཀྵཱི་ཝི་ཏཿ པྲ་ཀྲྀ་ཤི་ཏཿཔྲོལླཱ་གྷི་ཏཿ ཞེས་པ་ལྟ་བུའོ། ། བཅུ་གཅིག་པ་བཀྲ་ཤིས་པའི་དོན་དུ་ཨཱུཊའི་འཕེལ་བར་འགྱུར་ཚུལ་ནི། ཨའི་ཡི་གེ་ལས་ ཨཱུཊའི་འཕེལ་བའོ་ཞེས་པ་ལ། དུརྒ་སིང་ཧར། བྱིངས་རྣམས་དང་། བྱིངས་མ་ཡིན་པའི་ཨའི་ ཡི་གེ་ཐུང་ངུ་དང་རིང་པོ་དག་ལས་ཀྱང་ཕ་རོལ་གྱི་ཨཱུཊ་འཕེལ་བ་ཨཽ་ཡིག་ཀེ་ཤ་ཅན་དུ་འགྱུར་ བ་གསུངས་ཏེ། དུར་ཕན་གཉིས་ཀར་ཡང་ཨཽ་ཞེས་བརྗོད་པར་བྱ་བ་ལ་འཕེལ་བ་སྨོས་པ་ ནི་བཀྲ་ཤིས་པའི་དོན་ཏོ་ཞེས་ཀྱང་གསུངས་སོ། །དཔེར་ན། བྷཱུ་ཡོད་པ་དང་། ཡུ་བསྲེ་བའི་ 6-1-730 བྱིངས་ལ། ཨཱ་གཉིས་པར་རྒྱུ་ལའོ་ཞེས་པས་ཨིན་བྱིན་ནས། ཨཱ་དྲུག་པར་ཨིན་ཨིཙ་ཨཊ་ རྣམས་ལ་ཞེས་པས་དེ་དག་གི་དབྱངས་འཕེལ་བར་བྱས་ཏེ། བྷཽ་ཡཽ་ཞེས་པར་གྱུར་པ་ན། དེ་ ཉིད་དུ་དེ་རྣམས་བྱིངས་སོ་ཞེས་པས་བྱིངས་ལ་ཨིན་བྱིན་པ་ནི་སླར་ཡང་རྒྱུའི་དོན་ལ་བྱིངས་ སུ་འགྱུར་ཞིང་། དེ་ཉིད་མིང་དུ་སྒྲུབ་པ་ལ། ཀྲྀཏ་གསུམ་པར་ཀྭིཔའང་ངོ་ཞེས་པས་ཀྭིཔ་བྱིན་ པ་ན། ཨཱ་དྲུག་པར་ཀཱ་རི་ཏའི་ཨཱམ་ཨིཊ་བི་ཀ་ར་ཎ་མ་ཡིན་པ་ལའོ་ཞེས་པས་ཨིན་ཕྱིས་ཏེ། ཨཱ་ལྔ་པར་ནཱ་མི་མཐའི་བྱིངས་དང་ཞེས་པས་བྷཽ་དང་ཡཽ་དག་གི་དབྱངས་ཨཱ་ཝ་རུ་བསྒྱུར་བའི་ ཡོན་ཏན་བྱས་པ་ན། ཀྲྀཏ་དང་པོར་ཚ་ཝ་དག་གི་ལྔ་པ་ལའང་ཞེས་པས་ཝ་ཡིག་དག་ཨཱུཊ་ རུ་བསྒྱུར་བའི་ཊ་ཡིག་མདོ་འདིའི་ཁྱད་པར་གྱི་དོན་ཡིན་པས་ཕྱིས་ལ། མདོ་འདིས། བྷཱ་དང་ ཡཱའི་དབྱངས་ཨ་ཡིག་ལས་ཕ་རོལ་གྱི་ཨཱུ་ཡིག་ཨཽ་ཡིག་ཏུ་བསྒྱུར་བའི་འཕེལ་བྱས་ནས། སན་ བཞི་པར་ཨོ་ཡིག་ལ་ཨཽ་སྟེ་ཨཽ་ཡིག་ལའང་ངོ་ཞེས་པས་བྷཱ་དང་ཡཱའི་དབྱངས་ཨཽ་རུ་བསྒྱུར་ཏེ་ ཕ་རོལ་གྱི་ཨཽ་དབྱི་ཞིང་། ཀྲྀཏ་དང་པོར་ཀ་ལ་ཡཎ་བཞིན་ཞེས་པས་ཀྭིཔའི་ཀ་དང་། པ་དེ་ ཉིད་དུ་པ་རྗེས་སུ་འབྲེལ་པ་ལ་ཞེས་པ་ད་ང་། དེ་ཉིད་དུ་སྦྱར་བ་མིན་པའི་ཝི་ཞེས་པས་པས་ཝ་ ཡིག་རྣམས་ཁྱད་པར་གྱི་དོན་དང་། ཨི་ཡིག་བརྗོད་པའི་དོན་ཡིན་པས་ཕྱིས་པའི་མཐའ་ཅན་ རྣམས་ནི་བྱིངས་ཉིད་གཏོང་བ་མ་ཡིན་ལ། རྟགས་ཉིད་དུའང་གོ་བར་བྱ་སྟེ། ཞིབ་ཆ་རྣམས་ནི་ རྣམ་པར་དཔྱད་པ་ལས་ཤེས་པར་འགྱུར་རོ། །དེ་དག་ཚིག་ཏུ་སྒྲུབ་པ་ལ། ནཱ་བཞི་པར་རྟགས་ ཀྱི་དོན་གྱི་ཚིག་ལ་རྣམ་དབྱེ་དང་པོའོ་ཞེས་པས་སི་བྱིན་པའི་ཨི་ཡིག་ཁྱད་པར་གྱི་དོན་ཕྱིས་ ནས། ནཱ་གསུམ་པར་རེ་ཕ་དང་། ས་དག་གི་རྣམ་པར་བཅད་བྱའོ་ཞེས་པ་ལྟར་ས་ཡིག་རྣམ་ བཅད་དུ་བསྒྱུར་བས། བྷཽཿ། ཡཽཿཞེས་པ་ལྟ་བུའོ། །ཨའི་ཡི་གེ་ཐུང་རིང་དག་མ་ཡིན་པ་ལས་ ཕ་རོལ་གྱི་ཨཱུཊ་ནི་འཕེལ་བར་མི་འགྱུར་ཏེ། དཔེར་ན། ཨ་ཝ་བསྲུངས་པའི་བྱིངས་ལ་སྔ་མ་ བཞིན་ཀྭིཔ་བྱིན་པ་ཕྱིས་ནས། ཀྲྀཏ་དང་པོར་ཤྲི་ཝི་ཨ་ཝི་མ་ཝི་ཞེས་པས་ཝ་ཡིག་དང་། དེའི་ 6-1-731 ཨུ་པ་དྷཱ་ཨ་ཡིག་ཀྱང་ཨཱུཊ་རུ་བསྒྱུར་ཏེ་ཊ་ཁྱད་དོན་ཕྱིས་པ་ན། སྔ་མའི་དབྱངས་ཨུ་རུ་ཡོད་ པས། ཕ་རོལ་གྱི་ཨུ་ཡིག་འཕེལ་བ་ཨཽ་རུ་མི་འགྱུར་ཞིང་། སན་གཉིས་པར་མཚུངས་པ་འདྲ་ བའི་ཡི་གེ་ལ་ཞེས་པ་ལྟར་མཚམས་སྦྱར་ནས། སི་བྱིན་ནས་རྣམ་བཅད་དུ་བསྒྱུར་བའི་ཕ་རོལ་ ན་ཤུ་བྷཾ་སོགས་ཡོད་པ་ལས། སན་བཞི་པར་ཤཥ་ས་ལ་ཕ་རོལ་གྱི་གཟུགས་སུ་ཡང་ནའོ་ཞེས་ པ་ལྟར་རྣམ་པར་བཅད་བྱའང་ཤ་ཡིག་ཏུ་བསྒྱུར་ཏེ། གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ ཡི་གེར་དྲང་པས། ཨཱུ་ཤྴཱུ་བྷཾ་མཾ་ག་ལཾ་བྷ་ཝ་ཏུ་ཞེས་པ་ལྟ་བུའོ། །ཞེས་པ་བྱིངས་རྣམས་མིང་དུ་ སྒྲུབ་པར་བྱེད་པ་ཀྲྀཏ་ཀྱི་མདོ་རྣམས་ལས་རྐང་པ་དྲུག་པའི་འགྲེལ་པ་རྫོགས་སོ།། །། དེ་ལྟར་ན་མཚམས་སྦྱོར་ལྔ་དང་མིང་ལེ་དྲུག་དང་ཀུན་བཤད་བརྒྱད་དང་ཀྲྀཏ་རྐང་དྲུག་ སྟེ་ལེའུ་ཉི་ཤུ་རྩ་ལྔའི་སྒོ་ནས་བརྡ་སྤྲོད་པའི་ཚུལ་ཤིན་ཏུ་གསལ་བར་སྟོན་པ་སྒྲའི་བསྟན་ བཅོས་ཆེན་པོ་ཀ་ལཱ་པ་ཞེས་གྲགས་པའི་མདོ་སློབ་དཔོན་མཁས་པ་ཆེན་པོ་དབང་ཕྱུག་གོ་ ཆས་མཛད་པའི་རྣམ་པར་བཤད་པར་ཡོངས་སུ་རྫོགས་སོ།། །། དོན་དེ་ལེགས་པར་བསྒྱུར་བའི་ཚུལ་ནི། ཚུལ་འདི་དཔལ་ལྡན་ས་སྐྱ་རུ། །བློ་གྲོས་བརྟན་ པ་གསུམ་པ་ཡིས། །དུརྒ་སིང་ཧའི་འགྲེལ་པ་ལ། །བརྟེན་ནས་སྒྲ་དོན་ཇི་བཞིན་བསྒྱུར། །རང་ གི་རྟོགས་པ་འཕེལ་དང་འདི་འདྲའི་དོན་གཉེར་བ། །བློ་ལྡན་གཞན་ལ་ཕན་ཕྱིར་བསྒྱུར་བར་ བརྩམས་པ་ན། །གཞུང་ལུགས་རྒྱ་ཆེན་རྣམ་དག་བློ་ཡིས་རོལ་བྱེད་པ། །དཔལ་ལྡན་སྨྲ་བའི་ སེང་གེས་བསྐུལ་བས་རྫོགས་པར་བསྒྲུབས། །དེང་སང་བསྟན་པ་ཉམས་དམས་པས། །འདི་ འདྲའི་ཚུལ་ལ་མཐུན་སྒྲུབ་དང་། །འཇུག་པ་ཤིན་ཏུ་ཉུང་མོད་ཀྱང་། །ཤེས་ན་མཁས་པའི་གོ་ འཕང་ཐོབ། །འདི་ན་མཁས་པར་བྱ་འདོད་ཅིང་། །གང་ཞིག་ཤེས་ན་མཁས་འགྱུར་བ། །འདི་ དང་འདི་འདྲའི་གཞུང་མི་སློབ། །དེ་རྣམས་བློ་ནི་བེམ་པོའམ་ཅི། །འདིར་འབད་དགེ་བས་ འགྲོ་བ་ཀུན། །རང་རང་སྐད་ལས་གསུང་རབ་དོན། །བརྗོད་མེད་དེ་ཉིད་ལེགས་རྟོགས་ 6-1-732 ནས། །ངག་གི་དབང་ཕྱུག་ཉིད་གྱུར་ཅིག །ཅེས་པ་སྟེ། །སླར་ཡང་པཎྜི་ཏ་མ་ཏི་དང་། ལོ་ཙཱ་ བ་སྨྲ་སེང་གིས་རྒྱ་དཔེ་དང་འགྲེལ་པ་མང་པོ་ལ་གཏུགས་ནས་ཅུང་ཟད་བཅོས་ཤིང་ཤིན་ཏུ་ དག་པར་བགྱིས་པའོ། །སྒྲ་ཡི་རིག་པ་རྒྱ་མཚོ་ལྟ་བུ་ཡི། །ནང་ནས་ནོར་བུ་ལྟ་བུ་ཀ་ལཱ་པའི། ། འགྲེལ་པ་མཐོང་བ་ཙམ་གྱིས་གོ་བ་འདི། མ་ཏི་པཎྜི་ཏ་ཡིས་ལེགས་པར་སྡེབས། །དགེ་བས་ བློ་ལྡན་རང་གཞན་ལེགས་འདོད་རྣམས། །སྒྲ་སོགས་རིག་པའི་གནས་ལྔ་ལེགས་རྟོགས་ཏེ། ། སངས་རྒྱས་བསྟན་པའི་རྒྱལ་མཚན་ལེགས་བཟུང་ནས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ ལེགས་ཐོབ་ཤོག ། ལེགས་པར་སྦྱར་བ་སྒྲའི་བསྟན་བཅོས་ཀ་ལཱ་པའི་འགྲེལ་པ་མཐོང་བ་ཙམ་གྱིས་ལེགས་ པར་གོ་བ་ལེགས་སྦྱར་རབ་གསལ་སྣང་བ་ཞེས་བྱ་བ། ཆོས་ཀྱི་རྗེ་དཔང་ལོ་ཙཱ་བ་ཆེན་པོའི་ ལེགས་པར་བཤད་པའི་བཀའ་དྲིན་དང་། །ཙནྡྲ་པའི་མདོ་དང་དེའི་སྐབས་དང་པོའི་འགྲེལ་ པ་དང་། འདི་ཉིད་ཀྱི་འགྲེལ་པ་དུརྒ་སིང་ཧ་དང་། སློབ་མ་ལ་ཕན་པ་དང་། འདི་ལ་མཁོ་བའི་ བསྟན་བཅོས་བྱིངས་ཀྱི་གླེགས་བམ་འགྲེལ་པ་དང་བཅས་པ་དང་། ཨུཎ་སོགས་ཀྱི་མདོ་རྩ་ འགྲེལ་དང་། ཡི་གེའི་མདོ་རྩ་འགྲེལ་དང་། །མིང་གི་མངོན་བརྗོད་ཨ་མ་ར་ཀོ་ཥ་དང་། བི་ཤྭ་ པྲ་ཀཱ་ཤ་དང་། རྟགས་གསུམ་གྱི་བསྟན་བཅོས་འཇམ་དབྱངས་གྲགས་པས་མཛད་པ་དང་། མང་ཧིཀ་ཝིས་མཛད་པ་ལ་སོགས་པའི་ལེགས་བཤད་རྣམས་ལ་བརྟེན་ནས། རང་གི་སློབ་མ་ ལོ་ཙཱ་བ་དཔལ་ལྡན་སྨྲ་བའི་སེང་གེས་གོང་འོག་གི་མདོ་ཚོལ་བ་དང་། ཡི་གེ་ལ་སོགས་པའི་ གྲོགས་ལེགས་པར་བྱས་ཏེ། །ལེགས་བཤད་རྩོམ་པ་ལ་བློ་གྲོས་ཀྱི་སྣང་བ་གསལ་བ་བོད་ཀྱི་ པཎྜི་ཏ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་དགེ་ལྡན་ས་བཟང་ཆོས་ཀྱི་ཕོ་བྲང་དུ་ལེགས་ པར་སྦྱར་བ་འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་ལེགས་བཤད་དོན་དུ་གཉེར་ བ་རྣམས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དེང་སང་བསྟན་པ་འདི་ལྟར་གྱུར་པ་ན། ། 6-1-733 འདི་འདྲའི་ཚུལ་ལ་འཇུག་པ་ཉུང་མོད་ཀྱི། །གལ་ཏེ་ཞུགས་ན་མཁས་པའི་མཆོག་ཏུ་འགྱུར། ། དེ་སླད་མཁས་པར་བཞེད་རྣམས་དགྱེས་པར་མཛོད། །ཤུ་བྷམ་སྟུ་སརྦ་ཛ་ག་ཏཱཾཿ། ༈ ན་མོ་བུདྡྷ་ཤྴཱཀྱ་སིདྷཱ་ཡ་སྭ་སྟི་སིདྡྷི་རསྟུ། མཐའ་ཡས་ཤེས་བྱའི་ཚིག་དོན་སྒོ་ལྕགས་ ཁ། །འབྱེད་བྱེད་བྱིངས་ལ་རྐྱེན་གྱི་རྣམ་འགྱུར་གྱིས། །བསྒྲུབས་པའི་ལེགས་སྦྱར་བརྡའ་ ཡི་ཀུཉྫིཀཿ། །བཅུ་ཕྲག་རིག་པའི་གནས་ཀྱི་ངོ་མཚར་ཏོག །བརྡའ་སྤྲོད་གཞུང་མང་འོ་མའི་ རྒྱ་མཚོ་ཆེ། །གནད་བསྡུས་མར་གྱི་སྙིང་པོར་ལེགས་དྲིལ་བ། །དབང་ཕྱུག་གོ་ཆའི་རིག་ སྔགས་མནྡཱ་རས། །བསྲུབས་སྐྱེས་ལེགས་པའི་ཆ༷་ཤས་བས༷གས་པའི་མདོ༷། །གཞུང་དོན་ རྟོགས་དཀའི་གནམ་རུ་ཆེས་སྲ་བ། །འཕགས་བོད་གཞུང་འགྲེལ་སྲད་བུ་ཕྱོགས་གཅིག་ཏུ། ། བསྒྲིལ་བའི་རྒྱུད་ཀྱི་ཉེར་བཀུག་ལག་ལེན་གནད། །འབིགས་པའི་རྣམ་དཔྱོད་ཉག་ཕྲན་ འཕྲུལ་འཁོར་ཅན། །སྐྱེས་ཐོབ་མཁྱེན་པའི་ལུས་རྩལ་རབ་རྫོགས་པར། །སྦྱངས་ཡོན་རལ་ པའི་ཁུར་གྱིས་ཉེར་བརྗིད་པའི། །སྨྲ་བའི་གདོང་ལྔ་ས༷་བཟ༷ང་པཎྜི་ཏི། །ཊི༷ཀ་ཆེ༷ན་ལེ༷གས་ སྦྱར༷་ར༷བ་གས༷ལ་སྣང༷་བ༷་འདི། །མདོ་སྔགས་རྒྱ་མཚོ་ཐ་སྙད་གྲུ་གཟིངས་ཀྱིས། །མ་བརྒལ་ དོན་དམ་བསམ་འཕེལ་འཐོབ་མིན་ཕྱིར། །ལུང་རིགས་རྣམ་དཔྱོད་ལྡན་པའི་སྙིང་ནོར་དང་། ། མཁས་པའི་གཞུང་ལུགས་ནུབ་པར་ཆེས་ཕོངས་པས། །འཛམ་གླིང་བསྟན་འགྲོའི་དཔལ་ མགོན་འཁོན་སྟོན་ཆེ། །ང༷ག་དབ༷ང་ལྷ་ཡི་ཀུ༷ན་དག༷འི་བློ་གྲོས་ཀྱིས། །འཁོར་འདས་ཤེས་བྱ་ གཟིགས་པའི་སྐྱབས་མཆོག་གི། །བཀའ་ལུང་མཐོ་རིས་གླིང་བུས་ལེགས་བསྐུལ་ཏེ། །ཆོས་ དར་སྲིད་སྡེ༷་རིས་མེད་རྣམ་དཀར་གྱི། །མཛད་འཕྲིན་དགེ༷་བས་སྐྱོང་བའི་ས༷་དབ༷ང་ཆེ༷ས། ། མངོན་མཐོ་ངེས་ལེགས་དཔལ་ཀུན་ལྷུ༷ན་གྲུ༷བ་པའི། །ས་སྟེ༷ངས་མཛེས་རྒྱན་གནས་སུ་པར་ དུ་བསྒྲུབས། །དགེ་འདིས་སྲིད་དང་ཞི་བ་དགེ་ལེགས་དཔལ། །རྟག་པར་འཇོ་བ་རིས་བྲལ་ རྒྱལ་བསྟན་སྤྱི། །བྱེ་བྲག་བརྩེ་ཆེན་སྙིང་པོའི་རིགས་ཆོས་ཀྱི། །བརྒྱུད་པ་རིན་ཆེན་སྲིད་མཐར་ 6-1-734 གོང་འཕེལ་ཤོག །འཆི་མེད་ལམ་གྱི་མཐས་གཏུགས་ལུས་ཅན་གྱི། །རྨོངས་ཆེན་མུན་སྟུག་ བདག་མེད་ཤེས་རབ་ཀྱིས། །བསལ་ཏེ་ཇི་ལྟ་ཇི་སྙེད་ཀུན་མཁྱེན་གྱི། །ཡེ་ཤེས་སྣང་བ་མཆོག་ ཏུ་རྒྱས་གྱུར་ཅིག ། ཅེས་པའི་པར་བྱང་ཉུང་ཟད་འདི་ཡང་བརྡའ་སྤྲོད་པའི་མིང་ཙམ་ཐོས་པའི་བཙུན་པ་ བསྟན་འཛིན་རྒྱལ་མཚན་གྱིས་སུག་བྲིས་སུ་བགྱིས་པ་ཛ་ཡནྟུ།