5-1-1 ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ཅ༽ 5-1-2 ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་ངེས་དོན་རབ་གསལ་སྣང་བའི་དཀར་ཆག 1 དམ་པའི་ཆོས་ལ་འཇུག་ཚུལ་ཐུན་མོང་དུ་བསྟན་པ། 2 སྐབས་སུ་བབ་པའི་བསྟན་བཅོས་ཁྱད་པར་བཤད་པ། 3 མཚན་དོན་སོགས་བཤད་པ། 4 ལེའུ་དང་པོ། 5 བསྟན་བཅོས་དངོས་བཤད་པ་ལ་གསུམ་ལས་དང་པོ་ལུས་ཉིད་རྣམ་པར་གཞག་པ། 6 ཡན་ལག་རྒྱས་བཤད་ལ་གཉིས་ལས་དང་པོ་འཐོབ་བྱ་མཆོག་གསུམ་གྱི་ཡན་ལག་རྒྱས་པར་བཤད་པ། 7 ཐོབ་ཚུལ་གནས་བཞིའི་ཡན་ལག་རྒྱས་པར་བཤད་པ་ལ་གསུམ་ལས་ཐུན་མོང་དུ་བསྟན་པ། 8 སོ་སོའི་ངོ་བོ་ལ་བཞི་ལས་དང་པོ་རྟོགས་པར་བྱ་བ་ཆོས་དབྱིངས་ཀྱི་དོན། 9 ཐུན་མོང་གི་རྣམ་གཞག 10 གཞུང་གི་དོན་རྣམ་པར་བཤད་པ། 11 ལེའུ་གཉིས་པ། 12 རྟོགས་པར་བྱ་བ་བྱང་ཆུབ་གྱི་དོན་རྒྱས་པར་བཤད་པ། 13 ཐུན་མོང་གི་རྣམ་པར་གཞག་པ། 14 གཞུང་གི་དོན་རྣམ་པར་བཤད་པ། 15 ལེའུ་གསུམ་པ། 16 རྟོགས་པའི་ཡན་ལག་ཡོན་ཏན་གྱི་དོན་རྒྱས་པར་བཤད་པ། 17 ཐུན་མོང་གི་རྣམ་པར་གཞག་པ། 18 གཞུང་གི་དོན་རྣམ་པར་བཤད་པ། 19 ལེའུ་བཞི་པ། 20 རྟོགས་པར་བྱེད་ཐབས་འཕྲིན་ལས་ཀྱི་དོན་རྒྱས་པར་བཤད་པ། 21 ཐུན་མོང་གི་རྣམ་པར་གཞག་པ། 22 གཞུང་གི་དོན་རྣམ་པར་བཤད་པ། 23 ལེའུ་ལྔ་པ། 24 དེ་དག་གི་ཕན་ཡོན་བཤད་པ། 25 ཡོངས་སུ་རྫོགས་པའི་བྱ་བ་བཤད་པ། 5-1-3 26 དོན་དེ་ལེགས་པར་བསྒྱུར་བའི་ཚུལ། 5-1-4 ༄༅། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ ཀྱི་རྣམ་པར་བཤད་པ་ངེས་དོན་ རབ་གསལ་སྣང་བ་ བཞུགས་སོ། ། ༄༅། །ༀ་ཤྲཱི་མ་ཏེ་གུ་ར་བེ་རཏྣ་ཏྲ་ཡཱ་ཡ་ཙ་ན་མོ་ན་མཿ ཐེག་པ་ཆེན་པོ་རྒྱུད་བླ་མའི་ བསྟན་བཅོས་ཀྱི་རྣམ་པར་བཤད་པ་ངེས་དོན་རབ་གསལ་སྣང་བ་ཞེས་བྱ་བ། ཐམས་ཅད་ མཁྱེན་པ་ལ་ཕྱག་འཚལ་ལོ། །བདེ་ལེགས་ལྷུན་གྲུབ་ཆོས་སྐུའི་མཁའ་དབྱིངས་རྟོག་པའི་སྤྲིན་ དང་བྲལ་བ་ལས། །སྣ་ཚོགས་ཡིད་འོང་གཟུགས་སྐུའི་དཀྱིལ་འཁོར་ཐུགས་རྗེའི་རླུང་གིས་ རབ་བསྐྱོད་དེ། །རྣམ་དག་འཕྲིན་ལས་འོད་སྟོང་འཕྲོ་བས་སྒྲིབ་གཉིས་མུན་པའི་ཚོགས་ འཇོམས་པ། །ཐུབ་དབང་ཉིན་མོར་བྱེད་པའི་དཔལ་གྱིས་སྐྱེ་རྒུའི་པད་ཚལ་སྐྱོང་གྱུར་ཅིག ། གང་ཞིག་ཕུན་ཚོགས་དོན་གཉིས་མཐར་ཕྱིན་རྫོགས་པའི་སངས་རྒྱས་སྟོན་པ་དང༌། །དེ་ཡི་ བསྟན་པ་བདེན་གཉིས་ཟུང་འཇུག་ཆགས་བྲལ་མཚུངས་མེད་དམ་པའི་ཆོས། །ལེགས་པར་ སྐྱོང་མཛད་བློ་ལྡན་འཕགས་པ་ཕྱིར་མི་ལྡོག་པའི་ཚོགས་བཅས་ལ། །སྐྱབས་གསུམ་བླ་མེད་གོ་ འཕང་སྒྲུབ་སླད་རྟག་ཏུ་དྭང་བས་ཕྱག་འཚལ་ལོ། །ཀུན་ཁྱབ་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་ དྲི་མ་རྣམ་པར་དག་གྱུར་ཏེ། །སྐུ་གསུམ་དང་ལྡན་བྱང་ཆུབ་ཆེན་པོ་ཤིན་ཏུ་དྲི་མེད་མྱུར་ཐོབ་ ནས། །དེ་དག་ལ་ཡོད་བྲལ་དང་སྨིན་འབྲས་ཡོན་ཏན་དཔག་མེད་ལས་བྱུང་བའི། །ལྷུན་གྲུབ་ 5-1-5 རྒྱུན་ལྡན་འཕྲིན་ལས་ཐོགས་མེད་མ་ལུས་འགྲོ་ལ་འཇུག་གྱུར་ཅིག །རྒྱལ་བའི་གསུང་རབ་ སྙིང་པོ་ངེས་དོན་གདུལ་བྱའི་མཆོག་ལ་ལེགས་སྟོན་པ། །རྒྱལ་བའི་རྒྱལ་ཚབ་ས་བཅུའི་དབང་ ཕྱུག་མི་ཕམ་མགོན་དང་དེ་ཡི་སྲས། །རྒྱལ་བའི་ཆོས་ཚུལ་སྐྱོང་བར་ལུང་བསྟན་དཔལ་ལྡན་ འཕགས་པ་ཐོགས་མེད་སོགས། །རྒྱལ་བའི་སྲས་པོ་མཁྱེན་བརྩེའི་སྟོབས་མངའ་འདྲེན་པ་ རྣམས་ལའང་ཕྱག་འཚལ་ལོ། །དེ་ལྟར་འདོད་པའི་དོན་ལ་སྨོན་ཞིང་དམ་པའི་ཡུལ་ལ་བཏུད་ ནས་འདིར། །ཟབ་ཡངས་ཐེག་པ་ཆེན་པོའི་མཐར་ཐུག་ཆོས་དབྱིངས་འགྱུར་མེད་སྟོན་པའི་ རྒྱུད། །བརྗོད་བྱའི་རབ་མཆོག་བླ་མའི་དོན་སྟོན་འཆོས་སྐྱོབ་ཕུལ་བྱུང་བསྟན་བཅོས་འདི། ། རང་གཞན་ཟབ་མོའི་རྟོགས་པ་འཕེལ་ཕྱིར་ཇི་ལྟར་སྤོབས་བཞིན་བཤད་པར་བྱ། །ལེགས་ བཤད་གཏིང་ཟབ་གསུང་རབ་རྒྱ་མཚོ་ཐོས་བསམ་གཟིངས་ཀྱིས་མངོན་བགྲོད་དེ། །ངེས་ དོན་རིན་ཆེན་མཆོག་འདི་བླངས་ནས་སྒྲུབ་པའི་རྒྱལ་མཚན་རྩེར་བཅིངས་ན། །ཟག་བཅས་ གདུང་བའི་རིམས་ནད་སེལ་ཞིང་ཟག་མེད་བདེ་བས་འབྱོར་གྱུར་གྱིས། །རྨད་བྱུང་བློ་དང་ སྐལ་བཟང་ལྡན་པའི་དེད་དཔོན་ཚོགས་རྣམས་དགེས་པར་མཛོད། ། འདིར་གང་དག་ཐར་པ་མྱ་ངན་ལས་འདས་པའི་གྲོང་ཁྱེར་མཆོག་ཏུ་ཉམས་དགའ་ཞིང་ ཟག་པ་མེད་པའི་འབྱོར་པ་རྒྱ་ཆེན་པོ་དང་ལྡན་པར་མྱུར་དུ་བགྲོད་པར་འདོད་པའི་བློ་དང་ ལྡན་པ་དེ་དག་གིས་ནི། འཁོར་བའི་རྒྱ་མཚོ་ཆེན་པོ་གཏིང་མཐའ་མེད་ཅིང་ཉོན་མོངས་པ་ དང་ལས་དང་སྡུག་བསྔལ་གྱི་རླབས་ཕྲེང་རྒྱུན་མི་འཆད་པ་གཡོ་བ་ལས་ཡོངས་སུ་བརྒལ་ཏེ། དམ་པའི་ཆོས་ཐོག་མ་དང་བར་དང་ཐ་མར་དགེ་བའི་བདག་ཉིད་ཅན་ཤིན་ཏུ་བདེ་བའི་ལམ་ ལ་ཐོས་པ་དང་བསམ་པ་དང་སྒོམ་པའི་རིམ་པས་ཚུལ་བཞིན་དུ་འཇུག་པར་བྱའོ། །དེའི་ཚུལ་ ཡང་སྟོན་པ་རྫོགས་པའི་སངས་རྒྱས་ཉིད་ཀྱིས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་ བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་དེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསྐལ་པ་ 5-1-6 གྲངས་མེད་པ་གསུམ་དུ་ཉེ་བར་བསགས་པ་ལས། ཟབ་པ་དང་རྒྱ་ཆེ་བའི་སྐུ་གཉིས་ཀྱི་ཕུན་ སུམ་ཚོགས་པ་མཐའ་དག་མངོན་དུ་མཛད་ནས། བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ཆེན་ པོས་མཐའ་ཡས་པའི་ལུས་ཅན་རྣམས་ཀྱང་རྣམ་པར་གྲོལ་བའི་བདེ་བ་ལ་དགོད་པའི་ཕྱིར་ གདུལ་བྱ་རྣམས་ཀྱི་སྐལ་པ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཡོངས་སུ་བསྐོར་ བས་ཡང་དག་པར་གསལ་བར་མཛད་ཅིང༌། རྒྱལ་བའི་སྲས་པོ་དམ་པ་རྣམས་ཀྱིས་དགོངས་ འགྲེལ་གྱི་བསྟན་བཅོས་རབ་ཏུ་མང་པོ་དག་གིས་ཀྱང་ཤིན་ཏུ་གསལ་བར་མཛད་པས། རྣམ་ པར་དག་པའི་གཞུང་ལུགས་དྲི་མ་མེད་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་བདེ་བླག་ཏུ་རྟོགས་ པར་བྱ་བ་ཉིད་དོ། ། དེ་བས་ན་རེ་ཞིག་དང་པོར། དམ་པའི་ཆོས་ལ་འཇུག་ཚུལ་ཐུན་མོང་དུ་བསྟན་པ(དང་ སྐབས་སུ་བབ་པའི་བསྟན་བཅོས་ཁྱད་པར་དུ་བཤད་པ་གཉིས་ལས་དང་པོ་ནི། )ར་བྱ་སྟེ། དོན་གཉིས་སྒྲུབ་པར་ འདོད་པའི་བློ་ལྡན་རྣམས། །ཐར་བའི་ཕན་ས་ནས་ཐོབ་ཕྱིར་དང༌། །འཁོར་བའི་ཉེས་ དམིགས་ཤེས་ནས་སྤང་ཕྱིར་དུ། །རྣམ་དག་དམ་པའི་ཆོས་ལ་འཇུག་པར་རིགས། །ཞེས་པས་ སོ། །དེ་ལ་བློ་དང་ལྡན་པ་རྣམས་ཀྱིས་མཐར་ཕྱིན་པའི་ཡོན་ཏན་བསྒྲུབ་དགོས་པས་(དང་པོ་) ཐོབ་པར་བྱ་བ་ཐར་པའི་ཕན་ཡོན་བསྟན་པ་ནི། འཇིག་རྟེན་པའི་འཁོར་ལོས་སྒྱུར་བ་དང་ བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་ལས་ ཉན་ཐོས་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་འབྱོར་པ་ཁྱད་པར་འཕགས་ཤིང༌། དེ་བས་ ཀྱང་རང་སངས་རྒྱས་རྣམས་ཀྱི་ཡོན་ཏན་གྱི་འབྱོར་པ་ཁྱད་པར་དུ་འཕགས་ལ། དེ་བས་ཀྱང་ ཐེག་པ་ཆེན་པོ་པའི་ལམ་དང་འབྲས་བུ་ལ་གནས་པའི་ཟག་པ་མེད་པའི་འབྱོར་བ་གོང་ནས་ གོང་དུ་ཆེས་ཁྱད་པར་དུ་འཕགས་པ་ཐོབ་པ་ཉིད་དེ། ཇི་སྐད་དུ། ཐེག་པ་ཆེན་པོ་མདོ་སྡེའི་ རྒྱན་ལས། ཉན་ཐོས་རྣམས་ཀྱི་འབྱོར་པས་ནི། །འཇིག་རྟེན་པ་ཡི་ཟིལ་གྱིས་གནོན། །རང་ 5-1-7 སངས་རྒྱས་ཀྱི་ས་པ་ཡིས། །ཉན་ཐོས་ཀྱི་ཡང་ཟིལ་གྱིས་གནོན། །དེ་ཡིས་བྱང་ཆུབ་སེམས་ དཔའ་ཡི། །འབྱོར་པའི་ཆ་ཡང་མི་ཕོད་དོ། །དེ་ཡིས་དེ་བཞིན་གཤེགས་པ་ཡི། །འབྱོར་པའི་ ཆ་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟར་རོ། །མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་སའི་ ཕུན་སུམ་ཚོགས་པ་དེ་ཡང་བྱང་ཆུབ་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་ཚོགས་གཉིས་ཀྱི་དགེ་བ་ཡུན་ རིང་དུ་བསགས་པ་ལས་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཐམས་ཅད་ མཁྱེན་པ་ཐོབ་ནས་རང་གི་དོན་ཡོངས་སུ་རྫོགས་པ་གྲུབ་ཅིང༌། ཡོན་ཏན་གྱི་ནུས་པས་གཞན་ དག་ཀྱང་ཡོངས་སུ་སྨིན་པར་བྱེད་པའི་མཐུ་དང་ལྡན་པ་ཉིད་ཡིན་ཏེ། དེ་ཉིད་ལས། ངལ་ བརྒྱས་རྨད་བྱུང་དཀའ་སྤྱད་དགེ་ཀུན་བསགས། །སྐལ་མཆོག་དུས་རིང་འགྲོ་བའི་སྒྲིབ་ཀུན་ ཟད། །སར་གཏོགས་སྒྲིབ་པ་ཕྲ་བཅོམ་སངས་རྒྱས་ཏེ། །དེ་ནི་མཐུ་ཆེ་རིན་ཆེན་སྣོད་ཕྱེ་བཞིན། ། ཞེས་གསུངས་པ་ལྟ་བུའོ། ། གཉིས་སུ་མེད་པའི་མཚན་ཉིད་ཅན་རྫོགས་པའི་སངས་རྒྱས་ཀྱི་མཐུས་སྐལ་པ་དང་ མཐུན་པར་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་མཛད་ཀྱང༌། སྤྲིན་ཆེན་པོ་དང་རིན་པོ་ཆེའི་ འབྱུང་གནས་ཇི་ལྟ་བ་བཞིན་དུ་རང་ཉིད་ལ་འབད་པ་དང་རྩོལ་བ་མི་མངའ་བ་ཉིད་དེ། སངས་ རྒྱས་ཉིད་ནི་ཆོས་ཀུན་ལྡན་པའམ་ཡང་ན་ཆོས་ཀུན་བྲལ་བ་སྟེ། །རིན་ཆེན་ཆོས་རབ་ཆེ་ ཡངས་འབྱུང་ཕྱིར་རིན་ཆེན་ཆོས་ཀྱི་འབྱུང་གནས་བཞིན། །སྐྱེ་རྒུ་རྣམས་ལ་ལེགས་བཤད་མི་ ཟད་ཆོས་ཀྱི་ཆར་པ་འབེབས་པས་ན། །འབྱུང་པོའི་ལོ་ཐོག་དཀར་པོ་ཤིན་ཏུ་ཆེ་འཕེལ་རྒྱུ་ཕྱིར་ སྤྲིན་དང་འདྲ། །ཞེས་གསུངས་པ་བཞིན་ནོ། ། དོན་གཉིས་ལྷུན་གྱིས་གྲུབ་པའི་འབྱོར་པ་དེ་ཉིད་ཀྱང་འཁྲིག་པའི་བདེ་བ་ཟག་པ་དང་ བཅས་པ་འགགས་ཏེ་སངས་རྒྱས་ཀྱི་ཟག་པ་མེད་པའི་བདེ་བ་ཆེན་པོ་མངོན་དུ་འགྱུར་བ་ལྟ་ བུ་གནས་མ་ལུས་པ་ཡོངས་སུ་གྱུར་པ་ལས་འགྲུབ་སྟེ། འཁྲིག་པ་གཞན་དུ་གྱུར་ན་ནི། །སངས་ 5-1-8 རྒྱས་བདེ་བར་གནས་པ་དང༌། །མོ་མཐོང་ཉོན་མོངས་མེད་པ་ལ། །འབྱོར་པ་དམ་པ་ཐོབ་པར་ འགྱུར། །ཞེས་གསུངས་པ་ལྟར་རོ། །མདོར་ན་འཁོར་བའི་སྐྱོན་ཐམས་ཅད་འགགས་ནས་མྱ་ ངན་ལས་འདས་པའི་ཡོན་ཏན་མཐའ་དག་མངོན་དུ་གྱུར་ཏེ་དེའི་ནུས་པས་གཞན་གྱི་དོན་ ཕུན་སུམ་ཚོགས་པ་སྒྲུབ་པར་འདོད་པ་རྣམས་ཀྱིས་ནི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ འབད་དགོས་ཏེ། དེ་ལྟར་སངས་རྒྱས་དྲི་མེད་པའི། །གནས་ནམ་གཞན་གྱུར་དཔག་མེད་པས། ། བསམ་ཡས་བྱ་བ་སྒྲུབ་པ་ཡི། །འབྱོར་པ་དཔག་ཏུ་མེད་པར་འདོད། །ཅེས་པ་ལ་སོགས་པ་ གསུངས་པའི་ཕྱིར་རོ། །ཐོབ་པར་བྱ་བ་དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་རང་བྱུང་ལྷན་ ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་དུ་ཁྱབ་པར་ གནས་པས་སྒྲིབ་པ་སྤངས་པ་ཙམ་གྱིས་མངོན་དུ་འགྱུར་བའི་ཕྱིར་སྒྲུབ་པར་དཀའ་བ་ཡང་མ་ ཡིན་ཏེ། ཇི་སྐད་དུ། དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། སེམས་ཅན་ རྣམས་ནི་སངས་རྒྱས་ཉིད་དེ་ཆེན་པོའི་སངས་རྒྱས་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་ མ་ཡིན། །དེ་རྣམས་རྣམ་པར་མི་རྟོག་པ་ཡིས་མཉེས་པར་བྱས་ན་དཔག་མེད་སྲིད་པ་དག་ནི་ གཅོད་པར་བྱེད། །ཅེས་གསུངས་ཤིང༌། ཀྱེའི་རྡོ་རྗེ་ལས་ཀྱང༌། སེམས་ཅན་རྣམས་ནི་སངས་ རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ནས་ནི་སངས་རྒྱས་ཉིད། །ཅེས་ གསུངས་ལ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས་ཀྱང༌། ཉོན་མོངས་དྲ་བས་གཡོག་པ་ལ། ། སེམས་ཅན་ཞེས་ནི་བརྗོད་པ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་ བརྗོད་པར་བྱ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར་རོ། ། དེ་ལྟ་བུའི་སངས་རྒྱས་ཉིད་མངོན་སུམ་དུ་ཐོབ་པར་བྱེད་པ་ལ་ཡང་གློ་བུར་གྱི་དྲི་མ་ བསལ་དགོས་པས། (གཉིས་པ་)སྤང་བར་བྱ་བ་འཁོར་བའི་ཉེས་དམིགས་བསྟན་པ་ནི། ཆོས་ ཅན་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ཡང་གནས་སྐབས་ 5-1-9 སུ་གློ་བུར་གྱི་དྲི་མས་བསྒྲིབས་པས། བདག་ཏུ་འཛིན་པ་ལ་སོགས་པ་རྣམ་པར་རྟོག་པའི་ དབང་གིས་ཉོན་མོངས་པ་འབྱུང་ཞིང༌། དེའི་དབང་གིས་ལས་ཟག་པ་དང་བཅས་པ་ཀུན་ ཏུ་སྤྱོད་ལ། ལས་ཀྱི་དབང་གིས་འཁོར་བར་སྐྱེས་ནས་སྡུག་བསྔལ་སྣ་ཚོགས་པ་མྱོང་བར་ འགྱུར་བ་སྟེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་ འཛིན་ཡོད། །ངར་འཛིན་པ་ལས་ཡང་ལས་ཏེ། །ལས་ལས་ཀྱང་ནི་སྐྱེ་བར་འགྱུར། །ཞེས་ གསུངས་ཤིང༌། རྣམ་འགྲེལ་ལས་ཀྱང༌། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ ཆ་ལས་འཛིན་དང་སྡང༌། །དེ་དག་དང་ནི་འབྲེལ་པ་ལས། །ཉེས་པ་ཐམས་ཅད་འབྱུང་བར་ འགྱུར། །ཞེས་གསུངས་པ་བཞིན་ནོ། །སྡུག་བསྔལ་གྱི་ཁྱད་པར་ཡང༌། རྒྱལ་སྲས་ཞི་བའི་ ལྷས། གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་བཤུས་པས་ཤིན་ཏུ་ཉམས་ཐག་ཅིང༌། །རབ་ ཏུ་ཚ་བའི་མེ་ཡིས་བཞུ་བའི་ཟངས་ཞུན་ལུས་ལ་བླུག་འགྱུར་ལ། །འབར་བའི་རལ་གྲི་མདུང་ ཐུང་གིས་བསྣུན་ཤ་ཡི་དུམ་བུ་བརྒྱར་བླགས་པ། །ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ ལྷུང་བ་མང་པོར་མི་དགེས་འགྱུར། །ཞེས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། འདི་ན་ཁ་ཅིག་ མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་ བའི་སྡུག་བསྔལ་ཆུང་ངུའི་ཡང༌། །འོལ་ཡང་མི་མཆི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་ པ་ལྟར་དམྱལ་བ་རྣམས་ལ་ཚ་གྲང་དང་གཅོད་འདྲལ་ལ་སོགས་པའི་སྡུག་བསྔལ་དང༌། ཁ་ ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རིའི་ལྟོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་ བོར་བ་ཅུང་ཟད་ཙམ། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་པ་ལྟར་ཡི་དྭགས་ རྣམས་ལ་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་དང༌། ཁ་ཅིག་མུ་ཏིག་བལ་དང་རུས་པ་ ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་ནི་རྡོག་པ་ལག་པ་ དང༌། །ལྕགས་དང་ལྕགས་ཀྱུ་རྣམས་ཀྱིས་བཏབ་སྟེ་བཀོལ། །ཞེས་པ་ལྟར་དུད་འགྲོ་རྣམས་ 5-1-10 ལ་གསོད་པ་དང་བཀོལ་བཙོག་ལ་སོགས་པའི་སྡུག་བསྔལ་དང༌། སྐྱེས་རབས་ལས། གཅིག་ ནི་སྲུང་བས་ཉོན་མོངས་ལ། །གཉིས་པ་ཚོལ་བས་ཤ་ཐང་ངོ༌། །ཕྱུག་གམ་ཡང་ན་དབུལ་ཡང་ རུང༌། །གང་ནའང་དགའ་བ་མེད་གྱུར་པ། །ཞེས་གསུངས་པ་ལྟར་མི་རྣམས་ལ་ཡོད་པ་སྲུང་ བ་དང་མེད་པ་ཚོལ་བ་དང་ངལ་དུབ་དང་འཐབ་རྩོད་ལ་སོགས་པའི་སྡུག་བསྔལ་དང༌། དྲན་ པ་ཉེར་བཞག་ལས། ལྷ་ཡི་གནས་ནས་ལྟུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང༌། །དེ་ལ་ སེམས་ཅན་དམྱལ་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟར་ལྷ་རྣམས་ ལ་འཆི་འཕོ་ལྟུང་འགྱུར་གྱི་སྡུག་བསྔལ་ལ་སོགས་པས་ཤིན་ཏུ་སྡུག་བསྔལ་བར་གནས་ཤིང༌། ཐམས་ཅད་ཀྱང་ཐུན་མོང་དུ། མདོ་ལས། སྐྱེ་བ་ནི་སྡུག་བསྔལ་ལོ། །རྒ་བ་ནི་སྡུག་བསྔལ་ལོ། ། ན་བ་ནི་སྡུག་བསྔལ་ལོ། །འཆི་བ་ནི་སྡུག་བསྔལ་ལོ། །མི་སྡུག་པ་དང་ཕྲད་པ་ནི་སྡུག་བསྔལ་ ལོ། །སྡུག་པ་དང་བྲལ་བ་ནི་སྡུག་བསྔལ་ལོ། །གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་ བསྔལ་ལོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟར་ སྡུག་བསྔལ་བརྒྱད་ལ་སོགས་པས་ཀྱང་སྡུག་བསྔལ་ལ། མདོར་ན་ཁམས་གསུམ་པོ་འདི་དག་ ནི་ཚོར་བ་གསུམ་དང་ལྡན་ཞིང༌། དེ་དག་ཀྱང་རིམ་པ་ལྟར་སྡུག་བསྔལ་གྱི་སྡུག་བསྔལ་དང་ འགྱུར་བའི་སྡུག་བསྔལ་དང་འདུ་བྱེད་ཀྱི་སྡུག་བསྔལ་རྣམས་ཀྱིས་བསྡུས་པས་འཁོར་བར་ གཏོགས་པ་ཐམས་ཅད་སྡུག་བསྔལ་བར་གནས་པ་ཉིད་དེ། མདོ་ལས། འདི་ལྟར་གང་ཅི་ཚོར་ ཡང་རུང་འདི་ནི་འདིར་སྡུག་བསྔལ་ལོ་ཞེས་གསུངས་པ་ལྟར་རོ། ། དེ་ལྟར་བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པ་ལེགས་པར་ཤེས་ནས་དམ་པའི་ཆོས་ལ་ འཇུག་དགོས་པས། (གསུམ་པ་)བསྒྲུབ་པར་བྱ་བ་ཆོས་ལ་འཇུག་ཚུལ་བསྟན་པ་ལ་གཉིས་ ལས། (དང་པོ་)གང་ལ་འཇུག་པར་བྱ་བའི་ཆོས་ནི། བདེ་བར་གཤེགས་པའི་བསྟན་པ་དམ་ པའི་ཆོས་རིན་པོ་ཆེ་ཡིན་ལ། དེ་ཡང་ཐོས་པ་ལས་དད་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཐོག་མར་ 5-1-11 དགེ་བ། བསམ་པ་ལས་དགའ་བ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་བར་དུ་དགེ་བ་སྒོམ་པ་ལས་ཇི་ལྟ་ བ་རྟོག་པའི་བློ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཐ་མར་དགེ་བ། ཀུན་རྫོབ་དང་དོན་དམ་པའི་བདེན་ པ་གཉིས་སྟོན་པའི་ཕྱིར་དོན་བཟང་པོ། ཚིག་དང་ཡི་གེར་གྲགས་པས་བརྗོད་པས་གཟུང་སླ་ བའི་ཕྱིར་ཚིག་འབྲུ་བཟང་པོ། ཕྱི་རོལ་པ་དང་ཐུན་མོང་མ་ཡིན་པ་སྟོན་པའི་ཕྱིར་མ་འདྲེས་པ། ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་པའི་ཕྱིར་ཡོངས་སུ་རྫོགས་པ། རང་བཞིན་གྱིས་རྣམ་ པར་དག་པ་སྟོན་པའི་ཕྱིར་ཡོངས་སུ་དག་པ། གློ་བུར་གྱི་དྲི་མས་ཀྱང་དག་པ་སྟོན་པའི་ཕྱིར་ ཡོངས་སུ་བྱང་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། ཇི་སྐད་དུ་རྒྱན་ ལས། དད་དང་དགའ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡི། །དོན་རྣམ་གཉིས་ ལྡན་གཟུང་སླ་དང༌། །ཡོན་ཏན་བཞི་ཅན་ཚངས་སྤྱོད་སྟོན། །གཞན་དང་ཐུན་མོང་མ་ཡིན་སྟོན་ པ་དང༌། །ཁམས་གསུམ་ཉོན་མོངས་རྣམ་སྤོང་རྫོགས་བྱེད་དང༌། །ངོ་བོ་ཉིད་དག་དྲི་མས་དག་ པ་སྟེ། །ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཡིན་པར་འདོད། །ཅེས་གསུངས་པ་ཉིད་དོ། ། (གཉིས་པ་)དེ་ལ་ཇི་ལྟར་འཇུག་པའི་ཚུལ་ལའང་། ཆོས་མངོན་པ་མཛོད་ལས། ཚུལ་གནས་ ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་བཤད་པ་ལྟར་བསྒྲུབ་དགོས་ པས་གཉིས་ཀྱི་དང་པོར་ཚུལ་ཁྲིམས་རྣམ་དག་ལ་འཇུག་ཚུལ་ནི། ཡོན་ཏན་ཕུན་སུམ་ཚོགས་ པ་ཐམས་ཅད་ཀྱི་གཞི་ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་པའི་ཕྱིར་ སོ་སོར་ཐར་པའི་སྡོམ་པ་རིས་བརྒྱད་ལས་ཇི་ལྟར་ནུས་པ་བླངས་ནས་སྲུང་བར་བྱེད་པ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས། ཁྲིམས་འདི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ ལགས་པར་གསུངས། །ཞེས་བསྟན་པ་བཞིན་ནོ། །དེ་དག་ལས་ཀྱང་རབ་ཏུ་བྱུང་བའི་ཕྱོགས་ ཀྱི་སྡོམ་པ་ནི་མཆོག་ཏུ་གྱུར་པ་ཉིད་དེ། རྒྱན་ལས། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ ཏན་ཚད་མེད་རྣམས་དང་ལྡན། །དེས་ན་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་དཔའ་ 5-1-12 ལས་ཁྱད་འཕགས། །ཞེས་གསུངས་པའི་ཕྱིར་རོ། ། (གཉིས་པ་)དེ་ནས་ཐོས་བསམ་སྒོམ་གསུམ་ལ་འཇུག་ཚུལ་ལ། ཐུན་མོང་དུ་བསྟན་པ་དང༌། ཁྱད་པར་དུ་བཤད་པ་དང༌། དེ་དག་གི་ཕན་ཡོན་ནོ། །དེ་ལ་ཐུན་མོང་དུ་བསྟན་པ་ནི། དམ་ པའི་ཆོས་ལ་ཚུལ་བཞིན་དུ་གནས་པར་འདོད་པ་རྣམས་ཀྱིས་ཀློག་པ་ཐོས་བསམ་གྱི་སྦྱོར་བ་ དང༌། སྤོང་བ་བསམ་གཏན་གྱི་སྦྱོར་བ་དག་ལ་རྩེ་གཅིག་ཏུ་བརྩོན་པར་བྱ་བ་ཉིད་ཡིན་ཏེ། ཇི་སྐད་དུ། ཆོས་མངོན་པ་ཀུན་ལས་བཏུས་པ་ལས། སྒོམ་པ་ལ་མ་བརྟེན་པར་ཐོས་པ་དང་ སེམས་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་ལ། ཐོས་པ་དང་སེམས་ པ་ལ་མ་བརྟེན་པར་སྒོམ་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་གྱི་གཉི་ ག་ལ་བརྟེན་ཏེ་གཉི་ག་ལ་གནས་ན་ཆོས་ལ་གནས་པ་ཡིན་ནོ་ཞེས་གསུངས་ཤིང༌། རྒྱན་ལས་ ཀྱང༌། འདི་ན་དང་པོ་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང༌། །ཚུལ་བཞིན་ ཡིད་ལ་བྱེད་པ་ལས་ཀྱང་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང༌། །དེ་ལས་ཆོས་ཐོབ་དེ་ཡོད་དེ་ ལས་བློ་གྲོས་རབ་ཏུ་སྐྱེ། །གང་ཚེ་དེ་ནི་སོ་སོ་རང་རིག་མེད་ན་ཅི་ལྟར་ངེས། །ཞེས་པ་དང༌། དེ་ ལྟར་རྣལ་འབྱོར་ཅན་གྱི་སྒོམ་པ་གང་ཡིན་དེ་ཡང་དོན་མེད་མིན། །དེ་ལྟར་བདེ་བར་གཤེགས་ ཀྱི་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་ སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་སྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་ འགྱུར། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། ཁྱད་པར་དུ་བཤད་པ་ནི་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་ རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། ། ཞེས་གསུངས་པ་ལྟར་ལུང་གི་ཆོས་ལ་འཆད་ཉན་གྱིས་འཇུག་ཚུལ་དང༌། རྟོགས་པའི་ཆོས་ ལ་སྒྲུབ་པ་ཡིས་འཇུག་ཚུལ་ལོ། །འཆད་ཉན་གྱིས་འཇུག་ཚུལ་ལ་བཞི་ལས། 5-1-13 (དང་པོ་)གང་ལ་འཆད་ཉན་བྱ་བའི་གཞུང་ལུགས་ནི། ལེགས་པར་གསུངས་པའི་བཀའ་ དང་དགོངས་པ་འགྲེལ་པའི་བསྟན་བཅོས་གཉིས་ཡིན་ལ། བཀའང་གདུལ་བྱ་རྣམས་ཀྱི་སྐལ་ པའི་རིམ་པ་དང་མཐུན་པར་གང་ཟག་གི་བདག་ཏུ་འཛིན་པ་སྤངས་ནས་མྱ་ངན་ལས་འདས་ པ་ལ་གཞུག་པའི་དོན་དུ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། དངོས་ པོར་འཛིན་པ་མཐའ་དག་སྤངས་ནས་ཐེག་པ་ཆེན་པོའི་ལམ་གྱིས་སྨིན་པར་བྱ་བའི་དོན་དུ་ བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོད་མེད་རྟག་ཆད་ཀྱི་མཐར་ འཛིན་པ་སྤངས་ནས་མུ་བཞིའི་སྤྲོས་པ་དང་བྲལ་བའི་རྣམ་པར་གྲོལ་བ་ལ་དགོད་པའི་དོན་དུ་ ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམས་ཏེ། ཇི་སྐད་དུ། དགོངས་ པ་ངེས་པར་འགྲེལ་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ཡུལ་ཝཱ་ར་ཎཱ་སཱི་དྲང་སྲོང་སྨྲ་བ་ རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་ པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། སྔོན་ ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཞིག་ རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་ སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་ འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ་སྐྱེ་བ་མ་མཆིས་པ་ དང༌། འགགས་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ ལ་སྟོང་པ་ཉིད་སྨོས་པའི་རྣམ་པས། ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་ པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་ མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ 5-1-14 ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ་སྐྱེ་བ་མ་མཆིས་པ་ཉིད་ དང་འགག་པ་མ་མཆིས་པ་ཉིད་དང་གཟོད་མ་ནས་ཞི་བ་ཉིད་དང་རང་བཞིན་གྱིས་ཡོངས་ སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཞུགས་པ་རྣམས་ལ་ ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་ གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་ མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ ལགས་སོ། །ཞེས་གསུངས་པ་ལྟར་རོ། །བསྟན་བཅོས་ནི་བཀའ་སྤྱིའི་དགོངས་པ་འགྲེལ་བར་ བྱེད་པ་སྒྲ་དང་ཚད་མའི་བསྟན་བཅོས་ལྟ་བུ་དང༌། བྱེ་བྲག་ཏུ་བཀའ་དང་པོའི་ལྟ་བ་དང་སྤྱོད་ པ་གཙོ་ཆེར་གསལ་བར་སྟོན་པའི་ཆོས་མངོན་པ་མཛོད་དང་འདུལ་བ་མདོ་རྩ་བ་ལྟ་བུ་དང༌། བར་པའི་ལྟ་བ་དང་སྤྱོད་པ་གཙོ་ཆེར་གསལ་བར་སྟོན་པ་དབུ་མ་རིགས་པའི་ཚོགས་དང་བྱང་ ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལྟ་བུ་དང༌། ཐ་མའི་ལྟ་བ་དང་སྤྱོད་པ་གཙོ་ཆེར་གསལ་ བར་སྟོན་པ་ས་སྡེ་ལྔ་དང་སྡོམ་པ་ཉི་ཤུ་པ་ལྟ་བུ་ལ་སོགས་པ་རྣམས་ཡིན་ལ། ཁྱད་པར་དུ་ཡང་ ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཆེན་པོ་ས་བཅུའི་དབང་ཕྱུག་དཔལ་ལྡན་འཕགས་པ་བྱམས་པ་ མགོན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་ པའི་རྒྱན་གྱིས་བཀའ་བར་བའི་ལྟ་བ་གསལ་བར་བསྟན་ཅིང༌། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ གྱིས་ཐ་མའི་ལྟ་བ་དང་སྤྱོད་པ་གཉི་ག་གསལ་བར་བསྟན་ལ། དབུས་དང་མཐའ་རྣམ་པར་ འབྱེད་པ་དང་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་དང་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་ བཅོས་རྣམས་ཀྱིས་ཐ་མ་ཉིད་ཀྱི་ལྟ་བ་ཆོས་ཀྱི་དབྱིངས་རབ་ཏུ་རྣམ་པར་ཕྱེ་ནས་གསལ་བར་ བསྟན་པ་རྣམས་ཏེ། མདོར་ན་ཉི་མ་དང་ཟླ་བ་ལྟར་གྲགས་པའི་གཞུང་ལུགས་རྣམ་པར་དག་ པ་རྣམས་སོ། །དེ་ལ་གང་དག་བཀའ་ཐ་མ་དགོངས་འགྲེལ་དང་བཅས་པ་རྣམས་སེམས་ཙམ་ 5-1-15 གྱི་གཞུང་དུ་འདོད་པ་དེ་དག་ནི་རྣམ་པར་དཔྱད་ན་རིགས་པ་མ་ཡིན་ཏེ། ཇི་སྐད་དུ། ལང་ དཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་གནས་སུ། །ཕྱི་རོལ་དོན་དུ་མི་རྟོག་གོ ། སྣང་བ་མེད་ལ་བརྟེན་ནས་ནི། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་ལ་ བརྟེན་ནས་ནི། །སྣང་མེད་ལས་ཀྱང་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པས། ། ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་གསུངས་ཤིང༌། མདོ་སྡེའི་རྒྱན་ལས་ཀྱང༌། སེམས་ལས་ གཞན་མེད་པར་ཡང་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རིག །བློ་དང་ལྡན་ པས་གཉིས་པོ་མེད་རིག་ན། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་པ་ལ་སོགས་ པ་གསུངས་པས་སེམས་ཙམ་ལས་འདས་པ་བསྟན་པའི་ཕྱིར་རོ། །ཅི་སྟེ་སེམས་ཀྱི་རང་བཞིན་ འོད་གསལ་སྟོན་པས་ཡིན་ན་ནི། གསང་སྔགས་ཀྱི་གཞུང་རྣམས་ཀྱང་དེར་འགྱུར་ལ། དེ་ལྟར་ ན་དབུ་མའི་རིགས་པས་ཀྱང་གནོད་པར་འགྱུར་ཞིང༌། མཆོག་ཏུ་ཟབ་པ་མ་ཡིན་པར་ཡང་ ཐལ་བར་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ཏེ། དཔལ་ལྡན་དྲི་མ་མེད་པའི་འོད་ལས། རྣམ་ ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་ བཞིན་དང༌། །བྲལ་བ་ནམ་མཁའི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་ གའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་ རིག །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་དབུ་མའི་མཐར་ཐུག་པ་ཡིན་ཡང་སེམས་ཙམ་ ཞེས་མིང་ཙམ་འདོགས་ན་ནི་མི་འགོག་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་ལང་ཀར་གཤེགས་ པའི་མདོ་ལས། དངོས་མིན་དངོས་མེད་མ་ཡིན་པ། །དངོས་དང་དངོས་མེད་རྣམ་པར་སྤངས། ། དེ་བཞིན་སེམས་ལས་གྲོལ་བ་ནི། །སེམས་ཙམ་དུ་ཡང་ངས་བཤད་དོ། །ཞེས་པ་ལ་སོགས་ པ་གསུངས་པ་ལྟར་རོ། །འོན་ཀྱང་མིང་ཙམ་འདྲ་ཡང་དོན་ནི་མ་ཡིན་ཏེ། གཅིག་གིས་ནི་རྣམ་ པར་ཤེས་པ་དོན་དམ་དུ་ཡོད་པར་སྟོན་པས་སྐྱོན་དང་བཅས་པ་ཡིན་ལ། འདིར་ནི་སེམས་ཀྱི་ 5-1-16 རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དོན་དམ་དུ་ཡོད་པར་གསུངས་པས་སྐྱོན་ཐམས་ཅད་ ལས་རྣམ་པར་གྲོལ་བའི་ཕྱིར་རོ། །དེ་ལྟ་བས་ན་བཀའ་བར་པ་དང་ཐ་མ་དག་མཐར་ཐུག་ པའི་དོན་དུ་ན་ཐེག་པ་གསུམ་ལས་ནི་ཆེན་པོར་གཅིག་ཅིང༌། གྲུབ་མཐའ་བཞི་ལས་ཀྱང་དབུ་ མར་མཚུངས་ལ། ངེས་པའི་དོན་ཡང་དེ་བཞིན་ཉིད་དུ་མཉམ་སྟེ། བར་པར་ཤེས་རབ་ཀྱི་ཕ་ རོལ་དུ་ཕྱིན་པ་ལ་བསྔགས་པ་དང་ཐ་མར་སེམས་ཀྱི་རང་བཞིན་འོད་གསལ་མཆོག་ཏུ་བསྟན་ པ་ནི་དོན་གཅིག་པས་སོ། །མདོ་ལས་ཀྱང༌། དེ་བཞིན་གཤེགས་པའི་གསུང་རྣམས་ནི་དེ་ཁོ་ ན་ཉིད་ལ་གཞོལ་བ། དེ་ཁོ་ན་ཉིད་ལ་འབབ་པ། དེ་ཁོ་ན་ཉིད་ལ་མངོན་པར་ཕྱོགས་པ། ཞེས་ གསུངས་པ་ལྟར་རོ། །དེ་ལྟ་ན་ཡང་ངེས་པའི་དོན་དེ་ཉིད་རྣམ་གྲངས་མང་པོས་ཤིན་ཏུ་གསལ་ བར་བསྟན་པས་ཕྱི་མ་ཁྱད་པར་དུ་འཕགས་པར་ཡང་རིག་པར་བྱའོ། ། (གཉིས་པ་)གང་གིས་འཆད་ཉན་བྱེད་པའི་གང་ཟག་ནི། མདོ་ལས། དེ་བཞིན་གཤེགས་ པའི་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་བསྐོར་བར་བྱེད་པའི་གང་ཟག་ ནི་གཉིས་ཏེ། གང་ཞིག་གུས་པར་ཆོས་འཆད་པ་དང༌། གང་ཞིག་གུས་པར་དེ་ཉིད་ཉན་པའོ། ། ཞེས་གསུངས་པ་ལྟར་གཉིས་ལས། འཆད་པ་པོའི་སློབ་དཔོན་ནི་བསླབ་པ་རིན་པོ་ཆེ་གསུམ་ ལ་གནས་ཤིང༌། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྷག་པར་ ལྡན་ལ། དམ་པའི་ཆོས་འཆད་པའི་དཀའ་སྤྱད་ལ་ནམ་ཡང་སྐྱོ་བ་མེད་པ་ཞིག་ཡིན་ཏེ། རྒྱན་ ལས། བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ཡིད་སྤངས་ལ་ བརྟེན། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །ཉན་པ་པོའི་སློབ་མ་ཡང་ལྟ་བ་ངན་པ་ ལ་མཆོག་ཏུ་འཛིན་པའི་ཕྱོགས་ཞེན་སྤངས་པས་གཟུ་བོར་གནས་ཤིང༌། ལེགས་བཤད་དང་ ཉེས་བཤད་ཀྱི་ཆ་རྣམ་པར་འབྱེད་པའི་བློ་གྲོས་དང་ལྡན་ལ། གང་ཉན་པར་འདོད་པའི་ཆོས་ 5-1-17 དེ་ཉིད་དད་པ་དང་བརྩོན་འགྲུས་ཆེན་པོས་དོན་དུ་གཉེར་བར་བྱེད་པ་སྟེ། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་གསུངས་པ་ ལྟར་རོ། ། (གསུམ་པ་)ཇི་ལྟར་འཆད་ཉན་བྱེད་ཚུལ་བསྟན་པ་ནི། འཆད་པ་པོས་ཀྱང་གང་བཤད་པར་ བྱ་བའི་ཆོས་དེ་ཉིད་ལ་གུས་ཤིང་སྤྲོ་བ་བསྐྱེད་པའི་ཆེད་དུ་དགོས་པའི་དོན་དང༌། དོན་གྱི་སྤྱི་ ཙམ་གོ་བའི་ཆེད་དུ་བསྡུས་པའི་དོན་དང༌། མཐའ་དག་བདེ་བླག་ཏུ་རྟོགས་པའི་ཆེད་དུ་རྣམ་ གྲངས་དང་མཚན་ཉིད་དང་ངེས་པའི་ཚིག་དང་རབ་ཏུ་དབྱེ་བ་དང་བརྡ་སྤྲོད་པའི་རིགས་པ་ དང་དོན་གྱི་ཤུགས་ཀྱིས་བཤད་པ་རྣམས་ཀྱི་ཚིག་དོན་དང༌། གོ་རིམ་འབྲེལ་པར་གྲུབ་པའི་ ཆེད་དུ་མཚམས་སྦྱར་བ་དང༌། རིགས་པ་སྔ་ཕྱི་མི་འགལ་བར་སྒྲུབ་པའི་ཆེད་དུ་བརྒལ་ལན་ གྱིས་གཏན་ལ་དབབ་པ་རྣམས་ཀྱིས་བསྙད་པར་བྱ་སྟེ། རྣམ་བཤད་རིགས་པ་ལས། མདོ་ དོན་སྨྲ་བ་རྣམས་ཀྱིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་ མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པ་བཞིན་ ནོ། །ཉན་པ་པོས་ཀྱང་ང་རྒྱལ་ལ་སོགས་པའི་སྐྱོན་ཐམས་ཅད་སྤངས་ནས་ཀུན་ཤེས་པར་ འདོད་པའི་བསམ་པས་ཆོས་དང་གང་ཟག་ལ་གུས་པ་ཆེན་པོས་རྩེ་གཅིག་ཏུ་མཉན་པར་བྱ་ སྟེ། དེ་ཉིད་ལས། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་ རྣམ་གཡེང་ནང་དུ་བསྡུས། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཉི་ གས་ཀྱང་སྦྱོར་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་དངོས་གཞི་ཆོས་འཆད་པ་དང་དེའི་ཆེད་ དུ་ཡོན་འབུལ་བ་ལ་སོགས་པའི་སྦྱིན་པ་དང་འཆད་ཉན་གྱི་མི་མཐུན་ཕྱོགས་སྤོང་བའི་ཚུལ་ ཁྲིམས་དང༌། ཆོས་ལ་ལོག་སྒྲུབ་ཀྱིས་མི་སྐྱོ་བའི་བཟོད་པ་དང༌། དཀའ་སྤྱད་རྒྱ་ཆེན་པོ་ལ་སྤྲོ་ པའི་བརྩོན་འགྲུས་དང༌། ཆོས་ལ་སེམས་རྩེ་གཅིག་པའི་བསམ་གཏན་དང༌། དོན་རབ་ཏུ་རྣམ་ 5-1-18 པར་འབྱེད་པའི་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་ཉམས་སུ་བླངས་ནས། མཇུག་ཏུ་ དེ་དག་གི་དགེ་བ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བྱ་སྟེ། མངོན་པར་རྟོགས་པའི་རྒྱན་ ལས། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་གསུངས་པ་ལྟར་རོ། ། (བཞི་པ་)དེ་ལྟར་འཆད་ཉན་བྱས་པའི་ཕན་ཡོན་ལ། ལེགས་པར་བཤད་པའི་ཕན་ཡོན་ནི། ། འཕགས་པ་སྡུད་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་བསྒོམས་ཏེ། ། དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ཅིང༌། །དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་ རྒྱུར་བསྔོ་ན། །དགེ་བ་དེ་དང་མཉམ་པ་འཇིག་རྟེན་གསུམ་ན་མེད། །ཅེས་པ་དང༌། བྱམས་ པ་སེང་གེའི་སྒྲ་ཆེན་པོར། སྟོང་ཆེན་འཇིག་རྟེན་ཁམས་འདི་གསེར་དག་གིས། །བཀང་སྟེ་ གང་ལ་སྦྱིན་པ་བྱིན་པས་ནི། །ཚིག་བཞིའི་ཚིགས་སུ་བཅད་པ་གཅིག་བརྗོད་པ། །དེ་ཡི་ཕན་ འདོགས་དེ་ལྟར་འགྱུར་མ་ཡིན། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་ཐོབ་ཅིང༌། གུས་པར་ མཉན་པའི་ཕན་ཡོན་ཡང༌། མདོ་སྡེ་ལས། མིག་ལྡན་སྣང་བ་ཡོད་གྱུར་ན། །གཟུགས་རྣམས་ མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་མི་དགེའི་ཆོས། །ཐོས་པས་རྣམ་པར་ཤེས་པར་ འགྱུར། །ཞེས་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་ པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་ པས་རྣམ་པར་གྲོལ་བ་འཐོབ། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་འཐོབ་ལ། གཉི་གས་ སྒྲུབ་པའི་ཕན་ཡོན་ནི། བཅོམ་ལྡན་འདས་ཀྱིས་གང་ཆོས་ཉན་པའི་རྒྱུའམ། ཆོས་བསྟན་པའི་ རྒྱུར་ཐ་ན་གོམ་པ་གཅིག་འདོར་རམ། ཐ་ན་དབུགས་གཅིག་འབྱིན་ནམ་རྔུབ་ཀྱང་རུང་སྟེ། འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ་ཞེས་བཀའ་སྩལ་ཞིང༌། དེ་བཞིན་གཤེགས་པ་ གསང་བའི་མདོ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ 5-1-19 ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང༌། །མཐར་ཕྱིན་པ་ནི་འགྱུར་མ་ལགས། །ཞེས་ པ་ལ་སོགས་པ་གསུངས་པ་རྣམས་འཐོབ་པའོ། ། དེ་ལྟར་ལེགས་པར་ཤེས་ནས། རྟོགས་པའི་ཆོས་ལ་སྒྲུབ་པས་འཇུག་ཚུལ་བསྟན་པ་ ནི། འཆད་ཉན་གྱིས་གཏན་ལ་ཕབ་པ་ཇི་ལྟ་བ་བཞིན་དུ་དམ་པའི་ཆོས་ལས་འབྱུང་བའི་དོན་ རྣམས་བླང་དོར་གྱི་སྒོ་ནས་སྒྲུབ་ཅིང་ཉམས་སུ་ལེན་པར་བྱེད་པ་སྟེ། སྤྱོད་འཇུག་ལས། ལུས་ ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །སྨན་སྤྱད་བཀླགས་པ་ ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། །ཞེས་གསུངས་ཤིང༌། ཏིང་ངེ་འཛིན་རྒྱལ་ པོ་ལས། ང་ཡིས་རབ་ཏུ་བཟང་བའི་ཆོས་བཤད་ཀྱང༌། །ཁྱོད་ཀྱིས་ཐོས་ནས་ཡང་དག་མ་ སྤྱད་ན། །ནད་པ་སྨན་གྱི་རྐྱལ་པ་ཐོགས་པ་རྣམས། །རང་གི་ནད་ནི་གསོ་བར་མི་ནུས་བཞིན། ། ཞེས་གསུངས་ལ། རིན་ཆེན་ཕྲེང་བ་ལས་ཀྱང༌། གང་ཞིག་ལུས་ངག་ཡིད་ཀྱི་ལས། །ཐམས་ ཅད་ལེགས་པར་ཡོངས་བརྟགས་ཏེ། །བདག་དང་གཞན་ལ་ཕན་ཤེས་ནས། །རྟག་ཏུ་བྱེད་པ་ དེ་མཁས་པའོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །དེ་ཡང་དལ་འབྱོར་གྱི་ལུས་ཐོབ་ ཅིང་བླང་དོར་གྱི་དམིགས་ཕྱེད་པ་འདི་ལྟ་བུའི་དུས་སུ་གཏན་གྱི་བདེ་བ་ཐོབ་པའི་ཕྱིར་སྒྲུབ་པ་ ལ་ཆེས་ཆེར་འབད་པར་རིགས་ཏེ། དབུ་མ་སྙིང་པོ་ལས། དམ་ཆོས་སྒྲོན་མ་དང་བཅས་ལ། ། མི་ཁོམ་བརྒྱད་སྤངས་དལ་བ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་ བྱ་བའི་རིགས། །ཞེས་གསུངས་པ་བཞིན་ནོ། །བསྒྲུབ་པར་བྱ་བ་རྣམས་ཀྱང་མདོར་བསྡུ་ན་ རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ཐམས་ཅད་སྤོང་ཞིང༌། ཕ་རོལ་དུ་ཕྱིན་པ་དྲུག་གིས་ བསྡུས་པའི་དགེ་བ་རྒྱ་ཆེན་པོ་སྤྱད་ནས་རང་གི་སེམས་ཀྱི་ཉེས་པ་མཐའ་དག་འདུལ་བར་བྱེད་ པ་སྟེ། བཅོམ་ལྡན་འདས་ཀྱིས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པ་སྤྱད། ། རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བཀའ་བསྩལ་ 5-1-20 པ་ལྟར་རོ། །དེ་བས་ན་མདོ་ལས། ལེགས་པར་སྤྱད་པས་ཆོས་སྤྱད་བྱ། །ཉེས་པར་སྤྱོད་པ་དེ་ མི་སྤྱད། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །ཆོས་སྤྱོད་པ་ནི་བདེ་བར་གནས། །ཞེས་གསུངས་ པ་ལྟར། ཉེས་པ་སྤྱོད་པ་ཐམས་ཅད་སྤངས་ནས་ཆོས་སྤྱོད་བཅུའི་སྒྲུབ་པ་ལ་ཤིན་ཏུ་བརྩོན་ པར་བྱ་བ་ཡིན་ལ། ཆོས་སྤྱོད་བཅུ་ནི། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཡི་གེ་འབྲི་ མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་འཛིན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་ སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ མེད་ཐོབ། །ཅེས་གསུངས་པ་རྣམས་སོ། །དེ་དག་གི་ནང་ནས་ཀྱང་མཉམ་གཞག་རྣམ་པར་མི་ རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་ལ་རྩེ་གཅིག་ཏུ་བརྩོན་པར་བྱ་བ་ཉིད་དེ། མདོ་ལས། ཆོས་ འདི་བསྒོམས་པར་མ་གྱུར་ན། །ཆོས་ཉིད་མཐོང་བར་མི་འགྱུར་ཏེ། །ཆུ་ནི་མཐོང་དང་ཐོས་པ་ ཡིས། །མ་འཐུངས་སྐོམ་པ་ཇི་ལྟར་སེལ། །ཞེས་གསུངས་པ་བཞིན་ནོ། ། (གསུམ་པ་)དེ་དག་གི་ཕན་ཡོན་ནི་དམ་པའི་ཆོས་ཐོས་བསམ་སྒོམ་གསུམ་ལ་མཐའ་གཅིག་ ཏུ་བརྩོན་པར་བྱས་ན་མཐར་ཐུག་གི་གོ་འཕང་འགྲུབ་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་ མེད་པ་འཐོབ་སྟེ། ཇི་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་ སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལས་སྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེ་ལས་ དངོས་གྲུབ་བླ་ན་མེད་པ་འབྱུང༌། །ཞེས་གསུངས་ཤིང༌། ནམ་མཁའ་མཛོད་ཀྱིས་ཞུས་པར་ ཡང༌། །ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང༌། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ ལྟར། །དེ་བཞིན་གཤེགས་ཀྱི་དམ་པའི་ཆོས་འཛིན་པའི། །བསོད་ནམས་དེ་ཡང་ཚད་ཡོད་མ་ ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། ད་ནི་སྐབས་སུ་བབ་པའི་བསྟན་བཅོས་ཁྱད་པར་དུ་བཤད་པར་བྱའོ། །དེ་ཡང་འཕགས་ པའི་ཆོས་རྣམས་ལས་ཀྱང་མཆོག་ཏུ་གྱུར་ཅིང༌། ངེས་པའི་དོན་གྱི་མདོ་སྡེ་ཟབ་མོ་རྣམས་ཀྱི་ 5-1-21 སྙིང་པོ་བསྡུས་ནས། དེ་བཞིན་ཉིད་ཡང་དག་པའི་མཐའ་ཆོས་ཀྱི་དབྱིངས་དོན་དམ་པའི་ བདེན་པ་འབའ་ཞིག་ཤིན་ཏུ་གསལ་བར་སྟོན་པ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ དཔལ་ལྡན་འཕགས་པ་ཐོགས་མེད་ཀྱི་འགྲེལ་པ་དང་མཐུན་པར་འཆད་པ་ལ་དོན་རྣམ་པ་ བཞི་སྟེ། དོན་དང་མཐུན་པའི་མཚན་གྱི་དོན། །དོན་ཆེན་སྒྲུབ་པ་སྤྱིའི་ཕྱག །དོན་མཆོག་ལྡན་པའི་ བསྟན་བཅོས་དངོས། །དོན་དེ་ལེགས་པར་བསྒྱུར་བའི་ཚུལ། །ཞེས་པའོ། །མཚན་གྱི་དོན་ལ། བསྒྱུར་བ་དང༌། བཤད་པ་དང༌། འདོགས་ཚུལ་དང༌། དགོས་པ་སྟེ་བཞི་ལས། བསྒྱུར་བ་ནི། རྒྱ་གར་སྐད་དུ། མཧཱ་ཡཱ་ན་ཨུད་ཏ་ར་ཏན་ཏྲ་ཤཱསྟྲ། བདོ་ སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཞེས་པ་སྟེ། ལེགས་པར་ སྦྱར་བའི་སྐད་ཡིན་ཡང་འདྲ་བ་ལ་བཏགས་ནས་རྒྱ༷་ག༷ར་གྱི་སྐ༷ད་དུ༵་བསྟན་བཅོས་ཀྱི་མཚན་ འཆད་པར་འགྱུར་བ་འདི་ཡིན་ནོ་ཞེས་མཚམས་སྦྱར་ནས། དེའི་མ༷ཧཱ༷་ཆེན་པོ་དང༌། ཡཱ༷་ན༷་ ཐེག་པ་དང༌། ཨུ༷ད་ཏ༷་ར༷་བླ་མ་དང༌། ཏ༷ན་ཏྲ༷་རྒྱུད་དང༌། ཤཱ༷སྟྲ༵་བསྟན་བཅོས་ཡིན་པས། བོ༷ད་ཀྱི་སྐ༷ད་དུ༵་གཞུང་འདིའི་མཚན་ཐེ༷ག་པ༷་ཆེ༷ན་པོ༷་རྒྱུ༷ད་བླ༷་མ༷འི་བསྟ༷ན་བཅོ༵ས་ཞེས་བྱའོ་ ཞེས་པའི་དོན་ནོ། །བཤད་པ་ལ་ཐེག་པ་ནི་བགྲོད་པའི་དོན་ཅན་ཏེ། འདིས་འགྲོ་བ་རྒྱུ་ལམ་ གྱི་ཐེག་པ་དང༌། འདིར་འགྲོ་བ་མཐར་ཐུག་འབྲས་བུའི་ཐེག་པའོ། །ཆེན་པོ་ནི་མདོ་སྡེ་ལ་ སོགས་པའི་ཆོས་རྒྱ་ཆེན་པོ་ལ་དམིགས་ནས(༡)། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་ པ་སྒྲུབ་ཅིང༌(༢)། གང་ཟག་དང་ཆོས་ལ་བདག་མེད་པ་རྟོགས་པའི་ཡེ་ཤེས་དང་ལྡན་པས(༣)། བསྐལ་པ་གྲངས་མེད་པ་གསུམ་དུ་གུས་པ་དང་རྒྱུན་དུ་སྦྱོར་བའི་བརྩོན་འགྲུས་རྩོམ་ལ(༤)། སྙིང་རྗེ་དང་ཤེས་རབ་ཀྱིས་འཁོར་བ་ཡོངས་སུ་མི་གཏོང་བ་དང་ཀུན་ནས་ཉོན་མོངས་པ་མེད་ པའི་ཐབས་ལ་མཁས་པ་དང་ལྡན་པ་(༥)སྟེ། རྒྱུའི་ཁྱད་པར་ལྔ་དང༌། སྟོབས་དང་མི་འཇིགས་ 5-1-22 པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡང་དག་པར་འགྲུབ་པ་ཆེན་པོ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པ་སྟོན་པ་ལ་སོགས་པ་སངས་ རྒྱས་ཀྱི་འཕྲིན་ལས་ཆེན་པོ་སྟེ་འབྲས་བུའི་ཁྱད་པར་གཉིས་སྟོན་པས་ཆེ་བའི་ཁྱད་པར་བདུན་ དང་ལྡན་པ་སྟེ། རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་ དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་ འགྲུབ་པ་ཆེན་པོ་དང༌། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དག་དང་ལྡན་ པ། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པ་ལྟ་བུའོ། །རྒྱུད་ཅེས་པ་ནི། རྒྱུན་ མི་འཆད་པའི་དོན་ཏེ། སྔགས་ཀྱི་ཐེག་པར། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །རྒྱུན་དེའང་རྣམ་པ་ གསུམ་དུ་འགྱུར། །ཞེས་པས་རྒྱུ་དང་ཐབས་དང་འབྲས་བུའི་གནས་སྐབས་ཐམས་ཅད་དུ་རང་ བྱུང་གི་ཡེ་ཤེས་རྒྱུན་མི་འཆད་པར་གསུངས་པ་དང་མཐུན་པར། འདིར་ཡང་མ་དག་པ་དང་མ་ དག་དག་པ་དང་ཤིན་ཏུ་རྣམ་དག་གི་གནས་སྐབས་ཐམས་ཅད་དུ་ཆོས་ཀྱི་དབྱིངས་འགྱུར་བ་ མེད་ཅིང་རྒྱུན་ཆགས་པ་སྟོན་པའི་ཕྱིར་རོ། །བླ་མ་ནི་གོང་མའམ་མཆོག་ཏུ་གྱུར་པ་སྟེ་ངེས་པའི་ དོན་གྱི་གསུང་རབ་ཤིན་ཏུ་ཟབ་པ་རྣམས་ཀྱི་དགོངས་པ་གསལ་བར་སྟོན་པས་ཁྱད་པར་དུ་ འཕགས་པའི་ཕྱིར་རོ། །ཡང་ན་ཨུད་ཏ་ར་ཞེས་ཕྱི་མ་སྟེ། འཁོར་ལོ་གསུམ་ལས་ཕྱི་མའི་དོན་ སྟོན་པས་སོ་ཞེས་ཀྱང་སྦྱར་རོ། ། བསྟན་བཅོས་ལ་གསུམ་ལས། (དང་པོ་ལ་)ངོ་བོ་ནི། དབུས་མཐའི་ཊཱི་ཀར། འཇིག་རྟེན་ ལས་འདས་པའི་ཡེ་ཤེས་ཐོབ་པར་བྱེད་པའི་སྒྲའི་ཁྱད་པར་དུ་སྣང་བའི་རྣམ་པར་རིག་པའི་ ཚོགས་སོ་ཞེས་གསུངས་པ་ལྟར་ཡིན་ཞིང༌། (གཉིས་པ་)དབྱེ་བ་ནི། དོན་མེད་དོན་ལོག་དོན་མཆོག་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་ དང༌། །སྙིང་མེད་ངན་གཡོ་སྡུག་བསྔལ་སྤོང༌། །བསྟན་བཅོས་གསུམ་ཚན་གསུམ་དུ་འདོད། ། 5-1-23 ཅེས་པ་ལྟར་དགུའི་ནང་ནས་དོན་མཆོག་དང་ལྡན་པ་དང་སྒྲུབ་པ་ལྷུར་ལེན་དང་སྡུག་བསྔལ་ སྤོང་བ་རྣམས་ཡིན་ལ། (གསུམ་པ་)ངེས་ཚིག་ནི། སྤྱིར་དུ་སློབ་མའི་བློ་འཆོས་པས་སམ། ཁྱད་པར་ཅན་ནི་ཉོན་ མོངས་པ་དང་ཉེས་པ་སྤྱོད་པ་ལས་འཆོས་ཤིང་ངན་འགྲོ་དང་སྲིད་པ་ལས་སྐྱོབ་པར་བྱེད་པ་ ཡིན་ཏེ། རྣམ་བཤད་རིགས་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོ་ སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་ འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་ལྟར་རོ། ། འདོགས་ཚུལ་ནི། ཡུལ་དང་དུས་དང་དཔེ་དང་ཞུ་བ་པོ་དང་གཞུང་ཚད་ལ་སོགས་པ་ ལས་བཏགས་པ་ཤིན་ཏུ་མང་ཡང་འདིར་ནི་བརྗོད་བྱ་དང་བྱེད་ལས་ལ་བཏགས་པའོ། ། དགོས་པ་ནི་(ལང་ཀར་གཤེགས་པའི་)མདོ་ལས། མིང་དུ་གདགས་པ་མ་མཛད་ན། །འཇིག་ རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་ དུ་གདགས་པ་མཛད། །ཅེས་གསུངས་པ་ལྟར་མིང་ལས་དོན་རྟོགས་པ་སྟེ། འདིར་ཡང་བརྗོད་ བྱ་དང་བྱེད་ལས་ལ་བཏགས་པ་ལས་དབང་པོ་རྣོན་པོས་མཚན་ཐོས་པ་ཙམ་གྱིས་དོན་མདོ་ ཙམ་དུ་གོ་བ་ཡིན་ཞིང༌། རྒྱ་སྐད་ཀྱིས་བཏགས་པ་ནི་ཕལ་ཆེར་འབྱུང་ཁུངས་བཟང་བར་ཤེས་ པ་དང་། བོད་སྐད་ཀྱིས་བཏགས་པ་ནི་བདེ་བླག་ཏུ་གོ་བ་དང་གཉི་གས་བཏགས་པ་ནི་བསྒྱུར་ བའི་ཚུལ་ཤེས་ཤིང་བཀའ་དྲིན་དྲན་པ་དང་། ཀླད་དུ་སྨོས་པ་ནི་མཁས་པ་སྔ་མའི་སྲོལ་སྐྱོང་བ་ ལ་སོགས་པའི་ཆེད་དུའོ། ། དོན་ཆེན་སྒྲུབ་པ་སྤྱིའི་ཕྱག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། གང་གི་ཆེད་དུ་ཞེ་ན། གནས་སྐབས་སུ་ རང་རང་གི་བྱ་བ་གང་ཡིན་པ་དེ་མཐར་ཕྱིན་པར་འགྱུར་བ་དང༌། མཐར་ཐུག་ཕྱག་གི་ཡུལ་ 5-1-24 དམ་པ་སངས་རྒྱས་ཐོབ་པ་ལ་སོགས་པའི་ཆེད་དུ་སྟེ། ལུང་ལས། གང་ཞིག་རྒྱལ་བ་རྣམ་ འདྲེན་ལ། །བྱ་བ་ཆུང་དུའང་བྱེད་གྱུར་པ། །དེ་ནི་མཐོ་རིས་སྣ་ཚོགས་དག །བགྲོད་ནས་བདུད་ རྩིའི་གོ་འཕང་ཐོབ། །ཅེས་གསུངས་པ་ལྟར་རོ། ། གང་ཟག་གང་གིས་ཞེ་ན། རྩོམ་པ་པོ་དང་བསྒྱུར་བ་པོ་དང༌། ཡི་གེ་པ་ལ་སོགས་པ་ གཞུང་ལུགས་ལ་འཇུག་པ་ཐམས་ཅད་ཀྱིས་ཏེ། བསྒྱུར་བ་པོ་འབའ་ཞིག་ནི་མ་ཡིན་ནོ། ། མཆོད་ཡུལ་གང་ལ་ཞེ་ན། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་ རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་ཞེས་བྱའོ། །ཞེས་པ་ལྟར་ སྤངས་པ་དང་རྟོགས་པ་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་དང་། འདོད་ལས་མ་ཆགས་ (པའི་སྦྱིན་པ་དང་)ལས་གསུམ་རྣམ་པར་དག(པའི་ཚུལ་ཁྲིམས་དང་)། ཁྲོ་བ་ཟིལ་གནོན་(གྱི་བཟོད་པ་དང་) ཡོན་ཏན་མཆོག་ལྷུར་ལེན(པའི་བརྩོན་འགྲུས་དང་)། །ཆོས་ལ་མི་གཡོ་(བའི་བསམ་གཏན་དང་)དེ་ཉིད་ ཟབ་མོ་མཐོང༌། (བའི་ཤེས་རབ་ཀྱིས་)། བྱང་ཆུབ་(སྒྲུབ་པ་ལ་) དགའ་ལྡན་བྱང་ཆུབ་སེམས་དཔའ་ཡིན། ། ཞེས་པ་ལྟར་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆེད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་སྲན་ཐུབ་ ཅིང་སྙིང་སྟོབས་ཆེ་བའི་སེམས་དཔའ་ཆེན་པོ་ཐམས་ཅད་ལའོ། ། རྣམ་པ་ཇི་ལྟར་ཞེ་ན། ལུས་ཀྱི་རྣམ་འགྱུར་འདུད་པ་དང་བཅས་པ་དང༌། ངག་གིས་བསྟོད་ པའི་ཚོགས་མཐའ་ཡས་པ་བརྗོད་པ་དང༌། ཡིད་ལ་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་ རྣམས་དྲན་བཞིན་པ་དང་བཅས་པས་སྟེ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་ སུ་གསོལ་ལོ་འདོད་པའི་དོན་ཐམས་ཅད་གྲུབ་པར་གྱུར་ཅིག་ཅེས་པའི་དོན་ཏོ། །འདིར་ ཐམས་ཅད་མཁྱེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཇམ་དཔལ་ གཞོན་ནུར་གྱུར་པ་རྣམས་ལ་ཕྱག་འཚལ་བས་རིམ་པ་ལྟར་འདུལ་བ་དང༌། མདོ་སྡེ་དང༌། མངོན་པའི་སྡེ་སྣོད་རྣམས་སུ་མཚོན་ནོ་ཞེས་ཀྱང་གསུངས་མོད། དེ་ལྟར་ཕལ་ཆེ་ཡང་ངེས་པ་ 5-1-25 ནི་མེད་དེ་གཞུང་ལུགས་པ་རང་གང་མོས་ཀྱི་ལྷ་ལ་ཕྱག་འཚལ་བའང་ཡོད་པའི་ཕྱིར་རོ། །འདི་ དག་(རྩོམ་པ་པོ་)འཕགས་པའི་གསུང་མིན་ཡང༌། (མཚན་དོན་)བསྒྱུར་བྱེད་(དང་ཕྱག་དེ་ལ་)སོགས་(པ་ གཞན་)ཀྱིས་བཀོད་པ་སྟེ། དེ་ཡང་(བོད་ཀྱི་)དམ་པའི་སྲོལ་བཞིན་དུ། མདོ་ཙམ་ཕྱེ་སྟེ་རྣམ་པར་ བཤད། ཅེས་པ་མཚན་དོན་ལ་སོགས་པའི་ངེས་པའོ།། །། ད་ནི་དོན་རྣམ་པ་གསུམ་གྱིས་དོན་མཆོག་ལྡན་པའི་བསྟན་བཅོས་དངོས་བཤད་པར་ བྱ་སྟེ། ལུས་ཉིད་རྣམ་པར་གཞག་པ་དང༌། །ཡན་ལག་རྒྱས་པར་བཤད་པ་དང༌། །ཡོངས་སུ་ རྫོགས་པའི་བྱ་བས་སོ། ། དེ་ལ་ལུས་ཉིད་རྣམ་པར་གཞག་པས་ནི་བསྟན་བཅོས་རྩོམ་པ་ལ་འཇུག་པའི་སྒོ་ཡང་ བསྟན་ཏེ། ཇི་སྐད་དུ་སྙན་ངག་མེ་ལོང་ལས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་ བསྟན་པའང་དེ་ཡི་སྒོ། །ཞེས་སྒོ་གསུམ་ནས་འཇུག་པར་བཤད་པ་ལྟར་འདིར་ཡང་འཆད་ པར་འགྱུར་བའི་དོན་མཐའ་དག་མདོར་བསྡུས་ནས་དངོས་པོ་ངེས་པར་བསྟན་པའི་ཕྱིར་རོ། ། དེ་ལ་ཡང་གསུམ་སྟེ། སྡོམ་གྱིས་དོན་དངོས་དང༌། ལུང་དང་སྦྱར་བ་དང༌། གོ་རིམ་ངེས་ ཚུལ་ལོ། །(དང་པོ་)སྡོམ་ནི། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་ དང༌། །ཡོན་ཏན་སངས་རྒྱས་འཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་ གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཞེས་ པ་སྟེ། དོན་རྒྱ་ཆེན་པོ་ལས་ཕྱུང་ནས་སློབ་མ་ལ་བྱིན་པས་བདེ་བླག་ཏུ་རྟོགས་ཤིང༌། ཡན་ ལག་རྒྱས་བཤད་ལ་སྒྲོ་འདོགས་དང་སྐུར་འདེབས་སྤང་བའམ། འཆད་པ་པོས་ཀྱང་བསྟན་ བཅོས་མ་འཛིངས་པར་བཤད་སླ་བའི་ཆེད་དུ། གཞུང་འདི་དོན་དུ་ཙམ་ཞིག་གིས་བསྡུས་ པའི་ཚུལ་གསལ་བར་སྟོན་པ་ཡིན་ལ། དེ་ཡང་ཐོབ་པར་བྱ་བ་རང་གཞན་གྱི་དོན་གཉིས་ མཐར་ཕྱིན་པ་རྫོགས་པའི་ས༷ངས་རྒྱ༷ས་ཀྱི་དོན་དང༌། འདོད་ཆགས་དང་བྲལ་བའི་བདེན་པ་ 5-1-26 གཉིས་ཀྱི་མཚན་ཉིད་ཅན་དམ་པའི་ཆོ༷ས་ཀྱི་དོན་དང་། ཡེ་ཤེས་གཉིས་དང་ལྡན་པས་ཕྱིར་ མི་ལྡོག་པའི་ཚོ༷གས་འཕགས་པའི་དགེ་འདུན་གྱི་དོན་དང༌། དེ་རྣམས་ཐོབ་པའི་ཚུལ་ཡང་ རྟོགས་པར་བྱ་བ་སེམས་ཅན་གྱི་ཁ༷མས་སམ་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ དོན་ད༷ང༌། རྟོགས་པའི་ངོ་བོ་ཁམས་དེ་ཉིད་དྲི་མ་མཐའ་དག་གིས་དག་པ་བླ་ན་མེད་པའི་བྱ༷ང་ ཆུ༷བ་ཀྱི་དོན་ད༵ང༌། རྟོགས་པའི་ཡན་ལག་བྱང་ཆུབ་ཆེན་པོ་དང་འབྲེལ་པ་བྲལ་བ་དང་རྣམ་ པར་སྨིན་པའི་འབྲས་བུས་བསྡུས་པའི་ཡོན་ཏན་གྱི་དོན་དང་། རྟོགས་པར་བྱེད་པའི་ཐབས་ ཡོ༷ན་ཏ༷ན་གྱི་ནུས་པ་ས༷ངས་རྒྱ༷ས་ཀྱི་འཕྲི༷ན་ལ༷ས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་ དོན་ཐ༷་མ༷འམ་ཕྱི་མར་བསྟན་པ་དང་བཅས་པ་སྟེ༵། འཆད་པར་འགྱུར་བའི་བསྟ༷ན་བཅོ༷ས་ མཐའ་དག་གིས་ཡན་ལག་ཀུ༷ན་གྱི༷་ལུ༷ས་སམ་དངོས་པོ་ནི༷་མདོ༷ར་བསྡུ༷ས་པའི་ཚུལ་གྱིས་ བསྟན་ན༵། རྡོ༷་རྗེ༷་ལྟ་བུ་ཡི༷་ནི༷་གན༷ས་སམ་ཚིག་བདུ༷ན་པོ་འདི༷་ད༷ག་གོ༵་ཞེས་པའོ། །དོན་དེ་ དག་ནི་བརྗོད་དུ་མེད་ཅིང་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས། ཐོས་པ་དང་བསམ་པ་ ལས་བྱུང་བའི་ཤེས་པས་ཕིགས་པར་དཀའ་བའི་ཕྱིར་རྫས་ཀྱི་དངོས་པོ་རྡོ་རྗེ་རིན་པོ་ཆེ་ལྟ་བུ་ སྟེ། རྒྱུད་ལས་ཀྱང༌། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །ཅེས་གསུངས་པ་ལྟར་རོ་རྗོད་བྱེད་ཀྱི་ ཡི་གེ་རྣམས་ཀྱང་དེ་དག་གིས་ལམ་གསལ་བར་སྟོན་ཅིང་གོ་བར་བྱེད་པས་ན་གནས་ཞེས་བྱ་ སྟེ། བརྗོད་བྱ་རྣམས་རིམ་གྱིས་རྟོགས་པའི་གཞིའམ་རྟེན་དུ་གྱུར་པའི་ཕྱིར་རོ། །ཡང་ན་ས་ད་ (གནས་ཀྱི་སྐད་དོད་)ཞེས་པ་ཚིག་ལའང་འཇུག་པས། དམན་པ་རྣམས་ཀྱིས་རྟོགས་པར་དཀའ་ བའི་བརྗོད་བྱ་ཤིན་ཏུ་ཟབ་པ་རྡོ་རྗེ་ལྟ་བུའི་དོན་སྟོན་པའི་ཕྱིར་རྗོད་བྱེད་རྣམས་ལའང་རྡོ་རྗེའི་ ཚིག་ཅེས་བྱ་སྟེ་ཕྱོགས་ཀྱི་གླང་པོས། བརྗོད་བྱ་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་ དེ་སྒྲས་གདགས། །ཞེས་གསུངས་པ་ལྟར་རོ། །མདོར་ན་རིགས་ཐིགས་ཀྱི་འགྲེལ་པར། རབ་ ཏུ་བྱེད་པའི་ལུས་ནི་གཉིས་ཏེ་སྒྲ་དང་དོན་ནོ་ཞེས་བཤད་པ་ལྟར་གཉིས་ཡིན་ལ། དེའི་རྗོད་ 5-1-27 བྱེད་རྣམས་ལ་འཇིགས་པ་མེད་པའི་ཚུལ་གྱིས་ཞུགས་ན་བརྗོད་བྱའི་དོན་རྟོགས་པའི་བདེ་བ་ ཡང་མྱུར་དུ་འཐོབ་སྟེ། རྒྱན་ལས། ཇི་ལྟར་བསྣམས་ན་རབ་དཀུ་ལ། །མྱངས་ན་ཞིམ་པའི་ སྨན་བཞིན་དུ། །ཆོས་ཀྱང་དེ་བཞིན་གཉིས་སུ་གནས། (རིམ་པ་ལྟར་)། ཡི་གེ་དོན་དུ་ཤེས་པར་ བྱ། །ཞེས་གསུངས་པ་ལྟར་རོ། །རྡོ་རྗེའི་གནས་བདུན་པོ་འདི་དག་རྒྱས་པར་ནི་ངེས་པའི་དོན་ གྱི་མདོ་སྡེ་རྣམས་ལས་འབྱུང་བ་ལྟར་རྟོགས་པར་བྱ་སྟེ། དེ་ལ་དཀོན་མཆོག་གསུམ་མཐར་ ཐུག་པ་ནི་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དུ་གཅིག་པའི་ཚུལ་ཡང༌། ལྷག་ པའི་བསམ་པ་བརྟན་པའི་ལེའུ་ལས། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་ པ་སྟེ། དེ་ནི་མིག་གིས་བལྟ་བར་མི་ནུས་སོ། །ཀུན་དགའ་བོ་ཆོས་ནི་བརྗོད་དུ་མེད་པ་སྟེ། དེ་ ནི་རྣ་བས་མཉན་པར་མི་ནུས་སོ། །ཀུན་དགའ་བོ་དགེ་འདུན་ནི་འདུས་མ་བྱས་པ་སྟེ། དེ་ནི་ ལུས་དང་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ་ཞེས་པ་དང༌། ཁམས་ནི་ཆོས་ཀྱི་སྐུ་དྲི་ མ་དང་བཅས་པའི་གནས་སྐབས་བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ། འགྲིབ་པ་དང་འཕེལ་ བ་མེད་པ་ཉིད་བསྟན་པ་ལས། ཤཱ་རིའི་བུ་དོན་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ། དེ་ བཞིན་གཤེགས་པའི་སྤྱོད་ཡུལ་ལོ། །ཤཱ་རིའི་བུ་དོན་འདི་ནི་རེ་ཞིག་ཉན་ཐོས་དང་རང་སངས་ རྒྱས་རྣམས་ཀྱིས་ཀྱང་རང་གི་ཤེས་རབ་ཀྱིས་ཡང་དག་པར་ཤེས་པའམ་བལྟ་འམ་བརྟག་པར་ མི་ནུས་ན་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་ལ་དད་པས་ རྟོགས་པ་ནི་མ་གཏོགས་སོ། །ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། ། ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་སོ། །ཤཱ་ རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་ དྭགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་ བླ་དྭགས་སོ་ཞེས་པ་དང༌། བྱང་ཆུབ་ནི་ཁམས་དེ་ཉིད་ལམ་གོམས་པ་ལས་གློ་བུར་གྱི་དྲི་མ་ 5-1-28 དང་བྲལ་ནས་མྱ་ངན་ལས་འདས་པ་མངོན་སུམ་དུ་གྱུར་པ་སྟེ། དཔལ་ཕྲེང་གི་ཞུས་པའི་མདོ་ ལས། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བགྱི་བ་འདི་ ནི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་ འདས་པའི་དབྱིངས་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་ སོ། །ཞེས་པ་དང༌། ཡོན་ཏན་ནི་དོན་དམ་པའི་བྱང་ཆུབ་ལ་དབྱེར་མེད་པར་ལྡན་པའི་སྟོབས་ ལ་སོགས་པ་སྟེ། འགྲིབ་པ་དང་འཕེལ་བ་མེད་པ་ཉིད་བསྟན་པ་ལས། ཤཱ་རིའི་བུ་དེ་བཞིན་ གཤེགས་པས་བསྟན་པའི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་འདི་ལྟ་སྟེ་གངྒཱའི་ཀླུང་གི་བྱེ་མ་ལས་ འདས་པའི་དེ་བཞིན་གཤེགས་པའི་ཆོས་དག་དང་རྣམ་པར་དབྱེར་མེད་པའི་ཆོས་དང་ལྡན་ པ་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ་ཞེས་པ་དང༌། འཕྲིན་ལས་ནི། ཡོན་ཏན་གྱི་ནུས་ པས་གཞན་གྱི་དོན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་སྒྲུབ་པ་སྟེ། དེ་བཞིན་གཤེགས་ པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པ་ལས། འཇམ་ དཔལ་དེ་བཞིན་གཤེགས་པ་ནི་རྟོག་པར་མི་མཛད་རྣམ་པར་རྟོག་པར་མི་མཛད་མོད་ཀྱི། དེ་ ལྟ་ན་ཡང་དེའི་འདི་ལྟ་བུའི་རང་བཞིན་གྱི་མཛད་པ་ནི་མི་རྟོག་རྣམ་པར་མི་རྟོག་བཞིན་དུ་ལྷུན་ གྱིས་གྲུབ་པར་འཇུག་གོ་ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། (གཉིས་པ་)ལུང་དང་སྦྱར་བ་ནི། འདི་དག་རང་མཚན་ཉིད་ཀྱིས་རྗེས་འབྲེལ་ བ། །གོ་རིམ་ཇི་བཞིན་གཟུངས་ཀྱི་རྒྱལ་པོའི་མདོར། །གླེང་གཞི་ལས་ནི་ གནས་གསུམ་རིག་བྱ་སྟེ། །བཞི་ནི་བློ་ལྡན་རྒྱལ་ཆོས་དབྱེ་བ་ལས། །ཞེས་ བྱ་བ་ཡིན་ལ། དེ་ཡང་མདོ་མང་པོ་ལས་སོ་སོར་བསྟན་པར་མ་ཟད་རྡོ་རྗེའི་གནས་བདུན་པོ་ འདི༷་ད༷ག་ར༷ང་རང་གི་མཚ༷ན་ཉིད་དམ་ངོ་བོ་ཉི༷ད་ཀྱི༷ས་རྗེ༷ས་སུ་འབྲེ༷ལ་བ༵ར་ལྷན་ཅིག་རྒྱུན་ ཆགས་པའི་ཚུལ་གྱིས་ཀྱང་འདིར་བསྟན་པའི་གོ༷་རི༷མ་ཇི༷་ལྟ་བ་བཞི༷ན་དུ། བྱང་ཆུབ་སེམས་ 5-1-29 དཔའ་གཟུ༷ངས་ཀྱི༷་དབང་ཕྱུག་རྒྱ༷ལ་པོ༷ས་ཞུས་པ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ བསྟན་པ་ཞེས་གྲགས་པའི༷་མདོ༵ར། གླེ༷ང་གཞི༷་ལ༷ས་ནི༷་རྡོ་རྗེའི་གན༷ས་དང་པོ་དཀོན་མཆོག་ གསུ༷མ་བསྟན་པར་རི༷ག་པར་བྱ༷་སྟེ༵། དེ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཆོས་ཐམས་ ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་ལེགས་པར་ བསྐོར་བ། སློབ་པའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་བ་ཞེས་གསུངས་པས་རིམ་ པ་བཞིན་དུ་དཀོན་མཆོག་གསུམ་གྱི་ངོ་བོ་བསྟན་ལ། དེ་དག་འགྲུབ་པའི་ཉེ་བའི་རྐྱེན་ཡང་ ས་བརྒྱད་པར་ཆོས་ཐམས་ཅད་ལ་དབང་ཐོབ་པ་ལས་སངས་རྒྱས་དཀོན་མཆོག་དང༌། ས་ དགུ་པར་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཚུལ་ལེགས་པར་ཤེས་པ་དང་དབང་པོ་ མཆོག་གི་ཕ་རོལ་དུ་ཕྱིན་པ་དང་སེམས་ཅན་ཐམས་ཅད་ཀྱི་བག་ཆགས་ཀྱིས་མཚམས་སྦྱོར་ བ་འཇོམས་པ་ལ་མཁས་པ་ལས་ཆོས་དཀོན་མཆོག་དང༌། ས་བཅུ་པར་སངས་རྒྱས་ཀྱི་མཛད་ པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་ཐོབ་པ་ལས་དགེ་འདུན་དཀོན་མཆོག་རྣམས་འགྲུབ་ པར་ཤེས་པར་བྱའོ། །གང་ཡང་དེའི་རྗེས་སུ་རིན་པོ་ཆེ་བཀོད་པའི་དཀྱིལ་འཁོར་གྱི་ཁྱམས་ ཆེན་པོ་གྲུབ་པ་དང་དེ་བཞིན་གཤེགས་པའི་འཁོར་འདུས་པ་དང་ལྷ་རྫས་ཀྱི་མཆོད་པ་སྣ་ ཚོགས་སྒྲུབ་པ་དང་བསྟོད་པའི་སྤྲིན་གྱི་ཆར་ཕབ་པས་སངས་རྒྱས་ཀྱི་ཡོན་ཏན་དང༌། ཆོས་ཀྱི་ གདན་གྱི་བཀོད་པ་རྒྱ་ཆེན་པོ་དང་འོད་དང་ཆོས་ཀྱི་རྣམ་གྲངས་ཀྱི་མིང་དང་ཡོན་ཏན་ཡོངས་ སུ་བསྒྲགས་པས་ཆོས་ཀྱི་ཡོན་ཏན་དང༌། ཕན་ཚུན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ སྤྱོད་ཡུལ་གྱི་མཐུ་དང་དེའི་ཡོན་ཏན་གྱི་བསྔགས་པ་སྣ་ཚོགས་པ་བསྟན་པས་དགེ་འདུན་གྱི་ ཡོན་ཏན་གསུངས་ཏེ། གོ་རིམ་ཇི་ལྟ་བ་བཞིན་དུ་དཀོན་མཆོག་གསུམ་གྱི་རྒྱ་ཆེ་བའི་ཡོན་ཏན་ བསྟན་ལ། དེ་བཞིན་དུ། (མདོ་ལས་)ཀུན་ཏུ་སྣང་བ་ཀུན་ནས་འོད་ཟེར་ཅན། །དོན་དམ་མ་ ལུས་སྟོན་པ་ཀུན་ནས་བརྒྱན། །རང་བྱུང་ཆོས་ཀྱི་ངོ་བོ་ཉིད་ལ་མཁས། །བསམ་གྱིས་མི་ཁྱབ་ 5-1-30 ཡོན་ཏན་ཀུན་དང་ལྡན། །ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་ཡང་དག་པའི་དོན་ དམ་པའི་བསྟོད་པ་བསྟན་པ་དང༌། ཐེག་པ་ཆེན་པོའི་ཆོས་ཀྱི་མཆོག་གི་གཏམ་གྱི་དངོས་པོ་ ཉེ་བར་བཀོད་པ་དང༌། དེ་རྟོགས་པར་བྱེད་པའི་འབྲས་བུ་ཆོས་ཀྱི་དབང་ཕྱུག་དམ་པ་ཐོབ་པ་ བསྟན་པས་ཀྱང་རིམ་པ་བཞིན་དུ་དཀོན་མཆོག་གསུམ་གྱི་བླ་ན་མེད་པའི་ཡོན་ཏན་བསྟན་པ་ ལྟར་རིག་པར་བྱའོ། །ལྷག་མའི་གནས་བཞི༷་ནི༷་གླེང་གཞིའི་རྗེས་སུ་བློ༷་ལྡ༷ན་བྱང་ཆུབ་སེམས་ དཔའི་ལམ་གྱི་ཆོས་ཡོན་ཏན་གྱི་དྲི་མ་ཡོངས་སུ་སྦྱོང་བ་དྲུག་ཅུ་བསྟན་པས་དང་པོར་སངས་ རྒྱས་ཀྱི་ཁམས་གསལ་བར་མཛད་དེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཁམས་ཡོད་ན་ ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར༌། །ཁམས་མེད་ན་ནི་ལས་བྱས་ཀྱང༌། ། ཉོན་མོངས་ངལ་བ་ཙམ་དུ་ཟད། །ཅེས་གསུངས་པ་ལྟར་དྲི་མ་སྦྱང་བར་བྱ་བའི་གཞི་ཆོས་ ཀྱི་དབྱིངས་རང་བཞིན་གྱིས་དག་པ་སྙིང་པོར་ཡོད་པ་ལས་དེ་མངོན་དུ་འགྱུར་བའི་ཆེད་དུ་ ཡོངས་སུ་སྦྱོང་བའི་ཚུལ་སྟོན་པར་འཐད་པའི་ཕྱིར་རོ། །ཡོངས་སུ་སྦྱོང་བ་དྲུག་ཅུ་པོ་གང་ཞེ་ ན། བྱང་ཆུབ་སེམས་དཔའི་རྒྱན་རྣམ་པ་བཞི་དང༌། སྣང་བ་རྣམ་པ་བརྒྱད་དང༌། སྙིང་རྗེ་ཆེན་ པོ་བཅུ་དྲུག་དང༌། འཕྲིན་ལས་སུམ་ཅུ་རྩ་གཉིས་སོ། །དེ་ལ་རྒྱན་བཞི་ནི། (མདོ་ལས། )གང་གིས་ ཐེག་མཆོག་དམ་པ་འདི་མཛེས་པ། །བློ་གྲོས་ཆེན་པོ་རྣམས་ཀྱི་རྒྱན་བཞི་སྟེ། །ཚུལ་ཁྲིམས་(༡) ཏིང་འཛིན་(༢)དེ་བཞིན་ཤེས་རབ་དོན། །ཤིན་ཏུ་རྣམ་པར་ངེས་(༣)དང་དེ་བཞིན་གཟུངས(༤)། ། ཞེས་གསུངས་པ་ལྟར་ཏེ། དེ་རྣམས་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་མཛེས་པར་ འགྱུར་བའི་ཕྱིར་རོ། །སྣང་བ་བརྒྱད་(ཀྱི་སྡོམ་)ནི། དྲན་པ་(༡)བློ་གྲོས་(༢)རྟོགས་པ་(༣)ཆོས་ དང་ནི(༤)། །ཤེས་པ་(༥)བདེན་པ་(༦)མངོན་ཤེས་(༧)སྒྲུབ་པ་རྣམས(༨)། །སྣང་བ་ཡིན་ཏེ་གཏི་ མུག་མུན་བསལ་ནས། །ཆོས་ཀྱི་སྒོ་རྣམས་ཤིན་ཏུ་གསལ་ཕྱིར་རོ། །ཞེས་པ་ལྟར་རོ། །སྙིང་ རྗེ་བཅུ་དྲུག་(གི་སྡོམ་)ནི། སྣ་ཚོགས་ལྟ་(༡)དང་ཕྱིན་ཅི་ལོག་(གཙང་སོགས་)བཞི་ལྡན(༢)། །ང་དང་ 5-1-31 ངར་འཛིན་(༣)སྒྲིབ་པ་ལྔ་དང་ལྡན(༤)། །ཡུལ་དྲུག་ལ་ཆགས་(༥)ང་རྒྱལ་བདུན་དང་ལྡན(༦)། ། འཕགས་པའི་ལམ་འདས་(ཉེ་དུ་ལ་ཞེན་པས་)(༧)རང་དབང་མེད་པ་དང༌(༨)། །ཁོང་ཁྲོ་ཅན་དང་ (༩)སྡིག་པའི་ལས་བྱེད་དང༌(༡༠)། འཕགས་པའི་བློ་(ཤེས་རབ་)མེད་(༡༡)རྟེན་འབྲེལ་དོན་མ་ རྟོགས(༡༢)། །ལྟ་བའི་བག་ཆགས་མ་སྤངས་(༡༣)སྡུག་བསྔལ་གྱི། །ཁུར་མ་བྲལ་(༡༤)དང་ གཡོ་དང་ང་རྒྱལ་སྤྱོད(༡༥)། །མཐོ་རིས་ཐར་པ་ལས་ཉམས་(༡༦)སེམས་ཅན་རྣམས། །ཕྱིན་ཅི་ ལོག་དང་བྲལ་བར་འདོད་པའོ། །ཞེས་པ་ལྟར་རོ། །འཕྲིན་ལས་སུམ་ཅུ་རྩ་གཉིས་(ཀྱི་སྡོམ་)ནི། གཏི་མུག་(གིས་)གཉིད་ལོག་(༡)(པ་ཤེས་རབ་ཀྱི་སད་པར་བྱེད་དང་)མོས་པ་དམན་པ་(རྒྱ་ཆེན་པོ་ལ་མོས་ ལ་སྦྱོར་བ་)དང༌(༢)། །ཆོས་མིན་འདོད་(༣)(པ་ཆོས་ལ་སྦྱོར་བ་)དང་(དེ་བཞིན་དུ་སྦྱར་ཏེ་)འཚོ་བ་མ་དག་ དང༌(༤)། །ལྟ་ངན་(༥)ཚུལ་མིན་ཡིད་བྱེད་(༦)ཆོས་ལོག་སྤྱོད(༧)། །ཕ་རོལ་ཕྱིན་དྲུག་མི་མཐུན་ ཕྱོགས་གནས་(༡༣)དང༌། །ཐབས་ལ་མི་མཁས་པ་(༡༤)དང་ཉོན་མོངས་ཅན(༡༥)། །དམིགས་ པ་ཅན་དང་(༡༦)མ་དུལ་(༡༧)བྱས་མི་བཟོ(༡༨)། །(སྐྱེ་རྒ་ན་འཆིའི་)ཆུ་བོ་བཞིར་ལྷུང་(༡༩)བཀའ་ བློ་མི་བདེ་བ(༢༠)། །ཞེན་པ་མང་(༢༡)དང་འཕགས་པའི་ནོར་མེད་(༢༢)དང༌། །ནད་ལྡན་ཤེས་ (༢༣)པའི་སྣང་བ་མེད་པ་(༢༤)དང༌། །ཁམས་གསུམ་མི་ཤེས་(༢༥)གཡོན་ཕྱོགས་ལམ་ཞུགས་ (༢༦)(པ་གཡས་ཕྱོགས་ཀྱི་ལམ་ལ་འགོད་པ་)དང་། །ལུས་སྲོག་ལ་ཆགས་(༢༧)དཀོན་མཆོག་གསུམ་ བྲལ་(༢༨)དང༌། །ཆོས་ལས་ཉམས་(དཀོན་མཆོག་གསུམ་དང་གཏོང་བ་དང་ཚུལ་ཁྲིམས་དང་འཆི་བ་)དང་(༢༩) རྗེས་དྲན་དྲུག་བྲལ་(༣༠)དང༌། །ཉོན་མོངས་སྒྲིབ་(༣༡)དང་མི་དགེའི་ཆོས་ལྡན་(༣༢)རྣམས(དགེ་ བའི་ཆོས་ལ་སྦྱོར་བ་ལྟ་བུ་)། །རང་རང་གཉེན་པོའི་ཆོས་ལ་འགོད་པའོ། །ཞེས་པ་ལྟར་ཏེ་རྒྱས་པར་ ནི་མདོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །གང་ཡང་དྲི་མ་དང་བཅས་པའི་ཆོས་ཀྱི་དབྱིངས་ ལ་དགོངས་ནས། བྱང་ཆུབ་སེམས་དཔའི་ས་བཅུ་པོ་རྣམས་སུ་ཡང་ས་ལེ་སྦྲམ་གྱིས་ཡོངས་ སུ་སྦྱོང་བ་དཔེར་བརྗོད་པ་དང༌། དེ་བཞིན་དུ་མ་དག་པའི་ནོར་བུ་བཻ་ཌཱུརྱ་དཔེར་མཛད་ནས། 5-1-32 རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ ཤེས་པ་དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ ཏེ་ལན་ཚའི་ཆུ་རྣོན་པོས་སྦངས་ནས་སྐྲའི་རེ་བའི་ཡོངས་སུ་སྦྱོངས་བས་སྦྱོང་བར་བྱེད་དོ། །དེ་ ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྦངས་ ནས་བལ་གྱི་ལ་བའི་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་ བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བས་སྦངས་ནས་རས་སྲབ་མོའི་ཡོངས་སུ་ སྦྱོང་བས་སྦྱོང་བར་བྱེད་དོ། །ཡོངས་སུ་བྱང་སྟེ་དྲི་མ་དང་བྲལ་བ་ནི་བཻ་ཌཱུརྱའི་རིགས་ཆེན་ པོ་ཞེས་པར་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་ དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས། མི་རྟག་པ་དང་སྡུག་བསྔལ་དང་བདག་མེད་པ་ དང་མི་གཙང་བའི་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་ སྐྱོ་བ་བསྐྱེད་པར་མཛད་དེ་འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་ གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་ མཚན་མ་མེད་པ་དང་སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་ མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་ གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་ འཛུད་པར་མཛད་དོ། །ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་ན་ནི་ བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ། །ཞེས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ བའི་ཚུལ་དང༌། ཇི་ལྟར་རྡོ་རྗེའི་ཕྱེ་མ་ལ། །ས་ལེ་སྦྲམ་ནི་མི་འཐོང་བ། །ཡོངས་སུ་སྦྱོང་བས་ དེ་མཐོང་བཞིན། །འཇིག་རྟེན་ལ་ནི་དེ་བཞིན་གཤེགས། །ཞེས་པ་ལ་སོགས་པ་གསུངས་སོ། ། 5-1-33 དེ་ནས་རྡོ་རྗེའི་གནས་ཕྱི་མ་གསུམ་ནི་རྒྱ༷ལ་བའི་ཆོ༷ས་ཀྱི་དབྱེ༷་བ༷་བརྒྱད་ཅུ་བསྟན་པ་ལ༵ས་ རིག་པར་བྱ་སྟེ། དེ་ཡང་དབྱིངས་བསྟན་པའི་རྗེས་སུ་བྱང་ཆུབ་ཆེན་པོའི་སྙིང་རྗེ་རྣམ་པ་བཅུ་ དྲུག་བསྟན་པས་བྱང་ཆུབ་གསལ་བར་མཛད་དོ། །དེ་དག་གི་སྡོམ་ནི། རྩ་བ་མེད་ཅིང་གནས་ པ་མེད་པ་(རྟོགས་པ་)དང་(༡)། །ཞི་ཞིང་ཉེར་ཞི་(༢)རང་བཞིན་འོད་གསལ་དང༌(༣)། །བླང་དོར་ མེད་(༤)དང་མཚན་མེད་དམིགས་མེད་(༥)དང༌། །དུས་གསུམ་མཉམ་ཉིད་(༦)ལུས་མེད་འདུས་ མ་བྱས(༧)། །དབྱེ་བ་མེད་ཅིང་གནས་སུ་གྱུར་པ་དང༌(༨)། །ལུས་སེམས་ཡུལ་མིན་(༩)གཟུང་ མེད་གཞི་མེད་དང༌(༡༠)། །སྟོང་པ་ཉིད་དང་(༡༡)ནམ་མཁའ་མཉམ་པ་དང༌(༡༢)། །རང་བཞིན་ གནས་(༡༣)དང་རྣམ་(པ་ལ་)འཇུག་རྣམ་(པ་)མེད་(པ་ལ་)འཇུག(པ་)(༡༤)། །ཟག་པ་མེད་ཅིང་ཉེར་ ལེན་མེད་པ་(༡༥)དང་། །དག་ཅིང་དྲི་མེད་ཉོན་མོངས་མེད་རྟོགས་ཏེ(༡༦)། །རྒྱལ་བས་བྱང་ཆུབ་ ཆེན་པོ་ཐུགས་ཆུད་ནས། །མ་རྟོགས་འགྲོ་ལ་སྙིང་རྗེ་བཅུ་དྲུག་འཇུག །ཅེས་པ་སྟེ་རྒྱས་པར་ནི་ མདོ་ཇི་ལྟ་བ་བཞིན་ནོ། །དེའི་རྗེས་སུ་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅོ་བརྒྱད་བསྟན་པས་ཡོན་ཏན་གསལ་བར་མཛད་དེ། འཆད་པར་འགྱུར་ བ་ལྟར་རོ། །དེའི་རྗེས་སུ་དེ་བཞིན་གཤེགས་པའི་འཕྲིན་ལས་བླ་ན་མེད་པ་སུམ་ཅུ་རྩ་གཉིས་ བསྟན་པས་འཕྲིན་ལས་གསལ་བར་མཛད་དེ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ལས་ནི་ སུམ་ཅུ་རྩ་གཉིས་པོ་འདི་དག་གོ་ཞེས་ལས་དང་ལས་ཅན་ལྷན་ཅིག་ཏུ་གསུངས་པས་སོ། །དེ་ ཡང་ཡོན་ཏན་དེ་དག་གིས་གདུལ་བྱ་ལ་ལེགས་པ་སྒྲུབ་པ་ནི། འཕྲིན་ལས་སུམ་ཅུ་རྩ་གཉིས་ ཏེ། སྟོབས་བཅུའི་འཕྲིན་ལས་ཕྱིན་ཅི་མ་ལོག་པར་བསྟན་པ་བཅུ་དང༌། མི་འཇིགས་པ་བཞིའི་ འཕྲིན་ལས་བག་ཚ་བ་མེད་པར་བསྟན་པ་བཞི་དང༌། མ་འདྲེས་པ་བཅོ་བརྒྱད་ཀྱི་འཕྲིན་ལས་ འབྲས་བུ་དང་ལྡན་པར་བསྟན་པ་བཅོ་བརྒྱད་དོ། ། (གསུམ་པ་)གོ་རིམ་ངེས་ཚུལ་ནི། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་ 5-1-34 པའི་ཚོགས། །ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་ཐོབ་མཐར། །ཡེ་ཤེས་ དེ་ཐོབ་བྱང་ཆུབ་མཆོག་སྟོབས་སོགས། །སེམས་ཅན་ཀུན་དོན་བྱེད་ ཆོས་རྣམས་དང་ལྡན། །ཞེས་པ་སྟེ་གང་གི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་ པར་རྫོགས་པར་ས༷ངས་རྒྱ༷ས་པ་ལ༷ས་ཆོ༷ས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་འབྱུང་ཞིང༌། ཆོ༷ས་བསྟན་པ་ལྟར་བསྒྲུབས་པ་ལ༷ས། སློབ་མ་འཕ༷གས་པ༷འི་ཚོ༵གས་ཤིན་ཏུ་དུལ་བ་མཐའ་ ཡས་པ་འབྱུང་ལ། ཚོ༷གས་དགེ་འདུན་དུ་གྱུར་པ་ལ༷ས་རང་གི་སྙི༷ང་པོ༷་ཡེ༷་ཤེ༷ས་ཀྱི་ཁ༷མས་ སྒྲིབ་པ་ཅི་རིགས་པས་དག་པའི་རྐྱེན་དང་ལྡན་པ་ཐོ༷བ་ནས་རིམ་གྱིས་ཏིང་ངེ་འཛིན་བསྒོམས་ པའི་མཐ༵ར། རང་བཞིན་ཆོས་ཀྱི་དབྱིངས་ཡེ༷་ཤེ༷ས་དེ༷་ཉིད་གློ་བུར་གྱི་དྲི་མ་མཐའ་དག་དང་ བྲལ་བ་ཐོ༷བ་པའི་བྱ༷ང་ཆུ༷བ་མཆོ༷ག་སྟེ། དེ་དང་ལྷན་ཅིག་ཏུ་དེའི་ཡན་ལག་སྟོ༷བས་ལ་སོ༵གས་ པའི་ཡོན་ཏན་ཚད་མེད་པ་རྣམས་ཀྱང་ཐོབ་ནས། དེ་དག་གི་བྱ་བ་གདུལ་བྱར་གྱུར་པའི་ སེ༷མས་ཅ༷ན་ཀུ༷ན་གྱི་དོ༷ན་སྒྲུབ་པར་བྱེ༷ད་པ་འཕྲིན་ལས་ཀྱི་ཆོ༷ས་རྣམ༷ས་ད༷ང་ལྡ༵ན་པ་འབྱུང་ བ་དེའི་ཕྱིར་བསྟན་བཅོས་ཀྱི་གོ་རིམ་དེ་ལྟར་བསྟན་པའོ། །འཕྲིན་ལས་ཀྱིས་སེམས་ཅན་གྱི་ དོན་བྱེད་པ་ལས་ཀྱང༌། གཞན་དག་གི་རྒྱུད་ལ་སངས་རྒྱས་ལ་སོགས་པ། སྔ་མ་ལྟར་འབྱུང་ ཞིང་རྒྱུན་མི་འཆད་པར་འཁོར་བ་ལ་ནི་མྱ་ངན་ལས་འདས་པའི་འཁོར་ལོ་ཞེས་ཀྱང་བྱའོ། །དེ་ རྣམས་ཀྱང་འབྲས་བུ་ཐོག་མར་བསྟན་ཅིང་འདུན་པ་བསྐྱེད་ནས་དེ་ཡི་རྒྱུ་རྐྱེན་ཕྱི་ནས་བཤད་ པ་སྟེ། གནས་བདུན་དུ་གྲངས་ངེས་པའི་རྒྱུ་ཡང་དོན་གཉིས་ཕུན་སུམ་ཚོགས་པར་འདོད་པ་ དག་གི་ཐོབ་པར་བྱ་བ་དག་པའི་འབྲས་བུ་སངས་རྒྱས་དང་དེས་བསྟན་པའི་ཆོས་དང་དེ་སྒྲུབ་ པའི་དགེ་འདུན་དང༌། ཐོབ་པར་བྱེད་པ་དག་པའི་རྒྱུ་ཁམས་དང་དག་པའི་རྐྱེན་བྱང་ཆུབ་ ཀྱི་ཡོན་ཏན་ལས་བྱུང་བའི་འཕྲིན་ལས་རྣམས་བསྟན་པས་འདོད་པ་ཡོངས་སུ་རྫོགས་པར་ བྱེད་པའི་ཕྱིར་རོ། །ཁ་ཅིག་འབྲས་བུ་ནི་བྱང་ཆུབ་ཡོན་ཏན་འཕྲིན་ལས་དང་བཅས་པ་ཡིན་ 5-1-35 ལ། དེ་དག་གི་རྒྱུ་ནི་ཁམས་དང་རྐྱེན་ནི་ལམ་སྟོན་པའི་སངས་རྒྱས་དང་ལམ་ཆོས་དང་དེ་ སྒྲུབ་པ་དགེ་འདུན་ཏེ་འབྲས་བུ་གསུམ་དང་རྒྱུ་རྐྱེན་བཞིར་ངེས་སོ་ཞེས་ཟེར་བའང་བཤད་དུ་ རུང་སྟེ། གྲངས་དང་གོ་རིམ་ངེས་པ་ཕལ་ཆེར་བརྗོད་འདོད་ཀྱི་དབང་གིས་འཇོག་པའི་ཕྱིར་ རོ། །དེ་དག་གིས་ནི་འཆད་པར་འགྱུར་བའི་བརྗོད་བྱ་མཐའ་དག་མདོར་བསྡུས་ནས་བསྟན་ པ་སྟེ། དགོས་པ་ནི་དེ་རྣམས་རྟོགས་པ་ཡིན་ལ། ཉིང་དགོས་ནི་མཐར་ཐུག་ཐོབ་པ་ཡིན་ཞིང༌། འབྲེལ་བ་ནི་སྔ་མ་ལས་ཕྱི་མ་འབྱུང་བའོ་ཞེས་དགོས་འབྲེལ་བཞི་དང་ལྡན་པར་ཡང་བཤད་ པར་བྱའོ། ། དེ་ལྟར་ཤིག་པར་དཀའ་བས་རྡོ་རྗེའི་དོན། །དོན་བཞིན་སྟོན་པས་དེ་ཡི་རྟེན་གྱུར་ནས། ། གནས་བདུན་ལུས་སུ་རྣམ་པར་གཞག་པ་ཡང༌། །ཡང་དག་ཇི་བཞིན་འགྲོ་བས་རྟོགས་ཕྱིར་ ཡིན། །ཞེས་པ་ལུས་རྣམ་པར་བཞག་པའི་ངེས་པའོ།། །། ད་ནི་ཡན་ལག་རྒྱས་པར་བཤད་པ་བྱ་སྟེ། འཐོབ་བྱ་མཆོག་གསུམ་གྱི་ཡན་ལག་རྒྱས་ པར་བཤད་པ་དང༌། ཐོབ་ཚུལ་གནས་བཞིའི་ཡན་ལག་རྒྱས་པར་བཤད་པའོ། ། འཐོབ་བྱ་ལ་གསུམ་སྟེ། མཆོག་གསུམ་སོ་སོའི་ངོ་བོ། སྐྱབས་གསུམ་རྣམ་པར་འཇོག་ ཚུལ། ངེས་པའི་ཚིག་གིས་བཤད་པའོ། ། སོ་སོའི་ངོ་བ་ལའང་གསུམ་སྟེ། སྐྱབས་གནས་མཐར་ཐུག་སངས་རྒྱས་དཀོན་མཆོག་གི་ ངོ་བོ། དེ་ཡི་བསྟན་པ་དམ་ཆོས་དཀོན་མཆོག་གི་ངོ་བོ། དེ་ཉིད་འཛིན་པ་དགེ་འདུན་དཀོན་ མཆོག་གི་ངོ་བོའོ། ། སངས་རྒྱས་ལ་གཉིས་ཏེ། ཐུན་མོང་གི་རྣམ་པར་བཞག་པ་དང༌། གཞུང་གི་དོན་རྣམ་པར་ བཤད་པའོ། །དེ་ལ་ཐུན་མོང་གི་རྣམ་གཞག་ནི། ཕུན་ཚོགས་ཚོགས་གཉིས་དཔག་མེད་ལས་ གྲུབ་པས། །དོན་གཉིས་མཐར་ཕྱིན་འགྲོ་བའི་སྐྱབས་གཅིག་པུ། །འཁྲུལ་པའི་སྐྱོན་རྣམས་ 5-1-36 ཀུན་ལས་ངེས་གྲོལ་བ། །རྒྱལ་བ་རྐང་གཉིས་གཙོ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་གསུམ་ སྟེ། གང་ལས་འགྲུབ་པ་ཚོགས་གཉིས་ཀྱི་རང་བཞིན། གང་ཞིག་གྲུབ་པ་དོན་གཉིས་ཀྱི་ངོ་བོ། དེ་ལ་གཞན་དག་འཁྲུལ་པའི་སྐྱོན་སྤང་བའོ། ། གང་ལས་འགྲུབ་པའི་རང་བཞིན་ནི་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ ནས། སྦྱོར་བ་ཕ་རོལ་དུ་ཕྱིན་པ་དྲུག་ལས་བརྩམས་ཏེ་གཞན་དོན་དུ་བསོད་ནམས་དང་ཡེ་ ཤེས་ཀྱི་ཚོགས་གཉིས་རིམ་གྱིས་རྫོགས་པར་བྱེད་པ་སྟེ། ཇི་སྐད་དུ་རྒྱན་ལས། སྦྱིན་དང་ཚུལ་ ཁྲིམས་བསོད་ནམས་ཀྱི། །ཚོགས་ནི་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉི་གའི་ སྟེ། །ལྔ་ཅར་ཡང་ནི་ཡེ་ཤེས་ཚོགས། །ཞེས་གསུངས་པ་ལྟར་རོ། །དེ་ཡང་མདོར་ན་བསོད་ ནམས་ཀྱི་ཚོགས་ནི་རྗེས་ཐོབ་ཏུ་སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ པ་རྒྱ་ཆེན་པོ་སྒྲུབ་པ་དང༌། ཡེ་ཤེས་ཀྱི་ཚོགས་ནི་མཉམ་བཞག་ཏུ་རྣམ་པར་མི་རྟོག་པའི་ཏིང་ ངེ་འཛིན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྒོམ་པ་སྟེ། དཔལ་ལྡན་དྲི་ མ་མེད་པའི་འོད་ལས་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སེམས་ཅན་ལ་ཕན་པར་བྱའོ། །ཡེ་ ཤེས་ཀྱི་ཚོགས་ཀྱི་དོན་དུ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྒོམ་པར་བྱའོ། །སེམས་ཅན་གྱི་ དོན་མ་གཏོགས་པ་བསོད་ནམས་ཀྱི་ཚོགས་དང༌། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྒོམ་ པ་མ་གཏོགས་པ་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་མ་ཡིན་ནོ་ཞེས་པ་ནི་དེ་བཞིན་གཤེགས་ པའི་ཐུགས་སོ། །ཞེས་པ་དང༌། རྒྱན་ལས་ཀྱང༌། རྣམ་པར་མི་རྟོག་ཡེ་ཤེས་ནི། །སངས་རྒྱས་ ཆོས་ནི་སྦྱོང་བར་བྱེད། །གཞན་ནི་ཇི་བཞིན་རྣམ་འཇོག་པ། །སེམས་ཅན་རྣམས་ཡོངས་སྨིན་ པར་བྱེད། །ཅེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ལྟར་རྒྱུ་མཆོག་ཏུ་གྱུར་པ་ཚོགས་ གཉིས་ཟུང་འཇུག་གི་ལམ་ཉམས་སུ་བླངས་ན་འབྲས་བུ་མཆོག་ཏུ་གྱུར་པ་རྫོགས་པའི་སངས་ རྒྱས་ཀྱི་ཕུན་སུམ་ཚོགས་པ་ཉིད་ཀྱང་གདོན་མི་ཟ་བར་འགྲུབ་པ་ཉིད་དེ། དཔལ་དུས་ཀྱི་ 5-1-37 འཁོར་ལོ་རྩ་བའི་རྒྱུད་ལས། སྐྱེས་བུ་རྣམས་ཀྱི་གཞན་ཕན་ལས། །བསོད་ནམས་ཚོགས་ནི་ མཆོག་ཡིན་ཞིང༌། །ཡེ་ཤེས་ཚོགས་མཆོག་དེ་དག་གིས། །སངས་རྒྱས་ཉིད་ནི་མཆོག་ཡིན་ ནོ། །ཞེས་གསུངས་པ་བཞིན་ནོ། །རྒྱ་ཆེར་ནི་ལམ་ལྔ་དང་ས་བཅུའི་རྣམ་པར་བཞག་པར་ཡང་ བཤད་པར་བྱའོ། ། གང་ཞིག་གྲུབ་པའི་ངོ་བོ་ནི། སངས་རྒྱས་ཞེས་བྱ་བའང་དོན་གཉིས་ཕུན་སུམ་ཚོགས་ པ་མཐར་ཕྱིན་པས་རབ་ཏུ་ཕྱེ་བ་ཡིན་ཞིང༌། དེ་ལ་རང་དོན་ཕུན་སུམ་ཚོགས་པ་ནི་འདུས་ མ་བྱས་པའི་ཆོས་ཀྱི་སྐུ་རང་བཞིན་གྱིས་མྱ་ངན་ལས་འདས་པ་གདོད་མ་ནས་རྟག་ཏུ་ལྷུན་ གྱིས་གྲུབ་པར་གནས་པ་ཉིད་གློ་བུར་གྱི་དྲི་མས་ཡོངས་སུ་དག་ནས་སོ་སོ་རང་གིས་རིག་ པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པས། ཟག་པ་མེད་པའི་བདེ་བ་ལ་སོགས་པའི་འབྱོར་པ་ མཐའ་ཡས་པ་ཐོབ་པ་སྟེ། ཇི་སྐད་དུ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། འདུས་ མ་བྱས་ནི་མྱ་ངན་ལས་འདས་པ་ཆེན་པོ་རྟག་པ་མྱ་ངན་ལས་འདས་པའོ། །རྟག་པ་ནི་བདག་ གོ། བདག་ནི་ཡོངས་སུ་དག་པའོ། །ཡོངས་སུ་དག་པ་ནི་བདེ་བའོ་ཞེས་བྱ་སྟེ། རྟག་པ་དང་ བདེ་བ་དང་བདག་དང་ཡོངས་སུ་དག་པ་ནི་དེ་བཞིན་གཤེགས་པའོ་ཞེས་པ་ལ་སོགས་པ་ གསུངས་ཤིང༌། རྒྱན་ལས་ཀྱང༌། སྟོང་པ་ཉིད་ནི་རྣམ་དག་ན། །བདག་མེད་མཆོག་གི་བདག་ ཐོབ་པས། །སངས་རྒྱས་དག་པའི་བདག་ཐོབ་ཕྱིར། །བདག་ཉིད་ཆེན་པོའི་བདག་ཏུ་འགྱུར། ། ཞེས་པ་དང༌། རྟེན་ནི་གཞན་དུ་གྱུར་པ་ན། །སངས་རྒྱས་དྲི་མེད་གནས་ལ་ནི། །མི་གནས་མྱ་ ངན་འདས་པ་ཡི། །འབྱོར་པ་དམ་པ་འཐོབ་པར་འགྱུར། །ཞེས་པ་དང༌། ཆོས་ཀྱི་དབྱིངས་སུ་ བསྟོད་པ་ལས་ཀྱང༌། གང་ཕྱིར་སངས་རྒྱས་མྱ་ངན་འདས། །གཙང་བ་རྟག་པ་དགེ་བའི་གཞི། ། གང་ཕྱིར་གཉིས་ནི་བྱིས་པས་བཏགས། །དེ་ཡི་གཉིས་མེད་རྣལ་འབྱོར་གནས། །ཞེས་པ་ལ་ སོགས་པ་གསུངས་པ་ལྟར་རོ། ། 5-1-38 གཞན་དོན་ཕུན་སུམ་ཚོགས་པ་ནི་ཆོས་ཀྱི་སྐུ་ཐོབ་ནས་ཀྱང་གདུལ་བྱ་གང་ན་ཡོད་པའི་ ཚུལ་ལེགས་པར་མཁྱེན་ནས་ཐུགས་རྗེ་ཆེན་པོས་བཟུང་སྟེ་ཇི་ལྟར་འོས་པ་བཞིན་འཕྲིན་ལས་ ཀྱིས་ཀྱང་སྐྱོབ་པར་མཛད་པ་ཉིད་དེ། རྒྱན་ལས། སངས་རྒྱས་ཆོས་ཀྱིས་ཤིན་ཏུ་རྫོགས་པའི་ སྐུ་གང་ཡིན། །དམ་པའི་ཆོས་ལ་སེམས་ཅན་རབ་འདུལ་མཁྱེན་པ་གང༌། །འགྲོ་བ་ཀུན་ལ་ ཐུགས་རྗེའི་ཕ་རོལ་ཕྱིན་པ་གང༌། །སངས་རྒྱས་ཉིད་དེ་འདིར་ནི་སྐྱབས་ཀྱི་མཆོག་ཏུ་འདོད། ། ཅེས་པ་དང༌། དེ་བཞིན་གཤེགས་པ་དེ་ནི་དེར་བཞུགས་ནས། །རི་དབང་མཐོ་སྟེང་བཞུགས་ བཞིན་འགྲོ་ལ་གཟིགས། །ཞི་ལ་མངོན་དགའི་འགྲོ་ལའང་ཐུགས་རྗེ་ན། །སྲིད་ལ་མངོན་ དགའི་སྐྱེ་བོ་གཞན་ཅི་སྨོས། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། མདོར་ན་རང་ཉིད་ལ་ཟག་པ་མེད་པའི་ཆོས་ཀྱི་སྐུ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ མངོན་སུམ་དུ་གྱུར་ནས། གཞན་དག་གིས་ཀྱང་དེ་རྟོགས་པའི་ཆེད་དུ་སྐལ་པ་དང་མཐུན་པར་ གཟུགས་སྐུའི་སྣང་བ་བསྟན་པས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་པ་སྟེ། ཆོས་ ཀྱི་དབྱིངས་སུ་བསྟོད་པ་ལས། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་ནས། ། སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་རབ་མཛད། །ཅེས་གསུངས་པ་ བཞིན་ནོ། །དོན་གཉིས་ལེགས་པར་གྲུབ་པ་དེ་ཉིད་ལ་མཚན་གྱི་རྣམ་གྲངས་སུ་ནི་སྤང་བྱ་མ་ ལུས་པ་སྤངས་ཤིང་རྟོགས་པ་མཐར་ཕྱིན་པའི་ཆ་ནས་སངས་རྒྱས་ཞེས་བྱ་སྟེ། སྐྱབས་འགྲོ་ བདུན་ཅུ་པར། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །ཞེས་ པ་ལ་སོགས་པ་ཇི་སྐད་བཤད་པ་ལྟར་རོ། །བདུད་བཞི་བཅོམ་པ་དང་ལྡན་པས་བཅོམ་ལྡན་ འདས་ཞེས་ཀྱང་བྱ་སྟེ། རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ ཤེས་བྱའི་སྒྲིབ་དེ་རྣམས། །གང་ཡང་མི་མཐུན་ཕྱོགས་བཅོམ་པ། །དེ་འདིར་བཅོམ་ལྡན་ འདས་སུ་བཤད། །ཅེས་གསུངས་པ་ལྟར་རོ། །དེ་བཞིན་དུ་ཡོན་ཏན་གྱི་སྐལ་པ་དྲུག་དང་ལྡན་ 5-1-39 པའི་ཕྱིར་ཡང་དེ་སྐད་ཅེས་བྱ་སྟེ། དེ་ཉིད་ལས། དཔལ་དང་གྲགས་དང་ཡེ་ཤེས་དང༌། །དབང་ ཕྱུག་དང་ནི་གཟུགས་བཟང་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་རྣམས་སྐལ་ པ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་རོ། །ཆོས་ཉིད་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་ ཤིང་དེའི་ངང་དུ་གནས་པའམ་གཤེགས་པའི་ཆ་ནས་དེ་བཞིན་གཤེགས་པ་ཞེས་ཀྱང་བྱ་སྟེ། དབུ་མ་སྙིང་པོ་ལས། ཆོས་རྣམས་བསལ་དང་བཞག་མེད་ཕྱིར། །ཆོས་ཉིད་ཇི་ལྟ་དེ་བཞིན་ དུ། །གང་ཕྱིར་དེ་ནི་གཤེགས་གྱུར་པ། །དེ་ཕྱིར་དེ་ནི་དེ་བཞིན་གཤེགས། །ཞེས་གསུངས་པ་ ལྟར་རོ། །གཞན་ཡང་བདེ་བར་གཤེགས་པ་ལ་སོགས་པའི་(མཚན་གྱི་)རྣམ་གྲངས་མཐའ་ཡས་ པ་རྣམས་ཀྱིས་ཀྱང་དོན་འདི་ཉིད་གསལ་བར་མཛད་དེ། རྒྱས་པར་ནི་བྱང་ཆུབ་ཀྱི་སྐབས་སུ་ ཡང་འཆད་པར་འགྱུར་རོ། ། དེ་ལ་འཁྲུལ་པའི་སྐྱོན་སྤང་བ་ལ་གསུམ་སྟེ། མེད་པར་འདོད་པ་སྤང་བ། ཡོད་ཀྱང་ནོར་ པ་སྤང་བ། མཐའ་ལས་གྲོལ་བ་བསྟན་པའོ། །དེ་ལ་མེད་པར་འདོད་པ་སྤང་བ་ནི། ཁ་ཅིག་ རང་གིས་མ་མཐོང་བ་དང་ལུང་ལས་ཀྱང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་རྒྱུ་ མཚན་དུ་བྱས་ནས། སངས་རྒྱས་ཞེས་བྱ་བ་ནི་བཏགས་པ་ཙམ་ཡིན་གྱི་དོན་ལ་གྲུབ་པ་ཅུང་ ཟད་ཀྱང་མེད་དོ་སྙམ་དུ་སེམས་ན། དེ་ནི་ཤིན་ཏུ་རིགས་པ་མ་ཡིན་ཏེ། ཀུན་རྫོབ་གཟུགས་ཀྱི་ སྐུ་ནི་སྨོན་ལམ་གྱི་དབང་གིས་གདུལ་བྱ་ལ་སྣང་ཙམ་དུ་ཡོད་པའི་ཕྱིར་དང༌། དོན་དམ་ཆོས་ ཀྱི་སྐུ་ཡང་སོ་སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་རྟག་པར་ཡོད་པའི་ཕྱིར་རོ། །རང་གིས་མ་ མཐོང་ཡང་དེ་ཙམ་གྱིས་མེད་པར་མི་འགྲུབ་ཅིང༌། དེ་ཉིད་ཉོན་མོངས་པ་ལ་སོགས་པས་སྒྲིབ་ པའི་ཕྱིར་དང༌། སངས་རྒྱས་མཐོང་བའི་སྐལ་པ་དང་མི་ལྡན་པའི་ཕྱིར་མ་མཐོང་བར་ཟད་ དེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཉོན་མོངས་ཅན་གྱི་སེམས་ཅན་གྱིས། །དེ་བཞིན་ གཤེགས་པ་མི་མཐོང་ངོ༌། །ཞེས་པ་དང༌། རྒྱན་ལས་ཀྱང༌། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་ 5-1-40 བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ ཀྱང་མི་སྣང་ངོ༌། །ཞེས་གསུངས་པ་ལྟར་རོ། །ཅི་སྟེ་གཏན་ནས་མེད་པ་ཉིད་ཡིན་ན་ནི་མཐར་ ཐུག་པའི་སྐྱབས་གནས་མ་ཡིན་པར་འགྱུར་ལ། ངོ་བོ་ཉིད་མེད་པར་གསུངས་ཀྱང་དེ་ནི་ འདོད་ཆགས་ལ་སོགས་པ་གློ་བུར་གྱི་དྲི་མ་ཉེ་བར་ལེན་པ་དང་བཅས་པའི་ཕུང་པོ་རྣམས་དོན་ དམ་དུ་མེད་པ་ལ་དགོངས་པ་ཡིན་གྱི། རང་བཞིན་དོན་དམ་པའི་སངས་རྒྱས་ཉེ་བར་ལེན་པ་ མེད་པའི་ཕུང་པོ་ནི་རྟག་ཏུ་མེད་པ་ཡང་མ་ཡིན་ཞིང༌། དེ་ཉིད་ཀྱི་ཕྱིར་སྐྱབས་གནས་མཐར་ ཐུག་པ་ཡང་སངས་རྒྱས་ཉིད་ཡིན་ཏེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། འདོད་ཆགས་ཟད་ པས་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང༌། །དེ་དག་འགག་པས་སངས་རྒྱས་ཉིད། ། ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །ཞེས་གསུངས་ཤིང༌། མྱ་ངན་ལས་འདས་པ་ཆེན་པོ་ལས་ ཀྱང༌། གཟུགས་ནི་མི་རྟག་པ་སྟེ། གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བ་རྟག་ ཏུ་གནས་པའི་གཟུགས་ཐོབ་པར་འགྱུར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་ པར་ཤེས་པ་ཡང་མི་རྟག་པ་སྟེ། རྣམ་པར་ཤེས་པ་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བ་ རྟག་ཏུ་གནས་པའི་རྣམ་པར་ཤེས་པ་ཐོབ་པར་འགྱུར་རོ། །ཞེས་པ་དང༌། དེ་བཞིན་དུ་བདེ་ བ་དང་བདག་དང་ཡོངས་སུ་དག་པ་ལ་ཡང་སྦྱར་ཏེ་རྒྱས་པར་གསུངས་པ་ལྟར་རོ། །ཅི་སྟེ་ཕྱི་ རོལ་པ་རྣམས་དབང་ཕྱུག་དང་ཚངས་པ་ལ་སོགས་པ་རྟག་པར་སྨྲ་བ་དང་མཚུངས་སམ་སྙམ་ ན། མ་ཡིན་ཏེ། དེ་དག་ནི་མི་རྟག་པ་ལ་རྟག་པར་བཟུང་བས་ཕྱིན་ཅི་ལོག་ཡིན་ཞིང༌། འདིར་ ནི་ཆོས་ཀྱི་སྐུ་མི་འགྱུར་བར་གནས་པ་ལ་རྟག་ཏུ་ཡོད་པར་བརྗོད་པས་ཡང་དག་པ་ཉིད་དེ། དེ་ ཉིད་ལས་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་རྟག་པ་དང་མི་འགྱུར་བའི་ཆོས་ཅན་ཡིན་ཏེ། འཇིག་རྟེན་པའི་སྐྱེ་བོ་མ་རབས་རྣམས་ཀྱིས་ཚངས་པའི་ལྷ་ལ་སོགས་པ་རྟག་པའི་ཆོས་ཡིན་ ནོ་ཞེས་སྨྲ་བ་དང་མི་འདྲ་སྟེ། རྟག་པའི་ཆོས་སུ་གྲགས་པ་འདི་ནི་མདོར་ན་དེ་བཞིན་གཤེགས་ 5-1-41 པ་ལ་བྱའི་ཆོས་གཞན་ལ་ནི་མ་ཡིན་ནོ་ཞེས་གསུངས་པ་བཞིན་ནོ། །དེ་ལྟ་ནའང་སངས་རྒྱས་ ནི་རྣམ་པ་ཐམས་ཅད་དུ་མེད་པའོ་སྙམ་དུ་མངོན་པར་ཞེན་ན། སྒྲིབ་པ་ཤས་ཆེ་ཞིང་བསོད་ ནམས་ལ་སོགས་པ་སྐལ་པ་ཤིན་ཏུ་དམན་པའི་ཕྱིར་དེ་དག་ལ་ནི་བཅོས་པའི་ཐབས་ཅི་ཞིག་ བྱ་སྟེ། བསྟོད་པ་ལས། ཇི་ལྟར་ཡི་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་སྐམས་པར་མཐོང་བ་ལྟར། ། དེ་བཞིན་མི་ཤེས་པས་བསྒྲིབས་པས། །སངས་རྒྱས་རྣམས་ནི་མེད་པར་བརྟགས། །དམན་ དང་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆི། །ཇི་ལྟར་དམུས་ ལོང་ལག་པ་རུ། །རིན་ཆེན་མཆོག་ནི་བཞག་པ་འདྲ། །ཞེས་གསུངས་པ་བཞིན་ནོ། ། ཡོད་ཀྱང་འཁྲུལ་པ་སྤང་བ་ལ་གསུམ་སྟེ། ལུས་ཉིད་སངས་རྒྱས་སུ་འདོད་པ་སྤང་བ། དོན་དམ་གཟུགས་ཀྱི་སྐུར་འདོད་པ་སྤང་བ། གཟུང་འཛིན་ཆོས་ཀྱི་སྐུར་འདོད་པར་སྤང་བའོ། ། དེ་ལ་ལུས་ཉིད་སངས་རྒྱས་སུ་འདོད་པ་སྤང་བ་ནི། ཡང་ཁ་ཅིག་སངས་རྒྱས་ནི་དངོས་ པོར་ཡོད་པ་ཉིད་དེ། དེ་ཡང་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནི་རྒྱལ་བ་རིགས་ལྔར་ གསུངས་པའི་ཕྱིར་སེམས་ཅན་རྣམས་ཀྱི་ལུས་འདི་ཉིད་སངས་རྒྱས་ཀྱི་སྤྲུལ་པའི་སྐུའོ་ཞེ་ན། དེ་ལྟར་ཡང་རིགས་པ་མ་ཡིན་ཏེ། བརྟགས་ན་ཤིན་ཏུ་འགལ་བའི་ཕྱིར་རོ། །དེ་ཡང་ཕུང་པོ་ ལྔ་སངས་རྒྱས་ལྔར་གསུངས་པ་ནི་རང་བཞིན་སྒྲིབ་པ་མེད་པའི་ཆོས་ཀྱི་དབྱིངས་ལ་དགོངས་ པ་ཡིན་གྱི། གློ་བུར་བ་ཟག་པ་དང་བཅས་པ་རྣམས་ནི་མ་ཡིན་ཞིང༌། ཅི་སྟེ་དེ་དག་སངས་རྒྱས་ ཡིན་ན་ནི་སེམས་ཅན་རྣམས་ཀྱིས་འཁོར་བའི་སྡུག་བསྔལ་མི་མྱོང་བར་འགྱུར་ཏེ། སངས་ རྒྱས་ནི། འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམ་སར་གནས། །ཤེས་པ་འབའ་ ཞིག་ངེས་བསལ་བ། །ཤེས་རབ་མཚོན་ཆས་རྣམ་པར་འཇོམས། །ཞེས་སྡུག་བསྔལ་མཐའ་ དག་ལས་གྲོལ་བར་གསུངས་པའི་ཕྱིར་རོ། །དྲི་མ་མེད་པའི་འོད་ལས་ཀྱང༌། འདིར་རྨོངས་པ་ 5-1-42 རྣམས་ཀྱིས་སེམས་ཅན་རྣམས་ཀྱི་ལུས་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུའོ་ཞེས་བརྗོད་པར་བྱ་ བ་གང་ཡིན་པ་གང་ཞིག་ཡོངས་སུ་བརྟགས་ན་མི་འགྲིག་པ་འདི་ནི་དེ་བཞིན་གཤེགས་པའི་ གསུང་མ་ཡིན་ནོ། །ཞེས་གསུངས་སོ། །གལ་ཏེ་རྒྱུད་ལས་བཤང་བ་ལ་སོགས་ནི་རྣམ་པར་ སྣང་མཛད་ལ་སོགས་པར་གསུངས་པའི་ཕྱིར་ལུས་འདི་ཉིད་ལྷའི་ངོ་བོར་ཤེས་ན་ནི་སངས་ རྒྱས་ཀྱི་སྐུའོ་སྙམ་དུ་མངོན་པར་ཞེན་ན། དེ་ཡང་དེ་དག་གི་ཆོས་ཉིད་ལ་དགོངས་པ་ཡིན་གྱི། ཆོས་ཅན་མ་དག་པའི་ལུས་འདི་ནི་སངས་རྒྱས་ཉིད་མ་ཡིན་ཏེ། དེ་ནི་འདུས་བྱས་སྙིང་པོ་མེད་ པ་ཉིད་ཡིན་པའི་ཕྱིར་དང༌། སངས་རྒྱས་ནི་འདུས་མ་བྱས་པ་རང་བྱུང་གི་སྐུ་ཡིན་པའི་ཕྱིར་ རོ། །དེ་ལྟར་ཡང་དྲི་མ་མེད་པའི་འོད་ལས། རུལ་བའི་ལུས་འདི་ནི་ལྷའི་སྐུར་བརྗོད་པར་མི་ ནུས་ཏེ་སྙིང་པོ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་ཤིང༌། བཅོམ་ལྡན་འདས་ཀྱིས་ཀྱང༌། སངས་རྒྱས་ནི། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ནམ་ མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་ལ་སོགས་པའི་དོན་ ཅན་དུ་གསུངས་ལ། དེ་བཞིན་དུ་སྤྲིན་ཆེན་པོ་ལས་ཀྱང༌། འདི་ནི་སངས་རྒྱས་ཆོས་ཉིད་ཡིན། ། སངས་རྒྱས་བཅོམ་ལྡན་བཅོས་མ་མིན། །དེ་བཞིན་གཤེགས་རྣམས་མ་སྐྱེས་ཏེ། །རྡོ་རྗེ་ལྟ་ བུར་མཁྲེགས་པའི་སྐུ། །ཞེས་གསུངས་པ་ལས་ཤེས་པར་བྱའོ། ། དོན་དམ་གཟུགས་ཀྱི་སྐུར་འདོད་པ་སྤང་བ་ནི། གཞན་ཡང་འདི་སྙམ་དུ་མཛད་པ་བཅུ་ གཉིས་སྤྲོ་བ་ལ་སོགས་པ་བསྟན་པའི་ཕྱིར་དོན་དམ་པའི་སངས་རྒྱས་ནི་གཟུགས་ཀྱི་སྐུའོ་ སྙམ་དུ་སེམས་ན་དེ་ལྟར་ཡང་མི་བསམ་སྟེ། གཟུགས་ཀྱི་སྐུ་ནི་སྐལ་པ་ལ་ལྟོས་ནས་གཞན་ སྣང་ལ་གྲུབ་པ་འདུས་བྱས་ཀྱི་དངོས་པོར་སྟོན་པ་ཡིན་གྱི་འདུས་མ་བྱས་ལ་སོགས་པ་དོན་ དམ་པའི་ཡོན་ཏན་རྣམས་དང་མི་ལྡན་པའི་ཕྱིར་རོ། །དེ་སྐད་དུ་ཡང་དྲི་མ་མེད་པའི་འོད་ལས། འདིར་བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུ་སྒྲུབ་པ་ནི་ལོག་པར་མི་འགྱུར་རོ་ཞེས་བྱིས་པའི་ 5-1-43 སྐྱེ་བོ་རྣམས་ཀྱི་བརྗོད་པར་བྱ་བ་གང་ཡིན་པ་འདི་ནི་དེ་ལྟར་བདེན་པ་མ་ཡིན་ཏེ། གང་གི་ ཕྱིར་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །ཅི་སྟེ་གཟུགས་ ཀྱི་སྐུ་དོན་དམ་པའི་སངས་རྒྱས་ཡིན་ན་ནི་གྲུབ་ཀྱང་སྙིང་པོ་མེད་པའི་ཕྱིར་དེའི་ཆེད་དུ་ལམ་ གྱི་འབད་པ་ཐམས་ཅད་དོན་མེད་པར་ཡང་འགྱུར་ཞིང༌། འདུས་བྱས་བསླུ་བའི་ཆོས་ཅན་དེ་ གཏན་གྱི་སྐྱབས་གནས་མ་ཡིན་པར་ཡང་འགྱུར་ལ། ཉི་ཚེ་བ་ཉིད་ཀྱི་ཕྱིར་དེས་སེམས་ཅན་ མཐའ་དག་གི་དོན་བྱ་བར་ཡང་མི་ནུས་ཏེ། དེ་ཉིད་ལས། གཟུགས་ཀྱི་སྐུས་གཤེགས་ནས་ སེམས་ཅན་གྱི་དོན་མཛད་པར་ནི་བསྐལ་པ་དུ་མ་རྣམས་ཀྱིས་ཀྱང་མི་ནུས་སོ། །ཞེས་གསུངས་ པའི་ཕྱིར་རོ། །དོན་དམ་པའི་སངས་རྒྱས་ནི་ཆོས་ཀྱི་སྐུ་ཁོ་ན་ཡིན་ཏེ། སྤྲིན་ཆེན་པོའི་མདོ་ ལས། བཅོམ་ལྡན་སངས་རྒྱས་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །བཅོམ་ ལྡན་སྐུ་ནི་དེ་འདྲ་ལ། །ཆོས་བསྟན་པ་ཡང་དེ་དང་འདྲ། །ཞེས་གསུངས་ཤིང༌། རྔ་བོ་ཆེའི་མདོ་ ལས་ཀྱང༌། སངས་རྒྱས་བཅོམ་ལྡན་འདས་གང་དག་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ ཐམས་ཅད་ནི་རྟག་པ་བརྟན་པ་ཞི་བ་ཐེར་ཟུག་ཡིན་ནོ་ཞེས་པ་ལ་སོགས་པ་གསུངས་པ་ལྟར་ རོ། ། གཟུང་འཛིན་ཆོས་ཀྱི་སྐུར་འདོད་པ་སྤང་བ་ནི། ཡང་གང་དག་གཟུང་བ་དང་འཛིན་པའི་ དངོས་པོར་སྣང་བ་འདི་ཐམས་ཅད་ནི་སྟོང་པ་ཉིད་ཡིན་པའི་ཕྱིར་དེ་བཞིན་གཤེགས་པའི་ ཆོས་ཀྱི་སྐུའོ་སྙམ་དུ་མངོན་པར་ཞེན་པ་དེ་དག་ཀྱང་དཔྱད་ན་ཤིན་ཏུ་རིགས་པ་མ་ཡིན་ཏེ། རང་རང་གི་ངོ་བོས་སྟོང་པ་ཙམ་ཡིན་མོད། ཆོས་ཀྱི་དབྱིངས་མཐའ་དག་མངོན་སུམ་དུ་མ་ གྱུར་ན་དེ་ཙམ་གྱིས་ནི་ཆོས་ཀྱི་སྐུར་མི་འགྱུར་བའི་ཕྱིར་དང༌། བག་ཆགས་འཁྲུལ་པ་ལ་སྣང་ བ་འདི་དག་ནི་ཆོས་ཀྱི་སྐུ་ལ་སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི་མ་ཡིན་པའི་ཕྱིར་རོ། །ཇི་སྐད་ དུ་རྒྱུད་ལས། ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས། གཟུགས་ལ་སོགས་ 5-1-44 པའོ། །དེ་ཅིའི་སླད་དུ་ཞེ་ན། གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ་ཞེས་པ་ལ་སོགས་ པ་རྒྱ་ཆེར་གསུངས་པ་ལྟར་རོ། །ཅི་སྟེ་དེ་དག་ཆོས་སྐུའི་སྣང་བ་ཡིན་ན་དེ་མཐོང་བའི་བྱིས་པ་ རྣམས་གདོད་མ་ནས་གྲོལ་བར་འགྱུར་ཞིང༌། དེ་ཉིད་ཀྱི་ཕྱིར་ལམ་བསྒོམ་པ་ཡང་དོན་མེད་ པར་འགྱུར་ལ། ཆོས་ཀྱི་སྐུ་ཡང་འདུས་བྱས་སུ་ཐལ་བ་ལ་སོགས་པ་ཉེས་པ་མང་པོར་འགྱུར་ རོ། །དེའི་ཕྱིར་བློ་དང་ལྡན་པ་རྣམས་ཀྱིས་གཟུང་འཛིན་དུ་སྣང་བ་འདི་དག་ཆོས་ཀྱི་སྐུའི་རང་ བཞིན་ཅན་ཞེས་བྱའི། དེ་ཉིད་མངོན་དུ་གྱུར་པ་ཞེས་ནི་ནམ་ཡང་མི་བྱ་སྟེ། དེ་བཞིན་གཤེགས་ པའི་ཆོས་ཀྱི་སྐུ་ནི་རྣམ་པར་ཤེས་པ་གློ་བུར་གྱི་དྲི་མ་ཀུན་ཏུ་རྟོག་པ་ཐམས་ཅད་ལས་ཡང་དག་ པར་འདས་ཤིང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྐུ་སྒྲིབ་པ་མེད་པ་མངོན་སུམ་དུ་གྱུར་པ་ ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་རྒྱུད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །གཉིས་ མེད་ཡེ་ཤེས་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ སྐུ་འཆང་བ། །ཞེས་པ་ལ་སོགས་པ་གསུངས་ཤིང༌། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས་ཀྱང༌། སྐྱེ་མཆེད་དྲུག་པོ་རྣམ་དག་པ། །འདི་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་ལ། སེམས་ཀྱི་ རྡོ་རྗེའི་བསྟོད་པ་ལས་ཀྱང༌། འཁོར་བ་རྣམ་རྟོག་ཙམ་ཉིད་དེ། །རྣམ་པར་རྟོག་མེད་ཐར་པ་ ཡིན། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །ཅི་སྟེ་གཟུང་བ་དང་འཛིན་པའི་དངོས་ པོ་འདི་དག་ཆོས་ཀྱི་སྐུའི་སྣང་བ་ཡིན་ན་དོན་དམ་པའི་སངས་རྒྱས་རྣམས་རྒྱུ་དང་འབྲས་བུས་ བསྡུས་པ་མི་རྟག་པ་དངོས་པོ་ཡིན་པར་ཐལ་བར་འགྱུར་ལ། དེ་ལྟར་ཡང་མ་ཡིན་ཏེ། མྱ་ངན་ ལས་འདས་པའི་མདོ་ལས། རྟག་པའི་ཆོས་ནི་རྒྱུ་དང་འབྲས་བུ་མེད་དེ། ནམ་མཁའ་ནི་རྟག་ པ་ཡིན་པས་རྒྱུ་དང་འབྲས་བུ་མེད་དོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་བར་རྒྱུ་དང་ འབྲས་བུ་མེད་དེ། དེ་བས་ན་རྟག་པའོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། ། མཐའ་ལས་གྲོལ་བར་བསྟན་པ་ནི། འོ་ན་སངས་རྒྱས་ནི་ཡོད་པའམ་མེད་པ་ཇི་ལྟ་བུ་ཞེ་ 5-1-45 ན། དེ་ལ་གཟུགས་ཀྱི་སྐུ་ནི་གདུལ་བྱ་ལ་སྣང་ཙམ་དུ་ཡོད་པ་ཡང་ཡིན་ལ། དོན་དམ་དུ་བདེན་ པར་མེད་པ་ཡང་ཡིན་ཞིང༌། ཆོས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡོད་པ་ཡང་ཡིན་ལ། ཀུན་ རྫོབ་ཀྱི་དངོས་པོར་མེད་པ་ཡང་ཡིན་པའི་ཕྱིར་མུ་བཞིའི་སྤྲོས་པ་དང་བྲལ་བ་ཡིན་པས་ཡོད་ མེད་འདིའོ་ཞེས་མཐའ་གཅིག་ཏུ་ལུང་བསྟན་པར་མི་བྱ་སྟེ། རྒྱན་ལས། དེ་ཕྱིར་སངས་རྒྱས་ ཡོད་མིན་ཞིང༌། །མེད་པར་ཡང་ནི་མི་བརྗོད་དོ། །དེ་ལྟར་སངས་རྒྱས་དེ་སྐད་འདྲི། །ལུང་མ་ བསྟན་པའི་ཚུལ་དུ་འདོད། །ཅེས་གསུངས་པ་ལྟར་རོ། །དེ་བས་ན་དོན་གཉིས་མཐར་ཕྱིན་ པའི་སངས་རྒྱས་ཐོབ་པར་འདོད་པ་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སྒྲུབ་ པ་སྙིང་པོར་བྱ་བ་ཉིད་དོ། ། གཞུང་གི་དོན་རྣམ་པར་བཤད་པ་ལ་གསུམ་སྟེ། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། དོན་དེ་རྣམ་པར་ཕྱེ་སྟེ་བསྟན་པ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པའོ། །དེ་ལ་(དང་པོ་)བསྟོད་ པ་ནི། གང་ཞིག་ཐོག་མ་དབུས་མཐའ་མེད་ཞི་སངས་རྒྱས་ཉིད་རང་རྣམ་ སངས་རྒྱས། །སངས་རྒྱས་ནས་ནི་མ་རྟོགས་རྟོགས་ཕྱིར་འཇིགས་མེད་ རྟག་པའི་ལམ་སྟོན་པ། །མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་ སྡུག་བསྔལ་མྱུ་གུ་གཅོད་མཛད་གཅིག །སྣ་ཚོགས་ལྟ་ཐིབས་ཀྱིས་ བསྐོར་ཐེ་ཚོམ་རྩིག་པ་འཇིག་མཛད་དེ་ལ་འདུད། །ཅེས་པ་སྟེ། སངས་རྒྱས་ ག༷ང་ཞི༷ག་ཐོ༷ག་མ༷་སྐྱེ་བ་དང་དབུ༷ས་གནས་པ་དང་མཐ༷འ་འཇིག་པ་སྟེ་འདུས་བྱས་ཀྱི་མཚན་ ཉིད་གསུམ་མེ༷ད་པས་འདུས་མ་བྱས་པ་ཉིད་དང༌། སྤྲོས་པ་དང་རྣམ་པར་རྟོག་པ་ཉེ་བར་ཞི༷་ བས་ལྷུན་གྱིས་གྲུབ་པ་ཉིད་དང༌། ས༷ངས་རྒྱ༷ས་ཉི༷ད་ཀྱིས་གཞན་ལ་མ་ལྟོས་པར་སོ་སོ་ར༷ང་ གིས་རིག་པའི་ཡེ་ཤེས་ཀྱིས་རང་བྱུང་གི་རྣ༷མ་པར་ས༷ངས་རྒྱ༵ས་པས་གཞན་གྱི་རྐྱེན་གྱིས་ རྟོགས་པར་བྱ་བ་མ་ཡིན་པ་ཉིད་དང༌། དེ་ལྟར་ཆོས་གསུམ་དང་ལྡན་པས་རང་ཉིད་ས༷ངས་ 5-1-46 རྒྱ༷ས་ན༷ས་ནི༷་ཤེས་བྱ་མཐའ་དག་མངོན་སུམ་དུ་རྟོགས་པས་མཁྱེན་པ་ཕུན་སུམ་ཚོགས་པ་ ཉིད་དང༌། དེ་མ༷་རྟོ༷གས་པའི་འགྲོ་བ་གཞན་དག་གིས་ཀྱང་རྟོ༷གས་པར་བྱ་བའི་ཕྱི༷ར་དུ་འཁོར་ བར་འཇི༷གས་པ་མེ༷ད་ཅིང་ཕྱིར་མི་ལྡོག་པས་རྟ༷ག་པ༷་ཆོས་ཀྱི་སྐུ་མངོན་སུམ་དུ་འགྱུར་བའི༷་ ལ༷མ་སྟོ༷ན་པ༵འི་ཕྱིར་ཐུགས་རྗེ་ཕུན་སུམ་ཚོགས་པ་ཉིད་དང༌། དེ་ལྟ་བུའི་མཁྱེ༷ན་པ་དང་བརྩེ༷་ བ་དག་ར༷ལ་གྲི༷་དང་རྡོ༷་རྗེ༷་མཆོ༷ག་ལྟ་བུ་བསྣ༷མས་ནས། གོ་རིམ་བཞིན་དུ་མཁྱེན་བརྩེ་རལ་ གྲི་ལྟ་བུས་ནི་སྡུ༷ག་བསྔ༷ལ་ཉེར་ལེན་གྱི་ཕུང་པོ་ཕྱི་མ་ལ་གཞན་དག་བསྐྱེད་པའི་མྱུ༷་གུ༷་ལྟ་བུ་ གཅོ༷ད་པར་མཛ༷ད་པ་གཅི༵ག་པུར་གྱུར་ཅིང༌། མཁྱེན་བརྩེ་རྡོ་རྗེ་ལྟ་བུས་ནི་བདག་དང་བདག་ གིར་འཛིན་པ་ལ་སོགས་སྣ༷་ཚོ༷གས་པའི་ལྟ༷་བ་ནགས་ཐི༷བས་པོ་ལྟ་བུ་རྣམས་ཀྱི༷ས་ཡོངས་སུ་ བསྐོ༷ར་བའི་ཐེ༷་ཚོ༷མ་རྩི༷ག་པ༷་བརྟན་པོ་དང་འདྲ་བ་འཇི༷ག་པར་མཛ༷ད་པའི་ནུས་པ་ཕུན་སུམ་ ཚོགས་པ་ཉིད་དེ། ཆོས་དྲུག་དང་ལྡན་པའི་སྒོ་ནས་དོན་གཉིས་མཐར་ཕྱིན་པ་དེ༷་ལ༷་སྒོ་གསུམ་ གུས་པས་འདུ༵ད་ཅེས་པའི་དོན་ཏོ། ། དོན་དེ་རྣམ་པར་ཕྱེ་སྟེ་བསྟན་པ་ནི། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། ། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་བྱ་བ་ཡིན་ལ། དེ་ཡང་ བཤད་མ་ཐག་པའི་གཞུང་འདིས་ཡོན་ཏན་དྲུག་གམ་བརྒྱད་དང་ལྡན་པའི་སངས་རྒྱས་ཉིད་ སྟོན་པ་སྟེ། རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུ༷ས་མ༷་བྱ༷ས་ཤི༷ང་འགྱུར་བ་མེད་པའི་ཡོན་ཏན་ དང༌། འབད་རྩོལ་མེད་པས་ལྷུ༷ན་གྱི༷ས་གྲུ༵བ་པའི་ཡོན་ཏན་དང༌། རང་གིས་རིགས་པའི་ གཞ༷ན་གྱི༷་རྐྱེ༷ན་གྱི༷ས་རྟོ༷གས་པ་མི༷ན་པ༵འི་ཡོན་ཏན་དང༌། དེ་གསུམ་དང་ལྡན་པས་མཁྱེ༷ན་ པའི་ཡོན་ཏན་ད༷ང༌། གཞན་ཡང་དེ་ལ་འགོད་པས་ཐུགས་བརྩེ༷་བའི་ཡོན་ཏན་ད༷ང༌། གཞན་ གྱི་སྡུག་བསྔལ་རྒྱུ་འབྲས་སྤོང་བས་ནུ༷ས་པ༷ར་ལྡ༵ན་པའི་ཡོན་ཏན་དེ་རྫས་ཀྱི་དབྱེ་བ་དྲུག་གམ། 5-1-47 ལྡོག་པས་ཕྱེ་ན་སྔ་མ་གསུམ་རང་དོ༷ན་ཕུན་སུམ་ཚོགས་པའི་ཡོན་ཏན་དང༌། ཕྱི་མ་གསུམ་ གཞན་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་གཉི༷ས་ཏེ་ཐམས་ཅད་བསྡུས་ན་ཡོན་ཏན་ བརྒྱད་དང་ལྡ༷ན་པ༷འི་ས༷ངས་རྒྱ༷ས་ཉི༵ད་དོ་ཞེས་བསྟན་པས་སོ། ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པ་ནི། ཐོག་མ་དབུས་མཐའ་མེད་པ་ཡི། །རང་ བཞིན་ཡིན་ཕྱིར་འདུས་མ་བྱས། །ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་ གྲུབ་ཅེས་བྱ་བར་བརྗོད། །སོ་སོ་རང་གིས་རྟོགས་བྱའི་ཕྱིར། །གཞན་གྱི་ རྐྱེན་གྱིས་རྟོགས་མིན་པ། །དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ལམ་ སྟོན་ཕྱིར་ན་ཐུགས་བརྩེ་བ། །ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་ བསྔལ་ཉོན་མོངས་སྤོང་ཕྱིར་རོ། །དང་པོ་གསུམ་གྱིས་རང་དོན་ཏེ། །ཕྱི་ མ་གསུམ་གྱིས་གཞན་དོན་ཡིན། །ཅེས་བྱ་བ་ཡིན་ལ། དེ་ཡང་བསྟོད་པར་བསྟན་ པ་རྣམས་རྒྱུ་མཚན་དུ་བྱས་ནས་དབྱེ་བར་བསྟན་པ་རྣམས་རིམ་གྱིས་སྒྲུབ་པས་འཆད་པ་སྟེ། སངས་རྒྱས་ཉིད་ནི་ཐོ༷ག་མ༷་དང་དབུ༷ས་དང་མཐ༷འ་མར་འདུས་བྱས་ཀྱི་ཆོས་སྐྱེ་བ་དང་གནས་ པ་དང་འཇིག་པ་རྣམས་མེ༷ད་པ༷འི༵་ར༷ང་བཞི༷ན་ཅན་ཡི༷ན་པའི་ཕྱི༷ར་འདུ༷ས་མ༷་བྱ༵ས་པ་སྟེ། མྱ་ ངན་ལས་འདས་པའི་མདོ་ལས། རྟག་ཏུ་གནས་པའི་ཆོས་ནི་དུས་གསུམ་ལས་མ་གཏོགས་ཏེ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་བར་དུས་གསུམ་ལ་མ་གཏོགས་པ་དེ་བས་ན་རྟག་པའོ་ ཞེས་གསུངས་པ་ལྟར་རོ། །ལུས་ངག་གི་སྤྲོས་པ་དང་སེམས་ཀྱི་རྣམ་པར་རྟོག་པ་ལ་སོགས་པ་ འབད་རྩོལ་མ་ལུས་པ་ཉེ་བར་ཞི༷་བ༷་ཆོ༷ས་ཀྱི༷་སྐུ༷འི་བདག་ཉིད་ཅ༷ན་ཡིན་པའི་ཕྱི༵ར་ན་འཕྲིན་ ལས་ལྷུ༷ན་གྱི༷ས་གྲུ༷བ་པ་ཞེ༷ས་བྱ༷་བ༷ར་བརྗོ༵ད་དོ། །སོ༷་སོ༷་ར༷ང་གི༷ས་རིག་པའི་རང་བྱུང་གི་ཡེ་ ཤེས་ཀྱིས་རྟོ༷གས་པར་བྱ༷་བ་ཡིན་པའི༷་ཕྱི༵ར་ན་གཞ༷ན་གྱི༷ས་བརྗོད་པ་ལ་སོགས་པའི་རྐྱེ༷ན་ གྱི༷ས་རྟོ༷གས་པར་བྱ་བ་མི༷ན་པ༵འོ། །དེ༷་ལྟར༷་འདུས་མ་བྱས་པ་ལ་སོགས་པའི་ཡོན་ཏན་རྣ༷མ་པ་ 5-1-48 གསུ༷མ་དང་ལྡན་པའི་ཆོས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་རྟོ༷གས་ པའི་ཕྱི༷ར་ན་མཁྱེ༵ན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པའོ། །གདུལ་བྱ་གཞན་དག་ ཀྱང་དག་པ་མཐར་ཕྱིན་པ་དེ་ལ་དགོད་པའི་ཆེད་དུ་སྐལ་པ་དང་མཐུན་པར་འཇིག་རྟེན་ལས་ འདས་པའི་ལ༷མ་སྟོ༷ན་པར་མཛད་པའི་ཕྱི༷ར་ན༷་ཐུ༷གས་བརྩེ༷་བ༵་ཕུན་སུམ་ཚོགས་པ་དང་ལྡན་ པའོ། །ནུ༷ས་པ༷འི་འཕྲིན་ལས་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་བཤད་མ་ཐག་པའི་ཡེ༷་ཤེ༷ས་ དང་ཐུ༷གས་རྗེ༷་གཉིས་པོ་ཡི༵ས་སེམས་ཅན་རྣམས་ཀྱི་སྡུ༷ག་བསྔ༷ལ་ཉེར་ལེན་གྱི་ཕུང་པོ་དང༌། དེའི་རྒྱུ་ཉོ༷ན་མོ༷ངས་མཐའ་དག་སྤོ༷ང་བར་ནུས་པའི་ཕྱི༷ར་རོ༵། །དེ་ལ་ཡོན་ཏན་ད༷ང་པོ༷་གསུ༷མ་ གྱི༷ས་ར༷ང་གི་དོ༷ན་ཕུན་སུམ་ཚོགས་པ་གྲུབ་པ་ཡིན་ཏེ༵། ཆོས་ཀྱི་དབྱིངས་འདུས་མ་བྱས་ཤིང་ ལྷུན་གྱིས་གྲུབ་པ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་ཅིང་ཟག་པ་དང་བཅས་པའི་རྒུད་པ་ མཐའ་དག་སྤངས་ནས་ཟག་པ་མེད་པའི་བདེ་བ་ཆེན་པོ་དང་ལྡན་པས་རང་གི་དོན་མཐར་ ཕྱིན་པའི་ཕྱིར་རོ། །ཕྱི༷་མ༷་གསུ༷མ་གྱི༷ས་ནི་གཞ༷ན་གྱི་དོ༷ན་ཕུན་སུམ་ཚོགས་པ་སྒྲུབ་པ་ཡི༵ན་ ཏེ། མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱའི་ཁམས་གཟིགས་པ་ལྟར་བརྩེ་བའི་ཐུགས་རྗེ་ཆེན་ པོ་ཞུགས་ནས་འཕྲིན་ལས་ཀྱིས་ཀྱང་ཇི་ལྟར་བཞེད་པ་བཞིན་དུ་འདོད་པའི་དོན་མ་ལུས་པ་ སྒྲུབ་པར་ནུས་པའི་ཕྱིར་རོ། །དོན་འདི་དག་ཀྱང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་ པའི་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ་སྐྱེ་བ་མེད་ཀྱང་འགག་པ་མེད་པ་ཞེས་ བྱ་བ་འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ ཚིག་བླ་དྭགས་ཏེ། ཞེས་པ་ལ་སོགས་པས་རང་གི་དོན་དང༌། ཐུགས་རྗེ་ཆེན་པོ་བསྟན་པའི་ མདོ་ལས། འཇམ་དཔལ་དེ་ལ་ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་དུ་མངོན་པར་རྫོགས་ པར་བྱང་ཆུབ་སྟེ། སེམས་ཅན་རྣམས་ལ་ཡང་མ་དག་པ་དྲི་མ་དང་མ་བྲལ་བ་སྐྱོན་དང་བཅས་ པའི་ཆོས་ཀྱི་དབྱིངས་གཟིགས་ནས་སེམས་ཅན་ཐམས་ཅད་ལ་རྣམ་པར་བརྩེ་བ་ཞེས་བྱ་བའི་ 5-1-49 དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་རབ་ཏུ་འཇུག་གོ་ཞེས་པ་ལ་སོགས་པས་གཞན་གྱི་ དོན་གསུངས་པ་ལྟར་ཤེས་པར་བྱའོ།། །། དེ་ཡི་བསྟན་པ་དམ་པའི་ཆོས་དཀོན་མཆོག་གི་ངོ་བོ་ལའང་གཉིས་ཏེ། ཐུན་མོང་གི་རྣམ་ པར་བཞག་པ་དང༌། གཞུང་གི་དོན་རྣམ་པར་བཤད་པའོ། །དེ་ལ་ཐུན་མོང་གི་རྣམ་གཞག་ནི། སྣ་ཚོགས་རྣམ་པའི་དབྱེ་བ་རབ་མང་ཡང༌། །སྐབས་དོན་རྣམ་དག་བདེན་པ་གཉིས་ཀྱི་ཚུལ། ། ནམ་ཡང་འཁྲུལ་པའི་དྲི་མས་མ་གོས་པ། །ཆགས་བྲལ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། ། ཞེས་པ་ལྟར་གསུམ་སྟེ། ཆོས་སྤྱིའི་དབྱེ་བ་བསྟན་པ། སྐབས་ཀྱི་ཆོས་ངེས་པར་བྱ་བ། དེ་དག་ ལ་འཁྲུལ་པ་སྤང་བའོ། ། དེ་ལ་སྤྱིའི་དབྱེ་བ་ནི། རྣམ་བཤད་རིགས་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་ འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང༌། །འབྱུང་འགྱུར་ངེས་དང་ ཆོས་ལུགས་ལའོ། །ཞེས་ཆོས་ཀྱི་སྒྲ་ཡུལ་བཅུ་ལ་འཇུག་པར་གསུངས་ཏེ། ཤེས་བྱའི་ཆོས་ལ་ མཁས་པར་བྱ་བ་དང༌། །ལམ་གྱི་ཆོས་རྣམས་བསྒྲུབ་པར་བྱ་བ་དང༌། །མྱ་ངན་ལས་འདས་ པའི་ཆོས་ཉིད་ཐོབ་པར་བྱ་བ་དང༌། ཡིད་ཀྱི་ཡུལ་གྱི་ཆོས་རྣམས་ཤེས་པར་བྱ་བ་དང༌། བསོད་ ནམས་ཀྱི་ཆོས་ལ་སྤྱད་པར་བྱ་བ་དང༌། མཐོང་བའི་ཚེ་ལ་བརྩོན་པར་བྱ་བ་དང༌། གསུང་རབ་ ཀྱི་ཆོས་ལ་ཐོས་བསམ་བྱ་བ་དང༌། འབྱུང་འགྱུར་གྱི་ཆོས་ཀྱང་ཤེས་པར་བྱ་བ་དང༌། ངེས་པའི་ ཆོས་ལས་མི་འདའ་བར་བྱ་བ་དང༌། ཆོས་ལུགས་ཀྱི་ཆོས་དང་མཐུན་པར་བྱ་བའི་ཆེད་དུའོ། ། དེ་དག་གི་ནང་ནས་ལུང་གི་ཆོས་རྣམས་སྨྲ་བས་གཟུང་བར་བྱ་བ་དང༌། རྟོགས་པའི་ཆོས་ རྣམས་སྒྲུབ་པས་གཟུང་བར་བྱ་བ་ཉིད་ཡིན་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་པ་ལ་སོགས་པས་ཇི་སྐད་བསྟན་པ་བཞིན་ ནོ། །དེ་ལ་ལུང་གི་ཆོས་ནི་བརྗོད་ཚུལ་ལ་སོགས་པའི་དབང་གིས་གསུང་རབ་ཡན་ལག་བཅུ་ 5-1-50 གཉིས་ཏེ། ཀུན་ལས་བཏུས་པ་ལས། ཆོས་ཞེས་བྱ་བ་ནི། མདོའི་སྡེ་དང༌། དབྱངས་སུ་བསྙད་ པའི་སྡེ་དང༌། ལུང་དང་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་ སྡེ་དང༌། གླེང་གཞིའི་སྡེ་དང༌། རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་ པ་རབས་ཀྱི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང༌། གཏན་ལ་ ཕབ་པར་བསྟན་པའི་སྡེའོ། །ཞེས་གསུངས་པ་ལྟར་རོ། །དེ་རྣམས་ཀྱང་བསྡུས་ན་བརྗོད་བྱ་ལ་ སོགས་པའི་དབང་གིས་སྡེ་སྣོད་གསུམ་དུ་འགྱུར་ཏེ། མདོ་སྡེ་དང་མངོན་པ་དང་འདུལ་བའི་སྡེ་ སྣོད་རྣམས་སོ། །དེ་ལ་མདོ་སྡེ་ནི་གང་དུ་གསུངས་པའི་གནས་དང་བདེན་པ་གཉིས་ཀྱི་མཚན་ ཉིད་དང་ཕུང་པོ་ལ་སོགས་པའི་ཆོས་དང་དེ་རྣམས་ཀྱི་དགོངས་པའི་དོན་སྨོས་པའི་ཚུལ་གྱིས་ གསལ་བར་སྟོན་པའི་ཕྱིར་ཏེ། རྒྱན་ལས། གནས་རྣམས་དང་ནི་མཚན་ཉིད་དང༌། །ཆོས་དོན་ སྨོས་ཕྱིར་མདོ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །མངོན་པ་ནི་མྱ་ངན་ལས་འདས་པ་ལ་ མངོན་དུ་ཕྱོགས་པའི་ཆོས་རྣམས་སྟོན་པ་དང༌། ཆོས་རེ་རེའང་རྣམ་པ་མང་པོས་ཡང་ཡང་སྟོན་ པ་དང༌། སྨྲ་བ་རྣམ་པར་ངེས་པ་ལ་མཁས་པས་ཕྱིར་རྒོལ་ཟིལ་གྱིས་གནོན་པ་དང༌། མདོ་སྡེའི་ དོན་རྣམས་རྟོགས་པར་བྱེད་པའི་ཕྱིར་ཏེ། མངོན་དུའི་ཕྱིར་དང་ཡང་ཡང་དང༌། །ཟིལ་གནོན་ རྟོགས་ཕྱིར་མངོན་པའི་ཆོས། །ཞེས་གསུངས་པ་ལྟར་རོ། །འདུལ་བ་ནི་ལྟུང་བ་སྡེ་ལྔ་དང་དེ་ རྣམས་འབྱུང་བའི་རྒྱུ་དང་དེ་དག་ལས་ལྡང་བའི་ཚུལ་དང་ངེས་པར་འབྱུང་བའི་ཚུལ་ཏེ་བཞི་ དང༌། གང་ཟག་དང་བསླབ་པ་བཅས་པ་དང་དེའི་དབྱེ་བ་དང་རྣམ་པར་ངེས་པ་རྣམ་ཀྱང་སྟོན་ པའི་ཕྱིར་ཏེ། ལྟུང་དང་འབྱུང་དང་ལྡང་བ་དང༌། །ངེས་པར་འབྱུང་དང་གང་ཟག་དང༌། །བཅས་ པ་དང་ནི་རབ་དབྱེ་དང༌། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་གསུངས་པ་ལྟར་རོ། །དེ་ བས་ན་བློ་དང་ལྡན་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ཆེད་དུ་སྡེ་སྣོད་ གསུམ་གྱི་དོན་ལ་མཁས་པར་བྱ་སྟེ། མདོ་དང་ཆོས་མངོན་འདུལ་བ་དག །མདོར་ན་དོན་ནི་ 5-1-51 རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ན། །རྣམ་པ་ཐམས་ཅད་མཁྱེན་ཉིད་འཐོབ། ། ཅེས་གསུངས་པ་ལྟར་རོ། ། སྐབས་ཀྱི་ཆོས་ནི་རྟོགས་པའི་ཆོས་ཡིན་ལ། དེ་ཡང་གང་ཞིག་འདོད་ཆགས་དང་བྲལ་ བར་བྱ་བ་འགོག་བདེན་གྱི་ཆོས་དང༌། གང་གིས་འདོད་ཆགས་དང་བྲལ་བར་བྱེད་པ་ལམ་ བདེན་གྱི་ཆོས་སོ། །འགོག་པའི་བདེན་པ་ལ་བཞི་སྟེ། མཚན་ཉིད། ཟབ་ཚུལ། དབྱེ་བ། རྣམ་ གྲངས་སོ། །དེ་ལ་མཚན་ཉིད་ནི། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་ དག་པར་གནས་པ་ལ། ལམ་བསྒོམས་པ་ལས་གློ་བུར་གྱི་དྲི་མ་ཉོན་མོངས་པ་རྣམས་ཀྱིས་ ཀྱང་དག་ནས་དག་པ་གཉིས་ལྡན་དུ་གྱུར་པ་སྟེ། རྒྱན་ལས། ཆོས་རྣམས་ཀུན་གྱི་དེ་བཞིན་ ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །ཞེས་པ་དང༌། དེ་བཞིན་ཉིད་ཤེས་ཐམས་ཅད་ ནས། །བསྒོམས་པ་ལས་ནི་ཡང་དག་བྱུང༌། །ཞེས་པ་ལ་སོགས་པ་གསུངས་ཤིང༌། ཆོས་མངོན་ པ་ལས་ཀྱང༌། རྣམ་གྲངས་འདིས་ནི་དེ་བཞིན་ཉིད་ལ་དམིགས་པ་གང་དུ་ཟག་པ་དང་བཅས་ པའི་དངོས་པོ་འགགས་པ་དེ་འགོག་པའི་མཚན་ཉིད་དོ་ཞེས་གསུངས་པ་ལྟར་རོ། ། ཟབ་ཚུལ་ནི། ཆོས་ཅན་འདུ་བྱེད་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་དེ་འདུས་བྱས་མ་ ཡིན་པས་དེ་དག་གཅིག་པ་ཡང་མ་ཡིན་ལ། རང་བཞིན་དུ་དབྱེར་མེད་པར་ཁྱབ་པས་ཐ་དད་ པ་ཡང་མ་ཡིན་པའི་ཕྱིར་ཤིན་ཏུ་རྟོགས་དཀའ་ཞིང་ཟབ་པ་ཉིད་དེ། དགོངས་པ་ངེས་པར་ འགྲེལ་པ་ལས། འདུ་བྱེད་ཁམས་དང་དོན་དམ་དེ་བཞིན་ཉིད། །གཅིག་དང་ཐ་དད་བྲལ་བའི་ མཚན་ཉིད་དེ། །གཅིག་དང་དུ་མ་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། ། ཞེས་པ་དང༌། རྒྱན་ལས་ཀྱང༌། དེ་ནི་ཆོས་དཀར་རང་བཞིན་ཡང༌། །དེ་ཡིས་དེ་ནི་བརྗོད་མ་ ཡིན། །ཞེས་པ་ལ་སོགས་པ་གསུངས་ཤིང༌། དཔལ་ཕྲེང་གི་ཞུས་པ་ལས་ཀྱང༌། བཅོམ་ལྡན་ འདས་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པའི་ཡུལ་ལས་འདས་པ། སྡུག་བསྔལ་འགོག་ 5-1-52 པའི་བདེན་པ་ནི་བསམ་གྱིས་མི་ཁྱབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིའང་ ཤེས་པའི་སྤྱོད་ཡུལ་མ་ལགས་སོ་ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། དབྱེ་བ་ནི། ཐུན་མོང་དུ་གྱུར་པའི་འགོག་པ་དང༌། ཁྱད་པར་དུ་འཕགས་པའི་འགོག་པ་ གཉིས་ལས། ཐུན་མོང་བ་ནི་འཇིག་རྟེན་པའི་ལམ་གྱི་ས་བོན་ཉམས་སྨད་པ་བརྡའི་འགོག་པ་ དང༌། འཕགས་པའི་ཤེས་རབ་ཀྱིས་ས་བོན་ཀུན་ཏུ་བཅོམ་པ་དོན་དམ་པའི་འགོག་པ་དང༌། སློབ་པ་རྣམས་ཀྱིས་ཉོན་མོངས་པ་ཅི་རིགས་པ་སྤངས་པ་ཡོངས་སུ་མ་རྫོགས་པའི་འགོག་པ་ དང༌། མི་སློབ་པ་རྣམས་ཀྱིས་སྤང་བྱ་མཐའ་དག་སྤངས་པ་ཡོངས་སུ་རྫོགས་པའི་འགོག་པ་ལ་ སོགས་པ་རྣམས་སོ། ། ཁྱད་པར་ལ་ནི། ཆོས་མངོན་པ་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་མི་གནས་པའི་མྱ་ངན་ལས་འདས་པར་བསྡུས་པའི་འགོག་པ་གང་ཡིན་པ་སྟེ། སེམས་ཅན་ ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་ཡིན་པའི་ཕྱིར་རོ། །ཞེས་པ་ལྟར་རོ། །རྣམ་གྲངས་ ཀྱང་དེ་ཉིད་ལས། མ་ལུས་པར་སྤངས་པ་དང་ངེས་པར་སྤངས་པ་དང་བྱང་བར་གྱུར་པ་དང་ ཟད་པ་དང་འདོད་ཆགས་དང་བྲལ་བ་དང་འགོག་པ་དང་རྣམ་པར་ཞི་བ་དང་ནུབ་པ་ཞེས་བྱ་ བ་ལ་སོགས་པ་ནས། འདུས་མ་བྱས་པ་དང་ཟག་པ་མེད་པ་དང་མྱ་ངན་ལས་འདས་པ་དང་སྐྱེ་ བ་མེད་པ་ཞེས་བྱ་བ་ལ་སོགས་པའི་བར་རྒྱ་ཆེར་འབྱུང་བ་རྣམས་སོ། ། ལམ་གྱི་བདེན་པ་ལའང་བཞི་སྟེ། མཚན་ཉིད། བྱེད་ལས། དབྱེ་བ། རང་བཞིན་ནོ། །དེ་ ལ་མཚན་ཉིད་ནི། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་དགེ་བ་གང་ཞིག་རྣམ་པར་གྲོལ་ བའི་འཇུག་ངོགས་སུ་གྱུར་པ་སྟེ། མདོ་ལས། ཐབས་དང་བཅས་པའི་ཤེས་རབ་ནི་ལམ་མོ། ། ཤེས་རབ་དང་བཅས་པའི་ཐབས་ནི་ལམ་མོ། །ཞེས་གསུངས་པ་ལྟར་རོ། ། བྱེད་ལས་ནི། ཟག་པ་དང་བཅས་པ་འབྲས་བུའི་ཆོས་ཐམས་ཅད་སྡུག་བསྔལ་དུ་ཤེས་ 5-1-53 པར་བྱས་ནས་དེའི་རྒྱུ་ལས་དང་ཉོན་མོངས་པ་སྤངས་ཞིང༌། དེ་དག་གིས་རྣམ་པར་དག་པ་ མངོན་སུམ་དུ་བྱ་བའི་ཆེད་དུ་ཟག་པ་མེད་པའི་དགེ་བའི་རྩ་བ་རྣམས་བསྟེན་པ་སྟེ། ཆོས་ མངོན་པ་ལས། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་ཀུན་འབྱུང་སྤོང་བ་དང་ འགོག་པ་མངོན་དུ་བྱེད་པ་དང་ལམ་བསྒོམ་པ་སྟེ་འདི་ནི་ལམ་གྱི་མཚན་ཉིད་མདོར་བསྡུས་ པའོ་ཞེས་གསུངས་པ་ལྟར་རོ། ། དབྱེ་བའང་དེ་ཉིད་ལས། ལམ་རྣམ་པ་ལྔ་སྟེ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་དང་ མཐོང་བའི་ལམ་དང་སྒོམ་པའི་ལམ་དང་མཐར་ཕྱིན་པའི་ལམ་མོ་ཞེས་གསུངས་པ་ལྟར་རོ། ། རང་བཞིན་ལའང་དེ་ལྟར་ལྔ་ལས། ཚོགས་ཀྱི་ལམ་ནི། ལས་དང་པོ་པ་རྣམས་ཀྱི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་ བ་རྒྱུད་ཡོན་ཏན་གྱི་ཚོགས་ཀྱིས་འགེངས་ཤིང༌། རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་ སྟེ། དེ་ཡང་སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་ པར་བཤད། །ཅེས་གསུངས་པ་ལྟར་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་དང༌། མདོ་ལས། མིག་གིས་ གཟུགས་རྣམས་མཐོང་སྟེ་མཚན་མར་མི་འཛིན་མངོན་རྟགས་སུ་མི་འཛིན་ཞེས་པ་ལ་སོགས་ པ་གསུངས་པ་ལྟར་དབང་པོའི་སྒོ་སྡོམ་པ་དང༌། བཤེས་པའི་འཕྲིན་ཡིག་ལས། ཁ་ཟས་སྨན་ དང་འདྲ་བར་རིག་བྱས་ནས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱིས་ཏེ། །རྒྱགས་ཕྱིར་ མ་ལགས་སྒེག་པའི་ཕྱིར་མ་ལགས། །འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། ། ཞེས་པ་ལྟར་ཟས་ཀྱི་ཚོད་རིག་པ་དང༌། དེ་ཉིད་ལས། རིགས་པའི་བདག་ཉིད་ཉིན་བར་ ཐམས་ཅད་དང༌། །མཚན་མོའང་སྟོད་སྨད་དག་ཏུ་ཐུན་བཟླས་ནས། །མནལ་ཚེའང་འབྲས་ མེད་ཉིད་དུ་མི་འགྱུར་བར། །དྲན་ལྡན་དེ་ཉིད་བར་དུ་མནལ་བར་མཛོད། །ཅེས་གསུངས་པ་ ལྟར་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། སྤྱོད་འཇུག་ 5-1-54 ལས། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་ཉིད་ཁོ་ན་ མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་ཤེས་བཞིན་དུ་ གནས་པར་མངོན་པར་དགའ་བ་སྟེ། ཐར་བའི་རྒྱུ་ཆོས་ལྔ་ལ་སློབ་པ་རྣམས་ཡིན་ཞིང༌། དེ་ བཞིན་དུ་འཕྲིན་ཡིག་ལས། དད་དང་ཚུལ་ཁྲིམས་གཏོང་དང་ཐོས་པ་དང༌། །དྲི་མེད་ངོ་ཚ་ ཤེས་དང་ཁྲེལ་ཡོད་དེ། །ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །ནོར་གཞན་ ཕལ་པ་དོན་མ་མཆིས་རྟོགས་མཛོད། །ཅེས་འབྱུང་བ་ལྟར་འཕགས་པའི་ནོར་བདུན་བསྟེན་པ་ དང༌། ལེགས་པར་གྲུབ་པ་ལས། ཉིན་པར་བག་མེད་བྱས་པ་ཀུན། །མཚན་མོ་ལེགས་པར་ བཤགས་པར་བྱ། །མཚན་མོ་བྱས་པ་ནང་པར་བཤགས། །ལེགས་པར་བྱས་ལ་མངོན་དགར་ བྱ། །ཞེས་གསུངས་པ་ལྟར་སྡིག་པ་བཤགས་ལ་སོགས་པ་སྒྲུབ་པ་དང༌། རྒྱན་ལས། རྒྱལ་ སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་བ། །དེ་དང་དེ་ ལ་རིགས་པ་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །ཞེས་གསུངས་ པ་ལྟར་སྤྱོད་ཡུལ་རྣམས་ཡོངས་སུ་སྦྱོང་བ་དང༌། དབུས་མཐའ་ལས་གསུངས་པའི་དོན་སྔར་ བཤད་པ་ལྟར་ཆོས་སྤྱོད་བཅུ་སྒྲུབ་པ་ལ་སོགས་པ་འཕགས་པའི་ལམ་གྱི་རྒྱུར་གྱུར་པའི་དགེ་ བ་གཞན་ཡང་ཡིན་ལ། ཡིད་ཆེས་པའི་གསུང་རབ་ཐོས་པ་ལས་འབྱུང་བའི་ཤེས་རབ་དང༌། དེའི་དོན་རིག་པས་བསམ་པ་ལས་བྱུང་བའི་ཤེས་རབ་དང༌། དེ་དག་དང་མི་འགལ་བར་སྒོམ་ པ་ལས་བྱུང་བའི་ཤེས་རབ་ལ་ཚུལ་བཞིན་དུ་སློབ་པ་རྣམས་ཀྱང་ཡིན་པས། འཁོར་བའི་སྡུག་ བསྔལ་སྤངས་ནས་ཐར་བའི་བདེ་བ་ཐོབ་པར་འདོད་པའི་ལས་དང་པོ་བ་རྣམས་ཀྱིས་དེ་དག་ ལ་ཅི་ནུས་ཀྱིས་བསླབ་པར་བྱའོ། །གཞན་ཡང་ཚོགས་ལམ་ཆུང་ངུའི་གནས་སྐབས་སུ་ལུས་ དང་ཚོར་བ་དང་སེམས་དང་ཆོས་དེ་དྲན་པ་ཉེ་བར་བཞག་པ་བཞི་གཙོ་ཆེར་བསྒོམ་པར་བྱ་ ཞིང༌། འབྲི ང་པོའི་གནས་སྐབས་སུ་སྡིག་པ་སྐྱེས་པ་རྣམས་སྤང་བ་དང་མ་སྐྱེས་པ་རྣམས་མི་ 5-1-55 སྐྱེད་པ་དང༌། དགེ་བ་མ་སྐྱེས་པ་རྣམས་སྐྱེད་པ་དང་སྐྱེས་པ་རྣམས་སྤེལ་བ་སྟེ། ཡང་དག་པར་ སྤོང་བ་བཞི་དང༌། ཆེན་པོའི་གནས་སྐབས་སུ་འདུན་པ་དང་བརྩོན་འགྲུས་དང་སེམས་དང་ དཔྱོད་པའི་ཏིང་ངེ་འཛིན་ཏེ་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ཀྱང་གཙོ་ཆེར་བསྒོམ་པར་བྱའོ། ། སྦྱོར་བའི་ལམ་ནི། ཚོགས་བསགས་པ་ལས་མོས་པས་སྤྱོད་པ་པོ་རྣམས་ཀྱིས་ངེས་པར་ འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བདེན་པ་རྣམས་མངོན་པར་རྟོགས་པ་ལ་རིམ་ གྱིས་སྦྱོར་ཞིང་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་སྟེ། དེ་ཡང་དྲོད་ཐོབ་པ་ཡན་ ཆད་ཀྱི་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་ལ་སོགས་པ་སྔར་བཤད་པ་རྣམས་ཀྱང་ཡིན་ཞིང༌། ཁྱད་ པར་དུ་ཡང་རྒྱན་ལས། བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་ གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ༌། །ཞེས་གསུངས་པ་ལྟར། བདེན་པ་རྣམས་ལ་ སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་དྲོ་བར་གྱུར་ པ་དང༌། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་རྟག་ཏུ་རྩོམ། །ཞེས་པ་ ལྟར་བདེན་པ་རྣམས་ལ་སྣང་བ་འབྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་ དང་བཅས་པ་རྩེ་མོར་གྱུར་པ་དང༌། དེ་ནས་དོན་དུ་སྣང་བ་ཀུན། །སེམས་སུ་རབ་ཏུ་སྣང་བར་ འགྱུར། །ཞེས་པ་ལྟར་བདེན་པ་རྣམས་ལ་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་དང་ ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་བདེན་པའི་རྗེས་སུ་མཐུན་པའི་བཟོད་པ་དང༌། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །ཅེས་པ་ལྟར་བདེན་པ་རྣམས་ལ་ དེ་མ་ཐག་པའི་ཏིང་ངེ་འཛིན་དང༌། ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་འཇིག་རྟེན་ པའི་ཆོས་ཀྱི་མཆོག་རྣམས་ཡིན་ལ། དེ་དག་རེ་རེ་ལ་ཡང་ཆུང་ངུ་དང་འབྲི ང་དང་ཆེན་པོའི་དབྱེ་ བས་རྣམ་པ་གསུམ་གསུམ་དུའང་འགྱུར་ཏེ། མངོན་པར་རྟོགས་པའི་རྒྱན་ལས། བྱང་ཆུབ་ 5-1-56 སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །ཆུང་ངུ་དང་འབྲི ང་དང་ཆེན་ པོ་རྣམས། །ཞེས་གསུངས་པ་ལྟར་རོ། །དེ་རྣམས་ཀྱི་དང་པོ་གཉིས་སུ་ནི། དད་པ་དང་བརྩོན་ འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་སྟེ་དབང་པོ་ལྔ་གཙོ་ཆེར་བསྒོམ་པར་བྱ་ ཞིང༌། ཕྱི་མ་གཉིས་སུ་ནི་དེ་དག་སྟོབས་སུ་གྱུར་པ་ལྔ་གཙོ་ཆེར་བསྒོམ་པར་བྱ་སྟེ། དབུས་ མཐའ་ལས། དབང་པོ་རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཡན་ལག་གཉིས་གཉིས་ སོ། །ཞེས་གསུངས་པ་ལྟར་རོ། ། མཐོང་བའི་ལམ་ནི། འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་འཇིག་རྟེན་ ལས་འདས་པའི་ཡེ་ཤེས་ཀྱིས་འཕགས་པའི་བདེན་པ་རྣམས་གཟུང་བ་དང་འཛིན་པ་མི་ དམིགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་ཆོས་ཉིད་ མངོན་སུམ་གྱིས་གསར་དུ་མཐོང་ཞིང་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་སྟེ། རྒྱན་ ལས། དེ་ནས་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་ དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །ཅེས་གསུངས་པ་ལྟར་རོ། །དེ་ཡང་མངོན་ པར་རྟོགས་པའི་རྒྱན་ལས། བདེན་དང་བདེན་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་ རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། ། ཞེས་གསུངས་པ་ལྟར་སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་རྣམས་ལ་ དམིགས་ནས་སོ་སོའི་མཐོང་སྤང་སྒྲིབ་པ་སྤོང་བ་ཆོས་ཤེས་པའི་བཟོད་པ་དང༌། སྒྲིབ་པ་ སྤངས་ནས་ཀྱང་རྣམ་པར་གྲོལ་བ་ཉམས་སུ་མྱོང་བར་བྱེད་པ་ཆོས་ཤེས་པ་དང༌། དེ་ལྟར་ སྐད་ཅིག་དང་པོ་གཉིས་པོ་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་རྟོགས་པ་རྗེས་སུ་ཤེས་པའི་ བཟོད་པ་དང༌། སྐད་ཅིག་གསུམ་པ་དེ་ཉིད་རང་རིག་པའི་ཚུལ་གྱིས་འཛིན་པ་རྗེས་སུ་ཤེས་ པ་སྟེ། བདེན་པ་སོ་སོ་ལ་སྐད་ཅིག་བཞི་བཞིའི་དབྱེ་བས་སྐད་ཅིག་མ་བཅུ་དྲུག་རིམ་ཅན་དུ་ 5-1-57 སྐྱེས་ཞིང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་དང་ལྷན་ཅིག་ས་དང་པོ་ཡང་ཐོབ་སྟེ། རྒྱན་ ལས། དེ་ནས་དེས་ནི་ས་དང་པོར། །བྱང་ཆུབ་སེམས་དཔའ་དེའི་བདག་ཉིད། །ཀུན་དང་ མཉམ་དང་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་ཐོབ། །ཅེས་གསུངས་པ་ལྟར་རོ། ། དེ་དག་ཏུ་ནི་དྲན་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་བརྩོན་འགྲུས་དང་དགའ་བ་དང་ ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་ ཀྱང་བསྒོམ་པར་བྱའོ། །དེ་རྣམས་ལ་དགོངས་ནས། མདོ་ལས་ཀྱང༌། ཆོས་རྣམས་ལ་ཆོས་ཀྱི་ མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་སྐྱེས་སོ་ཞེས་པ་ལ་སོགས་པ་རྒྱ་ཆེར་ གསུངས་སོ། ། སྒོམ་པའི་ལམ་ནི། བདེན་པ་བཞིའི་ཆོས་ཉིད་མཐོང་ཟིན་གོམས་པར་བྱེད་པ་རྣམ་པར་ གྲོལ་བའི་འཇུག་ངོགས་སུ་གྱུར་པ་ཡིན་ལ། དེ་ཡང་ཁམས་གསུམ་གྱི་ས་དགུ་པོ་ཟག་པ་མེད་ པར་གྱུར་པ་ལ་གནས་ནས་གཉེན་པོ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རིམ་གྱིས་སྐྱེ་བས་སྤང་བྱ་ ཆེན་པོའི་ཆེན་པོ་ལ་སོགས་པ་སྤོང་བར་བྱེད་པ་སྟེ། མངོན་པར་རྟོགས་པའི་རྒྱན་ལས། ས་ དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་ པའི་ལམ་ནི་དག་པ་ཡིན། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་དུ་ཡང་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ནི་ས་དང་པོའི་མཐོང་ལམ་རྫོགས་པའི་ལྷག་མ་ནས་བརྩམས་ཏེ་ས་བཅུ་པའི་ བར་ལ་ཚོགས་གཉིས་ཁྱད་པར་ཅན་རིམ་གྱིས་འཕེལ་བར་བྱེད་པ་སྟེ། རྒྱན་ལས། དེ་ནས་དེ་ ནི་ལྷག་མ་ཡི། །ས་རྣམས་སྒོམ་པའི་ལམ་ལ་ནི། །ཡེ་ཤེས་རྣམ་པ་གཉིས་པོ་དག །བསྒོམ་ཕྱིར་ རབ་ཏུ་སྦྱོར་བར་བྱེད། །ཅེས་གསུངས་པ་ལྟར་རོ། །དེ་རྣམས་སུ་ནི་ཡང་དག་པའི་ལྟ་བ་དང་ རྟོག་པ་དང་ངག་དང་ལས་ཀྱི་མཐའ་དང་འཚོ་བ་དང༌། རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་ ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ཀྱང་བསྒོམ་པར་བྱའོ། ། 5-1-58 མཐར་ཕྱིན་པའི་ལམ་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་གནས་ངན་ལེན་ ཐམས་ཅད་སྤངས་ཤིང་གནས་མ་ལུས་པ་ཡོངས་སུ་གྱུར་པས་ཟད་པ་དང་མི་སྐྱེ་བ་ཤེས་པའི་ ཡེ་ཤེས་མཐར་ཐུག་པ་ཐོབ་པ་སྟེ། དེ་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་གོང་དུ་ འགྲོ་བ་དང་བཅས་པའི་ཕྱིར་ལམ་མཚན་ཉིད་པ་དང་འབྲས་བུ་བཏགས་པ་བ་ཡིན་ལ། ཐེག་ པ་ཆེན་པོ་པ་རྣམས་ཀྱི་ནི་སྤངས་རྟོགས་ཕུལ་དུ་དབྱུང་དུ་མེད་པའི་ཕྱིར་ལམ་བཏགས་པ་དང་ འབྲས་བུ་མཚན་ཉིད་པ་ཡིན་ཞིང༌། དེ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ཞེས་ ཀྱང་སྟེ། རྒྱན་ལས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྟོག་པས་མི་ཤིག་ཐོབ་ནས་ནི། །གནས་ གཞན་གྱུར་པ་མཐར་ཐུག་པ། །སྒྲིབ་པ་ཀུན་གྱི་དྲི་མེད་དང༌། །གང་ལ་གནས་ན་སེམས་ཅན་ ཀུན། །ཕན་ཕྱིར་རབ་ཏུ་སྒྲུབ་བྱེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་ པ་ཐོབ། །ཅེས་གསུངས་པ་ལྟར་རོ། ། དེ་དག་ལ་འཁྲུལ་པ་སྤང་བ་ལ། འགོག་བདེན་ལ་འཁྲུལ་པ་སྤང་བ་དང༌། ལམ་བདེན་ལ་ འཁྲུལ་པ་སྤང་བའོ། །འགོག་པའི་འཁྲུལ་སྤང་ལ་གསུམ་ལས། འདུས་བྱས་སུ་ཡོད་པ་སྤང་བ་ ནི། ཁ་གཅིག་འགོག་པ་ནི། ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་འདུས་བྱས་ཀྱི་དངོས་པོར་ཡོད་ དམ་སྙམ་དུ་སེམས་ན། དེ་ལྟར་ནི་མི་བསམ་སྟེ། ལམ་བསྒོམ་པ་ལས། ཀུན་བརྟགས་གཞན་ དབང་གཉིས་ཀྱིས་བསྡུས་པ་ཀུན་རྫོབ་གློ་བུར་གྱི་དྲི་མ་དང་བྲལ་བ་ཙམ་ལ་ལམ་གྱིས་དག་ པའི་འབྲས་བུ་ཞེས་བྱའི། དོན་དམ་པ་ཡོངས་གྲུབ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ དེ་རྒྱུ་རྐྱེན་གྱིས་གསར་དུ་སྐྱེད་པའི་འབྲས་བུར་ནི་ཡོད་པ་མ་ཡིན་ཏེ། ནམ་ཡང་གཞན་དུ་མི་ འགྱུར་ཞིང་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་དཔལ་འཕྲེང་གི་ ཞུས་པ་ལས། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལས་བདེན་པ་ གསུམ་ནི་མི་རྟག་པ་ལགས་སོ། །བདེན་པ་གཅིག་ནི་རྟག་པ་ལགས་སོ་ཞེས་པ་ནས་བཅོམ་ 5-1-59 ལྡན་འདས་འདི་ལ་བདེན་པ་གཅིག་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་ ལགས་ཏེ་བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་དེ་ནི་རྟག་ པ་ལགས་སོ། །གང་རྟག་པ་དེ་ནི་མི་བསླུ་བའི་ཆོས་ཅན་ལགས་སོ། །ཞེས་པ་ལ་སོགས་པ་རྒྱ་ ཆེར་གསུངས་པ་བཞིན་ནོ། །དེ་ཉིད་འབྲས་བུར་འཇོག་པ་ཡང་དཔེར་ན་ནམ་མཁའ་སྤྲིན་དང་ བྲལ་བ་དང་གསེར་དྲི་མས་དག་པ་དང་ཆུ་རྙོག་པ་དྭངས་པ་རྣམས་བྲལ་འབྲས་མངོན་སུམ་དུ་ གྱུར་པ་ཡིན་གྱི་སྐྱེད་འབྲས་གསར་དུ་སྒྲུབ་པ་ནི་མ་ཡིན་པ་བཞིན་ཏེ། ཇི་སྐད་དུ། རྒྱན་ལས། རྟག་ཏུ་གཉིས་བྲལ་འཁྲུལ་པའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པ་ནུས་མ་ ཡིན་ཞིང་སྤྲོས་པ་མེད་པའི་རང་བཞིན་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་ གང་རྣམ་པར་སྦྱང་བྱ་སྟེ། །དེ་ནི་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་ འདོད། །ཅེས་གསུངས་པ་ལྟར་རོ། ། གཏན་མེད་དུ་འདོད་པ་སྤང་བ་ནི། ཡང་ཁ་ཅིག་སྤང་བྱ་འགགས་པ་ཙམ་གྱིས་མེད་ དགག་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཅི་ཡང་མེད་པར་འགྱུར་པ་ནི་འགོག་པའི་བདེན་ པའོ་སྙམ་དུ་མངོན་པར་ཞེན་ན། དེ་ལྟར་ཡང་རིགས་པ་མ་ཡིན་ཏེ། སྤང་བྱ་ཉོན་མོངས་པ་ རྣམས་འགགས་པར་ཟད་མོད་ཆོས་ཀྱི་དབྱིངས་མེད་པར་འགྱུར་བ་ནི་མ་ཡིན་ཞིང༌། རང་ བཞིན་གྱིས་འོད་གསལ་བ་ཉིད་ལྷག་མར་མངོན་སུམ་དུ་འགྱུར་བའི་ཕྱིར་རོ། །དཔེར་ན་ནོར་ བུ་རིན་པོ་ཆེ་འོད་གསལ་བ་ལ་སྒྲིབ་པར་བྱེད་པའི་འདམ་རྫབ་བསལ་ཡང་ནོར་བུ་མེད་པར་ མི་འགྱུར་ཞིང་འོད་གསལ་བ་མངོན་སུམ་དུ་འགྱུར་བ་བཞིན་ཏེ། ཆོས་ཀྱི་དབྱིངས་སུ་བསྟོད་ པ་ལས། ཇི་ལྟར་རིན་ཆེན་བཻཌཱུཪྻ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང༌། །ས་ཡི་ནང་ན་ གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་སྒྲིབ་པའི། །ཆོས་ དབྱིངས་ཤིན་ཏུ་དྲི་མེད་པའང༌། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་ 5-1-60 གསལ་འགྱུར། །ཞེས་གསུངས་པ་ལྟར་རོ། །ཅི་སྟེ་གཏན་ནས་མེད་པ་ཉིད་ཡིན་ན་ནི་ཉན་ཐོས་ དང་རང་སངས་རྒྱས་ཀྱི་འགོག་པ་དང་ཡང་ཁྱད་མེད་པར་འགྱུར་ཞིང༌། གཞི་མེད་པའི་ཕྱིར་ ཡོན་ཏན་ཁྱད་པར་ཅན་རྣམས་ཀྱང་མེད་པར་འགྱུར་ལ། དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ ཅད་ལ་ཕན་པ་དང་བདེ་བ་སྒྲུབ་པའི་འཕྲིན་ལས་ཀྱང་མེད་པར་ཐལ་བ་ལ་སོགས་པའི་ཉེས་ པ་མང་པོ་ཡོད་ཅིང༌། མདོ་ལས་ཀྱང་སྡུག་བསྔལ་འགོག་པའི་བདེན་པ་ཉིད་ནི་ཡང་དག་པར་ ན་བདེན་པ་དང་རྟག་པ་དང་སྐྱབས་ལགས་སོ། །ཞེས་པ་ལ་སོགས་པ་གསུངས་པས་ཀྱང་ གནོད་པར་འགྱུར་རོ། ། ཕྱོགས་རེ་ལ་ཞེན་པ་སྤང་བ་ནི། དཔེར་ན་ཚ་བའི་རེག་པ་སྤངས་ནས་མེད་ཀྱང་ལྕགས་ གྲང་མོ་ཡོད་པ་དང༌། རབ་རིབ་སྤངས་ནས་མེད་ཀྱང་མིག་གསལ་པོ་ཡོད་པ་བཞིན་དུ་རྣམ་ པར་ཤེས་པ་གློ་བུར་གྱི་དྲི་མ་མཐའ་དག་སྤངས་ནས་མེད་པ་ཡིན་ཡང༌། ཡེ་ཤེས་ཀྱི་སྐུ་དོན་ དམ་པའི་སངས་རྒྱས་རྟག་ཏུ་མི་འགྱུར་བ་ཡོད་པའི་ཕྱིར་རྣམ་པར་མ་བརྟགས་པར་ཡོད་མེད་ མཐའ་གཅིག་ཏུ་ངེས་པ་མི་གཟུང་སྟེ། རྒྱན་ལས། ཇི་ལྟར་ལྕགས་ལ་ཚ་བ་དང༌། །མིག་ལ་ རབ་རིབ་ཞི་བ་ལྟར། །སངས་རྒྱས་སེམས་དང་ཡེ་ཤེས་ལ། །ཡོད་དང་མེད་པར་མི་བརྗོད་དོ། ། ཞེས་གསུངས་པ་ལྟར་རོ། ། ལམ་ལ་འཁྲུལ་པ་སྤང་བ་ལ། ཚོགས་མེད་པར་གྲོལ་བ་སྤང་བ་དང༌། ཚོགས་གཉིས་ལ་ འཁྲུལ་པ་སྤང་བའོ། །དེ་ལ་ཚོགས་མེད་པར་གྲོལ་བ་སྤང་བ་ནི། ཕྱི་རོལ་པ་འགའ་ཞིག་ཚོགས་ གཉིས་མ་བསགས་ཀྱང་ལྟ་བ་ངན་པ་སྣ་ཚོགས་པ་རྟོགས་པ་དང་འདོད་པའི་ཡོན་ཏན་ལྔ་ལ་ འཛེམ་མེད་དུ་ལོངས་སྤྱོད་པ་དང་སྲོག་བཅད་ནས་ལྷ་མཉེས་པར་བྱས་པ་ཙམ་གྱིས་ཐར་པ་ ཐོབ་པར་འདོད་མོད། དེ་ལྟར་ནི་རིགས་པ་མ་ཡིན་ཏེ། དུག་གསུམ་གས་ཀུན་ནས་བསླང་བའི་ མི་དགེ་བ་སྤྱད་པས་ནི་འཁོར་བར་སྡུག་བསྔལ་འབའ་ཞིག་སྐྱེད་པར་བྱེད་པའི་ཕྱིར་དང༌། ལྷ་ 5-1-61 གཞན་མཉེས་པར་བྱས་ཀྱང་དེ་དག་ལ་ཐར་པ་སྟེར་བའི་ནུས་པ་མེད་པའི་ཕྱིར་རོ། །དེ་ལྟར་ ཡང་དྲི་མ་མེད་པའི་འོད་ལས། ལུས་དང་ངག་དང་ཡིད་ཀྱི་ལས། །དགེ་དང་མི་དགེ་གང་བྱེད་ པ། །དེ་འབྲས་སེམས་ཅན་ལོངས་སྤྱོད་དེ། །ལྷ་གཞན་འབྲས་བུ་སྟེར་བ་མིན། །ཞེས་གསུངས་ ཤིང༌། རིན་ཆེན་ཕྲེང་བ་ལས་ཀྱང༌། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ ཐམས་ཅད་དོ། །ཞེས་གསུངས་ལ། སྤྱོད་འཇུག་ལས་ཀྱང༌། སྡིག་པ་བྱེད་པ་བདེ་འདོད་ཀྱང༌། ། གང་དང་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་སྡིག་པ་དེས། །སྡུག་བསྔལ་མཚོན་གྱིས་རྣམ་ པར་འཇོམས། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །དེ་བཞིན་དུ་ནང་པར་ཁས་འཆེ་ བ་འགའ་ཞིག་ཀྱང་ཀུན་རྫོབ་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་ནི་རང་རང་ངོ་བོས་སྟོང་ པའོ་ཞེས་བྱ་བར་སྟོན་ཅིང་། །དེ་ལྟར་རྟོགས་པ་དང་དོན་དམ་པའི་ཆོས་ཀྱི་སྐུ་མངོན་སུམ་དུ་ གྱུར་ཏོ་སྙམ་དུ་བསམས་ནས། ད་ནི་བླ་མའི་བཀའ་དྲིན་གྱིས་ཅིག་ཅར་ལེགས་པར་གྲོལ་ལོ། ། དེའི་ཕྱིར་བགྲོད་པར་བྱེད་པའི་ས་དང་ལམ་མེད་དོ་བགྲོད་པར་བྱ་བའི་ཐར་པ་གཞན་མེད་ དོ། །འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་དགག་པ་དང་སྒྲུབ་པ་མེད་དོ། །དེ་རྣམས་ ཡོད་པར་གསུངས་པ་ནི་དྲང་བའི་དོན་ཏེ་བརྫུན་པའོ་ཞེས་བྱ་བར་རྟོག་ན། དེ་ལྟར་ཡང་མཐའ་ གཅིག་ཏུ་མི་བསམ་སྟེ། ཀུན་རྫོབ་རང་རང་གི་ངོ་བོས་སྟོང་པར་རྟོགས་པས་ཀྱང་དངོས་པོ་ལ་ མངོན་པར་ཞེན་པ་ཅུང་ཟད་ལྡོག་མོད། གཟུང་འཛིན་དུ་སྣང་བ་རྣམས་མ་འགགས་པ་དེ་ཙམ་ གྱིས་ཆོས་ཀྱི་སྐུ་མངོན་དུ་གྱུར་པར་ཡང་ཇི་ལྟར་འགྱུར། ཚོགས་གཉིས་རིམ་གྱིས་མ་བསགས་ ཀྱང་བཀའ་ཙམ་གྱིས་གྲོལ་བར་འགྱུར་ན་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་རྣམས་ ཐབས་ཤིན་ཏུ་སླ་བ་དེ་སེམས་ཅན་རྣམས་ལ་ཅིའི་ཕྱིར་མི་སྟོན། ས་དང་ལམ་རིམ་གྱིས་བགྲོད་ པ་དང་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་ཐབས་མཐའ་ཡས་པ་འདི་རྣམས་ཀྱིས་ཀྱང་ཅི་ ཞིག་བྱ། དེ་ལྟ་བས་ན་ལམ་མ་བསྒོམས་ཀྱང་བཀའ་ཙམ་གྱིས་ཐར་པ་ཐོབ་པར་འདོད་པ་ནི་ 5-1-62 རྣམས་པར་མ་བརྟགས་པ་ཉིད་དེ། དྲི་མ་མེད་པའི་འོད་ལས། བཀའ་ཡི་ཀུན་སྤྱོད་ཆོས་རྣམས་ ནི། །འགའ་ཡང་སྲོག་ཆགས་ཐར་སྟེར་མིན། །ལམ་གཉེར་སྟོན་བྱེད་གང་གིས་ན། །རྒྱལ་བ་ བཀའ་ཡིས་ཐར་སྟེར་མིན། །གལ་ཏེ་བླ་མའི་དྲིན་གྱིས་ནི། །ལུས་ཅན་རྣམས་ནི་གྲོལ་འགྱུར་ ན། །དེ་ཚེ་ཐར་པ་སྙིང་རྗེ་ཅན། །ཏིང་ངེ་འཛིན་གྱིས་སྟོན་མི་འགྱུར། །ཞེས་པ་ལ་སོགས་པ་ གསུངས་པའི་ཕྱིར་རོ། །གཞན་ཡང་ཚོགས་གཉིས་མ་བསགས་ཀྱང་སངས་རྒྱས་སོ་སྙམ་དུ་ བསམས་པས་དེ་ལྟར་འགྱུར་ན་ནི་བསོད་ནམས་དམན་པ་འགའ་ཞིག་ཀྱང་རྒྱལ་པོའོ་སྙམ་དུ་ བསམས་པས་དེ་ལྟར་འགྱུར་དགོས་པ་ལ་སོགས་པའི་ཉེས་པ་མང་པོར་འགྱུར་རོ། །དེའི་ཕྱིར་ སངས་རྒྱས་ཐོབ་པར་འདོད་པ་རྣམས་ཀྱིས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཉེ་ བར་བསག་དགོས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང༌། བསོད་ནམས་ལྡན་པ་བསོད་ནམས་ ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ ཚོགས་ནི་བསགས་པ་པོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། ། ཚོགས་གཉིས་ལ་འཁྲུལ་པ་སྤང་བ་ལ་གཉིས་ཏེ། བསོད་ནམས་ལ་འཁྲུལ་པ་སྤང་བ་ དང༌། ཡེ་ཤེས་ལ་འཁྲུལ་པ་སྤང་བའོ། །བསོད་ནམས་ལ་འཁྲུལ་པ་སྤང་བ་ལ་གཉིས་ལས། ངོ་བོ་ལ་འཁྲུལ་པ་སྤང་བ་ནི། འགའ་ཞིག་ལྷ་དང་བླ་མ་དང་ཕ་མེས་ལ་སོགས་པའི་ཆེད་དུ་ སེམས་ཅན་གྱི་སྲོག་བཅད་ནས་མཆོད་སྦྱིན་བྱས་པ་ལས་བསོད་ནམས་ཀྱི་ཚོགས་སུ་འགྱུར་ བར་འདོད་མོད། དེ་དག་ནི་ལེགས་པར་བརྟགས་ན་ཤིན་ཏུ་རིགས་པ་མ་ཡིན་ཏེ། སེམས་ ཅན་ལ་གནོད་པ་བྱས་པའི་ཕྱིར་རོ། །དེ་ལྟར་ཡང་དྲི་མ་མེད་པའི་འོད་ལས། བསོད་ནམས་ ཀྱང་སེམས་ཅན་ལ་ཕན་བཏགས་པ་ལས་འགྱུར་གྱི་ལྷ་དང་ཕ་མེས་ཀྱི་བྱ་བ་ལ་སྲོག་བཅད་པ་ ལས་ནི་མ་ཡིན་ནོ་ཞེས་གསུངས་སོ། །སེམས་ཅན་ལ་གནོད་པ་བྱས་པ་ལས་ནི་སངས་རྒྱས་ལ་ སོགས་པའི་དམ་པ་རྣམས་དགྱེས་པར་ཡང་མི་འགྱུར་ཏེ། སྤྱོད་འཇུག་ལས། ཇི་ལྟར་ལུས་ལ་ 5-1-63 ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བ། །དེ་བཞིན་སེམས་ཅན་ གནོད་ཆེན་བྱེད་ན་ཡང༌། །ཐུགས་རྗེ་ཅན་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་གསུངས་ པ་ལྟར་རོ། ། འབྲས་བུ་ལ་འཁྲུལ་པ་སྤང་བ་ནི། ཡང་ཁ་ཅིག་རྣམ་པར་རྟོག་པའི་ཡུལ་དུ་ལྷའི་གཟུགས་ བརྙན་སྒོམ་པ་ལ་སོགས་པ་བརྟགས་པའི་ཏིང་ངེ་འཛིན་རྣམས་ལས། འབྲས་བུ་ལམ་དུ་བྱེད་ པའོ་སྙམ་དུ་བསམས་ནས་དོན་དམ་པའི་སངས་རྒྱས་འགྲུབ་པར་འདོད་མོད། དེ་དག་ལས་ ནི་ཐུན་མོང་གི་དངོས་གྲུབ་འགྲུབ་པར་འགྱུར་གྱི་མཆོག་གི་ནི་མ་ཡིན་ཏེ། འཁོར་བའི་རྒྱུ་རྣམ་ པར་རྟོག་པ་མཐའ་དག་སྤང་བར་མི་ནུས་པའི་ཕྱིར་རོ། །དོན་དམ་པའི་སངས་རྒྱས་ནི་རྣམ་ པར་མི་རྟོག་པའི་ཏིང་ངེ་འཛིན་ཡེ་ཤེས་ཀྱི་ཚོགས་ཀྱིས་འཁོར་བའི་སྡུག་བསྔལ་མ་ལུས་པ་ སྤངས་པ་ལས་འགྲུབ་སྟེ། མཚན་ཡང་དག་པར་བརྗོད་པ་ལས། སྡུག་བསྔལ་གསུམ་གྱིས་ སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་དོན་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་ གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་གསུངས་ཤིང༌། དྲི་མ་མེད་པའི་འོད་ལས་ ཀྱང༌། བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་རྣམ་པར་རྟོག་པའི་གཟུགས་སྒོམ་པའི་སྟོབས་ ཀྱིས་ནི་རྣལ་འབྱོར་པ་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །ཞེས་པ་དང༌། གཟུགས་ལ་ སོགས་པར་རྟོག་པ་དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམ་པ་གོམས་པར་གྱུར་པས་ནི། །གྲུབ་ པ་འཇིག་རྟེན་པ་དག་འགྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་ གསུངས་ལ། དཔལ་ལྡན་རྡོ་རྗེ་སྙིང་པོའི་འགྲེལ་པར་ཡང༌། དང་པོར་རྟོག་མེད་རྒྱུ་ལས་ནི། ། རྟོག་མེད་འབྲས་བུ་འབྱུང་འགྱུར་གྱི། །ཁྲེ་ཚེ་ལས་ནི་སཱ་ལི་ཉིད། །ནམ་ཡང་འབྱུང་བ་མ་ཡིན་ ནོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར་རོ། ། ཡེ་ཤེས་ལ་འཁྲུལ་པ་སྤང་བ་ལ་གཉིས་ལས། མཆོག་གི་ཡེ་ཤེས་བསམ་མེད་དུ་འདོད་ 5-1-64 པ་སྤང་བ་ནི། དྲི་མ་མེད་པའི་འོད་ལས། བླ་མ་དམ་པའི་མན་ངག་དང་བྲལ་ཞིང༌། ཆད་པ་ ཆེན་པོར་ལྷུང་བར་གྱུར་པའི་གདུག་པའི་བླ་མ་རྣམ་ཀྱིས་བྱིས་པའི་བློ་ཅན་ཟབ་ཅིང་རྒྱ་ཆེ་ བའི་ཆོས་ལ་ཡོངས་སུ་བརྟག་པ་མི་བྱེད་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ པར་འགྱུར་ཏེ་ཞེས་པ་ལ་སོགས་པ་གསུངས་པ་ལྟར། འགའ་ཞིག་ངོ་བོ་ཉིད་མེད་པར་བསྟན་ པའི་དགོངས་པ་མ་ཤེས་པར་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར་ཅི་ཡང་བསམ་དུ་ མེད་ལ། གང་གི་ཚེ་བསམ་པ་རབ་ཏུ་འཇུག་ན་དེའི་ཚེ་འདོད་པ་ལ་ཆགས་པ་དང་མི་འདོད་ པ་ལ་ཆགས་བྲལ་གྱི་དབང་གིས་དེ་དག་ལ་དགག་སྒྲུབ་དང་བཅས་པ་ནི་འཁོར་བ་ཡིན་ཞིང༌། བསམ་པ་མེད་པ་ལས་ནི་ཆགས་པ་དང་ཆགས་བྲལ་ལ་དགག་སྒྲུབ་དང་བཅས་པའི་འཁོར་ བ་མེད་པས་སངས་རྒྱས་སུ་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་མ་ཡིན་ཏེ། གནས་སྐབས་སུ་ ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བླང་དོར་ལེགས་པར་དཔྱད་དགོས་ཤིང༌། མཐར་ཐུག་ དོན་དམ་པའི་ཡེ་ཤེས་ནི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །ཅི་སྟེ་བསམ་པ་ མེད་པ་མཆོག་གི་ཡེ་ཤེས་ཡིན་ན་ནི་སེམས་ཅན་རྣམས་གདོད་མ་ནས་གྲོལ་བར་འགྱུར་བ་ དང་སོ་སོ་རང་གིས་རིག་པའི་ཡེ་ཤེས་མེད་པར་ཐལ་བ་ལ་སོགས་པ་ཉེས་པ་མང་པོར་འགྱུར་ ཞིང༌། དེ་ལྟར་ཡང་རིགས་པ་མ་ཡིན་ཏེ། དྲི་མ་མེད་པའི་འོད་ལས། འདིར་གལ་ཏེ་བསམ་པ་ མེད་པའི་ཡེ་ཤེས་སངས་རྒྱས་ཉིད་སྟེར་བར་བྱེད་པ་ཡིན་ན་ནི་དེའི་ཕྱིར་སེམས་ཅན་ཐམས་ ཅད་སངས་རྒྱས་སུ་ཅིའི་ཕྱིར་མ་གྱུར། འདི་རྣམས་ཀྱི་གཉིད་འཐུག་པོ་ལ་བསམ་པ་མེད་པའི་ ཡེ་ཤེས་རབ་ཏུ་འཇུག་ཅིང་འདོད་པའི་དངོས་པོ་རྣམས་ལ་ཆགས་པ་དང་མི་འདོད་པའི་དངོས་ པོ་རྣམས་ལ་ཆགས་པ་དང་བྲལ་བ་མེད་དེ་ཞེས་པ་ལ་སོགས་པ་གསུངས་ཤིང༌། མདོ་ལས་ ཀྱང༌། རིན་ཆེན་སྒྲོན་མེ་ལ་སོགས་པའི་ཏིང་ངེ་འཛིན་མང་པོས་སེམས་ཀྱི་རང་བཞིན་འོད་ གསལ་བར་གསུངས་ལ། རྒྱུད་ལས་ཀྱང༌། བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ 5-1-65 ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་ མཆོག །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། ། འཕགས་པའི་ཡེ་ཤེས་སྣང་མེད་དུ་འདོད་པ་སྤང་བ་ནི། ཡང་ཁ་ཅིག་འགའ་ཡང་མཐོང་ བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་བའོ་ཞེས་པ་དང༌། གང་ཚེ་དངོས་དང་དངོས་མེད་དག །བློ་ ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པ། །དམིགས་པ་མེད་པར་རབ་ཏུ་ཞི། ། ཞེས་པ་གསུངས་པའི་ཕྱིར། འཕགས་པ་རྣམས་ཀྱི་མཉམ་བཞག་མཐར་ཐུག་པའི་ཚེ་ན་ཡུལ་ ཅི་ཡང་སྣང་བ་མེད་པའོ། །ཞེས་བྱ་བར་རྟོགས་མོད། དེ་དག་ནི་བྱིས་པ་རྣམས་ལ་སྣང་ཞིང་ མ་དག་པ་གཟུང་འཛིན་གློ་བུར་བའི་དམིགས་པ་མེད་པ་ལ་དགོངས་ནས་གསུངས་པ་ཡིན་ གྱི། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་རང་བཞིན་དོན་དམ་པའི་དེ་བཞིན་ཉིད་ཡང་དག་ པའི་སྣང་བ་མེད་པ་ནི་མ་ཡིན་ཏེ། རྒྱན་ལས། བྱིས་པ་ཡང་དག་ཉིད་བསྒྲིབས་ནས། །ཡང་ དག་མ་ཡིན་ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་ སྣང༌། །ཞེས་པ་ལ་སོགས་པ་གསུངས་ཤིང༌། ཆོས་མངོན་པ་ལས་ཀྱང༌། ཅིའི་ཕྱིར་ཡང་དག་ པའི་མཐའ་ཞེས་བྱ་ཞེ་ན། ཕྱིན་ཅི་ལོག་མེད་པའི་དམིགས་པ་ཡིན་པའི་ཕྱིར་རོ་ཞེས་པ་དང༌། ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་ རོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་ལ་ཁ་ཅིག་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཡེ་ཤེས་དེ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་མངོན་སུམ་དུ་གསལ་བར་མཐོང་བ་ཅན་ ཡིན་ན། སངས་རྒྱས་ཀྱི་ཡེ་ཤེས་དང་ཁྱད་པར་མེད་པར་འགྱུར་རོ་ཞེས་སྨྲ་ཡང༌། སྐྱོན་དེ་ནི་ མེད་དེ། རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་པའི་ཕྱིར་རོ། །དེ་ཡང་སངས་རྒྱས་རྣམས་ཀྱི་ནི་སྤང་བྱ་ མ་ལུས་པ་སྤངས་པའི་ཕྱིར་རྟོགས་པ་མཐར་ཐུག་ཅིང་ཡོངས་སུ་རྫོགས་པ་ཡིན་ལ། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ནི་སྤང་བྱ་ལྷག་མ་ཅི་རིགས་པ་དང་བཅས་པའི་ཕྱིར་དེ་ལྟར་ཡང་མ་ 5-1-66 ཡིན་ཏེ། དཔེར་ན་ཟླ་བ་ཡོངས་སུ་རྫོགས་པ་མངོན་སུམ་དུ་མཐོང་བ་དང་ཆ་ཤས་ཅུང་ཟད་ མངོན་སུམ་དུ་མཐོང་བ་ལྟ་བུའམ། ཉི་མ་ཡོངས་སུ་རྫོགས་པ་མཐོང་བ་དང་སྤྲིན་བར་ནས་ ཅུང་ཟད་མཐོང་བ་ལྟ་བུའོ། །ཞེས་བྱ་བ་ལ་སོགས་པ་ནི་འཆད་པར་འགྱུར་རོ། །གཞན་ཡང་ འཁྲུལ་པའི་གནས་དུ་མ་ཞིག་སྣང་མོད་ཀྱི། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་ འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་པ་ལྟར་མ་སྤྲོས་སོ། །དེ་བས་ན་བློ་དང་ལྡན་པ་རྣམས་ ཀྱིས་ལོག་པའི་ཆོས་རྣམས་སྤངས་ཏེ་ཡང་དག་པའི་ཆོས་ལ་ནན་ཏན་སྙིང་པོར་བྱ་བ་ཉིད་དོ། ། གཞུང་གི་དོན་རྣམ་པར་བཤད་པ་ལ་བཞི་སྟེ། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། དོན་དེ་རྣམ་པར་ཕྱེ་སྟེ་བསྟན་པ། དེ་དག་བདེན་པ་གཉིས་སུ་བསྡུ་བ། དེ་རྣམས་སྦྱར་ཏེ་རྒྱུ་ མཚན་བཤད་པའོ། ། དེ་ལ་དང་པོ་བསྟོད་པ་ནི། གང་ཞིག་མེད་མིན་ཡོད་མིན་ཡོད་མེད་མ་ ཡིན་ཡོད་མེད་ལས་གཞན་དུའང༌། །བརྟག་པར་མི་ནུས་ངེས་ཚིག་ དང་བྲལ་སོ་སོ་རང་གིས་རིག་ཞི་བ། །དྲི་མེད་ཡེ་ཤེས་འདོ་ཟེར་སྣང་ ལྡན་དམིགས་པ་ཀུན་ལ་ཆགས་པ་དང༌། །སྡང་དང་རབ་རིབ་རྣམ་པར་ འཇོམས་མཛད་དམ་ཆོས་ཉི་མ་དེ་ལ་འདུད། །ཅེས་པ་སྟེ། དམ་པའི་ཆོས་གང༷་ ཞི༷ག་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རང་བཞིན་དོན་དམ་པའི་བདེན་པ་སོ་སོ་རང་གིས་རིག་ པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡོད་པའི་ཕྱིར་མེ༷ད་པ་ཆད་པའི་མཐར་ལྷུང་བ་མི༷ན་ཞིང༌། ཀུན་ རྫོབ་གློ་བུར་བའི་དངོས་པོར་གདོད་མ་ནས་སྐྱེ་བ་མེད་པའི་ཕྱིར་ཡོ༷ད་པ་རྟག་པའི་མཐར་ལྷུང་ བ་མི༷ན་ལ། དེ་དག་སོ་སོར་མ་ཡིན་པས་ཡ་གྱལ་ཁེགས་པའི་ཕྱིར་དང་ཕན་ཚུན་འགལ་བའི་ ཕྱིར་ན་ཡོ༷ད་མེ༷ད་གཉིས་ཀ་ཚོགས་པའི་གཞི་མཐུན་པའང་མ༷་ཡི༷ན་ཞིང༌། ཡོད་མེད་གཉིས་ ཡིན་མ་གྲུབ་པས་དེ་བཀག་པའི་ཡོ༷ད་མེ༷ད་གཉི་ག་ལ༷ས་གཞ༷ན་པ་གཉིས་མ་ཡིན་དུ༷འ༵ང་ 5-1-67 བརྟ༷ག་པ༷ར་མི༷་ནུ༷ས་པའི་ཕྱིར་མུ་བཞི་སྤྲོས་པ་ལས་རྣམ་པར་གྲོལ་བ་དང་བརྡ་དང་ཐ་སྙད་ ཀྱིས་བརྗོད་དུ་མེད་ཅིང་ངག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པས་ངེ༷ས་པའི་ཚི༷ག་ད༷ང་ བྲ༷ལ་བ་དང༌། དཔེ་དང་གཏན་ཚིགས་ལ་སོགས་པས་བསྟན་པར་བྱ་བ་དང་གཞན་རིག་གི་ སྤྱོད་ཡུལ་མ་ཡིན་པས་འཕགས་པ་རྣམས་ཀྱི་སོ༷་སོ༷་ར༷ང་གི༷ས་རི༷ག་པར་བྱ་བ་ཡིན་པའི་ཕྱིར་ བསམ་དུ་མེད་པ་ཉིད་དང༌། འཁོར་བའི་རྩ་བ་ལས་དང་ཉོན་མོངས་པ་དག་ཞི༷་བ༵ས་གཉིས་སུ་ མེད་པ་ཉིད་དང༌། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ཉེ་བར་ཞི་བས་རྟོག་ པ་མེད་པ་ཉིད་དེ། འགོག་པའི་བདེན་པས་བསྡུས་པ་དང༌། ཉོན་མོངས་པ་དང་ཉེ་བར་ཉོན་ མོངས་པ་བག་ཆགས་དང་བཅས་པའི་དྲི༷་མ་མེ༷ད་པས་རྣམ་པར་དག་པ་ཉིད་དང༌། ཤེས་བྱའི་ སྒྲིབ་པ་དང་བྲལ་བའི་ཡེ༷་ཤེ༷ས་རྣམ་པ་ཐམས་ཅད་པ་མངོན་སུམ་དུ་མཁྱེན་པའི་འོ༷ད་ཟེ༷ར་གྱི་ སྣ༷ང་བ་དང་ལྡ༷ན་པས་གསལ་བ་ཉིད་དང༌། དམི༷གས་པ༷ར་བྱ་བའི་ཡུལ་ཀུ༷ན་ལ༷་སྡུག་པ་ལ་ འདོད་ཅིང་ཆ༷གས་པ༷་ད༵ང༌། མི་སྡུག་པ་ལ་ཁྲོ་ཞིང་སྡ༷ང་བ་ད༷ང་བར་མ་ལ་རྨོངས་ཤིང་གཏི་ མུག་པའི་ར༷བ་རི༷བ་མུན་པ་ལྟ་བུ་རྣམས་རྣ༷མ་པ༷ར་འཇོ༷མས་པར་མཛ༷ད་པས་གཉེན་པོར་གྱུར་ པ་ཉིད་དེ། དོན་གསུམ་གྱིས་ད༷མ་པའི་ཆོ༷ས་ཉི༷་མ༷་ལྟ་བུར་གྱུར་པ་ལམ་གྱི་བདེན་པས་བསྡུས་ པ་དེ༷་དག་ལ༷་ཀུན་ནས་དང་བས་འདུ༵ད་ཅེས་བྱ་བའི་དོན་ཏོ། ། དོན་དེ་རྣམ་པར་ཕྱེ་སྟེ་བསྟན་པ་ནི། བསམ་མེད་གཉིས་མེད་རྟོག་མེད་པ། ། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་ བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་བྱ་བ་ཡིན་ལ། དེ་ཡང་ བཤད་མ་ཐག་པའི་གཞུང་འདིས་ཡོན་ཏན་དྲུག་གམ་བརྒྱད་དང་ལྡན་པའི་ཆོས་དཀོན་མཆོག་ སྟོན་པ་སྟེ། ཐ་སྙད་པའི་ཤེས་པས་བས༷མ་དུ་མེ༷ད་པའི་ཡོན་ཏན་དང༌། ལས་དང་ཉོན་མོངས་ པ་གཉི༷ས་མེ༷ད་པའི་ཡོན་ཏན་དང༌། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོ༷ག་ 5-1-68 པ་མེ༷ད་པ༵འི་ཡོན་ཏན་དང༌། ཉོན་མོངས་པའི་དྲི་མ་རྣམ་པར་ད༷ག་པའི་ཡོན་ཏན་དང༌། ཡེ་ ཤེས་ཀྱི་སྣང་བ་གས༷ལ་བའི་ཡོན་ཏན་དང༌། དུག་གསུམ་གྱི་མུན་པ་འཇོམས་པ་གཉེ༷ན་པོ༷འི་ ཕྱོ༷གས་ཀྱི་ཡོན་ཏན་ཉི༷ད་ཀྱི༵ས་རྫས་ཀྱི་དབྱེ་བ་དྲུག་གམ། ལྡོག་པས་ཕྱེ་ན་སྔ་མ་གསུམ་འབྲས་ བུ་ག༷ང་ཞི༷ག་འདོད་ཆགས་དང་བྲལ་བར་བྱ་བ་འགོག་པའི་བདེན་པ་དང༌། ཕྱི་མ་གསུམ་རྒྱུ་ ག༷ང་གི༷ས་འདོད་ཆ༷གས་དང་བྲ༷ལ་བ༵ར་བྱེད་པ་ལམ་གྱི་བདེན་པ་སྟེ། རྣམ་པར་བྱང་བའི་ བདེ༷ན་པ་གཉི༷ས་ཀྱི་མཚ༷ན་ཉི༷ད་ཅ༷ན་དང་བཅས་པའི་ཡོན་ཏན་བརྒྱད་དང་ལྡན་པ་དེ༷་ནི་དམ་ པའི་ཆོ༵ས་སོ་ཞེས་བསྟན་པས་སོ། ། དེ་དག་བདེན་པ་གཉིས་སུ་བསྡུ་བ་ནི། ཆགས་བྲལ་ཉིད་ནི་འགོག་པ་དང༌། ། ལམ་གྱི་བདེན་པ་དག་གིས་བསྡུས། །གོ་རིམ་ཇི་བཞིན་དེ་དག་ཀྱང༌། ། ཡོན་ཏན་གསུམ་གསུམ་གྱིས་རིག་བྱ། །ཞེས་པ་སྟེ། འདོད་ཆ༷གས་དང་བྲ༷ལ་བ་ ཉི༷ད་ལ་ཆོས་ཞེས་བརྗོད་པ་གང་ཡིན་པ་དེ་ནི༷་ཆགས་པ་དང་བྲལ་བའི་འབྲས་བུ་འགོ༷ག་པའི་ བདེན་པ༷་ད༵ང༌། ཆགས་པ་དང་བྲལ་བར་བྱེད་པ་ལ༷མ་གྱི༷་བདེ༷ན་པ༷་ད༷ག་གི༷ས་བསྡུ༵ས་པ་ཡིན་ ལ་གོ༷་རི༷མ་ཇི༷་ལྟ་བ་བཞི༷ན་བདེན་པ་གཉིས་པོ་དེ༷་ད༷ག་ཀྱ༵ང་བསམ་དུ་མེད་པ་དང་གཉིས་སུ་ མེད་པ་དང་རྟོག་པ་མེད་པའི་ཡོ༷ན་ཏ༷ན་གས༷མ་གྱིས་དག་པ་གཉིས་ལྡན་འགོག་པའི་བདེན་པ་ བསྟན་པར་རིག་པར་བྱ་ཞིང༌། དག་པ་དང་གསལ་བ་གཉེན་པོའི་ཡོན་ཏན་གསུ༷མ་གྱི༷ས་དག་ པར་བྱེད་པ་ལམ་གྱི་བདེན་པ་བསྟན་པར་རི༷ག་པར་བྱ༵འོ་ཞེས་པའི་དོན་ནོ། ། དེ་རྣམས་སྦྱར་ཏེ་རྒྱུ་མཚན་བཤད་པ་ནི། བརྟག་མིན་ཕྱིར་དང་བརྗོད་མིན་ ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཞི་ཉིད་གཉིས་མེད་ རྟོག་མེད་དེ། །དག་སོགས་གསུམ་ནི་ཉི་བཞིན་ནོ། །ཞེས་བྱ་བ་ཡིན་ལ། དེ་ཡང་ བསྟོད་པར་བསྟན་པ་རྣམས་རྒྱུ་མཚན་དུ་བྱས་ནས་ཡོན་ཏན་གྱི་དབྱེ་བ་རྣམས་རིམ་གྱིས་སྒྲུབ་ 5-1-69 ཅིང་འཆད་པ་སྟེ། ཐོབ་བྱ་མཐར་ཐུག་འགོག་པའི་བདེན་པའི་ཆོས་ནི་ཡོད་པ་དང་མེད་པ་དང་ ཡོད་མེད་གཉིས་ཡིན་དང༌། གཉི་ག་མ་ཡིན་པ་སྟེ་མུ་བཞིར་འཛིན་པའི་རྟོག་གེས་བརྟ༷ག་པར་ བྱ་བའི་ཡུལ་མི༷ན་པའི་ཕྱི༷ར་ད༷ང༌། སྒྲ་དང་ཐ་སྙད་དང་ངེས་པའི་ཚིག་ལ་སོགས་པས་བརྗོ༷ད་ པར་བྱ་བའི་ཡུལ་མི༷ན་པའི་ཕྱི༵ར་དང་འཕ༷གས་པ༷ས་མཉམ་པར་བཞག་པའི་སོ་སོ་རང་གིས་ རིག་པའི་ཡེ་ཤེས་ཀྱིས་མཁྱེ༷ན་པར་བྱ་བ་ཡིན་པའི་ཕྱི༷ར་ཏེ། རྒྱུ་གསུམ་གྱིས་འཇིག་རྟེན་པའི་ བློས་བས༷མ་དུ་མེ༷ད་པ་ཉི༵ད་ཡིན་ཞིང༌། ལས་ཟག་པ་དང་བཅས་པ་དང་དེ་ཀུན་ནས་སློང་བའི་ ཉོན་མོངས་པ་ཞི༷་བ་ཉི༷ད་ཀྱི་ཕྱིར་གཉི༷ས་སུ་མེ༷ད་པ་ཉིད་ཡིན་ལ། དེ་དག་གི་རྒྱུ་ཚུལ་བཞིན་མ་ ཡིན་པའི་རྣམ་པར་རྟོ༷ག་པ་ཞི་བའི་ཕྱིར་རྟོག་པ་མེ༷ད་པ་ཉིད་ཡིན་ཏེ༵། ཇི་སྐད་དུ། ཤཱ་རིའི་བུ་ འགོག་པ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུ་སྟེ་གཉིས་སུ་མེད་པའི་ཆོས་ཅན་རྣམ་པར་མི་རྟོག་པའི་ ཆོས་སོ་ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་གཞན་ཡང༌། འཇམ་དཔལ་སྐྱེ་བ་མེད་ཅིང་ འགག་པ་མེད་པ་ལ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་འཇུག་གོ །གང་ལ་སེམས་ དང་ཡིད་དང་རྣམ་པར་ཤེས་པ་མི་འཇུག་པ་དེ་ལ་ནི་ཀུན་ཏུ་རྟོག་པ་གང་གི་ཚུལ་བཞིན་མ་ ཡིན་པ་ཡིད་ལ་བྱེད་པར་འགྱུར་བ་ཀུན་ཏུ་རྟོག་པ་འགའ་ཡང་མེད་དོ། །ཚུལ་བཞིན་ཡིད་ལ་ བྱེད་པ་ལ་རབ་ཏུ་སྦྱོར་བ་དེ་ནི། མ་རིག་པ་ཀུན་ནས་སློང་བར་མི་བྱེད་དོ། །མ་རིག་པ་ཀུན་ ནས་སྡང་བ་མེད་པ་གང་ཡིན་པ་དེ་ནི་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་ལྡང་བར་མི་ བྱེད་དོ། །ཞེས་པ་དང༌། བཅོམ་ལྡན་འདས་ཆོས་འཇིག་པ་ནི་སྡུག་བསྔལ་འགོག་པ་མ་ལགས་ སོ། །བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ཞེས་བགྱི་བ་འདི་ནི་ཐོག་མ་མེད་པའི་དུས་ ཅན། མ་བྱས་པ་མ་སྐྱེས་པ་མ་བྱུང་བ་ཟད་པ་མེད་པ་ཟད་པ་དང་བྲལ་བ། རྟག་པ་བརྟན་པ་ ཞི་བ་མི་འཇིག་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་གྲོལ་བ་རྣམ་པར་དབྱེ་བ་མེད་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་བྱེ་མ་སྙེད་ལས་འདས་པ་དང་ལྡན་ 5-1-70 པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་ སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ བྱའོ་ཞེས་པ་ལ་སོགས་པ་གསུངས་པ་ལྟར་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། ། ཆོས་ཀྱི་སྐུ་འདི་ཐོབ་པར་བྱེད་པའི་རྒྱུ་མཐོང་བ་དང་སྒོམ་པའི་ལམ་གྱི་ཡོན་ཏན་ད༷ག་པ་དང༌། སོ༷གས་པའི་སྒྲས་གསལ་བ་དང་གཉེན་པོ་སྟེ་རྣམ་པ་གསུ༷མ་ནི༷་ཆོས་མཐུན་པ་གསུམ་གྱིས་ཉི༷་ མ་ཇི་ལྟ་བ་བཞི༷ན་དུ་ཤེས་པར་བྱ་བ་ཡིན་ནོ༵། །དེ་ཡང་ཉི་མའི་དཀྱིལ་འཁོར་རྣམ་པར་དག་ པ་དང་ཆོས་མཐུན་པར་ཉོན་མོངས་པའི་དྲི་མ་ཐམས་ཅད་རྣམ་པར་དག་པ་དང༌། གཟུགས་ གསལ་བར་བྱེད་པ་དང་ཆོས་མཐུན་པར་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཀྱི་འོད་ཟེར་གསལ་ བར་འཇུག་པ་དང༌། མུན་པའི་གཉེན་པོ་བྱེད་པ་དང་ཆོས་མཐུན་པར་དེ་བཞིན་ཉིད་མཐོང་ བའི་གེགས་ཐམས་ཅད་ཀྱི་གཉེན་པོ་བྱེད་པའི་ཕྱིར་རོ། །དེ་ལ་གེགས་ནི། ཕྲ་རྒྱས་སྤངས་ པར་མ་གྱུར་དང༌། །ཡུལ་ནི་ཉེ་བར་གྱུར་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་ མོངས་རྣམས་ནི་སྐྱེ་བར་འགྱུར། །ཞེས་པ་ལྟར་རྒྱུ་གསུམ་ལས་རིམ་གྱིས་དུས་གསུམ་འབྱུང་ བ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། དེ་དག་གིས་ཀུན་ནས་བསླངས་བའི་ལུས་ ངག་ཡིད་གསུམ་གྱི་ལས་ཟག་པ་དང་བཅས་པ་སྤྱོད་པ་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། དེ་རྣམས་ཀྱི་དབང་གིས་འཁོར་བར་སྐྱེས་ནས་སྡུག་བསྔལ་སྣ་ཚོགས་མྱོང་བ་སྐྱེ་བའི་ཀུན་ ནས་ཉོན་མོངས་པ་རྣམས་ཡིན་ལ། གཉེན་པོ་ནི་ལེགས་པར་ཡོངས་སུ་བཙལ་ན་མེད་པའི་ རྒྱུ་མཚན་གྱི་གཟུང་བ་དང་འཛིན་པའི་དམིགས་པ་འགའ་ཡང་མ་མཐོང་ཞིང༌། དེའི་ཚེ་ཡོད་ པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱུར་པ་དོན་དམ་པའི་བདེན་པ་མཐོང་བའི་ཏིང་ངེ་འཛིན་ཏེ། རྒྱས་པར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲངས་ལ་མདོ་ཇི་ལྟ་བ་བཞིན་དུ་རིག་ པར་བྱའོ།། །། 5-1-71 དེ་ཉིད་འཛིན་པ་དགེ་འདུན་དཀོན་མཆོག་གི་ངོ་བོ་ལའང་གཉིས་ཏེ། ཐུན་མོང་གི་རྣམ་ པར་གཞག་པ་དང༌། གཞུང་གི་དོན་རྣམ་པར་བཤད་པའོ། །དེ་ལ་ཐུན་མོང་གི་རྣམ་གཞག་ ནི། ཐེག་དམན་འཕགས་མཆོག་ལས་ཀྱང་མཆོག་གྱུར་ཅིང༌། །ཐེག་ཆེན་ཡེ་ཤེས་གཉིས་ཀྱི་ དོན་གཟིགས་པས། །རྟག་ཏུ་ཉེས་པའི་འཁྲུལ་པ་མི་མངའ་བ། །ཚོགས་མཆོག་དགེ་འདུན་ཆེ་ ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་གསུམ་སྟེ། ཞར་ལས་བྱུང་བའི་ཐེག་དམན་གྱི་དགེ་འདུན། སྐབས་སུ་བབས་པའི་ཐེག་ཆེན་གྱི་དགེ་འདུན། དེ་ལ་གཞན་དག་འཁྲུལ་པའི་གནས་སྤང་ བའོ། ། ཐེག་དམན་ལ་གཉིས་ཏེ། ཉན་ཐོས་ཀྱི་དགེ་འདུན་དང༌། རང་རྒྱལ་གྱི་དགེ་འདུན་ནོ། ། ཉན་ཐོས་ལ་གསུམ་སྟེ། ཁྱད་པར་ངོས་བཟུང༌། རྣམ་པའི་དབྱེ་བ། མིང་དོན་བསྟན་པའོ། །དེ་ ལ་ཁྱད་པར་ངོས་བཟུང་ནི། ཆོས་མངོན་པ་ལས། ཉན་ཐོས་ཀྱི་ཐེག་པ་པ་གང་ཞེ་ན། ཉན་ ཐོས་ཀྱི་ཆོས་ཉིད་ངེས་པ་དང་མ་ངེས་པ་ལ་གནས་པ་དང༌། རང་བཞིན་གྱིས་དབང་པོ་བརྟུལ་ པོ་དང༌། བདག་རྣམ་པར་ཐར་བར་བྱ་བའི་ཕྱིར་སྨོན་ལམ་བཏབ་པ་དང༌། ཡིད་འབྱུང་བ་དང་ འདོད་ཆགས་དང་བྲལ་བ་དང་རྣམ་པར་གྲོལ་བར་བྱ་བའི་བསམ་པ་ཅན་དང༌། ཉན་ཐོས་ཀྱི་ སྡེ་སྣོད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་ཅིང༌། གང་སྡུག་བསྔལ་གྱི་ མཐར་ཕྱིན་པ་ཐོབ་པའོ། །ཞེས་གསུངས་པ་ལྟར་རྣམ་པ་བདུན་ཏེ། དེ་ལ་རིགས་ཀྱི་ཁྱད་པར་ ནི། རྐྱེན་གྱིས་ཐེག་པ་གཞན་དུ་མི་འགྱུར་ཞིང་རེ་ཞིག་ཉན་ཐོས་ཀྱི་དགྲ་བཅོམ་པར་འགྲོ་བ་ ལྟ་བུ་རིགས་ངེས་པའམ། དྲོད་དང་རྩེ་མོ་མན་ཆད་དུ་ཐེག་ཆེན་པར་ཡང་འགྱུར་ཞིང༌། བཟོད་ པ་མན་ཆད་རང་རྒྱལ་དུའང་འགྱུར་བ་ལྟ་བུ་མ་ངེས་པ་ལ་གནས་པའོ། །དབང་པོའི་ཁྱད་པར་ ནི། ཕྱི་མ་གཉིས་ལ་ལྟོས་ནས་རང་བཞིན་གྱིས་དད་པ་ལ་སོགས་པའི་དབང་པོ་ལྔ་བརྟུལ་ པོར་གྱུར་པའོ། །སྨོན་པའི་ཁྱད་པར་ནི། རང་ཉིད་འབའ་ཞིག་འཁོར་བའི་སྡུག་བསྔལ་ལས་ 5-1-72 ཐར་པར་བྱ་བའི་ཆེད་དུ་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་པའོ། །བསམ་པའི་ཁྱད་པར་ནི། མཐོང་ལམ་མན་ཆད་དུ་སྡུག་བསྔལ་ལས་ཡིད་འབྱུང་བ་དང༌། སྒོམ་ལམ་དུ་འདོད་ཆགས་དང་ བྲལ་བར་བྱ་བ་དང་། ཐམས་ཅད་དུ་ཉོན་མོངས་པ་ལས་རྣམ་པར་གྲོལ་བར་བྱ་བའི་བསམ་པ་ ཅན་ནོ། །དམིགས་པའི་ཁྱད་པར་ནི། ཉན་ཐོས་ཀྱི་ཆེད་དུ་གསུངས་པའི་སྡེ་སྣོད་(མདོ་སྡེ་འདུལ་བ་ མངོན་པ་)གསུམ་ལ་དམིགས་ནས་ཐོས་བསམ་ལ་སོགས་པ་བྱེད་པའོ། །སྒྲུབ་པའི་ཁྱད་པར་ནི། མྱ་ངན་ལས་འདས་པ་ཐོབ་པ་དང་རྗེས་སུ་མཐུན་པའི་ལམ་གྱི་ཆོས་ཚོགས་ལམ་ལ་སོགས་པ་ རིམ་པ་ལྟར། སྒྲུབ་ཅིང་ཉམས་སུ་ལེན་པའོ། །འབྲས་བུའི་ཁྱད་པར་ནི། མདོ་ལས། ལུས་ཞིག་ ཚོར་བ་བསིལ་བར་གྱུར། །འདུ་ཤེས་འགགས་ཤིང་འདུ་བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་ པ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །ཞེས་འབྱུང་བ་ལྟར་དེ་ཕྱིན་ཆད་འཁོར་བའི་སྡུག་ བསྔལ་མི་མྱོང་བའི་དགྲ་བཅོམ་པ་ཐོབ་པའོ། ། རྣམ་པའི་དབྱེ་བ་ནི། ཤིན་ཏུ་མང་ཡང་མདོར་བསྡུས་ན། ཆོས་མངོན་པ་ལས། རྒྱུན་ དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་རྒྱུན་དུ་ཞུགས་པ་དང༌། ལན་ གཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་ བ་དང༌། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་ཕྱིར་མི་འོང་བ་ དང༌། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང༌། དགྲ་བཅོམ་པ་དང་ ཞེས་གསུངས་པ་ལྟར་འབྲས་བུ་བཞིའི་དབྱེ་བས་ཟུང་དུ་བྱས་ན་སྐྱེས་བུ་བཞིའམ། ཡ་གྱལ་དུ་ བགྲངས་ན་གང་ཟག་བརྒྱད་དེ། དེ་ལ་རྒྱུན་ཞུགས་འབྲས་བུ་ལ་འཇུག་པ་ནི། གང་ངེས་པར་ འབྱེད་པའི་ཆ་དང་མཐུན་པ་དང༌། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་ལ་གནས་ པའི་གང་ཟག་གོ་ཞེས་པ་ལྟར་མཐོང་ལམ་སྟན་ཐོག་གཅིག་ཏུ་སྐྱེ་བའི་སྦྱོར་ལམ་ནས་བཟུང་ སྟེ་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་མན་ཆད་ལ་གནས་པས་བྱང་ཆུབ་ཀྱི་རྒྱུན་ལ་རིམ་ 5-1-73 གྱིས་འཇུག་པའོ། །རྒྱུན་ཞུགས་འབྲས་བུ་ལ་གནས་པ་ནི། གང་མཐོང་བའི་ལམ་གྱི་སེམས་ ཀྱི་སྐད་ཅིག་བཅུ་དྲུག་པ་ལ་གནས་པའི་གང་ཟག་གོ་ཞེས་པ་ལྟར་ལམ་ལ་རྗེས་སུ་ཤེས་པའི་ སྐད་ཅིག་མ་ལ་གནས་པས་བྱང་ཆུབ་ཀྱི་རྒྱུན་ལ་ལེགས་པར་ཞུགས་ཟིན་པའོ། །ཕྱིར་འོང་ འབྲས་བུ་ལ་འཇུག་པ་ནི། གང་སྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་ པ་ལྔ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ །ཞེས་པ་ལྟར་སྒོམ་ལམ་རིམ་གྱིས་བསྐྱེད་ ནས་འདོད་ཁམས་ཀྱི་སྒོམ་སྤང་འབྲིང་པོའི་འབྲིང་པོ་མན་ཆད་སྤངས་པས་འབྲས་བུ་གཉིས་ པ་ལ་རིམ་གྱིས་འཇུག་པའོ། །ཕྱིར་འོང་འབྲས་བུ་ལ་གནས་པ་ནི། གང་སྒོམ་པའི་ལམ་ལ་ འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་དྲུག་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་ གོ་ཞེས་པ་ལྟར་འདོད་ཁམས་ཀྱི་སྒོམ་སྤང་འབྲིང་པོའི་ཆུང་ངུ་མན་ཆད་སྤངས་ཀྱང་ལྷག་མ་ གསུམ་སྤང་བའི་ཆེད་དུ་འདོད་ཁམས་སུ་ལན་གཅིག་ཕྱིར་འོང་བའོ། །ཕྱིར་མི་འོང་འབྲས་བུ་ ལ་འཇུག་པ་ནི། གང་སྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་བདུན་པ་ དང་བརྒྱད་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ་ཞེས་པ་ལྟར་འདོད་ཁམས་ཀྱི་སྒོམ་ སྤང་ཆུང་ངུའི་ཆེན་པོ་དང་ཆུང་ངུའི་འབྲིང་པོ་སྤངས་པས་འབྲས་བུ་གསུམ་པ་ལ་རིམ་གྱིས་ འཇུག་པའོ། །ཕྱིར་མི་འོང་འབྲས་བུ་ལ་གནས་པ་ནི། གང་སྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་ པའི་ཉོན་མོངས་པ་རྣམ་པ་དགུ་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ་ཞེས་པ་ལྟར་ འདོད་ཁམས་ཀྱི་སྒོམ་སྤང་ཆུང་ངུའི་ཆུང་ངུའང་སྤངས་པས་ཁམས་འོག་མར་ལན་གཅིག་ཀྱང་ ཕྱིར་མི་འོང་བའོ། །དགྲ་བཅོམ་འབྲས་བུ་ལ་འཇུག་པ་ནི་གང་སྲིད་པའི་རྩེ་མོའི་ཉོན་མོངས་ པ་རྣམ་པ་བརྒྱད་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ་ཞེས་པ་ལྟར་སྲིད་རྩེའི་སྒོམ་ སྤང་ཆུང་ངུའི་འབྲི ང་པོ་སྤངས་པས་འབྲས་བུ་བཞི་པ་ལ་རིམ་གྱིས་འཇུག་པའོ། །དགྲ་བཅོམ་ འབྲས་བུ་ལ་གནས་པ་ནི། གང་སྲིད་པའི་རྩེ་མོའི་ཉོན་མོངས་པ་རྣམ་པ་དགུ་པ་སྤངས་པའི་ 5-1-74 ལམ་ལ་གནས་པའི་གང་ཟག་གོ་ཞེས་པ་ལྟར་སྲིད་རྩེའི་སྒོམ་སྤང་ཆུང་ངུའི་ཆུང་ངུའང་སྤངས་ པས་ཁམས་གསུམ་གྱི་ཉོན་མོངས་པ་དགྲ་དང་འདྲ་བ་རྣམས་མ་ལུས་པར་བཅོམ་པའོ། ། མིང་དོན་ནི། དེ་དག་སྲིད་པ་ཐ་མ་པའི་ཚེ་ཡང་སློབ་དཔོན་ལས་ཉན་པར་བྱེད་པའམ་ ཐེག་པ་ཆེན་པོ་ཐོས་པ་གཞན་ཡང་སྒྲོགས་པར་བྱེད་པའི་དོན་གྱིས་ན་ཉན་ཐོས་སམ་ཐོས་ སྒྲོགས་པ་ཞེས་བྱ་སྟེ། དམ་ཆོས་པད་མ་དཀར་པོ་ལས། མགོན་པོ་དེ་རིང་བདག་ཅག་ཉན་ ཐོས་འགྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་ བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་གསུངས་པ་ལྟར་རོ། ། རང་རྒྱལ་ལའང་གསུམ་ལས། ཁྱད་པར་ངོས་བཟུང་ནི། ཆོས་མངོན་པར། རང་སངས་ རྒྱས་ཀྱི་ཐེག་པ་པ་གང་ཞེ་ན། རང་སངས་རྒྱས་ཀྱི་ཆོས་ཉིད་ངེས་པ་དང་མ་ངེས་པ་ལ་གནས་ པ་དང༌། རང་བཞིན་གྱིས་དབང་པོ་འབྲི ང་པོ་དང༌། བདག་རྣམ་པར་ཐར་བར་བྱ་བའི་ཕྱིར་ སྨོན་ལམ་བཏབ་པ་དང༌། ཡིད་འབྱུང་བ་དང་འདོད་ཆགས་དང་བྲལ་བ་དང་རྣམ་པར་གྲོལ་ བར་བྱ་བའི་བསམ་པ་ཅན་དང་བདག་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ བསམ་པ་ཅན་དང༌། ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ སྒྲུབ་ཅིང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་མ་སྐྱེད་པའམ་ངེས་པར་འབྱེད་པའི་ཆ་ དང་མཐུན་པ་སྔོན་སྐྱེད་པ་སྔོན་འབྲས་བུ་མ་ཐོབ་པའམ། སྔོན་འབྲས་བུ་ཐོབ་པ་ཡང་རུང་སྟེ་ སངས་རྒྱས་འབྱུང་བ་མེད་པར་བདག་ཉིད་ཀྱིས་ལམ་མངོན་སུམ་དུ་བྱས་ནས་བསེ་རུ་ལྟ་བུར་ གྱུར་ཏེ་གཅིག་པུར་གནས་པའམ། རང་རྒྱལ་བར་གྱུར་ཏེ་ཚོགས་ན་སྤྱོད་པ་གང་སྡུག་བསྔལ་ གྱི་མཐར་ཕྱིན་པ་ཐོབ་པའོ། །ཞེས་གསུངས་པ་ལྟར་བདུན་ཏེ། རིགས་ཀྱི་ཁྱད་པར་ནི། རེ་ ཞིག་ཐེག་པ་གཞན་དུ་མི་འགྱུར་ཞིང་རང་བྱང་ཆུབ་ཐོབ་པ་ལྟ་བུ་ངེས་པའམ་ཚོགས་སྤྱོད་པ་ དྲོད་དང་རྩེ་མོ་མན་ཆད་ལ་གཞན་དུའང་འགྲོ་བ་ལྟ་བུ་མ་ངེས་པ་ལ་གནས་པ་དང༌། དབང་ 5-1-75 པོའི་ཁྱད་པར་ནི། སྔ་མ་དང་ཕྱི་མ་དག་ལ་ལྟོས་ནས་རང་བཞིན་གྱིས་དད་པ་ལ་སོགས་པའི་ དབང་པོ་ལྔ་འབྲི ང་པོར་འགྱུར་བ་དང༌། སྨོན་པའི་ཁྱད་པར་ནི། རང་ཉིད་གཅིག་པུ་སྡུག་ བསྔལ་ལས་ཐར་བའི་བྱང་ཆུབ་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་པ་ དང༌། བསམ་པའི་ཁྱད་པར་ནི། མངོན་རྟོགས་ཀྱི་སྔ་རོལ་ཏུ་ཡིད་འབྱུང་བ་དང་མཐོང་ལམ་ དུ་འདོད་ཆགས་དང་བྲལ་བ་དང་སྒོམ་ལམ་དུ་རྣམ་པར་གྲོལ་བ་དང་ཐམས་ཅད་དུ་བདག་ ཉིད་བྱང་ཆུབ་པར་བྱ་བའི་བསམ་པ་ཅན་དང༌། དམིགས་པའི་ཁྱད་པར་ནི། ང་རྒྱལ་གྱིས་སྤྱོད་ ཅིང་སངས་རྒྱས་འབྱུང་བ་ན་མི་སྐྱེ་བས་སྡེ་སྣོད་ལོགས་པ་མེད་པའི་ཕྱིར་ཉན་ཐོས་ཀྱི་སྡེ་སྣོད་ གསུམ་ལ་དམིགས་པ་དང༌། སྒྲུབ་པའི་ཁྱད་པར་ནི། ཐུན་མོང་དུ་མྱ་ངན་ལས་འདས་པ་ཐོབ་ པ་དང་རྗེས་སུ་མཐུན་པ་ལམ་གྱི་ཆོས་སྒྲུབ་པ་དང༌། འབྲས་བུའི་ཁྱད་པར་ནི། བདག་ཉིད་ གཅིག་པུས་གཞན་གྱི་སྒྲ་ལ་མ་བརྟེན་པར་རང་བྱང་ཆུབ་ཐོབ་པ་རྣམས་སོ། ། རྣམ་པའི་དབྱེ་བ་ནི། དབང་པོའི་བྱེ་བྲག་གིས་གསུམ་སྟེ། དབང་པོ་རྣོན་པོ་བསེ་རུ་ལྟ་ བུ་དང༌། དབང་པོ་འབྲི ང་པོ་ཚོགས་སྤྱོད་ཆེན་པོ་པ་དང༌། དབང་པོ་རྟུལ་པོ་ཚོགས་སྤྱོད་ཆུང་ ངུ་པའོ། །དེ་ལ་བསེ་རུ་ལྟ་བུ་ནི། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་པ་ལྟར་ཚོགས་ཀྱང་ བསྐལ་པ་བརྒྱ་ཙམ་དུ་སོག་ཅིང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་ འབྱུང་བ་དང་གནས་མ་ཡིན་པ་དང་བདེན་པ་ལ་མཁས་པར་བྱས་ནས། ངེས་འབྱེད་ཆ་མཐུན་ ཙམ་ཡང་གཞན་ལ་ལྟོས་ནས་མ་བསྐྱེད་པར་བདག་ཉིད་ཀྱིས་ལམ་མངོན་དུ་བྱས་ཏེ་རང་བྱང་ ཆུབ་ཐོབ་ཅིང་བསེ་རུ་ལྟར་གཅིག་པུར་གནས་པའོ། །ཚོགས་སྤྱོད་ཆེན་པོ་པ་ནི། ཚོགས་ཀྱང་ ཅི་རིགས་པ་སོག་ཅིང་གནས་དྲུག་ལ་མཁས་པར་བྱས་ནས་ངེས་འབྱེད་ཆ་མཐུན་མན་ཆད་ གཞན་ལ་ལྟོས་ནས་བསྐྱེད་དགོས་ཀྱང༌། འབྲས་བུ་དང་པོ་ཡན་ཆད་ལམ་ལྷག་མ་རྣམས་ གཞན་ལ་མ་ལྟོས་པར་བདག་ཉིད་ཀྱིས་མངོན་དུ་བྱས་ཏེ་རང་རྒྱལ་བར་གྱུར་ཅིང་ཚོགས་དང་ 5-1-76 ལྷན་ཅིག་སྤྱོད་པའོ། །ཚོགས་སྤྱོད་ཆུང་ངུ་པ་ནི། ཚོགས་ཀྱང་ཅུང་ཟད་ཙམ་སོག་ཅིང་གནས་ དྲུག་ལ་མཁས་པར་བྱས་ནས་འབྲས་བུ་དང་པོའང་གཞན་ལ་ལྟོས་ནས་བསྐྱེད་དེ། ལམ་ལྷག་ མ་རྣམས་བདག་ཉིད་ཀྱིས་མངོན་དུ་བྱས་ནས་རང་རྒྱལ་བར་གྱུར་ཅིང་ཚོགས་དང་ལྷན་ཅིག་ སྤྱོད་པའོ། །དེ་དག་གི་གནས་ཚུལ་ཡང་ས་སྡེ་ལས། དང་པོ་གཅིག་པུར་གནས་པ་སྟེ། །ཟབ་ མོ་ལ་ནི་རྟོག་པ་ཡི། །མོས་པ་དང་ལྡན་ལྷག་མ་གཉིས། །ཚོགས་དང་ལྷན་ཅིག་གནས་པ་ཡིན། ། ཞེས་གསུངས་ཤིང༌། རྟོགས་པའང་ཉན་ཐོས་དང་འདྲ་བར་གང་ཟག་གི་བདག་མེད་ཙམ་ རྟོགས་པར་བཤད་ལ། བསེ་རུ་ལྟ་བུ་ནི་ཆོས་ཀྱི་བདག་གི་ཕྱོགས་གཅིག་གཟུང་བ་མེད་པའང་ རྟོགས་ཏེ། མངོན་པར་རྟོགས་པའི་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་ པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། ། ཞེས་གསུངས་པའི་ཕྱིར་རོ། །གཞན་དོན་ཡང་ཐེག་ཆེན་པ་ལྟ་བུ་མི་ནུས་ཀྱང་རྫུ་འཕྲུལ་ཅི་ རིགས་པ་སྟོན་པ་དང༌། ཞི་ཞིང་དུལ་བས་བསོད་སྙོམས་ལ་འཇུག་པ་ན་སྒྲ་མེད་པར་ཆོས་སྟོན་ པ་ལ་སོགས་པ་ཅུང་ཟད་ནུས་པ་ཉིད་དེ། དེ་ཉིད་ལས། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང༌། །ཞེས་གསུངས་ པ་ལྟར་རོ། ། མིང་དོན་བསྟན་པ་ནི། སངས་རྒྱས་དང་ཉན་ཐོས་ལ་སོགས་པ་གང་ཟག་གཞན་ལ་མ་ བརྟེན་པར་སོ་སོ་གཅིག་པུར་རང་ཉིད་ལ་རྟེན་འབྲེལ་ཟབ་མོ་རྟོགས་པའི་ཡེ་ཤེས་ཁྱད་པར་ ཅན་སྐྱེས་པའི་དོན་གྱིས་ན་རང་སངས་རྒྱས་ཞེས་བྱ་སྟེ། དབུ་མའི་རྩ་བ་ལས། རྫོགས་སངས་ རྒྱས་རྣམས་མ་བྱུང་ཞིང༌། །ཉན་ཐོས་རྣམས་ཀྱང་ཟད་པ་དང༌། །རང་སངས་རྒྱས་ཀྱི་ཡེ་ཤེས་ ནི། །བརྟེན་པ་མེད་ལས་རབ་ཏུ་སྐྱེ། །ཞེས་གསུངས་པ་ལྟར་རོ། ། སྐབས་སུ་བབས་པའི་ཐེག་ཆེན་གྱི་དགེ་འདུན་ལ་བཞི་ལས། ཁྱད་པར་ངོས་བཟུང་ནི། 5-1-77 ཆོས་མངོན་པར། ཐེག་པ་ཆེན་པོ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཆོས་ཉིད་ངེས་པ་དང་ མ་ངེས་པ་ལ་གནས་པ་དང༌། རང་བཞིན་གྱིས་དབང་པོ་རྣོན་པོ་དང༌། སེམས་ཅན་ཐམས་ཅད་ རྣམ་པར་ཐར་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་པ་དང༌། མི་གནས་པའི་མྱ་ངན་ལས་འདས་ པའི་བསམ་པ་ཅན་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་དམིགས་ནས། ཆོས་ཀྱི་རྗེས་སུ་ མཐུན་པའི་ཆོས་སྒྲུབ་ཅིང་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ ཞིང་ཡང་ཡོངས་སུ་སྦྱོང་ལ། ལུང་བསྟན་པ་ཡང་ཐོབ་ཅིང༌། གང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའོ་ཞེས་གསུངས་པ་ལྟར་བདུན་ ཏེ། དེ་ལ་རིགས་ཀྱི་ཁྱད་པར་ནི། དབང་པོ་རྣོན་པོ་སྦྱོར་ལམ་དང༌། འབྲི ང་པོ་མཐོང་ལམ་ དང༌། བརྟུལ་པོ་སྒོམ་ལམ་ས་བརྒྱད་པ་ནས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཐོབ་ ཅིང་སངས་རྒྱས་སུ་རིགས་སུ་ངེས་ལ། དེ་དག་གི་སྔ་རོལ་དུ་ནི་མ་ངེས་པ་སྟེ། མཐར་ཕྱིན་པའི་ བྱང་ཆུབ་ཏུ་འགྲོ་བ་ལ་རྐྱེན་གྱིས་མི་འཕྲོག་པ་དང་རེ་ཞིག་རྐྱེན་གྱིས་འཕྲོག་པ་ལ་གནས་པའོ། ། དབང་པོའི་ཁྱད་པར་ནི། ཉན་ཐོས་དང་རང་སངས་རྒྱས་ལ་ལྟོས་ནས་དད་པ་ལ་སོགས་པའི་ དབང་པོ་ལྔ་རང་བཞིན་གྱིས་རྣོན་པོ་དང་ལྡན་པའོ། །སྨོན་པའི་ཁྱད་པར་ནི༑ སེམས་ཅན་ ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་རྣམ་པར་ཐར་པར་བྱའོ་སྙམ་དུ་སེམས་ བསྐྱེད་ཅིང་སྨོན་ལམ་བཏབ་པའོ། །བསམ་པའི་ཁྱད་པར་ནི། མངོན་པར་རྟོགས་པའི་རྒྱན་ ལས། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །ཞེས་གསུངས་པ་ ལྟར་ཤེས་རབ་དང་སྙིང་རྗེ་གཉིས་ཀྱིས་སྲིད་པ་དང་ཞི་བའི་མཐའ་གཉིས་ལ་མི་གནས་པའི་ མྱ་ངན་ལས་འདས་པ་ཐོབ་པར་བྱའོ་སྙམ་པའི་བསམ་པ་ཅན་ནོ། །དམིགས་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལ་དམིགས་ནས་ཐོས་བསམ་ལ་ ཚུལ་བཞིན་དུ་འཇུག་པའོ། །སྒྲུབ་པའི་ཁྱད་པར་ནི། རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་ 5-1-78 དག་གི། གཟག་དང་སྤྱད་དུ་རུང་བས་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ ཞི་བ་དང༌། །དེ་བཞིན་སྤྱད་པ་ཉིད་དུ་སྨིན་པ་བསྟན། །ཞེས་གསུངས་པ་ལྟར། གདུལ་བྱའི་ རྒྱུད་ལ་སྤང་བྱ་སྤང་རུང་དང་གཉེན་པོ་བསྐྱེད་རུང་དུ་བྱེད་པ་དང་ཐུགས་རྗེའི་བྱེ་བྲག་གིས་ བདེ་བ་ཅན་དང་མི་མཇེད་ལྟ་བུ་དག་པ་དང་མ་དག་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་ ཞིང༌། དེ་ཡང་དྲི་མ་མེད་པར་གྲགས་པས་ཞུས་པ་ལས། སངས་རྒྱས་ཀྱི་ཞིང་སྦྱོང་བར་འདོད་ པས་རང་གི་སེམས་སྦྱང་བར་བྱའོ། །ཞེས་གསུངས་པ་ལྟར་རང་གི་སེམས་ཡོངས་སུ་སྦྱོང་བར་ བྱེད་པ་དང༌། རྒྱན་ལས། གང་ཟག་དུས་ཀྱི་བྱེ་བྲག་གིས། །བློ་ལྡན་ལུང་སྟོན་རྣམ་པ་གཉིས། ། བྱང་ཆུབ་དང་ནི་ལུང་སྟོན་པར། །གཞན་ཡང་ཆེན་པོར་བརྗོད་པ་ནི། །མི་སྐྱེ་བཟོད་པ་ཐོབ་པ་ ཡིས། །ཞེས་གསུངས་པ་ལྟར་གང་ཟག་གི་བྱེ་བྲག་གིས་མངོན་སུམ་དང་ལྐོག་ཏུ་ལུང་སྟོན་པ་ དང༌། དུས་ཀྱི་བྱེ་བྲག་གིས་དུས་ཚད་ཡོད་པ་དང་མེད་པར་ལུང་སྟོན་པ་དང༌། དངོས་སུ་བྱང་ ཆུབ་ཏུ་ལུང་སྟོན་པ་དང་གཞན་གྱིས་ལུང་སྟོན་པར་འགྱུར་རོ་ཞེས་ལུང་སྟོན་པ་དང༌། མི་སྐྱེ་ བའི་ཆོས་ལ་བཟོད་པ་ཐོབ་པ་ན་ཆེན་པོའི་ལུང་སྟོན་པ་སྟེ་ལུང་སྟོན་པའི་བྱེ་བྲག་རྣམས་ཀྱང་ ཐོབ་པར་བྱེད་པའོ། །འབྲས་བུའི་ཁྱད་པར་ནི། འཆད་པར་འགྱུར་བ་ལྟར་དོན་གཉིས་མཐར་ ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་མངོན་པར་རྫོགས་པར་ འཚང་རྒྱ་བའོ། ། རྣམ་པའི་དབྱེ་བ་ནི། ཚོགས་ལམ་དང་སྦྱོར་ལམ་དུ་མོས་པས་སྤྱོད་པ་ཅན་དང་ས་བཅུ་ལ་ གནས་པ་རྣམས་ལྷག་པའི་བསམ་པས་སྤྱོད་པ་ཅན་དང༌། དེའི་ཁྱད་པར་ས་དང་པོ་ནས་དྲུག་ པའི་བར་ལ་མཚན་མ་དང་བཅས་པར་སྤྱོད་པ་ཅན་དང༌། ས་བདུན་པ་ལ་མཚན་མ་མེད་པར་ སྤྱོད་པ་ཅན་དང༌། ས་བརྒྱད་པ་ཡན་ཆད་མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་ཅན་གྱི་བྱང་ ཆུབ་སེམས་དཔའི་གང་ཟག་ཅེས་བྱ་བ་རྣམ་པ་ལྔ་སྟེ། གཅིག་ནི་མོས་པ་དང་ལྡན་པ། ལྷག་ 5-1-79 པའི་བསམ་པ་དག་པ་གཞན། །མཚན་མ་དང་ནི་མཚན་མ་མེད། །མངོན་པར་འདུ་བྱེད་མེད་ སྤྱོད་པ། །ལྔ་པོ་འདི་དག་ས་ཀུན་ལ། །བྱང་ཆུབ་སེམས་དཔའ་ཡིན་ཞེས་བྱ། །ཞེས་གསུངས་ པ་ལྟར་རོ། ། མིང་དོན་བསྟན་པ་ནི། སྔར་བཤད་པ་ལྟར་ཐེག་པ་ཆེན་པོ་ལ་གནས་པས་ཕ་རོལ་ཏུ་ཕྱིན་ པ་དྲུག་གི་ཆོས་སྒྲུབ་ཅིང་བྱང་ཆུབ་ཆེན་པོའི་ཆོས་ལ་སྨོན་པ་དང་ལྡན་པའི་གང་ཟག་གང་ཡིན་ པ་དེ་ལ་བྱང་ཆུབ་སེམས་དཔའི་དགེ་འདུན་ཞེས་བྱ་སྟེ། ཇི་སྐད་དུ། ཆོས་ལ་མི་དགའ་རང་ བཞིན་ཆོས་ལ་དགའ། །ཆོས་ལ་སྨོད་ཅིང་ཆོས་ལ་མངོན་པར་བརྩོན། །ཆོས་ལ་དབང་བ་ཆོས་ ལ་མུན་པ་མེད། །ཆོས་གཙོར་བྱེད་པ་བྱང་ཆུབ་སེམས་དཔའ་ཡིན། །ཞེས་པ་ལ་སོགས་པ་རྒྱ་ ཆེར་གསུངས་པ་ལྟར་རོ། །དེའི་རྣམ་གྲངས་ནི། བྱང་ཆུབ་ཆེན་པོ་ལ་འདུན་པ་དང་ལྡན་པས་ན་ བྱང་ཆུབ་སེམས་དཔའ་དང༌། གཞན་གྱི་དོན་ལ་རྟུལ་ཕོད་ཅིང་སྙིང་སྟོབས་ཆེ་བས་ན་སེམས་ དཔའ་ཆེན་པོ་དང༌། བདག་མེད་རྟོགས་པ་ལ་སོགས་པའི་ཤེས་རབ་དང་ལྡན་པས་ན་བློ་ལྡན་ ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་ལྡན་དང་ནི་གསལ་ བའི་མཆོག །རྒྱལ་སྲས་རྒྱལ་བའི་གཞི་དང་ནི། །རྒྱལ་བྱེད་རྒྱལ་བའི་མྱུ་གུ་དང༌། །རྩལ་ལྡན་ དང་ནི་འཕགས་མཆོག་དང༌། །དེད་དཔོན་དང་ནི་གྲགས་མཆོག་དང༌། །སྙིང་རྗེ་ཅན་དང་ བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ཆོས་དང་ལྡན། །ཞེས་པ་ལ་སོགས་པ་གསུངས་པ་ ལྟར་རོ། །རྟོགས་པའི་ཁྱད་པར་ནི། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་ཇི་ལྟ་བ་ མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་མཉམ་པ་ཉིད་མངོན་སུམ་དུ་རྟོགས་ཤིང༌། ཇི་སྙེད་ པ་མཁྱེན་པའི་ཡེ་ཤེས་ཀྱིས་ནི་དེ་ཉིད་སེམས་ཅན་ཐམས་ཅད་ལ་ཡང་མཚུངས་པ་ཉིད་དུ་ཁྱབ་ པར་རྟོགས་པ་སྟེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་ནི་མཉམ་པ་ཉིད། །རབ་ཏུ་རྟོགས་ནས་དེ་ཡི་ ཚེ། །རྟག་ཏུ་སེམས་ཅན་ཐམས་ཅད་ལ། །བདག་དང་མཚུངས་པའི་སེམས་ཐོབ་སྟེ། །ཞེས་པ་ 5-1-80 ལ་སོགས་པ་གསུངས་པ་ལྟར་རོ། ། དེ་ལ་གཞན་དག་འཁྲུལ་པའི་གནས་སྤང་བ་ལ་གསུམ་ལས། རབ་བྱུང་ཐེག་དམན་དུ་ འདོད་པ་སྤང་བ་ནི། ཁ་ཅིག་རབ་ཏུ་བྱུང་བའི་ཆ་ལུགས་ཅན་རྣམས་ནི་ཐེག་པ་ཆུང་ངུའི་གང་ ཟག་ཡིན་ནོ་སྙམ་དུ་སེམས་ན། དེ་ལྟར་ནི་བསམ་པར་མི་བྱ་སྟེ། རབ་ཏུ་བྱུང་བའི་ཕྱོགས་དག་ ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །ཞེས་ཇི་སྐད་བཤད་པ་ལྟར་ཐེག་ཆེན་གྱི་བསམ་ སྦྱོར་དང་ལྡན་པའི་རབ་ཏུ་བྱུང་བ་རྣམས་ནི་ཁྱིམ་པའི་ཕྱོགས་ལས་ཁྱད་པར་དུ་འཕགས་པར་ བསྟན་པའི་ཕྱིར་དང༌། སྔགས་ཀྱི་ཐེག་པར་ཡང༌། རྡོ་རྗེ་འཛིན་པ་གསུམ་ལས་དགེ་སློང་རྡོ་རྗེ་ འཛིན་པ་ནི་མཆོག་ཏུ་གསུངས་པའི་ཕྱིར་རོ། ། ཁྱི མ་པ་ཕྱག་གི་ཡུལ་མིན་པ་སྤང་བ་ནི། ཡང་འགའ་ཞིག་ཁྱི མ་པའི་ཆ་ལུགས་དང་ལྡན་ པའི་བྱང་ཆུབ་སེམས་དཔའ་རྣམས་དགེ་བསྙེན་གྱི་སྡོམ་པ་ལ་གནས་པ་ཙམ་ཡིན་པའི་ཕྱིར་ དགེ་སློང་ལ་སོགས་པ་རྣམས་ཀྱིས་ཕྱག་དང་བསྙེན་བཀུར་བྱ་བའི་འོས་མ་ཡིན་ནོ་ཞེས་བྱ་ བར་འདོད་ན། དེ་ལྟར་ཡང་རིགས་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཁྱི མ་ པ་འཁོར་ལོས་བསྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་དོན་ བྱེད་དོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་བསམ་སྦྱོར་ཕུན་སུམ་ཚོགས་པ་དང་ལྡན་ པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་པ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། ། ཐེག་དམན་སྐྱབས་གནས་སུ་འདོད་པ་སྤང་བ་ནི། ཁ་ཅིག་ཐེག་པ་ཆུང་ངུ་ལ་ཞུགས་པའི་ གང་ཟག་རྣམས་ཀྱང་སྐྱབས་གནས་བླ་ན་མེད་པར་འདོད་མོད། དེ་དག་ནི་ཐེག་ཆེན་པ་རྣམས་ ཀྱི་སྐྱབས་ཀྱི་ཡུལ་དམ་པ་མ་ཡིན་ཏེ། བློ་དང་ལྡན་པ་དམྱལ་བར་གནས་པ་དུས་ཀུན་དུ། ། བྱང་ཆུབ་དྲི་མེད་སྤངས་པའི་བར་དུ་གཅོད་བྱེད་མིན། །ཐེག་པ་གཞན་ལ་རབ་བསིལ་རྣམ་ 5-1-81 རྟོག་བདག་ཕན་པ། །ཤིན་ཏུ་བདེ་བར་གནས་ཀྱང་བར་དུ་གཅོད་པར་བྱེད། །ཅེས་གསུངས་ པ་ལྟར་དེ་དག་གི་བསམ་པ་ཙམ་སྐྱེས་ན་ཡང་ཐེག་ཆེན་གྱི་དགེ་བ་ལ་བར་དུ་གཅོད་པར་ བྱེད་པའི་ཕྱིར་རོ། །དེ་བས་ན་མཐར་ཐུག་གི་སྐྱབས་ནི་རྫོགས་པའི་སངས་རྒྱས་ཉིད་ཡིན་ལ། གནས་སྐབས་སུ་ཡང་བྱང་ཆུབ་སེམས་དཔའ་རྣམས་སྐྱབས་གནས་མཆོག་ཏུ་གྱུར་པ་ཡིན་ པས། བློ་དང་ལྡན་པ་རྣམས་ཀྱིས་དེ་དག་ལ་སྐྱབས་སུ་འགྲོ་བར་བྱའོ། ། གཞུང་གི་དོན་རྣམ་པར་བཤད་པ་ལ་གསུམ་སྟེ། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། ཡོན་ཏན་དེ་དག་གཉིས་སུ་བསྡུ་བ། དེ་རྣམས་སྦྱར་ཏེ་རྒྱས་པར་བཤད་པའོ། ། དེ་ལ་བསྟོད་པ་ནི། སེམས་དེ་རང་བཞིན་འདོ་གསལ་བས་ན་ཉོན་མོངས་ ངོ་བོ་མེད་གཟིགས་པས། །གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ ཡང་དག་རྟོགས་ནས་ཐམས་ཅད་ལ། །རྫོགས་པའི་སངས་རྒྱས་རྗེས་ ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་མངའ་བ། །སེམས་ཅན་རྣམ་ དག་མཐའ་ཡས་ཡུལ་ཅན་ཡེ་ཤེས་གཟིགས་མངའ་དེ་ལ་འདུད། །ཅེས་ པ་སྟེ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་སེ༷མས་དེ༷་ནི་གཉེན་པོ་ར༷ང་བཞི༷ན་གྱིས་འོ༷ད་ གས༷ལ་བ༷་མངོན་སུམ་དུ་གྱུར་པས༷་ན༷། སྤང་བྱ་ཉོ༷ན་མོ༷ངས་པའི་ངོ༷་བོ༷་གདོད་མ་ནས་སྐྱེ་བ་ མེ༷ད་པར་གཟི༷གས་པ༵ས་བྱང་ཆུབ་སེམས་དཔའ་ག༷ང་ད༷ག་འགྲོ༷་བ་ཀུ༷ན་གྱི་རང་བཞིན། གང་ ཟག་དང་ཆོས་ཀྱི་བད༷ག་མེ༷ད་པའི་མཐ༷འ་འམ་ཆོས་ཉིད་སྤྲོས་པ་ཞི༷་བ་ཡ༷ང་ད༷ག་པ་ཇི་ལྟ་ བ་བཞིན་དུ་རྟོ༷གས་པའི་སྒོ་ན༷ས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། ཆོས་ཅན་སེམས་ཅན་ ཐ༷མས་ཅ༷ད་ལ༵་ཆོས་ཉིད་རྫོ༷གས་པ༷འི་ས༷ངས་རྒྱ༷ས་ཀྱི་ཆོས་ཀྱི་སྐུ་ཁྱབ་པར་རྗེ༷ས་སུ་ཞུ༷གས་ པར་གཟི༷གས་པ༷འི་སྒོ་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏེ། དེ་དག་ཀྱང་རིམ་པ་ལྟར། ཡུལ་ཆགས་པ་དང་ཐོགས་པའི་སྒྲི༷བ་པ༷་མེ༷ད་པ༷འི་བློ༷་འཇིག་རྟེན་ལས་འདས་པའི་ཤེས་རབ་ 5-1-82 མང༷འ་བ༵འི་སྒོ་ནས་སེ༷མས་ཅ༷ན་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣ༷མ་པར་ད༷ག་པ་མཁྱེན་པ་དང༌། དེ་སེམས་ཅན་མཐ༷འ་ཡ༷ས་པ་ལ་ཁྱབ་པར་མཁྱེན་པའི་ཡུ༷ལ་ཅ༷ན་དང་ལྡན་པའི་ཤེས་བྱ་ མཐའ་དག་ལ་ཡེ༷་ཤེ༷ས་ཀྱི་གཟི༷གས་པ་རྣམ་པར་དག་པ་མང༷འ་བས་ལུས་ཅན་ཐམས་ཅད་ཀྱི་ སྐྱབས་གནས་མཆོག་ཏུ་གྱུར་པ་དེ༷་ལ༷་ཀུན་ནས་དང་བས་འདུ༵ད་ཅེས་བྱ་བའི་དོན་ཏོ། ། ཡོན་ཏན་དེ་དག་གཉིས་སུ་བསྡུ་བ་ནི། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་ གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ ཡོན་ཏན་དང་ལྡན་ཉིད། །ཅེས་བྱ་བ་ཡིན་ལ། དེ་ཡང་བཤད་མ་ཐག་པའི་གཞུང་ འདིས། ཡོན་ཏན་གཉིས་དང་ལྡན་པའི་དགེ་འདུན་དཀོན་མཆོག་སྟོན་པ་སྟེ། ཡུལ་ཆོས་ཉིད་ དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་ལ་དམིགས་ནས། འཕགས་པ་རྣམས་ཀྱིས་གཞན་ དང་ཐུན་མོང་མ་ཡིན་པར་ནང་སོ་སོ་རང་རིག་གི་ཡེ་ཤེས་ཀྱི་གཟིགས་པ་ཆགས་པའི་སྒྲིབ་ པས་དག་པའི་ཕྱིར་ཇི༷་ལྟ༷་བ་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་དང༌། ཡུལ་ཆོས་ཅན་སེམས་ ཅན་ཇི༷་སྙེ༷ད་པ་ཐམས་ཅད་ལ་ཆོས་ཀྱི་དབྱིངས་ཁྱབ་པར་ཡོད་པ་ལ་དམིགས་ནས། འཕགས་ པ་རྣམས་ཀྱིས་གཞན་དང་ཐུན་མོང་མ་ཡིན་པར་ན༷ང་སོ་སོ་རང་རིག་གི༷་ནི༵་ཡེ༷་ཤེ༷ས་ཀྱི་ གཟི༷གས་པ༷་ཐོགས་པའི་སྒྲིབ་པས་ད༷ག་པ༷འི་ཕྱི༵ར་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་ ཏེ། དེ་དག་དང་ལྡན་པའི་ཕྱིར་བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་རྫོགས་པའི་བྱང་ཆུབ་ཆེན་པོ་ ལས་ཕྱི༷ར་མི༷་ལྡོ༷ག་པ༷འི་ཚོ༵གས་དགེ་འདུན་དཀོན་མཆོག་རྣམས་ཉན་རང་ལས་མཆོག་ཏུ་གྱུར་ པས་བླ༷་ན་མེ༷ད་པའི་ཡེ་ཤེས་ཀྱི་ཡོ༷ན་ཏ༷ན་ད༷ང་ལྡ༷ན་པ་ཉི༵ད་དོ་ཞེས་བསྟན་པས་སོ། ། དེ་རྣམས་སྦྱར་ཏེ་རྒྱས་པར་བཤད་པ་ལ་བཞི་སྟེ། ཇི་ལྟ་བ་རྟོགས་ཚུལ་རྒྱས་པར་བཤད་ པ། ཇི་སྙེད་པ་རྟོགས་ཚུལ་རྒྱས་པར་བཤད་པ། དེ་དག་ཀྱང་རྣམ་པར་དག་པར་བསྟན་པ། དེ་ ཀུན་གྱི་སྐྱབས་གནས་མཆོག་ཏུ་བསྟན་པའོ། ། 5-1-83 དེ་ལ་ཇི་ལྟ་བ་རྟོགས་ཚུལ་ནི། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ ཇི་ལྟ་ཉིད་དེ་ཡང༌། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་ གདོད་ནས་ཟད་ཕྱིར་རོ། །ཞེས་པ་སྟེ། འགྲོ༷་བ༷་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ གདོད་མ་ནས་སྤྲོས་པ་ཞི༷་བ༷འི་ཆོ༷ས་ཉི༷ད་ཅན་དུ༵་སོ་སོ་རང་རིག་ཡེ་ཤེས་ཀྱིས་མངོན་སུམ་དུ་ རྟོ༷གས་པའི་ཕྱི༷ར་ན་ཇི༷་ལྟ༷་བ་མཁྱེན་པའི་ཡེ་ཤེས་ཉི༷ད་དོ་ཞེས་བྱ་བ་ཡིན་ལ། དེ༷་ཡ༵ང་སེམས་ ར༷ང་བཞི༷ན་གྱི༷ས་ནི༷་ཡོ༷ངས་སུ་ད༷ག་ཅིང་འོད་གསལ་བར་རྟོགས་པའི་ཕྱི༵ར་དང༌། དེ་གློ་བུར་ གྱི་ཉོ༷ན་མོ༷ངས་པ་གདོ༷ད་མ་ན༷ས་མ་སྐྱེས་པས་ཟ༷ད་ཅིང་འགགས་པར་རྟོགས་པའི་ཕྱི༷ར་རོ༵་ ཞེས་པའོ། །དེ་ལ་སེམས་རང་བཞིན་གྱིས་འོད་གསལ་བ་ཡང་ཡིན་ལ། གློ་བུར་གྱི་ཉོན་མོངས་ པ་ཡང་ཡིན་པ་དེ་ནི་ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པའི་ཕྱིར་རྟོགས་པར་དཀའ་ སྟེ། ཇི་སྐད་དུ། རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་ཉེ་བར་ཉོན་མོངས་པའི་དོན་ནི་ རྟོགས་པར་དཀའོ་ཞེས་གསུངས་པ་ལྟར་རོ། ། ཇི་སྙེད་པ་རྟོགས་ཚུལ་ནི། ཤེས་བྱའི་མཐར་ཐུག་རྟོགས་པའི་བློས། །ཐམས་ ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པ། ། མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་པ་སྟེ། ཡུལ་ཤེ༷ས་བྱ༷འི་དངོས་པོ་ཐམས་ཅད་ དང༌། དེའི་མཐ༷ར་ཐུ༷ག་དེ་བཞིན་ཉིད་རྟོ༷གས་པ༷་འཇིག་རྟེན་ལས་འདས་པའི༷་ཤེས་རབ་ཀྱི་ བློ༵ས་ཐ༷མས་ཅ༷ད་མཁྱེ༷ན་པ༷འི་ཆོ༷ས་ཉི༷ད་དེ་བཞིན་གཤེགས་པའི་སྙིང་པོ་ནི༵་སེ༷མས་ཅ༷ན་ཇི་ སྙེད་པ་ཐ༷མས་ཅ༷ད་ལ༷་རང་བཞིན་དུ་ཁྱབ་པར་ཡོ༷ད་པ༵ར་སོ་སོ་རང་རིག་ཡེ་ཤེས་ཀྱིས་མངོན་ སུམ་དུ་མཐོ༷ང་བའི་ཕྱི༷ར་ན་ཆོས་ཅན་ཇི༷་སྙེ༷ད་པ་ཡོ༷ད་པ༷་མཁྱེན་པའི་ཡེ་ཤེས་ཉི༵ད་དོ་ཞེས་ པའོ། །དེ་ཡང་ས་དང་པོ་ཉིད་ནས་སྐྱེས་ཏེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་ པའི་ཕྱིར་རོ། ། 5-1-84 དེ་དག་ཀྱང་དག་པར་བསྟན་པ་ནི། དེ་ལྟར་རྟོགས་པ་གང་ཡིན་ཏེ། །སོ་སོར་ རང་ཤེས་མཐོང་བ་ཉིད། །དྲི་མེད་དབྱིངས་ལ་ཆགས་མེད་དང༌། །ཐོགས་ མེད་ཕྱིར་དེ་དག་པ་ཡིན། །ཅེས་པ་སྟེ། དེ༷་ལྟར༷་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ ཡེ་ཤེས་ཀྱིས་འཇིག་རྟེན་ལས་འདས་པའི་ལམ་རྟོ༷གས་པ༷་ག༷ང་ཡི༷ན་པ་དེ༵་ནི་གཞན་དང་ ཐུན་མོང་མ་ཡིན་པར་འཕགས་པ་རྣམས་ཀྱི་སོ༷་སོ༷་ར༷ང་གིས་རིག་པའི་ཡེ་ཤེ༷ས་ཀྱིས་མཐོ༷ང་ བ༷་ཉི༵ད་ཡིན་ཞིང༌། དེ་ཡང་ཐམས་ཅད་ལ་ཁྱབ་པར་རང་བཞིན་གྱིས་དྲི༷་མ་མེ༷ད་པའི་ཆོས་ དབྱི༷ངས་ལ༷་འཇུག་པས་ཆ༷གས་པ་དང་བཅས་པ་ཉོན་མོངས་པའི་སྒྲིབ་པ་མེ༷ད་པ་ད༵ང༌། དེ་ ཤེས་བྱའི་དངོས་པོ་ཐམས་ཅད་ལ་ཁྱབ་པར་རྟོགས་པས་ཐོ༷གས་པ་དང་བཅས་པ་ཤེས་བྱའི་ སྒྲིབ་པ་མེ༷ད་པ་ཡིན་ལ། དེའི་ཕྱི༷ར་ཡེ་ཤེས་གཉིས་པོ་དེ༷་ནི་ཉེ་ཚེ་བའི་ཡེ་ཤེས་ཀྱིས་མཐོང་བ་ ལ་ལྟོས་ནས་ཤིན་ཏུ་རྣམ་པར་ད༷ག་པ༷འང་ཡི༵ན་ནོ་ཞེས་པའོ། ། དེ་ཀུན་གྱི་སྐྱབས་སུ་བསྟན་པ་ནི། ཡེ་ཤེས་གཟིགས་པ་དག་པས་ན། །སངས་ རྒྱས་ཡེ་ཤེས་བླ་མེད་ཕྱིར། །འཕགས་པ་ཕྱིར་མི་ལྡོག་པ་ནི། །ལུས་ཅན་ ཀུན་གྱི་སྐྱབས་ཡིན་ནོ། །ཞེས་པ་སྟེ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ༷་ཤེ༷ས་ ཀྱིས་ཡུལ་ལ་གཟི༷གས་པ༷་ཆགས་པ་དང་ཐོགས་པའི་སྒྲིབ་པ་རྣམ་པར་ད༷ག་པ༷ས་ན༵། ས༷ངས་ རྒྱ༷ས་ཡེ༷་ཤེ༷ས་ཀྱི་གཟིགས་པ་བླ༷་ན་མེ༷ད་པ་དང་ཉེ་བར་གནས་པར་གྱུར་པའི་ཕྱི༵ར་ཆོས་ཉིད་ མངོན་སུམ་དུ་མཐོང་བའི་འཕ༷གས་པ༷་རྫོགས་པའི་བྱང་ཆུབ་ལས་ཕྱི༷ར་མི༷་ལྡོ༷ག་པ༷་རྣམས་ནི༵་ ལུ༷ས་ཅ༷ན་ཀུ༷ན་འཁོར་བ་སྡུག་བསྔལ་གྱི༷་ཚོར་བ་ལས་སྐྱོབ་པའི་སྐྱ༷བས་གནས་མཆོག་ཏུ་གྱུར་ པ་ཡི༷ན་ནོ༵། །ཞེས་པའི་དོན་ཏོ། །ཉན་ཐོས་ཀྱི་དགེ་འདུན་ནི་མ་སྨོས་ཏེ་གཞན་ལ་ཕན་པའི་ བསམ་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ཡང༌། གང་ཞིག་ཚུལ་ཁྲིམས་བདག་དོན་བྱེད་པས་ རྣམ་རྒྱས་ཤིང༌། །ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་ལ་བརྩེ་བྲལ་བ། །བདག་ཉིད་ 5-1-85 རྒྱས་བྱེད་ཚུལ་ཁྲིམས་ནོར་གྱིས་རབ་དག་པ། །འཕགས་པ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་ མི་བརྗོད། །གང་ཞིག་གཞན་ལ་མཆོག་ཏུ་སྙིང་རྗེ་བསྐྱེད་ནས་ནི། །ཚུལ་ཁྲིམས་ཡང་དག་བླང་ བར་བྱ་སྟེ་མེ་རླུང་དང༌། །ཆུ་དང་ས་བཞིན་གཞན་དག་ཉེ་བར་འཚོ་བྱེད་པ། །དེ་ནི་ཁྲིམས་ལྡན་ གཞན་ནི་དེ་ཡི་གཟུགས་བརྙན་ཡིན། །ཞེས་གསུངས་པས་སོ། ། སྐྱབས་གསུམ་རྣམ་པར་འཇོག་ཚུལ་ལ་གསུམ་སྟེ། དགོས་པ་ལ་ལྟོས་ནས་གསུམ་དུ་ འཇོག་ཚུལ། ཕྱི་མ་གཉིས་གཏན་གྱི་སྐྱབས་གནས་མིན་ཚུལ། དོན་དམ་གྱི་སྐྱབས་གནས་ གཏན་ལ་དབབ་པའོ། ། དེ་ལ་གསུམ་དུ་འཇོག་ཚུལ་ནི། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་ གསུམ་པ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། ། སྐྱབས་གསུམ་རྣམ་པར་གཞག་པ་ཡིན། །ཞེས་པ་སྟེ། སྐྱབས་གནས་མཐར་ཐུག་ སྟོ༷ན་པ༷་སངས་རྒྱས་ཀྱི་ཡོན་ཏན་བསྟན་པའི་དོན་གྱིས། དེའི་ཡོན་ཏན་མཐོང་བ་ལས་ཐེག་ པ་གསུམ་གྱི་ནང་ནས་ཐེག་པ་ཆེན་པོ་པ་སངས་རྒྱས་ཉིད་དོན་དུ་གཉེར་བ་རྣམས་དང་། བྱེད་ པ་གསུམ་གྱི་ནང་ནས་སངས་རྒྱས་ལ་རྐང་གཉིས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་ པ་རྣམས་ཀྱི་དབང་དུ་བྱས་ནས། སྐྱབས་གནས་གསུམ་གྱི་ནང་ནས་སངས་རྒྱས་ཉིད་སྐྱབས་ གནས་དང་པོར་རྣམ་པར་གཞག་པ་ཡིན་ཞིང༌། དེའི་བསྟན་པ་དམ་པའི་ཆོས་ཀྱི་ཡོན་ཏན་ བསྟན་པའི་དོན་གྱིས། དེའི་ཡོན་ཏན་མཐོང་བ་ལས་ཐེག་པ་གསུམ་གྱི་ནང་ནས་རང་རྒྱལ་གྱི་ ཐེག་པ་བ་རང་ཉིད་རྟེན་འབྲེལ་ཟབ་མོའི་ཆོས་རྟོགས་ཤིང་ཐོབ་པར་འདོད་པ་རྣམས་དང༌། བྱེད་པ་གསུམ་གྱི་ནང་ནས་ཆོས་ལ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་ པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས། སྐྱབས་གནས་གསུམ་གྱི་ནང་ནས་ཆོས་ནི་སྐྱབས་ གནས་གཉིས་པར་རྣམ་པར་གཞག་པ་ཡིན་ལ། བསྟ༷ན་པ༷་ལ་ཞུགས་པ་སློ༷བ་མ་དགེ་འདུན་ 5-1-86 གྱི་ཡོན་ཏན་བསྟན་པའི་དོ༷ན་གྱི༵ས་དེའི་ཡོན་ཏན་མཐོང་བ་ལས་ཐེ༷ག་པ་གསུ༷མ་གྱི་ནང་ནས་ ཉན་ཐོས་ཀྱི་ཐེག་པ༷་པ་གཞན་གྱིས་བསྟན་པའི་རྗེས་སུ་འབྲངས་ཏེ་དེ་ཉིད་ཐོབ་པར་འདོད་པ་ རྣམས་ད༷ང་བྱེ༷ད་པ་གསུ༷མ་གྱི་ནང་ནས་དགེ་འདུན་ལ༵་ཚོགས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་ པར་མོ༷ས་པ༷་རྣ༷མས་ཀྱི༷་དབ༷ང་དུ་བྱ༷ས་ན༵ས་སྐྱ༷བས་གནས་གསུ༷མ་གྱི་ནང་ནས་དགེ་འདུན་ ནི་སྐྱབས་གནས་གསུམ་པར་རྣ༷མ་པ༷ར་གཞ༷ག་པ༷་ཡི༵ན་ཏེ། མདོར་བསྡུས་ན། དོན་རྣམ་པ་ གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས་སྐྱབས་གནས་གསུམ་དུ་རྣམ་པར་བཞག་པ་ འདི་ནི་སེམས་ཅན་རྣམས་རིམ་གྱིས་གཞུག་པའི་དོན་དུ་བསྟན་པའོ། ། ཕྱི་མ་གཉིས་གཏན་གྱི་སྐྱབས་གནས་མིན་ཚུལ་ནི། སྤང་ཕྱིར་སླུ་བའི་ཆོས་ཅན་ ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་ འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་བྱ་བ་ ཡིན་ལ། དེ་ཡང་རེ་ཞིག་པའི་ཆོས་དང་དགེ་འདུན་དག་མཐར་ཐུག་པའི་སྐྱབས་གནས་མིན་ ཞེས་སྟོན་པ་སྟེ། དེ་ལ་མིང་ཚིག་ཡི་གེའི་ཚོགས་ཀྱིས་བསྡུས་པ་ལུང་གི་ཆོས་ནི་དོན་སྤྱི་ཙམ་ རྟོགས་པའི་རྟེན་ཡིན་ཡང༌། ལམ་མངོན་པར་རྟོགས་པའི་དུས་ན་ཆུ་རྒལ་བའི་གཟིངས་བཞིན་ དུ་སྤ༷ང་བར་བྱ་བ་ཡིན་པའི་ཕྱི༷ར་དང༌། རྟོགས་པའི་ཆོས་ཀྱང་གཉིས་ལས། གང་གིས་རྟོགས་ པ་ལམ་གྱི་ཆོས་ནི་འདུས་བྱས་ཀྱི་མཚན་ཉིད་ཅན་མི་རྟག་པ་མི་བདེན་པ་སྤྲིན་གྱི་མཚན་མ་ ལྟ་བུར་བརྫུན་པ་སླུ༷་བ༷འི་ཆོ༷ས་ཅ༷ན་ཡིན་པའི་ཕྱི༵ར་དང༌། དེས་རྟོགས་པ་འགོགས་པའི་ཆོས་ ནི་མཐར་ཐུག་པ་སངས་རྒྱས་ཉིད་ཡིན་ཡང༌། ཉན་ཐོས་པའི་ཚུལ་གྱིས་མར་མེ་རྒྱུན་བཅད་ པ་བཞིན་དུ་ཉོན་མོངས་པ་སྡུག་བསྔལ་མེ༷ད་པ་ཙམ་ཡིན་པའི་ཕྱི༷ར་དང༌། དགེ་འདུན་ནི་དགྲ་ བཅོམ་པ་སྲིད་པ་ཟད་པ་རྣམས་ཀྱང་འདུ་བྱེད་རྣམས་ལ་རལ་གྲི་གདེངས་པའི་གཤེད་མ་ བཞིན་དུ་འཇིགས་པས་དེ་ལས་ངེས་པར་འབྱུང་བ་ཚོལ་ཞིང༌། བྱང་ཆུབ་སེམས་དཔའ་རྣམས་ 5-1-87 ཀྱང་སློབ་པ་བྱ་བ་དང་བཅས་པས་འཇིགས་པ་མེད་པ་ཁྱུ་མཆོག་གི་སར་མ་ཕྱིན་པས་ཐམས་ ཅད་ཀྱང་འཇི༷གས་པ་ད༷ང་བཅ༷ས་པ༷འི་སྒོ་ནས་སངས་རྒྱས་ལ་སྐྱབས་སུ་འགྲོ་བའི་ཕྱི༵ར་ན། ལུང་དང་མངོན་པར་རྟོགས་པའི་ཆོ༷ས་རྣ༷མ་པ་གཉི༷ས་ད༷ང༌། སངས་རྒྱས་ལས་གཞན་པའི་ འཕ༷གས་པ༷འི་ཚོ༵གས་དགེ་འདུན་རྣམས་ནི་རེ་ཞིག་པའི་སྐྱབས་གནས་ཡིན་གྱི། མཐར་ཐུག་ ཐོབ་པའི་དུས་ནའང་གཏ༷ན་གྱི༷་སྐྱ༷བས་གནས་མཆོ༷ག་ཏུ་གྱུར་པ་ནི་མ༷་ཡི༷ན་ནོ༵་ཞེས་བྱ་བའི་ དོན་ཏོ། ། དོན་དམ་གྱི་སྐྱབས་གནས་གཏན་ལ་དབབ་པ་ནི། དམ་པའི་དོན་དུ་འགྲོ་བ་ཡི། ། སྐྱབས་ནི་སངས་རྒྱས་ཉག་གཅིག་ཉིད། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། ། ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་པ་སྟེ། ད༷མ་པ༷འི་དོ༷ན་དུ༷་ན་འགྲོ༷་བ༷་ མཐའ་ཡས་པའི༵་སྡུག་བསྔལ་ལས་སྐྱོབ་ཅིང་འཇིགས་པ་མེད་པ་རྟག་པའི་སྐྱ༷བས་གནས་ མཆོག་ཏུ་གྱུར་པ་ནི༷་རྫོགས་པའི་ས༷ངས་རྒྱ༷ས་ཉ༷ག་མ་གཅི༷ག་པུ་ཉི༵ད་ཡིན་ནོ། །འོ་ན་ཆོས་ དང་དགེ་འདུན་ཡང་སྐྱབས་གནས་སུ་གསུངས་པ་ཅི་ལྟར་ཞེ་ན། དེ་དག་མཐར་ཐུག་པའང་ སངས་རྒྱས་ཉིད་ཡིན་ཏེ། སྔར་བཤད་པ་ལྟར་ཐོག་མཐའ་མེད་པ་ལ་སོགས་པས་རབ་ཏུ་ཕྱེ་ བའི་ཐུ༷བ་པ༷་ནི་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་འདོད་ཆགས་དང་ བྲལ་བ་མཐར་ཕྱིན་པ་ཆོ༷ས་ཀྱི༷་སྐུ༷་ཅ༷ན་ཡིན་པའི་ཕྱི༵ར་དང༌། ཐེག་པ་གསུམ་གྱི་ཚོ༷གས་ཀྱ༷ང་ སྤངས་རྟོགས་ཀྱི་ཁྱད་པར་དུ་བྱས་ལ་དེ༷འི༷་མཐ༷ར་ཐུ༷ག་པའང་སངས་རྒྱས་ཀྱི་ཆོས་སྐུ་མངོན་ དུ་གྱུར་པ་ཉིད་ཡིན་པའི་ཕྱི༵ར་རོ་ཞེས་བྱ་བའི་དོན་ནོ། །མདོ་ལས་ཀྱང༌། ཆོས་དང་སངས་རྒྱས་ དོན་གཅིག་སྟེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །དགེ་འདུན་དེ་བཞིན་གཤེགས་ཀྱི་མིང༌། ། ཞེས་གསུངས་པ་ལྟར་རོ། །རྟག་པ་གཡུང་དྲུང་ཞི་བ་བརྟན་པའི་སྐྱབས་གཅིག་པུ་འདི་རྒྱས་ པར་ནི་འཕགས་པ་དཔལ་འཕྲེང་གི་མདོའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །དཀོན་ 5-1-88 མཆོག་གསུམ་མཐར་ཐུག་པ་ནི་རྟག་པ་དང་སྐྱབས་ཀྱི་མཆོག་ཡིན་པར་མྱ་ངན་ལས་འདས་པ་ ཆེན་པོ་ལས་ཀྱང་གསུངས་ཏེ། དགའ་བོ་དེ་བས་ན་དཀོན་མཆོག་གསུམ་ནི་རྟག་པ་གནས་པ་ མི་འགྱུར་བ་མི་འཕོ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་གནས་སུ་གྱུར་ པར་རིག་པར་བྱའོ་ཞེས་པ་ལ་སོགས་པས་སོ། ། ངེས་པའི་ཚིག་གིས་བཤད་པ་ནི། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། ། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་པ་སྟེ། རཏྣའི་སྒྲ་དཀོན་མཆོག་ དང་རིན་པོ་ཆེ་གཉི་ག་ལ་འཇུག་པས་ན། འདིར་ཡང་ཆོས་མཐུན་པ་རྣམ་པ་དྲུག་གིས་དཀོན་ མཆོག་གསུམ་རིན་པོ་ཆེ་དང་འདྲ་བར་སྟོན་པའོ། །དེ་ཡང་རིན་པོ་ཆེ་འཇིག་རྟེན་ན་འབྱུང་བ་ དཀོན་པ་དང་ཆོས་མཐུན་པར། དཀོན་མཆོག་གསུམ་ཡང་བསྐལ་པ་མང་པོར་ཚོགས་གཉིས་ ཀྱི་དགེ་བའི་རྩ་བ་མ་བསྐྲུན་པ་རྣམས་ཀྱིས་ཕྲད་པ་ཙམ་ཡང་མི་ཐོབ་པས་འབྱུ༷ང་བ༷་དཀོ༷ན་ པའི་ཕྱི༷ར་དང༌། རིན་པོ་ཆེ་མ་དག་པའི་དྲི་མ་མེད་པ་དང་ཆོས་མཐུན་པར་དཀོན་མཆོག་ གསུམ་ཡང་རྣམ་པ་ཐམས་ཅད་དུ་ཉེས་པའི་དྲི༷་མ་མེ༷ད་པའི་ཕྱི༵ར་དང༌། རིན་པོ་ཆེར་རྒུད་པ་ སེལ་ཞིང་འབྱོར་པ་སྟེར་བའི་མཐུ་ཡོད་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ཡང་ མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་མཐུ༷་བསམ་གྱིས་མི་ཁྱབ་པ་དང་ལྡ༷ན་པའི་ཕྱི༷ར་ ད༷ང༌། རིན་པོ་ཆེ་འཇི༷ག་རྟེ༷ན་གྱི༵་རྒྱན་དུ་གྱུར་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ ཡང་འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགེ་བའི་རྒྱུར་གྱུར་པས་འཇིག་རྟེན་པ་ཀུན་གྱི་རྒྱ༷ན་ གྱི་མཆོག་ཏུ་གྱུ༷ར་པའི་ཕྱི༷ར་ད༷ང༌། རིན་པོ་ཆེ་བཅོས་མ་ལས་མཆོག་ཉིད་དུ་གྱུར་པ་དང་ཆོས་ མཐུན་པར་དཀོན་མཆོག་གསུམ་ཡང་འཇིག་རྟེན་ལས་འདས་པ་ཡིན་པས་ཆོས་ཐམས་ཅད་ ཀྱི་ནང་ནས་མཆོ༷ག་ཉི༷ད་དུ་གྱུར་པའི་ཕྱི༵ར་དང༌། རིན་པོ་ཆེ་བསྟོད་སྨད་ལ་སོགས་པས་འགྱུར་ 5-1-89 བ་མེད་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ཡང་འདུས་མ་བྱས་པའི་རང་བཞིན་ཡིན་ པས་དད་པ་དང་མ་དད་པ་ལ་སོགས་པའི་རྐྱེན་གྱིས་ནམ་ཡང་འགྱུ༷ར་བ༷་མེ༷ད་པའི་ཕྱི༷ར་ན། རིན་པོ་ཆེ་དང་འདྲ་བས་དཀོ༷ན་མཆོ༷ག་ཉི༵ད་ཅེས་བརྗོད་པས་སོ། ། དེ་དག་ལ་སྐྱབས་སུ་འགྲོ་བའི་ཚུལ་ཡང་གཉིས་ལས། དང་པོ་ཐུན་མོང་བའི་དབང་དུ་ བྱས་ནས་དོན་རྣམ་པ་ལྔས་རིག་པར་བྱ་སྟེ། རྒྱུ་དང་ཡུལ་དང་ངོ་བོ་དང༌། བསླབ་བྱ་དང་ནི་ ཕན་ཡོན་ནོ། །དེ་ལ་རྒྱུ་ནི་དད་པ་གསུམ་ཐོབ་པ་ལས་ཡིན་ཞིང༌། ལས་རྒྱུ་འབྲས་བདེན་པར་ ཡོད་པ་ལ་མངོན་པར་ཡིད་ཆེས་པའི་དད་པ་ལས་ནི་ཟག་བཅས་སྡུག་བསྔལ་གྱི་གནོད་པས་ འཇིགས་པ་དང་ཟག་མེད་བདེ་བའི་ཕུན་ཚོགས་ཐོབ་པར་འདོད་པ་སྟེ། རྒྱན་ལས། འཇིག་ རྟེན་ཇི་སྲིད་སེམས་ཅན་གྱི། །གནོད་དང་ཕུན་སུམ་ཚོགས་པ་ཀུན། །བཟློག་དང་འབྱོར་བར་ བྱ་བྱེད་དུ། །སངས་རྒྱས་སྐྱབས་ཆེན་ཉིད་དུ་འདོད། །ཅེས་གསུངས་པ་ལྟར་རོ། །དེ་བཞིན་དུ་ ཡོན་ཏན་ཅན་ལ་དང་བའི་དད་པ་དང་ནུས་པ་ལ་འདོད་པའི་དད་པ་ཐོབ་པ་ལས་ཀྱང་ངོ༌། ། ཡུལ་ནི། སངས་རྒྱས་སྐུ་གཉིས་དང༌། ཆོས་མྱ་ངན་ལས་འདས་པ་དང༌། དགེ་འདུན་གང་ ཟག་བརྒྱད་ལ་སོགས་པ་སྟེ། སྐྱབས་གསུམ་བདུན་ཅུ་པ་ལས། ཐུབ་པའི་དབང་པོ་སྐུ་གཉིས་ དང༌། །མྱ་ངན་འདས་དང་གང་ཟག་བརྒྱད། །དེ་ལ་གུས་པས་སྐྱབས་འགྲོ་གང༌། །གསུམ་ལ་ སྐྱབས་སུ་སོང་བ་ཡིན། །ཞེས་གསུངས་པ་ལྟར་ཡིན་ལ། ཐ་སྙད་པའི་སངས་རྒྱས་གཟུགས་ཀྱི་ སྐུ་དང༌། དེའི་རྟེན་སྐུ་གཟུགས་དང་མཆོད་རྟེན་དང་། ཆོས་ལམ་དང་གསུང་རབ་དང་དེའི་གཞི་ གླེགས་བམ་དང༌། དགེ་འདུན་སྡེ་པ་བཞིའི་དགེ་སློང་གི་དགེ་འདུན་ལ་སོགས་པའོ། ། ངོ་བོ་ནི། འཇིགས་པས་ཉེན་ནས་ཡུལ་དམ་པ་ལ་བརྟེན་པར་ཁས་ལེན་ཞིང་བློ་གཏོད་པ་ སྟེ། སངས་རྒྱས་ལ་སྟོན་པ་དང་ཆོས་ལ་ལམ་དང་དགེ་འདུན་ལ་གྲོགས་སུ་འདུ་ཤེས་པས་སོ། ། 5-1-90 བསླབ་བྱ་ནི། ཐུན་མོང་དུ་ཐོས་པའི་སའི་བསྡུ་བར། སྦྱོར་བས་དགེ་བའི་རྟེན་བཞི་དང༌། དབང་པོ་མི་རྒོད་པར་བྱ་བ་དང༌། བསླབ་པའི་གཞི་བླང་བར་བྱ་བ་དང༌། སེམས་ཅན་ལ་སྙིང་ རྗེ་བར་བྱ་བ་དང༌། དུས་དུས་སུ་དཀོན་མཆོག་མཆོད་པར་བྱ་བ་ལ་བསླབ་པར་གསུངས་ ཤིང༌། ཁྱད་པར་དུ་མྱ་ངན་ལས་འདས་པའི་མདོར། གང་ཞིག་སངས་རྒྱས་སྐྱབས་སོང་བ། ། དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། ། དམ་པའི་ཆོས་ལ་སྐྱབས་སོང་ན། །འཚེ་ཞིང་གནོད་པའི་སེམས་དང་བྲལ། དགེ་འདུན་ལ་ ཡང་སྐྱབས་སོང་བ། །མུ་སྟེགས་ཅན་ལ་ཕྱག་མི་བྱ། །ཞེས་གསུངས་པ་ལྟར་རོ། ། ཕན་ཡོན་ནི། བསྡུ་བར། བསྲུང་བ་ཆེན་པོ་དང་ལྡན་པ་དང༌། ལོག་པར་མོས་པའི་སྒྲིབ་ པ་ཐམས་ཅད་ཟད་པ་ཐོབ་པ་དང༌། སྐྱེས་བུ་དམ་པའི་ནང་དུ་བགྲང་བ་དང༌། སྟོན་པ་དང་ ཆོས་གྲོགས་དང༌། བསྟན་པ་ལ་དད་པའི་ལྷ་རྣམས་ཀྱི་ཡིད་དུ་འོང་བ་སྟེ་བཞི་དང༌། (གཞན་ཡང་)བསོད་ནམས་ཆེན་པོ་དང༌། དགའ་བ་ཆེན་པོ་དང་། ཏིང་ངེ་འཛིན་དང༌། རྣམ་པར་དག་པ་སྟེ་ བཞི་ཐོབ་པར་གསུངས་པ་ལྟ་བུའོ། ། ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོའི་ལུགས་ལ་ནི་སེམས་བསྐྱེད་དང་ཡང་མཐུན་པར་ དོན་རྣམ་པ་དྲུག་སྟེ། ངོ་བོའི་དོན་ནི་སྐྱབས་གནས་མཐར་ཐུག་པ་སངས་རྒྱས་ཉིད་ཐོབ་པར་ འདོད་པས་དེའི་ལམ་སྒྲུབ་པར་ཁས་ལེན་ཞིང་དམ་འཆའ་བ་སྟེ། རྒྱན་ལས། གང་ཞིག་དགའ་ བ་མང་པོས་བྱང་ཆུབ་མཆོག་དོན་གཉེར། །གང་ཞིག་སྐྱོ་བ་མེད་པར་དཀའ་བ་ཡང་དག་སྤྱོད། ། གང་ཞིག་རྣམ་སངས་རྒྱས་ནས་སངས་རྒྱས་ཀུན་མཉམ་འགྱུར། །བློ་ལྡན་དེ་ནི་ཁས་ལེན་ མཆོག་ཏུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །རྒྱུའི་དོན་ནི། སེམས་ཅན་ལ་དམིགས་ པའི་སྙིང་རྗེ་ཆེན་པོ་སྐྱེས་པ་ལས་ཡིན་ཏེ། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་པ་ལྟར་རོ། ། འབྲས་བུའི་དོན་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་པ་ཐམས་ཅད་མངོན་སུམ་དུ་ 5-1-91 མཁྱེན་པའི་ཡེ་ཤེས་དང་ལྡན་པའི་སངས་རྒྱས་ཉིད་ཐོབ་པའོ། །ལས་ཀྱི་དོན་ནི། མཐར་ཐུག་ གི་ཕན་པ་ངེས་པར་ལེགས་པ་དང༌། གནས་སྐབས་ཀྱི་བདེ་བ་མངོན་པར་མཐོ་བ་ལ་སྦྱོར་ ཞིང༌། དེ་དག་གི་དཀའ་སྤྱད་ལ་ནམ་ཡང་སྐྱོ་བ་མེད་པའོ། །ལྡན་པའི་དོན་ནི། ངེས་པར་ འབྱུང་བར་བྱ་བ་ལ་ཐེག་པ་ཐམས་ཅད་དང་མཐུན་པར་ཚོགས་གཉིས་ཀྱིས་ཉེ་བར་རྟོན་པའི་ ཡོན་ཏན་བྲལ་བ་དང་སྨིན་པའི་འབྲས་བུ་ཟད་མི་ཤེས་པ་དང་ལྡན་པའོ། །འཇུག་པའི་དོན་ ནི། རགས་པ་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་དང༌། ཕྲ་བ་དོན་དམ་པ་ཆོས་ཉིད་ ཀྱིས་ཐོབ་པའོ། །དེ་ལྟར་ཡང༌། རྒྱན་ལས། འདི་ནི་དེ་དངོས་འདོད་པ་ཁས་ལེན་དེ་ཡང་སྙིང་ རྗེ་ལས་རིག་བྱ། །དེ་ལས་རྣམ་པ་ཀུན་མཁྱེན་ཕན་དང་བདེ་བྱེད་དཀའ་ལ་སྐྱོ་བ་མེད། །ངེས་ པར་འབྱུང་ལ་ཐེག་པ་ཀུན་གྱིས་རྟོན་པའི་ཡོན་ཏན་རྟག་ཏུ་ལྡན། །བརྡ་དང་ཆོས་ཉིད་ཐོབ་པ་ བློ་ལྡན་རྣམས་ཀྱི་སྐྱབས་འགྲོ་འདི་མཆོག་ཉིད། །ཅེས་པ་ལ་སོགས་པ་གསུངས་པས་ཤེས་ པར་བྱའོ། །དེ་བས་ན་གནས་སྐབས་སུ་དཀོན་མཆོག་གི་ཡོན་ཏན་ཤེས་ནས་སྐྱབས་སུ་འགྲོ་ བར་འདོད་པ་དང༌། མཐར་ཐུག་སྐྱབས་གནས་ཀྱི་གོ་འཕང་ཐོབ་པར་འདོད་པའི་བློ་དང་ལྡན་ པ་དེ་དག་གིས་ནི་རྣམ་པར་དག་པའི་གཞུང་ལུགས་འདི་ལྟ་བུ་ལ་ཅི་ནས་ཀྱང་འཇུག་པར་བྱ་ བ་ཉིད་དོ། ། སྐྱབས་གསུམ་ཡོན་ཏན་ཤེས་ནས་དད་པ་ཡིས། །སྐྱབས་འགྲོ་བྱས་ཏེ་དོན་ཀུན་སྒྲུབ་ཕྱིར་ དང༌། །སྐྱབས་གནས་མཐར་ཐུག་མྱུར་དུ་ཐོབ་བྱའི་ཕྱིར། །སྐྱབས་གསུམ་འགྲོ་ལ་གསལ་བར་ བསྟན་པ་ཡིན། །ཞེས་ཀྱང་བྱ་སྟེ། ཐོབ་བྱ་མཆོག་གསུམ་གྱི་ཡན་ལག་རྒྱས་པར་བཤད་པའི་ ངེས་པའོ།། །། ད་ནི་གང་ཞིག་ཡོད་པ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་པར་དག་ པ་ཐོབ་པའི་གནས་དཀོན་མཆོག་གསུམ་འགྲུབ་པར་འགྱུར་བ་དེའི་དབང་དུ་བྱས་ནས་ཐོབ་ 5-1-92 ཚུལ་གནས་བཞིའི་ཡན་ལག་རྒྱས་པར་བཤད་པར་བྱ་སྟེ། ཐུན་མོང་དུ་བསྟན་པ་དང༌། སོ་ སོའི་ངོ་བོ་དང༌། དེ་དག་གི་ཕན་ཡོན་རྣམས་ཀྱིས་སོ། ། ཐུན་མོང་དུ་བསྟན་པ་ལ་བཞི་སྟེ། གནས་བཞི་དམ་པའི་ཡུལ་དུ་འགྱུར་ཚུལ༌། དེ་དག་ བསམ་མི་ཁྱབ་ཀྱིས་བསྟན་པ། དེ་ཡི་རྒྱུ་མཚན་རྒྱས་པར་བཤད་པ། རྟོགས་ཚུལ་རྒྱུ་དང་རྐྱེན་ གྱི་རྣམ་གཞག ཅེས་པའོ། ། དེ་ལ་དམ་པའི་ཡུལ་དུ་འགྱུར་ཚུལ་ནི། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་ མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛད། །གང་ལས་དཀོན་ མཆོག་དགེ་བ་གསུམ་འབྱུང་བ། །དོན་དམ་གཟིགས་པ་རྣམས་ཀྱི་ ཡུལ་ཉིད་དོ། །ཞེས་པ་སྟེ། །དྲི༷་མ་དང་བཅ༷ས་པའི་དེ༷་བཞི༷ན་ཉི༷ད་དང༷་ཞེས་པ་ནི་ཆོས་ཀྱི་ དབྱིངས་དེ་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་སེམས་ཅན་གྱི་གནས་སྐབས་ལ་དེ་ བཞིན་གཤེགས་པའི་སྙིང་པོར་གསུངས་པ་གང་ཡིན་པའོ། །དྲི༷་མ༷་མེ༵ད་པའི་དེ་བཞིན་ཉིད་ནི་ སྙིང་པོ་དེ་ཉིད་ལམ་གོམས་པ་ལས་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་གནས་ཡོངས་སུ་ གྱུར་པའི་མཚན་ཉིད་སངས་རྒྱས་ཀྱི་སའི་གནས་སྐབས་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་ སྐུ་ཞེས་གསུངས་པ་གང་ཡིན་པའོ། །དྲི༷་མ་མེ༷ད་པའི་ས༷ངས་རྒྱ༷ས་ཀྱི་ཡོ༷ན་ཏ༷ན་ནི་ཆོས་ཀྱི་སྐུ་ དེ་ཉིད་དང་འབྲེལ་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་ལ་ སོགས་པ་བྲལ་བའི་འབྲས་བུ་དང༌། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ལ་སོགས་པ་སྨིན་པའི་ འབྲས་བུས་བསྡུས་པའི་སངས་རྒྱས་ཀྱི་ཆོས་གང་ཡིན་པའོ། །རྒྱ༷ལ་བ༷འི་མཛ༵ད་པ་ནི་སྟོབས་ བཅུ་ལ་སོགས་པའི་ཡོན་ཏན་དེ་རྣམས་ཡང་དག་པར་འགྲུབ་པའི་ནུས་པས་སོ་སོ་དང་མཐུན་ པར་བླ་ན་མེད་པའི་འཕྲིན་ལས་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་ སྒྲུབ་པ་གང་ཡིན་པའོ། །དེ་ལྟར་རྒྱུ་དང་རྐྱེན་གྱིས་གནས་བཞི་པོ་ག༷ང་ལ༷ས་འབྲས་བུ་དཀོ༷ན་ 5-1-93 མཆོ༷ག་དགེ༷་བ༷་གསུ༷མ་འབྱུ༷ང་བ༵འི་ཚུལ་འདི་ནི་ཆོས་ཉིད་དོ༷ན་ད༷མ་པའི་བདེན་པ་མངོན་སུམ་ དུ་གཟི༷གས་པའི་ཡེ་ཤེས་མཐར་ཐུག་པ་དང་ལྡན་པ༷། སངས་རྒྱས་རྣ༷མས་ཀྱི༷་སྤྱོད་ཡུ༷ལ་ཁོ་ན་ ཡི༷ན་ནོ༵་ཞེས་བྱ་བའི་དོན་ནོ། ། དེ་དག་བསམ་མི་ཁྱབ་ཚུལ་ནི། དཀོན་མཆོག་གསུམ་པོ་འདི་ཡི་རིགས། ། ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །དེ་ཡང་རྣམ་བཞི་གོ་རིམ་ བཞིན། །རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། །ཞེས་པ་སྟེ། འབྲས་བུ་དཀོ༷ན་མཆོ༷ག་ གསུ༷མ་པོ༷་འདི༷་འབྱུང་ཞིང་འགྲུབ་པའི༷་རི༵གས་ཏེ་རྒྱུ་དང་རྐྱེན་དུ་གྱུར་པའི་གནས་བཞི་པོ་འདི་ དག་གི་ཇི་ལྟ་བའི་དོན་ནི་ཤེས་བྱའི་རྣམ་པ་ཐ༷མས་ཅ༷ད་མངོན་སུམ་དུ་གཟི༷གས་པ༷ས་སངས་ རྒྱས་རྣ༷མས་ཁོ་ནའི་ཡེ་ཤེས་ཀྱི༷་སྤྱོད་ཡུ༵ལ་ཡིན་ཞིང༌། དེ༷་དག་གི་དོན་ཡ༷ང་ཁམས་ལ་སོགས་ པ་རྣ༷མ་པ་བཞི༷་པོ་འདི་རྣམས་གོ༷་རི༷མ་ཇི་ལྟ་བ་བཞི༵ན་དུ་འཆད་པར་འགྱུར་བའི་རྒྱུ༷་མཚན་ བཞི༷་དང་ལྡན་པ་ཡི༷་ནི༷། ཕལ་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་བས༷མ་གྱིས་མི༷་ཁྱ༵བ་པའོ་ ཞེས་བྱ་བའི་དོན་ཏོ། ། དེའི་རྒྱུན་མཚན་བཤད་པ་ནི། དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་ གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་པ་ཡིན་ལ། རྒྱུ་མཚན་བཞི་པོ་དག་གང་ཞེ་ན། དྲི་ མ་དང་བཅས་པའི་དེ་བཞིན་ཉིད་ཁམས་ཀྱི་དོན་ནི་ཅིག་ཅར་དུས་གཅིག་ཏུ་སེམས་ཀྱི་རང་ བཞིན་གདོད་མ་ནས་རྣམ་པར་ད༷ག་པ་ཡང་ཡིན་པ་ད༷ང༌། གནས་སྐབས་གློ་བུར་གྱི་དྲི་མས་ ཀུན་ནས་ཉོ༷ན་མོ༷ངས་པ་ད༷ང་ལྡ༷ན་པ་ཡང་ཡིན་པའི་ཕྱི༵ར་འགལ་བ་གཉིས་གཞི་གཅིག་ལ་ འདུ་བ་ལྟར་སྣང་བས་བསམ་གྱིས་མི་ཁྱབ་སྟེ། ཟབ་མོའི་ཆོས་ཀྱི་ཚུལ་ལ་མོས་པ་རང་སངས་ རྒྱས་རྣམས་ཀྱིའང་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་དཔལ་ཕྲེང་གིས་ཞུས་པའི་ 5-1-94 མདོ་ལས། ལྷ་མོ་ཆོས་འདི་གཉིས་ནི་རྟོགས་པར་དཀའ་སྟེ། སེམས་རང་བཞིན་གྱིས་འོད་ གསལ་བ་རྟོགས་པར་དཀའ་བ་དང༌། སེམས་དེ་ཉིད་ཉེ་བར་ཉོན་མོངས་པ་རྟོགས་པར་ དཀའ་བའོ། །ལྷ་མོ་ཆོས་འདི་གཉིས་ཉན་པར་བྱེད་པ་ནི་ཁྱོད་དམ་ཆོས་ཆེན་པོ་དང་ལྡན་པའི་ བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ལྷ་མོ་ལྷག་མ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ ནི། ཆོས་འདི་གཉིས་དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པར་བྱ་བ་ཉིད་དོ། །ཞེས་ གསུངས་པ་ཡིན་ནོ། །དྲི་མ་མེད་པའི་དེ་བཞིན་ཉིད་བྱང་ཆུབ་ཀྱི་དོན་ནི་སྔར་གློ་བུར་གྱི་དྲི་ མས་ཀུ༷ན་ན༷ས་ཉོ༷ན་མོ༷ངས་པ་ཅུང་ཟད་ཀྱང་མེ༷ད་པ་ཡང་ཡིན་ལ། ལམ་གོམས་པ་ལས་ཕྱིས་ དྲི་མ་མཐའ་ད༷ག་གིས་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་ཡང་ཡིན་པའི་ཕྱི༵ར་འགལ་བ་ལྟར་ སྣང་བས་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར། སེམས་ནི་རང་བཞིན་གྱིས་འོད་གསལ་བ་ སྟེ་དེ་ནི་དེ་ཁོ་ན་བཞིན་ཤེས་སོ། །དེས་ན་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ གསུངས་སོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་དོན་ནི། སྟོབས་བཅུ་ལ་སོགས་ པ་དོན་དམ་པའི་ཡོན་ཏན་རྣམས་མཐའ་གཅིག་ཏུ་ཀུན་ནས་ཉོན་མོངས་པ་དང་བཅས་པ་སོ་ སོའི་སྐྱེ་བོའི་གནས་སྐབས་ན་ཡང་རྣ༷མ་པ༷ར་དབྱེ༷་བ༷་མེ༷ད་པའི་ཆོ༷ས་ཉིད་དུ་ཡོད་པ་ཡང་ཡིན་ ལ། མངོན་དུ་མ་གྱུར་པ་ཡང་ཡིན་པའི་ཕྱི༵ར་འགལ་བ་ལྟར་སྣང་བས་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་ སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་འགའ་ཡང་མེད་དེ། འོན་ཀྱང་འདུ་ ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་ དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པར་ རབ་ཏུ་འབྱུང་ངོ་ཞེས་གསུངས་པ་དང༌། བརྟག་པ་མཐའ་བཟུང་གི་དཔེ་དར་ཡུག་ཆེན་པོ་སྟོང་ 5-1-95 གསུམ་དང་མཉམ་པ་ཞིག་ལ། ཁོར་ཡུག་ནས་གཞལ་ཡས་ཁང་གི་བར་སྟོང་གསུམ་མཐའ་ དག་གི་ཚད་མ་ཚང་བ་མེད་པར་བྲིས་ཤིང་རྡུལ་ཕྲ་རབ་ཐམས་ཅད་ཀྱི་ནང་དུ་བཅུག་པར་གྱུར་ པ་མངོན་ཤེས་ཅན་འགའ་ཞིག་གིས་མཐོང་ནས་རེ་རེ་ནས་ཕྱུང་སྟེ་སེམས་ཅན་གྱི་ཉེར་འཚོ་ བྱེད་པ་དང་འདྲ་བར། དོན་དམ་པའི་ཡོན་ཏན་ཐམས་ཅད་ཀྱང་མ་ཚང་བ་མེད་པ་སེམས་ཅན་ མཐའ་དག་ལས་རྗེས་སུ་ཞུགས་པར་དེ་བཞིན་གཤེགས་པས་མཁྱེན་ནས། འཕགས་པའི་ ལམ་བསྟན་པས་འདུ་ཤེས་ཀྱི་འཛིན་པ་བསལ་ཏེ། འགྲོ་བ་མཐའ་དག་གི་ཉེར་འཚོ་མཛད་ པ་ལྟ་བུའོ། །རྒྱལ་བའི་མཛད་པ་འཕྲིན་ལས་ཀྱི་དོན་ནི་འབད་རྩོལ་མེད་པར་ལྷུ༷ན་གྱིས་གྲུ༷བ་ ཅིང་དུས་ཐམས་ཅད་དུ་རྒྱུན་མི་འཆད་པར་གདུལ་བྱའི་སྐལ་བ་དང་མཐུན་པར་རེ་འདོད་སྒྲུབ་ པ་ཡང་ཡིན་ལ། འདི་དང་འདི་བྱའོ་སྙམ་པ་ལ་སོགས་པར་རྣ༷མ་པ༷ར་མི༷་རྟོ༷ག་པ་ཡང་ཡིན་ པའི་ཕྱི༵ར་འགལ་བ་ལྟར་སྣང་བ་བསམ་གྱིས་མི་ཁྱབ་སྟེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ ཞུས་པའི་མདོ་ལས། རིགས་ཀྱི་བུ་རྣམ་གྲངས་འདི་ནི་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་ གཤེགས་པའི་འཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པ་མཉམ་པ་ཉིད་རྗེས་སུ་ཐོབ་པ་ཐམས་ ཅད་དུ་ཁ་ན་མ་ཐོ་བ་མེད་པས་དུས་གསུམ་དང་འབྲེལ་པའི་དཀོན་མཆོག་གསུམ་གྱི་གདུང་ རྒྱུན་མི་འཆད་པར་བྱེད་པའོ། །བསམ་གྱིས་མི་ཁྱབ་པའི་འཕྲིན་ལས་གང་ལ་རབ་ཏུ་ཞུགས་ པའི་དེ་བཞིན་གཤེགས་པ་ནི་སྐུ་ནམ་མཁའི་རང་བཞིན་ཡང་མི་འདོར་ལ། སངས་རྒྱས་ཀྱི་ ཞིང་ཐམས་ཅད་དུ་ཡང་ཀུན་ཏུ་སྟོན་ཏོ། །གསུང་བརྗོད་དུ་མེད་པའི་ཆོས་ཉིད་ཀྱང་མི་འདོར་ ལ། སྒྲ་རྣམ་པར་རིག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །ཐུགས་ དམིགས་པ་ཐམས་ཅད་དང་ཡང་བྲལ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་ བསམ་པ་ཡང་རབ་ཏུ་ཤེས་སོ་ཞེས་གསུངས་པ་ལྟར་རོ། ། རྒྱུ་དང་རྐྱེན་གྱི་རྣམ་གཞག་ནི། རྟོགས་བྱ་རྟོགས་པ་དེ་ཡི་ནི། །ཡན་ལག་ 5-1-96 རྟོགས་པར་བྱེད་པའི་ཕྱིར། །གོ་རིམ་ཇི་བཞིན་གནས་གཅིག་དེ། །དག་ རྒྱུ་གསུམ་ནི་རྐྱེན་ཡིན་ནོ། །ཞེས་པ་ཡིན་ལ། དེ་ཡང་དོན་གྱི་གནས་བཞི་པོ་འདི་ དག་ལས་ཀྱང་ཤེས་བྱ་ཐམས་ཅད་བསྡུས་པའི་ཕྱིར་ཏེ། དེ་ལ་དྲི་མ་དང་བཅས་པའི་ཁམས་ རང་བཞིན་གྱིས་རྣམ་པར་དག་པ་ནི་རྟོ༷གས་པར་བྱ༷་བའི་གནས་སོ། །དྲི་མ་མཐའ་དག་དང་ བྲལ་བའི་བྱང་ཆུབ་ནི་རྟོགས་པའི་རང་གི་ངོ་བོའི་གནས་སོ། །བྱང་ཆུབ་དང་འབྲེལ་པའི་ཡོན་ ཏན་རྣམས་ནི་རྟོ༷གས་པ༷་དེ༷་ཡི༷་ནི༵་ཡ༷ན་ལ༷ག་གི་གནས་སོ། །ཡོན་ཏན་གྱི་ནུས་པ་འཕྲིན་ལས་ རྣམས་ནི་གཞན་དག་ཀྱང་རྟོ༷གས་པ༷ར་བྱེ༷ད་པ༷འི་གནས་སོ། །དེའི་ཕྱི༵ར་གནས་བཞི་པོ་འདི་ དག་ལས་གོ༷་རི༷མ་ཇི༷་ལྟ་བ་བཞི༷ན་དུ་གན༷ས་གཅི༷ག་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དེ༵་ ནི་ད༷ག་པར་བྱ་བའི་རྒྱུ༷་ཡིན་ཏེ། དེ་དྲི་མས་རྣམ་པར་དག་པ་ལས་དཀོན་མཆོག་གསུམ་འབྱུང་ བའི་ཕྱིར་རོ། །གནས་ཕྱི་མ་གསུ༷མ་ནི༷་དག་པར་བྱེད་པའི་རྐྱེ༷ན་ཡི༷ན་ནོ༵་ཞེས་བྱ་བའི་དོན་ ནོ། །མངོན་པར་རྫོགས་པར་བྱང་ཆུབ་ནས་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་ འཕྲིན་ལས་སུམ་ཅུ་རྩ་གཉིས་མཛད་པས་གཞན་དག་གི་རྒྱུད་ལ་ཡང་དཀོན་མཆོག་གསུམ་ འབྱུང་བར་བྱེད་པའི་ཕྱིར་རོ། །རྒྱུ་རྐྱེན་དུ་རྣམ་པར་གཞག་པ་ཡང༌། དྲི་མ་དང་བྲལ་བའི་ འབྲས་བུ་ལ་ལྟོས་ནས་ཡིན་གྱི་སྐྱེད་པར་བྱེད་པའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟར་རྒྱུ་རྐྱེན་བཞི་ ལས། འབྲས་བུ་དཀོན་མཆོག་གསུམ་འགྲུབ་ཅིང༌། དེ་དག་གིས་ཀྱང་གཞན་དག་གི་ཁམས་ སད་པའི་རྐྱེན་བྱས་ནས་བྱང་ཆུབ་ཡོན་ཏན་འཕྲིན་ལས་དང་བཅས་པ་འབྱུང་ལ། དེ་བཞིན་ དུ་འཁོར་ལོ་ལྟར་འཕོ་བས་རྒྱུན་མི་འཆད་པ་ལ་དཀོན་མཆོག་གི་འཁོར་ལོ་ཞེས་ཀྱང་བྱ་སྟེ། ཇི་སྐད་དུ། རྒྱན་ལས། ཇི་ལྟར་མར་མེ་གཅིག་ལ་མར་མེའི་ཚོགས་རབ་མང༌། །དཔག་མེད་ གྲངས་མེད་འབྱུང་ཡང་དེ་ལ་ཟད་པ་མེད། །དེ་བཞིན་སྨིན་པ་གཅིག་ལས་སྨིན་པའི་ཚོགས་ རབ་མང༌། །གྲངས་མེད་དཔག་མེད་འབྱུང་ཡང་དེ་ལ་ཟད་པ་མེད། །ཅེས་གསུངས་པ་ལྟར་རོ། ། 5-1-97 སོ་སོའི་ངོ་བོ་ལ་བཞི་སྟེ། རྟོགས་པར་བྱ་བ་ཆོས་དབྱིངས་ཀྱི་དོན། རྟོགས་པའི་ངོ་བོ་བྱང་ ཆུབ་ཀྱི་དོན། རྟོགས་པའི་ཡན་ལག་ཡོན་ཏན་གྱི་དོན། རྟོགས་པར་བྱེད་ཐབས་འཕྲིན་ལས་ཀྱི་ དོན་ཞེས་པའོ། ། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱི་དབང་དུ་བྱས་ནས། སེམས་ཅན་ཐམས་ ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྟན་པའི་ཕྱིར། རེ་ཞིག་དང་པོར་རྟོགས་པར་ བྱ་བ་ཆོས་དབྱིངས་ཀྱི་དོན་རྒྱས་པར་བཤད་པར་བྱ་སྟེ། ཐུན་མོང་གི་རྣམ་པར་གཞག་པ་དང༌། གཞུང་གི་དོན་རྣམ་པར་བཤད་པས་སོ། ། དེ་ལ་ཐུན་མོང་གི་རྣམ་གཞག་ནི། ངོ་བོ་གཅིག་ཀྱང་དབྱེ་བས་ངེས་བྱའི་དོན། །ཀུན་ཁྱབ་ མིང་གི་རྣམ་གྲངས་དུ་མ་ཅན། །འཁྲུལ་མེད་རིམ་རྒྱས་ཕན་ཡོན་མཆོག་མངའ་བ། །རྣམ་དག་ ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་བདུན་ཏེ། ངོ་བོ་ངོས་བཟུང༌། དབྱེ་བ་ བསྟན་པ། ཀུན་ལ་ཁྱབ་ཚུལ། མིང་གི་རྣམ་གྲངས། འཁྲུལ་པ་སྤང་བ། རྒྱས་པར་བྱེད་ཐབས། ཕན་ཡོན་བཤད་པའོ། །ངོ་བོ་ནི། རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཀྱི་སྐུ་གང་ཞིག དེ་བཞིན་ཉིད་ཀྱི་ཚུལ་གྱིས་ཐམས་ཅད་ལ་དབྱེར་མེད་པར་གནས་ཤིང༌། ལམ་གྱི་རྐྱེན་དང་ ཕྲད་པ་ལས་མཐར་ཐུག་སངས་རྒྱས་འབྱུང་རུང་གི་རིགས་སུ་གྱུར་པ་སྟེ། རང་བཞིན་གསུམ་ གྱིས་བསྡུས་པའི་ཁམས་ཞེས་འབྱུང་བ་ལྟར་རོ། ། དབྱེ་བ་ནི་དབྱིངས་དེ་ཉིད་དོན་དམ་པའི་ཡོན་ཏན་རྣམས་དང་དབྱེར་མེད་པའི་ཆ་ནས་ ཆོས་ཀྱི་སྐུ་དང༌། གཞན་དུ་མི་འགྱུར་བའི་ཆ་ནས་དེ་བཞིན་ཉིད་དང༌། སྐུ་གསུམ་འགྲུབ་པའི་ ཆ་ནས་རིགས་ཞེས་བྱ་བ་སྟེ། གསུམ་དུ་ཡང་འཆད་པར་འགྱུར་ལ། རིགས་ལ་ཡང༌། རྒྱན་ ལས། རང་བཞིན་དང་ནི་རྒྱས་པ་དག །དེ་ནི་རྟེན་དང་བརྟེན་པ་སྟེ། །ཡོད་མེད་གཉིས་དང་ 5-1-98 ཡོན་ཏན་ནི། །སྒྲོལ་བའི་དོན་ལ་རིགས་ཞེས་བྱ། །ཞེས་གསུངས་པ་ལྟར་རང་བཞིན་དུ་གནས་ པ་དང་རྒྱས་པ་ལས་བྱུང་བ་གཉིས་སོ། །དེ་ལ་རང་བཞིན་དུ་གནས་པའི་རིགས་ནི། དོན་དམ་ པའི་ཡོན་ཏན་རྣམས་དང་རྣམ་པར་དབྱེར་མེད་པའི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་ པར་དག་ཅིང་འོད་གསལ་བ་གང་ཞིག་ཐོག་མ་མེད་པ་ནས་སྒྲིབ་པ་སྤང་རུང་དུ་གནས་པས་ འཁོར་འདས་ཐམས་ཅད་ཀྱི་གཞིར་གྱུར་པའོ། །དེ་ཡང་ཆོས་ཉིད་ཡིན་པས་ཆོས་ཅན་ཐམས་ ཅད་ལ་དབྱེར་མེད་པར་གནས་པ་ཉིད་དེ། ཇི་སྐད་དུ། མངོན་པར་རྟོགས་པའི་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། ཞེས་པ་དང༌། དབུས་ མཐའ་ལས་ཀྱང༌། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས། །རྣམ་པར་དག་ཕྱིར་ནམ་མཁའ་ བཞིན། །གཉིས་ནི་གློ་བུར་འབྱུང་བ་སྟེ། །དེ་ཡང་དེ་ལ་མ་ལོག་པའོ། །ཞེས་པ་དང་། རྒྱན་ལས་ ཀྱང༌། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །གང་ཕྱིར་ཆོས་མེད་དེའི་ཕྱིར། །ཀུན་ནས་ཉོན་ མོངས་བསྟན་པ་ལ། །བློ་ལྡན་དགོངས་པ་དེ་ཡིན་འདོད། །ཅེས་པ་ལ་སོགས་པ་གསུངས་པའི་ ཕྱིར་རོ། །རྒྱས་པ་ལས་བྱུང་བའི་རིགས་ནི། ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་པའི་ཐོས་པ་ ལས་བྱུང་བ་ལ་སོགས་པའི་དགེ་བའི་བག་ཆགས་འཕེལ་ནས་བསོད་ནམས་ཀྱི་ཚོགས་ལའང་ རིམ་གྱིས་སྦྱོར་བར་འགྱུར་བ་ཡིན་ཞིང༌། འདི་ལ་ནི་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཡང་ ཡོད་དེ། མངོན་པར་རྟོགས་པའི་རྒྱན་ལས། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ ཡོངས་སུ་བརྗོད། །ཅེས་པ་དང༌། རྒྱན་ལས་ཀྱང༌། ཁམས་རྣམས་དང་ནི་མོས་པ་དང༌། །སྒྲུབ་ པ་ཐ་དད་དབྱེ་བ་དང༌། །འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་ཉིད་དུ་ངེས་པར་ བརྗོད། །ཅེས་གསུངས་པ་ལྟར་རོ། །འོན་ཀྱང་གནས་སྐབས་སུ་ཐ་དད་པ་ཙམ་ཡིན་གྱི་མཐར་ ཐུག་ནི་འདི་ཡང་གཅིག་པ་ཉིད་དེ། དཔལ་ཕྲེང་གི་མདོ་ལས། ཉན་ཐོས་སུ་གྱུར་ནས་རང་ སངས་རྒྱས་སུ་འགྱུར་རོ། །ཕྱིས་ནི་སངས་རྒྱས་སུ་ཡང་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ 5-1-99 རོ། ། ཁྱབ་ཚུལ་ནི། ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཀྱི་རང་བཞིན་ འོད་གསལ་བ་དེ་ཉིད། སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་པ་ཉིད་དེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་ འཁོར་ལ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། ། ཅེས་པ་དང༌། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བར་བྱས་པ་ལས། །དག་པ་ ཉིད་དེ་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ ཤིང༌། མདོ་ལས་ཀྱང༌། སེམས་ནི་སེམས་མ་མཆིས་པ་སྟེ། །སེམས་ཀྱི་རང་བཞིན་ནི་འོད་ གསལ་བའོ། །ཞེས་པ་དང༌། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་ མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་པ་དང༌། འགྲོ་བ་འདི་རྣམས་མ་ལུས་ སངས་རྒྱས་འགྱུར། །ཞེས་པ་ལ་སོགས་པ་གསུངས་ལ། རྒྱུད་ལས་ཀྱང༌། འཇིག་རྟེན་ཁམས་ འདི་གང་དུ་ཡང༌། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་པ་དང༌། ནམ་མཁའ་ལྟ་བུར་དྲི་མ་མེད། ། ངན་པར་བརྟགས་པའི་རྣམ་རྟོག་གིས། །རིན་ཆེན་སེམས་ནི་དྲི་ཅན་བྱས། །སེམས་དག་པས་ ནི་དག་པར་འགྱུར། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །དེ་ལྟ་བས་ན་དོན་དམ་པའི་ སངས་རྒྱས་ནི་ཡོད་པ་མངོན་སུམ་དུ་གྱུར་པར་བལྟའི། མེད་པ་གསར་དུ་བསྐྱེད་པར་ནི་ནམ་ ཡང་འདོད་པར་མི་བྱའོ། ། རྣམ་གྲངས་ནི། ཆོས་ཀྱི་དབྱིངས་དེ་ཉིད་ལ། རིགས་དང་ཟག་པ་མེད་པའི་ས་བོན་དང་ སེམས་ཅན་གྱི་ཁམས་དང་ཐམས་ཅད་ཀྱི་རང་བཞིན་ཞེས་ཀྱང་བྱ་སྟེ། བྱང་ཆུབ་སེམས་དཔའི་ ས་ལས། རིགས་དེ་ནི་ས་བོན་དང་ཁམས་དང་རང་བཞིན་ཞེས་ཀྱང་བྱའོ་ཞེས་གསུངས་པ་ 5-1-100 ལྟར་རོ། །རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཉིད་དེ་ལ་དེ་བཞིན་ཉིད་དང༌། ཡང་དག་ པའི་མཐའ་དང༌། མཚན་མ་མེད་པ་དང༌། དོན་དམ་པ་དང༌། ཆོས་ཀྱི་དབྱིངས་ཞེས་ཀྱང་བྱ་ སྟེ། དབུས་མཐའ་ལས། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། ། མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་རྣམས་རྣམ་གྲངས་སོ། །གཞན་མིན་ ཕྱིན་ཅི་མ་ལོག་དང་། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང༌། །འཕགས་པའི་ཆོས་ཀྱི་རྒྱུ་ ཡི་ཕྱིར། །རྣམ་གྲངས་དོན་ཏེ་གོ་རིམ་བཞིན། །ཞེས་གསུངས་པ་ལྟར་རོ། །སངས་རྒྱས་ཀྱི་རང་ བཞིན་དང་། དོན་དམ་པ་སྟོང་པ་དང༌། རང་བྱུང་གི་ཡེ་ཤེས་ཞེས་ཀྱང་བྱ་སྟེ། མྱ་ངན་འདས་ པ་ཆེན་པོ་ལས། རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་དོན་དམ་པ་སྟོང་པའོ། ། དོན་དམ་པ་སྟོང་པ་ཉིད་ནི་ཡེ་ཤེས་ཞེས་བྱའོ་ཞེས་གསུངས་པ་བཞིན་ནོ། །འཁོར་འདས་ ཐམས་ཅད་ཀྱི་གཞི་བྱེད་པ་ལ་ཀུན་གཞི་དང༌། ཆོས་ཀྱི་སྐུ་དྲི་མ་དང་བཅས་པ་ལ་དེ་བཞིན་ གཤེགས་པའི་སྙིང་པོ་དང་དོན་དམ་པའི་དགེ་བ་ཞེས་ཀྱང་བྱ་སྟེ། རྒྱན་སྟུག་པོ་བཀོད་པའི་ མདོ་ལས༌། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་ པོ་དེ་ལ་ཀུན་གཞིའི་སྒྲ། །དེ་བཞིན་གཤེགས་པ་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྟན་ པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་གསུངས་པ་ལྟར་རོ། །ཟག་པ་མེད་པའི་ དབྱིངས་དེ་ཉིད་ལ་སྔགས་ཀྱི་ཐེག་པར་ཡང༌། གཉིས་སུ་མེད་པའི་ཡེ་ཤེས་ལ་སོགས་པའི་ རྣམ་གྲངས་མཐའ་ཡས་པ་གསུངས་ཏེ། དཔལ་ཡང་དག་པར་སྦྱོར་བ་ལས། འདི་ནི་གཉིས་ སུ་མེད་པར་བརྗོད། །འདི་ནི་བྱང་ཆུབ་སེམས་མཆོག་ཉིད། །རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ། ། རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད། །འདི་ཉིད་ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ ཀུན་གྱི་དངོས། །མཉམ་ཉིད་བསམ་བྱ་ཉིད་དུ་གསུངས། །སངས་རྒྱས་ཀུན་མཆོག་སྒོམ་པ་ ཉིད། །ཅེས་གསུངས་པ་ལྟར་རོ། ། 5-1-101 འཁྲུལ་སྤོང་ལ་དགུ་ལས། རིགས་ཆད་དང་འགའ་བ་སྤང་བ་ནི། ཐམས་ཅད་ལ་རིགས་ ཡོད་པ་ཉིད་ཡིན་ན། རྒྱན་ལས། ལ་ལ་གཅིག་ཏུ་ཉེས་པ་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་ རྒྱུ་དང་བྲལ། །ཞེས་རིགས་མེད་པ་ལ་གནས་པ་གསུངས་པ་ཅི་ལྟར་ཞེ་ན། དེ་ནི་ཐེག་ཆེན་གྱི་ ཆོས་ལ་སྡང་བ་བཟློག་པའི་ཆེད་དུ། ཡུན་རིང་པོར་རྒྱས་འགྱུར་གྱི་རིགས་ཆད་པ་ལ་དགོངས་ ནས་གསུངས་པ་སྟེ། ཇི་སྐད་དུ་འགྲེལ་པར། ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་ མི་འདའ་བའི་ཆོས་ཅན་ཞེས་གསུངས་པ་གང་ཡིན་པ་དེ་ནི། ཐེག་པ་ཆེན་པོའི་ཆོས་ལ་སྡང་ བ་ལོག་སྲེད་ཅན་གྱི་རྒྱུ་ཡིན་པའི་ཕྱིར་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་བཟློག་པའི་དོན་དུ་ དུས་གཞན་ལ་དགོངས་པ་ཡིན་ནོ་ཞེས་འབྱུང་བ་ལྟར་རོ། །དེ་དག་ཀྱང་ལོག་སྲེད་ཡོངས་སུ་ སྤངས་པ་ལས་ནི་རྣམ་པར་གྲོལ་བ་ཐོབ་པའི་ཕྱིར་རང་བཞིན་དུ་གནས་པའི་རིགས་ཆད་པ་ནི་ མ་ཡིན་ཏེ། མྱ་ངན་ལས་འདས་པའི་མདོ་ལས། ལོག་སྲེད་ཅན་དག་ནི་ལོག་སྲེད་ཡོངས་སུ་ བཅོམ་ནས་གདོད་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སྙིང་རྗེ་ཆེན་པོ་དང་མ་འདྲེས་པའི་ དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་འགྱུར་རོ། །དོན་དེ་བས་ན་ངས་རྟག་ཏུ་སེམས་ཅན་ ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་སོ་ཞེས་བཤད་པ་ལྟར་རོ། ། དྲང་དོན་དུ་འདོད་པ་སྤང་བ་ནི། གང་དག་འཆད་པར་འགྱུར་བའི་དགོས་པ་རྣམས་རྒྱུ་ མཚན་དུ་བྱས་ནས། དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་ནི་དྲང་བའི་དོན་ཡིན་ནོ་ ཞེས་བཞེད་པ་དེ་དག་ནི་རིགས་པ་མ་ཡིན་ཏེ། དགོས་པ་ཡོད་པས་དྲང་དོན་དུ་འགྱུར་ན་ནི། ངེས་པའི་དོན་གང་ཡིན་པ་དེ་ཐམས་ཅད་ཀྱང་དྲང་བའི་དོན་དུ་ཧ་ཅང་ཐལ་བར་འགྱུར་བའི་ ཕྱིར་རོ། །གཞན་ཡང་སྔགས་ཀྱི་ཐེག་པར། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལ་མ་སྐྱེས་པའོ། ། 5-1-102 ཞེས་པ་ལ་སོགས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐམས་ཅད་ལ་ཁྱབ་པར་གསུངས་པ་ཡང་ དྲང་བའི་དོན་དུ་ཐལ་བར་འགྱུར་ཏེ། དེ་དག་ནི་དོན་གཅིག་པས་སོ། །དེ་ལྟར་ཡང་རིགས་པ་ མ་ཡིན་ཏེ། རྒྱན་ལས། འགྲོ་བ་དག་ན་དེ་ལས་གཞན་པའང་ཅུང་ཟད་ཡོད་མིན་ལ། །འགྲོ་ བ་མ་ལུས་པ་ཡང་དེ་ལ་ཀུན་ཏུ་རྨོངས་པའི་བློས། །ཡོད་པ་ཀུན་ནས་སྤངས་ཏེ་མེད་ལ་མངོན་ ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་འདི་ཀོ་ཅི་ལྟ་བུ། །ཞེས་པ་ དང༌། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས་ཀྱང༌། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་ གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་ གསུངས་ཤིང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང༌། སངས་རྒྱས་ཀྱི་རང་བཞིན་ ནི་རང་བཞིན་གྱིས་མེད་པར་བྱེད་ནུས་པ་མ་ཡིན་ཏེ། མེད་པར་བྱ་བའི་གནས་མེད་དོ་ཞེས་པ་ ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། ། འབད་མེད་དུ་ཐར་པ་སྤང་བ་ནི། ཅི་སྟེ་སངས་རྒྱས་ཀྱི་ཡེ་ཤེས་གདོད་མ་ནས་ཡོད་ན་ ལམ་ལ་འབད་པ་དགོས་པ་མེད་པར་འགྱུར་ཞིང༌། རྒྱུ་དང་འབྲས་བུ་ཁྱད་པར་མེད་པར་ཡང་ འགྱུར་རོ་ཞེ་ན། གློ་བུར་གྱི་དྲི་མ་ཉོན་མོངས་པ་རྣམས་སྤང་དགོས་པའི་ཕྱིར་ལམ་སྒོམ་པ་ནི་ དོན་ཆེན་པོ་དང་ལྡན་ཞིང༌། དེ་ཉིད་ཀྱི་ཕྱིར་རྒྱུ་དང་འབྲས་བུ་དག དྲི་མ་དང་བཅས་པ་དང་དྲི་ མ་མེད་པའི་ཁྱད་པར་ཀྱང་ཡོད་དེ། ཇི་སྐད་དུ། མྱ་ངན་ལས་འདས་པ་ཆེན་པོ་ལས། རིགས་ཀྱི་ བུ་སངས་རྒྱས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། སྙིང་རྗེ་ ཆེན་པོ་དང་། དྲན་པ་ཉེ་བར་གཞག་པ་གསུམ་སྟེ། སེམས་ཅན་ཐམས་ཅད་ལ་རྣམ་པ་གསུམ་ པོ་ཡོད་པ་ཡང༌། ཉོན་མོངས་པ་ཡོངས་སུ་བཅོམ་ན་གདོད་མཐོང་བར་འགྱུར་རོ་ཞེས་པ་དང༌། སེམས་ཅན་ཐམས་ཅད་ལ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡོད་མོད་ཀྱི་མ་བསྒོམས་ པའི་ཕྱིར་མི་མཐོང་སྟེ། དེའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་གྱུར་ 5-1-103 ཏོ་ཞེས་པ་ལ་སོགས་པ་གསུངས་ཤིང༌། ལ་བ་པས་ཀྱང༌། འདོད་ཆགས་ལ་སོགས་དྲི་བཅས་ སེམས། །འཁོར་བ་ཡིན་ཏེ་དེས་དབེན་པ། །མདོར་ན་ཐར་པ་དམ་པར་ནི། །རྒྱལ་བ་སྒྲིབ་པ་ སྤངས་པས་གསུངས། །ཞེས་བཤད་པ་བཞིན་ནོ། ། སྐྱེད་པ་ལས་འཁྲུལ་པ་སྤང་བ་ནི། གང་ཡང་སེམས་ཅན་གྱི་གནས་སྐབས་ན་ནི། དོན་ དམ་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཉིད་མེད་ལ་ཡོད་པར་གསུངས་ པ་ནི་ས་བོན་ཙམ་ལ་དགོངས་པའོ་ཞེས་བྱ་བ་དེ་ཡང་འཐད་པ་མ་ཡིན་ཏེ། ས་བོན་འཕེལ་ ཞིང་ཡོངས་སུ་སྨིན་པ་ལས་སྐྱེད་པའི་འབྲས་བུ་དེ་ནི་འདུས་བྱས་སུ་འགྱུར་ཞིང༌། དེ་ལྟ་ན་ནི་ དཔལ་ཕྲེང་གི་མདོ་ལས། སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་གྱིས་བཙལ་ཡང་དེ་ བཞིན་གཤེགས་པའི་སྙིང་པོ་སྐྱེས་པ་མ་བརྙེས་ཏེ། ཞེས་གསུངས་པས་ཀྱང་གནོད་ལ། འདུས་ བྱས་གང་ཡིན་པ་དེ་དག་ནི་བརྫུན་པ་སླུ་བའི་ཆོས་ཅན་ཡིན་པས་གཏན་གྱི་སྐབས་གནས་མ་ ཡིན་པར་ཐལ་བའི་ཕྱིར་དང༌། བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས་ཀྱང༌། སངས་རྒྱས་ རྣམས་དང་ཆོས་དབྱིངས་དག །དེས་ན་དོན་དུ་ཐ་མི་དད། །བདག་ཉིད་དང་ནི་གཞན་རྣམས་ དག །དེས་ན་མཉམ་པར་ཁྱོད་བཞེད་ལགས། །ཞེས་དོན་དམ་དུ་རང་གི་ངོ་བོ་ཐ་མི་དད་པར་ གསུངས་པའི་ཕྱིར་རོ། ། སྣང་རུང་དུ་འདོད་པ་སྤང་བ་ནི། །གལ་ཏེ་ཆོས་ཀྱི་དབྱིངས་དེ་ཐམས་ཅད་ལ་ཁྱབ་པར་ ཡོད་ན་བྱིས་པ་རྣམས་ཀྱིས་ཀྱང་མཐོང་བར་རིགས་མོད་སྙམ་དུ་སེམས་ན། ཡོད་ཀྱང་སྒྲིབ་ པ་དང་བཅས་པ་རྣམས་ཀྱིས་ནི་མངོན་སུམ་དུ་མཐོང་བ་ཡང་མ་ཡིན་ཏེ། མྱ་ངན་ལས་འདས་ པ་ཆེན་པོའི་མདོ་ལས། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། ཉོན་ མོངས་པས་ཡོངས་སུ་ཁེབས་པའི་ཕྱིར་མཐོང་བར་མི་ནུས་སོ་ཞེས་གསུངས་པ་ལྟར་རོ། ། དཔེར་ན་ཟླ་བའི་དཀྱིལ་འཁོར་མ་མཐོང་ཡང་མེད་པར་མི་འགྱུར་བ་ལྟ་བུ་སྟེ། དེ་ཉིད་ལས་ 5-1-104 རིགས་ཀྱི་བུ་དཔེར་ན་ཟླ་བ་ཚེས་པ་ནི་མི་མཐོང་མོད་ཀྱི་མེད་ཅེས་བྱར་མི་རུང་ངོ༌། །སངས་ རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ་བྱིས་པ་མ་རབས་ཐམས་ཅད་ཀྱིས་མི་མཐོང་མོད་ཀྱི། དེ་ལ་སངས་རྒྱས་ཀྱི་རང་བཞིན་མེད་ཅེས་བྱར་མི་རུང་ངོ་ཞེས་གསུངས་པ་བཞིན་ནོ། །ཉི་ མའི་དཀྱིལ་འཁོར་སྤྲིན་ལ་སོགས་པས་སྒྲིབ་པ་དང་ཡང་འདྲ་སྟེ། རྒྱན་ལས། ཇི་ལྟར་ཉི་མའི་ འོད་ཟེར་རྣམས། །སྤྲིན་ལ་སོགས་པས་སྒྲིབ་པར་འདོད། །དེ་བཞིན་སངས་རྒྱས་ཡེ་ཤེས་ རྣམས། །སེམས་ཅན་རྣམས་ཀྱི་ཉེས་པས་བསྒྲིབས། །ཞེས་གསུངས་པ་ལྟར་རོ། །མར་མེའི་ འོད་གསལ་བ་བུམ་པའི་ནང་དུ་བཅུག་པ་དང་ཡང་མཚུངས་ཏེ། ཆོས་ཀྱི་དབྱིངས་སུ་བསྟོད་ པ་ལས། ཇི་ལྟར་མར་མེའི་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ ཉོན་མོངས་བུམ་ནང་གནས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཞེས་གསུངས་པ་བཞིན་ ནོ། །འོན་ཀྱང་སྒྲིབ་པ་ཅི་རིགས་པས་དག་པ་ལས་རིམ་གྱིས་སྣང་བར་འགྱུར་ཞིང༌། སྒྲིབ་པ་ མ་ལུས་པས་དག་པ་ལ་ནི་མཐའ་དག་ཀྱང་མངོན་སུམ་དུ་སྣང་བ་ཉིད་དེ། ཕྱོགས་ནི་གང་དང་ གང་དག་ནས། །བུམ་པ་བུ་ག་གཏོད་གྱུར་པ། །དེ་དང་དེའི་ཕྱོགས་ཉིད་ནས། །འོད་ཀྱི་རང་ བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ནི་བཅག་གྱུར་པ། །དེ་ ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ། ། རྟག་དངོས་སུ་ཐལ་བ་སྤང་བ་ནི། འོན་ཏེ་སྔ་མ་ཕྱི་མ་ཁྱད་པར་མེད་པ་ཡང་ཡིན་ལ་རྒྱུ་ དང་རྐྱེན་ལ་ལྟོས་ནས་འབྲས་བུ་གྲུབ་པ་ཡང་ཡིན་པའི་ཕྱིར་དབྱིངས་གང་ཡིན་པ་དེ་ནི་རྟག་ པའི་དངོས་པོར་འགྱུར་རོ་ཞེ་ན། འདུས་མ་བྱས་པ་ཉིད་ཀྱི་ཕྱིར་རྟག་པ་ནི་འགྱུར་མོད། སྐྱེ་བ་ དང་འཇིག་པ་དང་གནས་པའི་མཚན་ཉིད་གསུམ་དང་བྲལ་བའི་ཕྱིར་འདུས་བྱས་ཀྱི་དངོས་ པོར་ནི་ལྟ་ག་ལ་འགྱུར། རྒྱུ་རྐྱེན་ལས་འགྲུབ་པ་ཡང་སེམས་ཀྱི་རང་བཞིན་གློ་བུར་གྱི་དྲི་མ་ དང་བྲལ་བས་རབ་ཏུ་ཕྱེ་བ་ཡིན་གྱི། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་མཚན་ཉིད་ 5-1-105 ཅན་ནི་མ་ཡིན་ཏེ། རྒྱན་ལས། ཇི་ལྟར་ཆུ་རྙོག་པ་ལས་དྭངས་བ་ན། དྭངས་བ་དེ་ཉིད་དེ་ལས་ སྐྱེས་མིན་ཏེ། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་འདི་ཉིད། ། ཅེས་གསུངས་པ་ལྟར་རོ། །དེ་ལྟ་ན་ཡང་དོན་བྱེད་ནུས་པའི་ཕྱིར་དངོས་པོར་འགྱུར་རོ་ཞེ་ན། རྣམ་པ་ཐམས་ཅད་དུ་དོན་གཉིས་མཐར་ཕྱིན་པར་བྱེད་པའི་ནུས་པ་དང་ནི་ལྡན་མོད། དེ་ཉིད་ ཀྱི་ཕྱིར་ཉི་ཚེ་བ་འདུས་བྱས་ཀྱི་དངོས་པོར་ནི་མི་འགྱུར་ཏེ། འདུས་བྱས་ཐམས་ཅད་ནི་བརྫུན་ པ་སླུ་བ་སྙིང་པོ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་རྟག་པ་ཡང་ཡིན་ལ་འདུས་མ་བྱས་ པའི་དངོས་པོ་ཡང་ཡིན་པ་ཞེས་བརྗོད་པ་ལ་ནི་འགལ་བ་མེད་དེ། ཇི་སྐད་དུ། ཆོས་མངོན་པ་ ལས། འདུས་མ་བྱས་ཀྱི་དངོས་པོ་ནི་བརྒྱད་དེ་ཞེས་པ་དང་རྗེས་སུ་འབྲེལ་པར་དེ་བཞིན་ཉིད་ གསུམ་གསུངས་པའི་ཕྱིར་རོ། ། ཆ་བཅས་སུ་ཐལ་བ་སྤང་བ་ནི། དེ་བཞིན་ཉིད་དེ་ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་འགྲོ་ བའི་ཕྱིར་ཆ་ཤས་དང་བཅས་པར་འགྱུར་རམ་སྙམ་ན། མ་ངེས་ཏེ། རྒྱུད་ལས། ཆ་མེད་ཀུན་ འགྲོ་ཁྱབ་པ་པོ། །ཞེས་དེ་དག་འགལ་བ་མེད་པར་གསུངས་པའི་ཕྱིར་རོ། ། བདག་སོགས་དང་མཚུངས་པ་སྤང་བ་ནི། འོ་ན་རང་བཞིན་དང་རྟག་པ་དང་ཁྱབ་པ་ལ་ སོགས་པར་བསྟན་པའི་ཕྱིར་མུ་སྟེགས་ཅན་འདོད་པའི་གཙོ་བོ་ལ་སོགས་པ་དང་ཁྱད་པར་ མེད་དམ་སྙམ་དུ་སེམས་ན། དེ་ལྟར་ཡང་མ་ཡིན་ཏེ། དེ་དག་ནི་ཟག་པ་དང་བཅས་པའི་ཕུང་ པོ་རྣམས་རྟག་པ་ལ་སོགས་པ་དེ་ལྟར་མ་ཡིན་པ་ལ་དེ་ལྟར་གཟུང་བའི་ཕྱིར་འཁྲུལ་པ་ཡིན་ ལ། འདིར་ནི་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་དེ་ལྟར་གནས་པ་ལ། དོན་དང་མཐུན་པར་ བསྟན་པའི་ཕྱིར་མ་འཁྲུལ་བ་ཡིན་པས། སྣང་བ་དང་མུན་པ་ལྟར་ཁྱད་པར་ཤིན་ཏུ་ཆེ་བར་ གནས་ཏེ། ཇི་སྐད་དུ། ལང་དཀར་གཤེགས་པའི་མདོ་ལས། རང་བཞིན་གྱིས་འོད་གསལ་བ་ མཚན་སུམ་ཅུ་རྩ་གཉིས་དང་བཅས་པ་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་ཏེ། 5-1-106 རྟག་པ་དང་བརྟན་པ་དང་ཐེར་ཟུག་ཏུའང་བརྗོད་ན། འདི་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་ དང་ཅི་ལྟར་མི་འདྲ་བ་ལགས། བཀའ་བསྩལ་པ། བློ་གྲོས་ཆེན་པོ་ང་ཡི་དེ་བཞིན་གཤེགས་ པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཀྱི་བདག་དང་མཚུངས་པ་མ་ཡིན་ཏེ། སངས་རྒྱས་རྣམས་ ཀྱིས་ནི་སྟོང་པ་ཉིད་དང་ཡང་དག་པའི་མཐའ་ལ་སོགས་པ་ལ་དེ་བཞིན་གཤེགས་པའི་སྙིང་ པོར་བསྟན་ཅིང་ཚིག་དང་ཡི་གེའི་རྣམས་གྲངས་སྣ་ཚོགས་པས་སྟོན་ཏོ་ཞེས་གསུངས་ཤིང༌། མྱ་ངན་ལས་འདས་པ་ཆེན་པོ་ལས་ཀྱང༌། འཇིག་རྟེན་པ་དག་བདག་ཡོད་པར་སྨྲ་མོད་ཀྱི། སངས་རྒྱས་ཀྱི་རང་བཞིན་ཡོད་པ་མ་ཡིན་པས་དེ་ནི་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་ སྟེ། ཕྱིན་ཅི་ལོག་ཅེས་བྱའོ་ཞེས་པ་དང༌། རིགས་ཀྱི་བུ་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་ པའི་སྙིང་པོའི་དོན་ཏོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ནི། བདག་ཅེས་བྱ་བའི་དོན་ཏོ་ཞེས་པ་དང༌། འཇིག་རྟེན་ལས་འདས་པའི་བདག་གི་མཚན་ཉིད་ ནི། སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་སྟེ། དེ་ལྟར་བདག་ཏུ་འཛིན་པ་ནི་ཤིན་ཏུ་མཆོག་གོ་ ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །ཅི་སྟེ་རྟག་པ་ལ་སོགས་པའི་རྒྱུ་མཚན་གྱིས་ཆོས་ ཀྱི་དབྱིངས་མེད་པར་འདོད་ན་ནི། མྱ་ངན་ལས་འདས་པ་ལས་རིང་དུ་འགྱུར་ཏེ། ཇི་སྐད་དུ། རྔ་བོ་ཆེའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་བསྟན་པ་ན་སྨོད་པས་སངས་ རྒྱས་རྟག་པ་ཉིད་ཀྱི་གཏམ་སྤོང་བར་འགྱུར་ཏེ། དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་ བར་མི་འགྱུར་རོ་ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། ། དོན་བསྡུས་ཏེ་འཇུག་ཚུལ་བསྟན་པ་ནི། འོན་ཀྱང་རྟོག་དཔྱོད་ལས་མི་འདའ་བའི་ བློའི་ཡུལ་དུ་འགལ་བ་ལྟ་བུ་དུ་མ་ཞིག་སྣང་མོད། དེ་ཉིད་ཀྱི་ཕྱིར་བསམ་གྱིས་མི་ཁྱབ་པའི་ དབྱིངས་ཉིད་དེ། ཇི་སྐད་དུ། དེ་ནི་བསམ་པར་མི་བྱ་རྣམ་པར་བརྟག་པར་མི་བྱའི་ལྷག་པར་ མོས་པར་བྱ་བ་འབའ་ཞིག་ཏུ་ཟད་དོ་ཞེས་གསུངས་པ་ལྟར་རོ། །མོས་པར་བྱ་བའི་ཚུལ་དེ་ 5-1-107 ཡང་རིགས་པ་གང་ལས་ཤེས་ཞེ་ན། རྒྱན་ལས། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། །ཡང་དག་ ལྟ་བ་འབྲས་ལྡན་དང༌། །ཚད་མས་རྣམ་ཕྱེ་བསམ་མི་ཁྱབ། །རིགས་པ་རྣམ་པ་བཞིར་ཤེས་ བྱ། །ཞེས་གསུངས་པའི་ནང་ནས༌། བསམ་གྱིས་མི་ཁྱབ་པའི་ཡུལ་དེ་ཉིད་ཆོས་ཉིད་ཀྱི་རིགས་ པ་ལ་བརྟེན་ནས་ཤེས་པར་བྱའི། རྟོག་གེའི་རིགས་པས་ནི་མ་ཡིན་ཏེ། དེའི་སྤྱོད་ཡུལ་ལས་ ཡང་དག་པར་འདས་པའི་ཕྱིར་རོ། །མཐར་ཐུག་པའི་དོན་མངོན་སུམ་དུ་འགྱུར་བར་འདོད་པ་ རྣམས་ཀྱིས་ནི་བསྒོམས་པ་ལ་བརྟེན་ནས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ འགྱུར་བར་བྱ་བ་ཉིད་དེ། ཇི་སྐད་དུ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་ མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་ བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། ། རྒྱས་ཐབས་ནི། བསམ་པ་གཞན་ལ་ཕན་པའི་སེམས་བསྐྱེད་དང་ལྡན་པས། སྦྱོར་བ་ཕ་ རོལ་ཏུ་ཕྱིན་པ་དྲུག་ལ་ཚུལ་བཞིན་དུ་སློབ་པ་སྟེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། དཀའ་ སྤྱོད་སྣ་ཚོགས་སྦྱིན་པ་དང༌། །ཚུལ་ཁྲིམས་སེམས་ཅན་དོན་བསྡུ་དང༌། །སེམས་ཅན་ཕན་བྱེད་ བཟོད་པ་སྟེ། །གསུམ་པོ་འདིས་ནི་ཁམས་རྒྱས་འགྱུར། །ཆོས་རྣམས་ཀུན་ལ་བརྩོན་འགྲུས་ དང༌། །བསམ་གཏན་ལ་སེམས་འཇུག་པ་དང༌། །རྟག་ཏུ་ཤེས་རབ་བསྟེན་པ་སྟེ། །འདི་ཡང་ བྱང་ཆུབ་རྒྱས་བྱེད་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་ཐབས་དང་སྨོན་ལམ་དང་ སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ལེགས་པར་སློབ་པ་ཡང་ཡིན་ཏེ། དེ་ཉིད་ ལས། ཐབས་དང་བཅས་པའི་ཤེས་རབ་དང༌། །སྨོན་ལམ་རྣམ་པར་སྦྱངས་པ་དང༌། །སྟོབས་ ལ་ངེས་གནས་ཡེ་ཤེས་སྟེ། ཁམས་རྒྱས་བྱེད་པའི་ཆོས་བཞིའོ། །ཞེས་གསུངས་པ་ལྟར་རོ། ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱད་པས་གནས་སྐབས་སུ་བྱང་ཆུབ་སེམས་དཔའི་ས་བཅུ་ ཐོབ་ལ། མཐར་ཐུག་རང་བཞིན་དུ་གནས་པའི་རིགས་མངོན་སུམ་དུ་གྱུར་པ་ལས་རང་དོན་ 5-1-108 མཐར་ཕྱིན་པ་ཆོས་ཀྱི་སྐུ་ཐོབ་ཅིང༌། རྒྱས་འགྱུར་གྱི་རིགས་རིམ་གྱིས་འཕེལ་བ་ལས་གཞན་ དོན་མཐར་ཕྱིན་པ་གཟུགས་ཀྱི་སྐུ་ཐོབ་ནས་ཐམས་ཅད་མཁྱེན་པར་འགྱུར་བ་ཉིད་དོ། ། ཕན་ཡོན་ནི། དེ་ལྟར་ཟབ་མོའི་དོན་ཕྱིན་ཅི་མ་ལོག་པ་རྟོགས་པ་ལས། སངས་རྒྱས་ ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་ལ་སོགས་པའི་ཡོན་ཏན་མང་པོ་འཐོབ་སྟེ། རྔ་བོ་ཆེའི་མདོ་ ལས། དེ་བཞིན་གཤེགས་པའི་སྙིང་པོའི་ཆེ་བའི་བདག་ཉིད་རྟག་པ་དང་བརྟན་པ་དང་ཞི་བ་ དང་ཐེར་ཟུག་པ་འདོད་པའི་སེམས་ཅན་གང་ཡིན་པ་དེ་དག་ལ་ནི། དེ་བཞིན་གཤེགས་པས་ རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐེག་པ་ཆེན་པོ་ དབང་བསྐུར་བའི་ཅོད་པན་འཆིང་བར་མཛད་དོ་ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། ། གཞན་ཡང་ཆོས་ཀྱི་དབྱིངས་དེ་ཉིད་ལེགས་པར་བསྟན་པ་ན། དང་པོ་དད་པས་མོས་པ་དང༌། བར་དུ་བརྩོན་པས་སྒྲུབ་པ་དང༌། ཐ་མར་འབྲས་བུའི་ཡོན་ཏན་རྣམས་ཀྱང་མྱུར་དུ་འཐོབ་པར་ འགྱུར་བ་ཉིད་དེ། ཇི་སྐད་དུ་རྒྱན་ལས། ཟབ་ཅིང་རྒྱ་ཆེར་བཤད་པ་གཞན་ལ་ཕན་ཕྱིར་བསྟན་ པའི་ཆོས་ཆེན་ལ། །མི་ཤེས་བཞིན་དུ་མོས་པ་ཤིན་ཏུ་རྒྱ་ཆེན་འབྱུང་ཞིང་སྒྲུབ་ལ་བཟོད། །དེ་ དག་ཐ་མར་རྣམ་པ་གཉིས་མཆོག་ཕུན་སུམ་ཚོགས་འགྱུར་གང་ཡིན་དེ། །བྱང་ཆུབ་སེམས་ དཔའ་རང་བཞིན་ཡོན་ཏན་ལྡན་དེ་རྒྱས་པའི་རིགས་ལས་ཤེས། །ཞེས་པ་དང༌། ཐུབ་པས་ གསུངས་པའི་དམ་ཆོས་ལེགས་བཞག་པ། །རྩ་བ་ཆོས་ཀྱི་དབྱིངས་ལ་བློ་གྲོས་བཞག །དྲན་ རྒྱུ་རྟོག་པ་ཙམ་རིག་བསྟན་པ་དག །མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་པ་ལ་ སོགས་པ་གསུངས་པ་ལྟར་རོ། །དེ་བས་ན་ཆོས་ཀྱི་དབྱིངས་མངོན་སུམ་དུ་འགྱུར་བར་འདོད་ པ་རྣམས་ཀྱིས་གློ་བུར་གྱི་དྲི་མ་སྦྱོང་བ་ལ་འབད་པར་བྱ་བ་ཉིད་དོ། ། གཞུང་གི་དོན་རྣམ་པར་བཤད་པ་ལ་བརྒྱད་དེ། ཆོས་ཀྱི་དབྱིངས་ཀུན་ལ་ཁྱབ་ཚུལ། ཁྱབ་ བྱེད་དེ་སྡོམ་གྱིས་མདོར་བསྟན། སྡོམ་གྱི་དོན་རྒྱས་པར་བཤད་པ། བཤད་པའི་དོན་བསྡུས་ 5-1-109 ཏེ་མཚམས་སྦྱར། མཚམས་སྦྱར་ལྟར་དཔེ་ཡིས་བསྟན་པ། བསྟན་པའི་དོན་དད་པས་རྟོགས་ ཚུལ། རྟོགས་བྱའི་སྟོང་ཉིད་ངོས་བཟུང༌། དེ་རྣམས་ཀྱིས་བཤད་པའི་དགོས་པའོ། ། ཆོས་ཀྱི་དབྱིངས་ཀུན་ལ་ཁྱབ་ཚུལ་ནི། སངས་རྒྱས་ཡེ་ཤེས་སེམས་ཅན་ ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་ཕྱིར། །སངས་ རྒྱས་རིགས་ལ་དེ་འབྲས་ཉེར་སྤྱོད་ཕྱིར། །འགྲོ་ཀུན་སངས་རྒྱས་སྙིང་པོ་ ཅན་དུ་གསུངས། །ཞེས་པའང་རྒྱ་གར་གྱི་དཔེ་འགའ་ཞིག་ལ་ཡོད་པས་ས༷ངས་རྒྱ༷ས་ རྣམས་ཀྱི་དོན་དམ་པའི་ཡེ༷་ཤེ༷ས་ཀྱི་སྐུ་ནི་སེ༷མས་ཅ༷ན་གྱི་ཚོ༷གས་ཐམས་ཅད་ལ་ཁྱབ་པར་ ཞུ༷གས་པའི་ཕྱི༵ར་དང༌། ར༷ང་བཞི༷ན་གྱིས་རྣམ་པར་དག་ཅིང་དྲི༷་མ་མེ༷ད་པའི་དེ་བཞིན་ཉིད་དེ༷་ ནི༷་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཉི༷ས་སུ་དབྱེར་མེ༷ད་པར་གནས་པའི་ཕྱི༵ར་ དང༌། ས༷ངས་རྒྱ༷ས་ཉིད་འགྲུབ་པའི་རི༷གས་ཁམས་སྒྲིབ་པ་དང་བཅས་པའི་གནས་སྐབས་ལ༷་ ཡང་དེ༷་དྲི་མ་དང་བྲལ་བའི་འབྲ༷ས་བུ་ཆོས་ཀྱི་སྐུ་ཐ་དད་མེད་པར་ཉེ༷་བར་སྤྱོ༷ད་ཅིང་ཡོད་པའི་ ཕྱི༵ར་ན། འགྲོ༷་བ་མ་ལུས་པ་ཀུ༷ན་དོན་དམ་པའི་ས༷ངས་རྒྱ༷ས་ཀྱི་སྙི༷ང་པོ༷་ཅ༷ན་ཉིད་དུ༷་ངེས་པའི་ དོན་གྱི་གསུང་རབ་མཐའ་དག་ལས་གསུ༵ངས་ཞེས་པའི་དོན་ཏེ། འོག་མ་དང་རིམ་པ་ལྟར་ སྦྱར་ནས་བཤད་དུའང་རུང་ལ། ཡང་ན་དོན་གཅིག་པ་ཉིད་ཀྱི་ཕྱིར་དང༌། གཞུང་མང་པོ་ལ་ མེད་པས་མ་བཤད་ཀྱང་ཆོག་གོ ། ཅིའི་ཕྱིར་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་གསུངས་ཤེ་ ན། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་ དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ ཅན། །ཞེས་བྱ་བའོ། །དེ་ཡང་མདོ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་ལྟར་རྫོ༷གས་པའི་ས༷ངས་རྒྱས་ཀྱི་ཆོས་ཀྱི་སྐུ༷་ནི༷་ཆོས་ཐམས་ 5-1-110 ཅད་ལ་འཕྲོ༷་ཞིང་ཁྱབ་པའི་ཕྱི༷ར་ད༵ང༌། རྒྱན་ལས། སྔ་མ་ཕྱི་མ་ཁྱད་མེད་ཀྱང༌། །སྒྲིབ་པ་ཀུན་ གྱི་དྲི་མེད་པའི། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །ཅེས་གསུངས་པ་ལྟར་འཁོར་འདས་ ཐམས་ཅད་ཀྱི་ཆོས་ཉིད་དེ༷་བཞི༷ན་ཉི༷ད་ལ་རྣམ་པར་དབྱེ༷་བ་མེ༷ད་པའི་ཕྱི༷ར་ད༵ང༌། དབུས་ མཐའ་ལས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །དེ་ཕྱིར་ སྤྱི་ཡི་མཚན་ཉིད་དུ། །དེ་ནི་ཕྱིན་ཅི་མ་ལོག་པའོ། །ཞེས་གསུངས་པ་ལྟར་དེ་བཞིན་གཤེགས་ པའི་རི༷གས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པའི་སྒྲིབ་པ་སྦྱང་རུང་དུ་སེམས་ཅན་ ཐམས་ཅད་ལ་ཡོ༷ད་པའི་ཕྱི༷ར་ན༷་ལུ༷ས་ཅ༷ན་ཀུ༵ན་ཀྱང་ཐོག་མ་མེད་པ་ཉིད་ནས་དུས་རྟ༷ག་ཏུ༷་ རྒྱུན་མ་ཆད་པར་དོན་དམ་པའི་ས༷ངས་རྒྱ༷ས་ཀྱི་སྙི༷ང་པོ༷་ཅ༵ན་ཡིན་ཏེ། མདོ་ལས་ཀྱང༌། བཅོམ་ ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ ཞེས་གསུངས་པ་ལྟར་རོ། ། ཁྱབ་བྱེད་དེ་སྡོམ་གྱིས་མདོར་བསྟན་ནི། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་ དང༌། གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཤེས་ བྱ། །ཞེས་པ་སྟེ། འཆད་པར་འགྱུར་བ་རྣམས་མདོར་བསྡུས་ན། ཆོས་ཀྱི་སྐུ་དེ་བཞིན་ཉིད་ རིགས་རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་ངོ༷་བོ༷འི་དོན་དང་། ཁམས་ལ་ཡོད་པའི་ གློ་བུར་གྱི་དྲི་མ་སེལ་བར་བྱེད་པའི་ཐབས་མོས་པ་ལ་སོགས་པ་རྒྱུ༷འི་དོན་དང༌། དབྱིངས་ དེ་བཞིན་ཉིད་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ལས་སངས་རྒྱས་ཀྱི་སར་ཡོན་ཏན་ གྱི་ཕ་རོལ་ཏུ་ཕྱིན་པ་བཞི་ཐོབ་པ་འབྲ༷ས་བུའི་དོན་དང༌། རིགས་ཡོད་པའི་རྒྱུ་མཚན་གྱིས་ འཁོར་བའི་སྐྱོན་མཐོང་ནས་ཡིད་འབྱུང་བ་དང༌། མྱ་ངན་ལས་འདས་པའི་ཡོན་ཏན་མཐོང་ ནས་འཐོབ་པར་འདོད་པ་འགྲུབ་པར་བྱེད་པ་ལ༷ས་ཀྱི་དོན་དང་ཁམས་དེ་ཉིད་ལ་མོས་པ་ལ་ 5-1-111 སོགས་པ་རྒྱུའི་ཡོན་ཏན་དང་མངོན་པར་ཤེས་པ་ལ་སོགས་པ་འབྲས་བུའི་ཡོན་ཏན་རྣམས་ དང་ལྡ༷ན་པའི་དོན་དང༌། རྟེན་གྱི་གང་ཟག་གསུམ་ཆོས་ཅན་ཐ་དད་པའི་སྒོ་ནས་བརྟེན་པ་ ཆོས་ཉིད་དེ་བཞིན་ཉིད་ཀྱང་གསུམ་དུ་རྣམ་པར་འབྱེད་པའི་འཇུ༷ག་པ༷འི་དོན་ད༵ང༌། འཇུག་ པའི་དོན་དེ་ཉིད་གཏན་ལ་འབེབས་པ་རང་བཞིན་ཁྱད་པར་མེད་ཀྱང་གང་ཟག་གསུམ་གྱི་ དབྱེ་བས་སྐབས་གསུམ་དུ་མིང་ཙམ་ཐ་དད་པར་སྟོན་པ་གན༷ས་སྐ༷བས་ཀྱི་དོན་དང༌། དེ༷་ བཞི༷ན་དུ་གནས་སྐབས་ཐམས་ཅད་ལ་ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་རྗེས་སུ་ཞུགས་ཤིང་ ཁྱབ་པ་ཀུ༷ན་ཏུ༷་འགྲོ༷་བ༷འི་དོ༵ན་དང་། རྟེན་ཐམས་ཅད་དུ་ཀུན་ཏུ་སོང་ཡང་དེ་དག་གི་སྐྱོན་དང་ ཡོན་ཏན་གྱིས་ནམ་ཡང་དུས་རྟ༷ག་ཏུ༷་མི༷་འགྱུ༷ར་བའི་དོན་དང༌། མི་འགྱུར་བའི་དེ་བཞིན་ཉིད་ ལ་སྤངས་པ་དང་རྟོགས་པའི་ཡོ༷ན་ཏ༷ན་མཐར་ཐུག་པ་རྣམས་རྣམ་པར་དབྱེ༷ར་མེ༷ད་པའི་དོན་ ཏེ། དོན་རྣམ་པ་བཅུ་ནི༵་ཆོས་ཉིད་དོ༷ན་ད༷མ་པའི་བདེན་པ་ཆོས་ཀྱི་དབྱི༷ངས་རང་བཞིན་གྱི༷ས་ རྣམ་པར་དག་པའི་དགོ༷ངས་པའི་དོ༷ན་ལེགས་པར་རྣམ་པར་ཕྱེ་ནས་གཏན་ལ་འབེབས་པ་ ཡི༷ན་པར་ཤེ༷ས་པར་བྱ༵འོ་ཞེས་པའི་དོན་ཏོ། ། སྡོམ་གྱི་དོན་རྒྱས་པར་བཤད་པ་ལ་བརྒྱད་དེ། ངོ་བོ་དང་རྒྱུ་ལས་དག་པའི་དོན། འབྲས་ བུ་དང་བྱེད་ལས་འགྲུབ་པའི་དོན། ཡོན་ཏན་གྱི་ཚོགས་དང་ལྡན་པའི་དོན། གང་ཟག་གི་དབྱེ་ བས་འཇུག་པའི་དོན། གནས་སྐབས་ཀྱིས་མིང་ཙམ་ཕྱེ་བའི་དོན། ནམ་མཁའ་ལྟར་ཀུན་ཏུ་ འགྲོ་བའི་དོན། དུས་རྟག་ཏུ་འགྱུར་བ་མེད་པའི་དོན། ཡོན་ཏན་རྣམས་རྣམ་དབྱེ་མེད་པའི་ དོན། ཞེས་པའོ། ། དག་པའི་དོན་ལ། དག་བྱ་དག་བྱེད་ཐུན་མོང་དུ་བསྟན་པ་དང༌། སོ་སོའི་ངོ་བོ་ཁྱད་པར་ དུ་བཤད་པའོ། །དེ་ལ་ཐུན་མོང་དུ་བསྟན་པ་ནི། རིན་ཆེན་ནམ་མཁའ་ཆུ་དག་ བཞིན། །རྟག་ཏུ་རང་བཞིན་ཉོན་མངོས་མེད། །ཆོས་མསོ་ལྷག་པའི་ཤེས་ 5-1-112 རབ་དང༌། ཏིང་འཛིན་སྙིང་རྗེ་ལས་བྱུང་བ། །ཞེས་པ་སྟེ། ནོར་བུ་རི༷ན་ཆེ༷ན་རང་ བཞིན་གྱིས་དག་པ་དང་ན༷མ་མཁ༷འ་རང་བཞིན་གྱིས་དག་པ་དང༌། ཆུ༷་རང་བཞིན་གྱིས་ད༷ག་ པ་བཞི༵ན་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་ཀྱང་དུས་རྟ༷ག་ཏུ༷་ར༷ང་བཞི༷ན་ གྱིས་ཀུན་ནས་ཉོ༷ན་མོ༷ངས་པའི་དྲི་མ་མེ༵ད་ཅིང་རྣམ་པར་དག་པ་ནི་ངོ་བོ་ཉིད་ཀྱི་དོན་ཡིན་ ལ། ཐེག་པ་ཆེན་པོའི་ཆོ༷ས་ལ་མོ༷ས་པ་དང་བདག་མེད་རྟོགས་པའི་ལྷ༷ག་པ༷འི་ཤེ༷ས་ར༷བ་ད༵ང༌། བདེ་བ་དང་ལྡན་པའི་ཏི༷ང་ངེ་འཛི༷ན་ཚད་མེད་པ་དང༌། སེམས་ཅན་ལ་དམིགས་པའི་སྙི༷ང་རྗེ༷་ ཆེན་པོ་རྣམས་ནི་གློ་བུར་གྱི་དྲི་མ་རྣམ་པར་དག་པར་བྱེད་པའི་རྒྱུ་ཡིན་ཞིང༌། དེ་རྣམས་ལ༷ས་ བྱུ༷ང་བ༵འི་བྱང་ཆུབ་ནི་བྲལ་བའི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། སོ་སོའི་ངོ་བོ་ལ། དག་བྱ་ངོ་བོའི་དོན་དང༌། དག་བྱེད་རྒྱུའི་དོན་ནོ། དེ་ལ་ངོ་བོའི་དོན་ ནི། མཐུ་དང་གཞན་དུ་མི་འགྱུར་དང་། །བརླན་པའི་ངོ་བོའི་རང་བཞིན་ ཕྱིར། །འདི་དག་ཡིད་བཞིན་ནོར་བུ་མཁའ། །ཆུ་ཡི་ཡོན་ཏན་ཆོས་ མཐུན་ཉིད། །ཅེས་པ་སྟེ། རང་བཞིན་གསུམ་པོ་འདི་དག་རང་གི་མཚན་ཉིད་ལས་བརྩམས་ ནས། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་བསམས་པའི་དོན་ཐམས་ཅད་ཡིད་བཞིན་དུ་ འགྲུབ་པ་ལ་སོགས་པའི་མཐུ༷་ད༷ང་ལྡན་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་ མཐུན་ཞིང༌། དེ་བཞིན་ཉིད་ནི་གནས་སྐབས་ཐམས་ཅད་དུ་རང་བཞིན་གཞ༷ན་དུ༷་མི༷་འགྱུ༷ར་ བའི་ཕྱིར་ནམ་མཁའ་ད༵ང་ཆོས་མཐུན་ལ། རིགས་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ སྙིང་རྗེས་བཪླ༷ན་པ༷་དང་བཅས་པའི་ངོ༷་བོ༷འི༷་ར༷ང་བཞི༷ན་ཡིན་པའི་ཕྱི༵ར་ཆུའི་ཡོན་ཏན་དང་ ཆོས་མཐུན་པར་རིག་པར་བྱ་སྟེ། འདི༷་ད༷ག་ཐམས་ཅད་ཀྱང་སྤྱིའི་མཚན་ཉིད་ལས་བརྩམས་ ནས་གཏན་དུ་དྲི་མ་མེད་ཅིང༌། རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཡི༷ད་བཞི༷ན་གྱི་ནོ༷ར་ བུ༷་དང་ནམ་མཁ༵འ་དང་ཆུ༷་རྣམས་རང་བཞིན་གྱིས་དག་པའི༷་ཡོ༷ན་ཏ༷ན་དང་ཆོ༷ས་མཐུ༷ན་པ་ 5-1-113 ཉི༵ད་དུ་རིག་པར་བྱའོ་ཞེས་པའི་དོན་ནོ། ། རྒྱུའི་དོན་ལ། སྤང་བྱ་སྒྲིབ་པ་བཞི་སྤོང་ཚུལ་དང་། གཉེན་པོས་རྒྱལ་སྲས་སུ་འགྱུར་ཚུལ་ ལོ། དེ་ལ་སྒྲིབ་པ་བཞི་སྤོང་ཚུལ་ནི། སེམས་ཅན་གྱི་རྒྱུད་ལ་ཡོད་པའི་སྒྲིབ་པ་རྣམས་སྤང་བའི་ དོན་དུ་གཉེན་པོ་བཞི་སྒོམ་ཞེས་པའི་དོན་ཡིན་ལ། དེ་ཉིད་ཐུན་མོང་དུ་བསྟན་པ་ནི། སེམས་ ཅན་གྱི་རིགས་ཐམས་ཅད་བསྡུ་ན་རྣམ་པ་གསུམ་སྟེ། སྲིད་པ་འདོད་པ་དང༌། སྲིད་པ་དང་ བྲལ་བ་འདོད་པ་དང༌། དེ་གཉིས་ཀ་མངོན་པར་མི་འདོད་པའོ། ། སྲིད་པ་འདོད་པ་ནི། ཐར་པའི་ལམ་དང་ཞེ་འགྲེས་པ་ཡུན་རིང་པོར་ཡོངས་སུ་མྱ་ངན་ ལས་མི་འདའ་བའི་ཆོས་ཅན་འདོད་ཆེན་པ་དང༌། དཀོན་མཆོག་གསུམ་སྐྱབས་གནས་སུ་ འཛིན་པ་ལ་སོགས་པས་ཆོས་འདི་པར་གཏོགས་ཀྱང་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་སྟེ། བཅོམ་ལྡན་འདས་ཀྱིས། ང་ནི་དེ་དག་གི་སྟོན་པ་མ་ཡིན་ལ། དེ་དག་ཀྱང་ང་ཡི་ཉན་ཐོས་མ་ ཡིན་ནོ། །ཤཱ་རིའི་བུ་དེ་དག་ནི་མུན་པ་བས་ཀྱང་ཆེས་མུན་པ། མུན་པ་ནས་མུན་པར་འགྲོ་བ། མུན་པ་ཆེན་པོ་དང་ལྡན་པ་ཞེས་ང་སྨྲའོ་ཞེས་གསུངས་པ་ལྟ་བུའོ། ། སྲིད་པ་དང་བྲལ་བར་འདོད་པ་ལའང་ཐབས་མ་ཡིན་པ་ལ་ཞུགས་པ་དང༌། ཐབས་ལ་ ཞུགས་པ་གཉིས་ཏེ། དང་པོ་ལའང་ཕྱི་པ་དང༌། ནང་པ་གཉིས་ལས། ཕྱི་པ་ནི། ཆོས་འདི་པ་ ལས་ཕྱི་རོལ་ཏུ་གྱུར་པ་ཙ་ར་ཀ་པ་དང་ཀུན་ཏུ་རྒྱུ་དང་གཅེར་བུ་བ་ལ་སོགས་པ་རྣམ་པ་མང་ པོའི་མུ་སྟེགས་ཅན་རྣམས་སོ། །ནང་པ་ལའང་སྟོང་པ་ཉིད་ལ་མི་མོས་པ་དང༌། ཧ་ཅང་མོས་ ཆེས་པ་གཉིས་ལས། མི་མོས་པ་ནི་ཆོས་འདི་པ་ལ་དད་པ་ཡོད་ཀྱང་དོན་དམ་པ་ལ་མི་མོས་ པ་གང་ཟག་གི་བདག་ཏུ་ལྟ་བ་ཁས་ལེན་པ་སྟེ། བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ལ་མོས་ པ་མེད་པ་ནི་མུ་སྟེགས་པ་དག་དང་ཁྱད་པར་མེད་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །མོས་ ཆེས་པ་ནི་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་ལ་ཡང་སྟོང་པ་ཉིད་ 5-1-114 དུ་ལྟ་བ་སྟེ། བཅོམ་ལྡན་འདས་ཀྱིས། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི་མངོན་ པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །ཐབས་ ལ་ཞུགས་པ་ལ་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པ་དང་མཐུན་པར་ཞུགས་པ་དང་རང་སངས་ རྒྱས་ཀྱི་ཐེག་པ་དང་མཐུན་པར་ཞུགས་པའོ། ། དེ་གཉི་ག་མི་འདོད་པ་ནི། ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོའི་གང་ཟག་སྟེ། ཤེས་རབ་དང་སྙིང་རྗེས་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ལ་མི་གནས་ ཤིང༌། སྲིད་ཞི་མཉམ་པ་ཉིད་ཀྱི་ལམ་ལ་ཞུགས་པའོ། །མདོར་བསྡུ་ན། སྲིད་པ་འདོད་པ་ནི་ ལོག་པ་ཉིད་དུ་ངེས་པ་དང༌། སྲིད་པ་དང་བྲལ་བར་འདོད་པ་ཐབས་མ་ཡིན་པ་ལ་ཞུགས་པ་ ནི་མ་ངེས་པ་དང༌། ཐབས་ལ་ཞུགས་པ་དང་དེ་གཉི་ག་མངོན་པར་མི་འདོད་པ་ནི་ཡང་དག་པ་ ཉིད་དུ་ངེས་པ་ཞེས་ཀྱང་བྱའོ། ། དེ་དག་གཞུང་ཉིད་ལ་སྦྱར་བ་ནི། ཆོས་ལ་ཁོང་ཁྲོ་བདག་ལྟ་དང༌། །འཁོར་ བའི་སྡུག་བསྔལ་གྱིས་འཇིགས་དང༌། །སེམས་ཅན་དོན་ལ་ལྟོས་མེད་ ཉིད། །འདོད་ཆེན་མུ་སྟེགས་ཉན་ཐོས་དང༌། །རང་བྱུང་རྣམས་ཀྱི་སྒྲིབ་ རྣམ་བཞི། །དག་རྒྱུ་ལྷག་པར་མོས་པ་ལ། །སོགས་པའི་ཆོས་ནི་རྣམ་ བཞི་ཉིད། །ཅེས་པ་སྟེ། ཐེག་པ་ཆེན་པོའི་ཆོ༷ས་ལ༷་ཁོ༷ང་ཁྲོ༷་བ་དང༌། གང་ཟག་ལ་སོགས་ པའི་བད༷ག་ཏུ་ལྟ༷་བ་ད༵ང༌། འཁོ༷ར་བ༷འི་སྡུ༷ག་བསྔ༷ལ་གྱི༷ས་འཇི༷གས་ནས་རང་ཉིད་ཞི་བདེ་ འདོད་པ་ད༵ང༌། སེ༷མས་ཅ༷ན་གྱི་དོ༷ན་སྒྲུབ་པ་ལ༷་ལྟོ༷ས་པ་མེ༷ད་པ་ཉི༵ད་ནི། གོ་རིམ་བཞིན་དུ་ འདོ༷ད་ཆེ༷ན་པ་དང་མུ༷་སྟེ༷གས་ཅན་དང་ཉ༷ན་ཐོ༷ས་ད༵ང་ར༷ང་བྱུ༷ང་རྣ༷མས་ཀྱི༷་དེ་བཞིན་གཤེགས་ པའི་སྙིང་པོ་མངོན་སུམ་དུ་འགྱུར་བའི་གེགས་སྒྲི༷བ་པ་རྣ༷མ་པ་བཞི༵་ཡིན་ལ། དེ་རྣམས་ད༷ག་ པར་བྱེད་པའི་རྒྱུ༷་ནི། དམ་པའི་ཆོས་ལ་ལྷ༷ག་པ༷ར་མོ༷ས་པ༷་དང༌། ལ༵་སོ༷གས་པ༷འི་སྒྲས་ཤེས་ 5-1-115 རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཏིང་ངེ་འཛིན་ཚད་མེད་པ་དང་སྙིང་རྗེ་ཆེན་པོ་སྟེ་ལམ་གྱི་ཆོ༷ས་ ནི༷་རྣ༷མ་པ་བཞི༷་པོ་ཉི༵ད་རྟག་ཏུ་སྒོམ་པར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རིམ་པ་ལྟར་ སྦྱར་ན། ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་ཁོང་ཁྲོ་ཞིང་ཡོངས་སུ་སྡང་བ་ནི་འདོད་ཆེན་པ་རྣམས་ ཀྱི་རྒྱུད་ལ་ཡོད་པའི་ཆོས་དབྱིངས་ཀྱི་སྒྲིབ་པ་སྟེ། དེ་ཉིད་དག་པར་བྱེད་པའི་རྒྱུ་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་དམ་པའི་ཆོས་ལ་ལྷག་པར་མོས་པ་བསྒོམ་པའོ། །དེ་ བཞིན་དུ་སྦྱར་ཏེ། རྟག་གཅིག་རང་དབང་ཅན་ལ་སོགས་པའི་བདག་ཏུ་ལྟ་བ་ནི་མུ་སྟེགས་ ཅན་རྣམས་ཀྱི་རྒྱུད་ལ་ཡོད་པའི་ཆོས་དབྱིངས་ཀྱི་སྒྲིབ་པ་ཡིན་ལ། དེ་ཉིད་དག་པར་བྱེད་པའི་ རྒྱུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་དོན་བསྒོམ་པའོ། །འཁོར་བའི་སྡུག་བསྔལ་ལ་འཇིག་པར་ལྟ་བས་རང་ཉིད་གཅིག་པུ་ཞི་ བའི་བདེ་བ་ཐོབ་པར་འདོད་པ་ནི་ཉན་ཐོས་རྣམས་ཀྱི་རྒྱུད་ལ་ཡོད་པའི་ཆོས་དབྱིངས་ཀྱི་སྒྲིབ་ པ་ཡིན་ལ། དེ་ཉིད་དག་པར་བྱེད་པའི་རྒྱུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནམ་མཁའ་ མཛོད་ལ་སོགས་པའི་ཏིང་ངེ་འཛིན་མཐའ་ཡས་པ་བསྒོམ་པའོ། །སེམས་ཅན་གྱི་དོན་ལ་རྒྱབ་ ཀྱིས་ཕྱོགས་ཤིང༌། ལྟོས་པ་མེད་པར་ཡལ་བར་འདོར་བ་ནི་རང་བྱུང་སྟེ་སངས་རྒྱས་རྣམས་ཀྱི་ རྒྱུད་ལ་ཡོད་པའི་ཆོས་དབྱིངས་ཀྱི་སྒྲིབ་པ་ཡིན་ལ། དེ་ཉིད་དག་པར་བྱེད་པའི་རྒྱུ་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བསྒོམ་པའོ། ། གཉེན་པོས་རྒྱལ་སྲས་སུ་འགྱུར་ཚུལ་ནི། ཐེག་མཆོག་ལ་མོས་ས་བོན་ཤེས་ རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་ མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་ སྐྱེས་སྲས། །ཞེས་པ་ཡིན་ལ། དཔེར་ན་ས་བོན་དང་མ་དང་མངལ་དང་མ་མ་སྟེ། ཆོས་བཞི་ དང་ལྡན་པ་ལས་རྒྱལ་པོའི་སྲས་སུ་འགྱུར་བ་དང་འདྲ་བར། འདིར་ཡང་ཐེ༷ག་པ་གསུམ་ལས་ 5-1-116 མཆོ༷ག་ཏུ་གྱུར་པ་ཐེག་པ་ཆེན་པོ་ལ༷་མོ༷ས་པ་ནི་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་གཞིར་གྱུར་ པས་ས༷་བོ༷ན་ལྟ་བུ་དང༌། བདག་མེད་རྟོགས་པའི་ཤེ༷ས་ར༷བ་ནི༵་ས༷ངས་རྒྱ༷ས་ཀྱི་ཆོ༷ས་ཐམས་ ཅད་སྐྱེ༷ད་པར་བྱེད་པས་མ༷་ལྟ་བུ་ད༷ང༌། ནམ་མཁའ་མཛོད་ལ་སོགས་པའི་བས༷མ་གཏ༷ན་གྱི༵་ བདེ༷་བ༷་ནི་མི་ཉམས་ཞིང་འཕེལ་བར་བྱེད་པས་མང༷ལ་གྱི་གན༷ས་ལྟ་བུ་དང༌། སྙི༷ང་རྗེ༷་ཆེན་པོ་ ནི་སྐྱེད་བསྲི ང་བར་བྱེད་པས་སྐྱོང་བའི་མ༷་མ༷་ལྟ་བུ་སྟེ། ཆོས་བཞི་དང་ལྡན་པ་ཅ༵ན་ག༷ང་ཡི༷ན་ པ་དེ༷་ད༷ག་ནི་ཐུ༷བ་པ་རྫོགས་པ༷འི་སངས་རྒྱས་ཀྱི་ཐུགས་ལས་རྗེ༷ས་སུ་སྐྱེ༷ས་ཤིང་གདུང་འཚོབ་ པར་བྱེད་པས་རྒྱལ་བའི་སྲ༵ས་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱན་ལས་ ཀྱང༌། ཆོས་ལ་མོས་པ་ས་བོན་དང༌། །ཕ་རོལ་ཕྱིན་མཆོག་མ་ལས་སྐྱེས། །བསམ་གཏན་ལས་ བྱུང་བདེ་བའི་མངལ། །སྙིང་རྗེ་སྐྱེད་པའི་མ་མའོ། །ཞེས་གསུངས་སོ། ། འབྲས་བུ་དང་བྱེད་ལས་འགྲུབ་པའི་དོན་ལ། འཐོབ་བྱ་ཐོབ་བྱེད་ཐུན་མོང་དུ་བསྟན་ པ་དང༌། སོ་སོའི་ངོ་བོ་ཁྱད་པར་དུ་བཤད་པའོ། །དེ་ལ་ཐུན་མོང་དུ་བསྟན་པ་ནི། གཙང་ བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །སྡུག་ བསྔལ་ཡིད་འབྱུང་ཞི་ཐོབ་པར། །འདུན་དང་སྨོན་པའི་ལས་ཅན་ནོ། ། ཞེས་པ་སྟེ། དེ་ལྟར་གཉེན་པོ་བཞི་བསྒོམས་ནས་སྒྲིབ་པ་བཞི་སྦྱངས་པ་ལས། དེ་བཞིན་ གཤེགས་པའི་ཆོས་ཀྱི་སྐུ་གཙ༷ང་བའི་ཕ་རོལ་ཏུ་ཕྱིན་པ་དང༌། བད༷ག་གི་ཕ་རོལ་ཏུ་ཕྱིན་པ་ དང༌། བདེ༷་བའི་ཕ་རོལ་ཏུ་ཕྱིན་པ་ད༷ང༌། རྟ༷ག་པ་ཉི༷ད་ཀྱི༵་ཕ་རོལ་ཏུ་ཕྱིན་པ་སྟེ་དོན་དམ་པའི་ ཡོ༷ན་ཏ༷ན་གྱི་ཕ༷་རོ༷ལ་ཏུ་ཕྱི༷ན་པ༷་བཞི་དང་ལྡན་པ་ཐོབ་པ་ནི་འབྲ༵ས་བུའི་དོན་ཡིན་ལ། འཁོར་ བ་སྡུ༷ག་བསྔ༷ལ་བ་ལ་ཡི༷ད་འབྱུ༷ང་བ་དང༌། མྱ་ངན་ལས་འདས་པ་ཞི༷་བ་ལ་ཐོ༷བ་པ༵ར་འདུ༷ན་པ་ ད༷ང་སྨོ༷ན་པ༷འི་ལ༷ས་ཅ༷ན་ནི་ཁམས་ཡོད་པའི་བྱེད་ལས་ཀྱི་དོན་ཡིན་ནོ༵་ཞེས་བྱ་བའི་དོན་ཏོ། ། སོ་སོའི་ངོ་བོ་ལ། འཐོབ་བྱ་འབྲས་བུའི་དོན་དང༌། ཐོབ་བྱེད་ལས་ཀྱི་དོན་ནོ། །འབྲས་ 5-1-117 བུའི་དོན་ལ་གསུམ་སྟེ། སྤང་བྱ་ཕྱིན་ཅི་ལོག་སྤོང་ཚུལ། སྤངས་པས་འབྲས་བུ་བཞི་ཐོབ་ཚུལ། ཐོབ་པ་མཐའ་གཉིས་ལས་གྲོལ་ཚུལ་ཞེས་པའོ། ། དེ་ལ་ཕྱིན་ཅི་ལོག་སྤོང་ཚུལ་ནི། འདི་དག་འབྲས་ནི་མདོར་བསྡུས་ན། །ཆོས་ ཀྱི་སྐུ་ལ་ཕྱིན་ཅི་ལོག །རྣམ་པ་བཞི་ལས་བཟློག་པ་ཡི། །གཉེན་པོས་ རབ་ཏུ་ཕྱེ་བ་ཉིད། །ཅེས་པ་ཡིན་ལ། དེ་ཡང་མོས་པ་དང་ཤེས་རབ་དང༌། བསམ་གཏན་ དང་སྙིང་རྗེ་སྟེ་ཆོས་ཀྱི་དབྱིངས་དག་པར་བྱེད་པའི་རྒྱུ་བཞི་པོ་འདི༷་ད༷ག་གི་འབྲ༷ས་བུ་ནི༷་ མདོ༷ར་བསྡུ༷ས་ན༵། གོ་རིམ་ཇི་ལྟ་བ་བཞིན་དུ་ཆོ༷ས་ཀྱི༷་སྐུ༷་ལ༷་མི་གཙང་བ་དང་བདག་མེད་པ་ དང་སྡུག་བསྔལ་བ་དང་མི་རྟག་པ་སྟེ་ཕྱི༷ན་ཅི༷་ལོ༵ག་ཏུ་གྱུར་པ་རྣ༷མ་པ༷་བཞི༷་ལ༷ས་བཟློ༷ག་པ༷འི༵་ ཕྱིར། ཕྱིན་ཅི་མ་ལོག་པ་གཙང་བ་དང་བདག་དང་བདེ་བ་དང་རྟག་པ་སྟེ་ཡོན་ཏན་གྱི་ཕ་རོལ་ ཏུ་ཕྱིན་པ་བཞི་དང་ལྡན་པའི་གཉེ༷ན་པོ༷ས་ར༷བ་ཏུ༷་ཕྱེ༷་བ༷་ཉི༵ད་ཐོབ་པོ་ཞེས་བསྟན་པས་སོ། ། དེ་ཉིད་ཐུན་མོང་དུ་རྒྱས་པར་བཤད་པ་ལ་གསུམ་སྟེ། ལོག་རྟོག་རིམ་གྱིས་སྤངས་པས་ ཡང་དག་མཐོང་ཚུལ། སྒྲིབ་པའི་གཉེན་པོ་བསྒོམས་པའི་འབྲས་བུ་ཐོབ་ཚུལ། ཡོན་ཏན་དེ་ རྣམས་གཞན་གྱིས་ཐོབ་པ་དཀའ་ཚུལ་ཞེས་པའོ། ། དེ་ལ་ལོག་རྟོག་སྤོང་ཚུལ་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཉེ་བར་ལེན་པའི་ཕུང་པོ་ལྔ་ ལ་རྟག་པ་དང་བདེ་བ་དང་བདག་དང་གཙང་བར་འདུ་ཤེས་པ་ནི་དངོས་པོའི་གནས་ལུགས་ དང་མི་མཐུན་ཞིང་ཕྱིན་ཅི་ལོག་ཡིན་པས་སྤང་བར་བྱ་བ་ཡིན་ཏེ། དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་སེམས་ཅན་རྣམས་ནི་ཟིན་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཕྱིན་ཅི་ལོག་ ཏུ་གྱུར་པ་སྟེ། དེ་དག་ནི་མི་རྟག་པ་ལ་རྟག་པར་འདུ་ཤེས་པ། སྡུག་བསྔལ་བ་ལ་བདེ་བར་ འདུ་ཤེས་པ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ། མི་གཙང་བ་ལ་གཙང་བར་འདུ་ཤེས་ པ་ལ་སོགས་སོ་ཞེས་གསུངས་པ་ལྟར་རོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཉེ་བར་ 5-1-118 ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་ལ། མི་རྟག་པ་དང་སྡུག་བསྔལ་བ་དང༌། བདག་མེད་པ་ དང་མི་གཙང་བར་འདུ་ཤེས་པ་ནི་སྔ་མ་ལ་ལྟོས་ནས་ཕྱིན་ཅི་མ་ལོག་པ་ཡིན་ཡང་། དེ་བཞིན་ གཤེགས་པའི་ཆོས་ཀྱི་སྐུ་ཉེ་བར་ལེན་པ་མེད་པའི་ཕུང་པོ་ལ་ལྟོས་ནས་ཕྱིན་ཅི་ལོག་ཡིན་པས་ སྤང་བར་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་ སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྔར་མ་མཐོང་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ། དེ་ བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་ལགས་སོ་ཞེས་གསུངས་པ་ལྟར་ རོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་རྟག་ པ་དང་བདེ་བ་དང་བདག་དང་གཙང་བའི་ཕ་རོལ་ཏུ་ཕྱིན་པར་འདུ་ཤེས་པ་ནི་ཕྱིན་ཅི་མ་ལོག་ པ་ཡིན་པས་ཡང་དག་པ་མཐོང་བ་ཡིན་ཏེ། བཅོམ་ལྡན་འདས་རྟག་པར་འདུ་ཤེས་པ། བདེ་ བར་འདུ་ཤེས་པ། བདག་ཏུ་འདུ་ཤེས་པ། གཙང་བར་འདུ་ཤེས་པའི་སེམས་ཅན་དེ་དག་ནི་ བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པའི་སྲས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་ དེ་དག་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ལགས་ཏེ། སེམས་ཅན་དེ་དག་ནི་ཡང་དག་པར་མཐོང་ བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ ཉིད་ནི་རྟག་པའི་ཕ་རོལ་ཏུ་ཕྱིན་པ། བདེ་བའི་ཕ་རོལ་ཏུ་ཕྱིན་པ། བདག་གི་ཕ་རོལ་ཏུ་ཕྱིན་པ། གཙང་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པ་ལྟར་རོ། ། འབྲས་བུ་ཐོབ་ཚུལ་ནི། ཆོས་ལ་སྡང་བ་དང་འདོད་ཆེན་པ་རྣམས་འཁོར་བ་མི་གཙང་ བ་ལ་མངོན་པར་དགའ་བ་ལས་བཟློག་ནས་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་བསྒོམས་པ་ ལས་ནི། འབྲས་བུ་ཆོས་ཀྱི་སྐུ་གཙང་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བལྟའོ། །ཉེ་བར་ལེན་ པའི་ཕུང་པོ་ལ་བདག་ཏུ་ལྟ་བ་མུ་སྟེགས་པ་རྣམས་མེད་བཞིན་དུ་བདག་ཏུ་འཛིན་པ་ལས་ བཟློག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་ནི། འབྲས་བུ་ཆོས་ཀྱི་སྐུ་བདག་ 5-1-119 དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་ལྟའོ། །དེ་ལ་མུ་སྟེགས་པ་རྣམས་གཟུགས་སོགས་ལ་ བདག་ཏུ་འཛིན་པ་ནི་དེ་བཞིན་དུ་མེད་ཅིང༌། བསླུ་བའི་ཕྱིར་བདེན་པ་མ་ཡིན་ལ། དེ་བཞིན་ གཤེགས་པའི་ཆོས་ཀྱི་དབྱིངས་བདག་མཐའ་དག་གིས་སྟོང་པར་རྟོགས་པ་ནི། དོན་དང་ མཐུན་ཞིང་མི་སླུ་བའི་ཕྱིར་བདེན་པ་ཡིན་པས་བདག་གི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཞེས་བྱའོ། ། དེ་ཡང་བདག་མཐའ་དག་གིས་སྟོང་པ་ཉིད་ལ་བདག་ཏུ་བྱས་པ་སྟེ། ཇི་སྐད་དུ། མི་གནས་ པའི་ཚུལ་གྱིས་གནས་པ་ཞེས་གསུངས་པ་ལྟ་བུ་དང༌། མྱ་ངན་ལས་འདས་པའི་མདོ་ལས། སངས་རྒྱས་ཀྱི་ཆོས་ཀྱི་བདག་ཡོད་པ་ནི་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་པ་དང༌། བདག་ ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོའོ། །དེ་ལྟར་གསང་བའི་སྙིང་པོ་དེ་ ནི་གང་གིས་ཀྱང་འཇིག་ཅིང་མེད་པར་བྱེད་ནུས་པ་མ་ཡིན་ཏེ། ཞེས་པ་དང༌། རྒྱན་ལས་ཀྱང༌། སྟོང་པ་ཉིད་ནི་རྣམ་དག་ན། །ཞེས་པ་ལ་སོགས་པས་ཇི་སྐད་གསུངས་པ་ལྟར་རོ། །འཁོར་ བའི་སྡུག་བསྔལ་གྱིས་འཇིགས་པའི་ཉན་ཐོས་པ་རྣམས་སྡུག་བསྔལ་ཉེ་བར་ཞི་བ་ཙམ་གྱི་མྱ་ ངན་ལས་འདས་པ་ཐོབ་པར་འདོད་པ་ལས་བཟློག་ནས། ནམ་མཁའ་མཛོད་ལ་སོགས་པའི་ ཏིང་ངེ་འཛིན་བསྒོམས་པ་ལས་ནི། འབྲས་བུ་ཆོས་ཀྱི་སྐུ་བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ ཐོབ་པར་ལྟའོ། །སེམས་ཅན་གྱི་དོན་ལ་མི་ལྟོས་པར་རང་སངས་རྒྱས་རྣམས་འདུ་འཛི་མེད་ པར་གནས་པ་ལ་མངོན་པར་དགའ་བ་ལས་བཟློག་ནས་སྙིང་རྗེ་ཆེན་པོ་བསྒོམས་པ་ལས་ནི། འབྲས་བུ་ཆོས་ཀྱི་སྐུའི་ནུས་པ་སེམས་ཅན་གྱི་དོན་རྒྱུན་མི་འཆད་པ་རྟག་པའི་ཕ་རོལ་ཏུ་ཕྱིན་ པ་ཐོབ་པར་བལྟའོ། །དེ་དག་གི་དང་པོ་དང༌། བར་པ་གཉིས་དང༌། ཕྱི་མ་རྣམས་ལ་དགོངས་ ནས་རིམ་པ་ལྟར། ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཕྱི་ མའི་མཐའི་མུར་ཐུག་པ་ཞེས་ཀྱང་གསུངས་སོ། ། ཐོབ་པ་དཀའ་ཚུལ་ནི། ཟག་པ་མེད་པའི་དབྱིངས་ལ་གནས་པའི་དགྲ་བཅོམ་པ་དང་རང་ 5-1-120 སངས་རྒྱས་དང༌། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། མཐར་ཐུག་པའི་ འབྲས་བུ་ཆོས་ཀྱི་སྐུ་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་པོ་འདི་ཐོབ་པའི་གེགས་རྣམ་པ་བཞི་ ཡོད་ན་དེ་ལས་གཞན་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྟོན་པ་སྟེ། དེ་དག་ཀྱང་གང་ ཞེ་ན། རྐྱེན་གྱི་མཚན་ཉིད་དང༌། རྒྱུ་ཡི་མཚན་ཉིད་དང༌། འབྱུང་བའི་མཚན་ཉིད་དང༌། འཇིག་ པའི་མཚན་ཉིད་དོ། ། དེ་ལ་རྐྱེན་ནི། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལྟ་བུའི་མ་རིག་བག་ཆགས་ཀྱི་ ས་སྟེ། དེ་མ་སྤངས་པ་རྣམས་ཀྱིས་ནི་ཉོན་མོངས་པའི་དྲི་མ་དྲི་ང་བའི་བག་ཆགས་ཐམས་ཅད་ དང་བཅས་པའི་ཕྱིར་གཙང་བའི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཕྱིན་པ་མི་འཐོབ་བོ། ། རྒྱུ་ནི། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལྟ་བུའི་ཟག་པ་མེད་པའི་ལས་ཏེ། དེ་མ་སྤངས་ པ་རྣམས་ཀྱིས་ནི་མཚན་མའི་སྤྲོས་པ་ཀུན་ཏུ་སྤྱོད་པ་ཕྲ་མོ་དང་བཅས་པའི་ཕྱིར་བདག་གི་ཕ་ རོལ་ཏུ་ཕྱིན་པ་ཤིན་ཏུ་མངོན་པར་འདུས་མ་བྱས་པ་མི་འཐོབ་བོ། ། འབྱུང་བ་ནི། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལྟ་བུའི་ཡིད་ཀྱི་རང་བཞིན་གྱི་ལུས་ཏེ། དེ་ མ་སྤངས་པ་རྣམས་ཀྱིས་ནི་ཕུང་པོ་ཀུན་ཏུ་འབྱུང་བ་དང་བཅས་པའི་ཕྱིར་དེ་འགགས་པ་ཤིན་ ཏུ་བདེ་བའི་ཕ་རོལ་ཏུ་ཕྱིན་པ་མི་འཐོབ་བོ། ། འཇིག་པ་ཡང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལྟ་བུའི་བསམ་གྱིས་མི་ཁྱབ་པར་ཡོངས་ སུ་བསྒྱུར་བའི་འཆི་འཕོ་བ་སྟེ། དེ་མ་སྤངས་པ་རྣམས་ཀྱིས་ནི་སྣ་ཚོགས་སུ་ཡོངས་སུ་འགྱུར་ བ་དང་བཅས་པའི་ཕྱིར་གཞན་དུ་འགྱུར་བ་མེད་པ་རྟག་པའི་ཕ་རོལ་ཏུ་ཕྱིན་པ་མི་འཐོབ་བོ། ། དེ་ལྟར་ཡང༌། འཕགས་པ་དཔལ་ཕྲེང་གི་ཞུས་པ་ལས། བཅོམ་ལྡན་འདས་དཔེར་ན་ལེན་ པའི་རྐྱེན་དང་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ། མ་རིག་བག་ཆགས་ཀྱི་སའི་རྐྱེན་དང་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས། དགྲ་བཅོམ་པ་དང་ 5-1-121 རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་ གྱི་ལུས་གསུམ་འབྱུང་སྟེ། བཅོམ་ལྡན་འདས་མ་རིག་བག་ཆགས་ཀྱི་ས་ནི་ས་གསུམ་པོ་འདི་ དག་ཏུ་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་པོ་འདི་དག་འབྱུང་བ་དང་ཟག་པ་མེད་པའི་ལས་ མངོན་པར་འགྲུབ་པའི་རྐྱེན་ལགས་སོ་ཞེས་རྒྱས་པར་འབྱུང་ངོ༌། །དེ་ལྟར་ན་ཇི་སྲིད་དུ་སྒྲིབ་ པ་ཕྲ་མོ་རྣམས་ཀྱང་མ་སྤངས་པ་དེ་སྲིད་དུ་མཐར་ཐུག་པའི་ཡོན་ཏན་རྣམས་ཐོབ་པར་དཀའོ་ ཞེས་པའི་དོན་ཏེ་འགྲེལ་པ་ལས། གང་གི་ཕྱིར་དགྲ་བཅོམ་པ་དང་རང་སངས་རྒྱས་དང་བྱང་ ཆུབ་སེམས་དཔའི་ཡིད་ཀྱི་རང་བཞིན་གྱི་ལུས་འདི་གསུམ་ལ་ཡང༌། གཙང་བ་དང་བདག་ དང་བདེ་བ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པ་མེད་པ་དེའི་ཕྱིར། དེ་བཞིན་གཤེགས་པའི་ཆོས་ ཀྱི་སྐུ་ཁོ་ན་རྟག་པའི་ཕ་རོལ་ཏུ་ཕྱིན་པ་བདེ་བའི་ཕ་རོལ་ཏུ་ཕྱིན་པ་བདག་གི་ཕ་རོལ་ཏུ་ཕྱིན་པ་ གཙང་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་གསུངས་པ་ལྟར་རོ། ། འབྲས་བུ་བཞི་ཐོབ་ཚུལ་ནི། དེ་ནི་རང་བཞིན་དག་ཕྱིར་དང༌། །བག་ ཆགས་སྤངས་ཕྱིར་གཙང་བ་ཡིན། །བདག་དང་བདག་མེད་སྤྲོས་པ་དག ། ཉེ་བར་ཞི་བས་དམ་པའི་བདག །ཡིད་ཀྱི་རང་བཞིན་ཕུང་པོ་དང༌། དེ་ རྒྱུ་ལོག་ཕྱིར་བདེ་བ་ཉིད། །འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ ཉིད་དུ་རྟོགས་ཕྱིར་རྟག །ཅེས་པ་སྟེ། འབྲས་བུ་མཐར་ཕྱིན་པ་དེ་བཞིན་གཤེགས་པའི་ ཆོས་ཀྱི་སྐུ་དེ༷་ནི༷། སྤྱིའི་མཚན་ཉིད་ར༷ང་བཞི༷ན་གྱིས་གདོད་མ་ནས་ཡོངས་སུ་ད༷ག་པའི་ཕྱི༷ར་ ད༵ང༌། ཁྱད་པར་གྱི་མཚན་ཉིད་གློ་བུར་གྱི་དྲི་མ་བ༷ག་ཆ༷གས་དང་བཅས་པ་མ་ལུས་པ་སྤ༷ངས་ པའི་ཕྱི༷ར་གཙ༷ང་བ༷འི་ཕ་རོལ་ཏུ་ཕྱིན་པ་ཡི༵ན་ལ། མུ་སྟེགས་ལ་སོགས་པས་བརྟགས་པའི་ བད༷ག་ཏུ་འཛིན་པའི་སྤྲོས་པ་ད༷ང་ཉན་ཐོས་ལ་སོགས་པས་བརྟགས་པའི་བད༷ག་མེ༷ད་པར་ འཛིན་པའི་སྤྲོ༷ས་པ༷་མཐའ་ད༵ག་ཉེ༷་བ༷ར་ཞི༷་བ༷ས་ན། ད༷མ་པ༷འི་བད༵ག་གི་ཕ་རོལ་ཏུ་ཕྱིན་པ་ 5-1-122 ཡིན་ཞིང༌། སྡུག་བསྔལ་མ་ལུས་པ་འགགས་པས་ཡི༷ད་ཀྱི༷་ར༷ང་བཞི༷ན་གྱི་ཕུ༷ང་པོ༷་ད༵ང༌། ཀུན་ འབྱུང་མཐའ་དག་སྤངས་པས་དེ༷འི་རྒྱུ༷་མ་རིག་བག་ཆགས་ཀྱི་སའི་ཉོན་མོངས་པ་དང་ཟག་ པ་མེད་པའི་ལས་ཐམས་ཅད་ཀྱང་ལོ༷ག་ཅིང་ཟད་པའི་ཕྱི༷ར་བདེ༷་བ༷འི་ཕ་རོལ་ཏུ་ཕྱིན་པ་ཉི༵ད་ ཡིན་ནོ། །དེ་བཞིན་དུ་སྲིད་པ་འཁོ༷ར་བ༷་ད༷ང་ནི༷་ཞི་བ་མྱ༷་ང༷ན་ལས་འད༵ས་པ་དག་མཐར་ཐུག་ པའི་དོན་དུ་ན་རང་བཞིན་མཉ༷མ་པ༷་ཉི༷ད་དུ༷་རྟོ༷གས་པའི་ཕྱི༷ར་དོན་གཉིས་རྒྱུན་མི་འཆད་ཅིང་ རྟ༵ག་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་ཡང་དོན་དམ་པའི་དབྱིངས་ནི་རང་བཞིན་གྱིས་རྣམ་ པར་དག་པའི་ཕྱིར། འཁོར་བ་མི་རྟག་པའི་སྐྱོན་དབྲི་བར་བྱ་བ་ཅུང་ཟད་ཀྱང་མེད་པས་ཆད་ པའི་མཐར་མ་ལྷུང་ཞིང༌། གདོད་མ་ནས་ལྷུན་གྱིས་གྲུབ་པའི་ཕྱིར་མྱ་ངན་ལས་འདས་པ་རྟག་ པའི་ཡོན་ཏན་བསྣན་པར་བྱ་བ་ཅུང་ཟད་ཀྱང་མེད་པས་རྟག་པའི་མཐར་མ་ལྷུང་བས་མཐའ་ གཉིས་དང་བྲལ་བའི་མྱ་ངན་ལས་འདས་པ་ཉིད་དུ་གྲུབ་པོ་ཞེས་བྱའི་དོན་ནོ། །དེ་ལ་འཁོར་ བ་མི་རྟག་པ་དང་མྱ་ངན་ལས་འདས་པ་རྟག་པར་ལྟ་བ་ནི་མཐར་ལྟ་བ་མ་ཡིན་ཏེ། ཇི་སྐད་ དུ། དཔལ་ཕྲེང་གིས་ཞུས་པ་ལས། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་རྣམས་ལ་མི་རྟག་ པར་ལྟ་ན་དེ་ནི་དེའི་ཆད་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། ། བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་འདས་པ་ལ་རྟག་པར་ལྟ་ན་དེ་ནི་དེའི་རྟག་པར་ལྟ་བ་ མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །ཞེས་གསུངས་ཤིང༌། མྱ་ངན་ལས་ འདས་པ་ཆེན་པོ་ལས་ཀྱང༌། རིགས་ཀྱི་བུ་རྟག་པ་དང་བཅས། བདེ་བ་དང་བཅས། བདག་ དང་བཅས། ཡོངས་སུ་དག་པ་དང་བཅས་པ་ནི་ཡང་དག་པའི་བདེན་པའི་དོན་ཞེས་བྱའོ། ། ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། མཐའ་གཉིས་ལས་གྲོལ་ཚུལ་ནི། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་ དེ། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ 5-1-123 ཆུབ་ཐབས་བརྟེན་ནས། །འཕགས་པ་འཁོར་བའམ་མྱ་ངན་འདའ་མི་ འགྱུར། །ཞེས་པ་སྟེ། ཕུང་པོ་ལ་བད༷ག་ཏུ་སྲེ༷ད་ཅིང་ཆགས་པ་བག་ལ་ཉལ་དང་བཅས་པ་ མ༷་ལུ༷ས་པ་བདག་མེད་རྟོགས་པའི་ཤེ༷ས་ར༷བ་ཀྱི༷ས་བཅ༷ད་དེ༵་སྤངས་པའི་ཕྱིར། འདོད་ཆེན་ པ་བཞིན་དུ་སྲིད་པའི་མཐར་ལྷུང་བ་མ་ཡིན་ལ། སྙིང་རྗེ་ཆེན་པོས་སེ༷མས་ཅ༷ན་ཐམས་ཅད་ ལ་སྲེ༷ད་ཅིང་ཆགས་པས་དེ་དག་གི་དོན་སྒྲུབ་པའི་ཕྱི༷ར། བརྩེ༷་ལྡ༷ན་བྱང་ཆུབ་སེམས་དཔའ་ རྣམས་ཉན་ཐོས་དང་རང་སངས་རྒྱས་བཞིན་དུ་སྡུག་བསྔལ་ཞི༷་བ་ཙམ་ཐོ༷བ་པའི་མཐར་ལྷུང་ བ་ཡང་མི༵ན་པ་དེ༷་ལྟར༷་ན། བདག་མེད་རྟོགས་པའི་ཤེས་རབ་ཀྱི་བློ༷་དང་སེམས་ཅན་ལ་ དམིགས་པའི་བརྩེ༷་བ་སྙིང་རྗེ་ཆེན་པོ་སྟེ། བླ་ན་མེད་པའི་བྱ༷ང་ཆུ༷བ་ཐོབ་པའི་ཐ༷བས་ཁྱད་པར་ ཅན་གཉིས་པོ་དེ་དག་ལ་བརྟེ༷ན་ན༵ས་གོམས་པར་བྱས་པའི་རྒྱལ་སྲས་འཕ༷གས་པ༷་རྣམས་ ནི། སྲིད་པ་འཁོ༷ར་བ༷འ༷མ་ཞི་བ་མྱ༷་ང༷ན་ལས་འད༷ས་པ་གང་རུང་གི་མཐའ་ལས་གནས་པར་ མི༷་འགྱུ༵ར་ཞིང༌། མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། ། ཇི་སྐད་དུ་འཕགས་པ་ཀླུ་སྒྲུབ་ཀྱིས། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་ མི་གནས་ཏེ། །མྱ་ངན་འདས་དང་འཁོར་མི་གནས། །མི་གནས་ཁྱོད་ལ་ཕྱག་འཚལ་བསྟོད། ། ཅེས་གསུངས་པ་ལྟར་རོ། ། ལས་ཀྱི་དོན་ལ། དབྱིངས་མེད་ན་སྤོང་ལེན་མི་རྟོགས་པར་ཐལ་བ་དང༌། རིགས་ཡོད་ པས་སྐྱོན་ཡོན་རྟོགས་པའི་བྱེད་ལས་སོ། །དེ་ལ་ཐལ་བ་ནི། གལ་ཏེ་སངས་རྒྱས་ ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང༌། །མྱ་ངན་འདས་ལ་ འདོད་པ་དང༌། །དོན་གཉེར་སྨོན་པའང་མེད་པར་འགྱུར། །ཞེས་པ་སྟེ། གལ༷་ ཏེ༷་ས༷ངས་རྒྱ༷ས་ཀྱི་ཁ༷མས་སམ་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་ པའི་སྙིང་པོ་མེ༷ད་ན༵། སེམས་ཅན་རྣམས་འཁོར་བ་ལ་སྡུ༷ག་བསྔལ་བའི་ཉེས་དམིགས་མཐོང་ 5-1-124 བ་ལ༷ས་ཡིད་སྐྱོ༷་བ༷ར་ཡང་མི༷་འགྱུ༷ར་བར་ཐལ་ཞི༵ང༌། མྱ༷་ང༷ན་ལས་འད༷ས་པ་ལ༷་བདེ་བའི་ ཕན་ཡོན་མཐོང་བ་ལས། དེ་ཐོབ་པ་ལ་ཕྱོགས་པའི་འདོ༷ད་པ༷་ད༵ང༌། དེའི་ཐབས་ཚོལ་བའི་ དོ༷ན་དུ་གཉེ༷ར་བ་དང༌། དེའི་དོན་ལ་སེམས་མངོན་པར་འདུ་བྱེད་པའི་སྨོ༷ན་པ༷འང་མེ༷ད་པ༷ར་ ཐལ་བར་འགྱུ༵ར་ཏེ། དེ་ལྟར་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། བཅོམ་ལྡན་ འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་ནི། སྡུག་བསྔལ་ལ་སྐྱོ་བར་ཡང་ མི་འགྱུར་ལ། མྱ་ངན་ལས་འདས་པ་ལ་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པ་ཡང་མེད་ པར་འགྱུར་རོ་ཞེས་གསུངས་པ་ལྟར་རོ། ། བྱེད་ལས་ནི། སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་ མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་ཕྱིར་དེ། །རིགས་མེད་དག་ ལ་མེད་ཕྱིར་རོ། །ཞེས་པ་སྟེ། སྲི༷ད་པ་འཁོར་བ་དང༷་ཞི་བ་མྱ༷་ང༷ན་ལས་འདས༷་པ་དག་ ལ༷་རིམ་པ་ཇི་ལྟ་བ་བཞིན་དུ། དེ་དང་དེ༵འི་སྡུ༷ག་བསྔལ་བ་དང་བདེ༷་བའི་སྐྱོ༷ན་དང་ཡོ༷ན་ཏན་ དག་མཐོ༷ང་ནས་སྲིད་པ་སྡུག་བསྔལ་གྱི་སྐྱོན་གྱིས་ཡིད་འབྱུང་བ་དང༌། མྱང་འདས་བདེ་བའི་ ཡོན་ཏན་ལ་སྤྲོ་བ༷་འདི༵་དག་ནི་སངས་རྒྱས་ཀྱི་རི༷གས་ཡོ༷ད་པ་ལ༷ས་འབྱུང་བ་ཡི༷ན་ནོ། །རྒྱུ་ མཚན་ག༷ང་གི་ཕྱི༷ར་ཞེ་ན། བླང་དོར་གྱི་བློ་དེ༵་དག་རེ་ཞིག་རྒྱས་འགྱུར་གྱི་རི༷གས་མེ༷ད་པའི་ ལོག་སྲེད་ཅན་ད༷ག་ལ༷་ནི་ཇི་སྲིད་དུ། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང༌། །སྐྱེས་བུ་ དམ་པ་རྣམས་ནི་བསྟེན་པ་དང༌། །ཡང་དག་སྨོན་ལམ་སྔོན་ཡང་དགེ་བ་བགྱིས། །འཁོར་ལོ་ ཆེན་པོ་བཞི་པོ་ཁྱེད་ལ་མངའ། །ཞེས་པ་ལྟར། སྤྱད་པ་ལས་ཐེག་པ་གསུམ་ལས་གང་ཡང་ རུང་བའི་ཆོས་ལ་མོས་པ་མ་བསྐྱེད་པ་དེ་སྲིད་དུ་སྲིད་ཞིའི་སྐྱོན་ཡོན་མཐོང་བ་འདི་མེ༷ད་པའི་ ཕྱི༷ར་རོ༵་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དངོས་སུ་རྒྱས་པ་ལས་བྱུང་བའི་རིགས་ཀྱི་བྱེད་ལས་ བསྟན་པའི་ཤུགས་ལ། རང་བཞིན་དུ་གནས་པའི་རིགས་ཀྱི་བྱེད་ལས་ཀྱང་འགྲུབ་སྟེ། རྟེན་ 5-1-125 རང་བཞིན་དུ་གནས་པ་མེད་ན་བརྟེན་པ་རྒྱས་པ་ལས་བྱུང་བ་མི་འབྱུང་བའི་ཕྱིར་རོ། །སད་ པའི་རྐྱེན་དང་ཕྲད་པ་ལས་ནི་ཐ་ན་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ཀྱང་དགེ་བའི་ ཆོས་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་ན། དེ་ལས་གཞན་པ་དག་ལ་ལྟ་སྨོས་ཀྱང་ཅི་ དགོས། ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསུངས་པ་ནི་ཐེག་ཆེན་ ལ་སྡང་བ་བཟློག་པའི་ཆེད་དུ་ཡུན་རིང་བ་ལ་དགོངས་ནས་གསུངས་པ་ཡིན་གྱི། རང་བཞིན་ གྱིས་རྣམ་པར་དག་པའི་རིགས་སེམས་ཅན་ཐམས་ཅད་ལ་ཡོད་པས། རྐྱེན་དང་ཕྲད་ཀྱང་དྲི་ མས་དག་པར་མི་འགྱུར་བ་ནི་མ་ཡིན་ཏེ། མདོ་ལས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། ། རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་འདི། །ཐོག་མེད་སྦུབས་ཀྱིས་ཕྱི་སྒྲིབ་མི་མཐོང་སྟེ། ། ཇི་ལྟར་གསེར་གྱི་གཟུགས་ནི་སྒྲིབ་པ་བཞིན། །ཞེས་གསུངས་པ་ལྟར་རོ། ། ཡོན་ཏན་གྱིས་ཚོགས་དང་ལྡན་པའི་དོན་ལ། རྒྱུ་འབྲས་ཀྱི་ཡོན་ཏན་ཐུན་མོང་དུ་བསྟན་ པ་དང༌། སོ་སོའི་ངོ་བོའི་ཁྱད་པར་དུ་བཤད་པའོ། །དེ་ལ་ཐུན་མོང་དུ་བསྟན་པ་ནི། རྒྱ་མཚོ་ ཆེ་བཞིན་དཔག་མེད་པའི། །ཡོན་ཏན་རིན་ཆེན་མི་ཟད་གནས། །དབྱེར་ མེད་ཡོན་ཏན་ལྡན་པའི། །ངོ་བོ་ཉིད་ཕྱིར་མར་མེ་བཞིན། །ཞེས་པ་སྟེ། དཔེར་ ན་རྒྱ༷་མཚོ༷་ཆེན་པོ་སྣོད་རབ་ཏུ་ཡངས་པར་རིན་པོ་ཆེ༷་དང་ཆུ་དཔག་ཏུ་མེད་པ་འདུ་བ་བཞི༷ན་ དུ། ཆོས་ཀྱི་དབྱིངས་ཀྱང་མོས་པའི་སྣོད་རབ་ཏུ་ཡངས་པར་ཤེས་རབ་དང་ཏིང་ངེ་འཛིན་ དཔ༷ག་ཏུ་མེ༷ད་པ༵འི་ཡོ༷ན་ཏ༷ན་གྱི་རི༷ན་ཆེ༷ན་དང་ཐུགས་རྗེའི་ཆུ་མི༷་ཟ༷ད་པའི་གན༵ས་སུ་གྱུར་ པའི་ཕྱིར་རྒྱུའི་ཡོན་ཏན་དང་ལྡན་པའི་དོན་ཡིན་ལ། མངོན་པར་ཤེས་པ་དང་ཟག་པ་མེད་པའི་ ཡེ་ཤེས་དང་ཟག་པ་མེད་པའི་སྤངས་པ་རྣམས་རྣམ་པར་དབྱེ༷ར་མེ༷ད་པའི་ཡོ༷ན་ཏ༷ན་ད༷ང་ལྡ༷ན་ པ༵འི་ངོ༷་བོ༷་ཉི༷ད་ཡིན་པའི་ཕྱི༷ར། དཔེར་ན་མ༷ར་མེ༷འི་སྣང་བ་དང་དྲོ་བ་དང་མདོག་རྣམས་རྣམ་ པར་དབྱེར་མེད་པ་བཞི༵ན་དུ་གནས་པ་ནི། ཆོས་ཀྱི་དབྱིངས་འབྲས་བུའི་ཡོན་ཏན་དང་ལྡན་ 5-1-126 པའི་དོན་ཏོ་ཞེས་པའོ། ། སོ་སོའི་ངོ་བོ་ལ། རྒྱུའི་ཡོན་ཏན་དང་ལྡན་པའི་དོན་དང༌། འབྲས་བུའི་ཡོན་ཏན་དང་ལྡན་ པའི་དོན་ཏོ། །དེ་ལ་རྒྱུའི་ཡོན་ཏན་ནི། ཆོས་སྐུ་རྒྱལ་བའི་ཡེ་ཤེས་དང༌། །ཐུགས་ རྗེའི་ཁམས་ནི་བསྡུས་པའི་ཕྱིར། །སྣོད་དང་རིན་ཆེན་ཆུ་ཡིས་འདི། །རྒྱ་ མཚོ་དང་ནི་མཚུངས་པར་བསྟན། །ཞེས་པ་སྟེ། ཆོ༷ས་ཀྱི་སྐུ༷་རྣམ་པར་དག་པའི་རྒྱུ་ དང༌། རྒྱ༷ལ་བ༷འི་ཡེ༷་ཤེ༷ས་ཐོབ་པའི་རྒྱུ་ད༵ང་ཐུ༷གས་རྗེ༷་ཆེན་པོ་འཇུག་པའི་རྒྱུའམ་ཁ༷མས་ནི༷་ མ་ལུས་པ་བསྡུ༷ས་ཤིང་གནས་པ༷འི་ཕྱི༵ར་ན། སྣོ༷ད་ཡངས་པ་ད༷ང་རི༷ན་ཆེ༷ན་དང་ཆུ༷་ཡོད་པ་སྟེ་ ཆོས་མཐུན་པ་གསུམ་པོ་ཡི༷ས། ཆོས་ཀྱི་དབྱིངས་འདི༵་རྒྱ༷་མཚོ༷་ཆེན་པོ་ད༷ང་ནི༷་མཚུ༷ངས་པ༷ར་ བསྟ༵ན་ཏོ་ཞེས་བྱ་བའོ། །དེ་ཡང་རིམ་པ་ལྟར། ཆོས་ཀྱི་སྐུ་རྣམ་པར་དག་པའི་རྒྱུ་ཐེག་པ་ཆེན་ པོའི་ཆོས་ལ་མོས་པ་བསྒོམ་པ་ནི། དཔག་ཏུ་མེད་ཅིང་ཟད་མི་ཤེས་པའི་ཤེས་རབ་དང་ཏིང་ངེ་ འཛིན་གྱི་རིན་པོ་ཆེ་དང་ཐུགས་རྗེ་ཆེན་པོའི་ཆུ་རྣམས་འདུ་བའི་ཕྱིར་སྣོད་ཡངས་པ་དང་ཆོས་ མཐུན་ལ། རྒྱལ་བའི་ཡེ་ཤེས་ཐོབ་པའི་རྒྱུ་ཤེས་རབ་དང་ཏིང་ངེ་འཛིན་བསྒོམ་པ་ནི། རྣམ་ པར་རྟོག་པ་མེད་ཀྱང་འདོད་པའི་དོན་ཐམས་ཅད་སྒྲུབ་པའི་མཐུ་བསམ་གྱིས་མི་ཁྱབ་པ་དང་ ལྡན་པའི་ཕྱིར་རིན་པོ་ཆེ་དང་ཆོས་མཐུན་ཞིང༌། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ འཇུག་པའི་རྒྱུ་སྙིང་རྗེ་ཆེན་པོ་བསྒོམ་པ་ནི། སེམས་ཅན་ཐམས་ཅད་སྡུད་ཅིང་བརླན་པའི་རང་ བཞིན་དུ་རོ་གཅིག་པའི་ཕྱིར། ཆུ་མང་པོ་དང་ཆོས་མཐུན་པས་ན་དབྱིངས་རང་བཞིན་གྱིས་ དག་པ་ནི་རྒྱུའི་ཡོན་ཏན་གསུམ་དང་ལྡན་པའོ་ཞེས་སྦྱར་བས་སོ། ། འབྲས་བུའི་ཡོན་ཏན་ནི། དྲི་མེད་གནས་ལ་མངོན་ཤེས་དང༌། །ཡེ་ཤེས་དྲི་ མེད་དེ་ཉིད་དང༌། །རྣམ་དབྱེ་མེད་ཕྱིར་མར་མེ་ཡི། །སྣང་དང་དྲོ་མདོག་ ཆོས་མཚུངས་ཅན། །ཞེས་པ་སྟེ། རང་བཞིན་གྱིས་དྲི༷་མ་མེ༷ད་པའི་གནས༷་དེ་བཞིན་ 5-1-127 གཤེགས་པའི་སྙིང་པོ་ལ༷་ནི་མངོ༷ན་པར་ཤེ༷ས་པ་ལྔ་ད༵ང་ཟག་པ་མེད་པའི་ཡེ༷་ཤེ༷ས་དང་དྲི༷་ མ་མེ༷ད་པའི་དེ༷་བཞིན་ཉི༷ད་ད༵ང་། གནས་མ་ལུས་པར་གྱུར་པའི་སྤངས་པ་རྣམས་རྣ༷མ་པར་ དབྱེ༷ར་མེ༷ད་པར་གནས་པའི་ཕྱི༷ར། དཔེར་ན་མ༷ར་མེ༷འི༵་སྣ༷ང་བ་ད༷ང་དྲོ༷་བ་དང་མདོ༷ག་རྣམས་ དབྱེར་མེད་པར་གནས་པ་དང་ཆོ༷ས་མཚུ༷ངས་པ་ཅ༵ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ གོ་རིམ་ཇི་ལྟ་བར་རྫུ་འཕྲུལ་དང་ལྷའི་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང་སྔོན་གྱི་གནས་ རྗེས་སུ་དྲན་པ་དང་འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་པར་ཤེས་པ་ལྔ་ནི། རང་རང་གི་ ཡུལ་ཤེས་པ་ལ་སྒྲིབ་པའི་མུན་པ་འཇོམས་པའི་ཕྱིར། འོད་ཀྱི་སྣང་བ་དང་ཆོས་མཐུན་ལ། ཟག་པ་མེད་པའི་ཡེ་ཤེས་ནི་ལས་དང་ཉོན་མོངས་པའི་བུད་ཤིང་མ་ལུས་པ་བསྲེག་པའི་ཕྱིར་ རེག་བྱ་དྲོ་བ་དང་ཆོས་མཐུན་ཞིང༌། གནས་མ་ལུས་པར་འགྱུར་བའི་སྤངས་པ་དྲི་མ་མེད་པ་ ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་ བའི་ཕྱིར། མར་མེའི་ཁ་དོག་དང་ཆོས་མཐུན་པས་སོ། །དེ་ལྟར་མི་སློབ་པའི་རྒྱུད་ཀྱི་ཆོས་ བདུན་པོ་འདི་དག་ཐམས་ཅད་ཀྱང་ཟག་པ་མེད་པའི་དབྱིངས་ལ་མར་མེའི་སྣང་བ་དང་དྲོ་བ་ དང་ཁ་དོག་རྣམས་དབྱེར་མེད་པ་བཞིན་དུ། མི་འབྲལ་བར་གནས་པ་ནི་ཁམས་ཉིད་འབྲས་ བུའི་ཡོན་ཏན་དང་ལྡན་པའི་དོན་ཏེ། འགྲིབ་པ་དང་འཕེལ་བ་མེད་པ་ཉིད་བསྟན་པའི་མདོ་ ལས། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་མར་མེ་ནི་སྣང་བ་དང་དྲོ་བ་དང་མདོག་གིས་སམ་ནོར་ བུ་ནི་སྣང་བ་དང་མདོག་དང་དབྱིབས་དག་གིས་རྣམ་པར་དབྱེར་མེད་པའི་ཆོས་ཅན་མ་བྲལ་ བའི་ཡོན་ཏན་ཅན་ནོ། །ཤཱ་རིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་ སྐུ་ནི་འདི་ལྟ་སྟེ། གངྒཱའི་ཀླུང་གི་བྱེ་མ་ལས་འདས་པའི་དེ་བཞིན་གཤེགས་པའི་ཆོས་རྣམས་ཀྱི་ རྣམ་པར་དབྱེར་མེད་པའི་ཆོས་ཅན་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ་ཞེས་གསུངས་པ་ ལྟར་རོ། ། 5-1-128 གང་ཟག་གི་དབྱེ་བས་འཇུག་པའི་དོན་ལ། རྟེན་གསུམ་གྱི་འཇུག་པས་གསུངས་ཚུལ་ དང༌། དེ་རྣམས་ཀྱང་རིམ་གྱིས་དག་པའི་ཚུལ་ལོ། །དེ་ལ་རྟེན་གསུམ་གྱིས་གསུངས་ཚུལ་ ནི། སོ་སོ་སྐྱེ་འཕགས་རྫོགས་སངས་ཀྱི། །དེ་བཞིན་ཉིད་དབྱེའི་འཇུག་ པ་ལས། །དེ་ཉིད་གཟིགས་པས་སེམས་ཅན་ལ། །རྒྱལ་བའི་སྙིང་པོ་འདི་ བསྟན་ཏོ། །ཞེས་པ་སྟེ། སོ༷་སོ༷་སྐྱེ༷་བོའི་དེ་བཞིན་ཉིད་དང་འཕ༷གས་པའི་དེ་བཞིན་ཉིད་དང༌། རྫོ༷གས་པའི་ས༷ངས་རྒྱས་ཀྱི༵་དེ༷་བཞི༷ན་ཉི༷ད་གསུམ་རབ་ཏུ་དབྱེ༷་བའི་འཇུ༷ག་པ༷་ལ༵ས་བརྩམས་ ནས་དེ༷་ཁོ་ན་ཉི༷ད་མངོན་སུམ་དུ་གཟི༷གས་པ་ཐམས་ཅད་མཁྱེན་པ༷ས་གདུལ་བྱར་གྱུར་པའི་ སེ༷མས་ཅ༷ན་སྐལ་པ་དང་ལྡན་པ་རྣམས་ལ༵། རྒྱ༷ལ་བ༷་དེ་བཞིན་གཤེགས་པའི༷་སྙི༷ང་པོ༷་ཆོས་ ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་འདི༷་ཤིན་ཏུ་གསལ་བར་བསྟ༷ན་ཏོ༵་ཞེས་བྱ་བའི་ དོན་ནོ། ། རིམ་གྱིས་དག་ཚུལ་ནི། སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་ བཟློག་པ་སྟེ། །དེ་བཞིན་གཤེགས་པ་ཇི་ལྟ་བཞིན། །ཕྱིན་ཅི་མ་ལོག་སྤྲོས་ མེད་ཉིད། །ཅེས་པ་སྟེ། བྱིས་པ་སོ༷་སོ༷འི་སྐྱེ༷་བོ༷་རྣམས་འདུ་ཤེས་དང་སེམས་དང་ལྟ་བ་ཕྱི༷ན་ ཅི༷་ལོ༵ག་ཏུ་གྱུར་པ་ཡིན་ཞིང་བདེ༷ན་པ༷་བཞིའི་ཆོས་ཉིད་དེ་བཞིན་ཉིད་མངོན་སུམ་དུ་མཐོ༷ང་ བ༷འི་འཕགས་པ་རྣམས་ནི་དེ་དག་ལས་བཟློ༷ག་པ༷་སྟེ༵། འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ ཅི་མ་ལོག་ཅིང་ཡང་དག་པ་མཐོང་བ་ཡིན་ལ། དེ༷་བཞི༷ན་གཤེ༷གས་པ༷་ནི་ཆོས་ཐམས་ཅད་ཇི༷་ ལྟ༷་བ་བཞི༵ན་དུ་གཟིགས་པས་ཕྱི༷ན་ཅི༷་མ༷་ལོ༷ག་ཅིང་སྒྲིབ་པ་གཉིས་བག་ཆགས་དང་བཅས་ པ་བཅོམ་པས་སྤྲོ༷ས་པ་མེ༷ད་པ་ཉི༵ད་ཡིན་ཏེ། དེ་ལྟར་རྟེན་གྱི་གང་ཟག་གསུམ་དུ་རྣམ་པར་ཕྱེ་ བའི་སྒོ་ནས་བརྟེན་པ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཀྱང་རྣམ་པ་གསུམ་དུ་འགྱུར་རོ་ཞེས་བྱ་ བའི་དོན་ཏོ། ། 5-1-129 འདི་ཕན་ཆད་དོན་རྣམ་པ་བཞིས་ནི་འཇུག་པའི་དོན་ཉིད་ཚུལ་གཞན་གྱིས་འཆད་པ་ ལས་གནས་སྐབས་ཀྱི་མིང་ཙམ་ཕྱེ་བའི་དོན་ལ། སྐབས་གསུམ་དུ་མིང་གསུམ་འདོགས་ཚུལ་ དང༌། མིང་གསུམ་གྱིས་དོན་དྲུག་བསྡུ་ཚུལ་ལོ། ། དེ་ལ་མིང་གསུམ་འདོགས་ཚུལ་ནི། མ་དག་མ་དག་དག་པ་དང༌། །ཤིན་ཏུ་ རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། ། དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་པ་སྟེ། དེ་བཞིན་གཤེགས་པའི་སྙིང་ པོ་དེ་ཉིད་གློ་བུར་གྱི་དྲི་མས་མ༷་ད༷ག་པ་དང་མ༷་ད༷ག་ད༷ག་པ༷་ད༵ང་ཤི༷ན་ཏུ༷་རྣ༷མ་ད༷ག་གི་གནས་ སྐབས་གསུམ་ལ་གོ༷་རི༷མ་ཇི་ལྟ་བ་བཞི༵ན་དུ་སེ༷མས་ཅ༷ན་དང་བྱ༷ང་ཆུ༷བ་སེ༷མས་དཔ༷འ་ད༵ང་ དེ༷་བཞི༷ན་གཤེ༷གས་པ༷་ཞེ༷ས་བྱ་བའི་མིང་ཐ་དད་པ་གསུམ་གྱིས་བརྗོ༷ད་ཅིང་བསྟན་ཏོ༵་ཞེས་ བྱ་བའི་དོན་ཏོ། །དེ་ཡང་ཆོས་ཀྱི་དབྱིངས་མཐོང་སྤང་གི་དྲི་མས་རྣམ་པར་མ་དག་པ་སོ་སོ་ སྐྱེ་བོའི་གནས་སྐབས་ལ་ནི། སེམས་ཅན་གྱི་ཁམས་ཞེས་བརྗོད་ཅིང་། སྒོམ་སྤང་གི་དྲི་མ་ཅི་ རིགས་པས་མ་དག་ཅིང་མཐོང་སྤང་གི་དྲི་མས་རྣམ་པར་དག་པའི་གནས་སྐབས་ལ་ནི་བྱང་ ཆུབ་སེམས་དཔའ་འཕགས་པ་ཞེས་བརྗོད་ལ། སྤང་བྱ་བག་ཆགས་དང་བཅས་པའི་དྲི་མ་ མཐའ་དག་གིས་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ལ་ནི་དེ་བཞིན་གཤེགས་པ་ཞེས་ བརྗོད་དོ་ཞེས་པའོ། །དབུས་མཐའ་ལས་ཀྱང༌། ཆོས་ཀྱི་དབྱིངས་ལ་རྣམ་གསུམ་སྟེ། །མ་དག་ མ་དག་དག་པ་དང༌། །རྣམ་པར་དག་པར་ཅི་རིགས་སྦྱར། །འདི་ལས་ཇི་ལྟར་འོས་འོས་སུ། ། གང་ཟག་རྣམ་པར་གཞག་པར་འདོད༌། །ཅེས་གསུངས་པ་བཞིན་ནོ། ། དོན་དྲུག་བསྡུ་ཚུལ་ནི། ངོ་བོ་ཉིད་ལ་སོགས་པའི་དོན། །འདི་དྲུག་གིས་ ནི་བསྡུས་པ་ཡི། །ཁམས་ནི་གནས་སྐབས་གསུམ་དག་ཏུ། །མིང་གསུམ་ གྱིས་ནི་བསྟན་པ་ཉིད། །ཅེས་པ་སྟེ། ངོ༷་བོ༷་ཉི༷ད་ཀྱི་དོན་དང་ལ༷་སོ༷གས་པ༷འི་སྒྲས་རྒྱུའི་ 5-1-130 དོ༵ན་དང་འབྲས་བུའི་དོན་དང་ལས་ཀྱི་དོན་དང་ལྡན་པའི་དོན་དང་འཇུག་པའི་དོན་ཏེ་དོན་ འདི༷་དྲུ༷ག་གི༷ས་ནི༷་བསྡུ༷ས་ནས་གོང་དུ་རྒྱས་པར་བཤད་པ༷འི༵་ཁ༷མས་རང་བཞིན་གྱིས་རྣམ་ པར་དག་པ་འདི་ནི༷། མ་དག་པ་དང་མ་དག་དག་པ་དང་ཤིན་ཏུ་རྣམ་དག་གི་གན༷ས་སྐ༷བས་ གསུ༷མ་པོ་དེ་ད༷ག་ཏུ༵་སེམས་ཅན་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ཞེས་བྱ་ བའི་མི༷ང་གསུ༷མ་གྱི༷ས་ནི༷་བཏགས་ནས་ཐ་དད་པ་ཙམ་དུ་བསྟ༷ན་པ༷་ཉི༵ད་ཡིན་གྱི། དོན་གྱི་ངོ་ བོ་ལ་ནི་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཡང་འགྲིབ་པ་དང་ འཕེལ་བ་མེད་པ་ཉིད་བསྟན་པ་ལས། ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་ བྱེ་བ་མཐའ་ཡས་པས་བཏུམས་པ། འཁོར་བའི་རྒྱུན་གྱིས་ཁྱེར་བ། ཐོག་མ་དང་ཐ་མ་མེད་ པར་འཁོར་བའི་འགྲོ་བར་འཆི་བ་དང་སྐྱེ་བ་དག་དུ་འཁོར་བ་ནི་སེམས་ཅན་གྱི་ཁམས་ཞེས་ བརྗོད་དོ། །ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་འཁོར་བའི་རྒྱུན་གྱིས་སྡུག་བསྔལ་ལས་སྐྱོ་བར་གྱུར་ པ། འདོད་པ་དང་ཡུལ་ཐམས་ཅད་ལ་ཆགས་པ་དང་བྲལ་བ། ཕ་རོལ་ཏུ་ཕྱིན་པ་བཅུའི་ཁོངས་ སུ་གཏོགས་པ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་བྱང་ཆུབ་ཀྱི་དོན་དུ་སྤྱད་པ་སྤྱོད་པ་ནི་ བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་ ཐམས་ཅད་ལས་ཡོངས་སུ་གྲོལ་བ། སྡུག་བསྔལ་ཐམས་ཅད་ལས་འདས་པ། ཉེ་བའི་ཉོན་ མོངས་པའི་དྲི་མ་མཐའ་དག་དང་བྲལ་བ། དག་པ་རྣམ་པར་དག་པ་མཆོག་ཏུ་ཡོངས་སུ་དག་ པའི་ཆོས་ཉིད་ལ་གནས་པ། སེམས་ཅན་ཐམས་ཅད་ཀྱིས་ལྟ་བར་བྱ་བའི་ས་ལ་བཞུགས་པ། ཤེས་བྱ་མཐའ་དག་ལ་གཉིས་སུ་མེད་པའི་སྐྱེས་བུའི་མཐུ་ཐོབ་པ་སྒྲིབ་པ་མེད་པའི་ཆོས་ཅན། ཆོས་ཐམས་ཅད་ལ་དབང་ཕྱུག་གི་སྟོབས་ཐོགས་པ་མེད་པ་ཐོབ་ནི། དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་ རོ། ། 5-1-131 ནམ་མཁའ་ལྟར་ཀུན་ཏུ་འགྲོ་བའི་དོན་ལ། རྟོག་མེད་ཀྱིས་ཀུན་ལ་ཁྱབ་ཚུལ་དང༌། སྤྱི་ མཚན་ལ་དབྱེ་བ་མེད་ཚུལ་ལོ། །དེ་ལ་ཀུན་ལ་ཁྱབ་ཚུལ་ནི། ཇི་ལྟར་རྟོག་མེད་བདག་ ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་ མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །ཅེས་པ་སྟེ། དཔེ་ཇི༷་ལྟར༷་ན་རྟོ༷ག་ པ་མེ༷ད་ཅིང་སྒྲིབ་པ་མེད་པའི་བད༷ག་ཉི༷ད་ཅ༵ན་གྱི་ན༷མ་མཁ༷འ་གཟུགས་ཅན་ཐམས་ཅད་ལ་ དབྱེར་མེད་པར་ཀུ༷ན་ཏུ༷་རྗེ༷ས་སུ་སོ༷ང་ཞིང་ཁྱབ་པ་ལྟ༵ར། སེ༷མས་ཀྱི༷་ར༷ང་བཞི༷ན་འོད་གསལ་ གདོད་མ་ནས་དྲི༷་མ་མེ༷ད་པའི་ཆོས་ཀྱི་དབྱི༵ངས་ཀྱང་དེ༷་བཞི༷ན་དུ་གང་ཟག་གི་གནས་སྐབས་ ཐམས་ཅད་ལ་དབྱེར་མེད་ཅིང་ཀུ༷ན་ཏུ༷་འགྲོ༷་བ༷ར་ཁྱབ་པ་ཉི༵ད་དོ་ཞེས་བྱ་བའི་དོན་ཏོ། ། དབྱེ་བ་མེད་ཚུལ་ནི། དེ་སྤྱིའི་མཚན་ཉིད་ཉེས་པ་དང༌། །ཡོན་ཏན་མཐར་ ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང༌། །བར་མ་མཆོག་ ལ་ནམ་མཁའ་བཞིན། །ཞེས་པ་སྟེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ པ་དེ༷་ནི་ཆོས་ཅན་ཐམས་ཅད་ཀྱི་སྤྱི༷འི་མཚ༷ན་ཉི༷ད་དམ་ཆོས་ཉིད་ཡིན་པའི་ཕྱིར་ཉེ༷ས་པ༷་ད༵ང་ བཅས་པ་སོ་སོའི་སྐྱེ་བོ་དང་ཡོ༷ན་ཏ༷ན་དང་བཅས་པ་བྱང་ཆུབ་སེམས་དཔའ་དང༌། ཡོན་ཏན་ མཐ༷ར་ཐུ༷ག་པ་དེ་བཞིན་གཤེགས་པའི་གནས་སྐབས་ཐམས་ཅད་ལ་མཚུངས་པར་རྗེས་སུ་ ཞུགས་ཤིང་ཁྱ༷བ་པ༷་ཡིན་ཏེ༵། དཔེར་ན་གཟུ༷གས་ཀྱི༷་རྣ༷མ་པ༷་དམ༷ན་པ༷འི་སྣོད་ད༵ང༌། བ༷ར་མ༷་ ཟངས་ཀྱི་སྣོད་དང༌། མཆོ༷ག་གསེར་གྱི་སྣོད་ཐམས་ཅད་ལ༷་མཚུངས་པར་ན༷མ་མཁ༷འ་རྗེས་སུ་ སོང་ཞིང་ཁྱབ་པ་བཞི༵ན་ནོ། །ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། གནས་ སྐབས་བསྟན་པའི་དེ་མ་ཐག་ཏུ། ཤཱ་རིའི་བུ་དེའི་ཕྱིར་ན་སེམས་ཅན་གྱི་ཁམས་ཀྱང་གཞན་ལ། ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་ ཉིད་སེམས་ཅན་གྱི་ཁམས་སོ། །འདི་དག་ནི་དོན་གྱིས་གཉིས་སུ་མེད་དེ། ཡི་གེ་ཙམ་ཐ་དད་ 5-1-132 པ་ཡིན་ནོ། །ཞེས་གསུངས་ཤིང༌། མྱ་ངན་ལས་འདས་པ་ཆེན་པོ་ལས་ཀྱང༌། རྟག་པའི་ཆོས་ ནི་ཐམས་ཅད་དུ་ཀུན་ཏུ་ཁྱབ་པ་སྟེ། ཇི་ལྟར་ནམ་མཁའ་ཀུན་ཏུ་ཁྱབ་པ་བཞིན་ནོ། །དེ་བཞིན་ གཤེགས་པ་ཡང་དེ་དང་འདྲ་བར་ཀུན་ཏུ་ཁྱབ་པ་རྟག་པའོ་ཞེས་གསུངས་པ་ལྟར་རོ། ། དུས་རྟག་ཏུ་འགྱུར་བ་མེད་པའི་དོན་ལ། འགྱུར་མེད་ཀྱི་སྐབས་དོན་བསྟན་པ་དང༌། དེའི་ ཚུལ་རྒྱས་པར་བཤད་པའོ། ། དེ་ལ་སྐབས་དོན་བསྟན་པ་ནི། །ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་ རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་ བ་མེད་པ་ཆོས་ཉིད་དོ། །ཞེས་པ་སྟེ། ཆོས་ཀྱི་དབྱིངས་དེ་སྔར་ཉེ༷ས་པ༷་དང་བཅས་པ་ ལས་ཕྱིས་ཡོན་ཏན་དང་ལྡན་པར་འགྱུར་བའི་ཕྱིར་འགྱུར་བ་དང་བཅས་པ་ཡིན་ནམ་སྙམ་ན། མ་ཡིན་ཏེ། སྔར་མ་དག་པའི་གནས་སྐབས་ན། ཉོན་མོངས་པ་ལ་སོགས་པའི་ཉེས་པ་རྣམས་ སྤང་རུང་གློ༷་བུ༷ར་བ་ཉིད་ད༷ང་ལྡ༷ན་པ་ཡིན་གྱི་རང་བཞིན་དུ་གནས་པ་མ་ཡིན་པའི་ཕྱིར་ད༵ང༌། ཕྱིས་དག་པའི་གནས་སྐབས་ན་སྟོབས་ལ་སོགས་པའི་ཡོ༷ན་ཏ༷ན་མངོན་དུ་གྱུར་པ་རྣམས་ ར༷ང་བཞི༷ན་དུ་གདོད་མ་ཉི༷ད་ནས་ལྡ༷ན་པ་ཡིན་གྱི་གློ་བུར་དུ་སྐྱེས་པ་མ་ཡིན་པའི་ཕྱི༵ར་ན་ཇི༷་ ལྟར༷་སྔ༷ར་འཁོར་བའི་ཁམས་སུ་ཡོད་པ་ཇི་ལྟ་བ་བཞི༷ན་ཕྱི༷ས་མྱ་ངན་ལས་འདས་པ་ན་ཡང་དེ༷་ བཞི༵ན་དུ་གནས་ཤིང་ནམ་ཡང་འགྱུ༷ར་བ༷་མེ༷ད་པ༷་ནི་ཆོས་ཀྱི་དབྱིངས་འདིའི་ཆོ༷ས་ཉི༷ད་དམ། རང་བཞིན་ཉིད་དོ༵་ཞེས་བྱ་བའི་དོན་ཏོ། །དབུ་མའི་རྩ་བ་ལས། རང་བཞིན་གཞན་དུ་འགྱུར་ བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་པ་དང༌། འཇིག་རྟེན་ལས་འདས་པར་བསྟོད་ པ་ལས། ཁྱེད་ཀྱིས་ཅུང་ཞིག་མ་སྐྱེད་ཅིང༌། །འགའ་ཡང་བཀག་པ་མ་མཆིས་ལ། །སྔོན་གྱི་ཇི་ ལྟར་ཕྱིས་དེ་བཞིན། །དེ་བཞིན་ཉིད་ནི་ཐུགས་སུ་ཆུད། །ཞེས་གསུངས་པ་ལྟར་རོ། ། རྒྱས་པར་བཤད་པ་ལ་གསུམ་སྟེ། སྒྲིབ་པས་མ་དག་པའི་སྐབས་ནའང་འགྱུར་བ་མེད་ 5-1-133 ཚུལ། མ་དག་དག་པའི་སྐབས་ནའང་འགྱུར་བ་མེད་ཚུལ། ཤིན་ཏུ་རྣམ་དག་གི་སྐབས་ནའང་ འགྱུར་བ་མེད་ཚུལ། ཞེས་པའོ། ། དང་པོ་ལ་སྤྱི་དོན་དང་གཞུང་དོན་གཉིས་ལས། སྤྱི་དོན་ལ་དཔེ་དང་དོན་ནོ། །དཔེ་ལའང་ འཇིག་རྟེན་ལ་ཆགས་འཇིག་སྣང་ཚུལ་དང༌། ནམ་མཁའ་ལ་ཆགས་འཇིག་མེད་ཚུལ་ལོ། ། ཆགས་འཇིག་སྣང་ཚུལ་ལ་གཉིས་ལས། ཆགས་ཚུལ་ནི། མདོ་ལས། མཁའ་ལ་རླུང་བརྟེན་ དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་གསུངས་པ་ ལྟར། སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་ཀྱི་དབང་གིས་ནམ་མཁའི་དབྱིངས་སུ་རླུང་གི་ དཀྱིལ་འཁོར་ཚན་པོ་ཆེ་ཆེན་པོའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་ཤིང་སྲ་བ་རྔམས་སུ་དཔག་ ཚད་ས་ཡ་དྲུག་འབུམ་ཡོད་པ་རྒྱར་གྲངས་མེད་པ་དང་བཅས་པ་ཞིག་ཆགས་ཏེ། མཛོད་ལས་ ཀྱང༌། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་གྱུར་པ། །རླུང་གི་དཀྱིལ་ འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་ཏོ། །ཞེས་བཤད་པ་ལྟར་རོ། །དེ་ཡི་སྟེང་ དུ་སྤྲིན་གསེར་གྱི་སྙིང་པོ་ཅན་ལས་ཆར་གྱི་རྒྱུན་ཤིན་ཏུ་ཆེ་བར་བབས་པ་རྣམས། འོག་གཞི་ དང་གློ་ན་གནས་པའི་རླུང་གིས་སྐྱོར་བ་ལས་ཆུའི་དཀྱིལ་འཁོར་རྔམས་སུ་འབུམ་ཕྲག་བཅུ་ གཅིག་དང་སྟོང་ཕྲག་ཉི་ཤུ་ཡོད་པ་ཞིག་ཆགས་ལ། དེའི་སྟོད་རླུང་གི་མཐས་ཤིང་སྲ་བར་བྱས་ པ་ལས། སའི་དཀྱིལ་འཁོར་གསེར་གྱི་རང་བཞིན་ཅན་རྔམས་སུ་སུམ་འབུམ་ཉི་ཁྲིར་འཐུག་ པ་ཞིག་ཆགས་ཤིང༌། དེའི་ཚེ་ནི་ཆུའི་དཔངས་འབུམ་ཕྲག་བརྒྱད་པར་ཡང་འགྱུར་ཏེ། ཆུ་ རྔམས་འབུམ་ཕྲག་བཅུ་གཅིག་དང༌། སྟོང་ཕྲག་རྣམས་ནི་ཉི་ཤུའོ། །ཕྱིས་ནི་རྔམས་སུ་འབུམ་ ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། །ཞེས་པ་ལྟར་རོ། །དེ་དག་གི་རྒྱར། ཆུ་དང་ གསེར་གྱི་དཀྱིལ་འཁོར་གྱི། །ཐད་དཀར་འབུམ་ཕྲག་བཅུ་གཉིས་དང༌། །སྟོང་ཕྲག་གསུམ་ དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །ཁོར་ཡུག་ཏུ་ནི་སུམ་འགྱུར་རོ། །ཞེས་ 5-1-134 ཀྱང་འབྱུང་མོད། ས་སྡེར་འབྱུང་བ་ལྟར་ན་ནི་དཀྱིལ་འཁོར་གསུམ་ཆར་རྒྱ་མཉམ་པར་ཡང་ བཞེད་དོ། །གསེར་གྱི་ས་གཞིའི་སྟེང་དུ་སྤྲིན་ཁམས་སྣ་ཚོགས་པ་ཅན་ལས་ཆར་གྱི་རྒྱུན་མང་ དུ་བབས་པ་རྣམས་རྒྱ་མཚོ་ཆེན་པོར་འགྱུར་ཞིང༌། དེའི་ཁམས་བཟང་ཤོས་རྣམས་རླུང་གིས་ བསྲུབས་པ་ལས་དབུས་སུ་རི་རབ་ལྷུན་པོ་དང༌། བར་མ་རྣམས་བསྲུབས་པ་ལས་ལྷུན་པོའི་ མཐའ་སྐོར་དུ་གསེར་གྱི་རི་བདུན་དང༌། ཐ་མ་རྣམས་བསྲུབས་པ་ལས། རྩ་བའི་གླིང་བཞི་ དང༌། བར་གྱི་གླིང་ཕྲན་བརྒྱད་དང༌། ཁོར་ཡུག་གི་རི་རྣམས་ཆགས་ལ། རི་རབ་དང་གསེར་ གྱི་རི་བདུན་གྱི་བར་བར་དུ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བའི་རོལ་ མཚོ་རྣམས་དང༌། མུ་ཁྱུད་འཛིན་ནས་ཁོར་ཡུག་གི་བར་དུ་ཡང༌། བ་ཚ་ཅན་གྱི་ཆུས་ཡོངས་སུ་ གང་ཞིང༌། སྲོག་ཆགས་དང་རིན་པོ་ཆེའི་རིགས་དུ་མ་དང་ལྡན་པ་ཕྱིའི་རྒྱ་མཚོ་ཆེན་པོ་རྣམས་ ཀྱང་ཆགས་སོ། །རི་རབ་ཀྱི་བང་རིམ་ལ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་གནས་གཞན་དག་དང༌། སྟེང་དུ་ནི་སུམ་ཅུ་རྩ་གསུམ་པའི་གནས་གཞན་རྣམས་ཆགས་ལ། དེ་དག་གི་སྔོན་དུ་ཡང་ མཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་མན་ཆད་འདོད་ ལྷའི་གནས་གཞན་རྣམས་དང༌། ཚངས་རིས་དང་ཚངས་པའི་འདུན་ན་འདོན་དང༌། ཚངས་ ཆེན་དང༌། འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་དང༌། དགེ་ཆུང་དང་ཚད་མེད་དགེ་ དང་དགེ་རྒྱས་མན་ཆད་བསམ་གཏན་འོག་མ་གསུམ་གྱི་གནས་གཞན་རྣམ་པར་སྣང་ལ་སྤྲུལ་ པ་ལྟར་ཆགས་ཤིང༌། སྤྲིན་མེད་དང་བསོད་ནམས་སྐྱེས་དང་འབྲས་བུ་ཆེ་དང༌། མི་ཆེ་བ་དང་ མི་གདུང་བ་དང་གྱ་ནོམ་སྣང་དང་ཤིན་ཏུ་མཐོང་དང་འོག་མིན་གྱི་བར་བསམ་གཏན་བཞི་པ་ ན་སྤྱོད་པའི་གནས་གཞན་རྣམས་ནི། རང་རང་གི་སེམས་ཅན་སྐྱེ་བ་དང་ཡང་ལྷན་ཅིག་ཆགས་ ཏེ། གོང་མའི་གནས་རྣམས་བཅུ་བདུན་ནི། །གཟུགས་ཁམས་ཡིན་དེར་སོ་སོ་ཡི། །བསམ་ གཏན་ས་ནི་གསུམ་པ་ཡིན། །བཞི་པ་ས་ནི་བརྒྱད་པ་ཡིན། །ཞེས་པ་ལྟར་རོ། །གཟུགས་མེད་ 5-1-135 ཀྱི་ཁམས་ན་ནི་གཟུགས་མེད་པའི་ཕྱིར་གནས་གཞན་ཡང་མེད་ལ། འོན་ཀྱང་སྐྱེ་བའི་ཚུལ་ཐ་ དད་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང༌། རྣམ་པ་ བཞིར་འགྱུར་ཏེ། གཟུགས་མེད་ཁམས་ན་གནས་མེད་དེ། །སྐྱེ་བ་ལས་ནི་རྣམ་པ་བཞི། །ཞེས་ པ་ལྟར་རོ། །སེམས་ཅན་ཡང་གཟུགས་མེད་པ་པ་དང༌། །བསམ་གཏན་བཞི་པ་དག་ནི་བཤད་ མ་ཐག་པ་ལྟར་ཆགས་ཤིང༌། འོག་མ་རྣམས་སུ་ནི་བསམ་གཏན་བཞི་པ་ལ་སོགས་པ་ནས་ རིམ་གྱིས་མིའི་འཇིག་རྟེན་གྱི་བར་དུ་སྐྱེ་ལ། དེར་ནི་མི་དགེ་བ་བཅུ་ལྷག་པར་སྤྱད་པའི་དབང་ གིས་དུད་འགྲོ་དང་ཡི་དྭགས་དང་དམྱལ་བའི་འཇིག་རྟེན་རྣམས་ཀྱང་འཆགས་ཏེ། འཆགས་ པ་དང་པོ་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །ཞེས་པ་ལྟར་རོ། །དེ་ལྟར་རིམ་གྱིས་ འཆགས་པ་ལ་ནི་བར་གྱི་སྐལ་པ་ཉི་ཤུ་ཐོགས་ཏེ། ཆགས་ནས་གནས་པ་ལའང་དེ་སྙེད་དོ། ། དེ་རྣམས་ཀྱི་གླིང་བཞི་པ་ནས་ཚངས་པའི་འཇིག་རྟེན་གྱི་བར་སྟོང་ལ་ནི་སྟོང་སྤྱི་ཕུད་ཅེས་ བྱ་ཞིང༌། དེའང་སྟོང་དུ་བསྒྱུར་བ་ལ་ནི་སྟོང་གཉིས་པ་བར་མ་ཞེས་བྱ་ལ། དེ་རྣམས་ཀྱང་སྟོང་ དུ་བསྒྱུར་ནས་གླིང་བཞི་པ་ལ་སོགས་པ་བྱེ་བ་ཕྲག་བརྒྱ་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ཞེས་ཀྱང་བྱ་སྟེ། གླིང་བཞི་པ་དང་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་ དང༌། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་ སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ལ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་ པ་ལྟར་རོ། །ཐམས་ཅད་ཀྱང་མདོར་བསྡུས་ན། ངན་སོང་གསུམ་དང་མི་དང་ལྷ་མ་ཡིན་དང་ འདོད་ལྷ་དྲུག་ནི་འདོད་པའི་ཁམས་སམ་ས་གཅིག་ཡིན་ལ། ཚངས་རིས་ལ་སོགས་པ་བསམ་ གཏན་བཞི་ནི་གཟུགས་ཀྱི་ཁམས་སམ་ས་བཞི་ཡིན་ཞིང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ ལ་སོགས་པ་མུ་བཞི་ནི་གཟུགས་མེད་པའི་ཁམས་སམ་ས་བཞི་ཡིན་པའི་ཕྱིར། ཁམས་ཀྱི་ 5-1-136 དབང་དུ་བྱས་ན་གསུམ་མམ། སའི་དབང་དུ་བྱས་ན་ཆགས་བྲལ་གྱི་དབྱེ་བས་དགུར་ཡང་ འགྱུར་ལ། དེ་དག་རེ་རེ་ལ་ཡང་སྤང་བྱ་ཉེས་པ་ཆེན་པོའི་ཆེན་པོ་ལ་སོགས་པ་དང༌། གཉེན་ པོ་ཡོན་ཏན་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་དགུ་དགུར་ཡང་འགྱུར་ཏེ། ས་དང་ས་ན་ ཉེས་རྣམས་དགུ། །དེ་བཞིན་དུ་ནི་ཡོན་ཏན་རྣམས། །ཆུང་དང་འབྲི ང་དང་ཆེ་རྣམས་ཀྱི། །ཆུང་ ངུ་ལ་སོགས་ཐ་དད་ཕྱིར། །ཞེས་པ་ལྟར་རོ། །འཇིག་ཚུལ་ནི། དམྱལ་བ་ལས་ཟད་པ་རྣམས་ འགྲོ་བ་གཞན་དུ་འཕོ་ཞིང༌། མ་ཟད་པ་རྣམས་ཀྱང་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་ བར་འགྲོ་ལ། དུད་འགྲོ་དང་ཡི་དྭགས་རྣམས་ཀྱང་དེ་དང་འདྲ་བས་ཐོག་མར་ངན་འགྲོ་རྣམས་ འཇིག་ཅིང་མི་ལ་སོགས་པ་བདེ་འགྲོ་རྣམས་ཀྱང་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་ གཉིས་པ་ལ་སོགས་པ་སྐྱེས་ནས་རིམ་གྱིས་འཕོ་བས་དང་པོ་བཅུད་ཀྱི་སེམས་ཅན་རྣམས་ འཇིག་གོ །དེ་ནས་སྣོད་ཀྱི་འཇིག་རྟེན་མེས་འཇིག་པའི་ཚེ་ཉི་མ་བདུན་རིམ་གྱིས་ཤར་ནས་ བསམ་གཏན་དང་པོ་མན་ཆད་བསྲེག་ཅིང༌། ཆུས་འཇིག་པ་ན་བསམ་གཏན་གཉིས་པ་ཉིད་ ནས་བྱུང་བའི་ཆུས་ལན་ཚྭ་ཞུ་བ་ལྟར་བྱེད་ལ། རླུང་གིས་འཇིག་པ་ན་བསམ་གཏན་གསུམ་པ་ ཉིད་ནས་བྱུང་པའི་རླུང་གིས་དེངས་ཤིང་མི་སྣང་བར་བྱེད་དེ། དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། ། ཞེས་པ་ལྟར་བསམ་གཏན་དང་པོ་ན་རྟོག་དཔྱོད་མེ་ལྟ་བུ་དང༌། གཉིས་པ་ན་དགའ་བདེ་ཆུ་ལྟ་ བུ་དང༌། གསུམ་པ་ན་དབུགས་འབྱུང་རྔུབ་རླུང་ལྟ་བུ་རྣམས་ཡོད་པའི་ཕྱིར་རོ། །བསམ་གཏན་ བཞི་པ་རྣམས་ནི། མི་རྟག་དེ་ཡི་གཞལ་མེད་ཁང༌། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། ། ཞེས་པ་ལྟར། གཞལ་མེད་ཁང་རྣམས་དང་ལྷན་ཅིག་འཇིག་ཅིང༌། གཟུགས་མེད་པ་རྣམས་ ནི་ཚེ་ཚད་རྫོགས་པ་ན་འཆི་འཕོ་བའི་ཚུལ་གྱིས་འཇིག་སྟེ། འཇིག་པའི་བསྐལ་པ་དམྱལ་བ་ ཡི། །སྲིད་ཟད་པ་ནས་སྣོད་ཟད་པ། །ཞེས་པ་ལྟར་རོ། །དེ་ལྟར་རིམ་གྱིས་འཇིག་པ་ལ་ནི་བར་ གྱི་བསྐལ་པ་ཉི་ཤུ་ཐོགས་ཏེ། ཞིག་ནས་སྟོངས་པ་ལ་ཡང་དེ་སྙེད་དོ། །འདི་དག་ནི་བྱེ་བྲག་ 5-1-137 ཕྱོགས་རེ་ཙམ་མཚོན་པའི་དབང་དུ་བྱས་པ་སྟེ། སྤྱིར་འཇིག་རྟེན་གྱི་ཁམས་ལ་མཐའ་མེད་ པའི་ཕྱིར་རྣམ་པར་གཞག་པ་གཞན་དུའང་འགྱུར་རོ། ། ནམ་མཁའ་ལ་ཆགས་འཇིག་མེད་ཚུལ་ནི། ནམ་མཁའ་གང་ཞེ་ན། གཟུགས་མེད་ཅིང་བྱ་ བ་ཐམས་ཅད་ཀྱི་གོ་འབྱེད་པའི་ཕྱིར་རོ་ཞེས་པ་ལྟར་གཟུགས་ལ་སོགས་པ་དངོས་པོའི་མཚན་ ཉིད་མེད་ཅིང༌། སྐྱེ་བ་དང་འཇིག་པ་དང་གནས་པས་སྟོང་པ་འདུས་མ་བྱས་པའི་མཚན་ཉིད་ ཅན་ཏེ། བྱ་བ་ཐམས་ཅད་ཀྱི་གོ་འབྱེད་པ་ཡང་དེས་ན་ནམ་མཁའ་མི་སྒྲིབ་པ་ཞེས་པ་ལྟར་མ་ བཀག་པ་ཙམ་ཡིན་གྱི། གཞན་དུ་འཕོ་བ་དང་བཅས་པ་མ་ཡིན་པས་ན། ནམ་མཁའ་ལ་ནི་ ནམ་ཡང་ཆགས་པ་དང་འཇིག་པར་འགྱུར་བ་ཡོད་པ་མ་ཡིན་ཏེ། འདུས་མ་བྱས་ཤིང་རྟག་པ་ ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ནམ་མཁའ་ནི་སྐྱེ་ བ་མ་ཡིན་སྐྱེས་པ་མ་ཡིན་བྱེད་པ་མ་ཡིན་བྱས་པ་མ་ཡིན་འདུས་བྱས་ཀྱི་ཆོས་མ་ཡིན་ནོ་ཞེས་ པ་དང༌། རྟག་པའི་ཆོས་རྣམས་ཀྱི་ནང་ནས་ནམ་མཁའ་ནི་མཆོག་གོ་ཞེས་པ་ལ་སོགས་པ་ གསུངས་པ་བཞིན་ནོ། །དེ་ལ་ཁ་ཅིག་ནམ་མཁའ་ལ་ནི་ཁ་དོག་དང་དབྱིབས་ལ་སོགས་པ་སྣ་ ཚོགས་སུ་སྣང་བའི་ཕྱིར་ཆགས་པ་དང་འཇིག་པར་ཡང་འགྱུར་རམ་སྙམ་ན། དེ་དག་ནི་རྒྱན་ ནམ་མཁའ་ལ་སོགས་པ་ལ་ཡིན་གྱི། འདུས་མ་བྱས་པའི་ནམ་མཁའ་ལ་ནི་མ་ཡིན་ཏེ། ནམ་ མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། ནམ་མཁའ་ཅི་ལྟར་མཐོང་སྟེ་དོན་འདི་ བརྟག་པར་གྱིས། །ཞེས་གསུངས་པ་ལྟར་རོ། ། དོན་ལའང་གཉིས་ཏེ། སེམས་ཅན་ལ་སྐྱེ་འགག་སྣང་ཚུལ་དང༌། ཆོས་དབྱིངས་ལ་སྐྱེ་ འགག་མེད་ཚུལ་ལོ། །སྐྱེ་འགག་སྣང་ཚུལ་ལ་གཉིས་ལས། སྐྱེ་ཚུལ་ནི། སེམས་ཀྱི་རང་བཞིན་ འོད་གསལ་མངོན་སུམ་དུ་མ་གྱུར་བ་རྣམས་ལ། མི་སྡུག་པ་ལ་སྡུག་པར་འཛིན་པ་ལ་སོགས་ པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་རྣམས་སྐྱེས་ལ། དེའི་དབང་གིས་ 5-1-138 སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་པ་རྣམས་འབྱུང་སྟེ། ཁམས་གསུམ་ པའི་རྗེས་སུ་ཆགས་པ་འདོད་ཆགས་དང༌། སེམས་ཅན་དང་སྡུག་བསྔལ་གྱི་གནས་ཀྱི་ཆོས་ རྣམས་ལ་མནར་སེམས་པ་ཁོང་ཁྲོ་དང༌། ཟག་པ་དང་བཅས་པའི་ཕུན་སུམ་ཚོགས་པས་ སེམས་ཁེངས་པ་ང་རྒྱལ་དང༌། ཁམས་གསུམ་པའི་མི་ཤེས་པ་མ་རིག་པ་དང༌། དོན་དང་མི་ མཐུན་པར་དཔྱོད་པ་ལྟ་བ་དང༌། བདེན་པ་དང་དཀོན་མཆོག་ལ་ཡིད་གཉིས་ཟ་བ་ཐེ་ཚོམ་ལ་ སོགས་པ་རྩ་བའི་ཉོན་མོངས་པ་རྣམས་དང༌། ཁྲོ་བ་དང་ཁོན་དུ་འཛིན་པ་དང་འཚིག་པ་དང་ འཆབ་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་སོ། །དེ་རྣམས་ཀྱི་དབང་གིས་ཟག་པ་དང་ བཅས་པའི་ལས་ཀུན་ཏུ་སྤྱོད་དེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་ བ་རྣམས་ལ་སེམས་བསྐུལ་ཞིང་མངོན་པར་འདུ་བྱེད་པ་སེམས་པའི་ལས་དང༌། ལུས་ཀྱིས་ སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང༌། ངག་གིས་ བརྫུན་དང་ཕྲ་མ་དང་ཚིག་རྩུབ་དང་ཀྱལ་བ་རྣམས་བརྗོད་པ་དང༌། ཡིད་ཀྱིས་བརྣབ་སེམས་ དང་གནོད་སེམས་དང་ལོག་པར་ལྟ་བ་རྣམས་སྤྱོད་པ་མི་དགེ་བའི་ལས་ཀྱི་ལམ་བཅུ་དང༌། དེ་ རྣམས་ལས་བཟློག་པ་དགེ་བཅུ་སྟེ་བསམ་པའི་ལས་རྣམས་སོ། །དེ་དག་གི་དབང་གིས་ངན་ འགྲོ་དང་བདེ་འགྲོའི་སྐྱེ་བ་རྣམས་འབྱུང་ཞིང༌། དེའང་མི་དགེ་བ་སྤྱད་པ་ལས་ནི་ངན་སོང་གི་ ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་འགྲུབ་ལ། དགེ་བ་ཟག་པ་དང་བཅས་པ་ལས་ཀྱང་ བདེ་འགྲོའི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་མངོན་པར་འགྲུབ་བོ། །དེ་ལ་ཕུང་པོ་ནི་ ལྔ་སྟེ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ ཕུང་པོའོ། །སྐྱེ་མཆེད་ནི་བཅུ་གཉིས་ཏེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དེ་ དབང་པོའི་སྐྱེ་མཆེད་དྲུག་དང༌། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཏེ་ཡུལ་ གྱི་སྐྱེ་མཆེད་དྲུག་གོ ། 5-1-139 ཁམས་ནི་བཅོ་བརྒྱད་དེ། དབང་པོའི་ཁམས་དྲུག་དང༌། ཡུལ་གྱི་ཁམས་དྲུག་དང༌། དེ་ དག་གི་རྣམ་པར་ཤེས་པའི་ཁམས་དྲུག་གོ །དེ་རྣམས་ཀྱི་གཟུགས་ཀྱི་ཕུང་པོ་ནི་གཟུགས་སུ་ རུང་བའི་མཚན་ཉིད་ཅན། མིག་ལ་སོགས་པ་དབང་པོ་ལྔ་དང༌། གཟུགས་ལ་སོགས་པ་ཡུལ་ ལྔ་དང༌། ཡིད་ཀྱི་ཡུལ་གྱི་གཟུགས་རྣམས་ཡིན་ཞིང༌། དབང་པོ་དང་དོན་དེ་དག་ཉིད་གཟུགས་ ཅན་གྱི་སྐྱེ་མཆེད་བཅུ་ཡིན་ལ། གཟུགས་ཅན་གྱི་ཁམས་བཅུ་དང་དེ་རྣམས་ཉིད་དེ། གཟུགས་ ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །དབང་དོན་དེ་རྣམས་ཁོ་ན་ལ། ། སྐྱེ་མཆེད་དང་ནི་ཁམས་བཅུ་ཉིད། །ཅེས་པ་ལྟར་རོ། །རྣམ་པར་ཤེས་པའི་ཕུང་པོ་ནི་ཡུལ་སོ་ སོར་རིག་པའི་མཚན་ཉིད་ཅན་ཡིན་ཞིང༌། ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཉིད་ཡིན་ལ། །རྣམ་པར་ ཤེས་པའི་ཁམས་ཀྱང་དེ་ཉིད་དེ། རྣམ་ཤེས་སོ་སོར་རྣམ་རིག་པ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ ཡིན། །ཁམས་བདུན་རྣམས་སུ་འདོད་པ་སྟེ། །རྣམ་པར་ཤེས་པ་དྲུག་དང་ཡིད། །ཅེས་པ་ལྟར་ རོ། །ཚོར་བའི་ཕུང་པོ་ནི་ཉམས་སུ་མྱོང་བའི་མཚན་ཉིད་ཅན་དང༌། འདུ་ཤེས་ཀྱི་ཕུང་པོ་ནི་ མཚན་མར་འཛིན་པའི་མཚན་ཉིད་ཅན་དང༌། འདུ་བྱེད་ཀྱི་ཕུང་པོ་ནི་ཕུང་པོ་བཞི་ལས་གཞན་ པ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་ཡིན་ཞིང༌། དེ་ལྟར་ཕུང་པོ་གསུམ་དང༌། རྣམ་ པར་རིག་བྱེད་མ་ཡིན་པའི་གཟུགས་དང༌། འདུས་མ་བྱས་རྣམས་ནི་ཆོས་ཀྱི་སྐྱེ་མཆེད་ཡིན་ ལ། ཆོས་ཀྱི་ཁམས་ཀྱང་དེ་རྣམས་ཉིད་དེ། ཚོར་བ་མྱོང་བའོ་འདུ་ཤེས་ནི། །མཚན་མར་འཛིན་ པའི་བདག་ཉིད་དོ། །འདུ་བྱེད་ཕུང་པོ་བཞི་ལས་གཞན། །དེ་གསུམ་རྣམ་རིག་བྱེད་མིན་དང༌། ། འདུས་མ་བྱས་དང་བཅས་པ་ནི། །ཆོས་ཀྱི་སྐྱེད་མཆེད་ཁམས་ཞེས་བྱ། །ཞེས་པ་ལྟར་རོ། །དེ་ དག་ཀྱང༌། དུ་མ་འདུས་པའི་ཆ་ལ་ཕུང་པོ་དང༌། ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པའི་ཆ་ལ་སྐྱེ་མཆེད་ དང༌། ས་བོན་ནམ་ཉེར་སྤྱོད་འཛིན་པའི་ཆ་ལ་ཁམས་ཞེས་བྱ་སྟེ། སྤུངས་དང་སྐྱེ་སྒོ་རིགས་ཀྱི་ དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་སོ། །ཞེས་པ་ལྟར་རོ། ། 5-1-140 འགག་ཚུལ་ནི། གནས་སྐབས་སུ་འདུ་བྱེད་ཡོངས་སུ་སྨིན་པའི་རྒ་བ་དང༌། ཁམས་འགྱུར་ བ་དང་བཅས་པའི་ན་བ་དང༌། སྲོག་འགྱུར་བའི་འཆི་བ་རྣམས་ཀྱིས་ཀྱང་འཇིག་ཅིང༌། མཐར་ ནི་ཁམས་གསུམ་པའི་གཉེན་པོ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་རྣམ་རྟོག་མཐའ་ དག་བཀག་ནས། ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་རྣམས་ཀྱང་འགག་པས། དེའི་ དབང་གིས་བྱུང་བའི་ཉོན་མོངས་པ་རྣམས་དང་ལས་རྣམས་ཀྱང་འགག་ལ། དེ་དག་འགགས་ ན་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཟག་པ་དང་བཅས་པ་སྡུག་བསྔལ་གྱིས་བསྡུས་པའི་སྐྱེ་བ་ མཐའ་དག་འགགས་ནས་ཞི་བ་མྱ་ངན་ལས་འདས་པ་ཟག་པ་མེད་པའི་བདེ་བ་ཆེན་པོ་ཐོབ་ སྟེ། རྒྱུད་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོ་ལྟུང་བྱེད་ཡིན། མི་རྟོག་ཏིང་ འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་པ་དང༌། རྒྱན་ལས་ཀྱང༌། འདི་ལ་དོན་དམ་ཚུལ་གྱིས་སྐྱེ་བ་དང༌། །ཞི་བ་དེ་གཉིས་ཁྱད་པར་ཅི་ཡང་མེད། །འོན་ཀྱང་ དགེ་བའི་ལས་རྣམས་བྱེད་པ་དག །སྐྱེ་བ་ཟད་པས་ཞི་བ་ཐོབ་པར་བཤད། །ཅེས་གསུངས་པ་ ལྟར་རོ། ། ཆོས་དབྱིངས་ལ་སྐྱེ་འགག་མེད་ཚུལ་ནི། དོན་དམ་པའི་བདེན་པ་ཆོས་ཉིད་དེ་བཞིན་ ཉིད་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་ནི་མུ་བཞིའི་སྤྲོས་པ་ དང་བྲལ་ཞིང༌། གདོད་མ་ནས་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་ནམ་ཡང་སྐྱེ་བ་དང་འགག་པར་ འགྱུར་བ་མ་ཡིན་ཏེ། མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་མ་བྱོན་ཡང་ རུང༌། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པའོ་ཞེས་པ་དང༌། རྒྱན་ལས་ཀྱང༌། ཡོད་མིན་ མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་བ་ མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་འདི་ནི་དོན་དམ་མཚན། །ཞེས་པ་ དང༌། ཆོས་དབྱིངས་བསྟོད་པ་ལས། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་ 5-1-141 འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་ པ་ལ་སོགས་གསུངས་བའི་ལྟར་རོ། ། གཞུང་དོན་ལ། ནམ་མཁའ་ལྟར་འགྱུར་བ་མེད་ཚུལ་དང༌། དེ་རྣམས་ཀྱི་ཁྱད་པར་བཤད་ པའོ། །འགྱུར་བ་མེད་ཚུལ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ་ལས། མདོར་ བསྟན་ནི། ཇི་ལྟར་ནམ་མཁའ་ཀུན་སོང་བ། །ཕྲ་ཕྱིར་ཉེ་བར་གོས་པ་མེད། ། དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདི་ཉེ་བར་གོས་པ་མེད། ། ཅེས་པ་སྟེ། དཔེ་ཇི༷་ལྟར༷་ན་འདུས་མ་བྱས་པའི་ན༷མ་མཁ༷འ་གཟུགས་ཅན་འདུས་བྱས་ ཐམས་ཅད་ལ་ཁྱབ་པར་ཀུ༷ན་ཏུ་སོ༷ང་བ༵་ཡིན་ཡང༌། ཕྲ༷་བ་སྟེ་གཟུགས་ཅན་རགས་པ་མ་ཡིན་ པའི་ཕྱི༷ར། གཟུགས་ཀྱི་ཉེས་པ་མི་རྟག་པ་ལ་སོགས་པས་ནམ་ཡང་ཉེ༷་བ༷ར་གོ༷ས་པ༷་མེ༵ད་པ་ དེ༷་བཞི༷ན་དུ། སེ༷མས་ཅ༷ན་ཐ༷མས་ཅ༷ད་ལ༵་སེམས་ཀྱི་རང་བཞིན་ཁྱད་པར་གན༷ས་པ་འོད་ གསལ་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་འདི༷་ཡང་རང་བཞིན་གྱིས་རྣམ་པར་ དག་པའི་ཕྱིར། སེམས་ཅན་(ཐམས་ཅད་)ཀྱི་ཉེས་པ་ཉོན་མོངས་པ་ལ་སོགས་པས་ནམ་ཡང་ཉེ༷་ བ༷ར་གོ༷ས་པ༷་མེ༵ད་དོ་ཞེས་བྱ་བའི་དོན་ཏོ། ། རྒྱས་བཤད་ལ་ལྔ་སྟེ། ཆོས་ཅན་ལ་སྐྱེ་འཇིག་སྣང་ཚུལ། ཆོས་ཉིད་ལ་འཇིག་པ་མེད་ ཚུལ། དེ་དག་གི་གནས་ལུགས་བསྟན་པ། གློ་བུར་བས་འཁོར་བར་འགྱུར་ཚུལ། རང་བཞིན་ ལ་འགྱུར་བ་མེད་ཚུལ། ཞེས་པའོ། ། དེ་ལ་སྐྱེ་འཇིག་སྣང་ཚུལ་ནི། ཇི་ལྟར་འཇིག་རྟེན་ཐམས་ཅད་དུ། །ནམ་ མཁའ་ལ་ནི་སྐྱེ་ཞིང་འཇིག །དེ་བཞིན་འདུས་མ་བྱས་དབྱིངས་ལ། ། དབང་པོ་རྣམས་ནི་སྐྱེ་ཞིང་འཇིག །ཞེས་པ་སྟེ། དཔེ་ཇི༷་ལྟར༷་ན་ཕྱི་རོལ་སྣོད་ཀྱི་ འཇི༷ག་རྟེ༷ན་འདི་རྣམ་པ་ཐ༷མས་ཅ༷ད་དུ༵་ན༷མ་མཁ༷ས་གོ་ཕྱེ་བ་ལ༷་ནི༷་བརྟེན་ནས། དང་པོར་སྐྱེ༷་ 5-1-142 ཞི༷ང་འཆགས་ལ། མཐར་འཇི༵ག་ཅིང་འགག་ཀྱང་ནམ་མཁའ་ལ་སྐྱེ་འཇིག་མེད་པ་དེ༷་བཞི༷ན་ དུ་རྒྱུ་དང་རྐྱེན་གྱིས་མངོན་པར་འདུ༷ས་མ༷་བྱ༷ས་པ་ཆོས་ཀྱི་དབྱི༷ངས་དེ་བཞིན་གཤེགས་པའི་ སྙིང་པོ་འགྱུར་བ་མེད་པ་ལ༵་བརྟེན་ནས། ནང་སེམས་ཅན་གྱི་དབ༷ང་པོ༷་རྣ༷མས་ནི༷་དང་པོར་སྐྱེ༷་ ཞི༷ང་འཕེལ་ལ། མཐར་འཇི༵ག་ཅིང་འགག་ཀྱང་ཆོས་ཉིད་ལ་ནི་སྐྱེ་འཇིག་ཡོད་པ་མ་ཡིན་ནོ་ ཞེས་བྱ་བའི་དོན་ཏོ། ། ཆོས་ཉིད་ལ་འཇིག་པ་མེད་ཚུལ་ནི། ཇི་ལྟར་ནམ་མཁའ་མེ་རྣམས་ཀྱིས། ། སྔོན་ཆད་ནམ་ཡང་ཚིག་པ་མེད། །དེ་བཞིན་འདི་ནི་འཆི་བ་དང༌། །ན་ དང་རྒ་བའི་མེས་མི་འཚིག །ཞེས་པ་སྟེ། དཔེ་ཇི༷་ལྟར༷་ན་འདུས་བྱས་ཀྱི་དངོས་པོ་ རྣམས་དུས་མཐའ་དང་དམྱལ་བ་དང་རང་བཞིན་པའི་མེ་གསུམ་གྱིས་འཚིག་ཀྱང་འདུས་མ་ བྱས་པའི་ན༷མ་མཁ༷འ་མེ༷་གསུམ་པོ་རྣ༷མས་ཐམས་ཅད་ཀྱི༵ས་སྔོ༷ན་ཆ༷ད་ན༷མ་ཡ༷ང་ཚི༷ག་པ༷་ མེ༵ད་པ་དེ༷་བཞི༷ན་དུ། སེམས་ཅན་རྣམས་འཆི་བ་ལ་སོགས་པའི་མེ་གསུམ་གྱིས་འཚིག་ཀྱང༌། སྙིང་པོ་ཆོས་ཀྱི་དབྱིངས་འདི༷་ནི༷་འཆི༷་བ༷་དུས་མཐའི་མེ་ད༵ང་ན༷་བ་དམྱལ་བའི་མེ་ད༷ང་རྒ༷་བ༷་ རང་བཞིན་པའི༷་མེ༷་གསུམ་པོ་རྣམས་ཀྱིས༷་ནམ་ཡང་མི༷་འཚི༵ག་པ་ཉིད་དོ་ཞེས་བྱ་བའི་དོན་ ཏོ། །དེ་ཡང་འདུས་མ་བྱས་པའི་དབྱིངས་ནི་རང་བཞིན་ཡིན་པས་སྟོབས་དང་ལྡན་ལ། འདུས་ བྱས་རྣམས་ནི་གློ་བུར་བ་ཡིན་པས་སྟོབས་ཆུང་བ་ཉིད་ཀྱི་ཕྱིར་ཏེ། ནམ་མཁའ་མཛོད་ཀྱི་ཞུས་ པའི་མདོ་ལས། དྲང་སྲོང་ཆེན་པོ་ཉོན་མོངས་པ་ནི་མུན་པ། རྣམ་པར་དག་པ་ནི་སྣང་བའོ། ། ཉོན་མོངས་པ་ནི་སྟོབས་ཆུང་བ། ལྷག་མཐོང་ནི་སྟོབས་དང་ལྡན་པའོ། །ཉོན་མོངས་པ་ནི་གློ་ བུར་བ། རང་བཞིན་གྱིས་རྣམ་པར་དག་པ་ནི་རྩ་བའོ། །ཉོན་མོངས་པ་ནི་ཀུན་ཏུ་བརྟགས་པ། རང་བཞིན་ནི་ཀུན་ཏུ་མ་བརྟགས་པའོ་ཞེས་གསུངས་པ་ལྟར་རོ། ། དེ་དག་གི་གནས་ལུགས་བསྟན་པ་ལ། དཔེ་དང༌། དོན་དང༌། དེ་དག་སྦྱར་བའོ། །དེ་ལ་ 5-1-143 དཔེ་ནི། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ ནི་རླུང་དང་ཆུ་དག་དང༌། །ས་ཡི་ཁམས་ལ་གནས་མ་ཡིན། །ཞེས་པ་སྟེ། འཇིག་རྟེན་གྱི་ཁམས་ཆགས་ཤིང་གནས་པ་ན་ས༷འི་དཀྱིལ་འཁོར་ཆེན་པོ་ནི༷་ཆུ༷འི་དཀྱིལ་ འཁོར་ལ༷་བརྟེན་ཅིང་ཆུ༷་ཡང་ཪླུ༷ང་གི་དཀྱིལ་འཁོར་ལ་བརྟེན་ལ༵། ཪླུ༷ང་ནི༷་ནམ་མཁ༷འ་ལ༷་ བརྟེན་ནས་ར༷བ་ཏུ༷་གན༵ས་པ་ཉིད་ཡིན་ཡང༌། ནམ་མཁ༷འ་ནི༷་རྒྱུ་དང་རྐྱེན་ལ་ལྟོས་པ་མེད་ པའི་ཕྱིར། ཪླུ༷ང་གི་དཀྱིལ་འཁོར་ད༷ང་ཆུ༷འི་ཕུང་པོ་ད༷ག་ད༵ང་ས༷འི༷་ཁ༷མས་ལ༷་སོགས་པ་ འདུས་བྱས་ཀྱི་དངོས་པོ་གང་ལ་ཡང་བརྟེན་ནས་རབ་ཏུ་གན༷ས་པ་ཡང་མ༷་ཡི༵ན་ནོ་ཞེས་བྱའོ། ། མདོ་ལས་ཀྱང༌། དྲང་སྲོང་ཆེན་པོ། ས་ཆེན་པོ་འདི་ནི་ཆུ་ལ་རབ་ཏུ་གནས་པ། ཆུ་ནི་རླུང་ལ་ རབ་ཏུ་གནས་པ། རླུང་ནི་ནམ་མཁའ་ལ་རབ་ཏུ་གནས་པ་ཡིན་ལ། ནམ་མཁའ་ནི་གནས་པ་ མེད་པའོ་ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། དོན་ནི། དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་ དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་ པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ ལ་ཡང་གནས་པ་མེད། །ཅེས་པ་སྟེ། དཔེ་དེ༷་བཞི༷ན་དུ་ཕུ༷ང་པོ༷་ལྔ་དང་ཁ༷མས་བཅོ་ བརྒྱད་དང་དབ༷ང་པོ་དང་ཡུལ་གྱི་སྐྱེ་མཆེད་བཅུ་གཉིས་ཟག་པ་དང་བཅས་པས་བསྡུས་པ་སྐྱེ་ བའི་ཀུན་ནས་ཉོན་མོངས་པ་རྣ༵མས་ནི་དེ་དག་སྐྱེད་པའི་རྒྱུ་ལ༷ས་ཀྱི་ཀུན་ནས་ཉོན་མོངས་པ་ ད༷ང༌། དེ་སོག་པར་བྱེད་པ་ཉོ༷ན་མོ༷ངས་པའི་ཀུན་ནས་ཉོན་མོངས་པ་ད༷ག་ལ༷་བརྟེན་ནས་རབ་ ཏུ་གན༵ས་ཤིང་ལ༷ས་ཟག་པ་དང་བཅས་པ་ད༷ང་ཀུན་ནས་ཉོ༷ན་མོ༷ངས་པ་དག་ཀྱང་མི་རྟག་པ་ ལ་རྟག་པར་འཛིན་པ་ལ་སོགས་པ་ཚུ༷ལ་བཞི༷ན་མི༵ན་པ་ཡི༷ད་ལ༷་བྱེ༷ད་པའི་རྣམ་པར་རྟོག་པ་ 5-1-144 ལ༷་བརྟེན་ནས་རྟ༷ག་ཏུ༷་གན༵ས་ལ། ཚུ༷ལ་བཞི༷ན་མ༷་ཡི༷ན་པའི་ཡི༷ད་ལ་བྱེ༷ད་པ་ནི༵་སེ༷མས་ཀྱི༷་ རང་བཞིན་འོད་གསལ་བ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་ད༷ག་པ༷་ལ༷་བརྟེན་ནས་ ར༷བ་ཏུ་གན༵ས་མོད། འོན་ཀྱང་སེ༷མས་ཀྱི༷་ར༷ང་བཞི༷ན་འོད་གསལ་དོན་དམ་པའི་དེ་བཞིན་ ཉིད་ནི་འདུས་མ་བྱས་པ་ཉིད་ཀྱི་ཕྱིར། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ཉོན་ མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཀུན་རྫོབ་གློ་བུར་བའི་ཆོ༷ས་རྣ༷མས་ ནི༵་ཐ༷མས་ཅ༷ད་ལ༷་ནམ་ཡ༷ང་བརྟེན་ནས་གན༷ས་པ༷་མེ༵ད་པ་ཉིད་དོ་ཞེས་བྱ་བའི་དོན་ནོ། །མདོ་ ལས་ཀྱང༌། དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་ལས་དང་ཉོན་མོངས་པ་ ལ་རབ་ཏུ་གནས་པའོ། །ལས་དང་ཉོན་མོངས་པ་ནི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ ལ་རབ་ཏུ་གནས་པའོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ནི་རང་བཞིན་གྱིས་ཡོངས་ སུ་དག་པ་ལ་གནས་པའོ། །དེས་ན་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་སྟེ། གློ་བུར་གྱི་ ཉོན་མོངས་པ་དག་གིས་ཉེ་བར་ཉོན་མོངས་པའོ། །ཞེས་གསུངས་པ་ལྟར་རོ། ། དེ་དག་སྦྱར་བ་ནི། ས་དང་འདྲ་བར་ཕུང་པོ་དང༌། །སྐྱེ་མཆེད་ཁམས་ རྣམས་ཤེས་པར་བྱ། །ཆུ་ཁམས་དང་འདྲར་ལུས་ཅན་གྱི། །ལས་དང་ཉོན་ མོངས་ཤེས་བྱ་སྟེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །རླུང་གི་ཁམས་ དང་འདྲ་བར་བལྟ། །རང་བཞིན་ནམ་མཁའི་ཁམས་བཞིན་དུ། །དེ་གཞི་ ཅན་མིན་གནས་པ་མེད། །ཅེས་པ་སྟེ། ས༷འི་དཀྱིལ་འཁོར་ཆུ་ལ་བརྟེན་ནས་འཆགས་ པ་ད༷ང་འདྲ༷་བ༷ར་ཉེ་བར་ལེན་པ་དང་བཅས་པའི་ཕུ༷ང་པོ༷་ལྔ་ད༵ང་སྐྱེ༷་མཆེ༷ད་བཅུ་གཉིས་དང༌། ཁ༷མས་བཅོ་བརྒྱད་པོ་རྣ༷མས་ལས་དང་ཉོན་མོངས་པ་ལ་བརྟེན་ནས་འགྲུབ་པར་ཤེ༷ས་པ༷ར་ བྱ༵་ཞིང༌། ཆུ༷འི་ཁ༷མས་ཀྱིས་སའི་དཀྱིལ་འཁོར་འགྲུབ་པའི་རྐྱེན་བྱེད་པ་ད༷ང་འདྲ༷་བར། ལུ༷ས་ ཅ༷ན་རྣམས་ཀྱི༵་ལ༷ས་ཟག་པ་ད༷ང་བཅས་པ་དང༌། ཉོ༷ན་མོ༷ངས་རྣམས་ནི་ཕུང་པོ་དང་། སྐྱེ་ 5-1-145 མཆེད་དང་། ཁམས་རྣམས་འགྲུབ་པར་བྱེད་པ་རྐྱེན་དུ་ཤེ༷ས་པར་བྱ༷་སྟེ༵། ཚུ༷ལ་བཞི༷ན་མ༷་ཡི༷ན་ པའི་ཡི༷ད་ལ་བྱེ༷ད་པ་ནི༵། ལས་དང་ཉོན་མོངས་པ་ཀུན་ནས་སློང་བའི་ཕྱིར། ཪླུ༷ང་གི༷་ཁ༷མས་ ཀྱིས་ཆུའི་དཀྱིལ་འཁོར་གྱི་རྟེན་བྱེད་པ་ད༷ང་འདྲ༷་བ༷ར་བལྟ༵་ཞིང་རིག་པར་བྱའོ། །སེམས་ཀྱི་ ར༷ང་བཞི༷ན་དེ་བཞིན་གཤེགས་པའི་སྙིང་པོ་ནི། ན༷མ་མཁ༷འི་ཁ༷མས་ཀྱི་ཐམས་ཅད་ཀྱི་རྟེན་ བྱེད་ཀྱང་གང་ལ་ཡང་མི་གནས་པ་བཞི༷ན་དུ༵་གློ་བུར་རྣམས་ཀྱི་རྟེན་བྱེད་ཀྱང་རང་གི་ངོ་བོ་དེ༷་ ཉིད་གཞི༷་འགའ་ལ་ཡང་རྟེན་པ་ཅ༷ན་མི༷ན་ཞིང༌། གང་དུ་ཡང་གན༷ས་པ༷་མེ༵ད་པ་ཉིད་དོ་ཞེས་ བྱ་བའི་དོན་ཏོ། །ཇི་སྐད་དུ། དེ་ལ་ནམ་མཁའ་ཇི་ལྟ་བ་དེ་ལྟར་ནི་རང་བཞིན་ནོ། །རླུང་གི་ ཁམས་ཇི་ལྟ་བ་དེ་ལྟར་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །ཆུའི་ཁམས་ཇི་ལྟ་བ་དེ་ ལྟར་ནི་ལས་དང་ཉོན་མོངས་པའོ། །སའི་ཁམས་ཇི་ལྟ་བ་དེ་ལྟར་ནི་ཕུང་པོ་དང་སྐྱེ་མཆེད་དང་ ཁམས་རྣམས་སོ། །དེས་ན་ཆོས་ཐམས་ཅད་ནི་རྩ་བ་ཡོངས་སུ་ཆད་པ་སྟེ། སྙིང་པོ་མེད་པའི་ རྩ་བ་ཅན། མི་གནས་པའི་རྩ་བ་ཅན། དག་པའི་རྩ་བ་ཅན། རྩ་བ་མེད་པའི་རྩ་བ་ཅན་ནོ་ཞེས་ གསུངས་པ་ལྟར་རོ། ། གློ་བུར་བས་འཁོར་བར་འགྱུར་ཚུལ་ནི། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། ། སེམས་ཀྱི་རང་བཞིན་ལ་གནས་ཏེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ ཀྱིས། །ལས་དང་ཉོན་མོངས་རབ་ཏུ་ཕྱེ། །ལས་དང་ཉོན་མོངས་ཆུ་ལས་ ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་འབྱུང༌། །དེ་འཇིག་པ་དང་ཆགས་ པ་ལྟར། །སྐྱེ་དང་འཇིག་པར་འགྱུར་བ་ཡིན། །ཞེས་པ་སྟེ། དཔེར་ན་རླུང་གི་ དཀྱིལ་འཁོར་ནམ་མཁའ་ལ་གནས་པ་ལྟར་དངོས་པོའི་གནས་ལུགས་དང་མི་མཐུན་པར་ འཛིན་པ་ཚུ༷ལ་བཞི༷ན་མ༷་ཡི༷ན་པ་ཡི༷ད་ལ་བྱེ༷ད་པའི་རྣམ་པར་རྟོག་པ་ནི༵་སེ༷མས་ཀྱི༷་ར༷ང་ བཞི༷ན་འོད་གསལ་བ་ཆོས་ཀྱི་དབྱིངས་ལ༷་སྒྲིབ་པའི་ཚུལ་གྱིས་རབ་ཏུ་གན༷ས་ཏེ༵། རླུང་ 5-1-146 གིས་ཆུའི་རྟེན་བྱེད་པ་དང་འདྲ་བར་ཚུ༷ལ་བཞི༷ན་མ༷་ཡི༷ན་པའི་ཡི༷ད་ལ་བྱེ༷ད་པ་རྣམས་ཀྱི༵ས་ འཁོར་བར་སྐྱེ་བའི་རྒྱུ་ལ༷ས་ཟག་པ་ད༷ང་བཅས་པ་དང༌། དེ་སོག་པའི་ཉོ༷ན་མོ༷ངས་པ་འདོད་ ཆགས་ལ་སོགས་པ་རྣམས་ཀྱིས་གོ་སྐབས་ར༷བ་ཏུ༷་ཕྱེ༵་ཞིང་འཕེལ་བར་བྱས་ལ། ཆུའི་ཕུང་པོ་ བསྲུབས་པ་ལས་ས་གཞི་ཆེན་པོ་འགྲུབ་པ་བཞིན་དུ། ལ༷ས་ད༷ང་ཉོ༷ན་མོ༷ངས་པའི་ཆུ༷་ལ༷ས་ནི༵་ ཕུ༷ང་པོ༷་དང་སྐྱེ༷་མཆེ༷ད་དང་ཁ༷མས་ཟག་པ་དང་བཅས་པ་སྡུག་བསྔལ་བས་བསྡུས་པའི་སྐྱེ་བ་ རྣ༷མས་འབྱུ༵ང་ཞིང༌། མདོར་ན་ནམ་མཁའ་འདུས་མ་བྱས་པའི་དབྱིངས་སུ་དུས་ཀྱི་དབང་གིས་ སྣོད་ཀྱི་འཇིག་རྟེན་དེ༷་སྔར་ཡོད་གསར་དུ་འཇི༷ག་པ༷་ད༷ང་སྔར་མེད་གསར་དུ་ཆ༷གས་པ༷ར་ འགྱུར་བ་ལྟ༵ར། ཟག་པ་མེད་པའི་ཆོས་ཀྱི་དབྱིངས་སུའང༌། སེམས་ཅན་རྣམས་རྣམ་པར་རྟོག་ པ་དང༌། ཀུན་ནས་ཉོན་མོངས་པ་གསུམ་འཁོར་བའི་དབང་གིས་དང་པོར་སྐྱེ༷་བ་ད༷ང་མཐར་ འཇི༷ག་པ༷ར་འགྱུ༷ར་བ༷་ཡི༵ན་ནོ་ཞེས་བྱ་བའི་དོན་ནོ། ། རང་བཞིན་ལ་འགྱུར་བ་མེད་ཚུལ་ནི། སེམས་ཀྱི་རང་བཞིན་ནམ་མཁའ་ ཡི། །ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །ཚོགས་པ་མེད་ཅིང་སྐྱེ་བ་དང༌། ། འཇིག་དང་གནས་པའང་ཡོད་མ་ཡིན། །ཞེས་པ་སྟེ། སེ༷མས་ཀྱི༷་ར༷ང་བཞི༷ན་ འོད་གསལ་ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ནི་ན༷མ་མཁ༷འི༵་ཁ༷མས་འདུས་མ་བྱས་པ་ལྟར༷་ ཉེར་ལེན་གྱི་རྒྱུ༷་ལ་ལྟོས་པ་མེ༷ད་ཅིང་ལྷན་ཅིག་བྱེད་པའི་རྐྱེ༷ན་ལ་ཡང་ལྟོས་པ་མེ༷ད་དེ༵། དེས་ ན་དེ་དག་ཚོ༷གས་པ༷་ལའང་ལྟོས་པ་མེ༷ད་ཅི༷ང་དེའི་ཕྱིར་དང་པོར་སྐྱེ༷་བ༷་ད༵ང༌། མཐར་འཇི༷ག་ པ་ད༷ང༌། བར་དུ་གན༷ས་པ༷འ༷ང་ཡོ༷ད་པ་མ༷་ཡི༵ན་པས་ན་འདུས་བྱས་ཀྱི་ཆོས་གསུམ་གྱིས་ནམ་ ཡང་འགྱུར་བ་མེད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། དོན་བསྡུ་བ་ནི། སེམས་ཀྱི་རང་བཞིན་འདོ་གསལ་གང་ཡིན་པ། །དེ་ ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་ 5-1-147 འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མངོས་མི་འགྱུར། །ཞེས་པ་ སྟེ། སེམས་ཅན་ཐམས་ཅད་ཀྱི་སེ༷མས་ཀྱི༷་ར༷ང་བཞི༷ན་འོ༷ད་གས༷ལ་དེ་བཞིན་གཤེགས་པའི་ སྙིང་པོ་ག༷ང་ཡི༷ན་པ༵་དེ༷་ནི༷། ན༷མ་མཁ༷འི་རང་བཞི༷ན་སྤྲིན་དང་དུ༷་བ་ལ་སོགས་པས་མི་འགྱུ༷ར་ བ་བཞིན་དུ་སྒྲིབ་པས་དག་པ་དང་མ་དག་པ་ལ་སོགས་པས་ནམ་ཡང་འགྱུར་བ་མེ༷ད་པ་ཉིད་ དེ༵། ཡ༷ང་ད༷ག་པ་མི༷ན་པར་འཛིན་པའི་རྟོ༷གས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ༷ས་ བྱུ༷ང་བའི་འདོ༷ད་ཆ༷གས་དང་ཞེ་སྡང་དང་གཏི་མུག་ལ་སོ༵གས་པ་ཉོན་མོངས་པའི་ཀུན་ནས་ ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ རྣམས་ཀྱིས་བསྡུས་པ་སྤང་རུང་གློ༷་བུ༷ར་གྱི་དྲི༷་མ༷་རྣམས་ཀྱིས་ཆོས་ཉིད་དེ༷་གཏན་དུ་ཀུན་ནས་ ཉོ༷ན་མོ༷ངས་པར་མི༷་འགྱུ༵ར་ཞིང་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ ཏོ། ། དེ་རྣམས་ཀྱི་ཁྱད་པར་བཤད་པ་ལ། འགྱུར་མེད་སྐྱེ་འཇིག་གིས་དབེན་པའི་ཁྱད་པར་ དང༌། འགྱུར་བ་མེ་གསུམ་དང་མཐུན་པའི་ཁྱད་པར་རོ། །དེ་ལ་སྐྱེ་འཇིག་གིས་དབེན་པ་ནི། ལས་དང་ཉོན་མོངས་ཆུ་ཚོགས་ཀྱིས། །འདི་ནི་མངོན་པར་འགྲུབ་མིན་ ཏེ། །འཆི་དང་ན་དང་རྒ་བའི་མེ། །མི་བཟད་པས་ཀྱང་འཚིག་མི་འགྱུར། ། ཞེས་པ་སྟེ། ལ༷ས་ད༷ང་ཉོ༷ན་མོ༷ངས་པ་ཆུ༷འི་ཕུང་པོ་དང་འདྲ་བའི་ཚོ༷གས་རྣམས་ཀྱི༵ས། སེམས་ཀྱི་རང་བཞིན་འོད་གསལ་ཆོས་ཀྱི་དབྱིངས་འདི༷་ནི༷་སྔར་མེད་པ་ལས་གསར་དུ་མངོ༷ན་ པ༷ར་བསྐྱེད་ཅིང་འགྲུ༷བ་པ་ཡང་མི༷ན་ཏེ༵་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ཆོས་ ཉིད་འདི་འཆི༷་བ་དུས་མཐའི་མེ་ད༷ང༌། ན༷་བ་དམྱལ་བའི་མེ་ད༷ང༌། རྒ༷་བ༷་རང་བཞིན་པའི༷་མེ༵་ མི༷་བཟ༷ད་ཅིང་ཤིན་ཏུ་དྲག་པ་མཐའ་ཡས་པ༷ས་ཀྱ༷ང་འཚི༷ག་པའམ་འཇིག་པར་མི༷་འགྱུ༵ར་ཏེ། རང་བཞིན་གཞན་དུ་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། ། 5-1-148 མེ་གསུམ་དང་མཐུན་པ་ནི། དུས་མཐའ་དམྱལ་བ་རང་བཞིན་གྱི། །མེ་ གསུམ་འཆི་དང་ན་བ་དང༌། །རྒ་བའི་མེ་གསུམ་རིམ་བཞིན་དུ། །དེ་ དག་འདྲ་བར་ཤེས་པར་བྱ། །ཞེས་པ་སྟེ། དུ༷ས་ཀྱི་མཐ༷འ་འཇིག་རྟེན་གྱི་ཁམས་འགག་ པར་བྱེད་པའི་མེ་དང༌། སེམས་ཅན་དམྱ༷ལ་བ༷་རྣམས་སྲེག་པར་བྱེད་པའི་མེ་དང་ར༷ང་བཞི༷ན་ ཐ་མལ་གྱི༵་བུད་ཤིང་ལ་བརྟེན་ནས་འབར་བའི་མེ༷་གསུ༷མ་པོ་འདི་རྣམས་ནི། སྲོག་འགྱུར་བ་ འཆི༷་བའི་མེ་ད༷ང༌། ཁམས་འགྱུར་བ་ན༷་བ༷འི་མེ་ད༵ང༌། ན་ཚོད་འགྱུར་བ་རྒ༷་བ༷འི་མེ༷་གསུ༷མ་ པོ་རྣམས་དང་གོ་རི༷མ་ཇི་ལྟ་བ་བཞི༷ན་དུ༵་སྦྱར་ནས་དེ༷་ད༷ག་ཕན་ཚུན་ཆོས་མཐུན་ཞིང་འདྲ༷་ བ༷ར་ཤེ༷ས་པ༷ར་བྱ༵འོ་ཞེས་པའི་དོན་ཏོ། །དེ་ཡང་དུས་མཐའི་མེས་འཇིག་རྟེན་འཇིག་པར་བྱེད་ པ་དང་ཆོས་མཐུན་པར། འཆི་བའི་མེས་ཀྱང་སྐྱེ་མཆེད་དྲུག་འགག་པར་བྱེད་པའི་ཕྱིར་དང༌། དམྱལ་བའི་མེས་སྡུག་བསྔལ་སྐྱེད་པར་བྱེད་པ་དང་ཆོས་མཐུན་པར། ན་བའི་མེས་ཀྱང་སྡུག་ བསྔལ་སྣ་ཚོགས་མྱོང་བར་བྱེད་པའི་ཕྱིར་དང༌། རང་བཞིན་པའི་མེས་འབྱུང་བ་སྨིན་པར་བྱེད་ པ་དང་ཆོས་མཐུན་པར། རྒ་བའི་མེས་ཀྱང་འདུ་བྱེད་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ་ ཞེས་པའོ། །དེ་ལྟར་མ་དག་པའི་གནས་སྐབས་ན་འདུས་བྱས་ཀྱི་དངོས་པོ་རྣམས་མེ་གསུམ་ གྱིས་འགྱུར་བ་དང་བཅས་པ་ཡིན་ཡང་འདུས་མ་བྱས་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ ནི་ནམ་ཡང་འགྱུར་བ་མེད་དེ། ཇི་སྐད་དུ། མདོ་ལས། བཅོམ་ལྡན་འདས་འཆི་བ་ཞེས་བགྱི་ བ་དང་སྐྱེ་བ་ཞེས་བགྱི་བ་འདི་ནི་འཇིག་རྟེན་གྱི་ཐ་སྙད་དོ། །བཅོམ་ལྡན་འདས་འཆི་བ་ཞེས་ བགྱི་བ་འདི་ནི་དབང་པོ་རྣམས་འགག་པའོ། །བཅོམ་ལྡན་འདས་སྐྱེ་བ་ཞེས་བགྱི་བ་འདི་ནི་ དབང་པོ་རྣམས་གསར་དུ་ཐོབ་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ ནི་སྐྱེ་བའམ་རྒ་བའམ་འཆི་བའམ་འཆི་འཕོ་དང་སྐྱེ་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་འདུས་བྱས་ཀྱི་མཚན་ཉིད་ལས་འདས་ 5-1-149 པ་སྟེ། རྟག་པ་དང་བརྟན་པ་ཞི་བ་གཡུང་དྲུང་ངོ༌། །ཞེས་གསུངས་པ་ལྟར་རོ། ། མ་དག་དག་པའི་སྐབས་ནའང་འགྱུར་བ་མེད་ཚུལ་ལ། སྐྱེ་སོགས་ཀྱིས་མི་འགྱུར་བའི་ དོན་དངོས་བསྟན་པ་དང༌། ས་བཅུར་རྒྱལ་སྲས་ཀྱི་ཡོན་ཏན་ངོས་བཟུང་བའོ། །དོན་དངོས་ ལ། མི་འགྱུར་ཡང་འགྱུར་བར་སྣང་ཚུལ་དང༌། དེའི་དོན་རྒྱས་པར་བཤད་པའོ། ། དེ་ལ་མི་འགྱུར་ཡང་འགྱུར་བར་སྣང་ཚུལ་ནི། སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་ བ། །འདི་ཡི་རང་བཞིན་ཇི་བཞིན་ཉིད་རྟོགས་ཏེ། །སྐྱེ་སོགས་ཕོངས་དང་ བྲལ་ཡང་དེ་ཡི་རྒྱུས། །བློ་ལྡན་འགྲོ་ལ་སྙིང་རྗེ་བསྐྱེད་ཕྱིར་བསྟེན། །ཞེས་པ་ སྟེ། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས། ཕུང་པོ་གསར་དུ་འགྲུབ་པའི་སྐྱེ༷་བ་དང་རྒྱུན་ འགག་པའི་འཆི༷་བ་དང་སྡུག་བསྔལ་བསྐྱེད་པའི་ན༷་བ་ད༷ང༌། རྒྱུན་འགྱུར་བའི་རྒ༷་བ༷་རྣམས་ ལ༷ས་གྲོ༷ལ་བ༵། དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་འདི༷འི༷་ར༷ང་བཞི༷ན་ནམ་ གནས་ལུགས་ཇི༷་ལྟ་བ་བཞི༷ན་དུ། དེ་ཁོ་ན་ཉི༷ད་མངོན་སུམ་དུ་རྟོ༷གས་ཏེ༵་གནས་པའི་ཕྱིར་ ལས་དང་ཉོན་མོངས་པའི་དབང་གིས་སྐྱེ༷་བ་ལ་སོ༷གས་པས་ཕོ༷ངས་ཤིང་སྡུག་བསྔལ་བ་ད༷ང་ བྲ༷ལ་བས་རྣམ་པར་དག་ཅིང་འགྱུར་བ་མེད་པ་ཡ༷ང་ཡིན་ལ། དེ་ལྟ་ན་ཡང་ཆོས་ཀྱི་དབྱིངས་ ཇི་ལྟ་བ་བཞིན་དུ་རྟོགས་པ་དེ༷་ཡི༷་རྒྱུ༵ས་བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་རྣམས། དེ་ལྟར་མ་ རྟོགས་པའི་འགྲོ༷་བ་རྣམས་ལ༷་སྡུག་བསྔལ་མཐའ་དག་དང་བྲལ་བར་འདོད་པའི་སྙི༷ང་རྗེ༷་ཆེན་ པོ་བསྐྱེ༷ད་དེ་གནས་པའི་ཕྱི༷ར། གཞན་དོན་དུ་སྨོན་ལམ་ལ་སོགས་པའི་དབང་གིས་བསམ་ བཞིན་དུ་སྲིད་པར་སྐྱེ་བ་དང༌། རྟག་འཛིན་ལས་བཟློག་པའི་ཆེད་དུ་འཆི་བ་དང་ན་བ་དང་རྒ་ བ་ལ་སོགས་པ་བསྟེ༵ན་ཞིང་འཁོར་བར་གནས་པས། གཞན་སྣང་ལ་མ་དག་ཅིང་འགྱུར་བ་ དང་བཅས་པར་ཡང་སྣང་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། རྒྱས་བཤད་ལ། སྡུག་བསྔལ་གྱིས་འགྱུར་བ་མེད་ཚུལ་དང༌། སྙིང་རྗེ་ལས་འགྱུར་བར་ 5-1-150 སྣང་ཚུལ་ལོ། །དེ་ལ་འགྱུར་བ་མེད་ཚུལ་ནི། འཕགས་པས་འཆི་དང་ན་བ་དང༌། ། རྒ་བའི་སྡུག་བསྔལ་རྩ་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་ སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་པ་སྟེ། ཡིད་ཀྱི་རང་བཞིན་གྱི་ལུས་ཐོབ་པའི་ བྱང་ཆུབ་སེམས་དཔའ་འཕ༷གས་པ༷འི་ཚོགས་མ་ལུས་པས་རང་དབང་མེད་པར་འཆི༷་བའི་ སྡུག་བསྔལ་ད༷ང་ན༷་བ༷འི་སྡུག་བསྔལ་ད༵ང༌། རྒ༷་བ༷འི་སྡུ༷ག་བསྔ༷ལ་རྣམས་རྩ༷་བ་ན༷ས་སྤ༵ངས་ པ་ཡིན་ཏེ། དེ་དག་གི་རྒྱུ་ནི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང༌། ལ༷ས་ད༷ང་ཉོ༷ན་ མོ༷ངས་པ་དང༌། དེའི་དབ༷ང་གི༷ས་འཁོར་བར་སྐྱེ༵་བ་རྣམས་ཡིན་ལ། བྱང་ཆུབ་སེམས་དཔའ་ དེ༷་དག་ལ༷་ནི་རྒྱུ་དེ༷་རྣམས་མེ༷ད་པའི་ཕྱི༷ར། འབྲས་བུ་སྡུག་བསྔལ་གྱིས་འགྱུར་བ་དེ༷་ཡང་མེ༵ད་ པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། འགྱུར་བར་སྣང་ཚུལ་ནི། ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་ རྣམས་ལས་འདས་གྱུར་ཀྱང༌། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང༌། །འཆི་ དང་རྒ་དང་ན་བར་སྟོན། །ཞེས་པ་སྟེ། རྒྱལ་སྲས་འཕགས་པ་རྣམས་ཆོས་ཀྱི་དབྱིངས་ སྐྱེ་བ་མེད་ཅིང་འབྱུང་བ་མེད་པ་ཇི༷་ལྟ་བ་བཞི༷ན་དུ་ཡ༷ང་ད༷ག་པ་མངོན་སུམ་དུ་མཐོ༷ང་བ༷འི་ ཕྱི༵ར། འཁོར་བར་རང་དབང་མེད་པའི་སྐྱེ༷་བ་ལ་སོ༷གས་པའི་སྡུག་བསྔལ་རྣ༷མས་ལ༷ས་འད༷ས་ ཤིང་རྣམ་པར་གྲོལ་བར་གྱུ༷ར་ཀྱ༵ང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙི༷ང་རྗེ༷་ ཆེན་པོའི༷་བད༷ག་ཉི༷ད་དུ་གྱུར་པ་ལས་ནི་བསམ་བཞིན་དུ་སྲིད་པར་སྐྱེ༷་བ༷་ད༵ང་འཆི༷་བ་ད༷ང་ རྒ༷་བ་ད༷ང་ན༷་བ༷་ལ་སོགས་པ་རྣམ་པར་འགྱུར་བ་དུ་མའི་སྣང་བ་སྟོ༵ན་ཅིང་སྐལ་བ་དང་མཐུན་ པར་གདུལ་བྱ་ཡོངས་སུ་སྨིན་པར་མཛད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱན་ལས་ཀྱང༌། གང་ཞིག་གྲོལ་བ་མཆོག་གིས་སེམས་གྲོལ་ཞིང༌། །འཆིང་བ་མི་བཟད་ཡུན་ཡང་རིང་པོས་ བཅིང༌། །སྡུག་བསྔལ་མཐར་ཐུག་པར་ནི་མ་མཐོང་ཡང༌། །རབ་ཏུ་སྦྱོར་བ་ཉིད་དང་བྱེད་པ་ 5-1-151 ཉིད། །ཅེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི། དགེ་བའི་རྩ་ བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པས་འཁོར་བར་སྐྱེ་བ་ཡོངས་སུ་འཛིན་པའི་ཕྱིར་ མ་དག་པ་ཡང་ཡིན་ལ། ཉོན་མོངས་པ་དང་ལས་དང་སྡུག་བསྔལ་མཚན་ཉིད་པ་དང་བྲལ་ བའི་ཕྱིར་རྣམ་པར་དག་པ་ཡང་ཡིན་ནོ་ཞེས་བསྟན་ནས། གནས་སྐབས་དེ་ཉིད་ཐུན་མོང་དུ་ལུང་གིས་རྒྱས་པར་འཆད་པ་ལ། གཞན་དོན་དུ་འཁོར་ བར་སྐྱེ་བ་ལེན་ཚུལ་དང༌། ཤེས་རབ་དང་སྙིང་རྗེས་རྗེས་སུ་འཛིན་ཚུལ་ལོ། །སྐྱེ་བ་ལེན་ཚུལ་ ལ་བཞི་སྟེ། སྐྱེ་བའི་རྒྱུ་ངེས་པར་བྱ་བ། ཉོན་མོངས་སུ་འདོགས་པའི་རྒྱུ་མཚན། དཔེ་དོན་གྱིས་ ཐབས་ཀྱི་ཁྱད་པར། དེ་རྣམས་ཀྱི་སྐབས་དོན་བསྡུ་བའོ། ། དེ་ལ་སྐྱེ་བའི་རྒྱུ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་དུ་སྐྱེ་བ་ལེན་པའི་རྒྱུ་ འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཤིན་ཏུ་ཕྲ་མོ་ཆེད་དུ་གཉེར་ནས་མ་སྤངས་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་དག་གི་འཁོར་བའི་རྒྱུ་དགེ་བའི་རྩ་བ་དང་མཚུངས་ པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་ བས་མི་ངོམས་པ་དང༌། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་སངས་རྒྱས་ དང་ཕྲད་པ་དོན་དུ་གཉེར་བ་དང༌། སེམས་ཅན་ཡོངས་སུ་སྨིན་པ་ལ་མི་སྐྱོ་བ་དང༌། དམ་པའི་ ཆོས་འཛིན་པ་ལ་བརྩོན་པ་དང༌། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་འགྲུབ་པ་དང༌། ཆོས་ལ་ ཆགས་པའི་བསམ་པ་དང་མ་བྲལ་བ་དང༌། ཕ་རོལ་ཏུ་ཕྱིན་པ་ཀུན་ཏུ་སྦྱོར་བ་རྣམས་མི་འདོར་ བ་སྟེ། བློ་གྲོས་རྒྱ་མཚོ་གང་དག་གིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་སྦྱོར་བར་བྱེད་ཀྱང༌། ཉོན་མོངས་པའི་སྐྱོན་གྱིས་མི་གོས་པ་འདི་དག་ནི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ ཉོན་མོངས་པའོ་ཞེས་གསུངས་པ་ལྟར་རོ། ། ཉོན་མོངས་སུ་འདོགས་ཚུལ་ནི། བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་ 5-1-152 པའི་ཕྱིར་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་གང་གི་ཚེ་དགེ་བའི་རྩ་བ་ལགས་ན་དེ་རྒྱུ་ཅིའི་ སླད་དུ་ཉོན་མོངས་པ་ཞེས་བགྱི། བཀའ་བསྩལ་པ། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དེ་ལྟ་བུའི་ རང་བཞིན་གྱི་ཉོན་མོངས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཁམས་གསུམ་དུ་ ཀུན་ཏུ་སྦྱོར་ལ། ཁམས་གསུམ་པ་ཡང་ཉོན་མོངས་པ་ལས་བྱུང་བ་ཡིན་ནོ། །དེ་ལ་བྱང་ཆུབ་ སེམས་དཔའ་ནི་ཐབས་ལ་མཁས་པ་དང་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་བསམ་བཞིན་ དུ་ཁམས་གསུམ་པར་ཀུན་ཏུ་སྦྱོར་ཏེ། དེས་ན་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ ཉོན་མོངས་པ་ཞེས་བྱ་བའོ། །ཇི་སྲིད་དུ་ཁམས་གསུམ་པར་ཀུན་ཏུ་སྦྱོར་བས་ཡིན་གྱི། སེམས་ ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། ། ཐབས་ཀྱི་ཁྱད་པར་ལ་གཉིས་ལས། དཔེ་ནི། བུད་མེད་རྣམས་སྙིང་སྟོབས་ཆུང་བས་བུའི་ དོན་བྱ་བར་མི་ནུས་ཤིང༌། སྐྱེས་པ་ནི་སྙིང་སྟོབས་དང་ལྡན་པས་ཇི་ལྟར་འདོད་པ་བཞིན་བུའི་ དོན་སྒྲུབ་པར་ནུས་ཞེས་སྟོན་པ་སྟེ། ཇི་སྐད་དུ། བློ་གྲོས་རྒྱ་མཚོ་དཔེར་ན་ཚོང་དཔོན་ནམ་ ཁྱི མ་བདག་ལ། བུ་གཅིག་པ། འདོད་པ་སྡུག་པ་ཕངས་པ་ཡིད་དུ་འོང་བ། མཐོང་ན་མི་མཐུན་ པ་མེད་པ་ཞིག་ཡོད་ལ། ཁྱེའུ་དེའང་བྱིས་པར་གྱུར་པས་གར་བྱེད་པ་ན་མི་གཙང་བའི་དོང་ དུ་ལྷུང་བར་གྱུར་ཏེ། དེ་ནས་ཁྱེའུ་དེའི་མ་དང་གཉེན་གྱིས་ཁྱེའུ་དེ་མི་གཙང་བའི་དོང་དུ་ལྷུང་ བ་མཐོང་ལ། མཐོང་ནས་ཀྱང་ཆོ་ངེ་ཆེན་པོ་འདེབས་ཤིང་མྱ་ངན་བྱེད་ལ། སྨྲེ་སྔགས་འདོན་ ཏེ། མི་གཙང་བའི་དོང་དེར་ཞུགས་ནས་ཁྱེའུ་དེ་འདོན་པར་ནི་མི་བྱེད་དོ། །དེ་ནས་ཁྱེའུ་དེའི་ ཕ་ཕྱོགས་དེར་སོང་སྟེ། དེས་བུ་གཅིག་པོ་དེ་མི་གཙང་བའི་དོང་དུ་ལྷུང་བ་མཐོང་ངོ༌། །མཐོང་ ནས་ཀྱང་རིངས་པ་རིངས་པར་བརྟབས་པའི་ཚུལ་དུ་བུ་གཅིག་པོ་དེ་འདོན་པར་འདོད་པའི་ སྲེད་པ་བྱས་ཏེ། སྐྱུག་བྲོ་བ་མེད་པར་མི་གཙང་བའི་དོང་དེར་བབས་ནས་བུ་གཅིག་པོ་དེ་ ཕྱུང་བར་གྱུར་ཏེ་ཞེས་གསུངས་པ་ལྟར་རོ། །དོན་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ 5-1-153 སྙིང་སྟོབས་ཆུང་བས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱ་བར་མི་ནུས་ལ། བྱང་ཆུབ་སེམས་ དཔའ་རྣམས་ནི་སྙིང་སྟོབས་ཆེན་པོ་དང་ལྡན་པ་དང༌། ཇི་ལྟར་བཞེད་པ་བཞིན་དུ་སེམས་ ཅན་ཐམས་ཅད་ཀྱི་དོན་མཐའ་དག་སྒྲུབ་པར་ནུས་སོ་ཞེས་སྟོན་པ་སྟེ། ཇི་སྐད་དུ། བློ་གྲོས་རྒྱ་ མཚོ་མི་གཙང་བའི་དོང་ཞེས་བྱ་བ་དེ་ནི་ཁམས་གསུམ་པའི་ཚིག་བླ་དྭགས་སོ། །བུ་གཅིག་པོ་ ཞེས་བྱ་བ་འདི་ནི་སེམས་ཅན་རྣམས་ཀྱི་ཚིག་བླ་དྭགས་ཏེ། བྱང་ཆུབ་སེམས་དཔའ་ནི་སེམས་ ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་ཀྱིས་ཉེ་བར་གནས་པར་འགྱུར་བས་སོ། །མ་ དང་གཉེན་ཞེས་བྱ་བ་འདི་ནི་གང་དག་འཁོར་བར་ལྷུང་བའི་སེམས་ཅན་མཐོང་ནས་མྱ་ངན་ བྱེད་ཅིང་སྨྲེ་སྔགས་འདོན་གྱི། འདོན་པར་ནི་ནུས་པ་མེད་པ་ཉན་ཐོས་དང་རང་སངས་རྒྱས་ ཀྱི་ཐེག་པ་པའི་གང་ཟག་རྣམས་ཀྱི་ཚིག་བླ་དྭགས་སོ། །ཚོང་དཔོན་ནམ་ཁྱི མ་བདག་ཅེས་བྱ་ བ་འདི་ནི་གང་ཞིག་གཙང་མ་དྲི་མ་མེད་པ་དྲི་མ་དང་བྲལ་བའི་སེམས་དང་ལྡན་པ་འདུས་མ་ བྱས་པའི་ཆོས་མངོན་སུམ་དུ་རྟོགས་པའི་སེམས་ཅན་ཡོངས་སུ་སྨོན་པར་བྱ་བའི་ཕྱིར་བསམ་ བཞིན་དུ་ཁམས་གསུམ་པར་མཚམས་སྦྱོར་བར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ ཚིག་བླ་དྭགས་སོ་ཞེས་གསུངས་པ་ལྟར་རོ། ། དེ་རྣམས་ཀྱི་སྐབས་དོན་བསྡུ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་བསམ་བཞིན་དུ་སྲིད་ པར་སྐྱེ་བ་ལེན་པས། མ་དག་པ་ཡང་ཡིན་ལ། རང་གཞན་གྱི་ཉོན་མོངས་པ་འཇོམས་པ་ལ་ མཁས་པས་དག་པ་ཡང་ཡིན་ནོ་ཞེས་པའི་དོན་ཏེ། ཇི་སྐད་དུ། བློ་གྲོས་རྒྱ་མཚོ་མཚམས་སྦྱོར་ བ་ཐམས་ཅད་ལས་ཤིན་ཏུ་གྲོལ་ཡང་སྲིད་པར་སྐྱེ་བ་ལེན་པ་གང་ཡིན་པ་འདི་ནི། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྟེ། ཐབས་ལ་མཁས་པ་དང་ཤེས་རབ་ཀྱིས་ཡོངས་སུ་ ཟིན་པས་ཀུན་ནས་ཉོན་མོངས་པས་ཀྱང་མི་གནོད་ལ། ཉོན་མོངས་པའི་འཆིང་བ་ཐམས་ཅད་ གྲོལ་བར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པའོ་ཞེས་གསུངས་པ་ལྟར་རོ། ། 5-1-154 ཤེས་རབ་དང་སྙིང་རྗེས་རྗེས་སུ་འཛིན་ཚུལ་ལ་གསུམ་སྟེ། ཤེས་རབ་ཀྱིས་ཉོན་མོངས་ སྤོང་ཚུལ། སྙིང་རྗེ་ལས་འཁོར་བ་འཛིན་ཚུལ། ས་གང་ལ་གཙོ་བོར་ཐོབ་ཚུལ། ཞེས་པའོ། ། ཉོན་མོངས་སྤོང་ཚུལ་ལ་གཉིས་ལས། གཞན་གྱི་ཉོན་མོངས་སྤོང་ཚུལ་ནི། བྱང་ཆུབ་སེམས་དཔའ་རྣམས། ཆོས་རྣམས་ཀྱི་ ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་ཀྱིས་སེམས་ཅན་ཐམས་ཅད་དེ་ བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཐོང་ནས་གློ་བུར་གྱི་དྲི་མ་ཉོན་མོངས་པ་རྣམས་སྤོང་ བའི་ཆེད་དུ་བརྩོན་པར་མཛད་པ་སྟེ། ཇི་སྐད་དུ། བློ་གྲོས་རྒྱ་མཚོའི་དཔེར་ན་ནོར་བུ་རིན་པོ་ ཆེ་རིན་ཐང་མེད་པ་ཤིན་ཏུ་སྦྱངས་པ་ཤིན་ཏུ་ཡོངས་སུ་དག་པ་དྲི་མ་མེད་པ་འདམ་དུ་བཅུག་ སྟེ་ལོ་སྟོང་ཕྲག་གནས་པར་གྱུར་པ་ལ། དེ་ལོ་སྟོང་ནས་འདམ་དེ་ནས་བྱུང་སྟེ། སྦྱངས་ཤིང་བྱི་ དོར་བྱས། ལེགས་པར་བཀྲུས་ལེགས་པར་སྦྱངས་ལེགས་པར་བྱི་དོར་བྱས་པ་ན། དྲི་མ་མེད་ པ་ནོར་བུ་རིན་པོ་ཆེའི་ངོ་བོ་ཉིད་མི་འདོར་རོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་ དཔས་སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བར་རབ་ཏུ་ཤེས་ཏེ། འོན་ ཀྱང་དེ་གློ་བུར་གྱི་ཉེ་བའི་ཉོན་མོངས་པར་ཡང་མཐོང་ངོ༌། །དེ་ལ་བྱང་ཆུབ་སེམས་དཔའ་འདི་ སྙམ་དུ་སེམས་ཏེ། ཉོན་མོངས་པ་འདི་དག་ནི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་ འོད་གསལ་བར་བཞུགས་པ་མ་ཡིན་ཏེ། ཉོན་མོངས་པ་འདི་དག་ནི་གློ་བུར་བ་ཡང་དག་པ་ མ་ཡིན་པའི་ཀུན་ཏུ་རྟོགས་པས་སྐྱེད་པའོ། །བདག་གིས་སེམས་ཅན་འདི་དག་གི་ཉོན་མོངས་ པ་ཞི་བར་བྱ་བའི་ཕྱིར་ཆོས་བསྟན་པ་ནུས་སོ་སྙམ་སྟེ། དེ་ལྟར་དེ་ལ་ཞུམ་པའི་སེམས་མི་སྐྱེའོ། ། དེ་ནི་ལན་མང་དུ་སེམས་ཅན་རྣམས་ཀྱི་ཐད་དུ་རབ་ཏུ་འགྲོ་བའི་སེམས་སྐྱེའོ་ཞེས་གསུངས་ པ་ལྟར་རོ། ། རང་གི་ཉོན་མོངས་པ་སྤོང་ཚུལ་ནི། གཞན་གྱི་ཉོན་མོངས་པ་སྤོང་བའི་ཆེད་དུ་ཐོག་མར་ 5-1-155 རང་ཉིད་ཀྱི་ཉོན་མོངས་པ་གློ་བུར་བ་རྣམས་ཀྱང་སྤོང་བར་རིགས་སོ་ཞེས་པའི་དོན་ཏེ། ཇི་ སྐད་དུ༌། དེ་འདི་སྙམ་དུ་ཡང་སེམས་ཏེ། ཉོན་མོངས་པ་འདི་དག་ལ་ནི་སྟོབས་སམ་མཐུ་ འགའ་ཡང་ཡོད་པ་མ་ཡིན་ཏེ། ཉོན་མོངས་པ་འདི་དག་ནི་སྟོབས་མེད་པ་སྟོབས་ཆུང་བའོ། ། ཉོན་མོངས་པ་འདི་དག་ལ་ནི་ཡང་དག་པའི་གནས་འགའ་ཡང་མེད་དོ་ཞེས་པ་དང༌། ཉོན་ མོངས་པ་རྣམས་དང་མ་འབྲེལ་བ་ལེགས་ཀྱི་འབྲེལ་བ་ནི་མ་ཡིན་ནོ། །གལ་ཏེ་བདག་ཉིད་ ཉོན་མོངས་པ་རྣམས་དང་འབྲེལ་ན་དེ་ཅི་ལྟར་ཉོན་མོངས་པའི་འཆིང་བས་བཅིངས་པའི་ སེམས་ཅན་རྣམས་ལ་ཉོན་མོངས་པའི་འཆིང་བ་སྤོང་བའི་ཕྱིར་ཆོས་བསྟན་ཞེས་གསུངས་པ་ ལྟར་རོ། ། འཁོར་བ་འཛིན་ཚུལ་ནི། དེ་བཞིན་གཤེགས་པའི་སྙིང་པོ་མ་མཐོང་བའི་སེམས་ཅན་ རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་གོ་ཆ་མི་འདོར་བ་སྟེ། ཇི་སྐད་དུ། འཁོར་བར་འབྲེལ་བར་བྱེད་པ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ གང་ཡིན་པ་(དེ་དག་)དང་ནི། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འབྲེལ་ བར་བྱའོ་ཞེས་གསུངས་པ་ལྟར་རོ། ། དེ་ལ་འཁོར་བ་ནི་ཟག་པ་མེད་པའི་ལས་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་མངོན་པར་ འགྲུབ་པ་ཡིན་ལ། དེ་ནི་ཟག་པ་མེད་པའི་དགེ་བའི་རྩ་བས་མངོན་པར་འདུས་བྱས་པའི་ཕྱིར་ འཁོར་བ་ཡིན་ཞིང་ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པས་མངོན་པར་འདུས་མ་ བྱས་པའི་ཕྱིར་མྱ་ངན་ལས་འདས་པ་ཡང་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་དེའི་སླད་དུ་ འདུས་བྱས་པ་དང་འདུས་མ་བྱས་པའི་འཁོར་བ་ཡང་མཆིས་ལ། འདུས་བྱས་པ་དང་འདུས་མ་ བྱས་པའི་མྱ་ངན་ལས་འདས་པ་ཡང་མཆིས་སོ་ཞེས་གསུངས་པ་ལྟར་རོ། ། གཙོ་བོར་ཐོབ་ཚུལ་ནི། དེ་ལྟར་སྙིང་རྗེ་དང་ཤེས་རབ་ལས་འཁོར་བ་དང་མྱ་ངན་ལས་ 5-1-156 འདས་པ་གཉི་ག་མངོན་དུ་གྱུར་པའི་ཕྱིར། ཡོན་ཏན་འདི་དག་གཙོ་ཆེར་བྱང་ཆུབ་སེམས་ དཔའི་ས་དྲུག་པ་ལ་ཐོབ་པར་རྣམ་པར་བཞག་སྟེ། ཇི་སྐད་དུ། སླར་ཡང་སེམས་ཡོངས་སུ་ སྦྱང་བ་བྱས་པས་ས་དྲུག་པ་ལ་ཆགས་པ་མེད་པའི་ཤེས་རབ་སྐྱེས་པའི་ཕྱིར། ཟག་པ་ཟད་པ་ ལ་མངོན་དུ་ཕྱོགས་པར་མི་འགྱུར་རོ་ཞེས་གསུངས་པ་ལྟར་རོ། ། ས་བཅུར་རྒྱལ་སྲས་ཀྱི་ཡོན་ཏན་ངོས་གཟུང་བ་ལ། སྤྱི་དོན་དང༌། གཞུང་དོན་གཉིས་ ལས། སྤྱིའི་དོན་ལ་གསུམ་སྟེ། སྤྱིའི་མཚན་ཉིད། སོ་སོའི་ངོ་བོ། ངེས་ཚིག་བསྟན་པའོ། །དེ་ ལ་མཚན་ཉིད་ནི། བྱང་ཆུབ་སེམས་དཔའ་འཕགས་པ་སློབ་པའི་ཡེ་ཤེས་མཚུངས་ལྡན་དང་ བཅས་པ་ཡོན་ཏན་གྱི་རྟེན་དུ་གྱུར་པ་སྟེ། དབུ་མ་ལ་འཇུག་པར། བྱང་ཆུབ་སེམས་དཔའི་སྙིང་ རྗེ་ལ་སོགས་པས་ཡོངས་སུ་གཟུང་བའི་ཡེ་ཤེས་ཁོ་ན་ཆར་ཆེ་བ་ལ་ནི་སའི་མིང་ཐོབ་སྟེ། ཡོན་ ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ་ཞེས་པ་དང༌། དབུས་མཐའི་ཊཱི་ཀར་ཡང༌། ཀུན་ཏུ་འགྲོ་བ་ ལ་སོགས་པའི་དོན་ཁོང་དུ་ཆུད་པའི་གནས་སྐབས་རྣམས་ནི་དེ་ལས་སྐྱེས་པའི་ཡོན་ཏན་གྱི་ གཞིའི་ཚུལ་གྱིས་ས་རྣམས་སོ། །ཞེས་གསུངས་པ་ལྟར་རོ། ། ངོ་བོ་ལ་དྲུག་སྟེ། སྤངས་པ་དང༌། རྟོགས་པ་དང༌། ཡོངས་སྦྱོང་དང༌། འཕོ་ཚུལ་དང༌། ཡོན་ཏན་དང༌། དབྱེ་བའོ། །དེ་ལ་སྤངས་པ་ནི། ས་བཅུ་སོ་སོར་ཆོས་ཀྱི་དབྱིངས་རྟོགས་པའི་ ཡེ་ཤེས་ཁྱད་པར་ཅན་རྣམས་ཀྱི་རང་རང་གི་མི་མཐུན་པའི་ཕྱོགས་མ་རིག་པས་བསྡུས་པའི་ ཤེས་བྱའི་སྒྲིབ་པ་རྣམས་རིམ་གྱིས་སྤངས་པ་སྟེ། དབུས་མཐའ་ལས། ཆོས་ཀྱི་དབྱིངས་ལ་མ་ རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་ པོ་དག་ནི་ས་ཡིན་ནོ། །ཞེས་པ་དང༌། ཀུན་ལས་བཏུས་པར་ཡང༌། བྱང་ཆུབ་སེམས་དཔའ་ ནི་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས། ས་བཅུ་རྣམས་སུ་བསྒོམ་པའི་ལམ་ལ་ ཤེས་བྱའི་སྒྲིབ་པའི་གཉེན་པོའི་ལམ་བསྒོམ་པ་ཡིན་གྱི། ཉོན་མོངས་པའི་སྒྲིབ་པའི་གཉེན་ 5-1-157 པོ་ནི་མ་ཡིན་ཏེ། ཞེས་གསུངས་པ་ལྟར་རོ། །གཞན་ཡང་མདོ་ལས། ས་ཐོབ་གྱུར་མ་ཐག་ཏུ་ འཇིགས་པ་ལྔ་དང་བྲལ། །འཚོ་བ་ཆད་དང་འཆི་དང་མི་བསྔགས་ངན་འགྲོ་དང༌། །འཁོར་ གྱི་འཇིགས་བྲལ་དེ་ལ་བག་ཚའི་རྣམ་པ་མེད། །ཅི་ཕྱིར་ཞེ་ན་དེ་ལ་བདག་གི་གནས་མེད་དོ། ། ཞེས་གསུངས་པ་ལྟར་འཇིགས་པ་ལྔ་སྤངས་པ་དང༌། སྡུག་བསྔལ་གྱི་ཆུ་བོ་བཞི་སྤངས་པ་ལ་ སོགས་པ་རྣམས་སོ། ། རྟོགས་པ་ནི་ཐམས་ཅད་ཀྱིས་ཀྱང་མཉམ་བཞག་ཏུ། ཆོས་ཉིད་ཇི་ལྟ་བའི་དོན་སྤྲོས་པ་ དང་བྲལ་བ་ནམ་མཁའ་དང་འདྲ་བར་རྟོགས་ཤིང༌། རྗེས་ཐོབ་ཏུ་ཆོས་ཅན་ཇི་སྙེད་པའི་དོན་ སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལ་སོགས་པ་དང་འདྲ་བར་རྟོགས་ཏེ། རྣམ་པར་མི་རྟོག་པ་ ལ་འཇུག་པའི་གཟུངས་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་ མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ༌། །དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཆོས་ ཐམས་ཅད་སྒྱུ་མ་ལ་སོགས་པ་བརྒྱད་དང་མཚུངས་པར་མཐོང་ངོ་ཞེས་གསུངས་པ་ལྟར་ རོ། །སོ་སོས་ནི་ས་དང་པོར་ཆོས་ཀྱི་དབྱིངས་རང་གཞན་ཐམས་ཅད་ཀྱི་བདག་ཉིད་དུ་ཀུན་ ཏུ་འགྲོ་བའི་ཚུལ་དུ་རྟོགས་ཤིང༌། དེ་བཞིན་དུ་སྦྱར་ཏེ། ས་གཉིས་པ་ལ་རང་བཞིན་གྱིས་ འོད་གསལ་བར་མཐོང་བའི་ཕྱིར་མཆོག་གི་དོན་དང༌། གསུམ་པ་ལ་བསྟན་པའི་ཆོས་རྣམས་ རྟོགས་པའི་རྒྱུ་མཐུན་པའི་དོན་དང༌། བཞི་པ་ལ་གང་ལ་ཡང་བདག་གི་བར་ཡོངས་སུ་འཛིན་ པ་མེད་པའི་དོན་དང༌། ལྔ་པ་ལ་རྣམ་པར་དག་པའི་དབྱིངས་སུ་རང་གཞན་གྱི་རྒྱུད་རྣམས་ཐ་ དད་མེད་པའི་དོན་དང༌། དྲུག་པ་ལ་རང་བཞིན་གྱིས་དག་པས་ཀུན་ནས་ཉོན་མོངས་པ་མ་ ཡིན་ཞིང༌། དེ་ཉིད་ཀྱི་ཕྱིར་གསར་དུ་རྣམ་པར་དག་པ་ཡང་མ་ཡིན་པའི་དོན་དང༌། བདུན་པ་ ལ་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་ཐ་དད་མེད་པའི་དོན་དང༌། བརྒྱད་པ་ལ་མི་སྐྱེ་བའི་ ཆོས་ལ་བཟོད་པ་ཐོབ་པས་ཉོན་མོངས་པ་འབྲི་བ་དང་རྣམ་པར་བྱང་བ་འཕེལ་བ་མེད་པའི་ 5-1-158 དོན་དང་རྣམ་པར་མི་རྟོག་པ་དང་ཞིང་དག་པ་ལ་དབང་བའི་དོན་དང༌། དགུ་པ་ལ་སོ་སོ་ཡང་ དག་པར་རིག་པའི་ཡེ་ཤེས་ལ་དབང་བའི་དོན་དང༌། བཅུ་པ་ལ་ཇི་ལྟར་བཞེད་པ་བཞིན་དུ་ སྤྲུལ་པ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར། འཕྲིན་ལས་ལ་དབང་བའི་གནས་ ཀྱི་དོན་དུ་རྟོགས་ཏེ། དབུས་མཐའ་ལས། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་ གྱི་མཆོག་ཉིད་དང༌། །ཡོངས་སུ་འཛིན་པ་མེད་དོན་དང༌། །རྒྱུད་རྣམས་ཐ་དད་མེད་པ་དང༌། ། ཉོན་མོངས་རྣམ་དག་མིན་དོན་དང༌། །ཐ་དད་མེད་པའི་དོན་ཉིད་དང༌། །འབྲི་མེད་འཕེལ་བ་ མེད་དོན་དང༌། །དབང་ནི་རྣམ་པ་བཞི་ཡི་གནས། །ཞེས་གསུངས་པ་ལྟར་རོ། །དེ་ལ་ཁ་ཅིག་ རྟོགས་བྱའི་དོན་ལ་ཁྱད་པར་མེད་པའི་ཕྱིར་ཆོས་དབྱིངས་རྟོགས་པ་ལ་ཁྱད་པར་མེད་དོ་ཞེས་ ཀྱང་གསུང་མོད། འོན་ཀྱང་གློ་བུར་གྱི་དྲི་མ་རིམ་གྱིས་སྤངས་པ་ལས་ཆོས་ཀྱི་དབྱིངས་རྟོགས་ པའང་གོང་ནས་གོང་དུ་ཁྱད་པར་དུ་འཕེལ་བར་འགྱུར་ཏེ། ཆོས་དབྱིངས་བསྟོད་པ་ལས། ཇི་ ལྟར་ཚེས་པའི་ཟླ་བ་ནི། །སྐད་ཅིག་སྐད་ཅིག་རྒྱས་པར་མཐོང༌། །དེ་བཞིན་ས་ལ་ཞུགས་ རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཞེས་གསུངས་པ་ལྟར་རོ། ། ཡོངས་སྦྱོང་ནི་རང་རང་གི་ཡོན་ཏན་ཁྱད་པར་ཅན་རིམ་གྱིས་འཕེལ་བར་བྱེད་པ་སྟེ། མངོན་པར་རྟོགས་པའི་རྒྱན་ལས། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་ འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང༌། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་ བཞིན་ནོ། ། འཕོ་ཚུལ་ནི། ཇི་སྲིད་དུ་རང་རང་གི་ཡོངས་སྦྱོང་མ་རྫོགས་ཀྱི་བར་དེ་སྲིད་དུ་ས་དེ་དང་ དེ་ཡིན་ཞིང༌། རྫོགས་པ་དང་གོང་མ་གོང་མར་འཕོ་བ་སྟེ། བརྒྱད་སྟོང་འགྲེལ་ཆེན་ལས། ས་ གང་གིས་ཡོངས་སུ་སྦྱོང་བར་འགྱུར་བའི་ཆོས་གང་ཡིན་པ་དེ་དག་མ་རྫོགས་ཀྱི་བར་དུ་ནི་ས་ དེ་ཡིན་ལ། ཡོངས་སུ་རྫོགས་ནས་ནི་ས་གཞན་ཡིན་པར་རིག་པར་བྱའོ་ཞེས་གསུངས་པ་ལྟར་ 5-1-159 རོ། ། ཡོན་ཏན་ནི་ས་དང་པོ་ལ། ཏིང་འཛིན་བརྒྱ་ཐོབ་དེ་ལ་འཇུག་པ་དང༌། །སངས་རྒྱས་ བརྒྱ་མཐོང་དེ་ཡི་བྱིན་རླབས་རིག །ཞིང་རྒྱར་འགྲོ་ཞིང་འཇིག་རྟེན་ཁམས་བརྒྱ་བསྒུལ། །དེ་ བརྒྱ་སྣང་བྱེད་འགྲོ་བརྒྱ་སྨིན་པར་བྱེད། །བསྐལ་པ་བརྒྱར་གནས་སྔོན་དང་ཕྱི་མཐར་འཇུག ། ཆོས་བརྒྱ་བྱེད་ཅིང་ལུས་བརྒྱ་སྟོན་པ་དང༌། །ལུས་རེའང་བྱང་ཆུབ་སེམས་དཔའི་གང་ཟག་ གི། འཁོར་གྱིས་ཀུན་ནས་ཡོངས་སུ་བསྐོར་བ་སྟོན། །ཞེས་པ་ལྟར་ཡོན་ཏན་བརྒྱ་ཕྲག་བཅུ་ གཉིས་དང༌། གཉིས་པ་ལ་སྐད་ཅིག་རེ་རེར་ཡང་ཏིང་ངེ་འཛིན་སྟོང་ལ་སྙོམས་པར་འཇུག་པ་ ལ་སོགས་པ་ཡོན་ཏན་སྟོང་ཕྲག་བཅུ་གཉིས་དང༌། གསུམ་པ་ལ་ཡོན་ཏན་འབུམ་ཕྲག་བཅུ་ གཉིས་ལ་སོགས་པ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་རྣམས་ཐོབ་ཅིང༌། བཅུ་པ་ལ་ ཁྱད་པར་དུ་དབང་བསྐུར་བ་ཡང་འཐོབ་སྟེ། རྒྱན་ལས། སངས་རྒྱས་ཀུན་གྱི་འོད་ཟེར་ཆེན་ པོའི་དབང་བསྐུར་སྦྱིན། །དེ་ནི་ཆོས་ལ་དབང་བ་ཀུན་དང་ཡང་དག་ལྡན། །སངས་རྒྱས་འཁོར་ གྱི་དཀྱིལ་འཁོར་སྟོན་པའི་རྣམ་པ་ཤེས། །བསླབ་པ་བཅའ་བས་ཚར་བཅད་ཕན་འདོགས་ བྱེད་ལ་བརྩོན། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་རྣམ་པར་སྨིན་པ་རང་ལུགས་སུ་ བཞག་ཀྱང༌། འཛམ་བུའི་གླིང་གི་རྒྱལ་པོ་དང༌། གླིང་བཞི་པའི་རྒྱལ་པོ་དང༌། བརྒྱ་བྱིན་ལ་ སོགས་པ་ནས་གནས་གཙང་མའི་ལྷའི་རྒྱལ་པོ་རྣམས་སུ་སྐྱེ་བ་ལེན་པའི་ཡོན་ཏན་དང༌། ས་ དང་པོ་ལ་སྟོང་གསུམ་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་གང་བར་མཐོང་བ་ལ་སོགས་ པའི་རྨི་ལྟས་ཁྱད་པར་ཅན་རྣམས་ཀྱང་འགྲུབ་པོ། ། དབྱེ་བ་ལ་ལྔ་སྟེ། གང་ཟག་གིས་དབྱེ་བ། །བསླབ་གསུམ་གྱིས་དབྱེ་བ། ཕུང་པོ་ལྔས་ དབྱེ་བ། ཕར་ཕྱིན་གྱིས་དབྱེ་བ། གྲུབ་ཚུལ་གྱིས་དབྱེ་བའོ། །དེ་ལ་གང་ཟག་གིས་དབྱེ་བ་ནི། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཆོས་ཀྱི་དབྱིངས་བདག་གཉིས་ཀྱིས་སྟོང་ 5-1-160 བར་རྟོགས་པའི་ཕྱིར་ལྟ་བ་རྣམ་པར་དག་པའི་གང་ཟག་ཅེས་བྱ་ཞིང༌། དེ་བཞིན་དུ་ས་གཉིས་ པ་ལ་ལྟུང་བ་ཕྲ་མོས་ཀྱང་མི་གོས་པའི་ཕྱིར་ཚུལ་ཁྲིམས་རྣམ་པར་དག་པ་དང༌། གསུམ་པ་ ལ་བསམ་གཏན་དང་ཏིང་ངེ་འཛིན་མཐའ་ཡས་པ་ཐོབ་པའི་ཕྱིར་ཤིན་ཏུ་མཉམ་པར་བཞག་ པ་དང༌། བཞི་པ་ལ་ཡོངས་སུ་འཛིན་པ་མེད་པའི་ཕྱིར་ཆོས་ལ་ཐ་དད་པའི་ང་རྒྱལ་སྤངས་པ་ དང༌། ལྔ་པ་ལ་སེམས་མཉམ་པ་ཉིད་ཐོབ་པའི་ཕྱིར་རྒྱུད་ལ་ཐ་དད་པའི་ང་རྒྱལ་མེད་པ་དང༌། དྲུག་པ་ལ་རང་བཞིན་གྱིས་དག་པའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་ ཐ་དད་པའི་ང་རྒྱལ་མེད་པ་དང༌། བདུན་པ་ལ་མཚན་མ་མེད་པར་གནས་པའི་ཕྱིར་སྐད་ཅིག་ རེ་རེ་ལའང་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་རྣམས་སྒོམ་པའི་བློ་ཐོབ་པ་དང༌། བརྒྱད་པ་ལ་ ལྷུན་གྱིས་གྲུབ་པའི་ཕྱིར་བཏང་སྙོམས་ཤིང་ཞིང་ཡོངས་སུ་སྦྱོང་བ་དང༌། དགུ་པ་ལ་སོ་སོ་ཡང་ དག་རིག་པ་བཞིའི་ཡེ་ཤེས་ལ་དབང་ཐོབ་པའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ ལ་མཁས་པ་དང༌། བཅུ་པ་ལ་མངོན་པར་ཤེས་པ་ཆེན་པོ་ཐོབ་པའི་ཕྱིར་མཐུ་ཆེ་ཞིང༌། ཏིང་ ངེ་འཛིན་དང་གཟུངས་ཀྱི་ལུས་ཡོངས་སུ་རྫོགས་པས་དགའ་ལྡན་ན་གནས་པ་ལ་སོགས་པའི་ སྤྲུལ་པ་སྟོན་ལ་སངས་རྒྱས་ལས་དབང་བསྐུར་བ་ཡང་ཐོབ་པའི་གང་ཟག་ཅེས་བྱ་སྟེ། རྒྱན་ ལས། བྱང་ཆུབ་སེམས་དཔའ་ལྟ་བ་རྣམ་པར་དག །ཚུལ་ཁྲིམས་ཤིན་ཏུ་རྣམ་དག་མཉམ་པར་ བཞག །ཆོས་ལ་ང་སྤངས་རྒྱུད་དང་ཀུན་ཉོན་མོངས། །རྣམ་པར་དག་པ་ཐ་དད་ང་རྒྱལ་མེད། ། སྐད་ཅིག་གཅིག་བློ་ཐོབ་པ་བཏང་སྙོམས་པ། །ཞིང་རྣམས་སྦྱོང་བ་སེམས་ཅན་སྨིན་བྱེད་ པར། །མཁས་པ་མཐུ་ཆེ་ལུས་ཡོངས་རྫོགས་པ་དང༌། །ངེས་པར་སྟོན་ལ་མཁས་པ་དབང་ བསྐུར་ཡིན། །ཞེས་གསུངས་པ་ལྟར་རོ། ། བསླབ་གསུམ་གྱིས་དབྱེ་བ་ནི། ས་དང་པོར་བསླབ་པ་གསུམ་གྱི་རྒྱུ་ལ་སློབ་ཅིང༌། གཉིས་ པ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། གསུམ་པ་ལ་སེམས་ཀྱི་བསླབ་པ་དང༌། བཞི་པ་དང་ 5-1-161 ལྔ་པ་དང་དྲུག་པ་རྣམས་ལ་རིམ་པ་ལྟར་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་དང་རྟེན་འབྲེལ་ རྣམས་ཤེས་པའི་ཤེས་རབ་ལ་བསླབས་པས། དེ་དག་གི་འབྲས་བུ་ས་བདུན་པ་ལ་མཚན་མ་ མེད་པའི་ཡེ་ཤེས་དང༌། བརྒྱད་པ་ལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་དང༌། དགུ་པ་ལ་སེམས་ ཅན་ཡོངས་སུ་སྨིན་པ་དང༌། བཅུ་པ་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་ཡོན་ཏན་རྣམས་འགྲུབ་ སྟེ། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ལྷག་པའི་ཚུལ་ཁྲིམས་ལྷག་སེམས་དང༌། །ལྷག་ པའི་ཤེས་རབ་ལ་རྗེས་སློབ། །ཅེས་པ་དང༌། འབྲས་བུ་རྣམ་པ་འདི་བཞི་ནི། །ས་བཞི་པོ་ལ་ ཡང་དག་བརྟེན། །ཞེས་གསུངས་པ་ལྟར་རོ། ། ཕུང་པོ་ལྔས་དབྱེ་བ་ནི། ས་དང་པོར་ཆོས་ཉིད་མངོན་སུམ་གྱིས་རྟོགས་པར་བྱས་ནས། གཉིས་པ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། གསུམ་པ་ལ་ཏིང་ངེ་འཛིན་གྱི་ཕུང་པོ་དང༌། བཞི་པ་ དང་ལྔ་པ་དང་དྲུག་པ་རྣམས་ལ་སྔ་མ་ལྟར་ཤེས་རབ་ཀྱི་ཕུང་པོ་དང༌། བདུན་པ་ལ་སོགས་པ་ བཞི་ལ་འབྲས་བུ་བཞིའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕུང་པོ་སྦྱོང་ཞིང༌། སངས་རྒྱས་ཀྱི་ ས་ལ་ནི་ཤེས་བྱ་ལ་ཐོགས་པའི་སྒྲིབ་པ་ལས་ཀྱང་རྣམ་པར་གྲོལ་བ་དང༌། གྲོལ་བའི་ཡེ་ཤེས་ གཟིགས་པའི་ཕུང་པོ་རྣམ་པར་དག་པ་འཐོབ་སྟེ། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ཚུལ་ ཁྲིམས་ཀྱི་ནི་ཕུང་པོ་སྦྱོང༌། །དེ་ཡི་འོག་ཏུ་ཏིང་འཛིན་དང༌། །ཤེས་རབ་ཕུང་པོ་རྣམ་པར་སྦྱོང༌། ། དེ་ལས་གཞན་པ་དག་ལ་ནི། །སྒྲིབ་པ་བཞི་དང་ཐོགས་པ་ཡི། །སྒྲིབ་པ་ལས་ཀྱང་རྣམ་གྲོལ་ དང༌། །གྲོལ་བའི་ཡེ་ཤེས་རྣམ་པར་སྦྱོང༌། །ཞེས་གསུངས་པ་ལྟར་རོ། ། ཕར་ཕྱིན་གྱིས་དབྱེ་བ་ནི། ས་དང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཙོ་ཆེ་ཞིང༌། བཅུ་ པ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་ཆེ་བའི་བར་ཏེ། དབུས་མཐའ་ལས། སྦྱིན་དང་ཚུལ་ ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས༌། །སྨོན་ལམ་སྟོབས་ དང་ཡེ་ཤེས་ཏེ། །འདི་དག་ཕ་རོལ་ཕྱིན་པ་བཅུ། །ཞེས་པ་དང༌། ཁྱད་པར་ཅན་དང་ཁྱད་མེད་ 5-1-162 ནི། །ས་བཅུ་རྣམས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། ། གྲུབ་ཚུལ་གྱིས་དབྱེ་བ་ནི། མོས་པས་སྤྱོད་པའི་ས་ལ་མ་གྲུབ་པ་དང་། འཕགས་པའི་ས་ ལ་གྲུབ་པ་ཞེས་བྱ་ཞིང༌། དེ་ཉིད་ལའང༌། བདུན་པ་མན་ཆད་མ་གྲུབ་པ་དང༌། བརྒྱད་པ་ཡན་ ཆད་གྲུབ་པ་ཞེས་བྱ་སྟེ། རྒྱན་ལས། ས་རྣམས་ཐམས་ཅད་མ་གྲུབ་དང༌། །གྲུབ་པ་དག་ཏུ་ཤེས་ པར་བྱ། །གྲུབ་པ་དག་ཀྱང་མ་གྲུབ་དང་། །གྲུབ་པ་དག་ཏུ་ཡང་འདོད་དོ། །ཞེས་གསུངས་པ་ ལྟར་རོ། ། ངེས་ཚིག་བསྟན་པ་སོ་སོའི་ནི། ས་དང་པོ་ལ་དོན་གཉིས་ཁྱད་པར་ཅན་འགྲུབ་པས་རབ་ ཏུ་དགའ་བ་དང༌། གཉིས་པ་ལ་ལྟུང་བ་དང་ཐེག་དམན་ཡིད་ལ་བྱེད་པའི་དྲི་མ་དང་བྲལ་བ་ དང༌། གསུམ་པ་ལ་ཆོས་ཀྱི་སྣང་བ་རྒྱ་ཆེན་པོ་དང་ལྡན་པས་འོད་བྱེད་པ་དང༌། བཞི་པ་ལ་ སྒྲིབ་པ་གཉིས་བསྲེག་པས་འོད་འཕྲོ་བ་ཅན་དང༌། ལྔ་པ་ལ་ཉོན་མོངས་པ་མེད་པར་གཞན་ དོན་སྒྲུབ་པས་སྦྱང་དཀའ་བ་དང༌། དྲུག་པ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་མངོན་དུ་ གྱུར་པ་དང༌། བདུན་པ་ལ་མཚན་མ་ལས་རིང་དུ་སོང་བ་དང༌། བརྒྱད་པ་ལ་སྲིད་ཞིར་འཛིན་ པའི་འདུ་ཤེས་ཀྱིས་མི་གཡོ་བ་དང༌། དགུ་པ་ལ་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་དང་ ལྡན་པས་ལེགས་པའི་བློ་གྲོས་དང༌། བཅུ་པ་ལ་ཏིང་ངེ་འཛིན་དང་གཟུངས་ཀྱིས་རྒྱ་ཆེར་ཁྱབ་ པས་ཆོས་ཀྱི་སྤྲིན་ཞེས་བྱ་སྟེ། ཨ་བི་དཱ་ན་ལས། རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་ དང་འོད་འཕྲོ་ཅན། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་ པའི་བློ་གྲོས་ཆོས་ཀྱི་སྤྲིན། །ཞེས་གསུངས་པ་ལྟར་རོ། ། ཐུན་མོང་དུ་ཐམས་ཅད་ཀྱང༌། འབྱུང་པོ་དཔག་ཏུ་མེད་པ་འཇིགས་པ་མེད་པར་བྱ་བའི་ ཆེད་དུ་ཕྱིར་ཞིང་ཕྱིར་ཞིང་གོང་དུ་འགྲོ་བ་དང་ལྡན་པའི་ཕྱིར་ན་ས་ཞེས་བྱ་སྟེ། རྒྱན་ལས། འབྱུང་པོ་དཔག་མེད་འཇིག་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ 5-1-163 ལྡན་ཕྱིར། །དེ་དག་ཉིད་ལ་སར་འདོད་དོ། །ཞེས་གསུངས་པ་ལྟར་རོ། ། གཞུང་དོན་ལ་ལྔ་སྟེ། དང་པོའི་སེམས་བསྐྱེད་སྐྱེས་པའི་ཡོན་ཏན། སྤྱོད་པ་མཆོག་ལ་ ཞུགས་པའི་ཡོན་ཏན། ཕྱིར་མི་ལྡོག་པ་ཐོབ་པའི་ཡོན་ཏན། སྐྱེ་བ་ཐ་མར་གྱུར་པའི་ཡོན་ཏན། དོན་གཉིས་འགྲུབ་པའི་ཁྱད་པར་བསྟན་པའོ། ། དེ་ལ་དང་པོའི་སེམས་བསྐྱེད་སྐྱེས་པའི་ཡོན་ཏན་ནི། རྒྱལ་སྲས་འགྱུར་མེད་ཆོས་ ཉིད་འདི། །རྟོགས་ནས་མ་རིག་ལྡོངས་རྣམས་ཀྱིས། །སྐྱེ་བ་ལ་སོགས་ དག་ཏུ་ནི། །མཐོང་བ་གང་ཡིན་དེ་རྨད་དོ། །འཕགས་པའི་སྤྱོད་ཡུལ་ ཐོབ་པ་གང༌། །བྱིས་པའི་སྤྱོད་ཡུལ་དུ་སྟོན་ཏེ། །དེ་ཉིད་ཕྱིར་ན་འགྲོ་བ་ ཡི། །གཉེན་གྱི་ཐབས་དང་སྙིང་རྗེ་མཆོག །ཞེས་པ་སྟེ། ས་དང་པོ་ལ་གནས་པའི་ རྒྱ༷ལ་སྲ༷ས་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བ་ལ་སོགས་པས་འགྱུ༷ར་བ་མེ༷ད་པའི་སེམས་ ཀྱི་ཆོ༷ས་ཉི༷ད་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་འདི༵་མངོན་སུམ་དུ་གསར་དུ་རྟོ༷གས་ ན༷ས་གནས་པས། རང་ཉིད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མཚན་ཉིད་པ་རྣམས་ལས་གྲོལ་ ཡང༌། མ༷་རི༷ག་པའི་ལིང་ཏོག་གིས་ཤེས་རབ་ཀྱི་མིག་ལྡོ༷ངས་པའི་སེམས་ཅན་གཞན་རྣ༷མས་ ཀྱི༵་སྐྱེ༷་བ༷་དང་ལ༷་སོ༷གས་པ་སྟེ་རྒ་བ་དང་ན་བ་དང་འཆི་བའི་ཚུལ་ད༷ག་ཏུ༷་ནི༵་མཐོ༷ང་ཞིང་སྣང་ བ༷ས་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པ་ག༷ང་ཡི༷ན་པ་དེ༷་ངོ་མཚར་ཞིང་རྨ༷ད་དུ་བྱུང་བ་ཉིད་ དོ༵། །དེ་བཞིན་དུ་སྡིག་ཏོ་མི་དགེ་བའི་ཆོས་ལས་རིང་དུ་འཕ༷གས་པ༷འི་སྤྱོ༷ད་ཡུ༷ལ་ཆོས་ཉིད་ མངོན་སུམ་དུ་མཐོང་ཞིང་སྐྱེ་འཆི་ལས་གྲོལ་བའི་གོ་འཕང་ཐོ༷བ་པ༷་ག༵ང་ཡིན་པ་དེ་ཉིད་བྱི༷ས་ པ༷་སོ་སོའི༷་སྐྱེ་བོ་སྐྱེ་འཆི་ལས་མ་གྲོལ་བ་རྣམས་ཀྱི་སྤྱོ༷ད་ཡུ༷ལ་དུ༷་སྐྱེ་བ་ལ་སོགས་པའི་རྣམ་ འཕྲུལ་དུ་མ་སྟོ༷ན་ཅིང༌། གདུལ་བྱ་རྣམས་ཡོངས་སུ་སྨིན་པར་བྱེད་དེ༵། རྒྱུ་མཚན་དེ༷་ཉི༷ད་ཀྱི་ ཕྱི༷ར་ན༷་འགྲོ༷་བ༷་མ་ལུས་པའི༵་གཉེ༷ན་ནམ་རྩ་ལག་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའ་ 5-1-164 རྣམས་ཀྱི༷ས། བསྡུ་བའི་དངོས་པོས་གཞན་དོན་སྒྲུབ་པའི་ཐ༷བས་ལ་མཁས་པ་ད༷ང༌། དེ་ཀུན་ ནས་སློང་བའི་སྙི༷ང་རྗེ༷་ཆེན་པོ་ནི་མཆོ༵ག་ཏུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ ཡང༌། རྒྱན་ལས། འཁོར་སྡུད་པ་དང་འབྲེལ་པ་རྣམས། །ཚུལ་འདི་ལ་ནི་ཡང་དག་བརྟེན། ། ཀུན་གྱི་དོན་རབ་སྒྲུབ་བྱེད་པས། །ཐབས་བཟང་ཡིན་པར་རབ་ཏུ་བསྔགས༌། །ཞེས་པ་དང༌། སྙིང་རྗེ་ཆེན་པོ་ཡོན་ཏན་འབྱུང་གནས་ཀྱི། །སེམས་ཅན་རྣམས་ལ་སྙིང་རྗེ་སུ་མི་བྱེད། །འདི་ ལྟར་དེ་དག་ལ་ནི་སྡུག་བསྔལ་ཡང༌། །བརྩེ་བསྐྱེད་བདེ་བ་གཞལ་དུ་མེད་པར་འགྱུར། །ཞེས་ གསུངས་པ་བཞིན་ནོ། ། དེ་ལྟར་ས་དང་པོར་མཐོང་བའི་ལམ་ཐོབ་ནས། དོན་དམ་བྱང་ཆུབ་ཀྱི་སེམས་ལེགས་ པར་སྐྱེས་པ་ལ་ནི་སེམས་དང་པོ་བསྐྱེད་པ་ཞེས་བྱ་ཞིང༌། སེམས་ཀྱི་རང་བཞིན་མངོན་སུམ་ དུ་གྱུར་པ་དེ་ཉིད་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བར་རྟོགས་པའང་ཡིན་ཏེ། ཇི་སྐད་དུ། འཇམ་ དཔལ་རྣམ་པར་འཕྲུལ་པ་ལས། ཁྱེའུ་བྱང་ཆུབ་སེམས་དཔའ་རང་གི་སེམས་རྟོགས་པར་བྱ་ བ་ལས་ཁོང་དུ་ཆུད་པར་བྱ་བ་གཞན་མེད་དོ། །རང་གི་སེམས་རྟོགས་པ་དེ་ཉིད་སེམས་ཅན་ ཐམས་ཅད་ཀྱི་སེམས་རྟོགས་པ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། ། སྤྱོད་པ་མཆོག་ལ་ཞུགས་པའི་ཡོན་ཏན་ནི། དེ་ནི་འཇིག་རྟེན་ཐམས་ཅད་ལས། ། འདས་ཀྱང་འཇིག་རྟེན་ལས་མི་གཡོས། །འཇིག་རྟེན་དོན་དུ་འཇིག་རྟེན་ ན། །འཇིག་རྟེན་དྲི་མས་མ་གོས་སྤྱོད། །ཇི་ལྟར་པདྨ་ཆུ་ནང་དུ། །སྐྱེས་ པ་ཆུ་ཡིས་གོས་པ་མེད། །དེ་བཞིན་འདི་ནི་འཇིག་རྟེན་དུ། །སྐྱེས་ཀྱང་ འཇིག་རྟེན་ཆོས་མི་གསོ། །ཞེས་པ་སྟེ། ས་གཉིས་པ་ནས་བདུན་པའི་བར་ལ་གནས་ པའི་བྱང་ཆུབ་སེམས་དཔའ་དེ༷་ནི༷་ཤེས་རབ་ཀྱི་སྟོབས་ཀྱིས་འཇི༷ག་རྟེ༷ན་པའི་སྤྱོད་པ་ཐ༷མས་ ཅ༷ད་ལ༵ས། ཡང་དག་པར་འད༷ས་ཀྱ༷ང་། སྙིང་རྗེའི་དབང་གིས་འཇི༷ག་རྟེ༷ན་ལ༷ས་མི༷་གཡོ༵ས་ 5-1-165 པར་གདུལ་བྱ་འཇི༷ག་རྟེ༷ན་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་དོ༷ན་དུ༷་འཇི༷ག་རྟེ༷ན་ན༵་སྐྱེ་བ་ ལ་སོགས་པའི་ཚུལ་བཟུང་ནས་འཇི༷ག་རྟེ༷ན་གྱི་ཉེས་པའི་དྲི༷་མ༷ས་ཅུང་ཟད་ཀྱང་མ༷་གོ༷ས་པར་ བྱང་ཆུབ་སེམས་དཔའི་སྤྱོ༵ད་པ་རླབས་པོ་ཆེ་རྣམས་སྤྱོད་དེ། དཔེ་ཇི༷་ལྟར༷་ན་མེ་ཏོག་པ༷དྨ༷་ རྣམས་ཆུ༷འི་ན༷ང་དུ༵་སྐྱེ༷ས་པ༷་ཡིན་ཡང་ཆུ༷འི་སྐྱོན་དྲི་མ་ལ་སོགས་པ་ཡི༷ས་གོ༷ས་པ༷་མེ༵ད་པ་དེ༷་ བཞི༷ན་དུ། རྒྱལ་སྲས་འཕགས་པ་འདི༷་ནི༷་གཞན་དོན་ལ་འཇི༷ག་རྟེ༷ན་དུ༵་སྐྱེ༷ས་ཀྱ༷ང་འཇི༷ག་ རྟེ༷ན་པའི་སྐྱོན་གྱི་ཆོ༷ས་ཉོན་མོངས་པ་ལ་སོགས་པ་རྣམས་ཀྱིས་ནམ་ཡང་མི༷་གོ༵ས་པ་ཉིད་དོ། ། ཞེས་བྱ་བའི་དོན་ཏོ། །གཞན་དོན་དུ་སྐྱེ་བ་ལེན་པའི་རྒྱུ་ཡང་རྒྱན་ལས། བློ་ལྡན་རྣམས་ཀྱི་ ལས་དང་ནི། །གཞན་ཡང་སྨོན་ལམ་དབང་དག་དང༌། །ཏིང་ངེ་འཛིན་དང་དབང་འབྱོར་པའི། ། དབང་གིས་སྐྱེ་བར་འདོད་པ་ཡིན། །ཞེས་གསུངས་པ་ལྟར་མོས་པས་སྤྱོད་པ་པ་རྣམས་ལས་ ཀྱི་དབང་དང༌། ས་ལ་ཞུགས་པ་རྣམས་སྨོན་ལམ་ལ་སོགས་པའི་དབང་གིས་སོ། ། ཕྱིར་མི་ལྡོག་པའི་ཡོན་ཏན་ནི། བྱ་བ་སྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་ འབར་བ་དང༌། །ཞི་བའི་བསམ་གཏན་སྙོམས་འཇུག་ལ། །རྟག་ཏུ་སྙོམས་ པར་ཞུགས་པའང་ཡིན། །ཞེས་པ་སྟེ། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་ དཔའ་རྣམས་གཞན་གྱི་དོན་བྱ༷་བ༷་སྒྲུ༷བ་པ་ལ༷་དུས་རྟ༷ག་ཏུ༷་རང་གི་བློ༵་འབད་རྩོལ་མེད་པར་ དཔེར་ན་བུད་ཤིང་སྐམ་པོ་ལ་མེ༷་སྟོབས་ལྡན་ངང་ཤུགས་ཀྱིས་འབར་བ་བཞི༷ན་དུ༷་ནི༷་འབ༷ར་ བ༷འི་ཚུལ་གྱིས་འཇུག་པ་ད༵ང་དེར་མ་ཟད་དེ་དང་ཅིག་ཅར་དུ་སྤྲོས་པའི་མཚན་མ་ཉེ་བར་ ཞི༷་བ༷འི་བས༷མ་གཏ༷ན་ཏིང་ངེ་འཛིན་གྱི་སྙོ༷མས་འཇུ༷ག་ལ༵་དུས་རྟ༷ག་ཏུ༷་རྒྱུན་མི་འཆད་པར་ སྙོ༷མས་པ༷ར་ཞུ༷གས་པ༷འང་ཡི༵ན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ས་བདུན་པ་མན་ཆད་དུ་ནི་ མཉམ་བཞག་ཏུ་རྣམ་པར་མི་རྟོག་པ་ལ་འཇོག་ཅིང་རྗེས་ཐོབ་ཏུ་གཞན་གྱི་དོན་འབད་རྩོལ་ དང་བཅས་པས་སྒྲུབ་པ་ཡིན་ལ། བརྒྱད་པ་ཡན་ཆད་དུ་ནི། མཉམ་པར་བཞག་པ་དང་གཞན་ 5-1-166 གྱི་གཉི་ག་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པས་ཅིག་ཅར་དུ་འཇུག་པ་ཉིད་དེ། མཚན་ མ་མེད་པ་ལྷུན་གྱིས་གྲུབ། །ཞིང་ཡང་རྣམ་པར་སྦྱོང་བ་སྟེ། །ཞེས་པ་ལ་སོགས་པ་གསུངས་ པ་ལྟར་རོ། །གཞན་ཡང་ཕལ་ཆེར་དོན་མེད་དོན་ཡོད་དང༌། །རྣམ་ཀུན་དོན་ཡོད་ཤེས་པར་ བྱ། །ཞེས་དེ་ཡན་ཆད་ཀྱི་གཞན་དོན་ནི་རྣམ་པ་ཐམས་ཅད་དུ་དོན་ཡོད་པར་ཡང་གསུངས་སོ། ། ས་དགུ་པ་ལ་ཡང༌། དེའི་འོག་ཏུ་སེམས་ཅན་རྣམས། །རྣམ་པར་སྨིན་པ་འགྲུབ་པར་འགྱུར། ཞེས་པ་ལྟར། སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ཀྱིས་གདུལ་བྱ་རྣམས་ཡོངས་སུ་སྨིན་ པར་མཛད་པ་ཉིད་དོ། ། སྐྱེ་བ་ཐ་མར་གྱུར་པའི་ཡོན་ཏན་ནི། སྔོན་གྱི་འཕེན་པའི་དབང་དང་ནི། །རྣམ་ རྟོག་ཐམས་ཅད་བྲལ་བའི་ཕྱིར། །དེ་ནི་ལུས་ཅན་སྨིན་པ་ཡི། །དོན་དུ་ འབད་པ་བྱེད་མ་ཡིན། །བསྟན་དང་གཟུགས་སྐུ་དག་དང་ནི། །སྤྱོད་དང་ སྤྱོད་ལམ་གྱིས་ཀྱང་རུང༌། །གང་ཞིག་ཇི་ལྟར་གང་གིས་འདུལ། །དེས་དེ་ དེ་ལྟར་ཉིད་དུ་ཤེས། །དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱི། །འགྲོ་ལ་རྟག་ ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡི་ནི། །སེམས་ཅན་དོན་ནི་ ཡང་དག་འཇུག །ཅེས་པ་སྟེ། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ སྔོ༷ན་ས་དགུ་པ་མན་ཆད་ཀྱི༷་སྨོན་ལམ་ལ་སོགས་པའི་འཕེ༷ན་པ༷འི་དབ༷ང་གིས་ལྷུན་གྱིས་ གྲུབ་པར་འཇུག་པ་ད༷ང་ནི༵་ཀུན་སློང་གི་རྣ༷མ་པར་རྟོ༷ག་པ་ཐ༷མས་ཅ༷ད་གནས་ཡོངས་སུ་གྱུར་ པའི་ཚུལ་གྱིས་སྤངས་ཏེ་བྲ༷ལ་བ༷འི་ཕྱི༵ར་ན། སྲིད་པ་ཐ་མ་པ་དེ༷་ནི༷་གདུལ་བྱའི་ལུ༷ས་ཅ༷ན་ རྣམས་ཡོངས་སུ་སྨི༷ན་པ༷འི༵་དོ༷ན་དུ༷་འབ༷ད་པ༷་དང་རྩོལ་བ་བྱེ༷ད་དགོས་པ་ཡོད་པ་མ༷་ཡི༵ན་ ཞིང༌། དེ་ལྟ་ན་ཡང་གསུང་གི་འཕྲིན་ལས་བསམ་པ་དང་མཐུན་པར་ཆོས་བསྟ༷ན་པ་ད༷ང་སྐུའི་ འཕྲིན་ལས་སྐལ་པ་དང་མཚམས་པར་གཟུ༷གས་སྐུ༷འི་སྤྲུལ་པ་རྣམ་པ་དུ་མ་སྟོན་པ་ད༷ག་ད༷ང་ 5-1-167 ནི༵་གཞན་དོན་གྱི་སྤྱོ༷ད་པ་རླབས་པོ་ཆེ་ད༷ང༌། འཆག་པ་དང་བཞེངས་པ་ལ་སོགས་པའི་སྤྱོ༷ད་ ལ༷མ་སྣ་ཚོགས་པ་རྣམས་ཀྱི༷ས་ཀྱ༷ང་རུ༵ང་སྟེ། གདུལ་བྱ་ག༷ང་ཞི༷ག་ཚུལ་ཇི༷་ལྟར༷་ཐབས་ག༷ང་ གི༷ས་འདུ༵ལ་བ་རྣམས། རྒྱལ་སྲས་དེ༷ས་ནི་འཕྲིན་ལས་དེ༷་ཇི་ལྟར་འོས་པ་དེ༷་ལྟར༷་ཉི༷ད་དུ༷་ ཡང་དག་པར་རབ་ཏུ་ཤེ༵ས་སོ། །འབད་པ་མེད་ཅིང་སྣ་ཚོགས་པར་འཇུག་པ་དེ༷་ལྟར༷་ན་ཡུལ་ ན༷མ་མཁ༷འི་མཐ༷འ་ཀླ༷ས་ཀྱི༵་འགྲོ༷་བ་མཐའ་ཡས་པ་རྣམས་ལ༷་དུས་རྟ༷ག་ཏུ༷་འབད་རྩོལ་མེད་ པས་ལྷུ༷ན་གྱིས་གྲུ༷བ་པ༵ར་ཐམས་ཅད་དུ་དོན་ཡོད་ཅིང་ཐོ༷གས་པ་མེ༷ད་པའི་སྒོ་ནས་བྱེད་པ་པོ་ བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་དེ༷་ཡི༷ས་ནི༵་ཆེད་དུ་བྱ་བ་གདུལ་བྱ་སེ༷མས་ཅ༷ན་རྣམས་ཡོངས་ སུ་སྨིན་པའི་ཕྱིར་དུ། རང་གི་ངོ་བོ་དེ་དག་གི་དོ༷ན་སྒྲུབ་པའི་འཕྲིན་ལས་ནི༷་ཡ༷ང་ད༷ག་པར་ཏེ་ ཕྱིན་ཅི་མ་ལོག་པར་འཇུ༵ག་པ་ཉིད་དོ་ཞེས་བྱའི་དོན་ཏོ། ། དོན་གཉིས་གྲུབ་པའི་ཁྱད་པར་བསྟན་པ་ནི། བྱང་ཆུབ་སེམས་དཔའི་ཚུལ་འདི་ ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང༌། །སེམས་ཅན་ཡང་དག་ སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །དེ་ལྟ་མདོ་ཀྱི་ས་རྡུལ་ དང༌། །རྒྱ་མཚོ་བ་གླང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་ དང༌། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཅེས་པ་སྟེ། ས་བཅུ་པ་ལ་གནས་ པའི་བྱ༷ང་ཆུ༷བ་སེ༷མས་དཔ༷འི་འཕྲིན་ལས་འཇུག་པའི་ཚུ༷ལ་འདི༷་ནི༵་རྗེ༷ས་ཐོ༷བ་ཏུ་གཞན་ ཡོངས་སུ་སྨིན་པར་བྱེད་པ་ལ་ལྟོས་ནས། སྤངས་རྟོགས་མཐར་ཕྱིན་པའི་དེ༷་བཞི༷ན་གཤེ༷གས་ པ་རྣ༷མས་ད༵ང་ཡང་གདུལ་བྱར་གྱུར་པའི་སེ༷མས་ཅ༷ན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་ མཚོ་ལས་ཡ༷ང་ད༷ག་པར་སྒྲོ༷ལ་བ༷་ལ༵། འཇི༷ག་རྟེ༷ན་ན༷་ནི༷་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་ པས་མཉ༷མ་པ༷་ཉི༵ད་ཡིན་ཏེ། མངོན་པར་ཤེས་པ་དྲུག་དང་དབང་བཅུ་ལ་སོགས་པའི་ཡོན་ ཏན་ཁྱད་པར་ཅན་རྣམས་ཐོབ་པའི་ཕྱིར་རོ། །གཞན་དོན་ལ་སངས་རྒྱས་དང་མཚུངས་པ་དེ༷་ 5-1-168 ལྟ༷་མོ༷ད་ཀྱི༷། རང་དོན་སྤངས་རྟོགས་ཀྱི་ཡོན་ཏན་ལ་ལྟོས་ནས་ཁྱད་པར་ཤིན་ཏུ་ཆེ་བ་ཉིད་ དེ། དཔེར་ན་ས༷འི་དཀྱིལ་འཁོར་ཆེན་པོ་དང་རྡུ༷ལ་ཕྲན་གྱི་ཁྱད་པར་ཙམ་ད༵ང༌། རྒྱ༷་མཚོ༷་ཆེན་ པོ་དང་བ༷་གླ༷ང་གི་རྨི༷ག་རྗེ༷ས་ཀྱི༵་ཆུའི་ཁྱ༷ད་པ༷ར་ག༷ང་ཡི༷ན་པ་ཙམ་དུ་རྫོགས་པའི་ས༷ངས་རྒྱ༷ས་ ཀྱི་མཐར་ཕྱིན་པའི་ཡོན་ཏན་ད༵ང་བྱ༷ང་ཆུ༷བ་སེ༷མས་དཔ༷འ་ས་བཅུ་པའི་ལམ་གྱི་ཡོན་ཏན་གྱི་ ཁྱ༷ད་པར་ཡང་དེ༷་ཙམ་དུ་ཤིན་ཏུ་ཆེ་བ་ཉི༵ད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་ནི་མ་རིག་བག་ཆགས་ཀྱི་ས་ལ་སོགས་པའི་སྒྲིབ་པ་ཤིན་ཏུ་ཕྲ་བ་རྣམས་མ་ སྤངས་ཤིང༌། དེ་བཞིན་གཤེགས་པས་ནི་དེ་དག་ཀྱང་སྤངས་པས་ཆོས་ཀྱི་སྐུ་ཡོན་ཏན་གྱི་ཕ་ རོལ་ཏུ་ཕྱིན་པ་བཞི་དང་ལྡན་པ་ཐོབ་པའི་ཕྱིར་རོ། ། ཤིན་ཏུ་རྣམ་དག་གི་སྐབས་ནའང་འགྱུར་བ་མེད་ཚུལ་ལ། འགྱུར་མེད་ཀྱི་རྒྱུ་མཚན་ མདོར་བསྟན་པ་དང་དེའི་དོན་རྒྱས་པར་བཤད་པའོ། །དེ་ལ་མདོར་བསྟན་ནི། གཞན་ འགྱུར་མིན་བདག་མི་ཟད་ཆོས་ལྡན་ཕྱིར། །འགྲོ་སྐྱབས་ཕྱི་མའི་མཐའ་ མེད་མུར་ཐུག་ཕྱིར། །དེ་ནི་རྟག་ཏུ་གཉིས་མེད་མི་རྟོག་ཕྱིར། །འཇིག་ མེད་ཆོས་ཀྱང་མ་བྱས་རང་བཞིན་ཕྱིར། །ཞེས་པ་སྟེ། ཆོས་ཀྱི་དབྱིངས་ཤིན་ཏུ་ རྣམ་པར་དག་པའི་གནས་སྐབས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི། ལུས་གཞ༷ན་དོར་ ནས་གཞན་དུ་འགྱུ༷ར་བ་མི༷ན་པའི་བད༷ག་ཉིད་རྟག་པའི་དོན་ཅན་ཡིན་ཏེ། ཕུང་པོ་ལྷག་མ་ མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་མི༷་ཟ༷ད་པ་དོན་དམ་པའི་ཡོན་ཏན་གྱི་ ཆོ༷ས་ཚད་མེད་པ་རྣམས་དང་ལྡ༷ན་པའི་ཕྱི༵ར་རོ། །དེ་བཞིན་དུ་འགྲོ༷་བ་ཐམས་ཅད་མི་སླུ་བའི་ སྐྱ༷བས་གནས་མཆོག་ཏུ་གྱུར་པ་བརྟན་པའི་དོན་ཅན་ཡིན་ཏེ། ཕྱི༷་མ༷འི་མཐ༷འ་མེ༷ད་པའི་མུ༷ར་ ཐུ༷ག་པ་འཁོར་བ་ཇི་སྲིད་པར་སྐྱོབ་པའི་ཡོན་ཏན་རྣམས་དང་ལྡན་པའི་ཕྱི༵ར་རོ། །དྲི་མ་མེད་ པའི་ཆོས་དབྱིངས་དེ༷་ནི༷་དུས་རྟ༷ག་ཏུ༷་འཁོར་བ་དང་མྱ་ངན་ལས་འདས་པ་གཉི༷ས་སུ་མེ༷ད་ 5-1-169 པའི་རང་བཞིན་ཞི་བའི་དོན་ཅན་ཡིན་ཏེ། དེ་དག་གི་ཉེས་དམིགས་དང་ཕན་ཡོན་ལ་རྣམ་པར་ མི༷་རྟོ༷ག་པའི་ཡོན་ཏན་དང་ལྡན་པའི་ཕྱི༵ར་རོ། །གཏན་དུ་འཇི༷ག་པ་མེ༷ད་པའི་ཆོ༷ས་ཉིད་གཡུང་ དྲུང་གི་དོན་ཅན་ཉིད་ཀྱ༷ང་ཡིན་ཏེ། ལས་དང་ཉོན་མོངས་པས་མངོན་པར་འདུས་མ༷་བྱ༷ས་པའི་ ར༷ང་བཞི༷ན་གྱི་ཡོན་ཏན་དང་ལྡན་པའི་ཕྱི༵ར་རོ་ཞེས་བྱ་བའི་དོན་ཏོ། ། རྒྱས་བཤད་ལ་གསུམ་སྟེ། སྐྱེ་སོགས་དང་བྲལ་བའི་དོན། དོན་བསྡུས་ཏེ་མཚམས་སྦྱར་ བ། རྟག་སོགས་སུ་འཇོག་པའི་རྒྱུའོ། །སྐྱེ་སོགས་དང་བྲལ་བའི་དོན་ལ། སོ་སོར་བསྟན་པ་ དང༌། སྦྱར་ཏེ་བཤད་པའོ། ། དེ་ལ་སོ་སོར་བསྟན་པ་ནི། སྐྱེ་བ་མེད་ཅིང་འཆི་བ་མེད། །གནདོ་མེད་ དགའ་བ་མེད་པ་སྟེ། །དེ་ནི་རྟག་དང་བརྟན་ཕྱིར་དང༌། །ཞི་བའི་ཕྱིར་ དང་གཡུང་དྲུང་ཕྱིར། །ཞེས་པ་སྟེ་ཤིན་ཏུ་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་ གསལ་བའི་སྙིང་པོ་འདི་ནི། དང་པོར་སྐྱེ༷་བ༷་མེ༷ད་ཅི༷ང་མཐར་འཆི༷་བ༷་མེ༵ད་ལ་བར་དུ་ན་བའི་ གནོ༷ད་པ་མེ༷ད་པ་དང༌། འགྱུར་བའི་རྒ༷་བ༷་མེ༷ད་པ༷་ཉིད་ཡིན་ཏེ༵། དེ༷་ནི༷་གོ་རིམ་ཇི་ལྟ་བ་བཞིན་ དུ་རྟ༷ག་པའི་ཕྱིར་ད༷ང་བརྟ༷ན་པའི་ཕྱི༷ར་ད༵ང་ཞི༷་བ༷འི་ཕྱི༷ར་ད༷ང་གཡུ༷ང་དྲུ༷ང་ཡིན་པའི་ཕྱི༵ར་རོ་ ཞེས་བྱ་བའི་དོན་ཏོ། ། སྦྱར་ཏེ་བཤད་པ་ནི། དེ་ནི་ཡིད་ཀྱི་རང་བཞིན་གྱི། །ལུས་ཀྱི་སྐྱེ་མེད་རྟག་ པའི་ཕྱིར། །བསམ་མི་ཁྱབ་འགྱུར་འཆི་འཕོ་ཡིས། །དེ་ནི་མི་འཆི་བརྟན་ པའི་ཕྱིར། །བག་ཆགས་ཕྲ་མོའི་ནད་རྣམས་ཀྱིས། །གནདོ་མེད་ཞི་བ་ ཉིད་ཀྱི་ཕྱིར། ཟག་མེད་མངོན་པར་འདུ་བྱེད་ཀྱིས། །རྒ་བ་མེད་དེ་གཡུང་ དྲུང་ཕྱིར། །ཞེས་པ་སྟེ། དེ་བཞིན་གཤེགས་པའི་ཁམས་དེ༷་ནི༷་ཐོག་མར་ཡི༷ད་ཀྱི༷་ར༷ང་བཞི༷ན་ གྱི༵་ལུ༷ས་ཀྱི༷ས་ཀྱང་སྐྱེ༷་བ་མེ༷ད་པ་ཉིད་ཡིན་ཏེ། མི་འགྱུར་ཞིང་རྟ༷ག་པ༷འི་ཕྱི༵ར་རོ། །དེ་བཞིན་དུ་ 5-1-170 ཐ་མར་བས༷མ་གྱིས་མི༷་ཁྱ༷བ་པར་ཡོངས་སུ་འགྱུ༷ར་བའི་འཆི༷་འཕོ༷་བ་ཡི༵ས་ཀྱང་དབྱིངས་དེ༷་ ནི༷་མི༷་འཆི༷་བ་ཉིད་ཡིན་ཏེ། མི་སླུ་ཞིང་བརྟ༷ན་པ༷འི་ཕྱི༵ར་རོ། །བར་དུ་མ་རིག་བ༷ག་ཆ༷གས་ཀྱི་ སྒྲིབ་པ་ཕྲ༷་མོ༷འི་ན༷ད་རྣ༷མས་ཀྱི༵ས་ཀྱང་གནོ༷ད་པ་མེ༷ད་པ་ཉིད་ཡིན་ཏེ། གཉིས་འཛིན་སོགས་ ཞི༷་བ༷་ཉི༷ད་ཀྱི༷་ཕྱི༵ར་རོ། །ཟ༷ག་པ་མེ༷ད་པའི་ལས་མངོ༷ན་པ༷ར་འདུ༷་བྱེ༷ད་པ་རྣམས་ཀྱི༵ས་ཀྱང་རྒ༷་ བ༷་མེ༷ད་པ་ཉིད་ཡིན་ཏེ༷། མི་འཇིག་ཅིང་གཡུ༷ང་དྲུ༷ང་ཉིད་ཀྱི་ཕྱི༵ར་རོ་ཞེས་པ་སྟེ། དེ་ལྟར་ཡིད་ ཀྱི་རང་བཞིན་གྱི་ལུས་ཀྱིས་སྐྱེ་བ་ལ་སོགས་པས་ཀྱང་འགྱུར་བ་མེད་ན་ཐ་མལ་པའི་སྐྱེ་བ་ལ་ སོགས་པས་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། ། དོན་བསྡུས་ཏེ་མཚམས་སྦྱར་བ་ནི། དེ་ལ་ཚིག་གཉིས་དེ་བཞིན་གཉིས། ། གཉིས་དང་གཉིས་ཀྱིས་གོ་རིམ་བཞིན། །འདུས་མ་བྱས་པའི་དབྱིངས་ ལ་ནི། །རྟག་པ་ལ་སོགས་དོན་ཤེས་བྱ། །ཞེས་པ་སྟེ། རྟག་པ་ལ་སོགས་པའི་རྒྱུ་ མཚན་གྱིས་སྐྱེ་བ་མེད་པ་ལ་སོགས་པ་སྒྲུབ་པ་དེ༷་ལ༷། གཞན་འགྱུར་མིན་བདག་ཅེས་པ་ལ་ སོགས་པའི་ཚིག་རྐང་པ་རེ་རེས་མདོར་བསྟན་པའི་རྒྱས་བཤད་མི་ཟད་ཅེས་པ་ལ་སོགས་ པའི་ཚི༷ག་རྐང་པ་གཉི༷ས་དང༌། དེ༷་བཞི༷ན་དུ་མཐའ་ཡི་ཞེས་པ་ལ་སོགས་པའི་ཚིག་རྐང་པ་ གཉི༵ས་དང༌། རྣམ་པར་ཞེས་པ་ལ་སོགས་པའི་ཚིག་རྐང་པ་གཉི༷ས་ད༷ང༌། མ་བཅོས་ཞེས་པ་ ལ་སོགས་པའི་ཚིག་རྐང་པ་གཉི༷ས་ཀྱི༷ས་གོ༷་རི༷མ་ཇི་ལྟ་བ་བཞི༵ན་དུ་རྒྱུ་རྐྱེན་གྱིས་མངོན་པར་ འདུ༷ས་མ༷་བྱ༷ས་ཟག་པ་མེད་པ༷འི་ཆོས་ཀྱི་དབྱི༷ངས་དེ་བཞིན་གཤེགས་པའི་སྙིང་པོ་ལ༷་ནི༵་རྟ༷ག་ པ༷འི་དོན་དང༌། ལ༷་སོ༷གས་པ་སྟེ་བརྟན་པའི་དོ༷ན་དང་ཞི་བའི་དོན་དང་གཡུང་དྲུང་གི་དོན་ རྣམས་མདོ་ཇི་ལྟ་བ་བཞིན་དུ་བཤད་པར་ཤེ༷ས་པར་བྱ༵འོ་ཞེས་པའི་དོན་ཏོ། ། རྟག་སོགས་སུ་འཇོག་པའི་རྒྱུ་ནི། མི་ཟད་ཡོན་ཏན་དང་ལྡན་ཕྱིར། གཞན་ འགྱུར་མིན་བདག་རྟག་པའི་དོན། །མཐའ་ཡི་མུ་དང་མཚུངས་པའི་ཕྱིར། ། 5-1-171 སྐྱབས་ཀྱི་བདག་ཉིད་བརྟན་པའི་དོན། །རྣམ་པར་མི་རྟོག་རང་བཞིན་ ཕྱིར། །གཉིས་མེད་ཆོས་ཉིད་ཞི་བའི་དོན། །མ་བཅོས་ཡོན་ཏན་ཉིད་ཀྱི་ ཕྱིར། །འཇིག་མེད་དོན་ནི་གཡུང་དྲུང་ཉིད། །ཅེས་པ་སྟེ། དབྱིངས་རང་བཞིན་གྱིས་ དག་པ་མངོན་སུམ་དུ་གྱུར་པའི་ཆོས་ཀྱི་སྐུ་དེ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ དབྱིངས་སུ་ཡང་མི༷་ཟ༷ད་པའི་ཡོ༷ན་ཏ༷ན་མཐའ་ཡས་པ་ད༷ང་ལྡ༷ན་པའི་ཕྱི༵ར་ནམ་ཡང་གཞ༷ན་ དུ་འགྱུ༷ར་བ་མི༷ན་པའི་བད༷ག་ཉིད་རྟ༷ག་པ༷འི་དོ༵ན་དང་ལྡན་པ་དང༌། འཁོར་བའི་མཐ༷འི༷་མུ༷་ ད༷ང་མཚུ༷ངས་པ༷ར་རྒྱུན་མི་འཆད་ཅིང་རྗེས་སུ་འཛིན་པའི༷་ཕྱི༵ར་གཏན་དུ་མི་སླུ་བའི་སྐྱ༷བས་ ཀྱི༷་བད༷ག་ཉི༷ད་བརྟ༷ན་པ༷འི༷་དོ༵ན་དང་ལྡན་པ་དང༌། མཐའ་གཉིས་སུ་རྣ༷མ་པ༷ར་མི༷་རྟོ༷ག་པའི་ ར༷ང་བཞི༷ན་ཡིན་པའི་ཕྱི༵ར་སྲིད་ཞི་གཉི༷ས་སུ་མེ༷ད་པའི་ཆོ༷ས་ཉི༷ད་ཞི༷་བ༷འི་དོ༵ན་དང་ལྡན་པ་ དང༌། རྒྱུ་རྐྱེན་གྱིས་མ༷་བཅོ༷ས་ཤིང་འདུས་མ་བྱས་པའི་ཡོ༷ན་ཏ༷ན་དང་ལྡན་པ་ཉི༷ད་ཀྱི༷་ཕྱི༵ར་ གཏན་དུ་འཇི༷ག་པ་མེ༷ད་པའི་དོ༷ན་ནི༷་གཡུ༷ང་དྲུ༷ང་གི་དོན་དང་ལྡན་པ་ཉི༵ད་དོ་ཞེས་བྱ་བའི་དོན་ ཏོ། །ཇི་སྐད་དུ། འགྲིབ་པ་དང་འཕེལ་བ་མེད་པ་ཉིད་བསྟན་པ་ལས། ཤཱ་རིའི་བུ་མི་ཟད་པའི་ ཆོས་ཉིད་ཀྱིས་ན། གཞན་དུ་མི་འགྱུར་བའི་ཆོས་ཀྱི་སྐུ་འདི་ནི་རྟག་པའོ། །ཤཱ་རིའི་བུ་ཕྱི་མའི་ མཐའི་མུ་མཚུངས་པ་ཉིད་ཀྱིས་བརྟན་པའི་སྐྱབས་སུ་གྱུར་པའི་ཆོས་ཀྱི་སྐུ་འདི་ནི་བརྟན་པའོ། ། ཤཱ་རིའི་བུ་རྣམ་པར་མི་རྟོག་པ་ཉིད་ཀྱིས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་འདི་ནི་ཞི་བའོ། །ཤཱ་ རིའི་བུ་མ་བཅོས་པའི་ཆོས་ཉིད་ཀྱིས་འཇིག་པ་མེད་པའི་ཆོས་ཀྱི་སྐུ་འདི་ནི་གཡུང་དྲུང་ངོ་ཞེས་ གསུངས་པ་ལྟར་རོ། ། ཡོན་ཏན་རྣམས་རྣམ་དབྱེ་མེད་པའི་དོན་ལ། མིང་དོན་གྱི་སྒོ་ནས་མདོར་བསྟན་དང༌། དེ་དག་གི་ངོ་བོ་རྒྱས་བཤད་དོ། །དེ་ལ་མདོར་བསྟན་ནི། གང་ཕྱིར་དེ་ནི་ཆོས་སྐུ་དེ་ ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་ 5-1-172 འདས། །དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་ རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །ཅེས་པ་སྟེ། གང༷་གི་ཕྱི༷ར་ དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་དེ༷་ཉིད་ནི༷་སངས་ རྒྱས་ཐམས་ཅད་ཀྱི་ཆོ༷ས་ཀྱི་སྐུ༷་ཡིན་ཞིང༌། དེ་བཞིན་དུ་དེ༷་ནི༷་དེ༷་བཞི༷ན་གཤེ༵གས་པ་ཡང་ ཡིན་ལ་དེ༷་ནི༷་འཕ༷གས་པ༷འི་བདེ༷ན་པ༷་དང༌། དོ༷ན་ད༷མ་པའི་མྱ༷་ང༷ན་ལས་འད༵ས་པ་ཡང་ཡིན་ པས། དེ་རྣམས་མིང་གི་རྣམ་གྲངས་ཙམ་ཡིན་པ་དེ༷འི་ཕྱི༷ར། དཔེར་ན་ཉི༷་མའི་དཀྱིལ་འཁོར་ ད༷ང་འོད་ཟེ༷ར་དག་དབྱེར་མེད་པ་བཞི༷ན་དུ་སྟོབས་བཅུ་ལ་སོགས་པ་དོན་དམ་པའི་ཡོ༷ན་ ཏ༷ན་རྣམས་རྣམ་པར་དབྱེ༷ར་མེ༷ད་པ༵ས་ན། རྫོགས་པའི་ས༷ངས་རྒྱ༷ས་ཉི༷ད་ལ༷ས་མ༷་གཏོ༷གས་ པའི་མྱ༷་ང༷ན་ལས་འད༷ས་པ༷་མཚན་ཉིད་པ་གཞན་མེ༵ད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཡུམ་ ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་ནི་གར་ཡང་གཤེགས་པའམ་བྱོན་པ་མེད་པར་ ངེས་ཏེ། དེ་བཞིན་ཉིད་ལས་མི་གཡོ་བའི་ཕྱིར་རོ། །དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ གཤེགས་པའོ། །ཞེས་པ་དང༌། གསེར་འོད་དམ་པ་ལས་ཀྱང༌། དེ་བཞིན་གཤེགས་པའི་ཆོས་ ཀྱི་སྐུ་ནི་ཡང་དག་པའི་བདེན་པ་དེ་ཉིད་ཡིན་པས་དེ་ལ་མྱ་ངན་ལས་འདས་པ་ཞེས་བྱའོ་ཞེས་ པ་ལ་སོགས་པ་གསུངས་པ་བཞིན་ནོ། ། རྒྱས་བཤད་ལ་གསུམ་སྟེ། མིང་གི་རྣམ་གྲངས་རྒྱས་པར་བཤད་པ། དོན་གྱི་ངོ་བོ་རྒྱས་ པར་བཤད་པ། དེ་དག་དཔེ་ཡིས་ངེས་པར་བྱའོ། །མིང་གི་རྣམ་གྲངས་ལ། དོན་བཞིའི་དབང་ གིས་མིང་བཞིར་གསུངས་ཚུལ་དང༌། དེ་རྣམས་དོན་དང་སྦྱར་ཏེ་བཤད་པའོ། ། དེ་ལ་མིང་བཞིར་གསུངས་ཚུལ་ནི། མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་ གྱི་རབ་ཏུ་དབྱེ་བ་བཞིས། །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་ བཞིར་ནི་རིག་པར་བྱ། །ཞེས་པ་སྟེ། མདོ༷ར་བསྡུས་ན༷་ཟ༷ག་པ་མེ༷ད་པའི་ཆོས་ཀྱི་ 5-1-173 དབྱི༷ངས་དེ་བཞིན་གཤེགས་པའི་སྙིང་པོ་ལ༷་ནི༵། སངས་རྒྱས་ཀྱི་ཆོས་དབྱེར་མེད་པ་ལ་སོགས་ པ་འཆད་པར་འགྱུར་བའི་དོ༷ན་གྱི༷་ཆ་ཐ་དད་པའི་ར༷བ་ཏུ༷་དབྱེ༷་བ༷་རྣམ་པ་བཞི༵ས་དེ་དང་མཐུན་ པར་ཆོ༷ས་ཀྱི༷་སྐུ༷་ལ༷་སོ༷གས་བཤད་མ་ཐག་པ༷འི༵་མིང་གི་རྣམ༷་གྲ༷ངས་བཞི༷ར་ནི༷་རི༷ག་པ༷ར་བྱ༵འོ་ ཞེས་པའི་དོན་ཏོ། ། དོན་དང་སྦྱར་བ་ནི། སངས་རྒྱས་ཆོས་དབྱེར་མེད་པ་དང༌། །དེ་རིགས་དེ་ བཞིན་ཐོབ་པ་དང༌། །བརྫུན་མེད་སླུ་མེད་ཆོས་ཉིད་དང༌། །གདོད་ནས་ རང་བཞིན་ཞི་ཉིད་དོ། །ཞེས་པ་ཡིན་ལ། དེ་ཡང་དབྱིངས་རང་བཞིན་གྱིས་རྣམ་པར་ དག་པ་དེ་ཉིད་ས༷ངས་རྒྱ༷ས་ཀྱི་ཆོ༷ས་སྟོན་པ་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་དང་ རྣམ་པར་དབྱེ༷ར་མེ༷ད་པ༷འི་དོན་ད༵ང་ལྡན་པའི་ཆ་ནས་ཆོས་ཀྱི་སྐུ་ཞེས་བྱ་སྟེ། མདོ་ལས་ཀྱང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེར་མེད་པ་འབྲལ་བ་མི་ ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པས་ མི་སྟོང་པའོ་ཞེས་པ་དང༌། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་གསུངས་པ་ལྟར་རོ། །སངས་རྒྱས་དེ༷འི་རི༷གས་ཐོག་མ་མེད་ པ་ནས་གནས་པའི་ཆོས་ཉིད་དེ༷་ཇི་ལྟ་བ་བཞི༷ན་མངོན་སུམ་དུ་ཐོ༷བ་པ༷འི་དོན་ད༵ང་ལྡན་པའི་ ཆ་ནས། དེ་བཞིན་གཤེགས་པ་ཞེས་ཀྱང་བྱ་སྟེ། ཇི་སྐད་དུ། བརྒྱུད་ནས་འོངས་པ་ཐོག་མ་མེད་ པའི་ཆོས་ཉིད་ཀྱིས་ཐོབ་པ་དེ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་དེ་འདྲ་བ་ཡིན་ནོ་ཞེས་པ་དང༌། ཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་གཞན་ལ། ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ལགས་ ཀྱི་བཅོམ་ལྡན་འདས་ཆོས་ཀྱི་སྐུ་དེ་ཉིད་དེ་བཞིན་གཤེགས་པ་ལགས་སོ་ཞེས་གསུངས་པ་ ལྟར་རོ། །སྙིང་པོ་དེ་ཉིད་ནམ་ཡང་བརྫུ༷ན་པ་མེ༷ད་ཅིང་རྟག་ཏུ་སླུ༷་བ་མེ༷ད་ལ། གཞན་དུ་མི་ འགྱུར་བའི་ཆོ༷ས་ཉི༷ད་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་དོན་ད༵ང་ལྡན་པའི་ཆ་ 5-1-174 ནས་འཕགས་པའི་བདེན་པ་ཞེས་ཀྱང་བྱ་སྟེ། ཇི་སྐད་དུ། དོན་དམ་པའི་བདེན་པ་ནི་མི་སླུ་བའི་ ཆོས་ཅན་གྱི་མྱ་ངན་ལས་འདས་པ་གང་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རིགས་དེ་ནི་གཏན་དུ་ བའི་ཆོས་ཉིད་ཀྱིས་རྟག་པའོ་ཞེས་པ་དང༌། བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ཞེས་ བགྱི་བའི་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་ཏོ་ ཞེས་གསུངས་པ་ལྟར་རོ། །དབྱིངས་དེ་ཉིད་ལ་གདོ༷ད་མ་ན༷ས་ར༷ང་བཞི༷ན་གྱིས་རྣམ་པར་དག་ ཅིང་གློ་བུར་གྱི་དྲི་མ་མཐའ་དག་ཉེ་བར་ཞི༷་བ་ཉིད་ཀྱི་དོན་དང་ལྡན་པའི་ཆ་ནས་མྱ་ངན་ལས་ འདས་པ་ཉི༷ད་དོ༵་ཞེས་ཀྱང་བྱ་སྟེ། ཇི་སྐད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ནི། གདོད་མ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་དེ། སྐྱེ་ བ་མེད་ཅིང་འགག་པ་མེད་པའོ་ཞེས་པ་དང༌། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་ བགྱི་བ་འདི་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ་ཞེས་གསུངས་པ་ལྟར་ རོ། ། དོན་གྱི་ངོ་བོ་རྒྱས་པར་བཤད་པ་ལ། གཉིས་མེད་ཀྱི་དོན་རྒྱས་པར་བཤད་པ་དང༌། མྱང་ འདས་ཀྱི་དོན་རྒྱས་པར་བཤད་པའོ། །དེ་ལ་གཉིས་མེད་ཀྱི་དོན་ནི། རྣམ་ཀུན་མངོན་ རྫོགས་བྱང་ཆུབ་དང༌། །དྲི་མ་བག་ཆགས་བཅས་སྤངས་པ། །སངས་ རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཅེས་པ་སྟེ། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་ཀྱི་རྣ༷མ་པ་ཀུ༷ན་མངོ༷ན་སུམ་དུ་མཁྱེན་པས་ མངོན་པར་རྫོ༷གས་པར་བྱ༷ང་ཆུ༷བ་པ་ལ་ནི། སངས་རྒྱས་ཞེས་བྱ་བ་ད༵ང༌། གློ་བུར་གྱི་དྲི༷་མ༷་ སྒྲིབ་པ་གཉིས་བ༷ག་ཆ༷གས་དང་བཅ༷ས་པ་མ་ལུས་པ་སྤ༷ངས་པ༵་ལ་ནི་མྱ་ངན་ལས་འདས་པ་ ཞེས་བྱ་སྟེ། དེ་ལྟར་ན་རྟོགས་པ་མཐར་ཕྱིན་པ་ལ་བཏགས་པ་རྫོགས་པའི་ས༷ངས་རྒྱ༷ས་དང༌། སྤངས་པ་མཐར་ཕྱིན་པ་ལ་བཏགས་པ་མི་གནས་པའི་མྱ༷་ང༷ན་ལས་འད༷ས་པ༷་དག་ནི༵་མིང་གི་ 5-1-175 ཐ་སྙད་ཐ་དད་པ་ཙམ་དུ་ཟད་ཀྱི། དེ་བཞིན་གཤེགས་པའི་ཁམས་ཀྱི་དོན་གཅིག་ལ་ཡང་དག་ པར་འདུ་བའི་ཕྱིར། འཕགས་པའི་ཡེ་ཤེས་ད༷མ་པ༷འི་སྤྱོད་ཡུལ་གྱི་དོ༷ན་དུ༷་ན། ཟག་པ་མེད་ པའི་དབྱིངས་སུ་རྣམ་པར་དབྱེར་མེད་ཅིང༌། གཅད་དུ་མེད་ལ་གཉི༷ས་སུ་མེ༷ད་པ་ཉི༵ད་དོ་ཞེས་ བྱ་བའི་དོན་ཏོ། ། མྱང་འདས་ཀྱི་དོན་ནི། རྣམ་པ་ཐམས་ཅད་གྲངས་མེད་པ། །བསམ་མེད་ དྲི་མེད་ཡོན་ཏན་དང༌། །དབྱེར་མེད་མཚན་ཉིད་ཐར་པ་སྟེ། །ཐར་པ་གང་ དེ་དེ་བཞིན་གཤེགས། །ཞེས་པ་སྟེ། རྒྱ་ཆེ་ཞིང་རིགས་མཐའ་དག་མ་ཚང་བ་མེད་པས་ ན་རྣ༷མ་པ༷་ཐ༷མས་ཅ༷ད་པའི་ཡོན་ཏན་དང༌། གསལ་བ་མཐའ་ཡས་ཤིང་གཞལ་དུ་མེད་པས་ན་ གྲ༷ངས་མེ༷ད་པ༵འི་ཡོན་ཏན་དང༌། ཟབ་ཅིང་གཏིང་དཔག་དཀའ་བས་ན་བས༷མ་དུ་མེ༷ད་པའི་ ཡོན་ཏན་དང༌། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་རྣམ་པར་དག་པས་ན་དྲི༷་མ་མེ༷ད་ པའི་ཡོ༷ན་ཏ༷ན་རྣམས་ད༵ང༌། ཟག་པ་མེད་པའི་དབྱིངས་སུ་རྣམ་པར་དབྱེ༷ར་མེ༷ད་པའི་མཚ༷ན་ ཉི༷ད་ཅན་གྱི་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་ལ་ནི་ཐ༷ར་པ༷་མྱ་ངན་ལས་འདས་པ་མཐར་ཕྱིན་ པ་ཞེས་བྱ་སྟེ༵། ཐ༷ར་པ༷་མཚན་ཉིད་པ་ག༷ང་ཡིན་པ་དེ༷་ནི་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་ པའི་ཆ་ནས་དེ༷་བཞི༷ན་གཤེ༵གས་པ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བའི་དོན་ནོ། །ཇི་སྐད་དུ། བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་ཐམས་ཅད་པ། གཞལ་དུ་མེད་པ། བསམ་གྱིས་མི་ཁྱབ་ པ། རྣམ་པར་དག་པ། མཐར་ཕྱིན་པའི་ཡོན་ཏན་དང་ལྡན་པའོ་ཞེས་གསུངས་པ་ལྟ་བུའོ། །དེ་ ལྟ་བས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ནི། དཔེར་ན་ལམ་རིང་ པོས་དུབ་པ་རྣམས་ལ་འབྲོག་དགོན་པའི་དབུས་སུ་གྲོང་ཁྱེར་སྤྲུལ་པ་བཞིན་དུ། ངལ་བོས་ ཞིང་རིམ་གྱིས་གཞུག་པའི་དོན་དུ་སངས་རྒྱས་ཀྱི་ཐབས་ལ་མཁས་པས་བཏགས་ནས་བསྟན་ 5-1-176 པ་ཡིན་གྱི། ཐར་པ་མཚན་ཉིད་པ་ནི་མ་ཡིན་ལ། དེ་ཉིད་ཀྱི་ཕྱིར་མཐར་ཐུག་གི་ཐེག་པ་ཡང་ གཅིག་ཉིད་དེ། ཇི་སྐད་དུ། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་འདི་ནི་དེ་ བཞིན་གཤེགས་པ་རྣམས་ཀྱི་ཐབས་ལགས་སོ་ཞེས་པ་དང༌། ང་ཡི་མྱ་ངན་འདས་གཅིག་ཐེག་ པ་གཅིག །ང་ཡི་ཐེག་པ་ཐ་དད་མེད་པ་སྟེ། །ཡང་དག་ཏུ་ན་ཐེག་པ་གཅིག་ཏུ་བསྟན། །ཞེས་ པ་དང༌། ང་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་འཇོག་པ་མེད་དོ། །དེ་ ཅིའི་ཕྱིར་ཞེ་ན། །དེ་བཞིན་གཤེགས་པ་ནི་འདུ་ཤེས་ཐ་དད་པ་དང་བྲལ་བའི་ཕྱིར་རོ་ཞེས་པ་ ལ་སོགས་པ་གསུངས་པ་ལྟར་རོ། །དེ་དག་དཔེ་ཡིས་ངེས་པར་བྱ་བ་ལ། རི་མོའི་དཔེས་ངེས་ པར་བྱ་བ་དང༌། ཉི་མའི་དཔེས་ངེས་པར་བྱ་བའོ། ། དེ་ལ་རི་མོའི་དཔེ་ནི། ཇི་ལྟར་རི་མོ་འབྲི་བྱེད་པ། །གཞན་དང་གཞན་ ལ་མཁས་པ་དག །གང་ཞིག་ཡན་ལག་གང་ཤེས་པ། །དེ་གཞན་ངེས་ འཛིན་མེད་པར་འགྱུར། །དེ་ནས་འདི་ལ་ཁྱེད་ཀུན་གྱིས། །ང་ཡི་གཟུགས་ ནི་གྱིས་ཤིག་ཅེས། །མངའ་བདག་རྒྱལ་པོས་དེ་དག་ལ། །བཀའ་ཡིས་ རས་ནི་བྱིན་པ་དང༌། །དེ་ནས་དེ་ནི་ཐོས་གྱུར་ཏེ། །རི་མོའི་ལས་ལ་ རབ་སྦྱོར་རོ། །དེ་ལ་མངོན་པར་སྦྱོར་རྣམས་ལས། །གཅིག་གཅིག་ཡུལ་ གཞན་སོང་གྱུར་ན། །དེ་ནི་ཡུལ་གཞན་སོང་བས་ན། །དེ་མ་ཚང་ཕྱིར་ རི་མོ་དེ། །ཡན་ལག་ཐམས་ཅད་ཡོངས་རྫོགས་པར། །མི་འགྱུར་བཞིན་ ཞེས་དཔེར་བྱས་སོ། །དེ་རྣམས་འབྲི་བྱེད་གང་ཡིན་པ། །སྦྱིན་དང་ཚུལ་ ཁྲིམས་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་པ་ ཉིད་ནི་གཟུགས་སུ་བརྗོད། །ཅེས་པ་སྟེ། དཔེ་ཇི༷་ལྟར༷་ན་ལྷ་ལ་སོགས་པའི་རི༷་མོ༷་འབྲི༷་ བར་བྱེ༷ད་པ༵འི་མཁན་པོ་མགོ་བོ་དང་ལག་པ་ལ་སོགས་པའི་ཡན་ལག་གཞ༷ན་ད༷ང་གཞ༷ན་ 5-1-177 བྱེ་བྲག་རེ་རེ་ཁོ་ན་ལ༷་མཁ༷ས་པ༷་ད༵ག་ལས་རི་མོ་མཁན་ག༷ང་ཞི༷ག་མགོ་བོ་ལྟ་བུའི་ཡ༷ན་ལ༷ག་ ག༷ང་རུང་གཅིག་ཤེ༷ས་པ༵་དེ༷་གཞ༷ན་དུ་སོང་ན། དེའི་སྐལ་བ་ངེ༷ས་པར་འཛི༷ན་ཅིང་འབྲི་བ་ མེ༷ད་པ༷ར་འགྱུ༵ར་རོ་ཞེས་སྤྱིར་བསྟན་ཏེ། དེ༷་ན༷ས་རེ་ཞིག་གཅིག་ནས་རས་གཞི་འདི༷་ལ༷་རི་མོ་ མཁན་ཁྱེ༷ད་ཀུ༷ན་གྱི༵ས་རྒྱལ་པོ་ང༷་ཡི༷་གཟུ༷གས་ནི༷་རྫོགས་པར་འབྲི་བར་གྱི༷ས་ཤི༷ག་ཅེ༵ས་པའི་ མང༷འ་བད༷ག་རྒྱ༷ལ་པོ༷་ཆེན་པོས༷། རི་མོ་མཁན་དེ༷་ད༷ག་ལ༵་བཀ༷འ་ཡི༷ས་བསྒོ་ཞིང༌། ར༷ས་གཞི་ ནི༷་བྱི༷ན་པར་གྱུར་པ༷་ད༵ང༌། དེ༷་ན༷ས་བཀའ་ལུང་དེ༷་ནི༷་ཐོ༷ས་པར་གྱུ༷ར་ཏེ༵་རང་རང་གིས་གང་ དང་གང་ཤེས་པའི་རི༷་མོ༷་དེ་དང་དེ་འབྲི་བའི་ལ༷ས་ལ༷་ར༷བ་ཏུ་སྦྱོ༷ར་རོ༵། །རི་མོ་དེ༷་ལ༷་མངོ༷ན་ པ༷ར་སྦྱ༷ར་ཞིང་འབྲི་བ་པོ་རྣ༷མས་ལ༵ས་མགོ་བོ་ཤེས་པ་ལྟ་བུ་གཅི༷ག་གཅི༷ག་གནས་དེ་ནས་ ཡུ༷ལ་གཞ༷ན་དུ་སོ༷ང་བར་གྱུ༷ར་ན༵། མགོ་བོ་འབྲི་བ་པོ་དེ༷་ནི༷་ཡུ༷ལ་གཞ༷ན་དུ་སོ༷ང་བ༷ས་ན༵་རི་ མོ་མཁན་གཅིག་པོ་དེ༷་མ༷་ཚ༷ང་བའི་ཕྱི༷ར་རྒྱལ་པོའི་གཟུགས་ཀྱི་རི༷་མོ༷་དེ༵་མགོ་བོ་ལ་སོགས་པ་ ཡ༷ན་ལ༷ག་ཐ༷མས་ཅ༷ད་ཡོ༷ངས་སུ་རྫོ༷གས་པ༵ར་མི༷་འགྱུ༷ར་བ་བཞི༷ན་དུ་ཞེ༷ས་གཙུག་ན་རིན་པོ་ ཆེས་ཞུས་པའི་མདོ་ལས་དོན་འདི་མཚོན་པའི་དཔེ༷ར་བྱ༷ས་སོ༵། །ཡན་ལག་དེ༷་རྣ༷མས་ཐམས་ ཅད་རྫོགས་པར་འབྲི༷་བར་བྱེ༷ད་པ་པོ་རི་མོ་མཁན་མང་པོ་ཉེ་བར་མཚོན་པའི་དོན་ག༷ང་ཡི༷ན་ པ༵་ནི། གང་ལ་ཡང་ཆགས་པ་མེད་པའི་སྦྱི༷ན་པ་ད༷ང༌། ཉེས་པའི་དྲི་མ་མེད་པའི་ཚུ༷ལ་ཁྲི༷མས་ དང༌། ནམ་དུ་ཡང་འཁྲུགས་པ་མེད་པའི་བཟོ༷ད་པ་དང༌། ལ༷་སོ༵གས་པའི་སྒྲས་དགེ་བ་ལ་ སྤྲོ་བའི་བརྩོན་འགྲུས་དང༌། དམིགས་པ་ལ་རྩེ་གཅིག་པའི་བསམ་གཏན་དང༌། ཆོས་རབ་ ཏུ་རྣམ་པར་འབྱེད་པའི་ཤེས་རབ་སྟེ། ཐབས་ཀྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡིན་ལ། དེ་རྣམས་ཀྱི་འབྲས་བུ་ཡོན་ཏན་གྱི་རྣ༷མ་ པ༷་ཀུ༷ན་གྱི༷་མཆོ༷ག་དང་ལྡ༷ན་པ༵འི་སྟོ༷ང་པ༷་ཉི༷ད་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་ནི༷། ལེགས་ པར་བྲིས་པའི་རྒྱལ་པོའི་གཟུ༷གས་ཡོངས་སུ༷་རྫོགས་པ་ལྟ་བུར་བརྗོ༵ད་དོ་ཞེས་བྱ་བའི་དོན་ 5-1-178 ཏོ། །དེ་ཡང་སྦྱིན་པ་ལ་སོགས་པ་འདི་དག་ཉིད་རེ་རེ་ལ་ཡང་རྣམ་པའི་དབྱེ་བ་མཐའ་ཡས་ པའི་ཕྱིར་རྣམ་པ་ཐམས་ཅད་པ་དང༌། གྲངས་དང་མཐུ་དག་གིས་བསམ་གྱིས་མི་ཁྱབ་པའི་ ཕྱིར་གྲངས་མེད་པ་དང༌། བསམ་དུ་མེད་པ་དང༌། སེར་སྣ་ལ་སོགས་པ་རང་རང་གི་མི་མཐུན་ པའི་ཕྱོགས་ཀྱི་བག་ཆགས་རྣམ་པར་དག་པའི་ཕྱིར་དྲི་མ་མེད་པའི་ཡོན་ཏན་རྣམས་འགྲུབ་ པར་ལྟའོ། །ཡོན་ཏན་ཁྱད་པར་ཅན་འདི་རྣམས་ཀྱི་ཉེ་བའི་རྒྱུ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་ དང་ལྡན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རིམ་གྱིས་བསྒོམས་པ་ལས་ས་བརྒྱད་པར་མི་སྐྱེ་ བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་ཅིང་རྒྱུན་ མི་འཆད་པའི་ལམ་ཤེས་པ་ལ་བརྟེན་ནས། དེ་བཞིན་གཤེགས་པའི་ཡོན་ཏན་རྣམ་པ་ཐམས་ ཅད་པ་ཡང་དག་པར་འགྲུབ་བོ། །དེ་བཞིན་དུ་ས་དགུ་པར་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ རྒྱ་མཚོ་ལྟ་བུས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་ཡོངས་སུ་འཛིན་པའི་ཡེ་ཤེས་ལ་བརྟེན་ནས་ ཡོན་ཏན་གྲངས་མེད་པ་ཉིད་འགྲུབ་ཅིང༌། ས་བཅུ་པར་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་གསང་བའི་གནས་ལྐོག་ཏུ་མ་གྱུར་པའི་ཡེ་ཤེས་ལ་བརྟེན་ནས། ཡོན་ཏན་བསམ་གྱིས་མི་ ཁྱབ་པ་ཉིད་འགྲུབ་ལ། སངས་རྒྱས་ཀྱི་སར་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་ལས་ རྣམ་པར་གྲོལ་བའི་ཡེ་ཤེས་ལ་བརྟེན་ནས། ཡོན་ཏན་དྲི་མ་མེད་པ་ཉིད་འགྲུབ་པར་རིག་ པར་བྱའོ། །མདོར་ན་འབྲི་བ་པོ་གཅིག་མ་ཚང་ན་ཡང་རི་མོ་ཡོངས་སུ་རྫོགས་པར་མི་འགྱུར་ ཞིང༌། ཐམས་ཅད་ཚང་བ་ལས་རྫོགས་པར་འགྲུབ་པ་དེ་བཞིན་དུ་ཐབས་ཀྱི་རྣམ་པ་གཅིག་མ་ ཚང་ན་ཡང་ཡོན་ཏན་ཡོངས་སུ་མི་རྫོགས་ཤིང་ཐམས་ཅད་ཚང་བ་ལས་ཡོན་ཏན་མ་ལུས་པར་ ཡོངས་སུ་རྫོགས་པར་འགྲུབ་ལ། དེ་དག་དང་དབྱེར་མེད་པའི་ཐར་པ་མྱ་ངན་ལས་འདས་པ་ ནི་མཐར་ཕྱིན་པའི་འབྲས་བུར་ཐམས་ཅད་ལ་མཚུངས་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། ཉི་མའི་དཔེ་ལ་ཆོས་མཐུན་བཞིས་ཉི་མ་དང་མཚུངས་པར་བསྟན་པ་དང༌། སངས་རྒྱས་ 5-1-179 ལས་གཞན་པའི་མྱང་འདས་མེད་ཚུལ་ལོ། །དེ་ལ་ཉི་མ་དང་མཚུངས་པ་ནི། ཤེས་རབ་ཡེ་ ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང༌། །ཐ་དད་ མེད་ཕྱིར་འདོ་དང་ཟེར། །ཉི་མའི་དཀྱིལ་འཁོར་རྣམས་དང་མཚུངས། ། ཞེས་པ་སྟེ། ཡོན་ཏན་རྣམ་པ་བཞི་དང་དབྱེར་མེད་པའི་ཤེ༷ས་ར༷བ་གང་ཡིན་པ་དང་ཡེ༷་ཤེ༷ས་ གང་ཡིན་པ་དང་རྣ༷མ་པར་གྲོ༷ལ་བ་གང་ཡིན་པ་རྣ༵མས་ནི། གོ་རིམ་ཇི་ལྟ་བར་གས༷ལ་བར་ བྱེད་པ་ད༷ང་འཕྲོ༷་བར་བྱེད་པ་ད༷ང་ད༷ག་པར་བྱེད་པའི་ཕྱི༷ར་ད༵ང་གསུམ་ཀ་ཡང་ཐ༷་ད༷ད་མེ༷ད་ པའི་ཕྱི༷ར་ན་འོ༷ད་གསལ་བ་ད༷ང་། ཟེ༵ར་འཕྲོ་བ་དང་། ཉི༷་མ༷འི་དཀྱི༷ལ་འཁོ༷ར་དག་པ་དང༌། དེ་གསུམ་ཐ་དད་མེད་པ་རྣ༷མས་ད༷ང་ཆོས་མཚུ༵ངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སངས་ རྒྱས་ཀྱི་རྒྱུད་ལ་མངའ་བ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཤེས་རབ་ཇི་ལྟ་བ་ མཁྱེན་པའི་ཡེ་ཤེས་ནི། དོན་དམ་པའི་དེ་བཞིན་ཉིད་ལ་སྒྲིབ་པ་མ་རིག་པའི་མུན་པ་སེལ་བར་ བྱེད་པས་ན་ཉི་མའི་འོད་ཟེར་གསལ་བ་དང་ཆོས་མཚུངས་ལ། དེའི་རྗེས་ལས་ཐོབ་པའི་ཇི་ སྙེད་པ་མཁྱེན་པའི་ཡེ་ཤེས་ནི་ཤེས་བྱ་མ་ལུས་པའི་རྣམ་པ་ཐམས་ཅད་ལ་འཇུག་པས་ན་འོད་ ཟེར་གྱི་དྲ་བ་འཕྲོ་བ་དང་ཆོས་མཚུངས་ཤིང༌། དེ་གཉི་གའི་རྟེན་སེམས་ཀྱི་རང་བཞིན་སྒྲིབ་ པ་མཐའ་དག་ལས་རྣམ་པར་གྲོལ་བ་ནི། ཤིན་ཏུ་དྲི་མ་མེད་ཅིང་འོད་གསལ་བས་ན་དཀྱིལ་ འཁོར་རྣམ་པར་དག་པ་དང་ཆོས་མཚུངས་པའི་ཕྱིར་དང༌། གསུམ་པོ་དེ་རྣམས་ཀྱང་ཟག་པ་ མེད་པའི་ཆོས་ཀྱི་དབྱིངས་སུ་ཐ་དད་མེད་པས་ན་ཉི་མའི་འོད་དང་ཟེར་དང་དཀྱིལ་འཁོར་ གསུམ་དབྱེར་མེད་པ་དང་ཆོས་མཚུངས་པའི་ཕྱིར་རོ། ། སངས་རྒྱས་ལས་གཞན་པའི་མྱང་འདས་མེད་ཚུལ་ནི། དེས་ན་སངས་རྒྱས་མ་ ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འདོ་དང་འདོ་ཟེར་སྤངས་ནས་ ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་པ་སྟེ། ཐོག་མ་མེད་པ་ནས་ཉེ་བར་གནས་ 5-1-180 པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ། སྟོབས་ལ་ སོགས་པ་དོན་དམ་པའི་ཡོན་ཏན་རྣམ་དབྱེར་མེད་ཅིང༌། དེ་མངོན་སུམ་དུ་གྱུར་པ་ནི་ཐར་པ་ མཐར་ཐུག་པ་ཡིན་པ་དེ༷ས་ན༷། ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་ཅིང༌། ཐོགས་པ་མེད་ པའི་ཡེ་ཤེས་གཟིགས་པ་མངའ་བ་རྫོགས་པའི་ས༷ངས་རྒྱ༷ས་ཉིད་མ༷་ཐོ༷བ་པ༵ར་སྒྲིབ་པ་ཐམས་ ཅད་ལས་རྣམ་པར་གྲོལ་བའི་མྱ༷་ང༷ན་ལས་འད༷ས་པ༷་མཐར་ཕྱིན་པ་མི༷་ཐོ༷བ་སྟེ༵། དཔེར་ན་ འོ༷ད་གསལ་བ་ད༷ང་འོ༷ད་ཟེ༷ར་འཕྲོ་བཞིན་པ་མཐོང་བ་སྤ༷ངས་ན༷ས་ནི༵་ཉི༷་མ༷འི་དཀྱིལ་འཁོར་ རྣམ་པར་དག་པ་ལྟ༷་བ༷ར་མི༷་ནུ༷ས་པའི་བཞི༵ན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་མདོ་ ལས་ཀྱང༌། བཅོམ་ལྡན་འདས་དམན་པ་དང་གྱ་ནོམ་པའི་ཆོས་ལ་ནི་མྱ་ངན་ལས་འདས་པ་ རྟོགས་པ་མ་ལགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པ་རྟོགས་པ་ནི་མཚུངས་པའི་ ཆོས་རྣམས་ཀྱི་ལགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པ་རྟོགས་པ་ནི་ཡེ་ཤེས་ མཚུངས་པ་དང༌། རྣམ་པར་གྲོལ་བ་དང་མཚུངས་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་ བ་མཚུངས་པ་རྣམས་ཀྱི་ལགས་སོ། །བཅོམ་ལྡན་འདས་དེའི་སླད་དུ་མྱ་ངན་ལས་འདས་པའི་ དབྱིངས་ནི་རོ་གཅིག་པ། རོ་མཚུངས་པ་ཞེས་བརྗོད་དེ། འདི་ལྟ་སྟེ། རིག་པ་དང་རྣམ་པར་ གྲོལ་བའི་ཆོས་སོ་ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། ། བཤད་པའི་དོན་བསྡུས་ཏེ་མཚམས་སྦྱར་བ་ནི། དེ་ལྟར་རྒྱལ་བའི་སྙིང་པོ་ནི། ། རྣམ་གཞག་རྣམ་པ་བཅུ་ཞེས་བརྗོད། །ཉོན་མོངས་སྦུབས་ནང་གནས་ པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། །ཞེས་པ་སྟེ་གོང་དུ་རྒྱས་པར་བསྟན་པའི་ ཚུལ་དེ༷་ལྟར༷་ན། ཕྱི་མའི་མཐའི་མུ་དང་མཚུངས་པར་རྟག་པའི་ཆོས་ཉིད་རྒྱ༷ལ་བ༷་དེ་བཞིན་ གཤེགས་པའི༷་སྙི༷ང་པོ༷་ཆོས་ཀྱི་དབྱིངས་དེ་ནི༵་གཏན་ལ་འབེབས་པའི་ཚུལ་རྣ༷མ་པར་གཞ༷ག་ པ་ངོ་བོའི་དོན་ནས་ཡོན་ཏན་དབྱེར་མེད་པའི་དོན་གྱི་བར་རྣ༷མ་པ༷་བཅུ༷་ཞེ༷ས་བྱ་བས་ལེགས་ 5-1-181 པར་བརྗོ༵ད་ཅིང་གསལ་བར་བྱས་སོ་ཞེས་པ་ནི་བཤད་ཟིན་པ་རྣམས་ཀྱི་དོན་བསྡུ་པ་ཡིན་ ལ། ཐོག་མ་མེད་པའི་དུས་ནས་ཉེ་བར་གནས་ཀྱང་མ་འབྲེལ་བའི་རང་བཞིན་གློ་བུར་གྱི་དྲི་ མ་ཉོ༷ན་མོ༷ངས་པའི་སྦུ༷བས་བྱེ་བ་མཐའ་ཡས་པས་བཏུམས་པའི་ན༷ང་ན་གན༷ས་པ༷། ཐོག་ མ་མེད་པ་ནས་ཉེ་བར་གནས་ཤིང་འབྲེལ་བའི་རང་བཞིན་དག་པའི་ཆོས་ཉིད་སྙིང་པོ་དེ༵་ རྣམས་གསལ་བར་མཚོན་པར་བྱེད་པའི་དཔེ༷་དགུ་པོ་ད༷ག་གི༷ས་ནི༷། དེ་བཞིན་གཤེགས་པའི་ སྙིང་པོའི་མདོ་ཇི་ལྟ་བ་བཞིན་དུ་ཤེ༷ས་པ༷ར་བྱ༵འོ་ཞེས་པ་ནི་འཆད་པར་འགྱུར་བ་རྣམས་ཀྱི་ མཚམས་སྦྱར་བའོ། ། མཚམས་སྦྱར་ལྟར་དཔེ་ཡིས་བསྟན་པ་ལ། དྲི་བཅས་ཀྱི་དེ་བཞིན་ཉིད་ཐུན་མོང་གི་ཆོས་ མཐུན་སྦྱར་བ་དང༌། དྲི་མ་དང་སྙིང་པོ་གཉིས་སོ་སོའི་ཆོས་མཐུན་སྦྱར་བའོ། ། ཐུན་མོང་གི་ཆོས་མཐུན་ལ། འགྲོ་ལ་དབྱིངས་ཀྱིས་ཁྱབ་ཚུལ་མདོར་བསྟན། དེ་ཡི་དཔེ་ དོན་རྒྱས་པར་བཤད་པ། བསྡུས་ཏེ་ཐོག་མ་མེད་ཚུལ་བསྟན་པའོ། ། མདོར་བསྟན་ལ་སྦྱར་ཏེ་བསྟན་པ་དང༌། སོ་སོར་བཤད་པའོ། །དེ་ལ་སྦྱར་ཏེ་བསྟན་པ་ནི། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང༌། །གོས་རུལ་ ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། ། ས་ན་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་ སྒྲིབ་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་པ་ སྟེ། དཔེར་ན་ས༷ངས་རྒྱ༷ས་ཀྱི་སྐུ་མཚན་དང་དཔེ་བྱེད་ཀྱིས་བརྒྱན་པའི་མེ་ཏོག་པ༷ད་མ་མདོག་ ང༷ན་ཞིང་ཁ་ཟུམ་པ་རྣམས་ཀྱི་ནང་ན་ཡོད་པ་ཇི་ལྟ་བ་བཞིན། གློ་བུར་གྱི་དྲི་མ་ཉོན་མོངས་ པས་སྒྲིབ་པའི་སེམས་ཅན་རྣམས་ལ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་ 5-1-182 བཞིན་གཤེགས་པའི་སྙིང་པོ་འདི་གནས་ཤིང་དེ་བཞིན་དུ་སྦྱར་ཏེ། སྦྲ༷ང་རྩི༷་རོ་བཅུད་ཕུན་ སུམ་ཚོགས་པ་དང་ལྡན་པ་སྦྲ༷ང་མ༷འི་ཚོགས་དུ་མས་བསྐོར་བའི་དབུས་ལ༵་ཡོད་པ་དང༌། གྲ་ མ་དང་སྦུ༷ན་པའི་དབུས་ལ་སཱ་ལུ་ལ༷་སོགས་པའི་འབྲུའི་སྙི༷ང་པོ༷་མ་ཉམས་པ་ཡོད་པ་དང༌། མི༷་ གཙ༷ང་བའི་འདམ་རྫབ་ཆེན་པོའི་ན༷ང་ན༷་གསེ༵ར་སྦྲམ་བཟང་པོ་མི་འགྱུར་བར་ཡོད་པ་དང༌། ས༷་མང་པོས་གཡོགས་པའི་དབུས་ལ༷་རིན་པོ་ཆེའི་གཏེ༷ར་ཆེན་པོ་ཟད་མི་ཤེས་པ་ཡོད་པ་ད༷ང་། ལྗོན་ཤིང་གི་མྱུ༷་གུ་ལ་སོ༷གས་པ་རིམ་གྱིས་སྐྱེ་བའི་ནུས་པ་འབྲ༷ས་ཆུ༷ང་ས་བོན་དང་ཤུན་པའི་ ནང་ན་ཡོད་པ་ད༵ང༌། གོ༷ས་རུ༷ལ་དྲི་མ་ཅན་གྱིས་བཏུམས་པའི་ན༷ང་ན༷་རིན་པོ་ཆེ་ལས་གྲུབ་ པའི་རྒྱ༷ལ་བ༷འི་སྐུ༷་གཟུགས་ཡོད་པ་ད༷ང་ནི༵། དེ་བཞིན་དུ་བུ༷ད་མེ༷ད་མདོག་དང་ཆ་ལུགས་ལ་ སོགས་པ་ང༷ན་མ༷འི་ལྟོ༷་བའམ་མངལ་ན༷་མི༷འི་བད༷ག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡོད་པ་ ད༵ང༌། ལུགས་བཏང་བའི་དུས་ཀྱི་ས༷་འདམ་ནག་པོའི་ནང་ན༷་རི༷ན་ཆེ༷ན་གསེར་ལས་བྱས་པའི་ གཟུ༷གས་བརྙན་ཡོ༷ད་པ་ཇི༷་ལྟ༷་བ༵ར་གློ༷་བུ༷ར་གྱི་ཉོ༷ན་མོ༷ངས་པའི་དྲི༷་མ༷ས་སྒྲི༷བ་པ༷འི༵་སེ༷མས་ ཅ༷ན་རྣ༷མས་ལ༷་དེ༷་བཞི༷ན་དུ་སངས་རྒྱས་ཀྱི་ཁ༷མས་སམ་དབྱིངས་རང་བཞིན་གྱིས་རྣམ་པར་ དག་པ་དེ་བཞིན་གཤེགས་པའི་སྙིང་པོ་འདི༷་ངེས་པར་གན༵ས་སོ་ཞེས་བྱ་བའི་དོན་ཏོ། ། སོ་སོར་བཤད་པ་ནི། དྲི་མ་པདྨ་སྲོག་ཆགས་སྦུན་པ་མི་གཙང་ས་འབྲས་ གོས་རུལ་དང༌། །སྡུག་བསྔལ་འབར་བས་མངོན་པར་གདུངས་པའི་བུད་ མེད་ས་ཡི་ཁམས་དང་མཚུངས། །སངས་རྒྱས་སྦྲང་རྩི་སྙིང་པོ་གསེར་ དང་གཏེར་དང་ནྱ་གྲོ་རིན་ཆེན་སྐུ། །གླིང་བདག་མཆོག་དང་རིན་ཆེན་ གཟུགས་དང་དྲི་མེད་ཁམས་མཆོག་མཚུངས་པ་ཉིད། །ཅེས་པ་སྟེ། རང་ བཞིན་གྱིས་རྣམ་པར་དག་པ་ལ་སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི༷་མ༷་ཉོན་མོངས་པ་རྣམས་ནི་ མེ་ཏོག་པ༷དྨ༷་དང་སྲོ༷ག་ཆ༷གས་སྦྲང་མ་དང་གྲ་མ་ལ་སོགས་པའི་སྦུ༷ན་པ༷་དང་མི༷་གཙ༷ང་བའི་ 5-1-183 རྫབ་དང་ས༷འི་ཕུང་པོ་དང་འབྲ༷ས་ཤུན་དང་གོ༷ས་རུ༷ལ་པ་ད༵ང༌། མགོན་མེད་པ་ལ་སོགས་པའི་ སྡུ༷ག་བསྔ༷ལ་འབ༷ར་བ༷འི་མངོ༷ན་པ༷ར་གདུ༷ངས་པ༷འི་བུ༷ད་མེ༷ད་ངན་པ་དང༌། ས༷་འདམ་ནག་ པོའི༷་ཁ༷མས་རྣམས་ད༷ང་མཚུ༵ངས་ལ། ས༷ངས་རྒྱ༷ས་ཀྱི་སྐུ་དང་སྦྲ༷ང་རྩི༷་དང་འབྲུའི་སྙི༷ང་པོ༷་དང་ གསེ༷ར་སྦྲམ་ད༷ང་རིན་པོ་ཆེའི་གཏེ༷ར་ད༷ང་ནྱ༷་གྲོ༷་དྷ་ལ་སོགས་པའི་ལྗོན་ཤིང་དང་རི༷ན་པོ་ཆེ༷ན་ ལས་བྱས་པའི་སྐུ༵་གཟུགས་དང་གླི༷ང་བཞིའི་བད༷ག་པོ་འཁོར་ལོས་སྒྱུར་བའི་མཆོ༷ག་ད༷ང་ རི༷ན་ཆེ༷ན་གསེར་གྱི་གཟུ༷གས་བརྙན་རྣམས་ད༷ང་དྲི༷་མ་མེ༷ད་ཅིང་རྣམ་པར་དག་པའི་ཁ༷མས་ མཆོ༷ག་ཏུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་མཚུ༷ངས་པ༷་ཉི༵ད་དོ་ཞེས་བྱ་བའི་དོན་ཏོ། ། དེ་ཡི་དཔེ་དོན་རྒྱས་པར་བཤད་པ་ལ་དགུ་སྟེ། པད་ངན་ལ་སངས་རྒྱས་ལྟར་སེམས་ཅན་ ལ་ཆོས་དབྱིངས་གནས་ཚུལ། སྦྲང་མ་ལ་སྦྲང་རྩི་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ ཚུལ། སྦུན་པ་ལ་སྙིང་པོ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ། མི་གཙང་ལ་གསེར་ སྦྲམ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ། ས་གཞི་ལ་གཏེར་ཆེན་ལྟར་སེམས་ཅན་ ལ་ཆོས་དབྱིངས་གནས་ཚུལ། ཤུན་པ་ལ་མྱུ་གུ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ། གོས་རུལ་ལ་སྐུ་གཟུགས་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ། བུད་མེད་ལ་རྒྱལ་ པོ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ། ས་འདམ་ལ་གསེར་གཟུགས་ལྟར་སེམས་ ཅན་ལ་ཆོས་དབྱིངས་གནས་ཚུལ་ཞེས་པའོ། །ཐམས་ཅད་ལ་ཡང་དབྱིངས་ཀྱི་དྲི་མ་སྦྱོང་ཚུལ་ རྒྱས་པར་བཤད་པ་དང༌། སླར་ཡང་ལེགས་པར་སྦྱར་ཏེ་གསལ་བར་བྱ་བའོ། །སྔ་མ་ལའང་ མཚོན་པར་བྱེད་པའི་དཔེ་དང༌། མཚོན་པར་བྱ་བའི་དོན་ནོ། ། དེ་ལ་པད་ངན་ལ་སངས་རྒྱས་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི། ཇི་ལྟར་མདོག་ངན་པདྨའི་ཁོང་གནས་པ། །མཚན་སྟོང་གིས་འབར་དེ་ བཞིན་གཤེགས་པའི་སྐུ། །དྲི་མེད་ལྷ་ཡི་མིག་ལྡན་མིས་མཐོང་ནས། །ཆུ་ 5-1-184 སྐྱེས་འདབ་མའི་སྦུབས་ནས་འབྱིན་བྱེད་ལྟར། །ཞེས་པ་སྟེ། ཇི༷་ལྟར༷་ན་མདོ༷ག་ ང༷ན་པ་ཅན་གྱི་པ༷དྨ༷འི་འདབ་མ་རྣམས་ཀྱིས་བཏུམས་པའི་ཁོ༷ང་ན་གན༷ས་པ༵་མཚ༷ན་དང་དཔེ་ བྱད་ཀྱི་གཟི་རྗིད་སྟོ༷ང་ཕྲག་མང་པོ་དག་གི༷ས་འབ༷ར་ཞིང་གསལ་བའི་དེ༷་བཞི༷ན་གཤེ༷གས་ པ༷འི་སྐུ༵་ནི་དྲི༷་མ་མེ༷ད་པའི་ལྷ༷འི༷་མི༷ག་དང་ལྡ༷ན་པའི་མངོན་ཤེས་ཅན་གྱི་མི༷ས་ལེགས་པར་ མཐོ༷ང་ན༵ས་གཞན་དག་ལ་ཡང་བསྟན་པའི་ཆེད་དུ་ཆུ༷་སྐྱེ༷ས་ཀྱི་འད༷བ་མ༷འི་སྦུ༷བས་ན༷ས་ སངས་རྒྱས་ཀྱི་སྐུ་དེ་འབྱི༷ན་པར་བྱེ༷ད་པ་ལྟ༵ར་ཞེས་པའོ། ། དེས་མཚོན་པའི་དོན་ནི། དེ་བཞིན་བདེ་གཤེགས་མནར་མེད་གནས་ རྣམས་ལའང༌། །སངས་རྒྱས་སྤྱན་གྱིས་རང་གི་ཆོས་གཟིགས་ཏེ། །སྒྲིབ་ མེད་ཕྱི་མའི་མུར་གནས་སྙིང་རྗེ་ཡི། །བདག་ཅན་སྒྲིབ་པ་ལས་ནི་གྲོལ་ བར་མཛད། །ཅེས་པ་སྟེ། དེ༷་བཞི༷ན་དུ་བདེ༷་བར་གཤེ༷གས་པའི་ཆོས་ཀྱི་སྐུ་རང་བཞིན་ གྱིས་རྣམ་པར་དག་པ་ཉིད་ཀྱང་ཐ་ན་མན༷ར་མེ༷ད་པའི་སེམས་ཅན་དམྱལ་བར་གན༷ས་པ་ རྣ༷མས་ལ༵འང་ཁྱབ་པའི་ཚུལ་དུ་ས༷ངས་རྒྱ༷ས་ཡེ་ཤེས་ཀྱི་སྤྱ༷ན་གྱི༷ས་ར༷ང་གི༷་སེམས་ཀྱི་ཆོ༷ས་ ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་གཟི༷གས་ཏེ༵་ཤིན་ཏུ་སྒྲི༷བ་པ་མེ༷ད་ཅིང༌། ཕྱི༷་ མ༷འི་མཐའ་འཁོར་བ་ཇི་སྲིད་པ་དང་མཚུངས་པའི་མུ༷ར་གན༷ས་ནས། སེམས་ཅན་གྱི་དོན་ མཛད་པར་བཞེད་པའི་སྙི༷ང་རྗེ༷་ཆེན་པོའི༵་བད༷ག་ཉིད་ཅ༷ན་རྣམས། གཞན་དག་ལ་ཡང་ཆོས་ ཀྱི་དབྱིངས་གསལ་བར་སྟོན་པའི་ཆེད་དུ་དེའི་སྒྲི༷བ་པ༷་གློ་བུར་གྱི་དྲི་མ་རྣམས་ལ༷ས་ནི༷་གདུལ་ བྱར་གྱུར་པ་རྣམས་རིམ་གྱིས་གྲོ༷ལ་བ༷ར་བྱེ༷ད་པ་ཉིད་དོ་ཞེས་བྱའོ། ། སླར་ཡང་སྦྱར་བ་ནི། ཇི་ལྟར་མི་སྡུག་པདྨ་ཟུམ་ལ་ཡོད་པའི་བདེ་བར་ གཤེགས་པ་ནི། །དེ་ཡི་ཁོང་གནས་ལྷ་མིག་མཐོང་ནས་འདབ་མ་ངེས་ པར་གཅོད་བྱེད་ལྟར། །ཆགས་སྡང་ལ་སོགས་མའི་དྲི་སྦུབས་བསྒྲིབས་ 5-1-185 རྫོགས་སངས་སྙིང་པོ་འགྲོ་གཟིགས་ཏེ། །ཐུགས་རྗེ་ཐུབ་པ་དེ་བཞིན་ སྒྲིབ་པ་དེ་ནི་ངེས་པར་འཇོམས་པར་མཛད། །ཅེས་པ་སྟེ། ཇི༷་ལྟར༷་ན་ཁ་དོག་ མི༷་སྡུ༷ག་པའི་མེ་ཏོག་པ༷དྨ༷་བདབ་མ་རྣམས་ཁ་ཟུ༷མ་པ་ལ༷་ཡོ༷ད་པ༷འི་བདེ༷་བ༷ར་གཤེ༷གས་ པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༷་ནི༵་པདྨ་དེ༷འི༷་ཁོ༷ང་ན་གན༷ས་པར་ལྷ༷འི་མི༷ག་གི་ མངོན་ཤེས་དང་ལྡན་པ་དག་གིས་མཐོ༷ང་ན༷ས། སྐུ་དེ་གསལ་བར་བྱ་བའི་ཆེད་དུ་སྒྲིབ་བྱེད་ འད༷བ་མ༷འི་སྦུབས་རྣམས་ངེ༷ས་པ༷ར་གཅོ༷ད་ཅིང་སེལ་བར་བྱེ༷ད་པ་ལྟ༵ར། ཉོན་མོངས་པ་ འདོད་ཆ༷གས་དང་ཞེ་སྡ༷ང་ལ༷་སོ༷གས་པ་གློ་བུར་གྱི་དྲི༷་མ༷འི་སྦུ༷བས་མཐའ་ཡས་པ་རྣམས་ ཀྱིས་བསྒྲི༷བས་པའི་རྫོ༷གས་པའི་ས༷ངས་རྒྱས་ཀྱི་སྙི༷ང་པོ༷་ཆོས་ཀྱི་དབྱིངས་འགྲོ༷་བ་མཐའ་དག་ ལ་ཡོད་པར་གཟི༷གས་ཏེ༵་དེ་མ་གཏོགས་པ་རྣམས་ལ་ཚད་མེད་པའི་ཐུ༷གས་རྗེ༷ས་ཐུ༷བ་པ༷འི་ དབང་པོ་ཡང་སྐུའི་སྒྲིབ་བྱེད་པདྨའི་འདབ་མ་སེལ་བ་དེ༷་བཞི༷ན་དུ། སེམས་ཅན་རྣམས་ཀྱི་ སྒྲི༷བ་པ༷་གློ་བུར་གྱི་དྲི་མ་ཉོན་མོངས་པ་དེ༷་ནི༷་ངེ༷ས་པ༷ར་འཇོ༷མས་པའི་ཆེད་དུ་འཕྲིན་ལས་ འཇུག་པ༷ར་མཛ༵ད་དོ་ཞེས་བྱ་བའི་དོན་ཏོ། ། སྦྲང་མ་ལ་སྦྲང་རྩི་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་ལའང༌། དཔེ་ནི། ཇི་ ལྟར་སྲོག་ཆགས་ཚོགས་བསྐོར་སྦྲང་རྩི་ནི། །སྐྱེས་བུ་མཁས་པ་དེ་དོན་ གཉེར་བ་ཡིས། །མཐོང་ནས་ཐབས་ཀྱིས་དེ་དང་སྲོག་ཆགས་ཚོགས། ། ཀུན་ནས་རབ་ཏུ་བྲལ་བར་བྱེད་པ་བཞིན། །ཞེས་པ་སྟེ། ཇི༷་ལྟར༷་ན་སྲོ༷ག་ཆ༷གས་ སྦྲང་མའི་ཚོ༷གས་ཀྱིས་ཡོངས་སུ་བསྐོ༷ར་ཞིང༌། སྲུང་བར་གྱུར་པའི་སྦྲ༷ང་རྩི༷་རོ་བཅུད་ཕུན་སུམ་ ཚོགས་པ་དང་ལྡན་པ་ནི༵། སྐྱེ༷ས་བུ༷་སྦྲང་རྩི་རྟོག་པ་ལ་མཁ༷ས་པ༷་སྦྲང་རྩི་དེ༷་དོ༷ན་དུ་གཉེ༷ར་བ༷་ ཡི༵ས་སྦྲང་མས་གཡོགས་པའི་དབུས་ན་ཡོད་པར་མཐོ༷ང་ན༷ས། དུ་བ་གཏོང་བ་ལ་སོགས་པའི་ ཐ༷བས་སྣ་ཚོགས་པ་རྣམས་ཀྱི༷ས་སྦྲང་རྩི་དེ༷་ད༷ང་སྲོ༷ག་ཆ༷གས་ནས་སྦྲང་མའི་ཚོ༵གས་ཀུ༷ན་ན༷ས་ 5-1-186 ར༷བ་ཏུ༷་བྲ༷ལ་བ༷ར་བྱས་ཏེ། སྦྲང་རྩི་ཐོབ་པར་བྱེ༷ད་པ༷་དེ་བཞི༵ན་དུ་ཞེས་པའོ། ། དེའི་དོན་ནི། དྲང་སྲོང་ཆེན་པོ་ཀུན་མཁྱེན་སྤྱན་གྱི་ཁམས། །རིག་པ་ སྦྲང་རྩི་དང་འདྲ་འདི་གཟིགས་ནས། །དེ་ཡི་སྒྲིབ་པ་སྦྲང་མ་དང་འདྲ་ བ། །གཏན་ནས་རབ་ཏུ་སྤོང་བར་མཛད་པ་ཡིན། །ཞེས་པ་སྟེ། དྲ༷ང་སྲོ༷ང་ཆེ༷ན་ པོ༷་རྫོགས་པའི་སངས་རྒྱས་ཀྱིས་ཤེས་བྱ་རྣམ་པ་ཀུ༷ན་མངོན་སུམ་དུ་མཁྱེ༷ན་པ་སངས་རྒྱས་ ཀྱི་སྤྱ༷ན་གྱི༷ས་དེ་བཞིན་གཤེགས་པའི་ཁ༵མས་སོ་སོ་རང་གིས་རི༷ག་པ༷ར་བྱ་བའི་ཡེ་ཤེས་སྦྲ༷ང་ རྩི༷འི་ད༷ང་འདྲ༷་བ་འདི༷་ཐམས་ཅད་ལ་ཁྱབ་པར་གཟི༷གས་ན༵ས་དབྱིངས་དེ༷འི༷་སྒྲི༷བ་པ༷་གློ་བུར་ གྱི་དྲི་མ་སྦྲ༷ང་མ༷་ད༷ང་འདྲ༷་བ༵་རྣམས་ས་བོན་དང་བཅས་པ་གཏ༷ན་ན༷ས་ར༷བ་ཏུ༷་སྤོ༷ང་བའི་ལམ་ སྟོན་ཞིང༌། ཆོས་ཀྱི་སྐུ་མངོན་སུམ་དུ་འགྱུར་བ༷ར་མཛ༷ད་པ༷་ཡི༵ན་ནོ་ཞེས་པའོ། ། སླར་ཡང་བཤད་པ་ནི། ཇི་ལྟར་སྦྲང་རྩི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་སྟོང་ སྒྲིབ་སྦྲང་རྩི་དོན་གཉེར་མིས། །སྦྲང་མ་དེ་དག་བསལ་ཏེ་ཇི་ལྟར་འདོད་ པ་བཞིན་དུ་སྦྲང་རྩིའི་བྱ་བྱེད་པ། །དེ་བཞིན་ལུས་ཅན་རྣམས་ཀྱི་ཟག་ པ་མེད་པའི་ཡེ་ཤེས་སྦྲང་མའི་རྩི་དང་འདྲ། །ཉོན་མོངས་སྦྲང་མ་དང་ འདྲ་དེ་འཇོམས་པ་ལ་མཁས་པ་རྒྱལ་བ་སྐྱེས་བུ་བཞིན། །ཞེས་པ་སྟེ། ཇི༷་ ལྟར༷་ན་སྦྲ༷ང་རྩི༷་ཕུན་སུམ་ཚོགས་པ་སྲོ༷ག་ཆ༷གས་སྦྲང་མ་བྱེ༷་བ༷་ཁྲ༷ག་ཁྲི༷ག་སྟོ༷ང་ཕྲག་མང་པོས་ སྒྲི༷བ་པ་ཞིག་སྦྲ༷ང་རྩི༷་དོ༷ན་དུ་གཉེ༷ར་བའི་མི༵ས་མཐོང་ནས། ཕྱི་རོལ་གྱི་སྦྲ༷ང་མ༷་དེ༷་ད༷ག་ཐབས་ སྣ་ཚོགས་ཀྱིས་བས༷ལ་ཏེ༷། རང་ཇི༷་ལྟར༷་འདོ༷ད་པ༷་བཞི༷ན་དུ༷་སྨན་དང་བཟའ་བ་ལ་སོགས་ པ་སྦྲ༷ང་རྩི༷འི་བྱ༷་བ་རྣམས་སྒྲུབ་པར་བྱེ༷ད་པ༵་དེ༷་བཞི༷ན་དུ་ལུ༷ས་ཅ༷ན་རྣ༷མས་ཀྱི༷་སེམས་ཀྱི་རང་ བཞིན་ཟ༷ག་པ༷་མེ༷ད་པ༷འི་ཡེ༷་ཤེས༷་དེ་བཞིན་གཤེགས་པའི་སྙིང་པོ་ནི་སྦྲ༷ང་མ༷འི་རྩི༷་ད༷ང་འདྲ༵་ ལ། གློ་བུར་གྱི་དྲི་མ་ཉོ༷ན་མོ༷ངས་པ་སྦྲ༷ང་མ༷་ད༷ང་འདྲ༷་བ་དེ༷་རྣམས་འཇོ༷མས་ཤིང་། ཆོས་ཀྱི་ 5-1-187 དབྱིངས་མངོན་སུམ་དུ་བྱེད་པའི་ཐབས་ལ༷་མཁ༷ས་པ་རྒྱ༷ལ་བ༷་རྫོགས་པའི་སངས་རྒྱས་ནི། སྦྲང་མ་བསལ་ནས་སྦྲང་རྩི་ལེན་པའི་སྐྱེ༷ས་བུ༷་ཇི་ལྟ་བ་བཞི༵ན་ནོ་ཞེས་བྱ་བའི་དོན་ཏོ། ། སྦུན་པ་ལ་སྙིང་པོ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི། ཇི་ལྟར་ སྦུན་ལྡན་འབྲུ་ཡི་སྙིང་པོ་ནི། །མི་རྣམས་ཡོངས་སུ་སྤྱད་པར་མི་འགྱུར་ བ། །སྤྱད་བྱ་ཟས་སོགས་དོན་གཉེར་གང་ཡིན་པ། །དེ་དག་གིས་ནི་སྦུན་ ནས་དེ་འབྱིན་ལྟར། །ཞེས་པ་སྟེ། ཇི༷་ལྟར༷་ན་ཕྱིའི་སྦུ༷ན་པ་དང་ལྡ༷ན་པའི་སཱ་ལུ་ལ་སོགས་ པ་འབྲུ༷་ཡི༷་སྙི༷ང་པོ༷་ནི༵། ཇི་སྲིད་དུ་སྦུན་པ་ལས་མ་གྲོལ་བ་དེ་སྲིད་དུ་མི༷་རྣ༷མས་ཀྱིས་ནི་ཡོ༷ངས་ སུ༷་ལོངས་སྤྱོ༷ད་པ༷ར་བྱ་བའི་དངོས་པོ་བཟང་པོར་མི༷་འགྱུ༷ར་ཞིང༌། སྦུན་པ་དང་བྲལ་ན་བཟའ་ བ༵་ལ་སོགས་པའི་མཆོག་ཏུ་འགྱུར་བས་ན། ལོངས་སྤྱ༷ད་པར་བྱ༷་བ་དང་ཟ༷ས་དང་སྐོམ་ལ་ སོ༷གས་པ་དོ༷ན་དུ་གཉེ༷ར་བའི་མི་ག༷ང་ཡི༷ན་པ༵་དེ༷་ད༷ག་གི༷ས་ནི༷་ཕྱི་རོལ་སྦུ༷ན་པའི་ནང་ན༷ས་ འབྲུའི་སྙིང་པོ་དེ༷་འབྱི༷ན་པར་བྱེད་པ་ལྟ༵ར་ཞེས་པའོ། ། དེའི་དོན་ནི། དེ་བཞིན་སེམས་ཅན་རྣམས་ཀྱི་ཉོན་མོངས་ཀྱི། །དྲི་མ་ དང་འདྲེས་རྒྱལ་བའང་ཇི་སྲིད་དུ། །ཉོན་མོངས་དྲི་མ་འདྲེས་ལས་མ་ གྲོལ་བ། །དེ་སྲིད་རྒྱལ་མཛད་སྲིད་གསུམ་དུ་མི་བྱེད། །ཅེས་པ་སྟེ། དེ༷་བཞི༷ན་ དུ་སེ༷མས་ཅ༷ན་རྣ༷མས་ཀྱི༷་ཉོ༷ན་མོ༷ངས་ཀྱི༵་དྲི༷་མ༷་གློ་བུར་བ་ད༷ང་འདྲེ༷ས་པ་རྒྱ༷ལ་བ༷་རྫོགས་པའི་ སངས་རྒྱས་ཀྱི་སྙིང་པོ་རང་བཞིན་གྱིས་རྣམ་པར་དག་པའ༷ང་། ཇི༷་སྲི༷ད་དུ༵་སྒྲིབ་པ་ཉོ༷ན་མོ༷ངས་ པའི་དྲི༷་མ༷་དང་འདྲེ༷ས་པ་ལ༷ས་མ༷་གྲོ༷ལ་བ༵འི་བར་དེ༷་སྲི༷ད་དུ། རྒྱ༷ལ་བ་དེ་བཞིན་གཤེགས་ པའི་མཛ༷ད་པ་འཕྲིན་ལས་མཐའ་ཡས་པ་རྣམས། འདོད་པ་དང་གཟུགས་དང་གཟུགས་མེད་ པའི་སྲི༷ད་པ་གསུ༷མ་དུ༷་སྟོན་པར་མི༷་བྱེ༵ད་ཅིང༌། སྒྲིབ་པ་དང་བྲལ་བ་ལས་ནི་སངས་རྒྱས་ཀྱི་ འཕྲིན་ལས་ཀྱང་སྤྲོ་བ་ཉིད་དོ། །ཞེས་པའོ། ། 5-1-188 སླར་ཡང་བཤད་པ་ནི། ཇི་ལྟར་འབྲུ་ཡི་གྲ་བཅས་སཱ་ལི་བྲ་བོ་ནས་རྣམས་ སྦུན་ལས་མ་བྱུང་ཞིང༌། །ལེགས་པར་མ་བསྒྲུབས་སྙིང་པོ་མི་རྣམས་སྤྱད་ བྱ་བཟའ་བ་ཞིམ་པོར་མི་འགྱུར་ལྟར། །དེ་བཞིན་སེམས་ཅན་རྣམས་ཀྱི་ ཆོས་ཀྱི་དབང་ཕྱུག་ཉོན་མོངས་སྦུན་ལས་མ་གྲོལ་ལུས། །ཉོན་མོངས་ བཀྲེས་པས་ཉེན་པའི་འགྲོ་ལ་ཆོས་ཀྱི་དགའ་བའི་རོ་སྟེར་འགྱུར་བ་ མིན། །ཞེས་པ་སྟེ། ཇི༷་ལྟར༷་ན་འབྲུ༷་ཡི༷་གྲ༷་མ་དང་བཅ༷ས་པའི་འབྲས་སཱ༷་ལི༷་དང་བྲ༷་བོ༷་དང་ ན༷ས་ལ་སོགས་པ་རྣ༷མས་རང་རང་གི་སྦུ༷ན་པ་ལ༷ས་མ༷་བྱུ༷ང་ཞི༵ང་ལོངས་སྤྱོད་དུ་རུང་བར་ ལེ༷གས་པ༷ར་མ༷་བསྒྲུ༷བས་པའི་སྙི༷ང་པོ༷་རྣམས་ནི། མི༷་རྣ༷མས་ཀྱི་ལོངས་སྤྱ༷ད་པར་བྱ༷་བའི་ བཟ༷འ་བ༷་ལ་སོགས་པ་རོ་ཞི༷མ་པོ་དང་ལྡན་པའི་དངོས་པོ༷ར་མི༷་འགྱུ༷ར་བ་ལྟ༵ར། དེ༷་བཞི༷ན་ དུ་སེ༷མས་ཅ༷ན་རྣ༷མས་ཀྱི༷་རང་བཞིན་དུ་ཁྱབ་པར་ཡོད་པ་ཆོ༷ས་ཐམས་ཅད་ཀྱི༷་དབ༷ང་ཕྱུ༷ག་ དེ་བཞིན་གཤེགས་པའི་སྙིང་པོ་ཉོ༷ན་མོ༷ངས་པ་སྦུ༷ན་པ་དང་འདྲ་བ་ལ༷ས་མ༷་གྲོ༷ལ་བའི་ལུ༵ས་ སམ་སྐུ་ཡང་། ཉོ༷ན་མོ༷ངས་པ་བཀྲེ༷ས་པ་དང་འདྲ་བའི་གདུང་བ་མཐའ་ཡས་པ༷ས་ཉེ༷ན་ཞིང་ གདུངས་པ༷འི་འགྲོ༷་བ་རྣམས་ལ༷་དམ་པའི་ཆོ༷ས་ཀྱི༷་དག༷འ་བ་དང་བདེ་བ༷འི་རོ༷་རྒྱ་ཆེན་པོ་སྟེ༷ར་ བར་འགྱུ༷ར་བ༷་མི༵ན་ལ། ཉོན་མོངས་པ་སྤངས་པ་ལས་ནི་ཆོས་རྒྱ་ཆེན་པོ་སྟོན་པ་ཉིད་དོ་ཞེས་ བྱ་བའི་དོན་ཏོ། །དེ་ལ་ཁ་ཅིག་དབུ་མའི་གཞུང་ལུགས་དག་ལས། ཆོས་ཐམས་ཅད་སྤྲོས་པ་ དང་བྲལ་བར་བསྟན་པའི་ཕྱིར། དཔེ་འདི་དག་གིས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་ པར་གསུངས་པ་ནི་དྲང་བའི་དོན་ཡིན་ནོ་ཞེས་ཟེར་བ་དེ་དག་ནི་རིགས་པ་མ་ཡིན་ཏེ། བདག་ ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་དབུ་མ་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཇི་ལྟར་ སྦུན་པས་གཡོགས་གྱུར་པས། །སོ་བ་འབྲས་བུར་མི་འདོད་ལྟར། །དེ་བཞིན་ཉོན་མོངས་ཀྱིས་ གཡོགས་པས། །དེ་ནི་སངས་རྒྱས་ཞེས་མི་བརྟག །ཇི་ལྟར་སྦུན་ལས་གྲོལ་པ་ན། །འབྲས་ 5-1-189 ཉིད་སྣང་བར་འགྱུར་བ་ལྟར། །དེ་བཞིན་ཉོན་མོངས་ལས་གྲོལ་ན། །ཆོས་ཀྱི་སྐུ་ཉིད་རབ་ཏུ་ གསལ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། ། མི་གཙང་ལ་གསེར་སྦྲམ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི། ཇི་ ལྟར་ལམ་དུ་རྒྱུ་ཚེ་མི་ཡི་གསེར། །ལྗན་ལྗིན་རུལ་པའི་གནས་སུ་ལྷུང་ གྱུར་ལ། །མི་འཇིག་ཆོས་ཅན་དེ་ནི་དེར་དེ་བཞིན། །ལོ་བརྒྱ་མང་པོ་དག་ ཏུ་གནས་པ་ན། །ལྷ་མིག་དག་ལྡན་ལྷ་ཡིས་དེར་དེ་ནི། །མཐོང་ནས་མི་ ལ་འདི་ན་ཡོད་པའི་གསེར། །རིན་ཆེན་མཆོག་འདི་སྦྱོང ས་ཏེ་རིན་ཆེན་ གྱི། །བསྒྲུབ་པར་བྱ་བ་གྱིས་ཞེས་སྨྲ་བ་ལྟར། །ཞེས་པ་སྟེ། ཇི༷་ལྟར༷་ཕན་ཚུན་ ལ༷མ་སྲང་དུ༷་རྒྱུ༷་ཞིང་འགྲོ་བའི་ཚེ༷་མི༷་ཡི༷་སྐྱེས་བུ་འགའ་ཞིག་གི་ནོར་གྱི་དངོས་པོ་གསེ༵ར་སྦྲམ་ ཆེན་པོ་ཞིག་ཡོད་པ། བརྗེད་ངེས་ལ་སོགས་པའི་དབང་གིས་མི་གཙང་བའི་ལྗ༷ན་ལྗི༷ན་རུ༷ལ་ པ༷་མང་པོས་གང་བའི༷་གན༷ས་སུ༷་ལྷུ༷ང་ཞིང་སྟོར་བར་གྱུ༷ར་པ་ལ༵ས། རང་བཞིན་གཞན་དུ་མི་ འགྱུར་བས་མི༷་འཇི༷ག་པའི་ཆོ༷ས་ཅ༷ན་གྱི་གསེར་བཟང་པོ་དེ༷་ནི༷་གནས་དེ༷ར་སྔ་མ་ཇི་ལྟ་བ་དེ༷་ བཞི༵ན་དུ་ལོ༷་བརྒྱ༷་ཕྲག་མ༷ང་པོ༷་ད༷ག་ཏུ༷་གན༷ས་པ༷་ན༵། རེ་ཞིག་ཅིག ལྷ༷འི་མི༷ག་རྣམ་པར་ ད༷ག་པ་དང་ལྡ༷ན་པའི་ལྷ༷་ཡི༷ས་གནས་དེ༷ར་གསེར་དེ༷་ནི༵་ཡོད་པ་མཐོ༷ང་ན༷ས་ཕན་པའི་བསམ་ པས་མི༷་འགའ་ཞིག་ལ༷་མི་གཙང་བའི་གནས་འདི༷་ན༷་ཡོ༷ད་པ༷འི་གསེ༵ར་བཟང་པོ་རི༷ན་ཆེ༷ན་གྱི་ མཆོ༷ག་ཏུ་གྱུར་པ་འདི༷་ལོང་ལ། ཕྱི་རོལ་གྱི་འདམ་རྫབ་རྣམས་རྣམ་པར་སྦྱོ༷ངས་ཏེ༷། རི༷ན་ཆེ༷ན་ གྱི༵ས་བསྒྲུ༷བ་པ༷ར་བྱ༷་བ༷་སྐུ་གཟུགས་དང་རྒྱན་ལ་སོགས་པ་རྣམས་ཇི་ལྟར་འདོད་པ་བཞིན་དུ་ གྱི༷ས་ཤིག་ཅེ༷ས་སྨྲ༷་བ༷་ལྟ༵ར་ཞེས་པའོ། ། དེའི་དོན་ནི། དེ་བཞིན་ཐུབ་པས་མི་གཙང་དང་འདྲ་བའི། །ཉོན་མངོས་ སུ་བྱིང་སེམས་ཅན་ཡོན་ཏན་ནི། །གཟིགས་ནས་ཉོན་མངོས་འདམ་དེ་ 5-1-190 དག་བྱའི་ཕྱིར། སྐྱེ་རྒུ་རྣམས་ལ་དམ་ཆོས་ཆུ་ཆར་འབེབས། །ཞེས་པ་སྟེ། དེ༷་བཞི༷ན་དུ་རྒྱལ་བའི་དབང་པོ་ཐུ༷བ་པ༷ས་ཀྱང་མི༷་གཙ༷ང་བ་ད༷ང་འདྲ༷་བ༵འི་གློ་བུར་གྱི་དྲི་མ་ ཉོ༷ན་མོ༷ངས་རྣམས་སུ༷་བྱི༷ང་བའི་སེ༷མས་ཅ༷ན་རྣམས་ལ་ཡོད་པའི་ཡོ༷ན་ཏ༷ན་ཆོས་ཀྱི་དབྱིངས་ དེ་བཞིན་ཉིད་གསེར་བཟང་པོ་ལྟ་བུ་ནི༵་ཐམས་ཅད་ལ་ཁྱབ་པར་གཟི༷གས་ན༷ས་ཉོ༷ན་མོ༷ངས་ པ་འད༷མ་རྫབ་དང་འདྲ་བ་དེ༷་རྣམས་ད༷ག་པར་བྱ༷་བའི༷་ཕྱི༵ར་དུ། གདུལ་བྱར་གྱུར་པའི་སྐྱེ༷་རྒུ༷་ རྣ༷མས་ལ༷་ད༷མ་པའི་ཆོ༷ས་ཆུ༷འི་ཆ༷ར་པ་དང་འདྲ་བར་རབ་ཏུ་འབེ༵བས་ཤིང་སྟོན་པར་མཛད་དོ་ ཞེས་པའོ། ། སླར་ཡང་བཤད་པ་ནི། ཇི་ལྟར་ལྗན་ལྗིན་རུལ་པའི་གནས་སུ་ལྷུང་བའི་ གསེར་ནི་ལྷ་ཡིས་མཐོང་གྱུར་ནས། །ཀུན་ཏུ་དག་པར་བྱ་ཕྱིར་མཆོག་ཏུ་ མཛེས་པ་མི་ལ་ནན་གྱིས་སྟོན་པ་ལྟར། །དེ་བཞིན་རྒྱལ་བས་ཉོན་མོངས་ མི་གཙང་ཆེན་པོར་ལྷུང་གྱུར་རྫོགས་སངས་རིན་པོ་ཆེ། །སེམས་ཅན་ རྣམས་ལ་གཟིགས་ནས་དེ་དག་བྱ་ཕྱིར་ལུས་ཅན་རྣམས་ལ་ཆོས་སྟོན་ ཏོ། །ཞེས་པ་སྟེ། ཇི༷་ལྟར༷་ན་མི་གཙང་བའི་ལྗ༷ན་ལྗི༷ན་རུ༷ལ་པ༷འི་གན༷ས་སུ༷་ལྷུ༷ང་ཞིང་སྟོར་ བ༷འི་གསེ༷ར་བཟང་པོ་ནི༷། དུས་ཕྱིས་ལྷ༷་ཡི༷ས་མཐོ༷ང་བར་གྱུ༷ར་ན༵ས་ས་མི་གཙང་བའི་འདམ་ དེ་ཀུ༷ན་ཏུ༷་ད༷ག་པ༷ར་བྱ༷་བའི་ཕྱི༷ར། མཐོང་ན་མཆོ༷ག་ཏུ༷་མཛེ༷ས་པ༷་གསེར་བཟང་པོ་དེ་ཉིད་མི༷་ འགའ་ཞིག་ལ༷་ན༷ན་གྱི༷ས་སྟོ༷ན་ཅིང་གདམས་ངག་འདོམས་པ༷་ལྟ༵ར། དེ༷་བཞི༷ན་དུ་རྫོགས་པའི་ སངས་རྒྱས་རྒྱ༷ལ་བ༷ས་ཀྱང་། ཉོ༷ན་མོ༷ངས་པའི་མི༷་གཙ༷ང་བའི་འདམ་རྫབ་ཆེ༷ན་པོ་དང་འདྲ་བ་ མང་པོ༷ར་ལྷུ༷ང་བར་གྱུ༷ར་པ་རྫོ༷གས་པའི་ས༷ངས་རྒྱས་ཀྱི་སྙིང་པོ་དེ་བཞིན་ཉིད། རི༷ན་པོ༷་ཆེ༵་ དང་འདྲ་བ་སེ༷མས་ཅ༷ན་རྣ༷མས་ལ༷་ཁྱབ་པར་གཟི༷གས་ན༷ས། དབྱིངས་དེ༷འི་གློ་བུར་གྱི་དྲི་མ་ ཉོན་མོངས་པ་རྣམ་པར་ད༷ག་པར་བྱ༷་བའི་ཕྱི༷ར། གདུལ་བྱར་གྱུར་པའི་ལུ༷ས་ཅ༷ན་རྣ༷མས་ལ༷། 5-1-191 སྐལ་བ་དང་འཚམས་པར་དམ་པའི་ཆོ༷ས་སྟོ༷ན་པར་མཛད་དོ༵། །ཞེས་བྱ་བའི་དོན་ཏོ། ། ས་གཞི་ལ་གཏེར་ཆེན་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི། ཇི་ ལྟར་མི་དབུལ་ཁྱིམ་ནང་ས་འགོ་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ ལ། །མི་དེས་དེ་མ་ཤེས་ཏེ་གཏེར་དེ་ཡང༌། །དེ་ལ་ང་འདིར་ཡོད་ཅེས་མི་ སྨྲ་ལྟར། །ཞེས་པ་སྟེ། ཇི༷་ལྟར༷་ན། བཀྲེས་ཤིང་ཕོངས་པས་ཉེན་པའི་མི༷་དབུ༷ལ་པོ་འགའ་ ཞིག་གི་རང་གི་ཁྱི༷མ་གྱི་ན༷ང་ས༷་མང་པོས་མནན་པའི་འོ༷ག་ན༵་ཅི་འདོད་པའི་ལོངས་སྤྱོད་མི༷་ ཟ༷ད་པ༷་དང་ལྡན་པའི༷་རིན་པོ་ཆེའི་གཏེ༷ར་ཆེན་པོ་ནི༷་ཡོ༷ད་པར་གྱུ༷ར་ལ༵། དེ་ལྟར་ནའང་མི༷་ དབུལ་པོ་དེ༷ས་གཏེར་ཆེན་པོ་དེ༷་རང་གི་ཁང་པ་ན་ཡོད་པར་མ༷་ཤེ༷ས་ཏེ༷། གཏེ༷ར་དེ༷་ཡ༵ང་མི་དེ༷་ ལ༷་ང༷་ས་འོག་འདི༷ར་ཡོ༷ད་ཀྱི་ཐོན་ལ་ཅི་དགའ་བར་སྤྱོད་ཅིག་ཅེ༷ས་མི༷་སྨྲ༷་བས། རིན་པོ་ཆེའི་ གཏེར་ཡོད་བཞིན་དུ་དབུལ་བའི་སྡུག་བསྔལ་མྱོང་བ་ལྟ༵ར་ཞེས་པའོ། ། དེའི་དོན་ནི། དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་ གཞག་དང་བསལ་མེད་ཆོས་ཉིད་ཀྱང༌། །མ་རྟོགས་པས་ན་དབུལ་བའི་ སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་རྒུ་འདིས་མྱོང་ངོ་། །ཞེས་པ་སྟེ། །དེ༷་ བཞི༷ན་དུ་སེམས་ཅན་རྣམས་ཀྱི་ཡི༷ད་ཀྱི༷་ན༷ང་དུ་ཆུ༷ད་པར་གྱུར་པའི་རི༷ན་ཆེ༷ན་གྱི་གཏེ༵ར་ལྟ་ བུ། རང་བཞིན་གྱིས་རྣམ་པར་དག་ཅིང་དྲི༷་མ་མེ༷ད་པས། དོན་དམ་པའི་ཡོན་ཏན་གསར་དུ་ གཞ༷ག་པར་བྱ་བ་ད༷ང་སྐྱོན་སྔར་ཡོད་བས༷ལ་བར་བྱ་བ་མེ༷ད་པའི་ཆོ༷ས་ཉི༷ད་རང་བཞིན་དུ་ གནས་པའི་རིགས་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱ༵ང༌། གློ་བུར་གྱི་དྲི་མས་སྒྲིབ་པའི་ ཕྱིར་རང་གི་རང་བཞིན་དུ་ཡོད་པར་མ༷་རྟོ༷གས་པ༷ས་ན༷་ཟག་པ་མེད་པའི་ཡོན་ཏན་གྱི་འབྱོར་ པས་དབུ༷ལ་བ༷་སྲིད་པའི༷་སྡུ༷ག་བསྔ༷ལ་ནི༵་རྣ༷མ་པ་མ༷ང་པོ་མཐའ་ཡས་པ་རྣམས་དུས་རྒྱུ༷ན་མི་ འཆད་པ་ཉིད་དུ༷་སྐྱེ༷་རྒུ༷་མང་པོ་འདི༷ས་ཉམས་སུ་མྱོ༷ང་ངོ༵་ཞེས་པའོ། ། 5-1-192 སླར་ཡང་བཤད་པ་ནི། ཇི་ལྟར་དབུལ་པོའི་ཁྱིམ་ནང་དུ་ནི་རིན་ཆེན་ གཏེར་ཆུད་གྱུར་པའི་མི་ལ་ནི། །རིན་ཆེན་གཏེར་བདག་ཡོད་ཅེས་ བརྗོད་པར་མི་བྱེད་དེ་ནི་མི་ཡིས་ཤེས་མིན་ལྟར། །དེ་བཞིན་ཆོས་གཏེར་ ཡིད་ཀྱི་ཁྱིམ་གནས་སེམས་ཅན་རྣམས་ནི་དབུལ་པོ་ལྟ་བུ་སྟེ། །དེ་དག་ རྣམས་ཀྱིས་དེ་ཐོབ་བྱ་ཕྱིར་འཇིག་རྟེན་དུ་ནི་དྲང་སྲོང་ཡང་དག་ལྟམ། ། ཞེས་པ་སྟེ། ཇི༷་ལྟར༷་ན། མི་དབུ༷ལ་པོ༷འི་ཁྱི༷མ་གྱི་ན༷ང་སའི་འོག་ཏུ༷་ནི༷་རི༷ན་ཆེ༷ན་ཟད་མི་ཤེས་ པའི་གཏེ༷ར་ཆེན་པོ་ཆུ༷ད་པར་གྱུ༷ར་པ༷་ལས། མི༷་དབུལ་པོ་དེ་ལ༷་ནི༵་རི༷ན་ཆེ༷ན་གྱི་གཏེ༷ར་ཀྱིས་ ཀྱང་བད༷ག་འདི་ན་ཡོ༷ད་ཅེ༷ས་བརྗོ༷ད་པ༷་མི༷་བྱེ༷ད་ཅིང་གཏེར་དེ༷་ནི༷་རང་གི་ཁྱི མ་ན་ཡོད་པར་མི༷་ དེ་ཡི༷ས་ཀྱང་ཤེ༷ས་པ་མི༷ན་པས་དབུལ་བ་ལས་མ་ཐར་བ་ལྟ༵ར། དེ༷་བཞི༷ན་དུ་ཟག་པ་མེད་པའི་ འབྱོར་པ་མཐའ་ཡས་པ་དང་ལྡན་པའི་ཆོ༷ས་ཀྱི་དབྱིངས་ཀྱི་གཏེ༷ར་རང་གི་ཡི༷ད་ཀྱི༷་ཁྱི༷མ་ན་ གན༷ས་ཀྱང་དེ་ལྟར་མ་ཤེས་པའི་སེ༷མས་ཅ༷ན་རྣ༷མས་ནི༷་གཏེར་ཡོད་ཀྱང་མ་རྙེད་པའི་དབུ༷ལ་ པོ༷་ལྟ༷་བུ༷་སྟེ༵། སྐྱེས་བུ་མཁས་པ་འགའ་ཞིག་གིས་གཏེར་འདོན་པའི་ཐབས་སློབ་པ་དང་འདྲ་ བར། གདུལ་བྱར་གྱུར་པའི་སེམས་ཅན་དེ༷་ད༷ག་རྣ༷མས་ཀྱི༷ས། ཆོས་ཀྱི་དབྱིངས་ཀྱི་གཏེར་ དེ༷་གློ་བུར་གྱི་དྲི་མའི་ས་འོག་ནས་བཏོན་ནས། དག་པ་གཉིས་ལྡན་གྱི་ཆོས་སྐུ་མངོན་སུམ་དུ་ ཐོ༷བ་པར་བྱ༷་བའི་ཕྱི༷ར། འཇི༷ག་རྟེ༷ན་གྱི་ཁམས་མཐའ་ཡས་པ་དག་ཏུ༷་ནི༷་དྲ༷ང་སྲོ༷ང་ཆེན་པོ་ རྫོགས་པའི་སངས་རྒྱས་ཡ༷ང་ད༷ག་པར་ལྟ༵མ་ནས་དམ་པའི་ཆོས་སྟོན་པར་མཛད་དོ། །ཞེས་ བྱ་བའི་དོན་ཏོ། ། ཤུན་པ་ལ་མྱུ་གུ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱིས་དཔེ་ནི། ཇི་ལྟར་ ཨ་མྲ་ལ་སོགས་ཤིང་འབྲས་ལ། །ཡོད་པའི་ས་བོན་མྱུ་གུ་འཇིག་མེད་ ཆོས། །ས་རྨོས་ཆུ་སོགས་ལྡན་པས་ལྗོན་ཤིང་གི། རྒྱལ་པོའི་དངོས་པོ་ 5-1-193 རིམ་གྱིས་འགྲུབ་པ་ལྟར། །ཞེས་པ་སྟེ། ཇི༷་ལྟར༷་ན་ཨ༷་མྲ༷་དང་ཏཱ་ལ་ལ༷་སོ༷གས་པའི་ ཤི༷ང་གི་འབྲ༷ས་ཤུན་རྣམས་ཀྱི་ནང་ལ༵་ཡོ༷ད་པ༷འི་ས༷་བོ༷ན་ཀྱི་མྱུ༷་གུ༷་རྐྱེན་དང་ཕྲད་ན་འབྲས་ བུ་འབྱུང་བ་ལ་གེགས་ཀྱིས་འཇི༷ག་པ་མེ༷ད་པའི་ཆོ༵ས་ཅན་རྣམས་ནི་ས༷་གཤིན་པ་དང་རྨོ༷ས་ ལེགས་པ་དང་ཆུ༷་དུས་སུ་གཏོང་བ་དང་ལུད་མང་བ་ལ་སོ༷གས་པ་མཐུན་པའི་རྐྱེན་རྣམས་དང་ ལྡ༷ན་པ༷ས་ལྗོ༷ན་ཤི༷ང་གི༵་རྒྱ༷ལ་པོ༷་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པའི༷་དངོ༷ས་པོ༷ར་ རི༷མ་གྱི༷ས་འགྲུ༷བ་པ༷་ལྟ༵ར་ཞེས་པའོ། ། དེའི་དོན་ནི། སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི། །པགས་ སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང༌། །དེ་བཞིན་དགེ་བ་དེ་དེ་ ལ་བརྟེན་ནས། །རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར། །ཞེས་ པ་སྟེ། སེ༷མས་ཅ༷ན་རྣ༷མས་ཀྱི༷་མ༷་རི༷ག་པ་ལ་སོ༷གས་པའི་ཉོན་མོངས་པའི་གློ་བུར་གྱི་དྲི་མ་ འབྲ༷ས་ཤུན་གྱི༵་པ༷གས་པའི་སྦུ༷བས་དང་འདྲ་བའི་ན༷ང་དུ་ཆུ༷ད་པའི་ཆོ༷ས་ཀྱི་ཁ༷མས་ཀྱི་དགེ༷་ བ༷་དེ་བཞིན་གཤེགས་པའི་སྙིང་པོ་ཡ༵ང་། རྐྱེན་ཚང་བ་ལས་ལྗོན་ཤིང་རིམ་གྱིས་འགྲུབ་པ་ དེ༷་བཞི༷ན་དུ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སྒྲུབ་པའི་དགེ༷་བ༷་དེ༷་དང་དེ༷་ལ༷་ བརྟེ༷ན་ན༵ས་ས་དང་ལམ་རྣམས་རི༷མ་གྱི༷ས་བགྲོད་དེ། ཐུ༷བ་པ༷འི་རྒྱ༷ལ་པོ༷་རྫོགས་པའི༷་སངས་ རྒྱས་ཀྱི་དངོ༷ས་པོ༷ར་འགྱུ༵ར་རོ་ཞེས་པའོ། ། སླར་ཡང་བཤད་པ་ནི། ཆུ་དང་ཉི་མའི་འདོ་དང་རླུང་དང་ས་དང་དུས་ མཁའི་རྐྱེན་རྣམས་ཀྱིས། །ཏཱ་ལ་དང་ནི་ཨ་མྲའི་འབྲས་སྦུབས་གསེབ་ ནས་ཤིང་སྐྱེ་ཇི་ལྟ་བར། །སེམས་ཅན་ཉོན་མོངས་འབྲས་ལྤགས་ནང་ཆུད་ རྫོགས་སངས་ས་བོན་མྱུ་གུ་ཡང༌། །དེ་བཞིན་དགེ་རྐྱེན་དེ་དང་དེ་ལས་ ཆོས་མཐོང་འཕེལ་བར་འགྱུར་བ་ཡིན། །ཞེས་པ་སྟེ། དཔེར་ན་རླན་པར་བྱེད་པའི་ 5-1-194 ཆུ༷་ད༷ང་། སྨིན་པར་བྱེད་པ་ཉི༷་མ༷འི་འོ༷ད་ད༷ང༌། མི་འདྲུལ་བར་བྱེད་པ་ཪླུ༷ང་ད༷ང༌། འཛིན་པར་ བྱེད་པ་ས༷་ད༷ང༌། སོ་ཀ་ལ་སོགས་པ་དྲོ་བའི་དུ༷ས་དང༌། གོ་སྐབས་འབྱེད་པ་ནམ་མཁ༷འི་ལ་ སོགས་པའི་རྐྱེ༷ན་རྣ༷མས་ཀྱི༵ས། ཏཱ༷་ལ༷་ད༷ང་ནི༷་ཨ༷་མྲ༷་ལ་སོགས་པའི༷་འབྲ༷ས་ཤུན་གྱི་སྦུ༷བས་ ཀྱི་གསེ༷བ་ན༷ས། འབྲས་བུ་ལྗོན་ཤི༷ང་གི་དངོས་པོ་རིམ་གྱིས་སྐྱེ༷་བ་ཇི༷་ལྟ༷་བ༵ར། སེ༷མས་ཅ༷ན་ རྣམས་ཀྱི་ཉོ༷ན་མོ༷ངས་གློ་བུར་བ་འབྲ༷ས་ཤུན་གྱི་པ༷གས་པ་དང་འདྲ་བའི་ན༷ང་དུ་ཆུ༷ད་པའི། རྫོ༷གས་པའི་ས༷ངས་རྒྱས་ཀྱི་སྙིང་པོ་ས༷་བོ༷ན་གྱི་མྱུ༷་གུ༷་དང་འདྲ་བ་ཡ༵ང༌། རྐྱེན་ཚོགས་པ་ལས་ ཤིང་སྐྱེ་བ་དེ༷་བཞི༷ན་དུ་ཐར་པའི་རྒྱུར་གྱུར་པ་ཚོགས་གཉིས་ཀྱི་དགེ༷་བའི་རྐྱེ༷ན་དེ༷་ད༷ང་དེ༷་ ལ༷ས་ཆོ༷ས་ཀྱི་དབྱིངས་མངོན་སུམ་དུ་མཐོ༷ང་བ་རིམ་གྱིས་འཕེ༷ལ་ནས་རྫོགས་པའི་སངས་ རྒྱས་ཀྱི་འབྲས་བུ་ཐོབ་པ༷ར་འགྱུ༷ར་བ༷་ཡི༵ན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་སུ་ བསྟོད་པ་ལས་ཀྱང༌། ཆུ་ཤིང་སྙིང་པོ་མེད་དོ་ཞེས། །འཇིག་རྟེན་ན་ནི་དཔེར་བྱེད་ཀྱང༌། །དེ་ ཡི་འབྲས་བུ་སྙིང་པོ་ཉིད། །དངར་པོ་ཟ་བར་བྱེད་པ་ལྟར། །སྙིང་པོ་མེད་པའི་འཁོར་བ་ལས། ། ཉོན་མོངས་གཟེབ་དང་བྲལ་གྱུར་ན། །དེ་ཡི་འབྲས་བུ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་ བདུད་རྩིར་འགྱུར། །ཞེས་གསུངས་པ་དང་མཐུན་པ་ཡིན་ནོ། ། གོས་རུལ་ལ་སྐུ་གཟུགས་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ ནི། ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་སྐུ། །གོས་རུལ་དྲི་ངན་གྱིས་ ནི་བཏུམས་གྱུར་པ། །ལམ་གནས་ལྷ་ཡིས་མཐོང་ནས་གྲོལ་བྱའི་ཕྱིར། ། ལམ་གནས་དོན་དེ་དེ་ལ་སྨྲ་བ་ལྟར། །ཞེས་པ་སྟེ། ཇི༷་ལྟར༷་ན་རི༷ན་ཆེ༷ན་སྣ་ ཚོགས་ལ༷ས་བྱ༷ས་པའི་རྒྱ༷ལ་བ༷་དེ་བཞིན་གཤེགས་པའི༷་སྐུ༵་གཟུགས་མཆོག་ཏུ་མཛེས་པ་ཞིག་ གོ༷ས་རུ༷ལ་པ་དྲི༷་མ་ང༷ན་པ་ཅན་རྣམས་ཀྱི༷ས་ནི༷་བཏུ༷མས་པར་གྱུ༷ར་པ༵་དེ་ལ༷མ་གྱི་གཞི་མདོར་ གན༷ས་ཀྱང་མི་རྣམས་ཀྱིས་མ་མཐོང་བ་ལས། རེ་ཞིག་ཅིག་ན་ལྷ༷་ཡི༷ས་དེ་མཐོ༷ང་བར་གྱུར་ 5-1-195 ན༷ས་སྒྲུབ་བྱེད་ངན་པ་དེ་ལས་གྲོ༷ལ་བར་བྱ༷་བའི༷་ཕྱི༵ར་དུ། ལ༷མ་གྱི་དབུས་ན་གན༷ས་པའི་སྐུ་ གཟུགས་ཀྱི་དོ༷ན་དེ༷། མི་དེ༷་དག་ལ༷་སྨྲ༷་ཞིང་སྟོན་པར་བྱེད་པ༷་ལྟ༵ར་ཞེས་པའོ། ། དེའི་དོན་ནི། ཐོགས་མེད་སྤྱན་མངས་རྣམ་པ་སྣ་ཚོགས་ཀྱི། །ཉོན་ མོངས་ཀྱིས་བཏུམས་བདེ་གཤེགས་དངོས་པོ་ཉིད། །དུད་འགྲོ་ལ་ཡང་ གཟིགས་ནས་དེ་བཞིན་དེ། །ཐར་པར་བྱ་བའི་དོན་དུ་ཐབས་སྟོན་མཛད། ། ཅེས་པ་སྟེ། ཤེས་བྱ་ཐམས་ཅད་ལ་ཐོ༷གས་པ་མེ༷ད་པར་གཟིགས་པ་སངས་རྒྱས་ཡེ་ཤེས་ ཀྱི་སྤྱ༷ན་མང༷ས་འདོད་ཆགས་ལ་སོགས་པ་རྣ༷མ་པ༷་སྣ༷་ཚོ༷གས་ཀྱི༵་ཉོ༷ན་མོ༷ངས་པ་གློ་བུར་བ་ རྣམས་ཀྱི༷ས་བཏུ༷མས་པའི་བདེ༷་བར་གཤེ༷གས་པའི་སྙིང་པོའི་དངོ༷ས་པོ༷་ཉི༵ད་ནི་ཐ་ན་བཤང་ བའི་སྲིན་བུ་ལ་སོགས་པ་དུ༷ད་འགྲོ༷ར་གྱུར་པ་རྣམས་ལ༷་ཡ༷ང་ཁྱབ་པར་ཡོད་པར་གཟི༷གས་ ན༷ས་སྐུ་གཟུགས་ཀྱི་སྒྲིབ་བྱེད་སེལ་བ་དེ༷་བཞི༷ན་དུ། ཆོས་ཀྱི་དབྱིངས་དེ༵་གློ་བུར་གྱི་དྲི་མ་ལས་ ཐ༷ར་པ༷ར་བྱ༷་བ༷འི་དོ༷ན་དུ༷་ལམ་ཉམས་སུ་ལེན་པའི་ཐ༷བས་དམ་པའི་ཆོས་ཀྱི་སྒོ་མཐའ་ཡས་ པ་རྣམས་སྟོ༷ན་པར་མཛ༵ད་དོ་ཞེས་པའོ། ། སླར་ཡང་བཤད་པ་ནི། ཇི་ལྟར་རིན་ཆེན་རང་བཞིན་དེ་བཞིན་གཤེགས་ སྐུ་དྲི་ངན་གོས་བཏུམས་པ། །ལམ་ནས་ལྷ་ཡི་མིག་གིས་མཐོང་ནས་ ཐར་ཕྱིར་མི་ལ་སྟོན་པ་ལྟར། །དེ་བཞིན་ཉོན་མོངས་གོས་རུལ་གྱིས་ བཏུམས་འཁོར་བའི་ལམ་ན་གནས་པའི་ཁམས། །དུད་འགྲོ་ལ་ཡང་ གཟིགས་ནས་ཐར་པར་བྱ་ཕྱིར་རྒྱལ་བས་ཆོས་སྟོན་ཏོ། །ཞེས་པ་སྟེ། ཇི༷་ལྟར༷་ ན་རི༷ན་ཆེ༷ན་གྱི་ར༷ང་བཞི༷ན་ལས་གྲུབ་པའི་དེ༷་བཞི༷ན་གཤེ༷གས་པའི་སྐུ༷་གཟུགས་མཛེས་པ་ ཞིག་དྲི༷་མ་ང༷ན་པ་ཅན་གྱི་གོ༷ས་རུལ་པ་རྣམས་ཀྱིས་བཏུ༷མས་པར་གྱུར་པ༵་ལ༷མ་གྱི་གཞི་མདོ་ དག་ན་གན༷ས་པ་ལས་ལྷ༷་ཡི༷་མི༷ག་རྣམ་པར་དག་པ་དང་ལྡན་པའི་ལྷ་འགའ་ཞིག་གི༷ས་དེ་ 5-1-196 མཐོ༷ང་ན༷ས། སྒྲིབ་བྱེད་ངན་པ་དེ་ལས་ཐ༷ར་བར་བྱ་བའི་ཕྱི༷ར་དུ་མི༷་རྣམས་ལ༷་གསལ་བར་ སྟོ༷ན་པ༷་ལྟ༵ར། དེ༷་བཞི༷ན་དུ་ཉོ༷ན་མོ༷ངས་པ་གོ༷ས་རུ༷ལ་དང་འདྲ་བའི་སྒྲིབ་པ་རྣམས་ཀྱི༷ས་ བཏུ༷མས་ཤིང་སྲིད་པ་འཁོ༷ར་བ༷འི་ལ༷མ་ན༷་གན༷ས་པ༷འི་ཁ༵མས་དེ་བཞིན་གཤེགས་པའི་སྙིང་ པོ་ནི། ཐ་ན་དུ༷ད་འགྲོ༷་ལ༷་སོགས་པ་དམན་པ་རྣམས་ལ་ཡ༷ང་ཡོད་པར་གཟི༷གས་ན༷ས་གློ་བུར་ གྱི་དྲི་མ་ལས་ཐ༷ར་པ༷ར་བྱ༷་བའི་ཕྱི༷ར་དུ་རྒྱ༷ལ་བ༷་རྫོགས་པའི་སངས་རྒྱས་རྣམས་གདུལ་བྱའི་ སྐལ་པ་དང་མཐུན་པར་དམ་པའི་ཆོ༷ས་སྟོ༷ན་པར་མཛད་དོ༵་ཞེས་བྱ་བའི་དོན་ཏོ། ། བུད་མེད་ལ་རྒྱལ་པོ་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་གྱི་དཔེ་ནི། ཇི་ལྟར་ མི་མོ་གཟུགས་ངན་མགོན་མེད་འགའ། །མགོན་མེད་འདུག་ནས་སུ་ནི་ འདུག་གྱུར་ལ། །མངལ་གྱིས་རྒྱལ་པོའི་དཔལ་ནི་འཛིན་བྱེད་པས། །རང་ ལྟོ་ན་ཡོད་མི་བདག་མི་ཤེས་ལྟར། །ཞེས་པ་སྟེ། ཇི༷་ལྟར༷་ན་མི༷་མོ༷་གཟུག༷ས་བྱད་ ང༷ན་ཞིང་མགོ༷ན་དང་སྐྱབས་མེ༷ད་པ་འག༵འ་ཞིག་མགོ༷ན་མེ༷ད་པ་རྣམས་ཀྱི་འདུ༷ག་གན༷ས་ འགྲོན་ཁང་དང་གཞི་མདོ་ལ་སོགས་པ་རྣམས་སུ༷་ནི༷་འདུ༷ག་པར་གྱུ༷ར་ལ༵་རང་གི་མང༷ལ་གྱི༷ས་ འཁོར་ལོས་བསྒྱུར་བའི་རྒྱ༷ལ་པོ༷འི་དཔ༷ལ་དང་ལྡན་པར་འགྱུར་བའི་ཁྱེའུ་མཚན་གྱིས་སྤྲས་པ་ ནི༷་འཛི༷ན་པར་བྱེ༷ད་པ༵ས་ཀྱང༌། མངལ་སྦུབས་ཀྱིས་སྒྲིབ་པའི་ཕྱིར་ར༷ང་ཉིད་ཀྱི་ལྟོ༷་བ་ན༷་ཡོ༷ད་ པའི་སེམས་ཅན་དེ་མི༷འི་བད༷ག་པོ་ཡིན་པར་མི༷་ཤེ༷ས་པས། གཞན་གྱིས་བརྙས་པའི་འཇིགས་ པ་དང་བཅས་ཤིང་སྡུག་བསྔལ་བར་གནས་པ་ལྟ༵ར་ཞེས་པའོ། ། དེའི་དོན་ནི། སྲིད་པར་སྐྱེ་བ་མགོན་མེད་ཁྱིམ་བཞིན་ཏེ། །མ་དག་ སེམས་ཅན་མངལ་ལྡན་བུད་མེད་བཞིན། །དེ་ལ་གང་ཞིག་ཡོད་པས་ མགོན་བཅས་པ། །དྲི་མེད་ཁམས་ནི་དེ་ཡི་མངལ་གནས་བཞིན། །ཞེས་ པ་སྟེ། སྲི༷ད་པ་འཁོར་བའི་གནས་རྣམ་པ་སྣ་ཚོགས་པ༷ར་སྐྱེ༷་བ༷་རྣམས་སྡུག་བསྔལ་དང་བཅས་ 5-1-197 པའི་ཕྱིར་མགོ༷ན་དང་སྐྱབས་མེ༷ད་པའི་ཁྱི༷མ་ན་གནས་པ་ཇི་ལྟ་བ་བཞི༷ན་ཏེ༵། གློ་བུར་གྱི་ཉོན་ མོངས་པས་མ༷་ད༷ག་པའི་སེ༷མས་ཅ༷ན་རྣམས་ནི་མགོན་ཡོད་ཀྱང་མ་ཤེས་པའི་ཕྱིར་མང༷ལ་ན་ རྒྱལ་པོ་དང་ལྡ༷ན་པའི་བུ༷ད་མེ༷ད་ཇི་ལྟ་བ་བཞི༵ན་ཡིན་ཞིང༌། བུད་མེད་དེ༷་ལ༷་རྒྱལ་པོ་ག༷ང་ཞི༷ག་ ཡོ༷ད་པ༷ས་མགོ༷ན་དང་བཅ༷ས་པ༵ར་འགྱུར་བ་ལྟར། སེམས་ཅན་དེ་ལ་ཆོས་གང་ཞིག་ཡོད་པས་ མགོན་གྱི་མཆོག་དང་བཅས་པར་འགྱུར་བ་རང་བཞིན་གྱིས་རྣམ་པར་དག་ཅིང་དྲི༷་མ་མེ༷ད་ པའི་ཁ༷མས་དེ་བཞིན་གཤེགས་པའི་སྙིང་པོ་ནི༷། མངོན་དུ་གྱུར་པ་ན་འཇིགས་པ་ཐམས་ཅད་ ལས་སྐྱོབ་པའི་ཕྱིར། བུད་མེད་དེ༷འི༷་མང༷ལ་ན་གན༷ས་པའི་རྒྱལ་པོ་ཇི་ལྟ་བ་བཞི༵ན་ནོ་ཞེས་ པའོ། ། སླར་ཡང་བཤད་པ་ནི། ཇི་ལྟར་བུད་མེད་ལུས་ལ་དྲི་བཅས་གོས་གྱོན་མི་ སྡུག་གཟུགས་ལྡན་པ། །ས་བདག་མངལ་ན་གནས་ཀྱང་མགོན་མེད་ ཁང་པར་སྡུག་བསྔལ་མཆོག་མྱོང་ལྟར། །དེ་བཞིན་བདག་རང་ནང་ གནས་མགོན་ཡོད་གྱུར་ཀྱང་མགོན་མེད་བློ་ལྡན་པ། །འགྲོ་བ་ཉོན་ མོངས་དབང་གིས་ཡིད་མ་ཞི་བས་སྡུག་བསྔལ་གཞི་ལ་གནས། །ཞེས་ པ་སྟེ། ཇི༷་ལྟར༷་ན་བུ༷ད་མེ༷ད་ལུ༷ས་ལ༷་དྲི༷་མ་དང་བཅ༷ས་པའི་གོ༷ས་རུལ་པ་གྱོ༷ན་ཞིང་ཁ་དོག་ དང་དབྱིབས་ལ་སོགས་པ་མི༷་སྡུ༷ག་པའི་གཟུ༷གས་དང་ལྡ༷ན་པ༵་འགའ་ཞིག་ས༷འི་བད༷ག་པོར་ འགྱུར་བའི་ཁྱེའུ་མང༷ལ་གྱི་ནང་ན༷་གན༷ས་ཀྱ༷ང་དེ་མ་རྟོགས་པའི་ཕྱིར་མགོ༷ན་དང་སྐྱབས་ མེ༷ད་པའི་ཁ༷ང་པ༷ར་གནས་སྟེ། གཞན་གྱིས་བརྙས་པ་ལ་སོགས་པའི་སྡུ༷ག་བསྔ༷ལ་མཆོ༷ག་ཏུ་ མང་པོ་མྱོ༷ང་བ་ལྟ༵ར། དེ༷་བཞི༷ན་དུ་བད༷ག་ར༷ང་གི་ན༷ང་སེམས་ཀྱི་རང་བཞིན་དུ་གན༷ས་པའི་ མགོ༷ན་སངས་རྒྱས་ཉིད་ཡོ༷ད་པར་གྱུ༷ར་ཀྱ༷ང༌། དེ་མ་རྟོགས་པའི་ཕྱིར་མགོ༷ན་དང་སྐྱབས་མེ༷ད་ པའོ་སྙམ་པའི་བློ༷་དང་ལྡ༷ན་པ༵འི་འགྲོ༷་བ༷་རྣམས་ནི་ཉོ༷ན་མོ༷ངས་པ་གློ་བུར་བ་རྣམས་ཀྱི་དབ༷ང་ 5-1-198 གི༷ས་ཡི༷ད་རབ་ཏུ་མ༷་ཞི༷་བ༷ས་ལས་ཟག་པ་དང་བཅས་པ་སྤྱོད་ཅིང་དེའི་རྒྱུས་འཁོར་བར་ འཇིགས་པ་ལ་སོགས་པའི་སྡུ༷ག་བསྔ༷ལ་མྱོང་བའི་གཞི༷་ལ༷་གན༵ས་པ་ཡིན་ནོ་ཞེས་བྱ་བའི་དོན་ ཏོ། །དེའང་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཇི་ལྟར་སྦྲུམ་མའི་ལྟོ་ན་བུ། །ཡོད་ཀྱང་མཐོང་ བ་མ་ཡིན་པ། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པའི། །ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ ཡིན། །ཞེས་གསུངས་པ་དང་མཐུན་པ་ཉིད་དོ། ། ས་འདམ་ལ་གསེར་གཟུགས་ལྟར་སེམས་ཅན་ལ་ཆོས་དབྱིངས་གནས་ཚུལ་ལའང༌། དབྱིངས་ཀྱི་དྲི་མ་སྦྱོང་ཚུལ་རྒྱས་པར་བཤད་པ་ལ་གཉིས་ཀྱི། མཚོན་པར་བྱེད་པའི་དཔེ་ནི། ཇི་ལྟར་ནང་གི་གསེར་ཞུན་གཟུགས་རྒྱས་པ། །ཞི་བ་ཕྱི་རོལ་ས་ཡི་རང་ བཞིན་ཅན། །མཐོང་ནས་དེ་ཤེས་པ་དག་ནང་གི་གསེར། །སྦྱང་ཕྱིར་ཕྱི་ རོལ་སྒྲིབ་པ་སེལ་བ་ལྟར། །ཞེས་པ་སྟེ། ཇི༷་ལྟར༷་ན་ས་འདམ་གྱི་ནང༷་གི༷་གསེ༷ར་ཞུན༷་ མ་ལས་བྱས་པའི་གཟུ༷གས་བརྙན་ཚད་དང་མཚན་ཉིད་རྒྱ༷ས་ཤིང་མཛེས་པ༵། རང་གི་ངོ་བོ་དྲི་ མ་ཉེ་བར་ཞི༷་བ༷ས་རྣམ་པར་དག་པ་ཡིན་ཡང་། ཕྱི༷་རོ༷ལ་ནས་ལུགས་ཀྱི་ས༷་འདམ་ནག་པོས་ གཡོགས་པའི༷་ར༷ང་བཞི༷ན་ཅ༵ན་དག ཤེས་ལྡན་འགའ་ཞིག་གིས་མཐོ༷ང་ན༷ས་དེ༷་ལྟར་ཤེ༷ས་ པ༷འི་སྐྱེ་བོ་ད༷ག་ན༷ང་གི༷་གསེ༵ར་བཟང་པོ་དེའི་དྲི་མ་སྦྱ༷ང་ཞིང་དག་པར་བྱ་བའི་ཕྱི༷ར་དུ། ཕྱི༷་ རོ༷ལ་གྱི་ས་འདམ་ནག་པོ་ལ་སོགས་པའི་སྒྲི༷བ་པ༷་རྣམས་སེ༷ལ་བ༷འི་ཐབས་སྣ་ཚོགས་བྱེད་པ་ ལྟ༵ར་ཞེས་པའོ། ། དེས་མཚོན་པར་བྱ་བའི་དོན་ནི། རང་བཞིན་འདོ་གསལ་དྲི་མ་རྣམས་ཀྱང་ ནི། །གློ་བུར་བར་ནི་རྣམ་པར་གཟིགས་གྱུར་ནས། །རིན་ཆེན་འབྱུང་ གནས་ལྟ་བུའི་སེམས་ཅན་རྣམས། །སྒྲིབ་པ་དག་ལས་སྦྱོང་མཛད་བྱང་ ཆུབ་མཆོག །ཞེས་པ་སྟེ། སེམས་ཀྱི་ར༷ང་བཞི༷ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་གདོད་ 5-1-199 མ་ནས་འོ༷ད་གས༷ལ་ཞིང་རྣམ་པར་དག་པ་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ དྲི༷་མ༷་རྣ༷མས་ཀྱ༷ང་ནི༵་སྤང་དུ་རུང་བའི་ཕྱིར་གློ༷་བུ༷ར་བ༷་ཡིན་པར་ནི༷་རྣ༷མ་པ༷ར་གཟི༷གས་པར་ གྱུ༷ར་ན༵ས། རི༷ན་ཆེ༷ན་གསེར་བཟང་པོ་ལས་བྱས་པའི་གཟུགས་བརྙན་འབྱུ༷ང་བའི་གན༷ས་ས་ འདམ་གྱིས་གཡོགས་པའི་གོང་བུ་ལྟ༷་བུ༷འི་སེ༷མས་ཅ༷ན་རྣ༵མས་ཆོས་ཀྱི་དབྱིངས་མཐོང་བའི་ སྒྲི༷བ་པ༷་གློ་བུར་གྱི་དྲི་མ་ད༷ག་ལ༷ས་རྣམ་པར་སྦྱོ༷ང་བར་བྱེད་པའི་ཐབས་དམ་པའི་ཆོས་སྟོན་ པར་མཛ༷ད་པ་ནི། བྱ༷ང་ཆུ༷བ་མཆོ༵ག་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་རྣམས་ཡིན་ནོ་ ཞེས་པའོ། ། སླར་ཡང་ལེགས་པར་སྦྱར་ཏེ་གསལ་བར་བྱ་བ་ནི། ཇི་ལྟར་དྲི་མེད་གསེར་ འབར་ལས་བྱས་ས་ཡི་ནང་དུ་ཆུད་གྱུར་གཟུགས། ཞི་དེ་རིན་ཆེན་ མཁས་པས་རིག་གནས་ས་དག་སེལ་བར་བྱེད་པ་ལྟར། དེ་བཞིན་ཀུན་ མཁྱེན་དག་པའི་གསེར་འདྲ་ཞི་བའི་ཡིད་ནི་མཁྱེན་གྱུར་ནས། ཆོས་ འཆད་ཚུལ་གྱིས་བརྡེག་སྤྱད་བསྒྲུབས་པས་སྒྲིབ་པ་དག་ནི་སེལ་བར་ མཛད། །ཅེས་པ་སྟེ། ཇི༷་ལྟར༷་ན་རང་བཞིན་གྱིས་དྲི༷་མ་མེ༷ད་ཅིང་རྣམ་པར་དག་པའི་གསེ༷ར་ བཟང་པོ་འོད་རབ་ཏུ་འབ༷ར་བ་ལ༷ས་བྱ༷ས་ཤིང་། ལུགས་གཏོང་བའི་དུས་ཀྱི་ས༷་འདམ་ནག་ པོའི༷་ན༷ང་དུ༷་ཆུ༷ད་པར་གྱུ༷ར་པའི་གཟུ༵གས་བརྙན་རང་གི་ངོ་བོ་དྲི་མ་ཉེ་བར་ཞི༷་བ་དེ༷། རི༷ན་ ཆེ༷ན་གྱི་གཟུགས་བརྙན་རྟོག་པ་ལ་མཁ༷ས་པའི་སྐྱེས་བུ་བློ་དང་ལྡན་པ༷ས་རི༷ག་ན༷ས། སྒྲིབ་ བྱེད་ས༷་འདམ་ལ་སོགས་པའི་དྲི་མ་ད༷ག་རིམ་གྱིས་སེ༷ལ་བ༷ར་བྱེད་པའི་ཐབས་བརྡེག་སྤྱད་ དལ་བུས་བསྣུན་པ་ལ་སོགས་པ་བྱེ༷ད་པ༷་ལྟ༵ར། དེ༷་བཞི༷ན་དུ་ཤེས་བྱའི་རྣམ་པ་ཀུ༷ན་མངོན་ སུམ་དུ་མཁྱེ༷ན་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང༌། དྲི་མ་རང་བཞིན་གྱིས་ད༷ག་པ༷འི་གསེ༷ར་ བཟང་པོའི་གཟུགས་བརྙན་དང་འདྲ༷་བར་ཉོན་མོངས་པ་གདོད་མ་ནས་ཞི༷་བ༷འི་ཡི༷ད་ཀྱི་ཆོས་ 5-1-200 ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ནི༷། སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཉིད་དུ་མཁྱེ༷ན་ པར་གྱུ༷ར་ན༵ས་རང་རང་གི་སྐལ་བ་དང་མཐུན་པར་ཆོ༷ས་འཆ༷ད་པའི་ཚུ༷ལ་གྱི༷་ཐབས། འདམ་ སེལ་བའི་བརྡེ༷ག་སྤྱ༷ད་དང་འདྲ་བར་བསྒྲུ༷བས་པ༷ས། རང་བཞིན་མངོན་སུམ་དུ་གྱུར་པའི་ སྒྲི༷བ་པ༷་གློ་བུར་གྱི་དྲི་མ་ད༷ག་ནི༷་སེ༷ལ་བ༷ར་མཛ༵ད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། བསྡུས་ཏེ་ཐོག་མ་མེད་ཚུལ་བསྟན་པ་ནི། །པདྨ་སྲོག་ཆགས་བུང་བ་དང༌། ། སྦུན་པ་དང་ནི་མི་གཙང་བ། །འབྲས་ཤུན་གོས་རུལ་བུད་མེད་ཀྱི། ། མངལ་དང་ས་ཡི་སྦུབས་ན་ཡང༌། །སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན། ། གསེར་བཞིན་གཏེར་བཞིན་ལྗོན་པ་བཞིན། །རིན་ཆེན་སྐུ་དང་འཁོར་ ལོ་ཡིས། །བསྒྱུར་བ་བཞིན་དང་གསེར་གཟུགས་བཞིན། །སེམས་ཅན་ ཁམས་ཀྱི་ཉོན་མོངས་སྦུབས། །མ་འབྲེལ་ཐོག་མ་མེད་པ་ན། །སེམས་ ཀྱི་རང་བཞིན་དྲི་མེད་ནི། །ཐོག་མ་མེད་པ་ཡིན་པར་བརྗོད། །ཅེས་པ་སྟེ། པ༷དྨ༷་མདོག་ངན་པ་ཅན་དང༌། སྲོ༷ག་ཆ༷གས་བུ༷ང་བ༷་ད༵ང་འབྲུའི་སྦུ༷ན་པ༷་ད༷ང་ནི༷་མི༷་གཙ༷ང་ བ༵འི་འདམ་དང་ས་གཞི་དང་ཤིང་གི་འབྲ༷ས་ཤུ༷ན་དང་། གོ༷ས་རུ༷ལ་དྲི་མ་ཅན་དང་བུ༷ད་མེ༷ད་ ཀྱི༵་མང༷ལ་ད༷ང་། ས༷་འདམ་ནག་པོའི༷་སྦུ༷བས་ན༷་ཡ༵ང་ཞེས་པ་རྣམས་དྲི་མ་མཚོན་པའི་དཔེ་ ཡིན་ཞིང༌། མཚན་དཔེས་བརྒྱན་པའི་ས༷ངས་རྒྱ༷ས་ཇི་ལྟ་བ་བཞིན་དང་རོ་བཅུད་ལྡན་པའི་ སྦྲ༷ང་རྩི༷་ཇི་ལྟ་བ་བཞིན་དང༌། །འབྲས་ལ་སོགས་པའི་སྙི༷ང་པོ༷་ཇི་ལྟ་བ་བཞི༵ན་དང་། གཞན་ དུ་མི་འགྱུར་བའི་གསེ༷ར་སྦྲམ་ཇི་ལྟ་བ་བཞི༷ན་དང༌། ཟད་མི་ཤེས་པའི་གཏེ༷ར་ཆེན་པོ་ཇི་ལྟ་བ་ བཞི༷ན་དང༌། འབྲས་བུ་དང་བཅས་པའི་ཤིང་ལྗོ༷ན་པ༷་ཇི་ལྟ་བ་བཞི༵ན་དང༌། རི༷ན་ཆེ༷ན་གྱི་སྐུ༷་ གཟུགས་མཛེས་པ་ཇི་ལྟ་བ་བཞིན་ད༷ང༌། འཁོ༷ར་ལོ༷་ཡི༵ས་དབང་བསྒྱུ༷ར་བའི་རྒྱལ་པོ་ཇི་ལྟ་ བ༷་བཞི༷ན་ད༷ང༌། གསེ༷ར་བཟང་པོའི་གཟུ༷གས་བརྙན་ཇི་ལྟ་བ་བཞི༵ན་དུ་ཞེས་པ་རྣམས་སྙིང་ 5-1-201 པོ་མཚོན་པའི་དཔེ་ཡིན་ལ། དེ་དག་གིས་ཉེ་བར་མཚོན་པའི་དོན་ནི། སེ༷མས་ཅ༷ན་གྱི་ཁ༷མས་ དེ་བཞིན་ཉིད་ཀྱི༷་སྒྲིབ་བྱེད་ཉོ༷ན་མོ༷ངས་པའི་སྦུ༵བས་རྣམས་ནི་རང་བཞིན་ལ་མ༷་འབྲེ༷ལ་བས་ ན་གློ་བུར་བ་ཡིན་ཡང༌། ཆོས་དབྱིངས་དང་ལྷན་ཅིག་ཐོ༷ག་མ༷་མེ༷ད་པ༷་ནས་ཉེ་བར་གནས་ པ་ཡང་ཡིན་ལ། དེ་རྣམས་གང་ན་ཡོད་པ་དེ་ན༵་སེ༷མས་ཀྱི༷་ར༷ང་བཞི༷ན་དེ་བཞིན་གཤེགས་ པའི་སྙིང་པོ་གདོད་མ་ནས་དྲི༷་མ་མེ༷ད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི༵་ཐོ༷ག་མ༷་མེ༷ད་པ༷་ནས་ ཉེ་བར་གནས་པ་ཡི༷ན་པ༷ར་བརྗོ༵ད་དོ། །ཞེས་བྱ་བའི་དོན་ཏོ། །གཉི་ག་ཐོག་མ་མེད་པ་ལ་ དགོངས་ནས། །མདོ་ལས་ཀྱང༌། སེམས་ཀུན་ནས་ཉོན་མོངས་པའི་ཕྱིར་སེམས་ཅན་རྣམས་ ཀུན་ནས་ཉོན་མོངས་ལ། སེམས་རྣམ་པར་བྱང་བའི་ཕྱིར་རྣམ་པར་དག་པ་ཡིན་ནོ་ཞེས་ གསུངས་སོ། །དེ་ལྟར་དཔེ་དགུས་བསྟན་པའི་དོན་འདི་ནི་ཟབ་མོ་ངེས་པའི་དོན་མཐར་ཐུག་ པ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས་དཔེ་གཅིག་ཙམ་འཛིན་པ་ དང༌། ཐོས་ནས་རྗེས་སུ་ཡི་རང་བར་བྱེད་ནའང་བསོད་ནམས་དཔག་ཏུ་མེད་པ་འཐོབ་པར་ གསུངས་ཤིང༌། གཞན་ཡང་དེ་ཉིད་ལས། གང་གི་ལག་ན་མདོ་སྡེ་འདི་ཡོད་པ། །མི་ཡི་ཁྱུ་ མཆོག་ཆོས་ཀྱི་སྒྲོན་མ་འཛིན། །དེ་ནི་ཉི་ཟླ་ལྟ་བུར་ལྟ་བའི་འོས། །འཇིག་རྟེན་མགོན་པོ་ལྟ་ བུར་ཕྱག་བྱའི་གནས། །ཞེས་པ་ལ་སོགས་པའང་གསུངས་སོ། ། དྲི་མ་དང་སྙིང་པོ་གཉིས་སོ་སོའི་ཆོས་མཐུན་སྦྱར་བ་ལ། གློ་བུར་དྲི་མ་ཁྱད་པར་དུ་མཚོན་ ཚུལ་དང༌། རང་བཞིན་ཆོས་དབྱིངས་ཁྱད་པར་དུ་མཚོན་ཚུལ་ལོ། ། དྲི་མ་མཚོན་ཚུལ་ལ་བཞི་སྟེ། སྒྲིབ་བྱེད་དྲི་མའི་རྣམ་པར་དབྱེ་བ། དེ་ཡིས་འགྲོ་བའི་ དབྱིངས་ལ་སྒྲིབ་ཚུལ། སོ་སོའི་དཔེ་དོན་རྒྱས་པར་སྦྱར་བ། སླར་ཡང་དེ་རྣམས་སྤྱིའི་དོན་བསྡུ་ བའོ། ། དེ་ལ་དྲི་མའི་དབྱེ་བ་ནི། ཆགས་དང་སྡང་དང་རྨོངས་དང་དེའི། །ཀུན་ལྡང་ 5-1-202 དྲག་དང་བག་ཆགས་དང༌། །མཐོང་སྒོམ་ལམ་སྤང་མ་དག་པའི། །དག་ པའི་ས་ལ་བརྟེན་པ་ཡི། །དྲི་མ་རྣམ་དགུ་པདྨ་ཡི། །སྦུབས་སོགས་དཔེ་ ཡིས་རབ་བསྟན་ཏེ། ཉེ་བའི་ཉོན་མོངས་སྦུབས་ཀྱི་ནི། །དབྱེ་བས་བྱེ་བ་ མཐའ་ལས་འདས། །ཞེས་པ་ལ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་ སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི་མ་རྣམས་ནི་རིགས་ཀྱི་སྒོ་ནས་མདོར་བསྡུ་ན་རྣམ་པ་དགུ་སྟེ། དེ་ཡང་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་རྒྱུད་ལ་ཡོད་པ། མི་གཡོ་བའི་འདུ་བྱེད་ ཀྱི་རྒྱུ་གཟུགས་དང་གཟུགས་མེད་པའི་ཁམས་སྒྲུབ་པར་བྱེད་པ་འཇིག་རྟེན་ལས་འདས་པའི་ ཡེ་ཤེས་ཀྱི་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་འདོད་ཆ༷གས་ཀྱི་བག་ལ་ཉལ་ད༷ང༌། ཞེ་ སྡ༷ང་གི་བག་ལ་ཉལ་ད༷ང་། རྨོ༷ངས་པ་གཏི་མུག་གི་བག་ལ་ཉལ་ཏེ་དེ་དག་གི་གནས་ངན་ལེན་ ནམ་ས་བོན་གསུམ་པོ་རེ་རེར་བགྲངས་པ་ད༷ང༌། འདོད་ཆགས་མ་བྲལ་བའི་རྒྱུད་ལ་ཡོད་ པ་བསོད་ནམས་དང་བསོད་ནམས་མ་ཡིན་པའི་འདུ་བྱེད་ཀྱི་རྒྱུ། འདོད་པའི་ཁམས་འབའ་ ཞིག་སྒྲུབ་པར་བྱེད་པ། མི་སྡུག་པ་སྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ༷འི༵་ཀུ༷ན་ནས་ལྡ༷ང་བ་དྲ༷ག་པོ་སྟེ་དུག་གསུམ་ མངོན་གྱུར་རྣམས་གཅིག་ཏུ་བྱས་པ་ད༷ང༌། དགྲ་བཅོམ་པ་རྣམས་ཀྱི་རྒྱུད་ལ་ཡོད་པ་ཟག་པ་ མེད་པའི་ལས་ལ་འཇུག་པའི་རྒྱུ་ཡིད་ཀྱི་རང་བཞིན་གྱི་ལུས་སྒྲུབ་པར་བྱེད་པ་བྱང་ཆུབ་ཆེན་ པོའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་ནི། མ་རིག་བ༷ག་ཆ༷གས་ཀྱི་སས་བསྡུས་པ་ ད༵ང༌། ཐུན་མོང་དུ་སོ་སོའི་སྐྱེ་བོ་སློབ་པའི་རྒྱུད་ལ་ཡོད་པ་ཆོས་ཉིད་བདེན་པ་མངོན་སུམ་དུ་ མཐོང་བའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་ནི་མཐོ༷ང་བས་སྤང་བར་བྱ་བ་དང༌། འཕགས་པ་སློབ་པའི་རྒྱུད་ལ་ཡོད་པ་ཆོས་ཉིད་མངོན་སུམ་གྱིས་མཐོང་ཟིན་སྒོ༷མ་པའི་ལ༷མ་ གྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་ནི་སྒོམ་པས་སྤ༷ང་བར་བྱ་བ་དང༌། ཁྱད་པར་ 5-1-203 དུ་མཐར་ཕྱིན་པ་མ་ཡིན་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ། ས་དང་པོ་ནས་བདུན་ པའི་བར་གྱི་མི་མཐུན་པའི་ཕྱོགས་དག་པ་ས་གསུམ་སྒོམ་པའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ གང་ཡིན་པ་དེ་ནི་མ༷་ད༷ག་པ༵འི་ས་ལ་བརྟེན་པའི་སྤང་བར་བྱ་བ་དང༌། མཐར་ཕྱིན་པའི་བྱང་ ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ། དག་པ་ས་གསུམ་གྱི་མི་མཐུན་པའི་ཕྱོགས། རྡོ་རྗེ་ལྟ་བུའི་ ཏིང་ངེ་འཛིན་གྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་ནི། ད༷ག་པ༷འི་ས༷་ལ༷་བརྟེ༷ན་པ༷འི༵་སྤང་ བར་བྱ་བ་རྣམས་སོ། །དེ་ལྟར་ན་རགས་པ་རྟོགས་སླ་བའི་དབང་དུ་བྱས་ནས་འདོད་ཆགས་ལ་ སོགས་པའི་དྲི༷་མ༷་རྣ༷མ་པ་དགུ༷་ནི་པ༷དྨ༷འི༵་སྦུ༷བས་དང་སྦྲང་མ་ལ་སོ༷གས་པའི་དཔེ༷་རྣམས་དགུ་ པོ་ཡི༷ས་གོ་རིམ་ཇི་ལྟར་ཉེ་བར་མཚོན་ཞིང་གསལ་བར་ར༷བ་ཏུ་བསྟ༷ན་ཏེ༵། ཆགས་སོགས་ ཉོན་མོངས་དགུ་པོ་འདི། །མདོར་བསྡུས་ནས་ནི་གོ་རིམ་བཞིན། །པདྨའི་སྦུབས་ལ་སོགས་ པ་ཡི། །དཔེ་དགུ་དག་གིས་ཡང་དག་བསྟན། །ཞེས་གསུངས་པ་ལྟར་རོ། །ཚིགས་སུ་བཅད་ པ་འདི་རྩ་བར་བྱས་ནས་འཆད་པ་ཤིན་ཏུ་མང་མོད་ཀྱི། ཚིགས་བཅད་སྔ་མའི་འགྲེལ་པ་མ་ རྫོགས་པར་བཀོད་པའི་ཕྱིར་དང༌། རྩ་བའི་རྒྱ་དཔེ་ལ་མེད་པའི་ཕྱིར། དྲི་མ་རྣམ་དགུ་པདྨ་ ཡི། །སྦུབས་སོགས་དཔེ་ཡིས་རབ་བསྟན་ཏོ། །ཞེས་པའི་འགྲེལ་པ་ཡིན་པར་གསལ་ལོ། །དེ་ བཞིན་གཤེགས་པའི་སྙིང་པོ་དེ་སྒྲིབ་པར་བྱེད་པ་ཉེ༷་བ༷འི་ཉོ༷ན་མོ༷ངས་པའི་སྦུ༷བས་ཀྱི༷་ནི༵་རྫས་ ཀྱི་དབྱེ༷་བ༷ས་རབ་ཏུ་ཕྱེ་ན། བརྒྱད་ཁྲི་བཞི་སྟོང་དང་བྱེ༷་བ༷་མཐ༷འ་ལ༷ས་འད༵ས་པ་ལ་སོགས་ པར་ཡང་འགྱུར་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དབྱེ་བ་མཐའ་ཡས་པ་བཞིན་ནོ། ། དེ་ཡིས་དབྱིངས་ལ་སྒྲིབ་ཚུལ་ནི། དྲི་འདི་དག་གིས་བྱིས་རྣམས་དང༌། །དགྲ་ བཅོམ་སློབ་པ་བློ་ལྡན་རྣམས། །རིམ་བཞིན་བཞི་དང་གཅིག་དང་ནི། ། གཉིས་དང་གཉིས་ཀྱིས་མ་དག་ཉིད། །ཅེས་པ་སྟེ། བཅོམ་ལྡན་འདས་ཀྱིས་ སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བཀའ་བསྩལ་པ་གང་ 5-1-204 ཡིན་པ་དེ་ལ་སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི༷་མ་རྣམ་པ་དགུ་པོ་འདི༷་ད༷ག་གི༷ས་སྒྲིབ་པར་བྱ་ བ་སེམས་ཅན་གྱི་རིས་བྱི༷ས་པ་སོ་སོའི་སྐྱེ་བོ་རྣ༷མས་ད༵ང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ དགྲ༷་བཅོ༷མ་པ་རྣམས་དང་། ཐུན་མོང་དུ་སློ༷བ་པ༷འི་ལམ་ལ་གནས་པ་རྣམས་དང༌། ཁྱད་པར་ དུ་བྱང་ཆུབ་སེམས་དཔའ་བློ༷་ལྡ༷ན་རྣ༵མས། རྣམ་པར་མ་དག་པ་ཉིད་དེ། དེ་ཡང་གོ་རི༷མ་ཇི་ལྟ་ བ་བཞི༷ན་དུ་སྒྲིབ་པ་དང་པོ་བཞི༷འི་དུག་གསུམ་གྱི་བག་ལ་ཉལ་རྣམས་ཀྱིས་ཁམས་གོང་མའི་ བྱིས་པ་རྣམས་མ་དག་ཅིང༌། དེ་དག་གི་ཀུན་ནས་ལྡང་བ་དྲག་པོས་འདོད་ཁམས་ཀྱི་བྱིས་པ་ རྣམས་མ་དག་པ་ད༷ང༌། མ་རིག་བག་ཆགས་ཀྱི་ས་གཅི༷ག་གིས་དགྲ་བཅོམ་པ་རྣམས་མ་དག་ པ་ད༷ང༌ནི༵། དེ་བཞིན་དུ་མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བ་གཉིས་ ཀྱིས་སོ་སོའི་སྐྱེ་བོ་སློབ་པ་དང་འཕགས་པ་སློབ་པ་གཉི༷ས་མ་དག་པ་ད༷ང༌། མ་དག་པའི་ས་ བདུན་ལ་བརྟེན་པའི་དྲི་མ་དང་དག་པའི་ས་གསུམ་ལ་བརྟེན་པའི་དྲི་མ་གཉི༷ས་ཀྱི༷ས་མཐར་ མ་ཕྱིན་པ་དང་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་མ༷་ད༷ག་ཅིང༌། གང་ཟག་དེ་དང་ དེ་ལ་སྤང་བྱ་དེ་དང་དེ་གཙོ་ཆེ་བར་ལྡན་པས་ཆོས་ཀྱི་དབྱིངས་མཐར་ཐུག་པ་མངོན་སུམ་དུ་ འགྱུར་པའི་གེགས་བྱས་པ་ཉི༵ད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། ། སོ་སོའི་དཔེ་དོན་སྦྱར་བ་ནི། ཇི་ལྟར་པདྨ་འདམ་སྐྱེས་ཏེ། །མདུན་དུ་གྱུར་ ན་ཡིད་དགའ་དང༌། །ཕྱིས་ནས་དགའ་བ་མེད་འགྱུར་བ། །འདོད་ ཆགས་དགའ་བ་དེ་བཞིན་ནོ། །ཇི་ལྟར་སྲོག་ཆགས་སྦྲང་མ་ནི། །ཤིན་ ཏུ་འཁྲུགས་ཏེ་མདུང་བརྡེག་ལྟར། །དེ་བཞིན་ཞེ་སྡང་སྐྱེ་བ་ན། །སྙིང་ལ་ སྡུག་བསྔལ་སྐྱེད་པར་བྱེད། །ཇི་ལྟར་འབྲས་སོགས་སྙིང་པོ་ནི། །ཕྱི་རོལ་ སྦུན་པས་སྒྲིབ་པ་ལྟར། །དེ་བཞིན་སྙིང་པོའི་དོན་མཐོང་བ། །མ་རིག་ སྒོངའི་སྦུབས་ཀྱིས་སྒྲིབ། །ཇི་ལྟར་མི་གཙང་མི་མཐུན་པ། །དེ་བཞིན་ 5-1-205 ཆགས་དང་བཅས་རྣམས་ཀྱི། །འདོད་པ་བསྟེན་པའི་རྒྱུ་ཡིན་ཕྱིར། །ཀུན་ ནས་ལྡང་བ་མི་གཙང་འདྲ། །ཇི་ལྟར་ནོར་ནི་བསྒྲིབས་པ་ན། །མི་ཤེས་ གཏེར་ནི་མི་ཐོབ་ལྟར། །དེ་བཞིན་སྐྱེ་ལ་རང་བྱུང་ཉིད། །མ་རིག་བག་ ཆགས་ས་ཡིས་སྒྲིབ། །ཇི་ལྟར་མྱུག་སོགས་རིམ་སྐྱེ་བས། །ས་བོན་ཤུན་ པ་གཅོད་པ་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡིས། །མཐོང་སྤང་རྣམས་ ནི་ལྡོག་པར་འགྱུར། །འཕགས་པའི་ལམ་དང་འབྲེལ་པ་ལས། །འཇིག་ ཚོགས་སྙིང་པོ་བཅོམ་རྣམས་ཀྱིས། །སྒོམ་ལམ་ཡེ་ཤེས་སྤང་བྱ་རྣམས། ། གོས་རུལ་དག་དང་མཚུངས་པར་བསྟན། །ས་བདུན་ལ་བརྟེན་དྲི་མ་ ནི། །མངལ་སྦུབས་དྲི་མ་དག་དང་མཚུངས༌། །མངལ་སྦུབས་བྲལ་འདྲ་ མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་བཞིན། །ས་གསུམ་རྗེས་འབྲེལ་ དྲི་མ་རྣམས། །ས་འདམ་གོས་བཞིན་ཤེས་བྱ་སྟེ། །བདག་ཉིད་ཆེན་པོ་རྡོ་ རྗེ་ལྟའི། །ཏིང་ངེ་འཛིན་གྱིས་གཞོམ་བྱ་ཡིན། །ཞེས་པ་སྟེ། ཇི༷་ལྟར༷་ན་མེ་ཏོག་ པ༷དྨ༷་འད༷མ་རྫབ་ལས་གསར་དུ་སྐྱེ༷ས་ཏེ༵་ལྟ་བ་པོའི་མདུ༷ན་དུ༷་གྱུ༷ར་མ་ཐག་ན༷་ཡི༷ད་རབ་ཏུ་ དག༷འ་བར་བྱེད་པ་ད༵ང༌། ཕྱི༷ས་ན༷ས་རིང་པོ་མི་ཐོགས་པར་རྙིངས་ཤིང་དག༷འ་བ༷་མེ༷ད་པར་ འགྱུ༷ར་བ༵་ལྟར། ཉོན་མོངས་པ་འདོ༷ད་ཆ༷གས་ཀྱི་བག་ལ་ཉལ་ཡང་ཚུལ་མིན་ཡིད་བྱེད་ལས་ སྐྱེས་པའི་ཆགས་པ་མངོན་དུ་གྱུར་པ་ན་དག༷འ་བ༷་དང༌། ཕྱིས་ནས་འགགས་པ་ན་དགའ་བ་ མེད་པའི་ཕྱིར་པདྨ་མཐོང་བའི་དགའ་བ་དེ༷་བཞི༷ན་ནོ༵་ཞེས་པས་འདོད་ཆགས་ཀྱི་བག་ལ་ཉལ་ ནི་པདྨ་ལྟ་བུ་དང༌། དེ་བཞིན་དུ་སྦྱར་ཏེ་ཇི༷་ལྟར༷་ན་སྦྲང་རྩི་ལ་ཆགས་པའི་སྲོ༷ག་ཆ༷གས་སྦྲ༷ང་ མ༷་ནི༵་གཞན་གྱིས་སྦྲང་རྩི་བླངས་པ་ན་ཡིད་ཞེ་སྡང་གིས་ཤི༷ན་ཏུ༷་འཁྲུ༷གས་ཏེ༷་མདུ༷ང་བརྡེ༷ག་ ཅིང་ཟུག་རྔུ་བསྐྱེད་པ་ལྟ༵ར། དེ༷་བཞི༷ན་དུ་ཉོན་མོངས་པ་ཞེ༷་སྡ༷ང་གི་བག་ལ་ཉལ་འཕེལ་བ་ 5-1-206 ལས་ཁོང་ཁྲོ་མངོན་གྱུར་དུ་སྐྱེ༷་བ༷་ན༵་ཡང༌། ཞེ་སྡང་ཟུག་རྔུའི་སེམས་འཆང་ན། །ཡིད་ནི་ཞི་ བའི་ཉམས་མི་མྱོང༌། །དགའ་དང་བདེ་བའང་མི་འཐོབ་ལ། །གཉིད་མི་འོང་ཞིང་བརྟན་མེད་ འགྱུར། །ཞེས་པ་ལྟར། སེམས་རབ་ཏུ་འཁྲུག་པར་བྱེད་ཅིང༌། རང་གཞན་གྱི་སྙི༷ང་ལ༷་སྡུ༷ག་ བསྔ༷ལ་གྱི་ཟུག་རྔུ་སྐྱེ༷ད་པ༷ར་བྱེ༵ད་དོ་ཞེས་པས་ཞེ་སྡང་གི་བག་ལ་ཉལ་ནི་སྦྲང་མ་ལྟ་བུ་དང༌། ཇི༷་ལྟར༷་ན་འབྲ༷ས་དང་ནས་ལ་སོ༷གས་པ་འབྲུའི་སྙི༷ང་པོ༷་ནི༵་ཕྱི༷་རོ༷ལ་གྱི་གྲ་མ་དང་གངས་མ་ལ་ སོགས་པ་སྦུ༷ན་པ༷ས་སྒྲི༷བ་པ༷ས་མི་མཐོང་བ་ལྟ༵ར་དེ༷་བཞི༷ན་དུ་དེ་བཞིན་གཤེགས་པའི་སྙི༷ང་ པོ༷་ཆོས་ཀྱི་རང་བཞིན་གྱིས་འོད་གསལ་བའི༷་དོ༷ན་མཐོ༷ང་བ༵་ཡང་མ༷་རི༷ག་པ་གཏི་མུག་གི་ བག་ལ་ཉལ་ལ་སོགས་པ་སྒོ༷་ང༷འི་སྦུ༷བས་དང་འདྲ་བ་རྣམས་ཀྱི༷ས་སྒྲི༵བ་པས་མི་མཐོང་བར་ བྱས་སོ་ཞེས་པས། གཏི་མུག་གི་བག་ལ་ཉལ་ནི་སྦུན་པ་ལྟ་བུ་དང༌། ཇི༷་ལྟར༷་ན་མི༷་གཙ༷ང་བའི་ དངོས་པོ་ནི་ཡིད་དུ་འོང་བའི་མི༷་མཐུ༷ན་པ༵འི་ཕྱོགས་ཉམ་ང་བའི་གནས་ཡིན་པ་དེ༷་བཞི༷ན་དུ། འདོད་པའི་ཁམས་ལ་ཆ༷གས་པ་ད༷ང་བཅ༷ས་པ་རྣ༷མས་ཀྱི༵་འདོ༷ད་པ༷འི་ཡོན་ཏན་བསྟེ༷ན་པ༷་ལ་ སོགས་པ་ཉེས་སྤྱོད་མང་པོའི༷་རྒྱུ༷་ཡི༷ན་པའི་ཕྱི༵ར་ཉོན་མོངས་པ་དུག་གསུམ་གྱི་ཀུ༷ན་ན༷ས་ལྡ༷ང་ བ༷་སྟེ་མངོན་འགྱུར་དྲག་པོ་རྣམས་ནི། མི༷་གཙ༷ང་བའི་ཕུང་པོ་ཆེན་པོ་དང་འདྲ༵་བར་ཉམ་ང་ ཞིང་ཡིད་འབྱུང་བར་བྱ་བའི་གནས་ཡིན་ནོ། །ཞེས་པས་དུག་གསུམ་མངོན་གྱུར་ནི་མི་གཙང་ བ་ལྟ་བུ་དང༌། ཇི༷་ལྟར༷་ན་ནོ༷ར་ཟད་མི་ཤེས་པའི་གཏེར་ཆེན་པོ་ནི༷་ས་མང་པོས་བསྒྲི༷བས་ཤིང་ སྦས་པ༷་ན༵་དབུལ་པོ་རྣམས་ཀྱིས་ནོར་ཡོད་པར་མི༷་ཤེ༷ས་ཤིང་གཏེ༷ར་དེ་ནི༷་མི༷་ཐོ༷བ་པ་ལྟ༵ར། དེ༷་བཞི༷ན་དུ་དབུལ་པོ་དང་འདྲ་བའི་སྐྱེ༷་བོ་རྣམས་ལ༷་ཡོན་ཏན་ཟད་མི་ཤེས་པ་དང་ལྡན་པའི་ ར༷ང་བྱུ༷ང་གི་ཡེ་ཤེས་མཐོང་བ་ཉི༵ད། མ༷་རི༷ག་བ༷ག་ཆ༷གས་ཀྱི་ས༷་ཡི༷ས་སྒྲི༵བ་པས་མི་མཐོང་ བར་བྱས་སོ་ཞེས་པས་མ་རིག་བག་ཆགས་ཀྱིས་བསྡུས་པ་ནི་ས་ལྟ་བུ་དང༌། ཇི༷་ལྟར༷་ན་ལྗོན་ ཤིང་གི་མྱུ༷་གུ་དང་སྡོང་བུ་དང་ཡལ་ག་ལ་སོ༷གས་པ་རི༷མ་གྱིས་སྐྱེ༷་བ༵ས་ས༷་བོ༷ན་གྱི་ཤུ༷ན་པ༷་ 5-1-207 རྣམས་རིམ་གྱིས་གཅོ༷ད་པར་བྱེད་པ༷་ལྟ༵ར། དེ༷་བཞི༷ན་དུ་ཆོས་ཀྱི་དབྱིངས་དོན་དམ་པའི་དེ༷་ཁོ་ ན་ཉི༷ད་རིམ་གྱིས་མཐོ༷ང་བ༷་ཡི༵ས་མཐོ༷ང་བས་སྤ༷ང་བར་བྱ་བའི་ཉོན་མོངས་པ་རྣ༷མས་ནི༷་རིམ་ གྱིས་ལྡོ༷ག་པ༷ར་འགྱུ༵ར་རོ་ཞེས་པས་མཐོང་སྤང་རྣམས་ནི་འབྲས་ཤུན་ལྟ་བུ་དང༌། འཕ༷གས་ པ༷འི་ལ༷མ་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ད༷ང་འབྲེ༷ལ་པ༷་ལ༵ས་ཕུང་པོ་ ལྔ་ལ་བདག་དང་བདག་གིར་འཛིན་པའི་འཇི༷ག་ཚོ༷གས་སུ་ལྟ་བ་ལ་སོགས་པ་སྤང་བྱའི་ སྙི༷ང་པོ༷འམ་གཙོ་བོ་མཐོང་བས་སྤང་བར་བྱ་བ་བཅོ༷མ་པ་རྣ༷མས་ཀྱི༵་རྒྱུད་ལ་ཡོད་པ། ཆོས་ ཉིད་མངོན་སུམ་གྱིས་མཐོང་ཟིན་སྒོ༷མ་པའི་ལ༷མ་གྱི་ཡེ༷་ཤེ༷ས་ཀྱིས་སྤ༷ང་བར་བྱ༷་བ་རྣ༵མས་ནི་ རགས་པ་ཟད་པའི་ལྷག་མ་ཡིན་པའམ་དྲི་མ་དང་བཅས་པའི་ཕྱིར་གོ༷ས་རུ༷ལ་པ་ད༷ག་ད༷ང་ མཚུ༷ངས་པ༷ར་བསྟ༵ན་ཏོ་ཞེས་པས། སྒོམ་སྤང་རྣམས་ནི་གོས་རུལ་ལྟ་བུ་དང༌། མ་དག་པའི་ ས༷་བདུ༷ན་ལ༷་བརྟེ༷ན་པའི་དྲི༷་མ༷་རྣམས་ནི༵་མཐོང་བྱ་ལ་སྒྲིབ་ཅིང་འབད་རྩོལ་དང་བཅས་པས་ མང༷ལ་སྦུ༷བས་ཀྱི་དྲི༷་མ༷་ད༷ག་ད༷ང་མཚུ༵ངས་ལ་མང༷ལ་སྦུ༷བས་བྲ༷ལ་བ་དང་འདྲ༷་བར་དྲི་མ་དེ་ དག་ལས་རྣམ་པར་གྲོལ་བ་ན་ས་བརྒྱད་པ་ལ་སོགས་པར་འབད་རྩོལ་མེད་ཅིང་ལྷུན་གྱིས་ གྲུབ་པས་རྣམ་པར་མི༷་རྟོ༷ག་པ༷འི༵་ཡེ༷་ཤེ༷ས་མངོན་སུམ་དུ་གྱུར་པ་ནི་འཁོར་ལོས་བསྒྱུར་བའི་ རྒྱལ་པོ་རྣ༷མ་པ༷ར་སྨི༷ན་ཞིང་སྐྱེས་པ༷་ཇི་ལྟ་བ་བཞི༵ན་ནོ་ཞེས་པས་ས་བདུན་པ་ལ་བརྟེན་པའི་ དྲི་མ་ནི་མངལ་སྦུབས་ལྟ་བུ་དང༌། དག་པ་ས༷་གསུ༷མ་དང་རྗེ༷ས་སུ་འབྲེ༷ལ་བའི་དྲི༷་མ༷་ཕྲ་མོ་ རྣ༵མས་ནི་འབད་རྩོལ་མེད་པར་སྤང་བར་ནུས་པས་གསེར་གྱི་གཟུགས་ལ་ས༷་འད༷མ་ཅུང་ཟད་ ཀྱིས་གོ༷ས་པ་བཞི༷ན་དུ་ཤེ༷ས་པར་བྱ༷་སྟེ༵། དེ་ཡང་གཉེན་པོ་བད༷ག་ཉི༷ད་ཆེ༷ན་པོ༷་རྣམས་ཀྱི་རྡོ༷་ རྗེ༷་ལྟ༷་བུའི༵་ཏི༷ང་ངེ༷་འཛི༷ན་གྱི༷ས་གཞོ༷མ་པར་བྱ༷་བ་ཡི༵ན་ནོ་ཞེས་པས་ས་གསུམ་ལ་འབྲེལ་པའི་ དྲི་མ་ནི་ས་འདམ་ལྟ་བུར་སྟོན་པའོ། ། སླར་ཡང་སྤྱིའི་དོན་བསྡུ་ནི། དེ་ལྟར་ཆགས་སོགས་དྲི་མ་དགུ། །པདྨ་ལ་ 5-1-208 སོགས་དག་དང་མཚུངས། །ཞེས་པ་སྟེ། གོང་དུ་ཆོས་མཐུན་རྒྱས་པར་སྦྱར་བའི་ཚུལ་ དེ༷་ལྟར༷་ན། འདོད་ཆ༷གས་དང་ཞེ་སྡང་ལ་སོ༷གས་པ་ཆོས་ཀྱི་དབྱིངས་ལ་སྒྲིབ་བྱེད་གློ་བུར་གྱི་ དྲི༷་མ༷་རྣམ་པ་དགུ༵་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་པ༷དྨ༷་དང་སྦྲང་མ་ལ༷་སོ༷གས་པའི་དཔེ་དགུ་པོ་ ད༷ག་ད༷ང་ཆོས་མཚུ༵ངས་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། རང་བཞིན་ཆོས་དབྱིངས་ཁྱད་པར་མཚོན་ཚུལ་ལ་གསུམ་སྟེ། ཆོས་གསུམ་དཔེ་དགུས་ མཚོན་ཚུལ་མདོར་བསྟན། དེ་ཡི་དཔེ་དོན་སོ་སོར་དབྱེ་བ། ཕྱེ་བའི་ངོ་བོ་རྒྱས་པར་བཤད་ པའོ། ། དེ་ལ་མདོར་བསྟན་ནི། རང་བཞིན་གསུམ་གྱིས་བསྡུས་པའི་ཁམས། ། སངས་རྒྱས་སོགས་དང་ཆོས་མཚུངས་སོ། །ཞེས་པ་སྟེ། འཆད་པར་འགྱུར་ བའི་ར༷ང་བཞི༷ན་རྣམ་པ་གསུ༷མ་གྱི༷ས་བསྡུ༷ས་པ༷འི་ཁ༵མས་དེ་བཞིན་གཤེགས་པའི་སྙིང་པོ་ནི་ ས༷ངས་རྒྱ༷ས་ཀྱི་སྐུ་དང་སྦྲང་རྩི་ལ་སོ༷གས་པ་སྙིང་པོ་མཚོན་པར་བྱེད་པའི་དཔེ་དགུ་པོ་རྣམས་ ད༷ང་ཆོ༷ས་མཚུ༷ངས་སོ༵་ཞེས་བྱ་བའི་དོན་ཏོ། ། དབྱེ་བ་ནི། འདི་ཡི་རང་བཞིན་ཆོས་སྐུ་དང༌། །དེ་བཞིན་ཉིད་དང་ རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་རྣམས་ཀྱིས་ནི་ ཤེས་པར་བྱ། །ཞེས་པ་སྟེ། རང་བཞིན་གསུམ་གང་ཞེ་ན། ཆོས་ཀྱི་དབྱིངས་དེ་བཞིན་ གཤེགས་པའི་སྙིང་པོ་འདི༷འི༷་ར༷ང་བཞི༷ན་ནི་རང་བྱུང་གི་ཡེ་ཤེས་ཆོ༷ས་ཀྱི་སྐུ༷་ད༵ང་། གཞན་ དུ་མི་འགྱུར་བ་དེ༷་བཞི༷ན་ཉི༷ད་ད༷ང་། སངས་རྒྱས་འགྲུབ་པའི་རི༷གས་ཀྱ༷ང་སྟེ༵་རྣམ་པ་གསུམ་ མོ། །དེ་རྣམས་དཔེ་དགུས་ཇི་ལྟར་མཚོན་སྙམ་ན། རང་བཞིན་གསུམ་པོ་དེ༷་ནི༷་གོ་རིམ་ཇི་ལྟ་ བ་བཞིན་དུ། སངས་རྒྱས་ཀྱི་སྐུ་དང་སྦྲང་རྩི་དང་འབྲུའི་སྙིང་པོའི་དཔེ༷་གསུ༷མ་གྱིས་དབྱིངས་ དེ་ཆོས་སྐུའི་རང་བཞིན་ཅན་དུ་ཤེས་པར་བྱ་ཞིང༌། གསེར་གྱི་དཔེ་གཅི༷ག་གིས་དེ་བཞིན་ཉིད་ 5-1-209 ཀྱི་རང་བཞིན་ཅན་དུ་ཤེས་པར་བྱ་བ་ད༷ང་ནི༵། དེ་བཞིན་དུ་གཏེར་དང་ཤིང་ལྗོན་པ་དང་རིན་ པོ་ཆེའི་སྐུ་དང་འཁོར་ལོས་བསྒྱུར་བ་དང་གསེར་གྱི་གཟུགས་ཀྱི་དཔེ་ལྔ༷་རྣ༷མས་ཀྱི༷ས་ནི༷་སྐུ་ གསུམ་འགྲུབ་པའི་རིགས་ཀྱི་རང་བཞིན་དུ་ཤེ༷ས་པ༷ར་བྱ༵འོ་ཞེས་པའི་དོན་ཏོ། ། རྒྱས་བཤད་ལ་གསུམ་སྟེ། ཆོས་སྐུའི་དཔེ་དོན་རྒྱས་པར་བཤད་པ། དེ་བཞིན་ཉིད་ཀྱི་ དཔེ་དོན་བསྟན་པ། རིགས་ཀྱི་དཔེ་དོན་རྒྱས་པར་བཤད་པའོ། །ཆོས་སྐུའི་དཔེ་དོན་ལ། ཆོས་ སྐུའི་རྣམ་དབྱེ་བསྟན་པ་དང༌། དེ་དག་དཔེ་དང་སྦྱར་བའོ། ། དེ་ལ་དབྱེ་བ་ནི། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་ དྲི་མེད་དང༌། །དེ་ཡི་རྒྱུ་མཐུན་ཟབ་པ་དང༌། །སྣ་ཚོགས་ཚུལ་ནི་སྟོན་ པའོ། །ཞེས་པ་ལ། རང་བཞིན་ཆོ༷ས་ཀྱི་སྐུ༷་དེ་ཡང་དངོས་དང་བཏགས་པའི་དབྱེ་བས་རྣ༷མ་ པ་གཉི༷ས་སུ་ཤེ༷ས་པར་བྱ༷་སྟེ༵་ཆོ༷ས་ཀྱི་དབྱི༷ངས་དེ་བཞིན་གཤེགས་པའི་སྙིང་པོ་ཤི༷ན་ཏུ༷་དྲི༷་མ་ མེ༷ད་ཅིང་རང་བཞིན་གྱིས་འོད་གསལ་བ་ཉིད་སངས་རྒྱས་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ། མཚན་ཉིད་པ་རྟོགས་པའི་ཆོས་སྐུ་ད༵ང༌། དེ༷་རྟོགས་པའམ་ ཐོབ་པའི༷་རྒྱུ༷་མཐུ༷ན་པ། གདུལ་བྱའི་སྐལ་པ་ཇི་ལྟ་བར་རྣམ་པར་རིག་པ་འབྱུང་བའི་ལུང་གི་ ཆོས་རྣམས་ནི་བཏགས་པ་བ་བསྟན་པ་ཆོས་སྐུའོ། །དེ་དག་ནི་བརྗོད་པར་བྱ་བ་དང་རྗོད་པར་ བྱེད་པའམ། འབྲས་བུ་དང་རྒྱུའི་དབྱེ་བས་ཀྱང་རབ་ཏུ་ཕྱེ་བར་བལྟའོ། །བསྟན་པ་ཆོས་སྐུ་ ཡང་རྣམ་པ་གཉིས་ཏེ། དེ་ཁོ་ན་ཉིད་དོན་དམ་པའི་བདེན་པའི་དབང་དུ་བྱས་ནས་བྱང་ཆུབ་ སེམས་དཔའི་སྡེ་སྣོད་ལས་བརྩམས་ཏེ། ཟ༷བ་པའི་ཆོས་ཀྱི་ཚུལ་སྟོན་པ༷་ད༵ང༌། སེམས་ཅན་ སྣ༷་ཚོ༷གས་པའི་བསམ་པ་དང་མཐུན་པར་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ནས། མདོ་ སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ལས་བརྩམས་ཏེ། རྒྱ་ཆེ་བ་སྣ་ཚོགས་པའི་ ཆོས་ཀྱི་ཚུ༷ལ་ནི༷་སྟོ༷ན་པ༷འོ༵་ཞེས་བྱ་བའི་དོན་ཏོ། །དེ་ལ་ཁ་གཅིག་རྒྱུ་མཐུན་པའི་སྐུ་ནི་ཟབ་པ་ 5-1-210 ཐེག་པ་ཆེན་པོ་འབའ་ཞིག་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། རྒྱ་ཆེ་བ་སྣ་ཚོགས་པའི་ ཆོས་ཀྱི་ཚུལ་སྟོན་པ་སྤྲུལ་པའི་སྐུ་དང་སྟེ་གཟུགས་ཀྱི་སྐུ་གཉིས་པོ་ཡིན་ནོ་ཞེས་ཀྱང་འཆད་དོ། ། དཔེ་དང་སྦྱར་བ་ནི། འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །འདི་ལ་ དཔེ་ནི་མི་དམིགས་པས། །དེ་བཞིན་གཤེགས་པ་ཉིད་དང་ཁམས། །འདྲ་ བ་ཉིད་དུ་བསྟན་པ་ཡིན། །ཕྲ་མོ་ཟབ་མོའི་ཚུལ་བསྟན་ནི། །སྦྲང་རྩི་རོ་ གཅིག་པ་བཞིན་ཏེ། །རྣམ་པ་སྣ་ཚོགས་ཚུལ་བསྟན་ནི། །སྣ་ཚོགས་ སྦུབས་སྙིང་བཞིན་ཤེས་བྱ། །ཞེས་པ་སྟེ། རྟོགས་པར་བྱ་བ་རང་བཞིན་གྱིས་རྣམ་ པར་དག་པའི་ཆོས་ཀྱི་སྐུ་དེ་ནི། འཇི༷ག་རྟེ༷ན་གྱི་ཆོས་ཐམས་ཅད་ལས་ཡང་དག་པར་འད༷ས་ པ་ཡིན་པའི་ཕྱི༷ར། འཇི༷ག་རྟེ༷ན་ན༵་ཆོས་ཀྱི་སྐུ་འདི༷་ལ༷་མཚོན་པར་ནུས་པའི་དཔེ༷་ནི༷་འགའ་ ཡང་མི༷་དམི༷གས་པ༵ས་པདྨའི་ནང་ན་གནས་པའི་དེ༷་བཞི༷ན་གཤེ༷གས་པ༷་རང་བྱུང་གི་སྐུ་ཉི༷ད་ ད༷ང་། ཁ༵མས་རང་བཞིན་གྱིས་རྣམ་པར་དག་པ་གཉིས་པོ་ཕྱོགས་རེ་ཙམ་འདྲ༷་བ༷་ཙམ་ཉི༷ད་ དུ༷་བསྟ༷ན་པ༷་ཡི༵ན་ལ། དེ་རྟོགས་པའི་རྒྱུ་མཐུན་པ། གཏིང་དཔག་དཀའ་ཞིང་ཕན་ཡོན་དང་ ལྡན་པས་ཕྲ༷་མོ༷་ཟ༷བ་མོ༷་དོན་དམ་པའི༷་ཚུ༷ལ་བསྟ༷ན་པ་ནི༵་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་ རོ་གཅིག་པར་སྟོན་པའི་ཕྱིར། སྦྲ༷ང་རྩི༷་རྣམས་དངར་ཞིང་ཞིམ་པ་ཉིད་དུ་རོ༷་གཅི༷ག་པ༷་ཇི་ལྟ་ བ་བཞི༷ན་ཏེ༵། རྒྱ་ཆེ་བ་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་ཐབས་ཀྱི་རྣ༷མ་པ༷་སྣ༷་ ཚོ༷གས་པའི་ཚུ༷ལ་བསྟ༷ན་པ་ནི༵་སྙིང་པོའི་དོན་རྟོགས་པའི་ཆེད་དུ། རིམ་གྱིས་དྲང་བའི་དོན་ སྣ༷་ཚོ༷གས་པ་དང་འབྲེལ་བའི་ཕྱིར། ཤུན་པ་སྣ་ཚོགས་པའི་སྦུ༷བས་ན་ཉེ་བར་སྤྱད་བྱ་འབྲུའི་ སྙི༷ང་པོ་གནས་པ་ཇི་ལྟ་བ་བཞི༷ན་དུ་ཤེ༷ས་པར་བྱ༵འོ་ཞེས་པའི་དོན་ཏོ། །དེ་ལྟར་རྫོགས་པའི་ སངས་རྒྱས་ཀྱི་དོན་དམ་པའི་ཆོས་ཀྱི་སྐུས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཕྱིར། སེམས་ 5-1-211 ཅན་འདི་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བསྟན་ཅིང་། གང་ཞིག་ དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ཕྱི་རོལ་ཏུ་གྱུར་པའི་སེམས་ཅན་དེ་དག་ནི་འགའ་ ཡང་སེམས་ཅན་གྱི་ཁམས་ན་མེད་དེ། ནམ་མཁའི་ཁམས་ཀྱི་གཟུགས་བཞིན་ནོ་ཞེས་ཀྱང་ གསུངས་ལ། རྒྱན་ལས་ཀྱང༌། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་འདི་ ཡང་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་གྱུར་ཀུན་སོང་བ། །དེ་བཞིན་ འདིས་ཡང་སེམས་ཅན་ཚོགས་ཀུན་སོང༌། །ཞེས་གསུངས་པ་ཡིན་ནོ། ། དེ་བཞིན་ཉིད་ཀྱི་དཔེ་དོན་བསྟན་པ་ནི། རང་བཞིན་འགྱུར་བ་མེད་པ་དང༌། ། དགེ་དང་རྣམ་པར་དག་པའི་ཕྱིར། །དེ་བཞིན་ཉིད་འདི་གསེར་གྱི་ནི། ། གཟུགས་དང་མཚུངས་པར་བརྗོད་པ་ཡིན། །ཞེས་པ་སྟེ། དེ་བཞིན་གཤེགས་ པ་རྣམས་བྱོན་ཡང་རུང་མ་བྱོན་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པའོ་ཞེས་ གསུངས་པ་ལྟར། སེམས་ཀྱི་ར༷ང་བཞི༷ན་གང་ཡིན་པ་དེ་ནི་ཉོན་མོངས་པ་དང་སྡུག་བསྔལ་ མཐའ་ཡས་པ་དང་རྗེས་སུ་འབྲེལ་པ་ན་ཡང་རྣམ་པར་དག་ཅིང་འོད་གསལ་བ་ཉིད་དུ་འགྱུར་ བ་མེད་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་ཞིང༌། དེ་ཉིད་གསེར་བཟང་པོ་མི་འགྱུར་བ་དང་འདྲ་ བར་གནས་སྐབས་ཐམས་ཅད་དུ་རང་བཞིན་གཞན་དུ་འགྱུ༷ར་བ༷་མེ༷ད་པ༷་ད༵ང༌། གསེར་ མཛེས་པ་དང་འདྲ་བར་རང་བཞིན་གྱིས་དགེ༷་ཞིང་མཆོག་ཏུ་གྱུར་པ་ད༷ང༌། གསེར་དྲི་མ་མེད་ པ་དང་འདྲ་བར་གདོད་མ་ནས་ཉོན་མོངས་པའི་དྲི་མ་མེད་ཅིང་རྣ༷མ་པ༷ར་ད༷ག་པ༷འི་ཕྱི༵ར་ ན། ཆོས་ཀྱི་དབྱིངས་དེ༷་བཞི༷ན་ཉི༷ད་འདི༷་གསེ༷ར་བཟང་པོ་རྣམས་ཀྱི༷་ནི༵་གཟུ༷གས་ད༷ང་ཆོས་ མཚུ༷ངས་པ༷ར་བརྗོ༷ད་པ༷་ཡི༵ན་ནོ་ཞེས་པའོ། །དེ་ལྟར་དེ་བཞིན་ཉིད་སེམས་ཅན་ཐམས་ཅད་ ལ་དབྱེར་མེད་པའི་ཕྱིར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་སེམས་ཅན་དེ་དག་གི་སྙིང་ པོ་ཡིན་ནོ་ཞེས་བསྟན་ཅིང༌། གཞན་ཡང་ཇི་སྐད་དུ། འཇམ་དཔལ་དེ་བཞིན་གཤེགས་པ་ནི་ 5-1-212 བདག་གི་ཉེ་བར་ལེན་པའི་གཞི་རྩ་ཡོངས་སུ་མཁྱེན་པ་བསྲུང་བར་མཛད་དེ། བདག་རྣམ་ པར་དག་པས་སེམས་ཅན་རྣམ་པར་དག་པར་རྟོགས་སོ། །བདག་རྣམ་པར་དག་པ་གང་ཡིན་ པ་དང་སེམས་ཅན་རྣམ་པར་དག་པ་གང་ཡིན་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་ དོ་ཞེས་གསུངས་ལ། རྒྱན་ལས་ཀྱང༌། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་ དག་གྱུར་པས། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་ གསུངས་པ་ཡིན་ནོ། ། རིགས་ཀྱི་དཔེ་དོན་རྒྱས་པར་བཤད་པ་ལ་གསུམ་སྟེ། རིགས་གཉིས་དཔེ་ཡིས་བསྟན་པ། དེ་ལས་སྐུ་གསུམ་ཐོབ་ཚུལ། དེ་རྣམས་དཔེ་དང་སྦྱར་བའོ། །དེ་ལ་རིགས་གཉིས་བསྟན་པ་ནི། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། ། ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླངས་པ་མཆོག་ཉིད་ དོ། །ཞེས་པ་སྟེ། དཔེར་ན་འབད་རྩོལ་གྱིས་གསར་དུ་མ་བསྒྲུབས་ཤིང་ལོངས་སྤྱོད་ཟད་མི་ ཤེས་པ་དང་ལྡན་པའི་གཏེ༷ར་ཆེན་པོ་སའི་འོག་ན་རང་བཞིན་གྱིས་གནས་པ་ད༷ང༌། འབད་ རྩོལ་གྱིས་བསྒྲུབས་པས་འབྲ༷ས་བུ༷་དང་བཅས་པའི༷་ཤི༷ང་ལྗོན་པ་སྐྱེད་མོས་ཚལ་དུ་རིམ་གྱིས་ སྐྱེ་བ་ཇི་ལྟ་བ་བཞི༷ན་དུ༵། སྐུ་གསུམ་འབྱུང་དུ་རུང་བའི་སངས་རྒྱས་ཀྱི་རི༷གས་དེ༷་ཡང་རྣ༷མ་ པ་གཉི༷ས་སུ་ཤེ༷ས་པར་བྱ༷་སྟེ༵། ཐོ༷ག་མ་མེ༷ད་པའི་དུས་ནས་སེམས་ཀྱི་ར༷ང་བཞི༷ན་དུ་ཉེ་བར་ གན༷ས་པ༷འི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རང་བཞིན་གྱི་རིགས་ད༵ང༌། དེ་ལ་དམིགས་ ཏེ་ཐོས་པ་ལ་སོགས་པ་བྱས་ནས་འབད་རྩོལ་གྱིས་གསར་དུ་ཡ༷ང་ད༷ག་པར་བླ༷ངས་པ༷་ལས་ བྱུང་བའི་དགེ་བ་ཐར་པའི་ཆ་དང་མཐུན་པས་མཆོ༷ག་ཏུ་གྱུར་པ་རྒྱས་འགྱུར་གྱི་རིགས་ཉི༷ད་དོ༵་ ཞེས་བྱ་བའི་དོན་ཏོ། ། སྐུ་གསུམ་ཐོབ་ཚུལ་ནི། རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་ 5-1-213 གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ ཡིས་ནི་ཕྱི་མ་གཉིས། །ཞེས་པ་སྟེ། རྒྱུ་རང་བཞིན་དང་རྒྱས་པའི་རི༷གས་འདི༷་གཉི༷ས་ ལ༷ས་འབྲས་བུ་རྫོགས་པའི་ས༷ངས་རྒྱ༷ས་ཀྱི༵་སྐུ༷་གསུ༷མ་ཐོ༷བ་པ༷ར་འདོ༷ད་པ༷་ཡི༵ན་ལ། དེ་ཡང་ ད༷ང་པོ༷་རང་བཞིན་དུ་གནས་པའི་རིགས་དེ་ཉིད། ཡེ་ཤེས་ཀྱི་ཚོགས་མང་པོས་མཐར་ཕྱིན་ པར་བྱས་ནས་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ལས། སྐུ༷་ནི༷་ད༷ང་པོ༷་དག་པ་གཉིས་ ལྡན་ཆོས་ཉིད་ངོ་བོ་ཉིད་སྐུ་ནི་ཐོབ་པ་སྟེ༵། གཉི༷ས་པ༷་རྒྱས་འགྱུར་གྱི་རིགས་འཕེལ་བ་ལས་ བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ཡི༷ས་ནི༷། སྐུ་ཕྱི༷་མ༷་གདུལ་བྱ་ཉེ་བ་དང་རིང་བ་ལ་སྣང་ བ། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉི༵ས་པོ་ཐོབ་བོ་ཞེས་བྱ་བའི་དོན་ཏོ། ། དཔེ་དང་སྦྱར་བ་ནི། ངོ་བོ་ཉིད་སྐུ་མཛེས་པ་ནི། །རིན་ཆེན་སྐུ་འདྲར་ཤེས་ བྱ་སྟེ། །རང་བཞིན་གྱི་ནི་བྱས་མིན་དང༌། །ཡོན་ཏན་རིན་ཆེན་གཏེར་ ཡིན་ཕྱིར། །ཆོས་ཆེན་རྒྱལ་སྲིད་ཆེ་ལྡན་ཕྱིར། །ལོངས་རྫོགས་འཁོར་ ལོས་བསྒྱུར་བཞིན་ནོ། །གཟུགས་བརྙན་གྱི་ནི་རང་བཞིན་ཕྱིར། །སྤྲུལ་ པ་གསེར་གྱི་གཟུགས་ལྟ་བུ། །ཞེས་པ་ལ། དོན་དམ་པ་ངོ༷་བོ༷་ཉི༷ད་ཀྱི་སྐུ༷་རང་བཞིན་ གྱིས་འོད་གསལ་ཞིང་ཡོན་ཏན་གྱི་དཔལ་གྱིས་མཆོག་ཏུ་མཛེ༷ས་པ༷་ནི༵་རི༷ན་ཆེ༷ན་ལས་གྲུབ་ པའི་སངས་རྒྱས་ཀྱི་སྐུ༷་དང་འདྲ༷་བར༷་ཤེ༷ས་པར་བྱ༷་སྟེ༵། གདོད་མ་ནས་ར༷ང་བཞི༷ན་གྱི༷ས་ ནི༷་གྲུབ་པ་ཡིན་ཞིང༌། འབད་རྩོལ་གྱིས་གསར་དུ་བྱ༷ས་པ་མི༷ན་པའི་ཕྱིར་ད༵ང༌། སྟོབས་ལ་ སོགས་པ་ཡོ༷ན་ཏ༷ན་གྱི་རི༷ན་ཆེ༷ན་ཟད་མི་ཤེས་པ་རྣམས་ཀྱི་གཏེ༷ར་ལྟ་བུ་ཡི༷ན་པའི་ཕྱི༵ར་རོ། ། ཟབ་པ་དང་རྒྱ་ཆེ་བའི་ཆོ༷ས་ཐེག་པ་ཆེ༷ན་པོའི་རྒྱ༷ལ་སྲི༷ད་ཀྱི་དཔལ་འབྱོར་ཆེ༷ན་པོ་དང་ལྡ༷ན་ པའི་ཕྱི༵ར། དག་པ་ལ་སྣང་བ་ལོ༷ངས་སྤྱོད་རྫོ༷གས་པའི་སྐུ་ནི་འཁོ༷ར་ལོ༷ས་བསྒྱུ༷ར་བའི་རྒྱལ་པོ་ རིན་པོ་ཆེ་བདུན་དང་གླིང་བཞི་ལ་སོགས་པའི་འབྱོར་པ་ལ་ལོངས་སྤྱོད་པ་ཇི་ལྟ་བ་བཞི༷ན་ནོ༵། ། 5-1-214 དོན་དམ་པའི་སྐུ་མངོན་སུམ་དུ་གྱུར་པའི་ནུས་པ་ལ་བརྟེན་ནས་གདུལ་བྱའི་བློ་ངོར་གང་ལ་ གང་འདུལ་གྱི་གཟུ༷གས་བཪྙ༷ན་གྱི༷་ནི༷་རྣམ་པ་ཙམ་ཤར་བའི་ར༷ང་བཞི༷ན་ཡིན་པའི་ཕྱི༵ར་ཐུན་ མོང་དུ་སྣང་བ་སྤྲུ༷ལ་པ༷འི་སྐུ་ནི་གསེ༷ར་གྱི༷་གཟུ༷གས་བརྙན་ལྟ༷་བུ༵འོ་ཞེས་བྱ་བའི་དོན་ཏོ། །དེ་ ལྟར་སེམས་ཅན་ཐམས་ཅད་ལ་ཡང་སངས་རྒྱས་ཀྱི་སྐུ་གསུམ་འགྲུབ་པའི་རིགས་ཡོད་པའི་ ཕྱིར་དེ་བཞིན་གཤེགས་པའི་ཁམས་ནི་སེམས་ཅན་འདི་དག་ལ་སྙིང་པོའོ་ཞེས་བསྟན་ཅིང༌། དེ་བཞིན་གཤེགས་པ་ཡང་སྐུ་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན་ལ་དེ་འགྲུབ་པའི་རྒྱུ་ཡིན་པས་ འདིར་ཁམས་ཀྱི་དོན་ནི་རྒྱུའི་དོན་ཡིན་ཞིང༌། དེ་ཉིད་སེམས་ཅན་གྱིས་རྟོགས་པའང་མ་ཡིན་ ཏེ། ཇི་སྐད་དུ། སེམས་ཅན་ལ་དེ་བཞིན་གཤེགས་པའི་ཁམས་གྲུབ་པ་སྙིང་པོར་འགྱུར་བ་ ཡོད་མོད་ཀྱི་སེམས་ཅན་དེ་དག་གིས་ཤེས་པ་མ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །དེ་དག་ལ་ དགོངས་ནས་ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཅན་ཁམས། །ཆོས་རྣམས་ ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ནི་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་ འགྱུར། །ཞེས་གསུངས་པ་ལ། དེ་ཉིད་ཐོག་མ་མེད་པའི་དུས་ཅན་ཡིན་པར་ཡང༌། དཔལ་ ཕྲེང་གི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོའི་དབང་དུ་མཛད་ནས་སྔོན་གྱི་མཐའ་ མི་དམིགས་སོ་ཞེས་གསུངས་ཤིང༌། ཁམས་ཞེས་བྱ་བའང་སྙིང་པོའི་དོན་ཅན་ཏེ། ཇི་སྐད་ དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་གང་ལགས་པ་འདི་ནི། འཇིག་རྟེན་ ལས་འདས་པའི་ཆོས་ཀྱི་སྙིང་པོ། རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོའོ་ཞེས་ གསུངས་པ་ལྟར་རོ། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་པའང་འཁོར་བ་དང་མྱ་ངན་ ལས་འདས་པའི་ཆོས་ཀུན་གྱི་གཞི་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་ གཤེགས་པའི་སྙིང་པོ་ནི་མ་འབྲེལ་བ་རྣམ་པར་དབྱེ་བ་དང་བཅས་པ་འབྲལ་ཤེས་པ། འདུས་ བྱས་ཀྱི་ཆོས་རྣམས་ཀྱི་ཡང་གནས་དང་གཞི་དང་རྟེན་ལགས་སོ་ཞེས་གསུངས་པ་ལྟར་རོ། །དེ་ 5-1-215 ཡོད་པས་ན་འགྲོ་ཀུན་དང༌། །ཞེས་པ་ནི་དེ་ཉིད་དྲི་མ་དང་བཅས་པའི་གནས་སྐབས་ལ་འགྲོ་ བ་ཞེས་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་མཆིས་ན། དེ་ལ་འཁོར་བ་ ཞེས་ཚིག་གིས་བཏགས་པ་ལགས་སོ་ཞེས་གསུངས་པ་ལྟར་ཡིན་ཞིང༌། མྱ་ངན་ལས་འདས་ པའང་ཐོབ་པར་འགྱུར། །ཞེས་པ་ནི་སྙིང་པོ་ཡོད་པའི་ཕྱིར་ཞེས་ཐར་པ་འདོད་པ་ལ་སོགས་ པས་རིམ་གྱིས་མཐར་ཐུག་པའི་མྱ་ངན་ལས་འདས་པར་འགྲོ་བ་ཉིད་དེ། ཇི་སྐད་དུ། བཅོམ་ ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་སྡུག་བསྔལ་ལ་ཡིད་འབྱུང་ བར་མི་འགྱུར་ཞིང༌། མྱ་ངན་ལས་འདས་པ་ལ་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པར་ ཡང་མི་འགྱུར་རོ་ཞེས་གསུངས་པ་ལྟར་རོ། །ཚིགས་སུ་བཅད་པ་དེ་ཉིད་ཀུན་གཞི་རྣམ་པར་ ཤེས་པའི་སྒྲུབ་བྱེད་དུའང་དྲངས་མོད། ངེས་པའི་དོན་དུ་ན་ཀུན་གཞི་དེ་བཞིན་གཤེགས་པའི་ སྙིང་པོ་ཉིད་སྟོན་གྱི་རྣམ་པར་ཤེས་པ་གློ་བུར་གྱི་དྲི་མ་ནི་མ་ཡིན་ནོ། །དེ་ལྟར་ན་དྲི་མ་དང་ རང་བཞིན་དག་པ་རྣམ་པ་དགུ་དགུར་ཕྱེ་ནས། པདྨ་དང་སངས་རྒྱས་ལ་སོགས་པ་རེ་རེ་དང་ ཆོས་མཐུན་སྦྱར་བ་ནི། གཙོ་ཆེ་བའམ་རྣམ་པ་གསལ་བ་ནས་སྨོས་པས་ཕྱོགས་རེ་ཙམ་མཚོན་ པའི་དོན་ཡིན་གྱི། མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ཏེ། ཐུན་མོང་གི་ཆོས་མཐུན་སྦྱར་བའི་ སྐབས་སུ་བསྟན་པ་ལྟར་ཉོན་མོངས་པ་ཐམས་ཅད་ཀྱང༌། པདྨ་ལ་སོགས་པའི་དཔེ་དགུ་པོ་ ཐམས་ཅད་སྒྲིབ་བྱེད་དུ་ཆོས་མཚུངས་ཤིང༌། རྣམ་པར་བྱང་བ་ཡང་སངས་རྒྱས་ལ་སོགས་པ་ ཐམས་ཅད་དང་བསྒྲིབ་བྱར་ཆོས་མཚུངས་པའི་ཕྱིར་རོ། །དེ་བཞིན་དུ་པདྨས་སངས་རྒྱས་ཁོ་ ན་སྒྲིབ་པ་ལ་སོགས་པ་དཔེ་ལ་བསྒྲིབ་བྱ་སྒྲིབ་བྱེད་སོ་སོར་ངེས་པ་ལྟར་དོན་ལ་ནི་མ་ཡིན་ ཏེ། ཉོན་མོངས་པ་ཐམས་ཅད་ཀྱིས་ཀྱང་རང་བཞིན་གྱིས་དབྱེ་བ་ཐམས་ཅད་ལ་སྒྲིབ་པའི་ ཕྱིར་རོ། །དེ་ལྟ་ན་དཔེ་ལ་ནི་བསྒྲིབ་བྱ་སྒྲིབ་བྱེད་སོ་སོར་ངེས་པ་ཡོད་ལ། དོན་ལ་ནི་མེད་པའི་ ཕྱིར་ཆོས་མཚུངས་པ་མ་ཡིན་པར་འགྱུར་རམ་སྙམ་ན། སྐྱོན་དེ་ནི་མེད་དེ། སོ་སོར་ཡང་ཆོས་ 5-1-216 མཐུན་པ་རེ་རེ་ཡོད་ཅིང༌། ཐུན་མོང་དུ་བསྒྲིབ་བྱ་སྒྲིབ་བྱེད་དུའང་མཚུངས་པའི་ཕྱིར་ཡིན་གྱི། བདག་ཉིད་ཐམས་ཅད་ཀྱིས་འདྲ་བ་ཁོ་ན་དཔེར་བྱེད་པར་མ་ངེས་པའི་ཕྱིར་རོ། །གཞན་ཡང་ རང་བཞིན་གསུམ་ལ་དོན་དགུར་ཕྱེ་བའི་ནང་ནས་བསྟན་པ་ཆོས་སྐུ་གཉིས་དང༌། ཡང་དག་ པར་བླངས་པ་ལས་བྱུང་བའི་རིགས་དང༌། གཟུགས་སྐུ་གཉིས་ནི་ཞར་ལས་བྱུང་བ་དབྱེ་བ་ ལ་མཁས་པའི་ཆེད་དུ་ཡིན་གྱི་ཐམས་ཅད་ལ་ཁྱབ་པའི་ཕྱིར་ནི་མ་ཡིན་ནོ། །འོན་ཀྱང་དེ་དག་ གི་རྟེན་ཟག་པ་མེད་པའི་དབྱིངས་ནི་ཐམས་ཅད་ལ་ཁྱབ་པ་ཉིད་དོ། །ཆོས་ཀྱི་དབྱིངས་དེ་ཉིད་ ཐམས་ཅད་ལ་ཁྱབ་པར་ཡང་གང་གིས་ཤེས་སྙམ་ན། འགྲེལ་པ་ལས། ཆོས་ཀྱི་སྐུ་ལྟར་རྒྱ་ཆེ་ བ་དེ་བཞིན་གཤེགས་པ་དང་དབྱེར་མེད་པའི་མཚན་ཉིད། ངེས་པའི་རིགས་ཀྱི་རང་བཞིན། དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་ཐམས་ཅད་ཀྱི་ཚེ་ཐམས་ཅད་ལ་ཁྱད་པར་མེད་པའི་ ཚུལ་དུ་ཡོད་དོ་ཞེས་བྱ་བ་ནི། ཆོས་ཉིད་ཚད་མར་བྱས་ནས་བལྟ་བར་བྱ་སྟེ། ཞེས་གསུངས་ ཤིང༌། མདོ་ལས་ཀྱང༌། རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་ པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང༌། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་ པའི་སྙིང་པོ་ཅན་ནོ་ཞེས་གསུངས་པ་ལྟར་ཆོས་ཉིད་ཀྱི་རིགས་པ་ལ་བརྟེན་ནས་ཤེས་པར་ བྱའོ། ། བསྟན་པའི་དོན་དད་པས་རྟོགས་ཚུལ་ནི། རང་བྱུང་རྣམས་ཀྱི་དོན་དམ་དེ། ། དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འདོ་འབར་བ། ། མིག་མེད་པས་ནི་མཐོང་བ་མེད། །ཅེས་པ་སྟེ། གདོད་མ་ནས་ལྷུན་གྱིས་གྲུབ་ཅིང་ རྐྱེན་གཞན་དག་ལས་གསར་དུ་སྐྱེས་པ་མ་ཡིན་པ་ར༷ང་བྱུ༷ང༌། རྫོགས་པའི་སངས་རྒྱས་རྣ༷མས་ ཀྱི༷་ཆོས་ཉིད་དོ༷ན་ད༷མ་པའི་བདེན་པ་དེ༵་བཞིན་གཤེགས་པའི་སྙིང་པོ་དེ་ནི། སོ་སོའི་སྐྱེ་བོ་ དང་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་ 5-1-217 དཔའ་རྣམས་ཀྱིས། ངེས་པའི་དོན་གྱི་གསུང་རབ་དང་དེ་དག་གི་དགོངས་འགྲེལ་འདི་ལྟ་བུ་ ལ་བརྟེན་ནས། ད༷ད་ཅིང་མོས་པ་ཡིད་ཆེས་པ༷་ཉི༷ད་ཀྱི༷ས་སྤྱིའི་ཚུལ་དུ་རྟོ༷གས་པར་བྱ༷་བ་ཡི༵ན་ གྱི། ཟབ་མོའི་དེ་ཁོ་ན་ཉིད་ལྟ་བ་ལ་མིག་དང་མི་ལྡན་པའི་ཕྱིར། ཇི་ལྟ་བ་བཞིན་མངོན་སུམ་ གྱིས་རྟོགས་པ་ནི་མ་ཡིན་ཏེ། དཔེར་ན་ཉི༷་མ༷འི་དཀྱི༷ལ་འཁོ༷ར་དག་ཅིང་གསལ་ལ་འོ༷ད་ཟེར་ རབ་ཏུ་འབ༷ར་བཞིན་པ༵་དེ་སྐྱེ་བོ་མི༷ག་མེ༷ད་པར་གྱུར་པ༷ས་ནི༷་མངོན་སུམ་དུ་མཐོ༷ང་བ༷་མེ༵ད་པ་ ཇི་ལྟ་བ་བཞིན་ནོ་ཞེས་པའོ། །དེ་སྐད་དུ་ཡང་དཔལ་ཕྲེང་གི་ཞུས་པའི་མདོ་ལས། བཅོམ་ལྡན་ འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་འཇིག་ཚོགས་སུ་ལྟ་བར་ལྷུང་བ་རྣམས་དང༌། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང༌། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་ པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་འཇིག་ཚོགས་སུ་ལྟ་ བར་ལྷུང་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཏེ། དེ་དག་གིས་ནི་ཕུང་པོ་ལ་སོགས་པ་ཟག་པ་ དང་བཅས་པ་རྣམས་ལ། བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཞེན་པས། འཇིག་ ཚོགས་འགགས་པ་ཟག་པ་མེད་པའི་དབྱིངས་ལ་ལྷག་པར་མོས་པ་ཡང་མི་ནུས་ན། ཐམས་ ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དེ་བཞིན་གཤེགས་པའི་སྙིང་པོ་མ་ལུས་པ་མངོན་སུམ་ དུ་རྟོགས་པར་ག་ལ་འགྱུར། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་ནི་ཉན་ཐོས་དང་རང་ སངས་རྒྱས་རྣམས་ཡིན་ཞིང༌། དེ་དག་གིས་ནི་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཉིད་དུ་ བསྒོམ་པར་བྱ་བ་ལས་བཟློག་ནས་མི་རྟག་པའི་འདུ་ཤེས་བསྒོམ་པ་ལ་མངོན་པར་དགའ་བ་ ཉིད་དང་། བདེ་བ་བསྒོམ་པར་བྱ་བ་ལས་བཟློག་ནས་སྡུག་བསྔལ་བའི་འདུ་ཤེས་བསྒོམ་པ་ ལ་མངོན་པར་དགའ་བ་དང༌། བདག་ཏུ་བསྒོམ་པར་བྱ་བ་ལས་བཟློག་ནས་བདག་མེད་པའི་ འདུ་ཤེས་བསྒོམ་པ་ལ་མངོན་པར་དགའ་བ་དང༌། གཙང་བར་བསྒོམ་པར་བྱ་བ་ལས་བཟློག་ ནས་མི་གཙང་བའི་འདུ་ཤེས་སྒོམ་པ་ལ་མངོན་པར་དགའ་བའི་ཕྱིར། དེ་བཞིན་གཤེགས་ 5-1-218 པའི་སྙིང་པོ་རྟག་པ་དང་བདེ་བ་དང་བདག་དང་། གཙང་བའི་ཕ་རོལ་ཏུ་ཕྱིན་པ་མི་རྟོགས་ ཏེ། བཅོམ་ལྡན་འདས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོར་དཔེ་དང་བཅས་ པས་སྒྲུབ་པ་ལྟར་རོ། ། དེ་ལ་དཔེ་ནི་ཇི་སྐད་དུ། དགེ་སློང་དག་དཔེར་ན་སོ་ཀའི་དུས་ལ་བབ་པ་ན་སྐྱེ་བོ་དག་ ཁྲུས་རས་བཅིངས་ཏེ། རང་གི་རྒྱན་དང་ཉེ་བར་སྤྱོད་པ་དག་གི་ཆུ་ལ་རྩེའོ། །དེ་ནས་དེར་ གཅིག་གིས་རིགས་དང་ལྡན་པའི་ནོར་བུ་བཻཌཱུཪྻ་ཆུའི་ནང་དུ་བཞག་པ་དང༌། བཻཌཱུཪྻའི་དོན་ དུ་དེ་དག་ཐམས་ཅད་རྒྱན་བཞག་ནས་བཞུགས་པར་གྱུར་ཏོ། །དེ་ནས་དེ་ན་ཡོད་པའི་གསེག་ མའམ་གྱོ་མོ་དེ་དག་ལ། དེ་དག་ནོར་བུའོ་སྙམ་ནས་བཟུང་སྟེ་བདག་གིས་ནོར་བུ་རྙེད་དོ་སྙམ་ ནས་ཕྱུང་ངོ༌། །ཕྱུང་ནས་ཀྱང་རྫིང་བུའི་འགྲམ་དུ་བལྟས་པ་ན་འདི་དག་ནི་ནོར་བུ་མ་ཡིན་ནོ་ སྙམ་པའི་འདུ་ཤེས་རབ་ཏུ་འཇུག་གོ །རྫིང་བུ་དེའི་ཆུ་དེ་ཡང་ནོར་བུའི་མཐུས་ནོར་བུའི་འོད་ དང་འདྲ་བར་སྣང་ངོ༌། །དེ་དག་དེ་ལྟར་སྣང་བའི་ཆུ་དེ་མཐོང་ནས་ཨེ་མའོ་ནོར་བུའོ་སྙམ་ པའི་ཡོན་ཏན་གྱིས་འདུ་ཤེས་རབ་ཏུ་ཞུགས་སོ། །དེ་ནས་དེ་ལ་ཐབས་ལ་མཁས་ཤིང་ཡིད་ གཞུངས་པ་གཅིག་གིས་ནོར་བུ་དེ་དེ་ཁོ་ན་བཞིན་དུ་རྙེད་པར་གྱུར་ཏོ་ཞེས་གསུངས་ཤིང༌། དེས་ཉེ་བར་མཚོན་པའི་དོན་ནི། དགེ་སློང་དག་དེ་བཞིན་དུ་ནོར་བུ་ལྟར་ཆོས་ཀྱི་དེ་ཁོ་ན་ཉིད་ མི་ཤེས་པ་ཁྱེད་ཀྱིས་ཐམས་ཅད་མི་རྟག་པ་དང༌། ཐམས་ཅད་སྡུག་བསྔལ་བ་དང༌། ཐམས་ ཅད་བདག་མེད་པ་དང་ཐམས་ཅད་མི་སྡུག་པའོ་ཞེས་བསྒོམས་ཤིང་བསྒོམས་ལ། མང་དུ་ བྱས་ཤིང་མང་དུ་བྱས་ནས་ཉེ་བར་བཞག་པ་དེ་ཐམས་ཅད་ནི་དོན་མེད་པའོ། །དགེ་སློང་དག་ དེའི་ཕྱིར་རྫིང་གི་གསེག་མ་དང་གྱོ་མོ་རྣམ་པར་གནས་པ་ལྟར་མི་འགྱུར་བར་ཁྱེད་ཅག་ཐབས་ ལ་མཁས་པར་གྱིས་ཤིག དགེ་སློང་དག་ཁྱེད་ཀྱིས་གང་དང་གང་ཐམས་ཅད་མི་རྟག་པ་དང་ ཐམས་ཅད་སྡུག་བསྔལ་བ་དང༌། ཐམས་ཅད་བདག་མེད་པ་དང༌། ཐམས་ཅད་མི་གཙང་བའོ་ 5-1-219 ཞེས་བསྒོམས་ཤིང་བསྒོམས་ལ་མང་དུ་བྱས་ཤིང་མང་དུ་བྱས་པ་དེ་དང་དེ་ཉིད་ལ་རྟག་པ་དང་ བདེ་བ་དང་སྡུག་པ་དང་བདག་ཉིད་ཡོད་པ་ཡིན་ནོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། ། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་ སེམས་དཔའ་སྟོང་པ་ཉིད་ཀྱི་དོན་གྱི་ཚུལ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཉམས་པ་དག་ སྟེ། དེ་དག་གིས་ནི། གང་དག་ཡོད་པའི་ཆོས་ཉིད་དུས་ཕྱིས་རྒྱུན་ཆད་ཅིང་ཞིག་པ་ཡོངས་སུ་ མྱ་ངན་ལས་འདས་པའོ་ཞེས་མེད་པའི་མཐར་ལྷུང་བའི་སྟོང་པ་ཉིད་དང༌། གང་ཞིག་རྟོགས་ པར་བྱ་བ་དང་བསྒོམ་པར་བྱ་བ་སྟོང་པ་ཉིད་ཅེས་བྱ་བ་གཟུགས་ལ་སོགས་པ་ལས་ཐ་དད་ པའི་དངོས་པོར་ཡོད་པ་ཡིན་ནོ་ཞེས་ཡོད་པའི་མཐར་ལྷུང་བའི་སྟོང་པ་ཉིད་ལ་མངོན་པར་ ཞེན་པའི་ཕྱིར་མཐའ་གཉིས་དང་བྲལ་བའི་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་རྟོགས་པ་མ་ ཡིན་ནོ། ། རྟོགས་བྱའི་སྟོང་ཉིད་ངོས་བཟུང་བ་ནི། འདི་ལ་བསལ་བྱ་ཅི་ཡང་མེད། ། གཞག་པར་བྱ་བའང་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། ། ཡང་དག་མཐོང་ནས་རྣམ་པར་གྲོལ། །རྣམ་དབྱེ་བཅས་པའི་མཚན་ ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། རྣམ་དབྱེ་མེད་པའི་མཚན་ ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་བ་མིན། །ཞེས་པ་ལ། མཐའ་གཉིས་དང་བྲལ་ བའི་སྟོང་པ་ཉིད་ཀྱི་ཚུལ་གང་ཞེ་ན། རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་ པའི་ཁམས་དོན་དམ་པའི་དེ་བཞིན་ཉིད་འདི༷་ལ༷་སྔར་ཡོད་བས༷ལ་བར་བྱ༷་བ་ཀུན་ནས་ཉོན་ མོངས་པའི་སྐྱོན་ཅི༷་ཡ༷ང་མེ༵ད་དེ། གདོད་མ་ནས་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་བྱང་བའི་ཡོན་ཏན་སྔར་མེད་ གཞ༷ག་པ༷ར་བྱ༷་བ༷་ཅི༷་ཡ༷ང་མེ༵ད་དེ། སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་གདོད་ 5-1-220 མ་ནས་ལྷུན་གྱིས་གྲུབ་ཅིང་། རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ནི་འདིའི་རང་བཞིན་ཡིན་ པའི་ཕྱིར་རོ། །དེ་ལྟར་ཡུལ་མཐའ་གཉིས་དང་བྲལ་བ་ཡ༷ང་ད༷ག་པའི་དོན་ཆོས་ཀྱི་དབྱིངས་ དེ་བཞིན་ཉི༷ད་ལ༷། ཡུལ་ཅན་དོན་དམ་ཤེས་པའི་ཤེས་རབ་ཡ༷ང་ད༷ག་པ་ཉིད་ཀྱིས་མངོན་སུམ་ དུ་བལྟ༵ས་ཤིང་མཉམ་པར་བཞག་པ་ལས། གོམས་པ་རབ་ཏུ་གྱུར་པ་དང༌། ཡ༷ང་ད༷ག་པ་ཆོས་ ཉིད་ཇི་ལྟ་བའི་དོན་མངོན་སུམ་དུ་མཐོ༷ང་བའི་ཡེ་ཤེས་རིམ་གྱིས་སྐྱེས་ན༷ས། སྤང་བྱ་གློ་བུར་ གྱི་དྲི་མ་ལས་རྣ༷མ་པ༷ར་གྲོ༵ལ་བ་འཐོབ་སྟེ། དེ་ཡང་མཐོང་ལམ་དུ་མཐོང་སྤང་གི་དྲི་མ་ལས་ རྣམ་པར་གྲོལ་བ་དང༌། སྒོམ་ལམ་དུ་སྒོམ་སྤང་གི་དྲི་མ་ལས་རྣམ་པར་གྲོལ་བ་དང༌། མཐར་ ཕྱིན་པའི་ལམ་དུ་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་མཐའ་དག་ལས་རྣམ་པར་གྲོལ་ བར་འགྱུར་རོ། །དེའི་ཕྱིར་ཆོས་ཉིད་ལས་ཐ་དད་དུ་རྣ༷མ་པར་དབྱེ༷་བ་དང་བཅ༷ས་པ༷་སོ་སོར་ འབྲལ་ཤེས་པའི༷་མཚ༷ན་ཉི༷ད་ཅ༵ན་སྤང་རུང་གློ༷་བུ༷ར་གྱི་དྲི་མ་འདུས་བྱས་ཀུན་རྫོབ་ཀྱི་ཆོས་ རྣམས་ད༷ག་གི༷ས། ཁ༷མས་དེ་བཞིན་གཤེགས་པའི་སྙིང་པོ་སྟོ༷ང་བའི་ཕྱིར། ཡོད་པའི་མཐའ་ དང་བྲལ་བར་མཐོང་གི༵ ཆོས་ཉིད་ལས་ཐ་དད་དུ་རྣ༷མ་པར་དབྱེ༷ར་མེ༷ད་ཅིང་སོ་སོར་འབྲལ་ མི་ཤེས་པ༷འི་མཚ༷ན་ཉི༷ད་ཅ༵ན་སྤང་དུ་མི་རུང་བའི་རང་བཞིན་དོན་དམ་བླ༷་ན་མེ༷ད་པ་སངས་ རྒྱས་ཀྱི་ཆོ༷ས་སྟོབས་ལ་སོགས་པའི་ཡོན་ཏན་མཐའ་ཡས་པ་རྣམས་ཀྱི༷ས་ནི། ཆོས་ཀྱི་དབྱིངས་ སྟོ༷ང་བ༷་མི༵ན་པའི་ཕྱིར་མེད་པའི་མཐའ་དང་ཡང་བྲལ་བ་ཡིན་ལ། ཕན་ཚུན་འགལ་བའི་ཕྱིར། ཡོད་མེད་གཉིས་ཡིན་གྱི་མཐའ་ལས་ཀྱང་གྲོལ་ཞིང༌། དེ་ཉིད་ཀྱི་ཕྱིར་དེ་བཀག་པ་གཉིས་མ་ ཡིན་གྱི་མཐའ་ལས་ཀྱང་གྲོལ་བས་ན་མཐའ་གཉིས་སམ་མུ་བཞི་ལས་རྣམ་པར་གྲོལ་བའི་ སྟོང་པ་ཉིད་ཕྱིན་ཅི་མ་ལོག་པའི་ཚུལ་ནི་འདི་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། ། འདི་ཉིད་ཐུན་མོང་དུ་རྒྱས་པར་འཆད་པ་ལ་ལྔ་སྟེ། སྟོང་ཉིད་ཀྱི་དབྱེ་བ་བསྟན་པ། སྐབས་ དོན་གྱི་ཤེས་བྱེད་དགོད་པ། གཞན་དག་གིས་རྟོགས་པར་དཀའ་ཚུལ། མཐར་ཕྱིན་པས་རིམ་ 5-1-221 གྱིས་མཐོང་ཚུལ། དེ་དག་ལ་འཁྲུལ་པ་སྤང་བའོ། ། དེ་ལ་སྟོང་ཉིད་ཀྱི་དབྱེ་བ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཤིན་ཏུ་རྒྱས་པའི་མདོ་ སྡེ་ལས་གསུངས་པའི་སྟོང་པ་ཉིད་བཅུ་དྲུག་ཡིན་ལ། དེ་རྣམས་བདེ་བླག་ཏུ་རྟོགས་པར་བྱ་ བའི་ཕྱིར། བར་སྐབས་ཀྱི་སྡོམ་ནི། ནང་དང་(༡)ཕྱི་དང་(༢)ཕྱི་ནང་(༣)ཆེན་པོ་དང༌(༤)། །སྟོང་ ཉིད་(༥)དོན་དམ་(༦)འདུས་བྱས་(༧)འདུས་མ་བྱས(༨)། །མཐའ་འདས་(༩)ཐོག་མཐའ་(༡༠) དོར་མེད་(༡༡)རང་བཞིན་དང༌(༡༢)། །རང་མཚན་(༡༣)ཆོས་ཀུན་(༡༤)དངོས་མེད་(༡༥)ངོ་བོ་ ཉིད(༡༦)། །ཅེས་པ་སྟེ་སྟོང་པ་ཉིད་ཅེས་བྱ་བ་སྦྱར་རོ། །དེ་ཡང་ཟ་བ་པོ་མིག་ལ་སོགས་པ་ནང་ གི་སྐྱེ་མཆེད་རྣམས་ཀྱི་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་དང༌། བཟའ་བར་བྱ་བ་གཟུགས་ལ་ སོགས་པ་ཕྱིའི་སྐྱེ་མཆེད་རྣམས་ཀྱི་སྟོང་པ་ཉིད་ནི་ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་གི་སྐྱེ་མཆེད་ དེ་དག་གི་ལུས་སམ་གནས་ཁོག་པའི་སྟོང་ཉིད་ནི་ཕྱི་ནང་སྟོང་པ་ཉིད་དང༌། གནས་ཀྱི་གཞི་ སྣོད་ཀྱི་འཇིག་རྟེན་རྒྱ་ཆེན་པོའི་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་དང༌། ནང་གི་སྐྱེ་མཆེད་ལ་ སོགས་པ་དེ་ཡང་གང་གིས་སྟོང་པར་མཐོང་ཞིང་ཤེས་པའི་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ ཉིད་དང༌། ཇི་ལྟར་དོན་དམ་པའི་རྣམ་པར་མཐོང་བ་དེའི་སྟོང་པ་ཉིད་ནི་དོན་དམ་པའི་སྟོང་པ་ ཉིད་དང༌། གང་གི་ཕྱིར་བྱང་ཆུབ་སེམས་དཔས་བསྒྲུབ་པར་བྱ་བ་དེ་ཡང་སྟོང་པ་ཉིད་ཡིན་ལ། ཅིའི་ཕྱིར་སྒྲུབ་པར་བྱེད་ཅེ་ན། དགེ་བ་གཉིས་འཐོབ་པར་བྱ་བའི་ཕྱིར་ཏེ། དེ་ཡང་ལམ་གྱི་ དགེ་བ་འདུས་བྱས་ཀྱི་སྟོང་པ་ཉིད་ནི་འདུས་བྱས་སྟོང་པ་ཉིད་དང༌། མྱ་ངན་ལས་འདས་པའི་ དགེ་བ་འདུས་མ་བྱས་ཀྱི་སྟོང་པ་ཉིད་ནི་འདུས་མ་བྱས་སྟོང་པ་ཉིད་དང༌། བྱང་ཆུབ་སེམས་ དཔས་སེམས་ཅན་ལ་ཕན་པར་བྱ་བ་ཡིན་ལ། ཕན་གདགས་པར་བྱ་བའི་སེམས་ཅན་མཐའ་ ཡས་པའི་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང༌། དེ་བཞིན་དུ་འཁོར་བ་བློས་ མི་སྤང་བར་བྱ་བ་ཡིན་ལ། འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་ནི་ཐོག་མ་ 5-1-222 དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། ཕུང་པོ་ལྷག་པ་མེད་པའི་མྱ་ངན་ལ་འདས་པའི་དབྱིངས་ སུ་ཡང་དགེ་བ་མི་ཟད་པར་བྱ་བའི་སྟོང་པ་ཉིད་ནི་དོར་བ་མེད་པ་སྟོང་པ་ཉིད་དང༌། རིགས་ རང་བཞིན་གྱིས་དག་པ་དྲི་མས་ཀྱང་རྣམ་པར་དག་པར་བྱ་བའི་སྟོང་པ་ཉིད་ནི་རང་བཞིན་ སྟོང་པ་ཉིད་དང༌། འཐོབ་པར་བྱ་བ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་བཟང་པོ་རྣམས་ ཀྱི་རང་གི་མཚན་ཉིད་ཀྱི་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དང༌། དག་པར་བྱ་ བ་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པའི་སྟོང་པ་ ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དང༌། དེ་ལྟར་སྟོང་པ་ཉིད་བཅུ་བཞི་པོ་རྣམས་ཀྱི་མཚན་ ཉིད་མདོར་བསྡུས་ན། ཀུན་རྫོབ་གློ་བུར་གྱི་དྲི་མ་གང་ཟག་དང་ཆོས་ཀྱི་བདག་མཐའ་དག་ གི་དངོས་པོ་མེད་པ་ནི་དངོས་པོ་མེད་པ་སྟོང་པ་ཉིད་དང༌། དོན་དམ་ཆོས་ཀྱི་དབྱིངས་བདག་ གཉིས་ཀྱིས་སྟོང་པ་དེའི་ངོ་བོར་ཡོད་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། ཇི་ སྐད་དུ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཟ་པོ་བཟའ་བ་དེ་ཡི་ལུས། །གནས་ཀྱི་ གཞི་ཡི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དགེ་ གཉིས་ཐོབ་པར་བྱ་བའི་ཕྱིར། རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་བཏང་བར་མི་ བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་ དཔེ་བྱད་འཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་ སྒྲུབ་པར་བྱེད། །གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་ དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་གསུངས་ཤིང༌། དོན་ དེ་རྣམས་ཇི་ལྟ་བ་བཞིན་དུ་རྒྱུད་ཀྱི་རྒྱལ་པོ་དཔལ་ཡང་དག་པར་སྦྱོར་བ་ལས་ཀྱང་ལེགས་ པར་གསུངས་པ་ཉིད་དོ། ། ཤེས་བྱེད་དགོད་པ་ནི། མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ 5-1-223 ཡོད་པ་འབྲལ་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་སྟོང་པ་ཡིན་ལ། རྣམ་པར་ དབྱེ་བ་མེད་པ་འབྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་ གི་བྱེ་མ་སྙེད་ལས་འདས་པས་མི་སྟོང་པའོ་ཞེས་གསུངས་ཤིང༌། དེའི་དོན་ཡང་སློབ་དཔོན་ གྱིས། གང་ལ་གང་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་རྗེས་སུ་མཐོང་ལ། དེ་ལ་ ལྷག་མ་གང་ཡིན་པ་དེ་ནི་དེར་རྟག་ཏུ་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། ། ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་དང་ བྲལ་བའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་བསྟན་ཏོ་ཞེས་གསུངས་ལ། དེའང་ ཀུན་རྫོབ་གློ་བུར་གྱི་དྲི་མ་ནི་དཔྱད་ན་ནམ་ཡང་མེད་པའི་ཕྱིར་སྟོང་པ་ཡིན་ཞིང་དོན་དམ་ རང་བཞིན་ཆོས་དབྱིངས་ནི་ལྷག་མར་རྟག་ཏུ་ཡོད་པའི་ཕྱིར་མེད་པ་མ་ཡིན་ནོ། །དེ་དག་ལ་ དགོངས་ནས་མདོ་ཆེན་པོ་སྟོང་པ་ཉིད་ལས་ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་ དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང་དེ་ལ་ལྷག་མ་གང་ཡོད་པ་དེ་ དེར་ཡོད་དོ་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་དགའ་བོ་འདི་ནི་སྟོང་ པ་ཉིད་ལ་འཇུག་པ་ཡང་དག་པ་ཇི་ལྟ་བ་བཞིན་ཏེ་ཕྱིན་ཅི་མ་ལོག་པ་ཡིན་ནོ་ཞེས་པ་དང༌། གཞན་ཡང་མདོ་ལས། ཡོད་པ་ལ་ཡང་ཡོད་པར་མེད་པ་ལ་ཡང་མེད་པར་ཡང་དག་པ་ཇི་ལྟ་ བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་ལ། ལང་དཀར་གཤེགས་པ་ལས་བློ་གྲོས་ཆེན་པོ་ དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་གང་ཞེ་ན། འདི་ལྟ་སྟེ། བདག་གི་སོ་ སོ་རང་གིས་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི། ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ ཅད་ཀྱིས་སྟོང་སྟེ། དེའི་ཕྱིར་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་ཞེས་བྱའོ་ ཞེས་པ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང༌། ཐར་པ་ནི་སྟོང་པ་མ་ ཡིན་བཞིན་དུ་སྟོང་པ་ཞེས་ཅི་ལྟར་བྱ་ཞེ་ན། སྟོང་པ་ཞེས་བྱ་བ་ནི་ཉོན་མོངས་པའི་རྣམ་པ་དང་ 5-1-224 སྲིད་པའི་ཐ་སྙད་ཉི་ཤུ་རྩ་ལྔ་དང་འཇིག་རྟེན་པའི་ཆོས་ལུགས་རྣམས་མེད་པའི་ཕྱིར་རོ་ཞེས་ པ་དང༌། གཞན་ཡང་ཇི་སྐད་དུ། རྣམ་པར་གྲོལ་བ་ནི་མི་སྟོང་བའི་སྟོང་པའོ། །སྟོང་པའི་སྟོང་ པ་ནི་མུ་སྟེགས་ཅན་གཅེར་བུ་པའི་རྣམ་པར་གྲོལ་བའོ། །གཅེར་བུ་བ་ལ་ནི་ཡང་དག་པར་ན་ རྣམ་པར་གྲོལ་བ་མེད་པས་སྟོང་པའི་སྟོང་པ་ཞེས་བྱའོ་ཞེས་གསུངས་ཤིང༌། དོན་འདི་ཉིད་ དཔེ་དང་བཅས་པས་ཀྱང་ཤིན་ཏུ་གསལ་བར་མཛད་དེ། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ ལས། ཅི་ཁྱི མ་ཐམས་ཅད་སྟོང་པ་ཡིན་ནམ། མ་ཡིན་ཏེ། མི་མེད་པས་སྟོང་པ་ཞེས་བྱའོ། །དེ་ བཞིན་དུ་དེ་བཞིན་གཤེགས་པ་ཡང་སྟོང་པ་མ་ཡིན་ཏེ། ཉེས་པ་ཐམས་ཅད་ཀྱིས་སྟོང་པས་ན་ སྟོང་པ་ཞེས་བྱའོ་ཞེས་པ་དང༌། མྱ་ངན་ལས་འདས་པ་ཆེན་པོ་ལས་ཀྱང༌། ཇི་སྲིད་དུ་མར་ཡོད་ པ་དེ་སྲིད་དུ་སྣང་བ་ཡོད་དོ། །ཅི་སྟེ་མར་ཟད་པ་ན་སྣང་བ་ཡང་མེད་པར་འགྱུར་རོ། །དེ་ལ་ སྣང་བ་མེད་པར་གྱུར་པ་ནི་ཉོན་མོངས་པ་ཟད་པ་ལྟ་བུའོ། །སྣང་བ་ཟད་དེ་མེད་པར་སོང་ཡང་ མར་མེའི་སྣོད་མེད་པར་འགྱུར་བ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་བར་ ཉོན་མོངས་པ་ཟད་ཀྱང་ཆོས་ཀྱི་སྐུ་ནི་རྟག་ཏུ་ཡོད་དོ་ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་ རྣམ་པར་རྟོག་པ་གློ་བུར་གྱི་དྲི་མས་སྟོང་ཞིང་རྣམ་པར་མི་རྟོག་པ་རང་བཞིན་ཆོས་དབྱིངས་ ཀྱིས་མི་སྟོང་པའི་ཚུལ་འདི་ཉིད་རྒྱུད་ལས་ཀྱང་ཤིན་ཏུ་གསལ་བར་གསུངས་ཏེ། དོན་གྲུབ་ བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། ། ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་པ་ལ་སོགས་པ་རྒྱ་ཆེར་རོ། །གློ་བུར་དྲི་མ་མེད་ ཅིང་མི་སྣང་བ་དང༌། རང་བཞིན་ཆོས་དབྱིངས་ཡོད་ཅིང་སྣང་བའི་ཚུལ་འདི་ཉིད་རྒྱན་ལས་ ཀྱང་གསལ་བར་གསུངས་ཏེ། དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བ་ཡིན་ཞེས་བྱ། ། དེ་ནི་གནས་གཞན་གྱུར་པ་སྟེ། །འདོད་དགུར་སྤྱོད་ཕྱིར་ཐར་པ་ཡིན། །ཞེས་པ་ལ་སོགས་ པས་སོ། །གློ་བུར་བ་གཟུང་བ་དང་འཛིན་པས་སྟོང་ཞིང་རང་བཞིན་ཆོས་ཀྱི་དབྱིངས་ཀྱིས་མི་ 5-1-225 སྟོང་བའི་དོན་འདི་ཉིད། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང་གསུངས་ཏེ། གཉིས་ དངོས་མེད་པའི་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་པས་སོ། གློ་བུར་ བ་ཀུན་བརྟགས་དང་གཞན་དབང་ནི་མེད་ཅིང་རང་བཞིན་ཆོས་ཉིད་ཡོངས་གྲུབ་ནི་ཡོད་པར། དབུ་མ་བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས་ཀྱང་གསུངས་ཏེ། དམ་པའི་དོན་ནི་བཅོས་མ་ མིན། །ངོ་བོ་ཉིད་དང་རང་བཞིན་དང༌། །ཡང་དག་རྫས་དངོས་ཡོད་པ་ལགས། །བརྟགས་ པའི་དངོས་པོ་མེད་པ་ཉིད། །གཞན་གྱི་དབང་ནི་ཡོད་མ་ལགས། །ཞེས་པ་ལ་སོགས་པས་སོ། ། གློ་བུར་བ་ཉོན་མོངས་པ་ནི་བདེན་པར་མེད་པས་འགག་ཅིང་རང་བཞིན་གྱིས་འོད་གསལ་བ་ ནི་དོན་དམ་པར་ཡོད་པས་མི་འགག་པའི་ཚུལ་འདི་ཉིད། དབུ་མ་ཆོས་ཀྱི་དབྱིངས་སུ་བསྟོད་ པ་ལས་དཔེ་དང་བཅས་པས་ཀྱང་གསུངས་ཏེ། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་ དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་འཚིག་འགྱུར་གོས་མིན་ལྟར། །དེ་ བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་ཉོན་ མོངས་བསྲེག །འོད་གསལ་དེ་ཉིད་མ་ཡིན་ནོ། །ཞེས་པ་ལ་སོགས་པས་སོ། །དེ་ལྟ་བས་ན་བློ་ དང་ལྡན་པ་རྣམས་ཀྱིས་ངེས་པའི་དོན་གྱི་གསུང་རབ་རྣམས་དཔང་དུ་བྱས་ཏེ། སྟོང་པ་ཉིད་ཀྱི་ ཚུལ་ཕྱིན་ཅི་མ་ལོག་པ་འདི་ཉིད་རྟོགས་པར་བྱའོ། ། རྟོགས་པར་དཀའ་ཚུལ་ནི། གང་དག་སྟོང་པ་ཉིད་ཀྱི་ཚུལ་འདི་ལས་སེམས་ཕྱི་རོལ་ཏུ་ རྣམ་པར་གཡེངས་པ་རྣམས་ཀྱིས་ནི་དོན་དམ་པའི་སྟོང་པ་ཉིད་མི་རྟོགས་ཤིང༌། དོན་དམ་ པ་སྟོང་པ་ཉིད་ཀྱི་ཡེ་ཤེས་མེད་པར་ནི། རྣམ་པར་རྟོག་པ་མེད་པའི་དབྱིངས་མངོན་སུམ་དུ་ བྱ་བར་མི་ནུས་ཏེ། ཇི་སྐད་དུ། དེ་བཞིན་གཤེགས་པའི་སྙིང་པོའི་ཡེ་ཤེས་ཉིད་ནི། དེ་བཞིན་ གཤེགས་པ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡང་ ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མ་མཐོང་མ་རྟོགས་པའོ་ཞེས་པ་ལ་སོགས་པ་ 5-1-226 གསུངས་པ་ལྟར་རོ། ། དེ་དག་རྒྱས་པར་སྦྱར་ན། སྔར་བསྟན་པ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་སྐུ་ དེ་ཉིད་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཇི་ལྟ་བ་བཞིན་རྟོགས་པ་མ་ཡིན་ཏེ། དེ་དག་ནི་ཟག་ པ་དང་བཅས་པའི་ཆོས་རྣམས་ལ་བདག་དང་བདག་གིར་འཛིན་པས་འཇིག་ཚོགས་ལ་ལྟ་ བར་ལྷུང་བ་ཡིན་ལ། ཆོས་ཀྱི་དབྱིངས་ནི་ལྟ་བ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། ། དེ་བཞིན་དུ་སྦྱར་ཏེ། འཇིག་རྟེན་ལས་འདས་པའི་སྙིང་པོ་དེ་ཉིད་ཉན་ཐོས་དང་རང་སངས་ རྒྱས་རྣམས་ཀྱིའང་སྤྱོད་ཡུལ་མ་ཡིན་ཏེ། དེ་དག་ནི་མི་རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་བཞི་ ལ་མངོན་པར་དགའ་བ་ཡིན་ལ། ཆོས་ཀྱི་སྐུ་ནི་མི་རྟག་པ་ལ་སོགས་པ་འཇིག་རྟེན་པའི་ཆོས་ ཀྱི་གཉེན་པོར་རྟག་པ་ལ་སོགས་པ་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་དང་ལྡན་པར་བསྟན་ པའི་ཕྱིར་རོ། །ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོ་དེ་ཉིད་ཐེག་པ་ལ་གསར་དུ་ཞུགས་པའི་ བྱང་ཆུབ་སེམས་དཔའ་རྣམས་ཀྱིའང་སྤྱོད་ཡུལ་མ་ཡིན་ཏེ། དེ་དག་ནི་ཡོད་མེད་ཀྱི་མཐར་ ལྷུང་བའི་སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་ཡིན་ལ། ཆོས་ཀྱི་དབྱིངས་ནི་དོན་དམ་ པའི་ཡོན་ཏན་རྣམས་རྣམ་པར་དབྱེར་མེད་པར་ཡོད་ཅིང་གློ་བུར་གྱི་དྲི་མ་མཐའ་དག་གིས་ སྟོང་པའི་རང་བཞིན་ཅན་ཡིན་པས་མཐའ་དང་བྲལ་བའི་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ ལྟ་བས་ན། དོན་འདི་ནི་རྟོག་གེའི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་ བསམ་གྱིས་མི་ཁྱབ་ཅིང་ཤིན་ཏུ་ཟབ་པ་ཉིད་དེ། མདོ་ལས། སོ་སོ་རང་གིས་རྟོགས་བྱ་བ། ། བདག་ནི་རྣམ་དག་མཚན་ཉིད་དེ། །དེ་བཞིན་གཤེགས་པའི་སྙིང་པོ་དེ། །རྟོག་གེ་ཅན་གྱི་ སྤྱོད་ཡུལ་མིན། །ཞེས་པ་དང༌། གཞན་ཡང་ཇི་སྐད་དུ། ལྷའི་བུ་དོན་དམ་པ་ནི་ཐ་སྙད་ཐམས་ ཅད་ལས་ཡང་དག་པར་འདས་པ་ཡིན་ནོ་ཞེས་གསུངས་ཤིང༌། རྒྱུད་ལས་ཀྱང༌། གཞན་གྱིས་ བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །ཞེས་གསུངས་པ་ལྟར་རོ། །འོན་ 5-1-227 ཀྱང་དེ་བཞིན་གཤེགས་པའི་གསུང་རབ་ངེས་པའི་དོན་ལ་ཡིད་ཆེས་ཤིང་དད་པའི་སྒོ་ནས་ནི་ རྟོགས་པར་བྱ་བ་ཉིད་དོ། ། རིམ་གྱིས་རྟོགས་ཚུལ་ནི། ཆོས་ཐམས་ཅད་ཆོས་དབྱིངས་དེ་བཞིན་ཉིད་རང་བྱུང་གི་ཡེ་ ཤེས་སུ་ཐ་མི་དད་པའི་ཚུལ་འདི་ཉིད་རྟོགས་ནས། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུ་ རང་བཞིན་གྱིས་ཡོངས་སུ་དག་པ་ལ་ལྟ་ཞིང་རྩེ་གཅིག་ཏུ་མཉམ་པར་འཇོག་པ་རྣམས་ཀྱིས་ ཆོས་ཉིད་ཀྱི་སྣང་བ་རིམ་གྱིས་མཐོང་ལ། ཁྱད་པར་དུ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་ནི། ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པའི་ སྙིང་པོ་རིམ་གྱིས་མངོན་སུམ་དུ་གསལ་བར་མཐོང་ཞིང༌། སངས་རྒྱས་ཀྱི་ས་ལ་ནི་སྒྲིབ་པ་ མཐའ་དག་དང་བྲལ་བའི་ཕྱིར་ཆོས་ཀྱི་སྐུ་མ་ལུས་པ་མངོན་སུམ་དུ་འགྱུར་བ་ཉིད་དེ། ཇི་སྐད་ དུ། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་ པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་ སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་ གིས་ཀུན་མཐོང༌། །ཞེས་གསུངས་པ་ལྟར་རོ། །ཆོས་ཀྱི་དབྱིངས་རིམ་གྱིས་མངོན་སུམ་དུ་ འགྱུར་བའི་ཚུལ་འདི་ཉིད། དབུ་མ་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས་ཀྱང་དཔེ་དང་བཅས་ པས་ཤིན་ཏུ་གསལ་བར་མཛད་དེ། ཇི་སྐད་དུ། ཇི་ལྟར་མར་ངོའི་བཅུ་བཞི་ལ། །ཟླ་བ་ཅུང་ ཟད་མཐོང་བ་ལྟར། །དེ་བཞིན་ཐེག་མཆོག་མོས་རྣམས་ཀྱིས། །སངས་རྒྱས་སྐུ་ནི་ཅུང་ཟད་ མཐོང༌། །ཇི་ལྟར་ཚེས་པའི་ཟླ་བ་ལ། །སྐད་ཅིག་སྐད་ཅིག་རྒྱས་པར་མཐོང༌། །དེ་བཞིན་ས་ལ་ ཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། ། ཟླ་བ་རྫོགས་པར་འགྱུར་བ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ན། ཆོས་ཀྱི་སྐུ་ཡང་རྫོགས་ ཤིང་གསལ། །ཞེས་གསུངས་པ་ལྟར་རོ། ། 5-1-228 འཁྲུལ་པ་སྤང་བ་ལ་གསུམ་སྟེ། ཀུན་རྫོབ་བདེན་དངོས་སུ་འདོད་པའི་འཁྲུལ་པ་སྤང་བ། དོན་དམ་གཏན་མེད་དུ་འདོད་པའི་འཁྲུལ་པ་སྤང་བ། དེས་ན་མཐའ་གཉིས་དང་བྲལ་བའི་ དོན་ལ་གདམས་པའོ། ། དེ་ལ་ཀུན་རྫོབ་བདེན་དངོས་སུ་འདོད་པ་སྤང་བ་ནི། གང་དག་གློ་བུར་གྱི་དྲི་མས་བསྡུས་ པ་གཟུང་བ་དང་འཛིན་པའི་དངོས་པོ་འདི་དག་བདེན་པ་ཉིད་དུ་ཡོད་དམ་སྙམ་དུ་མངོན་པར་ ཞེན་ན། དེ་ནི་རིགས་པ་མ་ཡིན་ཏེ། རྣམ་ངེས་ལས། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། ། ཅེས་གསུངས་པར་ལྟར་གཅིག་དང་དུ་མ་ལ་སོགས་པར་བདེན་པའི་དངོས་པོས་སྟོང་པའི་ ཕྱིར་རོ། །གལ་ཏེ་དེ་དག་དོན་དམ་དུ་བདེན་པར་ཡོད་ན་དེ་ལྟར་རྟོགས་པའི་བྱིས་པ་རྣམས་ ཀྱིས་ཀྱང་ཡང་དག་པ་རིག་པར་གྱུར་ཞིང༌། དེ་ལས་གཞན་པའི་ཡང་དག་པའི་ཡེ་ཤེས་དོན་ མེད་པར་ཡང་ཐལ་བར་འགྱུར་ཏེ། བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། དབང་པོ་རྣམས་ ཀྱིས་གང་དམིགས་དེ། །གལ་ཏེ་ཡང་དག་མཆིས་འགྱུར་ན། །བྱིས་པས་ཡང་དག་རིག་པར་ འགྱུར། །གང་ཚེ་ཡང་དག་ཤེས་པས་ཅི། །ཞེས་གསུངས་པ་ལྟར་རོ། །གཟུང་བ་དང་འཛིན་ པ་མངོན་སུམ་ལ་སྣང་བའི་ཕྱིར་བདེན་པར་ཡོད་དོ་ཞེས་ཀྱང་ངེས་པར་མི་བྱ་སྟེ། དེ་དག་ནི་ མེད་བཞིན་དུ་སྣང་བ་ཡིན་གྱི། བདེན་པར་ཡོད་པའི་དོན་སྣང་བ་ནི་མ་ཡིན་པའི་ཕྱིར་རོ། །དེ་ ལྟར་ཡང་རྒྱན་ལས། ཇི་ལྟར་ཚུལ་བཞིན་བྲིས་པའི་རི་མོ་ལ། །མཐོ་དམན་མེད་ཀྱང་དེ་ནི་ སྣང་བ་ལྟར། །ཡང་དག་མ་ཡིན་རྟོག་ལ་རྣམ་ཀུན་ཏུ། །གཉིས་པོ་རྟག་ཏུ་མེད་ཀྱང་སྣང་བར་ འགྱུར། །ཞེས་པ་དང༌། སྒྱུ་མའི་གླང་པོའི་གཟུགས་འཛིན་པ། །འཁྲུལ་ཕྱིར་གཉིས་སུ་བརྗོད་ པ་སྟེ། །དེ་ལ་ཇི་བཞིན་གཉིས་མེད་ཀྱང༌། །གཉིས་པོ་དག་ཏུ་ཉེ་བར་དམིགས། །ཞེས་པ་ལ་ སོགས་པ་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་གཟུགས་ལ་སོགས་པའི་ཕུང་པོ་ 5-1-229 དང་ཁམས་དང་སྐྱེ་མཆེད་རྣམས་ཡོད་པར་གསུངས་པ་ཇི་ལྟར་སྙམ་ན། དེ་དག་ནི་དངོས་ པོར་སྨྲ་བ་རྣམས་རིམ་གྱིས་དྲང་བའི་དོན་དུ་གསུངས་པ་ཡིན་གྱི། ངེས་པའི་དོན་དུ་བདེན་ པར་གསུངས་པ་ནི་མ་ཡིན་ཏེ། ཇི་སྐད་དུ་བསྟོད་པ་ལས་འདས་པར་བསྟོད་པ་ལས། ཕུང་པོ་ ཁམས་དང་སྐྱེ་མཆེད་རྣམས། །ཁྱོད་ཀྱིས་བསྒྲགས་པ་མཛད་ལགས་ཀྱང༌། །དེ་དག་ཡོངས་ སུ་འཛིན་པ་ནི། །སླད་ཀྱིས་ཀྱང་ནི་བཟློག་པར་མཛད། །ཅེས་གསུངས་ཤིང༌། ཉི་ཤུ་པ་ལས་ ཀྱང༌། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་ དབང་གིས་གསུངས་པ་སྟེ། །བརྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །ཞེས་གསུངས་པ་ལྟར་ རོ། །འོན་ཀྱང་ལས་རྒྱུ་འབྲས་ལ་ཡིད་ཆེས་པར་བྱ་བའི་ཕྱིར་སྣང་ཙམ་དུ་ཡོད་པར་གསུངས་ པ་ནི་འགོག་པ་མ་ཡིན་ནོ། ། དོན་དམ་གཏན་མེད་དུ་འདོད་པ་སྤང་བ་ནི། ཡང་གང་དག་རང་བཞིན་ཆོས་ཀྱི་དབྱིངས་ དོན་དམ་པའི་ཡོན་ཏན་རྣམས་དང་རྣམ་པར་དབྱེར་མེད་པར་གནས་པ་ནི་མ་མཐོང་བའི་ཕྱིར་ མེད་དོ་སྙམ་དུ་མངོན་པར་ཞེན་ན། དེ་ཡང་ཤིན་ཏུ་རིགས་པ་མ་ཡིན་ཏེ། སྤྱིར་ཡང་མ་མཐོང་ བ་ཙམ་ནི་མེད་ངེས་སུ་སྒྲུབ་བྱེད་མ་ཡིན་པའི་ཕྱིར་དང༌། ཁྱད་པར་དུ་ཆོས་ཀྱི་དབྱིངས་ནི་ གློ་བུར་གྱི་དྲི་མས་སྒྲིབ་པས་མ་མཐོང་བ་ཡིན་གྱི། ལམ་བསྒོམས་པ་ལས་རིམ་གྱིས་མངོན་ སུམ་དུ་གསལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང༌། རྒྱན་ལས། སེམས་འདི་རྟག་ཏུ་རང་ བཞིན་འོད་གསལ་འདོད། །དེ་ནི་གློ་བུར་དྲི་མས་མ་རུང་བྱས། །ཆོས་ཉིད་སེམས་ལས་གཞན་ པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་པ་ལ་སོགས་པ་ རྒྱ་ཆེར་གསུངས་ཤིང༌། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཇི་ལྟར་འོ་མ་དང་འདྲེས་པས། ། མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་ མི་མཐོང་ངོ༌། །ཇི་ལྟར་འོ་མ་སྦྱངས་པ་ལས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་ 5-1-230 མོངས་སྦྱངས་པ་ལས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཞེས་པ་ལ་སོགས་པ་གསུངས་ པ་ཡིན་ནོ། །ཅི་སྟེ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ གསུངས་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོའང་མེད་པ་ཉིད་དོ་སྙམ་དུ་སེམས་ན། དེ་ དག་ནི་དངོས་པོར་འཛིན་པ་བཟློག་པའི་ཆེད་དུ་གློ་བུར་གྱི་དྲི་མས་སྟོང་བ་ལ་དགོངས་ནས་ གསུངས་པ་ཡིན་གྱི། ཆོས་ཀྱི་དབྱིངས་མེད་པའི་ཕྱིར་ནི་མ་ཡིན་ཏེ། ཇི་སྐད་དུ། མྱ་ངན་ལས་ འདས་པ་ཆེན་པོའི་མདོ་ལས། འོད་སྲུང་ངས་ནི་མུ་སྟེགས་ཅན་ངན་པ་དག་གདུལ་བའི་ཕྱིར་ འདི་སྐད་དུ། བདག་མེད་དོ། །དེ་བཞིན་དུ་གང་ཟག་དང་ཤེས་པ་དང་མཐོང་བའི་བར་དུ་མེད་ དོ་ཞེས་བསྟན་ཏོ་ཞེས་པ་དང༌། བདག་མེད་དོ་ཞེས་གསུངས་ཀྱང་ཡང་དག་པར་ན་བདག་ མེད་པ་མ་ཡིན་ཏེ། བདག་ཅེས་བྱ་བ་ནི། ཆོས་གང་བདེན་པ་རྟག་པ་ཡང་དག་པར་གནས་པ་ བདག་པོར་གྱུར་བ་མི་འགྱུར་བ་མི་འཕོ་བ་དེ་ནི་བདག་ཅེས་བྱ་སྟེ་ཞེས་པ་ལ་སོགས་པ་དང༌། ཇི་ལྟར་བུད་མེད་ཀྱི་ནུ་མ་ལ་འཁྲིས་པ་བསྐུས་པ་བཞིན་དུ། དེ་བཞིན་གཤེགས་པས་སྟོང་པ་ ཉིད་སྒོམ་པའི་ཕྱིར་ཆོས་ཐམས་ཅད་བདག་མེད་དོ་ཞེས་གསུངས་སོ། ། ཇི་ལྟར་བུད་མེད་དེས་ནུ་མ་བཀྲུས་ཏེ་ཞོ་བླུད་དོ་ཞེས་བྱ་བ་བཞིན་དུ་ངས་དེ་བཞིན་ གཤེགས་པའི་སྙིང་པོ་བསྟན་པ་ཡང་དེ་དང་འདྲ་སྟེ། དགེ་སློང་དག་ཁྱེད་ཀྱིས་ཀྱང་བྱེ་བྲག་ ཤེས་པར་གྱིས་ཤིག དེ་བཞིན་གཤེགས་པའི་སྙིང་པོ་ནི་མེད་པར་བྱ་བ་མ་ཡིན་ནོ་ཞེས་པ་ དང༌། དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པ་ཡིན་ནོ་ཞེས་བསྟན་ན་ནི། བྱིས་པ་རྣམས་ཆད་ པ་འཇིགས་སུ་རུང་བ་ཡོན་པོ་བསྒོམ་པར་བྱེད་དོ། །ཤེས་རབ་ཅན་རྣམས་ཀྱིས་ནི་རྟག་པ་ དང་བརྟན་པ་དང་ཐེར་ཟུག་པ་སྟེ་སྒྱུ་མ་ལྟ་བུར་ཡོད་པར་ཤེས་སོ་ཞེས་གསུངས་ཤིང༌། དེ་ བཞིན་དུ་ལང་དཀར་གཤེགས་པའི་མདོ་ལས་ཀྱང་བློ་གྲོས་ཆེན་པོ་འདི་ལ། མུ་སྟེགས་ཀྱི་ ལྟ་བ་ཅན་ལ་ལ་མེད་པ་ལ་མངོན་པར་ཞེན་པ་དག རྣམ་པར་རྟོག་པའི་བློ་རྒྱུ་ཟད་པས་རང་ 5-1-231 བཞིན་མེད་པའི་ཕྱིར། ཇི་ལྟར་རི་བོང་གི་རྭ་བཞིན་དུ་ཆོས་ཐམས་ཅད་ལ་རྣམ་པར་རྟོག་གོ ། ངའི་དོན་དམ་པ་ནི་རྟག་པ་དང་བསམ་གྱིས་མི་ཁྱབ་པའི་ཕྱིར་དང་། ཡོད་པ་དང་མེད་པ་དང་ བྲལ་བས་འཕགས་པ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བའི་མཚན་ཉིད་དང་ལྡན་ པའོ་ཞེས་གསུངས་པ་ལྟར་རོ། །དེ་ལྟ་བས་ན་ཤིན་ཏུ་རྒྱས་པ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་ མེད་པར་གསུངས་ཀྱང༌། དོན་ལ་སྒྲ་ཇི་བཞིན་དུ་ངེས་པར་མི་བཟུང་ཞིང་དགོངས་པ་ཤེས་ པར་བྱ་སྟེ། རྒྱན་ལས། དོན་སྒྲ་ཇི་བཞིན་ཡོངས་རྟོག་ན། །བདག་ཉིད་སྙེམས་ཤིང་བློ་ཉམས་ འགྱུར། །ལེགས་པར་གསུངས་པའང་སྤངས་པས་ན། །བརླག་འགྱུར་ཆོས་ལ་ཁོང་ཁྲོས་སྒྲིབ། ། ཅེས་གསུངས་ཤིང༌། ཆོས་མངོན་པ་ལས་ཀྱང༌། ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་སེམས་ཅན་ཁ་ ཅིག་མོས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ཞེ་ན། བདག་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ལ་ གནས་པ་དང༌། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་ཕྱིར་རོ་ཞེས་གསུངས་ལ། ངེས་ པར་མི་འབྱུང་བའི་རྒྱུ་མཚན་ཡང༌། ལྟ་བ་ངན་པའི་རྒྱུ་བྱེད་པའི་ཕྱིར་ཏེ། འདི་ལ་དགོངས་ནས་ བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་མེ་ལོང་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པ། བྱང་ ཆུབ་སེམས་དཔའ་སྒྲ་ཇི་བཞིན་ཚུལ་བཞིན་མ་ཡིན་པར་ཆོས་རྣམ་པར་འབྱེད་པ་ལ། ལྟ་བ་ ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ་ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །འོ་ན་ཆོས་ཐམས་ ཅད་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་པ་གང་ཡིན་སྙམ་ན། འདུས་བྱས་གློ་བུར་བས་ བསྡུས་པ་རྣམས་ནི་རྐྱེན་ལ་ལྟོས་པའི་ཕྱིར་རང་མེད་པ་དང༌། འགགས་པ་རྣམས་དེའི་དངོས་ པོར་མེད་པའི་ཕྱིར་རང་གི་བདག་ཉིད་དུ་མེད་པ་དང༌། སྐད་ཅིག་གིས་འཇིག་པའི་ཕྱིར་རང་ གི་ངོ་བོ་ཉིད་ལ་མི་གནས་པ་དང་། བྱིས་པས་གཙང་བ་ལ་སོགས་པར་བཟུང་བ་བཞིན་དུ་དེའི་ མཚན་ཉིད་མེད་པའི་ཕྱིར་ངོ་བོ་ཉིད་མེད་པའོ་ཞེས་གསུངས་པ་སྟེ། རྒྱན་ལས། རང་དང་རང་ གི་བདག་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་ཕྱིར་དང་འཛིན་བཞིན་དེ། །མེད་ 5-1-232 ཕྱིར་ངོ་བོ་ཉིད་མེད་འདོད། །ཅེས་གསུངས་པ་ལྟར་རོ། །དེ་བས་ན་ཤིན་ཏུ་ཟབ་མོའི་དགོངས་ པ་མ་ཤེས་པར་མཐའ་གཅིག་ཏུ་སྨྲ་བར་མི་བྱ་སྟེ། །དགོངས་འགྲེལ་གྱི་མདོ་ལས། ཆོས་རྣམས་ ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང༌། །ཆོས་རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་ བ་དང༌། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི། དགོངས་པ་མེད་པར་ མཁས་པ་སུ་ཞིག་སྨྲ་བར་བྱེད། །ཅེས་གསུངས་པ་བཞིན་ནོ། ། གཞན་ཡང་ཁ་ཅིག་མདོ་སྡེ་དག་ལས་དེ་བཞིན་གཤེགས་པའི་སྙིང་པོ་ནི་ཡོད་པར་མ་ གསུངས་པའི་ཕྱིར་མེད་དོ་སྙམ་ན། དེ་ལྟར་ཡང་རིགས་པ་མ་ཡིན་ཏེ། མྱ་ངན་ལས་འདས་ པ་ཆེན་པོའི་མདོ་ལས། མདོ་སྡེ་གསུང་རབ་དགུ་པོ་ལ་ནི་ཤིན་ཏུ་རྒྱས་པའི་མདོ་སྡེ་མེད་དེ། སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཡང་མ་གསུངས་སོ། །དེ་དག་ལས་མ་གསུངས་མོད་ཀྱི། ཡང་དག་པར་ན་ཡོད་པར་རིག་པར་བྱའོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ ཏུ་ཟབ་མོ་མ་ཐོས་ན་སངས་རྒྱས་ཀྱི་རང་བཞིན་ཡོད་པར་མི་ཤེས་སོ་ཞེས་གསུངས་པའི་ཕྱིར་ རོ། །ཡོད་ཀྱང་འདུས་བྱས་ཀྱི་དངོས་པོར་ནི་མི་འགྱུར་ཏེ། སྐྱེ་བ་དང་འཇིག་པ་དང་གནས་པ་ ལ་སོགས་པས་ནམ་ཡང་མི་འགྱུར་བའི་རང་བཞིན་ཡིན་པའི་ཕྱིར་རོ། ། དེས་ན་མཐའ་གཉིས་དང་བྲལ་བར་བསྟན་པ་ནི། དེ་ལྟར་ན་ཆོས་ཀྱི་དབྱིངས་ནི་ཀུན་ རྫོབ་གློ་བུར་གྱི་སྐྱོན་ཐམས་ཅད་ཀྱིས་སྟོང་བས་ཡོད་པའི་མཐའ་དང་བྲལ་ཞིང༌། དོན་དམ་ རང་བཞིན་གྱི་ཡོན་ཏན་ཐམས་ཅད་ཀྱིས་མི་སྟོང་བས་མེད་པའི་མཐའ་དང་ཡང་བྲལ་བའི་ ཕྱིར་བློ་དང་ལྡན་པ་རྣམས་ཀྱིས་ལམ་དབུ་མ་མཐའ་གཉིས་དང་བྲལ་བའི་དོན་ལ་ནན་ཏན་དུ་ བྱ་བ་ཉིད་དེ། ཇི་སྐད་དུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། གལ་ཏེ་ཆོས་ཐམས་ཅད་ བདག་མེད་པར་སྨྲ་ན་དེ་ནི་ཆད་པར་སྨྲ་བར་འགྱུར་རོ། །ཅི་སྟེ་བདག་ཅེས་བྱ་བ་ཐེར་ཟུག་ཏུ་ སྨྲ་ན་དེ་ནི་རྟག་པར་སྨྲ་བར་འགྱུར་རོ། །དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་ལམ་དབུ་མ་ 5-1-233 མཐའ་གཉིས་དང་བྲལ་བ་ཡིན་པར་རིག་པར་བྱའོ་ཞེས་པ་དང༌། རིགས་ཀྱི་བུ་མུ་སྟེགས་ཅན་ ཁ་ཅིག་ནི་བདག་ཅེས་བྱ་བ་རྟག་པར་ཡང་ལྟ་ལ། ཁ་ཅིག་ནི་བདག་མེད་ཅེས་བྱ་བ་ཆད་པར་ ཡང་ལྟའོ། །དེ་བཞིན་གཤེགས་པ་ནི་བདག་ཡོད་པར་ཡང་གསུང་ལ་བདག་མེད་པར་ཡང་ གསུངས་པས་དབུ་མ་ཞེས་བྱའོ་ཞེས་གསུངས་པ་ལྟར་རོ། །དེ་ལྟ་བས་ན་དབུ་མའི་མི་མཐུན་ ཕྱོགས་ཤིན་ཏུ་སྟོང་པར་ལྟ་བ་ཅི་ཡང་མེད་པའི་མཐར་ལྷུང་བ་དང༌། འཇིག་ཚོགས་ལ་བདག་ ཏུ་ལྟ་བ་ཡོད་པའི་མཐར་ལྷུང་བ་ལ་ནི་མཁས་པ་རྣམས་ཀྱིས་ནམ་ཡང་གནས་པར་མི་བྱ་སྟེ། ཇི་སྐད་དུ། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལས། ཀྱེ་མ་འཇིག་རྟེན་ན་དམ་པའི་ཆོས་ འཇིག་པར་བྱེད་པའི་སྐྱེས་བུ་གཉིས་ཡོད་དེ། གང་ཤིན་ཏུ་སྟོང་པ་ཉིད་དུ་ལྟ་བ་དང༌། གང་ འཇིག་རྟེན་ལ་བདག་ཏུ་ལྟ་བའོ། །འདི་གཉིས་ནི་དམ་པའི་ཆོས་འཇིག་པ་དང༌། དམ་པའི་ ཆོས་ཁ་འབུབས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། ། མདོར་ན། ཡོད་མེད་ཀྱི་ཚུལ་ཡང་འདི་ལྟར་རིག་པར་བྱ་སྟེ། གཞན་དག་ལས་གནས་ སྐབས་སུ་ཀུན་རྫོབ་ཡོད་པར་གསུངས་པ་ནི། ལས་རྒྱུ་འབྲས་ལ་ཡིད་ཆེས་པར་བྱ་བའི་ཕྱིར་ སྣང་ཙམ་དུ་ཡོད་པར་བསྟན་གྱི་བདེན་པའི་དངོས་པོ་ནི་མ་ཡིན་ལ། དོན་དམ་པ་ངོ་བོ་ཉིད་ མེད་པར་གསུངས་པས་ཀྱང་ཀུན་རྫོབ་རྣམས་རང་རང་གི་ངོ་བོས་མེད་པར་བསྟན་གྱི། ཆོས་ ཀྱི་དབྱིངས་མེད་པར་ནི་མ་ཡིན་ནོ། །འདིར་མཐར་ཐུག་པའི་དོན་དུ་ན་ཀུན་རྫོབ་གློ་བུར་གྱི་དྲི་ མ་མེད་པར་གསུངས་པ་ནི་དཔྱད་ན་དོན་དམ་དུ་མེད་པར་བསྟན་གྱི། འཁྲུལ་ཤེས་ལ་སྣང་བ་ དེ་འགོག་པ་ཡང་མ་ཡིན་ལ། དོན་དམ་ཆོས་ཀྱི་དབྱིངས་ཡོད་པར་གསུངས་ཀྱང༌། སོ་སོ་རང་ གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཡོད་པར་བསྟན་ གྱི། འདུས་བྱས་ཀྱི་དངོས་པོར་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཡང་ཡོད་པ་དང་མེད་པ་དག་ གི་ཕྱོགས་རེ་ལ་མངོན་པར་ཞེན་པར་མི་བྱ་སྟེ། ཇི་སྐད་དུ། བསམ་གྱིས་མི་ཁྱབ་པར་བསྟོད་ 5-1-234 པ་ལས། ཡོད་ཅེས་པ་ནི་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེས་ན་མཐའ་གཉིས་ སྤངས་པ་ཡི། །ཆོས་དེ་ཁྱོད་ཀྱིས་བསྟན་པར་མཛད། །ཅེས་གསུངས་པའི་ཕྱིར་རོ། ། དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་དེ་འཕགས་པའི་མཆོག་རྣམས་ ཀྱིས་ཀྱང་རྟོགས་པར་དཀའ་བ་ཡིན་ན། བྱིས་པ་སོ་སོའི་སྐྱེ་བོ་ལས་བརྩམས་ཏེ་བསྟན་པས་ ཅི་ཞིག་བྱ་ཞེ་ན། དེ་རྣམས་ཀྱིས་བཤད་པའི་དགོས་པ་བསྟན་པ་ལ་གཉིས་ཏེ། དྲི་ལན་གྱིས་ དགོས་པ་མདོར་བསྟན་དང༌། དེ་ཡི་དོན་རྒྱས་པར་བཤད་པའོ། ། མདོར་བསྟན་པ་ལ་དྲི་བ་ནི། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། ། ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་ རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུང་། ། ཞེས་པ་སྟེ། དཔེར་ན་མི་བརྟན་ཞིང་རང་བཞིན་མེད་པ་སྤྲི༷ན་གྱི་རྣམ་པ་ཇི་ལྟ་བ་བཞིན་ད༷ང༌། ལོངས་སྤྱད་ཅིང་ཉམས་སུ་མྱོང་ཡང་རང་བཞིན་མེད་པ་རྨི༷་ལ༷མ་གྱི་སྣང་བ་ཇི་ལྟ་བ་བཞིན་ དང༌། སྣ་ཚོགས་སུ་སྣང་ཡང་རང་བཞིན་མེད་པ་སྒྱུ༷་མའི་གཟུགས་བརྙན་ཇི་ལྟ་བ་བཞི༷ན་དུ། བཀའ་བར་པ་མཚན་ཉིད་མེད་པ་སྟོན་པའི་མདོ་སྡེ་རྒྱལ་བའི་ཡུམ་རྒྱས་འབྲིང་ལ་སོགས་པ་ དེ༷་ད༷ང་དེ༵ར་ཤེ༷ས་པར་བྱ༷་བ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐ༷མས་ཅ༷ད་སྣང་ཡང་ རྣ༷མ་པ་མ་ལུས་པ་ཀུ༷ན་ཏུ་སྟོ༷ང་ཞིང་རང་བཞིན་མེད་པ༷འོ་ཞེ༵ས་རྒྱ་ཆེར་གསུ༷ངས་ན༷ས། སླར་ ཡ༷ང༌བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་གསུང་རབ་དེ་བཞིན་གཤེགས་པའི་སྙིང་པོའི་ མདོ་ལ་སོགས་པ་རབ་ཏུ་མང་པོ་འདི༷ར། རྒྱ༷ལ་བ་རྫོགས་པའི་སངས་རྒྱས་བདེན་པ་གསུངས་ པ་རྣ༷མས་སེ༷མས་ཅ༷ན་ཐམས་ཅད་ལ༵་ས༷ངས་རྒྱ༷ས་ཀྱི་སྙི༷ང་པོ༷་ཆོས་ཀྱི་དབྱིངས་རང་བཞིན་ གྱིས་རྣམ་པར་དག་ཅིང་འོད་གསལ་བ་གདོད་མ་ནས་ལྷུན་གྱིས་གྲུབ་པར་ཡོ༷ད་དོ་ཞེ༷ས་ཅི༷་སྟེ༷་ གསུ༵ང་། སྔར་མེད་པར་གསུངས་པ་དང༌། འདིར་ཡོད་པར་གསུངས་པ་དག་འགལ་བ་མ་ཡིན་ 5-1-235 ནམ་ཞེ་ན། ལན་ནི། སེམས་ཞུམ་སེམས་ཅན་དམན་ལ་བརྙས་བྱེད་དང༌། །ཡང་ དག་མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་པས་ འགལ་བའི་སྐྱོན་ཡོད་པ་མ་ཡིན་ཏེ། སྔར་མེད་པར་གསུངས་པ་ནི་བདེན་དངོས་སུ་འཛིན་པ་ དགག་པའི་ཆེད་དུ་གློ་བུར་གྱི་དྲི་མ་མེད་པར་བསྟན་པ་ཡིན་ལ། འདིར་ཡོད་པར་གསུངས་ པ་ནི་དགོས་པ་ཁྱད་པར་ཅན་ལྔའི་ཆེད་དུ་ཆོས་ཀྱི་དབྱིངས་ཡོད་པར་སྟོན་པའོ་ཞེས་འཆད་པ་ སྟེ། དེ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་མ་བསྟན་ན། སེམས་ཅན་རྣམས་དོན་ དམ་པའི་སངས་རྒྱས་དེ་ཉིད་རང་ལ་ཡོད་པར་མི་ཤེས་པས། བདག་ལྟ་བུས་བྱང་ཆུབ་སྒྲུབ་ པར་མི་ནུས་སྙམ་དུ་སེ༷མས་ཞུ༷མ་ཞིང་ལམ་ལ་འཇུག་པར་མི་སྤྲོ་བའི་ཉེས་པ་དང༌། གཞན་ལ་ ཡོད་པར་མི་ཤེས་པས་སེ༷མས་ཅ༷ན་འདི་དག་ནི་དམ༷ན་པའོ་སྙམ་དུ་བསམས་ནས་དེ་དག་ལ༷་ བཪྙ༷ས་པ་བྱེ༷ད་ཅིང་མི་གུས་པའི་ཉེས་པ་ད༵ང༌། རང་གཞན་ཐམས་ཅད་ལ་ཡོད་པར་མི་ཤེས་ པས་ཡ༷ང་ད༷ག་པ་མི༷ན་པ་བཅོས་མ་གློ་བུར་གྱི་དྲི་མ་རྣམས་རང་བཞིན་དུ་བདེན་པར་མེད་ པ་ལ་ཡོད་དམ་སྙམ་དུ་འཛི༷ན་ཞིང་སྒྲོ་འདོགས་པའི་ཉེས་པ་དང༌། ཡ༷ང་ད༷ག་པའི་ཡོན་ཏན་ རྣམས་དང་དབྱེར་མེད་པའི་ཆོ༷ས་ཀྱི་དབྱིངས་གདོད་མ་ནས་ཐམས་ཅད་ལ༷་ཁྱབ་པར་ཡོད་ པ་ལ་མེད་དམ་སྙམ་དུ་འཛིན་ཅིང་སྐུ༵ར་པ་འདེབས་པའི་ཉེས་པ་དང༌། བདག་གཞན་གྱི་རང་ བཞིན་ཆོས་དབྱིངས་སུ་མཉམ་པར་མ་ཤེས་པས་བད༷ག་ཉིད་ལ་ཆ༷གས་པ་ལྷ༷ག་པ༷ར་འཕེལ་ བའི༷་ཉེས་པ་སྟེ། སྐྱོ༷ན་ནམ་ཉེས་དམིགས་ལྔ༷་པོ་འདི་རྣམས་གང་ཟག་གི་རིགས་ག༷ང་ད༷ག་ལ༵་ ཤས་ཆེར་ཡོ༷ད་པ༷་དེ༷་ད༷ག་གི་ཉེས་པ་ལ་དེ༷་རྣམས་སྤ༷ངས་ནས་བྱང་ཆུབ་ཐོབ་པར་འདོད་པའི་ སྤྲོ་བ་དང་སེམས་ཅན་ཐམས་ཅད་ལ་གུས་པ་དང༌། གློ་བུར་བ་མེད་པར་རྟོགས་པའི་ཤེས་ 5-1-236 རབ་དང༌། རང་བཞིན་ཡོད་པར་རྟོགས་པའི་ཡེ་ཤེས་དང༌། བདག་གཞན་མཚུངས་པར་ཤེས་ པའི་བྱམས་པ་ཆེན་པོ་རྣམས་བསྐྱེད་པའི་དོ༷ན་དུ༷། དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཉིད་ དེ་བཞིན་ཉིད་ཐམས་ཅད་ལ་ཁྱབ་པར་ཡོད་པར་གསུ༵ངས་སོ་ཞེས་བྱ་བའི་དོན་ཏོ། །འདི་དག་ གིས་ནི་དགོས་པ་གྱ་ནོམ་པ་ལྔ་ལ་སོགས་པའི་ཆེད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ ཞེས་བྱ་བར་བསྟན་མོད། དེ་ཉིད་དྲང་བའི་དོན་ཡིན་ནོ་ཞེས་བྱ་བར་ནི་ཇི་ལྟར་བསྟན། རྒྱལ་ དང་རྒྱལ་བའི་སྲས་ཀྱིས་མཐར་ཐུག་པའི། །གསུང་རབ་དགོངས་འགྲེལ་བཅས་པར་ཡང་དང་ ཡང༌། །མཐུན་པར་བསྔགས་པའི་དོན་ཟབ་འདི་ལྟ་བུའང༌། །དྲང་བའི་དོན་ཞེས་རྟོག་ན་ངེས་ དོན་གང༌། ཞེས་བྱའོ། ། རྒྱས་བཤད་ལ། གཞན་དུ་སྟོང་ཉིད་གསུངས་པའི་དགོངས་པ་བཤད་པ་དང༌། རྒྱུད་ འདིར་ཆོས་དབྱིངས་གསུངས་པའི་ཕན་ཡོན་བསྟན་པའོ། །དེ་ལ་དགོངས་པ་བཤད་པ་ ནི། ཡང་དག་མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཐམས་ཅད་དབེན་པ་ སྟེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་ བརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡི། །ལས་ནི་རྨི་ལམ་ལོངས་སྤྱོད་ བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །ཕུང་པོ་སྒྱུ་མ་སྤྲུལ་པ་ བཞིན། །ཞེས་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཉིད་ངེས་པའི་དོན་ ཡིན་ན། རྒྱལ་བའི་ཡུམ་ལ་སོགས་པ་ལས། ཆོས་ཐམས་ཅད་སྟོང་པ་ཉིད་དེ། སྤྲིན་དང་ རྨི་ལམ་དང་སྒྱུ་མ་བཞིན་དུ་སྣང་ཡང་རང་བཞིན་མེད་པའོ་ཞེས་གསུངས་པའི་དགོངས་པ་ གང་ཡིན་ཞེ་ན། ཕྱིན་ཅི་ལོག་མེད་པའི་དམིགས་པ་ཡ༷ང་ད༷ག་པའི་མཐ༷འ་དོན་དམ་ཆོས་ ཀྱི་དབྱིངས་འདུས་མ་བྱས་པ་ནི༷་ཀུན་རྫོབ་འདུ༷ས་བྱ༷ས་གློ་བུར་གྱི༵་དྲི་མ་སྐྱེ་བ་དང་འཇིག་པ་ དང་གནས་པའི་རྣ༷མ་པ༷ར་སྣང་བ་ཐ༷མས་ཅ༷ད་ཀྱིས་དབེ༷ན་ཞིང་སྟོང་བ་ལ་དགོངས་ནས་རང་ 5-1-237 བཞིན་མེད་པར་གསུངས་པ༷་སྟེ༵། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། གློ་བུར་དག་གིས་ ཁམས་སྟོང་གི། ཞེས་ཇི་སྐད་བཤད་པ་བཞིན་ནོ། །གང་གིས་སྟོང་པའི་གློ་བུར་གྱི་དྲི་མ་འདུས་ བྱས་རྣམས་ཀྱང་གང་ཡིན་སྙམ་ན། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཀུན་ནས་ ཉོ༷ན་མོ༷ངས་པ་དང་མི་དགེ་བ་ལ་སོགས་པ་ལ༷ས་ཀྱི་ཀུན་ནས་ཉོན་མོངས་པ་ད༷ང་དེ་དག་གི་ རྣ༷མ་པར་སྨི༷ན་པ་ཕུང་པོ་ལ་སོགས་པའི་དོ༵ན་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ཡིན་ལ། དེ་རྣམས་ཀྱང་རིམ་པ་ལྟར་སྤྲི༷ན་ལ༷་སོ༷གས་པ༷འི་དཔེ་གསུམ་པོ་རྣམས་དང་ཇི་ལྟ་བ་བཞི༷ན་དུ༷་ མཚུངས་པར་བརྗོ༵ད་དོ། །དེ་ལ་ཉོ༷ན་མོ༷ངས་པ་ནི་སེམས་ཀྱི་རང་བཞིན་ནམ་མཁའ་ལྟ་བུ་ལ་ ཁྱབ་པར་སྒྲིབ་པ་དང་གློ་བུར་བ་ཡིན་པའི་ཕྱིར་སྤྲི༷ན་དང་འདྲ༷་ཞིང༌། དེས་ཀུན་ནས་བསླངས་ བ་བྱ༷་བ༷འི༵་ལ༷ས་ཟག་པ་དང་བཅས་པ་ནི༷། ཕྱིན་ཅི་ལོག་གི་བློས་བསྐྱེད་ཅིང་འཁྲུལ་པའི་ ཡུལ་ཡིན་པའི་ཕྱིར་རྨི༷་ལ༷མ་གྱི་ལོ༷ངས་སྤྱོ༷ད་ཇི་ལྟ་བ་བཞི༵ན་ཡིན་ལ་ཉོ༷ན་མོ༷ངས་པ་དང་ལ༷ས་ ཟག་བཅས་ཀྱི༷་འབྲས་བུ་རྣ༷མ་པ༷ར་སྨི༵ན་པ་ཕུ༷ང་པོ༷་ལ་སོགས་པའི་དོན་ནི་རྐྱེན་ལ་ལྟོས་ནས་ སྣ་ཚོགས་སུ་སྣང་ཡང་དཔྱད་ན་རང་བཞིན་བདེན་པར་མེད་པའི་ཕྱིར་སྒྱུ༷་མ༷་དང་སྤྲུ༷ལ་པ༷་ལ་ སོགས་པ་བཞི༵ན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་བཀའ་བར་པ་ལས་ཆོས་ཐམས་ཅད་ ངོ་བོ་ཉིད་མེད་པ་དང་སྟོང་པ་ཉིད་གཙོ་ཆེར་གསུངས་པ་ནི། ཀུན་རྫོབ་རང་རང་གི་ངོ་བོས་ སྟོང་པ་དང༌། དོན་དམ་ཀུན་རྫོབ་ཀྱི་དངོས་པོས་སྟོང་པ་ལ་དགོངས་ནས་བསྟན་པ་ཡིན་གྱི། ཀུན་རྫོབ་འཁྲུལ་ཤེས་ལ་སྣང་ཙམ་དུ་ཡོད་པ་དང༌། དོན་དམ་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡོད་པ་ འགོག་པ་ནི་མ་ཡིན་ཏེ། ཇི་སྐད་དུ་མདོ་ལས། དཔེར་ན་ས་ལ་འདུག་པའི་མི་ལྷའི་མིག་མེད་ པས་ནམ་མཁའ་ལ་བྱ་འཕུར་བའི་རྗེས་མི་མཐོང་བ་བཞིན་དུ། ཉོན་མོངས་པ་ལ་གནས་པ་ རྣམས་ཀྱིས་ཀྱང་བདག་ཉིད་ལ་སྙིང་པོ་མཆོག་ཡོད་པར་མི་མཐོང་སྟེ། དེ་བས་ན་ངས་བདག་ མེད་དོ་ཞེས་བསྟན་ཏོ་ཞེས་གསུངས་ལ། རྒྱུད་ལས་ཀྱང༌། ལྟ་བ་རྣམས་ལས་ལོག་རྣམས་དང༌། ། 5-1-238 བདག་ཏུ་ལྟ་བ་ཚོལ་རྣམས་ཀྱིས། །བདག་ཞེན་བསམ་པ་བཟློག་པའི་ཕྱིར། །སྟོང་པ་རྒྱལ་བ་ རྣམས་ཀྱིས་བསྟན། །ཞེས་གསུངས་ཤིང༌། བསྟན་བཅོས་ལས་ཀྱང༌། སྟོང་པ་ཉིད་ནི་སྟོན་པའི་ མདོ། །རྒྱལ་བས་ཇི་སྙེད་གསུངས་པ་སྟེ། །དེ་དག་ཀུན་གྱིས་ཉོན་མོངས་བཟློག །ཁམས་དེ་ ཉམས་པར་བྱེད་མ་ཡིན། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ལྟར་ཟབ་མོ་སྟོང་ པ་ཉིད་གསུངས་པའི་དགོངས་པ་ཤེས་ན་ནི། ཡང་དག་པའི་ལྟ་བ་ལ་སོགས་པའི་ཡོན་ཏན་ ཁྱད་པར་ཅན་རྣམས་སྐྱེད་པར་བྱེད་པ་ལ། །ཅི་སྟེ་ངོ་བོ་ཉིད་མེད་པའི་དགོངས་པ་མ་ཤེས་པར་ ཀུན་རྫོབ་སྣང་ཙམ་དུ་ཡོད་པ་དང༌། དོན་དམ་ཆོས་དབྱིངས་སུ་ཡོད་པ་ལ་སྐུར་པ་བཏབ་སྟེ་ ཅི་ཡང་མེད་དོ་ཞེས་མཐའ་གཅིག་ཏུ་ངེས་པར་བཟུང་ན། ཆད་པར་ལྟ་བ་ལ་སོགས་པའི་ཉེས་ པ་མང་པོ་སྐྱེད་པ་ཉིད་དེ། ཇི་སྐད་དུ། རིན་ཆེན་ཕྲེང་བ་ལས། ཆོས་འདི་ལོག་པར་བཟུང་བ་ ཡིས། །མི་མཁས་རྣམས་ནི་ཆུད་ཀྱང་ཟ། །འདི་ལྟར་མེད་པར་ལྟ་བ་ཡིས། །མི་གཙང་དེར་ ནི་བྱིང་བར་འགྱུར། །ཞེས་གསུངས་ཤིང༌། དབུ་མའི་རྩ་བ་ལས་ཀྱང༌། རྒྱལ་བ་རྣམས་ཀྱིས་ སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་ སྒྲུབ་ཏུ་མེད་པར་གསུངས། །ཞེས་པ་དང༌། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང༌། །རིག་སྔགས་ལོག་པར་སྒྲུབ་པ་བཞིན། ། ཞེས་གསུངས་པ་ལྟར་རོ། །ཡང་ཁ་ཅིག་དགོངས་པ་ལྟ་དགོས་སོ་བྱས་པ་ལ། བཀའ་བར་པ་ ལས་གསུངས་པ་ཐམས་ཅད་བརྫུན་པའོ་སྙམ་དུ་སེམས་ན། དེ་ལྟར་ཡང་མི་བསམ་སྟེ། གློ་ བུར་གྱི་དྲི་མ་ལ་དགོངས་ནས་གཙོ་ཆེར་ངོ་བོ་ཉིད་མེད་པར་སྟོན་ཡང༌། མེད་པ་ལ་མེད་པར་ གསུངས་པའི་ཕྱིར་བརྫུན་པ་མ་ཡིན་ཞིང་སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་པ་ལ་ སོགས་པས་ཆོས་དབྱིངས་ཀྱང་ཡོད་པར་སྟོན་པའི་ཕྱིར། མཐར་ཐུག་པའི་དོན་ནི་ཐ་མ་དང་ ཡང་གཅིག་ཅིང་མཆོག་ཏུ་ཟབ་པ་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་ཆོས་ཀྱི་དབྱིངས་གཙོ་ 5-1-239 ཆེར་སྟོན་པའི་ཕྱིར་ཕྱི་མ་ཁྱད་པར་དུ་འཕགས་པར་ཡང་ཤེས་པར་བྱ་སྟེ། དཔེར་ན་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་གཉིས་པོ་མཐར་ཐུག་པའི་དོན་གཅིག་ཀྱང་སྔགས་ ཀྱི་ཐེག་པ་ཁྱད་པར་དུ་འཕགས་པར་གསུངས་པ་བཞིན་ནོ། །དེ་དག་ལས་ཡོད་མེད་དུ་བསྟན་ པའི་དོན་ཡང༌། ཀུན་རྫོབ་སྣང་ཙམ་དུ་ཡོད་ཅིང་རང་བཞིན་དུ་མེད་པ་དང༌། དོན་དམ་ཆོས་ ཀྱི་དབྱིངས་སུ་ཡོད་ཅིང་འདུས་བྱས་སུ་མེད་པ་ཉིད་དེ། དེའི་ཕྱིར་ཡོད་མེད་ཕྱོགས་རེ་ལ་ཞེན་ པ་མཐར་འཛིན་པའི་ལྟ་བ་སྤངས་ནས། གནས་སྐབས་སུ་ཀུན་རྫོབ་སྣང་བ་དང་སྟོང་པ་ཟུང་ དུ་འཇུག་པ་དང༌། མཐར་ཐུག་ཏུ་དོན་དམ་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པ་དབུ་མའི་ལྟ་ བ་ལ་གནས་པར་བྱ་ཞིང༌། རྗེས་ཐོབ་ཏུ་ཀུན་རྫོབ་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པ་དང༌། མཉམ་གཞག་ཏུ་དོན་དམ་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པ་དབུ་མ་པའི་ལམ་ལ་ཡང་ བསླབ་པར་བྱ་སྟེ། ཇི་སྐད་དུ་བདེན་གཉིས་ལས། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེས་བཤད་ དོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་ལ་མཁས་པར་ བྱས་ན་གསུང་རབ་མཐའ་ཡས་པའི་དོན་ཡང་བདེ་བླག་ཏུ་ཤེས་ཤིང༌། དེ་དག་ལ་བརྟེན་ནས་ ཚོགས་གཉིས་རིམ་གྱིས་བསགས་པ་ལས། མཐར་ཐུག་སྐུ་གཉིས་ཀྱི་ཕུན་སུམ་ཚོགས་པ་ཡང་ མྱུར་དུ་ཐོབ་པར་འགྱུར་བ་ཉིད་དེ། ཇི་སྐད་དུ། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་ པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་ འགྲོ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། ། ཕན་ཡོན་བསྟན་པ་ལ་གསུམ་སྟེ། ཉེས་པ་སྤང་བའི་དོན་དུ་ཆོས་དབྱིངས་གསུངས་ ཚུལ། སྤང་བྱའི་ཉེས་པ་ལྔ་པོ་ཇི་ལྟར་འབྱུང་ཚུལ། ཉེས་པ་སྤངས་པས་ཕན་ཡོན་མྱུར་དུ་ཐོབ་ ཚུལ། ཞེས་པའོ། །དེ་ལ་ཆོས་དབྱིངས་གསུངས་ཚུལ་ནི། སྔར་ནི་དེ་ལྟར་རྣམ་བཞག་ 5-1-240 ནས། །སླར་ཡང་བླ་མའི་རྒྱུད་འདིར་ནི། །ཉེས་པ་ལྔ་དག་སྤང་བའི་ཕྱིར། ། ཁམས་ཡོད་ཉིད་ཅེས་བསྟན་པ་ཡིན། །ཞེས་པ་སྟེ། གདུལ་བྱ་རྣམས་རིམ་གྱིས་ དྲང་བའི་ཕྱིར་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ། འགའ་ཞིག་ གཟུགས་སོགས་བདེན་པར་ཡོད་དམ་སྙམ་དུ་མངོན་པར་ཞེན་ན། དེ་སྤང་བའི་ཆེད་དུ་སྔ༷ར་ བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ་ནི༷། ཆོས་ཐམས་ ཅད་སྟོང་པ་ཉིད་དང༌། སྣང་ཡང་རང་བཞིན་མེད་པ་སྤྲིན་དང་རྨི་ལམ་དང་སྒྱུ་མ་ལྟ་བུའོ་ཞེས་ དེ༷་ལྟར༷་ངོ་བོ་ཉིད་མེད་པ་གཙོ་ཆེར་སྟོན་པའི་རྣ༷མ་གཞ༷ག་མཛད་ན༵ས། དེ་ཙམ་གྱིས་བརྩོན་ པ་མི་འདོར་བར་སླ༷ར་ཡ༷ང་མཆོག་ཏུ་ཟབ་སྟོན་པས་ན་བླ༷་མ༷འམ་འཁོར་ལོ་གསུམ་ལས་ཐ་མ་ དོན་དམ་རྣམ་པར་ངེས་པའི༷་ཆོས་ཀྱི་འཁོར་ལོ་སྟོན་པས་ན་ཕྱི་མ་སྟེ། ཆོས་ཀྱི་དབྱིངས་རྒྱུན་མི་ འཆད་པ་སྟོན་པས་ན་རྒྱུ༷ད་དང་འདྲ་བར་མཐར་ཐུག་པའི་དོན་འཆད་པའི་སྐབས་འདི༷ར་ནི༵། རང་གི་སེམས་ཞུམ་པའི་འདུ་ཤེས་དང༌། གཞན་དག་བརྙས་པར་བྱེད་པ་དང༌། དྲི་མ་རྣམས་ ཡོད་པར་འཛིན་པ་དང༌། ཆོས་ཀྱི་དབྱིངས་མེད་པར་འཛིན་པ་དང༌། བདག་ཉིད་ལ་ཆགས་ པ་ལྷག་པ་སྟེ་སྐྱོན་ནམ་ཉེ༷ས་པ༷་ལྔ༷་པོ་འདི་ད༷ག་སྤ༷ངས་ནས། སྤྲོ་བ་ལ་སོགས་པའི་ཡོན་ཏན་ རྣམས་ཐོབ་པར་བྱ་བ༷འི་ཕྱི༵ར་ཁ༷མས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་ པའི་སྙིང་པོ་ཐམས་ཅད་ལ་ཁྱབ་པར་ཡོ༷ད་པ་ཉི༷ད་དོ་ཞེ༷ས་དཔེ་དང་རྒྱུ་མཚན་ལ་སོགས་པ་ རྣམ་པ་མང་པོས་ཤིན་ཏུ་གསལ་བར་བསྟ༷ན་པ༷་ཡི༵ན་ནོ་ཞེས་བྱ་བའི་དོན་ཏོ། ། ཉེས་པ་ཇི་ལྟར་འབྱུང་ཚུལ་ནི། འདི་ལྟར་དེ་ནི་མ་ཐོས་པར། །བདག་ལ་ བརྙས་པའི་ཉེས་པ་ཡིས། །སེམས་ནི་ཞུམ་པ་འགའ་ཞིག་ལ། །བྱང་ཆུབ་ སེམས་ནི་སྐྱེ་མི་འགྱུར། །གང་ལ་བྱང་ཆུབ་སེམས་སྐྱེས་པས། །བདག་ནི་ མཆོག་ཅེས་རློམ་པ་ན། །བྱང་ཆུབ་སེམས་མ་སྐྱེད་པ་ལ། །དམན་པའི་ 5-1-241 འདུ་ཤེས་རབ་ཏུ་འཇུག །དེ་ལྟར་སེམས་པ་དེ་ལ་ནི། །ཡང་དག་ཤེས་པ་ མི་སྐྱེ་བ། །དེས་ན་ཡང་དག་མིན་འཛིན་ཅིང༌། །ཡང་དག་དོན་ནི་རིག་ མི་འགྱུར། །བཅོས་མ་གློ་བུར་བ་ཉིད་ཕྱིར། །སེམས་ཅན་སྐྱོན་དེ་ཡང་ དག་མིན། །ཡང་དག་ཉེས་དེ་བདག་མེད་པ། །ཡོན་ཏན་རང་བཞིན་ དག་པ་ཡིན། །ཡང་དག་མིན་པའི་ཉེས་འཛིན་ཅིང༌། །ཡང་དག་ཡོན་ ཏན་སྐུར་འདེབས་པས། །བློ་ལྡན་བདག་དང་སེམས་ཅན་ནི། །མཚུངས་ མཐོང་བྱམས་པ་ཐོབ་མི་འགྱུར། །ཞེས་པ་སྟེ། འདི༷་ལྟར༷་སངས་རྒྱས་ཀྱི་སྙིང་པོ་དེ༷་ ནི༷་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་དོ་ཞེས་བྱ་བར་མ༷་བསྟན་ན་ཐོབ་པར་ཡང་མི་ འགྱུར་ལ། དེ་ལྟར་མ་ཐོ༷ས་པ༵ར་བད༷ག་ལྟ་བུས་བླ་ན་མེད་པའི་བྱང་ཆུབ་ག་ལ༷་ཐོབ་སྙམ་དུ་ རང་ལ་བཪྙ༷ས་ཤིང་སྒྱིད་ལུག་པ༷འི་ཉེ༷ས་པ༷་ཡི༵ས་སེ༷མས་ནི༷་ཞུ༷མ་ཞིང༌། ཡི་ཆད་པ༷་འག༷འ་ ཞི༷ག་ལ༵་རང་གི་རང་བཞིན་དོན་དམ་པའི་སངས་རྒྱས་མངོན་སུམ་དུ་འགྱུར་བར་བྱའོ་སྙམ་ པའི་བྱ༷ང་ཆུ༷བ་ཀྱི་སེ༷མས་ཁྱད་པར་ཅན་ནི༷་སྐྱེ༷་བར་མི༷་འགྱུ༵ར་བའི་ཉེས་པ་འབྱུང་ཞིང༌། ཡང་ ག༷ང་ལ་ལ༷་ཞིག་ལ་གཞན་དོན་དུ་སངས་རྒྱས་སྒྲུབ་པར་བྱའོ་སྙམ་དུ་བྱ༷ང་ཆུ༷བ་ཀྱི་སེ༷མས་ ཅུང་ཟད་ཙམ་སྐྱེ༷ས་པ༵ས་ཀྱང་། བད༷ག་ནི༷་ཐེག་ཆེན་ལ་གནས་པས་མཆོ༷ག་གམ་རབ་ཅེ༷ས་ བྱ་བར་ཪློ༷མ་ཞིང་སེམས་ཁེངས་པ༷ས་ན༵། གཞན་བྱ༷ང་ཆུ༷བ་ཏུ་སེ༷མས་མ༷་བསྐྱེ༷ད་པ༷་རྣམས་ ལ༵་དེ་བཞིན་ཉིད་ཡོད་པར་མ་ཤེས་པས་འདི་དག་ནི་དམ༷ན་པའོ་སྙམ་པ༷འི་འདུ༷་ཤེ༷ས་ར༷བ་ ཏུ༷་འཇུ༵ག་པའི་ཉེས་པ་འབྱུང་ལ། དེ༷་ལྟར༷་སངས་རྒྱས་ཀྱི་སྙིང་པོ་མེད་པར་སེ༷མས་པ༷འི་གང་ ཟག་དེ༷་ལ༷་ནི༵་སྒྲོ་འདོགས་སྐུར་འདེབས་དང་བྲལ་བ་ཡ༷ང་ད༷ག་པའི་ཤེ༷ས་པ༷་མི༷་སྐྱེ༷་བ༵་དེ༷ས་ ན༷་ཡ༷ང་ད༷ག་པ་མི༷ན་པ་ཀུན་རྫོབ་གློ་བུར་གྱི་དྲི་མ་རྣམས་བདེན་པར་ཡོད་པར་འཛི༷ན་ཅི༵ང་ སྒྲོ་འདོགས་པའི་ཉེས་པ་དང༌། ཡ༷ང་ད༷ག་པའི་དོ༷ན་ཆོས་གྱི་དབྱིངས་དོན་དམ་པའི་ཡོན་ཏན་ 5-1-242 དང་བཅས་པ་ལྷུན་གྱིས་གྲུབ་པར་གནས་པ་ནི༷་རི༷ག་པར་མི༷་འགྱུ༵ར་ཞིང༌། སྐུར་བ་འདེབས་ པའི་ཉེས་པའང་འབྱུང་སྟེ། ལེགས་པར་དཔྱད་ན་རྒྱུ་རྐྱེན་གྱིས་བཅོ༷ས་མ༷་དང་སྤང་རུང་གློ༷་ བུ༷ར་བ༷་ཉི༷ད་ཡིན་པའི་ཕྱི༵ར་སེ༷མས་ཅ༷ན་གྱི་སྐྱོ༷ན་གློ་བུར་བ་ཉིད་ཀྱི་དྲི་མ་དེ༷་ཡ༷ང་ད༷ག་པར་ ཡོད་པ་ཉིད་མི༵ན་ཞིང་། ཡ༷ང་ད༷ག་པར་ན་ཉེ༷ས་པ་གློ་བུར་བ་དེ༷་གང་ཟག་དང་ཆོས་ཀྱི་བད༷ག་ གཉིས་སུ་མེ༷ད་པ༵འི་ཕྱིར། སྟོབས་ལ་སོགས་པ་དོན་དམ་པའི་ཡོ༷ན་ཏ༷ན་རྣམས་ར༷ང་བཞི༷ན་ གྱིས་རྣམ་པར་ད༷ག་པ༷ར་ཡོད་པ་ཉིད་ཡི༵ན་ནོ། །དེ་ལྟར་ཡ༷ང་ད༷ག་པ་མི༷ན་པ༷འི་ཉེ༷ས་པ་གློ་ བུར་བ་རྣམས་རང་བཞིན་དུ་ཡོད་པར་འཛི༷ན་ཅི༵ང་སྒྲོ་འདོགས་ལ། ཡ༷ང་ད༷ག་པའི་ཡོ༷ན་ཏ༷ན་ དང་བཅས་པའི་ཆོས་ཀྱི་དབྱིངས་གདོད་མ་ནས་ལྷུན་གྱིས་གྲུབ་པར་གནས་པ་ལ་མེད་དོ་ཞེས་ སྐུ༷ར་བ་འདེ༷བས་པ༵ས་ན། བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་རྣམས་བད༷ག་ཉིད་ད༷ང་སེ༷མས་ ཅ༷ན་ནི༵་རང་བཞིན་དོན་དམ་པའི་སངས་རྒྱས་སུ་མཚུ༷ངས་པར་མཐོ༷ང་བའི་བྱ༷མས་པ༷་ཆེན་པོ་ ཐོ༷བ་པར་མི༷་འགྱུ༵ར་ཞིང༌། བདག་ལ་ཆགས་པ་ལྷག་པའི་ཉེས་པ་རྣམས་འབྱུང་ངོ་ཞེས་པ་སྟེ། དེ་བས་ན་ཉེས་པ་དེ་དག་སྤོང་བའི་དོན་དུ་ཆོས་ཀྱི་དབྱིངས་གསལ་བར་བསྟན་ཏོ་ཞེས་པའོ། ། སྤངས་པས་ཕན་ཡོན་ཐོབ་ཚུལ་ནི། འདི་ལྟར་དེ་བཞིན་ཐོས་པ་ལས། །སྤྲོ་ དང་སྟོན་བཞིན་གུས་པ་དང༌། །ཤེས་རབ་ཡེ་ཤེས་བྱམས་ཆེན་སྐྱེ། །ཆོས་ ལྔ་སྐྱེས་ཕྱིར་དེ་ལས་ནི། །ཁ་ན་མ་ཐོ་མེད་མཚུངས་ལྟ། །སྐྱོན་མེད་ ཡོན་ཏན་ལྡན་པ་དང༌། །བདག་དང་སེམས་ཅན་མཚུངས་བྱམས་ལས། ། སངས་རྒྱས་ཉིད་ནི་མྱུར་དུ་འཐོབ། །ཅེས་པ་སྟེ་འདི༷་ལྟར༷་དེ་བཞིན་གཤེགས་པའི་ སྙིང་པོ་ཆོས་ཀྱི་དབྱིངས་དེ་ནི༷་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་དོ་ཞེས་བྱ་བར་ངེས་ པའི་དོན་གྱི་གསུང་རབ་རྣམས་ལས་བསྟན་ཞིང༌། གདུལ་བྱར་གྱུར་པ་རྣམས་ཀྱིས་ལེགས་ པར་ཐོ༷ས་པ༷་ལ༵ས་རང་གི་རང་བཞིན་མངོན་དུ་གྱུར་པ་ནི་བྱང་ཆུབ་ཆེན་པོའོ་སྙམ་པས་ལམ་ 5-1-243 གྱི་དཀའ་སྤྱད་ལ་སྤྲོ༷་བ་ད༷ང༌། གཞན་གྱི་རང་བཞིན་ཡང་སངས་རྒྱས་སུ་ཤེས་པས་སྟོ༷ན་པ་ ཇི་ལྟ་བ་བཞི༷ན་དུ་གུ༷ས་པ༷་ད༵ང༌། ཀུན་རྫོབ་གློ་བུར་གྱི་དྲི་མ་བདག་གཉིས་སུ་མེད་པ་ལ་མེད་ པར་ཤེས་པའི་ཤེ༷ས་ར༷བ་དང༌། དོན་དམ་ཆོས་ཀྱི་དབྱིངས་རང་བཞིན་དུ་ཡོད་པ་ལ་ཡོད་པར་ ཤེས་པའི་ཡེ༷་ཤེ༷ས་དང༌། བདག་གཞན་གྱི་རང་བཞིན་སངས་རྒྱས་སུ་མཚུངས་པར་མཐོང་ བ་ལས་གཞན་ལ་ཕན་པར་འདོད་པའི་བྱ༷མས་པ་ཆེ༷ན་པོ་རྣམས་སྐྱེ༵་ཞིང༌། དེ་ལྟར་ཡོན་ཏན་ གྱི་ཆོ༷ས་ལྔ༷་སྐྱེ༷ས་པའི་ཕྱི༷ར་ཕན་ཡོན་དེ༷་དག་ལ༷ས་ནི༵། སེམས་ཞུམ་པ་ལ་སོགས་པའི་ཁ༷་ན༷་ མ༷་ཐོ༷་བ་མེ༷ད་ཅིང༌། ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མཚུ༷ངས་པར་ལྟ༵་སྟེ། སྐྱོ༷ན་གློ་ བུར་གྱི་དྲི་མ་རྣམས་མེ༷ད་ཅིང་ཡོ༷ན་ཏ༷ན་རང་བཞིན་གྱིས་དག་པ་དང་ལྡ༷ན་པ༷་རྣམས་ཡོད་པར་ རྟོགས་པ་ད༵ང༌། བད༷ག་ཉིད་ད༷ང་སེ༷མས་ཅ༷ན་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ དུ་མཚུ༷ངས་པར་མཐོང་བའི་བྱ༷མས་པ་ཆེན་པོ་ལ༵ས། ལམ་རིམ་གྱིས་བསྒྲུབས་པས། འབྲས་ བུ་དོན་གཉིས་མཐར་ཕྱིན་པ་བླ་ན་མེད་པའི་ས༷ངས་རྒྱ༷ས་ཉི༷ད་ནི༷་གདོན་མི་ཟ་བར་མྱུ༷ར་དུ༷་ འཐོ༵བ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་ པའི་སྙིང་པོ་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་སྐུ་མངོན་སུམ་དུ་འགྱུར་བར་འདོད་པའི་བློ་དང་ལྡན་ པ་རྣམས་ཀྱིས་ནི། མོས་པ་དང་ཤེས་རབ་དང་ཏིང་ངེ་འཛིན་དང་སྙིང་རྗེ་སྒོམ་པ་ལ་སོགས་ པ་དམ་པའི་ཆོས་ལ་སྒྲུབ་པ་ནན་ཏན་སྙིང་པོར་བྱ་བ་ཉིད་དོ། །ཆོས་རྣམས་ཀུན་གྱི་མཐར་ ཐུག་ངེས་པའི་དོན། །ཆོས་དབྱིངས་ཀུན་ལ་ཁྱབ་པར་སྟོན་པའི་གཞུང༌། །ཆོས་ཚུལ་ཟབ་མོ་ གང་དེ་འདིར་བཤད་པའང༌། །ཆོས་བཞིན་སྒྲུབ་ལ་རྩེ་གཅིག་འབད་ཕྱིར་ཡིན། །ཞེས་ཀྱང་ བྱ་སྟེ། རྟོགས་པར་བྱ་བ་ཆོས་དབྱིངས་ཀྱི་དོན་རྒྱས་པ་བཤད་པའི་ངེས་པའོ། །ཐེ༷ག་པ༷་ཆེ༷ན་ པོ༷་རྒྱུ༷ད་བླ༷་མ༷འི་བསྟ༷ན་བཅོ༷ས་དཀོ༷ན་མཆོ༷ག་གི༷་རི༷གས་རྣ༷མ་པ༷ར་དབྱེ༷་བ༷་ལ༷ས། དེ༷་བཞི༵ན་ གཤེ༷གས་པ༷འི་སྙི༷ང་པོ༷འི་སྐ༷བས་ཏེ༷་ལེའུ་ད༷ང་པོ༷འི་རྣམ་པར་བཤད་པོ༷འོ༵།། ༈ །། 5-1-244 ད་ནི་ཆོས་ཀྱི་དབྱིངས་དེ་དྲི་མ་མཐའ་དག་དང་བྲལ་བ་ལས། སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་ཟག་པ་མེད་པའི་དབྱིངས་ལ། གནས་མ་ལུས་པ་ཡོངས་སུ་གྱུར་པའི་འབྲས་ བུའི་དབང་དུ་བྱས་ནས་རྟོགས་པའི་ངོ་བོ་བྱང་ཆུབ་ཀྱི་དོན་རྒྱས་པར་བཤད་པར་བྱ་སྟེ། ཐུན་ མོང་གི་རྣམ་པར་གཞག་པ་དང༌། གཞུང་གི་དོན་རྣམ་པར་བཤད་པས་སོ། ། དེ་ལ་ཐུན་མོང་གི་རྣམ་གཞག་ནི། རྨད་བྱུང་དགེ་བ་མཆོག་བསགས་སྒྲིབ་སྦྱངས་པས། ། ཤིན་ཏུ་དྲི་མེད་མཆོག་གྱུར་གྲུབ་པའི་གཙོ། །མཁས་པའི་སྤྲོ་བ་མཆོག་གིས་ཐོབ་བྱ་བ། ། འཁྲུལ་མེད་བྱང་ཆུབ་མཆོག་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་བཞི་སྟེ། གྲུབ་ཚུལ་གྱི་ངོ་བོ་ ངོས་གཟུང༌། གྲུབ་པའི་དོན་གཏན་ལ་དབབ་པ། དེ་ཉིད་ལ་སྤྲོ་བ་བསྐྱེད་པ། གཞན་དག་གིས་ འཁྲུལ་པ་སྤང་བའོ། ། དེའི་གྲུབ་ཚུལ་ལའང་བཞི་ལས། གང་ལས་འགྲུབ་པའི་རྒྱུ་ནི། དཀའ་བ་སྤྱོད་པ་བརྒྱ་ ཕྲག་མང་པོས་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཉེ་བར་བསགས་པ་ལས། གཞན་ དོན་མཐར་ཕྱིན་པ་གཟུགས་ཀྱི་སྐུའི་ཕུན་སུམ་ཚོགས་པ་གྲུབ་ཅིང༌། ཡེ་ཤེས་ཀྱི་ཚོགས་རྒྱ་ ཆེན་པོ་བསགས་པ་ལས་ནི། རང་དོན་མཐར་ཕྱིན་པ་ཆོས་ཀྱི་སྐུའི་ཕུན་སུམ་ཚོགས་པ་ཡང་ འགྲུབ་པ་ཉིད་དེ། ཇི་སྐད་དུ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། ། བསོད་ནམས་ཚོགས་ལས་ཡང་དག་འཁྲུངས། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པའི་ཕྱིར་རོ། ། གང་ཚེ་གྲུབ་པའི་དུས་ནི། སེམས་བསྐྱེད་ནས་ས་དང་པོའི་བར་ལ་གྲངས་མེད་དང་པོ་ དང༌། མ་དག་པ་ས་བདུན་ལ་གྲངས་མེད་གཉིས་པ་དང༌། དག་པ་ས་གསུམ་ལ་གྲངས་མེད་ གསུམ་པ་སྟེ། བསྐལ་པ་གྲངས་མེད་པ་གསུམ་ཡོངས་སུ་རྫོགས་ནས་མཐར་ཕྱིན་པའི་འབྲས་ བུ་འགྲུབ་པ་ཉིད་དེ། ཐེག་པ་ཆེན་པོ་བསྡུས་པ་ལས། བཟང་དང་སྨོན་པའི་སྟོབས་ཅན་དང༌། ། 5-1-245 སེམས་བརྟན་ཁྱད་པར་འགྲོ་བ་ཡིས། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ ཏུ་རྩོམ་པར་མཛད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་ན་ཡང་རབ་ཏུ་བརྩོན་པ་ཁྱོད་ ལ་དཔག་མེད་དུས་ཀྱང་ཐུང་ངུ་ཉིད་དུ་འདུས། ཞེས་པ་ལྟར། བརྩོན་འགྲུས་དང་ཐབས་ལ་ མཁས་པའི་ཁྱད་པར་གྱིས་ཡུན་ཐུང་ངུ་ལ་ཡང་གྲངས་མེད་མང་པོའི་ཚོགས་འདུམས་པར་ གསུངས་པས་ཤིན་ཏུ་འཇིགས་པར་ཡང་མི་བསམ་མོ། ། གང་དུ་གྲུབ་པའི་གནས་ནི། འོག་མིན་ཆེན་པོར་ལོངས་སྤྱོད་རྫོགས་སྐུའི་རྟེན་ལ་དོན་ དམ་ཆོས་ཀྱི་སྐུ་མངོན་སུམ་མཛད་ཅིང༌། གླིང་བཞི་པ་ཐེར་འབུམ་རྣམས་སུ་སྤྲུལ་པའི་སྐུས་ ཅིག་ཅར་བྱང་ཆུབ་པའི་ཚུལ་སྟོན་པར་མཛད་པ་སྟེ། ལང་དཀར་གཤེགས་པ་ལས། གཙང་ མའི་གནས་རྣམས་སྤངས་པ་ཡི། །འོག་མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་རྫོགས་ སངས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་གསུངས་པ་བཞིན་ནོ། ། ཇི་ལྟར་གྲུབ་པའི་ཚུལ་ནི། ས་བཅུ་རྒྱུན་གྱི་ཐ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བག་ ཆགས་དང་བཅས་པའི་དྲི་མ་ཤིན་ཏུ་ཕྲ་བ་རྣམས་ཀྱང་སླར་མི་ལྡོག་པའི་ཚུལ་དུ་སྦྱངས་པས་ སྤངས་པ་མཐར་ཕྱིན་པ་དང༌། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་མ་ལུས་པ་མངོན་སུམ་ དུ་མཁྱེན་པའི་ཡེ་ཤེས་བརྙེས་པས་རྟོགས་པ་མཐར་ཕྱིན་པའི་བྱང་ཆུབ་ཆེན་པོ་ཐོབ་པ་སྟེ། དཔེར་ན་རིན་པོ་ཆེ་རང་བཞིན་གྱིས་དག་པ་སྒྲོམ་གྱི་སྒྲིབ་པ་ལས་ཀྱང་དག་ནས། མངོན་སུམ་ དུ་གྱུར་པ་ལྟ་བུའོ། །དེ་དག་ཀྱང་རྒྱན་ལས། དཀའ་སྤྱད་དཔག་མེད་བརྒྱ་ཕྲག་དང༌། །དཔག་ མེད་དགེ་བ་བསགས་པ་དང༌། །དཔག་ཏུ་མེད་པའི་དུས་དང་ནི། །དཔག་མེད་སྒྲིབ་པ་ཟད་ པའི་ཕྱིར། །སྒྲིབ་པ་ཀུན་གྱིས་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །རིན་ཆེན་ སྣོད་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་ནི་ཡང་དག་བསྟན། །ཞེས་གསུངས་པ་ལྟར་ཏེ་ངོ་བོ་ངོས་ བཟུང་བའོ། ། 5-1-246 གྲུབ་པའི་དོན་གཏན་ལ་དབབ་པ་ལ་ཤིན་ཏུ་མང་ཡང༌། བཤད་ཟིན་ཅིང་འཆད་པར་ འགྱུར་བ་ལ་ལྟོས་ནས། མདོར་བསྡུ་ན་འདིར་ནི་རྣམ་པ་ལྔ་སྟེ། གཉིས་མེད་མཐུ་དང་བཅས་ པའི་དོན། །སྐྱབས་གནས་བླ་ན་མེད་པའི་དོན། །གནས་ཡོངས་གྱུར་པས་འགྲུབ་པའི་དོན། ། སྐུ་གསུམ་ཡོངས་སུ་རྫོགས་པའི་དོན། །ཡེ་ཤེས་བཞི་དང་ལྡན་པའི་དོན། །ཞེས་པའོ། ། དེ་ལ་གཉིས་སུ་མེད་པའི་དོན་ནི། ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་ལས། དེ་བཞིན་ ཉིད་ཀྱི་དོན་གང་ཡིན་པ་དེ་དེ་བཞིན་གཤེགས་པའི་དོན་ཏོ་ཞེས་གསུངས་པ་ལྟར། དེ་བཞིན་ ཉིད་ཐ་དད་མེད་པའི་ཕྱིར་དང༌། སངས་རྒྱས་ཀྱང་དེ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར་ ཆོས་ཐམས་ཅད་ཀྱི་རང་བཞིན་སངས་རྒྱས་དང་གཉིས་སུ་མེད་པ་ཡིན་ལ། འོན་ཀྱང་ཆོས་ ཅན་འདུས་བྱས་རྣམས་ཆོས་ཉིད་དོ་ཞེས་བརྗོད་པར་བྱ་བའང་མ་ཡིན་པའོ། ། དེ་བཞིན་དུ་མཐུ་དང་བཅས་པའི་དོན་ཡང༌། སངས་རྒྱས་དེ་ཉིད་དམ་པའི་ཆོས་ཀྱི་རིན་ པོ་ཆེ་རྣམས་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རིན་ཆེན་འབྱུང་གནས་ལྟ་བུ་ཡིན་ལ། གདུལ་བྱའི་ ཞིང་ལ་དགེ་བའི་ལོ་ཐོག་རྣམས་སྐྲུན་པའི་ཕྱིར་སྤྲིན་ཆེན་པོ་དང་ཡང་འདྲ་བས། གཞན་ཡོངས་ སུ་སྨིན་པའི་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་ཏེ། དེ་དག་ཀྱང་རྒྱན་ལས། ཆོས་ རྣམས་ཐམས་ཅད་སངས་རྒྱས་ཉིད། །ཆོས་ནི་གང་ཡང་ཡོད་མ་ཡིན། །དེ་ནི་ཆོས་དཀར་རང་ བཞིན་ཡང༌། །དེ་ཡིས་དེ་ནི་བརྗོད་མ་ཡིན། །རིན་ཆེན་ཆོས་ཀྱི་རྒྱུ་མཚན་ཕྱིར། །དེ་ནི་རིན་ ཆེན་འབྱུང་གནས་བཞིན། །དགེ་བའི་ལོ་ཐོག་རྒྱུ་མཚན་ཕྱིར། །སྤྲིན་ཆེན་དང་ཡང་འདྲ་བར་ འདོད། །ཅེས་གསུངས་པ་བཞིན་ནོ། ། སྐྱབས་གནས་བླ་ན་མེད་པའི་དོན་ནི། བྱང་ཆུབ་ཆེན་པོ་ཐོབ་ནས་ཀྱང་གདུལ་བྱར་གྱུར་ པ་རྣམས་ཉེ་བར་འཚེ་བའི་འཇིགས་པ་དང༌། འཇིག་ཚོགས་སུ་ལྟུང་བ་དང༌། ཐེག་དམན་དུ་ ལྟུང་བ་དང༌། ངན་སོང་དུ་ལྟུང་བ་དང༌། ཐབས་མིན་པར་ལྟུང་བ་རྣམས་ལས་སྲུང་ཞིང༌། ཉོན་ 5-1-247 མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ལས་སྐྱོབ་པར་མཛད་པ་ཉིད་ དེ། ཇི་སྐད་དུ། སངས་རྒྱས་ཉིད་དེ་སྐྱབས་ནི་དཔེ་མེད་མཆོག་ཏུ་འདོད། །སྣ་ཚོགས་འཇིགས་ འགྱུར་འཇིག་ཚོགས་ཀུན་དང་ཐེག་པ་དང༌། །ངན་སོང་རྣམ་མང་སྡུག་བསྔལ་ཐབས་མིན་སོང་ བ་རྣམས། སྐྱེ་དང་འཆི་དང་ཉོན་མོངས་ལས་རྣམས་ཀུན་ལས་སྲུང༌། །ཞེས་གསུངས་པའི་ཕྱིར་ རོ། ། གནས་ཡོངས་གྱུར་པས་འགྲུབ་པའི་དོན་ནི། སྔར་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དུ་ གནས་པ་ལས། ཡེ་ཤེས་གཉིས་ལ་བརྟེན་པའི་ལམ་བསྒོམས་པས་ས་བཅུ་ཡོངས་སུ་རྫོགས་ ནས་ཡོན་ཏན་ཐམས་ཅད་དང་ལྡན་པའི་བྱང་ཆུབ་ཆེན་པོ་ཐོབ་ཅིང༌། དྲི་མ་མེད་པའི་དེ་བཞིན་ ཉིད་དུ་གྱུར་པ་སྟེ། ཇི་སྐད་དུ། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་རྟག་ ལྡན་པ། །སྤོང་བ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ཏེ། །གནས་གྱུར་ཆོས་ དཀར་ཡོན་ཏན་མཆོག་རབ་ལྡན་པ་ཐོབ་པ་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རབ་དག་ ཡུལ་ཅན་ཡེ་ཤེས་ལམ་གྱིས་འཐོབ། །ཅེས་གསུངས་པ་ལྟར་རོ། ། སྐུ་གསུམ་ཡོངས་སུ་རྫོགས་པའི་དོན་ལ་བཞི་སྟེ། ཐུན་མོང་གི་དབྱེ་བ། སོ་སོའི་རང་ བཞིན། དེ་དག་གི་འཇོག་ཚུལ། མཉམ་པ་དང་རྟག་ཚུལ། ཞེས་པའོ། །དེ་ལ་ཐུན་མོང་གི་ དབྱེ་བ་ནི། རང་དོན་མཐར་ཕྱིན་པ་ངོ་བོ་ཉིད་ཀྱི་སྐུ་དང༌། གཞན་དོན་ལའང་གདུལ་བྱ་ཉེ་བ་ ལ་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། རིང་བ་ལ་སྣང་བ་སྤྲུལ་པའི་སྐུ་སྟེ་གསུམ་ཡིན་ ལ། དེ་དག་གི་དང་པོ་ནི་ཕྱི་མ་གཉིས་ཀྱི་རྟེན་ཡིན་ཞིང༌། གཉིས་པོའང་རིམ་པ་ལྟར་རྟེན་ དང་བརྟེན་པ་སྟེ། དེ་ལྟར་ཡང༌། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་ རྫོགས་པ་དང༌། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པའི་རྟེན་ཡིན་ནོ། །ཞེས་ གསུངས་པ་བཞིན་ནོ། ། 5-1-248 སོ་སོའི་རང་བཞིན་ལ་གསུམ་ལས། ངོ་བོ་ཉིད་ཀྱི་སྐུ་ནི་ཟག་པ་མེད་པའི་ཡོན་ཏན་ཐམས་ ཅད་དང་དབྱེར་མི་ཕྱེད་པའི་ཆོས་ཀྱི་རང་བཞིན་གྱིས་རྣམ་པར་དག་པ་གང་ཞིག་གློ་བུར་གྱི་དྲི་ མ་མཐའ་དག་དང་ཡང་བྲལ་ནས་དག་པ་གཉིས་ལྡན་གྱི་ངོ་བོ་ཉིད་དུ་གྱུར་པ་སྟེ། མངོན་པར་ རྟོགས་པའི་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་ འགྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་གསུངས་པ་ལྟར་ རོ། ། ལོངས་སྤྱོད་རྫོགས་པའི་སྐུ་ནི་འོག་མིན་ཆེན་པོར་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ སྐུས། འཁོར་རྒྱལ་སྲས་འཕགས་པ་རྣམས་དང་ལྷན་ཅིག་ཐེག་པ་ཆེན་པོའི་ཆོས་ཁོ་ན་ལ་ དུས་རྒྱུན་མི་འཆད་པར་ཉེ་བར་ལོངས་སྤྱོད་པ་སྟེ། དེ་ཉིད་ལས། མཚན་ནི་སུམ་ཅུ་རྩ་གཉིས་ དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་པ་བཞིན་ནོ། ། སྤྲུལ་བའི་སྐུ་ནི། གདུལ་བྱ་མཐའ་ཡས་པའི་བསམ་པ་དང་མཐུན་པར་རྣམ་འཕྲུལ་སྣ་ ཚོགས་པས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་པ་སྟེ། ཡང་དེ་ཉིད་ལས། གང་གིས་ སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་ པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས་པའི་ཕྱིར་རོ། །དེ་ཡང་དྲི་ཟའི་རྒྱལ་པོ་རབ་དགའ་ གདུལ་བའི་དོན་དུ་པི་ཝང་ལེན་པའི་རྣམ་པར་མཛད་པ་ལྟ་བུ་བཟོའི་སྤྲུལ་པ་དང༌། རི་བོང་ དང་རུ་རུ་ལ་སོགས་པར་སྐྱེ་བ་བསྟན་པ་ལྟ་བུ་སྐྱེ་བའི་སྤྲུལ་པ་དང༌། ཤཱཀྱ་ཐུབ་པ་ལ་སོགས་ པའི་རྣམ་པར་བསྟན་པ་ལྟ་བུ་བྱང་ཆུབ་མཆོག་གི་སྤྲུལ་པ་དང༌། དུས་ལ་བབ་ན་མྱ་ངན་ལས་ འདས་བར་ཡང་སྟོན་པ་ལ་སོགས་པས་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ལ་སོགས་པ་རྣམས་སུ་ གདུལ་བྱ་མཐའ་ཡས་པའི་རྒྱུད་ལ་རྣམ་པར་གྲོལ་བའི་བདེ་བ་སྦྱོར་བར་མཛད་པ་སྟེ། རྒྱན་ 5-1-249 ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་ སྐུ་དེ་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་གསུངས་པ་ལྟར་རོ། ། དེ་དག་གི་འཇོག་ཚུལ་ནི། འགའ་ཞིག་སྐུ་བཞིར་འདོད་པའང་རང་དོན་དོན་དམ་པའི་སྐུ་ ལ་(སྤངས་པ་མཐར་ཕྱིན་པའི་ཆ་)དག་པ་གཉིས་ལྡན་གྱི་ཆ་ནས་ངོ་བོ་ཉིད་སྐུ་དང༌། (རྟོགས་པ་མཐར་ཕྱིན་ པ་)ཟག་མེད་ཀྱི་ཡེ་ཤེས་མཐར་ཐུག་པའི་ཆ་ནས་ཆོས་ཀྱི་སྐུར་ཕྱེ་བའམ། ཡང་ན་(གསང་སྔགས་ ལས་)བདེ་བ་ཆེན་པོ་དང༌། སྟོང་པ་ཉིད་ལ་དེ་དག་དུ་ཕྱེ་བས་ཡིན་གྱི། བསྡུ་ན་སྐུ་གསུམ་དུ་མི་ འདོད་པ་མ་ཡིན་ལ། གཞན་དག་སྐུ་གཉིས་སུ་འདོད་པའང་རང་དོན་གྱི་སྐུ་གཉིས་པོ་བསྡུ་ན་ ཆོས་ཀྱི་སྐུ་དང༌། གཞན་དོན་སྐུ་གཉིས་པོ་བསྡུ་ན་གཟུགས་ཀྱི་སྐུར་འདོད་པ་ཡིན་གྱི། ཕྱེ་ན་ གསུམ་དང་བཞིར་མི་འདོད་པ་མ་ཡིན་པས་ཐམས་ཅད་ཀྱང་འགལ་བ་མེད་པར་ལྟ་སྟེ། ཇི་ སྐད་དུ། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་ གིས་རང་བཞིན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་གསུངས་པའི་ཕྱིར་རོ། ། མཉམ་པ་དང་རྟག་ཚུལ་ནི། ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་དང༌། སངས་རྒྱས་ཀྱི་ དགོངས་པ་དང༌། འཕྲིན་ལས་ཐུན་མོང་བ་རྣམས་ཀྱི་ངང་དུ་མཉམ་པ་ཉིད་ཡིན་ཞིང༌། ངོ་བོ་ ཉིད་ཀྱི་སྐུ་རང་བཞིན་གྱིས་འགྱུར་བ་མེད་པ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་ཐེག་ཆེན་གྱི་ ཆོས་ལ་རྒྱུན་མི་འཆད་པར་སྤྱོད་པ་དང༌། སྤྲུལ་པའི་སྐུ་གདུལ་བྱ་དུས་ལ་བབ་ན་རྒྱུན་དུ་སྣང་ བའི་ཕྱིར་རྟག་པའང་ཡིན་ཏེ། དེ་དག་རྟེན་དང་དགོངས་པ་དང༌། །འཕྲིན་ལས་ཀྱིས་ནི་མཉམ་ པ་ཉིད། །རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །ཅེས་གསུངས་ པ་ལྟར་རོ། ། ཡེ་ཤེས་བཞི་དང་ལྡན་པའི་དོན་ལ། ཐུན་མོང་གི་དབྱེ་བ། སོ་སོའི་ངོ་བོ། འབྱུང་ཚུལ་གྱིས་ བསྡུ་བ། ཕྱིན་ཅི་ལོག་སྤང་བའོ། །དེ་ལ་དབྱེ་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། །མཉམ་ 5-1-250 པ་ཉིད་ཀྱི་ཡེ་ཤེས་དང༌། །སོ་སོར་རྟོག་པའི་ཡེ་ཤེས་དང༌། བྱ་བ་གྲུབ་པའི་ཡེ་ཤེས་ཏེ་རྣམ་པ་ བཞི་ཡིན་ཞིང༌། དང་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ཡང་གཅིག་པས་མི་གཡོ་ཞིང་རྟེན་ དུ་གྱུར་པ་ཡིན་ལ། ཕྱི་མ་གསུམ་ནི་གནས་སྐབས་བྱེད་ལས་ཐ་དད་པ་ཙམ་ལ་བཏགས་ནས་ གཡོ་ཞིང་བརྟེན་པར་གྱུར་པ་སྟེ། ཇི་སྐད་དུ། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ན་འོ། །ཞེས་གསུངས་པ་ ལྟར་རོ། ། སོ་སོའི་ངོ་བོ་ལ་བཞི་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི་བདག་དང་བདག་གི་བའི་འཛིན་ པ་མེད་པར་ཡུལ་མཐའ་དག་དུས་རྟག་ཏུ་མཁྱེན་པས་ཤེས་བྱ་ཐམས་ཅད་ལ་རྨོངས་པ་མེད་ ཅིང༌། མ་དག་པའི་ཡུལ་ལ་མངོན་དུ་ཕྱོགས་པ་ཡང་མ་ཡིན་པ་སྟེ། དེ་ལྟར་ཡང༌། མེ་ལོང་ཡེ་ ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་ མངོན་ཕྱོགས་མིན། །ཞེས་གསུངས་པ་བཞིན་ནོ། ། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། ས་དང་པོར་བདག་གཞན་མཉམ་པ་ཉིད་དུ་རྟོགས་པ་ དེ་མཐར་ཕྱིན་པས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་ཅིང་སྲིད་ཞི་མཉམ་པ་ཉིད་དུ་ མཁྱེན་པ་སྟེ། ཇི་སྐད་དུ། སྒོམ་པ་དག་པས་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། ། མི་གནས་ཞི་བར་ཞུགས་པ་དེ། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །ཅེས་གསུངས་པ་ ལྟར་རོ། ། སོ་སོར་རྟོག་པའི་ཡེ་ཤེས་ནི། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་པས་སོ་ སོར་མཁྱེན་ཅིང༌། ཏིང་ངེ་འཛིན་དང་གཟུགས་ཀྱི་སྒོ་མཐའ་ཡས་པ་དང་ལྡན་པ་སྟེ། དེ་ལྟར་ ཡང༌། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་ གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །ཞེས་གསུངས་པ་ཡིན་ནོ། ། 5-1-251 བྱ་བ་གྲུབ་པའི་ཡེ་ཤེས་ནི། གདུལ་བྱ་སྣ་ཚོགས་པའི་བསམ་པ་དང་མཐུན་པར་དཔག་ཏུ་ མེད་པའི་སྤྲུལ་པ་བསྟན་ནས། སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་མཁྱེན་པ་སྟེ། ཇི་སྐད་ དུ། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་གྱི་དོན་སྒྲུབ་པའོ། །ཞེས་གསུངས་པ་ལྟར་རོ། །དེ་ རྣམས་མིང་དོན་དང་གྲོགས་དང་བྱེད་ལས་ལ་སོགས་པས་ཀྱང་ཤེས་པར་བྱ་སྟེ། རྒྱ་ཆེར་རྒྱན་ ལས་འབྱུང་བ་ལྟར་རོ། ། འབྱུང་ཚུལ་གྱིས་བསྡུ་བ་ནི། དམ་པའི་ཆོས་མང་དུ་ཐོས་ཤིང་འཛིན་པ་ལས་མེ་ལོང་ལྟ་ བུའི་ཡེ་ཤེས་དང༌། བདག་གཞན་སེམས་མཉམ་པ་ཉིད་དུ་བསྒོམས་པ་ལས་མཉམ་པ་ཉིད་ཀྱི་ ཡེ་ཤེས་དང༌། ཡང་དག་པའི་ཆོས་གསལ་བར་བསྟན་པ་ལས་སོ་སོར་རྟོག་པའི་ཡེ་ཤེས་དང༌། གཞན་གྱི་དོན་བྱ་བ་བསྒྲུབས་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་རྣམས་འབྱུང་བར་ཤེས་པར་བྱ་ སྟེ། ཇི་སྐད་དུ། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང༌། ། བྱ་བ་གྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང༌། །ཞེས་གསུངས་པ་ལྟར་རོ། ། གནས་གྱུར་ལས་འབྱུང་ཚུལ་ནི། ལམ་བསྒོམས་པས་རྣམ་ཤེས་ཚོགས་བརྒྱད་འགགས་ པ་ན་དོན་དམ་པའི་ཡེ་ཤེས་རྣམས་མངོན་དུ་འབྱུང་བ་སྟེ། སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་ གྱི་ཡིད་གནས་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་ པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་བྱ་བ་གྲུབ་ པའི་ཡེ་ཤེས་སོ་ཞེས་གསུངས་པ་བཞིན་ནོ། །དེ་ཡང་རང་བཞིན་གྱིས་དག་པའི་ཡེ་ཤེས་གློ་ བུར་གྱི་རྣམ་ཤེས་དང་བྲལ་ནས་དག་པ་གཉིས་ལྡན་དུ་གྱུར་པ་སྟེ། ངོ་བོ་གཞན་དུ་གྱུར་པའམ་ སྔར་མེད་གསར་དུ་བསྐྱེད་པ་ནི་མ་ཡིན་ནོ། ། 5-1-252 ཕྱིན་ཅི་ལོག་སྤང་བ་ནི། མི་མཁས་པ་ཁ་ཅིག་སངས་རྒྱས་ལ་ཐམས་ཅད་མཁྱེན་པའི་ཡེ་ ཤེས་མེད་དེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་དང༌། འཇུག་པ་ལས། སེམས་འགགས་ པ་དེ་ཆོས་སྐུས་མངོན་དུ་མཛད་ཅེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ་ཞེ་ན། དེ་ནི་ཤིན་ ཏུ་རིགས་པ་མ་ཡིན་ཏེ། དོན་དམ་པའི་སངས་རྒྱས་ནི་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །རྒྱུད་ ལས། ཡེ་ཤེས་སྐུ་སྟེ་རང་བྱུང་བ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། རྒྱན་ལས་ ཀྱང༌། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །དུས་ལའང་ཡེ་ཤེས་སྒྲིབ་པ་མེད། །ཅེས་པ་ ལ་སོགས་པ་མང་དུ་གསུངས་ལ། བདེན་གཉིས་ལས་ཀྱང༌། མཁྱེན་པའི་སྐད་ཅིག་གཅིག་ གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་ རོ། །སེམས་འགགས་པར་གསུངས་པ་རྣམས་ཀྱང་རྣམ་པར་ཤེས་པ་ལ་དགོངས་པ་ཡིན་གྱི། ཡེ་ཤེས་ནི་མ་ཡིན་ཏེ། འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་ཡེ་ཤེས་མེད་ན་རྟོགས་པ་ཕུན་ སུམ་ཚོགས་པ་མེད་པར་འགྱུར་ཞིང༌། དེ་ལྟ་ན་སྤངས་པ་ཕུན་སུམ་ཚོགས་པའང་མེད་པར་ མཚུངས་ལ། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པས་གཞན་དོན་དུ་ ཆོས་སྟོན་པ་ལ་སོགས་པའང་མེད་པར་འགྱུར་ཏེ། མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པར་མ་བགྱིས་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ་ཞེས་པ་དང༌། ཡེ་ཤེས་ མེད་ན་ཡོན་ཏན་འཕེལ་མེད་དེ་ཡི་ཕྱིར། །རྒྱ་མཚོའི་དྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་ འགྱུར། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་སངས་རྒྱས་ཀྱི་ཡེ་ཤེས་ ཀྱིས་ཆོས་ཅན་ཀུན་རྫོབ་ཀྱི་སྣང་བ་རྣམས་མཁྱེན་ན་འཁྲུལ་པར་འགྱུར་ལ། མ་མཁྱེན་ན་ ཐམས་ཅད་མཁྱེན་པར་ཡང་འགལ་ལོ་སྙམ་ན། ཐ་སྙད་ཙམ་དུ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ ཀྱིས་ཆོས་ཅན་རྣམས་མཁྱེན་ཡང༌། བྱིས་པས་བཟུང་བ་ལྟར་ནི་མ་ཡིན་གྱི་སྟོང་པ་ཉིད་ཀྱི་ རང་བཞིན་ཅན་དུ་མཁྱེན་པས་འཁྲུལ་པར་ཡང་མི་འགྱུར་ལ། ཡང་དག་པར་ན་ཀུན་རྫོབ་ཀྱི་ 5-1-253 དངོས་པོ་རྣམས་བདེན་པར་གྲུབ་པ་མེད་པའི་ཕྱིར་ཡེ་ཤེས་ལ་མི་སྣང་ཞིང༌། དེ་མ་མཁྱེན་ཡང་ ཐམས་ཅད་མཁྱེན་པ་མ་ཡིན་པར་མི་འགྱུར་པས་འགལ་བའི་སྐྱོན་ཡོད་པ་མ་ཡིན་ནོ། །གཞན་ ཡང་རྟོག་དཔྱོད་ཀྱི་ཡུལ་དུ་འགལ་བ་ལྟར་སྣང་བ་དུ་མ་ཞིག་འཆར་མོད་ཀྱི། དོན་དམ་པའི་ཡེ་ ཤེས་ནི་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་སྟེ། རྣམ་ འགྲེལ་ལས། གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་དཔྱོད་པ་ནི། ། མ་དག་བློ་ཅན་ལས་ཡིན་གྱི། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་ རོ། ། དེ་ཉིད་ལ་སྤྲོ་བ་བསྐྱེད་པ་ནི། བྱང་ཆུབ་ཆེན་པོ་ཐོབ་ན་རང་གཞན་གྱི་ཕུན་སུམ་ཚོགས་ པ་ཐམས་ཅད་འབྱུང་བའི་ཕྱིར་བློ་དང་ལྡན་པ་རྣམས་ཀྱིས་དེའི་ཆེད་དུ་བྱང་ཆུབ་ཀྱི་མཆོག་ཏུ་ སེམས་བསྐྱེད་ཅིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་ཀྱང་ཉམས་སུ་བླང་ བར་བྱ་བ་ཉིད་དེ། ཇི་སྐད་དུ། རྒྱན་ལས། དེ་ལྟར་སངས་རྒྱས་ཉིད་ནི་དཀར་པོའི་ཆོས། །དཔེ་ མེད་ལྡན་ཕྱིར་ཕན་བདེའི་རྒྱུ་མཚན་ཕྱིར། །བདེ་དགེ་དམ་པ་མི་ཟད་འབྱུང་གནས་ཕྱིར། །བློ་ ལྡན་བྱང་ཆུབ་སེམས་དགེ་བླང་བར་རིགས། །ཞེས་པ་དང༌། སྤྱོད་འཇུག་ལས་ཀྱང༌། བདག་ ལྟ་རིགས་ཀྱི་མིར་སྐྱེས་ནས། །ཕན་དང་གནོད་པ་ངོ་ཤེས་བཞིན། །བྱང་ཆུབ་སྤྱོད་པ་མ་བཏང་ ན། །བདག་གིས་བྱང་ཆུབ་ཅིས་མི་ཐོབ། །ཅེས་གསུངས་པ་ལྟར་རོ། ། གཞན་དག་གི་འཁྲུལ་པ་སྤང་བ་ལ་གསུམ་ལས། དམན་པ་མཆོག་ཏུ་འདོད་པ་སྤང་བ་ནི། ཐེག་པ་ཆུང་ངུ་ལ་མོས་པ་ཁ་ཅིག་བྱང་ཆུབ་གསུམ་ཀའང་རང་དོན་མཐར་ཕྱིན་པར་མཉམ་པ་ ཉིད་དོ་ཞེས་བྱ་བར་འདོད་མོད། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ནི་རེ་ཞིག་འཁོར་ བའི་སྡུག་བསྔལ་དང་བྲལ་ཙམ་ལ་མྱ་ངན་ལས་འདས་པར་བཏགས་པ་ཡིན་གྱི། མཐར་ཕྱིན་ པའི་ཐར་པ་ནི་མ་ཡིན་ཏེ། དེ་ཉིད་ལ་བར་དུ་གཅོད་པའི་ཕྱིར་རོ། །དེ་ལྟར་ཡང་མདོ་ལས༌། 5-1-254 དམྱལ་བ་ཡི་དྭགས་དུད་འགྲོ་རྣམས། །གཏན་གྱི་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་དང་ནི་ རང་སངས་རྒྱས། །ཐར་པ་འདོད་པ་རྣམས་ཀྱི་གེགས། །ཞེས་གསུངས་པ་ཡིན་ནོ། །གཞན་ ཡང༌། ཉོན་མོངས་ཟད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་པ་ལྟར་དགྲ་ བཅོམ་པ་རྣམས་ལ་ཡང་རྣམ་པར་སྨིན་པ་སྡུག་བསྔལ་མྱོང་པ་ཡོད་པའི་ཕྱིར། དེ་དག་ནི་མྱ་ ངན་ལས་འདས་པ་མཐར་ཕྱིན་པ་མ་ཡིན་ནོ། །ཅི་སྟེ་སངས་རྒྱས་ལ་ཡང་ཞབས་ལ་སེང་ལྡེང་ གི་ཚལ་པ་ཟུག་པ་ལ་སོགས་པ་རྣམ་པར་སྨིན་པ་མྱོང་བ་ཡོད་པ་མ་ཡིན་ནམ་ཞེ་ན། དེ་དག་ནི་ ལས་རྒྱུ་འབྲས་ལ་ཡིད་ཆེས་པར་བྱ་བའི་ཕྱིར་འཇིག་རྟེན་པ་རྣམས་དྲང་བའི་དོན་དུ་བསྟན་པ་ ཡིན་གྱི། ངེས་པའི་དོན་ནི་མ་ཡིན་ཏེ། མདོ་ལས། སྡིག་པ་ཐམས་ཅད་ཡོངས་ཟད་དེ། །བསོད་ ནམས་ཀུན་གྱིས་མངོན་འཕགས་ཀྱང༌། །ལས་ཀྱི་རྒྱུད་ནི་སྟོན་མཛད་པ། །འདི་ནི་འཇིག་རྟེན་ མཐུན་འཇུག་ཡིན། །ཞེས་གསུངས་པ་ལྟར་རོ། ། གཏན་ནས་མེད་པར་འདོད་པ་སྤང་བ་ནི། ཆད་པར་ལྷུང་པ་ལ་མངོན་པར་ཞེན་པ་འགའ་ ཞིག ཆོས་ཐམས་ཅད་མེད་ཅིང་མི་དམིགས་པར་གསུངས་པའི་ཕྱིར་བྱང་ཆུབ་ཀྱང་གཏན་ ནས་མེད་ཅིང་ཅིར་ཡང་མི་དམིགས་པ་ཡིན་པས། ཐོབ་པར་བྱ་བ་ནི་ཅི་ཡང་མེད་པའོ་སྙམ་དུ་ སེམས་ན། དེ་ལྟར་ཡང་མཐའ་གཅིག་ཏུ་མི་བསམ་སྟེ། མེད་ཅིང་མི་དམིགས་པར་གསུངས་པ་ ནི་ཀུན་བརྟགས་འཁྲུལ་པས་བསྡུས་པའི་ཆོས་རྣམས་ལ་དགོངས་པ་ཡིན་གྱི་དེ་དག་འགགས་ པ་ན་ཡོངས་གྲུབ་དོན་དམ་པའི་བྱང་ཆུབ་ནི་ཡོད་ཅིང་དམིགས་པ་རྣམས་ཀྱི་མཆོག་ཏུ་གྱུར་ པའི་ཕྱིར་རོ། །དེའང་རྒྱན་ལས། མེད་པ་གང་ཡིན་དེ་ཉིད་ནི། །ཡོད་པ་ཡི་ནི་དམ་པ་ཡིན། ། རྣམ་པ་ཀུན་ཏུ་མི་དམིགས་པ། །དམིགས་པ་ཡི་ནི་མཆོག་ཏུ་འདོད། །ཅེས་གསུངས་པ་ལྟར་ རོ། །འདུས་བྱས་གློ་བུར་གྱི་དྲི་མ་མེད་པའི་བྱང་ཆུབ་ཆེན་པོ་དེ་ཉིད་འདུས་མ་བྱས་པ་ཆོས་ཀྱི་ སྐུ་བདེན་པ་དང་རྟག་པ་དང་སྐྱབས་ཀྱི་མཆོག་ཏུ་ཡོད་པ་ཉིད་དེ། དཔལ་ཕྲེང་གི་ཞུས་པ་ལས། 5-1-255 བཅོམ་ལྡན་འདས་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་དེ་ནི་རྟག་པ་ལགས་སོ། ། གང་རྟག་པ་དེ་ནི་མི་སླུ་བའི་ཆོས་ཅན་ལགས་སོ། །བཅོམ་ལྡན་འདས་གང་མི་སླུ་བའི་ཆོས་ ཅན་དེ་ནི་བདེན་པ་དང་རྟག་པ་དང་སྐྱབས་ལགས་སོ་ཞེས་གསུངས་པ་བཞིན་ནོ། ། ཡོད་ཀྱང་འཁྲུལ་པར་འདོད་པ་སྤང་བ་ནི། མི་མཁས་པ་འགའ་ཞིག་གཟུགས་ལ་སོགས་ པ་སྣ་ཚོགས་སུ་སྣང་བ་འདི་རྣམས་དོན་དམ་པའི་སངས་རྒྱས་ཡིན་པའི་ཕྱིར་བྱང་ཆུབ་ནི་ཐོབ་ ཟིན་པ་ཉིད་དོ་ཞེས་བྱ་བ་དང༌། ཡང་ཁ་ཅིག་མྱ་ངན་ལས་འདས་པ་ནི་རིམ་གྱིས་བསྐྱེད་པར་ བྱ་བ་ཡིན་གྱི། སེམས་ཀྱི་རང་བཞིན་དུ་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བར་འདོད་མོད། དེ་དག་ ཀྱང་རིགས་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་ཡུལ་དང་ཡུལ་ཅན་དུ་སྣང་བ་འདི་དག་ནི་ བྱང་ཆུབ་ལ་སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི་མ་ཡིན་པའི་ཕྱིར་དང༌། གློ་བུར་གྱི་དྲི་མ་འགགས་ པ་ཙམ་ལས་སེམས་ཀྱི་རང་བཞིན་མངོན་སུམ་དུ་གྱུར་པ་ནི་དོན་དམ་པའི་བྱང་ཆུབ་ཡིན་པའི་ ཕྱིར་རོ། །དེ་ལྟར་ཡང་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། བྱང་ཆུབ་རིང་བར་མི་བསམ་ཞིང༌། ། ཉེ་བར་ཡང་ནི་བསམ་མི་བྱ། །ཡུལ་དྲུག་སྣང་བ་མེད་པར་ནི། །ཡང་དག་ཇི་བཞིན་རིག་གྱུར་ པའོ། །ཞེས་པ་དང༌། འདིར་ནི་མྱ་ངན་འདས་པ་ཉིད། །དྲི་མ་མེད་པར་སེམས་གྱུར་པའོ། །ཞེས་ པ་ལ་སོགས་པ་གསུངས་པ་ལྟར་རོ། །དེ་བས་ན་འཁྲུལ་པའི་གནས་རྣམས་སྤངས་ཏེ་མཐར་ ཐུག་པའི་བྱང་ཆུབ་ཆེན་པོ་སྒྲུབ་པ་ལ་འབད་པར་བྱའོ། །རྒྱ་ཆེར་ནི་སངས་རྒྱས་ཀྱི་སྐབས་སུ་ ཡང་བཤད་ཟིན་ཏོ། ། གཞུང་གི་དོན་རྣམ་པར་བཤད་པ་ལ་གསུམ་སྟེ། བཤད་བྱ་དོན་གྱི་རྣམ་དབྱེ་མདོར་ བསྟན། འཆད་ཚུལ་སྡོམ་དུ་བསྡུས་ཏེ་བསྟན་པ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པའོ། ། དེ་ལ་དོན་གྱི་རྣམ་དབྱེ་ནི། དག་ཐོབ་བྲལ་བ་རང་གཞན་དོན། །དེ་རྟེན་ ཟབ་དང་རྒྱ་ཆེ་དང༌། །བདག་ཉིད་ཆེན་པོ་དེ་ཡང་ནི། །ཇི་སྲིད་དུས་དང་ 5-1-256 ཇི་ལྟ་ཉིད། །ཅེས་པ་སྟེ། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ། དྲི་མ་མེད་པ་དེ་བཞིན་ཉིད་ མཐར་ཕྱིན་པའི་འབྲས་བུ་བྱང་ཆུབ་ཆེན་པོ་དེ་ཉིད། ཡོངས་སུ་ཤེས་པར་བྱ་བའི་དོན་རྣམ་པ་ བརྒྱད་ལས་བརྩམས་ཏེ་འཆད་པའོ། །དེའང་སྔར་བཤད་པའི་ཆོས་ཀྱི་དབྱིངས་རང་བཞིན་ གྱིས་རྣམ་པར་དག་པ་གང་ཡིན་པ་དེ། གློ་བུར་གྱི་དྲི་མ་མཐའ་དག་ལས་ཀྱང་རྣམ་པར་གྲོལ་ ནས། དག་པ་གཉིས་ལྡན་དུ་གནས་ཡོངས་སུ་གྱུར་པ་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་དུ་རིག་པར་བྱ་ སྟེ། ཇི་སྐད་དུ། མདོ་ལས། བཅོམ་ལྡན་འདས་གང་ཞིག་ཉོན་མོངས་པའི་སྦུབས་བྱེ་མ་མཐའ་ དག་གིས་གཡོགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་དགོས་པ་མ་མཆིས་པ་དེ་ནི། ཉོན་ མོངས་པའི་སྦུབས་བྱ་བ་མཐའ་དག་ལས་གྲོལ་བ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཡང་ དགོས་པ་མ་མཆིས་པ་ལགས་སོ་ཞེས་གསུངས་པ་ལྟར་རོ། །ད༷ག་པ་གཉིས་ལྡན་དེ་ཐོ༷བ་པར་ བྱེད་པའི་ཐབས་མཉམ་བཞག་རྣམ་པར་མི་རྟོག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང༌། རྗེས་ཐོབ་འཇིག་རྟེན་པའི་ཡེ་ཤེས་གཉིས་ཟུང་དུ་འབྲེལ་པར་སྒོམ་པ་ནི་རྒྱུའི་དོན་ནོ། །ཡེ་ ཤེས་དེ་དག་གོམས་པ་མཐར་ཕྱིན་པ་ལས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་ དང་བཅས་པའི་དྲི་མ་མཐའ་དག་དང་བྲ༷ལ་བ༷་ནི་འབྲས་བུའི་དོན་ནོ། །ཉོན་མོངས་པའི་སྒྲིབ་ པ་དང་བྲལ་བས་ཟག་པ་དང་བཅས་པའི་རྒུད་པ་མཐའ་དག་ལས་འདས་ཏེ། ཟག་པ་མེད་ པའི་འབྱོར་པ་མཐའ་ཡས་པ་ཐོབ་པས་ར༷ང་གི་དོན་ཕུན་སུམ་ཚོགས་པ་གྲུབ་ཅིང༌། ཤེས་བྱའི་ སྒྲིབ་པ་དང་བྲལ་བས་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པའི་གཞ༷ན་གྱི་དོན་ཕུན་སུམ་ ཚོགས་པ་སྒྲུབ་པ་ནི་ལས་ཀྱི་དོ༵ན་ནོ། །དོན་གཉིས་ཕུན་སུམ་ཚོགས་པ་དེ༷་དག་འགྲུབ་པར་ བྱེད་པའི་རྟེ༷ན་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཚད་མེད་པ་རྣམས་དང་ལྡན་པ་ནི་ལྡན་པའི་ དོན་ནོ། །ཡོན་ཏན་དང་ལྡན་པའི་བྱང་ཆུབ་དེ་ཉིད་གཏིང་དཔག་དཀའ་བས་ན་ཟ༷བ་པ་ཆོས་ ཀྱི་སྐུ་ད༷ང༌། མཐུ་ལ་སོགས་པའི་ཡོན་ཏན་མང་པོ་མངའ་བས་ན་རྒྱ༷་ཆེ༷་བ་ལོངས་སྤྱོད་རྫོགས་ 5-1-257 པའི་སྐུ་ད༵ང༌། སྐལ་བ་དང་མཐུན་པར་གཞན་གྱི་དོན་འབའ་ཞིག་མཛད་པས་ན་བད༷ག་ཉི༷ད་ ཆེ༷ན་པོ༷་སྤྲུལ་བའི་སྟེ་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་ནི་འཇུག་པའི་དོན་ནོ། །སྐུ་གསུམ་པོ་ དེ༷་ཡ༷ང་ནི༵། ནམ་མཁའ་ཇི༷་སྲི༷ད་པ་དང་འགྲོ་བ་ཇི་སྲིད་པའི་དུ༷ས་ད༷ང་མཚུངས་པར་འཇུག་ ཅིང་གནས་པ་ནི་རྟག་པའི་དོན་ནོ། །དེ་དག་གི་ཇི༷་ལྟ༷་བ་ཉི༵ད་ཀྱི་ཚུལ་ཡང་སངས་རྒྱས་ལས་ གཞན་པའི་སྤྱོད་ཡུལ་མ་ཡིན་ཞིང་རྟོགས་པར་དཀའ་བ་ནི་བསམ་གྱིས་མི་ཁྱབ་པའི་དོན་ཏེ། དེ་ལྟར་དོན་རྣམ་པ་བརྒྱད་ཀྱིས་བཤད་པར་བྱའོ་ཞེས་པའོ། ། སྡོམ་དུ་བསྡུ་བ་ནི། ངོ་བོ་རྒྱུ་དང་འབྲས་བུ་དང༌། །ལས་དང་ལྡན་དང་ འཇུག་པ་དང༌། །དེ་རྟག་བསམ་གྱིས་མི་ཁྱབ་ཀྱིས། །སངས་རྒྱས་ས་ནི་ རྣམ་པར་གཞག །ཅེས་པ་སྟེ། དེ་ལྟར་ན། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་ སྤང་བྱ་གློ་བུར་གྱི་དྲི་མ་དང་བྲལ་བ་དག་པ་གཉིས་ལྡན་ངོ༷་བོ༷་ཉིད་ཀྱི་དོན་དང༌། དེ་ཐོབ་པར་ བྱེད་པ་མཉམ་བཞག་དང་རྗེས་ཐོབ་ཀྱི་ལམ་ཉམས་སུ་ལེན་པ་རྒྱུ༷འི་དོན་ད༷ང༌། ལམ་བསྒོམས་ པ་ལས་སྒྲིབ་པ་གཉིས་ཀྱི་དྲི་མ་དང་བྲལ་བ་འབྲ༷ས་བུ༷འི་དོན་ད༵ང༌། སྒྲིབ་པ་སྤངས་པ་ལ༷ས་ རང་གཞན་གྱི་དོན་གཉིས་འགྲུབ་པར་བྱེད་པ་ལས་ཀྱི་དོན་ད༷ང༌། དེ་དག་གི་རྟེན་བསམ་གྱིས་ མི་ཁྱབ་པའི་ཡོན་ཏན་རྣམས་དང་ལྡ༷ན་པའི་དོན་ད༷ང༌། དེ་ཡང་ངོ་བོ་ཉིད་དང་ལོངས་སྤྱོད་ རྫོགས་པ་དང་སྤྲུལ་པའི་སྐུ་གསུམ་གྱི་རབ་ཏུ་དབྱེ་བས་འཇུ༷ག་པ༷འི་དོན་ད༵ང༌། དེ༷་རྣམས་ཀྱང་ འགྲོ་བ་དང་ནམ་མཁའ་ཇི་སྲིད་པར་རྟ༷ག་པའི་དོན་དང༌། མཐར་ཕྱིན་པ་ཇི་ལྟ་བའི་ཚུལ་ནི་ ཕལ་པ་རྣམས་ཀྱིས་བས༷མ་གྱི༷ས་མི༷་ཁྱ༷བ་པའི་དོན་ཏེ། དོན་བརྒྱད་པོ་རྣམས་ཀྱི༵ས་འབྲས་བུ་ མཐར་ཐུག་པ་ས༷ངས་རྒྱ༷ས་ཀྱིས་ས༷་ནི༷་རྣ༷མ་པ༷ར་གཞ༵ག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། རྒྱས་པར་བཤད་པ་ལ་བརྒྱད་ཡོད་ཀྱང་དང་པོ་གཉིས་ལྷན་ཅིག་འཆད་པས་རེ་ཞིག་དོན་ རྣམ་པ་བདུན་ཏེ། དག་ཐོབ་ལས་ངོ་བོ་རྒྱུའི་དོན། དྲི་མ་དང་བྲལ་བ་འབྲས་བུའི་དོན། རང་ 5-1-258 གཞན་གྱི་དོན་གཉིས་ལས་ཀྱི་དོན། དེ་ཡི་རྟེན་ཡོན་ཏན་ལྡན་པའི་དོན། སྐུ་གསུམ་གྱི་དབྱེ་ བས་འཇུག་པའི་དོན། ཇི་སྲིད་དུ་དེ་དག་རྟག་པའི་དོན། ཇི་ལྟ་བ་བཞིན་བསམ་མི་ཁྱབ་པའི་ དོན། ཞེས་པའོ། ། ངོ་བོ་དང་རྒྱུའི་དོན་ལ། དག་པ་ཐོབ་ཚུལ་མདོར་བསྟན་དང༌། དེ་ཉིད་རྒྱས་པར་བཤད་ པའོ། དེ་ལ་མདོར་བསྟན་ནི། རང་བཞིན་འདོ་གསལ་ཞེས་བརྗོད་གང་ཡིན་ ཉི་མ་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་ པོའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་ རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་ཐོབ། །ཅེས་པ་སྟེ། སེམས་ཀྱི་ར༷ང་ བཞི༷ན་གདོད་མ་ནས་འོ༷ད་གས༷ལ་བའོ་ཞེ༷ས་ངེས་པའི་དོན་གྱི་གསུང་རབ་རྣམས་ལས་བརྗོ༷ད་ པ་ག༷ང་ཡི༷ན་པ་དེ་ཉིད། ཉི༷་མ༷་བཞིན་དུ་ཤེས་བྱའི་དེ་ཁོ་ན་ཉིད་གསལ་བའི་རྟོགས་པ་དང༌། ནམ་མཁ༷འ་བཞི༷ན་དུ་རང་བཞིན་གྱིས་རྣམ་པར་དག་པའི་སྤངས་པ་གཉིས་དང་ལྡན་པ་ཡིན་ ལ། དེ་ཡང་སྔར་སེམས་ཅན་གྱི་གནས་སྐབས་སུ་གློ༷་བུ༷ར་གྱི༵་དྲི་མ་ཉོ༷ན་མོ༷ངས་པའི་སྒྲིབ་པ་ དང་། ཤེ༷ས་བྱ༷འི་སྒྲིབ་པ་སྤྲི༷ན་གྱི་ཚོ༷གས་སྟུ༷ག་པོ༷་དང་འདྲ་བའི༷་སྒྲི༷བ་པ༷་ཡི༷ས་ནི༷་བསྒྲི༷བས་ པར་གྱུ༷ར་པ༵་ལས། མཐར་ཡང་དག་པའི་ལམ་གྱིས་དྲི༷་མ་མཐའ་དག་མེ༷ད་པར་བྱས་ཏེ་ སྤངས་པ་དང་། ས༷ངས་རྒྱ༷ས་ཀྱི་ཡོ༷ན་ཏ༷ན་སྟོབས་ལ་སོགས་པ་མ་ལུས་པ་ཀུ༷ན་དང་དབྱེར་མི་ ཕྱེད་པར་ལྡ༷ན་ཞིང༌། སྐྱེ་བ་དང་རྒ་བ་དང་འཆི་བ་རྣམས་ལས་གྲོལ་བས་རྟ༷ག་ཅིང་བརྟ༷ན་ལ་ གཡུ༷ང་དྲུ༷ང་གི་ངོ་བོར་གྱུར་པའི་ས༷ངས་རྒྱ༷ས་ཉི༵ད་ཐོབ་པ་ནི་དག་པ་གཉིས་ལྡན་ངོ་བོའི་དོན་ ཡིན་ཞིང༌། དེ་ལྟ་བུའི་བྱང་ཆུབ་དེ༷་ནི༷། ཆུབ་སེམས་དཔའ་རྣམས་ཀྱིས་མཉམ་གཞག་ཏུ་ཆོ༷ས་ ཉིད་ཇི་ལྟ་བའི་དོན་ལ༷་དམིགས་ཏེ་རྣམ་པར་མི༷་རྟོ༷ག་པའི་ཡེ་ཤེས་དང༌། རྗེས་ཐོབ་ཏུ་ཆོས་ 5-1-259 ཅན་ཇི་སྙེད་པའི་དོན་ལ་དམིགས་ཏེ་རབ་ཏུ་རྣ༷མ་པར་འབྱེ༷ད་པའི་ཡེ༷་ཤེ༷ས་ད༷ག་ལ༷་བརྟེ༷ན་ ན༷ས་ལམ་ཉམས་སུ་བླངས་པ་ལས་རིམ་གྱིས་ཐོ༵བ་པར་གྱུར་པ་ནི་རྒྱུའི་དོན་ཡིན་ནོ་ཞེས་བྱ་ བའི་དོན་ཏོ། ། རྒྱས་བཤད་ལ། དག་པ་གཉིས་ལྡན་ངོ་བོའི་དོན་དང༌། ཐོབ་བྱེད་ཡེ་ཤེས་རྒྱུའི་དོན་ནོ། ། ངོ་བོའི་དོན་ལ། དངོས་དང༌། ཁྱད་པར་རོ། །དེ་ལ་དོན་དངོས་ནི། སངས་རྒྱས་ཉིད་ ནི་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མ་མཁའ་བཞིན་ ཡེ་ཤེས་དང༌། །སྤངས་པ་གཉིས་ཀྱི་མཚན་ཉིད་དོ། །ཞེས་པ་སྟེ། དོན་དམ་པའི་ ས༷ངས་རྒྱ༷ས་ཉི༷ད་ནི༷་རང་བཞིན་གྱིས་རྣམ་པར་དག་པའི་ངོ་བོ་ཐམས་ཅད་ལ་དབྱེ༷ར་མེ༷ད་ པ༵ར་གནས་པ་ལས། མཐར་གློ་བུར་གྱི་དྲི་མ་དང་ཡང་བྲལ་ནས་ད༷ག་པ༷་གཉིས་དང་ལྡན་ པའི༷་ཆོ༷ས་ཀྱི༷ས་ར༷བ་ཏུ་ཕྱེ༷་བ༵་ཡིན་ལ། དེ་ཡང་ཉི༷་མ༷་རང་བཞིན་གྱིས་འོད་གསལ་བ་དང་ནམ་ མཁ༷འ་རང་བཞི༷ན་གྱིས་རྣམ་པར་དག་པ་ཇི་ལྟ་བ་བཞིན་དུ། ཡེ༷་ཤེ༷ས་ཀྱི་འོད་གསལ་བའི་ རྟོགས་པ་ད༵ང༌། སྒྲིབ་པ་གཉིས་རྣམ་པར་དག་པའི་སྤ༷ངས་པ༷་སྟེ། སྤངས་རྟོགས་ཕུན་སུམ་ ཚོགས་པ་གཉི༷ས་ཀྱི༷་མཚ༷ན་ཉིད་དང་ལྡན་པ་ཉི༷ད་དོ༵་ཞེས་བྱ་བའི་དོན་ཏོ། ། ཁྱད་པར་ལ་གཉིས་ལས། རང་བཞིན་འདོ་གསལ་གྱི་ཁྱད་པར་ནི། །འདོ་ གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། ། ཅེས་པ་སྟེ། ཟག་པ་མེད་པའི་དབྱིངས་རང་བཞིན་གྱིས་འོ༷ད་གས༷ལ་བའི་ཆོས་ཀྱི་སྐུ་དེ་ནི་རྒྱུ་ དང་རྐྱེན་གྱིས་མངོན་པར་འདུས་བྱ༷ས་པ་མི༷ན་ཞིང༌། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ དུ་དབྱེ༷ར་མེ༷ད་པ༵ར་འཇུ༷ག་པ་ཅ༷ན་ཡང་ཡིན་ལ། དེ་ཉིད་ཆུ་བོ་ག༷ངྒཱ༷འི་ཀླུ༷ང་གི༷་ནི༵་རྡུ༷ལ་གྱི་ གྲངས་ལ༷ས་ཀྱང་འད༷ས་ཤིང་ཚད་མེད་པ༷འི་ས༷ངས་རྒྱ༷ས་ཀྱི༵་ཡོན་ཏན་སྟོབས་ལ་སོགས་པའི་ 5-1-260 ཆོ༷ས་རྣ༷མས་ཀུ༷ན་ད༷ང་གདོད་མ་ནས་ལྷུན་གྱིས་གྲུབ་པར་ལྡ༷ན་པ༷་ཉི༵ད་ཡིན་ནོ་ཞེས་བྱ་བའི་ དོན་ཏོ། ། གློ་བུར་དྲི་བྲལ་གྱི་ཁྱད་པར་ནི། རང་བཞིན་གྱིས་ནི་མ་གྲུབ་དང༌། །ཁྱབ་ དང་གློ་བུར་བ་ཉིད་ཕྱིར། །ཉོན་མོངས་ཤེས་བྱའི་སྒྲིབ་པ་དེར། །སྤྲིན་དང་ འདྲ་བར་བརྗོད་པ་ཡིན། །ཞེས་པ་སྟེ། དྲི་མ་རྣམས་ར༷ང་བཞི༷ན་གྱི༷ས་ནི༷་གདོད་མ་ནས་ བདེན་པར་མ༷་གྲུ༷བ་པའི་ཕྱིར་ད༵ང༌། མ་དག་པའི་གནས་སྐབས་ཐམས་ཅད་ལ་ཁྱ༷བ་པར་བྱེད་ པའི་ཕྱིར་ད༷ང༌། སྤང་དུ་རུང་བས་གློ༷་བུ༷ར་བ༷་ཉི༷ད་ཡིན་པའི་ཕྱི༵ར་ཏེ། རྒྱུ་མཚན་གསུམ་པོ་ རྣམས་ཀྱིས་ཐར་པའི་གེགས་ཉོ༷ན་མོ༷ངས་པའི་སྒྲིབ་པ་དང༌། ཐམས་ཅད་མཁྱེན་པའི་གེགས་ ཤེ༷ས་བྱ༷འི་སྒྲི༷བ་པ༷་གཉིས་པོ་དག་སེམས་ཅན་གྱི་གནས་སྐབས་དེ༵ར་སྤྲི༷ན་གྱིས་ཉི་མ་དང་ ནམ་མཁའ་ལ་སྒྲིབ་པ་ད༷ང་འདྲ༷་བ༷ར་རང་བཞིན་འོད་གསལ་ལ་སྒྲིབ་པར་བརྗོ༷ད་པ༷་ཡི༵ན་ལ། སྒྲིབ་པ་དེ་དག་སྤངས་པ་ལས་ནི་དག་པ་གཉིས་ལྡན་དུ་འགྱུར་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། རྒྱུའི་དོན་ནི། སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ ཡིན་ཏེ། །མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་ པ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲི༷བ་པ༷་གཉི༷ས་པོ་ད༷ང་བྲ༷ལ་བ༷་ཡི༵་འབྲས་བུ་རྣམ་པར་ གྲོལ་བ་དང༌། ཆོས་ཀྱི་སྐུ་མངོན་སུམ་བྱེད་པའི་རྒྱུ༷་ནི༷་ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཡེ༷་ ཤེ༷ས་གཉི༷ས་ཟུང་དུ་འབྲེལ་བར་སྒོམ་པ་ཡི༷ན་ཏེ༵་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ མཉམ་བཞག་ཏུ་ཁམས་གསུམ་པའི་གཉེན་པོ་རྣམ་པར་མི༷་རྟོ༷ག་པ༷འི་ཡེ་ཤེས་བསྒོམས་པས། གཙོ་ཆེར་ཉོན་མོངས་པའི་སྒྲིབ་པ་སྦྱོང་བ་ད༷ང༌། དེ༷་ཡི༷ས་ནི༵་རྗེ༷ས་ཐོ༷བ་ཏུ་ཟབ་པ་དང་རྒྱ་ཆེ་བ་ ལ་སོགས་པ་ཤེས་བྱ་ཇི་སྙེད་པའི་དོན་རྣམ་པར་འབྱེད་པའི་ཡེ་ཤེས་བསྒོམས་པས་གཙོ་ཆེར་ 5-1-261 ཤེས་བྱའི་སྒྲིབ་པ་སྦྱོང་བས་དེ༷་དག་ནི༷་ཡེ༷་ཤེ༷ས་གཉིས་ཡིན་པར་འདོ༵ད་ཅིང་། དེ་དང་རྗེས་སུ་ འབྲེལ་པའི་ལམ་སྒྲུབ་པ་ལ་འབད་པར་བྱའོ་ཞེས་པའི་དོན་ཏོ། ། དྲི་མ་དང་བྲལ་བ་འབྲས་བུའི་དོན་ལ། དྲི་མེད་དཔེ་ཡིས་མདོར་བསྟན་དང༌། རྒྱུ་མཚན་ རྒྱས་པར་བཤད་པའོ། །དེ་ལ་མདོར་བསྟན་ནི། དྲི་མེད་ཆུ་ལྡན་རིམ་རྒྱས་པདྨས་ ཁེབས་པའི་མཚོ་བཞིན་དང༌། །སྒྲ་གཅན་ཁ་ནས་ཐར་པའི་ཟླ་བ་ཉ་བ་ ལྟ་བུ་དང༌། །སྤྲིན་ཚོགས་ཉོན་མོངས་དག་ལས་གྲོལ་བའི་ཉི་མ་ལྟ་བུར་ ནི། །དྲི་མེད་ཡོན་ཏན་ལྡན་ཕྱིར་འདོ་ཟེར་སྣང་ལྡན་དེ་ཉིད་དོ། །ཐུབ་ པ་ཁྱུ་མཆོག་སྦྲང་རྩི་སྙིང་པོ་དང༌། །རིན་ཆེན་གསེར་དང་གཏེར་དང་ ལྗོན་པ་བཞིན། །དྲི་མེད་རིན་ཆེན་བདེ་གཤེགས་སྐུ་དང་ནི། །ས་བདག་ གསེར་གྱི་གཟུགས་འདྲ་རྒྱལ་བ་ཉིད། །ཅེས་པ་སྟེ། དཔེར་ན་རྙོག་པའི་དྲི༷་མ་མེ༷ད་ ཅིང་ཆུ༷་མང་པོ་དང་ལྡ༷ན་ལ་རི༷མ་གྱིས་རྒྱ༷ས་པའི་མེ་ཏོག་པ༷དྨ༷ས་ཁྱབ་པར་ཁེ༷བས་པ༷འི་མཚོ༷་ མཛེས་པ་ཇི་ལྟ་བ་བཞི༷ན་དུ་ཉོན་མོངས་པ་འདོད་ཆགས་ལས་རྣམ་པར་གྲོལ་བ་ད༵ང་། གཟའ་ སྒྲ༷་གཅ༷ན་གྱི་ཁ༷་ནང་ན༷ས་ཐ༷ར་པ༷འི་ཟླ༷་བ༷་ཡོངས་སུ་རྫོགས་ཤིང་ཉ༷་གང་བ༷་ལྟ༷་བུ༷ར་ཉོན་ མོངས་པ་ཞེ་སྡང་ལས་རྣམ་པར་གྲོལ་བ་ད༵ང་། སྤྲི༷ན་གྱི་ཚོ༷གས་སྟུག་པོ་དང་འདྲ་བའི་ཉོ༷ན་ མོ༷ངས་པ་གཏི་མུག་ད༷ག་ལ༷ས་རྣམ་པར་གྲོ༷ལ་བ༷འི་རྒྱུ་མཚན་གྱིས་ཉི༷་མ༷འི་དཀྱིལ་འཁོར་འོད་ གསལ་བ་ལྟ༷་བུ༷ར་ནི༵། གློ་བུར་གྱི་དྲི༷་མ་མེ༷ད་ཅིང༌། སྤངས་རྟོགས་ཕུན་སུམ་ཚོགས་པའི་ཡོ༷ན་ ཏ༷ན་མཐར་ཐུག་པ་རྣམས་དང་ལྡ༷ན་པའི་ཕྱི༷ར་ཇི་ལྟ་བ་དང་ཇི་སྙེད་པ་གཟིགས་པའི་འོ༷ད་ཟེ༷ར་ གྱི་སྣ༷ང་བ་དང་ལྡ༷ན་པ་ནི་རྫོགས་པའི་སངས་རྒྱས་དེ༷་ཉི༷ད་དོ༵་ཞེས་པ་དང༌། ཡང་ཇི་ལྟར་ན་ པདྨའི་སྦུབས་ལས་གྲོལ་བའི་ཐུ༷བ་པ༷་ཁྱུ༷་མཆོ༷ག་སངས་རྒྱས་ཀྱི་སྐུ་ལྟ་བུ་ནི། གློ་བུར་གྱི་དྲི་མ་ ལས་གྲོལ་བའི་རྒྱལ་བ་ཉིད་ཡིན་ལ། དེ་བཞིན་དུ་སྦྱར་ཏེ། སྦྲང་མ་དང་བྲལ་བའི་སྦྲ༷ང་རྩི༷་ལྟ་ 5-1-262 བུ་དང༌། སྦུན་པ་ལས་ཕྱུང་བའི་འབྲས་བུའི་སྙི༷ང་པོ༷་ལྟ་བུ་ད༵ང་། མི་གཙང་བའི་འདམ་རྫབ་ དང་བྲལ་བའི་རི༷ན་ཆེ༷ན་གསེ༷ར་བཟང་པོ་ལྟ་བུ་ད༷ང༌། ས་འོག་ནས་ཕྱུང་བའི་རིན་པོ་ཆེའི་ གཏེ༷ར་ཆེན་པོ་ལྟ་བུ་ད༷ང༌། ས་བོན་ལས་འཁྲུངས་ཤིང་འབྲས་བུ་དང་ལྡན་པའི་ཤིང་ལྗོ༷ན་པ༷་ ཇི་ལྟ་བ་བཞི༵ན་དང་། གོས་རུལ་དང་བྲལ་ཞིང་དྲི༷་མ་མེ༷ད་པའི་རི༷ན་ཆེ༷ན་ལས་གྲུབ་པའི་བདེ༷་ བར་གཤེ༷གས་པའི་སྐུ༷་གཟུགས་ལྟ་བུ་ད༷ང་ནི༵། དེ་བཞིན་དུ་མངལ་ནས་འཁྲུངས་པའི་ས༷་ བད༷ག་འཁོར་ལོ་བསྒྱུར་བ་ལྟ་བུ་དང༌། ས་འདམ་ནག་པོ་དང་བྲལ་བའི་གསེ༷ར་གྱི༷་གཟུ༷གས་ བརྙན་དང་འདྲ༷་བར་དྲི་མ་མཐའ་དག་ལས་རྣམ་པར་གྲོལ་བ་ནི། མི་མཐུན་ཕྱོགས་ལས་རྒྱ༷ལ་ བ༷་རྫོགས་པའི་སངས་རྒྱས་ཉི༵ད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། རྒྱས་བཤད་ལ་གསུམ་ལས། ཡེ་ཤེས་གཉིས་ལས་སྐུ་གཉིས་འབྱུང་ཚུལ་ནི། ཆུ་མཚོ་ སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། ། མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་ པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་ངེས་མཐོང་བ། །དེ་ནི་ རྗེས་ལས་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཞེས་པ་སྟེ། ཆོས་ ཀྱི་དབྱིངས་རང་བཞིན་གྱིས་དག་པ་ཉིད་ཆུ༷་མཚོ༷་རྙོག་པས་དག་པ་དང༌། སོ༷གས་པའི་སྒྲས་ཟླ་ བ་སྒྲ་གཅན་ལས་ཐར་བ་དང༌། ཉི་མ་སྤྲིན་ལས་གྲོལ་བ་བཞི༷ན་དུ། སྡུག་པ་ལ་འདོ༷ད་ཆ༷གས་ པ་དང་། སོ༵གས་པའི་སྒྲས་མི་སྡུག་པ་ལ་ཞེ་སྡང་བ་དང༌། བར་མ་ལ་གཏི་མུག་པ་སྟེ། གློ༷་ བུ༷ར་གྱི་དྲི་མ་ཉོ༷ན་མོ༷ངས་པ་དུག་གསུམ་ལས་ཀྱང་ད༷ག་ནས་སྤངས་པ་ཕུན་སུམ་ཚོགས་པ་ དང་ལྡན་པ་རྣམ་པར་གྲོལ་བའི་སྐུ་ཐོབ་པ༷་ནི༵་རྒྱུ་མང་པོ་ཡོད་ཀྱང་མདོ༷ར་བསྡུས་ན༷། མཉམ་ བཞག་འཇིག་རྟེན་ལས་འདས་པ་རྣམ་པར་མི༷་རྟོ༷ག་པའི་ཡེ༷་ཤེ༷ས་བསྒོམས་པ་ཉིད་ཀྱི༵ས། ཉོན་མོངས་པའི་སྒྲིབ་པ་དང་བྲལ་བའི་འབྲ༷ས་བུ༷་མངོན་སུམ་དུ་གྱུར་པ་ཡི༷ན་པ༷ར་ར༷བ་ཏུ༷་ 5-1-263 བརྗོ༵ད་ཅིང༌། དེ་བཞིན་དུ་རྟོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་རྟེན། སྟོང་པ་ཉིད་ འོད་གསལ་རྣ༷མ་པ༷་ཀུ༷ན་གྱི༷་མཆོ༷ག་དང་ལྡ༷ན་པ༵འི་ས༷ངས་རྒྱ༷ས་ཀྱི་ཆོས་ཀྱི་སྐུ༷་ནི༷་སྐལ་བ་དང་ མཐུན་པར་སོ་སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ངེ༷ས་པར་མཐོ༷ང་བ༵་དེ༷་ནི༷། དེ་ཡི་རྒྱུ་མཐུན་ ཟབ་པ་དང༌། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་པ་ལྟར་རྗེ༷ས་ལ༷ས་ཐོ༷བ་པ༷་འཇིག་རྟེན་པའི༵་ ཡེ༷་ཤེ༷ས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་ཐོས་པ་ལ་སོགས་པ་གོམས་པར་བྱས་པས་ཤེས་ བྱའི་སྒྲིབ་པ་དང་བྲལ་བའི་འབྲ༷ས་བུ༷་མངོན་སུམ་དུ་གྱུར་པ་ཡི༷ན་པ༷ར་ཡང་བསྟ༵ན་ཏོ། །ཞེས་ པ་སྟེ། མདོར་ན་སྒྲིབ་པ་གཉིས་བསལ་བས་སྤངས་རྟོགས་གཉིས་ཐོབ་པ་ནི། ཡེ་ཤེས་གཉིས་ བསྒོམས་པའི་འབྲས་བུའོ་ཞེས་པའི་དོན་ཏོ། ། དུག་གསུམ་སྤངས་པས་དོན་གཉིས་འགྲུབ་ཚུལ་ནི། འདོད་ཆགས་རྡུལ་ནི་ སྤངས་ཕྱིར་དང༌། །གདུལ་བྱ་ཡི་ནི་པདྨ་ལ། །བསམ་གཏན་ཆུ་ནི་འབབ་ ཕྱིར་དེ། །ཆུ་དག་རྫིང་དང་མཚུངས་པ་ཡིན། །ཞེ་སྡང་སྒྲ་གཅན་ལས་ གྲོལ་བས། །སྙིང་རྗེ་བྱམས་ཆེན་འདོ་ཟེར་གྱིས། །འགྲོ་བ་ཁྱབ་པའི་ཕྱིར་ ན་དེ། །དྲི་མེད་ཟླ་བ་ཉ་བ་བཞིན། །གཏི་མུག་སྤྲིན་ཚོགས་ལས་གྲོལ་ བས། །འགྲོ་བར་ཡེ་ཤེས་འདོ་ཟེར་གྱིས། །མུན་པ་སེལ་ཕྱིར་སངས་རྒྱས་ ཉིད། །དེ་ནི་དྲི་མེད་ཉི་མ་བཞིན། །ཞེས་པ་སྟེ། རང་གི་རྒྱུད་ལ་ཁམས་གསུམ་པའི་ རྗེས་སུ་ཆགས་པའི་འདོ༷ད་ཆ༷གས་སེམས་རྙོག་པར་བྱེད་པའི་རྡུ༷ལ་དང་འདྲ་བ་རྣམས་ནི༷་མ་ ལུས་པར་སྤ༷ངས་པའི་ཕྱི༷ར་ད༵ང་གདུ༷ལ་བྱ༷་གཞན་མང་པོ་ཡི༷་ནི༷་རྒྱུད་མེ་ཏོག་པ༷དྨ༷་དང་འདྲ་བ་ ལ༵་ཆོས་བསྟན་པས་བས༷མ་གཏ༷ན་ཏིང་ངེ་འཛིན་གྱི་ཆུ༷་ནི༷་འབ༷བ་ཅིང༌། ཞི་གནས་ལྷག་མཐོང་ གིས་བརླན་པར་བྱེད་པའི་ཕྱི༷ར་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་དེ༵་ནི། ཆུ༷་ད༷ག་པས་ ཡོངས་སུ་གང་ཞིང་པདྨ་མང་པོས་ཁེབས་པའི་རྫི༷ང་བུ་ཡིད་དུ་འོང་བ་ད༷ང་མཚུ༷ངས་པ༷་ཡི༵ན་ 5-1-264 ལ། དེ་བཞིན་དུ་སྦྱར་ཏེ། རང་གི་རྒྱུད་ཡིད་དུ་མི་འོང་བ་ལ་ཀུན་ནས་མནར་སེམས་པའི་ ཞེ༷་སྡ༷ང་གདུག་པ་ཅན་སྒྲ༷་གཅ༷ན་ལྟ་བུའི་སྒྲིབ་པ་ལ༷ས་རྣམ་པར་གྲོ༷ལ་བ༵ས་གཞན་རྒྱུད་ལ་ སྡུག་བསྔལ་དང་བྲལ་བར་འདོད་པའི་སྙི༷ང་རྗེ༷་ཆེན་པོ་དང་ཕན་པ་དང་ཕྲད་པར་འདོད་པའི་ བྱ༷མས་པ་ཆེ༷ན་པོ་འོ༷ད་ཟེ༷ར་དང་འདྲ་བ་རྣམས་ཀྱི༵ས་གདུལ་བྱའི་འགྲོ༷་བ༷་མཐའ་དག་ལ་ཁྱ༷བ་ པར་མཛད་དེ་རྗེས་སུ་འཛིན་པ༷འི་ཕྱི༷ར་ན༷། དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་དེ༵་ནི་ དྲི༷་མ་མེ༷ད་པའི་ཟླ༷་བ༷་ཉ༷་གང་བ༷་གཟའ་ལས་ཐར་པ་ཇི་ལྟ་བ་བཞི༵ན་ཡིན་ཞིང༌། རང་གི་རྒྱུད་ ཁམས་གསུམ་པའི་མི་ཤེས་པ་གཏི༷་མུ༷ག་སྤྲི༷ན་གྱི་ཚོ༷གས་སྟུག་པོ་དང་འདྲ་བའི་སྒྲིབ་པ་ལ༷ས་ རྣམ་པར་གྲོ༷ལ་བ༵ས། གདུལ་བྱའི་འགྲོ༷་བ༷་ཤིན་ཏུ་མང་བར་དེ་དག་གི་རྒྱུད་དང་མཐུན་པར་ ཆོས་བསྟན་པས། ཡེ༷་ཤེ༷ས་ཀྱི་འོ༷ད་ཟེ༷ར་རྣམས་ཀྱི༵ས་མི་ཤེས་པའི་མུ༷ན་པ༷་མཐའ་དག་སེ༷ལ་ བར་མཛད་པའི་ཕྱི༷ར་དོན་གཉིས་མཐར་ཕྱིན་པའི་ས༷ངས་རྒྱ༷ས་ཉི༵ད་དེ༷་ནི༷། དྲི༷་མ་མེ༷ད་ཅིང་ འོད་གསལ་བའི་ཉི༷་མ༷་སྤྲིན་ལས་གྲོལ་བ་ཇི་ལྟ་བ་བཞི༵ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། དྲི་མ་དག་པས་སྙིང་པོ་ཐོབ་ཚུལ་ནི། མི་མཉམ་མཉམ་པའི་ཆོས་ཕྱིར་དང༌། ། དམ་ཆོས་རོ་ནི་སྦྱིན་མཛད་ཕྱིར། །ཤུན་པ་དང་ནི་བྲལ་ཕྱིར་དེ། །བདེ་ གཤེགས་སྦྲང་རྩི་སྙིང་པོ་བཞིན། །དག་ཕྱིར་ཡོན་ཏན་རྫས་ཀྱིས་ནི། ། དབུལ་བ་སེལ་བར་བྱེད་ཕྱིར་དང༌། །རྣམ་གྲོལ་འབྲས་བུ་སྦྱིན་བྱེད་ཕྱིར། ། གསེར་དང་གཏེར་དང་ལྗོན་པ་བཞིན། །རིན་ཆེན་ཆོས་ཀྱི་སྐུ་ཕྱིར་དང༌། ། རྐང་གཉིས་བདག་པོ་མཆོག་ཕྱིར་དང༌། །རིན་ཆེན་གཟུགས་ཀྱི་རྣམ་ པའི་ཕྱིར། །དེ་ནི་རིན་ཆེན་རྒྱལ་གསེར་བཞིན། །ཞེས་པ་སྟེ། གཞན་གང་དང་ ཡང་མི༷་མཉ༷མ་ཞིང་། སངས་རྒྱས་ཁོ་ན་དང་མཉ༷མ་པ༷འི་ཡོན་ཏན་གྱི་ཆོ༷ས་དང་ལྡན་པའི་ ཕྱི༷ར་ད༵ང༌། ད༷མ་པའི་ཆོ༷ས་ཟབ་མོའི་རོ༷་བཅུད་ཕུན་སུམ་ཚོགས་པ་ནི༷་གདུལ་བྱའི་སྐྱེ་བོ་ལ་ 5-1-265 སྦྱི༷ན་པར་མཛ༷ད་པའི་ཕྱི༵ར་དང༌། སྒྲིབ་པ་གཉིས་བག་ཆགས་དང་བཅས་པའི་ཤུ༷ན་པ༷་ད༷ང་ ནི༷་བྲ༷ལ་བའི་ཕྱི༷ར་ན། མཐར་ཕྱིན་པའི་སངས་རྒྱས་དེ༵་ནི་གོ་རིམ་བཞིན་དུ། པདྨ་ལས་འཐོན་ པའི་བདེ༷་བར་གཤེ༷གས་པ་དང༌། སྦྲང་མ་དང་བྲལ་བའི་སྦྲ༷ང་རྩི༷་དང༌། སྦུན་པ་ལས་ཕྱུང་བའི་ འབྲུའི་སྙི༷ང་པོ༷་ཇི་ལྟ་བ་བཞིན་ནོ། །དེ་བཞི༵ན་དུ་སྦྱར་ཏེ། རང་བཞིན་གྱིས་དྲི་མ་མེད་ཅིང་གློ་ བུར་བའི་སྐྱོན་ལས་ཀྱང་རྣམ་པར་ད༷ག་པའི་ཕྱི༷ར་དང༌། ཡོ༷ན་ཏ༷ན་གྱི་ནོར་རྫ༷ས་ཟད་མི་ཤེས་ པ་རྣམས་ཀྱི༷ས་ནི༵་གདུལ་བྱའི་དབུ༷ལ་བ༷་དང་ཕོངས་པ་མཐའ་དག་སེ༷ལ་བ༷ར་བྱེ༷ད་པའི་ཕྱི༷ར་ ད༵ང༌། གདུལ་བྱ་རྣམས་ལ་སྡུག་བསྔལ་ལས་རྣ༷མ་པར་གྲོ༷ལ་བའི་བདེ་ཆེན་གྱིས་འབྲ༷ས་བུ༷་ སྦྱི༷ན་པར་བྱེ༷ད་པའི་ཕྱི༵ར་ན། སྒྲིབ་པ་ལས་གྲོལ་བའི་སངས་རྒྱས་དེ་ནི། མི་གཙང་བས་དག་ པའི་གསེ༷ར་བཟང་པོ་ད༷ང༌། སའི་སྦུབས་ནས་ཐོན་པའི་གཏེ༷ར་ཆེན་པོ་ད༷ང༌། འབྲས་བུ་དང་ བཅས་པའི་ཤིང་ལྗོ༷ན་པ༷་ཇི་ལྟ་བ་བཞི༵ན་ཡིན་ལ། དགོས་འདོད་མ་ལུས་པ་འབྱུང་བའི་རི༷ན་ ཆེ༷ན་ལྟ་བུར་ཡོན་ཏན་ཚད་མེད་པ་དང་ལྡན་པའི་ཆོ༷ས་ཀྱི༷་སྐུ༷་མངོན་སུམ་དུ་གྱུར་པའི་ཕྱི༷ར་ ད༵ང༌། གདུལ་བྱའི་གཙོ་བོ་རྐ༷ང་གཉི༷ས་པ་རྣམས་ཀྱིས་བད༷ག་པོ༷འམ་འདྲེན་པ་མཆོ༷ག་ཏུ་ གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་ཕྱི༷ར་ད༵ང༌། རི༷ན་ཆེ༷ན་གསེར་ལས་བྱས་པའི་ གཟུ༷གས་བརྙན་གྱི༷་རྣམ་པ་ལྟ་བུར་རྣ༷མ་འཕྲུལ་སྣ་ཚོགས་པའི་སྤྲུལ་པའི་སྐུ་སྟོན་པ༷འི་ཕྱི༵ར་ ན། སྐུ་གསུམ་ཡོངས་སུ་རྫོགས་པའི་སངས་རྒྱས་དེ༷་ནི༷་གོས་རུལ་དང་བྲལ་བའི་རི༷ན་ཆེ༷ན་གྱི་ སྐུ་དང༌། མངལ་སྦུབས་དང་བྲལ་བའི་འཁོར་ལོས་བསྒྱུར་བའི་རྒྱ༷ལ་པོ་དང༌། ས་འདམ་དང་ བྲལ་བའི་གསེ༷ར་གྱི་གཟུགས་བརྙན་ཇི་ལྟ་བ་བཞི༵ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། རང་གཞན་གྱི་དོན་གཉིས་ལས་ཀྱི་དོན་ལ། དོན་གཉིས་འགྲུབ་ཚུལ་མདོར་བསྟན་ དང༌། དེའི་དོན་རྒྱས་པར་བཤད་པའོ། །དེ་ལ་མདོར་བསྟན་ནི། ཟག་པ་མེད་ཁྱབ་ འཇིག་མེད་ཆོས་ཅན་ཏེ། །བརྟན་ཞིང་རྟག་པ་འཕོ་བ་མེད་གནས་ཡིན། ། 5-1-266 དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡི། །དབང་པོ་དྲུག་དོན་ ཉམས་སུ་མྱོང་བའི་རྒྱུ། །འབྱུང་མེད་གཟུགས་དོན་ལྟ་དང་གཏམ་བཟང་ ནི། །གཙང་མ་ཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། །དྲི་གཙང་སྣོམ་ དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ཏིང་འཛིན་རེག་བདེ་ཉམས་ མྱོང་དང༌། །རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལ། །རྟོགས་པའི་རྒྱུར་ གྱུར་ཞིབ་མོར་བསམས་པ་ན། །དོན་དམ་བདེ་མཛད་དེ་བཞིན་གཤེགས་ པ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། །ཞེས་པ་ལ། ཟ༷ག་ པ༷་བག་ཆགས་དང་བཅས་པ་ཅུང་ཟད་ཀྱང་མེ༷ད་པའི་སྤངས་པ་མཐར་ཕྱིན་པ་དང༌། ཤེས་བྱ་ ཇི་ལྟ་བ་དང་ཇི་སྙེད་པ་མཐའ་དག་ལ་ཁྱ༷བ་པའི་རྟོགས་པ་མཐར་ཕྱིན་པ་སྟེ། སྤངས་རྟོགས་ ཕུན་སུམ་ཚོགས་པ་དང་ལྡན་པ་དོན་དམ་པའི་སངས་རྒྱས་དེ་ནི། གཏན་དུ་འཇི༷ག་པ་མེ༷ད་ ཅིང་འདུས་མ་བྱས་པའི་ཆོ༷ས་ཅ༷ན་ཡིན་ཏེ༵། རྒ་བ་མེད་པས་བརྟ༷ན་པ་དང༌། ན་བ་མེད་པས་ ཞི༷ང་བ་དང༌། སྐྱེ་བ་མེད་པས་རྟ༷ག་པ༷་དང༌། འཆི་བ་མེད་པས་འཕོ༷་བ༷་མེ༷ད་པ་ཉིད་ཡིན་པའི་ ཕྱིར་རོ། །དེ་ལྟ་བུའི་སངས་རྒྱས་ཐོབ་པས་ནི་རང་གི་དོན་མཐར་ཕྱིན་པར་བྱེད་ལ། དེ་ཉིད་ དཀར་པོའི་ཆོས་ཐམས་ཅད་ཀྱི་གན༷ས་ཡི༵ན་པས་གཞན་གྱི་དོན་མཐར་ཕྱིན་པར་ཡང་བྱེད་དེ། ཆོས་ཉིད་དེ༷་བཞི༷ན་ཉིད་ཀྱི་ངང་དུ་གཤེ༷གས་པ༷འི་སངས་རྒྱས་ནི་འདུས་མ་བྱས་ནམ་མཁ༷ས་ གོ་སྐབས་ཕྱེ་བ་ལས་གཟུགས་མཐོང་བ་ལ་སོགས་པའི་བྱ་བ་འཇུག་པ་ཇི་ལྟ་བ་བཞི༷ན་དུ་ སྐལ་པ་དང་ལྡན་པའི་སྐྱེ་བོ་ད༷མ་པ༷འི༵་དབ༷ང་པོ༷་དྲུ༷ག་མཆོག་ཏུ་གྱུར་པ་ལས། སོ་སོ་དང་ མཐུན་པའི་སྤྱོད་ཡུལ་གྱི་དོ༷ན་ཉ༷མས་སུ༷་མྱོ༷ང་ཞིང་རྟོགས་པར་འགྱུར་བ༷འི་རྒྱུ༵་མཛད་པའི་ཕྱིར་ རོ། །དེ་ཡང་འདི་ལྟར་གདུལ་བྱ་རྣམས་ཀྱི་མིག་གི་དབང་པོ་མཆོག་ཏུ་གྱུར་པས། འབྱུ༷ང་བ་ བཞི་ལས་གྱུར་པ་མེ༷ད་ཅིང་རྡུལ་ཕྲ་རབ་བསགས་པ་མ་ཡིན་ལ། དབང་འབྱོར་བའི་སངས་ 5-1-267 རྒྱས་ཀྱི་གཟུ༷གས་རྣམ་པ་སྣ་ཚོགས་པའི་དོ༷ན་ལ་ལྟ༷་བ་ད༷ང༌། རྣ་བའི་དབང་པོ་མཆོག་ཏུ་གྱུར་ པས་རྟག་ཏུ་མཚན་མ་མེད་ཅིང་ཡང་དག་པ་དམ་པའི་ཆོས་ཀྱི་གཏ༷མ་བཟ༷ང་པོ་ནི༵་འཇིག་རྟེན་ པའི་ཆོས་དང་མ་འདྲེས་པ་གཙ༷ང་མ༷འི་དོན་ལ་ཉ༷ན་པ་ད༷ང༌། སྣའི་དབང་པོ་མཆོག་ཏུ་གྱུར་ པས་བདེ༷་བར་གཤེ༷གས་པའི་ཚུ༷ལ་ཁྲི༷མས་ཀྱི༵་དྲི་ཡིད་དུ་འོང་བ་ནམ་ཡང་ཉེས་པའི་དྲི༷་མས་ མ་གོས་པ་གཙ༷ང་མའི་དོན་ལ་སྣོ༷མ་པ་ད༷ང༌། ལྕེའི་དབང་པོ་མཆོག་ཏུ་གྱུར་པས་འཕ༷གས་པ་ ཆེ༷ན་པོ་རྣམས་ཀྱིས་ལོངས་སྤྱད་པར་བྱ་བ། ད༷མ་པའི་ཆོ༷ས་ཀྱི་རོ༵་མཆོག་བདུད་རྩི་ལྟ་བུའི་ དོན་ལ་མྱོ༷ང་བ་ད༷ང༌། ལུས་ཀྱི་དབང་པོ་མཆོག་ཏུ་གྱུར་པས་ཏི༷ང་ངེ་འཛི༷ན་ཤིན་ཏུ་སྦྱངས་པ་ ལས། བྱུང་བ་ཡང་དག་པའི་རེ༷ག་བྱའི་བདེ༷་བ་ཆེན་པོ་ཟག་པ་མེད་པའི་དོན་ཉ༷མས་སུ་མྱོ༷ང་ བ་ད༵ང༌། ཡིད་ཀྱི་དབང་པོ་མཆོག་ཏུ་གྱུར་པས། ཆོས་ཐམས་ཅད་ཀྱི་གནས་ལུགས་གདོད་མ་ ནས་ར༷ང་གི༷་ངོ༷་བོ༷་ཉི༷ད་ཀྱི༷་ཟ༷བ་ཅིང་རྟོགས་པར་དཀའ་བ༷འི་ཚུ༵ལ་བདག་མེད་པའི་དོན་ལ་ རྟོ༷གས་པ༷་ཁྱད་པར་ཅན་སྐྱེ་བའི༷་རྒྱུ༷ར་གྱུ༷ར་པ་ཡིན་ནོ། །དེ་རྣམས་ཀྱང་ཀུན་རྫོབ་ཏུ་སྐལ་བ་ དང་ལྡན་པ་རྣམས་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་གཟུགས་ཀྱི་སྐུའི་སྣང་བ་འཆར་བ་ཡང་ ཡིན་ལ། དོན་དམ་དུ་མཉམ་པར་གཞག་པ་ན་དབང་པོ་དྲུག་གཞན་དུ་གྱུར་པའི་སྤྱོད་ཡུལ་ དུ། ཆོས་ཀྱི་སྐུའི་སྣང་བ་བསམ་གྱིས་མི་ཁྱབ་པ་འཆར་བ་ཉིད་ཡིན་ཏེ། ཇི་སྐད་དུ། རྒྱན་ ལས། དབང་པོ་ལྔ་ནི་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ལ། །ཡོན་ཏན་བརྒྱ་ ཕྲག་བཅུ་གཉིས་འབྱུང༌། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཡིད་ནི་གཞན་དུ་གྱུར་པ་ན། ། འབྱོར་དང་མཐུན་སྤྱོད་མི་རྟོག་པའི། །ཡེ་ཤེས་ཤིན་ཏུ་དྲི་མེད་ལ། །འབྱོར་པ་དམ་པ་ཐོབ་ པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཆོས་ཉིད་ཀྱི་རིགས་པ་ལ་བརྟེན་ནས་ཞི༷བ་ མོ༷ར་བས༷མས་ཤིང་རྣམ་པར་དཔྱད་པ༷་ན༵། གཞན་དོན་མཐར་ཐུག་པའང་དོ༷ན་ད༷མ་ཟག་པ་ མེད་པའི་བདེ༷་བ་ཆེན་པོ་ཉམས་སུ་མྱོང་བར་མཛ༷ད་པ་ཉིད་ཡིན་ཏེ། དོན་དམ་པའི་དེ༷་བཞི༷ན་ 5-1-268 གཤེ༷གས་པ༷་ནི༵་འདུས་མ་བྱས་ན༷མ་མཁ༷འ་ཇི་ལྟ་བ་བཞི༷ན་དུ༷་སྐྱེ་བ་དང་འཇིག་པ་དང་གནས་ པ་ལ་སོགས་པ་འདུས་བྱས་ཀྱི་རྒྱུ༷་མཚ༷ན་རྣ༷མས་ད༷ང་བྲ༵ལ་ཞིང༌། འགྱུར་བ་མེད་པ་ལྷུན་གྱིས་ གྲུབ་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱའི་དོན་ཏོ། ། རྒྱས་བཤད་ལ་གསུམ་ལས། དོན་གཉིས་འགྲུབ་ཚུལ་རྣམ་དབྱེ་དང་བཅས་པ་མདོར་ བསྟན་ནི། མདོར་ན་ཡེ་ཤེས་གཉིས་པོ་ཡི། །ལས་སུ་འདི་ནི་ཤེས་བྱ་སྟེ། ། གྲོལ་བའི་སྐུ་ནི་རྫོགས་པ་དང༌། །ཆོས་ཀྱི་སྐུ་ནི་སྦྱོང་བའོ། །རྣམ་གྲོལ་ ཆོས་ཀྱི་སྐུ་དག་ནི། །རྣམ་གཉིས་རྣམ་གཅིག་ཤེས་བྱ་སྟེ། །ཟག་པ་མེད་ ཕྱིར་ཁྱབ་པའི་ཕྱིར། །འདུས་མ་བྱས་ཕྱིར་གནས་ཉིད་ཕྱིར། །ཞེས་པ་སྟེ། བྱེད་ ལས་མང་པོ་ཡོད་ཀྱང་མདོ༷ར་བསྡུ་ན༷། སློབ་ལམ་དུ་ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཡེ༷་ ཤེ༷ས་གཉི༷ས་པོ༷་ཟུང་དུ་འབྲེལ་པར་བསྒོམས་པས། བྱ་བའི༵་ལ༷ས་སུ༷་སྐུ་གཉིས་པོ་འདི༷་ནི༷་ འགྲུབ་པར་ཤེ༷ས་པར་བྱ༷་སྟེ༵། དེ་ཡང་མཉམ་གཞག་ཏུ་ཆོས་ཉིད་ཇི་ལྟ་བའི་དོན་ལ་རྣམ་པར་ མི་རྟོག་པའི་ཡེ་ཤེས་གོམས་པ་ལས། གློ་བུར་གྱི་དྲི་མ་ལས་རྣམ་པར་གྲོ༷ལ་བ༷འི་སྐུ༷་སྤངས་པ་ མཐར་ཕྱིན་པ་ནི༷་ཡོངས་སུ་རྫོ༷གས་པར་ཐོབ་པ༷་ད༵ང༌། རྗེས་ཐོབ་ཏུ་ཟབ་པ་དང་རྒྱ་ཆེ་བའི་ ཆོས་ལ་སོགས་པ་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་གོམས་པ་ལས་སྟོབས་ལ་སོགས་པའི་ཡོན་ ཏན་གྱི་རྟེན་དུ་གྱུར་པའི་ཆོ༷ས་ཀྱི༷་སྐུ༷་རྟོགས་པ་མཐར་ཕྱིན་པ་ནི༷་དྲི་མ་ལས་ཡོངས་སུ་སྦྱོ༷ང་ཞིང་ སྦྱངས་པ་ལྟར་དྲི་མ་མེད་པ་མངོན་སུམ་དུ་ཐོབ་པར་འགྱུར་བ༷འོ༵། །དེ་ལ་སྒྲིབ་པ་ལས་རྣ༷མ་ པར་གྲོ༷ལ་བའི་སྐུ་དང༌། ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཆོ༷ས་ཀྱི༷་སྐུ༷་ད༷ག་ནི༵་སོ་སོར་ཟག་པ་མེད་ པ་དང་ཁྱབ་པའི་རྣ༷མ་པ་གཉི༷ས་པོ་རེ་རེ་དང་ལྡན་ཞིང་ཐུན་མོང་དུ་འདུས་མ་བྱས་པའི་རྣ༷མ་ པ་གཅི༷ག་དང་ལྡན་པར་ཤེ༷ས་པར་བྱ༷་སྟེ༵། འདི་ལྟར་རྣམ་པར་གྲོལ་བའི་སྐུ་ནི་ཟ༷ག་པ༷་ཅུང་ ཟད་ཀྱང་མེ༷ད་པའི་སྤངས་པ་དང་ལྡན་པའི་ཕྱི༷ར་དང༌། ཆོས་ཀྱི་སྐུ་ནི་ཤེས་བྱ་མཐའ་དག་ལ་ 5-1-269 ཁྱ༷བ་པ༷འི་རྟོགས་པ་དང་ལྡན་པའི་ཕྱི༷ར་དང་། གཉི་ག་ཡང་རྒྱུ་རྐྱེན་གྱིས་མངོན་པར་འདུ༷ས་མ༷་ བྱ༷ས་པའི་རང་བཞིན་ཅན་ཡིན་པའི་ཕྱི༷ར་རོ། །དེ་དག་གིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་ བསྟན་ཞིང༌། དེ་ཉིད་དཀར་པོའི་ཆོས་ཐམས་ཅད་ཀྱི་གན༷ས་ཉི༷ད་ཡིན་པའི་ཕྱི༵ར། གཞན་གྱི་ དོན་ཕུན་སུམ་ཚོགས་པའང་བྱེད་དོ་ཞེས་བྱ་བའི་དོན་ཏོ། ། རང་དོན་ཕུན་ཚོགས་ཁྱད་པར་དུ་རྒྱས་པར་བཤད་པ་ནི། ཉོན་མོངས་རྣམས་ ནི་བག་ཆགས་དང༌། །བཅས་པ་འགགས་ཕྱིར་ཟག་མེད་དེ། །ཆགས་ མེད་ཐོགས་པ་མེད་པའི་ཕྱིར། །ཡེ་ཤེས་ཁྱབ་པ་ཉིད་དུ་འདོད། །གཏན་ དུ་འཇིག་པ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །འཇིག་ མེད་ཉིད་ནི་བརྟན་པ་སྟེ། །བརྟན་སོགས་རྣམས་ཀྱིས་དེ་བཤད་དོ། ། འཇིག་པ་རྣམ་བཞིར་ཤེས་བྱ་སྟེ། །བརྟན་སོགས་དག་ལས་བཟློག་ཕྱིར་ རོ། །མྱགས་དང་རྣམ་འགྱུར་ཆད་པ་དང༌། །བསམ་མི་ཁྱབ་འགྱུར་འཕོ་ བ་སྟེ། །དེ་མེད་ཕྱིར་ན་བརྟན་ཞི་དང༌། །རྟག་དང་འཕོ་མེད་ཤེས་པར་བྱ། ། ཞེས་པ་ལ། གློ་བུར་གྱི་ཉོ༷ན་མོ༷ངས་རྣ༷མས་ནི༷་བ༷ག་ཆ༷གས་ད༵ང་བཅ༷ས་པ༷་མ་ལུས་པར་རྩ་བ་ ནས་འག༷གས་ཤིང་སྤངས་པའི་ཕྱི༷ར་རྣམ་པར་གྲོལ་བའི་སྐུ་ནི་ཟ༷ག་པ་མེ༷ད་པའི་རྣམ་པ་དང་ ལྡན་པ་ཡིན་ཏེ། དེ༵་བཞིན་དུ་ཇི་ལྟ་བ་མཁྱེན་པ་ནི་ཕྱིན་ཅི་ལོག་ཟད་པས། ཡུལ་ལ་ཆ༷གས་པ་ མེ༷ད་པའི་ཕྱིར་དང་ཇི་སྙེད་པ་མཁྱེན་པའི་རྣམ་པ་ཐམས་ཅད་མངོན་སུམ་དུ་གྱུར་པས། ཡུལ་ ལ་ཐོ༷གས་པ༷་མེ༷ད་པ༷འི་ཕྱི༵ར་ན་ཆོས་ཀྱི་སྐུ་ནི། ཡེ༷་ཤེ༷ས་ཀྱི་རྟོགས་པས་ཤེས་བྱ་མཐའ་དག་ ལ་ཁྱ༷བ་པ༷འི་རྣམ་པ་དང་ལྡན་པ་ཉི༷ད་དུ༷་འདོ༵ད་ཅིང༌། གཉི་གའང་གཏ༷ན་དུ༷་འཇི༷ག་པའམ་ འགྱུར་བ་མེ༷ད་པ༷འི༵་ར༷ང་བཞི༷ན་ཅན་ཡི༷ན་པའི་ཕྱི༷ར་རྒྱུ་རྐྱེན་གྱིས་མངོན་པར་འདུ༷ས་མ༷་བྱ༵ས་ པའི་རྣམ་པ་དང་ལྡན་པ་ཡིན་ནོ། །དེ་ལ་འཇི༷ག་པ་མེ༷ད་པ་ཉི༷ད་ནི༷་འདུས་མ་བྱས་ཀྱི་རྒྱུ་མཚན་ 5-1-270 མདོར་བསྟ༷ན་པ༷་སྟེ༵། བརྟ༷ན་པ་དང་སོ༷གས་པའི་སྒྲས་ཞི་བ་དང་རྟག་པ་དང་འཕོ་བ་མེད་པ་ རྣ༷མ་ཀྱི༷ས་ནི་འཇིག་མེད་དེ༷་རྒྱས་པར་བཤ༷ད་པ་ཉིད་དོ༵། །དེའང་བཟློག་ཕྱོགས་ངོས་གཟུང་ ནས་འཆད་པས་འདུས་བྱས་ཀྱི་དངོས་པོ་རྣམས་ལ་འཇི༷ག་པ༷འི་ཚུལ་རྣ༷མ་པ་བཞི༷ར་ཤེ༷ས་ པར་བྱ༷་སྟེ༵། བརྟ༷ན་པ་ལས་བཟློག་སྟེ་མི་བརྟན་པ་དང༌། སོ༷གས་པའི་སྒྲས་ཞི་བ་ད༷ག་ལ༷ས་ བཟློ༷ག་སྟེ་མ་ཞི་བ་དང༌། རྟག་པ་ལས་བཟློག་སྟེ་མི་རྟག་པ་དང༌། འཕོ་བ་མེད་པ་ལས་བཟློག་ སྟེ་འཕོ་བ་རྣམས་ཡོད་པའི་ཕྱི༷ར་རོ༵། །བཞི་པོ་དག་གང་ཞེ་ན། འདུ་བྱེད་ཡོངས་སུ་སྨིན་ཞིང་ རུལ་ནས་མྱ༷གས་པའི་རྒས་པ་ད༷ང༌། ཁམས་རྣ༷མ་པར་འགྱུ༷ར་ནས་སྡུག་བསྔལ་བའི་ན་བ་ དང༌། སྲིད་པ་སྔ་མ་ཆ༷ད་ཅིང་ཕྱི་མ་འགྲུབ་པའི་སྐྱེ་བ༷་ད༵ང༌། བས༷མ་གྱིས་མི༷་ཁྱ༷བ་ཅིང་རྣམ་པ་ སྣ་ཚོགས་པར་འགྱུ༷ར་བའི་འཆི་འཕོ༷་བ༷་སྟེ༵་བཞིའོ། །རྣམ་པར་གྲོལ་བ་དང་ཆོས་ཀྱི་སྐུ་ལ་ནི་ འཇིག་པ་བཞི་པོ་དེ༷་རྣམས་མེ༷ད་པའི་ཕྱི༷ར་ན༷་རིམ་པ་ལྟར་དགའ་བ་མེད་པས་བརྟ༷ན་པ་དང༌། ན་བ་མེད་པས་ཞི༷་བ་ད༵ང༌། སྐྱེ་བ་མེད་པས་རྟ༷ག་པ་ད༷ང༌། འཆི་བ་མེད་པས་འཕོ༷་བ་མེ༷ད་པར་ ཤེ༷ས་པ༷ར་བྱ༵འོ་ཞེས་པའི་དོན་ཏོ། ། གཞན་དོན་ཕུན་ཚོགས་ཁྱད་པར་དུ་རྒྱས་པར་བཤད་པ་ནི། དྲི་མེད་ཤེས་དེ་དཀར་ པོ་ཡི། །ཆོས་ཀྱི་རྟེན་ཡིན་ཕྱིར་ན་གནས། །ཇི་ལྟར་རྒྱུ་མིན་ནམ་མཁའ་ ནི། །གཟུགས་མཐོང་བ་དང་སྒྲ་དང་དྲི། །རོ་དང་རེག་དང་ཆོས་རྣམས་ ནི། །ཐོས་ལ་སོགས་པའི་རྒྱུ་ཡིན་ལྟར། །དེ་བཞིན་སྐུ་གཉིས་སྒྲིབ་མེད་ པའི། །སྦྱོར་བ་བརྟན་པའི་དབང་དོན་ལ། །ཟག་པ་མེད་པའི་ཡོན་ཏན་ དག །སྐྱེ་བ་ཡི་ནི་རྒྱུ་ཡིན་ནོ། །ཞེས་པ་སྟེ། དེ་ལྟར་ན་དྲི༷་མ་མེ༷ད་པའི་སྤངས་པ་དང༌། ཡེ་ཤེ༷ས་མངོན་དུ་གྱུར་པའི་རྟོགས་པ་དེ༷་དག་ནི། གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཀྱི་ རྒྱུད་ལ་དཀ༷ར་པོ༷་དགེ་བའི༵་ཆོ༷ས་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི༷་འབྱུང་བའི་རྟེ༷ན་ནམ་གཞི་ 5-1-271 ཡི༷ན་པའི་ཕྱི༷ར་ན༷་གཞན་དོན་ཕུན་སུམ་ཚོགས་པའི་གན༵ས་ཀྱང་ཡིན་ནོ། །དེ་ཡང་དཔེ་ཇི༷་ ལྟར༷་ན་སྐྱེད་བྱེད་ཀྱི་རྒྱུ༷་མི༷ན་ཞིང་གཟུགས་སོགས་ཀྱི་མཚན་མ་མེད་པའི་ན༷མ་མཁ༷འ་ནི༵་མིག་ གི་དབང་པོས་གཟུ༷གས་མཐོ༷ང་བ༷་ད༷ང་སྒྲ༷་ད༷ང་དྲི༵་དང་རོ༷་ད༷ང་རེ༷ག་བྱ་ད༷ང་ཆོ༷ས་རྣ༷མས་ནི༵་ རིམ་པ་བཞིན་རྣ་བར་ཐོ༷ས་པ་དང༌། ལ༷་སོ༷གས་པ༷འི་སྒྲས་སྣས་ཚོལ་བ་དང་། ལྕེས་མྱོང་བ་ དང༌། ལུས་ཀྱིས་རེག་པ་དང༌། ཡིད་ཀྱིས་རྟོགས་པའི་གོ་འབྱེད་པའི་སྒོ་ནས་རྒྱུ༷་ཡི༷ན་པར་ནི་ འཇོག་པ་ལྟ༵ར། དོན་དེ༷་བཞི༷ན་དུ་སངས་རྒྱས་ཀྱི་སྐུ༷་གཉི༷ས་པོ་མཐོང་བ་ལ་སྒྲི༷བ་པ་མེ༷ད་པར་ གྱུར་པ༷འི་སྦྱོ༷ར་བ༷་ལམ་ཉམས་སུ་བླངས་པ་ལས་བརྟ༷ན་པ་རྒྱལ་བ༷འི་སྲས་སྐལ་པ་དང་ལྡན་ པ་རྣམས་ཀྱི་དབ༷ང་པོ་དྲུག་མཆོག་ཏུ་གྱུར་པའི་སྤྱོད་ཡུལ་གྱི་དོ༷ན་ལ༵་ཀུན་རྫོབ་ཏུ་གཟུགས་ཀྱི་ སྐུ་མཐོང་བ་ལ་སོགས་པའི་དབང་གིས་མཚན་དང་དཔེ་བྱད་ལ་སོགས་པ་ཟ༷ག་པ༷་མེ༷ད་པ༷འི་ ཡོ༷ན་ཏ༷ན་སྐྱེ་བའི་རྒྱུ་བྱེད་ཅིང༌། དོན་དམ་དུ་ཆོས་ཀྱི་སྐུ་མཐོང་བ་ལ་སོགས་པས་སྟོབས་དང་ མི་འཇིགས་པ་ལ་སོགས་པའི་ཟག་པ་མེད་པའི་ཡོན་ཏན་མཐའ་ཡས་པ་ད༵ག་མངོན་སུམ་དུ་ སྐྱེ༷་བ༷་ཡི༷་ནི༷་རྒྱུ༷་བྱེད་པ་ཡི༷ན་ནོ༵་ཞེས་པའི་དོན་ཏོ། ། དེ་ཡི་རྟེན་ཡོན་ཏན་ལྡན་པའི་དོན་ལ། བྲལ་འབྲས་ཀྱི་ཡོན་ཏན་དང་སྨིན་འབྲས་ཀྱི་ཡོན་ ཏན་གཉིས་ལས། འདིར་ནི་བྲལ་འབྲས་ཀྱི་ཡོན་ཏན་དང་ལྡན་པའི་དོན་འཆད་དེ། ཇི་སྐད་ དུ། སངས་རྒྱས་ནམ་མཁའི་མཚན་ཉིད་དེ། །ཞེས་པ་ལ་སོགས་པས། དེ་བཞིན་གཤེགས་ པ་རྣམས་ནི་དོན་དམ་པའི་ཡོན་ཏན་དང་ལྡན་པར་གསུངས་པའི་ཕྱིར་རོ། །སྨིན་འབྲས་ཀྱི་ ཡོན་ཏན་རྣམས་ནི་དོན་དམ་པའི་ཡོན་ཏན་མ་ཡིན་ཏེ། གང་གི་ཕྱིར་གལ་ཏེ་སྐྱེས་བུ་ཆེན་པོའི་ མཚན་སུམ་ཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པ་ལྟ་བར་འགྱུར་ན་ནི། དེས་ན་འཁོར་ལོས་ བསྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། ། དེ་ལ་མིང་གི་རྣམ་གྲངས་མདོར་བསྟན་དང༌། རྒྱུ་མཚན་རྒྱས་པར་བཤད་པ་གཉིས་ལས། 5-1-272 མདོར་བསྟན་ནི། བསམ་མེད་རྟག་བརྟན་ཞི་བ་གཡུང་དྲུང་ཉིད། །རབ་ཏུ་ ཞི་ཁྱབ་རྟོག་བྲལ་ནམ་མཁའ་བཞིན། །ཆགས་མེད་ཀུན་ཏུ་ཐོགས་མེད་ རྩུབ་རེག་སྤངས། །བལྟར་བཟུང་མེད་དགེ་དྲི་མེད་སངས་རྒྱས་ཉིད། །ཅེས་ པ་སྟེ། ཐོས་པ་ལ་སོགས་པས་བས༷མ་དུ་མེ༷ད་པ་ཉིད་དང༌། སྐྱེ་བ་མེད་པས་རྟ༷ག་པ་དང་། རྒ་ བ་མེད་པས་བརྟ༷ན་པ་དང་། ན་བ་མེད་པས་ཞི༷་བ༷་དང༌། འཆི་བ་མེད་པས་གཡུ༷ང་དྲུ༷ང་ཉི༵ད་ དང༌། སྡུག་བསྔལ་མེད་པས་ར༷བ་ཏུ༷་ཞི༷་བ་དང༌། ཇི་སྙེད་པ་མཁྱེན་པས་ཤེས་བྱ་ལ་ཁྱ༷བ་པ་ དང༌། ཇི་ལྟ་བ་མཁྱེན་པས་རྟོ༷ག་པ་དང་བྲ༷ལ་བ་དང༌། ཉོན་མོངས་པའི་སྒྲིབ་པ་སྤངས་པས་ ན༷མ་མཁ༷འ་བཞི༵ན་དུ་ཆ༷གས་པ་མེ༷ད་པ་དང༌། ཤེས་བྱའི་སྒྲིབ་པ་སྤངས་པས་ཡུལ་དུས་ཀུ༷ན་ ཏུ༷་ཐོ༷གས་པ་མེ༷ད་པ་དང༌། སྙོམས་འཇུག་གི་སྒྲིབ་པ་སྤངས་པས་རྩུ༷བ་པའི་རེ༷ག་བྱ་སྤ༵ངས་པ་ ཉིད་དང༌། གཟུགས་དང་བྲལ་བས་བལྟར༷་མེད་པ་དང༌། མཚན་མ་དང་བྲལ་བས་བཟུ༷ང་དུ་ མེ༷ད་པ་དང༌། རང་བཞིན་གྱིས་དག་པས་དགེ༷་བ་དང༌། གློ་བུར་བས་དག་པས་དྲི༷་མ་མེ༷ད་པ་ ཉིད་དེ། དོན་དམ་པའི་ཡོན་ཏན་གྱི་རྣམ་གྲངས་བཅོ་ལྔ་དང་ལྡན་པ་དེ་ནི། བྱང་ཆུབ་ཆེན་པོ་ ཐོབ་པའི་ས༷ངས་རྒྱ༷ས་ཉི༵ད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། རྒྱས་བཤད་ལ། ཡོན་ཏན་དེ་དག་གང་ལ་ལྡན་ཚུལ་དང༌། ལྡན་པའི་ཡོན་ཏན་ངེས་ པར་བྱ་བའོ། །དེ་ལ་ལྡན་ཚུལ་ནི། རྣམ་གྲོལ་ཆོས་ཀྱི་སྐུ་དག་གིས། །རང་དང་ གཞན་གྱི་དོན་བསྟན་ཏེ། །རང་གཞན་དོན་རྟེན་དེ་ལ་ནི། །བསམ་མི་ ཁྱབ་སོགས་ཡོན་ཏན་ལྡན། །ཞེས་པ་ལ། སྤངས་པ་དང་རྟོགས་པའི་བདག་ཉིད་ རྣ༷མ་པར་གྲོ༷ལ་བའི་སྐུ་དང་ཆོ༷ས་ཀྱི༷་སྐུ༷་གཉིས་པོ་ད༷ག་གི༵ས་ར༷ང་གི་དོན་ད༷ང་གཞ༷ན་གྱི༷་དོ༷ན་ ཕུན་སུམ་ཚོགས་པ་འགྲུབ་པ་བསྟ༷ན་ཏེ༵། སྤང་བྱའི་འཆིང་བ་མཐའ་དག་ལས་རྣམ་པར་གྲོལ་ བས་ར༷ང་གི་དོན་འགྲུབ་ཅིང༌། རྟོགས་པ་ཆོས་སྐུའི་ཡོན་ཏན་ལ་བརྟེན་པའི་འཕྲིན་ལས་ཀྱིས་ 5-1-273 གཞ༷ན་གྱི་དོ༷ན་འགྲུབ་པའི་ཕྱིར་རོ། །དེ་ལྟར་རང་གི་དོན་དང་གཞན་གྱིས་དོན་གཉི་ག་འགྲུབ་ པའི་རྟེ༷ན་དུ་གྱུར་པའི་སྐུ་གཉིས་པོ་དེ༷་ལ༷་ནི༵་བློས་བས༷མ་གྱིས་མི༷་ཁྱ༷བ་པ་ལ་སོ༷གས་པའི་ ཡོ༷ན་ཏ༷ན་གྱི་ཆོས་བཅོ་ལྔ་དང་ལྡ༵ན་པར་ཤེས་པར་བྱའོ་ཞེས་པའི་དོན་ཏོ། ། ཡོན་ཏན་ལ། ཟབ་པའི་རྒྱུ་མཚན་རྒྱས་པར་བཤད་པ་དང༌། ཕྱི་མ་རྣམས་ཀྱི་རྒྱུ་མཚན་ བཤད་པའོ། །ཟབ་པ་ལ་གསུམ་ལས། བསམ་མི་ཁྱབ་ཚུལ་སྤྱིར་བསྟན་ནི། ཐམས་ཅད་ མཁྱེན་པའི་ཡེ་ཤེས་ཡུལ། །སངས་རྒྱས་ཤེས་གསུམ་ཡུལ་མིན་ཕྱིར། །ཡེ་ ཤེས་ལུས་ཅན་རྣམས་ཀྱིས་ནི། །བསམ་མི་ཁྱབ་པར་རྟོགས་པར་བྱ། །ཞེས་ པ་སྟེ། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དེ་ཐ༷མས་ཅ༷ད་མཁྱེ༷ན་པ༷འི་ཡེ༷་ཤེ༷ས་ཁོ་ནའི་སྤྱོད་ཡུ༵ལ་ དུ་གྱུར་པ་ཡིན་ཞིང་། དོན་དམ་པའི་ས༷ངས་རྒྱ༷ས་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེ༷ས་ རབ་གསུ༷མ་གྱི་སྤྱོད་ཡུ༷ལ་མི༷ན་པའི་ཕྱི༵ར་ན། མཐར་ཐུག་པ་ཡེ༷་ཤེ༷ས་ཀྱི་སྐུ་དེ། སངས་རྒྱས་ ལུ༷ས་གཞན་པའི་ལུས་ཅ༷ན་རྣ༷མས་ཀྱི༷ས་ནི༵་འདིའོ་ཞེས་ཇི་ལྟ་བ་བཞིན་དུ་བས༷མ་གྱིས་མི༷་ ཁྱ༷བ་པའི་ཡོན་ཏན་ལྡན་པ༷ར་རྟོ༷གས་པ༷ར་བྱ༵འོ་ཞེས་པའི་དོན་ཏོ། ། ཁྱད་པར་རྒྱས་པར་བཤད་པ་ནི། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་ པ་ལ་སོགས་ཡུལ་མ་ཡིན། །ཞེས་པ་སྟེ། ཤེས་རབ་གསུམ་གྱི་སྤྱོད་ཡུལ་མ་ཡིན་པའི་ ཚུལ་ཅི་ལྟར་ཞེ་ན། དོན་དམ་པའི་སངས་རྒྱས་དེ་ནི་ཤིན་ཏུ་ཆེས་ཕྲ༷་ཞིང་རྟོགས་པར་དཀའ་ བའི་ཕྱི༷ར་ན་ཐོ༷ས་པ༷་ལས་བྱུང་བའི༷་ཤེས་རབ་ཀྱི་སྤྱོད་ཡུ༷ལ་དུ་གྱུར་པ་མི༷ན་ཏེ༵། དེ་བཞིན་ དུ་དོ༷ན་ད༷མ་པའི་བདེན་པ་སོ་སོ་རང་རིག་ཡེ་ཤེས་ཀྱི་རྟོགས་པར་བྱ་བ་ཡི༷ན་པའི་ཕྱི༷ར་ན། བས༷མ་པ༷་ལས་བྱུང་བའི༷་ཤེས་རབ་ཀྱིའང་སྤྱོད་ཡུལ་མི༵ན་ཞིང༌། ཆོ༷ས་ཉི༷ད་དེ་བཞིན་ཉིད་ ཟ༷བ་ཅིང་གཏིང་དཔག་དཀའ་བ་མཐར་ཐུག་པ་ཡིན་པའི་ཕྱི༷ར་ན། འཇི༷ག་རྟེ༷ན་པ༵འི་སྒོ༷མ་པ༷་ 5-1-274 ལས་བྱུང་བའི་ཤེས་རབ་ལ༷་སོ༷གས་པ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་སྤྱོད་ཡུ༷ལ་དུ་གྱུར་པ་ མ༷་ཡི༵ན་ནོ་ཞེས་བྱ་བའི་དོན་ཏོ། ། རྒྱུ་མཚན་དཔེ་དང་སྦྱར་བ་ནི། གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། ། བྱིས་པས་དེ་སྔོན་མཐོང་མ་མྱོང༌། །བཙས་པའི་ཁྱིམ་གནས་བུ་ཆུང་ གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང༌། །ཞེས་པ་སྟེ། དེ་ལྟར་ སངས་རྒྱས་དེ་ཕལ་པ་རྣམས་ཀྱིས་རྟོགས་པར་དཀའ་བའི་རྒྱུ་མཚན་ག༷ང་གི་ཕྱི༷ར་སྙམ་ན། ཁ་ དོག་དང་དབྱིབས་ལ་སོགས་པའི་གཟུ༷གས་སྣ་ཚོགས་པ་ལ༷་དམུ༷ས་ལོ༷ང་རྣམས་ཀྱིས་སྔར་ ཅུང་ཟད་ཀྱང་མཐོང་མ་མྱོང་བ་ཇི་ལྟ་བ་བཞི༵ན་དུ། བྱི༷ས་པ་སོ་སོའི་སྐྱེ་བོ་མ་ལུས་པ༷ས་དྲི་མ་ མེད་པའི༷་དེ༷་བཞིན་ཉིད་དེ། སྔོ༷ན་ཅུང་ཟད་ཀྱང་མངོན་སུམ་དུ་མཐོ༷ང་མ༷་མྱོ༵ང་བའི་ཕྱིར་དང༌། བཙ༷ས་མ་ཐག་པ༷འི་ཁྱི༷མ་ན་གན༷ས་པའི་བུ༷་ཆུ༷ང་གི༵ས་ཉི༷་མ༷འི་འོད་ཀྱི་གཟུ༷གས་ཅུང་ཟད་ མཐོང་ཡང་། ཡོངས་སུ་རྫོགས་པར་བལྟ་མི་ནུས་པ་བཞི༷ན་དུ། རྒྱལ་སྲས་འཕ༷གས་པ་ས་བཅུ་ ལ་གནས་པ༷ས་ཀྱ༵ང་ཆོས་ཀྱི་སྐུ་ཅུང་ཟད་མངོན་སུམ་དུ་མཐོང་ཡང་། ཡོངས་སུ་རྫོགས་པར་ མངོན་སུམ་དུ་བལྟ་མི་ནུས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། ། ཕྱི་མ་རྣམས་ཀྱི་རྒྱུ་མཚན་ལ་གསུམ་ལས། མི་འགྱུར་བའི་ཡོན་ཏན་ནི། སྐྱེ་དང་བྲལ་ ཕྱིར་རྟག་པ་སྟེ། །འགག་པ་མེད་ཕྱིར་བརྟན་པ་ཡིན། །གཉིས་མེད་ཕྱིར་ དེ་ཞི་བ་སྟེ། །གཡུང་དྲུང་ཆོས་ཉིད་གནས་ཕྱིར་རོ། །ཞེས་པ་ལ། དྲི་མ་མེད་པའི་ སངས་རྒྱས་དེ་གདོད་མ་ནས་རྒྱུ་རྐྱེན་ལས་སྐྱེ༷་བ་ད༷ང་བྲ༷ལ་བའི་ཕྱི༷ར། རྟ༷ག་པའི་ཡོན་ཏན་དང་ ལྡན་པ༷་སྟེ༵། གང་ལ་སྐྱེ་བ་མེད་པ་དེ་ལ་འག༷ག་པ༷་མེ༷ད་པའི་ཕྱི༷ར་ན། བརྟ༷ན་པ༷འི་ཡོན་ཏན་ དང་ལྡན་པ་ཡི༵ན་ཞིང༌། སྐྱེ་བ་དང་འགག་པ་གཉི༷ས་ཀྱིས་མ་ཞི་བར་བྱེད་པ་མེ༷ད་པའི་ཕྱི༷ར། སངས་རྒྱས་དེ༷་ཞི༷་བ༷འི་ཡོན་ཏན་དང་ལྡན་པ་སྟེ༵། དེ་བས་ན་གཡུ༷ང་དྲུ༷ང་གི་ཡོན་ཏན་དང་ཡང་ 5-1-275 ལྡན་པ་ཡིན་ཏེ། ཆོ༷ས་ཉི༷ད་རང་བཞིན་གྱིས་མྱ་ངན་ལས་འདས་པ་གདོད་མ་ནས་གན༷ས་ཤིང་ འགྱུར་བ་མེད་པ་ཉིད་ཀྱི་ཕྱི༷ར་རོ༵་ཞེས་བྱ་བའི་དོན་ཏོ། །དེ་ཡང་གློ་བུར་གྱི་དྲི་མའི་ངོ་བོ་ཉིད་ མེད་པའི་རྒྱུ་མཚན་གྱིས་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་རྣམས་འགྲུབ་པར་ཤེས་པར་བྱ་ སྟེ། རྒྱན་ལས། ཕྱི་མ་ཕྱི་མའི་རྟེན་ཡིན་པས། །ངོ་བོ་ཉིད་ནི་མེད་པ་ཡིས། །སྐྱེ་མེད་འགག་མེད་ གཟོད་ནས་ཞི། །རང་བཞིན་མྱ་ངན་འདས་པ་གྲུབ། །ཅེས་གསུངས་པ་ལྟར་རོ། ། སྤངས་རྟོགས་ཀྱི་ཡོན་ཏན་ནི། རབ་ཞི་འགོག་པའི་བདེན་པའི་ཕྱིར། ། ཐམས་ཅད་རྟོགས་ཕྱིར་ཁྱབ་པ་ཉིད། །གནས་པ་མེད་ཕྱིར་རྟོག་མེད་དེ། ། ཉོན་མོངས་སྤངས་ཕྱིར་ཆགས་པ་མེད། །ཤེས་བྱའི་སྒྲིབ་ཀུན་དག་པའི་ ཕྱིར། །ཐམས་ཅད་དུ་ནི་ཐོགས་པ་མེད། །འཇམ་ཞིང་ལས་སུ་རུང་བའི་ ཕྱིར། །རྩུབ་པའི་རེག་དང་བྲལ་བ་ཡིན། །ཞེས་པ་ལ། སངས་རྒྱས་དེ་སྡུག་བསྔལ་ ཐམས་ཅད་ར༷བ་ཏུ་ཞི༷་བའི་བདེ་བ་ཆེན་པོའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། སྤང་བྱ་མ་ལུས་ པ་འགགས་པའི་འགོ༷ག་པ༷འི་བདེ༷ན་པ་མཐར་ཐུག་པ་མངོན་སུམ་དུ་གྱུར་པ༷འི་ཕྱི༵ར་རོ། །དེ་ བཞིན་དུ་ཤེས་བྱའི་རྣམ་པ་ཐ༷མས་ཅ༷ད་མངོན་སུམ་དུ་རྟོ༷གས་པའི་ཕྱི༷ར་ན། ཇི་སྙེད་པ་མཁྱེན་ པ་ཤེས་བྱ་མཐའ་དག་ལ་ཁྱ༷བ་པའི་ཡོན་ཏན་དང་ལྡན་པ༷་ཉི༵ད་ཡིན་ཞིང༌། དམིགས་པ་དང་ མཚན་མ་གང་ལ་ཡང་གན༷ས་པ༷་མེ༷ད་པའི་ཕྱི༷ར་ན། ཇི་ལྟ་བ་མཁྱེན་པ་རྟོ༷ག་པ་མེ༷ད་པའི་ཡོན་ ཏན་དང་ལྡན་པ་ཡིན་ཏེ། དེ༵་དག་ནི་བདེ་བ་དང་རྟོགས་པའི་ཁྱད་པར་རོ། །གཞན་ཡང་ཐར་ པའི་གེགས་ཉོ༷ན་མོ༷ངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤ༷ངས་པའི་ཕྱི༷ར། ཇི་ལྟ་བའི་ དོན་ལ་ཆ༷གས་པ༷་མེ༵ད་པའི་ཡོན་ཏན་དང༌། ཐམས་ཅད་མཁྱེན་པའི་གེགས་ཤེ༷ས་བྱ༷འི་སྒྲི༷བ་ པ་ཀུ༷ན་མ་ལུས་པ་རྣམ་པར་ད༷ག་པ༷འི་ཕྱི༵ར། ཇི་སྙེད་པའི་དོན་ལ་ཐ༷མས་ཅ༷ད་དུ༷་ནི༷་ཐོ༷གས་ པ༷་མེ༵ད་པའི་ཡོན་ཏན་དང༌། བྱིང་རྒོད་ལ་སོགས་པ་སྙོམས་འཇུག་གི་སྒྲིབ་པ་མེད་པས་ལུས་ 5-1-276 སེམས་འཇ༷མ་ཞི༷ང་། ཏིང་ངེ་འཛིན་ལ་ལ༷ས་སུ༷་རུ༷ང་བ༷འི་ཕྱི༵ར། རྩུ༷བ་པ༷འི་རེ༷ག་བྱ་ད༷ང་བྲ༷ལ་ བའི་ཡོན་ཏན་དང་ལྡན་པ༷་ཡི༵ན་ཏེ། དེ་དག་ནི་སྤངས་པའི་ཁྱད་པར་རོ་ཞེས་བྱ་བའི་དོན་ཏོ། ། དག་པའི་ཡོན་ཏན་ནི། དེ་གཟུགས་མེད་ཕྱིར་བལྟར་མེད་དེ། །མཚན་མ་ མེད་ཕྱིར་གཟུང་དུ་མེད། །དགེ་བ་རང་བཞིན་དག་པའི་ཕྱིར། །དྲི་མེད་དྲི་ མ་སྤངས་ཕྱིར་རོ། །ཞེས་པ་སྟེ། དོན་དམ་པའི་སངས་རྒྱས་དེ༷་རྡུལ་ཕྲ་རབ་བསགས་པའི་ གཟུ༷གས་མེ༷ད་ཅིང༌། འདུས་བྱས་ཀྱི་ཆོས་ལས་རྣམ་པར་དག་པའི་ཕྱི༷ར་ཐ་མལ་པའི་དབང་ པོས་བལྟར༷་མེ༷ད་པའི་ཡོན་ཏན་དང་ལྡན་པ་ཉིད་ཡིན་ཏེ། དེ༵་བཞིན་དུ་གཏན་ཚིགས་ལ་ སོགས་པའི་མཚ༷ན་མ༷་མེ༷ད་ཅིང་རྣམ་ཤེས་ཀྱི་ཆོས་ལས་རྣམ་པར་དག་པའི་ཕྱི༷ར་ཐ་མལ་པའི་ བློས་བཟུ༷ང་དུ༷་མེ༵ད་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། དོན་དམ་པའི་དགེ༷་བ༷འི་ཡོན་ཏན་ དང་ལྡན་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ར༷ང་བཞི༷ན་གྱིས་རྣམ་པར་ད༷ག་པ་དང་ལྡན་པ༷འི་ཕྱི༵ར་ དང༌། ཤིན་ཏུ་དྲི༷་མ་མེ༷ད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། གློ་བུར་གྱི་དྲི༷་མ༷་བག་ཆགས་དང་ བཅས་པ་མ་ལུས་པ་སྤ༷ངས་ནས་རྣམ་པར་དག་པའི་ཕྱི༷ར་རོ༵་ཞེས་བྱ་བའི་དོན་ནོ། ། སྐུ་གསུམ་གྱི་དབྱེ་བས་འཇུག་པའི་དོན་ནི། དེ་བཞིན་གཤེགས་པ་རྣམས་ནམ་མཁའ་ལྟ་ བུར་འདུས་མ་བྱས་པའི་ཡོན་ཏན་རྣམས་དང་རྣམ་པར་དབྱེར་མེད་པས་སྲིད་པ་ཇི་སྲིད་པར་ བསམ་གྱིས་མི་ཁྱབ་པའི་ཐབས་ལ་མཁས་པ་དང་ཐུགས་རྗེ་ཆེན་པོ་དང་ཡེ་ཤེས་ཀྱི་ཡོངས་སུ་ སྦྱོང་བས་མཐའ་ཡས་པའི་འགྲོ་བ་རྣམས་ལ་ཕན་པ་དང་བདེ་བ་སྒྲུབ་པའི་རྒྱུར་དྲི་མ་མེད་པའི་ སྐུ་གསུམ་གྱིས་རྒྱུན་མི་འཆད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པ་སྟེ། དེ་ལ་མཚན་ཉིད་ཀྱི་རྣམ་ གྲངས་མདོར་བསྟན་དང༌། དེའི་དོན་རྒྱས་པར་བཤད་པའོ། ། མདོར་བསྟན་ལ་གསུམ་ལས། ངོ་བོ་ཉིད་ཀྱི་སྐུ་ནི། ཐོག་མ་དབུས་མཐའ་མེད་ ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། ། 5-1-277 ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་ པའི་རྣལ་འབྱོར་པ་ཡིས་མཐོང ༌། །གཞལ་མེད་གངྒཱའི་བྱེ་མ་ལས་འདས་ པ། །བསམ་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན། །དེ་བཞིན་ གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་ རྣམས་སྤངས་པའོ། །ཞེས་པའི་མཚན་ཉིད་ལྔ་དང་ལྡན་པ་སྟེ། དེའང་ཐོ༷ག་མ༷་སྐྱེ་བ་ དང་དབུ༷ས་སུ་གནས་པ་དང་མཐ༷ར་འཇིག་པ་སྟེ་འདུས་བྱས་ཀྱི་ཆོས་ཉིད་གསུམ་མེ༷ད་ཅི༷ང་ མངོན་པར་འདུས་མ་བྱས་པའི་མཚན་ཉིད་དང༌། ཟག་པ་མེད་པའི་ཆོས་དབྱིངས་དང་མཐར་ ཕྱིན་པའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་འདྲེས་པས་རྣ༷མ་པར་དབྱེ༷ར་མེ༵ད་པའི་མཚན་ཉིད་ དང༌། ཡོད་པ་དང་མེད་པ་ལས་རྣམ་པར་གྲོལ་བས་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་ མཐའ་གཉི༷ས་སུ་ལྷུང་བ་མེ༷ད་པའི་མཚན་ཉིད་དང༌། ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་ འཇུག་གི་སྒྲིབ་པ་གསུ༷མ་དང་བྲ༷ལ་བའི་མཚན་ཉིད་དང༌། ཉོན་མོངས་པའི་དྲི༷་མ་མེ༷ད་ཅིང་ རྣ༷མ་པར་རྟོ༷ག་པའི་སྤྱོད་ཡུལ་དུ་བྱར་མེ༵ད་པའི་ཆོ༷ས་ཀྱི་དབྱི༷ངས་ར༷ང་བཞི༷ན་གྱིས་རྣམ་པར་ དག་པ་ག༷ང་ཡི༷ན་པ་དེ༷་ཉིད། རྟོ༷གས་པ༵་པོ་དུས་རྟག་ཏུ་ཆོས་ཉིད་ལ་མཉ༷མ་པ༷ར་བཞ༷ག་པ༷འི་ རྣ༷ལ་འབྱོ༷ར་པ༷་དེ་བཞིན་གཤེགས་པ་ཡི༷ས་མངོན་སུམ་དུ་མཐོ༵ང་བ་འོད་གསལ་བའི་མཚན་ ཉིད་ཅན་ནོ། །དེ་བཞིན་དུ་དེ་ནི་ཡོན་ཏན་ལྔ་དང་ལྡན་པར་རིག་པར་བྱ་སྟེ། ངོ་བོ་རྒྱ་ཆེ་བའི་ རྟགས་ཀྱིས་གཞ༷ལ་དུ་མེ༷ད་པའི་ཡོན་ཏན་དང༌། གྲངས་ཀྱི་ཚད་གཟུང་བར་མི་ནུས་པས་ཆུ་བོ་ ག༷ངྒཱ༷འི་ཀླུང་གི་བྱེ༷་མ༷འི་གྲངས་ལ༷ས་ཀྱང་འད༷ས་པ༵འི་ཡོན་ཏན་དང༌། རྟོག་གེའི་སྤྱོད་ཡུལ་མ་ ཡིན་པས་བློས་བས༷མ་དུ་མེ༷ད་པའི་ཡོན་ཏན་དང༌། གཞན་དང་ཐུན་མོང་མ་ཡིན་ཞིང་རབ་ཀྱི་ མཐར་ཐུག་པས་མཉ༷མ་པ་མེ༷ད་པའི་ཡོ༷ན་ཏ༷ན་ཏེ། རྟོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་ རྣ༷མས་ད༷ང་ལྡ༵ན་ཞིང༌། དེ༷་བཞི༷ན་གཤེ༷གས་པ༷འི་ཤིན་ཏུ་དྲི༷་མ་མེ༷ད་པའི་ཆོས་ཀྱི་དབྱི༷ངས་ 5-1-278 མངོན་སུམ་དུ་གྱུར་པ་དེ༷་ནི༵་སྒྲིབ་པ་གཉིས་བ༷ག་ཆ༷གས་དང་བཅ༷ས་པ༷འི་ཉེ༷ས་པ་རྣ༷མས་མ་ ལུས་པར་སྤ༷ངས་པས་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ཡང་ལྡན་པ༷འོ༵་ཞེས་པའི་དོན་ཏོ། ། ལོངས་སྤྱོད་རྫོགས་པའི་སྐུ་ཡང༌། སྣ་ཚོགས་དམ་ཆོས་འདོ་ཟེར་མངའ་ བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་བསྒྲུབ་ལ་བརྩོན་པ། །མཛད་པ་ ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་ཀྱང་དེ་ཡི་རང་ བཞིན་མིན། །ཞེས་པས་ཁྱད་པར་ལྔ་དང་ལྡན་པ་སྟེ། དེའང་ཐེག་པ་ཆེན་པོ་ཟབ་པ་དང་ རྒྱ་ཆེ་བ་སྣ༷་ཚོ༷གས་པའི་དམ་པའི་ཆོས་ཀྱི་འོད་ཟེར་གྱི་སྣང་བ་འགྱེད་པས་གསུང་གི་བརྗོད་ པ་རྒྱུན་མི་འཆད་པ་དང༌། ད༷མ་པའི་ཆོ༷ས་ཀྱི་འོད་ཟེར་རམ་མཚན་དང་དཔེ་བྱད་བཟང་པོའི་ འོ༷ད་ཟེ༷ར་མཐའ་ཡས་པ་མང༷འ་བ༷འི་སྐུ༵ས་སྣང་བ་སྣ་ཚོགས་པ་སྟོན་པ་རྒྱུན་མི་འཆད་པ་དང་། གདུལ་བྱའི་འགྲོ༷་བ༷འི་མཆོག་ཏུ་གྱུར་པ་མང་པོའི་ཆེད་དུ་རྣ༷མ་པར་གྲོ༷ལ་བའི་དོ༷ན་བསྒྲུ༷བ་པ་ ལ༷་བརྩོ༷ན་པ༵ས་མཛད་པའི་འཕྲིན་ལས་རྒྱུན་མི་འཆད་པ་དང་། དེ་ལྟར་མཛ༷ད་པ༷་ལའང་ཡི༷ད་ བཞི༷ན་གྱི་ནོ༷ར་བུ༷འི་རྒྱ༷ལ་པོས་རེ་འདོད་སྐོང་བ་ཇི་ལྟ་བ་བཞི༷ན་ཏེ༵། རྟོག་པ་དང་རྩོལ་བས་ མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པ་དང༌། གདུལ་བྱ་རྣམས་ཀྱི་ བསམ་པའི་དབང་གིས་ཁ་དོག་དང་ཚད་ལ་སོགས་པ་སྣ༷་ཚོ༷གས་པའི་དངོ༷ས་པོར་སྟོན་ཀྱ༷ང་ དེ༷་ཡི༷་ར༷ང་བཞི༷ན་དུ་བདེན་པ་མི༵ན་པའི་ཁྱད་པར་རྣམས་དང་ལྡན་པའོ་ཞེས་པའི་དོན་ཏོ། ། སྤྲུལ་པའི་སྐུ་ནི། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། །རབ་ཏུ་ སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་ གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་ པས་ཆོས་གསུམ་དང་ལྡན་པ་སྟེ། དེའང་འཇི༷ག་རྟེ༷ན་ཐ་མལ་པ་ལམ་ལ་མ་ཞུགས་པ་སྲིད་པ་ གསུམ་ལ་སྐྱོ་བ་བསྐྱེད་ནས་ཞི༷་བ༷་མྱ་ངན་ལས་འདས་པའི༷་ལ༷མ་ལ༷་འཇུ༷ག་པར་མཛད་པ༷་ 5-1-279 ད༵ང༌། ཐར་པའི་ལམ་ལ་ཞུགས་པ་རྣམས་ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བ་ལ་བཀོད་ནས་ ར༷བ་ཏུ༷་སྨི༷ན་པར་མཛད་པ་ད༷ང༌། ཐེག་ཆེན་གྱིས་རབ་ཏུ་སྨིན་པ་རྣམས་དག་པའི་ས་ལ་རིམ་ གྱིས་བཀོད་ནས་རྣམ་པར་གྲོལ་བར་ལུ༷ང་སྟོ༷ན་པར་མཛད་པ་རྣམས་ཡིན་ལ། དེ་ལྟར་འཕྲིན་ ལས་ཕུན་སུམ་ཚོགས་པའི་རྒྱུ༷ར་གྱུར་ཅིང་གདུལ་བྱའི༷་དབང་གིས་སྣ་ཚོགས་སུ་སྣང་བའི་ གཟུ༵གས་སྤྲུལ་པའི་སྐུ་ག༷ང་ཡི༷ན་པ་དེ༷་ཡ༷ང་སྐུ་སྔ་མར་མ་ཟད། ཆོས་ཀྱི་སྐུ་འགྱུར་བ་མེད་པའི་ དབྱིངས་འདི༷ར་ནི༷། འཁོར་བ་ཇི་སྲིད་པར་རྟ༷ག་ཏུ་རྒྱུན་མི་འཆད་པར་གན༷ས་ཏེ༵། དཔེར་ན་ འདུས་མ་བྱས་ན༷མ་མཁ༷འི་ཁ༷མས་སུ༷་འདུས་བྱས་གཟུ༷གས་ཀྱི༷་ཁ༷མས་རྣམས་ཀྱི་སྐྱེ་འཇིག་ རྒྱུན་མི་འཆད་པ་ཇི་ལྟ་བ་བཞི༷ན་ནོ༵་ཞེས་བྱའི་དོན་ཏོ། ། རྒྱས་བཤད་ལ་གསུམ་སྟེ། ཐུན་མོང་གི་དབྱེ་བ། སོ་སོའི་རྣམ་གཞག དེ་དག་གི་དོན་ བསྡུའོ། ། དེ་ལ་དབྱེ་བ་ནི། རང་བྱུང་རྣམས་ཀྱི་ཐམས་ཅད་མཁྱེན། །སངས་རྒྱས་ ཉིད་ཅེས་གང་བརྗོད་པ། །མཆོག་ཏུ་མྱང་འདས་བསམ་དུ་མེད། །དགྲ་ བཅོམ་སོ་སོའི་བདག་གྱུར་པ། །དེ་དབྱེ་ཟབ་དང་རྒྱ་ཆེ་དང༌། །བདག་ཉིད་ ཆེན་པོའི་ཡོན་ཏན་གྱི། །ཆོས་ཀྱིས་རབ་ཕྱེ་རང་བཞིན་ལ། །སོགས་པའི་ སྐུ་གསུམ་དག་གིས་འཇུག །ཅེས་པ་སྟེ། གཞན་གྱི་རྐྱེན་ལ་རག་མ་ལས་པས་ན། ར༷ང་ བྱུ༷ང་རྣ༷མས་ཀྱི༷་ཤེས་བྱ་ཐ༷མས་ཅ༷ད་མཁྱེ༵ན་པའི་ཡེ་ཤེས་དང་ལྡན་པ་ལ་སྤངས་རྟོགས་མཐར་ ཕྱིན་པའི་ཆ་ནས་ས༷ངས་རྒྱ༷ས་ཉི༷ད་ཅེ༷ས་ག༷ང་བརྗོ༷ད་པ༵ར་བྱ་བ། སྲིད་ཞིའི་མཐའ་གཉིས་ ལ་མི་གནས་པས་མཆོ༷ག་ཏུ༷་མྱ༷་ངན་ལས་འད༷ས་ཤིང་རྟོག་གེའི་སྤྱོད་ཡུལ་ལས་འདས་པས་ བས༷མ་དུ༷་མེ༵ད་ལ། འཁོར་བའི་གཡུལ་ལས་རྒྱལ་བས་དགྲ༷་བཅོ༷མ་པ། སོ༷་སོ༷་རང་གིས་རིག་ པའི༷་བད༷ག་ཉིད་དུ་གྱུ༷ར་པ༵འི་བྱང་ཆུབ་ཆེན་པོ་དེ༷་ལ་དབྱེ༷་བ་བྱས་ན། རྟོགས་པར་དཀའ་བས་ 5-1-280 ཟ༷བ་པའི་ཡོན་ཏན་ད༷ང༌། མཐུ་དང་ལྡན་པས་རྒྱ༷་ཆེ༷་བའི་ཡོན་ཏན་ད༵ང༌། སྐལ་བ་དང་མཐུན་ པས་བད༷ག་ཉི༷ད་ཆེ༷ན་པོ༷འི་ཡོ༷ན་ཏ༷ན་གྱི༵་ཆོ༷ས་གསུམ་པོ་རྣམས་ཀྱི༷ས་ར༷བ་ཏུ་ཕྱེ༷་བའི་ཕྱིར། གོ་ རིམ་བཞིན་དུ་ཟབ་པ་ར༷ང་བཞི༷ན་ནམ་ངོ་བོ་ཉིད་ཀྱི་སྐུ་དང༌། ལ༵་སོ༷གས་པ༷འི་སྒྲས་རྒྱ་ཆེ་བ་ ལོངས་སྤྱོད་རྫོགས་པའི་སྐུ་དང༌། བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ༷་གསུ༷མ་པོ་ད༷ག་གི༷ས་རང་ བཞིན་གྱི་དོན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འཇུ༵ག་གོ་ཞེས་བྱ་བའི་དོན་ཏོ། ། རྣམ་གཞག་ལ་གསུམ་སྟེ། ངོ་བོ་ཉིད་སྐུའི་རྣམ་གཞག ལོངས་སྤྱོད་རྫོགས་སྐུའི་མཉམ་ གཞག སྤྲུལ་པའི་སྐུའི་རྣམ་གཞག ཅེས་པའོ། ། ངོ་བོ་ཉིད་སྐུ་ལ། མཚན་ཉིད་དང་ཡོན་ཏན་མདོར་བསྟན་དང༌། དེ་དག་གི་ངོ་བོ་རྒྱས་ བཤད་དོ། །མདོར་བསྟན་ནི། དེ་ལ་སངས་རྒྱས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་ མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་ པར་བྱ། །ཞེས་པ་སྟེ། དེ༷་ལྟར༷་མཐར་ཕྱིན་པའི་བྱང་ཆུབ་ལ་དབྱེ་བ་བྱས་ན། སྐུ་གསུམ་ ཡོད་པ་དེ་ལ། ས༷ངས་རྒྱ༷ས་རྣ༷མས་ཀྱི༷་ནི༵། རང་དོན་ཕུན་སུམ་ཚོགས་པ་ངོ༷་བོ༷་ཉི༷ད་ཀྱི་སྐུ༷་དེ། འདུས་མ་བྱས་པ་ལ་སོགས་པའི་མཚ༷ན་ཉི༷ད་དམ་ཁྱད་པར་ལྔ༵་དང་ལྡན་ཞིང་། ཡོན་ཏན་ཤིན་ ཏུ་མང་ཡང་མདོ༷ར་བསྡུ་ན༷། གཞལ་དུ་མེད་པ་ལ་སོགས་པའི་ཡོ༷ན་ཏ༷ན་རྣམ་པ་ལྔ༷་ད༷ང་ནི༵་ དབྱེར་མེད་པར་ལྡ༷ན་པ༷་ཉི༷ད་དུ༷་རི༷ག་པ༷ར་བྱ༵འོ་ཞེས་པའི་དོན་ཏོ། ། རྒྱས་བཤད་ལ་གཉིས་ལས། མཚན་ཉིད་རྒྱས་པར་བཤད་པ་ནི། འདུས་མ་བྱས་ ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་ མོངས་ཤེས་བྱ་སྙོམས་འཇུག་གི། སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །དྲི་ མེད་རྣམ་པར་རྟོག་མེད་དང༌། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། ། ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འདོ་གསལ་བ། ། 5-1-281 ཞེས་པ་སྟེ། དོན་དམ་པའི་ངོ་བོ་ཉིད་ཀྱི་སྐུ་དེ་འདུས་བྱས་ཀྱི་ཆོས་ཀྱི་སྐྱེ་བ་དང་གནས་པ་དང་ འཇིག་པ་རྣམས་ཀྱིས་དབེན་པས་འདུ༷ས་མ༷་བྱ༷ས་ཤི༷ང་འགྱུར་བ་མེད་པའི་མཚན་ཉིད་དང༌། ཟག་པ་མེད་པའི་ཆོས་དབྱིངས་དང་མཐར་ཕྱིན་པའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་འདྲེས་ པས་རྣ༷མ་པར་དབྱེ༷ར་མེ༵ད་པའི་མཚན་ཉིད་དང༌། ཀུན་རྫོབ་ཀྱི་དངོས་པོར་མེད་ཅིང་དོན་དམ་ པའི་ངོ་བོར་ཡོད་པས་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐ༷འ་གཉི༷ས་པོ་ད༷ག་ནི༷་རྣ༷མ་ པ༷ར་སྤ༵ངས་པའི་མཚན་ཉིད་དང༌། འདོད་ཆགས་ལ་སོགས་པ་ཉོ༷ན་མོ༷ངས་པའི་སྒྲིབ་པ་དང་། ཉོན་མོངས་པ་ཅན་མ་ཡིན་ཡང་ཤེ༷ས་བྱ༷་ཤེས་པའི་གེགས་སུ་གྱུར་པ་ཤེས་བྱའི་སྒྲིབ་པ་དང༌། དེའི་ཁྱད་པར་ཏིང་ངེ་འཛིན་ལ་ཇི་ལྟར་འདོད་པ་བཞིན་སྙོམས་པར་འཇུག་མི་ཤེས་པ་སྙོ༷མས་ འཇུ༷ག་གི༵་སྒྲི༷བ་པ་གསུ༷མ་ལ༷ས་ནི༷་ངེ༷ས་པར་གྲོ༷ལ་ཏེ༵། སྒྲིབ་པ་མེད་པའི་མཚན་ཉིད་དང་། ཉོན་མོངས་པའི་དྲི༷་མ་མེ༷ད་ཅིང་རྣ༷མ་པ༷ར་རྟོ༷ག་པའི་སྤྱོད་ཡུལ་དུ་བྱར་མེ༷ད་པ་ད༵ང༌། ཐབས་ དང་ཤེས་རབ་ཟུང་དུ་འབྲེལ་པ་ལ་རྟག་ཏུ་སྙོམས་པར་འཇུག་པའི་རྣ༷ལ་འབྱོ༷ར་པ་མཐར་ཕྱིན་ པ་རྣ༷མས་ཀྱི༷་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུ༷ལ་ཡི༷ན་པའི་ཕྱི༵ར་ཟག་པ་མེད་པའི་ ཆོ༷ས་ཀྱི་དབྱི༷ངས་གདོད་མ་ནས་ངོ༷་བོ༷་ཉི༷ད་ཀྱི༷ས་ནི༵་རྣམ་པར་ད༷ག་པ༷འི་ཕྱི༷ར་ན༷། རང་བཞིན་ གྱིས་འོ༷ད་གས༷ལ་བ༵འི་མཚན་ཉིད་དེ་ཁྱད་པར་ལྔ་དང་ལྡན་པའོ་ཞེས་པའི་དོན་ཏོ། ། ཡོན་ཏན་རྒྱས་པར་བཤད་པ་ནི། གཞལ་མེད་གྲངས་མེད་བསམ་མེད་དང༌། ། མཉམ་མེད་དག་པའི་མཐར་ཐུག་པའི། །ཡོན་ཏན་རྣམས་དང་ཡང་ དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། ། རྟོག་གེའི་ཡུལ་ནི་མིན་ཕྱིར་དང༌། །འབའ་ཞིག་བག་ཆགས་སྤངས་ པའི་ཕྱིར། །གཞལ་མེད་ལ་སོགས་གོ་རིམ་བཞིན། །ཞེས་པ་ལ་རྟགས་ཀྱིས་ གཞ༷ལ་དུ་མེ༷ད་པའི་ཡོན་ཏན་དང༌། གྲ༷ངས་ཀྱིས་བགྲང་དུ་མེ༷ད་པའི་ཡོན་ཏན་དང༌། བློས་ 5-1-282 བས༷མ་དུ་མེ༷ད་པའི་ཡོན་ཏན་ད༵ང༌། གཞན་དང་མཉ༷མ་པ་མེ༷ད་པའི་ཡོན་ཏན་དང༌། རྣམ་ པར་ད༷ག་པ༷་མཐ༷ར་ཐུ༷ག་པ༵འི་ཡོ༷ན་ཏ༷ན་རྣ༷མས་ད༷ང༌། ཡ༷ང་ད༷ག་པ༵ར་ན་ངོ༷་བོ༷་ཉི༷ད་ཀྱི༷་སྐུ༷་དེ་ དབྱེར་མེད་པར་ལྡ༷ན་པ་ཡིན་ཏེ༵། དེ་ཡང་ངོ་བོ་ནམ་མཁའ་ལྟར་ཤིན་ཏུ་རྒྱ༷་ཆེ༷་བའི༷་ཕྱི༷ར་ད༷ང༌། གྲ༷ངས་འདིའོ་ཞེས་ཡོངས་སུ་ཆད་པ་མེ༷ད་པའི་ཕྱི༵ར་དང༌། རྣམ་པ་ཐམས་ཅད་དུ་རྟོ༷ག་གེ༷འི་ སྤྱོད་ཡུ༷ལ་ནི༷་མི༷ན་པའི་ཕྱི༷ར་ད༵ང་། སངས་རྒྱས་འབ༷འ་ཞི༷ག་ལ་མངའ་བའི་ཡོན་ཏན་ཡིན་པའི་ ཕྱིར་དང༌། སྒྲིབ་པ་གཉིས་བ༷ག་ཆ༷གས་དང་བཅས་པ་མ་ལུས་པར་སྤ༷ངས་པ༷འི་ཕྱི༵ར་རོ། །དེ་ བས་ན་གཞ༷ལ་དུ་མེ༷ད་པ་ལ༷་སོ༷གས་པའི་ཡོན་ཏན་ལྔ་པོ་རྣམས་གོ༷་རི༷མ་ཇི་ལྟ་བ་བཞི༵ན་དུ་རྒྱ་ ཆེ་བ་ལ་སོགས་པའི་རྒྱུ་མཚན་ལྔ་དང་སྦྱར་ཏེ་རིག་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་ངོ་བོ་ ཉིད་ཀྱི་སྐུ་ནི་ཆོས་ཀྱི་སྐུ་དང་ཡང་དོན་གཅིག་ཅིང༌། དེ་ཉིད་སྐུ་གསུམ་ལ་བསྟོད་པར་ཡང་ཤིན་ ཏུ་གསལ་བར་གསུངས་ཏེ། ཇི་སྐད་དུ། གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ལ་ཕན་ པ་ཕུན་སུམ་ཚོགས་ཆེན་གཞིར་གྱུར་པ། །དངོས་མིན་དངོས་པོ་མེད་པ་མ་ཡིན་མཁའ་ལྟར་རོ་ གཅིག་རྟོགས་པར་དཀའ་བའི་རང་བཞིན་ཅན། །གོས་པ་མེད་ཅིང་མི་འགྱུར་ཞི་ལ་མི་མཉམ་ མཉམ་པ་ཁྱབ་པ་ཅན་ཏེ་སྤྲོས་མེད་པ། །སོ་སོ་རང་རིག་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་ གང་ཡིན་དེ་ལ་བདག་ཕྱག་འཚལ། །ཞེས་པས་སོ། ། ལོངས་སྤྱོད་རྫོགས་པའི་སྐུ་ལ་གསུམ་ལས། རྣམ་གཞག་རྒྱས་པར་བཤད་པ་ནི། སྣ་ ཚོགས་ཆོས་ལ་རྫོགས་ལོངས་སྤྱོད། །གཟུགས་ཀྱི་ཆོས་ནི་སྣང་ཕྱིར་དང༌། ། ཐུགས་རྗེ་དག་པའི་རྒྱུ་མཐུན་པའི། །འགྲོ་དོན་རྒྱུན་མི་འཆད་ཕྱིར་དང༌། ། རྣམ་པར་རྟོག་མེད་ལྷུན་གྲུབ་པར། །འདོད་པ་ཇི་བཞིན་ཡོངས་སྐོང་ ཕྱིར། །ཡིད་བཞིན་ནོར་བུའི་རྫུ་འཕྲུལ་གྱིས། །རྫོགས་པར་ལོངས་སྤྱོད་ རྣམ་པར་གནས། །ཞེས་པ་སྟེ། ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བ་སྣ༷་ཚོ༷གས་པར་ཆོ༷ས་ 5-1-283 ཀྱི་འབྱོར་པ་ལ༷་རྫོ༷གས་པར་ལོ༷ངས་སྤྱོ༵ད་ཅིང་གནས་པའི་ཕྱིར་གསུང་གི་གདམས་ངག་བརྗོད་ པ་རྒྱུན་མི་འཆད་པ་དང༌། གཟུ༷གས་ཀྱི༷་སྐུ་མཚན་དང་དཔེ་བྱད་ལ་སོགས་པའི་ཆོ༷ས་དང་ལྡན་ པ་ནི༷་སྐལ་བ་དང་ལྡན་པ་རྣམས་ལ་རྟག་ཏུ་སྣ༷ང་བའི་ཕྱི༷ར་སྐུའི་སྣང་བ་སྟོན་པ་རྒྱུན་མི་འཆད་ པ་ད༵ང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུ༷གས་རྗེ༷་ཆེན་པོ་ རྣམ་པར་ད༷ག་པ༷འི་རྒྱུ༷་མཐུ༷ན་པ༵འི་འབྲས་བུ་སྐལ་བ་དང་ལྡན་པའི་འགྲོ༷་དོ༷ན་རྒྱུ༷ན་མི༷་འཆ༷ད་ པའི་ཕྱི༷ར། ཐུགས་རྗེས་འཕྲིན་ལས་མཛད་པ་རྒྱུན་མི་འཆད་པ་ད༵ང༌། དེ་དག་ཀྱང་རྣ༷མ་པ༷ར་ རྟོ༷ག་པ་དང་འབད་རྩོལ་མེ༷ད་ཅིང་རང་གི་ངང་གིས་ལྷུ༷ན་གྱིས་གྲུ༷བ་པ༵ར་གདུལ་བྱ་རྣམས་ཀྱི་ འདོ༷ད་པ༷་ཇི༷་ལྟ་བ་བཞི༷ན་དུ་རེ་བ་ཡོ༷ངས་སུ་སྐོ༷ང་བའི་ཕྱི༵ར་མངོན་པར་འདུ་བྱེད་པ་མེད་པ་ དང༌། གཞིའི་ཁ་དོག་གི་དབང་གིས་ཡི༷ད་བཞི༷ན་གྱི་ནོ༷ར་བུ༷་སྣ་ཚོགས་སུ་སྣང་ཡང་དེའི༷་ངོ་ བོ་མ་ཡིན་པ་ལྟ་བུར། གདུལ་བྱ་མཐའ་ཡས་པའི་ཁམས་དང་བསམ་པ་དང་མོས་པའི་དབང་ གིས་ཁ་དོག་དང་ཚད་ལ་སོགས་པ་རྫུ༷་འཕྲུ༷ལ་སྣ་ཚོགས་པའི་རྣམ་པར་སྣང་ཡང་། དེའི་ངོ་བོ་ མ་ཡིན་པ་སྟོན་པ་སྟེ། དེ་ལྟར་ཁྱད་པར་ལྔ་དང་ལྡན་པའི་ཚུལ་གྱི༵ས་ཐེག་པ་ཆེན་པོའི་ཆོས་ལ་ རྫོ༷གས་པ༷ར་ལོ༷ངས་སྤྱོ༷ད་པའི་སྐུ་རྣ༷མ་པ༷ར་གན༵ས་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། སླར་ཡང་བསྡུས་ཏེ་བསྟན་པ་ནི། བརྗོད་སྟོན་མཛད་རྒྱུན་མི་འཆད་དང༌། ། མངོན་པར་འདུ་བྱེད་མེད་པ་དང༌། །དེ་ཡི་ངོ་བོ་མིན་སྟོན་ལ། །འདིར་ ནི་སྣ་ཚོགས་རྣམ་ལྔར་བརྗོད། །ཅེས་པ་ལ་དེ་ལྟར་གསུང་གི་གདམས་ངག་བརྗོ༷ད་ པ་རྒྱུན་མི་འཆད་པ་དང་སྐུའི་སྣང་བ་སྟོ༷ན་པ་རྒྱུན་མི་འཆད་པ་དང༌། ཐུགས་རྗེས་འཕྲིན་ལས་ མཛ༷ད་པ་རྒྱུ༷ན་མི༷་འཆ༷ད་པ་ད༵ང༌། དེ་དག་ལ་འབད་རྩོལ་གྱི་མངོ༷ན་པ༷ར་འདུ༷་བྱེ༷ད་པ་མེ༷ད་ ཅིང་ལྷུན་གྱིས་གྲུབ་པ༷་ད༵ང༌། སྐལ་བའི་དབང་གིས་སྣ་ཚོགས་སུ་སྣང་ཡང་དེ༷་ཡི༷་ངོ༷་བོ༷་ཉིད་ མི༷ན་པ་སྟོ༷ན་པ་སྟོན་པ་སྟེ། ཆོས་ལྔ་པོ་དེ་དག་ལ༵་ལོངས་སྤྱོད་རྫོགས་པའི་སྐུ་འཆད་པའི་ 5-1-284 སྐབས་འདི༷ར་ནི༷་སྣ༷་ཚོ༷གས་པ་ལ་སོགས་པའི་ཁྱད་པར་རྣ༷མ་པ་ལྔ༷ར་བརྗོ༵ད་པར་བྱའོ་ཞེས་ པའི་དོན་ཏོ། ། ཁྱད་པར་རྐྱེན་ལས་སྣང་ཚུལ་ནི། ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་ དེ་དངོས་མིན་སྣང་ལྟར། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་ བདག་དེ་དངོས་མིན་པར་སྣང༌། །ཞེས་པ་སྟེ། དཔེ་ཇི༷་ལྟར༷་ན་འོག་གཞིའི་རས་ ཀྱི་ཚོ༷ན་ནི༷་ཁ་དོག་སྣ༷་ཚོ༷གས་པའི་རྐྱེན་གྱི༵ས་སྟེང་གི་ནོ༷ར་བུ༷་རིན་པོ་ཆེ་ཁ་དོག་སྣ་ཚོགས་པ་ དེ༷འི་དངོ༷ས་པོ་མི༷ན་ཡང་དྭང་བའི་དབང་གིས་སྣ་ཚོགས་སུ་སྣ༷ང་བ་ལྟ༵ར། དོན་དེ༷་བཞི༷ན་ དུ་གདུལ་བྱའི་འགྲོ༷་བ་རྣམས་ཀྱི་ཁམས་དང་བསམ་པ་དང་མོས་པ་ལ་སོགས་པའི་རྐྱེ༷ན་སྣ༷་ ཚོ༷གས་པ༵ས་ཐུགས་རྗེ་ཆེན་པོ་སྐྱེ་རྒུ་ལ་ཁྱ༷བ་པའི་བད༷ག་ཉིད་རྫོགས་པའི་སངས་རྒྱས་རྣམས་ ཀྱང་། སྣ་ཚོགས་པ་དེ༷འི་དངོ༷ས་པོ་མི༷ན་ཡང་ཁ་དོག་དང་ཚད་ལ་སོགས་པའི་རྣམ་པར་འཕྲུལ་ པ༷ར་སྣ༵ང་ངོ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ནི་སྐུ་གསུམ་ལ་བསྟོད་པ་ལས་ཀྱང་གསལ་བར་ གསུངས་ཏེ། ཇི་སྐད་དུ། རང་གིས་འབྱོར་པ་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ ལེགས་མཛད་བརྒྱ་ཡི་འབྲས་བུ་ནི། །བློ་ལྡན་རྣམས་ཀྱི་དགའ་བ་བསྐྱེད་ཕྱིར་འཁོར་གྱི་ནང་ དུ་སྣ་ཚོགས་རྒྱས་པར་སྟོན་མཛད་ཅིང༌། །རྟག་ཏུ་དམ་པའི་ཆོས་ཀྱི་སྒྲ་སྐད་རྒྱ་ཆེ་འཇིག་རྟེན་ ཀུན་ཏུ་འཕྲོ་བར་མཛད་པ་པོ། །སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ཆོས་ཀྱི་རྒྱལ་སྲིད་གནས་ པ་གང་ཡིན་དེ་ལ་ཕྱག་འཚལ་ལོ། །ཞེས་པས་སོ། ། སྤྲུལ་པའི་སྐུ་ལ། མཆོག་གི་སྤྲུལ་སྐུས་མཛད་པ་བཅུ་གཉིས་སྟོན་ཚུལ་དང༌། དེ་ཡི་བྱེད་ ལས་གདུལ་བྱ་རིམ་གྱིས་འདྲེན་ཚུལ་ལོ། །དེ་ལ་མཛད་པ་བཅུ་གཉིས་སྟོན་ཚུལ་ནི། ཐུགས་ རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། ། ཆོས་ཀྱི་སྐུ་ལས་མ་གཡསོ་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། ། 5-1-285 སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། ། ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་ དང༌། །བཙུན་མོའི་འཁོར་དགྱེས་རོལ་པ་དང༌། ངེས་འབྱུང་དཀའ་བ་ སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་ དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་ པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ ཇི་སྲིད་གནས་པར་སྟོན། །ཞེས་པ་སྟེ། སྟོན་ཞེས་འོག་ནས་འབྱུང་བ་གསལ་བྱེད་དུ་ སྦྱར་ཏེ་བཤད་པར་བྱའོ། །དེ་ཡང་། རྒྱུ་གང་ལས་སྟོན་ན། མཐའ་ཡས་པའི་སེམས་ཅན་ཐམས་ ཅད་བསམ་གྱིས་མི་ཁྱབ་པའི་ཐུ༷གས་རྗེ༷་ཆེ༷ན་པོ༷ས་རྗེས་སུ་བཟུང་བར་བཞེད་པའི་རྒྱུ་ལས་སོ། ། ཚུལ་ཇི་ལྟར་སྟོན་ན། འཇི༷ག་རྟེ༷ན་གྱི་ཁམས་ཇི་སྙེད་པ་མཁྱེ༵ན་པའི་ཡེ་ཤེས་ཀྱིས་གདུལ་བྱར་ གྱུར་པའི་འཇི༷ག་རྟེ༷ན་མ་ལུས་པ་ཀུ༷ན་ལ༷་ལེགས་པར་གཟི༷གས་ན༷ས་ནི༵་ཇི་ལྟ་བ་མཁྱེན་པའི་ ཡེ་ཤེས་ཆོ༷ས་ཀྱི༷་སྐུ༷་འགྱུར་བ་མེད་པའི་ངང་དུ་མཉམ་པར་བཞག་པ་ལ༷ས་ནམ་ཡང་མ༷་ གཡོ༷ས་པ༵ར་རོ། །དོན་གང་དག་སྟོན་ན། སྤྲུ༷ལ་པ༷འི་ར༷ང་བཞི༷ན་རྣམ་པ་སྣ༷་ཚོ༷གས་པ་རྣམས་ ཀྱི༵ས་རྨད་དུ་བྱུང་བའི་མཛད་པ་བཅུ་གཉིས་ཡང་དག་པར་སྟོན་པ་སྟེ། དེ་ཡང་ཤཱཀྱའི་རྒྱལ་པོ་ ལྟ་བུ་ལ་ཉེ་བར་མཚོན་ན། བདག་ཉིད་ཆེན་པོ་དེས་དགའ་ལྡན་པའི་ལྷའི་སྐྱེ༷་བ༷་དམ་པ་ཏོག་ དཀར་ཞེས་བྱ་བར་མངོ༷ན་པ༷ར་སྐྱེ༷་བ༷འི་ཚུལ་བསྟན་ནས། ལྷའི་ཚོགས་རབ་ཏུ་མང་པོ་སྨིན་ གྲོལ་ལ་བཀོད་པ་ད༵ང༌། འཛམ་བུའི་གླིང་པ་རྣམས་གདུལ་བའི་དུས་ལ་བབ་པ་ན་ལྷའི་རོལ་ མོའི་སྒྲ་ལས། སྐྱེས་མཆོག་ཁྱོད་ཀྱི་བསོད་ནམས་དཔལ་གྱིས་ནི། །དགའ་ལྡན་ཕོ་བྲང་ཤིན་ཏུ་ མཛེས་མོད་ཀྱི། །འོན་ཀྱང་ཐུགས་རྗེའི་ཐུགས་དང་ལྡན་པས་ན། །འཛམ་བུའི་རྒྱལ་མཚན་དུ་ ནི་ཆར་པ་ཕོབ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བྱུང་བས་ཡང་ན་ཡང་དུ་བསྐུལ་ 5-1-286 ཏེ། གླིང་དང་དུས་དང་ཡབ་དང་ཡུམ་ལ་གཟིགས་ཤིང་སྐབས་མཁྱེན་པ་ན། རིན་པོ་ཆེ་སྣ་ ཚོགས་པའི་དབུ་རྒྱན་མགོན་པོ་བྱམས་པ་ལ་གནང་སྟེ་རྒྱལ་ཚབ་ཏུ་དབང་བསྐུར་ནས། ལྷ་ རྣམས་ལ་ཀྱེ་གྲོགས་པོ་དག་ཤེས་པར་གྱིས་ཤིག ཁོ་བོ་མི་རྣམས་གདུལ་བའི་ཕྱིར་འཛམ་ བུའི་གླིང་དུ་འགྲོ་སྟེ། ཁྱེད་རྣམས་ལ་མི་ཕམ་པས་ཆོས་སྟོན་པར་འགྱུར་གྱིས་བག་ཡོད་པར་ གྱིས་ལ། སླར་ཡང་ཁོ་བོས་བྱང་ཆུབ་ཐོབ་སྟེ་འཛམ་བུའི་གླིང་དུ་ཆོས་ཀྱི་ཆར་འབེབས་པ་ན་ མཉན་པའི་སླད་དུ་ཤོག་ཅིག་ཅེས་གསུངས་ནས་རིམ་གྱིས་གཤེགས་པ་ལྟ་བུ། དག༷འ་ལྡ༷ན་ གྱི་གན༷ས་ན༷ས་འཛམ་བུའི་གླིང་དུ་འཕོ༷་བ༷འི་མཛད་པ་ད༵ང༌། དེ་ནས་སྤྲུལ་པའི་ལུས་ལེན་ པའི་ཚུལ་བྲམ་ཟེ་རྣམས་ཀྱི་རིག་བྱེད་ལས་འབྱུང་བ་ལྟར། གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ དང་ལྡན་པ་རྒྱབ་གསེར་གྱི་དྲ་བས་གཡོགས་པ་ཞིག་ཏུ་སྤྲུལ་ནས་ཡུམ་གྱི་ལྷུམས་དེ་ཡང་བྱང་ ཆུབ་སེམས་དཔའི་ཉེ་བར་སྤྱད་པ་ཙནྡན་སྦྲུལ་གྱི་སྙིང་པོ་ལ་གྲུབ་པ། རིན་པོ་ཆེ་བཀོད་པ་ཞེས་ བྱ་བའི་གཞལ་མེད་ཁང་ཆེན་པོར་བྱིན་གྱིས་བརླབས་ཏེ། ཡུམ་གསོ་སྦྱོང་ལ་གནས་པའི་གློ་ གཡས་པ་ནས། དགེ་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་པས་ཞུགས་ཤིང༌། གདུལ་ བྱའི་ཚོགས་དཔག་ཏུ་མེད་པ་སྨིན་གྲོལ་ལ་འགོད་བཞིན་པས་ཟླ་བ་བཅུའི་བར་དུ་བཞུགས་པ་ ལྟ་བུ་ཡུམ་གྱི་ལྷུ༷མས་སུ༷་ཞུ༷གས་པའི་མཛད་པ་ད༷ང༌། དེ་ནས་ཟླ་བ་བཅུ་འདས་པ་ན་ཟས་ གཙང་མའི་སྐྱེད་མོས་ཚལ་དུ་མེ་ཏོག་རྣམས་ཁ་འབུས་པ་དང༌། གཏེར་ཆེན་པོ་ཉི་ཁྲིའི་ཁ་ཕྱེ་བ་ དང༌། མཛོད་ཀྱི་རིན་པོ་ཆེ་རྣམས་ལ་མྱུ་གུ་སྐྱེས་པ་ལ་སོགས་པ་སྔ་ལྟས་བསམ་གྱིས་མི་ཁྱབ་ པ་བྱུང་ཞིང༌། བཙའ་བའི་དུས་ལ་བབ་སྟེ། ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལུམ་བིའི་ཚལ་ལེགས་པར་ བརྒྱན་པའི་ནང་དུ་གཤེགས་པ་ལ་ཤིང་པླཀྵ་ཞེས་བྱ་བའི་ལྗོན་པ་ཆེན་པོ་ཞིག་གིས་ཕྱག་བྱས་ པ་དང༌། ཡུམ་གྱིས་ཤིང་དེའི་ཡལ་ག་ནས་བཟུང་སྟེ་བྱ་བསྙེངས་མཛད་པ་ན། བྱང་ཆུབ་སེམས་ དཔའི་སྐུ་ནོར་བུ་ལྟར་དྭངས་ཤིང་མཚན་དང་དཔེ་བྱད་ཀྱིས་མཛེས་ལ་རྒྱན་དང་ན་བཟའ་དང་ 5-1-287 བཅས་པ། ཡུམ་ལ་གནོད་པ་མེད་པར་རྩིབ་ལོགས་གཡས་པ་ནས་བལྟམས་པ་ལ་ཚངས་པ་ དང་བརྒྱ་བྱིན་གྱིས་ཀ་ཤིའི་ཀའི་རས་ཀྱིས་བླང་བར་གཟས་ཀྱང༌། ཀེའུ་ཤི་ཀ་ཕྱིར་ཁྱེད་གསུང་ ནས་རང་ཉིད་ཀྱིས་བྱོན་ཏེ་ཕྱོགས་དྲུག་ཏུ་གོམ་པ་བདུན་བདུན་བོར་བ་ལས། པདྨ་འདམ་མ་ སྟོང་དང་ལྡན་པ་ཤིང་རྟའི་འཕང་ལོ་ཙམ་རེ་རེ་ཡང་བྱུང་ཞིང༌། ང་ནི་འཇིག་རྟེན་ན་མཆོག་གོ་ ཕུལ་ལོ་སྐྱེ་རྒ་ན་འཆི་མཐར་དབྱུང་ངོ་བདུད་ཀྱི་སྡེ་གཞོམ་མོ་ཞེས་པ་ལ་སོགས་པ་སེང་གེའི་སྒྲ་ བསྒྲགས་པར་ཡང་མཛད་དེ། ས་གཡོ་བ་དང༌། འོད་གསལ་བ་དང་། མེ་ཏོག་གི་ཆར་འབབ་ པ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་དང་བཅས་པའི་ཕྱིར་དོན་ཐམས་ཅད་གྲུབ་པ་ཞེས་ བྱ་བར་བཏགས་ཤིང༌། མངོན་ཤེས་དང་ལྡན་པའི་བྲམ་ཟེས་མཚན་བཟང་པོར་ཡང་ལུང་ བསྟན་པ་ལྟ་བུ་ལྷུམས་ནས་བལྟ༷མས་པའི་མཛད་པ༷་ད༵ང༌། དེ་ནས་ཙནྡན་སྦྲུལ་གྱི་སྙིང་པོ་ ལས་བྱས་པའི་ཡིག་ཤིང་ལྷའི་ཚོན་གྱིས་བྱུགས་པ་གསེར་གྱི་ཡང་མིག་ཅན་ནོར་བུ་རིན་པོ་ ཆེས་བརྒྱན་པ་ཐོགས་ཏེ། བྱིས་པ་ཀུན་གྱི་བཤེས་གཉེན་གྱི་ཡི་གེའི་གྲར་བྱོན་ནས་ཡེ་གེའི་མ་ མོ་ཨཱ་ལི་དང་ཀཱ་ལི་རྣམས་སློབ་པ་ལྟར་བརྩམས་པ་ན། ཨ་ཞེས་བརྗོད་པ་ན་འདུ་བྱེད་ཐམས་ ཅད་མི་རྟག་པའོ་ཞེས་པ་དང༌། ཨཱ་ཞེས་བརྗོད་པ་ན་ཆོས་ཐམས་ཅད་བདག་མེད་པའོ་ཞེས་པ་ ལ་སོགས་པའི་སྒྲ་བྱུང་བས་བྱིས་པ་སུམ་ཁྲི་ཉིས་སྟོང་ཡང་སྨིན་པར་མཛད་ཅིང༌། སློབ་དཔོན་ གྱི་མིང་ཙམ་ཡང་མི་ཤེས་པའི་ལྷ་དང་ཀླུ་དང་དྲི་ཟ་ལ་སོགས་པའི་ཡིག་རིགས་མཐའ་ཡས་པ་ མངོན་དུ་བསྟན་པས་སྐྱེ་བོ་རྣམས་ངོ་མཚར་བར་མཛད་ལ། དེ་བཞིན་དུ་རྩིས་པ་ཤཱཀྱ་སྲིད་ སྒྲུབ་ཀྱི་དྲུང་དུ་བྱོན་ནས་ཀྱང་རྩིས་དང་ཤོ་འགོད་པ་དང་འཕོང་དང་གྱད་ཀྱི་འཛིང་སྟངས་ལ་ སོགས་པ་འཇིག་རྟེན་པའི་བསླབ་པའི་གནས་ཐམས་ཅད་ཀྱང་སློབ་པ་ལྟར་མཛད་ཅིང༌། སློབ་ དཔོན་ལས་ལྷག་པའི་གོ་འཕང་བརྙེས་པས་སྐྱེ་རྒུ་རྣམས་ཤིན་ཏུ་དང་བར་མཛད་པ་ལྟ་བུ་ བཟོ༷འི༷་གན༷ས་ལ༷་མཁ༷ས་པའི་མཛད་པ༷་ད༵ང༌། དེ་ནས་དགུང་ལོ་བཅོ་ལྔ་བཞེས་པའི་ཚེ་རྒྱལ་ 5-1-288 པོའི་གདུང་མི་གཅད་པར་བྱ་བའི་དོན་དུ་བཙུན་མོ་བཞེས་པར་ཞུས་པས། འདོད་པའི་སྐྱོན་ རྣམས་མཐའ་ཡས་བདག་གིས་རིག །འཐབ་མོ་འཁོན་བཅས་མྱ་ངན་སྡུག་བསྔལ་རྩ། །འཛིན་ བྱེད་དུག་གི་ལོ་མ་འདྲ་བ་སྟེ། །མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། །ཞེས་པ་ལ་སོགས་ པས་འདོད་པའི་ཉེས་པ་མང་དུ་གསུངས་ཤིང་མ་གནང་བ་ལ། སླར་ཡང་གསོལ་བ་དྲག་ཏུ་ བཏབ་པས། ལྗན་ལྗིན་འདམ་གྱི་ཁྲོད་ནས་པདྨའི་འདབ་མ་རྒྱས། །མི་རྣམས་གང་བའི་ནང་ གནས་རྒྱལ་པོའི་མཆོད་པ་ཐོབ། །སྔོན་གྱི་རྒྱལ་བ་རྣམས་ཀྱང་བཙུན་མོའི་ནང་ནས་ནི། ། མངོན་པར་བྱུང་ནས་ཞི་བ་རབ་ཏུ་ཐོབ་པ་ཡིན། །སྙམ་དུ་དགོངས་ཤིང་མ་ནིང་ལ་སོགས་ པར་དོགས་པ་བསལ་བའི་སླད་དུ་ཞལ་གྱིས་བཞེས་པ་དང༌། ཡབ་ཀྱིས་ཡོན་ཏན་ཁྱད་པར་ ཅན་དང་ལྡན་པའི་བུད་མེད་ས་མཚོ་མ་ལ་སོགས་པ་བླང་བར་བཞེད་དེ། དེ་དག་གི་ཕ་ཤཱཀྱ་ ལག་ན་བེ་ཅོན་ལ་སོགས་པ་ལ་གསོལ་བ་བཏབ་པ་ལས་གང་སྒྱུ་རྩལ་མཁས་པ་དེ་ལ་སྦྱིན་ པར་བྱའོ་ཞེས་སྨྲས་པ། ལྷ་སྦྱིན་ལ་སོགས་པའི་སྐྱེ་བོ་མང་པོས་ཐོས་ནས་ཡི་གེ་དང་རྩིས་དང་ གྱད་ཀྱི་འཛིང་སྟངས་དང་བང་དང་མཆོངས་དང་རྐྱལ་དང་འཕོང་གི་སྦྱོར་བ་ལ་སོགས་པའི་སྒྱུ་ རྩལ་ཐམས་ཅད་ལ་འགྲན་པ་དང༌། བྱང་ཆུབ་སེམས་དཔའ་མཆོག་ཏུ་གྱུར་པས། ས་འཚོ་མ་ དང༌། གྲགས་འཛིན་མ་དང༌། ལེགས་སྐྱེས་མ་དང༌། རི་དྭགས་འཛིན་མ་རྣམས། འཁོར་ཉི་ཁྲི་ ཉི་ཁྲི་དང་བཅས་པ་ཁབ་ཏུ་བཞེས་པའི་ཚུལ་བསྟན་པ་ལྟ་བུ་བཙུ༷ན་མོ༷འི་འཁོ༷ར་གྱི་ནང་དུ་ དགྱེ༷ས་པར་རོ༷ལ་བའི་མཛད་པ༷་ད༵ང༌། དེ་ནས་བྱང་ཆུབ་སེམས་དཔའ་དུས་ལས་མི་འདའ་ ཡང་སངས་རྒྱས་ཀྱིས་བསྐུལ་བ་ཆོས་ཉིད་ཡིན་པས། དེ་དག་གིས་བྱིན་གྱིས་བརླབས་པའི་ རོལ་མོ་རྣམས་ལས། འཆི་མེད་མྱ་ངན་མེད་པར་སངས་རྒྱས་ནས། །སྐོམ་པས་ཉམས་ཐག་ བདུད་རྩིས་ཚིམ་བྱ་ཞེས། །སྔོན་གྱི་སྨོན་ལམ་ཚིག་མཆོག་དྲན་གྱིས་ལ། །གྲོང་ཁྱེར་འདི་ནས་ མངོན་པར་མྱུར་དུ་བྱུང༌། །ཞེས་པའི་སྒྲ་ཡང་ཡང་བྱུང་བས་བསྐུལ་ཏེ་ཞག་བདུན་ན་རབ་ཏུ་ 5-1-289 འབྱུང་བ་བཞེད་པ་ལ། རྒྱལ་པོས་སྐྱེད་མོས་ཚལ་དུ་འདོད་ཡོན་ལ་རྩེར་བཏང་བ་དང༌། གྲོང་ ཁྱེར་གྱི་ཕྱོགས་བཞིར་གནས་གཙང་མའི་ལྷས་སྤྲུལ་པའི་སྐྱེ་རྒ་ན་འཆི་རྣམས་གཟིགས་ནས། མཁྱེན་བཞིན་དུ་ཁ་ལོ་བ་འདུན་པ་ལ་དྲིས་ཏེ། སྐྱེ་རྒ་ན་འཆི་ཡི་སྡུག་བསྔལ་བསམ་པར་བྱའོ་ ཤིང་རྟའི་ཁ་ལོ་ནང་དུ་བསྒྱུར་ཞེས་གསུངས་པས། གྲོང་ཁྱེར་གྱི་དབུས་སུ་དགེ་སློང་དབུ་ཟླུམ་ ཞབས་རྗེན་ལག་ན་ལྷུང་བཟེད་དང་མཁར་གསིལ་ཐོགས་པ་ཆོས་གོས་གསུམ་དང་ལྡན་པ་ ཞིག་གཟིགས་ནས་སྔར་བཞིན་དུ་དྲིས་པས་དགེ་སློང་ངོ་ཞེས་པ་ལ། འདིས་ཡོན་ཏན་ཅི་ཞིག་ འགྲུབ་བདག་གིས་ཀྱང་བྱར་རུང་ངམ་ཞེས་གསུངས་པས་སེམས་སྟོབས་ཆེན་པོ་ཁྱོད་ཀྱིས་ ཀྱང་བྱར་རུང་སྟེ། སྐྱེ་རྒ་ན་འཆི་ལས་ཐར་པའི་ཡོན་ཏན་འགྲུབ་བོ་ཞེས་སྨྲས་པ་དང༌། དགེ་ སྦྱོང་གི་ཡོན་ཏན་བསམ་པར་བྱའོ་ཤིང་རྟའི་ཁ་ལོ་ནང་དུ་བསྒྱུར་ཞེས་གསུངས་ཏེ། ཡབ་ལ་ རབ་ཏུ་འབྱུང་བར་ཞུས་པས་མ་གནང་བར། འདོད་པའི་ཡོན་ཏན་ལ་བྲིད་ཅིང་ཁང་བཟངས་ ཟབ་མོར་བཅུག་སྟེ། ཕྱོགས་བཞི་ནས་ཤཱཀྱ་ལྔ་བརྒྱ་ལྔ་བརྒྱས་སྲུང་ཞིང་གནས་པ་ལས། ལྷ་ རྣམས་ཀྱིས་ཀྱང་ནམ་མཁའ་ལས། ད་སྟེ་ཞག་བདུན་ན་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་ བའི་རྒྱལ་པོར་འགྱུར་ལ། བྱུང་ན་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་པའི་སྒྲ་ཡང་ཡང་ བསྒྲགས་ཤིང༌། ཞག་བདུན་འདས་པའི་ནམ་ཕྱེད་ན་ལྷའི་མཐུས་མི་རྣམས་གཉིད་མཐུག་པོ་ ལོག་པར་བྱིན་གྱིས་བརླབས་པ་དང༌། ཡབ་ལ་ཕྱག་འཚལ་ཏེ། ལྷ་གཅིག་བདག་ནི་མངོན་ པར་འབྱུང་བའི་དུས་བབ་རིག །གེགས་ཀྱང་མ་མཛད་མི་དགྱེས་པར་ཡང་མ་མཛད་ཅིག ། ཅེས་གསོལ་བ་བཏབ་པ་ལས། ཡབ་ཀྱིས་ཀྱང༌། ཕན་བྱེད་འགྲོ་བ་ཐར་པར་མཛད་ལ་ཡི་ རང་ངོ༌། །ཁྱོད་ཀྱི་བསམ་པ་རྣམས་ནི་ཡོངས་སུ་རྫོགས་གྱུར་ཅིག །ཅེས་གསུངས་ཤིང་གནང་ བ་བྱིན་ནས། འདུན་པ་ལ། རྟའི་རྒྱལ་པོ་བསྔགས་ལྡན་ལེགས་པར་སྟོད་ལ་མྱུར་བར་བྱིན་ ཅིག་ཅེས་གསུངས་པ་དང༌། འདུན་པས་ཁྱོད་ནི་དུས་ཚོད་མཁྱེན་པ་ལགས་ན། ནམ་ཕྱེད་ན་རྟ་ 5-1-290 ཡིས་ཅི་ཞིག་བགྱི་ཞེས་གསོལ་བ་ལ། འདུན་པ་ང་ནི་གཞན་དོན་ཚོལ་བའི་ཚེ། །འགྲོ་བ་ བསྒྲལ་བའི་དོན་དུ་དང་པོ་ནས། །བྱང་ཆུབ་རྒ་ཤི་མེད་པའི་གནས་ཐོབ་པར། །སྨོན་ལམ་ བཏབ་པ་དེ་ཡི་དུས་ལ་བབ། །ཅེས་གསུངས་ཞིང་འདུན་པ་དང་ལྷན་ཅིག་རྟའི་རྒྱལ་པོ་ལ་ ཆིབས་ཏེ། རྒྱལ་པོ་ཆེན་པོ་བཞིས་ཀྱང་རྨིག་པ་རེ་རེ་ནས་ནམ་མཁའ་ལ་བཏེགས་ནས། འདོད་ པ་དང་གཟུགས་ན་སྤྱོད་པའི་ལྷ་རྣམས་རྗེས་སུ་འབྲང་བཞིན་པས་རྣམ་པ་སྣ་ཚོགས་པའི་གོས་ དང་མེ་ཏོག་ལ་སོགས་པའི་ཆར་འབེབས་ཤིང༌། དཔག་ཚད་དྲུག་གི་ཕ་རོལ་མཆོད་རྟེན་རྣམ་ དག་ཅེས་བྱ་བའི་དྲུང་དུ་བྱོན་ཏེ། རྟ་མཆོག་རྒྱན་དང་བཅས་པ་འདུན་པ་ལ་གཏད་ཅིང་བཟློག་ ནས། རལ་གྲི་ཨུད་པ་ལ་འཐིང་ཁ་འདྲ་བས་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཞར་ཞིང༌། ལྷ་རྣམས་ ཀྱིས་སྤྲུལ་པའི་རྔོན་པས་ན་བཟའ་ངུར་སྨྲིག་ཕུལ་བ་ཡང་བླངས་ཏེ། དཔལ་རང་བྱུང་གི་ བསྙེན་པ་རྫོགས་པ་མཛད་པ་ལྟ་བུ། བཙུན་མོ་དང་བཅས་པའི་ཁབ་ལས་ངེ༷ས་པར་འབྱུ༷ང་ ཞིང་རབ་ཏུ་བྱུང་བའི་མཛད་པ་དང༌། དེ་ནས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་ པའི་ལྟ་བ་ཅན་གཅེར་བུ་དང་མགོ་འདྲེགས་པ་དང་མེ་ལ་མཆོང་བ་ལ་སོགས་པའི་དཀའ་སྤྱད་ ཙམ་གྱིས་གྲོལ་བར་རློམ་པའི་མི་སྟེགས་ཅན་རྣམས་སུན་དབྱུང་བའི་ཕྱིར། ཆུ་བོ་ནཻ་རཉྫནའི་ འགྲམ་དུ་དབུགས་དབྱུང་རྔུབ་བཀག་པ་ལས་མི་གཡོ་བའི་ཏིང་ངེ་འཛིན་གྱིས་ཏིལ་ཕྱེད་ཕྱེད་ ཙམ་གསོལ་བའི་དཀའ་བ་ལོ་དྲུག་སྤྱད་ཅིང༌། མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་བཞུགས་ནས། ལྷ་དང་བཅས་པའི་གདུལ་བྱ་བསམ་གྱིས་མི་ཁྱབ་པ་ཐེག་པ་གསུམ་གྱི་ལམ་ལ་བཀོད་པས་སྐུ་ ལུས་ཤིན་ཏུ་རིད་ཅིང་སྐམ་པར་གྱུར་པ་ལས། སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་ གྱིས་བསྐུལ་ཏེ། ཏིང་ངེ་འཛིན་ལས་བཞེངས་པ་དང༌། ལྷ་རྣམས་ཀྱིས་བསྐུལ་བའི་ཞིང་བའི་བུ་ མོ་ལེགས་སྐྱེས་མ་ལ་སོགས་པས་འབྲས་ཆན་དང་འོ་ཐུག་དྲངས་པ་གསོལ་བས། སྐུ་གསེར་ གྱི་གཏན་པ་ཕྱིས་པ་ལྟར་གྱུར་པ་ལྟ་བུ་དཀ༷འ་བ༷་སྤྱོ༷ད་པའི་མཛད་པ༷་ད༵ང༌། དེ་ནས་དུས་ 5-1-291 གསུམ་གྱི་སངས་རྒྱས་མང་པོས་བྱང་ཆུབ་བརྙེས་པའི་གནས་རྡོ་རྗེའི་གདན་ལ་ཐུགས་གཏད་ དེ་གཤེགས་པ་ན། ལམ་དུ་རྩྭ་འཚོང་བཀྲ་ཤིས་དང་མཇལ་ནས། བཀྲ་ཤིས་ང་ལ་རྩྭ་དག་མྱུར་ དུ་བྱིན། །དེ་རིང་ང་ལ་རྩྭ་ཡི་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་རྣམས་བཅོམ་ ནས་ཀྱང༌། །བྱང་ཆུབ་ཞི་བ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལས་རྩྭ་འཚོང་བཀྲ་ ཤིས་ཀྱིས་རྩྭ་ཀུ་ཤ་རྨ་བྱའི་མགྲིན་པ་ལྟར་སྔོ་ཞིང་འཇམ་ལ་དྲི་ཞིམ་པ་ཕུལ་བ་རྣམས་བླངས་ ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་མ་འཁྲུགས་པར་བཏིངས་པ་ལ། དཀྱིལ་མོ་ཀྲུང་གིས་བཞུགས་ ཤིང་སྐུ་དྲང་པོར་སྲང་བའི་ཞལ་ཤར་ཕྱོགས་སུ་གཟིགས་ནས་དགོངས་པ་མངོན་དུ་བཞག་སྟེ། སྟན་འདིར་བདག་གི་ལུས་འདི་སྐམས་གྱུར་ཏམ། །ཤ་རུས་པགས་པའི་ཚོགས་རྣམས་ཞིག་ གྱུར་ཀྱང༌། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་ བྱའོ། །ཞེས་དམ་བཅའ་བརྟན་པོ་མཛད་པ་ལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་ཡང་དག་པར་བསྟོད་པ་ལྟ་བུ་བྱ༷ང་ཆུ༷བ་ཀྱི་སྙི༷ང་པོ༷་རྡོ་རྗེའི་གདན་ དུ་གཤེ༷གས་པའི་མཛད་པ༷་ད༵ང༌། དེ་ནས་སྲོད་ཀྱི་དུས་སུ་སྨིན་མཚམས་ནས་བདུད་ཀྱི་དཀྱིལ་ འཁོར་རྣམ་པར་འཇིག་པ་ཞེས་བྱ་བའི་འོད་ཟེར་བཀྱེ་ཞིང༌། འོད་ཟེར་རེ་རེའི་རྩེ་མོ་ལས་ཀྱང༌། ཤིན་ཏུ་དག་པའི་སེམས་ཀྱིས་སྐལ་པ་སྤྱོད་སྤྱད་པའི། །ཟས་གཙང་རྒྱལ་པོས་རྒྱལ་སྲིད་དག་ ནི་རབ་སྤངས་ཏེ། །ཕན་བྱེད་གྱུར་པའི་བདུད་རྩི་མངོན་པར་འདོད་པ་དེ། །བྱང་ཆུབ་ཤིང་དྲུང་ འོངས་ཀྱིས་དེ་རིང་སྒྲིམ་པར་གྱིས། །ཞེས་པའི་སྒྲ་བྱུང་བས་སྟོང་གསུམ་གྱི་འཇིག་རྟེན་ཁྱབ་ པར་བྱིན་གྱིས་བརླབས་ནས་བཏང་བ་ལས། བདུད་སྡིག་ཅན་འཁོར་དང་བཅས་པ་ཤིན་ཏུ་ འཁྲུགས་པར་གྱུར་པས་བདུད་རིས་ཀྱི་དམག་དཀྲིགས་ཕྲག་དྲུག་ཅུ་བསྡུས་ཏེ། ཕྱོགས་རྣམས་ ཀུན་ནས་རིའི་ཕྲེང་བ་དང༌། །མཁའ་ལས་བྲག་དང་མཚོན་གྱི་ཆར་པ་དང༌། །རྡོ་རྗེ་འབར་བའི་ ཚོགས་ཆར་འབབ་པ་ཡིས། །ཤཱཀྱའི་བུ་དེ་ཐལ་བར་བརླག་པར་བྱ། །ཞེས་འབྱུང་བ་ལྟར་ 5-1-292 མཚོན་ཆ་ལ་སོགས་པའི་ཆར་སེར་བ་དྲག་པོའི་རྒྱུན་བཞིན་དུ་བར་དང་མཚམས་མེད་པར་ ཕབ་ཀྱང༌། དེའི་བྱམས་པ་ཚད་མེད་པའི་མཐུ་ལས་གནོད་པ་མེད་ཅིང༌། མེ་ཏོག་གི་ཆར་ འབའ་ཞིག་ཏུ་གྱུར་ནས་ལྡི ང་ཞིང་འབབ་པར་གྱུར་པ་དང༌། བདུད་སྡིག་ཅན་མྱ་ངན་གྱིས་ གདུངས་པར་གྱུར་པ་ལ་བདུད་ཀྱི་བུ་མོ་རྣམས་ན་རེ། ལྷ་ཐུགས་ངན་མ་མཛད་ཅིག དགེ་སྦྱོང་ གཽའུ་ཏ་མ་བདག་ཅག་གིས་ཆགས་པས་རབ་དུ་གཅད་པར་བྱའོ་ཞེས་ཟེར་ཞིང་རྒྱན་ཐམས་ ཅད་ཀྱིས་བརྒྱན་ཏེ། སྤྱན་སྔར་སོང་བ་ན། མི་སྡུག་པའི་ཏིང་ངེ་འཛིན་ལ་ཅུང་ཟད་བཞག་མ་ ཐག་ཏུ། རང་གི་ལུས་ཀྱིས་ཀྱང་སྐྱོ་བའི་རྒན་མོ་རྣམས་སུ་གྱུར་ནས། བདུད་སྡིག་ཅན་གྱི་གམ་ དུ་སོང་སྟེ། ལྷ་བདག་ཅག་ནི་འདི་ལྟར་འགྱུར་རོ། །ཞེས་པ་ལ། ང་ལ་སྐྱོབ་པའི་ནུས་པ་མེད་ ཀྱི་སྡིག་ཅན་ཁོ་རང་ལ་སྐྱབས་སུ་སོང་ཞིག་ཟེར་བས། བདུད་མོ་རྣམས་ཀྱིས་སྤྱན་སྔར་སོང་ སྟེ། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། ། གྲགས་པས་འཇིག་རྟེན་བཀྲམ་ནས་ལྷ་མེ་བ། །མགོན་པོ་མཆོག་ཁྱོད་ལ་ནི་སྐྱབས་སུ་མཆི། ། ཞེས་པ་ལ་སོགས་པས་བསྟོད་ཅིང་སྐྱབས་སུ་སོང་བ་དང་སྔར་བཞིན་དུ་གྱུར་པ་ལྟ་བུ་བདུ༷ད་ ཀྱི་སྡེ༷་དཔུང་དང་བཅས་པ་བྱམས་པའི་ཤུགས་ཀྱིས་འཇོ༷མས་པའི་མཛད་པ་ད༷ང༌། དེ་ནས་ ནམ་གྱི་ཆ་སྟོད་ལ་བསམ་གཏན་བཞི་མངོན་དུ་མཛད་ཅིང༌། གུང་ཐུན་ལ་མངོན་པར་ཤེས་པ་ རྣམས་བསྐྱེད་ནས། ཐོ་རངས་ཟག་པ་ཟད་པ་མངོན་དུ་མཛད་དེ། ས་བཅུ་རྒྱུན་གྱི་ཐ་མར་རྡོ་རྗེ་ ལྟ་བུའི་ཏིང་ངེ་འཛིན་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས། སྤང་བྱའི་ལྷག་མ་མ་ ལུས་པར་སྤངས་ཤིང་རྟོགས་པ་མ་ལུས་པ་རྒྱས་པའི་མཐར་ཐུག་པར་མཛད་ནས། སྐུ་དང་ཡེ་ ཤེས་ཀྱི་བདག་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པས། ཕྱོགས་བཅུའི་འཇིག་རྟེན་ གྱི་ཁམས་ཐམས་ཅད་གཡོ་ཞིང་ལྡེག་པ་དང༌། ནམ་མཁའ་ལས་གོས་དང་མེ་ཏོག་སྣ་ཚོགས་ པའི་ཆར་འབབ་པ་ལ་སོགས་པའི་ལྟས་བཟང་པོ་བསམ་གྱིས་མི་ཁྱབ་པ་ཡང་བྱུང་ལ། ཉིད་ཀྱི་ 5-1-293 གསུང་ཆོས་ཀྱི་དུང་གིས་ཀྱང་འཇིག་རྟེན་གྱི་ཁམས་ཁྱབ་པར་མཛད་དེ། བསོད་ནམས་རྣམ་ སྨིན་བདེ་ཞིང་སྡུག་བསྔལ་སེལ། །བསོད་ནམས་ལྡན་པའི་བསམ་པ་རྣམས་ཀྱང་འགྲུབ། ། བདུད་བཅོམ་ནས་ནི་བྱང་ཆུབ་མངོན་སངས་རྒྱས། །མྱ་ངན་འདས་ཤིང་བསིལ་བའི་དངོས་ པོ་ཐོབ། །ཅེས་གསུངས་ཤིང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཕྱག་བརྐྱངས་ ནས་ཀ་ལ་པིང་ཀའི་དབྱངས་ཀྱིས། བདག་ཅག་ཇི་ལྟར་སངས་རྒྱས་པ། །དེ་ལྟར་ཁོ་ནར་ཁྱོད་ སངས་རྒྱས། །དཔེར་ན་མར་དང་མར་ཉིད་ཀྱི། །ཉིང་ཁུ་མཚུངས་པ་བཞིན་དུ་གྱུར། །ཞེས་ གསུངས་ཏེ། ལྷ་དང་བཅས་པའི་འགྲོ་བ་མང་པོས་ཀྱང་མཆོད་ཅིང་བསྟོད་པའི་གོ་འཕང་ཐོབ་ པ་ལྟ་བུ་མངོན་པར་རྫོ༷གས་པ༷ར་ནི༵་བྱང་ཆུབ་ཆེན་པོ་བརྙེས་པའི་མཛད་པ་དང༌། དེ་ནས་དམ་ པའི་ཆོས་ཤིན་ཏུ་འབྱུང་དཀའ་བ་ལ་སོགས་པར་བསྟན་པའི་དོན་དུ། ཟབ་ཞི་སྤྲོས་བྲལ་འོད་ གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་ མི་འགྱུར་བས། །མི་སྨྲ་ནགས་ཀྱི་ནང་དུ་གནས་བར་བྱ། །ཞེས་གསུངས་ཏེ་སངས་རྒྱས་ནས་ ཀྱང་ཞག་བདུན་ཕྲག་བདུན་དུ་ཆོས་མ་གསུངས་པ་ལ། བརྒྱ་བྱིན་གྱིས། ཟླ་བ་ཉ་བ་གཟའ་ ལས་ཐར་པ་ལྟར། །ཁྱོད་ཀྱི་ཐུགས་ནི་ཤིན་ཏུ་རྣམ་པར་གྲོལ། །གཡུལ་ལས་རྣམ་པར་རྒྱལ་བ་ བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཞེས་པ་དང༌། ཚངས་པས་ཀྱང༌། གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ ཤེས་རབ་འོད་དབྱུང་གསོལ། །ཀུན་ནས་འཚལ་བར་འགྱུར་བ་མཆིས་ལགས་ཀྱིས། །ཐུབ་པ་ ཁྱོད་ཀྱིས་ཆོས་ནི་བསྟན་དུ་གསོལ། །ཞེས་གསོལ་བ་བཏབས་ཀྱང་མ་གནང་བར། སླར་ཡང་ ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཡོན་དུ་ཕུལ་ཏེ་འཁོར་བརྒྱ་སྟོང་དུ་མ་ བཅས་པས། མ་ག་དྷའི་ཡུལ་འདིར་སྔོན་ཆད་ཆོས། །མ་དག་དྲི་མས་རྗེས་སུ་འབྲེལ་བ་བྱུང༌། ། བདུད་རྩིའི་སྒོ་མོ་དབྱེ་བར་མཛོད་ཅིག་ཆོས། །རྡུལ་བྲལ་དྲི་མ་མེད་པ་བསྟན་དུ་གསོལ། ། 5-1-294 ཞེས་གསོལ་བ་བཏབས་པས་ཝཱ་ར་ཎཱ་སཱིར་བྱོན་ཏེ། འཁོར་ལྔ་སྡེ་བཟང་པོ་གཙོ་བོར་མཛད་ པའི་གདུལ་བྱ་དཔག་ཏུ་མེད་པ་རྣམས་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལོ་ བདུན་གྱི་བར་དུ་བསྐོར་བས་གང་ཟག་གི་བདག་ཏུ་ལྟ་བ་ལས་བཟློག་ནས་མྱ་ངན་ལས་ འདས་པའི་ལམ་ལ་འཇུག་པར་མཛད་པ་དང༌། བྱ་རྒོད་ཕུང་པོའི་རི་ལ་སོགས་པར་བྱོན་ཏེ་ འཁོར་ཐེག་པ་ཆེན་པོ་གང་ཟག་སྡེ་བཞི་པོ་གཙོ་བོར་མཛད་པའི་གདུལ་བྱ་མཐའ་ཡས་པ་ རྣམས་ལ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ལོ་བཅུའི་བར་དུ་བསྐོར་བས་ དངོས་པོར་འཛིན་པའི་ལྟ་བ་ལས་བཟློག་ནས། ཐེག་པ་ཆེན་པོའི་ལམ་གྱིས་སྨིན་པར་མཛད་ པ་དང༌། མཉན་ཡོད་དང་ལང་ཀ་པུ་རི་ལ་སོགས་པར་བྱོན་ཏེ་རང་བཞིན་སྣ་ཚོགས་པའི་ གདུལ་བྱ་རྣམས་ལ། བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་ལོ་སུམ་ཅུའི་ བར་དུ་བསྐོར་བས། ཡོད་མེད་རྟག་ཆད་ཀྱི་མཐར་འཛིན་པའི་ལྟ་བ་ལས་བཟློག་ནས་མུ་བཞི་ སྤྲོས་པ་ལས་རྣམ་པར་གྲོལ་བ་ལ་བཀོད་ཅིང༌། བྱ༷ང་ཆུ༷བ་ཏུ་ལུང་བསྟན་པར་ཡང་མཛད་པ་ལྟ་ བུ། ཆོ༷ས་ཀྱི༷་འཁོ༷ར་ལོ༷་རིམ་པ་གསུམ་དུ་བསྐོར་བའི་མཛད་པ་ད༵ང༌། དེ་ནས་རེ་ཞིག་འོས་སུ་ གྱུར་པའི་གདུལ་བྱ་རྣམས་ཀྱི་དོན་བྱ་བ་ཡོངས་སུ་རྫོགས་པར་གཟིགས་ཏེ། ལེ་ལོ་ཅན་རྣམས་ ཆོས་ལ་བསྐུལ་བ་དང་རྟག་པར་ལྟ་བ་རྣམས་དེར་འཛིན་པ་ལས་བཟློག་པ་ལ་སོགས་པའི་ དོན་དུ། རྩ་མཆོག་གི་གྲོང་ཁྱེར་དུ་གཤེགས་ཤིང༌། གྱད་སྟོབས་པོ་ཆེ་འབྱུང་བའི་གནས། ཤིང་ ས་ལ་ཟུང་གི་ཚལ་ཆུ་བོ་པ་ཏི་ཧ་རའི་འགྲམ་དུ་གཟིམས་མལ་གྱི་ཐ་མ་མཛད་ནས། ས་གཡོ་བ་ ལ་སོགས་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བུད་ཤིང་ཟད་པའི་མེ་ བཞིན་དུ་གཟུགས་ཀྱི་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དང༌། རྩ་མཆོག་གི་གྱད་ སྟོབས་པོ་ཆེ་རྣམས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་པུར་སྦྱོང་བར་གསོལ་བ་བཏབ་ པས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་བྱ་བ་བཞིན་དུ་སྐུ་ཤིང་བལ་ཤིན་ཏུ་འཇམ་པས་ 5-1-295 དཀྲིས་ཤིང་། རས་ཟུང་སྟོང་གིས་ཀྱང་བཅིངས་ནས་འབྲུ་མར་གྱིས་བཀང་པའི་ལྕགས་སྒྲོམ་དུ་ བཞུགས་སུ་གསོལ་ཏེ། ཙནྡན་གྱི་མེ་ཤིན་ཏུ་ཚ་བས་སྦྱངས་ཀྱང་འཚིག་པར་མ་གྱུར་པ་ལ། ཉིད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་འབྱུང་བས་ཞག་བདུན་གྱི་བར་དུ་སྦྱངས་པ་ལ་ལྷ་དང་ བཅས་པའི་འགྲོ་བ་མཐའ་ཡས་པས་མཆོད་པའི་ཚོགས་ཚད་མེད་པ་ཕུལ་བས། རིང་བསྲེལ་ མ་ག་དྷའི་བྲེ་བོ་ཆེའི་ཁལ་བཅུ་གཉིས་བྱོན་ཞིང་ཆ་བརྒྱད་དུ་གྱུར་ནས་སེར་སྐྱ་ལ་སོགས་པའི་ གྲོང་ཁྱེར་ཆེན་པོ་རྣམས་སུ་བབས་ཏེ་སྐུ་གདུང་གིས་ཀྱང་གདུལ་བྱ་རྣམས་ཡུན་རིང་དུ་སྨིན་ ཅིང་གྲོལ་བར་མཛད་པ་ལྟ་བུ། ཡོངས་སུ་མྱ༷་ང༷ན་ལས་འད༷ས་པ༷ར་གཤེ༷གས་པའི་མཛ༷ད་པ་ རྣ༵མས་སོ། །གནས་གང་དུ་སྟོན་ན་ཡོ༷ངས་སུ༷་མ༷་ད༷ག་པའི་ཞི༷ང་མི་མཇེད་ཀྱི་འཇིག་རྟེན་གྱི་ ཁམས་ལ་སོགས་པ་མཐའ་ཡས་པ་རྣ༷མས་སུ༵འོ། །དུས་ཇི་སྲིད་སྟོན་ན། གདུལ་བྱ་འཁོར་བའི་ སྲི༷ད་པ༷་ཇི༷་སྲི༷ད་མ་སྟོངས་པར་གན༷ས་པའི་བར་དེ་སྲིད་དུ་རྒྱུན་མི་འཆད་ཅིང་ལྷུན་གྱིས་གྲུབ་ པ༷ར་སྟོ༵ན་ཏོ་ཞེས་བྱ་བའི་དོན་ཏོ། ། གདུལ་བྱ་རིམ་གྱིས་འདྲེན་ཚུལ་ལ་གསུམ་སྟེ། ཕལ་པ་ཐེག་དམན་ལ་འཇུག་ཚུལ། ཐེག་ དམན་ཐེག་ཆེན་གྱིས་སྨིན་ཚུལ། ཐེག་ཆེན་རྣམ་གྲོལ་ལ་སྦྱོར་ཚུལ། ཞེས་པའོ། །དེ་ལ་ཐེག་ དམན་ལ་འཇུག་ཚུལ་ནི། མི་རྟག་སྡུག་བསྔལ་བདག་མེད་དང༌། །ཞི་བའི་སྒྲ་ ཡིས་ཐབས་མཁྱེན་པ། །སེམས་ཅན་སྲིད་གསུམ་སྐྱོ་བསྐྱེད་ནས། །མྱ་ ངན་འདས་ལ་རབ་འཇུག་མཛད། །ཅེས་པ་སྟེ། འདུས་བྱས་ཐམས་ཅད་མི༷་རྟ༷ག་ པ་དང༌། ཟག་པ་དང་བཅས་པ་ཐམས་ཅད་སྡུ༷ག་བསྔ༷ལ་བ་དང༌། ཆོས་ཐམས་ཅད་བད༷ག་ མེ༷ད་པ་ད༵ང༌། མྱ་ངན་ལས་འདས་པ་ནི་མཆོག་ཏུ་ཞི༷་ཞིང་བདེ་བ༷འོ་ཞེས་པ་ལ་སོགས་པ་ཆོས་ ཀྱི་སྡོམ་ཆེན་པོ་རྣམས་སྟོན་པའི༷་སྒྲ༷་ཡི༷ས། འདུལ་བའི་ཐ༷བས་མཁྱེ༷ན་པ༵་སངས་རྒྱས་རྣམས་ ཀྱིས། གདུལ་བྱའི་སེ༷མས་ཅ༷ན་འཁོར་བ་ལ་ཆགས་པ་རྣམས་ལ། སྲི༷ད་པ་གསུ༷མ་གྱི་ཉེས་ 5-1-296 དམིགས་མང་དུ་གསུངས་ཤིང༌སྐྱོ༷་བ་བསྐྱེ༷ད་ན༵ས། རེ་ཞིག་དང་པོར་འཁོར་བའི་སྐྱོན་ཉེ་བར་ ཞི་བ་ཙམ་གྱི་མྱ༷་ང༷ན་ལས་འད༷ས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལ༷་ཡང་ར༷བ་ཏུ་ འཇུ༷ག་པར་མཛ༵ད་དོ་ཞེས་བྱ་བའི་དོན་ཏོ། ། ཐེག་ཆེན་གྱིས་སྨིན་ཚུལ་ལ་གཉིས་ཀྱི། སྤྱི་དོན་ལ་གསུམ་ལས། གང་གིས་འཇུག་པའི་ གང་ཟག་ནི། ཐེག་པ་ཆུང་ངུ་པའི་ལུགས་ཀྱིས་རང་རང་གི་མཐོང་ལམ་ཐོབ་པ་ཡན་ཆད་དེ་ དག་གི་བྱང་ཆུབ་ཏུ་རིགས་ངེས་པར་འདོད་མོད་ཀྱི། མཐར་ཐུག་པའི་དོན་དུ་ནི་རྒྱུན་དུ་ཞུགས་ པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་རྣམས་ཀྱང་ཐེག་ དམན་དུ་རིགས་མ་ངེས་ཤིང༌། ཐེག་ཆེན་དུ་རིམ་གྱིས་འཇུག་པར་བྱ་དགོས་པ་ཉིད་དེ། ཇི་ སྐད་དུ། རྒྱན་ལས། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་བའོ། ། དོན་མཐོང་འདོད་ཆགས་བྲལ་བ་དང༌། །འདོད་ཆགས་བྲལ་མིན་འདིར་དམན་པའོ། །ཞེས་ གསུངས་ཤིང༌། བྱང་ཆུབ་སེམས་འགྲེལ་ལས་ཀྱང༌། ཇི་སྲིད་ཉན་ཐོས་དེ་དག་ནི། །སངས་ རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་ཉོས་པས་ བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་རབ་ ཆགས་ཤིང༌། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་ འགྱུར། །ཞེས་གསུངས་ལ། དམ་ཆོས་པདྨ་དཀར་པོ་ལས་ཀྱང༌། ཉན་ཐོས་མ་ལུས་འདི་དག་ སངས་རྒྱས་འགྱུར། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །དེ་བཞིན་དུ་རང་སངས་རྒྱས་ ཀྱང་ངོ༌། ། གང་ནས་འཇུག་པའི་ས་མཚམས་ནི། འགའ་ཞིག་འཕགས་པའི་ལམ་ལས་ཉམས་ པ་མི་སྲིད་པའོ་སྙམ་དུ་བསམས་ཏེ། མཐོང་ལམ་ནས་འཇུག་པར་འདོད་མོད། འདིར་ནི་ ཚོགས་ལམ་ནས་རིམ་གྱིས་འཇུག་པར་བྱ་དགོས་པ་ཉིད་དེ། ཐེག་པ་ཆེན་པོ་ལ་འདུན་པ་དང་ 5-1-297 མཚུངས་པར་ལྡན་པའི་སེམས་བསྐྱེད་བླང་དགོས་ཤིང༌། དེ་ནི་ལས་དང་པོ་པའི་སས་བསྡུས་ པའི་ཕྱིར་དང༌། ཐེག་ཆེན་གྱི་ལམ་ལྔ་ཆར་རིམ་གྱིས་རྒྱུད་ལ་སྐྱེད་དགོས་པའི་ཕྱིར་རོ། །དེ་ལྟ་ ན་འཕགས་པ་བྱིས་པར་ལྟུང་སྲིད་པར་འགྱུར་རོ་ཞེ་ན། ཐེག་པ་ཆེན་པོའི་ཚོགས་ལམ་ནས་ ཞུགས་ཀྱང་དེ་ཙམ་གྱིས་ལྷུང་བར་མི་འགྱུར་ཏེ། སྔར་གྱི་སྤངས་རྟོགས་ལས་ཁྱད་པར་ཅན་དུ་ གྱུར་པའི་ཕྱིར་རོ། །གཞན་ཡང་ཐེག་ཆེན་སེམས་བསྐྱེད་དང་ཡང་ལྡན་ཞིང་འཕགས་པ་ཡིན་ པའི་ཕྱིར་རོ། །གང་ཟག་དེ་ཐེག་པ་ཆེན་པོའི་འཕགས་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། ཐེག་ ཆེན་མཐོང་ལམ་རྒྱུད་ལ་མ་སྐྱེ་པའི་ཕྱིར་རོ། ། ཇི་ལྟར་འཇུག་ཚུལ་བསྟན་པ་ནི། ཉན་ཐོས་དང་རང་སངས་རྒྱས་སོ་སོའི་སྐྱེ་བོ་རྣམས་ ཐེག་ཆེན་གྱི་ལས་དང་པོ་བ་དང་མཚུངས་ཤིང༌། འཕགས་པ་རྒྱུན་ཞུགས་དང་ཕྱིར་འོང་ནི་ སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་སུ་ཟག་བཅས་ཀྱི་སྐྱེ་བ་མཚན་ཉིད་པ་བླངས་ ནས་ཐེག་ཆེན་དུ་སེམས་སྐྱེད་ཅིང༌། ཚོགས་གཉིས་རིམ་གྱིས་སྒྲུབ་པས་འཇུག་སྟེ། རྒྱན་ལས། གཅིག་ནི་སྨོན་ལམ་དབང་གིས་དེ། །སྐྱེ་བ་རབ་ཏུ་སྒྲུབ་པར་བྱེད། །ཅེས་གསུངས་པ་ལྟར་རོ། ། ཕྱིར་མི་འོང་ནི་འདོད་པའི་སྒོམ་སྤང་ཟད་པའི་ཕྱིར་སྐྱེ་བ་མཚན་ཉིད་པ་མི་ལེན་ཡང་སྤྲུལ་ པའི་སྐྱེ་བ་ལ་བརྟེན་ནས། རིམ་གྱིས་འཇུག་སྟེ། གཅིག་ཤོས་ཕྱིར་མི་འོང་བ་དང༌། །ལྡན་ཕྱིར་ སྤྲུལ་པ་རབ་ཏུ་སྒྲུབ། །ཅེས་གསུངས་པ་བཞིན་ནོ། །དགྲ་བཅོམ་པ་རྣམས་ནི་བག་ཆགས་ཀྱི་ ས་དང་ཟག་པ་མེད་པའི་ལས་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་བླངས་ནས། སངས་རྒྱས་ཀྱི་ ཐུགས་རྗེས་བསྐུལ་བ་ལས་ཚོགས་གཉིས་སྒྲུབ་པས་འཇུག་སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས། ཕྱིས་ནི་སངས་རྒྱས་ཀྱིས་བསྐུལ་ནས། །བྱང་ཆུབ་ཏུ་ནི་ཚོགས་བསགས་ཏེ། །དེ་ཡང་འཇིག་ རྟེན་འདྲེན་པར་འགྱུར། །ཞེས་གསུངས་ཤིང༌། ལང་དཀར་གཤེགས་པ་ལས་ཀྱང༌། དེ་བཞིན་ གཤེགས་པའི་བྱིན་རླབས་ཀྱིས་སྐྱེ་བ་ལ་དབང་ཐོབ་པའི་སྒོ་ནས་ཚོགས་གཉིས་ཡོངས་སུ་ 5-1-298 བསགས་ཏེ་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། ། དེ་ལྟར་འཕགས་པའི་ལམ་ཐོབ་པ་དག་ཀྱང་སྲིད་པ་ལ་སྐྱོ་ཞིང་ཞི་བ་ལ་ཆགས་པ་ཡུན་ རིང་དུ་གོམས་པའི་ཕྱིར། ཐེག་ཆེན་ལས་དང་པོ་པ་ལ་ལྟོས་ནས་ཀྱང་རྟོགས་པ་བུལ་བ་ཉིད་ ཡིན་ཏེ། རྒྱན་ལས། དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །ཅེས་གསུངས་པའི་ ཕྱིར་རོ། ། གཞུང་དོན་ནི། ཞི་བའི་ལམ་ལ་རབ་ཞུགས་པ། །མྱ་ངན་འདས་ཐོབ་ འདུ་ཤེས་ཅན། །དམ་ཆོས་པདྨ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་བསྟན་ པ་ཡིས། །དེ་དག་སྔར་འཛིན་ལས་བཟློག་སྟེ། །ཐབས་དང་ཤེས་རབ་ ཡོངས་བཟུང་བ། །ཐེག་པ་མཆོག་ལ་སྨིན་མཛད་དེ། །ཞེས་པ་ལ། རང་ཉིད་ ཀྱི་འཁོར་བའི་སྡུག་བསྔལ་ཉེ་བར་ཞི༷་བ༷ར་བྱེད་པའི༷་ཐབས་ཉན་ཐོས་དང་རང་སངས་རྒྱས་ ཀྱི་ལ༷མ་ལ༷་ར༷བ་ཏུ་ཞུ༷གས་པ༵་ལས། དགྲ་བཅོམ་པ་དང་རང་བྱང་ཆུབ་ཐོབ་པ་ན་མཐར་ཕྱིན་ པའི་གོ་འཕང་མ་ཐོབ་ཀྱང་མྱ༷་ང༷ན་ལས་འད༷ས་པ་ཐོ༷བ་པོ་སྙམ་པའི་འདུ༷་ཤེ༷ས་ཅ༵ན་རྣམས་ལ་ ད༷མ་པའི་ཆོ༷ས་པ༷དྨ༷་དཀ༷ར་པོ་ལས། དེ་བཞིན་ཉན་ཐོས་ཐམས་ཅད་ཀྱང༌། །མྱ་ངན་འདས་ ཐོབ་འདུ་ཤེས་ཏེ། །རྒྱལ་བས་བཤད་པ་དེ་དག་ལ། །མྱ་ངན་མ་འདས་དེ་ངལ་གསོ། །ཞེས་ པ་དང༌། ཤཱ་རིའི་བུ་ཐེག་པ་ནི་གཅིག་སྟེ། འདི་ལྟར་སངས་རྒྱས་ཀྱི་ཐེག་པའོ་ཞེས་པ་དང༌། འདི་ལྟར་མྱ་ངན་འདས་པར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ ཡང༌། །ཁྱེད་ནི་ད་དུང་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་ གྱིས། །ཞེས་པ་ལ༷་སོ༵གས་པ་གསུངས་ཤིང༌། གཞན་ཡང་དཔལ་ཕྲེང་གི་ཞུས་པའི་མདོ་དང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པ་རྣམས་ལས། ཆོ༷ས་ཐམས་ཅད་ཀྱི༷་དེ༷་ཁོ་ན་ 5-1-299 ཉི༷ད་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པར་སྟོན་པའི་ཐེག་པ་ནི་གཅིག་ཁོ་ན་ཡིན་ལ། དེས་ བགྲོད་པའི་མྱ་ངན་ལས་འདས་པའང་གཅིག་ཁོ་ནའོ་ཞེས་ངེས་པར་བསྟ༷ན་པ༷་ཡི༵། ཉན་ཐོས་ དང་རང་སངས་རྒྱས་དེ༷་ད༷ག་སྔ༷ར་མྱ་ངན་ལས་འདས་པ་མཐར་ཐུག་པ་མ་ཐོབ་པ་ལ་ཐོབ་ པར་འཛི༷ན་པ་དེ་ལ༷ས་བཟློ༷ག་སྟེ༵། ཐ༷བས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ བར་འདོད་པའི་སྙིང་རྗེ་ཆེན་པོ་ད༷ང་ཤེ༷ས་ར༷བ་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་ རྟོགས་པ་ལ་བརྟེན་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོ༷ངས་སུ་བཟུ༷ང་བ༵ས་ ཐེ༷ག་པ༷་གསུམ་ལས་མཆོ༷ག་ཏུ་གྱུར་པའི་ཐེག་ཆེན་ལ༷་རབ་ཏུ་སྨི༷ན་པར་མཛ༷ད་དེ༵། ཡང་དག་ པའི་ལམ་ལ་བཀོད་པར་མཛོད་དོ། །ཞེས་བྱ་བའི་དོན་ནོ། ། རྣམ་གྲོལ་སྦྱོར་ཚུལ་ནི། བྱང་ཆུབ་མཆོག་ཏུ་ལུང་སྟོན་ཏོ། །ཞེས་པ་སྟེ། དེ་ལྟར་ ཐེག་པ་ཆེན་པོའི་ལམ་ལ་རིམ་གྱིས་སྨིན་པར་མཛད་ནས་ས་བརྒྱད་པ་ལ་སོགས་པ་ཐོབ་པ་ དང༌། ཞིང་ཁམས་འདི་ཞེས་བྱ་བར། མིང་འདི་ཞེས་བྱ་བ་དང་ལྡན་པས། དུས་འདི་ཙམ་ཞིག་ ན་བསྐལ་པ་འདི་ཞེས་བྱ་བ་ལ་སངས་རྒྱ་ཞིང་། འཁོར་འདི་ཉིད་སྙེད་དང་བཅས་ཏེ། དམ་ པའི་ཆོས་ཀྱང་འདི་སྲིད་དུ་གནས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས། རྣམ་པར་གྲོལ་ བའི་བྱ༷ང་ཆུ༷བ་གསུམ་ལས་མཆོ༷ག་ཏུ༷་གྱུར་པ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་ལུ༷ང་སྟོ༷ན་པར་ ཡང་མཛད་དོ༵་ཞེས་པའི་དོན་ནོ། །རྒྱན་ལས་ཀྱང༌། ཡང་དེ་ཞིང་དང་མིང་དང་ནི། །དུས་དང་ བསྐལ་པའི་མིང་དང་ནི། །འཁོར་དང་དམ་པའི་ཆོས་དག་ཀྱང༌། །གནས་པའི་སྒོ་ནས་དེར་ འདོད་དོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །སྤྲུལ་པའི་སྐུ་འདི་ཉིད་སྐུ་གསུམ་ལ་ བསྟོད་པ་ལས་གསལ་བར་གསུངས་ཏེ། ཇི་སྐད་དུ། སེམས་ཅན་རྣམས་ནི་སྨིན་པར་མཛད་ ཕྱིར་ལ་ལ་དག་ཏུ་མེ་འབར་བཞིན་དུ་གང་སྣང་ཞིང༌། །ལ་ལར་ཡང་ནི་རྫོགས་པར་བྱང་ཆུབ་ ཆོས་ཀྱི་འཁོར་ལོ་རབ་ཏུ་ཞི་བར་གང་སྣང་ལ། །སྣ་ཚོགས་ཐབས་ཚུལ་རྣམས་ཀྱིས་རྣམ་པ་ 5-1-300 དུ་མར་འཇུག་ཅིང་སྲིད་པ་གསུམ་གྱི་འཇིགས་སེལ་བ། །ཕྱོགས་བཅུར་ཆུབ་མཛད་ཐུབ་པ་ རྣམས་ཀྱི་སྤྲུལ་སྐུ་དོན་ཆེན་གང་ཡིན་དེ་ལ་ཕྱག་འཚལ་ལོ། །ཞེས་པས་སོ། ། དོན་བསྡུ་ལ་གཉིས་ལས། རྒྱུ་མཚན་དང་སྦྱར་ཏེ་གསུམ་དུ་བསྡུ་བ་ནི། ཟབ་དང་མཐུ་ ནི་ཕུན་ཚོགས་དང༌། །བྱིས་པའི་དོན་མཐུན་རབ་འདྲེན་ཕྱིར། །འདི་དག་ གྲངས་བཞིན་ཟབ་པ་དང༌། །རྒྱ་ཆེ་བདག་ཉིད་ཆེ་ཤེས་བྱ། །ཞེས་པ་སྟེ། ཕྲ་ ཞིང་རྟོགས་པར་དཀའ་བས་ན་ཟ༷བ་པའི་ཕྱིར་ད༷ང༌། གཞན་གྱི་དོན་སྒྲུབ་པའི་མཐུ༷་ནི༷་ཕུ༷ན་ སུམ་ཚོ༷གས་པ་ད༵ང་ལྡན་པའི་ཕྱིར་དང༌། བྱི༷ས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་བསམ་པ༷འི་དོ༷ན་ དང་མཐུ༷ན་པར་བསྟན་པས་འཁོར་བ་ལས་ར༷བ་ཏུ་འདྲེ༷ན་པའི་ཕྱི༵ར་ན། སྐུ་གསུམ་པོ་འདི༷་ ད༷ག་གྲ༷ངས་ཇི་ལྟ་བ་བཞི༷ན་དུ་སྦྱར་ཏེ། ཟ༷བ་པ༷་ངོ་བོ་ཉིད་ཀྱི་སྐུ་ད༵ང༌། རྒྱ༷་ཆེ༷་བ་ལོངས་སྤྱོད་ རྫོགས་པའི་སྐུ་དང༌། བད༷ག་ཉི༷ད་ཆེ༷ན་པོ་སྤྲུལ་པའི་སྐུ་རྣམས་སུ་ཤེ༷ས་པར་བྱ༵འོ་ཞེས་པའི་ དོན་ནོ། ། གནས་ཚུལ་དང་སྦྱར་ཏེ་གཉིས་སུ་བསྡུ་བ་ནི། འདིར་ནི་དང་པོ་ཆོས་སྐུ་སྟེ། །ཕྱི་ མ་དག་ནི་གཟུགས་ཀྱི་སྐུ། །ནམ་མཁའ་ལ་ནི་གཟུགས་གནས་བཞིན། ། དང་པོ་ལ་ནི་ཐ་མ་གནས། །ཞེས་པ་ལ། སངས་རྒྱས་ཀྱི་སྐུ་འཆད་པའི་སྐབས་ འདི༷ར་ནི༷། ད༷ང་པོ༷་ཟབ་པའི་སྐུ་དེ་ཆོ༷ས་ཀྱི་སྐུ༷ར་ཤེས་པར་བྱ་སྟེ༵། ཆོས་ཐམས་ཅད་ཀྱི་རང་ བཞིན་ཡིན་ཞིང་གཞན་རིག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཕྱི༷་མ༷་ལོངས་སྤྱོད་རྫོགས་ སྐུ་དང་སྤྲུལ་པའི་སྐུ་ད༷ག་ནི༷་གཟུ༷གས་ཀྱི༷་སྐུ༵་ཡིན་ཏེ། སྐལ་བ་དང་མཐུན་པར་གདུལ་བྱ་ལ་ སྣང་བའི་ཕྱིར་རོ། །དེ་དག་ཀྱང་དཔེར་ན་འདུས་མ་བྱས་ན༷མ་མཁ༷འི་དབྱིངས་ལ༷་ནི༷་འདུས་ བྱས་ཀྱི་གཟུ༷གས་སྣ་ཚོགས་གན༷ས་པ་ཇི་ལྟ་བ་བཞི༵ན་དུ། ད༷ང་པོ༷་ཆོས་ཀྱི་སྐུ་འགྱུར་བ་མེད་ པའི་དབྱིངས་ལ༷་ནི༷་ཐ༷་མ༷་གཟུགས་ཀྱི་སྐུ་སྣ་ཚོགས་སུ་སྣང་བ་དག་གན༵ས་པ་ཡིན་ནོ་ཞེས་ 5-1-301 པའི་དོན་ཏོ། །དེ་ལྟར་དོན་དྲུག་ལས་བརྩམས་ནས་སངས་རྒྱས་ཀྱི་མཚན་ཉིད་ནི་རྒྱན་ལས་ ཀྱང་གསལ་བར་མཛད་དེ། ཇི་སྐད་དུ། དམ་པའི་དོན་ནི་གྲུབ་པ་སྟེ། །ས་ཀུན་ལས་ནི་ངེས་ པར་འབྱུང༌། །སེམས་ཅན་ཀུན་གྱི་མཆོག་ཏུ་གྱུར། །སེམས་ཅན་ཐམས་ཅད་རྣམ་གྲོལ་མཛད། ། ཡོན་ཏན་མི་ཟད་མཉམ་མེད་ལྡན། །འཇིག་རྟེན་དག་དང་དཀྱིལ་འཁོར་ན། །སྣང་ལ་ལྷ་དང་ མི་རྣམས་ཀྱིས། །རྣམ་པ་ཀུན་ཏུ་མི་མཐོང་བའོ། །ཞེས་གསུངས་པས་སོ། ། ཇི་སྲིད་དུ་དེ་དག་རྟག་པའི་དོན་ལ། རྟག་པའི་རྒྱུ་མཚན་མདོར་བསྟན་དང༌། དེ་ཉིད་རྒྱས་ པར་བཤད་པའོ། །དེ་ལ་མདོར་བསྟན་ནི། རྒྱུ་མཐའ་ཡས་དང་སེམས་ཅན་ཟད་ མེད་དང༌། །བརྩེ་དང་འཕྲུལ་དང་མཁྱེན་དང་ཕུན་ཚོགས་དང་། །ཆོས་ ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང༌། །ངོ་བོ་མེད་ཕྱིར་འཇིག་རྟེན་ མགོན་པོ་རྟག །ཅེས་པ་སྟེ། གང་ལ་ཡང་ཆགས་པ་མེད་པར་དམ་པའི་ཆོས་འཛིན་པ་ལ་ སོགས་པ་རྒྱུ༷་མཐ༷འ་ཡ༷ས་པ་ལས་གྲུབ་པའི་འབྲས་བུ་ཡིན་པའི་ཕྱིར་ན། གཟུགས་ཀྱི་སྐུས་ གཞན་གྱི་དོན་མཛད་པ་རྟག་ཏུ་རྒྱུན་མི་འཆད་པ་ད༷ང༌། དེ་བཞིན་དུ་སྦྱར་ཏེ། སེམས་ཅན་མ་ ལུས་པ་འདུལ་བར་ཞལ་གྱིས་བཞེས་ཤིང་གདུལ་བྱའི་སེ༷མས་ཅ༷ན་ལ་ཟ༷ད་པ་མེ༷ད་པའི་ཕྱིར་ ད༵ང༌། གཞན་དོན་སྒྲུབ་པའི་ཀུན་སློང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ༷་བ་ཆེན་པོ་རྒྱུན་ མི་འཆད་པའི་ཕྱིར་ད༷ང༌། གཞན་དོན་སྒྲུབ་པའི་ཐབས་རྫུ་འཕྲུ༷ལ་གྱི་རྐང་པ་ལ་དབང་འབྱོར་ པ་ཐོབ་པའི་ཕྱིར་ད༷ང༌། འཁོར་བ་དང་མྱ་ངན་ལས་འདས་པའི་རང་བཞིན་གཉིས་སུ་མེད་ པར་མཁྱེ༷ན་པས་ནམ་ཡང་སྐྱོ་བ་མེད་པའི་ཕྱིར་ད༷ང༌། ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་བདེ་ བ་ཕུ༷ན་སུམ་ཚོ༷གས་པ་དང་ལྡ༵ན་པས་སྡུག་བསྔལ་གྱིས་གནོད་པ་མེད་པའི་ཕྱིར་དང༌། ཆོ༷ས་ ཐམས་ཅད་ཀྱི༷་དབ༷ང་ཕྱུ༷ག་འཇིག་རྟེན་དུ་བཞུགས་ཀྱང་དེའི་ཉེས་པས་ནམ་ཡང་མི་གོས་པའི་ ཕྱིར་ན། གཟུགས་ཀྱི་སྐུས་གཞན་དོན་མཛད་པ་རྟག་ཏུ་རྒྱུན་མི་འཆད་ཅིང༌། འཆི་བ་མེད་པའི་ 5-1-302 གོ་འཕང་བརྙེས་པས་འཆི༷་བ༷འི་བདག་པོའི་བདུ༷ད་ཐམས་ཅད་བཅོ༷མ་པའི་ཕྱིར་ད༵ང༌། གདོད་ མ་ནས་འདུས་མ་བྱས་པས་འདུས་བྱས་ཀྱི་ངོ༷་བོ༷ར་མེ༷ད་པའི་ཕྱི༷ར་དང༌། ཕྱི་མའི་མཐར་ཐུག་ པར་འཇི༷ག་རྟེ༷ན་ཐམས་ཅད་ཀྱི་སྐྱབས་དང་མགོ༷ན་པོ༷ར་གྱུར་པའི་ཕྱིར་ན། ཆོས་ཀྱི་སྐུ་འགྱུར་ བ་མེད་པས་རྟ༵ག་པ་ཡིན་ཏེ། མདོར་ན། རྒྱུ་མཚན་རྣམ་པ་བཅུས་དེ་བཞིན་གཤེགས་པའི་སྐུ་ གསུམ་པོ་འདི་རྟག་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། རྒྱས་བཤད་ལ་གསུམ་ལས། གཟུགས་སྐུ་རྟག་པའི་རྒྱུ་མཚན་ནི། ལུས་དང་སྲོག་ དང་ལོངས་སྤྱོད་རྣམས། །བཏང་ནས་དམ་ཆོས་འཛིན་ཕྱིར་དང༌། །སེམས་ ཅན་ཀུན་ལ་ཕན་པའི་ཕྱིར། །དང་པོར་དམ་བཅས་མཐར་ཕྱིན་ཕྱིར། ། སངས་རྒྱས་ཉིད་ལ་གཙང་བ་དང༌། །དག་པའི་ཐུགས་རྗེ་རབ་འཇུག་ ཕྱིར། །རྫུ་འཕྲུལ་རྐང་པ་སྟོན་པ་ནི། །དེ་ཡིས་གནས་པར་སྤྱོད་པའི་ཕྱིར། ། མཁྱེན་པས་འཁོར་དང་མྱ་ངན་འདས། །གཉིས་སུ་འཛིན་ལས་གྲོལ་ བའི་ཕྱིར། །རྟག་ཏུ་བསམ་ཡས་ཏིང་འཛིན་གྱིས། །བདེ་བ་ཕུན་ཚོགས་ དང་ལྡན་ཕྱིར། །འཇིག་རྟེན་ན་ནི་སྤྱོད་པ་ན། །འཇིག་རྟེན་ཆོས་ཀྱི་གོས་ པ་མེད། །ཅེས་པ་སྟེ། སྔར་སློབ་ལམ་གྱི་གནས་སྐབས་སུ་ལུ༷ས་མགོ་བོ་ལ་སོགས་པ་རྣམས་ ད༷ང༌། སྲོ༷ག་ཚེའི་རྒྱུན་ཉིད་ད༷ང༌། ལོ༷ངས་སྤྱོ༷ད་རིན་པོ་ཆེ་ལ་སོགས་པ་རྣ༵མས་གང་ལ་ཡང་ ཆགས་པ་མེད་པར་ཡོངས་སུ་བཏ༷ང་ན༷ས་ད༷མ་པའི་ཆོ༷ས་འཛི༷ན་པ་ལ་སོགས་པ་རྒྱུ་མཐའ་ ཡས་པ་ལས་གྲུབ་པའི་ཕྱི༷ར་ན། གཟུགས་ཀྱི་སྐུ་གཉིས་པོ་དེ་རྟག་ཏུ་རྒྱུན་མི་འཆད་པ་ད༵ང༌། དེ་བཞིན་དུ་སྦྱར་ཏེ། སེ༷མས་ཅ༷ན་ཇི་སྙེད་པ་ཀུ༷ན་ལ༷་ཕ༷ན་པ༷་རྒྱ་ཆེན་པོ་བསྒྲུབ་པར་བྱ་བའི༷་ ཕྱི༵ར། ད༷ང་པོ༷ར་སེམས་ཅན་མ་ལུས་པ་འཁོར་བ་ལས་བསྒྲལ་བར་བྱའོ་ཞེས་རང་གིས་ཇི་ ལྟར་ད༷མ་བཅ༷ས་པའི་དོན་མཐ༷ར་ཕྱི༷ན་པར་མཛད་ཅིང༌། གདུལ་བྱ་ལ་ཟད་པ་མེད་པའི་ཕྱི༵ར་ 5-1-303 དང༌། རྫོགས་པའི་ས༷ངས་རྒྱ༷ས་ཉི༷ད་ལ༷་ཉོན་མོངས་པའི་སྒྲིབ་པས་གཙ༷ང་བ༷་ད༵ང༌། ཤེས་བྱའི་ སྒྲིབ་པ་རྣམ་པར་ད༷ག་པ༷འི་ཐུ༷གས་རྗེ༷་ཆེན་པོ་རྒྱུན་མི་འཆད་པར་སེམས་ཅན་མཐའ་དག་ལ་ ར༷བ་ཏུ་འཇུ༷ག་པ་མངའ་བའི་ཕྱི༵ར་དང༌། གཅིག་ཏུ་བསྒྱུར་ཞིང་མང་པོར་སྤྲུལ་པ་ལ་སོགས་ པའི་རྫུ༷་འཕྲུ༷ལ་དང༌། དེའི་རྐ༷ང་པ༷་ཏིང་ངེ་འཛིན་རྣམས་ལ་དབང་འབྱོར་པས་སྐལ་བ་དང་ འཚམ་པར་གཟུགས་སྐུའི་སྣང་བ་སྟོ༷ན་པ༷་ནི༵། སངས་རྒྱས་དེ༷་ཡི༷ས་འཁོར་བ་ཇི་སྲིད་ཀྱི་བར་ དུ་གན༷ས་ཤིང་རྒྱུན་མི་འཆད་པ༷ར་སྤྱོ༷ད་ནུས་པ༷འི་ཕྱི༵ར་དང༌། མཁྱེ༷ན་པའི་ཡེ་ཤེས་རྣམ་པར་ དག་པ༷ས་སྲིད་པ་འཁོ༷ར་བ་ད༷ང་། ཞི་བ་མྱ༷་ང༷ན་ལས་འད༵ས་པ་དག རང་བཞིན་གཉི༷ས་ སུ༷་འཛི༷ན་པ་ལ༷ས་གྲོ༷ལ་ནས། གཉིས་མེད་དུ་རྟོགས་པས་གཞན་གྱི་དོན་ལ་སྐྱོ་བ་དང་བྲལ་ བ༷འི་ཕྱི༵ར་དང༌། དུས་རྟ༷ག་ཏུ༷་བས༷མ་གྱིས་མི་ཁྱབ་ཅིང་མཐའ་ཡ༷ས་པའི་ཏི༷ང་ངེ་འཛི༷ན་ཟག་ མེད་ཀྱི༵་བདེ༷་བ༷་ཕུ༷ན་སུམ་ཚོ༷གས་པ་རྣམས་ད༷ང་ལྡ༷ན་པས། དཀའ་སྤྱད་ཀྱི་སྡུག་བསྔལ་གྱིས་ གནོད་པ་མེད་པའི་ཕྱི༵ར་དང༌། གཞན་དོན་དུ་འཇི༷ག་རྟེ༷ན་ན༷་ནི༷་བཞུགས་ཤིང༌། དེ་དག་གི་ སྐལ་བ་དང་མཐུན་པར་སྤྱོ༷ད་པ༷་ན༵་འཇི༷ག་རྟེ༷ན་པའི་ཆོ༷ས་ཉོན་མོངས་པ་དང་ལས་དང་སྡུག་ བསྔལ་ལ་སོགས་པ་རྣམས་ཀྱི༷ས་གོ༷ས་པ༷་མེ༵ད་པའི་ཕྱིར། གཟུགས་སྐུ་གཉིས་ཀྱིས་སེམས་ ཅན་གྱི་དོན་མཛད་པ་རྟག་ཏུ་རྒྱུན་མི་འཆད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། ཆོས་སྐུ་རྟག་པའི་རྒྱུ་མཚན་ནི། འཆི་མེད་ཞི་བའི་གནས་ཐོབ་ལ། །འཆི་ བདུད་རྒྱུ་བ་མེད་པའི་ཕྱིར། །འདུས་མ་བྱས་པའི་རང་བཞིན་གྱི། །ཐུབ་ པ་གདོད་ནས་རབ་ཞིའི་ཕྱིར། །རྟག་ཏུ་སྐྱབས་མེད་རྣམས་ཀྱི་ནི། །སྐྱབས་ ལ་སོགས་པར་འཐད་ཕྱིར་རོ། །ཞེས་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་མངོན་ སུམ་དུ་གྱུར་པ་སྟེ། གཉེན་པོ་མཐར་ཕྱིན་པའི་སྒོ་ནས་ཀྱང་མི་འགྱུར་ཞིང་རྟག་པ་ཡིན་ཏེ། ལས་དང་ཉོན་མོངས་པས་འཆི༷་འཕོ་བ་མེ༷ད་ཅིང་སྐྱེ་འགག་མ་ལུས་པ་ཉེ་བར་ཞི༷་བ༷འི་མྱ་ངན་ 5-1-304 ལས་འདས་པ་མཆོག་ལ་གན༷ས་པའི་གོ་འཕང་ཐོ༷བ་པ་ལ༵་འཆི༷་བདག་གི་བདུ༷ད་ནམ་ཡང་རྒྱུ༷་ བ༷་མེ༷ད་པ༷འི་ཕྱི༵ར་རོ། །དེ་བཞིན་དུ་རང་བཞིན་གྱིས་ཀྱང་རྟག་པ་ཡིན་ཏེ། རྒྱུ་རྐྱེན་གྱིས་མངོན་ པར་འདུ༷ས་མ༷་བྱ༷ས་པ༷འི་ར༷ང་བཞི༷ན་ཅན་གྱི༵་ཐུ༷བ་པ༷་ཆོས་ཀྱི་སྐུ། གདོ༷ད་མ་ན༷ས་འདུས་ བྱས་ཀྱི་མཚན་ཉིད་ཐམས་ཅད་ར༷བ་ཏུ་ཞི༷་བའི༷་བདག་ཉིད་ཡིན་པའི་ཕྱི༵ར་རོ། །མི་སླུ་བས་ ཀྱང་རྟག་པ་ཡིན་ཏེ། རྟ༷ག་ཏུ༷་རྒྱུན་མི་འཆད་པར་སྐྱ༷བས་མེ༷ད་པའི་སེམས་ཅན་མཐའ་ཡས་པ་ རྣ༷མས་ཀྱི༷་ནི༵་སྐྱ༷བས་དང་མགོན་དང་དཔུང་གཉེན་ལ༷་སོ༷གས་པ་མཐར་ཐུག་པ༷ར་འཐ༷ད་པ་ ཡིན་པའི་ཕྱི༷ར་རོ༵་ཞེས་བྱ་བའི་དོན་ཏོ། །མྱ་ངན་ལས་འདས་པ་ཆེན་པོ་ལས་ཀྱང༌། འོད་སྲུང་ འདི་ལྟ་སྟེ། རྟག་པའི་ཆོས་རྣམས་ཀྱི་ནང་ན་ནམ་མཁའ་ནི་མཆོག་གོ །དེ་བཞིན་གཤེགས་ པ་ཡང་དེ་དང་འདྲ་བར་རྟག་པའི་ནང་ནས་མཆོག་ཏུ་གྱུར་ཕུལ་དུ་གྱུར་པའོ་ཞེས་གསུངས་པ་ ལྟར་རོ། ། དེ་རྣམས་སྤྱིའི་དོན་བསྡུ་བ་ནི། དང་པོ་ཡི་ནི་རྒྱུ་བདུན་གྱིས། །གཟུགས་ཀྱི་ སྐུ་ཡི་རྟག་ཉིད་དེ། །ཕྱི་མ་གསུམ་གྱིས་སྟོན་པ་ནི། །ཆོས་ཀྱི་སྐུ་ཡི་རྟག་ པ་ཉིད། །ཅེས་པ་ལ། རྒྱུ་མཐའ་ཡས་ཞེས་པ་ལ་སོགས་པ་ད༷ང་པོ༷་ཡི༷་ནི༷་རྒྱུ༷་མཚན་རྣམ་པ་ བདུ༷ན་གྱི༵ས་གཟུ༷གས་ཀྱི༷་སྐུ༷་ཡི༷་གཞན་དོན་རྟ༷ག་ཏུ་རྒྱུན་མི་ཆད་པ་ཉི༷ད་བསྟན་པ་ཡིན་ཏེ༵། འཆི་བའི་བདུད་བཅོམ་དང་ཞེས་པ་ལ་སོགས་པ་རྒྱུ་མཚན་ཕྱི༷་མ༷་གསུ༷མ་གྱི༷ས་སྟོ༷ན་པ༷་སངས་ རྒྱས་ཀྱི་ནི༵་ཆོ༷ས་ཀྱི༷་སྐུ༷་ཡི༷་འགྱུར་བ་མེད་ཅིང་རྟ༷ག་པ༷་ཉི༵ད་བསྟན་པ་ཡིན་ནོ་ཞེས་པའི་དོན་ཏོ། ། དེ་རྣམས་ཀྱང་རྒྱན་ལས། རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། ། ཅེས་ཇི་སྐད་བཤད་པ་བཞིན་ནོ། ། ཇི་ལྟ་བ་བཞིན་བསམ་མི་ཁྱབ་པའི་དོན་ལ། བསམ་མི་ཁྱབ་ཚུལ་མདོར་བསྟན་དང༌། །རྒྱུ་ མཚན་རྒྱས་པར་བཤད་པའོ། །དེ་ལ་མདོར་བསྟན་ནི། ངག་ཡུལ་མིན་ཕྱིར་དོན་དམ་ 5-1-305 གྱིས་བསྡུས་ཕྱིར། །རྟོག་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ ཀྱང་བསམ་མི་ཁྱབ། །ཅེས་པ་སྟེ། གནས་མ་ལུས་པ་ཡོངས་སུ་གྱུར་པ་ལས་རབ་ཏུ་ཕྱེ་ བ་དྲི་མ་མེད་པའི་དེ་བཞིན་ཉིད་བྱང་ཆུབ་ཆེན་པོ་དེ་སྒྲ་ཡི་བརྗོད་བྱ་ལས་འདས་ཤིང་ང༷ག་གི་ སྤྱོད་ཡུ༷ལ་མི༷ན་པའི་ཕྱི༷ར་དང༌། སོ་སོ་རང་གིས་རིག་པར་བྱ་བ་དོ༷ན་ད༷མ་པའི་བདེན་པ་དག་ པ་གཉིས་ལྡན་གྱི༷ས་བསྡུ༷ས་པའི་ཕྱི༵ར་དང༌། རྣམ་པར་རྟོ༷ག་པས་བརྟག་པར་བྱ་བའི་གན༷ས་ སམ་ཡུལ་མི༷ན་པའི་ཕྱི༷ར་དང༌། འཇལ་བར་བྱེད་པའི་དཔེ༷་དང་རྟགས་ལ་སོགས་པ་ཐམས་ ཅད་ལ༷ས་ཡང་དག་པར་འད༷ས་པ༷འི་ཕྱི༵ར་དང༌། འཇིག་རྟེན་ལས་འདས་པ་རབ་ཀྱི་མཐར་ ཕྱིན་པ་བླ༷་ན༷་མེ༷ད་པ་ཡིན་པའི་ཕྱི༷ར་དང་། སྲི༷ད་པ་འཁོར་བ་དང་ཞི༷་བ་མྱ་ངན་ལས་འདས་ པའི་མཐའ་གཉིས་ཀྱིས༷་མ༷་བསྡུ༷ས་པའི་ཕྱི༵ར་ན། རྒྱ༷ལ་བ་རྫོགས་པའི་སངས་རྒྱས་ཁོ་ནའི་ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུ༷ལ་ཡིན་གྱི། འཕ༷གས་པ་ས་ཆེན་པོ་ལ་གནས་པ་ རྣ༷མས་ཀྱི༷ས་ཀྱ༷ང་ཇི་ལྟ་བ་བཞིན་དུ་བས༷མ་གྱིས་མི༷་ཁྱ༵བ་པ་ཉིད་དེ། ཕལ་པ་རྣམས་ཀྱིས་ བསམ་ཀྱིས་མི་ཁྱབ་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་ཏོ། ། རྒྱས་པར་བཤད་པ་ལ་གསུམ་ལས། རྒྱུ་མཚན་རྣམས་རིམ་པ་ལྟར་བཤད་པ་ནི། བསམ་མེད་བརྗོད་དུ་མེད་པའི་ཕྱིར། །བརྗོད་མེད་དོན་དམ་ཡིན་པའི་ ཕྱིར། །དོན་དམ་བརྟག་བྱ་མིན་པའི་ཕྱིར། །བརྟག་མིན་རྗེས་དཔག་བྱ་ མིན་ཕྱིར། །དཔག་མིན་བླ་ན་མེད་པའི་ཕྱིར། །བླ་ན་མེད་པ་མ་བསྡུས་ ཕྱིར། །མ་བསྡུས་གནས་པ་མེད་ཕྱིར་ཏེ། །ཡོན་ཏན་སྐྱོན་རྟོག་མེད་ཕྱིར་ རོ། །ཞེས་པ་ལ། སྐུ་གསུམ་ཡོངས་སུ་རྫོགས་པའི་བྱང་ཆུབ་དེ་སངས་རྒྱས་ལས་གཞན་པ་ རྣམས་ཀྱིས་འདིའོ་ཞེས་ཇི་ལྟ་བ་བཞིན་དུ་བས༷མ་དུ་མེ༷ད་པ་ཡིན་ཏེ། ངག་གི་ཡུལ་མ་ཡིན་ 5-1-306 ཞིང་སྒྲས་བརྗོ༷ད་དུ༷་མེ༷ད་པ༷འི་ཕྱི༵ར་རོ། །དེ་བཞིན་དུ་དེའི་སྒྲས་བརྗོ༷ད་དུ་མེ༷ད་པ་ཉིད་ཡིན་ ཏེ། དོ༷ན་ད༷མ་པའི་བདེན་པ་སོ་སོ་རང་གིས་རིག་པར་བྱ་བ་ཡི༷ན་པ༷འི་ཕྱི༵ར་རོ། །དེ་ཉིད་དོ༷ན་ ད༷མ་པའི་བདེན་པ་ཡིན་ཏེ། རྣམ་པར་རྟོག་པས་རྟོ༷གས་པར་བྱ༷་བའི་གནས་སམ་ཡུལ་མི༷ན་ པ༷འི་ཕྱི༵ར་རོ། །དེ་ཉིད་རྟོག་པས་བརྟ༷ག་པར་བྱ་བ་མི༷ན་ཏེ། འཇིག་རྟེན་པའི་དཔེ་དང་གཏན་ ཚིགས་ལ་སོགས་པས་རྗེ༷ས་སུ་དཔ༷ག་པར་བྱ༷་བ་མི༷ན་པའི་ཕྱི༵ར་རོ། །དེ་ཉིད་རྗེས་སུ་དཔ༷ག་ པར་བྱ་བ་མི༷ན་ཏེ། འཇིག་རྟེན་ལས་འདས་ཤིང་བླ༷་ན༷་མེ༷ད་པ་ཡིན་པ༷འི་ཕྱི༵ར་རོ། །དེ་ཉིད་ བླ༷་ན༷་མེ༷ད་པ༷་ཡིན་ཏེ། སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པ་དག་གིས་མ༷་བསྡུ༷ས་ པའི་ཕྱི༵ར་རོ། །དེ་ཡང་སྲིད་ཞིས་མ༷་བསྡུ༷ས་པ་ཡིན་ཏེ། དེ་དག་གི་མཐའ་གཉིས་ལས་གན༷ས་ པ༷་མེ༷ད་པའི་ཕྱི༷ར་རོ། །མི་གནས་པ་ཡང་ཡིན་ཏེ༵། ཞི་བའི་མཐའ་ལ་ཡོ༷ན་ཏ༷ན་དང་སྲིད་པའི་ རང་བཞིན་ལ་སྐྱོ༷ན་དུ་རྟོ༷ག་པ་མེ༷ད་པའི་ཕྱི༷ར་རོ༵་ཞེས་བྱ་བའི་དོན་ཏོ། ། སྐུ་གཉིས་དང་སྦྱར་ཏེ་བསྡུ་བ་ནི། རྒྱུ་ལྔ་དག་གིས་ཕྲ་བའི་ཕྱིར། །ཆོས་སྐུ་ བསམ་གྱིས་མི་ཁྱབ་སྟེ། །དྲུག་པས་དེ་ཡི་དངོས་མིན་ཕྱིར། །གཟུགས་ སྐུ་བསམ་མི་ཁྱབ་པའོ། །ཞེས་པ་ལ། ངག་ཡུལ་མིན་ཕྱིར་ཞེས་པ་ལ་སོགས་པའི་རྒྱུ༷་ མཚན་ལྔ༷་པོ་ད༷ག་གི༷ས་ཤིན་ཏུ་ཕྲ༷་ཞིང་ཟབ་ལ་གཏིང་དཔག་དཀའ་བ༷འི་ཕྱི༵ར་ཆོ༷ས་ཀྱི་སྐུ༷་ ཕལ་པ་རྣམས་ཀྱིས་འདིའོ་ཞེས་བས༷མ་གྱི༷ས་མི༷་ཁྱ༷བ་པའི་རྒྱུ་མཚན་བསྟན་པ་སྟེ༵། སྲིད་ཞིས་ མ་བསྡུས་ཕྱིར་ཞེས་པའི་རྒྱུ་མཚན་དྲུ༷ག་པ༷ས་སྲིད་ཞིའི་ཆོས་སྐྱེ་འགག་ལ་སོགས་པར་སྣང་ ཡང་དེ༷་ཡི༷་དངོ༷ས་པོར་བདེན་པ་མི༷ན་པའི་ཕྱི༵ར་གཟུ༷གས་ཀྱི་སྐུ༷འི་རྣམ་འཕྲུལ་མཐའ་ཡས་པ་ རྣམས་བས༷མ་གྱིས་མི༷་ཁྱ༷བ་པའི་རྒྱུ་མཚན་བསྟན་པ༷འོ༵་ཞེས་པའི་དོན་ཏོ། ། ཡོན་ཏན་ལས་བསམ་མི་ཁྱབ་ཚུལ་ནི། བླ་མེད་ཡེ་ཤེས་ཐུགས་རྗེ་ཆེ་སོགས་ ཡོན་ཏན་གྱིས། །ཡོན་ཏན་ཕ་རོལ་བྱོན་པའི་རྒྱལ་བ་བསམ་མི་ཁྱབ། ། 5-1-307 དེས་ན་རང་བྱུང་རྣམས་ཀྱི་ཐ་མའི་ཚུལ་འདི་ནི། །དྲང་སྲོང་ཆེན་པོ་ དབང་ཐོབ་རྣམས་ཀྱིས་ཀྱང་རིག་མིན། །ཞེས་པ་ལ། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་ པའི་དོན་ཐམས་ཅད་མངོན་སུམ་དུ་རྟོགས་པས་བླ༷་ན་མེ༷ད་པའི་མཁྱེན་པའི་ཡེ༷་ཤེ༷ས་དང༌། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བར་བཞེད་པས་མཐའ་ཡས་ པའི་བརྩེ་བའི་ཐུ༷གས་རྗེ༷་ཆེ༷ན་པོ་ལ་སོ༷གས་པའི་ཡོ༷ན་ཏ༷ན་ཚད་མེད་པ་རྣམས་ཀྱི༵ས་ཡོ༷ན་ཏ༷ན་ མཐར་ཕྱིན་པའི་ཕ༷་རོ༷ལ་ཏུ་བྱོ༷ན་པ༷འི་ཕྱིར་རྒྱ༷ལ་བ༷་རྣམས་ཀྱི་བྱང་ཆུབ་ཆེན་པོ་བརྙེས་པ་འདི་ ནི་སངས་རྒྱས་ལས་གཞན་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་བས༷མ་གྱིས་མི༷་ཁྱ༵བ་སྟེ། དེ༷ས་ན༷་ གཞན་ལ་མ་ལྟོས་པར་ར༷ང་ཉིད་ཀྱིས་བསྒོམས་པ་ལས་བྱུ༷ང་བ་སངས་རྒྱས་རྣ༷མས་ཀྱི༷་རྣམ་ གཞག་རྣམ་པ་བརྒྱད་ཀྱི་ཐ༷་མ༷་བསམ་གྱིས་མི་ཁྱབ་པའི་ཚུལ་ལམ། ཡང་ན། དང་པོ་སེམས་ བསྐྱེད་པ་ལ་སོགས་པ་ལ་ལྟོས་ནས་ཐ་མ་མངོན་པར་རྫོགས་པར་བྱང་ཆུབ་པའི༷་ཚུ༷ལ་འདི༷་ ནི༵་དྲ༷ང་སྲོ༷ང་བྱང་ཆུབ་སེམས་དཔའ་ཆེ༷ན་པོ༷་དག་པའི་ས་ལ་གནས་ཤིང༌། ཚེ་སེམས་ཡོ་བྱད་ ལས་སྐྱེ་བ། །མོས་(པ་ལ་)སྨོན་(ལམ་ལ་)རྫུ་འཕྲུལ་(ལ་)ཡེ་ཤེས་ཆོས(ལ་དབང་འབྱོར་པའི་བསྡུའོ)། ། ཞེས་པ་ལྟར་དབ༷ང་བཅུ་ཐོ༷བ་པ་རྣ༷མས་ཀྱི༷ས་ཀྱ༷ང་མངོན་སུམ་དུ་རི༷ག་པ་མི༵ན་ན། ཕལ་ པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། རིག་པར་འདོད་པ་རྣམས་ཀྱིས་ནི་སངས་རྒྱས་ཉིད་ ཐོབ་པར་བྱའོ་ཞེས་པའི་དོན་ཏོ། །དེ་བས་ན་དྲི་མ་མེད་པའི་དེ་བཞིན་ཉིད་མཐར་ཕྱིན་པའི་ འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པའི་བློ་དང་ལྡན་པ་རྣམས་ཀྱིས་ནི། མཉམ་བཞག་རྗེས་ཐོབ་ཀྱི་ཡེ་ཤེས་གཉིས་ལ་བརྟེན་པའི་ལམ་བསྒོམ་པ་ལ་ཤིན་ཏུ་བརྩོན་ པར་བྱ་བ་ཉིད་དོ། །བྱང་ཆུབ་འདི་ལྟར་ཤེས་པའི་ཤེས་ལྡན་དག །བྱང་ཆུབ་དྲི་མེད་མྱུར་དུ་ འཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་གཉིས་སྤྲོ་བས་ལེགས་གཟུང་སྟེ། །བྱང་ཆུབ་སྤྱོད་པ་བླ་ མེད་སྤྱད་པའི་རིགས། །ཞེས་ཀྱང་བྱ་སྟེ། རྟོགས་པའི་ངོ་བོ་བྱང་ཆུབ་ཀྱི་དོན་རྒྱས་པར་བཤད་ 5-1-308 པའི་ངེས་པའོ། །ཐེ༷ག་པ༷་ཆེ༷ན་པོ༷་རྒྱུ༷ད་བླ༷་མ༷འི་བསྟ༷ན་བཅོ༷ས་དཀོ༷ན་མཆོ༷ག་གི༷་རི༷གས་རྣ༷མ་ པ༷ར་དབྱེ༷་བ༷་ལ༷ས། བྱ༷ང་ཆུ༷བ་ཀྱི༷་སྐ༷བས་ཏེ༵་ལེའུ་གཉི༷ས་པ༷འི་རྣམ་པར་བཤད་པ༷འོ༵།། ༈ །། ད་ནི་བྱང་ཆེན་པོ་ལ་དབྱེར་མེད་པར་གནས་པ་བྲལ་བ་དང་རྣམ་པར་སྨིན་པའི་འབྲས་ བུས་བསྡུས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་དབང་དུ་བྱས་ནས། རྟོགས་པའི་ཡན་ལག་ ཡོན་ཏན་གྱི་དོན་རྒྱས་པར་བཤད་པར་བྱ་སྟེ། ཐུན་མོང་གི་རྣམ་པར་གཞག་པ་དང༌། གཞུང་ གི་དོན་རྣམ་པར་བཤད་པས་སོ། ། དེ་ལ་ཐུན་མོང་གི་རྣམ་གཞག་ནི། གང་ལ་ཐུན་མོང་ཡོན་ཏན་དཔག་མེད་དང༌། །ཁྱད་ པར་མཆོག་གི་ཡོན་ཏན་ཕུལ་མངའ་བས། །སྐྱོན་གྱི་འཁྲུལ་པའི་རྗེས་ཀྱང་མི་མངའ་བ། ། འདྲེན་པ་མཚུངས་མེད་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རྣམ་པ་གསུམ་སྟེ། ཐུན་མོང་དུ་ གྱུར་པའི་ཡོན་ཏན། ཁྱད་པར་དུ་འཕགས་པའི་ཡོན་ཏན། དེ་དག་ལ་འཁྲུལ་པ་སྤང་བའོ། ། ཐུན་མོང་གི་ཡོན་ཏན་ནི། ཆོས་མངོན་པ་ལས། དེ་དག་ཀྱང་ཚད་མེད་པ་རྣམས་དང༌། རྣམ་པར་ཐར་པ་རྣམས་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་དང༌། ཟད་པར་གྱི་སྐྱེ་ མཆེད་རྣམས་དང༌། ཉོན་མོངས་པ་མེད་པ་དང༌། བསམས་ནས་ཤེས་པ་དང༌། སོ་སོ་ཡང་དག་ པར་རིག་པ་དང༌། མངོན་པར་ཤེས་པ་རྣམས་དང༌། མཚན་དང་དཔེ་བྱད་བཟང་པོ་རྣམས་ དང༌། ཡོངས་སུ་དག་པ་རྣམས་དང༌། ཞེས་གསུངས་པ་ལྟར་རྣམ་པ་བཅུའོ། ། དེ་ལ་ཚད་མེད་པ་བཞིན་ནི། སེམས་ཅན་ཚད་མེད་པ་ལ་དམིགས་ནས་བདེ་བ་དང་ཕྲད་ པར་དགོངས་པའི་བྱམས་པ་དང༌། སྡུག་བསྔལ་དང་བྲལ་བར་དགོངས་པའི་སྙིང་རྗེ་དང༌། བདེ་བ་དང་མི་འབྲལ་བར་དགོངས་པའི་དགའ་བ་དང༌། མཐའ་བྲལ་གྱི་ཕན་པ་དགོངས་ པའི་བཏང་སྙོམས་རྣམས་ཚད་གཟུང་དུ་མེད་པའི་བརྩེ་བ་དང་མཚུངས་པར་ལྡན་པ་སྟེ། ཇི་ 5-1-309 སྐད་དུ། རྒྱན་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ ཅན། །མི་འབྲལ་བདེ་བའི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་ གསུངས་པ་ལྟར་རོ། །དེ་བཞིན་དུ་རྣམ་པར་ཐར་པ་ནི་དམིགས་པ་སྤྲུལ་པ་དང་ཡོངས་སུ་ བསྒྱུར་བའི་སྒྲིབ་པ་ལས་རྣམ་པར་ཐར་པ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི་འཇིག་ རྟེན་པའི་དམིགས་པ་རྣམས་ཟིལ་གྱིས་གནོན་པ་དང༌། ཟད་པར་གྱི་སྐྱེ་མཆེད་ནི། ཤེས་པར་ བྱ་བའི་དོན་མཐའ་དག་རྫོགས་པར་མཁྱེན་པས་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་མི་མཐུན་ པའི་ཕྱོགས་ལས་རྣམ་པར་གྲོལ་བ་སྟེ། ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ ལོ། །ཞེས་གསུངས་པ་ལྟར་རོ། །དེ་རྣམས་ཀྱིས་འགོག་པའི་རྣམ་ཐར་མ་གཏོགས་པ་རྣམས་ དང་འཆད་པར་འགྱུར་བའི་མངོན་ཤེས་དང་པོ་ལྔ་ནི། མཐར་ཐུག་པ་སངས་རྒྱས་ལ་མངའ་ ཡང༌། རྗེས་མཐུན་པ་སོ་སོའི་སྐྱེ་བ་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ ཡོད་པའི་ཐུན་མོང་བའི་ཡོན་ཏན་ཞེས་བྱའོ། ། ཉོན་མོངས་པ་མེད་པ་ལ། ཐུན་མོང་བ་ནི། བདག་ལ་དམིགས་ནས་གཞན་དག་གི་ཉོན་ མོངས་པ་འབྱུང་བའི་རྗེས་སུ་བསྲུང་བ་ཙམ་ཡིན་ལ། སངས་རྒྱས་ཀྱི་ནི་སེམས་ཅན་ཐམས་ ཅད་ཀྱི་ཉོན་མོངས་པ་འདུལ་ཞིང་འཇོམས་ལ་བརྩེ་བས་དེ་དག་རྗེས་སུ་འཛིན་པ་སྟེ། སེམས་ ཅན་རྣམས་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་ མཛད་ཉོན་མོངས་ལ། །བརྩེར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། ། བསམས་ནས་ཤེས་པ་ལའང༌། ཐུན་མོང་བ་ནི་མཉམ་པར་བཞག་ན་དྲི་བ་དྲིས་པ་ལུང་སྟོན་ པ་ཞེས་པ་ཡིན་ལ། སངས་རྒྱས་ཀྱི་ནི་ཐམས་ཅད་དུ་ཐོགས་པ་མེད་པར་མཁྱེན་པ་སྟེ། ལྷུན་ གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ཡང༌། །མཉམ་པར་བཞག་ 5-1-310 ཅིང་དྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། ། སོ་སོ་ཡང་དག་པར་རིག་པ་བཞི་ནི། རྟེན་ཆོས་རྣམས་ཀྱི་མིང་གི་རྣམ་གྲངས་དང༌། རྟེན་ པ་དེ་དག་གི་དགོངས་པའི་དོན་ཏེ། བཤད་པར་བྱ་བ་དག་དང༌། གསུང་ངེས་པའི་ཚིག་དང༌། མཁྱེན་པ་སྤོབས་པ་སྟེ། འཆད་པར་བྱེད་པ་དག་ལ་བློ་གྲོས་ཐོགས་པ་མི་མངའ་བས་དམ་པའི་ ཆོས་ལེགས་པར་སྟོན་པ་སྟེ། རྟེན་དང་རྟེན་པ་བཤད་བྱ་དང༌། །གསུང་དང་མཁྱེན་པ་འཆད་ བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བས། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ གསུངས་པ་ལྟར་རོ། ། མངོན་པར་ཤེས་པ་དྲུག་ནི། རྫུ་འཕྲུལ་གྱི་མངོན་པར་ཤེས་པས་གདུལ་བྱ་གང་ན་ཡོད་ པ་དེར་གཤེགས་ནས། གཞན་གྱི་སེམས་ཤེས་པས་གདུལ་བྱའི་སེམས་ཀྱི་སྤྱོད་པ་མཁྱེན་ པར་མཛད་དེ། ལྷའི་རྣ་བས་ཐོས་པ་ལྟར་སེམས་ཅན་དེ་དག་གི་སྐད་དང་མཐུན་པར། སྔར་ གྱི་གནས་རྗེས་སུ་དྲན་པས་གང་ནས་འོང་བ་དང༌། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པས་གང་ དུ་འགྲོ་བ་དང༌། ཟག་པ་ཟད་པ་མཁྱེན་པས་རང་རང་གི་ངེས་པར་འབྱུང་བ་ཇི་ལྟ་བ་བཞིན་དུ་ གདམས་ངག་ལེགས་པར་འདོམས་པར་མཛད་པ་སྟེ། གཤེགས་ནས་སྤྱོད་པ་མཁྱེན་མཛད་ དེ། །དེ་དག་སྐད་ཀྱིས་འགྲོ་ཀུན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །དེ་དག་ཀྱང་མཐར་ཐུག་པ་སངས་རྒྱས་ ལ་མངའ་ཡང༌། གནས་སྐབས་སུ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཡོད་ པའི་ཕྱིར་ཐུན་མོང་བ་ཞེས་བྱའོ། ། མཚན་དང་དཔེ་བྱད་བཟང་པོ་རྣམས་ནི། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ ཞབས། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། ཐུབ་ པའི་སེན་མོ་ཟངས་མདོག་དང༌། །ཞེས་པ་ལ་སོགས་པ་འབྱུང་བ་ལྟར་དཔེ་བྱད་བཟང་པོ་ 5-1-311 བརྒྱད་ཅུས་བརྒྱན་པའི་སྐུ་བསྟན་པས་ལུས་ཅན་རྣམས་ཀྱིས་མཐོང་མ་ཐག་ཏུ་འདི་ནི་སྐྱེས་ བུ་ཆེན་པོའོ་ཞེས་ཡིད་ཆེས་ཤིང་དྭང་བར་མཛད་པ་སྟེ། ལུས་ཅན་རྣམས་ཀྱིས་ཁྱོད་མཐོང་ན། ། སྐྱེས་བུ་དམ་པ་ལགས་པར་མཚལ། །མཐོང་བ་ཙམ་གྱིས་རབ་དྭང་བར། །མཛད་པ་ཁྱོད་ལ་ ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། ། ཡོངས་སུ་དག་པ་བཞི་ནི། ལུས་ལེན་པ་དང་གནས་པ་དང་གཏོང་བ་ལ་དབང་ཐོབ་པ་ གནས་ཡོངས་སུ་དག་པ་དང༌། དངོས་པོ་སྤྲུལ་པ་དང་བསྒྱུར་བ་ལ་དབང་ཐོབ་པ་དམིགས་ པ་ཡོངས་སུ་དག་པ་དང༌། ཏིང་ངེ་འཛིན་ལ་དབང་ཐོབ་པ་ཐུགས་ཡོངས་སུ་དག་པ་དང༌། ཡེ་ ཤེས་ལ་དབང་ཐོབ་པ་མཁྱེན་པ་ཡོངས་སུ་དག་པ་སྟེ། ལེན་དང་གནས་དང་གཏོང་བ་དང༌། ། སྤྲུལ་དང་ཡོངས་སུ་བསྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །དེ་དག་ཀྱང་མཐར་ཐུག་པ་སངས་རྒྱས་ལ་མངའ་ ཡང༌། གནས་སྐབས་སུ་བྱང་ཆུབ་སེམས་དཔའ་རྣམས་ལའང་ཡོད་པའི་ཕྱིར་ཐུན་མོང་བ་ཉིད་ དོ། ། ཁྱད་པར་དུ་འཕགས་པའི་ཡོན་ཏན་ནི། ཆོས་མངོན་པ་ལས། སྟོབས་རྣམས་དང༌། མི་ འཇིག་པ་རྣམས་དང༌། དྲན་པ་ཉེ་བར་བཞག་པ་རྣམས་དང༌། བསྲུང་བ་མེད་པ་རྣམས་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། བག་ཆགས་ཡང་དག་པར་བཅོམ་པ་དང༌། ཐུགས་ རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དེ། མདོ་སྡེ་ལས་ཇི་སྐད་འབྱུང་བ་རྣམས་སོ་ཞེས་གསུངས་པ་ལྟར་དགུའོ། ། དེ་ལ་སྟོབས་བཅུ་ནི། སེམས་ཅན་རྣམས་ཕྱུགས་ཀྱི་མཆོད་སྦྱིན་ལ་སོགས་པའི་ཐབས་ ལ་སླུ་བའི་བདུད་འཇོམས་པ་རྒྱུ་འབྲས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ དང༌། དབང་ཕྱུག་ལ་སོགས་པའི་སྐྱབས་ལས་སླུ་བ་བདུད་འཇོམས་པ་ལས་བདག་གིར་བྱ་ 5-1-312 བར་མངོན་པར་མཁྱེན་པའི་སྟོབས་དང༌། འཇིག་རྟེན་པའི་ལམ་ཙམ་གྱིས་དག་པ་ལས་སླུ་ བའི་བདུད་འཇོམས་པ་བསམ་གཏན་ལ་སོགས་པ་མཁྱེན་པའི་སྟོབས་དང༌། རྒྱལ་སྲས་ཐེག་ པ་ཆེན་པོས་ངེས་པར་འབྱུང་བ་ལས་སླུ་བའི་བདུད་འཇོམས་པ་དབང་པོ་མཆོག་དང་མཆོག་ མ་ཡིན་པ་མཁྱེན་པ་དང༌། མོས་པ་སྣ་ཚོགས་པ་མཁྱེན་པ་དང༌། ཁམས་སྣ་ཚོགས་མཁྱེན་པ་ དང༌། ཀུན་ཏུ་འགྲོ་བའི་ལམ་མཁྱེན་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་ བ་དང་སྐྱེ་བ་མཁྱེན་པ་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་ཏེ། ཐབས་དང་སྐྱབས་ དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ནི་རབ་སླུ་བའི། ། བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། ། མི་འཇིགས་པ་བཞི་ནི། རང་དོན་ལས་བརྩམས་ཏེ་མངོན་པར་རྫོགས་པར་བྱང་ཆུབ་ པའི་ཡེ་ཤེས་དང༌། ཟག་པ་ཐམས་ཅད་སྤངས་པ་ལས་མི་འཇིགས་པ་དང༌། གཞན་དོན་ལས་ བརྩམས་ཏེ་ངེས་པར་འབྱུང་བའི་ལམ་དང༌། བར་དུ་གཅོད་པའི་གེགས་ཐམས་ཅད་སྟོན་པ་ ལ་མི་འཇིགས་པ་བརྙེས་པས་མུ་སྟེགས་ཅན་ཐམས་ཅད་ཀྱིས་མི་རྫི་བར་གྱུར་པ་སྟེ། རང་ གཞན་དོན་དུ་ཡེ་ཤེས་དང༌། །སྤངས་དང་ངེས་འབྱུང་གེགས་མཛད་ལ། །སྟོན་མཛད་མུ་ སྟེགས་ཐམས་ཅད་ཀྱིས། །མི་རྫི་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། ། བསྲུང་བ་མེད་པ་གསུམ་ནི། རང་གི་སྐུ་གསུང་ཐུགས་ལ་གཞན་གྱིས་སྐྱོན་བརྗོད་དུ་ དོགས་པའི་བསྲུང་བ་མེད་པ་གསུམ་གྱིས་འཁོར་གྱི་ནང་དུ་བག་བརྐྱང་སྟེ་གསུང་པ་དང༌། དྲན་པ་ཉེར་བར་བཞག་པ་གསུམ་ནི། གུས་པ་ལ་རྗེས་སུ་ཆགས་པ་དང༌། མ་གུས་པ་ལ་ཁོང་ ཁྲོ་བ་དང༌། གཉི་ག་ལ་ཆགས་སྡང་གི་ཀུན་ནས་ཉོན་མོངས་པ་གཉིས་མི་མངའ་བས་འཁོར་ ཡོངས་སུ་སྡུད་པ་སྟེ། བསྲུང་མེད་བསྙེལ་བ་མི་མངའ་ཞིང༌། །འཁོར་གྱི་ནང་དུ་བག་བརྐྱང་ གསུང༌། །ཀུན་ནས་ཉོན་མོངས་གཉིས་སྤངས་པས། །འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། ། 5-1-313 ཞེས་གསུངས་པ་ལྟར་རོ། ། བག་ཆགས་ཡང་དག་པར་བཅོམ་པ་ནི། ཐམས་ཅད་མཁྱེན་པར་གྱུར་ནས་རྒྱུ་བ་དང་ གནས་པ་ལ་སོགས་པའི་རྣམ་པ་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་མ་ཡིན་པའི་སྤྱོད་པ་ མི་མངའ་ཞིང་། ཡང་དག་པའི་དོན་ཁོ་ན་དང་ལྡན་པ་སྟེ། ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང༌། ། གནས་པ་དུས་རྣམས་ཐམས་ཅད་དུ། །ཀུན་མཁྱེན་མིན་སྤྱོད་མི་མངའ་བ། །ཡང་དག་དོན་ ལྡན་ཁྱོད་ཕྱག་འཚལ། །ཞེས་གསུངས་པ་ལྟར་རོ། ། བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི། སེམས་ཅན་གྱི་བྱ་བ་སྒྲུབ་པའི་འཕྲིན་ལས་ནམ་ ཡང་དུས་ལས་མི་འདའ་ཞིང་ཐམས་ཅད་དོན་དང་ལྡན་པར་མཛད་པ་སྟེ། སེམས་ཅན་ཀུན་ གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་ཞིང༌། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །ཐུགས་རྗེ་ཆེན་པོ་ནི། ཉིན་མཚན་དུས་ ལན་དྲུག་གིས་ཉེ་བར་མཚོན་ནས་རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ ཆེན་པོ་དང་ལྡན་པས་ཕན་པར་དགོངས་པ་སྟེ། འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པའི། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ ལོ། །ཞེས་གསུངས་པ་ལྟར་རོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། སྐུ་ལ་འཁྲུལ་པ་མི་མངའ་བ་དང༌། གསུང་ལ་ཅ་ཅོ་མི་མངའ་བ་དང༌། ཐུགས་ལ་དྲན་པ་ཉམས་པ་མི་མངའ་བ་དང༌། མཉམ་པར་ མ་བཞག་པ་མི་མངའ་བ་དང༌། འདུ་ཤེས་སྣ་ཚོགས་མི་མངའ་བ་དང༌། མ་བརྟགས་པའི་བཏང་ སྙོམས་མི་མངའ་བ་སྟེ་སྤྱོད་པས་བསྡུས་པ་དྲུག་དང༌། འདུན་པ་དང་བརྩོན་འགྲུས་དང་དྲན་པ་ དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་ཉམས་པ་མི་མངའ་བ་ སྟེ། རྟོགས་པས་བསྡུས་པ་དྲུག་དང༌། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ 5-1-314 ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངའ་བ་སྟེ་ཡེ་ཤེས་ཀྱིས་བསྡུས་པ་གསུམ་དང༌། སྐུ་ དང་གསུང་དང་ཐུགས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་ སུ་འབྲང་བ་སྟེ། འཕྲིན་ལས་ཀྱིས་བསྡུས་པ་གསུམ་པོ་རྣམས་ཉན་ཐོས་དང་རང་སངས་རྒྱས་ རྣམས་ལ་མེད་པས། དེ་དག་ལས་བླ་མའམ་མཆོག་ཏུ་གྱུར་པའི་ཡོན་ཏན་ཏེ། སྤྱོད་པ་དང་ནི་ རྟོགས་པ་དང༌། །ཡེ་ཤེས་དང་ནི་འཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱི། ། བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། སྐུ་གསུམ་དང་ལྡན་པའི་བྱང་ཆུབ་བརྙེས་པས་ ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་ཅིང་སེམས་ཅན་རྣམས་ཀྱི་ཐེ་ཚོམ་གཅོད་པར་ མཛད་པ་སྟེ། སྐུ་གསུམ་དག་གིས་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ ཅན་རྣམས་ཀྱི་ཐེ་ཚོམ་དག །གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། ། དེ་བཞིན་དུ་ལོངས་སྤྱོད་ལ་འཛིན་པ་མི་མངའ་བའི་སྦྱིན་པ་དང༌། སྒོ་གསུམ་ལ་ཉེས་པ་མི་ མངའ་བའི་ཚུལ་ཁྲིམས་དང༌། ཐམས་ཅད་དུ་རྙོག་པ་མི་མངའ་བའི་བཟོད་པ་དང༌། ཅུང་ཟད་ ལ་གནས་པ་མི་མངའ་བའི་བརྩོན་འགྲུས་དང༌། རྣམ་གཡེང་ལ་གཡོ་བ་མི་མངའ་བའི་བསམ་ གཏན་དང༌། རྣམ་རྟོག་གི་སྤྲོས་པ་མི་མངའ་བའི་ཤེས་རབ་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་ སུ་རྫོགས་པའི་ཡོན་ཏན་དང་ལྡན་པར་ཡང་གསུངས་ཏེ། ཇི་སྐད་དུ། འཛིན་པ་མི་མངའ་ཉེས་ མི་མངའ། །རྙོག་པ་མི་མངའ་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་མེད་ ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་སོ། །འདི་རྣམས་ལ་བློ་ཆུང་བ་འགའ་ཞིག་མང་བ་ལྟར་ སྣང་བ་སྲིད་མོད་ཀྱི། སྔོན་གྱི་དམ་པ་དག་གིས་གཞུང་ལུགས་ཆེན་པོ་རྣམས་སུ་དྲངས་ཏེ་ འཆད་པ་ལྟར། ཡོན་ཏན་ཁྱད་པར་ཅན་རྣམས་ལ་བློ་གྲོས་ཀྱི་སྣང་བ་བསྐྱེད་པའི་ཕྱིར་དང༌། དེ་དག་རྗེས་སུ་དྲན་བཞིན་པས་སངས་རྒྱས་ལ་བསྟོད་ཅིང་ཕྱག་འཚལ་བ་ལས་ཀྱང་བསོད་ 5-1-315 ནམས་སྤེལ་བའི་དོན་དུ་བཀོད་པའི་ཕྱིར་ཉེས་པ་མེད་པར་བསམས་སོ། །དེ་རྣམས་ཀྱི་མཚན་ དང་རིམ་པ་ལ་སོགས་པ་བདེ་བླག་ཏུ་རྟོགས་པར་འདོད་པས་ནི། ཚད་མེད་རྣམ་ཐར་ཟིལ་ གནོན་ཟད་པར་ཉོན་མོངས་མེད་དང་བསམས་ནས་ཤེས། །རིག་དང་མངོན་ཤེས་མཚན་ དཔེ་ཡོངས་དག་སྟོབས་དང་མི་འཇིག་པ་རྣམས་དང༌། །བསྲུང་མེད་བསྙེལ་མེད་བག་ཆགས་ བཅོམ་དང་བསྙེལ་བ་མི་མངའ་ཐུགས་རྗེ་ཆེ། །མ་འདྲེས་བཅོ་བརྒྱད་རྣམས་མཁྱེན་དང་ལྡན་ ཕ་རོལ་ཕྱིན་རྫོགས་རྣམས་ལ་འདུད། །ཅེས་རྒྱན་གྱི་བསྡུས་དོན་དུ་བསྟན་པ་ལྟར་ཡང་གཟུང་ བར་བྱའོ། ། དེ་དག་ལ་འཁྲུལ་པ་སྤང་བ་ལ་བཞི་ལས། མཚན་སོགས་སྔར་ཡོད་དུ་འདོད་པ་སྤང་བ་ ནི། ཁ་ཅིག་མདོ་ལས། རང་བཞིན་གྱིས་འོད་གསལ་བ་མཚན་སུམ་ཅུ་རྩ་གཉིས་དང་བཅས་ པ་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་པའི་ཕྱིར་ཕལ་པ་རྣམས་ལ་ཡང་ཕྱག་ ཞབས་འཁོར་ལོས་མཚན་པ་ལ་སོགས་པའི་མཚན་དང་དཔེ་བྱད་རྣམས་ཡོད་པར་འདོད་ མོད། དེ་དག་ནི་རང་རིག་པའི་ཡེ་ཤེས་ལ་སྣང་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ལ་ དགོངས་པ་ཡིན་གྱི། གཞན་རིག་རྣམ་ཤེས་ལ་སྣང་བའི་མཚན་དང་དཔེ་བྱད་རྣམས་ནི་དང་པོ་ ནས་ཡོད་པ་མ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ལས་རིམ་གྱིས་བསྐྱེད་པའི་འབྲས་བུ་ཡིན་ པའི་ཕྱིར་རོ། །དེ་བས་ན་བསོད་ནམས་ཀྱི་ཚོགས་མ་བསགས་པ་རྣམས་ལ་ཡང་། མཚན་ལ་ སོགས་པ་ཡོད་པར་འདོད་པ་ནི། རྒྱུ་མེད་པའི་འབྲས་བུ་གྲུབ་པའི་ཕྱིར་ཤིན་ཏུ་རིགས་པ་མ་ ཡིན་ནོ། ། སྟོབས་སོགས་ཕྱིས་འབྱུང་དུ་འདོད་པ་སྤང་བ་ནི། ཡང་ཁ་ཅིག་སྟོབས་དང་མི་འཇིགས་ པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱང་རིམ་གྱིས་བསྐྱེད་པ་ལས་འགྲུབ་པའི་ཕྱིར། གདོད་ མ་ནས་སེམས་ཀྱི་རང་བཞིན་དུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་འདོད་ན། དེ་ཡང་ཤིན་ཏུ་ 5-1-316 རིགས་པ་མ་ཡིན་ཏེ། དེ་དག་ནི་འདུས་མ་བྱས་པའི་རང་བཞིན་ཡིན་པས་སྔར་མེད་པ་གསར་ དུ་བསྐྱེད་པ་ནི་མ་ཡིན་ཞིང༌། སྔར་ཡོད་པ་དྲི་མ་དང་བྲལ་བ་ཙམ་གྱིས་མངོན་སུམ་དུ་འགྱུར་ བའི་ཕྱིར་རོ། །དཔེར་ན་ཆུ་དང་གསེར་དང་ནམ་མཁའ་ལ་སོགས་པ་རྣམས་རང་བཞིན་གྱིས་ དག་པར་ཡོད་པ་སྒྲིབ་གཡོགས་དང་བྲལ་བ་ཙམ་གྱིས་མངོན་སུམ་དུ་གྱུར་པ་བཞིན་ཏེ། ཇི་ སྐད་དུ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཀུན་ནས་ཉོན་མོངས་རྣམ་པར་དག །དེ་ ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་ པར་འདོད། །ཅེས་གསུངས་པ་ལྟར་རོ། །ཅི་སྟེ་བསྐྱེད་པའི་འབྲས་བུ་ཡིན་ན་ནི་འདུས་བྱས་སུ་ འགྱུར་ལ། དེ་ལྟར་ན་ནི་དོན་དམ་པའི་ཡོན་ཏན་མ་ཡིན་པར་ཡང་འགྱུར་ཏེ། མི་རྟག་ཅིང་སྙིང་ པོ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་པ་ལ་སོགས་པའི་རིགས་པ་ནི་བཤད་ཟིན་ཏོ། ། ཡོན་ཏན་མ་ཐོབ་ཀྱང་གྲོལ་བ་སྤང་བ་ནི། གསུང་རབ་ཀྱི་དེ་ཁོ་ན་ཉིད་ལས་རིང་དུ་གྱུར་ པ་འགའ་ཞིག་བྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུའི་ཡོན་ཏན་དེ་དག་གང་ཡང་མ་ཐོབ་ པར་མཐར་ཕྱིན་པའི་རྣམ་པར་གྲོལ་བ་འཐོབ་པོ་ཞེས་བྱ་བར་སེམས་ན། དེ་དག་གིས་གོང་ མའི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པ་བདག་གིས་ཐོབ་པོ་སྙམ་དུ་སེམས་ཁེངས་པ་ལ་ གནས་པའི་ཕྱིར་མངོན་པའི་ང་རྒྱལ་དང་ལྡན་པ་ཞེས་བྱ་བའི། ཡང་དག་པའི་དོན་རིག་པ་ཞེས་ ནི་མི་བྱ་སྟེ། དོན་དམ་པའི་རྣམ་པར་གྲོལ་བ་ནི། དེ་ལྟར་སངས་རྒྱས་དྲི་མེད་པའི། །གནས་ནི་ གཞན་འགྱུར་དཔག་མེད་པས། །བསམ་ཡས་བྱ་བ་སྒྲུབ་པ་ཡི། །འབྱོར་པ་དཔག་ཏུ་མེད་པར་ འདོད། །ཅེས་པ་ལྟར་ཡོན་ཏན་གྱི་འབྱོར་བ་མཐའ་ཡས་པ་དང་ལྡན་པར་གསུངས་པའི་ཕྱིར་ རོ། །ཅི་སྟེ་ཡོན་ཏན་རྣམས་མ་ཐོབ་ཀྱང་སངས་རྒྱས་སུ་འདོད་ན་ནོར་མེད་པ་དག་ཀྱང་འབྱོར་ ལྡན་དུ་འདོད་དགོས་ཏེ། དེ་ནི་མཐོང་བ་ཡང་མེད་དོ། ། ཕལ་པ་མཐར་ཕྱིན་པར་འདོད་པ་སྤང་བ་ནི། བློ་ཆུང་བ་འགའ་ཞིག་དམིགས་པ་ཕྱོགས་ 5-1-317 རེ་ཙམ་སྤྲུལ་པ་དང༌། བསྒྱུར་བར་ནུས་པ་མཐོང་བ་དང༌། མངོན་པར་ཤེས་པ་ཅུང་ཟད་ཙམ་ ཐོབ་པ་མཐོང་ན། འདི་དག་ནི་གདོན་མི་ཟ་བར་མངོན་པར་རྫོགས་པར་སངས་རྒྱས་པ་ཞིག་ གོ་ཞེས་ཡིད་ཆེས་པར་བྱེད་མོད། དེ་ཙམ་གྱིས་མཆོག་གྲུབ་པར་མི་འགྱུར་ཏེ། རྣམ་འགྲེལ་ ལས། མི་སྡུག་ཟད་པར་ས་ལ་སོགས། །ཡང་དག་མིན་པའང༌། །ཞེས་བྱིས་པ་རྣམས་ལ་ཡང་ ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་ཡོད་པར་གསུངས་པའི་ཕྱིར་དང༌། མྱ་ངན་བསལ་བ་ལས། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང༌། །གང་ལ་སྤྱོད་ཡུལ་འཆི་ མེད་པའི། །གནས་དེར་འགྲོ་བ་ཡོད་མ་ཡིན། །ཞེས་པ་ཐ་མལ་པའི་དྲང་སྲོང་རྣམས་ལ་ཡང་ མངོན་པར་ཤེས་པ་ལྔ་ཡོད་པར་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་ཐུན་མོང་གི་ཡོན་ཏན་ ཅུང་ཟད་ཙམ་གྱིས་མགོ་མྱོས་པར་མི་བྱ་ཞིང༌། མཐར་ཕྱིན་པའི་ཡོན་ཏན་དང་ལྡན་པ་རྣམས་ ལ་མོས་པར་བྱ་སྟེ། རང་ཉིད་ཀྱིས་ཀྱང་ཡོན་ཏན་ཁྱད་པར་ཅན་རྣམས་སྒྲུབ་པ་ལ་འབད་པར་ བྱའོ། ། གཞུང་གི་དོན་རྣམ་པར་བཤད་པ་ལ། སྐུ་གཉིས་དང་སྦྱར་ཏེ་གྲངས་ཀྱི་དབྱེ་བ་དང༌། ཕྱེ་ བའི་ཡོན་ཏན་གཏན་ལ་དབབ་པའོ། ། དབྱེ་བ་ལ་གཉིས་ལས། སྐུ་དང་ཡོན་ཏན་ཕྱེ་སྟེ་བསྟན་པ་ནི། རང་དོན་གཞན་ དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་ དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་ འདི་དག །ཅེས་པ་སྟེ། སངས་རྒྱས་ཞེས་བྱ་བའང་ར༷ང་དོ༷ན་ཕུན་སུམ་ཚོགས་པ་དང་གཞ༷ན་ དོ༷ན་ཕུན་སུམ་ཚོགས་པ་མཐར་ཕྱིན་པས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་རྟེན་རང་དོན་དོ༷ན་ ད༷མ་པ་ཆོས་ཀྱི་སྐུ༷་ད༷ང་ནི༵། དེ༷་ལ༷་བརྟེ༷ན་པ༷འི་གཞན་དོན་ཀུ༷ན་རྫོ༷བ་གཟུགས་ཀྱི་སྐུ༷་ཉི༷ད་དེ༵་ སྐུ་གཉིས་ཀྱི་བདག་ཉིད་ཅན་ཡིན་ཞིང༌། དེ་དག་ལ་ཡོད་པའི་ཡོན་ཏན་ལ་ཕྱེ་ནའང་ཆོས་སྐུ་ 5-1-318 ལ་ཡོད་པ་བྲ༷ལ་བའི་འབྲས་བུའི་ཡོན་ཏན་སུམ་ཅུ་རྩ་གཉིས་ད༷ང༌། གཟུགས་སྐུ་ལ་ཡོད་པ་ རྣ༷མ་པ༷ར་སྨི༷ན་པ༷འི་འབྲ༷ས་བུ༷འི་ནི༵་ཡོན་ཏན་སུམ་ཅུ་གཉིས་ཏེ། གཉི་ག་བསྡོམས་པས་ཡོ༷ན་ ཏ༷ན་གྱི་དབྱེ༷་བ༷་དྲུ༷ག་ཅུ༷་རྩ་བཞི༷་པོ་འདི༷་ད༵ག་ཡིན་ནོ་ཞེས་པའི་དོན་ཏོ། ། དེ་དག་སྦྱར་ཏེ་སོ་སོར་བཤད་པ་ནི། བདག་ཉིད་ཀྱི་ནི་འབྱོར་པའི་གནས། ། དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་ བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། ། རྣམ་སྨིན་ཡོན་ཏན་རྣམས་དང་ལྡན། །ཞེས་པ་སྟེ། བདག༷་ཉི༷ད་ཀྱི༷་ནི༷་དོན་ཕུན་ སུམ་ཚོགས་པ་ཐམས་ཅད་འབྱོ༷ར་ཞིང་ལྷུན་གྱིས་གྲུབ་པ༷འི་གན༵ས་སམ་གཞི་ནི་འཕགས་པའི་ ཡེ་ཤེས་ད༷མ་པ༷འི་སྤྱོད་ཡུལ་གྱི་དོ༷ན་དུ་ཆོས་ཀྱི༷་སྐུ༷་མངོན་སུམ་དུ་གྱུར་པ་ཉིད་ཡི༷ན་ཏེ༵། དྲ༷ང་ སྲོ༷ང་ཆེན་པོ་རྫོགས་པའི་སངས་རྒྱས་རྣ༷མས་ཀྱི༷་བརྡ༷འམ་ཐ་སྙད་ཙམ་དུ་བསྟན་པའི༷་གཟུགས་ ཀྱི་སྐུ༵་ནི་གདུལ་བྱ་ཕ༷་རོ༷ལ་པོ་རྣམས་ཀྱི་དོན་ཕུ༷ན་སུ༷མ་ཚོ༷གས་པ་ཐམས་ཅད་འབྱུང་ཞིང་ ལྷུན་གྱིས་གྲུབ་པ༷འི་གན༵ས་སམ་གཞི་ཡིན་ལ། དེ་དག་ལས་ད༷ང་པོ༷ར་གྱུར་པའི༷་ཆོས་ཀྱི་སྐུ༷་ ནི༷་སྟོ༷བས་བཅུ་དང་མི་འཇིགས་པ་བཞི་ལ༷་སོ༵གས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་ སྒྲིབ་པ་དང་བྲ༷ལ་བ་ཙམ་གྱིས་རབ་ཏུ་ཕྱེ་བ༷འི་ཡོ༷ན་ཏ༷ན་རྣ༷མས་ད༷ང་རྣམ་པར་དབྱེར་མེད་ པར་ལྡ༵ན་ཞིང༌། གཉི༷ས་པ༷་གཟུགས་ཀྱི་སྐུ་ནི་སྐྱེ༷ས་བུ༷་ཆེ༷ན་པོ༷འི་མཚ༵ན་སུམ་ཅུ་རྩ་གཉིས་ལ་ སོགས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ལས་རིམ་གྱིས་རྣ༷མ་པར་སྨི༷ན་པའི་ཡོ༷ན་ཏ༷ན་ རྣ༷མས་ད༷ང་ཡང་ལྡ༵ན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། ཕྱེ་བའི་ཡོན་ཏན་ལ་བཞི་སྟེ། དཔེ་དོན་སྦྱར་ཏེ་སྡོམ་གྱིས་མདོར་བསྟན། སོ་སོའི་རྣམ་ གཞག་རྒྱས་པར་བཤད་པ། དེ་དག་སྟོན་པའི་ལུང་ལས་རྟོགས་ཚུལ། སླར་ཡང་དཔེ་དོན་ 5-1-319 བསྡུས་ཏེ་བསྟན་པའོ། ། དེ་ལ་མདོར་བསྟན་ནི། སྟོབས་ཉིད་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན། །མི་ འཇིགས་ཉིད་ནི་འཁོར་དུ་སེང་གེ་བཞིན། །དེ་བཞིན་གཤེགས་པའི་མ་ འདྲེས་མཁའ་བཞིན་ཏེ། །ཐུབ་པའི་བསྟན་པ་རྣམ་གཉིས་ཆུ་ཟླ་བཞིན། ། ཞེས་པ་སྟེ། རྒྱལ་བའི་སྟོ༷བས་བཅུ་པོ་ཉི༷ད་ཀྱིས་མ༷་རི༷ག་པ་ལ་སོགས་པའི་སྒྲི༷བ་པ་རྣམས་ འཇོམས་ལ༷་སྒྲིབ་པས་ནི་སླར་མི་ཕྱེད་པའི་ཕྱིར། རྫས་ཀྱི་དངོས་པོ་རྡོ༷་རྗེ༷ས་དངོས་པོ་གཞན་ རྣམས་འཇོམས་ཤིང་དེ་གཞན་གྱིས་མི་ཕྱེད་པ་ཇི་ལྟ་བ་བཞི༵ན་ཡིན་ལ། མི༷་འཇི༷གས་པ་བཞི་ པོ་ཉི༷ད་ཀྱིས་ནི༷་འཁོ༷ར་གྱི་ཚོགས་མཐའ་ཡས་པའི་ནང་དུ༷་འཇིགས་པ་དང་བག་ཚ་བ་མེད་ པར་ཆོས་སྟོན་པའི་ཕྱིར་སེ༷ང་གེ༷་རི་དྭགས་ཀྱི་ནང་དུ་འཇིགས་པ་མེད་པ་ཇི་ལྟ་བ་བཞི༵ན་ཡིན་ ཞིང༌། དེ༷་བཞི༷ན་གཤེ༷གས་པ༷འི་མ༷་འདྲེ༷ས་པའི་ཆོས་བཅོ་བརྒྱད་པོ་རྣམས་ནི། གཞན་དང་ ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར། ནམ་མཁ༷འ་འབྱུང་བ་བཞི་དང་ཐུན་མོང་མ་ཡིན་པ་ཇི་ལྟ་བ་ བཞི༷ན་ཡིན་ཏེ༵། ཐུ༷བ་པ༷ས་གདུལ་བྱ་རྣམས་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་བསྟ༷ན་ པ༷་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་རྣ༷མ་པ་གཉི༷ས་ནི། བསྐལ་པའི་དབང་གིས་ སྣ་ཚོགས་སུ་སྣང་ཡང་དེ་དག་གི་ངོ་བོར་གྲུབ་པ་མེད་པའི་ཕྱིར། ཆུ༷་དང་ནམ་མཁའ་ལ་ཤར་ བའི་ཟླ༷་བ་ཇི་ལྟ་བ་བཞི༵ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། རྒྱས་བཤད་ལ་གཉིས་ཏེ། རང་དོན་དོན་དམ་ཆོས་སྐུ་ལ་ཡོད་པ་བྲལ་འབྲས་ཀྱི་ཡོན་ཏན་ རྒྱས་པར་བཤད་པ་དང༌། གཞན་དོན་ཀུན་རྫོབ་གཟུགས་སྐུ་ལ་ཡོད་པ་སྨིན་འབྲས་ཀྱི་ཡོན་ ཏན་རྒྱས་པར་བཤད་པའོ། ། བྲལ་འབྲས་ཀྱི་ཡོན་ཏན་ལ་གསུམ་སྟེ། རྒྱལ་བའི་སྟོབས་བཅུ་བཤད་པ། མི་འཇིགས་ པ་བཞི་པོ་བཤད་པ། མ་འདྲེས་པ་བཅོ་བརྒྱད་བཤད་པའོ། །སྟོབས་བཅུ་ལ་གཉིས་ལས། 5-1-320 མཚོན་བྱ་དོན་གྱི་ངོ་བོ་ངོས་བཟུང་ནི། གནས་དང་གནས་མིན་ལས་རྣམས་ཀྱི། ། རྣམ་པར་སྨིན་དང་དབང་པོ་དང༌། །ཁམས་རྣམས་དང་ནི་མོས་པ་དང༌། ། ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་ པ་དང༌། །གནས་ནི་རྗེས་སུ་དྲན་པ་དང༌། །ལྷ་ཡི་མིག་དང་ཞི་བ་དག ། མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། །ཞེས་པ་སྟེ། སྔོན་སློབ་ལམ་གྱི་སྐབས་སུ་ཐེག་ པ་ཆེན་པོའི་ཆོས་ལ་དམ་བཅའ་བརྟན་པར་བྱས་པ་ལས། མཐར་ཆོས་ཀྱི་སྐུས་སངས་རྒྱས་ པ་ན། རང་བྱུང་གཉིས་དང་འཁོར་ལོས་བསྒྱུར་བ་དག་སྐྱེས་པའི་རྟེན་ལས་འབྱུང་བ་གནས་ ཡིན་གྱི་བུད་མེད་ཀྱི་རྟེན་ལ་འབྱུང་བ་གནས་མ་ཡིན་ནོ་ཞེས་བྱ་བ་ལྟ་བུ་རྒྱུ་འབྲས་སྲིད་པ་དང་ མི་སྲིད་པའི་ཚུལ་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་གན༷ས་ད༷ང་གན༷ས་ མི༷ན་པ་མཁྱེན་པའི་སྟོབས་དང༌། དེ་བཞིན་དུ་སྔོན་ཡང་ལས་རྒྱུ་འབྲས་ཀྱི་ཆོས་ལ་ཡིད་བརྟན་ པར་བྱས་པ་ལས། ལས་མི་དགེ་བ་ལས་རྣམ་པར་སྨིན་པ་མི་འདོད་པ་འབྱུང་ཞིང༌། ལས་དགེ་ བ་ལས་རྣམ་པར་སྨིན་པ་འདོད་པ་འབྱུང་ངོ་ཞེས་བྱ་བ་ལྟ་བུ། རྒྱུ་འབྲས་སོ་སོར་ངེས་པའི་རྣམ་ པ་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་ལ༷ས་རྣ༷མས་ཀྱི༵་རྣ༷མ་པ༷ར་སྨི༷ན་ པ་མཁྱེན་པའི་སྟོབས་ད༷ང༌། སྔོན་ཡང་གདུལ་བྱའི་དབ༷ང་པོ༷་བརྟགས་ནས་དེ་ད༵ང་མཐུན་ པར་ཆོས་བསྟན་པ་ལས། སེམས་ཅན་རྣམས་ཀྱི་དད་པ་ལ་སོགས་པའི་དབང་པོ་རྣོན་པོ་དང་ འབྲི ང་པོ་དང་རྟུལ་པོའི་དབྱེ་བ་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་དབང་ པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། སྔོན་ཡང་གདུལ་བྱའི་ཁམས་དང་ མཐུན་པར་ཞུགས་པ་ལས་སེམས་ཅན་རྣམས་གནས་སྐབས་སུ་ཐེག་པ་གསུམ་གྱི་རིགས་ཐ་ དད་པ་ལ་གནས་པའོ་ཞེས་བྱ་བ་ལྟ་བུ། རིགས་སམ་ཁམས་ཀྱི་ཁྱད་པར་ཐམས་ཅད་ཐོགས་ པ་མེད་པར་མངོན་སུམ་དུ་རྟོགས་པ་ཁ༷མས་རྣ༷མས་སྣ་ཚོགས་མཁྱེན་པའི་སྟོབས་ད༷ང༌། དེ་ 5-1-321 བཞིན་དུ་ནི༷་སྔོན་ཡང་གདུལ་བྱའི་མོ༷ས་པ༷་ད༵ང་མཐུན་པར་ཆོས་བསྟན་པ་ལས་སེམས་ཅན་ འདི་ནི་ཐེག་པ་གསུམ་ལས་འདི་ལ་མོས་པའོ་ཞེས་བྱ་བ་ལྟ་བུ། མོས་པའམ་བསམ་པ་ཐ་དད་ པའི་བྱེ་བྲག་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་མོས་པ་སྣ་ཚོགས་པ་ མཁྱེན་པའི་སྟོབས་དང༌། སྔོན་ཡང་ཐེག་པ་ཐམས་ཅད་ལ་གོམས་པར་བྱས་པ་ལས་ཁམས་ གསུམ་དང་བྱང་ཆུབ་གསུམ་ལ་སོགས་པ་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ དུ་འགྲོ་བའི་ལམ་གྱི་དབྱེ་བ་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་ཀུ༷ན་ཏུ་ འགྲོ༷་བའི༷་ལ༷མ་མཁྱེན་པའི་སྟོབས་ད༷ང༌། སྔོན་ཡང་ཏིང་ངེ་འཛིན་མཐའ་ཡས་པ་ལྷུར་བླངས་ པ་ལས་གང་ཟག་གཞན་དག་གི་རྒྱུད་ལ་སྐྱེས་པའི་བསམ་གཏན་དང་གཟུགས་མེད་པ་དང་ རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་ཀྱི་ཟག་པ་དང་བཅས་པ་ ཀུན་ནས་ཉོན་མོངས་པ་དང༌། ཟག་པ་མེད་པ་རྣམ་པར་བྱང་བའི་ཁྱད་པར་ཐམས་ཅད་ཐོགས་ པ་མེད་པར་མངོན་སུམ་དུ་རྟོགས་པ་བས༷མ་གཏ༷ན་ལ་སོ༵གས་པ་ཉོ༷ན་མོ༷ངས་པ་ཅན་དང་དྲི༷་ མ༷་མེ༷ད་པ༷་མཁྱེན་པའི་སྟོབས་ད༵ང༌། སྔོན་ཡང་དགེ་བའི་རྩ་བ་ཆུད་མ་གསོན་ཅིང་བག་ཡོད་ པར་མ་བྱས་པ་ལས། རང་དང་གཞན་གྱི་ཚེ་རབས་སྔ་མའི་སྤྱོད་པ་ཐམས་ཅད་རྒྱུ་མཚན་དང་ བཅས་ཏེ་ཐོགས་པ་མེད་པར་མངོན་སུམ་དུ་མཁྱེན་པ་སྔོན་གྱི་གན༷ས་ནི༷་རྗེ༷ས་སུ༷་དྲ༷ན་པ༷འི་ སྟོབས་ད༵ང༌། སྔོན་ཡང་སེམས་ཅན་གཞན་པ་མི་བཀོང་ཞིང་དེ་དག་གི་སྣང་བར་གྱུར་པས་ དོན་ཇི་ལྟ་བ་བཞིན་ཆོས་བསྟན་པ་ལས་སེམས་ཅན་རྣམས་ཀྱི་གང་ནས་འཆི་འཕོ་བ་དང་གང་ དུ་སྐྱེ་བའི་ཚུལ་སྲིད་པ་བར་མའི་བཟང་ངན་གྱི་བྱེ་བྲག་ཐམས་ཅད་ཐོགས་པ་མེད་པར་མངོན་ སུམ་དུ་མཁྱེན་པ་ལྷ༷འི༷་མི༷ག་གི་མངོན་པར་ཤེས་པའི་སྟོབས་ད༷ང༌། སྔོན་ཡང་ཟག་པ་ཟད་ པར་བྱ་བའི་ཕྱིར་ཆོས་བསྟན་པ་ལས་རང་དང་གཞན་གྱིས་ཉོན་མོངས་པ་ཞི་ཞིང་ཟག་པ་ཟད་ པའི་རྣམ་པ་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་ཞི༷་བ༷་ད༵ག་མཁྱེ༷ན་པ༷འི་ 5-1-322 སྟོབས་ཏེ། དེ་ལྟར་ན་རང་རང་གི་རྒྱུ་དང་རྗེས་སུ་མཐུན་པར་སྤང་བྱ་ལས་རྒྱལ་བའི་སྟོ༷བས་ ནི༷་རྣ༷མ་པ༷་བཅུ༵་མངོན་སུམ་དུ་གྱུར་པས་རང་གཞན་གྱི་མི་མཐུན་པའི་ཕྱོགས་བདུད་བཞི་ འཇོམས་པར་མཛད་པའོ་ཞེས་བྱ་བའི་དོན་ནོ། ། མཚོན་བྱེད་དཔེ་ཡིས་ངེས་པར་བྱ་བ་ནི། གནས་དང་གནས་མིན་རྣམ་སྨིན་ ཁམས་དང་འགྲོ་དང་མོས་པ་སྣ་ཚོགས་དང༌། །དབང་པོའི་ཚོགས་དང་ ཉོན་མོངས་རྣམ་བྱང་སྔོན་གནས་རྗེས་སུ་དྲན་པ་དང༌། །ལྷ་ཡི་མིག་དང་ ཟག་པ་ཟད་ཚུལ་མི་ཤེས་གོ་ཆ་རྩིག་བརྟན་དང༌། །ཤིང་རྣམས་འབིགས་ དང་འཇིག་དང་གཅོད་ཕྱིར་སྟོབས་གང་ཡིན་པར་རྡོ་རྗེ་བཞིན། །ཞེས་པ་ལ། རྒྱུ་འབྲས་གན༷ས་ད༷ང་གན༷ས་མི༷ན་པ་མཁྱེན་པའི་སྟོབས་དང༌། ལས་དང་རྣ༷མ་པར་སྨི༷ན་པ་ བདག་གིར་བྱ་བ་མཁྱེན་པའི་སྟོབས་དང༌། གདུལ་བྱའི་ཁ༷མས་སམ་རིགས་སྣ་ཚོགས་མཁྱེན་ པའི་སྟོབས་ད༷ང༌། འགྲོ༷་བའི་ལམ་ཐ་དད་པ་སྣ་ཚོགས་མཁྱེན་པའི་སྟོབས་ད༷ང༌། སེམས་ ཅན་གྱི་མོ༷ས་པའམ་བསམ་པ༷་སྣ༷་ཚོ༷གས་པ་མཁྱེན་པའི་སྟོབས་ད༵ང༌། གདུལ་བྱ་རྣམས་ཀྱི་ དད་པ་ལ་སོགས་པ་དབ༷ང་པོ༷འི་ཚོ༷གས་མཆོག་ད༷ང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ དང༌། བསམ་གཏན་དང་སྙོམས་པར་འཇུག་པ་ལ་སོགས་པ་ཉོ༷ན་མོ༷ངས་པ་ཅན་དང་རྣ༷མ་ པར་བྱ༷ང་བའི་ཁྱད་པར་མཁྱེན་པའི་སྟོབས་དང་། སྔོ༷ན་གྱི་གན༷ས་རྗེ༷ས་སུ༷་དྲ༷ན་པ༷འི་མངོན་ པར་ཤེས་པའི་སྟོབས་ད༵ང༌། ལྷ༷འི༷་མི༷ག་གིས་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་ད༷ང༌། རང་གཞན་གྱི་ཟ༷ག་པ༷་ཟ༷ད་པའི་ཚུ༷ལ་མཁྱེན་པའི་སྟོབས་རྣམས་ཀྱིས། རང་རང་གི་མི་མཐུན་ པའི་ཕྱོགས་མི༷་ཤེ༷ས་པ་ལ་སོགས་པའི་སྒྲིབ་པ་གོ༷་ཆ༷་སྲ་བ་དང་རྩི༷ག་པ་བརྟ༷ན་པོ་ད༵ང་། ཤི༷ང་ ནགས་ཐིབས་པོ་དང་འདྲ་བ་རྣ༷མས་རིམ་པ་ལྟར་འབི༷གས་པར་བྱེད་པ་ད༷ང་འཇི༷ག་པར་བྱེད་ པ་ད༷ང་གཅོ༷ད་པར་བྱེད་པའི་ཕྱི༷ར་ན། རྒྱལ་བའི་སྟོ༷བས་བཅུ་པོ་ག༷ང་ཡི༷ན་པ༷་དེ་རྣམས་ནི་རྫས་ 5-1-323 ཀྱི་དངོས་པོ་རྡོ༷་རྗེ༷་ཇི་ལྟ་བ་བཞི༵ན་ནོ་ཞེས་བྱ་སྟེ། དེ་ཡང་འཆད་པར་འགྱུར་བ་ལྟར་གནས་དང་ གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་དང་པོ་དྲུག་གིས་ཤེས་བྱའི་སྒྲིབ་པ་གོ་ཆ་སྲ་ བ་དང་འདྲ་བ་རྣམས་འབིགས་པར་བྱེད་པའི་ཕྱིར་རྡོ་རྗེ་དང་མཚུངས་ཤིང༌། བསམ་གཏན་ལ་ སོགས་པ་མཁྱེན་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ལྷའི་མིག་གི་མངོན་པར་ཤེས་ པའི་སྟོབས་གསུམ་གྱིས་སྙོམས་པར་འཇུག་པའི་སྒྲིབ་པ་རྩིག་པ་བརྟན་པོ་དང་འདྲ་བ་འཇིག་ པར་བྱེད་པའི་ཕྱིར་ན་རྡོ་རྗེ་དང་མཚུངས་ལ། ཟག་པ་ཟད་པ་མཁྱེན་པའི་སྟོབས་གཅིག་གིས་ ཉོན་མོངས་པའི་སྒྲིབ་པ་ཤིང་ནགས་ཐིབས་པོ་དང་འདྲ་བ་རྣམས་གཅོད་པར་བྱེད་པའི་ཕྱིར་རྡོ་ རྗེ་དང་མཚུངས་སོ་ཞེས་བྱ་བའི་དོན་ཏོ། ། མི་འཇིགས་པ་ལའང་གཉིས་ཏེ། དོན་གྱི་ངོ་བོ་ངོས་བཟུང་བ་དང༌། དཔེ་ཡིས་ངེས་པར་ བྱ་བའོ། །དོན་ལའང་གཉིས་ལས། ངོ་བོ་ནི། ཀུན་མངོན་རྫོགས་པར་བྱང་ཆུབ་ དང༌། །གེགས་ནི་འགོག་པར་བྱེད་པ་དང༌། །ལམ་སྟོན་པ་དང་འགོག་ ཐོབ་ལ། །མི་འཇིགས་པ་ནི་རྣམ་པ་བཞི། །ཞེས་པ་སྟེ། སྔོན་ཡང་སེམས་སྙོམས་ པའི་སྒོ་ནས་སེར་སྣ་མེད་པར་ཆོས་བསྟན་པ་ལས། རང་དོན་ལས་བརྩམས་ཏེ། ཇི་ལྟ་བ་དང་ ཇི་སྙེད་པའི་ཆོས་མ་ལུས་པ་ཀུ༷ན་མངོ༷ན་སུམ་དུ་རྟོགས་པའི་ཚུལ་གྱིས་བདག་ཉིད་མངོན་པར་ རྫོ༷གས་པ༷ར་བྱ༷ང་ཆུ༷བ་བོ་ཞེས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པ་ད༵ང༌། སྔོན་ཡང་བར་ དུ་གཅོད་པའི་ཆོས་རྣམས་མ་བསྟེན་པ་ལས་གཞན་དོན་ལས་བརྩམས་ཏེ་ཐར་པ་ཐོབ་པའི་ གེ༷གས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ནི༷་འགོ༷ག་པ༷ར་བྱེ༷ད་དགོས་སོ་ཞེས་བར་ དུ་གཅོད་པའི་ཆོས་ཐམས་ཅད་སྟོན་པ་ལ་མི་འཇིགས་པ༷་ད༵ང༌། སྔོན་ཡང་དཀར་པོའི་ཆོས་ལ་ མོས་པས་རྣམ་པར་བྱང་བའི་ལམ་དུ་ཞུགས་པ་ལས་གཞན་དོན་ལས་བརྩམས་ཏེ་འཁོར་བ་ ལས་ངེས་པར་འབྱུང་བའི་ཐེག་པ་གསུམ་གྱི་ལ༷མ་ཐམས་ཅད་སྟོ༷ན་པ༷་ལ་མི་འཇིགས་པ་ད༷ང༌། 5-1-324 སྔོན་ཡང་ང་རྒྱལ་མེད་པར་ཆོས་བསྟན་པ་ལས་རང་དོན་ལས་བརྩམས་ཏེ་སྤང་བྱ་ཟག་པ་མ་ ལུས་པ་ཟད་པའི་འགོ༷ག་པ་ཐོ༷བ་བོ་ཞེས་ཞལ་གྱིས་བཞེས་པ་ལ༵་མི་འཇིགས་པ་སྟེ། དེ་ལྟར་ དོན་རྣམ་པ་བཞི་ལ་བརྩམས་ནས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅས། འཁོར་གྱི་ ནང་དུ་སེང་གེའི་སྒྲ་བསྒྲགས། ཚངས་པའི་གནས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ། དཀའ་ ཐུབ་དང་རིགས་དང་ལོངས་སྤྱོད་དང་ནུས་པ་དང༌། ཆགས་བྲལ་གྱི་ང་རྒྱལ་བའི་དགེ་སྦྱོང་དང་ བྲམ་ཟེ་དང་ལྷ་དང་བདུད་དང་ཚངས་པ་ལ་སོགས་པ་སུས་ཀྱང་ཆོས་དང་མཐུན་པའི་སྒོ་ནས་ རྒོལ་བའམ་རྒོལ་བའི་མཚན་མ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་བདེ་བ་དང་ངག་ བག་ཚ་བ་མེད་པ་དང་སེམས་འཇིགས་པ་མེད་པ་ཐོབ་པའི་ཕྱིར། སངས་རྒྱས་རྣམས་ཀྱི་མི༷་ འཇི༷གས་པ༷འི་ཡོན་ཏན་ནི༷་རྣ༷མ་པ༷་བཞི༵་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། བྱེད་ལས་ནི། བདག་གཞན་དོན་ལས་ཤེས་བྱའི་དངོས་པོ་རྣམ་ཀུན་ ཤེས་དང་ཤེས་མཛད་ཕྱིར། །སྤང་དངོས་སྤངས་དང་སྤོང་མཛད་ཕྱིར་དང་ བསྟེན་བྱ་བསྟེན་དང་བསྟེན་མཛད་ཕྱིར། །འཐོབ་བྱ་བླ་མེད་ཤིན་ཏུ་དྲི་ མེད་ཐོབ་དང་ཐོབ་པར་མཛད་པའི་ཕྱིར། །རང་གཞན་དོན་དུ་བདེན་པ་ གསུང་ཕྱིར་དྲང་སྲོང་གང་དུའང་ཐོགས་པ་མེད། །ཅེས་པ་ལ། མི་འཇིགས་པ་ བཞི་བརྙེས་པ་ལ་བརྟེན་ནས་བད༷ག་ཉིད་དང་གཞ༷ན་རྣམས་ཀྱི་དོ༷ན་ལ༷ས་བརྩམས་ཏེ། ཤེ༷ས་ པར་བྱ༷་བའི༷་དངོ༷ས་པོ༷་སྡུག་བསྔལ་ལ་སོགས་པའི་རྣ༷མ་པ་ཀུ༷ན་བདག་ཉིད་ཀྱིས་ཤེ༷ས་སོ་ ཞེས་ཞལ་གྱིས་བཞེས་པ་ད༷ང༌། གཞན་དག་གིས་ཀྱང་ཤེ༷ས་པར་བྱ་བའི་དོན་དུ། ཤེས་བྱ་ སྡུག་བསྔལ་ལ་སོགས་པའི་ཆོས་ཐམས་ཅད་སྟོན་པར་མཛ༷ད་པའི་ཕྱི༵ར་དང༌། སྤ༷ང་བར་བྱ་ བའི་དངོ༷ས་པོ་ལས་དང་ཉོན་མོངས་པ་ལ་སོགས་པའི་ཀུན་འབྱུང་རྣམས་བདག་ཉིད་ཀྱིས་ སྤ༷ངས་སོ་ཞེས་ཞལ་གྱིས་བཞེས་པ་ད༷ང༌། གཞན་དག་གིས་ཀྱང་སྤོ༷ང་བར་བྱ་བའི་དོན་དུ་ 5-1-325 བར་དུ་གཅོད་པ་ཀུན་འབྱུང་གི་ཆོས་ཐམས་ཅད་སྟོན་པར་མཛ༷ད་པའི་ཕྱི༷ར་ད༷ང༌། བསྟེ༷ན་ པར་བྱ༷་བ་ལམ་གྱི་བདེན་པའི་རྣམ་པ་ཐམས་ཅད་བདག་ཉིད་ཀྱིས་སྟེ༷ན་ཏོ་ཞེས་ཞལ་གྱིས་ བཞེས་པ་ད༷ང༌། གཞན་དག་གིས་ཀྱང་བསྟེ༷ན་པར་བྱ་བའི་དོན་དུ་ངེས་པར་འབྱིན་པའི་ལམ་ གྱི་ཆོས་ཐམས་ཅད་སྟོན་པར་མཛ༷ད་པའི་ཕྱི༵ར་དང༌། ཐོ༷བ་པར་བྱ༷་བ་བླ༷་ན་མེ༷ད་ཅིང་ཤི༷ན་ཏུ༷་ དྲི༷་མ་མེ༷ད་པ་འགོག་པའི་བདེན་པ་དག་པ་གཉིས་ལྡན་བདག་ཉིད་ཀྱིས་ཐོ༷བ་པོ་ཞེས་ཞལ་ གྱིས་བཞེས་པ་ད༷ང༌། གཞན་དག་གིས་ཀྱང་ཐོ༷བ་པ༷ར་བྱ་བའི་དོན་དུ་ཟག་པ་ཟད་པ་འགོག་ པའི་ཆོས་ཐམས་ཅད་སྟོན་པར་མཛ༷ད་པ༷འི་ཕྱི༵ར་ཏེ། དེ་ལྟར་ན་ར༷ང་ཉིད་ཀྱིས་ལེགས་པར་ རྟོགས་པ་ཞལ་གྱིས་བཞེས་པ་དང༌། གཞ༷ན་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་རྟོགས་པར་བྱ་ བའི་དོ༷ན་དུ༷། འཕགས་པའི་བདེ༷ན་པ༷་བཞི་གསུ༷ང་པ་ལ་ནམ་ཡང་འཇིགས་པ་མེད་པའི་ཕྱི༷ར། དྲ༷ང་སྲོ༷ང་ཆེན་པོ་རྫོགས་པའི་སངས་རྒྱས་རྣམས་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པའི་འཁོར་ གྱི་དཀྱིལ་འཁོར་ག༷ང་དུ༷འ༷ང་དམ་པའི་ཆོས་གསུང་པ་ལ་ཐོ༷གས་པ༷་མེ༵ད་པ་རབ་ཏུ་འཇུག་གོ་ ཞེས་བྱ་བའི་དོན་ཏོ། ། དཔེ་ཡིས་ངེས་པར་བྱ་བ་ནི། ཇི་ལྟར་རི་དྭགས་དབང་པོ་ནགས་མཐར་རྟག་ འཇིགས་མེད། །རི་དྭགས་རྣམས་ལ་སྐྲག་པ་མེད་པར་རྒྱུ་བ་ལྟར། །དེ་ བཞིན་ཚོགས་ན་ཐུབ་པའི་དབང་པོ་སེངྒེ་ཡང༌། །ལེགས་གནས་ལྟོས་ མེད་བརྟན་པ་རྩལ་དང་ལྡན་པར་གནས། །ཞེས་པ་སྟེ། ཇི༷་ལྟར༷་ན་རི༷་དྭ༷གས་ ཀྱི་དབ༷ང་པོ༷་སེངྒེ་ན༷གས་ཚལ་འཐུག་པོའི་མཐ༷ར་གནས་ཀྱང་རྟ༷ག་ཏུ་འཇི༷གས་པ་མེ༵ད་ཅིང༌། སྟག་དང་གླང་པོ་ཆེ་ལ་སོགས་པ་སྟོབས་ཆེན་པོ་དང་ལྡན་པའི་རི༷་དྭ༷གས་རྣ༷མས་ལ༷་ཡང་སྐྲ༷ག་ པ༷་མེ༷ད་པ༷ར་རྒྱུ༷་བ༷་ན། རང་ཉིད་ལེགས་པར་གནས་པ་དང༌། གཞན་ལ་ལྟོས་པ་མེད་པ་དང༌། བློ་བརྟན་པ་དང༌། རྩལ་ཕུན་སུམ་ཚོགས་པ་དང་ལྡན་པ་ལྟ༵ར། དེ༷་བཞི༷ན་དུ་དགེ་སྦྱོང་དང་ 5-1-326 བྲམ་ཟེ་ལ་སོགས་པ་ང་རྒྱལ་ཅན་མང་པོ་འདུས་པའི་ཚོ༷གས་ན༷་ཐུ༷བ་པ༷འི་དབ༷ང་པོ༷་མིའི་སེ༷ངྒེ༷་ ཡ༵ང་འཇིགས་པ་དང་སྐྲག་པ་མེད་ཅིང༌། བདག་ཉིད་མཆོག་ཏུ་གྱུར་པས་ལེ༷གས་པར་གན༷ས་ པ་དང་། གཞན་ལ་རག་མ་ལས་པས་ལྟོ༷ས་པ་མེ༷ད་པ་དང༌། རྟག་ཏུ་མཉམ་པར་བཞག་པས་ ཐུགས་བརྟ༷ན་པ༷་དང༌། སྤང་བྱ་ཤིན་ཏུ་ཕྲ་བ་རྣམས་ཀྱང་སྤངས་པས་རྩ༷ལ་ཕུན་སུམ་ཚོགས་པ་ ད༷ང་ལྡ༷ན་པ༷ར་ཡང་གན༵ས་སོ་ཞེས་བྱ་བའི་དོན་དོ། ། མ་འདྲེས་པ་ལའང་། དོན་དངོས་བསྟན་པ་དང༌། དཔེ་དང་སྦྱར་བའོ། །དོན་ལའང་ མ་འདྲེས་པ་བཅོ་བརྒྱད་སོ་སོའི་དབྱེ་བ་དང༌། སླར་ཡང་བཤད་དེ་བྱེད་ལས་དང་ཐོབ་ཚུལ་ ལོ། །དབྱེ་བའང་། ཕྱེ་སྟེ་རྒྱས་པར་བཤད་པ་དང༌། བསྡུས་ཏེ་གཞན་ཡང་བསྟན་པའོ། །རྒྱས་ བཤད་ལ་སྡེ་ཚན་བཞི་ལས། སྤྱོད་པས་བསྡུས་པ་དྲུག་ནི། འཁྲུལ་དང་ཅ་ཅོ་མི་མངའ་ སྟེ། །སྟོན་པ་དྲན་པ་ཉམས་མི་མངའ། །མཉམ་པར་མ་བཞག་ཐུགས་མི་ མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟགས་བཏང་སྙོམས་ མི་མངའ་སྟེ། །ཞེས་པས། སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ལ་ཕྱིན་ཅི་ ལོག་མི་མངའ་བ་སྟོན་པའོ། །དེ་ཡང་སྔོན་སློབ་ལམ་གྱི་སྐབས་སུ་ལམ་སྟོར་བའི་སེམས་ཅན་ རྣམས་ལ་ལམ་མ་ནོར་བ་སྟོན་པ་ལ་སོགས་པ་གོམས་པར་བྱས་པ་ལས། མཐར་སངས་རྒྱས་ པ་ན་མཆོང་བ་དང་རྒྱུག་པ་ལ་སོགས་པ་དུག་གསུམ་གྱིས་ཀུན་ནས་བསླང་བའི་འཁྲུ༷ལ་པ་མི་ མངའ་བ་སྟེ་སྐུའི་སྤྱོད་པ་ཐུན་མོང་མ་ཡིན་པ་གཅིག་ད༷ང༌། སྔོན་རྩོད་པ་མེད་པ་ལྷུར་བླངས་ ཤིང་བརྫུན་ཚིག་དང་མུ་ཅོར་སྨྲ་བ་ལ་སོགས་པ་སྤངས་པ་ལས། རྩོད་པ་དང་བརྐྱལ་ཁ་ལ་ སོགས་པ་ཉོན་མོངས་པས་ཀུན་ནས་བསླངས་པའི་ཅ༷་ཅོ༷་མི༷་མང༷འ་བ་སྟེ༵་གསུང་གི་སྤྱོད་པ་ ཐུན་མོང་མ་ཡིན་པ་གཅིག་དང༌། སྔོན་རྗེས་སུ་དྲན་པ་དྲུག་གོམས་པར་བྱས་པ་ལས། སྟོ༷ན་ པ་སངས་རྒྱས་ལ༷་འདས་པའི་དོན་བརྗེད་པའི་དྲ༷ན་པ༷་ཉ༷མས་པ་མི༷་མང༵འ་བ་དང༌། སྔོན་ 5-1-327 གཞན་གྱི་སེམས་སྲུང་བ་ལ་སོགས་པ་གོམས་པར་བྱས་པ་ལས། ཏིང་ངེ་འཛིན་ལ་རྩེ་གཅིག་ ཏུ་གནས་ཤིང་རྗེས་ཐོབ་པར་གཡེང་བ་ལ་སོགས་པ་མཉ༷མ་པ༷ར་མ༷་བཞ༷ག་པའི་ཐུ༷གས་མི༷་ མང༵འ་བ་དང༌། སྔོན་སེམས་དང་འདུ༷་ཤེ༷ས་ཕྱིན་ཅི་ལོག་སྤོང་བ་ལ་སོགས་པ་གོམས་པར་ བྱས་པ་ལས་འཁོར་བ་དང་མྱ་ངན་ལས་འདས་པ་དག་རང་བཞིན་ཐ་དད་དུ་འཛིན་པ་ལ་ སོགས་པའི་འདུ་ཤེས་སྣ༷་ཚོ༷གས་པ་རྣམས་ཀྱ༷ང་མི༷་མང༵འ་བ་དང༌། སྔོན་བདག་གཞན་མཉམ་ པ་ཉིད་དང་སྲིད་ཞི་མཉམ་ཉིད་ལ་སོགས་པ་གོམས་པར་བྱས་པ་ལས་གདུལ་བྱ་དུས་ལ་བབ་ ཀྱང་སོ་སོར་མ༷་བརྟ༷གས་པའི་སྒོ་ནས་ཡལ་བར་འདོར་བའི་བཏ༷ང་སྙོ༷མས་མི༷་མང༷འ་བ་སྟེ༵་ ཐུགས་ཀྱི་སྤྱོད་པ་ཐུན་མོང་མ་ཡིན་པ་བཞིའོ། ། རྟོགས་པས་བསྡུས་པ་དྲུག་ནི། འདུན་དང་བརྩོན་འགྲུས་དྲན་པ་དང༌། ། ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་མི་ མངའ། །ཞེས་པ་དེ་བཞིན་གཤེགས་པའི་དབང་པོ་གནས་དང་འབྲས་བུར་བཅས་པ་ལ་མ་ ཐོབ་པའི་ཉམས་པ་མི་མངའ་བ་སྟོན་པ་སྟེ། དེ་ཡང་སྔོན་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚོལ་བ་ ལ་སོགས་པ་གོམས་པར་བྱས་པ་ལས། དཀོན་མཆོག་གི་གདུང་རྒྱུན་མི་འཆད་པ་དང་སེམས་ ཅན་ལ་ཕན་པ་དོན་དུ་གཉེར་བའི་འདུ༷ན་པ་ཉམས་པ་མི་མངའ་བ་ད༷ང༌། སྔོན་བླ་མ་བསྟེན་ པ་དང་སེམས་ཅན་སྨིན་པ་ལ་སོགས་པའི་བརྩོན་འགྲུས་གོམས་པར་བྱས་པ་ལས། གཞན་ དོན་ལ་སྤྲོ་བའི་བརྩོ༷ན་འགྲུ༷ས་ཉམས་པ་མི་མངའ་བ་དང༌། སྔོན་དྲ༷ན་པ༷་ཉེ་བར་བཞག་པ་ལ་ སོགས་པ་གོམས་པར་བྱས་པ་ལས། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་གཟིགས་པའི་དྲན་པ་ ཉམས་པ་མི་མངའ་བ་ད༵ང༌། སྔོན་ཤེ༷ས་ར༷བ་དང་ཆོས་ཚོལ་བས་མི་ངོམས་པ་ལ་སོགས་པ་ གོམས་པར་བྱས་པ་ལས། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཉམས་པ་མི་མངའ་ བ་དང༌། སྔོན་འདུ་འཛི་སྤངས་ཏེ་དབེན་པའི་གནས་སུ་རྣལ་འབྱོར་དང་རྣམ་པར་ཐར་པ་ལ་ 5-1-328 སོགས་པ་གོམས་པར་བྱས་པ་ལས། སྒྲིབ་པ་མ་ལུས་པ་དང་བྲལ་བའི་རྣ༷མ་པར་གྲོ༷ལ་བ་ ཉམས་པ་མི་མངའ་བ་དང༌། སྔོན་གཞན་དོན་དུ་ཆོས་སྟོན་པ་དང་རྟེན་ཅིང་འབྲེལ་པར་འབྱུང་ བའི་ངང་ཚུལ་ཤེས་པ་ལ་སོགས་པ་གོམས་པར་བྱས་པ་ལས། སྒྲིབ་པ་ལས་རྣ༷མ་པར་གྲོ༷ལ་ བ་ཉིད་ཀྱི༵་ཡེ༷་ཤེ༷ས་ཀྱིས་ཤེས་བྱ་ཐམས་ཅད་གཟི༷གས་པ༷་ཉ༷མས་པ་མི༷་མང༵འ་བ་རྣམས་སོ། ། འདིར་ཏིང་ངེ་འཛིན་མ་སྨོས་པ་ནི་རྟག་ཏུ་མཉམ་པར་བཞག་པའི་ནང་དུ་འདུས་ལ། ཁ་ཅིག་ ཏུ་དྲན་པ་མ་སྨོས་པ་ཡང་བསྙེལ་བ་མི་མངའ་བར་འདུས་ཤིང༌། ལ་ལར་ཐམས་ཅད་ཡོད་པ་ ལྟར་ན་འདུན་པ་དང་བརྩོན་འགྲུས་གཅིག་ཏུ་བྱས་པའམ། ཡང་ན་རྣམ་པར་གྲོལ་བ་དང་རྣམ་ པར་གྲོལ་བའི་ཡེ་ཤེས་གཅིག་བྱས་པ་ཉིད་དོ། ། མཛད་པས་བསྡུས་པ་གསུམ་ནི། ལས་གསུམ་ཡེ་ཤེས་སྔོན་འགྲོ་དང༌། །ཞེས་ པ་ཐུན་མོང་མ་ཡིན་པའི་འཕྲིན་ལས་མཛད་པ་སྟེ། དེ་ཡང་སྔོན་གཡོ་སྒྱུ་ཚུལ་འཆོས་ལ་སོགས་ པ་དང་བྲལ་བའི་ཚངས་པར་སྤྱོད་པ་གོམས་པར་བྱས་པ་ལས། ལུས་ཀྱི་ལས་རྫུ་འཕྲུལ་ལ་ སོགས་པ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང༌། སྔོན་ བརྫུན་དུ་སྨྲ་བ་ལ་སོགས་པ་སྤངས་ཤིང་ཕན་པ་དང་རན་པ་དང་ཆོས་དང་ལྡན་པར་སྨྲ་བ་ཉིད་ གོམས་པར་བྱས་པ་ལས། ངག་གི་ལས་ཆོས་སྟོན་པ་ལ་སོགས་པ་ཐམས་ཅད་ཡེ་ཤེས་སྔོན་ དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང༌། སྔོན་བརྣབ་སེམས་ལ་སོགས་པ་སྤངས་ཞིང་ ཡང་དག་པའི་ལྟ་བ་ལ་སོགས་པ་གོམས་པར་བྱས་པ་ལས། ཡིད་ཀྱི་ལས་ཏིང་ངེ་འཛིན་སྒོམ་ པ་ལ་སོགས་པ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱིས་རྗེས་སུ་འབྲང་བས་ན། སྐུ་ གསུང་ཐུགས་ཀྱི་འཕྲིན་ལ༷ས་གསུ༷མ་ག་ཡང་ཡེ༷་ཤེ༷ས་སྔོ༷ན་དུ་འགྲོ༷་བ་ད༵ང༌། ཡེ་ཤེས་ཀྱི་རྗེས་ སུ་འབྲང་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། མཁྱེན་པས་བསྡུས་པ་གསུམ་ནི། དུས་ལ་ཡེ་ཤེས་སྒྲིབ་པ་མེད། །ཅེས་པ་ཡེ་ཤེས་ 5-1-329 ལ་གནས་པ་ཐུན་མོང་མ་ཡིན་པ་སྟེ། དེ་ཡང་སྔོན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་ བའི་སངས་རྒྱས་རྣམས་ཀྱིས་ཆགས་པ་དང་ཐོགས་པ་མེད་པའི་ཡེ་ཤེས་བརྙེས་པ་ལ་ཡིད་ གཉིས་མི་ཟ་བར་བདག་ཉིད་ཀྱིས་དེ་ཐོབ་པར་མོས་པ་དང༌། གཞན་དག་ཀྱང་དེ་ལྟ་བུ་ལ་ འཇུག་པ་གོམས་པར་བྱས་པ་ལས། རིམ་པ་ལྟར། འདས་པའི་དུས་ལ་མ་ཆགས་མ་ཐོགས་ པའི་ཡེ་ཤེས་གཟིགས་པ་འཇུག་པ་དང་། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ ཤེས་གཟིགས་པ་འཇུག་པ་དང༌། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ གཟིགས་པ་འཇུག་པས་ན་དུ༷ས་གསུམ་ལ༷་འཇུག་པའི་ཡེ༷་ཤེ༷ས་རྣམས་ཆགས་པ་དང་ཐོགས་ པའི་སྒྲི༷བ་པ༷་གཉིས་མེ༵ད་པའོ་ཞེས་པའི་དོན་ཏོ། ། བསྡུ་བ་ནི། དེ་ལྟར་བཅོ་བརྒྱད་འདི་དང་གཞན། །སྟོན་པའི་མ་འདྲེས་ ཡོན་ཏན་ཡིན། །ཞེས་པ་ལ། དེ༷་ལྟར༷་ན་སྤྱོད་པས་བསྡུས་པ་དྲུག་དང༌། རྟོགས་པས་ བསྡུས་པ་དྲུག་དང༌། མཛད་པས་བསྡུས་པ་གསུམ་དང༌། མཁྱེན་པས་བསྡུས་པ་གསུམ་སྟེ། བཅོ༷་བརྒྱ༷ད་པོ་འདི༷་རྣམས་ད༷ང༌། གཞ༵ན་ཡང་སྐུ་ཚད་མེད་པ་དང༌། ཐམས་ཅད་ཟིལ་གྱིས་ གནོན་ཞིང་ཁྱད་པར་དུ་འཕགས་པའི་སྤྱི་གཙུག་ལྟར་མི་མངོན་པ་དང༌། རྩི་སྨན་དང་འདྲ་ བར་མཐོང་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་སྐྱོན་ཞི་བར་བྱེད་པ་ལ་སོགས་པ་དག་ཀྱང་སྟོ༷ན་ པ༷་སངས་རྒྱས་ཁོ་ནའི༷་ཡིན་པས། གང་ཟག་གཞན་དང་མ༷་འདྲེ༷ས་ཤིང་ཐུན་མོང་མ་ཡིན་པར་ གྱུར་བའི་ཡོ༷ན་ཏ༷ན་ཡི༵ན་ནོ་ཞེས་བྱ་བའི་དོན་ཏོ། ། སླར་ཡང་བཤད་དེ་བྱེད་ལས་དང་ཐོབ་ཚུལ་ནི། འཁྲུལ་དང་ཅ་ཅོ་བསྙེལ་དང་ ཐུགས་གཡོ་ཐ་དད་ཀྱི་ནི་འདུ་ཤེས་དང༌། །ངང་གིས་བཏང་སྙོམས་དྲང་ སྲོང་ལ་མེད་འདུན་པ་དང་ནི་བརྩོན་འགྲུས་དང༌། །དྲན་པ་རྣམས་དང་ དྲི་མེད་ཤེས་རབ་རྟག་ཏུ་རྣམ་པར་གྲོལ་བ་དང༌། །ཤེས་བྱའི་དོན་ཀུན་ 5-1-330 གཟིགས་པ་གྲོལ་བའི་ཡེ་ཤེས་ལས་ནི་ཉམས་མི་མངའ། །གང་གི་ལས་ གསུམ་ཐམས་ཅད་ཡེ་ཤེས་སྔོན་འགྲོ་རྗེས་སུ་འཇུག་པ་དང༌། །དུས་ གསུམ་རྟག་ཏུ་ཐོགས་མེད་ངེས་པའི་ཡེ་ཤེས་རྒྱ་ཆེན་འཇུག་པ་སྟེ། །གང་ རྟོགས་འགྲོ་བར་འཇིགས་མེད་དམ་ཆོས་འཁོར་ལོ་ཆེན་པོ་རབ་བསྐོར་ བ། །ཐུགས་རྗེ་ཆེན་པོ་དང་ལྡན་རྒྱལ་བ་ཉིད་དེ་སངས་རྒྱས་རྣམས་ཀྱིས་ བརྙེས། །ཞེས་པ་ལ། སྐུའི་སྤྱོད་པ་ལ་འཁྲུ༷ལ་པ་མེད་པ་ད༷ང༌། གསུང་གི་སྤྱོད་པ་ལ་ཅ༷་ཅོ༷་ མེད་པ་དང༌། ཐུགས་ཀྱི་སྤྱོད་པ་ལ་དོན་བསྙེ༷ལ་བའི་དྲན་པ་ཉམས་པ་མེད་པ་ད༷ང༌། ཐུ༷གས་ གཡོ༷་བའི་མཉམ་པར་མ་བཞག་པ་མེད་པ་དང༌། འཁོར་འདས་རང་བཞིན་ཐ༷་ད༷ད་དུ་འཛིན་ པ་ལ་སོགས་པ་ཉིད་ཀྱི༷་ནི༷་འདུ༷་ཤེ༷ས་སྣ་ཚོགས་མེད་པ་ད༵ང༌། གདུལ་བྱ་མ་བརྟགས་པར་རང་ གི་ང༷ང་གི༷ས་བཏ༷ང་སྙོ༷མས་སུ་འཇོག་པ་དྲ༷ང་སྲོ༷ང་སངས་རྒྱས་ལ༷་མེ༷ད་པ་སྟེ་སྤྱོད་པས་བསྡུས་ པའི་ཡོན་ཏན་དྲུག་དང༌། གཞན་ཕན་དོན་དུ་གཉེར་བའི་འདུ༷ན་པ༷་ཉམས་པ་མི་མངའ་བ་ ད༷ང༌། དེ་བཞིན་དུ་ནི༷་གཞན་དོན་ལ་སྤྲོ་བའི་བརྩོ༷ན་འགྲུ༷ས་ཉམས་པ་མི་མངའ་བ་ད༵ང༌། དོན་ ཐམས་ཅད་གཟིགས་པའི་དྲ༷ན་པ༷་རྣ༷མ་པར་དག་པ་ཉམས་པ་མི་མངའ་བ་ད༷ང༌། ཉོན་མོངས་ པའི་དྲི༷་མ་མེ༷ད་པའི་ཤེ༷ས་ར༷བ་ཉམས་པ་མི་མངའ་བ་དང༌། དུས་རྟ༷ག་ཏུ༷་སྒྲིབ་པ་ལས་རྣ༷མ་ པ༷ར་གྲོ༷ལ་བ་ཉམས་པ་མི་མངའ་བ༷་ད༵ང༌། ཤེ༷ས་བྱ༷་ཇི་ལྟ་བ་དང་ཇི་སྙེད་པའི༷་དོ༷ན་མ་ལུས་ པ་ཀུ༷ན་མངོན་སུམ་དུ་གཟི༷གས་པ༷འི་རྣམ་པར་གྲོ༷ལ་བ༷འི་ཡེ༷་ཤེ༷ས་ལ༷ས་ནི༷་ནམ་ཡང་ཉ༷མས་ པ་མི༷་མང༵འ་བ་སྟེ་རྟོགས་པས་བསྡུས་པའི་ཡོན་ཏན་དྲུག་དང༌། སངས་རྒྱས་ག༷ང་གི༷་སྐུ་དང་ གསུང་དང་ཐུགས་ཀྱི་འཕྲིན་ལ༷ས་གསུ༷མ་པོ་ཐ༷མས་ཅ༷ད་ཀྱང་། དང་པོར་ཡེ༷་ཤེ༷ས་སྔོ༷ན་དུ་ འགྲོ༷་ཞིང་ཕྱིས་ནས་ཡེ་ཤེས་ཀྱི་རྗེ༷ས་སུ༷་འཇུ༷ག་སྟེ་མཛད་པ༷ས་བསྡུས་པའི་ཡོན་ཏན་གསུམ་ ད༵ང༌། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུ༷ས་གསུ༷མ་གྱིས་བསྡུས་པའི་ཤེས་བྱ་ 5-1-331 རྣམས་ལ་རྟ༷ག་ཏུ༷་ཆགས་པ་དང་ཐོ༷གས་པ་མེ༷ད་པར་ངེ༷ས་པ༷འི་ཡེ༷་ཤེ༷ས་རྒྱ༷་ཆེ༷ན་པོ་འཇུ༷ག་པ༷་ མཁྱེན་པས་བསྡུས་པའི་ཡོན་ཏན་གསུམ་སྟེ༵། དེ་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་ བརྒྱད་པོ་ག༷ང་རྟོ༷གས་ཤིང་མངོན་སུམ་དུ་གྱུར་པ་ལ་བརྟེན་ནས་གདུལ་བྱའི་འགྲོ༷་བ་ཤིན་ཏུ་ མང་བ༷ར་འཇི༷གས་པ་དང་བག་ཚ་བ་མེ༷ད་པས། ད༷མ་པའི་ཆོ༷ས་ཀྱི་འཁོ༷ར་ལོ༷་རྒྱ་ཆེ༷ན་པོ༷་ར༷བ་ ཏུ་བསྐོ༷ར་བ༵ར་མཛད་ལ། དེ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་བཞེད་ པའི་ཐུ༷གས་རྗེ༷་ཆེ༷ན་པོ༷་ད༷ང་ལྡ༷ན་ཞིང་བདུད་བཞི་ལས་རྒྱ༷ལ་བ༷འི་སྟོན་པ་གཅིག་པུ་ཉི༷ད་ཡིན་ ཏེ། དེ༷་ཡང་ས༷ངས་རྒྱ༷ས་རྣ༷མས་ཀྱི༷ས་སྔོན་སོ་སོ་དང་རྗེས་སུ་མཐུན་པའི་ལམ་བསྒོམས་ཤིང་ གློ་བུར་གྱི་དྲི་མ་དང་བྲལ་བ་ལས་མངོན་སུམ་དུ་བརྙེ༵ས་སོ་ཞེས་བྱ་བའི་དོན་ཏོ། ། དཔེ་དག་སྦྱར་བ་ནི། ས་སོགས་ལ་ཡོད་ཆོས་གང་ཡིན་པའི་ཆོས་ཉིད་དེ་ ནི་ནམ་མཁའི་མིན། །ནམ་མཁའི་མཚན་ཉིད་སྒྲིབ་མེད་ལ་སོགས་ཡོན་ ཏན་གང་དེ་གཟུགས་ལ་མེད། །ས་ཆུ་མེ་རླུང་ནམ་མཁའ་མཚུངས་པ་ འཇིག་རྟེན་དག་ན་ཐུན་མོང་སྟེ། །མ་འདྲེས་ཉིད་ནི་རྡུལ་ཕྲན་ཙམ་ཡང་ འཇིག་རྟེན་དག་ན་ཐུན་མོང་མིན། །ཞེས་པ་སྟེ། ས༷་ལ་སོ༷གས་པ་འབྱུང་བ་བཞི་ལ༷་ ཡོ༷ད་པའི་ཆོ༷ས་སའི་མཚན་ཉིད་སྲ་བ་དང༌། ཆུའི་མཚན་ཉིད་གཤེར་བ་དང༌། མེའི་མཚན་ཉིད་ དྲོ་བ་དང༌། རླུང་གི་མཚན་ཉིད་གཡོ་བ་ག༷ང་ཡི༷ན་པ་ལ་སོགས་པ༷འི་འདུས་བྱས་ཀྱི་ཆོ༷ས་ཉི༷ད་ དེ༷་ནི༷་འདུས་མ་བྱས་ན༷མ་མཁ༷འི་ཆོས་ཉིད་མི༵ན་ཞིང་། ན༷མ་མཁ༷འི་མཚ༷ན་ཉི༷ད་སྒྲི༷བ་པ་མེ༷ད་ པ་དང༌། ཐོགས་པ་མེད་པ་དང༌། འདུས་མ་བྱས་པ་ལ༷་སོ༷གས་པའི་ཡོ༷ན་ཏ༷ན་ག༷ང་ཡིན་པ་དེ༷་ ཡང༌། འབྱུང་བ་བཞིའི་གཟུ༷གས་ལ༷་མེ༵ད་པས་ཕན་ཚུན་མ་འདྲེས་པ་དེ་བཞིན་དུ། གང་ཟག་ གཞན་ལ་ཡོད་པའི་ཆོས་སྐྱེ་འཇིག་ལ་སོགས་པ་རྣམས་སངས་རྒྱས་ལ་མེད་ཅིང་སངས་རྒྱས་ ཀྱི་ཡོན་ཏན་མཐར་ཕྱིན་པ་རྣམས་གང་ཟག་གཞན་ལ་མངོན་དུ་གྱུར་པ་མེད་པས། མ་འདྲེས་ 5-1-332 པའི་ཡོན་ཏན་རྣམས་ནི་ནམ་མཁའ་དང་མཚུངས་པའམ། ཡང་ན་དེ་བས་ཀྱང་ཁྱད་པར་དུ་ འཕགས་པ་ཉིད་དེ། ས༷་དང་ཆུ༷་དང་མེ༷་དང་ཪླུ༷ང་དང་ན༷མ་མཁ༷འི་ཁམས་རྣམས་ནི་འབྱུང་བ་ ཙམ་ལ་སོགས་པར་མཚུ༷ངས་པ༷འི་ཕྱིར་འཇི༷ག་རྟེ༷ན་ད༷ག་ན༷་ཐུ༷ན་མོ༷ང་བ་ཡིན་པ་ཡང་སྲིད་པ་ སྟེ༵། སངས་རྒྱས་ཀྱི་ཆོས་མ༷་འདྲེ༷ས་པ་ཉི༷ད་ནི༷་ཐ་ན་རྡུ༷ལ་ཕྲ༷ན་ཙ༷མ་ཡ༷ང་འཇི༷ག་རྟེ༷ན་ད༷ག་ན༷་ ཐུ༷ན་མོ༷ང་དུ་གྱུར་པ་མི༵ན་པའི་ཕྱིར། ནམ་མཁས་ཀྱང་ཇི་ལྟ་བ་བཞིན་དུ་མཚོན་པར་མི་ནུས་སོ་ ཞེས་བྱ་བའི་དོན་ཏོ། ། སྨིན་འབྲས་ཀྱི་ཡོན་ཏན་རྒྱས་པར་བཤད་པ་ལ་གཉིས་ལས། མཚོན་བྱ་མཚན་ཀྱི་དབྱེ་ བ་བཤད་པ་ནི། ལེགས་གནས་འཁོར་ལོས་མཚན་པ་དང༌། །ཡངས་ཤིང་ ཞབས་ལོང་མི་མངོན་དང༌། །སོར་མོ་རིང་དང་ཕྱག་ཞབས་རྣམས། །དྲ་ བ་ཡིས་ནི་འབྲེལ་པ་དང༌། །པགས་འཇམ་གཞོན་ཤ་ཅན་ལེགས་ཉིད། ། སྐུ་ནི་བདུན་དག་མཐོ་བ་དང༌། །བྱིན་པ་ཨེ་ནེ་ཡ་འདྲ་གསང༌། །གླང་ པོ་བཞིན་དུ་སྦུབས་སུ་ནུབ། །སྐུ་སྟོད་སེང་གེ་འདྲ་བ་དང༌། །ཐལ་གོང་ བར་མེད་རྒྱས་པ་དང༌། །དཔུང་མགོ་ལེགས་ཟླུམ་ཕྱག་འཇམ་ཞིང༌། ། ཟླུམ་ལ་མཐོ་དམན་མེད་པ་དང༌། །ཕྱག་རིང་ཡོངས་སུ་དག་པའི་སྐུ། ། འདོ་ཀྱི་དཀྱིལ་འཁོར་ལྡན་པ་དང༌། །མགྲིན་པ་དྲི་མེད་དུང་འདྲ་དང༌། ། འགྲམ་པ་རི་དྭགས་རྒྱལ་པོ་འདྲ། །ཚེམས་ནི་བཞི་བཅུ་མཉམ་པ་དང༌། ། རབ་དག་ཚེམས་ཐགས་བཟང་བ་དང༌། །རྣམ་དག་ཚེམས་ནི་མཉམ་ ཉིད་དང༌། །མཆེ་བ་རབ་མཆོག་དཀར་བ་ཉིད། །ལྗགས་རིང་མཐའ་མེད་ བསམ་མེད་པའི། །རོ་བྲོ་བ་ཡི་མཆོག་ཉིད་དང༌། །རང་བྱུང་ཀ་ལ་པིང་ ཀ་ཡི། །སྒྲ་དང་ཚངས་པའི་དབྱངས་ཉིད་དང༌། །སྤྱན་བཟང་ཨུཏྤལ་ཁྱུ་ 5-1-333 མཆོག་རྫི་འདྲ་དང༌། །ཞལ་མཛེས་དྲི་མེད་མཛོད་སྤུ་དཀར་ལྡན་དང༌། ། གཙུག་ཏོར་དབུར་ལྡན་དག་ཅིང་སྲབ་པ་ཡི། །པགས་པ་གསེར་གྱི་ མདོག་འདྲ་སེམས་ཅན་མཆོག །བ་སྤུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནས། ། སྐུ་ཡི་གྱེན་དུ་གཡས་སུ་འཁྱིལ་བ་དང༌། །དབུ་སྐྲ་དྲི་མེད་རིན་ཆེན་ མཐོན་མཐིང་བཞིན། །ནྱ་གྲོ་རྫོགས་པའི་ལྗོན་ཤིང་དཀྱིལ་འཁོར་འདྲ། ། ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། །སྲེད་མེད་བུ་ཡི་སྟོབས་མངའ་ མཁྲེགས་པའི་སྐུ། །བསམ་མི་ཁྱབ་འབར་སུམ་ཅུ་རྩ་གཉིས་སོ། །འདི་ དག་སྟོན་པས་མི་དབང་མཚན་དུ་གསུངས། །ཞེས་པ་སྟེ། སྔོན་སློབ་ལམ་གྱི་ དུས་སུ་དམ་བཅའ་བ་བརྟན་པར་མཛད་པ་ལས་མཐར་གཟུགས་ཀྱི་སྐུར་སངས་རྒྱས་པ་ ན། ཞབས་ཀྱི་མཐིལ་ལེ༷གས་པར་གན༷ས་ཤིང་རུས་སྦལ་གྱི་ལྟོ་བ་ལྟར་མཉམ་པ་ཉིད་དང༌། དེ་བཞིན་དུ་སྔོན་ཡོ་བྱད་སྣ་ཚོགས་སྦྱིན་པར་བཏང་བ་ལས་ཕྱག་དང་ཞབས་ཀྱི་མཐིལ་ལ་ འཁོ༷ར་ལོ༷འི་རི་མོ་རྩིབས་སྟོང་དང་ལྡན་པས་མཚ༷ན་མ༷་ཉིད་ད༵ང༌། སྔོན་གཞན་དག་ཁྱད་དུ་ མ་བསད་པ་ལས་ཞབས་ཀྱི་རྟིང་པ་ཡ༷ངས་ཤི༷ང་ཞ༷བས་ཀྱི་ལོ༷ང་བུ་མི༷་མངོ༷ན་པར་བྱིན་གྱིས་ ཟླུམ་པ་ཉིད་ད༵ང༌། སྔོན་སེམས་ཅན་རྣམས་ཆོས་ཀྱིས་སྐྱབས་པ་ལས་ཕྱག་དང་ཞབས་ཀྱི་ སོ༷ར་མོ༷་རྣམས་རི༷ང་བ་ཉིད་ད༷ང༌། སྔོན་གཞན་གྱི་འཁོར་མ་ཕྱེ་བ་ལས་ཕྱ༷ག་དང་ཞ༷བས་ཀྱི་ སོར་མོ་རྣ༵མས་གསེར་གྱི་དྲ༷་བ༷་ཡི༷ས་ནི༷་འབྲེ༷ལ་བ༷་ཉིད་ད༵ང༌། སྔོན་གོས་བཟང་པོ་སྣ་ཚོགས་ བྱིན་པ་ལས་པ༷གས་པ་ཤིན་ཏུ་འཇ༷མ་ཞིང་སྐུ་གཞོ༷ན་ཤ༷་ཅ༷ན་དུ་གནས་པས་ལེ༷གས་པ་ཉི༵ད་ དང༌། སྔོན་བཟའ་བ་དང་བཏུང་བ་མཆོག་ཏུ་གྱ་ནོམ་པ་བྱིན་པ་ལས་སྐུ༷་ཡི་ནི༷་ཞབས་ཀྱི་བོལ་ གཉིས་དང་ཕྱག་རྒྱབ་གཉིས་དང་ཕྲག་པའི་སྟེང་གཉིས་དང་ཕྲག་པ་སྟེ་མདུ༷ན་ད༷ག་མཐོ༷་ཞིང་ ཤ་རྒྱས་པར་སྣང་བ༷་ཉིད་ད༵ང༌། སྔོན་ཡང་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཟུང་བ་ལས། བྱི༷ན་ 5-1-334 པ༷་རི་དྭགས་ཨེ༷་ནེ༷་ཡ༷་དང་འདྲ༷་བར་ཟླུམ་ཞིང་གྲིམས་ལ་རིམ་གྱིས་ཕྲ་བ་ཉིད་དང༌། སྔོན་ གསང་ཚིག་བསྲུངས་ཤིང་འཁྲིགས་པ་སྤངས་པ་ལས་གས༵ང་བའི་གནས་གླ༷ང་པོ༷་ཆེའམ་རྟ་ ཅང་ཤེས་བཞི༷ན་དུ༷་སྦུ༷བས་སུ༷་ནུ༵བ་པ་ཉིད་དང༌། སྔོན་དགེ་བའི་ལས་རྒྱ་ཆེན་པོ་མཐར་གྱིས་ སྤྱད་པ་ལས། སྐུ༷་སྟོ༷ད་སེ༷ང་གེ༷་དང་འདྲ༷་བ༷ར་རྒྱས་པ་ཉིད་ད༵ང༌། སྔོན་དགེ་བའི་ཆོས་ཡང་ དག་པར་སྤྱད་པ་ལས། ཕྲག་པ་གཉིས་ཀྱི་ཐ༷ལ་གོ༷ང་བ༷ར་སྟོང་པ་མེ༷ད་ཅིང་ཤ་རྒྱ༷ས་པ༷་ཉིད་ ད༵ང༌། སྔོན་གཞན་ལ་མི་འཇིགས་པ་བྱིན་ཞིང་དབུགས་ཕྱུང་བ་ལས་དཔུ༷ང་པའི་མགོ༷་ལེ༷གས་ པར་ཟླུ༷མ་ཞིང་ཕྲག་པའི་ལྷུན་མཛེས་པ་ཉིད་དང༌། སྔོན་གྱི་གྲོགས་བྱ་བ་ལ་སྤྲོ་བས་ཞུགས་པ་ ལས་ཕྱ༷ག་གཉིས་རེག་བྱ་འཇ༷མ་ཞི༵ང་དབྱིབས་ཟླུ༷མ་ལ༷་སྦོམ་ཕྲའི་མཐོ༷་དམ༷ན་མེ༷ད་པ༷་ད༵ང༌། མ་བཏུད་ཀྱང་མཐིལ་གྱིས་པུས་མོའི་ལྷ་ངར་སླེབ་པས་ཕྱ༷ག་རི༷ང་བ་ཉིད་དང༌། སྔོན་དགེ་བ་ བཅུས་མི་ངོམས་པར་སྤྱད་པ་ལས་དྲི་མས་ཡོ༷ངས་སུ༷་ད༷ག་པ༷འི་སྐུ༵་འོ༷ད་ཀྱི༷་དཀྱི༷ལ་འཁོ༷ར་དང་ ལྡ༷ན་པ༷་ཉིད་ད༵ང༌། སྔོན་ནད་པ་རྣམས་ལ་སྨན་སྣ་ཚོགས་བྱིན་པ་ལས་མགྲི༷ན་པ༷་དྲི༷་མ་མེ༷ད་ པའི་དུ༷ང་རིམ་པ་གསུམ་དང་འདྲ༷་བ་ཉིད་ད༵ང༌། སྔོན་དགེ་བའི་སྦྱོར་བ་ཡོངས་སུ་རྫོགས་པར་ བསྒྲུབས་པ་ལས་འགྲ༷མ་པ༷་རི༷་དྭ༷གས་ཀྱི་རྒྱ༷ལ་པོ༷་སེང་གེ་དང་འདྲ༵་བར་རྒྱས་པ་ཉིད་དང༌། སྔོན་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་བྱས་པ་ལས་ཚེ༷མས་ནི༷་བཞི༷་བཅུ༷་ཐམ་ པ་ཚང་ཞིང་སྟེང་འོག་ཉི་ཤུ་ཉི་ཤུར་གྲངས་མཉ༷མ་པ༷་ཉིད་ད༵ང༌། སྔོན་སེམས་ཅན་མི་མཛའ་ བ་རྣམས་བསྡུམས་པ་ལས་ར༷བ་ཏུ་ད༷ག་ཅིང་བར་མེད་པས་ཚེ༷མས་ཐ༷ག་བཟ༷ང་བ༷་ཉིད་ ད༵ང༌། སྔོན་ཡིད་དུ་འོང་བའི་ནོར་བུ་བྱིན་པ་ལས་དྲི་མ་མེད་ཅིང་རྣ༷མ་པར་ད༷ག་པའི་ཚེ༷མས་ ནི༷་རིང་ཐུང་དང་སྦོམ་ཕྲ་མེད་པས་མཉ༷མ་པ་ཉི༷ད་ད༵ང༌། སྔོན་སྒོ་གསུམ་གྱི་ལས་ཐམས་ཅད་ ཉེས་པའི་དྲི་མས་མ་གོས་པར་སྤྱད་པ་ལས་མཆེ༷་བ༷་ར༷བ་མཆོ༷ག་དུང་ལྟར་དཀ༷ར་བ༷་ཉི༵ད་ དང༌། སྔོན་ཐམས་ཅད་དུ་བདེན་པའི་ཚིག་གསུངས་པ་ལས་ལྗ༷གས་རི༷ང་ཞིང་སྲབ་པས་ཞལ་ 5-1-335 གྱི་དཀྱིལ་འཁོར་ཁེབས་པ་ཉིད་དང༌། སྔོན་ཡིད་དུ་འོང་བའི་རོ་བྲོ་བ་བྱིན་པ་ལས་རོ་མི་ཞིམ་ པ་རྣམས་ཀྱང་མཐ༷འ་མ་ཚད་མེ༷ད་ཅིང་གཞན་གྱིས་བས༷མ་དུ་མེ༷ད་པ༷འི༵་རོ༷་བྲོ༷་བ༷འི༷་མཆོ༷ག་ ཏུ་མཁྱེན་པ་ཉི༷ད་ད༵ང༌། སྔོན་ཚིག་ངན་སྤངས་ཤིང་སྙན་པར་སྨྲས་པ་ལས་རྟོག་པའི་ཀུན་སློང་ ལ་མ་ལྟོས་པར་ར༷ང་བྱུ༷ང་བའི་གསུང་ཀ༷་ལ༷་པི༷ང་ཀ༷འི༵་སྒྲ༷་ད༷ང་ཚ༷ངས་པ༷འི་དབྱ༷ངས་ལྟར་སྙན་ ཅིང་རྒྱང་རིང་པོར་ཐོས་པ་ཉི༷ད་ད༵ང༌། སྔོན་བྱམས་པའི་སྒོ་ནས་གཞན་རྗེས་སུ་བསྐྱངས་པ་ ལས་སྤྱ༷ན་བཟ༷ང་པོ་ཨུ༷ཏྤ༷ལ་ལའི་འདབ་མ་ལྟར་དཀར་ནག་འབྱེས་ཤིང་དཀྱུས་རིང་བ་ཉིད་ དང༌། སྔོན་བསམ་པ་སྒྱུ་མེད་པར་མཛད་པ་ལས་རྫི་མ་བ་ཁྱུ༷་མཆོ༷ག་གི་རྫི༷་མ་དང་འདྲ༷་བར་ འཐུག་ཅིང་གནག་ལ་མ་འཛིངས་པ་ཉིད་ད༵ང༌། སྔོན་བསྔགས་པར་འོས་པ་རྣམས་བསྔགས་ པ་ལས་ཞ༷ལ་གྱི་དཀྱིལ་འཁོར་མཛེ༷ས་ཤིང་དྲི༷་མ་མེ༷ད་པའི་སྨིན་མཚམས་སུ་མཛོ༷ད་སྤུ༷་དཀ༷ར་ པོ་འཐེན་ན་ཁྲུ་གང་དུ་རིང་ཞིང་བཞག་ན་གཡས་ཕྱོགས་སུ་འཁྱིལ་ཏེ་གནས་པ་དང་ལྡ༷ན་པ་ ཉིད་ད༵ང༌། སྔོན་བླ་མ་ལ་གུས་ཤིང་འདུད་པ་བྱས་པ་ལས་གཙུ༷ག་ཏོ༷ར་དབུ༷འི་རྩེ་མོར༷་ལྡ༷ན་ པ་སེམས་ཅན་ཐམས་ཅད་ཀྱིས་བལྟར་མི་མངོན་པ་ཉིད་དང༌། སྔོན་སེམས་ལས་སུ་རུང་བར་ བྱས་ཤིང་ཡིད་དུ་འོང་བའི་མལ་སྟན་བྱིན་པ་ལས་དྲི་མས་ད༷ག་ཅི༷ང་མ་འཁུམས་པས་སྲ༷བ་ པ༷འི༷་པ༷གས་པ༷་གསེ༷ར་གྱི༷་མདོ༷ག་དང་འདྲ༷་བ་སེ༷མས་ཅ༷ན་རྣམས་ཀྱི་མཆོ༵ག་སངས་རྒྱས་ལ་ མངའ་བ་ཉིད་དང༌། སྔོན་འདུ་འཛི་སྤངས་ནས་དགེ་བ་སྤེལ་ཏེ་མཁན་པོ་དང་སློབ་དཔོན་ལ་ སོགས་པའི་གདམས་ངག་མཐུན་པར་བཟུང་བ་ལས་བ༷་སྤུ༷་རྣམས་ལེ༷གས་པར་ཕྲ༷་ལ་འཇ༷མ་ ཞི༷ང་རེ༷་རེ༷་ན༵ས་སྐྱེས་ཏེ་སྐུ༷འི༷་གྱེ༷ན་དུ༷་གཡ༷ས་ཕྱོགས་སུ༷་འཁྱི༷ལ་བ༷་ཉིད་ད༵ང༌། སྔོན་བརྡེག་པ་ དང་མཚོན་ཆ་ལ་སོགས་པ་སྤངས་པ་ལས་དབུ༷་སྐྲ༷་དྲི༷་མ་མེ༷ད་པའི་རི༷ན་ཆེ༷ན་མཐོ༷ན་མཐི༷ང་ བཞི༵ན་དུ་ནག་པ་ཉིད་དང༌། སྔོན་རང་གཞན་ཐམས་ཅད་ཏིང་ངེ་འཛིན་ལ་སྦྱར་བ་ལས་སྐུ་ནྱ༷་ གྲོ༷་དྷའི་སྡོང་པོ་ཡོངས་སུ་རྫོ༷གས་པ༷འི་ལྗོ༷ན་ཤི༷ང་གི་དཀྱི༷ལ་འཁོ༷ར་དང་འདྲ༵་བར་ཆུ་ཞེང་གབ་ 5-1-336 པ་ཉིད་དང༌། སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་ཞིག་པ་རྣམས་གསོས་ པ་དང་སེམས་ཅན་འཇིགས་པ་རྣམས་དབུགས་ཕྱུང་བ་ལས་ཀུ༷ན་ཏུ༷་བཟ༷ང་པོ༷་དཔེ༷་མེ༷ད་ པའི་དྲ༷ང་སྲོ༷ང་ཆེ༵ན་པོ་སངས་རྒྱས་ནི་སྲེ༷ད་མེ༷ད་ཀྱི་བུ༷འི༷་སྟོ༷བས་ལྟ་བུ་མང༷འ་ཞིང་རྡོ་རྗེ་ལྟར་ མཁྲེ༷གས་པ༷འི་སྐུ༵་ཆེ་ཞིང་དྲང་ལ་ཀུན་ནས་མཛེས་པ་དང་ལྡན་པ་ཉིད་དེ། དེ་ལྟར་ན་ཕལ་པ་ རྣམས་ཀྱིས་བས༷མ་གྱིས་མི༷་ཁྱ༷བ་ཅིང་། གཟི་བརྗིད་ཀྱི་དཔལ་རབ་ཏུ་འབ༷ར་བའི་ཡོན་ཏན་ སུ༷མ་ཅུ༷་རྩ༷་གཉི༷ས་པོ༵་འདི༷་ད༷ག་ལྷ་རྣམས་ཀྱི་སྟོ༷ན་པ་ཐམས་ཅད་མཁྱེན་པ༷ས་མི༷་ཡི་དབ༷ང་པོ་ སྐྱེས་བུ་ཆེན་པོ་རྣམས་ཀྱི་མཚ༷ན་བཟང་པོའི་ཡོན་ཏན་དུ༷་མདོ་སྡེ་ལས་གསལ་བར་གསུ༵ངས་ ཤིང༌། དེ་རྣམས་འདིར་ཡང་བཀོད་པའོ་ཞེས་པའི་དོན་ཏོ། །མཚན་རྣམས་དངོས་སུ་སྨོས་ པའི་ཤུགས་ལ། ཐུབ་པའི་སེན་མོ་ཟངས་མདོག་དང༌། །མདོག་སྣུམ་མཐོ་དང་སོར་མོ་རྣམས། ། ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང༌། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་ མཉམ་དང༌། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང༌། ། མཛེས་གཤེགས་དྲང་དང་འཁྱིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་ དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང༌། །སྐུ་ཡི་ཁོ་ལག་ཡངས་ ཤིང་བཟང༌། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང༌། །སྐུ་ ཞུམ་མེད་དང་རྒྱས་པ་དང༌། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། །ཡན་ལག་ཤིན་ཏུ་རྣམ་འབྱེས་ དང༌། །གཟིགས་པ་སྒྲིབ་མེད་དག་པ་དང༌། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང༌། །ཕྱང་ངེ་ བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང༌། །ཀུན་ནས་བལྟ་ན་སྡུག་པ་དང༌། ། ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་ནག་བག་མེད་པ་དང༌། །ཕྱག་ནི་ཤིང་བལ་ལྟར་འཇམ་ དང༌། །ཕྱག་རིས་མདངས་ཡོད་ཟབ་རིང་དང༌། །ཞལ་ནི་ཧ་ཅང་མི་རིང་དང༌། །མཆུ་ནི་བིམ་པ་ ལྟར་དམར་དང༌། །ལྗགས་གཉེན་པ་དང་སྲབ་པ་དང༌། །དམར་དང་འབྲུག་གི་སྒྲ་ཉིད་དང༌། ། 5-1-337 གསུང་གཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང༌། །བྱིན་གྱིས་ཕྲ་ དང་ཤངས་མཐོ་དང༌། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་ འདབ་མ་འདྲ་བ་དང༌། །སྨིན་ཚུགས་རིང་དང་འཇམ་པ་དང༌། །སྣུམ་དང་སྤུ་ནི་མཉམ་པ་དང༌། ། ཕྱག་རིང་རྒྱས་དང་སྙན་མཉམ་དང༌། །ཉམས་པ་རྣམ་པར་སྤངས་པ་དང༌། །དཔྲལ་བ་ལེགས་ པར་དབྱེས་པ་དང༌། །དབྱེས་ཆེ་བ་དང་དབུ་རྒྱས་དང༌། །དབུ་སྐྲ་བུང་བ་ལྟར་ནག་དང༌། །སྟུག་ དང་འཇམ་དང་མ་འཛིངས་དང༌། །མི་བཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་ དང༌། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་ མངོན་པར་རྟོགས་པའི་རྒྱན་ལས་འབྱུང་བ་ལྟར། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པའི་ ཡོན་ཏན་མཐའ་ཡས་པ་རྣམས་དང་ཡང་ལྡན་པར་ཤེས་པར་བྱའོ། ། མཚོན་བྱེད་དཔེ་དང་སྦྱར་ཏེ་བསྡུ་བ་ནི། ཇི་ལྟར་སྤྲིན་མེད་ཟླ་གཟུགས་ནམ་ མཁའ་དང༌། །སྟོན་ཀའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར། །དེ་བཞིན་ རྒྱལ་སྲས་ཚོགས་ཀྱི་ཁྱབ་བདག་གཟུགས། །རྫོགས་སངས་དཀྱིལ་འཁོར་ ནང་དུ་མཐོང་བར་འགྱུར། །ཞེས་པ་ལ། དཔེ་ཇི༷་ལྟར༷་ན་སྤྲི༷ན་མེ༷ད་པའི་དུས་ཀྱི་ཟླ༷་ བའི་གཟུ༷གས་ཡོངས་སུ་རྫོགས་པ་ན༷མ་མཁ༷འི་དཀྱིལ་འཁོར་དུ་མཐོང་བ་ད༵ང༌། སྟོ༷ན་ཀ༷འི་ དུས་ཀྱི་ཆུ༷་སྔོ༷ན་པོ་དྭངས་ཤིང་དྲི་མ་མེད་པའི་མཚོ༷ར་ནི༷་མཐོ༷ང་བ༷་ལྟ༵ར། དོན་དེ༷་བཞི༷ན་དུ་ རྒྱ༷ལ་སྲ༷ས་ས་བཅུ་པ་རྣམས་དང་སློབ་མ་ཕལ་པའི་ཚོ༷གས་རྣམས་ཀྱི༷ས། ཁྱ༷བ་བད༷ག་སངས་ རྒྱས་ཀྱི་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་སྐུའི་གཟུ༵གས་གཉིས་པོ་དག་རིམ་པ་ལྟར་རྫོ༷གས་ པའི་ས༷ངས་རྒྱས་ཀྱི་དཀྱི༷ལ་འཁོ༷ར་དང་འཇིག་རྟེན་པའི་འཁོར་གྱི་ན༷ང་དུ༷་མཐོ༷ང་བ༷ར་འགྱུ༵ར་ རོ་ཞེས་པ་སྟེ། མདོར་ན་བྱང་ཆུབ་སེམས་དཔས་མཐོང་བ་ལོངས་སྤྱོད་རྫོགས་པའི་སྐུ་ནི། ནམ་མཁའི་ཟླ་བ་དང་འདྲ་ཞིང༌། ཕལ་པ་རྣམས་ཀྱིས་མཐོང་བ་སྤྲུལ་པའི་སྐུ་ནི་ཆུ་ནང་གི་ཟླ་ 5-1-338 བ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། ། ལུང་ལས་རྟོགས་ཚུལ་ནི། ཡོན་ཏན་དྲུག་ཅུ་རྩ་བཞི་པོ། །འདི་དག་སོ་སོར་ རྒྱུ་བཅས་ཏེ། །གོ་རིམ་ཇི་བཞིན་རིན་ཆེན་གྱི། །མདོ་ཡི་རྗེས་འབྲང་ཤེས་ པར་བྱ། །ཞེས་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་ དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་ གཉིས་ཏེ། སངས་རྒྱས་ཀྱི་ཡོ༷ན་ཏ༷ན་དྲུ༷ག་ཅུ༷་རྩ༷་བཞི༷་པོ༵་འདི༷་ད༷ག་སོ༷་སོ༷ར་རེ་རེ་ཞིང་ཆོས་སྐུ་ ལ་ཡོད་པའི་ཡོན་ཏན་རྣམས་དྲི་མ་དང་བྲལ་བར་བྱེད་པའི་རྒྱུ་དང་བཅས་ཤིང༌། གཟུགས་སྐུ་ ལ་ཡོད་པའི་ཡོན་ཏན་རྣམས་རིམ་གྱིས་བསྐྱེད་པར་བྱེད་པའི་རྒྱུ༷་དང་བཅ༷ས་ཏེ༵་འདིར་བསྟན་ པའི་གྲངས་དང་གོ༷་རི༷མ་ཇི༷་ལྟ་བ་བཞི༷ན་དུ་རི༷ན་ཆེ༷ན་གྱི༵ས་ཞུས་པའི་མདོ༷་ཐེག་པ་ཆེན་པོའི༷་ མན་ངག་ཅེས་བྱ་བའི་རྗེ༷ས་སུ་འབྲ༷ངས་ནས་ཇི་ལྟ་བ་བཞིན་དུ་ཤེ༷ས་པ༷ར་བྱ༵འོ་ཞེས་པའི་དོན་ ཏོ། །རེ་རེ་ཞིང་འགྲུབ་པར་བྱེད་པའི་རྒྱུ་ཡང་རང་རང་གི་སྐབས་སུ་བབ་པ་ན་སོ་སོར་སྦྱར་ ནས་བཤད་ཟིན་པ་ཉིད་དེ། མདོར་བསྡུས་ན་ཆོས་སྐུའི་ཡོན་ཏན་རྣམས་ཡེ་ཤེས་ཀྱི་ཚོགས་ ལས་འགྲུབ་ཅིང་གཟུགས་སྐུའི་ཡོན་ཏན་རྣམས་བསོད་ནམས་ཀྱི་ཚོགས་ལས་འགྲུབ་བོ་ཞེས་ ཀྱང་བཤད་ཟིན་ཏོ། ། སླར་ཡང་བསྟན་པ་ལ། དཔེ་དོན་མཚུངས་པའི་རྒྱུ་མཚན་སྤྱིར་བསྟན་དང༌། དེ་དག་ སྦྱར་ཏེ་སོ་སོར་བཤད་པའོ། །དེ་ལ་སྤྱིར་བསྟན་ནི། མི་ཕྱེད་པ་དང་མི་ཞན་དང༌། ། མཚུངས་པ་མེད་དང་གཡོ་མེད་ཕྱིར། །རྡོ་རྗེ་སེང་གེ་མཁའ་དག་པའི། ། ཆུ་ཡི་ཟླ་བའི་དཔེས་བསྟན་ཏོ། །ཞེས་པ་སྟེ། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་ རང་རང་གི་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི༷་ཕྱེ༷ད་པའི་ཕྱིར་རྡོ་རྗེ་དང་མཚུངས་པ༷་ད༷ང༌། མི་འཇིགས་པ་བཞི་ནི་སྤོབས་པ་མི༷་ཞ༷ན་པའི་ཕྱིར་སེང་གེ་ད༵ང་མཚུངས་པ་དང༌། མ་འདྲེས་ 5-1-339 པ་བཅོ་བརྒྱད་ནི་ཉན་ཐོས་ལ་སོགས་པ་དང་མཚུ༷ངས་པ༷་མེ༷ད་ཅིང་ཐུན་མོང་མ་ཡིན་པའི་ཕྱིར་ ནམ་མཁའ་དང་མཚུངས་པ་དང༌། མཚན་བཟང་པོ་དང་བཅས་པའི་གཟུགས་སྐུ་གཉིས་ནི་ ཆོས་སྐུ་ནམ་མཁའ་ད༷ང་འདྲ་བ་ལས་གཡོ༷་བ་མེ༷ད་བཞིན་དུ་གདུལ་བྱ་ལ་སྣང་བའི་ཕྱི༵ར། ཟླ་ བ་དང་མཚུངས་པས་ན། ཡོན་ཏན་སྡེ་ཚན་བཞི་པོ་རྣམས་ནི་གོ་རིམ་ཇི་ལྟ་བ་བཞིན་དུ། རྫས་ ཀྱི་དངོས་པོ་རྡོ༷་རྗེ༷འི་དཔེ་དང་། རི་དྭགས་ཀྱི་དབང་པོ་སེ༷ང་གེ༷འི་དཔེ་དང་། འདུས་མ་བྱས་ པའི་ནམ་མཁ༷འི་དཔེ་དང་། ད༷ག་པ༵འི་ཆུ༷འི༷་ནང་དུ་འཆར་བ་དང་བཅས་པའི་ཟླ༷་བ༷འི་དཔེ༷ས་ བསྟ༷ན་པ་ཉིད་དོ༵་ཞེས་བྱ་བའི་དོན་ཏོ། ། སོ་སོར་བཤད་པ་ལ། བྲལ་འབྲས་ཆོས་སྐུའི་ཡོན་ཏན་བཤད་པ་དང༌། སྨིན་འབྲས་ གཟུགས་སྐུའི་ཡོན་ཏན་བཤད་པའོ། །བྲལ་འབྲས་ལ་ཕྱེ་སྟེ་དཔེ་ཡིས་མཚོན་ཚུལ་དང༌། བསྡུས་ཏེ་དབྱེ་བ་མེད་ཚུལ་ལོ། །མཚོན་ཚུལ་ལ་གསུམ་སྟེ། སྟོབས་རྣམས་རྡོ་རྗེས་མཚོན་ཚུལ། མི་འཇིགས་སེང་གེས་མཚོན་ཚུལ། མ་འདྲེས་ནམ་མཁས་མཚོན་ཚུལ་ཞེས་པའོ། ། སྟོབས་ཀྱི་མཚོན་ཚུལ་ལ་གཉིས་ལས། སོ་སོའི་མཚོན་ཚུལ་ནི། སྟོབས་སོགས་ རྣམས་ལས་སྟོབས་དྲུག་དང༌། །གསུམ་དང་གཅིག་གིས་རིམ་པ་བཞིན། ། ཤེས་བྱ་སྙོམས་པར་འཇུག་པ་དང༌། །བག་ཆགས་བཅས་པ་ཀུན་བསལ་ བས། །གོ་ཆ་རྩིག་པ་ཤིང་བཞིན་དུ། །ཕུག་དང་བཤིག་དང་བཅད་ཕྱིར་ རོ། །ཞེས་པ་ལ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོ༷བས་ལ་སོ༷གས་པའི་སྟོབས་ བཅུ་པོ་རྣ༷མས་ལ༷ས་སྟོ༷བས་དང་པོ་དྲུ༷ག་ད༵ང་བར་པ་གསུ༷མ་ད༷ང་ཕྱི་མ་གཅི༷ག་གི༷ས་རི༷མ་པ༷་ ཇི་ལྟ་བ་བཞི༵ན་དུ་ཤེ༷ས་བྱ༷འི་སྒྲིབ་པ་དང་སྙོ༷མས་པ༷ར་འཇུ༷ག་པའི་སྒྲིབ་པ༷་ད༵ང༌། བ༷ག་ཆ༷གས་ དང་བཅ༷ས་པའི་ཉོན་མོངས་པའི་སྒྲིབ་པ༷་རྣམས་ཀུ༷ན་ནས་བས༷ལ་བ༵ས་རྡོ་རྗེ་དང་འདྲ་བ་ཡིན་ ཏེ། སྒྲིབ་པ་གསུམ་གོ༷་ཆ༷་དང་རྩི༷ག་པ༷་དང་ཤི༷ང་བཞི༷ན་དུ༵་གནས་པ་ལ་སྟོབས་རྣམས་ཀྱིས་ 5-1-340 རིམ་པ་ལྟར་ཕུ༷ག་པ་ད༷ང་བཤི༷ག་པ་ད༷ང་བཅ༷ད་པར་བྱས་པའི་ཕྱི༷ར་རོ༵་ཞེས་པ་སྟེ། དེ་ཡང་སོ་ སོར་སྦྱར་ན། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་ཀྱི་རྣམ་པར་སྨིན་ པ་མཁྱེན་པའི་སྟོབས་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་དང༌། ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་རྣམས་ནི་ཤེས་བྱའི་སྒྲིབ་པ་གོ་ཆ་སྲ་བ་དང་འདྲ་བ་ རྣམས་ཕུག་ཅིང་ཀུན་ནས་བསལ་བའི་ཕྱིར་རྡོ་རྗེ་དང་འདྲ་ཞིང༌། བསམ་གཏན་ལ་སོགས་པ་ མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་དང༌། ལྷའི་མིག་གི་སྟོབས་ རྣམས་ནི་སྙོམས་པར་འཇུག་པའི་སྒྲིབ་པ་རྩིག་པ་བརྟན་པོ་དང་འདྲ་བ་རྣམས་བཤིགས་ཤིང་ ཀུན་ནས་བསལ་བའི་ཕྱིར་རྡོ་རྗེ་དང་འདྲ་ལ། ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི། ཉོན་ མོངས་པའི་སྒྲིབ་པ་ཤིང་ནགས་ཐིབས་པོ་དང་འདྲ་བ་རྣམས་བཅད་ཅིང་ཀུན་ནས་བསལ་ བའི་ཕྱིར་རྡོ་རྗེ་དང་འདྲའོ་ཞེས་པའི་དོན་ཏོ། ། ཐུན་མོང་གི་མཚོན་ཚུལ་ནི། བརླིང་དང་སྙིང་བརྟན་མི་ཕྱེད་པས། །དྲང་སྲོང་ སྟོབས་ནི་རྡོ་རྗེ་འདྲ། །གང་ཕྱིར་བརླིང་བ་སྙིང་པོའི་ཕྱིར། །གང་ཕྱིར་སྙིང་ པོ་བརྟན་པའི་ཕྱིར། །གང་ཕྱིར་བརྟན་པ་མི་ཕྱེད་ཕྱིར། །མི་ཕྱེད་ཕྱིར་ན་ རྡོ་རྗེ་བཞིན། །ཞེས་པ་སྟེ། བརླི༷ང་བ་ཉིད་དང༷་སྙི༷ང་པོ་ཉིད་དང་བརྟ༷ན་པ་ཉིད་དང་མི༷་ཕྱེ༷ད་ ཉིད་དེ། ཡོན་ཏན་གྱི་ཆོས་བཞི་དང་ལྡན་པ༵ས་ན། དྲ༷ང་སྲོ༷ང་ཆེན་པོ་རྫོགས་པའི་སངས་རྒྱས་ རྣམས་ཀྱི་སྟོ༷བས་བཅུ་པོ་ཐམས་ཅད་ནི༷་རྡོ༷་རྗེ༷་དང་འདྲ༵་བ་ཉིད་དོ། །དེ་ཡང་རྒྱུ་མཚན་ག༷ང་གི་ ཕྱི༷ར་བརླི༷ང་བ༷་ཡིན་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་སྙི༷ང་པོ༷་ ཡིན་པའི༷་ཕྱི༵ར་རོ། །ག༷ང་གི་ཕྱི༷ར་སྙི༷ང་པོ༷་ཡིན་ཞེ་ན། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པས་ བརྟ༷ན་པ་ཡིན་པ༷འི་ཕྱི༵ར་རོ། །ག༷ང་གི་ཕྱི༷ར་བརྟ༷ན་པ༷་ཡིན་ཞེ་ན། རྣམ་པར་རྟོག་པ་དང་མཚན་ 5-1-341 མ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་མི༷་ཕྱེ༷ད་པའི་ཕྱི༵ར་རོ། །དེ་ལྟར་སྤང་ བྱ་ཐམས་ཅད་འཇོམས་ཤིང་སྤང་བྱས་ནི་སླར་མི༷་ཕྱེ༷ད་པའི་ཕྱི༷ར་ན༷་སྟོབས་བཅུ་པོ་ནི་རྫས་ཀྱི་ དངོས་པོ་རྡོ༷་རྗེ༷་ཇི་ལྟ་བ་བཞི༵ན་ནོ་ཞེས་བྱ་བའི་དོན་ཏོ། ། མི་འཇིགས་པའི་མཚོན་ཚུལ་ལའང་གཉིས་ལས། བསྟན་པ་ནི། འཇིགས་མེད་ཕྱིར་ དང་ལྟོས་མེད་ཕྱིར། །བརྟན་ཕྱིར་རྩལ་ནི་ཕུན་ཚོགས་ཕྱིར། །ཐུབ་པ་སེང་ གེ་སེང་གེ་བཞིན། །འཁོར་གྱི་ཚོགས་སུ་འཇིགས་མི་མངའ། །ཞེས་པ་ལ། སུ་ལ་ཡང་འཇི༷གས་པ་མེ༷ད་པའི་ཕྱི༷ར་ད༷ང༌། གཞན་དག་ལ་ལྟོ༷ས་པ་མེ༷ད་པའི་ཕྱི༵ར་དང༌། བློའི་སྟོབས་རབ་ཏུ་བརྟ༷ན་པའི་ཕྱི༷ར་དང༌། མི་མཐུན་ཕྱོགས་འཇོམས་པ་ལ་རྩ༷ལ་ནི༷་ཕུ༷ན་ སུམ་ཚོ༷གས་པ་དང་ལྡན་པའི་ཕྱི༵ར་ཏེ། དེ་ལྟར་ཡོན་ཏན་གྱི་ཆོས་བཞི་དང་ལྡན་པས་ན་ཐུ༷བ་ པ༷འི་དབང་པོ་མིའི་སེ༷ང་གེ༷་ནི། སེ༷ང་གེ༷་ཆོས་བཞི་དང་ལྡན་པས་རི་དྭགས་ཀྱི་ནང་དུ་འཇིགས་ པ་མེད་པ་ཇི་ལྟ་བ་བཞི༵ན་དུ། འཁོ༷ར་གྱི༷་ཚོ༷གས་མཐའ་ཡས་པའི་དབུས་སུ༷་འཇི༷གས་པ་དང་ བག་ཚ་བ་མི༷་མང༵འ་བར་གནས་སོ་ཞེས་བྱ་བའི་དོན་ཏོ། ། བཤད་པ་ནི། ཀུན་མངོན་མཁྱེན་ཕྱིར་གང་ལས་ཀྱང༌། །འཇིགས་མེད་ པར་ནི་རྣམ་པར་གནས། །དག་པའི་སེམས་ཅན་དང་ཡང་བདག །མི་ མཉམ་གཟིགས་ཕྱིར་ལྟོས་པ་མེད། །ཐུགས་ནི་ཆོས་རྣམས་ཐམས་ཅད་ ལ། །རྩེ་གཅིག་ཕྱིར་ན་བརྟན་པ་ཉིད། །མཆོག་ཏུ་མ་རིག་བག་ཆགས་ ཀྱི། །ས་ལས་བརྒལ་ཕྱིར་རྩལ་ལྡན་ནོ། །ཞེས་པ་སྟེ། དེ་ལྟར་ཆོས་བཞི་དང་ལྡན་ པར་ཡང་གང་གིས་ཤེས་སྙམ་ན། ཤེས་བྱའི་རྣམ་པ་ཀུ༷ན་མ་ལུས་པར་མངོ༷ན་སུམ་དུ་མཁྱེ༷ན་ པས་དྲི་བ་ཐམས་ཅད་ལུང་སྟོན་པར་ནུས་པའི་ཕྱི༷ར། ཕས་ཀྱི་རྒོལ་བ་ལ་སོགས་པའི་སྐྱེ་བོ་ ག༷ང་ལ༷ས་ཀྱ༵ང་འཇི༷གས་པ་མེ༷ད་པ༷ར་ནི༷་རྣ༷མ་པ༷ར་གན༵ས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། 5-1-342 དེ་བཞིན་དུ་སྒྲིབ་པ་ཅི་རིགས་པས་ད༷ག་པ༷འི་སེ༷མས་ཅ༷ན་ཉན་ཐོས་དགྲ་བཅོམ་པ་དང༌། བྱང་ ཆུབ་སེམས་དཔའ་ཆེན་པོ་ས་ལ་གནས་པ་རྣམས་ད༷ང་ཡ༷ང་བད༵ག་ཉིད་མི༷་མཉ༷མ་ཞིང་དེ་དག་ ལས་ལྷག་པར་གཟི༷གས་པའི་ཕྱི༷ར། གཞན་སུ་ལ་ཡང་ལྟོ༷ས་པ༷་མེ༵ད་པའི་ཡོན་ཏན་དང་ལྡན་ པ་ཡིན་ཞིང༌། ཐུ༷གས་ནི༷་ཇི་ལྟ་བ་དང་ཇི་སྙེད་པའི་ཆོ༷ས་རྣ༷མས་ཐ༷མས་ཅ༷ད་ལ༵་རྣམས་པར་མི་ རྟོག་ཅིང་རྩེ༷་གཅི༷ག་ཏུ་གནས་པའི་ཕྱི༷ར་ན༷། ཏིང་ངེ་འཛིན་ལ་བརྟ༷ན་པ༷་ཉི༵ད་ཀྱི་ཡོན་ཏན་དང་ ལྡན་པ་ཡིན་ལ། མཆོ༷ག་ཏུ༷་སྤང་དཀའ་བ་མ༷་རི༷ག་བ༷ག་ཆ༷གས་ཀྱི༵་ས༷འི་སྒྲིབ་པ་ཤིན་ཏུ་ཕྲ་བ་ ལ༷ས་ཀྱང་ལེགས་པར་བརྒ༷ལ་བའི་ཕྱི༷ར། མི་མཐུན་ཕྱོགས་འཇོམས་པ་ལ་རྩ༷ལ་ཕུན་སུམ་ ཚོགས་པའི་ཡོན་ཏན་དང་ལྡ༷ན་པ་ཡིན་ནོ༵་ཞེས་བྱ་བའི་དོན་ཏོ། ། མ་འདྲེས་པའི་མཚོན་ཚུལ་ནི། འཇིག་རྟེན་ཉན་ཐོས་མཐའ་གཅིག་ཏུ། །སྤྱོད་ དང་བློ་ལྡན་རང་བྱུང་རྣམས། །གོང་ནས་གོང་དུ་བློ་དག་ནི། །ཕྲ་ཕྱིར་ དཔེ་ནི་རྣམ་པ་ལྔ། །འཇིག་རྟེན་ཀུན་གྱི་ཉེར་མཚོའི་ཕྱིར། །ས་ཆུ་མེ་ རླུང་རྣམས་དང་མཚུངས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །མཚན་ ཉིད་ལས་འདས་ནམ་མཁའ་བཞིན། །ཞེས་པ་སྟེ། འཇི༷ག་རྟེ༷ན་ཐ་མལ་པ་བདག་ཏུ་ འཛིན་པ་རྣམས་དང༌། ཉ༷ན་ཐོ༷ས་འཕགས་པ་གང་ཟག་གི་བདག་མེད་རྟོགས་པ་རྣམས་དང༌། ཞི་བ་མཐ༷འ་གཅི༷ག་ཏུ༵་སྤྱོ༷ད་པའི་རང་སངས་རྒྱས་གང་ཟག་དང་ཆོས་ཀྱི་ཕྱེད་གཟུང་བ་མེད་ པ་རྟོགས་པ་རྣམས་ད༷ང༌། བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་གང་ཟག་དང་ཆོས་ཀྱི་བདག་གཉི་ ག་མེད་པར་རྟོགས་པ་རྣམས་དང༌། ར༷ང་བྱུ༷ང་རྫོགས་པའི་སངས་རྒྱས་ཤེས་བྱ་མཐའ་དག་ མངོན་སུམ་དུ་མཁྱེན་པ་རྣ༵མས་གོ༷ང་ན༷ས་གོ༷ང་དུ༷་བློ༷་ད༷ག་ནི༵་ཕྲ༷་ཞིང་ཟབ་ལ་མཆོག་ཏུ་གྱུར་ པའི་ཕྱི༷ར། དེ་དག་གི་རིམ་པ་མཚོན་པར་བྱེད་པའི་དཔེ༷་ནི༷། ས་དང་ཆུ་དང་མེ་དང་རླུང་དང་ ནམ་མཁའ་སྟེ་འབྱུང་བ་རྣ༷མ་པ༷་ལྔ༵་པོ་སྔ་མ་སྔ་མ་བས་ཕྱི་མ་ཕྱི་མ་ཕྲ་ཞིང་ཟབ་པ་དང་ཆོས་ 5-1-343 མཚུངས་ལ། ཡང་ན་སངས་རྒྱས་ཀྱི་ཡོན་ཏན་རྣམས་ནི་འཇི༷ག་རྟེ༷ན་མ་ལུས་པ་ཀུ༷ན་གྱི༷་ཉེ༷་ བར༷་འཚོ༷་བའི་གཞི་མཆོག་ཏུ་གྱུར་པ་ཡིན་པའི༷་ཕྱི༵ར་ས༷ས་རྟེན་བྱེད་པ་དང༌། ཆུ༷ས་སྡུད་པར་ བྱེད་པ་དང༌། མེ༷ས་སྨིན་པར་བྱེད་པ་དང༌། ཪླུ༷ང་གིས་མི་འདྲུལ་བར་བྱེད་པས་འཇིག་རྟེན་པ་ རྣ༷མས་ཀྱི་ཉེར་འཚོ་བྱེད་པ་ད༷ང་ཡང་མཚུ༵ངས་ཤིང༌། ཡང་ན་ནི་སངས་རྒྱས་ལ་མངོན་སུམ་ དུ་གྱུར་པའི་ཆོས་རྣམས་འཇི༷ག་རྟེ༷ན་པ་སོ་སོའི་སྐྱེ་བོ་དང་འཇི༷ག་རྟེ༷ན་ལས་འད༷ས་པ༷་ཉན་ ཐོས་ལ་སོགས་པའི༵་ཆོས་རྣམས་ཀྱི་མཚ༷ན་ཉི༷ད་ལ༷ས་ཡང་དག་པར་འད༷ས་ཤིང་དེ་དག་དང་ ཐུན་མོང་མ་ཡིན་པའི་ཕྱིར། ན༷མ་མཁ༷འ་འབྱུང་བ་བཞིའི་མཚན་ཉིད་ལས་འདས་པ་ཇི་ལྟ་བ་ བཞི༵ན་ནོ་ཞེས་བྱ་བའི་དོན་ཏོ། ། བསྡུས་ཏེ་དབྱེ་བ་མེད་ཚུལ་ནི། དེ་དག་ཡོན་ཏན་སུམ་ཅུ་ནི། །གཉིས་འདི་ ཆོས་སྐུས་རབ་ཕྱེ་སྟེ། །ནོར་བུ་རིན་ཆེན་འདོ་མདོག་དང༌། །དབྱིབས་ བཞིན་དབྱེ་བ་མེད་ཕྱིར་རོ། །ཞེས་པ་སྟེ། སྟོབས་བཅུ་དང་མི་འཇིག་པ་བཞི་དང་ མ་འདྲེས་པ་བཅོ་བརྒྱད་པོ་དེ༷་ད༷ག་དྲི་མ་དང་བྲལ་བའི་འབྲས་བུའི་ཡོ༷ན་ཏ༷ན་སུ༷མ་ཅུ༷་ནི༵་རྩ་ གཉི༷ས་ཞེས་བྱ་བ་ཡིན་ལ། འདི༷་རྣམས་ཀྱང་རང་དོན་དོན་དམ་པ་ཆོ༷ས་ཀྱི་སྐུ༷ས་ར༷བ་ཏུ་ཕྱེ༷་ ཞིང་དེའི་ངང་དུ་དབྱེར་མེད་པར་གནས་པ་སྟེ༵། དཔེར་ན། ནོ༷ར་བུ༷་རི༷ན་ཆེ༷ན་གྱི་འོ༷ད་དང་ མདོ༷ག་ད༵ང་དབྱི༷བས་རྣམས་དབྱེ་བ་མེད་པ་བཞི༷ན་དུ་དོན་དམ་པའི་ཡོན་ཏན་རྣམས་ལ་རྣམ་ པར་དབྱེ༷་བ༷་མེ༷ད་པ་ཉིད་ཀྱི་ཕྱི༷ར་རོ༵་ཞེས་བྱ་བའི་དོན་ཏོ། ། སྨིན་འབྲས་ལ་གཉིས་ལས། མཚན་རྣམས་གཟུགས་སྐུ་གཉིས་ལ་གནས་ཚུལ་ནི། མཐོང་ན་ཚིམ་བྱེད་ཡོན་ཏན་གང༌། །སུམ་ཅུ་རྩ་གཉིས་ཞེས་བྱ་བ། །སྤྲུལ་ པ་ཆོས་ལ་རྫོགས་པར་ནི། །ལོངས་སྤྱོད་གཟུགས་སྐུ་གཉིས་ལ་བརྟེན། ། ཞེས་པ་སྟེ། ལེགས་གནས་འཁོར་ལོས་མཚན་པ་ལ་སོགས་པ་མཚན་བཟང་པོས་བརྒྱན་ 5-1-344 པའི་སྐུ་གདུལ་བྱས་མཐོ༷ང་བ་ཙམ་ཉིད་ན༷་འདི་དག་ནི་སྐྱེས་བུ་ཆེན་པོའོ་ཞེས་ཡིད་ཚི༷མ་ཞིང་ དྭང་བ་སྐྱེད་པར་བྱེ༷ད་པའི་ཡོ༷ན་ཏ༷ན་ག༵ང་ཡིན་པ་དེ་དག་ནི་རྣམ་པར་སྨིན་པའི་འབྲས་བུའི་ ཡོན་ཏན་སུ༷མ་ཅུ༷་རྩ༷་གཉི༷ས་ཞེ༷ས་བྱ༷་བ༵་ཡིན་ལ། དེ་རྣམས་ཀྱང་ཐུན་མོང་དུ་སྣང་བ་སྤྲུ༷ལ་པ༷འི་ སྐུ་དང་ཐེག་པ་ཆེན་པོའི་ཆོ༷ས་ལ༷་རྫོ༷གས་པ༷ར་ནི༵་ལོ༷ངས་སྤྱོ༷ད་པའི་སྐུ་སྟེ་གཟུ༷གས་ཀྱི་སྐུ༷་རྣམ་ པ་གཉི༷ས་ལ༷་བརྟེ༵ན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། གཟུགས་སྐུ་ཟླ་བའི་དཔེ་ཡིས་མཚོན་ཚུལ་ནི། དག་ལས་རིང་དང་ཉེ་རྣམས་ ལ། །འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། །ཆུ་དང་ནམ་མཁར་ཟླ་ གཟུགས་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཞེས་པ་སྟེ། གཟུགས་ཀྱི་སྐུ་ མཐོང་བའི་གེགས་སུ་གྱུར་པའི་སྒྲིབ་པ་རྣམ་པར་ད༷ག་པ་ལ༷ས། རི༷ང་བའི་གདུལ་བྱ་བྱིས་པ་ སོ་སོའི་སྐྱེ་བོ་དང་ཉན་ཐོས་ལ་སོགས་པ་རྣམས་ད༷ང༌། ཉེ༷་བའི་གདུལ་བྱ་ས་བཅུ་ལ་གནས་ པའི་བྱང་ཆུབ་སེམས་དཔའ་རྣ༷མས་ལ༵་རིམ་པ་ལྟར་འཇི༷ག་རྟེ༷ན་པའི་འཁོར་གྱི་དཀྱིལ་འཁོར་ དུ་ཕལ་པ་རྣམས་ལ་སྤྲུལ་པའི་སྐུ་སྣང་ཞིང༌། རྒྱ༷ལ་བ༷འི་འཁོར་གྱི་དཀྱི༷ལ་འཁོ༷ར་དུ༵་བྱང་ཆུབ་ སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བ་ནི། དཔེར་ན་ཆུ༷་དག་པའི་ནང་དུ་ ཟླ་བའི་གཟུགས་མཐོང་བ་ད༷ང༌། ན༷མ་མཁ༷ར་ཟླ༷་བའི་གཟུ༷གས་མཐོང་བ་ཇི་ལྟ་བ་བཞི༵ན་ཏེ། དེ་ལྟར་མཚན་བཟང་པོས་བརྒྱན་པའི་སྐུ་གཉིས་པོ་དེ༷་མཐོ༷ང་བ༷འི་གདུལ་བྱའི་རིགས་ནི༷་རྣ༷མ་ པ༷་གཉི༵ས་ཡིན་པས། གཟུགས་ཀྱི་སྐུ་མཐོང་བར་འདོད་པས་ཀྱང་དག་པའི་སྐལ་བ་དང་ལྡན་ པར་བྱའོ་ཞེས་པའི་དོན་ཏོ། །དེ་བས་ན་དོན་དམ་པ་དང་ཀུན་རྫོབ་ཀྱི་ཡོན་ཏན་ཁྱད་པར་ཅན་ རྣམས་ཐོབ་པར་འདོད་པའི་བློ་དང་ལྡན་པ་རྣམས་ཀྱིས་ནི་དེ་དག་སོ་སོ་དང་རྗེས་སུ་མཐུན་ པའི་རྒྱུ་རྣམས་ལ་རིམ་གྱིས་བསླབ་པར་བྱ་བ་ཉིད་དོ། །བྲལ་འབྲས་ཡོན་ཏན་ཤེས་ནས་སྦྱང་ ཕྱིར་དང༌། །སྨིན་འབྲས་ཡོན་ཏན་ཤེས་ནས་བསྐྱེད་པའི་ཕྱིར། །རྨད་བྱུང་ཡོན་ཏན་ཤེས་ནས་ 5-1-345 སྒྲུབ་པ་ལ། །བློ་ལྡན་ཡོན་ཏན་ཤེས་ནས་བརྩོན་པའི་རིགས། །ཞེས་ཀྱང་བྱ་སྟེ། རྟོགས་པའི་ ཡན་ལག་ཡོན་ཏན་གྱི་དོན་རྒྱས་པར་བཤད་པའི་ངེས་པའོ། ཐེ༷ག་པ༷་ཆེ༷ན་པོ༷་རྒྱུ༷ད་བླ༷་མ༷འི་ བསྟ༷ན་བཅོ༷ས་དཀོ༷ན་མཆོ༷ག་གི༷་རི༷གས་རྣ༷མ་པ༷ར་དབྱེ༷་བ༷་ལ༷ས། ཡོ༷ན་ཏ༷ན་གྱི༷་སྐ༷བས་ ཏེ༷་ལེའུ་གསུ༷མ་པའི་རྣམ་པར་བཤད་པ༷འོ༵།། ༈ །། ད་ནི་ཡོན་ཏན་དེ་དག་ཐོབ་པའི་ནུས་པ་ལས་རྒྱལ་བའི་མཛད་པ་ལྷུན་གྱིས་གྲུབ་ཅིང་ རྒྱུན་མི་འཆད་པའི་དབང་དུ་བྱས་ནས། རྟོགས་པར་བྱེད་ཐབས་འཕྲིན་ལས་ཀྱི་དོན་རྒྱས་པར་ བཤད་པར་བྱ་སྟེ། ཐུན་མོང་གི་རྣམ་པར་གཞག་པ་དང༌། གཞུང་དོན་རྣམ་པར་བཤད་པའོ། ། དེ་ལ་ཐུན་མོང་གི་རྣམ་གཞག་ནི། འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པ་ཡིས། །འཁོར་ བ་སྲིད་དུ་རྒྱུན་མི་འཆད་པ་ཡི། །འཕྲིན་ལས་འཁྲུལ་མེད་འགྲོ་ལ་ལེགས་སྒྲུབ་པ། །མཉམ་ མེད་སྐྱོབ་པ་མཆོག་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་གསུམ་སྟེ། ལྷུན་གྱིས་གྲུབ་པའི་དོན། རྒྱུན་མི་འཆད་པའི་དོན། འཁྲུལ་པ་སྤང་བའི་ཚུལ་ཞེས་པའོ། ། དེ་ལ་ལྷུན་གྱིས་གྲུབ་པའི་དོན་ནི། མཐའ་ཡས་པའི་སེམས་ཅན་གྱི་ཁམས་དང་བསམ་ པ་དང་བག་ལ་ཉལ་ཇི་ལྟ་བ་བཞིན་དུ། ཆོས་སྟོན་པ་དང་སྤྲུལ་པ་མཛད་པ་ལ་སོགས་པས་ དུས་ལ་བབ་པ་ན་གདུལ་བྱ་ཐམས་ཅད་ཡོངས་སུ་སྨིན་པར་མཛད་ཀྱང༌། འདི་དང་འདི་བྱའོ་ སྙམ་པའི་རྣམ་པར་རྟོག་པ་དང་འབད་རྩོལ་མི་མངའ་བ་སྟེ། དཔེར་ན་ལྷ་ཡི་རྔས་རྟོག་པ་མེད་ བཞིན་དུ་ཆོས་ཀྱི་སྡོམ་བཞི་སྟོན་པ་དང༌། ནོར་བུས་འབད་པ་མེད་བཞིན་དུ་འོད་ཟེར་སྤྲོ་བ་ལྟ་ བུའོ། །དེ་ལྟར་ཡང་རྒྱན་ལས། ཇི་ལྟར་རྔ་དག་མ་བརྡུངས་པར། །སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར། ། དེ་བཞིན་རྒྱལ་བ་གཟོ་མེད་པར། །བཤད་པ་དག་ནི་ཀུན་ཏུ་འབྱུང༌། །ཇི་ལྟར་ནོར་བུ་འབད་ མེད་པར། །རང་གི་འོད་ནི་སྟོན་པ་ལྟར། །སངས་རྒྱས་རྣམས་ཀྱང་གཟོ་མེད་པར། །དེ་བཞིན་ མཛད་པ་ངེས་པར་སྟོན། །ཞེས་གསུངས་པ་བཞིན་ནོ། ། 5-1-346 རྒྱུན་མི་འཆད་པའི་དོན་ནི། དཔེར་ན་འདུས་མ་བྱས་ནམ་མཁའི་དབྱིངས་སུ་འདུས་བྱས་ རྣམས་ཀྱི་སྐྱེ་བ་དང་འཇིག་པ་རྒྱུན་མི་འཆད་པ་བཞིན་དུ། ཟག་པ་མེད་པའི་དབྱིངས་སུ་མངོན་ པར་རྫོགས་པར་སངས་རྒྱས་ནས་ཀྱང་། གདུལ་བྱ་དུས་ལ་བབ་ན་འཕྲིན་ལས་འཇུག་ཅིང༌། མ་བབས་ན་མི་འཇུག་པའི་ཚུལ་གྱིས་རྒྱལ་བའི་མཛད་པ་རྒྱུན་མི་འཆད་པ་ཉིད་དེ། ཇི་སྐད་དུ། ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་རྒྱུན་མི་འཆད་པ་ལྟར། །དེ་བཞིན་ཟག་མེད་དབྱིངས་ ན་ཡང༌། །རྒྱལ་བའི་མཛད་པ་རྒྱུན་མི་འཆད། །ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་ ཉམས་ཤིང་འབྱུང་བ་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །སངས་རྒྱས་འཕྲིན་ལས་ སྐྱེ་ཞིང་འབྲི། །ཞེས་གསུངས་པ་ལྟར་རོ། ། འཁྲུལ་པ་སྤང་བའི་ཚུལ་ལ་བཞི་ལས། ལྷུན་གྲུབ་ལ་འཁྲུལ་པ་སྤང་བ་ནི། བློ་ཆུང་བ་ འགའ་ཞིག་གདུལ་བྱ་མཐའ་ཡས་པའི་བསམ་པ་དང་མཐུན་པར་གང་ལ་གང་འདུལ་གྱི་རྣམ་ པས་འཇུག་པ་ཅན་ཡིན་ན། རྣམ་པར་རྟོག་པ་ལ་སོགས་པའི་གཡོ་བ་དང་འབད་རྩོལ་མེད་ པར་འགལ་ལོ་སྙམ་དུ་སེམས་མོད། མ་དག་པའི་བློ་ལ་ལྟོས་ནས་དེ་ལྟར་སྣང་ཡང༌། མཐར་ ཕྱིན་པའི་འཕྲིན་ལས་ནི་བསམ་མི་ཁྱབ་པའི་ཕྱིར་འགལ་བ་མེད་དེ། ཅིག་ཅར་ཆོས་ཀྱི་འཁོར་ ལོ་བསྐོར་བ་དང༌། སྐྱེ་བའི་སྤྲུལ་པ་སྣ་ཚོགས་པ་སྟོན་པ་དང༌། མངོན་པར་རྫོགས་པར་བྱང་ ཆུབ་པ་དང༌། མྱ་ངན་ལས་འདས་པ་སྟོན་པ་ལ་སོགས་པ་རྣམ་འཕྲུལ་མཐའ་ཡས་པ་མཛད་ ཀྱང༌། ཟག་པ་མེད་པའི་དབྱིངས་ལ་ནི་རྣམ་པར་རྟོག་པ་མེད་ཅིང་འབད་རྩོལ་ལ་སོགས་པས་ ནམ་ཡང་གཡོ་བ་མེད་པའི་ཕྱིར་རོ། །དེ་ལྟར་ཡང༌། དེ་ནི་ཅིག་ཅར་ལ་ལར་སྒོ་མང་བརྒྱ་ནས་ ཆོས་ཀྱི་འཁོར་ལོ་དང༌། །ལ་ལར་སྐྱེ་བ་མི་སྣང་ལ་ལར་སྐྱེ་བའི་སྤྱོད་པ་སྣ་ཚོགས་དང༌། །ལ་ ལར་བྱང་ཆུབ་ཐམས་ཅད་ལ་ལར་དེ་ནི་མྱ་ངན་འདས་སྟོན་ཡང༌། །དེ་ནི་གནས་དེ་ལས་ཀྱང་ རྣམ་པར་གཡོ་མི་མངའ་ལ་ཐམས་ཅད་མཛད། །ཅེས་གསུངས་པ་ཡིན་ནོ། །དེ་དག་ནི་དཔེར་ 5-1-347 ན་སྤྲིན་ལ་རྣམ་པར་རྟོག་པ་དང་འབད་རྩོལ་མེད་བཞིན་དུ་ཆར་པ་ཕབ་ནས་ལོ་ཐོག་ཕུན་སུམ་ ཚོགས་པའི་རྒྱུ་ལྷུན་གྱིས་གྲུབ་པར་བྱེད་པ་དང་ཡང་འདྲ་སྟེ། ཇི་སྐད་དུ། འགྲོ་བའི་དགེ་བའི་ ལོ་ཐོག་ལ། །སྤྲིན་ཆེན་དང་ཡང་འདྲ་བར་འདོད། །ཅེས་གསུངས་པ་ལྟར་རོ། ། རྒྱུད་ལྡན་ལ་འཁྲུལ་པ་སྤང་བ་ནི། ཁ་ཅིག་སངས་རྒྱས་ཀྱི་འཕྲིན་ལས་མི་འཇུག་པའི་ སྐབས་མང་པོ་མཐོང་བའི་ཕྱིར་རྒྱུན་མི་འཆད་པར་འགལ་ལོ་སྙམ་ན། རྒྱུན་མི་འཆད་པའི་ དོན་ཡང་བུད་ཤིང་ཚོགས་ན་མེ་འབྱུང་བ་ལྟར་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གདུལ་བྱ་ ནམ་དུས་ལ་བབ་ན་སངས་རྒྱས་ཀྱི་འཕྲིན་ལས་འཇུག་པ་ལ་དགོངས་པ་ཡིན་གྱི། རང་བཞིན་ གྱིས་རྟག་པའི་ཕྱིར་ནི་མ་ཡིན་ཏེ། ཇི་ལྟར་མེ་ནི་གཞན་དུ་འབར། །གཞན་དུ་ཞི་བར་འགྱུར་བ་ ལྟར། །དེ་བཞིན་སངས་རྒྱས་རྣམས་ཀྱི་ཡང༌། །སྣང་དང་མི་སྣང་ཤེས་པར་བྱ། །ཞེས་གསུངས་ པའི་ཕྱིར་རོ། །དེ་ལྟ་བས་ན་གང་གི་ཚེ་གདུལ་བྱ་དུས་ལ་བབ་པར་གྱུར་པ་དེའི་ཚེ་སངས་ རྒྱས་ཀྱི་འཕྲིན་ལས་གཡེལ་བ་མེད་པར་འཇུག་པས་རྒྱུན་མི་འཆད་པ་ཞེས་བྱ་སྟེ། ཇི་སྐད་དུ། མངོན་པར་རྟོགས་པའི་རྒྱན་ལས། རྒྱུ་ནི་ཡོངས་སུ་སྨིན་གྱུར་བས། །གང་ཚེ་གང་ལ་གང་དང་ ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ༌། །ཞེས་པ་དང༌། ལས་བརྒྱ་པ་ལས་ ཀྱང༌། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་བའང་སྲིད། །གདུལ་ བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་གསུངས་པ་ལྟར་ རོ། ། འཇུག་པའི་ཡུལ་སྟོངས་པ་སྤོང་བ་ནི། འགའ་ཞིག་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་ གྲུབ་ཅིང་རྒྱུན་མི་འཆད་པ་དེ་ལྟ་ན་འཕྲིན་ལས་འཇུག་པར་བྱ་བའི་ཡུལ་འཁོར་བ་སྟོངས་པར་ འགྱུར་རོ་སྙམ་དུ་སེམས་ན། སངས་རྒྱས་ཀྱི་ཕྲིན་ལས་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །རང་ རང་གི་བསམ་པ་དང་མཐུན་པར་དམ་པའི་ཆོས་ལེགས་པར་བཤད་པས་སེམས་ཅན་མ་སྨིན་ 5-1-348 པ་རྣམས་ཡོངས་སུ་སྨིན་པ་དང་ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བ་ལ་འགོད་མོད། འཇིག་རྟེན་གྱི་ཁམས་ལ་ནི་མཐའ་མེད་པའི་ཕྱིར་མ་ལུས་པ་སྟོངས་པར་ཡང་མི་འགྱུར་ཏེ། ཇི་ སྐད་དུ། རྒྱན་ལས། འདི་ན་འཇིག་རྟེན་ཕྱོགས་ཕྱོགས་རྒྱལ་བས་ལེགས་བཤད་པས། །དགེ་ བ་འཕེལ་བའི་འཇིག་རྟེན་རྣམ་དག་མཆོག་ཏུ་འགྲོ། །དགེ་བ་མ་བསགས་དགེ་བ་འཕེལ་བའི་ མཆོག་ཏུ་འགྲོ། །དེ་ལྟར་མ་སྨིན་སྨིན་པ་རྟག་འགྲོ་མ་ལུས་མིན། །ཞེས་གསུངས་པའི་ཕྱིར་རོ། ། ཐ་དད་དུ་འདོད་པ་སྤང་བ་ནི། ཡང་གང་དག་ཤཱཀྱ་ཐུབ་པ་ལ་སོགས་པའི་སངས་རྒྱས་ཀྱི་ གཟུགས་ཀྱི་སྐུ་ཐ་དད་པར་སྣང་བ་རྣམས་གཞན་གྱི་དོན་སྒྲུབ་པའི་འཕྲིན་ལས་ཀྱང་ཐ་དད་ པའོ་སྙམ་དུ་སེམས་ན། དེ་དག་ནི་གདུལ་བྱ་ལ་ལྟོས་ནས་ཐ་དད་དུ་བསྟན་པ་ཙམ་ཡིན་གྱི། དོན་དམ་པའི་སངས་རྒྱས་རྣམས་ནི་ཟག་པ་མེད་པའི་དབྱིངས་སུ་ཡེ་ཤེས་ཀྱི་སྐུར་རོ་གཅིག་ པའི་ཕྱིར། དེའི་ནུས་པ་འཕྲིན་ལས་རྣམས་ཀྱང་ཐུན་མོང་བ་ཉིད་དེ། དཔེར་ན་ཉི་མའི་འོད་ ཟེར་རྣམས་གཅིག་ཏུ་འདྲེས་ནས་སྨིན་པ་དང་སྐེམ་པ་ལ་སོགས་པའི་བྱ་བ་གཅིག་ལ་འཇུག་ པ་བཞིན་ནོ། །དེ་ལྟར་ཡང༌། ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི། །འོད་ཟེར་དཔག་ཏུ་མེད་ འདྲེས་ཤིང༌། །རྟག་ཏུ་བྱ་བ་གཅིག་ལ་འཇུག །འཇིག་རྟེན་ལ་ཡང་སྣང་བར་བྱེད། །དེ་བཞིན་ ཟག་མེད་དབྱིངས་ན་ཡང༌། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང༌། །མཛད་པ་གཅིག་ནི་ མཛད་པ་ལ། །ཡེ་ཤེས་སྣང་བ་མཛད་པར་འདོད། །ཅེས་གསུངས་པ་ཡིན་ནོ། །ཆུ་ཐམས་ ཅད་རྒྱ་མཚོར་འདྲེས་པས་བྱ་བ་གཅིག་སྒྲུབ་པ་དང་ཡང་མཚུངས་ཏེ། ཐེག་པ་ཆེན་པོ་བསྡུས་ པ་ལས། ཀུན་ཀྱང་འདྲེས་པའི་འཕྲིན་ལས་ཅན། །རྒྱ་མཚོར་ཆུ་འདྲ་ཞེས་པ་ལ་སོགས་པ་ གསུངས་པ་བཞིན་ནོ། །གཞན་ཡང་འཕྲིན་ལས་ནི་ཡེ་ཤེས་ལ་བརྟེན་ནས་འཇུག་པ་ཡིན་ལ། ཡེ་ཤེས་གཅིག་གང་དུ་འཇུག་པ་དེར་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འཇུག་པའི་ཕྱིར་ཡང་ 5-1-349 ཐུན་མོང་བ་ཉིད་དེ། དཔེར་ན་ཉི་མའི་འོད་ཟེར་གཅིག །བྱུང་ན་འོད་ཟེར་ཀུན་འབྱུང་བ། །དེ་ བཞིན་སངས་རྒྱས་རྣམས་ཀྱི་ཡང༌། །ཡེ་ཤེས་འབྱུང་བར་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ རོ། །དེ་ལྟ་ན་ཡང་སངས་རྒྱས་ཀྱི་ཡེ་ཤེས་ལ་བདག་དང་བདག་གིར་འཛིན་པ་ལ་སོགས་པའི་ རྣམ་པར་རྟོག་པ་མི་མངའ་ཞིང་རྟོག་པ་མེད་བཞིན་དུ་ཡེ་ཤེས་གཅིག་གིས་ཤེས་བྱ་ཐམས་ཅད་ སྣང་བར་བྱས་པ་དེ་བཞིན་དུ་ཡེ་ཤེས་ཐམས་ཅད་ཀྱང་ཤེས་བྱ་མཐའ་དག་ལ་འཇུག་པའི་ཕྱིར་ བསམ་གྱིས་མི་ཁྱབ་པ་ཉིད་དེ། ཇི་ལྟར་ཉི་མའི་འོད་ཟེར་དག །འཇུག་ལ་བདག་གིར་བྱ་བ་ མེད། །དེ་བཞིན་སངས་རྒྱས་ཡེ་ཤེས་ཀྱང༌། །འཇུག་ལ་བདག་གིར་མཛད་མི་མངའ། །ཉི་མའི་ འོད་ཟེར་གཅིག་བཏང་བས། །འགྲོ་ཀུན་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ ཅད་ལ། །སངས་རྒྱས་ཡེ་ཤེས་ཅིག་ཅར་སྣང༌། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བས་ན་ སངས་རྒྱས་ཀྱི་འཕྲིན་ལས་འཇུག་པར་འདོད་པ་རྣམས་ཀྱིས་ནི་རང་གི་རྒྱུད་དག་པར་བྱ་བ་ལ་ ནན་ཏན་སྐྱེད་པ་ཉིད་དོ། ། གཞུང་གི་དོན་རྣམ་པར་བཤད་པ་ལ་གཉིས་ཏེ། ལྷུན་གྲུབ་རྒྱུན་མི་འཆད་ཚུལ་བསྟན་པ་ དང༌། དེ་ཉིད་དཔེ་ཡིས་ངེས་པར་བྱ་བའོ། ། ལྷུན་གྲུབ་རྒྱུན་མི་འཆད་ཚུལ་ལའང༌། མདོར་བསྟན་དང༌། རྒྱས་བཤད་དོ། །དེ་ལ་མདོར་ བསྟན་ནི། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ ཁམས་ཀྱི་འདུལ་བའི་བྱ་བ་དང༌། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ ལས། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཞེས་པ་ལ། སངས་ རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ན་གདུ༷ལ་བྱ༷་མཐའ་ཡས་པའི༷་ཁ༷མས་ད༷ང་ བསམ་པ་དང་བག་ལ་ཉལ་དང་རིགས་ཐ་དད་པ་རྣམས་མངོན་སུམ་དུ་མཁྱེན་ཀྱང༌། འདི་དང་ འདི་ཤེས་པར་བྱའོ་སྙམ་དུ་རྣམ་པར་རྟོག་པའི་འབད་རྩོལ་མི་མངའ་ཞིང་ལྷུན་གྱིས་གྲུབ་པར་ 5-1-350 འཇུག་པ་དང༌། དེ་བཞིན་དུ་སྦྱར་ཏེ་གདུལ་བྱ་རྣམས་ཀྱི་རང་བཞིན་གྱི་བསམ་པ་དང་མཐུན་ པར། གང་གི་རང་བཞིན་ཆགས་སྡང་རྣམས་བྲལ་ཡང༌། །ཆགས་སེམས་ཅན་ལ་ཆགས་པ་ ལྟར་སྟོན་དང༌། །གདུལ་བྱའི་དབང་གིས་ཁྲོ་ལ་ཁྲོར་སྟོན་ལ། །བྱང་ཆུབ་མཆོག་གནས་དེ་ལ་ ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་ཞི་བ་དང་དྲག་པོ་ལ་སོགས་པ་འདུ༷ལ་བ༷འི་ཐ༷བས་ སྣ་ཚོགས་སྟོན་པ་ལ་འབད་རྩོལ་མི་མངའ་བ་ད༷ང༌། དེ་བཞིན་དུ་ནི༵། གདུ༷ལ་བྱ༷འི་ཁ༷མས་ སྣ་ཚོགས་པ་དེ་རྣམས་ཀྱི༷་འདུ༷ལ་བ༷འི་བྱ༷་བ༷་མངོན་པར་མཐོ་བ་ད༵ང་། ངེས་པར་ལེགས་པ་ སྣ་ཚོགས་ལ་འགོད་པ་ལའང་འབད་རྩོལ་མི་མངའ་བ་དང༌། གདུལ་བྱ་གང་ན་ཡོད་པ་དེ༷འི༷་ ཡུ༷ལ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་གཤེགས་པ་ལའང་འབད་རྩོལ་མི་མངའ་ བ་ད༷ང༌། གདུལ་བྱ་ནམ་འདུལ་བའི་དུ༷ས་སུ༷་བབ་ན་དེ་དག་འདུལ་བའི་ཆེད་དུ་གཤེ༷གས་ པ༷་ལ༵འང་ཁྱ༷བ་བད༷ག་རྫོགས་པའི་སངས་རྒྱས་རྣམས་རྟ༷ག་ཏུ༷་རྣམ་པར་རྟོག་པ་ལ་སོགས་ པའི་འབད་རྩོལ་མི་མངའ་ཞིང་ལྷུ༷ན་གྱི༷ས་གྲུ༷བ་པ༷ར་འཇུ༵ག་གོ་ཞེས་པ་སྟེ། ལྷུན་གྲུབ་ཀྱི་དོན་ མདོར་བསྟན་པའོ། ། རྒྱུན་མི་འཆད་པའི་དོན་མདོར་བསྟན་པ་ནི། ཡོན་ཏན་རིན་ཆེན་མཆོག་ ཚོགས་དང་ལྡན་ཡེ་ཤེས་ཆུ་མཚོ་བསོད་ནམས་ཡེ་ཤེས་ཉི་འདོ་ཅན། ། ཐེག་པ་མ་ལུས་ངེས་པར་བསྒྲུབས་ཏེ་མཐའ་དང་དབུས་མེད་རྒྱ་ཆེ་ ནམ་མཁའ་ལྟར་ཁྱབ་པ། །སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་ གཏེར་སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ནས། །ཉོན་མོངས་ ཤེས་བྱའི་སྤྲིན་གྱི་དྲ་བ་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་རླུང་གིས་རྣམ་ པར་གཏརོ། །ཞེས་པ་སྟེ། ངེས་པར་འབྱིན་པའི་རྒྱུ་གཟུགས་དང་ཏིང་ངེ་འཛིན་ལ་སོགས་ པ་ཡོ༷ན་ཏ༷ན་རི༷ན་ཆེ༷ན་མཆོ༷ག་ཏུ་གྱུར་པའི་ཚོ༷གས་དུ་མ་ད༷ང་ལྡ༷ན་ཞིང༌། དྲི་མ་མེད་པའི་ཡེ༷་ 5-1-351 ཤེ༷ས་ཀྱི་ཆུ༷ས་ཡོངས་སུ་གང་བའི་རྒྱ་མཚོ༷་ཆེན་པོ་བྱང་ཆུབ་སེམས་དཔའི་ས་བཅུ་དང༌། ཉེ་ བར་སྟོན་པའི་རྒྱུ་བསོ༷ད་ན༷མས་དང་ཡེ༷་ཤེ༷ས་ཀྱི་ཚོགས་སེམས་ཅན་རྣམས་སྨིན་པར་བྱེད་ པ་ཉི༷་མའི་འོ༷ད་ཟེར་ལྟ་བུ་ཅ༵ན་ཏེ། འདིས་འགྲོ་བ་ལམ་གྱི་ཐེ༷ག་པ༷་མ༷་ལུ༷ས་པ་ངེ༷ས་པ༷ར་ བསྒྲུ༷བས་པ་ལས་བྱུང་བ་རྒྱུ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་ཡང་རྒྱལ་བའི་མཛད་པ་ རྒྱུན་མི་འཆད་པ་ཡིན་ཏེ༷། དེ་བཞིན་དུ་དེ་དག་གི་འབྲས་བུ་ཕུན་སུམ་ཚོགས་པ་མཐ༷འ་ད༷ང་ དབུ༷ས་མེ༷ད་ཅིང་རྒྱ༷་ཆེ༷་བས་ན་ན༷མ་མཁ༷འ་ལྟར༷་ཐམས་ཅད་ལ་ཁྱ༷བ་པ༵འི་བྱང་ཆུབ་ཆེན་པོ་ ཐོབ་པའི་ཕྱིར་ཡང་དེའི་མཛད་པ་རྒྱུན་མི་འཆད་པ་ཡིན་ལ། བྱང་ཆུབ་ཐོབ་ནས་ཀྱང་། དོན་ དམ་པའི་ས༷ངས་རྒྱ༷ས་ཉི༷ད་ནི༷་སྟོབས་ལ་སོགས་པའི་ཡོ༷ན་ཏ༷ན་རང་བཞིན་གྱིས་དྲི༷་མ༷་མེ༷ད་པ་ དང་ལྡན་པ་གདོད་མ་ནས་གཏེ༷ར་དང་འདྲ་བར་སེ༷མས་ཅ༷ན་ཀུ༷ན་ལ༷་ཁྱ༷ད་པར་ཅུང་ཟད་ཀྱང་ མེ༷ད་པར་ཡོད་པ་རྣ༷མ་པར་གཟི༷གས་ན༵ས་དེ་དག་ཡོངས་སུ་འཛིན་པར་མཛད་པའི་ཕྱིར་དང༌། ཡོངས་སུ་འཛིན་པའི་རྒྱུ་མཚན་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་ནམ་མཁའ་དང་འདྲ་ བ་དེ་ལ་སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི་མ་ཉོ༷ན་མོ༷ངས་པ་དང་ཤེ༷ས་བྱ༷འི་སྒྲིབ་པ་སྤྲི༷ན་གྱི༷་དྲ༷་ བ༷་དང་འདྲ་བ་རྣམས་བསལ་དགོས་པའི་ཕྱིར་དང༌། སྒྲིབ་པ་དེ་སེལ་བར་བྱེད་པའི་རྐྱེན་ཡང༌། རྒྱ༷ལ་བ༷་རྣ༷མས་ཀྱི༷་ཐུ༷གས་རྗེ༷་ཆེན་པོའི༷་ཤུགས་ཪླུ༷ང་དྲག་པོ་དང་འདྲ་བ་དག་གི༷ས་དྲི་མའི་སྤྲིན་ རྣམས་རྣ༷མ་པ༷ར་གཏོ༵ར་བར་ནུས་པ་ཉིད་ཀྱི་ཕྱིར་ན་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པ་ ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་གྲངས་སུ་ན་ལུས་ཅན་རྣམས་གནས་སྐབས་སུ་ས་བཅུ་དང་ ཚོགས་གཉིས་ལ་སྦྱར་ཞིང༌། མཐར་ཐུག་བྱང་ཆུབ་ལ་སྦྱར་ཏེ། དེས་ཀྱང་སེམས་ཅན་གྱི་སྒྲིབ་ པ་རྣམས་ཐུགས་རྗེས་འཇོམས་པར་མཛད་པའི་ཕྱིར། ཕྲིན་ལས་རྒྱུན་མི་འཆད་པ་ཉིད་དོ་ཞེས་ ཀྱང་སྦྱར་བར་བྱའོ། ། རྒྱས་བཤད་ལའང་གཉིས་ལས། ལྷུན་གྱིས་གྲུབ་པའི་དོན་ནི། གང་གི་གང་གིས་ 5-1-352 འདུལ་བ་ཡི། །བྱ་གང་གང་དུ་གང་གི་ཚེ། །དེ་ཡི་རྣམ་རྟོག་སྐྱེ་མིན་ཕྱིར། ། ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ། །གདུལ་བྱའི་ཁམས་ནི་གང་ཞིག་གི། འདུལ་བའི་ཐབས་མང་གང་དག་གིས། །འདུལ་བའི་བྱ་གང་གང་དུ་ནི། ། གང་ཚེ་ཡུལ་དང་དུས་དེ་དག །ཅེས་པ་ལ། གདུལ་བྱ་ག༷ང་གི༷་ཆེད་དུ་འཇུག་པ་དང་། ཐབས་ག༷ང་གི༷ས་འདུལ་བ་དང་འདུ༷ལ་བ༷འི༵་བྱ༷་བ་ག༷ང་ཡིན་པ་དང༌། གདུལ་བྱ་གནས་པའི་ ཡུལ་ག༷ང་དུ༷་གཤེགས་པ་དང་སྐབས་སུ་བབ་པའི་དུས་ག༷ང་གི༷་ཚེ༵་འདུལ་བ་རྣམས་ན་དེ་དང་ དེ༷་ཡི༷་ཀུན་སློང་གི་རྣ༷མ་པར་རྟོ༷ག་པ་སྐྱེ༷་བ་མི༷ན་ཞིང་འབད་རྩོལ་གྱིས་གཡོ་བ་མེད་པའི་ཕྱི༵ར་ ན། ཐུ༷བ་པ༷་རྫོགས་པའི་སངས་རྒྱས་ཀྱི་འཕྲིན་ལས་ནི་དུས་རྟ༷ག་ཏུ༷་ལྷུ༷ན་གྱི༷ས་གྲུ༵བ་པ་ཉིད་དེ། དེ་རྣམས་ཀྱང་རིམ་པ་ལྟར་རིགས་ཅན་གསུམ་ལ་སོགས་པ་གདུ༷ལ་བྱ༷འི་ཁ༷མས་དང་རིགས་ ནི༷་མཐའ་ཡས་པ་ག༷ང་ཞི༷ག་གི༵་ཆེད་དུ་འཇུག་པ་ལ་ལྷུན་གྱིས་གྲུབ་པར་འཇུག་ཅིང༌། རང་ རང་གི་མོས་པ་དང་མཐུན་པར་ཐེག་པ་གསུམ་ལ་སོགས་པ་འདུ༷ལ་བ༷འི་གནས་ཐ༷བས་མ༷ང་ པོ་ག༷ང་ད༷ག་གི༵ས་འདུལ་བ་ཡང་ལྷུན་གྱིས་གྲུབ་པར་འཇུག་ལ། གནས་སྐབས་སུ་མངོན་པར་ མཐོ་བ་དང༌། མཐར་ཐུག་ངེས་པར་ལེགས་པ་ལ་འགོད་པ་ལྟ་བུ་འདུ༷ལ་བ༷འི་བྱ༷་བ༷་ག༷ང་ཡིན་ པ་རྣམས་ལ་ཡང་ལྷུན་གྱིས་གྲུབ་པར་འཇུག་པ་དང༌། ག༷ང་དུ༷་ནི༵་ཡུལ་དང་ག༷ང་ཚེ༷་ནི་དུས་ ཏེ་གདུལ་བྱ་གང་ན་ཡོད་པའི་ཡུ༷ལ་ད༷ང་འདུལ་བའི་སྐབས་སུ་བབ་པའི་དུ༷ས་སུ་གཤེགས་ པ་དེ༷་ད༵ག་ལ་ཡང་རྣམ་པར་རྟོག་པའི་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པའོ་ ཞེས་པའི་དོན་ཏོ། །དེ་ལྟར་ཡང་རྒྱན་ལས། སངས་རྒྱས་རྣམས་ནི་འདི་སྙམ་ལུས་ཅན་འདི་ནི་ བདག་གིས་སྨིན་པར་བྱས་ཞེའམ། །འདི་ནི་རབ་ཏུ་སྨིན་བྱ་དེ་བཞིན་གཞན་ཡང་ད་ལྟར་སྨིན་ པར་བྱེད་སྙམ་དུ། །འདུ་མཛད་མི་མངའ་བར་ཡང་ཕྱོགས་ཕྱོགས་ཀུན་ཏུ་རྟག་པར་སྒོ་གསུམ་ ནས། །དགེ་བའི་ཆོས་རྣམས་ཀྱིས་ནི་སྐྱེ་བོ་རབ་ཏུ་སྨིན་པར་འགྱུར་བ་ཉིད། །ཅེས་གསུངས་པ་ 5-1-353 བཞིན་ནོ། ། རྒྱུན་མི་འཆད་པའི་དོན་ལ་ལྔ་སྟེ། མིང་གི་དབྱེ་བས་བསྟན་པ། དོན་གྱི་ངོ་བོ་བཤད་པ། དེ་དག་དཔེ་ཡིས་མཚོན་ཚུལ། དཔེ་དོན་རྒྱས་པར་སྦྱར་བ། བསྡུས་ཏེ་རྒྱུན་མི་འཆད་ཚུལ། ཞེས་པའོ། ། དེ་ལ་མིང་གི་དབྱེ་བ་ནི། ངེས་འབྱིན་དེ་ཡི་རྟོན་པ་དང༌། །དེ་འབྲས་དེ་ཡི་ ཡོངས་འཛིན་དང༌། །དེ་སྒྲིབ་དེ་གཅོད་རྐྱེན་ལ་ནི། །རྣམ་པར་རྟོག་པ་ མེད་ཕྱིར་རོ། །ཞེས་པ་སྟེ། སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་ འཆད་པ་ཡིན་ཏེ། ཕྲིན་ལས་འབྱུང་བའི་ངེ༷ས་པར་འབྱི༷ན་པའི་རྒྱུ་དང་དེ༷་ཡི༷་ཉེ་བར་རྟོ༷ན་པ༷འི་ རྐྱེན་ད༵ང་རྒྱུ་རྐྱེན་དེ༷་དག་ལས་འབྲ༷ས་བུ་གྲུབ་པའི་ཚུལ་དང་། འབྲས་བུ་དེ༷་ཡི༷་འཕྲིན་ལས་ འཇུག་པའི་ལུས་ཡོ༷ངས་སུ་འཛི༷ན་པ་ད༵ང༌། ཡུལ་དེ༷་ཡི་སྒྲི༷བ་པ་སྤང་བར་བྱ་བ་དང༌། སྒྲིབ་ པ་དེ༷་གཅོ༷ད་པར་བྱེད་པའི་རྐྱེ༷ན་རྣམས་ལ༷་ནི༵་རྣ༷མ་པ༷ར་རྟོ༷ག་པ༷་མེ༷ད་ཅིང་རང་གི་ངང་གིས་ འཇུག་པའི་ཕྱི༷ར་རོ༵་ཞེས་བྱ་བའི་དོན་ཏོ། ། དོན་གྱི་ངོ་བོ་ནི། ངེས་པར་འབྱིན་པ་ས་བཅུ་སྟེ། །ཚོགས་གཉིས་དག་ ནི་དེའི་རྒྱུ། །དེ་འབྲས་བྱང་ཆུབ་མཆོག་ཡིན་ཏེ། །བྱང་ཆུབ་སེམས་ ཅན་ཡོངས་སུ་འཛིན། །དེ་སྒྲིབ་མཐའ་ཡས་ཉོན་མོངས་དང༌། །ཉེ་བའི་ ཉོན་མོངས་བག་ཆགས་ཏེ། །དུས་ཀུན་ཏུ་ནི་དེ་འཇོམས་པའི། །རྐྱེན་ནི་ ཐུགས་རྗེ་ཆེན་པོ་ཡིན། །ཞེས་པ་སྟེ། རྒྱུ་མཚན་དྲུག་པོ་དེ་དག་གང་ཞེ་ན། མཐར་ཐུག་ པའི་གོ་འཕང་དུ་ངེ༷ས་པ༷ར་འབྱི༷ན་པ༷ར་བྱེད་པའི་རྒྱུ་ནི་བྱང་ཆུབ་སེམས་དཔའི་ས༷་བཅུ༷་པོ་ རིམ་པ་ལྟར་བགྲོད་པ་སྟེ༵། བསོད་ནམས་དང་ཡེ་ཤེས་ཀྱི་ཚོ༷གས་གཉི༷ས་པོ་ད༷ག་ནི༷་ས་བཅུ་པོ་ དེ༷་ཡི༷་ཡོན་ཏན་ཁྱད་པར་ཅན་རྣམས་གོང་ནས་གོང་དུ་འཕེལ་ཞིང་རྟོན་པའི་རྒྱུ༵་ཡིན་ཞིང༌། དེ་ 5-1-354 ལྟར་ཕུན་སུམ་ཚོགས་པ་ལས་བྱུང་བའི་ཕྱིར་ཡང་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་ ལ། དེ༷་དག་གི་མཐར་ཕྱིན་པའི་འབྲ༷ས་བུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱ༷ང་ ཆུ༷བ་ཆེན་པོ་མཆོ༷ག་ཏུ་གྱུར་པ་ཐོབ་པ་ཡི༷ན་ཏེ༵། དེའི་ཕྱིར་ཡང་སངས་རྒྱས་ཀྱི་འཕྲིན་ལས་ རྒྱུན་མི་འཆད་ཅིང༌། བྱ༷ང་ཆུ༷བ་ཐོབ་ནས་ཀྱང་སེ༷མས་ཅ༷ན་ཐམས་ཅད་སངས་རྒྱས་ཀྱི་སྙིང་ པོ་ཅན་དུ་གཟིགས་ནས་ཡོ༷ངས་སུ༷་འཛི༵ན་པར་བྱེད་མཛད་པའི་ཕྱིར་དང༌། ཡོངས་སུ་འཛིན་ པའི་རྒྱུ་མཚན་ཡང་སེམས་ཅན་རྣམས་ཀྱི་སྙིང་པོ་དེ༷་ལ་སྒྲི༷བ་པར་བྱེད་པ་མཐ༷འ་ཡ༷ས་པའི་ ཉོ༷ན་མོ༷ངས་པ་ད༵ང་ཉེ༷་བ༷འི་ཉོ༷ན་མོ༷ངས་པ་བ༷ག་ཆ༷གས་དང་བཅས་པ་སྟེ༵། གློ་བུར་གྱི་དྲི་མ་ རྣམས་གཞོམ་དགོས་པའི་ཕྱིར་དང༌། དུ༷ས་ཀུ༷ན་ཏུ༷་ནི༷་སྒྲིབ་པ་དེ༷་འཇོ༷མས་པར་བྱེད་པ༵འི་ རྐྱེ༷ན་ནི༷་ཐུ༷གས་རྗེ༷་ཆེ༷ན་པོ༷ས་ལམ་སྟོན་པ་ཡི༵ན་པའི་ཕྱིར་ན་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ མི་འཆད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཅིག་ཏུ་ན་སྔར་ཡང་བསྟན་པ་ལྟར་གདུལ་ བྱ་རྣམས་གནས་སྐབས་སུ་ངེས་པར་འབྱིན་པའི་རྒྱུ་ས་བཅུ་དང་ཉེ་བར་རྟོན་པའི་རྒྱུ་ཚོགས་ གཉིས་ལའང་སྦྱོར་ཞིང༌། མཐར་ཐུག་དེ་དག་གི་འབྲས་བུ་བྱང་ཆུབ་ཆེན་པོ་ལ་སྦྱར་ཏེ། དེས་ ཀྱང་ཡོངས་སུ་གཟུང་བར་བྱ་བའི་སེམས་ཅན་གྱི་ཁམས་ཀྱི་སྒྲིབ་པ་རྣམས་ཐུགས་རྗེ་ཆེན་པོའི་ རྐྱེན་གྱིས་འཇོམས་པར་བྱེད་པའི་ཕྱིར་ན་རྒྱལ་བའི་མཛད་པ་རྒྱུན་མི་འཆད་པ་ཉིད་དོ་ཞེས་ ཀྱང་བཤད་པར་བྱའོ། ། དཔེས་ཡིས་མཚོན་ཚུལ་ནི། གནས་ནི་དྲུག་པོ་འདི་དག་རྣམས། །གོ་རིམ་ ཇི་བཞིན་རྒྱ་མཚོ་དང༌། །ཉི་མ་དང་ནི་ནམ་མཁའ་གཏེར། །སྤྲིན་དང་ རླུང་བཞིན་ཤེས་པར་བྱ། །ཞེས་པ་ལ། དེ་བཞིན་གཤེགས་པའི་འཕྲིན་ལས་རྒྱུན་མི་ འཆད་པའི་རྒྱུ་མཚན་དུ་གྱུར་པའི་དོན་གྱི་གན༷ས་ནི༷་དྲུ༷ག་པོ༷་འདི༷་ད༷ག་རྣ༵མས་དཔེ་དང་དོན་ གོ༷་རི༷མ་ཇི༷་ལྟ་བ་བཞི༷ན་དུ་སྦྱར་ནས་ཤེས་པར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ས་བཅུ་ 5-1-355 ནི་རྒྱ༷་མཚོ༷་ཇི་ལྟ་བ་བཞིན་ད༵ང༌། བསོད་ནམས་དང་ཡེ་ཤེས་ཚོགས་གཉིས་ནི་ཉི༷་མ༷་ཇི་ལྟ་བ་ བཞིན་ད༷ང༌། དེ་དག་གི་འབྲས་བུ་བྱང་ཆུབ་ཆེན་པོ་ནི༷་ན༷མ་མཁ༷འ་ཇི་ལྟ་བ་བཞིན་དང༌། བྱང་ ཆུབ་ཀྱིས་གཟུང་བར་བྱ་བའི་སེམས་ཅན་གྱི་ཁམས་ནི་གཏེ༵ར་ཇི་ལྟ་བ་བཞིན་དང༌། དེའི་དྲི་མ་ ཉོན་མོངས་པ་རྣམས་ནི་སྤྲི༷ན་ཇི་ལྟ་བ་བཞིན་ད༷ང༌། དེ་དག་འཇོམས་པའི་ཐུགས་རྗེ་ཆེན་པོ་ནི་ ཪླུ༷ང་ཇི་ལྟ་བ་བཞི༷ན་དུ་ཤེ༷ས་པ༷ར་བྱ༵འོ་ཞེས་པའི་དོན་ཏོ། ། དཔེ་དོན་སྦྱར་བ་ནི། ཤེས་ཆུ་ཡོན་ཏན་རིན་ཆེན་དང༌། །ལྡན་ཕྱིར་ ས་རྣམས་རྒྱ་མཚོ་བཞིན། །སེམས་ཅན་ཐམས་ཅད་ཉེར་མཚོའི་ཕྱིར། ། ཚོགས་གཉིས་དག་ནི་ཉི་མ་བཞིན། །རྒྱ་ཆེ་མཐའ་དང་དབུས་མེད་ཕྱིར། ། བྱང་ཆུབ་ནམ་མཁའི་ཁམས་བཞིན་ནོ། །ཡང་དག་རྫོགས་སངས་ཆོས་ ཉིད་ཕྱིར། །སེམས་ཅན་ཁམས་ནི་གཏེར་དང་འདྲ། །གློ་བུར་ཁྱབ་དང་མ་ གྲུབ་ཕྱིར། །དེ་ཡི་ཉོན་མོངས་སྤྲིན་ཚོགས་བཞིན། །དེ་འཐོར་བར་ནི་ཉེར་ གནས་ཕྱིར། །ཐུགས་རྗེ་མི་བཟད་རླུང་དང་འདྲ། །ཞེས་པ་སྟེ། དྲི་མ་མེད་པའི་ ཡེ་ཤེ༷ས་ཀྱི་ཆུ༷་དང་བཅས་ཤིང༌། མངོན་པར་ཤེས་པ་ལ་སོགས་པའི་ཡོ༷ན་ཏ༷ན་གྱི་རི༷ན་ཆེ༷ན་ ད༵ང་ལྡ༷ན་པའི་ཕྱི༷ར་ན། ངེས་པར་འབྱིན་པའི་རྒྱུ་བྱང་ཆུབ་སེམས་དཔའི་ས༷་བཅུ་པོ་རྣ༷མས་ ནི་རྒྱ༷་མཚོ༷་ཇི་ལྟ་བ་བཞི༵ན་ཡིན་ལ། སེ༷མས་ཅ༷ན་ཐ༷མས་ཅ༷ད་ཕན་པ་དང་བདེ་བས་ཉེ༷་བར༷་ འཚོ༷་ཞིང་སྨིན་པར་བྱེད་པའི༷་ཕྱི༵ར་ཉེ་བར་རྟོན་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོ༷གས་ གཉི༷ས་པོ་ད༷ག་ནི༷་ཉི༷་མ༷་ཇི་ལྟ་བ་བཞི༵ན་ཡིན་ཞིང་། ཐམས་ཅད་དུ་ཁྱབ་པས་རྒྱ༷་ཆེ༷་བ་དང༌། མཐ༷འ་ད༷ང་དབུ༷ས་མེ༷ད་པས་ཟབ་པའི་ཕྱི༵ར། དེ་དག་གི་འབྲས་བུ་བྱ༷ང་ཆུ༷བ་ཆེན་པོ་ནི་ན༷མ་ མཁ༷འི་ཁ༷མས་ཇི་ལྟ་བ་བཞི༷ན་ཡིན་ནོ༵། །ཡ༷ང་ད༷ག་པར་རྫོ༷གས་པའི་ས༷ངས་རྒྱས་ཀྱི་ཆོ༷ས་ ཉི༷ད་ཡོན་ཏན་གྱི་འབྱོར་པ་ཟད་མི་ཤེས་པ་དང་བཅས་པ་གདོད་མ་ནས་ལྷུན་གྱིས་གྲུབ་པར་ 5-1-356 གནས་པའི་ཕྱི༵ར། ཡོངས་སུ་གཟུང་བར་བྱ་བ་སེ༷མས་ཅ༷ན་རྣམས་ཀྱི་ཁ༷མས་རང་བཞིན་གྱིས་ དག་པ་དེ་བཞིན་གཤེགས་པའི་སྙིང་པོ་ནི༷་གཏེ༷ར་ཆེན་པོ་ད༷ང་འདྲ༵་ཞིང༌། སྤང་རུང་གློ༷་བུ༷ར་ བ་ཡིན་པ་དང་རང་བཞིན་ལ་ཁྱ༷བ་པར་བྱེད་པ་ད༷ང་དོན་དམ་པར་བདེན་པར་མ༷་གྲུ༷བ་པའི་ ཕྱི༵ར། ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེ༷་ཡི༷་སྒྲིབ་པ་ཉོ༷ན་མོ༷ངས་པ་རྣམས་ནི་སྤྲི༷ན་ གྱི་ཚོ༷གས་འཐུག་པོ་ཇི་ལྟ་བ་བཞི༵ན་ཡིན་ལ། ཉོན་མོངས་པ་སྤྲིན་དང་འདྲ་བ་དེ༷་འཐོ༷ར་བ༷ར་ བྱེད་པའི་ལམ་སྟོན་པར་ནི༷་ཉེ༷་བར༷་གན༷ས་པའི་ཕྱི༵ར། སྒྲིབ་པ་སྤོང་བའི་རྐྱེན་ཐུ༷གས་རྗེ༷་ཆེན་ པོ་ནི་མི༷་བཟ༷ད་ཅིང་རབ་ཏུ་དྲག་པའི་ཪླུ༷ང་གི་ཤུགས་ད༷ང་འདྲ༵་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། རྒྱུན་མི་འཆད་ཚུལ་ནི། གཞན་གྱི་དབང་གིས་ངེས་འབྱུང་དང༌། །བདག་ དང་སེམས་ཅན་མཚུངས་གཟིགས་དང༌། །མཛད་པ་ཡོངས་སུ་མ་རྫོགས་ ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་པ་སྟེ། སྔོན་ས་བཅུར་ཚོགས་ གཉིས་སྒྲུབ་པའི་གནས་སྐབས་སུ་སེམས་ཅན་ཐམས་ཅད་བསྒྲལ་བར་དམ་བཅས་ཤིང་སྨོན་ ལམ་བཏབ་པས་རྒྱུ་ཕུན་སུམ་ཚོགས་པ་གཞ༷ན་གྱི༷ས་དབ༷ང་གི༷་ངེ༷ས་པར་འབྱུ༷ང་བའི་ཕྱིར་ ད༵ང༌། བད༷ག་ཉིད་ཀྱིས་ཐོབ་པའི་བྱང་ཆུབ་ཆེན་པོ་ད༷ང་སེ༷མས་ཅ༷ན་གྱི་དབྱིངས་རང་བཞིན་ གྱིས་དག་པ་གཉིས་ཁྱད་པར་ཅུང་ཟད་མེད་ཅིང་མཚུ༷ངས་པར་གཟི༷གས་པས་འཕྲིན་ལས་ དོན་ཡོད་པར་མཁྱེན་པའི་ཕྱིར་ད༵ང༌། འཇིག་རྟེན་གྱི་ཁམས་ལ་མཐའ་མེད་པས་སེམས་ཅན་ ཐམས་ཅད་ཀྱི་སྒྲིབ་པ་ཐུགས་རྗེ་ཆེན་པོས་འཇོམས་པའི་མཛ༷ད་པ༷་ཡོ༷ངས་སུ༷་མ༷་རྫོ༷གས་པའི་ ཕྱི༵ར་ན། གདུལ་བྱའི་འཁོ༷ར་བ༷་ཇི་སྲི༷ད་མ་སྟོངས་ཀྱི་བར་དུ༷་སངས་རྒྱས་ཀྱིས་མཛ༷ད་པ་རྒྱུན་ མི༷་འཆ༵ད་པ་ཉིད་དོ་ཞེས་པའོ། །མངོན་པར་རྟོགས་པའི་རྒྱན་ལས་ཀྱང༌། དེ་ལྟར་མཛད་པ་རྒྱ་ ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ 5-1-357 ཞེས་ཀྱང་མངོན་པར་བརྗོད། །ཅེས་གསུངས་པ་ལྟར་རོ། ། དེ་ཉིད་དཔེ་ཡིས་ངེས་པར་བྱ་བ་ནི། སངས་རྒྱས་རྣམས་སྐྱེ་བ་དང་འགག་པ་མེད་པས་ རབ་ཏུ་ཕྱེ་བ་འདུས་མ་བྱས་པའི་མཚན་ཉིད་ཅན་ཡིན་ན། དེ་ལས་ཇི་ལྟར་འཁོར་བ་ཇི་སྲིད་ དུ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་མཛད་པ་འཇུག་ཅེས་ཐེ་ཚོམ་དང་སོམ་ཉི་སྐྱེས་ པ་རྣམས་ཀྱི་འཁྲུལ་པ་སྤངས་ནས། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་མོས་པ་ བསྐྱེད་པའི་ཕྱིར། དཔེ་རྣམ་པ་གསལ་བ་མང་པོས་འཆད་པ་ཡིན་པས། དེ་ལའང་བཞི་སྟེ། སྡོམ་དུ་བསྡུས་ཏེ་དཔེའི་དབྱེ་བ། དོན་དང་སྦྱར་ཏེ་སོ་སོའི་ངོ་བོ། དགོས་པ་བརྗོད་དེ་སྐབས་དོན་བསྡུ་བ། སླར་ཡང་བསྡུས་ཏེ་ཁྱད་པར་བཤད་པའོ། ། སྡོམ་གྱིས་བསྟན་པ་ནི། དེ་བཞིན་གཤེགས་པ་བརྒྱ་བྱིན་བཞིན། །རྔ་དང་ སྤྲིན་དང་ཚངས་པ་བཞིན། །ཉི་མ་ནོར་བུ་རིན་ཆེན་བཞིན། །སྒྲ་བརྙན་ ནམ་མཁའ་ས་གཞི་བཞིན། །ཞེས་པ་ལ། དེ༷་བཞི༷ན་གཤེ༷གས་པ༷་རྣམས་ཀྱི་འཕྲིན་ ལས་རྣམ་པར་རྟོག་པ་མེད་པར་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་སྒོ་ནས་གདུལ་བྱ་ རྣམས་ཀྱི་སྐལ་པ་དང་མཚམས་པར་འཇུག་པ་དེ་ཉིད་མཚོན་པར་བྱེད་པའི་དཔེ་ནི་རྣམ་པ་ དགུ་ཡིན་ཏེ། དེ་ཡང་སྐུའི་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་ནི་བརྒྱ༷་བྱི༷ན་ལྷའི་གནས་ནས་མ་ གཡོས་པར་གཟུགས་བརྙན་མི་ཡུལ་དུ་ཤར་བས་དགེ་བ་ལ་བསྐུལ་བ་ཇི་ལྟ་བ་བཞི༵ན་དང༌། གསུང་གི་གདམས་ངག་སྣ་ཚོགས་པ་གསུངས་པ་ནི་རྔ༷་བོ་ཆེས་ཆོས་ཀྱི་སྡོམ་བཞི་བསྟན་པས་ ལྷ་རྣམས་ལ་ཕན་འདོགས་པ་ཇི་ལྟ་བ་བཞིན་ད༷ང༌། ཐུགས་ཀྱི་མཁྱེན་པ་དང་བརྩེ་བས་སེམས་ ཅན་ཐམས་ཅད་ལ་ཁྱབ་པ་ནི་སྤྲི༷ན་གྱིས་ཐམས་ཅད་དུ་ཁྱབ་པར་བྱས་ཏེ་ཆར་ཕབ་པས་ལོ་ ཐོག་སྨིན་པར་བྱེད་པ་ཇི་ལྟ་བ་བཞིན་ད༷ང༌། སྐུ་དང་གསུང་གི་སྤྲུལ་པ་སྣ་ཚོགས་པ་མཛད་པ་ ནི་ཚ༷ངས་པ༷ས་རང་གི་གནས་ནས་མ་འཕོས་ཀྱང་སྤྲུལ་པ་འདོད་ཁམས་ཀྱི་ལྷ་རྣམས་ཀྱིས་ 5-1-358 མཐོང་བ་ལ་དོན་དུ་འགྱུར་བ་ཇི་ལྟ་བ་བཞི༵ན་དང༌། ཐུགས་ཀྱི་ཡེ་ཤེས་ཚད་མེད་པ་སྤྲོ་བ་ནི་ཉི༷་ མ༷འི་འོད་ཟེར་གྱིས་མུན་པ་རྣམས་རིམ་པ་ལྟར་སེལ་བར་བྱེད་པ་ཇི་ལྟ་བ་བཞིན་དང༌། ཐུགས་ ཀྱི་གསང་བ་ལ་བརྟེན་ནས་གཞན་དོན་མཛད་པ་ན་ནོ༷ར་བུ༷་རི༷ན་ཆི༷ན་ལ་རྟོག་པ་མེད་བཞིན་ དུ་དགོས་འདོད་རྩོལ་བ་ཇི་ལྟ་བ་བཞི༵ན་དང༌། གསུང་གི་གསང་བ་ལ་རྟེན་ནས་གཞན་དོན་ མཛད་པ་ནི་སྒྲ༷་བཪྙ༷ན་བདེན་པར་མ་གྲུབ་ཀྱང་དོན་སྣ་ཚོགས་སྟོན་པ་ཇི་ལྟ་བ་བཞིན་དང༌། སྐུའི་གསང་བ་ལ་བརྟེན་ནས་གཞན་དོན་མཛད་པ་ནི་ན༷མ་མཁ༷འ་ཐམས་ཅད་ལ་ཁྱབ་ཀྱང་ འདུས་བྱས་ཀྱི་གཟུགས་སུ་གྲུབ་པ་མེད་པ་ཇི་ལྟ་བ་བཞིན་དང༌། གནས་གྱུར་པའི་ཐུགས་རྗེ་ ལས་གཞན་དོན་འགྲུབ་ཚུལ་ནི་ས༷་གཞི༷ས་ཐམས་ཅད་ཀྱི་རྟེན་བྱས་ནས་ཕན་འདོགས་པ་ཇི་ ལྟ་བ་བཞི༵ན་ནོ་ཞེས་བྱ་བའི་དོན་ཏོ། ། སོ་སོའི་ངོ་བོ་ལ་རྣམ་པ་དགུ་སྟེ། རྣམ་འཕྲུལ་སྟོན་ཚུལ་དབང་པོའི་དཔེས་ངེས་པར་བྱ་ བ། གདམས་ངག་གསུང་ཚུལ་རྔ་ཡི་དཔེས་ངེས་པར་བྱ་བ། མཁྱེན་བརྩེས་ཁྱབ་ཚུལ་སྤྲིན་ གྱི་དཔེས་ངེས་པར་བྱ་བ། སྤྲུལ་པ་མཛད་ཚུལ་ཚངས་པའི་དཔེས་ངེས་པར་བྱ་བ། ཡེ་ཤེས་ སྤྲོ་ཚུལ་ཉི་མའི་དཔེས་ངེས་པར་བྱ་བ། ཐུགས་ཀྱི་གསང་བ་ནོར་བུའི་དཔེས་ངེས་པར་བྱ་བ། གསུང་གི་གསང་བ་བྲག་ཆའི་དཔེས་ངེས་པར་བྱ་བ། སྐུའི་གསང་བ་ནམ་མཁའི་དཔེས་ངེས་ པར་བྱ་བ། ཐུགས་རྗེ་འཇུག་ཚུལ་ས་གཞིའི་དཔེས་ངེས་པར་བྱ་བའོ། ། དབང་པོའི་དཔེ་ལ་གསུམ་སྟེ། རྣམ་རྟོག་མེད་ཀྱང་གཞན་དོན་འགྲུབ་ཚུལ། དེ་ཉིད་ ལེགས་པར་སྦྱར་ཏེ་བཤད་པ། བསྡུས་སྟེ་སྐྱེ་འགག་མེད་ཚུལ་བསྟན་པའོ། །རྣམ་རྟོག་མེད་ ཀྱང་གཞན་དོན་འགྲུབ་ཚུལ་ལ། མཚོན་བྱེད་དཔེ་ཡི་ངོ་བོ་བཤད་པ་དང༌། མཚོན་བྱ་དོན་གྱི་ ངོ་བོ་བཤད་པའོ། ། དཔེ་ལ་བཞི་ལས། དག་པའི་ས་གཞིར་གཟུགས་བརྙན་འཆར་ཚུལ་ནི། ཇི་ལྟར་ 5-1-359 བཻཌཱུར་དག་པ་ཡི། །རང་བཞིན་ས་སྟེང་འདི་གྱུར་ཏེ། །དག་ཕྱིར་ལྷའི་ དབང་པོ་དེ། །ལྷ་ཡི་བུ་མོའི་ཚོགས་དང་བཅས། །རྣམ་པར་རྒྱལ་བའི་ ཁང་བཟངས་དང༌། །ལྷ་གནས་དེ་ལས་གཞན་དག་དང༌། །དེ་ཡི་གཞལ་ ཡས་སྣ་ཚོགས་དང༌། །ལྷ་རྫས་རྣམ་མང་དེར་མཐོང་ངོ་། །ཞེས་པ་ལ། ཇི༷་ལྟར༷་ ཏེ་དཔེར་ན་རེ་ཞིག་ཅིག་ནོར་བུ་རིན་པོ་ཆེ་བཻ༷ཌཱུ༷ཪྻ་ད༷ག་པ༷འི༵་ར༷ང་བཞི༷ན་ཅན་དུ་འཛམ་བུའི་ གླིང་གི་ས༷འི་སྟེ༷ང་འདི༷་མཐའ་དག་གྱུ༷ར་ཏེ༵། དེ་ཉིད་ཤིན་ཏུ་ད༷ག་ཅིང་། གསལ་ལ་དྲི་མ་མེད་ པའི་ཕྱི༷ར་མེ་ལོང་གི་ངོས་ལྟར་དྭངས་བར་གྱུར་པ་ལ། རི་རབ་ཀྱི་སྟེང་སུམ་ཅུ་རྩ་གསུམ་ན་ གནས་པའི་ལྷ༷འི༷་དབ༷ང་པོ༷་བརྒྱ་བྱིན་དེ༵་ལྷ༷འི༷་བུ༷་མོ༷་ལ་སོགས་པའི་འཁོར་གྱི་ཚོ༷གས་དཔག་ ཏུ་མེད་པ་ད༷ང་བཅ༵ས་པ་དང༌། གཙོ་བོའི་གནས་རྣ༷མ་པ༷ར་རྒྱ༷ལ་བ༷འི་ཁ༷ང་བཟ༷ངས་རྨང་རིན་ པོ་ཆེ་བཞི་ལས་བྱས་པ། ཐེམ་སྐས་བཞི་དང་ལྡན་པ། ཀ་བ་གསེར་དང་དངུལ་དང་བཻཌཱུཪྻ་ དང་ཤེལ་ལས་བྱས་པ། ཀ་རྟེན་དང་ཀ་ཞུ་དང་བྲེ་ཕུལ་རྣམས་དུང་ལ་སོགས་པ་ལས་བྱས་པ། བ་གམ་བརྒྱ་རྩ་གཅིག་དང་ལྡན་པ། བ་གམ་རེ་རེ་ལ་ཡང་ཁང་པ་རྩེག་མ་བདུན་བདུན་ལ་ སོགས་པས་ཉེ་བར་མཛེས་པ་ད༵ང༌། ལྷ༷་གན༷ས་དེ༷་ལ༷ས་གཞ༷ན་པ་གྲོང་ཁྱེར་ལྟ་ན་སྡུག་གསེར་ གྱི་ར་བས་ཕྱོགས་ཐམས་ཅད་ནས་ཡོངས་སུ་བསྐོར་བ། རྩིག་སྐྱིབས་གསེར་དང་དངུལ་དང་ བཻཌཱུཪྻ་དང་ཤེལ་ལས་བྱས་པ། མདའ་ཡབ་བཟང་པོ་བཞི་དང་ལྡན་པ། སྒོ་སྟོང་དུ་གཅིག་ གིས་མ་ཚང་བ་ཡོད་པ། སྒོ་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། སྒོ་རེ་རེ་ལ་ཡང་ སྲུང་མ་གོ་མཚོན་ཐོགས་པ་ལྔ་བརྒྱ་ལྔ་བརྒྱ་ཡོད་པ། ལམ་སྲང་ཐམས་ཅད་ཀྱང་གསེར་གྱི་བྱེ་ མ་བརྡལ་པས་ཁྱབ་པ་ལ་སོགས་པ་ད༷ག་ད༵ང༌། ལྷའི་དབང་པོ་དེ༷་ཡི༷་གཞ༷ལ་ཡ༷ས་ཁང་འཁོར་ ལོས་འདྲེན་པ་ལ་སོགས་པའི་བཀོད་པ་སྣ༷་ཚོ༷གས་ད༵ང༌། གཞན་ཡང་ལྷ་རྣམས་ཀྱི་ཁང་པ་རྩེ་ མོ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། བ་ཁམ་དང་བསིལ་ཁང་དང་སྟེགས་བུ་དང་སྐར་ཁུང་དྲ་ 5-1-360 བ་ཅན་ཉམས་དགའ་བ་ལ་སོགས་པ་ལེགས་པར་བརྒྱན་པ་དང༌། ལྷ་རྣམས་འདོད་ཡོན་ལ་རྩེ་ བའི་ས་ཚལ་ཡིད་དུ་འོང་བ་དང༌། ཡོངས་འདུ་ལ་སོགས་པའི་དཔག་བསམ་གྱི་ཤིང་བཟའ་བ་ དང་བཏུང་བ་དང་གོས་དང་རྒྱན་དང་མེ་ཏོག་དང་རོལ་མོ་ལ་སོགས་པ་ཅི་འདོད་པ་འབྱུང་བ་ དང༌། ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བའི་རྫིང་བུ་དང༌། མཚོ་མེ་ཏོག་དང་ བྱ་སྣ་ཚོགས་པས་མཛེས་པ་དང༌། ལམ་སྲང་ཐམས་ཅད་ཀྱང་རོལ་མོ་སྣ་ཚོགས་འཛིན་པའི་ལྷ་ མོ་མཛེས་པ་རྣམས་ཀྱིས་གང་བ་དང༌། ས་གཞི་ཐམས་ཅད་ཀྱང་མེ་ཏོག་མན་ད་ར་བས་ཁྱབ་ པ་ལ་སོགས་པའི་ལྷ༷་རྫ༷ས་ཀྱི་ལོངས་སྤྱོད་རྣ༷མ་པ་མ༷ང་པོ་རྣམས་ཀྱི་གཟུགས་བརྙན་ཤར་བ་ མིའི་འཇིག་རྟེན་དེ༷ར་ཐམས་ཅད་ཀྱིས་ལེགས་པར་མཐོ༷ང་ངོ༵་ཞེས་བྱ་བའི་དོན་ཏོ། ། དེ་ཡིས་དགེ་བའི་ལས་ལ་སྦྱོར་ཚུལ་ནི། དེ་ནས་སྐྱེས་པ་བུད་མེད་ཚོགས། །ས་ ཡི་སྟེང་ན་གནས་པ་རྣམས། །སྣང་བ་དེ་ནི་མཐོང་གྱུར་ཏེ། །ངེད་ཀྱང་ རིང་པོ་མི་ཐོགས་པར། །ལྷ་དབང་འདི་འདྲར་གྱུར་ཅིག་ཅེས། །དེ་འདྲའི་ སྨོན་ལམ་འདེབས་བྱེད་ཅིང༌། །དེ་ཐོབ་དོན་དུ་དགེ་བ་ནི། །ཡང་དག་ བླངས་ནས་གནས་པར་འགྱུར། །ཞེས་པ་སྟེ། དེ༷་ན༷ས་འཛམ་བུ་གླིང་པའི་སྐྱེ༷ས་པ༷་ དང་བུ༷ད་མེ༷ད་ལ་སོགས་པའི་ཚོ༵གས་ས༷འི༷་སྟེ༷ང་ན༷་གན༷ས་པ༷འི་མི་རྣ༵མས་ཐམས་ཅད་ཀྱིས་ སུམ་ཅུ་རྩ་གསུམ་གྱི་འབྱོར་པ་མཐའ་ཡས་པའི་སྣ༷ང་བ༷་དེ༷་ནི༷་མཐོ༷ང་ཞིང་དགའ་བས་རྗེས་སུ་ འདུན་པར་གྱུ༷ར་ཏེ༵། ངེ༷ད་ཅག་རྣམས་ཀྱ༷ང་ཡུན་རི༷ང་པོ༷་མི༷་ཐོ༷གས་པ༵ར་ལོངས་སྤྱོད་ཕུན་སུམ་ ཚོགས་པ་དང་ལྡན་པའི་ལྷ༷འི་དབ༷ང་པོ་བརྒྱ་བྱིན་འདི༷་འདྲ༷་མྱུར་དུ་ཐོབ་པར༷་གྱུ༷ར་ཅི༷ག་ཅེ༵ས་ དེ༷་འདྲ༷འི་སྨོ༷ན་ལ༷མ་རྣམ་པ་མང་པོ་འདེ༷བས་པར་བྱེ༷ད་ཅི༵ང༌། བརྒྱ་བྱིན་གྱི་མངོན་པར་མཐོ་བ་ དེ༷་ཐོ༷བ་པའི་དོ༷ན་དུ༷་ཚུལ་ཁྲིམས་སྣ་རེ་ཙམ་སྲུང་བ་ལ་སོགས་པའི་དགེ༷་བ༷་ནི༵་སྦྱོར་བས་ཡ༷ང་ ད༷ག་པར་བླ༷ངས་ན༷ས་གན༷ས་པ༷ར་གྱུ༵ར་ཏོ་ཞེས་བྱ་བའི་དོན་ཏོ། ། 5-1-361 ལས་དེས་འདོད་པའི་གོ་འཕང་ཐོབ་ཚུལ་ནི། དེ་དག་དཀར་པོའི་ལས་དེས་ན། ། འདི་སྣང་ཙམ་ཞེས་དེ་ལྟ་བུར། །ཤེས་པ་མེད་ཀྱང་ས་སྟེང་ནས། །འཕོས་ ཏེ་ལྷ་རུ་སྐྱེ་བར་འགྱུར། །ཞེས་པ་སྟེ། སྐྱེས་པ་དང་བུད་མེད་དེ༷་ད༷ག་ཚུལ་ཁྲིམས་ བསྲུངས་པ་ལ་སོགས་པ་དཀ༷ར་པོ༷་དགེ་བའི༷་ལ༷ས་རྣམས་ལེགས་པར་སྤྱད་པ་དེ༷ས་ན༵་བརྒྱ་ བྱིན་ལ་སོགས་པར་མཐོང་བ་འདི༷་དག་གཟུགས་བརྙན་གྱི་སྣ༷ང་བ་ཤར་བ་ཙ༷མ་ཡིན་གྱི། ལྷ་ ལ་སོགས་པའི་དངོས་པོ་འདིར་འོངས་པ་ནི་མ་ཡིན་ནོ་ཞེ༷ས་བྱ་བ་དེ༷་ལྟ༷་བུ༵ར་ཡང་དག་པར་ ཤེ༷ས་པ༷་མེ༷ད་ཀྱ༷ང་། གཟུགས་བརྙན་ལ་ངོ་བོར་བཟུང་ནས་དགེ་བ་སྤྱད་པའི་དབང་གིས་ས༷འི་ སྟེ༷ང་མིའི་ཡུལ་ན༵ས་ཤི་འཕོ༷ས་ཏེ༷། རང་གང་འདོད་པའི་ལྷ༷་རུ༷་སྐྱེ༷་བ༷ར་འགྱུ༵ར་རོ་ཞེས་བྱ་བའི་ དོན་ཏོ། ། འབད་པ་མེད་ཀྱང་དོན་དུ་འགྱུར་ཚུལ་ནི། སྣང་བ་དེ་ནི་ཤིན་ཏུ་ཡང༌། །རྟོག་ པ་མེད་ཅིང་གཡོ་བ་མེད། །དེ་ལྟ་མདོ་ཀྱི་ས་སྟེང་ན། །དོན་ཆེན་པོས་ནི་ ཉེ་བར་གནས། །ཞེས་པ་སྟེ། བཻཌཱུཪྻའི་ས་གཞི་ལ་བརྒྱ་བྱིན་ལ་སོགས་པའི་སྣ༷ང་བ༷་ཤར་ བ་དེ༷་ནི༷་ཤི༷ན་ཏུ༷་ཡ༵ང་འཛམ་བུའི་གླིང་པ་རྣམས་དགེ་བ་ལ་གཞུག་པར་བྱའོ་སྙམ་པའི་ཀུན་ སློང་གི་རྣམ་པར་རྟོ༷ག་པ༷་མེ༷ད་ཅི༷ང་འབད་རྩོལ་གྱིས་གཡོ༷་བ༷་མེ༵ད་པ་ཡིན་པ་དེ༷་ལྟ༷་མེ༷ད་ཀྱི༷། འོན་ཀྱང་ས༷འི་སྟེ༷ང་མིའི་ཡུལ་ན༵་གནས་པ་རྣམས་དངོས་སུ་དགེ་བ་ལ་སྦྱོར་ཞིང་རྒྱུད་ནས་ མངོན་པར་འདོད་པའི་གོ་འཕང་ལ་སྦྱོར་བས་དོ༷ན་ཆེ༷ན་པོ༷་དང་ལྡན་པ་ཉིད་ཀྱིས༷་ནི༷་ཉེ༷་བ༷ར་ གན༵ས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། དོན་ལའང་བཞི་ལས། དག་པའི་སེམས་ལ་གཟུགས་སྐུ་སྣང་ཚུལ་ནི། དེ་བཞིན་ དད་སོགས་དྲི་མེད་ཅན། །དད་སོགས་ཡོན་ཏན་བསྒོམས་པ་ཡི། །རང་ སེམས་ལ་སྣང་རྫོགས་སངས་རྒྱས། །མཚན་དང་དཔེ་བྱད་དང་ལྡན་པ། ། 5-1-362 འཆག་པ་དང་ནི་བཞེངས་པ་དང༌། །བཞུགས་པ་དང་ནི་གཟིམས་པ་ དང༌། །སྤྱོད་ལམ་སྣ་ཚོགས་མཛད་པ་དང༌། །ཞི་བའི་ཆོས་ནི་གསུངས་ པ་དང༌། །མི་གསུང་མཉམ་པར་གཞག་གྱུར་པ། །ཆོ་འཕྲུལ་རྣམ་པ་སྣ་ ཚོགས་དག །མཛད་པ་གཟི་མདངས་ཆེན་པོ་ཅན། །སེམས་ཅན་རྣམས་ ཀྱིས་མཐོང་བར་འགྱུར། །ཞེས་པ་སྟེ། དཔེ་དེ༷་བཞི༷ན་དུ་དད༷་པ་དང་བརྩོན་འགྲུས་ལ་ སོགས་པ་རྣམས་མི་མཐུན་ཕྱོགས་མ་དད་པ་ལ་སོ༷གས་པའི་དྲི༷་མ་མེ༷ད་པ་ཅ༵ན་དུ་བྱས་ནས། ད༷ད་པ་དང་བརྩོན་འགྲུས་དང་དྲན་པ་ལ་སོ༷གས་པའི་ཡོ༷ན་ཏ༷ན་རྣམས་རིམ་གྱིས་བསྒོ༷མས་ པ༷འི༵་དབང་གིས་ར༷ང་གི་སེ༷མས་དྭངས་བར་གྱུར་པ་ལ༷་སྣ༷ང་བ་རྫོ༷གས་པའི་ས༷ངས་རྒྱ༵ས་ཀྱི་ གཟུགས་ཀྱི་སྐུ་ཡང་མཚ༷ན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱིས་ཉེ་བར་མཛེས་པ་ད༷ང་དཔེ༷་བྱ༷ད་ བཟང་པོ་བརྒྱད་ཅུ་ད༷ང་ལྡན་པ༵་དང༌། རེས་འགའ་སྐུ་འཆ༷ག་པ༷་ད༷ང་ནི༷་དེ་བཞིན་དུ་བཞེ༷ངས་ པ༷་ད༵ང་། གདན་ལ་བཞུ༷གས་པ༷་ད༷ང་ནི༷་མནལ་བའི་ཕྱིར་གཟི༷མས་པ༷་ད༵ང་། གཞན་ཡང་ གཤེགས་པ་ལ་སོགས་པའི་སྤྱོ༷ད་ལ༷མ་རྣམ་པ་སྣ༷་ཚོ༷གས་པ་མཛ༷ད་པ༷་ཅན་ད༵ང༌། གདུལ་བྱ་ ལ་ཞི༷་བ༷་མྱ་ངན་ལས་འདས་པའི༷་ཆོ༷ས་ནི༷་གསུ༷ང་བ༷་ད༵ང༌། རེས་འགའ་ཆོས་མི༷་གསུ༷ང་བར་ ནང་དུ་ཡང་དག་འཇོག་ལ་མཉ༷མ་པ༷ར་གཞ༷ག་པར་གྱུ༷ར་པ༵་དང་། རྫུ་འཕྲུལ་ལ་སོགས་པའི་ ཆོ༷་འཕྲུ༷ལ་རྣ༷མ་པ༷་སྣ༷་ཚོ༷གས་པ་ད༵ག་མཛ༷ད་པ༷་དང༌། འོད་ཀྱི་དཀྱིལ་འཁོར་དང་ལྡན་པས་ གཟི༷་མད༷ངས་ཆེ༷ན་པོ༷་ཅ༵ན་ལ་སོགས་པའི་རྣམ་འཕྲུལ་མཐའ་ཡས་པར། སྐལ་བ་དང་ལྡན་ པའི་སེ༷མས་ཅ༷ན་རྣ༷མས་ཀྱི༷ས་མཐོ༷ང་བ༷ར་འགྱུ༵ར་རོ་ཞེས་བྱ་བའི་དོན་ཏོ། ། དེ་ལས་འདོད་པའི་གོ་འཕང་སྒྲུབ་ཚུལ་ནི། དེ་མཐོང་ནས་ཀྱང་འདོད་ལྡན་ པ། །སངས་རྒྱས་ཉིད་ཕྱིར་རབ་སྦྱོར་ཏེ། །དེ་རྒྱུ་ཡང་དག་བླངས་ནས་ནི། ། འདོད་པའི་གོ་འཕང་ཐོབ་པར་བྱེད། །ཅེས་པ་སྟེ། རང་གི་སེམས་དག་པ་ལ་སྣང་ 5-1-363 བའི་གཟུགས་ཀྱི་སྐུ་དེ༷་མཐོ༷ང་ན༷ས་ཀྱ༷ང་། སངས་རྒྱས་ཐོབ་པར་འདོ༷ད་པའི་འདུན་པ་དང་ ལྡ༷ན་པ༵འི་སྒོ་ནས་ས༷ངས་རྒྱ༷ས་ཉི༷ད་མྱུར་དུ་འཐོབ་པར་བྱ་བའི་ཕྱི༷ར་དུ་ཐོས་པ་ལ་སོགས་པའི་ དགེ་བ་ལ་ར༷བ་ཏུ་སྦྱོ༷ར་ཏེ༵། དེ་ལྟར་སངས་རྒྱས་དེ༷་འགྲུབ་པར་བྱེད་པའི་རྒྱུ༷་བསམ་པ་བྱང་ ཆུབ་ཏུ་སེམས་བསྐྱེད་པ་དང་། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ལ་སོགས་པ་ཡང༷་དག༷་ པར་བླ༷ངས་ན༷ས་ནི༵་རིམ་གྱིས་གོམས་པར་བྱས་པ་ལས་འདོ༷ད་པ༷འི་འབྲས་བུ་མཐར་ཕྱིན་པ་ རྫོགས་པའི་སངས་རྒྱས་ཀྱི་གོ༷་འཕ༷ང་ཐོ༷བ་པ༷ར་བྱེ༵ད་དོ་ཞེས་བྱ་བའི་དོན་ཏོ། ། འབད་པ་མེད་ཀྱང་དོན་དུ་འགྱུར་ཚུལ་ནི། སྣང་བ་དེ་ནི་ཤིན་ཏུ་ཡང༌། །རྟོག་ པ་མེད་ཅིང་གཡོ་བ་མེད། །དེ་ལྟ་ན་ཡང་གཟུགས་མཐོང་དེ། །དོན་ཆེན་ པོས་ནི་ཉེ་བར་གནས། །ཞེས་པ་སྟེ། སེམས་དག་པ་ལ་སྣ༷ང་བ༷འི་སངས་རྒྱས་དེ༷་ནི༷་ ཤི༷ན་ཏུ༷་ཡ༵ང་སེམས་ཅན་གྱི་དོན་འདི་དང་འདི་ལྟ་བུ་བྱའོ་སྙམ་པའི་ཀུན་སློང་གི་རྣམ་པར་ རྟོ༷ག་པ༷་མེ༷ད་ཅི༷ང་། འབད་རྩོལ་གྱིས་ནམ་ཡང་གཡོ༷་བ༷་མེ༵ད་པ་ཡིན་ལ། དེ༷་ལྟ༷་ན༷་ཡ༷ང་སངས་ རྒྱས་ཀྱི་གཟུ༷གས་མཐོ༷ང་བ་དེ༵་ནི། འཇིག་རྟེན་ན་གདུལ་བྱ་རྣམས་དངོས་སུ་དགེ་བའི་རྩ་བ་རྒྱ་ ཆེན་པོ་ལ་སྦྱོར་ཞིང་། བརྒྱུད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྦྱོར་བས་དོ༷ན་ཆེ༷ན་པོ༷་ དང་ལྡན་པ་ཉིད་ཀྱིས༷་ནི༷་ཉེ༷་བ༷ར་གན༵ས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། རིམ་གྱིས་མཐར་ཐུག་ཆོས་སྐུ་ཐོབ་ཚུལ་ནི། འདི་ནི་རང་སེམས་སྣང་བ་ཞེས། ། སོ་སོའི་སྐྱེ་བོས་མི་ཤེས་མདོ། །དེ་ལྟ་ན་ཡང་སངས་རྒྱས་ཉིད། །མཐོང་ བ་དེ་དག་དོན་ཡོད་འགྱུར། །རིམ་གྱིས་དེ་མཐོང་ལ་བརྟེན་ནས། །ཐེག་ པ་འདི་ལ་གནས་པ་རྣམས། །ནང་གི་དམ་པ་ཆོས་སྐུ་ནི། །ཡེ་ཤེས་མིག་ གིས་མཐོང་བར་འགྱུར། །ཞེས་པ་སྟེ། གཟུགས་ཀྱི་སྐུ་ཡི་རྣམ་འཕྲུལ་མཐའ་ཡས་པ་ འདི༷་ནི༷་ར༷ང་གི་སེ༷མས་དག་པ་ལ་དོན་དམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་སྣ༷ང་བ༷་ཙམ་ 5-1-364 ཡིན་གྱི། མཐར་ཐུག་པའི་སངས་རྒྱས་ནི་མ་ཡིན་ནོ་ཞེ༵ས་བྱ་བར་བྱིས་པ་སོ༷་སོ༷འི་སྐྱེ༷་བོ༷ས། ཡང་དག་པར་མི༷་ཤེ༷ས་མོ༵ད། དེ༷་ལྟ༷་ན༷་ཡ༷ང་ས༷ངས་རྒྱ༷ས་གཟུགས་ཀྱི་སྐུ་ཉི༵ད་མཐོ༷ང་བ༷་ལས་ ཀྱང༌། ལྟ་བ་པོའི་གདུལ་བྱ་དེ༷་ད༷ག་ལ་དོ༷ན་ཆེན་པོ་ཡོ༷ད་པར་འགྱུ༵ར་ཏེ། རི༷མ་གྱི༷ས་གཟུགས་ ཀྱི་སྐུ་དེ༷་མཐོ༷ང་བ་ལ༷་བརྟེ༷ན་ན༵ས། སངས་རྒྱས་ཐོབ་པར་བྱ་བའི་ཆེད་དུ་ཐེ༷ག་པ༷་ཆེན་པོའི་ ཚུལ་ཟབ་མོ་འདི༷་ལ༷་གན༷ས་ཤིང་ལམ་ཉམས་སུ་ལེན་པའི་སྐལ་བ་དང་ལྡན་པ༷་རྣ༵མས་ཀྱིས། ན༷ང་སོ་སོ་རང་གི༷ས་རིག་པར་བྱ་བ་དོན་ད༷མ་པ༷་སེམས་ཀྱི་རང་བཞིན་འོད་གསལ་ཆོ༷ས་ཀྱི་ སྐུ༷་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ནི༵་མཉམ་བཞག་རྣམ་པར་མི་རྟོག་ པའི་ཡེ༷་ཤེ༷ས་ཀྱི་མི༷ག་གི༷ས་མངོན་སུམ་དུ་གསལ་བར་མཐོ༷ང་བ༷ར་འགྱུ༵ར་རོ་ཞེས་བྱ་བའི་ དོན་ཏོ། ། དེ་ཉིད་ལེགས་པར་སྦྱར་ཏེ་བཤད་པ་ནི། ཇི་ལྟར་ས་ཀུན་ཉམ་ངའི་གནས་ གཞན་དང་བྲལ་དྲི་མེད་བཻཌཱུཪྻ། །གསལ་མཛེས་ནོར་བུའི་ཡོན་ཏན་ དྲི་བྲལ་དཔལ་ལྡན་སྟེང་ནི་མཉམ་གྱུར་ལ། །དག་ཕྱིར་དེ་ནི་ལྷ་བདག་ གནས་ཚོགས་ལྷ་དབང་ལྷ་ཡི་གཟུགས་ཤར་ཏེ། །རིམ་གྱིས་ས་ཡི་ཡོན་ ཏན་བྲལ་ཕྱིར་དེ་ནི་སླར་ཡང་མི་སྣང་འགྱུར། །དེ་དངོས་ཐོབ་ཕྱིར་བསྙེན་ གནས་བརྟུལ་ཞུགས་ངེས་པར་སྦྱིན་སོགས་ལ་ཕྱོགས་པའི། །བུད་མེད་ སྐྱེས་ཚོགས་སྨོན་པའི་སེམས་ཀྱིས་མེ་ཏོག་ལ་སོགས་འཐོར་བ་ལྟར། ། དག་པའི་བཻཌཱུཪྻ་འདྲའི་སེམས་ལ་སྣང་བའི་ཐུབ་དབང་འཐོབ་བྱའི་ཕྱིར། ། རབ་དགའི་སེམས་ལྡན་རྒྱལ་བའི་སྲས་རྣམས་དེ་བཞིན་སེམས་རབ་ སྐྱེད་པར་བྱེད། །ཅེས་པ་ལ། ཇི༷་ལྟར༷་ན་འཛམ་བུའི་གླིང་གི་ས༷་གཞི་མ་ལུས་པ་ཀུ༷ན། གཡང་ས་དང་ངམ་གྲོག་ལ་སོགས་པ་ཉ༷མ་ང༷་བའི༷་གན༷ས་གཞ༷ན་ད༷ང་བྲ༷ལ་ནས། དྲི༷་མ་མེ༷ད་ 5-1-365 པའི་བཻ༷ཌཱུ༷ཪྻ ༵ འི་རང་བཞིན་འོད་གས༷ལ་བ་དང་དབྱིབས་མཛེ༷ས་པ་ལ་སོགས་པའི་ནོ༷ར་བུ༷འི་ ཡོ༷ན་ཏ༷ན་དྲི༷་མ་དང་བྲ༷ལ་བའི་དཔ༷ལ་དང་ལྡ༷ན་ཞིང༌། སྟེ༷ང་ནི༷་མཐའ་དག་ལག་མཐིལ་ལྟར་ མཉ༷མ་པར་གྱུ༷ར་ལ༵། དེ་ཉིད་ད༷ག་ཅིང་གསལ་ལ་དྲི་མ་མེད་པའི་ཕྱི༷ར། མེ་ལོང་གི་ངོས་ལྟར་ གྱུར་པ་དེ༷ར་ནི༷། ལྷ༷འི་བད༷ག་པོའི་གན༷ས་རྣམ་པར་རྒྱལ་བའི་ཁང་བཟངས་ལ་སོགས་པའི་ ཚོ༷གས་དང་། ལྷ༷་རྣམས་ཀྱི་དབ༷ང་པོ་བརྒྱ་བྱིན་དང་། ལྷ༷་དེ་ལས་གཞན་པའི་རིགས་མང་པོ་ དང༌། ལྷ་རྫས་ཀྱི་ལོངས་སྤྱོད་མཐའ་ཡས་པའི༷་གཟུ༷གས་བརྙན་ཤ༷ར་ཏེ༵། མཐར་རི༷མ་གྱི༷ས་ས༷་ ཡི༷་ཡོ༷ན་ཏ༷ན་གསལ་བ་ལ་སོགས་པ་དང་བྲ༷ལ་བའི་ཕྱི༷ར། གཟུགས་བརྙན་དེ༷་ནི༷་སླ༷ར་ཡ༷ང་ མི༷་སྣ༷ང་བར་ཡང་འགྱུ༵ར་ཞིང་སྣང་བ་ཤར་བ་ལ་བརྟེན་ནས་བརྒྱ་བྱིན་ལོངས་སྤྱོད་དང་ལྡན་ པ་དེ༷འི་དངོ༷ས་པོ་ཐོ༷བ་པར་བྱ་བའི་ཕྱི༷ར། བསྙེ༷ན་གན༷ས་ཡན་ལག་བརྒྱད་པ་ལ་སོགས་པའི་ བརྟུ༷ལ་ཞུ༷གས་དང༌། ངེ༷ས་པ༷ར་སྦྱི༷ན་པ་དང་མཆོད་པ་ལ་སོ༷གས་པ་ལ༷་མངོན་པར་ཕྱོ༷གས་ པ༵འི་བུ༷ད་མེ༷ད་དང་སྐྱེ༷ས་པའི་ཚོ༷གས་རྣམས། ལྷ་དབང་ཐོབ་པར་སྨོ༷ན་པ༷འི་སེ༷མས་ཀྱི༷་མེ༷་ ཏོ༷ག་དང་བདུག་པ་ལ༷་སོ༷གས་པ་འཐོ༷ར་ཞིང་འབུལ་བས་ལེགས་པར་སྤྱད་པ་སྣ་ཚོགས་ལ་ འཇུག་པ༷་ལྟ༵ར། དྲི་མ་ད༷ག་པ༷འི་བཻ༷ཌཱུ༷ཪྻ༷་དང་འདྲ༷་བའི༷་རང་གི་སེ༷མས་དག་པ་ལ༷་སྣ༷ང་བ༷འི་ ཐུ༷བ་པའི་དབ༷ང་པོ་འཐོ༷བ་པར་བྱ༷་བའི༷་ཕྱི༵ར་དུ། སངས་རྒྱས་ལ་ར༷བ་ཏུ་དག༷འ་བའི༷་སེ༷མས་ དང་ལྡ༷ན་པའི་རྒྱ༷ལ་བ༷འི་སྲ༷ས་བྱང་ཆུབ་སེམས་དཔའ་རྣ༷མས་ཀྱང༌། མི་རྣམས་ལྷ་དབང་ཐོབ་ པའི་དོན་དུ་དགེ་བ་བྱེད་པ་དེ༷་བཞི༷ན་དུ། བྱང་ཆུབ་ཀྱི་མཆོག་ཏུ་སེ༷མས་ར༷བ་ཏུ་བསྐྱེ༷ད་ནས་ ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ལ་ཡང་བརྩོན་པ༷ར་བྱེ༵ད་དོ་ཞེས་པ་སྟེ། ས་གཞི་མ་དག་པ་ལ་ གཟུགས་བརྙན་མི་སྣང་བ་བཞིན་དུ་སྐལ་བ་དང་མི་ལྡན་པ་རྣམས་ཀྱིས་སངས་རྒྱས་མཐོང་བ་ མ་ཡིན་ནོ་ཞེས་ཀྱང་སྦྱར་བར་བྱའོ། ། བསྡུས་ཏེ་སྐྱེ་འགག་མེད་ཚུལ་བསྟན་པ་ནི། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ 5-1-366 ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་ སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་ བརྙན་འཆར། །འགྲོ་བར་གཟུགས་བརྙན་འཆར་ནུབ་རྙོག་མེད་དང༌། ། རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག །ཇི་ལྟར་འཇིག་ རྟེན་དག་ན་གཟུགས་སྣང་ལྟར། །དེ་བཞིན་ཡོད་དང་ཞིག་ཅེས་དེ་མི་ ལྟ། །ཞེས་པ་སྟེ། དཔེ་ཇི༷་ལྟར༷་ན་མིའི་འཇིག་རྟེན་བཻ༷ཌཱུ༷ཪྻའི་ས༷་གཞི༷་རྡུལ་ལ་སོགས་པའི་དྲི་ མ་མེད་ཅིང་གཙ༷ང་མ༷ར་གྱུར་པ་ལ༵། ལོངས་སྤྱོད་དང་བཅས་པའི་ལྷ༵འི་དབ༷ང་པོའི་ལུ༷ས་ཀྱི༷་ གཟུ༷གས་བཪྙ༷ན་སྣ༷ང་བ༷་ལྟ༵ར། དོན་དེ༷་བཞི༷ན་དུ་གདུལ་བྱའི་འགྲོ༷་བ་རྣམས་ཀྱི་སེ༷མས་ཀྱི་ས༷་ གཞི༷་མ་དད་པ་ལ་སོགས་པའི་དྲི་མ་མེད་ཅིང་གཙ༷ང་མ༷ར་གྱུར་པ་ལ༵། མཚན་བཟང་པོ་དང་ བཅས་པའི་ཐུ༷བ་པ༷འི་དབ༷ང་པོ༷འི་སྐུ༷འི༷་གཟུ༷གས་བཪྙ༷ན་འཆ༵ར་ཞིང་། དེ་ལྟར་ན་གདུལ་བྱའི་ འགྲོ༷་བ༷ར་སངས་རྒྱས་ཀྱི་སྐུའི་གཟུ༷གས་བཪྙ༷ན་འཆ༷ར་བ་དང་ནུ༷བ་པར་སྣང་བ་ནི། མ་དད་པ་ ལ་སོགས་པའི་ཪྙོ༷ག་པ་མེ༷ད་ཅིང༌དྭང་བར་གྱུར་པའི་རང་གི་སེམས་རབ་ཏུ་འཇུག་པའི་དབང་ གིས་གཟུགས་ཀྱི་སྐུ་འཆར་བར་སྣང་བ་ད༵ང༌། མ་དད་པ་ལ་སོགས་པའི་ཪྙོ༷ག་པ་དང་བཅས་ ཤིང་རྣམ་པར་མ་དག་པ༷འི་ར༷ང་གི་སེ༷མས་ར༷བ་ཏུ་འཇུ༷ག་པའི་དབ༷ང་གི༷ས་གཟུགས་ཀྱི་སྐུ་ ནུབ་པར་སྣང་ཞིང་འཇུ༵ག་པ་ཡིན་གྱི། དཔེ་ཇི༷་ལྟར༷་ན་མིའི་འཇི༷ག་རྟེ༷ན་ད༷ག་ན༷་ས་གཞི་དག་ པ་དང་མ་དག་པའི་དབང་གིས་ལྷའི་དབང་པོའི་གཟུ༷གས་བརྙན་འཆར་བ་དང་ནུབ་པར་སྣ༷ང་ ཡང༌། ལྷའི་དབང་པོ་ཉིད་རང་གི་གནས་ལས་གཡོ་བ་མེད་པ་ལྟར༷། དོན་དེ༷་བཞི༷ན་དུ་གདུལ་ བྱ་དག་པ་དང་མ་དག་པའི་དབང་གིས་གཟུགས་ཀྱི་སྐུ་སྐྱེ་བ་དང་འགག་པར་སྣང་ཡང༌། དོན་ དམ་པ་ཆོས་ཀྱི་སྐུ་ལ་ཡོ༷ད་པ་སྐྱེ་བ་ད༷ང༌། ཞི༷ག་པ་འགག་པ་ཞེ༷ས་བྱ་བ་དེ༷་ལྟར་ནམ་ཡང་མི༷་ ལྟ༵་སྟེ། འདུས་མ་བྱས་ཤིང་འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། ། 5-1-367 གདམས་ངག་གསུང་ཚུལ་རྔ་ཡི་དཔེས་ངེས་པར་བྱ་བ་ལ་གསུམ་སྟེ། ལྷ་ཡི་རྔ་ལྟར་དམ་ ཆོས་གསུང་ཚུལ། དཔེ་རྣམས་ལས་ཁྱད་པར་འཕགས་ཚུལ། དེ་དག་ཀྱང་རྐྱེན་ལས་འཇུག་ ཚུལ། ཞེས་པའོ། །གསུངས་ཚུལ་ལ། དཔེ་དོན་མཚུངས་པའི་རྒྱུ་མཚན་རྒྱས་བཤད་དང༌། སླར་ཡང་ལེགས་པར་སྦྱར་ཏེ་བསྡུ་བའོ། ། རྒྱས་བཤད་ལ་གསུམ་ལས། རྩོལ་བ་མེད་ཚུལ་ནི། ཇི་ལྟར་ལྷ་ནང་ལྷ་རྣམས་ ཀྱི། །སྔོན་གྱི་དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་ གཟུགས་དང༌། །རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་སྡུག་བསྔལ་ བདག་མེད་དང༌། །ཞི་བའི་སྒྲ་ཡིས་བག་མེད་པའི། །ལྷ་རྣམས་ཐམས་ ཅད་ཡང་ནས་ཡང༌། །ཆོས་ཀྱི་རྔས་ནི་སྐུལ་བྱེད་ལྟར། །དེ་བཞིན་ཁྱབ་ བདག་འབད་སོགས་དང༌། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་ གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ནོ། །ཞེས་པ་ སྟེ། དཔེ་ཇི༷་ལྟར༷་ན་ལྷ༷འི་ཡུལ་ན༷་ལྷ༷་རྣ༷མས་ཐམས་ཅད་ཀྱི༵ས་སྔོ༷ན་གྱི༷་ལེགས་པར་སྤྱད་པ་ དཀ༷ར་པོ༷་དགེ་བའི༷་ལས་མཐུན་པར་བསགས་པའི་མཐུ༷་ཡི༷ས་ནི༵། རྔ་བོ་ཆེ་ལ་བརྗོད་འདོད་ ལ་སོགས་པའི་འབ༷ད་རྩོལ་ད༷ང༌། ལྕེ་དང་རྐན་ལ་སོགས་པ་སྒྲ་འབྱུང་བའི་གན༷ས་ད༷ང་། ཡི༷ད་དང་བཅས་པའི་གཟུ༷གས་ད༵ང༌། ཀུན་སློང་གི་རྣ༷མ་པ༷ར་རྟོ༷ག་པ༷་རྣམས་མེ༷ད་བཞི༷ན་དུ༵། འདུས་བྱས་ཐམས་ཅད་མི༷་རྟ༷ག་པ་དང༌། ཟག་པ་དང་བཅས་པ་ཐམས་ཅད་སྡུ༷ག་བསྔ༷ལ་བ་ དང༌། ཆོས་ཐམས་ཅད་བད༷ག་མེ༷ད་པ་ད༵ང༌། མྱ་ངན་ལས་འདས་པ་ཐམས་ཅད་ཞི༷་བ༷འོ་ཞེས་ པའི༷་སྒྲ༷་བྱུང་བ་ཡི༷ས་འདོད་པའི་ཡོན་ཏན་ལ་སེམས་གཡེངས་པས་བ༷ག་མེ༷ད་པར་གྱུར་པ༵འི་ ལྷ༷་རྣ༷མས་ཐ༷མས་ཅ༷ད་ཡ༷ང་ན༷ས་ཡ༵ང་དུ་ཆོ༷ས་ཀྱི༷་རྔ༷་བོ་ཆེས༷་ནི༷་དགེ་བ་ལ་སྐུ༷ལ་བར་བྱེ༷ད་པ་ ལྟ༵ར། དོན་དེ༷་བཞི༷ན་དུ་ཁྱ༷བ་བད༷ག་རྫོགས་པའི་སངས་རྒྱས་རྣམས་འདི་དང་འདི་བསྟན་པར་ 5-1-368 བྱའོ་སྙམ་པའི་བརྗོད་འདོད་ཀྱི་འབ༷ད་རྩོལ་ལ་སོ༷གས་པ་ད༵ང་བྲ༷ལ་ཡ༷ང༌། གདུལ་བྱའི་འགྲོ༷་ བ༷་མ༷་ལུ༷ས་ལ་རང་རང་གི་སྐད་དང་མཐུན་པ༵ར་འཇུག་པའི་སང༷ས་རྒྱ༷ས་ཀྱི་གསུ༷ང་གི༷ས་ཁྱ༷བ་ པར་མཛ༷ད་དེ༵་རིགས་ཅན་གསུམ་གྱི་སྐ༷ལ་བ་དང་ལྡན༷་པ་རྣམ༷ས་ལ༷། ཐེག་པ་གསུམ་གྱི་ཆོ༷ས་ རྒྱ་ཆེན་པོ་སྟོ༷ན་པར་མཛད་དོ་ཞེས་བྱ་བའི་དོན་ཏོ༵། ། ལས་ལས་འབྱུང་ཚུལ་ནི། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། །རྔ་སྒྲ་རང་གི་ ལས་ལས་བྱུང༌། །དེ་བཞིན་འཇིག་རྟེན་ཐུབ་པའི་ཆོས། །གསུང་བ་རང་ གི་ལས་ལས་བྱུང༌། །ཞེས་པ་སྟེ། ཇི༷་ལྟར༷་ན་ལྷའི༷་ཡུལ་ན༷་ལྷ༷་རྣ༷མས་ཀྱི༵་རྔ༷་བོ་ཆེའི་སྒྲ༷་ ལས་ཆོས་ཀྱི་སྡོམ་བཞི་སྟོན་པ་ནི། སྔོན་ལྷ་ར༷ང་རང་གི༷ས་དཀར་པོ་དགེ་བའི་ལ༷ས་མཐུན་ པར་བསགས་པ་ལ༷ས་བྱུ༵ང་བ་དེ༷་བཞི༷ན་དུ། འཇི༷ག་རྟེ༷ན་ན་ཐུ༷བ་པ༷་རྫོགས་པའི༷་སངས་རྒྱས་ རྣམས་ཀྱིས་གདུལ་བྱའི་བསམ་པ་དང་མཐུན་པར་ཆོ༵ས་ཀྱི་སྒོ་མཐའ་ཡས་པ་གསུ༷ང་བ༷་ཡང་ སེམས་ཅན་ར༷ང་རང་གི༷་དགེ་བའི་ལ༷ས་རྒྱ་ཆེན་པོ་བསགས་པའི་མཐུ་ལ༷ས་བྱུ༵ང་བ་ཡིན་ནོ་ ཞེས་བྱ་བའི་དོན་ཏོ། ། ཞི་བ་སྒྲུབ་ཚུལ་ནི། ཇི་ལྟར་འབད་གནས་ལུས་སེམས་དང༌། །བྲལ་བའི་ སྒྲ་དེ་ཞི་སྒྲུབ་ལྟར། །དེ་བཞིན་དེ་བཞི་དང་བྲལ་བའི། །ཆོས་འདི་ཞི་བ་ སྒྲུབ་པར་བྱེད། །ཅེས་པ་སྟེ། དཔེ་ཇི༷་ལྟར༷་ན་བརྗོད་འདོད་ལ་སོགས་པའི་འབ༷ད་རྩོལ་ དང་སྒྲ་འབྱུང་བའི་གན༷ས་དང༌། ཡིད་དང་བཅས་པའི་ལུ༷ས་དང་ཀུན་སློང་རྣམ་པར་རྟོག་པའི་ སེ༷མས་རྣམས་ད༵ང་བྲ༷ལ་བ༷འི་རྔ་བོ་ཆེའི་སྒྲ༷་དེ༷་ལྷ་རྣམས་ཀྱི་བག་མེད་པ་ཞི༷་བ་སྒྲུ༷བ་པ་ལྟ༵ར། དོན་དེ༷་བཞི༷ན་དུ་འབད་རྩོལ་ལ་སོགས་པའི་ཆོས་དེ༷་བཞི༷་ད༷ང་བྲ༷ལ་བ༵འི་སྒོ་ནས་རང་རང་གི་ སྐལ་པ་དང་མཐུན་པར་གསུང་བའི་སངས་རྒྱས་ཀྱི་ཆོ༷ས་འདི༷་ཡང་གདུལ་བྱ་མཐའ་ཡས་པའི་ རྒྱུད་ལ་ཞི༷་བ༷་མྱ་ངན་ལས་འདས་པའི་གོ་འཕང་སྒྲུ༷བ་པ༷ར་བྱེ༵ད་དོ་ཞེས་བྱ་བའི་དོན་ཏོ། ། 5-1-369 བསྡུ་བ་ནི། ཇི་ལྟར་ལྷ་ཡི་གྲོང་ན་རྔ་སྒྲའི་རྒྱུས་བྱུང་མི་འཇིགས་སྦྱིན་པ་ ནི། །ཉོན་མོངས་གཡུལ་དུ་འཇུག་ཚེ་ལྷ་མིན་དཔུང་རྒྱལ་རྩེད་མོ་སེལ་ བ་ལྟར། །དེ་བཞིན་འཇིག་རྟེན་དག་ན་བསམ་གཏན་གཟུགས་མེད་ལ་ སོགས་རྒྱུས་བྱུང་བ། །སེམས་ཅན་ཉོན་མོངས་སྡུག་བསྔལ་རབ་འཇོམས་ ཞི་བ་བླ་མེད་ལམ་ཚུལ་བརྗོད། །ཅེས་པ་སྟེ། དཔེ་ཇི༷་ལྟར༷་ན་ལྷ༷་ཡི༷་གྲོ༷ང་ཁྱེར་རྣམས་ ན༷་ཆོས་ཀྱི་རྔ༷་བོ་ཆེའི་སྒྲ༷་བསྒྲགས་པའི༷་རྒྱུ༷་ལས་བྱུ༷ང་བས་མི༷་འཇི༷གས་པ་སྦྱི༷ན་པར་བྱེད་པ༷་ ནི༵། ལྷ་རྣམས་ཉོ༷ན་མོ༷ངས་པ་ཞེ་སྡང་གི་དབང་གིས་ལྷ་མ་ཡིན་དང་འཐབ་པའི་ཕྱིར་གཡུ༷ལ་ དུ༷་འཇུ༷ག་པའི་ཚེ༷་ལྷ་རྣམས་མ་འཇིགས་ཤིག་ཅེས་པའི་སྒྲ་ལས་ལྷ༷་མི༷ན་གྱི་དཔུ༷ང་རྒྱ༷ལ་བའི་ འཇིགས་པ་སེལ་བར་བྱེད་ཅིང༌། ཉོན་མོངས་པ་འདོད་ཆགས་ཀྱི་དབང་གིས་འདོད་ཡོན་ལ་ རྩེ༷ད་མོ༷་རྩེ་བའི་བདེ་བ་ལ་ཆགས་པ་ན། ཆོས་ཀྱི་སྡོམ་བཞིའི་སྒྲ་ལས་བག་མེད་པ་སེ༷ལ་བ༷ར་ བྱེད་པ་ལྟ༵ར། དོན་དེ༷་བཞི༷ན་དུ་གདུལ་བྱའི་འཇི༷ག་རྟེ༷ན་མཐའ་ཡས་པ་ད༷ག་ན༷་སངས་རྒྱས་ ཀྱི་ཆོས་བསྟན་པ་ལ་བརྟེན་ནས། བས༷མ་གཏ༷ན་དང་གཟུ༷གས་མེ༷ད་པའི་ཏིང་ངེ་འཛིན་སྒོམ་ པ་ལ༷་སོ༷གས་པ་དགེ་བའི་རྩ་བ་སྤེལ་བའི་རྒྱུ༷་ལས་བྱུ༷ང་བ༵ས། སེ༷མས་ཅ༷ན་རྣམས་ཀྱི་ཉོ༷ན་ མོ༷ངས་པ་དང་སྡུ༷ག་བསྔ༷ལ་གྱི་འཇིགས་པ་ར༷བ་ཏུ་འཇོ༷མས་པར་བྱེད་ཅིང༌། ཞི༷་བ༷་མྱ་ངན་ ལས་འདས་པ་བླ༷་ན་མེ༷ད་པའི་ལ༷མ་གྱི་ཚུ༷ལ་རབ་ཏུ་བརྗོ༵ད་པ་ལས་དེའི་གོ་འཕང་ཐོབ་པར་ ཡང་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདིར་དེ་བཞིན་གཤེགས་པའི་གསུང་ཆོས་ཀྱི་རྔ་བོ་ཆེ་ཁོ་ ན་དང་མཚུངས་ཀྱི་ལྷ་རྫས་ཀྱི་སིལ་སྙན་གཞན་རྣམས་དང་མི་མཚུངས་པའི་རྒྱུ་མཚན་ཅིའི་ ཕྱིར་ཞེ་ན། སིལ་སྙན་གཞན་རྣམས་ནི་ཉི་ཚེ་བ་ཉིད་དང༌། ཕན་པ་མ་ཡིན་པ་ཉིད་དང༌། བདེ་ བ་མ་ཡིན་པ་ཉིད་དང༌། ངེས་པར་འབྱིན་པ་མ་ཡིན་པ་ཉིད་ཀྱི་ཕྱིར། སངས་རྒྱས་ཀྱི་གསུང་ དང་མི་མཚུངས་ལ། རྔ་བོ་ཆེ་ནི་ལྷའི་ཚོགས་ཐམས་ཅད་ཁྱབ་ཅིང་དུས་ལས་མི་ཡོལ་བས་ཉི་ 5-1-370 ཚེ་བ་མ་ཡིན་པ་ཉིད་དང༌། འཇིགས་པ་ལས་སྐྱོབ་ཅིང་བག་ཡོད་པར་སྦྱོར་བས་ཕན་པ་ཉིད་ དང༌། འདོད་པའི་བདེ་བ་ལ་ཆགས་པ་སེལ་ཞིང་ཆོས་ཀྱི་དགའ་བདེ་ལ་ཉེ་བར་སྦྱོར་བས་བདེ་ བ་ཉིད་དང༌། སྟོང་པ་ཉིད་ལ་སོགས་པ་སྒྲོག་ཅིང་ཕོངས་པ་ཐམས་ཅད་ཞི་བར་བྱེད་པས་ངེས་ པར་འབྱིན་པ་ཉིད་དེ་ཆོས་བཞི་དང་ལྡན་པའི་ཕྱིར་གནས་སྐབས་སུ་སངས་རྒྱས་ཀྱི་གསུང་ དང་ཉེ་བར་མཚུངས་ཤིང༌། མཐར་ཐུག་དེ་བཞིན་གཤེགས་པའི་གསུང་ནི་རྔ་བོ་ཆེ་ལས་ཀྱང་ ཁྱད་དུ་འཕགས་པ་ཉིད་དོ་ཞེས་བརྗོད་པར་བྱའོ། ། དེས་ན་དཔེ་རྣམས་ལས་ཁྱད་པར་འཕགས་ཚུལ་ལ་གཉིས་ལས། ཁྱད་པར་འཕགས་ ཚུལ་མདོར་བསྟན་ནི། གང་ཕྱིར་སྐྱེ་ཀུན་པ་ཉིད་དང༌། །ཕན་བདེ་ཆོ་འཕྲུལ་ གསུམ་ལྡན་པ། །དེ་ཕྱིར་ཐུབ་དབྱངས་ལྷ་རྫས་ཀྱི། །སིལ་སྙན་རྣམས་ ལས་ཁྱད་པར་འཕགས། །ཞེས་པ་སྟེ། ག༷ང་གི་ཕྱི༷ར་གདུལ་བྱའི་སྐྱེ༷་བོ་མཐའ་ཡས་ པ་ཀུ༷ན་ལ་རང་རང་གི་བསམ་པ་དང་མཐུན་པར་ཁྱབ་པས་ཉི་ཚེ་བ་མ་ཡིན་པ༷་ཉི༷ད་ད༵ང༌། མཐར་ཐུག་ངེས་པར་ལེགས་པའི་གོ་འཕང་ལ་སྦྱོར་བས་ཕ༷ན་པ་ཉིད་དང༌། གནས་སྐབས་ མངོན་པར་མཐོ་བའི་དགའ་བ་ལ་སྦྱོར་བས་བདེ༷་བ་ཉིད་དང༌། རྫུ་འཕྲུལ་གྱི་ཆོ༷་འཕྲུ༷ལ་དང་ ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཏེ་ཆོ་འཕྲུལ་རྣམ་པ་གསུ༷མ་ དང་ལྡན་པས་སྡུག་བསྔལ་ལས་ངེས་པར་འབྱིན་པ་ཉིད་དེ། ཡོན་ཏན་གྱི་ཆོས་བཞི་དང་ལྡ༷ན་ པ༵་དེ༷འི་ཕྱི༷ར་ཐུ༷བ་པ་རྫོགས་པའི་སངས་རྒྱས་ཀྱི་ཆོས་གསུང་བའི་དབྱ༷ངས་ནི། ལྷ༷་རྫ༷ས་ཀྱི༵་ སི༷ལ་སྙ༷ན་ཉི་ཚེ་བ་ཕན་པ་དང་བདེ་བ་དང་ངེས་པར་འབྱིན་པ་མ་ཡིན་པ་རྣ༷མས་ལ༷ས་ཆེས་ ཁྱ༷ད་པ༷ར་དུ་འཕ༵གས་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། ཁྱད་པར་རྒྱས་པར་བཤད་པ་ནི། ལྷར་ནི་རྔ་ཡི་སྒྲ་ཆེན་པོ། །སར་གནས་ རྣམས་ཀྱི་རྣར་མི་འགྲོ། ། སངས་རྒྱས་རྔ་སྒྲ་འཁོར་བ་ཡི། །ས་འགོ་འཇིག་ 5-1-371 རྟེན་དག་ཏུའང་འགྲོ། ། ལྷར་ནི་ལྷ་ཡི་སིལ་སྙན་བྱེ་བ་མང༌། །འདོད་མེ་ མངོན་པར་འཕེལ་བའི་དོན་དུ་སྒྲོག །ཐུགས་རྗེའི་བདག་ཉིད་རྣམས་ཀྱི་ གསུང་ཅིག་ཀྱང༌། །སྡུག་བསྔལ་མེ་རབ་ཞི་བའི་དོན་དུ་འཇུག །ལྷར་ནི་ མཛེས་ཤིང་ཡིད་འོང་སིལ་སྙན་སྒྲ། །སེམས་ནི་རྒོད་པ་འཕེལ་བར་འགྱུར་ བའི་རྒྱུ། །ཐུགས་རྗེ་བདག་ཉིད་དེ་བཞིན་གཤེགས་པའི་གསུང༌། །ཏིང་ འཛིན་སེམས་གཏོད་བསམ་པ་སྐུལ་བྱེད་ཉིད། །མདོར་ན་མ་ལུས་འཇིག་ རྟེན་ཁམས་སུ་ཡང༌། །ལྷ་དང་སར་གནས་བདེ་བའི་རྒྱུ་གང་ཡིན། །དེ་ནི་ མ་ལུས་འཇིག་རྟེན་ཁྱབ་སྣང་བ། །དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་ བརྗོད། །ཅེས་པ་སྟེ། ལྷ༷འི་འཇིག་རྟེན་མཐའ་ཡས་པར༷་ནི༷་རྔ༷་ཡི༷་སྒྲ༷་ཆེ༷ན་པོ༵ས་ཁྱབ་པར་ འགྲོ་བ་ཡིན་ཡང༌། དེ་ཉིད་ས༷འི་གཞིར༷་གན༷ས་པའི་སེམས་ཅན་རྣ༷མས་ཀྱི༷་རྣ༷་བར༷་མི༷་འགྲོ༵་ བས་ཉི་ཚེ་བ་ཡིན་ལ། ས༷ངས་རྒྱ༷ས་ཀྱི་ཆོས་གསུང་བའི་རྔ༷་སྒྲ༷་ནི་དུས་ལ་བབ་ན་གདུལ་བྱའི་ འཁོ༷ར་བ་གནས་པ༷འི༵་ས༷་འོ༷ག་གི་འཇི༷ག་རྟེ༷ན་ད༷ག་ཏུ༷འ༷ང་ཁྱད་པར་ཀུན་ཏུ་འགྲོ༵་བས་ཉི་ཚེ་ བ་མ་ཡིན་པ་ཉིད་ཀྱི་ཕྱིར་ཁྱད་པར་དུ་འཕགས་སོ། །དེ་བཞིན་དུ་སྦྱར་ཏེ་ལྷ༷ར་ནི༷་ལྷ༷་ཡི༷་སི༷ལ་ སྙ༷ན་གྱི་རྣམ་པ་མི་འདྲ་བ་བྱེ༷་བ༷་ཕྲག་མ༵ང་པོ་རྣམས་ཀྱང༌། ཕྱིར་ཞིང་འདོ༷ད་ཡོན་གྱི་བདེ་བ་ ལ་ཆགས་པའི་མེ༷་མངོ༷ན་པ༷ར་འཕེ༷ལ་བ༷འི་དོ༷ན་དུ༷་སྒྲོ༵ག་པས་ཕན་པ་མ་ཡིན་ལ། ཐུ༷གས་རྗེ༷་ ཆེན་པོའི༷་བད༷ག་ཉི༷ད་ཅན་རྫོགས་པའི་སངས་རྒྱས་རྣ༷མས་ཀྱི༷་གསུ༷ང་གི་རྣམ་གྲངས་གཅི༷ག་ ཙམ་གྱིས་ཀྱ༵ང་། གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཀྱི་སྡུ༷ག་བསྔ༷ལ་གྱི་མེ༷་ཚོགས་རྒྱུ་དང་ བཅས་པ་ར༷བ་ཏུ་ཞི༷་བ༷འི་མྱ་ངན་ལས་འདས་པ་ཐོབ་པའི་དོ༷ན་དུ༷་འཇུ༵ག་པས་ཕན་པ་ཡིན་ པའི་ཕྱིར་ཡང་ཁྱད་པར་དུ་འཕགས་ཤིང༌། ལྷ༷ར་ནི༷་བཀོད་པ་མཛེ༷ས་ཤི༷ང་ཐོས་པ་ཙམ་ལས་ ཡི༷ད་དུ་འོ༷ང་བའི་སི༷ལ་སྙ༷ན་གྱི་སྒྲ༵་རྣམས་མང་པོ་རྣམས་ཀྱང་སེ༷མས་ནི༷་ཡུལ་ལ་རྒོ༷ད་པ༷་དང་ 5-1-372 རྣམ་པར་གཡེང་བ་འཕེ༷ལ་བ༷ར་འགྱུ༷ར་བ༷འི་རྒྱུ༷་ཡིན་པས་བདེ་བ་མ་ཡིན་ལ། ཐུ༷གས་རྗེ༷་ཆེན་ པོའི་བད༷ག་ཉི༷ད་ཅན་དེ༷་བཞི༷ན་གཤེ༷གས་པ༷འི་གསུ༵ང་ནི་གདུལ་བྱ་རྣམས་བསམ་གཏན་དང་ ཏི༷ང་ངེ་འཛི༷ན་ལ་སེ༷མས་གཏོ༷ད་ཅིང་བས༷མ་པ༷་སྐུ༷ལ་བར་བྱེ༷ད་པའི་རྒྱུ་ཉི༵ད་དུ་གྱུར་པས་བདེ་ བ་ཡིན་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་ཏེ། མདོ༷ར་ན༷་ལྷ་རྫས་ཀྱི་སིལ་སྙན་རྣམས་ནི་ ངེས་པར་འབྱིན་པ་མ་ཡིན་ལ། མ༷་ལུ༷ས་པའི་འཇི༷ག་རྟེ༷ན་གྱི་ཁ༷མས་རྣམས་སུ༷་ཡ༵ང་ལྷ༷་ད༷ང་ ས༷ར་གན༷ས་པ་མི་ལ་སོགས་པ་རྣམས་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་སྤངས་ནས་ཟག་པ་ མེད་པའི་བདེ༷་བ༷་ཆེན་པོ་འཕེལ་བར་བྱེད་པའི༷་རྒྱུ༷་ག༷ང་ཡི༵ན་པ་དེ༷་ནི༷། ཆོ་འཕྲུལ་གསུམ་དང་ ལྡན་པའི་སྒོ་ནས་མ༷་ལུ༷ས་པའི་འཇི༷ག་རྟེ༷ན་ཁམས་རྣམས་སུ་ཁྱ༷བ་པར་སྣ༷ང་བ༵འི་སངས་རྒྱས་ ཀྱི་གསུང་དབྱ༷ངས་ཉི༷ད་ལ༷་ནི༷་ར༷བ་ཏུ༷་བརྟེ༷ན་པ༷ར་བརྗོ༵ད་པས་སྡུག་བསྔལ་ལས་ངེས་པར་ འབྱིན་པའི་ཕྱིར་ཡང་ཁྱད་དུ་འཕགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཆོ་འཕྲུལ་རྣམ་པ་གསུམ་ ནི། སྐུའི་རྣམ་འཕྲུལ་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་མཛད་པ་ རྫུ་འཕྲུལ་གྱི་ཆོ་འཕྲུལ་དང༌། གཞན་གྱི་སེམས་མཁྱེན་པའི་མངོན་པར་ཤེས་པ་ལ་བརྟེན་ནས་ སེམས་ཅན་རྣམས་ཀྱི་སེམས་ཀྱི་འཇུག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ཀུན་ཏུ་བརྗོད་པའི་ཆོ་ འཕྲུལ་དང༌། ཟག་པ་ཟད་པའི་མངོན་ཤེས་ལ་བརྟེན་ནས་གདུལ་བྱ་དང་མཐུན་པར་ལམ་གྱི་ གདམས་ངག་གསུང་བ་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམས་སོ་ཞེས་ཀྱང་རྟོགས་པར་བྱའོ། ། དེ་དག་ཀྱང་རྐྱེན་ལས་འཇུག་ཚུལ་ནི། ཇི་ལྟར་རྣ་བ་དང་བྲལ་བས། །ཕྲ་མོའི་ སྒྲ་ནི་མི་མྱོང་ཞིང༌། །ཐམས་ཅད་ལྷ་ཡི་རྣ་བའི་ཡང༌། །རྣ་ལམ་དུ་ནི་མི་ འགྲོ་ལྟར། །དེ་བཞིན་ཆོས་ཕྲ་མཆོག་ཏུ་ནི། །ཞིབ་མོའི་ཡེ་ཤེས་སྤྱོད་ཡུལ་ ཡང༌། །ཉོན་མོངས་མེད་ཡིད་འགའ་ཞིག་གི། རྣ་བའི་ལམ་དུ་འགྱུར་བ་ ཡིན། །ཞེས་པ་སྟེ། སངས་རྒྱས་ཀྱི་གསུང་ནམ་མཁའ་ལྟར་ཀུན་ཏུ་འགྲོ་བ་ཡིན་ན་འགའ་ 5-1-373 ཞིག་གིས་མི་ཐོས་པའི་རྒྱུ་མཚན་ཇི་ལྟར་སྙམ་པ་ལ། དེ་ནི་རང་རང་གི་སྐལ་བའི་སྐྱོན་ཡིན་གྱི་ དེ་བཞིན་གཤེགས་པའི་གསུང་གི་ཉེས་པ་ནི་མ་ཡིན་ནོ་ཞེས་སྟོན་པའོ། །དཔེ་ཇི༷་ལྟར༷་ན་རྣ༷་ བ༷འི་དབང་པོ་ད༷ང་བྲ༷ལ་བ༵ས་ཕྲ༷་མོ༷འི་སྒྲ༷་ནི༷་མི༷་མྱོ༷ང་ཞི༵ང་མི་ཐོས་པ་དེ་བཞིན་དུ་སྐལ་པ་དང་ མི་ལྡན་པ་རྣམས་ཀྱིས་གསུང་དབྱངས་མི་ཐོས་ཤིང་། སྒྲའི་ཁྱད་པར་ཐ༷མས་ཅ༷ད་ལྷ༷་ཡི༷་རྣ༷་བ༷་ ཐོབ་པའི༷་ཡ༵ང་རྣ༷་བའི་ལ༷མ་དུ༷་ནི༷་མི༷་འགྲོ༷་ཞིང་འགའ་ཞིག་འགྲོ་བ་ལྟ༵ར། དེ༷་བཞི༷ན་དུ་སངས་ རྒྱས་ཀྱི་ཆོ༷ས་ཤིན་ཏུ་ཕྲ༷་ཞིང་ཟབ་པ་མཆོ༷ག་ཏུ༷་ནི༵་ཞི༷བ་མོ༷འི་ཡེ༷་ཤེ༷ས་ཁོ་ནའི་སྤྱོ༷ད་ཡུ༷ལ་དུ་ གྱུར་པ་ཡ༵ང༌། གདུལ་བྱའི་རིགས་ཐམས་ཅད་ཀྱི་རྣ་བའི་ལམ་དུ་གྱུར་པ་ནི་མ་ཡིན་གྱི་ཉོ༷ན་ མོ༷ངས་པ་མེ༷ད་པའི་ཡི༷ད་ཅན་བློ་མཆོག་ཏུ་གྱུར་པ་སྐལ་བ་ཆེན་པོ་དང་ལྡན་པ་འག༷འ་ཞི༷ག་ གི༵་རྣ༷་བ༷འི་ལ༷མ་དུ༷་འགྱུ༷ར་བ༷་ཡི༵ན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་སངས་རྒྱས་ཀྱི་གསུང་ ཐོས་པ་ལ་ནི་རང་ཉིད་སྐལ་པ་དང་ལྡན་པར་བྱ་དགོས་ཏེ། ཇི་སྐད་དུ། མངོན་པར་རྟོགས་པའི་ རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུང་ལྟར། །སངས་རྒྱས་ རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་པ་མེད་པས་བཟང་མི་མྱོང༌། །ཞེས་གསུངས་པའི་ཕྱིར་རོ། ། མཁྱེན་བརྩེས་ཁྱབ་ཚུལ་སྤྲིན་གྱི་དཔེས་ངེས་པར་བྱ་བ་ལ་བཞི་སྟེ། ལོ་ཐོག་འཕེལ་བའི་ ཆོས་མཐུན་སྦྱར་བ། སྣོད་ལས་གྱུར་པའི་ཆོས་མཐུན་སྦྱར་བ། ལྟོས་པ་མེད་པའི་ཆོས་མཐུན་ སྦྱར་བ། མེ་རྣམས་ཞི་བའི་ཆོས་མཐུན་སྦྱར་བའོ། །ལོ་ཐོག་འཕེལ་ཚུལ་ལ་གཉིས་ལས། འབད་པ་མེད་ཚུལ་གྱིས་བསྟན་པ་ནི། ཇི་ལྟར་དབྱར་གྱི་དུས་ན་སྤྲིན། །ལོ་ཐོག་ ཕུན་སུམ་ཚོགས་པའི་རྒྱུ། །ཆུ་ཡི་ཕུང་པོ་འབད་མེད་པར། །ས་ལ་མངོན་ པར་འབེབས་པ་ལྟར། །དེ་བཞིན་ཐུགས་རྗེའི་སྤྲིན་ལས་ནི། །རྒྱལ་བའི་ དམ་ཆོས་ཆུ་ཡི་ཆར། །འགྲོ་བའི་དགེ་བའི་ལོ་ཐོག་རྒྱུ། །རྣམ་པར་རྟོག་ པ་མེད་པར་འབེབས། །ཞེས་པ་སྟེ། དཔེ་ཇི༷་ལྟར༷་ན་དབྱ༷ར་གྱི༷་དུ༷ས་ན༷་སྤྲི༵ན་གྱི་ཚོགས་ 5-1-374 ཆེན་པོ་འཁྲིགས་པ་ལས། ཞིང་པ་རྣམས་ཀྱི་ལོ༷་ཐོ༷ག་ཕུ༷ན་སུ༷མ་ཚོ༷གས་པ༷་སྐྱེ་བའི༷་རྒྱུ༵ར་ གྱུར་པའི་ཆར་པའི་ཆུ༷་ཡི༷་ཕུ༷ང་པོ༷་འབ༷ད་པ་དང་རྩོལ་བ་མེ༷ད་པ༵ར་ས༷་གཞི་ལ༷་མངོ༷ན་པ༷ར་ འབེ༷བས་པ༷་ལྟ༵ར། དོན་དེ༷་བཞི༷ན་དུ་ཚད་མེད་པའི་ཐུ༷གས་རྗེ༷་ཆེན་པོའི༷་སྤྲི༷ན་ལ༷ས་ནི༵་རྒྱ༷ལ་ བ༷་ཐམས་ཅད་མཁྱེན་པའི་ད༷མ་པའི་ཆོ༷ས་ཀྱི་ཆུ༷་ཡི༷་ཆ༵ར་པ་ཆེན་པོ་འགྲོ༷་བ༷འི་ཞིང་ལ་དགེ༷་ བ༷འི་ལོ༷་ཐོ༷ག་ཟད་མི་ཤེས་པ་འཕེལ་བའི་རྒྱུ༵ར་གྱུར་པ་ཡང༌། ཀུན་སློང་གི་རྣ༷མ་པ༷ར་རྟོ༷ག་པ༷་ དང་འབད་རྩོལ་མེ༷ད་བཞིན་དུ་ལྷུན་གྱིས་གྲུབ་པ༷ར་འབེ༵བས་སོ་ཞེས་བྱ་བའི་དོན་ཏོ། ། རྐྱེན་ལས་འཇུག་ཚུལ་གྱིས་བཤད་པ་ནི། ཇི་ལྟར་འཇིག་རྟེན་དགེ་བའི་ལམ་ འཇུག་ན། །རླུང་སྐྱེས་སྤྲིན་ལས་ཆུ་ཆར་འབེབས་པ་ལྟར། །དེ་བཞིན་ འགྲོ་དགེ་མངོན་འཕེལ་སངས་རྒྱས་ཀྱི། །བརྩེ་རླུང་སྤྲིན་ལས་དམ་ཆོས་ ཆར་པ་འབེབས། །སྲིད་ལ་མཁྱེན་དང་བརྩེ་ཆེན་འགྱུར་བ་དང༌། །མི་ འགྱུར་མ་གོས་ནམ་མཁའི་དཀྱིལ་གནས་པ། །ཏིང་འཛིན་གཟུངས་ཆུ་ དྲི་མེད་སྙིང་པོ་ཅན། །ཐུབ་དབང་སྤྲིན་ནི་དགེ་བའི་ལོ་ཐོག་རྒྱུ། །ཞེས་པ་ སྟེ། དཔེ་ཇི༷་ལྟར༷་ན་འཇི༷ག་རྟེ༷ན་པའི་སྐྱེ་བོ་རྣམས་དགེ༷་བ༷འི་ལས་ཀྱི་ལ༷མ་ལ་འཇུ༷ག་ཅིང་ བག་ཡོད་པར་སྤྱོད་པ་ན༵། ལྷ་རྣམས་ཀྱི་མཐུས་ཪླུ༷ང་དལ་བུ་བསྲུབས་པ་ལས་སྐྱེ༷ས་པའི་སྤྲི༷ན་ གྱི་ཚོགས་ལ༷ས་ཆུ༷འི་ཆ༷ར་པ་རིམ་གྱིས་འབེ༷བས་པ༷་ལྟ༵ར། དོན་དེ༷་བཞི༷ན་དུ་གདུལ་བྱའི་ འགྲོ༷་བ་རྣམས་ཀྱང་དད་པ་དང་བརྩོན་འགྲུས་ལ་སོགས་པའི་དགེ༷་བ་མངོ༷ན་པར་འཕེ༷ལ་བ་ ན། ས༷ངས་རྒྱ༷ས་རྣམས་ཀྱི༵་ཐུགས་བརྩེ༷་བ་ཆེན་པོའི་ཪླུ༷ང་གིས་བསྲུབས་པའི་སྤྲི༷ན་ལ༷ས་ད༷མ་ པའི་ཆོ༷ས་ཀྱི་ཆ༷ར་པ༷་ཆེན་པོ་འབེ༵བས་པར་མཛད་དེ། དེ་ལྟར་སྤྲིན་དང་འདྲ་བའི་རྒྱུ་མཚན་ ཡང༌། སྲི༷ད་པ་འཁོར་བ་ན་གནས་པའི་གདུལ་བྱའི་ཞིང་ལ༷་ཕན་གདགས་པའི་ཆེད་དུ། ཡང་ དག་པའི་མཁྱེ༷ན་པ་ད༷ང་ཐུགས་བརྩེ༷་བ་ཆེ༷ན་པོ་མངའ་བ་ལ་བརྟེན་ནས། མཁྱེན་པས་བདག་ 5-1-375 མེད་མཐའ་དག་རྟོགས་པའི་ཕྱིར་འགྱུ༷ར་བ༷་འཁོར་བའི་སྐྱོན་གྱིས་མ་གོས་པ་ད༵ང༌། བརྩེ་ བས་སེམས་ཅན་རྗེས་སུ་འཛིན་པའི་ཕྱིར་མི༷་འགྱུ༷ར་བ་མྱ་ངན་ལས་འདས་པའི་སྐྱོན་གྱིས་མ༷་ གོ༷ས་པའི་ན༷མ་མཁ༷འི་དཀྱི༷ལ་འཁོར་དུ་གན༷ས་ཤིང་། ཟག་པ༵་མེད་པའི་ཏི༷ང་ངེ་འཛི༷ན་དང་ གཟུ༷ངས་ཀྱི་སྒོ་མཐའ་ཡས་པའི་ཆུ༷་དྲི༷་མ་མེ༷ད་པའི་སྙི༷ང་པོ༷་ཅ༵ན་དུ་གྱུར་པའི་ཐུ༷བ་པའི་དབ༷ང་ པོ་རྫོགས་པའི་སངས་རྒྱས་ཀྱི་སྤྲི༷ན་ནི༷་དགེ༷་བ༷འི་ལོ༷་ཐོ༷ག་ཟད་མི་ཤེས་པ་འཕེལ་བའི་རྒྱུ༵་ཡིན་ པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། རྒྱན་ལས་ཀྱང་། སྐྱེ་རྒུ་རྣམས་ལ་ལེགས་བཤད་ མི་ཟད་ཆོས་ཀྱི་ཆར་ཆེན་འབེབས་པས་ན། །འབྱུང་པོའི་ལོ་ཐོག་དཀར་པོ་ཤིན་ཏུ་ཆེ་འཕེལ་རྒྱུ་ ཕྱིར་སྤྲིན་དང་འདྲ། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། ། སྣོད་ལས་འགྱུར་ཚུལ་ལ་གཉིས་ལས། དཔེ་ནི། ཇི་ལྟར་བསིལ་ཞིམ་དངར་ དང་འཇམ་པ་དང༌། །ཡང་བའི་ཆུ་ནི་སྤྲིན་དེ་ལས་འཐོན་པ། །ས་ལ་བ་ ཚ་ལ་སོགས་གནས་འབྲེལ་བས། །ཤིན་ཏུ་མང་པོའི་རརོ་ནི་འགྱུར་བ་ ལྟར། །ཞེས་པ་སྟེ། ཇི༷་ལྟར༷་ནམ་མཁའ་ལས་ཆར་བབས་པ་ནས། བསིལ་དང་ཞིམ་དང་ཡང་ དང་འཇམ། །དང་བ་དང་ནི་དྲི་མ་མེད། །འཐུང་ན་ལྟོ་ལ་མི་གནོད་དང༌། །མགྲིན་པ་ལ་ནི་མི་ གནོད་པའོ། །ཞེས་འབྱུང་བ་ལྟར་རེག་བྱ་བསི༷ལ་བ་དང་རོ་ཞི༷མ་ཞིང་དང༷ར་བ་ད༷ང༌། ལུས་ ལ་མི་གནོད་པས་འཇ༷མ་པ༷་ད༵ང་བརྡེག་སླ་བས་ཡ༷ང་བ༷་དང་ཤིན་ཏུ་དྭངས་པ་དང༌། དྲི་ང་བ་ མེད་པ་དང༌། མང་དུ་འཐུང་ཀྱང་ལྟོ་བ་ལ་མི་གནོད་པ་དང༌། མགྲིན་པ་ལ་མི་གནོད་པ་སྟེ། ཡན་ལག་བརྒྱད་དང་ལྡན་པར་རོ་གཅིག་པའི༷་ཆུ༷་ནི༷་སྤྲི༷ན་གྱི་ཚོགས་དེ༷་ལ༷ས་རིམ་གྱིས་འཐོ༷ན་ ཞིང་བབས་པ༵་ན། འོག་བཞིའི་ས༷་ལ༷་བ༷་ཚ༷་ཡོད་པ་དང་མེད་པ་ལ༷་སོ༷གས་པ་གན༷ས་ཐ་དད་ པ་དང་འབྲེ༷ལ་བ༵ས་དབང་གིས་དངར་བ་དང་ཁ་བ་ལ་སོགས་པའི་ཤི༷ན་ཏུ༷་མ༷ང་པོ༷འི་རོ༷་དང་ ནུས་པ་ཐ་དད་པར༷་ནི༷་འགྱུ༷ར་བ༷་ལྟ༵ར་ཞེས་པའོ། ། 5-1-376 དོན་ནི། དེ་བཞིན་འཕགས་པའི་ཡན་ལག་བརྒྱད་ཆུའི་ཆར། །རབ་ ཡངས་བརྩེ་སྤྲིན་སྙིང་པོ་ལས་འཐོན་པ། །འགྲོ་བའི་རྒྱུད་ཀྱི་གནས་ཀྱི་ དབྱེ་བ་ལས། །རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར། །ཞེས་པ་སྟེ། དེ༷་ བཞི༷ན་དུ་སངས་རྒྱས་ཀྱི་ཆོས་གསུངས་པ་ན་ཡང་། དམ་པའི་ཆོས་འཕ༷གས་པ༷འི་ལམ་ཡ༷ན་ ལ༷ག་བརྒྱ༷ད་དང་ལྡན་ཞིང་ཟབ་མོ་དེ་བཞིན་ཉིད་དུ་རོ་གཅིག་པའི་ཆུ༷འི་ཆ༵ར་པ་རྣམས་ར༷བ་ཏུ་ ཡ༷ངས་ཤིང་རྒྱ་ཆེ་བའི་ཐུགས་བརྩེ༷་བ་ཆེན་པོའི་སྤྲི༷ན་གྱི་སྙི༷ང་པོ༷་ལ༷ས་རིམ་གྱིས་འཐོ༷ན་ཞིང་ བབས་པ༵་ན། གདུལ་བྱ་འགྲོ༷་བ༷འི་རྒྱུ༷ད་ཀྱི༷་ཁམས་དང་བསམ་པ་དང་དབང་པོ་ལ་སོགས་པ་ གན༷ས་ཐ་དད་པ་རྣམས་ཀྱི༷་དབྱེ༷་བ༷་ལ༵ས་ཐེག་པ་གསུམ་ལ་སོགས་པ་རྣ༷མ་པ༷་མ༷ང་པོ༷འི་རོ༷་ ད༷ང་ལྡ༷ན་པ༷ར་འགྱུ༵ར་རོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། བསྟོད་པ་ལས་ཀྱང༌། མོས་པ་དུ་ མ་དང་ལྡན་པ། །མང་པོ་འཁོད་པར་གྱུར་པ་ལ། །གསུང་གཅིག་ཉིད་དུ་གསུངས་ན་ཡང༌། །དུ་ མ་ལྟ་བུར་སྣང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། ། ལྟོས་པ་མེད་ཚུལ་ལ་གསུམ་ལས། དཔེ་གསུམ་གྱིས་མདོར་བསྟན་ནི། ཐེག་པ་ མཆོག་ལ་དང་བ་དང༌། །བར་མ་དང་ནི་སྡང་བ་ཡི། །ཕུང་པོ་གསུམ་ནི་ མི་དག་དང༌། །ཙཱ་ཏ་ཀ་དང་ཡི་དྭགས་འདྲ། །ཞེས་པ་སྟེ། སངས་རྒྱས་རྣམས་ཀྱི་ ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པའི་ཚུལ་ཐེ༷ག་པ༷་མཆོ༷ག་གི་ཆོས་ཀྱི་ཆར་ཕབ་པ་ ལ༷། རབ་ཏུ་དྭ༷ང་ཞིང་མོས་པ༷་ངེས་པའི་སེམས་ཅན་གྱི་ཕུང་པོ་ད༵ང༌། མོས་མི་མོས་བ༷ར་མ༷ར་ གནས་པ་མ་ངེས་པའི་སེམས་ཅན་གྱི་ཕུང་པོ་ད༷ང་ནི༷། ཞེ་སྡ༷ང་ཞིང་མི་མོས་པ་ལོག་པར་ངེས་ པ༷འི༵་སེམས་ཅན་གྱི་ཕུ༷ང་པོ༷་གསུ༷མ་ནི༷་རིམ་པ་ལྟར། ཆར་བབས་པ་ན་མི༷་ད༷ག་དགའ་ཞིང་ མོས་པ་ད༵ང་། ཙཱ༷་ཏ༷་ཀ༷་བར་མར་གནས་པ་ད༷ང་། ཡི༷་དྭ༷གས་རྣམས་སྡང་ཞིང་མི་མོས་པ་དང་ འདྲ༵འོ་ཞེས་བྱ་བའི་དོན་ཏོ། ། 5-1-377 དེ་ཡི་དོན་རྒྱས་བཤད་ནི། དཔྱིད་མཐར་སྤྲིན་མེད་པ་ན་མི་དང་མཁའ་མི་ རྒྱུ་བའི་བྱ་དག་དང༌། །དབྱར་ཚེ་ས་ལ་ཆར་འབབ་པ་ན་ཡི་དྭགས་དག་ ནི་སྡུག་པ་ལྟར། །སྙིང་རྗེའི་སྤྲིན་ཚོགས་དག་གིས་ཆོས་ཆུ་བྱུང་དང་མ་ བྱུང་བ་ལས་ཀྱང༌། །ཆོས་འདོད་པ་དང་ཆོས་ལ་སྡང་བའི་འཇིག་རྟེན་ན་ ནི་དཔེ་དེ་ཉིད། །ཅེས་པ་སྟེ། དཔྱི༷ད་ཀྱི་མཐ༷ར་སོ་ཀའི་དུས་སུ་སྤྲི༷ན་མེ༷ད་པ༷ས་ཆར་མ་ ཕབ་ན༷་མི༷་རྣམས་སྡུག་ཅིང་མི་དགའ་ལ་ཆར་བྱུང་ན་དགའ་བ་ད༷ང་མཁ༷འ་ལ་མི༷་རྒྱུ༷་བ༷འི་བྱ༷་ ཙཱ་ཏ་ཀ་ད༷ག་ནམ་ཡང་ཆུ་ལ་ལྟོས་པ་མེད་པས་ཆར་པ་ལ་དགའ་མི་དགའ་བར་མར་གནས་པ་ ད༵ང་དབྱ༷ར་གྱི་དུས་ལ་བབ་པའི་ཚེ༷། ས༷་གཞི་ལ༷་ཆ༷ར་ཆེན་པོ་འབ༷བ་པ༷་ན༷། བྱེ་ཚན་གྱི་ཆར་དུ་ སྣང་བས་ཡི༷་དྭ༷གས་ད༷ག་ནི༷་ཤིན་ཏུ་སྡུ༷ག་བསྔལ་ཞིང་མི་དགའ་བར་གནས་པ༷་ལྟ༵ར། སངས་ རྒྱས་རྣམས་ཀྱི་སྙི༷ང་རྗེ༷་ཆེན་པོའི༷་སྤྲི༷ན་གྱི་ཚོ༷གས་ད༷ག་གི༷་ཟབ་པ་དང་རྒྱ་ཆེ་བ་དམ་པའི་ཆོ༷ས་ ཀྱི་ཆུ༷འི་ཆར་པ་འཇིག་རྟེན་དུ་བྱུ༷ང་བ་ད༷ང་མ༷་བྱུ༷ང་བ༷་དག་ལ༷ས་ཀྱ༵ང་། རིམ་པ་བཞིན་དུ་ ཆོ༷ས་འདོ༷ད་པ༷་ངེས་པའི་སེམས་ཅན་གྱི་ཕུང་པོ་ནི་ཆོས་ཀྱི་ཆར་བྱུང་ན་དགའ་ཞིང་མ་བྱུང་ན་ མི་དགའ་བ་ད༷ང༌། མ་ངེས་པའི་སེམས་ཅན་གྱི་ཕུང་པོ་ནི་ཆོ༷ས་ལ༷་དགའ་མི་དགའ་བར་མར་ གནས་པ་དང་། ཆོས་ལ་སྡ༷ང་བ༷་ལོག་པར་ངེས་པའི་སེམས་ཅན་གྱི་ཕུང་པོ་ནི་ཆོས་ཀྱི་ཆར་མ་ བྱུང་ན་དགའ་ཞིང་བྱུང་ན་མི་དགའ་བར་གནས་ཏེ། དོན་གསུམ་པོ་དེ་དག་མཚོན་པར་བྱེད་པ་ ལ་འཇི༷ག་རྟེ༷ན་ན༷་ནི༷་དཔེ༷་གསུམ་པོ་དེ༷་ཉི༵ད་དང་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། ། ལྟོས་མེད་དུ་འཇུག་ཚུལ་ནི། ཐིགས་པ་རགས་འབེབས་རྡོ་ཚན་དང་ནི་རྡོ་ རྗེའི་མེ་ནི་འབེབས་པ་ན། །སྲོག་ཆགས་ཕྲ་དང་རི་སུལ་སོང་བ་དག་ལ་ ཇི་ལྟར་སྤྲིན་ལྟོས་མེད། །ཕྲ་དང་རྒྱ་ཆེ་རིགས་ཐབས་ཚུལ་གྱིས་མཁྱེན་ པ་དང་ནི་བརྩེ་བའི་སྤྲིན། །ཉོན་མངོས་དག་འགྱུར་བདག་ལྟའི་བག་ 5-1-378 ཉལ་དག་ལ་རྣམ་པ་ཀུན་ལྟོས་མེད། །ཅེས་པ་སྟེ། དཔེར་ན་ཐི༷གས་པ༷་ར༷གས་པ་ ཆར་ཆེན་པོ་དང་སེར་བ་འབེ༷བས་པ་དང༌། འགའ་ཞིག་ཏུ་ལས་ཀྱི་དབང་གིས་རྡོ༷་ཚ༷ན་གྱི་ཆར་ འབེབས་པ་ད༷ང་ནི༷། རྡོ༷་རྗེ༷འི་མེ༷་ཐོག་ནི༷་འབེ༷བས་པ༷་ན༵་ས་གཞི་ལ་གནས་པའི་སྲོ༷ག་ཆ༷གས་ ཕྲ༷་མོ་འགའ་ཞིག་ལ་གནོད་པ་ད༷ང༌། རི༷་སུ༷ལ་དུ་སོ༷ང་བ༷འི་སྲོག་ཆགས་འགའ་ཞིག་ལ་མི་ གནོད་པ་ལ་སོགས་པ་ད༷ག་ལ༷། ཇི༷་ལྟར༷་སྤྲི༷ན་གྱི་ཕུང་པོ་ལྟོ༷ས་པ་མེ༵ད་པར་འཇུག་པ་ལྟར། སངས་རྒྱས་རྣམས་ཀྱི་ཕྲ༷་ཞིང་ཟབ་པ་ད༷ང་། ཡངས་ཤིང་རྒྱ༷་ཆེ༷་བའི་ཆོས་ཀྱི་ཆར་པ་རྣམས། རི༷གས་ཤིང་ཐ༷བས་ལ་མཁས་པའི་ཚུ༷ལ་གྱི༷ས་མཁྱེ༷ན་པ༷་ད༷ང་ནི༷་བརྩེ༷་བ༷འི་སྤྲི༵ན་ལས་འབྱུང་ བ་ན་ཡང་། ཉོ༷ན་མོ༷ངས་པ་ད༷ག་པར་གྱུ༷ར་པའི་སྐལ་བ་དང་ལྡན་པ་འགའ་ཞིག་ལ་ཕན་པ་རྒྱ་ ཆེན་པོ་འབྱུང་ཞིང༌། བད༷ག་ཏུ་ལྟ༷་བའི༷་བ༷ག་ལ་ཉ༷ལ་བརྟན་པོ་དང་བཅས་པས་སྐལ་བ་མེད་ པ་འགའ་ཞིག་ལ་རེ་ཞིག་མི་ཕན་ཡང་། དེ་ད༷ག་གི་ཕན་གནོད་ལ༷་རྣ༷མ་པ༷་ཀུ༷ན་ཏུ་ལྟོ༷ས་པ་ མེ༵ད་པར་རབ་ཏུ་འཇུག་གོ་ཞེས་པའི་དོན་ཏོ། ། མེ་རྣམས་འཇོམས་ཚུལ་ལ་གསུམ་ལས། སྡུག་བསྔལ་གྱི་མེ་ཚོགས་ཞི་བར་བྱེད་ཚུལ་ནི། འཁོར་བའི་སྐྱེ་འཆི་ཐོག་མ་མེད་དེར་འགྲོ་བའི་ལམ་ནི་རྣམ་པ་ལྔ། །མི་ གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་ སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚ་ལ་སོགས་རེག་སྐྱེས་བཞིན། །ཐུགས་ རྗེའི་སྤྲིན་ལས་དམ་ཆོས་ཆར་ཆེན་དེ་རབ་ཞི་བྱེད་རབ་ཏུ་འབེབས། །ཞེས་ པ་སྟེ། ཀུན་ནས་ཉོན་མོངས་པ་གསུམ་གྱིས་བསྡུས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ ལག་བཅུ་གཉིས་འཁོར་ཡུག་ཏུ་འཁོ༷ར་བ༷འི་དབང་གིས། སྐྱེ༷་བ་དང་འཆི༷་བ་ལ་སོགས་པའི་ སྡུག་བསྔལ་ཐོ༷ག་མ༷་འདི་ཙམ་ནས་བྱུང་བའི་ངེས་པ་ཡང་མེད་ཅིང༌། ཐར་པའི་ལམ་མི་བསྒོམ་ པ་རྣམས་ལ་མཐའ་འདི་ན་འགག་གི་ངེས་པ་ཡང་མེ༷ད་པའི་གནས་དེ༷ར་འགྲོ༷་བ༷་རྣམས་མངོན་ 5-1-379 པར་དགྲོད་པའི༷་ལ༷མ་ནི༷་རྣ༷མ་པ༷་ལྔ༵་ཡིན་ཏེ། དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་སྟེ་ངན་ སོང་གསུམ་དང༌། མི་དང་ལྷ་སྟེ་བདེ་འགྲོ་གཉིས་སོ། །ལྷ་མ་ཡིན་ནི་དྲན་པ་ཉེར་གཞག་ལས་ དུད་འགྲོའི་ཁོངས་སུ་གཏོགས་པར་གསུངས་ཤིང༌། འགའ་ཞིག་ལྷའི་འགྲོ་བར་ཡང་སྡུད་པས་ ལོགས་སུ་མི་བགྲང་སྟེ། མདོ་ལས་ཀྱང༌། སྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ ལྷ་གནས་ངན་སོང་ལམ་གསུམ་མོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་ མཁན་འཁོར་ལོ་འཁོར་བ་བཞིན། །ཞེས་གསུངས་པ་ལྟར་རོ། །དེས་ན་མི༷་གཙ༷ང་བ༷འི་དངོས་ པོ་ལ༷་ནམ་ཡང་དྲི༷་ཞི༷མ་པོ་མེ༷ད་པ་ཇི་ལྟ་བ་བཞི༷ན་དུ་འགྲོ༷་བ་ལྔ༷འི་འཁོར་བ་ད༷ག་ན༷་ཡང་བདེ༷་ བ༷འི་གོ་སྐབས་ཅུང་ཟད་ཀྱང་མེ༵ད་དེ། སྡུག་བསྔལ་གསུམ་དང་སྡུག་བསྔལ་བརྒྱད་ལ་སོགས་ པས་ཤིན་ཏུ་སྡུག་བསྔལ་བར་གནས་པ་ཉིད་ཀྱི་ཕྱིར་རོ། །འཁོར་བ་དེ༷་ཡི༷་སྡུ༷ག་བསྔ༷ལ་གྱི་ ཁྱད་པར་ཡང་། རྟ༷ག་ཏུ༷་རྒྱུན་མི་འཆད་པར་མེ༷་ཆེན་པོས་བསྲེགས་པ་དང་མཚོ༷ན་ཆ་རྣོན་པོས་ བཏབ་པ་དང༌། རྨ་གསར་པ་ལ་རྒྱ༷་ཚ༷་ལ༷་སོ༷གས་པས་རེ༷ག་པ་ལས་སྐྱེ༷ས་པའི་སྡུག་བསྔལ་ གྱི་ཚོར་བ་ཇི་ལྟ་བ་བཞི༵ན་དུ་ཤིན་ཏུ་བཟོད་དཀའ་བར་གནས་པ་ལ་སངས་རྒྱས་རྣམས་ཀྱི་དེ་ རྣམས་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུ༷གས་རྗེ༷་ཆེན་པོའི༷་སྤྲི༷ན་ལ༷ས་ཟབ་པ་དང་ རྒྱ་ཆེ་བའི་ད༷མ་པའི་ཆོ༷ས་ཀྱི་ཆ༷ར་པ་ཆེ༷ན་པོ། དོན་ཉམས་སུ་བླངས་ནས་སྡུག་བསྔལ་གྱི་མེ་ དཔུང་དེ༷་རྣམས་ར༷བ་ཏུ་ཞི༷་བར་བྱེ༷ད་པ་རང་རང་གི་སྐལ་པ་དང་མཐུན་ཞིང་རྒྱུན་མི་འཆད་པ་ ར༷བ་ཏུ༷་འབེ༵བས་སོ་ཞེས་བྱ་བའི་དོན་ཏོ། ། ཞི་བྱེད་ཀྱི་ཤེས་རབ་རིམ་གྱིས་འབྱུང་ཚུལ་ནི། ལྷ་ལ་འཆི་འཕོ་མི་ལ་ཡོངས་ ཚོལ་སྡུག་བསྔལ་ཞེས་བྱར་རྟོགས་པའི་ཕྱིར། །ཤེས་རབ་ལྡན་པ་ལྷ་མིའི་ དབང་ཕྱུག་མཆོག་ལའང་མངོན་པར་འདོད་མེད་དེ། །ཤེས་རབ་དང་ནི་ དེ་བཞིན་གཤེགས་པའི་གསུང་རབ་དད་པའི་རྗེས་འབྲངས་ནས། །འདིར་ 5-1-380 ནི་སྡུག་བསྔལ་འདི་རྒྱུ་འདི་ནི་འགགོ་ཅེས་ཤེས་པས་མཐོང་ཕྱིར་རོ། །ཞེས་ པ་སྟེ། དེ་ལྟ་བས་ན། མཐོ་རིས་དག་ནའང་བདེ་ཆེན་དེ་དག་གི། འཆི་འཕོའི་སྡུག་བསྔལ་ཉིད་ ནི་དེ་བས་ཆེ། །ཞེས་པ་ལྟར། ལྷ༷་ལ༷འང་འཆི༷་འཕོ༷་ལྟུང་འགྱུར་གྱི་སྡུག་བསྔལ་དང༌། གང་ འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་ལོ་ཞེས་པ་ལྟར་མི༷་ལ༷འང་མེད་པ་ཡོ༷ངས་ སུ་ཚོ༷ལ་བ་དང༌། ཡོད་པ་སྲུང་བ་དང་བཀྲེས་སྐོམ་དང་ངལ་དུབ་ལ་སོགས་པའི་སྡུ༷ག་བསྔ༷ལ་ དང་ལྡན་པའོ་ཞེ༷ས་བྱ༷་བར༷་རྟོ༷གས་པ༷འི་ཕྱི༵ར། འཁོར་འདས་ཀྱི་གནས་ལུགས་ཤེས་པའི་ ཤེ༷ས་ར༷བ་དང་ལྡ༷ན་པའི་མཁས་པ༷་རྣམས་ནི། ལྷ༷འི་དབང་ཕྱུག་བརྒྱ་བྱིན་ལ་སོགས་པ་དང་ མི༷འི་དབ༷ང་ཕྱུ༷ག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པའི་གོ་འཕང་མཆོ༷ག་ཏུ་གྱུར་པ་ ལ༷འ༷ང་མངོ༷ན་པ༷ར་འདོ༷ད་པ་མེ༷ད་དེ༵། སྔོན་གྱི་སྐྱེ་བས་ཐོབ་པའི་ཤེ༷ས་ར༷བ་ད༷ང་ནི༷་འདིར་ ཡང་དེ༷་བཞི༷ན་གཤེ༷གས་པ༷འི་གསུ༷ང་ར༷བ་དྲི་མ་མེད་པ་ལ་ཤིན་ཏུ་ད༷ད་པ༷འི་དབང་གིས་ རྗེ༷ས་སུ་འབྲ༷ངས་ཤིང་ཐོས་པ་དང་བསམ་པ་ཚུལ་བཞིན་དུ་བྱས་ན༵ས། ཟག་པ་དང་བཅས་པ་ འབྲས་བུའི་ཆ་འདི༷་ཐམས་ཅད་ནི༷་སྡུ༷ག་བསྔ༷ལ་བ་དང༌། ལས་དང་ཉོན་མོངས་པ་འདི༷་ཐམས་ ཅད་ནི་དེའི་རྒྱུ༷་ཀུན་འབྱུང་བ་དང༌། འཁོར་བ་རྒྱུ་འབྲས་དེ་དག་མ་ལུས་པར་འགགས་པ་འདི༷་ ནི༷་འགོ༷ག་པ་མྱ་ངན་ལས་འདས་པ་ཉིད་ཅེ༷ས་བྱ་བར། ལམ་བདག་མེད་རྟོགས་པའི་ཤེ༷ས་ རབ་རྣམ་པར་དག་པ༷ས་ཡང་དག་པར་མཐོ༷ང་བའི་ཕྱི༷ར་རོ༵་ཞེས་བྱ་བའི་དོན་ཏོ། ། ཤེས་པ་ལྟར་སྤོང་ལེན་ཉམས་སུ་བླང་ཚུལ་ནི། འཕགས་པའི་བདེན་པ་བཞི་ལས་ བརྩམས་ནས་འཆད་པ་ཡིན་ཞིང༌། དེ་ལའང་གཉིས་ལས། ཐུན་མོང་གི་རྣམ་གཞག་ནི། རྣམ་ པ་ལྔས་རིག་པར་བྱ་སྟེ། དབྱེ་བ། ངོ་བོ། ཐ་དད། གྲངས་ངེས། ངེས་ཚིག་གོ །དབྱེ་བ་ནི། རྣམ་ པ་བཞི་སྟེ། ཇི་སྐད་དུ། འཕགས་པའི་བདེན་པ་བཞི་ནི། སྡུག་བསྔལ་བ་དང༌། ཀུན་འབྱུང་ བ་དང༌། འགོག་པ་དང༌། ལམ་མོ་ཞེས་གསུངས་པ་ལྟར་རོ། །དེ་རྣམས་ཀྱང་བསྡུ་བ་ལས། 5-1-381 བསྟན་པ་དང་མི་མཐུན་པ་མེད་པའི་མཚན་ཉིད་ཀྱི་དོན་ཅན་དང་ཞེས་འབྱུང་བ་ལྟར་བསྟན་པ་ དང་མཐུན་པའི་དོན་གྱིས་ན་བདེན་པའོ། ། ངོ་བོ་ལ་དེ་ལྟར་བཞི་ལས། སྡུག་བསྔལ་གྱི་བདེན་པ་ནི། ཀུན་འབྱུང་གིས་བསྐྱེད་པའི་ འབྲས་བུ་ཟག་པ་དང་བཅས་པའི་ཕུང་པོ་བསྟན་པ་དང་མཐུན་པའོ། །དེ་ཡང་ལས་དང་ཉོན་ མོངས་པས་བསྐྱེད་པའི་གཡོ་བ་སེམས་ཅན་གྱི་འཇིག་རྟེན་སྡུག་བསྔལ་གསུམ་གྱི་ཚོར་བ་ དང་ལྡན་པ་རྣམས་དང༌། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བའི་བརྟན་པ་སྣོད་ཀྱི་ འཇིག་རྟེན་མ་དག་པའི་ཡུལ་དུ་སྣང་བ་རྣམས་ཏེ། ཇི་སྐད་དུ་ཆོས་མངོན་པ་ལས། སེམས་ ཅན་གྱི་འཇིག་རྟེན་གང་ཡིན་པ་དང་སྣོད་ཀྱི་འཇིག་རྟེན་གང་ཡིན་པ་ལས་དང་ཉོན་མོངས་ པས་བསྐྱེད་པ་ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་འདི་མཐའ་དག་ནི་སྡུག་བསྔལ་ གྱི་བདེན་པའོ་ཞེས་གསུངས་པ་བཞིན་ནོ། །དེ་ལ་སྡུག་བསྔལ་གསུམ་ནི། སྡུག་བསྔལ་གྱི་ ཚོར་བའི་རང་གི་མཚན་ཉིད་དང༌། སྡུག་བསྔལ་མྱོང་བར་འགྱུར་བའི་ཆོས་ཡུལ་ཡིད་དུ་མི་ འོང་བའི་རང་གི་མཚན་ཉིད་ཉམས་སུ་མྱོང་བ་ལས་སྡུག་བསྔལ་བར་གནས་པ་སྡུག་བསྔལ་ གྱི་སྡུག་བསྔལ་དང༌། བདེ་བའི་ཚོར་བ་སྐད་ཅིག་གིས་འགྱུར་བའི་རང་གི་མཚན་ཉིད་དང༌། བདེ་བ་མྱོང་བར་འགྱུར་བའི་ཆོས་ཡུལ་ཡིད་དུ་འོང་བ་སྐད་ཅིག་གིས་འགྱུར་བའི་རང་གི་ མཚན་ཉིད་མྱོང་བ་དང༌། དེ་དག་ལ་རྗེས་སུ་ཆགས་པས་སེམས་སྣ་ཚོགས་སུ་འགྱུར་བ་ལས་ སྡུག་བསྔལ་བར་གནས་པར་འགྱུར་བའི་སྡུག་བསྔལ་དང༌། བཏང་སྙོམས་ཀྱི་ཚོར་བའི་རང་ གི་མཚན་ཉིད་དང་བཏང་སྙོམས་མྱོང་བར་འགྱུར་བའི་ཆོས་ཡུལ་བར་མར་གནས་པའི་རང་ གི་མཚན་ཉིད་མྱོང་བ་དང་། བདེ་བ་དང་སྡུག་བསྔལ་གྱི་གནས་ངན་ལེན་ཡོངས་སུ་འཛིན་ པ་དང་། དེ་དག་ལས་མ་ཐར་ཞིང་མི་རྟག་པ་ཉིད་ཀྱིས་རྗེས་སུ་བཅིངས་པ་ལས་སྡུག་བསྔལ་ བར་གནས་པ་འདུ་བྱེད་ཀྱི་སྡུག་བསྔལ་རྣམས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང༌། ངས་འདུ་ 5-1-382 བྱེད་མི་རྟག་པ་ཉིད་དང༌། འདུ་བྱེད་འགྱུར་བ་ཉིད་ལ་དགོངས་ནས། གང་ཅི་ཚོར་ཡང་རུང་ འདི་ནི་འདིར་སྡུག་བསྔལ་དུ་གསུངས་སོ་ཞེས་བཀའ་བསྩལ་པ་ལྟ་བུའོ། །སྤྱིའི་མཚན་ཉིད་ ནི་རྣམ་པ་བཞི་སྟེ། འདི་བྱེད་ཐམས་ཅད་སྐད་ཅིག་ལས་རིང་དུ་མི་གནས་པ་ལ་སོགས་པས་ མི་རྟག་པའི་མཚན་ཉིད་དང༌། སྡུག་བསྔལ་གསུམ་དང་སྡུག་བསྔལ་བརྒྱད་ལ་སོགས་པ་དང་ ལྡན་པས་སྡུག་བསྔལ་བའི་མཚན་ཉིད་དང༌། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་བདག་ དོན་གཞན་གྱིས་དབེན་པས་སྟོང་པའི་མཚན་ཉིད་དང༌། དེ་རྣམས་བདག་གི་ངོ་བོར་མེད་པས་ བདག་མེད་པའི་མཚན་ཉིད་དོ། ། ཀུན་འབྱུང་གི་བདེན་པ་ནི། སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་སྐྱེད་བྱེད་ཀྱི་རྒྱུར་གྱུར་པ་ བསྟན་པ་དང་མཐུན་པ་སྟེ། དེ་ཡང་སྔར་བསྟན་པ་ལྟར་འདོད་ཆགས་ལ་སོགས་པ་རྩ་བའི་ ཉོན་མོངས་པ་དྲུག་དང༌། ཉེ་བའི་ཉོན་མོངས་པ་ཉི་ཤུ་ལ་སོགས་པ་ཉོན་མོངས་པའི་ཀུན་ འབྱུང་དང༌། མཛོད་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ལས་ནི་སེམས་པ་དང་དེས་ བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་སྐྱེད་ལུས་དང་ངག་གི་ལས། །ཞེས་གསུངས་པ་ ལྟར། དམིགས་པ་ལ་སེམས་བསྐུལ་ཞིང་མངོན་པར་འདུ་བྱེད་པ་སེམས་པའི་ལས་དང་དེས་ ཀུན་ནས་བསླངས་བའི་ལུས་དང་ངག་གི་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པའི་སྤྱོད་ པ་བསམས་པའི་ལས་ཏེ། ལས་ཀྱི་ཀུན་འབྱུང་ངོ༌། །དེ་དག་ཀྱང་ཆོས་མངོན་པ་ལས། ཀུན་ འབྱུང་གི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་ སོ་ཞེས་པ་ལ་སོགས་པ་གསུངས་པ་ལྟར་ཤེས་པར་བྱའོ། །སྤྱིའི་མཚན་ཉིད་ནི་རྣམ་པ་བཞི་སྟེ། ཡང་སྲིད་འཁོར་བར་སྐྱེ་བའི་བག་ཆགས་འཇོག་པའི་བྱེད་རྒྱུ་ཡིན་པས་རྒྱུའི་མཚན་ཉིད་དང༌། བག་ཆགས་བསགས་པའི་སེམས་ཅན་དེ་དག་རིས་མཐུན་པར་འབྱུང་བའི་བྱེད་རྒྱུ་ཡིན་པས་ ཀུན་འབྱུང་བའི་མཚན་ཉིད་དང༌། སོ་སོ་རང་རང་རྣམ་པ་མི་འདྲ་བ་སྣ་ཚོགས་པ་དང་སྲིད་པའི་ 5-1-383 རྩེ་མོ་ལ་སོགས་པ་མཆོག་ཏུ་འབྱུང་བའི་བྱེད་རྒྱུ་ཡིན་པས་རབ་ཏུ་སྐྱེ་བའི་མཚན་ཉིད་དང༌། ལུས་མ་ཐོབ་པ་ཐོབ་པ་དང་། ཐོབ་ཟིན་འདའ་བའི་བྱེད་རྒྱུ་ཡིན་པས་རྐྱེན་གྱི་མཚན་ཉིད་དོ། ། འགོག་པའི་བདེན་པ་ནི། དེ་བཞིན་ཉིད་གློ་བུར་གྱི་དྲི་མས་དག་པ་བསྟན་པ་དང་མཐུན་ པ་སྟེ། དེ་ཡང་རྒྱས་པར་ནི་ཆོས་དཀོན་མཆོག་གི་སྐབས་སུ་བཤད་ཟིན་པ་ཉིད་དོ། །སྤྱིའི་ མཚན་ཉིད་ནི་རྣམ་པ་བཞི་སྟེ། ཉོན་མོངས་པ་དང་བྲལ་བས་འགོག་པའི་མཚན་ཉིད་དང༌། སྡུག་བསྔལ་དང་བྲལ་བས་ཞི་བའི་མཚན་ཉིད༌དང་། གཙང་བ་དང་བདེ་བའི་དངོས་པོ་ཡིན་ པས་གྱ་ནོམ་པའི་མཚན་ཉིད་དང༌། རྟག་པ་དང་ཕན་པའི་གཞི་ཡིན་པས་ངེས་པར་འབྱུང་བའི་ མཚན་ཉིད་དོ། ། ལམ་གྱི་བདེན་པ་ནི། ཐར་པར་འགྲོ་བའི་འཇུག་ངོགས་བསྟན་པ་དང་མཐུན་པ་སྟེ། དེ་ ཡང་། ཚོགས་ལམ་ལ་སོགས་པ་རྣམ་པ་ལྔ་ཡིན་ཞིང་རྒྱས་པར་གོང་དུ་བཤད་ཟིན་པ་ཉིད་དོ། ། སྤྱིའི་མཚན་ཉིད་ནི་རྣམ་པ་བཞི་སྟེ། དེ་ཁོ་ན་ཉིད་ཀྱི་དོན་ཡོངས་སུ་ཚོལ་བར་བྱེད་པས་ལམ་ ཀྱི་མཚན་ཉིད་དང༌། ཕྱིན་ཅི་ལོག་ཉོན་མོངས་པའི་གཉེན་པོ་བྱེད་པས་རིགས་པའི་མཚན་ ཉིད་དང༌། རང་གི་སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པར་བྱེད་པས་སྒྲུབ་པའི་མཚན་ཉིད་དང༌། རྟག་པ་ཆོས་ཀྱི་སྐུའི་གནས་སུ་འགྲོ་བར་བྱེད་པས་ངེས་པར་འབྱིན་པའི་མཚན་ཉིད་དོ། ། ཐ་དད་བསམ་པ་ལ། འགོག་པ་ནི་གཞན་གསུམ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་ མེད་པ་ཡིན་ཞིང༌། ལམ་ཟག་མེད་ཡིན་པས་སྡུག་བསྔལ་དང་ཀུན་འབྱུང་ལས་ཐ་དད་ལ། གཉིས་པོའང་སྔ་ཕྱི་ལ་ལྟོས་ནས་ངོ་བོ་གཅིག་པ་སྲིད་ཅིང༌། རྒྱུ་འབྲས་སུ་གྱུར་པ་ནི་ཐ་དད་པ་ ཉིད་དོ། ། གྲངས་ངེས་ནི། འཁོར་བ་ལ་འབྲས་བུར་གྱུར་པ་སྡུག་བསྔལ་གྱི་བདེན་པ་དང༌། རྒྱུར་ གྱུར་པ་ཀུན་འབྱུང་གི་བདེན་པ་གཉིས་སུ་ངེས་ཤིང༌། མྱ་ངན་ལས་འདས་པ་ལའང་དྲི་མ་དང་ 5-1-384 བྲལ་བའི་འབྲས་བུ་འགོག་པའི་བདེན་པ་དང༌། དྲི་མ་དང་བྲལ་བར་བྱེད་པའི་རྒྱུ་ལམ་གྱི་ བདེན་པ་གཉིས་སུ་ངེས་པས་འཕགས་པའི་བདེན་པ་བཞིར་བཞག་པའམ། ཡང་ན་འཁོར་བ་ སྡུག་བསྔལ་དུ་ཤེས་པར་བྱས་ནས་དེའི་རྒྱུ་ཀུན་འབྱུང་སྤངས་ཏེ་དེ་དག་དང་བྲལ་བའི་འགོག་ པ་ཐོབ་པའི་དོན་དུ་དེའི་རྒྱུ་ལམ་བསྟན་པར་བྱའོ་ཞེས་རྟོགས་པར་བྱ་བའི་ཕྱིར་བདེན་པ་བཞི་ བསྟན་པའོ། ། ངེས་ཚིག་ནི། ཐུན་མོང་དུ་འཕགས་པ་རྣམས་ཀྱིས་འདི་དག་ཇི་ལྟ་བར་རྟོགས་པའི་ཕྱིར་ དང༌། རང་རང་གི་ངོ་བོ་རྣམ་པ་བཞི་བཞིར་བདེན་ཞིང་ཕྱིན་ཅི་མ་ལོག་པའི་དོན་གྱིས་ན་ འཕགས་པའི་བདེན་པ་ཞེས་བྱ་ཞིང༌། ཁྱད་པར་དུ་མཛོད་འགྲེལ་ལས། གནོད་པའི་བདག་ ཉིད་ཡིན་པས་སྡུག་བསྔལ་ལོ། །འདི་ལས་སྡུག་བསྔལ་ཀུན་འབྱུང་བས་ན་ཀུན་འབྱུང་ངོ༌། ། ཕུང་པོ་ཞིག་པས་སམ་འཇུག་པ་མེད་པའི་ཕྱིར་འགོག་པའོ། །དགྲོད་པའི་དོན་གྱིས་ན་ལམ་ མོ་ཞེས་གསུངས་པ་ལྟར་བཤད་པར་བྱའོ། ། གཞུང་ཉིད་ལ་སྦྱར་བ་ནི། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་ གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་ འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་ པར་བྱ། །ཞེས་པ་སྟེ། དཔེར་ན་ནད་ཀྱི་སྡུག་བསྔལ་དང་བྲལ་ནས་ནད་མེད་པའི་བདེ་བ་ ཐོབ་པར་འདོད་པའི་ཤེས་ལྡན་དག་གིས། ན༷ད་ཀྱི་ངོ་བོ་གང་ཡིན་པའི་ཚུལ་ནི༷་ཤེ༷ས་པར་ བྱ༷ས་ནས། ན༷ད་དེ་སྐྱེད་བྱེད་ཀྱི༷་རྒྱུ༷་མི་འཕྲོད་པའི་ཟས་ལ་སོགས་པ་ནི༷་སྤ༷ང་བར་བྱ༷་བ་ཡིན་ ལ༵། ནད་མེད་པའི་བདེ༷་བར་གན༷ས་པ་ནི་ཐོ༷བ་པར་བྱ༷་བ་ཡིན་ཞིང༌། དེའི་ཐབས་སྨ༷ན་བཟང་ པོ་ནི༷་བསྟེ༷ན་པ༷ར་བྱ༷་བ༷་ཡིན་པ་ལྟ༵ར། དེ་བཞིན་དུ་འཁོར་བའི་སྡུག་བསྔལ་དང་བྲལ་ནས་ མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འདོད་པའི་བློ་དང་ལྡན་པ་དག་གིས་ཀྱང་ཟག་པ་ 5-1-385 དང་བཅས་པ་སྡུ༷ག་བསྔ༷ལ་གྱི་བདེན་པ་དང༌། དེའི་རྒྱུ༷་ཀུན་འབྱུང་གི་བདེན་པ་ད༷ང༌། དེ༷་དག་ འགགས་པ་འགོ༷ག་པའི་བདེན་པ༷་ད༷ང༌། དེ༷་བཞི༷ན་དུ་འགོག་པ་མངོན་དུ་འགྱུར་བར་བྱེད་ པ་ལ༵མ་གྱི་བདེན་པ་སྟེ་འཕགས་པའི་བདེན་པ་བཞི་པོ་དག་ལ། རིམ་པ་ལྟར་ཟག་པ་དང་ བཅས་པ་འབྲས་བུས་བསྡུས་པའི་འཁོར་བ་ཐམས་ཅད་སྡུག་བསྔལ་དུ་ཡོངས་སུ་ཤེ༷ས་པར་ བྱ༷ས་ནས་དེའི་རྒྱུ་ལས་དང་ཉོན་མོངས་པས་བསྡུས་པའི་ཀུན་འབྱུང་མཐའ་དག་སྤ༷ང་བར་བྱ༷་ བ་ཡིན་ལ། དེ་དག་གི་དྲི་མ་དང་བྲལ་བའི་འགོག་པ་མྱ་ངན་ལས་འདས་པའི་བདེ་བ་ནི་མངོན་ སུམ་དུ་རེ༷ག་ཅིང་ཐོབ་པ༷ར་བྱ༷་བ་ཡིན་ཞི༷ང༌། དེའི་ཐབས་སུ་ཟག་པ་མེད་པའི་ལམ་རྣམ་པ་ལྔ་ པོ་རིམ་གྱིས་རྒྱུད་ལ་བསྟེ༷ན་པ༷ར་བྱ༵་བ་ཡིན་ནོ་ཞེས་པའི་དོན་ཏོ། ། སྤྲུལ་པ་མཛད་ཚུལ་ཚངས་པའི་དཔེས་ངེས་པར་བྱ་བ་ལ། སྐལ་ལྡན་ལ་སྣང་བ་སྟོན་ཚུལ་ དང༌། སྐལ་མེད་ལ་སྣང་བ་མེད་ཚུལ་ལོ། །སྣང་བ་སྟོན་ཚུལ་ལ་གསུམ་ལས། འབད་པ་མེད་ པས་མཚུངས་པར་བསྟན་པ་ནི། ཇི་ལྟར་ཚངས་པ་ཚངས་པ་ཡི། །གནས་ནས་ འཕོ་བ་མེད་བཞིན་དུ། །ལྷ་ཡི་གནས་ནི་ཐམས་ཅད་དུ། །སྣང་བ་འབད་ མེད་སྟོན་པ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ ཁམས་ཀུན་ཏུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་དག་ གིས་སྟོན་པར་མཛད། །ཅེས་པ་སྟེ། དཔེ་ཇི༷་ལྟར༷་ན་གཟུགས་ཁམས་ཀྱི་ལྷ་ཚ༷ངས་པ༷་ ཆེན་པོ་ནི། ཚ༷ངས་པ༷འི༵་གན༷ས་བསམ་གཏན་དང་པོའི་གཞལ་ཡས་ཁང་ཉིད་ན༷ས་གཞན་དུ་ འཕོ༷་བ༷་མེ༷ད་བཞི༷ན་དུ༵། འདོད་པ་ན་སྤྱོད་པའི་ལྷ༷འི༷་གན༷ས་ནི༷་དྲུག་པོ་ཐ༷མས་ཅ༷ད་དུ༵་སྤྲུལ་ པའི་ལུས་ཀྱི་སྣ༷ང་བ༷་འབ༷ད་པ་མེ༷ད་པར་སྟོ༷ན་པ༷་ལྟ༵ར། དོན་དེ༷་བཞི༷ན་དུ་ཐུ༷བ་པ༷་རྫོགས་ པའི་སངས་རྒྱས་རྣམས་ཀྱང་དོན་དམ་ཆོ༷ས་ཀྱི་སྐུ༷་ལ༵ས་ནམ་ཡང་གཞན་དུ་བསྐྱོ༷ད་པ༷་མེ༷ད་ པ༷ར་འཇིག་རྟེན་གྱི་ཁ༷མས་མཐའ་ཡས་པ་ཀུ༷ན་ཏུ༵་སྐ༷ལ་བ་དང་ལྡ༷ན་པའི་གདུལ་བྱ་རྣ༷མས་ 5-1-386 ལ༷་འབ༷ད་རྩོལ་མེ༷ད་ཅིང་ལྷུན་གྱིས་གྲུབ་པ༵ར་ཀུན་རྫོབ་གཟུགས་ཀྱི་སྐུའི་སྤྲུ༷ལ་པ༷་ད༷ག་གི༷ས་ གང་ལ་གང་འདུལ་གྱི་རྣམ་འཕྲུལ་སྣ་ཚོགས་པ་དག་ནི་སྟོ༷ན་པ༷ར་མཛ༵ད་དོ་ཞེས་བྱ་བའི་དོན་ ཏོ། ། ཉེས་པ་སེལ་བས་མཚུངས་པར་བསྟན་པ་ནི། ཇི་ལྟར་ཚངས་རྟག་གཞལ་ཡས་ ཁང་ནས་མི་གཡོ་འདོད་ཁམས་ཞུགས་པ་དེ། །ལྷ་རྣམས་ཀྱིས་མཐོང་ དེ་མཐོང་དེ་ཡང་ཡུལ་ལ་དགའ་བ་སྤོང་བྱེད་ལྟར། །དེ་བཞིན་བདེ་ གཤེགས་ཆོས་ཀྱི་སྐུ་ལས་མི་བསྐྱོད་འཇིག་རྟེན་ཁམས་ཀུན་ཏུ། །སྐལ་ ལྡན་གྱིས་མཐོང་དེ་མཐོང་དེ་ཡང་རྟག་ཏུ་དྲི་མ་ཀུན་སེལ་བྱེད། །ཅེས་པ་ སྟེ། ཇི༷་ལྟར༷་ན་ལྷ་ཚ༷ངས་པ་ཆེན་པོ་དུས་རྟ༷ག་ཏུ་རང་གི་གཞ༷ལ་ཡ༷ས་ཁ༷ང་ན༷ས་མི༷་གཡོ༷་བར་ གནས་བཞིན་དུ། སྤྲུལ་པའི་ལུས་ཀྱིས་འདོ༷ད་པའི་ཁ༷མས་ཀྱི་ལྷའི་གནས་ཐམས་ཅད་དུ་ཁྱབ་ པར་ཞུ༷གས་པ༷་དེ༵་ཉིད། འདོད་པ་ན་སྤྱོད་པའི་ལྷ༷འི་རིགས་དྲུག་པོ་རྣ༷མས་ཀྱི༷ས་མཐོ༷ང་བར་ གྱུར་ཅིང༌། གཟུགས་ཁམས་ཀྱི་ལྷའི་འབྱོར་པ་དེ༷་མཐོ༷ང་བ་ལ་བརྟེན་ནས། འདོད་ཁམས་ ཀྱི་ལྷ་མང་པོ་དེ༷་ཡ༷ང་ཚངས་པའི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ། འདོད་པའི་ཡོན་ཏན་ གཟུགས་སྡུག་པ་དང༌། སྒྲ་སྙན་པ་དང༌། དྲི་ཞིམ་པ་དང་རོ་དངར་བ་དང་རེག་བྱ་འཇམ་པ་ལ་ སོགས་པའི་ཡུ༷ལ་ལ༷་དག༷འ་བ༷འམ་ཆགས་པ་སྤོ༷ང་བར་བྱེ༷ད་པ་ལྟ༵ར། དེ༷་བཞི༷ན་དུ་བདེ༷་བར་ གཤེ༷གས་པ་རྫོགས་པའི་སངས་རྒྱས་རྣམས་ཀྱང་ཆོ༷ས་ཀྱི༷་སྐུ༷་ལ༷ས་ནམ་ཡང་མི༷་བསྐྱོ༷ད་པར་ བཞུགས་བཞིན་དུ། སྤྲུལ་པའི་སྐུས་འཇི༷ག་རྟེ༷ན་གྱི་ཁ༷མས་མ་ལུས་པ་ཀུ༷ན་ཏུ༵་རྣམ་འཕྲུལ་ མཐའ་ཡས་པ་སྟོན་པ་དེ་ཉིད། སྐ༷ལ་པ་དང་ལྡ༷ན་པའི་གདུལ་བྱ་རྣམས་ཀྱི༷ས་མཐོ༷ང་བར་གྱུར་ ཅིང་གཟུགས་སྐུའི་རྣམ་འཕྲུལ་དེ༷་མཐོ༷ང་བ་ལ་བརྟེན་ནས། སྐལ་པ་དང་ལྡན་པའི་གདུལ་བྱ་ མང་པོ་དེ༷་ཡ༷ང་། སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་འཐོབ་པར་བྱ་བའི་ཕྱིར། དུས་རྟ༷ག་ཏུ༷་ 5-1-387 སྒྲིབ་པ་གཉིས་བག་ཆགས་དང་བཅས་པའི་དྲི༷་མ༷་མ་ལུས་པ་ཀུ༷ན་སེ༷ལ་བར་བྱེ༵ད་པ་ལ་སྦྱོར་ བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། སྐལ་བར་ལྟོས་པས་མཚུངས་པར་བསྟན་པ་ནི། སྔོན་གྱི་རང་ཉིད་སྨོན་ལམ་ དང༌། །ལྷ་རྣམས་ཀྱིས་ནི་དགེ་བའི་མཐུས། །ཇི་ལྟར་ཚངས་པ་འབད་ མེད་སྣང༌། །རང་བྱུང་སྤྲུལ་སྐུ་དེ་བཞིན་ནོ། །ཞེས་པ་སྟེ། སྔོ༷ན་གྱི༷་དུས་སུ་ལྷ་ རྣམས་ཀྱི་དོན་བྱེད་པར་ཚངས་པ་ར༷ང་ཉི༷ད་ཀྱིས་སྨོ༷ན་ལ༷མ་བཏབ་པའི་མཐུ་ད༵ང༌། འདོད་ པ་ན་སྤྱོད་པའི་ལྷ༷་རྣ༷མས་ཀྱི༷ས་ནི༷་ཚངས་པ་མཐོང་བར་འགྱུར་བའི་དགེ༷་བ༷་མཐུན་པར་ བསགས་པའི༷་མཐུ༵་ལས་ཇི༷་ལྟར༷་ན་ཚ༷ངས་པ༷་ལ་འབ༷ད་རྩོལ་མེ༷ད་པར་འདོད་ཁམས་སུ་སྣ༵ང་ བ་སྟོན་པ་ལྟར། ར༷ང་བྱུ༷ང་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྲུ༷ལ་པའི་སྐུ༷་ཡང་དེ༷་བཞི༷ན་དུ་ སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་དང་གདུལ་བྱ་རྣམས་ཀྱི་དགེ་བའི་མཐུ་ལས། ཆོས་སྐུ་ལ་ འབད་རྩོལ་མེད་པར་འཇིག་རྟེན་དུ་རྣམ་འཕྲུལ་སྣ་ཚོགས་སྟོན་པ་ཡིན་ནོ༷་ཞེས་བྱ་བའི་དོན་ ཏོ། ། སྐལ་མེད་ལ་སྣང་བ་མེད་ཚུལ་ནི། འཕོ་དང་ལྷུམས་འཇུག་བལྟམས་དང་ ཡབ་ཀྱི་ཁབ་གཤེགས་དང༌། །དགྱེས་རོལ་བ་དང་དབེན་པར་སྤྱོད་དང་ བདུད་བཅོམ་དང༌། །བྱང་ཆུབ་ཆེ་བརྙེས་ཞི་བའི་གྲོང་ལམ་སྟོན་པ་དག ། བསྟན་ནས་ཐུབ་པ་སྐལ་མེད་མིག་གི་ལམ་མི་འགྱུར། །ཞེས་པ་སྟེ། སངས་ རྒྱས་རྣམས་གདུལ་བྱ་དུས་ལ་བབ་པ་ན། དགའ་ལྡན་གྱི་གནས་ནས་འཛམ་བུའི་གླིང་དུ་ འཕོ༷་བ་ད༷ང་། ཡུམ་སྒྱུ་མ་ཆེན་མོ་ལ་སོགས་པའི་ལྷུ༷མས་སུ་འཇུ༷ག་པ་དང༌། ལུམ་བྷི་ནིའི་ ཚལ་ལ་སོགས་པར་སྐུ་བལྟ༷མས་པ་ད༷ང༌། ཡ༷བ་ཀྱི༷་རྒྱལ་པོའི་ཁ༷བ་གྲོང་ཁྱེར་ཆེན་པོ་སེར་སྐྱ་ ལ་སོགས་པར་གཤེ༷གས་པ་ད༵ང་། བཙུན་མོའི་འཁོར་བརྒྱད་ཁྲི་ལ་སོགས་པ་དང་ལྷན་ཅིག་ 5-1-388 དགྱེ༷ས་པར་རོ༷ལ་བ༷་ད༷ང༌། ཁབ་ནས་མངོན་པར་བྱུང་སྟེ་གནས་ཤིན་ཏུ་དབེ༷ན་པ༷ར་དཀའ་བ་ སྤྱོ༷ད་པ་ད༷ང༌། བྱང་ཆུབ་ཀྱི་སྙིང་པོར་གཤེགས་ནས་བདུ༷ད་ཀྱི་སྡེ་དཔུང་དང་བཅས་པ་བཅོ༷མ་ པ་ད༵ང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་བྱ༷ང་ཆུ༷བ་ཆེ༷ན་པོའི་གོ་འཕང་བཪྙེ༷ས་པ་ དང༌། ལུས་ཅན་རྣམས་ཞི༷་བ༷་མྱ་ངན་འདས་པའི༷་གྲོ༷ང་ཁྱེར་དུ་དགྲོད་པར་བྱེད་པའི་ལ༷མ་ སྟོ༷ན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ལ་སོགས་པ༷་ད༵ག་ལེགས་པར་ཡོངས་སུ་བསྟ༷ན་ ན༷ས། རེ་ཞིག་འོས་སུ་གྱུར་པ་རྣམས་ཀྱི་དོན་བྱ་བ་རྫོགས་པར་གཟིགས་པ་དང་། ཐུ༷བ་པ༷འི་ དབང་པོ་རྣམས་མྱ་ངན་ལས་འདའ་བའི་ཚུལ་སྟོན་ཞིང༌། སངས་རྒྱས་མཐོང་བའི་སྐ༷ལ་བ་ མེ༷ད་པའི་སེམས་ཅན་རྣམས་ཀྱི་མི༷ག་གི༷་ལ༷མ་དུ་སྣང་བར་མི༷་འགྱུ༵ར་བ་ཉིད་དོ་ཞེས་བྱ་བའི་ དོན་ཏོ། ། ཡེ་ཤེས་སྤྲོ་ཚུལ་ཉི་མའི་དཔེས་ངེས་པར་བྱ་བ་ལ་བཞི་སྟེ། ཕན་གནོད་ལ་རྟོག་པ་མེད་ ཚུལ། མི་རྟོག་པར་གཞན་དོན་མཛད་ཚུལ། སྐལ་པ་ལས་རིམ་གྱིས་འཆར་ཚུལ། དཔེ་ལས་ ཀྱང་ཁྱད་པར་འཕགས་ཚུལ་ཞེས་པའོ། །དེ་ལ་རྟོག་པ་མེད་ཚུལ་ནི། ཇི་ལྟར་ཉི་མས་ གདུངས་པའི་དུས་གཅིག་ཚེ་ཉིད་ལ། །པད་ཚོགས་རྒྱས་དང་ཀུ་མུ་ཏ་ནི་ རབ་ཟུམ་པ། །ཆུ་སྐྱེས་དབྱེ་དང་ཟུམ་པའི་ཡོན་ཏན་སྐྱོན་དག་ལ། །ཉི་མ་ རྟོག་མེད་འདིར་ཡང་འཕགས་པའི་ཉི་དེ་བཞིན། །ཞེས་པ་སྟེ། ཇི༷་ལྟར༷་ན་ཉི༷་ མ༷འི་འོད་ཟེར་རབ་ཏུ་ཚ་བས་གདུ༷ངས་པ༷འི་དུ༷ས་གཅི༷ག་གི་ཚེ༷་ཉི༷ད་ལ༵། །མེ་ཏོག་པ༷ད་མའི་ ཚོ༷གས་རྣམས་རབ་ཏུ་རྒྱ༷ས་པར་འགྱུར་བ་ད༷ང༌། །མེ་ཏོག་ཀུ༷་མུ༷་ཏ༷འི་ཚོགས་ནི༷་ར༷བ་ཏུ་ཟུ༷མ་ པ༵ར་འགྱུར་ནས་ཡང་ཆུ༷་སྐྱེ༷ས་པད་མ་དབྱེ༷་བར་བྱའོ་སྙམ་པ་ད༷ང་ཀུ་མུ་ཏ་ཟུ༷མ་པར་བྱའོ་སྙམ་ པ༷འི་སྒོ་ནས་དབྱེ་བ་ཡོ༷ན་ཏ༷ན་ཟུམ་པའི་སྐྱོ༷ན་ད༷ག་ལ༵་ཉི༷་མ༷འི་དཀྱིལ་འཁོར་རྣམ་པར་རྟོ༷ག་ པ་མེ༷ད་པར་འཇུག་པ་ལྟར༌། འདི༷ར་ཡ༷ང་འཕ༷གས་པ་ཆེན་པོ་རྫོགས་པ༷འི་སངས་རྒྱས་ཀྱི་ཉི༷་ 5-1-389 མས་ཀྱང་དེ༷་བཞི༷ན་དུ་དམ་པའི་ཆོས་ཀྱི་འོད་ཟེར་གྱིས་གདུངས་པའི་དུས་གཅིག་གི་ཚེ་ཉིད་ ལ། གདུལ་བྱའི་བློ་གྲོས་ཀྱི་པདྨ་རབ་ཏུ་རྒྱས་པ་དང༌། གདུལ་བྱ་མ་ཡིན་པའི་ཡིད་ཀྱི་ཀུ་མུ་ཏ་ རབ་ཏུ་ཟུམ་པར་འགྱུར་ཡང༌། སངས་རྒྱས་ནི་དེ་དག་གི་ཕན་གནོད་ལ་རྣམ་པར་རྟོག་པ་མེད་ པར་རབ་ཏུ་འཇུག་གོ་ཞེས་བྱ་བའི་དོན་ཏོ། ། གཞན་དོན་མཛད་ཚུལ་ལ་གསུམ་ལས། རྟོག་པ་མེད་པས་གཞན་དོན་མཛད་ཚུལ་ནི། ཇི་ལྟར་ཉི་མ་རྟོག་མེད་པར། །རང་འདོ་ཅིག་ཅར་སྤྲོས་པ་ཡིས། །པདྨ་ རྒྱས་པར་བྱེད་པ་དང༌། །གཞན་དག་སྨིན་པར་བྱེད་པ་ལྟར། །དེ་བཞིན་ དེ་བཞིན་གཤེགས་པ་ཡི། །ཉི་མ་དམ་ཆོས་འདོ་ཟེར་གང༌། །གདུལ་བྱའི་ སྐྱེ་བོའི་པདྨ་ལ། །རྣམ་པར་རྟོག་པ་མེད་པར་འཇུག །ཅེས་པ་སྟེ། དཔེ་ཇི༷་ལྟར༷་ ན་ཉི༷་མ༷འི་དཀྱིལ་འཁོར་ལ་རྣམ་པར་རྟོ༷ག་པ་མེ༷ད་བཞིན་པ༵ར། ར༷ང་གི་འོ༷ད་ཟེར་མཐའ་ཡས་ པ་དུས་ཅི༷ག་ཅ༷ར་སྤྲོ༷ས་པ༷་ཡི༷ས་མེ་ཏོག་པ༷དྨ༷འི་ཚོགས་རྣམས་ཁ་ཕྱེ་ཞིང་རབ་ཏུ་རྒྱ༷ས་པ༷ར་ བྱེ༷ད་པ༷་ད༵ང་། གཞ༷ན་ལོ་ཐོག་ཕུན་སུམ་ཚོགས་པའི་ཁྱད་པར་ད༷ག་རབ་ཏུ་སྨི༷ན་པ༷ར་བྱེ༷ད་པ༷་ ལྟ༵ར། དོན་དེ༷་བཞི༷ན་དུ་དེ༷་བཞི༷ན་གཤེ༷གས་པ༷་རྫོགས་པའི༵་སངས་རྒྱས་ཀྱི་ཉི༷་མ༷འི་དཀྱིལ་ འཁོར་ཡང་ད༷མ་པའི་ཆོ༷ས་ཀྱི་འོ༷ད་ཟེ༷ར་མཐའ་ཡས་པ་ད༵ག་ཅིག་ཅར་སྤྲོ་བས། གདུ༷ལ་བྱ༷འི་ སྐྱེ༷་བོ༷འི་པ༷དྨ༷འི་ཚོགས་ལ༵་ཡོན་ཏན་གྱི་འདབ་མ་རབ་ཏུ་རྒྱས་པར་མཛད་ཅིང་། དགེ་བའི་ ལོ་ཐོག་སྨིན་པར་མཛད་ཀྱང་། དེ་དག་ལ་རྣ༷མ་པ༷ར་རྟོ༷ག་པ༷་མེ༷ད་ཅིང་ལྷུན་གྱིས་གྲུབ་པ༷ར་ འཇུ༵ག་གོ་ཞེས་བྱ་བའི་དོན་ཏོ། ། འོད་ཟེར་སྤྲོས་བས་གཞན་དོན་མཛད་ཚུལ་ནི། ཆོས་དང་གཟུགས་ཀྱི་སྐུ་དག་ གིས། །བྱང་ཆུབ་སྙིང་པོའི་མཁར་ཤར་བའི། །ཀུན་མཁྱེན་ཉི་མ་འགྲོ་ བར་ནི། །ཡེ་ཤེས་འདོ་ཟེར་སྤྲོ་བར་མཛད། །ཅེས་པ་སྟེ། དཔེར་ན་ཉི་མའི་དཀྱིལ་ 5-1-390 འཁོར་ནམ་མཁའི་དབྱིངས་སུ་ཤར་བའི་འོད་ཟེར་གྱིས་འཇིག་རྟེན་གྱི་མུན་པ་སེལ་བར་བྱེད་ པ་དེ་བཞིན་དུ། རང་དོན་དམ་ཆོ༷ས་ཀྱི་སྐུ་ད༷ང་གཞན་དོན་ཐ་སྙད་གཟུ༷གས་ཀྱི༷་སྐུ༷་གཉིས་པོའི་ དཀྱིལ་འཁོར་ཡོངས་སུ་རྫོགས་པ་ད༷ག་གི༵ས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་བྱ༷ང་ ཆུ༷བ་ཀྱི་སྙི༷ང་པོ༷་མངོན་སུམ་དུ་གྱུར་པའི༷་ནམ་མཁ༷ར་ཤ༷ར་བ༵འི་ཀུ༷ན་མཁྱེ༷ན་ཆོས་ཀྱི་རྒྱལ་ པོའི་ཉི༷་མ༷་ཡང༌། གདུལ་བྱ་མ་ལུས་པའི་འགྲོ༷་བ༷ར་ནི༵་མཁྱེན་པའི་ཡེ༷་ཤེ༷ས་ཀྱིས་དམ་པའི་ ཆོས་ཀྱི་འོ༷ད་ཟེ༷ར་སྣ་ཚོགས་པ་སྤྲོ༷་བས་མི་ཤེས་པའི་མུན་པ་སེལ་བ༷ར་མཛ༵ད་དོ་ཞེས་བྱ་བའི་ དོན་ཏོ། །རྒྱན་ལས་ཀྱང༌། ཡེ་ཤེས་སྣང་བར་བྱེད་པའི་ཕྱིར། །ཉི་མ་ཆེན་པོ་འདྲ་བར་འདོད། ། ཅེས་གསུངས་པ་ལྟར་རོ། ། ཅིག་ཅར་འཆར་བས་གཞན་དོན་མཛད་ཚུལ་ནི། གང་ཕྱིར་གདུལ་བྱ་དག་ པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་ བརྙན་ནི། །དཔག་ཏུ་མེད་པ་ཅིག་ཅར་འཆར། །ཞེས་པ་སྟེ། དཔེར་ན་ཆུ་དྭངས་ བས་གང་བའི་སྣོད་མང་པོར་ཉི་མའི་གཟུགས་བརྙན་དུས་ཅིག་ཅར་འཆར་བ་ལྟར་ག༷ང་གི་ ཕྱི༷ར་གདུ༷ལ་བྱ༷་མཐའ་ཡས་པའི་རྒྱུ་ཉོན་མོངས་པ་ལ་སོགས་པ་དྲི་མས་ཡོངས་སུ་ད༷ག་པ༷་དེ་ ཡི༵་ཕྱིར། ཆུ༷་དྭང་བས་གང་བའི༷་སྣོ༷ད་དག་འདྲ་བ་ནི༷་ཐ༷མས་ཅ༷ད་ལ༵་བདེ༷་བར་གཤེ༷གས་པའི་ གཟུགས་ཀྱི་སྐུ་ཉི༷་མ༷འི་གཟུ༷གས་བཪྙ༷ན་དང་འདྲ་བ་ནི༵་དཔ༷ག་ཏུ༷་མེ༷ད་པ༷་དུས་ཅི༷ག་ཅ༷ར་དུ་ འཆ༵ར་བས། གཞན་གྱི་དོན་ཕུན་སུམ་ཚོགས་པ་མཛད་དོ་ཞེས་བྱ་བའི་དོན་ཏོ། ། རིམ་གྱིས་འཆར་ཚུལ་ལ་གཉིས་ལས། བསྟན་པ་ནི། རྟག་ཏུ་ཐམས་ཅད་ལ་ཁྱབ་ པའི། །ཆོས་དབྱིངས་ནམ་མཁའི་དཀྱིལ་དུ་ནི། །སངས་རྒྱས་ཉི་མ་གདུལ་ བྱ་ཡི། །རི་ལ་ཇི་ལྟར་འོས་པར་འབབ། །ཅེས་པ་སྟེ། དུས་རྟ༷ག་ཏུ༷་ཆོས་ཅན་ཐ༷མས་ ཅ༷ད་ལ༷་རྣམ་པར་དབྱེར་མེད་པར་ཁྱ༷བ་པ༵འི་ཆོ༷ས་ཀྱི་དབྱི༷ངས་ཤིན་ཏུ་རྣམ་པར་དག་པ་ན༷མ་ 5-1-391 མཁ༷འི་དཀྱི༷ལ་དང་འདྲ་བ་ཉིད་དུ༷་ནི༵་རྫོགས་པའི་སང༷ས་རྒྱ༷ས་ཉི༷་མ༷་ཆེན་པོ་དང་འདྲ་བ་ རྣམས་ཤར་ནས། གདུ༷ལ་བྱ༷འི༵་སྐྱེ་བོ་རི༷་དང་འདྲ་བ་རྣམས་ལ༷་ཇི༷་ལྟར༷་འོ༷ས་ཤིང་སྐལ་བ་དང་ མཚམས་པ༷ར་རིམ་གྱིས་འབ༵བ་ཅིང་འཆར་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། བཤད་པ་ནི། ཇི་ལྟར་རྒྱ་ཆེན་འདོ་ཟེར་སྟོང་ལྡན་ཉི་ཤར་འདི། །འཇིག་ རྟེན་ཀུན་ཏུ་སྣང་བར་བྱས་ནས་རིམ་གྱིས་ནི། །མཆོག་དང་བར་མ་ དམན་པའི་རི་ལ་འབབ་དེ་བཞིན། །རྒྱལ་བའི་ཉི་མ་སེམས་ཅན་ཚོགས་ ལ་རིམ་གྱིས་འབབ། །ཅེས་པ་སྟེ། ཇི༷་ལྟར༷་ན་རྒྱ༷་ཆེ༷ན་པོའི་འོ༷ད་ཟེ༷ར་སྟོ༷ང་ཕྲག་དུ་མ་དང་ ལྡ༷ན་པའི་ཉི༷་མ་ནམ་མཁའི་དབྱིངས་སུ་ཤ༷ར་བ་འདི༵་ཉིད་གླིང་བཞི་པའི་འཇི༷ག་རྟེ༷ན་རྣམས་ འོད་ཟེར་གྱིས་ཀུ༷ན་ཏུ༷་སྣ༷ང་བ༷ར་བྱ༷ས་ན༷ས་རི༷མ་གྱི༷ས་ནི༵་དང་པོར་མཆོ༷ག་ཏུ་མཐོན་པོའི་རི་ ལ་འབབ་པ་ད༷ང༌། དེ་ནས་བ༷ར་མ༷འི་རི་ལ་འབབ་པ་དང༌། མཐར་དམ༷ན་པ༷འི་རི༷་ལ༷་འབ༷བ་ ཅིང་འཆར་བ་དེ༷་བཞི༵ན་དུ། ཡེ་ཤེས་ཀྱི་འོད་ཟེར་རྒྱ་ཆེན་པོ་དང་ལྡན་པའི་རྒྱ༷ལ་བ༷་ཐམས་ཅད་ མཁྱེན་པའི༷་ཉི༷་མ༷་ཆོས་དབྱིངས་ནམ་མཁའི་དཀྱིལ་དུ་ཤར་བ་འདི་ཡང༌། གདུལ་བྱའི་སེ༷མས་ ཅ༷ན་གྱི་ཚོ༷གས་ལ༷་རི༷མ་གྱི༷ས་འབ༵བ་སྟེ་དང་པོར་སྐལ་བ་མཆོག་ཏུ་གྱུར་པ་རྣམས་ལ་སྣང་ ཞིང༌། དེ་ནས་སྐལ་བ་བར་མ་རྣམས་ལ་སྣང་ལ། མཐར་སྐལ་བ་དམན་པ་རྣམས་ལ་སྣང་བས་ གཞན་ཡོངས་སུ་སྨིན་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། ། ཁྱད་པར་འཕགས་ཚུལ་ལ་གཉིས་ལས། འོད་ཟེར་གྱིས་ཁྱད་པར་འཕགས་ཚུལ་ནི། ཞིང་ཀུན་ནམ་མཁའི་མཐིལ་སྤྲོ་ཉི་མ་ལ་མེད་ལ། །མི་ཤེས་མུན་བཀབ་ ཤེས་བྱའི་དོན་སྟོན་པ་ཡང་མིན། །ཐུགས་རྗེའི་བདག་ཉིད་སྣ་ཚོགས་ མདོག་བཀྱེ་འདོ་ཚོགས་ཀྱིས། །གསལ་བ་དག་འདིས་འགྲོ་ལ་ཤེས་བྱའི་ དོན་སྟོན་མཛད། །ཅེས་པས། ཐ་མལ་པའི་ཉི་མ་ལས་སངས་རྒྱས་ཀྱི་ཉི་མ་ཆེས་མཆོག་ 5-1-392 ཏུ་གྱུར་པ་ཉིད་དོ་ཞེས་སྟོན་པ་སྟེ། ཉི་མ་ལའང་ཕྱོགས་རེ་ཙམ་ཁྱབ་པའི་འོད་ཟེར་སྤྲོ་བའི་ནུས་ པ་ཡོད་མོད་ཀྱི། སངས་རྒྱས་ཀྱི་ཞི༷ང་ཁམས་མ་ལུས་པ་ཀུ༷ན་གྱི་ན༷མ་མཁ༷འི་མཐི༷ལ་ཐམས་ ཅད་ཁྱབ་པར་ཡེ་ཤེས་ཀྱི་འོད་ཟེར་སྤྲོ༷་བར་བྱེད་པའི་ནུས་པ་ཉི༷་མ༷་ལ༷་མེ༷ད་ལ༵། སངས་རྒྱས་ ལ་ཡོད་པས་ཁྱབ་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་ཤིང༌། དེ་བཞིན་དུ་ཉི་མ་ལའང་ཐ་མལ་ པའི་མུན་པ་སེལ་ཞིང་གཟུགས་ཕྱོགས་རེ་ཙམ་གསལ་བར་སྟོན་པའི་ནུས་པ་ཡོད་མོད་ཀྱི། མི༷་ཤེ༷ས་པ་གཏི་མུག་གི་མུ༷ན་པས་བཀ༷བ་པ་བསལ་ནས་ཤེ༷ས་བྱ༷འི་གནས་ལུགས་ཀྱི་དོ༷ན་ གསལ་བར་སྟོ༷ན་པའི་ནུས་པ༷་ཡ༷ང་ཡོད་པ་མི༵ན་ལ། ཐུ༷གས་རྗེ༷་ཆེན་པོའི་བད༷ག་ཉི༷ད་ཅན་ རྫོགས་པའི་སངས་རྒྱས་ཀྱི་ཉི་མ་ལ་ཐེག་པ་གསུམ་ལ་སོགས་པ་སྣ༷་ཚོ༷གས་པའི་མདོ༷ག་ཅན་ རྣམ་པར་བཀྱེ༷་བའི་གསུང་རབ་མཐའ་ཡས་པའི༷་འོ༷ད་ཟེར་གྱི་ཚོ༷གས་ཀྱི༵ས། མི་ཤེས་པའི་ མུན་པ་བསལ་ནས་ཡེ་ཤེས་ཀྱི་སྣང་བ་གས༷ལ་བ༷་ད༷ག་མཛད་པ་འདི༷ས་ནི། གདུལ་བྱའི་འགྲོ༷་ བ་མཐའ་ཡས་པ་རྣམས་ལ༷་ཤེ༷ས་བྱ༷་ཇི་ལྟ་བ་དང་ཇི་སྙེད་པའི༷་གནས་ལུགས་ཀྱི་དོ༷ན་གསལ་ བར་སྟོ༷ན་པ་མཛ༵ད་པའི་ནུས་པ་ཡོད་པའི་ཕྱིར། དོན་ཆེན་པོ་དང་ལྡན་པས་ཀྱང་ཁྱད་པར་དུ་ འཕགས་སོ་ཞེས་བྱ་བའི་དོན་ཏོ། ། བྱེད་ལས་ཀྱི་ཁྱད་པར་དུ་འཕགས་ཚུལ་ནི། སངས་རྒྱས་གྲོང་དུ་གཤེགས་ཚེ་ མིག་དང་མི་ལྡན་པ་ཡི་སྐྱེ་བོ་ཡིས། །མཐོང་ཞིང་དོན་མེད་ཚོགས་བྲལ་ དོན་དེ་མཐོང་བ་ལས་ནི་མྱོང་བ་དང༌། །གཏི་མུག་གིས་མདོ༷ངས་སྲིད་ པའི་མཚོར་ལྷུང་ལྟ་བའི་མུན་པས་སྒྲིབ་པ་རྣམས། །སངས་རྒྱས་ཉི་མའི་ འདོ་ཀྱིས་བློ་སྣང་མ་མཐོང་བ་ཡི་གནས་མཐོང་འགྱུར། །ཞེས་པ་སྟེ། ཐ་ མལ་པའི་ཉི་མ་འཇིག་རྟེན་དུ་ཤར་ཡང་། ལོང་བས་གཟུགས་མཐོང་བ་དང་འཁོར་བའི་སྡུག་ བསྔལ་སེལ་བ་དང་ཟབ་མོའི་ཆོས་ཉིད་མཐོང་བ་ལ་སོགས་པའི་ནུས་པ་མེད་ལ། སང༷ས་ 5-1-393 རྒྱ༷ས་ཀྱི་ཉི་མ་གདུལ་བྱའི་གྲོ༷ང་དུ༷་གཤེ༷གས་ཤིང་ཤར་བའི་ཚེ༷་ན། མི༷ག་ད༷ང་མི༷་ལྡ༷ན་པ༷འི༷་སྐྱེ༷་ བོ༷་ལོང་བ་རྣམས་མིག་དང་ལྡན་པར་གྱུར་པ་ཡི༵ས་གཟུགས་མཐོ༷ང་ཞི༷ང་། དེ་བཞིན་དུ་འོན་པ་ རྣམས་ཀྱི་རྣ་བས་སྒྲ་ཐོས་པ་དང༌། སྨྱོན་པ་རྣམས་ཀྱིས་སེམས་རྣལ་དུ་ཕེབས་པ་དང་། དབུལ་ པོ་རྣམས་ཀྱིས་ཁྱི མ་ནས་གཏེར་རྙེད་པ་དང༌། ངན་སོང་ལ་སོགས་པ་མངོན་པར་འདོད་པའི་ དོ༷ན་མེ༷ད་པས་སེམས་གདུངས་པའི་ཚོ༷གས་རྣམས་དེ་དང་བྲ༷ལ་ནས། སངས་རྒྱས་ཀྱི་དོ༷ན་དེ༷་ མཐོ༷ང་བ༷་ཙམ་ཉིད་ལ༷ས་ནི༷་ཅི་འདོད་པའི་བདེ་བ་མྱོ༷ང་བར་འགྱུར་པ༷་ད༵ང༌། མདོར་ན་གཏི༷་ མུ༷ག་གི་རབ་རིབ་དག་གི༷ས་བློ་གྲོས་ཀྱི་མིག་རྣམ་པར་མདོ༷ངས་པས་སྲི༷ད་པ༷འི་རྒྱ་མཚོ༷་ཆེན་ པོ་སྡུག་བསྔལ་གྱི་གཏིང་མཐའ་མེད་པར་ལྷུ༷ང་སྟེ། ལྟ༷་བ༷་ངན་པ་སྣ་ཚོགས་པའི༷་མུ༷ན་ནག་ འཐིབས་པ༷ས་སེམས་ཀྱི་རང་བཞིན་སྒྲི༷བ་པའི་འགྲོ་བ་མཐའ་ཡས་པ༷་རྣ༵མས་སང༷ས་རྒྱ༷ས་ ཀྱི་ཉི༷་མ༷་འཇིག་རྟེན་དུ་ཤར་བའི་འཕྲིན་ལས་ཀྱི་འོ༷ད་ཀྱི༷ས་བློ༷་གྲོས་ཀྱི་སྣ༷ང་བ་ཤེས་བྱ་ལ་ རིམ་གྱིས་གསལ་བར་གྱུར་པས། བྱིས་པ་རྣམས་ཀྱིས་སྔར་མ༷་མཐོ༷ང་བ༷འི༷་གན༷ས་ཆོས་ཀྱི་ དབྱིངས་ཟབ་མོའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོ༷ང་བར་འགྱུ༵ར་བའི་ཕྱིར། བྱེད་ལས་ཀྱི་སྒོ་ ནས་ཀྱང་མཆོག་ཏུ་གྱུར་པ་ཉིད་དེ་ཞེས་བྱ་བའི་དོན་ཏོ། ། ཐུགས་ཀྱི་གསང་བ་ནོར་བུའི་དཔེས་ངེས་པར་བྱ་བ་ལ། རེ་འདོད་སྒྲུབ་པས་མཚུངས་ པར་བསྟན་པ་དང༌། རྙེད་པ་དཀའ་བས་མཚུངས་པར་བསྟན་པའོ། །རེ་འདོད་སྒྲུབ་པ་ལ་ གཉིས་ལས། རྟོག་མེད་འདོད་རྒུ་སྒྲུབ་ཚུལ་གྱིས་རྒྱས་པར་བཤད་པ་ནི། ཇི་ལྟར་ཡིད་ བཞིན་ནོར་བུ་ནི། །རྟོག་པ་མེད་ཀྱང་ཅིག་ཅར་དུ། །སྤྱོད་ཡུལ་གནས་པ་ རྣམས་ཀྱི་ནི། །བསམ་ཀུན་སོ་སོར་རྫོགས་བྱེད་ལྟར། །དེ་བཞིན་སངས་ རྒྱས་ཡིད་བཞིན་ལ། །བརྟེན་ནས་བསམ་པ་ཐ་དད་རྣམས། །སྣ་ཚོགས་ ཆོས་ནི་ཐོས་འགྱུར་ཡང༌། །དེ་ནི་དེ་ལ་རྣམ་མི་རྟོག །ཅེས་པ་སྟེ། དཔེ་ཇི༷་ལྟར༷་ 5-1-394 ན་ཡི༷ད་བཞི༷ན་གྱི་ནོ༷ར་བུ༷་རིན་པོ་ཆེ་ནི༵་འདི་ལ་འདི་སྦྱིན་པར་བྱའོ་སྙམ་པའི་ཀུན་སློང་གི་རྣམ་ པར་རྟོ༷ག་པ༷་མེ༷ད་ཀྱ༷ང་དུས་ཅི༷ག་ཅ༷ར་དུ༵་ཉེ་འཁོར་གྱི་སྤྱོ༷ད་ཡུ༷ལ་ན་གན༷ས་ཤིང་གསོལ་བ་ འདེབས་པའི་སྐྱེས་བུ་བསམ་པ༷་ཐ་དད་པ་རྣ༷མས་ཀྱི༷ས་ནི༵་ཟས་དང་གོས་དང་འབྲུ་དང་སྨན་ དང་གནས་ལ་སོགས་པ་གང་དང་ཅི་འདོད་པའི་བས༷མ་པ་མ་ལུས་པ་ཀུ༷ན་སོ༷་སོ༷ར་མ་འདྲེས་ པར་ཡོངས་སུ་རྫོ༷གས་པར་བྱེ༷ད་པ་ལྟ༵ར། དོན་དེ༷་བཞི༷ན་དུ་རྫོགས་པའི་སང༷ས་རྒྱ༷ས་ཀྱི་ཡི༷ད་ བཞི༷ན་གྱི་ནོར་བུ་རིན་པོ་ཆེ་ལ༵་བརྟེ༷ན་ན༷ས་ཀྱང༌། རིགས་ཅན་གསུམ་ལ་སོགས་པ་མོས་ པའི་བས༷མ་པ༷་ཐ༷་ད༷ད་པའི་གདུལ་བྱ་དཔག་ཏུ་མེད་པ་རྣ༵མས་ཀྱིས་རང་རང་གི་སྐལ་བ་དང་ མཐུན་པར་ཐེག་པ་གསུམ་ལ་སོགས་པ་སྣ༷་ཚོ༷གས་པའི་ཆོ༷ས་ནི༷་ཐོ༷ས་པར་འགྱུ༷ར་ཞིང༌། དེ་ དག་གི་དོན་ཡོངས་སུ་རྫོགས་པར་མཛད་ན་ཡ༵ང་སངས་རྒྱས་དེ༷་ནི༷་ཆོས་སྟོན་པའི་སྐབས་དེ༷་ ལ༷་འདི་ལ་འདི་བསྟན་པར་བྱའོ་སྙམ་པ་ལ་སོགས་པས་ཅུང་ཟད་ཀྱང་རྣ༷མ་པར་མི༷་རྟོ༵ག་པ་ ཉིད་དོ་ཞེས་བྱ་བའི་དོན་ཏོ། ། འབད་མེད་རྟག་ཏུ་བཞུགས་ཚུལ་གྱིས་བསྡུས་ཏེ་བསྟན་པ་ནི། ཇི་ལྟར་ནོར་བུ་རིན་ཆེན་ རྟོག་མེད་འདོད་པའི་ནོར། །འབད་པ་མེད་པར་གཞན་པ་དག་ལ་རབ་སྟེར་ ལྟར། །དེ་བཞིན་ཐུབ་པ་འབད་མེད་ཇི་ལྟར་འོས་པར་ནི། །གཞན་གྱི་ དོན་དུ་སྲིད་པ་ཇི་སྲིད་རྟག་ཏུ་བཞུགས། །ཞེས་པ་སྟེ། ཇི༷་ལྟར༷་ན་ཡིད་བཞིན་གྱི་ ནོ༷ར་བུ༷་རི༷ན་ཆེ༷ན་ལ་ཀུན་སློང་གི་རྣམ་པར་རྟོ༷ག་པ་མེ༷ད་བཞིན་དུ། གང་ལ་གང་འདོ༷ད་པ༷འི་ ནོ༵ར་རྫས་རྣམས་འབ༷ད་པ༷་དང་རྩོལ་བ་མེ༷ད་པ༷ར་གསོལ་བ་འདེབས་པ་པོའི་སྐྱེ་བོ་གཞ༷ན་པ༷་ ད༷ག་ལ༷་ར༷བ་ཏུ་སྟེ༷ར་བ་ལྟ༵ར། དེ༷་བཞི༷ན་དུ་ཐུ༷བ་པའི་དབང་པོ་སངས་རྒྱས་རྣམས་ཀྱང་རྣམ་ པར་རྟོག་པ༷་ལ་སོགས་པའི་འབ༷ད་པ་དང་རྩོལ་བ་མེ༷ད་པར། རང་རང་ལ་ཇི༷་ལྟར༷་འོ༷ས་ཤིང་ འཚམ་པ༷ར་ནི༵་ཆོས་སྟོན་པ་ལ་སོགས་པའི་སྒོ་ནས་གདལ་བྱ་གཞ༷ན་གྱི༷་དོ༷ན་མཐའ་དག་སྒྲུབ་ 5-1-395 པའི་ཆེད་དུ༷་སྲི༷ད་པ༷་འཁོར་བ་མཐའ་མེད་པ་འདི་ཇི༷་སྲི༷ད་གནས་ཀྱི་བར་རྒྱུན་མི་འཆད་པར་ རྟ༷ག་ཏུ༷་བཞུ༵གས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། རྙེད་པར་དཀའ་བ་ནི། གང་ཕྱིར་རྒྱ་མཚོ་ས་འགོ་གནས་དེ་ལ་འདོད་པས། ། ཇི་ལྟར་ནོར་བུ་བཟང་པོ་འགྲོ་འདིར་རབ་རྙེད་དཀའ། །དེ་བཞིན་འགྲོ་ ཀུན་སྐལ་ངན་སྣ་ཚོགས་ཉོན་མོངས་ཟིན། །ཡིད་འདིར་བདེར་གཤེགས་ མཐོང་བ་རྙེད་དཀས་ཤེས་པར་བྱ། །ཞེས་པ་སྟེ། གང༷་གི་ཕྱི༷ར་རྒྱ༷་མཚོ༷་ཆེན་པོའི་ ནང་དུ་ཆུད་ཅིང་ས༷་ཆེན་པོའི་འོ༷ག་ན་གན༷ས་པ་དེའི་ཕྱིར། དངོས་པོ་དེ༷་ལ༷་དོན་དུ་གཉེར་ཞིང་ འདོ༷ད་པ༵་རྣམས་ཀྱིས་ཇི༷་ལྟར༷་ན་དགོས་འདོད་ཐམས་ཅད་སྒྲུབ་པའི་ཡིད་བཞིན་གྱི་ནོ༷ར་བུ༷་ རིན་པོ་ཆེ་བཟ༷ང་པོ༷་བསོད་ནམས་དམན་པའི་འགྲོ༷་བ་འདི༷ར་ར༷བ་ཏུ་ཪྙེ༷ད་པར་དཀ༵འ་བ་དེ༷་ བཞི༷ན་དུ། འཁོར་བར་གནས་པའི་འགྲོ༷་བ་མཐའ་ཡས་པ་ཀུ༷ན་ཀྱང་སྐ༷ལ་བ་ཤིན་ཏུ་ང༷ན་ཞིང་། སྣ༷་ཚོ༷གས་པའི་ཉོ༷ན་མོ༷ངས་པ་དང་ཉེ་བའི་ཉོན་མོངས་པས་ཟི༵ན་པའི་ཕྱིར་རང་གི་ཡི༷ད་དྲི་ མ་དང་བཅས་པ་འདི༷ར། བདེ༷་བར་གཤེ༷གས་པའི་སྐུ་གཉིས་ཀྱི་སྣང་བ་མཐོ༷ང་བ༷་ནི་མཆོག་ཏུ་ ཪྙེ༷ད་པར་དཀ༷འ་བར་ཤེ༷ས་པ༷ར་བྱ༵འོ་ཞེས་པའི་དོན་ཏོ། ། གསུང་གི་གསང་བ་བྲག་ཆའི་དཔེས་ངེས་པར་བྱ་བ་ལ། །དཔེ་ནི། ཇི་ལྟར་སྒྲ་བརྙན་ གྱི་ནི་སྒྲ། །གཞན་གྱིས་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་ གཟོ་མེད་ལ། །ཕྱི་དང་ནང་ན་མི་གནས་ལྟར། །ཞེས་པ་སྟེ། ཇི༷་ལྟར༷་ན་བྲག་ཆ་ ལ་སོགས་པ་སྒྲ༷་བཪྙ༷ན་གྱི༷་ནི༷་སྒྲ༵་སྣ་ཚོགས་སུ་སྣང་བ་དེ་རྐྱེན་གྱི་དབང་གིས་གཞ༷ན་ཉན་པ་པོ་ རྣམས་ཀྱི༷་རང་རང་གི་བརྗོད་པ་དང༌། མཐུན་པར་རྣ༷མ་པར་རི༷ག་པ་ཙམ་ལ༷ས་བྱུ༷ང་ཞིང་སྣང་ བ༵་ཡིན་གྱི་བྲག་ལ་སོགས་པ་ལ་ནི་ཀུན་སློང་གི་རྣ༷མས་པར་རྟོ༷ག་པ་མེ༷ད་ཅི༷ང་འདི་ལ་འདི་ བརྗོད་པར་བྱའོ་སྙམ་པའི་གཟོ༷འམ་འབད་རྩོལ་ཡང་མེ༷ད་ལ། སྒྲ་རང་གི་ངོ་བོ་ཡང་བྲག་ལ༵་ 5-1-396 སོགས་པའི་ཕྱི༷་རོལ་ནའང་མི་གནས་པ་ད༷ང༌། ན༷ང་ན༷འང་མི༷་གན༷ས་པ་ལྟ༵ར་ཞེས་བྱའོ། ། དོན་ནི། དེ་བཞིན་དེ་བཞིན་གཤེགས་པའི་གསུང༌། །གཞན་གྱི་རྣམ་ རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་གཟོ་མེད་ལ། །ཕྱི་དང་ནང་ན་ གནས་མ་ཡིན། །ཞེས་པ་སྟེ། དེ༷་བཞི༷ན་དུ་དེ༷་བཞི༷ན་གཤེ༷གས་པ་རྣམས་ཀྱི་དམ་པ༷འི་ ཆོས་གསུ༵ང་པའི་སྒྲ་སྣ་ཚོགས་སུ་སྣང་བ་ཡང༌། གདུལ་བྱའི་དབང་གིས་གཞ༷ན་ཉན་པ་པོ་ རྣམས་ཀྱི༷་རང་རང་གི་བསམ་པ་དང་མཐུན་པར་རྣ༷མ་པར་རི༷ག་པ་ཙམ་ལ༷ས་བྱུ༷ང་ཞིང་སྣང་ བ༵་ཡིན་གྱི། སངས་རྒྱས་ལ་ནི་ཀུན་སློང་གི་རྣ༷མ་པར་རྟོ༷ག་པ་གང་ཡང་མེ༷ད་ཅི༷ང་འདི་ལ་འདི་ བསྟན་པར་བྱའོ་སྙམ་པའི་གཟོ༷འམ་འབད་རྩོལ་ཡང་མེ༷ད་ལ༵། སྒྲའི་རང་གི་ངོ་བོ་ཡང་སངས་ རྒྱས་ཀྱི་སྐུའི་ཕྱི༷་རོལ་ནའང་གནས་པ་མ་ཡིན་པ་ད༷ང་། ན༷ང་ན༷འང་གན༷ས་པ་མ༷་ཡི༵ན་པ་ཉིད་ དོ་ཞེས་བྱ་བའོ། ། སྐུའི་གསང་བ་ནམ་མཁའི་དཔེས་ངེས་པར་བྱ་བ་ལ། དཔེ་ནི། ཅུང་ཟད་མེད་ཅིང་ སྣང་བ་མེད། །དམིགས་པ་མེད་ཅིང་རྟེན་མེད་ལ། །མིག་གི་ལམ་ལས་ རབ་འདས་པ། །གཟུགས་མེད་བསྟན་དུ་མེད་པ་ཡི། །ནམ་མཁའ་ཇི་ལྟར་ མཐོ་དང་དམའ། །མཐོང་ཡང་དེ་ནི་དེ་ལྟར་མིན། །ཞེས་པ་སྟེ། དངོས་པོར་ཅུང༷་ ཟ༷ད་ཀྱང་གྲུབ་པ་མེ༷ད་ཅི༷ང་དབང་ཤེས་ལ་སྣ༷ང་བ༷་མེ༵ད་པ་དང་། དེ་དག་གི་དམི༷གས་ཡུལ་དུ་ གྲུབ་པ༷་མེ༷ད་ཅི༷ང་རྟེ༷ན་པའི་གཞི་ཡང་མེ༷ད་ལ༵། ཁྱད་པར་མི༷ག་གི༷་དབང་པོའི་ལ༷མ་ལ༷ས་ཀྱང་ ར༷བ་ཏུ་འད༷ས་པ༵་དང་། ཐོགས་བཅས་ཀྱི་གཟུ༷གས་སུ་གྲུབ་པ་མེ༷ད་ཅིང་། གཞན་གྱི་མིག་ ཡུལ་དུ་འདིའོ་ཞེས་བསྟ༷ན་དུ༷འང་མེ༷ད་པ༷འི༵་མཚན་ཉིད་ཅན་གྱི་འདུས་མ་བྱས་ན༷མ་མཁ༷འ་ ལ་ནི། ཇི༷་ལྟར༷་ན་འགའ་ཞིག་གིས་དབུས་ཀྱི་ཆར་སྣང་བ་རྣམས་མཐོ༷་བ་དང༌། མཐའི་ཆར་ སྣང་བ་རྣམས་དམ༵འ་བ་དང་གྲུ་བཞི་དང་ཟླུམ་པོ་དང་སྔོན་པོ་དང་སེར་པོ་ལ་སོགས་པ་སྣ་ 5-1-397 ཚོགས་སུ་མཐོ༷ང་ཡ༷ང༌། དོན་དམ་པར་ནམ་མཁའི་དེ༷་ནི༷་སྣ་ཚོགས་སུ་སྣང་བ་དེ༷་ལྟར༷་བདེན་ པར་ཡོད་པ་མི༵ན་ནོ་ཞེས་པའོ། ། དོན་ནི། དེ་བཞིན་ཐམས་ཅད་སངས་རྒྱས་ལ། །མཐོང་ཡང་དེ་ནི་དེ་ ལྟར་མིན། །ཞེས་པ་སྟེ། དེ༷་བཞི༷ན་དུ་ལྷུམས་སུ་འཇུག་པ་དང་སྐུ་བལྟམས་པ་དང༌། ཡོངས་ སུ་མྱ་ངན་ལས་འདའ་བ་དང་འཆག་པ་དང་བཞེངས་པ་དང་སྐུ་མདོག་སྣ་ཚོགས་པ་དང་ཞིང་ ཁམས་ཐ་དད་པ་ལ་སོགས་པའི་རྣམ་འཕྲུལ་མཐའ་ཡས་པ་ཐ༷མས་ཅ༷ད། རྫོགས་པའི་སང༷ས་ རྒྱ༷ས་ལ༵་ཡོད་པར་གདུལ་བྱའི་རིགས་མང་པོས་མཐོ༷ང་ཡ༷ང་། དོན་དམ་པའི་སངས་རྒྱས་དེ༷་ ནི༷་སྐྱེ་འགག་ལ་སོགས་པ་སྣ་ཚོགས་སུ་སྣང་བ་དེ༷་ལྟར༷་དོན་ལ་བདེན་པར་ཡོད་པ་མི༵ན་ཏེ། འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའོ། ། ཐུགས་རྗེ་འཇུག་ཚུལ་ས་གཞིའི་དཔེས་ངེས་པར་བྱ་བ་ལ། དཔེ་ནི། ཇི་ལྟར་ས་ལས་ སྐྱེ་བ་ཀུན། །རྟོག་མེད་ས་ལ་བརྟེན་ནས་ནི། །འཕེལ་དང་བརྟན་དང་ ཡངས་འགྱུར་ལྟར། །ཞེས་པ་སྟེ། ཇི༷་ལྟར༷་ན་ས༷་ཆེན་པོ་འདི་ལ༷ས་སྐྱེ༷་བ༷འི་སྐྱེ་ཤིང་ནགས་ ཚལ་དང་ལོ་ཐོག་ལ་སོགས་པ་ཀུ༵ན་འདི་དག་བསྐྱེད་པར་བྱའོ་སྙམ་པ་རྣམ་རྟོ༷ག་དང་འབད་ རྩོལ་མེ༷ད་པའི་ས༷་གཞི་ལ༷་བརྟེ༷ན་ན༷ས་ནི༵་སྔར་མེད་པ་གསར་དུ་འཕེ༷ལ་བར་འགྱུར་བ་ད༷ང༌། སྔར་ཡོད་པ་རྩ་བ་བརྟ༷ན་པར་འགྱུར་བ་ད༷ང༌། ཐམས་ཅད་ཀྱང་གོང་ནས་གོང་དུ་ཡ༷ངས་ཤིང་ རྒྱས་པར་འགྱུ༷ར་བས་སེམས་ཅན་གྱི་ཉེར་འཚོ་བྱེད་པ་ལྟ༵ར་ཞེས་པའོ། ། དོན་ནི། དེ་བཞིན་རྫོགས་པའི་སངས་རྒྱས་ས། །རྣམ་པར་རྟོག་མེད་ལ་ བརྟེན་ནས། །འགྲོ་བའི་དགེ་བའི་རྩ་བ་རྣམས། །མ་ལུས་པར་ནི་འཕེལ་ བར་འགྱུར། །ཞེས་པ་སྟེ། དེ༷་བཞི༷ན་དུ་རྒྱལ་བ་རྫོ༷གས་པ༷འི་སང༷ས་རྒྱ༷ས་ས༵་ཆེན་པོ་དང་ འདྲ་བར་འདི་དག་གི་དོན་བྱའོ་སྙམ་པའི་རྣ༷མ་པ༷ར་རྟོ༷ག་པ་དང་འབད་རྩོལ་མེ༷ད་པ་ལ༷་བརྟེ༷ན་ 5-1-398 ན༵ས་ཀྱང་གདུལ་བྱའི་འགྲོ༷་བ༷་དཔག་ཏུ་མེད་པའི༷་ཚོགས་གཉིས་ཀྱི་དགེ༷་བ༷འི་རྩ༷་བ༷འི་ལོ་ ཐོག་རྣ༵མས་ཐམས་ཅད་མ༷་ལུ༷ས་པ༷ར་ནི༷་འཕེ༷ལ་བ་དང་བརྟན་པ་དང་ཡངས་པ༷ར་འགྱུ༵ར་ བས་སེམས་ཅན་མཐའ་དག་གི་ཉེར་འཚོ་མཛད་པ་ཉིད་དོ་ཞེས་བྱ་བའོ། ། དགོས་པ་བརྗོད་དེ་སྐབས་དོན་བསྡུ་བ་ལ། དགོས་པ་དང་དཔེ་དོན་གྱི་དབྱེ་བ་དང༌། དཔེས་མཚོན་ཚུལ་ཁྱད་པར་དུ་བཤད་པའོ། །དབྱེ་བ་ལ་བཞི་ལས། དགོས་པ་དང་ཉིང་ དགོས་འགྲུབ་ཚུལ་ནི། འབད་རྩོལ་མེད་པར་བྱ་བ་འགའ། །བྱེད་པ་མཐོང་ མེད་དེ་བས་ན། །གདུལ་བྱའི་ཐེ་ཚོམ་གཅོད་པའི་ཕྱིར། །དཔེ་རྣམ་དགུ་ ནི་བསྟན་པ་ཡིན། །གང་དུ་དཔེ་དགུ་པོ་འདི་དག །རྒྱས་པར་རབ་ཏུ་ བསྟན་གྱུར་པ། །མདོ་སྡེ་ཡི་ནི་མིང་ཉིད་ཀྱིས། །དེ་ཡི་དགོས་པ་བསྟན་པ་ ཉིད། །ཐོས་པ་ལས་བྱུང་ཤེས་པ་ཡི། །སྣང་བ་རྒྱ་ཆེན་འདིས་བརྒྱན་པའི། ། བློ་ལྡན་མྱུར་དུ་སངས་རྒྱས་ཀྱི། །སྤྱོད་ཡུལ་ཀུན་ལ་འཇུག་པར་འགྱུར། ། ཞེས་པ་སྟེ། ཕལ་པ་རྣམས་ཀྱི་བློ་ཡུལ་དུ་འབ༷ད་པ་དང་རྩོ༷ལ་བ་ཅུང་ཟད་ཀྱང་མེ༷ད་པ༷ར་བྱ༷་ བ༷་འག༵འ་ཞིག་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་བྱེ༷ད་པ༷་ནམ་ཡང་མཐོ༷ང་བ་མེ༷ད་པ་དེ༷་བ༷ས་ན༵། གདུ༷ལ་བྱ༷་རྣམས་ཀྱི་བསམ་པ་ལ་སངས་རྒྱས་ཀྱི་འཕྲིན་ལས་འབད་རྩོལ་མེད་པ་ཉིད་ཡིན་ ན་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་བྱེད་པ་འགལ་ལོ་སྙམ་པའི་ཐེ༷་ཚོ༷མ་སྐྱེ་བའི། ཉོན་ མོངས་པ་ཐེ་ཚོམ་དེ་གཅ༷ད་ཅིང་སྤང་བར་བྱ་བ༷འི་ཕྱི༵ར་དུ། བརྒྱ་བྱིན་གྱིས་གཟུགས་བརྙན་ལ་ སོགས་པའི་ད༷པེ་རྣ༷མ་པ་དགུ༷་ཡིས་ནི༷། འབད་རྩོལ་མེད་ཀྱང་བྱ་བ་བྱེད་པའི་ཚུལ་དེ་གསལ་ བར་བསྟ༷ན་པ༷་ཡི༵ན་ལ། དེ་ཡང་གསུང་རབ་ག༷ང་དུ༷་སངས་རྒྱས་ཀྱི་འཕྲིན་ལས་མཚོན་པར་ བྱེད་པའི་དཔེ༷་རྣམ་པ་དགུ༷་པོ༷་འདི༷་ད༵ག་རྒྱ༷ས་པ༷་རྒྱུ་མཚན་དང་བཅས་པས་གསལ་བར་ར༷བ་ ཏུ༷་བསྟ༷ན་པར་གྱུ༷ར་པ༵འི་མདོ༷་སྡེ༷་ཡི༷་ནི༷་མི༷ང་། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ 5-1-399 ཡེ་ཤེས་སྣང་བ་རྒྱན་ཞེས་བྱ་བ་དེ་ཉི༷ད་ཀྱི༵་དཔེས་བཤད་པ་དེ༷་ཡི༷་དགོ༷ས་པ༷་དང་ཉིང་དགོས་ འགྲུབ་པའི་ཚུལ་ཡང་ལེགས་པར་བསྟ༷ན་པ༷་ཉི༵ད་ཡིན་ཏེ། གསུང་རབ་དེ་ལྟ་བུ་དང་དགོས་ འགྲེལ་འདི་ལྟ་བུ་ཐོ༷ས་པ༷་ལ༷ས་བྱུ༷ང་བའི་ཤེ༷ས་རབ་རྣམ་པར་དག་པ༷འི༵་སྣ༷ང་བ༷་རྒྱ༷་ཆེ༷ན་པོ་ འདི༷ས་རྣམ་པར་བརྒྱ༷ན་པ༵འི་བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་རྣམས། མྱུ༷ར་དུ༷་སང༷ས་རྒྱ༷ས་ ཀྱི༵་སྤྱོ༷ད་ཡུ༷ལ་དུ་གྱུར་པའི་འཕྲིན་ལས་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པའི་ཚུལ་ཀུ༷ན་ ལ༷། དང་པོར་རྟོགས་པའི་སྒོ་ནས་འཇུག་ཅིང་། མཐར་སྒྲུབ་པའི་ཚུལ་གྱིས་ཀྱང་འཇུ༷ག་པ༷ར་ འགྱུ༵ར་བའི་ཕྱིར་རོ་ཞེས་པ་སྟེ། དེ་ལྟར་དངོས་སུ་འཕྲིན་ལས་ལ་ཐེ་ཚོམ་ཆོད་པ་ནི་ཉེ་བའི་ དགོས་པ་ཡིན་ལ། བརྒྱུད་ནས་སངས་རྒྱས་ཀྱི་སྤྱོད་ཡུལ་ལའང་འཇུག་པ་ནི་དགོས་པའི་ དགོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། དཔེ་དང་དོན་བསྡུས་ཏེ་བསྟན་པ་ནི། དེ་དོན་བཻཌཱུར་བརྒྱ་བྱིན་གྱི། །གཟུགས་ བརྙན་ལ་སོགས་དཔེ་དག་ནི། །རྣམ་དགུ་བརྗོད་པ་དེ་ལ་ནི། །དེ་ཡི་ བསྡུས་དོན་ངེས་པར་བཟུང༌། །སྟོན་དང་གསུང་དང་ཁྱབ་པ་དང༌། །སྤྲུལ་ དང་ཡེ་ཤེས་སྤྲོ་བ་དང༌། །ཐུགས་གསུང་སྐུ་ཡི་གསང་བ་དང༌། །ཐུགས་ རྗེའི་བདག་ཉིད་ཐོབ་པ་ཉིད། །ཅེས་པ་ལ། འབད་རྩོལ་མེད་ཅིང་བྱ་བ་བྱེད་པ་དེ༷འི་ དོ༷ན་མཚོན་པར་བྱ་བའི་ཆེད་དུ། བཻཌཱུ༷ཪྻའི་ས་གཞི་དག་པ་ལ་བརྒྱ༷་བྱི༷ན་གྱི༵་གཟུ༷གས་བཪྙ༷ན་ ཤར་བ་ལ༷་སོ༷གས་པའི་དཔེ༷་ད༷ག་ནི༵་རྣ༷མ་པ་དགུ༷་གོང་དུ་རྒྱས་པར་བརྗོ༷ད་པ༷་དེ༷་ལ༷་ནི༵། དཔེས་མཚོན་པར་བྱ་བ་དེ༷འི༷་མདོར་བསྡུ༷ས་པའི་དོ༷ན་ངེ༷ས་པ༷ར་བཟུ༵ང་ཞིང་སྟོན་པ་འདི་དག་ སྟེ། བརྒྱ་བྱིན་གྱི་དཔེས་ནི་གདུལ་བྱ་དང་མཐུན་པར་སྐུའི་རྣམ་འཕྲུལ་སྣ་ཚོགས་པ་སྟོ༷ན་པ་ ད༷ང༌། རྔ་བོ་ཆེའི་དཔེས་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་གསུང་གིས་དམ་པའི་ཆོས་ཀྱི་གདམས་ ངག་གསུ༷ང་བ་ད༷ང༌། སྤྲིན་གྱི་དཔེས་ནི་ཐུགས་ཀྱི་མཁྱེན་པ་དང་བརྩེ་བས་ཐམས་ཅད་ལ་ 5-1-400 ཁྱ༷བ་པ༷་ད༵ང༌། ཚངས་པའི་དཔེས་ནི་སྐུ་དང་གསུང་གི་མཛད་པ་མཐའ་ཡས་པ་སྤྲུ༷ལ་པ་ད༷ང༌། ཉི་མའི་དཔེས་ནི་ཐུགས་ཀྱི་མཛད་པ་ཡེ༷་ཤེ༷ས་ལ་བརྟེན་ནས་དམ་པའི་ཆོས་ཀྱི་འོད་ཟེར་སྤྲོ༷་ བ༷་ད༵ང༌། ནོར་བུའི་དཔེས་ནི་རྣམ་རྟོག་མེད་ཀྱང་དགོས་འདོད་རྩོལ་བའི་ཐུ༷གས་ཀྱི་གསང་ བ་དང༌། སྒྲ་བརྙན་གྱི་དཔེས་ནི་ཡི་གེ་མེད་ཀྱང་ལེགས་བཤད་སྟོན་པའི་གསུ༷ང་གི་གསང་བ་ དང༌། ནམ་མཁའི་དཔེས་ནི་གཟུགས་སུ་མེད་ཀྱང་གདུལ་བྱས་མཐོང་བའི་སྐུ༷འི༷་གས༷ང་བ༷་ ད༵ང༌། ས་གཞིའི་དཔེས་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གནས་ཡོངས་སུ་གྱུར་པའི་ཐུ༷གས་རྗེ༷་ ཆེན་པོའི་བད༷ག་ཉི༷ད་ཐོ༷བ་པ༷་ལས། འགྲོ་བ་མཐའ་དག་གི་ཉེར་འཚོ་མཛད་པ་ཉི༵ད་བསྟན་པ་ ཡིན་ནོ་ཞེས་པའི་དོན་ཏོ། ། དོན་གསུམ་དུ་སྦྱར་ཏེ་བཤད་པ་ནི། འབད་རྩོལ་རྒྱུན་ཀུན་རབ་ཞི་བ། །རྣམ་ པར་རྟོག་པ་མེད་པའི་ཐུགས། །དྲི་མེད་བཻཌཱུར་བརྒྱ་བྱིན་གྱི། །གཟུགས་ བརྙན་ཤར་བ་ལ་སོགས་བཞིན། །འབད་རྩོལ་ཞི་བ་དམ་བཅས་ཏེ། །རྟོག་ མེད་ཐུགས་ནི་གཏན་ཚིགས་སོ། །རང་བཞིན་དོན་ནི་གྲུབ་དོན་དུ། ། དཔེ་ནི་བརྒྱ་བྱིན་གཟུགས་སོགས་ཡིན། །ཞེས་པ་སྟེ། ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་ནི། གཞན་གྱི་དོན་སྒྲུབ་པ་ན་དམིགས་པ་དང་བཅས་པའི་འབ༷ད་རྩོ༷ལ་གྱི་ རྒྱུ༷ན་མ་ལུས་པ་ཀུ༷ན་ར༷བ་ཏུ་ཞི༷་བ༵འི་སྒོ་ནས་འཇུག་པ་ཡིན་ཏེ། རྣ༷མ་པ༷ར་རྟོ༷ག་པ༷་ཐམས་ཅད་ མེ༷ད་ཅིང་སྤངས་པ༷འི་ཐུ༵གས་རང་བཞིན་གྱིས་འོད་གསལ་བ་མཐར་ཐུག་པ་མངོན་སུམ་དུ་ གྱུར་པའི་ཕྱིར། དཔེར་ན་མིའི་འཇིག་རྟེན་དྲི༷་མ་མེ༷ད་པའི་བཻ༷ཌཱུ༷ར་ཡའི་གཞིར་གྱུར་པ་ལ་ལྷའི་ དབང་པོ་བརྒྱ༷་བྱི༷ན་གྱི༵་གཟུ༷གས་བཪྙ༷ན་ཤ༷ར་བ༷་ལ༷་སོ༷གས་པ་རྣམས་འབད་རྩོལ་མེད་ཀྱང་ བྱ་བ་བྱེད་པའི་ཇི་ལྟ་བ་བཞི༵ན་ནོ། །དེ་ལ་དམིགས་པ་དང་བཅས་པའི་འབ༷ད་རྩོ༷ལ་གྱི་རྒྱུན་ ཀུན་རབ་ཏུ་ཞི༷་བ༷་ཡིན་ཏེ་ཞེས་པའི་ད༷མ་བཅ༷ས་པའི་དོན་བསྟན་པ་སྟེ༵་རྣམ་པར་རྟོ༷ག་པ་མེ༷ད་ 5-1-401 པའི་ཐུ༷གས་མཐར་ཐུག་པ་མངོན་སུམ་དུ་གྱུར་པའི་ཕྱིར་རོ་ཞེས་པ་ནི༷། དེ་སྒྲུབ་པར་བྱེད་པའི་ གཏ༷ན་ཚི༷གས་སོ༵། །དེ་ལྟར་འབད་རྩོལ་གང་ཡང་མེད་ཀྱང་གཞན་དོན་ལྷུན་གྱིས་གྲུབ་པའི་ ར༷ང་བཞི༷ན་གྱི་དོ༷ན་དེ་ནི༷་གདུལ་བྱའི་བློ་ཡུལ་དུ་གྲུ༷བ་པར་བྱ་བའི་དོ༷ན་དུ༵། མཚོན་པར་བྱེད་ པའི་དཔེ༷་ནི༷་བརྒྱ༷་བྱི༷ན་གྱི་གཟུ༷གས་བརྙན་དང༌། རྔ་བོ་ཆེའི་སྒྲ་སྐད་ལ་སོ༷གས་པ་སྔར་བསྟན་ པ་རྣམས་ཡི༵ན་ནོ་ཞེས་བྱ་བའི་དོན་ཏོ། ། སྐབས་ཀྱི་དོན་འབད་རྩོལ་མེད་ཚུལ་ནི། འདིར་ནི་སྐབས་དོན་འདི་ཡིན་ཏེ། ། སྟོན་པ་ལ་སོགས་རྣམ་དགུ་ནི། །སྟོན་པ་སྐྱེ་འཆི་དང་བྲལ་བ། །འབད་ པ་མེད་པར་རབ་འཇུག་པའོ། །ཞེས་པ་ལ། སངས་རྒྱས་ཀྱི་འཕྲིན་ལས་འཆད་པའི་ སྐབས་འདི༷ར་ནི༷་དཔེ་རྣམས་ཀྱིས་མཚོན་པར་བྱ་བའི་སྐ༷བས་ཀྱི་དོ༷ན་འདི༷་ཡི༷ན་ཏེ༵། རྣམ་ འཕྲུལ་སྟོ༷ན་པ༷་དང་གདམས་ངག་གསུང་བ་ལ༷་སོ༷གས་པའི་དོན་རྣ༷མ་པ་དགུ༷་སྔར་བཤད་ པས་ནི༵་སྟོ༷ན་པ༷་རྫོགས་པའི་སངས་རྒྱས་རྣམས་སྐྱེ༷་བ་དང་འཆི༷་བ་ལ་སོགས་པ་འདུས་བྱས་ ཀྱི་ཆོས་རྣམས་ད༷ང་བྲ༷ལ་བ༵་རྣམ་པར་རྟོག་པ་མེད་ཅིང་འདི་དང་འདི་བྱའོ་སྙམ་པའི་འབ༷ད་ པ༷་དང་རྩོལ་བ་མེ༷ད་པ༷ར་ཡང་གདུལ་བྱ་རྣམས་ལ་འཕྲིན་ལས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་ ར༷བ་ཏུ་འཇུ༷ག་པར་སྟོན་པ༷འོ༵་ཞེས་པའི་དོན་ཏོ། ། མཚོན་ཚུལ་ལ་གཉིས་ལས། དཔེ་ཡི་དབྱེ་བས་བསྟན་པ་ནི། གང་ཞིག་བརྒྱ་བྱིན་ རྔ་དང་སྤྲིན་བཞིན་དང༌། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་ བཞིན། །སྒྲ་བརྙན་ནམ་མཁའ་ས་བཞིན་སྲིད་པའི་བར། །འབད་མེད་ གཞན་དོན་མཛད་དེ་རྣལ་འབྱོར་རིག །ཅེས་པ་སྟེ། སངས་རྒྱས་ཀྱི་འཕྲིན་ལས་ ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་ག༷ང་ཞི༷ག་ཉེ་བར་མཚོན་པར་བྱེད་པའི་དཔེ་ནི། བརྒྱ༷་ བྱི༷ན་རང་གི་གནས་ནས་མ་གཡོས་པར་གཟུགས་བརྙན་ས་གཞི་ལ་ཤར་བས་མི་རྣམས་ཀྱི་ 5-1-402 དོན་བྱེད་པ་བཞིན་དང༌། རྔ༷་བོ་ཆེ་ལ་འབད་པ་མེད་པར་ཆོས་ཀྱི་སྡོམ་བཞི་སྟོན་པ་བཞིན་ ད༷ང༌། སྤྲི༷ན་གྱིས་ནམ་མཁའ་ཁྱབ་པའི་ཆར་གྱིས་ལོ་ཐོག་སྨིན་པར་བྱེད་པ་བཞི༷ན་ད༵ང༌། ཚ༷ངས་པ་གཟུགས་ཁམས་ལས་མ་འཕོས་པར་སྤྲུལ་པ་འདོད་ཁམས་སུ་བསྟན་པས་ལྷ་རྣམས་ ཀྱི་དོན་བྱེད་པ་བཞིན་དང༌། ཉི༷་མ་ལ་རྟོག་པ་མེད་པར་འོད་ཟེར་མཐའ་ཡས་པ་སྤྲོ་བས་མུན་ པ་སེལ་བར་བྱེད་པ་བཞིན་དང༌། རི༷ན་ཆེ༷ན་མཆོག་ཏུ་གྱུར་པ་ཡི༷ད་བཞི༷ན་གྱི་ནོ༷ར་བུ་དབང་གི་ རྒྱ༷ལ་པོ་ལ་རྣམ་རྟོག་མེད་ཀྱང་དགོས་འདོད་མ་ལུས་པ་སྩོལ་བ་བཞི༵ན་དང༌། བདེན་པར་གྲུབ་ པ་མེད་ཀྱང་སྣ་ཚོགས་སུ་སྣང་བ་བྲག་ཆ་ལ་སོགས་པའི་སྒྲ༷་བཪྙ༷ན་བཞིན་དང༌། གཟུགས་སུ་ གྲུབ་པ་མེད་ཀྱང་ཐམས་ཅད་དུ་ཁྱབ་པ་ན༷མ་མཁ༷འ་བཞིན་དང༌། རྟོག་པ་དང་རྩོལ་བ་མེད་ ཀྱང་ཐམས་ཅད་ཀྱི་རྟེན་བྱེད་པ་ས༷་གཞི་བཞི༷ན་ཏེ་འཁོར་བ་མཐའ་མེད་པའི་སྲིད་པ་འདི་ཇི་ སྲི༷ད་གནས་པ༷འི་བ༵ར་དུ་རྒྱུན་མི་འཆད་ཅིང་འབ༷ད་རྩོལ་མེ༷ད་པར་ལྷུན་གྱིས་གྲུབ་པའི་སྒོ་ ནས། གཞ༷ན་གྱི་དོ༷ན་མཛ༷ད་པའི་འཕྲིན་ལས་ཀྱི་ཚུལ་དེ༷་ནི་རྣ༷ལ་འབྱོ༷ར་པ་མཆོག་ཏུ་གྱུར་པ་ རྣམས་ཀྱིས་རི༵ག་གི་ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། དོན་དང་སྦྱར་ཏེ་བཤད་པ་ནི། རིན་ཆེན་ལྷ་དབང་སྣང་བཞིན་སྟོན་པ་ སྟེ། །ལེགས་པར་སྟོན་མཛད་ལྷའི་རྔ་དང་འདྲ། །ཁྱབ་བདག་མཁྱེན་དང་ བརྩེ་བའི་སྤྲིན་ཚོགས་ནི། །མཐའ་ཡས་འགྲོ་ལ་སྲིད་རྩེའི་བར་དུ་ཁྱབ། ། ཚངས་བཞིན་ཟག་མེད་གནས་ལས་མི་བསྐྱོད་པར། །སྤྲུལ་པ་རྣམ་པ་ དུ་མ་རབ་ཏུ་སྟོན། །ཉི་བཞིན་ཡེ་ཤེས་སྣང་བ་རབ་སྤྲོ་གང༌། །རྣམ་དག་ རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུང་ དེ་བྲག་ཆ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་ལྟ་བུར་ཁྱབ་དང་ གཟུགས་མེད་རྟག་པ་ཉིད། །ས་བཞིན་འགྲོ་བའི་དཀར་པོ་ཆོས་ཀྱི་སྨན་ 5-1-403 རྣམས་མ་ལུས་པའི། །རྣམ་པ་ཀུན་ཏུ་གཞིར་གྱུར་ས་ནི་སངས་རྒྱས་ས་ ཡིན་ནོ། །ཞེས་པ་ལ། རྫོགས་པའི་སངས་རྒྱས་རྣམས་གཞན་གྱི་དོན་མཛད་པ་ནི་དཔེར་ན་ མིའི་འཇིག་རྟེན་རི༷ན་ཆེ༷ན་བཻཌཱུཪྻའི་ས་གཞིར་གྱུར་པ་ལ་ལྷ༷འི་དབ༷ང་པོ་བརྒྱ་བྱིན་གྱི་གཟུགས་ བརྙན་སྣ༷ང་བ་ཇི་ལྟ་བ་བཞི༷ན་དུ་ཆོས་སྐུ་ལས་མ་གཡོས་པར་སྐལ་པ་དང་ལྡན་པའི་གདུལ་བྱ་ རྣམས་ལ་གཟུགས་སྐུའི་རྣམ་འཕྲུལ་མཐའ་ཡས་པ་སྟོ༷ན་པ༷་སྟེ༵་སྐུའི་སྣང་བ་དང༌། དེ་བཞིན་ དུ་སེམས་མཉམ་པར་མ་བཞག་པ་རྣམས་མཉམ་པར་བཞག་པ་དང༌། མཉམ་པར་བཞག་ པ་རྣམ་པར་གྲོལ་བར་བྱ་བའི་ཆེད་དུ་གསུང་གིས་གདམས་པ་དང་རྗེས་སུ་བསྟན་པ་ལེ༷གས་ པ༷ར་འདོ༷མས་པར་མཛ༷ད་པའི་ཚུལ་ནི་ལྷ༷འི༷་རྔ༷་བོ་ཆེས་ཆོས་ཀྱི་སྡོམ་བཞི་སྟོན་པ་ད༷ང་འདྲ༵་བ་ དང༌། ཐུགས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱ༷བ་པའི་བད༷ག་ཉིད་སངས་རྒྱས་རྣམས་ཀྱི་ཇི་ལྟ་ བ་དང་ཇི་སྙེད་པ་མཁྱེ༷ན་པའི་ཡེ་ཤེས་ད༷ང༌། འཁོར་བ་རྣམས་སྡུག་བསྔལ་ལས་བསྒྲལ་བར་ བཞེད་པའི་ཐུགས་བརྩེ༷་བ༷་ཆེན་པོ་ཐམས་ཅད་ལ་ཁྱབ་པའི༷་སྤྲི༷ན་གྱི་ཚོ༷གས་དང་འདྲ་བ་ནི༵་ གདུལ་བྱ་མཐ༷འ་ཡ༷ས་པའི་འགྲོ༷་བ་རྣམས་ལ༷་སྲི༷ད་པའི་རྩེ༷་མོའི༷་བ༷ར་དུ༷འང་ཁྱ༵བ་པར་འཇུག་ པ་དང༌། ཚ༷ངས་པ་གཟུགས་ཁམས་ལས་མ་གཡོས་པར་སྤྲུལ་པ་འདོད་ཁམས་སུ་སྟོན་པ་ཇི་ ལྟ་བ་བཞི༷ན་དུ་ཟ༷ག་པ་མེ༷ད་པའི་གན༷ས་ཆོས་ཀྱི་དབྱིངས་ལ༷ས་ཅུང་ཟད་ཀྱང་མི༷་བསྐྱོ༷ད་པ༵ར་ རང་རང་གི་མོས་པ་དང་མཐུན་པར་སྐུ་དང་གསུང་གི་སྤྲུ༷ལ་པ༷་མི་འདྲ་བ་རྣ༷མ་པ༷་དུ༷་མ༷་ཡང་ ར༷བ་ཏུ༷་སྟོ༵ན་པ་དང༌། ཉི༷་མའི་འོད་ཟེར་གྱི་སྣང་བ་འགྱེད་པ་ཇི་ལྟ་བ་བཞི༷ན་དུ་ཡེ༷་ཤེ༷ས་ལ་ བརྟེན་ནས་དམ་པའི་ཆོས་ཀྱི་འོད་ཟེར་གྱི་སྣ༷ང་བ༷་མཐའ་ཡས་པ་ར༷བ་ཏུ་སྤྲོ༵་བ་ག༵ང་ཡིན་པ་ དང༌། དྲི་མ་མེད་ཅིང་རྣ༷མ་པར་ད༷ག་པའི་རི༷ན་ཆེ༷ན་མཆོག་ཏུ་གྱུར་པ་ཡི༷ད་བཞི༷ན་གྱི་ནོ༷ར་བུ་ དང་འདྲ༷་བར། རྣམ་རྟོག་མེད་ཀྱང་དགོས་འདོད་རྩོལ་བའི༷་ཐུ༵གས་ཀྱི་གསང་བ་བསམ་གྱིས་ མི་ཁྱབ་པ་མངའ་བ་དང༌། རྒྱ༷ལ་བ༷་རྫོགས་པའི་སངས་རྒྱས་རྣ༷མས་ཀྱི༷་གསུ༷ང་གི་གསང་བ་དེ༷་ 5-1-404 ཡང་བྲ༷ག་ཆ༷་ལ་སོགས་པའི་སྒྲ་བརྙན་ཇི་ལྟ་བ་བཞི༷ན་དུ༷། སྣ་ཚོགས་སུ་ཐོས་ཀྱང་ཡི༷་གེ༷འི་ངོ་ བོར་གྲུབ་པ་མེ༵ད་པ་དང༌། སྐུ༷འི་གསང་བ་ནི༷་ན༷མ་མཁ༷འ་ལྟ༷་བུ༷ར་ཐམས་ཅད་ལ་ཁྱ༷བ་པ་ཉིད་ ད༷ང༌། དབྱིབས་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང་གཟུ༷གས་སུ་གྲུབ་པ་མེ༷ད་ཅིང་རྟ༷ག་པ༷་ ཉི༵ད་ཡིན་པ་དང༌། ས༷་གཞིས་ལོ་ཐོག་ལ་སོགས་པ་སྐྱེ་བའི་རྟེན་བྱེད་པ་བཞི༷ན་དུ་གདུལ་བྱའི་ འགྲོ༷་བ༷་དཔག་ཏུ་མེད་པའི༷་རྒྱུད་ལ་དཀ༷ར་པོ༷་དགེ་བའི༷་ཆོ༷ས་ཀྱི༷་ལོ་ཐོག་དང་རྩི་སྨ༷ན་རྣ༷མས་ མ༷་ལུ༷ས་པ༵འི་འཕེལ་བ་དང་བརྟན་པ་དང་ཡངས་པར་བྱེད་པའི་རྣ༷མ་པ༷་ཀུ༷ན་ཏུ༷་གཞི༷འམ་རྟེན་ དུ་གྱུ༷ར་པ༷་ནི༷། གནས་མ་ལུས་པ་ཡོངས་སུ་གྱུར་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སང༷ས་ རྒྱ༷ས་ཀྱི་ས༷་ཐོབ་པ་ཉིད་ཡིན་པ་སྟེ། དོན་རྣམ་པ་དགུ་དང་ལྡན་པ་ཡི༷ན་ནོ༵་ཞེས་བྱ་བའི་དོན་ཏོ། ། སླར་ཡང་བསྡུས་ཏེ་ཁྱད་པར་བཤད་པ་ལ་གཟུགས་སྐུ་ལ་སྐྱེ་འཇིག་སྣང་ཡང་ཆོས་སྐུ་ ལ་སྐྱེ་འཇིག་མེད་ཚུལ་དང༌། ཆོས་མཐུན་པས་མཚུངས་པར་སྣང་ཡང་མི་མཐུན་པས་ཁྱད་ པར་འཕགས་ཚུལ་ལོ། །སྣང་ཡང་སྐྱེ་འཇིག་མེད་ཚུལ་ལ་གཉིས་ལས། དབང་པོའི་དཔེས་ སྐྱེ་འཇིག་མེད་ཚུལ་ནི། དགེ་བ་བཻཌཱུཪྻ་འདྲ་ཡི། །སེམས་ལ་སངས་རྒྱས་མཐོང་ བའི་རྒྱུ། །དེ་དག་པ་ནི་མི་བཟློག་པའི། །དད་པའི་དབང་པོ་བརྟས་པ་ ཉིད། །དགེ་བ་སྐྱེ་དང་འཇིགས་པས་ན། །སངས་རྒྱས་གཟུགས་ནི་སྐྱེ་དང་ འཇིག །བརྒྱ་བྱིན་བཞིན་དུ་ཐུབ་པ་ཡི། །ཆོས་ཀྱི་སྐུ་ལ་སྐྱེ་འཇིག་མེད། ། ཅེས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་རྟག་ཏུ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ ཉིད་ཡིན་ན་སྐྱེ་བ་དང་འཇིག་པར་མཐོང་བའི་རྒྱུ་མཚན་ཅི་ལྟར་སྙམ་པ་ལ། དགེ༷་བའི་རྩ་བ༷་ བསགས་པ་ལ་བརྟེན་ནས་ས་གཞི་བཻ༷ཌཱུ༷ཪྻ༷་དག་པར་གྱུར་པ་དང་འདྲ༷་བ་ཡི༵་རང་གི་སེ༷མས་ དྲི་མ་མེད་ཅིང་དྭང་བར་གྱུར་པ་ལ༷་རྫོགས་པའི་སང༷ས་རྒྱ༷ས་རྣམས་ཀྱི་གཟུགས་ཀྱི་སྐུ་གསལ་ 5-1-405 བར་མཐོ༷ང་བ༷འི་རྒྱུ༵འམ་སེམས་དེ༷་ད༷ག་པ༷ར་བྱེད་པའི་ཐབས་ནི༷། མི་མཐུན་ཕྱོགས་མ་དད་ པ་ལ་སོགས་པའི་རྐྱེན་གྱིས་མི༷་བཟློ༷ག་པ༵འི་སྒོ་ནས་ད༷ད་པ་ལ་སོགས་པ༷འི་དབ༷ང་པོ༷་ཤིན་ཏུ་ བརྟ༷ས་ཤིང་བརྟན་པར་གྱུར་པ༷་ཉི༵ད་ཡིན་ཞིང༌། དེ་ལ་ས་གཞི་དག་པ་དང་མ་དག་པའི་དབང་ གིས་གཟུགས་བརྙན་འཆར་བ་དང་ནུབ་པར་འགྱུར་བ་བཞིན་དུ། གདུལ་བྱ་རྣམས་ཀྱི་དད་ པ་ལ་སོགས་པའི་དགེ༷་བའི་རྩ་བ༷་སྐྱེ༷་བ་ད༷ང་ནི་འཇི༷ག་པ༷་ན༵། དེ་དག་གི་དབང་གིས་རིམ་པ་ ལྟར་སང༷ས་རྒྱ༷ས་རྣམས་ཀྱི་ཀུན་རྫོབ་གཟུ༷གས་ཀྱི་སྐུ་ནི༷་སྐྱེ༷་བ་ད༷ང་འཇི༵ག་པར་སྣང་བ་ཡིན་ ཡང་། བརྒྱ༷་བྱི༷ན་རང་གི་ངོ་བོ་ཡུལ་སུམ་ཅུ་རྩ་གསུམ་གྱི་གནས་ནས་མ་འཕོས་པ་བཞི༷ན་དུ༷། ཐུ༷བ་པ༷་ཐམས་ཅད་མཁྱེན་པ་ཡི༵འང་རང་གི་ངོ་བོ་དོན་དམ་པའི་ཆོ༷ས་ཀྱི༷་སྐུ༷་ལ༷་འགྱུར་བ་མེད་ པའི་ཕྱིར་སྐྱེ༷་བ་དང་འཇི༷ག་པ་མེ༵ད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། ཐམས་ཅད་ཀྱིས་རྒྱུན་མི་འཆད་ཚུལ་ནི། དེ་བཞིན་དུ་ནི་འབད་མེད་པར། །སྐྱེ་ མེད་འགག་མེད་ཆོས་སྐུ་ལས། །སྲིད་པ་ཇི་སྲིད་གནས་བར་དུ། །སྟོན་པ་ ལ་སོགས་མཛད་པ་འཇུག །ཅེས་པ་སྟེ། ཡང་སངས་རྒྱས་རྣམས་ལ་འབད་རྩོལ་མེད་ པ་ཡིན་ན་འཕྲིན་ལས་རྒྱུན་མི་འཆད་པའི་རྒྱུན་མཚན་ཇི་ལྟར་སྙམ་པ་ལ། བརྒྱ་བྱིན་ལ་སོགས་ པ་ལ་འབད་རྩོལ་མེད་ཀྱང་གཟུགས་བརྙན་ཤར་བ་ལ་སོགས་པས་གཞན་གྱི་དོན་བྱེད་པ་དེ༷་ བཞི༷ན་དུ༷་ནི༷་སངས་རྒྱས་རྣམས་ལ་ཡང་རྣམ་པར་རྟོག་པ་ལ་སོགས་པའི་འབ༷ད་རྩོལ་གང་ ཡང་མེ༷ད་པ༵ར་གདོད་མ་ནས་སྐྱེ༷་བ་མེ༷ད་ཅིང་འག༷ག་པ་མེ༷ད་པའི་ཆོ༷ས་ཀྱི་སྐུ༷་མངོན་སུམ་དུ་ གྱུར་པ་ལ༵ས་མ་གཡོས་བཞིན་པས། གདུལ་བྱ་འཁོར་བའི་སྲི༷ད་པ༷་མཐའ་མེད་པ་འདི་ཇི༷་ སྲི༷ད་མ་སྟོངས་པར་གན༷ས་ཀྱི་བ༷ར་དུ༵་སྐུའི་རྣམ་འཕྲུལ་སྟོ༷ན་པ༷་དང༌། གསུང་གིས་གདམས་ ངག་གསུང་བ་དང༌། ཐུགས་ཀྱི་མཁྱེན་བརྩེས་ཁྱབ་པ་ལ༷་སོ༷གས་པའི་མཛ༷ད་པ༷་ལྷུན་གྱིས་ གྲུབ་པ་འདི་རྒྱུན་མི་འཆད་པར་འཇུ༵ག་གོ་ཞེས་བྱ་བའི་དོན་ཏོ། ། 5-1-406 མཚུངས་ཀྱང་ཁྱད་པར་འཕགས་ཚུལ་ལ་གཉིས་ལས་མདོར་བསྟན་ནི། དཔེ་འདི་ རྣམས་ཀྱིས་བསྡུས་པ་ཡི། །དོན་ནི་འདི་ཡིན་རིམ་པ་ཡང༌། །སྔ་མས་ ཆོས་མི་མཐུན་པ་རྣམས། །ཕྱི་མས་སྤངས་ཏེ་བརྗོད་པ་ཡིན། །ཞེས་པ་སྟེ། སངས་རྒྱས་ཀྱི་འཕྲིན་ལས་མཚོན་པར་བྱེད་པའི་དཔེ༷་དགུ་པོ་འདི༷་རྣ༷མས་ཀྱི༷་མདོར་བསྡུ༷ས་ པ༷འི༵་དོ༷ན་ནི༷་འོག་ནས་འཆད་པར་འགྱུར་པའི་གཞུང་འདི༷་རྣམས་ཀྱིས་སྟོན་པ་ཡི༷ན་ཞིང་དེར་ མ་ཟད་དཔེ་སྔ་མའི་རྗེས་སུ་ཕྱི་མ་སྟོན་པའི་གོ་རི༷མ་ངེས་པ༷འི་རྒྱུ་ཡ༵ང་འཆད་པར་འགྱུར་བ་ ཉིད་ཡིན་ཏེ། དཔེ་སྔ༷་མ༷་སྔ་མ་རྣམས་ཀྱིས་སངས་རྒྱས་ཀྱི་འཕྲིན་ལས་མ་ལུས་པ་མཚོན་པར་ མི་ནུས་ཤིང་། ཆོ༷ས་མི༷་མཐུ༷ན་པའི་ཆ་གང་ཡིན་པ༷་རྣ༵མས་དཔེ་ཕྱི་མ་ཕྱི༷་མ༷་རྣམས་ཀྱིས༷་རིམ་ པ་ལྟར་སྤ༷ངས་ཏེ༷། ཆོས་མཐུན་པར་བསྟན་པའི་སྒོ་ནས་བརྗོ༷ད་པ༷་ཡི༵ན་པའི་ཕྱིར་རོ་ཞེས་བྱ་ བའི་དོན་ཏོ། ། རྒྱས་བཤད་ནི། སངས་རྒྱས་གཟུགས་བརྙན་ལྟ་བུ་སྟེ། །དབྱངས་དང་མི་ ལྡན་དེ་འདྲ་མིན། །ལྷ་ཡི་རྔ་བཞིན་ཐམས་ཅད་དུ། །དོན་བྱེད་མིན་པས་ དེ་འདྲ་མིན། །སྤྲིན་ཆེན་དང་མཚུངས་དོན་མེད་པའི། །ས་བོན་སྤོང་མིན་ དེ་འདྲའང་མིན། །ཚངས་ཆེན་བཞིན་ཏེ་གཏན་ཏུ་ནི། །སྨིན་པར་བྱེད་ མིན་དེ་འདྲའང་མིན། །ཉི་མའི་གཟུགས་བཞིན་གཏན་ཏུ་ནི། །མུན་པ་ འཇོམས་མིན་དེ་འདྲའང་མིན། །ཡིད་བཞིན་ནོར་འདྲ་འབྱུང་བ་ནི། །རྙེད་ པར་མི་དཀའ་དེ་འདྲའང་མིན། །སྒྲ་བརྙན་བཞིན་ཏེ་རྐྱེན་ལས་ནི། །བྱུང་ བ་དེ་དང་འདྲ་བའང་མིན། །ནམ་མཁའ་དང་འདྲ་དགེ་བ་ཡི། །གཞི་ མིན་དེ་དང་འདྲ་བའང་མིན། །འཇིག་རྟེན་འཇིག་རྟེན་ལས་འདས་པའི། ། འགྲོ་བའི་ཕུན་ཚོགས་མ་ལུས་པ། །དེ་གནས་པ་ཡི་རྟེན་ཡིན་ཕྱིར། །ས་ 5-1-407 ཡི་དཀྱིལ་འཁོར་དག་དང་འདྲ། །སངས་རྒྱས་བྱང་ཆུབ་ལ་བརྟེན་ནས། ། འཇིག་རྟེན་འདས་པའི་ལམ་འབྱུང་ཕྱིར། །དགེ་བའི་ལས་ལམ་བསམ་ གཏན་དང༌། །ཚད་མེད་པ་དང་གཟུགས་མེད་འབྱུང༌། །ཞེས་པ་ལ། རྫོགས་ པའི་སང༷ས་རྒྱ༷ས་རྣམས་འཕྲིན་ལས་མཛད་པ་ན། སྐུའི་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་ནི། བཻཌཱུཪྻའི་ས་གཞིར་བརྒྱ་བྱིན་གྱིས་གཟུ༷གས་བཪྙ༷ན་སྣང་པ་ལྟ༷་བུ༷་སྟེ༵་འོན་ཀྱང་གཟུགས་བརྙན་ ནི་དབྱ༷ངས་ད༷ང་མི༷་ལྡ༷ན་ལ། སངས་རྒྱས་ནི་ཆོས་གསུང་པའི་དབྱངས་དང་ལྡན་པའི་ཕྱིར། དེ༷་དང་འདྲ༷་བ་མི༵ན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་ཆོས་གསུང་པའི་དབྱངས་ དག་ལྡན་པའི་ཆ་ནས་གསུང་གི་གདམས་ངག་སྣ་ཚོགས་སྟོན་པ་ནི། ལྷ༷་ཡི༷་རྔ༷་བོ་ཆེས་ཆོས་ཀྱི་ སྡོམ་བཞི་སྟོན་པ་ཇི་ལྟ་བ་བཞི༷ན་ཏེ། འོན་ཀྱང་རྔ་བོ་ཆེ་ནི་ཕྱོགས་རེ་བ་ཡིན་གྱི་ཐ༷མས་ཅད་དུ༵་ ཁྱབ་པས་དོ༷ན་བྱེ༷ད་པ་མི༷ན་ལ། སངས་རྒྱས་ནི་གདུལ་བྱའི་འཇིག་རྟེན་ཐམས་ཅད་ལ་ཁྱབ་ པར་དོན་མཛད་པ་ཡིན་པ༷ས་དེ༷་དང་འདྲ༷་བ་མི༵ན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་ཆ་ནས། མཁྱེན་པ་དང་བརྩེ་བས་གདུལ་ བྱ་རྣམས་སྨིན་པར་མཛད་པ་ནི། སྤྲི༷ན་ཆེ༷ན་པོ་ཐམས་ཅད་དུ་ཁྱབ་པས་ལོ་ཐོག་སྨིན་པར་ བྱེད་པ་ད༷ང་ཆོས་མཚུ༷ངས་པ་སྟེ། འོན་ཀྱང་སྤྲིན་གྱིས་དོ༷ན་མེ༷ད་པ༵འི་ས༷་བོ༷ན་སྤོ༷ང་བར་བྱེད་ པ་མི༷ན་ལ། སངས་རྒྱས་ཀྱིས་ནི་དོན་མེད་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ས་ བོན་སྤོང་བར་མཛད་པའི་ཕྱིར། དེ༷་དང་འདྲ༷་བའ༷ང་མི༵ན་ཞིང་ཁྱད་པར་དུ་འཕགས་པ་ཉིད་ དོ། །དེ་ལྟར་དོན་མེད་པ་ཉོན་མོངས་པའི་ས་བོན་རྣམས་སྤོང་བའི་ཆ་ནས་སྤྲུལ་པ་མཐའ་ཡས་ པ་སྟོན་པ་ནི། ཚ༷ངས་པ་ཆེ༷ན་པོའི་སྤྲུལ་པས་འདོད་ཡོན་ལ་ཆགས་པ་སྤོང་བ་ཇི་ལྟ་བ་བཞི༷ན་ ཏེ༷། འོན་ཀྱང་ཚངས་པས་ནི་ལན་གཅིག་ཙམ་ཕན་འདོགས་པར་བྱེད་པ་ཡིན་གྱི་གཏ༷ན་དུ༷་ ནི༵་སྨི༷ན་པ༷ར་བྱེ༷ད་པ་མི༷ན་ལ། སངས་རྒྱས་ཀྱིས་ནི་གཏན་དུ་རྒྱུན་མི་འཆད་པར་གདུལ་བྱའི་ 5-1-408 རྒྱུད་ཡོངས་སུ་སྨིན་པར་མཛད་པའི་ཕྱིར། དེ༷་དང་འདྲ༷་བའ༷ང་མི༵ན་ཞིང་ཁྱད་པར་དུ་འཕགས་ པ་ཉིད་དོ། །དེ་ལྟར་གཏན་དུ་གདུལ་བྱའི་ལོ་ཐོག་སྨིན་པར་བྱེད་པའི་ཆ་ནས། ཡེ་ཤེས་ཀྱི་ འོད་ཟེར་མཐའ་ཡས་པ་སྤྲོ་བ་ནི་ཉི༷་མ༷འི་གཟུ༷གས་ཀྱི་འོད་ཟེར་གྱིས་ལོ་ཐོག་གཏན་དུ་སྨིན་ པར་བྱེད་པ་ཇི་ལྟ་བ་བཞི༷ན་ཏེ། འོན་ཀྱང་ཉི་མས་ནི་རེས་འགའ་སྣང་བ་ཡིན་གྱི་ཉིན་མཚན་ གཏ༷ན་དུ༷་ནི༵་མུ༷ན་པ༷་འཇོ༷མས་པར་བྱེད་པ་མི༷ན་ལ། སངས་རྒྱས་ཀྱིས་ནི་གཏན་དུ་རྒྱུན་མི་ འཆད་པར་མི་ཤེས་པའི་མུན་པ་འཇོམས་པར་མཛད་པའི་ཕྱིར་དེ༷་དང་འདྲ༷་བའ༷ང་མི༵ན་ཞིང་ ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་གཏན་དུ་མུན་པ་འཇོམས་པར་བྱེད་པའི་ཆ་ནས། ཐུགས་ཀྱི་གསང་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་འགྱེད་པ་ནི། ཡི༷ད་བཞི༷ན་ གྱི་ནོ༷ར་བུ་རིན་པོ་ཆེའི་སྣང་བས་ཉིན་མཚན་གཏན་དུ་མུན་པ་འཇོམས་པ་དང་འདྲ༷་སྟེ། འོན་ ཀྱང་ནོར་བུ་ནི་ཀླུ་ལ་སོགས་པ་དུད་འགྲོ་ལའང་ཡོད་པས། འབྱུ༷ང་བ༷་ནི༵་ཪྙེ༷ད་པ༷ར་མི༷་དཀ༷འ་ ལ། སངས་རྒྱས་ནི་སྐལ་པ་དང་མི་ལྡན་པ་རྣམས་ལ་འབྱུང་བ་རྙེད་པར་དཀའ་བའི་ཕྱིར། དེ༷་ དང་འདྲ༷་བའ༷ང་མི༵ན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་འབྱུང་བ་རྙེད་པར་དཀའ་ བའི་ཆ་ནས། གསུང་གི་གསང་བས་ལེགས་བཤད་སྣ་ཚོགས་སྟོན་པ་ནི་སྒྲ༷་བཪྙ༷ན་ཕྱི་དང་ ནང་དུ་བདེན་པར་མ་གྲུབ་པས་རྙེད་པར་དཀའ་བ་ཇི་ལྟ་བ་བཞི༷ན་ཏེ༷། འོན་ཀྱང་སྒྲ་བརྙན་ གློ་བུར་དུ་རྐྱེ༷ན་ལ་རག་ལ༷ས་ནས་ནི༵་བྱུང་བ་ཡིན་ལ། སངས་རྒྱས་ནི་རང་བྱུང་འདུས་མ་བྱས་ ཡིན་པས་རྐྱེན་ལ་རག་ལས་ནས་བྱུ༷ང་བ༷་མ་ཡིན་པའི་ཕྱིར། དེ༷་ད༷ང་འདྲ༷བའ༷ང་མི༵ན་ཞིང་ཁྱད་ པར་དུ་འཕགས་པ་ཉིད་དོ། །དེ་ལྟར་རྐྱེན་ལས་བྱུང་བ་མ་ཡིན་ཞིང་མངོན་པར་འདུས་མ་བྱས་ པའི་ཆ་ནས་སྐུའི་གསང་བས་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་ནི་ན༷མ་མཁ༷འ་སྣ་ཚོགས་སུ་ སྣང་ཡང་འདུས་མ་བྱས་པ་ད༷ང་འདྲ༷་སྟེ། འོན་ཀྱང་ནམ་མཁའ་ནི་དགེ༷་བ༷འི༵་གཞི༷་འམ་རྟེན་དུ་ གྱུར་པ་མ་མི༷ན་ལ། སངས་རྒྱས་ནི་དཀར་པོ་དགེ་བའི་ཆོས་རྣམས་ཀྱི་གཞིའམ་རྟེན་དུ་གྱུར་ 5-1-409 པ་ཡིན་པའི་ཕྱིར་དེ༷་ད༷ང་འདྲ༷་བ༷འ༷ང་མི༵ན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་ འཇི༷ག་རྟེ༷ན་དང་འཇི༷ག་རྟེ༷ན་ལ༷ས་འད༷ས་པ༵འི་འགྲོ༷་བ༷འི་ཕུ༷ན་སུམ་ཚོ༷གས་པ་མ༷་ལུ༷ས་པ༵་ དེ༷་རྣམས་གན༷ས་པ༷འི༷་གཞིའམ་རྟེ༷ན་དུ་གྱུར་པ་ཡི༷ན་པའི་ཕྱི༵ར་ན། ས༷འི༷་དཀྱི༷ལ་འཁོ༷ར་ཆེན་ པོས་ཐམས་ཅད་ཀྱི་རྟེན་བྱེད་པ་དག༷་ད༷ང་འདྲ༵་བ་ཡིན་ནོ། །དེ་ཡང་འདི་ལྟར་འཇིག་རྟེན་ལས་ འདས་པའི་ཕུན་སུམ་ཚོགས་པ་རྣམས་ཀྱི་གཞི་ཡིན་ཏེ། རྫོགས་པའི་སང༷ས་རྒྱ༷ས་རྣམས་ཀྱི་ བྱ༷ང་ཆུ༷བ་ཆེན་པོ་ཐོབ་པ་ལ༷་བརྟེ༷ན་ན༵ས་འཇི༷ག་རྟེ༷ན་ལས་འད༷ས་པར་བགྲོད་པ༷འི་ལ༷མ་ཐེག་ པ་གསུམ་ལ་སོགས་པ་དམ་པའི་ཆོས་རྣམས་འབྱུ༷ང་བའི་ཕྱི༵ར་རོ། །དེ་བཞིན་དུ་འཇིག་རྟེན་ པའི་ཕུན་སུམ་ཚོགས་པ་རྣམས་ཀྱིའང་གཞི་ཡིན་ཏེ། བྱང་ཆུབ་ཆེན་པོ་ལ་བརྟེན་ནས་འདོད་ ཁམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་དགེ༷་བ༷་བཅུའི༷་ལ༷ས་ཀྱི་ལ༷མ་རྣམས་དང༌། གཟུགས་ ཁམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་བས༷མ་གཏ༷ན་བཞི་ད༵ང་ཚ༷ད་མེ༷ད་རྣམས་དང༌། གཟུ༷གས་ མེ༷ད་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་འབྱུ༵ང་ བའི་ཕྱིར་རོ་ཞེས་པའོ། །འོན་ཀྱང་ས་ཆེན་པོས་ནི་རྩི་ཤིང་དང་ལོ་ཐོག་ལ་སོགས་པ་རྣམས་ཀྱི་ རྟེན་བྱེད་པ་ཙམ་ཡིན་གྱི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཁྱད་པར་ ཅན་རྣམས་ཀྱི་རྟེན་བྱེད་པ་ནི་མ་ཡིན་པའི་ཕྱིར། དེ་ལས་ཀྱང་རྫོགས་པའི་སངས་རྒྱས་རྣམས་ ཁྱད་པར་དུ་འཕགས་པ་ཉིད་དོ་ཞེས་ཀྱང་རིག་པར་བྱའོ། །དེ་བས་ན་གཞན་གྱི་དོན་མཐར་ ཕྱིན་པ་སྒྲུབ་པར་འདོད་པའི་བློ་དང་ལྡན་པ་རྣམས་ཀྱི་ནི་སངས་རྒྱས་ཀྱི་འཕྲིན་ལས་བསྒྲུབ་ པའི་ཆེད་དུ་ལམ་བསྒོམ་པ་ལ་འབད་པར་བྱ་བ་ཉིད་དོ། ། རྒྱལ་བའི་ཕྲིན་ལས་མཆོག་ལ་མོས་པ་རྣམས། །གནས་སྐབས་འཕྲིན་ལས་སྣོད་དུ་རུང་ ཕྱིར་དང༌། །མཐར་ཐུག་འཕྲིན་ལས་ཐོབ་ནས་བསྒྲུབ་པའི་ཕྱིར། །རྣམ་དག་འཕྲིན་ལས་ཚུལ་ འདི་མཁྱེན་པར་མཛོད། །ཅེས་ཀྱང་བྱ་སྟེ། རྟོགས་པར་བྱེད་ཐབས་འཕྲིན་ལས་ཀྱི་དོན་རྒྱས་ 5-1-410 པར་བཤད་པའི་ངེས་པའོ། །ཐེ༷ག་པ༷་ཆེ༷ན་པོ༷་རྒྱུ༷ད་བླ༷་མ༷འི་བསྟ༷ན་བཅོ༷ས་དཀོ༷ན་མཆོ༷ག་གི༷་ རི༷གས་རྣ༷མ་པ༷ར་དབྱེ༷་བ༷་ལ༷ས། དེ༷་བཞི༷ན་གཤེ༷གས་པ༷འི་འཕྲི༷ན་ལ༷ས་མཛ༷ད་ པ༷འི་སྐ༷བས་ཏེ༷་ལེའུ་བཞི༷་པ༷འི་རྣམ་པར་བཤད་པ༷འོ༵།། ༈ །། ད་ནི་ཇི་སྐད་བསྟན་པའི་གནས་བཞི་པོ་དེ་ཉིད་ལ་ལྷག་པར་མོས་པ་དག་གིས་ཕན་ཡོན་ ཆེན་པོ་ཐོབ་པའི་ཚུལ་རྣམས་བཤད་པར་བྱ་སྟེ། མཆོག་ཏུ་བསྔགས་པའི་ཚུལ་གྱིས་བསྟན་པ་ དང༌། དེ་ཉིད་རྣམ་གྲངས་གཞན་གྱིས་བཤད་པས་སོ། ། བསྟན་པ་ལའང༌། གནས་བཞི་པོ་རྟོགས་པར་དཀའ་བའི་ཚུལ་དང༌། དེ་རྟོགས་པས་ཕན་ ཡོན་ཐོབ་པའི་ཚུལ་ལོ། །དེ་ལ་རྟོགས་པར་དཀའ་བའི་ཚུལ་ནི། སངས་རྒྱས་ཁམས་ དང་སངས་རྒྱས་བྱང་ཆུབ་དང༌། །སངས་རྒྱས་ཆོས་དང་སངས་རྒྱས་ འཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་པ་སྟེ། སང༷ས་རྒྱས༷་ཀྱི་ཁ༷མས་རང་ བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་ད༷ང་བཅས་པའི་གནས་སྐབས་ཏེ་དེ་བཞིན་ གཤེགས་པའི་སྙིང་པོ་དང༌། དེ་ཉིད་གློ་བུར་གྱི་དྲི་མས་ཀྱང་ཤིན་ཏུ་རྣམ་པར་དག་པའི་གནས་ སྐབས་སང༷ས་རྒྱ༷ས་ཀྱི་བྱ༷ང་ཆུ༷བ་ཆེན་པོ་ཐོབ་པ་ད༵ང༌། བྱང་ཆུབ་ཆེན་པོ་ལ་དབྱེར་མེད་པར་ ལྡན་པའི་ས༷ངས་རྒྱ༷ས་ཀྱི་ཆོ༷ས་སྟོབས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་ད༷ང༌། ཡོན་ཏན་རྣམས་ཐོབ་པའི་ནུས་པས་ས༷ངས་རྒྱ༷ས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ འཆད་པར་སྒྲུབ་པའི་ཕྲི༷ན་ལ༷ས་ཏེ༵། དཀོན་མཆོག་གསུམ་འགྲུབ་པ་དང་རྗེས་སུ་མཐུན་པའི་ རྡོ་རྗེའི་གནས་བཞི་པོ་འདི་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་ནི་གློ་བུར་གྱི་དྲི་མ་ཕལ་ཆེ་བས་ རྣམ་པར་ད༷ག་པ༷འི་སེ༷མས་ཅ༷ན་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་གནས་པ་ཡི༷ས་ཀྱ༷ང་ བས༷མ་པར་བྱ༷་བ་མི༵ན་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་ཉན་ཐོས་དང་། རང་སངས་རྒྱས་ 5-1-411 རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྔར་བསྟན་པ་ལྟར་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ ཕྱིར་རོ། །འོ་ན་དེ་དག་གང་གི་སྤྱོད་ཡུལ་ཡིན་སྙམ་ན། བཤད་མ་ཐག་པའི་རྡོ་རྗེའི་གནས་བཞི་ པོ་འདི༷་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་ནི༷། སེམས་ཅན་ཐམས་ཅད་ཀྱི་འདྲེ༷ན་པ༷་རྫོགས་ པའི་སངས་རྒྱས་རྣ༷མས་ཀྱི༷་ཡེ་ཤེས་ཁོ་ནའི་སྤྱོ༷ད་ཡུ༷ལ་དུ་གྱུར་པ་ཡི༵ན་ནོ་ཞེས་བྱ་བའི་དོན་ཏོ། ། འོན་ཀྱང་དེ་བཞིན་གཤེགས་པ་ལ་དད་པ་རྣམས་ཀྱིས་མོས་པ་ཡིད་ལ་བྱེད་པའི་ཚུལ་གྱིས་ནི་ རྟོགས་པར་བྱ་བ་ཡིན་ནོ་ཞེས་ཀྱང་བཤད་ཟིན་ཏོ། ། ཕན་ཡོན་ཐོབ་པའི་ཚུལ་ལ། ཐབས་ཀྱི་དགེ་བ་གཞན་རྣམས་ལས་ཁྱད་པར་དུ་འཕགས་ ཚུལ་དང༌། ཤེས་རབ་མཆོག་གྱུར་ཐོབ་ཚུལ་གྱིས་རྒྱུ་མཚན་བསྟན་པའོ། །ཁྱད་པར་འཕགས་ ཚུལ་ལ་གཉིས་ལས། མདོར་བསྟན་ནི། བློ་ལྡན་རྒྱལ་བའི་ཡུལ་འདི་ལ་མོས་པ། ། སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་འགྱུར་ཏེ། །བསམ་མེད་ཡོན་ཏན་ ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་ གྱིས་གནོན། །ཞེས་པ་སྟེ། བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་གང་དག་རྒྱལ༷་བ༷་རྫོགས་པའི༷་ སངས་རྒྱས་རྣམས་ཁོ་ནའི་ཡེ་ཤེས་ཀྱི་སྤྱོད་ཡུ༷ལ་དུ་གྱུར་པའི་དོན་གྱི་གནས་བཞི་པོ་འདི༷་ཉིད་ ལ༷་ལྷག་པར་མོ༷ས་པ༵་དེ་རྣམས་ནི། །སྟོབས་ལ་སོགས་པ་ས༷ངས་རྒྱ༷ས་ཀྱི་ཡོ༷ན་ཏ༷ན་དཔག་ ཏུ་མེད་པའི་ཚོ༷གས་ཀྱི༷་སྣོ༷ད་དུ་འགྱུ༷ར་བ་ཉིད་དེ༵། ཐེག་པ་ཆེན་པོ་རིགས་སད་པ་ལས་མཐར་ ཕྱིན་པའི་འབྲས་བུ་མྱུར་དུ་ཐོབ་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཕལ་པ་རྣམས་ཀྱིས་ བས༷མ་དུ་མེ༷ད་པའི་ཡོ༷ན་ཏ༷ན་གྱི་ཚོ༷གས་དང་ལྡན་པའི་གནས་བཞི་པོ་འདི་དག་ལ༷་མངོ༷ན་ པར་དག༷འ་ཞིང་ལྷག་པར་མོས་པའི་ཕན་ཡོན་ཤིན་ཏུ་མང་བ༵ས་ནི་དེ་དང་མ་འབྲེལ་བའི་ སེ༷མས་ཅ༷ན་ཀུ༷ན་གྱི༷་སྦྱིན་པ་ལས་བྱུང་བ་ལ་སོགས་པའི་བསོ༷ད་ན༷མས་ཀྱི་ཚོགས་མཐའ་དག་ ཟི༷ལ་གྱི༷ས་གནོ༵ན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། ། 5-1-412 རྒྱས་བཤད་ལ་གསུམ་ལས། སྦྱིན་པ་ལས་ཁྱད་པར་འཕགས་ཚུལ་ནི། གང་ཞིག་ བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིང་ནོར་བུས་སྤྲས་པ་ནི། །སངས་ རྒྱས་ཞིང་གི་རྡུལ་མཉམ་ཉིན་རེར་ཆོས་རྒྱལ་རྣམས་ལ་རྟག་འབུལ་ལ། ། གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་ འདི། །སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་ པར་འགྱུར། །ཞེས་པ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ག༷ང་ལ་ལ་ཞི༷ག ཆེད་དུ་བྱ་ བ་བླ་ན་མེད་པའི་བྱ༷ང་ཆུ༷བ་ཆེན་པོ་དོ༷ན་དུ༷་གཉེ༷ར་བ༷འི་བསམ་པས། དངོས་པོ་བཟང་པོ་ གསེ༷ར་ལས་གྲུབ་པའི་ཞི༷ང་ཁམས་རྒྱ་ཆེན་པོ་ནོ༷ར་བུ༷་རིན་པོ་ཆེ་དཔག་ཏུ་མེད་པས་སྤྲ༷ས་ཤིང་ གང་བ༷་ནི༵། གྲངས་མཐའ་ཡས་པ་ས༷ངས་རྒྱ༷ས་ཀྱི་ཞི༷ང་ཁམས་མཐའ་ཡས་པ་དག་གི༷་རྡུ༷ལ་ཕྲ་ རབ་ཀྱི་གྲངས་དང་མཉ༷མ་པ་རྣམས། དུས་ཉི༷ན་རེ༷་བཞིན་དུ་རྒྱུན་མི་འཆད་པར་ཡུལ་མཆོག་ ཏུ་གྱུར་པ་ཆོ༷ས་ཀྱི་རྒྱ༷ལ་པོ་སངས་རྒྱས་བཅོམ་ལྡན་འདས་རྣ༷མས་ལ༷་རྟ༷ག་ཏུ་འབུ༷ལ་བ་ལ༵ས་ ནི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་མོད། དེ་བས་ཀྱང་བློ་དང་ལྡན་པའི་སྐྱེས་ བུ་གཞ༷ན་ག༷ང་ལ་ལ་ཞིག་ཟབ་མོའི་དོན་གྱི་གནས་བཞི་པོ་འདི༷་དག་ལ༷ས་བརྩམས་ཏེ་དོན་ རྟོགས་ན་ལྟ་སྨོས་ཀྱང་ཅི་དགོས། ཐ་ན་ཚི༷ག་ཙ༷མ་ཞིག་ཐོ༷ས་ཤི༷ང་། ཐོ༷ས་ན༷ས་ཀྱ༷ང་ནི༷་ཕྱིན་ཅི་ ལོག་ཏུ་མ་བཟུང་བར་མངོན་པར་ཡིད་ཆེས་པའི་ཚུལ་གྱིས་ལྷག་པར་མོ༷ས་པར་གྱུར་ན༷། མོས་ པ་དང་ལྡན་པ་འདི༵་ལ་བཤད་མ་ཐག་པའི་སྦྱི༷ན་པ༷་ལ༷ས་བྱུ༷ང་བའི་དགེ༷་བ༷་རྒྱ་ཆེན་པོ་དེ༷་ལ༷ས་ ཀྱང་བསོ༷ད་ན༷མས་ཆེ༷ས་མ༷ང་དུ་འཕེལ་བ་ཐོ༷བ་པ༷ར་འགྱུ༵ར་རོ་ཞེས་པའི་དོན་ཏོ། ། ཚུལ་ཁྲིམས་ལས་ཁྱད་པར་འཕགས་ཚུལ་ནི། བློ་ལྡན་གང་ཞིག་བླ་མེད་བྱང་ ཆུབ་འདོད་པས་བསྐལ་པ་དུ་མར་ཡང༌། །ལུས་ངག་ཡིད་ཀྱིས་འབད་པ་ མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་ལ། །གཞན་གང་འདི་ལས་ཚིག་ 5-1-413 ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མསོ་ན་འདི། །ཚུལ་ཁྲིམས་ལས་བྱུང་ དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །ཞེས་པ་སྟེ། བློ༷་ དང་ལྡ༷ན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ག༷ང་ལ་ལ་ཞི༷ག་ཆེད་དུ་བྱ་བ་བླ༷་ན་མེ༷ད་པ་ ཡང་དག་པར་རྫོགས་པའི་བྱ༷ང་ཆུ༷བ་ཆེན་པོ་ཐོབ་པར་འདོ༷ད་པའི་བསམ་པ༷ས། དུས་ཡུན་ རིང་པོ་བསྐ༷ལ་པ༷་དཔག་ཏུ་མེད་པ་དུ༷་མ༷ར་ཡ༵ང་ངོ་བོ་ལུ༷ས་དང་ང༷ག་དང་ཡི༷ད་ཀྱི༷ས་ཤིན་ཏུ་ གོམས་པ་ལ་བརྟེན་ནས་འབ༷ད་པ༷་དང་རྩོལ་བ་མེ༷ད་པ༷ར། རང་གི་ངང་གིས་ཉེས་སྤྱོད་མཐའ་ དག་སྤོང་བའི་ཚུ༷ལ་ཁྲི༷མས་ལྟུང་བའི་དྲི༷་མ་མེ༷ད་པ་སྲུ༷ང་བར་བྱེ༷ད་པ་ལ༵ས་ནི་བསོད་ནམས་ ཆེས་མང་དུ་འཕེལ་བར་འགྱུར་མོད། དེ་བས་ཀྱང་བློ་དང་ལྡན་པའི་སྐྱེས་བུ་གཞ༷ན་ག༷ང་ལ་ ལ་ཞིག ཟབ་མོའི་དོན་གྱི་གནས་བཞི་པོ་འདི༷་དག་ལ༷ས་བརྩམས་ཏེ་དོན་རྟོགས་ན་ལྟ་སྨོས་ ཀྱང་ཅི་དགོས། ཐ་ན་ཚི༷ག་ཙ༷མ་ཐོ༷ས་ཤི༷ང་ཐོ༷ས་ན༷ས་ཀྱ༷ང་ནི༷་ཕྱིན་ཅི་ལོག་ཏུ་མ་བཟུང་བར་ མངོན་པར་ཡིད་ཆེས་པའི་ཚུལ་གྱིས་ལྷག་པར་མོ༷ས་པར་གྱུར་ན༷། མོས་པ་དང་ལྡན་པ་འདི༵་ ལ་བཤད་མ་ཐག་པའི་ཚུ༷ལ་ཁྲི༷མས་ལ༷ས་བྱུ༷ང་བའི་དགེ༷་བ༷་རྒྱ་ཆེན་པོ་དེ༷་ལ༷ས་ཀྱང་བསོ༷ད་ ན༷མས་ཆེ༷ས་མ༷ང་དུ་འཕེལ་བ་ཐོ༷བ་པ༷ར་འགྱུ༵ར་རོ་ཞེས་བྱ་བའི་དོན་ཏོ། ། བསྒོམ་པ་ལས་ཁྱད་པར་འཕགས་ཚུལ་ནི། གང་ཞིག་འདི་ན་སྲིད་པ་གསུམ་ གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་ སནོ་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་བསྒོམས་ལ། །གཞན་གང་ འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་ གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་ འགྱུར། །ཞེས་པ་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ག༷ང་ལ་ལ་ཞི༷ག་འཇིག་རྟེན་འདི༷་ ན༷་སྤང་བྱ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲི༷ད་པ༷་གསུ༷མ་གྱི༷་ཉོ༷ན་མོ༷ངས་པ་ 5-1-414 མེ༷་དཔུང་དང་འདྲ་བ་རྣམས་འཇི༷ལ་ཞིང་གཞོམ་པར་བྱ་བའི་ཆེད་དུ་བས༷མ་གཏ༷ན་གྱི་རང་གི་ ངོ་བོ་ནི༵་ལྷ༷འི་གནས་པ་བསམ་གཏན་བཞི་ད༷ང་། ཚ༷ངས་པའི་གན༷ས་པ་ཚད་མེད་པ་བཞི་ལ་ སོགས་པ་ཡོངས་སུ་རྫོགས་ཤིང་ཕུལ་དུ་བྱུང་བས་མཐ༷ར་སོ༷ན་པ་རྣམས་འབྲས་བུ་རྫོ༷གས་ པ༷འི་བྱ༷ང་ཆུ༷བ་ཆེན་པོ་འཕོ༷་བ་མེ༷ད་པའི་གོ་འཕང་ཐོབ་པའི་ཐ༷བས་སུ་སྒོ༷མ་པར་བྱེད་པ་ལ༵ས་ ནི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་མོད། དེ་བས་ཀྱང་བློ་དང་ལྡན་པའི་སྐྱེས་བུ་ གཞ༷ན་ག༷ང་ལ་ལ་ཞིག ཟབ་མོའི་དོན་གྱི་གནས་བཞི་པོ་འདི༷་དག་ལ༷ས་བརྩམས་ཏེ་དོན་ རྟོགས་ན་ལྟ་སྨོས་ཀྱང་ཅི་དགོས། ཐ་ན་ཚི༷ག་ཙ༷མ་ཞིག་ཐོ༷ས་ཤི༷ང་ཐོ༷ས་ན༷ས་ཀྱ༷ང་ནི༷་ཕྱིན་ཅི་ ལོག་ཏུ་མ་བཟུང་བར་མངོན་པར་ཡིད་ཆེས་པའི་ཚུལ་གྱིས་ལྷག་པར་མོ༷ས་པར་གྱུར་ན༷། མོས་ པ་དང་ལྡན་པ་འདི༵་ལ་བཤད་མ་ཐག་པའི་བས༷མ་གཏ༷ན་བསྒོམས་པ་ལ༷ས་བྱུ༷ང་བའི་དགེ༷་བ༷་ རྒྱ་ཆེན་པོ་དེ༷་ལ༷ས་ཀྱང་བསོ༷ད་ན༷མས་ཆེ༷ས་མ༷ང་དུ་འཕེལ་བར་ཐོ༷བ་པ༷ར་འགྱུ༵ར་རོ་ཞེས་བྱ་ བའི་དོན་ཏོ། ། རྒྱུན་མཚན་བསྟན་པ་ནི། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་ བྱེད་ཅིང༌། །ཁྲིམས་ཀྱིས་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ ཉིད་དེ་དེའི་རྒྱུ་ཡང་འདི་ཐོས་ཡིན། །ཞེས་པ་སྟེ། དེ་ལྟར་སྦྱིན་པ་ལས་བྱུང་བ་དང་ ཚུལ་ཁྲིམས་ལས་བྱུང་བ་དང་སྒོམ་པ་ལས་བྱུང་བའི་བསོད་ནམས་རྒྱ་ཆེན་པོ་དེ་དག་ལས་ ཀྱང༌། གནས་འདི་ལྟ་བུ་ཐོས་པ་ལས་བྱུང་བའི་ཤེས་རབ་མཆོག་ཏུ་འགྱུར་བའི་རྒྱུ་མཚན་ག༷ང་ གི་ཕྱི༷ར་སྙམ་ན། འདི་ལྟར་ཟང་ཟིང་གི་སྦྱི༷ན་པ༷་རྒྱ་ཆེན་པོ་བཏང་བ་ལས་རྣམ་པར་སྨིན་པའི་ འབྲས་བུ་ལོ༷ངས་སྤྱོ༷ད་ཕུན་སུམ་ཚོགས་པ་ད༷ག་ནི༷་སྒྲུ༷བ་པར་བྱེ༷ད་པ་ཙམ་ཡིན་ཅི༵ང༌། ཚུལ་ ཁྲི༷མས་ཀྱི༷ས་ཀྱང་རེ་ཞིག་མཐོ༷་རི༷ས་ཀྱི་ལུས་ཕུན་སུམ་ཚོགས་པ་ཙམ་འགྲུབ་པར་བྱེད་པ་ 5-1-415 དང༌། བསམ་གཏན་བསྒོ༷མས་པ༷ས་ནི་ཁམས་གསུམ་པའི་ཉོ༷ན་མོ༷ངས་པ་ཙམ་ཞིག་སྤོ༷ང་བར་ བྱེ༷ད་པ་ཡིན་ལ༵། ཁམས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བྲལ་བ་ལས་ བྱང་ཆུབ་ཡོན་ཏན་འཕྲིན་ལས་དང་བཅས་པ་ཐོབ་པར་འགྱུར་རོ་ཞེས་བྱ་བར་རྟོགས་པའི་ ཤེ༷ས་ར༷བ་འདི་ལྟ་བུ་ལ་བརྟེན་ནས་ནི། ཉོ༷ན་མོ༷ངས་པའི་སྒྲིབ་པ་དང་ཤེ༷ས་བྱ༷འི་སྒྲིབ་པ་བག་ ཆགས་དང་བཅས་པ་མ་ལུས་པ་ཀུ༷ན་སྤོ༷ང་བར་བྱེད་པ་ཡིན་པ་དེ༷འི༷་ཕྱི༵ར། དོན་གྱི་གནས་ ལུགས་ལེགས་པར་གོ་བའི་ཤེས་རབ་འདི༷་ཉིད། སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ ཚོགས་ལས་མཆོ༷ག་ཏུ་གྱུར་པ་ཉི༷ད་ཡིན་ཏེ༷། ཤེས་རབ་ཁྱད་པར་ཅན་དེ༷འི༷་རྒྱུ༷་ཡ༷ང་དོན་གྱི་ གནས་བཞི་པོ་འདི༷་དག་ཕྱིན་ཅི་མ་ལོག་པར་ཐོ༷ས་པ་ཡི༵ན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། ། དེ་ཉིད་རྣམ་གྲངས་གཞན་གྱིས་བཤད་པ་ལ། མཐར་ཐུག་ཐོབ་པའི་ཕན་ཡོན་དང༌། ལམ་ ལ་འཇུག་པའི་ཕན་ཡོན་ནོ། ། དེ་ལ་མཐར་ཐུག་ཐོབ་པའི་ཕན་ཡོན་ནི། གནས་དང་དེ་ནི་གྱུར་པ་དང༌། ། དེ་ཡི་ཡོན་ཏན་དོན་སྒྲུབ་སྟེ། །རྒྱལ་བ་ཡི་ནི་མཁྱེན་པའི་ཡུལ། །རྣམ་ བཞི་ཇི་སྐད་བརྗོད་འདི་ལ། བློ་ལྡན་ཡོད་དང་ནུས་ཉིད་དང༌། ཡོན་ཏན་ ལྡན་པར་མོས་པས་ན། །མྱུར་དུ་དེ་བཞིན་གཤེགས་པ་ཡི། །གོ་འཕང་ ཐོབ་པའི་སྐལ་ལྡན་འགྱུར། །ཞེས་པ་ལ། དེ་བཞིན་གཤེགས་པའི་སྙིང་པོ་གདོད་མ་ ནས་ཐམས་ཅད་ལ་ཁྱབ་པར་གན༷ས་པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ད༷ང༌། དབྱིངས་དེ༷་ཉིད་ནི༷་གློ་བུར་གྱི་དྲི་མ་དང་བྲལ་བ་ལས་གནས་མ་ལུས་པ་ཡོངས་སུ་གྱུ༷ར་པ༷འི་ བྱང་ཆུབ་ཆེན་པོ་ད༵ང༌། བྱང་ཆུབ་དེ༷་ལ་དབྱེར་མེད་པར་ལྡན་པ་སྟོབས་ལ་སོགས་པའི༷་ཡོ༷ན་ ཏ༷ན་དང༌། ཡོན་ཏན་དེ་དག་ལ་བརྟེན་ནས་གཞན་གྱི་དོ༷ན་བྱ་བ་སྒྲུ༷བ་པའི་འཕྲིན་ལས་ཏེ༵། རྒྱ༷ལ་བ༷་ཐམས་ཅད་མཁྱེན་པ་ཡི༷་ནི༷་མཁྱེ༷ན་པ༷འི་ཡེ་ཤེས་ཀྱི་སྤྱོད་ཡུ༵ལ་དུ་གྱུར་པ་ཟབ་མོའི་ 5-1-416 དོན་གྱི་གནས་རྣ༷མ་པ་བཞི༷་པོ་སྔར་ཇི༷་སྐ༷ད་བརྗོ༷ད་པ་འདི༷་རྣམས་ལ༵། བློ༷་ལྡ༷ན་བྱང་ཆུབ་ སེམས་དཔའ་རྣམས་དེ་བཞིན་ཉིད་ཐམས་ཅད་ལ་ཁྱབ་པར་ཡོ༷ད་པ་ཉིད་ལ་མངོན་པར་ཡིད་ ཆེས་པའི་དད་པ་ད༷ང༌། དེ་དྲི་མ་དང་བྲལ་བ་ལས་བྱང་ཆུབ་ཐོབ་པར་ནུ༷ས་པ་ཉི༷ད་ལ་འདོད་ པའི་དད་པ་ད༵ང༌། བྱང་ཆུབ་ཐོབ་པ་དེ་དོན་གཉིས་མཐར་ཕྱིན་པའི་ཡོ༷ན་ཏ༷ན་དང་ལྡ༷ན་པ༷ར་ གནས་པ་ཉིད་ལ་དང་བའི་དད་པ་སྟེ། དད་པ་གསུམ་དང་ལྡན་པའི་སྒོ་ནས་ལྷག་པར་མོ༷ས་ པ༷ས་ནི༵། བྱང་ཆུབ་ཀྱི་སྤྱོད་པ་རྣམ་པར་དག་པ་རྣམས་ལ་ཤིན་ཏུ་བརྩོན་པས་འཇུག་པའི་ཕྱིར། མྱུ༷ར་བ་ཉིད་དུ༷་མཐར་ཐུག་གི་འབྲས་བུ་དེ༷་བཞི༷ན་གཤེ༷གས་པ༷འི༵་གོ༷་འཕ༷ང་བླ་ན་མེད་པ་ ཐོ༷བ་པ༷འི་སྐ༷ལ་བ་དང་ལྡ༷ན་པར་འགྱུ༵ར་རོ་ཞེས་བྱ་བའི་དོན་ཏོ། ། ལམ་ལ་འཇུག་པའི་ཕན་ཡོན་ལ་གཉིས་ལས། བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་ བསྐྱེད་སྐྱེ་བའི་ཕན་ཡོན་དང༌། སྦྱོར་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་པའི་ཕན་ཡོན་ནོ། ། སེམས་བསྐྱེད་སྐྱེ་བའི་ཕན་ཡོན་ལ་གཉིས་ལས། ཐུན་མོང་གི་རྣམ་གཞག་ནི་རྣམ་པ་ བཞིས་རིག་པར་བྱ་སྟེ། ངོ་བོ། དབྱེ་བ། བསླབ་བྱ། ཕན་ཡོན་ནོ། །དེ་ལ་ངོ་བོ་ནི། སྤྲོ་བ་ཆེན་ པོས་དོན་ཟབ་མོ་དང༌། ཡུན་རིང་པོས་དཀའ་སྤྱད་ལ་གོ་ཆ་བགོས་ཏེ། རྩོམ་པ་ཆེན་པོས་གོ་ ཆ་ཇི་ལྟ་བ་བཞིན་དུ་སྦྱོར་བའི་བརྩོན་འགྲུས་ཀྱིས་ཀྱང་ཞུགས་ནས་དོན་ཆེན་པོས་རང་དང་ གཞན་ལ་ཕན་པ་རྒྱ་ཆེན་པོ་སྒྲུབ་པ་ལས། འབྱུང་བ་ཆེན་པོ་རྫོགས་པའི་བྱང་ཆུབ་ཡང་དག་ པར་འགྲུབ་པ་སྟེ། མདོར་ན་བྱང་ཆུབ་ཆེན་པོས་དོན་དང་སེམས་ཅན་གྱི་དོན་བྱ་བ་གཉིས་ལ་ དམིགས་པའི་སེམས་པ་ཁྱད་པར་ཅན་ལ་ནི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཅེས་བྱ་ སྟེ། ཇི་སྐད་དུ། རྒྱན་ལས། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་ སེམས་དཔའི་སེམས་དཔའ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་གསུངས་པ་ ལྟར་རོ། ། 5-1-417 དབྱེ་བ་ལ་གསུམ་ལས། གནས་སྐབས་ཀྱི་དབྱེ་བ་ནི། མོས་པ་སྤྱོད་པའི་ས་ལ་མོས་པ་ ལས་བྱུང་བའི་སེམས་བསྐྱེད་དང༌། ས་དང་པོ་ལ་སོགས་པ་བདུན་ལ་ལྷག་བསམ་དག་པ་ ལས་བྱུང་བའི་སེམས་བསྐྱེད་དང༌། ས་བརྒྱད་པ་ལ་སོགས་པ་གསུམ་ལ་རྣམ་པར་སྨིན་པ་ ལས་བྱུང་བའི་སེམས་བསྐྱེད་དང༌། སངས་རྒྱས་ཀྱི་ས་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ ཅེས་བྱ་བ་རྣམ་པ་བཞི་སྟེ། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་ དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་གསུངས་པ་ བཞིན་ནོ། ། བརྡ་དོན་གྱི་དབྱེ་བ་ནི། ཀུན་རྫོབ་བརྡ་ལས་བྱུང་བའི་སེམས་བསྐྱེད་དང༌། དོན་དམ་ ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་དོ། །བརྡ་ལས་བྱུང་བའི་སེམས་བསྐྱེད་ནི། གྲོགས་ དགེ་བའི་བཤེས་གཉེན་གྱི་སྟོབས་དང༌། རྒྱུ་རང་བཞིན་གྱི་རིགས་སད་པའི་སྟོབས་དང༌། དགེ་བའི་རྩ་བ་རྒྱས་འགྱུར་གྱི་རིགས་འཕེལ་བའི་སྟོབས་དང༌། ཟབ་མོའི་ཆོས་ཐོས་པའི་ སྟོབས་དང༌། ཉན་པ་དང་འཛིན་པ་ལ་སོགས་པའི་དགེ་བ་གོམས་པའི་སྟོབས་ལ་བརྟེན་ནས་ གཞན་གྱིས་བསྟན་པ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ལ། དེ་ཡང་གྲོགས་ཀྱི་སྟོབས་ ལས་ནི་མི་བརྟན་པ་བྱུང་བ་དང༌། རྒྱུ་ལ་སོགས་པའི་སྟོབས་ལས་ནི་བརྟན་པར་བྱུང་བ་ཞེས་ ཀྱང་བྱ་སྟེ། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། ། མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་ གསུངས་པ་ལྟར་རོ། །དེའི་ངོ་བོ་ནི་གཞན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བསམ་ པ་སྟེ། ཇི་སྐད་དུ། མངོན་པར་རྟོགས་པའི་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ། ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་གསུངས་པ་ཉིད་དོ། །དེ་ལ་ཡང་ཆོ་ག་མེད་ ཀྱང་སངས་རྒྱས་ཀྱི་སྐུ་མཐོང་བ་དང་སེམས་ཅན་ལ་སྙིང་རྗེ་སྐྱེས་པ་ལ་སོགས་པའི་དབང་ 5-1-418 གིས་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་སྨོན་པ་སེམས་བསྐྱེད་པ་དང༌། ཆོ་གས་སྡོམ་པ་ ཡང་དག་པར་བླངས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་བཞིན་པ་འཇུག་པའི་སེམས་བསྐྱེད་ ཅེས་བྱ་བ་རྣམ་པ་གཉིས་ཏེ། དེ་ཁོ་ན་ཉིད་ལ་འཇུག་པ་ལས། དེ་ལ་དང་པོ་མགོན་པོ་ཡིས། ། དོན་གཉེར་རྣམ་པ་ཡང་དག་བཤད། །གཉིས་པ་སྦྱིན་པ་ལ་སོགས་པ། །འཇུག་པའི་རྣམ་པ་ རབ་ཏུ་བསྒྲགས། །ཞེས་གསུངས་པ་ལྟར་རོ། །འཇུག་པ་སེམས་བསྐྱེད་བླང་ཚུལ་ནི། འཁོར་ བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་དང་སེམས་བསྐྱེད་དགོས་པའི་རྒྱུ་མཚན་རྣམས་ དྲན་པའི་སྒོ་ནས། སྦྱོར་བ་ཡན་ལག་བདུན་པ་ལ་སོགས་པས་རྒྱུད་ལེགས་པར་སྦྱངས་ཏེ། དངོས་གཞི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ ཆུབ་སེམས་དཔའི་བསླབ་པ་ལའང་། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་ པ་བཞིན་དུ་བསླབ་པར་བགྱི། །ཞེས་པ་ལ་སོགས་པ་ཇི་ལྟར་རིགས་པའི་ཚིག་གིས་ཡང་དག་ པར་བླངས་ནས། མཇུག་ཏུ་རང་གཞན་དགའ་བ་བསྐྱེད་པ་ལ་སོགས་པས་བསྟན་པར་བྱ་སྟེ། རྒྱས་པར་ནི་གཞན་ལས་འབྱུང་བ་ལྟར་རོ། །འདིར་ཁ་ཅིག་དབུ་མ་ལུགས་དང་སེམས་ཙམ་ ལུགས་ཀྱི་སེམས་བསྐྱེད་ཅེས་བྱ་བ་རྣམ་པ་གཉིས་སུ་འབྱེད་པ་ནི་བརྟགས་པ་སྟེ། ཐ་དད་དུ་ འདོད་པའི་གཞུང་རྣམས་ཀྱང་(སྤྱོད་འཇུག་འགྲེལ་པ་རྣམས་སུ་སྡོམ་པ་ཉི་ཤུ་པ་ལ་སོགས་པ་ནས་དྲངས་པ་ལྟ་བུ། ) ཕན་ཚུན་གཅིག་ནས་གཅིག་ཏུ་དྲངས་ཤིང་འཆད་པས་ཐེག་པ་ཆེན་པོའི་སེམས་བསྐྱེད་རྣམས་ ནི་(ཐུབ་པ་དགོངས་རྒྱན་དུ། བྱང་ས་དང༌། སྡོམ་པ་ཉི་ཤུ་པ་དང༌། སྤྱོད་འཇུག་དང༌། བསླབ་བསྡུས་ལ་སོགས་ནས་འབྱུང་བ་ རྣམས་ལུགས་གཅིག་ཏུ་བཤད་པ་ལྟ་བུ། ) ལུགས་གཅིག་པ་ཉིད་དུ་སྔོན་གྱི་མཁས་པ་རྣམས་ཀྱིས་བཀྲལ་ བའི་ཕྱིར་རོ། ། དོན་དམ་པའི་སེམས་བསྐྱེད་ནི། རྫོགས་པའི་སངས་རྒྱས་ལ་སོགས་པ་དགེ་བའི་བཤེས་ 5-1-419 གཉེན་མཉེས་པར་བྱས་ནས་མན་ངག་གི་ལུང་ཡང་དག་པར་བླངས་ཏེ། བསོད་ནམས་དང་ ཡེ་ཤེས་ཀྱི་ཚོགས་གཉིས་རིམ་པ་ལྟར་བསགས་པ་ལས། ཆོས་ཐམས་ཅད་ལ་རྣམ་པར་མི་ རྟོག་པའི་ཡེ་ཤེས་མངོན་སུམ་དུ་གྱུར་པ་སྟེ། ཇི་སྐད་དུ། རྒྱན་ལས། རྫོགས་པའི་སངས་རྒྱས་ རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། ། སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་པ་བཞིན་ནོ། །དེ་ཡང་མཚན་ཉིད་པ་ནི་ས་ རབ་ཏུ་དགའ་བ་ལ་ཆོས་ཐམས་ཅད་བདག་མེད་པར་མཉམ་པ་ཉིད་དང༌། སེམས་ཅན་ཐམས་ ཅད་དེའི་རང་བཞིན་ཅན་དུ་མཉམ་པ་ཉིད་དང་། རང་གཞན་གྱི་སྡུག་བསྔལ་ཐམས་ཅད་སྤང་ བར་བྱ་བར་མཉམ་པ་ཉིད་དང༌། སངས་རྒྱས་ཐམས་ཅད་ལ་བདག་ཉིད་དང་ཆོས་ཀྱི་དབྱིངས་ སུ་དབྱེར་མེད་པར་མཉམ་པ་ཉིད་རྟོགས་པ་ལས་འཐོབ་སྟེ། ཆོས་དང་སེམས་ཅན་རྣམས་དང་ ནི། །དེ་ཡི་བྱ་བ་སངས་རྒྱས་ཉིད། །མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། །དེ་ཡི་རབ་དགའ་ ཁྱད་པར་འཕགས། །ཞེས་གསུངས་པའི་ཕྱིར་རོ། །མཐར་ཐུག་པ་སྔགས་ཀྱི་ཐེག་པར་ནི་ཀུནྡ་ བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པ་ལ་ཀུན་རྫོབ་སེམས་བསྐྱེད་དང༌། མཆོག་ཏུ་མི་འགྱུར་བའི་ བདེ་བ་ཆེན་པོ་ཐོབ་པ་ལ་དོན་དམ་སེམས་བསྐྱེད་ཅེས་བྱ་བར་ཡང་གསུངས་ཏེ། ཇི་སྐད་དུ། ཀྱེའི་རྡོ་རྗེ་ལས། ཀུན་རྫོབ་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་ནི་བསྐྱེད་པ་ཉིད། ། ཀུན་རྫོབ་ཀུནྡ་ལྟ་བུ་སྟེ། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་གསུངས་པ་ལྟར་རོ། ། དཔེས་མཚོན་ཏེ་དབྱེ་བ་ནི། འདུན་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་པ་ལྟ་བུ་ ནས་ཐབས་ལ་མཁས་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་སྤྲིན་ལྟ་བུའི་བར་རྣམ་པ་ ཉི་ཤུ་རྩ་གཉིས་གསུངས་ཏེ། ཇི་སྐད་དུ། མངོན་པར་རྟོགས་པའི་རྒྱན་ལས། དེ་ཡང་ས་གསེར་ ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་ བཞིན་ནོར་བུ་ཉི་མ་ཀླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །གཞོན་པ་བཀོད་མའི་ཆུ་དང་ནི། ། 5-1-420 སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ཀྱི། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས་པ་བཞིན་ནོ། ། བསླབ་བྱ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། རྒྱལ་བའི་སྲས་ཀྱིས་ དེ་ལྟ་བུར། །བྱང་ཆུབ་སེམས་རབ་བརྟན་བཟུང་ནས། གཡེལ་བ་མེད་པར་རྟག་ཏུ་ཡང༌། ། བསླབ་ལས་མི་འདའ་འབད་པར་བྱ། །ཞེས་པ་དང༌། དེའི་འགྲེལ་པ་སློབ་དཔོན་ཤེས་རབ་ འབྱུང་གནས་ཀྱིས་མཛད་པ་ལས། བྱང་ཆུབ་སེམས་དཔའི་བསླབ་པ་དེ་ཡང་ཕ་རོལ་ཏུ་ཕྱིན་ པ་དང་ཚད་མེད་པ་དང་བསྡུ་བའི་དངོས་པོ་ལ་སོགས་པའི་དབྱེ་བས་བློ་གྲོས་མི་ཟད་པ་དང་ དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་རྣམས་ལས་རྒྱ་ཆེར་བསླབ་པར་བྱའོ། །ཞེས་གསུངས་ པ་ལྟར། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་བའི་བསླབ་བྱ་རྒྱ་ཆེན་པོ་རྣམས་ལ་ཤིན་ ཏུ་གུས་པས་བསླབ་པར་བྱ་ཞིང༌། དེ་རྣམས་ཀྱི་ནང་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ དག །ཚད་མེད་པར་ནི་གསུངས་པ་ལས། །སེམས་སྦྱོང་བ་ཡི་སྤྱོད་པ་ནི། །ངེས་པར་དེ་སྲིད་ སྤྱད་པར་བྱ། །ཞེས་གསུངས་པ་ལྟར། རང་གི་སེམས་སྦྱོང་བ་ལ་ནན་ཏན་དུ་བྱས་ནས་ལྟུང་བ་ མི་འབྱུང་བ་ལ་འབད་པར་བྱ་སྟེ། གལ་ཏེ་ཅུང་ཟད་བྱུང་ནའང༌། །ཉེས་པ་བྱུང་བ་རེ་རེ་ཞིང༌། ། བདག་ལ་སྨད་ནས་ཅི་ནས་ཀྱང༌། བདག་ལ་ཕྱིས་འདི་མི་འབྱུང་བ། །དེ་ལྟར་བྱ་ཞེས་ཡིན་ རིང་བསམ། །ཞེས་པ་དང༌། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ ཞིང༌། །རྒྱལ་དང་བྱང་ཆུབ་སེམས་བརྟེན་པས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་གསུངས་ པ་ལྟར་སླན་ཆད་སྤོང་བ་ལ་བསླབ་པར་བྱའོ། །ཁྱད་པར་དུའང་གཞན་དོན་གྱི་སྡུག་བསྔལ་ ལ་འཇིགས་པ་སྤང་བར་བྱ་སྟེ། རྒྱན་ལས། གཞན་དོན་བརྩོན་ལྡན་སྙིང་རྗེའི་བདག་ཉིད་ འདི། །གང་ཚེ་མནར་མེད་ལ་ཡང་དགའ་འགྱུར་བའི། །དེ་འདྲ་བ་དག་སྲིད་ན་གཞན་བརྟེན་ ཅན། །སྡུག་བསྔལ་འབྱུང་བ་རྣམས་ཀྱིས་ག་ལ་འཇིགས། །ཞེས་གསུངས་པ་བཞིན་ནོ། །དེ་ བཞིན་དུ་སེམས་ཅན་ཡལ་བར་འདོད་པ་ཡང་སྤང་བར་བྱ་བ་ཉིད་དེ། སློབ་དཔོན་བརྩེ་ཆེན་ 5-1-421 རྟག་ཏུ་བསྟེན་པའི་བདག །ཕ་རོལ་སྡུག་བསྔལ་དག་གིས་སེམས་གདུང་བ། །གཞན་གྱི་བྱ་བ་ ཉེ་བར་གནས་པ་ལ། །གཞན་གྱིས་བསྐུལ་བ་ཤིན་ཏུ་ངོ་ཡང་ཚ། །ཞེས་གསུངས་པའི་ཕྱིར་རོ། ། དེ་ལྟར་གཞན་དོན་དུ་བྱང་ཆུབ་ཀྱི་སྤྱོད་པ་ལ་ཡང་ཤིན་ཏུ་བརྩོན་པས་འཇུག་པར་བྱ་བ་ཉིད་ ཡིན་ཏེ། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་དཔའ་ཆེན་པོ་དལ་གྱིས་འགྲོ་མི་ མཛེས། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པས། །བརྩོན་པ་བརྒྱ་འགྱུར་དུ་ ནི་བྱ་བའི་རིགས། །ཞེས་གསུངས་པ་ལྟར་རོ། ། ཕན་ཡོན་ནི། འཕགས་པ་དཔས་སྦྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་པ་ལ་སོགས་པ་ལྟར་བསམ་གྱིས་མི་ཁྱབ་པ་ འབྱུང་ལ། ཁྱད་པར་དུ་ཡང་སྤྱོད་འཇུག་ལས། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། ། སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་གསུངས་པ་ལྟར། སྔར་བསགས་ པའི་སྒྲིབ་པ་རྣམས་སྦྱོང་བ་དང༌། རྒྱན་ལས། བློ་ལྡན་སེམས་མཆོག་བསྐྱེད་མ་ཐག་ཏུ་ཡང༌། ། མཐའ་ཡས་ཉེས་པ་བྱེད་ལས་སེམས་རབ་བསྡམས། །གཉིས་འཕེལ་བྱེད་པ་རྟག་ཏུ་དགེ་བ་ དང༌། །བརྩེ་ལྡན་བདེ་དང་སྡུག་བསྔལ་དག་གིས་དགའ། །ཞེས་གསུངས་པ་ལྟར་ཕྱིན་ཆད་ ཉེས་སྤྱོད་སྤོང་བས་ངན་སོང་ལས་གྲོལ་བ་དང༌། རྟག་ཏུ་དགེ་བ་འཕེལ་བར་བྱེད་པས་བདེ་བ་ ལ་སྤྱོད་པས་དགའ་ཞིང༌། སྙིང་རྗེ་འཕེལ་བར་བྱེད་པས་གཞན་དོན་གྱི་སྡུག་བསྔལ་གྱིས་ཀྱང་ དགའ་བ་ལ་སོགས་པའི་ཕན་ཡོན་མཐའ་ཡས་པ་འབྱུང་སྟེ། རྒྱས་པར་ནི་གཞན་ལས་ཤེས་ པར་བྱའོ། ། གཞུང་ཉིད་ལ་སྦྱར་བ་ནི། །བསམ་གྱིས་མི་ཁྱབ་ཡུལ་འདི་ལ། །ཡོད་དང་ བདག་འདྲས་ཐོབ་ནུས་དང༌། །ཐོབ་པ་འདི་འདྲ་ཡོན་ཏན་དང༌། །ལྡན་ 5-1-422 ཞེས་དད་པས་མསོ་པའི་ཕྱིར། །འདུན་བརྩོན་དྲན་དང་བསམ་གཏན་ དང༌། །ཤེས་རབ་ལ་སོགས་ཡོན་ཏན་སྣོད། །བྱང་ཆུབ་སེམས་ནི་དེ་དག་ ལ། །རྟག་ཏུ་ཉེ་བར་གནས་པར་འགྱུར། །ཞེས་པ་ལ། ཕལ་པ་རྣམས་ཀྱིས་བས༷མ་ གྱི༷ས་མི༷་ཁྱ༷བ་པའི་ཡུ༷ལ་ཟབ་མོའི་དོན་གྱི་གནས་བཞི་པོ་འདི༷་དག་ལས་བརྩམས་ཏེ། ཁམས་ རང་བཞིན་གྱིས་རྣམ་པར་དག་པ་ནི་སེམས་ཅན་ཐམས་ཅད་ལ༵་ཁྱབ་པར་ཡོ༷ད་པ་ཉིད་ད༷ང༌། དེའི་གློ་བུར་གྱི་དྲི་མ་བསལ་བ་ལས་གནས་མ་ལུས་པར་གྱུར་པའི་བྱང་ཆུབ་ཆེན་པོ་ནི་བད༷ག་ འདྲ༷་བས༷་ཀྱང་ཐོ༷བ་པར་ནུ༷ས་པ་ཉིད་ད༵ང་། འབྲས་བུ་ཐོ༷བ་པ༷་ནི་སྟོབས་ལ་སོགས་པ་རང་ གཞན་གྱི་དོན་མཐར་ཕྱིན་པ་འདི༷་འདྲ༷་བའི་ཡོ༷ན་ཏ༷ན་ཕུན་སུམ་ཚོགས་པ་རྣམས་ད༵ང་ལྡ༷ན་པ་ ཉིད་དོ་ཞེ༷ས་བྱ་བར་ད༷ད་པ༷་གསུམ་དང་ལྡན་པའི་སྒོ་ནས་ལྷག་པར་མོ༷ས་པ༷་ཁྱད་པར་ཅན་སྐྱེ་ བའི༷་ཕྱི༵ར། དམ་པའི་ཆོས་ལ་དོན་དུ་གཉེར་བའི་འདུ༷ན་པ་དང༌། དགེ་བའི་ཕྱོགས་ལ་མངོན་ པར་སྤྲོ་བའི་བརྩོ༷ན་འགྲུས་དང༌། གདམས་ངག་གི་དམིགས་རྣམས་མི་བརྗེད་པའི་དྲ༷ན་པ་ ད༷ང༌། བརྟག་བྱའི་དམིགས་པ་ལ་སེམས་བརྩེ་གཅིག་པའི་བས༷མ་གཏ༷ན་ད༵ང༌། ཤེས་བྱའི་ ཆོས་རྣམ་ལ་རབ་ཏུ་རྣམ་པར་འབྱེད་པའི་ཤེ༷ས་ར༷བ་ལ༷་སོ༷གས་པ་ཡོ༷ན་ཏ༷ན་བསམ་གྱིས་མི་ ཁྱབ་པ་རྣམས་ཀྱི་སྣོ༵ད་དུ་གྱུར་པ། གཞན་དོན་དུ་རྫོགས་པའི་བྱ༷ང་ཆུ༷བ་ཐོབ་པར་འདོད་པ་ དང་མཚུངས་པར་ལྡན་པའི་སེ༷མས་བསྐྱེད་ནི༷། གནས་བཞི་པོ་རྟོགས་པའི་བྱང་ཆུབ་སེམས་ དཔའ་དེ༷་ད༷ག་ལ༵་དུས་རྟ༷ག་ཏུ༷་ཉེ༷་བ༷ར་གན༷ས་པ༷ར་འགྱུ༵ར་རོ་ཞེས་བྱ་བའི་དོན་ཏོ། ། ཕར་ཕྱིན་སྒྲུབ་པའི་ཕན་ཡོན་ལ་གཉིས་ལས། ཐུན་མོང་གི་རྣམ་གཞག་ནི། རྒྱན་ལས། གྲངས་དང་དེ་ཡི་མཚན་ཉིད་གོ་རིམ་དང༌། །ངེས་པའི་ཚིག་དང་གོམས་བྱའི་ཡོན་ཏན་དང༌། ། རབ་ཏུ་དབྱེ་དང་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཞེས་བྱ། ། ཞེས་གསུངས་པ་ལྟར་རྣམ་པ་བཅུའོ། ། 5-1-423 གྲངས་དྲུག་ཏུ་སྟོན་པའི་རྒྱུ་མཚན་ནི། ཤིན་ཏུ་མང་ཡང༌། རེ་ཞིག་བསླབ་པ་རིན་པོ་ཆེ་ གསུམ་གྱི་དབང་དུ་མཛད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གསུངས་ཏེ། ཇི་སྐད་དུ། བསླབ་གསུམ་ དབང་དུ་མཛད་ནས་ནི། །རྒྱལ་བ་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། ། ཕྱི་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། ཞེས་འབྱུང་བ་ ལྟར། སྦྱིན་པས་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན་ཅིང་། དེ་ཉིད་བཟོད་ པས་ཀྱང་གཤེ་ཡང་སླར་མི་གཤེ་བ་ལ་སོགས་པའི་སྒོ་ནས་སྲུང་བས་ལྷག་པ་ཚུལ་ཁྲིམས་ ཀྱི་བསླབ་པའི་དབང་དུ་མཛད་ནས་ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་དང༌། ལྷག་པ་སེམས་ ཀྱི་བསླབ་པའི་དབང་དུ་མཛད་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ལྷག་པ་ཤེས་ རབ་ཀྱི་བསླབ་པའི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐམས་ཅད་ ཀྱི་གྲོགས་སུ་གྱུར་པའི་དབང་དུ་མཛད་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྟན་ པའི་ཕྱིར་རོ། ། མཚན་ཉིད་ནི། རང་རང་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་མ་ལུས་པར་ སྤངས་པ་དང༌། ཆོས་ལ་བདག་མེད་པ་རྟོགས་པའི་ཕྱིར་འཁོར་གསུམ་དུ་རྣམ་པར་མི་རྟོག་ པའི་ཡེ་ཤེས་དང་ལྡན་པ་དང༌། གང་ལ་ཅི་འདོད་པ་དེ་བསྒྲུབ་པའི་ཕྱིར་འདོད་པ་ཐམས་ཅད་ ཡོངས་སུ་རྫོགས་པར་བྱེད་པ་དང༌། སེམས་ཅན་རྣམས་བསྡུས་ནས་སྐལ་བ་ཇི་ལྟ་བ་བཞིན་ དུ་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱེད་པ་སྟེ་ཐམས་ཅད་ཀྱང་ཁྱད་པར་བཞི་དང་ ལྡན་པའོ། །དེ་ཡང༌། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། ། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་པ་ ལ་སོགས་པ་གསུངས་པ་ལྟར་རོ། ། གོ་རིམ་ནི། སྔ་མ་ལ་བརྟེན་ནས་ཕྱི་མ་རྣམས་སྐྱེ་བའི་ཕྱིར་དང༌། སྔ་མ་རྣམས་དམན་པ་ 5-1-424 དང་ཕྱི་མ་རྣམས་མཆོག་ཏུ་གནས་པའི་ཕྱིར་དང༌། སྔ་མ་རྣམས་རགས་པ་དང་ཕྱི་མ་རྣམས་ཕྲ་ བ་ཡིན་པའི་ཕྱིར། སྦྱིན་པ་ལ་སོགས་པ་རྣམས་རིམ་པ་ལྟར་བསྟན་པ་སྟེ། སྔ་མ་ལ་བརྟེན་ཕྱི་ མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་ པར་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་རོ། ། ངེས་ཚིག་ནི། དབུལ་བ་འདོར་བས་ན་སྦྱིན་པ་དང༌། བསིལ་བ་ཐོབ་པས་ན་ཚུལ་ཁྲིམས་ དང༌། ཁྲོ་བ་བཟོད་པས་ན་བཟོད་པ་དང༌། མཆོག་ལ་སྦྱོར་བས་ན་བརྩོན་འགྲུས་དང༌། ཡིད་ ནང་དུ་འཛིན་པས་ན་བསམ་གཏན་དང༌། དོན་དམ་པ་ཤེས་པས་ན་ཤེས་རབ་ཅེས་བྱ་བ་དག་ སྟེ། དབུལ་བ་འདོར་བར་བྱེད་པ་དང༌། །བསིལ་བ་ཐོབ་དང་ཁྲོ་བཟོད་དང༌། །མཆོག་སྦྱོར་བ་ དང་ཡིད་འཛིན་དང༌། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་གསུངས་པ་ལྟར་རོ། ། སྒོམ་པ་ནི། ཐམས་ཅད་དུ་ཡང༌། རྒྱུའི་སྟོབས་དང༌། རྣམ་པར་སྨིན་པའི་སྟོབས་དང༌། སྨོན་ལམ་གྱི་སྟོབས་དང༌། སོ་སོར་རྟོག་པའི་སྟོབས་ཏེ་དངོས་པོ་ལ་བརྟེན་པ་བཞི་དང༌། མོས་ པ་ཡིད་ལ་བྱེད་པ་དང༌། རོ་མྱང་བ་ཡིད་ལ་བྱེད་པ་དང༌། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ དང༌། མངོན་པར་དགའ་བ་ཡིད་ལ་བྱེད་པ་སྟེ་ཡིད་ལ་བྱེད་པ་ལ་བརྟེན་པ་བཞི་དང༌། ངོམས་ མི་ཤེས་པའི་བསམ་པ་དང༌། རྒྱ་ཆེན་པོའི་བསམ་པ་དང༌། དགའ་བའི་བསམ་པ་དང༌། ཕན་ པའི་བསམ་པ་དང༌། མ་གོས་པའི་བསམ་པ་དང༌། དགེ་བའི་བསམ་པ་སྟེ་བསམ་པ་ལ་བརྟེན་ པ་དྲུག་དང༌། འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པའི་ཐབས་ལ་བརྟེན་ པ་དང༌། སྐུ་ལ་དབང་འབྱོར་པ་དང༌། སྤྱོད་པ་ལ་དབང་འབྱོར་པ་དང༌། སྟོན་པ་ལ་དབང་ འབྱོར་པ་སྟེ་དབང་འབྱོར་པ་ལ་བརྟེན་པ་གསུམ་རྣམས་བསྒོམ་པར་བྱ་སྟེ། ཐམས་ཅད་བསྒོམ་ པ་དངོས་པོ་དང༌། །དེ་བཞིན་ཡིད་ལ་བྱེད་པ་དང༌། །བསམ་པ་དང་ནི་ཐབས་དག་དང༌། ། དབང་འབྱོར་ཉིད་ལ་བརྟེན་པར་བརྗོད། །ཅེས་གསུངས་པ་ལྟར་རོ། །རྒྱས་པར་ནི་དེ་ཉིད་ཀྱི་ 5-1-425 འགྲེལ་པ་ལས་འབྱུང་བ་ལྟར་ཤེས་པར་བྱའོ། ། དབྱེ་བ་ནི། ཐམས་ཅད་ངོ་བོ་དང་རྒྱུ་དང་འབྲས་བུ་དང་ལས་དང་ལྡན་པ་དང་འཇུག་ པའི་དོན་རྣམ་པ་དྲུག་དྲུག་ཏུ་འབྱེད་ཅིང༌། འཇུག་པའི་དོན་ལའང་རབ་ཏུ་དབྱེ་བའི་འཇུག་ པ་ནི། སྦྱིན་པ་ལ་ཆོས་ཀྱི་སྦྱིན་པ་དང༌། ཟང་ཟིང་གི་སྦྱིན་པ་དང༌། མི་འཇིགས་པའི་སྦྱིན་པ་ སྟེ་གསུམ་དང༌། ཚུལ་ཁྲིམས་ལ་སོ་སོར་ཐར་པའི་སྡོམ་པ་དང༌། བསམ་གཏན་པའི་སྡོམ་པ་ དང༌། ཟག་པ་མེད་པའི་སྡོམ་པ་སྟེ་གསུམ་དང༌། བཟོད་པ་ལ་གནོད་པ་ལ་ལན་མི་བྱེད་པའི་ བཟོད་པ་དང༌། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང༌། ཆོས་ལ་ངེས་པར་རྟོག་པའི་ བཟོད་པ་སྟེ་གསུམ་དང༌། བརྩོན་འགྲུས་ལ་བསླབ་པ་གསུམ་ལ་བརྩོན་པ་དང༌། ལུས་དང་ སེམས་ཀྱི་བརྩོན་འགྲུས་དང༌། རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའི་བརྩོན་འགྲུས་ཏེ་བདུན་ དང༌། བསམ་གཏན་ལ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང༌། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང༌། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་ པའི་ཏིང་ངེ་འཛིན་ཏེ་གསུམ་དང༌། ཤེས་རབ་ལ་འཇིག་རྟེན་པའི་ཤེས་རབ་དང༌། འཇིག་རྟེན་ ལས་འདས་པ་དམན་པའི་ཤེས་རབ་དང༌། འཇིག་རྟེན་ལས་འདས་པ་མཆོག་གི་ཤེས་རབ་སྟེ་ གསུམ་དུ་འབྱེད་པ་ལྟ་བུ་རྣམས་ཡིན་ཏེ། དོན་རྣམས་གཏོང་བར་བྱེད་པ་དང༌། །རྩ་བ་སེམས་ པ་ལ་བརྟེན་དང༌། །ལུས་དང་ལོངས་སྤྱོད་ཕུན་ཚོགས་དང༌། །གཉིས་རྗེས་འཛིན་དང་རྫོགས་ བྱེད་དང༌། །དེ་ཡང་སེར་སྣ་མེད་ལྡན་དང༌། །ཆོས་དང་ཟང་ཟིང་མི་འཇིགས་མཐོང༌། །སྦྱིན་ པ་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །ཅེས་པ་ལ་སོགས་པ་ གསུངས་པ་ལྟར་རོ། ། བསྡུ་བ་ནི། དཀར་པོ་དགེ་བའི་ཆོས་མཉམ་པར་མ་བཞག་པ་ཐམས་ཅད་སྦྱིན་པ་དང་ ཚུལ་ཁྲིམས་ཀྱིས་བསྡུས་ཤིང༌། མཉམ་པར་བཞག་པ་ཐམས་ཅད་བསམ་གཏན་དང་ཤེས་ 5-1-426 རབ་ཀྱིས་བསྡུས་ལ། མཉམ་པར་གཞག་པ་ཡང་ཡིན་ལ་མཉམ་པར་མ་གཞག་པ་ཡང་ཡིན་པ་ ཐམས་ཅད་བཟོད་པ་དང་བརྩོན་འགྲུས་ཀྱིས་བསྡུས་པས་ཐམས་ཅད་ཀྱང་ཕ་རོལ་ཏུ་ཕྱིན་པ་ དྲུག་གིས་བསྡུས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་དཀར་པོའི་ཆོས་ཐམས་ཅད་ཀྱིས་བསྡུས་པ་ སྟེ། དཀར་པོའི་ཆོས་ཀུན་རྣམ་གཡེངས་དང༌། །མཉམ་བཞག་གཉིས་ཀར་ཤེས་པར་བྱ། །ཕ་ རོལ་ཕྱིན་པ་གཉིས་དང་གཉིས། །གཉིས་ཀྱིས་ཡོངས་སུ་བསྡུས་པ་ཡིན། །ཞེས་གསུངས་པ་ ལྟར་རོ། ། མི་མཐུན་པའི་ཕྱོགས་ནི། སེར་སྣ་དང་འཆལ་པའི་ཚུལ་ཁྲིམས་དང་ཁོང་ཁྲོ་དང་ལེ་ལོ་ དང་རྣམ་པར་གཡེང་བ་དང་འཆལ་པའི་ཤེས་རབ་རྣམས་ཀྱིས་རང་གི་ངོ་བོ་ལ་ཆགས་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པ་ན་ཕྱི་བཤོལ་ལ་ཆགས་པ་དང༌། དེ་ཙམ་གྱིས་ཆོག་པར་ འཛིན་པ་ལ་ཆགས་པ་དང༌། ལན་ལ་རེ་བ་ལ་ཆགས་པ་དང༌། རྣམ་པར་སྨིན་པ་ལ་ཆགས་པ་ དང༌། མི་མཐུན་པའི་ཕྱོགས་ཀྱི་བག་ལ་ཉལ་ལ་ཆགས་པ་དང༌། རྣམ་པར་གཡེང་བ་ལ་ཆགས་ པ་སྟེ། ཆགས་པ་རྣམ་པ་བདུན་ཡིན་ལ། དེ་རྣམས་ཀྱི་གཉེན་པོར་མ་ཆགས་པ་རང་བཞིན་གྱི་ ཕ་རོལ་ཏུ་ཕྱིན་པ་རྣམས་བསྒྲུབ་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི༌། །མ་ཆགས་མི་ ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། ། ཅེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། ཡོན་ཏན་ནི། ཐམས་ཅད་ཀྱང༌རང་རང་གི་ངོ་བོ་རྒྱ་ཆེ་བའི་ཡོན་ཏན་དང༌། ལན་ལ་ སོགས་པ་ལ་མ་ཆགས་ཤིང་ཟང་ཟིང་མེད་པའི་ཡོན་ཏན་དང༌། ལུས་ཅན་རྣམས་བྱང་ཆུབ་ གསུམ་ལ་འགོད་པ་དོན་ཆེ་བའི་ཡོན་ཏན་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་ པའི་དབྱིངས་སུའང་མི་ཟད་པའི་ཡོན་ཏན་རྣམས་དང་ལྡན་པ་ཉིད་དེ། རྒྱ་ཆེ་བ་དང་ཟང་ཟིང་ མེད། །དོན་ཆེ་བ་དང་མི་ཟད་པ། །སྦྱིན་པ་ལ་སོགས་ཐམས་ཅད་ཀྱི། །ཡོན་ཏན་བཞིར་ནི་ 5-1-427 ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་ཡོན་ཏན་མཐའ་ཡས་པ་འགྲུབ་སྟེ། རྒྱ་ ཆེར་ནི་རྒྱན་ལ་སོགས་པ་ལས་འབྱུང་བ་ལྟར་ཤེས་པར་བྱའོ། ། ཕན་ཚུན་རྣམ་པར་ངེས་པ་ནི། མི་འཇིགས་པའི་སྦྱིན་པས་ཚུལ་ཁྲིམས་དང་བཟོད་པ་ བསྡུས་ཤིང༌། ཆོས་ཀྱི་སྦྱིན་པས་བསམ་གཏན་དང་ཤེས་རབ་བསྡུས་ལ། གཉི་གས་ཀྱང་ བརྩོན་འགྲུས་བསྡུས་པ་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་སྦྱིན་པ་ལ་སོགས་པ་ ཐམས་ཅད་བསྡུས་པ་ལྟ་བུ་ཕན་ཚུན་གཅིག་གིས་གཅིག་བསྡུས་པའི་ཕྱིར་དང༌། དྲུག་ཚན་ དྲུག་གིས་ཇི་བཞིན་བཤད། །ཅེས་པ་ལྟར། ཕ་རོལ་ཏུ་ཕྱིན་པ་རེ་རེ་ལའང་དྲུག་དྲུག་ཏུ་རྣམ་ པར་དབྱེར་ཡོད་པའི་ཕྱིར་དང༌། བརྗོད་བྱ་སྦྱིན་པ་ལ་སོགས་པའི་ཆོས་དང་རྗོད་བྱེད་མདོ་ ལ་སོགས་པའི་ཆོས་དག་ཕན་ཚུན་གཅིག་ལ་གཅིག་སྣང་བའི་ཆོས་ཉིད་ཀྱི་ཕྱིར་དང༌། སྦྱིན་ པས་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ལ་འཇུག་ཅིང༌། ཚུལ་ཁྲིམས་དགེ་སློང་གི་སྡོམ་པ་ ལ་སོགས་པ་ཡང་དག་པར་བླངས་ན་ཡོངས་སུ་བཟུང་བ་ཐམས་ཅད་གཏོང་བ་ལྟ་བུ་ཕན་ ཚུན་གཅིག་གིས་གཅིག་གི་རྒྱུ་མཚན་དུ་གྱུར་པའི་ཕྱིར་ན། ཕ་རོལ་ཏུ་ཕྱིན་པ་རྣམས་གཅིག་ ལ་གཅིག་རྣམ་པར་ངེས་པ་ཉིད་དེ། ཕན་ཚུན་བསྡུས་ཕྱིར་རབ་དབྱེའི་ཕྱིར། །ཆོས་ཉིད་ཕྱིར་ དང་རྒྱུ་མཚན་ཕྱིར། །ཕ་རོལ་ཕྱིན་དྲུག་རྣམ་ཀུན་ཏུ། །རྣམ་པར་ངེས་པར་ཤེས་པར་བྱ། །ཞེས་ གསུངས་པ་ལྟར་རོ། ། གཞུང་ཉིད་ལ་སྦྱར་བ་ལ་བཞི་ལས། སྦྱིན་སོགས་ལྔ་རྫོགས་པ་དང་དག་ཚུལ་ནི། དེ་ནི་ རྟག་ཏུ་ཉེར་གནས་པས། །རྒྱལ་བའི་སྲས་པོ་ཕྱིར་མི་ལྡོག །བསོད་ནམས་ ཕ་རོལ་ཕྱིན་རྫོགས་དང༌། །ཡོངས་སུ་དག་པ་ཉིད་དུ་འགྱུར། །བསོད་ ནམས་ཕ་རོལ་ཕྱིན་པ་ལྔ། །དེ་ལ་རྣམ་གསུམ་རྟོག་མེད་པས། །དེ་རྫོགས་ ཡོངས་སུ་དག་པ་ནི། །དེ་ཡི་མི་མཐུན་ཕྱོགས་སྤངས་ཕྱིར། །ཞེས་པ་སྟེ། སྔར་ 5-1-428 བཤད་པའི་བྱང་ཆུབ་ཀྱི་སེམས་དེ༷་ནི༷་དུས་རྟ༷ག་ཏུ༷་ཉེ༷་བར་གན༷ས་པ༵ས་རྒྱ༷ལ་བ༷འི་སྲ༷ས་པོ༷་ རྣམས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱི༷ར་མི༷་ལྡོ༵ག་པར་འགྱུར་ཞིང་། བསམ་པ་ཁྱད་པར་ཅན་ དེ་ཉིད་ཀྱིས་ཀུན་ནས་བསླངས་ནས། སྦྱོར་བ་བསོ༷ད་ན༷མས་ཀྱི་ཚོགས་ཀྱིས་བསྡུས་པའི་ཕ༷་ རོ༷ལ་ཏུ་ཕྱི༷ན་པ་དང་པོ་ལྔ་ཡང་ཡོངས་སུ་རྫོ༷གས་པ་ད༵ང་ཡོ༷ངས་སུ༷་ད༷ག་པ༷་ཉི༷ད་དུ༷་འགྱུ༵ར་ཏེ། དེ་ཡང་སེམས་ཅན་ལ་ཕན་འདོགས་པར་བྱེད་པའི་ཐབས་སྦྱིན་པ་ལ་སོགས་པ་བསོ༷ད་ན༷མས་ ཀྱི་ཚོགས་སུ་གྱུར་པའི་ཕ༷་རོ༷ལ་ཏུ་ཕྱི༷ན་པ༷་དང་པོ་ལྔ༵་པོ་གང་ཡིན་པ་དེ༷་ལ༷་བྱེད་པ་པོ་དང་ལས་ དང་བྱ་བ་སྟེ་འཁོར་རྣ༷མ་པ་གསུ༷མ་དུ་རྟོ༷ག་པ་མེ༷ད་པ༵ས། ཕ་རོལ་ཏུ་ཕྱིན་པ་དེ༷་རྣམས་ཡོངས་ སུ་རྫོ༷གས་པར་འགྱུར་ཞིང་ཡོ༷ངས་སུ༷་ད༷ག་པ༷་འགྱུར་བ་ནི༵་སྦྱིན་པ་ལ་སོགས་པ་དེ༷འི༷་མི༷་ མཐུ༷ན་པའི་ཕྱོ༷གས་སེར་སྣ་ལ་སོགས་པའི་སྒྲིབ་པ་རྣམས་རྣམ་པར་སྤ༷ངས་པ་ཉིད་ཀྱི་ཕྱི༵ར་རོ་ ཞེས་བྱ་བའི་དོན་ཏོ། ། དེ་དག་ཀྱང་ཚོགས་གསུམ་དུ་བསྡུ་བ་ནི། སྦྱིན་བྱུང་བསོད་ནམས་སྦྱིན་པ་སྟེ། ། ཚུལ་ཁྲིམས་ལས་བྱུང་ཚུལ་ཁྲིམས་ཡིན། །བཟོད་དང་བསམ་གཏན་ གཉིས་དག་ནི། །བསྒོམས་བྱུང་བརྩོན་འགྲུས་ཀུན་ཏུ་འགྲོ། ཞེས་པ་ལ། སྦྱི༷ན་ པ་ལས་བྱུ༷ང་བའི་བསོ༷ད་ན༷མས་བྱ་བའི་དངོས་པོ་ནི་སྦྱི༷ན་པའི་ཕ་རོལ་ཏུ་ཕྱིན་པ༷་སྟེ༵། ཚུ༷ལ་ ཁྲི༷མས་ལ༷ས་བྱུ༷ང་བའི་བསོད་ནམས་བྱ་བའི་དངོས་པོ་ཡང་ཚུ༷ལ་ཁྲི༷མས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཡི༵ན་ལ། བཟོ༷ད་པ་ད༷ང་བས༷མ་གཏ༷ན་གྱི་ཕ་རོལ་ཏུ་ཕྱིན་པ་གཉི༷ས་པོ་ད༷ག་ནི༵་བསྒོ༷མས་ པ་ལས་བྱུ༷ང་བའི་བསོད་ནམས་ཀྱི་དངོས་པོ་ཡིན་ཞིང༌། དེ་དག་ལ་སྤྲོ་བའི་བརྩོ༷ན་འགྲུ༷ས་ནི་ གསུམ་ག་ལ་ཡང་ཀུ༷ན་ཏུ༷་འགྲོ༵་བ་ཡིན་པས། ཐམས་ཅད་ཀྱང་མདོར་བསྡུས་ན་བསོད་ནམས་ བྱ་བའི་དངོས་པོ་རྣམ་པ་གསུམ་གསུངས་པ་དང་མཐུན་པ་ཉིད་དོ་ཞེས་བྱ་བའོ། ། མི་མཐུན་ཕྱོགས་སྒྲིབ་པ་གཉིས་ངོས་བཟུང་ནི། འཁོར་གསུམ་རྣམ་པར་རྟོག་ 5-1-429 པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདདོ། །སེར་སྣ་ལ་སོགས་རྣམ་རྟོག་ གང༌། །དེ་ནི་ཉོན་མངོས་སྒྲིབ་པར་འདདོ། །ཞེས་པ་སྟེ། སྦྱིན་པ་པོ་དང་སྦྱིན་པར་ བྱ་བའི་ཡུལ་དང་སྦྱིན་པ་ལ་སོགས་པ་འཁོ༷ར་གསུ༷མ་དུ་རྣ༷མ་པ༷ར་རྟོ༷ག་པ༷་ག༵ང་ཡིན་པ་དེ༷་ནི༷། ཕ་རོལ་ཏུ་ཕྱིན་པ་ལྔ་ཡོངས་སུ་རྫོགས་པའི་གེགས་ཤེ༷ས་བྱ༷འི་སྒྲི༷བ་པ་ཡིན་པ༷ར་འདོ༵ད་ཅིང༌། སེ༷ར་སྣ༷་དང་འདོད་ཆགས་དང་ཁོང་ཁྲོ་དང་རྣམ་གཡེང་ལ༷་སོ༷གས་པའི་རྣ༷མ་པར་རྟོ༷ག་པ་ ག༵ང་ཡིན་པ་དེ༷་ནི༷་ཡོངས་སུ་དག་པར་འགྱུར་བའི་གེགས་ཉོ༷ན་མོ༷ངས་པའི་སྒྲི༷བ་པ་ཡིན་པ༷ར་ འདོ༵ད་པས་དེ་དག་ནི་སྤང་བར་བྱ་བའོ་ཞེས་པའི་དོན་ཏོ། ། གཉེན་པོའི་མཆོག་ཤེས་རབ་ཉིད་ཐོབ་ཚུལ་ནི། ཤེས་རབ་ལས་གཞན་འདི་ དག་ནི། །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཤེས་རབ་མཆོག་ཡིན་དེ་གཞི་ ནི། །ཐོས་པས་དེ་ཕྱིར་ཐོས་པ་མཆོག །ཅེས་པ་ལ། དོན་གྱི་གནས་འདི་ལྟ་བུ་ལེགས་ པར་རྟོགས་པའི་ཤེ༷ས་ར༷བ་ལ༷ས་གཞ༷ན། སྒྲིབ་པ་གཉིས་པོ་འདི༷་ད༷ག་ནི༵་རྩ་བ་ནས་སྤོ༷ང་བར་ བྱེད་པའི་རྒྱུ༷་གཞ༷ན་པ་མེ༷ད་དེ༷། ཤེས་རབ་དང་བྲལ་བའི་སྦྱིན་པ་ལ་སོགས་པས་ནི་མངོན་ འགྱུར་ཟིལ་གྱིས་གནོན་པ་ཙམ་ནུས་ཀྱང་ས་བོན་རྩ་བ་ནས་སྤོང་བར་མི་ནུས་ལ། ཤེས་རབ་ མཐར་ཕྱིན་པ་ནི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པའི་ས་བོན་རྩ་བ་ནས་སྤོང་བར་ནུས་ པ་དེ༷འི༷་ཕྱི༵ར། བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་ལས། ཡེ་ཤེས་ ཀྱི་ཚོགས་ཀྱིས་བསྡུས་པའི་ཤེ༷ས་ར༷བ་ནི་མཆོ༷ག་ཏུ་གྱུར་པ་ཡི༷ན་ཞིང༌། ཤེས་རབ་དེ༷་ལྟ་བུ་ འཕེལ་བའི་གཞི༷་ནི༵་དོན་གྱིས་གནས་བཞི་པོ་འདི་ལྟ་བུ་སྟོན་པའི་གསུང་རབ་དགོངས་འགྲེལ་ དང་བཅས་པ་ཚུལ་བཞིན་ཐོ༷ས་པ༷་ཡིན་པ་དེ༷འི་ཕྱི༷ར༌། སྦྱིན་པ་དང་ཚུལ་ཁྲིམས་དང་སྒོམ་པ་ ལས་བྱུང་བའི་བསོད་ནམས་ཤིན་ཏུ་མང་བ་ལས་ཀྱང་། ཟབ་མོའི་ཆོས་འདི་ལྟ་བུ་ཐོ༷ས་པ༷་ལ་ སོགས་པའི་ཤེས་རབ་ནི་ཆེས་མཆོ༵ག་ཏུ་གྱུར་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཕན་ 5-1-430 ཡོན་དེ་དག་ཐོབ་པར་འདོད་པའི་བློ་དང་ལྡན་པ་རྣམས་ཀྱིས་ནི་ངེས་པའི་དོན་གྱི་གསུང་རབ་ དག་ལ་ཐོས་པ་དང་བསམ་པ་ཚུལ་བཞིན་དུ་བྱ་བ་ཉིད་དོ།། །། ད་ནི་ཡོངས་སུ་རྫོགས་པའི་བྱ་བ་བཤད་པར་བྱ་སྟེ། བཤད་བྱའི་དོན་རྒྱས་པར་བཤད་པ་ དང༌། འཆད་ཚུལ་གྱིས་བསྡུས་ཏེ་བསྟན་པས་སོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། ཆོས་ལ་གནོད་པ་སྤོང་བའི་ཚུལ། བརྩམས་ པའི་བསོད་ནམས་བསྔོ་བའི་ཚུལ། ཞེས་པའོ། །བརྩམས་པའི་ཚུལ་ལ་ལྔ་ལས། དང་པོ་ གཉིས་ནི། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་བདག་ ཉིད་འབའ་ཞིག་དག་ཕྱིར་དང༌། །གང་དག་མོས་དགེ་ཕུན་སུམ་ཚོགས་ ལྡན་བློ། །དེ་དག་རྗེས་སུ་གཟུང་ཕྱིར་འདི་བཤད་དོ། །ཞེས་པ་སྟེ། དེའི་གང་ ལ་བརྟེན་ནས་བཤད་པ་ནི། གོང་དུ་བསྟན་པའི་ཚུལ་དེ༷་ལྟར༷་རྡོ་རྗེའི་གནས་བདུན་བཤད་ པ་རྣམས་ཀྱང་རང་བཟོའམ་གཟུ་ལུམ་དུ་བྱས་པ་མ་ཡིན་གྱི། འཕགས་པ་གཟུངས་ཀྱི་དབང་ ཕྱུག་རྒྱལ་པོས་ཞུས་པའི་མདོ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། དཔལ་ཕྲེང་ གིས་ཞུས་པའི་མདོ་དང༌། འཕེལ་བ་མེད་པ་དང་འགྲིབ་པ་མེད་པ་ཉིད་བསྟན་པའི་མདོ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལ་སོགས་ངེས་པའི་ དོན་གཙོ་བོར་བསྟན་པས་ཡི༷ད་ཆེ༷ས་པའི་གནས་སུ་གྱུར་པའི་ལུ༷ང་རྣམ་པར་དག་པ་རྣམས་ ད༷ང༌། གནས་སྐབས་སུ་བྱ་བ་བྱེད་པའི་རིགས་པ་དང༌། ལྟོས་པའི་རིགས་པ་དང༌། འཐད་པ་ སྒྲུབ་པའི་རི༷གས་པ༷་རྣམས་ལ༵འང་བརྟེན་ཅིང་མཐར་ཐུག་ཆོས་ཉིད་ཟབ་མོའི་རིགས་པ་ལ་ བརྟེ༷ན་ན༷ས་ལེགས་པར་བཤད་པ་ཉིད་དོ་ཞེས་བྱ་བའོ། །གང་གི་ཆེད་དུ་བཤད་པ་ནི། རང་གི་ དོན་ལས་བརྩམས་ཏེ་རྩོམ་པ་པོ་བད༷ག་ཉི༷ད་ཆོས་ཀྱི་དབྱིངས་འབ༷འ་ཞི༷ག་པ་སྤང་བྱའི་སྒྲིབ་ པ་ཕྲ་མོས་ཀྱང་ཤིན་ཏུ་རྣམ་པར་ད༷ག་ནས་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་ 5-1-431 བའི་ཕྱི༷ར་ད༵ང༌། གཞན་གྱིས་དོན་ལས་བརྩམས་ཏེ་སྐལ་བ་ཆེན་པོ་དང་ལྡན་པའི་གདུལ་བྱ་ ག༷ང་ད༷ག་མཆོག་ཏུ་ཟབ་མོའི་དོན་འདི་ལྟ་བུ་ལ་མི་འཕྲོག་པའི་སྒོ་ནས་མོ༷ས་པའི་བློ་དང་ལྡན་ ཞིང་དེ་ལས་ཀྱང་བསོད་ནམས་ཀྱི་ཚོགས་ལས་མཆོག་ཏུ་གྱུར་བའི་དགེ༷་བ་ཕུ༷ན་སུ༷མ་ཚོ༷གས་ པ་དང་ལྡ༷ན་པ་འཐོབ་བོ་སྙམ་པའི་བློ༵་ཅན་དེ༷་ད༷ག་ལེགས་པར་བཤད་པའི་དགའ་སྟོན་གྱིས་ རྗེ༷ས་སུ༷་གཟུ༷ང་བར་བྱ་བའི་ཕྱི༷ར་དུ་བསྟན་བཅོས་འདི༷་རྣམ་པར་བཤ༷ད་དོ༷་ཞེས་པའོ། ། ཇི་ལྟར་བཤད་ཚུལ་བསྟན་པ་ནི། ཇི་ལྟར་སྒྲོན་གགློ་ནོར་བུ་ཉི་ཟླ་ལ། །བརྟེན་ ནས་མིག་དང་ལྡན་པ་ལྟ་བ་བཞིན། །དེ་བཞིན་དོན་ཆེན་ཆོས་སྤོབས་ འདོ་མཛད་པ། །ཐུབ་ལ་བརྟེན་ནས་འདི་ཉིད་རབ་ཏུ་བཤད། །ཅེས་པ་སྟེ། དཔེ་ཇི༷་ལྟར༷་ན་སྒྲོ༷ན་མའི་འོད་དང་གློ༷ག་གི་འོད་དང༌། ནོ༷ར་བུ༷འི་འོད་དང་ཉི༷་མའི་འོད་དང་ ཟླ༷་བའི་འོད་ཀྱི་སྣང་བ་ལ༵་བརྟེ༷ན་ན༷ས་གང་ཟག་མི༷ག་ད༷ང་ལྡ༷ན་པ༷་རྣམས་ཡུལ་གཟུགས་ལ་ ལྟ༷་བ༷་བཞི༵ན་དུ། དོན་དེ༷་བཞི༷ན་དུ་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་དོ༷ན་རྒྱ་ཆེ༷ན་ པོ་མཁྱེན་པ་དོན་སོ་སོ་ཡང་དག་པར་རིག་པ་དང༌། མིང་གི་རྣམ་གྲངས་ཐམས་ཅད་ཐོགས་པ་ མེད་པར་མཁྱེན་པ་ཆོས་སོ་སོ་ཡང་དག་པར་རིག་པ་དང༌། སེམས་ཅན་མཐའ་དག་གི་སྐད་ ཐམས་ཅད་ཐོགས་པ་མེད་པར་མཁྱེན་པ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། ཆོ༷ས་ཀྱི་རབ་ཏུ་དབྱེ་བ་ཐམས་ཅད་ཐོགས་པ་མེད་པར་མཁྱེན་པ་སྤོ༷བས་པ་སོ་སོ་ཡང་དག་ པར་རིག་པ་རྣམས་ཀྱི་འོ༷ད་ཟེར་འགྱེད་པར་མཛ༷ད་པ༵འི་ཐུ༷བ་པ་རྫོགས་པའི་སངས་རྒྱས་ཀྱི་ སྣང་བ་ལ༷་བརྟེ༷ན་ན༷ས་བློ་གྲོས་ཀྱི་མིག་གིས་ཟབ་མོའི་དེ་ཁོ་ན་ཉིད་མཐོང་སྟེ་གཞུང་འདི༷་ཉི༷ད་ ར༷བ་ཏུ༷་གསལ་བར་བཤ༵ད་དོ་ཞེས་པའོ། ། གང་ཞིག་བཤད་བྱའི་ངོ་བོ་ནི། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ ཞིང༌། །ཁམས་གསུམ་ཀུན་ནས་ཉོན་མངོས་སྤོང་བྱེད་གསུང༌། །ཞི་བའི་ 5-1-432 ཕན་ཡོན་སྟོན་པར་མཛད་པ་གང༌། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་ པ་གཞན། །ཞེས་པ་སྟེ། དམ་པའི་ཆོས་ག༷ང་ཞི༷ག བརྗོད་བྱ་ཟབ་པ་དང་རྒྱ་ཆེ་བའི་དོ༷ན་ ཆེན་པོ་དང་ཡང་དག་པར་ལྡ༷ན་ལ། རྗོད་བྱེད་ངག་གི་ཚིག་དྲི་མ་མེད་པའི་ཆོ༷ས་ད༷ང་ཉེ༷་བར་ འབྲེ༷ལ་ཞི༵ང་སྤང་བྱ་ཁ༷མས་གསུ༷མ་པའི་ཀུ༷ན་ན༷ས་ཉོ༷ན་མོ༷ངས་པ་ཐམས་ཅད་སྤོ༷ང་བར་བྱེ༷ད་ པའི་གསུ༵ང་དུ་གྱུར་པས། གཉེན་པོ་ཞི༷་བ༷་མྱ་ངན་ལས་འདས་པའི་མཐར་ཕྱིན་པའི༷་ཕ༷ན་ཡོ༷ན་ སྟོ༷ན་ཅིང་ཐོབ་པ༷ར་མཛ༷ད་པ༷་ག༵ང་ཡིན་པ་དེ༷་ནི༷། དྲ༷ང་སྲོ༷ང་ཆེན་པོ་རྫོགས་པའི་སངས་རྒྱས་ ཀྱི་གསུ༷ང་རབ་རྣམ་པར་དག་པ་ཡི༷ན་པས་གཏན་ལ་དབབ་པར་བྱ་བ་ཡིན་ལ། དོན་བཞི་པོ་ དེ་དག་ལས་བཟློ༷ག་པ༷་ནི་ཡང་དག་པའི་གསུང་རབ་ལས་གཞ༵ན་ལོག་པར་བསྟན་པ་ཡིན་ པས་འཇུག་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཇི་སྐད་དུ། ལྷག་པའི་བསམ་ པ་བསྐུལ་བ་ལས། བྱམས་པ་གཞན་ཡང་རྒྱུ་བཞིས་ན་སྤོབས་པ་ཐམས་ཅད་སངས་རྒྱས་ཀྱིས་ གསུངས་པར་རིག་པར་བྱའོ། །བཞི་གང་ཞེ་ན། བྱམས་པ་འདི་ལ་སྤོབས་པ་དོན་དང་ལྡན་པ་ ཡིན་གྱི་དོན་དང་མི་ལྡན་པ་མ་ཡིན་པ་དང༌། ཆོས་དང་ལྡན་པ་ཡིན་གྱི་མི་ལྡན་པ་མ་ཡིན་པ་ དང༌། ཉོན་མོངས་པ་ཟད་པར་བྱེད་པ་ཡིན་གྱི་ཉོན་མོངས་པ་འཕེལ་བར་བྱེད་པ་མ་ཡིན་པ་ དང༌། མྱ་ངན་ལས་འདས་པའི་ཡོན་ཏན་དང་ཕན་ཡོན་སྟོན་པར་བྱེད་པ་ཡིན་གྱི་འཁོར་བའི་ ཉེས་པ་འཕེལ་བར་བྱེད་པ་མ་ཡིན་པ་སྟེ། བྱམས་པ་བཞི་པོ་འདི་དག་དང་ལྡན་ན་སྤོབས་པ་ ཐམས་ཅད་སངས་རྒྱས་ཀྱིས་གསུངས་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར་རོ། ། རྒྱུ་མཐུན་གུས་པས་བླང་ཚུལ་ནི། གང་ཞིག་རྒྱལ་བའི་སྟོན་པ་འབའ་ཞིག་ གི། དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་ པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་ བླང༌། །ཞེས་པ་སྟེ། གསུང་རབ་ཀྱི་དགོངས་འགྲེལ་ག༷ང་ཞི༷ག བཤད་བྱའི་ཁྱད་པར་རྒྱ༷ལ་ 5-1-433 བ༷་རྫོགས་པའི་སངས་རྒྱས་ཀྱིས་སྟོ༷ན་པ༷་འབ༷འ་ཞི༷ག་གི༵་དབ༷ང་དུ་བྱ༷ས་ནས་སྟོན་གྱི་རང་ བཟོར་བྱས་པ་མ་ཡིན་ལ། འཆད་པ་པོའི་ཁྱད་པར་ཆོས་དང་དོན་ལེགས་པར་ཤེས་ཤིང་རྙེད་ བཀུར་ལ་སོགས་པའི་ཕྱིན་ཅི་ལོག་གི་རྣ༷མ་པར་གཡེ༷ང་བ་མེ༷ད་པའི་ཡི༷ད་ཅ༷ན་གྱི༷ས་ལེགས་ པར་བཤ༵ད་པས། འབྲས་བུའི་ཁྱད་པར་ཐ༷ར་པ༷་བླ་ན་མེད་པའི་མྱ་ངན་ལས་འདས་པ་འཐོ༷བ་ པ༷ར་བྱ་བའི༷་ཆེད་དུ། ཐབས་ཀྱི་ཁྱད་པར་དེའི་ལ༷མ་སྟོན་པ་ད༷ང་རྗེ༷ས་སུ་མཐུ༷ན་པ༵་སྟེ། ཡོན་ ཏན་བཞི་དང་ལྡན་པའི་བསྟན་བཅོས་དེ༷་ཡ༷ང་། དྲ༷ང་སྲོ༷ང་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་ བཀ༷འ་ཇི་ལྟ་བ་བཞི༷ན་དུ་དད་པའི་སྤྱི༷་བོ༷ས་བླ༵ང་བར་བྱ་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། ། ཆོས་ལ་གནོད་པ་སྤང་བའི་ཚུལ་ལ་གསུམ་སྟེ། དག་པའི་ཐབས་ངོས་བཟུང་སྟེ་བསྟེན་ པར་གདམས་པ། ཉམས་པའི་རྒྱུ་ངོས་བཟུང་སྟེ་སྤང་བར་གདམས་པ། ཟབ་མོའི་ཆོས་ཉམས་ པའི་འབྲས་བུ་སྤོང་ཚུལ། ཞེས་པའོ། །དག་པའི་ཐབས་བསྟེན་ཚུལ་ལ། རང་བཟོ་སྤང་ཚུལ་ནི། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་ འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ ཀྱིས་གཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ ཡང་དམ་ཆོས་ལ་ནི་གནདོ་པ་བྱེད་པར་འགྱུར། །ཞེས་པ་སྟེ། གང༷་གི་ཕྱི༷ར་ རྒྱ༷ལ་བ་རྫོགས་པའི་སངས་རྒྱས་ཉིད་ལ༷ས་ཆེ༷ས་མཁ༷ས་པའི་གང་ཟག་འག༷འ་ཡ༷ང་འཇི༷ག་ རྟེ༷ན་གྱི་ཁམས་འདི༷་ན༷་ཡོ༷ད་པ་མི༷ན་ཏེ༵། ཤེས་བྱ་ཇི་སྙེད་པའི་དོན་མ༷་ལུ༷ས་པ་དང༌། ཇི་ལྟ་བའི་ དེ༷་ཁོ་ན་ཉི༷ད་མཆོ༷ག་ནི༷་ཚུ༷ལ་བཞི༷ན་དུ་ཕྱིན་ཅི་མ་ལོག་པ་རྣམ་པ་ཀུ༷ན་མངོན་སུམ་དུ་མཁྱེ༷ན་ པའི་ཡེ་ཤེས་ཉིད་ཀྱི༷ས་མཁྱེ༷ན་གྱི། སངས་རྒྱས་ལས་གཞ༷ན་གྱིས་ཤེས་པ་མི༷ན་པ༵་དེ༷འི་ཕྱི༷ར་ དྲ༷ང་སྲོ༷ང་ཆེན་པོ་རྒྱལ་བ་ར༷ང་ཉི༷ད་ཀྱི༷་དྲང་བ་དང་ངེས་པའི་དོན་དུ་རྣམ་པར་གཞ༷ག་པའི་ 5-1-434 མདོ༷་སྡེ༷་ག༷ང་ཡི༷ན་པ་དེ༷་དག་ལ། དྲང་དོན་ལ་ངེས་དོན་དང་ངེས་དོན་ལ་དྲང་དོན་ནོ་ཞེས་རང་ བཟོས་མི༷་དཀྲུ༵ག་ཅིང་ལོག་པར་བཤད་པར་མི་བྱ་སྟེ། གལ་ཏེ་བྱས་ན་ཐུ༷བ་པ་རྫོགས་པའི་ སངས་རྒྱས་ཀྱི་དམ་པའི་ཆོས་ཀྱི་ཚུ༷ལ་བཤི༷ག་པར་འགྱུར་བའི་ཕྱི༷ར་དང༌། དེ༷་ཡ༷ང་ད༷མ་པའི་ ཆོ༷ས་ལ༷་ནི༷་གནོ༷ད་པ༷་བྱེ༷ད་པ༷ར་འགྱུ༵ར་ཞིང་ཆོས་སྤོང་བའི་ཉེས་པ་ཆེན་པོར་འགྱུར་བའི་ཕྱིར་ རོ་ཞེས་བྱ་བའི་དོན་ཏོ། ། ཕྱོགས་ཞེན་སྤང་ཚུལ་ནི། ཉོན་མོངས་རྨོངས་བདག་རྣམས་ཀྱིས་འཕགས་ ལ་སྐུར་བ་དང༌། །དེས་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་ བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །གོས་གཙང་ཚོན་ གྱིས་རྣམ་བསྒྱུར་སྣུམ་གྱིས་གོས་པ་མིན། །ཞེས་པ་སྟེ། ཉོ༷ན་མོ༷ངས་པ་མ་རིག་ པ་ལ་སོགས་པ་རྣམས་ཀྱིས་སེམས་ཀུན་ཏུ་རྨོ༷ངས་པའི་བད༷ག་ཉིད་ཅན་དུ་གྱུར་པའི་སྐྱེ་བོ་ ངན་པ་རྣ༷མས་ཀྱི༷ས། སངས་རྒྱས་ལ་སོགས་པ་འཕ༷གས་པའི་གང་ཟག་ལ༷་སྐུ༷ར་བ༷་འདེབས་ པ་ད༵ང༌། དེ༷་དག་གིས་ལེགས་པར་གསུ༷ངས་པའི་དམ་པའི་ཆོ༷ས་ལ༷་བཪྙ༷ས་པས་སྤོང་བ་ལ་ སོགས་པའི་ཉེས་པ་ག༷ང་ཡིན་པ་དེ༷་རྣམས་ཀུ༷ན་ཀྱང༌། རང་གི་གྲུབ་མཐའ་ངན་པ་ལ་མཆོག་ཏུ་ མངོན་པར་ཞེ༷ན་པའི་ལྟ༷་བས༷་བྱ༵ས་ཤིང་དེ་ལས་ཀྱང་སྡུག་བསྔལ་སྣ་ཚོགས་ཀྱིས་ཉམས་ཐག་ པར་འགྱུར་བ་དེ༷ས་ན༷། ཕྱོགས་ཞེ༷ན་གྱི་ལྟ༷་བ་ངན་པའི༷་དྲི༷་མ་ཅ༷ན་དུ་གྱུར་པའི་ཉོན་མོངས་པ་ དེ༷་ལ༷་མཁས་པ་རྣམས་ཀྱི་བློ༷་གྲོས་ནམ་ཡང་མི༷་སྦྱ༵ར་ཏེ། གལ་ཏེ་སྦྱར་ན་ཡང་དག་པའི་ལྟ་བ་ དང་སྤྱོད་པ་བློ་བསྒྱུར་དུ་མི་རུང་བའི་ཉེས་པ་ཡོད་པའི་ཕྱིར་རོ། །དཔེར་ན་གོ༷ས་གཙ༷ང་མ་དྲི་ མ་མེད་པ་ཚོ༷ན་གྱི༷ས་ཁ་དོག་རྣ༷མ་པར་བསྒྱུ༷ར་དུ་རུང་གི་སྣུ༷མ་གྱི༷ས་གོ༷ས་པ༷འི་དྲི་མ་ཅན་ནི་དེ་ ལྟ་མི༵ན་པ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། ། ཉམས་པའི་རྒྱུ་སྤང་ཚུལ་ནི། བློ་གསྲོ་དམན་ཕྱིར་དཀར་མསོ་བྲལ་ཕྱིར་ 5-1-435 ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ཆོས་ཕོངས་པས་སྒྲིབ་པའི་ བདག་ཕྱིར་དྲང་དོན་དེ་ཉིད་ངེས་འཛིན་ཕྱིར། །རྙེད་ལ་བརྐམ་ཕྱིར་ལྟ་ བའི་དབང་ཕྱིར་ཆོས་སུན་འབྱིན་པ་བསྟེན་པའི་ཕྱིར། །ཆོས་འཛིན་ བསྲིངས་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ་རྣམས་ཀྱི་ཆོས་སྤོང་བྱེད། ། ཅེས་པ་སྟེ། དེ་ལྟར་ཐེག་པ་ཆེན་པོའི་ཆོས་ཀྱི་མཐར་ཐུག་སྙིང་པོ་ངེས་པའི་དོན་ནི་མཆོག་ ཏུ་ཟབ་ཅིང་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ན། ཁ་ཅིག་མི་མོས་ཤིང་རྣམ་པར་སྤོང་བར་ འགྱུར་སྙམ་པ་ལ། དེ་ནི་ཆོས་ཀྱི་ཉེས་པ་མ་ཡིན་གྱི་གང་ཟག་གི་ཉེས་པའོ་ཞེས་སྟོན་པ་སྟེ། དེ་ཡང་ཁ་ཅིག་ནི་ཟབ་མོའི་དོན་ལ་རྣམ་པར་དཔྱོད་པའི་ཤེས་རབ་ཆུང་ཞིང་བློ༷་གྲོ༷ས་ཤིན་ཏུ་ དམ༷ན་པའི་ཕྱི༷ར་དམ་པའི་ཆོས་སྤོང་བར་བྱེད་ལ། དེ་བཞིན་དུ་སྦྱར་ཏེ་ཁ་ཅིག་ནི་རྒྱས་འགྱུར་ གྱི་རིགས་སད་པར་མ་གྱུར་པས་དཀ༷ར་པོ་དགེ་བའི་ཆོས་ལ་མོ༷ས་པ་དང་རྣམ་པར་བྲ༷ལ་བའི་ ཕྱི༷ར་དང༌། ཁ་ཅིག་ནི་ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་ སེམས་ཁེངས་པའི་ལོ༷ག་པ༷འི་ང༷་རྒྱ༷ལ་ལ༷་བརྟེ༷ན་པའི་ཕྱི༵ར་དང༌། ཁ་ཅིག་ནི་ཚེ་རབས་སྔ་མར་ ད༷མ་པའི་ཆོ༷ས་ཀྱིས་ཕོ༷ངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཚབ་ཆེན་པོ་ཉེ་བར་བསགས་ པ༷ས་ཡང་དག་པའི་དོན་ལ་སྒྲི༷བ་པ༷འི་བད༷ག་ཉིད་ཅན་ཡིན་པའི་ཕྱི༷ར་དང༌། ཁ་ཅིག་ནི་དྲ༷ང་ བའི་དོ༷ན་གྱི་གསུང་རབ་ལ་ཆོས་ཐམས་ཅད་ཀྱི་དེ༷་ཁོ་ན་ཉི༷ད་ངེ༷ས་པའི་དོན་ཕྱིན་ཅི་མ་ལོག་ པར་འཛི༷ན་པའི་ཕྱི༵ར་དང༌། ཁ་ཅིག་ནི་ཟས་དང་གོས་དང་ནོར་ལ་སོགས་པ་འདོད་པའི་ཡོན་ ཏན་གྱི་ཪྙེ༷ད་པ་ལ༷་ལྷག་པར་ཆགས་ཤིང་བརྐ༷མ་པའི་དབང་དུ་གྱུར་པའི་ཕྱི༷ར་དང༌། ཁ་ཅིག་ ནི་འཇིག་ཚོགས་ལ་ལྟ༷་བ༷་ལ་སོགས་པ་ལྟ་བ་ངན་པ་ལ་མཆོག་ཏུ་མངོན་པར་ཞེན་པའི༷་དབ༷ང་ དུ་གྱུར་པའི་ཕྱི༷ར་དང༌། ཁ་ཅིག་ནི་དམ་པའི་ཆོ༷ས་ཟབ་པ་དང་རྒྱ་ཆེ་བ་རྣམས་སུ༷ན་འབྱི༷ན་ཞིང་ རྣམ་པ༷ར་སྤོང་བ་སྡིག་པའི་གྲོགས་པོ་ཡུན་རིང་དུ་བསྟེ༷ན་ཅིང་དེའི་དབང་དུ་གྱུར་པ༷འི་ཕྱི༵ར་ 5-1-436 དང༌། ཁ་ཅིག་ནི་ཐེག་པ་ཆེན་པོ་དམ་པའི་ཆོ༷ས་འཛི༷ན་པའི་དགེ་བའི་བཤེས་གཉེན་སྐྱེས་བུ་ དམ་པའི་མཚན་ཉིད་དང་ལྡན་པ་རྣམས་རྒྱང་རིང་དུ་བསྲི༷ངས་པའི་ཕྱི༷ར་དང༌། ཁ་ཅིག་ནི་ཡང་ དག་པའི་ཆོས་དང་གང་ཟག་ལ་ཡིད་མི་ཆེས་ཤིང་ཕྱིན་ཅི་ལོག་ལ་དགའ་བས་མོ༷ས་པ༷་དམ༷ན་ པའི་ཕྱི༷ར་ན། དེ་བཞིན་གཤེགས་པ་དགྲ༷་བཅོ༷མ་པ་རྣ༷མས་ཀྱི༷་དམ་པའི་ཆོ༷ས་སྤོང་ཞིང༌། ཁྱད་ པར་དུ་ཟབ་མོའི་དེ་ཁོ་ན་ཉིད་སྟོན་པ་རྣམས་སྤོ༷ང་བར་བྱེ༵ད་མོད། དེ་ལྟ་ན་ཡང་རང་ཉིད་ ཉམས་པའི་རྒྱུ་ཡིན་པས་མཁས་པ་རྣམས་ཀྱིས་དེ་ལྟར་བྱ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། ། རྒྱན་ལས་ཀྱང༌། འགྲོ་བ་དེ་གནས་མིན་ལ་སྐྲག་པས་གདུང་བྱེད་འགྱུར། །བསོད་ནམས་མ་ ཡིན་ཕུང་ཆེན་བསགས་བྱས་དུས་རིང་དུ། །རིགས་མེད་གྲོགས་ངན་སྔོན་དགེ་མ་བསགས་བློ་ མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ན་དོན་ཆེན་འདི་ལས་ལྟུང༌། །ཞེས་གསུངས་པ་ལྟར་ རོ། ། ཆོས་ལས་ཉམས་པའི་འབྲས་བུ་སྤང་ཚུལ་ལ་ངན་སོང་སྤང་ཚུལ་ནི། ཇི་ལྟར་ཟབ་ མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱིས་མེ་དང་ནི། །མི་བཟད་ སྦྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། །མེ་ སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་ཀྱི། །དེ་ལས་ མནར་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར། །ཞེས་ པ་སྟེ། ཇི༷་ལྟར༷་ན་མཆོག་ཏུ་ཟ༷བ་མོ༷་དམ་པའི་ཆོ༷ས་ལས་ཉ༷མས་པ་ལ་འཇིགས་པ་དེ༷་བཞི༷ན་ དུ་བླང་དོར་ལ་མཁ༷ས་པ༷འི་སྐྱེ་བོ་དམ་པ་རྣ༷མས་ཀྱི༷ས། འཇིག་རྟེན་ན་འཇིགས་པར་གྲགས་ པའི་མེ༷ས་སྲེག་པ་ད༷ང་ནི༵། མི༷་བཟ༷ད་པའི་སྦྲུ༷ལ་གདུ༷ག་པས་ཟ་བ་དང་། གཤེ༷ད་མ༷ས་གསོད་ པ་ད༷ང་ནི༷་ཐོ༷ག་གིས་འབིགས་པ་ལ༷འ༷ང་ཤི༷ན་ཏུ༷་འཇི༷གས་པར་མི༷་བྱ༵་ཞིང༌། དེ་བས་ཀྱང་ཆོས་ ལས་ཉམས་པ་ཉིད་འཇིགས་པས་སྤང་བར་བྱ་སྟེ། གང་གི་ཕྱིར་ན་མེ༷ས་ཚིག་པ་དང༌། སྦྲུ༷ལ་ 5-1-437 གྱིས་ཟོས་པ་དང༌། དགྲ༷ས་བསད་པ་ད༷ང་རྡོ༷་རྗེ༷འི་མེ༷་ཐོག་གིས་ཕུག་པ་ལས་ནི༷་ཚེ་འདིའི་ སྲོ༷ག་ད༷ང་བྲ༷ལ་བ༷་ཙ༷མ་བྱེ༷ད་པར་ནུས་མོད་ཀྱི༵། དེ༷་རྣམས་ལ༷ས་ངན་སོང་མན༷ར་མེ༷ད་པའི་ དམྱལ་བ་རྣ༷མས་ཀྱི༷་འགྲོ༷་བ༷་ཤི༷ན་ཏུ༷་འཇི༷གས་པ༷ར་འགྲོ༷་བར་མི༷་འགྱུ༵ར་ལ། དམ་པའི་ཆོས་ སྤངས་པ་ལས་ནི་མནར་མེད་པའི་སྡུག་བསྔལ་མྱོང་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ ཏོ། །མདོ་ལས་ཀྱང༌། རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་ལ་མ་དད་ན། །ཐོས་ན་བློ་ཆུང་དེ་ཡིས་ འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །ཞེས་གསུངས་ པ་ལྟར་རོ། ། འཁོར་བ་སྤང་ཚུལ་ནི། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་ སངས་རྒྱས་ངན་སེམས་ལྡན་གྱུར་དང༌། །ཕ་མ་དགྲ་བཅོམ་གསོད་པ་བྱ་ བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་ བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་ སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་པ་སྟེ། གང་ཟག་ངན་པ་གང༷་ཞི༷ག་དུས་ཡ༷ང་ དང་ཡ༷ང་དུ་སྡི༷ག་པའི་གྲོ༷གས་པོ་བསྟེ༷ན་ཞིང་དེའི་དབང་དུ་གྱུར་པ༷ས། སྐྱབས་གནས་བླ་ན་ མེད་པ་རྫོགས་པའི་ས༷ངས་རྒྱ༷ས་ལ་ཡང་བཀྲོང་པར་འདོད་པའི་ང༷ན་སེ༷མས་ཆེན་པོ་དང་ལྡ༷ན་ པར་གྱུ༷ར་པས་སྐུ་མཚལ་འབྱིན་པར་བྱེད་པ་ད༵ང༌། འཇིག་རྟེན་ན་སོ་སོར་ངེས་པའི་སྐྱེ་བོ་བླ་ མ་ཕ༷་དང་མ༷་དྲིན་ཆེན་པོ་དང་ལྡན་པ་དག་ཀྱང་གསོད་པར་བྱེད་པ་དང་། སྐྱེ་བོ་ཐམས་ཅད་ ཀྱིས་ཐུན་མོང་དུ་བཀུར་བ་འོས་པ་དགྲ༷་བཅོ༷མ་པ་ཡང་གསོ༷ད་པ༷་ལ་སོགས་པ་བྱ༷་བ༷ར་འོས་ པ་མི༷ན་པ་བྱེ༷ད་པ་དང༌། མཆོ༷ག་གི་ཚོ༷གས་པ་དགེ་འདུན་གྱི་དབྱེན་བྱས་ནས་རྣམ་པར་འབྱེ༷ད་ པ༷འི་མི༵་དེ༷་ཡ༷ང་། ཆོ༷ས་ཐམས་ཅད་ཀྱི་དེ་ཁོ་ན་ཉི༷ད་ཟབ་མོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ ལྡན་པའི་སྟོང་པ་ཉིད་དང་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ངེ༷ས་པ༷ར་བས༷མས་ཤིང་རྩེ་ 5-1-438 གཅིག་ཏུ་བསྒོམས་ན༷། མྱུ༷ར་དུ༷་མཚམས་མེད་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཆེན་པོ་དེ༷་ ལ༷ས་ཐ༷ར་ནས་བྱང་ཆུབ་ཐོབ་པར་འགྱུ༷ར་གྱི༵། སྐྱེ་བོ་ག༷ང་ཞི༷ག་ཡི༷ད་ནི༷་ཐེག་པ་ཆེན་པོ་མཐར་ ཐུག་སྙིང་པོ་ངེས་པའི་དོན་གྱི་ཆོ༷ས་ལ༷་སྡ༷ང་ཞིང་སྤངས་བ༷་དེ༷་ལ༷། ཐ༷ར་པ༷་བླ་ན་མེད་པའི་བྱང་ ཆུབ་ཐོབ་པ་ལྟ་ག༷་ལ༷་ཡོ༷ད་དེ། དེའི་ལམ་བསྒོམ་པའི་སྐལ་བ་དང་མི་ལྡན་པའི་ཕྱིར་རོ། །དེ་ བས་ན་གློ་བུར་གྱི་སྒྲིབ་པ་སྤངས་ཏེ་དྲི་བྲལ་གྱི་འབྲས་བུ་ཐོབ་པར་འདོད་པ་རྣམས་ཀྱིས་ནི་ ཟབ་མོའི་ཆོས་ལ་མོས་པར་བྱ་བ་ཉིད་དོ་ཞེས་བྱ་བའོ། །རྒྱུད་ལས་ཀྱང༌། མཚམས་མེད་ལྔ་ ནི་བྱེད་པ་དང༌། །སྲོག་ཆགས་གསོད་ལ་དགའ་བ་དང༌། །གཞན་ཡང་སྐྱེ་བ་དམན་གང་དང༌། ། རྨོངས་དང་མ་རུང་ལས་བྱེད་དང༌། །གཟུགས་ངན་ཡན་ལག་མ་ཚང་བ། །བསམས་པས་དེ་ རྣམས་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར་རོ། ། བསོད་ནམས་བསྔོ་བའི་ཚུལ་ལ། ཐུན་མོང་གི་རྣམ་གཞག་ནི་དྲུག་གིས་རིག་པར་བྱ་སྟེ། བསྔོ་རྒྱུ། བསྔོ་བ། དགོས་ཆེད་དང༌། བྱེད་ལས། རྣམ་པ། ཆོ་གའོ། །དེ་ལ་བསྔོ་རྒྱུ་ནི། རང་དང་ གཞན་གྱིས་དུས་གསུམ་དུ་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་ པའི་དགེ་བའི་རྩ་བ་ཐམས་ཅད་དེ། ཇི་སྐད་དུ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། འགྲོ་ ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་ བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཏུ་བཟང་པོར་རེད་གྱུར་ཅིག །ཅེས་གསུངས་པ་ ལྟར་རོ། ། བསྔོ་བ་ནི། མྱ་ངན་ལས་འདས་པ་རྣམས་ཀྱི་མཐར་ཐུག་པ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་གོ་འཕང་ སྟེ། མདོ་ལས། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་ པ་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པའོ། །ཞེས་ 5-1-439 གསུངས་པ་ལྟར་རོ། ། དགོས་ཆེད་ནི། མཐའ་ཡས་པའི་སེམས་ཅན་གྱི་ཁམས་མ་ལུས་པ་བྱང་ཆུབ་ལ་དགོད་ པའི་དོན་དུ་སྟེ། སྤྱོད་འཇུག་ལས། སེམས་ཅན་ཁོ་ནས་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ ཕྱིར་བསྔོའོ། །ཞེས་གསུངས་པ་ལྟར་རོ། ། བྱེད་ལས་ནི། དཔེར་ན་ཆུའི་ཐིགས་པ་རྒྱ་མཚོར་ལྷུང་བ་རྣམས་དེ་གནས་ཀྱི་བར་དུ་མི་ ཟད་པ་བཞིན་དུ། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བ་ཡང་དེ་མ་ཐོབ་ཀྱི་བར་དུ་མི་ཟད་ ཅིང་འཕེལ་བར་བྱེད་པའི་སྒོ་ནས་བྱང་ཆུབ་ལ་སྦྱོར་བ་སྟེ། བློ་གྲོས་མི་ཟད་པའི་མདོ་ལས། ཇི་ ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང༌། །རྒྱ་མཚོ་མ་སྐམས་བར་དུ་དེ་མི་ཟད། །དེ་བཞིན་བྱང་ ཆུབ་ཡོངས་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་པ་དང༌། མངོན་ པར་རྟོགས་པའི་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། ། ཞེས་གསུངས་པ་ལྟར་རོ། ། རྣམ་པ་ནི། བྱེད་པ་པོ་དང༌ལས་དང་བྱ་བ་ལ་སོགས་པ་འཁོར་གསུམ་དུ་རྣམ་པར་མི་རྟོག་ ཅིང་། མི་དམིགས་པའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་སྟེ། དེ་ཉིད་ལས། དེ་ནི་དམིགས་ མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་པ་དང༌། རྒྱན་ལས་ཀྱང༌། རྟག་ ཏུ་རྣམ་པར་མི་རྟོག་ལས་ཅན་ལས་མིན་ཞིང༌། །ལས་ཀྱི་བྱ་བ་དང་རྣམ་གསུམ་ལ་མི་ལྟ་སྟེ། ། དེས་ན་འདིས་ནི་དེ་ཐབས་ཡང་དག་གཟུང་བའི་ཕྱིར། །ལས་རྣམས་དག་པ་མཐའ་ཡས་དེ་ ཡིས་ཕ་རོལ་འགྲོ། །ཞེས་གསུངས་པ་ལྟར་རོ། ། ཆོ་ག་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་པར་ ལྡན། །ཞེས་པའི་དོན་དྲན་པའི་སྒོ་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་བདག་ཅག་ལ་དགོངས་སུ་གསོལ། །ཞེས་པ་སྔོན་དུ་འགྲོ་ 5-1-440 བས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་པ་ལན་གསུམ་དང༌། གནས་སྐབས་སུ་ཡང༌། ལམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་ཆེད་དུ། སྲིད་ པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། །ཐབས་ དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང༌། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་གྱུར་ཅིག །ཅེས་ པ་དང༌། རྒྱལ་བ་ཀུན་གྱི་དམ་པའི་ཆོས་འཛིན་ཅིང༌། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། ། བཟང་པོར་སྤྱོད་པ་རྣམ་པར་སྦྱོང་བ་ཡང༌། །མ་འོངས་སྐལ་བ་ཀུན་ཏུ་སྤྱོད་པར་ཤོག །ཅེས་ པ་དང༌། སྐྱེས་བུ་དམ་པ་རྣམས་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཆེད་དུ། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིད་ནི་ གང་དགོངས་པ། །སེམས་ཅན་ཀུན་ལ་དེ་འབྱོར་ཤོག །ཅེས་པ་དང༌། རྒྱལ་བའི་བསྟན་པ་ ཡུན་རིང་དུ་གནས་པའི་ཆེད་དུ། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་ འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་བསྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ ཅིག །ཅེས་པ་དང༌། རྒྱལ་པོ་དང་སྦྱིན་བདག་ལ་སོགས་པའི་བསོད་ནམས་འཕེལ་བའི་ཆེད་ དུ། །རྒྱལ་པོ་དང་ནི་སྦྱིན་བདག་ཀྱང༌། །སེམས་ཅན་ཕུང་པོ་གཞན་དག་ཀྱང༌། །ཚེ་རིང་ནད་ མེད་བསོད་ནམས་འཕེལ། །རྟག་ཏུ་བདེ་བ་ཐོབ་གྱུར་ཅིག །ཅེས་པ་དང༌། ཐམས་ཅད་ཕན་ ཚུན་བྱམས་པ་ལ་གནས་ཤིང་དམ་པའི་ཆོས་འཕེལ་བའི་ཆེད་དུ། འབྱུང་པོ་གང་དག་འདིར་ནི་ ལྷགས་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་རྒུ་ཀུན་ལ་རྟག་ཏུ་བྱམས་ བྱེད་ཅིང༌། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཅེས་པ་ལ་སོགས་པ་ཇི་ལྟར་རིགས་ པའི་ཚིག་གིས་བསྔོ་བ་དང་སྨོན་ལམ་རྒྱ་ཆེར་བྱ་ཞིང༌། སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་ རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། དགེ་འདུན་མི་ཕྱེད་མཐུན་ 5-1-441 པའི་བྱིན་རླབས་ཀྱིས། །བསྔོས་ཤིང་སྨོན་ལམ་བཏབ་པའང་འགྲུབ་པར་ཤོག །ཅེས་པས་ བདེན་པའི་སྟོབས་བརྗོད་པར་བྱའོ། ། གཞུང་ཉིད་ལ་སྦྱར་བ་ནི། དཀོན་མཆོག་རྣམ་པར་བྱང་ཁམས་དྲི་མེད་ བྱང་ཆུབ་ཡོན་ཏན་འཕྲིན་ལས་ཏེ། །དོན་གནས་རྣམ་འདུན་ཚུལ་བཞིན་ བཤད་ལས་བདག་གིས་དགེ་བ་གང་ཐོབ་པ། །དེས་ནི་འགྲོ་འདི་མཐའ་ ཡས་འདོ་མངའ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང༌། །མཐོང་ནས་ ཀྱང་ནི་ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་པ་ལ། སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ་འཐོབ་པར་བྱ་བའི་འབྲས་བུ་དཀོ༷ན་མཆོ༷ག་གསུམ་ གྱི་དོན་དང༌། དེ་རྣམས་འགྲུབ་པའི་རྒྱུ་རང་བཞིན་གྱིས་རྣ༷མ་པ༷ར་བྱ༷ང་བའི་ཁ༷མས་དེ་བཞིན་ གཤེགས་པའི་སྙིང་པོའི་དོན་དང༌། དེ་ཉིད་གློ་བུར་གྱི་དྲི༷་མ་མེ༷ད་ཅིང་ཤིན་ཏུ་རྣམ་པར་དག་ པའི་གནས་སྐབས་བྱ༷ང་ཆུ༷བ་ཆེན་པོའི་དོན་དང༌། དེ་ལ་ཡོད་པ་བྲལ་བ་དང་རྣམ་པར་སྨིན་ པའི་འབྲས་བུས་བསྡུས་པའི་ཡོ༷ན་ཏ༷ན་གྱི་དོན་དང་། དེའི་ནུས་པས་གཞན་གྱི་དོན་ལེགས་ པར་སྒྲུབ་པ་འཕྲི༷ན་ལ༷ས་ཀྱི་དོན་ཏེ༵། བརྗོད་བྱའི་དོ༷ན་རྡོ་རྗེའི་གན༷ས་རྣ༷མ་པ་བདུ༷ན་པོ་ཕྱིན་ ཅི་མ་ལོག་པའི་ཚུ༷ལ་ཇི་ལྟ་བ་བཞི༷ན་དུ་རྣམ་པར་བཤ༷ད་པ་ལ༷ས། འཆད་པ་པོ་བད༷ག་གི༷ས་ དགེ༷་བའི་རྩ་བ༷་རྣམ་པར་དག་པ་ག༷ང་ཐོ༷བ་པ༵་དེ༷ས་ནི༷། འཁོར་བ་ན་གནས་པའི་འགྲོ༷་བ་ འདི༷་རྣམས་ཐམས་ཅད། གནས་སྐབས་ཀྱི་འབྲས་བུ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ དུ་སྐྱེས་ནས། མཐ༷འ་ཡ༷ས་པའི་འོ༷ད་ཟེར་གྱི་ཚོགས་མང༷འ་བ་དྲ༷ང་སྲོ༷ང་རྫོགས་པའི་སངས་ རྒྱས་ཚེ༷་དང་ཡེ་ཤེས་དཔ༷ག་ཏུ་མེ༷ད་པའི་ཞལ་མངོན་སུམ་དུ་མཐོ༷ང་ཞི༵ང་། སངས་རྒྱས་མཐོ༷ང་ ན༷ས་ཀྱ༷ང་ནི༷་དེ་ལས་དམ་པའི་ཆོས་ཐོས་ཤིང་ཉམས་སུ་བླངས་པ་ལས། ཆོས་རྣམས་ལ་ཆོ༷ས་ ཀྱི་མི༷ག་རྡུལ་མེད་ཅིང་དྲི༷་མ་མེ༷ད་པའི་མཐོང་ལམ་ལ་སོགས་པ་ཐོབ་ནས་ཆོས་ཟབ་མོ་ལ་མི་ 5-1-442 སྐྲག་པའི་བཟོད་པ་རྣམ་པར་དག་པ་སྐྱེ༷ས་ཏེ༷། མཐར་ཐུག་གི་འབྲས་བུ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱ༷ང་ཆུ༷བ་ཆེན་པོ་མཆོ༷ག་ཏུ་གྱུར་པ་མྱུར་དུ་ཐོ༷བ་པར་ཤོ༷ག་ཤིག་ཅེས་བྱ་བའི་ དོན་ཏོ། ། འཆད་ཚུལ་གྱིས་བསྡུས་ཏེ་བསྟན་པ་ནི། གང་ལས་རྒྱུ་མཚན་གང་གི་ ཕྱིར། །ཇི་ལྟར་བུར་ནི་གང་བཤད་དང་། །རྒྱུ་མཐུན་པ་ནི་གང་ཡིན་དེ། ། ཚིགས་སུ་བཅད་པ་བཞིས་བསྟན་ཏོ། །གཉིས་ཀྱིས་བདག་ཉིད་དག་པ་ ཡི། །ཐབས་དེ་གཅིག་གི་ཉམས་པའི་རྒྱུ། །དེ་ནས་ཚིགས་སུ་བཅད་པ་ནི། ། གཉིས་ཀྱིས་འབྲས་བུས་བསྟན་པ་ཡིན། །འཁོར་གྱི་དཀྱིལ་འཁོར་བཟོད་ པ་དང༌། །བྱང་ཆུབ་ཐོབ་པའི་ཆོས་བརྗོད་པའི། །མདོར་ན་འབྲས་བུ་ རྣམ་གཉིས་ནི། །ཐ་མ་ཡིས་ནི་བསྟན་པ་ཡིན། །ཅེས་པ་སྟེ། ག༷ང་ལ༷ས་བརྟེན་ ནས་བཤད་པ་ནི། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ་བརྟེན་ནས། ཞེས་པས་བསྟན་ ཅིང་། རྒྱུ༷་མཚ༷ན་ནམ་དགོས་པ་ག༷ང་གི༷་ཕྱི༵ར་བཤད་པ་ནི། བདག་ཉིད་འབའ་ཞིག་དག་ཕྱིར་ དང༌། །གང་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེས་སུ་བཟུང་ཕྱིར་འདི་བཤད་ དོ། །ཅེས་པས་བསྟན་ལ། ཚུལ་ཇི༷་ལྟ༷་བུ༷ར་བཤད་པ་ནི༷། ཇི་ལྟར་སྒྲོན་གློག་ནོར་བུ་ཉི་ཟླ་ལ། ། ཞེས་པ་ལ་སོགས་པས་བསྟན་ཏེ། དོན་ག༷ང་ཞིག་བཤ༷ད་པར་བྱ་བའི་ངོ་བོ་ནི། གང་ཞིག་ དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཞེས་པ་ལ་སོགས་པས་བསྟན་པ་ད༵ང༌། བཤད་བྱ་དེ་ རྟོགས་པའི་རྒྱུ༷་མཐུ༷ན་པ༷ར་གྱུར་པའི་འཆད་བྱེད་ནི༷་ག༷ང་ཡི༷ན་པ་དེ༵། གང་ཞིག་རྒྱལ་བའི་སྟོན་ པ་འབའ་ཞིག་གི། ཞེས་པ་ལ་སོགས་པ་བསྟན་པས། བསྟན་བཅོས་ཇི་ལྟར་བརྩམས་ཚུལ་ནི་ དེ་ལྟར་ཞེས་པ་ལ་སོགས་པའི་ཚི༷གས་སུ༷་བཅ༷ད་པ༷་བཞི༷ས་རྒྱས་པར་བསྟ༷ན་ཏོ༵། །གང་ཕྱིར་ རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །ཞེས་པ་ལ་སོགས་པའི་ 5-1-443 ཚིགས་སུ་བཅད་པ་གཉི༷ས་ཀྱི༷ས་བད༷ག་ཉི༷ད་ད༷ག་པ༷ར་བྱ་བའི༵་ཐ༷བས་སུ་ཆོས་སྤོང་པའི་སྒྲིབ་ པ་ལ་བག་བྱ་བ་བསྟན་ཏེ༷། བློ་གྲོས་དམན་ཕྱིར་དཀར་མོས་བྲལ་ཕྱིར་ལོག་པའི་ང་རྒྱལ་ལ་ བརྟེན་ཕྱིར། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅི༷ག་གི༷ས་ཆོས་སྤོང་བའི་ལས་ བསགས་ན་བདག་ཉིད་ཉ༷མས་པ༷འི་རྒྱུ༵་ཡིན་པས་སྤང་བར་གདམས་པ་བསྟན་ཞིང༌། དེ༷འི་ རྗེས་ན༷ས། ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་རྣམས་ཀྱིས་མེ་དང་ནི། །ཞེས་པ་ ལ་སོགས་པའི་ཚི༷གས་སུ༷་བཅ༷ད་པ༷་ནི༷་གཉི༷ས་ཀྱི༷ས་ཟབ་མོའི་ཆོས་ལས་ཉམས་པའི་འབྲ༷ས་ བུ༷་གནས་སྐབས་སུ་ངན་འགྲོ་ལྟུང་བ་དང་མཐར་ཐུག་ཐར་པ་མི་ཐོབ་པ་གཉིས་སྤོང་བའི་ཚུལ་ ཡང་དག་པར་བསྟ༷ན་པ༷་ཡི༵ན་ནོ། །གནས་སྐབས་སུ་ཞིང་ཁམས་རྣམ་པར་དག་པ་སངས་ རྒྱས་ཀྱི་འཁོ༷ར་གྱི༷་དཀྱི༷ལ་འཁོ༷ར་དུ་སྐྱེས་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་ཏེ་དོན་ཟབ་མོ་ ལ་མི་སྐྲག་པའི་བཟོ༷ད་པ་ཐོབ་པ༷་ད༵ང༌། མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱ༷ང་ཆུ༷བ་ཆེན་པོ་ཐོ༷བ་པ༷འི་ཆོ༷ས་ཡོངས་སུ་བསྔོ་བ་བརྗོ༷ད་པ༵འི་སྒོ་ནས་མདོ༷ར་བསྡུ་ན༷། དམ་ པའི་ཆོས་ལ་ཞུགས་པ་རྣམས་ཀྱི་འབྲ༷ས་བུ༷་གནས་སྐབས་དང་མཐར་ཐུགས་གི་དོན་ཕུན་སུམ་ ཚོགས་པ་རྣ༷མ་པ་གཉི༷ས་འགྲུབ་པ་ཡིན་པར་ནི༵། དཀོན་མཆོག་རྣམ་པར་བྱང་ཁམས་དྲི་མེད་ བྱང་ཆུབ་ཡོན་ཏན་ཕྲིན་ལས་ཏེ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཐ༷་མ༷་གཅིག་པོ་ འདི་ཡི༷ས་ནི༷་ལེགས་པར་བསྟ༷ན་པ༷་ཡི༵ན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་གནས་སྐབས་ དང་མཐར་ཐུག་གི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་བདེ་བླག་ཏུ་གྲུབ་པར་འདོད་པའི་ བློ་དང་ལྡན་པ་རྣམས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་དྲི་མ་མེད་པ་རྣམས་ལ་དད་པ་ དང་བརྩོན་འགྲུས་ཆེན་པོས་ཚུལ་བཞིན་དུ་འཇུག་པར་བྱ་བ་ཉིད་དོ། །ཐེ༷ག་པ༷་ཆེ༷ན་པོ༷་རྒྱུ༷ད་ བླ༷་མ༷འི་བསྟ༷ན་བཅོ༷ས་དཀོ༷ན་མཆོ༷ག་གི༷་རི༷གས་རྣ༷མ་པ༷ར་དབྱེ༷་བ༷་ལ༷ས། ཕ༷ན་ཡོ༷ན་གྱི༷་ སྐ༷བས་ཏེ༷་ལེའུ་ལྔ༷་པ༷འི་རྣམ་པར་བཤད་པ༷འོ༷།། ༈ །། 5-1-444 དེ་ལྟར་ཐེག་པ་ཆེན་པོ་དམ་པའི་ཆོས་ཕྱིན་ཅི་མ་ལོག་པར་བཤད་པ་ལས་བྱུང་བའི་ བསོད་ནམས་མཐའ་ཡས་པ་རྣམས་ཀྱང་འགྲོ་བ་ཐམས་ཅད་དམ་པའི་ཆོས་འདི་ལྟ་བུའི་སྣོད་ དུ་འགྱུར་བར་བྱ་བའི་ཕྱིར། ཡོངས་སུ་བསྔོ་སྟེ། ཇི་སྐད་དུ། སློབ་དཔོན་འཕགས་པས། ཐེག་ མཆོག་དམ་ཆོས་རིན་ཆེན་བཤད་འདི་ལས། །བསམ་ཡས་བསོད་ནམས་བདག་གི་གང་ཐོབ་ པ། །དེས་ནི་འགྲོ་ཀུན་ཐེག་མཆོག་དམ་པའི་ཆོས། །རིན་ཆེན་དྲི་མ་མེད་པའི་སྣོད་གྱུར་ཅིག ། ཅེས་གསུངས་པ་ལྟར་རོ། །དེ་ལྟར་ན་རྒྱལ་བའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ འཕ༷གས་པ༷་བྱ༷མས་པ༷་མགོ༷ན་པོ༷ས་མཛ༷ད་པ༷་ཐེ༷ག་པ༷་ཆེ༷ན་པོ༷་རྒྱུ༷ད་བླ༷་ མ༷འི་བསྟ༷ན་བཅོ༷ས་སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་འགྲེལ་ པ་དང་མཐུན་པར་རྣམ་པར་བཤད་པ་གྲུབ་སྟེ་མཐའ་དག་ཡོངས་སུ་རྫོ༷གས་སོ༵་ཞེས་ཀྱང་ བྱའོ།། །། དོན་དེ་ལེགས་པར་བསྒྱུར་བའི་ཚུལ་ནི། དཔལ་ལྡན་གྲོང་ཁྱེར་ཆེན་པོ་དཔེ་ མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་པཎྜི་ཏ་ ཆེན་པོ་སད་ཛ་ན་དང༌། ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ ཀྱིས་གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་བསྒྱུར་བའོ། །ཞེས་པ་སྟེ། བསྟན་བཅོས་འདི་ ཉིད་རྗེ་བཙུན་གྱིས་ལེགས་པར་སྦྱར་བའི་སྐད་དུ་བརྩམས་ཤིང༌། རིམ་གྱི་འཕགས་པའི་ཡུལ་ དུ་བྱོན་པ་ལས། པཎྜི་ཏ་སད་ཛ་ན་དང༌། ལོ་ཙཱ་བ་ཆེན་པོས་བོད་སྐད་དུ་ལེགས་པར་བསྒྱུར་ཏེ་ སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་ཕན་པ་རྒྱ་ཆེན་པོ་མཛད་དོ་ཞེས་པའི་དོན་ཏོ། ། སླར་ཡང་མཆོག་ཏུ་ཟབ་པའི་གཞུང་འདི་ལ། །ལྷག་པར་མསོ་པའི་ བཙུན་པ་བློ་གསྲོ་ཀྱིས། །འཕགས་པའི་ཡུལ་གྱི་དཔེ་ལ་ལེགས་གཏུགས་ ནས། ཅུང་ཟད་བཅསོ་ཤིང་ཤིན་ཏུ་དག་པར་བགྱིས། །ཞེས་ཀྱང་བྱ་སྟེ། བདག་ 5-1-445 གིས་ཀྱང་མཆོག་ཏུ་ཟབ་པའི་ཚུལ་ལ་ལྷག་པར་མོས་པའི་དབང་གིས་རྒྱ་གར་འཕགས་པའི་ ཡུལ་གྱི་དཔེ་ལ་གཏུགས་ཏེ། ཅུང་ཟད་བཅོས་ཤིང་ཤིན་ཏུ་དག་པར་བགྱིས་པའོ། །དེ་རྣམས་ ཀྱིས་ཤིན་ཏུ་ཟབ་པའི་གཞུང་ལུགས་དེ་ཉིད་ཡོངས་སུ་རྫོགས་པར་བཤད་ཟིན་པ་ཉིད་དེ། གང་དག་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་ནས་ཐོབ་པའི་དད་པ་བརྟན་པོ་དང་ལྡན་ པས། ཆོས་ཀྱི་དབྱིངས་དྲི་མ་དང་བྲལ་བའི་བྱང་ཆུབ་ཆེན་པོ་ཡོན་ཏན་དང་བཅས་པ་བསྒྲུབས་ ཏེ། དེའི་ཕྲིན་ལས་ཀྱིས་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པར་འདོད་པའི་སྐལ་བ་དང་ ལྡན་པ་དེ་དག་གིས་ནི། རྣམ་པར་དག་པའི་གཞུང་ལུགས་འདི་ལྟ་བུ་ལ་ཤིན་ཏུ་གུས་པའི་སྒོ་ ནས་ལེགས་པར་འཇུག་པར་མཛོད་ཅིག་དང༌། གོང་དུ་ཇི་སྐད་བཤད་པའི་ཕན་ཡོན་ཆེན་པོ་ མཐའ་དག་གདོན་མི་ཟ་བར་མྱུར་དུ་འགྲུབ་པར་འགྱུར་རོ། །ཞེས་ཀྱང་བཤད་པར་བྱའོ།། །། (གང་ལས་)དེ་ལྟར་འདི་ལས་རྒྱལ་དང་རྒྱལ་སྲས་གསུང་རབ་དགོངས་འགྲེལ་ལུང་དང་ནི། ། བསམ་གྱིས་མི་ཁྱབ་ཆོས་དང་ཆོས་ཉིད་རྣམས་འབྱེད་ཟབ་མོའམ་རིགས་པ་ལ། །བརྟེན་ནས་ (རྒྱུ་མཚན་གང་གི་ཕྱིར་དང་)བདག་ཉིད་དོན་དང་དོན་མིན་བླང་དོར་ལེགས་པར་ཤེས་ཕྱིར་དང༌། །བློ་ ལྡན་དོན་གཉེར་ཀུན་ལ་ཀུན་ནས་ལེགས་པར་བཤད་པ་སྤེལ་ཕྱིར་རྣམ་པར་སྦྱར། །(ཇི་ལྟ་བུར་ ནི་)ཇི་ལྟར་ཟབ་ཡངས་རྒྱ་མཚོའི་ནང་ནས་ནི། །དེད་དཔོན་མཁས་པ་ནོར་བུ་ལེན་པ་ལྟར། །དེ་ བཞིན་གསུང་རབ་རྒྱ་མཚོའི་དབུས་ནས་ཀྱང༌། །ངེས་དོན་རིན་ཆེན་མཆོག་འདི་བདག་གིས་ བླངས། །(གང་བཤད་པ་དང་)དོན་དམ་རང་བཞིན་ཆོས་དབྱིངས་སྙིང་པོའི་དོན། །ཀུན་རྫོབ་གློ་ བུར་དྲི་མ་ལས་གྲོལ་བས། །བྱང་ཆུབ་ཆེན་པོར་འགྱུར་ཞེས་གང་སྟོན་པ། །དེ་ཉིད་ངེས་པའི་ དོན་ཡིན་དྲང་དོན་གཞན། །(རྒྱུ་མཐུན་པ་ནི་གང་ཡིན་དེ་)དོན་ཟབ་དྲི་མེད་གང་དེའི་དབང་བྱས་ནས། ། རྣམ་དག་ལེགས་བཤད་རྣམ་མང་ཡོངས་བསྡུས་པས། །ཆོས་དབྱིངས་ཟབ་མོ་རྟོགས་པའི་རྒྱུ་ མཐུན་པའི། །རྣམ་བཤད་འདི་ལའང་མཁས་(ཚིགས་སུ་བཅད་པ་བཞིས་བསྟན་ཏོ)རྣམས་དགེས་པར་ 5-1-446 མཛོད། །(གཉིས་ཀྱིས་བདག་ཉིད་དག་པ་ཡི། །ཐབས་དང་)གང་ཞིག་འདི་ན་རྒྱལ་བ་ཉིད་མཁས་པས། ། དེ་ཡིས་ཟབ་མོའི་མདོ་དང་རྒྱུད་སྡེ་ལས། །གསལ་བར་གསུངས་པའི་ངེས་དོན་དཔང་བྱོས་ ལ། །རང་བཟོའི་གཟུ་ལུམ་སྤོངས་ཤིག་ཤེས་ལྡན་དག །འགའ་ཞིག་དང་པོ་གང་ལ་ཞུགས་པ་ ཡི། །ལྟ་ངན་དེ་ཉིད་མཆོག་ཏུ་བཟུང་བས་ཉམས། །བདག་ཉིད་དག་པར་འདོད་པའི་བློ་ལྡན་ རྣམས། །ཕྱོགས་ཞེན་མཆོག་འཛིན་གང་དེའང་སྤང་བའི་རིགས། །(གཅིག་གིས་ཉམས་པའི་རྒྱུ་)འདི་ ན་ཕལ་ཆེར་རྙེད་དང་བཀུར་བསྟིས་བཅིངས། །འགའ་ཞིག་སྡིག་པའི་གྲོགས་པོས་ཡོངས་སུ་ བཟུང༌། །ལ་ལ་རྣམ་དཔྱོད་སྐལ་བ་ཤིན་ཏུ་དམན། །དེ་ཕྱིར་ཆོས་ཚུལ་ཟབ་མོ་སྤོང་བ་མང༌། ། (དེ་ནས་ཚིགས་སུ་བཅད་པ་ནི། གཉིས་གཉིས་འབྲས་བུ་བསྟན་པ་ཡིན། )མཁས་རྣམས་ལུས་དང་ལོངས་སྤྱོད་ ཉམས་བླ་ཡི། །ཟབ་མོའི་ཆོས་ལས་ནམ་ཡང་ཉམས་མི་བྱ། །གང་ཕྱིར་ལུས་སོགས་ཉམས་ ཀྱང་མནར་མེད་པའི། །འགྲོ་བ་ཤིན་ཏུ་འཇིགས་པར་ལྟུང་མི་འགྱུར། །མཚམས་མེད་ལྔ་ སོགས་སྡིག་པ་སྤྱོད་པ་ཡང༌། །དོན་དམ་ཆོས་ཉིད་རྟོགས་ནས་གྲོལ་འགྱུར་ན། །དོན་འདི་ མཐར་ཐུག་མིན་ཞེས་གང་སྨྲ་བ། །དེ་ཡིས་རྣམ་གྲོལ་རིང་དུ་མ་བྱས་སམ། །(འཁོར་གྱི་དཀྱིལ་འཁོར་ བཟོད་པ་དང༌། །བྱང་ཆུབ་ཐོབ་པའི་ཆོས་བརྗོད་པའི། །མདོར་ན་འབྲས་བུ་རྣམ་གཉིས་ནི། །ཐ་མ་ཡིས་ནི་བསྟན་པ་ཡིན། །)ད་ནི་ མཆོག་གསུམ་བདེན་པའི་མཐུ་ཡིས་ཆོས་དབྱིངས་རིགས་ཅན་འགྲོ་བ་ཀུན། །བྱམས་མགོན་ ལ་སོགས་འདྲེན་པའི་སྤྱན་སྔར་བྱང་ཆུབ་སྤྱོད་པ་ལེགས་སྤྱད་དེ། །ཟབ་མོའི་ཆོས་ལ་སྐྲག་པ་ མེད་པའི་བཟོད་པ་དྲི་མེད་དང་ལྡན་པས། །བྱང་ཆུབ་ཆེན་པོའི་ཡོན་ཏན་ཐོབ་ནས་རྒྱལ་བའི་ འཕྲིན་ལས་སྒྲུབ་གྱུར་ཅིག །ཐེག་མཆོག་ཟབ་མོའི་དགོངས་དོན་རྣམ་འབྱེད་པའི། །ཚུལ་འདི་ བླ་མ་དམ་པས་རྗེས་བཟུང་ཞིང༌། །བློ་ལྡན་སློབ་མས་ཡང་ཡང་བསྐུལ་བའི་མཐུས། །བློ་གྲོས་ རྒྱལ་མཚན་དཔལ་གྱིས་རྣམ་པར་སྦྱར། །འཕགས་པའི་གསུང་དང་དམ་པའི་ལེགས་བཤད་ དཔང་བྱས་ནས། །ཚིག་དོན་མ་ལུས་གསལ་བར་བཤད་མོད་དེ་ལྟ་ནའང༌། །བདག་བློའི་ཉེས་ 5-1-447 པས་གལ་ཏེ་འཁྲུལ་པའི་ཆ་མཆིས་ན། །དེ་ཉིད་གཟིགས་པའི་མཁས་པ་རྣམས་ལ་བཟོད་པར་ གསོལ། །ཕྱོགས་ཞེན་ཕྲག་དོག་གཏི་མུག་གིས་སྒྲིབ་པའི། །ལོག་སྲེད་ཅན་དག་འདི་ཡིས་ མགུ་དཀའ་མོད། །གཟུ་བོར་གནས་ཤིང་ལེགས་བཤད་དོན་གཉེར་བའི། །བློ་ལྡན་སྐལ་པ་ ཅན་རྣམས་དགྱེས་པར་མཛོད། །བདག་བློ་དང་བའི་མཁའ་ལས་འོངས་པའི་ལེགས་བཤད་ ཉིན་མོར་བྱེད་པའི་འོད། །མ་ལུས་འགྲོ་བའི་གླིང་ལ་ཤར་བས་མི་ཤེས་མུན་པའི་ཚོགས་ བཅོམ་ནས། །ཡེ་ཤེས་ཆེན་པོའི་སྣང་བ་རྒྱས་ཤིང་ཡོན་ཏན་པད་མོའི་དཔལ་བསྐྱེད་དེ། །རྣམ་ གྲོལ་མཆོག་གི་དགའ་བའི་ཚལ་དུ་ཟག་མེད་བདེ་ལ་སྤྱོད་གྱུར་ཅིག །ཐེག་པ་ཆེན་པོ་རྒྱུད་བླ་ མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་ངེས་དོན་རབ་གསལ་སྣང་བ་ཞེས་བྱ་བ། བླ་མ་དམ་ པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས། རིག་པའི་གནས་ལྔ་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་ ཐོབ་པ་བོད་ཀྱི་པཎྜི་ཏ་འཇམ་དབྱངས་བློ་གྲོས་ཀྱིས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་ཉེ་བར་ སྦྱར་བའོ། །བསྟན་པ་རིན་པོ་ཆེ་དང་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ ཅིག། །། མངྒ་ལཾ་བྷ་ཝ་ཏུ། ཡི་གེ་པ་ནི་སེང་གེ་ཡི་མིང་ཅན་ངའོ། །འདི་ནི་རྒྱལ་བའི་རྒྱལ་ཚབ་ བྱམས་མགོན་ནས། །ཐོགས་མེད་དབྱིག་གཉེན་བློ་བརྟན་གང་བ་སྤེལ། །(ཁ་མ་)རིན་ཆེན་རྡོ་ རྗེ་སད་ཛ་ན་དང་ནི། །ས་ར་ཧི་ཏ་བློ་གྲོས་གྲགས་པ་དང༌། །(མར་པ་)ཇོ་འཕན་དོན་གྲུབ་བརྩོན་ སེང་(ཆིམས་)ནམ་མཁའ་གྲགས། །བཅོམ་ལྡན་རལ་གྲི་སྐྱི་སྟོན་ཤག་འབུམ་དང༌། །སྐྱི་སྟོན་ འཇམ་དབྱངས་ཀུན་མཁྱེན་ཆོས་རྗེ་ལ། (དོལ་པོ་ལ་)། བརྒྱུད་དེ་ས་བཟངས་པ་ལ་གནང་བའོ། ། མངྒ་ལཾ་བྷ་ཝ་ཏུ། དཔལ་ལྡན་ཡང་དགོན་དུ་བྲིས་པ་དགེ་ལེགས་འཕེལ།། །། ད་ཐེངས་ཀྱི་པར་བསྐྲུན་གཉིས་པ་འདི་ནི་གསར་དུ་རྙེད་པའི་འབྲས་དཔེ་རྙིང་༼ཕྱི་ཚ༡༣༥ ༽དང་། ཡང་༼ ཕྱི་ཚ་༡༠༠ ༽ ཅན་དཔེ་གཉིས་ལ་གཏུག་ལ་ཡོད། སྔོན་གྱི་ཇོ་ནང་དཔེ་ཚོགས་དུ་པར་བསྐྲུན་ཟིན་པ་དེའི་མ་ཡིག་རྒྱ་གར་ནས་རྙེད་པའི་དཔེ་ 5-1-448 གསར་ཞིག་ཡིན་པས་དེ་དང་བསྡུར་ན་ཅུང་ཟད་ཁྱད་པར་ཡོད།