4-1-1 ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ང་༽ 4-1-2 ༄༅། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་རྣམ་པར་བཤད་པ་ཐེག་ཆེན་རབ་གསལ་སྣང་བའི་དཀར་ཆག 1དམ་པའི་ཆོས་ལ་འཇུག་ཚུལ་ཐུན་མོང་དུ་བསྟན་པ། 2 སྐབས་སུ་བབ་པའི་བསྟན་བཅོས་ཁྱད་པར་དུ་བཤད་པ། 3 དོན་དང་མཐུན་པའི་མཚན་དོན་སོགས་བཤད་པ། 4 དོན་མཆོག་ལྡན་པའི་བསྟན་བཅོས་དངོས། ལེའུ་དང་པོ། 5 བརྗོད་བྱ་ཕན་ཡོན་སོགས་བསྟན་ནས་རྩོམ་པར་འཇུག་པའི་ཚུལ། 6 ཐེག་པ་ཆེན་པོ་བཀར་སྒྲུབ་པའི་ལེའུ། 7 སྐྱབས་སུ་འགྲོ་བའི་ལེའུ། 8 རིགས་ཀྱི་ལེའུ། 9 སེམས་བསྐྱེད་ལེའུ། 10 སྒྲུབ་པའི་ལེའུ། 11 དེ་ཁོ་ན་ཉིད་ཀྱི་ལེའུ། 12 མཐུའི་ལེའུ། 13 ཡོངས་སུ་སྨིན་པའི་ལེའུ། 14 བྱང་ཆུབ་ཀྱི་ལེའུ། 15 མོས་པའི་ལེའུ། 16 ཡོངས་སུ་ཚོལ་བའི་ལེའུ། 17 བཤད་པའི་ལེའུ། 18 སྒྲུབ་པའི་ལེའུ། 19 གདམས་ངག་རྗེས་སུ་བསྟན་པའི་ལེའུ། 20 ཐབས་དང་ལྡན་པའི་ལས་ཀྱི་ལེའུ། 21 ཕ་རོལ་དུ་ཕྱིན་པ་དང་བསྡུ་བའི་ལེའུ། 22 མཆོད་པ་དང་བསྟེན་པ་དང་ཚད་མེད་པའི་ལེའུ། 23 བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལེའུ། 24 ཡོན་ཏན་གྱི་ལེའུ། 4-1-3 25 སྤྱོད་པ་དང་མཐར་ཐུག་པའི་ལེའུ། 26 དོན་དེ་ལེགས་པར་བསྒྱུར་པའི་ཚུལ། 4-1-4 ༄༅། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་རྣམ་པར་བཤད་པ་ཐེག་ཆེན་ རབ་གསལ་སྣང་བ་ཞེས་བྱ་བ་ བཞུགས་སོ། ། ཐེག་ཆེན་མདོ་སྡེའི་རྒྱན་གྱི་རྒྱན། །ཐེག་ཆེན་རབ་གསལ་སྣང་བ་བཞུགས། ། ཐེག་ཆེན་ཆོས་ལ་མོས་པ་རྣམས། །ཐེག་ཆེན་གཞུང་འདི་མཁྱེན་པར་མཛོད། ། ༄༅། །ༀ་ཤྲཱི་མ་ཏེ་གུ་ར་ཝེ་རཏྣ་ཏྲ་ཡཱ་ཡ་ཙ་ན་མོ་ན་མཿ ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ གྱི་རྣམ་པར་བཤད་པ་ཐེག་ཆེན་རབ་གསལ་སྣང་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། རང་བཞིན་རྣམ་དག་ཆོས་དབྱིངས་དྲི་མེད་མཁའ་ལྟར་ཁྱབ་པའི་དོན་རྟོགས་ནས། ། ལམ་བཟང་རྣམ་དག་ཕ་རོལ་ཕྱིན་དྲུག་ཚོགས་གཉིས་བརྩོན་པས་བསྒྲུབས་པའི་མཐུས། ། 4-1-5 འབྲས་བུ་རྣམ་དག་སྐུ་དང་ཡེ་ཤེས་ཡོན་ཏན་ཕུན་ཚོགས་དང་ལྡན་པའི། ། འཕྲིན་ལས་རྣམ་དག་ནུས་པས་འགྲོ་ཀུན་སྐྱོང་མཛད་ཐུབ་དབང་ཞབས་ལ་འདུད། ། དེ་ཡི་བསྟན་པ་དམ་པའི་ཆོས། ། ལུང་དང་རྟོགས་པའི་བདག་ཉིད་ཅན། ། འཆད་དང་སྒྲུབ་ལ་རབ་བརྩོན་པས། ། ཡུན་རིང་གནས་ཤིང་གསལ་གྱུར་ཅིག ། ཟབ་ཡངས་གསུང་རབ་རྒྱ་མཚོའི་དབུས་ནས་ངེས་དོན་རིན་ཆེན་མཆོག་བླངས་ཏེ། ། ལེགས་བཤད་རྒྱལ་མཚན་རྩེ་ལ་བཅིངས་ནས་འགྲོ་བློའི་མི་ཤེས་མུན་སེལ་ཞིང༌། ། ཡེ་ཤེས་སྣང་བའི་དཔལ་རབ་རྒྱས་མཛད་དེད་དཔོན་མཚུངས་མེད་ཆོས་ཀྱི་རྗེ། ། ས་བཅུའི་དབང་ཕྱུག་རྒྱལ་བའི་རྒྱལ་ཚབ་བྱམས་མགོན་རྒྱལ་བའི་སྲས་ལ་འདུད། ། དེ་སྲས་འཕགས་པ་ཐོགས་མེད་དང༌། ། མཁས་མཆོག་དཔལ་ལྡན་དབྱིག་གཉེན་སོགས། ། ལེགས་བཤད་ཟབ་མོ་སྟོན་མཛད་པའི། ། དམ་པ་རྣམས་ལའང་ཕྱག་འཚལ་ནས། ། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོ་ཐེག་ཆེན་ཟབ་མོའི་བརྗོད་བྱའི་དོན། ། གཞི་དང་ལམ་དང་འབྲས་བུའི་གནས་ལུགས་ཤིན་ཏུ་གསལ་བར་སྟོན་པའི་གཞུང༌། ། དབུ་མ་ཆེན་པོ་མདོ་སྡེའི་རྒྱན་འདི་དམ་པ་རྣམས་ཀྱི་ལེགས་བཤད་ལ། ། བརྟེན་ནས་རང་གཞན་རྟོགས་པ་འཕེལ་ཕྱིར་ཇི་ལྟར་ནུས་བཞིན་བཤད་པར་བྱ། ། ཆོས་དབྱིངས་སྙིང་པོའི་དོན་རྟོགས་ནས། ། ཐེག་ཆེན་ལམ་ལ་ལེགས་ཞུགས་ཏེ། ། 4-1-6 ཀུན་མཁྱེན་གོ་འཕང་ཐོབ་འདོད་པའི། ། སྐལ་ལྡན་ཚོགས་རྣམས་དགྱེས་པར་མཛོད། ། འདིར་གང་དག་ཐར་པ་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་ པའི་སྐལ་པ་དང་ལྡན་པ་དེ་དག་གིས་ནི། འཁོར་བའི་བྱ་བ་སྙིང་པོ་མེད་པ་ལ་ཆགས་པ་མཐའ་ དག་སྤངས་ཏེ། དམ་པའི་ཆོས་ཐོག་མཐའ་བར་གསུམ་དུ་དགེ་བའི་ལམ་ལ་ཐོས་བསམ་སྒོམ་ གསུམ་གྱི་རིམ་པས་འཇུག་པར་བྱ་བ་ཡིན་ལ། དེ་དག་གི་ཚུལ་ཡང་སངས་རྒྱས་བཅོམ་ལྡན་ འདས་ཉིད་ཀྱིས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་ ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་ཉེ་བར་བསགས་པ་ལས། དོན་གཉིས་ མཐར་ཕྱིན་པའི་འབྱོར་པ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་ཏེ་གདུལ་བྱར་གྱུར་པ་རྣམས་ ཀྱང་དེ་ལ་དགོད་པའི་ཆེད་དུ་ཆོས་ཀྱི་འཁོར་ལོ་རིམ་པར་བསྐོར་བ་རྣམས་ཀྱིས་གསལ་བར་ མཛད་ཅིང༌། རྒྱལ་བའི་སྲས་པོ་དམ་པ་རྣམས་ཀྱིས་དགོངས་འགྲེལ་གྱི་བསྟན་བཅོས་རབ་ཏུ་ མང་པོ་རྣམས་ཀྱིས་ཀྱང་ཤིན་ཏུ་གསལ་བར་མཛད་པས། རེ་ཞིག་དང་པོར་བླང་དོར་གྱི་ཚུལ་ བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། གསུང་རབ་དགོངས་འགྲེལ་དང་བཅས་པའི་ལུང་གི་ ཆོས་རྣམས་ལ་ཐོས་བསམ་རྣམ་པར་དག་པས་འཇུག་པར་བྱའོ། ། དེ་ལ་དམ་པའི་ཆོས་ལ་འཇུག་ཚུལ་ཐུན་མོང་དུ་བསྟན་པ་དང༌། སྐབས་སུ་བབ་པའི་ བསྟན་བཅོས་ཁྱད་པར་དུ་བཤད་པ་གཉིས་ལས། དང་པོ་ལའང་ཐོབ་པར་བྱ་བ་ཐར་བའི་ཕན་ཡོན། སྤང་བར་བྱ་བ་འཁོར་བའི་ཉེས་ དམིགས། བསྒྲུབ་པར་བྱ་བ་ཆོས་ལ་འཇུག་ཚུལ་ལོ། ། དང་པོ་ནི། དམ་པའི་ཆོས་ལ་ཞུགས་པ་རྣམས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་དོན་ གཉིས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཡིན་ཞིང༌། དེ་ཡང་ཡེ་ཤེས་ཀྱི་ཚོགས་མཐར་ 4-1-7 ཕྱིན་པ་ལས་ཟག་པ་མེད་པའི་འབྱོར་བ་མཐའ་ཡས་པ་དང་ལྡན་པ་རང་དོན་དོན་དམ་ཆོས་ ཀྱི་སྐུ་མངོན་དུ་གྱུར་པའི་ངང་ལས་མ་གཡོས་བཞིན་དུ། བསོད་ནམས་ཀྱི་ཚོགས་ཀྱི་འབྲས་ བུ་གཟུགས་སྐུ་གཉིས་ཀྱིས་གདུལ་བྱ་དཔག་ཏུ་མེད་པའི་དོན་ཕུན་སུམ་ཚོགས་པ་མཛད་པ་ སྟེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་ གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་ གསུངས་པ་ལྟར་རོ། །དེ་དག་ཀྱང༌། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་ རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་རྣམས་དང་ལྡན། ། ཞེས་ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་དང་ལྡན་པར་གསུངས་ཤིང༌། སྟོབས་བཅུ་དང་མི་ འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་འདུས་མ་བྱས་ཀྱི་ཡོན་ཏན་རྣམས་ ནི་གདོད་མ་ནས་ཆོས་ཀྱི་སྐུ་ལ་དབྱེར་མེད་པར་མངའ་བ་དྲི་མ་དང་བྲལ་བ་ཙམ་གྱིས་མངོན་ དུ་འགྱུར་བ་སྟེ། དེ་ལྟར་ཡོན་ཏན་སུམ་ཅུ་ནི། །གཉིས་འདི་ཆོས་སྐུ་རབ་ཕྱེ་སྟེ། །ནོར་བུ་རིན་ ཆེན་འོད་མདོག་དང༌། །དབྱིབས་བཞིན་དབྱེ་བ་མེད་ཕྱིར་རོ། །ཞེས་པ་ལྟར་རོ། །མཚན་ བཟང་པོ་སུམ་ཅུ་རྩ་གཉིས་ལ་སོགས་པ་སྨིན་འབྲས་འདུས་བྱས་ཀྱི་ཡོན་ཏན་རྣམས་ནི་མཐོང་ མ་ཐག་ཏུ་སྐྱེས་བུ་ཆེན་པོར་ཡིད་ཆེས་པར་མཛད་པའི་གཟུགས་སྐུ་གཉིས་ལ་མངའ་བ་སྟེ། མཐོང་ན་ཚིམ་བྱེད་ཡོན་ཏན་གང༌། །སུམ་ཅུ་རྩ་གཉིས་ཞེས་བྱ་བ། །སྤྲུལ་པ་ཆོས་ལ་རྫོགས་ པར་ནི། །ལོངས་སྤྱོད་གཟུགས་སྐུ་གཉིས་ལ་བརྟེན། །ཞེས་པ་ལྟར་རོ། །ཡོན་ཏན་གྱི་ནུས་ པ་འཕྲིན་ལས་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་མངའ་བའི་སྒོ་ནས་ ཀྱང་གདུལ་བྱ་མཐའ་དག་ཡོངས་སུ་སྨིན་པར་མཛད་པ་སྟེ། རིན་ཆེན་ལྷ་དབང་སྣང་བཞིན་ སྟོན་པ་སྟེ། །ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་འདྲ། །ཁྱབ་བདག་མཁྱེན་དང་བརྩེ་ བའི་སྤྲིན་ཚོགས་ནི། །མཐའ་ཡས་འགྲོ་ལ་སྲིད་རྩེའི་བར་དུ་ཁྱབ། །ཚངས་བཞིན་ཟག་མེད་ 4-1-8 དབྱིངས་ལས་མ་བསྐྱོད་པར། །སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན། །ཉི་བཞིན་ཡེ་ཤེས་སྣང་བ་ རབ་སྤྲོ་གང༌། །རྣམ་དག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུང་ དེ་བྲག་ཅ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་ཁྱབ་དང་གཟུགས་མེད་རྟག་པ་ཉིད། །ས་ བཞིན་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། །རྣམ་པ་ཀུན་ཏུ་གཞིར་གྱུར་པ་ནི་སངས་ རྒྱས་ས་ཡིན་ནོ། །ཞེས་པས་མིའི་འཇིག་རྟེན་བཻཌཱུརྱའི་ས་གཞིར་གྱུར་པ་ལ་ལྷའི་དབང་པོའི་ གཟུགས་བརྙན་སྣང་བ་བཞིན་དུ་དོན་དམ་ཆོས་ཀྱི་སྐུ་ལས་མ་གཡོས་པར་ཀུན་རྫོབ་གཟུགས་ ཀྱི་སྐུའི་སྣང་བ་མཐའ་ཡས་པ་སྟོན་པ་དང༌། ལྷའི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་སྟོན་པ་བཞིན་ དུ་གདམས་ངག་དང་རྗེས་སུ་བསྟན་པ་སྣ་ཚོགས་པ་གསུང་བ་དང༌། སྤྲིན་གྱིས་ནམ་མཁའ་ ཁྱབ་པར་བྱས་ཏེ་ཆར་འབེབས་པ་བཞིན་དུ་མཁྱེན་པའི་ཡེ་ཤེས་དང་བརྩེ་བའི་ཐུགས་རྗེས་ གདུལ་བྱ་མཐའ་ཡས་པ་ལ་ཁྱབ་པ་དང༌། ཚངས་པ་གཟུགས་ཁམས་ལས་མ་གཡོས་པར་ སྤྲུལ་པ་འདོད་ཁམས་སུ་སྟོན་པ་བཞིན་དུ་ཟག་པ་མེད་པའི་དབྱིངས་ལས་མ་གཡོས་བཞིན་ དུ་རང་རང་གི་མོས་པ་དང་མཐུན་པར་སྤྲུལ་པ་སྣ་ཚོགས་པ་སྟོན་པ་དང༌། ཉི་མས་འོད་ཟེར་ གྱི་སྣང་བ་འགྱེད་པ་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དམ་པའི་ཆོས་ཀྱི་འོད་ ཟེར་མཐའ་ཡས་པ་སྤྲོ་བ་དང༌། ནོར་བུ་རིན་པོ་ཆེ་དང་འདྲ་བར་རྣམ་པར་རྟོག་པ་དང་འབད་ རྩོལ་མེད་པར་དགོས་འདོད་མཐའ་དག་སྩོལ་བ་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ དང༌། བྲག་ཅ་ལ་སོགས་པའི་སྒྲ་བརྙན་བཞིན་དུ་ཡི་གེ་མེད་ཀྱང་སྣ་ཚོགས་སུ་ཐོས་པ་གསུང་ གི་གསང་བ་བསམ་གྱིས་མི་ཁྱབ་པ་དང༌། ནམ་མཁའ་བཞིན་དུ་ཐམས་ཅད་ལ་ཁྱབ་ཅིང་ དབྱིབས་དང་ཁ་དོག་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང་འདུས་བྱས་ཀྱི་གཟུགས་སུ་གྲུབ་ པ་མེད་ཅིང་རྟག་པ་ཡིན་པ་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་དང༌། ས་གཞིས་ལོ་ཏོག་ ལ་སོགས་པ་སྐྱེ་བའི་རྟེན་བྱེད་པ་བཞིན་དུ་གདུལ་བྱ་མཐའ་ཡས་པའི་རྒྱུད་ལ་དཀར་པོ་དགེ་ 4-1-9 བའི་ཆོས་ཀྱི་ལོ་ཏོག་དང་རྩི་སྨན་རྣམས་འཕེལ་བ་བརྟན་པ་དང་ཡངས་པར་བྱེད་པའི་གཞི་ ནི་གནས་མ་ལུས་པར་གྱུར་པའི་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་སངས་རྒྱས་ཀྱི་ས་ཐོབ་ པ་ཉིད་ཡིན་ནོ། །ཞེས་བསྟན་པ་ལ་སོགས་པ་ལྟ་བུ་དང༌། སྟོན་དང་གསུང་དང་ཁྱབ་པ་དང༌། ། སྤྲུལ་དང་ཡེ་ཤེས་སྤྲོ་བ་དང༌། །ཐུགས་གསུང་སྐུ་ཡི་གསང་བ་དང༌། །ཐུགས་རྗེའི་བདག་ ཉིད་ཐོབ་པ་ཉིད། །ཅེས་ཀྱང་བསྡུས་ནས་གསུངས་པ་ལྟར་རོ། །འབྲས་བུ་མཐར་ཕྱིན་པ་དེ་ ཉིད་ལ། སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་དབྱེར་མེད་ པར་ལྡན་པའི་ཆ་ནས་ཆོས་ཀྱི་སྐུ་དང་དེ་བཞིན་ཉིད་རང་བཞིན་གྱི་རིགས་དྲི་མ་དང་བྲལ་བ་ མངོན་དུ་གྱུར་པའི་ཆ་ནས་དེ་བཞིན་གཤེགས་པ་དང༌། ནམ་ཡང་གཞན་དུ་མི་འགྱུར་ཞིང་སླུ་ བ་མེད་པའི་ཆོས་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཆ་ནས་འཕགས་ པའི་བདེན་པ་དང༌། དོན་དམ་པའི་བདེན་པ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་ ཅིང་ཞི་བ་མངོན་དུ་གྱུར་པའི་ཆ་ནས་མྱ་ངན་ལས་འདས་པ་ཞེས་ཀྱང་བྱ་ཞིང༌། ཉི་མའི་དཀྱིལ་ འཁོར་དང་འོད་ཟེར་འབྲལ་མི་ཤེས་པ་བཞིན་དུ་དོན་དམ་པའི་ཡོན་ཏན་རྣམས་དང་དབྱེར་ མེད་པའི་སངས་རྒྱས་ལས་མ་གཏོགས་པའི་མྱ་ངན་ལས་འདས་པ་གཞན་མེད་དེ། གང་ཕྱིར་ ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །དེ་ ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ ངན་འདས་པ་མེད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་ཤེས་བྱ་མཐའ་དག་མངོན་སུམ་དུ་ མཁྱེན་པ་རྟོགས་པ་མཐར་ཕྱིན་པའི་སངས་རྒྱས་དང༌། སྒྲིབ་གཉིས་བག་ཆགས་དང་བཅས་ པ་ལས་གྲོལ་བ་སྤངས་པ་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་དག་ནི་དོན་དམ་པར་གཉིས་ སུ་མེད་པའི་ཕྱིར་ཏེ། རྣམ་ཀུན་[མངོན་རྫོགས་{རྫོགས་སངས}བྱང་ཆུབ་དང༌། །དྲི་མ་བག་ ཆགས་བཅས་སྤངས་པ། །སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ 4-1-10 ཉིད། །ཅེས་གསུངས་པ་ལྟར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ནི་ ལམ་རིང་པོས་དུབ་པ་ལ་འབྲོག་དགོན་པར་གྲོང་ཁྱེར་སྤྲུལ་པ་བཞིན་དུ་ངལ་གསོ་ཞིང་རིམ་ གྱིས་གཞུག་པའི་ཆེད་དུ་བཏགས་པ་ཙམ་ཡིན་པས་མཐར་ཐུག་གི་མྱ་ངན་ལས་འདས་པ་ཐོབ་ པར་འདོད་པ་རྣམས་ཀྱིས་ནི་ཡོན་ཏན་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཉིད་ཐོབ་པར་ བྱ་དགོས་ཏེ། དེས་ན་སངས་རྒྱས་མ་[གཏོགས་{ཐོབ་}པར། །མྱ་ངན་འདས་པ་མི་འཐོབ་ སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་གསུངས་པ་ ལྟར་རོ། །དོན་དམ་པའི་སངས་རྒྱས་ནི་རང་བཞིན་རྣམ་པར་དག་པའི་ཚུལ་གྱིས་སེམས་ཅན་ ཐམས་ཅད་ཀྱི་སྙིང་པོར་བཞུགས་པའི་ཕྱིར་སྤང་བྱ་གློ་བུར་གྱི་དྲི་མ་སྦྱོང་བ་ལ་འབད་པར་ རིགས་ཏེ། མདོ་ལས། ཐོག་མ་མེད་པའི་དུས་ཅན་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་པ་ལ་ སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། ། སྤང་བར་བྱ་བ་འཁོར་བའི་ཉེས་དམིགས་ནི། དེ་ལྟར་ཆོས་ཀྱི་དབྱིངས་རང་བཞིན་གྱིས་ རྣམ་པར་དག་པ་ཐམས་ཅད་ལ་ཁྱབ་པར་གནས་ཀྱང་དམ་པའི་ཆོས་ལ་བརྩོན་པར་མ་བྱས་ ན། མེད་བཞིན་དུ་བདག་དང་བདག་གིར་འཛིན་པ་ལ་སོགས་པ་ཚུལ་བཞིན་མ་ཡིན་པ་ཡིད་ ལ་བྱེད་པའི་རྣམ་པར་རྟོག་པའི་དབང་གིས་ཉོན་མོངས་པ་རྣམས་འབྱུང་ཞིང༌། དེས་ཀུན་ ནས་བསླངས་པའི་ལས་ངན་པ་ཟག་པ་དང་བཅས་པ་སྤྱད་པ་ལས། མཐའ་མེད་པའི་འཁོར་ བར་སྐྱེས་ནས་བཟོད་པར་དཀའ་བའི་སྡུག་བསྔལ་སྣ་ཚོགས་ལ་ལོངས་སྤྱོད་པ་སྟེ། རིན་ཆེན་ ཕྲེང་བར། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་ལ་དེ་ལ་ངར་འཛིན་ཡོད། །ངར་འཛིན་ པ་ལས་ཡང་ལས་ཏེ། །ལས་ལས་ཀྱང་ནི་སྐྱེ་བར་འགྱུར། །ཞེས་པ་ལྟར་རོ། །དེ་ཡང་བཤེས་ སྤྲིང་དུ། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ 4-1-11 ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། །དཔེར་ཡང་མི་ཕོད་འོལ་ཡང་མི་ [འཆིའོ{དབྱིའོ}། །ཞེས་པ་ལྟར་དམྱལ་བ་རྣམས་ལ་ཚ་གྲང་དང་གཅོད་འདྲལ་ལ་སོགས་པའི་ སྡུག་བསྔལ་མཐའ་ཡས་པ་དང༌། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཙམ། །འཚལ་པའི་མཐུ་དང་ལྡན་ པ་མ་ལགས་སོ། །ཞེས་པ་ལྟར་ཡི་དྭགས་རྣམས་ལ་བཀྲེས་སྐོམ་དང་དབུལ་ཕོངས་ལ་སོགས་ པའི་སྡུག་བསྔལ་དང༌། ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་ལྤགས་པའི་ཆེད་དུ་ འཆི་བར་འགྱུར། །དབང་མེད་གཞན་ནི་རྡོག་པ་ལག་པ་དང༌། །ལྕགས་དང་ལྕགས་ཀྱུ་རྣམས་ ཀྱིས་བཏབ་སྟེ་བཀོལ། །ཞེས་པ་ལྟར་དུད་འགྲོ་རྣམས་ལ་གཅིག་གིས་གཅིག་ཟ་བ་དང་དབང་ མེད་གཞན་གྱིས་འཁོལ་བ་ལ་སོགས་པའི་སྡུག་བསྔལ་དང༌། སྐྱེས་རབས་ལས། གཅིག་ནི་ བསྲུང་བས་ཉོན་མོངས་ལ། །གཉིས་པ་ཚོལ་བས་ཤ་ཐང་ངོ༌། །ཕྱུག་གམ་ཡང་ན་དབུལ་ཡང་ རུང༌། །གང་ནའང་དགའ་བ་མེད་འགྱུར་བ། །ཞེས་པ་ལྟར་མི་རྣམས་ལའང་ཡོད་པ་བསྲུང་བ་ དང་མེད་པ་ཚོལ་བ་ལ་སོགས་པའི་སྡུག་བསྔལ་དང༌། ལྷ་ཡི་གནས་ནས་འཕོ་བ་ན། །སྡུག་ བསྔལ་རབ་ཏུ་སྐྱེ་བ་[ནི{གང་}། །དེ་ལ་སེམས་ཅན་དམྱལ་བ་ཡིས། །བཅུ་དྲུག་ཆར་ཡང་མི་ ཕོད་དོ། །ཞེས་པ་ལྟར་ལྷ་རྣམས་ལ་འཆི་འཕོ་ལྟུང་འགྱུར་ལ་སོགས་པའི་སྡུག་བསྔལ་ཡོད་ལ། ཟག་བཅས་ཀྱི་བདེ་བ་ཅུང་ཟད་ཡོད་ཀྱང་དཔྱད་ན་འགྱུར་བའི་སྡུག་བསྔལ་ཡིན་པས་སྙིང་པོ་ མེད་ཅིང༌། ཐམས་ཅད་ལ་ཡང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡོད་པས། འགྲོ་བ་རྒྱུད་ལྔས་ བསྡུས་པའི་འཁོར་བ་མཐའ་དག་ནི་ཤིན་ཏུ་སྡུག་བསྔལ་བར་གནས་པ་ཉིད་དེ། མི་གཙང་བ་ ལ་དྲི་ཞིམ་མེད་བཞིན་འགྲོ་སྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ ལ་སོགས་རེག་སྐྱེས་བཞིན། །ཞེས་པ་ལྟར་རོ། ། བསྒྲུབ་པར་བྱ་བ་ཆོས་ལ་འཇུག་ཚུལ་ལ་གཉིས་ལས། གང་ལ་འཇུག་པར་བྱ་བའི་ཆོས་ 4-1-12 ནི། རྣམ་བཤད་རིགས་པར། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། ། བསོད་ནམས་ཚེ་དང་གསུང་རབ་དང༌། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་ ཆོས་ཀྱི་སྒྲ་ཡུལ་བཅུ་ལ་འཇུག་པར་གསུངས་པས། མྱ་ངན་ལས་འདས་པའི་ཆོས་ཐོབ་པའི་ ཆེད་དུ་ལམ་གྱི་ཆོས་ལ་འབད་དགོས་ཤིང༌། དེའི་ཕྱིར་ཡང་གསུང་རབ་ལུང་གི་ཆོས་ལ་ཐོས་ བསམ་རྣམ་པར་དག་པས་འཇུག་པར་བྱ་བ་ཡིན་ལ། ཁྱད་པར་དུའང་བདེ་བར་གཤེགས་ པའི་གསུང་རབ་དམ་པའི་ཆོས་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་ པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་ལ་ སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའོ། ། དེ་ལ་ཇི་ལྟར་འཇུག་པའི་ཚུལ་ནི། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། ། སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་གཉིས་ལས། དང་པོར་ཚུལ་ཁྲིམས་རྣམ་དག་ལ་འཇུག་ཚུལ་ནི། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་ མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་ཡོན་ཏན་ ཁྱད་པར་ཅན་ཐམས་ཅད་ཀྱི་རྟེན་ཡིན་པས་སོ་སོར་ཐར་པའི་སྡོམ་པ་རིས་བརྒྱད་ཀྱི་ནང་ ནས་ཇི་ལྟར་ནུས་པའི་བསླབ་པ་བླངས་ནས་ཡང་དག་པར་བསྲུང་བ་སྟེ། མཛོད་ལས། སྤང་ བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བར་ནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་ གནས་དང༌། །དགེ་ཚུལ་དང་ནི་དགེ་སློང་ཆེད། །ཅེས་{གསུངས་}པ་ལྟར་རོ། །དེ་ཡང་དགེ་ བསྙེན་སྡོམ་བརྒྱད་ལས། །ཇི་སྲིད་འཚོ་བར་གསོད་དང་རྐུ། །ལོག་པར་གཡེམ་དང་རྫུན་གྱི་ ཚིག །ཆང་གི་བཏུང་བ་རྣམས་ལས་ལྡོག །ཅེས་པ་ལྟར་ཇི་སྲིད་འཚོའི་བར་དུ་བསླབ་བྱ་ལྔ་ བསྲུང་བར་ཡོངས་སུ་རྫོགས་པའི་དགེ་བསྙེན་དང༌། བཤེས་སྤྲིང་ལས། འཚེ་དང་འཁྲིག་པ་ ཆོམ་རྐུན་རྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང༌། །མལ་སྟན་མཐོ་ལ་དགའ་ 4-1-13 དང་གླུ་དག་དང༌། །གར་དང་ཕྲེང་བའི་ཁྱད་པར་རྣམ་པར་སྤོངས། །ཞེས་པ་ལྟར་ཉིན་ཞག་ ཕྲུགས་གཅིག་ལ་བསླབ་བྱ་བརྒྱད་བསྲུང་བ་བསྙེན་གནས་ཀྱི་སྡོམ་པ་དང༌། དགེ་ཚུལ་གྱི་ཚིག་ ལེའུར་བྱས་པ་ལས། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང༌། །མི་ཚངས་སྤྱོད་རྫུན་ བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང༌། །ཕྱི་དྲོའི་ཁ་ ཟས་གསེར་དངུལ་ལེན་པ་སྤོངས། །ཞེས་པ་ལྟར་ཇི་སྲིད་འཚོའི་བར་དུ་བསླབ་པ་བཅུ་བསྲུང་ བ་དགེ་ཚུལ་གྱི་སྡོམ་པ་དང༌། ལུང་དང་མདོ་རྩ་ལ་སོགས་པ་ལས་གསུངས་པའི་དོན་སྡོམ་ དུ་བྱས་པ། ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང༌། །སྤང་ལྟུང་སུམ་ཅུ་འབའ་ཞིག་དགུ་ བཅུ་དང༌། །སོ་སོར་བཤགས་པར་བྱ་བ་བཞི་དང་ནི། །ཉེས་བྱས་བརྒྱ་དང་བཅུ་གཉིས་སྤང་ བར་བྱ། །ཞེས་པ་ལྟར་ཇི་སྲིད་འཚོའི་བར་དུ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྲུང་བ་དགེ་ སློང་གི་སྡོམ་པ་རྣམས་སོ། །དགེ་བསྙེན་ཕ་མ་གཉིས་དང་བསྙེན་གནས་ཀྱི་སྡོམ་པ་ནི་ཁྱིམ་པ་ ཕྱོགས་ཀྱི་སྡོམ་པ་གསུམ་དང༌། དགེ་ཚུལ་ཕ་མ་གཉིས་དང་དགེ་སློབ་མ་དང་དགེ་སློང་ཕ་མ་ གཉིས་ཀྱི་སྡོམ་པ་ནི་རབ་ཏུ་བྱུང་བ་ཕྱོགས་ཀྱི་སྡོམ་པ་ལྔ་ལ་སོ་སོར་ཐར་པ་རིས་བརྒྱད་ཅེས་ ཀྱང་གསུངས་ཤིང༌། དེ་རྣམས་ཀྱི་སྟེང་དུ་ཇི་ལྟར་ཐོབ་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་ དང་གསང་སྔགས་ཀྱི་སྡོམ་པ་རྣམས་ཀྱང་བསྲུང་བར་བྱ་བ་ཡིན་ལ། རྡོ་རྗེ་འཛིན་པ་རྣམས་ ཀྱི་ནང་ནས་དགེ་སློང་ནི་མཆོག་ཏུ་ཡང་གསུངས་ཏེ། དཔལ་དུས་ཀྱི་འཁོར་ལོ་ལས། དེ་ཉིད་ བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་ཏེ། །འབྲིང་ནི་དགེ་ཚུལ་ཉིད་དུ་ བརྗོད། །ཁྱིམ་ན་གནས་པ་ཐ་མ་ཡིན། །ཞེས་པ་ལྟར་རོ། ། དེ་ནས་ཐོས་བསམ་སྒོམ་གསུམ་ལ་འཇུག་ཚུལ་ནི། མཛོད་ལས། སྟོན་པའི་དམ་ཆོས་ རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་ པར་བྱེད་པ་ཁོ་ནའོ། །ཞེས་པ་ལྟར་གཉིས་ལས། དང་པོ་ལུང་གི་ཆོས་ལ་འཆད་ཉན་གྱིས་འཇུག་ཚུལ་ལ། གང་ལ་འཆད་ཉན་བྱ་བའི་ 4-1-14 གཞུང་ལུགས། གང་གིས་འཆད་ཉན་བྱེད་པའི་གང་ཟག ཇི་ལྟར་འཆད་ཉན་བྱེད་ཚུལ་བསྟན་ པ། དེ་ལྟར་འཆད་ཉན་བྱས་པའི་ཕན་ཡོན་ཡིན་ནོ། ། དང་པོ་ལ། ལེགས་པར་གསུངས་པའི་བཀའ་དང༌། དགོངས་པ་འགྲེལ་བའི་བསྟན་ བཅོས་གཉིས་ལས། བཀའི་མཚན་ཉིད་ནི་དངོས་ཀྱི་བདག་རྐྱེན་སངས་རྒྱས་ལས་བྱུང་བའི་ ངག་གང་ཞིག བརྗོད་བྱའི་དོན་ཕུན་སུམ་ཚོགས་པ་དང་ལྡན་ཞིང༌། རྗོད་བྱེད་ཀྱི་ཚིག་རྣམ་ པར་དག་པ་དང་འབྲེལ་ལ། བྱེད་ལས་ཁམས་གསུམ་པའི་ཉོན་མོངས་པ་སྤོང་བར་བྱེད་པ་ དང༌། མྱ་ངན་འདས་པའི་ཕན་ཡོན་སྟོན་པར་བྱེད་པ་སྟེ། རྒྱུད་བླ་མར། གང་ཞིག་དོན་ལྡན་ ཆོས་དང་ཉེར་འབྲེལ་ཞིང༌། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང༌། །ཞི་ བའི་ཕན་ཡོན་སྟོན་པར་བྱེད་པ་གང༌། །དེ་ཉིད་དྲང་སྲོང་བཀའ་ཡིན་ཟློག་པ་གཞན། །ཞེས་ གསུངས་པ་ལྟར་རོ། །དེ་ལ་དབྱེ་ན་བརྗོད་བྱའི་སྒོ་ནས་བསླབ་པ་གསུམ་སྟོན་ཞིང་སྒྲུབ་པར་ བྱེད་པ་སྡེ་སྣོད་རིན་པོ་ཆེ་གསུམ་དང༌། བརྗོད་ཚུལ་གྱི་སྒོ་ནས་མདོའི་སྡེ་ལ་སོགས་པ་གསུང་ རབ་ཡན་ལག་བཅུ་གཉིས་དང༌། མཆོག་དམན་གྱི་སྒོ་ནས་ཐེག་པ་གསུམ་དང་གྲུབ་མཐའ་ བཞི་དང་སྔགས་དང་ཕ་རོར་ཏུ་ཕྱིན་པ་ལ་སོགས་པ་དང༌། འབྱུང་ཁུངས་ཀྱི་སྒོ་ནས་ཞལ་ནས་ གསུངས་པ་དང༌། བྱིན་གྱིས་བརླབས་པ་དང༌། རྗེས་སུ་གནང་བའི་བཀའ་ལ་སོགས་པ་དང༌། རིམ་པས་ཕྱེ་ན་མདོ་ལས་ནོར་བུ་མཁན་མཁས་པས་མ་དག་པའི་ནོར་བུ་རིན་པོ་ཆེ་མཐོང་ ནས་སྦྱོང་ཚུལ་གསུམ་བྱས་ཏེ་ཕན་འདོགས་པ་དཔེར་མཛད་ནས། རིགས་ཀྱི་བུ་དེ་བཞིན་དུ་ དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས། མི་རྟག་ པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་བའི་ཡིད་འབྱུང་བའི་གཏམ་གྱིས་ འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་སྐྱེད་པར་མཛད་དེ། འཕགས་པའི་ཆོས་ འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ 4-1-15 ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་གཏམ་ གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་ བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་ པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་ པའི་ཡུལ་ལ་འཛུད་པར་མཛད་དོ། །ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་ རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་ཞེས་བྱའོ། །ཞེས་གསུངས་པ་ལྟར་བཀའ་དང་པོ་ བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་དང༌། བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང༌། ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས་དེ་བཞིན་གཤེགས་པའི་སྙིང་ པོ་མངོན་དུ་འགྱུར་བར་མཛད་པ་རྣམས་སོ། །བསྟན་བཅོས་ཀྱི་མཚན་ཉིད་ནི་རྩོམ་པ་པོ་ཚད་ མར་གྱུར་པས་བཀའི་དགོངས་འགྲེལ་དུ་བྱས་པའི་ངག་གང་ཞིག བྱེད་ལས་སྔར་བཞིན་ ཁམས་གསུམ་པའི་ཉོན་མོངས་པ་སྤོང་ཞིང་ཐར་པའི་ཕན་ཡོན་སྟོན་པར་བྱེད་པ་སྟེ། གང་ ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། དབང་བྱས་ཉོན་མོངས་མེད་ཡིད་ཅན་གྱིས་བཤད། ། ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང༌། ། ཞེས་གསུངས་པ་ལྟར་རོ། །དེ་ལའང་མཆོག་དམན་གྱིས་ཕྱེ་ན་རྣམ་པར་ངེས་པ་བསྡུ་བར། དོན་མེད་དོན་ལོག་(སྤང་)དོན་མཆོག་ལྡན་(བླང་)། །ཐོས་རྩོད་(ལྷུར་ལེན་སྤང་)སྒྲུབ་པ་ལྷུར་ལེན་ (བླང་)དང༌། །སྙིང་(རྗེ་)མེད་(པ་དང་)ངན་གཡོ་(ཅན་དང་)(སྤང་)སྡུག་བསྔལ་སྤོང་(བླང་)། །བསྟན་ བཅོས་གསུམ་ཚན་གསུམ་དུ་འདོད། །ཅེས་གསུངས་པའི་ཕྱི་མ་རེ་རེ་བླང་བྱ་ཡིན་པ་ལྟ་བུ་ དང༌། བྱེད་ལས་ཀྱི་སྒོ་ནས་རྒྱ་ཆེན་པོ་སྡུད་པར་བྱེད་པ་དང༌། ཟབ་མོ་རྣམ་པར་འབྱེད་པར་ བྱེད་པ་ལ་སོགས་པ་དང༌། བཤད་བྱའི་དབང་གིས་ཕྱེ་ན་བཀའ་སྤྱིའི་དགོངས་པ་འགྲེལ་བར་ 4-1-16 བྱེད་པ་སྒྲ་དང་ཚད་མའི་བསྟན་བཅོས་ལྟ་བུ་དང༌། བྱེ་བྲག་ཏུ་བཀའ་དང་པོའི་ལྟ་བ་དང་སྤྱོད་ པ་གཙོ་ཆེར་གསལ་བར་སྟོན་པ་མཛོད་དང་མདོ་རྩ་ལྟ་བུ་དང༌། བར་པའི་ལྟ་བ་དང་སྤྱོད་པ་ གཙོ་ཆེར་གསལ་བར་སྟོན་པ་དབུ་མ་རིགས་པའི་ཚོགས་དང༌། བྱང་ཆུབ་སེམས་དཔའི་སྤྱོད་ འཇུག་ལྟ་བུ་དང༌། ཐ་མའི་ལྟ་བ་དང་སྤྱོད་པ་གཙོ་ཆེར་གསལ་བར་སྟོན་པ་ཐེག་པ་ཆེན་པོ་ རྒྱུད་བླ་མ་དང་མདོ་སྡེའི་རྒྱན་ལ་སོགས་པ་རྣམས་སོ། །གང་དག་བཀའ་ཐ་མ་དགོངས་འགྲེལ་ དང་བཅས་པ་(ལང་གཤེགས་མདོ་རྒྱན་སོགས་)སེམས་ཙམ་གྱི་གཞུང་དུ་འདོད་པ་དེ་དག་ནི་རིགས་ པ་མ་ཡིན་ཏེ། ལང་ཀར་གཤེགས་པར། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་ཏུ་ནི་མི་ བརྟག་གོ །སྣང་བ་མེད་ལ་བརྟེན་ནས་ནི། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །ཡང་དག་ དམིགས་ལ་བརྟེན་ནས་ནི། །སྣང་མེད་ལས་ཀྱང་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་ འབྱོར་པས། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་པ་དང༌། མདོ་སྡེའི་རྒྱན་ལས་ཀྱང༌། སེམས་ ལས་གཞན་མེད་པར་ཡང་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རིག །བློ་དང་ ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། ། ཞེས་པ་ལ་སོགས་པས་སེམས་ཙམ་ལས་འདས་པར་གསུངས་པའི་ཕྱིར་རོ། །ཡང་འགའ་ ཞིག་ངོ་བོ་ཉིད་གསུམ་གྱི་རྣམ་བཞག་སྟོན་པ་ཐམས་ཅད་སེམས་ཙམ་ཀྱི་གཞུང་ཡིན་ནོ་ཞེས་ ཟེར་བ་ཡང་རིགས་པ་མ་ཡིན་ཏེ། ཡུམ་བར་མར(བྱམས་ཞུས་སུ)། བྱམས་པ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་རབ་ཏུ་དབྱེ་བ་ལ་མཁས་པར་གནས་པའི་བྱང་ཆུབ་སེམས་ དཔའ་རྣམ་པ་གསུམ་གྱིས་གཟུགས་རབ་ཏུ་དབྱེ་བ་གདགས་པ་རྗེས་སུ་ཤེས་པར་བྱའོ། །ཚོར་ བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་རབ་ ཏུ་དབྱེ་བ་གདགས་པ་རྗེས་སུ་ཤེས་པར་བྱ་སྟེ། འདི་ལྟར་འདི་ནི་ཡོངས་སུ་བརྟགས་པའི་ གཟུགས། འདི་ནི་རྣམ་པར་བརྟགས་པའི་གཟུགས། འདི་ནི་ཆོས་ཉིད་ཀྱི་གཟུགས་སོ། །ཞེས་ 4-1-17 པ་ལ་སོགས་པ་རྣམ་མཁྱེན་གྱི་བར་ལ་སྦྱར་ནས་གསུངས་པའི་ཕྱིར་དང༌། འབུམ་གྱི་འགྲེལ་ པར་ཡང༌། ཀུན་བརྟགས་པ་དང་རྣམ་པར་བརྟགས་པའི་གཟུགས་དེ་གཉིས་ཀྱི་རྣམ་པ་དང་ བྲལ་བ། ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ཙམ་དུ་ཟད་པ་གང་ཡིན་པ་དེ་ལ་ནི་ཆོས་ཉིད་ཀྱི་ གཟུགས་ཞེས་བྱའོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་དང༌། བརྒྱད་སྟོང་དོན་བསྡུར་ ཡང༌། ཤེས་རབ་ཕ་རོལ་ཕྱིན་པར་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །བརྟགས་པ་ དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཁོ་ནའོ། །ཞེས་མདོར་བསྟན༌ནས། (གཟུགས་ནས་ རྣམ་མཁྱེན་བར་)མེད་ཅེས་བྱ་ལ་སོགས་ཚིག་གིས། །(ཀུན་)བརྟགས་པ་ཐམས་ཅད་འགོག་པ་སྟེ། (གཟུགས་ནི། ) ། སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་ཡང་དག་བསྟན། །རྣམ་ པར་བྱང་བ་(དྲི་བཅས་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་བྱང་བ་དང༌། དྲི་མེད་དེ་བཞིན་ཉིད་དྲི་མ་མེད་པའི་རྣམ་པར་ བྱང་བ་དང༌། ལམ་གྱི་དམིགས་པ་ཤེར་ཕྱིན་ནི་དམིགས་པའི་རྣམ་པར་བྱང་བ་དང༌། དེ་དག་གི་རྒྱུ་མཐུན་པའི་ཆོས་བསྟན་པ་ནི་ རྒྱུ་མཐུན་པའི་རྣམ་པར་བྱང་བ་སྟེ། )བཞི་ཡིས་ནི། །ཡོངས་སུ་གྲུབ་པས་རབ་ཏུ་བསྒྲགས། །ཞེས་རྒྱས་ པར་བཤད་ཅིང༌། ཤེས་རབ་ཕ་རོལ་ཕྱིན་པར་ནི། །སངས་རྒྱས་རྣམས་ཀྱིས་(ངོ་བོ་ཉིད་ལ་གསུམ་ ལས་)གཞན་བསྟན་མེད། །ཅེས་མཐའ་[གཞན་{དག་}བཀག་ནས་དོན་བསྡུས་ཏེ་བསྟན་པའི་ ཕྱིར་དང༌། དབུ་མ་སྣང་བར་ཡང༌། དབུ་མ་པ་རྣམས་ཀྱང་ངོ་བོ་ཉིད་གསུམ་རྣམ་པར་བཞག་ པ་ཁས་མི་ལེན་པ་ནི་མ་ཡིན་ཏེ། གཞན་དུ་ན་མཐོང་བ་ལ་སོགས་པ་དང་འགལ་བ་ཇི་ལྟར་ སྤོང་བར་འགྱུར་ཞེས་པ་དང༌། དབུ་མ་རྒྱན་དུའང༌། རང་བཞིན་གསུམ་དུ་སྨྲ་བ་ནི་དབུ་མ་ པའོ། །ཡང་གང་ཞིག་ཐམས་ཅད་རྫུན་པ་ཉིད་དུ་སྨྲ་བ་དེ་དག་ནི་དབུ་མ་པ་ལྟར་སྣང་བ་ཡིན་ ནོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་བས་ན་བཀའ་བར་པ་དང་ཐ་ མ་དག་ཐེག་པ་གསུམ་ལས་ནི་ཆེན་པོར་གཅིག་ཅིང༌། གྲུབ་མཐའ་བཞི་ལས་ཀྱང་དབུ་མར་ མཚུངས་ལ། ངེས་པའི་དོན་ཡང་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རྟོགས་པའི་དོན་དུ་གསུངས་ 4-1-18 པར་མཉམ་སྟེ། མདོ་ལས་ཀྱང་དེ་བཞིན་གཤེགས་པའི་གསུང་རྣམས་ནི་དེ་ཁོ་ན་ཉིད་ལ་ གཞོལ་བ་དེ་ཁོ་ན་ཉིད་ལ་འབབ་པ། དེ་ཁོ་ན་ཉིད་ལ་མངོན་དུ་ཕྱོགས་པའོ་ཞེས་གསུངས་པ་ ལྟར་རོ། །དེ་ལྟ་ན་ཡང་ངེས་པའི་དོན་དེ་ཉིད་རྣམ་གྲངས་མང་པོའི་སྒོ་ནས་ཤིན་ཏུ་གསལ་བར་ སྟོན་པའི་ཕྱིར་ཕྱི་མ་ཁྱད་པར་ཏུ་འཕགས་པར་ཡང་རིག་པར་བྱ་སྟེ། དགོངས་པ་ངེས་པར་ འགྲེལ་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ཡུལ་ཝཱ་ར་ཎཱ་སི་དྲང་སྲོང་ལྷུང་བ་རི་དྭགས་ ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་ པར་བསྟན་པས། ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་ པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཞིག་རབ་ཏུ་བསྐོར་ཏེ། བཅོམ་ ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་ བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས་ཏེ་སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་ དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་ མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་ གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་ཉིད་དང་འགག་པ་མ་མཆིས་པ་ཉིད་དང༌། གཟོད་ མ་ནས་ཞི་བ་ཉིད་དང་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་ པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ། ལེགས་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་ མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ 4-1-19 ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་གསུངས་པ་ལྟར་རོ། །ཇོ་བོ་ཆེན་ པོའི་ཞལ་སྔ་ནས། །ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་ པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བྱ། །ཞེས་ གསུངས་པ་ལྟར་བཀའ་རྣམས་ཀྱི་ནང་ནས་ཐ་མའི་ངེས་དོན་ཟབ་མོ་སྟོན་པ་རྣམས་དང༌། བསྟན་བཅོས་རྣམས་ཀྱི་ནང་ནས་ས་བཅུའི་དབང་ཕྱུག་རྣམས་ཀྱིས་མཛད་པ་བྱམས་པའི་ཆོས་ ལྔ་དང་འགྲེལ་པ་སྐོར་གསུམ་ལ་སོགས་པ་ལ་མོས་པར་བྱའོ།། །། གཉིས་པ་གང་ཟག་ནི། མདོ་ལས། དེ་བཞིན་གཤེགས་པའི་ཆོས་དང་ལྡན་པའི་ཆོས་ཀྱི་ འཁོར་ལོ་བསྐོར་བའི་རྗེས་སུ་སྐོར་བར་བྱེད་པའི་གང་ཟག་ནི་གཉིས་ཏེ། གང་ཞིག་གུས་པས་ ཆོས་འཆད་པ་དང༌། གང་ཞིག་གུས་པས་དེ་ཉན་པའོ། །ཞེས་གསུངས་པ་ལྟར་གཉིས་ལས། འཆད་པ་པོའི་སློབ་དཔོན་ནི། གང་དང་འགྲོགས་ན་དགེ་བ་ངང་གིས་འཕེལ་ཞིང་ལྟ་ བ་ཐེག་པ་ཆེན་པོའི་དོན་ལ་མཁས་པ་དང་སྤྱོད་པ་བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་ལ་ གནས་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། ། ཐེག་ཆེན་དོན་ལ་མཁས་པ་དང༌། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ ཕྱིར་ཡང་མི་བཏང་ངོ༌། །ཞེས་པ་དང༌། འདུལ་བ་འོད་ལྡན་དུ། ཚུལ་ཁྲིམས་ལྡན་ཞིང་འདུལ་ བའི་རྣམ་པ་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་ འདོགས་བྱེད་ལ་བརྩོན། །དུས་སུ་འདོམས་པའི་བླ་མ་དེ་ལྟར་བསྔགས། །ཞེས་པ་ལ་སོགས་ པའི་མཚན་ཉིད་དང་ལྡན་པའོ། ། ཉན་པ་པོའི་སློབ་མ་ཡང་ལྟ་བ་ངན་པ་ལ་མཆོག་ཏུ་འཛིན་པའི་ཕྱོགས་ཞེན་སྤངས་པས་ བློ་གཟུ་བོར་གནས་ཤིང་ལེགས་བཤད་དང་ཉེས་བཤད་ཀྱི་ཆ་རྣམ་པར་འབྱེད་པའི་བློ་གྲོས་ 4-1-20 དང་ལྡན་ལ། གང་ཉན་པར་འདོད་པའི་ཆོས་དེ་ཉིད་དད་པ་དང་བརྩོན་འགྲུས་ཆེན་པོས་དོན་ དུ་གཉེར་བར་བྱེད་པ་སྟེ། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་ སྣོད་ཅེས་བྱ་བར་བཤད། །ཅེས་པ་ལྟར་རོ། ། གསུམ་པ་བྱེད་ཚུལ་ནི་འཆད་པ་པོས་ཀྱང་གང་བཤད་པར་བྱ་བའི་ཆོས་དེ་ཉིད་ལ་གུས་ ཤིང་སྤྲོ་བ་བསྐྱེད་པའི་ཆེད་དུ་དགོས་པའི་དོན་དང༌། དོན་གྱི་སྤྱི་ཙམ་གོ་བའི་ཆེད་དུ་བསྡུས་ པའི་དོན་དང༌། མཐའ་དག་བདེ་བླག་ཏུ་རྟོགས་པའི་ཆེད་དུ་ཚིག་གི་དོན་དང༌། གོ་རིམ་འབྲེལ་ བར་བསྒྲུབ་པའི་ཆེད་དུ་མཚམས་སྦྱར་བ་དང༌། རིགས་པ་སྔ་ཕྱི་མི་འགལ་བར་བསྒྲུབ་པའི་ ཆེད་དུ་བརྒལ་ལན་རྣམས་ཀྱིས་གཏན་ལ་དབབ་ཅིང་བཤད་པར་བྱ་སྟེ། རྣམ་བཤད་རིགས་ པར། མདོ་དོན་སྨྲ་བ་རྣམས་ཀྱིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་ བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་པ་ལྟར་རོ། ། ཉན་པ་པོས་ཀྱང་ང་རྒྱལ་ལ་སོགས་པའི་སྐྱོན་ཐམས་ཅད་སྤངས་ནས་ཀུན་ཤེས་པར་འདོད་ པའི་བསམ་པ་བཟང་པོས་ཆོས་དང་གང་ཟག་ལ་གུས་པ་ཆེན་པོས་རྩེ་གཅིག་ཏུ་མཉན་པར་བྱ་ སྟེ། དེ་ཉིད་ལས། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་ རྣམ་གཡེང་ནང་དུ་བསྡུས། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཉིས་ ཀས་ཀྱང་སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས། དངོས་གཞི་ཆོས་འཆད་པ་དང་ དེའི་ཆེད་དུ་ཡོན་འབུལ་བ་ལ་སོགས་པའི་སྦྱིན་པ་དང༌། འཆད་ཉན་གྱི་མི་མཐུན་ཕྱོགས་སྤོང་ བའི་ཚུལ་ཁྲིམས་དང་ཆོས་ལ་ལོག་སྒྲུབ་ཀྱིས་མི་སྐྱོ་བའི་བཟོད་པ་དང༌། དཀའ་སྤྱད་རྒྱ་ཆེན་པོ་ ལ་སྤྲོ་བའི་བརྩོན་འགྲུས་དང༌། ཆོས་ལ་སེམས་རྩེ་གཅིག་པའི་བསམ་གཏན་དང༌། དོན་རབ་ ཏུ་རྣམ་པར་འབྱེད་པའི་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་ཉམས་སུ་བླངས་ནས། མཇུག་ཏུ་དགེ་བ་བྱང་ཆུབ་ཆེན་པོར་བསྔོས་པས་ཐེག་པ་ཆེན་པོའི་བསྒྲུབ་པར་འགྱུར་བར་བྱ་ 4-1-21 སྟེ། ཡུམ་གྱི་རྒྱན་ལས། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ ཆའི་སྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་གསུངས་པ་ལྟར་རོ། ། བཞི་པ་ཕན་ཡོན་ལ། གསུམ་ལས་དང་པོ། ལེགས་པར་བཤད་པའི་ཕན་ཡོན་ནི། འཕགས་པ་སྡུད་པར། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་བསྒོམས་ཏེ། །དེ་ ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ཅིང༌། །དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་ རྒྱུར་བསྔོས་ན། །དགེ་བ་དེ་དང་མཉམ་པ་འཇིག་རྟེན་གསུམ་ན་མེད། །ཅེས་པ་དང༌། བྱམས་ པ་སེང་གེའི་སྒྲ་ཆེན་པོར། སྟོང་ཆེན་འཇིག་རྟེན་ཁམས་འདིར་གསེར་དག་གིས། །བཀང་སྟེ་ གང་ལ་སྦྱིན་པ་བྱིན་པས་ནི། །ཚིག་བཞིའི་ཚིགས་སུ་བཅད་པ་གཅིག་བརྗོད་པ། །དེ་ཡི་ཕན་ འདོགས་དེ་ལྟར་འགྱུར་མ་ཡིན། །ཞེས་པ་ལྟར་དགེ་བ་མཚུངས་པ་མེད་པ་འཕེལ་བ་དང༌། ཕན་འདོགས་མཆོག་ཏུ་འགྱུར་བ་ཐོབ་པར་གསུངས་ཤིང༌། གཉིས་པ། གུས་པས་མཉན་པའི་ཕན་ཡོན་ཡང༌། མདོ་ལས། མིག་ལྡན་སྣང་བ་ཡོད་ གྱུར་ན། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་མི་དགེའི་ཆོས། །ཐོས་ པས་རྣམ་པར་ཤེས་པར་འགྱུར། །ཞེས་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །ཐོས་ པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་ མ་ཡིན་པ་སྤོང༌། །ཐོས་པས་རྣམ་པར་གྲོལ་བ་ཐོབ། །ཅེས་པ་ལྟར་གནས་སྐབས་སུ་བླང་དོར་ གྱི་དམིགས་ཕྱེད་ཅིང་མཐར་ཐུག་རྣམ་པར་གྲོལ་བར་འགྱུར་བ་ལ་སོགས་པ་འཐོབ་ལ། གཉི་གས་སྒྲུབ་པའི་ཕན་ཡོན་ནི། བཅོམ་ལྡན་འདས་ཀྱིས་གང་ཆོས་ཉན་པའི་རྒྱུའམ་ གང་ཆོས་བསྟན་པའི་རྒྱུར་ཐ་ན་གོམ་པ་གཅིག་འདོར་རམ། ཐ་ན་དབུགས་གཅིག་འབྱིན་ནམ་ རྔུབ་ཀྱང་རུང་སྟེ། འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །ཞེས་བཀའ་སྩལ་ཅིང༌། དེ་ བཞིན་གཤེགས་པའི་གསང་བའི་མདོ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་ 4-1-22 རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང༌། །མཐར་ཕྱིན་པར་ནི་ འགྱུར་མ་ལགས། །ཞེས་པ་ལྟར་བསོད་ནམས་བརྗོད་ཀྱིས་མི་ལང་ཞིང་མཐའ་ཡས་པ་རྣམས་ འཐོབ་པའོ། ། གཉིས་པ་རྟོགས་པའི་ཆོས་ལ་སྒྲུབ་པས་འཇུག་ཚུལ་ནི། དེ་ལྟར་ལུང་རྣམས་དག་ལས་ འབྱུང་བའི་དོན་དགེ་བའི་བཤེས་གཉེན་ལས་ཐོས་ཤིང་རང་གིས་ཀྱང་བསམས་པ་ལས་ རྟོགས་པ་རྣམས་བླང་དོར་གྱི་སྒོ་ནས་སྒྲུབ་ཅིང་ཉམས་སུ་ལེན་པ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ ལས། ང་ཡིས་རབ་ཏུ་བཟང་བའི་ཆོས་བཤད་ཀྱང༌། །ཁྱོད་ཀྱིས་ཐོས་ནས་ཡང་དག་མ་སྤྱད་ ན། །ནད་པ་སྨན་གྱི་རྐྱལ་པ་ཐོགས་ན་ཡང༌། །རང་གི་ནད་ནི་གསོ་བར་མི་ནུས་བཞིན། །ཞེས་ པ་དང༌། སྤྱོད་འཇུག་ལས་ཀྱང༌། ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ ཅི་ཞིག་འགྲུབ། །སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། ། ཞེས་པ་ལྟར་ཆོས་ཀྱི་དོན་ཤེས་ཀྱང་ཉམས་སུ་མ་བླངས་ན་ནི་སྨན་བཟང་པོ་ཡོད་ཀྱང་མ་སྤྱད་ པ་དང་འདྲ་བས་ཉོན་མོངས་པའི་ནད་རབ་ཏུ་ཞི་བར་མི་ནུས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ བསྟན་པ་འཛིན་པ་ཞེས་བྱ་བའི་དོན་ཡང་ཉེས་སྤྱོད་སྡིག་པར་འགྱུར་བའི་ལས་ཐམས་ཅད་ སྤངས་ནས་ལེགས་སྤྱོད་དགེ་བའི་ལས་ཕུན་སུམ་ཚོགས་པ་ལ་བརྩོན་པས་རང་གི་སེམས་ རྒྱུད་འདུལ་ཞིང༌། བསླབ་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་སློབ་པ་སྟེ། སོ་སོར་ཐར་ པའི་མདོ་ལས། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པ་སྤྱད། །རང་གི་ སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་རོ། ། དེ་བཞིན་དུ་ཆོས་ལ་མཁས་པ་ཞེས་བྱ་བའི་དོན་ཡང་སྒོ་གསུམ་གྱི་སྤྱོད་པ་ལ་རང་རིག་གིས་ བརྟགས་ནས་ཤེས་བཞིན་གྱིས་ཟིན་པས་རང་གཞན་ལ་ཕན་པར་[འགྱུར་{འཇུག་}པ་སྟེ། རིན་ཆེན་ཕྲེང་བ་ལས། གང་ཞིག་ལུས་ངག་ཡིད་ཀྱི་ལས། །ཐམས་ཅད་ལེགས་པར་ཡོངས་ 4-1-23 བརྟགས་ཏེ། །བདག་དང་གཞན་ལ་ཕན་ཤེས་ནས། །རྟག་ཏུ་བྱེད་པ་དེ་མཁས་པའོ། །ཞེས་ གསུངས་པ་ལྟར་རོ། ། དེ་ཡང་དལ་འབྱོར་གྱི་ལུས་ཐོབ་ཅིང་སངས་རྒྱས་ཀྱི་བསྟན་པ་འདི་ལྟ་བུ་དང་མཇལ་བའི་ དུས་སུ་སྐྱེས་བུ་དམ་པའི་སྤྱོད་པ་ལ་འབད་པར་རིགས་ཏེ་དབུ་མ་སྙིང་པོར། དམ་ཆོས་སྒྲོན་ མ་དང་བཅས་ཤིང༌། །མི་ཁོམ་བརྒྱད་སྤངས་དལ་བ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། ། འབྲས་བུ་ཡོད་པར་བྱ་བའི་རིགས། །ཞེས་གསུངས་པ་ལྟར་རོ། །སྤྱོད་པའི་མཆོག་ཀྱང་སྐབས་ ཇི་ལྟ་བར་ཆོས་སྤྱོད་བཅུའི་སྒྲུབ་པ་ལ་བརྩོན་པས་འཇུག་པ་སྟེ། དབུས་དང་མཐའ་རྣམ་པར་ འབྱེད་པ་ལས། ཡི་གེ་འདྲི་མཆོད་སྦྱིན་པ་དང༌། ཉན་དང་ཀློག་དང་འཛིན་པ་དང༌། །འཆད་ དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། ། བསོད་ནམས་ཕུང་པོ་དཔག་མེད་འཐོབ། །ཅེས་གསུངས་པ་ལྟར་རོ། །དེ་དག་གི་ནང་ནས་ ཀྱང་མཉམ་གཞག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྒོམ་པ་ལ་འབད་པར་བྱ་སྟེ། མདོ་ ལས། ཆོས་འདི་བསྒོམས་པར་མ་གྱུར་ན། །ཆོས་ཉིད་མཐོང་བར་མི་འགྱུར་ཏེ། །ཆུ་ནི་མཐོང་ དང་ཐོས་པ་ཡིས། །མ་འཐུངས་སྐོམ་པ་ཇི་ལྟར་སེལ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ ཐོས་བསམ་སྒོམ་གསུམ་ལ་བརྩོན་པར་བྱས་ན་དངོས་གྲུབ་མཐའ་དག་ཀྱང་འགྲུབ་པར་ འགྱུར་ཏེ། རིན་ཆེན་ཕྲེང་བ་ལས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་ གཉིས་པོ་ཡོད་གྱུར་ན། །དེ་ནས་སྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེ་ལས་དངོས་གྲུབ་བླ་ན་མེད་པ་ འགྲུབ། །ཞེས་གསུངས་པ་ལྟར་རོ།། །། སྐབས་ཀྱི་བསྟན་བཅོས་ཁྱད་པར་དུ་བཤད་པ་ལ། དོན་དང་མཐུན་པའི་མཚན་གྱི་དོན། དོན་ཆེན་སྒྲུབ་པ་སྤྱིའི་ཕྱག དོན་མཆོག་ལྡན་པའི་བསྟན་བཅོས་དངོས། །དོན་དེ་ལེགས་པར་ བསྒྱུར་བའི་ཚུལ་ལོ། ། 4-1-24 དང་པོ་ལ་བཞི་ལས། བསྒྱུར་བ་ནི། རྒྱ་གར་གྱི་སྐད་དུ། མཧཱ་ཡཱ་ན་སཱུ་ཏྲ་ ཨ་ལང་ཀཱ་ར་ཀཱ་རི་ཀ བོད་སྐད་དུ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་ ཚིག་ལེའུར་བྱས་པ་ཞེས་པ་སྟེ། དེ་ཡང་ལེགས་པར་སྦྱར་བའི་སྐད་ཡིན་ཡང་འདྲ་བ་ལ་ བཏགས་ནས་རྒྱ་གར་གྱི་སྐད་དུ་གཞུང་གི་མཚན་མ་ཧཱ་ཡཱ་ན་སཱུ་ཏྲ་ཨ་ལང་ཀཱ་ར་ཀཱ་རི་ཀ་ཞེས་ པ་བོད་སྐད་དུ་བསྒྱུར་ན་མཧཱ་ཆེན་པོ་ཡཱ་ན་ཐེག་པ་སཱུ་ཏྲ་མདོ་སྡེའི་ཨ་ལང་ཀཱ་ར་རྒྱན་ཀཱ་རི་ཀ་ ཚིག་ལེའུར་བྱས་པ་ཞེས་པའོ། ། བཤད་པ་ནི། ཐེག་པ་ཆེན་པོའི་གསུང་རབ་མདོ་སྡེ་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བ་ རྣམས་ཀྱི་དོན་ལེགས་པར་རྣམ་པར་ཕྱེ་ནས་གསལ་བར་བསྟན་པས་མཛེས་པར་བྱེད་པ་ ཚིགས་སུ་བཅད་པ་རྣམས་ཀྱིས་སྟོན་པའོ། །འདོགས་ཚུལ་ནི་དཔེ་དང་གཞུང་ཚད་དང་ཞུ་བ་ པོ་དང་ཡུལ་དང་དུས་དང་བརྗོད་བྱ་ལས་བཏགས་པ་ལ་སོགས་པ་མང་དུ་ཡོད་པ་ལས་འདིར་ ནི་གཙོ་ཆེར་བརྗོད་བྱ་དང་བྱེད་ལས་ལ་བཏགས་པའོ། །དགོས་པ་ལའང་སྤྱིར་མིང་བཏགས་ པ་ཐམས་ཅད་ཀྱི་དགོས་པ་ནི་གང་ལ་བརྡ་སྦྱར་བ་དེའི་དོན་བདེ་བླག་ཏུ་གོ་བ་སྟེ། མདོ་(ལང་ ཀར་གཤེགས་པར་)ལས། མིང་དུ་གདགས་པ་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་ འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། ། ཅེས་པ་ལྟར་རོ། །ཁྱད་པར་བརྗོད་བྱ་དང་མཐུན་པར་བཏགས་པ་ནི་བསྟན་བཅོས་ཀྱི་སྤྱིའི་ རྣམ་པ་ཙམ་གོ་བ་ཡིན་ལ། ཀླད་དུ་སྨོས་པ་དང་རྒྱ་སྐད་བོད་སྐད་གཉིས་ཀ་སྨོས་པ་ནི་བདེ་ བླག་ཏུ་རྟོགས་པ་དང་བསྒྱུར་བ་པོའི་བཀའ་དྲིན་དྲན་པ་དང་ཕལ་ཆེར་འབྱུང་ཁུངས་བཟང་ བར་ཤེས་པ་ལ་སོགས་པའི་ཆེད་དུའོ། ། སྤྱིའི་ཕྱག་ནི། གང་ཟག་དམ་པ་རྣམས་བྱ་བ་དམ་པ་ལ་འཇུག་པའི་སྔོན་དུ་དེ་མཐར་ ཕྱིན་པར་བྱ་བའི་ཕྱིར་ཡུལ་དམ་པ་ལ་འདུད་པ་ཡིན་ལ། འདིར་ཡང་རྩོམ་པ་པོ་དང་བསྒྱུར་ 4-1-25 བ་པོ་དང་ཡི་གེ་པ་དང་འཆད་ཉན་པ་ལ་སོགས་པ་གཞུང་ལུགས་ལ་འཇུག་པ་རྣམས་ཀྱིས་ དེ་དང་དེའི་སྔོན་དུ་དགོས་པ་ཁྱད་པར་ཅན་དེ་དག་འགྲུབ་པར་བྱ་བའི་ཕྱིར་ཡུལ་བླ་ན་མེད་ པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ ལོ། །ཞེས་པ་སྟེ། དེ་ཡང་སྐྱབས་གསུམ་བདུན་ཅུ་པར། མ་རིག་གཉིད་ལས་སངས་ཕྱིར་ དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །དེ་ཕྱིར་སངས་ རྒྱས་ཞེས་བྱའོ། །ཞེས་པ་ལྟར་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་ ཤིང༌། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་མཐའ་དག་མངོན་སུམ་དུ་རྟོགས་པ་རྫོགས་པའི་ སངས་རྒྱས་དང༌། རྒྱུད་བླ་མར། ཡེ་ཤེས་གཟིགས་པ་དག་པས་ན། །སངས་རྒྱས་ཡེ་ཤེས་བླ་ མེད་ཕྱིར། །འཕགས་པ་ཕྱིར་མི་ལྡོག་པ་ནི། །ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །ཞེས་པ་ལྟར་ སྔ་མ་བཞིན་དུ་ཡེ་ཤེས་གཉིས་དང་ལྡན་པས་འགྲོ་བ་མཐའ་དག་གི་སྐྱབས་གནས་སུ་གྱུར་པ་ འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ལ་ལུས་ངག་ཡིད་ གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་དུས་ཐམས་ཅད་དུ་རྗེས་སུ་གཟུང་ དུ་གསོལ་ལོ་ཞེས་པའི་དོན་ཏོ། ། འདི་ལ་ཁ་ཅིག་ཐམས་ཅད་མཁྱེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཇམ་དཔལ་གཞོན་ནུར་གྱུར་པ་རྣམས་ལ་ཕྱག་འཚལ་བས་རིམ་པ་ལྟར་འདུལ་བ་དང་མདོ་ སྡེ་དང་མངོན་པའི་སྡེ་སྣོད་རྣམས་སུ་མཚོན་ནོ་ཞེས་ཀྱང་གསུང་མོད། སྔོན་དེ་ལྟར་བཀས་ བཅད་པ་སྲིད་ཀྱང་ད་ལྟ་དེའི་ངེས་པ་མེད་དེ། བསྒྱུར་བ་པོ་གང་ལ་དད་པའི་ལྷ་དང༌། རྒྱུད་ དང་སྒྲུབ་ཐབས་ཕལ་ཆེར་བརྗོད་བྱ་དང་མཐུན་པར་ཕྱག་འཚལ་བའི་ཕྱིར་རོ།། །། དོན་མཆོག་ལྡན་པའི་བསྟན་བཅོས་དངོས་ལ། སྔ་རབས་པ་འགའ་ཞིག་དང་པོའི་སྐབས་ ཀྱིས་མདོར་བསྟན་ནས་ཐེག་པ་ཆེན་པོ་བཀར་བསྒྲུབས་ཏེ། ཐེག་ཆེན་གྱི་རང་བཞིན་བྱང་ཆུབ་ 4-1-26 ཀྱི་བར་དང༌། དེ་ཉམས་སུ་ལེན་པ་ལ་ཆོས་ལ་འཇུག་པའི་སྤྱོད་པ་མོས་པ་ལ་སོགས་པ་ལྔ་ དང༌། དོན་ལ་འཇུག་པའི་སྤྱོད་པ་ཐབས་ལྡན་ནས་ཡོན་ཏན་གྱི་བར་དང༌། སྤྱད་པའི་གནས་ སྐབས་ཀྱི་འབྲས་བུ་ས་བཅུ་དང་མཐར་ཐུག་གི་འབྲས་བུ་རབ་གནས་སོ་ཞེས་ཀྱང་འཆད་ མོད། སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་བྱང་ཆུབ་སེམས་དཔའི་སར། གཞི་ དང་རྟགས་དང་ཕྱོགས་རྣམས་དང༌། །ལྷག་པའི་བསམ་དང་གནས་པ་དང༌། །སྐྱེ་དང་ཡོངས་ སུ་འཛིན་པ་དང༌། །སྤྱོད་དང་རབ་གནས་ཐ་མ་ཡིན། །ཞེས་པས་རིགས་ལ་གནས་པའི་བྱང་ ཆུབ་སེམས་དཔའ་སེམས་བསྐྱེད་ནས་སྤྱོད་པ་ལ་འཇུག་པའི་དོན་དུ་དང་པོ་གཉིས་པོ་ལེའུ་ (རིགས་དང་སེམས་བསྐྱེད་)རེ་རེས་བསྟན་ཅིང༌། སྤྱོད་པ་ལའང་གང་ལ་སློབ་པ་ནི་རང་གཞན་གྱི་ དོན་ནས་བྱང་ཆུབ་ཀྱི་བར་གྱི་གནས་བདུན་དང༌། ཇི་ལྟར་སློབ་པ་ནི་མོས་པ་ནས་ཡོན་ཏན་གྱི་ བར་དང༌། གང་དག་སློབ་པ་ནི་རྟགས་ནས་སྤྱོད་པའི་བར་དང༌། བསླབ་པའི་འབྲས་བུ་ནི་རབ་ གནས་ཀྱི་སྐབས་ཀྱིས་བསྟན་པར་གསུངས་ཤིང༌། འདིར་ནི་སྤྱིའི་སྡོམ་བྱང་ས་དང་མཐུན་ཞིང་ ཁྱད་པར་གྱི་སྡོམ་རྗེ་བཙུན་ཉིད་ཀྱིས་མཛད་པ་དང་མཐུན་པར་འཆད་པ་སྟེ། དེ་ཡང༌། གཞི་ དང་རྟགས་དང་ཕྱོགས་རྣམས་དང༌། །ལྷག་པའི་བསམ་དང་ཡོངས་འཛིན་དང༌། །སྐྱེ་དང་ གནས་པ་དང་ནི་ས། །སྤྱོད་དང་རབ་གནས་ཐ་མ་ཡིན། །ཞེས་པ་ལྟར། གང་ལ་འཇུག་བྱ་ གཞིའི་རང་བཞིན། ཞུགས་ནས་གྲུབ་པ་རྟགས་ཀྱི་ཁྱད་པར། རྟགས་ལྡན་དེ་དག་ཕྱོགས་ཀྱི་ དབྱེ་བ། ཕྱོགས་ཅན་རྣམས་ཀྱི་ལྷག་པའི་བསམ་པ། ལྷག་པའི་བསམ་པས་ཡོངས་སུ་འཛིན་ ཚུལ། ཡོངས་འཛིན་རྣམས་ཀྱི་སྐྱེ་བའི་ཁྱད་པར། དེའི་གནས་པ་སའི་ངོ་བོ། ས་ལ་ཞུགས་པའི་ སྤྱོད་པའི་རྣམ་གཞག སྤྱད་པས་མཐར་ཐུག་རབ་གནས་གྲུབ་ཚུལ་ལོ། ། དང་པོ་ལ་ཆོས་ལྔས་འཆད་པར་འགྱུར་བའི་བསམ་གྱིས་མི་ཁྱབ་པའི་གནས་སྤྱིར་བསྟན་ ནས། ལེགས་པར་བསྒྲུབ་པར་བྱ་བའི་གཞི། བསྒྲུབ་ཚུལ་ཤེས་པར་བྱ་བའི་གཞི། ཤེས་ནས་ 4-1-27 བསམ་པར་བྱ་བའི་གཞི། བསམས་པས་རིག་པར་བྱ་བའི་གཞིའོ། ། བསྒྲུབ་པར་བྱ་བ་ལའང་སྡོམ་ནི། དང་པོ་སྒྲུབ་སྐྱབས་རིགས་དང་ནི། །དེ་བཞིན་དུ་ནི་ སེམས་བསྐྱེད་དང༌། །རང་གཞན་དོན་དང་དེ་ཉིད་དོན། །མཐུ་དང་ཡོངས་སྨིན་བྱང་ཆུབ་བོ། ། ཞེས་པ་ལྟར་བཅུ་སྟེ། དང་པོར་བརྗོད་བྱ་ཕན་ཡོན་སོགས་བསྟན་ནས་རྩོམ་པར་འཇུག་པའི་ ཚུལ། མཁས་པས་འཇུག་པར་བྱ་བའི་གཞི་ཐེག་པ་ཆེན་པོ་བཀར་སྒྲུབ་པ། ཞུགས་ནས་སྒྲུབ་ པ་ཀུན་གྱི་སྒོ་མཆོག་ལ་སྐྱབས་སུ་འགྲོ་བའི་ཚུལ། སྐྱབས་སུ་སོང་བར་གྱུར་པ་ལས་སད་པར་ འགྱུར་བ་རིགས་ཀྱི་དོན། རིགས་སད་པ་ལས་སྐྱེ་བའི་བསམ་པའི་ཁྱད་པར་སེམས་བསྐྱེད་ པ། སེམས་བསྐྱེད་པ་ལས་འགྲུབ་པའི་རང་དང་གཞན་གྱི་དོན་བསྒྲུབ་ཚུལ། དོན་སྒྲུབ་པ་ལས་ འཐོབ་པའི་དེ་བཞིན་ཉིད་ཀྱི་དོན་བསྟན་པ། དེ་ཁོ་ན་ཉིད་ཐོབ་པའི་མཐུ་མངོན་པར་ཤེས་པ་ ངོས་བཟུང་བ། མཐུ་ཐོབ་པ་ལས་འབྱུང་བའི་བདག་གཞན་ཡོངས་སུ་སྨིན་པའི་དོན། ཡོངས་ སུ་སྨིན་པའི་མཐར་ཐུག་པ་བྱང་ཆུབ་ཆེན་པོ་འགྲུབ་པའི་ཚུལ་ཞེས་པ་རྣམས་སོ། ། དང་པོར་བརྗོད་བྱ་ལ་སོགས་པ་མདོར་བསྟན་པ་ལ་བཞི་སྟེ། རྒྱན་པར་བྱས་ཏེ་ཆོས་ལྔ་ སྟོན་ཚུལ། དཔེ་དང་སྦྱར་ཏེ་དགའ་བ་བསྐྱེད་ཚུལ། དཔེའི་ཚུལ་ལ་ཀླན་ཀ་སྤང་བ། ཆོས་ འདིར་གུས་པའི་ཕན་ཡོན་བསྟན་པའོ། ། དང་པོ་ནི། (སེར་ངུར་སྐྱེར་མ་ནོར་བ་གལ་)དོན་ཤེས་དོན་སྟོན་རབ་ཏུ་བྱེད་པ་ངག་ དང་ཚིག་རྣམས་དྲི་མེད་པས། །སྡུག་བསྔལ་བསྒྲལ་ཕྱིར་སྡུག་བསྔལ་ འགྲོ་ལ་སྙིང་རྗེ་ལས་ཏེ་དེའི་བདག་ཉིད། །ཐེག་མཆོག་བསྟན་པའི་རྣམ་ པའི་ཆོས་ཀྱི་དེ་ཡིས་འགྲོ་བའི་སེམས་ཅན་ལ། །འབྱོར་བའི་དོན་ཚུལ་ བླ་མེད་གྱུར་པ་ལྔ་ཡི་བདག་ཉིད་སྟོན་པར་བྱེད། །དེ་ཡང་ཆོས་མངོན་པ་ཀུན་ ལས་བཏུས་པར། ཡང་དག་པར་དྲི་བ་རྣམ་པར་ངེས་པ་གང་ཞེ་ན། ཅི་ཞེས་བསྟན་པ་ཡང་ 4-1-28 དག་པར་དྲི་བ་རྣམ་པར་ངེས་པ་དང༌། ཅི་ཞེས་བསྟན་པ་ལ་ཇི་ལྟ་བར་གང་ཞེས་བསྟན་པ་ལ་ ཡང་དེ་བཞིན་ནོ་ཞེས་སྒྲའི་རྣམ་དབྱེ་བདུན་བྱིན་པ་དབྱེ་བ་དང་བཅས་པ་ལས་བརྩམས་ནས་ གཏན་ལ་དབབ་པར་གསུངས་ཤིང༌། བརྡ་སྤྲོད་པའི་གཞུང་ལས། (དུར་སིད་ལས་)དོན་རྣམ་ པར་འབྱེད་པའི་ཕྱིར་རྣམ་དབྱེ་རྣམས་སོ་ཞེས་པ་དང༌། (ཙནྡྲ་པར་)དོན་ཙམ་སྟོན་པ་ལ་དང་པོ། བྱེད་པའི་བྱ་བ་ལ་གཉིས་པ། བྱེད་པ་པོ་ལ་གསུམ་པ། ཡང་དག་རབ་སྦྱིན་(ནམ་ཆེད་དུ་བྱ་བ་)ལ་ བཞི་པ། འབྱུང་ཁུངས་ལ་ལྔ་པ། འབྲེལ་བ་ལ་དྲུག་པ། གཞི་ལ་བདུན་པའོ་ཞེས་དོན་དེ་དང་ དེ་རྣམས་སུ་རྣམ་པར་འབྱེད་པ་ལ་རྣམ་དབྱེ་བདུན་སྦྱིན་པར་གསུངས་པ་དབྱེ་བ་དང་བཅས་ པ་ལས་བརྩམས་ཏེ་དྲིས་པའི་ལན་དུ་སྦྱར་ནས་སྟོན་པའོ། །དེ་ལ་ཐེག་པ་ཆེན་པོའི་མདོ་སྡེ་ རྣམས་མཛེས་པའི་རྒྱན་བྱེད་ན། དང་པོ་དོན་ཙམ་སྟོན་པ་གང་ཞིག་རྒྱན་པར་བྱེད་ཅེ་ན། བདེ་ བར་གཤེགས་པའི་གསུང་རབ་མཐའ་དག་གི་དོན་ཕྱིན་ཅི་མ་ལོག་པར་ཤེས་པ་མགོན་པོ་ བྱམས་པ་རྒྱན་པར་བྱེད་དོ། ། གཉིས་པ་ལས་སུ་བྱ་བ་གང་ལ་རྒྱན་པར་བྱེད་ཅེ་ན། ཟབ་པ་དང་རྒྱ་ཆེ་བའི་དོན་སྟོན་ ཞིང་རབ་ཏུ་བྱེད་པའི་གཞུང་ལུགས་རྣམ་པར་དག་པ་རྣམས་ལ་རྒྱན་པར་བྱེད་དོ། ། གསུམ་པ་བྱེད་པ་པོ་གང་གིས་རྒྱན་པར་བྱེད་ཅེ་ན། ངག་དང་ཚིག་རྣམས་དྲི་མེད་པས། ། ཞེས་པ་སྟེ། ངག་དྲི་མ་མེད་པ་ནི་རྒྱལ་སྲས་ཚིག་ནི་མི་ཞན་པ། ཞེས་པ་ལ་སོགས་པས་འཆད་ པར་འགྱུར་བ་ལྟར་མི་ཞན་པ་ནི་གྲོང་ཁྱེར་པ་སྟེ་འཁོར་ལ་ཁྱབ་པ་དང༌། སྙན་ཞིང་འཇེབས་ པ་དང་ལེགས་བཤད་གསལ་བ་དང་མཉན་པར་འོས་པ་ལ་སོགས་པ་དང༌། ཚིག་དྲི་མ་མེད་ པ་ནི། བསྟན་དང་དེ་བཞིན་བཤད་པ་དང༌། །ཞེས་པ་ལ་སོགས་པས་འཆད་པར་འགྱུར་བ་ ལྟར་ཚིག་དང་ཡི་གེ་རིགས་པ་དང་མཐུན་ཞིང་བསྟན་པ་དང་བཤད་པ་མི་འགལ་བ་ལ་སོགས་ པ་འཇིག་རྟེན་ན་མཁས་པ་རྣམས་ལ་གྲགས་ཤིང་གོ་སླ་བ་རྣམ་པར་དག་པ་རྣམས་ཀྱིས་རྒྱན་ 4-1-29 པར་བྱེད་དོ། །(ཁ་(ས་ར་ཧི་ཏ་)ཅིག་ངག་ནི་ཆེན་པོ་དང༌། ཚིག་ནི་དེར་གཏོགས་པའི་ཕྲན་དང༌། ཡང་(སད་ཛ་ན་)ཉན་ཤེས་ ལ་གྲགས་པ་དང༌། ཡིད་ཤེས་ལ་སྣང་བ་དང༌། ཡང་(འགྲེལ་ཆེན་དུ་)རྐང་པ་བཞི་མ་ཚང་བ་དང་ཚང་བ་ལའང་ཟེར་རོ། །ཡང་སྤྱན་ རས་གཟིགས་བརྟུལ་ཞུགས་སུ་ཡི་གེ་དུ་མ་འདུས་པ་ལས་མིང་དང༌། མིང་དུ་མ་འདུས་པ་ལས་ཚིག་དང༌། ཚིག་དུ་མ་འདུས་པ་ ལས་ངག་དང༌། ངག་དུ་མ་འདུས་པ་ལས་ལེའུ་འམ་རབ་ཏུ་བྱེད་པ་དང༌། རབ་ཏུ་བྱེད་པ་དུ་མ་འདུས་པ་ལས་བསྟན་བཅོས་གསུང་ རབ་ཅེས་བྱ་བར་འགྱུར་བའོ། །ཞེས་གསུངས་པའི་ངག་དང་ཚིག་རྣམས་དྲི་མ་མེད་པ་དག་གིས་སོ་ཞེས་ཀྱང་སྦྱར་རོ། །) བཞི་པ་དགོས་པ་གང་གི་ཆེད་དུ་རྒྱན་པར་བྱེད་ཅེ་ན། ནམ་མཁའ་དང་མཉམ་པའི་ སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་བྱ་བའི་ ཕྱིར་དུ་རྒྱན་པར་བྱེད་དོ། ། ལྔ་པ་འབྱུང་ཁུངས་གང་ལས་རྒྱན་པར་བྱེད་ཅེ་ན། སྡུག་བསྔལ་སྣ་ཚོགས་པས་གདུངས་ པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་ཚད་མེད་པ་སྐྱེས་པའི་རྒྱུ་ལས་རྒྱན་པར་བྱེད་དེ། དེའི་རྒྱུ་ མཚན་ཡང་བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེ་ཆེན་པོ་དེའི་བདག་ཉིད་ཅན་ཡིན་པའི་ཕྱིར་ རོ། ། དྲུག་པ་འབྲེལ་པ་ཅན་གང་གི་རྒྱན་བྱེད་ཅེ་ན། ཆོས་གང་ལ་ཐེག་པ་ཐམས་ཅད་ཀྱི་མཆོག་ ཏུ་གྱུར་པ་ཐེག་པ་ཆེན་པོ་བསྟན་པའི་རྣམ་པ་མཐའ་དག་ཡོད་པའི་ཆོས་ཟབ་མོ་རྣམས་ཀྱི་རྒྱན་ བྱེད་དོ། ། བདུན་པ་གཞི་གང་ལ་རྒྱན་པར་བྱེད་ཅེ་ན། ཐེག་པ་ཆེན་པོ་དེ་ཡིས་བྱང་ཆུབ་ཆེན་པོར་ འགྲོ་བའི་སེམས་ཅན་བསྐལ་བ་ཆེན་པོ་དང་ལྡན་པ་རྣམས་ལ་རྒྱན་པར་བྱེད་དོ། །ལ་ཞེས་པ་ ནི་ཆེད་དུ་བྱ་བའམ་རྒྱུ་མཚན་གྱི་[བདུན་{སྟོན་}པ་སྟེ། རིགས་དམན་པ་རྣམས་རེ་ཞིག་ཐེག་ ཆེན་གྱི་སྣོད་མ་ཡིན་པས། དབང་པོ་མཆོག་ཏུ་གྱུར་པ་ཐེག་ཆེན་པ་རྣམས་ལ་ཕན་པ་དང་བདེ་ བ་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར་རྒྱན་པར་བྱེད་དོ། ། 4-1-30 བརྒྱད་པ་དབྱེ་བ་གང་ལས་བརྩམས་ཏེ་རྣམ་པ་དུ་ཞིག་གིས་རྒྱན་པར་བྱེད་ཅེ་ན། འབྱོར་ ཞིང་རིགས་པའི་དོན་གྱི་ཚུལ་ཐེག་པ་བླ་ན་མེད་པར་གྱུར་པའི་བརྗོད་བྱ་ཟབ་པ་དང་རྒྱ་ཆེ་ པའི་དོན་རྣམ་པ་ལྔའི་བདག་ཉིད་སྟོན་པའི་སྒོ་ནས་རྒྱན་པར་བྱེད་དོ་ཞེས་པ་སྟེ། མདོར་ན་ས་ བཅུའི་དབང་ཕྱུག་རྗེ་བཙུན་བྱམས་པ་མགོན་པོས་ཐུགས་རྗེ་ཆེན་པོ་ཚད་མེད་པ་མངའ་བ་ལ་ བརྟེན་ནས། སྐལ་བ་དང་ལྡན་པའི་གདུལ་བྱ་དཔག་ཏུ་མེད་པ་ལ་ཕན་གདགས་པའི་ཆེད་དུ། གསུང་རབ་མཐའ་དག་གི་སྙིང་པོ་ཐེག་པ་ཆེན་པོའི་དོན་མཐའ་དག་གསལ་བར་སྟོན་པའི་ བསྟན་བཅོས་རྣམ་པར་དག་པ་འདི་མཛད་དོ་ཞེས་པའི་དོན་ཏོ། ། དཔེ་དང་སྦྱར་བ་ནི། གསེར་ལས་བརྡུངས་བྱས་འདྲ་ཞིང་པད་མ་རྒྱས་ པ་བཞིན། །བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །ཕྲིན་ ཡིག་ལེགས་པར་ཐོས་འདྲ་རིན་ཆེན་སྒྲོན་ཕྱེ་ལྟའི། །ཆོས་དེ་འདིར་བཤད་ པ་ཡང་དགའ་བ་མཆོག་བསྐྱེད་དོ། །འགྲེལ་པར་ཚིགས་སུ་བཅད་པ་འདིས་ནི་དཔེ་ ལྔས་ཆོས་དེ་དོན་རྣམ་པ་ལྔའི་དབང་དུ་བྱས་ནས་སྟོན་ཏེ། བསྒྲུབ་པར་བྱ་བ་དང༌། བྱེ་བྲག་ཏུ་ ཤེས་པར་བྱ་བ་དང༌། བསམ་པར་བྱ་བ་དང༌། བསམ་གྱིས་མི་ཁྱབ་པ་དང༌། ཡོངས་སུ་གྲུབ་པ་ རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་ དོ། །དེ་རྣམས་མདོ་སྡེའི་རྒྱན་འདིས་རྣམ་པར་ཕྱེ་ན། གསེར་ལས་བརྡུངས་བྱས་ལ་སོགས་པ་ ལྟར་དགའ་བའི་མཆོག་བསྐྱེད་དོ་ཞེས་གསུངས་པ་ལ་འགྲེལ་བཤད་མཁན་པོ་(ངོ་བོ་ཉིད་མེད་པར་ སྨྲ་བ་ལ་སོགས་པ་)ཁ་ཅིག་ལང་ཀར་གཤེགས་པར། ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་ པར་ཤེས་པ་བརྒྱད་ཉིད་དང༌། །བདག་མེད་པ་ནི་གཉིས་ཉིད་ཀྱིས། །ཐེག་ཆེན་མཐའ་དག་ ཡོངས་བསྡུས་འགྱུར། །ཞེས་གསུངས་པའི་ཆོས་ལྔ་ནི་ཆོས་དང་གང་ཟག་གི་ཚིག་བླ་དྭགས་ སུ་གྱུར་པའི་མིང་དང༌། གཞན་དབང་གི་གཟུང་བྱ་སྒྲའི་བརྗོད་བྱར་གྱུར་པ་རྒྱུ་མཚན་དང་ 4-1-31 ཁམས་གསུམ་པའི་སེམས་སེམས་བྱུང་རྣམས་རྣམ་པར་རྟོག་པ་དང༌། བདག་གཉིས་ཀྱིས་ སྟོང་པའི་འགྱུར་མེད་ཡོངས་གྲུབ་དེ་བཞིན་ཉིད་དང༌། དེ་མངོན་སུམ་དུ་རྟོགས་པ་ཕྱིན་ཅི་ མ་ལོག་པའི་ཡོངས་གྲུབ་ཡང་དག་པའི་ཡེ་ཤེས་ཡིན་ལ། དེ་རྣམས་རིམ་པ་བཞིན་དཔེ་ལྔས་ མཚོན་པ་བསྒྲུབ་པར་བྱ་བ་ལ་སོགས་པའི་དོན་དང་སྦྱོར་བ་ནི་ཆོས་ལྔས་ཐེག་ཆེན་གྱི་བརྗོད་ བྱ་མཐའ་དག་བསྡུས་ཀྱང༌། གཞུང་འདིས་ཆོས་ལྔ་བརྗོད་བྱའི་གཙོ་བོར་མི་སྟོན་པས་དོན་ དང་མི་མཐུན་ཞིང༌། དེ་བཞིན་དུ་རང་བཞིན་གསུམ་དང་གང་ཟག་གསུམ་ལ་སོགས་པ་ལ་ སྦྱོར་བའང་གཞུང་གི་སྐབས་དོན་མ་ཡིན་ནོ། །ཡང་(སད་ཛ་ན་ལ་སོགས་པ་)འགའ་ཞིག་ཐེག་ཆེན་ བཀའི་མཆོག་ཏུ་སྟོན་པ་ནི་བསྒྲུབ་པར་བྱ་བ་དང༌། སྐྱབས་འགྲོ་ནས་བྱང་ཆུབ་ཀྱི་བར་བརྒྱད་ ནི། ཐེག་པ་ཆེན་པོའི་གཞི་ལམ་འབྲས་གསུམ་སྟོན་པས་ཤེས་པར་བྱ་བ་དང༌། མོས་པ་ནས་ ཐབས་ལྡན་གྱི་བར་དྲུག་ནི་བསམ་པར་བྱ་བ་དང༌། ཕར་ཕྱིན་ནས་སྤྱོད་པའི་བར་ནི་བསམ་ གྱིས་མི་ཁྱབ་པ་དང༌། མཐར་ཐུག་གི་སྐབས་ནི་སོ་སོ་རང་གིས་རིག་པར་བྱ་བ་སྟེ་དཔེ་ལྔ་དང་ སྦྱོར་བ་དང༌། ཡང་འགའ་ཞིག་གཞན་གསུམ་སྔར་དང་འདྲ་བ་ལ་མོས་པ་ནས་ཕྱོགས་མཐུན་ གྱི་བར་ནི་བསམ་པར་བྱ་བ་དང༌། ཡོན་ཏན་གྱི་སྐབས་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་སྦྱོར་ བ་དང༌། ཡང་(བློ་གྲོས་ཆེན་པོ་)འགའ་ཞིག་སྐྱབས་འགྲོ་དང་རིགས་དང་སེམས་བསྐྱེད་དང་རང་ གཞན་གྱི་དོན་ནི་བསྒྲུབ་པར་བྱ་བ་དང༌། དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་ནི་ཤེས་པར་ བྱ་བ་དང༌། མཐུ་དང་ཡོངས་སྨིན་ནི་བསམ་པར་བྱ་བ་དང༌། དག་པ་ས་གསུམ་གྱི་གནས་ སྐབས་ནི་བསམ་གྱིས་མི་ཁྱབ་པ་དང༌། འབྲས་བུ་མཐར་ཐུག་བྱང་ཆུབ་ཆེན་པོ་ནི་སོ་སོ་རང་ གིས་རིག་པར་བྱའོ་ཞེས་སྡོམ་དང་པོའི་བར་ལ་དོན་ལྔ་ཚང་བར་སྦྱར་ནས་ཕྱི་མ་རྣམས་ལ་ མི་སྦྱོར་བ་དང༌། ཡང་(ཛྙཱ་ན་ཤྲི་ལ་སོགས་)འགའ་ཞིག་གང་ལ་སློབ་པའི་ཡུལ་བཀར་སྒྲུབ་པ་དང་ 4-1-32 སྐྱབས་འགྲོ་དང་རིགས་ཀྱི་སྐབས་གསུམ་ནི་བསྒྲུབ་པར་བྱ་བ་དང༌། སེམས་བསྐྱེད་དང་སྒྲུབ་ པ་གཉིས་ནི་ཤེས་པར་བྱ་བ་དང༌། དེ་ཁོ་ན་ཉིད་ནི་བསམ་པར་བྱ་བ་དང༌། མཐུ་དང་ཡོངས་ སྨིན་གཉིས་ནི་བསམ་གྱིས་མི་ཁྱབ་པ་དང༌། བྱང་ཆུབ་སྐུ་གསུམ་ཡོངས་སུ་གྲུབ་པ་ནི་སོ་སོ་ རང་གིས་རིག་པར་བྱ་བ་སྟེ། དཔེ་ལྔ་དང་རིམ་པ་ལྟར་སྦྱོར་ཞིང་ཇི་ལྟར་སློབ་པའི་ཐབས་ མོས་པ་དང་ཆོས་ཚོལ་བ་དང་བཤད་པ་དང་སྒྲུབ་པ་བཞི་ནི་བསྒྲུབ་པར་བྱ་བ་དང༌། གདམས་ ངག་རྗེས་སུ་བསྟན་པ་ནི་ཤེས་པར་བྱ་བ་དང༌། ཐབས་ལྡན་ནས་ཕྱོགས་མཐུན་གྱི་བར་བཞི་ ནི་བསམ་པར་བྱ་བ་དང༌། ཡོན་ཏན་གྱི་སྐབས་ནི་བསམ་གྱིས་མི་ཁྱབ་པ་དང༌། རྟགས་དང་ མཐར་ཐུག་གི་སྐབས་ནི་སོ་སོ་རང་གིས་རིག་པར་བྱ་བ་སྟེ་དཔེ་ལྔས་མཚོན་པའི་དོན་ལྔ་ཡིན་ ནོ་ཞེས་པ་ལ་སོགས་པ་འཆད་ཚུལ་མི་འདྲ་བ་མང་པོ་ཞིག་བྱུང་བ་རྣམས་ཀྱང་བརྗོད་འདོད་ ཀྱི་སྒོ་ནས་བཤད་དུ་རུང་མོད་ཀྱི། སྤྱི་རིགས་ནས་གཞུང་དབུ་ཞབས་ཐམས་ཅད་དུ་བརྗོད་བྱ་ ཅི་ཙམ་ཞིག་སྟོན་པ་དང་སྦྱར་ན། ཐེག་ཆེན་བཀའི་མཆོག་ཏུ་བསྟན་པ་དང་མཆོག་ལ་སྐྱབས་ སུ་འགྲོ་བ་དང་སེམས་བསྐྱེད་དེ་བསླབ་བྱ་བསྲུང་བ་དང༌། རང་གཞན་ཡོངས་སུ་སྨིན་པ་ལས་ བྱང་ཆུབ་ཆེན་པོ་ཐོབ་པ་ལ་སོགས་པ་སྐྱེས་བུ་དམ་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ། དོན་ གཉིས་ཕུན་སུམ་ཚོགས་པ་གྲུབ་པ་ནི་གསེར་བཟང་པོ་ལས་གཟོ་བོ་མཁས་པས་བརྡུངས་ཏེ་ བྱས་པའི་རྒྱན་མཛེས་པར་གྲུབ་པ་དང་འདྲ་ཞིང་དགའ་བ་བསྐྱེད་པ་དང༌། བདེན་པ་གཉིས་ དང་བདེན་པ་བཞི་དང་ངོ་བོ་ཉིད་གསུམ་དང་མོས་པའི་ཁྱད་པར་དང༌། ཆོས་ཀྱི་ཟབ་ཁྱད་ དང༌། དེ་དག་གཞན་ལ་སྟོན་ཚུལ་དང༌། རང་གིས་བསྒྲུབས་པའི་གདམས་ངག་ལ་སོགས་པ་ བྱེ་བྲག་ཏུ་ཤེས་པར་བྱ་བའི་ཆོས་རྣམས་ཤེས་པ་ནི་ཉི་མའི་འོད་ཟེར་གྱིས་ཕྱེ་བའི་པདྨ་རྒྱས་པ་ མཐོང་བ་བཞིན་དུ་དགའ་བ་བསྐྱེད་པ་དང༌། རྒྱུ་འབྲས་སླུ་བ་མེད་པ་དང་སྤང་བྱ་འཁོར་བའི་ ཉེས་དམིགས་དང་ཐོབ་བྱ་ཐར་པའི་ཕན་ཡོན་དང༌། ཐབས་ལ་མཁས་པའི་ཁྱད་པར་དང་ 4-1-33 ཕྱིན་དྲུག་ཉམས་སུ་བླང་ཚུལ་དང༌། མཆོག་ལ་གུས་པར་བྱ་བ་དང་སེམས་ཅན་སྨིན་པར་བྱ་ བ་ལ་སོགས་པ་བསམ་པར་བྱ་བ་རྣམས་བསམ་ནས་ཤེས་ཤིང་བླང་དོར་ཚུལ་བཞིན་དུ་བྱེད་ པ་ནི། བཀྲེས་པས་ཉེན་པ་རྣམས་གཡོས་ལེགས་པོ་བྱས་པའི་ཁ་ཟས་བཟང་པོ་ཟ་བ་དང་འདྲ་ བར་དགའ་བ་བསྐྱེད་པ་དང༌། རང་བཞིན་གྱི་རིགས་དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་ སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་པ་དང༌། དེ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ ཡང་གློ་བུར་གྱི་དྲི་མ་སྦྱང་དགོས་པ་དང༌། སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་ སེམས་ཅན་གྱི་དུས་ན་ཡང་ཡོད་པ་དང༌། སངས་རྒྱས་ལ་འབད་རྩོལ་མི་མངའ་ཡང་སེམས་ ཅན་གྱི་མོས་པ་བཞིན་འཕྲིན་ལས་འཇུག་པ་ལ་སོགས་པ་ཕལ་པ་རྣམས་ཀྱིས་བསམ་གྱིས་ མི་ཁྱབ་པའི་གནས་རྣམས་ལུང་རྣམ་དག་ལ་བརྟེན་ནས་རྟོགས་པ་ནི་སྙན་ངག་དང་བཅས་ པའི་འཕྲིན་ཡིག་ལེགས་པར་ཐོས་པ་དང་འདྲ་བའི་དགའ་བ་བསྐྱེད་པ་དང༌། གདོད་མ་ནས་ ཡོངས་སུ་གྲུབ་པའི་ཆོས་ཉིད་རིམ་གྱིས་མངོན་སུམ་དུ་རྟོགས་པའི་དོན་སོ་སོ་རང་གིས་རིག་ པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་ལམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ དང༌། འབྲས་བུ་སངས་རྒྱས་ལ་མངའ་བ་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་ པའི་ཆོས་བཅོ་བརྒྱད་ལ་སོགས་པ་མངོན་དུ་གྱུར་པ་ནི་རིན་ཆེན་མཆོག་ཏུ་གྱུར་པ་གནས་པའི་ སྒྲོམ་ཁ་ཕྱེ་ནས་མཐོང་བ་ལྟ་བུའི་དགའ་བ་བསྐྱེད་པ་སྟེ། དེ་ལྟར་དཔེ་ལྔ་དགའ་བ་བསྐྱེད་ པའི་རྒྱུ་ཡིན་པ་དང་འདྲ་བར། དེ་རྣམས་ཀྱིས་མཚོན་པའི་ཆོས་འབྱོར་པའི་དོན་ཚུལ་ལྔ་པོ་ དེ་གཞུང་འདིར་བཤད་པ་ཡང་མཁས་པ་རྣམས་དགའ་པ་མཆོག་ཏུ་གྱུར་པ་སྐྱེད་པར་བྱེད་དོ་ ཞེས་ཀྱང་བཤད་དུ་རུང་ཞིང༌། གཞུང་སོ་སོ་ལ་སྦྱོར་ན་ཡང་སྔར་བསྟན་པ་ལྟར་སྡོམ་དང་པོའི་ དོན་རྣམས་ནི་ལེགས་པར་བསྒྲུབ་པར་བྱ་བ་གསེར་ལས་བརྡུངས་བྱས་ལྟ་བུ་དང༌། གཉིས་ པའི་དོན་རྣམས་ནི་བྱེ་བྲག་ཏུ་ཤེས་པར་བྱ་བ་པདྨ་རྒྱས་པ་ལྟ་བུ་དང༌། ཐབས་དང་ལྡན་པ་ 4-1-34 དང་ཕ་རོལ་ཏུ་ཕྱིན་པ་དང་མཆོད་པ་དང་བསྟེན་པ་དང་ཚད་མེད་པའི་དོན་རྣམས་ནི་ཤེས་ ནས་བསམ་པར་བྱ་བ་གཡོས་ལེགས་ཁ་ཟས་ཟ་བ་ལྟ་བུ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་ བསམ་གྱིས་མི་ཁྱབ་པའི་དོན་རྣམས་ནི་འཕྲིན་ཡིག་ལེགས་པ་ཐོས་པ་ལྟ་བུ་དང༌། བསམས་ པས་རིག་པར་བྱ་བ་བྱང་ཆུབ་ཕྱོགས་མཐུན་ལ་སོགས་པ་ཡོན་ཏན་གྱི་ཆོས་མངོན་དུ་གྱུར་པ་ རྣམས་ནི་རིན་པོ་ཆེའི་སྒྲོམ་ཕྱེ་བ་ལྟ་བུར་མཁས་པ་རྣམས་དགའ་བ་སྐྱེད་པར་བྱེད་དོ་ཞེས་ཀྱང་ བཤད་པར་བྱའོ། ། ཀླན་ཀ་སྤང་བ་ནི། ཐེག་ཆེན་གྱི་མདོ་སྡེ་རྣམས་རང་བཞིན་གྱིས་ཡོན་ཏན་དང་ལྡན་ པ་ཡིན་ན་རྒྱན་གྱིས་ཅི་ཞིག་བྱ་ཞེས་པ་ལ། གཟུགས་རྒྱན་རང་བཞིན་ཡོན་ཏན་ ལྡན་པ་མེ་ལོང་ནང་སོང་ན། །མཐོང་བའི་དབང་གིས་མི་རྣམས་རབ་ ཏུ་དགའ་བའི་མཆོག་སྐྱེད་པ། །དེ་བཞིན་ལེགས་གསུངས་རྟག་ཏུ་རང་ བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་ རྣམས་འདི་ན་དགའ་མཆོག་བསྐྱེད། །དཔེར་ན་སྐྱེས་བུ་འགའ་ཞིག་གཟུགས་ བཟང་པོ་རྒྱན་དང་བཅས་པ་རང་བཞིན་གྱིས་མཛེས་པའི་ཡོན་ཏན་དང་ལྡན་པ་ཡིན་ཡང་དེ་ ལྟར་མ་རྟོགས་ན་དགའ་བ་མི་སྐྱེད་ཅིང༌། དེ་མེ་ལོང་གི་ནང་དུ་སོང་ན་གཟུགས་བརྙན་མཛེས་ པ་དེ་གསལ་བར་མཐོང་བའི་དབང་གིས་ལྟ་བ་པོའི་མི་རྣམས་རབ་ཏུ་དགའ་བ་མཆོག་ཏུ་ གྱུར་པ་བསྐྱེད་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་ཐོག་མཐའ་ བར་གསུམ་དུ་དགེ་ཞིང་དོན་བཟང་པོ་ཚིག་འབྲུ་བཟང་པོ་ལ་སོགས་པ་རྟག་ཏུ་རང་བཞིན་ གྱིས་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ཐེག་པ་ཆེན་པོའི་ཆོས་རྣམས་ཀྱང་དོན་གསལ་ བར་མ་ཕྱེ་ན་ཡོན་ཏན་དང་ལྡན་པར་མི་རྟོགས་ཤིང༌། བསྟན་བཅོས་འདིས་དོན་རྣམ་པར་ཕྱེ་ ནས་རབ་ཏུ་གསལ་བར་བསྟན་པས་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་རྟོགས་ནས་ 4-1-35 མཁས་པ་རྣམས་འདི་ན་དགའ་བ་མཆོག་ཏུ་གྱུར་པ་བསྐྱེད་པས་རྒྱན་འདི་བྱས་པ་ལ་དགོས་པ་ ཆེན་པོ་ཡོད་དོ་ཞེས་པའོ། ། ཕན་ཡོན་ལ་གསུམ་སྟེ། སྨན་གྱི་དཔེས་སྒྲིབ་པ་སེལ་བ། རྒྱལ་པོའི་དཔེས་དབང་འབྱོར་ ཐོབ་ཚུལ། ནོར་བུའི་དཔེས་དགའ་བ་བསྐྱེད་པའོ། ། དང་པོ་ནི། ཇི་ལྟར་བསྣམས་ན་རབ་དཀུ་ལ། །མྱངས་ན་ཞིམ་པའི་སྨན་ བཞིན་དུ། །ཆོས་ཀྱང་དེ་བཞིན་གཉིས་སུ་གནས། །ཡི་གེ་དོན་དུ་ཤེས་ པར་བྱ། །ཇི་ལྟར་ཏེ་དཔེར་ན་དྲི་བསྣམས་ན་རབ་ཏུ་དཀུ་བ་སྟེ་མི་ཞིམ་པས་སྐྱོ་བ་སྐྱེད་པར་ བྱེད་ལ། རོ་མྱངས་ན་ཞིམ་ཞིང་ཁོང་དུ་སོང་བས་ནད་ཐམས་ཅད་སེལ་བའི་དགའ་བ་སྐྱེད་ པར་བྱེད་པའི་སྨན་ཇི་ལྟ་བ་བཞིན་དུ། ཐེག་པ་ཆེན་པོའི་ཆོས་ཀྱང་དེ་བཞིན་དུ་གཉིས་སུ་ གནས་ཏེ། ཡི་གེའི་སྒོ་ནས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་མེད་དོ་ཞེས་ པ་ལ་སོགས་པས་སྐྱོ་བ་སྐྱེད་པར་བྱེད་ཀྱང༌། བྱིས་པས་ཀུན་བཏགས་པ་བཞིན་དུ་མེད་པ་ལ་ དགོངས་པ་ཡིན་གྱི། དོན་གྱི་སྒོ་ནས་ཡོངས་གྲུབ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ནམ་ཡང་མི་ འགྱུར་པ་ཉིད་དུ་ཡོད་པས། དེ་ལྟར་རྟོགས་ནས་བསྒོམས་པས་སྒྲིབ་གཉིས་བག་ཆགས་དང་ བཅས་པའི་ནད་ཐམས་ཅད་སེལ་ཞིང་ཟག་པ་མེད་པའི་དགའ་བ་བསྐྱེད་པར་ཤེས་པར་བྱའོ། ། ཡང་སྨན་འགའ་ཞིག་དྲི་མི་ཞིམ་པ་དང་འདྲ་བར་ཆོས་རྣམས་ཀྱང་ཡི་གེའི་སྒོ་ནས་མཐའ་ ཡས་ཤིང་གཟུང་བར་དཀའ་ཡང༌། རོ་ཞིམ་པ་དང་འདྲ་བར་ངེས་པའི་དོན་མཐར་ཐུག་ཆོས་ཀྱི་ དབྱིངས་སུ་གཅིག་པས་གོ་སླ་བར་ཡང་རིག་པར་བྱའོ། ། རྒྱལ་པོའི་དཔེ་ནི། ཆོས་དཀའ་རྒྱ་ཆེན་ཟབ་མོ་འདི། །རྒྱལ་པོ་བཞིན་དུ་ མཉེས་པར་དཀའ། །མཉེས་པར་བྱས་ན་དེ་བཞིན་དུ། །ཡོན་ཏན་མཆོག་ གི་ནོར་སྦྱིན་བྱེད། །ཐེག་པ་ཆེན་པོའི་ཆོས་ཀྱིས་དོན་ཕལ་པ་རྣམས་ཀྱིས་སྒྲུབ་པར་ 4-1-36 དཀའ་བ་ཐབས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་དང་ཤེས་རབ་ཟབ་མོ་སྟོང་པ་ཉིད་ སྟོན་པ་འདི་ནི། དཔེར་ན་རྒྱལ་པོ་ཆེན་པོ་འབངས་ཕལ་པ་རྣམས་ཀྱིས་མཉེས་པར་དཀའ་བ་ བཞིན་དུ་མཉེས་པའམ་བསྒྲུབ་པ་ཤིན་ཏུ་དཀའ་མོད་ཀྱི། འབད་པ་ཆེན་པོས་མཉེས་པའམ་ བསྒྲུབ་པར་བྱས་ན་རྒྱལ་པོ་མཉེས་པ་ལས་ནོར་མང་པོ་སྟེར་བ་དེ་བཞིན་དུ་སྟོབས་དང་མི་ འཇིགས་པ་ལ་སོགས་པ་ཡོན་ཏན་མཆོག་ཏུ་གྱུར་བ་དག་གི་ནོར་རྒྱ་ཆེན་པོ་རྣམས་སྦྱིན་པར་ བྱེད་དོ། ། ནོར་བུའི་དཔེ་ནི། རིན་ཆེན་རིགས་ལྡན་རིན་ཐང་མེད། །ལྟ་མི་ཤེས་པའི་ མི་མི་མགུ། །དེ་བཞིན་མི་མཁས་ཆོས་འདི་ལ། །བཟློག་ན་དེ་བཞིན་ མགུ་བར་འགྱུར། །དཔེར་ན་ནོར་བུ་རིན་ཆེན་རིགས་དང་ཡོན་ཏན་ཕུན་སུམ་ཚོགས་ པ་དང་ལྡན་པ་རིན་ཐང་གཞལ་དུ་མེད་པ་ལ། དེ་ལྟར་མི་ཤེས་པའི་མི་བླུན་པོ་བ་ལང་རྫི་ལ་ སོགས་པ་མི་མགུ་བ་དེ་བཞིན་དུ་བཟང་ངན་གྱི་ཁྱད་པར་རྟོག་པ་ལ་མི་མཁས་པ་བྱིས་པ་སོ་ སོའི་སྐྱེ་བོ་སྐལ་བ་དང་མི་ལྡན་པ་རྣམས་ཐེག་པ་ཆེན་པོའི་ཆོས་འདི་ལ་མི་མགུ་ཞིང་མི་འཇུག་ ནའང༌། དེ་དག་ལས་བཟློག་ན་དེད་དཔོན་མཁས་པ་རྣམས་རིན་པོ་ཆེ་མཆོག་ལ་མགུ་བ་ དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཁས་པ་ འཕགས་པ་རྣམས་ནི་མགུ་ཞིང་འཇུག་པར་འགྱུར་ཏེ། རིན་པོ་ཆེ་ལས་དགོས་འདོད་འབྱུང་ བ་བཞིན་དུ་ཐེག་པ་ཆེན་པོ་འདི་ལས་འཕགས་པའི་ནོར་བདུན་ལ་སོགས་པའི་འབྱོར་པ་ཕུན་ སུམ་ཚོགས་པ་ཐམས་ཅད་འབྱུང་བའི་ཕྱིར་རོ། །ནོར་བདུན་ནི་བཤེས་སྤྲིང་ལས། དད་དང་ ཚུལ་ཁྲིམས་ཐོས་དང་གཏོང་བ་དང༌། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང༌། །ཤེས་རབ་ནོར་ བདུན་ལགས་པར་ཐུབ་པས་གསུངས། །ནོར་གཞན་ཕལ་པ་དོན་མ་མཆིས་རྟོགས་མཛོད། ། ཅེས་གསུངས་པ་ལྟར་རོ། །འདི་དག་གིས་ནི་དགོས་འབྲེལ་བཞིའང་བསྟན་པས། དེ་འཆད་ 4-1-37 པ་ན་དགོས་འབྲེལ་བཀོད་པའི་དགོས་པ། དགོས་འབྲེལ་སོ་སོའི་ངོ་བོ་གྲངས་དང་གོ་རིམ་ དཔྱད་པའོ། །དགོས་པ་ནི་དགོས་འབྲེལ་སྔོན་དུ་བཀོད་ནས་བསྟན་བཅོས་བརྩམས་པས་ གཞུང་གི་བཀོད་པ་མཛེས་པར་འགྱུར་བ་དང༌། མཁས་པ་སྔ་མ་རྣམས་ཀྱི་སྲོལ་རྗེས་སུ་བསྐྱང་ བའི་དོན་དང༌། ངག་ལས་བསྟན་བཅོས་ལ་དགོས་སོགས་ཆོས་བཞི་ཡོད་པར་རྟོགས་ནས་ འཇུག་པར་འགྱུར་བ་ལ་སོགས་པའོ། ། སོ་སོའི་ངོ་བོ་ལ་གསུམ་ལས། བདེན་ཚིག་ཙམ་ལ་ཡོད་པའི་དགོས་འབྲེལ་བཞི་ནི། དོན་ དང་མཐུན་[པའི་{པར་}ངག་གང་ཡིན་པ་དེས་བསྟན་པར་བྱ་བ་ནི་བརྗོད་བྱ་དང༌། དེ་ལས་ དེའི་དོན་རྟོགས་པ་ནི་དགོས་པ་དང༌། རྟོགས་ནས་དགོས་པ་གཞན་ཡང་རིམ་གྱིས་འགྲུབ་པ་ ནི་ཉིང་དགོས་དང༌། དེ་དགོས་པ་ལས་བྱུང་ཞིང་དགོས་པ་བདེན་ཚིག་ལས་བྱུང་བ་ནི་འབྲེལ་ པའོ། །དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་བཞི་ནི་བསྟན་བཅོས་ལ་ཡོད་པའི་ དགོས་སོགས་ཆོས་བཞི་[ནི་]བརྗོད་བྱ་དང༌། དེ་ལས་བསྟན་བཅོས་ལ་ཆོས་བཞི་ཡོད་པར་ རྟོགས་པ་དགོས་པ་དང༌། དེ་ལས་རྟོགས་ལྡན་བསྟན་བཅོས་ལ་སྤྲོ་བས་འཇུག་པ་ཉིང་དགོས་ དང༌། དེ་བསྟན་བཅོས་ལ་དགོས་སོགས་ཡོད་པར་རྟོགས་པ་ལས་བྱུང་ཞིང་དེའང་དགོས་ འབྲེལ་གྱི་ངག་ལས་བྱུང་བ་ནི་འབྲེལ་པའོ། །བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་ བཞི་ནི། གཞུང་འདིས་བསྟན་པར་བྱ་བ་ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་པའི་ཆོས་འབྱོར་ པའི་དོན་ཚུལ་བླ་མེད་གྱུར་པ་ལྔའི་བདག་ཉིད་ནི་བརྗོད་བྱ་དང༌། དེ་རྣམས་ཐེག་པ་ཆེན་ པོ་དེ་ཡིས་འགྲོ་བའི་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ལ་བསྟན་ཞིང་རྟོགས་པ་ལས་ སྒྲིབ་པ་སེལ་བ་དང༌། འབྱོར་པ་ཐོབ་པ་དང་དགའ་བ་འཕེལ་བ་ལ་སོགས་པ་ནི་དགོས་པ་ དང༌། རྟོགས་པ་ལྟར་བླང་དོར་ཚུལ་བཞིན་དུ་བྱས་པས་སྡུག་བསྔལ་བསྒྲལ་ཕྱིར་ཞེས་པ་ལྟར་ འཁོར་བའི་སྡུག་བསྔལ་མཐའ་དག་ལས་གྲོལ་ནས་ཐར་པ་ཆེན་པོའི་བདེ་བ་ཐོབ་པ་ནི་ཉིང་ 4-1-38 དགོས་དང༌། དེ་དགོས་པ་ལས་བྱུང་ཞིང་དེའང་ངག་དང་ཚིག་རྣམས་དྲི་མ་མེད་པའི་བསྟན་ བཅོས་ལས་བྱུང་བ་ནི་འབྲེལ་པའོ། །གྲངས་དང་གོ་རིམ་དཔྱད་པ་ནི་འགྲེལ་ཆེན་མང་པོར་ བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་འབྲེལ་པ་དང་དགོས་པ་དང་དགོས་པའི་དགོས་ པ་སྟེ་ལྔར་གསུངས་པས་དངོས་པོ་ལ་གྲུབ་པའི་གྲངས་དང་གོ་རིམ་ངེས་པ་ནི་མེད་ཅིང༌། དེ་ དག་གི་འབྲེལ་པའང་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པར་གསུངས་ལ། དགོས་འབྲེལ་གྱི་ངག་ བཞིར་བསྟན་པ་ནི་འགའ་ཞིག་གི་བློ་ཡུལ་དུ་བསྟན་བཅོས་ལ་དགོས་སོགས་ཆོས་བཞི་མེད་ དམ་སྙམ་པའི་ལོག་རྟོག་བཞི་སྐྱེ་སྲིད་པས་དེ་དག་སེལ་བ་ལ་བཀོད་པའོ། །དང་པོར་བརྗོད་ བྱ་ཕན་ཡོན་སོགས་བསྟན་ནས་བརྩོན་པར་འཇུག་པའི་སྐབས་རྫོགས་པར་བཤད་ཟིན་ཏོ།། །། ད་ནི་མཁས་པས་འཇུག་པར་བྱ་བའི་གཞི་ཐེག་པ་ཆེན་པོ་བཀར་སྒྲུབ་པ་ལ་གཉིས་ཏེ། གཏན་ཚིགས་ཀྱི་དབྱེ་བ་མདོར་བསྟན་དང༌། ཚུལ་སྒྲུབ་ཀྱིས་རྒྱས་པར་བཤད་པའོ། ། དང་པོ་ནི། བློ་དང་བསོད་ནམས་དམན་པ་ཁ་ཅིག་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་ བཀའ་ཡང་མ་ཡིན་ན་སྔར་བཤད་པའི་ཕན་ཡོན་དེ་དག་ལྟ་ག་ལ་ཡོད། འདི་དག་ནི་བསྟན་པ་ ལ་གནོད་པའི་ཆེད་དུ་བདུད་དང་མུ་སྟེགས་ལ་སོགས་པ་རྟོག་གེ་པ་རྣམས་ཀྱིས་བྱས་པ་ཡིན་ ཞིང༌། ཕྱི་བཞིན་དུ་འབྲང་བའི་ཉན་ཐོས་ཆེན་པོ་རྣམས་ཀྱིས་ཀྱང་མ་ཐོས་ལ་འཁོར་བའི་སྐྱོན་ སྤོང་པའི་ཐབས་སམ་གཉེན་པོར་ཡང་མི་འགྱུར་ཞིང༌། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ ཡང་བསྟན་པའི་ཕྱིར་རོ་ཞེ་ན། སྔར་ལུང་མ་བསྟན་ལྷན་ཅིག་བྱུང༌། །སྤྱོད་ཡུལ་ མ་ཡིན་གྲུབ་པ་དང༌། །ཡོད་དང་མེད་ན་ཡོད་མེད་དང༌། །གཉེན་པོ་དང་ ནི་སྒྲ་གཞན་ཕྱིར། །ཐེག་པ་ཆེན་པོ་འདི་བསྟན་པ་ལ་གནོད་པའི་ཆེད་དུ་ཕྱིས་བྱུང་བ་མ་ ཡིན་ཏེ། གལ་ཏེ་ཡིན་ན་བསྟན་པ་བསྲུང་བའི་ཆེད་དུ་མ་འོངས་པ་ན་འདི་ལྟ་བུ་འབྱུང་བར་ 4-1-39 འགྱུར་རོ་ཞེས་སྔར་སངས་རྒྱས་ཀྱིས་ལུང་སྟོན་པར་རིགས་པ་ལ། དེ་ལྟར་ལུང་མ་བསྟན་པའི་ ཕྱིར་དང༌། ཉན་ཐོས་ཆེན་པོ་རྣམས་ཀྱིས་མ་ཐོས་ཀྱང༌། མོས་པ་དུ་མ་དང་ལྡན་པ། །སྤྱོད་ཡུལ་ གནས་པ་རྣམས་ལ་ནི། །གསུང་གཅིག་ཉིད་དུ་གསུངས་ན་ཡང༌། །དུ་མ་ཉིད་དུ་སོ་སོར་སྣང༌། ། ཞེས་པ་ལྟར་ཉན་ཐོས་ཀྱི་ཐེག་པ་དང་ལྷན་ཅིག་ཏུ་བྱུང་བའི་ཕྱིར་དང༌། རྟོག་གེ་པ་རྣམས་ ཀྱིས་བྱས་པ་ཡང་མ་ཡིན་ཏེ་ཟབ་ཅིང་རྒྱ་ཆེ་བའི་ཆོས་འདི་ལྟ་བུ་ནི་དེ་དག་གི་སྤྱོད་ཡུལ་མ་ཡིན་ པའི་ཕྱིར་དང༌། གལ་ཏེ་ཐུབ་པ་ལས་གཞན་པའི་སངས་རྒྱས་ཞིག་གིས་བཤད་པའོ་ཞེ་ན། དེ་ ལྟ་ནའང་བཀའ་ཡིན་པར་གྲུབ་པ་ཉིད་དེ་གསུང་པ་པོ་སངས་རྒྱས་ཡིན་པའི་ཕྱིར་དང༌། གལ་ ཏེ་ཐེག་པ་ཆེན་པོ་ཞིག་ཡོད་ན་འདི་ཉིད་བཀའ་ཡིན་པར་གྲུབ་སྟེ། འདི་ལས་གཞན་པའི་ཐེག་ པ་ཆེན་པོ་མ་དམིགས་པའི་ཕྱིར་དང༌། འོན་ཏེ་ཐེག་པ་ཆེན་པོ་མེད་ན་དེ་ཉམས་སུ་བླངས་པ་ ལས་བྱུང་པའི་སངས་རྒྱས་ཡོད་པ་མ་ཡིན་པས། ཉན་ཐོས་ཀྱི་ཐེག་པའང་སངས་རྒྱས་ཀྱིས་ གསུངས་པ་མེད་པས་བཀའ་མ་ཡིན་པར་འགྱུར་བའི་ཕྱིར་དང༌། ཉོན་མོངས་པའི་གཉེན་པོ་ མི་བྱེད་པས་བཀའ་མ་ཡིན་ནོ་ཞེས་པའང་རིགས་པ་མ་ཡིན་ཏེ། ཐེག་པ་ཆེན་པོ་འདི་ལས་ཟབ་ མོ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཐུ་རྒྱ་ཆེན་པོ་བསྟན་ནས་རང་གཞན་ཡོངས་སུ་སྨིན་ པར་བྱེད་པས་གཉེན་པོའམ་ཐབས་ཀྱི་མཆོག་ཡིན་པའི་ཕྱིར་དང༌། ཐམས་ཅད་མེད་པར་སྟོན་ པས་བཀའ་ནི་མ་ཡིན་ནོ་ཞེས་པའང་རིགས་པ་མ་ཡིན་ཏེ། མེད་དོ་ཞེས་པའི་སྒྲ་ནི་བྱིས་པས་ ཀུན་བཏགས་པ་བཞིན་མེད་ཅེས་དོན་གཞན་ལ་དགོངས་ནས་གསུངས་པ་ཡིན་གྱི། ཀུན་ རྫོབ་གཞན་དབང་དང་དོན་དམ་ཡོངས་གྲུབ་མེད་པར་ནི་སྟོན་པ་མ་ཡིན་པའི་ཕྱིར་བཀའི་ མཆོག་ཏུ་གྲུབ་བོ། ། ཚུལ་སྒྲུབ་ཀྱིས་རྒྱས་པར་བཤད་པ་ལ། རྟགས་དང་པོ་དང་ལྔ་པའི་ཁྱབ་པ་སྒྲུབ་པ་དང༌། གསུམ་པ་དང་དྲུག་པ་དང་བདུན་པའི་ཕྱོགས་ཆོས་སྒྲུབ་པའོ། ། 4-1-40 རྟགས་དང་པོ་བསྟན་པ་ལ་གནོད་པ་ཡིན་ན་སྔར་ལུང་སྟོན་པར་རིགས་བཞིན་དུ་མ་ བསྟན་པའི་ཕྱིར་ཞེས་པ་ལ། གནོད་བྱེད་ཡིན་ཡང་ལུང་སྟོན་པའི་ངེས་པ་མེད་དེ། མ་མཁྱེན་ པའམ་ཆེད་ཆེར་མི་མཛད་པའམ་མ་འོངས་པ་ཐག་རིང་པོ་མི་གཟིགས་པ་སྲིད་པས་སོ་སྙམ་ ན། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །བསྟན་པ་དག་ཀྱང་བསྲུང་ བར་མཛད། །དུས་ལའང་ཡེ་ཤེས་མ་སྒྲིབས་པ། །དེ་ཕྱིར་བཏང་སྙོམས་མི་ རུང་ངོ་། །མ་མཁྱེན་ནས་བཏང་སྙོམས་སུ་འཇོག་པ་མི་རུང་སྟེ་སངས་རྒྱས་རྣམས་ནི་ཤེས་ བྱ་ཐམས་ཅད་འབད་པ་མེད་པར་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་ ཕྱིར་རོ། །མཁྱེན་བཞིན་དུ་ཆེད་ཆེར་མི་མཛད་པའང་མ་ཡིན་ཏེ་བསྟན་པ་དག་ཀྱང་ལེགས་ པར་བསྲུང་བ་ལ་འབད་པ་ཆེན་པོ་མཛད་པའི་ཕྱིར་རོ། །མ་འོངས་པ་ཐག་རིང་པོ་མ་གཟིགས་ པའང་མ་ཡིན་ཏེ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ཐམས་ཅད་ལའང་ཡེ་ ཤེས་ཀྱི་གཟིགས་པ་མ་སྒྲིབས་ཤིང་ཐོགས་པ་མེད་པར་འཇུག་པའི་ཕྱིར་རོ། །རྒྱུ་མཚན་དེ་ རྣམས་ཀྱི་ཕྱིར་བསྟན་པ་ལ་གནོད་བྱེད་ཡིན་ན་ལུང་མི་སྟོན་པར་བཏང་སྙོམས་སུ་འཇོག་པ་མི་ རུང་ངོ་ཞེས་པའོ། ། རྟགས་ལྔ་པ་ཡོད་དང་མེད་དང་ཡོད་མེད་ན་ཞེས་པ་ལ། ཐེག་པ་ཆེན་པོ་མེད་ཀྱང་ཉན་ ཐོས་ཀྱི་ཐེག་པ་སངས་རྒྱས་ཀྱི་བཀའ་ཡིན་པ་མི་འགལ་ཏེ། ཉན་ཐོས་ཀྱི་ཐེག་པ་ཉིད་ཐེག་པ་ ཆེན་པོ་ཡིན་པས་འདི་ཁོ་ནས་བྱང་ཆུབ་ཆེན་པོའང་ཐོབ་པོ་སྙམ་ན། དེ་དགག་པ་ལ་རྟགས་ བཀོད་དེ་དབྱེ་བ་བསྟན་པ། འགལ་བ་ཉིད་ཁྱད་པར་དུ་བཤད་པ། མཚན་ཉིད་དང་འགལ་བ་ སྤང་བའོ། ། དང་པོ་ནི། མ་ཚང་བ་དང་འགལ་བ་དང༌། །ཐབས་མིན་དེ་ལྟར་མ་ བསྟན་ཕྱིར། །ཉན་ཐོས་ཀྱི་ནི་ཐེག་པ་འདི། །ཐེག་ཆེན་ཆོས་ཞེས་བྱ་བ་ 4-1-41 མིན། །ཉན་ཐོས་ཀྱི་ཐེག་པ་ལས་ནི་རང་ཉིད་འཁོར་བ་ལས་གྲོལ་བའི་ཐབས་ཙམ་ཞིག་ བསྟན་གྱི་གཞན་གྱི་དོན་རྒྱ་ཆེན་པོ་སྟོན་པ་མ་ཚང་བའི་ཕྱིར་དང༌། རང་གི་གདུལ་བྱ་རྣམས་ ཀྱང་རང་དོན་ཁོ་ན་ལ་སྦྱོར་ཞིང་རང་དོན་འབའ་ཞིག་བྱས་པས་ནི་གཞན་དོན་དུ་སངས་རྒྱས་ ཐོབ་པར་འགལ་བའི་ཕྱིར་དང༌། ཉན་ཐོས་ཀྱི་ཐེག་པ་ནི་སངས་རྒྱས་ཐོབ་པར་བྱེད་པའི་ ཐབས་མིན་པས་དེ་ལ་ཡུན་རིང་དུ་འབད་ཀྱང་འདོད་པའི་དོན་ཐོབ་པར་མི་འགྱུར་པའི་ཕྱིར་ དང༌། འོན་ཏེ་བྱང་ཆུབ་སེམས་དཔའི་བསླབ་བྱ་དེ་དག་ཉན་ཐོས་ཀྱི་ཐེག་པ་གཞན་ཞིག་ཏུ་ བསྟན་ཏོ་ཞེ་ན། ས་བཅུ་ལ་སོགས་པའི་བསླབ་བྱ་རྒྱ་ཆེན་པོ་ཐེག་ཆེན་ལས་བསྟན་པ་དེ་ལྟར་ ཉན་ཐོས་ཀྱི་ཐེག་པ་ལས་མ་བསྟན་ཞིང༌། གལ་ཏེ་བསྟན་ན་སྣང་དུ་རུང་བ་ལ་མ་དམིགས་ པའི་ཕྱིར་ཉན་ཐོས་ཀྱི་ནི་ཐེག་པ་འདི་ཐེག་ཆེན་གྱི་ཆོས་ཟབ་པ་དང་རྒྱ་ཆེ་བ་ཞེས་བྱ་བ་དེ་མིན་ པ་ཉིད་དུ་གྲུབ་བོ། ། འགལ་བ་བཤད་པ་ནི། བསམ་པ་དང་ནི་སྟོན་པ་དང༌། །སྦྱོར་བ་དང་ནི་ སྟོན་པ་དང༌། །དུས་འགལ་ཕྱིར་ན་དམན་པ་གང༌། །དེ་ནི་དམན་པ་ཁོ་ ན་ཡིན། །ཉན་ཐོས་པ་རྣམས་ནི་རང་ཉིད་གཅིག་པུ་ཞི་བ་ཐོབ་པར་འདོད་པའི་བསམ་པ་ དང་ནི་ཆོས་ཀྱང་དེ་དང་མཐུན་པར་སྟོན་པ་དང༌། སྦྱོར་བའང་རང་གཅིག་པུའི་དོན་དུ་ལམ་ སྒོམ་པ་དང་ནི་ཚོགས་གཉིས་ཀྱང་སྦྱིན་སོགས་ཅུང་ཟད་ཙམ་དང་གང་ཟག་གི་བདག་མེད་ ཙམ་རྟོགས་པའི་སྒོ་ནས་ཉེ་བར་སྟོན་པ་རྒྱ་ཆུང་བ་དང༌། དུས་ཀྱང་མྱུར་བ་སྲིད་པ་གསུམ་ཙམ་ གྱིས་ཐར་བར་འདོད་པས་ཡུན་ཐུང་ཞིང་དམན་པ་ཡིན་ལ། ཐེག་ཆེན་པ་རྣམས་ནི་སེམས་ཅན་ ཐམས་ཅད་སངས་རྒྱས་ལ་དགོད་པར་འདོད་པའི་བསམ་པ་དང༌། ཆོས་ཀྱང་དེ་དང་མཐུན་ པར་གཞན་ལ་སྟོན་པ་དང༌། སྦྱོར་བའང་རང་གཞན་ཐམས་ཅད་ཀྱི་དོན་དུ་ལམ་རྣམ་དག་ བསྒོམ་པ་དང༌། ཚོགས་གཉིས་ཀྱང་སྦྱིན་སོགས་རྒྱ་ཆེན་པོ་དང་བདག་མེད་གཉིས་ཀ་རྟོགས་ 4-1-42 པའི་སྒོ་ནས་ཉེ་བར་སྟོན་པ་རྒྱ་ཆེ་བ་དང༌། དུས་ཀྱང་བསྐལ་པ་གྲངས་མེད་པ་གསུམ་དུ་ བརྩོན་པས་མཆོག་ཏུ་གྱུར་པ་ཡིན་པས། དེ་ལྟར་དོན་རྣམ་པ་ལྔས་འགལ་བའི་ཕྱིར་ན་བསམ་ པ་ལ་སོགས་པ་དམན་པ་ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་ལས་དམན་པ་ ཁོ་ན་ཡིན་ནོ། ། མཚན་ཉིད་དང་འགལ་བ་སྤང་བ་ནི། ཡང་འགའ་ཞིག་སངས་རྒྱས་ཀྱི་བཀའི་མཚན་ ཉིད་མདོ་སྡེ་ལའང་འཇུག་འདུལ་བ་ལའང་སྣང༌། མངོན་པའི་ཆོས་ཉིད་དང་ཡང་མི་འགལ་བ་ ཡིན་པ་ལ། ཐེག་པ་ཆེན་པོ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པས་མཚན་ཉིད་དང་ འགལ་བའི་ཕྱིར་བཀའ་མ་ཡིན་ནོ་སྙམ་ན། རང་གི་ཉིད་ལ་འཇུག་པ་དང༌། །རང་ གི་འདུལ་ལ་སྣང་ཕྱིར་དང༌། །ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །ཆོས་ ཉིད་དང་ནི་འགལ་བ་མེད། །ཉན་ཐོས་སྡེ་པ་རྣམས་ལའང་ཕན་ཚུན་མི་མཐུན་པ་སྣ་ ཚོགས་ཡོད་ཀྱང་རང་རང་གི་མདོ་སྡེ་ལ་འཇུག་པ་ལ་སོགས་པས་བཀའ་ཡིན་པར་འཇོག་པ་ བཞིན་དུ། འདིར་ཡང་བྱང་ཆུབ་སེམས་དཔའི་བསླབ་བྱ་རྒྱ་ཆེན་པོར་སྟོན་པས་ཐེག་པ་ཆེན་ པོ་རང་གི་མདོ་སྡེ་ཉིད་ལ་འཇུག་པ་དང༌། སྤང་བྱ་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་རྣམ་པར་ རྟོག་པ་འདུལ་བར་བྱེད་པ་རང་གི་འདུལ་བ་ལའང་སྣང་བའི་ཕྱིར་དང༌། ལྟ་བ་ཟབ་མོ་སྟོང་པ་ ཉིད་སྟོན་པའི་ཕྱིར་དང་སྤྱོད་པ་ཐབས་ལ་མཁས་པ་རྒྱ་ཆེན་པོ་སྟོན་པའི་ཕྱིར་བྱང་ཆུབ་ཆེན་པོ་ ཐོབ་པར་འགྱུར་པའི་ཆོས་ཉིད་དང་ནི་འགལ་བ་མེད་པས་བཀའི་མཆོག་ཡིན་པར་གྲུབ་བོ། ། རྟགས་གསུམ་པ་རྟོག་གེ་པའི་སྤྱོད་ཡུལ་མ་ཡིན་པ་ཞེས་པ་དེ་བསྒྲུབ་པ་ནི། རྟོག་གེ་ རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་ བརྟེན་པར་འདོད། །དེ་ཕྱིར་དེ་ནི་དེ་ཡུལ་མིན། །རྟོག་གེ་པ་རྣམས་ནི་རང་གིས་ དེ་ཁོ་ན་ཉིད་མ་མཐོང་བས་གཞན་གྱི་ལུང་ཅུང་ཟད་ལ་བརྟེན་པ་ཡིན་ཅིང༌། སྔར་ཁས་བླངས་ 4-1-43 པ་ལ་སྐྱོན་མཐོང་ན་གཞན་དུ་འགྱུར་པས་མཐའ་གཅིག་ཏུ་མ་ངེས་པ་ཡིན་ལ། ཇི་སྙེད་པ་མི་ ཤེས་པས་ཤེས་བྱ་ཐམས་ཅད་ལ་བློས་མ་ཁྱབ་པ་ཡིན་པ་དང༌། དོན་དམ་པ་མ་རྟོགས་པས་ ཀུན་རྫོབ་བདེན་པའི་ཡུལ་ཅན་ཡིན་པ་དང༌། རྒྱ་ཆེན་པོ་ལ་དཔྱད་ན་མགོ་མྱོས་ཤིང་སྤོབས་པ་ ཡོངས་སུ་གཏུགས་པར་འགྱུར་བས་སྐྱོ་བ་ཅན་ཡིན་པ་དང༌། འཕགས་པའི་གོ་འཕང་མ་ཐོབ་ པས་བྱིས་པ་ལ་ནི་བརྟེན་པ་ཡིན་པར་འདོད་པས་རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་ཐེག་པ་ཆེན་པོ་ དེ་ནི་རྟོག་གེ་པ་དེ་རྣམས་ཀྱི་བློའི་སྤྱོད་ཡུལ་མིན་པ་ཉིད་དོ། ། རྟགས་དྲུག་པ་ཐེག་པ་ཆེན་པོ་ནི་ཐབས་སམ་གཉེན་པོ་མཆོག་ཡིན་ཞེས་པ་དང༌། གོང་དུ་ ཉན་ཐོས་ཀྱི་ཐེག་པ་ནི་སངས་རྒྱས་ཐོབ་པའི་ཐབས་མ་ཡིན་ཞེས་བསྟན་པ་ལ། འོ་ན་ཐེག་ཆེན་ པ་ཡང་སངས་རྒྱས་ཐོབ་པའི་ཐབས་སུ་ཇི་ལྟར་རུང་ཞེ་ན། རྒྱ་ཆེའི་ཕྱིར་དང་ཟབ་པའི་ ཕྱིར། །ཡོངས་སུ་སྨིན་དང་རྣམ་མི་རྟོག །དེ་ཕྱིར་འདི་ལས་གཉིས་བསྟན་ ཏེ། །དེ་ནི་བླ་ན་མེད་པའི་ཐབས། །འདིར་ནི་མངོན་པར་ཤེས་པ་ལ་སོགས་པ་མཐུ་རྒྱ་ ཆེན་པོ་བསྟན་པའི་ཕྱིར་དང༌། ཟབ་མོ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྟན་པའི་ཕྱིར་ན་རིམ་ པ་བཞིན་དུ་མཐུས་གདུལ་བྱ་གཞན་ཡོངས་སུ་སྨིན་པར་བྱེད་པ་དང༌། རྣམ་པར་མི་རྟོག་པས་ རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྦྱོང་བར་བྱེད་པ་དེའི་ཕྱིར་ཐེག་པ་ཆེན་པོ་འདི་ལས་རྒྱ་ ཆེ་བ་དང་ཟབ་པ་གཉིས་ཀ་གསལ་བར་བསྟན་ཏེ། དེ་དག་ནི་དོན་གཉིས་མཐར་ཕྱིན་པ་བླ་ ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་ཐབས་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ། །རྟགས་བདུན་པ་ སྒྲ་གཞན་ཕྱིར་ཞེས་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་གསུངས་པའི་དགོངས་པ་ཤེས་ ན་སྐྲག་མི་དགོས་ཞེས་པ་དེ་རྒྱས་པར་བཤད་པ་ལ་བརྒྱད་དེ། ཐེག་ཆེན་ལ་སྐྲག་པའི་ཉེས་ དམིགས། མི་སྐྲག་པའི་རྒྱུ་མཚན་བསམ་པ། ཡེ་ཤེས་ཀྱི་ཡུལ་དུ་བསྟན་པ། སྐྲག་པའི་གཞི་ མིན་པར་བསྟན་པ། མ་མོས་པས་གྲུབ་པར་བསྟན་པ། མ་ཐོས་པར་སྤོང་པ་དགག་པ། ཚུལ་ 4-1-44 མིན་དུ་སེམས་པའི་ཉེས་དམིགས། མི་ཤེས་པར་ཁྲོ་བ་དགག་པའོ། ། དང་པོ་ནི་ཆོས་ཀྱི་སྐྱོན་མ་ཡིན་ཞིང་གང་ཟག་གི་ཉེས་པ་ཡིན་ནོ་ཞེས་སྟོན་པ་སྟེ། འགྲོ་ བ་དེ་གནས་མིན་ལ་སྐྲག་པས་གདུང་བྱེད་འགྱུར། །བསོད་ནམས་མ་ ཡིན་ཕུང་པོ་བསགས་བྱས་ཡུན་རིང་དུ། །རིགས་མེད་གྲོགས་ངན་སྔོན་ དགེ་མ་བསགས་བློ་མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ན་དོན་ ཆེན་འདི་ལས་ལྟུང༌། །འགྲོ་བ་བླུན་པོ་སྐྲག་པ་དེའི་གནས་མིན་པ་བདེ་ལེགས་ཐམས་ ཅད་ཀྱི་འབྱུང་གནས་ཐེག་པ་ཆེན་པོ་ལ་སྐྲག་པས་ཆོས་ཟབ་མོ་སྤོང་བ་རྣམས་ནི་ངན་སོང་གི་ སྡུག་བསྔལ་དྲག་པོས་གདུང་བར་བྱེད་པར་འགྱུར་ཏེ། བསོད་ནམས་མ་ཡིན་པ་སྡིག་པའི་ཕུང་ པོ་ཆེན་པོ་བསགས་ཤིང་དམ་པའི་ཆོས་སྤོང་བའི་ལས་ངན་པ་བྱས་པའི་ཕྱིར་རོ། །དུས་ཀྱང་ ཡུན་རིང་པོའི་བར་དུ་གདུང་བར་འགྱུར་ཞིང་སྐྲག་པའི་རྒྱུ་མཚན་ཡང་ཐེག་ཆེན་རྒྱས་འགྱུར་ གྱི་རིགས་སད་པ་མེད་པ་དང༌། ཐེག་ཆེན་སྤོང་བའི་གྲོགས་ངན་པ་དང་འགྲོགས་པ་དང༌། ཚེ་ སྔོན་མ་ལའང་ཐེག་ཆེན་ལ་དད་པར་འགྱུར་པའི་དགེ་བའི་རྩ་བ་མ་བསགས་པ་དང༌། ཚེ་ འདིར་ཡང་ཐེག་ཆེན་གྱི་ཆོས་ལ་བློ་མ་སྦྱངས་པའི་ཕྱིར་ཏེ། རྒྱུ་དེ་རྣམས་ལ་བརྟེན་ནས་ཆོས་ ཟབ་མོ་འདིས་སྐྲག་པར་འགྱུར་ཞིང༌། སྐབས་འདི་ན་དོན་ཆེན་པོ་རྫོགས་པའི་བྱང་ཆུབ་ཐོབ་ པའི་ཆེད་དུ་ཚོགས་གསོག་པ་འདི་ལས་ཀྱང་ལྟུང་ཞིང་ཉམས་པར་གྱུར་པའོ། ། གཉིས་པ་མི་སྐྲག་པའི་རྒྱུ་མཚན་ཡང༌། ཆོས་ལ་ནི་ཉེས་པ་ཅུང་ཟད་ཀྱང་མེད་དོ་ཞེས་སྟོན་ པ་སྟེ། དེ་ལས་གཞན་དང་གཞན་མེད་ཤིན་ཏུ་ཟབ་ཅིང་རྗེས་སོང་ཕྱིར། ། སྣ་ཚོགས་སྟོན་ཞིང་མང་པོའི་སྒོ་ནས་རྟག་ཏུ་སྟོན་དང་ལྡན། །ཇི་སྐད་ བཤད་བཞིན་དོན་མིན་བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། །མཁས་པ་ རྣམས་ཀྱིས་ཚུལ་བཞིན་བརྟགས་ན་ཆོས་འདིས་སྐྲག་མི་འགྱུར། །གལ་ 4-1-45 ཏེ་ཐེག་ཆེན་ཞིག་ཡོད་པར་འདོད་ན་ཟབ་པ་དང་རྒྱ་ཆེ་བ་སྟོན་པའི་གསུང་རབ་དེ་དག་ལས་ གཞན་མེད་པས་སྐྲག་པར་མི་བྱ་བ་དང༌། འོན་ཏེ་ཉན་རང་གི་ཐེག་པ་ཉིད་ཐེག་པ་ཆེན་པོ་ཡིན་ ན་གཞན་ཉན་ཐོས་དང་རང་སངས་རྒྱས་མེད་པར་ཐམས་ཅད་སངས་རྒྱས་ཁོ་ནར་འགྱུར་བས་ བསམ་གྱིས་མི་ཁྱབ་པའི་གནས་ཡིན་པའི་ཕྱིར་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ ཡུལ་ཡིན་པས་ཤིན་ཏུ་ཟབ་ཅིང༌། རྟོགས་པར་དཀའ་བའི་ཕྱིར་དང༌། ཐེག་པ་ཆེ་ཆུང་གཉིས་ ཀའང་དུས་མཉམ་དུ་བྱུང་ཞིང་རྗེས་སུ་སོང་བའི་ཕྱིར་དང༌། སྟོང་པ་ཉིད་འབའ་ཞིག་སྟོན་པ་ མ་ཡིན་གྱི་ཐབས་བསོད་ནམས་ཀྱི་ཚོགས་ལ་སོགས་པ་རྣམས་སྣ་ཚོགས་པ་སྟོན་ཞིང་གསལ་ བར་མཛད་པའི་ཕྱིར་དང༌། སྟོང་པ་ཉིད་དེའང་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་ ཆོས་ཀྱི་དབྱིངས་ལ་སོགས་པ་རྣམ་གྲངས་མང་པོའི་སྒོ་ནས་རྟག་ཏུ་སྟོན་པ་དང་ལྡན་ཞིང་དེ་ ལྟར་བསྟན་པ་ལ་དགོས་པ་ཆེན་པོ་ཡོད་པ་དང༌། ཐམས་ཅད་མེད་པར་གསུངས་པའང་སྒྲ་ཇི་ སྐད་བཤད་པ་བཞིན་ཀྱི་དོན་མིན་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤིན་ཏུ་ ཟབ་པས། (དབུ་མ་རྩ་བར། ) བདག་གོ་ཞེས་ཀྱང་བསྟན་འགྱུར་ཞིང༌། །བདག་མེད་ཅེས་ཀྱང་ བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱི་བདག་དང་ནི། །བདག་མེད་འགའ་ཡང་མེད་ཅེས་ བསྟན། །ཞེས་པ་ལ་སོགས་པའི་ཡོད་མེད་ཀྱི་དོན་ཡང་གསུང་རབ་ཀྱི་དགོངས་པ་ཤེས་པའི་ མཁས་པ་རྣམས་ཀྱིས་ཚུལ་བཞིན་དུ་ལེགས་པར་བརྟག་ན་ཐེག་ཆེན་གྱི་ཆོས་འདིས་སྐྲག་པར་ མི་འགྱུར་བར་ཤེས་པར་བྱའོ། ། (གསུམ་པ་)ཡེ་ཤེས་ཀྱི་ཡུལ་དུ་བསྟན་པ་ནི། འདི་ན་དང་པོ་ཐོས་ལ་བརྟེན་ནས་ ཡིད་ལ་བྱེད་པ་འབྱུང༌། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ ཡུལ་ཡེ་ཤེས་འབྱུང༌། །དེ་ལས་ཆོས་ཐོབ་དེ་ཡོད་དེ་ལས་བློ་གྲོས་རབ་ཏུ་ སྐྱེས། །གང་ཚེ་དེ་ནི་སོ་སོ་རང་རིག་མེད་ན་ཇི་ལྟར་ངེས། །ཐེག་པ་ཆེན་པོ་ 4-1-46 ལ་སྤྱོད་པའི་སྐབས་འདི་ན་དང་པོ་གཞུང་ལུགས་རྣམ་པར་དག་པ་ཐོས་པ་ལ་བརྟེན་ནས་ཚུལ་ བཞིན་ཡིད་ལ་བྱེད་པ་ལེགས་པར་བསམས་པ་ལས་བྱུང་བའི་ཤེས་རབ་དང༌། འཇིག་རྟེན་ པའི་ལམ་བསྒོམས་པ་ལས་བྱུང་བའི་ཤེས་རབ་འབྱུང་ཞིང་ཚུལ་བཞིན་ཡིད་ལ་བྱེད་པ་དེ་དག་ ལ་བརྟེན་ནས་འཇིག་རྟེན་ལས་འདས་པ་ཡང་དག་པའི་དོན་མངོན་སུམ་དུ་རྟོགས་པའི་ཡུལ་ ཅན་མཐོང་ལམ་གྱི་ཡེ་ཤེས་འབྱུང་ལ། དེ་ཉིད་གོམས་པར་བྱས་པ་ལས་རྣམ་པར་གྲོལ་བའི་ ཆོས་ཐོབ་ཅིང༌། ཐོབ་པ་དེ་ཡོད་ན་དེ་ལས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་བློ་གྲོས་ རབ་ཏུ་སྐྱེས་ནས་བཀའ་ཡིན་མིན་ལ་སོགས་པའི་ཁྱད་པར་ཤེས་པ་ཡིན་པ་ལ་གང་གི་ཚེ་ཐེག་ ཆེན་ལ་མི་མོས་པ་དེ་དག་ནི། དང་པོར་ཐོས་པ་ལ་མི་འཇུག་པས་མཐར་སོ་སོ་རང་གིས་རིག་ པའི་ཡེ་ཤེས་སྐྱེས་པ་མེད་ན་བཀའ་མ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་ངེས་ཏེ་མི་ངེས་པས་ཆོས་ ཟབ་མོ་སྤོང་བར་མི་རིགས་སོ། ། (བཞི་པ་)སྐྲག་པའི་གཞི་མིན་པར་བསྟན་པ་ནི། བདག་གིས་མི་ཤེས་སངས་རྒྱས་ ཟབ་མོ་མཁྱེན་མ་ཡིན། །ཟབ་མོ་ཅི་ཡི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན། ། ཅིའི་ཕྱིར་ཟབ་མོའི་དོན་རིག་པ་དག་ཐར་འགྱུར་ཞེས། །བྱ་བ་དེ་ནི་ སྐྲག་པའི་གནས་སུ་རིགས་མ་ཡིན། །སྐལ་བ་དང་མི་ལྡན་པ་ཁ་ཅིག་ཐེག་པ་ཆེན་ པོ་འདི་ནི་བདག་གིས་མི་ཤེས་པའི་ཕྱིར་སྐྲག་པའི་གནས་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ ཡིན་ཏེ། རིགས་མེད་གྲོགས་ངན་སྔོན་དགེ་མ་བྱས་བློ་མ་སྦྱངས། །ཞེས་སྔར་བཤད་པ་ལྟར་ མི་ཤེས་པ་དེ་གང་ཟག་གི་སྐྱོན་ཡིན་གྱི་ཆོས་ཀྱི་སྐྱོན་མ་ཡིན་པའི་ཕྱིར་རོ། །འོན་ཏེ་སངས་རྒྱས་ ཀྱིས་ཀྱང་ཟབ་མོ་མཁྱེན་པ་མ་ཡིན་པས་{ཐེག་ཆེན་པས་}ཐེག་ཆེན་སྟོན་པ་མི་འཐད་དོ་ཞེ་ན་ མ་ཡིན་ཏེ། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །ཞེས་སྔར་བསྟན་པ་ལྟར་ཤེས་བྱ་ཇི་ལྟ་ བ་དང་ཇི་རྙེད་པའི་དོན་ཐམས་ཅད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་ 4-1-47 པའི་སྒོ་ནས་ཆོས་ཟབ་མོ་དེ་ཉིད་གདུལ་བྱའི་མཆོག་རྣམས་ལ་གཙོ་བོར་སྟོན་པའི་ཕྱིར་རོ། ། ཡང་ཐེག་ཆེན་ཟབ་མོ་དེ་རྒྱུ་མཚན་ཅིའི་ཕྱིར་ན་རྟོག་གེའི་སྤྱོད་ཡུལ་མ་ཡིན་ཏེ་ཡིན་དགོས་སོ་ ཞེས་པའང་རིགས་པ་མ་ཡིན་ཏེ། རྟོག་གེ་རྟེན་ཅིང་མ་ངེས་ལ། །ཞེས་པ་ལ་སོགས་པས་སྔར་ བཤད་པ་བཞིན་ཟབ་མོ་མཐར་ཐུག་དེ་རྟོག་གེ་པའི་སྤྱོད་ཡུལ་མ་ཡིན་པར་བསྒྲུབས་ཟིན་པའི་ ཕྱིར་རོ། །ཡང་ཅིའི་ཕྱིར་སྟོང་པ་ཉིད་ཟབ་མོའི་དོན་རིག་ཅིང་མི་རྟོག་པ་སྒོམ་པ་དག་ཁོ་ན་ འཁོར་བ་ལས་ཐར་བར་འགྱུར་གྱི། རྟོག་གེ་པ་རྣམས་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཡང་འཐད་ པ་མ་ཡིན་པས་སྐྲག་གོ་ཞེ་ན། དེ་ལྟར་གསུངས་པ་དེ་ནི་སྐྲག་པའི་གནས་སུ་རིགས་པ་མ་ཡིན་ ཏེ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བ་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་ གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་རྟོག་དཔྱོད་ལས་མ་འདས་པ་རྣམས་ ནི་འཁོར་བ་ལས་མི་ཐར་ཞིང་སྟོང་ཉིད་ཟབ་མོ་རྟོགས་ནས་མི་རྟོག་པའི་ཏིང་ངེ་འཛིན་སྒོམ་པ་ རྣམས་ནི་འཁོར་བ་ལས་གྲོལ་བར་གསུངས་པའི་ཕྱིར་རོ། ། (ལྔ་པ་)མ་མོས་པས་གྲུབ་པར་བསྟན་པ་ནི། དམན་པར་མོས་ཤིང་ཁམས་ཀྱང་ ཤིན་ཏུ་དམན། །གྲོགས་པོ་དམན་པ་དག་གིས་ཡོངས་སུ་བསྐོར། །ཟབ་ ཅིང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་ པ་ཡིན། །གང་ཟག་སྐལ་པ་དང་མི་ལྡན་པ་གང་ཞིག་ཆོས་དམན་པར་གྱུར་པ་ལ་མོས་ཤིང༌། ཁམས་ཀུན་གཞིའི་རྣམ་ཤེས་ལ་ཡོད་པའི་དགེ་པའི་བག་ཆགས་ཐེག་ཆེན་རྒྱས་འགྱུར་གྱི་ རིགས་ཀྱང་ཤིན་ཏུ་དམན་ལ་གྲོགས་པོ་དམན་པ་ཐེག་ཆེན་ལ་མི་མོས་པ་དག་གིས་ཡོངས་ སུ་བསྐོར་བ་དེ་རྣམས་ཤེས་རབ་སྟོང་པ་ཉིད་ཟབ་ཅིང་ཐབས་སྙིང་རྗེ་རྒྱ་ཆེན་པོ་ལེགས་པར་ བཤད་པའི་ཆོས་འདི་ལ་གལ་ཏེ་མོས་པ་མེད་ན། དེ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོ་འདི་ཆོས་ རྣམས་ཀྱི་མཆོག་ཏུ་གྲུབ་པ་ཡིན་ནོ། ། 4-1-48 (དྲུག་པ་)མ་ཐོས་པར་སྤོང་བ་དགག་པ་ནི། ཐོས་རྗེས་འབྲངས་ཏེ་བློ་ལྡན་ཐོབ་ ནས་ནི། །གང་ཞིག་ཐོས་ལ་རབ་ཏུ་བརྙས་བྱེད་པ། །རྣམ་པ་སྣ་ཚོགས་ དཔག་ཏུ་མེད་ལུས་ན། །རྨོངས་པ་གང་གི་ཕྱིར་ན་ངེས་པར་བྱེད། །ཆོས་ གང་ཞིག་ཐོས་པའི་རྗེས་སུ་འབྲངས་ཏེ་དོན་རྟོགས་པའི་བློ་དང་ལྡན་པ་ཐོབ་ནས་ནི་བླང་དོར་ ཚུལ་བཞིན་དུ་བྱེད་དགོས་པ་ཡིན་པ་ལ། ཉན་ཐོས་ཀྱི་ཐེག་པ་ཐོས་པ་ཙམ་གྱིས་ཆོག་པར་ བཟུང་ནས་གང་ཞིག་ཐེག་པ་ཆེན་པོའི་ཆོས་ཐོས་པ་ལ་རབ་ཏུ་བརྙས་པར་བྱེད་ཅིང་མ་ཐོས་ པར་སྤོང་པ་ནི་རིགས་པ་མ་ཡིན་ཏེ། ཟབ་པ་དང་རྒྱ་ཆེ་བའི་བརྗོད་བྱ་རྣམ་པ་སྣ་ཚོགས་དཔག་ ཏུ་མེད་པ་སྟོན་པ་སྔར་མ་ཐོས་ཤིང་མ་རྟོགས་པ་མང་པོ་ལོགས་ན་ལུས་པ་ཡོད་ན། རྨོངས་པ་ རྣམས་གང་གི་ཕྱིར་ན་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་ངེས་པར་བྱེད། ཡིན་ མ་ཡིན་གྱི་ཁྱད་པར་ཤེས་པ་ལ་ནི་གཞུང་ལུགས་རྣམ་པར་དག་པ་རྣམས་ཐོས་པར་བྱ་དགོས་ པའི་ཕྱིར་རོ། ། (བདུན་པ་)ཚུལ་མིན་དུ་སེམས་པའི་ཉེས་དམིགས་ནི། དོན་སྒྲ་ཇི་བཞིན་ཡོངས་ རྟོག་ན། །བདག་ཉིད་སྙེམས་ཤིང་བློ་ཉམས་འགྱུར། །ལེགས་པར་གསུངས་ པའང་སྤངས་པས་ན། །བརླག་འགྱུར་ཆོས་ལ་ཁོང་ཁྲོས་སྒྲིབ། །ཐེག་པ་ཆེན་ པོ་ལས་ངོ་བོ་ཉིད་མེད་པར་གསུངས་པའི་དོན་སྒྲ་ཇི་བཞིན་པར་བཟུང་ནས་ཆད་ལྟ་སྟོན་པས་ བཀའ་མ་ཡིན་ནོ་ཞེས་ཡོངས་སུ་རྟོག་ཅིང་སྤོང་ན། བདག་ཉིད་ཀྱི་ལྟ་བ་དམན་པ་ལ་མཆོག་ ཏུ་འཛིན་པས་སྙེམས་ཤིང་ཁེངས་པས་མཁས་པ་ལས་དོན་མི་ཚོལ་ལ། ཡང་དག་པའི་དོན་ཇི་ ལྟ་བ་བཞིན་མི་ཤེས་པས་བློ་གྲོས་ཉམས་པར་འགྱུར་ཞིང་ལེགས་པར་གསུངས་པ་ཐེག་ཆེན་ གྱི་ཆོས་སྤངས་པས་ན་འཁོར་བར་ངན་སོང་གི་སྡུག་བསྔལ་ཆེན་པོས་གདུང་ཞིང་བརླག་པར་ འགྱུར་ཏེ། ཆོས་ཟབ་མོ་ལ་ཁོང་ཁྲོ་བས་སྤོང་པ་ནི་སྒྲིབ་པ་རྣམས་ཀྱི་ནང་ནས་ཤིན་ཏུ་མི་བཟད་ 4-1-49 པ་ཆེན་པོ་ཡིན་པས་ཐར་པ་མི་ཐོབ་པའི་ཕྱིར་རོ། ། (བརྒྱད་པ། )མི་ཤེས་པར་ཁྲོ་བ་དགག་པ་ནི། ཡིད་ཀྱི་ཉེས་པ་རང་བཞིན་གདུག་ པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་ མེད། །ཡིད་ཀྱི་ཉེས་པ་ཁོང་ཁྲོ་བ་ནི། ཞེ་སྡང་ལྟ་བུའི་སྡིག་པ་མེད། ཅེས་པ་ལྟར་རང་བཞིན་ གྱི་གདུག་པ་སྟེ་ཁ་ན་མ་ཐོ་བ་སྡིག་པ་ཆེན་པོ་དང་བཅས་པ་ཡིན་པས། འགལ་དུམ་མེས་ཚིག་ པ་ལ་ཡང་ཁྲོ་བར་མི་བྱ་ན་སེམས་དང་བཅས་པའི་གཟུགས་ལ་ལྟ་སྨོས་ཀྱང་ཅི་དགོས། ཞེས་ གསུངས་པ་ལྟར་མི་རིགས་པ་གནོད་པ་བྱེད་པའམ་སེམས་མེད་པའི་གཟུགས་ལའང་ཁྲོ་བར་ མི་རིགས་ན། ཐེ་ཚོམ་ཟ་བའི་སྒོ་ནས་ཆོས་ཟབ་མོ་ལ་ཁྲོས་ན་ཉེས་པ་ཆེན་པོ་འབྱུང་བ་ལྟ་སྨོས་ ཀྱང་ཅི་དགོས། དེའི་ཕྱིར་གུས་པ་མ་སྐྱེས་ནའང་བཏང་སྙོམས་སུ་བཞག་ན་ལེགས་ཏེ་ཆོས་ སྤོང་བའི་ཉེས་པ་མེད་པའི་ཕྱིར་རོ། །རིན་ཆེན་ཕྲེང་བ་ལས། ཐེག་གཅིག་ཐེག་པ་གསུམ་ བསྟན་པ། །བཏང་སྙོམས་ཀྱིས་ནི་བདག་བསྲུང་བྱ། །བཏང་སྙོམས་ཀྱིས་ནི་སྡིག་མི་འགྱུར། ། སྡང་བས་སྡིག་འགྱུར་དགེ་མི་འགྱུར། །ཞེས་གསུངས་ཤིང་ཆོས་སྤོང་བ་ནི་འཚམས་མེད་པ་ ལྔ་བྱེད་པ་ལས་ཀྱང་སྡིག་པ་ལྕི་བར་གསུངས་པས། ཐར་བ་ཐོབ་པར་འདོད་པ་རྣམས་ཀྱིས་ ཆོས་ཟབ་མོ་ལ་མོས་པར་བྱ་སྟེ། རྒྱུད་བླ་མར་ཡང༌། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་ པས་སངས་རྒྱས་ངན་སེམས་ལྡན་གྱུར་དང༌། །ཕ་མ་དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་ མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་ འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་བ་ག་ལ་ཡོད། །ཅེས་པ་ལ་སོགས་པ་ གསུངས་པ་ལྟར་རོ། །མཁས་པས་འཇུག་པར་བྱ་བའི་གཞི་ཐེག་པ་ཆེན་པོ་བཀར་བསྒྲུབ་པའི་ སྐབས་རྫོགས་པར་བཤད་ཟིན་ཏོ།། །། 4-1-50 ད་ནི་ཞུགས་ནས་སྒྲུབ་པ་ཀུན་གྱི་སྒོ་མཆོག་ལ་སྐྱབས་སུ་འགྲོ་བའི་ཚུལ་ལ། སྤྱི་དོན་དང་ གཞུང་དོན་གཉིས་ལས་དང་པོ་ལའང༌། ཐུན་མོང་གི་མཚན་ཉིད། གནས་སྐབས་ཀྱི་དབྱེ་བ། མཐར་ཐུག་གི་ངོ་བོ་གསུམ་ལས། དང་པོ་ནི་འཇིགས་པས་ཉེན་ནས་དེ་ལས་གྲོལ་པར་འདོད་པས་རང་བས་ཡུལ་མཆོག་ ཏུ་གྱུར་པ་ཞིག་ལ་བློ་གཏོད་ཅིང་སྐྱབས་གནས་སུ་ཁས་བླངས་ཏེ་བརྟེན་པར་དམ་བཅས་ནས་ གསོལ་བ་འདེབས་པའོ། ། དབྱེ་བ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྐྱབས་འགྲོ་གཉིས་ལས། དང་ པོ་ནི། འཇིག་རྟེན་ཐ་མལ་པ་རྣམས་དགྲ་དང་འདྲེ་ལ་སོགས་པའི་འཇིགས་པས་ཉེན་ནས་དེ་ དག་ལས་ཐར་བར་འདོད་པས་རྗེ་བོ་དང༌། གནས་དང་ལྷ་ཀླུ་ལ་སོགས་པ་རྣམས་ལ་སྐྱབས་ སུ་འགྲོ་བ་ཡིན་ལ། དེ་དག་གིས་ཀྱང་རེ་ཞིག་གནས་སྐབས་སུ་ཕན་ཐོགས་པའང་སྲིད་མོད། མཐར་ཐུག་གི་སྐྱབས་གནས་ནི་མ་ཡིན་ཏེ། མདོ་(རྒྱལ་མཚན་དམ་པ་)ལས། འཇིགས་པས་ཉེན་ པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང༌། །ལྗོན་ཤིང་ཀུན་དགའ་ར་བ་དང༌། (ལྷ་)། མཆོད་(པའི་)རྟེན་རྣམས་ལ་སྐྱབས་སུ་འགྲོ(གཅིག)། །སྐྱབས་དེ་གཙོ་བོ་མ་ཡིན་པས། །སྐྱབས་ དེ་དག་ལ་བརྟེན་ནས་ནི། །སྡུག་བསྔལ་ཆེ་ལས་སྒྲོལ་མི་ནུས། །ཞེས་གསུངས་པ་ལྟར་རོ། །དེ་ རྣམས་ཡུལ་དཀོན་མཆོག་ལ་སྐྱབས་སུ་འགྲོ་ཡང་བསམ་པ་རང་དོན་དུ་འཁོར་བའི་བདེ་བ་ འདོད་པའང་འཇིག་རྟེན་པ་ཉིད་དོ། །འཇིག་རྟེན་ལས་འདས་པ་ལའང་གཉིས་ལས། ཐེག་ པ་ཆུང་ངུ་བ་རྣམས་ནི་རང་ཉིད་གཅིག་པུ་འཁོར་བའི་སྡུག་བསྔལ་གྱི་འཇིགས་པས་ཉེན་ནས་ མྱ་ངན་ལས་འདས་པའི་བདེ་པ་ཐོབ་པར་འདོད་པས་ཡུལ་དཀོན་མཆོག་རིན་པོ་ཆེ་གསུམ་ ལ་དུས་ཇི་སྲིད་འཚོའི་བར་དུ་བརྟེན་པར་དམ་འཆའ་བ་སྟེ་སྐྱབས་གསུམ་བདུན་ཅུ་པ་ལས། (སངས་རྒྱས་)ཐུབ་པའི་དབང་པོའི་སྐུ་གཉིས་དང༌། །(ཆོས་)མྱ་ངན་འདས་དང་(དགེ་འདུན་)གང་ཟག་ 4-1-51 བརྒྱད། །དེ་ལ་གུས་པས་སྐྱབས་འགྲོ་གང༌། །གསུམ་ལ་སྐྱབས་སུ་སོང་བ་ཡིན། །ཞེས་པ་ལ་ སོགས་པ་གསུངས་པ་ལྟར་རོ། །ཐེག་པ་ཆེན་པོ་པ་རྣམས་ནི་སེམས་ཅན་ཐམས་ཅད་འཁོར་ བ་སྡུག་བསྔལ་གྱི་རྒྱ་མཚོར་ལྟུང་བའི་འཇིགས་པས་ཉེན་ནས་ཐར་པ་མཐར་ཐུག་ཐམས་ཅད་ མཁྱེན་པའི་གོ་འཕང་ཐོབ་པར་འདོད་པས་ཡུལ་མཐར་ཐུག་གི་དཀོན་མཆོག་གསུམ་ལ་དུས་ བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བརྟེན་པར་ཁས་ལེན་ཞིང་སྐྱབས་སུ་འགྲོ་བ་སྟེ། (མདོ་ ལས་)སངས་རྒྱས་ཆོས་དང་དགེ་འདུན་རྣམས། །སྐྱབས་ཀྱི་མཆོག་ཏུ་གྱུར་པ་སྟེ། །སྐྱབས་དེ་ དག་ལ་བརྟེན་ན་ནི། །སྲིད་པའི་འཇིགས་པ་ཆེ་ལས་སྒྲོལ། །ཞེས་གསུངས་པ་ལྟར་རོ། ། མཐར་ཐུག་ངོས་བཟུང་བ་ལ། རྒྱུ་དང་ཡུལ་དང་ངོ་བོ་དང༌། །བསླབ་བྱ་དང་ནི་ཕན་ཡོན་ ནོ། །རྒྱུ་ནི་ལས་རྒྱུ་འབྲས་བདེན་པར་ཡོད་པ་ལ་མངོན་པར་ཡིད་ཆེས་པའི་དད་པ་དང༌། ཡོན་ ཏན་ཅན་དཀོན་མཆོག་ལ་དང་བའི་དད་པ་དང༌། རང་གིས་སངས་རྒྱས་བསྒྲུབ་པར་ནུས་པ་ ལ་འདོད་པའི་དད་པ་དང་གསུམ་སྐྱེས་པ་ལས་སོ། །ཡུལ་དཀོན་མཆོག་གསུམ་གྱི་སངས་ རྒྱས་ནི་ཆོས་ཀྱི་དབྱིངས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་སོ་སོ་རང་གིས་རིག་པའི་ཡེ་ ཤེས་ཀྱིས་མངོན་སུམ་དུ་རྟོགས་པས་རང་དོན་ཕུན་སུམ་ཚོགས་པ་གྲུབ་ཅིང༌། དེ་སེམས་ཅན་ ཐམས་ཅད་ལ་ཡང་ཡོད་པར་མཁྱེན་ནས་ཐུགས་རྗེ་ཆེན་པོས་ལམ་སྟོན་ཞིང༌། སྡུག་བསྔལ་ དང་ཉོན་མོངས་པ་སྤོང་བར་ནུས་པ་གཞན་དོན་ཕུན་སུམ་ཚོགས་པའང་གྲུབ་པས་དོན་གཉིས་ མཐར་ཕྱིན་པའི་ཡོན་ཏན་དང་ལྡན་པ་སྟེ། རྒྱུད་བླ་མར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། ། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་ པའི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར་རོ། །ཆོས་ནི་གང་ཞིག་འདོད་ཆགས་དང་བྲལ་ བ་འགོག་པའི་བདེན་པ་བསམ་གྱིས་མི་ཁྱབ་ཅིང་ལས་དང་ཉོན་མོངས་པ་དང་རྣམ་པར་རྟོག་ པ་ཞི་བ་དང༌། གང་གིས་འདོད་ཆགས་དང་བྲལ་བ་ལམ་གྱི་བདེན་པ་དྲི་མས་དག་ཅིང་ཡེ་ཤེས་ 4-1-52 ཀྱི་སྣང་བ་གསལ་ལ་ཀུན་ནས་ཉོན་མོངས་པའི་གཉེན་པོར་གྱུར་པ་སྟེ། བསམ་མེད་གཉིས་ མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་ བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པ་ལྟར་རོ། །དགེ་འདུན་ནི་ཆོས་ཀྱི་ དབྱིངས་མངོན་སུམ་དུ་རྟོགས་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། དེ་སེམས་ཅན་ཐམས་ ཅད་ལ་ཁྱབ་པར་གཟིགས་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་དང་ལྡན་པས་ཐེག་ཆེན་ འཕགས་པ་ཕྱིར་མི་ལྡོག་པར་གྱུར་པ་སྟེ། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་ པས་ན། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་པ་ལྟར་ རོ། །མཐར་ཐུག་གི་སྐྱབས་གནས་ནི་སངས་རྒྱས་ཁོ་ན་ཡིན་ཞིང་དེ་ལ་དཀོན་མཆོག་གསུམ་ གའང་ཚང་བ་ཉིད་དེ། དམ་པའི་དོན་དུ་འགྲོ་རྣམས་ཀྱི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ ཉིད། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཏེ། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་པ་ལྟར་རོ། ། རཏྣའི་སྒྲ་ནི་དཀོན་མཆོག་དང་རིན་པོ་ཆེ་གཉི་ག་ལ་འཇུག་པས། རྙེད་པར་དཀའ་ཞིང་འབྱུང་ བ་དཀོན་པ་དང༌། །དྲི་མ་མེད་ཅིང་རྣམ་པར་དག་པ་དང༌། །ཡོན་ཏན་ཀུན་གྱི་མཐུ་དང་ལྡན་པ་ དང༌། །འཇིག་རྟེན་ཀུན་གྱི་རྒྱན་དུ་གྱུར་པ་དང༌། །ཆོས་རྣམས་ཀུན་གྱི་མཆོག་ཏུ་གྱུར་པ་དང༌། བསྟོད་སྨད་སོགས་ཀྱིས་འགྱུར་བ་མེད་པའི་ཕྱིར་ན་དཀོན་མཆོག་གམ་རིན་པོ་ཆེ་ཞེས་ཀྱང་བྱ་ སྟེ། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་ དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་པ་ལྟར་རོ། ། ངོ་བོ་ནི་བསྡུ་བར་ཡོན་ཏན་ཤེས་པ་དང༌། ཁྱད་པར་ཤེས་པ་དང་ཁས་བླངས་པ་དང༌། གཞན་ མི་སྨྲ་བའི་ཁྱད་པར་བཞི་དང་ལྡན་པས་ཡུལ་དམ་པ་ལ་བརྟེན་པར་ཁས་ལེན་ཅིང་བློ་གཏོད་ པའོ་ཞེས་གསུངས་པ་ལྟ་བུའོ། ། བསླབ་བྱ་ནི་ཐུན་མོང་དུ་ཐོས་པའི་སར། སྦྱོར་བས་དགེ་པའི་རྟེན་བཞི་དང༌། དབང་པོ་ 4-1-53 མི་རྒོད་པ་དང༌། བསླབ་པའི་གཞི་བླང་བ་དང༌། སེམས་ཅན་ལ་སྙིང་རྗེ་བ་དང༌། དུས་དུས་ སུ་དཀོན་མཆོག་མཆོད་པར་བྱ་བ་རྣམས་ལ་བསླབ་པར་གསུངས་ཤིང༌། ཁྱད་པར་དུ་མྱ་ངན་ ལས་འདས་པའི་མདོར། གང་ཞིག་སངས་རྒྱས་སྐྱབས་སོང་བས། །དེ་ནི་ཡང་དག་དགེ་བསྙེན་ ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་ སོང་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་བ། །མུ་ སྟེགས་ཅན་ལ་ཕྱོགས་མི་བྱ། །ཞེས་གསུངས་པ་ལྟར་རོ། ། ཕན་ཡོན་ནི་བསྡུ་བར། བསྲུང་བ་ཆེན་པོ་དང་ལྡན་པ་དང༌། ལོག་པར་མོས་པའི་སྒྲིབ་པ་ ཐམས་ཅད་ཟད་པ་དང༌། སྐྱེས་བུ་དམ་པའི་ནང་དུ་བགྲང་བ་དང༌། སྟོན་པ་དང་ཆོས་གྲོགས་ དང་བསྟན་པ་ལ་དད་པའི་ལྷ་རྣམས་ཀྱི་ཡིད་དུ་འོང་བ་སྟེ་བཞི་དང་བསོད་ནམས་ཆེན་པོ་དང་ དགའ་བ་ཆེན་པོ་དང་ཏིང་ངེ་འཛིན་དང་རྣམ་པར་དག་པ་སྟེ་བཞི་ཐོབ་པར་གསུངས་པ་ལ་ སོགས་པའོ། ། གཞུང་དོན་ལ་ལྔ་སྟེ། དབྱེ་བའི་ཁྱད་པར་མདོར་བསྟན། དེ་ལ་སྤྲོ་བ་བསྐྱེད་པ། ངོ་བོ་ རྒྱས་པར་བཤད་པ། སྐབས་དོན་གཏན་ལ་དབབ་པ། ཆེ་བའི་ཕན་ཡོན་བསྟན་པའོ། ། དབྱེ་བ་ནི། ཀུན་ཏུ་འགྲོ་དང་ཁས་ལེན་རྟོགས་དང་ཟིལ་གནོན་པར། ། དབྱེ་བའི་རང་བཞིན་དོན་རྣམ་བཞི་ཡི་ཁྱད་པར་གྱིས། །ཐེག་པ་མཆོག་ ཕྱིར་དཀོན་མཆོག་སྐྱབས་རབ་སོང་བ་གང༌། །དེ་ནི་སྐྱབས་སོང་རྣམས་ ཀྱི་མཆོག་ཏུ་ཤེས་པར་བྱ། །དམིགས་ཡུལ་ཀུན་ཏུ་འགྲོ་བའི་དོན་དང༌། ངོ་བོ་ཁས་ ལེན་པའི་དོན་དང༌། འབྲས་བུ་རྟོགས་པ་འཐོབ་པའི་དོན་དང༌། གཞན་རྣམས་ཟིལ་གྱིས་ གནོན་པར་བྱེད་པའི་དོན་ཏེ་དབྱེ་བའི་རང་བཞིན་དོན་རྣམ་པ་བཞིའི་ཁྱད་པར་གྱིས་ཁྱད་པར་ དུ་འཕགས་པའི་ཕྱིར་ན། བགྲོད་པར་བྱ་བའི་ཐེག་པ་རྣམས་ཀྱི་མཆོག་ཏུ་གྱུར་པར་སངས་ 4-1-54 རྒྱས་ཐོབ་པར་བྱ་བའི་ཕྱིར་དུ་ཡུལ་བླ་ན་མེད་པ་ཐེག་ཆེན་གྱི་དཀོན་མཆོག་ལ་སྐྱབས་སུ་རབ་ ཏུ་སོང་བ་གང་ཡིན་པ་དེ་ཉིད་ནི་སྐྱབས་སུ་སོང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པར་ ཤེས་པར་བྱའོ། ། མཆོག་ཏུ་གྱུར་ཀྱང་སྒྲུབ་པར་དཀའོ་སྙམ་པ་ལ་དཀའ་ཡང་ཕན་ཡོན་ཆེ་བས་འཇུག་ པར་རིགས་སོ་ཞེས་སྤྲོ་བ་བསྐྱེད་པ་ནི། གང་ཕྱིར་དང་པོར་ངེས་པར་བྱ་བ་འདི་ དཀའ་སྟེ། །དེ་ནི་བསྐལ་པ་སྟོང་ཕྲག་དུ་མར་བསྒྲུབ་པར་དཀའ། །གང་ ཕྱིར་གྲུབ་ན་སེམས་ཅན་ཕན་བྱེད་དོན་ཆེན་ཏེ། །དེའི་ཕྱིར་ཐེག་པ་འདི་ ལ་སྐྱབས་དོན་མཆོག་ཡིན་ནོ། །ཕལ་པ་རྣམས་ཀྱིས་བསྒྲུབ་པར་དཀའ་བའི་རྒྱུ་ མཚན་གང་གི་ཕྱིར་ན་དང་པོར་ངེས་པར་བྱ་བ་སེམས་ཅན་{ཐམས་ཅད་}ཀྱི་དོན་དུ་སྐྱབས་ གནས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་ པ་འདི་ཤིན་ཏུ་དཀའ་སྟེ། དེའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་ནི་བསྐལ་པ་སྟོང་ཕྲག་དུ་ མར་ཏེ། གྲངས་མེད་གསུམ་ལ་སོགས་པར་བསྒྲུབ་དགོས་པའང་དཀའ་མོད་ཀྱི། དཀའ་ཡང་ སྐྱེས་བུ་དམ་པ་རྣམས་ཀྱིས་འཇུག་པར་རིགས་པའི་རྒྱུ་མཚན་གང་གི་ཕྱིར་ན་བསམ་སྦྱོར་ཕུན་ སུམ་ཚོགས་པ་དེའི་འབྲས་བུ་གྲུབ་པར་གྱུར་པ་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་ བ་བྱེད་པའི་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། དེའི་ཕྱིར་ཐེག་པའི་མཆོག་འདི་ལ་བརྟེན་ནས་ སྐྱབས་སུ་སོང་བ་ནི་དོན་ཆེན་པོ་མཆོག་དང་ལྡན་པ་གྲུབ་པ་ཡིན་པས་མཁས་པ་རྣམས་ཀྱིས་ སྤྲོ་བར་བྱ་བ་ཡིན་ནོ། ། ངོ་བོ་རྒྱས་པར་བཤད་པ་ལ། ཀུན་འགྲོ་ཁས་ལེན་རྟོགས་པ་ཟིལ་གནོན་ཏེ་དོན་བཞི་ ལས་དང་པོ་ཀུན་འགྲོའི་དོན་ནི། གང་ཞིག་སེམས་ཅན་ཐམས་ཅད་བསྒྲལ་ བར་ཞུགས་པ་དང༌། །ཐེག་པ་ཡེ་ཤེས་ཀུན་ཏུ་འགྲོ་ལ་མཁས་པར་ལྡན། 4-1-55 གང་ཞིག་མྱ་ངན་འདས་ལ་འཁོར་ཞི་རོ་གཅིག་པ། །དེ་འདྲའི་བློ་ལྡན་ དེ་འདིར་ཀུན་འགྲོར་ཤེས་པར་བྱ། །ཐེག་པ་ཆེན་པོའི་སྐྱབས་འགྲོ་དང་ལྡན་པ་ནི་ཉི་ ཚེ་བ་ཕྱོགས་རེ་བ་མ་ཡིན་ཞིང་ཀུན་ཏུ་འགྲོ་བའི་དོན་ཅན་{ཡིན་}ཏེ། སེམས་ཅན་དང་ཐེག་ པ་དང་ཡེ་ཤེས་དང་མྱ་ངན་ལས་འདས་པ་ཐམས་ཅད་དུ་འགྲོ་བའི་ཕྱིར་རོ། །དེ་ཡང་སེམས་ ཅན་ཀུན་ཏུ་འགྲོ་བའི་དོན་ནི། ཉེ་རིང་དང་ཕྱོགས་འབྱེད་པ་མ་ཡིན་གྱི་བྱང་ཆུབ་སེམས་དཔའ་ གང་ཞིག་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་ བྱ་བའི་ཆེད་དུ་ཞུགས་པ་ཡིན་པའི་ཕྱིར་དང༌། ཐེག་པ་ཀུན་ཏུ་འགྲོ་བའི་དོན་ནི། ཐེག་པ་གང་ རུང་རེ་རེ་ལ་མཁས་པ་ཙམ་མ་ཡིན་གྱི་ཐེག་པ་གསུམ་པོ་ཐམས་ཅད་ཀྱི་དོན་ལ་མཁས་པ་དང་ ལྡན་པའི་ཕྱིར་དང༌། ཡེ་ཤེས་ཀུན་ཏུ་འགྲོ་བའི་དོན་ནི། བདག་མེད་ཕྱོགས་རེ་ཙམ་རྟོགས་ པ་མ་ཡིན་གྱི་གང་ཟག་དང་ཆོས་ཀྱི་བདག་མཐའ་དག་མེད་པར་རྟོགས་པ་ལ་མཁས་པ་དང་ ལྡན་པའི་ཕྱིར་དང༌། མྱ་ངན་ལས་འདས་པ་ཀུན་ཏུ་འགྲོ་བའི་དོན་ནི། འཁོར་འདས་ཀྱི་རང་ བཞིན་ཐ་དད་དུ་འཛིན་པ་མ་ཡིན་གྱི་བློ་ལྡན་གང་ཞིག་མི་གནས་པའི་མྱ་ངན་ལས་འདས་པ་ ལ་འཁོར་བ་དང་ཞི་བའི་རིང་བཞིན་རོ་གཅིག་པར་རྟོགས་པའི་ཕྱིར་ཏེ། དེ་ཡང་ཤེས་རབ་ དང་སྙིང་རྗེས་མཐའ་གཉིས་ལ་མི་གནས་ཤིང་འཁོར་འདས་མཉམ་པ་ཉིད་དུ་རྟོགས་པའི་ ཕྱིར་རོ། །ཡོན་ཏན་བཞི་པོ་དེ་འདྲ་དང་ལྡན་པའི་བློ་ལྡན་བྱང་ཆུབ་སེམས་དཔའ་དེ་ནི་ཐེག་ ཆེན་གྱི་སྐྱབས་འགྲོ་སྟོན་པའི་སྐབས་འདིར་ཀུན་འགྲོའི་ཁྱད་པར་རྣམས་དང་ལྡན་པར་ཤེས་ པར་བྱའོ། ། གཉིས་པ་ལ། ཁས་ལེན་གྱི་དོན་དངོས་བསྟན་པ། རྒྱལ་སྲས་ཀྱི་མཆོག་ཏུ་འགྱུར་ཚུལ། བློན་པོ་དང་མཚུངས་པས་བསྔགས་པའོ། །དོན་དངོས་ནི། གང་ཞིག་དགའ་བ་མང་ པོས་བྱང་ཆུབ་མཆོག་དོན་གཉེར། །གང་ཞིག་སྐྱོ་བ་མེད་པར་དཀའ་ 4-1-56 བ་ཡང་དག་སྤྱོད། །གང་ཞིག་རྣམ་སངས་རྒྱས་ནས་སངས་རྒྱས་ཀུན་ མཉམ་འགྱུར། །བློ་ལྡན་དེ་ནི་ཁས་ལེན་མཆོག་ཏུ་ཤེས་པར་བྱ། །དེ་ཡང་ ཁྱད་པར་གསུམ་དང་ལྡན་པ་ཡིན་པས་སྨོན་ལམ་གྱི་ཁྱད་པར་བྱང་ཆུབ་སེམས་དཔའ་གང་ ཞིག་དཀོན་མཆོག་གི་ཡོན་ཏན་ཤེས་ནས་དགའ་བ་མང་པོས་སྐྱབས་གནས་མཐར་ཐུག་བྱང་ ཆུབ་ཀྱི་མཆོག་རྫོགས་པའི་སངས་རྒྱས་དོན་དུ་གཉེར་ཞིང་ཐོབ་བྱར་ཁས་ལེན་པ་དང༌། སྒྲུབ་ པའི་ཁྱད་པར་གང་ཞིག་ནམ་ཡང་སྐྱོ་བ་མེད་པར་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དཀའ་བ་ ཡང་དག་པར་སྤྱོད་པར་ཁས་ལེན་པ་དང༌། ཐོབ་པའི་ཁྱད་པར་འབྲས་བུ་གང་ཞིག་རྣམ་པར་ སངས་རྒྱས་ནས་དུས་གསུམ་གྱི་སངས་རྒྱས་ཀུན་དང་སྤངས་རྟོགས་ཀྱི་ཡོན་ཏན་མཉམ་པར་ འགྱུར་བར་ཁས་ལེན་པ་སྟེ། དེ་རྣམས་དང་ལྡན་པའི་བློ་ལྡན་དེ་ནི་སྐྱབས་སུ་སོང་པ་གཞན་ རྣམས་ལས་ཁས་ལེན་མཆོག་དང་ལྡན་པ་ཉིད་དུ་ཤེས་པར་བྱའོ། ། བར་པ་ལ། སྐྱེ་པའི་ཁྱད་པར། ལུས་ཀྱི་ཁྱད་པར། རྒྱལ་ཚབ་འཛིན་ཚུལ་ལོ། །དང་པོ་ ནི། སངས་རྒྱས་སྲས་ཀྱི་མཆོག་ཏུ་ལེགས་པར་གང་སྐྱེས་པ། །སེམས་ དང་ཤེས་རབ་དང་ནི་ཚོགས་ལྡན་སྙིང་རྗེ་འདིའི། །ས་བོན་མ་དང་མངལ་ གནས་མ་མ་མཚུངས་པ་མེད། །བློ་ལྡན་དེ་ནི་ཁས་ལེན་མཆོག་ཏུ་ཤེས་ པར་བྱ། །སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་མཆོག་ཏུ་ལེགས་པར་གང་སྐྱེས་པའི་བྱང་ཆུབ་ སེམས་དཔའ་ཆེན་པོ་དེ་ནི། དཔེར་ན་ས་བོན་དང་མ་དང་མངལ་གྱི་གནས་དང་མ་མ་སྟེ་ཆོས་ བཞི་ཕུན་སུམ་ཚོགས་པ་ལས་འཁོར་ལོས་སྒྱུར་བའི་སྲས་སུ་འགྱུར་བ་ལྟར། བྱང་ཆུབ་ཀྱི་ མཆོག་ཏུ་སེམས་བསྐྱེད་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྒོམ་པ་དང་ནི་བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་པ་དང༌། སེམས་ཅན་ཐམས་ཅད་ལ་དམིགས་ པའི་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར། རིམ་པ་བཞིན་དུ་འདིའི་བྱང་ཆུབ་ཀྱི་སེམས་ནི་ཕའི་ 4-1-57 ས་བོན་ལྟ་བུ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ལྟ་བུ་དང༌། ཚོགས་གཉིས་ནི་རྟེན་དུ་ གྱུར་པས་མངལ་གྱི་གནས་ལྟ་བུ་དང་སྙིང་རྗེ་ནི་སྐྱེད་སྲིང་བར་བྱེད་པས་མ་མ་ལྟ་བུ་སྟེ། ཆོས་ བཞི་མཚུངས་པ་མེད་པ་མངའ་བའི་བློ་ལྡན་དེ་ནི་སྐྱབས་སུ་སོང་བ་གཞན་རྣམས་ལས་ཁས་ ལེན་མཆོག་ཏུ་གྱུར་བ་དང་ལྡན་པ་ཉིད་དུ་ཤེས་པར་བྱའོ། ། ལུས་ཀྱི་ཁྱད་པར་ནི། སྣ་ཚོགས་མཚན་རྣམས་ཀུན་གྱིས་དེ་ལུས་བརྒྱན། ། སེམས་ཅན་ཐམས་ཅད་སྨིན་པར་བྱེད་སྟོབས་ཐོབ། །སངས་རྒྱས་བདེ་ ཆེན་མཐའ་ཡས་ཞི་བ་རྙེད། །སེམས་ཅན་ཀུན་སྐྱབ་ཐབས་ཆེན་བཤམ་ པ་ཤེས། །དཔེར་ན་འཁོར་ལོས་སྒྱུར་བའི་སྲས་དེ་ཆེར་སྐྱེས་པ་ན་མཚན་བཟང་པོས་བརྒྱན་ པའི་གཟུགས་ཕུན་སུམ་ཚོགས་པ་དང༌། མངའ་འོག་ལེགས་པར་སྐྱོང་བའི་སྟོབས་ཕུན་སུམ་ ཚོགས་པ་དང༌། རིན་ཆེན་སྣ་བདུན་དང་ལྡན་པའི་བདེ་བ་ཕུན་སུམ་ཚོགས་པ་དང༌། རྒྱལ་ སྲིད་ཆོས་བཞིན་འཛིན་པའི་ཐབས་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་བཞིན་དུ། ས་ བརྒྱད་པ་ཡན་ཆད་ལ་གནས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཁྱད་པར་ བཞི་དང་ལྡན་པ་སྟེ། གཟུགས་བཟང་པའི་ཁྱད་པར་དག་ཅིང་གསལ་ལ་རྫོགས་པ་ལ་སོགས་ པ་སྣ་ཚོགས་པའི་སྒོ་ནས་འཁོར་ལོས་སྒྱུར་བ་ལས་ཁྱད་པར་དུ་འཕགས་པའི་མཚན་བཟང་ པོ་རྣམས་ཀུན་གྱིས་དེའི་ལུས་ལེགས་པར་བརྒྱན་པ་དང༌། སྟོབས་ཀྱི་ཁྱད་པར་སེམས་ཅན་ ཐམས་ཅད་ཀྱི་རྒྱུད་ལ་སྤང་བྱ་སྤང་རུང་དང་གཉེན་པོ་སྐྱེ་རུང་གི་སྒོ་ནས་ཡོངས་སུ་སྨིན་པར་ བྱེད་པའི་སྟོབས་ཕུན་སུམ་ཚོགས་པ་ཐོབ་པ་དང༌། བདེ་བའི་ཁྱད་པར་ཟག་པ་མེད་པའི་ སངས་རྒྱས་ཀྱི་བདེ་བ་ཆེན་པོ་མཐའ་ཡས་ཤིང་དཔག་ཏུ་མེད་པ་ཉོན་མོངས་པ་དང་རྣམ་པར་ རྟོག་པ་ཞི་བ་རྙེད་པ་དང༌། ཡེ་ཤེས་ཀྱི་ཁྱད་པར་སེམས་ཅན་ཀུན་འཁོར་བའི་སྡུག་བསྔལ་ མཐའ་དག་ལས་སྐྱབ་ཅིང་ཐར་པའི་བདེ་བ་ཆེན་པོ་ལ་དགོད་པའི་ཐབས་ཆེན་བཤམ་པ་ཤེས་ 4-1-58 པ་རྣམས་སོ། ། རྒྱལ་ཚབ་འཛིན་ཚུལ་ནི། སངས་རྒྱས་ཀུན་གྱིས་འོད་ཟེར་ཆེན་པོའི་དབང་ བསྐུར་བྱིན། །དེ་ནི་ཆོས་ལ་དབང་བ་ཀུན་དང་ཡང་དག་ལྡན། །སངས་ རྒྱས་འཁོར་གྱི་དཀྱིལ་འཁོར་སྟོན་པའི་རྣམ་པ་ཤེས། །བསླབ་པ་བཅའ་ བས་ཚར་གཅོད་ཕན་འདོགས་བྱེད་ལ་བརྩོན། །དཔེར་ན་འཁོར་ལོས་སྒྱུར་ བའི་རྒྱལ་པོའི་སྲས་དེ་ནར་སོན་པ་ན་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐོབ་པ་དང༌། རྒྱལ་པོའི་ བྱ་བ་ལ་དབང་ཐོགས་པ་མེད་པ་དང༌། རྩོད་པ་བརྟགས་ཏེ་འདུལ་བའི་ཐབས་ལ་མཁས་པ་ དང་ངན་པ་ཚར་གཅོད་ཅིང་བཟང་པོ་རྗེས་སུ་འཛིན་པའི་སྒོ་ནས་རྒྱལ་སྲིད་ལེགས་པར་སྐྱོང་ བ་དེ་བཞིན་དུ། ས་བཅུ་པ་ལ་གནས་པ་ན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་མངོན་ དུ་གྱུར་མ་ཐག་ཏུ། སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་པདྨ་རིན་པོ་ཆེ་ ལས་གྲུབ་པ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་སྙེད་ཀྱི་པདྨའི་འཁོར་གྱིས་བསྐོར་བ་འབྱུང་ བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་པདྨ་དེ་དང་འཚམ་པའི་ལུས་ཀྱིས་དེ་ལ་འདུག་ ཅིང༌། པདྨའི་འཁོར་རྣམས་ལ་ཡང་བྱང་ཆུབ་སེམས་དཔའ་རེ་རེ་འདུག་ནས་བྱང་ཆུབ་སེམས་ དཔའ་དེ་ཉིད་ལ་མངོན་པར་བལྟའོ། །དེ་ནས་དེའི་ཞབས་ཀྱི་མཐིལ་གཉིས་ནས་འོད་ཟེར་ གྲངས་མེད་པ་འབུམ་ཕྲག་བཅུ་བྱུང་བས་ཕྱོགས་བཅུའི་སེམས་ཅན་དམྱལ་བ་རྣམས་ཀྱི་སྡུག་ བསྔལ་རྒྱུན་ཆད་པར་བྱེད་དོ། །དེ་བཞིན་དུ་འོད་ཟེར་དེ་སྙེད་རེ་པུས་མོ་གཉིས་ནས་བྱུང་བས་ དུད་འགྲོ་རྣམས་དང༌། ལྟེ་བ་ནས་བྱུང་བས་གཤིན་རྗེའི་འཇིག་རྟེན་དང་རྩིབ་ལོགས་གཉིས་ ནས་བྱུང་བས་མི་རྣམས་དང༌། ལག་མཐིལ་གཉིས་ནས་བྱུང་བས་ལྷ་དང་ལྷ་མ་ཡིན་རྣམས་ ཀྱི་སྡུག་བསྔལ་ཞི་བར་བྱེད་དོ། །ཕྲག་པ་གཉིས་ནས་བྱུང་བས་ཉན་ཐོས་རྣམས་ཀྱི་གནས་ 4-1-59 སྣང་བར་བྱེད་ཅིང་ཆོས་སྣང་བའི་སྒོ་ཉེ་བར་བསྒྲུབ་བོ། །རྒྱབ་དང་མགུལ་ནས་བྱུང་བས་རང་ རྒྱལ་རྣམས་ཀྱི་གནས་སྣང་བར་བྱེད་ཅིང་ཞི་བའི་ཏིང་ངེ་འཛིན་གྱི་སྒོའི་ཚུལ་ཉེ་བར་བསྒྲུབ་བོ། ། ཁའི་སྒོ་ནས་བྱུང་བས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་ ས་དགུ་པའི་བར་ལ་གནས་པ་རྣམས་སྣང་བར་བྱེད་ཅིང་ཤེས་རབ་དང་ཐབས་ལ་མཁས་པའི་ ཚུལ་ཉེ་བར་བསྒྲུབ་བོ། །སྨིན་མཚམས་གྱི་མཛོད་སྤུ་ནས་བྱུང་བས་ཕྱོགས་བཅུའི་བདུད་ཀྱི་ གནས་ཐམས་ཅད་མོག་མོག་པོར་བྱེད་ཅིང་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་རྣམས་ སྣང་བར་བྱས་ཏེ་དེ་དག་གི་སྐུ་ལ་ཐིམ་པར་འགྱུར་རོ། །སྤྱི་གཙུག་ནས་སྟོང་གསུམ་གྲངས་ མེད་པ་འབུམ་ཕྲག་བཅུ་ཚང་བའི་རྡུལ་སྙེད་ཀྱི་འོད་ཟེར་བྱུང་བས་ཕྱོགས་བཅུའི་སངས་རྒྱས་ ཀྱི་འཁོར་གྱི་དཀྱིལ་འཁོར་སྣང་བར་བྱེད་ཅིང་སངས་རྒྱས་དེ་དག་གི་ཞབས་ཀྱི་མཐིལ་དུ་ ནུབ་པར་འགྱུར་རོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་ སེམས་དཔའ་དེ་དབང་བསྐུར་བའི་དུས་ལ་བབ་པར་མཁྱེན་ནས། དབང་བསྐུར་བ་ཐོབ་ པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཔལ་གྱི་བེའུ་དང་རྡོ་རྗེ་དང་བཀྲ་ཤིས་ལས་བདུད་ ཐམས་ཅད་ལས་རྒྱལ་བ་ཞེས་བྱ་བའི་འོད་ཟེར་བྱུང་སྟེ། དེའི་དཔལ་གྱི་བེའུ་ལ་སོགས་པ་ རྣམས་སུ་ནུབ་པར་གྱུར་པས་དེའི་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་འབུམ་འགྱུར་བས་ ལྷག་པར་འཕེལ་བར་གྱུར་ཏོ། །སངས་རྒྱས་དེ་དག་གི་མཛོད་སྤུ་ནས་ཐམས་ཅད་མཁྱེན་པ་ ཉིད་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་བྱུང་སྟེ། དེའི་སྤྱི་བོར་ནུབ་པས་ བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཀྱི་ཡུལ་ལ་མངོན་པར་དབང་བསྐུར་བ་ཞེས་བྱ་བར་ས་ བཅུ་བའི་མདོ་ལས་གསུངས་པ་ལྟར། སངས་རྒྱས་ཀུན་གྱིས་འོད་ཟེར་ཆེན་པོའི་མངོན་པར་ དབང་བསྐུར་བ་བྱིན་ནས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་དམ་པར་གྱུར་པ་དང༌། དེ་ནི་ཤེས་བྱ་ ཐམས་ཅད་ལ་ཡེ་ཤེས་ཐོགས་པ་མེད་པ་དང་ལྡན་པས་ཆོས་ཐམས་ཅད་ལ་དབང་བ་ཀུན་དང་ 4-1-60 ཡང་དག་པར་ལྡན་པ་དང༌། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་ཕན་ཚུན་ འདྲི་བ་དང་ལན་འདེབས་པ་དང་རྫུ་འཕྲུལ་སྟོན་པ་ལ་སོགས་པའི་རྣམ་པར་ཤེས་པ་དང༌། ལྷག་པ་ཚུལ་ཁྲིམས་ལ་སོགས་པའི་བསླབ་པའི་གཞི་བཅའ་བས་ཉེས་པ་དང་ལྡན་པ་རྣམས་ ཚར་གཅོད་ཅིང་སུན་འབྱིན་པ་དང༌། ཡོན་ཏན་དང་ལྡན་པ་རྣམས་ལ་ཕན་འདོགས་ཤིང་རྗེས་ སུ་འཛིན་པར་བྱེད་པ་ལའང་བརྩོན་པའི་སྒོ་ནས་སངས་རྒྱས་ཀྱི་གདུང་རྒྱུན་མི་གཅོད་ཅིང་ བཙུན་པར་སྐྱེས་པ་ཉིད་དོ། ། བློན་པོ་དང་མཚུངས་པས་བསྔགས་པ་ནི། བློན་པོ་ཆེན་པོ་ལྟ་བུར་ཕ་རོལ་ ཕྱིན་ལ་འཇུག་པའི་ཕྱིར། །བྱང་ཆུབ་ཆེན་པོའི་ཕྱོགས་མཐུན་བརྡལ་ལ་ རྟག་ཏུ་སྤྱན་བྱེད་ཕྱིར། །གསང་བའི་གནས་ནི་རྣམ་གསུམ་རྟག་ཏུ་ཡང་ དག་འཛིན་པའི་ཕྱིར། །སེམས་ཅན་མང་དོན་རྟག་ཏུ་རྒྱུན་མི་འཆད་ པར་རབ་བྱེད་ཕྱིར། །དཔེར་ན་བློན་པོ་ཆེན་པོ་རྣམས་ལོག་པར་མི་སྤྱོད་པས་བཙུན་མོའི་ འཁོར་གྱི་ནང་དུ་འགྲོ་བ་དང༌། ནོར་མི་ཟད་ཅིང་འཕེལ་བའི་སྒོ་ནས་བང་མཛོད་ཐམས་ཅད་ ཀྱི་གཉེར་རམ་སྤྱན་བྱེད་པ་དང༌། གསང་བར་བྱ་བའི་གཏམ་གཞན་ལ་མི་སྨྲ་བས་ཡིད་བརྟན་ དུ་རུང་བ་དང༌། ལོངས་སྤྱོད་བགོ་བཤའ་ལ་དབང་བས་གང་ལ་གང་འོས་སྦྱིན་པའི་སྒོ་ནས་ འཁོར་མང་པོ་ལ་ཕན་འདོགས་པ་ལྟ་བུར། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་ས་ བཅུར་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་{པ་}ལ་འཇུག་ཅིང་སྤྱོད་པའི་ཕྱིར་དང༌། བྱང་ ཆུབ་ཆེན་པོ་ཐོབ་པའི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་མདོ་སྡེ་ ཟབ་མོ་རྣམས་ལས་བརྡལ་བ་སྟེ། རབ་ཏུ་གསལ་བར་བསྟན་པ་རྣམས་རྟོགས་ཏེ་མི་བརྗེད་ པར་འཛིན་ཞིང་སྤེལ་བ་ལ་སོགས་པའི་སྒོ་ནས་རྟག་ཏུ་སྤྱན་བྱེད་པའི་ཕྱིར་དང༌། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ 4-1-61 གནས་ནི་རྣམ་པ་གསུམ་རྟག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཛིན་པའི་ཕྱིར་དང༌། སེམས་ ཅན་མང་པོ་ལ་ཕན་པ་དང་བདེ་བའི་དོན་ཚེ་རབས་ཐམས་ཅད་དུ་རྟག་ཏུ་རྒྱུན་མི་འཆད་པར་ རབ་ཏུ་བྱེད་པའི་ཕྱིར་ན། ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བློན་པོ་ ཆེན་པོ་དང་{ཡང་}འདྲ་བ་ཉིད་དོ། ། རྟོགས་པའི་དོན་ནི། བསོད་ནམས་ཕུང་ཆེན་སྲིད་གསུམ་བླ་མ་སྲིད་པའི་ བདེ་བ་དང༌། །སྡུག་བསྔལ་ཕུང་པོ་ཆེན་པོ་རབ་ཞི་བློ་མཆོག་བདེ་བ་ དང༌། །ཆོས་མང་ཕུང་པོ་མཆོག་རབ་རྟག་པའི་སྐུ་སྟེ་དགེ་བའི་ཚོགས། ། བག་ཆགས་བཟློག་ཅིང་སྲིད་དང་ཞི་ལས་རྣམ་པར་གྲོལ་བ་ཐོབ། །ཡོན་ ཏན་བརྒྱད་དང་ལྡན་པའི་སྒོ་ནས་རྟོགས་པ་མཆོག་ཏུ་གྱུར་པ་ཐོབ་པ་སྟེ། དང་པོར་ཐེག་པ་ ཆེན་པོའི་ཆོས་འདི་ལ་མོས་པའི་དབང་གིས་སྐྱབས་སུ་འགྲོ་བའི་དུས་ཉིད་ན་བསོད་ནམས་ཀྱི་ ཕུང་པོ་ཆེན་པོ་དཔག་ཏུ་མེད་ཅིང་མཐའ་ཡས་པ་ཐོབ་པ་དང་ཐོག་མར་བྱང་ཆུབ་ཀྱི་མཆོག་ཏུ་ སེམས་བསྐྱེད་པའི་དུས་ཉིད་ན་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་གསུམ་ གྱི་བླ་མ་མཆོག་ཏུ་གྱུར་པའི་གོ་འཕང་ཐོབ་པ་དང༌། མོས་པ་སྤྱོད་པའི་དུས་སུ་བསམས་བཞིན་ དུ་སྐྱེ་བ་ཡོངས་སུ་འཛིན་པ་ན་ཇི་ལྟར་འདོད་པའི་ལྷ་དང་མིའི་སྲིད་པའི་བདེ་བ་ཕུན་སུམ་ ཚོགས་པ་ཐོབ་པ་དང༌། ས་དང་པོར་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ དུས་ན་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཚུལ་གྱིས་བདག་གཞན་མཉམ་པ་ཉིད་དུ་རྟོགས་ཏེ་ རང་གཞན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་རབ་ཏུ་ཞི་བར་བྱེད་ཅིང་དེ་ལ་བརྟེན་ པའི་རབ་ཏུ་དགའ་བ་ཁྱད་པར་ཅན་ཐོབ་པ་དང༌། ས་བརྒྱད་པ་ལ་སོགས་པར་མི་སྐྱེ་བའི་ཆོས་ ལ་བཟོད་པ་ཐོབ་པ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་སྣང་བ་རྒྱ་ཆེན་པོར་ གྱུར་པས་བློ་མཆོག་ཏུ་གྱུར་པའི་བདེ་བ་ཐོབ་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པའི་ 4-1-62 དུས་ན་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི་མདོ་སྡེ་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་ འབྱུང་གནས་ཡིན་པས། ཆོས་མང་པོའི་ཕུང་པོ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ ཆོས་ཐམས་ཅད་ཀྱི་མཆོག་གམ་རབ་ཏུ་གྱུར་པ་ནམ་ཡང་འགྱུར་བ་མེད་ཅིང་ཟད་མི་ཤེས་པས་ རྟག་པའི་སྐུ་སྟེ་སྟོབས་དང་མི་འཇིགས་པ་ལ་སོགས་པ་དགེ་བའི་ཚོགས་དཔག་ཏུ་མེད་པ་དང་ ལྡན་པ་ཐོབ་པ་དང༌། དེ་ལྟ་བུའི་སྐུ་དེ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་ བཅས་པ་བཟློག་ཅིང་སྤངས་པ་མཐར་ཕྱིན་པའི་གོ་འཕང་ཐོབ་པ་དང༌། དེ་དག་ཀྱང་སྟོང་ཉིད་ རྟོགས་པའི་ཤེས་རབ་ཀྱིས་འཁོར་བའི་མཐའ་ལ་མི་གནས་ཤིང་ཐབས་སྙིང་རྗེ་ཆེན་པོ་དང་ ལྡན་པས་མྱ་ངན་ལས་འདས་པའི་མཐའ་ལའང་མི་གནས་པའི་ཕྱིར་སྲིད་པ་དང་ཞི་བ་དག་ ལས་རྣམ་པར་གྲོལ་བའི་གོ་འཕང་ཕུན་སུམ་ཚོགས་པ་ཐོབ་པའོ། །དེ་བས་ན་རྟོགས་པའི་དོན་ ནི་གནས་སྐབས་དེ་དང་དེར་ཡོན་ཏན་དེ་དག་ཐོབ་པ་ཡིན་པས་འབྲས་བུའི་ཁྱད་པར་དུའང་ ཤེས་པར་བྱའོ། ། ཟིལ་གནོན་གྱི་དོན་ནི། བློ་ལྡན་ཉན་ཐོས་ཚོགས་བཅས་དགེ་བ་རྒྱ་ཆེན་ དོན་ཆེན་དང༌། །མཐའ་ཡས་རྟག་རྒྱུན་མི་འཆད་ཟད་མི་ཤེས་པས་ཟིལ་ གྱིས་གནོན། །དགེ་བ་དེ་ཡང་འཇིག་རྟེན་འཇིག་རྟེན་མ་ཡིན་ཡོངས་ སྨིན་བྱེད། །དབང་འབྱོར་རྙེད་པ་དེ་ནི་ཕུང་པོ་ཞི་བས་ཟད་མི་ཤེས། །བློ་ ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉན་ཐོས་ཀྱི་ཚོགས་རང་སངས་རྒྱས་དང་བཅས་པ་ རྣམས་ཟིལ་གྱིས་གནོན་ཏེ་རྒྱུ་གང་གིས་ཞེ་ན་དགེ་བ་རྒྱ་ཆེན་པོ་དང༌། དོན་རྒྱ་ཆེན་པོ་དང་ མཐའ་ཡས་ཤིང་ཚད་མེད་པ་དང་རྟག་ཏུ་རྒྱུན་མི་འཆད་ཅིང་ཟད་མི་ཤེས་པས་ཟིལ་གྱིས་ གནོན་ཏོ། །ཚུལ་ཇི་ལྟར་ཞེ་ན། དགེ་བ་དེའི་ཁྱད་པར་ཡང་མོས་པས་སྤྱོད་པ་འཇིག་རྟེན་པའི་ གནས་སྐབས་སུ་བསམ་པ་སེམས་བསྐྱེད་རྒྱ་ཆེན་པོ་སྐྱེས་པ་དང༌། འཇིག་རྟེན་མ་ཡིན་པ་སྟེ་ 4-1-63 འཇིག་རྟེན་ལས་འདས་པའི་ལམ་ས་དང་པོ་ཐོབ་པ་ཡན་ཆད་བདག་གཞན་མཉམ་པ་ཉིད་ དུ་རྟོགས་པས་སྦྱོར་བ་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་དང༌། དེ་ནས་ས་བདུན་པའི་ བར་ལ་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་མཐའ་ཡས་པས་སེམས་ཅན་ ཚད་མེད་པ་ཡོངས་སུ་སྨིན་པར་བྱེད་པ་དང༌། ས་བརྒྱད་པ་ཡན་ཆད་རྣམ་པར་མི་རྟོག་པའི་ཡེ་ ཤེས་ལ་སོགས་པ་ལ་དབང་འབྱོར་རྙེད་པ་དེ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་ པ་མཐར་ཐུག་པ་ཐོབ་པའི་གནས་སྐབས་ན་ཡང་ཉན་རང་ལྟར་ཕུང་པོ་ཞི་བས་ཡོན་ཏན་ཟད་ པར་འགྱུར་བ་མ་ཡིན་གྱི། སྟོབས་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་རྟག་ཏུ་རྒྱུན་ མི་འཆད་ཅིང་ཟད་མི་ཤེས་པ་བརྙེས་པའི་སྒོ་ནས་གཞན་རྣམས་ཟིལ་གྱིས་གནོན་པ་སྟེ། འདི་ དག་ཀྱང་ཕན་ཡོན་གྱི་ཁྱད་པར་སྟོན་པའོ། ། སྐབས་དོན་གཏན་ལ་དབབ་པ་ནི། འདི་ནི་དེ་དངོས་འདོད་པས་ཁས་ལེན་ དེ་ཡང་སྙིང་རྗེ་ལས་རིག་བྱ། །དེ་ལས་རྣམ་པ་ཀུན་མཁྱེན་ཕན་དང་བདེ་ བྱེད་དཀའ་ལ་སྐྱོ་བ་མེད། །ངེས་པར་འབྱུང་ལ་ཐེག་པ་ཀུན་གྱིས་རྟོན་ པའི་ཡོན་ཏན་རྟག་ཏུ་ལྡན། །བརྡ་དང་ཆོས་ཉིད་ཐོབ་པ་བློ་ལྡན་རྣམས་ ཀྱི་སྐྱབས་འགྲོ་འདི་མཆོག་ཉིད། །སྐྱབས་སུ་འགྲོ་བ་འདི་ནི་ངོ་བོ་རྒྱུ་འབྲས་ལས་ ལྡན་འཇུག་པའི་དོན་དྲུག་གིས་གཏན་ལ་འབེབས་པ་སྟེ། ངོ་བོ་ནི་གཞན་དོན་དུ་སངས་རྒྱས་ དེའི་དངོས་པོ་ཐོབ་པར་འདོད་པས་དཀོན་མཆོག་རིན་པོ་ཆེ་གསུམ་ལ་བརྟེན་པར་ཁས་ལེན་ པ་ཡིན་ལ། དེ་ཡང་རྒྱུ་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་མཐའ་དག་ལས་ བསྒྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་སྐྱེས་པ་ལས་འབྱུང་བར་རིག་པར་བྱ་ཞིང༌། དེ་ལས་ འབྲས་བུ་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་པ་ཀུན་མངོན་སུམ་དུ་མཁྱེན་པའི་སངས་ རྒྱས་ཉིད་ཐོབ་པའོ། །ལས་ནི་སེམས་ཅན་ཐམས་ཅད་ལ་གཏན་དུ་ཕན་པ་དང་འཕྲལ་དུ་བདེ་ 4-1-64 བའི་ཐབས་སྣ་ཚོགས་ལ་བརྩོན་པར་བྱེད་ཅིང་དེ་དག་གི་དཀའ་སྤྱད་ལ་ནམ་ཡང་སྐྱོ་བ་མེད་ པར་འཇུག་པ་ཡང་ཡིན་ལ། ལྡན་པ་ནི་གདུལ་བྱ་རྣམས་འཁོར་བ་ལས་ངེས་པར་འབྱུང་བའི་ ཐབས་ལ་ཐེག་པ་ཀུན་རིམ་གྱིས་བསྟན་པས་རིགས་ཅན་གསུམ་གྱི་རྒྱུད་ལ་ཚོགས་གཉིས་ ཀྱིས་ཉེ་བར་རྟོན་པའི་ཡོན་ཏན་རྣམས་དང་རྟག་ཏུ་ལྡན་པ་ཡིན་ཞིང༌། རབ་ཏུ་དབྱེ་བའི་འཇུག་ པ་ནི། མོས་པས་སྤྱོད་པའི་གནས་སྐབས་སུ་དགེ་བའི་བཤེས་གཉེན་ལ་སོགས་པ་ལས་ཐོབ་ པ་རགས་པ་བརྡ་ལས་བྱུང་པ་དང༌། ས་དང་པོ་ཐོབ་པ་ཡན་ཆད་ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་ ལ་སོགས་པར་འབྱེད་པ་སྟེ། དེ་ལྟར་ཁྱད་པར་དྲུག་དང་ལྡན་པའི་སྒོ་ནས་བློ་ལྡན་ཐེག་པ་ཆེན་ པོ་པ་རྣམས་ཀྱི་སྐྱབས་སུ་འགྲོ་པ་འདི་ནི་སྐྱབས་འགྲོ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་ པ་ཉིད་ཡིན་ནོ། ། ཆེ་བའི་ཕན་ཡོན་བསྟན་པ་ནི། སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེན་ ཏེ། །དེས་ནི་ཚད་མེད་ཡོན་ཏན་ཚོགས་འཕེལ་འགྱུར། །འགྲོ་བ་འདི་ལ་ སྙིང་རྗེའི་བསམ་པས་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་ པར་བྱེད། །ཐེག་པ་ཆེན་པོའི་སྐྱབས་སུ་འགྲོ་བ་འདིར་སྐལ་བ་ཆེན་པོ་དང་ལྡན་པ་རྣམས་ སྐྱབས་སུ་སོང་ན་རང་གཞན་གྱི་དོན་ཆེན་པོ་ཕུན་སུམ་ཚོགས་པ་འགྲུབ་པ་ཡིན་ཏེ། དེས་ནི་ རང་དོན་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཚད་མེད་པའི་ཡོན་ཏན་གྱི་ཚོགས་རྟོག་ གེས་གཞལ་དུ་མེད་པ་དང་གྲངས་ཀྱིས་བགྲང་དུ་མེད་པ་དང་དུས་ཀྱིས་དཔག་ཏུ་མེད་པ་ རྣམས་འཕེལ་བར་འགྱུར་ཞིང༌། གཞན་དོན་དུ་བསམ་པའི་སྒོ་ནས་འགྲོ་བ་མཐའ་ཡས་པ་ འདི་རྣམས་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་ཆེན་པོའི་བསམ་པས་ཁྱབ་པར་ བྱས་ཏེ། སྦྱོར་བའི་སྒོ་ནས་ཉན་རང་ལས་ཁྱད་པར་དུ་འཕགས་པས་ན་མཚུངས་པ་མེད་པའི་ འཕགས་པ་ཆེན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཆོས་ 4-1-65 ཟབ་མོ་རྣམས་ཀྱང་གདུལ་བྱ་དཔག་ཏུ་མེད་པའི་རྒྱུད་ལ་རྒྱས་ཤིང་འཕེལ་བར་བྱེད་པའི་ཕྱིར་ རོ། །ཞུགས་ནས་སྒྲུབ་པ་ཀུན་གྱི་སྒོ་མཆོག་ལ་སྐྱབས་སུ་འགྲོ་བའི་སྐབས་རྫོགས་པར་བཤད་ ཟིན་ཏོ།། །། ད་ནི་སྐྱབས་སུ་སོང་བར་གྱུར་པ་ལས་སད་པར་གྱུར་པ་རིགས་ཀྱི་དོན་འཆད་པ་ལ། སྤྱི་ དོན་དང་གཞུང་དོན་གཉིས་ལས། དང་པོ་ལ་ངོ་བོ་ངོས་བཟུང་རྒྱས་པར་བཤད་པ། རྩོད་པ་ སྤང་པའོ། ། དང་པོ་ནི། བྱང་ཆུབ་སེམས་དཔའི་ས་ལས། འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་ རིགས་ལ་བརྟེན་ཅིང་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཅན་དུ་འགྱུར་ཞིང་མཐུ་ཡོད་པར་འགྱུར་བའི་ཕྱིར་ ཏེ། དེ་ལྟ་བས་ན་རིགས་ནི་སྐལ་བ་དང་ལྡན་བའི་གཞི་ཞེས་བྱའོ་ཞེས་པ་དང༌། དེ་ལ་རིགས་ གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་དེ་རང་བཞིན་གྱིས་གནས་པ་དང༌། ཡང་དག་པར་ བསྒྲུབས་པའོ། །དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི། བྱང་ཆུབ་སེམས་དཔའ་རྣམས་ ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་(མངོན་པར་ཆོས་ཀྱི་སྐྱེ་མཆེད་ཀྱི་སྐབས་སུ་དེ་བཞིན་ཉིད་གསུམ་གསུངས་པ་)གང་ ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཡང་དག་པར་སྒྲུབ་པའི་རིགས་{པ་}ནི། སྔོན་དགེ་ བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། དོན་གྱི་སྐབས་འདིར་ནི་རྣམ་པ་ གཉི་ག་ཡང་འདོད་དོ། །རིགས་དེ་ནི་ས་བོན་ཞེས་ཀྱང་བྱ། ཁམས་དང་རང་བཞིན་ཞེས་ཀྱང་ བྱའོ་ཞེས་གསུངས་ཤིང༌། རྒྱུད་བླ་མར་ཡང༌། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་ པོ་ཅན། །ཞེས་པས་དོན་དམ་པའི་ཆོས་ཀྱི་སྐུ་དང་དེ་བཞིན་ཉིད་དང་རང་བཞིན་གྱི་རིགས་ 4-1-66 ཐམས་ཅད་ལ་ཁྱབ་པར་ཡོད་པས། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ ཅན་དུ་གསུངས་ལ། མདོ་ལས་ཀྱང༌། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་ པོ་དགེ་པའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པ་སྟོན་པར་མཛད། ། སྙིང་པོ་ཀུན་གཞིར་བསྟན་པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་པ་དང༌། རྒྱུད་ ལས་ཀྱང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ བསལ་ནས་ནི་སངས་རྒྱས་ཉིད། །ཅེས་པ་དང༌། ཆོས་དབྱིངས་བསྟོད་པར་ཡང༌། གང་ཞིག་ ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་ལ། །སེམས་ཅན་ཀུན་ལ་ངེས་གནས་པའི། ། ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཅེས་པ་ལ་སོགས་པ་གསུངས་པས་ཆོས་ཉིད་རང་ བཞིན་གྱི་རིགས་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་ཅིང་གནས་སྐབས་རྒྱས་འགྱུར་ གྱི་རིགས་རིམ་གྱིས་སད་པ་ལས་རིགས་ཅན་གསུམ་དུ་ཡང་འགྱུར་བའོ། ། རང་བཞིན་གསུམ་གྱིས་བསྡུས་པའི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་རྒྱས་ པར་བཤད་པ་ནི། རྒྱུད་བླ་མ་ཉིད་ལས་གསལ་བས། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་ དང༌། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་ མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་པ་ལྟར་དོན་རྣམ་པ་བཅུའི་ དང་པོ་ངོ་བོ་དང་རྒྱུ་ལས་དག་པའི་དོན་ནི། རིན་ཆེན་ནམ་མཁའ་ཆུ་དག་བཞིན། །རྟག་ཏུ་རང་ བཞིན་ཉོན་མོངས་མེད། །ཆོས་མོས་ལྷག་པའི་ཤེས་རབ་དང༌། །ཏིང་འཛིན་སྙིང་རྗེ་ལས་བྱུང་ བ། །ཞེས་པ་སྟེ། དཔེར་ན་རིན་པོ་ཆེ་རང་བཞིན་གྱིས་དག་པ་དང༌། ནམ་མཁའ་རང་བཞིན་ གྱིས་དག་པ་དང༌། ཆུ་རང་བཞིན་གྱིས་དག་པ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ ཉིད་རང་བཞིན་གྱི་རིགས་ཀྱང་དུས་རྟག་ཏུ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པའི་དྲི་མ་ མེད་ཅིང་རྣམ་པར་དག་པ་ནི་ངོ་བོ་ཉིད་ཀྱི་དོན་ཡིན་ལ། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་ 4-1-67 བདག་མེད་རྟོགས་པའི་ལྷག་པའི་ཤེས་རབ་དང༌། བདེ་པ་དང་ལྡན་པའི་ཏིང་ངེ་འཛིན་ཚད་ མེད་པ་དང༌། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་རྣམས་ནི་གློ་བུར་གྱི་དྲི་མ་རྣམ་པར་ དག་པར་བྱེད་པའི་རྒྱུའི་དོན་ཡིན་པས། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་ཡིད་ ཆེས་པའི་སྒོ་ནས་སྤང་བྱ་གློ་བུར་གྱི་དྲི་མ་སྦྱོང་བའི་རྒྱུ་འདི་དག་ལ་ཡང་བསླབ་པར་བྱའོ། ། འབྲས་བུ་དང་བྱེད་ལས་འགྲུབ་པའི་དོན་ནི། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ ཏན་ཕ་རོལ་ཕྱིན་པ་འབྲས། །སྡུག་བསྔལ་ཡིད་འབྱུང་ཞི་ཐོབ་པར། །འདུན་དང་སྨོན་པའི་ ལས་ཅན་ནོ། །ཞེས་པ་སྟེ་ཆོས་ཀྱི་དབྱིངས་དྲི་མ་དང་བྲལ་བར་བྱེད་པའི་རྒྱུ་བཞི་བསྒོམས་ ནས་མི་གཙང་བར་འཛིན་པ་ལ་སོགས་པའི་སྒྲིབ་པ་བཞི་སྦྱངས་པ་ལས་ཆོས་ཀྱི་སྐུ་དག་པ་ གཉིས་ལྡན་དུ་གྱུར་པ་གཙང་བའི་ཕ་རོལ་ཏུ་ཕྱིན་པ་དང༌། བདག་དང་བདག་མེད་པའི་སྤྲོས་ པ་དང་བྲལ་བ་བདག་གི་ཕ་རོལ་ཏུ་ཕྱིན་པ་དང༌། སྡུག་བསྔལ་མཐའ་དག་ལས་གྲོལ་བ་བདེ་ བའི་ཕ་རོལ་ཏུ་ཕྱིན་པ་དང༌། འཁོར་འདས་རང་བཞིན་མཉམ་ཉིད་དུ་རྟོགས་པ་རྟག་པའི་ཕ་ རོལ་ཏུ་ཕྱིན་པ་སྟེ། དོན་དམ་པའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་ཐོབ་པ་ནི་འབྲས་བུའི་ དོན་ཡིན་ལ། འཁོར་བའི་སྡུག་བསྔལ་ལ་སྐྱོ་ཞིང་ཡིད་འབྱུང་བའི་སྒོ་ནས་གྲོལ་བར་འདོད་ པ་དང་མྱ་ངན་ལས་འདས་པ་ལ་ཞི་ཞིང་བདེ་བའི་ཡོན་ཏན་མཐོང་ནས་ཐོབ་པར་འདོད་པའི་ འདུན་པ་དང་སྨོན་པ་ལ་སོགས་པ་འབྱུང་བ་ནི་ཁམས་རང་བཞིན་གྱི་རིགས་དང་རྒྱས་འགྱུར་ གྱི་རིགས་ཡོད་པའི་བྱེད་ལས་ཀྱི་དོན་ཡིན་ནོ། ། ཡོན་ཏན་གྱི་ཚོགས་དང་ལྡན་པའི་དོན་ནི། རྒྱ་མཚོ་ཆེ་བཞིན་དཔག་མེད་པའི། །ཡོན་ ཏན་རིན་ཆེན་མི་ཟད་གནས། །དབྱེར་མེད་ཡོན་ཏན་དང་ལྡན་པའི། །ངོ་བོ་ཉིད་ཕྱིར་མར་མེ་ བཞིན། །ཞེས་པ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་སྣོད་རབ་ཏུ་ཡངས་པར་ཆུ་དཔག་ཏུ་མེད་པ་ འདུ་བ་བཞིན་ཏུ་ཆོས་ཀྱི་དབྱིངས་ཀྱང་མོས་པའི་སྣོད་རབ་ཏུ་ཡངས་པར་ཤེས་རབ་དང་ཏིང་ 4-1-68 ངེ་འཛིན་དཔག་ཏུ་མེད་པའི་ཡོན་ཏན་གྱི་རིན་པོ་ཆེ་དང་ཐུགས་རྗེ་ཆེན་པོའི་ཆུ་མི་ཟད་པའི་ གནས་སུ་གྱུར་པའི་ཕྱིར་རྒྱུའི་ཡོན་ཏན་དང་ལྡན་པའི་དོན་ཡིན་ལ། དཔེར་ན་མར་མེའི་སྣང་ བ་དང་དྲོ་བ་དང་ཁ་དོག་རྣམས་དབྱེར་མེད་པ་བཞིན་དུ། ཆོས་ཀྱི་དབྱིངས་ཀྱང་མངོན་པར་ ཤེས་པ་དང་ཟག་པ་མེད་པའི་ཡེ་ཤེས་དང་ཟག་པ་མེད་པའི་[སྤངས་{ཡངས་}པ་རྣམས་རྣམ་ པར་དབྱེར་མེད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་འབྲས་བུའི་ཡོན་ཏན་དང་ལྡན་པའི་དོན་ ཡིན་ནོ། ། གང་ཟག་གི་དབྱེ་བས་འཇུག་པའི་དོན་ནི། སོ་སོ་སྐྱེ་འཕགས་རྫོགས་སངས་ཀྱི། །དེ་ བཞིན་ཉིད་དབྱེའི་འཇུག་པ་ལས། །དེ་ཉིད་གཟིགས་པས་སེམས་ཅན་ལ། །རྒྱལ་བའི་སྙིང་ པོ་འདི་བསྟན་ཏོ། །ཞེས་པ་སྟེ། ཆོས་ཉིད་རང་བཞིན་གྱི་རིགས་དེ་བཞིན་ཉིད་ལ་ཁྱད་པར་ ཅུང་ཟད་ཀྱང་མེད་ཀྱང༌། ཆོས་ཅན་གང་ཟག་གི་དབྱེ་བས་བྱིས་པ་སོ་སོ་སྐྱེ་བོའི་དེ་བཞིན་ ཉིད་དང༌། འཕགས་པ་བྱང་ཆུབ་སེམས་དཔའི་དེ་བཞིན་ཉིད་དང༌། མཐར་ཐུག་རྫོགས་པའི་ སངས་རྒྱས་ཀྱི་དེ་བཞིན་ཉིད་གསུམ་དུ་རབ་ཏུ་[དབྱེ་{ཕྱེ་}བའི་འཇུག་པ་ལས་བརྩམས་ཏེ། དེ་ཉིད་གཟིགས་པ་བཅོམ་ལྡན་འདས་ཀྱིས་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ལ་རྒྱལ་བ་ དེ་བཞིན་གཤེགས་པའི་སྙིང་པོ་འདི་གསལ་བར་བསྟན་པའོ། ། གནས་སྐབས་ཀྱིས་མིང་ཙམ་ཕྱེ་བའི་དོན་ནི། མ་དག་མ་དག་དག་པ་དང༌། །ཤིན་ཏུ་ རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ ཞེས་བརྗོད་དོ། །ཞེས་པ་སྟེ། ཆོས་ཉིད་རང་བཞིན་གྱི་རིགས་དེ་བཞིན་གཤེགས་པའི་སྙིང་པོ་ དེ་ཉིད། སྤང་བྱ་གློ་བུར་གྱི་དྲི་མ་མཐོང་སྤང་གིས་ཀྱང་མ་དག་པ་སོ་སོ་སྐྱེ་བོའི་གནས་སྐབས་ ལ་ནི་སེམས་ཅན་གྱི་ཁམས་ཞེས་བྱ་བ་དང༌། སྒོམ་སྤང་གི་དྲི་མ་ཅི་རིགས་པས་མ་དག་ཅིང་ མཐོང་སྤང་གི་དྲི་མས་དག་པའི་གནས་སྐབས་ལ་ནི་བྱང་ཆུབ་སེམས་དཔའ་འཕགས་པ་ཞེས་ 4-1-69 བྱ་བ་དང༌། སྤང་བྱ་བག་ཆགས་དང་བཅས་པའི་དྲི་མ་མཐའ་དག་གིས་ཤིན་ཏུ་རྣམ་པར་དག་ པའི་གནས་སྐབས་ལ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཞེས་གསུངས་པས་གནས་སྐབས་རྣམས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་ པ་ཐོབ་པར་བྱའོ། ། ནམ་མཁའ་ལྟར་ཀུན་ཏུ་འགྲོ་བའི་དོན་ནི། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་ མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་ འགྲོ་བ་ཉིད། །ཅེས་པ་སྟེ། དཔེར་ན་རྟོག་པ་མེད་ཅིང་སྒྲིབ་པ་མེད་པའི་བདག་ཉིད་ཅན་གྱི་ ནམ་མཁའ་གཟུགས་བཟང་ངན་བར་མ་ཐམས་ཅད་ལ་ཀུན་ཏུ་རྗེས་སུ་སོང་ཞིང་ཁྱབ་པ་ བཞིན་དུ་སེམས་ཀྱི་རང་བཞིན་འོད་གསལ་གདོད་མ་ནས་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་ ཀྱང་སྤྱིར་བརྟན་གཡོ་ཐམས་ཅད་ལ་ཁྱབ་ཅིང༌། ཁྱད་པར་གང་ཟག་བཟང་ངན་བར་མ་ཐམས་ ཅད་ལ་ཀུན་ཏུ་འགྲོ་ཞིང་ཁྱབ་པ་ཉིད་དུ་ཤེས་པའི་སྒོ་ནས་དག་པའི་སྣང་བ་སྦྱང་བར་བྱའོ། ། དུས་རྟག་ཏུ་འགྱུར་བ་མེད་པའི་དོན་ནི། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་ བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པ་ཆོས་ཉིད་དོ། ། ཞེས་པ་སྟེ། སྔར་མ་དག་པའི་གནས་སྐབས་ན་ཉོན་མོངས་པ་ལ་སོགས་པའི་ཉེས་པ་ཡོད་ པ་རྣམས་ནི་སྤང་རུང་གློ་བུར་བ་ཉིད་སེམས་ཅན་ལ་ལྡན་པ་ཡིན་གྱི་རང་བཞིན་གྱི་ཆོས་ཉིད་ ལ་གོས་པ་མེད་པའི་ཕྱིར་དང༌། ཕྱིས་དག་པའི་གནས་སྐབས་ན་སྟོབས་ལ་སོགས་པའི་ཡོན་ ཏན་མངོན་དུ་གྱུར་པ་རྣམས་ནི་རང་བཞིན་དུ་གདོད་མ་ཉིད་ནས་ལྡན་པ་ཡིན་གྱི། གློ་བུར་ དུ་སྐྱེས་པ་མ་ཡིན་པའི་ཕྱིར་ན་ཇི་ལྟར་སྔར་འཁོར་བའི་ཁམས་སུ་ཡོད་པ་བཞིན་ཕྱིས་མྱ་ངན་ ལས་འདས་པ་ན་ཡང་དེ་བཞིན་དུ་གནས་ཤིང༌། ནམ་ཡང་ངོ་བོ་འགྱུར་པ་མེད་པ་ནི་ཆོས་ཀྱི་ དབྱིངས་འདིའི་ཆོས་ཉིད་དམ་རང་བཞིན་ཉིད་དོ་ཞེས་པའོ། ། 4-1-70 ཡོན་ཏན་རྣམས་རྣམ་དབྱེ་མེད་པའི་དོན་ནི། མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་ གྱི་རབ་ཏུ་དབྱེ་བ་བཞིས། །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་རིག་པར་བྱ། ། ཞེས་པ་སྟེ། མདོར་བསྡུ་ན་ཟག་པ་མེད་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ནི་ དོན་གྱི་རབ་ཏུ་དབྱེ་བ་བཞི་ཡོད་པས། དེ་དང་མཐུན་པར་ཆོས་ཀྱི་སྐུ་དང་དེ་བཞིན་གཤེགས་ པ་དང་འཕགས་པའི་བདེན་པ་དང་མྱ་ངན་ལས་འདས་པ་ཞེས་བྱ་བའི་མཚན་གྱི་རྣམ་གྲངས་ བཞི་དང་ལྡན་པར་རིག་པར་བྱ་ཞིང༌། དེ་རྣམས་དོན་དང་སྦྱར་ན། སངས་རྒྱས་ཆོས་དབྱེར་ མེད་པ་དང༌། །དེ་རིགས་དེ་བཞིན་ཐོབ་པ་དང༌། །རྫུན་མེད་སླུ་མེད་ཆོས་ཉིད་དང༌། །གདོད་ ནས་རང་བཞིན་ཞི་ཉིད་དོ། །ཞེས་པ་སྟེ། ཆོས་ཀྱི་དབྱིངས་དེ་ཉིད་ལ་སངས་རྒྱས་ཀྱི་ཆོས་ སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་དབྱེར་མེད་པར་ལྡན་པའི་ཆ་ནས་ཆོས་ཀྱི་ སྐུ་ཞེས་བྱ་བ་དང༌། སངས་རྒྱས་དེའི་རང་བཞིན་གྱི་རིགས་ཐོག་མ་མེད་པ་ནས་གནས་པའི་ ཆོས་ཉིད་དེ་ཇི་ལྟ་བ་བཞིན་མངོན་སུམ་དུ་ཐོབ་པའི་ཆ་ནས་དེ་བཞིན་གཤེགས་པ་ཞེས་བྱ་བ་ དང༌། ནམ་ཡང་རྫུན་པ་མེད་ཅིང་རྟག་ཏུ་སླུ་བ་མེད་ལ་གཞན་དུ་མི་འགྱུར་བའི་ཆོས་ཉིད་དེ་ འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཆ་ནས་འཕགས་པའི་བདེན་པ་ཞེས་བྱ་བ་ དང༌། གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་གློ་བུར་གྱི་དྲི་མ་མཐའ་དག་ཉེ་བར་ ཞི་བའི་ཆ་ནས་མྱ་ངན་ལས་འདས་པ་ཞེས་བྱ་བ་རྣམས་དོན་གྱི་ངོ་བོ་གཅིག་ཡིན་པས་སངས་ རྒྱས་ལ་མངའ་བའི་དོན་དམ་པའི་ཡོན་ཏན་རྣམས་རང་བཞིན་གྱི་རིགས་དེ་བཞིན་གཤེགས་ པའི་སྙིང་པོ་ལ་ཡང་ཡོད་པར་ཤེས་པའི་སྒོ་ནས་མངོན་དུ་འགྱུར་བའི་ཐབས་ལ་འབད་པར་ བྱའོ། ། རྩོད་པ་སྤང་བ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་ཅན་དུ་མཚུངས་པ་ ཡིན་ན་རིགས་ཐ་དད་པ་གསུམ་ཡོད་པར་གསུངས་པ་དང་འགལ་ལོ་ཞེ་ན། ཡུམ་གྱི་རྒྱན་ 4-1-71 ལས། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་གསུངས་པ་ལྟར་ གནས་སྐབས་རྒྱས་འགྱུར་གྱི་རིགས་ཐ་དད་པ་གསུམ་ཡོད་པ་ལ་དགོངས་པ་ཡིན་གྱི། ཆོས་ ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་གསུངས་པ་ལྟར་ མཐར་ཐུག་རང་བཞིན་གྱི་རིགས་གཅིག་ཡིན་པ་དང་མི་འགལ་ཏེ། སྔགས་མཚན་ཉིད་ངེས་ དོན་གཅིག་ཡིན་པས། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་ གནས། །ཞེས་གསུངས་པ་ལྟར་གནས་སྐབས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བ་ཡང་ ཡིན་ལ། མཐར་ཐུག་ཐེག་པ་གཅིག་གི་འབྲས་བུར་གནས་པ་ཡང་མི་འགལ་བ་བཞིན་ནོ། ། ཡང་ཐམས་ཅད་སངས་རྒྱས་ཀྱི་རིགས་ཅན་ཡིན་ན་རིགས་ཆད་ཀྱི་སེམས་ཅན་གསུངས་པ་ དང་འགལ་ལོ་ཞེ་ན། དེ་ཡང་ཡུན་རིང་པོར་རྒྱས་འགྱུར་གྱི་རིགས་ཆད་པ་ལ་དགོངས་པ་ཡིན་ གྱི། རང་བཞིན་གྱི་རིགས་ཆད་པ་ནི་མ་ཡིན་ཏེ། རྒྱུད་བླ་མའི་འགྲེལ་པར། ལོག་སྲེད་ཅན་ གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་གསུངས་པ་གང་ཡིན་པ་དེ་ནི་ཐེག་ པ་ཆེན་པོའི་ཆོས་ལ་སྡང་བ་ལོག་སྲེད་ཅན་གྱི་རྒྱུ་ཡིན་པའི་ཕྱིར། ཐེག་པ་ཆེན་པོའི་ཆོས་ལ་ སྡང་བ་བཟློག་པའི་དོན་དུ་དུས་གཞན་ལ་དགོངས་པ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །དེ་ བཞིན་དུ་རིགས་མ་ངེས་པར་གསུངས་པ་ཡང་གནས་སྐབས་རྒྱས་འགྱུར་ཀྱི་རིགས་མ་ངེས་ པ་ལ་དགོངས་པ་ཡིན་གྱི། མཐར་ཐུག་རང་བཞིན་གྱི་རིགས་ནི་གཅིག་ཏུ་ངེས་པ་ཉིད་དེ། ཟླ་ བ་སྒྲོན་མར། འགྲོ་བ་འདི་དག་མ་ལུས་སངས་རྒྱས་འགྱུར། །ཞེས་པ་དང༌། དཔལ་ཕྲེང་གི་ མདོ་ལས། ཉན་ཐོས་སུ་གྱུར་ནས་རང་སངས་རྒྱས་སུ་འགྱུར་རོ། །ཕྱིས་ནི་སངས་རྒྱས་སུ་ཡང་ འགྱུར་རོ་ཞེས་པ་དང༌། རྒྱུད་ལས་ཀྱང༌། འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་ གཞན་དུ་རྙེད་མི་འགྱུར། །སེམས་འདི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་ བསྟན་པ་མེད། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །ཡང་འགའ་ཞིག་རྒྱུད་བླ་མར། དེ་ 4-1-72 བཞིན་གཤེགས་པའི་སྙིང་པོ་བསྟན་པ་ལ་ཕན་ཡོན་ནམ་དགོས་པ་ཁྱད་པར་ཅན་ལྔ་ཡོད་པར་ གསུངས་པ་རྒྱུ་མཚན་དུ་བྱས་ནས་དྲང་དོན་དུ་འདོད་པའང་རིགས་པ་མ་ཡིན་ཏེ། དགོས་པ་ ཡོད་པས་དྲང་དོན་དུ་འགྱུར་ན་ངེས་པའི་དོན་གང་ཡིན་པ་ཐམས་ཅད་ཀྱང་དྲང་བའི་དོན་དུ་ ཐལ་བར་འགྱུར་ཞིང༌། རྒྱུད་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་ དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལ་མ་སྐྱེས་པའོ། །ཞེས་པ་ལ་ སོགས་པས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐམས་ཅད་ལ་ཁྱབ་པར་གསུངས་པའང་ དྲང་དོན་དུ་ཐལ་བར་འགྱུར་ཏེ། དེ་དག་ནི་དོན་གཅིག་པའི་ཕྱིར་རོ། ། ཡང་འགའ་ཞིག་སེམས་ཅན་ལ་སངས་རྒྱས་ཀྱི་རིགས་ཡོད་པར་གསུངས་པ་ནི་ས་བོན་ ཙམ་ལ་དགོངས་པའོ་ཞེས་ཟེར་བ་དེ་དག་ཀྱང་རིགས་པ་མ་ཡིན་ཏེ། ས་བོན་ཡོངས་སུ་སྨིན་ པ་ལས་བྱུང་བའི་འབྲས་བུ་གང་ཡིན་པ་དེ་ནི་འདུས་{མ་}བྱས་སུ་འགྱུར་ཞིང༌། དེ་ལྟ་ན་ དཔལ་ཕྲེང་གི་མདོ་ལས། སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་གྱིས་བཙལ་ཡང་དེ་ བཞིན་གཤེགས་པའི་སྙིང་པོ་སྐྱེས་པ་མ་[རྙེད་{བརྙེས་}ཏེ། ཞེས་གསུངས་པས་ཀྱང་གནོད་ ལ་ས་བོན་གྱི་ཆ་ནས་གསུངས་པ་རྣམས་ནི་གཙོ་ཆེར་རྒྱས་འགྱུར་གྱི་རིགས་ལ་དགོངས་པ་ ཡིན་གྱི། རང་བཞིན་གྱི་རིགས་ནི་འདུས་མ་བྱས་དོན་དམ་པའི་ཡོན་ཏན་རྣམས་དང་དབྱེར་ མེད་པའི་ཆོས་ཀྱི་དབྱིངས་ཉིད་ཡིན་པའི་ཕྱིར་ཏེ། བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས་ ཀྱང༌། སངས་རྒྱས་རྣམས་དང་ཆོས་དབྱིངས་དག །དེས་ན་དོན་དུ་ཐ་མི་དད། །བདག་ཉིད་ དང་ནི་གཞན་རྣམས་དག །དེས་ན་མཉམ་པར་ཁྱོད་བཞེད་ལགས། །ཞེས་གསུངས་པ་ལྟར་ རོ། །ཡང་ཁ་ཅིག་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱི་རིགས་དེ་བཞིན་གཤེགས་པའི་ སྙིང་པོ་ཡོད་པར་གསུངས་པ་ནི་སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ལ་དགོངས་པ་ཡིན་ཞིང༌། དེ་(དེ་ཡིན་ནའང་)བཞིན་ཉིད་ཀྱི་དོན་ཡང་ཆོས་ཐམས་ཅད་བརྟགས་ཤིང་དཔྱད་ན་བདེན་པར་ 4-1-73 མ་གྲུབ་པ་རང་རང་གི་ངོ་བོས་སྟོང་པར་གནས་པ་ཉིད་ཡིན་གྱི། སྟོབས་ལ་སོགས་པ་དོན་ དམ་པའི་ཡོན་ཏན་རྣམས་དང་ལྡན་པ་དང་པོ་ནས་ཡོད་པ་ནི་མ་ཡིན་ནོ་སྙམ་ན། དེ་ལྟར་ཡང་ རིགས་པ་མ་ཡིན་ཏེ། རྒྱུད་བླ་མར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་ གིས་ཁམས་སྟོང་གི། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། ། ཞེས་པས་ཁམས་རང་བཞིན་གྱི་རིགས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་ཆོས་ཉིད་ ལས་ཐ་དད་དུ་རྣམ་པར་དབྱེ་བ་དང་བཅས་པ་སོ་སོར་འབྲལ་ཤེས་པའི་མཚན་ཉིད་ཅན་སྤང་ རུང་གློ་བུར་གྱི་དྲི་མ་དག་གིས་སྟོང་པའི་ཕྱིར་ཡོད་པ་རྟག་པའི་མཐའ་དང་བྲལ་བར་མཐོང་ གི་ཆོས་ཉིད་ལས་ཐ་དད་དུ་རྣམ་པར་དབྱེར་མེད་ཅིང་སོ་སོར་འབྲལ་མི་ཤེས་པའི་མཚན་ཉིད་ ཅན་རང་བཞིན་དོན་དམ་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པའི་ཡོན་ཏན་ མཐའ་ཡས་པ་རྣམས་ཀྱིས་ནི་སྟོང་བ་མ་ཡིན་པའི་ཕྱིར་མེད་པ་ཆད་པའི་མཐར་ལྷུང་བ་ཡང་མ་ ཡིན་པར་གསུངས་པ་དང༌། རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ཞེས་པའི་འགྲེལ་བར། དེ་ལ་ དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གཅིག་ཏུ་ཀུན་ནས་ཉོན་མོངས་པ་སོ་སོ་སྐྱེ་བོའི་ས་ ལ་ཡང་རྣམ་པར་དབྱེར་མེད་པའི་ཆོས་ཉིད་སྔ་ཕྱིར་ཁྱད་པར་མེད་པར་ཡོད་པའི་ཕྱིར་བསམ་ གྱིས་མི་ཁྱབ་སྟེ། ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །ཡང་འགའ་ཞིག་ཆོས་ ཀྱི་དབྱིངས་དེ་ཉིད་རང་བཞིན་དང་བདག་དང་རྟག་པ་དང་ཁྱབ་པ་ལ་སོགས་པར་བསྟན་ པའི་ཕྱིར། མུ་སྟེགས་པ་འདོད་པའི་བདག་དང་གཙོ་བོ་ལ་སོགས་པ་དང་མཚུངས་སམ་སྙམ་ ན། དེ་ལྟར་ཡང་མི་བསམ་སྟེ། དེ་དག་ནི་ཟག་པ་དང་བཅས་པའི་ཕུང་པོ་རྣམས་བདག་དང་ རྟག་པ་ལ་སོགས་པ་དེ་ལྟར་མ་ཡིན་པ་ལ་དེར་བཟུང་བའི་ཕྱིར་འཁྲུལ་པ་ཡིན་ལ། འདིར་ནི་ ཟག་པ་མེད་པའི་དེ་བཞིན་ཉིད་དེ་ལྟར་གནས་པ་ལ་དོན་དང་མཐུན་པར་བསྟན་པའི་ཕྱིར་མ་ འཁྲུལ་བ་ཡིན་པས་སྣང་བ་དང་མུན་པ་ལྟར་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། །དེ་ལྟར་ཡང༌། 4-1-74 མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། འཇིག་རྟེན་པ་དག་བདག་ཡོད་པར་སྨྲ་མོད་ཀྱི་ སངས་རྒྱས་ཀྱི་རང་བཞིན་ཡོད་པ་མ་ཡིན་པས། དེ་དག་ནི་བདག་མེད་པ་ལ་བདག་ཏུ་འདུ་ ཤེས་པ་སྟེ་ཕྱིན་ཅི་ལོག་ཅེས་བྱའོ་ཞེས་པ་དང༌། རིགས་ཀྱི་བུ་བདག་ཅེས་བྱ་བ་ནི་དེ་བཞིན་ གཤེགས་པའི་སྙིང་པོའི་དོན་ཏོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ པ་ནི་བདག་ཅེས་བྱ་བའི་དོན་ཏོ་ཞེས་པ་དང༌། འཇིག་རྟེན་ལས་འདས་པའི་བདག་གི་མཚན་ ཉིད་ནི་སངས་རྒྱས་ཀྱི་རང་བཞིན་ལ་བྱ་སྟེ། དེ་ལྟར་བདག་ཏུ་འཛིན་པ་ནི་ཤིན་ཏུ་མཆོག་གོ་ ཞེས་པ་དང༌། ལང་ཀར་གཤེགས་པ་ལས་ཀྱང༌། རང་བཞིན་གྱིས་འོད་གསལ་བ་མཚན་སུམ་ ཅུ་རྩ་གཉིས་དང་བཅས་པ་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་ཏེ་རྟག་པ་དང་ བརྟན་པ་དང་ཐེར་ཟུག་ཏུའང་བརྗོད་ན། འདི་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་ མི་འདྲ་བ་ལགས། བཀའ་བསྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་ བསྟན་པ་ནི་མུ་སྟེགས་ཀྱི་བདག་དང་མཚུངས་པ་མ་ཡིན་ཏེ། སངས་རྒྱས་རྣམས་ཀྱིས་ནི་སྟོང་ པ་ཉིད་དང་ཡང་དག་པའི་མཐའ་ལ་སོགས་པ་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་ ཞིང༌། ཚིག་དང་ཡི་གེའི་རྣམ་གྲངས་སྣ་ཚོགས་པས་སྟོན་ཏོ། །ཞེས་པ་ལ་སོགས་པ་གསུངས་ པ་ལྟར་རོ། །ཆོས་ཀྱི་དབྱིངས་ཟབ་མོ་དེ་ཉིད་རྟོག་གེའི་སྤྱོད་ཡུལ་མ་ཡིན་བཞིན་དུ་བརྟགས་ པ་ལ་བརྟེན་ནས་ལོག་རྟོག་སྣ་ཚོགས་པ་ཞིག་འབྱུང་མོད་ཀྱི། རྒྱུད་བླའི་འགྲེལ་པར། ཆོས་ ཀྱི་སྐུ་ལྟར་རྒྱ་ཆེ་བ་དེ་བཞིན་གཤེགས་པ་དང་དབྱེར་མེད་པའི་མཚན་ཉིད་ངེས་པའི་རིགས་ཀྱི་ རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་ཐམས་ཅད་ཀྱི་ཚེ་ཐམས་ཅད་ལ་ཁྱད་པར་ མེད་པར་ཡོད་དོ་ཞེས་བྱ་བར་ནི་ཆོས་ཉིད་ཚད་མར་བྱས་ནས་བལྟ་བར་བྱ་སྟེ། ཞེས་གསུངས་ པ་ལྟར་མཐར་ཐུག་ཆོས་ཉིད་ཀྱི་རིགས་པ་ལ་བརྟེན་ནས་རྟོགས་པར་བྱ་ཞིང༌། གནས་སྐབས་ སུ་ཡང་དེ་བཞིན་གཤེགས་པ་ལ་དད་པའི་སྒོ་ནས་ངེས་པའི་དོན་གྱི་གསུང་རབ་ལ་ཡིད་ཆེས་ 4-1-75 པས་རྟོགས་པར་བྱ་སྟེ། རྩ་བར་ཡང༌། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་ རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། ། ཅེས་གསུངས་པ་ལྟར་རོ། ། གཞུང་དོན་ལ་བཞི་སྟེ། དབྱེ་བ་མདོར་བསྟན། ངོ་བོ་རྒྱས་བཤད། རྒྱས་འགྱུར་འཆད་ ཚུལ། རིགས་ཀྱི་ཡོན་ཏན་ནོ། ། དབྱེ་བ་ནི། ཡོད་དང་མཆོག་དང་མཚན་ཉིད་དང༌། །རྟགས་དང་རིགས་ རབ་དབྱེ་བ་དང༌། །ཉེས་དམིགས་དང་ནི་ཕན་ཡོན་དང༌། །དཔེ་རྣམ་ གཉིས་ཏེ་རྣམ་པ་བཞི། །གནས་སྐབས་སུ་རྒྱས་འགྱུར་གྱི་རིགས་ཐ་དད་ཡོད་པའི་སྒྲུབ་ བྱེད་དང༌། དེ་དག་གི་ནང་ནས་ཐེག་ཆེན་གྱི་རིགས་མཆོག་ཏུ་བསྟན་པ་དང༌། ཐུན་མོང་དུ་ རིགས་ཀྱི་རང་བཞིན་ནམ་མཚན་ཉིད་དང༌། ཁྱད་པར་དུ་ཐེག་ཆེན་གྱི་རིགས་སད་པའི་རྟགས་ དང༌། སྤྱི་རིགས་ནས་རིགས་ཀྱི་རབ་ཏུ་དབྱེ་བ་དང༌། རྒྱས་འགྱུར་གྱི་རིགས་ལ་བར་དུ་གཅོད་ པའི་ཉེས་དམིགས་དང་ནི་ཐེག་ཆེན་གྱི་རིགས་སད་པའི་ཕན་ཡོན་དང༌། ཐུན་མོང་གི་ཡོན་ ཏན་བསྐྱེད་པ་གསེར་གྱི་དཔེ་དང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་བསྐྱེད་པ་རིན་པོ་ཆེའི་ དཔེ་རྣམ་པ་གཉིས་ཏེ། དེ་རྣམས་རེ་རེ་ཡང་དོན་རྣམ་པ་བཞི་བཞིས་འཆད་པར་འགྱུར་བའོ། ། ངོ་བོ་ལ་བརྒྱད་དེ། ཡོད་པ་བསྟན་པ། མཆོག་ཏུ་བསྟན་པ། མཚན་ཉིད་བསྟན་པ། རྟགས་ ཀྱིས་བསྟན་པ། དབྱེ་བ་བསྟན་པ། ཉེས་དམིགས་བསྟན་པ། ཕན་ཡོན་བསྟན་པ། དཔེ་ཡིས་ བསྟན་པའོ། ། དང་པོ་ནི། ཁམས་རྣམས་དང་ནི་མོས་པ་དང༌། །སྒྲུབ་པ་ཐ་དད་དབྱེ་ བ་དང༌། །འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་ཉིད་དུ་ངེས་ པར་བརྗོད། །ཁམས་རྣམས་དང་ནི་ཞེས་པ་སེམས་ཅན་རྣམས་ནི་ཁམས་དང་རིགས་སྣ་ 4-1-76 ཚོགས་པ་ཅན་ཡིན་ཏེ། བ་རུ་རའི་མདོ་ལས། དགེ་སློང་དག་དཔེར་ན། བ་རུ་རའི་ཕུང་པོ་ འཕང་དུ་དཔག་ཚད་ཙམ་རྒྱར་དཔག་ཚད་ཙམ་ཞིག་ཡོད་པར་གྱུར་ལ། དེ་ལས་ལོ་བརྒྱ་བརྒྱ་ ན་རེ་རེ་བླངས་ཏེ་འདི་ནི་ཁམས་ཆེ་གེ་མོ་ཞིག་ཏུ་དོར་རོ། །འདི་ནི་ཁམས་ཆེ་གེ་མོ་ཞིག་ཏུ་དོར་ རོ་ཞེས་བརྗོད་ན། བ་རུ་རའི་ཕུང་པོ་དེ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་གྱི། ཁམས་ནི་ དེ་ལྟར་འགྱུར་བ་མ་ཡིན་ནོ་ཞེས་རིགས་ཀྱི་དབྱེ་བ་མཐའ་ཡས་པ་གསུངས་པའི་ཕྱིར་གནས་ སྐབས་སུ་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཡོད་དོ། །དེ་བཞིན་དུ་འགའ་ཞིག་གཞན་གྱིས་ མ་བསྐུལ་བཞིན་དུའང་ཐོག་མར་རྒྱུའི་དུས་ན་ཐེག་པ་གསུམ་ལས་གང་ཡང་རུང་བ་གཅིག་ཁོ་ ན་ལ་མོས་པ་འཇུག་པ་མཐོང་བའི་ཕྱིར་དང༌། ཡང་དགེ་བའི་བཤེས་གཉེན་ལ་སོགས་པའི་ རྐྱེན་གྱི་དབང་གིས་ཐེག་ཆེན་ལྟ་བུ་ལ་མོས་པ་བསྐྱེད་དུ་ཟིན་ཀྱང༌། ཁ་ཅིག་གིས་ནི་ལམ་ངེས་ པར་བསྒྲུབ་ནུས་ལ་ཁ་ཅིག་གིས་ནི་བསྒྲུབ་མི་ནུས་པ་ལྟ་བུ་སྒྲུབ་པ་ཐ་དད་པའི་དབྱེ་བ་མཐོང་ བའི་ཕྱིར་དང༌། རྒྱུ་དང་མཐུན་པར་འབྲས་བུ་འབྱུང་བའང་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ པས། ལམ་མཐར་ཕྱིན་པ་ལས་འབྲས་བུ་གྲུབ་པའི་དུས་ནའང་བྱང་ཆུབ་དམན་པ་དང་འབྲིང་ དང་ཁྱད་པར་ཅན་གསུམ་དུ་ཐ་དད་པར་དམིགས་པའི་ཕྱིར་གནས་སྐབས་ཐེག་པ་གསུམ་ གྱི་རིགས་ཐ་དད་པ་ཡོད་པ་ཉིད་དུ་ངེས་པར་བརྗོད་དོ། །མཐར་ཐུག་རང་བཞིན་གྱི་རིགས་ གཅིག་པ་ཉིད་ནི་བཤད་ཟིན་ཞིང་འཆད་པར་འགྱུར་རོ། ། དེས་ན་ཐེག་ཆེན་གྱི་རིགས་མཆོག་ཏུ་བསྟན་པ་ནི། དེ་དགེ་ཁྱད་པར་འཕགས་ པ་དང༌། །ཐམས་ཅད་དང་ནི་དོན་ཆེན་དང༌། །མི་ཟད་པ་ཡི་རྒྱུ་མཚན་ ཕྱིར། །རིགས་མཆོག་ཉིད་ཅེས་བརྗོད་པ་ཡིན། །ཐེག་པ་ཆེན་པོའི་རིགས་སད་པ་ ལ་བརྟེན་པ་དེའི་དགེ་བ་ནི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་སྦྱོང་བར་བྱེད་པས་ཉན་ རང་ལས་ཁྱད་པར་དུ་འཕགས་པའི་ཕྱིར་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ 4-1-77 ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་བྱེད་པའི་ཕྱིར་དང་ནི་རང་གཞན་ཐམས་ ཅད་ཀྱི་དོན་རྒྱ་ཆེན་པོ་སྒྲུབ་པར་བྱེད་པའི་ཕྱིར་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་ འདས་པའི་དུས་ནའང་ཡོན་ཏན་མི་ཟད་ཅིང་འཕེལ་བར་འགྱུར་པའི་ཕྱིར་ཏེ། རྒྱུ་མཚན་བཞི་ པོ་དེ་དག་ཐེག་དམན་ལ་མེད་ཅིང་ཐེག་ཆེན་ལ་ཡོད་པའི་ཕྱིར་རིགས་རྣམས་ལས་མཆོག་ཏུ་ གྱུར་པ་ཉིད་ཅེས་བརྗོད་པ་ཡིན་ནོ། ། མཚན་ཉིད་ནི། རང་བཞིན་དང་ནི་རྒྱས་པ་དང༌། །དེ་ནི་རྟེན་དང་བརྟེན་ པ་དང༌། །ཡོད་མེད་ཉིད་དང་ཡོན་ཏན་ནི། །སྒྲོལ་བའི་དོན་ལ་རིགས་ ཞེས་བྱ། །རྒྱུད་བླ་མར་ཡང༌། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་ གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླངས་པ་མཆོག་ཡིན་ ནོ། །ཞེས་གསུངས་ཤིང་སྔར་རྒྱས་པར་བསྟན་པ་ལྟར་ཆོས་ཀྱི་དབྱིངས་གདོད་མ་ནས་རྣམ་ པར་དག་པ་ནམ་མཁའ་ལྟར་ཁྱབ་པར་གནས་པ་རང་བཞིན་གྱི་རིགས་དང་ནི། དེ་རྟོགས་པ་ དང་རྒྱུ་མཐུན་པའི་ཐོས་པ་ལ་སོགས་པ་དགེ་བའི་བག་ཆགས་འཕེལ་བ་རྒྱས་པ་ལས་བྱུང་ བའི་རིགས་དང་གཉིས་ཡིན་ལ། དེ་དག་ནི་གོ་རིམ་བཞིན་དུ་ཆོས་ཉིད་རང་བཞིན་གྱི་རིགས་ ཐོག་མ་མེད་པ་ནས་གནས་པ་ནི་རྟེན་ནམ་གཞི་ཡིན་པ་དང༌། ཐོས་སོགས་དགེ་པའི་རྩ་བ་ ཡང་དག་པར་བསྒྲུབས་པ་ལས་བྱུང་བ་རྒྱས་འགྱུར་གྱི་རིགས་ནི་བརྟེན་པ་ཡིན་པ་དང་གཉིས་ ཏེ་བཞིས་བསྟན་པ་ཡིན་ཞིང་དེ་དག་ཀྱང༌། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་དེ་མ་ཤེས་ཏེ་གཏེར་དེ་ཡང༌། །དེ་ལ་ང་འདིར་ཡོད་ཅེས་མི་ སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་བསལ་མེད་ཆོས་ ཉིད་ཀྱང༌། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་ཏུ་སྐྱེ་དགུ་འདིས་ མྱོང་ངོ༌། །ཞེས་གསུངས་པ་ལྟར་རང་བཞིན་གྱི་རིགས་ནི་དྲི་མ་དང་བྲལ་བར་བྱ་བའི་རྒྱུའི་ངོ་ 4-1-78 བོར་ཡོད་པ་ཉིད་དང༌། རྒྱས་འགྱུར་གྱི་རིགས་ཀྱང་སྐྱེད་བྱེད་ཀྱི་རྒྱུའི་ངོ་བོར་ཡོད་པ་ཉིད་དང༌། རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་སྐུ་ ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་རིགས་གཉིས་ལས་སྐུ་གསུམ་འགྲུབ་ པར་གསུངས་པའི་ནང་ནས་རང་བཞིན་གྱི་རིགས་ནི་ངོ་བོ་ཉིད་ཀྱི་སྐུ་དག་པ་གཉིས་ལྡན་གྱི་ འབྲས་བུའི་ངོ་བོར་མེད་པ་ཉིད་དང་རྒྱས་འགྱུར་གྱི་རིགས་དང་གཟུགས་སྐུ་གཉིས་གྲུབ་ཟིན་ འབྲས་བུའི་ངོ་བོར་མེད་པ་ཉིད་དེ། དེ་དག་གིས་ནི་རང་བཞིན་དང་མཚན་ཉིད་ཀྱང་གསལ་ བར་བསྟན་ནས། སྒྲའི་དོན་ནི་གོ་ཏྲ་ཞེས་པ་རིགས་ཀྱི་མིང་ཡིན་ལ་གོ་ཡིག་གུ་ཎ་ཞེས་པར་ བསྒྱུར་བ་ཡོན་ཏན་དང༌། ཏྲ་ཡིག་ཏཱ་ར་ཞེས་པར་ཕྲལ་བ་སྒྲོལ་བ་ལ་འཇུག་པས། མོས་སྤྱོད་ ནས་བཟུང་སྟེ་མི་སློབ་པའི་བར་གྱི་ཡོན་ཏན་ཁྱད་པར་ཅན་རྣམས་ནི་གོང་ནས་གོང་དུ་སྒྲོལ་ ཞིང་འབྱུང་བའི་དོན་དང་ལྡན་པ་ལ་རིགས་ཞེས་བྱ་བ་ཉིད་དུ་ཤེས་པར་བྱའོ། ། རྟགས་ཀྱིས་བསྟན་པ་ནི། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་ བཟོད་པ་དང༌། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་ པར་བཤད། །ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། ། ཞེས་གསུངས་པ་ལྟར་ལམ་སྒྲུབ་པ་ལ་སྦྱོར་བའི་སྔོན་རོལ་དུའང་སེམས་ཅན་སྡུག་བསྔལ་བ་ རྣམས་མཐོང་བ་ལས་སྙིང་རྗེ་ཆེན་པོ་སྐྱེ་བ་དང༌། ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་ ཡོན་ཏན་མི་ཤེས་བཞིན་དུའང་མོས་པ་ཆེན་པོ་སྐྱེ་བ་དང་ནི་གཞན་དོན་སྒྲུབ་པའི་དཀའ་སྤྱད་ ལ་ནམ་ཡང་ཇི་མི་སྙམ་པའི་བཟོད་པ་ཆེན་པོ་སྐྱེ་བ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དགེ་བ་རྒྱ་ ཆེན་པོ་ལ་ཡང་དག་པར་སྤྱོད་པ་སྟེ་{རྣམ་པ་}བཞི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་ ཆེན་རྒྱས་འགྱུར་གྱི་རིགས་སད་པ་ཉིད་ཀྱི་རྟགས་སུ་ངེས་པར་བཤད་པ་ཡིན་ནོ། ། 4-1-79 དབྱེ་བ་བསྟན་པ་ནི། རིགས་ནི་ངེས་དང་མ་ངེས་དང༌། །རྐྱེན་རྣམས་ཀྱིས་ མི་འཕྲོགས་པ་དང༌། །འཕྲོགས་པ་ཉིད་དེ་མདོར་ན་རིགས། །དབྱེ་བ་དེ་ ནི་རྣམ་པ་བཞི། །ཆོས་ཉིད་རང་བཞིན་གྱི་རིགས་ལ་ཁྱད་པར་མེད་ཀྱང་གནས་སྐབས་ རྒྱས་འགྱུར་གྱི་རིགས་ནི་ངེས་པ་དང་མ་ངེས་པ་ཞེས་བྱ་བ་དང་གཉིས་ཡིན་ལ། དེ་དག་གི་ དོན་ཡང་རིམ་པ་ལྟར་རེ་ཞིག་རང་རང་གི་བྱང་ཆུབ་ཏུ་འགྲོ་བ་ལ་རྐྱེན་གཞན་རྣམས་ཀྱིས་ནི་ མི་འཕྲོགས་ཤིང་བསྒྱུར་བར་མི་ནུས་པ་རིགས་ངེས་པ་ལ་གནས་པ་དང༌། རྐྱེན་གྱི་དབང་གིས་ གཞན་དུའང་འཕྲོགས་ཤིང་བསྒྱུར་བར་ནུས་པ་རིགས་མ་ངེས་པ་ལ་གནས་པ་ཉིད་དེ། མདོར་ བསྡུ་ན་རིགས་ཀྱི་དབྱེ་བ་དེ་ནི་རྣམ་པ་བཞི་ཡིན་པར་རིག་པར་བྱའོ། ། ཉེས་དམིགས་བསྟན་པ་ནི། ཉོན་མོངས་གོམས་དང་གྲོགས་ངན་དང༌། ། ཕོངས་དང་གཞན་གྱི་དབང་ཉིད་དེ། །མདོར་ན་རིགས་ཀྱི་ཉེས་དམིགས་ ནི། །རྣམ་པ་བཞིར་ནི་ཤེས་པར་བྱ། །བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ ཡིན་ཀྱང་ཉོན་མོངས་པ་དུག་གསུམ་ལ་གོམས་ཤིང་འདྲིས་ཏེ་ཉེས་དམིགས་སུ་མི་ལྟ་བས་ དགེ་བའི་གེགས་བྱེད་པ་དང༌། གྲོགས་ངན་པ་སྡིག་པའི་གྲོགས་པོའི་དབང་དུ་གྱུར་པས་དགེ་ བ་ལས་བཟློག་ཅིང་མི་དགེ་བ་ལ་སྦྱོར་བ་དང༌། རང་གི་འཚོ་བ་དང་གཞན་ལ་སྦྱིན་པ་ལ་ སོགས་པའི་ཡོ་བྱད་ཀྱིས་ཕོངས་ཤིང་བྲེལ་བས་ལམ་སྒྲུབ་པའི་སྐབས་མེད་པ་དང༌། གཞན་ རྒྱལ་པོ་དང་རྗེ་བོ་ལ་སོགས་པ་རྣམས་ཀྱི་དབང་དུ་གྱུར་པས་དམ་པའི་ཆོས་བསྒྲུབ་པ་ལ་རང་ དབང་མེད་པ་ཉིད་དེ། མདོར་ན་ཐེག་ཆེན་གྱི་རིགས་སད་པ་ལས་ཡོན་ཏན་ཁྱད་པར་ཅན་ གོང་ནས་གོང་དུ་འཕེལ་བ་ཉིད་ཀྱི་བར་ཆད་དམ་ཉེས་དམིགས་ནི་རྣམ་པ་བཞིར་ནི་ཤེས་པར་ བྱ་སྟེ། དེ་དག་སྤོང་བ་ལ་འབད་པར་བྱའོ། ། ཕན་ཡོན་བསྟན་པ་ནི། རིང་མོ་ཞིག་ནས་ངན་སོང་དུ། །འགྲོ་ཞིང་མྱུར་ 4-1-80 དུ་ཐར་བ་དང༌། །དེར་ཡང་སྡུག་བསྔལ་ཆུང་ངུ་མྱོང༌། །སྐྱོ་བཅས་སེམས་ ཅན་སྨིན་པར་བྱེད། །ཐེག་ཆེན་གྱི་རིགས་ལ་གནས་པ་དེས་གལ་ཏེ་མི་དགེ་བ་བྱས་ ཀྱང་དུས་རིང་མོ་ཞིག་ནས་ངན་སོང་དུ་འགྲོ་ཞིང་སྐྱེ་བ་སྲིད་ཀྱི་མྱུར་དུ་མི་འགྲོ་བ་དང༌། གལ་ ཏེ་ངན་སོང་དུ་སྐྱེས་ནའང་ཡུན་རིང་དུ་མི་གནས་ཤིང་མྱུར་དུ་ཐར་བར་འགྱུར་བ་དང༌། ངན་ སོང་དེར་གནས་པ་ན་ཡང་སྡུག་བསྔལ་ཆུང་ངུ་ཙམ་ཞིག་མྱོང་གི་ཆེན་པོ་མྱོང་བར་མི་འགྱུར་བ་ དང༌། དེའི་བར་ལ་ཡང་མི་དགེ་བ་དང་སྡུག་བསྔལ་ལ་ཡིད་སྐྱོ་བ་དང་བཅས་ཤིང་ངན་སོང་ན་ གནས་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་སྟེ། ཕན་ཡོན་རྣམ་པ་བཞི་འཐོབ་ ན། དགེ་བས་བདེ་འགྲོར་སྐྱེས་ན་ཕན་ཡོན་ཆེན་པོ་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་ དོན་ཏོ། ། དཔེ་ཡིས་བསྟན་པ་ལ། གསེར་གྱི་དཔེ་དང་ནོར་བུའི་དཔེ་གཉིས་ལས། དང་པོ་ ནི། གསེར་གྱི་རིགས་བཞིན་ཤེས་པར་བྱ། །དགེ་བ་དཔག་ཏུ་མེད་པའི་ གནས། །ཡེ་ཤེས་དང་ནི་དྲི་མེད་ལྡན། །མཐུ་རྣམས་ཀྱི་ཡང་གནས་ཡིན་ ནོ། །བྱང་ཆུབ་སེམས་དཔའི་རིགས་སད་པ་དེ་ནི་གསེར་གྱི་རིགས་མང་པོ་དང༌། འོད་གསལ་ བ་དང་དྲི་མ་མེད་པ་དང་ལས་སུ་རུང་བ་སྟེ་ཆོས་བཞི་དང་ལྡན་པ་བཞིན་དུ་ཤེས་པར་བྱའོ། ། དེ་ཡང་གསེར་འབྱུང་ཁུངས་བཟང་པོ་ལས་བྱུང་ཞིང་མང་པོ་ཡིན་པ་དང་ཆོས་མཐུན་པར་ ཐེག་ཆེན་གྱི་རིགས་དེ་ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ས་བཅུ་དང་སྟོབས་བཅུ་ལ་སོགས་པ་ དགེ་བ་དཔག་ཏུ་མེད་པ་འབྱུང་བའི་གནས་ཡིན་པ་དང༌། གསེར་འོད་གསལ་བ་དང་ཆོས་ མཐུན་པར་ཤེས་བྱ་མཐའ་དག་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་གསལ་{བ་འབྱུང་}བའི་ གནས་ཡིན་པ་དང་ནི། གསེར་དྲི་མ་མེད་པ་དང་ཆོས་མཐུན་པར་ཉོན་མོངས་པ་དང་ཤེས་བྱའི་ སྒྲིབ་པའི་དྲི་མ་མེད་པ་དང་ལྡན་པ་འབྱུང་བའི་གནས་ཡིན་པ་དང༌། གསེར་སྐུ་གཟུགས་དང་ 4-1-81 རྒྱན་ལ་སོགས་པ་གང་འདོད་པར་བསྒྱུར་དུ་བཏུབ་པས་ལས་སུ་རུང་པ་དང་ཆོས་མཐུན་པར་ ཐུན་མོང་གི་ཡོན་ཏན་མཐུ་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་ཡང་འབྱུང་བའི་ གནས་ཡིན་ནོ་ཞེས་པའོ། ། ནོར་བུའི་དཔེ་ནི། རིན་ཆེན་མཆོག་རིགས་བཞིན་ཤེས་བྱ། །བྱང་ཆུབ་ ཆེན་པོའི་རྒྱུ་མཚན་ཕྱིར། །ཡེ་ཤེས་དང་ནི་ཏིང་འཛིན་འཕགས། །སེམས་ ཅན་མང་པོའི་དོན་གནས་ཕྱིར། །བྱང་ཆུབ་སེམས་དཔའི་རིགས་སད་པ་དེ་ནི་རིན་ ཆེན་མཆོག་ཏུ་གྱུར་པའི་རིགས་རྣམས་རིགས་དང་ཁ་དོག་དང་དབྱིབས་དང་ཚད་ཕུན་སུམ་ ཚོགས་པ་སྟེ་ཆོས་བཞི་དང་ལྡན་པ་བཞིན་དུ་ཤེས་པར་བྱའོ། །དེ་ཡང་རིན་པོ་ཆེ་འབྱུང་ཁུངས་ བཟང་ཞིང་རིགས་ཕུན་སུམ་ཚོགས་པ་དང་ཆོས་མཐུན་པར་ཐེག་ཆེན་གྱི་རིགས་དེ་ཡང་རྣམ་ གྲོལ་གསུམ་ལས་མཆོག་ཏུ་གྱུར་པ་རྫོགས་པའི་བྱང་ཆུབ་ཆེན་པོ་འབྱུང་བའི་གནས་སམ་རྒྱུ་ མཚན་ཡིན་པའི་ཕྱིར་དང༌། རིན་པོ་ཆེ་ཁ་དོག་ཕུན་སུམ་ཚོགས་པ་དང་ཆོས་མཐུན་པར་མེ་ ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཆེན་པོ་འོད་གསལ་བ་འབྱུང་བའི་གནས་ཡིན་པའི་ཕྱིར་ དང་ནི། རིན་པོ་ཆེ་དབྱིབས་ཕུན་སུམ་ཚོགས་པ་དང་ཆོས་མཐུན་པར་རྡོ་རྗེ་ལྟ་བུ་ལ་སོགས་ པའི་ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་རྣམས་འབྱུང་པའི་གནས་ཡིན་པའི་ཕྱིར་དང༌། རིན་པོ་ཆེ་ཚད་དང་མཐུ་ཕུན་སུམ་ཚོགས་པ་དང་ཆོས་མཐུན་པར་སེམས་ཅན་མང་པོ་མཐའ་ ཡས་པ་རྣམས་ཡོངས་སུ་སྨིན་པ་དང་གྲོལ་བའི་དོན་དཔག་ཏུ་མེད་པ་འབྱུང་བའི་གནས་ཡིན་ པའི་ཕྱིར། ཉན་རང་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་ཀྱི་གཞི་ཡིན་ པར་ཡང་ཤེས་པར་བྱའོ། ། རྒྱས་འགྱུར་འཆད་ཚུལ་ནི། ལ་ལ་གཅིག་ཏུ་ཉེས་པ་སྤྱོད་ངེས་ཡོད། །ལ་ལ་ དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པ་ཆ་མཐུན་དགེ་ 4-1-82 བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །རིགས་མེད་པ་ལ་གནས་ པ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གཉིས་གསུངས་ཏེ། དེའི་དུས་ཏེ་མྱུར་པར་ མྱ་ངན་ལས་མི་འདའ་བ་དང་གཏན་མྱ་ངན་ལས་མི་འདའ་བའོ། །དང་པོ་ལ་བཞི་སྟེ། གང་ ཟག་ལ་ལ་མཐའ་གཅིག་ཏུ་མཚམས་མེད་པ་ལ་སོགས་པའི་ཉེས་པར་སྤྱོད་པ་མི་དགེ་བ་ འབའ་ཞིག་ངེས་པར་བྱེད་པ་ཡོད་པ་དང༌། ལ་ལ་རྒྱུ་འབྲས་ལ་སྐུར་པར་འདེབས་པའི་ལོག་ ལྟ་ལ་སོགས་པས་དཀར་པོའི་ཆོས་དགེ་བའི་རྩ་བ་སྔར་བསགས་པ་རྣམས་ཀུན་ཏུ་བཅོམ་པ་ དང༌། ལ་ལ་བསོད་ནམས་ཆ་མཐུན་གྱི་དགེ་བ་ཅུང་ཟད་ཡོད་ཀྱང་ཐར་པའི་ཆ་དང་མཐུན་ པའི་དགེ་བ་བསགས་པ་མེད་པ་དང༌། ལ་ལ་ཐར་བ་ཆ་མཐུན་གྱི་དགེ་བ་དཀར་པོ་དམན་པ་ ཅུང་ཟད་ཡོད་པ་རྣམས་ཀྱང་ལེ་ལོ་ལ་སོགས་པའི་དབང་གིས་ཚོགས་ཡོངས་སུ་རྫོགས་པར་ མ་བྱས་པའོ། །འདི་རྣམས་ནི་ནོར་ཉུང་བ་ལ་མེད་ཅེས་དམན་པ་ལ་དགག་པའི་སྒྲ་སྦྱོར་བ་ ལྟར་རེ་ཞིག་མྱ་ངན་ལས་མི་འདའ་བ་ལ་དགོངས་པ་ཡིན་གྱི། གཏན་མྱ་ངན་ལས་མི་འདའ་ བ་ནི་མ་ཡིན་ཏེ། མྱ་ངན་ལས་འདས་པའི་མདོ་ལས། ལོག་སྲེད་ཅན་དག་ནི་ལོག་སྲེད་ཡོངས་ སུ་བཅོམ་ནས། གདོད་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སྙིང་རྗེ་ཆེན་པོ་དང་དྲན་པ་ཉེ་ བར་བཞག་པ་གསུམ་ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ ལ་སངས་རྒྱས་ཡོད་པར་གསུངས་སོ་ཞེས་པ་ལྟར་རོ། ། གཉིས་པ་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསུངས་པ་ནི། རྒྱུ་དང་བྲལ་ཞེས་ པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཐར་པ་ཆ་མཐུན་གྱི་དགེ་བའི་བག་ཆགས་མ་བཞག་པས་ རྒྱས་འགྱུར་གྱི་རིགས་ཆད་ནས་འཁོར་བ་མཐའ་མེད་པར་གནས་པ་རྣམས་སོ། །དེ་དག་ལ་ ཡང་རང་བཞིན་གྱི་རིགས་མེད་པ་ནི་མ་ཡིན་ཏེ། རྒྱུད་བླ་མར། ཇི་ལྟར་རྟོག་མེད་བདག་ཉིད་ ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ 4-1-83 རྟེན་ཀུན་འགྲོ་བ་ཉིད། །ཅེས་ནམ་མཁའ་ལྟར་ཁྱབ་པར་གསུངས་པའི་ཕྱིར་རོ། །དེ་བས་ ན་རང་བཞིན་གྱི་རིགས་ཆད་པ་ནི་མི་སྲིད་ཅིང་འཁོར་བ་མཐའ་མེད་དུ་འདོད་པའི་ལུགས་ ལ་རྒྱས་འགྱུར་གྱི་རིགས་ཆད་ཡོད་ལ། མཐའ་ཅན་དུ་འདོད་པའི་ལུགས་ལ་རྒྱས་འགྱུར་གྱི་ རིགས་ཆད་ཀྱང་མེད་པར་ཤེས་པར་བྱའོ། ། ཡོན་ཏན་ལ་གཉིས་ལས། རྒྱུའི་ཡོན་ཏན་ནི། ཟབ་ཅིང་རྒྱ་ཆེར་བཤད་པ་ གཞན་ལ་ཕན་པར་བསྟན་པའི་ཆོས་ཆེན་ལ། །མི་ཤེས་བཞིན་དུ་མོས་ པ་ཤིན་ཏུ་རྒྱ་ཆེན་འབྱུང་ཞིང་སྒྲུབ་ལ་བཟོད། །དེ་དག་ཐ་མར་རྣམ་པ་ གཉིས་མཆོག་ཕུན་སུམ་ཚོགས་འགྱུར་གང་ཡིན་དེ། །བྱང་ཆུབ་སེམས་ དཔའ་རང་བཞིན་ཡོན་ཏན་ལྡན་དེ་རྒྱས་པའི་རིགས་ལས་ཤེས། །བརྗོད་ བྱ་ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཟབ་ཅིང་ཐབས་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་བཤད་པ་ དམིགས་ཡུལ་སེམས་ཅན་གཞན་མང་པོ་ལ་ཕན་པར་བྱ་བའི་ཕྱིར་བསྟན་པའི་ཆོས་ཐེག་པ་ ཆེན་པོ་ལ་དོན་ཇི་ལྟ་བར་མི་ཤེས་བཞིན་དུའང༌། བསམ་པའི་སྒོ་ནས་མོས་པ་དང་གུས་པ་ ཤིན་ཏུ་རྒྱ་ཆེན་པོ་འབྱུང་ཞིང་སྦྱོར་བའི་སྒོ་ནས་གཞན་དོན་འབའ་ཞིག་སྒྲུབ་པའི་དཀའ་སྦྱད་ ལ་ནམ་ཡང་སྐྱོ་བ་མེད་པར་བཟོད་པ་དེ་དག ཐ་མར་འབྲས་བུ་ཐོབ་པའི་དུས་ན་འཇིག་རྟེན་ པ་དང་ཐེག་ཆུང་བ་རྣམ་པ་གཉིས་ལས་མཆོག་ཏུ་གྱུར་པ་བྱང་ཆུབ་ཆེན་པོའི་ཕུན་སུམ་ཚོགས་ པ་དང་ལྡན་པར་འགྱུར་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་རིགས་རང་བཞིན་གྱིས་ ཡོན་ཏན་དང་ལྡན་པ་དེ་དང་རྒྱས་པའི་རིགས་སད་པ་ལས་འབྱུང་བར་ཤེས་པར་བྱའོ། ། འབྲས་བུའི་ཡོན་ཏན་ནི། ཡོན་ཏན་ཤིན་ཏུ་རྒྱ་ཆེན་བྱང་ཆུབ་ཤིང་བསྐྱེད་ ཕྱིར། །བདེ་དང་སྡུག་བསྔལ་ཆེན་པོ་ཞི་བ་ཐོབ་བྱེད་ཕྱིར། །བདག་དང་ གཞན་ལ་ཕན་བདེ་བྱེད་པ་འབྲས་བུའི་ཕྱིར། །རིགས་མཆོག་དེ་ནི་རྩ་བ་ 4-1-84 བཟང་པོ་ལྟ་བུ་ཡིན། །དཔེར་ན་ལྗོན་ཤིང་གི་རྩ་བ་བརྟན་པོ་ལ་བརྟེན་ནས་ཡལ་འདབ་ ཀྱི་གྲིབ་མས་བསིལ་བའི་བདེ་བ་བསྐྱེད་ཅིང་ཚ་པའི་གདུང་བ་སེལ་བ་དང་འབྲས་བུ་བཟང་ པོས་ནད་སེལ་ཞིང་རོ་ཞིམ་པོས་བདེ་བ་བསྐྱེད་པ་ལྟར། བྱང་ཆུབ་སེམས་དཔའི་རིགས་སད་ པ་དེ་ནི་སྟོབས་ལ་སོགས་པའི་ཡོན་ཏན་ཤིན་ཏུ་རྒྱ་ཆེན་པོ་དང་ལྡན་པའི་བྱང་ཆུབ་ཆེན་པོའི་ ལྗོན་ཤིང་རིམ་གྱིས་བསྐྱེད་པར་བྱེད་པའི་ཕྱིར་དང༌། འཕྲིན་ལས་ཀྱི་གྲིབ་བསིལ་ལ་བརྟེན་ ནས་ཟག་པ་མེད་པའི་བདེ་བ་ཆེན་པོ་ཐོབ་པར་བྱེད་པའི་ཕྱིར་དང༌། འཁོར་བའི་སྡུག་བསྔལ་ གྱི་གདུང་བ་ཆེན་པོ་ཞི་བ་ཐོབ་པར་བྱེད་པའི་ཕྱིར་དང༌། བདག་ལ་ཕན་བདེ་བྱེད་པ་ཆོས་ཀྱི་ སྐུ་དང༌། གཞན་ལ་ཕན་བདེ་བྱེད་པ་གཟུགས་ཀྱི་སྐུའི་འབྲས་བུ་ཕུན་སུམ་ཚོགས་པ་འགྲུབ་ པའི་གཞི་ཡིན་པའི་ཕྱིར་ཐེག་པ་ཆེན་པོའི་རིགས་མཆོག་ཏུ་གྱུར་པ་དེ་ནི་ལྗོན་ཤིང་གི་རྩ་བ་ བཟང་པོ་ལྟ་བུ་ཡིན་ནོ་ཞེས་པའི་དོན་ཏོ། །སྐྱབས་སུ་སོང་བར་གྱུར་པ་ལས་སད་པར་འགྱུར་ བ་རིགས་ཀྱི་སྐབས་རྫོགས་པར་བཤད་ཟིན་ཏོ།། ༈ །། ད་ནི་རིགས་སད་པ་ལས་སྐྱེ་བའི་བསམ་པའི་ཁྱད་པར་སེམས་བསྐྱེད་པ་ལ་སྤྱི་དོན་དང་ གཞུང་དོན་གཉིས་ལས། དང་པོ་ལ་སེམས་བསྐྱེད་པའི་ཕན་ཡོན། མ་བསྐྱེད་པའི་ཉེས་དམིགས། རྒྱུ་གང་ལས་ འབྱུང་ཚུལ། ངོ་བོ་དང་དབྱེ་བ། ཚུལ་ཇི་ལྟར་བླང་ཚུལ། བསླབ་བྱ་རྣམས་བསྲུང་ཚུལ་ལོ། ། ཕན་ཡོན་ནི་དཔལ་བྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། ། གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་བས་ཀྱང་ནི་ ལྷག་པར་འགྱུར། །ཞེས་པ་དང༌། གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་ གང་གིས། །རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་ གིས་ཐལ་མོ་སྦྱར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་ 4-1-85 འཕགས། །དེ་ལ་ཚད་ནི་མ་མཆིས་སོ། །ཞེས་པ་དང༌། རིན་ཆེན་ཕྲེང་བར་ཡང༌། སྐྱེས་བུ་གང་ ཞིག་བྱང་ཆུབ་སེམས། །སྐད་ཅིག་ཙམ་ནི་བསྒོམ་བྱེད་ན། །དེ་ཡི་བསོད་ནམས་ཕུང་པོ་འདི། ། རྒྱལ་བ་ཡིས་ཀྱང་བགྲང་མི་བརྗོད། །ཅེས་གསུངས་པ་ལྟར་བསོད་ནམས་མཐའ་ཡས་པ་ ཐོབ་པ་དང༌། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་ བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ ཞིང༌། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟར་འཁོར་བའི་ སྡུག་བསྔལ་ལས་གྲོལ་ཞིང་མཆོད་པའི་འོས་སུ་འགྱུར་བ་དང༌། སྡིག་པ་སྟོབས་ཆེན་མི་ཟད་ བྱས་ན་ཡང༌། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་ སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་གསུངས་པ་ལྟར་སྡིག་པ་ ཆེན་པོའང་བྱང་བར་འགྱུར་བ་དང༌། རྣམ་སྣང་མངོན་བྱང་ལས། ཐམས་ཅད་མཁྱེན་པའི་རྒྱུ་ ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐར་ཕྱིན་པ་ནི་ཐབས་སོ་ཞེས་པ་ དང༌། དབུ་མ་སྙིང་པོ་ལས། བྱམས་པ་དང་ནི་སྙིང་རྗེ་དང༌། །ཤེས་རབ་ཆེན་པོས་བརྒྱན་པ་ཡི། ། སངས་རྒྱས་ས་བོན་བྱང་ཆུབ་སེམས། །དེ་ཕྱིར་མཁས་པས་དེ་མི་བཏང༌། །ཞེས་གསུངས་པ་ ལྟར་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་{པ་ལ་སོགས་}པའོ། ། མ་བསྐྱེད་པའི་ཉེས་དམིགས་ནི། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་ མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང༌། །འཁོར་བར་རང་གཞན་དོན་སྒྲུབ་ པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་མཐར་ཐུག་སངས་རྒྱས་མི་ ཐོབ་ཅིང་གནས་སྐབས་རང་གཞན་གྱི་དོན་མི་འགྲུབ་པའི་ཉེས་པ་དང༌། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་ བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར་ 4-1-86 བདེ་སྡུག་ལ་བླང་དོར་བྱེད་འདོད་ཀྱང་ཐབས་ཕྱིན་ཅི་ལོག་ལ་འཇུག་པའི་ཉེས་པ་དང༌། མདོ་ ལས། སྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་ལམ་གསུམ་ པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་བསྐོར་བ་བཞིན། ། ཞེས་གསུངས་པ་ལྟར་ཉོན་མོངས་པའི་དབང་གིས་ལས་ངན་པ་བསགས་ཏེ་ཁམས་གསུམ་ གྱི་འཁོར་བར་སྡུག་བསྔལ་རྒྱུན་མི་འཆད་པར་མྱོང་བའི་ཉེས་པ་དང༌། གལ་ཏེ་འཁོར་བ་ལས་ ཐར་བར་འདོད་པས་ཉན་རང་གི་ལམ་དུ་ཞུགས་ཀྱང༌། མདོ་ལས། དམྱལ་བ་ཡི་དྭགས་དུད་ འགྲོ་རྣམས། །གཏན་གྱི་གེགས་བྱེད་མ་ཡིན་གྱིས། །ཉན་ཐོས་དང་ནི་རང་སངས་རྒྱས། །ཐར་ བ་འདོད་པ་རྣམས་ཀྱི་གེགས། །ཞེས་གསུངས་པ་ལྟར། ཐར་པ་མཐར་ཐུག་ཐམས་ཅད་མཁྱེན་ པ་ཐོབ་པའི་གེགས་སུ་འགྱུར་བ་ལ་སོགས་པའོ། ། རྒྱུ་གང་ལས་འབྱུང་ཚུལ་ནི། དཀོན་མཆོག་ཏ་ལ་ལའི་གཟུངས་ལས། རྒྱལ་དང་རྒྱལ་ བའི་ཆོས་ལ་དད་གྱུར་ཅིང༌། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་ ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་སངས་རྒྱས་ཀྱི་སྐུ་མཐོང་བ་ དང་ཐེག་ཆེན་གྱི་ཆོས་ཐོས་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་བཟང་པོ་དང་བྱང་ཆུབ་ ཆེན་པོའི་ཡོན་ཏན་ཤེས་པའི་དད་པ་རྣམས་ལས་སྐྱེ་བར་གསུངས་ཤིང༌། བསླབ་བཏུས་ལས། སྡུག་བསྔལ་མཐར་ཕྱིན་འདོད་པ་དང༌། །བདེ་བའི་མཐར་ཡང་བྱིན་འདོད་པས། །དད་པའི་ རྩ་བ་བརྟན་བྱ་སྟེ། །བྱང་ཆུབ་ལ་ཡང་བློ་བརྟན་བྱ། །ཞེས་སྡུག་བསྔལ་མཐའ་དག་ལས་གྲོལ་ ཞིང་བདེ་བ་མཐར་ཐུག་པ་དང་ལྡན་པའི་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པའི་འདུན་པ་དང་ དད་པ་ལས་སྐྱེ་བར་གསུངས་ལ། བྱང་ས་ལས། རྐྱེན་བཞི་དང༌། རྒྱུ་བཞི་དང༌། སྟོབས་བཞི་ ལས་སྐྱེ་བར་གསུངས་པའི་རྒྱུ་བཞི་ནི། རིགས་ཕུན་སུམ་ཚོགས་པ་དང༌། དགེ་པའི་བཤེས་ གཉེན་གྱིས་ཟིན་པ་དང༌། སྙིང་རྗེ་ཆེན་པོ་དང༌། སྡུག་བསྔལ་གྱི་དཀའ་སྤྱད་ཀྱིས་མི་སྐྱོ་བར་ 4-1-87 གསུངས་པ་ལ་སོགས་པ་རྣམས་སོ། ། ངོ་བོ་ནི། ཆོས་ཟབ་མོ་ལ་སྤྲོ་བའི་སྒོ་ནས་བརྩོན་འགྲུས་རྒྱ་ཆེན་པོ་བརྩམས་ཏེ། བྱང་ཆུབ་ ཆེན་པོ་དང་སེམས་ཅན་གྱི་དོན་བྱ་བ་ལ་དམིགས་པའི་སེམས་པ་ཁྱད་པར་ཅན་སངས་རྒྱས་ སྒྲུབ་པར་བྱེད་པའི་རྩ་པར་གྱུར་པ་སྟེ། བྱང་ས་ལས། སེམས་བསྐྱེད་[པ་{སྐྱེ་བ་}དེ་ནི་བྱང་ ཆུབ་ལ་དམིགས་པ་དང་སེམས་ཅན་གྱི་དོན་ལ་དམིགས་པ་ཡིན་ནོ། །སེམས་བསྐྱེད་པ་དེའང་ བྱང་ཆུབ་ཀྱི་ཕྱོགས་ཀྱི་དགེ་བའི་རྩ་བ་ཐམས་ཅད་སྡུད་པའི་ཐོག་མར་འགྲོ་བའི་ཕྱིར་དགེ་བ་ དང་མཆོག་ཏུ་དགེ་བ་དང༌། བཟང་བ་དང་མཆོག་ཏུ་བཟང་བ་དང་ལེགས་པ་དང་མཆོག་ཏུ་ ལེགས་པའི་ཡོན་ཏན་དང་ལྡན་པ་ཞེས་པ་ལ་སོགས་པ་དང༌། དེ་ལྟ་བས་ན་སེམས་བསྐྱེད་པ་ དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་ཡིན་ནོ་ཞེས་གསུངས་པ་ལྟར་ རོ། ། དབྱེ་བ་ལ། ལམ་ལྔའམ་ས་འཚམས་ཀྱི་སྒོ་ནས་ཕྱེ་ན། (ཚོགས་སྦྱོར་དུ་)མོས་པ་ལས་བྱུང་ བ་དང༌། (ས་བདུན་དུ་)ལྷག་བསམ་དག་པ་ལས་བྱུང་བ་དང༌། (དག་པ་ས་གསུམ་)རྣམ་པར་སྨིན་པ་ ལས་བྱུང་བ་དང༌། (སངས་རྒྱས་ཀྱི་སར་)སྒྲིབ་པ་སྤངས་པ་ལས་བྱུང་བའི་སེམས་བསྐྱེད་བཞི་དང༌། གྲོགས་ཅན་ནམ་དཔེས་མཚོན་ཏེ་ཕྱེ་ན། འདུན་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་པ་ལྟ་ བུ་ནས་ཐབས་མཁས་དང་མཚུངས་ལྡན་གྱི་སེམས་བསྐྱེད་སྤྲིན་ལྟ་བུའི་བར་ཉི་ཤུ་རྩ་གཉིས་སུ་ འབྱེད་པ་རྣམས་ནི་གཞུང་དུ་འབྱུང་ལ། བདེན་གཉིས་སམ་བརྡ་དོན་གྱིས་ཕྱེ་ན་ཀུན་རྫོབ་བརྡ་ ལས་བྱུང་བའི་སེམས་བསྐྱེད་དང་དོན་དམ་ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་དོ། ། དང་པོ་ནི། སྔར་བསྟན་པའི་རྒྱུ་དེ་དག་ལ་བརྟེན་ནས་གཞན་དོན་དུ་རྫོགས་པའི་སངས་ རྒྱས་ཐོབ་པར་འདོད་པའི་བསམ་པ་ཁྱད་པར་ཅན་ཏེ། ཡུམ་གྱི་རྒྱན་ལས། སེམས་བསྐྱེད་པ་ ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་རོ། ། 4-1-88 དེ་ལའང་དབྱེ་ན། སྨོན་འཇུག་གི་ཁྱད་པར་དང༌། སེམས་བསྐྱེད་དང་སྡོམ་པའི་ཁྱད་པར་ གཉིས་ལས། དང་པོ་ནི། སྨོན་པ་སེམས་བསྐྱེད་དང་འཇུག་པ་སེམས་བསྐྱེད་གཉིས་ཏེ། དེ་དག་གི་ ཁྱད་པར་ལ་(དཾཥྚ་སེ་ན་སོགས་)ཁ་ཅིག་འཇིག་རྟེན་པའི་ལམ་གྱིས་བསྡུས་པ་སྨོན་པ་དང༌། འཇིག་ རྟེན་ལས་འདས་པའི་ལམ་གྱིས་བསྡུས་པ་འཇུག་པ་དང༌། ཡང་ཁ་ཅིག་ཕྱིར་མི་ལྡོག་མ་ཐོབ་ ཀྱི་བར་སྨོན་པ་དང་ཐོབ་ནས་འཇུག་པ་དང༌། ཡང་(ཇོ་བོ་སོགས་)ཁ་ཅིག་འབྲས་བུ་སངས་རྒྱས་ ལ་དམིགས་པ་སྨོན་པ་དང་རྒྱུ་ལམ་ལ་དམིགས་པ་འཇུག་པ་དང༌། ཡང་(ཨ་བྷ་ཡ་སོགས་)ཁ་ཅིག་ ཉི་ཤུ་རྩ་གཉིས་ཀྱི་དང་པོ་གསུམ་སྨོན་པ་དང་ཕྱི་མ་བཅུ་དགུ་འཇུག་པར་འདོད་པ་ལ་སོགས་ པ་མང་དུ་བྱུང་མོད་ཀྱི། ཆོ་ག་མེད་ཀྱང་སངས་རྒྱས་ཀྱི་སྐུ་མཐོང་བ་དང་སེམས་ཅན་ལ་སྙིང་ རྗེ་སྐྱེས་པ་ལ་སོགས་པའི་དབང་གིས་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་འདོད་ཅིང་དོན་དུ་ གཉེར་བ་ནི་སྨོན་པ་སེམས་བསྐྱེད་དང༌། ཆོ་གས་ཡང་དག་པར་བླངས་ཏེ་བྱང་ཆུབ་ཆེན་པོའི་ ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཞུགས་ནས་འགྲོ་བཞིན་པ་ནི་འཇུག་པ་སེམས་བསྐྱེད་ཅེས་ བྱ་སྟེ། དེ་ཁོ་ན་ཉིད་ལ་འཇུག་པར། དེ་ལ་དང་པོ་མགོན་པོ་ཡིས། །དོན་གཉེར་རྣམ་པར་ ཡང་དག་བཤད། །གཉིས་པ་སྦྱིན་པ་ལ་སོགས་ལ། །འཇུག་པའི་རྣམ་པར་རབ་ཏུ་བསྒྲགས། ། ཞེས་པ་དང་སྤྱོད་འཇུག་ལས་ཀྱང༌། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་ པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་ གསུངས་ཤིང༌། (བྱང་སའི་འགྲེལ་བར་)རྒྱ་མཚོ་སྤྲིན་ལ་སོགས་པའི་དགོངས་པས། བྱང་ཆུབ་ཐོབ་ པར་འདོད་པའི་བློ་དེ་ཆོ་གས་མ་བསྐྱེད་པ་སྨོན་པ་དང་ཆོ་གས་བསྐྱེད་པ་འཇུག་པར་བཞེད་པ་ དང༌། ཤེས་རབ་འབྱུང་གནས་ལ་སོགས་པ་སེམས་དེ་བྱང་ཆུབ་ཀྱི་སྤྱོད་པས་མ་ཟིན་པ་སྨོན་པ་ དང་ཟིན་པ་འཇུག་པར་བཞེད་པ་དང༌། དབུ་མ་སྒོམ་རིམ་དུ། འགྲོ་བ་མཐའ་དག་ལ་ཕན་པའི་ 4-1-89 སངས་རྒྱས་སུ་གྱུར་ཅིག་ཅེས་ཐོག་མར་དོན་དུ་གཉེར་བ་ནི་སྨོན་པའི་སེམས་སོ། །གང་ཕན་ ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་འཇུག་པའི་སེམས་སོ་ཞེས་གསུངས་པ་ རྣམས་དང་མཐུན་པ་ཉིད་དོ། ། སེམས་བསྐྱེད་དང་སྡོམ་པའི་ཁྱད་པར་ལ། སེམས་བསྐྱེད་ནི་སྔར་བཤད་པ་ལྟར་སྨོན་པ་ དང་འཇུག་པའི་བདག་ཉིད་ཅན་ཡིན་ལ། (བྱེ་བྲག་ཏུ་)སྡོམ་པ་ནི་ལུས་དང་ལོངས་སྤྱོད་ལ་ལྟོས་ པ་མེད་པར་སྒོ་གསུམ་གྱི་རྣམ་པ་ཐམས་ཅད་དུ་གཞན་ལ་ཕན་པར་ཞུགས་པ་འཇུག་པའི་ བདག་ཉིད་ཅན་ཏེ། ཐེག་ཆེན་པའི་རྒྱུད་ཀྱིས་བསྡུས་པའི་ཚུལ་ཁྲིམས་སོ། །དེ་ལ་དབྱེ་ན། སྤང་བྱ་མི་དགེ་བ་མཐའ་དག་སྤོང་བ་སྡོམ་པའི་ཚུལ་ཁྲིམས་དང༌། གཉེན་པོ་དགེ་བ་མཐའ་ དག་སྒྲུབ་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། བྱེད་ལས་གཞན་གྱི་དོན་ཁོ་ན་བྱེད་པ་ སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ཡིན་ལ། གསུམ་གའང་དག་པར་བྱེད་པ་ཚུལ་ ཁྲིམས་ཀྱི་བསླབ་པ་ཡིན་ཞིང༌། གནས་པར་བྱེད་པ་སེམས་ཀྱི་བསླབ་པ་དང༌། གྲོལ་བར་བྱེད་ པ་ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་སློབ་པའང་སྡོམ་ པའི་ཁྱད་པར་ཉིད་དོ། །དེས་ན་སེམས་བསྐྱེད་ཡིན་ལ་སྡོམ་པ་མ་ཡིན་པ་ཡོད་དེ། ཆོ་གས་མ་ བསྐྱེད་ཅིང་སྤྱོད་པ་དང་མ་འབྲེལ་བའི་སྨོན་པ་ཙམ་སྐྱེས་པ་ལྟ་བུའོ། །སྡོམ་པ་ཡིན་ལ་སེམས་ བསྐྱེད་མ་ཡིན་པ་ནི་མེད་དེ། ཐེག་ཆེན་གྱི་སྡོམ་པ་གང་ཡིན་ལ་སེམས་བསྐྱེད་ཀྱིས་ཁྱབ་པའི་ ཕྱིར་རོ། །འགའ་ཞིག་སྤྱོད་འཇུག་ལས་གསུངས་པ་རྣམས་སྨོན་པ་སེམས་བསྐྱེད་དང༌། ཇོ་ བོ་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པ་བླང་ཚུལ་རྣམས་འཇུག་པ་སེམས་བསྐྱེད་དུ་འདོད་པ་ དང༌། (ཐུབ་པ་དགོངས་རྒྱན་དུ་བྱང་ས་དང་སྡོམ་པ་ཉི་ཤུ་པ་དང༌། སྤྱོད་འཇུག་དང༌། བསླབ་བཏུས་ལས་འབྱུང་བ་རྣམས་ལུགས་ གཅིག་ཏུ་བཞེད་པ་ལྟ་བུ། )ཡང་འགའ་ཞིག་སྤྱོད་འཇུག་ལ་སོགས་པ་ནས་གསུངས་པ་དབུ་མ་ལུགས་ ཀྱི་སེམས་བསྐྱེད་དང༌། སྡོམ་པ་ཉི་ཤུ་པ་ལ་སོགས་པ་ནས་གསུངས་པ་སེམས་ཙམ་ལུགས་ཀྱི་ 4-1-90 སེམས་བསྐྱེད་དུ་འདོད་པའང་བཏགས་པ་སྟེ། ཐ་དད་དུ་འདོད་པའི་གཞུང་རྣམས་ཀྱང་སྔོན་ གྱི་མཁས་པ་རྣམས་ཀྱིས་(སྤྱོད་འཇུག་འགྲེལ་པར་སྡོམ་པ་ཉི་ཤུ་པ་ནས་དྲངས་པ་ལྟ་བུ་)ཕན་ཚུན་གཅིག་ནས་ གཅིག་ཏུ་དྲངས་ཤིང་འཆད་པས། རྒྱས་བསྡུས་དང་ཆོ་གའི་ཁྱད་པར་མི་འདྲ་བ་ཅུང་ཟད་ཡོད་ ཀྱང་མཐར་ཐུག་གི་དོན་གཅིག་པ་ཉིད་དུ་གསུངས་པའི་ཕྱིར་རོ། ། དོན་དམ་སེམས་བསྐྱེད་ནི། སངས་རྒྱས་མཉེས་པར་བྱས་ཏེ་ཚོགས་གཉིས་རིམ་གྱིས་ བསགས་པ་ལས་བདག་མེད་རྟོགས་པའི་ཤེས་རབ་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཡེ་ ཤེས་མངོན་སུམ་དུ་གྱུར་པའོ། །བླང་བའི་ཆོ་ག་གསུངས་པ་ནི། མོས་པ་ཡིད་ལ་བྱེད་པ་ཙམ་ ཡིན་གྱི་ངོ་བོ་ནི་བསྒོམ་པ་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་པས་ཐོབ་པ་ཉིད་ དེ། རྣམ་པར་གཏན་ལ་དབབ་པ་བསྡུ་བར། དེ་ལ་ཆོས་ཉིད་ཀྱིས་ཐོབ་པ་ནི་བྱང་ཆུབ་སེམས་ དཔའ་ཡང་དག་པར་སྐྱོན་མེད་པ་ལ་ཞུགས་པ་རྣམས་དང་ཞེས་པ་ལ་སོགས་པ་གསུངས་པ་ ལྟར་རོ། ། བླང་ཚུལ་ལའང་སོ་སོར་ལེན་པ་ལ་སོགས་པའི་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང༌། འདིར་ནི་སེམས་བསྐྱེད་དང་སྡོམ་པ་གཉིས་ཀ་ལྷན་ཅིག་ཏུ་བླང་པའི་ཚུལ་འཆད་པས། གང་ ལས་བླང་བའི་ཡུལ། ཡུམ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང༌། །ཞེས་པ་དང༌། སྡོམ་པ་ཉི་ ཤུ་པར། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལ་བླང་བར་བྱ། །ཞེས་གསུངས་ པ་ལྟར་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པའམ། སྤྱོད་འཇུག་ལས། སངས་རྒྱས་ བྱང་ཆུབ་སེམས་དཔའ་རྣམས། །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ ཅད་སྤྱན་སྔ་ན། །བདག་ནི་ཉེ་བར་གནས་སོ་ཞེས་གསུངས་པ་ལྟར་རྒྱལ་པ་སྲས་དང་བཅས་ པ་མདུན་གྱི་ནམ་མཁར་བཞུགས་པའི་སྤྱན་སྔར། གང་གིས་ལེན་པའི་གང་ཟག་ནི། ལམ་ 4-1-91 སྒྲོན་ལས། སོ་སོ་ཐར་བ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་ དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་པ་ནི་རྟེན་ཁྱད་པར་ཅན་ གྱི་དབང་དུ་བྱས་པ་ཡིན་གྱི། མདོ་ལས། ལྷ་དང་ཀླུ་དང་དུད་འགྲོ་ལ་སོགས་པས་ཀྱང་བླངས་ པར་གསུངས་པས་རིགས་ལ་གནས་ཤིང་ལེན་སེམས་དང་བསྲུང་སེམས་ཡོད་པའི་སྐལ་བ་ དང་ལྡན་པ་རྣམས་ཀྱིས། ཇི་ལྟར་བླང་བའི་ཆོ་ག་ནི། བཟང་སྤྱོད་ལ་སོགས་པ་ལས་འབྱུང་ བ་ལྟར་སྦྱོར་བ་ཡན་ལག་བདུན་པས་རྒྱུད་ཡོངས་སུ་སྦྱངས་ཏེ། དངོས་གཞི་སངས་རྒྱས་བྱང་ ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ཞེས་པ་དང༌། བྱང་ཆུབ་སྙིང་པོར་ མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་པ་ལ་སོགས་པའི་སྐྱབས་གསུམ་སྔོན་དུ་ འགྲོ་བ་ཅན་གྱིས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། ། བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། ། རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པ་ལན་གསུམ་གྱིས་བླངས་ནས་མཇུག་ཏུ། དེང་ དུས་བདག་ཚེ་འབྲས་བུ་ཡོད། མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་ སྐྱེས། །སངས་རྒྱས་སྲས་སུ་དེང་བདག་འགྱུར། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་ མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ ལྟར་བགྱི། །ཞེས་པས་རང་དགའ་བ་བསྐྱེད་ཅིང༌། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། ། སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་འགྲོན་དུ་བོས་ཟིན་གྱིས། །ལྷ་ དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་པས་གཞན་དགའ་བ་བསྐྱེད་པས་ཀྱང་བརྟན་ པར་བྱའོ། ། 4-1-92 བསླབ་བྱ་ལ། བསྲུང་ཚུལ་དངོས་དང༌། ཉམས་ན་འཆོས་ཚུལ་གཉིས་ལས། དང་པོ་ནི། རྒྱལ་བའི་སྲས་ཀྱིས་དེ་ལྟ་བུར། །བྱང་ཆུབ་སེམས་རབ་བརྟན་བཟུང་ནས། །གཡེལ་བ་མེད་ པར་རྟག་ཏུ་ཡང༌། །བསླབ་ལས་མི་འདའ་འབད་པར་བྱ། །ཞེས་པ་དང་དེའི་འགྲེལ་པར། (ཤེར་འབྱུང་གིས་)བྱང་ཆུབ་སེམས་དཔའི་བསླབ་པ་དེ་ཡང་ཕ་རོལ་ཏུ་ཕྱིན་པ་དང་ཚད་མེད་པ་ དང་བསྡུ་བའི་དངོས་པོ་ལ་སོགས་པའི་དབྱེ་བས་བློ་གྲོས་མི་ཟད་པ་དང་དཀོན་མཆོག་སྤྲིན་ ལ་སོགས་པའི་མདོ་རྣམས་ལས་བསླབ་པར་བྱའོ། །ཞེས་གསུངས་པ་རྣམས་གཞུང་ལས་རྒྱ་ ཆེར་འཆད་པར་འགྱུར་ཞིང༌། (ཇོ་བོས་)སེམས་བསྐྱེད་དང་སྡོམ་པ་བླང་པའི་ཆོ་གར། སྲོག་གི་ ཕྱིར་ཡང་བསམས་བཞིན་དུ་རྫུན་མི་སྨྲ་བ་དང༌། བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ ཤེས་བསྐྱེད་ཅིང་བསྔགས་པ་བརྗོད་པ་དང༌། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་ པ་རྣམ་པར་དག་པས་གནས་པ་དང༌། གཞན་དག་ཀྱང་རྫོགས་པའི་བྱང་ཆུབ་ཐོབ་པའི་ཆེད་ དུ་ཐེག་པ་ཆེན་པོའི་ཆོས་ལ་འགོད་པ་སྟེ། དཀར་པོའི་ཆོས་བཞི་བསྟེན་པ་དང༌། བླ་མ་དང་ མཆོད་པར་འོས་པ་བསླུ་བ་དང༌། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་ དང༌། བྱང་ཆུབ་སེམས་དཔའ་ལ་སྡང་ཤུགས་ཀྱིས་སྐྱོན་བརྗོད་པ་དང༌། སེམས་ཅན་རྣམས་ལ་ གཡོ་དང་སྒྱུས་ཀུན་ཏུ་སྤྱོད་པ་སྟེ། ནག་པོའི་ཆོས་བཞི་སྤོང་བ་ལའང་བསླབ་པར་བྱའོ། །ཁྱད་ པར་དུ་སྡོམ་པ་ཉི་ཤུ་པ་ལས། གཞན་ནམ་བདག་ཉིད་ལ་ཡང་རུང༌། །སྡུག་བསྔལ་ཡིན་ཡང་ གང་ཕན་པ། །ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་པ་ ལྟར་གཞན་དོན་གྱི་དཀའ་སྤྱད་ལྟ་བུ་འཕྲལ་དུ་སྡུག་བསྔལ་ཡིན་ཡང་ཕུགས་སུ་རང་གཞན་ལ་ ཕན་པར་འགྱུར་བ་རྣམས་དང༌། གཏན་དུ་ཕན་ལ་འདིར་ཡང་བདེ་བའི་དགེ་བ་རྣམས་ཀྱང་ བྱ་ཞིང༌། འདོད་ཡོན་ལ་བག་མེད་པར་སྤྱོད་པ་ལྟ་བུ་ཚེ་འདིར་བདེ་ཡང་ཕྱི་མ་ལ་མི་ཕན་པ་ སྡིག་པའི་བྱ་བ་རྣམས་ནི་མི་བྱ་སྟེ། ཉོན་མོངས་དྲག་ལས་གྱུར་པ་ཡི། །སྡོམ་པ་ཞིག་པར་གང་ 4-1-93 གྱུར་པ། །དེ་ཡི་ཉེས་པ་བཞི་པོ་ནི། །ཕམ་པ་འདྲ་བར་དགོངས་པ་ཡིན། །ཞེས་པ་དང༌། (བཞི་ པོ་)དེ་དག་ཀྱང༌། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་ (གཅིག)། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་(དང་)ནོར་(ཡོད་བཞིན་དུ་)མི་སྟེར་ (གཉིས་)དང༌། །གཞན་གྱིས་(ཉེས་པ་)བཤགས་(བསྡམས་བྱས་)ཀྱང་མི་ཉན་པར། །ཁྲོས་པས་གཞན་ ལ་(བརྡེག་ཅིང་)འཚོག་པ་(གསུམ་)དང༌། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་ སྟོན་པ(སྟེ་བཞི)འོ། །ཞེས་གསུངས་པ་རྣམས་སྤང་བར་བྱའོ། ། ཉམས་ན་འཆོས་ཚུལ་ནི། སྡོམ་པ་སླར་ཡང་བླང་བར་བྱ། ཟག་པ་འབྲིང་ནི་གསུམ་ལ་ བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། ། ཞེས་གསུངས་པ་ལྟར་ཉོན་མོངས་དྲག་ཅིང་རྒྱུན་རིང་བ་ལ་བརྟེན་ནས་སྡོམ་པ་ཞིག་པར་གྱུར་ ན་སླར་ཡང་སྔར་བཞིན་བླང་བར་བྱ་ཞིང༌། ཉོན་མོངས་པ་འབྲིང་ལས་བྱུང་བ་རྣམས་ནི་བྱང་ ཆུབ་སེམས་དཔའ་གསུམ་ཡན་ཆད་དང༌། ཉོན་མོངས་པ་ཆུང་ངུས་བྱས་པ་རྣམས་ནི་གཅིག་ གི་མདུན་དུ་བཤགས་པས་ཀྱང་བྱང་བར་འགྱུར་ལ། ཉེས་བྱས་སུ་གཏོགས་པ་ཕྲ་མོ་རྣམས་ ནི་བསམ་པ་ཐག་པས་རང་གི་སེམས་ཉིད་དཔང་དུ་བྱས་དེ་བཤགས་ཤིང་བསྡམས་པས་ཀྱང་ སོར་ཆུད་པར་འགྱུར་རོ། །བསླབ་བཏུས་སུ། རྨི་ལམ་འཕགས་པ་ནམ་མཁའི་སྙིང་པོའི་མདུན་ དུ་འདུག་སྟེ་བཤགས་པར་བྱ། །ཞེས་པ་དང་སྤྱོད་འཇུག་ལས། ཉེས་པ་བྱུང་བ་རེ་རེ་ཞིང༌། ། བདག་ལ་སྨད་ནས་ཅི་ནས་ཀྱང༌། །བདག་ལ་ཕྱིས་འདི་མི་འབྱུང་བ། །དེ་ལྟར་བྱ་ཞེས་ཡུན་ རིང་བསམ། །ཞེས་པ་དང༌། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ ཞིང༌། །རྒྱལ་དང་བྱང་ཆུབ་སེམས་བརྟེན་པས། །ལྟུང་པའི་ལྷག་མ་དེས་ཞི་བྱ། །ཞེས་གསུངས་ པ་ལྟར་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ་བྱུང་ན། ཉེས་པ་ལ་ཉེས་པར་ཤེས་ པའི་སྒོ་ནས་བཤགས་བསྡམ་ལེགས་པར་བྱས་ཏེ་སོར་ཆུད་པའི་ཐབས་ལ་འབད་པར་བྱའོ། ། 4-1-94 གཞུང་དོན་ལ་བརྒྱད་དེ། སེམས་བསྐྱེད་ཀྱི་མཚན་ཉིད། གནས་སྐབས་ཀྱིས་དབྱེ་བ། དེའི་རྣམ་པ་བསྟན་པ། བརྡ་དོན་གྱི་དབྱེ་བ། དཔེའི་སྒོ་ནས་བསྔགས་པ། མ་བསྐྱེད་པའི་ཉེས་ དམིགས། སེམས་བསྐྱེད་པའི་ཕན་ཡོན། བསླབ་བྱ་ལ་གདམས་པའོ། ། དང་པོ་ནི། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ ཆུབ་སེམས་དཔའི་སེམས་པ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། ། ཡོན་ཏན་གསུམ་དང་ལྡན་པ་སྟེ། སྐྱེས་བུ་བྱེད་པའི་ཡོན་ཏན་ནི། གོ་ཆའི་བརྩོན་འགྲུས་ཀྱིས་ ཟབ་མོ་སྟོང་པ་ཉིད་སྒོམ་པ་དང་ཡུན་རིང་པོའི་དཀའ་སྤྱད་ལ་སྤྲོ་བ་ཆེན་པོ་དང༌། སྦྱོར་བའི་ བརྩོན་འགྲུས་ཀྱི་དངོས་སུ་ཚོགས་གཉིས་སྒྲུབ་པ་ལ་རྩོམ་པ་ཆེན་པོ་དང་ལྡན་པའོ། །དོན་ བྱེད་པའི་ཡོན་ཏན་ནི། རང་གཞན་ཐམས་ཅད་ལ་ཕན་པ་དང་བདེ་པའི་དོན་ཆེན་པོ་འགྲུབ་ པ་དང༌། འབྲས་བུ་ཡོངས་སུ་འཛིན་པའི་ཡོན་ཏན་ནི། བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་ པས་འབྱུང་བ་ཆེན་པོ་དང་ལྡན་པ་ཡིན་ཞིང༌། བྱང་ཆུབ་སེམས་དཔའི་སེམས་ཡུལ་ལ་གཡོ་ བར་བྱེད་པའི་འདུ་བྱེད་སེམས་པ་དང་མཚུངས་པར་ལྡན་པ་སྟེ། བྱང་ཆུབ་ཆེན་པོའི་དོན་དང་ སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ་དམིགས་པ་དོན་གཉིས་དང་ལྡན་པའི་སེམས་ཁྱད་ པར་ཅན་འབྱུང་བ་དེ་ནི་སེམས་བསྐྱེད་ཀྱི་ངོ་བོ་ཉིད་དོ། ། ས་མཚམས་སམ་གནས་སྐབས་ཀྱིས་དབྱེ་བ་ནི། སེམས་བསྐྱེད་དེ་ནི་ས་རྣམས་ ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་ འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །སེམས་བསྐྱེད་དེ་ནི་ས་རྣམས་ལ་སྦྱར་ཏེ་ ཕྱེ་ན་རྣམ་པ་བཞི་ཡིན་ཏེ། ཚོགས་ལམ་དང་སྦྱོར་ལམ་མོས་སྤྱོད་ཀྱི་སའི་གནས་སྐབས་ན་ བདག་གཞན་མཉམ་པ་ལ་སོགས་པ་མངོན་སུམ་དུ་མ་རྟོགས་ཀྱང་སྤྱིའི་རྣམ་པར་མོས་པ་ཡིད་ ལ་བྱས་པ་ལས་བྱུང་པའི་སེམས་བསྐྱེད་དང༌། ས་དང་པོ་ཐོབ་ནས་བདུན་པའི་བར་ལ་བདག་ 4-1-95 གཞན་མཉམ་པ་ལ་སོགས་པ་མངོན་སུམ་དུ་རྟོགས་པས་ལྷག་བསམ་རྣམ་པར་དག་པ་ལས་ བྱུང་བའི་སེམས་བསྐྱེད་དང༌། བརྒྱད་པ་ལ་སོགས་པ་དག་པ་ས་གསུམ་གྱི་གནས་སྐབས་ན་ རྣམ་པར་སྨིན་པ་ལས་བྱུང་བའི་སེམས་བསྐྱེད་བྱ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སོགས་ པ་ལ་འབད་རྩོལ་མེད་པས་སྔ་མ་དག་ལས་གཞན་དུ་འདོད་པ་དང༌། དེ་བཞིན་དུ་སངས་རྒྱས་ ཀྱི་ས་ཐོབ་པ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པར་དག་ པས་སྒྲིབ་པ་སྤངས་པའི་སེམས་བསྐྱེད་བྱ་བ་རྣམས་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་རིམ་ གྱིས་ཐོབ་པར་བྱ་བའི་ཕྱིར་གསུངས་པའོ། ། དེའི་རྣམ་པ་བསྟན་པ་ནི། སེམས་བསྐྱེད་པ་བཞི་པོ་འདིའི་རྩ་བ་ནི་གང་ཡིན་ཞེས་པ་ ནས་མཐར་ཐུག་ནི་གང་ཡིན་ཞེས་པའི་བར་དོན་རྣམ་པ་བཅུས་གཏན་ལ་འབེབས་པ་སྟེ། དེ་ ཡི་རྩ་བ་སྙིང་རྗེ་འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། །ཆོས་ལ་ མོས་དང་དེ་བཞིན་དེའི། །ཡེ་ཤེས་ཚོལ་བར་དམིགས་པའོ། །སེམས་བསྐྱེད་ དེ་ཡི་རྩ་བ་ནི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་ རྗེ་ཆེན་པོ་ཡིན་པར་འདོད་ཅིང༌། བསམ་པ་ནི་དུས་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་ ཐམས་ཅད་ཐར་པའི་བདེ་བ་ལ་དགོད་པར་འདོད་པའི་ཕན་པར་སེམས་པ་ཡིན་ལ། མོས་ པ་ནི་ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་ཡོན་ཏན་དང་ལྡན་པར་ངེས་ནས་ཇི་ལྟར་ ངེས་པ་བཞིན་དུ་འཛིན་པའི་མོས་པ་དང༌། དམིགས་པ་ནི་དེ་བཞིན་དུ་ཐེག་པ་ཆེན་པོ་དེའི་ རྣམ་པར་མི་རྟོག་པའི་ཡེ་ཤེས་ཚོལ་ཞིང་དོན་དུ་གཉེར་བར་དམིགས་ནས་ཐོས་བསམ་སྒོམ་པ་ ལ་འཇུག་པའོ། ། གོང་དུ་མདུན་པ་འགྲོ་བ་སྟེ། །སྡོམ་པ་རྒྱ་ཆེན་དེ་ཡི་རྟེན། །ལམ་ འགགོ་པ་ནི་མི་མཐུན་ཕྱོགས། །སློང་ཞིང་དང་དུ་ལེན་པའོ། །འགྲོ་བ་ནི་ 4-1-96 གང་ཡིན་ན་ལམ་གོང་ནས་གོང་དུ་ཁྱད་པར་འཕགས་པ་ཐོབ་པར་འདོད་པའི་མདུན་པ་ལ་ བརྟེན་ནས་སྤངས་རྟོགས་ཁྱད་པར་ཅན་དུ་འགྲོ་བ་སྟེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ ཀྱི་སྡོམ་པ་རྒྱ་ཆེན་པོ་བསྲུང་བ་ནི་དེའི་རྟེན་ཡིན་ལ། ཐེག་ཆེན་གྱི་ལམ་འགོག་པ་ནི་དེ་ལ་བར་ དུ་གཅོད་པས་ཉེས་དམིགས་སམ་མི་མཐུན་པའི་ཕྱོགས་ཡིན་ཏེ་བསམ་པས་ཐེག་དམན་གྱི་ སེམས་སློང་ཞིང་སྦྱོར་[བས་{བ་}ལམ་དམན་པ་དང་དུ་ལེན་པའོ། ། བསོད་ནམས་ཡེ་ཤེས་རང་བཞིན་གྱི། །དགེ་བ་འཕེལ་བ་དེའི་ཕན་ ཡོན། །ཕ་རོལ་ཕྱིན་ལ་རྟག་སྦྱོར་བ། །དེ་ནི་ངེས་པར་འབྱུང་བར་འདོད། ། སྙིང་རྗེ་ཆེན་པོ་ལ་བརྟེན་ནས་ཐབས་བསོད་ནམས་ཀྱི་ཚོགས་དང་སྟོང་ཉིད་རྟོགས་པ་ལ་ བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་གཉིས་ཀྱི་རང་བཞིན་ཅན་གྱི་དགེ་བའི་རྩ་ བ་གོང་ནས་གོང་དུ་འཕེལ་བར་གྱུར་པ་ནི་དེའི་ཕན་ཡོན་ཡིན་ཞིང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ ལ་རྟག་ཏུ་རྒྱུན་མི་འཆད་པར་སྦྱོར་ཞིང་གོམས་པར་བྱེད་པ་དེ་ནི་སྤང་བྱ་སེར་སྣ་ལ་སོགས་པ་ ལས་ངེས་པར་འབྱུང་བར་བྱེད་པའི་ཐབས་ཡིན་པར་འདོད་དོ། ། འདི་ཡི་མཐར་ཐུག་ས་ཡིན་ཏེ། །སོ་སོ་རང་གིས་དེར་སྦྱོར་བས། ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ། །རྣམ་པར་ངེས་པར་ཤེས་པར་ བྱ། །སེམས་བསྐྱེད་པ་བཞི་པོ་འདིའི་སོ་སོའི་ཡོན་ཏན་མཐར་ཐུག་པ་ནི་ས་རྣམས་ཡིན་ཏེ། གོ་ རིམ་བཞིན་དུ་མོས་སྤྱོད་ལས་བྱུང་བས་ཆོས་མཆོག་དང་ལྷག་བསམ་རྣམ་དག་ལས་བྱུང་བས་ ས་བདུན་པ་དང་རྣམ་པར་སྨིན་པ་ལས་བྱུང་བས་ས་བཅུ་པ་དང༌། སྒྲིབ་པ་སྤངས་པས་སངས་ རྒྱས་ཀྱི་ས་རྣམས་ལ་སོ་སོ་རང་གིས་ས་དེ་དང་དེར་རང་རང་གི་ཡོན་ཏན་མཐར་ཐུག་པ་ལ་ སྦྱོར་བས་སོ། །དེ་དག་གིས་ནི་བྱང་ཆུང་སེམས་དཔའི་སེམས་བསྐྱེད་པའི་ཚུལ་རྣམ་པར་ངེས་ པ་སྟེ་གཏན་ལ་དབབ་པར་ཤེས་པར་བྱའོ། ། 4-1-97 བརྡ་དོན་གྱི་དབྱེ་བ་ལ། བརྡ་ལས་བྱུང་བ་དང༌། དོན་དམ་སེམས་བསྐྱེད་གཉིས་ལས། དང་པོ་ནི། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་ གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་ པའི་སེམས་བསྐྱེད་བཤད། །སེམས་བསྐྱེད་པ་དེ་ཉིད་གྲོགས་དགེ་བའི་བཤེས་གཉེན་ གྱིས་ཕན་ཡོན་ལ་སོགས་པ་བཤད་དེ་བསྐུལ་བའི་སྟོབས་ཀྱིས་སྐྱེ་བ་དང༌། རྒྱུད་བླ་མར། སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ ཡིན་གང་ཕྱིར་དེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་གསུངས་པ་ལྟར་སངས་རྒྱས་ཐོབ་ པའི་རྒྱུ་ཐེག་ཆེན་གྱི་རིགས་ཡོད་པའི་སྟོབས་ལས་སྐྱེ་བ་དང༌། ཚེ་རབས་སྔ་མར་དགེ་པའི་རྩ་ བ་རྣམ་པར་དག་པ་བསགས་པ་ལས་ཐེག་ཆེན་རྒྱས་འགྱུར་གྱི་རིགས་སད་པའི་སྟོབས་ལས་ སྐྱེ་བ་དང༌། མདོ་ལས། ཆོས་ཀྱི་རྣམ་གྲངས་དེ་དང་དེ་བཤད་པ་ན་སྐྱེ་བོ་མང་པོ་བྱང་ཆུབ་ཏུ་ སེམས་བསྐྱེད་པར་གྱུར་ཏོ་ཞེས་གསུངས་པ་ལྟར། ཐེག་ཆེན་གྱི་ཆོས་ཟབ་མོ་ཐོས་པའི་སྟོབས་ ལས་སྐྱེ་བ་དང༌། ཚེ་འདིར་ཡང་ཐེག་ཆེན་གྱི་ཆོས་རྟག་དུ་ཉན་པ་དང་འཛིན་པ་དང་འཆང་བ་ ལ་སོགས་པ་དགེ་བ་རྣམ་དག་གོམས་པའི་སྟོབས་ལས་སྐྱེ་བ་རྣམས་ཏེ། དེ་ལྟར་ལྔའི་དང་པོ་ གྲོགས་ཀྱི་སྟོབས་ལས་སྐྱེས་པ་ནི་འགྱུར་ཞིང་ལྡོག་པ་སྲིད་པས་མི་བརྟན་པར་འབྱུང་པ་དང༌། རྒྱུའི་སྟོབས་ལས་སྐྱེས་པ་ལ་སོགས་པ་ཕྱི་མ་བཞི་ནི་ཕལ་ཆེར་མི་འགྱུར་ཞིང་མི་ལྡོག་པས་ བརྟན་པར་འབྱུང་བ་ཡིན་ལ། ཐམས་ཅད་ཀྱང་ཕལ་ཆེར་གཞན་གྱིས་བསྟན་ཅིང་གཞན་གྱིས་ ལུས་ངག་གི་རྣམ་པར་རིག་བྱེད་ཀྱིས་བསྟན་པ་ལས་འབྱུང་པ་གང་ཡིན་པ་དེ་དག་ནི་ཀུན་ རྫོབ་ཡང་དག་པར་བླངས་པ་བརྡ་ལས་བྱུང་པའི་སེམས་བསྐྱེད་བྱ་བར་བཤད་དོ། ། དོན་དམ་ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་ལ་གསུམ་སྟེ། སྐྱེ་ཚུལ་དང་ངོ་བོ། ས་ གང་ནས་ཐོབ་ཚུལ། དོན་དྲུག་གིས་བཤད་པའོ། ། 4-1-98 དང་པོ་ནི། རྫོགས་པའི་སངས་རྒྱས་རབ་བསྙེན་བྱས། །བསོད་ནམས་ ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་ དེ་ནི་དམ་པར་འདོད། །དེ་ཡང་ལུང་གི་ཁྱད་པར་རྫོགས་པའི་སངས་རྒྱས་མང་པོ་ལ་ རབ་ཏུ་བསྙེན་ཅིང་བཀུར་བ་བྱས་ནས་ཆོས་ཟབ་མོ་ཐོས་པ་དང་སྒྲུབ་པའི་ཁྱབ་པར། ཕ་རོལ་ ཏུ་ཕྱིན་པ་དྲུག་ལ་བརྟེན་ནས་བསྐལ་པ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ རྒྱ་ཆེན་པོ་རབ་ཏུ་བསགས་པ་ལས་རྟོགས་པའི་ཁྱད་པར། ཆོས་ཐམས་ཅད་ལ་གཟུང་བ་དང་ འཛིན་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་སྐྱེས་པའི་ཕྱིར་སེམས་བསྐྱེད་དེ་ནི་ཆོས་ཉིད་དོན་ དམ་པའི་བདེན་པ་མངོན་སུམ་དུ་རྟོགས་པ་ལས་ཐོབ་པ་ཡིན་པར་འདོད་དོ། ། ས་གང་ནས་ཐོབ་ཚུལ་ནི། ཆོས་དང་སེམས་ཅན་རྣམས་དང་ནི། །དེ་ཡི་བྱ་ བ་སངས་རྒྱས་ཉིད། །མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། །དེ་ཡི་རབ་ དགའ་ཁྱད་པར་འཕགས། །དོན་དམ་སེམས་བསྐྱེད་དེ་ཉིད་ས་དང་པོ་རབ་ཏུ་དགའ་ བ་ཐོབ་ནས་སྐྱེ་སྟེ། ཆོས་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་མཐའ་དག་གིས་སྟོང་བར་ སེམས་མཉམ་པ་ཉིད་རྟོགས་པའི་ཕྱིར་དང༌། སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་ དང་བདག་གི་སེམས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་སུ་སེམས་མཉམ་པ་ཉིད་རྟོགས་པའི་ ཕྱིར་དང་ནི་སེམས་ཅན་དེའི་དོན་བྱ་བ་ལ་བདག་གི་སྡུག་བསྔལ་ཟད་པར་འདོད་པ་བཞིན་དུ་ གཞན་ཐམས་ཅད་ཀྱིའང་སྡུག་བསྔལ་ཟད་པར་འདོད་པའི་སེམས་མཉམ་པ་ཉིད་རྟོགས་པའི་ ཕྱིར་དང༌། སངས་རྒྱས་ཉིད་མཆོག་གི་ཆོས་ཀྱི་དབྱིངས་དང་བདག་གི་ཆོས་ཀྱི་དབྱིངས་ལ་ ཁྱད་པར་ཅུང་ཟད་ཀྱང་མེད་པར་རྟོགས་ཏེ། སེམས་མཉམ་པ་ཉིད་རྙེད་པའི་ཕྱིར་ན་ས་དེ་ཡི་ མིང་ཡང་རབ་ཏུ་དགའ་བ་ཁྱད་པར་དུ་འཕགས་པ་དང་ལྡན་པ་ཞེས་བྱའོ། ། དོན་དྲུག་གིས་བཤད་པ་ལ་གཉིས་ལས། མདོར་བསྟན་ནི། སྐྱེ་བ་རྒྱ་ཆེ་དེ་ལ་སྤྲོ། 4-1-99 བསམ་པ་ཡང་ནི་དག་པ་དང༌། །ལྷག་མ་དག་ལ་མཁས་པ་དང༌། །ངེས་ པར་འབྱུང་བར་ཤེས་པར་བྱ། །སེམས་བསྐྱེད་དེ་ཡང་སངས་རྒྱས་ཀྱི་སྲས་སུ་སྐྱེ་བ་ དང༌། བསམ་པ་སྨོན་ལམ་རྒྱ་ཆེ་བ་དང༌། སྦྱོར་བ་གཞན་དོན་དེ་ལ་སྤྲོ་བ་དང༌། ལྷག་པའི་ བསམ་པ་ཡང་ནི་རྣམ་པར་དག་པ་དང༌། ས་ལྷག་མ་དག་ལ་མཁས་པ་དང༌། ས་རྣམས་ལ་ རིམ་པ་ལྟར་ངེས་པར་འབྱུང་བར་ཤེས་པར་བྱ་སྟེ། དོན་དྲུག་གིས་གཏན་ལ་འབེབས་པའོ། ། རྒྱས་བཤད་ལ་དྲུག་གི་སྐྱེ་བའི་ཁྱད་པར་ནི། ཆོས་ལ་མོས་པ་ས་བོན་དང༌། ། ཕ་རོལ་ཕྱིན་མཆོག་མ་ལས་སྐྱེས། །བསམ་གཏན་ལས་བྱུང་བདེ་བའི་ མངལ། །སྙིང་རྗེ་སྐྱེད་པའི་མ་མའོ། །དཔེར་ན་ས་བོན་དང་མ་དང་མངལ་དང་མ་ མ་སྟེ། ཁྱད་པར་བཞི་ཚང་བ་ལས་འཁོར་ལོས་སྒྱུར་རྒྱལ་ལ་སོགས་པའི་སྲས་སུ་འགྱུར་བ་ བཞིན་དུ་ཐེག་པ་ཆེན་པོའི་ཆོས་ཟབ་པ་དང་རྒྱ་ཆེ་བ་ལ་མོས་པ་ནི་ས་བོན་དང་ཕ་རོལ་ཏུ་ཕྱིན་ པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཟབ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྒོམས་པའི་མ་ ལས་སྐྱེས་པ་དང༌། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་བསམ་གཏན་ལས་བྱུང་བ་ནི་ བདེ་བའི་མངལ་གྱི་གནས་དང༌། སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་ནི་ སྐྱེད་བསྲིང་བའི་མ་མ་སྟེ་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ནི་སངས་རྒྱས་ཀྱི་ གདུང་འཚོབ་པའི་སྲས་སུ་གྱུར་པའོ། ། རྒྱ་ཆེ་བའི་ཁྱད་པར་ནི། སྨོན་ལམ་ཆེན་པོ་བཅུ་བསྒྲུབ་ཕྱིར། །རྒྱ་ཆེ་བར་ ནི་ཤེས་པར་བྱ། །བྱང་ས་ལས་བྱུང་བའི་དོན་བསྡུས་ཏེ་སྡོམ་དུ་བྱས་ན། སངས་རྒྱས་ མཆོད་དང་ཆོས་འཛིན་དང༌། །མཛད་བསྟན་སྤྱོད་བསྒྲུབ་ཡོངས་སྨིན་དང༌། །བསྟན་དང་ཞིང་ དག་བསམ་སྦྱོར་གཅིག །སྦྱོར་བ་འབྲས་ཡོད་བྱང་ཆུབ་ཆེ། །ཞེས་པ་ལྟར་དོན་དམ་{པའི་} སེམས་བསྐྱེད་སྐྱེས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་དཔག་ 4-1-100 ཏུ་མེད་པ་བྱ་བའི་སྨོན་ལམ་ཆེན་པོ་དང༌། དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ ཆོས་ཡོངས་སུ་འཛིན་ཅིང་བསྲུང་བར་བྱ་བ་དང༌། དགའ་ལྡན་ན་གནས་པ་ནས་མྱ་ངན་ལས་ འདས་པའི་བར་གྱི་མཛད་པ་རྣམས་བསྟན་པར་བྱ་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ ཐམས་ཅད་ལེགས་པར་བསྒྲུབ་པར་བྱ་བ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་ བྱ་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་དག་པར་བསྟན་པར་བྱ་བ་དང༌། སངས་ རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བ་དང༌། ཐེག་པ་ཆེན་པོ་ལ་ཞུགས་པ་ཐམས་ ཅད་བསམ་པ་དང་སྦྱོར་བ་གཅིག་པར་བྱ་བ་དང༌། ཡང་དག་པའི་སྦྱོར་བ་ཐམས་ཅད་འབྲས་ བུ་ཡོད་པར་བྱ་བ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པར་ བྱའོ་ཞེས་པའི་སྨོན་ལམ་ཆེན་པོ་བཅུ་བསྒྲུབ་པའི་ཕྱིར་བསམ་པ་རྒྱ་ཆེ་བ་དང་ལྡན་པར་ནི་ ཤེས་པར་བྱའོ། ། སྤྲོ་བའི་ཁྱད་པར་ནི། དཀའ་ལ་ཡུན་རིང་མི་སྐྱོའི་ཕྱིར། །སྤྲོ་བར་ཁོང་དུ་ ཆུད་པར་བྱ། །དོན་དམ་སེམས་བསྐྱེད་སྐྱེས་པ་དེ་ལུས་ལོངས་སྤྱོད་ཐམས་ཅད་སྦྱིན་པར་ གཏོང་བ་ལ་སོགས་པའི་དཀའ་སྤྱད་རྒྱ་ཆེན་པོ་ལ་ཡུན་རིང་པོ་བསྐལ་པ་གྲངས་མེད་པ་མང་ པོར་ཡང་མི་སྐྱོ་བར་འཇུག་པའི་ཕྱིར་སྦྱོར་བ་གཞན་དོན་ཕུན་སུམ་ཚོགས་པ་ལ་སྤྲོ་བ་དང་ ལྡན་པར་ཁོང་དུ་ཆུད་པར་བྱའོ། ། བསམ་པའི་ཁྱད་པར་ནི། བྱང་ཆུབ་ཉེ་བར་རྟོགས་པ་དང༌། །དེ་ཡི་ཐབས་ ཤེས་རྙེད་པའི་ཕྱིར། །བསམ་པ་དག་པར་ཤེས་པར་བྱ། །ས་དང་པོ་ཐོབ་པ་ན་ བདག་ཉིད་བྱང་ཆུབ་ཆེན་པོ་དང་ཉེ་བར་རྟོགས་པ་དང་བྱང་ཆུབ་དེ་བསྒྲུབ་པའི་ཐབས་གཞན་ ལ་ཡང་སྟོན་པའི་ཚུལ་ལེགས་པར་ཤེས་ཤིང་རྙེད་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་ པའི་ལྷག་པའི་བསམ་པ་རྣམ་པར་དག་པ་དང་ལྡན་པར་ཤེས་པར་བྱའོ། ། 4-1-101 མཁས་པའི་ཁྱད་པར་ནི། ས་གཞན་ཚུལ་ལ་མཁས་པ་ཉིད། །ས་དང་པོ་ལས་ གཞན་གཉིས་པ་ལ་སོགས་པ་གོང་མ་རྣམས་ཀྱི་རང་བཞིན་དང་ཡོན་ཏན་དང་ཐོབ་པར་བྱེད་ པའི་ཚུལ་རྣམས་ལ་ལེགས་པར་ཤེས་ཤིང་མཁས་པ་ཉིད་དོ། ། ངེས་འབྱུང་གི་ཁྱད་པར་ནི། ཇི་ལྟར་རྣམ་གཞག་ཡིད་བྱེད་པས། །དེ་རྟོག་ ཉིད་དུ་ཤེས་ཕྱིར་དང༌། །དེ་ཉིད་ལ་ཡང་མི་རྟོག་ཕྱིར། །ངེས་པར་འབྱུང་ བར་ཤེས་པར་བྱ། །ས་རྣམས་ཀྱི་རྒྱུ་དང་ངོ་བོ་དང་འབྲས་བུ་ལ་སོགས་པ་མིང་ཚིག་ཡི་ གེའི་སྒོ་ནས་ཇི་ལྟར་རྣམ་པར་གཞག་པ་དེ་རྣམས་སེམས་ཉིད་དེར་སྣང་བ་ཡིན་པར་ཡིད་ལ་ བྱེད་པས་དེ་དག་ཕྱི་གཟུང་བ་ཡུལ་དུ་བདེན་པ་མེད་པས་ནང་འཛིན་པ་རྟོག་པ་ཙམ་ཉིད་དུ་ ཤེས་པའི་ཕྱིར་དང༌། གཟུང་བ་མེད་ན་འཛིན་པ་ཡང་མེད་པར་ཤེས་ནས་རྟོག་པ་ཙམ་དེ་ཉིད་ ལ་ཡང་མི་རྟོག་པའི་ཕྱིར་ས་འོག་མ་འོག་མ་ལ་ཆགས་པ་མེད་པར་ངེས་པར་འབྱུང་བས་གོང་ མ་གོང་མ་རྣམས་རིམ་གྱིས་ཐོབ་པར་ཤེས་པར་བྱའོ། ། ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་པ་དེ་དག་མཚུངས་ལྡན་གྱི་གྲོགས་དང་སྦྱར་ ནས་ཕྱེ་ན། འདུན་པ་བསམ་པ་སྦྱོར་བ་ལྷག་བསམ་ཕར་ཕྱིན་དྲུག །ཚད་མེད་མངོན་ཤེས་བསྡུ་ པའི་དངོས་པོ་ཡང་དག་རིག །རྟོན་པ་ཚོགས་གཉིས་ཕྱོགས་མཐུན་ཞི་གནས་ལྷག་མཐོང་དང༌། ། གཟུངས་སྤོབས་ཆོས་བཤད་བགྲོད་གཅིག་ལམ་དང་ཐབས་མཁས་ལྡན། །ཞེས་སྡོམ་དུ་བྱས་ པ་ལྟར་ཉི་ཤུ་རྩ་གཉིས་ཡོད་པ་དེ་རྣམས་དཔེའི་སྒོ་ནས་བསྔགས་པ་ལ་ཚིགས་སུ་བཅད་པ་ དྲུག་སྟེ། བསྐྱེད་པ་ས་དང་མཚུངས་པ་སྟེ། །གཞན་ནི་བཟང་པོའི་གསེར་ དང་འདྲ། །ཟླ་བ་ཡར་གྱི་ཚེས་པ་བཞིན། །གཞན་ནི་མེ་དང་འདྲར་ཤེས་ བྱ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་པོ་མོས་པ་ལས་བྱུང་བའམ་ཐེག་ པ་ཆེན་པོ་ལ་འདུན་པ་དང་མཚུངས་པར་ལྡན་པ་ནི། རྩི་ཤིང་ལོ་ཏོག་ལ་སོགས་པ་བསྐྱེད་ཅིང་ 4-1-102 འཕེལ་བའི་རྟེན་བྱེད་པ་ས་དང་མཚུངས་པ་སྟེ། འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ དང་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསྐྱེད་ཅིང་འཕེལ་བའི་རྟེན་དུ་གྱུར་ པའི་ཕྱིར་རོ། ། དང་པོ་ལས་གཞན་བསམ་པ་དང་མཚུངས་པར་ལྡན་པ་ནི། བསྲེག་གཅད་བརྡར་བ་ ལ་སོགས་པས་མི་འགྱུར་བ་བཟང་པོའི་གསེར་དང་འདྲ་བ་སྟེ། སེམས་ཅན་ཐམས་ཅད་ལ་ གཏན་དུ་ཕན་པ་དང་འཕྲལ་དུ་བདེ་བར་འདོད་པའི་བསམ་པ་བཟང་པོ་ནམ་ཡང་མི་འགྱུར་ བའི་ཕྱིར་རོ། །ལམ་རྣམ་དག་ལ་སྦྱོར་བ་དང་མཚུངས་པར་ལྡན་པ་ནི་ཟླ་བ་ཡར་གྱི་ངོ་ཚེས་ པ་ན་ཆ་ཤས་རིམ་གྱིས་འཕེལ་བ་བཞིན་ཏེ་དགེ་བའི་ཆོས་རྣམས་གོང་ནས་གོང་དུ་འཕེལ་ བར་འགྱུར་བའི་ཕྱིར་རོ། །དེ་ལས་གཞན་ཡོན་ཏན་གོང་མ་འདོད་པའི་ལྷག་པའི་བསམ་པ་ དང་མཚུངས་པར་ལྡན་པ་ནི་བུད་ཤིང་བསྣན་པ་ལས་མེ་ཆེར་འབར་བ་དང་འདྲ་བར་ཤེས་ པར་བྱ་སྟེ། མོས་སྤྱོད་ནས་བརྩམས་ཏེ་སངས་རྒྱས་ཀྱི་སའི་བར་དུ་ཡོན་ཏན་ཁྱད་པར་ཅན་ ཆེས་ཆེར་འཕེལ་བར་འགྱུར་བའི་ཕྱིར་རོ། །གཞན་ནི་གཏེར་ཆེན་བཞིན་ཤེས་བྱ། ། གཞན་ནི་རིན་ཆེན་འབྱུང་གནས་བཞིན། །རྒྱ་མཚོ་འདྲ་བར་ཤེས་བྱ་ གཞན། །རྡོ་རྗེ་དང་འདྲ་རི་རབ་འདྲ། །གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ མཚུངས་པར་ལྡན་པ་ནི་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བའི་གཏེར་ཆེན་པོ་བཞིན་དུ་ཤེས་ པར་བྱ་སྟེ། ཆོས་དང་ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་ཚིམ་པར་བྱེད་ཅིང་དེ་ཉིད་ཕུང་ པོ་ལྷག་མེད་ཀྱི་མྱང་འདས་སུ་མི་ཟད་པའི་ཕྱིར་རོ། །དེ་ལས་གཞན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་མཚུངས་པར་ལྡན་པ་ནི་རིན་ཆེན་མང་པོའི་འབྱུང་གནས་ཇི་ལྟ་བ་བཞིན་ཏེ། ས་ དང་ལམ་དང་འབྲས་བུའི་ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པ་འབྱུང་བའི་གནས་ཡིན་པའི་ ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་མཚུངས་པར་ལྡན་པ་ནི་རྒྱ་མཚོ་ཆེན་པོ་གཏིང་མི་ 4-1-103 གཡོ་བར་གནས་པ་དང་འདྲ་བར་ཤེས་པར་བྱ་སྟེ། ལམ་བསྒྲུབ་པའི་སྡུག་བསྔལ་དང་གཞན་ གྱི་གནོད་པ་ཐམས་ཅད་ཀྱིས་ནམ་ཡང་མི་འཁྲུག་པའི་ཕྱིར་རོ། །གཞན་ཡང་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཚུངས་པར་ལྡན་པ་ནི་རྡོ་རྗེ་ཕ་ལམ་{གཞན་}གང་གིས་ཀྱང་མི་ ཤིགས་པ་དང་འདྲ་བ་སྟེ། ལེ་ལོ་ལ་སོགས་པའི་གནོད་པས་མི་ཤིགས་ཤིང་སྲ་བ་ཉིད་ཀྱི་ཕྱིར་ རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་མཚུངས་པར་ལྡན་པ་ནི་རིའི་རྒྱལ་པོ་རི་རབ་ རྐྱེན་ཆེ་ཆུང་གང་གིས་ཀྱང་མི་གཡོ་བ་དང་འདྲ་བ་སྟེ། རྣམ་པར་གཡེང་བ་ཐམས་ཅད་ཀྱིས་མི་ གཡེང་ཞིང་མི་གཡོ་བའི་ཕྱིར་རོ། ། སྨན་གྱི་རྒྱལ་པོ་འདྲ་བ་སྟེ། །གཞན་ནི་མཛའ་ཆེན་འདྲར་ཤེས་བྱ། ། ཡིད་བཞིན་ནོར་བུ་འདྲ་བ་དང༌། །གཞན་ནི་ཉི་མ་འདྲར་ཤེས་བྱ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཚུངས་པར་ལྡན་པ་ནི་ནད་ཐམས་ཅད་ཞི་བར་བྱེད་པའི་སྨན་ གྱི་རྒྱལ་པོ་འདྲ་བ་སྟེ། དེའི་དོན་རྟོགས་ཤིང་བསྒོམས་པ་ལས་ཉོན་མོངས་པ་དང་ཤེས་བྱའི་ སྒྲིབ་བའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །དེ་ལས་གཞན་ཚད་མེད་པ་བཞི་ དང་མཚུངས་པར་ལྡན་པ་ནི་མཛའ་བོ་ཆེན་པོས་གྲོགས་པོ་ནམ་ཡང་མི་སླུ་བ་དང་འདྲ་བར་ ཤེས་པར་བྱ་སྟེ། བདེ་སྡུག་བཏང་སྙོམས་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ་སེམས་ ཅན་ཡལ་བར་མི་འདོར་བའི་ཕྱིར་རོ། །མངོན་པར་ཤེས་པ་དང་མཚུངས་པར་ལྡན་པ་ནི་ཡིད་ བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་དགོས་འདོད་འབྱུང་བ་དང་འདྲ་བ་སྟེ། གདུལ་བྱ་རྣམས་ཀྱི་ མོས་པ་ཇི་ལྟ་བ་བཞིན་དེ་དང་དེའི་འབྲས་བུ་འབྱོར་པར་བྱེད་པའི་ཕྱིར་རོ། །གཞན་ཡང་བསྡུ་ པའི་དངོས་པོ་བཞི་དང་མཚུངས་པར་ལྡན་པ་ནི་ཉི་མའི་འོད་ཟེར་གྱིས་ལོ་ཏོག་སྨིན་པར་བྱེད་ པ་དང་འདྲ་བར་ཤེས་པར་བྱ་སྟེ། གདུལ་བྱ་མཐའ་ཡས་པའི་རྒྱུད་ཀྱི་ཞིང་ལ་དགེ་བའི་ལོ་ཏོག་ ཕུན་སུམ་ཚོགས་པ་སྨིན་པར་བྱེད་པའི་ཕྱིར་རོ། ། 4-1-104 གཞན་ནི་དྲི་ཟའི་དབྱངས་སྙན་བཞིན། །གཞན་ནི་རྒྱལ་པོ་འདྲར་ ཤེས་བྱ། །དེ་བཞིན་གཞན་ནི་མཛོད་ལྟ་བུ། །ལམ་པོ་ཆེ་དང་འདྲར་ཤེས་ བྱ། །གཞན་ཡང་སོ་སོ་ཡང་དག་པར་རིག་པ་བཞི་དང་མཚུངས་པར་ལྡན་པ་ནི་དྲི་ཟའི་གླུ་ དབྱངས་སྙན་པས་མང་པོ་དགའ་བར་བྱེད་པ་བཞིན་ཏེ། དམ་པའི་ཆོས་ཀྱི་སྒྲ་དབྱངས་སྙན་ པས་གདུལ་བྱ་དཔག་ཏུ་མེད་པ་འདུན་པར་བྱེད་པའི་ཕྱིར་རོ། །དེ་ལས་གཞན་རྟོན་པ་བཞི་ དང་མཚུངས་པར་ལྡན་པ་ནི་འཁོར་རྣམས་ཆུད་མི་ཟ་བར་སྐྱོང་བའི་རྒྱལ་པོ་བཟང་པོ་དང་ འདྲ་བར་ཤེས་པར་བྱ་སྟེ། ཆོས་ལ་རྟོན་པར་བྱ་བའི་གང་ཟག་ལ་སྟོན་པར་མི་བྱ་བ་ལ་སོགས་ པ་བཞིས་གདུལ་བྱ་རྣམས་ཆུད་མི་ཟ་བར་སྐྱོང་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ ཚོགས་གཉིས་དང་མཚུངས་པར་ལྡན་པ་ནི་ནོར་མང་པོས་གང་བའི་བང་མཛོད་ལྟ་བུ་སྟེ། ཐབས་བསོད་ནམས་དང་ཤེས་རབ་ཡེ་ཤེས་ཀྱི་ལོངས་སྤྱོད་མང་པོ་དང་ལྡན་པའི་གནས་ཡིན་ པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་མཚུངས་པར་ལྡན་པ་ནི། གང་ཟག་ཐམས་ཅད་འགྲོ་བའི་ལམ་པོ་ཆེ་དང་འདྲ་བར་ཤེས་པར་བྱ་སྟེ། ཐེག་པ་ཆེ་ཆུང་གི་ འཕགས་པའི་གང་ཟག་ཐམས་ཅད་གཤེགས་ཤིང་གཤེགས་པར་འགྱུར་བའི་ལམ་ཡིན་པའི་ ཕྱིར་རོ། ། ཐེག་པ་འདྲ་བར་ཤེས་བྱ་སྟེ། །སེམས་བསྐྱེད་བཀོད་པ་འདྲ་བ་ཡིན། ། ཀུན་དགའི་སྒྲ་དང་འདྲ་བ་སྟེ། །ཀླུང་ཆེན་རྒྱུན་དང་འདྲ་བའོ། །ཞི་གནས་ ལྷག་མཐོང་དང་མཚུངས་པར་ལྡན་པ་ནི་ཐེག་པའམ་བཞོན་པ་རྟ་དང་གླང་པོ་ལ་བརྟེན་ནས་ འདོད་པའི་གནས་སུ་འགྲོ་བ་དང་འདྲ་བར་ཤེས་པར་བྱ་སྟེ། སྲིད་ཞིའི་མཐར་མི་ལྟུང་ཞིང་ མི་གནས་པའི་མྱ་ངན་ལས་འདས་པར་བདེ་བླག་ཏུ་ཁྱེར་བར་བྱེད་པའི་ཕྱིར་རོ། །གཟུངས་ དང་སྤོབས་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་པ་ནི་ཆུ་རྙིང་བ་འཛིན་ཞིང་གསར་ 4-1-105 པ་བསྐྱེད་པའི་བཀོད་མའི་ཆུ་མིག་དང་འདྲ་བ་ཡིན་ཏེ། གཟུངས་ཀྱིས་སྔར་ཐོས་པའི་ཆོས་ དང་དོན་མི་བརྗེད་པར་འཛིན་{པར་བྱེད་}ལ། སྤོབས་པས་སྔར་མ་ཐོས་པའི་ཆོས་དང་དོན་ འཕེལ་ཞིང་མི་ཟད་པའི་སྒོ་ནས་གཞན་དག་ལའང་རྒྱ་ཆེར་སྟོན་པའི་ཕྱིར་རོ། །ཆོས་ཀྱི་སྡོམ་ བཞི་བཤད་པ་དང་མཚུངས་པར་ལྡན་པ་ནི་ཉན་པ་པོ་ཀུན་དགའ་བར་བྱེད་པའི་སྒྲ་གཏམ་ སྙན་པ་དང་འདྲ་བ་སྟེ། ཐར་བ་འདོད་པའི་གདུལ་བྱ་རྣམས་ལ་དེ་ཐོབ་པར་བྱེད་པའི་ཐབས་ བླང་དོར་གྱི་ཚུལ་སྙན་པར་སྒྲོགས་པའི་ཕྱིར་རོ། །བགྲོད་པ་གཅིག་པའི་ལམ་དང་མཚུངས་ པར་ལྡན་པ་ནི་ཆུ་ཀླུང་ཆེན་པོའི་རྒྱུན་འབད་པ་མེད་པར་རྒྱུན་ཕྱོགས་སུ་ངང་གིས་འབབ་པ་ དང་འདྲ་བའོ། །ཞེས་པ་སྟེ་ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡན་ཆད་ཀྱི་བྱང་ཆུབ་ སེམས་དཔའ་རྣམས་རང་གཞན་གྱི་བྱ་བ་བྱེད་པ་ལ་འབད་རྩོལ་དང་ཐ་དད་མེད་པར་རང་ {གི་ངང་}གིས་བྱང་ཆུབ་ཆེན་པོར་བགྲོད་པ་གཅིག་པའི་ཕྱིར་རོ། ། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་ པ་སྟེ། །དེ་ཕྱིར་དེ་དག་ཡོན་ཏན་ཕྱུག །སེམས་ནི་དགའ་བའི་ཡང་དག་ བསྐྱེད། །རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་དང་ མཚུངས་པར་ལྡན་པའི་སེམས་བསྐྱེད་པ་ནི་སྤྲིན་ཆེན་པོའི་ཆར་དུས་སུ་ཕབ་པས་རྩི་སྨན་དང་ ལོ་ཏོག་ལ་སོགས་པ་འཇིག་རྟེན་པའི་འབྱོར་པ་ཐམས་ཅད་འབྱུང་བ་དང་འདྲ་བར་བསྟན་པ་ སྟེ། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ནས་མྱ་ངན་ལས་འདས་པའི་བར་སྟོན་ པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་འབྲས་བུ་ཕུན་སུམ་ཚོགས་པ་ རྣམས་བསྐྱེད་པར་མཛད་པའི་ཕྱིར་རོ། ། དཔེ་མང་པོའི་སྒོ་ནས་བསྔགས་པ་བརྗོད་པ་དེའི་ཕྱིར་དེ་ལྟར་ཡོན་ཏན་གྱི་འབྱོར་པ་ཕུན་ སུམ་ཚོགས་པས་ཕྱུག་པའི་བྱང་ཆུབ་ཀྱི་སེམས་དེ་ནི་བློ་དང་ལྡན་པ་རྣམས་ཀྱིས་དགའ་ཞིང་ 4-1-106 སྤྲོ་བའི་སྒོ་ནས་ཡང་དག་པར་བསྐྱེད་པར་བྱའོ། །འགྲེལ་བར་དཔེ་ཉི་ཤུ་རྩ་གཉིས་དང་ལྡན་ པའི་སེམས་བསྐྱེད་པ་འདི་ནི་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་མི་ཟད་པ་ཉིད་འབྱུང་ བ་དང་སྦྱར་བར་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་པས་ཐུན་མོང་གི་དབྱེ་བ་དང་གོ་རིམ་ གཞན་རྣམས་སྔར་དང་འདྲ་བ་ལ། མདོ་ལས་ཁྱད་པར་དུ་མངོན་ཤེས་ལ་ལྔ་དང༌། བྱང་ཆུབ་ ཕྱོགས་མཐུན་ལ་སུམ་ཅུ་རྩ་བདུན་དང༌། ཚད་མེད་པ་དང་བསྡུ་བ་དང་སོ་སོ་ཡང་དག་པར་ རིག་པ་དང་རྟོན་པ་དང་ཆོས་བཤད་པ་རྣམས་ལ་བཞི་བཞི་དང༌། ཚོགས་དང་ཞི་ལྷག་དང་ གཟུངས་སྤོབས་གསུམ་ལ་གཉིས་གཉིས་སུ་ཕྱེ་བ་བརྒྱད་ཅུའི་མཐར་མི་ཟད་པ་ཞེས་སྦྱར་ནས་ གསུངས་པ་ལྟར་ཤེས་པར་བྱ་སྟེ། མི་བཟད་པ་རེ་རེ་ལ་ཡང་དབྱེ་བ་མཐའ་ཡས་པ་གསུངས་ པ་རྣམས་ནི་མདོ་ཉིད་ནས་གསལ་བར་སྣང་ངོ༌། ། སེམས་མ་བསྐྱེད་པའི་ཉེས་དམིགས་ནི། ཆེར་འོས་སེམས་བསྐྱེད་སྤངས་པའི་ སྐྱེ་བོ་དག །གཞན་དོན་སེམས་དང་དེ་ཡི་ཐབས་རྙེད་དང༌། །དགོངས་ ཆེན་དོན་དང་དེ་ཉིད་མཆོག་མཐོང་བས། །བདེ་བ་དེ་སྤངས་ཞི་བར་ འགྲོ་བར་འགྱུར། །ཤེས་རབ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བསྐྱེད་པར་ འོས་པ་ཐེག་ཆེན་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག་གིས་ནི་བདེ་བ་རྣམ་པ་བཞི་མི་འཐོབ་ སྟེ། བསམ་པ་ཚད་མེད་པ་བཞི་ལ་བརྟེན་ནས་གཞན་གྱི་དོན་བྱ་བར་སེམས་པའི་བདེ་བ་དང༌། སྦྱོར་བ་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་གཞན་དོན་དེ་ཡི་ཐབས་རྙེད་པའི་བདེ་བ་དང༌། ལུང་གི་ཡོན་ཏན་ཐེག་ཆེན་གྱི་མདོ་སྡེ་ཟབ་མོའི་དགོངས་པ་ཆེན་པོའི་དོན་རྟོགས་པའི་བདེ་ བ་དང༌། རྟོགས་པའི་ཡོན་ཏན་དེ་ཁོ་ན་ཉིད་ཀྱི་མཆོག་ཆོས་ཐམས་ཅད་ལ་བདག་མེད་པར་ མཐོང་བའི་བདེ་བ་ཆེན་པོ་དེ་རྣམས་སྤངས་ནས་ཕལ་ཆེར་འཁོར་བའི་སྡུག་བསྔལ་ལ་སྤྱོད་ ཅིང༌། གལ་ཏེ་ཐེག་དམན་གྱི་ལམ་དུ་ཞུགས་ན་ཡང་ཞི་བའི་མཐར་འགྲོ་བར་འགྱུར་གྱི་མི་ 4-1-107 གནས་པའི་མྱ་ངན་ལས་འདས་པ་མི་འཐོབ་པའོ། ། སེམས་བསྐྱེད་པའི་ཕན་ཡོན་ལ་སྐྱོ་བ་མེད་པ་དང༌། སྡོམ་པ་ཐོབ་པ་དང༌། ལྡོག་པ་མེད་ པའི་ཕན་ཡོན་ནོ། ། སྐྱོ་བ་མེད་པའི་ཕན་ཡོན་ནི། བློ་ལྡན་སེམས་མཆོག་བསྐྱེད་མ་ཐག་ཏུ་ཡང༌། ། མཐའ་ཡས་ཉེས་པ་བྱེད་ལས་སེམས་རབ་བསྡམས། །གཉིས་འཕེལ་བྱེད་ པ་རྟག་ཏུ་དགེ་བ་དང༌། །བརྩེ་ལྡན་བདེ་དང་སྡུག་བསྔལ་དག་གིས་ དགའ། །བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ས་དང་པོར་དོན་དམ་བྱང་ཆུབ་ཀྱི་སེམས་ མཆོག་བསྐྱེད་མ་ཐག་ཏུ་ཡང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ལུས་ངག་ཡིད་ གསུམ་གྱིས་ཉེས་པ་བྱེད་པ་ལས་སེམས་རབ་ཏུ་བསྡམས་ཏེ་སྡིག་པ་མི་བྱ་བའི་སྡོམ་པ་ཐོབ་ ཅིང༌། རྒྱུ་སྡིག་པ་མི་བྱེད་པས་འབྲས་བུ་ངན་སོང་དུ་ལྟུང་བའི་འཇིགས་པའང་མེད་ལ། དེ་ཉིད་ དགེ་བ་དང་སྙིང་རྗེ་གཉིས་འཕེལ་བར་བྱེད་པས་རྟག་ཏུ་དགེ་བ་དང་ལྡན་པས་དེའི་འབྲས་བུ་ མངོན་པར་མཐོ་བའི་བདེ་བ་ལ་སྤྱོད་པས་དགའ་བ་དང་བརྩེ་བ་དང་ལྡན་པས་བདེ་བ་དང་ ལྡན་པར་མ་ཟད་གཞན་དོན་གྱི་སྡུག་བསྔལ་དག་གིས་ཀྱང་དགའ་བར་འགྱུར་བས་ནམ་ཡང་ གཞན་དོན་ལ་སྐྱོ་བ་མེད་པའོ། ། སྡོམ་པ་ཐོབ་པའི་ཕན་ཡོན་ནི། གང་ཚེ་གཞན་གྱི་དོན་ཕྱིར་ལུས་དང་ནི། ། སྲོག་ལ་མི་ལྟ་རབ་ངལ་ཁས་ལེན་པ། །དེ་ལྟ་བུ་དེ་གཞན་གྱི་གནོད་པ་ ཡིས། །ཇི་ལྟར་ངན་པ་བྱེད་པའི་ལས་ལ་འཇུག །གང་གི་ཚེ་དོན་དམ་སེམས་ བསྐྱེད་སྐྱེས་པ་ན་སེམས་ཅན་གཞན་ཐམས་ཅད་ཀྱི་དོན་གྱི་ཕྱིར་རང་གི་ལུས་དང་ནི་སྲོག་ལ་ གནོད་པ་ལ་ཡང་མི་ལྟ་བར་རབ་ཏུ་ངལ་བའི་སྡུག་བསྔལ་ཆེན་པོ་དང་དུ་བླངས་ནས། ཁས་ ལེན་པ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་དག་གཞན་གྱིས་ཚུར་གནོད་པ་བྱས་པ་ཡིས་དེའི་ 4-1-108 ལན་དུ་ཕར་གནོད་པ་ལ་སོགས་པ་ཇི་ལྟར་ངན་པ་བྱེད་པའི་ལས་ལ་འཇུག་སྟེ་མི་འཇུག་གོ ། དེའི་རྒྱུ་མཚན་ཡང་སྡིག་པ་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་རོ། ། ལྡོག་པ་མེད་པའི་ཕན་ཡོན་ནི། དེ་ཡི་ཆོས་ཀུན་སྒྱུ་མ་ལྟ་བུ་དང༌། །སྐྱེ་བ་ སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་བའི་དུས་དང་རྒུད་པའི་ དུས་ནའང་འདི། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། ། བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་གྱིས་ཆོས་ཀུན་སྣང་ལ་རང་བཞིན་མེད་པ་རྨི་ལམ་ སྒྱུ་མ་ལྟ་བུར་རྟོགས་པའི་ཕྱིར་ཚངས་པ་བརྒྱ་བྱིན་དང་འཁོར་ལོས་སྒྱུར་རྒྱལ་ལ་སོགས་པའི་ འབྱོར་བ་ཕུན་སུམ་ཚོགས་པ་ཐོབ་པའི་དུས་ན་ཡང༌། ཉོན་མོངས་པ་ང་རྒྱལ་གྱིས་རྒྱགས་ཤིང་ ཁེངས་པའི་གནོད་པ་མེད་ཅིང་སྙིང་རྗེས་གཞན་དོན་དུ་སྐྱེ་བ་ལེན་པ་ན་སྐྱེད་མོས་ཚལ་ཡིད་ དུ་འོང་བར་དགའ་སྟོན་ལ་འགྲོ་བ་ལྟ་བུར་རྟོགས་ནས་འབྱོར་བ་ཐམས་ཅད་རྒུད་ཅིང་སྲོག་ འགག་པ་ལ་ཐུག་ཀྱང་གཞན་དོན་སྒྲུབ་པའི་སྡུག་བསྔལ་ཀྱིས་འཇིགས་པ་མེད་དེ། མདོར་ན་ འབྱོར་ཞིང་བདེ་བའི་དུས་དང་རྒུད་ཅིང་ཕོངས་པའི་དུས་ནའང་འདི་ལ་ཉོན་མོངས་པ་ང་རྒྱལ་ དང་སྡུག་བསྔལ་དག་གིས་འཇིགས་པ་མེད་པས་བྱང་ཆུབ་ཀྱི་སེམས་མི་ལྡོག་པ་ཉིད་དོ། ། དེའི་རྒྱུ་མཚན་གཞན་ཡང༌། རང་གི་ཡོན་ཏན་སེམས་ཅན་ཕན་འདོགས་ དགའ། །བསམས་བཞིན་སྐྱེ་བ་རྫུ་འཕྲུལ་རྣམ་པར་འཕྲུལ། །རྒྱན་དང་ སྟོན་མོ་མཆོག་ས་རྩེ་དགའ་བ། །སྙིང་རྗེའི་བདག་ཉིད་མིན་པ་རྣམས་ལ་ མེད། །འཇིག་རྟེན་ན་ཡང་རྒྱན་བཟང་པོས་མཛེས་པ་དང་ཁ་ཟས་བཟང་པོའི་དགའ་སྟོན་ལ་ སྤྱོད་པ་དང༌། མཆོག་གི་ས་སྐྱེད་མོས་ཚལ་ཡིད་དུ་འོང་བ་དང༌། ཇི་ལྟར་འདོད་པའི་རྩེད་མོའི་ བདེ་བ་ལ་དགའ་ཞིང་མི་ལྡོག་པ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པ་དང་ཚུལ་ ཁྲིམས་ལ་སོགས་པ་རང་གི་ཡོན་ཏན་གྱི་རྒྱན་བཟང་པོ་དང་སེམས་ཅན་ཐམས་ཅད་ལ་ཕན་ 4-1-109 འདོགས་པར་དགའ་བའི་སྟོན་མོ་བཟང་པོ་དང་བསམས་བཞིན་དུ་གང་འདོད་པའི་སྐྱེ་བའི་ མཆོག་གི་ས་སྐྱེད་མོས་ཚལ་ཡིད་དུ་འོང་བ་དང༌། སངས་རྒྱས་མཆོད་པ་དང་སེམས་ཅན་སྨིན་ པར་བྱེད་པའི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་རྩེད་མོའི་དགའ་བ་སྟེ། དེ་ལྟར་ན་རྒྱན་ དང་སྟོན་མོ་དང་མཆོག་གི་ས་དང་རྩེད་མོའི་དགའ་བ་ཁྱད་པར་དུ་འཕགས་པ་དེ་དག་སྙིང་ རྗེའི་བདག་ཉིད་ཅན་ཁོ་ན་ལ་ཡོད་ཀྱི། དེ་མིན་པ་རྣམས་ལ་མེད་པས་ཀྱང་ལྡོག་པར་མི་འགྱུར་ བའོ། ། བསླབ་བྱ་ལ་གསུམ་སྟེ། སྡུག་བསྔལ་ལ་འཇིགས་པ་དགག་པ། གཞན་གྱི་དོན་འདོར་བ་ དགག་པ། ལེ་ལོ་ལ་ཞེན་པ་དགག་པའོ། ། དང་པོ་ནི། གཞན་དོན་བརྩོན་ལྡན་སྙིང་རྗེའི་བདག་ཉིད་འདི། །གང་ ཚེ་མནར་མེད་ལ་ཡང་དགར་འཛིན་པ། །དེ་འདྲ་བ་དག་སྲིད་ན་གཞན་ རྟེན་ཅན། །སྡུག་བསྔལ་བྱུང་བ་རྣམས་ཀྱིས་ག་ལ་འཇིགས། །གཞན་གྱི་ རྒྱུད་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དོན་སྒྲུབ་པ་ལ་བརྩོན་འགྲུས་ཆེན་པོ་ དང་ལྡན་པ་ནི་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་འདི་ གང་གི་ཚེ་སེམས་ཅན་གཞན་གྱི་དོན་དུ་འགྱུར་པར་མཐོང་ན། སྤྱོད་འཇུག་ལས། དེ་ལྟར་ རྒྱུད་ནི་གོམས་གྱུར་པས། །གཞན་གྱི་སྡུག་བསྔལ་ཞི་དགའ་བ། །པདྨའི་མཚོར་ནི་ངང་པ་ ལྟར། །མནར་མེད་པར་ཡང་འཇུག་པར་འགྱུར། །ཞེས་པ་ལྟར་གཞན་དོན་དུ་མནར་མེད་པའི་ དམྱལ་བར་འགྲོ་བ་ལ་ཡང་དགའ་བར་འཛིན་པ་དེ་འདྲ་བ་དག་སྲིད་པར་བསམས་བཞིན་དུ་ སྐྱེ་བ་བླངས་ཏེ་གནས་པ་ན་གཞན་གྱི་དོན་གྱི་རྟེན་ཅན་གྱི་དཀའ་སྤྱད་དང་སྡུག་བསྔལ་བྱུང་བ་ རྣམས་ཀྱིས་ག་ལ་འཇིགས་ཏེ་འཇིགས་པ་མེད་པའི་སྒོ་ནས་བརྩོན་པར་བྱེད་པའོ། ། གཞན་གྱི་དོན་འདོར་བ་དགག་པ་ནི། སློབ་དཔནོ་བརྩེ་ཆེན་རྟག་ཏུ་བསྟེན་ 4-1-110 པའི་བདག །ཕ་རོལ་སྡུག་བསྔལ་དག་གིས་སེམས་གདུང་བ། །གཞན་ གྱི་བྱ་བ་ཉེ་བར་གནས་པ་ལ། །གཞན་གྱིས་བསྐུལ་བ་ཤིན་ཏུ་ངོ་ཡང་ཚ། ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་འབའ་ཞིག་སློབ་པའི་སློབ་དཔོན་བྱང་ཆུབ་ སེམས་དཔའ་ནི་བརྩེ་བ་ཆེན་པོ་རྟག་ཏུ་བསྟེན་པའི་བདག་ཉིད་ཅན་ཡིན་པས་གཞན་ཕ་རོལ་ པོ་སྡུག་བསྔལ་བ་མཐོང་བ་དག་གིས་རང་གི་སེམས་གདུང་བར་འགྱུར་བའི་ཕྱིར་སེམས་ཅན་ གཞན་གྱི་དོན་བྱ་བ་འབའ་ཞིག་ཉེ་བར་གནས་ཤིང་བསྒྲུབ་དགོས་པ་ཡིན་པ་ལ། གལ་ཏེ་དགེ་ བའི་བཤེས་གཉེན་གཞན་གྱིས་བསྐུལ་བར་བྱ་དགོས་པར་གྱུར་ན་ནི་ཤིན་ཏུ་ངོ་ཡང་ཚ་བས་ བསྐུལ་མི་དགོས་པར་གཞན་དོན་ལ་བརྩོན་པར་བྱའོ། ། ལེ་ལོ་ལ་ཞེན་པ་དགག་པ་ནི། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། ། སེམས་དཔའ་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །བདག་གཞན་སྣ་ ཚོགས་འཆིང་བས་རབ་བཅིངས་པ། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་ བའི་རིགས། །འཇིག་རྟེན་ན་ཡང་ཁུར་ཆེན་པོ་ཁྱེར་ནས་གནས་ཡིད་དུ་འོང་བར་འགྲོ་བ་ ལ་ལེ་ལོ་སྤང་དགོས་པ་བཞིན་དུ་མགོ་ལ་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ ནས་བྱང་ཆུབ་ཆེན་པོ་ལ་འགོད་པར་བྱའོ་ཞེས་དམ་བཅས་ཤིང་སེམས་བསྐྱེད་པའི་ཁུར་ཆེན་ པོ་ཁྱེར་བའི་སེམས་དཔའ་མཆོག་ནི་ལམ་རྣམ་དག་བགྲོད་པ་ལ་ལེ་ལོའི་སྒོ་ནས་དལ་གྱིས་ འགྲོ་བ་ནི་མི་མཛེས་ཏེ། བདག་དང་སེམས་ཅན་གཞན་ཐམས་ཅད་ཉོན་མོངས་དང་ལས་དང་ སྐྱེ་བའི་སྣ་ཚོགས་འཆིང་བས་རབ་ཏུ་བཅིངས་པ་ལས་རྣམ་པར་གྲོལ་བར་བྱ་བའི་ཆེད་དུ་ཉན་ ཐོས་ཀྱི་བརྩོན་འགྲུས་པས་ཀྱང་བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས་སོ། །དེ་ཡང་ཉན་ ཐོས་རྣམས་རང་གཅིག་པུའི་དོན་དུ་ཡང་བརྩོན་འགྲུས་ཆེན་པོ་བརྩམ་ན། བྱང་ཆུབ་སེམས་ དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྩོན་འགྲུས་རྒྱ་ཆེན་པོ་རྩོམ་པ་ནི་ཤིན་ཏུ་རིགས་པ་ 4-1-111 ཉིད་དོ་ཞེས་པའི་དོན་ཏོ། །རིགས་སད་པ་ལས་སྐྱེ་བའི་བསམ་པའི་ཁྱད་པར་སེམས་བསྐྱེད་ པའི་སྐབས་རྫོགས་པར་བཤད་ཟིན་ཏོ།། ༈ །། སེམས་བསྐྱེད་པ་ལས་འགྲུབ་པའི་རང་དང་གཞན་གྱི་དོན་བསྒྲུབ་ཚུལ་ལ། བྱང་ས་ལས། བདག་གི་དོན་འབའ་ཞིག་པ་སྤང་བར་བྱ་ཞིང་གཞན་གྱི་དོན་འབའ་ཞིག་པ་བསྒྲུབ་པར་བྱ་བ་ དང༌། གཞན་གྱི་དོན་ཐམས་ཅད་ནི་བདག་གི་དོན་དང་འབྲེལ་བ་དང༌། མཐར་ཐུག་གི་ཕན་ པའི་རྒྱུ་དང་གནས་སྐབས་ཀྱི་བདེ་བའི་རྒྱུ་དང༌། རྣམ་པར་སྨིན་པ་དང་བསོད་ནམས་དང་ཡེ་ ཤེས་དག་གི་རྒྱུས་བསྡུས་པ་དང་འབྲས་བུས་བསྡུས་པ་དང༌། ཚེ་འདིའི་དོན་དང་ཚེ་རབས་ གཞན་གྱི་དོན་དང་འཇིག་རྟེན་ལས་འདས་པའི་དགེ་བ་གཏན་དུ་བ་དང༌། འཇིག་རྟེན་པའི་ དགེ་བ་གཏན་དུ་བ་མ་ཡིན་པ་སྟེ། བདག་དང་གཞན་གྱི་དོན་རྣམ་པ་བཅུ་ལ་ནང་[སེམས་ {གསེས་}ཀྱི་དབྱེ་བ་མཐའ་ཡས་པ་དང་བཅས་པ་གསུངས་ཤིང༌། འདིར་ནི་མཚན་ཉིད་ཀྱིས་ སྒྲུབ་པ་མདོར་བསྟན། དེའི་དོན་རྒྱས་པར་བཤད་པ། ཕན་ཡོན་གྱིས་བསྡུས་ཏེ་བསྔགས་པའོ། ། དང་པོ་ནི། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་ རྣམས་ཀྱི་བསྒྲུབ་པ་ཡིན་པར་འདོད། །རྟག་ཏུ་ལེན་པ་ཆེ་དང་བཟོད་པ་ ཆེ། །དོན་ཆེན་ཡང་དག་བསྒྲུབ་པའི་བྱ་བ་བྱེད། །དེ་ཡང་བསམ་པ་བྱང་ཆུབ་ ཏུ་སེམས་བསྐྱེད་པ་ལ་གནས་པས་གནས་སམ་གཞི་ཆེ་བ་དང་སྦྱོར་བ་རང་གཞན་གྱི་དོན་རྒྱ་ ཆེན་པོ་རྩོམ་པས་རྩོམ་པ་ཆེ་བ་དང༌། མཐར་ཐུག་གི་འབྲས་བུ་བྱང་ཆུབ་ཆེན་པོ་འགྲུབ་པས་ འབྲས་བུ་འབྱུང་བ་ཆེ་བའི་བདག་ཉིད་ཅན་ཏེ་ཆེན་པོ་གསུམ་དང་ལྡན་པ་དེ་ནི་རྒྱལ་པའི་ སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒྲུབ་པ་ཡང་དག་པ་ཡིན་པར་འདོད་ཅིང༌། དེ་ རྣམས་ཀྱང་གོ་རིམ་བཞིན་དུ་གནས་སེམས་བསྐྱེད་ནི་སེམས་ཅན་ཐམས་ཅད་འཁོར་བའི་ 4-1-112 སྡུག་བསྔལ་ལས་སྒྲོལ་བར་ཁས་ལེན་པས་རྟག་ཏུ་ལེན་པ་ཆེ་བ་ཉིད་དང༌། སྦྱོར་བ་རྩོམ་པ་ ནི་དཀའ་སྤྱད་ཀྱི་སྡུག་བསྔལ་ལ་སྐྱོ་བ་མེད་པས་བཟོད་པ་ཆེ་བ་ཉིད་དང༌། འབྲས་བུ་འབྱུང་ བ་ནི་སེམས་ཅན་མང་པོའི་དོན་ཆེན་པོ་ཡང་དག་པར་བསྒྲུབ་པའི་བྱ་བ་འཕྲིན་ལས་ཕུན་སུམ་ ཚོགས་པ་བྱེད་པ་ཡིན་པས་ཐེག་པ་ཆེན་པོའི་སྒྲུབ་པ་ཐོག་མཐའ་བར་གསུམ་དུ་དགེ་བའོ། ། རྒྱས་བཤད་ལ་བདུན་ཏེ། དོན་གཉིས་ལ་ཁྱད་པར་མེད་ཚུལ། གཞན་གྱི་དོན་གཙོ་བོར་ བསྒྲུབ་ཚུལ། གཞན་དོན་གྱི་རྣམ་པར་དབྱེ་བ། གཞན་དོན་གྱི་སྒྲུབ་པ་བསྔགས་པ། སྒྲུབ་པའི་ ཁྱད་པར་བསྟན་པ། སྤྱོད་ཡུལ་རྣམས་ཡོངས་སུ་བསྒྱུར་བ། གནོད་བྱེད་ལ་ཁྲོ་བ་སྤང་ཚུལ་ལོ། ། དང་པོ་ནི། གཞན་དང་བདག་ཏུ་མཉམ་པའི་སེམས་ཉིད་དམ། །བདག་ བས་གཞན་ཆེས་སྡུག་པ་རྙེད་ནས་ནི། །དེ་ལྟར་བདག་པས་གཞན་དོན་ མཆོག་ཏུ་ཤེས། །རང་གི་དོན་གང་གཞན་གྱི་དོན་གང་ཡིན། །སེམས་ཅན་ གཞན་རྣམས་དང་བྱང་ཆུབ་སེམས་དཔའ་བདག་ཉིད་རང་བཞིན་ཆོས་ཉིད་དུ་མཉམ་ཞིང་ གནས་སྐབས་བླང་དོར་གྱི་ཚུལ་ལའང་མཉམ་པའི་སེམས་དེ་ཉིད་ཆོས་མཆོག་མན་ཆད་དུ་ མོས་པ་ཡིད་ལ་བྱེད་བའི་སྒོ་ནས་སམ། མཐོང་ལམ་ཡན་ཆད་དུ་དེ་ཁོ་ན་ཉིད་མངོན་སུམ་དུ་ རྟོགས་པའི་སྒོ་ནས་རྙེད་པ་ཉིད་དམ། ཡང་ན་ཤེས་རབ་ཀྱིས་བདག་གཞན་མཉམ་པ་ཉིད་དུ་ རྟོགས་པར་མ་ཟད། སྙིང་རྗེ་ཆེན་པོས་བདག་པས་གཞན་རྣམས་ཆེས་ཆེར་སྡུག་ཅིང་གཅེས་པ་ རྙེད་ནས་ནི། དེ་ལྟར་བདག་གི་དོན་པས་གཞན་གྱི་དོན་མཆོག་ཏུ་ཤེས་པ་དེ་ལ། རང་གི་དོན་ གཅེས་པར་བྱ་བ་ནི་གང་ཡིན་ཞིང་གཞན་གྱི་དོན་གཅེས་པར་མི་བྱ་བ་ནི་གང་ཡིན་ཏེ། ཁྱད་ པར་མེད་པས་གཉི་ག་ཡང་བསྒྲུབ་པར་བྱ་བར་མཉམ་པ་ཉིད་དོ། ། གཞན་དོན་གཙོ་བོར་བསྒྲུབ་ཚུལ་ནི། ཇི་ལྟར་སྙིང་རྗེའི་བདག་ཉིད་གཞན་ 4-1-113 གྱི་དོན་གྱི་ཕྱིར། །བདག་ལ་སྡུག་བསྔལ་མི་བཟད་གདུང་བ་རབ་བྱེད་པ། ། དེ་ལྟར་འཇིག་རྟེན་གདུང་བའི་ལས་ཀྱིས་གཞན་དགྲ་ལའང༌། །ཤིན་ཏུ་ བརྩེ་བ་མེད་པར་རབ་ཏུ་འཇུག་མ་ཡིན། །ཇི་ལྟར་ན་སྙིང་རྗེ་ཆེན་པོའི་བདག་ཉིད་ ཅན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གཞན་མང་པོ་རྣམས་ཀྱི་དོན་གྱི་ཕྱིར་མགོ་དང་ ཡན་ལག་བཅད་དེ་སྦྱིན་པར་གཏོང་བ་ལ་སོགས་པས། བདག་ཉིད་ལ་སྡུག་བསྔལ་མི་བཟད་ པས་གདུང་བ་རབ་ཏུ་བྱེད་པ་དེ་ལྟར་འཇིག་རྟེན་ཕལ་པ་རྣམས་རང་གཞན་གདུང་བར་བྱེད་ པ་ཞེ་སྡང་དྲག་པོ་ལ་སོགས་པའི་ལས་ཀྱིས་གཞན་དགྲ་བོར་གྱུར་པ་རྣམས་ལའང་ཤིན་ཏུ་ བརྩེ་བ་མེད་པར་རབ་ཏུ་འཇུག་པར་ནུས་པ་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ རྣམས་གཞན་དོན་དུ་རང་ལ་གནོད་པ་བྱེད་པ་དེ་ཙམ་འཇིག་རྟེན་པ་རྣམས་ཀྱིས་དགྲ་ལའང་ བྱེད་མི་ནུས་པ་དེ་ལྟར་གཞན་དོན་ལ་སྤྲོ་བས་འཇུག་པར་བྱའོ། །སྤྱོད་འཇུག་ལས་ཀྱང༌། བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་སྒོམ། །བདེ་དང་སྡུག་བསྔལ་ མཉམ་པས་ན། །ཐམས་ཅད་བདག་བཞིན་བསྲུང་བར་བྱ། །ཞེས་ཐོག་མར་བདག་གཞན་ མཉམ་པའི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་དོན་གཉིས་སྒྲུབ་པ་དང༌། གང་ཞིག་བདག་ དང་གཞན་དག་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། ། གསང་བའི་དམ་པ་སྤྱད་པར་བྱ། །ཞེས་ཕྱི་ནས་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་ལ་ བརྟེན་ནས་གཞན་དོན་གཙོ་བོར་བསྒྲུབ་པར་གསུངས་པ་དང་ཡང་མཐུན་པ་ཉིད་དོ། ། གཞན་དོན་གྱི་རྣམ་པར་དབྱེ་བ་ནི། ཐ་ཆད་འབྲིང་དང་མཆོག་ཆོས་ཉིད་ གནས་ལ། །ལེགས་པར་སྟོན་དང་མགུ་བྱེད་འཇུག་པ་དང༌། །དོན་ལ་ རྣམ་ངེས་དགེ་བ་ཡོངས་སྨིན་བྱེད། །དེ་བཞིན་གདམས་ངག་གནས་དང་ བློ་རྣམ་གྲོལ། །ཡོན་ཏན་ཁྱད་པར་ཅན་གྲུབ་དེ་བཞིན་དུ། །རིགས་སུ་སྐྱེ་ 4-1-114 དང་ལུང་བསྟན་དབང་བསྐུར་དང༌། །དེ་བཞིན་གཤེགས་མཁྱེན་བླ་མེད་ གོ་འཕང་སྟེ། །བཅུ་གསུམ་བདག་ཉིད་འདི་ནི་གཞན་གྱི་དོན། །དོན་དམ་ ཆོས་ཉིད་རང་བཞིན་གྱི་རིགས་ལ་ཁྱད་པར་མེད་ཀྱང་ཀུན་རྫོབ་གློ་བུར་གྱི་དྲི་མ་ཉོན་སྒྲིབ་ ཙམ་སྤང་རུང་གི་ཆ་ནས་ཐ་ཆད་དམ་དམན་པ་ཉན་ཐོས་ཀྱི་རིགས་ཅན་རྣམས་དང༌། ཤེས་ སྒྲིབ་ཀྱིའང་ཕྱོགས་གཅིག་གཟུང་རྟོག་ཀྱང་སྤང་རུང་གི་ཆ་ནས་འབྲིང་པོ་རང་སངས་རྒྱས་ཀྱི་ རིགས་ཅན་རྣམས་དང༌། སྒྲིབ་པ་གཉི་ག་སྤང་རུང་གི་ཆ་ནས་མཆོག་གི་ཆོས་ཉིད་ལ་གནས་པ་ ཐེག་པ་ཆེན་པོའི་རིགས་ཅན་རྣམས་ལ་བྱང་ཆུབ་སེམས་དཔས་གདུལ་བྱ་རང་རང་གི་ཁམས་ དང་བསམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་བསྟན་པ་དང༌། ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་དག་ གིས་ཆོས་ལེགས་པར་སྟོན་པ་དང༌། རྫུ་འཕྲུལ་གྱི་ཆོ་འཕྲུལ་སྣ་ཚོགས་པ་བསྟན་ནས་བསྟན་ པ་ལ་མགུ་ཞིང་དད་པར་བྱེད་པ་དང༌། དད་པར་གྱུར་པ་རྣམས་སྐྱབས་སུ་འགྲོ་བ་དང་བསླབ་ བྱ་སྲུང་བ་ལ་སོགས་པ་ལ་བཀོད་དེ་བསྟན་པ་ལ་འཇུག་པར་བྱེད་པ་དང༌། ཞུགས་པ་རྣམས་ ཀྱི་ཐེ་ཚོམ་བསལ་བའི་ཆེད་དུ་ལུང་གི་ཆོས་བསྟན་ནས་བླང་དོར་གྱི་དོན་ལ་རྣམ་པར་ངེས་ པའི་ཡིད་ཆེས་སྐྱེད་པར་བྱེད་པ་དང༌། ངེས་པ་ཐོབ་པ་རྣམས་བླང་དོར་ལ་བཀོད་ནས་ཐར་ པ་ཆ་མཐུན་གྱི་དགེ་བ་ཡོངས་སུ་སྨིན་པར་བྱེད་པ་དང༌། དེ་བཞིན་དུ་སེམས་མཉམ་པར་མ་ གཞག་པ་རྣམས་མཉམ་པར་འཇོག་པ་དང༌། མཉམ་པར་བཞག་པ་རྣམས་རྣམ་པར་གྲོལ་བའི་ ཆེད་དུ་གདམས་ངག་ཟབ་མོ་འདོམས་པར་བྱེད་པ་དང༌། གདམས་ངག་ལ་བརྟེན་ནས་ཏིང་ངེ་ འཛིན་ཞི་གནས་ཀྱི་ངང་དུ་སེམས་གནས་པར་བྱེད་པ་དང༌། ཤེས་རབ་ལྷག་མཐོང་གི་སྒོ་ནས་ བློ་རྣམ་པར་གྲོལ་བར་བྱེད་པ་དང༌། ཞི་གནས་ལྷག་མཐོང་ལ་བརྟེན་ནས་མངོན་པར་ཤེས་པ་ ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་གོང་ནས་གོང་དུ་གྲུབ་པར་བྱེད་པ་སྟེ། དེ་དག་ནི་ཐུན་ མོང་དུ་རིགས་ཅན་གསུམ་ག་ལ་ཕན་པའི་སྒྲུབ་པ་ཡིན་ལ། དེ་བཞིན་དུ་ཐུན་མོང་མ་ཡིན་པ་ 4-1-115 ཐེག་པ་ཆེན་པོའི་རིགས་ཅན་རྣམས་ལ་ས་དང་པོར་སྔར་བཤད་པའི་ས་བོན་ལ་སོགས་པའི་ ཁྱད་པར་བཞི་དང་ལྡན་པས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་དང༌། ས་བརྒྱད་པར་མི་ སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་དངོས་སུ་བྱང་ཆུབ་ཆེན་པོར་ལུང་བསྟན་པ་དང༌། ས་བཅུ་ པར་འོད་ཟེར་ཆེན་པོའི་སྒོ་ནས་ཆོས་ཀྱི་རྒྱལ་བོའི་རྒྱལ་ཚབ་ཏུ་དབང་བསྐུར་བ་དང༌། སངས་ རྒྱས་ཀྱི་སར་དེ་བཞིན་གཤེགས་པའི་མཁྱེན་པ་བླ་ན་མེད་པའི་གོ་འཕང་མཆོག་ལ་འགོད་པ་ སྟེ། དེ་ལྟར་ན་ཐུན་མོང་བ་དགུ་དང་ཐུན་མོང་མ་ཡིན་པ་བཞི་དང་བཅས་པའི་བཅུ་གསུམ་གྱི་ བདག་ཉིད་འདི་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པའི་རབ་ཏུ་དབྱེ་བའོ། ། གཞན་དོན་གྱི་བསྒྲུབ་པ་བསྔགས་པ་ནི། སྐྱེ་བོ་དང་མཐུན་ཕྱིན་ཅི་མ་ལོག་ འཆད། །མི་འགྱིང་བ་དང་བདག་གི་མེད་ལ་མཁས། །བཟོད་དུལ་ཤིན་ ཏུ་རིང་སོང་མི་ཟད་པ། །རྒྱལ་སྲས་རྣམས་ཀྱི་བསྒྲུབ་པ་མཆོག་ཡིན་ནོ། ། སྔར་བཤད་པ་ལྟར་རིགས་ཅན་གསུམ་གྱི་སྐྱེ་བོ་རྣམས་ལ་རང་རང་གི་མོས་པ་དང་མཐུན་ པའི་ལམ་དང་སྤང་བྱ་གང་ཤས་ཆེ་བ་དེའི་གཉེན་པོ་ཕྱིན་ཅི་མ་ལོག་པར་འཆད་པ་ནི་ལེགས་ པར་སྟོན་པའི་བསྒྲུབ་པ་ཕུན་སུམ་ཚོགས་པ་དང༌། ང་རྒྱལ་གྱིས་མི་འགྱིང་བར་རྫུ་འཕྲུལ་གྱིས་ བསྟན་པ་ལ་དད་པར་བྱེད་པ་ནི་མགུ་པར་བྱེད་པའི་བསྒྲུབ་པ་ཕུན་སུམ་ཚོགས་པ་དང༌། དད་ པར་བྱས་པ་རྣམས་བདག་གི་འཁོར་ཡིན་ནོ་སྙམ་པའི་རློམ་པ་དང་རྙེད་བཀུར་ལ་རེ་བ་མེད་ པ་ནི་འཇུག་པའི་བསྒྲུབ་པ་ཕུན་སུམ་ཚོགས་པ་དང༌། བདག་དང་བདག་གི་བ་མེད་པའི་དོན་ ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་རྣམས་བསལ་ནས་ངེས་ཤེས་བསྐྱེད་པར་བྱེད་པ་ལ་མཁས་ པ་ནི་དོན་ལ་རྣམ་པར་ངེས་པའི་བསྒྲུབ་པ་ཕུན་སུམ་ཚོགས་པ་དང༌། གཞན་དོན་གྱི་དཀའ་ སྤྱད་དྲག་པོ་ལ་བཟོད་སྲན་ཆེ་བ་ནི་དགེ་བ་ཡོངས་སྨིན་བྱེད་པའི་བསྒྲུབ་པ་ཕུན་སུམ་ཚོགས་ པ་དང༌། རང་མ་དུལ་ན་གཞན་གདུལ་བར་མི་ནུས་པས་བདག་ཉིད་བསླབ་པ་གསུམ་དང་ 4-1-116 ལྡན་པས་ལུས་སེམས་དུལ་བ་ནི་གདམས་ངག་འདོམས་པ་དང༌། སེམས་གནས་པ་དང་བློ་ རྣམ་པར་གྲོལ་བ་དང་ཡོན་ཏན་ཁྱད་པར་ཅན་འགྲུབ་པའི་བསྒྲུབ་པ་བཞི་ཕུན་སུམ་ཚོགས་པ་ དང༌། ས་དང་པོ་དང་བརྒྱད་པ་དང་བཅུ་པ་དང་བཅུ་གཅིག་པ་རྣམས་ནི་འོག་མ་འོག་མ་ལས་ གོང་མ་གོང་མར་ཤིན་ཏུ་རིང་དུ་སོང་བ་ཡིན་ཞིང་རིང་དུ་མ་སོང་བས་ནི་གཞན་རིགས་སུ་སྐྱེ་ བ་ལ་སོགས་པར་བྱེད་མི་ནུས་པས། དེ་དག་ལ་གནས་ནས་གཞན་ཡང་དེ་དག་ལ་འགོད་པ་ ནི་རིགས་སུ་སྐྱེ་བ་དང་ལུང་བསྟན་པ་དང་དབང་བསྐུར་བ་དང་བླ་མེད་གོ་འཕང་ལ་འགོད་ པའི་བསྒྲུབ་པ་བཞི་ཕུན་སུམ་ཚོགས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་ ཁས་བླངས་ཤིང་སེམས་ཅན་ལ་ཟད་པ་མེད་པས་བསྒྲུབ་པ་ཡང་མི་ཟད་པ་ནི་བཅུ་གསུམ་ པོ་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་པས། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ བསྒྲུབ་པ་ནི་འཇིག་རྟེན་པ་དང་ཉན་རང་གི་བསྒྲུབ་པ་ལས་ཁྱད་པར་དུ་འཕགས་ཤིང་མཆོག་ ཏུ་བསྔགས་པར་བྱ་བ་ཡིན་ནོ། ། བསྒྲུབ་པའི་ཁྱད་པར་ནི། འདོད་ལྡན་སྐྱེ་བོ་འཇིགས་པ་ཆེ་ལ་འཇུག །སྲེད་ དགའ་ཕྱིན་ཅི་ལོག་བདེ་གཡོ་བ་ལ། །ཞི་དགའ་རང་གི་ལེན་པ་རབ་ཞི་ ལ། །སྙིང་རྗེས་བདག་ཉིད་ལེན་ཀུན་ཞི་ལ་རྟག །འདོད་ལྡན་སྐྱེ་བོ་འདོད་ཁམས་ ལ་འདོད་ཆགས་དང་མ་བྲལ་བ་རྣམས་ཀྱི་བསྒྲུབ་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་མངོན་པར་ ཞེན་པས་དེའི་ཆེད་དུ་ཚེ་འདིར་ཡང་གསོད་པ་དང་གཅོད་པ་ལ་སོགས་པའི་སྡིག་པ་དང་སྡུག་ བསྔལ་ལ་ལོངས་སྤྱོད་ཅིང༌། ཕྱི་མར་ཡང་ངན་སོང་གི་སྡུག་བསྔལ་གྱི་འཇིགས་པ་ཆེན་པོ་ལ་ འཇུག་པས་དམན་པ་སྟེ། རྒྱ་ཆེར་རོལ་པ་ལས། འདོད་པའི་སྐྱོན་རྣམས་མ་ལུས་བདག་གིས་ རིག །འཐབ་མོ་འཁོན་བཅས་མྱ་ངན་སྡུག་བསྔལ་རྩ། །འཛིན་བྱེད་དུག་གི་ལོ་མ་ལྟ་བུ་དང༌། ། མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། །ཞེས་པ་དང༌། སྤྱོད་འཇུག་ལས་ཀྱང༌། འཇིག་རྟེན་ 4-1-117 འདི་དང་ཕ་རོལ་ཏུ། །འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད། །འདིར་ནི་གསོད་དང་འཆིང་དང་ གཅོད། །ཕ་རོལ་ཏུ་ནི་དམྱལ་སོགས་བསྒྲུབ། །ཅེས་གསུངས་པ་ལྟར་རོ། །ཁམས་གོང་མ་ གཟུགས་དང་གཟུགས་མེད་པའི་སྲེད་པ་ལ་དགའ་ཞིང་དེ་དག་བསྒྲུབ་པ་ནི་བསམ་གཏན་ དང་པོ་གསུམ་གྱི་བདེ་བ་འགྱུར་བའི་སྡུག་བསྔལ་ལ་བདེ་བར་འཛིན་པ་རྣམས་ཕྱིན་ཅི་ལོག་ གི་བདེ་བ་ལ་ཆགས་པ་ཡིན་ཞིང༌། བསམ་གཏན་བཞི་པ་ཡན་ཆད་ཀྱི་བཏང་སྙོམས་ཀྱང་མི་ རྟག་ཅིང་གཡོ་བ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པས། མདོ་ལས། འདི་ལྟར་གང་ཅི་ཚོར་ཡང་ རུང་དེ་ནི་འདིར་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟར་མ་ཤེས་པར་སྡུག་བསྔལ་ལ་བདེ་ བར་འཛིན་པ་འཁྲུལ་བ་སྟེ་དེ་རྣམས་ནི་སྲིད་པའི་མཐར་ལྷུང་བའོ། །རང་ཉིད་གཅིག་པུ་ཞི་ བའི་མྱ་ངན་ལས་འདས་པ་ལ་དགའ་བ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྒྲུབ་པ་ནི་ རང་རང་གི་སྡུག་བསྔལ་ཉེ་བར་ལེན་པའི་རྒྱུ་ཉོན་མོངས་པ་རབ་ཏུ་ཞི་བ་ཙམ་ལ་འཇུག་པ་སྟེ། ཞི་བའི་མཐར་ལྷུང་བའོ། །སྙིང་རྗེའི་བདག་ཉིད་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒྲུབ་ པ་ནི་ཤེས་རབ་ཀྱིས་རང་གཞན་གྱི་ཉེ་བར་ལེན་པ་ཀུན་ཞི་བར་བྱེད་པས་སྲིད་པའི་མཐའ་ལ་ མི་གནས་ལ། སྙིང་རྗེ་ཆེན་པོས་ཕུང་པོ་ལྷག་མེད་དུའང་མི་ཟད་ཅིང་རྟག་པའི་སྒོ་ནས་གཞན་ དོན་རྒྱུན་མི་འཆད་པས་ཞི་བའི་མཐའ་ལའང་མི་གནས་པའི་ཕྱིར་སྔ་མ་དག་ལས་མཆོག་ཏུ་ གྱུར་བའོ། ། ཁྱད་པར་གཞན་ཡང༌། སྐྱེ་བོ་རྨོངས་པ་རང་གི་བདེ་དོན་བརྩོན། །དེ་མ་ ཐོབ་པའི་རྟག་ཏུ་སྡུག་བསྔལ་འགྱུར། །བརྟན་པ་རྟག་ཏུ་གཞན་དོན་ བརྩོན་པ་ནི། །གཉི་གའི་དོན་བྱས་མྱ་ངན་འདའ་བར་འགྱུར། །སྐྱེ་བོ་ རྨོངས་པ་རྣམས་རང་གི་བདེ་བ་སྒྲུབ་པའི་དོན་དུ་ཚོང་དང་ཞིང་ལས་དང་གཞན་ལ་གནོད་ པ་ལ་སོགས་པའི་བྱ་བ་ལ་བརྩོན་པར་བྱེད་ཀྱང༌། ཐབས་ལ་རྨོངས་པས་བདེ་བ་དེ་མ་ཐོབ་ 4-1-118 པར་ཚ་གྲང་དང་གཅོད་འདྲལ་ལ་སོགས་པས་རྟག་ཏུ་འཁོར་བར་སྡུག་བསྔལ་འབའ་ཞིག་ལ་ ལོངས་སྤྱོད་པར་འགྱུར་ལ། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་དུས་རྟག་ཏུ་རང་དོན་ལ་ ཆགས་པ་མེད་པར་གཞན་ལ་ཕན་པ་དང་བདེ་བའི་དོན་འབའ་ཞིག་སྒྲུབ་པ་ལ་བརྩོན་པ་ནི་ རང་གཞན་གཉི་གའི་དོན་ཕུན་སུམ་ཚོགས་པ་གྲུབ་པར་བྱས་ནས་མི་གནས་པའི་མྱ་ངན་ལས་ འདས་པའི་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པར་འགྱུར་བ་སྟེ། སྤྱོད་འཇུག་ལས་ཀྱང༌། འཇིག་ རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །འཇིག་རྟེན་བདེ་བ་ཇི་ སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །ཞེས་པ་དང༌། མང་དུ་བཤད་ལྟ་ཅི་དགོས་ ཏེ། །བྱིས་པ་རང་དོན་བྱེད་པ་དང༌། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་ པར་ལྟོས། །ཞེས་གསུངས་པ་ལྟར་རོ། ། སྤྱོད་ཡུལ་ཡོངས་སུ་བསྒྱུར་བ་ནི། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། ། དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་བ། །དེ་ལྟ་དེ་ལྟར་རིགས་ པ་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །རྒྱལ་ སྲས་བྱང་ཆུབ་སེམས་དཔའ་རྣམས་འཕྲལ་གྱི་སྤྱོད་ལམ་ལ་འཇུག་པའི་ཚེ། རྣམ་པ་ཇི་ལྟ་ཇི་ ལྟ་བུར་མིག་ལ་སོགས་པའི་དབང་པོ་གཟུགས་ལ་སོགས་པའི་སྤྱོད་ཡུལ་སྣ་ཚོགས་ལ་འཇུག་ པར་འགྱུར་བ་དེ་ལྟ་དེ་ལྟར་དེ་དང་རིགས་མཐུན་པའི་ཚིག་གིས་སེམས་ཅན་ཐམས་ཅད་ལ་ ཕན་པར་བྱ་བའི་ཕྱིར་དེ་དག་ཐམས་ཅད་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་གསུངས་ པ་ལྟར་བསྔོ་བའི་སྒོ་ནས་ཡོངས་སུ་བསྒྱུར་ཞིང་མངོན་པར་འདུ་བྱེད་དོ། །དེ་ཡང་བྱང་ཆུབ་ སེམས་དཔའ་གྲོང་དུ་འཇུག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱིས་ཐར་པ་ཆེན་པོའི་གྲོང་ཁྱེར་ ཐོབ་པར་གྱུར་ཅིག དེ་བཞིན་དུ་སྦྱར་ཏེ། ཉལ་ཞིང་གཉིད་པའི་ཚེ་སངས་རྒྱས་ཀྱི་ཆོས་སྐུ་ ཐོབ་པར་དང་རྨི་ལམ་བྱུང་བ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པ་དང༌། གཉིད་སད་ 4-1-119 པ་ན་མ་རིག་པའི་གཉིད་ལས་སད་པ་དང་ལྡང་བ་ན་སངས་རྒྱས་གཟུགས་ཀྱི་སྐུ་ཐོབ་པ་དང༌། གོས་གྱོན་པ་ན་ངོ་ཚ་ཁྲེལ་ཡོད་ཀྱི་གོས་གྱོན་པ་དང༌། སྟན་ལ་འདུག་པ་ན་བྱང་ཆུབ་ཀྱི་སྙིང་ པོ་རྡོ་རྗེའི་གདན་ཐོབ་པ་དང༌། མེ་གཏོང་བ་ན་ཉོན་མོངས་པའི་བུད་ཤིང་བསྲེག་པ་དང༌། མེ་ འབར་བ་ན་ཡེ་ཤེས་ཀྱི་མེ་འབར་བ་དང༌། ཟས་ཟ་བ་ན་བསམ་གཏན་གྱི་ཟས་ཐོབ་པ་དང༌། གྲོང་ལས་ཐོན་པ་ན་འཁོར་བའི་གྲོང་ཁྱེར་ལས་ཐར་བ་དང༌། སྒོ་འབྱེད་པ་ན་ཐར་པའི་གྲོང་ ཁྱེར་གྱི་སྒོ་འབྱེད་པ་དང༌། སྒོ་གཅོད་པ་ན་ངན་སོང་གསུམ་གྱི་སྒོ་གཅོད་པ་དང༌། ལམ་དུ་ འཇུག་པ་ན་འཕགས་པའི་ལམ་དུ་འཇུག་པ་དང༌། སྣོད་སྟོང་པ་མཐོང་བ་ན་སྐྱོན་ཐམས་ཅད་ ཀྱིས་སྟོང་བ་དང༌། གང་བ་མཐོང་བ་ན་ཡོན་ཏན་ཐམས་ཅད་ཀྱིས་གང་བར་གྱུར་ཅིག་ཅེས་ པ་ལ་སོགས་པ་སྟེ། དེ་བཞིན་དུ་མིག་གིས་གཟུགས་མཐོང་བ་ན་སངས་རྒྱས་ཀྱི་སྐུ་མཐོང་བ་ དང༌། རྣ་བས་སྒྲ་ཐོས་པ་ན་དམ་པའི་ཆོས་ཀྱི་སྒྲ་ཐོས་པ་དང༌། སྣས་དྲི་ཚོར་བ་ན་ཚུལ་ཁྲིམས་ ཀྱི་དྲི་ཚོར་བ་དང༌། ལྕེས་རོ་མྱོང་བ་ན་ཆོས་ཟབ་མོའི་རོ་མྱོང་བ་དང༌། ལུས་ཀྱིས་རེག་བྱ་མྱོང་ བ་ན་ཏིང་ངེ་འཛིན་གྱི་བདེ་བ་ལ་རེག་པ་དང༌། ཡིད་ཀྱིས་ཆོས་རིག་པ་ན་ཆོས་ཀྱི་དབྱིངས་དེ་ བཞིན་ཉིད་མངོན་སུམ་དུ་མཐོང་བར་གྱུར་ཅིག་ཅེས་པ་ལ་སོགས་པའི་སྒོ་ནས་སྣང་བ་ཐམས་ ཅད་བྱང་ཆུབ་ཆེན་པོའི་ལམ་དུ་བསྒྱུར་བ་ལ་འབད་པར་བྱའོ། ། གནོད་བྱེད་ལ་ཁྲོ་བ་སྤང་བ་ནི། རྟག་ཏུ་ཉེས་པ་རང་དབང་མེད་པར་བྱས་ སེམས་ཀྱིས། །སྐྱེ་བོ་ལ་ནི་བློ་ལྡན་ཉེས་པར་མི་འཛིན་ཏེ། །མི་འདོད་ བཞིན་དུ་ལོག་པར་བསྒྲུབ་པར་འགྱུར་རོ་ཞེས། །སྐྱེ་བོ་དག་ལ་སྙིང་རྗེ་ རྣམ་པར་འཕེལ་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ལ་ལོག་བསྒྲུབ་ཀྱིས་གནོད་པ་ སྣ་ཚོགས་བྱུང་ཡང༌། སེམས་ཅན་འདི་དག་ནི་དུས་རྟག་ཏུ་ཉོན་མོངས་པའི་གཞན་དབང་དུ་ གྱུར་པས་ཉེས་པ་རྣམས་ནི་རང་དབང་མེད་པར་བྱས་པ་ཡིན་ནོ་སྙམ་དུ་སེམས་པ་ཉིད་ཀྱིས་ 4-1-120 གནོད་བྱེད་ཀྱི་སྐྱེ་བོ་ལ་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་ཉེས་པ་བྱེད་པར་ མི་འཛིན་ཏེ། གནོད་པ་བྱེད་པར་མི་འདོད་བཞིན་དུ་ཁོང་ཁྲོ་ཞེ་སྡང་དྲག་པོས་རང་དབང་ མེད་པར་བསྐུལ་ནས་ལོག་པར་བསྒྲུབ་པར་འགྱུར་རོ་ཞེས་རྟོགས་ནས་གནོད་བྱེད་ཀྱི་སྐྱེ་བོ་ དག་ལ་ལྷག་པར་ཡང་སྙིང་རྗེ་ཆེན་པོ་རྣམ་པར་འཕེལ་བར་འགྱུར་བའི་ཕྱིར་རོ། །བཞི་བརྒྱ་ པ་ལས། ན་བའི་བུ་ལ་ཁྱད་པར་དུ། །མ་ནི་གདུང་བར་འགྱུར་བ་ལྟར། །དེ་བཞིན་བྱང་ཆུབ་ སེམས་དཔའ་རྣམས། །དམ་པ་མིན་ལ་ལྷག་པར་བརྩེ། །ཞེས་པ་དང༌། སྤྱོད་འཇུག་ལས་ ཀྱང༌། ཉོན་མོངས་སྐྱེས་པ་དེ་ལྟ་བུར། །བདག་གསོད་ལ་སོགས་ཞུགས་པ་ལ། །སྙིང་རྗེ་རྒྱ་ལ་ མ་སྐྱེས་པར། །ཁྲོ་བར་གྱུར་པ་ཅིའི་ཐ་ཚིག །ཅེས་གསུངས་པ་ལྟར་རོ། ། ཕན་ཡོན་གྱིས་བསྡུ་བ་ནི། བསྒྲུབ་པ་འདིས་ནི་སྲིད་དང་འགྲོ་བ་ཀུན། ། ཟིལ་གྱིས་མནན་འགྲོ་ཞི་བ་མཆོག་དང་ལྡན། །ཡོན་ཏན་སྣ་ཚོགས་ ཚོགས་ཀྱིས་རྣམ་པར་འཕེལ། །བྱམས་པའི་བསམ་པས་རྟག་ཏུ་འགྲོ་ བ་སྡུད། །དེ་ཡང་ཆེ་བའི་བདག་ཉིད་བཞི་དང་ལྡན་པ་སྟེ། ཟིལ་གྱིས་གནོན་པའི་ཆེ་བ་ ཉིད། སྔར་བསྟན་པ་ལྟར་གནས་པ་དང་རྩོམ་པ་དང་འབྲས་བུ་དང་ཆེ་བའི་བདག་ཉིད་ཅན་ གྱི་བསྒྲུབ་པ་འདིས་ནི་སྲིད་པ་ཁམས་གསུམ་དང་འགྲོ་བ་རྒྱུད་ལྔས་བསྡུས་པ་ཀུན་ཟིལ་གྱིས་ མནན་ནས་སངས་རྒྱས་ཀྱི་སར་འགྲོ་བའི་ཕྱིར་ཏེ། ཇི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལས། རབ་འབྱོར་གལ་ཏེ་གཟུགས་དངོས་པོར་འགྱུར་གྱི་དངོས་པོ་མེད་པ་མ་ཡིན་ན་ནི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར། ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །དེའི་ དོན་ཡང་གཟུགས་ལ་སོགས་པ་དོན་དམ་པར་བདེན་པ་ཡིན་ན། བྱིས་པ་རྣམས་ཀྱིས་ཀྱང་དེ་ ཁོ་ན་ཉིད་མཐོང་བས་ཟིལ་གྱིས་མནན་པར་མི་ནུས་མོད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ 4-1-121 ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གཟུགས་སོགས་དོན་དམ་དུ་བདེན་པ་མེད་པར་རྟོགས་ པས་འཁོར་བ་མཐའ་དག་ཟིལ་གྱིས་མནན་ནས་མྱ་ངན་ལས་འདས་པར་ངེས་པར་འབྱུང་ བར་འགྱུར་རོ་ཞེས་པའོ། །མྱ་ངན་ལས་འདས་པའི་ཆེ་བ་ཉིད་ནི། ཤེས་རབ་ཀྱིས་འཁོར་བའི་ མཐའ་ལ་མི་གནས་ཤིང་སྙིང་རྗེས་ཞི་བའི་མཐའ་ལའང་མི་གནས་པས་ཞི་བ་མཆོག་དང་ལྡན་ པའི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་དང༌། ཡོན་ཏན་གྱི་ཆེ་བ་ཉིད་ནི། སྟོབས་བཅུ་ལ་ སོགས་པའི་ཡོན་ཏན་སྣ་ཚོགས་པ་རྣམས་ཚོགས་གཉིས་ཀྱི་སྟོབས་ཀྱིས་རྣམ་པར་འཕེལ་བར་ འགྱུར་པའི་ཕྱིར་དང༌། སེམས་ཅན་ཡོངས་སུ་མི་གཏོང་བའི་ཆེ་བ་ཉིད་ནི། སེམས་ཅན་ཐམས་ ཅད་ལ་ཕན་པ་དང་བདེ་བར་འདོད་པ། བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་དང་ལྡན་ པའི་བསམ་པས་སྦྱོར་བ་དུས་རྟག་ཏུ་བསྡུ་བའི་དངོས་པོ་བཞིས་འགྲོ་བ་མཐའ་དག་སྡུད་ཅིང་ ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ཐེག་པ་ཆེན་པོའི་སྒྲུབ་པ་འདི་ནི་མཆོག་ཏུ་བསྔགས་པར་ བྱ་བ་ཉིད་དོ། །སེམས་བསྐྱེད་པ་ལས་འགྲུབ་པའི་རང་དང་གཞན་གྱི་དོན་བསྒྲུབ་པའི་སྐབས་ རྫོགས་པར་བཤད་ཟིན་ཏོ།། ༈ །། ད་ནི་དོན་སྒྲུབ་པ་ལས་འཐོབ་པའི་དེ་བཞིན་ཉིད་ཀྱི་དོན་བསྟན་པ་ལ། སྤྱི་དོན་དང་ གཞུང་དོན་གཉིས་ལས། དང་པོ་ལའང་ངོ་བོ་ངོས་གཟུང་དང་འཁྲུལ་པ་སྤང་བའོ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ ཉིད་སྟོང་ཉིད་ཟབ་མོ་ངོས་བཟུང་བ་ནི། དབུས་དང་མཐའ་རྣམ་པར་འབྱེད་པ་ཉིད་ན་གསལ་ བ་ལྟར་འཆད་པ་ལའང་གཉིས་ལས། མདོར་བསྟན་པ་ནི། སྟོང་པ་ཉིད་ནི་མདོར་བསྡུ་ན། ། མཚན་ཉིད་དང་ནི་རྣམ་གྲངས་དང༌། །དེ་ཡི་དོན་དང་དབྱེ་བ་དང༌། །སྒྲུབ་པ་དག་སྟེ་ཤེས་ པར་བྱ། །ཞེས་པ་ལྟར། (ལྔ་སྟེ། ) སྤྱིའི་མཚན་ཉིད། མཚན་གྱི་རྣམ་གྲངས། དེའི་སྒྲ་དོན། རྣམ་ པའི་དབྱེ་བ། སྒྲུབ་པ་བསྟན་པའོ། ། 4-1-122 དང་པོ་ནི། གཉིས་དངོས་མེད་དང་དངོས་མེད་པའི། །དངོས་པོ་སྟོང་པའི་མེད་པའི་མཚན་ ཉིད་དོ། །ཡོད་པ་མ་ཡིན་མེད་པའང་མིན། །ཐ་དད་གཅིག་པའི་མཚན་ཉིད་མིན། །གཉིས་ དངོས་མེད་དང་ཞེས་པ་དང༌། ཡོད་པ་མ་ཡིན་ཞེས་རིམ་པ་ལྟར་སྦྱར་ཏེ། གཟུང་བ་དང་འཛིན་ པའི་དངོས་པོ་འདི་དག་དཔྱད་ན་དོན་དམ་དུ་ཡོད་པ་མ་ཡིན་པས་ཀུན་རྫོབ་རང་རང་གི་ངོ་ བོས་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཞིང༌། དངོས་མེད་པའི་དངོས་པོ་ཞེས་པ་དང༌། མེད་ པའང་མིན་ཞེས་སྦྱར་ཏེ་གཟུང་འཛིན་གཉིས་ཀྱི་དངོས་པོ་མེད་པའི་དངོས་པོའམ་ངོ་བོ་ཉིད་ནི་ འཕགས་པའི་ཡེ་ཤེས་ཀྱི་སྦྱོད་ཡུལ་དུ་མེད་པའང་མིན་པས། དོན་དམ་གློ་བུར་གྱི་དྲི་མས་སྟོང་ པ་ཉིད་ཀྱི་མཚན་ཉིད་བསྟན་པས། དེ་བས་ན་(ཆོས་དང་ཆོས་ཉིད་རྣམ་འབྱེད་དུ་)ཆོས་ཉིད་སྟོང་པ་ཉིད་ ཀྱིས་ཆོས་ཅན་ཐམས་ཅད་ལ་ཁྱབ་པས་ཡུལ་གྱི་སྒོ་ནས་ཐ་དད་པ་མ་ཡིན་ཞིང༌། ཆོས་ཉིད་ འདུས་མ་བྱས་དང་ཆོས་ཅན་འདུས་བྱས་རྣམས་མཚན་ཉིད་མི་མཐུན་པས་གཅིག་པའང་མ་ ཡིན་པའི་ཕྱིར། དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱང་ བསྟན་པའོ། །(བློ་བརྟན་)འགྲེལ་བཤད་ལས། དེ་ལྟར་ན་སྟོང་པ་ཉིད་འདི་ནི་མེད་པའི་མཚན་ ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དང༌། མི་གནས་པའི་མཚན་ཉིད་ཅན་ ཞེས་ཀྱང་གསུངས་སོ། ། (གཉིས་པ་)རྣམ་གྲངས་ནི། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་ མཐའ། །མཚན་ཉིད་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །སྟོང་པ་ ཉིད་ལ་སོགས་པའི་དོན་གཅིག་ཉིད་མིང་ཐ་དད་པས་སྟོན་པ་སྟེ། (འགྲེལ་བཤད་དུ་)གསུང་རབ་ རྣམས་ལས་མི་གཉིས་པ་དང་རྣམ་པར་མི་རྟོག་པའི་དབྱིངས་དང་ཆོས་ཉིད་དང་བརྗོད་དུ་མེད་ པ་ཉིད་དང་མི་འགལ་བ་དང་འདུས་མ་བྱས་དང་མྱ་ངན་ལས་འདས་པ་ལ་སོགས་པ་གསུངས་ པ་རྣམས་(འདིར་)མདོར་བསྡུ་ན་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་ལྔའོ། ། 4-1-123 (གསུམ་པ་)སྒྲ་དོན་ནི། གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགགས་འཕགས་པའི་སྤྱོད་ ཡུལ་དང༌། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་ཏེ་གོ་རིམ་བཞིན། །དེ་རྣམས་ ཀྱང་མིང་བཏགས་པ་ཙམ་མ་ཡིན་གྱི་དོན་དང་ལྡན་པར་འཆད་པ་སྟེ། སྟོང་པ་ཉིད་འདུས་མ་ བྱས་ཡིན་པས་ནམ་ཡང་གཞན་དུ་མི་འགྱུར་བའི་ཆ་ནས་དེ་བཞིན་ཉིད་དང༌། ཕྱིན་ཅི་ལོག་གི་ གཞི་མ་ཡིན་ཞིང་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཆ་ནས་ཡང་དག་པའི་མཐའ་དང༌། སྤྲོས་པའི་ མཚན་མ་ཐམས་ཅད་འགགས་པའི་ཆ་ནས་མཚན་མ་མེད་པ་དང༌། འཕགས་པའི་ཡེ་ཤེས་ དམ་པའི་སྤྱོད་ཡུལ་ཡིན་པའི་ཆ་ནས་དོན་དམ་པ་དང༌། འཕགས་པའི་ཆོས་ཐམས་ཅད་དེ་ལ་ དམིགས་ནས་འབྱུང་བའི་ཆ་ནས་ཆོས་ཀྱི་དབྱིངས་ཞེས་བྱ་བའི་དོན་ཏོ། ། (བཞི་པ་)དབྱེ་བ་ལ་གཉིས་ལས། དང་པོ་གཉིས་སུ་དབྱེ་བ་ནི། ཀུན་ནས་ཉོན་མོངས་ རྣམ་པར་དག །དེ་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་ པ་བཞིན་དུ་དག་པར་འདོད། །ཀུན་ནས་ཉོན་མོངས་པ་དང་བཅས་པ། འཁོར་བའི་གནས་ སྐབས་ན་དྲི་བཅས་དེ་བཞིན་ཉིད་དང་རྣམ་པར་དག་པ་མྱ་ངན་ལས་འདས་པའི་གནས་ སྐབས་ན་དྲི་མེད་དེ་བཞིན་ཉིད་ཅེས་པའོ། །དྲི་བཅས་དྲི་མེད་དུ་འགྱུར་ཡང་ངོ་བོ་གཞན་དུ་ འགྱུར་བ་ནི་མ་ཡིན་ཏེ། དཔེར་ན་ཆུ་རྙོགས་པ་སངས་པ་དང་གསེར་ས་འོག་ནས་འཐོན་པ་ དང་ནམ་མཁའ་སྤྲིན་སངས་པ་བཞིན་དུ་དྲི་མ་དང་བྲལ་བ་ཙམ་ཡིན་པའི་ཕྱིར་རོ། ། (གཉིས་པ་)བཅུ་དྲུག་དུ་དབྱེ་བ་ནི། གསུང་རབ་མང་པོ་ལས་འབྱུང་བའི་དོན་སྡོམ་དུ་བྱས་ ན། ནང་དང་ཕྱི་དང་ཕྱི་ནང་ཆེན་པོ་དང༌། །སྟོང་ཉིད་དོན་དམ་འདུས་བྱས་འདུས་མ་བྱས། ། མཐའ་འདས་ཐོག་མཐའ་དོར་མེད་རང་བཞིན་དང༌། །རང་མཚན་ཆོས་ཀུན་དངོས་མེད་ངོ་བོ་ ཉིད། །ཅེས་པ་སྟེ་དེ་ཡང་ཕྱི་ནང་གི་དངོས་པོ་ལ་བདག་དང་བདག་གིར་འཛིན་པ་བཟློག་པའི་ ཆེད་དུ། (དབུས་མཐར་)ཟ་བོ་བཟའ་བ་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །ཟ་བའམ་ 4-1-124 ལོངས་སྤྱོད་པ་པོ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་སྟོང་པར་གནས་པ་ནི་ནང་སྟོང་ པ་ཉིད་དང༌། དེ་བཞིན་དུ་སྦྱར་ཏེ་བཟའ་བའམ་ལོངས་སྤྱད་པར་བྱ་བ་གཟུགས་ལ་སོགས་པ་ ཕྱིའི་སྐྱེ་མཆེད་རྣམས་ཀྱིས་སྟོང་པ་ནི་ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་དེ་དག་གི་གནས་སམ་ལུས་ ཁོག་པའི་སྟོང་པ་ནི་ཕྱི་ནང་སྟོང་པ་ཉིད་དང༌། གནས་ཀྱི་གཞི་སྣོད་ཀྱི་འཇིག་རྟེན་རྒྱ་ཆེན་པོའི་ སྟོང་པ་ནི་ཆེན་པོ་སྟོང་པ་ཉིད་དང༌། དེ་དག་ལ་གཟུང་འཛིན་དུ་ཞེན་པ་དགག་པའི་ཕྱིར། དེ་ ཡང་ཇི་ལྟར་གང་གིས་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །ནང་གི་སྐྱེ་མཆེད་ལ་སོགས་པ་ དེ་ཡང་གང་གིས་སྟོང་པར་མཐོང་ཞིང་ཤེས་པའི་སྟོང་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་དང༌། ཇི་ ལྟར་དོན་དམ་པའི་རྣམ་པའོ་སྙམ་དུ་མཐོང་བར་བྱ་བ་དེའི་སྟོང་པ་ནི་དོན་དམ་པ་སྟོང་པ་ཉིད་ དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ལས་བརྩམས་ཏེ། དགེ་གཉིས་ ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་མི་གཏང་བྱ་བའི་ཕྱིར། ། དགེ་བ་མི་ཟད་བྱ་བའི་ཕྱིར། །ལམ་གྱི་དགེ་བ་འདུས་བྱས་ཀྱི་སྟོང་པ་ནི་འདུས་བྱས་སྟོང་པ་ ཉིད་དང༌། མྱ་ངན་ལས་འདས་པའི་དགེ་བ་འདུས་མ་བྱས་ཀྱི་སྟོང་པ་ནི་འདུས་མ་བྱས་སྟོང་ པ་ཉིད་དང༌། ཕན་གདགས་པར་བྱ་བའི་སེམས་ཅན་མཐའ་ཡས་པའི་སྟོང་པ་ནི་མཐའ་ལས་ འདས་པ་སྟོང་པ་ཉིད་དང༌། བློས་མི་གཏང་བར་བྱ་བ་འཁོར་བ་ཐོག་མཐའ་མེད་པའི་སྟོང་པ་ ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། ཕུང་པོ་ལྷག་མ་མེད་པའི་མྱང་འདས་སུ་འང་ དགེ་བ་མི་ཟད་ཅིང་མི་འདོར་བའི་སྟོང་པ་ནི་དོར་བ་མེད་པ་སྟོང་པ་ཉིད་དང༌། དེ་བཞིན་དུ་ རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་ རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་བར་བྱེད། །དེ་བཞིན་ཉིད་རང་བཞིན་གྱི་ རིགས་རྣམ་པར་དག་པ་དྲི་མས་ཀྱང་དག་པར་བྱ་བའི་སྟོང་པ་ནི་རང་བཞིན་སྟོང་པ་ཉིད་དང༌། ཐོབ་པར་བྱ་བ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་ནི་ 4-1-125 རང་གི་མཚན་ཉིད་སྟོང་པ་ཉིད་དང༌། དག་པར་བྱ་བ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་ པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྟོང་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ དེ། བྱང་ཆུབ་སེམས་དཔའ་རྣམས་སྒྲུབ་པར་བྱེད་པ་སྟོང་པ་ཉིད་བཅུ་བཞིའི་རྣམ་བཞག་ཤེས་ པར་བྱའོ། །དེ་ཐམས་ཅད་ཀྱང་ཕྱི་མ་གཉིས་སུ་རྣམ་པར་འཇོག་པ་ནི། གང་ཟག་དང་ནི་ཆོས་ རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ ལས་སྟོང་ཉིད་གཞན། །ཀུན་རྫོབ་གློ་བུར་གྱི་དྲི་མ་གང་ཟག་དང་ཆོས་ཀྱི་བདག་མཐའ་དག་ གི་དངོས་པོ་མེད་པ་ནི། དངོས་པོ་མེད་པ་སྟོང་པ་ཉིད་དང༌། དོན་དམ་ཆོས་ཀྱི་དབྱིངས་མཐའ་ དག་གིས་སྟོང་པ་དེའི་ངོ་བོ་མི་འགྱུར་བར་ཡོད་པ་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་དེ། གོ་རིམ་བཞིན་དུ་གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་དང༌། དོན་དམ་སྟོང་པ་ཉིད་ ལ་སྐུར་པ་འདེབས་པའི་མཐའ་བསལ་བའི་ཕྱིར་བསྟན་པའོ། ། (ལྔ་པ་)སྒྲུབ་པ་ནི། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་ འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །གལ་ཏེ་གཉེན་ པོ་མ་བསྒོམས་ཀྱང་ཉོན་མོངས་པ་མེད་པར་འགྱུར་ན་ལུས་ཅན་ཐམས་ཅད་འབད་པ་མེད་ པར་འཁོར་བ་ལས་གྲོལ་བར་འགྱུར་ཞིང༌། ཅི་སྟེ་གཉེན་པོ་བསྒོམས་ཀྱང་རྣམ་པར་དག་པར་ མི་འགྱུར་ན་ཐར་བ་ཐོབ་པའི་དོན་དུ་ལམ་སྒོམ་པ་འབད་པ་དོན་མེད་པར་འགྱུར་རོ། །དེ་ལྟ་ བས་ན། ཉོན་མོངས་མ་ཡིན་མི་མོངས་མིན། །དེ་ནི་མ་དག་དག་པ་མིན། །རིམ་པ་ལྟར་སྦྱར་ ཏེ་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཉོན་མོངས་པ་མ་ཡིན་ཞིང་མ་ དག་པའང་མ་ཡིན་ལ། གློ་བུར་གྱི་དྲི་མས་ཉོན་མོངས་པའི་ཕྱིར་ཉོན་མི་མོངས་པ་མ་ཡིན་ཞིང་ དག་པའང་མ་ཡིན་པས་སྟོང་པ་ཉིད་ཀྱི་དབྱེ་བ་ཀུན་ནས་ཉོན་མོངས་པའི་གནས་སྐབས་ན་ དྲི་བཅས་དེ་བཞིན་ཉིད་དང༌། རྣམ་པར་དག་པའི་གནས་སྐབས་ན་དྲི་མེད་དེ་བཞིན་ཉིད་ལ་ 4-1-126 སོགས་པར་སྔར་བསྟན་པ་དེ་རྣམས་མི་འགལ་བར་བསྒྲུབས་པ་ཡིན་ནོ། །དེ་ལྟར་ན་དྲི་བཅས་ དེ་བཞིན་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་སྒོ་ནས་དྲི་མེད་དེ་བཞིན་ཉིད་ ཐོབ་པར་བྱ་བའི་ཆེད་དུ་ལམ་རྣམ་དག་བསྒོམ་པ་ལ་འབད་པར་བྱའོ། ། འཁྲུལ་པ་སྤང་བ་ལ་གསུམ་ལས། (དང་པོ་)ཡོད་པ་རྟག་པའི་མཐར་ལྷུང་བ་སྤང་བ་ནི། གཟུགས་སོགས་ཀུན་རྫོབ་ཀྱི་སྣང་བ་འདི་རྣམས་དོན་དམ་དུ་ཡོད་པ་ཡིན་ན་དེ་དག་མཐོང་ བའི་བྱིས་པ་རྣམས་ཀྱིས་ཀྱང་ཡང་དག་པ་རིག་པར་འགྱུར་ཞིང་དེ་ལས་གཞན་པའི་ཡང་དག་ པའི་ཡེ་ཤེས་དོན་མེད་པར་ཡང་ཐལ་བར་འགྱུར་ཏེ། བསམ་གྱིས་མི་ཁྱབ་པར་བསྟོད་པ་ ལས། དབང་པོ་རྣམས་ཀྱིས་གང་དམིགས་དེ། །གལ་ཏེ་ཡང་དག་མཆིས་གྱུར་ན། །བྱིས་པས་ ཡང་དག་རིག་པར་འགྱུར། །གང་ཚེ་ཡང་དག་ཤེས་པས་ཅི། །ཞེས་གསུངས་པ་ལྟར་རོ། །ལུང་ ལས་གཟུགས་ལ་སོགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཡོད་པར་གསུངས་པ་ དང་མི་འགལ་ལམ་སྙམ་ན། དེ་དག་ནི་དངོས་པོར་སྨྲ་བ་རྣམས་རིམ་གྱིས་གཞུག་པའི་དོན་དུ་ གསུངས་པ་ཡིན་གྱི། དོན་དམ་དུ་ཡོད་པར་གསུངས་པ་ནི་མ་ཡིན་ཏེ། ཉི་ཤུ་པར། གཟུགས་ སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བའི་སེམས་ཅན་ལ། །དགོངས་པའི་དབང་གིས་ གསུངས་པ་སྟེ། །རྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །ཞེས་གསུངས་པ་ལྟར་རོ། །དོན་དམ་ བདེན་པ་ཡོད་པར་གསུངས་པའང་ཀུན་རྫོབ་འདུས་བྱས་ཀྱི་དངོས་པོར་ཡོད་པ་ནི་མ་ཡིན་ ཏེ། དེ་ལྟར་ཡིན་ན་མི་རྟག་པ་མི་བརྟན་པ་བརྫུན་པ་བསླུ་བའི་ཆོས་ཅན་དུ་ཐལ་བར་འགྱུར་ བ་ལས། དོན་དམ་པའི་བདེན་པ་ནི་རྟག་པ་བརྟན་པ་ནམ་ཡང་མི་སླུ་བའི་ཆོས་ཉིད་ཡིན་པར་ བཤད་ཅིང་འཆད་པར་འགྱུར་བའི་ཕྱིར་རོ། ། (གཉིས་པ་)མེད་པ་ཆད་པའི་མཐར་ལྷུང་བ་སྤང་བ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་ གྱི་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པར་གསུངས་པའི་ཕྱིར་ཀུན་རྫོབ་ལས་རྒྱུ་འབྲས་ 4-1-127 ཀྱང་བདེན་པར་མེད་དོ་ཞེས་སེམས་པ་ནི་འཁྲུལ་པ་སྟེ། མཛོད་ལས། མེད་པར་ལྟ་བས་རྩ་ བ་གཅོད། །ཅེས་རྒྱུ་འབྲས་ལ་བསྐུར་བ་བཏབ་ན་སྔར་བསགས་པའི་དགེ་བའི་རྩ་བ་ཐམས་ ཅད་ཀྱང་གཅོད་པར་གསུངས་པའི་ཕྱིར་རོ། །དེ་བས་ན་རིན་ཆེན་ཕྲེང་བར། མི་དགེ་བ་ལས་ སྡུག་བསྔལ་འབྱུང༌། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དེ། ། རྣམ་པ་ཀུན་ཏུ་བདེ་བ་དག །ཅེས་གསུངས་པ་ལྟར་ཀུན་རྫོབ་ལས་རྒྱུ་འབྲས་སླུ་བ་མེད་པ་ ལ་མངོན་པར་ཡིད་ཆེས་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་བརྟེན་ནས་བླང་དོར་ཚུལ་ བཞིན་དུ་བྱས་ཏེ། འཇིག་རྟེན་པ་ཡིས་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེས་ནི་ བསྐལ་པ་སྟོང་དག་ཏུ། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་ཀྱང་གསུངས་པ་ལྟར་རོ། ། ཡང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གསུངས་པའི་ཕྱིར་དོན་དམ་པའི་བདེན་པའང་གཏན་ ནས་མེད་པའོ་སྙམ་དུ་སེམས་ན། ཆོས་དབྱིངས་བསྟོད་པར། སྟོང་པ་ཉིད་ནི་སྟོན་པའི་མདོ། ། རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །དབྱིངས་དེ་ཉམས་ པར་བྱེད་མ་ཡིན། །ཞེས་པ་ལྟར་མེད་པར་གསུངས་པ་རྣམས་ཀུན་ནས་ཉོན་མོངས་པ་གློ་བུར་ གྱི་དྲི་མ་རྣམས་དཔྱད་ན་མེད་པར་བསྟན་པ་ཡིན་གྱི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་ པར་དག་པ་དོན་དམ་པའི་བདེན་པ་མེད་པ་ནི་མ་ཡིན་ཏེ། བསམ་གྱིས་མི་ཁྱབ་པར་བསྟོད་ པར་ཡང༌། དམ་པའི་དོན་ནི་བཅོས་མ་མིན། །ངོ་བོ་ཉིད་དང་རང་བཞིན་དང༌། །ཡང་དག་ རྫས་དངོས་ཡོད་པ་ལགས། །བརྟགས་པའི་དངོས་པོ་མེད་པ་ཉིད། །གཞན་གྱི་དབང་ནི་ཡོད་ མ་ལགས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཀུན་རྫོབ་ཀུན་རྫོབ་ཏུ་བདེན་པ་དང༌། དོན་ དམ་དོན་དམ་དུ་བདེན་པའི་རྣམ་དབྱེ་མི་ཤེས་པར་སྟོང་པ་ཉིད་ཀྱི་དོན་ཅི་ཡང་མེད་པའོ་སྙམ་ དུ་མངོན་པར་ཞེན་པ་ནི་ཕྱིན་ཅི་ལོག་གི་ལྟ་བ་ཆད་པའི་མཐར་ལྷུང་བ་སྟེ། དབུ་མའི་རྩ་བར། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ 4-1-128 ཉེས་དང༌། །རིག་སྔགས་ལོག་པར་བསྒྲུབས་པ་བཞིན། །ཞེས་གསུངས་པ་ལྟར་རོ། ། (གསུམ་པ་)དེས་ན་མཐའ་གཉིས་དང་བྲལ་བར་བསྟན་པ་ནི། བསམ་གྱིས་མི་ཁྱབ་པར་ བསྟོད་པ་ལས། ཡོད་ཅེས་པ་ནི་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེས་ན་མཐའ་ གཉིས་སྤངས་པ་ཡི། །ཆོས་དེ་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་པ་ལྟར་གནས་ སྐབས་སུ་གཟུགས་སོགས་འདུས་བྱས་ཀྱི་དངོས་པོ་རྣམས་སྣ་ཚོགས་སུ་སྣང་ཡང་དཔྱད་ན་ རང་རང་གི་ངོ་བོས་སྟོང་པས་ཀུན་རྫོབ་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པ་མཐའ་གཉིས་ དང་བྲལ་བའི་དོན་དང༌། མཐར་ཐུག་ཆོས་ཀྱི་དབྱིངས་འདུས་མ་བྱས་སོ་སོ་རང་རིག་པའི་ཡེ་ ཤེས་ལ་སྣང་ཡང་གློ་བུར་གྱི་དྲི་མས་སྟོང་པས་དོན་དམ་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པ་ མཐའ་གཉིས་དང་བྲལ་བའི་དོན་ལ་མོས་པར་བྱ་སྟེ། བདེན་གཉིས་ལས་ཀྱང༌། ཀུན་རྫོབ་ དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། ། ཟུང་དུ་འཇུག་པར་དེས་བཤད་དོ། །ཞེས་གསུངས་པ་ལྟར་རོ། ། གཞུང་དོན་ལ་མཚན་ཉིད་ཀྱིས་མདོར་བསྟན། དེའི་དོན་རྒྱས་བཤད། ཕན་ཡོན་གྱིས་ བསྡུ་བའོ། ། དང་པོ་ནི། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་ འཇིག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་ པའང་མེད། །རྣམ་པར་དག་འགྱུར་དེ་ནི་དོན་དམ་མཚན། །ཆོས་ཐམས་ ཅད་ཀྱི་ཆོས་ཉིད་ཟབ་མོ་སྟོང་པ་ཉིད་དོན་དམ་པའི་བདེན་པ་ནི་གཉིས་སུ་མེད་པའི་མཚན་ ཉིད་ལྔ་དང་ལྡན་པ་སྟེ། ཡོད་མེད་གཉིས་དང་གཅིག་དང་ཐ་དད་གཉིས་དང་སྐྱེ་འཇིག་གཉིས་ དང་འཕེལ་འགྲིབ་གཉིས་དང་དག་མ་དག་གཉིས་ཀྱི་མཐའ་དང་བྲལ་བའོ། །དེ་ཡང་ཆོས་ ཉིད་དེ་བཞིན་ཉིད་དེ་བདག་གཉིས་སུ་ཀུན་ཏུ་བཏགས་པ་དང་གདགས་གཞི་ཤེས་པ་གཞན་ 4-1-129 དབང་གི་དངོས་པོར་ཡོད་པར་མིན་ཞིང༌། དེ་དག་གིས་སྟོང་བའི་ཆོས་ཉིད་ཡོངས་གྲུབ་ཀྱི་ངོ་ བོར་མེད་པའང་མིན་པ་དང་(༡) ། ཀུན་བཏགས་ནི་བློ་འཁྲུལ་པས་བརྟགས་པ་ཡིན་ལ་གཞན་ དབང་ཡང་དེའི་གདགས་གཞི་ཀུན་ཏུ་རྟོག་པ་འདུས་བྱས་ཡིན་པ་དང༌། ཡོངས་གྲུབ་དོན་དམ་ རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཆོས་ཉིད་འགྱུར་བ་མེད་པ་འདུས་མ་བྱས་པ་ཡིན་པས་ དེ་དག་དེ་བཞིན་ཏེ་གཅིག་པ་མིན་ཞིང༌། དེ་དག་ཁོ་ན་ལས་གཞན་མེད་པས་སམ་ཆོས་ཉིད་ ཡོངས་གྲུབ་ཀྱིས་ཆོས་ཅན་ཐམས་ཅད་ལ་ཁྱབ་པས་གཞན་ཏེ་ཐ་དད་པའང་མིན་པ་དང་(༢)། ཆོས་ཀྱི་དབྱིངས་འདུས་མ་བྱས་ཡིན་པས་ཐོག་མར་སྐྱེ་བ་མེད་པ་དང༌། མཐར་འཇིག་པའང་ མེད་པ་དང་(༣)། ལམ་བསྒོམས་ཏེ་སྤང་བྱ་ཀུན་ནས་ཉོན་མོངས་པའི་ཆོས་འགགས་ཀྱང་དེའི་ ཆོས་ཉིད་འབྲི་བར་མི་འགྱུར་ཏེ། གཉེན་པོ་རྣམ་པར་བྱང་བའི་ཆོས་འཕེལ་བ་ན་དེའི་ཆོས་ ཉིད་འཕེལ་བ་མེད་ཅིང་མི་འགྱུར་བར་གནས་པ་དང་(༤)། དེ་བཞིན་ཉིད་ཀྱི་ངོ་བོ་གདོད་མ་ ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་ཕྱིས་རྣམ་ པར་དག་པར་འགྱུར་དགོས་པའང་མེད་ལ། ལམ་བསྒོམས་ཏེ་གློ་བུར་གྱི་དྲི་མ་དང་བྲལ་བར་ བྱ་དགོས་པས་རྣམ་པར་དག་པར་འགྱུར་བའང་ཡིན་པ་སྟེ་(༥)། དེ་ལྟར་ན་གཉིས་སུ་མེད་པའི་ མཚན་ཉིད་རྣམ་པ་ལྔ་པོ་དེ་ནི་དོན་དམ་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །བྱང་ས་ ལས་ཀྱང༌། (འབྱུང་བའི་དོན་བསྡུས་པ་)འཇིག་རྟེན་པ་རྣམས་ཀྱི་ལྟ་བ་མཚུངས་པར་གྱུར་པས་འདི་ ནི་ས་ཁོ་ན་ཡིན་གྱི་མེ་མ་ཡིན་ནོ་ཞེས་པ་དང༌། དེ་བཞིན་དུ་མེ་དང་ཆུ་དང་རླུང་དང་གཟུགས་ ལ་སོགས་པའི་ཡུལ་རྣམས་དང་ཟས་དང་སྐོམ་ལ་སོགས་པ་དང༌། སྡུག་བསྔལ་དང་བདེ་བ་ ལ་སོགས་པ་རྣམས་ལ་འདི་ནི་འདི་ལྟ་བུ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་སྤྱོད་ཡུལ་གཅིག་ ཏུ་གྱུར་[པས་{པ་}མ་བརྟགས་གཟུང་བའི་དངོས་པོ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་གྲགས་ པའི་དེ་ཁོ་ན་དང་(༡)། སོ་སོའི་སྐྱེ་བོ་མཁས་པ་མཛངས་པ་རྟོག་དཔྱོད་དང་ལྡན་པ་རྣམས་ཀྱིས་ 4-1-130 མངོན་སུམ་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་ལུང་གི་ཚད་མ་ལ་བརྟེན་ནས་འཐད་ པའི་སྒྲུབ་པའི་རིགས་པས་བསྒྲུབས་ཤིང་རྣམ་པར་བཞག་པ་དེ་ནི་རིགས་པས་གྲགས་པའི་ དེ་ཁོ་ན་དང་(༢)། ཉན་ཐོས་དང་རང་སངས་རྒྱས་རྣམས་ཟག་པ་མེད་པ་དང་དེའི་རྗེས་ལས་ ཐོབ་པའི་ཤེས་པས་བདེན་པ་བཞི་མངོན་པར་རྟོགས་པ་ན་ཕུང་པོ་ཙམ་ནི་དམིགས་ཤིང་ཕུང་ པོ་ལས་དོན་གཞན་དུ་གྱུར་པའི་གང་ཟག་གི་བདག་མེད་པར་རྟོགས་པའི་སྤྱོད་ཡུལ་ནི་ཉོན་ མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་དང་(༣)། སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་མེད་མཐའ་དག་རྟོགས་པ་རྣམ་པར་མི་རྟོག་པའི་ ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་དེ་བཞིན་ཉིད་མཆོག་བླ་ན་མེད་པར་ཤེས་བྱའི་མཐར་ཐུག་པ་མངོན་ སུམ་དུ་གྱུར་པ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་སྟེ(༤)། རྣམ་པ་བཞི་གསུངས་ཤིང༌། དེ་ལྟར་བཞིའི་དང་པོ་གཉིས་ནི་ཐ་མ་དང་གསུམ་པ་ནི་འབྲིང་ དང་བཞི་པ་ནི་མཆོག་ཡིན་པར་རིག་པར་བྱའོ་ཞེས་ཀྱང་གསུངས་པ་རྣམས་ཀྱི་ནང་ནས་ འདིར་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་མཆོག་གི་དེ་ཁོ་ན་ཉིད་གཏན་ལ་འབེབས་ པ་སྟེ། དྲི་མ་མེད་པའི་འོད་ལས་ཀྱང༌། ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་ གསུངས་པ་ལྟར་རོ། །ཁ་ཅིག་སྤྲོས་བྲལ་གྱི་དོན་གཞི་གཅིག་ལ་སྦྱར་ནས་ཅིར་ཡང་མ་གྲུབ་ པ་གང་ཡང་མ་ཡིན་པ། ཅི་ཡང་མེད་པའོ་ཞེས་འདོད་པ་ནི་ཆད་པ་ཆེན་པོར་ལྷུང་བ་སྟེ། བྱང་ ས་ལས། སྟོང་པ་ཉིད་ལ་ལོག་པར་འཛིན་པ་ནི་ཤེས་བྱའི་དངོས་པོ་ལ་རྨོངས་པས་ཤེས་བྱ་ ཐམས་ཅད་ལ་(མེད་ཅེས)སྐུར་བ་འདེབས་པ་སྟེ། གཞི་དེས་སེམས་ཅན་དམྱལ་བ་རྣམས་སུ་ ཡང་སྐྱེ་བར་འགྱུར་ལ། གཞན་ཆོས་འདོད་པ་དང་སྡུག་བསྔལ་ལས་ཐར་བར་འདོད་པ་རྣམས་ ཀྱང་ཕུང་བར་བྱེད་དོ། །བསླབ་པའི་གཞི་དག་ལས་ཀྱང་གཡེལ་བར་འགྱུར་ཏེ། དེ་ལྟར་ཡང་ 4-1-131 དག་པ་ཇི་ལྟ་བའི་དངོས་པོ་ལ་(མེད་ཅེས་)སྐུར་བ་འདེབས་པ་ནི་ཆོས་འདུལ་བ་འདི་ལས་རབ་ ཏུ་ཉམས་པ་ཡིན་ནོ་ཞེས་པ་དང༌། ཐམས་ཅད་མེད་ན་ནི་གང་དུ་ཅི་ཞིག་གང་གིས་སྟོང་པར་ འགྱུར་ཏེ་དེས་ན་དེ་ཉིད་སྟོང་པ་ཉིད་དུ་ཡང་མི་རུང་ངོ༌། །དེ་བས་ན་དེ་ལྟ་བུ་ནི་སྟོང་པ་ཉིད་ ལ་ལོག་པར་ཟིན་པ་ཡིན་ནོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་བས་ན་ གཞི་ཐ་དད་ལ་སྦྱར་ནས་སྤྲོས་བྲལ་གྱི་དོན་སྔར་བསྟན་པ་དེ་དག་ནི་ཡང་དག་པའི་དོན་ཡིན་ ཏེ། ཡང་དེ་ཉིད་ལས་སྟོང་པ་ཉིད་ལ་ལེགས་པར་ཞུགས་པ་གང་ཞེ་ན། གང་གི་ཕྱིར་གང་ལ་ གང་མེད་པ་དེ་ནི་དེས་སྟོང་བར་ཡང་དག་པར་མཐོང་ལ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་ འདི་ན་ཡང་དག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི། སྟོང་ པ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཞུགས་པ་ཞེས་བྱའོ། །ཞེས་པ་ ལ་སོགས་པ་གསུངས་པ་ལྟར་རོ། །བཤེས་སྤྲིང་ལས་ཀྱང༌། གལ་ཏེ་མཐོ་རིས་ཐར་པ་མངོན་ བཞེད་ན། །ཡང་དག་ལྟ་བ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་དགེ་སྤྱད་ ཀྱང༌། །དེ་དག་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་གསུངས་པས་ཀུན་རྫོབ་ལས་རྒྱུ་ འབྲས་བདེན་པར་ཡོད་པ་དང༌། དོན་དམ་ཆོས་ཀྱི་དབྱིངས་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡོད་པ་ལ་ མངོན་པར་ཡིད་ཆེས་པར་བྱའོ། ། རྒྱས་བཤད་ལ། སྤང་བྱ་ཕྱིན་ཅི་ལོག་སྤང་ཚུལ་དང༌། གཉེན་པོ་ཡང་དག་པ་བསྟེན་ཚུལ་ ལོ། །དང་པོ་ལའང༌། ཕྱིན་ཅི་ལོག་བདག་ལྟ་དགག་པ་དང༌། ཕྱིན་ཅི་ལོག་སྨད་དེ་སྤང་བའོ། ། དང་པོ་ནི། བདག་ཏུ་ལྟ་བ་བདག་ཉིད་བདག་མཚན་མིན། །ངན་པར་ གནས་མིན་མཚན་ཉིད་མི་འདྲའི་ཕྱིར། །གཉིས་ལས་གཞན་མེད་དེ་ནི་ ནོར་པར་སྐྱེས། །དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། །སྔར་ཆོས་ཐམས་ཅད་ བདག་མེད་ཅིང་སྟོང་པ་ཉིད་སྤྲོས་པའི་མཐའ་དང་བྲལ་བ་ཡིན་ནོ་ཞེས་བསྟན་པ་ལ། དེ་ལྟ་མ་ 4-1-132 ཡིན་ཏེ་བདག་རྫས་སུ་གྲུབ་པ་ཡོད་དོ་ཞེ་ན། བདག་དེ་བདག་ཏུ་འཛིན་མཁན་གྱི་ཤེས་པ་ཡིན་ ནམ་གཟུང་བྱ་ཉེར་ལེན་གྱི་ཕུང་པོ་ཡིན་ནམ་དེ་དག་ལས་གཞན་པ་ཞིག་ཡིན་ཞེས་བརྟགས་ ནས། དང་པོ་ལྟར་ན། བདག་ཏུ་ལྟ་བའི་ཤེས་པ་བདག་ཉིད་ནི་བདག་གི་མཚན་ཉིད་དམ་ངོ་ བོར་ཡོད་པ་མིན་ཏེ། བདག་ནི་རྟག་པར་འདོད་པ་ལ་ཤེས་པ་དེ་ནི་མི་རྟག་པ་ཡིན་པའི་ཕྱིར་ རོ། །གཉིས་པ་ལྟར་ན། ཉོན་མོངས་པའི་གནས་ངན་ལེན་གྱིས་བསྐྱེད་པས་ངན་པར་གནས་ པ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་བདག་གི་ངོ་བོ་མིན་ཏེ། བདག་ནི་རྟག་པ་གཅིག་པུ་རང་ དབང་ཅན་དུ་འདོད་པ་ལ། ཕུང་པོ་ནི་མི་རྟག་དུ་མ་གཞན་དབང་ཅན་ཡིན་པས་མཚན་ཉིད་མི་ འདྲ་བའི་ཕྱིར་རོ། །གསུམ་པ་ལྟར་ན་བདག་ཏུ་ལྟ་བ་དང་ཉེར་ལེན་གྱི་ཕུང་པོ་དེ་གཉིས་ལས་ གཞན་པའི་བདག་ཀྱང་མེད་དེ། གལ་ཏེ་ཡོད་ན་ཚད་མ་ལ་སྣང་དུ་རུང་བ་ལ་མ་དམིགས་པའི་ ཕྱིར་རོ། །དེ་བས་ན་བདག་མེད་ལ་བདག་ཏུ་འཛིན་པ་དེ་ནི་ནོར་པར་སྐྱེས་པ་ལོག་པའི་ཤེས་ པ་ཡིན་ཏེ་དཔེར་ན་ཐག་པ་ལ་སྦྲུལ་དུ་བཟུང་ནས་སྐྲག་པ་བཞིན་ནོ། །བརྟགས་ཤིང་དཔྱད་ ན་བདག་རྫས་སུ་གྲུབ་པ་མེད་པ་དེའི་ཕྱིར་དེ་ལྟར་རྟོགས་ནས་ཐར་པ་ཐོབ་པ་ནི་བདག་དང་ བདག་གིར་འཛིན་པའི་ནོར་པའམ་འཁྲུལ་པ་ཙམ་ཟད་པ་ཡིན་གྱི། གྲོལ་བ་པོའི་བདག་ཡོད་ པ་ནི་མ་ཡིན་ཏེ་ཐག་པ་ལ་ཐག་པར་ཤེས་ནས་སྦྲུལ་གྱི་འཇིགས་པ་དང་བྲལ་བ་བཞིན་ནོ། ། དེ་བས་ན་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་ལྟ་སྤང་བར་བྱ་སྟེ། རྣམ་འགྲེལ་ལས། བདག་ ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །དེ་དག་དང་ནི་འབྲེལ་བ་ ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། ། ཕྱིན་ཅི་ལོག་སྨད་པ་ནི། ཇི་ལྟར་འཁྲུལ་པ་ཙམ་བརྟེན་སྐྱེ་བོ་ཡིས། །སྡུག་ བསྔལ་རང་བཞིན་རྒྱུན་ཆགས་རྟོགས་མི་འགྱུར། །རིག་མིན་རིག་ཉིད་ སྡུག་བསྔལ་སྡུག་བསྔལ་མེད། །ཆོས་ཀྱི་རང་བཞིན་དེ་ཡི་རང་བཞིན་ 4-1-133 མིན། །ཆོས་ཐམས་ཅད་བདག་མེད་པ་ཡིན་ན། ཇི་ལྟར་ཏེ་ཅིའི་ཕྱིར་འཇིག་རྟེན་འཁྲུལ་པ་ ཙམ་ལ་བརྟེན་པའི་སྐྱེ་བོ་ཡིས་ཀྱང་འདུ་བྱེད་སྡུག་བསྔལ་གྱི་རང་བཞིན་རྒྱུན་ཆགས་སུ་གནས་ པ་འདི་བདག་མེད་དུ་རྟོགས་པར་མི་འགྱུར་ཏེ། རྟོགས་ཤིང་རིག་པར་འགྱུར་དགོས་སོ་ཞེ་ ན་རིག་པར་མི་འགྱུར་ཏེ། བདག་ཏུ་ལྟ་བ་འཁྲུལ་པ་ཙམ་ལ་བརྟེན་པའི་ཕྱིར་དང༌། བདག་ མེད་རྟོགས་པའི་ཡེ་ཤེས་རྒྱུད་ལ་མ་སྐྱེས་པའི་ཕྱིར་རོ། །འོ་ན་སྡུག་བསྔལ་ཡང་རྟོགས་ཤིང་ རིག་པར་མི་འགྱུར་རམ་སྙམ་ན། སྡུག་བསྔལ་ནི་ཡེ་ཤེས་ཀྱིས་རིག་པར་བྱ་དགོས་པ་མིན་ ཏེ། ཁམས་གསུམ་གྱི་ཚོར་བ་མཐའ་དག་སྡུག་བསྔལ་དུ་ཉམས་སུ་མྱོང་བས་རིག་པ་ཉིད་ཡིན་ པའི་ཕྱིར་རོ། །དེ་བས་ན་སྡུག་བསྔལ་གྱི་རྒྱུ་བདག་འཛིན་མ་སྤངས་པས་སྡུག་བསྔལ་བར་ གྱུར་པ་ཡིན་ལ། དོན་དམ་པར་སྡུག་བསྔལ་མྱོང་བ་པོའི་བདག་མེད་པའི་ཕྱིར་སྡུག་བསྔལ་ བར་འགྱུར་པའང་མེད་དོ། །དེ་ལྟར་གང་ཟག་གི་བདག་མེད་པས་ཀུན་རྫོབ་ཏུ་ཕུང་པོ་ཁམས་ དང་སྐྱེ་མཆེད་རྨི་ལམ་སྒྱུ་མ་ལྟ་བུ་ཆོས་ཙམ་གྱི་རང་བཞིན་དུ་ཟད་པ་ཡིན་ལ། དོན་དམ་པར་ གཟུང་འཛིན་ཆོས་ཀྱི་བདག་ཀྱང་མེད་པའི་ཕྱིར། ཆོས་ཙམ་དེའི་རང་བཞིན་ཡང་ཡོད་པ་མིན་ པས་བདག་མེད་ལ་བདག་ཏུ་འཛིན་པ་ནི་འཁྲུལ་པའོ། ། སྐྱེད་བྱེད་ཀྱི་བདག་མེད་ན་འབྲས་བུ་སྣ་ཚོགས་སུ་སྐྱེ་བ་མི་རིགས་སོ་སྙམ་ན། བརྟེན་ ནས་དངོས་རབ་སྐྱེ་བ་མངོན་འཇུག་ན། །སྐྱེ་བོ་ཇི་ལྟར་གཞན་གྱིས་བྱས་ ལ་བརྟེན། །གང་ཕྱིར་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ ནག་རྣམ་པ་འདི་གང་ཞིག །ཀུན་རྫོབ་ཏུ་ས་བོན་ལས་མྱུ་གུ་དང་མ་རིག་པ་ལས་འདུ་ བྱེད་ལ་སོགས་པ་རྒྱུ་སྔ་མ་སྔ་མ་ལ་བརྟེན་ནས་འབྲས་བུའི་དངོས་པོ་ཕྱི་མ་ཕྱི་མ་རྣམས་རབ་ཏུ་ སྐྱེ་བ་མངོན་སུམ་དུ་འཇུག་པ་མཐོང་བཞིན་པ་ཡིན་ན། ཕྱི་རོལ་པ་ལ་སོགས་པའི་སྐྱེ་བོ་རྨོངས་ པ་རྣམས་ཇི་ལྟར་ཏེ་ཅིའི་ཕྱིར་རྟེན་འབྲེལ་ལས་གཞན་བདག་དང་གཙོ་བོ་དང་དབང་ཕྱུག་ལ་ 4-1-134 སོགས་པ་རྣམས་ཀྱིས་བྱས་སོ་ཞེས་ལྟ་བ་ངན་པ་ལ་བརྟེན་ཏེ་རྟེན་པ་ནི་རིགས་པ་མ་ཡིན་ནོ། ། གང་གི་ཕྱིར་ཡོད་པ་རྟེན་ཅིང་འབྲེལ་པར་འབྱུང་བ་མི་མཐོང་བར་མེད་པ་བདག་དང་གཙོ་ བོ་ལ་སོགས་པ་མཐོང་བ་འདི་འདྲའི་མུན་ནག་གི་རྣམ་པ་འདི་གང་ཞིག་ཡིན་ཏེ། མུན་པ་ཕལ་ པས་ནི་ཡོད་པ་མི་མཐོང་བར་བྱེད་ཀྱི་མེད་པ་མཐོང་བར་མི་བྱེད་ལ། བློ་མ་རིག་པའི་མུན་ པས་བསྒྲིབས་པས་ནི་མེད་པ་ཡང་མཐོང་བ་སྔོན་མེད་པའི་མུན་པ་ཆེན་པོ་སྟེ་ཤིན་ཏུ་སྨད་པར་ བྱ་བ་ཡིན་པའི་ཕྱིར་རོ། ། གཉེན་པོ་ལ་བདག་མེད་པ་ཞི་བར་བསྟན་པ་དང༌། ཡེ་ཤེས་ལ་རིམ་གྱིས་འཇུག་ཚུལ་ལོ། ། དང་པོ་ནི། འདི་ལ་དོན་དམ་ཚུལ་གྱིས་ཞི་བ་དང༌། །སྐྱེ་བ་དེ་གཉིས་ཁྱད་ པར་ཅི་ཡང་མེད། །འོན་ཀྱང་དགེ་བའི་ལས་རྣམས་བྱེད་པ་དག །སྐྱེ་བ་ ཟད་པས་ཞི་བ་ཐོབ་པར་བཤད། །བདག་མེད་ན་ལམ་སྒོམ་པ་པོ་མེད་པས་ཐར་པ་ ཐོབ་པ་མེད་དོ་ཞེ་ན། དཔེ་མེད་པར་བསྟོད་པ་ལས། འཁོར་བ་སྤངས་པར་གྱུར་པ་ཡི། །མྱ་ ངན་འདས་པ་ཁྱོད་མི་བཞེད། །འཁོར་བ་ཞི་ཉིད་གང་ཡིན་པ། །དེ་ཉིད་མྱ་ངན་འདས་པར་ བཞེད། །ཅེས་གསུངས་པ་ལྟར་ཐེག་པ་ཆེན་པོའི་ཚུལ་འདི་ལ་དོན་དམ་པའི་ཚུལ་གྱིས་ཞི་བ་ མྱ་ངན་ལས་འདས་པའི་རང་བཞིན་དང་སྐྱེ་བ་འཁོར་བའི་རང་བཞིན་དེ་གཉིས་ལ་བདག་ གཉིས་ཀྱིས་སྟོང་པར་ཁྱད་པར་ཅི་ཡང་མེད་པས། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་ པའི་སྙིང་པོ་ཅན་ཡིན་ལ། འོན་ཀྱང་སྒྲིབ་པ་མ་སྤངས་ན་ནི་འཁོར་བར་སྡུག་བསྔལ་ལ་ལོངས་ སྤྱོད་ཅིང༌། ལམ་སྒོམ་པ་ལ་སོགས་པ་དགེ་བའི་ལས་རྣམས་བྱེད་པ་དག་ནི་སྐྱེ་བ་འཁོར་བའི་ སྡུག་བསྔལ་མཐའ་དག་ཟད་པས་ཞི་བ་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་ཐོབ་པར་ བཤད་དེ། དེ་བས་ན་བདག་མེད་རྟོགས་པའི་ལྟ་བ་རྣམ་དག་ལ་བརྟེན་ནས་ཟག་པ་མེད་པའི་ ལམ་སྒོམ་པ་ལ་འབད་པར་བྱའོ། ། 4-1-135 ཡེ་ཤེས་ལ་འཇུག་ཚུལ་ནི་སློབ་ལམ་བཞི་ལ་རིམ་གྱིས་འཇུག་པ་སྟེ། དང་པོ་ཚོགས་ལམ་ གྱི་སྐབས་སུ། བྱང་ཆུབ་སེམས་དཔའ་བསོད་ནམས་ཡེ་ཤེས་ཀྱི། །མཐའ་ ཡས་ཕ་རོལ་ཚོགས་རྣམས་ལེགས་བསགས་ནས། །ཆོས་ལ་སེམས་པ་ ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱི་རྣམ་པ་བརྗོད་པའི་རྒྱུ་ཅན་རྟོགས། །བྱང་ ཆུབ་སེམས་དཔའ་རྣམས་ཐབས་བསོད་ནམས་ཀྱི་ཚོགས་དང་ཤེས་རབ་ཡེ་ཤེས་ཀྱི་ཚོགས་ དུས་མཐའ་ཡས་པ་བསྐལ་པ་གྲངས་མེད་ཅིག་གི་ཕ་རོལ་ཏུ་ས་དང་པོ་ཐོབ་པར་འགྱུར་བ། ངོ་བོ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་ཚོགས་རྒྱ་ཆེན་པོ་རྣམས་ལེགས་པར་བསགས་ ནས་གསུང་རབ་ཀྱི་ཆོས་ལ་ཐོས་པ་དང་སེམས་པ་བྱས་ཏེ་ཕྱི་རོལ་གྱི་དོན་དུ་སྣང་བ་འདི་དག་ བདེན་པ་མེད་པར་ཤིན་ཏུ་རྣམ་པར་ངེས་པས་ཏིང་ངེ་འཛིན་བསྒོམས་པའི་ཕྱིར། དོན་གྱི་ རྣམ་པར་སྣང་བ་རྣམས་བརྗོད་པ་སྟེ། རྣམ་པར་རྟོག་པའི་རྒྱུ་ཅན་ཡིན་པར་རྟོགས་ནས་ཤེས་ པ་ཉིད་དེར་སྣང་བ་ཡིན་གྱི། ཕྱི་རོལ་གྱི་དོན་བདེན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་རིམ་གྱིས་ འཇུག་གོ ། སྦྱོར་ལམ་གྱི་གནས་སྐབས་སུ། དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། ། དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །བྱང་ཆུབ་སེམས་དཔའ་དེ་ཡིས་ ཚོགས་ལམ་རྫོགས་པའི་རྗེས་སུ། ཕྱི་རོལ་གྱི་དོན་དུ་སྣང་བ་ཐམས་ཅད་བརྗོད་པ་སྟེ་རྟོག་པ་ ཙམ་དུ་སྒོམ་བྱུང་ཤེས་རབ་ཀྱི་དོན་དུ་རིག་ནས་དེར་སྣང་བ་ཐམས་ཅད་གཟུང་བར་ནི་མེད་ཀྱི། འཛིན་པའི་སེམས་ཙམ་མོ་ཞེས་བྱ་བར་རྟོགས་ནས་དེ་ལ་ནི་ཡང་དག་པར་གནས་སོ། ། མཐོང་ལམ་གྱི་སྐབས་སུ། དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་ དང༌། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །སྦྱོར་ལམ་ངེས་འབྱེད་ ཆ་མཐུན་རྫོགས་པའི་རྗེས་དེ་ནས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་ 4-1-136 སྤང་བྱ་གཟུང་བ་དང་འཛིན་པ་གཉིས་ཀྱི་མཚན་ཉིད་དང་བྲལ་བ་མངོན་སུམ་ཉིད་དུ་རྟོགས་ པར་འགྱུར་ཞེས་མདོར་བསྟན་ནས། རྟོགས་ཚུལ་རྒྱས་པར་བཤད་པ་ནི། སེམས་ལས་གཞན་མེད་པར་ཡང་བློས་ རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་ པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་ གནས། །སྔར་དྲོད་རྩེ་མོ་བཟོད་པ་གསུམ་དུ་སེམས་ལས་དོན་གཞན་དུ་གྱུར་པའི་དམིགས་ ཡུལ་གཟུང་བ་རང་བཞིན་མེད་པར་ཡང་བློས་རིག་ནས་དེ་ནས་ཆོས་མཆོག་ཏུ་གཟུང་བ་མེད་ ན་འཛིན་པའང་མེད་པའི་ཕྱིར། འཛིན་པ་སེམས་ཙམ་པོ་དེ་ཉིད་ཀྱང་མེད་པ་ཉིད་དུ་རྟོགས་ཏེ་ ཟག་མེད་ཤེས་རབ་ཀྱི་བློ་དང་ལྡན་པས་གཟུང་བ་དང་འཛིན་པ་གཉིས་པོ་མེད་པར་རིག་ནས། མཐོང་ལམ་དུ་གཟུང་བ་དང་འཛིན་པ་གཉིས་པོ་དེ་དང་མི་ལྡན་པའི་ཆོས་ཀྱི་དབྱིངས་མངོན་ སུམ་དུ་རྟོགས་པ་ལ་སེམས་གནས་པའི་ཚུལ་གྱིས་འཇུག་གོ ། སྒོམ་ལམ་གྱི་སྐབས་སུ། བློ་དང་ལྡན་པས་མི་རྟོག་ཡེ་ཤེས་སྟོབས། །རྟག་ ཏུ་ཀུན་ལ་མཉམ་པར་སོང་བ་ཡིས། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ ཚིང་རྣམས། །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། །ཆོས་ཉིད་ མངོན་སུམ་དུ་མཐོང་བའི་རྗེས་ནས་བློ་དང་ལྡན་པ་བྱང་ཆུབ་སེམས་དཔའ་སྒོམ་ལམ་པའི་ གཉེན་པོ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་དུས་རྟག་ཏུ་ཆོས་ཅན་གཞན་ དབང་ཀུན་ལའང་མཉམ་པར་སོང་ཞིང་རྟོགས་པ་ཡིས། གཞན་དབང་ཀུན་གཞིའི་རྣམ་ཤེས་ དེ་ལ་བརྟེན་པའི་སྒོམ་སྤང་ཉེས་པའི་ཚོགས་རིང་དུ་རྗེས་སུ་ཞུགས་པ་གནས་ངན་ལེན་བག་ ཆགས་དང་བཅས་པའི་ཚང་ཚིང་སྤང་དཀའ་བར་གྱུར་པ་རྣམས། དཔེར་ན་དུག་གི་སྨན་ཆེན་ པོ་བསྣམས་པ་དང་མྱངས་པས་དུག་ཐམས་ཅད་མེད་པར་བྱེད་པ་བཞིན་དུ་སེལ་བར་བྱེད་ 4-1-137 ཅིང་གནས་ཡོངས་སུ་གྱུར་པས་དོན་དམ་པའི་ཡེ་ཤེས་ལ་འཇུག་གོ ། ཕན་ཡོན་གྱིས་བསྡུ་བ་ནི། ཐུབ་པས་གསུངས་པའི་ཆོས་ཚུལ་ལེགས་ བཞག་པ། །རྩ་བ་ཆོས་ཀྱི་དབྱིངས་ལ་བློ་གྲོས་བཞག །དྲན་རྒྱུ་རྟོག་པ་ ཙམ་རིག་བརྟན་པ་དག །མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། སྔར་ སློབ་ལམ་བཞིར་དོན་དམ་པའི་ཡེ་ཤེས་ལ་རིམ་གྱིས་ཞུགས་པའི་བྱང་ཆུབ་སེམས་དཔའ་ དེས། ཐུབ་པས་གསུངས་པའི་དམ་པའི་ཆོས་ཀྱི་ཚུལ་ཐོག་མཐའ་བར་གསུམ་དུ་དགེ་བ་ མིང་ཚིག་ཡི་གེའི་སྒོ་ནས་ལེགས་པར་བཞག་པ་རྣམས་གདམས་ངག་གི་སྐབས་སུ་འཆད་ པར་འགྱུར་བའི་{བྱང་ཆུབ་}སེམས་དྲུག་གི་ནང་ནས། མདོ་སོགས་མིང་ལ་སེམས་འཇོག་ གོ །ཞེས་པ་ལྟར་མདོ་སྡེའི་མིང་ས་བཅུ་པ་ཞེས་བྱ་བ་ལ་སོགས་པ་ཙམ་ལ་དམིགས་པ་ ནི། བསྡུས་པའི་ཆོས་ལ་དམིགས་པ་རྩ་བའི་སེམས་བྱ་བའམ། ཡང་ན་(བློ་བརྟན་དང་བཙུན་པའི་) འགྲེལ་བཤད་དག་ལས་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་དོན་བསྡུས་པ་ལ་དམིགས་པ་ ནི་རྩ་བའི་སེམས་ཞེས་ཀྱང་གསུངས་པས། སེམས་ལས་སུ་རུང་བའི་སྒོ་ནས་ཆོས་ཀྱི་དབྱིངས་ བདག་མཐའ་དག་གིས་སྟོང་པའི་ཆོས་ཀྱི་དབྱིངས་ལ་བློ་གྲོས་མཉམ་པར་བཞག་སྟེ་གང་དང་ གང་དྲན་པ་རྒྱུ་བ་དེ་དང་དེ་ཐམས་ཅད་རྟོག་པ་ཙམ་ཡིན་གྱི། གཟུང་འཛིན་དུ་བདེན་པར་གྲུབ་ པ་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བར་རིག་པའི་བརྟན་པ་དག་ནི། མཐར་མི་སློབ་པའི་ལམ་ ཡང་ཡོངས་སུ་རྫོགས་ནས། སྟོབས་དང་མི་འཇིགས་པ་ལ་སོགས་པ་མྱུར་དུ་ཡོན་ཏན་རྒྱ་མཚོ་ ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྲོ་བར་འགྱུར་རོ་ ཞེས་པ་དོན་དམ་པའི་ཡེ་ཤེས་ཀྱི་ཆེ་བ་ཉིད་བསྟན་པའོ། །དེ་བས་ན་མདོ་ལས་ཀྱང༌། ཆོས་ ཐམས་ཅད་ནི་དེ་ཁོ་ན་ཉིད་ལ་འབབ་པ། དེ་ཁོ་ན་ཉིད་ལ་གཞོལ་བ། དེ་ཁོ་ན་ཉིད་ལ་མངོན་ དུ་ཕྱོགས་པའོ་ཞེས་གསུངས་ཤིང༌། སྤྱོད་འཇུག་ལས་ཀྱང༌། ཡན་ལག་འདི་དག་ཐམས་ཅད་ 4-1-138 ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་ པས་ཤེས་རབ་བསྐྱེད། །ཅེས་གསུངས་པ་ལྟར་བློ་དང་ལྡན་པ་རྣམས་ཀྱིས་ཆོས་ཐམས་ཅད་ ཀྱི་དེ་ཁོ་ན་ཉིད་ཟབ་མོ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་བསྐྱེད་པའི་ཆེད་དུ་འབད་པར་བྱའོ། ། དོན་བསྒྲུབས་པ་ལས་ཐོབ་པའི་དེ་བཞིན་ཉིད་ཀྱི་སྐབས་རྫོགས་པར་བཤད་ཟིན་ཏོ།། །། ད་ནི་དེ་ཁོ་ན་ཉིད་ཐོབ་པའི་མཐུ་མངོན་པར་ཤེས་པ་ངོས་གཟུང་བ་ལ། སྤྱི་དོན་དང་ གཞུང་དོན་གཉིས་ལས། དང་པོ་ལའང་གཉིས་ཀྱི། (དང་པོ་)བྱང་ས་ནས་གསུངས་ཚུལ་ལ། ངོ་བོ་དབྱེ་བ་རྒྱས་ བཤད་གསུམ་གྱི་དང་པོ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་གང་ཞེ་ ན། མདོར་བསྟན་ན། སེམས་ཤིན་ཏུ་ལས་སུ་རུང་བ། སེམས་ཤིན་ཏུ་ཡོངས་སུ་བསྒོམས་པ། ཏིང་ངེ་འཛིན་ལ་དབང་ཐོབ་པ། ཏིང་ངེ་འཛིན་ལ་བརྟེན་ནས་འདོད་པ་ཙམ་གྱིས་དོན་ཐམས་ ཅད་གྲུབ་པ་ནི་འཕགས་པའི་མཐུ་ཞེས་པའོ། །ཆོས་རྣམས་ཀྱི་འབྲས་བུ་ཆེན་པོ་དང་ཕན་ཡོན་ ཆེན་པོ་གང་ཡིན་པ་དེ་ཡང་དེ་དག་གི་མཐུ་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཆེན་པོ་སྔོན་བསགས་པ་ལས་ལྷན་ཅིག་སྐྱེས་པའི་ངོ་ མཚར་རྨད་དུ་བྱུང་བའི་ཆོས་དེ་ཡང་དེ་དག་གི་ལྷན་ཅིག་སྐྱེས་པའི་མཐུ་གཞན་རིག་པར་བྱའོ། ། ཞེས་གསུངས་པ་ལྟར་འཕགས་པ་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཞེད་པ་བཞིན་རང་གཞན་གྱི་ དོན་ཕུན་སུམ་ཚོགས་པ་བསྒྲུབ་པར་ནུས་པའོ། ། དབྱེ་བ་ནི་རྣམ་པའི་རབ་ཏུ་དབྱེ་བས་ལྔར་འགྱུར་ཏེ། མངོན་པར་ཤེས་པའི་མཐུ་དང༌། ཆོས་ཀྱི་མཐུ་དང༌། ལྷན་ཅིག་སྐྱེས་པའི་མཐུ་དང༌། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའོ་ཞེས་གསུངས་པ་ལྟར་རོ། ། རྒྱས་བཤད་ལ། མཐའ་ཡས་པ་གསུངས་པ་རྣམས་(ཀྱི་དོན་)མདོར་བསྡུས་ན། (དང་པོ་) 4-1-139 མངོན་པར་ཤེས་པའི་མཐུ་ལ་དྲུག་གི་རྫུ་འཕྲུལ་གྱི་མངོན་ཤེས་ནི། སྟོང་གསུམ་གྲངས་མེད་ པ་གཡོ་བ་དང་འབར་བ་དང་འོད་ཀྱིས་ཁྱབ་པར་བྱེད་པ་དང༌། རིའི་རྒྱལ་པོའང་རྡུལ་ཕྲ་ རབ་ཙམ་དུ་སྡུད་ཅིང་རྡུལ་ཕྲ་རབ་ཀྱང་རིའི་རྒྱལ་པོ་ཙམ་དུ་བསྐྱེད་པ་ལ་སོགས་པ་ཡོངས་ སུ་བསྒྱུར་བའི་རྫུ་འཕྲུལ་དང༌། ལུས་དང་ངག་དང་ཡུལ་ལ་སོགས་པ་སྔོན་མེད་པ་ལས་ཇི་ ལྟར་འདོད་པ་བཞིན་དུ་སྤྲུལ་བར་བྱེད་པ་སྟེ། སེམས་ཅན་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་ འདུན་པར་བྱས་ནས་སྡུག་བསྔལ་མཐའ་དག་ལས་སྐྱོབ་པར་བྱེད་པའོ། །སྔོན་གྱི་གནས་རྗེས་ སུ་དྲན་པའི་མངོན་ཤེས་ནི། རང་དང་གཞན་གྱི་ཚེ་རབས་སྔ་མ་དཔག་ཏུ་མེད་པ་རྣམས་རྗེས་ སུ་དྲན་པ་སྟེ། དེ་བཞིན་གཤེགས་པའི་སྔོན་གྱི་སྐྱེས་རབས་ངོ་མཚར་བ་རྣམས་བསྟན་ནས་ སངས་རྒྱས་ལ་དད་པ་བསྐྱེད་པ་དང༌། སེམས་ཅན་རྣམས་ཀྱི་སྐྱེ་བ་དུ་མ་བསྟན་ནས་ལྟ་བ་ངན་ པ་སྤོང་བ་ལ་སྦྱོར་བའོ། །ལྷའི་རྣ་བའི་མངོན་ཤེས་ནི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་ གྲག་པའི་སྒྲའི་བྱེ་བྲག་དཔག་ཏུ་མེད་པ་རྣམས་ཐོས་པ་སྟེ། རང་རང་གི་སྐད་དང་མཐུན་པར་ ཆོས་བསྟན་ནས་སེམས་ཅན་རྣམས་སྨིན་པར་བྱེད་པའོ། །ལྷའི་མིག་གི་མངོན་ཤེས་ནི་སེམས་ ཅན་རྣམས་གང་ནས་ཤི་འཕོས་པ་དང་གང་དུ་སྐྱེ་བ་དང༌། རྒྱང་རིང་པོར་གནས་པའི་གཟུགས་ ཕྲ་བ་དང་རགས་པ་རྣམས་མཐོང་བ་སྟེ། སེམས་ཅན་རྣམས་ཀྱི་ལུས་ཀྱི་སྤྱོད་པ་དགེ་བ་དང་ མི་དགེ་བའི་ལས་བྱེད་པ་རྣམས་གཟིགས་ནས་ཇི་ལྟར་རིགས་པར་འདུལ་བའོ། །སེམས་ཀྱི་ རྣམ་གྲངས་མངོན་པར་ཤེས་པ་ནི། སེམས་ཅན་རྣམས་ཀྱི་སེམས་ཀྱི་བྱེ་བྲག་འདོད་ཆགས་ ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང༌། དད་པ་ལ་སོགས་པ་རྣམ་པར་བྱང་བ་ཡོད་མེད་ ཐམས་ཅད་ཤེས་པ་སྟེ། རང་རང་གི་བསམ་པ་དང་མཐུན་པའི་ལམ་བསྟན་ནས་འདུལ་བར་ བྱེད་པའོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་བདག་དང་གཞན་གྱི་ཟག་པ་ཉོན་མོངས་ པ་ཐམས་ཅད་ཟད་པ་ཐོབ་པ་དང་དེ་ཐོབ་པར་བྱེད་པའི་ཐབས་དང་ཐབས་མ་ཡིན་པ་རྣམས་ 4-1-140 ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། བདག་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་ དང༌། གཞན་ལའང་དེའི་ཐབས་སྟོན་ཅིང་མངོན་པའི་ང་རྒྱལ་སེལ་བར་བྱེད་པའོ། ། (གཉིས་པ་)ཆོས་ཀྱི་མཐུ་ནི། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཐུ་ཡིན་ལ། དེ་རྣམས་ཀྱང་རེ་རེ་ཞིང་མི་མཐུན་པའི་ཕྱོགས་སྤོང་བ་དང༌། ཚོགས་ཡོངས་སུ་སྨིན་པར་བྱེད་ པ་དང་བདག་དང་གཞན་ལ་ཕན་འདོགས་པ་དང་ཕྱི་མ་ལ་འབྲས་བུ་འབྱིན་པར་བྱེད་པ་སྟེ། བཞི་བཞིས་རྒྱ་ཆེར་གསུངས་པ་རྣམས་ནི་(གཞུང་གི་)ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་འཆད་པར་ འགྱུར་བ་དང་མཐུན་པ་ཉིད་དོ། ། (གསུམ་པ་)ལྷན་ཅིག་སྐྱེས་པའི་མཐུ་ནི། གཞན་དོན་གྱི་དཀའ་སྤྱད་ལ་འཇིགས་པ་མི་ མངའ་བའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་དང༌། སངས་རྒྱས་ཀྱི་ མཛད་པ་(བཅུ་གཉིས་ལ་སོགས་པ་)རྨད་དུ་བྱུང་བ་མཐའ་ཡས་པ་རྣམས་སེམས་ཅན་ཁོ་ནའི་ཆེད་དུ་ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྟོན་པའོ། ། (བཞི་པ་)ཐུན་མོང་བ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མཐུ་ཕྱོགས་རེ་བ་ཉི་ཚེ་ བ་རྒྱ་ཆུང་བ་རྣམས་ཡིན་ལ། (ལྔ་པ་)ཐུན་མོང་མ་ཡིན་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ མཐུ་རྣམ་པ་ཐམས་ཅད་པ་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་གཞན་ཐམས་ཅད་དང་མཚུངས་པ་ མེད་པའོ། ། གཉིས་པ་མཛོད་ལས་གསུངས་ཚུལ་ལ་བཞི་ལས། (དང་པོ་)ངོ་བོ་ནི་རྣམ་པར་གྲོལ་བའི་ ཤེས་རབ་སྟེ། །རྫུ་འཕྲུལ་རྣ་བ་ཡིད་དང་ནི། །སྔོན་གནས་འཆི་འཕོ་སྐྱེ་བ་དང༌། །ཟད་ཤེས་ མངོན་དུ་བྱ་བ་ཡི། །མངོན་ཤེས་རྣམ་དྲུག་རྣམ་གྲོལ་བློ། །ཞེས་པ་ལྟར་རོ། ། (གཉིས་པ་)ས་མཚམས་ནི། ཟག་ཟད་ཀྱི་མངོན་ཤེས་འཕགས་པ་ཁོ་ན་ལ་ཡོད་ཅིང༌། 4-1-141 གཞན་ལྔ་ནི་སོ་སོ་སྐྱེ་བོ་ལ་ཡང་ཡོད་པའོ། ། (གསུམ་པ་)རྟེན་དང་སྤྱོད་ཡུལ་ནི། ཟག་ཟད་ཀྱི་མངོན་ཤེས་ས་ཐམས་ཅད་ལ་བརྟེན་ཅིང༌། {གཞན་}ས་ཐམས་ཅད་ཀྱང་ཡུལ་དུ་འགྱུར་བ་སྟེ་མཛོད་འགྲེལ་ལས་འདི་ནི་ས་ཐམས་ཅད་ པ་ཡིན་པར་རིག་པར་བྱའོ་ཞེས་པ་ལྟར་རོ། །གཞན་ལྔ་ནི་བསམ་གཏན་བཞིའི་སེམས་ལ་ བརྟེན་ཅིང་རང་རང་གི་ས་དང་ས་འོག་མ་ཡུལ་དུ་བྱེད་པ་སྟེ། ལྔ་ནི་བསམ་གཏན་བཞི་དག་ལ། ། རང་དང་འོག་སའི་སྤྱོད་ཡུལ་ཅན། །ཞེས་པ་ལྟར་རོ། ། (བཞི་པ་)རང་བཞིན་གྱི་ཁྱད་པར་ནི། མིག་དང་རྣ་བའི་མངོན་ཤེས་ལུང་མ་བསྟན་ཡིན་ལ་ གཞན་རྣམས་དགེ་བ་ཡིན་པ་སྟེ། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་ རྣམས་དགེ། ཞེས་པ་ལྟར་རོ། །ཡང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ལྷའི་མིག་དང༌། ཟག་ ཟད་ཀྱི་མངོན་ཤེས་གསུམ་ནི་རིམ་པ་བཞིན་དུ་མི་སློབ་པའི་ལམ་གྱི་དུས་ན་སྔོན་གྱི་མཐའ་ དང་ཕྱི་མའི་མཐའ་དང་ཟག་པ་ཟད་པར་རིག་པ་རྣམས་ཡིན་ཏེ། གསུམ་ནི་རིག་པ་མངོན་ མཐའ་སོགས། །མ་རིག་པ་ནི་བཟློག་ཕྱིར་རོ། །ཞེས་པ་ལྟར་རོ། །ཡང་རྫུ་འཕྲུལ་དང་གཞན་ གྱི་སེམས་ཤེས་པ་དང༌། ཟག་ཟད་ཀྱི་མངོན་ཤེས་གསུམ་ནི་གོ་རིམ་བཞིན་དུ་རྫུ་འཕྲུལ་གྱི་ཆོ་ འཕྲུལ་དང་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གསུམ་ཡིན་ལ། དེ་རྣམས་ཀྱི་ཕྱི་མ་ནི་མཆོག་ཏུ་གྱུར་པ་སྟེ། དང་པོ་གསུམ་པ་དྲུག་པ་ནི། །ཆོ་འཕྲུལ་གསུམ་ ཡིན་བསྟན་པ་མཆོག །ཅེས་གསུངས་པ་ལྟར་རོ། ། གཞུང་དོན་ལ་མངོན་ཤེས་རྒྱས་པར་བཤད་པ་དང༌། དེའི་ཆེ་བ་བསྟན་པའོ། །དང་པོ་ལ་ དྲུག་སྟེ། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པའི་དོན་ཏོ། །དང་པོ་མཚན་ཉིད་ཀྱི་རྣམ་པར་དབྱེ་ བའམ་ངོ་བོའི་དོན་ནི། སྐྱེ་དང་ངག་སེམས་དགེ་དང་མི་དགེས་བསྐྱེད། །དེ་ ཡི་གནས་དང་ངེས་འབྱུང་མངོན་སུམ་གང༌། །ཤེས་པ་ཀུན་འགྲོ་རབ་ཏུ་ 4-1-142 དབྱེ་བཅས་ལ། །ཐོགས་མེད་བརྟན་པ་ཐོབ་པའི་མཐུ་ཡིན་ནོ། །སེམས་ཅན་ རྣམས་གང་ནས་འཆི་འཕོ་བ་དང་གང་དུ་སྐྱེ་བ་ཐམས་ཅད་མངོན་སུམ་དུ་ཤེས་པ་ལྷའི་མིག་ གི་མངོན་ཤེས་དང༌། གདུལ་བྱ་ཉེ་རིང་མེད་པའི་ངག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཀྱི་ སྒྲ་ཐམས་ཅད་མངོན་སུམ་དུ་ཐོས་པ་ལྷའི་རྣ་བའི་མངོན་ཤེས་དང༌། སེམས་ཀྱི་རྣམ་གྲངས་ ཆགས་སོགས་མེད་པ་ལ་སོགས་པ་ཐམས་ཅད་མངོན་སུམ་དུ་ཤེས་པ་གཞན་གྱི་སེམས་ཤེས་ པའི་མངོན་ཤེས་དང༌། སྔོན་དགེ་བ་དང་མི་དགེ་བ་འདི་ལྟ་བུ་བྱས་པས་ད་ལྟ་འབྲས་བུ་འདི་ ལྟ་བུ་བསྐྱེད་དོ་ཞེས་བྱ་བ་མངོན་སུམ་དུ་ཤེས་པ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ དང༌། གདུལ་བྱ་གང་ན་ཡོད་པ་དེ་ཡི་གནས་སུ་རྣམ་འཕྲུལ་སྣ་ཚོགས་པས་འགྲོ་བ་དང་འོང་ བ་ལ་སོགས་པ་མངོན་སུམ་དུ་ཤེས་པ་རྫུ་འཕྲུལ་གྱི་མངོན་ཤེས་དང༌། སེམས་ཅན་རྣམས་ འཁོར་བར་སྐྱེ་བ་ལ་ངེས་པར་འབྱུང་བའི་ཚུལ་གང་ཡིན་པ་དེ་ཐམས་ཅད་མངོན་སུམ་དུ་ཤེས་ པ་གང༌། ཟག་པ་ཟད་པའི་མངོན་ཤེས་ཏེ། དེ་ལྟར་ན་ཤེས་པ་གང་ཞིག་ཡུལ་འཇིག་རྟེན་གྱི་ ཁམས་ཐམས་ཅད་དང༌། དུས་འདས་མ་འོངས་ད་ལྟར་བ་ཀུན་ཏུ་འགྲོ་ཞིང་དོན་དྲུག་པོ་རབ་ ཏུ་དབྱེ་བ་དང་བཅས་པ་ལ་ཐོགས་པ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་གཞན་དོན་ལ་ བརྟན་པ་ཐོབ་པ་རྣམས་ཀྱི་མཐུ་མངོན་པར་ཤེས་པའི་རང་བཞིན་ཡིན་ནོ་ཞེས་པའོ། ། གང་ལས་འགྲུབ་པ་རྒྱུའི་དོན་ནི། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ ནས། །མི་རྟོགས་ཡེ་ཤེས་ཡོངས་སུ་བཟུང་བ་དང༌། །ཇི་ལྟར་རྣམ་གནས་ ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །དེ་ཡང་ རྟེན་དང་ཡེ་ཤེས་དང་ཡིད་ལ་བྱེད་པའི་རྒྱུ་གསུམ་ལས། རྟེན་ནི་བསམ་གཏན་ཡིན་ཞིང༌། དེ(འི་ སྤྱི་དོན་)ལའང་ཉེར་བསྡོགས་དང༌། དངོས་གཞི་གཉིས་ཀྱི་དང་པོ་ནི། ཡིད་ལ་བྱེད་པ་བདུན་གྱི་ དང་པོ་དྲུག་ཡིན་ཏེ། ཐོས་བསམ་སྒོམ་གསུམ་གྱིས་ས་འོག་མ་རགས་པ་དང་གོང་མ་ཞི་བར་ 4-1-143 ལྟ་བ་མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་དང༌། ཐོས་བསམ་ལས་འདས་ཏེ་ཞི་རགས་ ཀྱི་རྣམ་པ་སྒོམ་པ་ནི་མོས་པ་ལས་བྱུང་བ་དང༌། ས་འོག་མའི་ཉོན་མོངས་པ་ཆེན་པོ་གསུམ་ སྤངས་པ་ན་རབ་ཏུ་དབེན་པ་ལས་བྱུང་བ་དང༌། ཉོན་མོངས་དེ་དག་གིས་དབེན་པའི་དགའ་ བདེ་ཐོབ་ནས་འབྲིང་པོ་གསུམ་ཡང་སྤོང་བ་དགའ་བ་བསྡུད་པ་དང༌། ཉོན་མོངས་པ་དེ་དག་ ཟད་པར་སྤངས་མ་སྤངས་རྟོག་དཔྱོད་ཀྱིས་ངེས་པར་བྱེད་པ་དཔྱོད་པ་དང༌། དེ་ལྟར་ཆུང་ངུ་ གསུམ་ཡང་སྤངས་པར་ཤེས་ནས་གཉེན་པོའི་མཐར་ཐུག་ཡིད་ལ་བྱེད་པ་སྦྱོར་བའི་མཐའོ། ། དེ་ནས་(བདུན་པ་)སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་ནི་བསམ་གཏན་གྱི་དངོས་ གཞི་ཐོབ་པའོ། །དེ་ཡང་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། རྣམ་པར་བཞག་པ་དང༌། རྣམ་པར་དག་པས་རིག་པར་བྱ་སྟེ། དང་པོ་ནི། བསམ་གཏན་གྱི་བདེ་བ་ལ་ཞེན་པ་སྲེད་པ་ ཤས་ཆེ་བ་དང༌། ལྟ་བར་གྱུར་པ་སྣ་ཚོགས་ཀུན་ནས་སློང་བར་བྱེད་པ་ལྟ་བ་ཤས་ཆེ་བ་དང༌། ཁྱད་པར་ཐོབ་པས་སེམས་ཁེངས་པ་ང་རྒྱལ་ཤས་ཆེ་བ་དང༌། ཁྱད་པར་ཐོབ་པ་དེ་ཐར་པ་ཡིན་ ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཤས་ཆེ་བས་ཀུན་ནས་ཉོན་མོངས་པར་གྱུར་པའོ། ། (གཉིས་པ་)རྣམ་པར་བྱང་བ་ནི། ཀུན་ནས་ཉོན་མོངས་པ་དེ་དག་གི་དྲི་མ་དང་བྲལ་ནས་ རྣམ་པར་དག་ཅིང་དགེ་བར་སྐྱེས་པའོ། ། (གསུམ་པ་)རྣམ་པར་བཞག་པ་ལ་གཙོ་བོར་ཡན་ལག་རྣམ་པར་བཞག་པ་ནི། བསམ་ གཏན་དང་པོ་ལ་ཡན་ལག་ལྔ་སྟེ་འདོད་པ་དང་གནོད་སེམས་ལ་སོགས་པ་སྤོང་བ་རྟོག་པ་ དང་དཔྱོད་པ་གཉེན་པོའི་ཡན་ལག་གཉིས་དང༌། སྤང་བྱས་དབེན་པ་ལས་སྐྱེས་པའི་དགའ་ བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག་གཉིས་དང༌། སེམས་རྩེ་གཅིག་པ་སྟེ་གཉི་གའི་གནས་ ཀྱི་རང་བཞིན་གྱི་ཡན་ལག་གོ ། བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ནང་རབ་ཏུ་དང་བ་ནི་རྟོག་དཔྱོད་ལ་ 4-1-144 སོགས་པ་སྤོང་བ་གཉེན་པོའི་ཡན་ལག་དང༌། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་ བདེ་བ་ནི་གཉེན་པོའི་ཡན་ལག་གཉིས་དང༌། སེམས་རྩེ་གཅིག་པ་གཉི་གའི་རང་བཞིན་གྱི་ ཡན་ལག་གོ །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། བྱིང་རྒོད་དང་བྲལ་བའི་བཏང་ སྙོམས་དང་དྲན་པ་དང་ཤེས་བཞིན་གསུམ་ནི་གཉིས་པ་ལ་ཆགས་པ་སོགས་སྤོང་བ་གཉེན་ པོའི་ཡན་ལག་དང༌། ཤིན་ཏུ་སྦྱངས་པ་ལས་བྱུང་བའི་བདེ་བ་ནི། ཕན་ཡོན་གྱི་ཡན་ལག་དང༌། སེམས་རྩེ་གཅིག་པ་གཉི་གའི་རང་བཞིན་གྱི་ཡན་ལག་གོ ། བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། (མཛོད་དུ་)རྟོག་དང་དཔྱོད་(གཉིས་)དང་ དབུགས་(འབྱུང་རྔུབ་)དག་དང༌། །(ཡིད་བདེ་གཉིས་སྡུག་བསྔལ་ཡིད་མི་བདེ་གཉིས་ཏེ་)བདེ་བ་ལ་སོགས་ བཞི་ཡིན་ནོ། །ཞེས་པ་སྐྱོན་བརྒྱད་ལས་གྲོལ་བའི་བཏང་སྙོམས་ཡོངས་སུ་དག་པ་དང་དྲན་ པ་ཡོངས་སུ་དག་པ་གཉིས་ནི་གསུམ་པ་ལ་ཆགས་སོགས་སྤོང་བ་གཉེན་པོའི་ཡན་ལག་དང༌། སྐྱོན་གྱི་གནས་ཆུང་བས་ཚོར་བ་བཏང་སྙོམས་ནི་གཉེན་པོའི་ཡན་ལག་དང༌། སེམས་རྩེ་ གཅིག་པ་གཉི་གའི་རང་བཞིན་གྱི་ཡན་ལག་གོ ། (བཞི་པ་)རྣམ་པར་དག་པ་ནི། དགེ་བའི་སེམས་དེ་ཡང་ཤིན་ཏུ་ལས་སུ་རུང་བར་གྱུར་ནས་ མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་རྟེན་བྱེད་པའོ། །དེ་ལྟར་ ན་རྟེན་གྱི་རྒྱུ་བསམ་གཏན་བཞི་པའི་སེམས་ཉོན་མོངས་པ་ཅན་མ་ཡིན་ཞིང་ཤིན་ཏུ་རྣམ་པར་ དག་པ་ཐོབ་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་རྒྱུ་བཟུང་བ་དང་འཛིན་པ་ལ་སོགས་པར་རྣམ་པར་ མི་རྟོག་པའི་ཡེ་ཤེས་ཡོངས་སུ་བཟུང་བ་དང་ཡིད་ལ་བྱེད་པའི་རྒྱུ་ཇི་ལྟར་འདོད་པའི་རྣམ་པར་ གནས་པ་ཡིད་ལ་བྱེད་པ་ལས་ཞེས་པ་ཕྱོགས་ཐམས་ཅད་དུ་སྣང་བས་ཁྱབ་པ་དང༌། ཡང་བའི་ འདུ་ཤེས་ཡིད་ལ་བྱེད་པས་རྫུ་འཕྲུལ་དང་སྒྲའི་ཁྱད་པར་དུ་མ་ལ་སེམས་གཏོད་པས་རྣ་བ་ དང་སེམས་ཀྱི་ཁྱད་པར་སྣ་ཚོགས་ལ་ཡིད་གཏོད་པས་སེམས་ཤེས་པ་དང༌། སྔོན་གྱི་གནས་ 4-1-145 སྐབས་དུ་མ་ལ་སེམས་གཏོད་པས་སྔོན་གནས་དྲན་པ་དང༌། སྣང་བའི་འདུ་ཤེས་ཡིད་ལ་བྱེད་ པ་པས་ལྷའི་མིག་དང་རྣམ་པར་མི་རྟོག་པ་བསྒོམས་པས་ཟག་ཟད་ཀྱི་མངོན་ཤེས་ཐོབ་པ་སྟེ། རྒྱུ་གསུམ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་མངོན་པར་ཤེས་པ་གྲུབ་པ་ ནི་འཇིག་རྟེན་པ་དང་ཉན་རང་འཕགས་པ་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པའི་དམ་ པ་ཐོབ་པར་འགྱུར་བའོ། །ཡང་རིན་ཆེན་ཕྲེང་བ་ལས། མཆོད་རྟེན་ལ་སྣང་གསལ་ཕུལ་བ་ དང་མུན་པར་སྒྲོན་མེ་བྱིན་པ་ལས་ལྷའི་མིག་དང༌། མཆོད་རྟེན་ལ་རོལ་མོ་ཕུལ་བ་ལས་ལྷའི་ རྣ་བ་དང༌། གཞན་གྱི་སྐྱོན་མ་བརྗོད་ཅིང་སེམས་བསྲུངས་པ་ལས་སེམས་ཤེས་པ་དང༌། ཆོས་ བསམས་ཤིང་གཞན་ལའང་བྱིན་པ་ལས་སྔོན་གནས་དྲན་པ་དང༌། ལྷམ་དང་བཞོན་པ་འབུལ་ བ་ལ་སོགས་པས་གཞན་ལ་བཀུར་སྟི་བྱས་པ་ལས་རྫུ་འཕྲུལ་དང༌། སྟོང་ཉིད་ཟབ་མོ་རྟོགས་ པ་ལས་ཟག་པ་ཟད་པའི་མངོན་ཤེས་རྣམས་ཐོབ་པར་གསུངས་ཏེ། མཆོད་རྟེན་མར་མེའི་ཕྲེང་ བ་དང༌། །མུན་པ་དག་ཏུ་སྒྲོན་མེ་དང༌། །མར་མེ་འབྲུ་མར་བྱིན་པ་ལས། །ལྷ་ཡི་མིག་ནི་ཐོབ་ པར་འགྱུར། །ཞེས་པ་ལ་སོགས་པས་སོ། ། དེ་དག་ལས་གྲུབ་པ་འབྲས་བུའི་དོན་ནི། གང་གིས་འཕགས་དང་ལྷ་དང་ ཚངས་པ་ཡི། །གནས་པ་དཔེ་མེད་རྒྱ་ཆེས་རྟག་ཏུ་གནས། །ཕྱོགས་སུ་དེ་ སོང་སངས་རྒྱས་སེམས་ཅན་དག །ཡང་དག་མཆོད་བྱེད་རྣམ་པར་དག་ པ་སྐྱེད། །མངོན་པར་ཤེས་པ་གང་གིས་རང་དོན་ལས་བརྩམས་ཏེ་འཕགས་པའི་གནས་ པ་རྣམ་པར་ཐར་པའི་སྒོ་གསུམ་དང་བདེན་པ་བཞི་དང་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་དང་ ལྷའི་གནས་པ་བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ དང༌། ཚངས་པའི་གནས་པ་ཚད་མེད་པ་བཞི་པོ་རྣམས་ལ་གཞན་ལས་ཁྱད་པར་དུ་འཕགས་ པས་དཔེ་མེད་ཅིང་ཤིན་ཏུ་རྒྱ་ཆེ་བས་རྟག་ཏུ་རྒྱུན་མི་འཆད་པར་གནས་ཤིང༌། གཞན་དོན་ 4-1-146 ལས་བརྩམས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་མངོན་ཤེས་ ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་སོང་ནས། ཡུལ་མཆོག་ཏུ་གྱུར་པ་རྫོགས་པའི་སངས་ རྒྱས་རྣམས་དང་གདུལ་བྱའི་སེམས་ཅན་དཔག་ཏུ་མེད་པ་དག་ལ་དམིགས་ཏེ་རིམ་པ་ལྟར་ སངས་རྒྱས་རྣམས་ལ་ཡང་དག་པའི་མཆོད་པ་བླ་ན་མེད་པ་རྣམས་ཀྱིས་མཆོད་པར་བྱེད་ཅིང༌། སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱི་ཆོས་བསྟན་ནས་སྒྲིབ་པ་ལས་རྣམ་པར་དག་པའི་ ལམ་རྒྱུད་ལ་སྐྱེད་པར་བྱེད་པའོ། ། མངོན་ཤེས་ཐོབ་པའི་བྱེད་ལས་ཀྱི་དོན་ལ་བཞི་སྟེ། མཐོང་ཞིང་སྟོན་པའི་ལས། འོད་ ཟེར་འགྱེད་པའི་ལས། རྣམ་པར་རོལ་པའི་ལས། ཞིང་ཁམས་སྦྱོང་བའི་ལས་སོ། ། དང་པོ་ནི། ཆགས་དང་འཇིག་བཅས་སེམས་ཅན་བཅས་པ་ཡི། །འཇིག་ རྟེན་ཁམས་ཀུན་སྒྱུ་མ་ལྟ་བུར་མཐོང༌། །དབང་ལྡན་ཇི་ལྟར་འདོད་ བཞིན་དེ་དག་དང༌། །རྣམ་བཅས་སྣ་ཚོགས་དག་ཀྱང་ཡང་དག་སྟོན། ། ཆགས་འཇིག་གི་ཚུལ་ཡང་(སྤྱིའི་དོན་ནི་)འཇིག་རྟེན་ཁམས་ལ་མཐའ་མེད་པས་(ཕལ་ཆེན་ལ་སོགས་ པར་)རྣམ་གཞག་སྣ་ཚོགས་སུ་གསུངས་མོད། འདིར་ཕྱོགས་རེ་ཙམ་མཚོན་པའི་དབང་དུ་བྱས་ ན། ཆགས་ཚུལ་ནི། མཛོད་ལས། ཆགས་པ་དང་པོ་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་ དུའོ། །ཞེས་པ་ལྟར་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ནམ་མཁའ་ལ་རླུང་དང་ཆུ་དང་ (གསེར་གྱི་)སའི་དཀྱིལ་འཁོར་ཆེན་པོ་གསུམ་ཆགས་ཤིང༌། གསེར་གྱི་ས་གཞི་ལ་ཆར་ཆེན་པོ་ བབས་པ་རྒྱ་མཚོར་གྱུར་པ་རླུང་གིས་བསྲུབས་པ་ལས་རི་རབ་གླིང་བཞི་གླིང་ཕྲན་དང་བཅས་ པར་འགྱུར་ལ། དེ་དག་གི་སྔོན་དུ་ཡང་བསམ་གཏན་གསུམ་པ་ནས་འཐབ་བྲལ་གྱི་བར་གྱི་ གནས་གཞན་རྣམས་བར་སྣང་ལ་ཡས་རིམ་གྱིས་ཆགས་ཏེ། གཟུགས་མེད་ཁམས་ན་གནས་ མེད་དེ། །སྐྱེ་བ་ལས་ནི་རྣམ་པ་བཞི། །ཞེས་པ་ལྟར་(དེ་དག་ལ་) གནས་གཞན་མེད་ཅིང་སྐྱེ་ཚུལ་ 4-1-147 གྱི་སྒོ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་རྣམ་པ་བཞིར་འཇོག་པའོ། །སེམས་ ཅན་(ཆགས་ཚུལ་)ཡང༌། མི་རྟག་དེ་ཡི་གཞལ་མེད་ཁང༌། །སེམས་ཅན་བཅས་ཏེ་འབྱུང་འཇིག་ ཕྱིར། །ཞེས་པ་ལྟར་བསམ་གཏན་བཞི་པ་རྣམས་ནི་གནས་དང་ལྷན་ཅིག་ཆགས་འཇིག་བྱེད་ ལ། འོག་མ་རྣམས་སུ་(རླུང་གིས་ཞིག་པའི་རྗེས་སུ་)ནི་བསམ་གཏན་བཞི་པ་(ཆུས་ཞིག་ན་གསུམ་པ་མེས་ཞིག་ ན་གཉིས་པ་)ལ་སོགས་པ་ནས་མིའི་འཇིག་རྟེན་གྱི་བར་དུ་(ཡས་མས་)རིམ་གྱིས་སྐྱེ་ཞིང༌། དེར་མི་ དགེ་བ་སྤྱད་པ་ལས་དུད་འགྲོ་དང་ཡི་དྭགས་དང་དམྱལ་བའི་འཇིག་རྟེན་རྣམས་ཆགས་པ་ལ་ བར་གྱི་(གཅིག་གིས་སྣོད་དང་བཅུ་དགུས་བཅུད་དེ་)བསྐལ་པ་ཉི་ཤུ་ཐོགས་ཏེ། ཆགས་ནས་གནས་པ་ལ་ ཡང་དེ་སྙེད་དོ། །དེ་རྣམས་ཀྱི་གླིང་བཞི་པ་ནས་ཚངས་པའི་འཇིག་རྟེན་གྱི་བར་སྟོང་ལ་སྟོང་སྤྱི་ ཕུད་དང་དེ་སྟོང་ལ་སྟོང་གཉིས་པ་བར་མ་དང༌། དེའང་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ཞེས་བྱ་ཞིང༌། ངན་སོང་གསུམ་དང་མི་དང་ལྷ་མ་ཡིན་དང་འདོད་ལྷ་ དྲུག་ནི་འདོད་པའི་ཁམས་དང༌། ཚངས་རིས་ལ་སོགས་པ་(གནས་རིས)བཅུ་བདུན་ནི་གཟུགས་ ཀྱི་ཁམས་དང༌། ནམ་མཁའ་མཐའ་ཡས་ལ་སོགས་པ་ནི་(སྐྱེ་མཆེད་མུ་བཞི་)གཟུགས་མེད་ཀྱི་ ཁམས་ཏེ་ཁམས་གསུམ་ཡིན་ལ། སའི་དབང་དུ་བྱས་ན་དགུ་སྟེ་འདོད་ཁམས་པ་གཅིག་དང༌། གཟུགས་ཁམས་བསམ་གཏན་བཞི་པོ་ས་རེ་རེ་དང༌། གཟུགས་མེད་སྐྱེ་མཆེད་མུ་བཞི་ས་རེ་ རེར་འབྱེད་པ་ནི་(འོག་མ་འོག་མ་ལས་)ཆགས་བྲལ་གྱི་རིམ་པའོ། ། འཇིག་ཚུལ་ནི། འཇིག་པའི་བསྐལ་བ་དམྱལ་བ་ཡི། །སྲིད་ཟད་པ་ནས་སྣོད་ཟད་པ། ། ཞེས་པ་ལྟར་དམྱལ་བ་ལས་ཟད་པ་རྣམས་འགྲོ་བ་གཞན་དུ་འཕོ་ཞིང༌། མ་ཟད་པ་རྣམས་ འཇིག་རྟེན་ཁམས་གཞན་གྱི་དམྱལ་བར་འགྲོ་ལ། དུད་འགྲོ་དང་ཡི་དྭགས་རྣམས་ཀྱང་དེ་ དང་འདྲ་བས་ཐོག་མར་ངན་འགྲོ་རྣམས་འཇིག་ཅིང༌། མི་རྣམས་ཀྱང་(མེས་འཇིག་པ་ན་)ཆོས་ཉིད་ ཀྱིས་ཐོབ་པའི་བསམ་གཏན་གཉིས་པ་ལ་སོགས་པ་བསྐྱེད་ནས་རིམ་གྱིས་འཕོ་བས་དང་པོར་ 4-1-148 བཅུད་ཀྱི་སེམས་ཅན་རྣམས་འཇིག་གོ །དེ་ནས་སྣོད་ཀྱི་འཇིག་རྟེན་མེས་འཇིག་པ་ན། ཉི་མ་ བདུན་རིམ་གྱིས་ཤར་ནས་བསམ་གཏན་དང་པོ་མན་ཆད་བསྲེག་ཅིང༌། ཆུས་འཇིག་པ་ན་ བསམ་གཏན་གཉིས་པ་ཉིད་ནས་བྱུང་བའི་ཆུས་ལན་ཚ་ཞུ་བ་ལྟར་བྱེད་ལ། རླུང་གིས་འཇིག་ པ་ན་བསམ་གཏན་གསུམ་པ་ཉིད་ནས་བྱུང་བའི་རླུང་གིས་དེངས་ཤིང་མི་སྣང་བར་བྱེད་དེ། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ནི། (ཡང་)། མེ་ཡིས་བདུན་ནོ་དེ་ ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་པ་ལྟར་རོ། །དེ་ལྟར་འཇིག་པ་ལ་ཡང་ (བཅུ་དགུས་བཅུད་དང་གཅིག་གིས་སྣོད་)བར་བསྐལ་ཉི་ཤུ་དང༌། ཞིག་ནས་སྟོང་པ་ལ་ཡང་དེ་(དུས་མཉམ་ པས་)སྙེད་དོ། ། བསྐལ་པའི་རྣམ་བཞག་ནི། བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་ དུའོ། །ཞེས་པ་ལྟར་མི་རྣམས་ཀྱིས་ཚེ་ལོ་དཔག་མེད་ཐུབ་པ་ནས་(མི་དགེ་བའི་དབང་གིས་)ཚེ་ལོ་ བཅུ་པའི་བར་དུ་མར་འབྲི་བ་གཅིག་དང༌། དེ་ནས་ཡར་སྐྱེ་མར་འབྲི་བའི། །བསྐལ་པ་གཞན་ ནི་བཅོ་བརྒྱད་དང༌། །ཞེས་པ་ལྟར་བཅུ་པ་ནས་(དགེ་བའི་དབང་གིས་)བརྒྱད་ཁྲི་པའི་བར་དུ་ཡར་ འཕེལ་ཞིང༌། ཡང་བཅུ་པའི་བར་འབྲི་བ་ཁུག་པ་བཅོ་བརྒྱད་དང༌། ཡར་སྐྱེ་བ་ནི་གཅིག་ ཡིན་ཏེ། །ཞེས་པ་ལྟར་བཅུ་པ་ནས་བརྒྱད་ཁྲི་པའི་བར་དུ་ཡར་འཕེལ་བ་གཅིག་སྟེ། ཉི་ཤུ་ ལ་ནི་བར་གྱི་བསྐལ་པ་ཞེས་བྱ་ཞིང༌། དེ་ནི་སྔར་བསྟན་པ་ལྟར་འཇིག་(སྟོངས་)ཆགས་(གནས་) ཀྱིས་ཕྱེ་བའི་བརྒྱད་ཅུ་ལ་ནི་བསྐལ་པ་ཆེན་པོ་ཞེས་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོ་འདི་ ནི་འཇིག་ཆགས་མཉམ་དུ་བྱེད་པར་ཡང་གསུངས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ རང་ཉིད་ཀྱིས་མཐོང་བའི་ལས་ནི་ཐོག་མར་ཆགས་པ་དང་བཅས་ཤིང་མཐར་འཇིག་པ་དང་ བཅས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་དང༌། ནང་བཅུད་ཀྱི་སེམས་ཅན་དང་བཅས་པའི་འཇིག་ རྟེན་གྱི་ཁམས་མཐའ་ཡས་པ་ཀུན་སྣ་ཚོགས་སུ་སྣང་ཡང་བདེན་པར་མ་གྲུབ་པ་རྨི་ལམ་སྒྱུ་ 4-1-149 མ་ལྟ་བུར་མཐོང་བའོ། །གཞན་ལ་སྟོན་པའི་ལས་ནི། ཚེ་སེམས་ཡོ་བྱད་ལས་སྐྱེ་བ། །མོས་ སྨོན་རྫུ་འཕྲུལ་ཡེ་ཤེས་ཆོས། །ཞེས་པ་(སྡོམ་དུ་བྱས་)ཚེ་ཇི་སྲིད་འདོད་པར་གནས་པ་ཚེ་ལ་དབང་ བ་དང༌། ཇི་ལྟར་འདོད་པ་བཞིན་ཏིང་ངེ་འཛིན་ལ་འཇུག་ནུས་པ་སེམས་ལ་དབང་བ་དང༌། སེམས་ཅན་རྣམས་ལ་ཅི་འདོད་པའི་ལོངས་སྤྱོད་ཀྱི་ཆར་འབེབས་ནུས་པ་ཡོ་བྱད་ལ་དབང་ བ་དང༌། འགྲོ་བ་དང་སྐྱེ་གནས་གཞན་མྱོང་འགྱུར་གྱི་ལས་གཞན་དུ་བསྒྱུར་ནུས་པ་ལས་ ལ་དབང་བ་དང༌། བསམ་གཏན་ལས་མ་གཡོས་བཞིན་དུ་འདོད་ཁམས་ལ་སོགས་པ་གང་ འདོད་པར་སྐྱེ་བ་ལ་དབང་བ་དང༌། ས་ལ་སོགས་པའང་གསེར་ལ་སོགས་པ་གང་འདོད་པར་ བསྒྱུར་ནུས་པ་མོས་པ་ལ་དབང་བ་དང༌། སྨོན་ལམ་ཇི་ལྟར་བཏབ་པ་བཞིན་འགྲུབ་པ་སྨོན་ ལམ་ལ་དབང་བ་དང༌། གདུལ་བྱ་འདུན་པར་བྱེད་པའི་ཐབས་རྣམ་འཕྲུལ་སྣ་ཚོགས་སྟོན་ ནུས་པ་རྫུ་འཕྲུལ་ལ་དབང་བ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་མཐར་ཕྱིན་པ་ཡེ་ཤེས་ ལ་དབང་བ་དང༌། མིང་ཚིག་ཡི་གེའི་ཚོགས་མཐའ་ཡས་པས་ཆོས་ཀྱི་སྒོ་མཐའ་ཡས་པ་བསྟན་ ནས་གདུལ་བྱ་མཐའ་ཡས་པ་ཅིག་ཅར་ཚིམ་པར་བྱེད་ནུས་པ་ཆོས་ལ་དབང་བ་སྟེ། དབང་ བཅུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས་ཇི་ལྟར་འདོད་པ་བཞིན་དུ་གདུལ་བྱ་དཔག་ཏུ་ མེད་པ་རྣམས་ལ་དབང་བཅུ་པོ་དེ་དག་ཀྱང་སྟོན་ཞིང༌། གཞན་ཡང་གཡོ་བ་དང་འཕུར་བ་ལ་ སོགས་པ་དང༌། སྟོང་གསུམ་ཡོངས་འབྲུར་བཅུག་ཀྱང་ཡུངས་འབྲུ་མི་འཕེལ་ཞིང་སྟོང་གསུམ་ མི་འགྲིབ་པ་ལ་སོགས་པ་རྫུ་འཕྲུལ་གྱི་རྣམ་བཅས་སྣ་ཚོགས་པ་དག་ཀྱང་ཡང་དག་པར་སྟོན་ པའི་སྒོ་ནས་ཕན་འདོགས་པའོ། ། འོད་ཟེར་འགྱེད་པའི་ལས་ནི། འོད་ཟེར་བཏང་བས་ཤིན་ཏུ་སྡུག་བསྔལ་ བའི། །ངན་སོང་བ་དག་མཐོ་རིས་འགྲོ་བར་བྱེད། །བདུད་གནས་གཞལ་ མེད་ཁང་མཐོ་མཛེས་པ་དག །བདུད་བཅས་ཀུན་ཏུ་བསྐྱོད་ཅིང་སྐྲག་ 4-1-150 པར་བྱེད། །བྱང་ཆུབ་སེམས་དཔའ་དེས་ཕྱོགས་བཅུར་འོད་ཟེར་མཐའ་ཡས་པ་བཏང་བས་ དམྱལ་བ་ཚ་གྲང་གི་སྡུག་བསྔལ་དང་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་དང་དུད་འགྲོ་ གླེན་ལྐུག་ལ་སོགས་པས་ཤིན་ཏུ་སྡུག་བསྔལ་བར་གྱུར་པའི་ངན་སོང་བ་དག་གི་སྡུག་བསྔལ་ ཞི་བར་བྱས་ནས་དད་པ་བསྐྱེད་དེ་ཚེ་འཕོས་ནས་བདེ་འགྲོ་མཐོ་རིས་ཀྱི་གནས་སུ་འགྲོ་བར་ བྱེད་ཅིང༌། བདུད་ཀྱི་རྒྱལ་པོའི་གནས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་ མཐོ་ཞིང་བརྟན་ལ་མཛེས་པ་དག་བདུད་འཁོར་དང་བཅས་པས་ཡོངས་སུ་གང་བ་རྣམས་ཀྱང་ ཀུན་ཏུ་བསྐྱོད་ཅིང་སྐྲག་པར་བྱས་ཏེ་འདུལ་བར་བྱེད་དོ། ། རྣམ་པར་རོལ་པའི་ལས་ནི། དེ་ནི་མཆོག་ཚོགས་ནང་དུ་ཏིང་ངེ་འཛིན། ། དཔག་མེད་རྣམ་པར་རོལ་པ་ཀུན་སྟོན་ཅིང༌། །ལས་དང་སྐྱེ་དང་མཆོག་ གི་སྤྲུལ་པ་ཡིས། །སེམས་ཅན་རྣམས་ཀྱི་དོན་དུ་དུས་ཀུན་གནས། །མངོན་ ཤེས་ཐོབ་པ་དེ་ནི་མཆོག་གི་ཚོགས་པ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་ དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་མཉམ་པར་བཞག་ནས་ ལུས་མི་སྣང་བ་དང༌། གཞན་གྱིས་བསྐྱོད་པར་མི་ནུས་པ་ལ་སོགས་པའི་རྣམ་པར་རོལ་པ་ ཀུན་ཏུ་སྟོན་པར་བྱེད་ཅིང་གདུལ་བྱ་རྣམས་ཀྱི་མོས་པ་དང་མཐུན་པར་རྒྱུད་མངས་སྦྲེང་བ་ལ་ སོགས་པ་བཟོའི་ལས་ཀྱི་སྤྲུལ་པ་དང༌། རི་བོང་དང་རུ་རུ་ལ་སོགས་པར་ཡང་སྐྱེ་བའི་སྤྲུལ་པ་ དང༌། མཛད་པ་བཅུ་གཉིས་ལ་སོགས་པ་མཆོག་གི་སྤྲུལ་པ་ཡིས་སེམས་ཅན་རྣམས་ཀྱི་ཕན་ པ་དང་བདེ་བའི་དོན་དུ་དུས་འཁོར་བ་མ་སྟོངས་ཀྱི་བར་ཀུན་ཏུ་གནས་པར་བྱེད་པའོ། ། ཞིང་ཁམས་སྦྱོང་བའི་ལས་ནི། ཡེ་ཤེས་དག་ལ་དབང་ཕྱིར་ཞིང་རྣམས་ནི། ། ཇི་ལྟར་འདོད་བཞིན་བསྟན་ཕྱིར་དག་པ་ཐོབ། །སངས་རྒྱས་མཚན་མི་ གྲག་པར་སངས་རྒྱས་མཚན། །ཡང་དག་བསྒྲགས་པས་དེ་དག་ཁམས་ 4-1-151 གཞན་འགྱེད། །དེ་ལ་གཉིས་ལས་སྣོད་ཡོངས་སུ་སྦྱོང་བ་ནི་གནས་ཡོངས་སུ་གྱུར་པའི་ ཡེ་ཤེས་དག་ལ་དབང་ཐོབ་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཁམས་རྣམས་ནི་ཤེལ་དང་བཻདཱུརྱ་ དང་གསེར་གྱི་རང་བཞིན་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་དུ་བསྟན་པར་ནུས་པའི་ཕྱིར་ ཡོངས་སུ་དག་པ་ཐོབ་ཅིང༌། བཅུད་ཡོངས་སུ་སྦྱོང་བ་ནི་སྔར་སངས་རྒྱས་ཀྱི་མཚན་མི་གྲག་ པའི་འཇིག་རྟེན་གྱི་ཁམས་རྣམས་སུ་རྫུ་འཕྲུལ་གྱིས་ཕྱིན་ནས་སངས་རྒྱས་ཀྱི་མཚན་ཡང་དག་ པར་བསྒྲགས་པས་སེམས་ཅན་དེ་དག་དད་པ་བསྐྱེད་དེ། འཇིག་རྟེན་གྱི་ཁམས་གཞན་སངས་ རྒྱས་ཀྱི་བསྟན་པ་གནས་པ་དེར་འགྱེད་པའི་སྒོ་ནས་ཕན་པར་བྱེད་དོ། ། ཡོན་ཏན་དང་ལྡན་པའི་དོན་ནི། འདབ་གཤོག་ཀུན་ནས་རྒྱས་པའི་བྱ་ བཞིན་དུ། །སེམས་ཅན་སྨིན་པར་བྱེད་པར་ནུས་པ་ཉིད། །སངས་རྒྱས་ ལས་ནི་ཤིན་ཏུ་བསྔགས་པ་ཐོབ། །སྐྱེ་དགུ་རྣམས་ལ་ཚིག་བཟུང་འོས་ པར་འགྱུར། །དཔེར་ན་འདབ་གཤོག་ཀུན་ནས་རྒྱས་པའི་བྱ་རྣམས་ནམ་མཁའ་ལ་ཐོགས་ པ་མེད་པར་འགྲོ་ཞིང་གང་འདོད་པའི་གནས་སུ་བདེ་བར་འདུག་པ་བཞིན་དུ། མངོན་པར་ ཤེས་པ་ལ་སོགས་པའི་ཡོན་ཏན་ཀུན་ནས་རྒྱས་པའི་བྱང་ཆུབ་སེམས་དཔའ་དེ་ཡང་གདུལ་ བྱ་གང་ན་གནས་པ་དེར་རྫུ་འཕྲུལ་གྱིས་ཐོགས་པ་མེད་པར་ཕྱིན་ནས། སེམས་ཅན་རྣམས་ ཀྱི་རྒྱུད་ལ་སྤང་བྱ་སྤང་རུང་དང་གཉེན་པོ་སྐྱེ་རུང་གི་སྒོ་ནས་ཇི་ལྟར་འདོད་པ་བཞིན་ཡོངས་ སུ་སྨིན་པར་བྱེད་པར་ནུས་པ་ཉིད་དང༌། དེ་ལྟར་གཞན་དོན་ཕུན་སུམ་ཚོགས་པ་གྲུབ་པ་ན་ སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ནི་རིགས་ཀྱི་བུ་དེ་ལྟར་བྱས་པ་ལེགས་སོ་ཞེས་བྱ་ བ་ལ་སོགས་པའི་ཤིན་ཏུ་བསྔགས་པ་ཐོབ་པ་དང༌། དེས་རང་རང་གི་མོས་པ་དང་མཐུན་པར་ ཆོས་བསྟན་པ་ལ་འཁྲུལ་པ་མེད་ཅིང་ཡིད་ཆེས་པའི་སྒོ་ནས་སྐྱེ་དགུ་རྣམས་ལའང་དེའི་ཚིག་ བཟུང་བར་འོས་ཤིང་བཀའ་ལས་མི་འདའ་བར་འགྱུར་བ་སྟེ་ཡོན་ཏན་གསུམ་དང་ལྡན་པའོ། 4-1-152 རབ་ཏུ་དབྱེ་བའི་སྒོ་ནས་འཇུག་པའི་དོན་ནི། མངོན་པར་ཤེས་པ་དྲུག་དང་ རིག་པ་གསུམ། །རྣམ་ཐར་བརྒྱད་དང་དེ་བཞིན་ཟིལ་གནོན་བརྒྱད། ། ཟད་པར་སྐྱེ་མཆེད་བཅུ་དང་ཏིང་ངེ་འཛིན། །དཔག་ཏུ་མེད་པ་བརྟན་ པ་ཐོབ་པའི་མཐུ། །སྔར་བཤད་ཟིན་པའི་མངོན་པར་ཤེས་པ་དྲུག་དང༌། སྔོན་གྱི་མཐའ་ རིག་པ་དང༌། ཕྱི་མའི་མཐའ་རིག་པ་དང༌། ཟག་པ་ཟད་པ་རིག་པ་སྟེ་རིག་པ་གསུམ་དང༌། དམིགས་ཡུལ་རྣམས་ལ་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་པ་དང་བསྒྱུར་བའི་སྒྲིབ་པ་ལས་རྣམ་ པར་ཐར་བར་བྱ་བའི་ཕྱིར་བསམ་གཏན་ལ་བརྟེན་ནས་ལྟ་བ་པོ་རང་ཉིད་ལ་གཟུགས་ཀྱི་འདུ་ ཤེས་ཉེ་བར་བཞག་སྟེ། སྣང་བའི་གཟུགས་ཆེ་ཆུང་དང་བཟང་ངན་ལ་སོགས་པ་རྣམས་ལ། ཆེན་པོ་ཆུང་ངུ་དང་ཆུང་ངུ་ཆེན་པོ་ལ་སོགས་པ་གང་སྤྲུལ་པར་འདོད་པར་མོས་ཤིང་ལྟ་བའི་ ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ པར་ཐར་བ་དང༌། དེ་བཞིན་དུ་སྦྱར་ཏེ་ལྟ་བ་པོ་བདག་ཉིད་ལ་གཟུགས་མེད་པར་འདུ་ཤེས་ པས་སྣང་བའི་གཟུགས་རྣམས་ལ་གང་སྤྲུལ་པར་འདོད་པར་མོས་ཤིང་ལྟ་བ་ནང་གཟུགས་ མེད་པར་འདུ་ཤེས་པས་ཕྱིའི་གཟུགས་རྣམས་ལ་ལྟ་བའི་རྣམ་པར་ཐར་བ་དང༌། སྡུག་མི་སྡུག་ སྤྲུལ་པ་ལ་ཆགས་སྡང་གི་སྒྲིབ་པ་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར་རང་གིས་སྡུག་མི་སྡུག་ སྤྲུལ་པ་རྣམས་ལ་(དངུལ་བུམ་ཟངས་བུམ་ལས་སྡུག་པ་གསེར་བུམ་ལས་མི་སྡུག་པ་ལྟ་བུ་)ཕན་ཚུན་ལྟོས་པ་ཙམ་ མོ་སྙམ་པའི་འདུ་ཤེས་དང་(ཟངས་བུམ་ལས་སྡུག་པ་ལ་གསེར་བུམ་ལས་མི་སྡུག་པར་རོ་གཅིག་ཏུ་)ཕན་ཚུན་ རྗེས་སུ་འབྲེལ་པ་ཙམ་མོ་སྙམ་པའི་འདུ་ཤེས་དང༌། (སྡུག་མི་སྡུག་ཐམས་ཅད། )ཕན་ཚུན་བསྲེས་ ཏེ་(སྡུག་པ་ཉིད་དུ་)རོ་གཅིག་པའི་འདུ་ཤེས་ཐོབ་ནས་མཐའ་གཅིག་ཏུ་བདེན་པ་མེད་པར་མོས་ ཤིང་ལྟ་བ་སྡུག་པའི་རྣམ་པར་ཐར་བ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་གནས་པའི་རྣམ་པར་ 4-1-153 ཐར་བ་སྟེ་གཟུགས་ཅན་གྱི་རྣམ་ཐར་གསུམ་དང༌། གཟུགས་མེད་ཞི་བའི་རྣམ་ཐར་(ཟག་བཅས་) ལ་ཆགས་པའི་སྒྲིབ་པ་ལས་ཐར་པར་བྱ་བའི་ཕྱིར། (མཛོད་དུ་)གཟུགས་མེད་མཉམ་གཞག་ དགེ་རྣམས་སོ། །ཞེས་པ་ལྟར་ཟག་མེད་ཐར་བ་དང་རྗེས་སུ་མཐུན་པའི་ནམ་མཁའ་མཐའ་ ཡས་སྐྱེ་མཆེད་ཀྱི་དངོས་གཞི་དག་པ་བ་ལ་གནས་པ་ཡང་དག་པར་འབྱོར་པའི་ཞི་གནས་ ལྷག་མཐོང་མཚུངས་ལྡན་དང་བཅས་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་ བ་དང༌། དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་དང༌། ཅི་ཡང་མེད་ པའི་སྐྱེ་མཆེད་ཀྱི་རྣམ་པར་ཐར་བ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་རྣམ་པར་ཐར་ བ་སྟེ་གཟུགས་མེད་ཀྱི་རྣམ་ཐར་བཞི་དང༌། འདུ་ཤེས་དང་ཚོར་བ་འགོག་པའི་སྒྲིབ་པ་ལས་ རྣམ་པར་ཐར་བར་བྱ་བའི་ཕྱིར། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་རྣམ་པར་ ཐར་པ་(ཟག་མེད་)ལ་བརྟེན་ནས་ཞི་བའི་རྣམ་པར་ཐར་བ་ལ་གནས་པ་ལས་ཀྱང་ཡང་དག་པར་ འདས་ཏེ། ལམ་ཟག་མེད་ཀྱིས་གནས་པས་ཉོན་ཡིད་ཀྱང་མི་འབྱུང་བའི་ཕྱིར་ཐར་བ་མྱ་ངན་ ལས་འདས་པ་དང་རྗེས་སུ་མཐུན་པ་དང༌། སེམས་དང་སེམས་ལས་བྱུང་བའི་ཆོས་ཚོགས་ བདུན་འཁོར་དང་བཅས་པ་འགོག་པ་ནི་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་བ་ གཅིག་སྟེ། དེ་ལྟར་ན་རྣམ་པར་ཐར་པ་བརྒྱད་དང༌། དེ་བཞིན་དུ་གནས་བསམ་གཏན་བཞི་ པ་ལ་བརྟེན་ནས། (ལྟ་བ་པོ་རང་ལ་)ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ ངུ་ཁ་དོག་མཛེས་པ་(ཡིད་དུ་འོང་བ་)དང་མི་སྡུག་པ་(ཡིད་དུ་མི་འོང་བ་)དང་ངན་པ་དང་(མིའི་གཟུགས་) བཟང་པོ་(ལྷའི་གཟུགས་)རྣམས་ལ་ལྟ་ཞིང་གཟུགས་(ཕལ་པ་)དེ་དག་ཀྱང་(དབང་བསྒྱུར་ཏེ་)ཟིལ་གྱིས་ མནན་ནས་(ཞི་གནས་ཀྱིས་)ཤེས། ཟིལ་གྱིས་མནན་ནས་(ལྷག་མཐོང་གིས་)མཐོང་སྟེ་དེ་ལྟ་བུར་འདུ་ ཤེས་པར་འགྱུར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་(མངོན་པའི་ང་རྒྱལ་མེད་ པ་)འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ་ཞེས་པ་དང༌། དེ་བཞིན་དུ་རྒྱས་པར་སྦྱར་ 4-1-154 ཏེ་ཕྱི་རོལ་གྱི་གཟུགས་ཆེན་པོ་ལ་ལྟ་བ་ནི་(ཟིལ་གནོན་)གཉིས་པ་དང༌། ནང་གཟུགས་མེད་པར་ འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ལ་ལྟ་བ་ནི་(ཟིལ་གནོན་)གསུམ་པ་དང༌། ཆེན་པོ་ ལ་ལྟ་བ་ནི་(ཟིལ་གནོན་)བཞི་པ་སྟེ། དེ་ལྟར་ན་རྣམ་ཐར་དང་པོ་གཉིས་ལས་བྱུང་བ་བཞི་དང༌། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་(སྤྱིར་)སྔོན་པོ་(ལྷན་སྐྱེས་)ཁ་དོག་ སྔོན་པོ་(སྒྱུར་བ་ལས་བྱུང་བ་)སྔོན་པོ་ལྟ་བུར་སྟོན་པ་(གཉིས་ཀ་ལས་)འོད་སྔོན་པོ་འབྱུང་བ་རྣམས་ལ་ ལྟས་ཏེ། དཔེར་ན་ཟར་མའི་(ལྷན་སྐྱེས་)མེ་ཏོག་གམ་ཡུལ་ཝཱ་ར་ཎཱ་སིའི་(སྦྱར་བ་ལས་བྱུང་བ་)རས་ ཕུན་སུམ་ཚོགས་པ་སྔོན་པོ་ལ་སོགས་པ་དེ་བཞིན་དུ། ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་ཞིང་ གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ་ཞེས་པ་དང༌། དེ་བཞིན་དུ་ རྒྱས་པར་སྦྱར་ཏེ་སེར་པོ་དོང་ཀའི་མེ་ཏོག་ལྟ་བུར་མཐོང་བ་ནི་དྲུག་པ་དང༌། དམར་པོ་བན་དྷུ་ ཛི་བ་ཀའི་མེ་ཏོག་ལྟ་བུར་མཐོང་བ་ནི་བདུན་པ་དང༌། དཀར་པོ་སྐར་མ་པ་བ་སངས་ལྟ་བུར་ མཐོང་བ་ནི་བརྒྱད་པའོ་ཞེས་པ་རྣམ་ཐར་གསུམ་པ་ལས་བྱུང་བ་བཞི་སྟེ། བརྒྱད་པོ་དེ་རྣམས་ ཀྱིས་སྔར་རྣམ་ཐར་གྱི་དུས་ན་མོས་ཤིང་སྦྱང་བ་བྱས་པ་རྣམས་ཇི་ལྟར་འདོད་པ་བཞིན་སྤྲུལ་ པ་དང་བསྒྱུར་བ་ལ་དབང་བྱས་ཏེ་ཐ་མལ་པའི་དམིགས་པ་དེ་མི་སྣང་ཞིང་ཟིལ་གྱིས་གནོན་ པར་བྱེད་པའི་སྐྱེ་མཆེད་བརྒྱད་དང༌། གནས་བསམ་གཏན་བཞི་པ་ལ་བརྟེན་ནས། རྣམ་ཐར་ གྱིས་མོས་པའི་སྒོ་ནས་མགོ་བརྩམས་ཤིང་ཟིལ་{གནོན་}གྱིས་དབང་བསྒྱུར་བའི་དམིགས་པ་ དེ་དག་མ་ལུས་པར་ཡོངས་སུ་རྫོགས་པར་གྲུབ་ནས་རྒྱས་ཤིང༌། ཁྱབ་པར་བྱེད་པའི་ཏིང་ངེ་ འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ནི་ཟད་པར་གྱི་སྐྱེ་མཆེད་ཡིན་ཞིང༌། དེ་ཡང་ཟད་ པར་ས་དང་ཆུ་དང་མེ་དང་རླུང་དང༌། ཟད་པར་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་ པོ་དང༌། ཟད་པར་ནམ་མཁའ་དང་རྣམ་པར་ཤེས་པ་རྣམས་ཡིན་ལ། ཟད་པར་ས་ལ་དབང་ 4-1-155 འབྱོར་པས་ཆུ་ལ་སོགས་པའང་སར་སྤྲུལ་ཞིང་མི་འབྱིང་བར་འགྲོ་བ་དང༌། ཆུས་ས་ལ་སོགས་ པའང་ཆུར་སྤྲུལ་ནས་འཛུལ་བར་ནུས་པ་དང༌། མེས་ཆུ་ལ་སོགས་པའང་མེ་འབར་ཞིང་མེའི་ ཆར་འབེབས་པ་དང༌། རླུང་གིས་རླུང་ལྟར་མགྱོགས་པར་འགྲོ་ཞིང་རླུང་གི་ཆར་འབེབས་ པ་དང༌། སྔོན་པོས་ས་ལ་སོགས་པའང་བཻ་ཌཱུརྱ་ལ་སོགས་པར་བསྒྱུར་བ་དང༌། སེར་པོས་ གསེར་ལ་སོགས་པར་བསྒྱུར་བ་དང༌། དམར་པོས་མུ་ཏིག་དམར་པོ་ལ་སོགས་པར་བསྒྱུར་བ་ དང༌། དཀར་པོས་ཟླ་བ་ཆུ་ཤེལ་ལ་སོགས་པར་བསྒྱུར་{ནུས་}པ་དང༌། ནམ་མཁས་རི་{བོ་} ལ་སོགས་པའང་ནམ་མཁར་སྤྲུལ་ནས་ཐོགས་མེད་དུ་འགྲོ་འོང་བྱེད་པ་དང༌། རྣམ་པར་ཤེས་ པས་གཉིད་[དང་]རྨུགས་[པ་]ལ་སོགས་པ་སེལ་ཞིང་ཉོན་མོངས་མེད་པ་དང་བསམས་ནས་ ཤེས་པ་ལ་སོགས་པས་འགྲུབ་པར་བྱེད་པ་སྟེ། དེ་ལྟར་ན་ཟད་པར་གྱི་སྐྱེ་མཆེད་བཅུ་དང༌། གཞན་ཡང་དཔའ་བར་འགྲོ་བ་དང་རིན་ཆེན་ཕྱག་རྒྱ་དང་ཟླ་བ་སྒྲོན་མ་དང་ཉི་མ་སྣང་བ་ལ་ སོགས་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་རྣམས་ནི་བརྟན་པ་ཐོབ་པའི་མཐུ་མངོན་པར་ཤེས་ པའི་རབ་ཏུ་དབྱེ་བའི་འཇུག་པའོ། ། དེའི་ཆེ་བ་བསྟན་པ་ནི། དེ་ནི་དབང་མཆོག་ཐོབ་པའི་བློ་དང་ལྡན། །འགྲོ་ བ་དབང་མེད་རང་དབང་བཀོད་རྟག་ཏུ། །གཞན་ལ་ཕན་བྱ་གཅིག་ཏུ་ མངོན་དགའ་སྟེ། །སེང་གེ་བཞིན་དུ་རབ་བརྟན་སྲིད་ན་སྤྱོད། །ཆེ་བའི་ཡོན་ ཏན་གསུམ་དང་ལྡན་པ་སྟེ། མངོན་ཤེས་ཐོབ་པའི་སྐྱེས་བུ་དམ་པ་དེ་ནི་བདག་ཉིད་ཡེ་ཤེས་ལ་ དབང་པ་མཆོག་ཐོབ་པའི་བློ་གྲོས་རྣམ་པར་དག་པ་དང་ལྡན་པས། འགྲོ་བ་ཉོན་མོངས་པས་ རང་དབང་མེད་པར་གྱུར་པ་རྣམས་ལ་རང་རང་གི་མོས་པ་དང་མཐུན་པའི་ཆོས་བསྟན་ནས་ གཉེན་པོས་རང་དབང་ཡོད་པ་ལ་བཀོད་པར་ནུས་པ་དབང་གི་ཆེ་བའི་བདག་ཉིད་དང༌། དུས་ རྟག་ཏུ་རང་དོན་ལ་ཆགས་པ་མེད་པར་ལྷག་པའི་བསམ་པ་རྣམ་པར་དག་པས་གཞན་སེམས་ 4-1-156 ཅན་ཐམས་ཅད་ལ་ཕན་པར་བྱ་བ་ཁོ་ན་ལ་མཐའ་གཅིག་ཏུ་མངོན་པར་དགའ་བ་སྟེ། དེའི་ཆེ་ བའི་བདག་ཉིད་དང༌། སེངྒེ་ནགས་ཁྲོད་དུ་གནས་ཀྱང་གཅན་གཟན་དང་རི་དྭགས་གཞན་ གྱི་འཇིགས་པ་མེད་པ་བཞིན་དུ་བློ་རབ་ཏུ་བརྟན་པ་དེ་སྲིད་པ་འཁོར་བའི་ནང་ན་གཞན་དོན་ འབའ་ཞིག་སྤྱོད་ཅིང༌། གནས་ཀྱང་འཁོར་བའི་སྐྱོན་གྱིས་གོས་སུ་དོགས་པའི་འཇིགས་པ་ མེད་པའི་ཆེ་བ་རྣམས་དང་ལྡན་པས་དོན་གཉིས་ཕུན་སུམ་ཚོགས་པ་འགྲུབ་པའོ། །རྒྱུད་བླ་ མར་ཡང༌། ཇི་ལྟར་པདྨ་ཆུ་ནང་དུ། །སྐྱེས་པ་ཆུ་ཡིས་གོས་པ་མེད། །དེ་བཞིན་དེ་ནི་འཇིག་རྟེན་ ན། །གནས་ཀྱང་འཇིག་རྟེན་ཆོས་མི་གོས། །ཞེས་གསུངས་པ་ལྟར་ཏེ། དེ་བས་ན་མངོན་པར་ ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་གྲུབ་པར་འདོད་པ་རྣམས་ཀྱིས་ཏིང་ངེ་འཛིན་ ཟབ་མོ་སྒོམ་པ་ལ་འབད་པར་བྱའོ། །དེ་ཁོ་ན་ཉིད་ཐོབ་པའི་མཐུ་མངོན་པར་ཤེས་པའི་སྐབས་ རྫོགས་པར་བཤད་ཟིན་ཏོ།། །། ད་ནི་མཐུ་ཐོབ་པ་ལས་[བྱུང་{འབྱུང་}བའི་བདག་གཞན་ཡོངས་སུ་སྨིན་པའི་དོན་ལ། བྱང་ས་ལས(བྱུང་བའི་དོན་བསྡུས་པ་)། སྐལ་བ་དང་ལྡན་པའི་རྒྱུད་ལ་སྤང་བྱ་སྤང་རུང་དང་གཉེན་ པོ་སྐྱེ་རུང་དུ་བྱེད་པ་སྨིན་པའི་ངོ་བོ་ཉིད་དང༌། རིགས་ཅན་གསུམ་ལ་རང་རང་གི་མོས་པ་ བཞིན་ཐེག་པ་གསུམ་གྱི་ཆོས་བསྟན་པར་བྱ་བ་དང༌། རིགས་མེད་པ་ལ་ཡང་བདེ་འགྲོར་འགྲོ་ བར་བྱ་བའི་ཐབས་བསྟན་པར་བྱ་བ་སྟེ། སྨིན་པར་བྱ་བའི་གང་ཟག་དང་དབང་པོ་དང་དགེ་ བའི་རྩ་བ་དང་ཤེས་པ་དང་ཆུང་ངུ་དང་འབྲིང་དང་ཆེན་པོའི་སྒོ་ནས་སྨིན་པའི་རྣམ་པ་དབྱེ་བ་ དང༌། སྔོན་གྱི་དགེ་བའི་ས་བོན་གསོ་ཞིང་ཁམས་རྟས་པར་བྱེད་པ་དང༌། འདིར་ཡང་རྗེས་སུ་ མཐུན་པའི་ཆོས་བསྟན་ནས་རྐྱེན་ཉེ་བར་སྒྲུབ་པ་དང༌། འདོད་པ་ལ་སྐྱོ་བ་བསྐྱེད་དེ་རབ་ཏུ་ བྱུང་བའི་བསླབ་པ་ལེན་དུ་འཇུག་པ་ལ་སོགས་སྨིན་པར་བྱེད་པའི་ཐབས་དང༌། མོས་པ་སྤྱོད་ པའི་ས་ལ་གནས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དྲུག་གིས་སྨིན་པར་བྱེད་པའི་གང་ 4-1-157 ཟག་དང༌། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྨིན་པ་ཆུང་ངུ་ དང་ཆེན་པོ་ལ་གནས་པའི་ཚུལ་གྱིས་གང་ཟག་གི་མཚན་ཉིད་དེ། ཡོངས་སུ་སྨིན་པ་རྣམ་པ་ དྲུག་ལ་ནང་སེམས་ཀྱི་དབྱེ་བ་མཐའ་ཡས་པ་དང་བཅས་པ་གསུངས་ཤིང༌། འདིར་ནི་སེམས་ དཔའ་བདག་ཉིད་སྨིན་པའི་མཚན་ཉིད་དང༌། སེམས་ཅན་གཞན་རྣམས་སྨིན་ཚུལ་གཉིས་ ཀྱིས་འཆད་པའི་དང་པོ་ལའང༌། མཚན་ཉིད་ཀྱི་དབྱེ་བ་མདོར་བསྟན། དེའི་དོན་རྒྱས་པར་ བཤད་པ། ཕན་ཡོན་གྱིས་བསྡུས་ཏེ་བསྟན་པའོ། ། དང་པོ་ནི། དགའ་དང་དད་དང་རབ་ཞི་སྙིང་བརྩེ་དང༌། །བཟོད་དང་ ཡིད་གཞུངས་མཐུ་ཅན་ཉིད་དང་ནི། །མི་འཕྲོགས་པ་དང་ཡན་ལག་ ལྡན་པ་རབ། །དེ་ནི་རྒྱལ་སྲས་ཡོངས་སུ་སྨིན་པའི་མཚན། །ཐེག་པ་ཆེན་ པོའི་ཆོས་ཟབ་མོ་ལ་དགའ་བ་ཡོངས་སུ་སྨིན་པ་དང༌། དེ་བཞིན་དུ་སྦྱར་ཏེ་ཆོས་སྟོན་པ་པོ་ སངས་རྒྱས་ལ་སོགས་པ་དགེ་བའི་བཤེས་ལ་ཤེས་ནས་དད་པ་དང་ལམ་བསྒྲུབས་པས་ཉོན་ མོངས་པ་རབ་ཏུ་ཞི་བ་དང༌། བསམ་པ་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཆེན་པོ་དང༌། སྦྱོར་བ་རང་གཞན་གྱི་དོན་སྒྲུབ་པའི་དཀའ་སྤྱད་ལ་བཟོད་པ་དང༌། སྡེ་སྣོད་ཀྱི་ཆོས་རྣམ་དག་ ལེན་པ་དང་འཛིན་པ་དང་ཁོང་དུ་ཆུད་པར་བྱ་བ་ལ་ཡིད་གཞུངས་པ་དང་གང་རྟོགས་པར་བྱ་ བའི་ཆོས་རྣམས་ལ་དབང་ཐོབ་ཅིང་མཐུ་ཅན་དུ་གྱུར་པ་ཉིད་དང་ནི་བདུད་དང་ཕས་ཀྱི་རྒོལ་ བ་དག་གིས་གླགས་མི་རྙེད་ཅིང་མི་འཕྲོགས་པ་དང༌། ཉོན་མོངས་པ་སྤང་བའི་ཡན་ལག་ དང་ལྡན་པ་རྣམས་རབ་སྟེ་ཆེན་པོའམ་མཆོག་ཏུ་གྱུར་པ་དེ་རྣམས་ནི་རྒྱལ་བའི་སྲས་བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་བདག་ཉིད་ཡོངས་སུ་སྨིན་པའི་མཚན་ཉིད་དོ། ། རྒྱས་བཤད་ལ་དགུ་སྟེ། དགའ་བ་དང༌། དད་པ་དང༌། རབ་ཞི་དང༌། སྙིང་རྗེ་དང༌། བཟོད་པ་དང༌། ཡིད་གཞུངས་དང༌། མཐུ་ཅན་དང༌། མི་འཕྲོགས་པ་དང༌། ཡན་ལག་རྣམས་ 4-1-158 ཀྱི་མཐར་ཡོངས་སུ་སྨིན་པའི་མཚན་ཉིད་ཅེས་སྦྱར་བའོ། ། དང་པོ་ནི། གྲོགས་མཆོག་ལ་སོགས་གསུམ་དང་བརྩོན་རབ་དང༌། ། མཐར་ཕྱིན་དམ་པ་དང་ནི་ཆོས་མཆོག་བསྡུད། །དམ་ཆོས་ཆེར་བཟུང་ ཕྱིར་ན་སྙིང་རྗེ་ཅན། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། ། ཐམས་ཅད་ཀྱང་རྒྱུ་དང་རང་བཞིན་དང་བྱེད་ལས་གསུམ་གསུམ་གྱིས་འཆད་པས་རྒྱུ་ནི་ གྲོགས་མཆོག་ཏུ་གྱུར་པ་སྐྱེས་བུ་དམ་པ་ལ་བརྟེན་པ་དང་སོགས་པ་སྟེ། དེ་ལས་དམ་པའི་ ཆོས་ཉན་པ་དང༌། ཆོས་ཀྱི་དོན་ཚུལ་བཞིན་ཡིད་ལ་བྱེད་པས་སེམས་པ་སྟེ་གསུམ་དང༌། རང་ བཞིན་ནམ་ངོ་བོ་ནི་ཐེག་ཆེན་གྱི་ཆོས་ལ་དགའ་ཞིང་སྤྲོ་བའི་བརྩོན་འགྲུས་རབ་བམ་མཆོག་ཏུ་ གྱུར་པ་རྩོམ་པ་དང༌། བསམ་གྱིས་མི་ཁྱབ་པའི་གནས་དགོངས་པ་ཟབ་མོ་རྣམས་ལ་ཐེ་ཚོམ་ མེད་པའི་དགའ་བ་རབ་ཀྱི་མཐར་ཕྱིན་པ་དམ་པ་ཐོབ་པ་དང་ནི་བྱེད་ལས་ནི་ཆོས་ཀྱི་མཆོག་ ཏུ་གྱུར་པ་ཐེག་པ་ཆེན་པོའི་ཆོས་བསྡུད་ཅིང་བསྲུང་བ་དང༌། དེ་ལ་ཞུགས་པ་རྣམས་གནོད་པ་ དང་འཚེ་བ་དག་ལས་བསྲུང་བར་བྱེད་པ་སྟེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་ཐེག་ པ་ཆེན་པོ་དམ་པའི་ཆོས་ཆེས་ཆེར་གཟུང་བའི་ཕྱིར་ན་སྙིང་རྗེ་ཅན་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་དགའ་བ་ཡང་དག་པར་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་པར་འདོད་དོ། ། དད་པ་ཡོངས་སུ་སྨིན་པ་ནི། ཡོན་ཏན་ཤེས་དང་སེམས་ཀྱང་མི་ཕྱེད་དང༌། ། ཏིང་འཛིན་མྱུར་དུ་ཐོབ་དང་འབྲས་བུ་མྱོང༌། །སྟོན་ལ་ཡིད་ཆེས་བྱ་ཕྱིར་ རྒྱལ་སྲས་ཀྱི། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །རྒྱུ་ནི་ མདོ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པ་ལ་སོགས་པ་གསུངས་པ་ལྟར་དཀོན་མཆོག་ གསུམ་གྱི་ཡོན་ཏན་ཤེས་པ་དང་རང་བཞིན་ནི་སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང༌། 4-1-159 ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང༌། ཞེས་གསུངས་པ་ལྟར་དཀོན་མཆོག་ གསུམ་གྱི་ཡོན་ཏན་ཤེས་ནས་ཡིད་ཆེས་ཏེ་དེ་ལས་གཞན་དུ་སེམས་གང་གིས་ཀྱང་མི་ཕྱེད་ པའི་དད་པ་ཐོབ་པ་དང༌། བྱེད་ལས་ནི་དད་པ་ལ་བརྟེན་ནས་ཞི་གནས་ལྷག་མཐོང་ཟུང་དུ་ འཇུག་པའི་ཏིང་ངེ་འཛིན་མྱུར་དུ་ཐོབ་པར་འགྱུར་བ་དང༌། དེའི་འབྲས་བུ་མངོན་པར་ཤེས་ པའི་ཡོན་ཏན་ཁྱད་པར་ཅན་ཉམས་སུ་མྱོང་བར་འགྱུར་བ་སྟེ། དེ་ལྟར་དོན་གསུམ་དང་ལྡན་ པའི་སྒོ་ནས་སྟོན་པ་རྫོགས་པའི་སངས་རྒྱས་ལ་ཡིད་ཆེས་པར་བྱས་པའི་ཕྱིར་ན་རྒྱལ་བའི་ སྲས་པོ་རྣམས་ཀྱི་དད་པ་ཡང་དག་པར་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་པར་འདོད་དོ། ། རབ་ཞི་ཡོངས་སུ་སྨིན་པ་ནི། ཤིན་ཏུ་སྡོམ་ཞིང་ཉོན་མོངས་རྟོག་པ་སྤོང༌། ། བར་ཆད་མེད་ཅིང་དགེ་ལ་མངོན་པར་དགའ། །རྒྱལ་བའི་སྲས་ཀྱི་ ཉོན་མོངས་བསལ་བའི་ཕྱིར། །ཡང་དག་ཡོངས་སུ་སྨིན་པའི་མཚན་ ཉིད་འདོད། །རྒྱུ་ནི་དྲན་པ་དང་ཤེས་བཞིན་གྱིས་ཟིན་པའི་སྒོ་ནས་དབང་པོ་རྣམས་ཡུལ་ལ་ འཇུག་པ་ན་ཤིན་ཏུ་སྡོམ་ཞིང་མཚན་མ་དང་མངོན་རྟགས་སུ་མི་འཛིན་པ་དང༌། རང་བཞིན་ ནི། ཉོན་མོངས་པ་དུག་གསུམ་ལ་སོགས་པའི་རྟོག་པ་རྣམས་སྤོང་ཞིང་རབ་ཏུ་ཞི་བ་དང༌། བྱེད་ལས་ནི། གཉེན་པོ་སྒོམ་པ་ལ་ཉོན་མོངས་པའི་བར་ཆད་མེད་ཅིང་སྦྱིན་པ་ལ་སོགས་པའི་ དགེ་བ་ལ་མངོན་པར་དགའ་བ་སྟེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་རྒྱལ་བའི་སྲས་ པོ་རྣམས་ཀྱི་ཉོན་མོངས་པ་བསལ་ཞིང་སྤངས་པའི་ཕྱིར་ན་རབ་ཏུ་ཞི་བ་ཡང་དག་པར་ཡོངས་ སུ་སྨིན་པའི་མཚན་ཉིད་ཡིན་པར་འདོད་དོ། ། སྙིང་རྗེ་ཡོངས་སུ་སྨིན་པ་ནི། རང་བཞིན་སྙིང་བརྩེ་གཞན་གྱི་སྡུག་བསྔལ་ མཐོང༌། །དམན་པའི་སེམས་ཀྱང་ཡང་དག་རབ་ཏུ་སྤོང༌། །ཁྱད་པར་ འགྲོ་དང་འགྲོ་བའི་མཆོག་གྱུར་ལུས། །གཞན་ལ་སྙིང་བརྩེ་ཡོངས་སུ་ 4-1-160 སྨིན་པའི་མཚན། །རྒྱུ་ནི་རང་བཞིན་གྱིས་སྙིང་བརྩེ་བ་དང་ལྡན་པ་ཐེག་པ་ཆེན་པོའི་ རིགས་སད་པ་དང༌། སེམས་ཅན་གཞན་གྱི་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་མཐོང་ བ་དང༌། རང་དོན་གཙོ་བོར་བྱེད་པ་ཐེག་པ་དམན་པའི་སེམས་ཀྱང་ཡང་དག་པར་རབ་ཏུ་ སྤོང་བ་རྣམས་དང༌། རང་བཞིན་ནི། ས་དང་པོར་སྙིང་རྗེ་ཁྱད་པར་དུ་གོང་ནས་གོང་དུ་འཕེལ་ ཞིང་རྒྱས་པར་འགྲོ་བ་དང༌། བྱེད་ལས་ནི། ཕྱིར་མི་ལྡོག་པའི་ས་ལ་འགྲོ་བ་ཐམས་ཅད་ལས་ མཆོག་ཏུ་གྱུར་པའི་ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཐོབ་པ་སྟེ། དེ་ལྟར་དོན་གསུམ་ དང་ལྡན་པའི་སྒོ་ནས་གཞན་ལ་སྙིང་བརྩེ་ཡོངས་སུ་སྨིན་པའི་མཚན་ཉིད་དོ། ། བཟོད་པ་ཡོངས་སུ་སྨིན་པ་ནི། རང་བཞིན་བརྟན་པ་སོ་སོར་བརྟགས་ བསྒོམ་པ། །གྲང་སོགས་སྡུག་བསྔལ་ཤིན་ཏུ་རྟག་མི་འབྱེད། །ཁྱད་པར་ འགྲོ་དང་དགེ་ལ་མངོན་པར་དགའ། །བཟོད་པ་ཡོངས་སུ་སྨིན་པའི་ མཚན་ཉིད་འདོད། །རྒྱུ་ནི་རང་བཞིན་གྱིས་བརྟན་པ་ཐེག་ཆེན་གྱི་རིགས་སད་པ་དང༌། ཁྲོ་བའི་ཉེས་དམིགས་དང་བཟོད་པའི་ཕན་ཡོན་ལ་སོགས་པ་སོ་སོར་བརྟགས་ནས་བསྒོམ་ པ་དང༌། རང་བཞིན་ནི། རང་གཞན་གྱིས་དོན་བསྒྲུབ་པ་ན་ཚ་གྲང་དང་བཀྲེས་སྐོམ་དང་ གཞན་གྱི་གནོད་པ་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་རྣམས་ལ་ཤིན་ཏུ་རྟག་པར་མི་ འབྱེད་ཅིང་མི་ལྡོག་པའི་སྒོ་ནས་སྡུག་བསྔལ་དང་དུ་ལེན་པ་དང་གནོད་པ་ལ་ལན་མི་བྱེད་ པའི་བཟོད་པ་ལ་བརྟན་པར་གནས་པ་དང༌། བྱེད་ལས་ནི། གོམས་པ་ལ་བརྟེན་ནས་བཟོད་ པ་ཁྱད་པར་ཅན་གོང་ནས་གོང་དུ་ཇེ་ཆེར་འཕེལ་ཞིང་རྒྱས་པར་འགྲོ་བ་དང༌། ཕ་རོལ་ཏུ་ཕྱིན་ པ་དྲུག་གི་དགེ་བ་ལ་མངོན་པར་དགའ་བ་སྟེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་པར་འདོད་དོ། ། ཡིད་གཞུངས་ཡོངས་སུ་སྨིན་པ་ནི། རྣམ་སྨིན་དག་ཅིང་ཐོས་སགོས་དྲན་མི་ 4-1-161 རྗེད། །དེ་བཞིན་ལེགས་བཤད་ཉེས་པར་སྨྲས་པ་དག །ཤེས་རབ་བློ་ཆེན་ སྐྱེ་བར་རུང་བ་ཉིད། །ཤིན་ཏུ་ཡིད་གཞུངས་ཡོངས་སུ་སྨིན་པའི་མཚན། ། རྒྱུ་ནི་སྔོན་ཐོས་བསམ་ལ་སོགས་པ་བྱས་པའི་ཤེས་རབ་ཀྱི་བག་ཆགས་སད་ཅིང་རྣམ་པར་ སྨིན་པའི་ལུས་དག་ཅིང་སྐྱོན་མེད་པ་ཐོབ་པ་དང༌། རང་བཞིན་ནི། ཐོས་པ་དང་བསམ་པ་ དང་སྒོམ་པ་བྱས་ནས་ཡུན་རིང་དུ་ལོན་པ་དང༌། ལུས་ཀྱི་བྱ་བ་གང་བྱས་པ་དང་ངག་གིས་ སྨྲས་ནས་ཡུན་རིང་དུ་ལོན་པ་ལ་སོགས་པ་རྣམས་ཀྱང་དྲན་ཞིང་མི་རྗེད་པ་དང༌། དེ་བཞིན་དུ་ ལེགས་པར་བཤད་པའི་ཡོན་ཏན་དང་ཉེས་པར་སྨྲས་པའི་སྐྱོན་དག་ཀྱང་རབ་ཏུ་གསལ་བར་ ཤེས་པའི་ཤེས་རབ་དང༌། བྱེད་ལས་ནི། བློ་གྲོས་ཆེན་པོ་འཕགས་པའི་ཤེས་རབ་རྒྱུད་ལ་སྐྱེ་ བར་རུང་བ་ཉིད་དེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་ཤིན་ཏུ་ཡིད་གཞུངས་པ་ཡོངས་ སུ་སྨིན་པའི་མཚན་ཉིད་དོ། ། མཐུ་ཐོབ་ཡོངས་སུ་སྨིན་པ་ནི། དགེ་བ་གཉིས་ཀྱིས་ཁམས་གཉིས་བརྟས་པ་ དང༌། །རྟེན་ནི་འབྲས་བུ་སྐྱེ་བར་རུང་བའི་མཆོག ཡིད་ལ་བསམ་འགྲུབ་ འགྲོ་བའི་མཆོག་གྱུར་པ། །མཐུ་ཐོབ་ཡོངས་སུ་སྨིན་པའི་མཚན་ཉིད་དོ། ། རྒྱུ་ནི་བསོད་ནམས་དང་ཡེ་ཤེས་ཀྱིས་དགེ་བ་གཉིས་ཀྱི་ཚོགས་གཉིས་པོ་དེ་དག་གི་ཁམས་ སམ་ས་བོན་གཉིས་བརྟས་ཤིང་ནུས་པ་འཕེལ་བར་བྱེད་པ་དང༌། རང་བཞིན་ནི། རྟེན་ཕུང་ པོ་ལྔའི་རྒྱུན་དེ་ལ་ནི་འབྲས་བུ་མངོན་པར་རྟོགས་པ་གོང་ནས་གོང་དུ་སྐྱེ་བར་རུང་བ་ལ་བར་ ཆད་མེད་པས་མཆོག་ཏུ་གྱུར་བ་དང༌། བྱེད་ལས་ནི། རང་གཞན་གྱི་དོན་ཕུན་སུམ་ཚོགས་ པ་རྣམས་ཡིད་ལ་བསམ་པ་བཞིན་འགྲུབ་པ་དང༌། སྔར་བསྟན་པ་ལྟར་འགྲོ་བའི་མཆོག་ཏུ་ གྱུར་པའི་ལུས་ཁྱད་པར་ཅན་ཐོབ་པ་སྟེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་མཐུའམ་ སྟོབས་ཐོབ་པ་ཡོངས་སུ་སྨིན་པའི་མཚན་ཉིད་དོ། ། 4-1-162 མི་འཕྲོགས་ཡོངས་སུ་སྨིན་པ་ནི། ཆོས་བཟང་རིགས་པས་རྣམ་དཔྱད་བསམ་ པ་ཅན། །རྟག་ཏུ་བདུད་ཀྱི་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་ གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོགས་ཡོངས་སུ་སྨིན་པའི་མཚན་ ཉིད་དོ། །རྒྱུ་ནི་དམ་པའི་ཆོས་བཟང་པོ་ཐེག་པ་ཆེན་པོ་ལ་འཆད་པར་འགྱུར་བའི་རིགས་ པ་བཞིས་ཚུལ་བཞིན་དུ་རྣམ་པར་དཔྱད་པས་ཐེ་ཚོམ་མེད་པའི་བསམ་པ་ཅན་དང༌། རང་ བཞིན་ནི། ཆོས་ཟབ་མོ་ལ་ངེས་པ་ཐོབ་པས་དུས་རྟག་ཏུ་བདུད་དང་མུ་སྟེགས་བྱེད་ལ་སོགས་ པ་རྣམས་ཀྱིས་ནམ་ཡང་བར་ཆད་བྱེད་པ་མེད་པ་དང༌། བྱེད་ལས་ནི། རང་གི་རྒྱུད་ལ་མངོན་ པར་རྟོགས་པ་ཁྱད་པར་ཅན་རིམ་གྱིས་རྙེད་པ་དང༌། གཞན་ཕྱིར་རྒོལ་བ་རྣམས་ཀྱི་ཉེས་པའི་ ཕྱོགས་སུན་འབྱིན་པར་བྱེད་པ་སྟེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་འགལ་རྐྱེན་ གྱིས་མི་འཕྲོགས་པ་ཡོངས་སུ་སྨིན་པའི་མཚན་ཉིད་དོ། ། ཡན་ལག་ཡོངས་སུ་སྨིན་པ་ནི། དགེ་བ་བསགས་དང་བརྟེན་ཀྱང་བརྩོན་ པར་རུང༌། །དབེན་དང་དགེ་བ་མཆོག་ལ་མངོན་དགའ་བ། །རྒྱལ་བའི་ སྲས་ཀྱི་ཡན་ལག་ལྡན་པ་ཡི། །ཡང་དག་ཡོངས་སུ་སྨིན་པའི་མཚན་ ཉིད་འདོད། །རྒྱུ་ནི་ཚོགས་གཉིས་ཀྱི་དགེ་བ་རིམ་གྱིས་བསགས་པ་དང༌། རང་བཞིན་ ནི། གཡོ་དང་སྒྱུ་མེད་ཅིང་དད་པ་དང་ཤེས་རབ་ཡོད་པའི་ལུས་སྐྱོན་མེད་པ་ལ་བརྟེན་ནས་ ཀྱང་ཐོས་བསམ་སྒོམ་གསུམ་གྱི་དགེ་བ་ལ་སྤྲོ་བ་ཆེན་པོའི་བརྩོན་འགྲུས་རྩོམ་པར་རུང་ཞིང༌། བཟོད་པ་དང་བྱེད་ལས་ནི་རྣམ་གཡེང་དང་འདུ་འཛིས་དབེན་པ་དང༌། ཐེག་པ་ཆེན་པོའི་དགེ་ བ་མཆོག་ལ་མངོན་པར་དགའ་བ་སྟེ། དེ་ལྟར་དོན་གསུམ་དང་ལྡན་པའི་སྒོ་ནས་རྒྱལ་བའི་ སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤང་བྱ་སྤོང་བའི་ཡན་ལག་དང་ལྡན་པའི་ཡང་དག་ པར་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་པར་འདོད་དོ། ། 4-1-163 ཕན་ཡོན་གྱིས་བསྡུས་ཏེ་བསྟན་པ་ནི། དེ་ལྟར་དངོས་པོ་རྣམ་དགུས་སྨིན་ པའི་བདག །ཕ་རོལ་ཡོངས་སུ་སྨིན་བྱེད་རུང་དང་ལྡན། །ཆོས་ཀྱི་རང་ བཞིན་རྒྱུན་འཕེལ་བདག་ཉིད་ཅན། །རྟག་ཏུ་འགྲོ་བའི་གཉེན་མཆོག་ གྱུར་པ་ཡིན། །སྔར་བཤད་པ་དེ་ལྟར་ན་དགའ་བ་སྨིན་པ་ལ་སོགས་པའི་དངོས་པོའམ་ དོན་རྣམ་པ་དགུས་ཡོངས་སུ་སྨིན་པའི་བདག་ཉིད་ནི། གཞན་དོན་སེམས་ཅན་ཕ་རོལ་པོ་ ཡོངས་སུ་སྨིན་པར་བྱེད་པར་རུང་བའི་སྟོབས་དང་ལྡན་པའི་ཆེ་བ་དང༌། རང་དོན་ཆོས་ཀྱི་ སྐུའི་རང་བཞིན་གློ་བུར་གྱི་དྲི་མ་དག་བྱེད་ཀྱི་རྒྱུན་འཕེལ་བའི་བདག་ཉིད་ཅན་གྱི་ཆེ་བ་སྟེ། ཡོན་ཏན་གཉིས་དང་ལྡན་པའི་སྒོ་ནས་དུས་རྟག་ཏུ་འགྲོ་བ་མཐའ་ཡས་པའི་གཉེན་གྱི་མཆོག་ ཏུ་གྱུར་པ་ཡིན་ཏེ། ཟང་ཟིང་གི་སྦྱིན་པ་ལ་སོགས་པས་འཕྲལ་དུ་བདེ་བ་དང་ཆོས་ཟབ་མོ་ བསྟན་ནས་གཏན་གྱི་བདེ་ལ་འགོད་པའི་ཕྱིར་རོ། ། གཞན་སྨིན་པར་བྱེད་ཚུལ་ལ་བཞི་སྟེ། ཡོངས་སུ་སྨིན་པའི་མཚན་ཉིད། དེའི་རྣམ་དབྱེ་ བསྟན་པ། སྨིན་པར་བྱེད་ཚུལ་རྒྱས་བཤད། བསྡུས་ཏེ་ཕན་ཡོན་བསྟན་པའོ། ། དང་པོ་ནི། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི། གཟག་དང་སྤྱད་དུ་རུང་ བས་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང༌། ། དེ་བཞིན་སྤྱད་པ་ཉིད་དུ་སྨིན་པ་བསྟན། །ཇི་ལྟར་ཏེ་དཔེར་ན་རྨ་དང་ཟས་ལ་དེ་ དག་གི་རིམ་པ་བཞིན་དུ་ཕོལ་མིག་ལ་སོགས་པའི་རྨ་སྨིན་པ་ན་རྣག་གཟག་ཏུ་རུང་བ་དང༌། ཤིང་ཐོག་ལ་སོགས་པའི་ཟས་སྨིན་པ་ན་ལོངས་སྤྱད་དུ་རུང་བས་སྨིན་པར་འདོད་པ་ལྟར་དེ་ བཞིན་དུ་རྟེན་གྱི་གང་ཟག་གི་རྒྱུད་འདིར་ཡང་སྤང་བྱ་དང་གཉེན་པོའི་ཕྱོགས་གཉིས་ཀྱི་ནང་ ནས་རྣག་གཟག་ཏུ་རུང་བ་ལྟར་མི་མཐུན་པའི་ཕྱོགས་ཞི་བས་སྤང་བྱ་སྤང་རུང་དུ་གྱུར་པ་དང༌། དེ་བཞིན་དུ་ཟས་སྤྱད་དུ་རུང་བ་ལྟར་གཉེན་པོའི་ཕྱོགས་སྐྱེ་རུང་ཉིད་དུ་གྱུར་པ་ནི་གདུལ་བྱ་ 4-1-164 ཡོངས་སུ་སྨིན་པའི་མཚན་ཉིད་དུ་བསྟན་པའོ། ། དེའི་རྣམ་དབྱེ་ནི། ལུས་ཅན་བྲལ་བར་སྨིན་བྱེད་དེ་བཞིན་དུ། །ཡོངས་ སྨིན་རབ་སྨིན་མཐུན་པར་སྨིན་བྱེད་གཞན། །ལེགས་པར་སྨིན་བྱེད་ རྟོགས་པ་སྨིན་བྱེད་དང༌། །རྟག་སྨིན་གོང་དུ་སྨིན་བྱེད་བཤད་པར་འདོད། ། སྨིན་པར་བྱེད་པ་པོ་བྱང་ཆུབ་སེམས་དཔས་སྨིན་པར་བྱ་བ་ལུས་ཅན་རྣམས་ཉོན་མོངས་པ་ དང་བྲལ་བར་སྨིན་པར་བྱེད་པ་དང༌། དེ་བཞིན་དུ་རིགས་ཅན་གསུམ་པོ་ཐམས་ཅད་ཐེག་པ་ གསུམ་གྱིས་ཡོངས་སུ་སྨིན་པར་བྱེད་པ་དང༌། ཕྱི་རོལ་པའི་སྨིན་པ་ལས་ཁྱད་པར་འཕགས་ ཤིང་མཆོག་ཏུ་གྱུར་པས་རབ་ཏུ་སྨིན་པར་བྱེད་པ་དང༌། གདུལ་བྱའི་སྐལ་བ་དང་འཚམ་པར་ ཆོས་བསྟན་ནས་བློ་དང་མཐུན་པར་སྨིན་པར་བྱེད་པ་དང༌། གཞན་ཡང་མཐོ་དམན་ལ་བྱམས་ སྡང་མེད་པར་སྙོམས་ཤིང་གུས་པའི་སྒོ་ནས་ལེགས་པར་སྨིན་པར་བྱེད་པ་དང༌། རང་གིས་ དེ་ཁོ་ན་ཉིད་རྟོགས་པའི་སྒོ་ནས་གཞན་རྣམས་ཀྱང་དེ་ཁོ་ན་ཉིད་རྟོགས་པར་སྨིན་པར་བྱེད་ པ་དང༌། ཕྱིན་ཅི་ལོག་གི་གཉེན་པོ་བསྟན་ནས་ཕྱིན་ཅི་མ་ལོག་པར་རྟག་ཏུ་སྨིན་པར་བྱེད་པ་ དང༌། ལམ་འོག་མ་ལས་མི་ཉམས་པར་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པར་སྨིན་པར་ བྱེད་པ་སྟེ། དེ་ལྟར་རྣམ་པ་བརྒྱད་ནི་གདུལ་བྱ་གཞན་ཡོངས་སུ་སྨིན་པའི་རབ་ཏུ་དབྱེ་བ་ཡིན་ པར་བཤད་པར་འདོད་དོ། ། རྒྱས་པར་བཤད་པ་ལ། བསམ་པ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་དང༌། སྦྱོར་བ་ཇི་ལྟ་ བུས་སྨིན་པར་བྱེད་ཚུལ་གཉིས་ཀྱི་དང་པོ་ནི། ཇི་ལྟར་རྒྱལ་སྲས་ཕན་པའི་བསམ་ པས་འདིར། །འགྲོ་ཀུན་རྣམ་པར་སྨིན་བྱེད་གནས་པ་ལྟར། །དེ་བཞིན་ཕ་ དང་མ་དང་གཉེན་བཤེས་རྣམས། །བུ་དང་གཉེན་པ་རྣམས་ལ་ལེགས་ མི་གནས། །ཇི་ལྟར་རྒྱལ་བའི་སྲས་པོ་བྱང་ཆུ་སེམས་དཔའ་རྣམས་གཞན་ལ་ཕན་པ་དང་ 4-1-165 བདེ་བར་འདོད་པའི་ལྷག་པའི་བསམ་པ་རྣམ་པར་དག་པས་འཁོར་བ་འདིར་འགྲོ་བ་མ་ལུས་ པ་ཀུན་གཏན་གྱི་དགེ་བ་དང་འཕྲལ་དུ་བདེ་བ་ལ་བཀོད་ནས་རྣམ་པར་སྨིན་པར་བྱེད་པར་ གནས་པ་ལྟར། དེ་བཞིན་དུ་ཕ་དང་མ་དང་གཉེན་བཤེས་རྣམས་ནི་རང་གི་བུ་དང་གཉེན་ པ་རྣམས་ལ་ལེགས་པར་མི་གནས་ཏེ། ཕན་པ་དང་བདེ་བར་འདོད་ཀྱང་དེའི་ཐབས་ལ་མི་ མཁས་པས་མི་དགེ་བ་དང་སྡུག་བསྔལ་ལ་སྦྱོར་བའི་ཕྱིར་རོ། །དེ་བཞིན་དུ། ཇི་ལྟར་བརྩེ་ བདག་བདེ་དང་ཕན་སྦྱོར་ཕྱིར། །སེམས་ཅན་གཞན་ལ་བྱམས་འདོད་དེ་ ལྟར་ནི། །སྐྱེ་བོ་བདག་ལའང་བྱམས་པར་མི་འདོད་ན། །རབ་སྡུག་སྐྱེ་བོ་ གཞན་བརྟེན་སྨོས་ཅི་དགོས། །ཇི་ལྟར་བརྩེ་བ་ཆེན་པོའི་བདག་ཉིད་ཅན་བྱང་ཆུབ་ སེམས་དཔའ་རྣམས་གདུལ་བྱ་མཐའ་དག་འཕྲལ་དུ་ལོངས་སྤྱོད་ལ་སོགས་པའི་བདེ་བ་དང་ ཕུགས་སུ་ཕན་པའི་དགེ་བ་ལ་སྦྱོར་བའི་ཕྱིར། སེམས་ཅན་གཞན་ཐམས་ཅད་ལ་བྱམས་པའི་ བསམ་པས་ཕན་པ་དང་བདེ་བ་འདོད་པ་དེ་ལྟར་ནི་སྐྱེ་བོ་ཕལ་པ་རྣམས་བདག་ལའང་དེ་ཙམ་ དུ་བྱམས་པར་མི་འདོད་ན་རབ་ཏུ་སྡུག་ཅིང་ཡིད་དུ་འོང་བའི་སྐྱེ་བོ་གཞན་ལ་བརྟེན་ནས་དེ་ ལྟ་བུའི་བྱམས་པ་སྐྱེ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་མི་སྐྱེ་བ་ཉིད་དོ། །མདོར་ན་འཇིག་རྟེན་པ་ རྣམས་བུ་དང་གཉེན་བཤེས་ལ་བྱམས་པ་དང༌། རང་ལ་རང་ཉིད་བྱམས་པ་ལས་བྱང་ཆུབ་ སེམས་དཔའ་སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེས་ཁྱད་པར་དུ་འཕགས་པའི་སྒོ་ནས་ ཕན་འདོགས་པར་མཛད་པའོ། ། སྦྱོར་བ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་ལ་དྲུག་སྟེ། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་ དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་ལོ། ། སྦྱིན་པ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་ནི། བྱང་ཆུབ་སེམས་དཔའི་ལུས་དང་ ལོངས་སྤྱོད་དག །གཞན་ལ་མི་སྦྱིན་པ་ནི་ཡོངས་མེད་དེ། །མཉམ་པར་ 4-1-166 སྦྱིན་པའི་ཡོན་ཏན་ངོམས་མི་འགྱུར། །ཕན་འདོགས་རྣམ་པ་གཉིས་ཀྱིས་ གཞན་སྨིན་བྱེད། །སྦྱིན་བདག་བྱང་ཆུབ་སེམས་དཔའི་མགོ་དང་ལག་པ་ལ་སོགས་པའི་ ལུས་དང༌། ནོར་བུ་དང་གླང་པོ་ལ་སོགས་པའི་ལོངས་སྤྱོད་དག་གཞན་ལ་མི་སྦྱིན་པ་ནི་ཡོངས་ མེད་དེ་གང་ལ་ཅི་འདོད་པ་དེ་ཐམས་ཅད་སྦྱིན་པ་དང༌། ཉེ་རིང་དང་མཐོ་དམན་ལ་སོགས་ པའི་ཕྱོགས་རིས་མེད་པར་མཉམ་པར་སྦྱིན་པ་དང༌། ཡུལ་དུས་ཐམས་ཅད་དུ་རྒྱུན་མི་འཆད་ པར་བྱིན་ཡང་ཡོན་ཏན་གྱིས་ངོམས་པར་མི་འགྱུར་བར་སྦྱིན་པ་སྟེ། སྦྱིན་པ་རྣམ་པ་གསུམ་ གྱིས་ཕོངས་པ་མེད་ཅིང་འདོད་པ་ཡོངས་སུ་རྫོགས་པར་བྱེད་པས་ཚེ་འདི་ལ་ཕན་འདོགས་ པ་དང༌། སྦྱིན་པས་བསྡུས་ནས་དགེ་བ་ལ་འགོད་པས་ཚེ་ཕྱི་མ་ལ་ཕན་འདོགས་པ་སྟེ། ཕན་ འདོགས་རྣམ་པ་གཉིས་ཀྱིས་གཞན་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའོ། ། ཚུལ་ཁྲིམས་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་ནི། རྟག་པ་རང་བཞིན་ལྷག་པ་འཚེ་ བ་མེད། །བདག་དགའ་བག་ཡོད་འདི་ལ་གཞན་འགོད་ཅིང༌། །ཕན་རྣམ་ གཉིས་འདོགས་རྣམ་པར་སྨིན་པ་དང༌། །རྒྱུ་མཐུན་ཡོན་ཏན་བརྒྱུད་ པས་གཞན་སྨིན་བྱེད། །ཚུལ་ཁྲིམས་ཡང་དག་པར་བླངས་པ་སྲོག་གི་ཕྱིར་ཡང་མི་ གཏོང་ཞིང་བྱང་ཆུབ་ཀྱི་བར་དུ་སྲུང་བ་རྟག་པའི་ཚུལ་ཁྲིམས་དང༌། སྔོན་གོམས་པའི་དབང་ གིས་འདིར་ཡང་སྐྱེས་ཐོབ་ཀྱིས་ཚུལ་གྱིས་འབྱུང་བ་རང་བཞིན་གྱི་ཚུལ་ཁྲིམས་དང༌། མི་དགེ་ བ་བཅུ་རྨི་ལམ་དུའང་མི་བྱེད་ཅིང་དགེ་བ་བཅུའི་ལམ་ཡོངས་སུ་རྫོགས་པ་ལྷག་པར་འཚེ་བ་ མེད་པའི་ཚུལ་ཁྲིམས་དང༌། ཚུལ་ཁྲིམས་ཀྱི་ཡོན་ཏན་མཐོང་ནས་བདག་ཉིད་དེ་ལ་དགའ་ བས་རྟོགས་པའི་ཚུལ་ཁྲིམས་སམ་(འགྲེལ་བཤད་དུ་)ཁྱད་པར་ས་དང་པོར་ཆོས་ཀྱི་དབྱིངས་ཀུན་ ཏུ་འགྲོ་བར་རྟོགས་པ་ན་དགེ་བ་ལ་ངང་གིས་དགའ་བ་དང༌། ལུས་ངག་ཡིད་གསུམ་གྱི་བྱ་ བ་མ་ཡིན་པ་ཐམས་ཅད་སྤངས་ནས་སྒོ་གསུམ་ལ་འཁྲུལ་པ་ཅུང་ཟད་ཀྱང་མེད་པ་བག་ཡོད་ 4-1-167 པའི་ཚུལ་ཁྲིམས་ལྔ་པོ་འདི་ལ་བདག་ཉིད་གནས་པ་ལྟར་གཞན་སེམས་ཅན་ཐམས་ཅད་ཀྱང་ འགོད་ཅིང༌། ཕན་པ་རྣམ་པ་གཉིས་འདོགས་པ་ནི་གཞན་ལ་གནོད་པ་མི་བྱེད་པས་ཚུལ་ཡང་ གནོད་པའི་འཇིགས་པ་མེད་ཅིང་ཚུལ་ཁྲིམས་དང་ལྡན་པ་བདེ་བར་འཚོ་བས་ཚེ་འདི་ལ་ཕན་ འདོགས་པ་དང༌། རྣམ་པར་སྨིན་པའི་འབྲས་བུ་བདེ་འགྲོར་སྐྱེ་བ་དང་རྒྱུ་མཐུན་པའི་འབྲས་ བུ་དེར་ཡང་ཚུལ་ཁྲིམས་བསྲུང་བ་སྟེ། ཡོན་ཏན་དེ་དག་སྐྱེ་བ་ཐམས་ཅད་དུ་བརྒྱུད་དེ་རྒྱུན་མི་ འཆད་པས་གཞན་ཡོངས་སུ་སྨིན་པར་བྱེད་པའོ། ། བཟོད་པ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་ནི། གཞན་གནོད་བྱེད་ལ་ཕན་པའི་ བློ་ལྡན་པ། །གནོད་བྱེད་དྲག་པོ་དག་ཀྱང་རབ་ཏུ་བཟོད། །ཐབས་རིག་ གནོད་བྱེད་བཟོད་པ་དེ་དག་ནི། །གནོད་བྱེད་དགེ་བ་ཡང་དག་ལེན་དུ་ འཇུག །སྤྱོད་འཇུག་ལས་ཀྱང༌། དེ་བས་ངལ་བས་མ་སྒྲུབ་པའི། །ཁྱིམ་དུ་གཏེར་ནི་བྱུང་བ་ ལྟར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། །བདག་གིས་དགྲ་ལ་དགའ་བར་བྱ། །ཞེས་ གསུངས་པ་ལྟར་གཞན་གནོད་པ་བྱེད་པ་བྱུང་བ་ལ་འདི་ནི་བདག་གི་བྱང་ཆུབ་ཀྱི་སྤྱོད་པ་ བཟོད་པ་འགྲུབ་པའི་རྒྱུ་ཡིན་པས་ཕན་པ་བྱེད་པའོ་སྙམ་དུ་དགའ་བའི་བློ་དང་ལྡན་པ་དེ། ལུས་དང་ལོངས་སྤྱོད་ལ་གནོད་པ་བྱེད་པ་དྲག་པོ་བྱུང་བ་དག་ཀྱང་ཇི་མི་སྙམ་པའི་སྒོ་ནས་ རབ་ཏུ་བཟོད་པར་བྱེད་ན་གནོད་པ་ཆུང་ངུ་ལྟ་སྨོས་ཀྱང་ཅི་དགོས་གཞན་སྨིན་པའི་ཐབས་ རིག་ཅིང་གནོད་བྱེད་ལ་བཟོད་པ་སྒོམ་པ་དེ་དག་གིས་ནི་གནོད་པ་ལ་ལན་མི་བྱེད་པས་ཚེ་ འདི་ལ་ཕན་འདོགས་པ་དང༌། གནོད་བྱེད་རྣམས་དད་པར་བྱས་ནས་དགེ་བ་ཡང་དག་པར་ ལེན་དུ་འཇུག་པས་ཚེ་ཕྱི་མ་ལ་ཡང་ཕན་འདོགས་པའོ། ། བརྩོན་འགྲུས་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་ནི། རྒྱལ་སྲས་བརྩོན་འགྲུས་ མཆོག་ལ་བརྟེན་པ་དེ། །སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ 4-1-168 ན། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་སྟོང་ དུའང་སྐྱོ་མི་འགྱུར། །རྒྱལ་བའི་སྲས་པོ་གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་ཆེན་པོ་ མཆོག་ཏུ་གྱུར་པ་ལ་བརྟེན་པ་དེ་སེམས་ཅན་གྱི་ཚོགས་རབ་ཏུ་མང་པོ་ཡོངས་སུ་སྨིན་པར་ བྱེད་པ་ན། ཕ་རོལ་པོ་སེམས་ཅན་གཅིག་གི་རྒྱུད་ལ་སེམས་དགེ་བ་སྐད་ཅིག་མ་གཅིག་ཙམ་ སྐྱེད་པའི་ཕྱིར་ཡང་ནི། དུས་བསྐལ་པ་བྱེ་བ་སྟོང་དུའང་དཀའ་སྤྱད་ལ་སྐྱོ་བར་མི་འགྱུར་ན་ སེམས་ཅན་མང་པོའི་རྒྱུད་ལ་དགེ་བ་རྒྱ་ཆེན་པོ་ཡུན་ཐུང་ངུས་བསྐྱེད་པ་ལ་སྐྱོ་བར་མི་འགྱུར་ བ་ལྟ་སྨོས་ཀྱང་ཅི་དགོས། འཕྲལ་དུ་བདེ་བ་ལ་སྦྱོར་བས་ཚེ་འདི་དང༌། སེམས་དགེ་བ་ལ་ ཡང་དག་པར་སྦྱོར་བས་ཚེ་ཕྱི་མ་ལའང་ཕན་འདོགས་པའོ། ། བསམ་གཏན་ཇི་ལྟ་བུས་སྨིན་པར་བྱེད་པའི་ཚུལ་ནི། ཡིད་ཀྱི་དབང་ནི་བླ་ན་ མེད་ཐོབ་ནས། །གཞན་གྱིས་མཆོད་འདོད་ཐམས་ཅད་ངེས་བཅོམ་སྟེ། ། མཆོག་གི་བསྟན་ལ་གཞན་དག་འདུན་བྱེད་ཅིང༌། །དེ་དག་དགེ་བས་ ཡང་དག་འཕེལ་བར་བྱེད། །ཡིད་ཀྱི་རྣམ་པར་ཤེས་པ་དམིགས་པ་ལ་མི་གཡོ་བར་ གནས་པ་བསམ་གཏན་གྱི་དབང་ནི་བླ་ན་མེད་པ་ཐོབ་ནས་ཟང་ཟིང་དང་རྣམ་གཡེང་ལ་ ཆགས་པ་མེད་པས་གཞན་གྱིས་མཆོད་པ་དང་བཀུར་སྟི་འདོད་པ་ལ་སོགས་པའི་བསམ་པ་ ཐམས་ཅད་ངེས་པར་བཅོམ་སྟེ། ཇི་ལྟར་རིགས་པའི་རྫུ་འཕྲུལ་གྱིས་མཆོག་ཏུ་གྱུར་པ་སངས་ རྒྱས་ཀྱི་བསྟན་པ་ལ་སེམས་ཅན་གཞན་དག་འདུན་པར་བྱེད་ཅིང་ཚེ་འདི་དང༌། འདུན་པ་དེ་ དག་དགེ་བས་ཡང་དག་པར་འཕེལ་བར་བྱེད་པས་ཕྱི་མ་ལ་ཡང་ཕན་འདོགས་པས་སྨིན་པར་ བྱེད་པའོ། ། ཤེས་རབ་ཇི་ལྟ་བུས་སྨིན་པར་བྱེད་ཚུལ་ནི། དེ་ཉིད་དགོངས་དོན་ཚུལ་ལ་རབ་ ངེས་ཏེ། །སེམས་ཅན་ཐེ་ཚོམ་ཤིན་ཏུ་སེལ་བར་བྱེད། །དེ་ཕྱིར་རྒྱལ་བའི་ 4-1-169 བསྟན་ལ་དེ་གུས་པས། །རང་གཞན་དགེ་བའི་ཡོན་ཏན་རྣམ་འཕེལ་ བྱེད། །བྱང་ཆུབ་སེམས་དཔའ་རང་ཉིད་ཀྱིས་ངེས་དོན་ཟབ་མོ་དེ་ཁོ་ན་ཉིད་ཀྱི་ཚུལ་དང༌། དགོངས་ཏེ་གསུངས་པ་ལ་སོགས་པ་དྲང་བའི་དོན་གྱི་ཚུལ་ལ་རབ་ཏུ་རྣམ་པར་ངེས་པའི་ཤེས་ རབ་ཁྱད་པར་ཅན་ཐོབ་པར་བྱས་ཏེ། སེམས་ཅན་གཞན་རྣམས་དེ་ཁོ་ན་ཉིད་དང་དགོངས་ པའི་དོན་གྱི་ཚུལ་ལ་མཐའ་གཉིས་སུ་འཛིན་པའི་ཐེ་ཚོམ་མཐའ་དག་ཤིན་ཏུ་སེལ་བར་བྱེད་ ཅིང༌། ཐེ་ཚོམ་མེད་པ་དེའི་ཕྱིར་རྒྱལ་བའི་བསྟན་པ་ལུང་དང་མངོན་པར་རྟོགས་པའི་བདག་ ཉིད་ཅན་ལ་དེ་དག་གུས་པས་འཕྲལ་དུ་བདེ་བ་དང༌། རང་དང་གཞན་གྱི་དགེ་བའི་ཡོན་ཏན་ རྣམས་གོང་ནས་གོང་དུ་རྣམ་པར་འཕེལ་བར་བྱེད་པས་གཏན་དུ་ཕན་པ་ལ་སྦྱོར་བས་ཡོངས་ སུ་སྨིན་པར་བྱེད་པའོ། ། བསྡུས་ཏེ་ཕན་ཡོན་བསྟན་པ་ནི། དེ་ལྟར་བྱང་ཆུབ་སེམས་དཔའི་སྙིང་རྗེ་ ཡིས། །འགྲོ་ཀུན་བདེ་འགྲོའི་འགྲོ་བའམ་དགེ་གསུམ་ལ། །རྣམ་པ་ཆུང་ དང་འབྲིང་དང་མཆོག་དག་གིས། །འཇིག་རྟེན་ཡོད་དང་མཉམ་པར་ འཇུག་པས་འདུལ། །དེ་ལྟར་ན་འདུལ་བ་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཀུན་སློང་ གི་བསམ་པ་སྙིང་རྗེ་ཆེན་པོ་ཡིས་གདུལ་བར་བྱ་བ་འགྲོ་བ་མ་ལུས་པ་ཀུན་འདུལ་ལ། དགོད་ པར་བྱ་བ་(རྒྱས་འགྱུར་གྱི་)རིགས་མེད་པ་རྣམས་གནས་སྐབས་བདེ་འགྲོ་མཐོ་རིས་ཀྱི་འགྲོ་བ་ལ་ འགོད་པའམ་རིགས་ཅན་རྣམས་ཐེག་པ་གསུམ་གྱི་དགེ་བ་གསུམ་ལ་རིམ་གྱིས་བཀོད་ནས་ མཐར་ཐུག་ཐེག་པ་ཆེན་པོས་ཡོངས་སུ་སྨིན་པར་བྱེད་ཅིང༌། འདུལ་བའི་རྣམ་པ་ཆུང་ངུ་མོས་ པས་སྤྱོད་པའི་ས་དང༌། འབྲིང་ས་བདུན་པའི་བར་དང༌། མཆོག་ས་བརྒྱད་པ་[ཡན་{མན་} ཆད་ལ་འདུལ་བ་པོ་རང་ཉིད་ཀྱང་གནས་ཤིང་གདུལ་བྱ་རྣམས་ཀྱང་ས་དེ་དག་ལ་འགོད་པའི་ ཚུལ་གྱིས་དུས་འཇིག་རྟེན་གྱི་ཁམས་ཇི་སྲིད་ཡོད་ཅིང་མ་སྟོངས་པ་དང་མཉམ་པར་འཇུག་ 4-1-170 པས་འདུལ་བ་སྟེ། ཡོངས་སུ་སྨིན་པ་རྒྱུན་མི་འཆད་པའི་ཆེ་བ་དང་ལྡན་པའོ། །མཐུ་ཐོབ་པ་ ལས་བྱུང་བའི་བདག་གཞན་ཡོངས་སུ་སྨིན་པའི་སྐབས་རྫོགས་པར་བཤད་ཟིན་ཏོ།། །། ༈ ཡོངས་སུ་སྨིན་པའི་མཐར་ཐུག་པ་བྱང་ཆུབ་ཆེན་པོ་འགྲུབ་པའི་ཚུལ་ལ་སྤྱི་དོན་དང་ གཞུང་དོན་གཉིས་ལས། དང་པོ་ལའང༌། ངོ་བོ་ངོས་གཟུང་བ་དང༌། འཁྲུལ་པ་སྤང་བའོ། །དང་པོ་ནི། བྱང་ས་ལས། བྱང་ཆུབ་གང་ཞེ་ན། མདོར་བསྡུ་ན་སྤངས་པ་རྣམ་པ་གཉིས་དང་ཡེ་ཤེས་རྣམ་པ་གཉིས་ལ་ ནི་བྱང་ཆུབ་ཅེས་བྱ་སྟེ། དེ་ལ་སྤངས་པ་རྣམ་པ་གཉིས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ དང༌། ཤེས་བྱའི་སྒྲིབ་པ་སྤངས་པའོ། །ཡེ་ཤེས་རྣམ་པ་གཉིས་ནི་ཉོན་མོངས་པའི་སྒྲིབ་པ་ སྤངས་ནས་དྲི་མ་མེད་ཅིང་ཉོན་མོངས་པ་ཐམས་ཅད་དང་རྗེས་སུ་འབྲེལ་བ་མེད་པའི་ཡེ་ཤེས་ གང་ཡིན་པ་དང༌། ཤེས་བྱའི་སྒྲིབ་པ་སྤངས་ནས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་ཅིང་ སྒྲིབ་པ་མེད་པའི་ཡེ་ཤེས་གང་ཡིན་པའོ་ཞེས་པ་དང༌། ཤེས་བྱ་(དོན་ཙམ་བསྡུས་པ་)ཐམས་ཅད་ མཁྱེན་པ་དང་འཆད་པར་འགྱུར་བའི་མ་འདྲེས་པ་བརྒྱ་བཞི་བཅུ་དང༌། གཞན་ཡང་མཚན་ དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་དམ་པ་དང༌། གཞན་ལས་ཁྱད་པར་དུ་འཕགས་པས་ཕུན་ སུམ་ཚོགས་པ་དམ་པ་དང༌། ཡང་དག་{པར་}རིག་{པ་}བཞི་དང་ལྡན་པའི་ཡེ་ཤེས་དམ་པ་ དང༌། མངོན་ཤེས་དྲུག་དང་ལྡན་པའི་མཐུ་དམ་པ་དང༌། སྒྲིབ་པ་གཉིས་དང་བྲལ་བའི་སྤངས་ པ་དམ་པ་དང༌། རྣམ་ཐར་དང་ཚད་མེད་ལ་སོགས་པའི་གནས་པ་དམ་པ་སྟེ་དམ་པ་བདུན་ དང་ལྡན་པ་དང༌། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་ཞེས་པ་ལ་སོགས་པའི་ཡོན་ ཏན་བཅུ་བརྗོད་ཅིང་རྗེས་སུ་དྲན་པ་དང༌། འཇིག་རྟེན་དུ་སངས་རྒྱས་འབྱུང་(མི་འབྱུང་གི་)ཚུལ་ དང་དེ་དག་གི་ཁྱད་པར་(ཡོད་མེད་)ལ་སོགས་པ་མང་དུ་གསུངས་ཤིང༌། འདིར་ནི་ཐེག་པ་ཆེན་ པོ་རྒྱུད་བླ་མར་འབྱུང་བ་ལྟར་འཆད་པ་ལ་གཉིས་ཀྱི་མདོར་བསྟན་ནི། ངོ་བོ་རྒྱུ་དང་འབྲས་བུ་ 4-1-171 དང༌། །ལས་དང་ལྡན་དང་འཇུག་པ་དང༌། །དེ་རྟག་བསམ་གྱིས་མི་ཁྱབ་ཀྱིས། །སངས་རྒྱས་ ས་ནི་རྣམ་པར་བཞག །ཅེས་པ་ལྟར། སྒྲིབ་པ་གཉིས་དག་པ་ངོ་བོའི་དོན་དང༌། ཐོབ་བྱེད་ཀྱི་ ཡེ་ཤེས་རྒྱུའི་དོན་དང༌། དྲི་མ་དང་བྲལ་བ་འབྲས་བུའི་དོན་དང༌། རང་གཞན་གྱི་དོན་གཉིས་ ལས་ཀྱི་དོན་དང༌། དེའི་རྟེན་ཡོན་ཏན་དང་ལྡན་པའི་དོན་དང༌། སྐུ་གསུམ་གྱི་དབྱེ་བས་འཇུག་ པའི་དོན་དང༌། ཇི་སྲིད་དུ་དེ་དག་རྟག་པའི་དོན་དང༌། ཇི་ལྟ་བ་བཞིན་བསམ་གྱིས་མི་ཁྱབ་ པའི་དོན་ཏོ། ། རྒྱས་བཤད་ལ་བརྒྱད་ལས་ངོ་བོའི་དོན་ནི། སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་ པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མ་མཁའ་བཞིན་ཡེ་ཤེས་དང༌། །སྤངས་པ་གཉིས་ཀྱི་མཚན་ ཉིད་དོ། །ཞེས་པ་ལྟར་དོན་དམ་པའི་སངས་རྒྱས་ཉིད་ནི། དབྱིངས་རང་བཞིན་གྱིས་རྣམ་པར་ དག་པ་འཁོར་འདས་ཐམས་ཅད་ལ་དབྱེར་མེད་པ་དེ་ཉིད། སྤང་བྱ་གློ་བུར་གྱི་དྲི་མ་མཐའ་ དག་དང་ཡང་བྲལ་ནས་དག་པ་གཉིས་ལྡན་དུ་གྱུར་པ་སྟེ། ཉི་མ་རང་བཞིན་གྱིས་འོད་གསལ་ བ་བཞིན་དུ་ཡེ་ཤེས་ཀྱི་འོད་གསལ་བའི་རྟོགས་པ་དང༌། ནམ་མཁའ་རང་བཞིན་གྱིས་དག་པ་ བཞིན་དུ་སྒྲིབ་པ་གཉིས་རྣམ་པར་དག་པའི་སྤངས་པ་དང་ཡང་ལྡན་པས་སྤངས་རྟོགས་ཕུན་ སུམ་ཚོགས་པ་གཉིས་ཀྱི་མཚན་ཉིད་དང་ལྡན་པའོ། ། རྒྱུའི་དོན་ནི། སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་ དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་པ་ལྟར་སྤང་བྱ་ཉོན་མོངས་པ་དང་ཤེས་ བྱའི་སྒྲིབ་པ་གཉིས་དང་བྲལ་བའི་འབྲས་བུ་དག་པ་གཉིས་ལྡན་ཐོབ་པར་བྱེད་པའི་རྒྱུ་ནི། ཇི་ ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་གཉིས་ཟུང་དུ་འབྲེལ་བར་སྒོམ་པ་ཡིན་ཏེ། དེ་ཡང་ མཉམ་གཞག་ཁམས་གསུམ་པའི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གཙོ་ཆེར་ཉོན་ མོངས་པའི་སྒྲིབ་པ་སྦྱོང་བ་དང༌། རྗེས་ཐོབ་ཟབ་པ་དང་རྒྱ་ཆེ་བ་ལ་སོགས་པ་ཤེས་བྱ་ཇི་སྙེད་ 4-1-172 པའི་དོན་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱིས་གཙོ་ཆེར་ཤེས་བྱའི་སྒྲིབ་པ་རྣམ་པར་སྦྱོང་བས་དེ་ དག་དང་འབྲེལ་བའི་ལམ་སྒོམ་པ་ལ་འབད་པར་བྱའོ། ། འབྲས་བུའི་དོན་ནི། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་ དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །ཅེས་པ་ ལྟར་དབྱིངས་རང་བཞིན་གྱིས་དག་པ་དེ་ཉིད། ཆུ་རྙོག་པས་དག་པ་དང་ཟླ་བ་སྒྲ་གཅན་ལས་ ཐར་བ་དང་ཉི་མ་སྤྲིན་ལས་གྲོལ་བ་བཞིན་དུ། སྤང་བྱ་གློ་བུར་གྱི་དྲི་མ་ཉོན་མོངས་པ་འདོད་ ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་སྒྲིབ་པ་དག་ནས། སྤངས་པ་ཕུན་སུམ་ ཚོགས་པ་རྣམ་པར་གྲོལ་བའི་སྐུ་ཐོབ་པ་ནི་མཉམ་བཞག་འཇིག་རྟེན་ལས་འདས་པ་རྣམ་པར་ མི་རྟོག་པའི་ཡེ་ཤེས་ཀྱི་འབྲས་བུ་ཡིན་ཞིང༌། དེ་བཞིན་དུ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། ། སངས་རྒྱས་སྐུ་ནི་ངེས་མཐོང་བ། །དེ་ནི་རྗེས་[ལས་{ལ་}ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ ཡིན་པར་བསྟན། །ཞེས་པ་ལྟར་རྟོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་རྟེན་སྟོང་པ་ཉིད་ འོད་གསལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཆོས་ཀྱི་སྐུ་སོ་སོ་རང་ རིག་པའི་ཡེ་ཤེས་ཀྱིས་མཐོང་བ་ནི། རྗེས་ཐོབ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཟབ་པ་དང་རྒྱ་ ཆེ་བའི་ཆོས་ལ་ཐོས་པ་ལ་སོགས་པ་བྱས་པས་ཤེས་བྱའི་{སྒྲིབ་པ་དང་བྲལ་བའི་} འབྲས་བུ་ མངོན་དུ་གྱུར་པའོ། ། ལས་ཀྱི་དོན་ནི། མདོར་ན་ཡེ་ཤེས་གཉིས་པོ་ཡི། །ལས་སུ་འདི་ནི་ཤེས་བྱ་སྟེ། །གྲོལ་ བའི་སྐུ་ནི་རྫོགས་པ་དང༌། །ཆོས་ཀྱི་སྐུ་ནི་སྦྱོང་བའོ། །ཞེས་པ་ལྟར་མཉམ་གཞག་རྣམ་པར་ མི་རྟོག་པའི་ཡེ་ཤེས་གོམས་པ་ལས་གློ་བུར་གྱི་དྲི་མ་ཟག་པ་བག་ཆགས་དང་བཅས་པ་ལས་ རྣམ་པར་གྲོལ་བའི་སྐུ་སྤངས་པ་མཐར་ཕྱིན་པ་དང༌། རྗེས་ཐོབ་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་ གོམས་པ་ལས་སྟོབས་སོགས་ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཆོས་ཀྱི་སྐུ་ཤེས་བྱ་མཐའ་དག་ 4-1-173 ལ་ཁྱབ་པའི་རྟོགས་པ་མཐར་ཕྱིན་པ་ཐོབ་པས་ནི་འདུས་མ་བྱས་མངོན་དུ་གྱུར་པ་རང་དོན་ མཐར་ཕྱིན་པ་གྲུབ་ཅིང༌། དེ་ཉིད་དཀར་པོའི་ཆོས་ཐམས་ཅད་ཀྱི་རྟེན་ཡིན་པས་གཞན་དོན་ ཕུན་སུམ་ཚོགས་པའང་གྲུབ་པའོ། ། ལྡན་པའི་དོན་ནི། རྣམ་གྲོལ་ཆོས་ཀྱི་སྐུ་དག་གིས། །རང་དང་གཞན་གྱི་དོན་བསྟན་ཏེ། ། རང་གཞན་དོན་རྟེན་དེ་ལ་ནི། །བསམ་མི་ཁྱབ་སོགས་ཡོན་ཏན་ལྡན། །ཞེས་པ་ལྟར་སྤངས་ རྟོགས་མཐར་ཕྱིན་པ་རྣམ་པར་གྲོལ་བ་དང་ཆོས་ཀྱི་སྐུ་དེ་དག་གིས་ནི་རང་གཞན་གྱི་དོན་ གཉིས་ཕུན་སུམ་ཚོགས་པ་གྲུབ་པ་བསྟན་ཞིང༌། སྐུ་གཉིས་པོ་དེ་དག་ལ་ནི། བསམ་མེད་རྟག་ བརྟན་ཞི་བ་གཡུང་དྲུང་ཉིད། །ཅེས་པ་ལ་སོགས་པ་བློས་བསམ་གྱིས་མི་ཁྱབ་པ་དང༌། སྐྱེ་རྒ་ ན་འཆི་ལས་གྲོལ་བས་རྟག་པ་དང་བརྟན་པ་དང་ཞི་བ་དང་གཡུང་དྲུང་ལ་སོགས་པ་དོན་དམ་ པའི་ཡོན་ཏན་མཐའ་ཡས་པ་དང་ལྡན་པའོ། ། འཇུག་པའི་དོན་ལ་གསུམ་ལས། ངོ་བོ་ཉིད་ཀྱི་སྐུ་ནི། ཐོག་མ་དབུས་མཐའ་མེད་ཅིང་ རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་ གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་པ་ལྟར་ ཐོག་མཐའ་བར་གསུམ་དུ་སྐྱེ་འཇིག་གནས་གསུམ་དང་བྲལ་བ་འདུས་མ་བྱས་པའི་མཚན་ ཉིད་ཅན་དང༌། དེ་བཞིན་དུ་ཟག་པ་མེད་པའི་དབྱིངས་དང་མཐར་ཕྱིན་པའི་ཡེ་ཤེས་གཅིག་ཏུ་ འདྲེས་པས་རྣམ་པར་དབྱེར་མེད་པ་དང༌། ཡོད་པ་དང་མེད་པ་ལས་གྲོལ་བས་སྒྲོ་འདོགས་པ་ དང་སྐུར་བ་འདེབས་པའི་མཐའ་གཉིས་སུ་ལྷུང་བ་མེད་པ་དང༌། ཉོན་མོངས་པ་དང་ཤེས་བྱ་ དང་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་བྲལ་བ་དང༌། དྲི་མ་མེད་ཅིང་རྣམ་རྟོག་གི་སྤྱོད་ཡུལ་ དུ་བྱར་མེད་པའི་ཆོས་ཀྱི་དབྱིངས་དེ་ཉིད་མཉམ་པར་བཞག་པའི་རྣལ་འབྱོར་པ། དེ་བཞིན་ གཤེགས་པས་མངོན་སུམ་དུ་གཟིགས་པ་འོད་གསལ་བ་སྟེ་མཚན་ཉིད་ལྔ་དང་ལྡན་པའོ། ། 4-1-174 ལོངས་སྤྱོད་རྫོགས་པའི་སྐུ་ནི། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་ རྣམ་གྲོལ་དོན་སྒྲུབ་ལ་བརྩོན་པ། །མཛད་ལ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་ དངོས་ཀྱང་དེའི་རང་བཞིན་མིན། །ཞེས་པ་ལྟར་ཟབ་པ་དང་རྒྱ་ཆེ་བ་སྣ་ཚོགས་པའི་དམ་པའི་ ཆོས་ཀྱི་འོད་ཟེར་གྱི་སྣང་བ་འགྱེད་པས་གསུང་གི་བརྗོད་པ་རྒྱུན་མི་འཆད་པ་དང༌། མཚན་ དང་དཔེ་བྱད་བཟང་པོ་མཐའ་ཡས་པ་མངའ་བའི་སྒོ་ནས་སྐུའི་སྣང་བ་སྟོན་པ་རྒྱུན་མི་འཆད་ པ་དང༌། གདུལ་བྱ་མཆོག་ཏུ་གྱུར་པ་མང་པོའི་རྒྱུད་ལ་རྣམ་གྲོལ་གྱི་དོན་སྒྲུབ་པ་ལ་བརྩོན་ པས་མཛད་པའི་འཕྲིན་ལས་རྒྱུན་མི་འཆད་པ་དང༌། དེ་ལྟར་མཛད་པ་ལའང་ཡིད་བཞིན་གྱི་ ནོར་བུས་རེ་འདོད་སྐོང་བ་བཞིན་དུ་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པ་དང༌། གདུལ་བྱའི་བསམ་པ་དང་མཐུན་པར་ཁ་དོག་དང་ཚད་ལ་སོགས་པ་སྣ་ཚོགས་པར་སྟོན་ཀྱང་ དེའི་རང་བཞིན་དུ་བདེན་པ་མིན་པ་སྟེ་ཁྱད་པར་ལྔ་དང་ལྡན་པའོ། ། སྤྲུལ་པའི་སྐུ་ནི། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། །རབ་ཏུ་སྨིན་དང་ལུང་སྟོན་ རྒྱུ་ཡི་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ ཀྱི་ཁམས་བཞིན་ནོ། །ཞེས་པ་ལྟར་འཇིག་རྟེན་ཐ་མལ་པ་ལམ་ལ་མ་ཞུགས་པ་རྣམས་སྲིད་ པ་གསུམ་ལ་སྐྱོ་བ་བསྐྱེད་ནས་ཞི་བ་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པར་མཛད་པ་ དང༌། ཐར་པའི་ལམ་ལ་ཞུགས་པ་རྣམས་ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བ་ལ་བཀོད་ནས་ རབ་ཏུ་སྨིན་པར་མཛད་པ་དང༌། ཐེག་ཆེན་གྱིས་རབ་ཏུ་སྨིན་པ་རྣམས་དག་པའི་ས་ལ་རིམ་ གྱིས་བཀོད་ནས་རྣམ་པར་གྲོལ་བར་ལུང་སྟོན་པར་མཛད་པ་སྟེ། ཆོས་གསུམ་དང་ལྡན་པའི་ སྒོ་ནས་འཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པ་སྤྲུལ་པའི་སྐུ་དེ་ཡང༌། འདུས་མ་བྱས་ ནམ་མཁའི་ཁམས་སུ་འདུས་བྱས་ཀྱི་གཟུགས་སྐྱེ་འཇིག་རྒྱུན་མི་འཆད་པ་བཞིན་དུ་ཆོས་ཀྱི་ སྐུ་འགྱུར་བ་མེད་པའི་དབྱིངས་འདིར་ནི་འཁོར་བ་ཇི་སྲིད་པར་རྟག་ཏུ་གནས་ནས་གང་ལ་ 4-1-175 གང་འདུལ་གྱི་རྣམ་པས་འགྲོ་བའི་དོན་མཛད་པའོ། ། ཁྱད་པར་མཆོག་གི་སྤྲུལ་སྐུས་མཛད་པ་བཅུ་གཉིས་སྟོན་ཚུལ་ནི། ཐུགས་རྗེ་ཆེན་པོས་ འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། ། སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས། །ཞེས་པ་ལྟར་སེམས་ཅན་ཐམས་ཅད་འཁོར་བའི་ སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས། ཇི་སྙེད་པ་མཁྱེན་ པའི་ཡེ་ཤེས་ཀྱིས་འཇིག་རྟེན་ཐམས་ཅད་ལ་གཟིགས་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་ ཀྱི་སྐུ་ལས་མ་གཡོས་བཞིན་དུ། སྤྲུལ་བའི་རང་བཞིན་སྣ་ཚོགས་པའི་སྒོ་ནས་རྨད་དུ་བྱུང་བའི་ མཛད་པ་བཅུ་གཉིས་སྟོན་པ་སྟེ། དེ་ཡང་སྟོན་པ་འདི་ཉིད་ལ་ཉེ་བར་མཚོན་ན། སྐྱེ་བ་མངོན་ པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་ དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་པ་དང༌། །ངེས་ འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་ རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་ རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པ་ལྟར་ བདག་ཉིད་ཆེན་པོ་དེས་དགའ་ལྡན་པའི་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་འཁྲུངས་ ནས་ལྷའི་ཚོགས་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་པར་མཛད་དེ་འཛམ་བུ་གླིང་པ་རྣམས་ གདུལ་བའི་དུས་ལ་བབ་པ་ན། རིན་པོ་ཆེའི་ཅོད་པན་མགོན་པོ་བྱམས་པ་ལ་གནང་ནས་རྒྱལ་ ཚབ་ཏུ་དབང་བསྐུར་ཞིང་ལྷ་རྣམས་ལ་ཁོ་བོ་མི་རྣམས་གདུལ་བའི་ཕྱིར་འགྲོ་སྟེ། ཁྱེད་རྣམས་ ལ་མི་ཕམ་པ་ཆོས་སྟོན་པར་འགྱུར་གྱིས་བག་ཡོད་པར་གྱིས་ལ་འཛམ་བུའི་གླིང་དུ་ཆོས་ཀྱི་ འཁོར་ལོ་བསྐོར་བ་ན་ཡང་མཉན་པའི་ཆེད་དུ་ཤོག་ཅིག་ཅེས་གསུངས་ནས་རིམ་གྱིས་བྱོན་པ་ ལྟ་བུ། དགའ་ལྡན་གནས་ནས་འཕོ་བའི་མཛད་པ་དང་(༡)། དེ་ནས་སྤྲུལ་པའི་ལུས་ལེན་པའི་ 4-1-176 ཚུལ་བྲམ་ཟེའི་རིག་བྱེད་ལས་འབྱུང་བ་དང་མཐུན་པར་གླང་པོ་ཆེ་ཤིན་ཏུ་དཀར་བ་མཆེ་བ་ དྲུག་དང་ལྡན་པ་རྒྱབ་གསེར་གྱི་དྲ་བས་གཡོགས་པ་ཞིག་ཏུ་སྤྲུལ་སྟེ། ཡུམ་གསོ་སྦྱོང་ལ་ གནས་པའི་གློ་གཡས་པ་ནས་དགེ་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་པས་ཞུགས་ ཤིང༌། ལྷུམས་དེ་ཡང་རིན་པོ་ཆེ་བཀོད་པ་ཞེས་བྱ་བའི་གཞལ་མེད་ཁང་ཆེན་པོར་བྱིན་གྱིས་ བརླབས་ནས་ཟླ་བ་བཅུའི་བར་དུ་བདེ་བའི་ངང་ལ་བཞུགས་པ་ལྟ་བུ་ལྷུམས་སུ་འཇུག་པའི་ མཛད་པ་དང་(༢)། དེ་ནས་རྒྱལ་པོའི་ཁབ་ཀྱི་སྐྱེད་མོས་ཚལ་རྣམས་སུ་མེ་ཏོག་སྣ་ཚོགས་ཁ་ འབུས་པ་དང༌། གཏེར་ཆེན་པོ་ཉི་ཁྲི་ཡང་ཁ་བྱེ་བ་དང༌། མཛོད་ཀྱི་རིན་པོ་ཆེ་རྣམས་ལ་རིན་པོ་ ཆེའི་མྱུ་གུ་འཕེལ་བ་ལ་སོགས་པའི་ལྟས་བཟང་པོ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། བཙའ་ བའི་དུས་ལ་བབ་པ་ན་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལུམ་བི་ནའི་ཚལ་ལེགས་པར་བརྒྱན་པར་ གཤེགས་པ་ལ་ཤིང་ལྗོན་པ་ཆེན་པོས་ཕྱག་བྱས་པའི་ཡལ་ག་ནས་བཟུང་བ་དང༌། བྱང་ཆུབ་ སེམས་དཔའི་སྐུ་ནོར་བུ་ལྟར་དང་ཞིང་མཚན་དང་དཔེ་བྱད་ཀྱིས་མཛེས་པ་རྒྱན་དང་ན་བཟའ་ དང་བཅས་པ་ཡུམ་ལ་གནོད་པ་མེད་པར་གློ་གཡས་པ་ནས་འཁྲུངས་པ་ལ། ཚངས་པ་དང་ བརྒྱ་བྱིན་ལ་སོགས་པའི་ལྷའི་ཚོགས་དཔག་ཏུ་མེད་པས་མཆོད་ཅིང་ཕྱོགས་དྲུག་ཏུ་གོམ་པ་ བདུན་བདུན་བོར་བ་ལས་པདྨ་འདབ་མ་སྟོང་དང་ལྡན་པ་རེ་རེ་ཡང་བྱུང་ཞིང༌། ང་ནི་འཇིག་ རྟེན་ན་མཆོག་གོ་ཞེས་པ་ལ་སོགས་པ་སེངྒེའི་སྒྲ་བསྒྲག་པ་ཡང་མཛད་དེ། མངོན་ཤེས་དང་ ལྡན་པའི་བྲམ་ཟེས་མཚན་བཟང་པོར་ཡང་ལུང་བསྟན་པ་ལྟ་བུ་ལྷུམས་ནས་བལྟམས་པའི་ མཛད་པ་དང་(༣)། དེ་ནས་[ཡིག་ཤིང་{ཡིད་བཞིན་}ནོར་བུ་རིན་པོ་ཆེས་སྤྲས་པ་གསེར་གྱི་ ཡང་མིག་ཅན་ཐོགས་ཏེ། བྱིས་པ་ཀུན་གྱི་བཤེས་གཉེན་གྱི་ཡི་གེའི་གྲྭར་བྱོན་ནས་ཨཱ་ལི་དང་ ཀཱ་ལི་རྣམས་ལ་སློབ་པའི་ཚུལ་བསྟན་ཞིང༌། སློབ་དཔོན་གྱིས་མིང་ཙམ་ཡང་མི་ཤེས་པའི་ཡི་ གེའི་རིགས་མཐའ་ཡས་པ་བསྟན་པས་བྱིས་པ་སུམ་ཁྲི་ཉིས་སྟོང་ཡང་སྨིན་པར་མཛད་ལ། 4-1-177 རྩིས་པ་ཤཱཀྱ་སྲིད་སྒྲུབ་ཀྱི་དྲུང་དུ་བྱོན་ནས་རྩིས་དང་ཤོ་དགོད་པ་དང་འཕོང་དང་གྱད་ཀྱི་ འཛིང་སྟངས་ལ་སོགས་པ་འཇིག་རྟེན་པའི་བསླབ་པའི་གནས་ལ་ཡང་སློབ་པ་ལྟར་མཛད་ ཅིང་སློབ་དཔོན་ལས་ལྷག་བའི་གོ་འཕང་བརྙེས་པས། སྐྱེ་དགུ་རྣམས་ངོ་མཚར་བར་མཛད་པ་ ལྟ་བུ་བཟོའི་གནས་ལ་མཁས་པའི་མཛད་པ་དང་(༤)། དེ་ནས་རྒྱལ་པོའི་གདུང་རྒྱུན་མི་བཅད་ པའི་དོན་དུ་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་བཙུན་མོ་བཞེས་པར་གསོལ་བ་དང༌། དེ་ དག་གི་ཕ་ཤཱཀྱ་ལག་ན་བེ་ཅོན་ལ་སོགས་པས་གང་སྒྱུ་རྩལ་གང་མཁས་པ་དེ་ལ་སྦྱིན་ནོ་ཞེས་ པ་ལྷ་སྦྱིན་ལ་སོགས་པའི་སྐྱེ་བོ་མང་པོས་ཐོས་ནས། ཡི་གེ་དང་རྩིས་དང་གྱད་ཀྱི་འཛིང་སྟངས་ དང་བང་དང་མཆོང་དང་འཕོང་གི་སྦྱོར་བ་ལ་སོགས་པའི་སྒྱུ་རྩལ་ཐམས་ཅད་ལ་འགྲན་པས་ བྱང་ཆུབ་སེམས་དཔའ་མཆོག་ཏུ་གྱུར་ཏེ། ས་འཚོ་མ་དང་གྲགས་འཛིན་མ་དང་ལེགས་སྐྱེས་ མ་དང་རི་དྭགས་འཛིན་མ་རྣམས་འཁོར་ཉི་ཁྲི་ཉི་ཁྲི་དང་བཅས་པ་ཁབ་ཏུ་བཞེས་པའི་ཚུལ་ བསྟན་པ་ལྟ་བུ་བཙུན་མོའི་འཁོར་དང་དགྱེས་པར་རོལ་བའི་མཛད་པ་དང་(༥)། དེ་ནས་བྱང་ ཆུབ་སེམས་དཔའ་དུས་ལས་མི་འདའ་ཡང་སངས་རྒྱས་རྣམས་ཀྱིས་བསྐུལ་བ་ཆོས་ཉིད་ཡིན་ པས་དེ་དག་གིས་བྱིན་གྱིས་བརླབས་པའི་རོལ་མོ་རྣམས་ལས་སྔོན་གྱི་དམ་བཅས་པ་དྲན་ པར་གྱིས་ཤིག་ཅེས་པ་ཡང་ཡང་བྱུང་བས་རབ་ཏུ་འབྱུང་བར་བཞེད་པ་ལ། ཡབ་གྱིས་སྐྱེད་ མོས་ཚལ་དུ་འདོད་ཡོན་ལ་རྩེར་བཏང་བའི་ལམ་དུ་རྒས་པ་དང་ན་བ་དང་ཤི་བའི་སྡུག་ བསྔལ་རྣམས་གཟིགས་ཤིང༌། དགེ་སྦྱོང་གི་ཡོན་ཏན་ཡང་གཟིགས་ནས་ཡབ་ལ་རབ་ཏུ་ འབྱུང་བར་ཞུས་པས་མ་གནང་བར་ཁང་བཟང་ཟབ་མོར་བཅུག་སྟེ་ཕྱོགས་བཞི་ནས་ཤཱཀྱ་ལྔ་ བརྒྱ་ལྔ་བརྒྱས་བསྲུང་ཞིང་གནས་པ་ལ། ཞག་བདུན་འདས་པའི་ནམ་ཕྱེད་ན་ལྷའི་མཐུས་མི་ རྣམས་གཉིད་འཐུག་པོར་གྱུར་པ་དང་ཡབ་ལ་ཞུས་ཤིང་གནང་སྟེ། མདུན་པ་དང་ལྷན་ཅིག་ རྟའི་རྒྱལ་པོ་ལ་ཆིབས་ནས་རྒྱལ་པོ་བཞི་ལ་སོགས་པ་ལྷའི་ཚོགས་དཔག་ཏུ་མེད་པས་མཆོད་ 4-1-178 བཞིན་པས་བར་སྣང་ལ་མཆོད་རྟེན་རྣམ་དག་གི་དྲུང་དུ་བྱོན་ཏེ། རྟ་མཆོག་རྒྱན་དང་བཅས་པ་ མདུན་པ་ལ་སློག་ཅིང་རལ་གྲི་ཨུཏྤལ་མཐིང་ཁ་ལྟ་བུས་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཞར་ནས་ ལྷ་རྣམས་ཀྱིས་སྤྲུལ་པའི་རྔོན་པས་ན་བཟའ་ངུར་སྨྲིག་ཕུལ་བ་ཡང་བླངས་ཏེ། དཔལ་རང་ བྱུང་གི་བསྙེན་པར་རྫོགས་པ་མཛད་པ་ལྟ་བུ་ཁབ་ནས་ངེས་པར་འབྱུང་བའི་མཛད་པ་དང་(༦)། དེ་ནས་ཚུལ་ཁྲིམས་དང་བརྟུལ་ཞུགས་དམན་པ་ལ་མཆོག་ཏུ་འཛིན་པའི་ལྟ་བ་གཅེར་བུ་པ་ དང་རྩེ་གསུམ་ལ་མཆོང་བ་དང་མེ་ལྔ་བསྟེན་པ་ལ་སོགས་པས་གྲོལ་བར་རློམ་པའི་མུ་སྟེགས་ པ་རྣམས་སུན་དབྱུང་བའི་ཕྱིར། ཆུ་བོ་ནཻ་ར་ཉྫཱ་ནའི་འགྲམ་དུ་མི་གཡོ་བའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་ནས་ཏིལ་ཕྱེད་ཕྱེད་ཙམ་གསོལ་བའི་དཀའ་བ་ལོ་དྲུག་སྤྱད་པས་སྐུ་རིད་ ཅིང་སྐམས་པར་གྱུར་པ་ལ། སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་བསྐུལ་ཏེ་ཏིང་ ངེ་འཛིན་ལས་བཞེངས་པ་དང༌། ལྷ་རྣམས་ཀྱིས་བསྐུལ་བའི་ཞིང་པའི་བུ་མོ་ལེགས་སྐྱེས་མ་ ལ་སོགས་པས་འབྲས་ཆན་དང་འོ་ཐུག་དྲངས་པ་གསོལ་བས་སྐུ་གསེར་གྱི་གཏན་པ་ཕྱིས་པ་ ལྟར་གྱུར་པ་ལྟ་བུ་དཀའ་བ་སྤྱད་པའི་མཛད་པ་དང་(༧)། དེ་ནས་དུས་གསུམ་གྱི་སངས་རྒྱས་ མང་པོས་བྱང་ཆུབ་བརྙེས་པའི་གནས་རྡོ་རྗེའི་གདན་ལ་ཐུགས་གཏད་དེ་གཤེགས་པའི་ལམ་ དུ་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་ཀུ་ཤ་རྨ་བྱའི་མགྲིན་པ་ལྟར་སྔོ་ཞིང་འཇམ་ལ། དྲི་ཞིམ་པ་ཕུལ་ བ་རྣམས་བླངས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མ་འཁྲུགས་པར་བཏིང་བ་ལ་དཀྱིལ་ཀྲུང་གིས་ བཞུགས་ཤིང༌། སྐུ་དྲང་པོར་བསྲང་བའི་ཞལ་ཤར་ཕྱོགས་སུ་གཟིགས་ནས་བྱང་ཆུབ་མ་ཐོབ་ ཀྱི་བར་དུ་སྟན་དེ་ཉིད་ལས་མི་གཡོ་བར་དམ་བཅས་པ་ལ་རྒྱལ་བ་སྲས་དང་བཅས་པ་རྣམས་ ཀྱིས་ཡང་དག་པར་བསྟོད་པ་ལྟ་བུ་བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་དང་(༨)། དེ་ ནས་སྲོད་ལའི་དུས་སུ་སྨིན་མཚམས་ནས་བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཇིག་པ་ཞེས་བྱ་ བའི་འོད་ཟེར་མཐའ་ཡས་པ་བཀྱེ་ཞིང༌། འོད་གྱི་རྩེ་མོ་ལས་བདུད་ཟིལ་གྱིས་གནོན་པའི་སྒྲ་ 4-1-179 ཆེན་པོ་བྱུང་བས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱིན་གྱིས་ བརླབས་པ་དང༌། བདུད་སྡིག་ཅན་འཁོར་དང་བཅས་པ་ཤིན་ཏུ་འཁྲུགས་ནས་འཇིགས་སུ་ རུང་བའི་རྣམ་འགྱུར་དུ་མ་དང་བཅས་པའི་བདུད་ཀྱི་དཔུང་ཚོགས་ཆེན་པོ་སྟེང་གི་བར་སྣང་ ལ་འོངས་ཏེ། རི་དང་བྲག་དང་མེ་དང་ཐོག་དང་འཁོར་ལོ་དང་མདུང་ཐུང་དང་རལ་གྲི་དང་ གཏུན་ཤིང་དང་མདའ་བོ་ཆེ་ལ་སོགས་པའི་མཚོན་ཆ་དཔག་ཏུ་མེད་པ་སེར་བ་དྲག་པོའི་རྒྱུན་ བཞིན་ཏུ་བར་དང་མཚམས་མེད་པར་ཕབ་ཀྱང༌། དེའི་བྱམས་པའི་མཐུ་ལས་གནོད་པ་མེད་ པར་མེ་ཏོག་གི་ཆར་འབའ་ཞིག་ཏུ་གྱུར་ནས་ལྡིང་ཞིང་འབབ་པར་གྱུར་པས་ཞེ་སྡང་གི་རྣམ་ འགྱུར་གྱིས་ཀྱང་རྫི་བར་མ་ནུས་ལ། བདུད་ཀྱི་བུ་མོ་ཤིན་ཏུ་མཛེས་མ་རྣམས་ཀྱིས་ཆགས་ པའི་རྣམ་འགྱུར་མཐའ་ཡས་པ་བསྟན་པས་ཀྱང་སླུ་བར་མ་ནུས་པ་ལྟ་བུ་བདུད་ཀྱི་སྡེ་འཇོམས་ པའི་མཛད་པ་དང་(༩)། དེ་ནས་ནམ་གྱི་ཆ་སྟོད་ལ་བསམ་གཏན་བཞི་མངོན་དུ་མཛད་ཅིང་ གུང་ཐུན་ལ་མངོན་པར་ཤེས་པ་རྣམས་ཀྱང་བསྐྱེད་ནས་ཐོ་རངས་ཟག་པ་ཟད་པ་མངོན་དུ་ མཛད་དེ། ས་བཅུ་རྒྱུན་གྱི་ཐ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐད་ཅིག་གཅིག་དང་ལྡན་པའི་ ཤེས་རབ་ཀྱིས་སྤང་བྱའི་ལྷག་མ་མ་ལུས་པར་སྤངས་ཤིང་རྟོགས་པ་མཐར་ཐུག་པ་ཡོངས་སུ་ རྫོགས་ནས་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ས་གཡོ་བ་དང་འོད་གསལ་བ་དང་མེ་ཏོག་གི་ཆར་འབབ་ པ་ལ་སོགས་པའི་ལྟས་བཟང་པོ་བསམ་གྱིས་མི་ཁྱབ་པ་བྱུང་བ་ལ། ཕྱོགས་བཅུའི་སངས་རྒྱས་ ཐམས་ཅད་ཀྱིས་བསྔགས་ཤིང༌། ལྷ་དང་བཅས་པའི་འགྲོ་བ་མང་པོས་ཀྱང་མཆོད་ཅིང་བསྟོད་ པའི་གོ་འཕང་ཐོབ་པ་ལྟ་བུ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཛད་པ་དང་(༡༠)། དེ་ནས་ ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷའི་ཚོགས་དཔག་ཏུ་མེད་པས་གསེར་གྱི་འཁོར་ལོ་ རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་གསོལ་བ་ཡང་ཡང་བཏབ་ནས། ཝཱ་ར་ཎཱ་སི་ལ་སོགས་པར་ 4-1-180 བྱོན་ཏེ་ལྔ་སྡེ་བཟང་པོ་ལ་སོགས་པ་རྣམས་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ ལོ་བསྐོར་བས། གང་ཟག་གི་བདག་ཏུ་ལྟ་བ་ལས་བཟློག་ནས་མྱ་ངན་ལས་འདས་པའི་ལམ་ ལ་འཇུག་པར་མཛད་པ་དང༌། བྱ་རྒོད་ཕུང་པོ་ལ་སོགས་པར་བྱོན་ཏེ་གང་ཟག་སྡེ་བཞི་ལ་ སོགས་པ་རྣམས་ལ་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས་དངོས་ པོར་འཛིན་པའི་ལྟ་བ་ལས་བཟློག་ནས་ཐེག་པ་ཆེན་པོའི་ལམ་གྱིས་སྨིན་པར་མཛད་པ་དང༌། མཉན་ཡོད་དང་ལང་ཀ་པུ་རི་ལ་སོགས་པར་བྱོན་ཏེ། རང་བཞིན་སྣ་ཚོགས་པའི་གདུལ་བྱ་ རྣམས་ལ་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས། ཡོད་མེད་ རྟག་ཆད་ཀྱི་མཐར་འཛིན་པའི་ལྟ་བ་ལས་བཟློག་ནས་མུ་བཞི་སྤྲོས་པ་དང་བྲལ་བའི་བྱང་ཆུབ་ ཆེན་པོ་ལ་སྦྱོར་བར་མཛད་པ་ལྟ་བུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་དང་(༡༡)། དེ་ནས་ རེ་ཤིག་འོས་སུ་གྱུར་བའི་གདུལ་བྱ་རྣམས་ཀྱི་དོན་བྱ་བ་ཡོངས་སུ་རྫོགས་པར་གཟིགས་ཏེ་ལེ་ ལོ་ཅན་རྣམས་ཆོས་ལ་བསྐུལ་བ་དང༌། རྟག་འཛིན་ཅན་རྣམས་དེ་ལས་ཟློག་པ་ལ་སོགས་པའི་ ཆེད་དུ་གྲོང་ཁྱེར་རྩྭ་མཆོག་ཏུ་གཤེགས་ནས་ཤིང་ས་ལ་ཟུང་གི་ཚལ་དུ་གཟིམས་མལ་གྱི་ཐ་མ་ མཛད་ཅིང༌། ས་གཡོ་བ་ལ་སོགས་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་ བུད་ཤིང་ཟད་པའི་མེ་བཞིན་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་དང༌། ཀུན་དགའ་བོ་ ལ་སོགས་པས་སྐུ་ལ་ཤིང་བལ་འཇམ་པོས་དཀྲིས་ཤིང་རས་ཟུང་སྟོང་གིས་ཀྱང་བཅིངས་ནས་ འབྲུ་མར་གྱིས་གང་བའི་སྒྲོམ་དུ་བཅུག་སྟེ་ཙནྡན་གྱི་མེ་ཚ་བས་སྦྱངས་ཀྱང་ཚིག་པར་མ་གྱུར་ པ་ལས། ཉིད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་བྱུང་བས་ཞག་བདུན་དུ་སྦྱངས་པ་ལ་ལྷ་དང་ བཅས་པའི་འགྲོ་བ་མཐའ་ཡས་པས་མཆོད་པའི་ཚོགས་ཚད་མེད་པ་ཕུལ་བས། རིང་བསྲེལ་ མ་ག་དྷའི་ཁལ་བཅུ་གཉིས་བྱོན་པ་ཆ་བརྒྱད་དུ་གྱུར་ནས་སེར་སྐྱ་ལ་སོགས་པའི་གྲོང་ཁྱེར་ ཆེན་པོ་རྣམས་སུ་བབས་ཏེ་སྐུ་གདུང་གིས་ཀྱང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པ་ལྟ་བུ་ 4-1-181 མྱ་ངན་ལས་འདས་པར་གཤེགས་པའི་མཛད་པ་རྣམས་(༡༢)། གནས་ཡོངས་སུ་མ་དག་པའི་ ཞིང་མི་མཇེད་ཀྱི་འཇིག་རྟེན་ལ་སོགས་པ་རྣམས་སུ། དུས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་ རྒྱུན་མི་འཆད་པར་སྟོན་པའོ། ། རྟག་པའི་དོན་ནི། རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང༌། །བརྩེ་དང་འཕྲུལ་དང་ མཁྱེན་དང་ཕུན་ཚོགས་དང༌། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང༌། །ངོ་བོ་མེད་ ཕྱིར་འཇིག་རྟེན་མགོན་པོ་རྟག །གང་ལའང་ཆགས་པ་མེད་པར་དམ་པའི་ཆོས་འཛིན་པ་ལ་ སོགས་པ་རྒྱུ་མཐའ་ཡས་པ་ལས་བྱུང་བའི་ཕྱིར་དང༌། སེམས་ཅན་ཐམས་ཅད་འདུལ་བར་ ཞལ་གྱིས་བཞེས་ཤིང་གདུལ་བྱའི་སེམས་ཅན་ལ་ཟད་པ་མེད་པའི་ཕྱིར་དང༌། གཞན་དོན་གྱི་ ཀུན་སློང་ཐུགས་རྗེ་ཆེན་པོ་རྒྱུན་མི་འཆད་པའི་ཕྱིར་དང༌། གང་ལ་གང་འདུལ་གྱི་རྫུ་འཕྲུལ་ ལ་དབང་འབྱོར་པའི་ཕྱིར་དང༌། སྲིད་ཞིའི་རང་བཞིན་མཉམ་ཉིད་དུ་མཁྱེན་པས་ནམ་ཡང་སྐྱོ་ བ་མི་མངའ་བའི་ཕྱིར་དང༌། ཏིང་ངེ་འཛིན་གྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་སྡུག་ བསྔལ་གྱི་གནོད་པ་མི་མངའ་བའི་ཕྱིར་དང༌། ཆོས་ཐམས་ཅད་ཀྱི་དབང་ཕྱུག་འཇིག་རྟེན་ དུ་བཞུགས་ཀྱང་དེའི་ཉེས་པས་ནམ་ཡང་མི་གོས་པའི་ཕྱིར་ཏེ། རྒྱུ་མཚན་བདུན་གྱི་སྒོ་ནས་ གཟུགས་སྐུས་གཞན་དོན་མཛད་པ་རྟག་ཏུ་རྒྱུན་མི་འཆད་ཅིང༌། འཆི་བ་མེད་པའི་གོ་འཕང་ བརྙེས་པས་འཆི་བདག་གི་བདུད་ཐམས་ཅད་བཅོམ་པའི་ཕྱིར་དང༌། གདོད་མ་ནས་འདུས་ མ་བྱས་པས་འདུས་བྱས་ཀྱི་ངོ་བོར་མེད་པའི་ཕྱིར་དང༌། ཕྱི་མའི་མཐར་ཐུག་པར་འཇིག་རྟེན་ ཐམས་ཅད་ཀྱི་སྐྱབས་དང་མགོན་པོར་གྱུར་པའི་ཕྱིར་ཏེ། རྒྱུ་མཚན་གསུམ་གྱི་སྒོ་ནས་ཆོས་ཀྱི་ སྐུ་འགྱུར་བ་མེད་པས་རྟག་པ་ཉིད་དོ། ། བསམ་གྱིས་མི་ཁྱབ་པའི་དོན་ནི། ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོག་ གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ 4-1-182 ཡུམ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །སྒྲའི་བརྗོད་བྱ་ལས་འདས་པས་ངག་གི་སྤྱོད་ ཡུལ་མ་ཡིན་པའི་ཕྱིར་དང༌། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དོན་དམ་པ་ཡིན་ པའི་ཕྱིར་དང༌། རྣམ་པར་རྟོག་པས་བརྟག་པར་བྱ་བའི་གནས་མ་ཡིན་པའི་ཕྱིར་དང༌། འཇལ་ བྱེད་ཀྱི་དཔེ་དང་རྟགས་ལ་སོགས་པ་ལས་ཡང་དག་པར་འདས་པའི་ཕྱིར་དང༌། འཇིག་རྟེན་ ལས་འདས་པ་རབ་ཀྱི་མཐར་ཕྱིན་པས་བླ་ན་མེད་པ་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་ལྔའི་སྒོ་ནས་ ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་ཅིང༌། སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པའི་ མཐའ་གཉིས་ཀྱིས་མ་བསྡུས་པའི་ཕྱིར་གཟུགས་སྐུ་བསམ་གྱིས་མི་ཁྱབ་སྟེ། དེ་དག་གི་ཇི་ལྟ་ བའི་དོན་ནི། རྒྱལ་བ་ཐམས་ཅད་མཁྱེན་པ་ཁོ་ནའི་ཡེ་ཤེས་ཀྱི་སྦྱོད་ཡུལ་ཡིན་གྱི་འཕགས་པ་ ཆེན་པོ་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་ན་ཕལ་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། འོན་ཀྱང་ལུང་རྣམ་དག་ལ་བརྟེན་ནས་ཡིད་ཆེས་པར་ཡང་བྱའོ། ། འཁྲུལ་པ་སྤང་བ་ལ། མེད་པར་འདོད་པ་སྤང་བ་དང༌། ཡོད་ཀྱང་ནོར་པ་སྤང་བའོ། །དང་ པོ་ནི། ཁ་ཅིག་རང་གིས་མ་མཐོང་བ་དང༌། ལུང་ལས་ཀྱང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ གསུངས་པ་རྒྱུ་མཚན་དུ་བྱས་ནས། སངས་རྒྱས་ཞེས་བྱ་བ་ནི་བཏགས་པ་ཙམ་ཡིན་གྱི་དོན་ལ་ གྲུབ་པ་ཅུང་ཟད་ཀྱང་མེད་དོ་ཞེས་ཟེར་བ་ནི་ཤིན་ཏུ་རིགས་པ་མ་ཡིན་ཏེ། སྔར་བསྟན་པ་ལྟར་ ཀུན་རྫོབ་གཟུགས་ཀྱི་སྐུ་ནི་གདུལ་བྱ་ལ་སྣང་ཙམ་དུ་ཡོད་པའི་ཕྱིར་དང༌། དོན་དམ་ཆོས་ཀྱི་ སྐུ་ནི་སོ་སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་རྟག་པར་ཡོད་པའི་ཕྱིར་རོ། །མ་མཐོང་བ་ནི་སྒྲིབ་ པ་མ་དག་པས་ཡིན་གྱི་མེད་པའི་རྒྱུ་མཚན་གྱིས་ནི་མ་ཡིན་ཏེ། ཆོས་དབྱིངས་བསྟོད་པར། ཉོན་མོངས་ཅན་གྱི་སེམས་ཅན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་ངོ༌། །ཞེས་གསུངས་ པ་ལྟར་རོ། །ངོ་བོ་ཉིད་མེད་པར་གསུངས་པའང་ཆགས་སོགས་གློ་བུར་གྱི་དྲི་མ་རྣམས་མེད་པ་ ལ་དགོངས་པ་ཡིན་གྱི་དག་པ་གཉིས་ལྡན་གྱི་སངས་རྒྱས་ནི་སྐྱབས་གནས་མཐར་ཐུག་པར་ 4-1-183 ཡོད་པ་ཉིད་དེ། དེ་ཉིད་ལས། འདོད་ཆགས་ཟད་པས་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་ པ་དང༌། །དེ་དག་འགགས་པས་སངས་རྒྱས་ཉིད། །ལུས་ཅན་ཀུན་ཀྱི་སྐྱབས་ཡིན་ནོ། །ཞེས་ གསུངས་པ་ལྟར་རོ། །དེ་ལྟ་ན་ཡང་རྟག་པ་དང་ཡོད་པ་ལ་སོགས་པར་གསུངས་པ་ཐམས་ཅད་ དྲང་བའི་དོན་ཡིན་ཞིང༌། མེད་པར་གསུངས་པ་ཐམས་ཅད་ངེས་པའི་དོན་ཡིན་པས་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་བདེན་པར་གྲུབ་པ་མེད་དོ་སྙམ་ན། སངས་ རྒྱས་ལ་སྐུར་བ་འདེབས་པ་ཆད་པ་ཆེན་པོ་ལྷུང་བ་སྐལ་བ་ཤིན་ཏུ་དམན་པ་ཡིན་པས། དེ་ དག་ལ་ནི་བཅོས་པའི་ཐབས་ཅི་ཞིག་བྱ་སྟེ། ཡང་དེ་ཉིད་ལས། ཇི་ལྟར་ཡི་དྭགས་རྣམས་ཀྱིས་ ནི། །རྒྱ་མཚོ་སྐམས་པར་མཐོང་བ་ལྟར། །དེ་བཞིན་མི་ཤེས་པས་བསྒྲིབས་པས། །སངས་ རྒྱས་རྣམས་ཀྱང་མེད་པར་བཏགས། །དམན་དང་བསོད་ནམས་དམན་པ་ལ། །བཅོམ་ལྡན་ འདས་ཀྱིས་ཅི་བགྱིར་མཆིས། །ཇི་ལྟར་དམུས་ལོང་ལག་པ་རུ། །རིན་ཆེན་མཆོག་ནི་བཞག་ པ་འདྲ། །ཞེས་གསུངས་པ་ལྟར་རོ། །ཡང་ཁ་ཅིག་དབུ་མ་ལ་འཇུག་པར། སེམས་འགགས་ པ་དེ་སྐུ་ཡིས་མངོན་དུ་མཛད། །ཅེས་པ་ལ་སོགས་པ་གསུངས་པས། སངས་རྒྱས་ལ་ཡེ་ཤེས་ མེད་པར་འདོད་པའང་རིགས་པ་མ་ཡིན་ཏེ། སེམས་འགགས་པར་གསུངས་པ་ནི། རྒྱུད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཞེས་གསུངས་པ་ལྟར་ཀུན་རྫོབ་རྣམ་ཤེས་ཀྱི་སེམས་ འགགས་པ་ལ་དགོངས་པ་ཡིན་གྱི། གཉིས་མེད་ཡེ་ཤེས་ཚུལ་འཆང་བ། །ཞེས་པ་དང༌། ཡེ་ ཤེས་སྐུ་སྟེ་རང་བྱུང་བ། །ཞེས་པ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །ཞེས་པ་དང༌། བདག་རིག་གཞན་རིག་ཐམས་ཅད་པ། །ཞེས་པ་ལ་སོགས་པ་དང༌། བདེན་གཉིས་ལས་ ཀྱང༌། མཁྱེན་པའི་ཡེ་ཤེས་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་ པ་ལ་སོགས་པ་གསུངས་ཤིང༌། མདོ་ལས། སེམས་{དེ་}ནི་སེམས་མ་མཆིས་པ་སྟེ། སེམས་ ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པ་ལྟར། སེམས་ཀྱི་རང་བཞིན་འོད་གསལ་ 4-1-184 དོན་དམ་ཡེ་ཤེས་ཀྱི་སེམས་འགགས་པ་ནི་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡེ་ཤེས་མེད་ན་རྟོགས་ པ་ཕུན་སུམ་ཚོགས་པ་མེད་པར་འགྱུར་ཞིང༌། དེ་ལྟ་ན་སྤངས་པ་ཕུན་སུམ་ཚོགས་པའང་མེད་ པར་མཚུངས་ལ། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པས་གཞན་དོན་ དུ་ཆོས་སྟོན་པ་ལ་སོགས་པའང་མེད་པར་འགྱུར་ཏེ། མདོ་ལས། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཐོབ་པར་མ་བགྱིས་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ་ཞེས་པ་དང༌། (སྡུད་པ་ ལས་)ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ ཀྱང་མེད་པར་འགྱུར། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། ། ཡོད་ཀྱང་ནོར་པ་སྤང་བ་ལ། ཁ་ཅིག་ཕུང་པོ་ལྔ་རྒྱལ་བ་རིགས་ལྔར་གསུངས་པའི་ཕྱིར་ སེམས་ཅན་གྱི་ལུས་འདི་ཉིད་སངས་རྒྱས་ཀྱི་སྤྲུལ་པའི་སྐུའོ་ཞེ་ན། དེ་ལྟར་གསུངས་པ་ནི་རང་ བཞིན་རྣམ་དག་སྒྲིབ་པ་མེད་པའི་ཆོས་དབྱིངས་ལ་དགོངས་པ་ཡིན་གྱི། གློ་བུར་བ་ཟག་པ་ དང་བཅས་པ་རྣམས་ནི་སངས་རྒྱས་ཀྱི་སྐུ་མ་ཡིན་ཏེ། (དུས་འཁོར་འགྲེལ་པ་)དྲི་མ་མེད་པའི་འོད་ ལས། འདིར་རྨོངས་པ་རྣམས་ཀྱིས་སེམས་ཅན་གྱི་ལུས་ནི་སངས་རྒྱས་ཀྱི་སྤྲུལ་བའི་སྐུའོ། ། ཞེས་བརྗོད་པར་བྱ་བ་གང་ཡིན་པ། གང་ཞིག་ཡོངས་སུ་བརྟགས་ན་མི་འགྲིག་པ་འདི་ནི་ དེ་བཞིན་གཤེགས་པའི་གསུངས་མ་ཡིན་ནོ་ཞེས་པ་དང༌། རུལ་པའི་ལུས་འདི་ནི་ལྷའི་སྐུར་ བརྗོད་པར་མི་ནུས་ཏེ་སྙིང་པོ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་པ་ལ་སོགས་པ་གསུངས་པའི་ ཕྱིར་རོ། །ཡང་ཁ་ཅིག་ཆོས་ཀྱི་སྐུ་སྟོང་པ་ཉིད་ཡིན་པས་ཅིར་ཡང་མ་གྲུབ་ཅིང་དོན་དམ་པའི་ སངས་རྒྱས་ནི་གཟུགས་གྱི་སྐུ་ཡིན་ནོ་ཞེ་ན། སངས་རྒྱས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་ དགོས་པས་དེ་ཉིད་གཞན་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པ་ཀུན་རྫོབ་གཟུགས་ཀྱི་སྐུའི་ སངས་རྒྱས་ཡིན་མོད་ཀྱི། དོན་དམ་འདུས་མ་བྱས་རང་བྱུང་ཡེ་ཤེས་ཀྱི་སྐུའི་སངས་རྒྱས་ནི་ མ་ཡིན་ཏེ། དྲི་མ་མེད་པའི་འོད་ལས། འདིར་བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུར་སྒྲུབ་ 4-1-185 པ་ནི། ལོག་པར་མི་འགྱུར་རོ་ཞེས་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ་ འདི་ནི་དེ་ལྟར་བདེན་པ་མ་ཡིན་ཏེ། གང་གི་ཕྱིར་སྐྱེ་བ་དང་འཇིགས་པའི་ཆོས་ཅན་ཉིད་ཀྱི་ ཕྱིར་རོ་ཞེས་པ་དང༌། གཟུགས་ཀྱི་སྐུས་གཤེགས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ པ་ནི་བསྐལ་པ་དུ་མ་རྣམས་ཀྱིས་ཀྱང་མི་ནུས་སོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། ། དོན་དམ་པའི་སངས་རྒྱས་ནི་ཆོས་ཀྱི་སྐུ་ཁོ་ན་ཡིན་ཏེ། སྤྲིན་ཆེན་པོའི་མདོ་ལས། བཅོམ་ལྡན་ སངས་རྒྱས་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །བཅོམ་ལྡན་སྐུ་ནི་དེ་འདྲ་ ལ། །ཆོས་བསྟན་པ་ཡང་དེ་དང་འདྲ། །ཞེས་པ་དང༌། རྔ་བོ་ཆེའི་མདོ་ལས་ཀྱང༌། སངས་རྒྱས་ བཅོམ་ལྡན་འདས་གང་དག་ཡོངས་སུ་འདས་པ་དེ་དག་ཐམས་ཅད་ནི་རྟག་པ་བརྟན་པ་ཞི་བ་ ཐེར་ཟུག་པ་ཡིན་ནོ་ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །ཡང་ཁ་ཅིག་གཟུང་བ་དང་ འཛིན་པའི་དངོས་པོ་འདི་དག་རང་རང་གི་ངོ་བོས་སྟོང་པར་རྟོགས་པ་ཙམ་གྱིས་ཆོས་ཀྱི་སྐུ་ མངོན་དུ་གྱུར་པའོ་སྙམ་དུ་སེམས་པ་དེ་དག་ཀྱང་རིགས་པ་མ་ཡིན་ཏེ། ཆོས་དབྱིངས་བསྟོད་ པར། སྐྱེ་མཆེད་དྲུག་པོ་རྣམ་དག་པ། །འདི་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་ ཆོས་སྐུ་མངོན་དུ་གྱུར་བ་ལ་འཁྲུལ་བའི་སྣང་བ་འདི་དག་འགག་དགོས་པའི་ཕྱིར་རོ། །ཡང་ འགའ་ཞིག་ཕྱི་རོལ་གྱི་ཡུལ་སྣ་ཚོགས་སུ་སྣང་བ་འདི་རྣམས་ནང་སེམས་སུ་ཐག་ཆོད་ཅིང༌། སེམས་རྣམ་པར་རྟོག་པ་འདི་ཉིད་རང་སྟོང་དུ་གོ་བས་ཆོས་སྐུ་མངོན་དུ་གྱུར་པའོ་ཞེས་རྣམ་ རྟོག་ཆོས་སྐུར་འདོད་པ་དེ་དག་ཀྱང་རིགས་པ་མ་ཡིན་ཏེ། རྒྱུད་ལས། ཀུན་ཏུ་རྟོག་པ་ཐམས་ ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཅེས་པ་དང༌། རྣམ་རྟོག་མ་རིག་ཆེན་པོ་སྟེ། ། འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་ མེད་པར་འགྱུར། །ཞེས་པ་དང༌། སེམས་ཀྱི་རྡོ་རྗེའི་བསྟོད་པར་ཡང༌། འཁོར་བ་རྣམ་རྟོག་ཙམ་ ཉིད་དེ། །རྣམ་པར་རྟོག་མེད་ཐར་པ་ཡིན། །ཞེས་པ་ལ་སོགས་པས་མི་རྟོག་ཡེ་ཤེས་ཆོས་ཀྱི་སྐུ་ 4-1-186 ཐོབ་པ་ལ་རྣམ་པར་རྟོག་པའི་ཁྱད་པར་ཐམས་ཅད་འགག་དགོས་པར་གསུངས་པའི་ཕྱིར་རོ། ། དེ་ལྟ་བས་ན་འཁྲུལ་པའི་ཆ་ཐམས་ཅད་སྤངས་ནས། ཀུན་རྫོབ་གཟུགས་ཀྱི་སྐུ་ཐོབ་པའི་དོན་ དུ་སེམས་ཅན་ལ་ཕན་པ་བསོད་ནམས་ཀྱི་ཚོགས་དང༌། དོན་དམ་ཆོས་ཀྱི་སྐུ་ཐོབ་པའི་དོན་དུ་ མི་རྟོག་པའི་ཏིང་ངེ་འཛིན་སྒོམ་པ་ཡེ་ཤེས་ཀྱི་ཚོགས་ལ་འབད་པར་བྱ་སྟེ། རིན་ཆེན་ཕྲེང་བ་ ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་ཡང་དག་འཁྲུངས། ། ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པའི་ ཕྱིར་རོ། ། གཞུང་དོན་ལ། ཀུན་མཁྱེན་གཉིས་མེད་མཐུ་བཅས་སྐྱབས་གནས་མཆོག །གནས་གྱུར་ འཕྲིན་ལས་ཟབ་ཅིང་འབྱོར་ལྡན་སྨིན། །ཆོས་དབྱིངས་སྐུ་གསུམ་ཡེ་ཤེས་བསམ་མི་ཁྱབ། ། འཇུག་[བཅས་{ཐབས་}མཛད་གཅིག་སྤྲོ་བས་ཐོབ་བྱའི་དོན། །ཞེས་པ་ལྟར་བཅོ་ལྔ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་དོན། གཉིས་མེད་མཐུ་དང་བཅས་པའི་དོན། སྐྱབས་གནས་བླ་ ན་མེད་པའི་དོན། གནས་ཡོངས་སུ་གྱུར་པས་འགྲུབ་པའི་དོན། འཕྲིན་ལས་ཕུན་སུམ་ཚོགས་ པའི་དོན། ཟག་མེད་དབྱིངས་ན་ཟབ་པའི་དོན། འབྱོར་པ་རྣམ་པར་དབྱེ་བའི་དོན། སེམས་ ཅན་སྨིན་བྱེད་རྒྱུའི་དོན། ཆོས་དབྱིངས་ཤིན་ཏུ་དག་པའི་དོན། སྐུ་གསུམ་རྣམ་པར་དབྱེ་བའི་ དོན། ཡེ་ཤེས་རྣམ་པར་དབྱེ་བའི་དོན། གཅིག་མིན་དུ་མ་མིན་པའི་དོན། འཇུག་པར་བྱེད་པ་ ཐབས་ཀྱི་དོན། ཕན་ཚུན་མཛད་པ་གཅིག་པའི་དོན། སྤྲོ་བས་ཐོབ་པར་བྱ་བའི་དོན་ནོ། ། དང་པོ་ལ། དངོས་ཀྱི་དོན་དང༌། དེ་ཉིད་བཤད་པ་གཉིས་ལས། དངོས་ལའང་རྒྱུ་ངོ་བོ་ དཔེ་གསུམ་གྱི་དང་པོ་ཡང་དག་པར་འགྲུབ་པའི་རྒྱུ་ནི། དཀའ་སྤྱད་དཔག་མེད་བརྒྱ་ ཕྲག་དང༌། །དཔག་མེད་དགེ་བ་བསགས་པ་དང༌། །དཔག་ཏུ་མེད་པའི་ དུས་དང་ནི། །དཔག་མེད་སྒྲིབ་པ་ཟད་པའི་ཕྱིར། །སྔར་སློབ་ལམ་གྱི་དུས་སུ་ 4-1-187 དབུ་དང་ཡན་ལག་སྦྱིན་པར་གཏོང་བ་ལ་སོགས་པ་གཞན་དོན་གྱི་དཀའ་སྤྱད་དཔག་ཏུ་མེད་ པ་བརྒྱ་ཕྲག་དུ་མ་དང་ལྡན་པའི་སྒོ་ནས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དཔག་ཏུ་མེད་ པའི་དགེ་བ་རྣམ་པར་དག་པ་བསགས་པ་དང༌། དེ་ཡང་དཔག་ཏུ་མེད་པའི་དུས་བསྐལ་པ་ གྲངས་མེད་པ་གསུམ་དུ་བསྒྲུབས་པ་དང་ནི། སྤང་བྱ་འཁོར་བ་ཐོག་མ་མེད་པ་ནས་རྗེས་སུ་ འབྲེལ་ཞིང་དཔག་ཏུ་མེད་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་གཉེན་པོ་སྟོབས་ ལྡན་གྱིས་ཟད་པར་བྱས་པའི་ཕྱིར་ཐོབ་པའོ། ། ངོ་བོ་ནི། སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ ཐོབ། །རྒྱུ་ཕུན་སུམ་ཚོགས་པ་དེ་དག་ལ་བརྟེན་ནས་སྒྲིབ་པ་གཉིས་བག་ཆགས་དང་བཅས་ པ་ཀུན་གྱི་དྲི་མ་མེད་པར་གྱུར་པའི་སྤངས་པ་མཐར་ཕྱིན་པ་དང༌། ཤེས་བྱ་ཇི་ལྟ་བ་དང་ཇི་ སྙེད་པའི་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་ཉིད་ཐོབ་པ་རྟོགས་པ་མཐར་ཕྱིན་པ་ དང་ལྡན་པའི་སྒོ་ནས་དོན་གཉིས་མཐར་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཆེན་པོ་འགྲུབ་པའོ། ། དཔེ་ནི། རིན་ཆེན་སྣོད་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་ནི་ཡང་དག་ བསྟན། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་སྒྲོམ་ལ་ སོགས་པའི་སྣོད་ན་ཡོད་པ་ནི་ཁ་ཕྱེ་ནས་བཏོན་ཏེ་རྒྱལ་མཚན་གྱི་རྩེ་མོར་བཞག་པས་དགོས་ འདོད་སྩོལ་བ་ལྟར། དོན་དམ་པའི་སངས་རྒྱས་ཉིད་ནི་སྟོབས་ལ་སོགས་པའི་ཡོན་ཏན་ཕུན་ སུམ་ཚོགས་པ་དང་ལྡན་པ་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་གློ་བུར་གྱི་དྲི་མ་མཐའ་ དག་དང་ཡང་བྲལ་ནས་གདུལ་བྱ་དཔག་ཏུ་མེད་པ་སྨིན་པར་མཛད་པ་ཡང་དག་པར་བསྟན་ པའོ། ། ཡང་དེ་ཉིད་བཤད་པ་ནི། ངལ་བརྒྱ་རྨད་བྱུང་དཀའ་སྤྱད་དགེ་ཀུན་ 4-1-188 བསགས། །བསྐལ་མཆོག་དུས་རིང་འགྲོ་བའི་སྒྲིབ་ཀུན་ཟད། །སར་ གཏོགས་སྒྲིབ་པ་ཕྲ་བཅོམ་སངས་རྒྱས་ཏེ། །དེ་ནི་མཐུ་ཆེ་རིན་ཆེན་སྒྲོམ་ ཕྱེ་བཞིན། །རྒྱུ་ཕུན་སུམ་ཚོགས་པ་ནི་མདོ་ལས། ངས་སེམས་ཅན་གྱི་དོན་དུ་མིག་ཡོངས་ སུ་བཏང་བ་བསགས་ན་ནི་རི་རབ་ལས་ཀྱང་མཐོ་ལ། ཁྲག་ཡོངས་སུ་བཏང་བ་བསགས་ན་ནི་ ཕྱོགས་བཞིའི་རྒྱ་མཚོ་ལས་ཀྱང་མང་ངོ་ཞེས་གསུངས་པ་ལྟར་རོ། །ངལ་བ་བརྒྱ་ཕྲག་དུ་མའི་ སྒོ་ནས་ཉན་རང་ལ་སོགས་པས་སྒྲུབ་པར་མི་ནུས་པ་ཤིན་ཏུ་རྨད་དུ་བྱུང་བའི་དཀའ་བ་སྤྱད་ དེ་ཚོགས་གཉིས་ཀྱི་དགེ་བ་རྒྱ་ཆེན་པོ་ཀུན་ཡོངས་སུ་རྫོགས་པར་བསགས་ཤིང༌། དེ་ཡང་ བསྐལ་པ་མཆོག་ཏུ་གྱུར་བ་ཆེན་པོ་དུས་རིང་པོ་གྲངས་མེད་གསུམ་དུ་ཚང་བར་འགྲོ་བའི་སྒོ་ ནས་ཐོག་མ་མེད་པ་ནས་རྗེས་སུ་འབྲེལ་པའི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་ཀུན་ ཟད་པར་བྱས་པ་ལས། འབྲས་བུ་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའི་ས་བཅུ་པོ་ རྣམས་སུ་ཡང་གཏོགས་པའི་སྒྲིབ་པ་ཕྲ་མོ་གནས་ངན་ལེན་དང་བཅས་པ་མ་ལུས་པར་བཅོམ་ ནས། ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་སངས་རྒྱས་ཉིད་ཐོབ་པ་སྟེ། དེ་ཉིད་ མཚོན་པར་བྱེད་པའི་དཔེ་ནི་མཐུ་ཆེན་པོ་ཐོབ་པ་དང་ལྡན་པའི་ནོར་བུ་རིན་ཆེན་གྱི་སྒྲོམ་ཕྱེ་ ནས་བཏོན་པས་དགོས་འདོད་སྩོལ་བ་བཞིན་དུ། སྒྲིབ་པ་གཉིས་དང་བྲལ་བའི་སངས་རྒྱས་ ཀྱི་མཐུས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་མཛད་པའོ། ། གཉིས་པ་ལ་དངོས་ཀྱི་དོན་དང་དེ་ཉིད་བཤད་པའོ། །དངོས་ལའང་གཉིས་ལས། གཉིས་ སུ་མེད་པའི་དོན་ནི། ཆོས་རྣམས་ཐམས་ཅད་སངས་རྒྱས་ཉིད། །ཆོས་ནི་གང་ ཡང་ཡོད་མ་ཡིན། །དེ་ནི་ཆོས་དཀར་རང་བཞིན་ཡང༌། །དེ་ཡིས་དེ་ནི་ བརྗོད་མ་ཡིན། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་ཐ་དད་མེད་ཅིང་སངས་རྒྱས་ཀྱང་ དེ་ཉིད་དྲི་མས་དག་པས་ཕྱེ་བ་ཡིན་པས། ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ནི་ཡོངས་ 4-1-189 གྲུབ་དོན་དམ་པའི་སངས་རྒྱས་ཉིད་ཡིན་ལ། ཀུན་རྫོབ་ཀྱི་ཆོས་ནི་གང་ཡང་བདག་གཉིས་ལ་ སོགས་པར་བྱིས་པས་ཀུན་ཏུ་བརྟགས་པའི་ཆོས་ཀྱི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་པས། ཐ་དད་ པ་དང་གཅིག་པའི་མཐའ་གཉིས་སུ་མེད་པ་དང༌། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བ་ རྣམས་ནི་སངས་རྒྱས་དེའི་ངོ་བོའམ་རང་བཞིན་ཅན་དུ་གྱུར་པའི་ཕྱིར། སངས་རྒྱས་ཉིད་དེ་ནི་ ཆོས་དཀར་པོ་དགེ་བ་ཐམས་ཅད་ཀྱི་རང་བཞིན་ཡང་ཡིན་ལ་ཡང་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་ ལ་སོགས་པར་ཀུན་བཏགས་པའི་ངོ་བོར་ཡོངས་སུ་མ་གྲུབ་པའི་ཕྱིར། འདུས་བྱས་ཀྱི་ཆོས་ཕ་ རོལ་ཏུ་ཕྱིན་པ་དེ་ཡིས་སམ་དེ་དག་འདུས་མ་བྱས་དོན་དམ་པའི་སངས་རྒྱས་དེ་ནི་འདི་ཡིན་ ནོ་ཞེས་བརྗོད་པར་ནུས་པ་མ་ཡིན་པའི་ཕྱིར། ཡོད་པ་དང་མེད་པའི་མཐའ་གཉིས་དང་ཡང་ བྲལ་བ་སྟེ། མདོར་ན་ཡོངས་གྲུབ་ཀྱི་ངོ་བོར་མེད་པ་མ་ཡིན་ཞིང༌། ཀུན་བཏགས་ཀྱི་ངོ་བོར་ ཡོད་པ་མ་ཡིན་པས་གཉིས་སུ་མེད་པའི་མཚན་ཉིད་ཅན་ནོ། ། མཐུ་དང་བཅས་པའི་དོན་ནི། རིན་ཆེན་ཆོས་ཀྱི་རྒྱུ་མཚན་ཕྱིར། །དེ་ནི་རིན་ ཆེན་འབྱུང་གནས་བཞིན། །དགེ་བའི་ལོ་ཏོག་རྒྱུ་མཚན་ཕྱིར། །དེ་ནི་ སྤྲིན་ཆེན་འདྲ་བར་འདོད། །ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལྟ་བུའི་ལུང་དང་མངོན་ པར་རྟོགས་པའི་ཆོས་དཔག་ཏུ་མེད་པ་རྣམས་ཀྱི་འབྱུང་གནས་སམ་རྒྱུ་མཚན་ཡིན་པའི་ཕྱིར། སངས་རྒྱས་དེ་ནི་རིན་ཆེན་དཔག་ཏུ་མེད་པའི་འབྱུང་གནས་རྒྱ་མཚོ་ཆེན་པོ་བཞིན་དུ་ཤེས་ པར་བྱ་ཞིང་གདུལ་བྱ་མཐའ་ཡས་པའི་རྒྱུད་ཀྱི་ཞིང་ལ་དགེ་བའི་ལོ་ཏོག་སྨིན་པར་བྱེད་པའི་ རྒྱུ་མཚན་ཡིན་པའི་ཕྱིར། སངས་རྒྱས་དེ་ནི་སྤྲིན་ཆེན་པོས་ཆར་ཕབ་སྟེ་ཞིང་པ་རྣམས་ཀྱི་ལོ་ ཏོག་སྨིན་པར་བྱེད་པ་དང་ཡང་འདྲ་བར་འདོད་དོ། ། ཡང་དེ་ཉིད་བཤད་པ་ནི། སངས་རྒྱས་ཉིད་ནི་ཆོས་ཀུན་ལྡན་པའམ་ཡང་ ན་ཆོས་ཀུན་བྲལ་བ་སྟེ། །རིན་ཆེན་ཆོས་རབ་ཆེ་ཡངས་འབྱུང་ཕྱིར་རིན་ 4-1-190 ཆེན་ཆོས་ཀྱི་འབྱུང་གནས་བཞིན། །སྐྱེ་དགུ་རྣམས་ལ་ལེགས་བཤད་མི་ ཟད་ཆོས་ཀྱི་ཆར་ཆེན་འབེབས་པས་ན། །འབྱུང་པོའི་ལོ་ཏོག་དཀར་པོ་ ཤིན་ཏུ་ཆེ་འཕེལ་རྒྱུ་ཕྱིར་སྤྲིན་དང་འདྲ། །དེ་བཞིན་ཉིད་དྲི་མ་དང་བྲལ་བ་སྤངས་ རྟོགས་མཐར་ཕྱིན་པའི་སངས་རྒྱས་ཉིད་ནི། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དཀར་ པོ་དགེ་བའི་ཆོས་ཀུན་དང་ལྡན་པས་མེད་པའི་མཐའ་དང་བྲལ་བའམ་ཡང་ན་བདག་གཉིས་ ལ་སོགས་པར་བྱིས་པས་ཀུན་བཏགས་པའི་ཆོས་ཀུན་དང་བྲལ་བས་ཡོད་པའི་མཐའ་དང་ ཡང་བྲལ་བའི་ཕྱིར་མཐའ་གཉིས་སུ་ལྷུང་བ་མེད་པའི་མཚན་ཉིད་དང་ལྡན་པ་སྟེ། མཐུ་དང་ ལྡན་པའི་དོན་ནི། རྫོགས་པའི་སངས་རྒྱས་ལས་ཐེག་པ་ཆེན་པོ་རིན་ཆེན་ལྟ་བུའི་ཆོས་ཤིན་ ཏུ་ཟབ་ཅིང་རབ་ཏུ་རྒྱ་ཆེ་ལ་ཡངས་པ་རྣམས་འབྱུང་བའི་ཕྱིར་རིན་ཆེན་སྣ་ཚོགས་པའི་ཆོས་ཀྱི་ འབྱུང་གནས་བཞིན་དུ་ཤེས་པར་བྱ་ཞིང༌། སྐྱེ་དགུ་རྣམས་ལ་ཐོག་མཐའ་བར་གསུམ་དུ་དགེ་ བའི་ལེགས་པར་བཤད་པ་ཕུང་པོ་ལྷག་མེད་དུའང་མི་ཟད་པའི་ཆོས་ཀྱི་ཆར་ཆེན་པོ་རྒྱུན་མི་ འཆད་པར་འབེབས་པས་ན། འབྱུང་པོ་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་ཞིང་ལ་ཕ་རོལ་ཏུ་ཕྱིན་ པ་ལ་སོགས་པའི་དགེ་བའི་ལོ་ཏོག་དཀར་པོ་དྲི་མ་མེད་པ་ཤིན་ཏུ་རྒྱ་ཆེན་པོ་གོང་ནས་གོང་དུ་ འཕེལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། སྤྲིན་གྱི་ཆར་གྱིས་ཞིང་པའི་ལོ་ཏོག་འཕེལ་བར་བྱེད་ པ་དང་ཡང་འདྲ་བར་ཤེས་པར་བྱའོ། ། སྐྱབས་གནས་བླ་ན་མེད་པའི་དོན་ནི། སྔར་སེམས་ཅན་རྣམས་སངས་རྒྱས་ལ་སྐྱབས་སུ་ འགྲོ་བའི་ཚུལ་བཤད་ནས། འདིར་སངས་རྒྱས་ཀྱིས་སེམས་ཅན་སྐྱོབ་པའི་ཡོན་ཏན་འཆད་པ་ ལ་ལྔ་སྟེ། ཀུན་ནས་ཉོན་མོངས་གསུམ་ལས་སྐྱོབ་ཚུལ། ཡོངས་སུ་སྐྱོབ་པ་ལྔའི་ཁྱད་པར། དེ་ དག་སྐྱབས་ཀྱི་མཆོག་ཏུ་བསྟན་པ། མཆོག་ཏུ་འགྱུར་བའི་རྒྱུ་མཚན་བཤད་པ། རྟག་ཏུ་ཀུན་གྱི་ སྐྱབས་སུ་འགྱུར་ཚུལ་ལོ། ། 4-1-191 དང་པོ་ལ་ཀུན་ནས་ཉོན་མོངས་པ་གསུམ་ནི། མ་རིག་འདུ་བྱེད་རྣམ་པར་ཤེས། །མིང་ གཟུགས་སྐྱེ་མཆེད་རེག་པ་དང༌། །ཚོར་བ་སྲེད་པ་ལེན་པ་དང༌། །སྲིད་པ་སྐྱེ་བ་རྒ་ཤིའོ། །ཞེས་ པ་(སྡོམ་དུ་བྱས་པ་)ཡན་ལག་བཅུ་གཉིས་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བའི་ཚུལ་གྱིས་ཁོར་ ཡུག་ཏུ་འཁོར་བ་སྟེ། དེ་ཡང་དབུ་མ་རྟེན་འབྲེལ་སྙིང་པོ་ལས། དང་པོ་བརྒྱད་པ་དགུ་ཉོན་ མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ལོ། །ཞེས་གསུངས་ པ་ལྟར་དང་པོ་ཁམས་གསུམ་པའི་མི་ཤེས་པ་མ་རིག་པ་དང༌། བརྒྱད་པ་བདེ་སོགས་ཉམས་ སུ་མྱོང་བ་ལ་བླང་དོར་དུ་སྲེད་པ་དང༌། དགུ་པ་ཡང་སྲིད་ཉེ་བར་ལེན་པར་བྱེད་པའི་འདོད་ ཆགས་ལ་སོགས་པའི་ལེན་པ་རྣམས་ནི་སེམས་ཀྱི་རྒྱུད་ལས་སུ་མི་རུང་བར་བྱེད་པས་ཉོན་ མོངས་པའི་ཀུན་ནས་ཉོན་མོངས་པ་ཡིན་ལ། གཉིས་པ་ཡང་སྲིད་འཕེན་པར་བྱེད་པའི་འདུ་ བྱེད་སེམས་པ་དང༌། བཅུ་པ་ཡང་སྲིད་སྐྱེ་ངེས་སུ་བྱེད་པའི་སྲིད་པ་དག་ནི་ཀུན་གཞིའི་རྣམ་ ཤེས་ལ་ལས་ཀྱི་བག་ཆགས་འཇོགས་པས་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཡིན་ཞིང༌། ལྷག་ མ་ལས་ཀྱི་བག་ཆགས་དང་ལྡན་པའི་ཀུན་གཞིའི་རྣམ་པར་ཤེས་པ་དང༌། དེ་མངལ་དུ་ཉིང་ འཚམས་སྦྱར་བ་ལས་མིང་བཞི་དང༌། ནུར་ནུར་པོ་ལ་སོགས་པའི་གཟུགས་དང༌། དེ་དག་ འཕེལ་བ་ལས་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་ཚང་བ་དང༌། ཡུལ་དབང་ཡིད་ལ་བྱེད་པ་ གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པའི་རེག་པ་དང༌། བཅད་པ་ལྟར་བདེ་བ་ལ་སོགས་ པ་ཉམས་སུ་མྱོང་བའི་ཚོར་བ་དང༌། ལས་ཀྱི་སྲིད་པ་སྟོབས་ལྡན་ལས་ཕུང་པོ་གསར་དུ་མངོན་ པར་འགྲུབ་པའི་སྐྱེ་བ་དང༌། སྐྱེས་ཕྱིན་ཆད་ན་ཚོད་འགྱུར་བ་དང་བཅས་ཤིང་མཐར་སྲོག་ ཀྱང་འགག་པ་རྒ་ཤི་སྟེ་བདུན་ནི་སྡུག་བསྔལ་དང་བཅས་པ་སྐྱེ་བའི་ཀུན་ནས་ཉོན་མོངས་ པའོ། །དེ་རྣམས་ཀྱི། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་འདི། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་ 4-1-192 གསུངས་པ་ལྟར་ཉོན་མོངས་པ་གསུམ་ལས་ལས་གཉིས་འབྱུང་ཞིང༌། ལས་གཉིས་ལས་ སྡུག་བསྔལ་བདུན་འབྱུང་ལ། སྡུག་བསྔལ་མྱོང་བཞིན་དུའང་ཉོན་མོངས་པའི་དབང་གིས་ ལས་ངན་པ་སོགས་པས་སྒོ་ང་ལས་བྱ་དང་བྱ་ལས་སྒོ་ང་ལྟར་ཕན་ཚུན་འཁོར་བའི་ཚུལ་གྱིས་ སེམས་ཅན་རྣམས་སྡུག་བསྔལ་བར་གནས་པ་ལ། རྟག་ཏུ་ཉོན་མོངས་ཚོགས་ཀུན་ དང༌། །ཉེས་པར་སྤྱོད་པ་ཐམས་ཅད་དང༌། །རྒ་དང་འཆི་བ་དག་ལས་ ཀྱང༌། །སངས་རྒྱས་ཉིད་ནི་ཡོངས་སུ་སྐྱོབ། །དེ་ཡང་ལན་ཅིག་ཙམ་མ་ཡིན་གྱི་ དུས་རྟག་ཏུ་རྒྱུན་མི་འཆད་པར་སྤང་བྱ་མ་རིག་པ་ལ་སོགས་པ་ཉོན་མོངས་པའི་ཀུན་ནས་ཉོན་ མོངས་པའི་ཚོགས་ཀུན་དང༌། དེས་ཀུན་ནས་བསླང་བ་སྲོག་གཅོད་པ་ལ་སོགས་པའི་ཉེས་ པར་སྤྱོད་པ་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་དང༌། རྒ་བ་དང་འཆི་བ་དང་མྱ་ངན་ དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་ལ་སོགས་པ་ སྐྱེ་བའི་ཀུན་ནས་ཉོན་མོངས་པ་དག་ལས་ཀྱང་སྐྱོབ་པ་པོ་སངས་རྒྱས་ཉིད་ཀྱིས་ནི་ཡོངས་སུ་ སྐྱོབ་པར་མཛད་དེ། དབུ་མ་རྩ་བར། མ་རིག་འགགས་པར་གྱུར་ནས་ནི། །འདུ་བྱེད་ཀུན་ཏུ་ འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་སྒོམ་པས་སོ། །ཞེས་ གསུངས་པ་ལྟར་ཉེས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པའི་གཉེན་པོ་རིག་པ་ཡེ་ཤེས་སྒོམ་པའི་ ལམ་རྣམ་པར་དག་པ་བསྟན་པས་སོ། །དེ་ལྟར་འཁོར་བའི་རྩ་བ་མ་རིག་པ་འགགས་ན་སྡུག་ བསྔལ་མཐའ་དག་ལས་རྣམ་པར་གྲོལ་བར་འགྱུར་ཏེ། དེ་དང་དེ་ནི་འགགས་གྱུར་ན། །དེ་ དང་དེ་ནི་མངོན་མི་འབྱུང༌། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་ འགག །ཅེས་གསུངས་པ་ལྟར་རོ། ། ཡོངས་སུ་སྐྱོབ་པ་ལྔ་ནི། ཉེ་བར་འཚེ་བ་ཐམས་ཅད་དང༌། །ངན་སོང་དང་ ནི་ཐབས་མིན་དང༌། །འཇིག་ཚོགས་ཐེག་པ་དམན་པ་ལས། །དེ་ཕྱིར་ 4-1-193 སྐྱབས་ཀྱི་དམ་པའོ། །སངས་རྒྱས་འཇིག་རྟེན་དུ་བྱོན་པའི་མཐུས་ལོང་བ་རྣམས་ཀྱིས་ མིག་ཐོབ་པ་དང༌། འོན་པ་རྣམས་ཀྱིས་རྣ་བ་ཐོབ་པ་དང༌། སེམས་འཁྲུགས་པ་རྣམས་ཀྱིས་ དྲན་པ་ཐོབ་པ་དང༌། ནད་འགོ་བ་རྣམས་ཞི་བར་མཛད་པ་ལ་སོགས་པས་ཉེ་བར་འཚེ་བ་ ཐམས་ཅད་ལས་སྐྱོབ་པ་དང༌། སངས་རྒྱས་ཀྱི་འོད་ཟེར་གྱིས་ངན་སོང་ལས་ཐར་བར་མཛད་ ཅིང་མི་དགེ་བ་ལས་བཟློག་ནས་དེར་མི་འགྲོ་བར་མཛད་པས་ངན་སོང་གསུམ་ལས་ཡོངས་ སུ་སྐྱོབ་པ་དང་ནི་ལྟ་བ་ངན་པའི་དབང་གིས་མེ་ལྔ་བསྟེན་པ་དང་རྩེ་གསུམ་ལ་མཆོང་བ་ལ་ སོགས་པ་ལམ་ངན་པ་ལ་ཞུགས་པའི་མུ་སྟེགས་ཅན་རྣམས་དེ་ལས་བཟློག་སྟེ། བདེ་འགྲོ་དང་ ཐར་པའི་ལམ་བསྟན་ནས་ཐབས་མིན་པ་ལས་སྐྱོབ་པ་དང༌། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ བདག་དང་བདག་གིར་འཛིན་པའི་དབང་གིས་འཁོར་བར་ལྷུང་བ་རྣམས་ཉན་ཐོས་དང་རང་ སངས་རྒྱས་{རྣམས་}ཀྱི་མྱ་ངན་ལས་འདས་པ་ལ་བཀོད་ནས་འཇིག་ཚོགས་འཁོར་བའི་སྡུག་ བསྔལ་ལས་སྐྱོབ་པ་དང༌། བྱང་ཆུབ་སེམས་དཔའ་རིགས་མ་ངེས་པ་རྣམས་ཐེག་པ་ཆེན་པོར་ རིགས་ངེས་པ་ལ་བཀོད་ནས་ཐེག་པ་དམན་པར་ལྟུང་བ་ལས་སྐྱོབ་པར་མཛད་པ་སྟེ། དེ་ཉིད་ ཀྱི་ཕྱིར་རྫོགས་པའི་སངས་རྒྱས་ནི་སྐྱབས་གནས་རྣམས་ཀྱི་དམ་པ་མཆོག་ཏུ་གྱུར་པའོ། ། སྐྱབས་ཀྱི་མཆོག་ཏུ་བསྟན་པ་ནི། སངས་རྒྱས་ཉིད་དེ་སྐྱབས་ནི་དཔེ་མེད་ མཆོག་ཏུ་འདོད། །སྣ་ཚོགས་འཇིགས་འགྱུར་འཇིག་ཚོགས་ཀུན་དང་ ཐེག་པ་དང༌། །ངན་སོང་རྣམ་མང་སྡུག་བསྔལ་ཐབས་མིན་སོང་བ་ རྣམས། །སྐྱེ་དང་འཆི་དང་ཉོན་མོངས་ལས་རྣམས་ཀུན་ལས་བསྲུང༌། ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དེ་ནི་གཞན་གྱིས་བསྐྱབ་པར་མི་ནུས་པ་རྣམས་ ལས་སྐྱོབ་པས་སྐྱབས་ནི་དཔེ་དང་ཟླ་མེད་པས་མཆོག་ཏུ་གྱུར་པར་འདོད་དེ། སྔར་བཤད་ པ་ལྟར་དབང་པོ་མ་ཚང་བ་ལ་སོགས་པ་སྣ་ཚོགས་པས་འཇིགས་པར་འགྱུར་བ་རྣམས་དང༌། 4-1-194 འཇིག་ཚོགས་སུ་ལྟ་བས་འཁོར་བར་ལྟུང་བའི་འཇིགས་པ་ཀུན་དང༌། ཐེག་ཆེན་རིགས་མ་ ངེས་པ་ཐེག་པ་དམན་པར་ལྟུང་བའི་འཇིགས་པ་དང༌། ངན་སོང་གི་གནས་རྣམ་པ་མང་པོར་ སྡུག་བསྔལ་སྣ་ཚོགས་པ་མྱོང་བའི་འཇིགས་པ་དང༌། མཐོ་རིས་དང་ཐར་པའི་ཐབས་མིན་པ་ ལམ་ངན་པར་སོང་བའི་འཇིགས་པ་རྣམས་དང༌། སྐྱེ་བ་དང་འཆི་བ་ལ་སོགས་པ་ཚེའི་ཀུན་ ནས་ཉོན་མོངས་པ་དང༌། མ་རིག་པ་ལ་སོགས་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ དང༌། མཚམས་མེད་པ་ལ་སོགས་པ་ལས་ཀྱི་ཀུན་ནས་ཉོན་མོངས་པའི་དབང་དུ་གྱུར་པ་ རྣམས་འཇིགས་པ་རྣམ་པ་མང་པོ་དེ་དང་དེ་དག་ལས་རྟག་ཏུ་ཀུན་ལས་བསྲུང་བར་མཛད་ པའི་ཕྱིར་རོ། ། མཆོག་ཏུ་འགྱུར་བའི་རྒྱུ་མཚན་ནི། སངས་རྒྱས་ཆོས་ཀྱི་ཤིན་ཏུ་རྫོགས་པའི་ སྐུ་གང་ཡིན། །དམ་པའི་ཆོས་ལ་སེམས་ཅན་རབ་འདུལ་མཁྱེན་པ་ གང༌། །འགྲོ་བ་ཀུན་ལ་ཐུགས་བརྩེའི་ཕ་རོལ་ཕྱིན་པ་གང༌། །སངས་ རྒྱས་ཉིད་དེ་འདིར་ནི་སྐྱབས་ཀྱི་མཆོག་ཏུ་འདོད། །རང་དོན་མཐར་ཐུག་པ་ སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ་རབ་ཀྱི་མཐར་ ཕྱིན་པ་རྣམས་ཀྱིས་ཤིན་ཏུ་རྫོགས་པའི་ངོ་བོ་ཉིད་ཀྱི་སྐུ་གང་ཡིན་པ་དང༌། གཞན་དོན་མཐར་ ཐུག་པ་དམ་པའི་ཆོས་ཐེག་པ་གསུམ་ལ་སེམས་ཅན་མཐའ་ཡས་པ་རབ་ཏུ་འདུལ་བའི་ཐབས་ སྣ་ཚོགས་མཁྱེན་པ་གང་ཡིན་པ་དང༌། འགྲོ་བ་ཀུན་ལ་སྡུག་བསྔལ་མཐའ་དག་བསྒྲལ་བར་ བཞེད་པའི་ཐུགས་བརྩེ་བ་རབ་ཀྱི་མཐར་ཕྱིན་པའི་ཕ་རོལ་ཏུ་ཕྱིན་པ་བརྙེས་པ་གང་ཡིན་པ་ སྟེ། དོན་གཉིས་ཕུན་སུམ་ཚོགས་པ་མཐར་ཕྱིན་པའི་སངས་རྒྱས་ཉིད་དེ་ནི་གདུལ་བྱ་སྨིན་ པར་བྱེད་པའི་སྐབས་འདིར་ནི་སྐྱབས་གནས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ པར་འདོད་དོ། ། 4-1-195 ཀུན་གྱི་སྐྱབས་སུ་འགྱུར་ཚུལ་ནི། འཇིག་རྟེན་ཇི་སྲིད་སེམས་ཅན་གྱི། ། གནོད་དང་ཕུན་སུམ་ཚོགས་པ་ཀུན། །བཟློག་ཅིང་འབྱོར་བར་མཛད་ པའི་ཕྱིར། །སངས་རྒྱས་སྐྱབས་ཆེན་ཉིད་དུ་འདོད། །དུས་འཇིག་རྟེན་གྱི་ཁམས་ མཐའ་ཡས་པ་རྣམས་ཇི་སྲིད་གནས་ཀྱི་བར་དུ་ཡུལ་ནམ་མཁའི་མཐའ་དང་མཉམ་པའི་ སེམས་ཅན་ཀུན་གྱི་གནོད་པ་དང་ཕུན་སུམ་ཚོགས་པ་ཀུན་རིམ་པ་བཞིན་དུ་སྦྱར་ཏེ། སྐྱེ་རྒ་ ན་འཆི་ལ་སོགས་པ་སྡུག་བསྔལ་གྱི་གནོད་པ་ཀུན་བཟློག་པར་མཛད་ཅིང་གནས་སྐབས་དང་ མཐར་ཐུག་གི་ཕུན་སུམ་ཚོགས་པ་ཀུན་འབྱོར་པར་མཛད་པའི་ཕྱིར། རྫོགས་པའི་སངས་རྒྱས་ ནི་སྐྱབས་ཆེན་པོ་ཉིད་ཀྱི་མཆོག་ཏུ་གྱུར་པ་ཡིན་པར་འདོད་དོ། ། གནས་ཡོངས་སུ་གྱུར་པ་ལས་འགྲུབ་པའི་དོན་ལ་དྲུག་སྟེ། གནས་གྱུར་གྱི་ངོ་བོ་ངོས་ གཟུང༌། དེ་གཞན་ལས་ཁྱད་པར་འཕགས་ཚུལ། དེའི་ཡོན་ཏན་རྣམ་པར་དབྱེ་བ། སངས་ རྒྱས་ཉིད་ཀུན་ལ་ཁྱབ་ཚུལ། སྣོད་མིན་ལ་སྣང་བ་མིན་ཚུལ། གདུལ་བྱ་ལ་ལྟོས་ནས་སྣང་ཚུལ་ ལོ། ། ངོ་བོ་ནི། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་ རྟག་ལྡན་པ། །སྤོང་བ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་ གྱུར་ཅིང༌། །གནས་གྱུར་ཆོས་དཀར་ཡོན་ཏན་མཆོག་རབ་ལྡན་པ་ཐོབ་ པ་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རབ་དག་ཡུལ་ཅན་ཡེ་ཤེས་ ལམ་གྱིས་ཐོབ། །ཆོས་ཅན་ཕུང་པོ་ལྔའི་ཆོས་ཉིད་དབྱིངས་རང་བཞིན་གྱིས་རྣམ་པར་ དག་པ་གང་ལ་མི་མཐུན་ཕྱོགས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ས་བོན་ནམ་བག་ ཆགས་དུས་རིང་པོ་འཁོར་བ་ཐོག་མ་མེད་པ་ནས་རྟག་ཏུ་ལྡན་པ་དེ་ཉིད་སྤོང་བར་བྱེད་པའི་ གཉེན་པོ་ས་བཅུའི་ཡེ་ཤེས་ཤིན་ཏུ་རྒྱ་ཆེན་པོ་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་པར་གྱུར་ཅིང༌། 4-1-196 དག་པ་གཉིས་ལྡན་དུ་གནས་གྱུར་པ་དང༌། ཆོས་དཀར་པོ་ཡེ་ཤེས་ལྔ་དང་སྟོབས་བཅུ་དང་ མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་ཉན་རང་ལས་མཆོག་དང་རབ་ཏུ་གྱུར་པ་དང་ ལྡན་པ་ཐོབ་པ་ནི་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཉིད་ཡིན་ཞིང༌། གནས་གྱུར་དྲི་ མ་དང་བྲལ་བའི་འབྲས་བུ་དེ་ནི་འཇིག་རྟེན་ལས་འདས་པ་མཉམ་བཞག་ཆོས་ཐམས་ཅད་ ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་རབ་ཏུ་དག་པའི་ལམ་དང༌། དེའི་རྗེས་ལས་ཐོབ་པ་ཤེས་བྱ་ ཤིན་ཏུ་རྒྱ་ཆེན་པོའི་ཡུལ་ཅན་གྱི་ཡེ་ཤེས་ཀྱི་ལམ་རྣམ་པར་དག་པ་གཉིས་ཀྱིས་ཐོབ་པའོ། ། ཁྱད་པར་འཕགས་ཚུལ་ནི། དེ་བཞིན་གཤེགས་པ་དེ་ནི་དེར་བཞུགས་ ནས། །རི་དབང་མཐོ་སྟེང་བཞུགས་བཞིན་འགྲོ་ལ་གཟིགས། །ཞི་བར་ མངོན་དགའི་འགྲོ་ལའང་ཐུགས་རྗེ་ན། །སྲིད་ལ་མངོན་དགའི་སྐྱེ་བོ་ གཞན་ཅི་སྨོས། །བྱང་ས་ལས། ཕྱིན་ཅི་མ་ལོག་པར་གསུང་བས་ན་དེ་བཞིན་གཤེགས་ པ་ཞེས་བྱའོ། །ཐོབ་པར་བྱ་བའི་དོན་ཐམས་ཅད་བརྙེས་པ་དང་བསོད་ནམས་ཀྱི་ཞིང་བླ་ན་ མེད་པ་ཡིན་པ་དང༌། མཆོད་པར་འོས་པའང་ཡིན་པའི་ཕྱིར་དགྲ་བཅོམ་པ་ཞེས་བྱའོ། །ཆོས་ ཐམས་ཅད་ཇི་ལྟ་བ་བཞིན་དུ་དོན་དམ་པར་ཐུགས་སུ་ཆུད་པས་ན་ཡང་དག་པར་རྫོགས་ པའི་སངས་རྒྱས་ཞེས་བྱའོ། །ཞེས་པ་ལ་སོགས་པ་གསུངས་པའི་མཚན་དོན་དང་ལྡན་པའི་ དེ་བཞིན་གཤེགས་པ་དེ་ནི་དབྱིངས་རང་བཞིན་གྱིས་དག་པ་སྒྲིབ་གཉིས་བག་ཆགས་དང་ བཅས་{པས་}ཀྱང་དག་པའི་གནས་མ་ལུས་པ་ཡོངས་སུ་གྱུར་པ་དེར་བཞུགས་ནས་དཔེར་ ན་འགའ་ཞིག་རི་དབང་མཐོན་པོའི་སྟེང་དུ་བཞུགས་ནས་དམའ་བ་གླིང་བཞི་ལ་སོགས་པ་ རྣམས་ལ་ལྟ་བ་བཞིན་དུ། ཉན་རང་ལ་སོགས་པ་ལས་མཆོག་ཏུ་གྱུར་པའི་གོ་འཕང་མཐོན་ པོ་ལ་བཞུགས་ནས་སྲིད་ཞིའི་མཐར་ལྷུང་བའི་འགྲོ་བ་དམན་པ་རྣམས་ལ་གཟིགས་ཏེ། རང་ ཉིད་གཅིག་པུ་ཞི་བ་མྱ་ངན་ལས་འདས་པའི་བདེ་བ་ལ་མངོན་པར་དགའ་བ་ཉན་ཐོས་དང་ 4-1-197 རང་སངས་རྒྱས་ཀྱི་འགྲོ་བ་རྣམས་ལའང་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་པར་མཛད་ན། སྲིད་པ་འཁོར་བ་ལ་མངོན་པར་དགའ་བའི་སྐྱེ་བོ་གཞན་སྡུག་བསྔལ་སྣ་ཚོགས་པས་གདུངས་ པ་རྣམས་ཐུགས་རྗེས་སྐྱོབ་པར་མཛད་པ་ལྟ་ཅི་སྨོས་ཏེ། ཅིས་ཀྱང་སྐྱོབ་པའི་སྒོ་ནས་ཁྱད་པར་ དུ་འཕགས་པ་ཉིད་དོ། ། ཡོན་ཏན་གྱི་དབྱེ་བ་ནི། གནས་ལ་འཇུག་དང་རབ་འཇུག་མི་འཇུག་དང༌། ། ལྡོག་དང་ཀུན་འཇུག་གཉིས་དང་མི་གཉིས་དང༌། །མཉམ་དང་ཁྱད་ འཕགས་ཀུན་འགྲོའི་བདག་ཉིད་ནི། །དེ་བཞིན་གཤེགས་པ་རྣམས་ཀྱི་ ཡོངས་གྱུར་འདོད། །གནས་ཡོངས་སུ་གྱུར་པ་དེ་ལ་ཕྱེ་ན་རྣམ་པ་བཅུ་སྟེ། གཞན་དོན་ ཕུན་སུམ་ཚོགས་པ་ལ་འཇུག་པ་དང༌། ཆོས་ཐམས་ཅད་ལས་ཁྱད་པར་འཕགས་པའི་ཕྱིར་ མཆོག་གམ་རབ་ཏུ་འཇུག་པ་དང༌། ཚུལ་མིན་ཡིད་བྱེད་ལ་སོགས་པ་ཀུན་ནས་ཉོན་མོངས་ པའི་རྒྱུ་ལ་མི་འཇུག་པ་དང༌། ཀུན་ནས་ཉོན་མོངས་པ་གསུམ་ལས་ལྡོག་པ་དང༌། རྟག་ཏུ་ རྒྱུན་མི་འཆད་པར་ཀུན་ཏུ་འཇུག་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ ལས་འདས་པ་གཉིས་ལ་འཇུག་པ་དང༌། ཤེས་རབ་དང་སྙིང་རྗེས་སྲིད་ཞིའི་མཐའ་གཉིས་ལ་ མི་གནས་པས་འདུས་བྱས་དང་འདུས་མ་བྱས་མི་གཉིས་པར་འཇུག་པ་དང༌། ཉོན་མོངས་པ་ ལས་རྣམ་པར་གྲོལ་བའི་ཆ་ནས་ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཡང་མཉམ་པར་ འཇུག་པ་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པ། མངོན་དུ་གྱུར་པས་ཉན་རང་དང་ མི་མཉམ་ཞིང་ཁྱད་པར་དུ་འཕགས་པར་འཇུག་པ་དང༌། རིགས་ཅན་གསུམ་ལ་རང་རང་གི་ མོས་པ་དང་མཐུན་པར་ཐེག་པ་གསུམ་གའི་ཆོས་སྟོན་པས་ཀུན་འགྲོའི་བདག་ཉིད་ཀྱི་འཇུག་ པ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་མ་ལུས་པ་ཡོངས་སུ་གྱུར་པའི་ཡོན་ཏན་ གྱི་རྣམ་པར་དབྱེ་བ་ཡིན་པར་འདོད་དོ། ། 4-1-198 ཀུན་ལ་ཁྱབ་ཚུལ་ནི། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་ བཞིན་དེ་ཡང་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་ གྱུར་ཀུན་ཏུ་སོང༌། །དེ་བཞིན་དེ་ཡང་སེམས་ཅན་ཚོགས་ཀུན་སོང༌། ། ཇི་ལྟར་ཏེ་དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་དུས་རྟག་ཏུ་བརྟན་པ་དང་གཡོ་བའི་ གཟུགས་ཀུན་ལ་ཁྱབ་པར་སོང་བར་འདོད་པ་དེ་བཞིན་དུ། གནས་མ་ལུས་པར་གྱུར་པ་དེའི་ རང་བཞིན་དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་དེ་ཡང་དུས་རྟག་ཏུ་བརྟན་པ་དང་གཡོ་བའི་ དངོས་པོ་ཀུན་ལ་ཁྱབ་པར་སོང་བར་འདོད་ཅིང༌། ཡང་ཇི་ལྟར་ན་འདུས་མ་བྱས་ཀྱི་ནམ་ མཁའ་གཟུགས་ཀྱི་ཁྱད་པར་བཟང་ངན་བར་མར་གྱུར་པ་ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་ སོང་བ་དེ་བཞིན་དུ། དོན་དམ་པའི་སངས་རྒྱས་དེ་ཡང་སེམས་ཅན་གྱི་ཚོགས་བཟང་ངན་བར་ མ་ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་སོང་བ་ཉིད་དེ། རྒྱུད་བླ་མར་ཡང༌། (ཆོས་ཉིད་)དེ་སྤྱིའི་མཚན་ ཉིད་(ཡིན་པས་)ཉེས་པ་(ཅན་སེམས་ཅན་)དང༌། །ཡོན་ཏན་(ཅན་བྱང་སེམས་དང་)མཐར་ཐུག་(སངས་རྒྱས་ལ་) ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང༌། །བར་མ་(དང་)མཆོག་ལ་ནམ་མཁའ་(ཁྱབ་ པ་)བཞིན། །ཞེས་པ་དང༌། གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ཕྱི་རོལ་ཏུ་གྱུར་ པའི་སེམས་ཅན་དེ་དག་ནི་འགའ་ཡང་སེམས་ཅན་གྱི་ཁམས་ན་མེད་དེ། ནམ་མཁའི་ཁམས་ ཀྱིས་གཟུགས་ཀྱི་ཁམས་བཞིན་ནོ་ཞེས་གསུངས་པ་ལྟར་རོ། ། འདིའི་འགྲེལ་བར། སངས་རྒྱས་ཀྱིས་སེམས་ཅན་གྱི་ཚོགས་ཀུན་ཏུ་སོང་བ་ཉིད་ནི་ སེམས་ཅན་ཐམས་ཅད་བདག་ཉིད་དུ་ཞལ་གྱིས་བཞེས་པ་ཡོངས་སུ་གྲུབ་པ་ལས་རིག་པར་ བྱའོ་ཞེས་གསུངས་པ་ལ། ཁ་ཅིག་ས་དང་པོར་བདག་གཞན་མཉམ་པ་ཉིད་རྟོགས་པ་དེ་ མཐར་ཕྱིན་པ་ལས་སེམས་ཅན་ཐམས་ཅད་ལ་འཕྲིན་ལས་མཉམ་པ་ཉིད་དུ་འཇུག་པའོ་ཞེས་ ཀྱང་འཆད་མོད། ངེས་པའི་དོན་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་རྣམ་པར་ 4-1-199 དག་པ་དང་སངས་རྒྱས་ཀྱི་བདག་ཉིད་གཉིས་སུ་མེད་པའི་དོན་ཏེ། རྒྱུད་བླ་མའི་འགྲེལ་བར། སེམས་ཀྱི་རང་བཞིན་རྣམ་པར་དག་པ་གཉིས་སུ་མེད་པ་ཉིད་ཉེ་བར་བཟུང་ནས་བཅོམ་ལྡན་ འདས་ཀྱིས་ཇི་སྐད་དུ་བཀའ་བསྩལ་པ་ནི། འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པ་ནི་ བདག་གི་ཉེ་བར་ལེན་པའི་གཞི་རྩ་ཡོངས་སུ་མཁྱེན་པ་བསྲུང་བར་མཛད་པ་སྟེ། བདག་རྣམ་ པར་དག་པས་སེམས་ཅན་ཐམས་ཅད་རྣམ་པར་དག་པར་རྟོགས་སོ། །བདག་རྣམ་པར་དག་ པ་གང་ཡིན་པ་དང་སེམས་ཅན་རྣམ་པར་དག་པ་གང་ཡིན་པ་འདི་ནི་གཉིས་སུ་མེད་དེ་གཉིས་ སུ་བྱར་མེད་དོ་ཞེས་གསུངས་པ་ལྟར་རོ། ། སྣང་བ་མིན་ཚུལ་ནི། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་ མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ ཀྱང་མི་སྣང་ངོ་། །ཇི་ལྟར་ཏེ་དཔེར་ན་ཆུའི་སྣོད་ཆག་ནས་ནང་ན་ཆུ་མེད་ན་སྣོད་ཀྱི་ནང་ དུ་ཟླ་བའི་གཟུགས་བརྙན་མི་སྣང་བ་དེ་བཞིན་དུ། སེམས་ཅན་ངན་པ་ལས་དང་ཉོན་མོངས་ པའི་དབང་དུ་གྱུར་པས་སྐལ་བ་དང་མི་ལྡན་པ་རྣམས་ལ་སངས་རྒྱས་ཀྱི་གཟུགས་ཀྱང་མི་ སྣང་ངོ༌། །དེ་ཡང་ཟླ་བ་ལ་ཉེ་རིང་མེད་ཀྱང་ཆུ་མེད་ན་གཟུགས་བརྙན་མི་སྣང་བ་བཞིན་དུ་ སངས་རྒྱས་ལ་ཉེ་རིང་མེད་ཀྱང་སེམས་ཅན་གྱི་ཉེས་པས་མི་སྣང་བ་ཉིད་དེ། མངོན་པར་ རྟོགས་པའི་རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། ། སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །ཞེས་གསུངས་པ་ ལྟར་རོ། ། ལྟོས་ནས་སྣང་ཚུལ་ནི། ཇི་ལྟར་མེ་ནི་གཞན་དུ་འབར། །གཞན་དུ་ཞི་ བར་འགྱུར་བ་ལྟར། །དེ་བཞིན་སངས་རྒྱས་རྣམས་ལ་ཡང༌། །སྣང་དང་ མི་སྣང་ཤེས་པར་བྱ། །དཔེ་ཇི་ལྟར་ན་མེ་ནི་བུད་ཤིང་ལ་སོགས་པའི་རྐྱེན་ཚོགས་པ་ན་ 4-1-200 གཞན་དུ་འབར་ཞིང་བུད་ཤིང་ཟད་པ་ལ་སོགས་པའི་དབང་གིས་གཞན་དུ་ཞི་ཞིང་མེད་པར་ འགྱུར་བ་ལྟར། དོན་དེ་བཞིན་དུ་སངས་རྒྱས་རྣམས་ལ་ཡང་དོན་དམ་ཆོས་ཀྱི་སྐུ་ལ་སྐྱེ་འཇིག་ མེད་ཀྱང་གདུལ་བྱ་སྐལ་བ་དང་ལྡན་པ་ཡོད་ན་ཀུན་རྫོབ་གཟུགས་ཀྱི་སྐུའི་སྣང་བ་སྣ་ཚོགས་ པ་བསྟན་ནས་སྨིན་པར་མཛད་པ་དང༌། སངས་རྒྱས་མཐོང་བའི་སྐལ་བ་དང་ལྡན་པ་མེད་ན་ རྟག་པར་འཛིན་པ་བཟློག་པ་ལ་སོགས་པའི་ཆེད་དུ་མི་སྣང་ཞིང༌། མྱ་ངན་ལས་འདས་བའི་ ཚུལ་སྟོན་པར་ཡང་ཤེས་པར་བྱ་སྟེ། ཐེག་པ་ཆེན་པོ་བསྡུས་པ་ལས། ལ་ལར་རྫོགས་པའི་ བྱང་ཆུབ་སྟོན། །ལ་ལར་མེ་བཞིན་མྱ་ངན་འདའ། །ནམ་ཡང་མེད་པ་མ་ཡིན་ཏེ། །དེ་བཞིན་ གཤེགས་པ་རྟག་པའི་སྐུ། །ཞེས་གསུངས་པ་ལྟར་རོ། ། འཕྲིན་ལས་ཕུན་སུམ་ཚོགས་པའི་དོན་ལ། ལྷུན་གྱིས་གྲུབ་པའི་དོན་དང༌། རྒྱུན་མི་འཆད་ པའི་དོན་ནོ། ། དང་པོ་ལའང་གཉིས་ལས། གསུང་གི་མཛད་པ་ལྷུན་གྱིས་གྲུབ་པ་ནི། ཇི་ལྟར་རྔ་ དག་མ་བརྡུངས་པར། །སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར། །དེ་བཞིན་རྒྱལ་བ་ གཟོ་མེད་པར། །བཤད་པ་དག་ནི་ཀུན་ཏུ་འབྱུང༌། །དཔེ་ཇི་ལྟར་ན་སུམ་ཅུ་རྩ་ གསུམ་པ་རྣམས་ཀྱི་ལས་ཀྱི་དབང་གིས་ཆོས་ཀྱི་རྔ་བོ་ཆེ་དེ་གཞན་དག་གིས་མ་བརྡུངས་པར་ ཡང༌། ཆོས་ཀྱི་སྡོམ་བཞི་ལ་སོགས་པའི་སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར་དོན་དེ་བཞིན་དུ་རྒྱལ་བ་ རྫོགས་པའི་སངས་རྒྱས་རྣམས་ཀྱང༌། ཆོས་འདི་དང་འདི་བཤད་པར་བྱའོ་སྙམ་པའི་རྣམ་པར་ རྟོག་པའི་གཟོའི་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པར་ཡང༌། ལས་རྣམ་པར་དཀར་བ་ བསགས་པའི་གདུལ་བྱ་རྣམས་ལ་རང་རང་གི་མོས་པ་དང་མཐུན་པའི་བཤད་པ་དག་ནི་ཀུན་ ཏུ་འབྱུང་བ་སྟེ། རྒྱུད་བླ་མར་ཡང༌། ཇི་ལྟར་ལྷ་ན་ལྷ་རྣམས་ཀྱི། །རྔ་སྒྲ་རང་གི་ལས་ལས་བྱུང༌། ། དེ་བཞིན་འཇིག་རྟེན་ཐུབ་པའི་ཆོས། །གསུང་བ་རང་གི་ལས་ལས་བྱུང༌། །ཞེས་པ་ལ་སོགས་ 4-1-201 པ་གསུངས་པ་ལྟར་རོ། ། སྐུའི་མཛད་པ་ལྷུན་གྱིས་གྲུབ་པ་ནི། ཇི་ལྟར་ནོར་བུ་འབད་མེད་པར། །རང་ གི་འོད་ནི་སྟོན་པ་ལྟར། །སངས་རྒྱས་རྣམས་ཀྱང་གཟོ་མེད་པར། །དེ་ བཞིན་མཛད་པ་ངེས་པར་སྟོན། །དཔེ་ཇི་ལྟར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་ རྣམ་རྟོག་གི་འབད་རྩོལ་མེད་པར་རང་གི་འོད་ནི་སྟོན་ཞིང་གཞན་གྱི་དགོས་འདོད་སྒྲུབ་པ་ ལྟར། དོན་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་འདི་དང་འདི་བསྟན་པར་ བྱའོ་སྙམ་པའི་རྣམ་རྟོག་གི་གཟོའམ་འབད་རྩོལ་མེད་ཅིང༌། ལྷུན་གྱིས་གྲུབ་པར་སྔ་མ་དེ་ བཞིན་དུ་མཛད་པ་བཅུ་གཉིས་ལ་སོགས་པ་སྐུའི་རྣམ་འཕྲུལ་མཐའ་ཡས་པ་ངེས་པར་སྟོན་ པས་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པའོ། ། རྒྱུན་མི་འཆད་པའི་དོན་ནི། ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་རྒྱུན་ མི་འཆད་པར་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །རྒྱལ་བའི་ མཛད་པ་རྒྱུན་མི་འཆད། །དཔེ་ཇི་ལྟར་ན་འདུས་མ་བྱས་ཀྱི་ནམ་མཁའ་འགྱུར་བ་མེད་ པ་ལ། འདུས་བྱས་བརྟན་པ་དང་གཡོ་བའི་འཇིག་རྟེན་གྱི་བྱ་བ་སྐྱེ་འཇིག་རྒྱུན་མི་འཆད་པར་ སྣང་བ་ལྟར། དོན་དེ་བཞིན་དུ་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་ནམ་[མཁའ་{ཡང་}འགྱུར་ བ་མེད་པའི་ངང་ན་ཡང༌། རྒྱལ་བ་ཐམས་ཅད་མཁྱེན་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་ རྣམས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་མི་འཆད་པ་ཉིད་དོ། ། དེའི་ཚུལ་ཡང༌། ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་ཉམས་ཤིང་ འབྱུང་བ་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །སངས་རྒྱས་ འཕྲིན་ལས་སྐྱེ་ཞིང་འབྲི། །དཔེ་ཇི་ལྟར་ན་འདུས་མ་བྱས་ནམ་མཁའ་འགྱུར་བ་མེད་ པ་ལ་དུས་རྟག་ཏུ་རྒྱུན་མི་འཆད་པར་ནི་ཕྱི་ནང་གི་འཇིག་རྟེན་གྱི་བྱ་བ་རྣམས་སྔར་ཡོད་པ་ 4-1-202 ཉམས་ཤིང་འཇིག་པ་དང༌། སྔར་མེད་པ་འབྱུང་ཞིང་ཆགས་པ་ལྟར་དོན་དེ་བཞིན་དུ་ཟག་པ་ མེད་པའི་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའི་ངང་ན་ཡང༌། སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱི་འཕྲིན་ལས་གདུལ་བྱ་དུས་ལ་བབ་པ་ན་སྐྱེ་ཞིང་འཇུག་ལ། མ་བབ་པ་ན་འབྲི་ཞིང་ མི་འཇུག་པའི་ཚུལ་གྱིས་གཞན་གྱི་དོན་རྒྱུན་མི་འཆད་པར་མཛད་པ་སྟེ། རྒྱུད་བླ་མར་ཡང༌། ཇི་ལྟར་ནོར་བུ་རིན་ཆེན་རྟོག་མེད་འདོད་པའི་དོན། །འབད་པ་མེད་པར་གཞན་[པ་{མ་}དག་ ལ་རབ་སྟེར་ལྟར། །དེ་བཞིན་ཐུབ་པ་འབད་མེད་ཇི་ལྟར་འོས་པར་ནི། །གཞན་གྱི་དོན་དུ་སྲིད་ པ་ཇི་སྲིད་རྟག་ཏུ་བཞུགས། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར་རོ། ། ཟག་མེད་དབྱིངས་ན་ཟབ་པའི་དོན་ལ་ཟབ་པ་རྒྱས་པར་བཤད་པ། བསྡུས་ཏེ་དཔེ་དང་ སྦྱར་བ། དབྱིངས་དེ་ཀུན་ལ་ཁྱབ་ཚུལ་ལོ། ། དང་པོ་ལའང༌། མཚན་ཉིད་ཟབ་པ། གནས་པ་ཟབ་པ། འཕྲིན་ལས་ཟབ་པའོ། །མཚན་ ཉིད་ལའང༌། རྣམ་པར་དག་པ་དང༌། བདག་ཉིད་མཆོག་གི་དང༌། ལུང་མ་བསྟན་པ་དང༌། རྣམ་ པར་གྲོལ་བའི་མཚན་ཉིད་ཟབ་པའོ། ། རྣམ་པར་དག་པའི་མཚན་ཉིད་ཟབ་པ་ནི། སྔ་མ་ཕྱི་མ་ཁྱད་མེད་ཀྱང༌། །སྒྲིབ་ པ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །དག་པ་མ་ ཡིན་མ་དག་མིན། །སྔ་མ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་ དེ་བཞིན་གཤེགས་པའི་སྙིང་པོ་དང༌། ཕྱི་མ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་མངོན་དུ་གྱུར་པ་དེ་ དག་རང་བཞིན་གྱིས་རྣམ་པར་དག་པར་ཁྱད་པར་ཅུང་ཟད་ཀྱང་མེད་པས། སྔར་མ་དག་པ་ ཞིག་ཕྱིས་དག་པ་ཡང་དག་པ་མ་ཡིན་ལ། འོན་ཀྱང་ལམ་བསྒོམས་པ་ལ་བརྟེན་ནས། སྤང་བྱ་ སྒྲིབ་པ་ཀུན་གྱི་དྲི་མ་མེད་པར་གྱུར་པའི་དེ་བཞིན་ཉིད་དག་པ་གཉིས་ལྡན་དེ་ནི་སྤངས་རྟོགས་ མཐར་ཕྱིན་པའི་སངས་རྒྱས་ཡིན་པར་འདོད་པས་གློ་བུར་གྱི་དྲི་མས་མ་དག་པ་ཡང་མ་ཡིན་ 4-1-203 པ་སྟེ། དག་པ་མ་ཡིན་མ་དག་མིན། །ཞེས་པ་འགལ་བ་ལྟར་སྣང་ཡང་མི་འགལ་བ་ནི་བསམ་ གྱིས་མི་ཁྱབ་པས་ན་ཟབ་པའི་དོན་ཏོ། ། བདག་ཉིད་མཆོག་གི་མཚན་ཉིད་ཟབ་པ་ནི། སྟོང་པ་ཉིད་ནི་རྣམ་དག་ན། ། བདག་མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ ཐོབ་ཕྱིར། །བདག་ཉིད་ཆེན་པོའི་བདག་ཏུ་འགྱུར། །དབྱིངས་རང་བཞིན་གྱིས་ རྣམ་པར་དག་པའི་སྟོང་པ་ཉིད་ནི། སྤང་བྱ་གློ་བུར་གྱི་དྲི་མས་ཀྱང་རྣམ་པར་དག་ན་གང་ཟག་ དང་ཆོས་ཀྱི་བདག་མེད་པ་མཆོག་གི་བདག་དེ་བཞིན་ཉིད་རྣམ་པར་དག་པ་ཐོབ་པས། སངས་ རྒྱས་རྣམས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་བདག་གི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་ཕྱིར། རྒྱུད་ ལས་ཀྱང༌། དེ་བཞིན་ཉིད་བདག་དག་པའི་བདག །ཅེས་པ་ལ་སོགས་པ་གསུངས་པ་ལྟར་ བདག་ཉིད་ཆེན་པོའི་བདག་ཏུ་འགྱུར་ཏེ། རྒྱུད་བླ་མར་ཡང༌། བདག་དང་བདག་མེད་སྤྲོས་པ་ དག །ཉེ་བར་ཞི་བས་དམ་པའི་བདག །ཅེས་གསུངས་པ་ལྟར་མུ་སྟེགས་པ་ལ་སོགས་པས་ བཏགས་པའི་བདག་གི་སྤྲོས་པ་དང༌། ཉན་ཐོས་ལ་སོགས་པས་བཏགས་པའི་བདག་མེད་ པའི་སྤྲོས་པ་དག་ཉེ་བར་ཞི་བས་མཐའ་གཉིས་དང་བྲལ་བ་བདག་དམ་པའི་ཕ་རོལ་ཏུ་ཕྱིན་ པ་ནི་བསམ་གྱིས་མི་ཁྱབ་ཅིང་ཟབ་པའོ། ། ལུང་མ་བསྟན་པའི་མཚན་ཉིད་ཟབ་པ་ནི། དེ་ཕྱིར་སངས་རྒྱས་ཡོད་མིན་ཞིང༌། ། མེད་པར་ཡང་ནི་མི་བརྗོད་དོ། །དེ་ལྟས་སངས་རྒྱས་དེ་སྐད་འདྲི། །ལུང་ མ་བསྟན་པའི་ཚུལ་དུ་འདོད། །སྟོང་པ་ཉིད་རྣམ་པར་དག་པ་སངས་རྒྱས་ཡིན་པ་ དེའི་ཕྱིར་དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་ནི་གང་ཟག་དང་ཆོས་ཀྱི་བདག་ལ་སོགས་ པར་ཀུན་བཏགས་པའི་ངོ་བོར་ཡོད་པ་མིན་ཞིང༌། ཡོངས་གྲུབ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ དག་པ་གཉིས་ལྡན་གྱི་ངོ་བོར་མེད་པར་ཡང་ནི་མི་བརྗོད་དོ། །དེ་ལྟ་བས་ན་སངས་རྒྱས་མྱ་ 4-1-204 ངན་ལས་འདས་ཕན་ཆད་ཡོད་པ་ཡིན་ནམ་མེད་པ་ཡིན་ཞེས་བྱ་བ་ལ་སོགས་པ་དེ་སྐད་འདྲི་ ན། རྟག་ཆད་ལ་སོགས་པའི་མཐར་འཛིན་པ་སྤང་བའི་ཕྱིར་མཐའ་གཅིག་ཏུ་ལུང་དུ་མ་བསྟན་ པའི་ཚུལ་དུ་འདོད་དེ། ཀུན་རྫོབ་གཟུགས་ཀྱི་སྐུ་ནི་མྱ་ངན་ལས་འདས་ནས་མེད་ཅིང་དོན་ དམ་ཆོས་ཀྱི་སྐུ་ནི་ནམ་ཡང་མི་འགྱུར་བར་ཡོད་པས་མཐའ་གཉིས་དང་བྲལ་བའི་ཕྱིར་ཟབ་ པའོ། ། རྣམ་པར་གྲོལ་བའི་མཚན་ཉིད་ཟབ་པ་ནི། ཇི་ལྟར་ལྕགས་ལ་ཚ་བ་དང༌། ། མིག་ལ་རབ་རིབ་ཞི་བ་ལྟར། །སངས་རྒྱས་སེམས་དང་ཡེ་ཤེས་ལ། ། ཡོད་དང་མེད་པར་མི་བརྗོད་དོ། །དཔེ་ཇི་ལྟར་ན་ལྕགས་ལ་ཚ་བ་ཞི་ནས་མེད་ཅིང་ ལྕགས་གྲང་མོ་ཡོད་པ་དང༌། མིག་ལ་རབ་རིབ་ཞི་ནས་མེད་ཅིང་མིག་གསལ་པོ་ཡོད་པ་ལྟར། དོན་དེ་བཞིན་དུ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པ་ལས་སེམས་རྣམ་ པར་གྲོལ་བ་དང༌། ཤེས་བྱའི་སྒྲིབ་པ་ལས་ཡེ་ཤེས་རྣམ་པར་གྲོལ་བ་དག་ལ་འདོད་ཆགས་ ལ་སོགས་པའི་ཚ་བའི་གདུང་བ་དང་མ་རིག་པ་ལ་སོགས་པའི་རབ་རིབ་ཀྱི་མུན་པ་རྣམས་ ཡོད་པར་མི་བརྗོད་ཅིང་མེད་པ་ཉིད་དང༌། རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ ཤེས་གཟིགས་པ་ནི་མེད་པར་མི་བརྗོད་ཅིང་ཡོད་པ་ཉིད་དོ་ཞེས་མཐའ་གཉིས་དང་བྲལ་བར་ བསྟན་པས་ཤིན་ཏུ་ཟབ་པའོ། ། གནས་པ་ཟབ་པ་ནི། ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །སྔོན་གྱི་ ལུས་རྗེས་འབྲང་ཕྱིར་དང༌། །མཁའ་ལྟར་ལུས་ནི་མེད་པའི་ཕྱིར། །གཅིག་ མིན་མང་པོ་ཉིད་མ་ཡིན། །ཟག་པ་མེད་པའི་དབྱིངས་ན་རྫོགས་པའི་སངས་རྒྱས་ རྣམས་ནི་སྔོན་བྱང་ཆུབ་སེམས་དཔའི་ལུས་དུ་མ་ལ་བརྟེན་ནས་སྨོན་ལམ་སྣ་ཚོགས་པ་བཏབ་ པའི་རྗེས་སུ་འབྲང་བའི་ཕྱིར་ཀུན་རྫོབ་གཟུགས་ཀྱི་སྐུ་གཅིག་མིན་ཞིང༌། རྣམ་འཕྲུལ་སྣ་ 4-1-205 ཚོགས་པས་གཞན་དོན་མཛད་པའི་ཚུལ་གྱིས་གནས་པ་དང༌། དོན་དམ་ཆོས་ཀྱི་སྐུ་འདུས་མ་ བྱས་ནམ་མཁའ་ལྟར་འདུས་བྱས་ཀྱི་ལུས་ནི་མེད་པའི་ཕྱིར་མང་པོ་ཉིད་མ་ཡིན་ཞིང༌། རང་ དོན་མཐར་ཕྱིན་པ་དབྱིངས་རིག་དབྱེར་མེད་པའི་ངང་དུ་འགྱུར་བ་མེད་པར་གནས་པ་སྟེ། དེ་ ལྟར་ན་གཅིག་མིན་ཞིང་མང་པོ་ཉིད་ཀྱང་མ་ཡིན་པའི་ཚུལ་གྱིས་གནས་པ་ནི་བསམ་གྱིས་མི་ ཁྱབ་པའི་ཕྱིར་ཟབ་པའོ། ། འཕྲིན་ལས་ཟབ་པ་ལ་ཐུན་མོང་དུ་དཔེ་ཡིས་བསྟན་པ་དང༌། ཡེ་ཤེས་ལ་བརྟེན་པའི་ཁྱད་ པར་རོ། ། དང་པོ་ལ་ལྔ་སྟེ། ཡོན་ཏན་འབྱུང་བ་དང༌། སེམས་ཅན་སྨིན་པ་དང༌། མཐར་ཐུག་ཐོབ་པ་ དང༌། ཆོས་རྣམས་སྟོན་པ་དང༌། སྤྲུལ་སོགས་མཛད་པའི་འཕྲིན་ལས་ཟབ་པའོ། ། ཡོན་ཏན་འབྱུང་བའི་འཕྲིན་ལས་ཟབ་པ་ནི། སྟོབས་སོགས་སངས་རྒྱས་ཆོས་ རྣམས་ལ། །བྱང་ཆུབ་རིན་ཆེན་འབྱུང་གནས་འདྲ། །སྟོབས་དང་མི་འཇིགས་ པ་དང་མ་འདྲེས་པ་དང་བྱང་ཆུབ་ཀྱི་ཕྱོགས་མཐུན་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རིན་པོ་ ཆེ་ཡོན་ཏན་ཟད་མི་ཤེས་པ་དང་ལྡན་པ་རྣམས་ཀྱི་འབྱུང་གནས་ཡིན་པའི་ཕྱིར་སྤངས་རྟོགས་ མཐར་ཕྱིན་པའི་བྱང་ཆུབ་ཆེན་པོ་བརྙེས་པ་ནི། དཔེར་ན་རིན་ཆེན་གྱི་འབྱུང་གནས་ལས་རིན་ པོ་ཆེ་སྣ་ཚོགས་པ་འབྱུང་བ་དང་འདྲ་བར་སེམས་ཅན་རྣམས་ལ་ཕན་པར་མཛད་པའོ། ། སེམས་ཅན་སྨིན་པའི་འཕྲིན་ལས་ཟབ་པ་ནི། འགྲོ་བའི་དགེ་བའི་ལོ་ཏོག་ལ། ། སྤྲིན་ཆེན་དང་ཡང་འདྲ་བར་འདོད། །གདུལ་བྱའི་འགྲོ་བ་མཐའ་ཡས་པའི་རྒྱུད་ ཀྱི་ཞིང་ལ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བའི་ལོ་ཏོག་བསྐྱེད་ཅིང་སྨིན་པར་ བྱེད་པ་ལ་ནི། སངས་རྒྱས་ཀྱི་འཕྲིན་ལས་དེ་སྤྲིན་ཆེན་པོའི་ཆར་གྱིས་འབྲུ་སྣ་ཚོགས་སྨིན་པར་ བྱེད་པ་དང་ཡང་འདྲ་བར་འདོད་དོ། ། 4-1-206 མཐར་ཐུག་ཐོབ་པའི་འཕྲིན་ལས་ཟབ་པ་ནི། བསོད་ནམས་ཡེ་ཤེས་རབ་ རྫོགས་ཕྱིར། །ཟླ་བ་ཉ་བ་ལྟ་བུར་འདོད། །ཐབས་བསོད་ནམས་ཀྱི་ཚོགས་དང་ ཤེས་རབ་ཡེ་ཤེས་ཀྱི་ཚོགས་མཐའ་དག་རབ་ཏུ་རྫོགས་ཏེ་སྤངས་རྟོགས་མཐར་ཕྱིན་པ་ཐོབ་ པའི་ཕྱིར། དཔེར་ན་ཟླ་བ་ཆ་ཤས་ཐམས་ཅད་ཡོངས་སུ་རྫོགས་ཏེ་ཉ་གང་བས་མུན་པ་སེལ་ བ་ལྟ་བུར་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་སེལ་བར་ཡང་འདོད་དོ། ། ཆོས་རྣམས་སྟོན་པའི་འཕྲིན་ལས་ཟབ་པ་ནི། ཡེ་ཤེས་སྣང་བར་བྱེད་པའི་ཕྱིར། ། ཉི་མ་ཆེན་པོ་འདྲ་བར་འདོད། །ཡེ་ཤེས་ཀྱི་དཀྱིལ་འཁོར་རྒྱས་པ་ལས་ལེགས་པར་ བཤད་པའི་འོད་ཟེར་སྣ་ཚོགས་པ་སྤྲོས་ནས་གདུལ་བྱའི་རྒྱུད་ལ་དམ་པའི་ཆོས་ཀྱི་སྣང་བ་ སྐྱེད་པར་བྱེད་པའི་ཕྱིར། མདོ་ལས། སངས་རྒྱས་ཀུན་ཏུ་བཟང་པོའི་ཞིང་མི་འཛུམ་པ་ན་སྟོང་ གསུམ་རིལ་པོ་ཉི་ཟླ་ཟུང་གཅིག་གིས་སྣང་བར་བྱེད་པར་གསུངས་པའི་ཉི་མ་ཆེན་པོ་དང་འདྲ་ བར་ཁམས་གསུམ་པའི་མི་ཤེས་པའི་མུན་པ་སེལ་བར་ཡང་འདོད་དོ། ། སྤྲུལ་སོགས་མཛད་པའི་འཕྲིན་ལས་ཟབ་པ་ལ། དཔེ་ནི། ཇི་ལྟར་ཉི་མའི་དཀྱིལ་ འཁོར་གྱི། །འོད་ཟེར་དཔག་ཏུ་མེད་འདྲེས་ཤིང༌། །རྟག་ཏུ་བྱ་བ་གཅིག་ ལ་འཇུག །འཇིག་རྟེན་ལ་ཡང་སྣང་བ་བྱེད། །ཇི་ལྟར་ན་ཉི་མའི་དཀྱིལ་འཁོར་ ལས་བྱུང་བ་ཉིད་ཀྱི་འོད་ཟེར་དཔག་ཏུ་མེད་པ་ཐམས་ཅད་ནུས་པ་གཅིག་ཏུ་འདྲེས་ཤིང་དུས་ རྟག་ཏུ་ལོ་ཏོག་སྨིན་པ་དང་འདམ་རྫབ་སྐེམ་པ་ལ་སོགས་པའི་བྱ་བ་གཅིག་ལ་འཇུག་པ་དང༌། འཇིག་རྟེན་ལ་ཡང་མུན་པ་སེལ་ཞིང་སྣང་བའི་བྱ་བ་བྱེད་པ་ལྟར། དོན་ནི། དེ་བཞིན་ཟག་ མེད་དབྱིངས་ན་ཡང༌། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང༌། །མཛད་ པ་གཅིག་ནི་མཛད་པ་ལ། །ཡེ་ཤེས་སྣང་བ་མཛད་པར་འདོད། །དེ་བཞིན་དུ་ ཟག་པ་མེད་པའི་ཆོས་ཀྱི་དབྱིངས་མངོན་དུ་གྱུར་པ་ན་ཡང་དོན་དམ་པའི་སངས་རྒྱས་དཔག་ 4-1-207 ཏུ་མེད་པ་ཐམས་ཅད་ཆོས་ཀྱི་སྐུའི་ངང་དུ་གཅིག་ཏུ་འདྲེས་ཤིང༌། དེའི་ནུས་པ་འཕྲིན་ལས་ ཀྱང་གཅིག་ཏུ་འདྲེས་པའི་སྒོ་ནས། གདུལ་བྱ་རྣམས་ཀྱི་རྒྱུད་ལ་དགེ་བའི་ལོ་ཏོག་སྨིན་པ་ དང༌། ཉོན་མོངས་པའི་འདམ་རྫབ་སྐེམ་པ་ལ་སོགས་པའི་མཛད་པ་གཅིག་ནི་མཛད་པ་ལ་ཡེ་ ཤེས་ཐམས་ཅད་ཀྱི་སྣང་བ་གཅིག་ཏུ་འདྲེས་པའི་སྒོ་ནས་མཛད་པར་འདོད་དོ། ། ཡེ་ཤེས་ལ་བརྟེན་པའི་ཁྱད་པར་ལ་ལྔ་སྟེ། ཡེ་ཤེས་རྣམས་འཇུག་པ་དང༌། རྣམ་པར་མི་ རྟོག་པ་དང༌། ཡེ་ཤེས་སྣ་ཚོགས་པ་དང༌། ཡེ་ཤེས་མི་འཇུག་པ་དང༌། ཡེ་ཤེས་ཁྱད་ཞུགས་ པའི་ཕྲིན་ལས་ཟབ་པའོ། །ཡེ་ཤེས་རྣམས་འཇུག་པའི་ཕྲིན་ལས་ཟབ་པ་ནི། དཔེར་ན་ཉི་ མའི་འོད་ཟེར་གཅིག །བྱུང་ན་འོད་ཟེར་ཀུན་འབྱུང་བ། །དེ་བཞིན་སངས་ རྒྱས་རྣམས་ཀྱི་ཡང༌། །ཡེ་ཤེས་འབྱུང་བར་ཤེས་པར་བྱ། །དཔེ་ཇི་ལྟར་ན་ཉི་ མའི་འོད་ཟེར་གཅིག་གང་དུ་བྱུང་བ་ན་འོད་ཟེར་ཀུན་ཅིག་ཅར་འབྱུང་བ་ལྟར། །དོན་དེ་བཞིན་ དུ་སངས་རྒྱས་རྣམས་ཀྱི་ཡང་ཡེ་ཤེས་གཅིག་ལ་བརྟེན་པའི་ཕྲིན་ལས་གང་དུ་འཇུག་པ་དེར་ ཡེ་ཤེས་ཐམས་ཅད་ལ་བརྟེན་པའི་ཕྲིན་ལས་དུས་ཅིག་ཅར་དུ་འབྱུང་བར་ཤེས་པར་བྱའོ། ། རྣམ་པར་མི་རྟོག་པའི་ཕྲིས་ལས་ཟབ་པ་ནི། ཇི་ལྟར་ཉི་མའི་འོད་ཟེར་དག ། འཇུག་ལ་བདག་གིར་བྱ་བ་མེད། །དེ་བཞིན་སངས་རྒྱས་ཡེ་ཤེས་ཀྱང༌། ། འཇུག་ལ་བདག་གིར་མཛད་མི་མངའ། །དཔེ་ཇི་ལྟར་ན་ཉི་མའི་འོད་ཟེར་དག་ གླིང་བཞི་ལ་སོགས་པར་འཇུག་པ་ལ། བདག་གིས་འདི་དག་སྣང་བར་བྱ་བྱའོ་སྙམ་པ་ལ་ སོགས་པའི་རྣམ་པར་རྟོག་པ་དང་བདག་གིར་བྱ་བ་མེད་པ་དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་ ཡེ་ཤེས་ལ་བརྟེན་པའི་ཕྲིན་ལས་ཀྱང་གདུལ་བྱ་རྣམས་ཀྱི་མོས་པ་དང་མཐུན་པར་འཇུག་པ་ ལ། བདག་གིས་འདི་དག་སྨིན་པར་བྱའོ་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་བདག་ གིར་མཛད་པ་མི་མངའ་བའི་སྒོ་ནས་གཞན་གྱི་དོན་མཛད་པའོ། ། 4-1-208 ཡེ་ཤེས་ཚོགས་པའི་ཕྲིན་ལས་ནི། ཉི་མའི་འོད་ཟེར་གཅིག་བཏང་བས། ། འགྲོ་བ་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། ། སངས་རྒྱས་ཡེ་ཤེས་ཅིག་ཅར་སྣང༌། །དཔེ་ན་ཉི་མའི་འོད་ཟེར་གཅིག་བཏང་བ་ དེར་འོད་ཟེར་སྣ་ཚོགས་པ་ཐམས་ཅད་སོང་བས་འགྲོ་བ་དཔག་ཏུ་མེད་པ་སྣང་བར་བྱེད་པ་ ལྟར། དོན་དེ་བཞིན་དུ་གདུལ་བྱ་ལ་སོགས་པའི་ཤེས་བྱ་ཇི་སྙེད་པ་ཐམས་ཅད་ལ། སངས་ རྒྱས་རྣམས་ཀྱི་ཡེ་ཤེས་སྣ་ཚོགས་དུས་ཅིག་ཅར་འཇུག་པའི་སྒོ་ནས་སྣང་ཞིང་སྨིན་པར་མཛད་ པའོ། ། ཡེ་ཤེས་མི་འཇུག་པའི་ཕྲིན་ལས་ཟབ་པ་ནི། ཇི་ལྟར་ཉི་མའི་འོད་ཟེར་རྣམས། ། སྤྲིན་ལ་སོགས་པས་བསྒྲིབས་པར་འདོད། །དེ་བཞིན་སངས་རྒྱས་ཡེ་ ཤེས་ཀྱང་། །སེམས་ཅན་རྣམས་ཀྱི་ཉེས་པས་བསྒྲིབས། །དཔེ་ཇི་ལྟར་ན་ཉི་མ་ ཤར་བའི་འོད་ཟེར་རྣམས་རྟག་ཏུ་སྣང་བར་ཡོད་ཀྱང་སྤྲིན་དང་དུ་བ་དང་རྡུལ་དང་ཁུག་རྣ་ལ་ སོགས་པས་བསྒྲིབས་པར་གྱུར་པ་ན་འགའ་ཞིག་ལ་མི་སྣང་བར་འདོད་དེ། དོན་དེ་བཞིན་ དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱིས་ཤེས་བྱ་མ་ལུས་པ་རྣམས་ཀུན་སྣང་ བར་མཛད་ཀྱང་སེམས་ཅན་གྱི་ཁྱད་པར་མང་པོ་རྣམས་ལ་ཕྲིན་ལས་མི་འཇུག་པ་ནི། ཚེ་དང་ དུས་དང་སེམས་ཅན་དང་ལྟ་བ་དང་ཉོན་མོངས་པའི་སྙིགས་མ་ལྔ་ཤས་ཆེ་བར་གྱུར་པ་ཉིད་ཀྱི་ ཉེས་པས་བསྒྲིབས་པའོ། ། ཡེ་ཤེས་ཁྱད་ཞུགས་པའི་ཕྲིན་ལས་ཟབ་པ་ནི། ཇི་ལྟར་མདུད་པའི་དབང་གིས་ ནི། །གོས་ལ་ཚོན་བཀྲ་མི་བཀྲ་བ། །དེ་བཞིན་འཕེན་པའི་དབང་གིས་ ནི། །གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ ། དཔེ་ཇི་ལྟར་ན་གོས་དཀར་པོ་དང་ཚོས་རྩི་ ལ་ཁྱད་པར་མེད་ཀྱང་ཚོས་བྱེད་པ་ན་མདུད་པ་མང་བའི་དབང་གིས་ནི་གོས་ལ་ལ་ཚོན་བཀྲ་ 4-1-209 ཞིང་ལེགས་པར་འགྱུར་ལ། མདུད་པ་ཉུང་བའམ་མེད་པའི་དབང་གི་གོས་ལ་ལ་མི་བཀྲ་ཞིང་ མི་ལེགས་པར་འགྱུར་བ་ལྟར་དོན་དེ་བཞིན་དུ་དབྱིངས་རང་བཞིན་གྱིས་དག་པ་དང༌། ཉོན་ མོངས་པའི་སྒྲིབ་པ་ལས་གྲོལ་བ་ལ་ཁྱད་པར་མེད་ཀྱང་། སྔོན་ལམ་བསྒོམ་པ་ན་སེམས་ བསྐྱེད་སྨོན་ལམ་དང་ཚོགས་གཉིས་ལ་སོགས་པའི་འཕེན་པ་བཟང་ངན་དུ་གྱུར་པའི་དབང་ གིས་ནི། སངས་རྒྱས་རྣམས་ནི་ཤེས་བྱའི་སྒྲིབ་པ་ལས་ཀྱང་རྣམ་པར་གྲོལ་བའི་ཡེ་ཤེས་བཀྲ་ ཞིང་གསལ་བས་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒོ་ནས་འཕྲིན་ལས་ཕུན་སུམ་ ཚོགས་པ་མཛད་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་ནི་ཤེས་བྱའི་ སྒྲིབ་པ་དང་བཅས་པས་མི་བཀྲ་ཞིང་མི་གསལ་ལ་གཞན་དོན་རྒྱ་ཆེན་ནུས་པའང་མ་ཡིན་པའི་ ཕྱིར་ཐེག་པ་ཆེན་པའི་ཡེ་ཤེས་ཁྱད་པར་དུ་འཕགས་པའོ། ། བསྡུས་ཏེ་དཔེ་དང་སྦྱར་བ་ནི། དྲི་མེད་དབྱིངས་ལ་སངས་རྒྱས་རྣམས། ། མཚན་ཉིད་དང་ནི་གནས་པ་དང༌། །འཕྲིན་ལས་ཟབ་པ་འདི་བཤད་པ། ། མཁའ་ལ་ཚོན་གྱིས་རི་མོ་འབྲི། །ཟག་པ་དང་དྲི་མ་ཅུང་ཟད་ཀྱང་མེད་པའི་ཆོས་ཀྱི་ དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་མངོན་དུ་གྱུར་པ་ལ་སངས་རྒྱས་རྣམས་ཀྱི་མཚན་ ཉིད་ཟབ་པ་དང་ནི་གནས་པ་ཟབ་པ་དང་འཕྲིན་ལས་ཟབ་པ་འདི་རྣམས་བཤད་པ་ནི། དཔེར་ ན་ནམ་མཁའ་འདུས་མ་བྱས་ལ་ཚོན་གྱིས་རི་མོ་འབྲི་བ་བྱ་དཀའ་ཞིང་ངོ་མཚར་བ་བཞིན་དུ། དོན་དམ་པའི་སངས་རྒྱས་སོ་སོ་རང་གིས་རིག་པར་བྱ་བ་བརྗོད་དུ་མེད་པའི་དབྱིངས་ཚིག་སྣ་ ཚོགས་ཀྱིས་བརྗོད་པ་ནི་ཤིན་ཏུ་དཀའ་བ་སྤྱོད་པ་ངོ་མཚར་བའི་གནས་ཡིན་པས་བསམ་གྱིས་ མི་ཁྱབ་པའི་དོན་ཏོ། ། དབྱིངས་དེ་ཀུན་ལ་ཁྱབ་ཚུལ་ནི། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་ པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ 4-1-210 ཀུན་དེ་ཡི་སྙིང་པོ་ཅན། །དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཐམས་ཅད་ ཀྱི་ཆོས་ཉིད་དེ་བཞིན་ཉིད་ནི། ཡུམ་(སྡུད་པ)ལས། འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་ བཞིན་ཉིད། །ད་ལྟར་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་ གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། །ཅེས་ གསུངས་པ་ལྟར་ཆོས་ཅན་དུས་གསུམ་འཁོར་འདས་བརྟན་གཡོ་ཐམས་ཅད་ལ་ཁྱད་པར་ མེད་ཀྱང༌། དྲི་མ་དང་བཅས་པའི་གནས་སྐབས་ན་འཁོར་བ་ཞེས་བྱ་ཞིང༌། ལམ་བསྒོམས་ ནས་སྤང་བྱ་གློ་བུར་གྱི་དྲི་མ་ཐམས་ཅད་ཀྱིས་དག་པར་གྱུར་པ་ན་མྱ་ངན་ལས་འདས་པའི་ མཐར་ཐུག་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བར་འཇོག་པ་དེའི་ཕྱིར་ཁམས་གསུམ་གྱི་འགྲོ་ བ་སེམས་ཅན་མ་ལུས་པ་ཀུན་དེ་བཞིན་གཤེགས་པ་དེའི་སྙིང་པོ་ཅན་ཡིན་ཏེ། མདོ་ལས། དེ་ བཞིན་གཤེགས་པ་རྣམས་བྱོན་ཡང་རུང་མ་བྱོན་ཡང་རུང་སེམས་ཅན་འདི་དག་ཐམས་ཅད་ནི་ རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་པ་དང༌། དབུ་མ་སྙིང་པོར། ཆོས་རྣམས་ བསལ་དང་བཞག་མེད་ཕྱིར། །ཆོས་ཉིད་ཇི་ལྟ་དེ་བཞིན་དུ། །གང་ཕྱིར་དེ་ནི་གཤེགས་གྱུར་ པ། །དེ་ཕྱིར་དེ་ནི་དེ་བཞིན་གཤེགས། །ཞེས་པ་དང་རྒྱུད་ལས་ཀྱང༌། སེམས་ཅན་རྣམས་ནི་ སངས་རྒྱས་ཉིད་དེ་ཆེན་པོའི་སངས་རྒྱས་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། ། དེ་རྣམས་རྣམ་པར་མི་རྟོག་པ་ཡིས་མཉེས་པར་བྱས་ན་དཔག་མེད་སྲིད་པ་དག་ནི་གཅོད་ པར་བྱེད། །ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར་རོ། ། འབྱོར་བ་རྣམ་པར་དབྱེ་བའི་དོན་ལ། འབྱོར་པ་གཞན་ལས་འཕགས་ཚུལ། ཕྱེ་སྟེ་ཟབ་ པར་བསྟན་པ། གནས་ཡོངས་གྱུར་ལས་འགྲུབ་ཚུལ། དེ་རྣམས་སྤྱིའི་དོན་བསྡུ་བའོ། ། དང་པོ་ནི། ཉན་ཐོས་རྣམས་ཀྱི་འབྱོར་པས་ནི། །འཇིག་རྟེན་པ་ཡི་ཟིལ་ གྱིས་གནོན། །རང་སངས་རྒྱས་ཀྱི་ས་པ་ཡིས། །ཉན་ཐོས་ཀྱི་ཡང་ཟིལ་ 4-1-211 གྱིས་གནོན། །ཉན་ཐོས་རྣམས་ཀྱི་བསོད་ནམས་དང་གང་ཟག་གི་བདག་མེད་རྟོགས་པའི་ ཡེ་ཤེས་དང་མངོན་པར་ཤེས་པ་དང་ལམ་དང་འབྲས་བུ་ལ་སོགས་པ་ཟག་པ་མེད་པའི་འབྱོར་ པས་ནི་འཇིག་རྟེན་ནས་ཚངས་པ་དང་བརྒྱ་བྱིན་དང་འཁོར་ལོས་སྒྱུར་བ་ལ་སོགས་པའི་ འབྱོར་པ་དང༌། དྲང་སྲོང་ཆེན་པོ་མངོན་ཤེས་ལྔ་ཐོབ་པ་ལ་སོགས་པའི་ཟག་བཅས་ཀྱི་འབྱོར་ པ་ཐམས་ཅད་ཟིལ་གྱིས་གནོན་ཞིང༌། རང་སངས་རྒྱས་ཀྱི་ས་ལ་གནས་པ་རྣམས་ཀྱི(མཛོད་དུ་) ། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་པ་ལ་སོགས་པའི་བསོད་ནམས་དང་གང་ཟག་གི་ བདག་དང་ཆོས་ཀྱི་བདག་གི་ཕྱེད་བཟུང་བ་རང་བཞིན་མེད་པར་རྟོགས་པའི་ཡེ་ཤེས་དང་ ལམ་དང་འབྲས་བུ་ལ་སོགས་འབྱོར་པ་ཡིས་ནི་ཉན་ཐོས་ཀྱི་འབྱོར་པ་ཡང་ཟིལ་གྱིས་གནོན་ ལ། དེ་ཡིས་བྱང་ཆུབ་སེམས་དཔའ་ཡི། །འབྱོར་བའི་ཆ་ཡང་མི་ཕོད་དོ། ། དེ་ཡི་དེ་བཞིན་གཤེགས་པ་ཡི། །འབྱོར་བའི་ཆ་ཡང་མི་ཕོད་དོ། །རང་ སངས་རྒྱས་ཀྱི་འབྱོར་པ་དེ་ཡིས་བྱང་ཆུབ་སེམས་དཔའ་མོས་པ་སྤྱོད་པ་དང་ལྷག་བསམ་རྣམ་ དག་གི་ས་ལ་རིམ་གྱིས་གནས་པ་དང༌། ཁྱད་པར་ས་བཅུ་པ་ཐོབ་པ་ན། རྒྱུད་བླ་མར། བྱང་ ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང༌། །སེམས་ཅན་ ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་གསུངས་པ་ལྟར་གཞན་དོན་ སྒྲུབ་པ་ལ་སངས་རྒྱས་དང་ཚུལ་མཚུངས་པ་ལ་སོགས་པའི་བསོད་ནམས་དང༌། གང་ཟག་ དང་ཆོས་ཀྱི་བདག་མཐའ་དག་གིས་སྟོང་བར་རྟོགས་པའི་ཡེ་ཤེས་དང༌། ས་དང་ལམ་གྱི་ཡོན་ ཏན་ལ་སོགས་པའི་འབྱོར་པའི་ཆར་ཡང་མི་ཕོད་དོ། །བྱང་ཆུབ་སེམས་དཔའ་ལམ་ལ་གནས་ པའི་འབྱོར་བ་དེ་ཡིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་སྐུ་དང་ཡེ་ཤེས་ལ་སོགས་པ་འབྲས་བུ་ མཐར་ཕྱིན་པའི་འབྱོར་བའི་ཆར་ཡང་མི་ཕོད་དེ། བརྒྱའི་ཆ་དང་སྟོང་གི་ཆ་དང་བྱེ་བའི་ཆ་དང་ 4-1-212 བྱེ་བ་བརྒྱ་སྟོང་གི་ཆར་ཡང་མི་ཕོད་དོ། །དེ་ཉིད་ལས། དེ་ལྟ་མོད་ཀྱི་ས་རྡུལ་དང༌། །རྒྱ་མཚོ་ བ་ལང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའི་ཁྱད་དེ་ ཉིད། །ཅེས་གསུངས་པ་ལྟར་ས་ཆེན་པོ་དང་རྡུལ་ཕྲ་རབ་ཀྱི་ཁྱད་པར་ཙམ་དང༌། རྒྱ་མཚོ་ཆེན་ པོ་དང་བ་ལང་རྨིག་རྗེས་ཀྱི་ཆུའི་ཁྱད་པར་ཙམ་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ འབྱོར་བ་ལས་ཀྱང་སངས་རྒྱས་ཀྱི་འབྱོར་བ་ཁྱད་པར་དུ་འཕགས་པ་ཉིད་དོ། ། ཕྱེ་སྟེ་ཟབ་པར་བསྟན་པ་ནི། སངས་རྒྱས་རྣམས་ཀྱི་འབྱོར་བ་ནི། །གང་ གི་གང་དུ་ཇི་ལྟར་དང༌། །ཇི་ཙམ་དུས་གང་འཇུག་པ་ནི། །བསམ་ཡས་ དཔག་ཏུ་མེད་པར་འདོད། །རྫོགས་པའི་སངས་རྒྱས་རྣམས་ཀྱི་འབྱོར་པའི་ཁྱད་པར་ ནི་གདུལ་བྱའི་གང་ཟག་མཐའ་ཡས་པ་གང་གི་དོན་ལ་འཇུག་པ་དང༌། གནས་འཇིག་རྟེན་གྱི་ ཁམས་དཔག་ཏུ་མེད་པ་གང་དུ་འཇུག་པ་དང༌། འདུལ་བའི་ཚུལ་ལམ་རྣམ་པ་ཇི་ལྟར་འཇུག་ པ་དང༌། ཆེ་ཆུང་ངམ་གྲངས་མང་ཉུང་ཇི་ཙམ་འཇུག་པ་དང༌། དུས་བསྐལ་པ་ལ་སོགས་པ་ གང་གི་ཚེ་འཇུག་པ་རྣམས་ནི་ཟབ་པས་ན་བསམ་ཡས་ཏེ། ཉན་རང་ལ་སོགས་པའི་བློས་ཀྱང་ བསམ་གྱིས་མི་ཁྱབ་ཅིང་རབ་ཏུ་དབྱེ་བ་དཔག་ཏུ་མེད་པར་ཡང་འདོད་དོ། ། གནས་ཡོངས་སུ་གྱུར་པ་ལས་འགྲུབ་པའི་ཚུལ་ལ་བདུན་ཏེ། ཡོན་ཏན་ཡེ་ཤེས་ཞིང་དག་ ཐོགས་མེད་དང༌། །མྱང་འདས་བདེ་ཆེན་སྤྲུལ་པའི་འབྱོར་བའོ། ། ཡོན་ཏན་གྱི་འབྱོར་བ་ནི། དབང་པོ་ལྔ་ནི་གཞན་གྱུར་ན། །དོན་ཀུན་ འཇུག་དང་ཐམས་ཅད་ལ། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང༌། ། འབྱོར་བ་དམ་པ་ཐོབ་པར་འགྱུར། །མིག་ལ་སོགས་པའི་དབང་པོ་ལྔ་ནི། དྲི་བཅས་ དྲི་མེད་དུ་གནས་གཞན་དུ་ཡོངས་སུ་གྱུར་པ་ན་དབང་པོ་ལྔ་པོ་ཐམས་ཅད་དོན་ལྔ་པོ་ཀུན་ལ་ ཐོགས་པ་མེད་པར་འཇུག་པ་སྟེ། སྔར་གནས་མ་གྱུར་པ་ན་མིག་གིས་གཟུགས་ཁོ་ན་མཐོང་གི 4-1-213 སྒྲ་མི་ཐོས་པ་ལ་སོགས་པ་དབང་པོ་ལྔ་ཡུལ་སོ་སོར་ངེས་པ་ཡིན་པ་ལ། མིག་གཞན་དུ་གྱུར་ པས་གཟུགས་མཐོང་བ་ལྟར་སྒྲའང་ཐོས་ཤིང་དྲི་དང་རོ་དང་རེག་བྱའང་རིག་པ་དང༌། རྣ་བ་ གཞན་དུ་གྱུར་པས་སྒྲ་ཐོས་པ་ལྟར་གཟུགས་ལ་སོགས་པའང་རིག་པ་ལྟ་བུ་དབང་པོ་རེ་རེའང་ ཡུལ་ཐམས་ཅད་ལ་འཇུག་པ་དང་ཐམས་ཅད་ཀྱིས་ཏེ། སོ་སོར་རེ་རེ་ལ་ཡང་ཡོན་ཏན་བརྒྱ་ ཕྲག་བཅུ་གཉིས་འབྱུང་བ་ལ་འབྱོར་བ་དམ་པ་ཐོབ་པར་འགྱུར་ཞེས་པ་ལ། འགྲེལ་བཤད་ དག་ལས། དོན་འདི་ནི་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང༌། དམ་པའི་ཆོས་པདྨ་ དཀར་པོ་ལ་སོགས་པའི་མདོ་ལས་ཁོང་དུ་ཆུད་པར་བྱའོ་ཞེས་འབྱུང་ཡང༌། མདོ་སྔ་མ་ལས་ནི་ མི་གསལ་ཞིང་ཕྱི་མ་ལས། ལྷུན་པོ་རི་རབ་ཐམས་ཅད་དང༌། །ཁོར་ཡུག་ཀྱང་ནི་དེས་མཐོང་ སྟེ། །རི་གཞན་གང་དག་གྲགས་པ་དང༌། །རྒྱ་མཚོ་དག་ཀྱང་མཐོང་བར་འགྱུར། །ཞེས་པ་ལ་ སོགས་པའི་མིག་ལ་ཡོན་ཏན་བརྒྱད་བརྒྱ་དང༌། མནར་མེད་ནས་སྲིད་རྩེའི་བར་གྱི་སྒྲ་ཐམས་ ཅད་ཐོས་པ་ལ་སོགས་པ་རྣ་བ་ལ་སྟོང་ཉིས་བརྒྱ་དང༌། སངས་རྒྱས་དགེ་འདུན་གྱི་དབུས་ན་ ཆོས་གསུང་ཞིང་བཞུགས་པ་རྣམས་དྲི་ལ་བརྟེན་ནས་ཤེས་པ་ལ་སོགས་པ་སྣ་ལ་བརྒྱད་བརྒྱ་ དང༌། རོ་ངན་པ་རྣམས་མི་མྱོང་ཞིང་མཆོག་ཏུ་གྱུར་པ་མྱོང་བ་ལ་སོགས་པ་ལྕེ་ལ་སྟོང་ཉིས་ བརྒྱ་དང༌། སྲིད་རྩེའི་བར་གྱི་གཞལ་མེད་ཁང་དང་རི་དང་ཁོར་ཡུག་ལ་སོགས་པའི་རྣམ་པ་ ཐམས་ཅད་སྣང་བ་ལ་སོགས་པ་ལུས་ལ་བརྒྱད་བརྒྱ་དང༌། གསལ་ཞིང་རྙོག་པ་མེད་པས་ཆོས་ བཟང་ངན་བར་མའི་རྣམ་པ་ཐམས་ཅད་ཤེས་པ་ལ་སོགས་པ་ཡིད་ལ་སྟོང་ཉིས་བརྒྱ་གསུངས་ ཀྱང་གསལ་བའི་དབྱེ་བ་ཚང་བ་ནི་མ་གསུངས་ཤིང༌། འདིར་སངས་རྒྱས་ཀྱི་ཡོན་ཏན་འཆད་ དགོས་པ་ལ། དེ་དག་ནི་ལམ་གྱི་ཡོན་ཏན་གཙོ་ཆེ་བར་སྣང་ངོ༌། །ཡང་ན་བརྒྱ་ཕྲག་དང་བཅུ་ གཉིས་ཞེས་ཕྱེ་ནས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ་ ཡོན་ཏན་བརྒྱ་དང་བཅུ་གཉིས་འབྱུང་ཞེས་ཀྱང་བཤད་དུ་རུང་བས་དེ་ལྟ་ན་གོ་སླ་བ་ཉིད་དོ། ། 4-1-214 ཡེ་ཤེས་ཀྱི་འབྱོར་བ་ནི། ཡིད་ནི་གཞན་དུ་གྱུར་པ་ན། །འབྱོར་དང་མཐུན་ སྤྱོད་མི་རྟོག་པའི། །ཡེ་ཤེས་ཤིན་ཏུ་དྲི་མེད་ལ། །འབྱོར་བ་དམ་པ་ཐོབ་ པར་འགྱུར། །ཀུན་གཞིའི་རྣམ་པར་ཤེས་པ་ལ་བདག་དང་བདག་གིར་ལྟ་བ་ཉོན་མོངས་པ་ ཅན་གྱི་ཡིད་ནི་འགགས་ཏེ་གནས་གཞན་དུ་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་ པ་ན། ཡུལ་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་པ་དང༌། ཇི་ལྟར་བཞེད་པ་བཞིན་ཡོན་ ཏན་དཔག་ཏུ་མེད་པའི་འབྱོར་བ་དང་མཐུན་པར་སྤྱོད་པ་བདག་དང་བདག་གིར་འཛིན་པ་ལ་ སོགས་པ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤིན་ཏུ་དྲི་མ་མེད་ཅིང་རྣམ་པར་དག་ པ་ལ་འབྱོར་བ་དམ་པ་མཆོག་ཏུ་གྱུར་པ་ཐོབ་པར་འགྱུར་ཏེ། དེ་དང་ལྷན་ཅིག་འབྱོར་བའི་ཡེ་ ཤེས་ཐམས་ཅད་ཀྱང་འབྱུང་བར་འགྱུར་རོ། ། ཞིང་དག་པའི་འབྱོར་པ་ནི། དོན་བཅས་འཛིན་པ་གཞན་གྱུར་ན། །ཇི་ལྟར་ འདོད་བཞིན་ལོངས་སྤྱོད་དག །བསྟན་ཕྱིར་ཞིང་ནི་དག་པ་ལ། །འབྱོར་ བ་དམ་པ་ཐོབ་པར་འགྱུར། །ཕྱི་རོལ་གྱི་དོན་ཡུལ་ལྔ་དང་བཅས་ཏེ་ནང་འཛིན་པ་རྣམ་ པར་ཤེས་པ་ལྔ་{གནས་}གཞན་དུ་གྱུར་པ་ན། ཇི་ལྟར་འདོད་པ་བཞིན་དུ་གནས་ཀྱི་ཁྱད་པར་ ཤེལ་དང་བཻ་ཌཱུརྱ་ལ་སོགས་པའི་ས་གཞི་དང་ལོངས་སྤྱོད་ཀྱི་ཁྱད་པར་བདུད་རྩི་དང་དཔག་ བསམ་གྱི་ཤིང་ལ་སོགས་པ་དག་གཞན་ལ་བསྟན་པར་ནུས་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ནི་ ཡོངས་སུ་དག་པ་ལ་འབྱོར་བ་དམ་པ་མཆོག་ཏུ་གྱུར་པ་ཐོབ་པར་འགྱུར་བའོ། ། ཐོགས་མེད་ཀྱི་འབྱོར་བ་ནི། རྣམ་རྟོག་གཞན་དུ་གྱུར་ན་ནི། །དུས་རྣམས་ རྟག་ཏུ་ཡེ་ཤེས་དང༌། །ལས་རྣམས་ཀུན་ལ་ཐོགས་མེད་ལ། །འབྱོར་བ་ དམ་པ་ཐོབ་པར་འགྱུར། །རྣམ་པར་རྟོག་པ་ཡིད་ཀྱི་རྣམ་པར་ཤེས་པ་གནས་གཞན་ དུ་གྱུར་པ་ན་ནི་དུས་རྣམས་རྟག་ཏུ་རྒྱུན་མི་འཆད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་ 4-1-215 བྱ་མཐའ་དག་ལ་ཐོགས་པ་མེད་པར་འཇུག་པ་དང༌། ཡེ་ཤེས་ཀྱིས་ཇི་ལྟར་མཁྱེན་པ་བཞིན་ གདུལ་བྱའི་མོས་པ་དང་མཐུན་པར་སྤྲུལ་པ་སྣ་ཚོགས་པ་སྟོན་པའི་འཕྲིན་ལས་རྣམས་ལྷུན་ གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འཇུག་པ་ཀུན་ལ་ཐོགས་པ་མེད་པར་འཇུག་པ་ལ་དབང་ འབྱོར་བ་དམ་པ་མཆོག་ཏུ་གྱུར་པ་ཐོབ་པར་འགྱུར་བའོ། ། མྱང་འདས་ཀྱི་འབྱོར་བ་ནི། རྟེན་ནི་གཞན་དུ་གྱུར་པ་ན། །སངས་རྒྱས་དྲི་ མེད་གནས་ལ་ནི། །མི་གནས་མྱ་ངན་འདས་པ་ཡི། །འབྱོར་བ་དམ་པ་ ཐོབ་པར་འགྱུར། །ལས་བཟང་ངན་གྱི་བག་ཆགས་ཐམས་ཅད་ཀྱི་རྟེན་ཀུན་གཞིའི་རྣམ་ པར་ཤེས་པ་དང༌། དེའི་དམིགས་ཡུལ་གནས་སྣོད་ཀྱི་འཇིག་རྟེན་དང་བཅས་པ་ནི་གནས་ གཞན་དུ་གྱུར་པ་ན། སངས་རྒྱས་ཀྱི་ཡེ་ཤེས་སྒྲིབ་པ་མཐའ་དག་གི་དྲི་མ་མེད་པ་དག་པ་ གཉིས་ལྡན་གྱི་གནས་ལ་ནི་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་ པའི་འབྱོར་བ་དམ་པ་མཆོག་ཏུ་གྱུར་པ་ཐོབ་པར་འགྱུར་བའོ། ། བདེ་ཆེན་གྱི་འབྱོར་བ་ནི། འཁྲིག་པ་གཞན་དུ་གྱུར་ན་ནི། །སངས་རྒྱས་ བདེ་བར་གནས་པ་དང༌། །མོ་མཐོང་ཉོན་མོངས་མེད་པ་ལ། །འབྱོར་བ་ དམ་པ་ཐོབ་པར་འགྱུར། །རེག་པའི་ཁྱད་པར་དབང་པོ་གཉིས་སྦྱོར་འཁྲིག་པའི་འདོད་ ཆགས་ཀྱི་བདེ་བ་ཟག་པ་དང་བཅས་པ་གནས་གཞན་དུ་གྱུར་ན་ནི། སངས་རྒྱས་རྣམས་ཀྱི་ ཟག་པ་མེད་པའི་བདེ་བ་ཆེན་པོ་འགྱུར་བ་མེད་པ་ལ་དུས་རྟག་ཏུ་གནས་པ་དང༌། ཆགས་པའི་ ཡུལ་བུད་མེད་བཟང་མོ་ཡིད་དུ་འོང་བ་མཐོང་ཡང་ཉོན་མོངས་པ་འདོད་ཆགས་ལ་སོགས་ པའི་དྲི་མ་མེད་པ་ལ་འབྱོར་པ་དམ་པ་མཆོག་ཏུ་གྱུར་པ་ཐོབ་པར་འགྱུར་བའོ། ། སྤྲུལ་པའི་འབྱོར་བ་ནི། ནམ་མཁའི་འདུ་ཤེས་གཞན་གྱུར་ན། །བསམ་ པའི་དོན་ནི་འབྱོར་བ་དང༌། །འགྲོ་གཟུགས་རྣམ་པར་འབྱེད་པ་ལ། ། 4-1-216 འབྱོར་བ་དམ་པ་ཐོབ་པར་འགྱུར། །འདུ་ཤེས་ཀྱི་ཁྱད་པར་ནམ་མཁར་འཛིན་པའི་ འདུ་ཤེས་གནས་གཞན་དུ་གྱུར་པ་ན། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་དབང་འབྱོར་ པ་ཐོབ་པས། ཅི་འདོད་པའི་ཡོ་བྱད་ནམ་མཁའ་ལས་འབྱུང་བ་ལ་སོགས་པ་བསམ་པའི་དོན་ ཐམས་ཅད་ནི་འབྱོར་པ་དང་རི་དང་རྩིག་པ་ལ་སོགས་པ་ལ་ཡང་ཇི་ལྟར་འདོད་པ་བཞིན་དུ་ ཐོགས་པ་མེད་པར་འགྲོ་བ་དང༌། གཟུགས་ཐམས་ཅད་ནམ་མཁར་བསམས་ན་ཡང་ནམ་ མཁའ་ལྟར་ཐོགས་པ་མེད་པར་རྣམ་པར་འབྱེད་ནུས་པ་ལ་མངའ་བརྙེས་པས་ཇི་ལྟར་བཞེད་ པ་བཞིན་སྤྲུལ་པ་དང་བསྒྱུར་བ་ལ་སོགས་པ་ལ་འབྱོར་པ་དམ་པ་མཆོག་ཏུ་གྱུར་པ་ཐོབ་པར་ འགྱུར་བའོ། ། སྤྱིའི་དོན་བསྡུ་བ་ནི། དེ་ལྟར་སངས་རྒྱས་དྲི་མེད་པའི། །གནས་ནི་གཞན་ གྱུར་དཔག་མེད་པས། །བསམ་ཡས་བྱ་བ་བསྒྲུབ་པ་ཡི། །འབྱོར་བ་ དཔག་ཏུ་མེད་པར་འདོད། །གོང་དུ་བསྟན་པའི་ཚུལ་དེ་ལྟར་སངས་རྒྱས་རྣམས་སྒྲིབ་ པའི་དྲི་མ་ཅུང་ཟད་ཀྱང་མེད་ཅིང་ཟག་པ་མེད་པའི་གནས་ན་བཞུགས་པ་ན། ཕུང་པོ་ལྔའི་ རང་བཞིན་སྒྲིབ་པ་དང་བྲལ་བས་ཡེ་ཤེས་ལྔ་མངོན་དུ་གྱུར་པ་ལ་སོགས་པ་གནས་ནི་གཞན་ དུ་གྱུར་པའི་ཡོན་ཏན་གྱི་འབྱོར་བ་དཔག་ཏུ་མེད་པ་དང་ལྡན་པས། དེ་དག་གི་ནུས་པ་བསམ་ ཡས་ཏེ་བསམ་གྱིས་མི་ཁྱབ་པའི་སྤྲུལ་པ་སྣ་ཚོགས་པ་སྟོན་པས་སེམས་ཅན་གྱི་དོན་བྱ་བ་ བསྒྲུབ་པའི་འཕྲིན་ལས་ཕུན་སུམ་ཚོགས་པའི་འབྱོར་བའང་དཔག་ཏུ་མེད་པ་དང་ལྡན་པར་ འདོད་དོ། ། (སྐབས་དགུ་པར་)སྔར་བྱང་ཆུབ་སེམས་དཔས་སེམས་ཅན་ཡོངས་སུ་སྨིན་པའི་ཚུལ་བཤད་ ནས། འདིར་སངས་རྒྱས་ཀྱིས་སེམས་ཅན་སྨིན་པའི་རྒྱུའི་དོན་ལ་བདུན་ཏེ། སེམས་ཅན་སྨིན་ པའི་རྒྱུ་དངོས། རྒྱུ་དེ་བསམ་མི་ཁྱབ་ཚུལ། སྨིན་པ་སྦྱོར་བའི་རྒྱུ་བསྟན། དེ་ལ་འབད་པ་མེད་ 4-1-217 ཚུལ། འབད་མེད་དཔེ་ཡིས་བསྟན་པ། སྨིན་པ་རྒྱུན་མི་འཆད་ཚུལ། དེའི་རྒྱུ་མཚན་བསྟན་ པའོ། ། རྒྱུ་དངོས་ནི། འདི་ན་འཇིག་རྟེན་ཕྱོགས་ཕྱོགས་རྒྱལ་བས་ལེགས་བཤད་ པའི། །དགེ་བ་འཕེལ་བའི་འཇིག་རྟེན་རྣམ་དག་མཆོག་ཏུ་འགྲོ། །དགེ་བ་ མ་བསགས་དགེ་བ་འཕེལ་བའི་མཆོག་ཏུ་འགྲོ། །དེ་ལྟར་མ་སྨིན་སྨིན་ པ་རྟག་འགྲོའང་མ་ལུས་མིན། །སངས་རྒྱས་རྣམས་གཞན་དོན་མཛད་པའི་སྐབས་ འདི་ན། གདུལ་བྱའི་འཇིག་རྟེན་ཕྱོགས་བཅུའི་ཕྱོགས་མཐའ་ཡས་པ་ན་ཡོད་པ་རྣམས་ལ། རྒྱལ་བས་གསུངས་རབ་ཡན་ལག་བཅུ་གཉིས་ལ་སོགས་པའི་དམ་པའི་ཆོས་ལེགས་པར་ བཤད་པས། མོས་སྤྱོད་ཀྱི་ས་ནས་ས་བཅུ་པའི་བར་གྱི་དགེ་བ་གོང་ནས་གོང་དུ་འཕེལ་བའི་ འཇིག་རྟེན་པ་རྣམས་རྣམ་པར་དག་པའི་མཆོག་མི་གནས་པའི་མྱ་ངན་ལས་འདས་པའི་གོ་ འཕང་དུ་འགྲོ་བར་བྱེད་ལ། ཐེག་ཆེན་གྱི་དགེ་བ་མ་བསགས་པ་རྣམས་མོས་སྤྱོད་ནས་ས་ བཅུའི་བར་གྱི་དགེ་བ་འཕེལ་བའི་མཆོག་ལ་བཀོད་ན་གོང་ནས་གོང་དུ་འགྲོ་བར་བྱེད་དོ། །དེ་ ལྟར་དགེ་བ་འཕེལ་བ་རྣམས་ཀྱང་ཡོངས་སུ་མ་སྨིན་པ་རྣམས་ནི་ཡོངས་སུ་སྨིན་པར་མཛད་ ཅིང༌། ཡོངས་སུ་སྨིན་པ་རྣམས་ཤིན་ཏུ་རྣམ་པར་གྲོལ་བ་སངས་རྒྱས་ཀྱི་སར་རྟག་ཏུ་འགྲོ་བར་ མཛད་ནའང༌། སེམས་ཅན་གཅིག་ཀྱང་མ་ལུས་པར་ཡོངས་སུ་སྨིན་པ་ཡང་མིན་ཏེ་འཁོར་བ་ ལ་མཐའ་མེད་པའི་ཕྱིར་རོ། ། རྒྱུ་དེ་བསམ་མི་ཁྱབ་ཚུལ་ནི། དེ་ལྟར་འཇིག་རྟེན་ཕྱོགས་ཕྱོགས་བརྟན་ རྣམས་རྟག་པར་དུས་ཀུན་ཏུ། །བྱང་ཆུབ་ཆེན་པོ་ཐོབ་དཀའ་ཡོན་ཏན་ མཆོག་ལྡན་རྨད་བྱུང་ཅན། །རྟག་བརྟན་སྐྱབས་མེད་རྣམས་ཀྱི་སྐྱབས་ གང་ཡིན་པ་ཐོབ་པ་དེ། །ཡ་མཚན་ཆེ་ལ་ཚུལ་བཟང་སྤྱད་ཕྱིར་ཡ་ 4-1-218 མཚན་ཆེ་བའང་མིན། །བཤད་མ་ཐག་པའི་ཚུལ་དེ་ལྟར་གནས་འཇིག་རྟེན་གྱི་ཁམས་ ཕྱོགས་བཅུའི་ཕྱོགས་མཐའ་ཡས་པ་རྣམས་སུ་རྒྱུ་སངས་རྒྱས་ཀྱི་ལེགས་པར་བཤད་པ་ལ་ བརྟེན་ནས། གང་ཟག་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་པར་རྒྱུན་མི་འཆད་ པར་དུས་ཀུན་ཏུ་འབྲས་བུ་མཐར་ཐུག་བྱང་ཆུབ་ཆེན་པོ་དཀའ་སྤྱད་དཔག་ཏུ་མེད་པ་ལ་ སོགས་པས་བསྒྲུབ་དགོས་པས་ཐོབ་པར་དཀའ་བ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ ཡོན་ཏན་མཆོག་ཏུ་གྱུར་པ་དང་ལྡན་པ། ཡོན་ཏན་དེ་ལྟ་བུ་གཞན་ལ་མེད་པས་ཤིན་ཏུ་རྨད་ དུ་བྱུང་བ་ཅན། གདོད་མ་ནས་སྐྱེ་བ་མེད་པས་རྟག་པ་ནམ་ཡང་འགག་པ་མེད་པས་བརྟན་པ་ ཐོབ་པས་རང་དོན་ཕུན་སུམ་ཚོགས་པ་གྲུབ་ཅིང༌། སེམས་ཅན་མགོན་དང་སྐྱབས་མེད་རྣམས་ འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྐྱབས་ཏེ་མྱ་ངན་ལས་འདས་པའི་བདེ་བ་ལ་ འགོད་པས་གཞན་དོན་ཕུན་སུམ་ཚོགས་པའང་འགྲུབ་པ་གང་ཡིན་པ་ཐོབ་པ་དེ་ནི་མཆོད་ ཅིང་བསྔགས་པར་འོས་པ་ཤིན་ཏུ་ཡ་མཚན་ཆེ་བ་ཡིན་ལ། བྱང་ཆུབ་ཆེན་པོ་འགྲུབ་པའི་རྒྱུ་ས་ དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལམ་གྱི་ཚུལ་བཟང་པོ་སྤྱད་པའི་ཕྱིར་རྒྱུ་དང་མཐུན་པར་ འབྲས་བུ་འབྱུང་བ་ཆོས་ཉིད་ཡིན་པས་ཡ་མཚན་ཆེ་བའང་མིན་པ་བསམ་གྱིས་མི་ཁྱབ་པའི་ དོན་ཏོ། ། སྨིན་པ་སྦྱོར་བའི་རྒྱུ་ནི། དེ་ནི་ཅིག་ཅར་ལ་ལར་སྒོ་མང་བརྒྱ་ནས་ཆོས་ ཀྱི་འཁོར་ལོ་དང༌། །ལ་ལར་སྐྱེ་བ་མི་སྣང་ལ་ལར་སྐྱེ་བའི་སྤྱོད་པ་སྣ་ ཚོགས་དང༌། །ལ་ལར་བྱང་ཆུབ་ཐམས་ཅད་ལ་ལར་དེ་ནི་མྱ་ངན་ འདས་སྟོན་ཀྱང༌། །དེ་ནི་གནས་དེ་ལས་ཀྱང་རྣམ་པར་གཡོ་མི་མངའ་ ལ་ཐམས་ཅད་མཛད། །སངས་རྒྱས་དེ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་ མཛད་པ་ནི། དུས་ཅིག་ཅར་ཉིད་ལ་ཞིང་ཁམས་མཐའ་ཡས་པ་ལ་ལར་གསུང་རབ་ཡན་ལག་ 4-1-219 བཅུ་གཉིས་ལ་སོགས་པའི་སྒོ་མང་པོ་བརྒྱ་ཕྲག་མཐའ་ཡས་པ་དག་ནས་ཆོས་ཀྱི་འཁོར་ལོ་ བསྐོར་བ་དང༌། དུས་དེ་ཉིད་ན་ཞིང་ཁམས་ལ་ལར་དགའ་ལྡན་དུ་སྐྱེ་བར་ཡང་སྟོན་ཞིང་དེར་ མི་སྣང་བར་འཛམ་བུའི་གླིང་དུ་འཕོ་བ་ལ་སོགས་པ་དང༌། དུས་དེ་ཉིད་ན་ཞིང་ཁམས་ལ་ལར་ ཐམས་ཅད་སྒྲོལ་དང་མཆོད་སྦྱིན་བྱེད་ལ་སོགས་པ་སྐྱེ་བའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ གི་སྤྱོད་པ་སྣ་ཚོགས་པ་སྟོན་པ་དང༌། དུས་དེ་ཉིད་ན་ཞིང་ཁམས་ལ་ལར་བྱང་ཆུབ་གསུམ་པོ་ ཐམས་ཅད་ཀྱང་སྟོན་ཞིང་ཁྱད་པར་རྡོ་རྗེའི་གདན་དུ་བདུད་ཐམས་ཅད་བཅོམ་སྟེ་བྱང་ཆུབ་ ཆེན་པོ་བརྙེས་པའི་ཚུལ་སྟོན་པ་དང༌། དུས་དེ་ཉིད་ན་ཞིང་ཁམས་མཐའ་ཡས་པ་ཐམས་ཅད་ དུ་ལ་ལར་སངས་རྒྱས་དེ་ནི་གདུལ་བྱ་འགའ་ཞིག་གི་དོན་བྱ་བ་རྫོགས་ནས་ཡོངས་སུ་མྱ་ངན་ ལས་འདས་པའི་ཚུལ་སྟོན་པ་ལ་སོགས་པ་རྣམ་འཕྲུལ་མཐའ་ཡས་པས་འགྲོ་བའི་དོན་མཛད་ ཀྱང༌། བྱང་ཆུབ་ཆེན་པོ་བརྙེས་པ་དེ་ནི་ཟག་པ་མེད་པའི་གནས་དེ་ལས་ཀྱང་རྣམ་པར་གཡོ་ བ་ཅུང་ཟད་ཀྱང་མི་མངའ་ལ་གཞན་དོན་གྱི་འཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པར་ མཛད་དོ། ། དེ་ལ་འབད་པ་མེད་ཚུལ་ནི། སངས་རྒྱས་རྣམས་ནི་འདི་སྙམ་ལུས་ཅན་འདི་ ནི་བདག་གིས་སྨིན་པར་བྱས་ཞེའམ། །འདི་ནི་རབ་ཏུ་སྨིན་བྱ་གཞན་ ཡང་ད་ལྟ་རབ་ཏུ་སྨིན་པར་བྱེད་སྙམ་དུ། །འདུ་མཛད་མི་མངའ་བར་ ཡང་ཕྱོགས་ཕྱོགས་ཀུན་ཏུ་རྟག་པར་སྒོ་གསུམ་ནས། །དགེ་བའི་ཆོས་ རྣམས་ཀྱིས་ནི་སྐྱེ་བོ་རབ་ཏུ་སྨིན་པར་འགྱུར་བ་ཉིད། །ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ན་འདི་སྙམ་དུ་ལུས་ཅན་ ལམ་དང་འབྲས་བུའི་ཡོན་ཏན་ཐོབ་ཅིང་ཡོངས་སུ་སྨིན་པ་འདི་རྣམས་ནི་བདག་གིས་སྔར་ ཡོངས་སུ་སྨིན་པར་བྱས་སོ་ཞེའམ། ཡོན་ཏན་མ་ཐོབ་ཅིང་ཡོངས་སུ་མ་སྨིན་པ་འདི་རྣམས་ 4-1-220 ནི་མ་འོངས་པ་ན་རབ་ཏུ་སྨིན་པར་བྱའོ་ཞེའམ། གཞན་ཡང་ལུས་ཅན་མང་པོ་སྤང་བྱ་སྤང་ རུང་དང་གཉེན་པོ་སྐྱེ་རུང་ལ་བཀོད་ནས་སྨིན་པར་བྱེད་བཞིན་པ་འདི་རྣམས་ནི་ད་ལྟར་རབ་ ཏུ་སྨིན་པར་བྱེད་དོ་སྙམ་དུ་ཐུགས་ཀྱིས་མངོན་པར་འདུ་མཛད་པ་དང་འབད་རྩོལ་མི་མངའ་ བར་ཡང་གདུལ་བྱ་གང་ན་གནས་པའི་ཕྱོགས་བཅུའི་ཕྱོགས་མཐའ་ཡས་པ་ཀུན་ཏུ། དུས་ འཁོར་བ་ཇི་སྲིད་གནས་ཀྱི་བར་རྟག་ཏུ་རྒྱུན་མི་འཆད་པར་རང་རང་གི་མོས་པ་དང་མཐུན་ པར་སྟོན་པའི་ཐེག་པའི་སྒོ་གསུམ་ནས་བྱང་ཆུབ་ཀྱི་ཕྱོགས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ པ་དགེ་བའི་ཆོས་རྣམས་ཀྱིས་ནི་སྐྱེ་བོ་མང་པོ་ལམ་དང་འབྲས་བུའི་ཡོན་ཏན་ལ་བཀོད་ནས་ རབ་ཏུ་སྨིན་པར་འགྱུར་བ་ཉིད་དེ། ཐེག་པ་ཆེན་པོ་བསྡུས་པར་ཡང༌། ཀུན་ཀྱང་འདྲེས་པའི་ འཕྲིན་ལས་ཅན། །རྒྱ་མཚོར་ཆུ་འདྲ་སངས་རྒྱས་རྣམས། །བྱས་སོ་བྱེད་དོ་བྱའོ་ཞེས། །གཞན་ གྱི་དོན་ལ་རྟོགས་མི་མངའ། །ཞེས་གསུངས་པ་ལྟར་རོ། ། འབད་མེད་དཔེ་ཡིས་བསྟན་པ་ནི། ཇི་ལྟར་ཉི་མ་འབད་མེད་ཕྱོགས་ཕྱོགས་ ཀུན་ཏུ་འོད་ཟེར་དག །རབ་འབྱམས་གསལ་བ་མང་པོས་ལོ་ཏོག་སྨིན་ པར་བྱེད་པ་ལྟར། །དེ་བཞིན་ཆོས་ལྡན་ཉི་མའང་རབ་ཞི་བྱེད་པ་ཆོས་ཀྱི་ འདོ། །རབ་འབྱམས་གསལ་བ་དག་གིས་ཕྱོགས་ཕྱོགས་ཀུན་ཏུ་སེམས་ ཅན་རྣམས་སྨིན་མཛད། །དཔེ་ཇི་ལྟར་ན་ཉི་མ་ནི་བདག་གིས་འོད་ཟེར་མང་པོ་བཏང་ ལ་ལོ་ཏོག་སྨིན་པར་བྱའོ་སྙམ་པའི་རྣམ་རྟོག་དང་འབད་པ་མེད་པར་གླིང་བཞི་པ་ལ་སོགས་ པ་ཕྱོགས་བཅུའི་ཕྱོགས་མཐའ་ཡས་པ་ཀུན་ཏུ་འོད་ཟེར་དག་ཅིང་གསལ་བ་ལེགས་པར་བཀྱེ་ ནས་ཞིང་རབ་འབྱམས་གསལ་བ་མང་པོས་འབྲས་ལ་སོགས་པའི་ལོ་ཏོག་རྣམས་ཡོངས་སུ་ སྨིན་པར་བྱེད་པ་ལྟར། དོན་དེ་བཞིན་དུ་དམ་པའི་ཆོས་ཀྱི་འོད་ཟེར་དང་ལྡན་པའི་ཉི་མ་དེ་ བཞིན་གཤེགས་པ་ལའང་འབད་པ་དང་རྩོལ་བ་མི་མངའ་བར་སྡུག་བསྔལ་ཀུན་འབྱུང་རབ་ 4-1-221 ཏུ་ཞི་བའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཆོས། གསུང་རབ་ཡན་ལག་བཅུ་གཉིས་ ལ་སོགས་པ་རྣམས་ཀྱི་འོད་ཟེར་རབ་འབྱམས་གསལ་བ་མང་པོ་དག་གིས་གདུལ་བྱ་གང་ན་ གནས་པའི་ཕྱོགས་བཅུའི་ཕྱོགས་ཀུན་ཏུ་སེམས་ཅན་མཐའ་ཡས་པ་རྣམས་ཡོངས་སུ་སྨིན་ པར་མཛད་པའོ། ། སྨིན་པ་རྒྱུན་མི་འཆད་ཚུལ་ནི། ཇི་ལྟར་མར་མེ་གཅིག་ལས་མར་མེའི་ ཚོགས་རབ་མང༌། །དཔག་མེད་གྲངས་མེད་འབྱུང་ཡང་དེ་ལ་ཟད་ པ་མེད། །དེ་བཞིན་སྨིན་པ་གཅིག་ལས་སྨིན་པའི་ཚོགས་རབ་མང༌། ། དཔག་མེད་གྲངས་མེད་འབྱུང་ཡང་དེ་ལ་ཟད་པ་མེད། །དཔེ་ཇི་ལྟར་ན་མར་ མེ་གཅིག་ལས་གཅིག་མཆེད་པའི་སྒོ་ནས་མར་མེའི་ཚོགས་རབ་ཏུ་མང་པོ་དཔག་ཏུ་མེད་ཅིང་ གྲངས་མེད་པ་འབྱུང་ཡང་རྩ་བའི་མར་མེ་དེ་ལ་ཟད་པ་མེད་པ་ལྟར། དོན་དེ་བཞིན་དུ་ཡོངས་ སུ་སྨིན་པ་མཐར་ཐུག་པ་རྫོགས་པའི་སངས་རྒྱས་གཅིག་གིས་ཆོས་བསྟན་པ་ལས། ཡོངས་སུ་ སྨིན་པའི་སངས་རྒྱས་ཀྱི་ཚོགས་རབ་ཏུ་མང་པོ་དཔག་ཏུ་མེད་ཅིང་གྲངས་མེད་པ་འབྱུང་ཞིང༌། ཡང་དེ་དག་གིས་ཆོས་བསྟན་པ་ལས་ཀྱང་སྨིན་པ་རྒྱུན་མི་འཆད་པ་འབྱུང་ཡང༌། རྩ་བའི་ སངས་རྒྱས་དེའི་ཡེ་ཤེས་དང་འཕྲིན་ལས་ལ་ནི་ཟད་པ་དང་བྲི་བ་མེད་པའི་ཚུལ་གྱིས་སེམས་ ཅན་ཡོངས་སུ་སྨིན་པའི་འཕྲིན་ལས་རྒྱུན་མི་འཆད་པ་ཉིད་དོ། ། དེའི་རྒྱུ་མཚན་བསྟན་པ་ནི། ཇི་ལྟར་རྒྱ་མཚོ་ཆེན་པོ་འདི་ནི་ཆུ་ཡིས་ ངོམས་པར་མི་འགྱུར་ཞིང༌། །ཆུ་ཆེན་རབ་ཏུ་མང་པོ་འབབ་པས་འཕེལ་ བར་ཡང་ནི་མི་འགྱུར་བ། །དེ་བཞིན་སངས་རྒྱས་དབྱིངས་ཀྱང་དག་པ་ འཇུག་པ་རྟག་རྒྱུན་མི་འཆད་པས། །ངོམས་པ་མི་མངའ་འཕེལ་བར་མི་ འགྱུར་དེ་འདིར་རྨད་དུ་བྱུང་བའི་མཆོག །དཔེ་ཇི་ལྟར་ན་ཕྱིའི་རྒྱ་མཚོ་ཆེན་པོ་འདི་ 4-1-222 ནི་གོ་སྐབས་ཡངས་པའི་ཕྱིར་ཆར་པ་ལ་སོགས་པའི་ཆུ་ཡིས་ངོམས་ཤིང་མི་ཤོང་བར་ཡང་མི་ འགྱུར་ཞིང༌། ཕྱོགས་བཅུའི་ཆུ་བོ་ཆེན་པོ་ཆུ་ཕྲན་དང་བཅས་པ་རབ་ཏུ་མང་པོ་རྒྱུན་མི་འཆད་ པ་འབབ་པས་འཕེལ་ཞིང་ལུད་པར་ཡང་ནི་མི་འགྱུར་བ་ལྟར། དོན་དེ་བཞིན་དུ་སངས་རྒྱས་ རྣམས་ཀྱི་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་ཀྱང་གོ་སྐབས་ཤིན་ཏུ་ཡངས་པའི་ཕྱིར་གློ་བུར་ གྱི་དྲི་མས་རྣམ་པར་དག་པའི་འཕགས་པ་རྣམས་དེའི་ངང་དུ་དབྱེར་མེད་པར་འདྲེས་པའི་ཚུལ་ གྱིས་འཇུག་པ་རྟག་ཏུ་རྒྱུན་མི་འཆད་པས་ནི། སྔར་རྣམ་པར་གྲོལ་བ་འདི་སྙེད་ཅིག་ཞུགས་ པས་ཆོག་གོ་ཞེས་ངོམས་ཤིང་མི་ཤོང་བ་མི་མངའ་ཞིང༌། ཆོས་ཀྱི་དབྱིངས་འདུས་མ་བྱས་ཡིན་ པས་ཕྱིར་སྐྱེ་ཞིང་འཕེལ་བར་ཡང་མི་འགྱུར་བ་དེ་ནི་ཡོངས་སུ་སྨིན་པའི་སྐབས་འདིར་ཤིན་ཏུ་ ངོ་མཚར་ཞིང་རྨད་དུ་བྱུང་བའི་མཆོག་ཏུ་གྱུར་པའོ། ། སངས་རྒྱས་ཀྱི་སའི་མདོ་ལས། ཆོས་ལྔས་སངས་རྒྱས་ཀྱི་ས་བསྡུས་པ་ཡིན་ཏེ། ལྔ་ གང་ཞེ་ན། འདི་ལྟ་སྟེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་རྟོག་པའི་ཡེ་ཤེས་དང༌། བྱ་བ་གྲུབ་པའི་ཡེ་ཤེས་སོ། ། ཞེས་གསུངས་པའི་དང་པོ་ཆོས་དབྱིངས་ཤིན་ཏུ་དག་པའི་དོན་ལ། ངོ་བོ་རྒྱུ་འབྲས་ལས་ལྡན་ འཇུག་པའི་དོན་ནོ། ། ངོ་བོའི་དོན་ནི། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་ པའི་མཚན་ཉིད་དེ། །དངོས་པོ་ཤེས་པ་དེ་ལ་དམིགས། །དབང་ཟད་མི་ ཤེས་མཚན་ཉིད་དོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པའི་ཆོས་རྣམས་ ཀུན་གྱི་དེ་བཞིན་ཉིད་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ། སྤང་བྱ་གློ་བུར་གྱི་དྲི་མ་ ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པས་རྣམ་པར་དག་པའི་ མཚན་ཉིད་ཅན་ཏེ་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་དངོས་པོ་མཐའ་དག་མངོན་སུམ་དུ་ཤེས་ 4-1-223 པ་ཡིན་ཞིང༌། ཆོས་ཀྱི་དབྱིངས་དེ་ལ་དམིགས་ནས་མཉམ་གཞག་ཇི་ལྟ་བ་མཁྱེན་པའི་ཡེ་ ཤེས་དེ་བཞིན་ཉིད་ཀྱི་ངང་དུ་ཇི་ལྟར་བཞེད་པ་བཞིན་མཉམ་པར་འཇོག་པ་ལ་དབང་ཟད་མི་ ཤེས་པ་དང༌། རྗེས་ཐོབ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཆོས་ཅན་མཐའ་དག་ཕྱིན་ཅི་མ་ལོག་ པར་མཁྱེན་པ་ལ་དབང་ཟད་མི་ཤེས་པའི་མཚན་ཉིད་དང་ལྡན་པ་ཉིད་དོ། ། རྒྱུ་འབྲས་ཀྱི་དོན་ནི། དེ་བཞིན་ཉིད་ཤེས་ཐམས་ཅད་ནས། །བསྒོམས་པ་ ལས་ནི་ཡང་དག་བྱུང༌། །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །གཉིས་སྐྱེད་ མི་ཟད་འབྲས་བུ་ཅན། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པའི་དོན་དུ་ཐེག་པ་ ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་སོགས་པའི་སྒོ་ཐམས་ཅད་ ནས་འབྱུང་བ་ལྟར་མོས་སྤྱོད་དུ་ཐོས་བསམ་སྒོམ་པ་བྱས་པས། མཐོང་ལམ་དུ་མངོན་སུམ་ དུ་རྟོགས་ཏེ་སྒོམ་ལམ་ས་བཅུར་རིམ་གྱིས་བསྒོམས་པ་ལས་ནི་སངས་རྒྱས་ཀྱི་སར་ཆོས་ཀྱི་ དབྱིངས་དག་པ་གཉིས་ལྡན་མངོན་དུ་གྱུར་པའི་ཚུལ་གྱིས་ཡང་དག་པར་བྱུང་བ་རྒྱུའི་དོན་ ཡིན་ལ། གདུལ་བྱར་གྱུར་པའི་སེམས་ཅན་མཐའ་ཡས་པ་ཀུན་ལ། དུས་རྣམ་པ་ཀུན་ཏུ་རྒྱུན་ མི་འཆད་པར་མཐར་ཐུག་གི་འབྲས་བུ་ངེས་པར་ལེགས་པ་དང་གནས་སྐབས་ཀྱི་བདེ་བ་ མངོན་པར་མཐོ་བའི་གོ་འཕང་ལ་འགོད་པ་གཉིས་སྐྱེད་པ་འཁོར་བ་མ་སྟོངས་ཀྱི་བར་དུ་མི་ ཟད་པའི་འབྲས་བུ་ཕུན་སུམ་ཚོགས་པ་ཅན་ནི་འབྲས་བུའི་དོན་ཡིན་ནོ། ། ལས་ལྡན་གྱི་དོན་ནི། སྐུ་དང་གསུང་དང་ཐུགས་སྤྲུལ་པའི། །སྦྱོར་བའི་ ཐབས་ཀྱི་ལས་ཅན་ཏེ། །ཏིང་ངེ་འཛིན་དང་གཟུངས་སྒོ་དང༌། །དཔག་ཏུ་ མེད་པ་གཉིས་དང་ལྡན། །གདུལ་བྱའི་མོས་པ་དང་མཐུན་པར་སྐུའི་སྤྲུལ་པ་སྣ་ཚོགས་ སྟོན་པ་དང༌། ནམ་མཁའ་ལ་སོགས་པ་ལས་ཀྱང་གང་ལ་གང་འདུལ་གྱི་ཆོས་ཀྱི་སྒྲ་འབྱུང་བ་ གསུང་གི་སྤྲུལ་པ་དང༌། རབ་འབྱོར་ལ་སོགས་པ་གཞན་བྱིན་གྱིས་བརླབས་ནས་ཆོས་སྟོན་དུ་ 4-1-224 འཇུག་པ་ཐུགས་ཀྱི་སྤྲུལ་པ་མཐའ་ཡས་པའི་སྒོ་ནས་གཞན་དོན་ཕུན་སུམ་ཚོགས་པ་ལ་སྦྱོར་ བའི་ཐབས་ཀྱི་འཕྲིན་ལས་ཅན་ནི་ལས་ཀྱི་དོན་ཏེ། ནམ་མཁའ་མཛོད་དང་དཔའ་བར་འགྲོ་ བ་ལ་སོགས་པའི་ཏིང་ངེ་འཛིན་དང༌། མི་ཟད་པའི་ཟ་མ་ཏོག་དང་སྒོ་མཐའ་ཡས་པ་ལ་སོགས་ པའི་གཟུངས་ཀྱི་སྒོ་དང༌། ཐབས་བསོད་ནམས་ཀྱི་ཚོགས་དང་ཤེས་རབ་ཡེ་ཤེས་ཀྱི་ཚོགས་ དཔག་ཏུ་མེད་པ་གཉིས་དང་ལྡན་པ་ནི་ལྡན་པའི་དོན་ཏོ། ། འཇུག་པའི་དོན་ནི། རང་བཞིན་ཆོས་རྫོགས་ལོངས་སྤྱོད་དང༌། །སྤྲུལ་ པ་དག་གིས་ཐ་དད་འཇུག །འདི་ནི་སངས་རྒྱས་རྣམས་དག་གི། ཆོས་ དབྱིངས་རྣམ་པར་དག་པར་བཤད། །སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་ སྐུ་དང༌། ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྐུ་དང༌། གང་ལ་གང་འདུལ་ གྱི་སྤྲུལ་པའི་སྐུ་དག་གིས་རྣམ་པ་མི་འདྲ་བ་ཐ་དད་པར་འཇུག་པ་སྟེ། དོན་དྲུག་པོ་འདི་དག་ གིས་ནི་སངས་རྒྱས་རྣམས་དག་གི་ཆོས་ཀྱི་དབྱིངས་སྒྲིབ་པ་མཐའ་དག་གིས་རྣམ་པར་དག་ པའི་དོན་བཤད་པའོ། ། སྐུ་གསུམ་རྣམ་པར་དབྱེ་བའི་དོན་ལ། ཐུན་མོང་གི་དབྱེ་བ་མདོར་བསྟན། སོ་སོའི་ངོ་བོ་ རྒྱས་བཤད། དོན་བསྡུས་ཏེ་དོན་གཉིས་འགྲུབ་ཚུལ། མཉམ་པ་དང་རྟག་པའི་དོན་བསྟན་ པའོ། ། དབྱེ་བ་ནི། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་ རྫོགས་པ་དང༌། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པའི་ རྟེན་ཡིན་ནོ། །རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུའི་དབྱེ་བ་ནི་གོང་དུ་བཤད་མ་ཐག་ པ་ལྟར་རང་བཞིན་ཆོས་ཀྱི་སྐུ་གནས་ཡོངས་སུ་གྱུར་པའི་མཚན་ཉིད་ཅན་དང༌། མཆོག་གི་ འཁོར་གྱི་དཀྱིལ་འཁོར་དུ་ཐེག་ཆེན་གྱི་ཆོས་ལ་ལོངས་སྤྱོད་པ་རྫོགས་པར་མཛད་པའི་སྐུ་ 4-1-225 དང༌། དེ་དག་ལས་གཞན་ནི་ཐུན་མོང་པའི་འཁོར་རྣམས་ལ་སྤྲུལ་པ་སྣ་ཚོགས་མཛད་པའི་སྐུ་ རྣམས་ཡིན་ཏེ། དེ་རྣམས་ཀྱི་དང་པོ་ཆོས་ཀྱི་སྐུ་ནི་གཉིས་པ་གཟུགས་ཀྱི་སྐུའི་རྟེན་ཡིན་ཞིང༌། གཟུགས་སྐུ་གཉིས་ཀྱིའང་ལོངས་སྤྱོད་རྫོགས་པའི་སྐུ་ནི་སྤྲུལ་བའི་སྐུའི་རྟེན་ཡིན་ནོ། ། ངོ་བོ་ལ་གསུམ་ལས། ལོངས་སྤྱོད་རྫོགས་པའི་སྐུ་ནི། ལོངས་སྤྱོད་རྫོགས་པ་ ཁམས་ཀུན་ཏུ། །འཁོར་ཡོངས་བསྡུད་དང་ཞིང་དང་མཚན། །སྐུ་དང་ ཆོས་རྫོགས་ལོངས་སྤྱོད་དང༌། །མཛད་པ་དག་གིས་ཐ་དད་དོ། །སངས་རྒྱས་ ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་མཐའ་ ཡས་པ་ཀུན་ཏུ་འཁོར་འཇམ་དཔལ་དང་སྤྱན་རས་གཟིགས་ལ་སོགས་པ་བྱང་ཆུབ་སེམས་ དཔའི་ཚོགས་ཐ་དད་པ་ཡོངས་སུ་བསྡུད་པ་དང༌། ཞིང་ཁམས་ཤེལ་དང་བཻ་ཌཱུརྱ་ལས་གྲུབ་ པ་ལ་སོགས་པ་ཐ་དད་པ་དང༌། མཚན་རྣམ་པར་སྣང་མཛད་དང་འོད་དཔག་མེད་ལ་སོགས་ པ་ཐ་དད་པ་དང༌། སྐུ་མདོག་གསེར་དང་དངུལ་ལ་སོགས་པ་དང་སྐུ་ཆེ་ཆུང་ལ་སོགས་པ་ཐ་ དད་པ་དང༌། ཆོས་ས་བཅུ་པའི་མདོ་དང་ལང་ཀར་གཤེགས་པ་ལ་སོགས་པ་ཐེག་པ་ཆེན་པོའི་ གསུང་རབ་ཐ་དད་པ་ལ་རྫོགས་པར་ལོངས་སྤྱོད་པ་དང༌། གདུལ་བྱ་སྐལ་བ་མཆོག་དང་ལྡན་ པ་རྣམས་ཀྱི་དོན་ཕུན་སུམ་ཚོགས་པ་མཛད་པ་དག་གིས་ཐ་དད་པར་སྣང་བ་ཉིད་དོ། །མདོར་ ན་སྐུ་མཚན་དང་དཔེ་བྱད་དང་ལྡན་པས། གནས་ཞིང་ཁམས་རྣམ་པར་དག་པ་རྣམས་སུ་ འཁོར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་ལྷན་ཅིག་ཐེག་པ་ཆེན་པོའི་ཆོས་ལ་རྒྱུན་མི་ འཆད་པར་ལོངས་སྤྱོད་པ་སྟེ། སྐུ་གསུམ་ག་དང་ཁྱབ་པ་དང་རྟག་པའི་ཚུལ་ཡང་ཡུམ་གྱི་རྒྱན་ ལས། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་ལ་སོགས་པ་ གསུངས་པ་ལྟར་རོ། ། 4-1-226 ངོ་བོ་ཉིད་ཀྱི་སྐུ་ནི། རང་བཞིན་སྐུ་ནི་མཉམ་པ་དང༌། །ཕྲ་ཞིང་དེ་དང་ འབྲེལ་བ་དང༌། །དགྱེས་དགུར་ལོངས་སྤྱོད་བསྟན་པ་ལ། །ལོངས་སྤྱོད་ རྫོགས་འབྱོར་རྒྱུར་འདོད་དོ། །སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དོན་དམ་པ་ ཆོས་ཀྱི་སྐུ་ནི་དག་པ་གཉིས་ལྡན་གྱི་ངང་དུ་དབྱེར་མེད་པར་འདྲེས་པས་མཉམ་པ་ཉིད་དང༌། སངས་རྒྱས་ལས་གཞན་པས་བསམ་གྱིས་མི་ཁྱབ་པས་ཤིན་ཏུ་ཕྲ་ཞིང་ཟབ་པ་ཉིད་དང༌། ཆོས་ སྐུ་མངོན་དུ་གྱུར་པ་ལས་ལོངས་སྐུ་འབྱུང་བས་དེ་དང་རྟེན་དང་བརྟེན་པར་འབྲེལ་བ་ཉིད་ དང༌། ཇི་ལྟར་བཞེད་པ་བཞིན་དགྱེས་དགུར་ལོངས་སྤྱོད་པར་བྱ་བ་བསྟན་པ་ལ་དབང་འབྱོར་ པའི་ཕྱིར་དང༌། ལོངས་སྤྱོད་རྫོགས་པར་འབྱོར་པའི་རྟེན་ནམ་གཞིའམ་རྒྱུར་ཡང་འདོད་པ་ ཉིད་དོ། །དེ་ཡང་དབྱིངས་རང་བཞིན་རྣམ་དག་གློ་བུར་གྱི་དྲི་མ་ཐམས་ཅད་ཀྱིས་ཀྱང་དག་པ་ ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་སྟེ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་ པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །ཐུབ་པའི་ངོ་བོ་ཉིད་སྐུར་བཞེད། །ཅེས་ གསུངས་པ་ལྟར་རོ། ། སྤྲུལ་པའི་སྐུ་ལ་གཉིས་ལས། དོན་གཉིས་ཀྱི་སྒོ་ནས་ཐུན་མོང་དུ་བསྟན་པ་ནི། སངས་ རྒྱས་སྤྲུལ་པ་དཔག་མེད་པ། །སྤྲུལ་པའི་སྐུར་ནི་འདོད་པ་སྟེ། །དོན་ གཉིས་ཕུན་སུམ་ཚོགས་པ་ནི། །རྣམ་པ་ཐམས་ཅད་གཉིས་ལ་གནས། ། སངས་རྒྱས་ཐམས་ཅད་ཀྱང་མཛད་པ་བཅུ་གཉིས་ལ་སོགས་པ་སྤྲུལ་པའི་བྱེ་བྲག་དཔག་ཏུ་ མེད་པ་བསྟན་ནས་སེམས་ཅན་མཐའ་ཡས་པའི་དོན་མཛད་པ་དེ་རྣམས་སྤྲུལ་པའི་སྐུར་ནི་ འདོད་པ་སྟེ། དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ནི་གནས་དང་འཁོར་དང་ཆོས་ལ་སོགས་པ་ མཆོག་ཏུ་གྱུར་པ་ལོངས་སྤྱོད་པས་རང་དོན་ཕུན་སུམ་ཚོགས་པ་དང༌། སྤྲུལ་པའི་སྐུ་ནི་གདུལ་ བྱའི་མོས་པ་དང་མཐུན་པར་རྣམ་འཕྲུལ་སྣ་ཚོགས་སྟོན་པས་གཞན་དོན་ཕུན་སུམ་ཚོགས་ 4-1-227 པའི་མཚན་ཉིད་ཅན་ཡིན་པས་དོན་གཉིས་ཕུན་སུམ་ཚོགས་པ་ནི་གྲུབ་པ་ཡིན་ལ། དེ་དག་གི་ ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ཀྱི་སྐུ་ལ་བརྟེན་ཅིང་སྤྲུལ་པའི་སྐུ་ཡང་ལོངས་སྤྱོད་རྫོགས་ པའི་སྐུ་ལ་བརྟེན་ནས། རྣམ་པ་ཐམས་ཅད་དུ་སྔ་མ་གཉིས་ལ་ཕྱི་མ་བརྟེན་པའི་རིམ་པས་ གནས་པའོ། ། གཞན་དོན་གྱི་སྤྲུལ་སྐུ་ཁྱད་པར་དུ་བཤད་པ་ནི། བཟོ་དང་སྐྱེ་བ་བྱང་ཆུབ་ཆེ། ། མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་ པར་གྲོལ་བའི་ཐབས་ཆེན་པོ། །དྲི་ཟའི་རྒྱལ་པོ་རབ་དགའ་གདུལ་བའི་དོན་དུ་རྒྱུད་ མངས་སྦྲེང་བ་དང༌། གཞན་ཡང་ཤིང་མཁན་དང་རྫ་མཁན་ལ་སོགས་པར་ཡང་སྟོན་པ་བཟོའི་ སྤྲུལ་བ་དང༌། བྲམ་ཟེ་དང་རྒྱལ་རིགས་ལ་སོགས་པ་དང་རི་བོང་དང་རུ་རུ་ལ་སོགས་པའི་སྐྱེ་ བར་ཡང་སྟོན་པ་སྐྱེ་བའི་སྤྲུལ་པ་དང༌། རྡོ་རྗེའི་གདན་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་ བྱང་ཆུབ་ཆེན་པོའི་སྤྲུལ་པ་དང༌། དུས་ལ་བབ་ན་མྱ་ངན་ལས་འདས་པ་ལ་སོགས་པར་ཡང་ གནས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ། དུས་རྟག་ཏུ་རྒྱུན་མི་འཆད་པར་སྟོན་ པའི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་འདི་ནི། གདུལ་བྱ་དཔག་ཏུ་མེད་པ་རྣམ་པར་གྲོལ་ བའི་གོ་འཕང་ལ་འགོད་པའི་ཐབས་ལ་མཁས་པ་ཆེན་པོ་ཡིན་ཏེ། གང་གིས་སྲིད་པ་ཇི་སྲིད་ པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་ མི་འཆད། །ཅེས་གསུངས་པ་ལྟར་རོ། ། དོན་བསྡུ་བ་ནི། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདི་བརྟེན་དང་ བཅས་པར་བསྟན། །སྔར་བཤད་པའི་སྐུ་གསུམ་པོ་འདི་དག་གིས་ནི་རྫོགས་པའི་སངས་ རྒྱས་མཐའ་ཡས་པ་རྣམས་ཀྱི་སྐུ་གསུམ་པོ་ཐམས་ཅད་ཐད་ཀར་གཅིག་གིས་གཅིག་བསྡུས་ 4-1-228 པར་ནི་ཤེས་པར་བྱ་སྟེ། སྐུ་གསུམ་པོ་དག་གི་སྒོ་ནས་ཆོས་སྐུས་རང་གི་དོན་ཕུན་སུམ་ཚོགས་ པ་དང༌། གཟུགས་སྐུས་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང༌། ཕྱི་མ་དག་གིའང་ལོངས་ སྐུས་རང་དོན་ཕུན་སུམ་ཚོགས་པ་དང༌། སྤྲུལ་སྐུས་གཞན་དོན་ཕུན་སུམ་ཚོགས་པ་དང༌། འདི་དག་ཀྱང་ཆོས་སྐུ་ལ་གཟུགས་སྐུ་བརྟེན་པ་དང་ལོངས་སྐུ་ལ་སྤྲུལ་སྐུ་བརྟེན་པ་དང་བཅས་ པའི་ཚུལ་སྔར་ཇི་སྐད་བསྟན་པ་བཞིན་ནོ། ། མཉམ་པ་དང་རྟག་ཚུལ་ནི། དེ་དག་རྟེན་དང་དགོངས་པ་དང༌། །འཕྲིན་ ལས་ཀྱིས་ནི་མཉམ་པ་ཉིད། །རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་ གྱིས་དེ་དག་རྟག་པ་ཉིད། །འགྲེལ་བཤད་དག་ལས། ཆོས་སྐུ་རྟེན་མཉམ་པ་དང༌། ལོངས་སྐུ་དགོངས་པ་མཉམ་པ་དང༌། སྤྲུལ་སྐུ་འཕྲིན་ལས་མཉམ་པ་ཞེས་ཀྱང་འཆད་མོད། སངས་རྒྱས་དེ་དག་ཐམས་ཅད་ཀྱང་རྟེན་ཆོས་ཀྱི་སྐུ་ཟག་པ་མེད་པའི་དབྱིངས་སུ་གཅིག་པས་ མཉམ་པ་ཉིད་དང༌། དགོངས་པ་མཁྱེན་པ་དང་བརྩེ་བས་སེམས་ཅན་ཐམས་ཅད་ལ་ཕན་པ་ དང་བདེ་བར་དགོངས་པར་མཉམ་པ་ཉིད་དང༌། འཕྲིན་ལས་ཐམས་ཅད་གཅིག་ཏུ་འདྲེས་པ་ ཉིད་ཀྱིས་ནི་གདུལ་བྱ་སྨིན་པར་མཛད་པར་མཉམ་པ་ཉིད་ཡིན་ཞིང༌། ཆོས་ཀྱི་སྐུ་འདུས་མ་ བྱས་ཡིན་པས་རང་བཞིན་གྱིས་རྟག་པ་ཉིད་དང་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཐེག་ཆེན་གྱི་ ཆོས་ལོངས་སྤྱོད་པར་རྒྱུན་མི་འཆད་པས་རྟག་པ་དང༌། སྤྲུལ་པའི་སྐུ་ལ་ལར་མི་སྣང་བའམ་ ཡང་ལ་ལར་སྣང་བའམ་གདུལ་བྱ་ནམ་དུས་ལ་བབ་པ་ན་སྣང་བས་རྒྱུན་གྱིས་རྟག་པ་ཡིན་ པས། སྐུ་གསུམ་པོ་དེ་དག་དོན་གསུམ་གྱི་སྒོ་ནས་རྟག་པ་ཉིད་དེ། དེ་ལྟར་མཛད་པ་རྒྱ་ཆེའི་ ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ ཀྱང་མངོན་པར་བརྗོད། །ཅེས་ཀྱང་གསུངས་པ་ལྟར་རོ། ། ཡེ་ཤེས་རྣམ་པར་དབྱེ་བ་ལ་ལྔའི་དང་པོ་ཆོས་དབྱིངས་རྣམ་པར་དག་པར་བཤད་ཟིན་ 4-1-229 ནས་འདིར་ཕྱི་མ་བཞི་འཆད་པ་ལ། རྟེན་དང་བརྟེན་པའི་དབྱེ་བ་དེ་དག་སོ་སོའི་ངོ་བོ། བསྡུས་ ཏེ་འབྱུང་ཚུལ་བསྟན་པའོ། ། དང་པོ་ནི། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། ། མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ན་འོ། །སངས་རྒྱས་ཐམས་ ཅད་ལ་མངའ་བ་ཡེ་ཤེས་བཞིའི་དང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་ཉིད་དེ་བཞིན་ཉིད་ ལ་རྟག་ཏུ་མཉམ་པར་བཞག་པས་མི་གཡོ་བ་དང་ཡེ་ཤེས་གཞན་གསུམ་གྱི་རྟེན་དུ་གྱུར་པ་ སྟེ། ཡེ་ཤེས་ཕྱི་མ་གསུམ་ནི་ཆོས་ཅན་སྣ་ཚོགས་ལ་འཇུག་པས་ཡུལ་ལ་གཡོ་བ་དང་ཡེ་ཤེས་ དང་པོ་དེ་ལ་བརྟེན་པ་ཡང་ཡིན་ཞིང༌། དེ་དག་ཀྱང་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་ རྟོག་པའི་ཡེ་ཤེས་དང༌། བྱ་བ་གྲུབ་པའི་ཡེ་ཤེས་ཁོ་ནའོ། །ཙནྡྲ་གོ་མིས་ཀྱང༌། གང་ཡང་ཀུན་ གཞིའི་རྣམ་པར་ཤེས། །མེ་ལོང་ཡེ་ཤེས་ཉིད་གྱུར་པ། །ཞེས་པ་དང༌། ཉོན་མོངས་ཅན་ཡིད་ གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཡིད་ཀྱི་ རྣམ་ཤེས་ཉིད་དེའོ། །ཞེས་པ་དང༌། དབང་པོ་ལྔ་ཡི་རྣམ་ཤེས་གང༌། །དེ་ནི་དོན་ཀུན་ཡོངས་ འཛིན་ཕྱིར། །སེམས་ཅན་ཀུན་གྱི་དོན་དུ་ནི། །བྱ་བ་གྲུབ་པ་ཙམ་ཉིད་ཐོབ། །ཅེས་པ་ལ་ སོགས་པ་གསུངས་པ་ལྟར་རོ། ། ངོ་བོ་ལ་བཞི་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ལའང་གཉིས་ཀྱི་དོན་དངོས་ནི། མེ་ལོང་ ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་ རྨོངས་ལ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཀུན་གཞིའི་རྣམ་པར་ཤེས་པ་ གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ངོ་བོའི་སྒོ་ནས་རྣམ་པར་རྟོག་པ་མི་མངའ་བས་ང་ དང་ང་ཡིར་འཛིན་པ་མེད་པ་དང་ཡུལ་གྱི་སྒོ་ནས་ཕྱོགས་རེར་ཡོངས་སུ་མ་ཆད་པས་ཡུལ་དང་ དུས་ཐམས་ཅད་མངོན་སུམ་དུ་མཁྱེན་པ་དང༌། དུས་ཀྱི་སྒོ་ནས་རེས་འགའ་བ་མ་ཡིན་པས་ 4-1-230 རྟག་ཏུ་རྒྱུན་མི་འཆད་པར་ལྡན་པ་དང༌། རྟག་ཏུ་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་ སྤངས་པས་ཤེས་བྱ་མ་ལུས་པ་ཀུན་ལ་མ་རྨོངས་པ་ཡང་ཡིན་ལ། ཡུལ་གྱི་རྣམ་པ་འཆར་བ་ལ་ ལྟོས་པ་མེད་པའི་རྟག་ཏུ་དེ་དག་ལ་མངོན་དུ་ཕྱོགས་པ་ཡང་མིན་པ་སྟེ། མེ་ལོང་ལྟར་དང་བའི་ ཡེ་ཤེས་ལ་ཤེས་བྱའི་གཟུགས་བརྙན་སྣང་ཡང་འདིའོ་ཞེས་རྣམ་པར་རྟོག་པའང་མི་མངའ་ བའོ། ། མིང་དོན་ནི། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་ གཟུགས་བརྙན་འབྱུང་ཕྱིར་དེ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ཀྱི་ རྣམ་པ་ཀུན་འབྱུང་བ་ཉིད་ཀྱི་རྒྱུ་མཚན་ཡིན་པའི་ཕྱིར་ཡེ་ཤེས་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་ གནས་ཆེན་པོ་དང་འདྲ་ཞིང༌། ལོངས་སྐུའི་རྟེན་ཡིན་པས་བརྟེན་པའི་མིང་གིས་བཏགས་ ཏེ། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཅེས་ཀྱང་གསུངས་ལ། དཔེར་ན་མེ་ལོང་ གཟུགས་བརྙན་སྣ་ཚོགས་འཆར་བའི་རྟེན་ཡིན་པ་བཞིན་དུ་ཡེ་ཤེས་ཕྱི་མ་གསུམ་གཟུགས་ བརྙན་དང་འདྲ་བ་འབྱུང་བའི་རྟེན་ཡིན་པའི་ཕྱིར་དེ་ཉིད་ལ་མེ་ལོང་ཡེ་ཤེས་ཞེས་ཀྱང་བྱའོ། ། མཉམ་པ་ཉིད་ཀྱི་ཡེ་ཤེས་ལའང་གཉིས་ལས། ངོ་བོ་ནི། མཉམ་ཉིད་ཡེ་ཤེས་ སེམས་ཅན་ལ། །སྒོམ་པ་དག་པ་ལས་འདོད་དེ། །མི་གནས་ཞི་བར་ ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །ཉོན་མོངས་པ་ཅན་གྱི་ ཡིད་གནས་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་སེམས་ཅན་ཐམས་ཅད་ལ་དམིགས་ནས་ ཚོགས་སྦྱོར་དུ་མོས་པ་ཡིད་ལ་བྱེད་པས་བསྒོམས་ཤིང༌། ས་དང་པོར་བདག་གཞན་མཉམ་ པ་ཉིད་མངོན་སུམ་དུ་རྟོགས་ནས་ས་བཅུ་པའི་བར་དུ་སྒོམ་པ་གོང་ནས་གོང་དུ་རྣམ་པར་དག་ པར་བྱས་པ་ལས་ཐོབ་པར་འདོད་དེ། སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་ཞི་བ་མྱ་ངན་ 4-1-231 ལས་འདས་པ་སངས་རྒྱས་ཀྱི་སར་ཞུགས་པ་ནི་འཁོར་འདས་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ ཤེས་མཐར་ཐུག་པ་ཐོབ་པ་ཡིན་པར་འདོད་དོ། ། ཁྱད་པར་ནི། དུས་རྣམས་ཀུན་ཏུ་བྱམས་པ་དང༌། །ཐུགས་རྗེ་ཆེན་པོ་ དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ ནི་ངེས་པར་སྟོན། །ཡོན་ཏན་གྱི་ཁྱད་པར་དུས་རྣམས་ཀུན་ཏུ་རྒྱུན་མི་འཆད་པར་སེམས་ ཅན་ཐམས་ཅད་བདེ་བ་དང་ལྡན་པར་བཞེད་པའི་བྱམས་པ་ཆེན་པོ་ཚད་མེད་པ་དང༌། སྡུག་ བསྔལ་དང་བྲལ་བར་བཞེད་པའི་ཐུགས་རྗེ་ཆེན་པོ་ཚད་མེད་པ་དག་དང་ལྡན་ཞིང༌། མཛད་ པའི་ཁྱད་པར་སེམས་ཅན་རྣམས་ལ་ཁམས་དང་བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་ཁ་ ཅིག་གིས་ནི་དེ་བཞིན་གཤེགས་པ་སྔོན་པོར་མཐོང་ཁ་ཅིག་གིས་ནི་སེར་པོར་མཐོང་ཞེས་བྱ་ བ་ལྟ་བུ་སངས་རྒྱས་ཀྱི་སྐུ་ནི་མཐའ་ཡས་པ་ངེས་པར་སྟོན་པས་གདུལ་བྱ་སྨིན་པར་མཛད་ པའོ། ། སོ་སོར་རྟོག་པའི་ཡེ་ཤེས་ལའང་གཉིས་ལས། ངོ་བོ་ནི། སོ་སོར་རྟོག་པའི་ཡེ་ཤེས་ ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་སོ་ སོར་རྟོག་པའི་ཡེ་ཤེས་ནི་ཤེས་བྱ་ཇི་ལྟ་བ་དང༌། ཇི་སྙེད་པ་ཀུན་ལ་རྟག་ཏུ་མི་ཐོགས་པའི་སྒོ་ ནས་འབད་པ་མེད་པར་དུས་གཅིག་ལ་གསལ་བར་མཁྱེན་པ་སྟེ། ཏིང་ངེ་འཛིན་དང་གཟུངས་ ཀྱི་སྒོ་ལ་སོགས་པ་ཡོན་ཏན་ཟད་མི་ཤེས་པ་རྣམས་ཀྱི་འབྱུང་གནས་ཡིན་པར་རིན་པོ་ཆེའི་ གཏེར་ཆེན་པོ་དང་འདྲ་བ་ཁོ་ན་ཡིན་ནོ། ། བྱེད་ལས་ནི། འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་བ་ཐམས་ ཅད་སྟོན་མཛད་ཅིང་། །ཐེ་ཚམོ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ 4-1-232 ཆར་ནི་རབ་ཏུ་འབེབས། །བྱང་ཆུབ་སེམས་དཔའ་ས་ལ་གནས་པ་ལ་སོགས་པའི་ འཁོར་གྱི་དཀྱིལ་འཁོར་རྒྱ་ཆེན་པོ་རྣམས་སུ་ནི། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ ཁམས་རྣམ་པར་དག་པ་ལ་སོགས་པ་འབྱོར་བའི་ཁྱད་པར་ཕུན་སུམ་ཚོགས་པ་ཐམས་ཅད་ སྟོན་པར་མཛད་ཅིང༌། གདུལ་བྱ་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པའི་ཆོས་ ཐེག་པ་ཆེན་པོ་ལ་སོགས་པའི་ཆར་ནི་རྒྱུན་མི་འཆད་པར་རབ་ཏུ་འབེབས་པས་སེམས་ཅན་གྱི་ དོན་མཛད་པའོ། ། བྱ་བ་གྲུབ་པའི་ཡེ་ཤེས་ལའང་གཉིས་ལས། ངོ་བོ་ནི། བྱ་བ་གྲུབ་པའི་ཡེ་ཤེས་ ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་ སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་སྒྲུབ་པའོ། །སྒོ་ལྔའི་རྣམ་ཤེས་གནས་གྱུར་ པ་བྱ་བ་གྲུབ་པའི་ཡེ་ཤེས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་ཀུན་ཏུ་ ཚུལ་ལམ་རྣམ་འཕྲུལ་སྣ་ཚོགས་ཤིང་གྲངས་དང་ཚད་དཔག་ཏུ་མེད་པ་བསམ་ཡས་ཏེ། བློས་ བསམ་གྱིས་མི་ཁྱབ་པའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་མང་པོ་ཡིས་སེམས་ཅན་མ་ལུས་པ་ཀུན་ གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པར་མཛད་པའོ། ། ཁྱད་པར་ནི། སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་བསྒྲུབ་པའི་བྱེ་ བྲག་དང༌། །གྲངས་དང་ཞིང་གིས་རྣམ་ཀུན་དུ། །བསམ་མི་ཁྱབ་པར་ ཤེས་པར་བྱ། །བྱ་བ་གྲུབ་པའི་ཡེ་ཤེས་ལ་བརྟེན་ནས་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་པ་ སྟོན་པ་དེ་ནི་དུས་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་གྱི་དོན་མཛད་པ་བསྒྲུབ་པའི་བྱེ་བྲག་ དང་གྲངས་དང་ཚད་འདི་ཙམ་ཞེས་བྱ་བ་དང༌། ཕྱོགས་བཅུའི་ཞིང་ཁམས་འདི་ཙམ་དུ་འཇུག་ ཅེས་བྱ་བ་ལ་སོགས་པའི་ཁྱད་པར་དག་གིས་རྣམ་པ་ཀུན་ཏུ་བསམ་གྱིས་མི་ཁྱབ་ཅིང་མཐའ་ ཡས་པར་ཤེས་པར་བྱའོ། ། 4-1-233 འབྱུང་ཚུལ་བསྟན་པ་ནི། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་ དག་ཆོས་རབ་བསྟན་ཕྱིར་དང༌། །བྱ་བ་བསྒྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་ བཞི་པོ་ཡང་དག་འབྱུང༌། །སློབ་ལམ་དུ་དམ་པའི་ཆོས་ཐོས་པ་རྣམས་འཛིན་པའི་ཕྱིར་ ཏེ། རྒྱུ་དེ་ལས་མེ་ལོང་ལྟ་བུ་དང༌། དེ་བཞིན་དུ་བྱམས་པ་ཆེན་པོ་དང་ལྡན་པས་བདག་གཞན་ ཐམས་ཅད་ལ་སེམས་མཉམ་པ་ཉིད་གོམས་པའི་ཕྱིར་མཉམ་པ་ཉིད་དང་ཡང་དག་པའི་ཆོས་ ཐོས་པ་རྣམས་གཞན་ལ་ཕྱིན་ཅི་མ་ལོག་པར་རབ་ཏུ་བསྟན་པའི་ཕྱིར་སོ་སོར་རྟོག་པ་དང༌། སེམས་ཅན་གྱི་དོན་བྱ་བ་རྣམས་བསྒྲུབ་པ་ལ་བརྩོན་པར་བྱས་པ་ཉིད་ཀྱི་ཕྱིར་བྱ་བ་གྲུབ་པ་སྟེ། ཡེ་ཤེས་བཞི་པོ་ཡང་དག་པར་འབྱུང་བས་རྒྱུ་དེ་དག་ལ་ཡང་བསླབ་པར་བྱའོ་ཞེས་པའོ། ། གཅིག་མིན་དུ་མ་མིན་པ(བསམ་གྱིས་མི་ཁྱབ་པ)འི་དོན་ནི། རིགས་ཐ་དད་ཕྱིར་དོན་ ཡོད་ཕྱིར། །རྫོགས་དང་ཐོག་མ་མེད་པའི་ཕྱིར། །སངས་རྒྱས་གཅིག་མིན་ དྲི་མེད་གནས། །ཐ་དད་མེད་ཕྱིར་མང་པོའང་མིན། །སྔར་རྒྱས་པར་བཤད་ པ་སྐུ་གསུམ་ཡེ་ཤེས་ལྔ་དང་ལྡན་པའི་སངས་རྒྱས་དེ་གཅིག་ཡིན་ནམ་མང་པོ་ཡིན་ཞེ་ན། སེམས་ཅན་སངས་རྒྱས་ཀྱི་རིགས་ཅན་མཐའ་ཡས་པ་དེ་དག་ལས་གཅིག་ཁོ་ན་འཚང་རྒྱའི་ གཞན་རྣམས་ནི་མ་ཡིན་ནོ་ཞེས་བྱ་བ་རིགས་པ་མ་ཡིན་པས། ས་བོན་མང་པོ་ལས་འབྲས་བུ་ མང་པོ་འབྱུང་བ་བཞིན་དུ། སངས་རྒྱས་ཀྱི་རིགས་ཅན་ཐ་དད་པ་མང་པོས་སངས་རྒྱས་ཐོབ་ པའི་ཕྱིར་གཅིག་ཁོ་ན་མ་ཡིན་ཞིང༌། སངས་རྒྱས་གཅིག་ལས་མེད་ན་བྱང་ཆུབ་སེམས་དཔའ་ མང་པོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དོན་མེད་པར་འགྱུར་བ་ལ། དེ་ ལྟར་ཡང་མ་ཡིན་ཞིང་མང་པོས་ཚོགས་བསགས་པ་དོན་ཡོད་པའི་ཕྱིར་ཡང་གཅིག་ཁོ་ན་མ་ ཡིན་ལ། ཡང་སངས་རྒྱས་གཅིག་ལས་མེད་ན་སེམས་ཅན་མང་པོའི་དོན་མཛད་པའི་འཕྲིན་ ལས་རྫོགས་པར་མི་འགྱུར་བ་ལ། དེ་ལྟར་ཡང་མ་ཡིན་ཞིང་སེམས་ཅན་མཐའ་ཡས་པ་སངས་ 4-1-234 རྒྱས་ལ་འགོད་པའི་འཕྲིན་ལས་ཡོངས་སུ་རྫོགས་པའི་ཕྱིར་ཡང་གཅིག་ཁོ་ན་མ་ཡིན་པ་དང༌། ཡང་ཚོགས་བསགས་པ་མེད་པར་ཡང་སངས་རྒྱས་ཐོབ་པ་མི་རུང་ལ། ཆོས་སྟོན་པ་པོ་སངས་ རྒྱས་མེད་པར་ཡང་ཚོགས་སོག་པ་[མེད་པའི་{མི་རུང་བའི་}ཕྱིར་ཐོག་མའི་སངས་རྒྱས་འདི་ ཁོ་ན་ཡིན་ནོ་ཞེས་བྱ་བ་འགའ་ཡང་མེད་ཅིང་སངས་རྒྱས་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་ དཔག་ཏུ་མེད་པ་བྱོན་པའི་ཕྱིར་ཡང་སངས་རྒྱས་རྣམས་ནི་གཅིག་ཁོ་ན་མིན་ཞིང༌། དྲི་མ་མེད་ པའི་གནས་ཆོས་ཀྱི་དབྱིངས་ན་ཐམས་ཅད་ཆོས་ཀྱི་སྐུ་ཐ་དད་མེད་པའི་ཕྱིར་སངས་རྒྱས་ཀྱི་སྐུ་ རྣམ་པ་མང་པོའང་མིན་པ་ཉིད་དོ། །མདོར་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་ པ་རྣམས་ན་ཀུན་རྫོབ་གཟུགས་ཀྱི་སྐུས་འགྲོ་བའི་དོན་མཛད་པ་དཔག་ཏུ་མེད་པས་གཅིག་ཁོ་ ན་མ་ཡིན་ཞིང༌། ཟག་པ་མེད་པའི་དབྱིངས་ན་དོན་དམ་ཆོས་ཀྱི་སྐུ་དག་པ་གཉིས་ལྡན་ཐམས་ ཅད་གཅིག་ཏུ་འདྲེས་པས་དུ་མ་ཡང་མ་ཡིན་པ་སྟེ། གཅིག་ཀྱང་མ་ཡིན་དུ་མ་ཡང་མ་ཡིན་ཞེས་ པ་འགལ་བ་ལྟར་སྣང་ཡང་མི་འགལ་བ་ནི་བསམ་གྱིས་མི་ཁྱབ་པ་ཉིད་དོ། ། འཇུག་པར་བྱེད་པ་ཐབས་ཀྱི་དོན་ལ་དམ་པའི་དོན་ངོས་གཟུང༌། མི་མཐུན་ཕྱོགས་སྤང་ ཚུལ། གཉེན་པོ་ལས་ཐོབ་ཚུལ་ལོ། ། དང་པོ་ལ་གཞི་ལམ་འབྲས་བུ་གསུམ་ལས། གཞི་ནི། མེད་པ་གང་ཡིན་དེ་ ཉིད་ནི། །ཡོད་པ་ཡི་ནི་དམ་པ་ཡིན། །རྣམ་པ་ཀུན་ཏུ་མི་དམིགས་པ། ། དམིགས་པ་ཡི་ནི་མཆོག་ཏུ་འདོད། །ཀུན་བཏགས་གཟུང་བ་དང་འཛིན་པ་རྣམས་ དཔྱད་ན་བདེན་པའི་ངོ་བོ་ཉིད་དུ་མེད་པ་གང་ཡིན་པ་དེ་ཉིད་ནི། མེད་དགག་ཆད་པའི་མཐར་ ལྷུང་བ་ཙམ་མ་ཡིན་གྱི་ཆོས་ཀྱི་དབྱིངས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་ཡོད་པ་ཡི་ནི་དམ་པ་ ཡིན་ལ། བྱིས་པས་བདག་གཉིས་ལ་སོགས་པར་ཀུན་ཏུ་བཏགས་པའི་ངོ་བོ་ཉིད་རྣམ་པ་ཀུན་ ཏུ་མེད་ཅིང་མི་དམིགས་པར་གྱུར་པ་གང་ཡིན་པ་དེ་ཉིད་ནི། ཆོས་ཉིད་ཡོངས་སུ་གྲུབ་པའི་ངོ་ 4-1-235 བོ་ཉིད་འཕགས་པ་རྣམས་ཀྱི་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་དམིགས་པ་ཡི་ནི་མཆོག་ཏུ་ འདོད་པས་གཞི་ལ་ཡོངས་གྲུབ་ཆོས་ཀྱི་སྐུ་གདོད་མ་ནས་གནས་པའོ། ། ལམ་དང་འབྲས་བུ་དམ་པ་ནི། བསྒོམ་པ་རྣམ་པར་མི་ལྟ་བའི། །བསྒོམ་པ་ དམ་པར་འདོད་པ་སྟེ། །ཐོབ་པ་རྣམ་པར་མི་ལྟ་བའི། །ཐོབ་པ་ཡང་ནི་ དམ་པར་འདོད། །ཆོས་ཀྱི་སྐུ་མངོན་དུ་གྱུར་པའི་ཆེད་དུ་བསྒོམ་པར་བྱ་བ་དང་སྒོམ་པར་ བྱེད་པ་ལ་སོགས་པར་རྣམ་པར་མི་ལྟ་ཞིང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཟབ་མོ་ཤེས་ རབ་གྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྒོམ་པ་ནི་ལམ་གྱི་དམ་པར་འདོད་པ་སྟེ། དོན་དམ་པའི་ སངས་རྒྱས་སྔར་མེད་པ་གསར་དུ་ཐོབ་པར་བྱའོ་སྙམ་དུ་རྣམ་པར་མི་ལྟ་བ་རྣམས་ཀྱི་ཆོས་ཀྱི་ སྐུ་སྟོབས་ལ་སོགས་པའི་ཡོན་ཏན་དང་བཅས་པ་མངོན་དུ་གྱུར་པའི་ཚུལ་གྱིས་ཐོབ་པ་ཡང་ ནི། འབྲས་བུའི་དམ་པ་མཆོག་ཏུ་གྱུར་པར་འདོད་པའོ། ། མི་མཐུན་ཕྱོགས་སྤང་ཚུལ་ནི། བླ་མ་རིང་དང་མཚན་མ་དང༌། །བདག་གི་ བརྩོན་འགྲུས་ལྟ་བ་ཡི། །བྱང་ཆུབ་སེམས་དཔའ་ང་རྒྱལ་ཅན། །བྱང་ ཆུབ་ལས་ནི་རིང་ཞེས་བྱ། །གང་དག་དོན་དམ་པའི་སངས་རྒྱས་ལ་བླ་མ་ཡ་མཚན་ ཅན་གྱི་ཆོས་སྔར་མེད་པའི་ཡོན་ཏན་དང་ལྡན་པར་ལྟ་བ་དང༌། དེ་འགྲུབ་པའང་དུས་རིང་པོ་ བསྐལ་པ་མང་པོས་བསྒྲུབ་དགོས་པར་ལྟ་བ་དང༌། ལམ་སྒོམ་པ་ཡང་མཚན་མ་དང་བཅས་ པའི་སེམས་ཀྱི་དམིགས་པར་ལྟ་བ་དང༌། བདག་གིས་ནི་བརྩོན་འགྲུས་བརྩམས་པ་ཡིན་པས་ སངས་རྒྱས་མྱུར་དུ་ཐོབ་པར་བྱའོ་སྙམ་དུ་ལྟ་ཞིང་གཞན་དག་ཁྱད་དུ་གསོད་པའི་བྱང་ཆུབ་ སེམས་དཔའ་ང་རྒྱལ་ཅན་དེ་དག་ནི་རྣམ་པར་རྟོག་པ་དང་དམིགས་པ་ཅན་ཡིན་པའི་ཕྱིར་ བྱང་ཆུབ་ཆེན་པོ་ཐོབ་པ་ལས་ནི་ཤིན་ཏུ་རིང་བ་ཞེས་བྱའོ། ། གཉེན་པོ་ལས་ཐོབ་ཚུལ་ནི། ཇི་སྐད་བཤད་པ་འདི་དག་ཀུན། །རྟོག་པ་ 4-1-236 ཙམ་དུ་ལྟ་བ་ཡི། །བྱང་ཆུབ་སེམས་དཔའ་རྟོག་མེད་རྣམས། །བྱང་ཆུབ་ ཐོབ་ཅེས་བྱ་བར་བཤད། །གོང་དུ་ཇི་སྐད་བཤད་པའི་རྣམ་གཞག་འདི་དག་ཀུན་གཟུང་ བར་བྱ་བའི་ཡུལ་བདེན་པར་མེད་པས་ཐོག་མར་འཛིན་པ་སེམས་ཀྱི་རྣམ་པར་རྟོག་པ་ཙམ་དུ་ ལྟ་ཞིང༌། མཐར་སེམས་རྣམ་པར་རྟོག་པ་ཙམ་དེ་ལ་ཡང་རྣམ་པར་མི་རྟོག་པའི་ཕྱིར་བྱང་ཆུབ་ སེམས་དཔའ་མཚན་མར་འཛིན་པ་དང་རྣམ་པར་རྟོག་པ་མེད་པ་རྣམས་ནི་ཆོས་ཐམས་ཅད་ ལ་མི་སྐྱེ་བའི་བཟོད་པ་ཐོབ་པའི་གནས་སྐབས་ན་དོན་གྱི་བྱང་ཆུབ་ཐོབ་ཅེས་བྱ་བ་དང་འདྲ་ བར་ངེས་པར་བརྗོད་དོ། ། ཕན་ཚུན་མཛད་པ་གཅིག་པའི་དོན་ལ། དཔེ་དང་དོན་གཉིས་ལས། དཔེ་ལའང་ལམ་ལ་ གནས་པའི་དཔེ་ནི། ཀླུང་དག་ས་ཡི་འགོ་ཏུ་མ་སོང་ལ། །གནས་རྣམས་ཐ་ དད་ཆུ་ཡང་ཐ་དད་ལ། །ཆུ་ཡང་ཆུང་ཞིང་བྱ་བ་ཐ་དད་བྱེད། །ཆུ་གནས་ སྲོག་ཆགས་ཕྲ་མོའི་ཉེར་སྤྱད་འགྱུར། །ཆུ་ཀླུང་ཆེན་པོ་ཆུ་ཕྲན་མང་པོ་དང་བཅས་ པ་དག་སའི་འོག་ཏུ་རྒྱ་མཚོ་ཆེན་པོར་མ་སོང་བའི་བར་ལ། གངྒཱ་ཤར་དང་སིནྡྷུ་ལྷོ་དང་པཀྵུ་ ནུབ་དང་སཱི་ཏ་བྱང་དུ་འཁོར་ལྔ་བརྒྱ་རེ་དང་བཅས་པ་རི་དང་ཤང་ཤོང་ལ་སོགས་པར་འབབ་ པས་གནས་རྣམས་མི་འདྲ་བ་ཐ་དད་ཅིང་ཆུ་ཡང་ཁ་དོག་སྔོན་པོ་དང་དཀར་པོ་ལ་སོགས་པ་ཐ་ དད་པ་ཡིན་ལ། རྒྱ་མཚོ་ལ་ལྟོས་ན་ཆུ་ཡང་རྒྱ་དང་གཏིང་ལ་སོགས་པ་ཆུང་ཞིང་མངར་སྐྱུར་ལ་ སོགས་པའི་རོ་ཐ་དད་པ་ལ་བརྟེན་ནས་བད་ཀན་དང་མཁྲིས་པ་ལ་སོགས་པ་བསྐྱེད་པའི་བྱ་ བ་ཐ་དད་བྱེད་པ་དང༌། ཆུ་ལ་གནས་པའི་སྲོག་ཆགས་ཕྲ་མོ་ཆུང་ངུ་རྣམས་ཀྱི་ཉེ་བར་ལོངས་ སྤྱད་པར་བྱ་བར་འགྱུར་བའོ། ། འབྲས་བུ་ཐོབ་པའི་དཔེ་ནི། རྒྱ་མཚོར་སོང་བར་གྱུར་ན་ཐམས་ཅད་ཀྱང༌། ། གནས་རྣམས་གཅིག་ཅིང་ཆུ་ཡང་ཆེ་ལ་གཅིག །བྱ་བ་གཅིག་ཅིང་ཆུ་ 4-1-237 ན་གནས་པ་ཡི། །སྲོག་ཆགས་མང་པོའི་རྟག་ཏུ་ཉེར་སྤྱད་ཆེ། །ཆུ་ཀླུང་ འཁོར་དང་བཅས་པ་ཐམས་ཅད་རྒྱ་མཚོ་ཆེན་པོར་སོང་བར་གྱུར་པ་ན་ཐམས་ཅད་ཀྱང་འོག་ གསེར་གྱི་ས་གཞི་ལ་བརྟེན་པས་གནས་རྣམས་གཅིག་ཅིང༌། རྒྱ་དང་གཏིང་དཔག་ཏུ་མེད་ པས་ཆུ་ཡང་ཤིན་ཏུ་ཆེ་ལ་ཐམས་ཅད་ལན་ཚྭའི་རོར་གཅིག་པས་ནུས་པ་གཅིག་ཏུ་འདྲེས་པའི་ བྱ་བ་ཡང་གཅིག་ཅིང༌། རྒྱ་མཚོ་ཆེན་པོའི་ཆུ་ན་གནས་པའི་ཆུ་སྲིན་ལ་སོགས་པ་སྲོག་ཆགས་ ཆེན་པོ་མང་པོའི་རྟག་ཏུ་ཉེ་བར་ལོངས་སྤྱད་པར་བྱ་བ་ཆེན་པོར་འགྱུར་བའོ། ། དོན་ལའང་ལམ་ལ་གནས་པ་བྱ་བ་ཐ་དད་པའི་ཚུལ་ནི། སངས་རྒྱས་ཉིད་དུ་མ་ ཞུགས་བརྟན་པ་རྣམས། །རྟེན་ཀྱང་ཐ་དད་བློ་གྲོས་ཐ་དད་ཅིང༌། །རྟོགས་ ཆུང་རང་གི་བྱ་བ་ཐ་དད་ལ། །སེམས་ཅན་ཉུང་དོན་རྟག་ཏུ་ཉེར་སྤྱད་ འགྱུར། །རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཉིད་དུ་མ་ཞུགས་ཀྱི་བར་ལ་ལམ་ལ་གནས་ པའི་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ནི་རང་རང་གི་ཕུང་པོ་སོ་སོ་ལ་བརྟེན་པས་རྟེན་ ཀྱང་ཐ་དད་ལ། དད་པ་ལ་སོགས་པའི་དབང་པོ་ལྔ་ལ་རྣོ་རྟུལ་ཡོད་པས་བློ་གྲོས་གསལ་མི་ གསལ་ལ་སོགས་པ་ཡང་ཐ་དད་པ་ཡོད་ཅིང༌། ཤེས་བྱའི་སྒྲིབ་པའི་ལྷག་མ་དང་བཅས་པས་ རྟོགས་པ་ཡང་རྒྱ་ཆུང་བ་དང༌། རང་རང་སོ་སོ་བ་དག་གི་གདུལ་བྱ་འདུལ་བར་བྱེད་པས་ གཞན་དོན་གྱི་བྱ་བ་ཡང་ཐ་དད་ལ་སངས་རྒྱས་ལ་ལྟོས་ན་སེམས་ཅན་ཉུང་ངུའི་དོན་དུ་རྟག་ཏུ་ ཉེ་བར་སྤྱད་པར་བྱ་བར་འགྱུར་བའོ། ། འབྲས་བུ་ཐོབ་ནས་མཛད་པ་གཅིག་པའི་ཚུལ་ནི། སངས་རྒྱས་ཉིད་དུ་ཞུགས་ན་ དེ་དག་ཀུན། །རྟེན་ཀྱང་གཅིག་ཅིང་རྟོགས་པ་ཆེ་ལ་གཅིག །མཛད་པ་ གཅིག་ཏུ་འདྲེས་ཤིང་རྟག་པར་ཡང༌། །སེམས་ཅན་ཚོགས་ཆེའི་ཉེ་བར་ སྤྱད་པ་ཆེ། །འབྲས་བུ་མཐར་ཐུག་པ་ཐོབ་ཅིང་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ 4-1-238 ཉིད་དུ་ཞུགས་པ་ན། བྱང་ཆུབ་སེམས་དཔའ་དེ་དག་མ་ལུས་ཀུན་ཟག་པ་མེད་པའི་ཆོས་ཀྱི་ དབྱིངས་དག་པ་གཉིས་ལྡན་ལ་བརྟེན་པས་རྟེན་ཀྱང་གཅིག་ཅིང༌། ཤེས་བྱ་ཇི་ལྟ་བ་དང་ཇི་ སྙེད་པ་མཐའ་དག་མངོན་སུམ་དུ་རྟོགས་པས་རྟོགས་པ་ཆེ་ལ་བློ་གྲོས་ཆེན་པོར་གཅིག་པ་ དང༌། སངས་རྒྱས་གཅིག་གི་འཕྲིན་ལས་འཇུག་པ་ན་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ འཇུག་པས་མཛད་པ་གཅིག་ཏུ་འདྲེས་ཤིང༌། དུས་འཁོར་བ་ཇི་སྲིད་གནས་ཀྱི་བར་ལ་རྟག་ པར་ཡང༌། སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་རྣམས་སྐད་ཅིག་རེ་རེ་ལ་ཡང་ སྨིན་པར་མཛད་པས་སེམས་ཅན་གྱི་ཚོགས་ཆེན་པོའི་ཉེ་བར་སྤྱད་པར་བྱ་བ་ཆེན་པོར་འགྱུར་ བའོ། ། སྤྲོ་བས་ཐོབ་པར་བྱ་བའི་དོན་ནི། དེ་ལྟར་སངས་རྒྱས་ཉིད་ནི་དཀར་པོའི་ ཆོས། །དཔེ་མེད་ལྡན་ཕྱིར་ཕན་བདེའི་རྒྱུ་ཡི་ཕྱིར། །བདེ་དགེ་དམ་པ་མི་ ཟད་འབྱུང་གནས་ཕྱིར། །བློ་ལྡན་བྱང་ཆུབ་སེམས་དགེ་བླང་བའི་རིགས། ། གོང་དུ་རྒྱས་པར་བཤད་པ་དེ་ལྟར་འབྲས་བུ་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཉིད་ནི་ རང་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་དཀར་པོའི་ ཆོས་གཞན་ལས་མཆོག་ཏུ་གྱུར་པས་དཔེ་མེད་པ་རྣམས་དང་ལྡན་པའི་ཕྱིར་དང༌། གཞན་ དོན་ཕུན་སུམ་ཚོགས་པ་སེམས་ཅན་ཐམས་ཅད་ཀྱི་ངེས་པར་ལེགས་པའི་ཕན་པ་དང་མངོན་ པར་མཐོ་བའི་བདེ་བའི་རྒྱུ་ཡིན་པའི་ཕྱིར་དང༌། ཟག་པ་མེད་པའི་བདེ་བ་ཆེན་པོ་ཁ་ན་མ་ཐོ་ བ་མེད་པས་དགེ་བ་དམ་པ་ཕུང་པོ་ལྷག་མེད་དུའང་མི་ཟད་པ་རྣམས་ཀྱི་འབྱུང་གནས་ཡིན་ པའི་ཕྱིར། དོན་གཉིས་འགྲུབ་པར་འདོད་པའི་བློ་དང་ལྡན་པ་རྣམས་ཀྱིས་བསམ་པ་བྱང་ཆུབ་ ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང༌། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དགེ་བ་རྣམ་པར་དག་ པ་བླང་བའི་རིགས་ཞེས་པ་སྟེ། བྱང་ཆུབ་སྤྱོད་འཇུག་ལས་ཀྱང༌། བདག་ལྟ་རིགས་ཀྱི་མིར་ 4-1-239 སྐྱེས་ནས། །ཕན་དང་གནོད་པ་ངོ་ཤེས་བཞིན། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་ བྱང་ཆུབ་ཅིས་མི་ཐོབ། །ཅེས་གསུངས་པ་ལྟར་རོ། །ཡོངས་སུ་སྨིན་པའི་མཐར་ཐུག་པ་བྱང་ ཆུབ་ཆེན་པོའི་སྐབས་རྫོགས་པར་བཤད་ཟིན་ཏོ།། ༈ །།སྡོམ་ནི། དང་པོ་སྒྲུབ་སྐྱབས་ རིགས་དང་ནི། །དེ་བཞིན་དུ་ནི་སེམས་བསྐྱེད་དང༌། །རང་གཞན་དོན་ དང་དེ་ཉིད་དོན། །མཐུ་དང་ཡོངས་སྨིན་བྱང་ཆུབ་བོ། །ཞེས་པ་འདིར་མཇུག་ བསྡུ་བའི་ཚུལ་དུ་གསུངས་པ་དེ་ཉིད་སྔར་བསྡུས་དོན་དུ་བླངས་ནས་བཤད་ཟིན་ཏོ།། ༈ །། སྒྲུབ་ཚུལ་ཤེས་པར་བྱ་བའི་གཞི་ལ། མོས་པ་མང་བ་ཉིད་དང་ནི། །ཆོས་ཚོལ་བ་དང་ བཤད་པ་དང༌། །དེ་བཞིན་སྒྲུབ་པ་ཡང་དག་པའི། །གདམས་ངག་རྗེས་སུ་བསྟན་པ་ཡིན། ། ཞེས་པ་ལྟར་བྱང་ཆུབ་ལ་མོས་པའི་ཚུལ། མོས་པ་ལྟར་ཆོས་ཚོལ་བ། བཙལ་བའི་ཆོས་ བཤད་པའི་ཐབས། བཤད་པ་ལྟར་བསྒྲུབ་པའི་ཚུལ། སྒྲུབ་པའི་གདམས་ངག་བསྟན་པའོ། ། དང་པོ་ལ། བྱང་ས་ལས(འབྱུང་བའི་དོན་བླངས་པ་)། མོས་པར་བྱ་བའི་གནས་བརྒྱད་པོ་སངས་ རྒྱས་དང་ཆོས་དང་དགེ་འདུན་གྱི་ཡོན་ཏན་དཀོན་པའི་མཆོག་རྣམས་ལ་མོས་པ་དང༌། དེ་ བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་(མངོན་ཤེས་)སྔར་ཇི་སྐད་བསྟན་པ་དང༌། དེ་ཁོ་ན་ཉིད་ཟབ་མོའི་དོན་སྔར་ཇི་སྐད་བསྟན་(༣)པ་དང༌། རྒྱུ་དང་འབྲས་བུ་སྣ་ཚོགས་ཇི་ ལྟར་རིགས་པར་གྱུར་པ་(༢)དང༌། ཐོབ་པར་བྱ་བའི་དོན་བླ་ན་མེད་པའི་བྱང་ཆུབ་དང༌། ཐོབ་ པར་བྱེད་པའི་ཐབས་བྱང་ཆུབ་སེམས་དཔའི་བསླབ་བྱ་ལམ་ཐམས་ཅད་དང༌། དེ་རྣམས་ ལེགས་པར་སྟོན་པ་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་(༣) པའི་ཆོས་རྣམས་ལ་དད་ པ་དང༌། དང་བ་སྔོན་དུ་འགྲོ་བའི་(ངོ་བོ་)ངེས་པ་དང་འདོད་པ་(དོན་དུ་གཉེར་བ་)དང་ལྡན་པ་སྟེ། དེ་དག་མང་བར་འགྱུར་བ་ནི་མོས་པ་ལ་གོམས་པ་ལན་མང་དུ་བྱེད་པ་དང་བཟོད་པ་དྲག་པོ་ 4-1-240 ཡོད་པའོ་ཞེས་པ་དང༌། ཀུན་ལས་བཏུས་པར་ཡང༌། མོས་པ་གང་ཞེ་ན། (ལུང་རིགས་ཀྱིས་)ངེས་ པའི་དངོས་པོ་ལ་ཇི་ལྟར་ངེས་པ་བཞིན་དུ་འཛིན་པ་སྟེ། (རྐྱེན་གཞན་གྱིས་)མི་འཕྲོགས་པ་ཉིད་ ཀྱི་ལས་ཅན་ནོ་ཞེས་གསུངས་ཤིང༌། འདིར་དོན་རྣམ་པ་དྲུག་སྟེ། མོས་པའི་དབྱེ་བ་བསྟན་པ། དེའི་བར་ཆད་(ལུང་རིགས་ཀྱིས་)ངོས་གཟུང༌། མོས་པའི་ཕན་ཡོན་བསྟན་པ། དེ་ལ་ཞུམ་པ་དགག་ པ། མོས་པའི་བསོད་ནམས་བསྟན་པ། དེའི་འབྲས་བུ་བཤད་པའོ། ། དབྱེ་བ་ནི། སྐྱེས་དང་མ་སྐྱེས་འཛིན་དང་གཟུང་གྱུར་དང༌། །གྲོགས་ བླངས་བདག་ཉིད་དང་ནི་ནོར་པ་དང༌། །མ་ནོར་གཞན་དང་མངོན་ སུམ་མ་ཡིན་གཞན། །སྒྲས་བྱུང་ཚོལ་བ་དང་ནི་ལྟ་བའོ། །རྒྱུ་འབྲས་དང་ བདེན་བཞི་དང་དཀོན་མཆོག་ལ་ཡིད་ཆེས་པའི་མོས་པ་དེ་ཉིད་དུས་ཀྱི་སྒོ་ནས་ཕྱེ་ན་བྱུང་ཞིང་ འགགས་པ་འདས་པའི་དུས་དང༌། བྱུང་ལ་མ་འགགས་པ་ད་ལྟར་བ་གཉིས་ཀྱིས་བསྡུས་པ་ ནི་སྐྱེས་པའི་མོས་པ་དང༌། འབྱུང་རུང་དུ་ཡོད་ཀྱང་མ་བྱུང་བ་མ་འོངས་པའི་དུས་ཀྱིས་བསྡུས་ པ་ནི་མ་སྐྱེས་པའི་མོས་པ་དང༌། ཕྱི་ནང་གིས་ཕྱེ་ན་གང་གིས་དམིགས་པ་ལ་མོས་པར་བྱེད་པ་ འཛིན་པ་སེམས་ཀྱི་སྒོ་ནས་ཡིད་ཆེས་པ་ནང་གི་མོས་པ་དང༌། གང་ལ་དམིགས་པ་ནི་གཟུང་ བར་གྱུར་པ་ཕྱི་རོར་གྱི་ཡུལ་ལ་བརྟེན་ནས་ཡིད་ཆེས་པ་ཕྱིའི་མོས་པ་དང༌། ཕྲ་རགས་ཀྱིས་ཕྱེ་ ན་གྲོགས་དགེ་བའི་བཤེས་གཉེན་ལ་བརྟེན་ནས་བླངས་པ་རགས་པའི་མོས་པ་དང༌། བདག་ ཉིད་རིགས་སད་པ་ལ་བརྟེན་ནས་སྐྱེས་པ་ཕྲ་བའི་མོས་པ་དང་ནི་མཆོག་དམན་གྱིས་ཕྱེ་ན་ཕྱི་ རོལ་པའི་གྲུབ་མཐའ་ལ་བརྟེན་ནས་ལྟ་བ་ཕྱིན་ཅི་ལོག་ལ་ཡིད་ཆེས་པ་ནོར་པ་དམན་པའི་ [ཡིད་ཆེས་{མོས་}པ་སྟེ་ཞར་ལས་བྱུང་བ་དང༌། ནང་པའི་གྲུབ་མཐའ་ལ་བརྟེན་ནས་ཡང་དག་ པའི་ལྟ་བ་ལ་ཡིད་ཆེས་པ་མ་ནོར་པ་གཞན་གྱ་ནོམ་པའི་མོས་པ་དང༌། མོས་པ་སྐྱེ་བའི་རྐྱེན་ སྐྱེས་བུ་དམ་པ་ལ་སོགས་པ་མངོན་སུམ་དུ་གྱུར་པ་ལས་བྱུང་བ་ཉེ་བའི་མོས་པ་དང༌། མོས་ 4-1-241 པ་སྐྱེ་རུང་དུ་ཡོད་ཀྱང་རྐྱེན་མངོན་སུམ་དུ་གྱུར་པ་མ་ཡིན་པ་ནི་སྔ་མ་ལས་གཞན་རིང་བའི་ མོས་པ་དང༌། རྒྱུ་ཡིས་ཕྱེ་ན་གཞན་གྱི་སྒྲ་ལ་བརྟེན་ནས་བྱུང་བ་ཐོས་པ་ལས་བྱུང་བའི་མོས་ པ་དང༌། ཐོས་པའི་དོན་རང་གི་བློས་ཚོལ་བ་ལས་སྐྱེས་པ་བསམས་པ་ལས་བྱུང་བའི་མོས་ པ་དང་ནི་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ་ལྟ་བ་ལས་སྐྱེས་པ་བསྒོམས་པ་ལས་བྱུང་བའི་ མོས་པའོ། །འཕྲོགས་དང་འདྲེས་དང་མི་མཐུན་ཕྱོགས་མ་འདྲེས། །དམན་ དང་རྒྱ་ཆེ་སྒྲིབས་དང་མ་སྒྲིབས་དང༌། །བརྩོན་དང་མི་བརྩོན་བསགས་ དང་མ་བསགས་དང༌། །བརྟན་ཞུགས་རིང་དུ་སོང་བའི་མོས་པའོ། །ཆེ་ ཆུང་གིས་ཕྱེ་ན་མི་མཐུན་ཕྱོགས་མ་དད་པ་ལ་སོགས་པས་འཕྲོགས་པ་ནི་མོས་པ་ཆུང་ངུ་དང༌། སྤང་གཉེན་སྟོབས་མཉམ་ཞིང་འཕྲོགས་མི་འཕྲོགས་{མ་}འདྲེས་པ་ནི་མོས་པ་འབྲིང་པོ་དང༌། གཉེན་པོ་སྟོབས་ཆེ་བས་མི་མཐུན་ཕྱོགས་མ་དད་པ་ལ་སོགས་པ་དང་མ་འདྲེས་པ་ནི་མོས་ པ་ཆེན་པོ་དང༌། ཡུལ་གྱིས་ཕྱེ་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡིད་ཆེས་པ་ནི་ མོས་པ་དམན་པ་དང༌། ཐེག་པ་ཆེན་པོའི་ཆོས་ལ་ཡིད་ཆེས་པ་ནི་མོས་པ་རྒྱ་ཆེ་བ་དང༌། རྐྱེན་ གྱིས་ཕྱེ་ན་མོས་པ་ཁྱད་པར་ཅན་དུ་འགྲོ་བ་ལ་སྒྲིབ་པ་དང་བཅས་པ་སྒྲིབས་པའི་མོས་པ་དང༌། མོས་པའི་ཡོན་ཏན་གོང་ནས་གོང་དུ་འགྲོ་བ་ལ་སྒྲིབ་པ་མེད་པ་མ་སྒྲིབས་པའི་མོས་པ་དང༌། མོས་པ་སྒོམ་པ་ལ་རྟག་ཏུ་རྒྱུན་མི་འཆད་པར་གུས་པའི་སྒོ་ནས་སྦྱོར་བ་བརྩོན་པའི་མོས་པ་ དང༌། དེ་ལས་བཟློག་པ་ནི་མི་བརྩོན་པའི་མོས་པ་དང༌། རྒྱུ་ཡིས་ཕྱེ་ན་ཆོས་མཆོག་མན་ཆད་ དུ་བསྐལ་པ་གྲངས་མེད་གཅིག་གི་ཚོགས་བསགས་ཏེ་བདེན་པ་རྟོགས་སུ་རུང་བ་ནི་བསགས་ པའི་མོས་པ་དང༌། དེ་ཙམ་དུ་ཚོགས་མ་བསགས་པས་རེ་ཤིག་བདེན་པ་མངོན་སུམ་དུ་མི་ རྟོགས་པ་ནི་མ་བསགས་པའི་མོས་པ་དང༌། ས་མཚམས་ཀྱིས་ཕྱེ་ན་ས་དང་པོ་ཐོབ་ནས་བར་ ཆད་ཀྱིས་དབྱེ་བ་མེད་པས་བརྟན་པར་ཞུགས་པའི་མོས་པ་དང༌། ས་གཉིས་པ་ཡན་ཆད་བར་ 4-1-242 ཆད་ལས་རིང་དུ་སོང་བའམ་ས་འོག་མ་འོག་མ་ལས་གོང་མ་གོང་མར་རིང་དུ་སོང་བའི་མོས་ པའོ། ། བར་ཆད་ངོས་གཟུང་བ་ནི། ཡིད་ལ་མི་བྱེད་མང་བ་དང༌། །ལེ་ལོ་རྣལ་ འབྱོར་འཁྲུགས་པ་དང༌། །གྲོགས་ངན་དགེ་བ་ཞན་པ་དང༌། །ཚུལ་ བཞིན་མ་ཡིན་ཡིད་ལ་བྱེད། །སྐྱེས་པའི་མོས་པ་[ལ་{ལས་}ནི་དེ་དག་དང་འདྲེས་ པར་ཡིད་ལ་མི་བྱེད་མང་བས་བར་དུ་གཅོད་པ་དང༌། མ་སྐྱེས་པའི་མོས་པ་ལ་ནི་བརྩོན་ འགྲུས་མ་བརྩམས་ན་མི་སྐྱེ་བས་ལེ་ལོས་བར་དུ་གཅོད་པ་དང༌། འཛིན་པ་དང་གཟུང་བར་ གྱུར་པའི་མོས་པ་ལ་ནི་ཕྱི་ནང་གི་དངོས་པོ་ལ་དེ་ཁོ་ན་བཞིན་དུ་མངོན་པར་ཞེན་པའི་སྒོ་ནས་ ཞི་གནས་ལྷག་མཐོང་གི་རྣལ་འབྱོར་འཁྲུགས་པས་བར་དུ་གཅོད་པ་དང༌། གྲོགས་བཟང་པོ་ ལས་ཡང་དག་པར་བླངས་པའི་མོས་པ་ལ་ནི་ལོག་པར་འཛིན་དུ་འཇུག་པ་གྲོགས་ངན་པས་ བར་དུ་གཅོད་པ་དང༌། བདག་ཉིད་རིགས་སད་པ་ལས་བྱུང་བའི་མོས་པ་ལ་ནི་དགེ་བའི་རྩ་ བ་སྟོབས་ཞན་པས་བར་དུ་གཅོད་པ་དང༌། མ་ནོར་བ་བདག་མེད་རྟོགས་པའི་མོས་པ་ལ་ནི་ བདག་མེད་ལ་བདག་ཏུ་འཛིན་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་བར་དུ་གཅོད་པ་ སྟེ། སྤང་བྱ་དང་གཉེན་པོ་དེ་དག་ཕན་ཚུན་འགལ་བ་ཉིད་ཀྱི་ཕྱིར་རོ། ། བག་མེད་པ་དང་ཐོས་པ་ཉུང༌། །ཐོས་དང་བསམ་པ་ཉུང་ངུས་ཆོག ། ཞི་བ་ཙམ་གྱིས་ང་རྒྱལ་དང༌། །དེ་བཞིན་མ་འདྲིས་ཡིན་པར་འདོད། ། བག་ཡོད་པ་ལས་བྱུང་བ་མངོན་སུམ་པའི་མོས་པ་ལ་ནི་དགེ་བའི་ཆོས་རྣམས་མི་སྒོམ་ཞིང་ ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་མི་བསྲུང་བ་བག་མེད་པས་བར་དུ་གཅོད་ པ་དང༌། ཆོས་ཀྱི་སྒྲ་ཐོས་པ་ལས་བྱུང་བའི་མོས་པ་ལ་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་སོགས་ པའི་ཆོས་ཟབ་མོ་ལ་ཐོས་པ་ཉུང་བས་བར་དུ་གཅོད་པ་དང༌། བསམས་པ་ལས་བྱུང་བ་ཚོལ་ 4-1-243 བའི་མོས་པ་ལ་ནི་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པ་དང་བསམ་པ་ཉུང་ངུས་ཆོག་པར་ འཛིན་པས་བར་དུ་གཅོད་པ་དང༌། ཞི་གནས་ལྷག་མཐོང་ཟུང་འཇུག་དུ་སྒོམ་པ་ལྟ་བའི་མོས་ པ་ལ་ནི་བསམ་པ་ཙམ་གྱིས་ཆོག་པར་འཛིན་པ་དང་ཞི་བར་གནས་པ་ཙམ་གྱིས་ཁེངས་པའི་ མངོན་པའི་ང་རྒྱལ་གྱིས་བར་དུ་གཅོད་པ་དང༌། དེ་བཞིན་དུ་རྐྱེན་གྱིས་འཕྲོགས་པ་ཆུང་ངུ་ དང་འདྲེས་པ་འབྲིང་པོའི་མོས་པ་ལ་ནི་གཉེན་པོའི་ཕྱོགས་ཡུན་རིང་དུ་མ་འདྲིས་པས་བར་དུ་ གཅོད་པ་ཡིན་པར་འདོད་དོ། །མི་སྐྱོ་བ་དང་དེ་བཞིན་སྐྱོ། །སྒྲིབ་པ་དང་ནི་མི་ བརྩོན་པ། །ཚོགས་མ་བསགས་པ་མོས་པ་ཡི། །བར་དུ་གཅོད་པར་ཤེས་ པར་བྱ། །ཐེག་པ་དམན་པ་ལ་ནི་འཁོར་བ་ལ་མི་སྐྱོ་བས་བར་དུ་གཅོད་པ་དང༌། དེ་བཞིན་ དུ་རྒྱ་ཆེན་པོ་ཐེག་ཆེན་ལ་མོས་པ་ལ་ནི་འཁོར་བ་ལ་སྐྱོ་བས་བར་དུ་གཅོད་པ་དང༌། ཁྱད་པར་ ཅན་དུ་འགྲོ་བ་མ་བསྒྲིབས་པའི་མོས་པ་ལ་ནི་སྒྲིབ་པ་དང་བཅས་པས་བར་དུ་གཅོད་པ་དང་ ནི་གུས་སྦྱོར་རྒྱུན་སྦྱོར་དང་ལྡན་པ་བརྩོན་[པ་ལ་ནི་{པས་}དེ་དག་དང་མི་ལྡན་ཞིང་མི་བརྩོན་ པས་བར་དུ་གཅོད་པ་དང༌། མོས་སྤྱོད་ཀྱི་སྐབས་སུ་ཚོགས་བསགས་པའི་མོས་པ་ལ་ནི་དེ་ དག་ཏུ་ཚོགས་མ་བསགས་པས་བར་དུ་གཅོད་པ་སྟེ། བཅུ་དྲུག་པོ་དེ་དག་ནི་མོས་པའི་བར་དུ་ གཅོད་པ་ཡིན་པར་ཤེས་པའི་སྒོ་ནས་སྤང་བར་བྱའོ། །ནོར་པ་དང་བསྒྲིབས་པ་དང་མི་བརྩོན་ པ་དང་མ་བསགས་པ་དང་མངོན་སུམ་མ་ཡིན་པ་སྟེ་ལྔ་ནི་བར་ཆད་ཀྱི་ངོ་བོ་ཡིན་པའི་ཕྱིར་ དང༌། མ་འདྲེས་པ་དང་བརྟན་ཞུགས་དང་རིང་དུ་སོང་བ་གསུམ་ནི་བར་ཆད་ལས་གྲོལ་བ་ ཡིན་པའི་ཕྱིར་དེ་དག་ལ་བར་དུ་གཅོད་བྱེད་མ་གསུངས་སོ། ། ཕན་ཡོན་བསྟན་པ་ལ་ཕན་ཡོན་སོ་སོར་བཤད་པ་དང༌། མཆོག་དམན་དཔེ་ཡིས་བསྟན་ པ་གཉིས་ལས། དང་པོ་ནི། བསོད་ནམས་ཆེ་དང་འགྱོད་པ་མེད། །ཡིད་བདེ་ བ་དང་བདེ་བ་ཆེ། །ཆུད་མི་ཟ་དང་བརྟན་པ་དང༌། །དེ་བཞིན་ཁྱད་པར་ 4-1-244 འགྲོ་བ་དང༌། །སྐྱེས་པ་ད་ལྟར་བྱུང་བའི་མོས་པའི་ཕན་ཡོན་ནི་བསོད་ནམས་ཆེན་པོ་ དཔག་ཏུ་མེད་པ་འཕེལ་བ་དང༌། འདས་པའི་མོས་པའི་ཕན་ཡོན་ནི་ཡིད་ལ་གཅགས་པའི་ འགྱོད་པ་མེད་ཅིང་དགའ་བ་ཁྱད་པར་ཅན་འཕེལ་བ་དང༌། འཛིན་པ་དང་གཟུང་བར་གྱུར་ པའི་མོས་པའི་ཕན་ཡོན་ནི་ཏིང་ངེ་འཛིན་དང་ལྡན་པས་ཡིད་ཤེས་དང་མཚུངས་པར་ལྡན་པའི་ ཡིད་བདེ་བ་དང༌། སྒོ་ལྔའི་རྣམ་ཤེས་དང་མཚུངས་ལྡན་གྱི་བདེ་བ་ཆེན་པོ་འཕེལ་བ་དང༌། གྲོགས་པོ་ལས་བླངས་པའི་མོས་པའི་ཕན་ཡོན་ནི་བར་ཆད་ཀྱིས་མི་ཚུགས་པས་ཆུད་མི་ཟ་བ་ དང༌། བདག་ཉིད་ཀྱི་མོས་པའི་ཕན་ཡོན་ནི་སྔོན་གྱི་དགེ་བའི་མཐུས་མི་ཉམས་ཤིང་བརྟན་ པ་དང༌། དེ་བཞིན་དུ་མ་ནོར་བ་དང་མངོན་སུམ་དང་ཐོས་པ་དང་བསམས་པ་དང་བསྒོམས་ པ་ལས་བྱུང་བ་དང་ཆུང་ངུ་དང་འབྲིང་གི་བར་བདུན་གྱི་མོས་པའི་ཕན་ཡོན་ནི་སྔ་མ་ལས་ཕྱི་ མ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་དང༌། ཆོས་ནི་མངོན་པར་རྟོགས་པ་དང༌། ། བདག་དང་གཞན་དོན་ཐོབ་པའི་མཆོག །མངོན་ཤེས་མྱུར་བ་དེ་དག་ ནི། །མོས་པ་ཡི་ནི་ཕན་ཡོན་ཡིན། །མི་མཐུན་ཕྱོགས་དང་མ་འདྲེས་པ་མོས་པ་ཆེན་ པོའི་ཕན་ཡོན་ནི། ས་དང་པོར་ཆོས་ཉིད་ནི་མངོན་པར་གསར་དུ་རྟོགས་པ་དང༌། ཐེག་པ་ དམན་པ་ལ་མོས་པའི་ཕན་ཡོན་ནི། བདག་ཉིད་ཀྱི་དོན་དུ་འཁོར་བ་ལས་གྲོལ་བའི་མྱ་ངན་ ལས་འདས་པ་ཐོབ་པ་དང༌། ཐེག་པ་རྒྱ་ཆེན་པོ་ལ་མོས་པའི་ཕན་ཡོན་ནི། གཞན་སེམས་ ཅན་ཐམས་ཅད་ཀྱི་དོན་དུ་སྲིད་ཞི་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་མཆོག་ཏུ་ འགྱུར་བ་དང༌། མ་བསྒྲིབས་པ་དང་བརྩོན་པ་དང་བསགས་པ་དང་བརྟན་པ་དང་རིང་དུ་སོང་ བ་སྟེ། མོས་པ་ལྔའི་ཕན་ཡོན་ནི། རང་རང་གི་རྟོགས་པར་བྱ་བ་མྱུར་དུ་རྟོགས་པས་མངོན་ པར་ཤེས་པ་མྱུར་དུ་ཐོབ་པ་སྟེ། དེ་དག་ནི་མོས་པ་ཡི་ནི་ཕན་ཡོན་ཡིན་པར་ཤེས་པའི་སྒོ་ནས་ ཐོབ་པར་བྱའོ། །ནོར་པ་དང་བསྒྲིབས་པ་དང་མི་བརྩོན་པ་དང་མ་བསགས་པ་དང་མངོན་ 4-1-245 སུམ་མ་ཡིན་པ་སྟེ་ལྔ་ལ་ནི་ཕན་ཡོན་མེད་ཅིང༌། མ་འོངས་པ་ནི་མ་སྐྱེས་པའི་ཕྱིར་ཕན་ཡོན་མ་ གསུངས་སོ། ། དཔེ་ཡིས་བསྟན་པ་ལའང་གཉིས་ལས། མདོར་བསྟན་ནི། འདོད་པ་ཅན་གྱི་དེ་ཁྱི་ འདྲ། །ཏིང་ངེ་འཛིན་པའི་རུས་སྦལ་བཞིན། །རང་དོན་བྱེད་པའི་དེ་བྲན་ འདྲ། །གཞན་དོན་བྱེད་པའི་རྒྱལ་པོ་བཞིན། །ཁམས་འོག་མ་འདོད་པ་ཅན་གྱི་ མོས་པ་དེ་ནི་ཁྱིའི་མོས་པ་དང་འདྲ་ཞིང༌། ཁམས་གོང་མ་གཉིས་ཀྱི་ཏིང་ངེ་འཛིན་ལ་གནས་ པའི་མོས་པ་ནི་རུས་སྦལ་གྱི་མོས་པ་བཞིན་དང༌། རང་དོན་བྱེད་པ་ཐེག་པ་དམན་པའི་མོས་པ་ དེ་ནི་བྲན་གྱི་མོས་པ་དང་འདྲ་ཞིང༌། གཞན་དོན་བྱེད་པ་ཐེག་པ་ཆེན་པོ་པའི་མོས་པ་ནི་རྒྱལ་ པོའི་མོས་པ་ཇི་ལྟ་བ་བཞིན་ནོ། ། རྒྱས་བཤད་ལའང་གཉིས་ལས། ཁྱད་པར་བཤད་པ་ནི། ཇི་ལྟར་ཁྱི་ནི་རྟག་ཏུ་ ལྟོགས་ཤིང་སྡུག་བསྔལ་གྱིས་ཉེན་ཆོག་མི་ཤེས། །ཇི་ལྟར་རུས་སྦལ་དེ་ ནི་ཆུ་ཡི་ནང་ན་ཀུན་ནས་བསྐུམས་ཤིང་འདུག །ཇི་ལྟར་བྲན་ནི་རྟག་ཏུ་ འཇིགས་ཤིང་སྐྲག་པའི་ལུས་ཀྱིས་རྣམ་པར་རྒྱུ། །ཇི་ལྟར་རྒྱལ་པོ་ཡང་ ནི་བཀའ་ཡིས་ཡུལ་ལ་དབང་སྒྱུར་གནས་པ་ལྟར། །དེ་བཞིན་གཡེམ་ དང་གནས་དང་རང་གཞན་ཕན་བྱ་དོན་བྱེད་པའི། །མོས་པ་སྣ་ཚོགས་ དག་གི་ཁྱད་པར་རྟག་ཏུ་ཤེས་པར་བྱ། །ཇི་ལྟར་ན་ཁྱི་ནི་དུས་རྟག་ཏུ་ལྟོགས་ཤིང་ སྡུག་བསྔལ་སྣ་ཚོགས་ཀྱིས་ཉེན་ལ་ཁ་ཟས་ཡོད་ཀྱང་ཆོག་མི་ཤེས་པ་དེ་བཞིན་དུ་འདོད་ཡོན་ ལ་གཡེམ་པ་འདོད་ཁམས་པ་རྣམས་ཀྱང་འདོད་ཡོན་གྱིས་ཕོངས་ཤིང་དེ་ཚོལ་བའི་ཆེད་དུ་ སྡུག་བསྔལ་སྣ་ཚོགས་ཀྱིས་ཉེན་ལ་འབྱོར་པ་ཡོད་ཀྱང་ཆོག་མི་ཤེས་པ་དང༌། ཇི་ལྟར་རུས་ སྦལ་དེ་ནི་གཞན་གྱི་གནོད་པས་འཇིགས་ནས་ཆུ་ཡི་ནང་ན་རུས་པའི་ཁོག་པའི་ཁོངས་སུ་ཡན་ 4-1-246 ལག་ཐམས་ཅད་ཀུན་ནས་བསྐུམས་ཤིང་འདུག་པ་དེ་བཞིན་དུ། ཏིང་ངེ་འཛིན་ལ་གནས་ པ་གཟུགས་དང་གཟུགས་མེད་ཁམས་པ་དག་ཀྱང་འདོད་ཡོན་གྱི་འཇིགས་པ་ལ་ཐར་བར་ བྱ་བའི་ཆེད་དུ་ཞི་གནས་ཀྱི་ཁྱད་པར་ཅུང་ཟད་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་རང་དང་ སྤྱིའི་མཚན་ཉིད་མི་ཤེས་པར་བསྐུམས་ནས་འདུག་པ་དང༌། ཇི་ལྟར་ན་བྲན་ནི་རྗེ་བོའི་བཀའ་ བཞིན་མ་བྱས་ན་བདག་ཉིད་ལ་གནོད་པ་བྱུང་གིས་དོགས་ནས་རྟག་ཏུ་འཇིགས་ཤིང་སྐྲག་ པའི་ལུས་ཀྱིས་དཀའ་སྤྱད་སྣ་ཚོགས་ཀྱི་ལས་ལ་རྣམ་པར་རྒྱུ་བ་དེ་བཞིན་དུ། རང་དོན་བྱེད་པ་ ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ལམ་མ་བསྒོམས་ན་འཁོར་བར་ལྟུང་གིས་དོགས་ པས་འཇིགས་ཤིང་སྐྲག་ནས་རང་ཉིད་ཐར་པ་ཐོབ་པའི་དོན་དུ་འབད་པ་དང༌། ཇི་ལྟར་ན་ བསོད་ནམས་ཆེན་པོ་དང་ལྡན་པའི་རྒྱལ་པོ་ཡང་ནི་གཞན་ལ་འཇིགས་པ་མེད་ཅིང་རང་དོན་ ལ་ཆགས་པ་མེད་པར་གཙུག་ལག་དང་མཐུན་པའི་བཀའ་ཡིས་འཁོར་དང་ལོངས་སྤྱོད་ཀྱི་ ཡུལ་ལ་དབང་བསྒྱུར་ཞིང་མངའ་འོག་ལ་ཕན་འདོགས་པས་གནས་པ་ལྟར་ཏེ། དེ་བཞིན་ དུ་གཞན་དོན་བྱེད་པ་ཐེག་པ་ཆེན་པོ་པ་རྣམས་ཀྱང་ཤེས་རབ་ཀྱིས་འཁོར་བ་ལ་འཇིགས་པ་ མེད་ཅིང་སྙིང་རྗེས་མྱང་འདས་ལ་ཆགས་པ་མེད་པར་ཆོས་དང་མཐུན་པའི་བཀའ་ཡིས་ཟག་ མེད་ཀྱི་འབྱོར་པ་ལ་དབང་བསྒྱུར་ཞིང་གདུལ་བྱ་དཔག་ཏུ་མེད་པ་མྱ་ངན་ལས་འདས་པ་ལ་ འགོད་པ་སྟེ། དཔེ་དོན་རྒྱས་པར་སྦྱར་བ་དེ་བཞིན་དུ་འདོད་པ་ལ་གཡེམ་པ་དང༌། ཏིང་ངེ་ འཛིན་ལ་གནས་པ་དང་རང་དོན་བྱེད་པ་དང་གཞན་ལ་ཕན་པར་བྱ་བའི་དོན་བྱེད་པའི་མོས་ པ་སྣ་ཚོགས་དག་གི་མཆོག་དང་དམན་པ་ལ་སོགས་པའི་ཁྱད་པར་རྣམས་བློ་དང་ལྡན་པ་ རྣམས་ཀྱིས་རྟག་ཏུ་ཤེས་པར་བྱའོ། ། མཆོག་ལ་སྦྱར་བ་ནི། ཐེག་པ་ཆེན་པོ་དེ་ལ་དེ་མཆོག་ཚུལ་བཞིན་རིག་ ནས་ནི། །འདི་ན་བརྟན་པས་དེ་ལ་དེ་ཉིད་རྟག་པར་རབ་ཏུ་ཚོལ། །ཟབ་ 4-1-247 པ་དང་རྒྱ་ཆེ་བ་སྟོན་པ་ཐེག་པ་ཆེན་པོ་དེ་ལ་མོས་པ་དེ་ནི་མོས་པའི་མཆོག་ཡིན་པ་དང༌། ཚུལ་ བཞིན་གྱི་མོས་པ་ཡིན་པ་ལ་སོགས་པ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་རིག་ནས་ ནི་མོས་པ་ལ་འཇུག་པའི་སྐབས་འདི་ན་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་ པ་ཆེན་པོ་དེ་ལ་མོས་པ་དེ་ཉིད་རྟག་པར་རྒྱུན་མི་འཆད་པར་རབ་ཏུ་ཚོལ་ཞིང་བསྒྲུབ་པ་ལ་ འབད་པར་བྱའོ། ། དེ་ལ་ཞུམ་པ་དགག་པ་ནི། གང་ཕྱིར་སེམས་ཅན་མིར་གྱུར་པ། །ཚད་མེད་ སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དང་ དུ་བླང་མི་བྱ། །ཐེག་པ་ཆེན་པོའི་བྱང་ཆུབ་ནི་སྒྲུབ་པར་དཀའོ་སྙམ་དུ་ཞུམ་པར་མི་བྱ་སྟེ། གང་གི་ཕྱིར་ཞེ་ན་ལྷ་ལ་སོགས་པའི་འགྲོ་བ་གཞན་གྱིས་མ་ཡིན་གྱི་སེམས་ཅན་མིའི་ལུས་ ཐོབ་པར་གྱུར་པ་རྣམས་ཀྱིས་འགྲུབ་པར་གསུངས་པའི་ཕྱིར་དང༌། དེ་ཡང་རེ་རེ་ཙམ་གྱིས་ ཐོབ་པ་མ་ཡིན་གྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་ན་སེམས་ཅན་ ཚད་མེད་གྲངས་མེད་དཔག་ཏུ་མེད་པས་ཐོབ་པ་ཡོད་པའི་ཕྱིར་དང༌། དུས་རིང་པོ་ན་འགའ་ ཞིག་གིས་ཐོབ་པ་ཙམ་མ་ཡིན་གྱི་སྐད་ཅིག་མ་རེ་རེ་ལའང་རྒྱུན་མི་འཆད་པར་རྫོགས་པའི་ བྱང་ཆུབ་ཐོབ་པ་མཐའ་ཡས་པ་ཡོད་པ་དེའི་ཕྱིར། བདག་ལྟ་བུས་བྱང་ཆུབ་ཆེན་པོ་ཐོབ་པར་ མི་ནུས་སོ་སྙམ་དུ་ཞུམ་པ་དང་དུ་བླང་བར་མི་བྱ་ཞིང་སྤྲོ་བའི་སྒོ་ནས་ཐེག་པ་ཆེན་པོ་ལ་མོས་ པར་བྱའོ། ། བསོད་ནམས་ཀྱི་ཁྱད་པར་ནི། གཞན་དག་ལ་ནི་ཟས་བྱིན་པའི། །བསོད་ ནམས་འཕེལ་བ་ཇི་ལྟ་བར། །བདག་ཉིད་ཟ་བ་མ་ཡིན་པ། །དེ་བཞིན་ གཞན་དོན་རྟེན་གྱི་ཆོས། །བསྟན་ལས་མདོ་ལས་གསུངས་པ་ཡི། །བསོད་ ནམས་ཆེར་འབྱུང་ཐོབ་པ་ལྟར། །རང་གི་དོན་གྱི་རྟེན་གྱི་ཆོས། །བསྟན་ 4-1-248 ལས་ཐོབ་པ་མ་ཡིན་ནོ། །ཇི་ལྟར་ན་གཞན་དོན་གྱི་དབང་དུ་བྱས་ནས་སེམས་ཅན་ གཞན་དག་ལ་ནི་ཁ་ཟས་བཟང་པོ་བྱིན་པའི་བསོད་ནམས་འཕེལ་བར་འགྱུར་བའི་ཚུལ་ཇི་ལྟ་ བར་ཤེས་པར་བྱ་སྟེ། སྤྱོད་འཇུག་ལས། གལ་ཏེ་བྱིན་ན་ཅི་སྤྱད་ཅེས། །བདག་དོན་སེམས་ པ་འདྲེ་ཡི་ཚུལ། །གལ་ཏེ་སྤྱད་ན་ཅི་སྦྱིན་ཞེས། །གཞན་དོན་སེམས་པ་ལྷ་ཡི་ཆོས། །ཞེས་ གསུངས་པ་ལྟར་རང་དོན་གྱི་དབང་དུ་བྱས་ནས་བདག་ཉིད་ཟ་བ་མ་ཡིན་པར་གཞན་ལ་སྟེར་ བ་དེ་བཞིན་དུ། གཞན་དོན་ཕུན་སུམ་ཚོགས་པ་འགྲུབ་པའི་རྟེན་གྱི་ཆོས་ཐེག་པ་ཆེན་པོ་ཟབ་ པ་དང་རྒྱ་ཆེ་བ་བསྟན་པ་ལས། མདོ་ལས་གསུངས་པའི་ཕན་ཡོན་བསོད་ནམས་ཚད་མེད་ གྲངས་མེད་དཔག་ཏུ་མེད་པ་ཆེས་ཆེར་ཁྱད་པར་དུ་འཕགས་པ་འབྱུང་བ་ཐོབ་པ་ལྟར། རང་གི་ དོན་གྱི་རྟེན་ཐེག་ཆུང་གི་ཆོས་བསྟན་པ་ལས་ནི་བསོད་ནམས་ཆེན་པོ་དེ་ལྟ་བུ་ཐོབ་པ་མ་ཡིན་ ནོ་ཞེས་པ་ལྟར། དེ་དག་གི་ཁྱད་པར་ཤེས་པའི་སྒོ་ནས་ཐེག་ཆེན་གྱི་ཆོས་ལ་མོས་པར་བྱའོ། ། མོས་པའི་འབྲས་བུ་བསྡུ་བ་ནི། དེ་ལྟར་འཕགས་པ་ཆེན་པོའི་ཆོས་ནི་ ཡངས་གྱུར་ལ། །བློ་དང་ལྡན་པས་རྟག་ཏུ་མོས་པ་ཆེ་བསྐྱེད་ན། །བསོད་ ནམས་རྒྱ་ཆེན་རྒྱུན་མི་འཆད་དང་དེ་འཕེལ་དང༌། །ཡོན་ཏན་དཔག་ཏུ་ མེད་པས་བདག་ཉིད་ཆེན་པོར་འགྱུར། །གོང་དུ་རྒྱས་པར་བཤད་པའི་ཚུལ་དེ་ལྟར་ ན་ཡུལ་འཕགས་པ་ཆེན་པོ་སངས་རྒྱས་ཀྱི་ཆོས་ནི་ཐེག་པ་ཆེན་པོ་ཟབ་ཅིང་ཡངས་ལ་རྒྱ་ཆེ་ བར་གྱུར་པ་ལ། གང་ཟག་བྱང་ཆུབ་སེམས་དཔའ་བློ་དང་ལྡན་པ་མཐའ་ཡས་པས་དུས་རྟག་ ཏུ་རྒྱུན་མི་འཆད་པར་ངོ་བོ་ཡིད་ཆེས་པ་དང་འདོད་པའི་སྒོ་ནས་དད་ཅིང་མོས་པ་ཡོངས་སུ་ ཉམས་པར་མི་འགྱུར་བ་རྒྱ་ཆེན་པོ་བསྐྱེད་ན་གནས་སྐབས་ཀྱི་འབྲས་བུ་བསོད་ནམས་རྒྱ་ཆེན་ པོ་རྒྱུན་མི་འཆད་པ་འཕེལ་བ་དང༌། རྒྱུ་མཐུན་པའི་འབྲས་བུ་མོས་པ་དེ་ཉིད་གོང་ནས་གོང་ དུ་འཕེལ་བར་འགྱུར་བ་དང༌། མཐར་ཐུག་གི་འབྲས་བུ་སྟོབས་དང་མི་འཇིགས་པ་ལ་སོགས་ 4-1-249 པའི་ཡོན་ཏན་དཔག་ཏུ་མེད་པས་བརྒྱན་པའི་བདག་ཉིད་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་ གོ་འཕང་ཐོབ་པར་འགྱུར་བའོ། །བྱང་ཆུབ་ལ་མོས་པའི་སྐབས་རྫོགས་པར་བཤད་ཟིན་ཏོ། ། ༈ ། ། མོས་པ་ལྟར་ཆོས་ཚོལ་བ་ལ་སྤྱི་དོན་ནི། བྱང་ས་ལས། དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ ཚོལ་བས། ཅི་ཞིག་ཚོལ་ཇི་ལྟར་ཚོལ་ཅིའི་ཕྱིར་ཚོལ་ཞེ་ན་དང་པོ་ནི། མདོར་བསྡུ་ན་བྱང་ཆུབ་ སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཚོལ་ལོ། །ཉན་ཐོས་ཀྱི་སྡེ་སྣོད་དང་ཕྱི་རོལ་ གྱི་བསྟན་བཅོས་རྣམས་དང་འཇིག་རྟེན་པའི་གཟོ་དང་ལས་ཀྱི་གནས་ཤེས་པ་རྣམས་ཚོལ་ལོ། ། དེ་ལ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ལས་ཤིན་ཏུ་རྒྱས་པའི་སྡེ་གང་ཡིན་པ་ དེ་ཉིད་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡིན་ནོ། །ལྷག་མ་ནི་ཉན་ཐོས་ཀྱི་སྡེ་སྣོད་ཡིན་པར་ རིག་པར་བྱའོ། །ཕྱི་རོལ་གྱི་བསྟན་བཅོས་རྣམ་པ་གསུམ་སྟེ་གཏན་ཚིགས་ཀྱི་བསྟན་བཅོས་ དང་སྒྲའི་བསྟན་བཅོས་དང་གསོ་བའི་བསྟན་བཅོས་སོ། །དེ་ལ་འཇིག་རྟེན་པའི་བཟོ་དང་ ལས་ཀྱི་གནས་ནི། རྣམ་པ་དུ་མ་རྣམ་པ་སྣ་ཚོགས་པ་མང་པོ་ཡོད་དོ་ཞེས་པ་ལ་སོགས་པས་ རིག་པའི་གནས་ལྔ་དང༌། (དོན་ཙམ་བླངས་པ་)རྒྱུ་དང་འབྲས་བུ་ཕྱིན་ཅི་མ་ལོག་པ་དང་ཆུད་མི་ ཟ་བ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དང་མྱ་ངན་ལས་འདས་པ་ལ་སོགས་པ་དབྱེ་བ་མཐའ་ ཡས་པས་ཅི་ཞིག་ཚོལ་བ་གསུངས་ཤིང༌། ཇི་ལྟར་ཚོལ་བ་ནི་ཆོས་སྨྲ་བ་ལ་གུས་པ་ཆེན་པོས་ ལེགས་པར་གསུངས་པ་གཅིག་གི་ཕྱིར་ཡང༌། ལྕགས་ཀྱི་ས་གཞི་ཚ་ཞིང་འབར་བར་འགྲོ་བ་ ལའང་དགའ་ཞིང་སྤྲོ་བ་དང༌། (ཚིག་ཀྱང་)དེ་ཡོན་ཏན་འདོད་པས་ཆོས་སྨྲ་བའི་དྲུང་དུ་འགྲོ་བར་ བྱེད་ཀྱི་ཀླན་ཀ་ཚོལ་བའི་སེམས་ཀྱིས་ནི་མ་ཡིན་པ་དང༌། གུས་པ་དང་བཅས་པས་འགྲོའི་ ང་རྒྱལ་གྱིས་ཁེངས་པས་ནི་མ་ཡིན་པ་དང༌། དགེ་བ་ཇི་ལྟ་བུ་ཞིག་བཙལ་སྙམ་པས་འགྲོའི་ 4-1-250 བདག་ཉིད་བསྒྲགས་པའི་ཕྱིར་ནི་མ་ཡིན་པ་དང༌། བདག་དང་གཞན་དགེ་བའི་རྩ་བ་ལ་ཡང་ དག་པར་སྦྱར་བར་བྱའོ་སྙམ་པ་ཡིན་གྱི་རྙེད་པ་དང་བཀུར་སྟིའི་ཕྱིར་ནི་མ་ཡིན་ནོ་ཞེས་པ་ དང༌། ཀུན་ཤེས་པར་བྱ་བའི་སེམས་དང་ལྡན་པ་དང་སེམས་རྩེ་གཅིག་པ་དང༌། རྣ་བླགས་པ་ དང་ཡིད་གཏད་པ་དང་སེམས་ཀྱིས་ཀུན་ནས་བསམས་ནས་ཆོས་ཉན་ཏེ། བྱང་ཆུབ་སེམས་ དཔའ་ནི་དེ་ལྟར་ཐོས་པ་ཚོལ་བར་བྱེད་དོ་ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། དགོས་པ་ཅིའི་ཕྱིར་ཚོལ་བ་ནི། (དོན་བླངས་པ་)བྱང་ཆུབ་སེམས་དཔའ་བདག་ཉིད་ཆོས་ དང་རྗེས་སུ་མཐུན་པའི་ཆོས་ཡང་དག་པར་བསྒྲུབ་པར་བྱ་བའི་ཕྱིར་དང༌། གཞན་དག་ལ་ ཡང་རྒྱ་ཆེར་ཡང་བསྟན་པར་བྱ་བའི་ཕྱིར་ནང་རིག་པ་དང༌། དེ་ཉིད་ལ་ལོག་པར་འཛིན་པ་ སྤངས་ནས་ཕས་ཀྱི་རྒོལ་བ་ཚར་བཅད་པའི་ཕྱིར་དང༌། བསྟན་པ་འདི་ལ་མ་དད་པ་རྣམས་ དད་པར་བྱ་བའི་ཕྱིར་དང༌། དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་གཏན་ཚིགས་ རིག་པ་དང༌། ཚིག་དང་ཡི་གེ་དང་ངེས་པའི་ཚིག་བཟང་པོ་ལེགས་པར་སྦྱར་ཏེ་བརྗོད་པ་ལ་ མོས་པ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་དང༌། དོན་གཅིག་ལ་ཡང་ངེས་པའི་ཚིག་སྣ་ཚོགས་ ཀྱིས་རྗེས་སུ་ཐ་སྙད་གདགས་པ་ལ་འཇུག་པར་བྱ་བའི་ཕྱིར་སྒྲ་རིག་པ་དང༌། སེམས་ཅན་ རྣམས་ཀྱི་ནད་སྣ་ཚོགས་ཞི་བར་བྱ་བའི་ཕྱིར་དང༌། སྐྱེ་བོའི་ཚོགས་ཆེན་པོ་ལ་ཕན་གདགས་ པའི་ཕྱིར་གསོ་བ་རིག་པ་དང༌། གཞན་དོན་དུ་ཚེགས་ཆུང་ངུས་ལོངས་སྤྱོད་བསྒྲུབ་པའི་ཕྱིར་ དང༌། སེམས་ཅན་རྣམས་ཀྱིས་གཅེས་པར་བྱ་བ་བསྐྱེད་པའི་ཕྱིར་དང༌། བཟོའི་གནས་ཤེས་ པ་སྦྱིན་པས་ཕན་བཏགས་ཏེ་བསྡུ་བར་བྱ་བའི་ཕྱིར་བཟོ་རིག་པའི་གནས་རྣམས་བཙལ་བར་ གསུངས་པ་རྣམས་ཀྱང་ཤེས་པར་བྱའོ། ། གཞུང་དོན་ནི། དམིགས་པ་དམིགས་པ་རྙེད་པ་ཡིད་ལ་བྱེད། །ཆོས་ཀྱི་དེ་ཉིད་དེ་ཉིད་སྒྱུ་ མ་བཞིན། །ཤེས་བྱ་ཉོན་མོངས་རྣམ་བྱང་རྣམ་རིག་ཙམ། །མཚན་ཉིད་དང་ནི་རྣམ་པར་གྲོལ་ 4-1-251 བ་དང༌། །(༡)ངོ་བོ་ཉིད་མེད་མི་སྐྱེའི་ཆོས་ལ་བཟོད། །ཐེག་པ་གཅིག་དང་རིག་པའི་གནས་ལྔ་ དང༌། །ཁམས་བརྟས་ཡོངས་ཚོལ་ཚོལ་བའི་རབ་དབྱེ་དང༌། །རྒྱུ་ཆོས་རྣམ་རྟོག་ཡོངས་ཚོལ་ཆེ་ བ་བསྟན། །(༢)ཞེས་སྡོམ་དུ་བྱས་པ་ལྟར་བཅུ་དགུས་སྟོན་པ་སྟེ། དང་པོ་སྡེ་སྣོད་གསུམ་ལ་བརྩམས་ནས་དམིགས་པ་ཡོངས་སུ་ཚོལ་བ་ལ། བསྡུས་ཏེ་ བྱེད་ལས་བསྟན་པ་དང༌། ཕྱེ་སྟེ་སོ་སོར་བཤད་པའོ། ། དང་པོ་ནི། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། །བསྡུས་ པའི་ཕྱིར་ཏེ་རྒྱུ་ནི་དགུར་འདོད་དོ། །དེ་ནི་བག་ཆགས་རྟོགས་དང་ཞི་བ་ དང༌། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །དེ་ཡང་བརྗོད་བྱེད་ཀྱི་ སྒོ་ནས། མདོ་དབྱངས་ལུང་ཚིགས། ཆེད་གླེང་རྟོགས་དེ། སྐྱེས་ཤིན་རྨད་གཏན་ཞེས་པ་ལྟར། གསུང་རབ་ཡན་ལག་བཅུ་གཉིས་ཏེ། ཀུན་ལས་བཏུས་པར། ཆོས་ཞེས་བྱ་བ་ནི་མདོའི་སྡེ་དང་ དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་དུ་བསྟན་པའི་སྡེ་དང་ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང་གླེང་གཞིའི་སྡེ་དང་རྟོགས་པ་བརྗོད་པའི་སྡེ་དང་དེ་ལྟ་བུ་བྱུང་བའི་ སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང་ཤིན་ཏུ་རྒྱས་པའི་སྡེ་དང་རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་ གཏན་ལ་ཕབ་པར་བསྟན་པའི་སྡེའོ་ཞེས་གསུངས་པ་ལྟར་རོ། །བརྗོད་བྱའི་སྒོ་ནས་སྡེ་སྣོད་ དག་ནི་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་སྟེ་གསུམ་མམ་དེ་རྣམས་ཀྱང་ཐེག་པ་དམན་ པ་ཉན་ཐོས་ཀྱི་སྡེ་སྣོད་དང༌། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཉིས་སུ་བསྡུས་ ཀྱང་རུང་བའོ། །བྱང་ས་ལས། སྔར་བཤད་པ་ལྟར་ཤིན་ཏུ་རྒྱས་པ་བྱང་ཆུབ་སེམས་དཔའི་སྡེ་ སྣོད་དང༌། གཞན་ཐམས་ཅད་ཉན་ཐོས་ཀྱི་སྡེ་སྣོད་དུའང་གསུངས་ཤིང༌། ཀུན་ལས་བཏུས་ པར་ཡང༌། དང་པོ་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དང༌། དེ་ནས་(གླེང་གཞི་སོགས་)གཞི་གཉིས་ ཀའི་འདུལ་བའི་སྡེ་སྣོད་དང༌། ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བ་དང་བྱང་ཆུབ་སེམས་དཔའི་ 4-1-252 མདོ་སྡེའི་སྡེ་སྣོད་དང་གཏན་ལ་ཕབ་པ་གཉིས་ཀའི་ཆོས་མངོན་པའི་སྡེ་སྣོད་དུ་གསུངས་ལ། ཉན་ཐོས་ཀྱི་སར་གླེང་གཞི་འདུལ་བ་དང་གཏན་ལ་ཕབ་པ་མངོན་པ་དང་གཞན་རྣམས་མདོ་ སྡེར་ཡང་གསུངས་ཏེ། དེ་དག་ཀྱང་གཙོ་གང་ཆེའི་དབང་དུ་བྱས་པའོ། །ཅིའི་ཕྱིར་སྡེ་སྣོད་ཅེས་ བྱ་ཞེ་ན་གཞི་དང་ལམ་དང་འབྲས་བུ་ལ་སོགས་པ་ཤེས་བྱའི་དོན་ཐམས་ཅད་བསྡུས་པའི་ ཕྱིར་ཏེ། དཔེར་ན་འབྲུ་མང་པོས་བསྡུས་པའི་སྣོད་ལ་འབྲུའི་སྣོད་ཅེས་བརྗོད་པ་བཞིན་ནོ། ། རྒྱུ་ཅིའི་ཕྱིར་སྡེ་སྣོད་གསུམ་རྣམ་པར་བཞག་ཅེ་ན། སྤང་བར་བྱ་བ་གསུམ་དང༌། བསྒྲུབ་པར་ བྱ་བ་གསུམ་དང༌། ཤེས་པར་བྱ་བ་གསུམ་གྱི་དབང་དུ་བྱས་ནས་རྒྱུ་ནི་དགུ་ཡིན་པར་འདོད་ དོ། །དེ་ཡང་སྤང་བྱ་ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོར་གང་ལ་ཐེ་ཚོམ་ཟ་བ་དེ་ཉིད་ ངེས་པར་བྱ་བའི་ཆེད་དུ་ཤིན་ཏུ་གསལ་བར་སྟོན་པ་མདོ་སྡེ་དང༌། ཉེ་བའི་ཉོན་མོངས་པ་ མཐའ་གཉིས་སུ་ལྷུང་བའི་གཉེན་པོར་ཁ་ན་མ་ཐོ་བ་དང་བཅས་པའི་སོག་འཇོག་ལ་སོགས་ པ་བཀག་པས་འདོད་པ་བསོད་ཉམས་ཀྱི་མཐའ་སྤོང་ཞིང༌། ཁ་ན་མ་ཐོ་བ་མེད་པའི་གོས་ འབུམ་རི་བ་ལ་སོགས་པའང་གནང་བས་ངལ་ཞིང་དུབ་པའི་མཐའ་སྤོང་བ་འདུལ་བ་དང༌། ཉེ་བའི་ཉོན་མོངས་པ་རང་གི་ལྟ་བ་མཆོག་ཏུ་འཛིན་པའི་གཉེན་པོར་ཆོས་ཀྱི་མཚན་ཉིད་ཕྱིན་ ཅི་མ་ལོག་པ་བསྟན་པས་བློ་བྱང་ནས་ཕྱོགས་ཞེན་སྤོང་བར་བྱེད་པ་མངོན་པའི་སྡེ་སྣོད་རྣམས་ རྣམ་པར་བཞག་གོ །ཡང་བསྒྲུབ་བྱ་བསླབ་པ་གསུམ་ལ་བློ་བྱང་བར་བྱ་བའི་ཆེད་དུ་དེ་རྣམས་ ཤིན་ཏུ་གསལ་བར་སྟོན་པ་མདོ་སྡེ་དང༌། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་ཆེར་སྒྲུབ་ པ་དང༌། ཚུལ་ཁྲིགས་དང་ལྡན་ན་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་ ཐོབ་པས་ལྷག་པའི་སེམས་ཀྱི་བསླབ་པ་སྒྲུབ་པ་འདུལ་བ་དང༌། ཆོས་ཀྱི་དོན་ཕྱིན་ཅི་མ་ལོག་ པར་རབ་ཏུ་རྣམ་པར་འབྱེད་པའི་ཐབས་རྒྱ་ཆེར་བསྟན་ནས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ སྒྲུབ་པ་མངོན་པའི་སྡེ་སྣོད་རྣམས་རྣམ་པར་བཞག་གོ །ཡང་ཤེས་བྱ་བསླབ་པ་གསུམ་གྱི་ཆོས་ 4-1-253 དང་དོན་ཤིན་ཏུ་གསལ་བར་བཤད་པས་བློ་བྱང་བར་བྱེད་པ་མདོ་སྡེ་དང༌། ཆོས་དང་དོན་ སྒྲུབ་པའི་ཆེད་དུ་ཉོན་མོངས་པ་འདུལ་བ་ལ་བརྩོན་པས་ཆོས་དང་དོན་མངོན་སུམ་དུ་རྟོགས་ པར་བྱེད་པ་འདུལ་བ་དང༌། ཆོས་དང་དོན་ལེགས་པར་རྟོགས་ཏེ་འབེལ་བའི་གཏམ་གྱིས་ གཏན་ལ་འབེབས་པ་ལ་མཁས་པས་ཆོས་ལ་རྫོགས་པར་སྤྱོད་པའི་བདེ་བ་ལ་གནས་པར་ བྱེད་པ་མངོན་པའི་སྡེ་སྣོད་རྣམས་རྣམ་པར་གཞག་གོ །བྱེད་ལས་སྡེ་སྣོད་གསུམ་པོ་དེ་ནི་ཐོས་ པའི་སྒོ་ནས་སེམས་ཀུན་གཞིའི་རྣམ་ཤེས་ལ་ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་པའི་བག་ ཆགས་གཞག་སྟེ། བསམས་པ་ལ་བརྟེན་ནས་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ པ་དང༌། བསྒོམས་པ་ལ་བརྟེན་ནས་ཞི་གནས་ཀྱིས་ཉོན་མོངས་པ་ཞི་བ་དང་ལྷག་མཐོང་གིས་ ཆོས་ཉིད་མངོན་སུམ་དུ་རབ་ཏུ་རྟོགས་པར་བྱས་པས། རང་གཞན་འཁོར་བའི་སྡུག་བསྔལ་ ལས་རྣམ་པར་གྲོལ་ནས་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་ཐོབ་པར་བྱེད་པའོ། ། ཕྱེ་སྟེ་བཤད་པ་ལ། ཕན་ཡོན་དང་བཅས་ཏེ་མདོར་བསྟན་དང༌། དེའི་དོན་རྒྱས་པར་ བཤད་པའོ། ། དང་པོ་ནི། མདོ་དང་ཆོས་མངོན་འདུལ་བ་དག །མདོར་ན་དོན་ནི་ རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ནས། །རྣམ་པ་ཐམས་ཅད་ མཁྱེན་པ་འཐོབ། །མདོ་སྡེ་དང་ཆོས་མངོན་པ་དང་འདུལ་བ་སྟེ་སྡེ་སྣོད་གསུམ་པོ་དེ་དག་ ཀྱང་མདོར་བསྡུས་ན་རེ་རེ་ཡང་དོན་ནི་རྣམ་པ་བཞི་{བཞི་}དང་ལྡན་པར་འདོད་ཅིང༌། བློ་ དང་ལྡན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་དག་གི་དོན་ཕྱིན་ཅི་མ་ལོག་པར་ཤེས་ནས་ སྒྲིབ་པ་གཉིས་སྤངས་པ་ལས་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པ་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་འཐོབ་བོ། །ཉན་ཐོས་རྣམས་ནི་ཚིགས་སུ་བཅད་པ་གཅིག་གི་དོན་ཤེས་ན་ཤེས་ སྒྲིབ་མ་སྤངས་ཀྱང་ཉོན་སྒྲིབ་སྤངས་པ་ཙམ་གྱིས་རང་དོན་དུ་དགྲ་བཅོམ་པ་ཐོབ་པར་འགྱུར་ 4-1-254 རོ། ། རྒྱས་བཤད་ལ་གསུམ་ལས། མདོ་སྡེར་འཇོག་པའི་རྒྱུ་མཚན་ནི། གནས་རྣམས་ དང་ནི་མཚན་ཉིད་དང༌། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཆོས་གང་ དུ་གསུངས་པ་དང༌། {སྟོན་པ་གང་གིས་གསུངས་པ་དང༌། } འཁོར་གང་ལ་གསུངས་པ་ལ་ སོགས་པ་གླེང་གཞིའི་སྒོ་ནས་གནས་རྣམས་དང་ནི། འཁྲུལ་པའི་ཤེས་པ་ཡུལ་དང་བཅས་ པ་ཀུན་རྫོབ་དང༌། མ་འཁྲུལ་པའི་ཤེས་པ་ཡུལ་དང་བཅས་པ་དོན་དམ་ཞེས་པ་ལ་སོགས་པ་ བདེན་པ་གཉིས་ཀྱི་མཚན་ཉིད་དང༌། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་ བར་འབྱུང་བ་ལ་སོགས་པའི་ཆོས་དང༌། དེ་དག་གི་ཡོད་མེད་ལ་སོགས་པའི་དགོངས་པའི་ དོན་ཏེ་བཞི་པོ་རྣམས་སྨོས་པའི་ཚུལ་གྱིས་གསལ་བར་སྟོན་པའི་ཕྱིར་མདོ་སྡེའི་སྡེ་སྣོད་ཡིན་ ནོ། ། མངོན་པར་འཇོག་པའི་རྒྱུ་མཚན་ནི། མངོན་དུའི་ཕྱིར་དང་ཡང་ཡང་དང༌། ། ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །བདེན་པ་བཞི་དང་བྱང་ཆུབ་ཀྱི་ ཕྱོགས་དང་མཐུན་པ་དང༌། རྣམ་པར་ཐར་པའི་སྒོ་ལ་སོགས་པ་བསྟན་ནས་མྱ་ངན་ལས་ འདས་པ་ལ་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་དང༌། ཆོས་རེ་རེ་ཡང་གཟུགས་ཅན་དང་ གཟུགས་ཅན་མ་ཡིན་པ་དང༌། བསྟན་ཡོད་དང་བསྟན་[དུ་]མེད་ལ་སོགས་པའི་ཁྱད་པར་ མང་པོས་ཡང་དང་ཡང་དུ་གསལ་བར་སྟོན་པའི་ཕྱིར་དང༌། སྨྲ་བ་དང་སྨྲ་བའི་གཞི་ལ་སྨྲ་བ་ རྣམ་པར་ངེས་པ་ལ་མཁས་པས་ཕས་ཀྱི་རྒོལ་བ་ཕྱིན་ཅི་ལོག་སྨྲ་བ་རྣམས་ཟིལ་གྱིས་གནོན་ པའི་ཕྱིར་དང༌། འདིས་མདོ་སྡེ་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་དོན་རྣམས་གསལ་བར་ རྟོགས་པར་བྱེད་པའི་ཕྱིར་ཏེ་དོན་བཞི་དང་ལྡན་པ་ནི་མངོན་པའི་ཆོས་ཞེས་བྱའོ། ། འདུལ་བར་འཇོག་པའི་རྒྱུ་མཚན་ནི། ལྟུང་དང་འབྱུང་དང་ལྡང་བ་དང༌། 4-1-255 ངེས་པར་འབྱུང་དང་གང་ཟག་དང༌། །བཅས་པ་དང་ནི་རབ་དབྱེ་དང༌། ། རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཕམ་པ་དང་ལྷག་མ་དང་ལྟུང་བྱེད་དང་སོ་སོར་ བཤགས་པར་བྱ་བ་དང་ཉེས་བྱས་ཏེ་ལྟུང་བ་སྡེ་ལྔ་དང༌། བླང་དོར་གྱི་གནས་མི་ཤེས་པ་དང༌། སྒོ་གསུམ་གྱི་སྤྱོད་པ་བག་མེད་པ་དང༌། ཀུན་སློང་ཉོན་མོངས་པ་མང་བ་དང༌། བསླབ་པ་ལ་ མི་གུས་པ་སྟེ་ལྟུང་བ་འབྱུང་བའི་རྒྱུ་བཞི་དང༌། བསམས་པས་འགྱོད་ཅིང་ཕྱིས་མི་བྱེད་པའི་ སྡོམ་པའི་སེམས་ཀྱིས་ལྟུང་བ་ལས་ལྡང་བའི་ཐབས་དང༌། ལྟུང་བ་ལ་སོགས་པའི་ཉེས་པ་ བྱུང་ན་དགེ་སློང་གི་མདུན་དུ་མཐོལ་ནས་ཉེས་པ་ལས་ཐར་བར་བྱེད་པ་སོ་སོར་བཤགས་པ་ དང་(༡)བསླབ་པ་སྦྱིན་པ(འི་སྔོན་དུ་དམན་པའི་སྤྱོད་པ་བླངས་ཤིང་མཆོག་གི་སྤྱོད་པ་དོར་དུ་འཇུག་པ་)ལ་སོགས་ པའི་ཆད་ལས་ཁས་ལེན་པ་དང་(༢)། སྔར་བསླབ་པ་བཅས་པ་ལས་ཕྱིས་དགོས་པ་ལ་ལྟོས་ ནས་རྣམ་གྲངས་ཀྱི་གནང་བ་ཕྱིར་གློད་པ་དང་(༣)། དགེ་འདུན་ཚོགས་པས་བསླབ་པའི་གཞི་ ཕྲན་ཚེགས་འགའ་ཞིག་བཀྲོལ་ནས་བག་ཡངས་སུ་བྱ་བ་དང་(༤)། དགེ་སློང་ཕ་མ་ཕན་ཚུན་ མཚན་གྱུར་ན། ལྟུང་བ་ཐུན་མོང་མ་ཡིན་པ་རྣམས་ལྟུང་མེད་དུ་འགྱུར་བ་དང་(༥)། ཆོས་ཀྱི་ སྡོམ་བཞིའི་རྣམ་པ་སོ་སོ་ཡང་དག་པར་རྟོགས་པ་ན་ལྟུང་བ་ཕྲན་ཚེགས་ལས་གྲོལ་བ་དང་ (༦)བདེན་པ་མཐོང་བ་ན་སྔར་ཉེས་པ་ཕྲན་ཚེགས་བྱས་པ་ལས་གྲོལ་ཞིང་ཕྱིས་ལྟུང་བ་ཕྲ་ མོའི་ཕྲ་མོ་ཡང་མི་བྱེད་པའི་སྡོམ་པ་ཆོས་ཉིད་ཀྱིས་ཐོབ་པ་སྟེ(༧)། བདུན་པོ་དེ་རྣམས་ཀྱིས་ ལྟུང་བ་ལས་ངེས་པར་འབྱུང་བ་དང་བཅས་པའི་ཆོས་བཞི་སྟོན་པས་ཕྱིར་འདུལ་བ་ཞེས་བྱ་ ཞིང༌། ཡང་དྲུག་སྡེ་ལ་སོགས་པའི་གང་ཟག་གང་ཡང་རུང་བ་ལ་བརྟེན་ནས་བསླབ་པ་འཆའ་ བ་མཛད་པ་དང༌། བཟང་སྦྱིན་གྱིས་མི་ཚངས་པར་སྤྱད་པ་ལ་སོགས་པ་ནམ་ཡང་གང་ཟག་ གི་ཉེས་པ་གསོལ་བ་ན་སྟོན་པས་དགེ་འདུན་བསྡུས་ཏེ་དེང་ཕྱིན་ཆད་དགེ་སློང་གི་གནས་དེ་ ལྟ་བུའི་མི་བྱའོ་ཞེས་བཅས་པ་དང་ནི་བསླབ་པའི་གཞི་མདོར་བསྟན་ནས་དེ་རྣམས་ཕམ་པ་ལ་ 4-1-256 བཞི་དང་ལྷག་མ་ལ་བཅུ་གསུམ་དང་སྤང་ལྟུང་ལ་སུམ་ཅུ་ལ་སོགས་པའི་རབ་ཏུ་དབྱེ་བ་ཞིབ་ མོས་རྒྱས་པར་འཆད་པ་དང༌། ཡན་ལག་ཚང་ན་ལྟུང་བ་དངོས་གཞིར་འགྱུར་བ་དང་མ་ཚང་ ན་མི་འགྱུར་བ་དང༌། ལས་དང་པོ་ལ་ནི་ལྟུང་བ་མེད་ཅིང་བཅས་པ་དང་འགལ་ན་ལྟུང་བར་ འགྱུར་བ་ལ་སོགས་པས་གཏན་ལ་འབེབས་ཤིང་རྣམ་པར་ངེས་པར་བྱེད་པའི་ཕྱིར་ཏེ། ཆོས་ བཞི་སྟོན་པའི་སྒོ་ནས་ཀྱང་འདུལ་བ་ཉིད་ཅེས་བྱའོ། ། དེ་དག་ལ་བརྟེན་ནས་དམིགས་པ་རྙེད་པ་ཡོངས་སུ་ཚོལ་བ་ལ་གསུམ་ལས། དམིགས་ པའི་དབྱེ་བ་བསྟན་པ་ནི། དམིགས་པ་ཆོས་དང་ནང་དང་ནི། །ཕྱི་དང་གཉིས་ ནི་ཡིན་པར་འདོད། །བཤད་མ་ཐག་པའི་སྡེ་སྣོད་གསུམ་དང་གསུང་རབ་ཡན་ལག་ བཅུ་གཉིས་ནི་ལམ་གྱི་དམིགས་པ་ཡིན་པས་ཆོས་ཀྱི་དམིགས་པ་དང༌། འཆད་པར་འགྱུར་བ་ ལྟར་ནང་དང་ནི་ཕྱིའི་ལུས་དང་ཚོར་བ་དང་སེམས་དང་ཆོས་སམ་མིག་ལ་སོགས་པ་ནང་གི་ སྐྱེ་མཆེད་དྲུག་ནི་ནང་གི་དམིགས་པ་དང༌། གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་དྲུག་ནི་ཕྱིའི་ དམིགས་པ་དང༌། ཕྱི་ནང་གཉིས་ཀྱི་དེ་བཞིན་ཉིད་ཡོངས་གྲུབ་ཆོས་ཀྱི་དབྱིངས་ནི་དེ་བཞིན་ ཉིད་ཀྱི་དམིགས་པ་ཡིན་པར་འདོད་དོ། །ཆོས་ཉིད་དེ་བཞིན་ཉིད་ལ་ཁྱད་པར་མེད་ཀྱང༌། ཆོས་ཅན་ཕྱི་ནང་གཉིས་ཀྱི་དབྱེ་བ་བསྟན་པ་ནི་དཔེར་ན་ནམ་མཁའ་ལ་ཁྱད་པར་མེད་ཀྱང་ བུམ་པའི་ནམ་མཁའ་དང་ཀ་བའི་ནམ་མཁའ་ཞེས་བརྗོད་པ་བཞིན་ནོ། ། དོན་གྱི་དམིགས་པ་རྙེད་པའི་ཚུལ་ནི། དོན་གཉིས་ཀྱིས་ནི་གཉིས་པོ་རྙེད། ། གཉིས་པོ་དག་ནི་མི་དམིགས་པས། །ཡི་གེ་ཉུང་བས་ཕྱི་མ་གསུམ་གྱི་རྙེད་ཚུལ་ ཐོག་མར་འཆད་པ་ནི། གཞན་དབང་ཀུན་ཏུ་རྟོག་པ་དེ་ཉིད་གཟུང་འཛིན་གཉིས་སུ་སྣང་བ་ ཙམ་ཡིན་གྱི་དཔྱད་ན་གཟུང་བའི་དོན་ལས་འཛིན་པའི་དོན་ཐ་དད་དུ་བདེན་པར་མེད་པར་ མཐོང་བ་དང༌། འཛིན་པའི་དོན་ལས་གཟུང་བའི་དོན་ཐ་དད་དུ་བདེན་པ་མེད་པར་མཐོང་ 4-1-257 བའི་དོན་གཉིས་ཀྱིས་ནི་ནང་དང་ཕྱིའི་དམིགས་པ་གཉིས་པོའི་དོན་ཕྱིན་ཅི་མ་ལོག་པར་རྙེད་ ཅིང༌། ཕྱི་ནང་གཟུང་བ་དང་འཛིན་པ་གཉིས་པོ་དག་ནི་མི་དམིགས་པར་མངོན་སུམ་དུ་རྟོགས་ པས་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཀྱི་དམིགས་པ་རྙེད་པར་ཤེས་པར་བྱ་སྟེ། ལམ་དང་སྦྱར་ ན་སྦྱོར་ལམ་དྲོད་རྩེ་མོ་བཟོད་པ་གསུམ་དུ་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཏིང་ངེ་ འཛིན་རིམ་གྱིས་འཕེལ་བ་ལས་ཕྱིའི་དམིགས་པའི་གནས་ལུགས་རྙེད་ཅིང༌། ཆོས་མཆོག་ཏུ་ འཛིན་པའང་རང་བཞིན་མེད་པར་རྟོགས་ཏེ། དེ་མ་ཐག་མཐོང་ལམ་སྐྱེ་བས་ནང་གི་དམིགས་ པ་བདེན་མེད་དུ་རྙེད་ལ། ས་དང་པོར་མཐོང་ལམ་ཐོབ་པ་ཡན་ཆད་གཟུང་འཛིན་གཉིས་ཀྱིས་ སྟོང་བའི་ཆོས་ཉིད་མངོན་སུམ་དུ་རྟོགས་པས་དེ་བཞིན་ཉིད་ཀྱི་དམིགས་པ་རྙེད་པའོ། ། ཆོས་ཀྱི་དམིགས་པ་རྙེད་ཚུལ་ནི། ཡིད་ཀྱི་བརྗོད་པས་བཤད་བཞིན་དོན། ། རབ་དང་དོན་དུ་སྣང་བ་ནི། །བརྗོད་ལས་ཡིན་པར་རབ་འཛིན་ཕྱིར། ། སེམས་ནི་མིང་ལ་གནས་པའི་ཕྱིར། །དམིགས་པ་གསུམ་པོ་དེ་དག་གི་སྔོན་དུ་ ཡང་ཚོགས་ལམ་ནས་བརྩམས་ཏེ་ཐོས་བསམ་སྒོམ་གསུམ་རིམ་གྱིས་བྱས་པ་ལས་ཆོས་ཀྱི་ དམིགས་པ་རྙེད་པར་འགྱུར་ཏེ། དེ་ཡང་ཆོས་ཉན་པ་ན་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་ པའི་ཉན་ཤེས་ཀྱི་རྗེས་སུ་སྐྱེས་པའི་ཡིད་ཀྱི་བརྗོད་པ་སྟེ། ཡང་དག་པའི་རྟོག་པས་གཟུང་ འཛིན་རང་བཞིན་མེད་པ་ལ་སོགས་པ་གསུང་རབ་ལས་ཇི་སྐད་བཤད་པ་བཞིན་དུ་དོན་ལ་ རབ་ཏུ་དང་བ་སྟེ། མོས་པ་དང་ངེས་པ་ཐོབ་པའི་སྒོ་ནས་རབ་ཏུ་འཛིན་ཞིང་རྣམ་པར་འབྱེད་ པ་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཆོས་ཀྱི་དམིགས་པ་རྙེད་ཅིང༌། དེའི་རྗེས་ལ་དོན་ དུ་སྣང་བ་འདི་ནི་ཡིད་ཀྱི་བརྗོད་པ་ཀུན་ཏུ་རྟོག་པ་ཉིད་ལས་གཉིས་སུ་སྣང་བ་ཙམ་ཡིན་གྱི། གཟུང་འཛིན་ཕན་ཚུན་གཅིག་ལས་གཅིག་ཐ་དད་དུ་བདེན་པར་གྲུབ་པ་ནི་མེད་དོ་ཞེས་རབ་ ཏུ་འཛིན་ཞིང༌། རྣམ་པར་འབྱེད་པའི་ཕྱིར་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཆོས་ཀྱི་ 4-1-258 དམིགས་པ་རྙེད་ལ། དེའི་འོག་ཏུ་སེམས་འདི་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་ པར་ཤེས་པ་སྟེ། མིང་བཞིའི་ཕུང་པོ་ཙམ་དུ་རྟོགས་ཏེ། དེ་དག་གི་དེ་བཞིན་ཉིད་གཟུང་འཛིན་ གཉིས་ཀྱིས་སྟོང་པའི་དོན་ལ་རྩེ་གཅིག་ཏུ་གནས་པའི་ཕྱིར་བསྒོམས་པ་ལས་བྱུང་བའི་ཤེས་ རབ་ཀྱིས་ཆོས་ཀྱི་དམིགས་པ་རྙེད་པའོ། །ཐོས་ལ་སོགས་པའི་ཤེས་གསུམ་གྱིས། ། ཆོས་ཀྱི་དམིགས་པ་རྙེད་པར་འགྱུར། །དམིགས་པ་རྣམ་པ་གསུམ་རྙེད་ པ། །སྔར་བཤད་དེ་ལ་ཡང་དག་བརྟེན། །དེ་ལྟར་ན་ཆོས་ཟབ་མོ་ཐོས་པ་ལས་བྱུང་ བའི་ཤེས་རབ་དང༌། ལ་སོགས་པ་སྟེ་དེའི་དོན་བསམས་པ་ལས་བྱུང་བའི་ཤེས་རབ་དང༌། རྩེ་ གཅིག་ཏུ་བསྒོམས་པ་ལས་བྱུང་བའི་ཤེས་རབ་གསུམ་གྱིས་ཆོས་སྡེ་སྣོད་གསུམ་དང་གསུང་ རབ་ཡན་ལག་བཅུ་གཉིས་ཀྱི་དམིགས་པ་རྙེད་པར་འགྱུར་ཞིང༌། ནང་དང་ཕྱི་དང་དེ་བཞིན་ ཉིད་ཀྱི་དམིགས་པ་རྣམ་པ་གསུམ་རྙེད་པ་དེ་ཡང་སྔར་བཤད་པའི་ཆོས་ཀྱི་དམིགས་པ་དེ་ལ་ ཡང་དག་པར་བརྟེན་ནས་འབྱུང་བར་རིག་པར་བྱ་སྟེ། མདོར་ན་ཚོགས་ལམ་ནས་ཆོས་ཀྱི་ དམིགས་པ་དང་སྦྱོར་ལམ་ནས་ཕྱི་ནང་གི་དམིགས་པ་དང༌། མཐོང་ལམ་ནས་དེ་བཞིན་ཉིད་ ཀྱི་དམིགས་པ་རྙེད་པར་འགྱུར་བས་ཐོག་མར་སྡེ་སྣོད་གསུམ་གྱི་ཆོས་ལ་ཐོས་བསམ་སྒོམ་ གསུམ་གྱིས་འཇུག་པར་བྱའོ་ཞེས་པའི་དོན་ཏོ། ། དམིགས་པ་རྙེད་པ་དེ་དག་ཚུལ་བཞིན་ཡིད་ལ་བྱེད་པས་ཡོངས་སུ་ཚོལ་བ་ནི། ཚིགས་ སུ་བཅད་པ་ལྔས་རྣལ་འབྱོར་ཡིད་ལ་བྱེད་པ་བཅོ་བརྒྱད་སྟོན་པ་སྟེ། སྡོམ་ནི། རིགས་ངེས་ བྱ་བྱེད་རྟེན་དབྱེ་མོས་འདུན་བྱེད། །(༡)ཏིང་འཛིན་ལ་བརྟེན་ཤེས་པ་དང་མཚུངས་ལྡན། །(༢) འདྲེས་དང་མ་འདྲེས་ལ་དམིགས་ཡོངས་ཤེས་ངེས། །(༣)རྣམ་པ་མ་ཞུགས་ལམ་གཉིས་ཕན་ ཡོན་ནོ། །(༤)སྦྱོར་བ་དབང་བསྒྱུར་ཆུང་དང་ཆེན་པོའོ། །(༥)དེ་ཡང་ལྔ་དང་གཉིས་དང་གསུམ་ དང་བཞི་ཚན་གཉིས་ཏེ་ལྔ་ལས་དང་པོ་ལྔ་ནི། རིགས་གསུམ་པ་དང་བྱ་བ་བྱེད། 4-1-259 མི་གནོད་རྟེན་ཅན་གཞན་ཡིན་ཏེ། །མསོ་པ་འཇོག་པ་བྱེད་དང་གཞན། ། འདུན་པ་དྲག་པོར་བྱེད་པ་དང༌། །རིགས་ངེས་པ་ནི་རང་བཞིན་གྱི་རིགས་ལ་ཁྱད་ པར་མེད་ཀྱང་རྒྱས་འགྱུར་གྱི་རིགས་གསུམ་ལས་ཉན་ཐོས་ལ་སོགས་པ་ཐེག་པ་གསུམ་དུ་ རིགས་ངེས་པ་རྣམས་རང་རང་གི་སྡེ་སྣོད་ལ་མོས་པ་ཡིད་ལ་བྱེད་པ་དང༌། བྱ་བ་བྱེད་པ་ནི་ ལམ་ལ་ཞུགས་ནས་རང་རང་གི་ཐེག་པ་ལས་གསུངས་པ་ལྟར་ཚོགས་སོག་པའི་བྱ་བ་བྱེད་པ་ དང༌། རྟེན་རྣམ་པར་དབྱེ་བ་ནི་རྣམ་གཡེང་དང་འདུ་འཛི་ལ་སོགས་པས་མི་གནོད་པའི་རྟེན་ ཅན་རབ་ཏུ་འབྱུང་བའི་ཕྱོགས་དང༌། དེ་ལས་གཞན་གནོད་པ་སྣ་ཚོགས་དང་བཅས་པའི་རྟེན་ ཅན་ཁྱིམ་པའི་ཕྱོགས་ཡིན་ཏེ་དེ་དག་གི་ཁྱད་པར་ཡིད་ལ་བྱེད་པ་དང༌། མོས་པ་འཇོག་པར་ བྱེད་པ་ནི་དེ་བཞིན་གཤེགས་པ་རྟག་པའི་སྐུ་ཆོས་ཐམས་ཅད་ཀྱི་དབང་ཕྱུག་སྒྲིབ་པ་ཐམས་ ཅད་དང་བྲལ་བ་ཡོན་ཏན་ཐམས་ཅད་དང་ལྡན་པའོ། །ཞེས་སངས་རྒྱས་རྗེས་སུ་དྲན་པའི་ སྒོ་ནས་མོས་པ་དང་གུས་པ་ཆེན་པོ་རྒྱུད་ལ་འཇོག་པར་ཡིད་ལ་བྱེད་པ་དང༌། དེ་ལས་གཞན་ འདུན་པ་སྐྱེད་པར་བྱེད་པ་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་ཡིད་ཆེས་པའི་དད་པ་རབ་ ཏུ་དང་བ་དང་བཅས་པས་སངས་རྒྱས་ཐོབ་པར་འདོད་པའི་འདུན་པ་དྲག་པོ་ཡིད་ལ་བྱེད་པ་ དང༌། དེ་ནས་གཉིས་ནི། དམན་དང་རྫོགས་བརྟེན་རྣམ་པ་གཉིས། །བརྗོད་དང་ བཅས་དང་བརྗོད་མེད་ཉིད། །ཤེས་པ་དང་ནི་མཚུངས་ལྡན་པ། །རྣལ་ འབྱོར་རྒྱུ་བདག་བཅས་པ་དང༌། །ཏིང་ངེ་འཛིན་ལ་བརྟེན་པ་ནི་བསམ་གཏན་དང་ པོའི་ཉེར་བསྡོགས་ཏེ། ཡིད་ལ་བྱེད་པ་(སྔར་བཤད་པ་)བདུན་ལས་དང་པོ་དྲུག་གི་གནས་སྐབས་ དམན་པ་ལ་བརྟེན་པའི་ཏིང་ངེ་འཛིན་དང༌། དངོས་གཞི་སྟེ་བདུན་པ་སྦྱོར་བའི་མཐའི་འབྲས་ བུ་གནས་སྐབས་རྫོགས་པ་ལ་བརྟེན་པའི་ཏིང་ངེ་འཛིན་གང་ཡིན་པ་སྟེ། རྣམ་པ་གཉིས་པོ་དེ་ དག་ཀྱང་བསམ་གཏན་དང་པོའི་ཉེར་བསྡོགས་དང༌། དངོས་གཞི་ཙམ་པོ་ན་བརྗོད་པ་སྟེ་རྟོག་ 4-1-260 པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང༌། དངོས་གཞི་ཁྱད་པར་ཅན་ བརྗོད་པ་སྟེ་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཉིད་དང༌། བསམ་གཏན་གཉིས་ པ་ཡན་ཆད་ན་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་ཏེ་དེ་རྣམས་ཡིད་ལ་ བྱེད་པ་དང༌། ཤེས་པ་དང་མཚུངས་པར་ལྡན་པ་ནི། ཏིང་ངེ་འཛིན་ཞི་གནས་ཤེས་རབ་ལྷག་ མཐོང་གི་ཤེས་པ་དང་ནི་མཚུངས་ལྡན་དང་བཅས་པའི་རྣལ་འབྱོར་ཡིན་ལ། དེའི་རྒྱུ་ནི་ཐོས་ པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་དང་བཅས་པ་དང༌། དེའི་བདག་ཉིད་ནི་བསྒོམས་ པ་ལས་བྱུང་བའི་ཤེས་རབ་དང་བཅས་པ་ཡིད་ལ་བྱེད་པ་དང༌། དེ་ནས་གསུམ་ནི། དེ་ནི་ འདྲེས་ལ་དམིགས་པ་དང༌། །མ་འདྲེས་པ་ལ་དམིགས་པ་སྟེ། །རྣམ་པ་ ལྔ་དང་རྣམ་བདུན་ཉིད། །དེ་ཡི་ཡོངས་སུ་ཤེས་པ་ལྔ། །འདྲེས་པ་ལ་དམིགས་ པ་ནི་རྒྱས་པར་གསུངས་པ་རྣམས་ཀྱི་དོན་ནི་འདི་ཙམ་མོ་ཞེས་མདོ་ལ་དམིགས་པ་དང༌། དོན་ གྱི་རྣམ་གྲངས་མང་པོ་སྡེ་ཚན་དུ་བསྡུས་པ་སྡོམ་གྱི་ཚིགས་བཅད་ལ་དམིགས་པ་དང༌། གནས་ དང་འཁོར་ལ་སོགས་པའི་མཇུག་བསྡུས་ཏེ་གླེང་གཞིའོ་ཞེས་ཉེ་བར་གཏོད་པ་ལ་དམིགས་ པ་དང༌། མདོ་སྡེ་ལ་སོགས་པའི་དོན་རང་གིས་ཇི་སྙེད་བཟུང་བ་ལ་དམིགས་པ་དང༌། གཞན་ ལ་ཇི་སྙེད་བསྟན་པ་ལ་དམིགས་པ་སྟེ་ལྔ་པོ་དེ་རྣམས་ནི་མང་པོ་སྡོམ་པ་ཡིན་པས་འདྲེས་པ་ལ་ དམིགས་པ་ཡིད་ལ་བྱེད་པ་དང༌། མ་འདྲེས་པ་ལ་དམིགས་པ་ནི་རྗོད་བྱེད་གཟུགས་ལ་སོགས་ པའི་ངོ་བོ་ཙམ་སྟོན་པ་མིང་ལ་དམིགས་པ་དང༌། རྟག་མི་རྟག་ལ་སོགས་པ་ཁྱད་པར་སྟོན་ པ་ཚིག་ལ་དམིགས་པ་དང༌། དེ་དག་གི་གནས་ཨ་དང་ཀ་ལ་སོགས་པ་ཡི་གེ་ལ་དམིགས་པ་ དང༌། བརྗོད་བྱ་ཆོས་ཉིད་གང་ཟག་གི་བདག་མེད་པ་ལ་དམིགས་པ་དང་ཆོས་ཀྱི་བདག་མེད་ པ་ལ་དམིགས་པ་དང༌། ཆོས་ཅན་ནང་དང་ཕྱིའི་ལུས་ལ་སོགས་པ་གཟུགས་ཅན་གྱི་ཆོས་ལ་ དམིགས་པ་དང༌། ཚོར་བ་དང་སེམས་དང་ཆོས་ལ་སོགས་པ་གཟུགས་ཅན་མ་ཡིན་པའི་ཆོས་ 4-1-261 ལ་དམིགས་པ་སྟེ། བདུན་པོ་རྣམས་ནི་སོ་སོར་ཕྱེ་བ་ཡིན་པས་མ་འདྲེས་པ་ལ་དམིགས་པ་སྟེ། དེ་ལྟར་ན་འདྲེས་པ་ལ་དམིགས་པ་རྣམ་པ་ལྔ་དང༌། མ་འདྲེས་པ་ལ་དམིགས་པ་རྣམ་པ་བདུན་ ཉིད་ཡིད་ལ་བྱེད་པ་དང༌། ཡོངས་སུ་ཤེས་པ་ངེས་པ་ནི་ཡོངས་སུ་ཤེས་པར་བྱ་བའི་གཞི་སྡུག་ བསྔལ་ལ་སོགས་པའི་བདེན་པ་དང༌། ཡོངས་སུ་ཤེས་པར་བྱ་བའི་དོན་མི་རྟག་སྡུག་བསྔལ་ སྟོང་པ་བདག་མེད་ལ་སོགས་པའི་རྣམ་པ་དང༌། ཡོངས་སུ་ཤེས་པའི་ངོ་བོ་ལམ་དང༌། ཡོངས་ སུ་ཤེས་པའི་འབྲས་བུ་སྤང་བྱ་ལས་རྣམ་པར་གྲོལ་བ་དང༌། དེ་རབ་ཏུ་རིག་པ་རྣམ་པར་གྲོལ་ བའི་ཡེ་ཤེས་མཐོང་བ་སྟེ། དེ་ལྟ་བུར་གྱུར་པའི་ཡོངས་སུ་ཤེས་པ་ལྔ་ཡིད་ལ་བྱེད་པ་དང༌། དེ་ནས་བཞི་ནི། རྣམ་པ་སྒོམ་དང་ལྡན་པ་ནི། །བཞི་དང་སུམ་ཅུ་རྩ་ བདུན་ནོ། །དེ་ནི་ལམ་གཉིས་རང་བཞིན་ཏེ། །ཕན་ཡོན་གཉིས་དང་ནོད་ པ་དང༌། །སྒོམ་པའི་རྣམ་པ་ལ་ཞུགས་པ་ནི་མོས་སྤྱོད་ཀྱི་ས་ནས་གང་ཟག་ལ་རྟག་གཅིག་ རང་དབང་ཅན་ལ་སོགས་པའི་བདག་མེད་པའི་རྣམ་པ་སྒོམ་པ་དང༌། ཆོས་ལ་གཟུང་བ་དང་ འཛིན་པའི་བདག་མེད་པའི་རྣམ་པ་སྒོམ་པ་དང༌། མཐོང་ལམ་ནས་ཆོས་ཉིད་མངོན་སུམ་དུ་ མཐོང་བའི་རྣམ་པ་སྒོམ་པ་དང༌། སྒོམ་ལམ་ནས་མཐོང་ཟིན་ཤེས་པའི་རྣམ་པ་སྒོམ་པ་སྟེ་དེ་ ལྟར་ན་ངོ་བོའི་སྒོ་ནས་རྣམ་པ་སྒོམ་པ་དང་ལྡན་པ་ནི་བཞི་ཡིད་ལ་བྱེད་པ་དང༌། ཡང་རྣམ་ པའི་སྒོ་ནས་སུམ་ཅུ་རྩ་བདུན་ནོ། །ཞེས་པ་ནི་དྲན་པ་ཉེ་བར་བཞག་པ་བཞིའི་དུས་ན་ལུས་མི་ སྡུག་པ་དང་ཚོར་བ་སྡུག་བསྔལ་བ་དང་སེམས་མི་རྟག་པ་དང་ཆོས་བདག་མེད་པའི་རྣམ་པར་ སྒོམ་པ་དང༌། ཡང་དག་པར་སྤོང་བ་བཞིའི་དུས་ན་དགེ་བ་མ་སྐྱེས་པ་སྐྱེད་པ་ཐོབ་པའི་རྣམ་པ་ དང༌། སྐྱེས་པ་འཕེལ་བ་བསྟེན་པའི་རྣམ་པ་དང༌། མི་དགེ་བ་སྐྱེས་པ་སྤོང་བ་བསལ་བའི་རྣམ་ པ་དང༌། མ་སྐྱེས་པ་མི་སྐྱེད་པ་གཉེན་པོའི་རྣམ་པ་སྒོམ་པ་དང༌། རྫུ་འཕྲུལ་གྱི་རྐང་བ་བཞིའི་ དུས་ན་དགེ་བ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་ལམ་གོང་མ་ལ་འདུན་པ་ 4-1-262 སྐྱེད་པ་དང༌། རྣམ་གཡེང་དང་ཐེ་ཚོམ་གྱི་གཉེན་པོར་འབད་ཅིང་བརྩོན་འགྲུས་རྩོམ་པ་དང༌། རྒོད་པའི་གཉེན་པོར་དམིགས་རྣམ་ལ་སེམས་རབ་ཏུ་འཛིན་པ་དང༌། ཞུམ་པའི་གཉེན་པོར་ དམིགས་རྣམ་ལ་རབ་ཏུ་འཇོག་ཅིང་དཔྱོད་པའི་རྣམ་པར་སྒོམ་པ་དང༌། དབང་པོ་ལྔའི་དུས་ ན་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ལ་དད་ཅིང་ཡིད་ཆེས་པའི་རྣམ་པ་དང༌། ཡིད་ཆེས་ནས་ཐོབ་པའི་དོན་དུ་བརྩོན་པས་འབད་པའི་རྣམ་པ་དང༌། ལམ་གྱི་དམིགས་རྣམ་ དྲན་ཞིང་མི་བརྗེད་པའི་རྣམ་པ་དང༌། ཞི་གནས་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་གནས་ པའི་རྣམ་པ་དང༌། ལྷག་མཐོང་ཤེས་རབ་ལ་བརྟེན་ནས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་རྣམ་ པ་སྒོམ་པ་དང༌། སྟོབས་ལྔའི་དུས་ན་ཡིད་ལ་བྱེད་པ་ལྔ་པོ་དེ་རྣམས་མི་མཐུན་པའི་ཕྱོགས་ སྤངས་ཏེ་མ་དད་པ་ལ་སོགས་པས་མི་བརྫི་བའི་རྣམ་པ་སྒོམ་པ་དང༌། བྱང་ཆུབ་ཀྱི་ཡན་ལག་ བདུན་གྱི་དུས་ན་རྫོགས་པའི་བྱང་ཆུབ་རབ་ཏུ་སྣང་ཞིང་དྲན་པ་མི་བརྗེད་པའི་རྣམ་པ་དང༌། དེ་ཉིད་ལ་ཕྱིན་ཅི་མ་ལོག་པར་ཆོས་རབ་ཏུ་རྣམ་པར་འབྱེད་པའི་རྣམ་པ་དང༌། དེ་དག་ལ་སྤྲོ་ ཞིང་བརྩོན་པའི་རྣམ་པ་དང་དེ་དག་ལ་བརྟེན་ནས་ཡིད་བདེ་ཞིང་དགའ་བའི་རྣམ་པ་དང༌། ལུས་དང་སེམས་ཤིན་ཏུ་སྦྱངས་པས་ལས་སུ་རུང་བའི་རྣམ་པ་དང༌། ཏིང་ངེ་འཛིན་ལ་སེམས་ རྩེ་གཅིག་ཏུ་གནས་པའི་རྣམ་པ་དང༌། བྱིང་རྒོད་དང་བྲལ་བའི་བཏང་སྙོམས་མཉམ་པ་ཉིད་ ཀྱི་རྣམ་པ་སྒོམ་པ་དང༌། ལམ་གྱི་ཡན་ལག་བརྒྱད་ཀྱི་དུས་ན་ལྟ་བས་སྔར་ཐོབ་པའི་ལམ་རྣམ་ པར་ངེས་པའི་རྣམ་པ་དང༌། རྟོག་པས་ལམ་ཡོངས་སུ་སྦྱོང་བའི་ས་ཤེས་པའི་རྣམ་པ་དང༌། ངག་གིས་དེ་གཞན་ལ་གོ་བར་བྱེད་པའི་རྣམ་པ་དང༌། ལས་ཀྱི་མཐའ་འཕགས་པ་དགེས་པའི་ ཚུལ་ཁྲིམས་ལ་ཞུགས་པའི་རྣམ་པ་དང༌། འཚོ་བ་ཡོ་བྱད་བསྙུངས་པས་ཆོག་ཤེས་པའི་རྣམ་པ་ དང༌། རྩོལ་བ་ཐོབ་པའི་ལམ་གོམས་པ་ལ་སྤྲོ་བའི་རྣམ་པ་དང༌། དྲན་པ་ཆོས་ལ་གནས་པའི་ རྒྱུ་མཚན་མི་བརྗེད་པའི་རྣམ་པ་དང༌། ཏིང་ངེ་འཛིན་མཚན་མ་མེད་པ་ལ་སེམས་གནས་པས་ 4-1-263 གནས་ཡོངས་སུ་གྱུར་པའི་རྣམ་པ་སྒོམ་པ་སྟེ་རྒྱས་པར་འཆད་པར་འགྱུར་བ་ལྟར། བྱང་ཆུབ་ ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིད་ལ་བྱེད་པ་དང༌། ཞི་གནས་ལྷག་མཐོང་གི་རང་བཞིན་ ནི་སྔར་རྒྱ་ཆེར་བཤད་པ་དེ་རྣམས་ངོ་བོའི་སྒོ་ནས་ནི་སེམས་རྩེ་གཅིག་ཏུ་གནས་པ་ཞི་གནས་ ཀྱི་ལམ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པར་ལྷག་མཐོང་གི་ལམ་གཉིས་ཀྱི་རང་བཞིན་ཅན་ དུ་འདུ་བ་སྟེ། དེ་དག་ཡིད་ལ་བྱེད་པ་དང་ཕན་ཡོན་ནི། ཉེས་པར་སྤྱོད་པ་མཐའ་དག་བསྡམས་ པས་ལུས་དང་སེམས་ཀྱི་གནས་ངན་ལེན་སེལ་བ་དང་ལྟ་བ་ཕྱིན་ཅི་མ་ལོག་པ་རྟོགས་པས་ལྟ་ བ་ངན་པའི་མཚན་མ་སེལ་བའི་ཕན་ཡོན་གཉིས་པོ་དེ་དག་ཡིད་ལ་བྱེད་པ་དང༌། ནོད་པ་ནི་ ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ ལས་ལམ་གྱི་གདམས་ངག་ལེན་ཅིང་འཛིན་པའི་སྒོ་ནས་ནོད་པ་ཡིད་ལ་བྱེད་པ་དང༌། སླར་ཡང་བཞི་ནི། སྦྱོར་བ་པ་དང་དབང་བསྒྱུར་དང༌། །ཆུང་དང་རྒྱ་ཆེའི་ བདག་ཉིད་དེ། །རྣལ་འབྱོར་རྣམས་ཀྱི་ཡིད་བྱེད་འདི། །ཐམས་ཅད་བདག་ ཉིད་ཡིན་པར་འདོད། །སྦྱོར་བ་པ་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་མདོ་སྡེ་ལ་སོགས་ པའི་གསུང་རབ་འགའ་ཞིག་ལ་མིང་དང་ཚིག་དང་ཡི་གེའི་གྲངས་ཇི་སྙེད་ཅིག་ཡོད་དོ་ཞེས་ གྲངས་ལ་ཉེ་བར་རྟོག་པའི་སྦྱོར་བ་དང༌། (༡)གསུང་རབ་མཐའ་ཡས་པ་རྣམས་ཀྱང་ཡི་གེའི་ སྒོ་ནས་ཨཱ་ལི་བཅུ་དྲུག་དང་ཀཱ་ལི་སུམ་ཅུ་རྩ་བཞི་ལ་སོགས་པ་ཚད་ཡོད་པར་གནས་པ་དང༌། མིང་དང་ཚིག་གི་སྒོ་ནས་ཚད་མེད་པར་གནས་པ་སྟེ་གནས་པ་ཉེ་བར་རྟོག་པའི་སྦྱོར་བ་དང༌། (༢) བུམ་པ་ལ་སོགས་པའི་མིང་ལ་བརྟེན་ནས་དེའི་དོན་གོ་བ་དང༌། ལྟོ་ལྡིར་ལ་སོགས་པའི་ དོན་མཐོང་བ་ལས་དེའི་མིང་དྲན་པ་ཕན་ཚུན་ཀུན་ཏུ་རྟོག་པ་ཉེ་བར་རྟོག་པའི་སྦྱོར་བ་དང༌། (༣) གང་དང་གང་གི་མིང་འཛིན་པ་སྔོན་དུ་འགྲོ་བ་ལ་བརྟེན་ནས་དེ་དང་དེའི་དོན་ངེས་པ་ལ་ འཇུག་པ་རིམ་པ་ཉེ་བར་རྟོག་པའི་སྦྱོར་བ་དང༌། (༤) མིང་ཐམས་ཅད་གློ་བུར་དུ་སྒྲོ་བཏགས་ 4-1-264 པ་ཉིད་དུ་རྟོགས་པ་དང༌། དོན་དུ་སྣང་བའི་རྒྱུ་མཚན་རྟོག་པའི་བག་ཆགས་ཙམ་དུ་རྟོགས་པ་ དང༌། དེས་ན་གཟུང་བ་ཕྱི་རོལ་གྱི་དོན་མི་དམིགས་པར་རྟོགས་པ་དང༌། གཟུང་བ་མེད་པས་ འཛིན་པའང་མི་དམིགས་པར་རྟོགས་པ་དང༌། གཟུང་འཛིན་གཉིས་ཀ་དང་བྲལ་བའི་ཆོས་ཀྱི་ དབྱིངས་རྟོགས་པ་དང༌། རྟག་གཅིག་རང་དབང་ཅན་གང་ཟག་གི་བདག་མེད་པ་རྟོགས་པ་ དང༌། {གཟུང་འཛིན་ཆོས་ཀྱི་བདག་མེད་པར་རྟོགས་པ་དང༌། } བསམ་པ་དམན་པ་རང་དོན་ ཙམ་སེམས་པ་རྟོགས་པ་དང༌། ཡངས་ཤིང་རྒྱ་ཆེ་བ་གཞན་དོན་གྱི་བསམ་པ་རྟོགས་པ་དང༌། རང་གིས་ཇི་ལྟར་རྟོགས་པའི་ཆོས་རྣམ་གཞག་རྟོགས་པ་དང༌། དེ་གཞན་ལའང་སྟོན་ཚུལ་གྱི་ ཆོས་རྣམ་གཞག་རྟོགས་པ་སྟེ། བཅུ་གཅིག་ནི་རྟོགས་པའི་སྦྱོར་བ་པ་ཡིན་པས་དེ་ལྟར་ན་སྦྱོར་ བ་པ་ཡིད་ལ་བྱེད་པ་རྣམ་པ་ལྔ་དང༌། དབང་བསྒྱུར་བ་ནི་ཉོན་མོངས་པའི་སྒྲིབ་པ་ཤིན་ཏུ་རྣམ་ པར་དག་པས་སྤངས་པ་ཕུན་སུམ་ཚོགས་པ་ལ་དབང་བསྒྱུར་བ་དང༌། ཤེས་བྱའི་སྒྲིབ་པ་ཤིན་ ཏུ་རྣམ་པར་དག་པས་{རྟོགས་པ་ཕུན་སུམ་ཚོགས་པ་ལ་དབང་བསྒྱུར་བ་དང༌། ཡོན་ཏན་ མངོན་པར་སྒྲུབ་པ་ཤིན་ཏུ་རྣམ་པར་དག་པས་}སྟོབས་དང་མི་འཇིགས་པ་ལ་སོགས་པ་ལ་ དབང་བསྒྱུར་བ་སྟེ་རྣམ་པ་གསུམ་ཡིད་ལ་བྱེད་པ་དང༌། ཆུང་ངུ་ནི་ཉན་ཐོས་དང་རང་སངས་ རྒྱས་རྣམས་དང་མཐུན་པར་ཐེག་པ་ཆུང་ངུའི་དོན་ཡིད་ལ་བྱེད་པ་དང༌། ཆེན་པོ་ནི་བྱང་ཆུབ་ སེམས་དཔའ་རྣམས་དང་མཐུན་པར་ཐེག་པ་རྒྱ་ཆེན་པོའི་བདག་ཉིད་ཀྱི་དོན་ཡིད་ལ་བྱེད་ པ་སྟེ་རྣལ་འབྱོར་རྣམས་ཀྱི་ཡིད་ལ་བྱེད་པ་བཅོ་བརྒྱད་པོ་འདི་ནི་ཡིད་ལ་བྱེད་པ་ཐམས་ཅད་ བསྡུས་པའི་བདག་ཉིད་ཡིན་པའི་ཚུལ་གྱིས་ཆོས་ཡོངས་སུ་ཚོལ་བར་འདོད་ཅེས་པའོ། ། དེ་ལྟར་ཡིད་ལ་བྱས་པ་ལ་བརྟེན་ནས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བས་དོན་དམ་གྱི་ ཆོས་ཀྱི་དེ་ཁོ་ན་ཉིད་ནམ་མཁའ་ལ་སོགས་པ་ལྟར་ཡོངས་སུ་ཚོལ་བ་ལ་གཉིས་ལས། མཚན་ ཉིད་གསུམ་དང་སྦྱར་བ་ནི། རྟག་ཏུ་གཉིས་བྲལ་འཁྲུལ་པའི་རྟེན་གང་ཡིན་ 4-1-265 དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་པ་མིན་ཞིང་སྤསྲོ་པ་མེད་ པའི་བདག་ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་ གང་རྣམ་པར་སྦྱང་བྱ་སྟེ། །དེ་ནི་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་ མོངས་པ་ལས་རྣམ་དག་འདོད། །དུས་རྟག་ཏུ་གཟུང་འཛིན་གཉིས་དང་བྲལ་བ་ལ་ གཟུང་འཛིན་གཉིས་སུ་སྣང་བ་ཀུན་བཏགས་ཀྱི་དེ་ཁོ་ན་ཉིད་དང༌། གཟུང་འཛིན་གཉིས་སུ་ འཁྲུལ་པའི་གཞིའམ་རྟེན་དུ་གྱུར་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་མ་ཡིན་པ་གཞན་ དབང་གི་དེ་ཁོ་ན་ཉིད་དང༌། གང་ཞིག་རྣམ་པ་ཀུན་ཏུ་སྒྲས་བརྗོད་པར་ནུས་པ་མ་ཡིན་ཞིང་ ཡོད་མེད་ལ་སོགས་པའི་སྤྲོས་པ་མེད་པའི་བདག་ཉིད་ཡོངས་གྲུབ་ཀྱི་དེ་ཁོ་ན་ཉིད་རྣམས་ནི་ རིམ་པ་བཞིན་དུ། ཀུན་བཏགས་གཟུང་འཛིན་མེད་པ་ལ་མེད་པར་ཤེས་པར་བྱ་ཞིང༌། གཞན་ དབང་ཀུན་ཏུ་རྟོག་པ་ཙམ་དེ་སྤང་བར་བྱས་ནས་ཡོངས་གྲུབ་ཆོས་ཀྱི་དབྱིངས་རང་བཞིན་ གྱིས་རྣམ་པར་དག་ཅིང་དྲི་མ་མེད་པར་འདོད་པ་གང་ཡིན་པ་དེ་གློ་བུར་གྱི་དྲི་མ་ལས་རྣམ་ པར་སྦྱང་བར་བྱ་སྟེ། ཡོངས་གྲུབ་དེ་ནི་ནམ་མཁའ་སྤྲིན་དང་བྲལ་བ་དང་གསེར་ས་དང་བྲལ་ བ་དང་ཆུ་རྙོག་པ་དང་བྲལ་བ་ལྟར། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་སྤང་ བྱ་གློ་བུར་གྱི་དྲི་མ་ཉོན་མོངས་པ་ལས་ཀྱང་རྣམ་པར་དག་པས་དག་པ་གཉིས་ལྡན་དུ་འགྱུར་ བར་འདོད་པའོ། ། དེ་ཉིད་རྟོགས་པར་དཀའ་ཚུལ་ནི། འགྲོ་བ་དག་ན་དེ་ལས་གཞན་པའང་ ཅུང་ཟད་ཡོད་མིན་ལ། །འགྲོ་བ་མ་ལུས་པ་ཡང་དེ་ལ་ཀུན་ཏུ་རྨོངས་ པའི་བློ། །ཡོད་པ་ཀུན་ནས་སྤངས་ཏེ་མེད་ལ་མངོན་ཞེན་གང་ཡིན་པ། ། འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་འདི་ཀོ་ཇི་ལྟ་བུ། །ཆོས་ཉིད་ དེ་བཞིན་ཉིད་དེ་ཆོས་ཅན་ཐམས་ཅད་ལ་ཐ་དད་མེད་པར་གནས་པའི་ཕྱིར་འགྲོ་བ་དག་ན་ 4-1-266 ཡོངས་གྲུབ་ཆོས་ཀྱི་དབྱིངས་དེ་ལས་གཞན་དུ་དོན་དམ་པར་བདེན་པའང་ཅུང་ཟད་ཀྱང་ཡོད་ པ་མིན་ལ། སོ་སོ་སྐྱེ་བོའི་འགྲོ་བ་མ་ལུས་པ་ཡང་ཆོས་ཉིད་དེ་བཞིན་ཉིད་དེ་ལ་ཀུན་ཏུ་རྨོངས་ པའི་བློ་ཅན་དུ་གྱུར་པས་ཡོད་པ་ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་ནམ་མཁའ་ལྟར་ ཁྱབ་པར་གནས་པ་དེ་མཐོང་བ་ཀུན་ནས་སྤངས་ཏེ། མེད་པ་གློ་བུར་གྱི་དྲི་མ་ཀུན་རྫོབ་འཁྲུལ་ བའི་སྣང་བ་ལ་ཡོད་དོ་སྙམ་དུ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་འཇིག་རྟེན་པ་རྣམས་བློ་ རྨོངས་པའི་རྣམ་པ་ཚབས་ཆེན་པོར་གྱུར་པས་ཡོད་པ་མི་མཐོང་ཞིང་མེད་པ་མཐོང་བ་འདི་ཀོ་ ཇི་ལྟ་བུ་སྟེ་ཤིན་ཏུ་འཁྲུལ་པར་གྱུར་པའོ། །དེ་བས་ན་ཆོས་ཉིད་དོན་དམ་པའི་བདེན་པ་ནི་ ངེས་དོན་ཟབ་མོ་སྟོན་པའི་ལུང་རྣམ་དག་ལ་མངོན་པར་ཡིད་ཆེས་པའི་སྒོ་ནས་རྟོགས་པར་བྱ་ བ་ཉིད་དོ། ། ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་སྒྱུ་མ་ལ་སོགས་པ་ལྟར་ཡོངས་སུ་ཚོལ་བ་ལ་ལྔ་སྟེ། ཐུན་མོང་ དུ་བསྟན་པ། གནས་གྱུར་ལས་རྟོགས་ཚུལ། ཡོད་མེད་ཀྱི་དོན་བསྟན། སྤང་གཉེན་གྱིས་ བསྟན་པ། དཔེ་གཞན་ཡང་བསྡུ་བའོ། ། དང་པོ་ནི། ཇི་ལྟར་སྒྱུ་མ་ཇི་བཞིན་དུ། །ཡང་དག་མ་ཡིན་ཀུན་རྟོག་ བརྗོད། །སྒྱུ་མའི་རྣམ་པ་ཇི་ལྟ་བ། །དེ་བཞིན་གཉིས་སུ་འཁྲུལ་པ་བརྗོད། ། དཔེ་ཇི་ལྟར་ན་ཤིང་དང་བོང་བ་ལ་སོགས་པ་སྒྱུ་མའི་སྔགས་ཀྱིས་བཏབ་པ་དེ་རྟ་དང་གླང་ པོ་ལ་སོགས་པར་འཁྲུལ་པའི་གཞི་ཡིན་པ་ཇི་བཞིན་དུ་གཟུང་འཛིན་དུ་འཁྲུལ་པའི་གཞི་ [ལ་{འམ་}རྒྱུ་མཚན་དུ་གྱུར་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་གཞན་དབང་གི་ ངོ་བོ་ཉིད་ཡིན་པར་བརྗོད་ཅིང༌། སྔགས་དང་རྫས་ལ་བརྟེན་ནས་སྒྱུ་མའི་རྟ་དང་གླང་པོ་ལ་ སོགས་པའི་རྣམ་པར་སྣང་བ་ཇི་ལྟ་བ་དེ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་ ལ་བརྟེན་ནས་གཟུང་བ་དང་འཛིན་པ་གཉིས་སུ་འཁྲུལ་ཞིང་སྣང་བ་ནི་ཀུན་བཏགས་ཀྱི་ངོ་བོ་ 4-1-267 ཉིད་ཡིན་པར་བརྗོད་དོ། ། ཇི་ལྟར་དེ་ལ་དེ་མེད་པ། །དེ་བཞིན་དུ་ནི་དོན་དམ་འདོད། །ཇི་ལྟར་ དེ་ནི་དམིགས་པ་ལྟར། །དེ་བཞིན་དུ་ནི་ཀུན་རྫོབ་འདོད། །ཇི་ལྟར་ན་སྒྱུ་མའི་ རྫས་དེ་ལ་རྟ་གླང་ལ་སོགས་པ་བདེན་པ་དེ་མེད་པ་དེ་བཞིན་དུ་ནི་གཞན་དབང་དེ་ལ་ཀུན་ བཏགས་གཟུང་བ་དང་འཛིན་པ་བདེན་པར་མེད་པ་ཡང་གནས་སྐབས་ཀྱི་དོན་དམ་ཡིན་པར་ འདོད་ཅིང༌། ཇི་ལྟར་ན་སྒྱུ་མའི་རྟ་གླང་ལ་སོགས་པ་དེ་ནི་མེད་བཞིན་དུ་དམིགས་ཤིང་མཐོང་ བ་ལྟར། དེ་བཞིན་དུ་ནི་གཞན་དབང་ལ་བརྟེན་ནས་ཀུན་བཏགས་གཟུང་འཛིན་དུ་སྣང་བ་ ཡང་ཀུན་རྫོབ་འཁྲུལ་པའི་ཁྱད་པར་ཡིན་པར་འདོད་དོ། ། རྟོགས་ཚུལ་ནི། དེ་མེད་ན་ནི་དེ་ཡི་རྒྱུ། །གསལ་བར་དམིགས་པ་ཇི་ལྟ་ བར། །དེ་བཞིན་གནས་ནི་གཞན་གྱུར་ན། །ཡང་དག་མ་ཡིན་རྟོག་པ་ དམིགས། །སྒྱུ་མའི་སྔགས་ཀྱིས་འཁྲུལ་པར་བྱས་པ་དེ་མེད་ན་ནི་འཁྲུལ་པ་དེའི་རྒྱུ་ཤིང་དང་ བོང་བ་ལ་སོགས་གསལ་བར་དམིགས་པ་ཇི་ལྟ་བ་དེ་བཞིན་དུ། གཉིས་འཛིན་འཁྲུལ་པའི་ སྣང་བ་འགགས་ནས་གནས་ནི་གཞན་དུ་གྱུར་པ་འཕགས་པའི་ཡེ་ཤེས་ཐོབ་པ་ན། མཉམ་ གཞག་ཏུ་ཆོས་ཉིད་ཡོངས་གྲུབ་མངོན་སུམ་དུ་རྟོགས་ཤིང༌། རྗེས་ཐོབ་ཏུ་ཡང་དག་པ་མ་ཡིན་ པའི་ཀུན་ཏུ་རྟོག་པ་གཞན་དེ་ཡང་ཀུན་བཏགས་ཀྱིས་སྟོང་བར་དམིགས་ཤིང་གཟིགས་པ་ ཉིད་དོ། །ཇི་ལྟར་འཇིག་རྟེན་མ་འཁྲུལ་པ། །དེ་ཡི་རྒྱུ་ལ་འདོད་དགུར་སྤྱོད། ། དེ་བཞིན་སྡོམ་བརྩོན་མ་འཁྲུལ་པ། །གནས་གཞན་གྱུར་ལ་དགེས་ རྒུར་སྤྱོད། །ཇི་ལྟར་ན་འཇིག་རྟེན་པ་སྒྱུ་མ་མཁན་གྱིས་མིག་མ་བསླད་ཅིང་མ་འཁྲུལ་བ་ རྣམས་སྒྱུ་མ་དེའི་རྒྱུ་ཤིང་ལ་སོགས་པ་ལ་འདོད་དགུར་རང་དབང་དུ་སྤྱོད་པ་དེ་བཞིན་དུ། སྡོམ་བརྩོན་མ་འཁྲུལ་པ་འཕགས་པ་རྣམས་ཀྱང་གནས་གཞན་དུ་གྱུར་པའི་དོན་མ་ནོར་བ་ལ་ 4-1-268 དགེས་རྒུར་ལོངས་སྤྱོད་པ་ཉིད་དོ། ། ཡོད་མེད་ཀྱི་དོན་ལ། དཔེ་དང་དོན་དང་དགོས་པ་དང་བསྡུས་པ་སྟེ་བཞི་ལས། དཔེ་ ནི། དེ་ལྟ་བུ་ནི་དེ་ལ་ཡོད། །དེ་ཡི་དངོས་པོ་ཡོད་མ་ཡིན། །དེ་ལྟའི་སྒྱུ་མ་ ལ་སོགས་ལ། །ཡོད་དང་མེད་པ་ཉིད་དུ་བརྗོད། །རྟ་གླང་ལ་སོགས་པར་སྣང་བ་ ཙམ་དེ་ལྟ་བུ་ནི་སྒྱུ་མའི་རྫས་དེ་ལ་ཡོད་ཅིང་རྟ་གླང་ལ་སོགས་པ་དེའི་དངོས་པོར་བདེན་པ་ནི་ ཡོད་པ་མ་ཡིན་ཏེ། དེ་ལྟ་བས་ན་སྒྱུ་མ་དང་རྨི་ལམ་ལ་སོགས་པ་རྣམས་ལ་རྟ་གླང་ལ་སོགས་ སྣང་ཙམ་དུ་ཡོད་པ་དང༌། དེ་བཞིན་དུ་བདེན་པར་མེད་པ་ཉིད་དུ་བརྗོད་དོ། །དེ་ལ་ཡོད་ པ་མེད་མ་ཡིན། །མེད་པ་ཡོད་པ་ཉིད་མ་ཡིན། །སྒྱུ་མ་དག་ལ་སོགས་ པ་ལ། །ཡོད་མེད་ཁྱད་པར་མེད་པའང་བརྗོད། །དེ་ལ་རྟ་གླང་ལ་སོགས་པ་སྣང་ ཙམ་དུ་ཡོད་པ་དེ་མེད་པ་མ་ཡིན་ཞིང༌། དེའི་དངོས་པོར་བདེན་པ་མེད་པ་དེ་ཡོད་པ་ཉིད་ཀྱང་ མ་ཡིན་པས་སྒྱུ་མ་དང་རྨི་ལམ་དག་ལ་སོགས་པ་ལ་སྣང་ཙམ་དུ་ཡོད་པ་དང་བདེན་པར་མེད་ པ་དེ་དག་ཁྱད་པར་མེད་པའང་བརྗོད་དེ། སྣང་ཙམ་དུ་ཡོད་པ་དེ་ཉིད་བདེན་པར་མེད་པའང་ ཡིན་ལ། བདེན་པར་མེད་པ་དེ་ཉིད་སྣང་ཙམ་དུ་ཡོད་པའང་ཡིན་པའི་ཕྱིར་རོ། ། དོན་ནི། དེ་བཞིན་གཉིས་སྣང་དེ་ལ་ཡོད། །དེ་ཡི་དངོས་པོ་ཡོད་མ་ ཡིན། །དེ་ལྟའི་གཟུགས་ལ་སོགས་པ་ལ། །ཡོད་དང་མེད་པ་ཉིད་དུ་ བརྗོད། །དེ་བཞིན་དུ་གཟུང་འཛིན་གཉིས་སུ་སྣང་བ་ཙམ་དེ་ནི་གཞན་དབང་ཀུན་ཏུ་རྟོག་པ་ དེ་ལ་ཡོད་ཅིང༌། གཟུང་འཛིན་གཉིས་སུ་བདེན་པ་དེའི་དངོས་པོར་ནི་ཡོད་པ་མ་ཡིན་ཏེ། དེ་ ལྟ་བས་ན་གཟུགས་ལ་སོགས་པ་རྣམས་ལའང་སྣང་ཙམ་དུ་ཡོད་པ་དང་དེ་བཞིན་དུ་བདེན་པ་ མེད་པ་ཉིད་དུ་བརྗོད་དོ། ། དེ་ལ་ཡོད་པ་མེད་མ་ཡིན། །མེད་པ་ཡོད་པ་ཉིད་མ་ཡིན། །གཟུགས་ 4-1-269 ལ་སགོས་པ་དག་ལ་ནི། །ཡོད་མེད་ཁྱད་པར་མེད་པའང་བརྗོད། །དེ་ལ་ གཟུགས་སོགས་སྣང་ཙམ་དུ་ཡོད་པ་དེ་མེད་པ་མ་ཡིན་ཞིང༌། དེའི་དངོས་པོར་བདེན་པ་མེད་ པ་དེ་ཡོད་པ་ཉིད་ཀྱང་མ་ཡིན་པས་གཟུགས་ལ་སོགས་པ་དག་ལ་ནི་སྣང་ཙམ་དུ་ཡོད་པ་དང་ བདེན་པར་མེད་པ་དེ་དག་ཁྱད་པར་མེད་པའང་བརྗོད་དེ། གཟུང་འཛིན་སྣང་ཙམ་དུ་ཡོད་པ་ གང་ཡིན་པ་དེ་ཉིད་དེའི་དངོས་པོར་བདེན་པར་མེད་པ་ཡིན་པའི་ཕྱིར་རོ། ། དགོས་པ་ནི། སྒྲོ་འདོགས་པ་དང་སྐུར་བ་ཡི། །མཐའ་རྣམས་དགག་ པར་བྱ་ཕྱིར་དང༌། །ཐེག་པ་དམན་པས་འགྲོ་བ་དག །དགག་པར་བྱ་ ཕྱིར་འདོད་པ་ཡིན། །གཟུགས་སོགས་དོན་དམ་དུ་མེད་པ་ལ་མེད་པར་རིག་ནས་ཡོད་ པར་སྒྲོ་འདོགས་པའི་མཐའ་རྣམས་དགག་པར་བྱ་བའི་ཕྱིར་དང༌། སྣང་ཙམ་དུ་ཡོད་པ་ལ་ ཡོད་པར་རིག་ནས་རྒྱུ་འབྲས་ལ་སྐུར་བ་འདེབས་པའི་མཐའ་རྣམས་དགག་པར་བྱ་བའི་ཕྱིར་ དང༌། ཡོད་མེད་ཁྱད་པར་མེད་པར་རིག་ནས་འཁོར་བ་སྣང་ཙམ་དུ་ཡོད་པ་ལ་ཡིད་སྐྱོ་ནས་ ཐེག་པ་དམན་པས་མྱང་འདས་ཀྱི་མཐར་འགྲོ་བ་དག་དགག་པར་བྱ་བའི་ཕྱིར་དང༌། ཡོད་པ་ དང་མེད་པ་དང་ཡོད་མེད་ཁྱད་པར་མེད་པ་རྣམས་བསྟན་པར་འདོད་པ་ཡིན་ནོ། ། བསྡུ་བ་ནི། འཁྲུལ་པའི་རྒྱུ་དང་འཁྲུལ་པ་ནི། །གཟུགས་ཀྱི་རྣམ་པར་ རིག་པ་དང༌། །གཟུགས་ཅན་མིན་རྣམ་རིག་པར་འདོད། །མེད་ཕྱིར་ཅིག་ ཤོས་ཀྱང་མེད་འགྱུར། །འཁྲུལ་པའི་རྒྱུ་དང་འཁྲུལ་པའི་ངོ་བོ་ནི་རིམ་པ་བཞིན་དུ་སྦྱར་ ཏེ། གཟུགས་སོགས་དོན་ལ་མེད་བཞིན་དུ་ཡོད་པར་འཛིན་པ་འཁྲུལ་པའི་རྒྱུ་ནི་སྔོན་པོ་ལ་ སོགས་པར་སྣང་བ་གཟུགས་སོགས་ཡུལ་གྱི་རྣམ་པར་རིག་པ་ཙམ་ཡིན་པ་དང༌། འཁྲུལ་པའི་རང་གི་ངོ་བོ་ནི་མིག་ཤེས་ལ་སོགས་པ་གཟུགས་ཅན་མིན་པའི་རྣམ་པར་ རིག་པར་ཙམ་དུ་འདོད་པས། དེ་དག་ཀྱང་ཕན་ཚུན་ལྟོས་ནས་བཞག་པ་ཡིན་གྱི་དཔྱད་ན་ 4-1-270 གཟུགས་སོགས་ཡུལ་གྱི་རྣམ་པར་རིག་པ་མེད་པའི་ཕྱིར་ཅིག་ཤོས་གཟུགས་ཅན་མ་ཡིན་པ་ ཡུལ་ཅན་གྱི་རྣམ་པར་རིག་པ་རྣམས་ཀྱང་བདེན་པར་མེད་པར་འགྱུར་ཏེ། རྒྱུ་མེད་ན་འབྲས་ བུ་མི་འབྱུང་བའི་ཕྱིར་རོ། ། སྤང་གཉེན་གྱིས་བསྟན་པ་ལའང༌། དཔེ་དང་དོན་དང་དགོས་པ་སྟེ་གསུམ་ལས། དཔེ་ ནི། སྒྱུ་མའི་གླང་པོའི་གཟུགས་འཛིན་པ། །འཁྲུལ་ཕྱིར་གཉིས་སུ་བརྗོད་ པ་སྟེ། །དེ་ལ་ཇི་བཞིན་གཉིས་མེད་ཀྱང༌། །གཉིས་པོ་དག་ཏུ་ཉེ་བར་ དམིགས། །སྒྱུ་མའི་གླང་པོ་ཆེའི་གཟུགས་འཛིན་[པའི་ཤེས་པ་{པ་}དེ་ནི་སྔགས་དང་རྫས་ ཀྱིས་འཁྲུལ་པར་བྱས་པའི་ཕྱིར། གཟུང་བའི་ཡུལ་གླང་པོ་དང་དེ་འཛིན་པའི་ཤེས་པ་གཉིས་ སུ་བརྗོད་པ་སྟེ། དེ་ལ་སྣང་བ་ཇི་ལྟ་བ་བཞིན་དུ་གཟུང་འཛིན་གཉིས་སུ་བདེན་པར་མེད་ ཀྱང་འཁྲུལ་པའི་བར་ལ་གཟུང་འཛིན་གཉིས་པོ་དག་ཏུ་ཉེ་བར་དམིགས་པ་ནི་འཇིག་རྟེན་ལ་ གྲགས་པའམ་ཀུན་ནས་ཉོན་མོངས་ཀྱི་དཔེའོ། ། ཀེང་རུས་ཀྱི་ནི་གཟུགས་འཛིན་པ། །འཁྲུལ་ཕྱིར་གཉིས་སུ་བརྗོད་ པ་སྟེ། །དེ་ལ་ཇི་བཞིན་གཉིས་མེད་ཀྱང༌། །གཉིས་པོ་དག་ཏུ་ཉེ་བར་ དམིགས། །མི་སྡུག་པ་སྒོམ་པའི་{ཕྱོགས་ཐམས་ཅད་}ཏིང་ངེ་འཛིན་གྱི་ཡུལ་དུ་ཕྱོགས་ ཐམས་ཅད་ཀེང་རུས་ཀྱི་ནི་གཟུགས་སུ་སྣང་བ་འཛིན་པའི་ཤེས་པ་དེ་ཡང་བརྟགས་ནས་ འཁྲུལ་པར་བྱས་པའི་ཕྱིར། ཡུལ་དང་ཡུལ་ཅན་གཉིས་སུ་བརྗོད་པ་སྟེ། དེ་ལ་སྣང་བ་ཇི་ལྟ་བ་ བཞིན་དུ་གཟུང་འཛིན་གཉིས་མེད་ཀྱང་བཏགས་པའི་བར་ལ་གཟུང་འཛིན་གཉིས་པོ་དག་ཏུ་ ཉེ་བར་དམིགས་པ་ནི་གསུང་རབ་ལ་གྲགས་པའམ་རྣམ་བྱང་གི་དཔེའོ། ། དོན་ནི། འཁྲུལ་པའི་མཚན་ཉིད་ཆོས་གང་ཡིན། །དེ་བཞིན་ཡོད་དང་ དེ་བཞིན་མེད། །ཡོད་མེད་ཁྱད་པར་མེད་པའི་ཕྱིར། །ཡོད་དང་མེད་དང་ 4-1-271 སྒྱུ་མ་འདྲ། །སྤང་བྱ་མི་མཐུན་པའི་ཕྱོགས་འཁྲུལ་པའི་མཚན་ཉིད་ཅན་གྱི་ཆོས་གཟུང་ འཛིན་གཉིས་སུ་སྣང་བ་གང་ཡིན་པ་དེ་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་དེ་ བཞིན་དུ་ཡོད་པས་ཡོད་པ་ཡང་ཡིན་པ་དང༌། གཟུང་བ་དང་འཛིན་པར་ཀུན་བཏགས་པ་དེ་ བཞིན་དུ་མེད་པས་མེད་པ་ཡང་ཡིན་ཏེ། དེ་ལྟར་ན་སྣང་ཙམ་དུ་ཡོད་པ་དང་དོན་དམ་དུ་མེད་ པ་དེ་ཉིད་ཁྱད་པར་མེད་པའི་ཕྱིར། ཡོད་པ་དང་མེད་པ་དང་དེ་གཉིས་ཁྱད་པར་མེད་པའི་ཚུལ་ ནི་སྔར་བཤད་པའི་སྒྱུ་མ་དང་འདྲ་བའོ། ། གཉེན་པོའི་ཆོས་ནི་གང་ཡིན་པ། །དེ་བཞིན་མེད་དང་དེ་བཞིན་ ཡོད། །དེ་བཞིན་མེད་ཕྱིར་མཚན་ཉིད་མེད། །སྒྱུ་མ་དང་ཡང་འདྲ་བར་ བསྟན། །གཉེན་པོ་ལམ་གྱི་ཆོས་ནི་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་གང་ཡིན་པ་དེ་ དག་ཀྱང་བྱིས་པས་གཟུང་བ་དེ་བཞིན་དུ་བདེན་པའི་མཚན་ཉིད་མེད་པའི་ཕྱིར་དང༌། སངས་ རྒྱས་ཀྱིས་ཇི་སྐད་བཤད་པ་དེ་བཞིན་དུ་གཉེན་པོའི་ངོ་བོར་ཡོད་པའི་ཕྱིར་དང༌། འབྲས་བུའི་ ཆོས་བཅོམ་ལྡན་འདས་ཀྱིས་ལྷུམས་སུ་འཇུག་པ་དང་བལྟམས་པ་དང་མངོན་པར་རྫོགས་ པར་བྱང་ཆུབ་པ་ལ་སོགས་པར་བསྟན་པ་རྣམས་ཀྱང་བྱིས་པས་བཟུང་བ་དེ་བཞིན་དུ་མེད་ པའི་ཕྱིར་བདེན་པའི་མཚན་ཉིད་མེད་པ་དང་སྣང་ཙམ་དུ་ཡོད་པ་ལྟ་བུར་ཡང་བསྟན་པའི་ ཕྱིར། ཡོད་མེད་ཀྱི་ཚུལ་ནི་སྔར་བཤད་པའི་སྒྱུ་མ་དང་ཡང་འདྲ་བར་བསྟན་ཏོ། ། དགོས་པ་ནི། སྒྱུ་མའི་རྒྱལ་པོས་སྒྱུ་མ་ཡི། །རྒྱལ་པོ་གཞན་ཞིག་ཕམ་ པ་ལྟར། །གང་དག་གིས་ནི་ཆོས་མཐོང་བའི། །རྒྱལ་སྲས་དེ་དག་ང་རྒྱལ་ མེད། །དཔེར་ན་སྒྱུ་མའི་རྒྱལ་པོས་རང་ལས་གཞན་པའི་སྒྱུ་མའི་རྒྱལ་པོ་གཞན་ཞིག་ཕམ་ པར་བྱས་ཀྱང་ང་རྒྱལ་མེད་པ་ལྟར་གཉེན་པོའི་ཆོས་ནི་ཀུན་ནས་ཉོན་མོངས་པ་འཇོམས་པ་ལ་ དབང་བྱེད་པས་རྒྱལ་པོ་ལྟ་བུ་དང༌། སྤང་བྱའི་ཆོས་ཀྱང་ཉོན་མོངས་པའི་འབྲས་བུ་འགྲུབ་པ་ 4-1-272 ལ་དབང་བྱེད་པས་རྒྱལ་པོ་ལྟ་བུ་སྟེ། རྒྱལ་པོས་རྒྱལ་པོ་འབེབས་པ་དང་འདྲ་བར་གང་དག་ གིས་ནི་གཉེན་པོའི་ཆོས་སྒྱུ་མ་ལྟ་བུས་སྤང་བྱའི་ཆོས་སྒྱུ་མ་ལྟ་བུ་འཇོམས་པར་མཐོང་བའི་ རྒྱལ་སྲས་དེ་དག་སྤང་བྱ་ལས་རྒྱལ་ཡང་ང་རྒྱལ་མེད་པར་འགྱུར་བའོ། ། དཔེ་གཞན་ཡང་བསྡུ་བ་ནི། སངས་རྒྱས་རྣམ་སངས་རྒྱས་མཆོག་རྣམས་ ཀྱིས་དེ་དང་དེ་ལས་འདུས་བྱས་རྣམས། །གསུངས་པ་སྒྱུ་མ་རྨི་ལམ་ སྨིག་རྒྱུ་གཟུགས་བརྙན་དང་འདྲ་མིག་ཡོར་དང༌། །བྲག་ཅ་ལྟ་བུ་དང་ ནི་ཆུ་ཟླའི་གཟུགས་འདྲ་སྤྲུལ་དང་འདྲར་ཤེས་བྱ། །དྲུག་དང་དྲུག་དང་ གཉིས་དང་དྲུག་ཚན་གཉིས་དང་གསུམ་པོ་རེ་རེར་འདོད། །རྫོགས་པའི་ སངས་རྒྱས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྣམ་པར་སངས་རྒྱས་པ་ཉན་རང་ལ་སོགས་པ་ ལས་མཆོག་ཏུ་གྱུར་པ་རྣམས་ཀྱིས། གསུང་རབ་མཐའ་ཡས་པ་དེ་དང་དེ་ལས་འདུས་བྱས་ ཀྱི་ཆོས་རྣམས་{ཐམས་ཅད་}སྒྱུ་མ་{ལྟ་བུ་}ནས་སྤྲུལ་པ་ལྟ་བུ་ཞེས་བྱ་བའི་བར་དུ་གསུངས་ པ་དེ་ལ་མིག་ལ་སོགས་པ། ནང་དབང་པོའི་སྐྱེ་མཆེད་དྲུག་ནི་བདག་དང་སྲོག་ལ་སོགས་པ་ མེད་བཞིན་དུ་ཡུལ་ལ་ལོངས་སྤྱོད་པར་སྣང་བས་སྒྱུ་མའི་སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པ་ལྟ་བུ་ དང༌། གཟུགས་ལ་སོགས་པ་ཕྱི་ཡུལ་གྱི་སྐྱེ་མཆེད་དྲུག་ནི་བདེན་པར་མེད་བཞིན་དུ་ཉེ་བར་ སྤྱད་པར་བྱ་བར་སྣང་བས་རྨི་ལམ་གྱི་ལོངས་སྤྱོད་ལྟ་བུ་དང༌། སེམས་དང་སེམས་ལས་བྱུང་ བའི་ཆོས་གཉིས་ནི་གཟུང་འཛིན་དུ་འཁྲུལ་པའི་གཞི་ཡིན་པས་སྨིག་རྒྱུ་ལ་ཆུར་འཁྲུལ་པ་ལྟ་ བུ་དང༌། ཡང་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག་ནི་སྔོན་གྱི་ལས་ཀྱི་གཟུགས་བརྙན་ ཡིན་པས་མེ་ལོང་ནང་གི་གཟུགས་བརྙན་དང་འདྲ་བ་དང༌། གཟུགས་ལ་སོགས་པ་ཕྱིའི་སྐྱེ་ མཆེན་དྲུག་ནི་གདུགས་ཕུབ་པའི་དབང་གིས་གྲིབ་མ་འབྱུང་བ་ལྟར་ནང་གི་སྐྱེ་མཆེད་རྣམས་ ཀྱི་དབང་གིས་བྱུང་བའི་གྲིབ་མའམ་མིག་ཡོར་ལྟ་བུ་དང༌། དེ་བཞིན་གཤེགས་པས་བཤད་ 4-1-273 པའི་ཆོས་རྣམས་ནི་ཀུན་སློང་དང་འབད་རྩོལ་མེད་བཞིན་དུ་གདུལ་བྱའི་རྣ་བར་གྲགས་པས་ བྲག་ཅའི་སྒྲ་ལྟ་བུ་དང་ནི་ཟད་པར་དང་ཟིལ་གནོན་ལ་སོགས་པའི་ཏིང་ངེ་འཛིན་དང་བ་ལ་ སྣང་བའི་གཟུགས་རྣམས་ནི་ཆུ་དྭངས་བ་ལ་ཤར་བའི་ཟླ་བའི་གཟུགས་འདྲ་བ་དང༌། བྱང་ ཆུབ་སེམས་དཔའ་རྣམས་བསམས་བཞིན་དུ་སྲིད་པར་སྐྱེ་བ་ལེན་པ་ནི་ཀུན་ནས་ཉོན་མོངས་ པ་མེད་པར་བྱ་བ་ཐམས་ཅད་ལ་འཇུག་པས་སྤྲུལ་བ་དང་འདྲ་བར་ཤེས་པར་བྱ་སྟེ། དེ་ལྟར་ན་ དབང་པོ་དྲུག་ནི་སྒྱུ་མ་ལྟ་བུ་དང་ཡུལ་དྲུག་ནི་རྨི་ལམ་ལྟ་བུ་དང༌། སེམས་སེམས་བྱུང་གཉིས་ ནི་སྨིག་རྒྱུ་ལྟ་བུ་དང༌། དབང་པོ་དང་ཡུལ་དྲུག་ཚན་གཉིས་ནི་རིམ་པ་བཞིན་དུ་གཟུགས་ བརྙན་དང་མིག་ཡོར་ལྟ་བུ་དང༌། བཤད་པའི་ཆོས་དང་ཏིང་ངེ་འཛིན་གྱི་གཟུགས་དང་ བསམས་བཞིན་དུ་སྐྱེ་བའི་དོན་གསུམ་པོ་བྲག་ཅ་དང་ཆུ་ཟླ་དང་སྤྲུལ་པའི་དཔེ་རེ་རེ་དང་སྦྱར་ ནས་བཤད་ཟིན་པར་འདོད་ཅེས་པའོ། ། ཐུན་མོང་དུ་ཤེས་བྱ་ཡོངས་སུ་ཚོལ་བ་ནི། ཡང་དག་མིན་རྟོག་ཡང་དག་མིན། ། ཡང་དག་མ་ཡིན་མིན་མི་རྟོག །རྟོག་མིན་མི་རྟོག་མ་ཡིན་པ། །ཤེས་བྱ་ ཐམས་ཅད་ཡིན་པར་བརྗོད། །ཡང་དག་པ་མིན་པའི་རྣམ་པར་རྟོག་པ་ནི་ལམ་ལ་མ་ ཞུགས་པས་འཇིག་རྟེན་ལས་འདས་པ་དང་རྗེས་སུ་མཐུན་པ་མ་ཡིན་པ་ཁམས་གསུམ་པའི་ སེམས་དང་སེམས་ལས་བྱུང་བ་གཟུང་འཛིན་གྱི་རྣམ་པ་ཅན་རྣམས་དང༌། ངོ་བོ་[འཇིག་རྟེན་ {འཛིན་}པ་ཡིན་པས་ཡང་དག་པ་མིན་ཞིང་འཇིག་རྟེན་ལས་འདས་པས་ཡེ་ཤེས་ཀྱི་རྒྱུ་བྱེད་ པས་ཡང་དག་པ་མ་ཡིན་པ་ཡང་མིན་པ་ནི་ཚོགས་ལམ་ནས་ངེས་འབྱེད་ཆ་མཐུན་གྱི་བར་གྱི་ རྟོག་པ་དང༌། རྣམ་པར་མི་རྟོག་པ་ནི་ཆོས་ཉིད་དེ་བཞིན་ཉིད་དང་འཇིག་རྟེན་ལས་འདས་པའི་ མཉམ་བཞག་འཕགས་པའི་ཡེ་ཤེས་དང༌། གཟུང་འཛིན་དུ་ཞེན་པ་མེད་པས་རྟོག་པའང་མིན་ ཞིང༌། གཟུང་འཛིན་དུ་སྣང་བ་ཙམ་ཡོད་པས་མི་རྟོག་པ་ཡང་མ་ཡིན་པ་ནི་འཇིག་རྟེན་ལས་ 4-1-274 འདས་པའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཏེ་བཞི་པོ་དེ་རྣམས་ཡུལ་དང་བཅས་པར་ནི་[འཇིག་ རྟེན་{ཏིང་ངེ་འཛིན་}དང་འཇིག་རྟེན་ལས་འདས་པའི་ཤེས་བྱ་ཐམས་ཅད་འདུས་པ་ཡིན་པར་ བརྗོད་དོ། ། ཁྱད་པར་དུ་ཉོན་མོངས་རྣམ་བྱང་ཡོངས་སུ་ཚོལ་བ་ལ་གཉིས་ལས། ཀུན་ནས་ཉོན་ མོངས་བཙལ་བ་ནི། རང་གི་ཁམས་ལས་གཉིས་སྣང་ཞིང༌། །མ་རིག་ཉོན་ མོངས་ལྷན་ཅིག་ཏུ། །འཇུག་པའི་རྣམ་རྟོག་རབ་འབྱུང་སྟེ། །རྫས་གཉིས་ རྣམ་པར་སྤངས་པ་ཡིན། །རྒྱུ་རང་གི་ཁམས་ཏེ་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་ གཟུང་འཛིན་གྱི་བག་ཆགས་ཅན་ལས། གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་གཉིས་སུ་ སྣང་ཞིང་དེ་ཡང་གྲོགས་གཙོ་བོར་གྱུར་པ་མ་རིག་པ་དང༌། ཕལ་པ་འདོད་ཆགས་ལ་སོགས་པ་ རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་ལྷན་ཅིག་ཏུ་འཇུག་པའི་རྣམ་པར་རྟོག་པར་རབ་ ཏུ་འབྱུང་སྟེ། དེ་དག་ལ་བརྟེན་ནས་ཟག་པ་དང་བཅས་པའི་ལས་བསགས་པས་འཁོར་བར་ སྡུག་བསྔལ་མྱོང་བ་ཡིན་ལ། དོན་དམ་པར་གཟུང་བ་དང་འཛིན་པའི་རྫས་གཉིས་བདེན་པར་ གྲུབ་པ་རྣམ་པར་སྤངས་པ་ཡིན་པས། དེ་ལྟར་ཤེས་པའི་སྒོ་ནས་འཁོར་བ་སྤོང་བའི་ཐབས་ལ་ འབད་པར་བྱའོ། ། རྣམ་པར་བྱང་བ་བཙལ་བ་ནི། དམིགས་པའི་ཁྱད་པར་ཐོབ་པ་ནི། །རང་གི་ དབྱིངས་ལ་གནས་ལྡན་ཕྱིར། །དེ་ཉིད་གཉིས་སུ་སྣང་མེད་པར། །འཇུག་ སྟེ་ལྤགས་དང་མདའ་བཞིན་ནོ། །སྔར་བཤད་པ་ལྟར་ཆོས་ཀྱི་དམིགས་པ་ལ་བརྟེན་ ནས་ཕྱི་ནང་དང་དེ་བཞིན་ཉིད་ཀྱི་དམིགས་པའི་ཁྱད་པར་ཐོབ་པ་གང་ཡིན་པ་དེ་ནི་རང་གི་ ཚུལ་བཞིན་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའི་དབྱིངས་དེ་བཞིན་ཉིད་ལ་དམིགས་ནས་ མོས་སྤྱོད་ཀྱི་སར་མིང་བཞིའི་ཕུང་པོའི་ཆོས་ཉིད་ལ་སྤྱིའི་རྣམ་པ་དང་མཐོང་ལམ་དུ་མངོན་ 4-1-275 སུམ་དུ་རྟོགས་པའི་ཚུལ་གྱིས་གནས་ཤིང༌། སྒོམ་ལམ་དུ་ཡང་ཡང་གོམས་པ་དང་ལྡན་པར་ བྱས་པའི་ཕྱིར། མི་སློབ་ལམ་དུ་གནས་ཡོངས་སུ་གྱུར་པའི་ཚུལ་གྱིས་རྣམ་པར་རྟོག་པ་དེ་ཉིད་ གཟུང་འཛིན་གཉིས་སུ་སྣང་བ་མེད་པར་འཇུག་སྟེ། དཔེར་ན་ལྤགས་པ་གྱོང་པོ་ཆུ་དང་སྣུམ་ གྱིས་བསྐུས་ཏེ་མཉེས་པ་ལས་མཉེན་པོར་འགྱུར་བ་བཞིན་དུ། ཚུལ་མིན་རྣམ་རྟོག་གིས་གྱོང་ པོར་གྱུར་པའི་སེམས་ཞི་གནས་ཀྱི་ཆུས་མཉེན་ཞིང་ལས་སུ་རུང་བར་བྱས་ཏེ་སེམས་རྣམ་པར་ གྲོལ་བ་དང༌། མདའ་སྨྱུག་འཁྱོག་པོ་མེས་བསྲོས་ཏེ་བསྲང་བ་ལས་དྲང་པོར་འགྱུར་བ་བཞིན་ ཏུ་གཏི་མུག་གི་དབང་གིས་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་ལྷག་མཐོང་གི་མེས་བསྲོས་ཏེ་བསྲང་ བས་ཤེས་རབ་རྣམ་པར་གྲོལ་བ་ཐོབ་པར་ཤེས་པའི་སྒོ་ནས་མྱ་ངན་ལས་འདས་པ་སྒྲུབ་པར་ བྱེད་པ་ཡིན་ནོ། ། དེ་དག་ཀྱང་རྣམ་པར་རིག་པ་ཙམ་དུ་ཡོངས་སུ་ཚོལ་བ་ནི། སེམས་ནི་གཉིས་སུ་ སྣང་བ་སྟེ། །དེ་བཞིན་ཆགས་སོགས་སྣང་བའམ། །དད་ལ་སོགས་པར་ སྣང་བར་འདོད། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །སེམས་རྣམ་པར་རིག་ པ་ཙམ་འདི་ནི་གཟུང་བར་བྱ་བའི་ཡུལ་དང་འཛིན་པར་བྱེད་པའི་ཡུལ་ཅན་གཉིས་སུ་སྣང་བ་ སྟེ། དེ་བཞིན་དུ་སེམས་ཙམ་པོ་འདི་ཉིད་རེས་འགའ་འདོད་ཆགས་ལ་སོགས་པ་ཀུན་ནས་ ཉོན་མོངས་པར་སྣང་བའམ། རེས་འགའ་དད་པ་ལ་སོགས་པ་རྣམ་པར་བྱང་བར་ཡང་སྣང་ བར་འདོད་ལ། དེ་དག་ཏུ་སྣང་བ་ཙམ་ལས་གཞན་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་ བྱང་བ་དགེ་བའི་ཆོས་ཀྱི་མཚན་ཉིད་ཅན་ལོགས་ན་ཡོད་པ་མ་ཡིན་ཏེ། གཉིས་སུ་སྣང་བས་ གཞན་པའི་གཉིས་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ། ། སེམས་ནི་སྣ་ཚོགས་སྣང་བ་དང༌། །རྣམ་པ་སྣ་ཚོགས་ཅན་དུ་འཇུག ། དེ་ལ་སྣང་དེ་ཡོད་དང་མེད། །དེ་ཕྱིར་ཆོས་ནི་མ་ཡིན་ནོ། །སེམས་འདི་ནི་ 4-1-276 རྣམ་གྲངས་ཀྱིས་འདོད་ཆགས་སམ་ཞེ་སྡང་ངམ་གཏི་མུག་ལ་སོགས་པར་སྣང་བའམ། རེས་ འགའ་དགེ་མི་དགེ་ལ་སོགས་པ་སྣ་ཚོགས་རིམ་ཅན་དུ་སྣང་བ་དང༌། རེས་འགའ་ཅིག་ཅར་ དུ་དད་པ་དང་བརྩོན་འགྲུས་ལ་སོགས་པའི་རྣམ་པ་སྣ་ཚོགས་ཅན་དུ་ཡང་འཇུག་སྟེ། དེ་ལ་ སེམས་ཉིད་དེ་དག་ཏུ་སྣང་བ་ཙམ་དེ་ནི་ཡོད་པ་དང༌། སེམས་ཙམ་ལས་མ་གཏོགས་པ་དེ་ དག་གི་མཚན་ཉིད་ལོགས་ན་བདེན་པར་གྲུབ་པ་མེད་པ་དེའི་ཕྱིར་སེམས་ཉིད་དེ་དག་ཏུ་སྣང་ བ་ལས་གཞན་པའི་ཉོན་མོངས་པ་ཅན་དང་དགེ་བའི་ཆོས་ཀྱི་མཚན་ཉིད་དམ་རང་བཞིན་ནི་ བདེན་པར་ཡོད་པ་མ་ཡིན་ནོ། །ཁ་ཅིག་གཞུང་འདི་དག་སེམས་སེམས་བྱུང་རྫས་གཅིག་པའི་ སྒྲུབ་བྱེད་དུ་འདོད་མོད་ཀྱི། སྤྱིར་སེམས་ཀྱི་སྒྲ་རྣམ་ཤེས་དང་ཀུན་གཞི་དང་ཡིད་ཤེས་དང་ རིག་པ་ཙམ་ལ་འཇུག་པ་ལས། འདིར་ནི་རིག་པ་ཙམ་ལས་གཞན་པའི་གཟུང་འཛིན་དང་ ཉོན་མོངས་རྣམ་བྱང་མེད་དོ་ཞེས་རྣམ་རིག་ཙམ་དུ་སྒྲུབ་པའི་སྐབས་ཡིན་ཏེ། ས་བཅུ་པའི་མདོ་ ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པ་ ལྟར་རོ། ། ཆོས་སྤྱིའི་མཚན་ཉིད་ཡོངས་སུ་ཚོལ་བ་ལ་གཉིས་ལས། མདོར་བསྟན་ནི། སངས་ རྒྱས་རྣམས་ཀྱིས་སེམས་ཅན་ལ། །ཕན་གདགས་ཕྱིར་ན་མཚན་གཞི་ དང༌། །མཚན་ཉིད་དང་ནི་མཚོན་པ་དག །རབ་ཏུ་དབྱེ་བས་ཡང་དག་ བཤད། །གསུང་བ་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གདུལ་བྱ་སེམས་ཅན་ མཐའ་ཡས་པ་རྣམས་ལ་དགོས་པ་ཕན་གདགས་པར་བྱ་བའི་ཕྱིར་དུ་ན་མཚན་གཞི་ཤེས་བྱ་ གཞི་ལྔ་དང༌། མཚན་ཉིད་ངོ་བོ་ཉིད་གསུམ་དང་ནི་མཚོན་པ་རྣལ་འབྱོར་གྱི་ས་ལྔ་པོ་དག་རབ་ ཏུ་དབྱེ་བ་དང་བཅས་པས་ཡང་དག་པར་བཤད་དོ་ཞེས་པའོ། ། རྒྱས་བཤད་ལ་མཚན་གཞི་མཚན་ཉིད་མཚོན་པ་གསུམ་ལས། དང་པོ་ནི། སེམས་ནི་ 4-1-277 ལྟ་བཅས་གང་ཡིན་དང༌། །དེ་ཡི་གནས་སྐབས་མི་འགྱུར་བ། །དེ་ཉིད་ མདོར་ན་མཚན་གཞི་སྟེ། །རབ་ཏུ་དབྱེ་བ་ཚད་མེད་དོ། །སེམས་ཉིད་གཟུང་ བ་ཡུལ་དུ་སྣང་བའི་ཆ་ནི་སྣང་བ་གཟུགས་ཀྱི་གཞི་དང༌། འཛིན་པ་ཡུལ་ཅན་དུ་སྣང་བའི་ཆ་ ནི་གཙོ་བོ་སེམས་ཀྱི་གཞི་དང༌། དགོད་ཅིང་གསལ་བར་ལྟ་བ་དང་བཅས་པ་གང་ཡིན་པ་ནི་ འཁོར་སེམས་ལས་བྱུང་བའི་གཞི་དང༌། དེ་དག་གི་གནས་སྐབས་ལས་བཏགས་པ་སེམས་ དང་མཚུངས་པར་མི་ལྡན་པའི་འདུས་བྱས་ནི་གནས་སྐབས་ལྡན་མིན་འདུ་བྱེད་ཀྱི་གཞི་དང༌། རྐྱེན་གྱིས་མི་འགྱུར་བ་དེ་བཞིན་ཉིད་ལ་སོགས་པ་ནི་ཆོས་ཉིད་འདུས་མ་བྱས་ཀྱི་གཞི་ཡིན་ པས་ལྔ་པོ་དེ་ཉིད་ནི་མདོར་བསྡུ་ན་མཚན་གཞི་སྟེ་ནང་གསེས་ཀྱི་རབ་ཏུ་དབྱེ་བ་ནི་ཚད་མེད་ པ་ཉིད་དོ། །དེ་ཡང་གཟུགས་ལ་ཕྱེ་ན་མིག་ལ་སོགས་པ་ནང་དབང་པོ་གཟུགས་ཅན་ལྔ་དང༌། གཟུགས་ལ་སོགས་པ་ཕྱི་ཡུལ་གཟུགས་ཅན་ལྔ་དང༌། ཡིད་ཀྱི་ཡུལ་དུ་སྣང་བ་རྣམ་རིག་བྱེད་ མིན་གྱི་གཟུགས་ཏེ་བཅུ་གཅིག་དང༌། སེམས་ལ་ཕྱེ་ན་རྒྱན་སྟུག་པོ་བཀོད་པ་ལས། སེམས་ ནི་ཀུན་གཞིའི་རྣམ་པར་ཤེས། །[ངར་{རང་}སེམས་བདག་ཉིད་ཡིད་ཡིན་ནོ། །གང་ཞིག་ ཡུལ་རྣམས་འཛིན་བྱེད་པ། །དེ་ནི་རྣམ་པར་ཤེས་ཞེས་བྱ། །ཞེས་གསུངས་པ་ལྟར་བག་ཆགས་ བགོ་རུང་གི་རྣམ་ཤེས་ཀུན་གཞིའི་རྣམ་པར་ཤེས་པ་དང༌། དེ་ལ་དམིགས་ནས་རྟག་ཏུ་ངར་ སེམས་པ་ཉོན་མོངས་པ་ཅན་གྱི་ཡིད་དང༌། དབང་པོ་དྲུག་ལ་བརྟེན་ནས་ཡུལ་དྲུག་སོ་སོར་ རྣམ་པར་རིག་པ་མིག་ཤེས་ལ་སོགས་པ་དྲུག་སྟེ། རྣམ་པར་ཤེས་པའི་ཚོགས་བརྒྱད་དང༌། སེམས་བྱུང་ལ་ཕྱེ་ན་སུམ་ཅུ་པར། ཀུན་ཏུ་འགྲོ་དང་བྱེ་བྲག་ངེས། །སེམས་ལས་བྱུང་བ་དགེ་ བ་དང༌། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཞེས་པ་དང༌། ཕུང་པོ་ལྔ་པར་བཞི་ནི་གཞན་ དུ་ཡང་ངོ་ཞེས་གསུངས་པ་ལྟར། ཚོར་བ་འདུ་ཤེས་སེམས་པ་དང༌། །ཡིད་ལ་བྱེད་དང་རེག་པ་ སྟེ། །འདི་རྣམས་སེམས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བས་ཀུན་འགྲོ་ལྔ་དང༌། འདུན་པ་མོས་ 4-1-278 པ་དྲན་པ་དང༌། །ཏིང་ངེ་འཛིན་དང་ཤེས་རབ་རྣམས། །ཡུལ་གྱི་བྱེ་བྲག་ཁོ་ན་ལ་འཇུག་པས་ ཡུལ་སོ་སོར་ངེས་པ་ལྔ་དང༌། དད་དང་ངོ་ཚ་ཤེས་ཁྲེལ་ཡོད། །མ་ཆགས་ཞེ་སྡང་གཏི་མུག་ མེད། །བརྩོན་འགྲུས་ཤིན་ཏུ་སྦྱངས་པ་དང༌། །བག་ཡོད་བཏང་སྙོམས་མི་འཚེ་བ། །ཞེས་པ་ རྣམས་ནི་མི་དགེ་བའི་གཉེན་པོ་བྱེད་ཅིང་འབྲས་བུ་འདོད་པར་བྱ་བ་བསྐྱེད་པས་བཅུ་གཅིག་ དགེ་བ་དང༌། འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང༌། །མ་རིག་ཐེ་ཚོམ་ལྟ་བ་རྣམས། །སེམས་རབ་ ཏུ་མ་ཞི་བར་བྱེད་པས་དྲུག་རྩ་བའི་ཉོན་མོངས་པ་དང༌། ཁྲོ་བ་ཁོན་འཛིན་འཆབ་པ་འཚིག་པ་ དང༌། །ཕྲག་དོག་སེར་སྣ་སྒྱུ་གཡོ་རྒྱགས་པ་དང༌། །ངོ་ཚ་ཁྲེལ་མེད་རྨུགས་དང་དགོད་པ་དང༌། ། མ་དད་ལེ་ལོ་བག་མེད་བརྗེད་ངེས་དང༌། །ཤེས་བཞིན་མ་ཡིན་རྣམ་པར་གཡེང་བའོ། །ཞེས་ པ་རྣམས་ནི་རྩ་བའི་ཉོན་མོངས་པ་རྣམས་ཀྱི་ཆར་གཏོགས་ཤིང་སེམས་ཉེ་བར་ཉོན་མོངས་ པར་བྱེད་པས་ཉི་ཤུ་ཉེ་བའི་ཉོན་མོངས་པ་རྣམས་དང༌། གཉིད་དང་འགྱོད་པ་དང་རྟོག་པ་ དང་དཔྱོད་པ་ནི་རྐྱེན་གྱི་དབང་གིས་དགེ་མི་དགེ་ལུང་མ་བསྟན་གསུམ་ཆར་དུ་འགྱུར་དུ་རུང་ བས་བཞི་གཞན་འགྱུར་ཏེ། སྡེ་ཚན་དྲུག་ལ་ནང་སེམས་བྱུང་ལྔ་བཅུ་རྩ་གཅིག་ཏུ་བསྟན་པ་ རྣམས་དང་ལྡན་མིན་འདུ་བྱེད་ལ་ཕྱེ་ན་འཕེལ་འགྲིབ་ཀྱི་ཆ་ལ་བཏགས་པ་ཐོབ་པ་དང༌། ཤེས་ རིག་འགག་པའི་ཆ་ལ་བཏགས་པ་འདུ་ཤེས་མེད་པའི་སྙོམས་འཇུག་དང་འགོག་པའི་སྙོམས་ འཇུག་དང་འདུ་ཤེས་མེད་པ་པ་སྟེ་གསུམ་དང༌། གནས་པའི་ཆ་ལ་བཏགས་པ་སྲོག་གི་དབང་ པོ་དང་འདྲ་བའི་ཆ་ལ་བཏགས་པ་རིགས་པ་མཐུན་པ་དང༌། མཚན་ཉིད་ཀྱི་ཆ་ལ་བཏགས་པ་ སྐྱེ་བ་རྒ་བ་གནས་པ་མི་རྟག་པ་ཉིད་དེ་བཞི་དང༌། ཐ་སྙད་ཀྱི་ཆ་ལ་བཏགས་པ་མིང་ཚིག་ཡི་ གེའི་ཚོགས་གསུམ་དང༌། མ་ཐོབ་པའི་ཆ་ལ་བཏགས་པ་སོ་སོའི་སྐྱེ་བོ་ཉིད་དང༌། རྒྱུ་འབྲས་ ཀྱི་གནས་སྐབས་ལ་བཏགས་པ། འཇུག་པ་སོ་སོར་ངེས་པ་དང༌། །འབྱོར་འབྲེལ་པ་དང་ མགྱོགས་པ་དང༌། །གོ་རིམ་དུས་དང་ཡུལ་དང་ནི། །[ཡུལ་{གྲངས་}དང་ཚོགས་པ་ཆ་མཐུན་ 4-1-279 དགུ། །ཞེས་པ་སྟེ་སེམས་དང་མཚུངས་པར་མི་ལྡན་པ་ཉི་ཤུ་རྩ་གསུམ་དང༌། འདུས་མ་བྱས་ལ་ ཕྱེ་ན་ཆོས་དགེ་མི་དགེ་ལུང་མ་བསྟན་གྱི་དེ་བཞིན་ཉིད་གསུམ་དང༌། ནམ་མཁའ་དང་གཉེན་ པོས་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང༌། གཉེན་པོས་སོ་སོར་བརྟགས་ནས་ཉོན་ མོངས་པ་འགོག་པ་དང༌། འགྱུར་བའི་ཚོར་བ་ལ་སོགས་པས་མི་གཡོ་བ་དང༌། མ་ཞི་བར་ བྱེད་པ་འདུ་ཤེས་དང་ཚོར་བ་འགོག་པ་སྟེ་བརྒྱད་དོ། །དེ་རྣམས་སུ་ཕུང་པོ་ཁམས་སྐྱེ་མཆེད་ ལ་སོགས་པའི་ཤེས་བྱ་ཐམས་ཅད་འདུས་པའི་ཕྱིར་ཤེས་བྱའི་གཞི་ལྔ་ཞེས་བྱ་སྟེ། ཕན་ཚུན་ ཇི་ལྟར་འདུ་བའི་ཚུལ་ནི་མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་ བྱེད་མིན་ཉིད། །དབང་དོན་དེ་རྣམས་ཁོ་ན་ལ། །སྐྱེ་མཆེད་དང་ནི་ཁམས་བཅུ་ཉིད། །ཅེས་པ་ ལྟར་གཟུགས་བཅུ་གཅིག་ནི་གཟུགས་ཀྱི་ཕུང་པོ་ཡིན་ལ། དབང་དོན་གྱི་གཟུགས་བཅུ་པོ་དེ་ ཉིད་ཁམས་དང་སྐྱེ་མཆེད་བཅུ་ཡང་ཡིན་པ་རྣམས་ནི་གཟུགས་ཀྱི་གཞིར་འདུ་ཞིང༌། ཚོར་བ་ མྱོང་བའོ་འདུ་ཤེས་ནི། །མཚན་མར་འཛིན་པའི་བདག་ཉིད་ཅན། །འདུ་བྱེད་ཕུང་པོ་བཞི་ལས་ གཞན། །དེ་གསུམ་རྣམ་རིག་བྱེད་མིན་དང༌། །འདུས་མ་བྱས་དང་བཅས་པ་ནི། །ཆོས་ཀྱི་སྐྱེ་ མཆེད་ཁམས་ཞེས་བྱ། །ཞེས་པ་ལྟར་ཕུང་པོ་གསུམ་དང་རྣམ་རིག་བྱེད་མིན་གྱི་གཟུགས་དང༌། འདུས་མ་བྱས་རྣམས་ནི་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཀྱང་ཡིན་ལ། ཚོར་བའི་ཕུང་པོ་ དང་འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཕུང་པོའི་ཕྱོགས་གཅིག་སེམས་དང་ལྡན་པ་རྣམས་ནི་ སེམས་ལས་བྱུང་བའི་གཞིར་འདུ་བ་དང༌། འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་སེམས་དང་ ལྡན་པ་མ་ཡིན་པ་རྣམས་ནི་ལྡན་མིན་འདུ་བྱེད་ཀྱི་གཞིར་འདུ་བ་སྟེ། རྣམ་རིག་བྱེད་མིན་གྱི་ གཟུགས་ནི་གཟུགས་ཀྱི་གཞི་དང༌། འདུས་མ་བྱས་ནི་འདུས་མ་བྱས་ཀྱི་གཞིར་འདུ་བ་ཉིད་དོ། ། རྣམ་ཤེས་སོ་སོར་རྣམ་རིག་ནས། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། །ཁམས་[གསུམ་{བདུན་ }རྣམས་སུ་འདོད་པ་སྟེ། །རྣམ་པར་ཤེས་པ་དྲུག་དང་ཡིད། ། 4-1-280 ཅེས་པ་ལྟར་རྣམ་པར་ཤེས་པའི་ཕུང་པོ་ནི་སྐྱེ་མཆེད་ཀྱི་སྐབས་སུ་ཡིད་ཀྱི་སྐྱེ་མཆེད་ཡིན་ ཞིང༌། ཁམས་ཀྱི་སྐབས་སུ་རྣམ་པར་ཤེས་པའི་ཁམས་བདུན་ཡིན་པ་རྣམས་ནི་སེམས་ཀྱི་ གཞིར་འདུ་བར་ཤེས་པར་བྱའོ། ། མཚན་ཉིད་ལ། སྤྱི་དོན་དང་གཞུང་དོན་གཉིས་ལས། དང་པོ་ལ། ངོ་བོ། ཐ་དད། གྲངས་ངེས། དགོས་པའོ། །ངོ་བོ་ལ་ཀུན་བཏགས་ནི་དོན་ལ་མེད་བཞིན་དུ་རྟག་གཅིག་རང་ དབང་ཅན་ལ་སོགས་པ་གང་ཟག་གི་བདག་དང༌། གཟུང་བ་དང་འཛིན་པ་ཆོས་ཀྱི་བདག་ ཏུ་བཏགས་པ་རྟོག་བྱེད་ཀྱི་གཟུང་ཆར་སྣང་བ་བཏགས་པའི་ཆ་ཅི་ཡང་མེད་པ་རི་བོང་གི་རྭ་ ལྟ་བུ་སྟེ། སུམ་ཅུ་པར། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བཏགས་ པ། །དེ་ཉིད་ཀུན་ཏུ་བཏགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་པ་དང༌། གཞན་དབང་ ནི་ཁམས་གསུམ་པའི་ཤེས་རིག་ཀུན་བཏགས་ཀྱི་གདགས་གཞིར་གྱུར་པ། རྟོག་བྱེད་རྒྱུ་ རྐྱེན་ལ་རག་ལས་པ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང༌། ། ཞེས་པ་དང་ཡོངས་གྲུབ་ནི་སྟོང་པ་ཉིད་ཡིན་ལ་དེ་ལའང་གནས་སྐབས་ཀུན་རྫོབ་ལ་སྦྱར་བ་ ནི། གཞན་དབང་རྣམ་རིག་ཙམ་དེ་ཉིད་ཀུན་བཏགས་བདག་གཉིས་ཀྱིས་སྟོང་པ་སྟེ། གྲུབ་ ནི་དེ་ལ་སྔ་མའོ། །རྟག་ཏུ་[མེད་{བྱེད་}པར་གྱུར་པ་གང༌། །ཞེས་པ་དང་དབུས་མཐར་ཡང༌། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་རོ། ། མཐར་ཐུག་དོན་དམ་ལ་སྦྱར་བའི་ཡོངས་གྲུབ་ནི་ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་འགྱུར་ བ་མེད་པ་དེ་ཉིད། ཀུན་བཏགས་དང་གཞན་དབང་གིས་བསྡུས་པའི་གློ་བུར་དྲི་མ་མཐའ་ དག་གིས་སྟོང་པ་སྟེ། འབུམ་གྱི་འགྲེལ་པར། ཀུན་བཏགས་པ་དང་རྣམ་པར་བཏགས་པའི་ གཟུགས་ཀྱིས་སྟོང་བ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱི་ གཟུགས་ཞེས་པ་ལ་སོགས་པ་དང༌། བསམ་གྱིས་མི་ཁྱབ་པར་བསྟོད་པར་ཡང༌། (ཡོངས་གྲུབ་) 4-1-281 དམ་པའི་དོན་ནི་བཅོས་མ་[མིན{ཡིན}། །ངོ་བོ་ཉིད་དང་རང་བཞིན་དང༌། །ཡང་དག་རྫས་ དངོས་ཡོད་པ་ལགས། །(ཀུན་)བཏགས་པའི་དངོས་པོ་མེད་པ་ཉིད། །གཞན་གྱི་དབང་ཡང་ ཡོད་མ་ལགས། །ཞེས་གསུངས་པ་ལྟར་རོ། །ཐ་དད་བསམ་པ་ནི། ཀུན་བཏགས་ལ་ངོ་བོ་མེད་ ཅིང་ཡོངས་གྲུབ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས། དེ་རྣམས་ཕན་ཚུན་དེ་ཉིད་དང་གཞན་དུ་ བརྗོད་དུ་མེད་པ་ཞེས་བྱ་སྟེ་(གཅིག་པ་བཀག་པའི་ཐ་དད་ཟེར། ) སུམ་ཅུ་པར། དེ་ཕྱིར་དེ་ཉིད་གཞན་ དབང་ལས། །གཞན་མིན་གཞན་པ་མིན་པའང་མིན། །ཞེས་པ་དང་ཐེག་བསྡུས་སུ། དེ་དག་ ཐ་དད་པ་ཡང་མ་ཡིན་ལ་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་པར་བརྗོད་པར་བྱའོ། །ཞེས་པ་ དང་དབུས་མཐར་ཡང༌། ཐ་དད་གཅིག་པའི་མཚན་ཉིད་མིན། །ཞེས་གསུངས་པ་ལྟར་རོ། ། གྲངས་ངེས་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བཏགས་པ་བཞིན་དོན་ ལ་མེད་པའི་ཆ་ནི་ཀུན་བཏགས་དང༌། རྐྱེན་ལ་ལྟོས་ནས་སྣང་ཙམ་དུ་ཡོད་ཀྱང་དཔྱད་ན་རང་ དབང་ཅན་དུ་མེད་པའི་ཆ་ནི་གཞན་དབང་དང༌། ཆོས་ཉིད་མི་འགྱུར་བར་ཡོད་ཅིང་གློ་བུར་ གྱི་དྲི་མ་མེད་པའི་ཆ་ནི་ཡོངས་གྲུབ་ཅེས་བྱ་བ་གསུམ་དུ་ངེས་པ་སྟེ་ཡུམ་བར་མར། བྱམས་པ་ ཡོངས་སུ་བཏགས་པའི་གཟུགས་གང་ཡིན་པ་དེ་ནི་རྫས་སུ་གྲུབ་པ་མེད་པར་བལྟ་བར་བྱའོ། ། རྣམ་པར་བཏགས་པའི་གཟུགས་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་རྫས་སུ་ཡོད་པའི་ཕྱིར་ རྫས་སུ་ཡོད་པར་བལྟའི་རང་དབང་དུ་འཇུག་པ་ནི་མ་ཡིན་ནོ། །ཆོས་ཉིད་ཀྱི་གཟུགས་གང་ ཡིན་པ་དེ་ནི་རྫས་མེད་པར་ཡང་མ་ཡིན་རྫས་ཡོད་པ་ཡང་མ་ཡིན་ཏེ། དོན་དམ་པས་རབ་ཏུ་ {རྣམ་པར་}ཕྱེ་བར་བལྟའོ། ། ཞེས་པ་ལ་སོགས་པ་རྣམ་མཁྱེན་གྱི་བར་ལ་སྦྱར་ནས་གསུངས་ཤིང༌། དེ་དག་གི་དགོངས་ པ་བསྡུས་ནས་དབུས་མཐར་ཡང༌། ངོ་བོ་ཉིད་གསུམ་(ཀུན་བཏགས་)བརྟགས་མེད་དང༌། །ཡོད་ ཀྱང་(གཞན་དབང་)ཁོ་ན་མ་ཡིན་དང༌། །(ཡོངས་གྲུབ་)ཡོད་དང་མེད་(གཉི་ག་)དེའི་ཁོ་ན་སྟེ། །ངོ་བོ་ 4-1-282 ཉིད་ནི་གསུམ་དུ་འདོད། །ཅེས་གསུངས་པ་ལྟར་རོ། །ཡང་གཟུགས་སོགས་རང་མཚན་དོན་ ལ་མེད་ཀྱང་ཀུན་རྟོག་ཙམ་དུ་དམིགས་པ་དང༌། རྟོགས་བྱེད་ཀྱི་ཤེས་པ་སྣང་ཙམ་དུ་ཡོད་པ་ དང་དེ་དག་གི་ཆོས་ཉིད་དོན་དམ་དུ་གྲུབ་པའི་ཕྱིར་ཡང་སྟེ། ཀུན་ཏུ་རྟོག་དོན་རྣམ་རྟོག་དོན། ། ཆོས་ཉིད་དོན་གྱིས་དེ་དག་དེར། །ཞེས་གསུངས་པ་ལྟར་རོ། །ཡང་དོན་ལ་མེད་བཞིན་དུ་ དོན་དུ་བཏགས་པའི་ཕྱིར་དང༌། རྟོག་བྱེད་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པར་རེ་ཤིག་ དམིགས་པའི་ཕྱིར་དང༌། དཔྱད་ན་གཟུང་འཛིན་གཉིས་པོ་མེད་པའི་ཆོས་ཉིད་གྲུབ་པའི་ཕྱིར་ ཡང་རྣམ་པ་གསུམ་སྟེ། བཏགས་པ་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཉིད་ཀྱང་ སྟེ། །དོན་ཕྱིར་ཡང་དག་མིན་རྟོག་ཕྱིར། །གཉིས་པོ་མེད་པའི་ཕྱིར་བཤད་དོ། །ཞེས་གསུངས་ པ་ལྟར་རོ། ། དགོས་པ་ནི། ལམ་ཟབ་མོ་སྒོམ་པར་འདོད་པས་ཀུན་བཏགས་ཡོངས་སུ་ཤེས་ནས་ གཞན་དབང་སྤངས་པ་ལས་ཡོངས་གྲུབ་མངོན་སུམ་དུ་ཐོབ་པར་བྱེད་པ་སྟེ། ཡོངས་སུ་ཤེས་ ནས་སྤོང་བ་དང༌། །ཐོབ་པ་མངོན་སུམ་བྱས་ནས་ནི། །ལམ་གྱི་བདེན་པ་ཡང་དག་བཤད། ། ཅེས་གསུངས་པ་ལྟར་རོ། །འབྲས་བུ་སྐུ་གསུམ་ཐོབ་པར་འདོད་པས་ཀྱང་ཀུན་བཏགས་ ཤེས་ནས་གཞན་དབང་སྤངས་པས་ཡོངས་གྲུབ་དག་པ་གཉིས་ལྡན་མངོན་སུམ་དུ་འགྱུར་བ་ སྟེ། (ཀླུའི་བཤེས་གཉེན་གྱིས་)སྐུ་གསུམ་ལ་འཇུག་པའི་སྒོར། ངོ་བོ་ཉིད་ནི་རྣམ་གསུམ་པོ། །ཡོངས་ སུ་ཤེས་དང་སྤངས་དག་པས། །སྐུ་གསུམ་པོ་དག་ཐོབ་འགྱུར་ཏེ། །དེ་ཕྱིར་དེ་དག་དེ་ཡིས་ བསྡུས། །ཞེས་གསུངས་པ་ལྟར་རོ། ། གཞུང་དོན་ལ་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་ལས། དང་པོ་ལའང་ གཉིས་ཀྱི་རྒྱུ་དང་བཅས་ཏེ་བསྟན་པ་ནི། ཇི་ལྟར་བརྗོད་དོན་འདུ་ཤེས་ཀྱི། །རྒྱུ་ མཚན་དང་དེའི་བག་ཆགས་དང༌། །དེ་ལས་ཀྱང་དོན་སྣང་བ་ནི། །ཀུན་ 4-1-283 ཏུ་བཏགས་པའི་མཚན་ཉིད་དོ། །མིང་གིས་ཇི་ལྟར་བརྗོད་པ་བཞིན་དོན་དུ་འདུ་ཤེས་ ཤིང་མཚན་མར་འཛིན་པའི་སེམས་བྱུང་གི་རྒྱུ་མཚན་ནམ་དམིགས་ཡུལ་སྔོ་སེར་ལ་སོགས་ པར་སྣང་བ་ཀུན་ཏུ་བཏགས་པར་བྱ་བ་གང་ཡིན་པ་དང༌། བརྗོད་པ་མིང་དེའི་བག་ཆགས་ ཀུན་གཞི་ལ་ཡོད་པའང་ཀུན་བཏགས་ཀྱི་རྒྱུ་ཡིན་པས་ཀུན་བཏགས་སུ་བཞག་པ་དང༌། བག་ ཆགས་དེ་ལས་ཀྱང་མིང་དོན་སྦྱར་ནས་འཛིན་མི་ཤེས་པ་རྣམས་ལ་དོན་རྐྱང་པར་སྣང་བ་དང་ བརྡ་དོན་ཤེས་པ་རྣམས་ལ་མིང་དང་བཅས་པའི་མཚན་མར་སྣང་བ་ནི་དངོས་དང་བཏགས་ པའི་སྒོ་ནས་གཟུང་བ་དང་འཛིན་པར་ཀུན་ཏུ་བཏགས་པའི་མཚན་ཉིད་ཅན་ཉིད་དོ། ། ངོ་བོ་གསལ་བར་བཤད་པ་ནི། མང་དང་དོན་ནི་ཇི་ལྟ་བར། །དོན་དང་མིང་ དུ་སྣང་བ་གང༌། །ཡང་དག་མིན་རྟོག་རྒྱུ་མཚན་ནི། །ཀུན་ཏུ་བཏགས་ པའི་མཚན་ཉིད་དོ། །མིང་དང་དོན་དག་ཕན་ཚུན་གློ་བུར་བ་ཉིད་དུ་བཏགས་པ་ཙམ་ ཡིན་གྱི་མིང་དོན་གྱི་འབྲེལ་པ་དོན་ལ་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པར་(བཙུན་པ་ངོ་བོ་ ཉིད་མེད་པས་)ནི་མིང་དོན་གྱི་རང་བཞིན་ཡིན་པ་དང༌། དོན་མིང་གི་རང་བཞིན་ཡིན་པར་རྟོག་ པ་ནི་ཀུན་ཏུ་བཏགས་པ་སྟེ། བུམ་པ་ལ་སོགས་པའི་མིང་དང་ལྟོ་ལྡིར་ལ་སོགས་པའི་དོན་ནི་ བུམ་པ་ཞེས་པ་ལ་སོགས་པའི་མིང་བཏགས་པ་ཇི་ལྟ་བར་དེ་དང་ལྟོ་ལྡིར་བ་ལ་སོགས་པའི་ དོན་དུ་སྣང་བ་གང་ཡིན་པ་དེ་དག་ངོ་བོ་དབྱེར་མེད་ཀྱི་གཅིག་ཏུ་བདེན་པར་རྟོག་པའི་འཁྲུལ་ པ་དང༌། ལྟོ་ལྡིར་ལ་སོགས་པའི་དོན་མཐོང་བ་ཇི་ལྟ་བར་དེ་དང་བུམ་པ་ཞེས་པ་ལ་སོགས་ པའི་མིང་དུ་སྣང་བ་གང་ཡིན་པ་དེ་དག་ངོ་བོ་དབྱེར་མེད་ཀྱི་གཅིག་ཏུ་བདེན་པར་རྟོག་པའི་ འཁྲུལ་པ། འཁྲུལ་གཞི་ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པའི་རྒྱུ་མཚན་ལས་བྱུང་ཞིང༌། རྟོག་ བྱེད་དེའི་དམིགས་པར་སྣང་བ་ལ་སོགས་པ་མིང་དང་དོན་གྱིས་བསྡུས་པའི་ཆོས་ཐམས་ཅད་ ལ་མེད་བཞིན་དུ་བདག་གཉིས་དང་གཟུང་འཛིན་ལ་སོགས་པར་བཏགས་པའི་ཆ་གང་ཡིན་ 4-1-284 པ་དེ་ཐམས་ཅད་ནི་ཀུན་ཏུ་བཏགས་པའི་མཚན་ཉིད་ཅན་ཉིད་དོ། ། གཞན་དབང་ནི། རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །གཟུང་དང་ འཛིན་པའི་མཚན་ཉིད་དེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །གཞན་གྱི་ དབང་གི་མཚན་ཉིད་དོ། །གནས་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང༌། དོན་གཟུགས་ ལ་སོགས་པའི་ཡུལ་དུ་སྣང་བ་དང༌། ལུས་མིག་ལ་སོགས་པའི་དབང་པོར་སྣང་བ་སྟེ་རྣམ་ པ་གསུམ་དུ་སྣང་བ་ཅན་ནི་གཟུང་བའི་མཚན་ཉིད་ཅན་ཡིན་ལ། ཀུན་གཞི་ལ་ངར་འཛིན་པ་ ཉོན་མོངས་པ་ཅན་གྱི་ཡིད་དུ་སྣང་བ་དང༌། སྒོ་ལྔའི་རྣམ་པར་ཤེས་པ་ཡུལ་འཛིན་པར་སྣང་བ་ དང༌། ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་རྟོག་པར་སྣང་བ་སྟེ། རྣམ་པ་གསུམ་དུ་སྣང་བ་ཅན་ ནི་འཛིན་པའི་མཚན་ཉིད་ཅན་ཡིན་པས། གཟུང་བ་དང་འཛིན་པར་སྣང་བའི་མཚན་ཉིད་ཅན་ ཏེ། དེ་ལྟར་གཟུང་འཛིན་གཉིས་སུ་སྣང་བ་ཅན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་རྒྱུ་ རྐྱེན་གཞན་ལ་རག་ལས་པ་རྣམས་ནི་གཞན་གྱི་དབང་གི་མཚན་ཉིད་ཅན་ཉིད་དོ། ། ཡོངས་གྲུབ་ནི། མེད་དང་ཡོད་ཉིད་གང་ཡིན་དང༌། །ཡོད་དང་མེད་ པ་མཉམ་ཉིད་དང༌། །མ་ཞི་ཞི་དང་རྣམ་མི་རྟོག །ཡོངས་སུ་གྲུབ་པའི་ མཚན་ཉིད་དོ། །ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་ཡོངས་སུ་གྲུབ་པ་ཞེས་བྱ་སྟེ། དེ་ཉིད་ བདག་གཉིས་དང་གཟུང་འཛིན་ལ་སོགས་པར་ཀུན་ཏུ་བཏགས་པ་དེའི་ངོ་བོར་མེད་པ་ཉིད་ དང༌། ཀུན་བཏགས་ཀྱིས་སྟོང་པའི་ཆོས་ཉིད་{དེ་བཞིན་ཉིད་}ནམ་ཡང་མི་འགྱུར་བར་ཡོད་ པ་ཉིད་གང་ཡིན་པ་དང༌། མེད་པ་གང་ཡིན་དེ་ཉིད་ནི། །ཡོད་པ་ཡི་ནི་མཆོག་ཏུ་འདོད། །ཅེས་ སྔར་བསྟན་པ་ལྟར་ཀུན་བཏགས་སུ་མེད་པ་དེ་ཉིད་ཡོངས་གྲུབ་ཏུ་ཡོད་པ་དང༌། ཐ་མི་དད་ པས་ཡོད་པ་དང་མེད་པ་མཉམ་པ་ཉིད་ནི་རང་གི་མཚན་ཉིད་དང༌། འཁོར་བའི་གནས་སྐབས་ ན་གློ་བུར་གྱི་དྲི་མ་དང་བཅས་པས་མ་ཞི་བར་ཡང་ཡིན་ལ། རང་བཞིན་གྱིས་རྣམ་པར་དག་ 4-1-285 ཅིང་འོད་གསལ་བས་ཞི་བ་ཉིད་ཀྱང་ཡིན་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ མཚན་ཉིད་དང༌། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་རྣམ་བར་རྟོག་པའི་སྤྱོད་ཡུལ་མ་ ཡིན་པས་རྣམ་པར་མི་རྟོག་པའི་མཚན་ཉིད་དེ། མཚན་ཉིད་གསུམ་དང་ལྡན་པ་དེ་ནི་ཡོངས་ སུ་གྲུབ་པའི་མཚན་ཉིད་ཅན་ཉིད་དོ། །ཡང་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་འགྱུར་བ་མེད་ པའི་ཡོངས་གྲུབ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཅེས་ ཀྱང་གསུངས་ཏེ། དབུས་མཐའ་ལས། འགྱུར་མེད་ཕྱིན་ཅི་མ་ལོག་པའི། །ཡོངས་སུ་གྲུབ་པ་ རྣམ་པ་གཉིས། །ཞེས་{གསུངས་}པ་ལྟར་རོ། །དེ་ལྟར་ངོ་བོ་ཉིད་གསུམ་གྱི་རྣམ་བཞག་ཤེས་ པ་ལ་བརྟེན་ནས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ཡང་རྟོགས་པར་བྱ་སྟེ། ཀུན་ལས་བཏུས་པར། སྟོང་པ་ཉིད་རྣམ་པ་གསུམ་སྟེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང༌། དེ་བཞིན་དུ་ཡོད་པ་མ་ཡིན་ པའི་སྟོང་པ་ཉིད་དང༌། རང་བཞིན་གྱིས་སྟོང་པ་ཉིད་དོ། །དང་པོས་ནི་ཀུན་ཏུ་བཏགས་པའི་ ངོ་བོ་ཉིད་ཉེ་བར་བཟུང་བར་བལྟའོ། །གཉིས་པས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཉེ་བར་ བཟུང་བལྟའོ། །གསུམ་པས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཉེ་བར་བཟུང་བར་བལྟའོ་ཞེས་ པ་དང༌། ཆོས་ཐམས་ཅད་རང་བཞིན་མེད་པར་གྲུབ་པའི་མདོ་ལས་ཀྱང༌། ངས་ཆོས་ཐམས་ ཅད་ངོ་བོ་ཉིད་མེད་པ་ལ་དགོངས་ནས་ངོ་བོ་ཉིད་གསུམ་དུ་གསུངས་སོ། །ཞེས་པ་དང་དབུས་ མཐར་ཡང༌། དངོས་མེད་དེ་ཡི་དངོས་མིན་དང༌། །རང་བཞིན་གྱིས་ནི་སྟོང་བར་འདོད། །ཅེས་ པ་དང་དབུ་མ་སྣང་བར་ཡང༌། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་དགོངས་པ་བསྟན་པས་ དབུ་མའི་ལམ་མཐའ་གཉིས་དང་བྲལ་བ་རབ་ཏུ་བསྟན་པའི་ཕྱིར་ངེས་པའི་དོན་ཁོ་ན་གཞུང་ འཛུགས་པར་མཛད་པ་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། མཚོན་པ་ནི། རྒྱུ་མཐུན་ཆོས་ལ་དམིགས་ནས་ནི། །ཚུལ་བཞིན་ཡིད་ལ་ བྱེད་པ་དང༌། །སེམས་ཀྱི་དབྱིངས་ལ་གནས་པ་དང༌། །དོན་ཡོད་པ་དང་ 4-1-286 མེད་པ་མཐོང༌། །ཞི་གནས་ལྷག་མཐོང་ཟུང་དུ་འཇུག་པ་རྣལ་འབྱོར་གྱི་ས་རྣམ་པ་ལྔ་སྟེ། གཞི་དང་བསྐྱེད་པ་དང་མེ་ལོང་ལྟ་བུ་དང་སྣང་བ་དང་གནས་སོ། ། དེ་ལ་གཞི་ནི་ཚོགས་ལམ་ནས་བརྩམས་ཏེ་དམིགས་ཡུལ་སངས་རྒྱས་ཀྱི་བདེན་པ་བཞི་ ལ་སོགས་པ་ཟབ་རྒྱས་ཀྱི་དོན་ཐུགས་སུ་ཆུད་པའི་རྒྱུ་མཐུན་པའི་འབྲས་བུ་གསུང་རབ་ཀྱི་ ཆོས་རྣམས་ལ་དམིགས་ནས་ནི་མང་དུ་ཐོས་པ་དྲི་མ་མེད་པ་ལས་བྱུང་བའི་ཤེས་རབ་རྣམ་ པར་དག་པ་ཞི་གནས་ལྷག་མཐོང་འབྱུང་བའི་གནས་སུ་གྱུར་པ་དང༌། བསྐྱེད་པ་ནི་ཇི་ལྟར་ ཐོས་པའི་དོན་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པའི་སྒོ་ནས་ལེགས་པར་བསམས་པ་ལས་ བྱུང་བའི་ཤེས་རབ་ཞི་གནས་ལྷག་མཐོང་འགྲུབ་པར་བྱེད་པ་དང༌། མེ་ལོང་ལྟ་བུ་ནི་སྦྱོར་ ལམ་ནས་བརྩམས་ཏེ་སེམས་ཀྱི་ཆོས་དབྱིངས་དེ་བཞིན་ཉིད་གཟུང་འཛིན་གྱིས་སྟོང་བ་ལ་ རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་སྤྱོད་ཡུལ་དུ་ ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་གཟུགས་བརྙན་ཤར་བ་ལ་རྟོག་ཅིང་དཔྱོད་པ་དང༌། སྣང་བ་ནི་མཐོང་ལམ་ནས་བརྩམས་ཏེ་ཡོངས་གྲུབ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དོན་དམ་ པར་ཡོད་པ་ལ་ཡོད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དང༌། ཀུན་བཏགས་གཟུང་ འཛིན་དང་བདག་གཉིས་ལ་སོགས་པ་མེད་པ་ལ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ མཐོང་བ་འཇིག་རྟེན་ལས་འདས་པའི་ཤེས་རབ་དང༌། གནས་སམ་རྟེན་ནི་གནས་ངན་ལེན་ དང་བྲལ་ནས་གནས་གཞན་དུ་གྱུར་པའི་ཡོན་ཏན་རྣམས་གྲུབ་པ་སྟེ། དེ་རྣམས་ནི་(བློ་བརྟན་དང་ བཙུན་པའི། )འགྲེལ་བཤད་དག་ལས་ལམ་ལྔ་དང་ཐད་ཀར་སྦྱར་ནས་ཀྱང་གསུངས་སོ། ། དེས་ན་མཉམ་པ་ཉིད་དུ་འགྱུར། །འཕགས་རིགས་ཤིན་ཏུ་དྲི་མེད་ལ། ། མཉམ་དང་ཁྱད་འཕགས་འབྲི་མེད་ཅིང༌། །འཕེལ་བ་མེད་པའི་མཚན་ ཉིད་འདོད། །གནས་མ་ལུས་པ་ཡོངས་སུ་གྱུར་པ་དེས་ན་ཟག་པ་མེད་པའི་དབྱིངས་སུ་ 4-1-287 འཕགས་པ་གཞན་ཐམས་ཅད་དང་ཡང་མཉམ་པ་ཉིད་དུ་འགྱུར་ཏེ་དེ་ཡང་སངས་རྒྱས་རྣམས་ ཀྱི་འཕགས་པའི་རིགས་ཆོས་ཀྱི་དབྱིངས་དེ་ཤིན་ཏུ་དྲི་མ་མེད་པ་དག་པ་གཉིས་ལྡན་དུ་གྱུར་ པ་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཡང་ཉོན་མོངས་པ་མངོན་གྱུར་ཀྱི་སྒྲིབ་པ་ ལས་རྣམ་པར་གྲོལ་བའི་ཆ་ནས་མཉམ་པ་ཉིད་དང༌། ཀུན་ལས་བཏུས་ཀྱི་འགྲེལ་པར། རྣམ་ པར་དག་དང་ཡོངས་དག་དང༌། །སྐུ་དང་ལོངས་སྤྱོད་རྫོགས་པ་དང༌། །ལས་ཀྱིས་སངས་རྒྱས་ ཆོས་རྣམས་ཀྱི། །ཁྱད་པར་ཡོངས་སུ་བསྟན་པ་ཡིན། །ཞེས་པ་ལྟར་རྫོགས་པའི་སངས་རྒྱས་ ནི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་རྣམ་པར་དག་པ་དང༌། རྣམ་པ་སྣ་ཚོགས་པའི་ ཞིང་ཡོངས་སུ་དག་པ་དང༌། ཆོས་ཀྱི་སྐུ་དག་པ་གཉིས་ལྡན་ཐོབ་པ་དང༌། ཐེག་པ་ཆེན་པོའི་ ཆོས་ལ་རྫོགས་པར་ལོངས་སྤྱོད་པ་རྒྱུན་མི་འཆད་པ་དང༌། མཛད་པ་བཅུ་གཉིས་ལ་སོགས་ པའི་སྤྲུལ་པ་མཐའ་ཡས་པས་གཞན་དོན་གྱི་འཕྲིན་ལས་མཛད་པ་སྟེ། རྣམ་པ་ལྔས་ཁྱད་པར་ དུ་འཕགས་པ་ཉིད་དང༌། དོན་དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་དེ་ནི་ཀུན་ནས་ཉོན་མོངས་ པའི་ཕྱོགས་འགག་པ་ན་འབྲི་བ་ཡང་མེད་ཅིང་རྣམ་པར་བྱང་བའི་ཆོས་སྐྱེ་བ་ན་འཕེལ་བ་ཡང་ མེད་པའི་མཚན་ཉིད་ཅན་དུ་འདོད་དོ། །དེ་ལྟར་ན་རྒྱུའི་ས་བཞི་དང་འབྲས་བུའི་ས་གཅིག་སྟེ་ ལྔ་པོ་འདིར་ཐོས་པ་དང་བསམ་པ་དང་སྒོམ་པའི་ཤེས་རབ་འཕེལ་བར་བྱས་པ་ལས་མཚན་ གཞི་ཤེས་བྱའི་གཞི་ལྔ་པོ་དེ་མཚན་ཉིད་ངོ་བོ་ཉིད་གསུམ་དང་ལྡན་པར་མཚོན་ཞིང་རྟོག་པར་ བྱེད་པས་ན་མཚོན་པ་ཞེས་བྱའོ། ། ཐོབ་པར་བྱ་བ་རྣམ་པར་གྲོལ་བ་ཡོངས་སུ་ཚོལ་བ་ལ་བཞི་སྟེ། ཐུན་མོང་དུ་རྣམ་གྲོལ་ བསྟན་པ། ཁྱད་པར་དུ་དབང་བཞི་ཐོབ་ཚུལ། རྣམ་གྲོལ་ལ་རིམ་གྱིས་འཇུག་ཚུལ། འཇུག་ ལྡོག་གི་ཁྱད་པར་བསྟན་པའོ། ། དང་པོ་ནི། ས་བོན་གཞན་དུ་གྱུར་པའི་ཕྱིར། །གནས་དོན་ལུས་སུ་སྣང་ 4-1-288 བ་དག །གཞན་དུ་གྱུར་པ་ཟག་མེད་དབྱིངས། །དེ་ནི་རྟེན་ཀུན་འགྲོ་བ་ ཅན། །ས་བོན་ནམ་བག་ཆགས་ཐམས་ཅད་ཀྱི་རྟེན་ཀུན་གཞིའི་རྣམ་པར་ཤེས་པ་གནས་ གཞན་དུ་གྱུར་པའི་ཕྱིར། གནས་དང་དོན་དང་ལུས་སུ་སྣང་བ་དག་རིམ་པ་ལྟར་གནས་སྣོད་ ཀྱི་འཇིག་རྟེན་གཞན་དུ་གྱུར་པ་ན། ངམ་གྲོག་དང་གཡང་ས་ལ་སོགས་པ་མི་སྣང་བར་ཤེལ་ དང་བཻ་ཌཱུརྱ་ལ་སོགས་པར་སྣང་བ་དང༌། དོན་གཟུགས་ལ་སོགས་པའི་ཡུལ་རྣམས་གཞན་ དུ་གྱུར་པ་ན་དཔག་བསམ་གྱི་ཤིང་ལ་སོགས་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྣང་ བ་དང༌། ལུས་མིག་ལ་སོགས་པའི་དབང་པོ་རྣམས་གཞན་དུ་གྱུར་པ་ན་དབང་པོ་རེ་རེའང་ ཡུལ་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་ཅིང༌། མཚན་དང་དཔེ་བྱད་ཀྱི་སྐུར་སྣང་བ་ ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ཟག་པ་མེད་པའི་དབྱིངས་སྒྲིབ་པ་ གཉིས་བག་ཆགས་དང་བཅས་པ་ལས་རྣམ་པར་གྲོལ་བ་ནི་རྫོགས་པའི་སངས་རྒྱས་ཁོ་ན་ ཡིན་ལ། ཡང་སྔར་བཤད་པ་ལྟར་ཟག་པ་མེད་པའི་དབྱིངས་ཉོན་མོངས་པའི་སྒྲིབ་པ་ལས་ རྣམ་པར་གྲོལ་བའི་ཆ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་ལའང་མངའ་བས་ རྟེན་ཀུན་ཏུ་འགྲོ་བ་བ་ཅན་ཡང་ཡིན་ནོ། ། དབང་བཞི་ཐོབ་ཚུལ་ལ་གཉིས་ལས། གནས་གྱུར་ལས་ཐོབ་ཚུལ་ནི། ཡིད་དང་ འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང༌། །ཞིང་དང་ ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིན་ནོ། །ཉོན་མོངས་པ་ཅན་ གྱི་ཡིད་དང༌། འཛིན་པ་སྒོ་ལྔའི་རྣམ་པར་ཤེས་པ་དང་རྣམ་པར་རྟོག་པ་ཡིད་ཀྱི་རྣམ་པར་ཤེས་ པ་རྣམས་གནས་གཞན་དུ་གྱུར་པའི་ཕྱིར་གོ་རིམ་བཞིན་དུ་ཉོན་ཡིད་གཞན་དུ་གྱུར་བ་ན་རྣམ་ པར་མི་རྟོག་པའི་ཡེ་ཤེས་ལ་དབང་བ་དང༌། འཛིན་པ་གཞན་དུ་གྱུར་པ་ན་ཞིང་ཡོངས་སུ་དག་ པ་ལ་དབང་བ་དང༌། ཡིད་ཤེས་གཞན་དུ་གྱུར་པ་ན་སོ་སོ་ཡང་དག་པར་རིག་པ་བཞིའི་ཡེ་ 4-1-289 ཤེས་ལ་དབང་བ་དང༌། མངོན་ཤེས་ལ་བརྟེན་ནས་གཞན་དོན་གྱི་འཕྲིན་ལས་དག་ལ་དབང་ བ་སྟེ། དབང་ནི་རྣམ་པ་བཞི་པོ་རྣམས་འཐོབ་པ་ཡིན་ནོ། །དེ་རྣམས་ཀྱང༌། ཡིད་ནི་གཞན་དུ་ གྱུར་པ་ན། །འབྱོར་དང་མཐུན་སྤྱོད་མི་རྟོག་པའི། །ཡེ་ཤེས་ཤིན་ཏུ་དྲི་མེད་ལ། །འབྱོར་བ་དམ་ པ་ཐོབ་པར་འགྱུར། །ཞེས་པ་ལ་སོགས་པས་སྔར་ཇི་སྐད་བཤད་པ་བཞིན་ནོ། ། ས་གསུམ་དང་སྦྱར་བ་ནི། དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་རེ་རེར་ ནི་འདོད་པ་ཡིན། །དབང་བཞི་པོ་དེ་རྣམས་ཀྱང་ས་བརྒྱད་པ་མི་གཡོ་བ་ལ་སོགས་པ་ དག་པའི་ས་གསུམ་ལ་ནི་བརྟེན་ནས་རྣམ་པ་བཞི་པོ་ཐོབ་པ་སྟེ། དེ་ཡང་ས་བརྒྱད་པ་མི་གཡོ་ བ་གཅིག་ལ། མངོན་པར་འདུ་བྱེད་པ་དང་རྣམ་རྟོག་མི་མངའ་བའི་ཕྱིར་རྣམ་པར་མི་རྟོག་པ་ ལ་དབང་བ་དང༌། ཇི་ལྟར་འདོད་པ་བཞིན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྟོན་པའི་ ཕྱིར་ཞིང་ལ་དབང་བ་རྣམ་པ་གཉིས་ཐོབ་ཅིང༌། དེ་ལས་གཞན་པ་ས་དགུ་པ་ལེགས་པའི་བློ་ གྲོས་ལ་ནི་སོ་སོ་ཡང་དག་པར་རིག་པའི་ཁྱད་པར་ཐོབ་པའི་ཕྱིར་ཡེ་ཤེས་ལ་དབང་བ་དང༌། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་ནི་མངོན་པར་ཤེས་པའི་ལས་རྣམས་ལ་ཐོགས་པ་མེད་པའི་ཕྱིར་ ལས་ལ་དབང་བ་ཐོབ་པས་ས་ཕྱི་མ་དག་དབང་རེ་རེར་ནི་ཐོབ་པར་འདོད་པ་ཡིན་ནོ། ། རྣམ་གྲོལ་ལ་འཇུག་ཚུལ་ལའང་གཉིས་ལས། དངོས་སུ་བསྟན་པ་ནི། བློ་དང་ལྡན་ པས་སྲིད་གཏོགས་བདག་མེད་རྣམ་པ་གཉིས་ཀའང་རིག་གྱུར་ལ། །དེ་ ཡང་མཉམ་པར་ཤེས་ནས་དེ་ནི་འཛིན་པའི་སྒོ་ནས་དེ་ཉིད་འཇུག །དེ་ ནས་དེ་ལ་ཡིད་གནས་ཕྱིར་ན་དེ་ཡང་དེ་ལ་མི་སྣང་ངོ་། །དེ་མི་སྣང་བ་ གྲོལ་བ་ཡིན་ཏེ་མཆོག་ཏུ་དམིགས་དང་བྲལ་བའོ། །བྱང་ཆུབ་སེམས་དཔའ་ བློ་དང་ལྡན་པས་སྲིད་པ་ཁམས་གསུམ་དུ་གཏོགས་པའི་གང་ཟག་དང་ཆོས་ཀྱི་བདག་མེད་ 4-1-290 པ་རྣམ་པ་གཉིས་ཀའང་རིག་པར་གྱུར་ལ། དེ་ཡང་རྟག་གཅིག་རང་དབང་ཅན་ལ་སོགས་པ་ ཀུན་བཏགས་པའི་གང་ཟག་གི་བདག་མེད་པ་བཞིན་དུ། གཟུང་བ་དང་འཛིན་པར་བཏགས་ པ་ཆོས་ཀྱི་བདག་ཀྱང་མེད་པར་མཉམ་པར་ཤེས་ནས་སྒྲོ་འདོགས་པའི་མཐའ་དང་བྲལ་བ་ དང༌། གཞན་དབང་སྣང་ཙམ་དུ་ཡོད་ཅིང་ཡོངས་གྲུབ་མི་འགྱུར་བར་ཡོད་པར་ཤེས་པས་སྐུར་ བ་འདེབས་པའི་མཐའ་དང་ཡང་བྲལ་བར་རྟོགས་ཏེ། དང་པོར་ཁམས་གསུམ་པོ་དེ་ནི་སེམས་ ཙམ་མོ་ཞེས་འཛིན་པའི་སྒོ་ནས་སེམས་ཀྱི་དེ་ཁོ་ན་ཉིད་རྣམ་པར་རིག་པ་ཙམ་ལ་འཇུག་ཅིང༌། དེ་ནས་རྣམ་པར་རིག་པ་ཙམ་དེ་ལ་ཡིད་ལ་གནས་པའི་ཕྱིར་ན་རྣམ་པར་རིག་པ་ཙམ་དེ་ཡང་ བྱང་ཆུབ་སེམས་དཔའ་དེ་ལ་མི་སྣང་ངོ༌། །བདག་གཉིས་དང་གཟུང་འཛིན་ལ་སོགས་པ་ཀུན་ བཏགས་པ་དེ་དག་ནི་མེད་པའི་རྒྱུ་མཚན་གྱིས་མི་སྣང་ཞིང༌། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ ནམ་ཡང་མི་འགྱུར་བར་ཡོད་པའི་རྒྱུ་མཚན་གྱིས་མངོན་དུ་གྱུར་པ་ནི་རྣམ་པར་གྲོལ་བའི་ཡེ་ ཤེས་ཐོབ་པ་ཡིན་ཏེ། མཆོག་གམ་ཤིན་ཏུ་གང་ཟག་དང་ཆོས་ཀྱི་དམིགས་པ་ཐམས་ཅད་དང་ བྲལ་བའོ། ། སླར་ཡང་བཤད་པ་ནི། ཚོགས་ཀྱི་གཞི་དང་བསྐྱེད་ཡོད་ན། །མིང་ཙམ་དུ་ ནི་མཐོང་བར་འགྱུར། །མིང་ཙམ་མཐོང་སྟེ་དེར་མཐོང་ན། །དེ་ཡང་ཕྱི་ ནས་མི་མཐོང་ངོ་། །སྔར་ས་ལྔའི་སྐབས་སུ་བཤད་པ་ལྟར་སྔོན་དུ་བསོད་ནམས་དང་ ཡེ་ཤེས་ཀྱི་ཚོགས་གཉིས་རིམ་གྱིས་བསགས་པའི་སྟོབས་ཀྱིས། དང་པོར་གསུང་རབ་ཟབ་ རྒྱས་ཐོས་པ་ལས་བྱུང་བའི་ཤེས་རབ་ཡེ་ཤེས་ཀྱི་གཞི་དང༌། དེ་ནས་ཚུལ་བཞིན་ཡིད་ལ་བྱེད་ པ་ལ་བརྟེན་ནས་བསམས་པ་ལས་བྱུང་བའི་ཤེས་རབ་ཡེ་ཤེས་བསྐྱེད་པ་ཡོད་ན། དེ་དག་གི་ དོན་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་ཕྱི་རོལ་གྱི་དོན་དུ་བདེན་ པ་དང་བྲལ་བ་མིང་བཞིའི་ཕུང་པོ་ཙམ་དུ་ནི་མཐོང་བར་འགྱུར་ཞིང༌། མིང་ཙམ་རྣམ་པར་རིག་ 4-1-291 པ་ཙམ་དུ་མཐོང་སྟེ་དེར་མཐོང་བ་ན། གཟུང་བ་མེད་ན་འཛིན་པ་མེད་པའི་ཚུལ་གྱིས་མིང་ ཙམ་དེ་ཡང་ཕྱིས་ནི་མི་མཐོང་ངོ༌། །དེ་བས་ན་ཐོས་བསམ་སྒོམ་གསུམ་ལ་བརྟེན་ནས་ཆོས་ཀྱི་ དབྱིངས་གཟུང་འཛིན་མཐའ་དག་དང་བྲལ་བ་ཐོབ་པ་ནི་རྣམ་པར་གྲོལ་བ་ཡིན་ནོ། ། འཇུག་ལྡོག་གི་ཁྱད་པར་ནི། སེམས་ནི་གནས་ངན་ལེན་དང་བཅས། ། བདག་ལྟའི་ཞགས་པས་ཟིན་པར་ནི། །རབ་ཏུ་འཇུག་པར་འགྱུར་ཏེ་དེ། ། ནང་དུ་གནས་ཕྱིར་ལྡོག་པར་འདོད། །སེམས་ཀུན་གཞིའི་རྣམ་པར་ཤེས་པ་ནི་ སྒྲིབ་པ་གཉིས་ཀྱི་བག་ཆགས་གནས་ངན་ལེན་དང་བཅས་ཤིང༌། གནས་ངན་ལེན་གྱི་རྒྱུ་ཡང་ གང་ཟག་དང་ཆོས་ཀྱི་བདག་ཏུ་ལྟ་བའི་ཞགས་པ་དམ་པོས་བཅིངས་ཏེ་ཟིན་པར་གྱུར་གྱི་བར་ ལ་ནི། ཁམས་གསུམ་འཁོར་བ་མཐའ་མེད་པར་སྡུག་བསྔལ་ལ་རབ་ཏུ་འཇུག་པར་འགྱུར་ཏེ། དེ་ལས་གྲོལ་བའི་དོན་དུ་སེམས་དེ་ཉིད་ཕྱི་རོལ་གྱི་དམིགས་པ་སྤངས་ནས། ནང་དུ་སེམས་ ཁོ་ན་ལ་གནས་པར་བྱས་ཤིང་མཐར་སེམས་ཀྱང་མི་དམིགས་པར་རྟོགས་པའི་ཕྱིར། བདག་ གཉིས་སུ་འཛིན་པ་ལ་སོགས་པའི་གནས་ངན་ལེན་དང་བྲལ་བ་ན་འཁོར་བ་ལྡོག་ཅིང་རྣམ་ པར་གྲོལ་བའི་བདེ་བ་ཐོབ་པར་འདོད་དོ། ། ངོ་བོ་ཉིད་མེད་པའི་དགོངས་པ་ཡོངས་སུ་ཚོལ་བ་ལ་གཉིས་ལས། དོན་དངོས་བསྟན་པ་ ནི། རང་དང་རང་གི་བདག་ཉིད་དང༌། །མེད་ཕྱིར་རང་གི་ངོ་བོ་ལ། །མི་ གནས་ཕྱིར་དང་འཛིན་བཞིན་དེ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །ཆོས་ མངོན་པར་ཡང༌། ཤིན་ཏུ་རྒྱས་པ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་དེ་ལ་ དགོངས་པ་གང་ཡིན་ཞེ་ན། བདག་ཉིད་ཀྱིས་མི་འབྱུང་བ་དང༌། རང་གི་བདག་ཉིད་དུ་མེད་པ་ དང༌། རང་གི་ངོ་བོ་ཉིད་ལ་མི་གནས་པ་དང༌། བྱིས་པས་བཟུང་བ་བཞིན་དུ་མཚན་ཉིད་མེད་ པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་འདུས་བྱས་ཀྱི་མཚན་ཉིད་གསུམ་དང་སྦྱར་ན་མ་འོངས་ 4-1-292 པ་རྣམས་ཡོད་པ་སྐྱེ་བ་ནི་མ་ཡིན་གྱི་རྐྱེན་གཞན་ལ་རག་ལས་ནས་འབྱུང་བའི་ཕྱིར་རྒྱུ་ལ་མ་ ལྟོས་པར་རང་སྐྱེ་བའི་ངོ་བོ་ཉིད་མེད་པ་དང༌། འདས་པ་རྣམས་འགགས་ནས་མེད་པས་དེའི་ རང་གི་བདག་ཉིད་དུ་ངོ་བོ་ཉིད་མེད་པའི་ཕྱིར་དང༌། ད་ལྟར་བ་རྣམས་སྐད་ཅིག་ལས་རིང་དུ་ མི་གནས་པས་རང་གི་ངོ་བོ་ཉིད་ལ་མི་གནས་པའི་ཕྱིར་དང་འདུས་བྱས་ཐམས་ཅད་མི་རྟག་པ་ དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་ཡིན་པས་བྱིས་པ་རྣམས་ཀྱིས་རྟག་པ་དང་ བདེ་བ་དང་ཡོད་པ་དང་བདག་ལ་སོགས་པར་ཀུན་བཏགས་ཏེ་འཛིན་པ་བཞིན་དུ་དེ་རྣམས་ ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་གསུངས་པར་འདོད་དོ། ། ཡང་ཀུན་བཏགས་ལ་རང་གི་མཚན་ཉིད་མེད་པ་དང༌། གཞན་དབང་ལ་རང་ཉིད་སྐྱེ་བ་མེད་ པ་དང༌། ཡོངས་གྲུབ་དོན་དམ་ལ་ཀུན་རྫོབ་གཉིས་པོ་མེད་པ་ལ་དགོངས་ནས་ཀྱང་ངོ་བོ་ཉིད་ མེད་པར་གསུངས་པ་ཡིན་གྱི། ཀུན་བཏགས་བཏགས་པ་ཙམ་དུའང་མེད་པ་དང༌། གཞན་ དབང་རྐྱེན་ལས་སྐྱེ་བའང་མེད་པ་དང༌། ཡོངས་གྲུབ་ཡེ་ཤེས་ཀྱི་ཡུལ་དུའང་མེད་པ་ནི་མ་ ཡིན་པས་ངོ་བོ་ཉིད་མེད་པའི་དགོངས་པ་ཤེས་དགོས་ཏེ་སུམ་ཅུ་པར་ཡང༌། ངོ་བོ་ཉིད་ནི་རྣམ་ གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ ཉིད་མེད་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་རོ། །ཀུན་རྫོབ་གློ་བུར་གྱི་དྲི་མ་རྣམས་དཔྱད་ ན་རང་བཞིན་མེད་པ་དང༌། དོན་དམ་རང་བཞིན་གྱིས་དག་པའི་ཆོས་དབྱིངས་མི་འགྱུར་ བར་ཡོད་པའི་དགོངས་པ་མ་ཤེས་པར། ཅིར་ཡང་གྲུབ་པ་མེད་པ་ཞིག་ལྟ་བའི་མཐར་ཐུག་ དང༌། ངོ་བོ་ཉིད་མེད་པའི་སྒྲ་དོན་ལ་ཇི་བཞིན་དུ་བདེན་པར་བཟུང་ན་ལྟ་བ་ཕྱིན་ཅི་ལོག་ཏུ་ འགྱུར་ཏེ། ཀུན་ལས་བཏུས་པར། ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་སེམས་ཅན་ཁ་ཅིག་མོས་ཀྱང་ ངེས་པར་འབྱུང་བར་མི་འགྱུར་ཞེ་ན། བདག་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པ་དང༌། དོན་ལ་སྒྲ་ཇི་བཞིན་པར་མངོན་པར་ཞེན་པའི་ཕྱིར་རོ། །འདི་ལ་དགོངས་ནས་བཅོམ་ལྡན་ 4-1-293 འདས་ཀྱིས་ཆོས་ཀྱི་མེ་ལོང་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པ། བྱང་ཆུབ་སེམས་ དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པར་ཆོས་རྣམ་པར་འབྱེད་པ་ལ་ལྟ་བ་ངན་པ་ཉི་ཤུ་ རྩ་བརྒྱད་འབྱུང་སྟེ། ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར་རོ། །ལྟ་བ་ཕྱིན་ཅི་ལོག་ཏུ་ གྱུར་ན་སྤྱོད་པ་དམན་པར་འགྱུར་ཞིང་གལ་ཏེ་སྤྱོད་པ་བཟང་ཡང་རྣམ་སྨིན་ངན་པ་མྱོང་བར་ གསུངས་ཏེ། དཔུང་བཟང་གིས་ཞུས་པར། རྨོངས་པ་གང་གི་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ ཀྱིས་བསོད་ནམས་བསགས་བྱས་ཀྱང༌། །ཐམས་ཅད་ལོག་པར་ལྟ་བས་བཅོམ་པས་ན། །དེ་ ཡི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར། །ཞེས་པ་ལ་སོགས་པས་སོ། ། དེས་དགོངས་པ་གཞན་ཡང་འགྲུབ་ཚུལ་ནི། ཕྱི་མ་ཕྱི་མའི་རྟེན་ཡིན་པས། །ངོ་ བོ་ཉིད་ནི་མེད་པ་ཡི། །སྐྱེ་མེད་འགག་མེད་གཟོད་ནས་ཞི། །རང་བཞིན་ མྱ་ངན་འདས་པ་འགྲུབ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་དགོངས་པ་ཤེས་ན་སྐྱེ་ བ་མེད་པ་ལ་སོགས་པའི་དགོངས་པའང་འགྲུབ་སྟེ། དེ་ཡང་སྔ་མ་སྔ་མ་རྣམས་ནི་ཕྱི་མ་ཕྱི་མ་ རྣམས་ཀྱི་རྟེན་ནམ་རྒྱུ་མཚན་ཡིན་པས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དཔྱད་ན་ངོ་བོ་ཉིད་ནི་ མེད་པ་གང་ཡིན་པ་དེ་ཡིས་སྐྱེ་རྒྱུའི་དངོས་པོ་མ་གྲུབ་པས་ན་སྐྱེ་བ་མེད་པའི་དོན་དང༌། གང་ མ་སྐྱེས་པ་དེ་ལ་འགག་རྒྱུ་མ་གྲུབ་པས་འགག་པ་མེད་པའི་དོན་དང༌། གང་མ་སྐྱེས་པ་དང་མ་ འགགས་པ་དེ་ནི་སྐྱེ་འགག་གིས་མ་ཞི་བར་བྱེད་པ་མེད་པས་གཟོད་མ་ནས་ཞི་བའི་དོན་དང༌། སྐྱེ་འགག་ལ་སོགས་པ་འདུས་བྱས་འཁོར་བའི་སྐྱོན་མཐའ་དག་གཟོད་མ་ནས་ཞི་བ་གང་ཡིན་ པ་དེ་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡོངས་གྲུབ་ཆོས་ཀྱི་སྐུ་དོན་དམ་པའི་ཡོན་ཏན་ རྣམས་དང་ལྡན་པ་ནམ་མཁའ་ལྟར་ཁྱབ་པར་བཞུགས་པ་ལ་སོགས་པའི་དགོངས་པ་ལེགས་ པར་འགྲུབ་བོ། །དེ་བས་ན་མཐར་ཐུག་ཟབ་མོ་སྟོན་པའི་དགོངས་པ་ཤེས་ནས་སྨྲ་བར་བྱའི་ 4-1-294 སྒྲ་ཇི་བཞིན་པར་ནི་མ་ཡིན་ཏེ། དགོངས་པ་ངེས་འགྲེལ་དུ། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་ རྣམས་མ་སྐྱེས་དང༌། །ཆོས་རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་བ་དང༌། །ཆོས་ རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་ སྨྲ་བར་བྱེད། །ཅེས་གསུངས་པ་ལྟར་རོ། ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཡོངས་སུ་ཚོལ་བ་ནི། ཐོག་མ་དང་ནི་དེ་ཉིད་ གཞན་ཉིད་དང༌། །རང་གི་མཚན་ཉིད་རང་དང་གཞན་དུ་འགྱུར། །ཀུན་ ནས་ཉོན་མོངས་པ་དང་ཁྱད་པར་ལ། །སྐྱེ་བ་མེད་པའི་ཆོས་ལ་བཟོད་ པར་བཤད། །མདོ་ལས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་གསུངས་པའི་དོན་ནི་ ཆོས་བརྒྱད་ལ་སྐྱེ་བ་མེད་པའི་བཟོད་པ་སྟེ། འཁོར་བ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ ཁོར་ཡུག་ཏུ་འཁོར་བ་ཡིན་གྱི། དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་གཞན་མེད་པས། འཁོར་ བ་ལ་ཐོག་མའི་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་དང་ནི་དེ་བཞིན་དུ་སྦྱར་ཏེ། འཁོར་བར་སྔར་ སྐྱེས་ནས་འགགས་ཟིན་པ་དེ་དག་སླར་ཡང་མི་སྐྱེ་བས། སྔར་གྱི་དངོས་པོ་དེ་ཉིད་སྐྱེ་བ་མེད་ པ་དང་འཁོར་བར་ཕྱིས་སྐྱེ་བ་རྣམས་ཀྱང་གཞན་དག་སྐྱེ་བ་མ་ཡིན་པས། སྔར་གྱི་སེམས་ཀྱི་ རྒྱུན་ལས་གཞན་ཉིད་གསར་བྱུང་དུ་སྐྱེ་བ་མེད་པ་དང༌། ཀུན་བརྟགས་ནི་རི་བོང་གི་རྭ་བཞིན་ དུ་མ་གྲུབ་པས་རང་གི་མཚན་ཉིད་དུ་སྐྱེ་བ་མེད་པ་དང༌། གཞན་དབང་ནི་རྒྱུ་རྐྱེན་གཞན་ལ་ རག་ལས་ནས་སྐྱེས་པ་ཡིན་པས་རང་ཉིད་སྐྱེ་བ་མེད་པ་དང༌། ཡོངས་གྲུབ་ནི་ཆོས་ཉིད་འདུས་ མ་བྱས་ནམ་མཁའ་ལྟར་འགྱུར་བ་མེད་པ་ཡིན་པས་གཞན་དུ་འགྱུར་བའི་སྐྱེ་བ་མེད་པ་དང༌། ཟད་པ་ཤེས་པ་[དངོས་པོ{་ཐོབ་པ་}རྣམས་ནི་ཉོན་མོངས་པ་དགྲ་དང་འདྲ་བ་རྣམས་བཅོམ་ པ་ཡིན་པས་ཀུན་ནས་ཉོན་མོངས་སྐྱེ་བ་མེད་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ ནི་རང་བཞིན་གཅིག་ཡིན་པས་ཁྱད་པར་མི་འདྲ་བ་ལ་སོགས་པའམ་སྔར་མེད་གསར་དུ་སྐྱེ་བ་ 4-1-295 མེད་པའི་ཆོས་ལ་བཟོད་པ་རྣམས་ཐོབ་པ་ལ་ནི་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་ བྱ་བར་བཤད་དོ། ། མཐར་ཐུག་གི་ཐེག་པ་གཅིག་ཏུ་ཚོལ་བ་ལ་དོན་དངོས་བསྟན་པ་དང༌། དགོས་པ་བཤད་ པའོ། །དངོས་ནི། ཆོས་དང་བདག་མེད་གྲོལ་བ་རྣམས། །མཚུངས་ཕྱིར་ རིགས་ནི་ཐ་དད་ཕྱིར། །བསམ་གཉིས་ཐོབ་ཕྱིར་སྤྲུལ་པའི་ཕྱིར། །མཐར་ ཐུག་ཕྱིར་ནི་ཐེག་གཅིག་ཉིད། །ཡུམ་ལས། འཇིག་རྟེན་དེ་བཞིན་ཉིད་དང་དགྲ་ བཅོམ་དེ་བཞིན་ཉིད། །རང་རྒྱལ་དེ་བཞིན་ཉིད་དང་རྒྱལ་སྲས་དེ་བཞིན་ཉིད། །གཅིག་པ་ཉིད་ དེ་དངོས་བྲལ་གཞན་མིན་དེ་བཞིན་ཉིད། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་ཉན་ཐོས་ དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ མཚུངས་ཤིང་གཅིག་པའི་ཕྱིར་བགྲོད་པར་བྱ་བའི་ཐེག་པ་གཅིག་པ་ཉིད་དང༌། ཉན་ཐོས་ལ་ སོགས་པ་རྣམས་དང་གང་ཟག་གི་བདག་མེད་རྟོགས་པར་མཚུངས་པའི་ཕྱིར་བགྲོད་པ་པོའི་ ཐེག་པ་གཅིག་པ་ཉིད་དང༌། ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པ་རྣམས་ འབྲས་བུ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་རྣམས་མཚུངས་པའི་ཕྱིར་ བགྲོད་བྱ་གནས་ཀྱི་ཐེག་པ་གཅིག་པ་ཉིད་དང༌། ཉན་ཐོས་རིགས་མ་ངེས་པ་རྣམས་སྔར་ བྱང་ཆུབ་སེམས་དཔའ་དང་རིགས་ནི་ཐ་དད་པ་ཡིན་ཡང་ཕྱིས་དགེ་བའི་བཤེས་གཉེན་གྱིས་ བསྐུལ་ནས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ཏེ་ངེས་པར་འབྱུང་བའི་ཕྱིར་འདིས་འགྲོ་བའི་ ཐེག་པ་གཅིག་པ་ཉིད་དང༌། སངས་རྒྱས་རྣམས་ཀྱིས་ནི་ས་དང་པོ་ནས་བརྩམས་ཏེ་སེམས་ ཅན་ཐམས་ཅད་དང་བདག་ཉིད་རང་བཞིན་མཉམ་པ་ཉིད་ཀྱི་དགོངས་པ་བརྙེས་ཤིང༌། ཉན་ ཐོས་དེའི་རིགས་སུ་ངེས་པ་སྔོན་བྱང་ཆུབ་ཀྱི་ཚོགས་སྤྱད་པ་རྣམས་ཀྱིས་ཀྱང༌། སངས་རྒྱས་ཀྱི་ མཐུས་རྗེས་སུ་གཟུང་བའི་ཁྱད་པར་ཕྱོགས་ཙམ་ཐོབ་པ་ཡིན་པའི་ཕྱིར། རྒྱུད་ཐ་དད་མེད་པར་ 4-1-296 མོས་པའི་སྒོ་ནས་སངས་རྒྱས་ཀྱི་དགོངས་པ་ལྟ་བུ་ཐོབ་པ་ན། བསམ་པ་ཁྱད་པར་ཅན་གཉིས་ པོ་དེ་མཚུངས་པར་ཐོབ་པའི་ཕྱིར་དགོངས་བའི་ཆ་ནས་ཀྱང་ཐེག་པ་གཅིག་པ་ཉིད་དང༌། ང་ ནི་ལན་བརྒྱ་ཕྲག་དུ་མར་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདས་སོ་ཞེས་གསུངས་པ་ནི་ གདུལ་བྱ་རྣམས་ཀྱི་དོན་དུ་སྤྲུལ་པ་སྟོན་པ་ཙམ་ཡིན་གྱི། མི་གནས་པའི་མྱང་འདས་ལས་གཡོ་ བ་མེད་པའི་ཕྱིར་ཡང་ཐེག་པ་གཅིག་པ་ཉིད་དང༌། རྒྱུའི་ཆོས་ཐེག་པ་ཆེན་པོ་ཉིད་ཀྱང་ཐེག་ པ་གཞན་ལས་ཁྱད་པར་དུ་འཕགས་ཤིང་ཕུལ་དུ་ཕྱིན་པ་དང༌། འབྲས་བུའི་ཆོས་སངས་རྒྱས་ ཉིད་ནི་ཐོབ་པར་བྱ་བ་ཕུལ་དུ་ཕྱིན་པ་ཡིན་པས། དེ་དག་ལས་ལྷག་པའི་མཆོག་གཞན་མེད་ པས་བགྲོད་པར་བྱ་བ་མཐར་ཐུག་ཡིན་པའི་ཕྱིར་ན་ངེས་པའི་དོན་གྱི་ཐེག་པ་ནི་གཅིག་པ་ཉིད་ དུ་ཤེས་པར་བྱའོ། །དགོངས་པ་དེ་དང་དེ་དག་ལ་བརྟེན་ནས་མཐར་ཐུག་ཐེག་པ་གཅིག་གི་ འབྲས་བུར་གནས་པར་རིག་པར་བྱའོ། །གནས་སྐབས་ཐེག་པ་གསུམ་གྱི་ངེས་པར་འབྱུང་ བ་མེད་པ་ནི་མ་ཡིན་ནོ། །དེ་ལ་ཁ་ཅིག་མདོ་དེ་དང་དེ་ལས་ནི་དགོངས་པ་དེ་དང་དེས་ཐེག་ པ་གཅིག་ཉིད་དུ་གསུངས་ཞེས་དགོངས་པ་བསྟན་པས་ཐེག་པ་གཅིག་ཏུ་བསྟན་པ་ནི་དྲང་ དོན་ཡིན་ལ། གསུམ་དུ་བསྟན་པ་ནི་ངེས་དོན་ཡིན་ནོ་ཞེས་འདོད་པ་དེ་དག་ནི་རིགས་པ་མ་ ཡིན་ཏེ། དགོངས་པ་བསྟན་པས་དྲང་དོན་དུ་འགྱུར་ན་ངེས་དོན་ཐམས་ཅད་ཀྱང་དགོངས་པ་ ཟབ་མོ་སྟོན་པས་དྲང་དོན་དུ་ཐལ་བར་འགྱུར་བའི་ཕྱིར་དང༌། མདོ་ལས་ཀྱང༌། ང་ཡི་མྱ་ངན་ འདས་གཅིག་ཐེག་པ་གཅིག །ང་ཡི་ཐེག་པ་ཐ་དད་མེད་པ་སྟེ། །ཡང་དག་ཏུ་ན་ཐེག་པ་གཅིག་ ཏུ་བསྟན། །ཞེས་པ་དང་ང་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་འཇོག་པ་ མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་འདུ་ཤེས་ཐ་དད་པ་དང་བྲལ་བའི་ཕྱིར་ རོ་ཞེས་པ་ལ་སོགས་པ་དང༌། དཔེ་མེད་པར་བསྟོད་པར་ཡང༌། ཆོས་ཀྱི་དབྱིངས་ལ་དབྱེར་ མེད་ཕྱིར། །གཙོ་བོ་ཐེག་དབྱེར་མ་མཆིས་སོ། །ཁྱོད་ཀྱིས་ཐེག་པ་གསུམ་བསྟན་པ། །སེམས་ 4-1-297 ཅན་གཞུག་པའི་ཆེད་དུ་ལགས། །ཞེས་པ་ལ་སོགས་པས་ཐེག་པ་གཅིག་ཏུ་བསྟན་པ་ནི་ངེས་ པའི་དོན་དང་གསུམ་དུ་བསྟན་པ་ནི་དྲང་བའི་དོན་དུ་གསུངས་པའི་ཕྱིར་རོ། ། དགོས་པ་ལ་གདུལ་བྱ་འདྲེན་ཚུལ་ཐུན་མོང་དུ་བསྟན་པ་དང༌། དྲང་བྱའི་ཉན་ཐོས་ཁྱད་ པར་དུ་བཤད་པའོ། ། དང་པོ་ནི། ཁ་ཅིག་དག་ནི་དྲང་ཕྱིར་དང༌། །གཞན་དག་ཡང་དག་ གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་ རྣམས་ལ་ཐེག་གཅིག་བསྟན། །ཐེག་དམན་དུ་རིགས་ངེས་པ་རྣམས་རེ་ཤིག་དྲང་ བར་མི་ནུས་པས་བཏང་སྙོམས་སུ་བཞག་སྟེ། ཉན་ཐོས་དགྲ་བཅོམ་དུ་རིགས་མ་ངེས་པ་ཁ་ ཅིག་དག་ནི་ཐེག་ཆེན་ལ་བཅུག་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བཀོད་དེ་རྫོགས་པའི་ སངས་རྒྱས་ཀྱི་གོ་འཕང་དུ་དྲང་བར་བྱ་བའི་ཕྱིར་དང༌། ཐེག་ཆེན་དུ་རིགས་ངེས་པ་རྣམས་ དྲང་མི་དགོས་པས་བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་རིགས་མ་ངེས་ཐེག་ཆེན་གྱི་སྤྱོད་ པས་སྐྱོ་ནས་ཐེག་དམན་དུ་ལྟུང་སྲིད་པ་གཞན་དག་ཡང་དག་པར་རྗེས་སུ་གཟུང་བའི་ཕྱིར། རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རང་རང་གི་ འབྲས་བུར་རིགས་མ་ངེས་པ་རྣམས་ལ། ངེས་པའི་དོན་དུ་མཐར་ཐུག་གི་མྱང་འདས་ཀྱང་ གཅིག་ཡིན་ལ། དེར་བགྲོད་པའི་ཐེག་པ་ཡང་གཅིག་ཁོ་ན་ཡིན་ནོ་ཞེས་བསྟན་ཏེ། ཇི་སྐད་ དུ། དམ་ཆོས་པདྨ་དཀར་པོ་ལས། དེ་བཞིན་ཉན་ཐོས་ཐམས་ཅད་ཀྱང༌། །མྱ་ངན་འདས་ ཐོབ་འདུ་ཤེས་ཏེ། །རྒྱལ་བས་བཤད་པ་དེ་དག་ལ། །མྱ་ངན་མ་འདས་དེ་ངལ་བའོ། །ཞེས་ པ་དང་ཤཱ་རིའི་བུ་ཐེག་པ་ནི་གཅིག་སྟེ། འདི་ལྟར་སངས་རྒྱས་ཀྱི་ཐེག་པའོ། །ཞེས་པ་དང༌། འདི་ལྟར་མྱ་ངན་འདས་པར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ ཡང༌། །ཁྱེད་ནི་ད་དུང་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས། 4-1-298 ཞེས་པ་ལ་སོགས་པས་སོ། །འདི་དག་ལའང༌། ཁ་ཅིག་དག་ནི་དྲང་ཕྱིར་དང༌། །ཞེས་པ་དང་ ཐེག་པ་གཅིག་ཏུ་བསྟན་པའི་དགོས་པ་གསུངས་པས་དྲང་བའི་དོན་ཡིན་ནོ་ཞེས་འདོད་པ་ནི་ རིགས་པ་མ་ཡིན་ཏེ། དེ་ལྟ་ན་ངེས་དོན་གྱི་གསུང་རབ་ཐམས་ཅད་གདུལ་བྱ་རྣམས་དམན་ པའི་གནས་ནས་དྲངས་ཏེ་མཆོག་ལ་སྦྱར་བའི་དོན་དུ་གསུངས་པ་དང༌། དགོས་པ་ཕུན་སུམ་ ཚོགས་པ་དང་ལྡན་པར་གསུངས་པས་དྲང་བའི་དོན་ཡིན་པར་ཧ་ཅང་ཐལ་བར་འགྱུར་བའི་ ཕྱིར་རོ། ། དྲང་བྱའི་ཉན་ཐོས་བཤད་པ་ལའང་གཉིས་ལས། མདོར་བསྟན་པ་ནི། ཉན་ཐོས་མ་ ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་བའོ། །དོན་མཐོང་ འདོད་ཆགས་བྲལ་བ་དང༌། །འདོད་ཆགས་བྲལ་མིན་འདི་དམན་པའོ། ། ཉན་ཐོས་རིགས་མ་ངེས་པ་ཐེག་ཆེན་དུ་དྲང་བར་བྱ་བ་ནི་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་ ཐེག་པ་ལ་ཞུགས་ནས་དེར་གསུངས་པའི་བདེན་པ་བཞིའི་དོན་མཐོང་བ་ཐེག་ཆེན་ལ་འཇུག་ པ་དང༌། བདེན་བཞིའི་དོན་མ་མཐོང་བའི་སོ་སོ་སྐྱེ་བོ་ཐེག་ཆེན་དུ་འཇུག་པའོ། །བདེན་པའི་ དོན་མཐོང་བའི་འཕགས་པ་ལའང་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཕྱིར་མི་འོང་ཐོབ་ ནས་ཐེག་ཆེན་གྱིས་ངེས་པར་འབྱུང་བ་དང༌། འདོད་ཆགས་དང་བྲལ་བ་མིན་པ་རྒྱུན་ཞུགས་ དང་ལན་ཅིག་ཕྱིར་འོང་ཐོབ་ནས་ཐེག་ཆེན་གྱིས་ངེས་པར་འབྱུང་བ་དག་སྟེ། དེ་ལྟར་ཐེག་ པའི་དོན་མཐོང་བ་དང་མ་མཐོང་བ་གཉིས་ལས། དོན་མཐོང་བ་འདི་དག་ནི་འཆད་པར་ འགྱུར་བ་ལྟར་རྟོགས་པ་བུལ་བ་ཡིན་པས་དམན་པར་གྱུར་པའོ། ། རྒྱས་བཤད་ལ་སྐྱེ་བ་ལེན་ཚུལ། རྟོགས་པ་བུལ་ཚུལ། རིམ་གྱིས་འཇུག་ཚུལ་གསུམ་ ལས། དང་པོ་ནི། དེ་གཉིས་འཕགས་པའི་ལམ་ཐོབ་པ། །སྲིད་པ་དག་ཏུ་ བསྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་བསྒྱུར་བ་ཡི། །སྐྱེ་བ་དང་ནི་ཡང་ 4-1-299 དག་ལྡན། །ཉན་ཐོས་འཕགས་པ་བདེན་པའི་དོན་མཐོང་བ་འདོད་པ་ལ་འདོད་ཆགས་དང་ བྲལ་བ་དང་མ་བྲལ་བ་དེ་གཉིས་སྔར་ཟག་མེད་ཀྱི་ལས་ཀྱིས་འཕགས་པའི་ལམ་ཐོབ་པ་ཡིན་ ཡང༌། ཕྱིས་སྲིད་པ་དག་ཏུ་བསྒྱུར་ཏེ་ཚོགས་གཉིས་བསྐལ་པ་གྲངས་མེད་རྣམས་སུ་བསག་ དགོས་པའི་ཕྱིར། སྒོམ་སྤང་ཉོན་མོངས་པའི་ལྷག་མ་མ་སྤངས་པ་དང༌། སངས་རྒྱ་ཀྱི་མཐུས་ སྙིང་རྗེ་ཆེན་པོ་སྒོམ་པ་ལ་སྦྱར་ཏེ་སྐྱེ་བ་ལེན་པ་ནི། སྲིད་པའི་གཉེན་པོ་ཐོབ་ཀྱང་སྲིད་པར་ ཡང་ཡང་སྐྱེ་བ་ཕལ་བ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་སྐྱེ་བ་དང་ནི་ཡང་ དག་པར་ལྡན་པའོ། ། དེའི་ཚུལ་ཡང༌། གཅིག་ནི་སྨོན་ལམ་དབང་གིས་ནི། །སྐྱེ་བ་རབ་ཏུ་སྒྲུབ་ པར་བྱེད། །ཅིག་ཤོས་ཕྱིར་མི་འོང་བ་དང༌། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་ བསྒྲུབས། །འཕགས་པའི་ལམ་ཐོབ་པར་འདོད་པ་ལ་འདོད་ཆགས་དང་བྲལ་བ་དང་མ་ བྲལ་བ་གཉིས་ལས། གཅིག་འདོད་ཆགས་དང་མ་བྲལ་བ་རྒྱུན་ཞུགས་དང་ཕྱིར་འོང་དག་ནི་ སྙིང་རྗེ་ཆེན་པོ་ལ་བརྟེན་ནས་སྨོན་ལམ་བཏབ་པའི་དབང་གིས་ནི་ཇི་ལྟར་འདོད་པར་སྐྱེ་བ་ རབ་ཏུ་སྒྲུབ་པ་སྟེ་ཚོགས་གཉིས་སོག་པར་བྱེད་ལ། ཅིག་ཤོས་འདོད་པ་ལ་འདོད་ཆགས་དང་ བྲལ་བ་ནི་ཕྱིར་མི་འོང་ཐོབ་པ་དང་ལྡན་པའི་ཕྱིར་བསམ་གཏན་ལ་བརྟེན་ནས་སྤྲུལ་པའི་སྐྱེ་ བ་རབ་ཏུ་བསྒྲུབས་ཏེ་ཚོགས་གཉིས་སོག་པར་བྱེད་དོ། ། རྟོགས་པ་བུལ་བའི་རྒྱུ་མཚན་ནི། དེ་གཉིས་ཡང་དང་ཡང་དུ་ནི། །རང་ སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའི་ཕྱིར། ། རྟོགས་པ་བུལ་བ་ཡིན་པར་འདོད། །ཐེག་པའི་དོན་མཐོང་བ་དེ་གཉིས་ཡང་དང་ ཡང་དུ་ནི་ཉན་ཐོས་ཀྱི་རང་གི་སེམས་འཁོར་བར་གཞན་དོན་སྒྲུབ་པ་ལ་སྐྱོ་བ་དང་བཅས་ ཤིང་ཀུན་ཏུ་འབྱུང་བ་དང་ལྡན་པས་རང་དོན་དུ་མྱ་ངན་ལས་འདས་པའི་ཞི་བདེ་ལ་མངོན་ 4-1-300 པར་དགའ་བ་ཡུན་རིང་དུ་གོམས་པའི་ཕྱིར། ཉན་ཐོས་ཐེག་པའི་དོན་མ་མཐོང་བ་ཐེག་ཆེན་ དུ་འཇུག་པ་དང༌། ཐེག་ཆེན་ལས་དང་པོ་པ་ལ་ལྟོས་ནས་ཀྱང་རྫོགས་པའི་བྱང་ཆུབ་སྒྲུབ་པ་ ལ་རྟོགས་པ་བུལ་བ་ཡིན་པར་འདོད་དོ། ། རིམ་གྱིས་འཇུག་ཚུལ་ནི། དོན་བྱས་མ་ཡིན་དེ་སངས་རྒྱས། །མེད་པར་ སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བརྟེན་ནས། ། བྱང་ཆུབ་དམ་པ་ཐོབ་པར་འགྱུར། །བདེན་པ་མཐོང་བར་འདོད་པ་ལ་འདོད་ ཆགས་དང་མ་བྲལ་བ་དགྲ་བཅོམ་པ་ཐོབ་པའི་དོན་བྱས་པ་མ་ཡིན་པ་སློབ་པ་གང་ཡིན་པ་ དེ་ནི་སངས་རྒྱས་མེད་པའི་ཞིང་ཁམས་སུ་སྐྱེས་ནས་རང་རྒྱལ་གྱི་ལམ་དུ་ཞུགས་ཏེ། སྤྲུལ་པ་ དོན་དུ་གཉེར་བས་བསམ་གཏན་གྱི་དོན་ལ་བརྩོན་པར་བྱས་པས་སྐྱེ་བའི་ལུས་དེ་བོར་ནས་ སྤྲུལ་པའི་ལུས་ཐོབ་པ་ན་རང་སངས་རྒྱས་སུ་གྱུར་ཅིང༌། སྤྲུལ་པའི་ལུས་དེ་ལ་བརྟེན་ནས་ ཚོགས་གཉིས་རིམ་གྱིས་སྤྱད་པ་ལས་མཐར་བྱང་ཆུབ་དམ་པ་རྫོགས་པའི་སངས་རྒྱས་ཐོབ་ པར་འགྱུར་བ་ཡང་ཡོད་དོ། །དེ་ལྟར་ན་གང་ཟག་གཅིག་ཉིད་བདེན་པ་མཐོང་བའི་དུས་ན་ ཉན་ཐོས་དང༌། སྤྲུལ་པའི་ལུས་འཛིན་པ་ན་རང་སངས་རྒྱས་དང༌། ཚོགས་རྫོགས་པ་ན་བྱང་ ཆུབ་ཆེན་པོ་ཐོབ་པ་སྟེ་གནས་སྐབས་གསུམ་དུ་འགྱུར་བ་ལ་དགོངས་ནས། དཔལ་ཕྲེང་གི་ མདོ་ལས། ལྕི་བའི་མེ་ལས་རྩའི་མེ་དང་དེ་ལས་ཤིང་གི་མེར་འགྱུར་བའི་དཔེས། ཉན་ཐོས་ སུ་གྱུར་ནས་རང་སངས་རྒྱས་སུ་འགྱུར་རོ། །{ཕྱིས་ནི་སངས་རྒྱས་སུ་ཡང་འགྱུར་རོ་}ཞེས་ གསུངས་སོ། །འགྲེལ་བཤད་ལས། དོན་བྱས་པ་མ་ཡིན་པ་སོ་སོ་སྐྱེ་བོ་བདེན་པ་མ་མཐོང་བ་ ལ་བཤད་པ་ནི་འགྲེལ་བ་དང་མི་མཐུན་པ་ཉིད་དོ། ། ཐུན་མོང་དུ་རིག་པའི་གནས་ལྔ་ཡོངས་སུ་ཚོལ་བ་ནི། རིག་པའི་གནས་ལྔ་དག་ ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་ 4-1-301 མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་ན་གཞན་དག་ཚར་བཅད་རྗེས་སུ་ བཟུང་ཕྱིར་དང༌། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། ། མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་རྣམས་ ཀྱིས་ནི་ཤེས་བྱ་རིག་པའི་གནས་ལྔ་ཡོངས་སུ་བཙལ་ཞིང་དེ་དག་ལ་བསླབ་པར་བྱ་སྟེ། སྡེ་ སྣོད་གསུམ་དང་རྒྱུད་སྡེ་བཞི་དང་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་ཟབ་མོའི་ དོན་སྟོན་པ་ནང་རིག་པ་དང༌། རང་བཞིན་དང་རྐྱེན་དང་རྣམ་འགྱུར་ལ་སོགས་པས་ལེགས་ པར་སྦྱར་བའི་སྐད་ཀྱི་དོན་སྟོན་པ་སྒྲ་རིག་པ་དང༌། མངོན་སུམ་དང་རྗེས་དཔག་ལ་སོགས་ པས་ཤེས་བྱའི་དོན་གཏན་ལ་འབེབས་པ་གཏན་ཚིག་རིག་པ་དང༌། སྐུ་གཟུགས་ཀྱི་ཚད་དང་ གསེར་འགྱུར་དང་གོས་དང་རྒྱན་ལ་སོགས་པའི་བཟོ་གནས་སྣ་ཚོགས་སྟོན་པ་བཟོ་རིག་པ་ དང༌། ནད་ངོས་བཟུང་ནས་དེའི་རྒྱུ་སྤངས་ཏེ་ནད་མེད་པའི་བདེ་བ་ཐོབ་པའི་དོན་དུ་སྨན་ བསྟེན་ཚུལ་སྟོན་པ་གསོ་བ་རིག་པ་རྣམས་ལ་མཁས་པར་བྱའོ། །གལ་ཏེ་རིག་པའི་གནས་ལྔ་ པོ་དེ་དག་ལ་མཁས་པའི་དོན་དུ་བརྩོན་པར་མ་བྱས་ན་ནི། ཉན་རང་འཕགས་པས་ལྟ་སྨོས་ ཀྱང་ཅི་དགོས། འཕགས་པའི་མཆོག་བྱང་ཆུབ་སེམས་དཔའ་དག་གིས་ཀྱང༌། ཤེས་བྱ་ཇི་ལྟ་ བ་དང་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་ཉིད་ཀྱི་གོ་འཕང་ཐོབ་པར་མི་འགྱུར་ ཏེ། དེ་ལྟ་བས་ན་བསྟན་པ་ལ་མི་མོས་པའི་ཕྱིར་རྒོལ་བ་གཞན་ཚིག་དོན་གྱི་ཆ་ལ་འཁྲུལ་པར་ སྨྲ་བ་དག་ཚར་བཅད་པའི་ཕྱིར་སྒྲ་རིག་པ་དང༌། རྒྱུ་འབྲས་ཕྱིན་ཅི་ལོག་ཏུ་བཟུང་ནས་དོན་གྱི་ ཆ་ལ་འཁྲུལ་པར་སྨྲ་བ་དག་ཚར་བཅད་པའི་ཕྱིར་གཏན་ཚིགས་རིག་པ་དང༌། ཐབས་སླ་བས་ ལོངས་སྤྱོད་སྒྲུབ་པའི་ཆེད་དུ་བཟོ་གནས་ལ་དགའ་བ་རྣམས་རྗེས་སུ་གཟུང་བའི་ཕྱིར་བཟོ་ རིག་པ་དང༌། ནད་སྣ་ཚོགས་ཀྱིས་གཟིར་བ་རྣམས་ལ་ཕན་གདགས་ཤིང་རྗེས་སུ་གཟུང་བའི་ ཕྱིར་གསོ་བ་རིག་པ་དང༌། བདག་ཉིད་ཀྱིས་ཤེས་བྱ་ཀུན་ཤེས་པ་རྫོགས་པའི་བྱང་ཆུབ་ཆེན་ 4-1-302 པོ་ཐོབ་པར་བྱ་བའི་ཕྱིར་ནང་རིག་པ་སྟེ། རིག་པའི་གནས་ལྔ་པོ་དེ་དང་དེ་ལ་མཁས་པར་བྱ་ བའི་ཆེད་དུ་སྐབས་ཇི་ལྟར་འོས་པར་བྱང་ཆུབ་སེམས་དཔའ་དེ་དག་ཤིན་ཏུ་བརྩོན་པར་བྱེད་ དགོས་པ་ཉིད་དོ། །བྱང་ཆུབ་སྤྱོད་འཇུག་ལས་ཀྱང༌། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །དེ་ ནི་གང་ཡང་ཡོད་མ་ཡིན། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ ཡང་མེད། །ཅེས་གསུངས་པ་ལྟར་རོ། ། ཁམས་བརྟས་པར་བྱེད་ཐབས་ཡོངས་སུ་ཚོལ་བ་ལ། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་ ཚུལ་གྱིས་རྒྱས་པར་བཤད་པ་དང༌། དེ་དག་ལ་བརྟེན་ནས་ཁམས་བརྟས་པར་འགྱུར་ཚུལ་ གྱིས་དོན་བསྡུ་བའོ། ། དང་པོ་ལ། རིགས་མཐུ་མོས་ཕྱིན་ཤེས་བརྟེན་སོགས། །ཚོགས་གཉིས་ཏིང་འཛིན་སྙོམས་ སེམས་སོགས། །ཡང་དག་ཁྱད་པར་ངེས་བྱ་ལས། །བརྩམས་ཏེ་ཡིད་ལ་བྱེད་ཚུལ་ལོ། །ཞེས་ སྡོམ་དུ་བྱས་པ་ལྟར་བཅུ་གཉིས་ཀྱི་དང་པོ་རིགས་སོགས་ལས་བརྩམས་ཏེ་ཡིད་ལ་བྱེད་ཚུལ་ ནི། རྒྱུ་དམིགས་ནས་ནི་དགའ་བ་དང༌། །རྟེན་ལ་དེ་རྗེས་དྲན་པ་དང༌། ། འབྲས་བུ་ཐུན་མོང་འདོད་པ་དང༌། །ཇི་ལྟར་བྱང་ཆུབ་བཞིན་མོས་པའོ། ། (འགྲེལ་བཤད་ལས་)བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་རིགས་དང་ས་བོན་ནམ། ཕ་རོལ་ ཏུ་ཕྱིན་པ་རྣམས་ཀྱི་རིགས་དང་ས་བོན་ལ་ནི་ཁམས་ཞེས་བྱ་ཞིང༌། གང་དག་ཕ་རོལ་ཏུ་ཕྱིན་ པ་དང་ལྡན་པའི་ཡིད་ལ་བྱེད་པས་ཁམས་དེ་ཉིད་བརྟས་པར་བྱེད་པ་དེ་དག་རིམ་པས་སྟོན་ པ་སྟེ། དེ་ཡང་རྒྱུ་དམིགས་ནས་དགའ་བ་ཡིད་ལ་བྱེད་པ་ནས་བདག་ཉིད་མཆོག་ཏུ་ངེས་པར་ འཛིན་པ་ཡིད་ལ་བྱེད་པའི་བར་དག་གིས་སོ། །དང་པོར་བྱང་ཆུབ་སེམས་དཔའ་རིགས་ལ་ གནས་པ་དེས། བདག་ཉིད་ལ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཐེག་པ་ཆེན་པོའི་རིགས་དམིགས་ 4-1-303 ཤིང་ཡོད་པར་མཐོང་ནས་ནི་རབ་ཏུ་དགའ་བས་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་ཅིང་ཁམས་ བརྟས་པར་བྱེད་པ་དང༌། དེ་ནས་སེམས་བསྐྱེད་པ་ན་བདག་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ ཀྱི་རྟེན་བྱང་ཆུབ་ཀྱི་སེམས་ཡོད་པ་ལ་ཡོད་པར་ཤེས་ནས་དེ་ཉིད་རྗེས་སུ་དྲན་པས་ངེས་པར་ ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ་སྙམ་དུ་ཡིད་ལ་བྱེད་པ་དང༌། སེམས་ བསྐྱེད་ནས་རང་གཞན་གྱི་དོན་བསྒྲུབ་པ་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་འབྲས་བུ་སེམས་ ཅན་གཞན་ཐམས་ཅད་དང་ཐུན་མོང་དུ་ཐོབ་པར་གྱུར་ཅིག་སྙམ་དུ་འདོད་ཅིང་ཡིད་ལ་བྱེད་ པ་དང༌། རང་གཞན་གྱི་དོན་བསྒྲུབས་པས་དེ་ཁོ་ན་ཉིད་མཐོང་བ་ན་ཇི་ལྟར་དུས་གསུམ་གྱི་ སངས་རྒྱས་རྣམས་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་མངོན་པར་བྱང་ཆུབ་པ་དེ་བཞིན་དུ་བདག་ གིས་ཀྱང་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ཅིག་སྙམ་དུ་མོས་པ་ཡིད་ལ་བྱེད་པས་ཁམས་ བརྟས་པར་འགྱུར་བའོ། ། མཐུ་སོགས་ལས་བརྩམས་ཏེ་ཡིད་ལ་བྱེད་ཚུལ་ནི། མཐུ་ནི་རྣམ་པ་བཞི་དག་ གིས། །དགའ་དང་ངེས་པར་མི་སྐྱོ་དང༌། །མི་མཐུན་ཕྱོགས་དང་གཉེན་ པོ་ལ། །སྒྲུབ་པ་རྣམ་པ་བཞི་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་མི་མཐུན་ཕྱོགས་སེར་ སྣ་ལ་སོགས་པ་སྤོང་བ་དང་དེ་དག་གིས་ཚོགས་ཡོངས་སུ་སྨིན་པ་དང༌། རང་གཞན་ལ་ཕན་ པ་དང་ཕྱི་མ་ལ་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་འབྱིན་པ་སྟེ། མཐུ་ནི་རྣམ་པ་ བཞི་པོ་དེ་དག་རང་ལ་ཡོད་པར་ཤེས་པ་དག་གིས་མངོན་པར་དགའ་བ་ཡིད་ལ་བྱེད་པ་དང༌། རང་གཞན་ཡོངས་སུ་སྨིན་པའི་དོན་དུ་གཞན་གྱི་ལོག་སྒྲུབ་དང་རང་གི་དཀའ་སྤྱད་ལ་ངེས་ པར་མི་སྐྱོ་བ་ཡིད་ལ་བྱེད་པ་དང༌། སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་ སོགས་པ་སོ་སོར་འཆགས་པ་དང༌། གཉེན་པོ་སྦྱིན་སོགས་སྒྲུབ་པ་ལ་རྗེས་སུ་ཡི་རང་བ་དང༌། སྤང་གཉེན་གྱི་ཆོས་བཤད་པའི་ཆེད་དུ་སངས་རྒྱས་ལ་གསོལ་བ་གདབ་པ་དང༌། དེ་དག་གི་ 4-1-304 དགེ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ། སྒྲུབ་པ་རྣམ་པ་བཞི་ཡིད་ལ་བྱེད་པས་ཀྱང་ཁམས་ བརྟས་པར་འགྱུར་བ་ཡིན་ནོ། ། མོས་སོགས་ལས་བརྩམས་ཏེ་ཡིད་ལ་བྱེད་ཚུལ་ནི། རབ་དང་ཡང་དག་ནོད་པ་ དང༌། །གཞན་ལ་སྦྱིན་པར་འདུན་པ་དང༌། །གོ་ཆ་དང་ནི་སྨོན་ལམ་ དང༌། །མངོན་པར་དགའ་དང་བྱ་བའི་ཡིད། །མོས་པའི་སྟོབས་བསྐྱེད་པ་ལས་ བརྩམས་ཏེ་ཕ་རོལ་ཏུ་ཕྱིན་པའི་ཆོས་དང་དོན་ལ་རབ་ཏུ་[དང་{དབང་}བ་ཡིད་ལ་བྱེད་པ་ དང༌། ཆོས་ཚོལ་བ་ལས་བརྩམས་ཏེ་ཆོས་ཟབ་མོ་དེ་རྣམས་ལ་མི་སྨོད་ཅིང་ཡོངས་སུ་འཛིན་ པའི་སྒོ་ནས་གཞན་ལས་ཡང་དག་པར་ནོད་པར་བྱེད་པ་དང༌། བཤད་པ་ལས་བརྩམས་ ཏེ་ཆོས་དང་དོན་{རབ་ཏུ་}འཆད་པའི་སྒོ་ནས་གདུལ་བྱ་གཞན་ལ་སྦྱིན་པར་འདུན་པ་ཡིད་ ལ་བྱེད་པ་དང༌། སྒྲུབ་པ་ལས་བརྩམས་ཏེ་སྦྱིན་སོགས་ཡོངས་སུ་རྫོགས་པའི་ཆེད་དུ་གོ་ཆ་ ཆེན་པོ་གོན་པ་དང་ནི་གདམས་ངག་རྗེས་སུ་སྟོན་པ་དང་མཐུན་པར་སྦྱིན་སོགས་ཡོངས་ སུ་རྫོགས་པའི་རྐྱེན་དང་ཕྲད་པའི་དོན་དུ་སྨོན་ལམ་ཡིད་ལ་བྱེད་པ་དང༌། བདག་ཉིད་སྦྱིན་ སོགས་བསྒྲུབ་པ་ནི་ཡང་དག་པའི་བསྒྲུབ་པའོ་སྙམ་དུ་མངོན་པར་དགའ་བ་ཡིད་ལ་བྱེད་པ་ དང༌། ཐབས་དང་ལྡན་པའི་ལས་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་པར་བྱ་ བའི་ཡིད་དགེ་བ་རྒྱ་ཆེན་པོ་ལ་སྤྲོ་ཞིང་འཁོར་གསུམ་དུ་རྣམ་པར་མི་རྟོག་པས་ཟིན་པས་ཀྱང་ ཁམས་བརྟས་པར་བྱེད་པའོ། ། སྦྱིན་སོགས་ལས་བརྩམས་ཏེ་ཡིད་ལ་བྱེད་ཚུལ་ནི། སྦྱིན་སོགས་རྣམ་པ་དྲུག་ལ་ ནི། །མཐུ་ཐོབ་པ་དང་ཡོངས་སྨིན་དང༌། །མཆོད་པ་དང་ནི་བསྟེན་པ་ལ། ། ཡང་དག་སྤྲོ་བ་མཆོག་དང་བརྩེ། །སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་པོ་ རེ་རེ་ལ་ནི་སྦྱིན་པའི་སྦྱིན་པ་ལ་སོགས་པ་དྲུག་དྲུག་ཏུ་གནས་པ་རྣམས་ལ་ནི་ཇི་ལྟར་འདོད་པ་ 4-1-305 བཞིན་སྒྲུབ་པར་ནུས་པའི་མཐུ་ཐོབ་པ་ལ་སྤྲོ་བ་ཡིད་ལ་བྱེད་པ་དང༌། དེ་དག་ལ་བརྟེན་ནས་ བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་སྤྲོ་བ་ཡིད་ལ་བྱེད་པ་ དང༌། སྦྱིན་པས་རྙེད་བཀུར་གྱིས་མཆོད་པ་དང་གཞན་ལྔས་སྒྲུབ་པའི་མཆོད་པས་སངས་རྒྱས་ ལ་སོགས་པ་མཆོད་པ་ལ་སྤྲོ་བ་ཡིད་ལ་བྱེད་པ་དང་ནི་སྦྱིན་སོགས་ཕྱིན་ཅི་མ་ལོག་པ་སྟོན་ པའི་དགེ་བའི་བཤེས་གཉེན་བསྟེན་པ་ལ་ཡང་དག་པར་སྤྲོ་བ་མཆོག་ཏུ་གྱུར་པ་ཡིད་ལ་བྱེད་ པ་དང༌། གཉེན་པོ་སྦྱིན་སོགས་སྒྲུབ་པ་ལ་བྱམས་པ་དང༌། སྤང་བྱ་སེར་སྣ་སོགས་དང་ལྡན་ པ་ལ་སྙིང་རྗེ་དང༌། སྦྱིན་སོགས་ཡོན་ཏན་དང་ལྡན་པ་ལ་དགའ་བ་དང༌། མཆོག་དམན་དུ་ གྱུར་པ་ལ་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཏེ་བརྩེ་བ་ཆེན་པོ་ཡིད་ལ་བྱེད་པས་ཀྱང་ ཁམས་བརྟས་པར་བྱེད་པའོ། ། ཤེས་སོགས་ལས་བརྩམས་ཏེ་ཡིད་ལ་བྱེད་ཚུལ་ནི། མ་བྱས་ངན་པར་བྱས་པ་ ལ། །ངོ་ཚ་འགྱོད་དང་ཡུལ་ལ་དགའ། །སྐྱོ་ལ་དགྲ་བོའི་འདུ་ཤེས་དང༌། ། འགོད་དང་བརྗོད་པའི་བློ་གྲོས་སོ། །ངོ་ཚ་ཤེས་པ་ལས་བརྩམས་ཏེ་སྦྱིན་པ་ལ་ སོགས་པ་མ་བྱས་པའམ་བྱས་ཀྱང་མ་རྫོགས་པའམ་ངན་པ་སྟེ། ལོག་པར་བྱས་པ་ལ་ངོ་ཚ་ ཞིང་ཡུན་མི་རིང་བར་འགྱོད་པའི་སྒོ་ནས་ཡོངས་སུ་རྫོགས་ཤིང་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ དང༌། བརྟན་པ་ལས་བརྩམས་ཏེ་ཡུལ་སྦྱིན་སོགས་ལ་དགའ་བ་ཡིད་ལ་བྱེད་པས་སེམས་མི་ གཡེང་བར་ཀུན་ཏུ་འཛིན་པ་དང༌། མི་སྐྱོ་བ་ལས་བརྩམས་ཏེ་སྦྱིན་སོགས་སྤྱོད་པས་སྐྱོ་བ་ལ་ དགྲ་བོའི་འདུ་ཤེས་ཀྱིས་སྤོང་བར་བྱེད་པ་དང༌། བསྟན་བཅོས་ཤེས་པ་ལས་བརྩམས་ཏེ་སྦྱིན་ སོགས་ཡང་དག་པར་སྟོན་པའི་བསྟན་བཅོས་འགོད་པ་ལ་འདུན་པའི་བློ་གྲོས་དང༌། འཇིག་ རྟེན་ཤེས་པ་ལས་བརྩམས་ཏེ་བསྟན་བཅོས་དེ་ཉིད་འཇིག་རྟེན་པའི་བློ་དང་མཚམས་པར་ གང་ལ་གང་འོས་སུ་བརྗོད་པའི་བློ་གྲོས་སོ་ཞེས་པ་དེ་རྣམས་ཡིད་ལ་བྱེད་པས་ཀྱང་ཁམས་ 4-1-306 བརྟས་པར་འགྱུར་བའོ། ། རྟེན་སོགས་ལས་བརྩམས་ཏེ་ཡིད་ལ་བྱེད་ཚུལ་ནི། སྦྱིན་སོགས་རྫོགས་པའི་ བྱང་ཆུབ་ཀྱི། །རྟེན་ཡིན་དབང་ཕྱུག་ལ་སོགས་མིན། །གཉིས་པོ་དག་ལ་ སྐྱོན་དང་ནི། །ཡོན་ཏན་སོ་སོར་ཡང་དག་རིག །སྦྱིན་པ་ལ་སོགས་པའི་ཕ་རོལ་ ཏུ་ཕྱིན་པ་རྣམས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་བའི་རྟེན་ནམ་ གཞིའམ་རྒྱུ་ཡིན་གྱི། དབང་ཕྱུག་དང་ཚངས་པ་ལ་སོགས་པ་ལ་བརྟེན་ནས་ནི་བྱང་ཆུབ་ཐོབ་ པར་འགྱུར་བ་མིན་ནོ། །ཞེས་ཆོས་ལ་རྟོན་གྱི་གང་ཟག་ལ་རྟོན་པ་མ་ཡིན་པ་ཡིད་ལ་བྱེད་པ་ དང༌། མི་མཐུན་ཕྱོགས་དང་གཉེན་པོ་གཉིས་པོ་དག་ལ་རིམ་པ་བཞིན་དུ་སེར་སྣ་ལ་བརྟེན་ ནས་དབུལ་པོར་འགྱུར་པ་ལ་སོགས་པའི་སྐྱོན་དང་ནི་སྦྱིན་པ་ལ་བརྟེན་ནས་འབྱོར་པ་ཐོབ་པ་ ལ་སོགས་པའི་ཡོན་ཏན་སོ་སོར་ཡང་དག་པར་རིག་པ་ཡིད་ལ་བྱེད་པས་ཀྱང་ཁམས་བརྟས་ པར་འགྱུར་བའོ། ། ཚོགས་གཉིས་སོགས་ལས་བརྩམས་ཏེ་ཡིད་ལ་བྱེད་ཚུལ་ནི། བསགས་པ་རྗེས་སུ་ དྲན་པ་ཡིས། །དགའ་དང་དོན་ཆེན་མཐོང་བ་དང༌། །རྣལ་འབྱོར་རྣམ་ པར་མི་རྟོག་དང༌། །དེ་འཛིན་རྐྱེན་དང་ཕྲད་འདོད་པ། །སྦྱིན་པ་ལ་སོགས་པ་ ལ་བརྟེན་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་རྗེས་སུ་དྲན་པ་ཡིས་ དགའ་བ་ཁྱད་པར་ཅན་ཡིད་ལ་བྱེད་པ་དང༌། སྦྱིན་པ་ལ་སོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་ མཐུན་པའི་ངོ་བོ་ཡིན་པས་དེ་དག་ལ་བརྟེན་ནས་འབྲས་བུ་དོན་ཆེན་པོ་རྫོགས་པའི་སངས་ རྒྱས་ཐོབ་པར་མཐོང་བ་ཡིད་ལ་བྱེད་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱ་བའི་ཕྱིར་ཞི་ གནས་དང་ལྷག་མཐོང་གི་རྣལ་འབྱོར་སྒོམ་པར་འདོད་པ་ཡིད་ལ་བྱེད་པ་དང༌། སྦྱིན་སོགས་ རྫོགས་པར་བྱེད་པའི་ཐབས་ལ་མཁས་པ་འཁོར་གསུམ་དུ་རྣམ་པར་མི་རྟོག་པ་ཡིད་ལ་བྱེད་ 4-1-307 པ་དང༌། ཕ་རོལ་ཏུ་ཕྱིན་པ་དེ་རྣམས་སྟོན་པའི་ཆོས་དང་དོན་འཛིན་པར་འདོད་པ་ཡིད་ལ་བྱེད་ པ་དང༌། སྦྱིན་སོགས་དེ་རྣམས་འཛིན་ཞིང་རྫོགས་པར་བྱེད་པའི་མཐུན་རྐྱེན་དགེ་བའི་བཤེས་ གཉེན་དང་ཕྲད་པར་འདོད་པའི་སྨོན་ལམ་ཡིད་ལ་བྱེད་པས་ཀྱང་ཁམས་བརྟས་པར་འགྱུར་ བའོ། ། ཏིང་ངེ་འཛིན་ལ་སོགས་པ་ལས་བརྩམས་ཏེ་ཡིད་ལ་བྱེད་ཚུལ་ནི། ལོག་པར་འཛིན་ པ་རྣམ་པ་བདུན། །སྤོང་བའི་མཐུ་ནི་མཐོང་བ་དང༌། །ངོ་མཚར་ངོ་ མཚར་མེད་པ་ལ། །འདུ་ཤེས་རྣམ་པ་བཞི་ཉིད་དོ། །ཕ་རོལ་ཏུ་ཕྱིན་པ་བསྒོམ་ པའི་མི་མཐུན་ཕྱོགས་ཀུན་བཏགས་མེད་པ་ལ་ཡོད་པར་འཛིན་པ་དང༌། གཞན་དབང་སྐྱོན་ ཅན་ལ་ཡོན་ཏན་དུ་འཛིན་པ་དང༌། ཡོངས་གྲུབ་ཡོན་ཏན་དང་ལྡན་པ་ལ་མི་ལྡན་པར་འཛིན་ པ་དང༌། འདུས་བྱས་རྟག་པར་འཛིན་པ་དང༌། ཟག་བཅས་བདེ་བར་འཛིན་པ་དང༌། ཆོས་ལ་ བདག་དུ་འཛིན་པ་དང༌། མྱང་འདས་མ་ཞི་བར་འཛིན་པ་སྟེ་ལོག་པར་འཛིན་པ་རྣམ་པ་བདུན་ སྤོང་པའི་མཐུ་ནི། དང་པོ་གསུམ་གྱི་གཉེན་པོར་སྟོང་པ་ཉིད་དང་སྨོན་པ་མེད་པ་དང་མཚན་ མ་མེད་པའི་ཏིང་ངེ་འཛིན་ཏེ་རྣམ་པར་ཐར་པའི་སྒོ་གསུམ་ཡིད་ལ་བྱེད་པ་དང༌། ཕྱི་མ་བཞིའི་ གཉེན་པོར་འདུས་བྱས་ཐམས་ཅད་མི་རྟག་པ་དང༌། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ དང༌། ཆོས་ཐམས་ཅད་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ཞི་བ་སྟེ་ཆོས་ཀྱི་སྡོམ་བཞི་ ཡིད་ལ་བྱེད་པ་མཐོང་བ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་ཕྱོགས་རེ་བ་མ་ཡིན་པར་སྒྲུབ་པ་རྒྱ་ ཆེ་བའི་འདུ་ཤེས་དང༌། བསྐལ་པ་མང་པོར་སྒྲུབ་པ་ཡུན་རིང་བའི་འདུ་ཤེས་དང༌། ཚེ་འདིར་ ལན་ལ་རེ་བ་མེད་པའི་འདུ་ཤེས་དང༌། ཕྱི་མར་རྣམ་པར་སྨིན་པ་ལ་རེ་བ་མེད་པའི་འདུ་ཤེས་ ཏེ་ངོ་མཚར་བའི་འདུ་ཤེས་རྣམ་པ་བཞི་ཡིད་ལ་བྱེད་པ་དང༌། རྒྱུ་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེ་བ་ དང་ཡུན་རིང་བ་ཡོད་ན་འབྲས་བུ་སངས་རྒྱས་ཉིད་འགྲུབ་པ་དང༌། གཉིས་པོ་དེ་དག་ཡོད་ 4-1-308 ན་རང་གཞན་ལ་སེམས་མཉམ་པར་འཇོག་པ་དང༌། ཁྱད་པར་དུ་འཕགས་པ་བརྒྱ་བྱིན་ལ་ སོགས་པ་ལས་མཆོད་པ་ཐོབ་ཀྱང་ལན་ལ་རེ་བ་མེད་པ་དང༌། འཇིག་རྟེན་ཐམས་ཅད་ལས་ ཁྱད་པར་དུ་འཕགས་པའི་ལུས་དང་ལོངས་སྤྱོད་ཐོབ་ཀྱང་རྣམ་པར་སྨིན་པ་ལ་རེ་བ་མེད་པ་ནི་ དམ་པ་རྣམས་ཀྱི་ཆོས་ཉིད་ཡིན་པས། ངོ་མཚར་བ་མེད་པ་ལའང་འདུ་ཤེས་རྣམ་པ་བཞི་ཡིད་ ལ་བྱེད་པས་ཀྱང་ཁམས་བརྟས་པར་འགྱུར་བ་ཉིད་དོ། ། སྙོམས་སེམས་ལ་སོགས་ལས་བརྩམས་ཏེ་ཡིད་ལ་བྱེད་ཚུལ་ནི། སེམས་ཅན་ རྣམས་ལ་སྙོམས་སེམས་དང༌། །བདག་ཉིད་ཆེན་པོ་མཐོང་བ་དང༌། ། གཞན་གྱི་ཡོན་ཏན་ལན་རེ་དང༌། །གསུམ་དུ་སྨོན་དང་རྒྱུན་དུའོ། །ཕ་ རོལ་ཏུ་ཕྱིན་པ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཉེ་རིང་མེད་པར་སྙོམས་པའི་སེམས་ཀྱིས་ ཕན་འདོགས་པ་ཡིད་ལ་བྱེད་པ་དང༌། དེ་རྣམས་ཀྱིས་སེམས་ཅན་ལ་ཕན་འདོགས་པ་ནི་ བདག་ཉིད་ཆེན་པོ་ཉིད་དུ་མཐོང་བ་ཡིད་ལ་བྱེད་པ་དང༌། ཕན་བཏགས་པའི་ལན་དུ་གཞན་ དག་ཀྱང་སྦྱིན་སོགས་ཀྱི་ཡོན་ཏན་ལ་འཇུག་པའི་ལན་རེ་བ་ཡིད་ལ་བྱེད་པ་དང༌། དེ་དག་གི་ དགེ་བ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གནས་པས། བྱང་ ཆུབ་སེམས་དཔའི་སའི་མཐར་ཐུག་པ་དང༌། སངས་རྒྱས་ཀྱི་སའི་མཐར་ཐུག་པ་དང༌། སེམས་ ཅན་གྱི་དོན་བྱེད་པ་གསུམ་དུ་གྱུར་ཅིག་ཅེས་སྨོན་པ་ཡིད་ལ་བྱེད་པ་དང༌། དུས་དོན་ཡོད་པར་ བྱས་ཏེ་རེས་འགའ་བ་མ་ཡིན་པར་སྦྱིན་སོགས་རྒྱུན་དུ་[ཡོད་{སྤྱོད་}པ་ཡིད་ལ་བྱེད་པས་ཀྱང་ ཁམས་བརྟས་པར་འགྱུར་བའོ། ། ཡང་དག་སྦྱོར་བ་ལས་བརྩམས་ཏེ་ཡིད་ལ་བྱེད་ཚུལ་ནི། སངས་རྒྱས་བསྟན་པ་ བསྒྲུབ་པའི་ཕྱིར། །ཚུ་རོལ་མི་གནས་སེམས་པ་དང༌། །དེས་དམན་དར་ བའི་སེམས་ཅན་ལ། །མི་དགའ་བ་དང་རབ་དགའ་བའོ། །སངས་རྒྱས་ 4-1-309 བཅོམ་ལྡན་འདས་ཀྱིས་ཇི་སྐད་བསྟན་པ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་ཕྱིན་ཅི་མ་ལོག་ པར་བསྒྲུབ་པར་བྱ་བའི་ཕྱིར་ཚུ་རོལ་ཏེ་རང་དོན་ཕལ་པ་ཙམ་ལ་མི་གནས་པར་གཞན་དོན་ ཁྱད་པར་དུ་འཕགས་པ་སྒྲུབ་པར་སེམས་པ་ཡང་དག་པའི་སྦྱོར་བ་ཡིད་ལ་བྱེད་པ་དང༌། དེས་ དམན་དར་བའི་ཞེས་པ་རིམ་པ་ལྟར་{སྦྱར་ཏེ}། སྦྱིན་སོགས་ཡང་དག་པ་དེས་དམན་ཞིང་ བཅོས་མ་ལ་དགའ་བའི་སེམས་ཅན་རྣམས་ལ་མི་དགའ་བ་ཡིད་ལ་བྱེད་པ་དང༌། སྦྱིན་སོགས་ ཡང་དག་པ་དེས་དར་བའི་སེམས་ཅན་རྣམས་ལ་རབ་ཏུ་དགའ་བ་ཡིད་ལ་བྱེད་པས་ཀྱང་ ཁམས་བརྟས་པར་འགྱུར་བའོ། ། ཁྱད་པར་ལས་བརྩམས་ཏེ་ཡིད་ལ་བྱེད་ཚུལ་ནི། བསྒོམ་པ་བཅོས་དང་ཡང་ དག་ལ། །མ་དད་པ་དང་དད་པ་དང༌། །དང་དུ་མི་ལེན་ཡིད་བྱེད་ལ། ། ལུང་བསྟན་ངེས་པར་དགའ་བའོ། །བསྒོམ་པ་བཅོས་དང་ཡང་དག་ལ་ཞེས་པ་རིམ་ པ་ལྟར་{སྦྱར་ཏེ་}ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལྟར་སྣང་བཅོས་མ་རྣམས་ལ་མ་དད་པ་ཡིད་ལ་ བྱེད་པ་དང༌། སྦྱིན་སོགས་ཡང་དག་པར་སྤྱོད་པ་རྣམས་ལ་དད་པ་ཡིད་ལ་བྱེད་པ་དང༌། མི་ མཐུན་ཕྱོགས་སེར་སྣ་ལ་སོགས་པ་སྐྱེས་ན་གཉེན་པོ་སྦྱིན་པ་ལ་སོགས་པས་འདུལ་ཞིང་དང་ དུ་མི་ལེན་པ་ཡིད་ལ་བྱེད་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་པའི་འབྲས་བུ་{བྱང་ཆུབ་ ཏུ་}ལུང་བསྟན་པ་ཐོབ་པ་ན་དགའ་བ་ཡིད་ལ་བྱེད་པ་དང༌། ས་བཅུ་པོ་ན་ཕ་རོལ་ཏུ་ཕྱིན་པ་ བཅུ་ག་ཡོད་ཅིང༌། ཁྱད་པར་དུ་ས་དང་པོ་ན་སྦྱིན་པ་གཙོ་ཆེ་བ་ལ་སོགས་པ་ངེས་པའི་ས་ལ་ གནས་པ་ཐོབ་པར་འགྱུར་བ་ལ་དགའ་བ་ཡིད་ལ་བྱེད་པས་ཀྱང་ཁམས་བརྟས་པར་འགྱུར་ བའོ། ། ངེས་པར་བྱ་བ་ལས་བརྩམས་ཏེ་ཡིད་ལ་བྱེད་ཚུལ་ནི། ཕྱི་མའི་ཚེ་ལ་མཐོང་བའི་ ཕྱིར། །འཇུག་སེམས་མཉམ་པར་ལྟ་བའི་ཕྱིར། །མཆོག་ཆོས་རྣམས་ལ་ 4-1-310 ཞུགས་པ་ཡིས། །བདག་ཉིད་མཆོག་ཏུ་ངེས་འཛིན་ཕྱིར། །བྱང་ཆུབ་སེམས་ དཔའ་ཡིན་ཕན་ཆད་ཕྱི་མའི་ཚེ་ལ་[མཐོང་{འགྲོ་}བ་གང་དུ་སྐྱེས་ཀྱང་སྦྱིན་པ་ལ་སོགས་པ་ ངེས་པར་བྱ་དགོས་སོ་སྙམ་དུ་མཐོང་བའི་ཕྱིར་འདིར་ཡང་དེ་དག་སྤྱོད་པ་ལ་འཇུག་པ་ཡིད་ལ་ བྱེད་པ་དང༌། བྱང་ཆུབ་སེམས་དཔའ་གཞན་རྣམས་དང་ཡང་བདག་ཉིད་སེམས་མཉམ་པར་ ལྟ་བའི་ཕྱིར་དེ་དག་དང་ལྷན་ཅིག་ཕ་རོལ་ཏུ་ཕྱིན་པ་རྣམས་རྟག་ཏུ་མོས་པས་སྒྲུབ་པ་ཡིད་ལ་ བྱེད་པ་དང༌། སྤྱོད་པའི་མཆོག་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ལ་ཞུགས་པ་ཡིས་བདག་ཉིད་ མཆོག་ཏུ་འགྱུར་བར་ངེས་པར་འཛིན་པའི་ཕྱིར་སྦྱིན་པའི་ནང་ནས་ཆོས་ཀྱི་སྦྱིན་པ་མཆོག་ ཏུ་གྱུར་པ་ལ་སོགས་པ་རྣམས་ལ་འཇུག་པ་ཡིད་ལ་བྱེད་པས་ཀྱང་ཁམས་བརྟས་པར་འགྱུར་ བའོ། ། དེ་དག་ལ་བརྟེན་ནས་ཁམས་བརྟས་པར་འགྱུར་ཚུལ་གྱིས་དོན་བསྡུ་བ་ནི། ཕ་རོལ་ ཕྱིན་བཅུའི་རྒྱུས་བྱུང་བའི། །དགེ་བ་ཡིད་ལ་བྱེད་འདི་དག །རྟག་ཏུ་བྱང་ ཆུབ་སེམས་དཔའ་ཡི། །ཁམས་ནི་བརྟས་པར་བྱེད་པ་ཡིན། །དགོངས་ འགྲེས་ལས། ཐབས་དང་སྟོབས་དང་སྨོན་ལམ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞིའི་དང་ པོ་ནི་སྦྱིན་སོགས་དང་པོ་གསུམ་གྱི་གྲོགས་དང༌། ཕྱི་མ་གསུམ་རིམ་པ་བཞིན་ཕར་ཕྱིན་ཕྱི་མ་ གསུམ་གྱི་གྲོགས་སུ་གསུངས་ཤིང༌། དབུས་མཐའི་ཊཱིཀྐཱར། བཞི་གའང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལས་ཕྱེ་བར་གསུངས་པ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་བཅུའི་རྒྱུ་ལས་བྱུང་བའི་ ཚོགས་གཉིས་ཀྱི་དགེ་བ་ཡིད་ལ་བྱེད་པ་འདི་དག་གིས་དུས་རྟག་ཏུ་བྱང་ཆུབ་སེམས་དཔའི་ ཁམས་རང་བཞིན་གྱི་རིགས་ཆོས་ཀྱི་དབྱིངས་དྲི་མ་དང་བྲལ་བར་བྱེད་ཅིང༌། རྒྱས་འགྱུར་གྱི་ རིགས་ཕ་རོལ་ཏུ་ཕྱིན་པའི་དགེ་བའི་བག་ཆགས་སམ་ས་བོན་གྱི་ནུས་པ་ནི་གོང་ནས་གོང་དུ་ འཕེལ་ཞིང་བརྟས་པར་བྱེད་པ་ཡིན་ནོ། ། 4-1-311 ཆོས་ཡོངས་སུ་ཚོལ་བའི་རབ་ཏུ་དབྱེ་བ་ནི། རྒྱས་དང་ལྷག་པའི་བསམ་དང་ ཆེན་པོ་ནི། །བརྟན་པའི་ཡོངས་སུ་ཚོལ་བ་ཡིན་པར་འདོད། །དེ་དག་གི་ ནི་སྤང་དང་བཅས་པ་དང༌། །སྤང་བ་མེད་དང་དེ་བཞིན་དབང་འབྱོར་ པའོ། །ཆོས་ཡོངས་སུ་ཚོལ་བ་རྣམ་པ་བཅུ་གསུམ་གྱི་དང་པོ་དྲུག་ནི། མོས་སྦྱོད་ཀྱི་གནས་ སྐབས་ན་ཐེག་ཆེན་གྱི་ཆོས་ཐོས་པ་ལ་བརྟེན་ནས་མོས་པ་རྒྱས་པའི་ཚོལ་བ་དང༌། ཆོས་ཀྱི་ སྒོའི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་དང༌། ས་དང་པོ་ནས་བདུན་པའི་བར་ལ་ཆོས་ཉིད་ཁོང་དུ་ ཆུད་ཅིང་བདག་གཞན་མཉམ་པར་རྟོགས་པས་ལྷག་པའི་བསམ་པ་དག་པའི་ཚོལ་བ་དང༌། དག་པ་ས་གསུམ་གྱི་སྐབས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་འབྱོར་པ་ཐོབ་པས་ ཆེན་པོར་གྱུར་པའི་ཚོལ་བ་སྟེ། དེ་རྣམས་ནི་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་ སུ་ཚོལ་བ་ཡིན་པར་འདོད་ཅིང༌། དེ་དག་གི་ནི་རྣམ་གྲངས་ཀྱང་རིམ་པ་བཞིན་དུ་མོས་སྤྱོད་ཀྱི་ སྐབས་ན་སྤང་བྱ་དང་བཅས་པ་དང༌། ས་དང་པོ་ནས་མཐོང་བས་སྤང་བར་བྱ་བ་མེད་པ་དང༌། དེ་བཞིན་དུ་ས་བརྒྱད་པ་ནས་ཉོན་མོངས་མངོན་དུ་གྱུར་མེད་པས་དབང་འབྱོར་པ་ཐོབ་པའི་ ཡོངས་སུ་ཚོལ་བའོ། ། ཕྱི་མ་བདུན་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོལ་བ་ནི། །སྐུ་མེད་ པ་དང་བཅས་དང་སྐུ་ཐོབ་དང༌། །སྐུ་ཡོངས་རྫོགས་དང་ང་རྒྱལ་མང་བ་ དང༌། །ང་རྒྱལ་ཕྲ་དང་ང་རྒྱལ་མེད་པར་འདོད། །སླར་ཡང་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཆོས་ཡོངས་སུ་ཚོལ་བའི་དབྱེ་བ་ནི། མོས་སྤྱོད་ཀྱི་སྐབས་སུ་ཐོས་བསམ་ རྟོག་དཔྱོད་ལ་བརྟེན་པ་ན་ཆོས་ཀྱི་སྐུ་མངོན་དུ་གྱུར་པ་མེད་པའི་ཚོལ་བ་དང༌། དེ་དག་ཏུའང་ བསྒོམས་པ་ལས་བྱུང་བའི་ཤེས་རབ་ཐོབ་པ་ན་ཆོས་ཀྱི་སྐུ་དང་བཅས་པའི་ཚོལ་བ་དང༌། ས་ དང་པོ་ནས་བདུན་པའི་བར་ལ་ཆོས་ཉིད་མངོན་སུམ་དུ་མཐོང་བས་ཆོས་ཀྱི་སྐུ་ཐོབ་པའི་ 4-1-312 ཚོལ་བ་དང༌། ས་བརྒྱད་པ་ཡན་ཆད་མི་རྟོག་ཡེ་ཤེས་ལ་དབང་ཐོབ་པས་ཆོས་ཀྱི་སྐུ་ཡོངས་སུ་ རྫོགས་པའི་ཚོལ་བ་དང༌། ཡང་མོས་སྤྱོད་ཀྱི་སྐབས་ན་ངར་འཛིན་མ་སྤངས་པས་ང་རྒྱལ་མང་ བའི་ཚོལ་བ་དང༌། ས་དང་པོ་བདུན་ན་ངར་འཛིན་རགས་པ་མེད་པས་ང་རྒྱལ་ཕྲ་བའི་ཚོལ་བ་ དང༌། ས་བརྒྱད་པ་ཡན་ཆད་ན་ཉོན་ཡིད་སྤངས་པས་ང་རྒྱལ་ཅུང་ཟད་ཀྱང་མེད་པའི་ཚོལ་བ་ ཡིན་པར་འདོད་དོ། ། དགོས་པའམ་རྒྱུ་ཉིད་ཀྱི་ཆོས་ཡོངས་སུ་ཚོལ་བ་ནི། བརྟན་ཆོས་གཟུགས་དང་ གཟུགས་མིན་པ། །མཚན་དང་དེ་བཞིན་ནད་མེད་དང༌། །མངོན་ཤེས་ རྣམས་ཀྱི་དབང་ཕྱུག་དང༌། །དེ་ཟད་མི་ཤེས་ཉིད་ཀྱི་རྒྱུ། །ཚོལ་བ་པོ་བརྟན་ པ་རྣམས་ཀྱིས་བཙལ་བའི་ཆོས་རྙེད་པ་ནི་གཟུགས་དང་གཟུགས་མིན་པ་ཞེས་པ་རིམ་པ་ལྟར་ གཟུགས་ཅན་གྱི་སྐུ་ལ་མཚན་དང་དཔེ་བྱད་ཀྱིས་མཛེས་པའི་རྒྱུ་ཡིན་པའི་ཕྱིར་དཀོན་པའི་ མཆོག་རིན་པོ་ཆེ་རྙེད་པ་ལྟ་བུ་དང༌། གཟུགས་ཅན་མ་ཡིན་པའི་སྐུ་ལ་དེ་བཞིན་དུ་ཉོན་མོངས་ པའི་ནད་མེད་པའི་རྒྱུ་ཡིན་པའི་ཕྱིར་སྨན་བཟང་པོས་ནད་ཞི་བར་བྱེད་པ་ལྟ་བུ་དང༌། མངོན་ པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ པའི་ཕྱིར་ནོར་མང་པོ་ལ་བརྟེན་ནས་ཆུད་མི་ཟ་ཞིང་བདེ་བ་སྐྱེད་པ་ལྟ་བུ་དང༌། ཡོན་ཏན་དེ་ དག་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་ཟད་པ་མི་ཤེས་པ་ཉིད་ཀྱི་རྒྱུ་ཡིན་ པའི་ཕྱིར་འབྱོར་པ་ཟད་ཀྱིས་དོགས་པའི་འཇིགས་པ་མེད་པ་ལྟ་བུ་སྟེ། དགོས་པ་ཁྱད་པར་ ཅན་དེ་དག་ཐོབ་པར་འདོད་པས་དམ་པའི་ཆོས་ཚོལ་བ་ལ་འབད་པར་བྱའོ། །ཚངས་པ་ཁྱད་ པར་སེམས་ཀྱིས་ཞུས་པའི་མདོ་ལས་ཀྱང༌། ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ རྣམས་ཆོས་ཡོངས་སུ་ཚོལ་བར་འགྱུར་ཏེ། དཀོན་པའི་དོན་གྱིས་རིན་པོ་ཆེའི་འདུ་ཤེས་དང༌། ཉོན་མོངས་པའི་ནད་རབ་ཏུ་ཞི་བར་བྱེད་པའི་དོན་གྱིས་སྨན་གྱི་འདུ་ཤེས་དང༌། ཆུད་མི་ཟ་ 4-1-313 བའི་དོན་གྱིས་ནོར་གྱི་འདུ་ཤེས་དང༌། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་དོན་གྱིས་མྱ་ ངན་ལས་འདས་པའི་འདུ་ཤེས་དང་ལྡན་པ་ཞེས་གསུངས་པ་ལྟར་རོ། ། སྤང་བྱ་རྣམ་པར་རྟོག་པ་ཡོངས་སུ་ཚོལ་བ་ནི། རྒྱལ་བའི་སྲས་རྣམས་ཀྱིས་ནི་ མེད་དང་ཡོད་པ་དང༌། །སྒྲོ་འདོགས་སྐུར་པའི་རྟོག་དང་གཅིག་དང་དུ་ མ་ཉིད། །རང་དང་ཁྱད་པར་རྟོག་དང་མིང་དོན་ཇི་བཞིན་དུ། །མངོན་ པར་ཞེན་པའི་རྣམ་རྟོག་ཡང་དག་སྤང་བར་བྱ། །རྒྱལ་བའི་སྲས་བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་ནི། མི་རྟོག་ཡེ་ཤེས་ཀྱི་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཅུ་ ཡོངས་སུ་སྤང་བར་བྱ་སྟེ། སྤང་བྱ་གང་གཉེན་པོ་གང་གིས་སྤོང་ཞེ་ན། གཞན་དབང་ཀུན་ རྫོབ་ཙམ་དུ་ཡང་མེད་པར་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལས་བྱང་ཆུབ་སེམས་དཔའ་ཡོད་བཞིན་དུ་ཞེས་པ་ལ་སོགས་པ་དང༌། ཀུན་བཏགས་ གང་ཟག་དང་ཆོས་ཀྱི་བདག་དོན་དམ་དུ་ཡོད་པར་འཛིན་པའི་རྣམ་པར་རྟོག་པའི་གཉེན་ པོར་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་པ་དང༌། གཟུགས་སོགས་ ཆོས་ཅན་ཡང་དག་ཏུ་ཡོད་པར་སྒྲོ་འདོགས་པའི་རྣམ་པར་རྟོག་པའི་གཉེན་པོར་གཟུགས་ནི་ གཟུགས་ཀྱིས་སྟོང་ཞེས་པ་དང༌། གཟུགས་སོགས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཀྱང་མེད་ཅེས་ སྐུར་བ་འདེབས་པའི་རྣམ་པར་རྟོག་པའི་གཉེན་པོར་སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་པ་ དང༌། གཟུགས་སོགས་འདུས་བྱས་དང་དེ་དག་གི་ཆོས་ཉིད་འདུས་མ་བྱས་གཅིག་པ་ཉིད་ དུ་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ གཟུགས་མ་ཡིན་ནོ་ཞེས་པ་དང༌། གཟུགས་སོགས་ཆོས་ཅན་དང་དེ་ལ་ཡོད་པའི་ཆོས་ཉིད་ ཡུལ་ཐ་དད་པ་དུ་མ་ཉིད་དུ་འཛིན་པའི་གཉེན་པོར་སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ ཏེ། གཟུགས་ཉིད་སྟོང་པ་ཉིད་སྟོང་པ་ཉིད་གཟུགས་སོ། །ཞེས་པ་དང་གཟུགས་སོགས་རང་ 4-1-314 གི་ངོ་བོ་ཉིད་རྫས་སུ་གྲུབ་པར་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོར་གཟུགས་གང་ཡིན་ པ་འདི་ནི་མིང་ཙམ་མོ་ཞེས་པ་དང༌། གཟུགས་སོགས་ཀྱི་སྐྱེ་འགག་ལ་སོགས་པའི་ཁྱད་པར་ བདེན་པར་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོར་གཟུགས་ནི་སྐྱེ་བ་ཡང་མེད་འགག་པ་ ཡང་མེད་ཀུན་ནས་ཉོན་མོངས་པ་ཡང་མེད་རྣམ་པར་བྱང་བ་ཡང་མེད་དོ་ཞེས་པ་དང༌། མིང་ དོན་ཞེས་པ་རིམ་པ་ལྟར་མིང་གིས་གང་བསྟན་པ་ཇི་ལྟ་བ་བཞིན་དུ་དོན་ལ་གནས་པར་འཛིན་ པའི་རྣམ་པར་རྟོག་པའི་གཉེན་པོར་མིང་ནི་བཅོས་མ་སྟེ་ཞེས་པ་དང༌། དོན་ལ་གནས་པ་ཇི་ལྟ་ བ་བཞིན་དུ་མིང་གིས་ཀྱང་ངེས་པར་སྟོན་ཏོ་སྙམ་དུ་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་ སེམས་དཔས་མིང་དེ་དག་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རྗེས་སུ་མི་མཐོང་ ན་མངོན་པར་མི་ཞེན་ཏོ་ཞེས་པ་ལ་སོགས་པ་གསུངས་པ་ལྟར་སྤང་བྱ་ཕྱིན་ཅི་ལོག་ཏུ་མངོན་ པར་ཞེན་པའི་རྣམ་པར་རྟོག་པ་དེ་རྣམས་གཉེན་པོ་ལུང་རྣམ་དག་ལ་ཡིད་ཆེས་པའི་སྒོ་ནས་ ཡང་དག་པར་སྤང་བར་བྱའོ། ། མཇུག་བསྡུས་ཏེ་ཚོལ་བའི་ཆེ་བ་བསྟན་པ་ནི། དེ་ལྟར་བློ་གྲོས་དགེ་བ་བརྩོན་ འགྲུས་དྲག་བརྟེན་ནས། །དེ་བཞིན་ཉིད་བཅས་གཉིས་ཀྱི་ཆོས་ཉིད་ ཡོངས་བཙལ་བ། །དེ་ཕྱིར་རྟག་ཏུ་སྐྱེ་དགུ་རྣམས་ཀྱི་སྟོན་པར་འགྱུར། ། དེ་ནི་རྒྱ་མཚོ་བཞིན་དུ་ཡོན་ཏན་རྣམས་ཀྱིས་གང༌། །ཐབས་ཀྱི་ཆེ་བ་ནི་གོང་ དུ་རྒྱས་པར་བཤད་པ་དེ་ལྟར་བསམ་པ་བློ་གྲོས་དགེ་བ་ཡིད་ལ་བྱེད་པས་སྦྱོར་བ་གུས་པ་དང་ རྟག་ཏུ་བྱེད་པའི་བརྩོན་འགྲུས་དྲག་པོ་ལ་བརྟེན་ནས། དེ་བཞིན་ཉིད་དང་བཅས་པའི་བདེན་ པ་གཉིས་ཀྱི་ཆོས་ཉིད་ཡོངས་སུ་བཙལ་བས་ཀུན་རྫོབ་བདེན་པའི་ཆོས་ཉིད་སྒྱུ་མ་ལྟ་བུ་དང༌། དོན་དམ་བདེན་པའི་ཆོས་ཉིད་ནམ་མཁའ་ལྟ་བུར་ཤེས་པ་དང༌། གཞན་དོན་གྱི་ཆེ་བ་ནི་ ཐབས་ལ་མཁས་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ནི་རྟག་ཏུ་སྐྱེ་དགུ་རྣམས་ཀྱི་དགེ་བ་ 4-1-315 ཆུད་མི་ཟ་ཞིང་འཕེལ་བའི་རྟོན་སྟོན་པར་བྱ་བར་འགྱུར་བ་དང༌། རང་དོན་གྱི་{རྒྱ་}ཆེ་བ་ནི་དེ་ ནི་རྒྱ་མཚོ་ཆེན་པོ་ཆུ་དང་རིན་པོ་ཆེ་ལ་སོགས་པས་གང་བ་བཞིན་དུ་སྟོབས་དང་མི་འཇིགས་ པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་གང་བར་འགྱུར་བ་སྟེ། ཆེ་བའི་བདག་ཉིད་རྣམ་པ་ གསུམ་དང་ལྡན་པའོ། །མོས་པ་ལྟར་ཆོས་ཚོལ་བའི་སྐབས་རྫོགས་པར་བཤད་ཟིན་ཏོ།། ༈ །། བཙལ་བའི་ཆོས་བཤད་པའི་ཐབས་ལ་སྤྱི་དོན་རྒྱས་པར་ཆོས་ལ་འཇུག་ཚུལ་གྱི་སྐབས་ སུ་བཤད་ཟིན་ཅིང༌། བྱང་ས་ལས་ཀྱང༌། དོན་ཅི་ཞིག་སྟོན་པ་དང༌། དགོས་པ་ཅིའི་ཕྱིར་སྟོན་ པ་དང༌། ཚུལ་ཇི་ལྟར་སྟོན་པ་གསུམ་གསུངས་ཏེ། དང་པོ་ནི་གང་ཆོས་ཡོངས་སུ་བཙལ་བའི་ ཆོས་དེ་ཉིད་སྟོན་པའོ། །གཉིས་པ་ནི་གང་གི་ཕྱིར་ཆོས་ཡོངས་སུ་བཙལ་བའི་དགོས་པ་དེ་ཉིད་ ཀྱི་ཕྱིར་གཞན་ལ་ཡང་དག་པར་སྟོན་པའོ། །གསུམ་པ་ནི་མཐུན་པའི་གཏམ་བརྗོད་པ་དང་ ཡོངས་སུ་དག་པའི་གཏམ་དག་གིས་སོ། །དེ་ལ་ཇི་ལྟར་ན་མཐུན་པའི་གཏམ་བརྗོད་ཅེ་ན། སྤྱོད་ལམ་ཚུལ་དང་མཐུན་པ་ལ་སྟོན་གྱི་མི་མཐུན་པ་ལ་ནི་མ་ཡིན་ཏེ། མི་ན་བཞིན་སྟན་ཆེས་ མཐོ་བ་ལ་འདུག་པ་ལ་མ་ཡིན། མགོ་གཡོགས་པ་དང་མདུན་དུ་འགྲོ་བ་དང་གདུགས་དང་ མཁར་བ་དང་མཚོན་ཆ་ཐོགས་པ་ལ་སོགས་པ་རྣམས་ལ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་མ་ཡིན་པའི་ཕྱིར་རོ། །ཆོས་ལ་བཀུར་ སྟི་བྱས་ན་གཞན་དག་ཀྱང་ཤེས་ཆེར་གུས་པ་བསྐྱེད་པར་འགྱུར་ལ། ཉན་པའི་ཚེ་ཡང་གུས་ པར་བྱེད་ཅིང་ཁྱད་དུ་གསོད་པར་མི་བྱེད་དོ། །ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པར་ ཐམས་ཅད་ལ་སྟོན་ཞིང་རྒྱུན་མི་འཆད་པར་ཐམས་ཅད་ལ་སྟོན་ཏོ་ཞེས་པ་ལ་སོགས་པས་སོ། ། གཞུང་དོན་ལ་བཤད་ཅིང་སྒྲུབ་པར་གདམས་པ། འཆད་བྱེད་སྟོན་པའི་རྣམ་དབྱེ། བཤད་ 4-1-316 བྱའི་ངོ་བོ་ངོས་གཟུང༌། བཤད་པའི་ཕན་ཡོན་བསྟན་པའོ། ། དང་པོ་ལ་སྟོན་པ་ལ་སེར་སྣ་དགག་པ་དང༌། བཤད་པ་དང་སྒྲུབ་པ་འབྲེལ་ཚུལ་ལོ། ། དང་པོ་ནི། བརྟན་པ་རྣམས་ནི་སྲོག་དང་ལོངས་སྤྱོད་ཚེགས་ཆེས་རྙེད་ ཅིང་སྙིང་པོ་མེད་པ་དག །རབ་དགའི་ཡིད་ཀྱིས་སེམས་ཅན་སྡུག་བསྔལ་ རྣམས་ལ་སྦྱིན་རྣམས་རྒྱ་ཆེན་རྟག་གཏོང་ན། །ཆོས་ཡངས་སྐྱེ་དགུ་ རྣམས་ལ་རྣམ་པ་ཀུན་ཏུ་ཕན་བྱེད་ཚེགས་ཆེན་རྙེད་མིན་ཞིང༌། །ཤིན་ ཏུ་བཏང་ཡང་ཟད་མེད་འཕེལ་འགྱུར་བ་ལྟ་ལན་ཅིག་མ་ཡིན་སྨོས་ཅི་ དགོས། །བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ནི། རྙེད་པར་དཀའ་བ་དལ་འབྱོར་གྱི་ ལུས་ཐོབ་པའི་སྲོག་དང༌། ནོར་བུ་རིན་པོ་ཆེ་ལ་སོགས་པའི་ལོངས་སྤྱོད་ཚེགས་ཆེན་པོས་རྙེད་ ཅིང༌། ལན་ཅིག་བཏང་ན་ཟད་པར་འགྱུར་བས་སྙིང་པོ་མེད་པ་དག་ཀྱང་རབ་ཏུ་དགའ་ཞིང༌། སྤྲོ་བའི་ཡིད་ཀྱིས་སེམས་ཅན་དབུལ་ཞིང་ཕོངས་པས་སྡུག་བསྔལ་བར་འགྱུར་བ་རྣམས་ལ་ མགོ་དང་རྐང་ལག་དང་བུ་དང་ཆུང་མ་ལ་སོགས་པའི་སྦྱིན་པ་རྣམས་རྒྱ་ཆེན་པོ་རྟག་ཏུ་རྒྱུན་མི་ འཆད་པར་གཏོང་བར་བྱེད་ན། དམ་པའི་ཆོས་ཟབ་ཅིང་ཡངས་ལ་རྒྱ་ཆེ་བ་སྐྱེ་དགུ་རྣམས་ལ་ གནས་སྐབས་དང་མཐར་ཐུག་གི་རྣམ་པ་ཀུན་ཏུ་བདེ་བ་དང་ཕན་པ་བྱེད་པ་འདོད་ཡོན་སྒྲུབ་ པའི་དཀའ་སྤྱད་ལ་ལྟོས་ནས་ཚེགས་ཆེན་པོས་ཀྱང་རྙེད་པར་བྱ་དགོས་པ་མིན་ཞིང༌། ཤིན་ ཏུ་ལན་མང་པོ་བཏང་ཡང་ཟད་པ་མེད་ཅིང་སླར་ཡང་ལྷག་པར་འཕེལ་བར་འགྱུར་བ་དེ་ལྟ་ བུ་ལན་ཅིག་ཙམ་མ་ཡིན་གྱི། ལན་མང་པོར་ཡང་ཡང་གཏོང་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ བས་ན་སྦྱིན་པའི་ནང་ནས་མཆོག་ཏུ་གྱུར་པ་ཐབས་སླ་ཞིང་ཕན་ཡོན་ཆེ་བ་ཆོས་ཀྱི་སྦྱིན་པ་ལ་ འབད་པར་རིགས་སོ། ། གཉིས་པ་ལའང་དངོས་དང་སྒྲུབ་བྱེད་གཉིས་ལས། དངོས་ནི། གང་ཕྱིར་སོ་སོ་རང་ 4-1-317 རིག་བྱ་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་མ་བསྟན། །ཐུགས་རྗེའི་བདག་ ཉིད་སྦྲུལ་ཆེན་ཁ་ཆུ་ལྟ་བུའི་རིགས་བཤད་ཆོས་རྣམས་ཀྱིས། །སྐྱེ་བོ་ཉིད་ ཀྱི་ཆོས་ལ་ཀུན་ནས་དྲངས་ཏེ་ཉིད་ཞི་ཞལ་གྱི་སྒོ། །རྣམ་པར་དག་པ་ རྒྱ་ཆེན་ཐུན་མོང་ཟད་མི་ཤེས་ལ་ཡང་དག་བཀོད། །གང་གི་ཕྱིར། རྒྱུད་བླ་ མར། སོ་སོ་རང་གིས་རྟོགས་བྱའི་ཕྱིར། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །ཞེས་གསུངས་ པ་ལྟར། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཟབ་མོ་སྒོམ་པ་ལས་སོ་སོ་རང་གི་རིག་པའི་ཡེ་ ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་དོན་དམ་པའི་ཆོས་ནི་ ཅུང་ཟད་ཀྱང་མ་བསྟན་ཏེ། བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ ཕྱིར་བསམ་མེད་ཉིད། །ཅེས་གསུངས་པ་ལྟར་སྒྲས་བརྗོད་པར་བྱ་བའི་ཡུལ་མ་ཡིན་པའི་ཕྱིར་ རོ། །དེ་བས་ན་རྟོགས་པའི་ཆོས་འགོག་པའི་བདེན་པ་ནི་ལམ་ཟབ་མོ་སྒྲུབ་པ་ཉམས་སུ་ལེན་ པའི་སྒོ་ནས་གཟུང་བར་བྱ་བ་ཉིད་དོ། །ཡང་དཔེར་ན་སྦྲུལ་ཆེན་པོ་ཨ་ཛ་ག་ར་ཞེས་བྱ་(བ་གཉིད་ དུ་སོང་)བའི་ཁ་ཆུའི་རྒྱུན་ཆུ་བོ་ཆེན་པོ་ལྟ་བུ་འབབ་པ་ལ་རི་དྭགས་དང་བ་ལང་ལ་སོགས་པའི་ སྲོག་ཆགས་མང་པོ་འདུས་པ་རྣམས་(སད་པ་ན་)དབུགས་རྔུབས་ཏེ་ཁའི་ནང་དུ་འདྲེན་པ་ལྟར། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྦྲུལ་ཆེན་པོ་ལྟ་ བུ་སྟེ། དེའི་ཁ་ཆུའི་རྒྱུན་ལྟ་བུ་རིགས་པ་བཞི་དང་མཐུན་པར་ལེགས་པར་བཤད་པའི་ཆོས་ གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་རྣམས་ཀྱིས་གདུལ་བྱའི་སྐྱེ་བོ་མཐའ་ཡས་པ་ རྣམས་སངས་རྒྱས་ཉིད་ཀྱི་དམ་པའི་ཆོས་ཐོག་མཐའ་བར་གསུམ་དུ་དགེ་བ་ལ་ཐོས་བསམ་ སྒོམ་གསུམ་གྱི་རིམ་པས་ཀུན་ནས་དྲངས་ཏེ། ཉིད་ཀྱི་ཞི་བ་ཞལ་གྱི་སྒོ་དོན་དམ་པའི་ཆོས་ཀྱི་ སྐུ་སྒྲིབ་པ་གཉིས་བག་ཆགས་དང་བཅས་པས་རྣམ་པར་དག་པ་རྒྱ་ཆེན་པོ་སངས་རྒྱས་ཐམས་ ཅད་དང་ཐུན་མོང་བ་གཏན་དུ་ཟད་མི་ཤེས་པ་ཉིད་ལ་ཡང་དག་པར་བཀོད་པས་ལུང་གི་ཆོས་ 4-1-318 རྣམ་པར་དག་པ་རྣམས་འཆད་ཉན་གྱི་སྒོ་ནས་ཀྱང་གཟུང་བར་བྱ་བ་ཉིད་དོ། ། སྒྲུབ་བྱེད་ནི། དེ་ལྟས་རྣལ་འབྱོར་ཅན་གྱི་སྒོམ་པ་གང་ཡིན་དེ་ཡང་ དོན་མེད་མིན། །དེ་ལྟས་བདེ་བར་གཤེགས་ཀྱི་བསྟན་པ་གང་ཡིན་དེ་ ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་ སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་སྒོམ་འཇུག་པར་འགྱུར་ ན་བསྟན་པ་དོན་མེད་འགྱུར། །རྟོགས་པའི་ཆོས་མཐར་ཐུག་འགོག་པའི་བདེན་པ་ནི་ ལམ་ཟབ་མོ་བསྒོམས་པ་ལས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པ་དེ་ལྟ་བས་ན་ཞི་གནས་ ལྷག་མཐོང་ཟུང་འཇུག་གི་རྣལ་འབྱོར་ཅན་གྱི་སྒོམ་པ་གང་ཡིན་པ་དེ་ནི་དོན་མེད་མིན་ཏེ། དོན་ཆེན་པོ་དང་ལྡན་པའོ། །ལུང་གི་ཆོས་རིགས་པ་དང་མཐུན་པར་ལེགས་པར་བཤད་པས་ སྐྱེ་བོ་རྣམས་དོན་དམ་ཆོས་ཀྱི་སྐུ་ལ་རིམ་གྱིས་འདྲེན་པ་དེ་ལྟ་བས་ན། བདེ་བར་གཤེགས་པ་ རྣམས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་བསྟན་པ་གང་ཡིན་དེ་ཡང་དོན་མེད་ མིན་ཏེ་དོན་ཆེན་པོ་དང་ལྡན་པ་ཉིད་དོ། །དེ་ལྟ་མ་ཡིན་པར་གལ་ཏེ་གསུང་རབ་ལུང་གི་ཆོས་ ཐོས་པ་ཙམ་གྱིས་ཆོས་ཉིད་ཡང་དག་པའི་དོན་མངོན་སུམ་དུ་མཐོང་བར་འགྱུར་ན་ཏིང་ངེ་ འཛིན་ཟབ་མོ་སྒོམ་པ་དོན་མེད་པ་ཧ་ཅང་ཐལ་བར་འགྱུར་བ་ལས་དོན་མེད་པ་མ་ཡིན་ཞིང༌། གལ་ཏེ་གསུང་རབ་ཟབ་མོ་མ་ཐོས་པར་ཡང་སྒོམ་པ་ལ་འཇུག་པར་འགྱུར་ན། ལུང་གི་ཆོས་ རྒྱ་ཆེན་པོ་བསྟན་པ་རྣམས་དོན་མེད་པར་ཧ་ཅང་ཐལ་བར་འགྱུར་བ་ལས་དོན་མེད་པ་ནི་མ་ ཡིན་ནོ། །དེ་བས་ན་ཐོས་བསམ་དང་སྒོམ་པ་གང་རུང་གིས་{ཆོས་}ཆོག་པར་མི་བཟུང་ཞིང༌། གཉི་ག་ཟུང་འཇུག་ཏུ་འཛིན་པའི་སྒོ་ནས་དམ་པའི་ཆོས་ལ་གནས་པར་བྱ་བ་སྟེ། ཀུན་ལས་ བཏུས་པར་ཡང༌། སྒོམ་པ་ལ་མ་བརྟེན་པར་ཐོས་པ་དང་བསམ་པའི་སྦྱོར་བ་འབའ་ཞིག་གིས་ ཀྱང་ཆོས་ལ་གནས་པ་མ་ཡིན་ལ། ཐོས་པ་དང་བསམ་པ་ལ་མ་བརྟེན་པར་སྒོམ་པའི་སྦྱོར་བ་ 4-1-319 འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་གྱི་གཉི་ག་ལ་བརྟེན་ཏེ་གཉིས་ཀ་ལ་གནས་ན་ ཆོས་ལ་གནས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། ། འཆད་བྱེད་ལ་སྟོན་པའི་རྣམ་དབྱེ་སྤྱིར་བསྟན་དང༌། ཕུན་སུམ་ཚོགས་པའི་ཁྱད་པར་ རོ། །དང་པོ་ནི། སེམས་དཔའ་མཆོག་གི་སྟོན་པ་ནི། །ལུང་དང་རྟོགས་དང་ དབང་འབྱོར་ལས། །ཁ་དང་གཟུགས་ནི་ཐམས་ཅད་དང༌། །ནམ་མཁའ་ ལས་ཀྱང་འབྱུང་བ་ཡིན། །བྱང་ཆུབ་སེམས་དཔའ་མཆོག་ཏུ་གྱུར་པ་དག་གི་ཆོས་སྟོན་ པའི་དབྱེ་བ་ནི། མོས་སྤྱོད་ཀྱི་གནས་སྐབས་སུ་རང་གིས་ཇི་ལྟར་ཐོས་པའི་ལུང་གི་ཚིག་རྣམས་ གཞན་དག་ལ་ཡང་སྟོན་པ་དང༌། ས་དང་པོ་ནས་བདུན་པའི་བར་ལ་དེ་ཁོ་ན་ཉིད་ཀྱི་དོན་ མངོན་སུམ་དུ་རྟོགས་པའི་སྒོ་ནས་སྟོན་པ་དང༌། ས་བརྒྱད་པ་ཡན་ཆད་དུ་རྣམ་པར་མི་རྟོག་ པའི་ཡེ་ཤེས་ལ་དབང་འབྱོར་པ་ལས་འབད་རྩོལ་མེད་པར་སྒྲ་འབྱུང་བའི་གནས་ཁ་དང་ཤིང་ དང་སིལ་སྙན་དང་རྩིག་པ་ལ་སོགས་པའི་གཟུགས་ནི་ཐམས་ཅད་དང༌། ནམ་མཁའ་ལས་ ཀྱང་གང་ལ་གང་འདུལ་གྱི་ཆོས་ཀྱི་སྒྲ་འབྱུང་བའི་ཚུལ་གྱིས་སྟོན་པ་ཡིན་ནོ། ། ཁྱད་པར་ལ་སྟོན་པ་ཕུན་ཚོགས། དེའི་ཚིག་ཕུན་ཚོགས། ཡི་གེ་ཕུན་ཚོགས། སྟོན་པའི་ ཆེ་བའོ། །དང་པོ་ལ་གཉིས་ལས་ཡོན་ཏན་བཞི་ལྡན་ནི། རྒྱ་ཆེ་ཐེ་ཚོམ་སྤོང་བ་དང༌། ། བཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། ། སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །ཚངས་པས་ཞུས་པའི་མདོ་ལས། ཆོས་བཞི་པོ་ དམ་པའི་ཆོས་ཡོངས་སུ་འཛིན་པ་དང༌། བདག་ཉིད་ཀྱི་ཤེས་རབ་སྦྱང་བ་དང༌། སྐྱེས་བུ་དམ་ པའི་ལས་བྱེད་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་དག་པར་སྟོན་ པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་ཀྱི་སྦྱིན་པ་ཆེན་པོ་རྣམ་པར་ འབྱེད་དོ། །ཞེས་གསུངས་པ་ལྟར་མང་དུ་ཐོས་པ་རྒྱ་ཆེན་པོས་དམ་པའི་ཆོས་ཡོངས་སུ་འཛིན་ 4-1-320 པ་དང༌། བདག་ཉིད་ཤེས་རབ་གསལ་བས་གཞན་གྱི་ཐེ་ཚོམ་སྤོང་བ་དང༌། སྡིག་པ་མི་བྱེད་ ཅིང་དམ་པའི་སྤྱོད་པ་དང་ལྡན་པས་ཚིག་བཟུང་བར་འོས་པ་དང༌། ཀུན་ནས་ཉོན་མོངས་པ་ འཁོར་བ་ཀུན་རྫོབ་ཀྱི་བདེན་པ་དང༌། རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་དོན་དམ་ པའི་བདེན་པའི་དེ་ཁོ་ན་ཉིད་གཉིས་སྟོན་པ་སྟེ། ཆོས་བཞི་དང་ལྡན་པ་འདི་ནི་བྱང་ཆུབ་ སེམས་དཔའི་སྟོན་པ་ཕུན་སུམ་ཚོགས་པའི་ཡོན་ཏན་ཡིན་ཞེས་བྱའོ། ། ཁྱད་པར་དགུ་ལྡན་ནི། སེམས་དཔའ་མཆོག་གི་སྟོན་པ་ནི། །འཇམ་ཞིང་ རྒྱགས་བྲལ་མི་སྐྱོ་དང༌། །གསལ་ཞིང་སྣ་ཚོགས་རིགས་པ་དང༌། །གོ་ ཞིང་ཟང་ཟིང་མེད་ཀུན་འགྲོ། །གཞན་ཡང་སེམས་དཔའ་མཆོག་ཏུ་གྱུར་པ་དག་གི་ ཆོས་སྟོན་པའི་ཡོན་ཏན་གྱི་ཁྱད་པར་ནི། གཞན་གྱིས་བརྒལ་ཡང་ལན་དུ་ཚིག་རྩུབ་མི་འབྱིན་ པས་འཇམ་ཞིང་སྙན་པར་སྨྲ་བ་དང༌། བསྟོད་པའམ་དཀའ་བའི་དོན་རྟོགས་ཤིང་གྲུབ་པར་ གྱུར་ཀྱང་ང་རྒྱལ་མེད་པས་རྒྱགས་པ་དང་བྲལ་བ་དང༌། ཆོས་སྟོན་པའི་དཀའ་སྤྱད་ལ་ངལ་ དུབ་མེད་པས་མི་སྐྱོ་བ་དང༌། དཔེ་མཁྱུད་མེད་པར་ཚིག་རྫོགས་པར་སྟོན་པས་གསལ་ཞིང་ འཇེབས་པར་སྨྲ་བ་དང༌། རྣམ་གྲངས་མང་པོའི་སྒོ་ནས་མི་ཟློས་པར་སྟོན་པས་སྣ་ཚོགས་པ་ དང༌། ཚད་མ་གསུམ་དང་མི་འགལ་བར་སྟོན་པས་རིགས་པར་སྨྲ་བ་དང༌། ཚིག་དང་ཡི་གེ་ གྲགས་ཆེ་བར་སྟོན་པས་གོ་སླ་ཞིང་ཡིད་ལ་གོ་བ་དང༌། དད་པ་ལས་ལྷག་པར་བྱ་བ་རྙེད་པ་ དང་བཀུར་སྟི་དོན་དུ་མི་གཉེར་བས་ཟང་ཟིང་མེད་པ་དང༌། ཐེག་པ་གསུམ་ག་ལས་བརྩམས་ ཏེ་གང་ལ་གང་འདུལ་གྱིས་སྟོན་པས་ཀུན་ཏུ་འགྲོ་བ་སྟེ་ཁྱད་པར་དགུ་དང་ལྡན་པའོ། ། དེའི་ཚིག་ཕུན་ཚོགས་ནི། རྒྱལ་སྲས་ཚིག་ནི་མི་ཞན་པ། །སྙན་ཅིང་ལེགས་ བཤད་གྲགས་པ་དང༌། །ཇི་རིགས་པ་དང་ཟང་ཟིང་མེད། །རན་ཅིང་དེ་ བཞིན་ཡངས་པ་ཡིན། །མདོ་ལས། གྲོང་ཁྱེར་པ་དང༌། སྙན་ཅིང་འཇེབས་པ་དང༌། རྣམ་ 4-1-321 པར་གསལ་བ་དང༌། རྣམ་པར་རིག་{པར་བྱེད་}པ་དང༌། {མཉན་པར་འོས་པ་དང༌། } རྟེན་ པ་མེད་པ་དང༌། མི་མཐུན་པ་མེད་པ་དང༌། གཏུགས་པ་མེད་པ་ཞེས་ཡན་ལག་བརྒྱད་དང་ ལྡན་པར་གསུངས་པ་ལྟར། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་ནི་གྲོང་ཁྱེར་པ་ ལ་སོགས་པ་འཁོར་ཐམས་ཅད་ལ་ཁྱབ་པར་ཐོས་པས་མི་ཞན་པ་དང༌། གདངས་ཡིད་དུ་འོང་ བ་དང་ལྡན་པས་སྙན་ཞིང་འཇེབས་པ་དང༌། ཡི་གེ་མ་འཁྲུགས་ཤིང་རྣམ་པར་གསལ་བས་ ལེགས་པར་བཤད་པ་དང༌། འཇིག་རྟེན་སྤྱིའི་ཐ་སྙད་དང་མཐུན་པར་རྣམ་པར་རིག་པར་བྱེད་ པས་གྲགས་པ་བརྗོད་པ་དང༌། གདུལ་བྱའི་བློ་དང་མཐུན་པའི་སྒོ་ནས་སྟོན་པས་མཉན་པར་ འོས་ཤིང་ཇི་ལྟར་རིགས་པར་བརྗོད་པ་དང༌། རྙེད་པ་དང་བཀུར་སྟི་ལ་མི་ལྟ་ཞིང་རྟེན་[པ་ {ནས་}མ་ཡིན་པས་ཟང་ཟིང་མེད་པ་དང༌། མངས་པས་མི་སྐྱོ་ཞིང་བརྡ་ཕྲོད་པས་མི་མཐུན་པ་ མེད་ལ་མང་ཉུང་རན་ཞིང་འཚམ་པ་དང༌། དེ་བཞིན་དུ་སྤོབས་པ་གཏུགས་པ་མེད་ཅིང་ཅི་ཙམ་ བཤད་ཀྱང་ཟད་མི་ཤེས་པས་ཡངས་པ་སྟེ་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ནོ། ། ཡི་གེ་ཕུན་སུམ་ཚོགས་པ་ནི། བསྟན་དང་དེ་བཞིན་བཤད་པ་དང༌། །ཐེག་ དང་མཐུན་དང་བདེ་བ་དང༌། །གྲགས་པ་དང་ནི་ཇི་རིགས་དང༌། །ངེས་ པར་འབྱུང་དང་མཐུན་པའི་ཕྱིར། །མདོ་ལས། ཚིག་དང་ཡི་གེ་རིགས་པ་དང༌། འབྲེལ་པ་དང༌། མཐུན་པ་དང༌། རུང་བ་དང༌། འབྱོར་པ་དང༌། འཕྲོད་པ་དང༌། འཚམ་པ་ དང༌། འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ཞེས་ཡན་ལག་བརྒྱད་དང་ལྡན་པར་གསུངས་པ་ ལྟར། ཚིག་དང་ཡི་གེ་ཚད་མའི་རིགས་པ་དང་མི་འགལ་བར་ཐོག་མར་མདོར་བསྟན་པ་དང༌། བསྟན་པ་དེ་བཞིན་དུ་དེ་དང་མི་འགལ་བར་རྗེས་སུ་འབྲེལ་བའི་སྒོ་ནས་རྒྱས་པར་བཤད་པ་ དང༌། རིགས་ཅན་གསུམ་གྱི་མོས་པ་ཇི་ལྟ་བར་ཐེག་པ་གསུམ་ག་དང་མི་འགལ་ཞིང་མཐུན་ པར་སྟོན་པ་དང༌། ཚིག་དང་ཡི་གེ་མ་འཁྲུགས་ཤིང་སྒྲ་ཉམ་ང་བ་མེད་པས་རུང་ཞིང་བདེ་བར་ 4-1-322 སྟོན་པ་དང༌། འཇིག་རྟེན་གྱི་ཐ་སྙད་དང་མཐུན་པས་གོ་སླ་ཞིང་བརྡ་འབྱོར་པའི་སྒོ་ནས་ཇི་ ལྟར་གྲགས་པ་བཞིན་སྟོན་པ་དང་ནི་གདུལ་བྱའི་བློ་དང་མཐུན་ཞིང་འཕྲོད་པའི་སྒོ་ནས་ཇི་ ལྟར་རིགས་པར་སྟོན་པ་དང༌། མྱ་ངན་ལས་འདས་པ་ཐོབ་པའི་ཆེད་དུ་རང་རང་གི་བློ་དང་ འཚམ་པར་ཁམས་གསུམ་ལས་ངེས་པར་འབྱུང་བའི་ལམ་སྟོན་པ་དང༌། འཕགས་པ་སློབ་ པའི་ལམ་དང་མཐུན་པར་སྟོན་པའི་ཕྱིར་རྟག་ཏུ་འགྲུས་ཤིང་མཁས་པར་སྐྱོང་བའི་ཡན་ལག་ གི་ཚོགས་དང་ལྡན་པའོ། ། དེ་མདོར་བྱང་ཆུབ་སེམས་དཔའ་ཡི། །ཡེ་གེ་ཕུན་ཚོགས་ཡིན་ཞེས་ བྱ། །བདེ་གཤེགས་གསུང་ནི་མཐའ་ཡས་ཏེ། །ཡན་ལག་དྲུག་ཅུ་བསམ་ མི་ཁྱབ། །ཡོན་ཏན་དེ་རྣམས་མདོར་བསྡུས་ན་བྱང་ཆུབ་སེམས་དཔའི་མཆོག་ཏུ་གྱུར་པ་ རྣམས་ཀྱི་ཡི་གེ་ཕུན་སུམ་ཚོགས་པ་ཡིན་ཞེས་བྱའོ། །བདེ་བར་གཤེགས་པ་སངས་རྒྱས་ བཅོམ་ལྡན་འདས་ཀྱི་གསུང་ནི་མཐའ་ཡས་ཤིང་དཔག་ཏུ་མེད་དེ། ཕྱོགས་རེ་ཙམ་གྱི་དབང་ དུ་བྱས་ན་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པ་ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་ པའོ། །དེ་ཡང་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཞི་བའི་བློ་གྲོས་གཞན་ཡང་དེ་ བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་ཅུ་དང་ལྡན་པ་འབྱུང་སྟེ། མཉེན་པ་དང་ཞེས་པ་ ལ་སོགས་པ་གསུངས་པ་རྣམས་སྡོམ་དང་སྤེལ་ནས་འཆད་པ་ནི། མཉེན་དང་འཇམ་དང་ཡིད་ འོང་ཡིད་ལ་འཐད། །དག་དང་དྲི་མེད་གསལ་དང་སྙན་ཅིང་འཇེབས། །མཉན་འོས་མི་ཚུགས་ སྙན་དང་དུལ་བ་དང༌། །མི་རྩུབ་མི་བརླང་རབ་དུལ་རྣ་བར་སྙན། །སེམས་ཅན་གྱི་ཁམས་ཀྱི་ དགེ་བའི་རྩ་བའི་རྟོན་པར་གྱུར་པས་མཉེན་པ་དང༌། མཐོང་བའི་ཆོས་ལ་ཐོས་མ་ཐག་བདེ་བ་ ལ་རེག་པར་བྱེད་པས་འཇམ་པ་དང༌། བརྗོད་བྱའི་དོན་བཟང་པོ་དང་ལྡན་པས་ཡིད་དུ་འོང་ བ་དང༌། རྗོད་བྱེད་ཀྱི་ཡི་གེ་བཟང་པོ་དང་ལྡན་པས་ཡིད་ལ་འཐད་པ་དང༌། འཇིག་རྟེན་ལས་ 4-1-323 འདས་པ་མཐར་ཐུག་པའི་རྗེས་ཐོབ་ལས་བྱུང་བས་དག་པ་དང༌། ཉོན་མོངས་པའི་ས་བོན་ བག་ཆགས་ཐམས་ཅད་དང་བྲལ་བས་དྲི་མ་མེད་པ་དང༌། ཚིག་དང་ཡི་གེ་{རབ་ཏུ་}གྲགས་ པ་དང་མཐུན་པས་གསལ་བ་དང༌། མུ་སྟེགས་ཅན་གྱི་ལྟ་བ་ངན་པ་ཐམས་ཅད་འཇོམས་པའི་ སྟོབས་དང་ལྡན་པས་སྙན་ཞིང་འཇེབས་པ་དང༌། གསུང་བཞིན་བསྒྲུབས་པ་ལ་བརྟེན་ནས་ འཁོར་བ་ལས་ངེས་པར་འབྱུང་བས་མཉན་པར་འོས་པ་དང༌། ཕས་ཀྱི་རྒོལ་བ་ཐམས་ཅད་ ཀྱིས་བརྫི་བར་མི་ནུས་པས་མི་ཚུགས་པ་དང༌། ཐོས་པ་ཙམ་གྱིས་སེམས་དགའ་བར་བྱེད་ ཅིང་ཡིད་དུ་འོང་བས་སྙན་པ་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ཀྱི་ གཉེན་པོ་བྱེད་པས་དུལ་བ་དང༌། བསླབ་པ་བཅའ་བའི་ཐབས་བདེ་བ་སྟོན་པས་མི་རྩུབ་པ་ དང༌། བསླབ་པ་ལས་འདས་ན་ལྟུང་བ་ལས་ངེས་པར་འབྱུང་བའི་ཐབས་སྟོན་པས་མི་བརླང་ བ་དང༌། མོས་པ་དང་མཐུན་པར་ཐེག་པ་གསུམ་ཆར་གྱི་འདུལ་བ་སྟོན་པས་རབ་ཏུ་དུལ་བ་ དང༌། ཉན་པ་ན་སེམས་གཞན་དུ་རྣམ་པར་གཡེང་བའི་གཉེན་པོ་བྱེད་པས་རྣ་བར་སྙན་པ་ དང༌། ལུས་སེམས་ཚིམ་བྱེད་སྙིང་དགའ་དགའ་བདེ་སྐྱེད། །ཡོངས་སུ་གདུང་མེད་ཀུན་ཤེས་ རྣམ་ཤེས་བྱ། །རྣམ་གསལ་དགའ་བྱེད་མངོན་པར་དགའ་བར་བྱེད། །ཀུན་ཤེས་རྣམ་པར་ ཤེས་བྱེད་རིགས་ཤིང་འབྲེལ། །ཞི་གནས་ཏིང་ངེ་འཛིན་ལ་བརྟེན་ནས་དགའ་བ་བསྐྱེད་པས་ ལུས་ཚིམ་པར་བྱེད་པ་དང༌། ལྷག་མཐོང་ཤེས་རབ་ལ་བརྟེན་ནས་དགའ་བ་བསྐྱེད་པས་ སེམས་ཚིམ་པར་བྱེད་པ་དང༌། ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པས་སྙིང་དགའ་བར་བྱེད་ པ་དང༌། ལོག་རྟོག་ཐམས་ཅད་ངེས་པར་སེལ་བས་དགའ་བ་དང་བདེ་བ་བསྐྱེད་པ་དང༌། གསུང་བཞིན་སྒྲུབ་པ་ལ་འགྱོད་པ་མི་འབྱུང་བས་ཡོངས་སུ་གདུང་བ་མེད་པ་དང༌། ཐོས་བྱུང་ གི་ཤེས་རབ་ཕུན་སུམ་ཚོགས་པའི་རྟེན་ཡིན་པས་ཀུན་ཤེས་པར་བྱ་བ་དང༌། བསམ་བྱུང་གི་ ཤེས་རབ་ཕུན་སུམ་ཚོགས་པའི་རྟེན་ཡིན་པས་རྣམ་པར་ཤེས་པར་བྱ་བ་དང༌། སློབ་དཔོན་གྱི་ 4-1-324 དཔེ་མཁྱུད་མེད་པར་ཆོས་སྟོན་པས་རྣམ་པར་གསལ་བ་དང༌། རང་གི་དོན་རྗེས་སུ་ཐོབ་ཅིང་ ཚིམ་པས་དགའ་བར་བྱེད་པ་དང༌། དེ་མ་ཐོབ་པ་རྣམས་ཐོབ་པར་འདོད་ཅིང་འདུན་པའི་སྒོ་ ནས་སྤྲོ་པར་བྱེད་པས་མངོན་པར་དགའ་བར་བྱེད་པ་དང༌། བསམ་གྱིས་མི་ཁྱབ་པའི་གནས་ དེ་བཞིན་ཉིད་ལ་སོགས་པ་སྟོན་པས་ཀུན་ཤེས་པར་བྱེད་པ་དང༌། བསམ་པར་བྱ་བའི་གནས་ ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྟོན་པས་རྣམ་པར་རིག་པར་བྱེད་པ་དང༌། ཚད་མ་ གསུམ་དང་མི་འགལ་བར་སྟོན་པས་རིགས་པ་དང༌། གདུལ་བྱའི་བློ་ལ་ཇི་ལྟར་རིགས་པ་སྟོན་ པས་འབྲེལ་བ་དང༌། ཟློས་པའི་སྐྱོན་མེད་སེངྒེ་གླང་ཆེན་སྒྲ། །འབྲུག་དང་ཀླུ་དབང་དྲི་ཟའི་སྒྲ་ དབྱངས་དང༌། །ཀ་ལ་པིང་ཀ་ཚངས་པ་ཤང་ཤང་དང༌། །ལྷ་དབང་སྒྲ་དབྱངས་རྔ་ཡི་སྒྲ་དང་ ལྡན། །དོན་མེད་པའི་ལྷག་པོ་མི་སྟོན་པས་ཟློས་པའི་སྐྱོན་མེད་པ་དང༌། མུ་སྟེགས་ཅན་ཐམས་ ཅད་སྐྲག་པར་བྱེད་པས་སེངྒེའི་སྒྲའི་ཤུགས་དང༌། སྒྲ་བརྗོད་པ་ཡངས་ཤིང་རྒྱ་ཆེ་བས་གླང་པོ་ ཆེའི་སྒྲ་སྐད་དང༌། ཟབ་ཅིང་བརྗིད་པའི་སྒྲ་དང་ལྡན་པས་འབྲུག་གི་སྒྲ་དབྱངས་དང༌། ཡིད་ ཆེས་ཤིང་གཟུང་བར་འོས་པས་ཀླུའི་དབང་པོའི་སྒྲ་དང༌། ཡིད་དུ་འོང་ཞིང་སྙན་པས་དྲི་ཟའི་ གླུ་དབྱངས་དང༌། རྣོ་ཞིང་གསལ་ལ་མི་མཐུན་ཕྱོགས་འཇིག་པས་ཀ་ལ་པིང་ཀའི་སྒྲ་དབྱངས་ དང༌། ཐག་རིང་པོར་ཡང་གྲག་ཅིང་ཐོས་པས་ཚངས་པའི་སྒྲ་དབྱངས་དང༌། ཐོས་ན་དོན་ ཐམས་ཅད་འགྲུབ་ཅིང་ཤིས་པ་བརྗོད་པ་ཡིན་པས་ཤང་ཤང་ཏེའུའི་སྒྲ་དབྱངས་དང༌། དོན་དེ་ ལས་མི་འདའ་བར་བྱ་བ་ཡིན་པས་ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་དང༌། བདུད་དང་ ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྔོན་དུ་འགྲོ་བས་རྔའི་སྒྲ་དང༌། མ་ཁེངས་མི་ དམའ་སྒྲ་ཀུན་རྗེས་སུ་ཞུགས། །ཚིག་ཟུར་མ་ཆགས་མ་ཚང་མེད་པ་དང༌། །མ་ཞུམ་མི་དམའ་ རབ་དགའ་ཁྱབ་པ་དང༌། །ཐ་བ་དང་བཅས་ཆེད་དང་རྒྱུན་ཆགས་འབྲེལ། །བསྟོད་ཀྱང་ང་ རྒྱལ་གྱིས་ཉོན་མོངས་པ་མི་སྐྱེ་བས་མ་ཁེངས་པ་དང༌། སྨད་ཀྱང་ཁྲོ་བའི་ཉོན་མོངས་པ་མི་སྐྱེ་ 4-1-325 བས་མི་དམའ་བ་དང༌། དུས་གསུམ་གྱི་དངོས་པོ་ཐམས་ཅད་ལུང་སྟོན་པ་ཐམས་ཅད་ལ་རྗེས་ སུ་ཞུགས་པས་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང༌། ནམ་ཡང་བསྙེལ་བའམ་བརྗེད་པ་ མེད་པར་གསུང་བས་ཚིག་ཟུར་ཆགས་མེད་པ་དང༌། གདུལ་བྱ་ནམ་དུས་ལ་བབ་པ་ན་ཉེ་ བར་གནས་པས་མ་ཚང་བ་མེད་པ་དང༌། རྙེད་པ་དང་བཀུར་སྟི་ལ་ལྟོས་པ་མེད་པས་མ་ཞུམ་ པ་དང༌། བསྙེངས་པའམ་འཇིགས་པ་ཐམས་ཅད་དང་བྲལ་བས་མི་ཞན་པ་དང༌། ཆོས་སྟོན་ པ་ལ་སྐྱོ་བ་མི་མངའ་བས་རབ་ཏུ་དགའ་བ་དང༌། རིག་པའི་གནས་ཐམས་ཅད་ལ་མཁས་པ་ དང་ལྡན་པས་ཁྱབ་པ་དང༌། སེམས་ཅན་ཉོན་མོངས་པ་ཅན་རྣམས་ཀྱི་དོན་ཐམས་ཅད་སྒྲུབ་ པར་བྱེད་པས་ཐ་བ་དང་བཅས་པའི་ཆེད་དང༌། བར་ཆད་པ་མེད་ཅིང་རྒྱུན་མི་འཆད་པར་སྟོན་ པས་རྒྱུན་ཆགས་པ་དང༌། མིང་ཚིག་ཡི་གེའི་ཚོགས་རྣམས་སྣ་ཚོགས་པའི་སྒོ་ནས་མི་འགལ་ བར་སྟོན་པས་འབྲེལ་བ་དང༌། སྒྲ་ཀུན་རྫོགས་བྱེད་དབང་པོ་ཚིམ་པར་བྱེད། །མ་སྨད་མི་ འགྱུར་བརྟབས་པ་མེད་པ་དང༌། །འཁོར་ཀུན་གྲགས་ཤིང་རྣམ་ཀུན་མཆོག་ལྡན་པ། །རྒྱལ་ བའི་གསུང་དབྱངས་ཡན་ལག་དྲུག་ཅུ་ཉིད། །གསུང་གཅིག་ལས་ལྷའི་སྐད་ལ་སོགས་པ་སྒྲའི་ རྣམ་པར་རིག་པ་དུ་མར་སྣང་བས་སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང༌། གསུང་གཅིག་ ལས་གདུལ་བྱ་རང་རང་གི་མོས་པ་དང་མཐུན་པར་དོན་དུ་མའི་རྣམ་པར་རིག་པ་འབྱུང་བས་ དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང༌། དམ་བཅས་པ་ཇི་ལྟ་བ་བཞིན་དུ་མཐར་ཕྱིན་ པར་གསུང་བས་མ་སྨད་པ་དང༌། གདུལ་བྱ་ནམ་དུས་ལ་བབ་པ་ན་སྐད་ཅིག་ཀྱང་མ་ཡོལ་ བར་སྨིན་པར་མཛད་པས་མི་འགྱུར་བ་དང༌། རིངས་ཤིང་བརྟབས་པ་མ་ཡིན་པར་དལ་བུའི་ སྒོ་ནས་བརྟན་པར་གསུང་བས་མ་བརྟབས་པ་དང༌། འཁོར་དྲུང་ན་ཉེ་བར་གནས་པ་དང༌། འཇིག་རྟེན་གྱི་ཁམས་མང་པོའི་ཕ་རོལ་ན་ཡོད་པ་རྣམས་ཀྱིས་མཉམ་པ་ཉིད་དུ་མཚུངས་ པར་ཐོས་པས་འཁོར་ཀུན་ཏུ་གྲགས་པ་དང༌། དོན་ཟབ་མོ་རྟོགས་པའི་ཆེད་དུ་འཇིག་རྟེན་ 4-1-326 པའི་དངོས་པོ་རྒྱ་མཚོ་དང་རི་རབ་དང་ཉི་ཟླ་ལ་སོགས་པ་རྣམས་དཔེའི་ཆོས་སུ་བསྒྱུར་ཏེ་ གསལ་བར་བྱེད་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་རྣམས་སོ། ། སྟོན་པའི་ཆེ་བ་ལ་གཉིས་ལས། ཆེ་བའི་ཡོན་ཏན་སྤྱིར་བསྟན་ནི། ངག་ཚིག་ཤིན་ཏུ་ རིགས་པ་དང༌། །བསྟན་དང་རྣམ་དབྱེ་ཐེ་ཚོམ་གཅོད། །ལན་མང་བྱེད་ དང་ལྡན་པ་ནི། །མགོ་སྨོས་རྣམ་སྤྲོས་གོ་རྣམས་ལ། །མདོ་ལས། བརྗོད་དོ་ འདོགས་སོ་རབ་ཏུ་འཇོག་གོ་རྣམ་པར་འབྱེད་དོ། །རྣམ་པར་འགྲེལ་ཏོ་གསལ་བར་བྱེད་དོ་ སྟོན་ཏོ་{ཡང་དག་པར་རབ་ཏུ་སྟོན་ཏོ་}ཞེས་གསུངས་པ་ལྟར། ངག་ཤིན་ཏུ་རིགས་པས་དོན་ གྱི་ངོ་བོ་བརྗོད་པ་དང༌། ཚིག་ཤིན་ཏུ་རིགས་པས་དོན་གྱི་ཁྱད་པར་སྟོན་ཅིང་འདོགས་པ་དང༌། བཤད་བྱའི་དོན་མདོར་བསྟན་པས་རབ་ཏུ་འཇོག་པ་དང༌། དེ་ཉིད་རྒྱས་པར་བཤད་པའི་སྒོ་ ནས་རྣམ་པར་འབྱེད་པ་དང༌། ངེས་པར་བསྐྱེད་ཅིང་ཐེ་ཚོམ་གཅོད་པས་རྣམ་པར་འགྲེལ་བ་ དང༌། དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཆེད་དུ་རྣམ་གྲངས་དུ་མས་ལན་མང་དུ་སྟོན་པར་ བྱེད་པ་དང་ལྡན་པས་ནི་གསལ་བར་བྱེད་པ་དང༌། དབང་པོ་རྣོན་པོ་མགོ་སྨོས་པས་གོ་བ་ རྣམས་ལ་མདོར་བསྡུས་ཏེ་སྟོན་པ་དང༌། དབང་པོ་རྟུལ་པོ་རྣམ་པར་སྤྲོས་པས་གོ་བ་རྣམས་ལ་ རྒྱས་པར་ཕྱེ་ནས་ཡང་དག་པར་སྟོན་པའོ། ། སངས་རྒྱས་རྣམས་ཀྱི་སྟོན་པ་ནི། །འཁོར་གསུམ་གྱིས་ནི་དག་པ་སྟེ། ། འདི་ནི་ཉེས་པ་བརྒྱད་དག་དང༌། །བྲལ་བ་ཉིད་དུ་ཤེས་པར་བྱ། །རྫོགས་ པའི་སངས་རྒྱས་རྣམས་ཀྱི་དམ་པའི་ཆོས་སྟོན་པ་ནི། གང་གིས་སྟོན་པ་ངག་ཚིག་ཤིན་ཏུ་ རིགས་པ་དག་དང༌། ཇི་ལྟར་སྟོན་པ་བསྟན་དང་རྣམ་འབྱེད་ཐེ་ཚོམ་གཅོད་དང་ལན་མང་བྱེད་ པ་རྣམས་དང༌། གང་ལ་སྟོན་པ་མགོ་སྨོས་རྣམ་སྤྲོས་གོ་བ་དག་སྟེ་འཁོར་གསུམ་གྱིས་གསུང་ བ་ཡིན་ལ། དེ་དག་ནི་སྐྱོན་ཐམས་ཅད་ཀྱིས་ཡོངས་སུ་དག་པ་སྟེ། དེ་བས་ན་སངས་རྒྱས་ཀྱི་ 4-1-327 གསུང་འདི་ནི་འཆད་པར་འགྱུར་བའི་ཉེས་པ་བརྒྱད་པོ་དག་དང་བྲལ་བ་ཉིད་དུ་ཤེས་པར་ བྱའོ། ། ཁྱད་པར་སྐྱོན་དང་བྲལ་ཚུལ་ནི། ལེ་ལོ་དང་ནི་མི་གོ་བ། །སྐབས་མི་འབྱེད་ དང་མ་ངེས་དང༌། །ཐེ་ཚོམ་དག་ནི་མི་གཅོད་དང༌། །དེ་དང་བྲལ་བ་ བརྟན་མི་བྱེད། །ཉལ་བ་ལ་སོགས་པའི་བདེ་བ་ལ་ཞེན་ནས་ཆོས་སྟོན་པར་མི་སྤྲོ་བའི་ལེ་ ལོ་དང་ནི་གལ་ཏེ་སྤྲོ་ཡང་དོན་གསལ་བར་མི་རྟོགས་ཤིང་མི་གོ་བ་དང༌། གོ་ཡང་ཆོས་སྟོན་ པའི་གོ་སྐབས་མི་འབྱེད་པ་དང༌། ཅུང་ཟད་སྟོན་ཡང་དོན་ངེས་པར་མི་བྱེད་པས་མ་ངེས་པ་ དང༌། རྣམ་པར་ཕྱེ་སྟེ་གསལ་བར་མི་སྟོན་པས་ཐེ་ཚོམ་དག་ནི་མི་གཅོད་པ་དང༌། ཐེ་ཚོམ་ལན་ ཅིག་ཙམ་བསལ་ཡང་ལན་མང་པོ་མི་འཆད་པས་ཐེ་ཚོམ་དེ་དང་བྲལ་བ་བརྟན་པོ་མི་བྱེད་པ་ དང༌། སྐྱོ་བ་དང་ནི་སེར་སྣ་ཉིད། །འདི་དག་གཏམ་གྱི་ཉེས་པར་འདོད། །དེ་ དག་མེད་ཕྱིར་སངས་རྒྱས་ཀྱི། །བཤད་པ་བླ་ན་མེད་པར་འགྱུར། །ཆོས་ཡང་ ཡང་འཆད་པར་མི་ནུས་པའི་སྐྱོ་བ་དང་ནི་ལན་རེ་ཙམ་འཆད་ཀྱང་ཡོངས་སུ་རྫོགས་པར་མི་ སྟོན་པའི་སེར་སྣ་ཉིད་དེ། འདི་དག་ནི་ཆོས་འཆད་པའི་གཏམ་གྱི་ཉེས་པར་འདོད་པས་ཉེས་ པ་བརྒྱད་པོ་དེ་དག་མེད་པའི་ཕྱིར་སངས་རྒྱས་རྣམས་ཀྱི་བཤད་པ་བླ་ན་མེད་པར་འགྱུར་རོ། ། བཤད་བྱའི་ངོ་བོ་ལ་དོན་ཕུན་སུམ་ཚོགས་པ་དང༌། དེ་ངེས་པར་བྱ་བ་གཉིས་ལས། དང་ པོ་ནི། དད་དང་དགའ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། ། དོན་རྣམས་གཉིས་ལྡན་གཟུང་སླ་དང༌། །ཡོན་ཏན་བཞི་ཅན་ཚངས་ སྤྱོད་སྟོན། །མདོ་ལས། དམ་པའི་ཆོས་ནི་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་ བ། དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ། ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ ཡོངས་སུ་བྱང་བ་ཞེས་གསུངས་པ་ལྟར། དང་པོར་ཐོས་པ་ལ་བརྟེན་ནས་མོས་ཤིང་ཡིད་ཆེས་ 4-1-328 པའི་དད་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཐོག་མར་དགེ་བ་དང༌། དེ་ནས་རིགས་པས་ངེས་པར་ བསམས་པ་ལ་བརྟེན་ནས་ཐོབ་པར་ནུས་པར་རིགས་པས་རབ་ཏུ་དགའ་བ་སྐྱེ་བའི་རྒྱུ་ཡིན་ པའི་ཕྱིར་བར་ཏུ་དགེ་བ་དང༌། དེ་ནས་མཉམ་པར་བཞག་སྟེ་བསྒོམས་པ་ལ་བརྟེན་ནས་ཆོས་ ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་བློ་གྲོས་རྣམས་རིམ་གྱིས་སྐྱེ་བའི་རྒྱུ་ཡིན་པའི་ ཕྱིར་ཐ་མར་དགེ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་དམ་པའི་ཆོས་ ཟབ་མོ་འདི་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་ཡིན་ཞིང༌། ཀུན་རྫོབ་དང་དོན་དམ་པའི་ བདེན་པའི་དོན་རྣམ་པ་གཉིས་ཡོངས་སུ་རྫོགས་པར་སྟོན་པ་དང་ལྡན་པས་དོན་བཟང་པོ་ དང༌། དེ་དག་ཚིག་དང་ཡི་གེར་གྲགས་པའི་སྒོ་ནས་སྟོན་པས་གཟུང་སླ་བའི་ཕྱིར་ཚིག་འབྲུ་ བཟང་པོ་དང༌། དེ་ཡང་ཡོན་ཏན་བཞི་དང་ལྡན་པ་ཅན་ཉེས་པ་མ་ལུས་པས་དག་པའི་ཚངས་ པ་མྱ་ངན་ལས་འདས་པ་དང༌། དེ་དང་མཐུན་པའི་སྤྱོད་པ་ལམ་ཟབ་མོ་ཕྱིན་ཅི་མ་ལོག་པར་ སྟོན་པའོ། ། ཡོན་ཏན་བཞི་ནི། གཞན་དང་ཐུན་མོང་མ་ཡིན་སྟོན་པ་དང༌། །ཁམས་ གསུམ་ཉོན་མོངས་རྣམས་སྤོང་རྫོགས་བྱེད་དང༌། །ངོ་བོ་ཉི་དག་དྲི་མས་ དག་པ་སྟེ། །ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཡིན་པར་འདོད། །གཞན་མུ་ སྟེགས་ཅན་ལ་སོགས་པ་འཇིག་རྟེན་པ་དང་ཐུན་མོང་མ་ཡིན་པ་ཟག་པ་མེད་པའི་ཡེ་ཤེས་ དང་ལྡན་པ་སྟོན་པས་མ་འདྲེས་པ་དང༌། སྤང་བྱ་ཁམས་གསུམ་པའི་ཉོན་མོངས་པ་རྣམས་ སྤོང་བའི་གཉེན་པོ་ཡོངས་སུ་རྫོགས་པར་སྟོན་པར་བྱེད་པས་ཡོངས་སུ་རྫོགས་པ་དང༌། ཆོས་ ཀྱི་དབྱིངས་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ཟག་པ་མེད་པའི་དེ་བཞིན་ཉིད་གདོད་མ་ནས་ ལྷུན་གྱིས་གྲུབ་པར་སྟོན་པས་ཡོངས་སུ་དག་པ་དང༌། དེ་ཉིད་གློ་བུར་གྱི་དྲི་མས་ཀྱང་རྣམ་པར་ དག་པའི་སྒོ་ནས་ཟག་པ་ཟད་པ་རྣམས་ཀྱི་རྒྱུད་ལ་དག་པ་གཉིས་ལྡན་གྱི་འབྲས་བུ་མངོན་དུ་ 4-1-329 འགྱུར་བ་སྟོན་པས་ཡོངས་སུ་བྱང་བ་སྟེ། དེ་ལྟར་ན་ཚངས་པ་མྱ་ངན་ལས་འདས་པའི་མཐར་ ཐུག་ཐོབ་པའི་སྤྱོད་པ་རྣམ་པར་དག་པ་ཡོན་ཏན་ཕུན་སུམ་ཚོགས་པ་བཞི་དང་ལྡན་པ་ཡིན་ པར་འདོད་དོ། ། དེ་ངེས་པར་བྱ་བ་ལ། ལྡེམ་དགོངས་ངོས་བཟུང༌། དགོངས་པ་ངོས་གཟུང༌། དེ་ལས་ འཕྲོས་པའོ། །དང་པོ་ལ་དབྱེ་བ་ནི། གཞུག་པ་ལྡེམ་པོར་དགོངས་པ་དང༌། ། མཚན་ཉིད་ལྡེམ་པོར་དགོངས་པ་དང༌། །གཉེན་པོ་ལྡེམ་པོར་དགོངས་ པ་དང༌། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ཀུན་ལས་བཏུས་པར་ཡང༌། གང་ དག་གིས་ཤིན་ཏུ་རྒྱས་པ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལྡེམ་པོར་དགོངས་པ་ཁོང་དུ་ ཆུད་པར་བྱ་བའི་ལྡེམ་པོར་དགོངས་པ་བཞི་སྟེ། ཞེས་གསུངས་པ་ལྟར་གདུལ་བྱ་འགའ་ཞིག་ བསྟན་པ་ལ་གཞུག་པའི་ཆེད་དུ་ལྡེམ་པོར་དགོངས་ཏེ་གསུངས་པ་དང༌། མཚན་ཉིད་ངོ་བོ་ ཉིད་གསུམ་ལ་ལྡེམ་པོར་དགོངས་ཏེ་གསུངས་པ་དང༌། ཉེས་པ་འདུལ་བའི་ཆེད་དུ་གཉེན་པོ་ ལ་ལྡེམ་པོར་དགོངས་ཏེ་གསུངས་པ་དང༌། དོན་ཟབ་མོར་བསྒྱུར་བ་ལ་ལྡེམ་པོར་དགོངས་ ནས་གསུངས་པ་སྟེ་བཞིའོ། ། ངོ་བོ་ནི། ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་ དང༌། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་འདི་རྣམ་ བཞི། །གཞུག་པ་ལྡེམ་དགོངས་ནི། ཉན་ཐོས་རྣམས་བསྟན་པ་ལ་རིམ་གྱིས་གཞུག་པའི་ དོན་དུ་དགོངས་གཞི་སྣང་ཙམ་དུ་ཡོད་པ་ལ་དགོངས་ནས་གཟུགས་ལ་སོགས་པ་ཡོད་དོ་ ཞེས་པ་དང༌། རྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་གསུངས་པ་ལྟ་བུ་དང་ནི་མཚན་ཉིད་ ལྡེམ་དགོངས་ནི་དགོངས་གཞི་ངོ་བོ་ཉིད་གསུམ་གྱི་ཀུན་བཏགས་ལ་རང་གི་མཚན་ཉིད་མེད་ པ་དང༌། གཞན་དབང་ལ་རང་ཉིད་སྐྱེ་བ་མེད་པ་དང༌། ཡོངས་གྲུབ་ལ་ཀུན་བཏགས་གཞན་ 4-1-330 དབང་མེད་པ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་ལ་སོགས་ པ་གསུངས་པ་ལྟ་བུ་དང༌། དེ་བཞིན་དུ་གཉེན་པོ་ལྡེམ་དགོངས་ནི་སེམས་ཅན་རྣམས་ཀྱི་ ཉེས་པ་འདུལ་བའི་ཆེད་དུ་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་མཆོག་སྟོན་པར་འགྱུར་བ་ལྟ་ བུ་དང༌། བསྒྱུར་བ་ལྡེམ་དགོངས་ནི་བརྗོད་པར་བྱ་བའི་དོན་ཟབ་པ་ཉིད་ལ་ནི་སྒྲས་དངོས་ ཀྱི་དོན་གཞན་དུ་བརྗོད་ནའང་དགོངས་པའི་དོན་གཞན་དུ་བསྒྱུར་ནས་བཤད་དགོས་པ་སྟེ། དཔེར་ན་སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །ཉོན་མོངས་པས་ ནི་རབ་ཉོན་མོངས༌། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་དངོས་ཀྱི་དོན་འཁོར་བ་སྙིང་ པོ་མེད་པ་ལ་སྙིང་པོར་ཤེས་ཤིང༌། འདུས་བྱས་རྟག་པར་འཛིན་པ་ལ་སོགས་པ་ཕྱིན་ཅི་ལོག་ ལ་ཤིན་ཏུ་གནས་ལ། ཉོན་མོངས་པ་རྣམས་ཀྱིས་སེམས་ཀུན་ནས་རབ་ཏུ་ཉོན་མོངས་པར་ གྱུར་པ་སྟེ། བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་ཀྱང་དགོངས་པའི་དོན་ནི་སཱ་ ར་སྙིང་པོ་དང་བི་སཱ་ར་རྣམ་གཡེང་ཡིན་པས་གང་གི་བློ་རྣམ་གཡེང་མེད་པ་ལ་སྙིང་པོའམ་ མཆོག་ཏུ་ཤེས་ནས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་ཤིང༌། འདུས་བྱས་རྟག་པ་ལ་སོགས་ པ་ལས་ཕྱིན་ཅི་ལོག་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ཀྱི་དོན་མངོན་སུམ་དུ་རྟོགས་ པ་ལ་ཤིན་ཏུ་གནས་པས་མཐོང་ལམ་ཐོབ་ནས་གཞན་དོན་དུ་ཡུན་རིང་པོར་དཀའ་བ་སྤྱོད་ པའི་ཉོན་མོངས་པ་རྣམས་ཀྱིས་རབ་ཏུ་ཉོན་མོངས་པར་བྱས་ཏེ་སྒོམ་ལམ་ཡོངས་སུ་རྫོགས་ པ་ལས་བྱང་ཆུབ་དམ་པ་ཐོབ་པར་འགྱུར། ཞེས་བསྒྱུར་ནས་འཆད་པ་ལྟ་བུ་སྟེ། ལྡེམ་པོར་ དགོངས་པ་འདི་ནི་རྣམ་པ་བཞི་ཡིན་ནོ། ། དགོངས་པ་ནི། མཉམ་པ་ཉིད་དང་དོན་གཞན་དང༌། །དེ་བཞིན་དུ་ ནི་དུས་གཞན་དང༌། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་ པར་བཞིར་ཤེས་བྱ། །ཀུན་ལས་བཏུས་པར་ཡང་གང་དག་གིས་ཤིན་ཏུ་རྒྱས་པ་ལ། དེ་ 4-1-331 བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་ཁོང་དུ་ཆུད་པར་བྱ་བའི་དགོངས་པ་ནི་བཞི་སྟེ་ཞེས་ གསུངས་པ་ལྟར། སངས་རྒྱས་ཐམས་ཅད་དོན་དམ་ཆོས་ཀྱི་སྐུ་མཉམ་པ་ཉིད་ལ་དགོངས་ ནས་ང་ཉིད་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་ གསུངས་པ་ལྟ་བུ་དང༌། ངོ་བོ་ཉིད་གསུམ་ལ་རིམ་པ་ལྟར་དོན་གཞན་རང་གི་མཚན་ཉིད་དང་ རང་སྐྱེ་བ་དང་འདུས་བྱས་ཀྱི་དངོས་པོར་མེད་པ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་ མེད་པ་དང་མ་སྐྱེས་པ་ལ་སོགས་པ་མཚན་ཉིད་ལྡེམ་དགོངས་སུ་བཤད་པ་ལྟ་བུ་དང༌། དེ་མ་ ཐག་མི་སྐྱེའང་སྨོན་ལམ་བཏབ་པ་དེ་བཞིན་དུ་ནི་དུས་གཞན་ན་སྐྱེ་བ་ལ་དགོངས་ནས་གང་ དག་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྟ་ བུ་དང༌། གང་ཟག་གི་ནི་བསམ་པ་ལ་དགོངས་ནས་དགེ་བའི་རྩ་བ་ཅུང་ཟད་ཙམ་གྱིས་ཆོག་ པར་འཛིན་པའི་གཉེན་པོར་དེ་ལ་སྨད་ནས་གཞན་ལ་བསྔགས་པའི་ཚུལ་འཆད་པ་ལྟ་བུ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པས་གསུངས་པའི་དགོངས་པ་རྣམ་པ་བཞིའི་ཁྱད་པར་ཡང་ ལེགས་པར་ཤེས་པར་བྱའོ། ། དེ་ལས་འཕྲོས་པ་ནི། (འགྲེལ་པར་)ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་ལས་ཚིགས་སུ་བཅད་པ་ གཉིས་ཡོན་ཏན་དང་བཅས་པ་བླངས་ཏེ་གསུངས་པ་ལ། ཉེས་པ་སྤོང་ཚུལ་དང༌། ཡོན་ཏན་ ཐོབ་ཚུལ་ལོ། ། དང་པོ་ནི། སངས་རྒྱས་ཆོས་ལ་བརྙས་པ་དང༌། །ལེ་ལོ་ཅུང་ཟད་ཆོག་ འཛིན་དང༌། །འདོད་ཆགས་ང་རྒྱལ་སྤྱོད་པ་དང༌། །འགྱོད་དང་མ་ངེས་ ལྡོག་པ་ནི། །ཤཱཀྱའི་རྒྱལ་པོ་འདི་ནི་སྐུ་བོངས་ཆུང་བ་དང་སྐུ་ཚེ་ཐུང་བ་དང༌། ཞིང་ཁམས་ མ་དག་པ་ལ་སོགས་པས་དམན་པའོ་ཞེས་པ་ལྟ་བུ་སངས་རྒྱས་ལ་བརྙས་པ་ནི་སེམས་ཅན་ རྣམས་ཀྱི་སྒྲིབ་པ་ཆེན་པོ་ཡིན་པས་དེའི་གཉེན་པོར་སངས་རྒྱས་རྣམ་པར་གཟིགས་ཀྱི་སྐུ་ཆེ་ 4-1-332 བ་དང་སྐུ་ཚེ་རིང་བ་དང༌། ཞིང་ཁམས་དག་པ་ལ་སོགས་པའི་ཡོན་ཏན་རྒྱ་ཆེན་པོ་གསུངས་ ནས་ང་ཉིད་དེའི་ཚེ་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ལྟ་བུ་དང༌། དེ་བཞིན་དུ་ སྦྱར་ཏེ་ཐེག་པ་ཆེན་པོ་ནི་དམངས་རིགས་དང་བུད་མེད་ལ་སོགས་པས་ཀྱང་ཐོས་པས་རྙེད་ པར་སླ་བའོ་ཞེས་ཆོས་ལ་བརྙས་པའི་སྒྲིབ་པའི་གཉེན་པོར་དོན་གཞན་རྟོགས་པའི་ཆོས་ལ་ དགོངས་ནས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་སངས་རྒྱས་རྣམས་ལ་བསྙེན་བཀུར་ བྱས་ན་གདོད་ཐེག་པ་ཆེན་པོའི་རྟོགས་པ་སྐྱེའོ་ཞེས་གསུངས་པ་ལྟ་བུ་དང༌། སེམས་ཞུམ་ཞིང་ དགེ་བ་ལ་མི་སྤྲོ་བས་ལེ་ལོར་གྱུར་པའི་སྒྲིབ་པའི་གཉེན་པོར་གང་དག་བདེ་བ་ཅན་དུ་སྨོན་ ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ཞེས་པ་དང༌། སངས་རྒྱས་དྲི་མེད་ཟླ་འོད་ཀྱི་ མཚན་སྨོས་པ་ཙམ་གྱིས་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་དང༌། དགེ་བའི་རྩ་བ་སྦྱིན་པ་ལ་སོགས་པ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་སྒྲིབ་པའི་གཉེན་ པོར་ལ་ལར་དེ་ལ་སྨད་ནས་གཞན་དུ་ནི་བསྔགས་པ་གསུངས་པ་ལྟ་བུ་དང༌། ཁམས་གསུམ་ གྱི་འབྱོར་པ་ལ་ཞེན་ནས་འདོད་ཆགས་ལ་སྤྱོད་པའི་སྒྲིབ་པའི་གཉེན་པོར་ཞིང་ཁམས་རིན་ པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་དཔག་བསམ་གྱི་ཤིང་གིས་བརྒྱན་པ་ལ་སོགས་པ་སངས་རྒྱས་ ཀྱི་ཞིང་གི་འབྱོར་པ་བསྔགས་པ་ལྟ་བུ་དང༌། ལུས་དང་སྟོབས་དང་ལོངས་སྤྱོད་ལ་སོགས་ པས་སེམས་ཁེངས་ནས་ང་རྒྱལ་ལ་སྤྱོད་པའི་སྒྲིབ་པའི་གཉེན་པོར་སངས་རྒྱས་ལ་ལའི་སྐུ་ དང་ཡེ་ཤེས་དང་འཕྲིན་ལས་ལ་སོགས་པའི་ཕུན་སུམ་ཚོགས་པ་ལྷག་པར་བསྔགས་པ་ལྟ་བུ་ དང༌། ཡུལ་དམ་པ་ལ་གནོད་པ་བྱས་པའི་འགྱོད་པ་དྲག་པོའི་མྱ་ངན་གྱི་སེམས་དཀྲུགས་ཏེ་ དགེ་བ་ལ་མི་འཇུག་པའི་སྒྲིབ་པའི་གཉེན་པོར་དགེ་བ་ལ་གཞུག་པའི་ཆེད་དུ་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་བྱེད་པ་དེ་དག་ཐམས་ཅད་མཐོ་རིས་སུ་འགྲོ་བར་ འགྱུར་རོ་ཞེས་གསུངས་པ་ལྟ་བུ་དང༌། བྱང་ཆུབ་སེམས་དཔའ་རིགས་མ་ངེས་པ་འགའ་ཞིག་ 4-1-333 གྲོགས་ངན་པ་ལ་སོགས་པའི་དབང་གིས་ཐེག་ཆེན་གྱི་ལམ་ལས་ལྡོག་པ་ནི་སྒྲིབ་པ་ཡིན་པས་ དེའི་གཉེན་པོར་མཐར་ཐུག་ལ་དགོངས་ནས་ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་སུ་ལུང་ བསྟན་པ་དང༌། དམ་ཆོས་པདྨ་དཀར་པོ་ལ་སོགས་པར་ཐེག་པ་ནི་གཅིག་ཁོ་ན་སྟེ་གཉིས་སུ་ མེད་དོ་ཞེས་གསུངས་པ་ལྟ་བུའོ། ། སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་ གསུངས། །དེས་དེའི་བར་དུ་གཅོད་པ་ཡི། །ཉེས་པ་ཐམས་ཅད་སྤོང་བར་ འགྱུར། །སངས་རྒྱས་ལ་བརྙས་པ་ལ་སོགས་པ་བརྒྱད་པོ་དེ་རྣམས་ནི་སེམས་ཅན་རྣམས་ཀྱི་ རྒྱུད་ལ་ལམ་རྣམ་དག་སྐྱེ་བའི་གེགས་སམ་སྒྲིབ་པར་གྱུར་པ་སྟེ། སྒྲིབ་པ་དེ་དང་དེ་ཡི་གཉེན་ པོར་ཐེག་པ་གསུམ་གྱི་མཆོག་ཏུ་གྱུར་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་གསུངས་པ་དེས་སེམས་ ཅན་དེ་དང་དེའི་ལམ་གྱི་བར་དུ་གཅོད་པའི་ཉེས་པ་ཐམས་ཅད་སྤོང་བར་འགྱུར་རོ། ། ཡོན་ཏན་ཐོབ་ཚུལ་ནི། གང་ཞིག་ཚིག་གམ་དོན་སྒོ་ནས། །ཚིགས་བཅད་ གཉིས་འཛིན་རབ་སྦྱོར་བ། །སེམས་ཅན་བློ་ལྡན་མཆོག་དེ་ཡིས། །ཡོན་ ཏན་རྣམ་བཅུ་ཐོབ་འགྱུར་ཏེ། །སྐྱེས་བུ་དམ་པ་གང་ཞིག་ཚིག་གམ་དོན་གྱི་སྒོ་ནས་ ཚིགས་སུ་བཅད་པ་གཉིས་པོའི་མདོ་འདི་འཛིན་ཞིང་མི་བརྗེད་པར་དྲན་པ་ལ་རབ་ཏུ་སྦྱོར་ བའི་སེམས་ཅན་བློ་དང་ལྡན་པ་མཆོག་ཏུ་གྱུར་པ་དེ་ཡིས་ཡོན་ཏན་ཕུན་སུམ་ཚོགས་པ་རྣམ་ པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། ཁམས་ནི་ཟད་པར་བརྟས་པ་དང༌། ། འཆི་བའི་ཚེ་ན་རབ་དགའ་མཆོག །ཇི་ལྟར་འདོད་པར་སྐྱེ་བ་དང༌། ། ཀུན་ཏུ་ཚེ་རབས་དྲན་པ་དང༌། །ཤིན་ཏུ་རྒྱས་པའི་སྡེ་སྣོད་ལས་གསུངས་པའི་དོན་ ཐོས་ཤིང་མོས་པ་ཐོབ་པ་ལ་བརྟེན་ནས་ཐེག་ཆེན་རྒྱས་འགྱུར་གྱི་ཁམས་སམ་རིགས་ནི་ཟད་ པར་ཏེ་མཐའ་དག་བརྟས་ཤིང་འཕེལ་བར་འགྱུར་བ་དང་(༡)། དེའི་སྟོབས་ཀྱིས་འཆི་ཁའི་ཚེ་ 4-1-334 ན་ཡང་སྡུག་བསྔལ་དང་བྲལ་ཞིང་རབ་ཏུ་དགའ་བ་མཆོག་ཏུ་གྱུར་པ་ཐོབ་པ་དང་(༢)། ཕྱི་མ་ ལའང་ལྷ་དང་མི་ལ་སོགས་པ་ཇི་ལྟར་འདོད་པའི་གནས་ཕུན་སུམ་ཚོགས་པར་སྐྱེ་བ་དང་(༣)། སྐྱེ་བ་ཀུན་ཏུའང་ཚེ་རབས་སྔ་མ་རྣམས་སུ་གང་དང་ཅི་བྱས་པ་དེ་ཐམས་ཅད་རྗེས་སུ་དྲན་པ་ དང་(༤)། སངས་རྒྱས་རྣམས་དང་ཕྲད་པ་དང༌། །དེ་ལས་ཐེག་མཆོག་ཐོབ་ པ་དང༌། །མོས་པ་བློ་དང་བཅས་པ་དང༌། །སྒོ་གཉིས་བྱང་ཆུབ་མྱུར་ཐོབ་ པའོ། །ཚེ་རབས་ཐམས་ཅད་དུ་ཡང་སྡིག་པའི་གྲོགས་པོ་དང་བྲལ་ཞིང་དགེ་བའི་བཤེས་ གཉེན་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཕྲད་པར་འགྱུར་བ་དང་(༥)། སངས་རྒྱས་ དེ་རྣམས་ལས་ཀྱང་ཐེག་པ་མཆོག་ཏུ་གྱུར་པ་ཤིན་ཏུ་ཟབ་མོའི་ཆོས་ཐོས་པར་འགྱུར་བ་དང་ (༦)། ཐོས་པ་དེ་དག་ལའང་ཡོན་ཏན་དང་ལྡན་པར་ངེས་པའི་མོས་པ་དང་རྣམ་པར་འབྱེད་ པའི་བློ་གྲོས་དང་བཅས་པ་ཐོབ་པ་དང་(༧)། དེ་དག་ལ་བརྟེན་ནས་དཔའ་བར་འགྲོ་བ་ལ་ སོགས་པའི་ཏིང་ངེ་འཛིན་གྱི་སྒོ་དང་(༨)། ཇི་ལྟར་ཐོས་པ་ཐམས་ཅད་མི་བརྗེད་པར་དྲན་པའི་ གཟུངས་ཀྱི་སྒོ་གཉིས་ཐོབ་པ་དང་(༩)། མཐར་ཐུག་གི་འབྲས་བུ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པ་(༡༠)སྟེ། དང་པོ་གཉིས་ནི་མཐོང་བའི་ཆོས་ཚེ་ འདི་ལ་ཐོབ་པའི་ཕན་ཡོན་དང༌། ལྷག་མ་བརྒྱད་ནི་ཚེ་ཕྱི་མ་ལ་རིམ་གྱིས་གོང་ནས་གོང་དུ་ ཁྱད་པར་དུ་འཕགས་པ་རྣམས་ཐོབ་པར་འགྱུར་བར་རིག་པར་བྱའོ། །དགོངས་པ་དང་སྡེམ་ དགོངས་ཀྱི་ཁྱད་པར་ནི་བཤད་སྦྱར་ལས། དགོངས་པ་ནི་ཡིད་ལ་བཞག་པ་ཙམ་ཡིན་གྱི། ཕ་ རོལ་གཟུད་པ་ལ་ལྟོས་པར་ཁས་མི་ལེན་ཏོ། །ལྡེམ་དགོངས་ནི། དེ་ཉིད་ཕ་རོལ་གཟུད་པ་ལ་ ལྟོས་པའོ། །ཞེས་གསུངས་པ་ལྟར་དགོངས་གཞི་ཙམ་ཐུགས་ལ་བཞག་པའི་ཆ་ནས་དགོངས་ པ་དང༌། དགོངས་གཞི་དང་དགོངས་པ་གཉིས་ཀ་ཐུགས་ལ་བཞག་པའི་ཆ་ནས་ལྡེམ་དགོངས་ སུ་འཇོག་ཅིང༌། ཁ་ཅིག་དགོངས་པ་བཞི་ནི་ལྡེམ་དགོངས་ཀྱི་བྱེ་བྲག་ཡིན་ཏེ་གཉེན་པོ་ལྡེམ་ 4-1-335 དགོངས་སུ་འདུས་པའི་ཕྱིར་རོ་ཞེས་གསུང་ངོ༌། །དེ་དག་ལ་འགའ་ཞིག་དགོངས་པ་དང་ལྡེམ་ དགོངས་ཀྱིས་གསུངས་པ་ཐམས་ཅད་དྲང་དོན་ཡིན་ཞིང༌། དེའང་དོན་ལ་མི་གནས་པ་རྫུན་པ་ འབའ་ཞིག་གོ་སྙམ་དུ་སེམས་པ་དེ་དག་ནི་རིགས་པ་མ་ཡིན་ཏེ། ཐེག་བསྡུས་ལས། དགོངས་ པ་བཞི་དང་ལྡེམ་པོར་དགོངས་པ་བཞིས་སངས་རྒྱས་ཀྱི་གསུང་ཐམས་ཅད་ཁོང་དུ་ཆུད་པར་ བྱའོ་ཞེས་གསུངས་ཤིང༌། གནས་སྐབས་དགོས་པའི་དབང་གིས་སྒྲའི་དངོས་ཀྱི་བརྗོད་བྱ་དྲང་ དོན་ཡིན་ཡང༌། མཐར་ཐུག་དགོངས་གཞི་དོན་ལ་གནས་པའི་ཆ་ནི་ངེས་དོན་ཡིན་པའི་ཕྱིར་ རོ། །དཔེར་ན་ང་ཉིད་དེའི་ཚེ་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་པའི་སྒྲས་དངོས་ སུ་དྲང་དོན་སྟོན་ཡང་དགོངས་གཞི་ཆོས་ཀྱི་སྐུ་མཉམ་པ་ཉིད་དུ་དོན་ལ་གནས་པ་ནི་ངེས་ དོན་ཡིན་པ་ལྟ་བུའོ། །དྲང་དོན་དང་ངེས་དོན་གྱི་ཁྱད་པར་ནི་ཟླ་བ་སྒྲོན་མར། [སྟོང་{སྟོན་} པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་རིག །ཅེས་ གསུངས་པ་ལྟར་མཐར་ཐུག་དོན་དམ་པ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཟབ་མོ་སྟོན་པ་རྣམས་ ངེས་པའི་དོན་ཡིན་ཞིང༌། གནས་སྐབས་ཀུན་རྫོབ་ཀྱི་བདེན་པ་རྒྱུ་འབྲས་ལ་ཡིད་ཆེས་པའི་ དོན་དུ་སེམས་ཅན་དང་གང་ཟག་ལ་སོགས་པ་སྟོན་པ་ནི་དྲང་བའི་དོན་ཡིན་ཏེ། བློ་གྲོས་མི་ ཟད་པས་བསྟན་པ་ལས་ཀྱང༌། དོན་དམ་སྒྲུབ་པ་སྟོན་པ་ནི་ངེས་པའི་དོན་ཏོ། །ཀུན་རྫོབ་ སྒྲུབ་པ་སྟོན་པ་ནི་དྲང་བའི་དོན་ཏོ་ཞེས་གསུངས་པ་ལྟར་རོ། །ཡང་སྒྲོན་གསལ་དུ། སྐལ་ངན་ རྣམས་ལ་རྒྱལ་བ་ཡིས། །སྦས་ཏེ་གསུངས་པ་དྲང་བའི་དོན། །ཡང་དག་དོན་ནི་རབ་སྟོན་ཕྱིར། ། ངེས་པའི་དོན་ཡང་གསུངས་པ་ཡིན། །ཞེས་པ་ལྟར་དགོས་པའི་དབང་གིས་སྦས་ཏེ་གསུངས་ པ་ལ་སོགས་པ་སྒྲའི་དངོས་ཀྱི་བརྗོད་བྱ་ལ་གནོད་བྱེད་ཡོད་པས་དགོངས་པ་གཞན་བཙལ་ དགོས་པ་ནི་དྲང་བའི་དོན་དུ་གསལ་པོར་གསུངས་ཤིང༌། གནོད་བྱེད་མེད་པས་དགོངས་པ་དེ་ 4-1-336 ཁོ་ནར་གཟུང་དུ་རུང་བ་ནི་ངེས་པའི་དོན་ཡིན་ནོ། །དེ་དག་ལ་ཡང་ཐེག་པ་འོག་མ་འོག་མའི་ ངེས་དོན་དང་དོན་དམ་གོང་མ་གོང་མའི་དྲང་དོན་ཀུན་རྫོབ་ཏུ་འགྱུར་བ་ཡང་ཡོད་དེ་བདེན་ གཉིས་སུ། གཞན་གྱི་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་སྟེ། །གཞན་གྱི་ མར་འདོད་གང་ཡིན་དེ། །གཞན་གྱི་ཆུང་མར་ཡང་འདོད་བཞིན། །ཞེས་གསུངས་པ་ལྟར་ཉན་ ཐོས་པའི་དོན་དམ་རང་མཚན་དོན་དམ་གྱི་བདེན་པ་ཐེག་ཆེན་པའི་ཀུན་རྫོབ་ཡིན་པ་དང༌། སེམས་ཙམ་པའི་རྣམ་ཤེས་རང་རིག་རང་གསལ་དོན་དམ་གྱི་བདེན་པ་དབུ་མ་པའི་ཀུན་རྫོབ་ ཡིན་པ་ལ་སོགས་པ་ལྟ་བུའོ། ། བཤད་པའི་ཕན་ཡོན་ནི། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། ། སྙན་པར་རབ་གྲགས་ཆོ་ག་བཟང་ཤེས་ལྡན་པ་ཡི། །བྱང་ཆུབ་སེམས་ དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ། །བཤད་པས་སྐྱེ་བོའི་ནང་ན་ཉི་མ་ བཞིན་དུ་ལྷམ། །རྒྱ་ཆེ་ཐེ་ཚོམ་སྤོང་བ་དང༌། །ཞེས་པ་ལ་སོགས་པས་ཀྱང་གོང་དུ་བཤད་ པ་དེ་ལྟར་ཆོས་རྣམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པས་བློ་གྲོས་བཟང་བ་དང༌། དཀའ་སྤྱད་ལ་སྐྱོ་བ་མེད་པ་དང་ལྡན་པས་ཡང་དང་ཡང་དུ་སྟོན་པ་དང༌། ཟང་ཟིང་ལ་སེམས་ པ་མེད་པར་སྙིང་བརྩེ་བ་ཆེན་པོ་ཅན་དུ་གྱུར་པ་དང༌། མཁས་པ་དང་བཙུན་པ་ལ་སོགས་པ་ སྙན་པར་རབ་ཏུ་གྲགས་པས་ཚིག་གཟུང་བར་འོས་པ་དང༌། རྒྱས་བསྡུས་ལ་སོགས་པ་གདུལ་ བྱའི་བློ་དང་འཚམ་པར་འཆད་པས་གང་ལ་གང་འདུལ་གྱི་རྣམ་པའམ་ཆོ་ག་བཟང་པོ་ཤེས་པ་ སྟེ་ཆོས་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ནི་ལེགས་པར་སྨྲ་བ་རྣམས་ཀྱི་མཆོག་ཏུ་ གྱུར་བ་གང་ཡིན་པ་སྟེ། དེས་དམ་པའི་ཆོས་བཤད་པས་སྐྱེ་བོ་མང་པོའི་ནང་ན་ཉི་མས་འཇིག་ རྟེན་སྣང་བར་བྱེད་པ་བཞིན་དུ་མི་ཤེས་པའི་མུན་པ་སེལ་ཞིང་ལེགས་བཤད་ཀྱི་སྣང་བ་ འགྱེད་པས་ལྷམ་མེར་འདུག་པ་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའོ། 4-1-337 བཙལ་བའི་ཆོས་བཤད་པའི་སྐབས་རྫོགས་པར་བཤད་ཟིན་ཏོ།། ༈ །། བཤད་པ་ལྟར་སྒྲུབ་པའི་ཚུལ་ལ། བྱང་ས་ལས་འབྱུང་བ་ལྟར་སྤྱིའི་དོན་བསྡུས་པ་ནི། བཅོམ་ལྡན་འདས་ཀྱིས་ལུས་ངག་ཡིད་གསུམ་གྱི་ལས་གང་བྱེད་པར་མ་གནང་བ་རྣམས་ སྤོང་ཞིང༌། བྱེད་དུ་གནང་བ་རྣམས་བསྟེན་པའི་སྒོ་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་ པ་དང༌། ཇི་ལྟར་ཐོས་པའི་དོན་རྣམས་བསམ་པར་འདོད་པ་དང་གཞལ་བར་འདོད་པ་དང་ ཉེ་བར་བརྟགས་པར་འདོད་པས་གཅིག་པུ་དབེན་པར་སོང་སྟེ་བསམ་པར་བྱ་བ་མ་ཡིན་པ་ རྣམས་སྤངས་ནས། རྟག་ཏུ་གུས་པར་བྱེད་པའི་སྦྱོར་བའི་སྒོ་ནས་ཆོས་ཀྱི་དོན་ལེགས་པར་ སེམས་པར་བྱེད་པ་དང༌། དམིགས་པ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་ཞི་ གནས་དང༌། བཞག་པ་ལྟར་ཆོས་རབ་ཏུ་འབྱེད་ཅིང་མཁས་པའི་ལྷག་མཐོང་དང༌། དེ་དག་ ལ་རྟག་ཏུ་སྦྱོར་ཞིང་གུས་པར་སྦྱོར་བས་གོམས་པར་བྱེད་པ་དང༌། དེ་དག་ལས་མི་གཡོ་བར་ རང་གི་ངང་གིས་འཇུག་ཅིང་གནས་པས་མངོན་པར་དགའ་བའི་སྒོ་ནས་སྒོམ་པར་བྱེད་པ་ལ་ སོགས་པ་གསུངས་ཤིང༌། གཞུང་འདིར་ནི་རྣམ་པ་ལྔ་སྟེ། སྒྲུབ་པའི་རྣམ་དབྱེ། བག་ཡོད་པས་སྒྲུབ་ཚུལ། མི་མཐུན་ ཕྱོགས་སྤང་ཚུལ། སྒྲུབ་ཚུལ་གྱི་དབྱེ་བ། དག་པའི་ཕན་ཡོན་ནོ། ། དང་པོ་ལའང་མདོ་ལས། དོན་ཀུན་ཤེས་ཤིང་ཆོས་ཀུན་ཤེས་ནས་ཆོས་དང་མཐུན་པའི་ ཆོས་ལ་ཞུགས་པ་ནི་མཐུན་པར་ཞུགས་པ་ཡིན། མཐུན་པའི་ཆོས་ལ་སྤྱོད་པ་ཡིན་ཞེས་འབྱུང་ བ་ལྟར་ལྔ་སྟེ། དོན་ཀུན་ཤེས་པའི་སྒྲུབ་པ། ཆོས་ཀུན་ཤེས་པའི་སྒྲུབ་པ། ཆོས་མཐུན་ཆོས་ལ་ ཞུགས་པ། མཐུན་པ་ཉིད་དུ་ཞུགས་པ། མཐུན་པའི་ཆོས་ལ་སྤྱོད་པའོ། ། དང་པོ་ནི། བློ་ལྡན་གཉིས་ལས་ལོག་ཉིད་དང༌། །ཡང་དག་ཉིད་རྣམ་ སྤངས་གསུམ་གྱིས། །གང་ཟག་དང་ནི་ཆོས་དག་ལ། །བདག་མེད་རྣམ་ 4-1-338 གཉིས་ཀུན་ཤེས་ནས། །བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་མོས་སྤྱོད་ཀྱི་ས་ནས་ རིམ་གྱིས་ཞུགས་ཏེ། གཟུང་བ་དང་འཛིན་པ་མེད་པར་(སྤྱིའི་ཚུལ་གྱིས་)རྟོགས་པས་གང་ཟག་དང་ ཆོས་ཀྱི་བདག་མེད་པ་གཉིས་ལ་འཇུག་པ་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་འདྲེན་ པས་ལོག་པ་ཉིད་རྣམ་པར་སྤངས་པ་དང༌། འཇིག་རྟེན་ལས་འདས་པ་མ་ཡིན་པས་ཡང་དག་ པ་ཉིད་ཀྱང་རྣམ་པར་སྤངས་པ་ཅན། ཀུན་བཏགས་ངོ་བོ་ཉིད་མེད་པ་ལ་མེད་པར་ཤེས་པ་ སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང༌། གཞན་དབང་ཁམས་གསུམ་གྱི་སེམས་སེམས་བྱུང་སྡུག་ བསྔལ་གྱི་རང་བཞིན་དུ་ཡོད་པ་སྨོན་པར་བྱ་བའི་གནས་མ་ཡིན་པ་ལ་སྨོན་པ་མེད་པའི་ཏིང་ ངེ་འཛིན་དང༌། ཡོངས་གྲུབ་ཆོས་ཀྱི་དབྱིངས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ ནམ་ཡང་འགྱུར་བ་མེད་པར་ཡོད་པ་ལ་ཡོད་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ གསུམ་གྱིས། གང་ཟག་དང་སྲོག་དང་སེམས་ཅན་ལ་སོགས་པར་བཏགས་པའི་བདག་མེད་ པ་དང་ནི་གཟུང་བ་དང་འཛིན་པ་ལ་སོགས་པ་ཆོས་ཀྱི་བདག་མེད་པ་དག་ལ་བདག་མེད་པ་ རྣམ་པ་གཉིས་ཀྱི་དོན་ཀུན་ཏུ་ཤེས་པར་བྱས་ནས་བསྒྲུབ་པའོ། ། ཆོས་ཀུན་ཤེས་པ་ནི། དོན་ཤེས་པ་ནི་ཆོས་རྣམས་ཀུན། །གཟིངས་དང་ འདྲ་བ་ཉིད་དུ་རིག །ཐོས་པས་ཆོག་པར་འཛིན་སྤོང་བ། །དེས་ན་ཆོས་ ཤེས་པ་ཞེས་བརྗོད། །དེ་ལྟར་ཐོས་པ་ལ་བརྟེན་ནས་བདག་མེད་ཀྱི་དོན་ཤེས་པ་དེས་ ནི་མདོ་ལ་སོགས་པ་ཚིག་ཐ་སྙད་ཀྱིས་བསྡུས་པའི་ཆོས་རྣམས་ཀུན་དཔེར་ན་ཆུ་ལས་སྒྲོལ་ བ་ལ་གཟིངས་དགོས་ཀྱང༌། སྒྲོལ་ནས་མི་དགོས་པ་དང་འདྲ་བ་ཉིད་དུ་དོན་མ་རྟོགས་ཀྱི་ བར་ལ་ཚིག་དགོས་ཀྱང་དོན་རྟོགས་ནས་མི་དགོས་པར་རིག་ནས། དོན་ལ་རྟོན་པར་བྱེད་ཀྱི་ ཚིག་འབྲུ་ལ་རྟོན་པར་མི་བྱེད་པར། ཆོས་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པ་སྤོང་ཞིང་དོན་ སེམས་པ་དང་སྒོམ་པ་ལ་སྦྱོར་བར་བྱེད་པ། དེས་ན་ཆོས་ཤེས་པའི་བསྒྲུབ་པ་ཞེས་བྱ་བར་ 4-1-339 བརྗོད་དོ། ། ཆོས་ལ་ཞུགས་པ་ནི། སོ་སོ་སྐྱེ་བོའི་ཤེས་པ་ཡིས། །དེ་བཞིན་དུ་ནི་གཉིས་ རྟོགས་ནས། །ཤེས་པ་དེ་ཡོངས་རྫོགས་བྱའི་ཕྱིར། །མཐུན་པའི་ཆོས་ནི་ རབ་ཏུ་བསྒྲུབ། །ཚོགས་སྦྱོར་མོས་སྤྱོད་ཀྱི་སའི་གནས་སྐབས་སུ་སོ་སོ་སྐྱེ་བོའི་དོན་དང་ ཆོས་ཤེས་པའི་ཤེས་པ་དེ་ཡིས། སྔར་བཤད་པ་དེ་བཞིན་དུ་ནི་ཏིང་ངེ་འཛིན་གསུམ་ལ་བརྟེན་ ནས་གང་ཟག་དང་ཆོས་ཀྱི་བདག་མེད་པ་གཉིས་སྤྱིའི་ཚུལ་དུ་རྟོགས་ནས་ཤེས་པ་དེ་ཡོངས་ སུ་རྫོགས་པས་བདག་མེད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ཐོབ་པར་བྱ་བའི་ཕྱིར་དེ་ དང་རྗེས་སུ་མཐུན་པའི་ཆོས་ངེས་འབྱེད་ཆ་མཐུན་རྣམས་ནི་རབ་ཏུ་བསྒྲུབ་པར་བྱེད་དོ། ། མཐུན་པར་ཞུགས་པ་ནི། དེ་ནས་དེས་ནི་ས་དང་པོར། །བྱང་ཆུབ་སེམས་ དཔའ་དེའི་བདག་ཉིད། །ཀུན་ཏུ་མཉམ་པར་འཇིག་རྟེན་ལས། །འདས་ པའི་ཡེ་ཤེས་བླ་མེད་ཐོབ། །སྦྱོར་ལམ་མན་ཆད་རྫོགས་པ་དེ་ནས་བྱང་ཆུབ་སེམས་ དཔའ་དེས་ནི་ས་དང་པོ་རབ་ཏུ་དགའ་བར་བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པ་ དེའི་བདག་ཉིད་ཀུན་ཏུ་སྤངས་རྟོགས་མཉམ་པར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཉན་ རང་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པས་ན་ཐེག་པ་བླ་ན་མེད་པའི་མཐོང་ལམ་ཐོབ་ པའོ། ། ཆོས་ལ་སྤྱོད་པ་ལ་སྤང་བྱ་སྤོང་ཚུལ་དང༌། གཉེན་པོ་ཐོབ་ཚུལ་གཉིས་ལས། དང་པོ་ལ་ སྤྱིར་ཐར་པ་དང་ཐམས་ཅད་མཁྱེན་པའི་གེགས་སམ་བར་དུ་གཅོད་པ་ནི་སྒྲིབ་པ་ཡིན་ཞིང༌། ངོ་བོས་ཕྱེ་ན་དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་དག་ཏུ་ བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འགྱུར། །ཞེས་གསུངས་ པ་ལྟར་འདོད་ཆགས་ལ་སོགས་པ་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་བྱེད་ཅིང༌། ཐར་པ་ཐོབ་ 4-1-340 པའི་གེགས་སུ་གྱུར་པ་ཉོན་མོངས་པའི་སྒྲིབ་པ་དང༌། དེའི་ཊཱིཀྐར་ཉོན་མོངས་པ་ཅན་མ་ཡིན་ པའི་མི་ཤེས་པ་སྟེ་ཞེས་པ་ལྟར། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཤེས་བྱ་ཤེས་ པའི་གེགས་སུ་གྱུར་པ་ནི་ཤེས་བྱའི་སྒྲིབ་པ་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་མི་ཤེས་ པ་སྙོམས་འཇུག་གི་སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པའི་ཁྱད་པར་རོ། །ཉོན་མོངས་པ་ལ་གཉེན་པོ་ [འམ་རིས་ཀྱིས{རིམ་གྱིས་}ཕྱེ་ན་ཀུན་བཏགས་ཀྱི་ཆ་རྣམས་མཐོང་བས་སྤང་བར་བྱ་བ་དང༌། ལྷན་སྐྱེས་ཀྱི་ཆ་རྣམས་སྒོམ་པས་སྤང་བར་བྱ་བ་གཉིས་ཀྱི་དང་པོ་ནི། འདོད་པའི་ཁམས་ན་ བདེན་པ་བཞི་ལ་ཉོན་མོངས་པ་བཅུའི་འཇིགས་ཚོགས་ལ་ལྟ་བ་དང་མཐར་འཛིན་པའི་ལྟ་ བ་དང༌། {ལོག་པར་ལྟ་བ་དང་}ཐེ་ཚོམ་སྟེ་བཞིས་དངོས་སུ་ལོག་པར་རྟོགས་པ་དང༌། (ལྟ་བ་ དང་ཚུལ་ཁྲིམས་བརྟུལ་ཞུགས་ལ་)མཆོག་འཛིན་གཉིས་དང༌། འདོད་ཆགས་དང་ང་རྒྱལ་དང་ཁོང་ཁྲོ་ སྟེ་ལྔས་ལོག་ཞུགས་ལ་[ལོག{སོགས་}པར་རྟོགས་པ་དང༌། མ་རིག་པས་གཉི་ག་ལ་ལོག་ པར་རྟོགས་པ་སྟེ་བཞི་བཅུ་དང༌། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་བདེན་པ་བཞི་ ལ་ཉོན་མོངས་དགུས་ལོག་པར་ཞུགས་པ་སོ་དྲུག་པ་གཉིས་ཏེ། ཀུན་ལས་བཏུས་པར། དེ་ དག་མདོར་བསྡུ་ན་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་ནི་མཐོང་བས་ནི་སྤང་བར་བྱ་བའི་རིས་ སོ་ཞེས་གསུངས་པ་རྣམས་སོ། །སྒོམ་སྤང་ནི་འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་ པའི་ལྷན་སྐྱེས་ཐ་ན་བྱ་དང་རི་དྭགས་ལ་སོགས་པ་ལའང་ཡོད་པ་སྟེ། འདོད་པའི་ཁམས་ན་ ཉོན་མོངས་པ་དྲུག་གིས་ཡུལ་ལ་ལོག་པར་ཞུགས་པ་དང༌། ཁམས་གོང་མ་གཉིས་ན་ཁོང་ཁྲོ་ མ་གཏོགས་པ་ལྔ་ལྔས་ལོག་པར་ཞུགས་པས་བཅུ་དྲུག་སྟེ། དེ་དག་མདོར་བསྡུ་ན་བཅུ་དྲུག་ནི་ སྒོམ་པས་སྤང་བར་བྱ་བའི་རིས་སོ་ཞེས་གསུངས་པ་རྣམས་སོ། ། གཞུང་ལ་སྦྱར་བ་ནི། མཐོང་བས་སྤང་བྱའི་ཉོན་མོངས་རྣམས། །ཐམས་ ཅད་ཡང་དག་ཟད་བྱས་ནས། །ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར། །སྒོམ་ 4-1-341 པ་ལ་ནི་རབ་ཏུ་སྦྱོར། །མཐོང་བའི་ལམ་གྱིས་ཞོར་ལ་ཤེས་སྒྲིབ་ཀུན་བཏགས་རྣམས་ ཀྱང་སྤོང་མོད་ཀྱི། སྤང་བྱའི་གཙོ་བོ་ཉེས་སྤྱོད་ཆེན་པོའི་རྐྱེན་དུ་གྱུར་པ་ཀུན་བཏགས་ཉོན་ མོངས་པའི་སྒྲིབ་པ་རྣམས་ཐམས་ཅད་སྤངས་ཏེ་ཡང་དག་པར་ཟད་པར་བྱས་ནས་སྒོམ་པའི་ ལམ་གྱིས་ཉོན་སྒྲིབ་ལྷན་སྐྱེས་རྣམས་ཀྱང་སྤོང་མོད་ཀྱི། གཙོ་ཆེར་ཤེས་བྱའི་སྒྲིབ་པ་ལྷན་ སྐྱེས་རྣམས་སྤང་བའི་ཕྱིར་ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་ཏེ་སྒོམ་པ་ལ་ནི་རབ་ཏུ་སྦྱོར་རོ། ། མདོར་ན་ས་དང་པོའི་སྟོད་ཀྱི་ཆ་ལ་མཐོང་སྤང་སྤངས་ཏེ་མཐོང་ལམ་ཡོངས་སུ་རྫོགས་པར་ ཐོབ་ནས། སྨད་ཀྱི་ཆ་ནས་ས་བཅུ་པའི་བར་ལ་སྒོམ་ལམ་གྱིས་ཤེས་བྱའི་སྒྲིབ་པ་གཙོ་བོར་ སྤོང་ཞིང་གཞན་དོན་དུ་སྐྱེ་བ་ལེན་པའི་ནུས་ལྡན་གྱི་ཉོན་མོངས་པ་ཕྲ་མོ་ཆེད་དུ་གཉེར་ནས་ མི་སྤོང་བའི་རང་བཞིན་ཅན་ཡིན་ཡང་དེས་ཉོན་མོངས་པའི་ཉེས་པ་མི་བསྐྱེད་ལ། དེ་ཡང་ བྱང་ཆུབ་ཐོབ་པ་ན་ཤེས་སྒྲིབ་ལྷག་མ་དང་ཅིག་ཅར་སྤོང་སྟེ། ཀུན་ལས་བཏུས་པར། བྱང་ ཆུབ་སེམས་དཔའ་རྣམས་ནི་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་ས་བཅུ་རྣམས་ སུ་སྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོའི་ལམ་སྒོམ་པ་ཡིན་གྱི། ཉོན་མོངས་པའི་ སྒྲིབ་པའི་གཉེན་པོར་ནི་མ་ཡིན་ནོ། །དེ་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་དང་ཤེས་ བྱའི་སྒྲིབ་པ་ཅིག་ཅར་སྤོང་ངོ༌། །ཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་ རོ། །དེ་ཉོན་མོངས་པ་མ་སྤངས་སུ་ཟིན་ཡང་སྔགས་དང་སྨན་གྱིས་བསད་པའི་དུག་ལྟ་བུ་ དང༌། དཔེར་ན་སྤངས་པའི་དགྲ་བཅོམ་པ་ལྟར་ས་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་མི་ སྐྱེད་དོ་ཞེས་གསུངས་པ་ལྟར་རོ། ། གཉེན་པོ་འཐོབ་ཚུལ་ནི། རྣམ་འཇོག་རྣམ་པར་མི་རྟོག་པའི། །ཡེ་ཤེས་ ལྷན་ཅིག་སྤྱོད་པ་ཡིས། །དེ་བཞིན་ས་ནི་ལྷག་མ་ལ། །མཐུན་པ་ཡི་ནི་ ཆོས་སྤྱོད་དོ། །བྱང་ཆུབ་སེམས་དཔའི་ས་རྣམས་ཀྱི་སྤང་བྱ་དང་བསྒྲུབ་བྱ་ལ་སོགས་པ་ 4-1-342 འདི་ལྟ་བུའོ་ཞེས་རྣམ་པར་འཇོག་པ་རྗེས་ཐོབ་ཀྱི་ཡེ་ཤེས་དང༌། ཐོབ་ཟིན་སྦྱོང་ཞིང་མ་ཐོབ་ པར་བྱེད་པ་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷན་ཅིག་སྤྱོད་པ་སྟེ། ཕན་ཚུན་བར་ མ་ཆད་པར་གཅིག་གི་རྗེས་སུ་གཅིག་འབྲེལ་བར་འབྱུང་བ་ཡིས་སྔར་ཇི་ལྟར་མཐོང་བ་དེ་ བཞིན་དུ་གོམས་པར་བྱེད་པའི་ཚུལ་ས་ནི་ལྷག་མ་བཅུ་བའི་བར་རྣམས་ལ་སངས་རྒྱས་ཐོབ་ པ་དང་མཐུན་པ་ཡི་ནི་ཆོས་སྒོམ་པའི་ལམ་ལ་ཡང་དག་པར་སྤྱོད་དོ། ། བག་ཡོད་པས་བསྒྲུབ་ཚུལ་ནི། འཁོར་ལོ་ཆེན་པོ་བཞི་ལ་བརྟེན་པ་སྟེ། མཐུན་པའི་ཡུལ་ དུ་གནས་ཚུལ། སྐྱེས་བུ་དམ་པ་བརྟེན་ཚུལ། ཡང་དག་སྨོན་ལམ་འདེབས་ཚུལ། སྔོན་ཡང་ བསོད་ནམས་བྱས་ཚུལ་ལོ། ། དང་པོ་ནི། བློ་ལྡན་གང་དུ་བསྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་ གནས་བཟང་དང༌། །ས་བཟང་བ་དང་གྲོགས་བཟང་དང༌། །རྣལ་འབྱོར་ བདེ་བའི་ཡོན་ཏན་ལྡན། །བློ་ལྡན་བྱང་ཆུབ་སེམས་དཔའ་གང་དུ་བསྒྲུབ་པ་བྱེད་པའི་ གནས་སམ་ཡུལ་ནི་ཆོས་གོས་ལ་སོགས་པ་འཚོ་བའི་ཡོད་བྱད་བསོད་སྙོམས་ལ་སོགས་པ་ ཚེགས་ཆུང་ངུས་བསྒྲུབ་སླ་ཞིང་ལེགས་པར་རྙེད་པ་དང༌། ཆོམ་རྐུན་ལ་སོགས་པའི་སྐྱེ་བོ་ངན་ པ་དང་གཅན་གཟན་གདུག་པ་ཅན་གྱི་འཚེ་བ་མེད་པས་གནས་བཟང་བ་དང༌། ས་བདག་ངན་ པ་ལ་བརྟེན་ནས་མཛེ་དང་ཤུ་བ་ལ་སོགས་པའི་ནད་མི་འབྱུང་བས་ས་བཟང་བ་དང༌། ཚུལ་ ཁྲིམས་དང་ལྟ་བ་རྣམ་པར་དག་པ་མཐུན་པའི་གྲོགས་བཟང་པོ་ཡོད་པ་དང༌། ཉིན་པར་སྐྱེ་ བོ་མང་པོ་ལང་ལོང་དུ་གྱུར་པའི་འདུ་འཛི་དང་མི་གཙང་བ་ལ་སོགས་པའི་ལྗན་ལྗིན་ཉུང་ཞིང་ མཚན་མོ་བསམ་གཏན་གྱི་ཚེར་མ་སྒྲ་ཆུང་བ་ལ་སོགས་པས་ཞི་གནས་ལྷག་མཐོང་གི་རྣལ་ འབྱོར་ལ་བདེ་བར་གནས་པའི་ས་སྟེ། ཡོན་ཏན་ལྔ་དང་ལྡན་པར་འདུག་པའོ། ། དམ་པ་བསྟེན་ཚུལ་ནི། བྱང་ཆུབ་སེམས་དཔའ་ཐོས་མང་དང༌། །བདེན་ 4-1-343 མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ ཡིན་པར་ཤེས་པར་བྱ། །གྲོགས་དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའ་ཆེན་ པོ་ལུང་གི་ཆོས་ཟབ་པ་དང་རྒྱས་པ་རྣམས་ཐོས་པ་མང་བ་དང༌། རྟོགས་པའི་ཆོས་བདེན་ པ་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་དང༌། ཇི་ལྟར་མཐོང་བ་བཞིན་གདུལ་བྱ་དང་ མཐུན་པར་ཚིག་ཏུ་སྨྲ་བ་མཁས་པ་དང༌། དེ་ཡང་ཀུན་སློང་བརྩེ་བ་ཅན་ཡིན་གྱི་རྙེད་བཀུར་ལ་ སོགས་པའི་ཟང་ཟིང་ལ་སེམས་པ་མ་ཡིན་པ་དང༌། གཞན་དོན་ལ་སྐྱོ་བ་དང་སྙོམ་ལས་མེད་ པར་བརྩོན་པས་ཡང་དང་ཡང་དུ་སྟོན་པ་སྟེ། ཡོན་ཏན་ལྔ་དང་ལྡན་པའི་སྐྱེས་བུ་དམ་པ་དེ་ནི་ ཆེན་པོའམ་མཆོག་ཏུ་གྱུར་པ་ཡིན་པར་ཤེས་པར་བྱས་ཏེ་བསྟེན་པའོ། ། སྨོན་ལམ་འདེབས་ཚུལ་ནི། དམིགས་པ་བཟང་དང་སྟོན་པ་བཟང༌། ། ཐབས་བཟང་བ་དང་ངེས་འབྱུང་དང༌། །སྦྱོར་བ་བཟང་པོའི་བདག་ཉིད་ ཀྱི། །ཡང་དག་སྨོན་ལམ་ཡིན་པར་བཤད། །དོན་དམ་པའི་ཆོས་ཐེག་པ་ཆེན་པོ་ ལ་དམིགས་པས་དམིགས་པ་བཟང་བ་དང༌། ཚོགས་གཉིས་རྒྱ་ཆེར་བསགས་པའི་ཉེ་བར་ སྟོན་པ་བཟང་བ་དང༌། ཞི་གནས་ལྷག་མཐོང་ལ་སོགས་པའི་རྒྱུ་མཚན་དུས་སུ་བསྒོམས་ པས་ཐབས་ལ་མཁས་པ་བཟང་བ་དང༌། དགེ་བ་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པར་ གོང་མ་གོང་མ་ལ་སྦྱོར་བས་ངེས་པར་འབྱུང་བ་བཟང་བ་དང༌། རྟག་ཏུ་བྱེད་པ་དང་གུས་པར་ བྱེད་པའི་སྒོ་ནས་སྦྱོར་བ་བཟང་པོའི་བདག་ཉིད་ཅན་གྱི་ཡོན་ཏན་ལྔ་དང་ལྡན་པ་འདི་ནི་ཚུལ་ བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་ཇི་ལྟར་བསམས་པ་བཞིན་འགྲུབ་པ་ཡང་དག་པའི་སྨོན་ ལམ་ཡིན་པར་བཤད་དོ། ། བསོད་ནམས་བྱས་ཚུལ་ནི། དགའ་དང་དལ་བར་སྐྱེ་བ་དང༌། །ནད་མེད་པ་ དང་ཏིང་ངེ་འཛིན། །རྣམ་པར་འབྱེད་པའི་བྱེད་རྒྱུ་ནི། །སྔོན་ཆད་བསོད་ 4-1-344 ནམས་བྱས་པ་ཉིད། །འཁོར་ལོ་དང་པོ་གསུམ་ལ་བརྟེན་ནས་ཕྱི་མ་འདི་ཡང་འགྲུབ་པར་ སྟོན་པ་སྟེ། སྔོན་མི་མཐུན་པའི་ཡུལ་སྤངས་ནས་མཐུན་པར་འགྱུར་པའི་ཡུལ་བསྟེན་པ་ལས་ འདིར་ཡང་ཡུལ་གང་དུ་གནས་ཀྱང་དགའ་ཞིང་ཡིད་བདེ་བ་ཐོབ་པ་དང༌། སྔོན་སྐྱེས་བུ་དམ་ པ་བསྟེན་པ་ལས་འདིར་ཡང་མི་ཁོམ་པའི་གནས་སྤངས་པའི་དལ་བར་སྐྱེས་ནས་སྐྱེས་བུ་དམ་ པ་ལ་བརྟེན་པ་ཐོབ་པ་དང༌། སྔོན་ཡང་དག་པའི་སྨོན་ལམ་བསྒྲུབས་པས་འདིར་ཡང་ལུས་ལ་ ནད་མེད་པ་དང་སེམས་དམིགས་པ་ལ་གནས་པའི་ཏིང་ངེ་འཛིན་ཞི་གནས་དང༌། བརྟག་བྱའི་ དོན་རྣམ་པར་འབྱེད་པའི་ཤེས་རབ་ལྷག་མཐོང་ཐོབ་པ་སྟེ། ཡོན་ཏན་ལྔ་འགྲུབ་པའི་བྱེད་རྒྱུ་ ནི་སྔོན་ཆད་དེ་དག་དང་རྗེས་སུ་མཐུན་པའི་བསོད་ནམས་བྱས་པ་ཉིད་ཡིན་ནོ་ཞེས་སྟོན་པའོ། ། མི་མཐུན་ཕྱོགས་སྤང་ཚུལ་ལ་བཞི་སྟེ། ཉོན་མོངས་ལས་ངེས་པར་འབྱུང་ཚུལ། ཉན་རང་ གི་ཡིད་བྱེད་སྤང་ཚུལ། ཟབ་མོ་ལ་སྐྲག་པ་དགག་པ། ཆགས་པ་ལས་ལྟུང་བ་དགག་པའོ། ། དང་པོ་ལ་གསུམ་སྟེ། ཆོས་དབྱིངས་ལས་ངེས་པར་འབྱུང་ཚུལ། དེས་དགོངས་པ་གཞན་ ཡང་འགྲུབ་ཚུལ། དེ་དག་གི་རྒྱུ་མཚན་བསྟན་པའོ། ། དང་པོ་ནི། ཆོས་ཀྱི་དབྱིངས་ནི་མ་རྟོགས་པར། །གང་ཕྱིར་ཆོས་མེད་ དེ་ཡི་ཕྱིར། །སངས་རྒྱས་རྣམས་ཀྱིས་དེ་དག་ལས། །ངེས་འབྱུང་ཆགས་ སོགས་ཡིན་པར་དགོངས། །བཅོམ་ལྡན་འདས་ཀྱིས་འདོད་ཆགས་ལས་མ་རྟོགས་ པར་འདོད་ཆགས་ལས་ངེས་པར་འབྱུང་བར་ང་མི་འདོད་སྟེ། ཞེ་སྡང་དང་གཏི་མུག་ཀྱང་དེ་ དང་འདྲའོ། །ཞེས་གསུངས་པའི་དགོངས་པ་ནི་དོན་དམ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ནི་ ཐམས་ཅད་ལ་ཁྱབ་པར་ཡོད་པ་ལས་མ་རྟོགས་པར་གང་གི་ཕྱིར་ཆོས་ཅན་བདེན་པར་གྲུབ་ པ་ཅུང་ཟད་ཀྱང་མེད་པ་དེའི་ཕྱིར། འདོད་ཆགས་ལ་སོགས་པའི་ཆོས་ཉིད་ལའང་ཆོས་ཅན་ 4-1-345 གྱི་མིང་གིས་བཏགས་ནས་ཆགས་སོགས་ཀྱི་མིང་ཐོབ་ལ། ཆགས་སོགས་ཀྱི་ཆོས་ཉིད་ལ་ དམིགས་ཏེ་བསྒོམས་ན་ཆགས་སོགས་ལས་གྲོལ་བར་འགྱུར་བས། སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱིས་འདོད་ཆགས་ལ་སོགས་པ་དེ་དག་ལས་ངེས་པར་འབྱུང་བ་ཡང་འདོད་ ཆགས་ལ་སོགས་པ་དེ་དག་ཉིད་ཡིན་པར་དགོངས་ཏེ་གསུངས་པའོ། ། གཉིས་པ་ནི། ཆོས་ཀྱི་དབྱིངས་ལས་མ་རྟོགས་པར། །གང་ཕྱིར་ཆོས་ མེད་དེ་ཡི་ཕྱིར། །ཀུན་ནས་ཉོན་མོངས་བསྟན་པ་ལ། །བློ་ལྡན་དགོངས་ པ་དེ་ཡིན་འདོད། །མདོ་ལས། མ་རིག་པ་དང་བྱང་ཆུབ་ནི་གཅིག་སྟེ་གཉིས་སུ་མེད་ཅིང་ གཉིས་སུ་བྱར་མེད་དོ་ཞེས་གསུངས་པའི་དགོངས་པ་ཡང༌། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ ནི་ཐམས་ཅད་ལ་ཁྱབ་པར་ཡོད་པ་ལས་མ་[རྟོགས་{གཏོགས་}པར། གང་གི་ཕྱིར་ཆོས་ཅན་ ཅུང་ཟད་ཀྱང་མེད་པ་དེའི་ཕྱིར། ཀུན་ནས་ཉོན་མོངས་པ་མ་རིག་པ་དང་རྣམ་པར་བྱང་བ་བྱང་ ཆུབ་ནི་གཅིག་གོ་ཞེས་བསྟན་པ་ལ། བློ་མཆོག་དང་ལྡན་པ་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་དགོངས་པ་ནི་མ་རིག་པ་དང་བྱང་ཆུབ་[ཀྱི་{ཀྱང་}ཆོས་ཉིད་ཐ་མི་དད་པ་དེ་ ལ་དགོངས་ཏེ་གསུངས་པ་ཡིན་པར་འདོད་དོ། ། དེ་དག་གི་རྒྱུ་མཚན་ནི། གང་ཕྱིར་ཆགས་སོགས་དེ་དག་ལ། །ཚུལ་བཞིན་ འཇུག་པ་དེ་ཡི་ཕྱིར། །དེ་ལས་རྣམ་གྲོལ་འགྱུར་དེས་ན། །དེ་ཡིས་དེ་ དག་ལས་ངེས་འབྱུང༌། །གང་གི་ཕྱིར་འདོད་ཆགས་ལ་སོགས་པའི་དེ་ཁོ་ན་ཉིད་ཆོས་ ཀྱི་དབྱིངས་དག་ལ་ཚུལ་བཞིན་དུ་འཇུག་ཅིང་བསྒོམས་པ་དེའི་ཕྱིར་སྤང་བྱ་འདོད་ཆགས་ལ་ སོགས་པ་དེ་ལས་རྣམ་པར་གྲོལ་བར་འགྱུར་བ་དེས་ན། ཆོས་ཉིད་དོན་དམ་པ་ཤེས་པའི་ཤེས་ རབ་དེ་ཡིས་ཆོས་ཅན་ཀུན་རྫོབ་གློ་བུར་གྱི་དྲི་མ་དེ་དག་ལས་ངེས་པར་འབྱུང་བ་ལ་དགོངས་ ནས་ཉོན་མོངས་པ་ཉིད་ཉོན་མོངས་པའི་གཉེན་པོར་འགྱུར་བ་ལ་སོགས་པ་གསུངས་པ་ཡིན་ 4-1-346 ནོ། ། ཉན་རང་གི་ཡིད་བྱེད་སྤང་ཚུལ་ལ། དངོས་ནི། སེམས་ཅན་ཆེད་དུ་དམྱལ་ བའི་སྲིད་པར་གནས་པ་ཡི། །སྡུག་བསྔལ་མི་བཟད་ཅིས་ཀྱང་རྒྱལ་སྲས་ གནོད་བྱེད་མིན། །ཞི་སྲིད་ཡོན་ཏན་སྐྱོན་གྱིས་ཐེག་དམན་ཞུགས་པ་ ཡི། །རྣམ་རྟོག་དགེ་བ་སྣ་ཚོགས་བློ་ལྡན་གནོད་བྱེད་ཡིན། །སེམས་ཅན་ལ་ ཕན་པའི་ཆེད་དུ་དམྱལ་བའི་སྲིད་པར་ཞུགས་ཏེ་གནས་པའི་སྡུག་བསྔལ་མི་བཟད་པ་དྲག་པོ་ ཅི་བྱུང་བར་གྱུར་པས་ཀྱང་རྒྱལ་བའི་སྲས་པོ་རྣམས་ལ་གཏན་གྱི་གནོད་བྱེད་དུ་འགྱུར་བ་མིན་ གྱི། ཞི་བ་དང་སྲིད་པ་དག་ལ་རིམ་པ་ལྟར་ཉན་རང་གི་ཞི་བདེ་ལ་ཡོན་ཏན་དང༌། འཁོར་བའི་ སྡུག་བསྔལ་ལ་སྐྱོན་དུ་རིག་པ་ཉིད་ཀྱིས་ཐེག་པ་དམན་པར་ཞུགས་པའི་བླང་དོར་གྱི་རྣམ་ རྟོག་དགེ་བ་སྣ་ཚོགས་སྐྱེས་པ་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ལ་གཏན་གྱི་གནོད་ བྱེད་ཆེན་པོ་ཡིན་པས་སྤང་བར་བྱའོ། ། སྒྲུབ་བྱེད་ནི། བློ་དང་ལྡན་པ་དམྱལ་བར་གནས་པ་དུས་ཀུན་ཏུ། །བྱང་ ཆུབ་དྲི་མེད་སྤངས་པའི་བར་དུ་གཅོད་བྱེད་མིན། །ཐེག་པ་གཞན་ལ་ རབ་བསིལ་རྣམ་རྟོག་བདག་ཕན་པ། །རབ་ཏུ་བདེ་བར་གནས་ཀྱང་ བར་དུ་གཅོད་པར་བྱེད། །བློ་དང་ལྡན་པ་ཐེག་ཆེན་པ་རྣམས་གཞན་དོན་དུ་དམྱལ་ བར་གནས་པ་ནི་དུས་དང་རྣམ་པ་ཀུན་ཏུ་བྱང་ཆུབ་ཆེན་པོ་སྒྲིབ་པ་གཉིས་ཀྱི་དྲི་མ་མེད་ཅིང་ ཤེས་བྱ་མཐའ་དག་ཐུགས་སུ་ཆུད་པས་སྤངས་པ་ཐོབ་པའི་བར་དུ་གཅོད་བྱེད་མིན་གྱི། ཐེག་ པ་ཆེན་པོ་ལས་གཞན་ཉན་རང་གི་ཐེག་པ་ལ་ཞུགས་ན་སྡུག་བསྔལ་གྱི་གདུང་བ་ལས་རབ་ཏུ་ བསིལ་བའི་གོ་འཕང་ཐོབ་པར་འགྱུར་རོ་སྙམ་པའི་རྣམ་རྟོག་བདག་ཉིད་འབའ་ཞིག་ལ་ཕན་ པར་འདོད་པའི་སྒོ་ནས། རེ་ཤིག་སྲིད་པའི་སྡུག་བསྔལ་རབ་ཏུ་ཞི་བ་ཙམ་གྱི་བདེ་བར་གནས་ 4-1-347 ཀྱང་མཐར་ཐུག་གི་འབྲས་བུ་ཐམས་ཅད་མཁྱེན་པ་ཐོབ་པའི་བར་དུ་གཅོད་པར་བྱེད་པ་ཡིན་ པའི་ཕྱིར་རོ། ། ཟབ་མོ་ལ་སྐྲག་པ་དགག་པ་ལ་གཉིས་ལས། ཐུན་མོང་དུ་བསྟན་པ་ནི། ཆོས་མེད་ པ་དག་དམིགས་པ་དང༌། །ཀུན་ནས་ཉོན་མོངས་མེད་རྣམ་དག །སྒྱུ་མ་ ལ་སོགས་འདྲ་བ་དང༌། །དེ་བཞིན་ནམ་མཁའ་འདྲར་ཤེས་བྱ། །ཀུན་རྫོབ་ གཟུང་འཛིན་གྱི་ཆོས་འདི་རྣམས་དོན་ལ་བདེན་པར་མེད་པ་དག་ཡིན་ན། མངོན་སུམ་དུ་ དམིགས་པ་དང་འགལ་ལོ་སྙམ་དུ་བྱིས་པ་རྣམས་སྐྲག་ཅིང༌། དོན་དམ་ཆོས་ཀྱི་དབྱིངས་རང་ བཞིན་གྱིས་དག་ཅིང་ཀུན་ནས་ཉོན་མོངས་པ་མེད་པ་ཡིན་ན་ཕྱིས་རྣམ་པར་དག་པར་འགྱུར་ བ་དང་འགལ་ལོ་སྙམ་དུ་སྐྲག་པའི་གནས་སུ་འཛིན་ན། དེ་དག་ནི་མི་འགལ་བས་སྐྲག་པར་ བྱ་བའི་གནས་མ་ཡིན་ཏེ། དཔེར་ན་རིམ་པ་ལྟར་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པ་དོན་ལ་ བདེན་པར་མེད་ཀྱང་འཁྲུལ་ཤེས་ལ་སྣང་བ་དང་འདྲ་བར་དོན་ལ་མེད་ཀྱང་སྣང་ཙམ་དུ་ཡོད་ པ་དང༌། དེ་བཞིན་དུ་ནམ་མཁའ་རང་བཞིན་གྱིས་དག་པ་ཡིན་ཡང་གློ་བུར་གྱི་སྒྲིབ་བྱེད་སྤྲིན་ ལ་སོགས་པས་དག་པར་འགྱུར་བ་དང་འདྲ་བར་རང་བཞིན་རྣམ་དག་ཡིན་ཡང་གློ་བུར་དྲི་མ་ སྦྱང་དགོས་པར་ཤེས་པའི་སྒོ་ནས་འགལ་བ་ལྟར་སྣང་ཡང༌། མི་འགལ་བ་ཟབ་མོའི་དོན་ལ་ སྐྲག་པ་སྤང་བར་བྱའོ། ། སོ་སོའི་དོན་ལའང་གཉིས་ལས། ངོ་བོ་ཉིད་མེད་པ་ལ་སྐྲག་པ་དགག་པ་ནི། ཇི་ལྟར་ ཚུལ་བཞིན་བྲིས་པའི་རི་མོ་ལ། །མཐོ་དམན་མེད་ཀྱང་སྣང་བ་དེ་བཞིན་ དུ། །ཡང་དག་མ་ཡིན་རྟོག་ལ་རྣམ་ཀུན་ཏུ། །གཉིས་པོ་རྟག་ཏུ་མེད་ཀྱང་ སྣང་བར་འགྱུར། །ཇི་ལྟར་ཏེ་དཔེར་ན་རི་མོ་མཁན་མཁས་པས་ཚུལ་བཞིན་དུ་བྲིས་པའི་ རི་མོ་ལ་ལག་པས་ཉུལ་ན། མཐོ་དམན་ཅུང་ཟད་ཙམ་ཡང་མེད་ཀྱང༌། མིག་གིས་བལྟས་ན་ 4-1-348 མཐོ་དམན་སྣ་ཚོགས་སུ་སྣང་བ་དེ་བཞིན་དུ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གཞན་ དབང་རྣམ་པར་ཤེས་པ་དེ་ལ་དཔྱད་ན་རྣམ་པ་ཀུན་ཏུ་གཟུང་བ་དང་འཛིན་པ་གཉིས་པོ་དུས་ རྟག་ཏུ་མེད་ཀྱང་འཁྲུལ་ཤེས་ལ་གཟུང་འཛིན་གཉིས་སུ་སྣང་བར་འགྱུར་བ་མི་འགལ་བས་ དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་དང༌། ཀུན་རྫོབ་སྣང་ཙམ་དུ་ ཡོད་པར་གསུངས་པ་ལ་སྐྲག་པར་མི་བྱའོ། ། རང་བཞིན་གྱིས་དག་པ་ལ་སྐྲག་པ་དགག་པ་ལའང༌། དཔེ་དང་སྦྱར་བ་ནི། ཇི་ལྟར་ ཆུ་རྙོག་པ་ལས་དང་བ་ན། །དང་བ་དེ་ཉིད་དེ་ལས་སྐྱེས་མིན་གྱི། །དེ་ནི་ དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་འདི་ཉིད། ། ཇི་ལྟར་ཏེ་དཔེར་ན་ཆུ་རང་བཞིན་གྱིས་དང་བ་གློ་བུར་གྱི་རྙོག་པ་ལས་དང་བར་གྱུར་པ་ན། དང་བ་དེ་ཉིད་རྙོག་པ་ཅན་དེ་ལས་སྔར་མེད་པ་ཞིག་གསར་དུ་སྐྱེས་པ་ནི་མིན་གྱི། དང་བ་དེ་ ནི་སྔར་རང་བཞིན་གྱིས་དང་བ་དེ་ལ་ཕྱིས་གློ་བུར་གྱི་རྙོག་པའི་དྲི་མ་དང་བྲལ་བར་གྱུར་པ་ ཙམ་དུ་ཟད་པ་དེ་བཞིན་དུ། རང་གི་སེམས་འོད་གསལ་བ་དག་ལའང་མེད་པ་གསར་དུ་བྱུང་ བ་མ་ཡིན་གྱི། ཡོད་པ་དྲི་མ་དང་བྲལ་བ་ཙམ་ཡིན་ནོ་ཞེས་བྱ་བའི་ཚུལ་འདི་ཉིད་ཤེས་པར་ བྱའོ། ། དོན་གྱི་ངོ་བོ་ནི། སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད། །དེ་ ནི་གློ་བུར་ཉེས་པས་མ་རུངས་བྱས། །ཆོས་ཉིད་སེམས་ལས་གཞན་པའི་ སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །མདོ་ ལས་ཀྱང༌། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་གསུངས་པ་ལྟར་དོན་དམ་པའི་ སེམས་ནི་དུས་རྟག་ཏུ་རང་བཞིན་གྱིས་འོད་གསལ་ཡིན་པར་འདོད་དོ། །དེ་ལྟར་ན་ཡང་{རེ་ ཤིག་}རང་བཞིན་གྱི་སེམས་དེ་ནི་གློ་བུར་གྱི་དྲི་མ་སྒྲིབ་པ་གཉིས་ཀྱི་ཉེས་པས་མ་རུངས་བར་ 4-1-349 བྱས་པའི་བར་ལ་ནམ་མཁའ་སྤྲིན་གྱིས་བསྒྲིབས་པ་ལྟར་མངོན་སུམ་དུ་མི་མཐོང་ཡང༌། དོན་ དམ་པ་ཆོས་ཉིད་ཡོངས་གྲུབ་ཀྱི་སེམས་ལས་གཞན་པའི་སེམས་ཀུན་རྫོབ་གཞན་དབང་གི་ མཚན་ཉིད་ཅན་གྱི་སེམས་ནི་འོད་གསལ་བ་མ་ཡིན་ནོ། །དེ་བས་ན་འདིར་རང་བཞིན་ཆོས་ ཉིད་ཀྱི་སེམས་ཁོ་ན་ལ་འོད་གསལ་བ་ཡིན་པ་ལ་ཡིན་པར་བརྗོད་ཅིང༌། རྙོག་པ་སངས་པ་ ལས་ཆུ་དང་བ་མངོན་དུ་འགྱུར་བ་ལྟར། སྒྲིབ་པ་དག་པ་ལས་འོད་གསལ་མངོན་དུ་འགྱུར་ བའི་ཕྱིར། ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་ཡིན་ཡང་ཕྱིས་སྒྲིབ་པས་དག་པར་འགྱུར་ བ་ལ་འགལ་བ་མེད་པས་ཟབ་མོའི་དོན་ལ་སྐྲག་པར་མི་བྱ་བ་ཉིད་དོ། ། ཆགས་པ་ལས་ལྟུང་བ་དགག་པ་ལ། ཀུན་སློང་གི་ཁྱད་པར་ཁོང་ཁྲོང་བ་སྤང་ཚུལ། ལྟུང་ བ་ལྕི་བར་བསྟན་པ། དེ་དཔེས་སྒྲུབ་པ། གནོད་པའི་ལས་སྤོང་ཚུལ་ལོ། ། དང་པོ་ནི། བྱང་ཆུབ་སེམས་དཔའ་སེམས་ཅན་ལ། །བུ་གཅིག་པ་ལ་བྱ་ བ་བཞིན། །རྐང་གི་ཁོང་ནས་བྱམས་པ་ཆེ། །དེ་ལྟར་རྟག་ཕན་བྱེད་པར་ འདོད། །གང་ཟག་བྱང་ཆུབ་སེམས་དཔའ་རྣམས་ཡུལ་སེམས་ཅན་ཐམས་ཅད་ལ་དཔེར་ན་ མ་གདུང་སེམས་ཅན་བུ་གཅིག་པ་ལ་བྱ་བ་བཞིན་དུ། རྐང་གི་ཁོང་སྟེ་སྙིང་ཐག་པ་ནས་བྱམས་ པ་ཆེན་པོ་སྐྱེ་བ་དེ་ལྟ་བས་ན་རྟག་ཏུ་རྒྱུན་མི་འཆད་པར་ཕན་པ་འབའ་ཞིག་བྱེད་པར་འདོད་ དོ། ། གཉིས་པ་ནི། སེམས་ཅན་རྣམས་ལ་ཕན་བྱེད་ཕྱིར། །དེ་ལ་ཆགས་སྐྱེས་ ལྟུང་མི་འགྱུར། །འདི་ཡི་ཞེ་སྡང་རྣམ་ཀུན་ཏུ། །སེམས་ཅན་ཀུན་དང་ འགལ་བར་འགྱུར། །འདིར་སེམས་ཅན་རྣམས་ལ་བྱམས་པ་གང་ཡིན་པ་ནི་འདོད་ ཆགས་སུ་དགོངས་ཏེ། དེ་ནི་གཞན་ལ་ཕན་པ་འབའ་ཞིག་བྱེད་པའི་རྒྱུ་ཡིན་པའི་ཕྱིར་བྱང་ ཆུབ་སེམས་དཔའ་དེ་ལ་སེམས་ཅན་ལ་རྗེས་སུ་ཆགས་པ་སྐྱེས་ཀྱང་ལྟུང་བར་མི་འགྱུར་ཞིང༌། 4-1-350 འདིའི་རྒྱུད་ལ་ཉོན་མོངས་པ་ཞེ་སྡང་སྐྱེས་ན་དུས་དང་རྣམ་པ་ཀུན་ཏུ་སེམས་ཅན་ཀུན་ལ་ཕན་ པ་སྒྲུབ་པ་དང་འགལ་བར་འགྱུར་བས་ཁོང་ཁྲོ་བ་སྤང་བར་བྱ་སྟེ། སྤྱོད་པ་ལ་འཇུག་པར་ ཡང༌། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར་རོ། །ཉེ་བར་འཁོར་ གྱིས་ཞུས་པར་ཡང༌། བྱང་ཆུབ་སེམས་དཔའ་ལ་འདོད་ཆགས་དང་ལྡན་པའི་ལྟུང་བ་གངྒཱའི་ ཀླུང་གི་བྱེ་མ་སྙེད་བྱུང་བ་ལས་ཀྱང་ཞེ་སྡང་ལྡན་པའི་ལྟུང་བ་གཅིག་བྱུང་བ་ལྕི་སྟེ། ཞེ་སྡང་ ནི་སེམས་ཅན་ཡོངས་སུ་གཏོང་བར་འགྱུར་བ་དང༌། འདོད་ཆགས་ནི་སེམས་ཅན་སྡུད་པར་ འགྱུར་བའི་ཕྱིར་རོ་ཞེས་པའི་དོན་གསུངས་པ་ལྟར་རོ། ། དཔེས་སྒྲུབ་པ་ནི། ཇི་ལྟར་ཕུག་རོན་རང་གི་བུ་མཆོག་བྱམས། །རང་གི་ བུ་དེ་ཉེ་བར་འཁྱུད་ནས་འདུག །དེ་འདྲ་བ་ལ་ཁོང་ཁྲོ་འགལ་བ་ལྟར། ། བརྩེར་བཅས་ལུས་ཅན་བུ་ལའང་དེ་དང་འདྲ། །ཇི་ལྟར་ཏེ་དཔེར་ན་ཕུག་རོན་ རྣམས་ནི་ཆགས་པ་མང་བའི་ཕྱིར་རང་གི་བུ་ལ་མཆོག་ཏུ་བྱམས་པའི་སྟོབས་ཀྱིས་རང་གི་བུ་ དེ་མ་ཚར་གྱི་བར་དུ་ཉེ་བར་འཁྱུད་དེ་བཀབ་ནས་འདུག་པ་དེ་འདྲ་བ་ནི་བུ་ལ་ཁོང་ཁྲོ་སྐྱེ་བ་ འགལ་བ་ལྟར། བརྩེ་བ་ཆེན་པོ་དང་བཅས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་ཅན་ ཐམས་ཅད་ལ་བུ་སྡུག་པ་འདྲ་བར་སེམས་པས་དེ་དག་ལའང་ཁོང་ཁྲོ་སྐྱེ་བར་འགལ་ཏེ། ཕུག་ རོན་བུ་ལ་བྱམས་པ་དེ་དང་འདྲ་བ་ཉིད་དོ། ། གནོད་པ་སྤོང་ཚུལ་ནི། གང་ཕྱིར་བྱམས་པ་དེ་ཕྱིར་ཁོང་ཁྲོ་འགལ། །གང་ ཕྱིར་ཞི་བ་དེ་ཕྱིར་གནོད་སེམས་འགལ། །གང་ཕྱིར་དོན་བྱེད་དེ་ཕྱིར་སྒྱུ་ སེམས་འགལ། །གང་ཕྱིར་སིམ་བྱེད་དེ་ཕྱིར་འཇིགས་བྱེད་འགལ། །གང་ གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་ 4-1-351 ལྡན་པར་དེའི་ཕྱིར་གཞན་ལ་ཁོང་ཁྲོ་བར་བྱེད་པ་འགལ་ཞིང༌། གང་གི་ཕྱིར་གཞན་གྱི་གནོད་ པ་མཐའ་དག་ཞི་བར་བྱེད་པ་དེའི་ཕྱིར་སེམས་ཅན་ལ་གནོད་པའི་སེམས་སྐྱེ་བར་ཡང་འགལ་ ལ། གང་གི་ཕྱིར་ལུས་ལོངས་སྤྱོད་ཐམས་ཅད་བཏང་ནས་གཞན་གྱི་དོན་བྱེད་པ་དེའི་ཕྱིར་ གཡོ་སྒྱུའི་སེམས་ཀྱིས་གཞན་སླུ་བར་བྱེད་པ་འགལ་ཏེ། གང་གི་ཕྱིར་གཞན་དགའ་བར་ བསྐྱེད་པས་སིམ་ཞིང་བདེ་བ་སྐྱེད་པར་བྱེད་པ་དེའི་ཕྱིར་གཞན་འཇིགས་ཤིང་སྐྲག་པར་བྱེད་ པ་ཡང་འགལ་བས། སེམས་ཅན་ལ་གནོད་པའི་ལས་ཐམས་ཅད་སྤོང་བ་ཉིད་དོ། ། སྒྲུབ་ཚུལ་གྱི་དབྱེ་བ་ལ་འཁོར་བ་ལ་འཇུག་ཚུལ། སེམས་ཅན་ལ་སྒྲུབ་ཚུལ། བདག་ཉིད་ ལ་སྒྲུབ་ཚུལ། ཕར་ཕྱིན་དྲུག་བསྒྲུབ་ཚུལ། དེ་རྣམས་ཀྱི་དོན་བསྡུ་བའོ། ། དང་པོ་ནི། སྨན་བཟང་པོ་ལ་ནད་པ་བཞིན། །འཁོར་བ་ལ་ནི་འཇུག་ པར་བྱེད། །དཔེ་ཇི་ལྟར་ན་སྨན་བཟང་པོ་རོ་དང་དྲི་མི་ཞིམ་ཡང་ནད་ལ་ཕན་པ་ལ་བསམས་ ནས་ནད་པ་རྣམས་དེ་བསྟེན་པ་ལ་འཇུག་པ་སྟེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ འཁོར་བ་སྡུག་བསྔལ་བ་ལ་སོགས་པས་བསྟེན་པར་དཀའ་ཡང༌། དེ་ལ་ཕན་བཏགས་པ་ལས་ ནི་བྱང་ཆུབ་ཐོབ་པར་བསམས་ནས། གནས་དེར་གཞན་དོན་ལ་སྤྲོ་བས་འཇུག་པར་བྱེད་དོ། ། གཉིས་པ་ནི། ནད་པ་ལ་ནི་སྨན་པ་བཞིན། །སེམས་ཅན་རྣམས་ལ་ སྒྲུབ་པར་བྱེད། །དཔེར་ན་ནད་སྣ་ཚོགས་ཀྱིས་གཟིར་བའི་ནད་པ་རྣམས་ལ་ནི་སྨན་པ་ མཁས་པས་ཇི་ལྟར་འཕྲོད་པའི་སྨན་བཏང་ནས་ཕན་འདོགས་པ་དེ་བཞིན་ཏུ། འདོད་ཆགས་ ལ་སོགས་པའི་ནད་ཀྱིས་གདུངས་པའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ ཆེན་པོ་དང་ལྡན་པས་དམ་པའི་ཆོས་ཀྱི་སྨན་བཟང་པོ་བྱིན་ནས་ཉོན་མོངས་པའི་ནད་ཞི་བ་ སྒྲུབ་པར་བྱེད་དོ། ། གསུམ་པ་ནི། བྲན་མ་གྲུབ་པ་དེ་བཞིན་དུ། །བདག་ཉིད་ལ་ནི་སྒྲུབ་པར་ 4-1-352 བྱེད། །དཔེར་ན་བྲན་མ་དུལ་ཞིང་མི་བསྲུན་པ་རྗེ་བོའི་ལས་མ་གྲུབ་པ་རྣམས་ནན་ཏུར་གྱིས་ ཚར་གཅོད་ཅིང་འདུལ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། བདག་ཉིད་ཀྱི་སེམས་ལ་ནི་ཉོན་ མོངས་པ་སྐྱེས་ཏེ་ལས་སུ་མ་རུང་བར་གྱུར་ན་ཚུལ་བཞིན་ཡིད་ལ་བྱེད་པ་ལ་སོགས་པ་གཉེན་ པོ་སྟོབས་ལྡན་གྱིས་ཚར་གཅོད་ཅིང་བཏུལ་ནས་ལེགས་པར་འཆོས་པ་སྒྲུབ་པར་བྱེད་དོ། ། བཞི་པ་ལ་དྲུག་ལས་སྦྱིན་པ་ནི། ཟོང་ལ་ཚོང་པ་ཇི་བཞིན་དུ། །འདོད་པ་ རྣམས་ལ་སྒྲུབ་པར་བྱེད། །དཔེར་ན་ཟོང་ཉུང་ངུ་ལ་ཡང་ཚོང་པ་རྣམས་ཀྱིས་ཡུལ་སྣ་ ཚོགས་སུ་ཚོང་བྱས་ཏེ་བསྒྱུར་བས་ནོར་མང་པོར་འཕེལ་བ་ཇི་ལྟ་བ་བཞིན་དུ། འདོད་པའི་ ཡོན་ཏན་ལྔ་དང་ལྡན་པའི་ལོངས་སྤྱོད་རྣམས་ཀྱང་སློང་མོ་བ་རྣམས་ལ་སྦྱིན་པར་བཏང་བས་ དེའི་འབྲས་བུ་ལོངས་སྤྱོད་འཕེལ་ཞིང༌། འཕེལ་བ་རྣམས་ཀྱང་བཏང་བས་སྦྱིན་པ་དང་ལོངས་ སྤྱོད་གཉི་ག་གོང་ནས་གོང་དུ་འཕེལ་བ་རབ་ཏུ་སྒྲུབ་པར་བྱེད་དོ། ། ཚུལ་ཁྲིམས་ནི། གོས་ལ་བཙོ་བླག་མཁན་བཞིན་དུ། །ལས་ལ་རབ་ཏུ་ སྒྲུབ་པར་བྱེད། །དཔེར་ན་གོས་ཚོས་སུ་བསྒྱུར་བ་ལ་བཙོ་བླག་མཁན་གྱིས་དྲི་མ་ལེགས་ པར་བཀྲུས་ཏེ་དག་པར་བྱེད་པ་དེ་བཞིན་དུ། ལུས་ངག་ཡིད་གསུམ་གྱི་ལས་ལ་སྡིག་པ་དང་ སྒྲིབ་པའི་དྲི་མ་མཐའ་དག་སྦྱངས་ཏེ་བསླབ་པ་གསུམ་རྣམ་པར་དག་པ་རབ་ཏུ་སྒྲུབ་པར་བྱེད་ དོ། ། བཟོད་པ་ནི། བུ་གཞོན་པ་ལ་ཕ་བཞིན་དུ། །སེམས་ཅན་མི་འཚེ་སྒྲུབ་ པར་བྱེད། །དཔེར་ན་བུ་གཞོན་པ་ཤེད་མ་བྱེ་བས་གནོད་པ་{རྣམ་པ་}སྣ་ཚོགས་བྱས་ཀྱང་ དེ་ལ་ཕ་མཛངས་པས་ལན་མི་བྱེད་ཅིང་ཕན་འདོགས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ ལ་སེམས་ཅན་རྣམས་ཀྱིས་གནོད་འཚེ་སྣ་ཚོགས་བྱས་ཀྱང་ལན་དུ་མི་འཚེ་ཞིང་སེམས་མི་ འཁྲུག་པའི་སྒོ་ནས་གནོད་པ་དང་དུ་བླངས་ཏེ་ཕན་པ་འབའ་ཞིག་སྒྲུབ་པར་བྱེད་དོ། ། 4-1-353 བརྩོན་འགྲུས་ནི། མེ་དོན་གཉེར་བ་གཙུབ་ཤིང་ལྟར། །རྟག་པར་རབ་ཏུ་ སྒྲུབ་པར་བྱེད། །དཔེར་ན་མེ་དོན་དུ་གཉེར་བ་འགའ་ཞིག་གཙུབ་ཤིང་དང་གཙུབ་སྟན་ ལས་མེ་ནམ་བྱུང་གི་བར་དུ་རྒྱུན་མི་འཆད་པར་སྲུབ་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ ཀྱང་དགེ་བའི་ཆོས་སྒོམ་པ་བར་ཆད་མེད་ཅིང་མཐར་ཕྱིན་པར་བྱ་བའི་ཕྱིར། གུས་ཤིང་སྤྲོ་ བའི་སྒོ་ནས་རྟག་པར་རྒྱུན་མི་འཆད་པར་རབ་ཏུ་སྒྲུབ་པར་བྱེད་དོ། ། བསམ་གཏན་ནི། ཡིད་བརྟན་བཞིན་དུ་ལྷག་པའི་སེམས། །མ་རྫོགས་པ་ ལ་སྒྲུབ་པར་བྱེད། །དཔེར་ན་ཡིད་བརྟན་དུ་རུང་བའི་བློན་པོ་ནི་རྒྱལ་པོའི་ལོངས་སྤྱོད་ལ་ དབང་བྱར་ཡོད་ཀྱང་སྲེད་པ་དང་རོ་མྱང་བ་ནི་མི་བྱེད་པ་དེ་བཞིན་དུ། ཏིང་ངེ་འཛིན་གྱི་བདེ་ བ་ཅི་རིགས་པ་ཐོབ་ཀྱང་ལྷག་པའི་སེམས་རྣམ་པར་དག་པ་ཡོངས་སུ་མ་རྫོགས་པའི་བར་ལ་ ཆོག་པར་འཛིན་པ་དང་རོ་མྱང་བ་མི་བྱེད་པར་གོང་ནས་གོང་དུ་ཞི་གནས་དང་ལྷག་མཐོང་ ཁྱད་པར་ཅན་སྒྲུབ་པར་བྱེད་དོ། ། ཤེས་རབ་ནི། སྒྱུ་མ་མཁན་ལྟར་ཤེས་བྱ་ལ། །ཤེས་རབ་ཀྱིས་ནི་སྒྲུབ་པར་ བྱེད། །དཔེར་ན་སྒྱུ་མ་མཁན་གྱིས་རྟ་དང་གླང་པོ་ལ་སོགས་པ་མང་པོ་སྤྲུལ་ཡང་དེ་དག་ལ་ བདེན་འཛིན་དང་ཞེན་པ་མེད་པ་ལྟར། ཤེས་བྱའི་ཆོས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་ རྣམས་ཀྱང་ཤེས་རབ་ཀྱིས་ནི་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་ཀུན་རྫོབ་ཀྱི་དངོས་པོ་ ལ་མངོན་པར་ཞེན་པ་མེད་ཅིང་ཡང་དག་པའི་དོན་མངོན་སུམ་དུ་རྟོགས་པའི་ཚུལ་གྱིས་ཕྱིན་ ཅི་མ་ལོག་པར་སྒྲུབ་པར་བྱེད་དོ། ། དོན་བསྡུ་བ་ནི། དེ་ནི་བྱང་ཆུབ་སེམས་དཔའ་ཡི། །ཇི་ལྟར་གང་དུ་ བསྒྲུབ་པར་འདོད། །བཤད་མ་ཐག་པ་དེ་རྣམས་ནི་གང་ཟག་བྱང་ཆུབ་སེམས་དཔའི་དཔེ་ ཇི་ལྟར་ན་སྨན་བཟང་པོ་བསྟེན་པ་ལ་སོགས་པ་བཞིན་དུ། གནས་འཁོར་བ་ལ་སོགས་པ་གང་ 4-1-354 དུ་དོན་སེམས་ཅན་ལ་ཕན་པ་འབའ་ཞིག་བསྒྲུབ་པའི་ཚུལ་བསྟན་པ་ཡིན་པར་འདོད་དོ། ། དག་པའི་ཕན་ཡོན་ནི། དེ་ལྟར་རྟག་ཏུ་བརྩོན་འགྲུས་རྒྱ་ཆེན་ལྡན། །གཉིས་ ཡོངས་སྨིན་པར་བྱ་ལ་རབ་བརྩོན་དེ། །རིམ་གྱིས་དྲི་མེད་མི་རྟོག་བློ་ མཆོག་གིས། །བསྒྲུབ་པ་བླ་ན་མེད་པ་རབ་ཏུ་འགྲོ། །གོང་དུ་རྒྱས་པར་བཤད་ པའི་ཚུལ་དེ་ལྟར་ན་རྟག་ཏུ་རྒྱུན་མི་འཆད་པར་བྱེད་པ་དང་གུས་པར་སྦྱོར་བའི་བརྩོན་འགྲུས་ ཐེག་ཆེན་གྱི་ཆོས་ལ་སྤྲོ་བ་རྒྱ་ཆེན་པོ་དང་ལྡན་པའི་གང་ཟག་ལྡན་པ་ཡིས། རང་གཞན་གཉིས་ ཀ་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་ལམ་ཚོགས་གཉིས་ཀྱི་དགེ་བ་ལ་རབ་ཏུ་བརྩོན་པའི་ བྱང་ཆུབ་སེམས་དཔའ་དེ་ནི། ཐོག་མར་གཞན་ལ་ཕན་པ་བསོད་ནམས་ཀྱི་ཚོགས་བསགས་ པ་ལ་བརྟེན་ནས་རིམ་གྱིས་སྒྲིབ་པ་གཉིས་ཀྱི་དྲི་མ་མེད་པ་ཆོས་ལ་བདག་མེད་རྟོགས་པའི་ཡེ་ ཤེས་སྒྲུབ་པ་པོ་དང་བསྒྲུབ་པར་བྱ་བ་དང་སྒྲུབ་པ་སྟེ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ བློ་མཆོག་ཏུ་གྱུར་པ་ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པ་དག་གིས་འབྲས་བུ་[བསྒྲུབ་{གྲུབ་}པ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པར་རབ་ཏུ་འགྲོ་བ་ ཉིད་དོ། །བཤད་པ་ལྟར་སྒྲུབ་པའི་སྐབས་རྫོགས་པར་བཤད་ཟིན་ཏོ།། །། སྒྲུབ་པའི་གདམས་ངག་བསྟན་པའི་སྤྱི་དོན་ལ་གཉིས་ལས། དང་པོ་བྱང་ས་ལས་ གསུངས་ཚུལ་ལའང༌། གདམས་ངག་དང་རྗེས་བསྟན་གཉིས་ཀྱི་དང་པོ་ནི། སྒོམ་ཚུལ་གྱི་ངོ་ བོ་ཕྱིན་ཅི་མ་ལོག་པར་སྟོན་པའི་ངག་ཡིན་ལ། དེ་ལ་རྣམ་པ་བརྒྱད་ཡོད་ཀྱང་གསུམ་དུ་འདུས་ པར་རིག་པར་བྱ་སྟེ། སེམས་མི་གནས་པར་བྱ་བའི་ཕྱིར་ཐོག་མར་དམིགས་པ་ལ་སེམས་ ལེགས་པར་འདོགས་པ་ནི་གདུལ་བྱའི་སེམས་དང་དབང་པོ་དང་བསམ་པ་དང་བག་ལ་ཉལ་ ཤེས་ནས་མི་སྡུག་པ་དང་བྱམས་པ་དང་ལམ་ཇི་ལྟར་འོས་པ་སྒོམ་དུ་འཇུག་པ་དང༌། སེམས་ གནས་པ་ལས་རང་གི་དོན་ཐོབ་པར་བྱ་བའི་ཕྱིར་ཐབས་ཀྱི་ལམ་ཡང་དག་པར་སྟོན་པ་ནི། 4-1-355 ལེགས་པར་བཟུང་བ་མ་ཡིན་པ་རྟག་པ་དང་ཆད་པའི་མཐར་ལྷུང་བའི་གཉེན་པོར་དབུ་མའི་ ལམ་གསལ་བར་འཆད་པ་དང༌། རང་གི་དགོས་པ་མཐར་ཕྱིན་པ་ལ་བར་མ་དོའི་གནས་ འདོར་དུ་འཇུག་པ་ནི། མ་ཐོབ་པ་ཐོབ་པོ་སྙམ་པའི་མངོན་པའི་ང་རྒྱལ་སྤོང་བ་ལ་སྦྱོར་བའོ། ། རྗེས་བསྟན་ནི་བླང་དོར་གྱི་ཚུལ་ཕྱིན་ཅི་མ་ལོག་པར་སྟོན་པའི་ངག་ཡིན་ལ། དེ་ཡང་རྣམ་ པ་ལྔར་རིག་པར་བྱ་སྟེ། ཁ་ན་མ་ཐོ་བ་བཅས་པ་ཀུན་ཏུ་སྤྱོད་པ་དགག་པ་དང༌། ཁ་ན་མ་ཐོ་བ་ མེད་པ་ཀུན་ཏུ་སྤྱོད་པ་གནང་བ་དང༌། བཀག་པ་དང་གནང་བའི་ཆོས་རྣམས་ལ་འཁྲུལ་པར་ ཀུན་ཏུ་སྤྱོད་ན་བསྐུལ་བ་དང༌། མ་གུས་པར་གྱུར་ཏེ་འཁྲུལ་པ་རྣམས་ལ། [རྟོག་{རྙོག་}པ་ མེད་པ་དང་མི་མཐུན་པ་མེད་པ་དང༌། སྣུམ་པའི་བསམ་པས་སྨ་ཕབ་པ་སྟེ་དྲན་དུ་གཞུག་པ་ དང༌། ཡང་དག་པར་ཞུགས་པ་རྣམས་ལ་བཀག་པ་དང༌། གནང་བའི་ཆོས་རྣམས་ཀྱི་ཡོན་ཏན་ ཡང་དག་པར་བསྙད་པས་དགའ་བར་བྱེད་དོ། ། ལམ་ལྔའི་རྣམ་གཞག་ལ་རྟེན་གྱི་ཁྱད་པར། སྤྱིའི་རྣམ་གཞག སོ་སོའི་ངོ་བོའོ། །དང་པོ་ ལ་ལུས་དང་བསམ་པའི་རྟེན་གཉིས་ལས། ལུས་ལའང་སྐྱེ་བའི་རྟེན་ནི་སྤྱིར་བཏང་ལ། སྔར་ བཤད་པ་ལྟར་འཁོར་ལོ་བཞི་དང་ལྡན་ཞིང་སྒྲིབ་པ་གསུམ་དང་བྲལ་བའི་ལྷ་དང་མི་རྣམས་ ཏེ། མཛོད་ལས། མཚམས་མེད་པ་ཡི་ལས་རྣམས་དང༌། །ཉོན་མོངས་ཤས་ཆེ་ངན་འགྲོ་དང༌། ། འདུ་ཤེས་མེད་པའི་སེམས་ཅན་དང༌། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། །ཅེས་པ་ལྟར་ མཚམས་མེད་པ་ལྔ་བྱས་པ་ལས་ཀྱི་སྒྲིབ་པ་ཅན་དང༌། ཟ་མ་ལ་སོགས་པ་ཉོན་མོངས་པ་ཤས་ ཆེ་བའི་སྒྲིབ་པ་ཅན་དང༌། ངན་སོང་གསུམ་དང་ལྷ་ཚེ་རིང་པོ་དང་སྒྲ་མི་སྙན་པ་རྣམས་ནི་སྐྱེ་ བའི་རྟེན་མ་ཡིན་པར་གསུངས་སོ། ། དམིགས་བསལ་ནི་ཐེག་ཆེན་པའི་ལུགས་ལ་དུད་འགྲོ་ལའང་སྐྱེ་སྟེ་སྡོང་པོ་བཀོད་པར། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་སུ་འཇམ་དཔལ་གྱིས་རྒྱ་མཚོ་ནས་འོངས་པའི་ཀླུ་རྣམས་ལ་ 4-1-356 སེམས་བསྐྱེད་མཛད་པ་དང༌། ཟ་མ་ཏོག་བཀོད་པར། ཡུལ་འཁོར་མོ་འཇིག་ཏུ་འཇིག་རྟེན་ དབང་ཕྱུག་གིས་ཡི་དྭགས་དང་སྲིན་བུའི་རིགས་མང་པོ་བདེན་པ་མཐོང་པ་ལ་བཀོད་པར་ གསུངས་པ་ལྟར་རོ། །གནས་པའི་རྟེན་ནི་ཉན་ཐོས་པའི་ལུགས་ཀྱིས་ཁམས་གསུམ་ཅི་རིགས་ པར་གནས་ཤིང་ཐེག་ཆེན་པའི་ལུགས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་ འཕྲུལ་བསམ་གྱིས་མི་ཁྱབ་པས་འགྲོ་བ་ཐམས་ཅད་ན་ཡོད་དེ། སྤྱན་རས་གཟིགས་དབང་ ཕྱུག་གིས་དམྱལ་བར་གཤེགས་པ་དང༌། སྐྱེས་རབས་ལས་དུད་འགྲོར་གྱུར་པའི་བྱང་ཆུབ་ སེམས་དཔའ་མང་དུ་གསུངས་པ་དང༌། མ་དྲོས་པས་ཞུས་པར་ཡང༌། ཀླུའི་རྒྱལ་པོ་དེ་ཉིད་ས་ བཅུ་པར་གསུངས་པ་ལྟར་རོ། །བསམ་པའི་རྟེན་ནི་ཚོགས་ལམ་གྱི་ཐོས་བསམ་སྒོམ་གསུམ་ འདོད་པའི་སེམས་ལ་བརྟེན་པ་གཙོ་ཆེ་ལ། སྦྱོར་ལམ་ནི་མཛོད་ལས། སྒོམ་བྱུང་མི་ལྕོགས་ མེད་པ་དང༌། །ཁྱད་པར་བསམ་གཏན་ས་པའོ། །ཞེས་པ་ལྟར་ས་དང་པོའི་ཉེར་བསྡོགས་མི་ ལྕོགས་པ་མེད་པ་དང༌། དངོས་གཞི་ཁྱད་པར་ཅན་དང་བཞི་གའི་དངོས་གཞི་སྟེ་ས་དྲུག་ལ་ བརྟེན་ཅིང་མཐོང་ལམ་ཡང་དེ་ནི་ཆོས་མཆོག་དང་ས་གཅིག་ཅེས་པ་ལྟར་སྔར་དང་འདྲ་བ་ ལ། མཐར་ཕྱིན་པའི་ལམ་དང་ཁྱད་པར་བསེ་རུ་ལྟ་བུའི་ལམ་ཐམས་ཅད་བསམ་གཏན་བཞི་ པ་ལ་བརྟེན་པ་སྟེ། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། ། ཞེས་པ་ལྟར་རོ། །ཐེག་ཆེན་པའི་ལུགས་ཀྱིས་ཕལ་ཆེར་དངོས་གཞི་ལ་བརྟེན་པ་སྟེ། ཚོགས་ ལམ་ཆེན་པོ་ནས་ཆོས་རྒྱུན་ཏིང་ངེ་འཛིན་ཐོབ་པར་གསུངས་པའི་ཕྱིར་རོ། ། སྤྱིའི་རྣམ་དབྱེ་ལ། མཚན་ཉིད་མཚན་གཞི་བྱེད་ལས་དང༌། །དབྱེ་བ་ངེས་ཚིག་དངོས་ བཏགས་སོ། །དང་པོ་ནི་གང་ལ་ཞུགས་ནས་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པ་ཞེས་ པའམ་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་དགེ་བ་གང་ཞིག་རྣམ་པར་གྲོལ་བའི་འཇུག་ ངོགས་སུ་གྱུར་པ་སྟེ། མདོ་ལས། ཐབས་དང་བཅས་པའི་ཤེས་རབ་ནི་ལམ་མོ། །ཤེས་ 4-1-357 རབ་དང་བཅས་པའི་ཐབས་ནི་ལམ་མོ་ཞེས་གསུངས་པ་ལྟར་རོ། །མཚན་གཞིའི་དངོས་པོ་ ནི། བྱང་ཆུབ་འདོད་པས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་དགེ་བ་བྱང་ཆུབ་ཏུ་བསྔོས་ པའོ། །བྱེད་ལས་ནི་ཟག་པ་དང་བཅས་པ་འབྲས་བུའི་ཆ་ཐམས་ཅད་སྡུག་བསྔལ་དུ་ཤེས་པར་ བྱས་ནས་དེའི་རྒྱུ་ལས་དང་ཉོན་མོངས་པ་སྤོང་ཞིང༌། དེ་དག་གིས་རྣམ་པར་དག་པ་མངོན་ སུམ་དུ་བྱ་བའི་ཆེད་དུ་ཟག་པ་མེད་པའི་དགེ་བའི་རྩ་བ་རྣམས་བསྟེན་པར་བྱེད་པ་སྟེ། ཀུན་ ལས་བཏུས་པར། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་ཀུན་འབྱུང་སྤོང་བ་དང་ འགོག་པ་མངོན་དུ་བྱེད་པ་དང་ལམ་སྒོམ་པ་སྟེ། ལམ་གྱི་མཚན་ཉིད་མདོར་བསྡུས་པའོ་ཞེས་ གསུངས་པ་ལྟར་རོ། །དབྱེ་བ་ནི་ཐེག་པ་གསུམ་གྱི་ལམ་གསུམ་དང་འཇིག་རྟེན་དང་འཇིག་ རྟེན་ལས་འདས་པའི་ལམ་གཉིས་དང༌། སྦྱོར་བ་བར་ཆད་མེད་པར་རྣམ་གྲོལ་ཁྱད་པར་གྱི་ ལམ་བཞི་དང་ཞི་གནས་དང་ལྷག་མཐོང་གི་ལམ་གཉིས་དང༌། མཉམ་གཞག་དང་རྗེས་ཐོབ་ ཀྱི་ལམ་གཉིས་དང༌། སློབ་པ་དང་མི་སློབ་པའི་ལམ་གཉིས་ལ་སོགས་པའོ། །ངེས་ཚིག་ནི་མྱ་ ངན་ལས་འདས་པར་བགྲོད་པའི་གཞིར་གྱུར་པས་ནི་ལམ་ཞེས་བྱའོ། །དངོས་བཏགས་ལ། སློབ་ལམ་བཞི་ལམ་མཚན་ཉིད་པ་ཡིན་ལ། མི་སློབ་ལམ་ནི་ལམ་གྱི་འབྲས་བུ་ལ་{ལམ་དུ་} བཏགས་པའོ་ཞེས་ཀྱང་གསུང་མོད། དེའང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་གོང་ དུ་འགྲོ་བ་དང་བཅས་པའི་ཕྱིར་ལམ་མཚན་ཉིད་པ་དང་འབྲས་བུ་བཏགས་པ་བ་ཡིན་ཞིང༌། ཐེག་པ་ཆེན་པོ་བ་རྣམས་ཀྱི་ནི་སྤངས་རྟོགས་མཐར་ཕྱིན་པའི་ཕྱིར་ལམ་བཏགས་པ་བ་དང་ འབྲས་བུ་མཚན་ཉིད་པ་ཡིན་ནོ། །སོ་སོའི་ངོ་བོ་ལ་ལམ་རྣམ་པ་ལྔ་སྟེ། ཚོགས་ཀྱི་ལམ་དང་ སྦྱོར་བའི་ལམ་དང་མཐོང་བའི་ལམ་དང་སྒོམ་པའི་ལམ་དང་མཐར་ཕྱིན་པའི་ལམ་མོ་ཞེས་ གསུངས་པའི་ལྔ་པོ་རེ་རེ་ཞིང་ཡང༌། མཚན་ཉིད་སྤངས་རྟོགས་ཡོན་ཏན་དང༌། །རྣམ་དབྱེ་བྱེད་ ལས་ངེས་ཚིག་དང༌། །ངོ་བོ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་དང་པོ་ཚོགས་ལམ་གྱི་མཚན་ 4-1-358 ཉིད་ནི། རང་རང་གི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དྲོད་མ་ཐོབ་ཀྱི་བར་གྱི་དགེ་བ་གང་ཞིག་ མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །སྤངས་རྟོགས་ནི་སྤང་བྱ་ ཤིན་ཏུ་རགས་པ་འཁོར་བའི་སྡུག་བསྔལ་སྐྱེད་བྱེད་རྣམས་རྣམ་པར་སུན་འབྱིན་པའི་གཉེན་ པོས་སྤངས་པ་དང༌། ཤེས་རབ་གསུམ་གྱིས་བདག་མེད་གཉིས་སྤྱིའི་ཚུལ་དུ་རྟོགས་པའོ། ། ཡོན་ཏན་ནི་ཆོས་རྒྱུན་ཏིང་ངེ་འཛིན་ལ་བརྟེན་ནས་སངས་རྒྱས་རྣམས་ལས་ཆོས་ཉན་ ཞིང་གཞུང་དང་དོན་འཛིན་ནུས་པ་དང༌། སྤྱན་ལྔ་དང་མངོན་ཤེས་ལྔ་ཐོབ་པ་ལ་སོགས་པའོ། ། རྣམ་དབྱེ་ནི་ལས་དང་པོ་པའི་ས་དང་དད་པའི་ས་དང་ཐར་པ་ཆ་མཐུན་དང་གོ་ཆའི་སྒྲུབ་པ་ ལ་སོགས་པའོ། །བྱེད་ལས་ནི་རྒྱུད་ཡོངས་སུ་སྨིན་པར་བྱེད་པ་དང༌། སྦྱོར་ལམ་འདྲེན་པར་ བྱེད་པ་ལ་སོགས་པའོ། །ངེས་ཚིག་ནི་རྒྱུད་ཡོན་ཏན་གྱི་ཚོགས་ཀྱིས་འགེངས་ཤིང་ཐར་པར་ འགྲོ་བའི་གཞི་ཡིན་པས་ན་ཚོགས་ལམ་ཞེས་པའོ། །ངོ་བོ་ནི་ཚོགས་ཀྱི་ལམ་གང་ཞེ་ན། སོ་ སོ་སྐྱེ་བོའི་ཚུལ་ཁྲིམས་དང༌། དབང་པོའི་སྒོ་སྡོམ་པ་དང༌། ཟས་ཀྱི་ཚོད་ཤེས་པ་དང༌། ནམ་གྱི་ ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། ཤེས་བཞིན་དུ་མངོན་པར་ དགའ་བའོ་ཞེས་གསུངས་པ་ལྟར། དལ་འབྱོར་རྙེད་པར་དཀའ་བ་དང་འཆི་བ་མི་རྟག་པ་རྗེས་ སུ་དྲན་པའི་སྒོ་ནས། ལས་རྒྱུ་འབྲས་ལ་མངོན་པར་ཡིད་ཆེས་པར་བྱས་ཏེ། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་པ་ལྟར་ སེམས་ཅན་ལ་གནོད་འཚེ་གཞི་དང་བཅས་པ་སྤོང་བ་སྡོམ་པའི་ཚུལ་ཁྲིམས་དང༌། ལུས་ངག་ ཡིད་གསུམ་དགེ་བ་ལ་འཁོལ་བ་དགེ་བ་ཆོས་སྡུད་དང༌། དེ་དག་ཀྱང་གཞན་དོན་དུ་སྤྱོད་པ་ སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམས་རྣམ་པར་དག་པ་བསྲུང་བ་དང༌། མདོ་ལས། མིག་ གིས་གཟུགས་རྣམས་མཐོང་སྟེ་མཚན་མར་མི་འཛིན་མངོན་རྟགས་སུ་མི་འཛིན་ཞེས་གསུངས་ པ་ལྟར། དབང་པོ་རྣམས་ཡུལ་ལ་འཇུག་པ་ན་དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱས་ 4-1-359 ཏེ། ཆགས་སྡང་གི་ཉོན་མོངས་པ་སྐྱེ་བ་བསྲུང་ཞིང་སྡོམ་པར་བྱེད་པ་དང་བཤེས་སྤྲིང་ལས། ཁ་ཟས་སྨན་དང་འདྲ་བར་རིག་བགྱིས་ནས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། ། རྒྱགས་ཕྱིར་མ་ལགས་སྒེག་པའི་ཕྱིར་མ་ལགས། །འཚག་ཕྱིར་མ་ལགས་ལུས་གནས་འབའ་ ཞིག་ཕྱིར། །ཞེས་གསུངས་པ་ལྟར་ཆོས་ཀྱི་དོན་དུ་ལུས་གནས་པའི་ཆེད་དུ་སྡིག་པ་དང་མ་ འདྲེས་པའི་ཁ་ཟས་གཙང་མ་ཚོད་ཟིན་པར་བསྟེན་པ་དང༌། རིགས་པའི་བདག་ཉིད་ཉིན་པར་ ཐམས་ཅད་དང༌། །མཚན་མོ་དེ་བཞིན་སྟོད་སྨད་ཐུན་བཟླས་ནས། །མནལ་ཚེའང་འབྲས་ མེད་ཉིད་དུ་མི་འགྱུར་བར། །དྲན་ལྡན་དེ་སྲིད་བར་དུ་མནལ་བར་མཛོད། །ཅེས་གསུངས་པ་ ལྟར་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་ལ་ བརྩོན་པར་བྱེད་པ་དང༌། སྤྱོད་འཇུག་ལས། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་ དང་ཡང་དུ་བརྟག་བྱ་བ། །དེ་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། ། ཞེས་གསུངས་པ་ལྟར་སྒོ་གསུམ་གྱི་སྤྱོད་པ་ལ་རང་རིག་གིས་བརྟགས་ནས་རུང་བ་རྣམས་ སྤྱོད་ཅིང་མི་རུང་བ་རྣམས་སྤོང་བ་ཤེས་བཞིན་དུ་གནས་པ་སྟེ། ཐར་པའི་རྒྱུའི་ཆོས་ལྔ་ལ་ སློབ་པ་དང༌། གང་ཡང་རྒྱུར་གྱུར་པའི་དགེ་བ་གཞན་དང་ཐོས་པ་ལས་བྱུང་བ་དང་བསམས་ པ་ལས་བྱུང་བ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱང་རུང་སྟེ། དེ་བསྒོམས་པ་ལས་ མངོན་པར་རྟོགས་པ་དང་རྣམ་པར་ཐར་པར་འགྱུར་བའི་གནས་ཀྱི་སྣོད་ཉིད་དུ་འགྱུར་རོ་ ཞེས་གསུངས་པ་ལྟར། ཐར་པའི་རྒྱུར་གྱུར་པའི་དགེ་བ་ལྟུང་བས་འགྱོད་པ་མེད་ཅིང་དགའ་ བ་ལས་སེམས་མཉམ་པར་འཇོག་པ་དང༌། མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་ བཞིན་དུ་ཤེས་པ་ལ་སོགས་པ་དང༌། འཕགས་པའི་ནོར་བདུན་ལ་སྤྱོད་པ་དང༌། ཆོས་སྤྱོད་ བཅུའི་སྒྲུབ་པ་ལ་བརྩོན་པ་དང༌། ལུང་རྣམ་དག་ཐོས་པ་ལས་བྱུང་བ་དང༌། རིགས་པས་{ངེས་ པས་}ངེས་པར་བསམས་པ་ལས་བྱུང་བ་དང༌། ཏིང་ངེ་འཛིན་ཟབ་མོ་བསྒོམས་པ་ལས་བྱུང་ 4-1-360 བའི་ཤེས་རབ་རྣམས་ལ་བརྟེན་ནས་མཐོང་ལམ་བརྒྱུད་ལ་སྐྱེ་ཞིང་སྦྱོར་ལམ་དངོས་སུ་སྐྱེ་བའི་ ལམ་འདི་ཉིད་ལ་ལས་དང་པོ་པ་རྣམས་ཀྱིས་བསླབ་པར་བྱའོ། །གཞན་ཡང་ཚོགས་ལམ་ཆུང་ ངུ་དང་འབྲིང་པོ་དང་ཆེན་པོའི་གནས་སྐབས་སུ་རིམ་པ་ལྟར། དྲན་པ་ཉེ་བར་བཞག་པ་བཞི་ དང་ཡང་དག་པར་སྤོང་བ་བཞི་དང་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་པའི་ཚུལ་ནི་འཆད་པར་ འགྱུར་རོ། །དེ་བཞིན་དུ་སྦྱོར་ལམ་ལའང་དོན་བདུན་གྱི་དང་པོ་མཚན་ཉིད་ནི། ཚོགས་ལམ་ རྫོགས་ནས་མཐོང་ལམ་མ་ཐོབ་བར་གྱི་དགེ་བ་གང་ཞིག་མྱ་ངན་ལས་འདས་པར་ཕྱིན་པར་ བྱེད་པའི་ཐབས་སུ་གྱུར་པའོ། །སྤངས་རྟོགས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཀུན་ བཏགས་རྣམས་རྣམ་པར་གནོན་པའི་ཚུལ་གྱིས་སྤོང་ཞིང་བདེན་པ་རྣམས་ལ་ཆོས་ཀྱི་བདག་ གི་ཕྱེད་གཟུང་བ་རང་བཞིན་མེད་པར་རིམ་གྱིས་རྟོགས་པའོ། །ཡོན་ཏན་ནི་མཛོད་ལས། རྩེ་ མོ་ཐོབ་པ་(དགེ་བའི་)རྩ་(བ་)མི་འཆད། །བཟོད་ཐོབ་ངན་སོང་ཡོངས་མི་ལྟུང༌། །ཞེས་པ་དང་ ཐེག་ཆེན་པས་དཀོན་མཆོག་སྤྲིན་དུ། སོ་སོ་སྐྱེ་བོའི་རྒུད་པ་ལས་གྲོལ་ཞིང་ཏིང་ངེ་འཛིན་དང་ གཟུངས་དང་རྣམ་པར་ཐར་བ་དང་མངོན་པར་ཤེས་པ་ལ་སོགས་པ་དང་ལྡན་པ་དང༌། ཡུམ་ དང་དེའི་རྒྱན་ལས། དབང་པོ་རྣོན་པོས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ ཐོབ་པར་གསུངས་པ་ལ་སོགས་པ་རྣམས་སོ། །རྣམ་དབྱེ་ནི་མོས་པས་སྤྱོད་པའི་ས་དང་སྒོམ་ ལམ་ཟག་བཅས་དང་ངེས་འབྱེད་ཆ་མཐུན་དང་འཇུག་པའི་སྒྲུབ་པ་ལ་སོགས་པའོ། །བྱེད་ ལས་ནི་མཐོང་ལམ་འདྲེན་པར་བྱེད་པ་དང༌། ཐར་པ་ཐོབ་པར་བྱེད་པ་ལ་སོགས་པའོ། །ངེས་ ཚིག་ནི་བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་ཞིང་ཐར་པར་འགྲོ་བའི་གཞི་ཡིན་པས་ན་སྦྱོར་ ལམ་ཞེས་བྱའོ། །ངོ་བོ་ནི་སྦྱོར་བའི་ལམ་གང་ཞེ་ན་ཚོགས་གང་ཡིན་པ་སྦྱོར་བ་ཡང་དེ་ཡིན་ ནོ། །སྦྱོར་བ་ཡིན་ལ་ཚོགས་མ་ཡིན་པ་ཡང་ཡོད་དེ། ཚོགས་བསགས་པའི་ངེས་པར་འབྱེད་ པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་ཏེ་དེ་ནི་དྲོ་བར་གྱུར་པ་དང༌། རྩེ་མོ་དང་བདེན་ 4-1-361 པའི་རྗེས་སུ་མཐུན་པའི་བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སོ། །ཞེས་ གསུངས་པ་ལྟར་དྲོད་ཡན་ཆད་ན་ཡོད་པའི་སོ་སོ་སྐྱེ་བོའི་ཚུལ་ཁྲིམས་ལ་སོགས་པའང་སྦྱོར་ ལམ་ཡིན་ལ། སྦྱོར་ལམ་ཁོ་ན་ཡིན་པ་ནི་ཚོགས་ལམ་རྫོགས་ནས་མཐོང་ལམ་སྐྱེ་བ་དང་རྗེས་ སུ་མཐུན་པ་དྲོ་བ་ལ་སོགས་པ་བཞི་ཡིན་ཞིང་དེ་དག་རིམ་གྱིས་འཆད་པ་ནི། དྲོ་བར་གྱུར་པ་ གང་ཞེ་ན་སོ་སོ་རང་གིས་བདེན་པ་རྣམས་ལ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་ མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་གསུངས་པ་ལྟར་གཞན་གྱི་སྒྲ་དང་རྟགས་ལ་མ་ བརྟེན་པར་སྒོམ་པ་པོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་བདེན་བཞིའི་དབང་དུ་བྱས་པའི་ཆོས་ རྣམས་ལ་དམིགས་ནས་མཉམ་པར་བཞག་པ་ན། ནང་འཛིན་པ་ཙམ་མ་གཏོགས་པར་གཟུང་ བ་ཕྱི་རོལ་གྱི་དོན་མེད་པར་རྟོགས་པའི་སྣང་བ་ཐོབ་པའི་ངོ་བོ་ཏིང་ངེ་འཛིན་ཞི་གནས་དང་ ཤེས་རབ་ལྷག་མཐོང་གྲོགས་དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་དང་བཅས་པ་ རྣམས་སོ། །དེ་བཞིན་དུ་རྩེ་མོ་གང་ཞེ་ན་སོ་སོ་རང་གིས་བདེན་པ་རྣམས་ལ་སྣང་བ་མཆེད་ པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་གསུངས་པ་ ལྟར་སྔར་བཞིན་སོ་སོ་རང་རིག་ཡེ་ཤེས་ཀྱིས་བདེན་པ་རྣམས་ལ་གཟུང་བ་མེད་པར་རྟོགས་ པའི་སྣང་བ་དེ་ཉིད་སྔ་མ་ལས་གོང་དུ་མཆེད་ཅིང་འཕེལ་བར་གྱུར་པའི་ཞི་གནས་ལྷག་མཐོང་ མཚུངས་ལྡན་དང་བཅས་པའོ། ། བདེན་པའི་རྗེས་སུ་མཐུན་པའི་བཟོད་པ་གང་ཞེ་ན་སོ་སོ་རང་གིས་བདེན་པ་རྣམས་ལ་ ཕྱོགས་གཅིག་ལ་ཞུགས་པ་དང་རྗེས་སུ་སོང་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ ལྡན་པ་དང་བཅས་པའོ། །ཞེས་གསུངས་པ་ལྟར་སོ་སོ་རང་རིག་ཡེ་ཤེས་ཀྱིས་བདེན་པ་རྣམས་ ལ་དོན་དུ་སྣང་བ་ཐམས་ཅད་སེམས་ཁོ་ནར་སྣང་བས་ཕྱོགས་གཅིག་གཟུང་བ་རང་བཞིན་ མེད་པ་ལ་ཞུགས་པ་དང༌། འཛིན་པ་མེད་པར་རྟོགས་པའི་རྗེས་སུ་མཐུན་པར་ཞུགས་པའི་ཞི་ 4-1-362 གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པ་སྟེ། དེ་གསུམ་ནི་གཟུང་བ་རང་བཞིན་མེད་ པར་རྟོགས་པའི་ཡེ་ཤེས་ཀྱི་གསལ་སྣང་ཆུང་ངུ་དང་འབྲིང་དང་ཆེན་པོར་གྱུར་པའོ། །[འཇིག་ རྟེན་{འཛིན་}པའི་ཆོས་ཀྱི་མཆོག་གང་ཞེ་ན། སོ་སོ་རང་གིས་བདེན་པ་རྣམས་ལ་དེ་མ་ཐག་ པའི་སེམས་ཀྱི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་ གསུངས་པ་ལྟར་སོ་སོ་རང་རིག་ཡེ་ཤེས་ཀྱིས་བདེན་པ་རྣམས་ལ་དེ་མ་ཐག་པའི་རྗེས་སུ་ མཐོང་ལམ་སྐྱེས་ནས་འཛིན་པའང་མེད་[པར་{པས་}རྟོགས་པར་འགྱུར་བའི་ཞི་གནས་ལྷག་ མཐོང་མཚུངས་ལྡན་དང་བཅས་པ་སྟེ། དེ་དག་གི་དང་པོ་གཉིས་སུ་དབང་པོ་ལྔ་དང༌། ཕྱི་མ་ གཉིས་སུ་སྟོབས་ལྔ་སྒོམ་པའི་ཚུལ་ཡང་འཆད་པར་འགྱུར་རོ། །མཐོང་ལམ་ལ་ཡང་མཚན་ ཉིད་ནི། ཆོས་མཆོག་རྫོགས་ནས་སྒོམ་ལམ་མ་སྐྱེས་བར་གྱི་དགེ་བ་གང་ཞིག་མྱ་ངན་ལས་ འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །སྤངས་རྟོགས་ནི་མཐོང་སྤང་གི་ས་བོན་ རྩ་བ་ནས་སྤངས་ཏེ། ཆོས་ཉིད་ཇི་ལྟ་བའི་དོན་མངོན་སུམ་དུ་མཐོང་ཞིང་ཆོས་ཅན་ཇི་སྙེད་ པའི་དོན་ཡང་ཅི་རིགས་པར་རྟོགས་པའོ། ། ཡོན་ཏན་ནི། བརྒྱ་ཕྲག་བཅུ་གཉིས་རྗེས་ཐོབ་ཏུ་འབྱུང་བའི་ནུས་པ་ལ་སོགས་པའོ། །རྣམ་ དབྱེ་ནི། གང་ཟག་གིས་ཕྱེ་ན་ཞུགས་གནས་གཉིས་དང༌། ཐེག་པས་ཕྱེ་ན་མཐོང་ལམ་གསུམ་ དང༌། ངོ་བོས་ཕྱེ་ན་སྐད་ཅིག་བཅུ་དྲུག་ལ་སོགས་པའོ། །བྱེད་ལས་ནི། སྒོམ་ལམ་འདྲེན་པར་ བྱེད་པ་དང༌། འཕགས་པ་ཐོབ་པར་བྱེད་པ་ལ་སོགས་པའོ། །ངེས་ཚིག་ནི། དེ་ཁོ་ན་ཉིད་སྔར་ མ་མཐོང་བ་མཐོང་ཞིང་འཕགས་པའི་སར་ཕྱིན་པར་བྱེད་པས་ན་མཐོང་ལམ་ཞེས་པའོ། །ངོ་ བོ་ནི། མཐོང་བའི་ལམ་གང་ཞེ་ན། མདོར་བསྡུ་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་འཇུག་ ཐོགས་སུ་མི་དམིགས་པའི་ཏིང་ངེ་འཛིན་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་ གསུངས་པ་ལྟར་བདག་རྐྱེན་ཆོས་མཆོག་ལ་བརྟེན་ནས་དུས་ཀྱང་དེའི་[དུས་{རྗེས་}སུ་བར་ 4-1-363 ཆད་མེད་པར་ངོ་བོ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཟུང་འཛིན་གཉི་ག་དམིགས་ པར་རྟོགས་པའི་ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པའོ། །དེ་ལ་(ཟླ་གྲགས་ཀྱིས་) རིག་པ་དྲུག་ཅུ་པའི་འགྲེལ་པར། སྐད་ཅིག་མ་གཅིག་ཁོ་ན་ལ་དེ་ཁོ་ན་ཉིད་མཐོང་སྟེ། ངོ་བོ་ གཅིག་པའི་ཡེ་ཤེས་ཁོ་ན་ལ་ཆར་ཕྱེ་ནས་སྐད་ཅིག་བཅུ་དྲུག་ཏུ་བཞག་པ་ནི་དེ་ལྟ་བུ་བསྟན་ པས་གདུལ་བྱ་ལ་ཕན་གདགས་པའི་ཆེད་དུའོ་ཞེས་པ་དང༌། བརྒྱད་སྟོང་འགྲེལ་པར། འབྲས་ བུ་མངོན་པར་རྟོགས་པ་ལ་ལྟོས་ནས་སྐད་ཅིག་མ་གཅིག་དང༌། བདེན་པ་སོ་སོ་ལ་ལོག་རྟོག་ བསལ་བའི་སྒོ་ནས་སྐད་ཅིག་མ་བཅུ་དྲུག་གོ །ཞེས་པ་དང་། (ཐུབ་པ་)དགོངས་རྒྱན་དུ། སྡུག་ བསྔལ་ཆོས་བཟོད་མཐོང་ལམ་མཚན་ཉིད་པ་དང༌། གཞན་རྣམས་ནི་བཏགས་པ་བའོ་ཞེས་པ་ ལ་སོགས་པའང་གསུང་མོད་ཀྱི། འདིར་ཡང་མཐོང་བའི་ལམ་ལ་རབ་ཏུ་དབྱེ་ན་སྡུག་བསྔལ་ ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་ སུ་རྟོགས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་དང༌། དེ་བཞིན་ དུ་ཀུན་འབྱུང་དང་འགོག་པ་དང་ལམ་ལ་ཡང་སྦྱར་ཏེ་གསུངས་པ་ལྟར། བདེན་པ་སོ་སོ་ལ་ དམིགས་ནས་རང་རང་གི་མཐོང་སྤང་གི་སྒྲིབ་པ་སྤོང་བ་ཆོས་ཤེས་པའི་བཟོད་པ་དང༌། སྒྲིབ་ པ་སྤངས་ནས་ཀྱང་རྣམ་གྲོལ་ཉམས་སུ་མྱོང་བར་བྱེད་པ་ཆོས་ཤེས་པ་དང༌། དེ་ལྟར་སྐད་ཅིག་ དང་པོ་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་རྟོགས་པ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྐད་ཅིག་གསུམ་པ་དེ་ཉིད་རང་རིག་པའི་ཚུལ་གྱིས་འཛིན་པ་རྗེས་སུ་ཤེས་པ་སྟེ། བདེན་པ་ རེ་རེ་ལ་སྐད་ཅིག་མ་བཞི་བཞིའི་དབྱེ་བས་སྐད་ཅིག་མ་བཅུ་དྲུག་སྟན་ཐོག་གཅིག་ཏུ་མཉམ་ གཞག་གི་རྒྱུན་ཅིག་ལ་རིམ་པ་བཞིན་བར་མ་ཆད་པར་སྐྱེ་སྟེ། (གཟུངས་དབང་གི་)མདོ་ལས་ཀྱང༌། གང་བརྒྱད་པ་འབྲས་བུ་མ་ཐོབ་པར་ལྡང་བ་འདི་ནི་གནས་མེད་དོ་ཞེས་གསུངས་པ་ལྟར་ རོ། །དེ་དང་ལྷན་ཅིག་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པའི་ཚུལ་ཡང་འཆད་པར་འགྱུར་རོ། 4-1-364 སྒོམ་ལམ་ལའང་མཚན་ཉིད་ནི་མཐོང་ལམ་རྫོགས་ནས་མི་སློབ་ལམ་[མ་ཐོབ་ཀྱི་{ལ་ཐོབ་ }པར་གྱི་དགེ་བ་གང་ཞིག་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའོ། ། སྤངས་རྟོགས་ནི་སྒོམ་སྤང་རྣམས་རིམ་གྱིས་སྤངས་ཤིང་ཆོས་དབྱིངས་བསྟོད་པར། ཇི་ལྟར་ ཚེས་པའི་ཟླ་བ་ནི། །སྐད་ཅིག་སྐད་ཅིག་རྒྱས་པར་མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཞེས་གསུངས་པ་ལྟར་ཆོས་ཉིད་མངོན་སུམ་ དུ་རྟོགས་པའང་གོང་ནས་གོང་དུ་འཕེལ་བར་འགྱུར་བའོ། །ཡོན་ཏན་ཡང་ས་གཉིས་པ་ནས་ སྟོང་ཕྲག་བཅུ་གཉིས་ལ་སོགས་པར་རིམ་གྱིས་འཕེལ་བར་འགྱུར་བ་རྣམས་སོ། །རྣམ་དབྱེ་ ནི་ངོ་བོས་ཕྱེ་ན་མཉམ་རྗེས་གཉིས་དང༌། རྣམ་པས་ཕྱེ་ན་ཆེ་འབྲིང་དགུ་དང༌། ཐེག་པས་ཕྱེ་ན་ རྣམ་པ་གསུམ་ལ་སོགས་པའོ། །བྱེད་ལས་ནི་རང་གི་ཡོན་ཡན་ཐོབ་པར་བྱེད་པ་དང༌། གཞན་ དག་ཡོངས་སུ་སྨིན་པར་བྱེད་པ་ལ་སོགས་པའོ། །ངེས་ཚིག་ནི་ཆོས་ཉིད་མཐོང་ཟིན་གོམས་ པར་བྱེད་ཅིང་ཐར་པར་འགྲོ་བའི་གཞི་ཡིན་པས་ན་སྒོམ་ལམ་ཞེས་བྱའོ། །ངོ་བོ་ནི་འཇིག་ རྟེན་ལས་འདས་པའི་ལམ་གང་ཞེ་ན་སྒོམ་པའི་ལམ་ལ་སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་ འགོག་པ་དང་ལམ་ཤེས་པ་རྣམས་ཏེ། ཆོས་ཤེས་པ་དང་རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་ རྣམས་དང༌། དེ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་བསམ་གཏན་དང་པོ་ནས་ཅི་ ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ། །ཞེས་གསུངས་པ་ལྟར་སྒོམ་ལམ་ཟག་མེད་ཀྱི་སྐབས་ སུ་ཡང་དམིགས་ཡུལ་བདེན་པ་བཞིའི་ཆོས་ཉིད་ལ་དམིགས་ནས་རྣམ་པ་དེ་དག་མངོན་སུམ་ དུ་ཤེས་པའི་ཡེ་ཤེས་རིམ་གྱིས་གོམས་པར་བྱེད་པ་སྟེ། དེ་ཡང་བདེན་པ་བཞིའི་ཆོས་ཉིད་སྤང་ བྱས་དག་པའི་རྣམ་གྲོལ་ཉམས་སུ་མྱོང་བ་ཆོས་ཤེས་པ་བཞི་དང༌། དེ་དག་གི་གནས་ལུགས་ རང་རིག་པའི་ཚུལ་གྱིས་རྟོགས་པ་རྗེས་སུ་རྟོགས་པའི་ཤེས་པ་བཞིའི་ཕྱོགས་སྒོམ་ལམ་གྱིས་ བསྡུས་པ་རྣམས་དང༌། ལྷག་མཐོང་ཤེས་པ་བརྒྱད་པོ་དེ་དག་དང་མཚུངས་ལྡན་གྱི་ཏིང་འཛིན་ 4-1-365 ཞི་གནས་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ནས་ཅི་ཡང་མེད་པའི་སྐྱེ་ མཆེད་ཀྱི་བར་ཟག་མེད་དུ་[སྐྱེས་པ་{སྐྱེ་བ་}ལ་མཉམ་པར་འཇོག་པའོ། །དེ་དག་ཀྱང་སྤང་བྱ་ རིམ་གྱིས་སྤོང་ཚུལ་གྱིས་ཕྱེ་ན་ཡུམ་གྱི་རྒྱན་དུ། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་ དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་གསུངས་ པ་ལྟར་འདོད་པ་ནས་སྲིད་རྩེའི་བར་ཁམས་གསུམ་གྱི་ས་དགུ་པོ་རེ་རེ་ན་ཡང་སྤང་བྱ་སྒོམ་ སྤང་ཆེན་པོའི་ཆེན་པོ་ལ་དགུ་དགུ་(གྱ་གཅིག་)ཡོད་པ་རྣམས་གཉེན་པོ་སྒོམ་ལམ་ཆུང་ངུའི་ཆུང་ ངུ་ལ་སོགས་པ་དགུ་དགུ་(གྱ་གཅིག་)རིམ་གྱིས་སྐྱེ་བས་སྤོང་བ་སྟེ། དེ་ཡང་རེ་རེ་ཞིང་སྤང་བྱ་ སྒོམ་སྤང་ཆེན་པོའི་ཆེན་པོ་དང་ཆེན་པོའི་འབྲིང་པོ་དང་ཆེན་པོའི་ཆུང་ངུ་རྣམས། གཉེན་པོ་ སྒོམ་ལམ་ཆུང་ངུའི་ཆུང་ངུ་དང་ཆུང་ངུའི་འབྲིང་པོ་དང༌། ཆུང་ངུའི་ཆེན་པོ་རྣམས་ཀྱིས་སྤོང་ ཞིང༌། དེ་བཞིན་དུ་སྒོམ་སྤང་འབྲིང་པོའི་ཆེན་པོ་དང་འབྲིང་པོའི་འབྲིང་པོ་དང་འབྲིང་པོའི་ ཆུང་ངུ་རྣམས། སྒོམ་ལམ་འབྲིང་པོའི་ཆུང་ངུ་དང་འབྲིང་པོའི་འབྲིང་པོ་དང་འབྲིང་པོའི་ཆེན་ པོ་རྣམས་ཀྱིས་སྤོང་ལ། སྒོམ་སྤང་ཆུང་ངུའི་ཆེན་པོ་དང་ཆུང་ངུའི་འབྲིང་པོ་དང་ཆུང་ངུའི་ཆུང་ ངུ་རྣམས་སྒོམ་ལམ་ཆེན་པོའི་ཆུང་ངུ་དང་ཆེན་པོའི་འབྲིང་པོ་དང་ཆེན་པོའི་ཆེན་པོ་རྣམས་ཀྱིས་ སྤང་བྱ་འགག་པ་དང་གཉེན་པོ་སྐྱེ་བ་དུས་མཉམ་པའི་ཚུལ་གྱིས་སྤོང་བའོ། །དེ་ལ་སྤང་གཉེན་ ཆེ་ཆུང་དོད་སྙོམས་སུ་སྤོང་བར་རིགས་སོ་སྙམ་ན། སྤང་བྱ་ཆེན་པོ་ནི་རྒྱུད་ལ་འབྱུང་བ་རྟོགས་ སླ་ཞིང་དྲི་མ་ཆེ་ལོང་འདྲ་བར་གཉེན་པོ་ཆུང་ངུས་ཀྱང་སེལ་ལ། སྤང་བྱ་ཆུང་ངུ་ནི་དཔྱད་ དཀའ་ཞིང་རྒྱུད་ལ་ཞེན་པས་དྲི་མ་ཕྲ་མོ་དང་འདྲ་བར་གཉེན་པོ་ཆེན་པོས་བསལ་དགོས་པའི་ ཕྱིར་དང༌། ཐོག་མར་ལམ་ཆེན་པོ་སྐྱེ་བ་མི་སྲིད་ཅིང་དེ་སྐྱེས་པ་ན་ཉོན་མོངས་པ་ཆེན་པོའང་མི་ སྲིད་པའི་ཕྱིར་སྤང་བྱ་ཆེ་རིམ་ནས་འགག་པ་དང་གཉེན་པོ་ཆུང་རིམ་ནས་སྐྱེ་བར་གསུངས་སོ། ། དེ་རྣམས་སུ་འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམ་པའི་ཚུལ་ཡང་འཆད་པར་འགྱུར་ 4-1-366 རོ། །མཐར་ཕྱིན་པའི་ལམ་གྱི་མཚན་ཉིད་ནི། མི་སློབ་པའི་རྒྱུད་ལ་མངའ་བའི་དགེ་བ་གང་ ཞིག་མྱ་ངན་ལས་འདས་པར་ཕྱིན་པར་གྱུར་པའོ། །སྤངས་རྟོགས་ནི་རང་རང་གི་ཐར་པའི་ གེགས་སུ་གྱུར་པ་མ་ལུས་པ་སྤངས་པ་དང༌། ཇི་ལྟ་བའི་དོན་རང་རང་གི་སྤང་བྱས་དག་པའི་ ཆོས་ཉིད་མངོན་སུམ་དུ་རྟོགས་ཤིང༌། ཇི་སྙེད་པའི་དོན། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱི། ། སྟོང་གཉིས་གསུམ་དང་གྲངས་མེད་མཐོང༌། །ཞེས་པ་ལྟར་རྟོགས་པའོ། །ཡོན་ཏན་ནི་ཐུན་ མོང་དུ་དགྲ་བཅོམ་པ་ཟག་པ་ཟད་པ་ཉོན་མོངས་པ་མེད་པ་ཞེས་པ་ལ་སོགས་པ་ཡུམ་གྱི་གླེང་ གཞི་ལས་འབྱུང་བ་རྣམས་དང༌། ཁྱད་པར་དུ་སྟོབས་དང་མི་འཇིགས་པ་ལ་སོགས་པ་འཆད་ པར་འགྱུར་བ་རྣམས་ཐོབ་པའོ། །རྣམ་དབྱེ་ནི་ཐེག་པ་གསུམ་གྱིས་ཕྱེ་བའམ་མི་སློབ་པའི་ ཆོས་དང༌། བྱས་པ་རྟོགས་པའི་ས་དང་སྒྲིབ་པ་སྤངས་པའི་ས་ལ་སོགས་པའོ། །བྱེད་ལས་ནི་ ཐུན་མོང་དུ་རྣམ་གྲོལ་ཉམས་སུ་མྱོང་བ་དང༌། ཁྱད་པར་དུ་འཕྲིན་ལས་སྤྲོ་བ་ལ་སོགས་པའོ། ། ངེས་ཚིག་ནི་བསླབ་པ་མཐར་ཕྱིན་པར་བགྲོད་པས་ན་མཐར་ཕྱིན་པའི་ལམ་ཞེས་པའོ། །ངོ་ བོ་ནི་མཐར་ཕྱིན་པའི་ལམ་གང་ཞེ་ན། གནས་ངན་ལེན་ཐམས་ཅད་རྒྱུན་བཅད་པ་དང༌། ཕྲད་ པའི་ཐོབ་པ་རྣམས་ཀྱི་རྒྱུན་ཆད་པ་དང༌། བྲལ་བའི་ཐོབ་པ་རྣམས་ཐོབ་པའི་ཕྱིར་རོ། །རྡོ་རྗེ་ ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། དེ་མ་ཐག་ཏུ་གནས་མ་ལུས་པར་གྱུར་ཏེ་ཟད་པར་ཤེས་ པ་དང་མི་སྐྱེ་བ་ཤེས་པའོ། །ཞེས་གསུངས་པ་ལྟར་སྤང་བྱ་བག་ཆགས་དང་བཅས་པ་སྤངས་ པས་ཟག་བཅས་ཀྱི་ཐོབ་པ་རྣམས་རྒྱུན་[བཅད་ཅིང་{ཆད་ཀྱི}། [ཟག་{ཆད་}མེད་ཀྱི་ཐོབ་ པ་རྣམས་ཐོབ་པའི་ཕྱིར་དངོས་ཀྱི་རྒྱུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་དབྱིངས་རང་ བཞིན་གྱིས་དག་པ་སྤང་བྱ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་ཚུལ་གནས་མ་ལུས་ པར་ཡོངས་སུ་གྱུར་ཏེ། རྒྱུ་ཀུན་འབྱུང་མ་ལུས་པ་ཟད་པའི་འགོག་པ་ཤེས་པ་དང༌། འབྲས་ བུ་སྡུག་བསྔལ་མཐའ་དག་སྤངས་ནས་མི་སྐྱེ་བ་ཤེས་པའི་ཡེ་ཤེས་མཐར་ཐུག་པ་ཐོབ་པའོ། 4-1-367 རྣམ་གྲངས་སུ་ན་མི་སློབ་པའི་ཆོས་བཅུ་ཡང་ཡིན་ཏེ། མི་སློབ་པའི་ཡང་དག་པའི་ལྟ་བ་ནས་ ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དང༌། མི་སློབ་པའི་ཡང་དག་པའི་རྣམ་པར་གྲོལ་བ་དང༌། མི་སློབ་པའི་ཡང་དག་པའི་ཤེས་པའོ་ཞེས་གསུངས་པར་ལྟར་འཕགས་ལམ་ཡན་ལག་བརྒྱད་ མཐར་ཐུག་པ་དང༌། སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང༌། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་ བ་སྟེ། དེ་རྣམས་ཀྱང་ཟག་པ་མེད་པའི་(ངག་མཐའ་ཚོ་བ་གསུམ་)ཚུལ་ཁྲིམས་དང༌། (དྲན་ཏིང་གཉིས། ) ཏིང་ངེ་འཛིན་དང༌། (ལྟ་རྟོག་རྩོལ་གསུམ་)ཤེས་རབ་དང༌། (རྣམ་གྲོལ་)རྣམ་པར་གྲོལ་བ་དང༌། (ཡང་ དག་ཤེས་པ་)རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ལྔའི་[དོན་{དབང་}དུ་བྱས་ཏེ་ བསྟན་པའོ། ། གཞུང་དོན་ལ(གསུམ)། ཐོབ་པའི་ཚུལ་གྱིས་གདམས་ངག་མདོར་བསྟན། ཐོབ་བྱའི་ གདམས་ངག་རྒྱས་པར་བཤད་པ། གདམས་ངག་ཐོབ་པའི་ཆེ་བས་དོན་བསྡུ་བའོ། ། དང་པོ་ལའང་གསུམ་ལས། (དང་པོ་)ཇི་ལྟར་ཐོབ་ཚུལ་ནི། བསྐལ་པ་གྲངས་མེད་ ངེས་འབྱུང་ཞིང༌། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡིས་ རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱིས་ཡང་དག་རྫོགས། །མོས་སྤྱོད་ཀྱི་ སའི་བར་ལ་གྲངས་མེད་དང་པོ་དང༌། མ་དག་ས་བདུན་གྱི་བར་ལ་གྲངས་མེད་གཉིས་པ་ དང༌། དག་པ་ས་གསུམ་གྱི་བར་ལ་གྲངས་མེད་གསུམ་པ་སྟེ། བསྐལ་པ་གྲངས་མེད་གསུམ་ དུ་ཚོགས་བསགས་པ་ལ་བརྟེན་ནས་སངས་རྒྱས་ཐོབ་པར་གསུངས་པའི་གྲངས་མེད་དང་པོ་ ནས་བརྩམས་ཏེ་འཁོར་བའི་སྡུག་བསྔལ་མཐའ་དག་ལས་ངེས་པར་འབྱུང་ཞིང༌། ཐར་པ་ཆེན་ པོའི་བདེ་བ་ཐོབ་པར་འདོད་པས་ཐེག་པ་ཆེན་པོ་ལ་དད་ཅིང་མོས་པ་རྣམ་པར་འཕེལ་བར་ བྱེད་པ་དེ་ནི། དཔེ་ཇི་ལྟར་ན་ཆུ་མང་པོ་ཡིས་རྒྱ་མཚོ་ཡོངས་སུ་གང་བ་དེ་བཞིན་དུ་དགེ་བའི་ ཆོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་རིམ་གྱིས་ཡང་དག་པར་རྫོགས་པ་ལ་བརྟེན་ 4-1-368 ནས་གདམས་ངག་ཟབ་མོ་ཐོབ་པའོ། ། (གཉིས་པ་)གང་གིས་ཐོབ་ཚུལ་ནི། དེ་བཞིན་དུ་ནི་ཚོགས་བསགས་པའི། ། རྒྱལ་སྲས་གཟོད་ནས་དག་པ་པོ། །ལེགས་པར་ཤེས་ཤིང་སེམས་དགེ་བ། ། སྒོམ་པ་ལ་ནི་རབ་ཏུ་སྦྱོར། །སྔར་བཤད་པ་དེ་བཞིན་དུ་ནི་ཚོགས་གཉིས་ཡུན་རིང་དུ་ བསགས་པའི་རྒྱལ་བའི་སྲས་པོ་གཟོད་མ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོངས་སུ་དག་ པ་དང༌། དོན་ཕྱིན་ཅི་མ་ལོག་པར་འཛིན་པའི་ལྟ་བ་ཡོངས་སུ་དག་པ་དང་ལྡན་པ་པོ། གསུང་ རབ་མང་དུ་ཐོས་པས་དོན་ལེགས་པར་ཤེས་ཤིང་སྒྲིབ་པ་ལྔ་དང་བྲལ་བས་སེམས་དགེ་བར་ གྱུར་པ་དེ་ཉིད་གདམས་ངག་ཟབ་མོ་སྒོམ་པ་ལ་ནི་རབ་ཏུ་སྦྱོར་བ་ཉིད་དོ། ། (གསུམ་པ་)གང་ལས་ཐོབ་ཚུལ་ནི། དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །སངས་རྒྱས་ རྣམས་ལས་ཞི་གནས་དང༌། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ ངག་རྒྱ་ཆེན་རྙེད་པར་འགྱུར། །རིམ་གྱིས་བསྒོམས་པ་ལས་ཚོགས་ལམ་ཆེན་པོ་ཐོབ་ པ་དེའི་ཚེ་ཆོས་ཀྱི་རྒྱུན་གྱི་ཏིང་འཛིན་སྐྱེས་པ་ལ་བརྟེན་ནས་ནི་ཡུལ་སངས་རྒྱས་སྤྲུལ་པའི་སྐུ་ རྣམས་ལས། ཆེད་དུ་བྱ་བ་ཞི་གནས་ཏིང་ངེ་འཛིན་དང་ཡེ་ཤེས་ལྷག་མཐོང་ཡངས་པ་ཐོབ་ པར་བྱ་བའི་ཕྱིར། ངོ་བོ་བདག་མེད་མངོན་སུམ་དུ་མཐོང་བའི་ཐབས་གདམས་ངག་རྒྱ་ཆེན་པོ་ རྙེད་པར་འགྱུར་བའོ། ། རྒྱས་བཤད་ལ(ལྔ་)། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། སྒོམ་པའི་ལམ་དང༌། མི་སློབ་པའི་ལམ་རྒྱུད་ལ་བསྟེན་ཚུལ་ལོ། ། དང་པོ་ལའང་(བཞི་)། དམིགས་པར་འཇོག་པའི་སེམས་དྲུག་བསྟན་པ། ཡིད་ལ་བྱེད་ ཐབས་བཅུ་གཅིག་བསྟན་པ། སེམས་ཀྱི་གནས་ཐབས་རྣམ་དགུ་བསྟན་པ། དེ་ལས་འབྲས་བུ་ ཇི་ལྟར་ཐོབ་ཚུལ་ལོ། ། 4-1-369 དང་པོ་ལ་(དྲུག་གི་དང་པོ་)རྩ་བའི་སེམས་ནི། དེ་ནས་དང་པོར་སྡོམ་བརྩོན་དེ། ། མདོ་ཡི་སྡེ་ལ་སགོས་པའི་ཆོས། །མི་གཉིས་དོན་ནི་རྣམ་འབྱེད་པའི། ། མདོ་སགོས་མིང་ལ་སེམས་འཇོག་གོ །གདམས་ངག་ཐོབ་པའི་རྗེས་དེ་ནས་དང་ པོར་སྡོམ་བརྩོན་བྱང་ཆུབ་སེམས་དཔའ་དེ། མདོའི་སྡེ་ལ་སོགས་པ་གསུང་རབ་ཡན་ལག་ བཅུ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅན་ཀྱི་བརྗོད་བྱའི་དོན་བདག་[གཉིས་{ཉིད་}དང་ གཟུང་འཛིན་གཉིས་ལ་སོགས་པ་མེད་པས་མི་གཉིས་པའི་དོན་ནི་རྣམ་པར་འབྱེད་པའི་ཤེས་ རབ་ལ་བརྟེན་ནས་ཐོག་མར་མདོ་ལ་སོགས་པའི་མིང་ས་བཅུ་པ་ཞེས་པ་ལ་སོགས་པ་ཉིད་ལ་ སེམས་མཉམ་པར་འཇོག་གོ ། (གཉིས་པ་)རྗེས་སུ་དཔྱོད་པའི་སེམས་ནི། དེ་ནས་དེ་ནི་རིམ་བཞིན་དུ། །ཚིག་ རབ་དབྱེ་བ་དཔྱོད་པར་བྱེད། །རྩ་བའི་སེམས་ལ་མཉམ་པར་བཞག་པའི་རྗེས་དེ་ནས་ བྱང་ཆུབ་སེམས་དཔའ་དེ་ནི་རིམ་པ་བཞིན་དུ་མདོ་ལ་སོགས་པ་དེ་དག་གི་རྗོད་བྱེད་ཀྱི་ཚིག་ རབ་ཏུ་དབྱེ་བ་ལ་ཡང་ཕྱིན་ཅི་མ་ལོག་པར་དཔྱོད་པར་བྱེད་པའོ། ། (གསུམ་པ་)རྣམ་པར་དཔྱོད་པའི་སེམས་ནི། སོ་སོའི་ནང་ལ་ཚུལ་བཞིན་དུ། །དེ་ ཡི་དོན་ཡང་རྣམ་པར་དཔྱོད། །མདོའི་སྡེ་ལ་སོགས་པ་དེ་དག་གི་སོ་སོའི་ནང་ཚན་ རྣམས་ལ་ཚུལ་བཞིན་དུ་མིང་དང་ཚིག་དེ་དག་གིས་བསྟན་པའི་དོན་ཡང་ཞིབ་ཏུ་རྣམ་པར་ དཔྱོད་པ་སྟེ་དོན་དང་ཡི་གེ་དག་ལ་བརྟེན་ནས་སོ། །དང་པོ་ནི་གཟུགས་ནི་དབང་པོ་ལྔ་དང་ དོན་ལྔ་དང་རྣམ་རིག་བྱེད་མིན་ཏེ་བཅུ་གཅིག་ཏུ་ངེས་སོ་ཞེས་པ་ལྟ་བུ་བགྲང་བ་དང༌། གྲངས་ དང་ལྡན་པའི་ཆོས་དེ་རྣམས་ཡོད་མེད་ལ་སོགས་པའི་སྒྲོ་འདོགས་སྐུར་འདེབས་སྤངས་ཏེ་ [མཚན་མར་{འཚམ་པར་}འཛིན་པ་འཇལ་བ་དང༌། རིགས་པའི་སྒྲུབ་བྱེད་ཚད་མ་དང་ལྡན་ པས་རྟོག་པ་དང༌། བགྲངས་ཤིང་གཞལ་ཏེ་བརྟགས་པའི་དོན་ལ་མ་འཁྲུལ་བར་ལྟ་བ་སོ་སོར་ 4-1-370 རྟོག་པའོ། །ཡི་གེ་ལ་བརྟེན་པ་ནི་འདུས་བྱས་ཐམས་ཅད་མི་རྟག་ཅེས་པ་ལྟ་བུ་ཡི་གེ་ཚོགས་པ་ ལ་བརྟེན་ནས་བརྗོད་བྱའི་དོན་དང་བཅས་པ་ཉིད། ཨ་ཡིག་དང་ཀ་ཡིག་ལྟ་བུ་སིལ་བུ་བ་དོན་ སྟོན་པ་མེད་པ་ཉིད་ལ་བརྟེན་ནས་ཀྱང་རྣམ་པར་དཔྱོད་པའོ། ། (བཞི་པ་)ངེས་པར་འཛིན་པའི་སེམས་ནི། དོན་དེ་དག་ནི་ངེས་བཟུང་ནས། །སྔར་ རྗེས་སུ་དཔྱད་པ་དང་རྣམ་པར་དཔྱད་པ་དེ་རྣམས་ཀྱི་དོན་དེ་དག་ནི་འདི་ཁོ་ན་ཡིན་གྱི་གཞན་ ནི་མ་ཡིན་ནོ་བྱ་བར་དེ་དག་གི་རྒྱུ་མཚན་ངེས་པར་བཟུང་ནས་གཏན་ལ་འབེབས་པའོ། ། (ལྔ་པ་)སྡོམ་པའི་སེམས་ནི། ཆོས་ལ་ཀུན་ནས་སྡོམ་པར་བྱེད། །སྔར་དོན་དང་ ཡི་གེ་ལ་བརྟེན་ནས་རྣམ་པར་དཔྱད་པའི་དོན་ཐམས་ཅད་རྩ་བའི་སེམས་ཀྱི་ཆོས་མདོ་ལ་ སོགས་པའི་མིང་ལ་བསྡུས་ཏེ་ཀུན་ནས་སྡོམ་པར་བྱེད་ཅེས་པའམ། ཡང་ན་མདོ་སྡེ་ལས་ཚིག་ དང་ཡི་གེ་མང་པོ་འབྱུང་ཡང་ཐམས་ཅད་ཀྱི་དོན་བསྡུས་ན་འདི་ཙམ་ཞིག་ཏུ་ཟད་དོ་ཞེས་རྩ་ བའི་སེམས་སུ་བསྡུད་ཅིང་སྡོམ་པའོ་ཞེས་འགྲེལ་ཆེན་ལས་འབྱུང་བ་ལྟར་རོ། ། (དྲུག་པ་)སྨོན་པའི་སེམས་ནི། དེ་ཡི་དོན་ནི་ཐོབ་བྱའི་ཕྱིར། །དེ་ནས་དོན་ལ་ སྨོན་པར་བྱེད། །གདམས་ངག་མནོས་པ་དེའི་དོན་ས་དང་ལམ་དང་འབྲས་བུ་ཡོན་ཏན་ ཁྱད་པར་ཅན་ནི་ཐོབ་པར་བྱ་བའི་ཕྱིར། རིམ་གྱིས་སྒོམ་[པ་{པས་}དེ་ནས་དོན་དེ་དག་ལ་ རབ་ཏུ་བརྩོན་པ་དེ་ལ་འདུན་པ་དང་ལྷན་ཅིག་སྨོན་པར་བྱེད་པའི་སེམས་རྣམ་པར་དག་པ་ འབྱུང་བའོ། །མིང་ལ་སོགས་པ་དེ་དག་སེམས་ཁོ་ན་དམིགས་པར་སྣང་བ་ཡིན་ནོ་ཞེས་ཤེས་ སམ་མ་ཤེས་ཀྱང་རུང༌། དམིགས་པ་ནི་སེམས་ཁོ་ན་ཡིན་པས་སེམས་དྲུག་པོ་རྣམས་དམིགས་ པར་རྣམ་པར་བཞག་གོ །ཡིད་ལ་བྱེད་ཐབས་བཅུ་གཅིག་ནི་མདོ་ལས། རྟོག་པ་དང་བཅས་ ཤིང་དཔྱོད་པ་དང་བཅས་པ་དང༌། རྟོག་པ་མེད་ལ་དཔྱོད་པ་ཙམ་དང༌། རྟོག་པ་ཡང་མེད་པ་ དང༌། ཞི་གནས་དང་ལྷག་མཐོང་དང་ཟུང་དུ་འབྲེལ་པ་ཡིད་ལ་བྱེད་པ་དང༌། རབ་ཏུ་འཛིན་ 4-1-371 པའི་རྒྱུ་མཚན་དང༌། ཞི་གནས་ཀྱི་རྒྱུ་མཚན་དང༌། བཏང་སྙོམས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པ་ དང༌། རྟག་ཏུ་བྱ་བ་དང༌། གུས་པར་བྱ་བ་ཡིད་ལ་བྱེད་པའོ། །ཞེས་གསུངས་པ་རྣམས་རྟེན་ དང་ལམ་དང་དམིགས་པ་དང་སྦྱོར་བའི་ཁྱད་པར་རྣམས་སུ་འདུ་བས། རྟེན་གྱི་ཁྱད་པར་གསུམ་ནི། ཡིད་ཀྱིས་བརྗོད་པ་རྒྱུན་ཆགས་སུ། །བཙལ་ བྱ་སོ་སོར་བརྟག་པར་བྱ། །ཡིད་ལ་བྱེད་པ་བརྗོད་མེད་པ། །རོ་གཅིག་ པས་ཀྱང་དཔྱད་པར་བྱ། །ལམ་གྱི་རྟེན་བསམ་གཏན་དང་པོའི་ཉེར་བསྡོགས་དང་ དངོས་གཞི་ཙམ་པོའི་དུས་སུ་ཀུན་ཏུ་ཚོལ་བ་ཡིད་ཀྱི་བརྗོད་པ་རྟོག་པ་དང་བཅས་ཤིང་སོ་ སོར་རྟོག་པ་ཡིད་ཀྱིས་བརྗོད་པ་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གྱིས་རྒྱུན་ཆགས་སུ་ དམིགས་པའི་ཡུལ་བཙལ་བར་བྱ་ཞིང༌། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ གྱི་དུས་སུ་རགས་པ་ལ་རྟོག་པ་མེད་ཅིང་ཕྲ་བ་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་གྱིས་སོ་སོར་ བརྟག་པར་བྱ་སྟེ། བསམ་གཏན་གཉིས་པ་ཡན་ཆད་དུ་ཡིད་ལ་བྱེད་པ་བརྗོད་པ་རྟོག་པ་ཡང་ མེད་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་དུ་རོ་གཅིག་པས་ཀྱང་རྣམ་པར་དཔྱད་པར་བྱའོ། ། ལམ་གྱི་ཁྱད་པར་གསུམ་ནི། ཆོས་ཀྱི་མང་ནི་སྡོམ་པའང་འདི། །ཞི་གནས་ ལམ་དུ་ཤེས་པར་བྱ། །ལྷག་མཐོང་ལམ་ནི་དེའི་དོན་རྣམས། །རྣམ་པར་ དཔྱོད་པར་ཤེས་པར་བྱ། །ཟུང་དུ་འབྲེལ་བའི་ལམ་ནི་དེ། །སྡོམ་པ་ཡིན་ པར་ཤེས་པར་བྱ། །ཆོས་ཀྱི་མིང་ནི་ས་བཅུ་པ་ཞེས་པ་ལ་སོགས་པར་སྡོམ་པ་དང༌། དེའི་ དོན་ཡང་འདི་ཙམ་མོ་ཞེས་སྡོམ་པ་ལ་སེམས་རྩེ་གཅིག་ཏུ་གཏོད་པ་འདི་ནི་ཞི་གནས་ཡིད་ལ་ བྱེད་པའི་ལམ་དུ་ཤེས་པར་བྱ་ཞིང༌། ལྷག་མཐོང་ཡིད་ལ་བྱེད་པའི་ལམ་ནི་མིང་དང་ཚིག་གིས་ བསྟན་པ་དེ་དག་གི་དོན་རྣམས་ལ་བགྲང་བ་དང་འཇལ་བ་ལ་སོགས་པས་རྣམ་པར་དཔྱོད་པ་ ཡིན་པར་ཤེས་པར་{བྱ་སྟེ། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བ་ཡིད་ལ་བྱེད་པའི་ལམ་ནི་ 4-1-372 མིང་ལ་སེམས་རྩེ་གཅིག་པ་དང་དོན་རྣམ་པར་འབྱེད་པ་དེ་གཉིས་ཀ་སྡོམ་ནས་སྒོམ་པ་ཡིན་ པར་ཤེས་པར་}བྱའོ། ། དམིགས་པའི་ཁྱད་པར་གསུམ་ནི། ཞུམ་པའི་སེམས་ནི་རབ་བཟུང་སྟེ། ། རྒོད་པ་ཡང་ནི་ཞི་བར་བྱ། །དེ་ནས་དམིགས་པ་དེ་ལ་ནི། །མཉམ་པར་ གྱུར་ན་བཏང་སྙོམས་བཞག །ནང་དུ་གཉིད་དང་རྨུགས་པ་ལ་སོགས་པ་ཞུམ་ཞིང་ བྱིང་བའི་སེམས་ནི་སངས་རྒྱས་ཀྱི་ཡོན་ཏན་དྲན་པ་ལ་སོགས་པ་རབ་ཏུ་འཛིན་པའི་རྒྱུ་མཚན་ ཡིད་ལ་བྱེད་པས་གཟེངས་བསྟོད་ནས་དམིགས་པ་ལ་རབ་ཏུ་བཟུང་བར་བྱ་སྟེ། ཕྱི་རོལ་ ཏུ་རྒོད་ཅིང་འཕྲོ་བར་གྱུར་པ་ལ་ཡང་ནི་འཁོར་བའི་ཉེས་དམིགས་དྲན་པ་ལ་སོགས་པ་ཞི་ གནས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པས་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་གཏད་དེ་ཞི་བར་ བྱ་ཞིང༌། དེ་ནས་བྱིང་བ་དང་རྒོད་པ་མེད་པར་དམིགས་པ་དེ་ལ་ནི་སེམས་མཉམ་པར་གྱུར་ན་ བཏང་སྙོམས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པས་མཉམ་པར་བཞག་པར་བྱའོ། ། སྦྱོར་བའི་ཁྱད་པར་གཉིས་ནི། དེ་ལ་རྟག་ཏུ་བྱ་བ་དང༌། །གུས་པར་བྱས་ ཏེ་སྦྱར་བར་བྱ། །སྔར་བཤད་པའི་དོན་དེ་རྣམས་ཉིད་ལ་རྒྱུན་དུ་སྦྱོར་བའི་བརྩོན་འགྲུས་ ཀྱིས་རྟག་ཏུ་བྱ་བ་ཡིད་ལ་བྱེད་པ་དང༌། འདུན་པ་དྲག་པོ་དང་ལྡན་པའི་བརྩོན་འགྲུས་ཀྱིས་ གུས་པར་བྱ་བ་ཡིད་ལ་བྱས་ཏེ་ལམ་རྣམ་དག་སྒོམ་པ་ལ་སྦྱར་བར་བྱའོ། །སེམས་ཀྱི་གནས་ ཐབས་རྣམ་དགུ་ནི། སེམས་འཇོག་པར་བྱེད། ཀུན་ཏུ་འཇོག་པར་བྱེད། ངེས་པར་འཇོག་པར་ བྱེད། ཉེ་བར་འཇོག་པར་བྱེད། འདུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་ གཅིག་ཏུ་བྱེད། མཉམ་པར་འཇོག་པར་བྱེད། ཅེས་གསུངས་པ་རྣམས་ཀྱི་དོན་སྟོན་པ་ལ་བཞི་ ལས། འཇོག་ཅིང་ཀུན་ཏུ་ངེས་འཇོག་ནི། དམིགས་པ་ལ་ནི་སེམས་གཏད་ནས། 4-1-373 དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། ། དེ་ལ་སླར་ཡང་བླན་པར་བྱ། །དང་པོ་ཏིང་ངེ་འཛིན་གྱི་དམིགས་པ་གང་རུང་ཞིག་ལ་ ནི་སེམས་རྩེ་གཅིག་ཏུ་གཏད་ནས་འཇོག་པར་བྱེད་ཅིང༌། དེ་ནས་ཏིང་ངེ་འཛིན་དེའི་རྒྱུན་རྣམ་ པར་གཡེང་བར་མི་བྱ་བར་ཀུན་ཏུ་འཇོག་པར་བྱེད་ལ། གལ་ཏེ་རྣམ་པར་གཡེང་བ་བྱུང་ན་ དེ་མ་ཐག་མྱུར་དུ་རྟོགས་པར་བྱས་ནས་སྔར་གྱི་དམིགས་པ་དེ་ལ་སླར་ཡང་བླན་པར་བྱས་ཏེ་ ངེས་པར་འཇོག་པའོ། ། ཉེ་བར་འཇོག་ཅིང་འདུལ་བ་ནི། བློ་ལྡན་གོང་ནས་གོང་དུ་ཡང༌། །སེམས་ ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་ འཛིན་ལ་སེམས་འདུལ་ལོ། །བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་གོང་ནས་གོང་དུ་ ཡང་ཁྱད་པར་དུ་འགྲོ་བའི་སྒོ་ནས་སེམས་ནི་ནང་དུ་དམིགས་པ་ལ་བསྡུ་བར་བྱས་ཏེ། ཉེ་བར་ འཇོག་པར་བྱེད་ཅིང༌། དེ་ནས་སེམས་གནས་པའི་ཡོན་ཏན་རིམ་གྱིས་སྐྱེ་བ་མཐོང་བའི་ཕྱིར་ ཏིང་ངེ་འཛིན་ལ་བཞག་ནས་སེམས་བྱིང་བ་དང་རྒོད་པར་གྱུར་པ་འདུལ་ལོ། ། ཞི་ཞིང་ཉེ་བར་ཞི་བ་ནི། རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་ དགའ་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་ བཞིན་ཞི་བར་བྱ། །ཉོན་མོངས་པ་དང་རྣམ་པར་རྟོག་པས་རྣམ་པར་གཡེང་བའི་ཉེས་པ་ མཐོང་བའི་ཕྱིར་རྣམ་གཡེང་གི་དབང་གིས་དམིགས་པ་དེ་ལ་སེམས་འཇོག་པ་མི་དགའ་བར་ གྱུར་ན་གཉེན་པོ་བསྒོམས་ཏེ་རྣམ་གཡེང་དང་མི་དགའ་བ་དེ་དག་ཞི་བར་བྱའོ། །འདོད་པ་ ལ་འདུན་པའི་བརྣབ་སེམས་དང་གནོད་སེམས་ལ་བརྟེན་པའི་ཡིད་མི་བདེ་བ་ལ་སོགས་པ་ ལངས་པར་གྱུར་ན་རྣམ་གཡེང་སྤོང་བ་དེ་བཞིན་དུ་གཉེན་པོའི་སྟོབས་ལྡན་གྱིས་ཉེ་བར་ཞི་ བར་བྱའོ། ། 4-1-374 རྩེ་གཅིག་མཉམ་པར་འཇོག་ཚུལ་ནི། དེ་ནས་སྡོམ་བརྩོན་ཅན་གྱིས་ནི། ། སེམས་ནི་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་ འཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །ཉེ་བར་ཞི་བའི་རྗེས་དེ་ནས་སྡོམ་བརྩོན་ ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སེམས་ནི་མངོན་པར་འདུ་བྱེད་པ་འབད་རྩོལ་དང་ བཅས་པས་སེམས་ཀྱི་རྒྱུད་དམིགས་པ་ལ་རྩེ་གཅིག་ཏུ་འཇོག་པར་བྱེད་ཅིང༌། དེ་ལྟར་བྱིང་ རྒོད་སྤངས་པ་ལས་ཏིང་ངེ་འཛིན་རང་གི་ངང་གིས་འབྱུང་བ་ཐོབ་སྟེ། དེ་རྒྱུན་དུ་གོམས་པ་ ལས་གཉེན་པོས་མངོན་པར་འདུ་མི་བྱེད་བཞིན་དུ་འབད་པ་དང་རྩོལ་བ་མེད་པར་ལྷུན་གྱིས་ གྲུབ་པའི་ངང་ནས་མཉམ་པར་འཇོག་པའོ། ། འབྲས་བུ་ལ་གསུམ་ལས། སྦྱངས་པ་ལ་བརྟེན་ནས་བསམ་གཏན་ཐོབ་ཚུལ་ནི། དེ་ ནས་དེ་ཡིས་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་ བྱེད་དང་བཅས་ཞེས་བྱ། །དེ་ཡིས་དེ་ནི་འཕེལ་བྱས་ནས། །འཕེལ་བས་ རིང་དུ་འགྲོ་བ་ཡིས། །དངོས་གཞིའི་གནས་པ་དེ་ཐོབ་བོ། །སེམས་གནས་ པའི་ཐབས་དགུ་ཐོབ་པ་དེ་ནས་བྱང་ཆུབ་སེམས་དཔའ་དེའི་ལུས་དང་སེམས་ཀྱི་གནས་ངན་ ལེན་ཅི་རིགས་པ་བྲལ་བས་ལས་སུ་རུང་བར་གྱུར་ཏེ། ཤིན་ཏུ་སྦྱངས་པ་ཆེན་པོ་ཐོབ་ནས་ ཡིད་ལ་བྱེད་པ་བཅུ་གཅིག་དང་བཅས་པ་ཞེས་བྱ་ཞིང་རྣལ་འབྱོར་པ་དེ་ཡིས་ཡིད་ལ་བྱེད་པ་ དེ་དག་ནི་འཕེལ་བར་བྱས་ནས། འཕེལ་བ་དེ་ཉིད་གོང་ནས་གོང་དུ་རིང་དུ་སྟེ་ཁྱད་པར་དུ་ འཕགས་པར་འགྲོ་བ་ཡིས་བསམ་གཏན་བཞིའི་དངོས་གཞིའི་གནས་པ་ཁྱད་པར་ཅན་དེ་ རྣམས་ཐོབ་བོ། ། མངོན་ཤེས་ལ་བརྟེན་ནས་སངས་རྒྱས་བསྟེན་ཚུལ་ནི། མངོན་ཤེས་དོན་དུ་གཉེར་ བས་དེ། །སྦྱངས་ན་ལས་སུ་རུང་བའི་མཆོག །བསམ་གཏན་ལ་ཐོབ་ 4-1-375 མངོན་པར་ཤེས། །མངོན་པར་བསྒྲུབས་པའི་སྒོ་ནས་དེ། །སངས་རྒྱས་ དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་མཉམ་པའི་ཕྱིར། །འཇིག་ རྟེན་ཁམས་ནི་རྣམས་སུ་འགྲོ། །མངོན་པར་ཤེས་པ་དོན་དུ་གཉེར་བས་བསམ་ གཏན་གྱི་སེམས་དེ་སྲེད་པ་ལ་སོགས་པའི་སྐྱོན་སྤངས་ཏེ། ལུགས་དང་མཐུན་པ་དང་ལུགས་ ལས་ལྡོག་པ་ལ་སོགས་པ་ཇི་ལྟར་འདོད་པས་སྙོམས་པར་འཇུག་པའི་སྒོ་ནས་ལེགས་པར་ སྦྱངས་ན་ལུས་དང་སེམས་ལས་སུ་རུང་བའི་མཆོག་ཏུ་འགྱུར་ཞིང༌། དེ་ལྟར་བསམ་གཏན་ ལ་བརྟེན་ནས་ཐོབ་པའི་རྫུ་འཕྲུལ་ལ་སོགས་པའི་མངོན་པར་ཤེས་པ་མངོན་པར་བསྒྲུབས་ པའི་སྒོ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ཡུལ་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་པ་ རྣམས་ལ། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་མཆོད་པ་རྒྱ་ཆེན་པོ་དབུལ་བའི་ཕྱིར་དང༌། ཡེ་ ཤེས་ཀྱི་ཚོགས་ཀྱི་དོན་དུ་ཆོས་ཟབ་མོ་མཉན་པའི་ཕྱིར་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ ནི་དཔག་ཏུ་མེད་པ་རྣམས་སུ་འགྲོ་ཞིང་བསྟེན་པར་བྱེད་དོ། ། དེ་དག་ལ་བརྟེན་ནས་ཕན་ཡོན་ཐོབ་ཚུལ་ནི། འདིས་ནི་སངས་རྒྱས་དཔག་ མེད་ལ། །བསྐལ་དཔག་མེད་པར་བསྙེན་བཀུར་བྱས། །དེ་ལ་བསྙེན་ བཀུར་བྱས་པའི་ཕྱིར། །སེམས་ནི་ལས་རུང་མཆོག་ཏུ་འགྱུར། །གང་ཟག་ བྱང་ཆུབ་སེམས་དཔའ་ཚོགས་ལམ་པ་འདིས་ནི་ཡུལ་སངས་རྒྱས་དཔག་ཏུ་མེད་པ་རྣམས་ལ་ དུས་བསྐལ་པ་གྲངས་དཔག་ཏུ་མེད་པ་གཅིག་གི་བར་དུ་ཆོས་དང་མཐུན་པའི་བསྙེན་བཀུར་ ཕུན་སུམ་ཚོགས་པར་བྱས་ཏེ། ཡུལ་བཟང་པོ་དེ་དག་ལ་བསྙེན་བཀུར་ཡང་ཡང་བྱས་ཤིང་ ཆོས་ཟབ་མོ་ཐོས་པའི་ཕྱིར་སྔར་བས་ཀྱང་སེམས་ནི་ལས་སུ་རུང་བ་མཆོག་ཏུ་འགྱུར་ཞིང་ བསམ་གཏན་དང་མངོན་པར་ཤེས་པ་གོང་ནས་གོང་དུ་འཕེལ་བར་འགྱུར་རོ། ། ཕན་ཡོན་ལྔ་ཐོབ་ཚུལ་ལ་ཐུན་མོང་དུ་བསྟན་པ་དང༌། སོ་སོར་བཤད་པ་ལ་གཉིས་ལས། 4-1-376 དང་པོ་ནི། དེ་ནས་དེ་དག་སྔོན་རོལ་ཏུ། །ཕན་ཡོན་ལྔ་ནི་ཐོབ་འགྱུར་ཏེ། ། དེས་ན་རྣམ་པར་དག་པའི་སྣོད། །བླ་ན་མེད་པ་ཉིད་དུ་འགྱུར། །ལུས་ སེམས་ལས་སུ་རུང་བ་ཐོབ་ཅིང་བསམ་གཏན་དང་མངོན་ཤེས་ལ་བརྟེན་ནས་སངས་རྒྱས་ བསྟེན་པ་ལ་སོགས་པའི་རྗེས་དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ལྷག་བསམ་རྣམ་པར་ དག་པའི་ས་རིམ་གྱིས་ཐོབ་པར་འགྱུར་བའི་སྔོན་རོལ་ཏུ་ཞི་གནས་ལྷག་མཐོང་གི་ཕྱོགས་དང་ མཐུན་པའི་ཕན་ཡོན་རྣམ་པ་ལྔ་ནི་ཐོབ་པར་འགྱུར་ཏེ། དེས་ན་སེམས་ཀྱི་རྒྱུད་སྒྲིབ་པས་རྣམ་ པར་དག་པའི་སྣོད་ཐེག་པ་བླ་ན་མེད་པའི་ཡོན་ཏན་རྣམས་འཕེལ་བ་ཉིད་དུ་འགྱུར་རོ། ། སོ་སོའི་དོན་ལ་གསུམ་ལས། (དང་པོ་)ཞི་གནས་ཀྱི་ཕྱོགས་དང་མཐུན་པ་ནི། ལུས་ལ་ གནས་ངན་ལེན་པ་ཀུན། །སྐད་ཅིག་རེ་རེ་ལ་ཟད་འགྱུར། །ལུས་དང་ སེམས་ནི་ཀུན་ཏུ་ཡང༌། །ཤིན་ཏུ་སྦྱངས་པས་གང་བར་འགྱུར། །ལུས་ལྕི་ ཞིང་མི་བདེ་བས་དགེ་བ་ལ་སྦྱོར་མི་བཟོད་པ་ལུས་ཀྱི་གནས་ངན་ལེན་དང༌། སེམས་བྱིང་རྒོད་ དུ་གྱུར་བས་དམིགས་པ་ལ་གཏོད་མི་ནུས་པ་སེམས་ཀྱི་གནས་ངན་ལེན་པ་ཀུན་སྐད་ཅིག་རེ་ རེ་ལ་ཟད་པར་འགྱུར་བ་དང༌། ལུས་དང་སེམས་ནི་ཀུན་ཏུ་ཡང་བདེ་ཞིང་གསལ་བའི་སྒོ་ནས་ ལས་སུ་རུང་ཞིང་ཤིན་ཏུ་སྦྱངས་པས་གང་སྟེ་ཇི་ལྟར་འདོད་པ་བཞིན་དགེ་བ་ལ་བཀོལ་དུ་རུང་ བར་འགྱུར་བའོ། ། (གཉིས་པ་)ལྷག་མཐོང་གི་ཕྱོགས་དང་མཐུན་པ་ནི། ཆོས་ཀྱི་སྣང་བ་ཐམས་ཅད་ དུ། །ཡོངས་སུ་ཆད་མེད་རྟོགས་པར་འགྱུར། །ཡང་དག་པ་ཡི་རྒྱུ་མཚན་ ནི། །མ་བརྟགས་པ་དག་རབ་ཏུ་མཐོང༌། །མདོ་སྡེ་ལ་སོགས་པ་གསུང་རབ་ལུང་ གི་ཆོས་རྣམས་ལ་འདྲིས་ཤིང་མ་བརྗེད་པའི་སྒོ་ནས་ཤེས་རབ་ཀྱི་སྣང་བ་ཕྱོགས་ཐམས་ཅད་ དུ་ཡོངས་སུ་ཆད་པ་མེད་ཅིང་ཚད་མེད་པ་རྟོགས་པར་འགྱུར་བ་དང༌། ཆོས་ཉིད་ཡང་དག་ 4-1-377 པའི་དོན་རིམ་གྱིས་མངོན་སུམ་དུ་འགྱུར་བའི་རྒྱུ་མཚན་ནི། འདུས་མ་བྱས་ཤིང་རྟོག་པས་ མ་བརྟགས་བཞིན་དུ་སངས་རྒྱས་འཁོར་དང་བཅས་པ་ལ་སོགས་པ་དག་རབ་ཏུ་མཐོང་བར་ འགྱུར་བའོ། ། (གསུམ་པ་)གཉི་གའི་ཕྱོགས་དང་མཐུན་པ་ནི། དེ་བཞིན་ཆོས་སྐུ་རབ་རྫོགས་ དང༌། །རྣམ་པར་དག་པར་བྱ་བའི་ཕྱིར། །བློ་དང་ལྡན་པ་རྣམ་ཀུན་ཏུ། ། རྟག་ཏུ་རྒྱུ་ཡོངས་སྨིན་པར་བྱེད། །རྟགས་ཁྱད་པར་ཅན་མཐོང་བ་དེ་བཞིན་དུ་ས་ བཅུ་པ་ལ་ཆོས་ཀྱི་སྐུ་མངོན་སུམ་དུ་མཐོང་བ་རབ་ཏུ་རྫོགས་པར་བྱ་བའི་ཕྱིར་དང༌། སངས་ རྒྱས་ཀྱི་ས་ལ་སྒྲིབ་པ་གཉིས་བག་ཆགས་དང་བཅས་པས་རྣམ་པར་དག་པར་བྱ་བའི་ཕྱིར། བློ་དང་ལྡན་པ་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཀུན་ཏུ་དུས་རྟག་ཏུ་རྒྱུན་མི་འཆད་པར་ ཡོན་ཏན་ཕུན་སུམ་ཚོགས་པ་དེ་དག་འགྲུབ་པའི་རྒྱུ་ཚོགས་གཉིས་ཀྱི་སྦྱོར་བ་ཡོངས་སུ་[སྨིན་ {འཛིན་}པར་བྱེད་པའོ། །འགྲེལ་བར་ཕན་ཡོན་ལྔ་པོ་འདི་དག་ལས་གསུམ་ནི་ཞི་གནས་ཀྱི་ ཕྱོགས་དང་མཐུན་པ་ཡིན་ལ། གཉིས་ནི་ལྷག་མཐོང་གི་ཕྱོགས་དང་མཐུན་པ་ཡིན་པར་རིག་ པར་བྱ་སྟེ། ཞེས་གསུངས་པ་ལ་འགྲེལ་བཤད་དག་ལས། ལུས་དང་སེམས་ཤིན་ཏུ་སྦྱངས་ པ་གཉིས་རེ་རེར་བྱས་པ་དང་གནས་ངན་ལེན་ཟད་པ་གསུམ་ཞི་གནས་དང༌། དེ་ནས་གཉིས་ ལྷག་མཐོང་དང༌། ཆོས་སྐུ་རྫོགས་ཤིང་དག་པའི་རྒྱུ་འཛིན་པ་ནི་གཉི་གའི་ཕྱོགས་དང་མཐུན་ པའོ་ཞེས་ཀྱང་གསུངས་སོ། ། སྦྱོར་ལམ་ལ། དྲོད་སོགས་རིམ་གྱིས་ཐོབ་ཚུལ་དང༌། ཁྱད་པར་བཤད་དེ་དོན་བསྡུའོ། ། དང་པོ་ལ་དྲོ་བར་གྱུར་པ་དང་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་སྟེ་བཞི་ལས། དང་པོ་ནི། དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་ མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ 4-1-378 ཏུ་མི་མཐོང་ངོ་། །ཚོགས་ལམ་ཐར་པ་ཆ་མཐུན་རྫོགས་པའི་རྗེས་དེ་ནས་སྦྱོར་ལམ་ངེས་ པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཏེ། བསམ་གཏན་དང་མངོན་ཤེས་ལ་བརྟེན་ནས་ ཐེག་པ་བླ་ན་མེད་པའི་སྣོད་དེ་འདྲར་གྱུར་པའི་བྱང་ཆུབ་སེམས་དཔའ་དམིགས་པ་ལ་སེམས་ མཉམ་པར་བཞག་པས་ཆོས་ཐམས་ཅད་ཡིད་ཀྱིས་བརྗོད་པ་ལས་མ་གཏོགས་པ་ཕྱི་རོལ་གྱི་ དོན་ཀུན་རབ་ཏུ་མི་མཐོང་ངོ༌། །ཡིད་ཀྱིས་བརྗོད་པ་ཁོ་ན་རང་དང་སྤྱིའི་མཚན་ཉིད་དུ་སྣང་ བ་དེ་ནི་བདེན་པ་རྣམས་ལ་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཆོས་ཀྱི་སྣང་བ་ཐོབ་ པའི་ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པ་སྟེ། གཙུབ་ཤིང་ལས་མེ་འབྱུང་བ་ལྟར་ ཟག་མེད་ཡེ་ཤེས་མེ་ལྟ་བུ་སྐྱེ་བའི་སྔ་ལྟས་ཡིན་པས་དྲོ་བར་གྱུར་པ་ཞེས་བྱའོ། །ཆུ་བོ་ཚྭ་རྒོ་ ཅན་གྱི་མདོ་ལས། སྣང་བ་ཞེས་བྱ་བ་འདི་ནི་ཆོས་ལ་ངེས་པར་རྟོག་པའི་བཟོད་པའི་ཚིག་བླ་ དྭགས་སོ་ཞེས་གསུངས་པ་ནི། ཆོས་ཐམས་ཅད་སེམས་སུ་རྟོགས་པ་ལ་མི་སྐྲག་པའི་བཟོད་པ་ ལ་དགོངས་པའོ། ། (གཉིས་པ་)རྩེ་མོ་ནི། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་ བརྟན་པ་རྟག་ཏུ་བརྩོན། །གཟུང་བ་མེད་པར་རྟོགས་པའི་ཆོས་ཀྱི་སྣང་བ་དེ་ཉིད་སྔ་མ་ ལས་གོང་དུ་འཕེལ་བར་བྱ་བའི་ཕྱིར། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ལ་{མི་}གནས་ པའི་བརྩོན་འགྲུས་བར་ཆད་ཀྱི་མི་གཡོ་བའི་བརྟན་པ་རྟག་ཏུ་བརྩོན་པ་དེ་ནི་བདེན་པ་རྣམས་ ལ་སྣང་བ་མཆེད་པའི་ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པ་སྟེ། དགེ་བའི་རྩ་བ་ གཡོ་བ་རྣམས་ཀྱི་རབ་མཐའ་ཡིན་པས་རྩེ་མོར་གྱུར་པ་ཞེས་བྱའོ། ། (གསུམ་པ་)བཟོད་པ་ནི། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ ནི་གནས་པར་འགྱུར། །དེ་ནས་དོན་དུ་སྣང་བ་ཀུན། །སེམས་སུ་རབ་ཏུ་ མཐོང་བར་འགྱུར། །སླར་ཡང་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཆོས་ཀྱི་སྣང་ 4-1-379 བ་དེ་ཉིད་སྔ་མ་ལས་ཀྱང་ཆེས་ཆེར་འཕེལ་ཞིང་མཆེད་པར་འགྱུར་ནས་ནི། འདི་ཐམས་ཅད་ སེམས་ཁོ་ནར་ཟད་དོ་ཞེས་རྟོགས་པའི་ཕྱིར་སེམས་ཙམ་ལ་ནི་གནས་པར་འགྱུར་ཞིང༌། དེ་ ནས་དོན་དུ་སྣང་བ་འདི་མ་ལུས་པ་ཀུན་སེམས་སུ་རབ་ཏུ་མཐོང་བར་འགྱུར་གྱི། སེམས་ལས་ གཞན་པ་ནི་མ་ཡིན་ནོ་ཞེས་བྱ་བར་རིག་ཅིང༌། དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་ གཡེང་བ་དེ་སྤོང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་ བ་འབའ་ཞིག་ལུས། །སྣང་བ་ཐམས་ཅད་སེམས་ཙམ་དུ་རྟོགས་པ་དེའི་ཚེ་བྱང་ཆུབ་ སེམས་དཔའ་དེ་ཡི་གཟུང་བ་བདེན་པར་འཛིན་པའི་རྣམ་པར་གཡེང་བ་དེ་སྤོང་བར་འགྱུར་བ་ དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པ་དང༌། དེ་ནས་བྱང་ཆུབ་སེམས་དཔའ་དེ་ལ་འཛིན་ པ་སེམས་ཙམ་དུ་བདེན་པའི་རྣམ་པར་གཡེང་བ་འབའ་ཞིག་ལུས་ཀྱང་འཛིན་མེད་དུ་རྟོགས་ པའི་རྗེས་སུ་སོང་བའི་ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་པ་སྟེ་མི་གཡོ་བའི་སྒོ་ ནས་བདེན་པ་མཐོང་བའི་ལམ་དང་རྗེས་སུ་མཐུན་པའི་བཟོད་པ་ཞེས་བྱའོ། ། (བཞི་པ་)ཆོས་མཆོག་ནི། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་ དུ་རེག །བཟོད་པའི་རྟོགས་པ་མཐར་ཕྱིན་པ་དེའི་ཚེ། མཐོང་ལམ་སྐྱེ་བ་ལ་ཆོས་གཞན་ གྱིས་བར་ཆད་མེད་པའི་ཏིང་ངེ་འཛིན་ཞི་གནས་དང་ལྷག་མཐོང་མཚུངས་ལྡན་དང་བཅས་པ་ ལ་མྱུར་དུ་རེག་པ་སྟེ། སྐལ་མཉམ་གྱི་རྒྱུ་མེད་ཀྱང་འཕགས་པའི་ལམ་རྩལ་གྱིས་འདྲེན་ནུས་ པས་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱའོ། ། (གཉིས་པ་)ཁྱད་པར་དང་བསྡུ་བ་ནི། ཇི་ལྟར་དེ་ཡི་མཇུག་ཐོགས་སུ། །འཛིན་ པའི་རྣམ་པར་གཡེང་བ་སྤོང༌། །འདི་དག་གོ་རིམ་བཞིན་དུ་ནི། །དྲོ་བར་ གྱུར་སོགས་ཡིན་ཤེས་བྱ། །ཅིའི་ཕྱིར་ཆོས་མཆོག་ལ་བར་ཆད་མེད་པ་ཞེས་བྱ་ཞེ་ན། འདི་ལྟར་དེའི་འཇུག་ཐོགས་སུ་གཟུང་བ་མེད་པས་འཛིན་པའང་མེད་ཅེས་རྟོགས་ནས་འཛིན་ 4-1-380 པའི་རྣམ་པར་གཡེང་བའང་སྤོང་ཞིང༌། དེ་མ་ཐག་མཐོང་ལམ་སྐྱེ་བར་འགྱུར་བའི་ཕྱིར་རོ། ། དེ་ལྟར་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་འདི་དག་གོ་རིམ་ཇི་ལྟ་བ་བཞིན་དུ་ ནི་སྔར་བཤད་པ་ལྟར་དྲོ་བར་གྱུར་པ་དང་སོགས་པ་སྟེ། རྩེ་མོ་དང་བཟོད་པ་དང་ཆོས་མཆོག་ རྣམས་ཡིན་པར་ཤེས་པར་བྱའོ། ། མཐོང་ལམ་ལ་ཐོབ་ཚུལ་མདོར་བསྟན། ཁྱད་པར་རྒྱས་བཤད། ཆེ་བས་དོན་བསྡུའོ། ། དང་པོ་ནི། དེ་བས་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། ། རྣམ་པར་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །སྦྱོར་ ལམ་ཆོས་མཆོག་ཡོངས་སུ་རྫོགས་པའི་རྗེས་དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་ དེས་ནི་ཡེ་ཤེས་དེ་འཇིག་རྟེན་པ་རྣམས་ལ་མེད་ཅིང་འཇིག་རྟེན་པའི་སྤྱོད་ཡུལ་མ་ཡིན་པས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པ། ཉན་ རང་ལ་སོགས་པ་ལས་མཆོག་ཏུ་གྱུར་པས་ཐེག་པ་བླ་ན་མེད་པ། གཟུང་བ་དང་འཛིན་པར་ རྣམ་པར་མི་རྟོག་ཅིང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་དྲི་མ་མེད་པ་ཡུལ་དང་ ཡུལ་ཅན་དུ་འཛིན་པ་གཉིས་དང་བྲལ་བའི་ཞི་གནས་ལྷག་མཐོང་མཚུངས་ལྡན་དང་བཅས་ པ་ཐོབ་པ་སྟེ། མདོ་ལས་ཀྱང༌། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ རྣམ་པར་དག་པ་སྐྱེས་སོ་ཞེས་གསུངས་པ་ལྟར་རོ། ། (གཉིས་པ་)ཁྱད་པར་ལ་ལྔ་སྟེ། རྟེན་གྱི་ཁྱད་པར། རྟོགས་པའི་ཁྱད་པར། སྤངས་པའི་ཁྱད་ པར། དམིགས་པའི་ཁྱད་པར། གྲོགས་ཀྱི་ཁྱད་པར་རོ། ། དང་པོ་ནི། དེ་འདིའི་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་པོ་ཡིན་ པར་འདོད། །འདི་དེའི་བསྐལ་པ་དཔག་མེད་ཀྱིས། །ཤིན་ཏུ་རྣམ་པར་ དག་པར་འགྱུར། །མཐོང་ལམ་ཐོབ་པ་དེ་ནི་བྱང་ཆུབ་སེམས་དཔའ་འདིའི་འཇིག་རྟེན་ 4-1-381 པའི་ལམ་འཇིག་རྟེན་ལས་འདས་པའི་ལམ་དུ་གནས་ཡོངས་སུ་གྱུར་པ་སྟེ། རྟེན་གྱི་སྒོ་ནས་ ས་ནི་དང་པོ་རབ་ཏུ་དགའ་བ་དང་ལྷན་ཅིག་སྐྱེ་བ་ཡིན་པར་འདོད་ཅིང༌། ས་དང་པོར་མཐོང་ ལམ་ཐོབ་པ་འདི་ནི་བྱང་ཆུབ་སེམས་དཔའ་དེའི་བསྐལ་པ་དཔག་ཏུ་མེད་པར་ཚོགས་གཉིས་ བསགས་པ་ཉིད་ཀྱིས་མཐོང་སྤང་མ་ལུས་པ་ཤིན་ཏུ་རྣམ་པར་དག་པར་འགྱུར་བའོ། །དེ་ཡང༌། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང༌། །ས་ཡ་བྱེ་བ་དུང་ཕྱུར་དང༌། །ཐེར་འབུམ་ཁྲག་ཁྲིག་རབ་ བཀྲམ་སོགས། །ཕྱི་མ་ཕྱི་མ་བཅུ་འགྱུར་ཉིད། །ཅེས་པ་ལ་སོགས་པ་གྲངས་ཀྱི་གནས་གཞན་ དྲུག་ཅུའི་ཕྱི་མ་ནི་གྲངས་མེད་ཡིན་ལ། མོས་སྤྱོད་ཀྱི་སར་བསྐལ་བ་གྲངས་མེད་གཅིག་གི་ བར་དུ་ཚོགས་བསགས་པ་ལས་ས་དང་པོ་ཐོབ་ཅེས་པའི་དོན་ནོ། ། (གཉིས་པ་)རྟོགས་པ་ལ་གཉིས་ལས། (དང་པོ་)ཆོས་དབྱིངས་མཉམ་ཉིད་རྟོགས་ཚུལ་ནི། ཆོས་ཀྱི་དབྱིངས་ནི་མཉམ་པ་ཉིད། །རབ་ཏུ་རྟོགས་ནས་དེ་ཡི་ཚེ། །རྟག་ ཏུ་སེམས་ཅན་ཐམས་ཅད་ལ། །བདག་དང་མཚུངས་པའི་སེམས་ཐོབ་ སྟེ། །དོན་དམ་པའི་བདེན་པ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ནི་འཁོར་འདས་ཐམས་ཅད་ཀྱི་ རང་བཞིན་དུ་མཉམ་པ་ཉིད་ཀྱི་དོན་མངོན་སུམ་དུ་རབ་ཏུ་རྟོགས་ནས་དེའི་ཚེ་རྟག་ཏུ་རྒྱུན་ མི་འཆད་པར་སེམས་ཅན་ཐམས་ཅད་ལ་བདག་དང་མཉམ་པ་ཉིད་དུ་མཚུངས་པའི་སེམས་ རྣམ་པ་ལྔ་ཐོབ་པ་སྟེ། དེ་ཡང༌། སེམས་ཅན་རྣམས་ལ་བདག་མེད་དང༌། །སྡུག་ བསྔལ་དང་ནི་དོན་བྱ་དང༌། །ལན་མི་རེ་ལ་འདི་སེམས་སྙོམས། །རྒྱལ་ སྲས་གཞན་དང་འདྲ་བ་ཡིན། །བདག་དང་སེམས་ཅན་རྣམས་ཀྱི་རྒྱུད་ལ་གང་ཟག་ དང་ཆོས་ཀྱི་བདག་མེད་པར་མཚུངས་པ་ཉིད་དང༌། རང་དང་གཞན་གྱི་སྡུག་བསྔལ་ཐམས་ ཅད་ཉེས་དམིགས་ཅན་དུ་ཡོངས་སུ་ཤེས་པར་མཚུངས་པ་ཉིད་དང་ནི་རང་དང་གཞན་གྱི་ སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་མཐའ་དག་སྤོང་བའི་དོན་བྱ་དགོས་པར་མཚུངས་པ་ཉིད་དང༌། 4-1-382 འགོག་པ་མངོན་སུམ་དུ་བྱ་བའི་ཕྱིར་རང་གིས་ལམ་བསྒོགས་པ་ལ་ལན་མི་རེ་བ་བཞིན་དུ། སེམས་ཅན་གཞན་ལ་ལམ་ཟབ་མོ་སྟོན་པས་ཕན་བཏགས་ཀྱང་ལན་མི་རེ་བ་རྣམས་ལ་བྱང་ ཆུབ་སེམས་དཔའ་འདི་སེམས་སྙོམས་ཤིང་མཚུངས་པ་ཉིད་དང༌། རྒྱལ་སྲས་གཞན་ས་དང་ པོར་མཐོང་ལམ་ཐོབ་པ་རྣམས་ཀྱིས་ཆོས་ཀྱི་དབྱིངས་མངོན་སུམ་དུ་རྟོགས་པ་དང་འདྲ་བར་ བདག་གིས་ཀྱང་དེ་བཞིན་ཉིད་རྟོགས་པ་ཡིན་ནོ། །ཞེས་བྱ་བར་མཚུངས་པ་རྣམས་ཐོབ་པའི་ ཕྱིར་རོ། ། (གཉིས་པ་)ཆོས་ཅན་འཛིན་པར་རྟོགས་ཚུལ་ནི། དེས་ནི་ཁམས་གསུམ་འདུས་ བྱས་རྣམས། །ཡང་དག་མ་ཡིན་ཀུན་རྟོག་པར། །ཡེ་ཤེས་ཤིན་ཏུ་རྣམ་ དག་པ། །གཉིས་སུ་མེད་པའི་དོན་གྱིས་མཐོང༌། །བྱང་ཆུབ་སེམས་དཔའ་དེས་ ནི་ཀུན་རྫོབ་ཁམས་གསུམ་དུ་གཏོགས་པའི་འདུས་བྱས་ཀྱི་ཆོས་རྣམས་ཐམས་ཅད་ཡང་དག་ པ་མ་ཡིན་པའི་ཀུན་ཏུ་རྟོགས་པ་སེམས་དང་སེམས་ལས་བྱུང་བ་ཙམ་ཡིན་པར། འཇིག་རྟེན་ ལས་འདས་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་གཟུང་བ་དང་འཛིན་པ་གཉིས་སུ་མེད་པའི་ དོན་རྟོགས་པ་ཉིད་ཀྱིས་མཐོང་སྟེ། མདོ་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་པོ་འདི་ དག་ནི་སེམས་ཙམ་མོ་ཞེས་གསུངས་པ་ལྟར་རོ། ། (གསུམ་པ་)སྤངས་པ་ནི། དེ་དག་མེད་པའི་ངོ་བོ་ཉིད། །མཐོང་བས་སྤང་ བྱ་རྣམས་ལས་གྲོལ། །དེས་ན་དེ་ཚེ་མཐོང་བའི་ལམ། །ཐོབ་པ་ཞེས་ནི་ ངེས་པར་བརྗོད། །ཀུན་རྫོབ་གཟུང་བ་དང་འཛིན་པ་དེ་དག་མེད་པའི་ངོ་བོ་ཉིད་དོན་དམ་ ཆོས་ཀྱི་དབྱིངས་མངོན་སུམ་དུ་མཐོང་བས་སྤང་བྱ་ཉོན་མོངས་པ་རྣམས་ལས་རྣམ་པར་གྲོལ་ བ་དེས་ན། མུན་པ་འགག་པ་དང་སྣང་བ་སྐྱེ་བ་དུས་མཉམ་པ་བཞིན་དུ་སྤང་བྱ་མཐོང་སྤང་ འགགས་པར་གྱུར་པ་དེའི་ཚེ་གཉེན་པོ་མཐོང་བའི་ལམ་ཐོབ་པ་ཞེས་ནི་ངེས་པར་བརྗོད་དོ། ། 4-1-383 (བཞི་པ་)དམིགས་པའི་ཁྱད་པར་ནི་རྣམ་ཐར་སྒོ་གསུམ་ལ་འཇུག་པ་སྟེ། དང་པོ་ཤེས་ཚུལ་ ནི། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་མིན་སྟོང་ཉིད་དང༌། ། རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་ཉིད་ཤེས་པ་ཞེས་བརྗོད་དོ། །བྱིས་ པ་རྣམས་ཀྱིས་གཟུང་བ་དང་འཛིན་པར་ཀུན་ཏུ་བཏགས་པའི་ངོ་བོ་ཉིད་ནི་རང་གི་མཚན་ ཉིད་མེད་པའི་ཕྱིར་རི་བོང་གི་རྭ་བཞིན་དུ་དོན་ལ་མེད་པ་ལ་མེད་པའི་སྟོང་པ་ཉིད་དུ་ཤེས་ ཤིང༌། གཞན་དབང་ཀུན་ཏུ་རྟོག་པ་ཙམ་དེ་ཉིད་སྣང་ཙམ་དུ་ཡོད་ཀྱང་བརྟགས་ན་དེ་བཞིན་ དུ་ཡོད་པ་མིན་པ་རྨི་ལམ་སྒྱུ་མ་ལྟ་བུའི་སྟོང་པ་ཉིད་དང༌། ཡོངས་གྲུབ་ཆོས་ཀྱི་དབྱིངས་ནམ་ མཁའ་ལྟར་འགྱུར་བ་མེད་པ་དེ་ཉིད་རང་བཞིན་དོན་དམ་པའི་སྟོང་པ་ཉིད་ཡིན་པར་ཤེས་ན་ འཕགས་པ་རྣམས་ཀྱི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་ཞེས་བྱ་ བར་བརྗོད་དོ། ། (གཉིས་པ་)ཕྱི་མའི་ཁྱད་པར་ནི། མཚན་མེད་གཞི་ནི་རྣམ་རྟོག་རྣམས། །ཡང་ དག་ཟད་པ་ཡིན་ཞེས་བྱ། །སྨོན་པ་མེད་པར་གྱུར་པའི་དེ། །ཡང་དག་མ་ ཡིན་ཀུན་རྟོག་གོ །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་གཞིའམ་ དམིགས་པ་ནི་རྣམ་པར་རྟོག་པ་རྣམས་ཡང་དག་པར་ཟད་ཅིང་འགགས་པར་གྱུར་པའི་དེ་ བཞིན་ཉིད་ཡིན་ཞེས་བྱ་སྟེ། རྣམ་པ་ནི་སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བའོ། །སྨོན་ པ་མེད་པར་གྱུར་པའི་ཏིང་ངེ་འཛིན་གྱི་དམིགས་པ་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་ པ་འཁོར་བའི་ཉེས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་དག་གོ །རྣམ་པ་ནི་སྨོན་པར་བྱ་བའི་ གནས་མ་ཡིན་པ་དེ་ལ་མི་སྨོན་པ་ཉིད་དོ། ། (ལྔ་པ་)གྲོགས་ཀྱི་ཁྱད་པར་ནི། རྒྱལ་སྲས་བྱང་ཆུབ་ཕྱོགས་མཐུན་པ། །རྣམ་ པ་སྣ་ཚོགས་ཐམས་ཅད་ནི། །རྟག་ཏུ་མཐོང་བའི་ལམ་དེ་དང༌། །ལྷན་ 4-1-384 ཅིག་ཏུ་ནི་ཐོབ་པར་འདོད། །རྒྱལ་བའི་སྲས་པོ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་དང་ མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མཚུངས་ལྡན་གྱི་སེམས་སེམས་བྱུང་དང་བཅས་པ་འཆད་ པར་འགྱུར་བ་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱི་ནང་ནས་བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དུས་ རྟག་ཏུ་མཐོང་བའི་ལམ་དེ་དང་ལྷན་ཅིག་ཏུ་ནི་ཐོབ་པར་འདོད་ཅིང༌། སྟོབས་ལྔ་མན་ཆད་སྔར་ ལས་ཀྱང་ཁྱད་པར་དུ་འཕགས་པ་ཐོབ་པ་དང༌། འཕགས་ལམ་བརྒྱད་ནི་རྗེས་ཐོབ་སྒོམ་ལམ་ ལ་མྱུར་དུ་འཐོབ་པ་ལ་དགོངས་ནས་ཐམས་ཅད་ལྷན་ཅིག་ཐོབ་ཅེས་གསུངས་པའོ། །ཆེ་བས་ བསྡུ་བ་ལ་ལྔ་སྟེ། ལྟ་བ་དང་སྤྱོད་པ་དང་བརྩོན་པ་དང་གོ་ཆ་དང་མཚར་བའི་ཁྱད་པར་རོ། ། (དང་པོ་)ལྟ་བའི་ཁྱད་པར་ནི། གང་ཞིག་བློ་ཡིས་འགྲོ་བ་འདུས་བྱས་ཙམ། ། བདག་མེད་སྡུག་བསྔལ་རྒྱས་པར་ཀུན་ཤེས་ཏེ། །དོན་མེད་རང་བཞིན་ བདག་ལྟ་རྣམས་སྤངས་ནས། །བདག་ཉིད་ཆེ་ལྟ་དོན་ཆེན་རྙེད་པ་གང༌། ། བྱང་ཆུབ་སེམས་དཔའ་མཐོང་ལམ་ཐོབ་པ་གང་ཞིག་བློ་ཡིས་འགྲོ་བ་མཐའ་དག་འདུས་ བྱས་ཙམ་ཡིན་གྱི། གང་ཟག་དང་ཆོས་ཀྱི་བདག་ནི་མེད་ལ་རྟེན་འབྲེལ་བཅུ་གཉིས་འཁོར་ ཡུག་ཏུ་འཁོར་བས་སྡུག་བསྔལ་རབ་ཏུ་རྒྱས་པར་ཡང་ཀུན་ཏུ་ཤེས་ཏེ། དོན་མེད་པའི་རང་ བཞིན་འཇིག་ཚོགས་ཉེར་ལེན་གྱི་ཕུང་པོ་ལ་བདག་དང་བདག་གིར་ལྟ་བ་ཉོན་མོངས་པ་ཅན་ རྣམ་པར་སྤངས་ནས་བདག་ཉིད་ཆེན་པོའི་ལྟ་བ་བདག་དང་སེམས་ཅན་ཐམས་ཅད་མཉམ་པ་ ཉིད་དུ་ཤེས་པའི་སྒོ་ནས་རང་གཞན་གྱི་དོན་ཆེན་པོ་ཐམས་ཅད་བྱེད་པའི་རྒྱུ་ཕུན་ཚོགས་རྙེད་ པ་གང་ཡིན་པའོ། ། (གཉིས་པ་) སྤྱོད་པའི་ཁྱད་པར་ནི། འདི་ན་བདག་ལྟ་མེད་པར་བདག་ཏུ་ལྟ། །སྡུག་ བསྔལ་མེད་པར་ཤིན་ཏུ་སྡུག་བསྔལ་འགྱུར། །རང་ལ་ཕན་བྱས་བདག་ 4-1-385 ལ་ཇི་ལྟ་བར། །དོན་ཀུན་བྱེད་ཀྱང་ལན་ལ་རེ་བ་མེད། །མཐོང་ལམ་ཐོབ་པའི་ སྐབས་འདི་ན་ཤེས་རབ་ཀྱིས་དོན་མེད་པའི་བདག་ཏུ་ལྟ་བ་མེད་པར་རྟོགས་ནས་དོན་ཆེན་ པོ་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་བདག་དང་མཉམ་པ་ཉིད་དུ་ལྟ་ཞིང༌། རང་རྒྱུད་ ལ་ལས་དང་ཉོན་མོངས་པས་སྐྱེད་པའི་སྡུག་བསྔལ་མེད་པར་ཡང་སྙིང་རྗེ་ཆེན་པོའི་དབང་ གིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མི་བཟད་པས་ཤིན་ཏུ་སྡུག་བསྔལ་བར་ཡང་ འགྱུར་ལ། རང་ལ་ཕན་པར་བྱས་ཀྱང་བདག་ལ་ལན་མི་རེ་བ་ཇི་ལྟ་བར་སྤྱོད་པ་སེམས་ཅན་ གྱི་དོན་མ་ལུས་པ་ཀུན་བྱེད་ཀྱང་དེའི་ལན་ལ་རེ་བ་མེད་པའི་སྒོ་ནས་རྒྱུན་མི་འཆད་པར་ཕན་ འདོགས་པའོ། ། (གསུམ་པ་)བརྩོན་པའི་ཁྱད་པར་ནི། གང་ཞིག་གྲོལ་བ་མཆོག་གིས་སེམས་ གྲོལ་ཡང༌། །འཆིང་བ་མི་བཟད་ཡུན་ཡང་རིང་པོས་བཅིངས། །སྡུག་ བསྔལ་མཐར་ཐུག་པར་ནི་མ་མཐོང་ཡང༌། །རབ་ཏུ་སྦྱོར་བ་ཉིད་དང་ བྱེད་པ་ཉིད། །བྱང་ཆུབ་སེམས་དཔའ་གང་ཞིག་ཐེག་པ་བླ་ན་མེད་པའི་ལམ་གྱི་མཐོང་སྤང་ གི་སྒྲིབ་པ་རྣམས་ལས་གྲོལ་བ་མཆོག་གིས་རང་གི་སེམས་རྒྱུད་རྣམ་པར་གྲོལ་ཡང་སེམས་ {ཅན་}གྱི་རྒྱུད་ལ་ཡོད་པའི་འཆིང་བ་མི་བཟད་པ་རྣམས་ཀྱིས་ཡུན་ཡང་རིང་པོས་འཁོར་བ་ ཇི་སྲིད་པར་བཅིངས་ཤིང༌། སེམས་ཅན་གྱི་ཁམས་ནི་ནམ་མཁའ་ལྟར་མཐའ་མེད་པས་དེ་ དག་གི་སྡུག་བསྔལ་ཟད་པའི་མཐར་ཐུག་པར་ནི་མི་མཐོང་ཡང་གཞན་དོན་ལ་སྤྲོ་བའི་བརྩོན་ འགྲུས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྤང་བའི་ཆེད་དུ། བསམ་སྦྱོར་ཕུན་སུམ་ ཚོགས་པ་ལ་རབ་ཏུ་སྦྱོར་བ་ཉིད་དང༌། སེམས་ཅན་ཚད་མེད་པའི་སྡུག་བསྔལ་ཟད་པར་བྱེད་ པ་ཉིད་ཡིན་ནོ། ། (བཞི་པ་)གོ་ཆའི་ཁྱད་པར་ནི། འཇིག་རྟེན་ཚེ་གཅིག་རང་སྡུག་བཀུར་མི་ 4-1-386 ནུས། །འཇིག་རྟེན་གནས་པ་སྲིད་དུ་གཞན་སྡུག་བསྔལ། །བསྡོམས་ པ་སྨོས་ཅི་དགོས་ཏེ་བསམ་དུ་མེད། །བྱང་ཆུབ་སེམས་དཔའ་དེ་ལས་ བཟློག་པ་ཡིན། །འཇིག་རྟེན་ཐ་མལ་པ་རྣམས་ཀྱིས་ཚེ་གཅིག་གི་བར་རང་གཅིག་པུའི་ སྡུག་བསྔལ་གྱི་ཁུར་ཡང་བཀུར་བར་མི་ནུས་ན་འཇིག་རྟེན་གྱི་ཁམས་ཇི་སྲིད་གནས་པ་དེ་ སྲིད་ཀྱི་བར་དུ་གཞན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཁུར་བསྡོམས་ཤིང་བཀུར་ མི་ནུས་པ་ལྟ་སྨོས་ཀྱང་ཅི་ཞིག་དགོས་ཏེ་བསམ་དུ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ ནི་འཇིག་རྟེན་པའི་ཚུལ་དེ་དག་ལས་བཟློག་པ་ཡིན་ཏེ། ཚེ་རབས་ཐམས་ཅད་དུ་འཇིག་རྟེན་ གྱི་ཁམས་ཇི་སྲིད་མ་སྟོངས་ཀྱི་བར་ལ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཁུར་ཆེན་པོ་ དང་དུ་བླངས་ཏེ་བསྡོམས་ཤིང་འཁུར་བའི་གོ་ཆ་ཆེན་པོ་དང་ལྡན་པས་ཕན་འདོགས་པ་ཉིད་ དོ། ། (ལྔ་པ་)མཚར་བའི་ཁྱད་པར་ནི། རྒྱལ་སྲས་སེམས་ཅན་རྣམས་ལ་དགའ་བ་ དང༌། །བྱམས་པ་གང་ཡིན་སྦྱོར་དང་མི་སྐྱོ་གང༌། །དེ་ནི་སྲིད་པ་དག་ ན་ངོ་མཚར་ཆེ། །སེམས་ཅན་བདག་དང་མཚུངས་ཕྱིར་དེ་ལྟའང་མིན། ། རྒྱལ་བའི་སྲས་རྣམས་སེམས་ཅན་རྣམས་ལ་བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་ བ་ཚད་མེད་པ་དང་ཕན་པ་དང་བདེ་བར་འདོད་པའི་བྱམས་པ་ཚད་མེད་པ་གང་ཡིན་པ་དང༌། དེ་དག་བསྒྲུབ་པའི་དོན་དུ་སྦྱོར་བ་གང་ཡིན་པ་དང༌། གཞན་དོན་གྱི་དཀའ་སྤྱད་དང་ལོག་ སྒྲུབ་ཀྱིས་མི་སྐྱོ་བ་གང་ཡིན་པ་དེ་དག་ནི་སྲིད་པ་དག་ན་ཤིན་ཏུ་ངོ་མཚར་ཆེ་བ་ཡང་ཡིན་ལ། སེམས་ཅན་ཐམས་ཅད་བདག་དང་མཚུངས་པར་རྟོགས་པའི་ཕྱིར་ངོ་མཚར་ཆེ་བ་དེ་ལྟའང་ མིན་ཞིང་འཕགས་པ་རྣམས་ཀྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་པ་ཉིད་དོ། ། སྒོམ་ལམ་ལ་གསུམ་ལས། (དང་པོ་)ཇི་ལྟར་སྦྱོར་ཚུལ་ནི། དེ་ནས་འདི་ནི་ལྷག་ 4-1-387 མ་ཡི། །ས་རྣམས་སྒོམ་པའི་ལམ་འདི་ལ། །ཡེ་ཤེས་རྣམ་པ་གཉིས་པོ་ དག །བསྒོམ་ཕྱིར་རབ་ཏུ་སྦྱོར་བར་བྱེད། །མཐོང་ལམ་ཐོབ་པའི་རྗེས་དེ་ནས་བྱང་ ཆུབ་སེམས་དཔའ་འདི་ནི་ས་དང་པོའི་སྟོད་ཀྱི་ཆ་ལ་མཐོང་ལམ་ཐོབ་པའི་ལྷག་མ་ཡི་ས་ནས་ བརྩམས་ཏེ་ས་བཅུ་པའི་བར་རྣམས་སུ་ཆོས་ཉིད་མཐོང་ཟིན་སྒོམ་པའི་ལམ་འདི་ལ་མཉམ་ གཞག་དང་རྗེས་ཐོབ་ཀྱི་ཡེ་ཤེས་རྣམ་པ་གཉིས་པོ་དག་བསྒོམ་པའི་ཕྱིར་རབ་ཏུ་སྦྱོར་བར་ བྱེད་དོ། ། (གཉིས་པ་)དོན་གཉིས་སྒྲུབ་ཚུལ་ནི། རྣམ་པར་མི་རྟོག་ཡེ་ཤེས་དེ། །སངས་ རྒྱས་ཆོས་ནི་སྦྱོང་བར་བྱེད། །གཞན་ནི་ཇི་བཞིན་རྣམ་འཇོག་པ། ། སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཆོས་ཉིད་ཇི་ལྟ་བ་རྟོགས་པའི་མཉམ་ གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དེས། རང་དོན་མཐར་ཕྱིན་པ་སངས་རྒྱས་ཆོས་ཀྱི་སྐུའི་ ཡོན་ཏན་ནི་དྲི་མ་དང་བྲལ་བའི་ཚུལ་དུ་སྦྱོང་བར་བྱེད་ལ། གཞན་ཆོས་ཅན་ཇི་སྙེད་པ་རྟོགས་ པ་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཀུན་རྫོབ་ཇི་ལྟར་སྣང་བ་བཞིན་རྣམ་པར་འཇོག་པའི་ སྒོ་ནས་རྣམ་འཕྲུལ་སྣ་ཚོགས་པས་གཞན་སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པར་བྱེད་པའོ། ། (གསུམ་པ་)རྫོགས་པར་འགྱུར་ཚུལ་ནི། གྲངས་མེད་གཉིས་ནི་རྫོགས་པ་ཡིས། ། སྒོམ་པ་ཡི་ནི་མཐར་ཕྱིན་ཏེ། །སྒོམ་པ་ཐ་མ་ཐོབ་ནས་ནི། །བྱང་ཆུབ་ སེམས་དཔའ་དབང་བསྐུར་བ། །སྔར་བཤད་པ་ལྟར་མོས་སྤྱོད་ཀྱི་སར་བསྐལ་པ་ གྲངས་མེད་གཅིག་ཚོགས་བསགས་པ་ལས་ས་དང་པོ་ཐོབ་ཅིང༌། དེ་ནས་མ་དག་པ་ས་བདུན་ གྱི་བར་ལ་གྲངས་མེད་གཅིག་དང་དག་པ་ས་གསུམ་གྱི་བར་ལ་གྲངས་མེད་གཅིག་སྟེ། ས་ ཐོབ་ནས་ཀྱང་བསྐལ་པ་གྲངས་མེད་གཉིས་ནི་རྫོགས་པ་ཡིས་སྒོམ་པ་ཡི་ནི་ལམ་མཐར་ཕྱིན་ 4-1-388 པར་གྱུར་ཏེ། སྒོམ་པའི་ཐ་མ་ས་བཅུ་ཡོངས་སུ་རྫོགས་པར་ཐོབ་ནས་ནི་བྱང་ཆུབ་སེམས་ དཔའ་ཆེན་པོ་དེ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཆེན་པོའི་དབང་བསྐུར་ བས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་འགྱུར་བའོ། ། མི་སློབ་ལམ་ལ་གཉིས་ལས། (དང་པོ་)གང་ལ་བརྟེན་ནས་འགྲུབ་ཚུལ་ནི། རྡོ་རྗེ་ལྟ་ བུའི་ཏིང་ངེ་འཛིན། །རྟོག་པས་མི་ཤིགས་ཐོབ་ནས་ནི། །གནས་གཞན་ གྱུར་པ་མཐར་ཐུག་པ། །སྒྲིབ་པ་ཀུན་གྱི་དྲི་མེད་ལས། །དཔེར་ན་རྫས་ཀྱི་ དངོས་པོ་རྡོ་རྗེ་ཕ་ལམ་རྫས་གཞན་གྱིས་མི་ཤིགས་པ་བཞིན་དུ། རྟེན་སྒོམ་ལམ་ཆེན་པོའི་ ཆེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མཚན་མ་དང་རྣམ་པར་རྟོག་པས་མི་ཕྱེད་ཅིང་མི་ཤིགས་པ་ ཐོབ་པ་ལ་བརྟེན་ནས་ནི། སྔར་མཐོང་སྤང་དང་བྲལ་ནས་འཇིག་རྟེན་ལས་འདས་པའི་ལམ་ དུ་གནས་གྱུར་པར་མ་ཟད། འདིར་གནས་ངན་ལེན་མཐའ་དག་དང་བྲལ་ནས་མི་སློབ་པའི་ ལམ་དུ་གནས་མ་ལུས་པ་གཞན་དུ་གྱུར་པ་མཐར་ཐུག་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་ པ་ཀུན་གྱི་དྲི་མ་མེད་པར་གྱུར་པ་ལས་མཐར་ཕྱིན་པའི་འབྲས་བུ་གྲུབ་པའོ། ། (གཉིས་པ་)དོན་གཉིས་མཐར་ཕྱིན་ཚུལ་ནི། གང་ལ་གནས་ན་སེམས་ཅན་ཀུན། ། ཕན་ཕྱིར་རབ་ཏུ་སྒྲུབ་བྱེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་ འཕང་བླ་ན་མེད་པ་ཐོབ། །སངས་རྒྱས་ཀྱི་ས་གང་ལ་གནས་ན་འཁོར་བ་ཇི་སྲིད་པར་ མངོན་པར་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པར་ཡང་སྟོན་པ་ལ་སོགས་པ་ རྣམ་འཕྲུལ་མཐའ་ཡས་པའི་སྒོ་ནས་སེམས་ཅན་ཀུན་ལ་ཕན་པ་དང་བདེ་བའི་ཕྱིར། འཕྲིན་ ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་རབ་ཏུ་སྒྲུབ་པར་བྱེད་པ་ཤེས་བྱ་ཇི་ལྟ་བ་དང་ཇི་ སྙེད་པའི་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བླ་ ན་མེད་པ་སྤངས་རྟོགས་མཐར་ཕྱིན་པ་ཐོབ་པའོ། ། 4-1-389 ཆེ་བས་དོན་བསྡུ་ལ་ཆེ་བའི་ཡོན་ཏན་སྤྱིར་བསྟན་དང༌། ཁྱད་པར་དོན་ གཉིས་འགྲུབ་ཚུལ་ལོ། ། དང་པོ་ལ་གསུམ་ལས། (དང་པོ་) དོན་ཆེན་པོ་འགྲུབ་ཚུལ་ནི། དེ་ལྟར་མཐོང་དཀའི་ ཐུབ་པ་རྟག་མཐོང་ཞིང༌། །ཐོས་པ་མཉམ་མེད་ལས་བྱུང་རབ་དང་བའི། ། ཤུགས་ཀྱིས་རྟག་པར་ཤིན་ཏུ་སེམས་ཚིམ་པ། །ཇི་ལྟ་བུར་ན་དོན་ཆེན་ འགྱུར་མ་ཡིན། །གོང་དུ་བཤད་པའི་ཚུལ་དེ་ལྟར་ཆོས་ཀྱི་སྒོའི་རྒྱུན་ལ་གནས་པའི་བྱང་ ཆུབ་སེམས་དཔའ་གདམས་ངག་ཟབ་མོ་ཐོབ་པ་དེ་ནི། ཕལ་པས་མཐོང་བར་དཀའ་བའི་ཐུབ་ པ་རྫོགས་པའི་སངས་རྒྱས་རྣམས་རྟག་ཏུ་མངོན་སུམ་དུ་མཐོང་ཞིང༌། དེ་དག་ལས་ཐོས་པ་ མཉམ་པ་མེད་པ་ཐེག་ཆེན་གྱི་ཆོས་ཐོས་པ་ལས་བྱུང་བའི་རབ་ཏུ་དང་བའི་ཤུགས་ཀྱིས་རྟག་ པར་ཤིན་ཏུ་སེམས་ཚིམ་པའི་སྒོ་ནས་ལམ་རིམ་གྱིས་བགྲོད་པས་ཇི་ལྟ་བུར་ན་དོན་ཆེན་པོ་ སངས་རྒྱས་ཐོབ་པར་འགྱུར་བ་མ་ཡིན་ཏེ་ཡིན་པས། དོན་ཆེན་པོ་འགྲུབ་པ་ཉིད་དོ། ། (གཉིས་པ་)ཉེས་པ་ལས་འདྲེན་ཚུལ་ནི། ཆོས་ཀྱི་སྒོ་ལ་རྣམ་པར་གནས་པ་ལ། ། དེ་བཞིན་གཤེགས་རྟག་མངོན་སུམ་འདོམས་མཛད་ཅིང༌། །ཅོ་ནས་ འདྲེན་བཞིན་ཉེས་པའི་ཚང་ཚིང་ནས། །ཚན་གྱིས་དྲངས་ཏེ་བྱང་ཆུབ་ ལ་འགོད་དོ། །ཆོས་ཀྱི་སྒོའི་རྒྱུན་གྱི་ཏིང་ངེ་འཛིན་ལ་རྣམ་པར་གནས་པའི་བྱང་ཆུབ་ སེམས་དཔའ་དེ་ལ་སྟོན་པ་དེ་བཞིན་གཤེགས་པ་རྣམས་དུས་རྟག་པར་ལམ་གྱི་གདམས་ངག་ ཟབ་མོ་མངོན་སུམ་དུ་ཡང་དག་པར་འདོམས་པར་མཛད་ཅིང༌། ཆུ་བོའམ་འདམ་རྫབ་ཏུ་བྱིང་ བ་རྣམས་ཅོ་ཏོའམ་སྐྲ་ནས་འདྲེན་པ་ཇི་ལྟ་བ་བཞིན་དུ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་ པའི་ཉེས་པའི་ཚང་ཚིང་ནས་ཐུགས་རྗེའི་སྟོབས་སམ་ཚན་གྱིས་དྲངས་ཏེ་འབྲས་བུ་བྱང་ཆུབ་ ཆེན་པོ་ལ་འགོད་པར་མཛད་དོ། ། 4-1-390 (གསུམ་པ་)རྗེས་བསྟན་བཞིའི་ཁྱད་པར་ནི། སངས་རྒྱས་རྣམས་ནི་རྟག་ཏུ་རང་ དོན་ཡང་དག་སྦྱོར་ལ་ལེགས་པར་བསྔགས་པ་དང༌། །ལོག་པར་སྦྱོར་ ལ་སྨོད་མཛད་གནས་དང་རྣམ་འབྱེད་ལྷུར་ལེན་མཆོག་གི་སེམས་ཅན་ ལ། །གང་ཞིག་སྤངས་དང་བསྟེན་པས་བདེ་གཤེགས་བསྟན་པ་འདི་ལ་ རྣལ་འབྱོར་ཡངས་འགྱུར་བ། །བར་ཆད་མཐུན་པའི་ཆོས་ནི་རྣམ་པ་ ཐམས་ཅད་རྒྱལ་རྣམས་འདི་ན་ཚུལ་བཞིན་སྟོན། །སྟོན་པ་རྫོགས་པའི་སངས་ རྒྱས་རྣམས་ནི་རྟག་ཏུ་གདུལ་བྱ་སྨིན་པའི་ཆེད་དུ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་ དུ་མཛད་ནས་ཐོག་མར་རང་གི་དོན་དུ་ཚུལ་ཁྲིམས་རྣམ་པ་གསུམ་ལ་ཡང་དག་པར་སྦྱོར་བ་ རྣམས་ལ་སྤྲོ་བ་བསྐྱེད་པའི་ཆེད་དུ་ལེགས་པར་བསྔགས་ཏེ་རྗེས་སུ་འཛིན་པར་མཛད་པ་ དང་(༡)། བསླབ་བྱ་དང་འགལ་ཞིང་ལོག་པར་སྦྱོར་བ་རྣམས་ལ་ཚར་བཅད་པའི་ཆེད་དུ་སྨོད་ ཅིང་ཉེས་སྤྱོད་སྤོང་དུ་འཇུག་པར་མཛད་པ་དང་(༢)། ལྷག་པ་སེམས་ཀྱི་བསླབ་པའི་དབང་ དུ་མཛད་ནས་ཞི་གནས་ལ་རྩེ་གཅིག་ཏུ་གནས་པ་ལྷུར་ལེན་པ་དང༌། ལྷག་པ་ཤེས་རབ་ཀྱི་ བསླབ་པའི་དབང་དུ་མཛད་ནས་ལྷག་མཐོང་རབ་ཏུ་རྣམ་པར་འབྱེད་པ་ལྷུར་ལེན་ནས་མཆོག་ གི་སེམས་ཅན་རྣམས་ལ་གང་ཞིག་སྤང་བྱ་མི་མཐུན་ཕྱོགས་རྣམས་སྤངས་ནས་གཉེན་པོ་དགེ་ བ་རྣམས་བསྟེན་པས། བདེ་བར་གཤེགས་པའི་བསྟན་པ་འདི་ལ་ཞི་གནས་ལྷག་མཐོང་ཟུང་ འཇུག་གི་རྣལ་འབྱོར་ཡངས་ཤིང་རྒྱས་པར་འགྱུར་བའི་ཆེད་དུ་བྱིང་བ་དང་རྒོད་པ་ལ་སོགས་ པ་འགལ་རྐྱེན་བར་ཆད་ཀྱི་ཆོས་ནི་རྣམ་པ་ཐམས་ཅད་དུ་སྤང་བར་གྱིས་ཤིག་ཅེས་པ་དང་(༣)། ཞི་གནས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པ་ལ་སོགས་པ་མཐུན་རྐྱེན་གཉེན་པོར་འགྱུར་བའི་ཆོས་ ནི་རྣམ་པ་ཐམས་ཅད་བསྟེན་པར་གྱིས་ཤིག་ཅེས(༤)། རྒྱལ་བ་རྣམས་ཀྱི་མོས་སྤྱོད་ཀྱི་སའི་ སྐབས་འདི་ན་ཚུལ་བཞིན་དུ་ལེགས་པར་སྟོན་པར་མཛད་པའོ། ། 4-1-391 དོན་གཉིས་འགྲུབ་ཚུལ་ལ་གཉིས་ལས། (དང་པོ་)གཞན་དོན་འགྲུབ་ཚུལ་ནི། དེ་ནི་ མཐོང་བ་རབ་དག་མི་རྟོག་བྱང་ཆུབ་ཀྱིས། །འཇིག་རྟེན་ཐམས་ཅད་ཟིལ་ མནན་མུན་པ་ཆེན་པོ་ཡང༌། །རྣམ་པ་ཀུན་ཏུ་བསལ་ནས་ཉི་མ་ཆེན་ པོ་དག །ཤར་བ་བཞིན་དུ་འགྲོ་བ་རྣམས་ལ་ལམ་མེའོ། །གདམས་ངག་མཐར་ ཕྱིན་པའི་འབྲས་བུ་ཐོབ་པ་དེ་ནི་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཐོང་བ་སྒྲིབ་པ་གཉིས་ ཀྱིས་རབ་ཏུ་དག་ཅིང་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པའི་བྱང་ཆུབ་ཆེན་པོ་ཐོབ་པ་ ཉིད་ཀྱིས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་ཏེ་མ་རིག་པའི་མུན་པ་ཆེན་པོ་ཡང་རྣམ་ པ་ཀུན་ཏུ་བསལ་ནས། དཔེར་ན་(འཇམ་དཔལ་ཞིང་བཀོད་དུ་)སངས་རྒྱས་ཀུན་ཏུ་བཟང་པོའི་ཞིང་ མི་འཛུམ་པ་ན་སྟོང་གསུམ་རིལ་པོ་ཉི་ཟླ་ཟུང་གཅིག་གིས་སྣང་བར་བྱེད་པར་གསུངས་པ་ལྟ་ བུའི་ཉི་མ་ཆེན་པོ་དག་ཤར་བའི་འོད་ཟེར་གྱིས་མུན་པ་ཆེན་པོ་སེལ་བ་དེ་བཞིན་དུ། འགྲོ་བ་ རྣམས་ལ་ལེགས་པར་བཤད་པའི་འོད་ཟེར་གྱི་སྣང་བ་སྤྲོ་ཞིང་གཟི་བརྗིད་ཕུན་སུམ་ཚོགས་པ་ དང་ལྡན་པས་ལམ་མེ་གནས་པའོ། ། (གཉིས་པ་)རང་དོན་འགྲུབ་ཚུལ་ནི། དེ་ལྟར་རྟག་ཏུ་དགེ་བ་བསགས་པས་རབ་ གང་ཞིང༌། །ཐུབ་པ་ལ་ནི་རྟག་ཏུ་གདམས་ངག་ཆེ་ཐོབ་པའི། །སེམས་ དཔའ་མཆོག་ནི་སེམས་ཀྱི་ཏིང་འཛིན་རབ་ཡངས་པ། །ཐོབ་ནས་ཡོན་ ཏན་རྒྱ་མཚོའི་ཕ་རོལ་འགྲོ་བར་འགྱུར། །གོང་དུ་བསྟན་པ་དེ་ལྟར་དུས་རྟག་པ་ བསྐལ་ཀལ་བ་འདི་རྒྱ་དཔེ་སོར་བཞག་ཡིན་པས་སྙད་མ་བྱེད་}པ་གྲངས་མེད་པ་དག་ཏུ་དགེ་ བ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པས། རྒྱུད་རབ་ཏུ་གང་ཞིང་ཡུལ་དམ་པ་ཐུབ་ པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནི་དུས་རྟག་ཏུ་ཐེག་ཆེན་གྱི་གདམས་ངག་ཟབ་ ཅིང་རྒྱ་ཆེ་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་མཆོག་ཏུ་གྱུར་པ་རྣམས་ནི། ཡེ་ཤེས་ཀྱི་ཚོགས་ 4-1-392 སེམས་ཀྱི་ཏིང་ངེ་འཛིན་ཞི་གནས་དང་ལྷག་མཐོང་རབ་ཏུ་ཡངས་པ་ཐོབ་ནས། འབྲས་བུ་ སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་ཆེན་ པོའི་གོ་འཕང་དུ་འགྲོ་བར་འགྱུར་བའོ། །སྒྲུབ་པའི་གདམས་ངག་རྗེས་སུ་བསྟན་པའི་སྐབས་ རྫོགས་པར་བཤད་ཟིན་ཏོ།། ༈ །། སྡོམ་ནི། མོས་པ་མང་བ་ཉིད་དང་ནི། །ཆོས་ཚོལ་བ་དང་བཤད་པ་ དང༌། །དེ་བཞིན་སྒྲུབ་པ་ཡང་དག་པའི། །གདམས་ངག་རྗེས་སུ་བསྟན་ པ་ཡིན། །ཞེས་འདིར་མཇུག་བསྡུ་བའི་ཚུལ་དུ་གསུངས་པ་དེ་ཉིད་སྔར་བསྡུས་དོན་དུ་ བླངས་ནས་བཤད་ཟིན་པ་ཉིད་དོ།། ༈ །། ཤེས་ནས་བསམ་པར་བྱ་བའི་གཞི་ལ་ཐུན་མོང་དུ་ཐབས་དང་ལྡན་པའི་ལས། དེས་ཟིན་ པ་ཕར་ཕྱིན་དྲུག་གི་ལས། ཁྱད་པར་དུ་བསོད་ནམས་འཕེལ་བའི་ལས་སོ། ། དང་པོ་ལ་བྱང་སར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་ ཐབས་ཀྱིས་ཟིན་པ་གང་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་ དངོས་པོ་བཞི་ནི་ཐབས་ཞེས་བྱ་སྟེ་ཞེས་ཀྱང་གསུངས་མོད་ཀྱི། འདིར་ནི་ཀུན་ནས་སློངས་ བའི་ཐབས། དེ་ཡིས་ལྡང་བའི་ཐབས། དེ་དག་པའི་ཐབས་སོ། ། དང་པོ་ནི། ཇི་ལྟར་ནགས་ཚལ་དང་ནི་ལུས་ཅན་རི་བོ་དང༌། །ཆུ་བོ་ རྣམས་ཀྱི་རྟེན་ནི་ཀུན་ནས་ས་ཡིན་པ། །དེ་བཞིན་མཁས་པ་རྣམས་ ཀྱི་ལས་རྣམ་གསུམ་པོ་ཡང༌། །ཀུན་ནས་སྦྱིན་པ་ལ་སོགས་དགེ་བའི་ ཡིན་པར་འདོད། །ཇི་ལྟར་ཏེ་དཔེར་ན། ཉེ་བར་ལོངས་སྤྱད་པར་བྱ་བ་ནགས་ཚལ་ཡིད་ དུ་འོང་བ་དང་ནི་ལོངས་སྤྱོད་པ་པོ་ལུས་ཅན་རྣམས་དང༌། བརྟན་པ་རི་བོ་ལ་སོགས་པ་དང༌། མི་བརྟན་པ་ཆུ་བོ་ལ་སོགས་པ་རྣམས་ཀྱི་རྟེན་ནི་ཀུན་ནས་ས་གཞི་འདི་ཡིན་པ་དེ་བཞིན་དུ་ 4-1-393 མཁས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པ་གསུམ་པོ་ ཡང་ཀུན་ནས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། བྱང་ཆུབ་ཀྱི་ཕྱོགས་དང་ མཐུན་པ་ལ་སོགས་པ་དགེ་བའི་རྩ་བ་རྣམས་ཀྱི་རྟེན་ནམ་གཞི་ཡིན་པར་འདོད་དེ། དེ་དག་ནི་ ལས་གསུམ་པོ་དེས་བསྐྱེད་ཅིང་ཀུན་ནས་བསླང་བའི་ཕྱིར་རོ། ། ལྡང་(ཞིང་ཆུད་མི་ཟ་)བའི་ཐབས་ལ་གཉིས་ལས། ཐེག་ཆེན་ལ་སྐྱོ་བ་(ལས་སློང་ཚུལ་)མེད་ པའི་ཐབས་ནི། ཤིན་ཏུ་དཀའ་བའི་ལས་ནི་ངོ་བོ་སྣ་ཚོགས་པ། །བསྐལ་པ་ མང་པོས་ཚར་ཕྱིན་མངོན་བརྩོན་བདག་ཉིད་ཅན། །རྒྱལ་སྲས་རྣམས་ ནི་ལུས་དང་ངག་སེམས་རང་བཞིན་གྱི། །ལས་རྣམས་དག་གིས་འདི་ན་ ཡིད་འབྱུང་འགྱུར་བ་མེད། །ཕལ་པ་རྣམས་ཀྱིས་ཤིན་ཏུ་བྱ་དཀའ་བའི་ལས་ནི་ལུས་ དང་ལོངས་སྤྱོད་གཅེས་པའི་དངོས་པོ་གཞན་ལ་གཏོང་བའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ ཕྱིན་པ་དྲུག ངོ་བོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་དགེ་བ་རྣམ་པ་སྣ་ ཚོགས་པ་རྣམས། དུས་བསྐལ་པ་གྲངས་མེད་པ་མང་པོས་ཚར་ཕྱིན་པར་བྱ་བའི་ཆེད་དུ་གུས་ པར་སྦྱོར་པ་དང་རྒྱུན་དུ་སྦྱོར་བའི་སྒོ་ནས་མངོན་པར་བརྩོན་པའི་བདག་ཉིད་ཅན་རྒྱལ་སྲས་ བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་དང་ངག་དང་སེམས་ཀྱི་རང་བཞིན་གྱི་ལས་རྣམས་ ཀྱི་དཀའ་བ་སྤྱོད་པ་དག་གིས་གཞན་ལ་ཕན་པ་སྒྲུབ་པའི་སྐབས་འདི་ན། ཡུན་རིང་པོ་ནས་ གོམས་ཤིང་རང་གི་ངང་གིས་འབྱུང་བས་ཡིད་འབྱུང་བའམ་སྐྱོ་བར་འགྱུར་བ་ཅུང་ཟད་ཀྱང་ མེད་པར་འཇུག་པའོ། ། ཐེག་དམན་(ཏུ་ལྟུང་བ་ལས་སློང་ཚུལ་)ཟློག་པར་བྱེད་པའི་ཐབས་ནི། ཇི་ལྟར་བདག་ལ་ ཕན་འདོད་དུག་དང་མཚོན་དང་ནི། །གནམ་ལྕགས་ལྕེ་དང་དགྲ་ལས་ རང་གི་ལུས་བཟློག་པ། །དེ་བཞིན་རྒྱལ་སྲས་ཐེག་པ་དམན་པ་རྣམ་ 4-1-394 གཉིས་ལས། །ལས་རྣམ་གསུམ་གྱི་བདག་ཉིད་བཟློག་པར་བྱེད་པ་ཡིན། ། དཔེ་ཇི་ལྟར་ན། བདག་ལ་ཕན་པར་འདོད་པའི་སྐྱེས་བུ་རྣམས་ཀྱང་ཟས་ཀྱི་འབྲས་བུ་ ངན་པར་བསྒྱུར་བའི་དུག་དང༌། ལུས་གཅོད་པར་བྱེད་པའི་མཚོན་ཆ་དང་ནི་ལོ་ཏོག་འཇོམས་ པར་བྱེད་པའི་གནམ་ལྕགས་ཀྱི་ལྕེ་སེར་བ་དང༌། ཕུན་སུམ་ཚོགས་པའི་གེགས་བྱེད་པའི་ དགྲ་བོ་རྣམས་ལས་རང་གི་ལུས་དང་ལོངས་སྤྱོད་བསྲུང་ཞིང་བཟློག་པར་བྱེད་པ་དེ་བཞིན་དུ། རྒྱལ་བའི་སྲས་པོ་རྣམས་ཀྱང་ཐེག་པ་དམན་པ་རྣམ་པ་གཉིས་ལ་ཞུགས་ན་དགེ་བའི་འབྲས་ བུ་དམན་པར་འགྱུར་བ་དང༌། ཐེག་ཆེན་གྱི་དགེ་བའི་རྩ་བ་གཅོད་པ་དང་དགེ་བའི་ལོ་ཏོག་ མི་སྐྱེ་ཞིང་སྐྱེས་པ་འཇོམས་པ་དང༌། འབྲས་བུ་སངས་རྒྱས་འགྲུབ་པའི་གེགས་བྱེད་པར་ཤེས་ པའི་སྒོ་ནས་རང་གི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པ་གསུམ་གྱི་བདག་ཉིད་ཉན་ཐོས་ དང་རང་སངས་རྒྱས་ཀྱི་ཐེག་པ་ལ་འཇུག་པ་བསྲུང་ཞིང་བཟློག་པར་བྱེད་པ་ཡིན་ནོ། ། དག་པའི་ཐབས་ནི། རྟག་ཏུ་རྣམ་པར་མི་རྟོག་ལས་ཅན་ལས་མིན་ཞིང༌། ། ལས་ཀྱི་བྱ་བ་དང་རྣམ་གསུམ་ལ་མི་ལྟ་སྟེ། །དེས་ན་འདི་ནི་དེ་ཐབས་ ཡང་དག་གཟུང་བའི་ཕྱིར། །ལས་རྣམས་དག་པ་མཐའ་ཡས་དེ་ཡི་ཕ་ རོལ་འགྲོ། །བྱང་ཆུབ་སེམས་དཔའ་རྣམས་ནི་དུས་རྟག་ཏུ་རྣམ་པར་མི་རྟོག་པའི་ངང་དུ་ འཇོག་པ་སྟེ། དེ་ཡང་སྒྲུབ་པ་པོ་བདག་ཉིད་ལས་བྱེད་པོ་ཅན་དུའང་མི་རྟོག་ཅིང་བསྒྲུབ་པར་ བྱ་བ་རྣམས་ལ་ལས་སུའང་རྣམ་པར་རྟོག་པ་མིན་ལ། དེས་སྒྲུབ་པའི་ལས་ཀྱི་བྱ་བ་དང་རྣམ་ པ་གསུམ་ག་ལའང་མི་རྟོག་ཅིང་མི་ལྟ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་འདིས་ནི་འཁོར་ གསུམ་ཡོངས་སུ་དག་པ་དེའི་ཐབས་ཡང་དག་པར་གཟུང་བའི་ཕྱིར་སྒོ་གསུམ་གྱི་ལས་རྣམས་ རྣམ་པར་དག་པའི་ཡོན་ཏན་མཐའ་ཡས་ཤིང༌། ཟད་མི་ཤེས་པ་དེའི་ཕ་རོལ་མཐར་ཐུག་པ་ རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དུ་འགྲོ་བ་ཉིད་དོ། །ཐུན་མོང་དུ་ཐབས་དང་ལྡན་པའི་ 4-1-395 ལས་ཀྱི་སྐབས་རྫོགས་པར་བཤད་ཟིན་ཏོ།། ༈ །། དེས་ཟིན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལས་ལ། བྱང་ས་ལས། བྱང་ཆུབ་སེམས་དཔས་ ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་གསུངས་ཤིང༌། དེ་རྣམས་རེ་རེ་ཞིང་ཡང་དོན་རྣམ་པ་དགུ་ དང་ལྡན་པའི་སྒོ་ནས་ལེའུ་རེ་རེར་མཛད་ནས་རྒྱས་པར་གསུངས་ཏེ། ངོ་བོ་ཉིད་དང་ཐམས་ ཅད་དང༌། །དཀའ་བ་དང་ནི་སྒོ་ཀུན་དང༌། །སྐྱེས་བུ་དམ་པ་ལྡན་པ་དང༌། །དེ་བཞིན་རྣམ་ པ་ཐམས་ཅད་དང༌། །ཕོངས་ཤིང་འདོད་དང་ལྡན་པ་དང༌། །འདི་དང་གཞན་དུ་བདེ་འགྱུར་ དང༌། །དེ་བཞིན་རྣམ་དག་དེ་མདོར་ན། །བྱང་ཆུབ་སེམས་དཔའི་སྦྱིན་པ་ཡིན། །ཞེས་པ་དང་ སྦྱིན་པ་རྣམ་པ་དགུ་ནི། སྦྱིན་པའི་ངོ་བོ་ཉིད་དང༌། ཐམས་ཅད་སྦྱིན་པ་དང༌། དཀའ་བའི་སྦྱིན་ པ་དང༌། ཐམས་ཅད་ཀྱི་སྒོ་ནས་སྦྱིན་པ་དང༌། སྐྱེས་བུ་དམ་པའི་སྦྱིན་པ་དང༌། རྣམ་པ་ཐམས་ ཅད་ཀྱི་སྦྱིན་པ་དང༌། ཕོངས་ཤིང་འདོད་པ་ལ་སྦྱིན་པ་དང༌། འདི་དང་ཕ་རོལ་ཏུ་བདེ་བར་ འགྱུར་བའི་སྦྱིན་པ་དང༌། རྣམ་པར་དག་པའི་སྦྱིན་པའོ་ཞེས་པ་དང༌། དེ་བཞིན་དུ་ཚུལ་ཁྲིམས་ ཀྱི་ངོ་བོ་ཉིད་དང༌། ཚུལ་ཁྲིམས་ཐམས་ཅད་དང༌། དཀའ་བའི་ཚུལ་ཁྲིམས་དང༌། ཐམས་ཅད་ ཀྱི་སྒོ་ནས་ཚུལ་ཁྲིམས་དང༌། སྐྱེས་བུ་དམ་པའི་ཚུལ་ཁྲིམས་དང༌། རྣམ་པ་ཐམས་ཅད་ཀྱི་ཚུལ་ ཁྲིམས་དང༌། ཕོངས་ཤིང་འདོད་པ་ལ་ཚུལ་ཁྲིམས་དང༌། འདི་དང་གཞན་དུ་བདེ་བར་འགྱུར་ བའི་ཚུལ་ཁྲིམས་དང༌། རྣམ་པར་དག་པའི་ཚུལ་ཁྲིམས་སོ་ཞེས་པ་ལ་སོགས་པའོ། །འདིར་ནི་ དོན་རྣམ་པ་གསུམ་སྟེ། ཕ་རོལ་ཏུ་ཕྱིན་པའི་དོན་དངོས་བསྟན་པ། བསྡུ་བའི་དངོས་པོ་གཞན་ སྨིན་ཚུལ། དེ་དག་གི་དོན་བསྡུས་ཏེ་བསྟན་པའོ། ། 4-1-396 དང་པོ་ལ་གཉིས་ལས་སྡོམ་གྱིས་མདོར་བསྟན་ནི། གྲངས་དང་དེ་ཡི་མཚན་ ཉིད་གོ་རིམ་དང༌། །ངེས་པའི་ཚིག་དང་ཡོན་ཏན་གོམས་བྱ་དང༌། །དེ་ དག་རབ་དབྱེ་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ ངེས་ཡིན་ཤེས་བྱ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པའི་ཐབས་ཕ་རོལ་ ཏུ་ཕྱིན་པ་རྣམས་དོན་རྣམ་པ་བཅུས་འཆད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གྲངས་ངེས་པའི་ རྒྱུ་མཚན་དང༌། དེ་རྣམས་སོ་སོའི་རང་བཞིན་ནམ་མཚན་ཉིད་ངོས་གཟུང་བ་དང༌། སྔ་མའི་ རྗེས་སུ་ཕྱི་མ་སྟོན་པའི་གོ་རིམ་ངེས་པའི་ཚུལ་དང༌། ངེས་པའི་ཚིག་སྒྲའི་དོན་དང༌། གོམས་ པར་བྱ་བའི་ཡོན་ཏན་ཏེ་བསྒོམ་པའི་ཚུལ་དང༌། དེ་དག་གི་རབ་ཏུ་དབྱེ་བ་དང༌། དེ་རྣམས་ དོན་གསུམ་དུ་བསྡུ་བའི་ཚུལ་དང༌། རང་གི་མི་མཐུན་ཕྱོགས་ཆགས་པ་བདུན་དང་བྲལ་བའི་ དོན་དང༌། ཡོན་ཏན་བཞི་དང་ལྡན་པའི་སྒོ་ནས་བསྔགས་པ་བསྟན་པ་དང༌། ཕན་ཚུན་གཅིག་ ལ་གཅིག་རྣམ་པར་ངེས་པ་རྣམས་ཀྱིས་གཏན་ལ་འབེབས་པ་ཡིན་པར་ཤེས་པར་བྱའོ། ། ངོ་བོ་རྒྱས་བཤད་ནི་སྔ་མ་ལྟར། གྲངས་ངེས་མཚན་ཉིད་གོ་རིམ་ངེས་ཚིག་སྒོམ་ཚུལ་རབ་ དབྱེ་བསྡུ་བ་མི་མཐུན་ཕྱོགས་ཡོན་ཏན་རྣམ་ངེས་བསྟན་པའོ། ། གྲངས་ངེས་བསྟན་པ་ལ་འབྲས་བུ་དང་དོན་གཉིས་དང་ཐེག་ཆེན་དང་ལམ་ཀུན་དང་ བསླབ་གསུམ་ལ་ལྟོས་ནས་ཕྱིན་དྲུག་ཏུ་འཇོག་ཚུལ་ལོ། ། འབྲས་བུ་ལ་ལྟོས་ནས་ཕྱིན་དྲུག་ཏུ་འཇོག་ཚུལ་ནི། ལོངས་སྤྱོད་དང་ལུས་ཕུན་ སུམ་ཚོགས་པ་དང༌། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང༌། ། རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང༌། །བྱ་བ་རྣམས་ལ་ཕྱིན་ཅི་ མ་ལོག་པའོ། །སྦྱིན་པ་བཏང་བས་གནས་དང་ཡོ་བྱད་ལ་སོགས་པའི་ལོངས་སྤྱོད་ཕུན་ སུམ་ཚོགས་པ་དང༌། ཚུལ་ཁྲིམས་བསྲུངས་པས་མཐོ་རིས་ཀྱི་ལུས་ཕུན་སུམ་ཚོགས་པ་དང༌། 4-1-397 བཟོད་པ་བསྒོམས་པས་འཁོར་ཡིད་དུ་འོང་བ་ཕུན་སུམ་ཚོགས་པ་དང༌། བརྩོན་འགྲུས་ བརྩམས་པས་དགེ་བའི་ལས་ཐམས་ཅད་འགྲུབ་པའི་རྩོམ་པ་ཕུན་སུམ་ཚོགས་པ་སྟེ་མངོན་ པར་མཐོ་བའི་འབྲས་བུ་བཞི་དང༌། བསམ་གཏན་བསྒོམས་པས་རྟག་ཏུ་སེམས་ཉོན་མོངས་ པའི་དབང་ཉིད་དུ་མི་འགྲོ་བ་དང༌། ཤེས་རབ་ལ་བརྟེན་ནས་བླང་དོར་གྱི་བྱ་བ་རྣམས་ལ་ཕྱིན་ ཅི་མ་ལོག་པ་ཤེས་ཤིང་བྱེད་པས། ངེས་པར་ལེགས་པའི་འབྲས་བུ་གཉིས་འགྲུབ་པའི་དབང་ དུ་བྱས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་བཞག་པའོ། ། དོན་གཉིས་ལ་བརྟེན་ནས་ཕྱིན་དྲུག་ཏུ་འཇོག་ཚུལ་ལ་གཉིས་ལས། དོན་དངོས་ནི། སེམས་ཅན་དོན་ལ་རབ་བརྩོན་པ། །གཏོང་དང་མི་གནོད་བཟོད་པས་ བྱེད། །གནས་དང་གྲོལ་བ་གཞིར་བཅས་པ། །རང་དོན་རྣམ་པ་ཐམས་ ཅད་སྤྱོད། །བྱང་ཆུབ་སེམས་དཔའ་རྣམས་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་ལ་རབ་ ཏུ་བརྩོན་པ་ནི། གང་ལ་ཅི་འདོད་པའི་སྦྱིན་པ་གཏོང་བ་དང༌། གཞན་ལ་མི་གནོད་ཅིང་ཕན་ པའི་ཚུལ་ཁྲིམས་བསྲུང་བ་དང༌། གཞན་གྱི་གནོད་པ་བྱས་ཀྱང་ལན་མི་བྱེད་པ་ལ་སོགས་པའི་ བཟོད་པ་སྒོམ་པ་རྣམས་ཀྱིས་བྱེད་ཅིང༌། བསམ་གཏན་ལ་སེམས་རྩེ་གཅིག་ཏུ་གནས་ཤིང་ མཉམ་པར་འཇོག་པ་དང༌། མཉམ་པར་བཞག་པ་ལྟར་ཤེས་རབ་ཀྱི་རྣམ་པར་གྲོལ་བ་དང༌། དེ་དག་གཞིར་གྱུར་པ་བརྩོན་འགྲུས་རྩོམ་པ་དང་བཅས་པས་ནི་རང་གི་དོན་རྣམས་ཐམས་ ཅད་སྤྱོད་པས་དོན་གཉིས་ཀྱི་དབང་དུ་བྱས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་བཞག་པའོ། ། ཁྱད་པར་ནི། མི་ཕོངས་པ་དང་རྣམ་པར་མི་འཚེ་དང༌། །རྣམ་འཚེ་ བཟོད་དང་བྱ་བས་མི་སྐྱོ་དང༌། །དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ ཕྱིར། །གཞན་གྱི་དོན་ནི་རང་གི་དོན་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ སྦྱིན་པས་གཞན་མི་ཕོངས་པར་བྱེད་པ་དང༌། ཚུལ་ཁྲིམས་ཀྱིས་གཞན་ལ་རྣམ་པར་མི་འཚེ་ 4-1-398 བར་བྱེད་པ་དང༌། བཟོད་པས་གཞན་གྱི་རྣམ་པར་འཚེ་བ་བཟོད་པར་བྱེད་པ་དང༌། བརྩོན་ འགྲུས་ཀྱིས་གཞན་དོན་གྱི་བྱ་བས་མི་སྐྱོ་བར་བྱེད་པ་དང༌། བསམ་གཏན་ལ་བརྟེན་ནས་གྲུབ་ པའི་རྫུ་འཕྲུལ་གྱིས་གཞན་དད་ཅིང་དགའ་བར་བྱེད་པ་དང༌། ཤེས་རབ་ཀྱིས་གཞན་གྱི་ཐེ་ ཚོམ་གཅོད་པའི་སྒོ་ནས་ལེགས་པར་བརྗོད་པར་བྱེད་པ་དེ་ཡི་ཕྱིར། དངོས་སུ་གཞན་གྱི་དོན་ ཕུན་སུམ་ཚོགས་པ་སྒྲུབ་པ་ནི་ཤུགས་ལ་རང་གི་དོན་ཡང་གྲུབ་པ་ཡིན་པས། དོན་གཉིས་ མཐར་ཕྱིན་པའི་བྱང་ཆུབ་ཆེན་པོ་འཐོབ་པའི་དབང་དུ་བྱས་ནས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ ཏུ་བཞག་པ་ཡིན་ནོ། ། ཐེག་ཆེན་ལ་ལྟོས་ནས་ཕྱིན་དྲུག་ཏུ་འཇོག་ཚུལ་ནི། ལོངས་སྤྱོད་མངོན་པར་མི་ དགའ་དང༌། །རབ་གུས་གཉིས་ལ་མི་སྐྱོ་དང༌། །རྣལ་འབྱོར་རྣམ་པར་མི་ རྟོག་པ། །ཐེག་ཆེན་མཐའ་དག་འདིར་ཟད་དོ། །བྱང་ཆུབ་སེམས་དཔའ་རྣམས་ ལ་སྦྱིན་པས་ནི་ལོངས་སྤྱོད་ལ་མངོན་པར་མི་དགའ་ཞིང་མ་ཆགས་པ་དང༌། ཚུལ་ཁྲིམས་ཀྱིས་ ནི་བསླབ་བྱ་རྣམས་རབ་ཏུ་གུས་པས་བསྲུང་བ་ཉིད་དང༌། གཉིས་ལས་མི་སྐྱོ་བ་ནི་བཟོད་པས་ སེམས་ཅན་མི་དང་དུད་འགྲོ་ལ་སོགས་པའི་གནོད་པ་ལ་ལན་མི་བྱེད་ཅིང༌། སེམས་ཅན་མ་ ཡིན་པ་ཆར་དང་རླུང་ལ་སོགས་པའི་སྡུག་བསྔལ་ལ་ཅི་མི་སྙམ་པའི་སྒོ་ནས་མི་སྐྱོ་བ་དང༌། བརྩོན་འགྲུས་ཀྱིས་དགེ་བ་རྒྱ་ཆེན་པོ་ལ་སྤྲོ་བའི་སྒོ་ནས་རབ་ཏུ་སྦྱོར་བ་ལ་མི་སྐྱོ་བ་དང༌། བསམ་གཏན་གྱིས་ཞི་གནས་ལྷག་མཐོང་ཟུང་འཇུག་གི་རྣལ་འབྱོར་ལ་མཉམ་པར་འཇོག་པ་ དང༌། ཤེས་རབ་ཀྱིས་སྤྲོས་མེད་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམས་ཐོབ་པའི་ཕྱིར་ཐེག་པ་ ཆེན་པོའི་དོན་མཐའ་དག་ནི་འདིར་ཙམ་དུ་ཟད་ཅིང་འདུས་པའི་དབང་དུ་བྱས་ནས་ཕ་རོལ་ཏུ་ ཕྱིན་པ་དྲུག་ཏུ་བཞག་པ་ཉིད་དོ། ། ལམ་ཀུན་ལ་ལྟོས་ནས་ཕྱིན་དྲུག་ཏུ་འཇོག་ཚུལ་ནི། ཡུལ་རྣམས་ལ་ནི་མ་ཆགས་ 4-1-399 ལམ། །དེ་ཐོབ་རྣམ་གཡེང་སྡོམ་པའི་གཞན། །སེམས་ཅན་མི་གཏོང་ འཕེལ་བ་དང༌། །སྒྲིབ་པ་རྣམ་པར་སྦྱོང་བའི་གཞན། །བྱང་ཆུབ་སེམས་དཔའ་ རྣམས་ཀྱི་སྦྱིན་པ་ནི་གཏོང་བ་ལ་གོམས་པས་འདོད་ཡོན་གྱི་ཡུལ་རྣམས་ལ་ནི་མ་ཆགས་པའི་ ལམ་དང༌། ཚུལ་ཁྲིམས་ནི་དགེ་སློང་གི་སྡོམ་པ་ལ་གནས་པའི་སྒོ་ནས་འདོད་པའི་ཡུལ་དེ་ ཐོབ་པར་འདོད་པའི་རྣམ་པར་གཡེང་བ་སྡོམ་པའི་ལམ་གཞན་དང༌། བཟོད་པ་ནི་གཞན་གྱི་ གནོད་པའི་སྡུག་བསྔལ་གྱིས་ཡིད་མི་འབྱུང་བས་སེམས་ཅན་ཡོངས་སུ་མི་གཏོང་ཞིང་རྗེས་སུ་ འཛིན་པའི་ལམ་དང༌། བརྩོན་འགྲུས་ནི་དགེ་བ་རྒྱ་ཆེན་པོ་ལ་སྤྲོ་བའི་སྒོ་ནས་གོང་ནས་གོང་དུ་ འཕེལ་བར་བྱེད་པའི་ལམ་དང༌། བསམ་གཏན་དང་ཤེས་རབ་ནི་རིམ་པ་ལྟར་ཉོན་མོངས་པ་ དང་ཤེས་བྱའི་སྒྲིབ་པ་རྣམ་པར་སྦྱོང་བའམ། ཡང་ན་བསམ་གཏན་ནི་སྒྲིབ་པ་གཉིས་མངོན་ གྱུར་མགོ་གནོན་པའི་ཚུལ་གྱིས་རྣམ་པར་སྦྱོང་བའི་ལམ་དང༌། ཤེས་རབ་ནི་སྒྲིབ་གཉིས་ས་ བོན་བག་ཆགས་དང་བཅས་པ་རྩ་བ་ནས་རྣམ་པར་སྦྱོང་བའི་ལམ་གཞན་ཡིན་པས། ཐབས་ སམ་ལམ་གྱི་རྣམ་པ་ཐམས་ཅད་ཀྱི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་རྣམ་པར་ བཞག་པའོ། ། བསླབ་གསུམ་ལ་ལྟོས་ནས་ཕྱིན་དྲུག་ཏུ་འཇོག་ཚུལ་ནི། བསླབ་གསུམ་དབང་དུ་ མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་ པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ ལ་ཡང་གཏོགས། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ སྒྲུབ་པའི་དབང་དུ་མཛད་ནས་ནི། རྒྱལ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བཤད་དེ། དེ་ཡང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་སྟེ། སྦྱིན་པས་བུ་ སྨད་དང་ནོར་རྫས་ལ་སོགས་པའི་ལོངས་སྤྱོད་ལ་མི་ལྟ་བ་ནི་ཚུལ་ཁྲིམས་ཡང་དག་པར་ལེན་ 4-1-400 པ་རྒྱུའི་ཚོགས་ཡིན་ལ། ཡང་དག་པར་བླངས་པ་དེ་ཉིད་བཟོད་པས་གཤེ་ཡང་སླར་མི་གཤེ་ བ་ལ་སོགས་པས་བསྲུང་བ་ནི་ཚུལ་ཁྲིམས་ཀྱི་འཁོར་ཡིན་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་ ཐ་མ་གཉིས་ཀྱིས་བསླབ་པ་རྣམ་པ་གཉིས་བསྡུས་པ་སྟེ། བསམ་གཏན་ལ་སེམས་རྩེ་གཅིག་ ཏུ་འཇོག་པ་ནི་ལྷག་པ་སེམས་ཀྱི་བསླབ་པ་ཡིན་ཞིང༌། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་ རབ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་ཡིན་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་གཅིག་དགེ་བ་ ལ་སྤྲོ་བའི་བརྩོན་འགྲུས་ནི་ཐམས་ཅད་ཀྱི་གྲོགས་སུ་འགྱུར་བའི་ཕྱིར་བསླབ་པ་གསུམ་ཆར་ ལ་ཡང་གཏོགས་པས་བསླབ་པ་གསུམ་ལ་ལྟོས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གྲངས་ངེས་ པའོ། ། མཚན་ཉིད་བསྟན་པ་ལ་ཐེག་བསྡུས་སུ། བྱང་ཆུབ་ཀྱི་སེམས་ལ་བརྟེན་པས་རྟེན་དམ་ པ་དང༌། གཞིའམ་དངོས་པོ་མཐའ་དག་ལ་འཇུག་པས་དངོས་པོ་དམ་པ་དང༌། སེམས་ཅན་ ཐམས་ཅད་ལ་ཕན་པ་དང་བདེ་བ་སྒྲུབ་པས་ཆེད་དུ་བྱ་བ་དམ་པ་དང༌། འཁོར་གསུམ་དུ་མི་ རྟོག་པའི་ཡེ་ཤེས་ཀྱིས་ཟིན་པས་ཐབས་ལ་མཁས་པ་དམ་པ་དང༌། འབྲས་བུ་བྱང་ཆུབ་ཆེན་ པོར་བསྔོས་པས་བསྔོ་བ་དམ་པ་དང༌། སྤང་བྱ་སྒྲིབ་གཉིས་དག་པར་བྱེད་པས་རྣམ་པར་དག་ པ་དམ་པ་སྟེ་དམ་པ་དྲུག་དང་ལྡན་པར་ཡང་གསུངས་ཤིང༌། འདིར་ནི་ཐམས་ཅད་མཚན་ཉིད་ བཞི་ལྡན་དུ་འཆད་པ་ལ་དྲུག་གི་དང་པོ། སྦྱིན་པའི་མཚན་ཉིད་ནི། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང༌། །རྣམ་ པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། ། སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །སྦྱིན་པ་མཚན་ཉིད་བཞི་དང་ལྡན་པ་ སྟེ་སྤང་བྱ་མི་མཐུན་ཕྱོགས་སེར་སྣ་མཐའ་དག་སྤངས་ཤིང་ཉམས་པ་དང༌། གཉེན་པོ་ཆོས་ ཐམས་ཅད་བདག་མེད་པར་རྟོགས་པས་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ 4-1-401 ལྡན་པ་དང༌། བྱེད་ལས་གནས་སྐབས་སུ་གང་ལ་ཅི་འདོད་པ་དེ་ཐམས་ཅད་བྱིན་ནས་ཕ་རོལ་ པོའི་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། མཐར་ཐུག་སྦྱིན་པས་མགུ་ བར་བྱས་ཏེ་བསྡུས་པའི་སེམས་ཅན་རྣམས་རང་རང་གི་མོས་པ་དང་སྐལ་པ་ཇི་ལྟ་བ་བཞིན་ དུ་ཐེག་པ་གསུམ་ལ་སྦྱར་ཏེ་རྣམ་པར་སྨིན་པར་བྱེད་ཅིང༌། བྱང་ཆུབ་རྣམ་པ་གསུམ་ལ་འགོད་ པའི་མཚན་ཉིད་ཅན་ནོ། ། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་མཚན་ཉིད་ནི། ཚུལ་ཁྲིམས་མི་མཐུན་ཕྱོགས་ ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཚུལ་ཁྲིམས་ མཚན་ཉིད་བཞི་དང་ལྡན་པ་སྟེ། སྤང་བྱ་མི་མཐུན་པའི་ཕྱོགས་འཆལ་པའི་ཚུལ་ཁྲིམས་མཐའ་ དག་སྤངས་ཤིང་ཉམས་པ་དང༌། གཉེན་པོ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པས་ འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། བྱེད་ལས་གནས་སྐབས་ སུ་ལུས་དང་ངག་ཐམས་ཅད་སྡོམ་པ་དང་ལྡན་པས་ཕ་རོལ་པོའི་བསམ་པ་ལ་འདིས་བདག་ གི་ལུས་དང་ལོངས་སྤྱོད་ལ་གནོད་པ་མ་བྱས་ན་ལེགས་སོ་སྙམ་པའི་འདོད་པ་དེ་ཐམས་ཅད་ ཡོངས་སུ་རྫོགས་པར་བྱེད་པ་དང༌། མཐར་ཐུག་ཚུལ་ཁྲིམས་ཀྱིས་མགུ་བར་བྱས་ཏེ་བསྡུས་ པའི་སེམས་ཅན་རྣམས་རང་རང་གི་མོས་པ་དང་སྐལ་བ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་ལ་ སྦྱར་ཏེ་རྣམ་པར་སྨིན་པར་བྱེད་ཅིང་བྱང་ཆུབ་རྣམ་པ་གསུམ་ལ་འགོད་པའི་མཚན་ཉིད་ཅན་ ནོ། ། བཟོད་པའི་མཚན་ཉིད་ནི། བཟོད་པ་མི་མཐུན་ཕྱོགས་ཉམས་དང༌། །རྣམ་ པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། ། སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །བཟོད་པ་མཚན་ཉིད་བཞི་དང་ལྡན་ 4-1-402 པ་སྟེ། སྤང་བྱ་མི་མཐུན་པའི་ཕྱོགས་ཁོང་ཁྲོ་ཞེ་སྡང་མཐའ་དག་སྤངས་ཤིང་ཉམས་པ་དང༌། གཉེན་པོ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པས་འཁོར་གསུམ་དུ་རྣམ་པར་མི་རྟོག་ པའི་ཡེ་ཤེས་དང་ལྡན་པ་དང༌། བྱེད་ལས་གནས་སྐབས་སུ་གནོད་བྱེད་ལ་ལན་མི་བྱེད་པའི་ བཟོད་པ་དང་ལྡན་པས་ཕ་རོལ་པོའི་བསམ་པ་ལ་འདིས་བདག་ལ་གནོད་[པར་{པ་མ་}བྱས་ པར་བཟོད་པ་བྱས་ན་ལེགས་སོ་སྙམ་པའི་འདོད་པ་དེ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ པ་དང༌། མཐར་ཐུག་བཟོད་པས་མགུ་བར་བྱས་ཏེ་བསྡུས་པའི་སེམས་ཅན་རྣམས་རང་རང་གི་ མོས་པ་དང་སྐལ་བ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་ལ་སྦྱར་ཏེ་རྣམ་པར་སྨིན་པར་བྱེད་ཅིང་ བྱང་ཆུབ་རྣམ་པ་གསུམ་ལ་འགོད་པའི་མཚན་ཉིད་ཅན་ནོ། ། བརྩོན་འགྲུས་ཀྱི་མཚན་ཉིད་ནི། བརྩོན་འགྲུས་མི་མཐུན་ཕྱོགས་ཉམས་ དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་ རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །བརྩོན་འགྲུས་མཚན་ ཉིད་བཞི་དང་ལྡན་པ་སྟེ། སྤང་བྱ་མི་མཐུན་པའི་ཕྱོགས་ལེ་ལོ་མཐའ་དག་སྤངས་ཤིང་ཉམས་ པ་དང༌། གཉེན་པོ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པས་འཁོར་གསུམ་དུ་རྣམ་པར་ མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། བྱེད་ལས་གནས་སྐབས་སུ་གཞན་དོན་གྱི་ལས་སུ་ བྱ་བ་གང་དང་གང་ཡོད་པ་དེ་དང་དེའི་གྲོགས་བྱེད་པས་ཕ་རོལ་པོའི་འདོད་པ་ཐམས་ཅད་ ཡོངས་སུ་རྫོགས་པར་བྱེད་པ་དང༌། མཐར་ཐུག་བརྩོན་འགྲུས་ཀྱིས་མགུ་བར་བྱས་ཏེ་བསྡུས་ པའི་སེམས་ཅན་རྣམས་རང་རང་གི་མོས་པ་དང་སྐལ་བ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་ལ་ སྦྱར་ཏེ་རྣམ་པར་སྨིན་པར་བྱེད་ཅིང་བྱང་ཆུབ་རྣམ་པ་གསུམ་ལ་འགོད་པའི་མཚན་ཉིད་ཅན་ ནོ། ། བསམ་གཏན་གྱི་མཚན་ཉིད་ནི། བསམ་གཏན་མི་མཐུན་ཕྱོགས་ཉམས་ 4-1-403 དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་ རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །བསམ་གཏན་མཚན་ ཉིད་བཞི་དང་ལྡན་པ་སྟེ། སྤང་བྱ་མི་མཐུན་པའི་ཕྱོགས་རྣམ་པར་གཡེང་བ་མཐའ་དག་སྤངས་ ཤིང་ཉམས་པ་དང༌། གཉེན་པོ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པས་འཁོར་གསུམ་ དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། བྱེད་ལས་གནས་སྐབས་སུ་བསམ་གཏན་ ལ་བརྟེན་པའི་རྫུ་འཕྲུལ་སྣ་ཚོགས་པས་གཞན་གྱི་ཡིད་ལ་འཐད་པར་བྱས་ཏེ་འདོད་པ་ཐམས་ ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། མཐར་ཐུག་རྫུ་འཕྲུལ་གྱིས་མགུ་བར་བྱས་ཏེ་བསྡུས་ པའི་སེམས་ཅན་རྣམས་རང་རང་གི་མོས་པ་དང་སྐལ་བ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་ལ་ སྦྱར་ཏེ་རྣམ་པར་སྨིན་པར་བྱེད་ཅིང་བྱང་ཆུབ་རྣམ་པ་གསུམ་ལ་འགོད་པའི་མཚན་ཉིད་ཅན་ ནོ། ། ཤེས་རབ་ཀྱི་མཚན་ཉིད་ནི། ཤེས་རབ་མི་མཐུན་ཕྱོགས་ཉམས་དང༌། །རྣམ་ པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། ། སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཤེས་རབ་མཚན་ཉིད་བཞི་དང་ལྡན་ པ་སྟེ། སྤང་བྱ་མི་མཐུན་པའི་ཕྱོགས་འཆལ་པའི་ཤེས་རབ་མཐའ་དག་སྤངས་ཤིང་ཉམས་པ་ དང༌། གཉེན་པོ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པས་འཁོར་གསུམ་དུ་རྣམ་པར་མི་ རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། བྱེད་ལས་གནས་སྐབས་སུ་ཆོས་རྣམས་ཀྱི་གནས་ལུགས་ རྟོགས་པས་གཞན་གྱི་ཐེ་ཚོམ་མཐའ་དག་བཅད་ནས་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་ པར་བྱེད་པ་དང༌། མཐར་ཐུག་ཤེས་རབ་ཀྱིས་མགུ་བར་བྱས་ཏེ་བསྡུས་པའི་སེམས་ཅན་ རྣམས་རང་རང་གི་མོས་པ་དང་སྐལ་བ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་ལ་སྦྱར་ཏེ་རྣམ་པར་ སྨིན་པར་བྱེད་ཅིང་བྱང་ཆུབ་རྣམ་པ་གསུམ་ལ་འགོད་པའི་མཚན་ཉིད་ཅན་ནོ། ། 4-1-404 གོ་རིམ་བསྟན་པ་ནི། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་ གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་ བསྟན་པ་ཡིན། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་སྐྱེ་བ་རྒྱུ་ འབྲས་ཀྱི་དབང་དུ་བྱས་ཏེ་གོ་རིམ་ངེས་ཚུལ་ནི། སྦྱིན་པས་ལུས་དང་ལོངས་སྤྱོད་ལ་མི་ལྟ་ན་ ཚུལ་ཁྲིམས་ཡང་དག་པར་ལེན་ཅིང༌། ཚུལ་ཁྲིམས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་དང་ལྡན་ པ་ལས་བཟོད་པ་འབྱུང་སྟེ། དཀའ་སྤྱད་དང་དུ་ལེན་པའི་བཟོད་པ་ལ་བརྟེན་ནས་བརྩོན་ འགྲུས་རྩོམ་ལ། མཉམ་གཞག་ལ་སྤྲོ་བའི་བརྩོན་འགྲུས་ལ་བརྟེན་ནས་བསམ་གཏན་འབྱུང་ ཞིང༌། སེམས་མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་ འབྱུང་བའི་ཕྱིར་རོ། །[སྤང་བྱ་{ཡང་ན་}མ་སྔ་མ་རྣམས་དམན་པ་དང་ཕྱི་མ་ཕྱི་མ་རྣམས་ མཆོག་ཏུ་གནས་པའི་ཕྱིར་ཡང་རིམ་པ་ལྟར་གསུངས་པ་སྟེ། (དབྱིག་གཉེན་གྱི་)ཚུལ་ཁྲིམས་ ཀྱི་གཏམ་ལས། གང་ཞིག་དད་པའི་སེམས་ཀྱིས་ནི། །ལོ་བརྒྱ་སྦྱིན་པ་བྱིན་པ་བས། །གང་ ཞིག་ཉིན་གཅིག་ཚུལ་ཁྲིམས་ནི། །བསྲུངས་པ་དེ་བས་ཁྱད་པར་འཕགས། །ཞེས་གསུངས་ པ་ལྟར་སྦྱིན་པ་ནི་དམན་ཞིང་ཚུལ་ཁྲིམས་ནི་མཆོག་ཏུ་གྱུར་པ་དང༌། དེ་བཞིན་དུ་བཟོད་པ་ དང་བརྩོན་འགྲུས་ལའང་སྦྱར་ཏེ། མཐར་བསམ་གཏན་ནི་ཉོན་མོངས་པ་སྤོང་བ་ཙམ་གྱིས་ དམན་པ་དང༌། ཤེས་རབ་ནི་ཤེས་བྱའི་སྒྲིབ་པ་མཐའ་དག་ཀྱང་སྤོང་བས་མཆོག་ཡིན་པའི་ བར་དུའོ། །དེ་བཞིན་དུ་སྔ་མ་རྣམས་རགས་པ་དང་ནི་ཕྱི་མ་རྣམས་ཕྲ་བ་ཡིན་པའི་ཕྱིར་ཡང་ རིམ་པ་ལྟར་གསུངས་པ་སྟེ། སྦྱིན་པ་ཤན་པ་རྣམས་དང་ནི། །རིགས་ངན་རྣམས་ཀྱང་གཏོང་ བར་བྱེད། །གང་ཡང་རུང་བའི་ཚུལ་ཁྲིམས་ནི། །ཡོངས་སུ་བསྲུང་བར་མི་ནུས་སོ། །ཞེས་ གསུངས་པ་ལྟར་སྦྱིན་པ་ནི་འཇུག་པ་དང་བྱ་བ་སླ་བས་རགས་པ་དང༌། ཚུལ་ཁྲིམས་ནི་ཕལ་ པ་རྣམས་ཀྱིས་འཇུག་པ་དང་བྱ་བ་ཤིན་ཏུ་དཀའ་བའི་ཕྱིར་ཕྲ་བ་དང༌། དེ་བཞིན་དུ་བཟོད་ 4-1-405 པ་དང་བརྩོན་འགྲུས་ལའང་སྦྱར་ཏེ། མཐར་བསམ་གཏན་ནི་རྟོགས་སླ་བས་རགས་པ་དང༌། ཤེས་རབ་ནི་བསམ་གྱིས་མི་ཁྱབ་པས་ཆེས་ཕྲ་བ་ཡིན་པའི་བར་དུའོ། །དེ་ལྟ་བས་ན་སྦྱིན་པ་ ལ་སོགས་པ་དྲུག་པོ་དེ་དག་སྔ་མ་སྔ་མའི་ཕྱི་མ་ཕྱི་མ་རིམ་པ་ཇི་ལྟ་བར་བསྟན་པ་ཡིན་ནོ། ། ངེས་ཚིག་བསྟན་པ་ནི། དབུལ་བ་འདོར་བར་བྱེད་པ་དང༌། །བསིལ་བ་ཐོབ་ དང་ཁྲོ་བཟོད་དང༌། །མཆོག་སྦྱོར་བ་དང་ཡིད་འཛིན་དང༌། །དོན་དམ་ ཤེས་པའི་ཕྱིར་བཤད་དོ། །དཱ་ནཾ་སྦྱིན་པ་དང༌། ཤཱི་ལཾ་ཚུལ་ཁྲིམས་དང༌། ཀྵཱནྟིཿབཟོད་ པ་དང༌། བིཪྻཾ་བརྩོན་འགྲུས་དང༌། དྷྱཱ་ནཾ་བསམ་གཏན་དང༌། པྲཛྙཱ་ཤེས་རབ་ཀྱི་མིང་རྣམས་ ལ་ཡི་གེ་ཕྲལ་བ་དང༌། བསྣན་པ་དང་བསྒྱུར་བ་ལ་སོགས་པ་ཇི་ལྟར་མཐུན་མཐུན་དུ་སྦྱར་ བའི་ངེས་ཚིག་གིས་བཤད་ན། དཱ་རི་དྱ་དབུལ་བ་ཨ་པ་ན་ཡ་འདོར་བ་སྟེ། སྦྱིན་པ་ལ་བརྟེན་ ནས་(རྒྱུད་ནས་)རང་དང་(དངོས་སུ་)གཞན་གྱིས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པས་དབུལ་ ཞིང་ཕོངས་པ་འདོར་བར་བྱེད་པས་ན་སྦྱིན་པ་ཞེས་བྱ་བ་དང༌། ཤཻ་ཏྱཾ་བསིལ་བ་ལཾ་བྷ་ན་ཐོབ་ པ་སྟེ། ཚུལ་ཁྲིམས་བསྲུང་བ་རྣམས་ཉོན་མོངས་པ་དང་འཁོར་བ་ངན་སོང་གི་གདུང་བ་མེད་ ཅིང་མྱ་ངན་ལས་འདས་པ་བསིལ་བའི་བདེ་བ་ཐོབ་པར་བྱེད་པས་ན་ཚུལ་ཁྲིམས་ཞེས་བྱ་བ་ དང༌། ཀྲུད་དྷེ་ཁྲོ་བ། ཀྵ་ཡཿཟད་པ་སྟེ་བཟོད་པ་ལ་གནས་ན་རང་གི་རྒྱུད་ལ་ཁོང་ཁྲོ་ཞེ་སྡང་ ཟད་པ་ལས་གཞན་གྱི་གནོད་པའི་ལན་མི་བྱེད་པ་ལ་སོགས་པ་འབྱུང་བས་ན་བཟོད་པ་ཞེས་ བྱ་བ་དང༌། ཝ་ར་མཆོག ཡོ་ག་སྦྱོར་བ་སྟེ་བརྩོན་འགྲུས་ཀྱིས་དགེ་པའི་རྩ་བ་མཆོག་ཏུ་གྱུར་ པ་རྣམས་ལ་སྤྲོ་བའི་སྒོ་ནས་སྦྱོར་བར་བྱེད་པས་ན་བརྩོན་འགྲུས་ཞེས་བྱ་བ་དང༌། མ་ན་ཡིད། དྷ་ར་འཛིན་པ་སྟེ་མཉམ་པར་བཞག་པ་ལས་ཡིད་ཕྱི་རོལ་ཏུ་མི་གཡེང་བར་ནང་དུ་འཛིན་པར་ བྱེད་པས་བསམ་གཏན་ཞེས་བྱ་བ་དང༌། པ་ར་མ་ཨརྠ་དམ་པའི་དོན། ཛྙཱ་ཤེས་པ་སྟེ་རྣམ་པར་ དཔྱད་པ་ལ་བརྟེན་ནས་དོན་དམ་པའི་གནས་ལུགས་ཕྱིན་ཅི་མ་ལོག་པར་ཤེས་པའི་ཕྱིར་ན་ 4-1-406 ཤེས་རབ་ཅེས་བྱ་བར་བཤད་དོ། ། ཐུམ་མོང་གི་ངེས་ཚིག་ནི། སྲིད་པ་འཇིག་རྟེན་པ་དང་ཞི་བ་ཉན་རང་གི་སྦྱིན་སོགས་དགེ་ བ་ཐམས་ཅད་ལས་རབ་བམ་མཆོག་གམ་ཕུལ་དུ་བྱུང་བར་སོང་བས་ན་ཕ་རོལ་ཏུ་ཕྱིན་པ་ ཞེས་བྱའོ། ། སྒོམ་པ་བསྟན་པ་ནི། ཐམས་ཅད་བསྒོམ་པ་དངོས་པོ་དང༌། །དེ་བཞིན་ ཡིད་ལ་བྱེད་པ་དང༌། །བསམ་པ་དང་ནི་ཐབས་དག་དང༌། །དབང་ འབྱོར་ཉིད་ལ་བརྟེན་པར་བརྗོད། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྒོམ་པའི་ཚུལ་ ལ་ལྔ་ཡོད་པ་ལས་དང་པོ་དངོས་པོ་ལ་བརྟེན་[པ་{ནས་}བཞི་སྟེ། ཐེག་ཆེན་གྱི་རིགས་སད་ པའི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པ་ལ་གོམས་པ་ནི་རྒྱུ་ལ་བརྟེན་པ་དང༌། སྔོན་ གོམས་པའི་སྟོབས་ཀྱིས་སྦྱིན་སོགས་སྒྲུབ་པ་དགའ་བའི་ལུས་ཕུན་སུམ་ཚོགས་པ་གྲུབ་པ་ ནི་རྣམ་པར་སྨིན་པ་ལ་བརྟེན་པ་དང༌། སྔོན་སྨོན་ལམ་རྣམ་པར་དག་པ་བཏབ་པའི་སྟོབས་ ཀྱིས་སྦྱིན་སོགས་སྒྲུབ་པ་ལ་ངང་གིས་འཇུག་པ་ནི་སྨོན་ལམ་ལ་བརྟེན་པ་དང༌། སྤང་བྱའི་ ཉེས་པ་དང་གཉེན་པོའི་ཡོན་ཏན་ཤེས་པའི་ཤེས་རབ་ལ་བརྟེན་ནས་སྦྱིན་སོགས་ཉམས་སུ་ ལེན་པ་ནི་སོ་སོར་རྟོག་པའི་སྟོབས་ལ་བརྟེན་པ་དང་བཅས་ཏེ་བསྒོམ་པའོ། །དེ་བཞིན་དུ་ ཡིད་ལ་བྱེད་པ་ལ་བརྟེན་པ་བཞི་ནི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་མདོ་སྡེ་ཐམས་ཅད་ལ་ལེགས་ པར་གསུངས་པའོ། །ཞེས་དད་ཅིང་མོས་པ་ཡིད་ལ་བྱེད་པ་དང༌། ཕ་རོལ་ཏུ་ཕྱིན་པ་བསྒོམ་ པ་ལ་ཡོན་ཏན་དུ་ལྟ་བའི་ཚུལ་གྱིས་དགའ་ཞིང་རོ་མྱང་བ་ཡིད་ལ་བྱེད་པ་དང༌། འཇིག་རྟེན་ གྱི་ཁམས་མཐའ་ཡས་པ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་སྦྱིན་སོགས་བསྒྲུབ་པ་ལ་ རང་གིས་བྱས་པ་དང་འདྲ་བར་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་དང༌། རང་དང་གཞན་གྱི་ཕ་ རོལ་ཏུ་ཕྱིན་པའི་ཁྱད་པར་མ་འོངས་པ་ན་བསྒྲུབ་པར་འགྱུར་བ་ལ་དང་ཞིང་སྤྲོ་བའི་སྒོ་ནས་ 4-1-407 མངོན་པར་དགའ་བ་ཡིད་ལ་བྱེད་པ་དང་བཅས་པའི་ཚུལ་གྱིས་བསྒོམ་པའོ། །བསམ་པ་ལ་ བརྟེན་པ་དྲུག་ནི་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྐད་ཅིག་མ་རེ་རེ་ལ་བྱང་ཆུབ་ཏུ་སྨིན་ པར་བྱ་བའི་སེམས་ཅན་མཐའ་ཡས་པ་རྣམས་ཀྱི་རེ་རེའི་ཕྱིར་ཡང་ལུས་གངྒཱའི་ཀླུང་གི་བྱེ་མ་ སྙེད་དང༌། ཞིང་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་(གསེར་དངུལ་བཻ་ཌཱུརྱ་ཤེལ་སྤུག་རྡོའི་སྙིང་པོ་མུ་ཏིག་དམར་ པོ་སྟེ་)རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་བྱིན་ཡང་མི་ངོམས་པ་དང༌། ལུས་དེ་སྙེད་ཀྱི་ཚེ་ཚད་ བསྐལ་པ་དེ་སྙེད་དུ་རྟག་པར་ཡོ་བྱད་རྣམས་ཀྱིས་ཕོངས་བཞིན་དུ་སྟོང་གསུམ་མེ་མ་མུར་གྱིས་ གང་བར་ཡང་འགྲོ་ཆགས་ཉལ་འདུག་གི་སྤྱོད་ལམ་བཞི་བྱེད་ཅིང༌། སྐད་ཅིག་མ་རེ་རེ་ནས་ རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཚུལ་ཁྲིམས་ལ་སོགས་པ་ལྔ་ཉམས་སུ་ལེན་པ་ནི་ངོམས་མི་ ཤེས་པའི་བསམ་པ་དང་(༡)། དེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྐད་ཅིག་ཙམ་ཡང་ཉམས་པ་ མེད་པར་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་གཅོད་པར་སྒོམ་པ་ནི་ཡངས་ཤིང་རྒྱ་ཆེ་བའི་བསམ་པ་ དང་(༢)། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྗེས་སུ་བཟུང་བའི་སེམས་ཅན་རྣམས་དགའ་བ་ལས་ ཀྱང་རྗེས་སུ་འཛིན་པ་པོ་ཆེས་ལྷག་པར་དགའ་བར་འགྱུར་བ་ནི་དགའ་བའི་བསམ་པ་དང་ (༣)། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཕན་བཏགས་པའི་སེམས་ཅན་འདི་རྣམས་བྱང་ཆུབ་སྒྲུབ་ པའི་གྲོགས་སུ་གྱུར་པས་བདག་ལ་ཤིན་ཏུ་ཕན་འདོགས་པར་མཐོང་གི་བདག་གིས་ནི་དེ་ཙམ་ དུ་ཕན་བཏགས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི་ཕན་པའི་བསམ་པ་དང་(༤)། ཕ་རོལ་ཏུ་ ཕྱིན་པ་དྲུག་གི་བསོད་ནམས་རྒྱ་ཆེན་པོ་མངོན་པར་འདུས་བྱས་ཀྱང་ལན་དང་རྣམ་པར་སྨིན་ པ་ལ་མི་རེ་བ་ནི་མ་གོས་པའི་བསམ་པ་དང་(༥)། ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླངས་པ་ ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་རྣམས་ཀྱང་རང་དོན་ལ་ལྟོས་པ་མེད་པར་གཞན་ཁོ་ ན་ལ་གཏོང་ཞིང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བྱང་ཆུབ་ཆེན་པོར་ཡོངས་ སུ་བསྔོ་བ་དགེ་བའི་བསམ་པ་དང་ནི་(༦)བཅས་ཏེ་བསྒོམ་པའོ། །ཐབས་དག་ལ་བརྟེན་པ་ 4-1-408 ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་འཁོར་གསུམ་ཡོངས་སུ་དག་པར་སོ་སོར་རྟོག་པ་སྟེ། དེས་ནི་ཡིད་ལ་བྱེད་པ་ཐམས་ཅད་མངོན་པར་འགྲུབ་པ་དང་བཅས་ཏེ་བསྒོམ་པའོ། ། དབང་འབྱོར་པ་ཉིད་ལ་བརྟེན་པ་གསུམ་ནི་ངོ་བོ་ཉིད་ཀྱི་སྐུ་ཐོབ་པ་ན་རང་དོན་ཕུན་སུམ་ ཚོགས་པ་འགྲུབ་པ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པ་ན་མཆོག་གི་གདུལ་བྱ་དང་ ལྷན་ཅིག་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པ་གཉིས་ནི་སྐུ་ལ་དབང་འབྱོར་ པ་ཉིད་དང༌། སྤྲུལ་བའི་སྐུ་ཐོབ་པ་ན་ཐུན་མོང་དུ་སེམས་ཅན་ཐམས་ཅད་ལ་ཆོས་དང་མཐུན་ པའི་སྤྱོད་པ་རྣམ་པ་ཐམས་ཅད་སྟོན་པ་ནི་སྤྱོད་པ་ལ་དབང་འབྱོར་པ་ཉིད་དང༌། གསུང་ཕུན་ སུམ་ཚོགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐོགས་པ་ མེད་པར་གསུང་བ་ནི་སྟོན་པ་ལ་དབང་འབྱོར་པ་ཉིད་དེ། དེ་དག་གིས་ནི་གོམས་པར་བྱ་བའི་ ཡོན་ཏན་མཐར་ཕྱིན་པར་བརྗོད་དོ། ། རབ་དབྱེ་བསྟན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ཞིང་ཡང་ངོ་བོ་རྒྱུ་འབྲས་ལས་ལྡན་ འཇུག་པ་སྟེ་དོན་དྲུག་དྲུག་ཏུ་ཤེས་པར་བྱས་ནས་སྒྲུབ་ཚུལ་སྟོན་པ་ལ། སྦྱིན་པ་ནི། དོན་རྣམས་གཏོང་བར་བྱེད་པ་དང༌། །རྩ་བ་སེམས་པ་ ལ་བརྟེན་དང༌། །ལུས་དང་ལོངས་སྤྱོད་ཕུན་ཚོགས་དང༌། །གཉིས་རྗེས་ འཛིན་དང་རྫོགས་བྱེད་དང༌། །དེ་ཡང་སེར་སྣ་མེད་ལྡན་དང༌། །ཆོས་ དང་ཟང་ཟིང་མི་འཇིགས་མཐོང༌། །སྦྱིན་པ་དེ་འདྲར་ཡོངས་ཤེས་ནས། ། མཁས་པ་ཡང་དག་སྒྲུབ་པར་བྱེད། །ལེན་པ་པོ་ལ་ཆོས་དང་ཟང་ཟིང་ལ་སོགས་ པའི་དོན་རྣམས་ཡོངས་སུ་གཏོང་བར་བྱེད་པ་ནི་ངོ་བོའི་དོན་དང༌། མ་ཆགས་པའི་དགེ་བའི་ རྩ་བ་ལ་སོགས་པ་དང༌། ལྷན་ཅིག་སྐྱེས་པའི་སེམས་པས་ཀུན་ནས་སློང་བ་ལ་བརྟེན་པ་ནི་ རྒྱུའི་དོན་དང༌། ནང་གི་དངོས་པོ་བཏང་བས་ལུས་ཕུན་སུམ་ཚོགས་པ་དང༌། གནས་ལྔ་པའི་ 4-1-409 མདོ་ལས། གཞན་ལ་ཁ་ཟས་བྱིན་བྱས་ན། །གནས་ལྔ་དག་ནི་ཀུན་ཐོབ་སྟེ། །ཚེ་དང་ཁ་དོག་ སྟོབས་དང་བདེ། །སྤོབས་པ་ཕུན་སུམ་ཚོགས་དང་ལྔ། །ཞེས་གསུངས་པ་ལྟར་ཕྱིའི་དངོས་ པོ་བཏང་བས་ཁ་ཟས་ལ་སོགས་པ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འགྲུབ་པ་ནི་འབྲས་བུའི་ དོན་དང༌། བརྒྱུད་ནས་རང་དང་{དངོས་སུ་}གཞན་གཉིས་རྗེས་སུ་འཛིན་པ་དང༌། བྱང་ཆུབ་ ཆེན་པོའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་ནི་ལས་ཀྱི་དོན་དང༌། དེ་ཡང་སེར་སྣ་མེད་པ་ ལ་སོགས་པའི་ཡོན་ཏན་དང་ལྡན་པ་ནི་ལྡན་པའི་དོན་དང༌། རྙེད་པ་དང་བཀུར་སྟི་ལ་མི་ལྟ་ བར་ལེགས་བཤད་སྟོན་པ་ནི་ཆོས་ཀྱི་སྦྱིན་པ་དང༌། གང་ལ་ཅི་འདོད་པའི་ཡོ་བྱད་གཏོང་བ་ ཟང་ཟིང་གི་སྦྱིན་པ་དང༌། འཁོར་བ་དང་ངན་སོང་གི་གནོད་པ་ལས་སྐྱོབ་པ་མི་འཇིགས་པའི་ སྦྱིན་པའི་རྣམ་པ་གསུམ་དུ་མཐོང་བ་ནི་འཇུག་པའི་དོན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དོན་ དྲུག་ཏུ་ཕྱེ་བ་དེ་འདྲར་ཡོངས་སུ་ཤེས་ནས་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཡང་དག་ པར་སྒྲུབ་པར་བྱེད་དོ། ། ཚུལ་ཁྲིམས་ནི། ཡན་ལག་དྲུག་ཞི་བསམ་པས་ཟིན། །བདེ་འགྲོ་གནས་ པ་སྦྱིན་བྱེད་དང༌། །རྟེན་དང་ཞི་དང་འཇིགས་པ་མེད། །བསོད་ནམས་ ཚོགས་དང་ལྡན་པ་དང༌། །བརྡར་བཏགས་ཆོས་ཉིད་ཐོབ་པ་སྟེ། །སྡོམ་ པ་གནས་པ་རྣམས་ལ་ཡོད། །ཚུལ་ཁྲིམས་དེ་འདྲར་ཡོངས་ཤེས་ནས། ། མཁས་པ་ཡང་དག་སྒྲུབ་པར་བྱེད། །ཚུལ་ཁྲིམས་དང་ལྡན་པར་གནས་པ་དང༌། སོ་སོ་ཐར་པའི་སྡོམ་པས་བསྡམས་པ་དང༌། (སྤྱོད་ལམ་རྣམ་པར་དག་པ། ) ཆོ་ག་ཕུན་སུམ་ཚོགས་པ་ དང༌། (གསོད་པ་དང་སྨད་འཚོང་དང་འཆང་འཚོང་དང༌། རྒྱལ་པོའི་ཕོ་བྲང་དང༌། གདོལ་བའི་ཁྱིམ་རྣམས་སྤངས་པ་སྟེ། ) སྤྱོད་ ཡུལ་ཕུན་སུམ་ཚོགས་པ་དང༌། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་དང༌། བསླབ་པའི་གཞི་ཡང་དག་པར་བླངས་པ་རྣམས་ལ་རྫོགས་པར་སློབ་པ་སྟེ། ཡན་ལག་དྲུག་ 4-1-410 དང་ལྡན་པ་ནི་ངོ་བོའི་དོན་དང༌། ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པའི་བསམ་ པས་ཟིན་པ་ནི་རྒྱུའི་དོན་དང༌། གནས་སྐབས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་དང༌། ལྟུང་བའི་ཡིད་ལ་གཅགས་པའི་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་སེམས་ཏིང་ངེ་ འཛིན་ལ་གནས་པ་སྦྱིན་ཞིང་ཐོབ་པར་བྱེད་པ་ནི་འབྲས་བུའི་དོན་དང༌། ཡོན་ཏན་ཐམས་ཅད་ ཀྱི་རྟེན་བྱེད་པ་དང༌། ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པ་དང་སྲོག་གཅོད་པ་ལ་སོགས་ པའི་རྐྱེན་ཅན་གྱི་འཇིགས་པ་དང་ཁ་ན་མ་ཐོ་བ་དང་ཁོན་རྣམས་ཀྱི་འཇིགས་པ་མེད་པར་བྱེད་ པ་ནི་ལས་ཀྱི་དོན་དང༌། ལུས་ངག་ཡིད་གསུམ་གྱི་ལས་ཐམས་ཅད་དགེ་བ་འབའ་ཞིག་སྤྱོད་ པས་བསོད་ནམས་ཀྱི་ཚོགས་དང་ལྡན་པ་ནི་ལྡན་པའི་དོན་དང༌། གཞན་ལ་གནོད་པ་གཞི་ དང་བཅས་པ་སྤོང་བའི་སེམས་པ་ཡང་དག་པར་བླངས་ཤིང༌། བརྡར་བཏགས་པ་ལས་ཐོབ་ པ་སོ་སོ་ཐར་པའི་སྡོམ་པ་དང་ཆོས་ཉིད་ཀྱིས་ཐོབ་པ་བསམ་གཏན་པ་དྲུག་ཏིང་ངེ་འཛིན་ཟག་ བཅས་དང་ལྷན་ཅིག་པའི་སྤོང་བའི་སེམས་པ་བསམ་གཏན་པའི་སྡོམ་པ་དང༌། ཏིང་ངེ་འཛིན་ ཟག་མེད་དང་ལྷན་ཅིག་འབྱུང་བ་སྤོང་བའི་སེམས་པ་ཟག་པ་མེད་པའི་སྡོམ་པ་སྟེ། གསུམ་དུ་ རབ་ཏུ་དབྱེ་བའི་འཇུག་པ་དང༌། སྡོམ་པ་དེ་དག་ལ་གནས་པའི་གང་ཟག་རྣམས་ལ་ཡོད་པ་ རྟེན་གྱི་འཇུག་པ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དྲུག་ཏུ་ཕྱེ་བ་དེ་འདྲར་ཡོངས་སུ་ ཤེས་ནས་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཡང་དག་པར་སྒྲུབ་པར་བྱེད་དོ། ། བཟོད་པ་ནི། མི་མཇེད་ཇི་མི་སྙམ་སེམས་དང༌། །སྙིང་རྗེ་ཆོས་ལ་བརྟེན་ པའི་ཕྱིར། །ཕན་ཡོན་ལྔར་ནི་ཡང་དག་བཤད། །དེ་ནི་གཉིས་ཀྱི་དོན་ བྱེད་དེ། །དཀའ་ཐུབ་གཙོ་དང་ཀུན་ཏུ་ལྡན། །དེ་ལ་དེ་ནི་རྣམ་གསུམ་ འདོད། །བཟོད་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་ པར་བྱེད། །གནོད་པ་ལ་ལན་མི་མཇེད་པ་དང༌། སྡུག་བསྔལ་ལ་ཇི་མི་སྙམ་པ་དང༌། ཆོས་ 4-1-411 ཀྱི་དེ་ཁོ་ན་ཉིད་ངེས་པར་རྟོགས་ཤིང་ཤེས་པའི་བཟོད་པ་གསུམ་ནི་ངོ་བོའི་དོན་དང༌། སྙིང་ རྗེ་ཆེན་པོ་དང་སྒོ་གསུམ་གྱིས་གཞན་ལ་གནོད་པ་སྤོང་བའི་ཚུལ་ཁྲིམས་ཡང་དག་པར་ལེན་ པ་དང༌། ཐེག་ཆེན་གྱི་ཆོས་ཐོས་ཤིང་རྟོགས་པ་ལ་བརྟེན་པའི་ཕྱིར་འབྱུང་བ་ནི་རྒྱུའི་དོན་དང༌། མདོ་ལས། བཟོད་པ་ལ་ཕན་ཡོན་ལྔ་སྟེ། ཁོན་མི་མང་བ་ཡིན་དབྱེན་མི་མང་བ་ཡིན། བདེ་ བ་དང་ཡིད་བདེ་བ་མང་བ་ཡིན། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པ་ཡིན། ལུས་ཞིག་ ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་ཡིན། ཞེས་ཕན་ཡོན་ལྔར་ནི་ ཡང་དག་པར་བཤད་པ་རྣམས་ཐོབ་པ་འབྲས་བུའི་དོན་དང༌། མདོ་ལས། གང་ཞིག་ཕ་རོལ་ འཁྲུག་ཤེས་ནས། །བདག་ཉིད་དེ་ལ་ཉེར་ཞི་བ། །དེ་ནི་བདག་དང་ཕ་རོལ་དང༌། །གཉིས་ པོ་དག་གི་[བརྟེན་{དོན་}བྱེད་དོ། །ཞེས་གསུངས་པ་ལྟར་བཟོད་པ་དེ་ནི་བདག་ཉིད་བདེ་ བར་གནས་ཤིང་གཞན་ལ་ཕན་པ་སྒྲུབ་པས་རང་གཞན་གཉིས་པོ་དག་གི་དོན་བྱེད་དེ་ཞེས་པ་ ལས་ཀྱི་དོན་དང༌། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་ སངས་རྒྱས་གསུང༌། །ཞེས་པ་ལྟར་དཀའ་ཐུབ་རྣམས་ཀྱི་ནང་ནས་མཆོག་གམ་གཙོ་བོར་གྱུར་ པ་དང༌། ཀུན་ཏུ་ལྡན་པ་ནི་ལྡན་པའི་དོན་དང༌། བཟོད་པ་དང་ལྡན་པ་དེ་ལ་ཡོད་པ་ནི་རྟེན་གྱི་ འཇུག་པ་དང༌། སྔར་བསྟན་པ་ལྟར་བཟོད་པ་དེ་ནི་རྣམ་པ་གསུམ་དུ་འདོད་པར་རབ་ཏུ་དབྱེ་ བའི་འཇུག་པ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དོན་དྲུག་ཏུ་ཕྱེ་བ་དེ་འདྲར་ཡོངས་སུ་ཤེས་ ནས་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཡང་དག་པར་སྒྲུབ་པར་བྱེད་དོ། ། བརྩོན་འགྲུས་ནི། དགེ་ལ་ཡང་དག་སྤྲོ་བ་དང༌། །དད་དང་འདུན་ལ་ བརྟེན་པ་དང༌། །དྲན་སོགས་ཡོན་ཏན་འཕེལ་བྱེད་དང༌། །ཀུན་ནས་ཉོན་ མོངས་གཉེན་པོ་དང༌། །མ་ཆགས་ལ་སོགས་ཡོན་ཏན་ལྡན། །དེ་དག་ལ་ ནི་དེ་རྣམ་བདུན། །བརྩོན་འགྲུས་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ 4-1-412 ཡང་དག་སྒྲུབ་པར་བྱེད། །མི་དགེ་བ་དང་ལུང་མ་བསྟན་ལ་སྤྲོ་བ་བསལ་ནས་དགེ་ བ་ལ་སྤྲོ་ཞིང་ཕྱི་རོལ་པའི་ཐར་པའི་དོན་དུ་སྤྲོ་བ་བསལ་ནས་ཡང་དག་པའི་དགེ་བ་ལ་སྤྲོ་བ་ ནི་ངོ་བོའི་དོན་དང༌། རྒྱུ་འབྲས་ལ་མངོན་པར་ཡིད་ཆེས་པའི་དད་པ་དང༌། དགེ་བ་དོན་དུ་ གཉེར་བའི་འདུན་པ་ལ་བརྟེན་པ་ནི་རྒྱུའི་དོན་དང༌། དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ ལ་སོགས་པའི་ཡོན་ཏན་གོང་ནས་གོང་དུ་འཕེལ་བར་བྱེད་པ་ནི་འབྲས་བུའི་དོན་དང༌། མདོ་ ལས། བརྩོན་འགྲུས་བརྩམས་པ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པར་བདེ་ བར་གནས་སོ་ཞེས་གསུངས་པ་ལྟར། ཀུན་ནས་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་བྱེད་པ་ནི་ ལས་ཀྱི་དོན་དང༌། མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པའི་དགེ་བ་ལ་སོགས་ པའི་ཡོན་ཏན་དང་ལྡན་པ་ནི་ལྡན་པའི་དོན་དང༌། བརྩོན་འགྲུས་དང་ལྡན་པ་དེ་དག་ལ་ཡོད་ པ་ནི་རྟེན་གྱི་འཇུག་པ་དང༌། དེ་རྣམ་བདུན་ཞེས་པའི་འགྲེལ་པར་ལྷག་པའི་ཚུལ་ཁྲིམས་ལ་ སོགས་པའི་བསླབ་པ་གསུམ་ལ་ལུས་དང་སེམས་ཀྱི་བརྩོན་འགྲུས་རྟག་ཏུ་བྱེད་པ་དང་གུས་ པར་བྱེད་པ་གང་ཡིན་པའོ་ཞེས་གསུངས་པ་ལ། འགྲེལ་བཤད་དག་ལས་ཚུལ་ཁྲིམས་ཀྱི་ བསླབ་པས་བསྡུས་པ་ནི་སྒོ་ལྔའི་རྣམ་ཤེས་ཡུལ་ལ་འཇུག་པ་ན་མི་དགེ་བ་སྡོམ་པ་ལུས་ཀྱི་ བརྩོན་འགྲུས་ལྔ་དང༌། སེམས་དང་ཤེས་རབ་ཀྱི་བསླབ་པས་བསྡུས་པ་སེམས་ཀྱི་བརྩོན་ འགྲུས་གཉིས་ཏེ་དེ་དག་ཀྱང་རྟག་ཏུ་བྱེད་པ་དང་གུས་པར་བྱེད་པ་བཤད་པ་ལྟར་རམ། ཡང་ ན་ཡུལ་གྱི་སྒོ་ནས་བསླབ་པ་གསུམ་ལ་བརྩོན་པ་དང༌། རྟེན་གྱི་སྒོ་ནས་ལུས་དང་སེམས་ཀྱི་ བརྩོན་འགྲུས་དང༌། སྦྱོར་བའི་སྒོ་ནས་རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའི་བརྩོན་འགྲུས་ དང༌། སྦྱོར་བའི་སྒོ་ནས་རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའི་བརྩོན་འགྲུས་བདུན་དུ་བསྟན་ པ་ནི་རབ་ཏུ་དབྱེ་བའི་འཇུག་པ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དྲུག་ཏུ་ཕྱེ་བ་དེ་ འདྲར་ཡོངས་སུ་ཤེས་ནས་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཡང་དག་པར་སྒྲུབ་པར་ 4-1-413 བྱེད་དོ། ། བསམ་གཏན་ནི། སེམས་ནི་ནང་དུ་གནས་པ་དང༌། །དྲན་དང་བརྩོན་ འགྲུས་ལ་བརྟེན་དང༌། །བདེ་བ་སྐྱེད་པར་བྱེད་པ་དང༌། །མངོན་ཤེས་ གནས་ལ་དབང་བསྒྱུར་བ། །ཆོས་རྣམས་ཀུན་གྱི་གཙོ་བོ་སྟེ། །དེ་དག་ལ་ ཡོད་དེ་རྣམ་གསུམ། །བསམ་གཏན་དེ་འདྲར་ཡོངས་ཤེས་ནས། །མཁས་ པ་ཡང་དག་སྒྲུབ་པར་བྱེད། །ཕྱི་རོལ་ཏུ་གཡེང་བ་སྤངས་ཏེ་སེམས་ནི་ནང་དུ་ཏིང་ངེ་ འཛིན་གྱི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པ་ངོ་བོའི་དོན་དང༌། གདམས་ངག་གི་དམིགས་ རྣམ་མ་བརྗེད་པའི་དྲན་པ་དང༌། མཉམ་གཞག་ལ་སྤྲོ་བའི་བརྩོན་འགྲུས་ལ་བརྟེན་པ་ནི་རྒྱུའི་ དོན་དང༌། སྡུག་བསྔལ་གྱི་གནོད་པ་མེད་པ་བསམ་གཏན་དང་པོ་ལ་སོགས་པར་སྐྱེ་བས་ བདེ་བ་སྐྱེད་པར་བྱེད་པ་ནི་འབྲས་བུའི་དོན་དང༌། མངོན་པར་ཤེས་པ་ལ་དབང་བསྒྱུར་བ་ དང༌། འཕགས་པའི་གནས་པ་དང་ལྷའི་གནས་པ་དང་ཚངས་པའི་གནས་པ་ལ་དབང་བསྒྱུར་ བར་བྱེད་པ་ནི་ལས་ཀྱི་དོན་དང༌། མདོ་ལས། ཆོས་ཐམས་ཅད་ཀྱི་གཙོ་བོ་ནི་ཏིང་ངེ་འཛིན་ཏོ་ ཞེས་གསུངས་པ་ལྟར་མཉམ་པར་བཞག་པ་ལས་ཇི་ལྟ་བ་ཤེས་པའི་ཤེས་རབ་དང༌། དེ་ལས་ རྣམ་པར་གྲོལ་བ་དང་དེ་ལས་རྣམ་པར་གྲོལ་བའི་ཡེ་ཤེས་དང༌། དེ་ལས་ཡེ་ཤེས་གཟིགས་པ་ རྣམས་འབྱུང་བས་ཆོས་རྣམས་ཀུན་གྱི་གཙོ་བོར་གྱུར་པའི་ཡོན་ཏན་དང་ལྡན་པ་སྟེ་ལྡན་པའི་ དོན་དང༌། བསམ་གཏན་དང་ལྡན་པ་དེ་དག་ལ་ཡོད་པ་ནི་རྟེན་གྱི་འཇུག་པ་དང༌། དེ་ཡང་ རྟོག་པ་དང་དཔྱོད་པ་དང་བཅས་པ་དང་རྟོག་པ་མེད་ལ་དཔྱོད་པ་ཙམ་དང༌། རྟོག་པ་ཡང་མེད་ དཔྱོད་པ་ཡང་མེད་པ་གསུམ་མམ། ཡང་བསམ་གཏན་དང་པོ་གཉིས་དགའ་བ་དང་ལྡན་པ་ དང༌། གསུམ་པ་སིམ་པ་དང་ལྡན་པ་དང༌། བཞི་པ་ཡན་ཆད་བཏང་སྙོམས་དང་ལྡན་པ་ཞེས་ རྣམ་པ་གསུམ་དུ་བསྟན་པ་ནི་རབ་ཏུ་དབྱེ་བའི་འཇུག་པ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ 4-1-414 པ་དོན་དྲུག་ཏུ་ཕྱེ་བ་དེ་འདྲར་ཡོངས་སུ་ཤེས་ནས་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ ཡང་དག་པར་སྒྲུབ་པར་བྱེད་དོ། ། ཤེས་རབ་ནི། ཤེས་བྱ་ཡང་དག་རབ་རྣམ་འབྱེད། །ཏིང་ངེ་འཛིན་ལ་ བརྟེན་པ་དང༌། །ཀུན་ནས་ཉོན་མོངས་ཤིན་ཏུ་གྲོལ། །ཤེས་རབ་འཚོ་བ་ ལེགས་བཤད་དང༌། །ཆོས་རྣམས་ཀྱི་ནི་མཆོག་ཡིན་ཏེ། །དེ་དག་ལ་ཡོད་ དེ་རྣམ་གསུམ། །ཤེས་རབ་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་ དག་སྒྲུབ་པར་བྱེད། །འཇིག་རྟེན་པས་ཤེས་པར་བྱ་བ་ཙམ་ལ་འཇུག་པར་བྱ་བ་མ་ཡིན་ གྱི། ཐེག་པ་གསུམ་དང་བདེན་པ་བཞི་དང་རིག་པའི་གནས་ལྔ་ལ་སོགས་པའི་ཤེས་བྱ་རྣམས་ ལ་འཇུག་ཅིང༌། དེ་ཡང་ཕྱི་རོལ་པ་ལྟར་ཕྱིན་ཅི་ལོག་ཏུ་དཔྱོད་པ་མ་ཡིན་གྱི། ཆོས་ཐམས་ཅད་ ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་ནི་ ངོ་བོའི་དོན་དང༌། མདོ་ལས། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ ཤེས་པའི་ཤེས་རབ་འབྱུང་ངོ་ཞེས་གསུངས་པ་ལྟར། ཞི་གནས་ཀྱི་ཏིང་ངེ་འཛིན་ལ་བརྟེན་པ་ ནི་རྒྱུའི་དོན་དང༌། མོས་སྤྱོད་ཀྱི་ས་པ་འཇིག་རྟེན་པའི་ཤེས་རབ་དང༌། མ་དག་པ་ས་བདུན་ གྱི་བར་འཇིག་རྟེན་ལས་འདས་པ་དམན་པའི་ཤེས་རབ་དང༌། དག་པ་ས་གསུམ་ཡན་ཆད་ འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་རྣམས་རིམ་གྱིས་སྐྱེས་པས། སྤང་བྱ་ཀུན་ནས་ ཉོན་མོངས་པ་རྣམས་མངོན་གྱུར་མགོ་གནོན་པ་དང་ས་བོན་རྩ་བ་ནས་བཏོན་པའི་ཚུལ་གྱིས་ སྤངས་ཏེ། ཤིན་ཏུ་རྣམ་པར་གྲོལ་བ་ཐོབ་པ་ནི་འབྲས་བུའི་དོན་དང༌། ཤེས་རབ་ཀྱིས་རང་ དོན་དུ་མ་དག་པའི་འཚོ་བ་སྤངས་ཏེ་ཆོས་དང་མཐུན་པའི་རྙེད་པ་ལ་བརྟེན་ནས་འཚོ་བ་ནི་ འཚོ་བ་བླ་ན་མེད་པར་འགྱུར་བ་དང༌། གཞན་དོན་དུ་གདུལ་བྱ་དང་མཐུན་པར་ལེགས་པར་ བཤད་པའི་ཆོས་ཡང་དག་པར་སྟོན་པར་བྱེད་པ་ནི་ལས་ཀྱི་དོན་དང༌། མདོ་ལས། ཤེས་རབ་ 4-1-415 ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དམ་པའོ་གཙོ་བོའོ་ཁྱད་པར་དུ་འཕགས་ པའོ་ཞེས་པ་ལ་སོགས་པ་གསུངས་པ་ལྟར། ཆོས་རྣམས་ཀྱི་ནི་ནང་ནས་མཆོག་ཏུ་གྱུར་པ་ ཡིན་ཏེ། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་ལྡན་པའི་དོན་དང༌། ཤེས་རབ་ཅན་དེ་ དག་ལ་ཡོད་པ་ནི་རྟེན་ཀྱི་འཇུག་པ་དང༌། དེ་ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་ པ་དམན་པ་དང༌། འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་རྣམ་པ་གསུམ་དུ་བསྟན་པ་ ནི་རབ་ཏུ་དབྱེ་བའི་འཇུག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དྲུག་ཏུ་ཕྱེ་བ་དེ་འདྲར་ ཡོངས་སུ་ཤེས་ནས་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཡང་དག་པར་སྒྲུབ་པར་བྱེད་དོ། ། བསྡུས་པ་བསྟན་པ་ནི། དཀར་པོའི་ཆོས་ཀུན་རྣམ་གཡེངས་དང༌། ། མཉམ་བཞག་གཉིས་ཀར་ཤེས་པར་བྱ། །ཕ་རོལ་ཕྱིན་པ་གཉིས་དང་ གཉིས། །གཉིས་ཀྱིས་ཡོངས་སུ་བསྡུས་པ་ཡིན། །ས་དང་ལམ་དང་དགེ་བ་བཅུ་ ལ་སོགས་པ་དཀར་པོའི་ཆོས་ཀུན་བསྡུས་ནས་ཕྱི་རོལ་ཏུ་རྣམ་པར་གཡེངས་པ་དང་ནང་དུ་ མཉམ་པར་གཞག་པ་དང་གཉིས་ཀ་སྟེ་མཉམ་པར་བཞག་པ་ཡང་ཡིན་ལ་མ་བཞག་པ་ཡང་ ཡིན་པ་གསུམ་དུ་འདུ་བར་ཤེས་པར་བྱ་ཞིང༌། དེ་ཡང་རྣམ་པར་གཡེངས་པ་ཐམས་ཅད་ནི་ ཕ་རོལ་ཏུ་ཕྱིན་པ་དང་པོ་གཉིས་ཀྱིས་བསྡུས་པ་སྟེ། སྦྱིན་པ་དང་སྡོམ་པ་གསུམ་གྱི་ནང་ནས་ ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་ཚུལ་ཁྲིམས་སོ་སོར་ཐར་པའི་སྡོམ་པ་ནི་མཉམ་ པར་མ་བཞག་པ་ཡིན་པའི་ཕྱིར་དང༌། མཉམ་པར་བཞག་པ་ཐམས་ཅད་ནི་ཕྱི་མ་གཉིས་ཀྱིས་ བསྡུས་པ་སྟེ། བསམ་གཏན་ཏིང་ངེ་འཛིན་དང་ཤེས་རབ་གསུམ་གྱི་ནང་ནས་བསྒོམས་པ་ ལས་བྱུང་བའི་ཤེས་རབ་ནི་མཉམ་པར་བཞག་པ་ཡིན་པའི་ཕྱིར་དང༌། མཉམ་པར་བཞག་མ་ བཞག་གཉི་ག་ཡིན་པ་ཐམས་ཅད་ནི་བར་པ་གཉིས་ཀྱིས་ཡོངས་སུ་བསྡུས་པ་ཡིན་ཏེ། ཆོས་ 4-1-416 ལ་ངེས་པར་སེམས་པའི་བཟོད་པ་ནི་མཉམ་པར་བཞག་པ་ཡིན་ལ། བཟོད་པ་གཞན་གཉིས་ ནི་མཉམ་པར་མ་བཞག་པ་ཡིན་ཞིང༌། བརྩོན་འགྲུས་ནི་མཉམ་པར་བཞག་མ་བཞག་ཐམས་ ཅད་ཀྱི་གྲོགས་ཡིན་པའི་ཕྱིར་རོ། ། མི་མཐུན་ཕྱོགས་བསྟན་པ་ནི་ཉོན་མོངས་པ་མངོན་གྱུར་གྱིས་རང་རང་གི་མི་མཐུན་ ཕྱོགས་ལ་ཆགས་པ་དང་ཕྱི་བཤོལ་ལ་ཆགས་པ་དང༌། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ ལ་ཆགས་པ་དང༌། ལན་ལ་རེ་བ་ལ་ཆགས་པ་དང༌། རྣམ་པར་སྨིན་པ་ལ་ཆགས་པ་དང༌། ཉོན་ མོངས་པའི་བག་ལ་ཉལ་མ་སྤངས་པས་མི་མཐུན་ཕྱོགས་ལ་ཆགས་པ་དང༌། ཐེག་པ་དམན་པ་ ལ་དགའ་བ་དང་འཁོར་གསུམ་དུ་རྟོག་པའི་རྣམ་པར་གཡེང་བ་ལ་ཆགས་པ་རྣམས་ཡིན་ལ། ཆགས་པ་རྣམ་པ་བདུན་པོ་དེ་དག་ལས་རྣམ་པར་གྲོལ་བའི་ཕྱིར་ཐམས་ཅད་ཀྱང་མ་ཆགས་པ་ བདུན་དང་སྦྱར་ནས་སྟོན་པ་སྟེ། དེ་ཡང་དྲུག་གི་དང་པོ་སྦྱིན་པ་ལ་སྦྱར་བ་ནི། བྱང་ཆུབ་སེམས་དཔའི་སྦྱིན་པ་ ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་སེམས་དཔའི་སྦྱིན་པ་གཏོང་ བ་ནི་སེར་སྣ་མངོན་གྱུར་གྱི་སྒོ་ནས་ཕྱི་དང་ནང་གི་ལོངས་སྤྱོད་རྣམས་ལ་མ་ཆགས་ཤིང༌། མྱུར་ བ་མ་ཡིན་པར་ཕྱིས་[གཏང་{བཏང་}ངོ་སྙམ་པའི་ཕྱི་བཤོལ་ལ་ཡང་མི་ཆགས་ལ། དངོས་པོ་ དང་ཡུལ་དང་དུས་ཀྱི་སྒོ་ནས་དེ་ཙམ་གྱིས་ཆོག་པར་འཛིན་པ་ལ་ཆགས་པ་མེད་ཅིང༌། ཕར་ བྱིན་པའི་ལན་དུ་ཚུར་ཡང་སྟེར་རམ་སྙམ་པའི་ལན་ལ་རེ་བ་ལ་ཆགས་པ་ཉིད་ཀྱང་མ་ཡིན་ཏེ། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོ་ཐོབ་པར་འདོད་པ་རྣམ་པར་སྨིན་པ་ལ་ཡང་མ་ཆགས་ ཤིང༌། སེར་སྣའི་བག་ལ་ཉལ་བཅོམ་པའི་སྒོ་ནས་ཀྱང་ལོངས་སྤྱོད་ལ་མི་ཆགས་ལ། རང་ གཅིག་པུའི་ཞི་བདེ་འདོད་པ་ཐེག་དམན་ཡིད་ལ་བྱེད་པ་དང༌། འཁོར་གསུམ་དུ་རྣམ་པར་{མི་ 4-1-417 }རྟོག་པའི་རྣམ་པར་གཡེང་བ་ལ་ཡང་ཆགས་པ་མེད་པ་སྟེ། གཉེན་པོ་མ་ཆགས་པ་བདུན་དང་ ལྡན་པའོ། ། དེ་བཞིན་དུ་ཚུལ་ཁྲིམས་མི་མཐུན་ཕྱོགས་ཆགས་པ་བདུན་དང་བྲལ་བ་ནི། བྱང་ཆུབ་ སེམས་དཔའི་ཚུལ་ཁྲིམས་ནི། །མ་ཆགས་མི་ཆགས་ཆགས་པ་མེད། ། ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བསྲུང་བ་ནི་ཆགས་སོགས་མངོན་གྱུར་གྱི་སྒོ་ནས་སྲོག་ གཅོད་པ་ལ་སོགས་པ་འཆལ་པའི་ཚུལ་ཁྲིམས་ལ་མ་ཆགས་ཤིང༌། འཕྲལ་དུ་མ་ཡིན་པར་ ཕྱིས་བསྲུང་བར་བྱའོ་སྙམ་པའི་ཕྱི་བཤོལ་ལ་ཡང་མི་ཆགས་ལ། ཉིན་ཞག་རེ་ཙམ་བསྲུང་བ་ དང་སྲོག་གཅོད་ཙམ་བསྲུང་བ་ལ་སོགས་པ་དེ་ཙམ་གྱིས་ཆོག་པར་འཛིན་པ་ལ་ཆགས་པ་ མེད་ཅིང༌། ཕར་གནོད་པ་མ་བྱས་ན་ཚུར་ཡང་གནོད་པ་མི་བྱེད་དམ་སྙམ་པའི་ལན་ལ་རེ་བ་ ལ་ཆགས་པ་ཉིད་ཀྱང་མ་ཡིན་ཏེ། ཚུལ་ཁྲིམས་ཀྱི་འབྲས་བུ་བདེ་འགྲོ་མཐོ་རིས་སུ་སྐྱེ་བར་ འདོད་པའི་རྣམ་པར་སྨིན་པ་ལ་ཡང་མ་ཆགས་ཤིང༌། དུག་གསུམ་གྱི་བག་ལ་ཉལ་བཅོམ་པའི་ སྒོ་ནས་ཀྱང་མི་དགེ་བ་སྤྱོད་པ་ལ་མི་ཆགས་ལ། རང་གཅིག་པུ་ཐར་པར་འདོད་པ་ཐེག་དམན་ ཡིད་ལ་བྱེད་པ་དང༌། འཁོར་གསུམ་དུ་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་ལ་ཡང་ཆགས་ པ་མེད་པ་སྟེ། གཉེན་པོ་མ་ཆགས་པ་བདུན་དང་ལྡན་པའོ། ། བཟོད་པ་མི་མཐུན་ཕྱོགས་ཆགས་པ་བདུན་དང་བྲལ་བ་ནི། བྱང་ཆུབ་སེམས་ དཔའི་བཟོད་པ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་ སེམས་དཔའི་བཟོད་པ་སྒོམ་པ་ནི་ཞེ་སྡང་མངོན་གྱུར་གྱི་སྒོ་ནས་གཞན་ལ་གནོད་པ་བྱེད་པ་ ལ་མ་ཆགས་ཤིང༌། ཁྲོ་བ་སྐྱེས་མ་ཐག་མི་སྒོམ་པར་བརྟགས་ནས་ཕྱིས་སྒོམ་པར་བྱའོ་སྙམ་ 4-1-418 པའི་ཕྱི་བཤོལ་ལ་ཡང་མི་ཆགས་ལ། ཉིན་རེ་ཙམ་བཟོད་པ་དང་ཉེ་བ་ལ་བཟོད་པ་ལ་སོགས་ པ་དེ་ཙམ་གྱིས་ཆོག་པར་འཛིན་པ་ལ་ཆགས་པ་མེད་ཅིང༌། གནོད་བྱེད་ལ་བཟོད་པ་བསྒོམས་ ན་དེས་ཀྱང་ཕན་འདོགས་སམ་སྙམ་པའི་ལན་ལ་རེ་བ་ལ་ཆགས་པ་ཉིད་ཀྱང་མ་ཡིན་ཏེ། བཟོད་པ་བསྒོམས་ན་གཟུགས་བཟང་པོ་དང་འཁོར་མང་པོ་འབྱུང་བར་འདོད་པའི་རྣམ་པར་ སྨིན་པ་ལ་ཡང་མ་ཆགས་ཤིང༌། ཞེ་སྡང་གི་བག་ལ་ཉལ་བཅོམ་པའི་སྒོ་ནས་ཀྱང་གཞན་ལ་ གནོད་པ་ལ་མི་ཆགས་ལ། རང་གཅིག་པུ་ཐར་བར་འདོད་པ་ཐེག་དམན་ཡིད་ལ་བྱེད་པ་དང་ འཁོར་གསུམ་དུ་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་ལ་ཡང་ཆགས་པ་མེད་པ་སྟེ། གཉེན་ པོ་མ་ཆགས་པ་བདུན་དང་ལྡན་པའོ། ། བརྩོན་འགྲུས་མི་མཐུན་ཕྱོགས་ཆགས་པ་བདུན་དང་བྲལ་བ་ནི། བྱང་ཆུབ་སེམས་ དཔའི་བརྩོན་འགྲུས་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་ པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་ སེམས་དཔའི་བརྩོན་འགྲུས་རྩོམ་པ་ནི་ཟག་བཅས་ཀྱི་བདེ་བ་དང་བྱ་བ་ངན་པ་ལ་ཆགས་པ་ མངོན་གྱུར་གྱི་སྒོ་ནས་ལེ་ལོ་བྱེད་པ་ལ་མ་ཆགས་ཤིང༌། དགེ་བ་ལ་མྱུར་དུ་མི་འཇུག་པར་ཕྱིས་ འཇུག་པར་བྱའོ་སྙམ་པའི་ཕྱི་བཤོལ་ལའང་མི་ཆགས་ལ། གང་ཟག་མཛའ་བཤེས་ལ་སོགས་ པའི་དོན་དང༌། དུས་ཉིན་རེ་ཙམ་བརྩོན་པ་ལ་སོགས་པ་དེ་ཙམ་གྱིས་ཆོག་པར་འཛིན་པ་ལ་ ཆགས་པ་མེད་ཅིང༌། གཞན་གྱི་དགེ་བའི་གྲོགས་བྱས་ན་དེས་ཀྱང་རང་གི་གྲོགས་བྱེད་དམ་ སྙམ་པའི་ལན་ལ་རེ་བ་ལ་ཆགས་པ་ཉིད་ཀྱང་མ་ཡིན་ཏེ། བརྩོན་འགྲུས་ལ་བརྟེན་ནས་མ་ འོངས་པ་ན་རང་གི་ལས་ཀྱི་མཐའ་གྲུབ་པར་འདོད་པའི་རྣམ་པར་སྨིན་པ་ལ་ཡང་མ་ཆགས་ ཤིང༌། བག་ལ་ཉལ་ས་བོན་བཅོམ་པའི་སྒོ་ནས་ཀྱང་ལེ་ལོ་ལ་མི་ཆགས་ལ། རང་གཅིག་པུའི་ ཐར་པ་འདོད་པ་ཐེག་པ་དམན་པ་ཡིད་ལ་བྱེད་པ་དང་འཁོར་གསུམ་དུ་རྣམ་པར་རྟོག་པའི་ 4-1-419 རྣམ་པར་གཡེང་བ་ལ་ཡང་ཆགས་པ་མེད་པ་སྟེ། གཉེན་པོ་མ་ཆགས་པ་བདུན་དང་ལྡན་པའོ། ། བསམ་གཏན་མི་མཐུན་ཕྱོགས་ཆགས་པ་བདུན་དང་བྲལ་བ་ནི། བྱང་ཆུབ་སེམས་ དཔའི་བསམ་གཏན་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་ པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་ སེམས་དཔའི་བསམ་གཏན་སྒོམ་པ་ནི་སེམས་རྣམ་པར་འཕྲོ་བ་མངོན་གྱུར་གྱི་སྒོ་ནས་རྣམ་ གཡེང་དང་འདུ་འཛི་བྱེད་པ་ལ་མ་ཆགས་ཤིང༌། བསམ་གཏན་འཕྲལ་དུ་མི་བསྒོམ་པར་ཕྱིས་ བསྒོམ་པར་བྱའོ་སྙམ་པའི་ཕྱི་བཤོལ་ལ་ཡང་མི་ཆགས་ལ། དམིགས་པ་ཕྱོགས་རེ་ཙམ་ཡུན་ ཐུང་ངུ་སྒོམ་པ་ལ་སོགས་པ་དེ་ཙམ་གྱིས་ཆོག་པར་འཛིན་པ་ལ་ཆགས་པ་མེད་ཅིང༌། གཞན་ གྱི་དོན་དུ་ཏིང་ངེ་འཛིན་བསྒོམ་ན་དེས་ཀྱང་རང་ལ་ཕན་འདོགས་སམ་སྙམ་པའི་ལན་ལ་རེ་ བ་ལ་ཆགས་པ་ཉིད་ཀྱང་མ་ཡིན་ཏེ། བསམ་གཏན་ལ་བརྟེན་ནས་ལུས་ལ་ནད་མེད་པ་དང་ གཟུགས་ཁམས་ཀྱི་ལྷར་སྐྱེ་བར་འདོད་པའི་རྣམ་པར་སྨིན་པ་ལ་ཡང་མ་ཆགས་པ་སེམས་རྣམ་ པར་འཕྲོ་བའི་བག་ལ་ཉལ་བཅོམ་པའི་སྒོ་ནས་ཀྱང་རྣམ་གཡེང་ལ་མི་ཆགས་ལ། རང་གཅིག་ པུའི་ཐར་པ་འདོད་པ་ཐེག་དམན་ཡིད་ལ་བྱེད་པ་དང་འཁོར་གསུམ་དུ་རྣམ་པར་རྟོག་པའི་ རྣམ་པར་གཡེང་བ་ལ་ཡང་ཆགས་པ་མེད་པ་སྟེ། གཉེན་པོ་མ་ཆགས་པ་བདུན་དང་ལྡན་པའོ། ། ཤེས་རབ་མི་མཐུན་ཕྱོགས་ཆགས་པ་བདུན་དང་བྲལ་བ་ནི། བྱང་ཆུབ་སེམས་ དཔའི་ཤེས་རབ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་སེམས་ དཔའི་ཤེས་རབ་བསྐྱེད་པ་ནི་གཏི་མུག་མངོན་གྱུར་གྱི་སྒོ་ནས་རྟག་ཆད་ཀྱི་མཐར་འཛིན་པ་ལ་ 4-1-420 སོགས་པའི་ཤེས་རབ་འཆལ་བ་ལ་མ་ཆགས་ཤིང༌། ཤེས་རབ་འཕྲལ་དུ་མི་བསྐྱེད་པར་ཕྱིས་ བསྐྱེད་པར་བྱའོ་སྙམ་པའི་ཕྱི་བཤོལ་ལ་ཡང་མི་ཆགས་ལ། ཤེས་བྱའི་ཁྱད་པར་འགའ་ཞིག་ ཤེས་པར་བྱའི་ཐམས་ཅད་ནི་མ་ཡིན་ནོ། །ཞེས་པ་ལ་སོགས་པ་དེ་ཙམ་གྱིས་ཆོག་པར་འཛིན་ པ་ལ་ཆགས་པ་མེད་ཅིང༌། ཤེས་རབ་ཀྱིས་གཞན་ལ་ཕན་བཏགས་ན་དེས་ཀྱང་རང་ལ་ཕན་ འདོགས་སམ་སྙམ་པའི་ལན་ལ་རེ་བ་ལ་ཆགས་པ་ཉིད་ཀྱང་མ་ཡིན་ཏེ། ཤེས་རབ་ལ་བརྟེན་ ནས་མ་འོངས་པ་ན་ཐུན་མོང་གི་རིག་པ་ལ་མཁས་པར་འདོད་པའི་རྣམ་པར་སྨིན་པ་ལ་ཡང་ མ་ཆགས་ཤིང༌། མ་རིག་པའི་བག་ལ་ཉལ་བཅོམ་པའི་སྒོ་ནས་ཀྱང་ཤེས་རབ་འཆལ་བ་ལ་མི་ ཆགས་ལ། རང་གཅིག་པུའི་ཐར་པ་འདོད་པ་ཐེག་དམན་ཡིད་ལ་བྱེད་པ་དང༌། འཁོར་གསུམ་ དུ་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་ལ་ཡང་ཆགས་པ་མེད་པ་སྟེ། གཉེན་པོ་མ་ཆགས་པ་ བདུན་དང་ལྡན་པའོ། ། ཡོན་ཏན་བསྟན་པ་ལ་ཕྱིན་དྲུག་གི་ཡོན་ཏན་རིམ་པ་ལྟར་བཤད་པ་དང༌། སྦྱིན་པ་དང་བརྩོན་འགྲུས་ཁྱད་པར་དུ་བཤད་པའོ། ། དང་པོ་ལ་ཡོན་ཏན་ཁྱད་པར་བཞི་ལྡན་བཤད་པ། རྣམ་དག་ཡོན་ཏན་ཇི་ ལྟར་འགྲུབ་ཚུལ། རྟེན་སོགས་མཆོག་ཏུ་གྱུར་བའི་ཡོན་ཏན་ནོ། ། དང་པོ་ལའང་སོ་སོར་སྦྱར་བ་དང༌། སྤྱིའི་དོན་བསྡུ་གཉིས་ལས། དང་པོ་ལ་དྲུག་གི་ སྦྱིན་པ་ལ་སྦྱར་བ་ནི། སངས་རྒྱས་སྲས་རྣམས་སློང་དང་ཕྲད་ན་རང་གི་སྲོག་ ཀྱང་རྟག་ཏུ་གཏོང༌། །སྙིང་རྗེས་གཞན་ལ་ལན་ཡང་མི་རེ་འདོད་པའི་ འབྲས་བུ་དོན་མི་གཉེར། །སྦྱིན་པ་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་ བྱང་ཆུབ་གསུམ་ལ་འགོད། །སྦྱིན་པ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་ འཇིག་རྟེན་དག་ན་མི་ཟད་བཞག །སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ རྣམས་དོན་དུ་གཉེར་བའི་སློང་མོ་པ་དང་ཕྲད་ན་ལོངས་སྤྱོད་རྣམས་གང་ལ་ཅི་འདོད་པ་ 4-1-421 གཏོང་བ་ལྟ་སྨོས་ཀྱང་ཅི་དགོས། གཅེས་པའི་དངོས་པོ་རང་གི་སྲོག་ཀྱང་བྱང་ཆུབ་ཀྱི་བར་ལ་ རྟག་ཏུ་ཕངས་པ་མེད་པར་གཏོང་ནུས་པ་ནི་རྒྱ་ཆེ་བའི་ཡོན་ཏན་དང༌། དེ་ཡང་ཀུན་སློང་སྙིང་ རྗེ་ཆེན་པོས་གཏོང་གི་ཚེ་འདིར་ལེན་པ་པོ་གཞན་ལས་སྦྱིན་པའི་ལན་ཀྱང་མི་རེ་ཞིང་ཕྱི་མ་ ལ་འདོད་པའི་འབྲས་བུ་ལོངས་སྤྱོད་ཕུན་སུམ་ཚོགས་པའང་དོན་དུ་མི་གཉེར་བ་ནི་ཟང་ཟིང་ མེད་པའི་ཡོན་ཏན་དང༌། སྦྱིན་པ་དེ་ཉིད་ཀྱིས་ཀྱང་རིགས་ཅན་{གསུམ་}གྱི་སྐྱེ་བོ་ཐམས་ཅད་ བསྡུས་ནས་རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་འབྲས་བུ་བྱང་ཆུབ་གསུམ་ལ་འགོད་པ་ནི་ དོན་ཆེན་པོའི་ཡོན་ཏན་དང༌། འཇིག་རྟེན་པའི་སྦྱིན་པའི་འབྲས་བུ་ཕྱུང་ནས་ཟད་ཅིང་ཉན་ རང་རྣམས་ཀྱི་ནི་ཕུང་པོ་ལྷག་མེད་དུ་ཟད་པར་འགྱུར་གྱི། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་ འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པས་འཇིག་རྟེན་ཇི་སྲིད་ མ་སྟོངས་ཀྱི་བར་དག་ན་མི་ཟད་ཅིང་འཕེལ་བ་དང་བཅས་པར་བཞག་པ་ནི་མི་ཟད་པའི་ཡོན་ ཏན་ཏེ་དེ་རྣམས་དང་ལྡན་པའོ། ། དེ་བཞིན་དུ་ཚུལ་ཁྲིམས་ནི། སངས་རྒྱས་སྲས་རྣམས་སྡོམ་དང་བརྩོན་པའི་ རང་བཞིན་ཚུལ་ཁྲིམས་གསུམ་རྟག་བླངས། །མཐོ་རིས་མངོན་པར་མི་ འདོད་ཡང་དག་ཐོབ་ཀྱང་དེ་ལ་ཆགས་མི་སྐྱེད། །ཚུལ་ཁྲིམས་དེ་ཉིད་ ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་འགོད། །ཚུལ་ཁྲིམས་ཡེ་ ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག །སངས་རྒྱས་ ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་སྤང་བྱ་མི་མཐུན་ཕྱོགས་ཐམས་ཅད་སྤོང་བ་ནི་སྡོམ་ པའི་རང་བཞིན་གྱི་ཚུལ་ཁྲིམས་གཅིག་དང༌། གཉེན་པོ་དགེ་བ་ཆོས་སྡུད་དང་སེམས་ཅན་ དོན་བྱེད་ཀྱི་ཚུལ་ཁྲིམས་གཉིས་ནི་བརྩོན་པའི་རང་བཞིན་གྱི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་ རྣམ་པ་གསུམ་རྟག་ཏུ་བླངས་ནས་རྒྱུན་མི་འཆད་པར་བསྲུང་བ་ནི་རྒྱ་ཆེན་པོའི་ཡོན་ཏན་དང༌། 4-1-422 དེ་ཡང་བདེ་འགྲོ་མཐོ་རིས་ཀྱི་འབྲས་བུ་མངོན་པར་མི་འདོད་ཅིང༌། གལ་ཏེ་ལྷ་དང་མིའི་ འབྱོར་པ་ཕུན་སུམ་ཚོགས་པ་ཡང་དག་པ་ཐོབ་ཀྱང༌། རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་ དེ་དག་ལ་ཆགས་པ་མི་སྐྱེད་པ་ནི་ཟང་ཟིང་མེད་པའི་ཡོན་ཏན་དང༌། ཚུལ་ཁྲིམས་དེ་ཉིད་ཀྱིས་ ཀྱང་རིགས་ཅན་གསུམ་གྱི་སྐྱེ་བོ་ཐམས་ཅད་རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ གསུམ་ལ་འགོད་པ་ནི་དོན་ཆེན་པོའི་ཡོན་ཏན་དང༌། ཚུལ་ཁྲིམས་དེ་ཡང་འཁོར་གསུམ་དུ་ རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པས་འཇིག་རྟེན་དག་ན་ནམ་ཡང་མི་ཟད་ ཅིང་འཕེལ་བ་དང་བཅས་པར་བཞག་པ་ནི་མི་ཟད་པའི་ཡོན་ཏན་ཏེ་དེ་རྣམས་དང་ལྡན་པའོ། ། བཟོད་པ་ནི། སངས་རྒྱས་སྲས་རྣམས་ཤིན་ཏུ་བྱ་དཀའ་དེ་བཞིན་མི་ཡི་ གནོད་ཀུན་བཟོད། །མཐོ་རིས་གཉེར་དང་མི་ནུས་པས་མིན་འཇིགས་ པས་མ་ཡིན་ཕན་ལྟས་མིན། །བཟོད་པ་བླ་ན་མེད་པས་སྐྱེ་བོ་ཐམས་ ཅད་བྱང་ཆུབ་གསུམ་ལ་འགོད། །བཟོད་པ་ཡེ་ཤེས་ཀྱིས་ཡོངས་ཟིན་ པས་འཇིག་རྟེན་དག་ན་མི་ཟད་བཞག །སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་ དཔའ་རྣམས་ཕལ་པ་རྣམས་ཀྱི་ཤིན་ཏུ་བྱ་དཀའ་བ་ལམ་གྱི་སྡུག་བསྔལ་ལ་ཇི་མི་སྙམ་པར་ དང་དུ་ལེན་པའི་བཟོད་པ་དང༌། དེ་བཞིན་དུ་མི་ཡིས་ལུས་དང་ལོངས་སྤྱོད་ལ་གནོད་པ་ ཆེན་པོ་བྱེད་པ་ཀུན་ལ་ལན་མི་མཇེད་པ་ལ་སོགས་པའི་བཟོད་པ་སྒོམ་པ་ནི་རྒྱ་ཆེན་པོའི་ ཡོན་ཏན་དང༌། དེ་ཡང་མཐོ་རིས་ཀྱི་ལུས་ཕུན་སུམ་ཚོགས་པ་དོན་དུ་གཉེར་བས་མ་ཡིན་པ་ དང༌། གནོད་པའི་ལན་བྱེད་མི་ནུས་པས་ཀྱང་མིན་ཞིང༌། ཕར་གནོད་པ་བྱས་ན་ཚུར་གནོད་ པ་ཆེན་པོ་བྱུང་གིས་དོགས་པའི་འཇིགས་པས་མ་ཡིན་པ་དང༌། བཟོད་པ་བསྒོམས་ན་ལན་ དུ་ཕན་འདོགས་སམ་སྙམ་དུ་ལྟས་ནས་བསྒོམ་པའང་མིན་པ་ནི་ཟང་ཟིང་མེད་པའི་ཡོན་ཏན་ 4-1-423 དང༌། ཉན་རང་ལས་མཆོག་ཏུ་གྱུར་པའི་བཟོད་པ་བླ་ན་མེད་པས་ཀྱང་རིགས་ཅན་གསུམ་གྱི་ སྐྱེ་བོ་ཐམས་ཅད་རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་གསུམ་ལ་འགོད་པ་ནི་དོན་ ཆེན་པོའི་ཡོན་ཏན་དང༌། བཟོད་པ་དེ་ཡང་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ ཀྱིས་ཡོངས་སུ་ཟིན་པས་འཇིག་རྟེན་དག་ན་ནམ་ཡང་མི་ཟད་ཅིང་འཕེལ་བ་དང་བཅས་པར་ བཞག་པ་ནི་མི་ཟད་པའི་ཡོན་ཏན་ཏེ་དེ་རྣམས་དང་ལྡན་པའོ། ། བརྩོན་འགྲུས་ནི། སངས་རྒྱས་སྲས་རྣམས་གོ་ཆ་སྦྱོར་བའི་བདག་ཉིད་ བརྩོན་འགྲུས་དཔེ་མེད་བྱས། །རང་དང་གཞན་གྱི་ཉོན་མོངས་ཚོགས་ འཇོམས་བྱང་ཆུབ་དམ་པ་ཐོབ་པར་བྱེད། །བརྩོན་འགྲུས་དེ་ཉིད་ཀྱིས་ ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་འགོད། །བརྩོན་འགྲུས་ཡེ་ ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག །སངས་རྒྱས་ ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་བྱ་བ་ལ་ཐོག་མར་གོ་ཆའི་བརྩོན་འགྲུས་ དང༌། གོ་ཆ་བགོས་པ་བཞིན་དུ་སྦྱོར་བས་ཀྱང་ཉམས་སུ་ལེན་པའི་བདག་ཉིད་ཅན་གྱི་བརྩོན་ འགྲུས་ལ་སོགས་པ་འཇིག་རྟེན་པ་དང་ཉན་རང་ལས་མཆོག་ཏུ་གྱུར་པས་དཔེ་མེད་པ་བྱས་པ་ ནི་རྒྱ་ཆེན་པོའི་ཡོན་ཏན་དང༌། སྤང་བྱ་རང་དང་གཞན་གྱི་ཉོན་མོངས་པའི་ཚོགས་ཐམས་ཅད་ འཇོམས་ཤིང་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་དམ་པ་ཐོབ་པར་བྱེད་པ་ནི་ཟང་ཟིང་མེད་ པའི་ཡོན་ཏན་དང༌། བརྩོན་འགྲུས་དེ་ཉིད་ཀྱིས་ཀྱང་རིགས་ཅན་གསུམ་གྱི་སྐྱེ་བོ་ཐམས་ཅད་ རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་གསུམ་ལ་འགོད་པ་ནི་དོན་ཆེན་པོའི་ཡོན་ཏན་ དང༌། བརྩོན་འགྲུས་དེ་ཡང་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ ཟིན་པས་འཇིག་རྟེན་དག་ན་ནམ་ཡང་མི་ཟད་ཅིང་འཕེལ་བ་དང་བཅས་པར་བཞག་པ་ནི་མི་ ཟད་པའི་ཡོན་ཏན་ཏེ་དེ་རྣམས་དང་ལྡན་པའོ། ། 4-1-424 བསམ་གཏན་ནི། སངས་རྒྱས་སྲས་རྣམས་ཏིང་འཛིན་མང་ལྡན་བསམ་ གཏན་རྣམ་པ་ཐམས་ཅད་བསྒྲུབས། །བསམ་གཏན་བདེ་བ་ཕུལ་གྱིས་ གནས་ཤིང་སྙིང་རྗེས་སྐྱེ་བ་དམན་ལ་བརྟེན། །བསམ་གཏན་དེ་ཉིད་ཀྱིས་ ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་འགོད། །བསམ་གཏན་ཡེ་ ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག །སངས་རྒྱས་ ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་དཔའ་བར་འགྲོ་བ་དང་རིན་ཆེན་ཕྱག་རྒྱ་ལ་སོགས་ པའི་ཏིང་ངེ་འཛིན་མང་པོ་དང་ལྡན་པའི་བསམ་གཏན་མཐའ་ཡས་པ་རྣམ་པ་ཐམས་ཅད་ བསྒྲུབས་པ་ནི་རྒྱ་ཆེན་པོའི་ཡོན་ཏན་དང༌། བསམ་གཏན་གྱི་བདེ་བ་ཕུལ་དུ་ཕྱིན་པ་རྣམས་ ཀྱིས་གནས་ཤིང་ཐོབ་ཀྱང་དེ་ལ་མ་ཆགས་པར་སྙིང་རྗེ་ཆེན་པོའི་དབང་གིས་སྐྱེ་བ་དམན་པ་ འདོད་ཁམས་ཀྱི་ལུས་ཇི་ལྟར་འོས་པ་ལ་བརྟེན་ནས་གཞན་དོན་བྱེད་པ་ནི་ཟང་ཟིང་མེད་པའི་ ཡོན་ཏན་དང༌། བསམ་གཏན་དེ་ཉིད་ཀྱིས་ཀྱང་རིགས་ཅན་གསུམ་གྱི་སྐྱེ་བོ་ཐམས་ཅད་རང་ རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་གསུམ་ལ་འགོད་པ་ནི་དོན་ཆེན་པོའི་ཡོན་ཏན་ དང༌། བསམ་གཏན་དེ་ཡང་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ ཟིན་པས་འཇིག་རྟེན་དག་ན་ནམ་ཡང་མི་ཟད་ཅིང་འཕེལ་བ་དང་བཅས་པར་བཞག་པ་ནི་མི་ ཟད་པའི་ཡོན་ཏན་ཏེ་དེ་རྣམས་དང་ལྡན་པའོ། ། ཤེས་རབ་ནི། སངས་རྒྱས་སྲས་རྣམས་དེ་ཉིད་ཤེས་བྱ་གང་ཡིན་མཐའ་ དག་རྣམ་ཀུན་ཤེས། །མྱ་ངན་འདས་ལའང་བློ་ཡིས་ཆགས་རབ་མི་སྐྱེད་ འཁོར་བར་སྨོས་ཅི་དགོས། །ཡེ་ཤེས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་ བྱང་ཆུབ་གསུམ་ལ་འགོད། །ཡེ་ཤེས་སེམས་ཅན་ཡོངས་སུ་བཟུང་བས་ འཇིག་རྟེན་དག་ན་མི་ཟད་བཞག །སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ 4-1-425 རྣམས་ཆོས་ཉིད་དེ་ཁོ་ན་ཉིད་དོན་དམ་པའི་བདེན་པས་བསྡུས་པའི་ཤེས་བྱ་ཇི་ལྟ་བའི་དོན་ མཐའ་བདག་གཉིས་ཀྱིས་སྟོང་པ་ནམ་མཁའ་ལྟ་བུར་ཤེས་ཤིང༌། ཆོས་ཅན་ཀུན་རྫོབ་བདེན་ པས་བསྡུས་པའི་ཤེས་བྱ་ཇི་སྙེད་པ་གང་ཡིན་པ་མཐའ་དག་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ ལྟ་བུར་རྣམ་པ་ཀུན་ཏུ་ཤེས་པ་ནི་རྒྱ་ཆེན་པོའི་ཡོན་ཏན་དང༌། རང་དོན་དུ་ཟག་མེད་མྱ་ངན་ ལས་འདས་པའི་བདེ་བ་ལའང་བློ་ཡིས་ཆགས་པ་རབ་ཏུ་མི་སྐྱེད་ན་ཟག་བཅས་འཁོར་བའི་ བདེ་བ་ལ་ཆགས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྲིད་ཞིའི་མཐའ་གཉིས་ལ་མི་ གནས་པ་ནི་ཟང་ཟིང་མེད་པའི་ཡོན་ཏན་དང༌། ཡེ་ཤེས་དེ་ཉིད་ཀྱིས་ཀྱང་རིགས་ཅན་གསུམ་ གྱི་སྐྱེ་བོ་ཐམས་ཅད་བསྡུས་ནས་རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་གསུམ་ལ་ འགོད་པ་ནི་དོན་ཆེན་པོའི་ཡོན་ཏན་དང༌། ཤེས་རབ་ཡེ་ཤེས་དེ་ཉིད་ཐབས་སྙིང་རྗེ་ཆེན་པོ་ དང་ལྡན་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བས་འཇིག་རྟེན་ཇི་སྲིད་མ་ སྟོངས་ཀྱི་བར་དག་ན་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུའང་མི་ ཟད་པར་བཞག་པ་ནི་མི་ཟད་པའི་ཡོན་ཏན་ཏེ་དེ་རྣམས་དང་ལྡན་པའོ། ། དོན་བསྡུ་ནི། རྒྱ་ཆེ་བ་དང་ཟང་ཟིང་མེད། །དོན་ཆེ་བ་དང་མི་ཟད་པ། ། སྦྱིན་པ་ལ་སོགས་ཐམས་ཅད་ཀྱི། །ཡོན་ཏན་བཞིར་ནི་ཤེས་པར་བྱ། ། སྔར་ཕར་ཕྱིན་དྲུག་གི་ཡོན་ཏན་ཚིགས་བཅད་རྐང་པ་བཞི་པོ་རེ་རེས་བཤད་པའི་རྐང་པ་དང་ པོས་{ངོ་བོ}རྒྱ་ཆེ་བའི་ཡོན་ཏན་དང༌། གཉིས་པས་ཀུན་སློང་ཟང་ཟིང་མེད་པའི་ཡོན་ཏན་ དང༌། གསུམ་པས་བྱེད་ལས་གཞན་དོན་ཆེན་པོ་སྒྲུབ་པའི་ཡོན་ཏན་དང༌། བཞི་པས་འབྲས་བུ་ ནམ་ཡང་མི་ཟད་པའི་ཡོན་ཏན་ཏེ། སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱི་ཆེ་བའི་ཡོན་ཏན་རྣམ་ པ་བཞི་བཞིར་ནི་བསྟན་པར་ཤེས་པར་བྱའོ། ། རྣམ་དག་ཡོན་ཏན་ཇི་ལྟར་འགྲུབ་ཚུལ་ལ་དྲུག་ལས། སྦྱིན་པས་ཟིལ་གྱིས་གནོན་པའི་ 4-1-426 ཡོན་ཏན་ནི། སློང་བ་མཐོང་རྫོགས་དགའ་བ་དང༌། །མི་དགའ་བ་དང་སྨོན་ པ་ཡང༌། །སྦྱིན་པ་པོ་ནི་བརྩེ་ལྡན་པ། །ལྷག་པར་ལྡན་པས་ཟིལ་གྱིས་ གནོན། །སློང་བ་པོ་རྣམས་སྦྱིན་བདག་མཐོང་བ་དང་དེ་ལས་ཅི་འདོད་པ་ཐོབ་ནས་ཡིད་ལ་ རེ་བ་རྫོགས་པས་དགའ་བ་དང༌། སྦྱིན་བདག་མ་མཐོང་བ་དང་རེ་བ་མ་རྫོགས་པས་མི་དགའ་ བ་དང་སྦྱིན་བདག་མཐོང་བ་དང༌། རེ་བ་རྫོགས་པར་གྱུར་ཅིག་སྙམ་དུ་སྨོན་པ་གང་ཡིན་པ་དེ་ ཡང་སྦྱིན་པ་པོ་བྱང་ཆུབ་སེམས་དཔའ་ནི་ཐུགས་བརྩེ་བ་ཆེན་པོ་དང་ལྡན་པའི་སྒོ་ནས་དུས་ ཐམས་ཅད་དུ་སློང་མོ་བ་མཐོང་བ་དང་དེའི་རེ་བ་རྫོགས་པས་དགའ་བ་དང༌། སློང་མོ་བ་མ་ མཐོང་བ་དང་རེ་བ་མ་རྫོགས་པས་མི་དགའ་བ་དང༌། སློང་མོ་བ་མཐོང་བ་དང་རེ་བ་རྫོགས་ པར་གྱུར་ཅིག་སྙམ་དུ་སྨོན་པ་གང་ཡིན་པ་དེ་དག་སྔ་མ་དག་ལས་ཆེས་ཆེར་ལྷག་པར་གྱུར་པ་ དང་ལྡན་པས་རྟག་ཏུ་རྒྱུན་མི་འཆད་པར་ཟིལ་གྱིས་གནོན་པའོ། ། དེ་ལས་ཚུལ་ཁྲིམས་དག་པའི་ཡོན་ཏན་ནི། མི་དགེ་བ་བཅུ་སྤོང་ཞིང་དགེ་བ་བཅུ་བསྟེན་ པ་སྟེ། དེ་དག་གི་སྤྱི་དོན་ལ་ངོ་བོ་དང་འབྲས་བུ་གཉིས་ལས། ངོ་བོ་ངོས་གཟུང་བ་ལའང་ གཉིས་ཀྱི་དང་པོ་སྤང་བྱ་ནི་ཀུན་ལས་བཏུས་པར། མི་དགེ་བ་ནི་མི་དགེ་བའི་ལས་ཀྱི་ལམ་ བཅུ་སྟེ། འདི་ལྟ་སྟེ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་ པ་དང༌། རྫུན་དུ་སྨྲ་བ་དང་ཕྲ་མ་དང་ངག་རྩུབ་པོ་དང་ཚིག་འཁྱལ་པ་དང༌། བརྣབ་སེམས་ དང་གནོད་སེམས་དང་ལོག་པར་ལྟ་བའོ་ཞེས་གསུངས་པ་རྣམས་སོ། །དེ་ཡང་མཛོད་ལས། སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བ་ནི་གཞན་བསད་པའོ། །ཞེས་གསུངས་པ་ལྟར་ གསད་སེམས་ཉོན་མོངས་པ་ཅན་གྱིས་སེམས་ཅན་གཞན་དང་མ་ནོར་བར་གསོད་པའི་སྦྱོར་ བ་བྱས་ཤིང་མཐར་ཐུག་གྲུབ་པར་གྱུར་པ་སྟེ། གསད་སེམས་མེད་པ་དང་ནོར་པ་བསད་པ་ལ་ སོགས་པས་ནི་དངོས་གཞིར་མི་འགྱུར་ཡང་རྗེས་མཐུན་པ་འབྱུང་ལ། སུ་ཡིན་ཡང་གསད་སྙམ་ 4-1-427 པ་ལས་ནི་དངོས་གཞིར་ཡང་འགྱུར་བའོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་ བུས་བདག་གིར་བྱེད། །ཅེས་པ་ལྟར་བླང་སེམས་ཉོན་མོངས་པ་ཅན་གྱིས་གཞན་གྱི་རྫས་མ་ ནོར་བར་བདག་གིར་བྱས་པ་སྟེ། གཏམ་པ་དང་བུ་ལོན་དང་ཁྲལ་བཙས་ལ་སོགས་པ་ལ་ དོར་བྱེད་པ་དང༌། སྔགས་དང་གཡོ་སྒྱུ་ལ་སོགས་པས་བླངས་ནའང་དངོས་གཞིར་འགྱུར་ལ། གཞན་གྱི་རྫས་བསྲེག་པ་ལ་སོགས་པས་ཆུད་གསོན་པ་ནི་འདུལ་བ་ལས་སྦོམ་པོར་བཤད་ ནའང༌། ས་སྡེ་ལས་མ་བྱིན་ལེན་དང་ཆ་འདྲ་བའམ་དེ་བས་ཀྱང་ཉེས་པ་ཆེ་བར་གསུངས་པའོ། ། བསྒྲོད་མིན་བསྒྲོད་པར་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམ་པ་བཞི། །ཞེས་པ་ལྟར་ བསྒྲོད་པར་འདོད་པའི་བསམ་པས་བསྒྲོད་བྱ་མིན་པ་ཆུང་མ་དང་གླ་བྱིན་པའི་སྨད་འཚོང་མ་ ལས་གཞན་བདག་པོ་ཅན་དང་ཕ་མའི་བདུན་རྒྱུད་ཚུན་ཆད་ཀྱིས་ཉེ་བ་དང་རབ་ཏུ་བྱུང་བ་ལ་ སོགས་པ་ལ། ཡན་ལག་མ་ཡིན་པ་ཁ་དང་བཤང་ལམ་ལ་སོགས་པར། ཡུལ་མ་ཡིན་པ་སྣང་ བ་ཅན་དང་ལྷ་ཁང་དང་མཆོད་རྟེན་གྱི་དྲུང་དང༌། སྐྱེ་བོ་མང་པོས་མཐོང་བའི་ཕྱོགས་སུ། དུས་ མ་ཡིན་པ་ཟླ་མཚན་ཟག་པ་དང༌། སྦྲུམ་མ་ཟླ་བ་ཚང་བ་དང༌། ནུ་ཞོ་འཛག་པ་དང༌། བསྙེན་ གནས་བསྲུང་བ་དང་ཉིན་པར་ལ་སོགས་པའི་ཚེ་མ་ནོར་བར་བསྒྲོད་པའོ། །རྫུན་ཚིག་འདུ་ ཤེས་གཞན་གྱུར་པའི། །ངག་དོན་[མངོན་{ལོག་}པར་གོ་བའོ། །ཞེས་པ་ལྟར་དོན་གཞན་ དུ་གནས་པ་ལ་ཚིག་གཞན་དུ་བརྗོད་པར་བྱའོ་སྙམ་པས་སེམས་ཅན་གཞན་དག་ལ་མཐོང་ ཡང་མ་མཐོང་ཞེས་པ་ལ་སོགས་པ་དོན་གོ་བར་སྨྲས་པ་སྟེ། ཕ་རོལ་པོས་མ་གོ་ན་རྫུན་དུ་མི་ འགྱུར་ཡང་ངག་འཁྱལ་དུ་འགྱུར་ལ། ངག་དུ་མ་སྨྲས་ཀྱང་ཡོད་པ་ལ་མེད་པའི་ལུས་ཀྱི་བརྡ་ བྱེད་པ་དང༌། ལུས་ངག་གཉི་གས་མ་བྱས་ཀྱང་གསོ་སྦྱོང་གི་ཚེ་ཡོངས་སུ་དག་གམ་ཞེས་དྲིས་ པ་ན། ལྟུང་བ་ཡོད་བཞིན་དུ་ཅི་ཡང་མི་སྨྲ་བའང་རྫུན་གྱི་ཁྱད་པར་དུ་གསུངས་པའོ། །ཕྲ་མ་ ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཅེས་པ་ལྟར་དབྱེ་བར་འདོད་ 4-1-428 པའི་བསམ་པས་ཕ་རོལ་པོ་མཐུན་པ་དབྱེ་བའམ། ཕྱེ་བ་མི་[མཐུན་{འདུམས་}པར་བྱ་བའི་ ཆེད་དུ་ཕན་ཚུན་གྱི་སྐྱོན་བརྗོད་མ་ནོར་བར་སྨྲས་ཏེ། དེ་ཡང་བདེན་པ་སྨྲས་ན་ཕྲ་མ་ཁོ་ན་ དང༌། རྫུན་པ་སྨྲས་ན་རྫུན་དང་ཕྲ་མ་གཉི་གར་གྱུར་པའོ། །ཚིག་རྩུབ་པོ་ནི་མི་སྙན་པ། །ཞེས་ པ་ལྟར་མི་སྙན་པ་སྨྲ་འདོད་ཀྱིས་ཕ་རོལ་པོ་ལ་ཕོག་པའི་ཚིག་མ་ནོར་ཞིང་གོ་བར་སྨྲས་པ་སྟེ། ས་སྡེར་ལྐོག་གམ་དབེན་པར་སྨྲས་ན་ཡང་འགྱུར་བར་གསུངས་པའོ། །ཉོན་མོངས་ཅན་ཀུན་ ཀྱལ་པ་ཉིད། །ཅེས་པ་ལྟར་ངག་གི་ཉེས་པ་བཞི་གའང་ཀྱལ་པར་འདོད་ལ། ཁ་ཅིག་རྫུན་ སོགས་གསུམ་ལས་གཞན་པའི་ཉོན་མོངས་ཅན་གྱི་ཚིག་ཅེས་ཀྱང་འདོད་དེ། གཞན་ནི་དེ་ ལས་གཞན་ཉོན་མོངས། །ཁ་གསག་གླུ་དང་ཟློས་གར་དང༌། །བསྟན་བཅོས་ངན་བཞིན་ཞེས་ པ་ལྟར་ཕྱི་རོལ་པའི་གཞུང་འཆད་པ་དང༌། སྨྲེ་སྔགས་དང་འདུ་འཛིའི་གཏམ་ལ་སོགས་པའོ། ། བརྣབ་སེམས་ནི། ལོག་པས་གཞན་གྱི་ནོར་ལ་ཆགས། །ཞེས་པ་ལྟར་ལོག་པའི་བསམ་པས་ ཕ་རོལ་པོའི་ནོར་བདག་གིར་བྱ་བར་འདོད་པ་མ་བྱིན་ལེན་གྱི་ཀུན་སློང་དུ་གྱུར་པ་སྟེ། བསྡུ་ བར་ནི་རྗེ་དཔོན་འཁོར་དུ་འདུ་བར་འདོད་པ་དང༌། བདག་ཉིད་ཡོན་ཏན་ཅན་དུ་ཡིད་ཆེས་ པར་འདོད་པ་དང༌། ཕྱི་མ་ལ་ལྷའི་དཔལ་འབྱོར་ཐོབ་པར་འདོད་པ་ལ་སོགས་པའི་ཡིད་སྨོན་ རྣམས་ཀྱང་བརྣབ་སེམས་སུ་གསུངས་པའོ། །དགེ་དང་མི་དགེ་མེད་ལྟ་བ། ལོག་པར་ལྟ་ཡིན་ ཞེས་པ་ལྟར་གཞི་དོན་ལ་ཡོད་ཀྱང་རྒྱུ་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བ་ལ་སོགས་ པ་མེད་དོ་ཞེས་འདུ་ཤེས་ཤིང་སྐུར་བ་འདེབས་པ་སྟེ། ཕྱིན་ཅི་ལོག་ཏུ་འཛིན་ཞིང་དགེ་བའི་ གཅོད་བྱེད་དུ་གྱུར་པའོ། ། གཉིས་པ་གཉེན་པོ་ཡང༌། ཀུན་ལས་བཏུས་པར་དགེ་བ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ རྣམས་ཏེ། འདི་ལྟ་སྟེ་སྲོག་གཅོད་པ་སྤོང་བ་ནས་ཚིག་ཀྱལ་པའི་བར་དུ་སྤོང་བ་དང༌། བརྣབ་ སེམས་མེད་པ་དང་གནོད་སེམས་མེད་པ་དང་ཡང་དག་པའི་ལྟ་བའོ། །ཞེས་གསུངས་པ་ལྟར་ 4-1-429 ལུས་ཀྱི་སྲོག་གཅོད་པ་སྤོང་པའི་སེམས་པ་དགེ་བ་དང་མ་བྱིན་ལེན་པ་སྤོང་བའི་སེམས་པ་ དགེ་བ་དང༌། འདོད་པས་ལོག་པར་གཡེམ་པ་སྤོང་བའི་སེམས་པ་དགེ་བ་སྟེ་གསུམ་དང༌། ངག་གི་རྫུན་སྤོང་བའི་སེམས་པ་དགེ་བ་དང༌། ཕྲ་མ་སྤོང་བའི་སེམས་པ་དགེ་བ་དང༌། ཚིག་ རྩུབ་སྤོང་བའི་སེམས་པ་དགེ་བ་དང༌། ངག་འཆལ་སྤོང་བའི་སེམས་པ་དགེ་བ་སྟེ་བཞི་དང༌། ཡིད་ཀྱི་བརྣབ་སེམས་མེད་པ་མ་ཆགས་པའི་སེམས་པ་དགེ་བ་དང༌། གནོད་སེམས་མེད་པ་ བྱམས་པའི་བདག་ཉིད་ཅན་གྱི་སེམས་པ་དགེ་བ་དང༌། ཡང་དག་པའི་ལྟ་བ་ལས་འབྲས་ལ་ ཕྱིན་ཅི་མ་ལོག་པར་ཤེས་པའི་སེམས་པ་དགེ་བ་གསུམ་པོ་རྣམས་ཏེ་མདོ་ལས་ཀྱང༌། ལུས་ཀྱི་ སྡོམ་པ་ལེགས་པ་དང༌། །ངག་གི་སྡོམ་པ་ལེགས་པ་དང༌། །ཡིད་ཀྱི་སྡོམ་པ་ལེགས་པ་ཡིས། ། ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་གསུངས་པ་ལྟར་རོ། ། འབྲས་བུ་བསྟན་པ་ལ་གཉིས་ལས། མི་དགེ་བའི་འབྲས་བུ་ནི་ཀུན་ལས་བཏུས་པར། དེ་ ལ་མི་དགེ་བ་བཅུའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་ངན་སོང་གསུམ་པོ་རྣམས་སུའོ་ ཞེས་གསུངས་པ་ལྟར་མི་དགེ་བ་བཅུ་པོ་ཆུང་ངུ་སྤྱད་པ་ལས་དུད་འགྲོ་དང༌། བར་མ་སྤྱད་ པ་ལས་ཡི་དྭགས་དང༌། ཆེན་པོ་སྤྱད་པ་ལས་དམྱལ་བ་རྣམས་སུ་སྐྱེས་ནས་དེ་དག་གི་སྡུག་ བསྔལ་སྣ་ཚོགས་པ་མྱོང་བའོ། །རྒྱུ་མཐུན་པའི་འབྲས་བུ་ནི་སོ་སོ་དང་མཐུན་པར་མི་ལུས་ དང་ཡོངས་སུ་གཟུང་བ་མི་འབྱོར་བའོ་ཞེས་གསུངས་པ་ལྟར། བྱེད་པ་རྒྱུ་མཐུན་ནི་རང་རང་ གི་རིགས་འདྲ་ཕྱི་མ་བྱེད་པར་འདོད་པ་དང༌། མྱོང་བ་རྒྱུ་མཐུན་ནི་གལ་ཏེ་ངན་སོང་ནས་མིར་ སྐྱེས་ན་ཡང་རིན་ཆེན་ཕྲེང་བར། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་ པ་མང༌། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། (འདོད་ལོ་) ། བྱི་བོ་བྱེད་པ་དགྲ་ཟླར་བཅས། །རྫུན་ དུ་སྨྲ་བས་སྐུར་བ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་འབྱེ། །ཚིག་རྩུབ་ཉིད་ཀྱིས་མི་སྙན་ཐོས། །མ་ འབྲེལ་ཀྱལ་པས་ནི་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་ 4-1-430 འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་གསུངས་པ་རྣམས་ འབྱུང་བའོ། །བདག་པོའི་འབྲས་བུ་ནི་སོ་སོ་དང་མཐུན་པ་ཉིད་དུ་ཕྱིའི་དངོས་པོ་མ་འབྱོར་ བའོ་ཞེས་གསུངས་པ་ལྟར། (ལུས་ཀྱི་གསུམ་གྱིས་)ས་ཕྱོགས་གཟི་ཆུང་ལོ་ཏོག་ལ། །དགྲ་མང་རྡུལ་ གྱིས་འཁྲིགས་པ་དང༌། །(ངག་གི་བཞིས་)དྲི་ང་མཐོ་དམན་ཚྭ་རྒོ་ཅན། །དུས་ཚིགས་འགྱུར་བ་མི་ སྙོམས་དང༌། །(ཡིད་ཀྱི་གསུམ་གྱིས་)འབྲས་བུ་ཕྲ་དང་ཁ་བ་དང༌། །ཉུང་བའམ་མེད་པར་སྐྱེ་བའོ། ། དགེ་བའི་འབྲས་བུ་ཡང་ཇི་སྐད་དུ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་རྣམ་པར་སྨིན་ པའི་འབྲས་བུ་ནི་ལྷ་དང་མི་རྣམས་ཀྱི་ནང་དུའོ་ཞེས་གསུངས་པ་ལྟར། དགེ་བ་བཅུ་པོ་ཆུང་ ངུ་སྤྱད་པས་མི་དང༌། བར་མ་སྤྱད་པས་འདོད་ཁམས་ཀྱི་ལྷ་དང༌། ཆེན་པོ་སྤྱད་པས་ཁམས་ གོང་མ་གཉིས་ཀྱི་ལྷར་སྐྱེས་ནས་འདོད་པའི་ཡིད་དུ་འོང་བ་སྣ་ཚོགས་མྱོང་བའོ། །རྒྱུ་མཐུན་ པའི་འབྲས་བུ་ནི་དེ་དག་ཉིད་དུ་སོ་སོ་དང་མཐུན་པར་ལུས་དང་ཡོངས་སུ་གཟུང་བ་ཕུན་སུམ་ ཚོགས་པའོ། །ཞེས་གསུངས་པ་ལྟར་བྱེད་པ་རྒྱུ་མཐུན་ནི་སྔ་མ་ལྟ་བུ་དང༌། མྱོང་བ་རྒྱུ་མཐུན་ ནི་བདེ་འགྲོ་མཐོ་རིས་ཀྱི་གནས་དེ་དག་ཏུ་སྲོག་གཅོད་སྤངས་པས་ཚེ་རིང་བ་དང༌། མ་བྱིན་ ལེན་སྤངས་པས་ལོངས་སྤྱོད་ཆེ་བ་ལ་སོགས་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་ པའོ། །བདག་པོའི་འབྲས་བུ་ནི་དེ་དག་ཉིད་དུ་སོ་སོ་དང་མཐུན་པར་ཕྱིའི་དངོས་པོ་ཕུན་སུམ་ ཚོགས་པའོ། །ཞེས་གསུངས་པ་ལྟར་ས་ཕྱོགས་གཟི་བྱིན་ཆེ་བ་དང་ལོ་ཏོག་རྣམ་པར་འཕེལ་ བ་དང་རྡུལ་དང་དྲི་ང་མེད་པ་ལ་སོགས་པ་ཡུལ་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པའོ། ། མདོར་ན་རིན་ཆེན་ཕྲེང་བར། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང༌། །རྣམ་པ་ཀུན་ཏུ་བདེ་བ་དག །ཅེས་གསུངས་ པ་ལྟར་རིག་པར་བྱ་ཞིང་རྒྱ་ཆེར་དྲན་པ་ཉེར་གཞག་དང་ལས་བརྒྱ་པ་དང་འདུལ་བ་ལུང་ལ་ སོགས་པར་བལྟས་ཏེ་བླང་དོར་ལ་འབད་པར་བྱའོ། ། 4-1-431 གཞུང་ལ་སྦྱར་བ་ལ་གསུམ་ལས། དང་པོ་ལུས་ཀྱི་ཉེས་པ་སྤོང་ཚུལ་ནི། བརྩེ་བས་ སེམས་ཅན་རྣམས་ལ་ནི། །སྲོག་དང་ལོངས་སྤྱོད་ཆུང་མ་དག །རྟག་ གཏོང་ཤིན་ཏུ་དགའ་བྱེད་པ། །དེ་སྤོང་ཇི་ལྟར་བསྲུང་མི་འགྱུར། །བྱང་ཆུབ་ སེམས་དཔའ་རྣམས་བརྩེ་བ་ཆེན་པོ་དང་ལྡན་པས་སེམས་ཅན་དོན་དུ་ཉེར་བ་རྣམས་ལ་ནི་ རང་གི་སྲོག་ཀྱང་སྦྱིན་པར་གཏོང་ན་གཞན་གྱི་སྲོག་གཅོད་པ་སྤོང་བ་ལྟ་སྨོས་ཀྱང་ཅི་དགོས་ པ་དང༌། རང་གི་ལོངས་སྤྱོད་ཐམས་ཅད་ཀྱང་སྦྱིན་པར་གཏོང་ན་གཞན་གྱི་ལོངས་སྤྱོད་མ་ བྱིན་པར་ལེན་པ་སྤོང་བ་ལྟ་སྨོས་ཀྱང་ཅི་དགོས་པ་དང༌། རང་གི་ཆུང་མ་དག་ཀྱང་རྟག་ཏུ་སྦྱིན་ པར་གཏོང་ན་གཞན་གྱི་ཆུང་མ་ལ་ལོག་པར་གཡེམ་པ་སྤོང་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ རྣམས་ལ་ཤིན་ཏུ་དགའ་བར་བྱེད་པའི་སྒོ་ནས་ལུས་ཀྱི་མི་དགེ་བ་གསུམ་པོ་དེ་སྤོང་བའི་ཚུལ་ ཁྲིམས་ཇི་ལྟར་བསྲུང་མི་འགྱུར་ཏེ། [ཅིས་{ཕྱིས་}ཀྱང་བསྲུང་བའི་ཡོན་ཏན་དང་ལྡན་པའོ། ། ངག་གི་མི་དགེ་བ་སྤོང་ཚུལ་ལ་གཉིས་ལས། རྫུན་ཚིག་སྤོང་ཚུལ་ནི། འཕགས་པ་ མི་ལྟ་སེམས་སྙོམས་དང༌། །མི་འཇིགས་བརྩེ་ཕྱིར་ཀུན་སྟེར་བ། །གཞན་ ལ་གནོད་པ་བྱེད་པ་ཡི། །ལོག་པའི་ཚིག་ནི་ཇི་ལྟར་སྨྲ། །སེམས་ཅན་ཕལ་པ་ རྣམས་ནི་རྫུན་གྱི་རྒྱུ་རང་གི་ལུས་དང་སྲོག་ལ་ལྟ་བ་དང༌། རང་ཕྱོགས་ལ་བྱམས་ཤིང་གཞན་ ཕྱོགས་ལ་སྡང་བ་དང༌། རྒྱལ་པོ་ལ་སོགས་པའི་འཇིགས་པ་དང༌། ཟང་ཟིང་ཅུང་ཟད་ཙམ་ལ་ ཆགས་པ་ལ་བརྟེན་ནས་རྫུན་དུ་སྨྲ་བ་ཡིན་པ་ལ། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ ནི་ལུས་དང་སྲོག་ལ་མི་ལྟ་བ་དང༌། བདག་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་སེམས་ སྙོམས་པ་དང༌། (ས་བཅུ་པའི)མདོ་ལས། ས་ཐོབ་གྱུར་མ་ཐག་ཏུ་འཇིགས་པ་ལྔ་དང་བྲལ། །འཚོ་ བ་ཆད་དང་འཆི་དང་མི་བསྔགས་ངན་འགྲོ་དང༌། །འཁོར་གྱི་འཇིགས་བྲལ་དེ་ལ་བག་ཚྭའི་ རྣམ་པ་མེད། །ཅེས་གསུངས་པ་ལྟར་འཇིགས་པ་ལྔ་དང་བྲལ་བས་མི་འཇིགས་པ་དང་བརྩེ་ 4-1-432 བ་ཆེན་པོ་དང་ལྡན་པའི་ཕྱིར་བདོག་པའི་དངོས་པོ་ཀུན་སློང་མོ་བ་ལ་སྟེར་བས། རྫུན་གྱི་རྒྱུ་དེ་ རྣམས་མེད་པའི་ཕྱིར་སེམས་ཅན་གཞན་དག་ལ་གནོད་པར་བྱེད་པའི་ལོག་པའི་ཚིག་རྫུན་ནི་ ཇི་ལྟར་སྨྲ་སྟེ་ནམ་ཡང་མི་སྨྲ་བའི་ཡོན་ཏན་དང་ལྡན་པའོ། ། གཞན་གསུམ་སྤོང་ཚུལ་ནི། སྙོམས་པར་ཕན་པར་འདོད་པས་བརྩེ་བ་ཅན། ། གཞན་གྱི་སྡུག་བསྔལ་སྐྱེ་བས་ཤིན་ཏུ་འཇིགས། །སེམས་ཅན་འདུལ་བ་ ལ་ནི་རབ་བརྩོན་པ། །ངག་གི་ཉེས་རྣམ་གསུམ་ལས་ཤིན་ཏུ་རིང༌། །ཕལ་ པ་རྣམས་ནི་ཆགས་སྡང་གི་སྒོ་ནས་ཕྲ་མ་དང༌། སྙིང་རྗེ་མེད་པས་ཚིག་རྩུབ་དང་གཞན་གྱི་ སེམས་མི་སྲུང་བས་ཀྱལ་པ་རྣམས་སྨྲ་བ་ཡིན་པ་ལ། བྱང་ཆུབ་སེམས་དཔའ་རྣམས་སེམས་ ཅན་ཐམས་ཅད་ལ་སྙོམས་པར་ཕན་པ་འབའ་ཞིག་འདོད་པས་གཞན་དག་བཤེས་པ་འབྱེད་ པའི་ཕྲ་མ་མི་བྱེད་ཅིང་མཐུན་པའི་ཐབས་སྨྲ་བར་བྱེད་ལ། གཞན་སྡུག་བསྔལ་དང་བྲལ་བར་ འདོད་པའི་བརྩེ་བ་ཅན་གཞན་གྱི་རྒྱུད་ལ་སྡུག་བསྔལ་སྐྱེ་བས་ཤིན་ཏུ་འཇིགས་པ་ཡིན་པས། གཞན་ལ་སྡུག་བསྔལ་སྐྱེད་པའི་ཚིག་རྩུབ་མི་སྨྲ་ཞིང་སྙན་པར་སྨྲ་བར་བྱེད་དེ། སེམས་ཅན་ རྣམས་འདུལ་བའི་ཐབས་སྣ་ཚོགས་ལ་ནི་རབ་ཏུ་བརྩོན་པས་ངག་འཁྱལ་པ་མི་སྨྲ་ཞིང་འོས་ ཤིང་རིགས་པ་སྨྲ་བར་བྱེད་པས་ངག་གི་ཉེས་པ་ཕྲ་མ་ཚིག་རྩུབ་ངག་འཁྱལ་ཏེ་རྣམ་པ་གསུམ་ ལས་ཤིན་ཏུ་རིང་བའི་ཡོན་ཏན་དང་ལྡན་པའོ། ། ཡིད་ཀྱི་ཉེས་པ་སྤོང་ཚུལ་ནི། ཐམས་ཅད་གཏོང་བ་སྙིང་རྗེ་ཅན། །རྟེན་ འབྱུང་ཆོས་ལ་རབ་མཁས་པ། །དེ་ནི་ཡིད་ཀྱི་ཉོན་མོངས་ཀུན། །ཇི་ལྟར་ བུར་ན་དང་དུ་ལེན། །ཕལ་པ་རྣམས་ནི་ནོར་ལ་ཆགས་པས་བརྣབ་སེམས་དང༌། སྙིང་ རྗེ་མེད་པས་གནོད་སེམས་དང༌། མི་མཁས་[པས་ན་ལོག་ལྟ་རྣམས་སྟེན་{པ་གཞན་ལོག་ལྟ་ བསྟེན་}པ་ཡིན་པ་ལ། བྱང་ཆུབ་སེམས་དཔའ་རྣམས་རང་གི་ལོངས་སྤྱོད་ཐམས་ཅད་ཀྱང་ 4-1-433 གཞན་ལ་གཏོང་བས་བརྣབ་སེམས་མེད་ཅིང་མ་ཆགས་པའི་སེམས་པ་དང༌། སེམས་ཅན་ ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཅན་ཡིན་པས་གནོད་སེམས་མེད་ ཅིང་བྱམས་པའི་སེམས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ ལ་རབ་ཏུ་མཁས་པས་ལོག་ལྟ་མེད་ཅིང་ཡང་དག་པའི་ལྟ་བ་ཅན་དེ་ནི་ཡིད་ཀྱི་ཉོན་མོངས་པ་ ཀུན་ཇི་ལྟ་བུར་ན་དང་དུ་ལེན་ཏེ་མི་ལེན་པའི་ཡོན་ཏན་རྣམས་དང་ལྡན་པའོ། །མདོར་ན་རིན་ ཆེན་ཕྲེང་བར། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་གསུངས་པ་ལྟར་དུག་ གསུམ་གྱིས་ཀུན་ནས་བསླང་བའི་མི་དགེ་བ་མཐའ་དག་སྤངས་ནས་དུག་གསུམ་མེད་པའི་ དགེ་བ་ལ་གནས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པའི་ ཡོན་ཏན་ཡིན་པར་རིག་པར་བྱའོ། ། བཟོད་པ་འབད་པ་མེད་པའི་ཡོན་ཏན་ནི། བརྩེ་ལྡན་གང་ཚེ་གནོད་པ་བྱེད་པ་ དང༌། །གཞན་ལ་ཕན་པའི་སྡུག་བསྔལ་ལ་རྟག་ཏུ། །ཕན་པའི་འདུ་ཤེས་ དགའ་བ་རྙེད་འགྱུར་བ། །དེ་ཡི་གང་ལ་ཅི་ཞིག་བཟོད་པར་བྱ། །གནོད་ བྱེད་དང་དཀའ་སྤྱད་ལ་བཟོད་པར་བྱ་དགོས་པ་ཡིན་པ་ལ། བརྩེ་བ་ཆེན་པོ་དང་ལྡན་པའི་ བྱང་ཆུབ་སེམས་དཔའ་རྣམས་གང་གི་ཚེ་གནོད་པ་བྱེད་པ་དང༌། གཞན་ལ་ཕན་པའི་སྡུག་ བསྔལ་དག་ལ་རིམ་པ་ལྟར་རྟག་ཏུ་ཕན་པའི་འདུ་ཤེས་དང་དགའ་བ་རྙེད་འགྱུར་བ་ཞེས་སྦྱར་ ཏེ། ལུས་དང་ལོངས་སྤྱོད་ལ་གནོད་པ་བྱེད་པའི་དགྲ་བོ་ལ་འདི་དག་ནི། བདག་གི་བྱང་ཆུབ་ སྒྲུབ་པའི་གྲོགས་ཡིན་པས་རྟག་ཏུ་ཕན་འདོགས་པའོ་སྙམ་པའི་འདུ་ཤེས་ཐོབ་པས་གནོད་ པ་ལ་ལན་མི་འཇེད་པའི་བཟོད་པ་ངང་གིས་འབྱུང་ཞིང༌། གཞན་ལ་ཕན་པའི་དཀའ་སྤྱད་ཀྱི་ སྡུག་བསྔལ་ལའང་འདི་ནི་དོན་ཆེན་པོ་ཡིན་ནོ་སྙམ་པའི་དགའ་བ་ཆེན་པོ་རྙེད་པར་འགྱུར་ 4-1-434 བས་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ངང་གིས་འབྱུང་བའི་ཕྱིར། བྱང་ཆུབ་སེམས་ དཔའ་དེ་ཡིས་གནོད་བྱེད་དང་སྡུག་བསྔལ་གང་ལ་ཅི་ཞིག་བཟོད་པར་བྱ་སྟེ་འབད་པ་དང་ རྩོལ་བ་མི་དགོས་པ་ཉིད་དོ། ། བརྩོན་འགྲུས་བསམ་མི་ཁྱབ་པའི་ཡོན་ཏན་ནི། གཞན་ལ་གཞན་གྱི་འདུ་ཤེས་ དང་བྲལ་དང༌། །བདག་བས་ཆེས་ལྷག་གཞན་ལ་རྟག་བྱམས་དང༌། ། དཀའ་བ་སྤྱོད་ཕྱིར་བརྩེ་བ་དང་བཅས་པ། །བརྩོན་འགྲུས་དཀའ་བ་ མིན་ལ་ཤིན་ཏུ་དཀའ། །ཐོག་མར་བདག་གཞན་མཉམ་པ་བྱང་ཆུབ་ཀྱི་སེམས་ལ་ བརྟེན་ནས་སེམས་ཅན་གཞན་ལ་གཞན་གྱི་འདུ་ཤེས་དང་བྲལ་ཏེ་གཞན་དོན་ལ་སྤྲོ་བས་ འཇུག་པ་དང༌། ཕྱི་ནས་བདག་བས་གཞན་གཅེས་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་བདག་ བས་ཆེས་ལྷག་པར་སེམས་ཅན་གཞན་ལ་རྟག་ཏུ་བྱམས་པ་དང་ལྡན་པའི་སྒོ་ནས་གཞན་དོན་ གྱི་དཀའ་བ་སྤྱོད་པ་རྒྱ་ཆེན་པོ་ལ། སྤྲོ་བས་འཇུག་པའི་ཕྱིར་བརྩེ་བ་ཆེན་པོ་དང་བཅས་པའི་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ནི་འབད་རྩོལ་མི་དགོས་པར་ངང་གིས་འབྱུང་ བས་དཀའ་བ་མིན་ལ། གཞན་ལ་གཞན་གྱི་འདུ་ཤེས་དང་བྲལ་བ་དང༌། བདག་པས་ཆེས་ ལྷག་པའི་གཞན་ལ་བྱམས་པའི་བརྩོན་འགྲུས་གང་ཡིན་པ་དེ་ལྟ་བུ་ནི་འཇིག་རྟེན་ན་དཀོན་པ་ དང་ཤིན་ཏུ་དཀའ་བ་ཡང་ཡིན་པ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའོ། ། བསམ་གཏན་ཁྱད་པར་འཕགས་པའི་ཡོན་ཏན་ནི། གསུམ་གྱི་བསམ་གཏན་ བདེ་བ་ཆུང༌། །བདག་བདེ་ཞེན་པས་ཡོངས་ཉམས་འགྱུར། །ཟད་འགྱུར་ རྨོངས་དང་བཅས་པར་འདོད། །བྱང་ཆུབ་སེམས་དཔའི་བཟློག་པའོ། ། འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་[གསུམ་{གཞན་}གྱི་བསམ་གཏན་ རྣམས་ལས་འཇིག་རྟེན་པའི་བསམ་གཏན་ནི་ཟག་བཅས་ཡིན་པས་བདེ་བ་ཆུང་ཞིང༌། ཉན་ 4-1-435 རང་རྣམས་ཀྱི་ནི་བདག་ཉིད་གཅིག་པུ་བདེ་བ་ཙམ་ཡིན་པ་དང༌། འཇིག་རྟེན་པ་རྣམས་ཀྱི་ ནི་འཇིག་ཚོགས་འཁོར་བའི་མཐའ་ལ་ཞེན་པ་དང་བཅས་པ་ཡིན་ཞིང་ཉན་རང་རྣམས་ཀྱི་ནི་ མྱང་འདས་ཞི་བའི་མཐའ་ལ་ཞེན་པ་དང་བཅས་པ་ཡིན་པ་དང༌། འཇིག་རྟེན་པ་རྣམས་ཀྱི་ ནི་ས་འཕོས་པ་ལ་སོགས་པས་ཡོངས་སུ་ཉམས་པར་འགྱུར་བ་ཡིན་[ཞིང་{པ་དང་}། ཉན་ རང་རྣམས་ཀྱི་ནི་ལྷག་མེད་མྱང་འདས་སུ་ཟད་པར་འགྱུར་བ་ཡིན་པ་དང༌། གསུམ་གའང་ ཅི་རིགས་པར་ཉོན་མོངས་པ་ཅན་མ་ཡིན་པའི་རྨོངས་པ་དང་བཅས་པ་ཡིན་པར་འདོད་པས་ དམན་པ་ཡིན་ལ། བྱང་ཆུབ་སེམས་དཔའི་བསམ་གཏན་བདེ་བ་ཆེན་པོ་དང་ལྡན་པ་དང་ བདག་གཞན་གཉི་ག་བདེ་བར་བྱེད་པ་དང༌། སྲིད་ཞི་གཉིས་ཀྱི་མཐའ་ལ་མ་ཞེན་པ་དང་ ཡོངས་སུ་ཉམས་པར་མི་འགྱུར་བ་དང་ནམ་ཡང་ཟད་པར་མི་འགྱུར་བ་དང༌། སྔ་མ་དག་ལས་ བཟློག་པ་སྟེ་རྨོངས་པ་མེད་པ་ཡིན་པའི་ཕྱིར་ཁྱད་པར་དུ་འཕགས་པའི་ཡོན་ཏན་དང་ལྡན་ པའོ། ། ཤེས་རབ་མཚུངས་པ་མེད་པའི་ཡོན་ཏན་ནི། ཇི་ལྟར་མཚན་མོ་ལག་ནོམ་ དང༌། །ཁེབས་སྒྲོན་ཇི་བཞིན་ཤེས་རྣམ་གསུམ། །སྙིང་རྗེ་ཅན་གྱི་ཤེས་པ་ ནི། །ཉི་མའི་ཟེར་བཞིན་མཚུངས་པ་མེད། །ཇི་ལྟར་ཏེ་དཔེར་ན། མཚན་མོ་མུན་ ཁུང་དུ་ལག་ནོམ་གྱིས་དངོས་པོ་འགའ་ཞིག་ཚོལ་བ་ན་ཡུལ་རྒྱ་ཆུང་བ་དང་ཁ་དོག་མངོན་ སུམ་དུ་མ་གྱུར་པ་དང༌། རྣམ་པ་མི་གསལ་བ་དེ་བཞིན་དུ་སོ་སོ་སྐྱེ་བོ་རྣམས་ཀྱི་ཤེས་རབ་ནི་ ཆོས་ཅན་རྒྱ་ཆུང་བ་དང༌། ཆོས་ཉིད་མངོན་སུམ་དུ་མ་གྱུར་པ་དང་རྣམ་པ་མི་གསལ་བ་ཡིན་ ཞིང༌། མུན་པ་འཐུག་པོས་ཁེབས་པའི་ཁང་ཕུགས་སུ་སྒྲོན་མེ་ཕྲ་མོ་བཏེག་ནས་དངོས་པོ་ཚོལ་ བ་ན་ཡུལ་ཅུང་ཟད་ཅིག་མངོན་སུམ་དུ་གྱུར་ཀྱང་ཤིན་ཏུ་གསལ་བ་མ་ཡིན་པ་ཇི་ལྟ་བ་བཞིན་ དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་རབ་ནི་བདག་མེད་དམ་ཤེས་བྱ་མཐའ་དག་ 4-1-436 མ་རྟོགས་པས་ཉི་ཚེ་བའི་མངོན་སུམ་པ་དང༌། ཤེས་བྱའི་སྒྲིབ་པ་མ་སྤངས་པས་མི་གསལ་བ་ ཡིན་པའི་ཕྱིར། སོ་སོ་སྐྱེ་བོ་དང་ཉན་རང་གཉིས་ཀྱི་ཤེས་རབ་རྣམ་པ་གསུམ་ནི་དམན་པ་ཡིན་ ལ། སྙིང་རྗེ་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་ནི་ཉི་མའི་འོད་ཟེར་ཤར་བ་ན་ཡུལ་ ཀུན་ནས་མངོན་སུམ་པ་དང༌། ཤིན་ཏུ་གསལ་བར་མཐོང་བ་བཞིན་དུ་བདག་མེད་གཉིས་ མངོན་སུམ་དུ་རྟོགས་པ་དང༌། སྒྲིབ་པ་གཉིས་ཅི་རིགས་པར་སྤངས་པས་ཤིན་ཏུ་གསལ་བ་ ཡིན་པའི་ཕྱིར། ཤེས་རབ་སྔ་མ་གསུམ་ལས་མཆོག་ཏུ་གྱུར་ཅིང་མཚུངས་པ་མེད་པའི་ཡོན་ ཏན་དང་ལྡན་པའོ། ། རྟེན་སོགས་མཆོག་ཏུ་གྱུར་པའི་ཡོན་ཏན་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ཞིང་ཡང་ དོན་བརྒྱད་ཀྱིས་མཆོག་ཏུ་གྱུར་པ་སྟོན་པ་སྟེ། དེ་ལ་དང་པོ་ནི། སྦྱིན་པ་བརྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ ཡོངས་བསྔོ་དང༌། །རྒྱུ་དང་ཡེ་ཤེས་ཞིང་དག་དང༌། །གནས་ཀྱི་སྒོ་ནས་ མཆོག་ཏུ་འདོད། །སྦྱིན་པ་ལ་ཡང་གང་ཞིག་སྦྱིན་པ་པོའི་རྟེན་གྱི་གང་ཟག་བྱང་ཆུབ་ སེམས་དཔའི་སྦྱིན་པ་ནི་སོ་སོ་སྐྱེ་བོ་དང་ཉན་རང་ལས་མཆོག་ཏུ་གྱུར་པ་དང༌། གང་སྦྱིན་པར་ བྱ་བའི་གཞིའམ་དངོས་པོ་ཟང་ཟིང་གི་ནང་ནས་ལུས་དང་སྲོག་སྦྱིན་པ་དང༌། མི་འཇིགས་པའི་ ནང་ནས་འཁོར་བ་དང་ངན་སོང་གི་མི་འཇིགས་པ་སྦྱིན་པ་དང༌། ཆོས་ཀྱི་ནང་ནས་ཐེག་ཆེན་ གྱི་ཆོས་སྦྱིན་པ་རྣམས་གཞན་ལས་མཆོག་ཏུ་གྱུར་པ་དང་ནི་གང་གིས་སྦྱིན་པའི་རྒྱུ་མཚན་ཡང་ བསམ་པ་ཕལ་པས་མ་ཡིན་པར་སྙིང་རྗེ་ཆེན་པོས་སྦྱིན་པ་མཆོག་ཏུ་གྱུར་པ་དང༌། དེ་བཞིན་ དུ་ནི་གང་གི་ཕྱིར་ཡོངས་སུ་བསྔོ་བ་ཡང་འཇིག་རྟེན་པའི་འབྱོར་པ་དང་ཉན་རང་གི་འབྲས་བུ་ ཐོབ་པའི་ཕྱིར་མ་ཡིན་པར་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བའི་སྒོ་ནས་མཆོག་ཏུ་གྱུར་པ་དང༌། གང་གི་སྦྱིན་པའི་རྒྱུ་ནི་མ་གོམས་པ་མ་ཡིན་པར་སྔོན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡུན་རིང་ 4-1-437 དུ་གོམས་པའི་བག་ཆགས་ལས་བྱུང་བས་མཆོག་ཏུ་གྱུར་པ་དང༌། གང་གིས་ཡོངས་སུ་ཟིན་ པའི་ཡེ་ཤེས་ནི་འཁོར་གསུམ་དུ་རྣམ་པར་རྟོག་པ་དང་བཅས་པ་མ་ཡིན་གྱི། སྦྱིན་པ་པོ་དང་ སྦྱིན་པར་བྱ་བ་དང་ལེན་པ་པོ་སྟེ་འཁོར་གསུམ་དུ་རྣམ་པར་མི་རྟོག་པས་ཡོངས་སུ་ཟིན་པས་ མཆོག་ཏུ་གྱུར་པ་དང༌། གང་ལ་སྦྱིན་པར་བྱ་བའི་ཞིང་དག་ནི་སློང་བ་དང་སྡུག་བསྔལ་བ་དང་ རྟེན་མེད་པ་དང་ཉེས་པར་སྤྱད་པ་སྤྱོད་པ་དང་ཡོན་ཏན་དང་ལྡན་པ་སྟེ། དེ་དག་ཀྱང་དང་པོ་ བཞི་ནི་ཕྱི་མ་ཕྱི་མ་མཆོག་ཡིན་ལ། དེ་དག་མེད་ན་ལྔ་པ་ལ་སྦྱིན་པ་ནི་ཡུལ་གྱི་སྒོ་ནས་མཆོག་ ཏུ་གྱུར་པ་དང༌། གང་ལ་གནས་ནས་སྦྱིན་པ་ནི་སྔར་སྒོམ་པའི་སྐབས་སུ་བཤད་པ་ལྟར་སྦྱིན་ པ་སྟོན་པའི་མདོ་སྡེ་ལ་མོས་པ་ཡིད་ལ་བྱེད་པ་དང༌། རང་གིས་གཏོང་བ་ལ་ཡོན་ཏན་དུ་ལྟ་བ་ དང༌། གཞན་གྱི་གཏོང་བ་ལ་རྗེས་སུ་ཡི་རང་བ་དང༌། རང་གཞན་གྱི་མ་འོངས་པ་ན་གཏོང་ བར་འགྱུར་བ་ལ་མངོན་པར་དགའ་བ་ཡིད་ལ་བྱེད་པ་དང༌། ནམ་མཁའ་མཛོད་ལ་སོགས་ པའི་ཏིང་ངེ་འཛིན་ཐོབ་ཅིང་སྐུ་དང་སྤྱོད་པ་དང་སྟོན་པ་ལ་དབང་འབྱོར་བ་ཉིད་ཀྱི་སྒོ་ནས་ མཆོག་ཏུ་གྱུར་པ་ཡིན་པར་འདོད་དོ། ། དེ་བཞིན་དུ་གཞི་དང་ཞིང་མ་གཏོགས་པ་ཐམས་ཅད་འདྲ་ཞིང་མཆོག་ཏུ་གྱུར་པ་ཞེས་ ཀུན་ལ་སྦྱར་ཏེ། ཚུལ་ཁྲིམས་བརྟེན་དང་གཞི་དང་ནི། །རྒྱ་མཚན་དང་ནི་ ཡོངས་བསྔོ་དང༌། །རྒྱུ་དང་ཡེ་ཤེས་ཞིང་དག་དང༌། །གནས་ཀྱི་སྒོ་ནས་ མཆོག་ཏུ་འདོད། །ཚུལ་ཁྲིམས་ཀྱང་བརྟེན་བྱང་ཆུབ་སེམས་དཔས་བསྲུང་བ་དང༌། གཞི་ ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་པ་དང་ནི་རྒྱུ་མཚན་སྙིང་རྗེ་ཆེན་པོས་བསྲུང་བ་དང༌། དེ་བཞིན་དུ་ནི་ཡོངས་སུ་བསྔོ་བ་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བ་དང༌། རྒྱུ་(འི་སྒོ་ནས་མཆོག་ ཏུ་གྱུར་པ་)སྔོན་ཡང་ཚུང་ཁྲིམས་གོམས་པའི་བག་ཆགས་ལས་བྱུང་བ་དང༌། ཡེ་ཤེས་འཁོར་ གསུམ་དུ་རྣམ་པར་མི་རྟོག་པས་ཟིན་པ་དང༌། ཞིང་ཐེག་པ་ཆེན་པོ་ལ་དམིགས་པ་དག་དང༌། 4-1-438 གནས་མོས་པ་དང་ཡིད་ལ་བྱེད་པ་དང་ཏིང་ངེ་འཛིན་ལ་བརྟེན་པ་ཉིད་ཀྱི་སྒོ་ནས་མཆོག་ཏུ་ གྱུར་པར་འདོད་དོ། ། བཟོད་པ་བརྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་ དང༌། །རྒྱུ་དང་ཡེ་ཤེས་ཞིང་དག་དང༌། །གནས་ཀྱི་སྒོ་ནས་མཆོག་ཏུ་ འདོད། །བཟོད་པ་ཡང་བརྟེན་བྱང་ཆུབ་སེམས་དཔས་སྒོམ་པ་དང༌། གཞི་ངན་པ་སྟོབས་ ཆུང་ངུས་གསོད་པ་ལ་བཟོད་པ་དང་ནི་རྒྱུ་མཚན་སྙིང་རྗེ་ཆེན་པོས་སྒོམ་པ་དང༌། དེ་བཞིན་དུ་ ནི་ཡོངས་སུ་བསྔོ་བ་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བ་དང༌། རྒྱུ་སྔོན་ཡང་བཟོད་པ་གོམས་ པའི་བག་ཆགས་ལས་བྱུང་བ་དང༌། ཡེ་ཤེས་འཁོར་གསུམ་དུ་རྣམ་པར་མི་རྟོག་པས་ཟིན་པ་ དང༌། ཞིང་ཐེག་པ་ཆེན་པོ་ལ་དམིགས་པ་དག་དང༌། གནས་མོས་པ་དང་ཡིད་ལ་བྱེད་པ་དང་ ཏིང་ངེ་འཛིན་ལ་བརྟེན་པ་ཉིད་ཀྱི་སྒོ་ནས་མཆོག་ཏུ་གྱུར་བར་འདོད་དོ། ། བརྩོན་འགྲུས་བརྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་ བསྔོ་དང༌། །རྒྱུ་དང་ཡེ་ཤེས་ཞིང་དག་དང༌། །གནས་ཀྱི་སྒོ་ནས་མཆོག་ ཏུ་འདོད། །བརྩོན་འགྲུས་ཀྱང་བརྟེན་བྱང་ཆུབ་སེམས་དཔས་རྩོམ་པ་དང༌། གཞི་ཕ་རོལ་ཏུ་ ཕྱིན་པ་སྒོམ་ཞིང་དེའི་མི་མཐུན་ཕྱོགས་སྤོང་བ་དང་ནི་རྒྱུ་མཚན་སྙིང་རྗེ་ཆེན་པོར་རྩོམ་པ་དང༌། དེ་བཞིན་དུ་ནི་ཡོངས་སུ་བསྔོ་བ་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བ་དང༌། རྒྱུ་སྔོན་ཡང་བརྩོན་ འགྲུས་གོམས་པའི་བག་ཆགས་ལས་བྱུང་བ་དང༌། ཡེ་ཤེས་འཁོར་གསུམ་དུ་རྣམ་པར་མི་རྟོག་ པས་ཟིན་པ་དང༌། ཞིང་ཐེག་པ་ཆེན་པོ་ལ་དམིགས་པ་དག་དང༌། གནས་མོས་པ་དང་ཡིད་ལ་ བྱེད་པ་དང་ཏིང་ངེ་འཛིན་ལ་བརྟེན་པ་ཉིད་ཀྱི་སྒོ་ནས་མཆོག་ཏུ་གྱུར་པར་འདོད་དོ། ། བསམ་གཏན་བརྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་ བསྔོ་དང༌། །རྒྱུ་དང་ཡེ་ཤེས་ཞིང་དག་དང༌། །གནས་ཀྱི་སྒོ་ནས་མཆོག་ 4-1-439 ཏུ་འདོད། །བསམ་གཏན་ཡང་བརྟེན་བྱང་ཆུབ་སེམས་དཔས་སྒོམ་པ་དང༌། གཞི་བྱང་ཆུབ་ སེམས་དཔའི་ཏིང་ངེ་འཛིན་ལ་འཇོག་པ་དང་ནི་རྒྱུ་མཚན་སྙིང་རྗེ་ཆེན་པོས་སྒོམ་པ་དང༌། དེ་ བཞིན་དུ་ནི་ཡོངས་སུ་བསྔོ་བ་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བ་དང༌། རྒྱུ་སྔོན་ཡང་བསམ་ གཏན་གོམས་པའི་བག་ཆགས་ལས་བྱུང་བ་དང༌། ཡེ་ཤེས་འཁོར་གསུམ་དུ་རྣམ་པར་མི་རྟོག་ པས་ཟིན་པ་དང༌། ཞིང་ཐེག་པ་ཆེན་པོ་ལ་དམིགས་པ་དག་དང༌། གནས་མོས་པ་དང་ཡིད་ལ་ བྱེད་པ་དང་ཏིང་ངེ་འཛིན་ལ་བརྟེན་པ་ཉིད་ཀྱི་སྒོ་ནས་མཆོག་ཏུ་གྱུར་པར་འདོད་དོ། ། ཤེས་རབ་བརྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་ དང༌། །རྒྱུ་དང་ཡེ་ཤེས་ཞིང་དག་དང༌། །གནས་ཀྱི་སྒོ་ནས་མཆོག་ཏུ་ འདོད། །ཤེས་རབ་ཀྱང་བརྟེན་བྱང་ཆུབ་སེམས་དཔས་སྐྱེད་པ་དང༌། གཞི་ཆོས་ཐམས་ཅད་ ཀྱི་དེ་བཞིན་ཉིད་ཤེས་པ་དང་ནི་རྒྱུ་མཚན་སྙིང་རྗེ་ཆེན་པོ་ལས་སྐྱེས་པ་དང༌། དེ་བཞིན་དུ་ནི་ ཡོངས་སུ་བསྔོ་བ་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བ་དང༌། རྒྱུ་སྔོན་ཡང་ཤེས་རབ་གོམས་པའི་ བག་ཆགས་ལས་བྱུང་བ་དང༌། ཡེ་ཤེས་འཁོར་གསུམ་དུ་རྣམ་པར་མི་རྟོག་པས་ཟིན་པ་དང༌། ཞིང་ཐེག་པ་ཆེན་པོ་ལ་དམིགས་པ་དག་དང༌། གནས་མོས་པ་དང་ཡིད་ལ་བྱེད་པ་དང་ཏིང་ངེ་ འཛིན་བརྟེན་པ་ཉིད་ཀྱི་སྒོ་ནས་མཆོག་ཏུ་གྱུར་པར་འདོད་དོ། །དེ་རྣམས་ཀྱི་རྒྱུ་མཚན་སྙིང་རྗེ་ ནི་གྲོགས་བྱེད་པའི་རྒྱུ་ཡིན་ལ། རྒྱུ་རང་རང་གི་བག་ཆགས་གོམས་པ་ནི་ཐུན་མོང་མ་ཡིན་པའི་ རྒྱུ་ཡིན་ནོ་ཞེས་ཀྱང་བཤད་དོ། ། དང་པོ། སྦྱིན་པའི་ཡོན་ཏན། སྦྱིན་པ་དང་བརྩོན་འགྲུས་ཁྱད་པར་དུ་བཤད་པ་ཡང༌། དང་པོ་སྦྱིན་པའི་ཡོན་ཏན་དོན་དྲུག་གིས་འཆད་པའི་དགའ་བའི་ཁྱད་པར་ནི། བྱང་ཆུབ་ སེམས་དཔའི་སྦྱིན་པ་ནི། །སེམས་ཅན་གཅིག་བདེ་བསྐལ་མང་དུ། ། གནོད་པ་བྱེད་ཀྱང་དགའ་འགྱུར་ན། །དེ་ལས་བཟློག་པ་སྨོས་ཅི་དགོས། ། 4-1-440 བྱང་ཆུབ་སེམས་དཔའི་ལུས་དང་ལོངས་སྤྱོད་ཐམས་ཅད་གཏོང་བའི་སྦྱིན་པ་དེས་ནི་ཡུལ་ སེམས་ཅན་གཅིག་ཁོ་ན་བདེ་བར་འགྱུར་ལ། བདག་ཉིད་ལ་བསྐལ་པ་མང་པོའི་བར་དུ་ [ཕོངས་{མ་ངེས་}པ་ལ་སོགས་པའི་སྡུག་བསྔལ་གྱིས་གནོད་པ་བྱེད་དུ་ཟིན་ཀྱང༌། སྙིང་རྗེ་ ཆེན་པོའི་དབང་གིས་དགའ་བ་ཚད་མེད་པ་སྐྱེ་བར་འགྱུར་ན། དེ་ལས་བཟློག་པ་སེམས་ཅན་ མང་པོ་བདེ་བ་ཆེན་པོ་དང་ལྡན་པར་འགྱུར་ཞིང༌། བདག་ཉིད་ལ་ཡང་བསྐལ་པ་མང་པོར་ ཕན་པར་བྱེད་པའི་སྦྱིན་པ་གང་ཡིན་པ་དེ་ལ་དགའ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དགའ་བ་མཆོག་ཏུ་གྱུར་པའི་ཡོན་ཏན་དང་ལྡན་པའོ། ། གཏོང་བའི་ཁྱད་པར་ནི། ལུས་ཅན་རྣམས་ནི་གང་ཕྱིར་ནོར་འདོད་པ། ། བརྟན་རྣམས་དེ་ཉིད་ལུས་ཅན་རྣམས་ལ་གཏོང༌། །སྐྱེ་བོ་རྣམས་ནི་ལུས་ ཕྱིར་ནོར་འདོད་དེ། །དེ་ཉིད་བརྟན་རྣམས་བརྒྱ་ཕྲག་རྣམས་སུ་གཏོང༌། ། ལུས་ཅན་ཕལ་པ་རྣམས་ནི་རང་གི་བདེ་བ་སྒྲུབ་པ་གང་གི་ཕྱིར་ནོར་འདོད་པ་ཡིན་པ་ལ་ བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ལུས་དེ་ཉིད་ལོངས་སྤྱོད་དང་བཅས་པ་ལུས་ཅན་ རྣམས་ལ་གཏོང་ཞེས་མདོར་བསྟན་ནས། དེ་ཉིད་འཆད་པ་སྐྱེ་བོ་རྣམས་ནི་ལུས་གསོ་ཞིང་ བསྲུང་བའི་ཕྱིར་དུ་ནོར་ལོངས་སྤྱོད་ཟད་མི་ཤེས་པ་འདོད་ཅིང་ཆགས་པ་དང་བཅས་པ་ཡིན་ ཏེ། ནོར་གྱིས་གསོ་པར་བྱ་བའི་ལུས་དེ་ཉིད་བརྟན་པ་རྣམས་ལན་བརྒྱ་ཕྲག་མང་པོ་རྣམས་སུ་ ཆགས་པ་མེད་པར་གཞན་ལ་གཏོང་བའི་ཡོན་ཏན་དང་ལྡན་པའོ། ། མཆོག་གི་ཁྱད་པར་ནི། གང་ཚེ་ལུས་ཉིད་གཏོང་ཡང་ཡིད་སྡུག་མི་བསྔལ་ བ། །དེ་ཚེ་རྫས་ངན་ལྟ་ལ་སྨོས་ཀྱང་ཅི་ཞིག་དགོས། །དེ་འདིའི་འཇིག་ རྟེན་འདས་པ་དེ་དེས་དགའ་འགྱུར་བ། །གང་ཡིན་དེ་ནི་དེ་དེ་ཡི་ཡང་ བླ་མ་ཡིན། །བྱང་ཆུབ་སེམས་དཔའ་གཞན་དོན་ལ་འཇུག་པ་གང་གི་ཚེ་གཅེས་པའི་དངོས་ 4-1-441 པོ་ལུས་ཉིད་སྦྱིན་པར་གཏོང་ཡང་ཡིད་ལ་སྡུག་མི་བསྔལ་ཞིང་བདེ་བ་འབྱུང་བ་དེའི་ཚེ་ལུས་ ལ་ལྟོས་ན་རྫས་ངན་པར་གྱུར་པ་ཕྱི་རོལ་གྱི་ལོངས་སྤྱོད་ལྟ་བུ་རྣམས་གཏོང་བ་ལ་སྡུག་བསྔལ་ མི་འབྱུང་བ་ལྟ་སྨོས་ཀྱང་ཅི་ཞིག་དགོས། དེ་ནི་འཇིག་རྟེན་པ་རྣམས་ལ་མེད་པས་བྱང་ཆུབ་ སེམས་དཔའ་འདི་ནི་འཇིག་རྟེན་ལས་འདས་པའི་སྦྱིན་པ་ཡིན་ལ། སེམས་དཔའ་ཆེན་པོ་དེ་ ལུས་བཏང་བའི་སྡུག་བསྔལ་དེས་སེམས་ཅན་ལ་ཕན་ཐོགས་སོ་སྙམ་དུ་དགའ་ཞིང་བདེ་བར་ འགྱུར་བ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པ་དེའི་ཡང་བླ་མའམ་མཆོག་ཏུ་གྱུར་པ་ ཡིན་ནོ། ། ཚིམ་པའི་ཁྱད་པར་ནི། ཇི་ལྟར་བློ་ལྡན་འདི་ན་ཀུན་གཏོང་བས། །དོན་ གཉེར་སྐྱེ་བོ་དགའ་བས་དགའ་བ་ལྟར། །དེ་ལྟར་སློང་མོ་བ་དག་བསླང་ བྱ་བ། །འདོད་རྒུ་ཐོབ་པ་དག་གིས་དགའ་མི་འགྱུར། །ཇི་ལྟར་བློ་དང་ལྡན་པ་ རྣམས་ལམ་རྣམ་དག་ལ་སློབ་པའི་སྐབས་འདི་ན་རང་གི་ལུས་དང་སྲོག་དང་ལོངས་སྤྱོད་ཀུན་ གང་ལ་ཅི་འདོད་པ་གཏོང་བས་བསླང་བྱ་དོན་དུ་གཉེར་བའི་སྐྱེ་བོ་རྣམས་ཚིམ་པའི་དགའ་བ་ བས་ཀྱང༌། བྱང་ཆུབ་སེམས་དཔའ་སྦྱིན་པ་རྫོགས་པའི་དགའ་བ་མཆོག་ཏུ་གྱུར་པ་ལྟར་དེ་ ལྟར་སློང་མོ་བ་དག་བསླང་བར་བྱ་བའི་རྫས་ཡིད་ལ་འདོད་རྒུ་ཐོབ་པ་དག་གིས་ཀྱང་དགའ་ བར་མི་འགྱུར་ཏེ། སློང་མོ་བ་ལོངས་སྤྱོད་ཀྱིས་ཚིམ་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་སྦྱིན་ པ་རྫོགས་པས་ཚིམ་པ་མཆོག་ཏུ་གྱུར་པའོ། ། སེམས་དཔའི་ཁྱད་པར་ནི། བློ་ལྡན་བདོག་རྒུ་བཏང་བས་ནོར་མེད་པ། ། བདག་ཉིད་ནོར་ལྡན་སེམས་པ་ཇི་ལྟ་བར། །སློང་བ་ལོངས་སྤྱོད་ཀུན་ རྫོགས་བདག་ཉིད་ནི། །དེ་ལྟར་ནོར་དང་ལྡན་པར་མི་སེམས་སོ། །བློ་ལྡན་ བྱང་ཆུབ་སེམས་དཔའ་རྣམས་རང་གི་བདོག་རྒུ་ཐམས་ཅད་གཞན་ལ་སྦྱིན་པར་བཏང་བས་ 4-1-442 ལོངས་སྤྱད་པར་བྱ་བའི་ནོར་ཅུང་ཟད་ཀྱང་མེད་པར་གྱུར་པ་ན། སྦྱིན་པ་རྫོགས་པའི་སྒོ་ནས་ བདག་ཉིད་གཏོང་བའི་ནོར་ཕུན་སུམ་ཚོགས་པ་དང་ལྡན་པའོ། །ཞེས་སེམས་པ་ཇི་ལྟ་བར་ སློང་བ་པོ་རང་ཇི་ལྟར་འདོད་པའི་ལོངས་སྤྱོད་ཀུན་རྫོགས་པར་ཐོབ་པའི་བདག་ཉིད་ཅན་དེ་ ནི་དེ་ལྟར་ནོར་དང་ལྡན་པར་མི་སེམས་པས་སེམས་པའི་སྒོ་ནས་ཀྱང་ཁྱད་པར་འཕགས་སོ། ། དེ་བཞིན་དུ་ཕན་འདོགས་པར་ཡང་སེམས་པ་ནི། བློ་ལྡན་འདི་ན་སྦྱིན་པ་བཟང་ པོས་ཚུལ་བཞིན་དུ། །དོན་གཉེར་ཚིམ་བྱས་དེ་ལ་ཕན་ཆེན་འདོགས་ པར་སེམས་པ་ལྟར། །དེ་བཞིན་སློང་མོ་བ་དག་ཤིན་ཏུ་ནོར་མང་ཐོབ་ ནས་ནི། །སྦྱིན་པ་པོ་ལ་རྙེད་པའི་རྒྱུ་ཡིས་དྲིན་དུ་མི་རྩིའོ། །བློ་དང་ལྡན་པ་ རྣམས་གཞན་དོན་སྤྱོད་པའི་སྐབས་འདི་ན་ལུས་དང་ལོངས་སྤྱོད་ལ་སོགས་པའི་སྦྱིན་པ་ བཟང་པོས་ཚུལ་བཞིན་དུ་གུས་ཤིང༌། སྤྲོ་བ་དང་བཅས་པས་གང་དོན་དུ་གཉེར་བ་དེ་རྣམས་ ཚིམ་པར་བྱས་ནས་དེ་དག་ལ་འདི་དག་གིས་ནི་བདག་གི་སྦྱིན་པའི་གྲོགས་བྱས་པས་ཕན་ ཆེན་པོ་འདོགས་པའོ་ཞེས་བྱ་བར་སེམས་ཤིང་དྲིན་དུ་རྩི་བ་ལྟར། དེ་བཞིན་དུ་སློང་མོ་བ་དག་ གིས་བྱང་ཆུབ་སེམས་དཔའ་ལས་ཤིན་ཏུ་ནོར་མང་པོ་རང་ཇི་ལྟར་འདོད་པ་བཞིན་ཐོབ་ནས་ ནི་སྦྱིན་པ་པོ་ལ་རྙེད་པས་ཕན་བཏགས་པ་དེའི་རྒྱུ་ཡིས་དྲིན་དུ་མི་རྩི་བས་ཕན་པའི་སེམས་ པའང་ཁྱད་པར་དུ་འཕགས་པའོ། ། ཆེ་བའི་ཁྱད་པར་ནི། ལམ་ཀའི་འབྲས་མཆོག་ལྡན་པའི་ལོངས་སྤྱོད་ ཤིང་ལས་ཇི་ལྟ་བར། །ལུས་ཅན་རྣམས་ཀྱིས་གང་གི་ནོར་རྫས་རྒྱ་ཆེན་ བླངས་ནས་ནི། །བདག་ཉིད་དགོས་དང་བྲལ་བར་རང་ཉམས་སྤྱོད་པར་ བྱེད་པ་ལ། །བཏང་དགའ་ལོངས་སྤྱོད་ཅན་དེ་བྱང་ཆུབ་སེམས་དཔའ་ ལས་གཞན་མིན། །དཔེར་ན་ལམ་ཀ་ན་གནས་པའི་འབྲས་བུ་མཆོག་ཏུ་གྱུར་པ་མང་ 4-1-443 པོ་དང་ལྡན་པའི་ལོངས་སྤྱོད་ཀྱི་ཤིང་སྡོང་ཆེན་པོ་སུས་ཀྱང་བདག་གིར་མ་བཟུང་བ་ལས། འགྲོན་པོ་རྣམས་ཀྱིས་དེའི་འབྲས་བུ་མང་པོ་བླངས་ནས་གཞན་གྱིས་བསྲུང་བ་ལ་སོགས་པའི་ དོགས་པ་མེད་པར་རང་ཉམས་སུ་ལོངས་སྤྱོད་པ་ཇི་ལྟ་བར་ལུས་ཅན་རྣམས་ཀྱིས་བྱང་ཆུབ་ སེམས་དཔའ་གང་གི་ནོར་རྫས་རྒྱ་ཆེན་པོ་ཇི་ལྟར་འདོད་པ་བླངས་ནས་ནི། བདག་ཉིད་ཀྱི་ ནོར་ལ་སྤྱོད་པ་བཞིན་དུ་གཞན་གྱིས་བསྲུང་བའི་འཇིགས་པ་དང་ལན་འཇལ་དགོས་པ་ལ་ སོགས་པའི་དོགས་པ་དང་བྲལ་བར་རང་ཉམས་སུ་བདེ་བར་ལོངས་སྤྱོད་པར་བྱེད་པ་ལ་སྦྱིན་ པ་རྒྱ་ཆེན་པོ་བཏང་བས་དགའ་བ་ཚད་མེད་པ་འཕེལ་བའི་ལོངས་སྤྱོད་དོན་ཡོད་པ་ཅན་དེ་ནི་ བྱང་ཆུབ་སེམས་དཔའ་རྣམས་ལས་གཞན་མིན་པའི་ཆེ་བ་དང་ལྡན་པའོ། ། གཉིས་པ་བརྩོན་འགྲུས་ཀྱི་ཡོན་ཏན་ཁྱད་པར་དུ་བཤད་པ་ལ། མདོར་བསྟན་པ་ནི། གཙོ་དང་དེ་རྒྱུ་ལས་ཀྱི་དབྱེ་བ་དང༌། །རྣམ་པའི་དབྱེ་བ་བརྟེན་གྱི་དབྱེ་ བ་དང༌། །བར་ཆད་རྣམ་བཞིའི་གཉེན་པོའི་དབྱེ་བ་ཡིས། །བརྩོན་འགྲུས་ ཡོངས་ཤེས་བྱ་ཞེས་རབ་ཏུ་བསྟན། །དགེ་བའི་ཆོས་ཀྱི་གཙོ་བོ་ཡིན་པའི་སྒོ་ནས་ རབ་ཏུ་དབྱེ་བ་དང༌། དགེ་བ་དེའི་རྒྱུ་ཡིན་པའི་སྒོ་ནས་རབ་ཏུ་དབྱེ་བ་དང་བྱེད་ལས་ཀྱི་སྒོ་ ནས་རབ་ཏུ་དབྱེ་བ་དང༌། རྣམ་པའི་སྒོ་ནས་རབ་ཏུ་དབྱེ་བ་དང་རྟེན་གྱི་སྒོ་ནས་རབ་དུ་དབྱེ་བ་ དང༌། བར་ཆད་རྣམ་པ་བཞིའི་གཉེན་པོའི་སྒོ་ནས་རབ་ཏུ་དབྱེ་བ་ཡིས་བརྩོན་འགྲུས་ཀྱི་ཡོན་ ཏན་ཁྱད་པར་དུ་ཡོངས་སུ་ཤེས་པར་བྱ་ཞེས་རབ་ཏུ་བསྟན་པའོ། ། རྒྱས་བཤད་ལའང་དེ་ལྟར་དྲུག་ལས། གཙོ་བོའི་དབྱེ་བ་ནི། དགེ་བའི་ཚོགས་ཀྱི་ ནང་ན་བརྩོན་འགྲུས་མཆོག །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ ཚོགས་ཐམས་ཅད་ཀྱི་ནང་ན་བརྩོན་འགྲུས་ནི་རབ་དང་མཆོག་དང་གཙོ་བོར་གྱུར་པའོ། ། རྒྱུའི་དབྱེ་བ་ནི། འདི་ལྟར་དེ་ལ་བརྟེན་ནས་དེ་རྗེས་འཐོབ། །གཙོ་བོ་ཡིན་ 4-1-444 པའི་རྒྱུ་མཚན་ཡང་འདི་ལྟར་བརྩོན་འགྲུས་དེ་ལ་བརྟེན་ནས་དགེ་བའི་ཆོས་དེ་ཐམས་ཅད་ཇི་ ལྟར་འདོད་པ་བཞིན་རྗེས་སུ་འཐོབ་པའི་ཕྱིར་རོ། ། ལས་ཀྱི་དབྱེ་བ་ནི། བརྩོན་འགྲུས་ཀྱིས་ནི་མདོ་ལ་བདེ་གནས་མཆོག ། དངོས་གྲུབ་འཇིག་རྟེན་འདས་དང་འཇིག་རྟེན་གཏོགས། །དགེ་བ་ལ་སྤྲོ་བའི་ བརྩོན་འགྲུས་ཀྱིས་ནི་མོད་ལ་སྟེ་ཤིན་ཏུ་མྱུར་བར་མཐོང་བའི་ཆོས་ཚེ་འདི་ཉིད་ལ་སྡིག་པ་མི་ དགེ་བའི་ཆོས་དང་མ་འདྲེས་པའི་བདེ་བ་ལ་གནས་པ་མཆོག་ཏུ་གྱུར་པ་ཐོབ་ཅིང༌། གཞན་ ཡང་དངོས་གྲུབ་ནི་མཐར་ཐུག་ངེས་པར་ལེགས་པ་འཇིག་རྟེན་ལས་འདས་པ་དང༌། གནས་ སྐབས་མངོན་པར་མཐོ་བ་འཇིག་རྟེན་དུ་གཏོགས་པ་རྣམས་ཀྱང་འགྲུབ་པར་བྱེད་དོ་ཞེས་ སྤྱིར་བསྟན་ནས། དེ་དག་སོ་སོར་འཆད་པ་ནི། བརྩོན་འགྲུས་ཀྱིས་ནི་སྲིད་གཅོད་འདོད་ པ་འཐོབ། །བརྩོན་འགྲུས་ཀྱིས་ནི་དག་པར་རབ་འགྱུར་ལྡན། །བརྩོན་ འགྲུས་ཀྱིས་ནི་འཇིགས་ཚོགས་གནས་ནས་གྲོལ། །བརྩོན་འགྲུས་ཀྱིས་ ནི་བྱང་ཆུབ་མཆོག་སངས་རྒྱས། །བསོད་ནམས་ཆ་མཐུན་གྱི་དགེ་བ་ལ་སྤྲོ་བའི་ བརྩོན་འགྲུས་ཀྱིས་ནི་སྲིད་པ་འཁོར་བ་ན་སྤྱོད་པ་ན་ཡང་འདོད་པའི་ཁམས་ཀྱི་ལྷ་དང་མིའི་ བདེ་བ་འཐོབ་ཅིང༌། ཏིང་ངེ་འཛིན་ལ་སྤྲོ་བའི་བརྩོན་འགྲུས་ཀྱིས་ནི་མི་དགེ་བ་དང་འདོད་ ཁམས་ཀྱི་ཉོན་མོངས་པ་མངོན་གྱུར་གྱིས་དག་པ་དངོས་གྲུབ་གཏན་དུ་བ་མ་ཡིན་པས་རབ་ ཏུ་འགྱུར་བ་དང་ལྡན་པ་བསམ་གཏན་དང་གཟུགས་མེད་ཀྱི་གོ་འཕང་འཐོབ་སྟེ། དེ་དག་ནི་ འཇིག་རྟེན་དུ་གཏོགས་པའོ། །འཇིག་རྟེན་ལས་འདས་པ་ལའང་ཉན་རང་གི་ལམ་ལ་སྤྲོ་བའི་ བརྩོན་འགྲུས་ཀྱིས་ནི་འཇིགས་ཚོགས་འཁོར་བའི་གནས་ནས་རྣམ་པར་གྲོལ་བའི་ཞི་བ་མྱ་ ངན་ལས་འདས་པ་ཐོབ་ཅིང༌། ཐེག་ཆེན་གྱི་ལམ་ལ་སྤྲོ་བའི་བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་ 4-1-445 ཆེན་པོ་མཆོག་ཏུ་གྱུར་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པའོ། ། རྣམ་པའི་དབྱེ་བ་ནི། གཞན་ཡང་ཉམས་དང་འཕེལ་བའི་བརྩོན་འགྲུས་ དང༌། །ཐར་བའི་དབང་དང་མི་མཐུན་ཕྱོགས་སྤངས་གཞན། །དེ་ཉིད་ རབ་ཞུགས་ཡོངས་སུ་སྒྱུར་བྱེད་དང༌། །བརྩོན་འགྲུས་དོན་ཆེན་ངེས་ ཚིག་གཞན་དུ་འདོད། །ལས་ཀྱི་དབྱེ་བ་ལས་གཞན་ཡང་ཡང་དག་པར་སྤོང་བ་བཞིའི་ དང་པོ་གཉིས་ལ་བརྩོན་པ་ནི་མི་དགེ་བའི་ཆོས་ཉམས་པར་བྱེད་པའི་བརྩོན་འགྲུས་དང༌། ཕྱི་ མ་གཉིས་ལ་བརྩོན་པ་ནི་དགེ་བའི་ཆོས་འཕེལ་བར་བྱེད་པའི་བརྩོན་འགྲུས་དང༌། དད་པ་ལ་ སོགས་པའི་དབང་པོ་ལྔ་ལ་བརྩོན་པ་ནི་ཐར་པའི་དགེ་བ་ལ་དབང་བྱེད་པའི་བརྩོན་འགྲུས་ དང༌། མ་དད་པ་ལ་སོགས་པས་མི་རྫི་བའི་ཕྱིར་སྟོབས་ལྔ་ལ་བརྩོན་པ་ནི་མི་མཐུན་ཕྱོགས་ སྤངས་པའི་བརྩོན་འགྲུས་དང༌། གཞན་ཡང་མཐོང་ལམ་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ བརྩོན་པ་ནི་དེ་ཁོ་ན་ཉིད་ལ་རབ་ཏུ་ཞུགས་པའི་བརྩོན་འགྲུས་དང༌། སྒོམ་ལམ་དུ་ལམ་གྱི་ ཡན་ལག་བརྒྱད་ལ་བརྩོན་པ་ནི་གནས་ཡོངས་སུ་སྒྱུར་བར་བྱེད་པའི་བརྩོན་འགྲུས་དང༌། ཕ་ རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོ་ལ་སྤྲོ་བའི་བརྩོན་འགྲུས་ནི་དོན་ཆེན་པོ་ཞེས་བྱ་བའི་ངེས་ཚིག་ དང་ལྡན་པ་སྔ་མ་དག་ལས་གཞན་དུ་འདོད་དེ། དེས་རང་གཞན་གྱི་དོན་རྒྱ་ཆེན་པོ་མངོན་ པར་བསྒྲུབ་པའི་ཕྱིར་རོ། ། གཞན་ཡང༌། ཐོག་མར་གོ་ཆའི་བརྩོན་འགྲུས་དེ་ནས་ནི། །ཚུལ་བཞིན་ རབ་ཞུགས་སྦྱོར་བའི་བརྩོན་འགྲུས་དང༌། །མ་ཞུམ་མི་འཁྲུག་ཆོག་མི་ ཤེས་བརྩོན་འགྲུས། །རྣམ་པ་ཐམས་ཅད་སངས་རྒྱས་རྣམས་རབ་གསུང༌། ། ཐོག་མར་སྦྱོར་བའི་ཆེད་དུ་གོ་ཆ་ཆེན་པོ་བགོས་པ་གོ་ཆའི་བརྩོན་འགྲུས་དང༌། གོ་ཆ་བགོས་ པ་དེ་ནས་ནི་དེ་དང་མཐུན་པར་ཚུལ་བཞིན་དུ་རབ་ཏུ་ཞུགས་པ་སྦྱོར་བའི་བརྩོན་འགྲུས་དང༌། 4-1-446 རྟོགས་པར་བྱ་བ་རྒྱ་ཆེན་པོ་ལ་སྤྲོ་བའི་སྒོ་ནས་མ་ཞུམ་པའི་བརྩོན་འགྲུས་དང༌། ཚ་གྲང་ལ་ སོགས་པའི་སྡུག་བསྔལ་གྱིས་མི་འཁྲུག་པའི་བརྩོན་འགྲུས་དང༌། རྟོགས་པ་ཅུང་ཟད་ཙམ་ གྱིས་ཆོག་མི་ཤེས་པའི་བརྩོན་འགྲུས་ཏེ་རྣམ་པའི་དབྱེ་བ་ལྔ་པོ་དེ་ཐམས་ཅད་ཀྱང་སངས་ རྒྱས་རྣམས་རབ་ཏུ་གསུང་སྟེ། ཇི་སྐད་དུ་མདོ་ལས། མཐུ་དང་ལྡན་པ་དང༌། བརྩོན་འགྲུས་ དང་ལྡན་པ་དང༌། སྤྲོ་བ་ཅན་དང༌། ཕ་རོལ་གནོན་པ་བརྟན་པ་དང༌། དགེ་བའི་ཆོས་རྣམས་ལ་ བརྩོན་པ་མ་བཏང་བ་ཞེས་རིམ་པ་བཞིན་སྦྱར་བས་སོ། ། རྟེན་གྱི་དབྱེ་བ་ནི། ཐེག་པ་གསུམ་བརྩོན་སྐྱེ་བོ་ལ་བརྟེན་ནས། །བསམ་ བློ་ཞན་དང་རྒྱ་རབ་ཆེ་ལྡན་ཕྱིར། །བརྩོན་འགྲུས་ཐ་མ་འབྲིང་དང་ མཆོག་གཞན་ཏེ། །དེ་ནི་དོན་ཆུང་བ་དང་དོན་ཆེན་འདོད། །ཐེག་པ་ གསུམ་ལ་རབ་ཏུ་བརྩོན་བའི་སྐྱེ་བོ་གང་ཡིན་པ་དེ་དག་ལ་བརྟེན་ནས་ཕྱེ་ན། ཐེག་པ་གཉིས་ ལ་བརྩོན་པ་ནི་རང་དོན་འབའ་ཞིག་གཙོ་བོར་བྱེད་པས་གཞན་དོན་གྱི་བསམ་པ་དག་དང་ བདག་མེད་རྟོགས་པའི་བློ་ཞན་པའི་ཕྱིར་དང༌། ཐེག་པ་ཆེན་པོ་ལ་བརྩོན་པ་ནི་རང་གཞན་ གཉི་གའི་དོན་སྒྲུབ་པས་བསམ་པ་དང་བློ་གྲོས་རྒྱ་རབ་ཏུ་ཆེ་བ་དང་ལྡན་པའི་ཕྱིར་གོ་རིམ་ བཞིན་དུ་ཉན་ཐོས་ཀྱི་བརྩོན་འགྲུས་ནི་ཐ་མ་དང༌། རང་སངས་རྒྱས་ཀྱི་ནི་འབྲིང་དང༌། བྱང་ ཆུབ་སེམས་དཔའི་མཆོག་ཏུ་གྱུར་པས་སྔ་མ་དག་ལས་གཞན་ཡིན་ཏེ། དེ་དག་ནི་སྔ་མ་གཉིས་ པོ་དོན་ཆུང་བ་དང་ཕྱི་མ་ནི་དོན་ཆེན་པོ་དང་ལྡན་པར་འདོད་དོ། ། གཉེན་པོའི་དབྱེ་བ་ནི། བརྩོན་འགྲུས་ལྡན་པ་ལོངས་སྤྱོད་ཀྱིས་ཕམ་མེད། ། བརྩོན་འགྲུས་ལྡན་པ་ཉོན་མོངས་ཀྱིས་ཕམ་མེད། །བརྩོན་འགྲུས་ལྡན་ པ་སྐྱོ་བས་ཕམ་པ་མེད། །བརྩོན་འགྲུས་ལྡན་པ་ཐོབ་པས་ཕམ་པ་མེད། ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འཇུག་པའི་བར་ཆད་ནི་ལོངས་སྤྱོད་ལ་ཆགས་པ་དང༌། དེ་ 4-1-447 ཡོངས་སུ་སྤྱོད་པ་ལ་ཞེན་པ་དང་དཀའ་སྤྱད་ཀྱིས་སྐྱོ་བ་དང་ཅུང་ཟད་ཙམ་གྱིས་ཆོག་པར་ འཛིན་པ་སྟེ་རྣམ་པ་བཞི་ཡིན་ལ། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་དང་ལྡན་པ་ནི། ཀུན་ ཏུ་འཛིན་པ་མེད་པའི་ཕྱིར་ལོངས་སྤྱོད་ལ་ཆགས་པའི་བར་ཆད་ཀྱིས་ཕམ་པ་མེད་པ་དང༌། བརྩོན་འགྲུས་དང་ལྡན་པ་ནི་ལྷག་པར་ཞེན་པ་མེད་པའི་ཕྱིར་དེ་ཡོངས་སུ་སྤྱོད་པ་ལ་ཆགས་ པའི་ཉོན་མོངས་ཀྱིས་ཕམ་པ་མེད་པ་དང༌། བརྩོན་འགྲུས་དང་ལྡན་པ་ནི་སྦྱིན་སོགས་ལ་སྤྲོ་ བས་འཇུག་པའི་ཕྱིར་དཀའ་སྤྱད་སྐྱོ་བས་ཕམ་པ་མེད་པ་དང༌། བརྩོན་འགྲུས་དང་ལྡན་པ་ནི་ སྦྱིན་སོགས་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པའི་ཕྱིར་ཐོབ་པ་ཆུང་བས་ཕམ་པ་མེད་པ་ སྟེ་གཉེན་པོ་རྣམ་པ་བཞིའི་ཡོན་ཏན་དང་ལྡན་པའོ། ། བཅུ་པ་རྣམ་པར་ངེས་པ་བསྟན་པ་ནི། ཕན་ཚུན་བསྡུས་ཕྱིར་རབ་དབྱེའི་ ཕྱིར། །ཆོས་ཉིད་ཕྱིར་དང་རྒྱུ་མཚན་ཕྱིར། །ཕ་རོལ་ཕྱིན་དྲུག་རྣམ་ཀུན་ ཏུ། །རྣམ་པར་ངེས་པར་ཤེས་པར་བྱ། །ཕན་ཚུན་བསྡུས་པའི་ཕྱིར་རྣམ་པར་ངེས་ པ་ནི་མི་འཇིགས་པ་སྦྱིན་པས་ཚུལ་ཁྲིམས་དང་བཟོད་པ་བསྡུས་ཏེ་གནོད་པ་དང་གནོད་ལན་ མི་བྱེད་པའི་ཕྱིར་དང༌། ཆོས་ཀྱི་སྦྱིན་པས་བསམ་གཏན་དང་ཤེས་རབ་བསྡུས་ཏེ་དེ་དག་ལ་ བརྟེན་ནས་ཆོས་སྟོན་པའི་ཕྱིར་དང༌། དེ་གཉིས་ཀས་བརྩོན་འགྲུས་བསྡུས་ཏེ་དེས་ཆོས་དང་ མི་འཇིགས་པ་གཉི་ག་སྦྱིན་པར་བྱེད་པའི་ཕྱིར་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་ ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྡུས་པ་དང༌། གནོད་པ་ལ་ལན་མི་འཇེད་པའི་བཟོད་པས་ མི་འཇིགས་པའི་སྦྱིན་པ་དང་ཚུལ་ཁྲིམས་བསྡུས་པ་ལ་སོགས་པའོ། །རབ་ཏུ་དབྱེ་བའི་ཕྱིར་ རྣམ་པར་ངེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ཞིང་ཡང་རང་རང་གི་ངོ་བོ་གཞན་རྒྱུད་ལ་ འཇོག་པའི་གཏོང་བ་སྦྱིན་པ་དང༌། མི་མཐུན་ཕྱོགས་སྤོང་བ་ཚུལ་ཁྲིམས་དང༌། དཀའ་སྤྱད་ ལ་ཇི་མི་སྙམ་པ་བཟོད་པ་དང༌། ཕྱིར་ཞིང་སྤྲོ་བས་འཇུག་པ་བརྩོན་འགྲུས་དང༌། སོ་སོ་ལ་ 4-1-448 སེམས་རྩེ་གཅིག་ཏུ་གནས་པ་བསམ་གཏན་དང༌། གནས་ལུགས་ཕྱིན་ཅི་མ་ལོག་པར་ཤེས་ པ་ཤེས་རབ་སྟེ་དྲུག་དྲུག་ཏུ་ཕྱེ་བའི་སྒོ་ནས་གཞན་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་ པའི་ཕྱིར་རོ། །ཆོས་ཉིད་ཀྱི་ཕྱིར་རྣམ་པར་ངེས་པ་ནི་བརྗོད་བྱ་སྦྱིན་པ་ལ་སོགས་པའི་དོན་ ལ་རྗོད་བྱེད་མདོ་ལ་སོགས་པ་སྣང་བ་དང༌། རྗོད་བྱེད་མདོ་ལ་སོགས་པའི་ཆོས་ལ་བརྗོད་བྱ་ སྦྱིན་པ་ལ་སོགས་པ་སྣང་བ་སྟེ། བརྗོད་བྱས་རྗོད་བྱེད་དང༌། རྗོད་བྱེད་ཀྱིས་བརྗོད་བྱ་བསྡུས་ པའི་ཕྱིར་དང༌། རྒྱུ་མཚན་གྱི་ཕྱིར་རྣམ་པར་ངེས་པ་ནི་སྦྱིན་པས་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ ཁྲིམས་ལ་སོགས་པ་ལ་འཇུག་ཅིང༌། ཚུལ་ཁྲིམས་དགེ་སློང་གི་སྡོམ་པ་བླངས་ན་ཡོངས་སུ་ འཛིན་པ་ཐམས་ཅད་གཏོང་ཞིང་གནོད་པ་ལ་བཟོད་པའི་ཕྱིར་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ ཁྲིམས་ནི་ཐམས་ཅད་ཀྱི་རྒྱུ་མཚན་ཡིན་པའི་ཕྱིར་དང༌། བཟོད་པས་ཐམས་ཅད་ཀྱི་དཀའ་སྤྱད་ ལ་བཟོད་པ་དང༌། བརྩོན་འགྲུས་ཀྱིས་ཐམས་ཅད་ལ་སྤྲོ་བས་འཇུག་པ་དང༌། བསམ་གཏན་ གྱིས་ཐམས་ཅད་ལ་རྩེ་གཅིག་ཏུ་སྦྱོར་བ་དང༌། ཤེས་རབ་ཀྱིས་ཐམས་ཅད་རྣམ་པར་དག་པར་ སྒྲུབ་པས་རེ་རེའང་ཐམས་ཅད་ཀྱི་རྒྱུ་མཚན་དུ་འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་ཕ་རོལ་ཏུ་ཕྱིན་ པ་དྲུག་པོ་རྣམས་རྣམ་པ་ཀུན་ཏུ་ཕན་ཚུན་གཅིག་ལ་གཅིག་རྣམ་པར་ངེས་པར་ཤེས་པར་བྱའོ། ། བསྡུ་བའི་དངོས་པོས་གཞན་སྨིན་ཚུལ་ལ་ངོ་བོ་ངོས་གཟུང༌། ཁྱད་པར་རྒྱས་བཤད། ཆེ་ བ་བསྟན་པའོ། ། ངོ་བོ་ནི། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང༌། །བདག་ཉིད་རྗེས་སུ་ འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང༌། །དོན་མཐུན་ཉིད་ དུ་འདོད་པ་ཡིན། །དེ་ཡང་སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་ པ་སྟེ་བཞིའི་དང་པོ་སྦྱིན་པ་ནི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་བཤད་པ་དང་མཚུངས་པ་དང༌། 4-1-449 ཕྱི་མ་གསུམ་ནི་དེ་སྟོན་པ་དང་ལེན་དུ་འཇུག་པ་དང་བདག་ཉིད་རྗེས་སུ་འཇུག་པ་རྣམས་ཀྱིས་ རིམ་པ་ལྟར་འཆད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་དེ་རྣམས་ལེགས་པར་སྟོན་པ་ནི་ སྙན་པར་སྨྲ་བ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཡང་དག་པར་ཉམས་སུ་ལེན་དུ་འཇུག་ པ་ནི་དོན་སྤྱོད་པ་དང༌། གཞན་ལ་བསྟན་པ་ལྟར་བདག་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ རྗེས་སུ་འཇུག་པ་ནི་དོན་མཐུན་པ་ཉིད་དུ་འདོད་པ་ཡིན་ནོ། ། རྒྱས་བཤད་ལ་བཞིར་འཇོག་པའི་རྒྱུ་མཚན། དེ་དག་གི་བྱེད་ལས། དོན་གཉིས་ཀྱིས་ བསྡུས་ཚུལ། རྣམ་པའི་དབྱེ་བའོ། །དང་པོ་ནི། ཕན་པར་བྱེད་པའི་ཐབས་དང་ནི། ། འཛིན་པར་བྱེད་དང་འཇུག་བྱེད་དང༌། །དེ་བཞིན་རྗེས་སུ་འཇུག་བྱེད་ པ། །བསྡུ་བའི་དངོས་པོ་བཞིར་ཤེས་བྱ། །སྦྱིན་པའི་ཁྱད་པར་ཟས་དང་གོས་ལ་ སོགས་པ་ཟང་ཟིང་གི་སྦྱིན་པས་གཞན་གྱི་ལུས་ལ་ཕན་པར་བྱེད་པའི་ཐབས་དང་ནི་སྙན་པར་ སྨྲ་བས་གཞན་གྱི་མི་ཤེས་པ་དང་ལོག་ཤེས་དང་ཐེ་ཚོམ་རྣམས་བསལ་ནས་ཕ་རོལ་ཏུ་ཕྱིན་ པའི་དོན་གོ་བར་འཛིན་དུ་འཇུག་པར་བྱེད་པ་དང༌། དོན་སྤྱོད་པས་གཞན་དག་ཕ་རོལ་ཏུ་ ཕྱིན་པའི་དགེ་བ་སྒྲུབ་པ་ལ་འཇུག་པར་བྱེད་པ་དང༌། དོན་མཐུན་པས་གཞན་ལ་ཇི་སྐད་སྨྲས་ པ་དེ་བཞིན་དུ་བདག་ཉིད་ཀྱང་བྱེད་པར་རིག་ནས་ཡིད་ཆེས་པས་གཞན་དག་ཀྱང་རྗེས་སུ་ འཇུག་པར་བྱེད་པ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་ནི་བསྡུ་བའི་དངོས་ པོ་བཞིར་གྲངས་ངེས་པར་ཤེས་པར་བྱའོ། ། དེ་དག་གི་བྱེད་ལས་ནི། དང་པོས་སྣོད་འགྱུར་དངོས་པོ་སྟེ། །གཉིས་པ་ ཡིས་ནི་མོས་པ་ཡིན། །གསུམ་པ་ཡིས་ནི་བསྒྲུབ་པ་སྟེ། །བཞི་པས་རྣམ་ པར་སྦྱོང་བའོ། །དང་པོ་ཟང་ཟིང་གི་སྦྱིན་པས་ནི་ཆོས་བསྟན་པར་བྱ་བའི་སྣོད་དུ་འགྱུར་ བའི་དངོས་པོར་བྱེད་པ་སྟེ། གཉིས་པ་སྙན་པར་སྨྲ་བ་ཡིས་ནི་དོན་བྱེ་བྲག་ཏུ་ཤེས་པར་བྱེད་ 4-1-450 ཅིང་ཐེ་ཚོམ་གཅོད་པའི་སྒོ་ནས་ཆོས་དེ་ལ་མོས་པར་བྱེད་པ་ཡིན་ཞིང༌། གསུམ་པ་དོན་སྤྱོད་ པ་ཡིས་ནི་ཆོས་བཞིན་དུ་ཉམས་སུ་ལེན་ཞིང་སྒྲུབ་ཏུ་འཇུག་པ་སྟེ། བཞི་པ་དོན་མཐུན་པས་ ནི་ལམ་ལ་ཡིད་ཆེས་ཤིང་ཡུན་རིང་དུ་སྒྲུབ་པའི་སྒོ་ནས་སྒྲུབ་པ་དེ་གོང་ནས་གོང་དུ་རྣམ་པར་ སྦྱོང་ཞིང་མཐར་ཕྱིན་པར་བྱེད་པའོ། ། དོན་གཉིས་ཀྱིས་བསྡུས་ཚུལ་ནི། ཟང་ཟིང་དང་ནི་ཆོས་ཀྱིས་ཏེ། །དམིགས་ པའི་ཆོས་ལ་སོགས་པ་ཡིས། །བསྡུ་བ་གཉིས་ཀྱི་སྒོ་ནས་ནི། །བསྡུ་བའི་ དངོས་པོ་བཞིར་འདོད་དོ། །བཅོམ་ལྡན་འདས་ཀྱིས་ཟང་ཟིང་གི་བསྡུ་བ་དང་ནི་ཆོས་ ཀྱི་བསྡུ་བ་གཉིས་གསུངས་པ་དེ་དག་ཏུ་བཞི་གའང་འདུ་བ་ཉིད་དེ། ཟང་ཟིང་གི་བསྡུ་བས་ ནི་སྦྱིན་པ་བསྡུས་ལ་དམིགས་པའི་ཆོས་ཕ་རོལ་ཏུ་ཕྱིན་པ་སྟོན་པས་ནི་སྙན་པར་སྨྲ་བ་དང་ལ་ སོགས་པ་ཡིས་ཏེ་སྒྲུབ་པའི་ཆོས་ཀྱིས་ནི་དོན་སྤྱོད་པ་དང༌། རྣམ་པར་སྦྱོང་བའི་ཆོས་ཀྱིས་ནི་ དོན་མཐུན་པ་བསྡུས་པས། ཕྱི་མ་གསུམ་ནི་ཆོས་ཀྱིས་བསྡུ་བ་སྟེ་བསྡུ་བ་གཉིས་ཀྱི་སྒོ་ནས་ གསུངས་པ་དེ་དག་གི་ནང་དུ་ནི་བསྡུ་བའི་དངོས་པོ་བཞིར་བསྟན་པ་འདི་དག་ཀྱང་འདུ་བར་ འདོད་དོ། ། རྣམ་པའི་དབྱེ་བ་ནི། རྣམ་པའི་དབྱེ་བའི་སྒོ་ནས་ནི། །བསྡུ་བ་དམན་དང་ འབྲིང་དང་མཆོག །ཕལ་ཆེར་དོན་མེད་དོན་ཡོད་དང༌། །རྣམ་ཀུན་དོན་ ཡོད་ཤེས་པར་བྱ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོ་བཞིས་རིགས་ ཅན་གསུམ་སྨིན་པར་བྱེད་པས་ན་རྣམ་པའི་དབྱེ་བའི་སྒོ་ནས་ནི་ཉན་ཐོས་ཀྱི་རིགས་ཅན་ རྣམས་སྨིན་པར་བྱེད་པ་བསྡུ་བ་དམན་པ་དང༌། རང་སངས་རྒྱས་ཀྱི་རིགས་ཅན་རྣམས་སྨིན་ པར་བྱེད་པ་འབྲིང་པོ་དང༌། ཐེག་པ་ཆེན་པོའི་རིགས་ཅན་རྣམས་སྨིན་པར་བྱེད་པ་ནི་མཆོག་ ཏུ་གྱུར་པའོ། །ཡང་མོས་སྤྱོད་ཀྱི་ས་པ་རྣམས་ཀྱི་བསྡུ་བ་ནི་གཞན་གྱི་བསམ་པ་ཇི་ལྟ་བ་བཞིན་ 4-1-451 མི་ཤེས་པས་ཕལ་ཆེར་དོན་མེད་པ་དང༌། ས་དང་པོ་ནས་བདུན་པའི་བར་གྱི་ནི་མངོན་ཤེས་ དང་རྫུ་འཕྲུལ་ཐོབ་པས་ཕལ་ཆེར་དོན་ཡོད་པ་དང༌། ས་བརྒྱད་པ་ཡན་ཆད་ཀྱི་ནི་གཞན་དོན་ ངེས་པར་འགྲུབ་པས་རྣམ་པ་ཀུན་ཏུ་དོན་ཡོད་པར་ཤེས་པར་བྱའོ། ། ཆེ་བ་ལ་གཉིས་ལས། ཐབས་ཀྱི་མཆོག་ཏུ་འགྱུར་ཚུལ་ནི། འཁོར་བསྡུད་པ་དང་ ལྡན་པ་རྣམས། །ཚུལ་འདི་ལ་ནི་ཡང་དག་བརྟེན། །ཀུན་གྱི་དོན་ཀུན་ སྒྲུབ་བྱེད་ཅིང༌། །ཐབས་བཟང་ཡིན་པར་རབ་ཏུ་བསྔགས། །བྱང་ཆུབ་སེམས་ དཔའ་གཞན་དོན་དུ་འཁོར་བསྡུད་པ་དང་ལྡན་པ་རྣམས་ཀྱིས་བསྡུ་བའི་དངོས་པོ་ཚུལ་འདི་ ལ་ནི་ཡང་དག་པར་བརྟེན་པར་བྱ་སྟེ། འདི་དག་གིས་ནི་སེམས་ཅན་ཀུན་གྱི་གནས་སྐབས་ དང་མཐར་ཐུག་གི་དོན་ཀུན་སྒྲུབ་པར་བྱེད་ཅིང་གཞན་དོན་འགྲུབ་པར་བྱེད་པའི་ཐབས་ བཟང་པོ་ཡིན་པར་སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས་སོ། ། ལམ་གྱི་མཆོག་ཏུ་འགྱུར་ཚུལ་ནི། བསྡུས་དང་བསྡུད་པར་འགྱུར་བ་དང༌། ། གང་དག་ད་ལྟར་སྡུད་བྱེད་པ། །དེ་ཀུན་དེ་འདྲ་དེ་ལྟ་བས། །འདི་ནི་ སེམས་ཅན་སྨིན་བྱེད་ལམ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ འདས་པའི་དུས་ན་འཁོར་དཔག་ཏུ་མེད་པ་བསྡུས་པ་དང་མ་འོངས་པ་ན་བསྡུད་པར་འགྱུར་ བ་དང༌། གང་དག་ད་ལྟར་སྡུད་པར་བྱེད་པ་དེ་དག་ཀུན་ཀྱང་བསྡུ་བའི་དངོས་པོ་དེ་འདྲའི་སྒོ་ ནས་སྡུད་ཅིང་སྨིན་པར་བྱེད་པ་དེ་ལྟ་བས་ན་བཞི་པོ་འདི་དག་ནི་སེམས་ཅན་རྣམས་སྨིན་པར་ བྱེད་པ་བགྲོད་པ་གཅིག་པའི་ལམ་རྣམ་པར་དག་པ་ཡིན་ནོ། ། དེ་དག་གི་དོན་བསྡུ་བ་ནི། དེ་ལྟར་རྟག་ཏུ་ལོངས་སྤྱོད་མ་ཆགས་བློ། །ཞི་ སྡོམ་བརྩོན་པའི་ཕ་རོལ་ཕྱིན་གནས་བདག །སྲིད་ཡུལ་མཚན་མ་རྣམ་ པར་མི་རྟོག་པ། །དེ་ནི་སེམས་ཅན་ཚོགས་སྡུད་བྱེད་པ་ཡིན། །སྔར་བཤད་ 4-1-452 པའི་ཚུལ་དེ་ལྟར་ན་སྦྱིན་པས་རྟག་ཏུ་ལོངས་སྤྱོད་ལ་མ་ཆགས་པའི་བློ་དང༌། ཚུལ་ཁྲིམས་ ཀྱིས་སྒོ་གསུམ་གྱི་ཉེས་སྤྱོད་མཐའ་དག་ཉེ་བར་ཞི་བ་དང༌། བཟོད་པས་ཁོང་ཁྲོ་མཐའ་དག་ སྡོམ་པ་དང༌། བརྩོན་འགྲུས་ཀྱིས་དགེ་བ་ལ་བརྩོན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་ གཏན་གྱིས་སེམས་རྩེ་གཅིག་ཏུ་གནས་པའི་བདག་ཉིད་དང༌། ཤེས་རབ་ཀྱིས་ནང་སྲིད་པ་ དང་ཕྱི་ཡུལ་ལ་མཚན་མར་རྣམ་པར་མི་རྟོག་པའི་སྒོ་ནས་གཙོ་ཆེར་རང་དོན་དུ་ཕ་རོལ་ཏུ་ཕྱིན་ པ་དྲུག་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་ནི། གཞན་དོན་དུ་བསྡུ་བའི་དངོས་པོ་བཞིས་ སེམས་ཅན་གྱི་ཚོགས་སྡུད་ཅིང་ཡོངས་སུ་སྨིན་པར་བྱེད་པ་ཡིན་ཏེ། དོན་གཉིས་ཕུན་སུམ་ ཚོགས་པའི་ཡོན་ཏན་དང་ལྡན་པའོ། །དེས་ཟིན་པ་ཕ་རོལ་ཏུ་ཕྱིན་པའི་སྐབས་རྫོགས་པར་ བཤད་ཟིན་ཏོ།། ༈ །། ཁྱད་པར་དུ་བསོད་ནམས་འཕེལ་བའི་ལས་ལ་བྱང་ས་ལས། མཆོད་དང་བཤེས་ གཉེན་བསྟེན་པ་དང༌། །ཚད་མེད་པ་ནི་ཐ་མ་ཡིན། །དེ་ལ་བྱང་ཆུབ་སེམས་དཔའི་དེ་བཞིན་ གཤེགས་པ་ལ་མཆོད་པ་གང་ཞེ་ན་རྣམ་པ་བཅུར་རིག་པར་བྱ་སྟེ། (གཟུགས་)སྐུ་ལ་མཆོད་པ་ དང༌། མཆོད་རྟེན་ལ་མཆོད་པ་དང༌། (དེ་དག་ཀྱང་)མངོན་སུམ་དུ་མཆོད་པ་དང༌། མངོན་སུམ་མ་ ཡིན་པར་མཆོད་པ་དང༌། བདག་གིས་བྱས་པའི་མཆོད་པ་དང༌། གཞན་བྱེད་དུ་བཅུག་པའི་ མཆོད་པ་དང༌། (ན་བཟའ་དང་ཞལ་ཟས་སོགས་)རྙེད་པ་དང་བཀུར་སྟིའི་མཆོད་པ་དང༌། (མོས་པ་དྲག་ པོས་བྱང་ཆུབ་ཆེན་པོར་བསྔོ་བ་)རྒྱ་ཆེན་པོའི་མཆོད་པ་དང༌། (མ་གུས་པ་དང་རྫས་ངན་པ་སོགས་མ་ཡིན་པ་)ཀུན་ ནས་ཉོན་མོངས་པ་ཅན་མ་ཡིན་པའི་མཆོད་པ་དང༌། (ཆོས་ཉམས་སུ་ལེན་པ་)སྒྲུབ་པའི་མཆོད་པའོ། ། ཞེས་པ་རྣམས་རྒྱས་པར་བཤད་པའི་རྗེས་སུ་དེ་བཞིན་གཤེགས་པ་མཆོད་པ་ཇི་ལྟ་བ་བཞིན་ དུ་ཆོས་ལ་མཆོད་པ་དང༌། དགེ་འདུན་ལ་མཆོད་པ་ཡང་དེ་འདྲ་བར་ཅི་རིགས་པར་རིག་པར་ བྱའོ་ཞེས་གསུངས་ལ། བཤེས་གཉེན་བསྟེན་ཚུལ་ཡང་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་ 4-1-453 གྱི་དབྱེ་བ་དང༌། དེ་ལ་དད་པར་བྱ་བ་དང༌། དེས་རྗེས་སུ་འཛིན་ཚུལ་དང༌། དེ་ཉིད་གུས་ པས་མཆོད་ཚུལ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། ཚད་མེད་པ་བཞིའང་སེམས་ཅན་ལ་ དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པ་ལ་དམིགས་པ་ལ་སོགས་ པས་རྒྱས་པར་གསུངས་སོ། ། འདིར་ཡང་དེ་རྣམས་རྒྱས་པར་བཤད་པ་དང༌། ཆེ་བའི་སྒོ་ནས་བསྡུ་བ་གཉིས་ལས་དང་ པོ་ལའང༌། སངས་རྒྱས་མཆོད་ཚུལ། བཤེས་གཉེན་བསྟེན་ཚུལ། ཚད་མེད་བསྒྲུབ་ཚུལ་ལོ། ། དང་པོ་ལ་མཆོད་པའི་རྣམ་དབྱེ་རྒྱས་བཤད། བསྡུས་པའི་དོན་གྱིས་བསྟན་པ། དུས་ལ་ སོགས་པའི་རྣམ་དབྱེ། མཆོག་ཏུ་འགྱུར་ཚུལ་བསྟན་པའོ། ། རྒྱས་བཤད་ནི་དོན་བསྡུ་དང་མཐུན་པར་དོན་བརྒྱད་ཀྱིས་རིམ་པ་ལྟར་འཆད་པའི་ དང་པོ་(རྒྱུ་མཚན་ཡོངས་བསྔོ་དངོས་པོ་བརྟེན་)བཞི་ནི། རབ་དང་སེམས་དང་ལྡན་པ་ཡིས། ། ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །གོས་ལ་སོགས་པས་སངས་ རྒྱས་ལ། །མངོན་སུམ་མངོན་སུམ་མིན་པར་མཆོད། །དེ་ཡང་མཆོད་པ་ལ་ འཇུག་པའི་རྒྱུ་མཚན་ནི་སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་ཕུན་སུམ་ཚོགས་པ་དང་ ལྡན་པའོ། །ཞེས་རབ་ཏུ་དང་བའི་དད་པའི་སེམས་དང་ལྡན་པ་ཡིས་གང་གི་ཆེད་དུ་ཡོངས་ སུ་བསྔོ་བ་ནི། རང་གཞན་གྱི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་ སུ་རྫོགས་པར་བྱ་བའི་ཕྱིར་དུ། མཆོད་པའི་དངོས་པོ་ནི་གོས་དང་རྒྱན་དང་ལྷུང་བཟེད་དང་ ཞལ་ཟས་དང་གདུགས་དང་རྒྱལ་མཚན་ལ་སོགས་པ་རྣམས་ཀྱིས་མཆོད་ཡུལ་ལམ་རྟེན་ནི། སངས་རྒྱས་དང་དེའི་སྐུ་གཟུགས་དང་མཆོད་རྟེན་མངོན་སུམ་དུ་གྱུར་པ་དང༌། མངོན་སུམ་ མིན་པར་ལྐོག་ཏུ་གྱུར་པའམ། ཡང་ན་སངས་རྒྱས་ཞལ་བཞུགས་པ་མངོན་སུམ་དང༌། མྱ་ངན་ ལས་འདས་པ་ལྐོག་ཏུ་གྱུར་པ་ལ་གུས་པས་མཆོད་པའོ། ། 4-1-454 དེ་ནས་(རྒྱུ་དང་ཡེ་ཤེས་)གཉིས་ནི། སངས་རྒྱས་འབྱུང་བ་དོན་ཡོད་པར། །སྨོན་ པ་དང་ནི་ལྡན་པ་དང༌། །གསུམ་པོ་དམིགས་པར་མི་བྱེད་པ། །སངས་ རྒྱས་མཆོད་པ་རྫོགས་པ་ཡིན། །མཆོད་པ་བྱེད་པའི་རྒྱུ་ནི་བདག་ཉིད་ཚེ་རབས་ ཐམས་ཅད་དུ་སངས་རྒྱས་འབྱུང་བ་མཐོང་ཞིང་དེ་དག་མཆོད་པའི་སྒོ་ནས་དོན་ཡོད་པ་དང་མི་ འབྲལ་བར་གྱུར་ཅིག ཅེས་སྔོན་སྨོན་ལམ་རྣམ་པར་དག་པ་བཏབ་པ་དང་ནི་ལྡན་པ་ལས་ བྱུང་བ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་ནི། མཆོད་པར་བྱ་བའི་ཡུལ་དང༌། མཆོད་པ་བྱེད་པ་པོ་དང༌། མཆོད་པའི་ཡོད་བྱད་སྟེ་འཁོར་གསུམ་པོ་རྣམས་སུ་དམིགས་པར་ མི་བྱེད་པའི་སྒོ་ནས་སངས་རྒྱས་མཆོད་པ་ལམ་དུ་འགྱུར་ཞིང་ཡོངས་སུ་རྫོགས་པ་ཡིན་ནོ། ། (ཞིང་དང་གནས་)ཕྱི་མ་གཉིས་ནི། སེམས་ཅན་རྣམས་ནི་ཚད་མེད་པ། །ཡོངས་ སུ་སྨིན་པར་བྱེད་པ་གཞན། །རྫས་དང་སེམས་ཀྱི་སྒོ་ནས་གཞན། །མོས་ པ་དང་ནི་སྨོན་པ་དང༌། །ཕན་པར་བྱ་བའི་ཞིང་ནི་སེམས་ཅན་རྣམས་ནི་ཚད་མེད་པ་ དག་སྟེ། དེ་རྣམས་སངས་རྒྱས་མཆོད་པ་ལ་སྦྱར་ནས་ཀུན་གཞིའི་རྣམ་ཤེས་ལ་བསོད་ནམས་ ཀྱི་ཚོགས་ཀྱི་ས་བོན་བཏབ་པས་རྒྱུད་ཡོངས་སུ་སྨིན་པར་བྱེད་པ་སྟེ་སྔ་མ་རྣམས་ལས་གཞན་ ཡིན་ནོ། །གང་ལ་བརྟེན་པའི་གནས་ནི་གཉིས་ལས། དང་པོ་རྫས་ལ་བརྟེན་པ་དང་གོས་དང་ རྒྱན་དང་ཞལ་ཟས་ལ་སོགས་པའི་མཆོད་པ་དང༌། གཉིས་པ་སེམས་ལ་བརྟེན་པ་ཉིད་ཀྱི་སྒོ་ ནས་མཆོད་པའི་ཁྱད་པར་གཞན་ཡང་སྔར་བཤད་པ་ལྟར་མཆོད་པ་སྟོན་པའི་ཐེག་ཆེན་གྱི་ ཆོས་ལ་མོས་པ་དང་རོ་མྱང་བ་དང་རྗེས་སུ་ཡི་རང་བ་དང་མངོན་པར་དགའ་བ་ཡིད་ལ་བྱེད་ པ་ལ་སོགས་པ་དང་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་པའི་སྒོ་ནས་མཆོད་པ་ དང༌། དེ་བཞིན་དུ། བརྩེ་དང་བཟོད་པ་དག་དང་ནི། །ཡང་དག་སྤྱོད་པའི་སྒོ་ དང་ནི། །གཞི་ལ་གཏདོ་དང་རྟོགས་པ་དང༌། །གྲོལ་དང་དེ་བཞིན་ཉིད་ 4-1-455 ཀྱིས་གཞན། །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་བརྩེ་ བ་ལ་བརྟེན་ནས་སངས་རྒྱས་མཆོད་པ་དང༌། དཀའ་སྤྱད་ཀྱི་སྡུག་བསྔལ་ལ་ཇི་མི་སྙམ་པའི་ བཟོད་པ་ལ་བརྟེན་ནས་མཆོད་པ་དག་དང་ནི་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་ སྤྱོད་པའི་སྒོ་ནས་མཆོད་པ་དང༌། དེ་བཞིན་དུ་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་སྒོ་ནས་ཕྱིན་ ཅི་མ་ལོག་པར་གཞི་ཆོས་ཉིད་དེ་བཞིན་ཉིད་ལ་སེམས་གཏོད་པའི་སྒོ་ནས་མཆོད་པ་དང༌། མཐོང་ལམ་དུ་ཡང་དག་པའི་ལྟ་བས་གཞི་ཡང་དག་པའི་ལྟ་བ་བཞིན་དུ་རྟོགས་པའི་སྒོ་ནས་ མཆོད་པ་དང༌། ཉན་ཐོས་པ་རྣམས་ཀྱིས་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ སྒོ་ནས་མཆོད་པ་དང༌། ཐེག་ཆེན་པ་རྣམས་ཀྱི་དེ་བཞིན་ཉིད་དྲི་མ་དང་བྲལ་བར་གྱུར་པ་ཉིད་ ཀྱིས་བྱང་ཆུབ་ཆེན་པོ་ཐོབ་པ་ནི་སྔ་མ་རྣམས་ལས་གཞན་ཕྱོགས་བཅུའི་སངས་རྒྱས་རྣམས་ མཉེས་པར་བྱེད་པ་མཆོད་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའོ། ། (གཉིས་པ་)བསྡུས་པའི་དོན་ནི། རྒྱུ་མཚན་དང་ནི་ཡོངས་བསྔོ་དང༌། །དངོས་ དང་རྟེན་དང་རྒྱུ་དང་ནི། །ཡེ་ཤེས་དང་ནི་ཞིང་དག་དང༌། །གནས་ཀྱི་ མཆོད་པ་རབ་བསྟན་པའོ། །མཆོད་པ་ལ་འཇུག་པའི་རྒྱུ་མཚན་དང་ནི་གང་གི་ཆེད་ དུ་ཡོངས་སུ་བསྔོ་བ་དང༌། མཆོད་རྫས་ཀྱི་དངོས་པོ་དང་མཆོད་ཡུལ་ལམ་རྟེན་དང་མཆོད་པ་ བྱེད་པའི་རྒྱུ་དང་ནི་ཡེ་ཤེས་ཀྱིས་ཟིན་པ་དང༌། དེ་བཞིན་དུ་ནི་ཕན་པར་བྱ་བའི་ཞིང་དག་དང་ གནས་སམ་རྟེན་གྱི་སྒོ་ནས་མཆོད་པ་རབ་ཏུ་བསྟན་པའོ་ཞེས་པ་སྟེ། གོང་དུ་རྒྱས་བཤད་དང་ སྦྱར་ནས་བཤད་ཟིན་པ་ཉིད་དོ། ། (གསུམ་པ་)དུས་ལ་སོགས་པའི་རྣམ་དབྱེ་ནི། རྒྱུ་དང་འབྲས་བུ་ཉིད་དང་ནི། ། བདག་ཉིད་དང་ནི་གཞན་དག་དང༌། །རྙེད་དང་བཀུར་སྟི་ཉིད་དང་ནི། ། སྒྲུབ་པའི་སྒོ་ནས་དེ་རྣམ་གཉིས། །རྒྱུ་ནི་འདས་པའི་དུས་ན་མཆོད་པ་བྱས་ཏེ་ས་ 4-1-456 བོན་རྒྱུད་ལ་བཞག་པ་དང༌། འབྲས་བུ་ནི་དེ་ལ་བརྟེན་ནས་ད་ལྟར་གྱི་དུས་ན་མཆོད་པ་བྱེད་ བཞིན་པ་ཉིད་དང་ནི་ཡང་རྒྱུ་ད་ལྟ་མཆོད་པ་བྱས་པ་ལ་བརྟེན་ནས་འབྲས་བུ་མ་འོངས་པའི་ དུས་ན་མཆོད་པ་བྱེད་པར་འགྱུར་བ་སྟེ། རྒྱུ་འབྲས་ཀྱི་སྒོ་ནས་དུས་གསུམ་གྱི་དབྱེ་བ་དང༌། ཕྱི་ནང་གིས་ཕྱེ་ན་བདག་ཉིད་ཀྱི་ལུས་འབུལ་བ་དང་ཆོས་ཉན་པ་དང་སེམས་པ་ལ་སོགས་པ་ རང་གིས་བྱེད་པ་ནང་གི་མཆོད་པ་དང་ནི་ཆོས་གོས་ལ་སོགས་པ་འབུལ་བ་དང་གཞན་དག་ བྱེད་དུ་བཅུག་པ་ཕྱིའི་མཆོད་པ་དང༌། ཕྲ་རགས་ཀྱིས་ཕྱེ་ན་རྙེད་པ་ཡོན་འབུལ་བ་ལ་སོགས་ པ་དང་བཀུར་སྟི། ཕྱག་འཚལ་བ་ལ་སོགས་པ་རགས་པའི་མཆོད་པ་ཉིད་དང་ནི་བསླབ་པ་ གསུམ་ལ་ཚུལ་བཞིན་དུ་སློབ་པ་སྒྲུབ་པའི་མཆོད་པ་ནི་ཕྲ་བའི་སྒོ་ནས་དེ་ལྟར་མཆོད་པ་རྣམ་ པ་གཉིས་དང༌། དེ་བཞིན་དུ། མཆོད་པ་ཆུང་དང་ཆེན་པོ་སྟེ། །ང་རྒྱལ་བཅས་ དང་ང་རྒྱལ་མེད། །སྦྱོར་དང་འགྲོ་བ་ཉིད་དང་ནི། །སྨོན་པའི་སྒོ་ནས་ དེར་འདོད་དོ། །མཆོག་དམན་གྱིས་ཕྱེ་ན་བསམ་པ་དང་མཆོད་པའི་རྫས་དམན་པ་ནི་ཆུང་ བའི་མཆོད་པ་དང༌། དེ་དག་རྒྱ་ཆེན་པོ་དང་ལྡན་པ་ནི་གྱ་ནོམ་པའི་མཆོད་པ་སྟེ། ཡང་འཁོར་ གསུམ་དུ་རྣམ་པར་རྟོག་པའི་ང་རྒྱལ་དང་བཅས་པ་ནི་དམན་པའི་མཆོད་པ་དང༌། འཁོར་ གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་ང་རྒྱལ་མེད་པ་ནི་གྱ་ནོམ་པའི་མཆོད་པ་ དང༌། ཉེ་རིང་གིས་ཕྱེ་ན་དུས་གཞན་མ་འོངས་པ་ན་སྦྱོར་བ་ནི་རིང་བ་དང༌། ད་ལྟ་ཉིད་དུ་སྦྱོར་ བ་ནི་ཉེ་བ་དང༌། འགྲོ་བ་རྣམ་པར་ཆད་པ་ཚེ་རབས་མང་པོའི་ཕྱི་ནས་བྱེད་པ་ནི་རིང་བ་དང༌། ཚེ་ཕྱི་མ་ཁོ་ན་ལ་དེ་མ་ཐག་བྱེད་པ་ནི་ཉེ་བ་ཉིད་དང་ནི་ཡང་མཆོད་པ་གང་ཞིག་ཚེ་ཕྱི་མ་ལ་བྱ་ བར་སྨོན་ལམ་འདེབས་པ་ནི་རིང་བ་དང༌། ཚེ་འདི་ཉིད་ལ་བྱ་བར་སྨོན་ལམ་འདེབས་པའི་སྒོ་ ནས་ནི་ཉེ་བའི་མཆོད་པ་དེར་འདོད་དོ། ། (བཞི་པ་)མཆོག་ཏུ་འགྱུར་ཚུལ་ནི། རང་གི་སེམས་ཀྱིས་སངས་རྒྱས་རྣམས་ 4-1-457 མཆོད་པ། །ཆོས་ལ་མསོ་དང་བསམ་དང་དབང་འབྱོར་དང༌། །རྣམ་པར་ མི་རྟོག་ཐབས་ཡོངས་བཟུང་བ་དང༌། །ཀུན་དང་དོན་གཅིག་ཉིད་ལ་ འཇུག་པས་མཆོག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་སེམས་ཀྱིས་སངས་རྒྱས་ རྣམས་མཆོད་པ་དེ་ནི་དོན་རྣམ་པ་ལྔའི་སྒོ་ནས་གཞན་ལས་ཁྱད་པར་དུ་འཕགས་ཤིང་མཆོག་ ཏུ་གྱུར་པ་ཡིན་ཏེ། སྔར་བསྟན་པ་ལྟར་མཆོད་པ་དང་ལྡན་པའི་ཐེག་ཆེན་གྱི་ཆོས་ལ་ལྷག་པར་ མོས་པ་དང༌། ཡོན་ཏན་དུ་བལྟ་བའི་སྒོ་ནས་རོ་མྱང་བ་ལ་སོགས་པའི་བསམ་པ་དང༌། ནམ་ མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ལ་དབང་འབྱོར་པ་དང༌། འཁོར་གསུམ་དུ་རྣམ་ པར་མི་རྟོག་པའི་ཡེ་ཤེས་ཀྱི་ཐབས་ལ་མཁས་པས་ཡོངས་སུ་བཟུང་བ་དང༌། ས་བརྒྱད་པ་ ཡན་ཆད་དུ་དོན་ཐམས་ཅད་འདྲེས་པ་དང་ཉེ་བར་འདྲེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ ཆེན་པོ་ཀུན་དང་དོན་གཅིག་ཉིད་ལ་འཇུག་པས་མཆོག་ཡིན་པའི་ཕྱིར་རོ། ། བཤེས་གཉེན་བསྟེན་ཚུལ་ལ་བསྟེན་པ་མདོར་བསྟན། དེའི་རྒྱས་བཤད། རྣམ་པའི་དབྱེ་ བ། མཆོག་ཏུ་འགྱུར་ཚུལ་ལོ། ། དང་པོ་ནི། བསྟེན་པ་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་ བསྔོ་དང༌། །རྒྱུ་དང་ཡེ་ཤེས་ཞིང་དག་དང༌། །གནས་ཀྱི་སྒོ་ནས་རབ་ཏུ་ བསྟན། །བྱང་ཆུབ་སེམས་དཔའ་རྣམས་གྲོགས་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་ནི་ རྟེན་གྱི་གང་ཟག་གི་མཚན་ཉིད་དང༌། དེ་མཉེས་པར་བྱེད་པའི་གཞིའམ་དངོས་པོ་དང་ནི་དེ་ བསྟེན་དགོས་པའི་རྒྱུ་མཚན་དང་ནི། དེའང་གང་གི་ཆེད་དུ་ཡོངས་སུ་བསྔོ་བ་དང༌། དེ་མཉེས་ པར་བྱེད་པའི་རྒྱུ་དང་ཡེ་ཤེས་གང་གིས་ཡོངས་སུ་ཟིན་པ་དང༌། གང་ལ་ཕན་པར་བྱ་བའི་ཞིང་ དག་དང༌། བསྟེན་པའི་གནས་སམ་གཞི་སྟེ་དོན་བརྒྱད་ཀྱི་སྒོ་ནས་རབ་ཏུ་བསྟན་པའོ། ། དེ་དག་རིམ་པ་ལྟར་སྦྱར་ཏེ་རྒྱས་པར་བཤད་པ་ལ། (བརྒྱད་ལས་དང་པོ་)རྟེན་ནི། བཤེས་ 4-1-458 གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་ གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བས་བདག་ ཉིད་སྐྱོ་བ་སྤངས་ལ་བརྟེན། །དགེ་བའི་བཤེས་གཉེན་མཚན་ཉིད་བཅུ་དང་ལྡན་པ་ སྟེ། ལྷག་པ་ཚུལ་ཁྲིམས་དང་ལྡན་པས་དབང་པོ་དུལ་བ་དང༌། ཏིང་ངེ་འཛིན་དང་ལྡན་པས་ སེམས་ནང་དུ་ཞི་བར་གནས་ཤིང༌། ཤེས་རབ་དང་ལྡན་པས་ཉོན་མོངས་པ་ཉེ་བར་ཞི་བ་སྟེ་ བསླབ་པ་རིན་པོ་ཆེ་གསུམ་ལ་གནས་པ་དང༌། སློབ་མ་བས་ཡོན་ཏན་ཆུང་བའམ་མཉམ་པ་མ་ ཡིན་པས་ལུང་དང་རྟོགས་པའི་ཡོན་ཏན་ལྷག་པ་དང་ལྡན་པ་དང༌། ཡོན་ཏན་གྱིས་གཞན་ལ་ ཕན་འདོགས་པ་ལ་གཡེལ་བ་མ་ཡིན་པར་རབ་དུ་བརྩོན་པ་དང་བཅས་པ་དང༌། ཐོས་པ་ཉུང་ ངུ་མ་ཡིན་པར་རྒྱ་ཆེན་པོ་དང་ལྡན་པས་ལུང་གིས་ཕྱུག་པ་དང༌། ལུང་གི་ཚིག་ཙམ་ལ་མ་ཞེན་ པར་ཟབ་མོའི་དོན་གྱི་དེ་ཁོ་ན་ཉིད་མངོན་སུམ་མམ་སྤྱིའི་ཚུལ་གྱིས་རབ་ཏུ་རྟོགས་པ་དང༌། རང་གིས་རྟོགས་པ་ལྟར་གདུལ་བྱ་དང་འཚམ་པར་སྨྲ་མཁས་པ་དང་ལྡན་པ་དང༌། དེའང་ཟང་ ཟིང་ལ་མི་ལྟ་བར་བརྩེ་བའི་བདག་ཉིད་ཀྱིས་སྟོན་པ་དང༌། དེའང་ལན་རེ་ཙམ་མ་ཡིན་པར་ རྟག་ཏུ་ཆོས་སྟོན་པས་སྐྱོ་བ་སྤངས་པ་སྟེ་དེ་ལྟ་བུའི་གང་ཟག་དམ་པ་ལ་བརྟེན་པར་བྱའོ། ། (གཉིས་པ་)གཞི་ནི། བཀུར་བསྟི་རྙེད་པ་དག་དང་རིམ་གྲོ་དང༌། །བསྒྲུབ་ པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །བཀུར་བསྟི་ཕྱག་འཚལ་བ་དང་ གདན་སྟོབ་པ་ལ་སོགས་པ་དང༌། རྙེད་པ་ན་བཟའ་དང་ཞལ་ཟས་འབུལ་བ་ལ་སོགས་པ་ དག་དང༌། རིམ་གྲོ་ཁྲུས་གསོལ་བ་ལ་སོགས་པ་དང༌། དེས་ཇི་ལྟར་བསྟན་པའི་བཀའ་བཞིན་ དུ་བསྒྲུབ་པའི་བསྙེན་བཀུར་གྱི་སྒོ་ནས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། ། (གསུམ་པ་)རྒྱུ་མཚན་ནི། བསྟེན་གཞི་དེ་བཞིན་བློ་ལྡན་ཆོས་ལ་ནི། །ཤེས་ བསམ་དུས་སུ་བགྲོད་པས་བཤེས་གཉེན་བགྲོད། །བསྟེན་གཞི་བཤད་མ་ཐག་ 4-1-459 པ་དེ་བཞིན་དུ་བློ་དང་ལྡན་པ་རྣམས་ཆོས་ལ་བགྲོད་པ་ནི་ཀླན་ཀ་བཙལ་བའི་ཕྱིར་འགྲོ་བ་མ་ ཡིན་གྱི། དམ་པའི་ཆོས་ཀྱི་དོན་ཀུན་ཤེས་པར་བྱ་བའི་བསམ་པས་འགྲོ་བ་དང༌། ནང་དུ་ཡང་ དག་འཇོག་ལ་ཞུགས་པའི་དུས་སུ་འགྲོ་བ་མ་ཡིན་གྱི། ཆོས་གསུང་བའི་དུས་སུ་འགྲོ་བ་དང༌། ང་རྒྱལ་དང་མ་གུས་པའི་སྤྱོད་ལམ་གྱིས་འགྲོ་བ་མ་ཡིན་གྱི། ང་རྒྱལ་མེད་ཅིང་གུས་པ་དང་ བཅས་ཏེ་བགྲོད་པས་དགེ་བའི་བཤེས་གཉེན་གྱི་སྤྱན་སྔར་བགྲོད་ཅིང་དམ་པའི་ཆོས་ཉམས་ སུ་ལེན་པའོ། ། (བཞི་པ་)ཡོངས་སུ་བསྔོ་བ་ནི། དེ་ནི་བསྙེན་བཀུར་རྙེད་ལ་འདོད་པ་མེད། ། བསྒྲུབ་པར་བྱ་ཕྱིར་དེ་ཡོངས་བསྔོ་བར་བྱེད། །བྱང་ཆུབ་སེམས་དཔའ་བཤེས་ གཉེན་བསྟེན་པ་དེ་ནི་བསྙེན་བཀུར་ལ་སོགས་པའི་རྙེད་པ་ལ་འདོད་པ་མེད་པས་དེའི་དོན་དུ་ མི་བསྔོའི། དགེ་བའི་བཤེས་གཉེན་གྱིས་ཇི་སྐད་བསྟན་པ་བཞིན་དུ་བསྒྲུབ་པར་བྱ་བའི་ཕྱིར་ དེ་ཡོངས་སུ་བསྔོ་བར་བྱེད་པའོ། ། (ལྔ་པ་)རྒྱུ་ནི། བརྟན་པ་ཇི་སྐད་བསྟན་པ་བསྒྲུབ་པ་དེས། །དེ་ཡི་སེམས་ ནི་ཡང་དག་མགུ་བར་བྱེད། །བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་ བཤེས་གཉེན་གྱིས་དམ་པའི་ཆོས་ཇི་སྐད་བསྟན་པ་དེ་བཞིན་དུ་ལམ་ཟབ་མོ་བསྒྲུབ་ཅིང་ ཉམས་སུ་ལེན་པར་བྱེད་པ་དེས་སྐྱེས་བུ་དམ་པ་དེའི་སེམས་ནི་ཡང་དག་པར་མགུ་བར་བྱེད་ པའོ། ། (དྲུག་པ་)ཡེ་ཤེས་ནི། ཐེག་པ་གསུམ་ལ་མཁས་པར་བློས་རྟོགས་ནས། ། རང་གི་ཐེག་པ་བསྒྲུབ་པར་བྱ་ཕྱིར་འབད། །གནས་སྐབས་སུ་ཐེག་པ་གསུམ་ པོ་ཐམས་ཅད་ལ་མཁས་པར་བློས་རྟོགས་པར་བྱས་ནས་མཐར་ཐུག་བྱང་ཆུབ་སེམས་དཔའ་ རང་གི་ཐེག་པ་ཆེན་པོའི་ལམ་བསྒྲུབ་པར་བྱ་བའི་ཕྱིར་འབད་པར་བྱེད་པའོ། ། 4-1-460 (བདུན་པ་)ཞིང་ནི། སེམས་ཅན་ཚད་མེད་ཡོངས་སུ་སྨིན་ཕྱིར་དང༌། །ཞིང་ དག་པ་ཡང་སྦྱང་བར་བྱ་བའི་ཕྱིར། །གང་ཞིག་གདུལ་བར་བྱ་བའི་ཞིང་སེམས་ ཅན་ཚད་མེད་པ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང༌། གང་དུ་གདུལ་བར་བྱ་བའི་ ཞིང་ཁམས་རྣམ་པར་དག་པ་ཡང་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར་ཏེ་སེམས་ཅན་དེ་དག་ཞིང་ ཁམས་དེར་གནས་ནས་དམ་པའི་ཆོས་ཐོས་པར་འགྱུར་བ་ལ་འཇོག་པའོ། ། (བརྒྱད་པ་) གནས་ནི། དེ་ཆོས་བགོ་སྐལ་ལ་སྤྱོད་ཡོན་ཏན་ལྡན། །བཤེས་ གཉེན་རབ་ཏུ་བསྟེན་བྱེད་ཟང་ཟིང་མིན། །གདུལ་བྱ་སྐལ་བ་དང་ལྡན་པ་དེ་ནི་ དམ་པའི་ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ་ལ་གནས་ཤིང་བརྟེན་ནས་ཡོན་ཏན་དང་ལྡན་པའི་ བཤེས་གཉེན་རབ་ཏུ་བསྟེན་པར་བྱེད་པ་ཡིན་གྱི། ཟང་ཟིང་རྙེད་པ་དང་བཀུར་སྟིའི་བགོ་ སྐལ་ལ་སྤྱོད་པའི་དོན་དུ་ནི་གནས་ཤིང་བསྟེན་པ་མིན་ནོ། ། (སྤྱིའི་གསུམ་པ་)རྣམ་པའི་དབྱེ་བ་ནི། བློ་དང་ལྡན་པ་རྒྱུ་དང་འབྲས་བུ་དང༌། ། ཆོས་སྒོ་རྗེས་འགྲོ་ཕྱི་དང་ཐོས་ཉན་དང༌། །སེམས་ཀྱི་རྣལ་འབྱོར་ང་ རྒྱལ་བཅས་པ་དང༌། །ང་རྒྱལ་མེད་ཡིད་ལྡན་པས་བཤེས་གཉེན་བསྟེན། ། བློ་དང་ལྡན་པ་རྣམས་ཀྱི་དགེ་བའི་བཤེས་གཉེན་བསྟེན་ཚུལ་གྱིས་ཕྱེ་ན། སྔར་བཤད་པ་ ལྟར་རྒྱུ་འདས་པའི་དུས་ན་བསྟེན་པ་དང་འབྲས་བུ་ད་ལྟར་བསྟེན་བཞིན་པ་དང༌། ཡང་རྒྱུ་ད་ ལྟར་བ་ལས་འབྲས་བུ་མ་འོངས་པའི་བསྟེན་པ་འབྱུང་བ་སྟེ། རྒྱུ་འབྲས་ཀྱི་སྒོ་ནས་དུས་གསུམ་ གྱི་དབྱེ་བ་དང༌། ཕྱི་ནང་གིས་ཕྱེ་ན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཆོས་ཀྱི་སྒོའི་རྒྱུན་ གྱི་རྗེས་སུ་འགྲོ་བའི་ཏིང་ངེ་འཛིན་ཐོབ་ཅིང་གོམས་པའི་སྒོ་ནས་མཉེས་པར་བྱེད་པ་ནི་ནང་ གི་བསྟེན་པ་དང༌། རྙེད་པ་དང་བཀུར་སྟི་ལ་སོགས་པས་མཉེས་པར་བྱེད་པ་ནི་ཕྱིའི་བསྟེན་ པ་དང༌། ཕྲ་རགས་ཀྱིས་ཕྱེ་ན་ལུང་གི་ཆོས་མང་དུ་ཐོས་ཤིང་ཉན་པར་བྱེད་པ་ནི་རགས་པའི་ 4-1-461 བསྟེན་པ་དང༌། དེའི་དོན་བསམ་པ་དང་སྒོམ་པའི་སྒོ་ནས་སེམས་ཀྱི་རྣལ་འབྱོར་ལ་གནས་ པ་ནི་ཕྲ་བའི་བསྟེན་པ་དང༌། མཆོག་དམན་གྱིས་ཕྱེ་ན་འཁོར་གསུམ་དུ་རྟོག་པའི་ང་རྒྱལ་དང་ བཅས་པ་ནི་དམན་པའི་བསྟེན་པ་དང༌། མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་ང་རྒྱལ་མེད་པའི་ ཡིད་དང་ལྡན་པས་བཤེས་གཉེན་བསྟེན་པ་ནི་མཆོག་གི་བསྟེན་པ་དང༌། ཉེ་རིང་གིས་ཕྱེ་ན། བློ་ལྡན་འགྲོ་དང་སྦྱོར་བ་དང༌། །སྨོན་པའི་སྒོ་ནས་ དགེ་བཤེས་བསྟེན། །བློ་དང་ལྡན་པ་རྣམས་ཀྱི་བསྟེན་པ་ནི་འགྲོ་བ་རྣམ་པར་ཆད་པ་ཚེ་ རབས་མང་པོའི་ཕྱི་ནས་བསྟེན་པ་རིང་བ་དང༌། ཚེ་རབས་ཕྱི་མ་ཁོ་ན་ལ་བསྟེན་པ་ནི་ཉེ་བ་ དང༌། མ་འོངས་པ་ན་བསྟེན་པ་ལ་སྦྱོར་བ་ནི་རིང་བ་དང་། ད་ལྟ་ཉིད་དུ་སྦྱོར་བ་ནི་ཉེ་བ་དང༌། ཚེ་ཕྱི་མ་ལ་བསྟེན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་ནི་རིང་བ་དང༌། ཚེ་འདི་ཉིད་ལ་ བསྟེན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་ནི་ཉེ་བའི་སྒོ་ནས་དགེ་བའི་བཤེས་གཉེན་ བསྟེན་པའོ། ། (བཞི་པ་)མཆོག་ཏུ་འགྱུར་ཚུལ་ནི། རང་གི་སེམས་ཀྱིས་བཤེས་གཉེན་མཆོག་ བསྟེན་པ། །ཆོས་ལ་མོས་དང་བསམ་དང་དབང་འབྱོར་དང༌། །རྣམ་པར་ མི་རྟོག་ཐབས་ཡོངས་བཟུང་བ་དང༌། །ཀུན་དང་དོན་གཅིག་ཉིད་ལ་ འཇུག་པས་མཆོག །བྱང་ཆུབ་སེམས་དཔའ་རྣམས་རང་གི་སེམས་ཀྱིས་བཤེས་གཉེན་ མཆོག་ཏུ་གྱུར་པ་བསྟེན་པ་དེ་ནི། སྔར་བཤད་པ་ལྟར་བསྟེན་པ་དང་ལྡན་པའི་ཆོས་ལ་མོས་ པ་དང༌། རོ་མྱང་བ་ལ་སོགས་པའི་བསམ་པ་དང༌། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་ འཛིན་ལ་དབང་འབྱོར་པ་དང༌། འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཐབས་ཀྱིས་ཡོངས་སུ་ བཟུང་བ་དང༌། ས་བརྒྱད་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ཀུན་དང་དོན་གཅིག་ཉིད་ལ་ འཇུག་པས་གཞན་ལས་ཁྱད་པར་དུ་འཕགས་ཤིང་མཆོག་ཏུ་གྱུར་པ་ཡིན་ནོ། ། 4-1-462 ཚད་མེད་སྒྲུབ་ཚུལ་ལ་གསུམ་སྟེ། ཚད་མེད་ཐུན་མོང་དུ་བསྟན་པ། སྙིང་རྗེ་ཁྱད་པར་དུ་ བཤད་པ། དེ་དག་མཆོག་ཉིད་དུ་འགྱུར་ཚུལ་ལོ། ། དང་པོ་ལའང་མཚན་ཉིད་མདོར་བསྟན། ཁྱད་པར་རྒྱས་བཤད་དོ། །དང་པོ་ནི། བརྟན་པའི་ཚངས་པ་མི་མཐུན་སྤངས། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། ། དམིགས་པ་རྣམ་པ་གསུམ་ལ་འཇུག །སེམས་ཅན་རྣམས་ནི་ཡོངས་ སྨིན་བྱེད། །བརྟན་པ་བྱང་ཆུབ་སེམས་དཔའི་ཚངས་པའི་གནས་པ་ཚད་མེད་པ་བཞི་ནི། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་རྣམས་ཡིན་ལ། དེ་དག་ཀྱང་མཚན་ ཉིད་བཞི་དང་ལྡན་པ་སྟེ། སྤང་བྱ་མི་མཐུན་ཕྱོགས་གནོད་སེམས་དང་རྣམ་འཚེ་དང་མི་དགའ་ བ་དང་ཆགས་སྡང་རྣམས་སྤངས་པ་དང༌། གཉེན་པོ་སྒོམ་པ་པོ་དང་བསྒོམ་བྱའི་ཡུལ་དང་ སྒོམ་པའི་ངོ་བོ་སྟེ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། དམིགས་ ཡུལ་སེམས་ཅན་དང་ཆོས་དང་དམིགས་པ་མེད་པ་ལ་དམིགས་པ་སྟེ་རྣམ་པ་གསུམ་ལ་འཇུག་ པ་དང༌། བྱེད་ལས་གདུལ་བྱའི་སེམས་ཅན་རྣམས་ཀྱི་སེམས་རྒྱུད་ནི་ཡོངས་སུ་སྨིན་པར་བྱེད་ པའོ། ། (གཉིས་པ་)ཁྱད་པར་ལའང་དམིགས་པའི་ཁྱད་པར། དབྱེ་བའི་ཁྱད་པར། སྐྱོན་ཡོན་གྱི་ ཁྱད་པར་རོ། །དང་པོ་ལ་གཉིས་ལས། (དང་པོ་)དམིགས་པ་གསུམ་ལ་འཇུག་ཚུལ་སྤྱིར་བསྟན་ ནི། བརྟན་པ་རྣམས་ཀྱི་དེ་དག་བདེ་འདོད་དང༌། །སྡུག་བསྔལ་གྱིས་ཉམ་ ཐག་དང་བདེ་བ་དང༌། །ཉོན་མོངས་ཅན་དང་དེ་དག་བསྟན་བཅོས་ དང༌། །དེ་ཡི་དེ་བཞིན་ཉིད་ལ་རབ་ཏུ་འཇུག །བརྟན་པ་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཚད་མེད་པ་བཞི་པོ་དེ་དག་དམིགས་པ་རྣམ་པ་གསུམ་ལ་འཇུག་པར་བསྟན་པའི་ ནང་ནས་སེམས་ཅན་ལ་དམིགས་པ་ནི། སེམས་ཅན་བདེ་བ་འདོད་པ་རྣམས་ལ་དམིགས་ 4-1-463 ནས་དེ་དང་ཕྲད་པར་འདོད་པའི་རྣམ་པ་ཅན་བྱམས་པ་དང༌། སྡུག་བསྔལ་གྱིས་ཉམས་ཐག་ པ་རྣམས་ལ་དམིགས་ནས་དེ་དང་བྲལ་བར་འདོད་པའི་རྣམ་པ་ཅན་སྙིང་རྗེ་དང༌། བདེ་བ་ དང་ལྡན་པ་རྣམས་ལ་དམིགས་ནས་དེ་དང་མི་འབྲལ་བར་འདོད་པའི་རྣམ་པ་ཅན་དགའ་བ་ དང༌། ཉོན་མོངས་པ་ཆགས་སྡང་གི་མཐར་ལྷུང་བ་ཅན་རྣམས་ལ་དམིགས་ནས་དེ་དག་དང་ བྲལ་བའི་ངང་དུ་སེམས་སྙོམས་པར་འདོད་པའི་རྣམ་པ་ཅན་བཏང་སྙོམས་རྣམས་དང༌། ཆོས་ ལ་དམིགས་པ་ནི་ཚད་མེད་དེ་དག་སྟོན་པའི་བསྟན་བཅོས་ལ་དམིགས་ནས་ཐོས་བསམ་ བྱས་པ་ལས་འབྱུང་བ་སྟེ། སྡེ་སྣོད་གསུམ་གྱི་ཆོས་ལ་བརྟེན་ནས་བྱུང་བས་ཆོས་ལ་དམིགས་ པ་ཞེས་བཏགས་པ་དང༌། དམིགས་པ་མེད་པ་ལ་དམིགས་པ་ནི། སེམས་ཅན་དང་ཆོས་དེ་ དག་ཏུ་རྣམ་པར་མི་རྟོག་པའི་སྒོ་ནས་གཉིས་པོ་དེའི་དེ་བཞིན་ཉིད་ལ་རབ་ཏུ་འཇུག་པ་སྟེ། དམིགས་པ་མེད་པ་དང་འདྲ་བས་དམིགས་པ་མེད་པ་ཞེས་གསུངས་པའོ། །འགྲེལ་པར་མདོ་ དང་ས་སྡེའི་དོན་བླངས་ནས། ཡུལ་སེམས་ཅན་བདེན་པར་བཟུང་ནས་དེ་དག་ལ་དམིགས་ ཏེ་བྱམས་སོགས་སྒོམ་པ་ནི་ཕྱི་རོལ་པ་དང་ཡང་ཐུན་མོང་བ་གཙོ་ཆེར་མོས་སྤྱོད་མན་ཆད་ན་ ཡོད་པ་སེམས་ཅན་ལ་དམིགས་པ་དང༌། ཕུང་པོ་ཁམས་སྐྱེ་མཆེད་ཆོས་ཙམ་ལ་སེམས་ཅན་ དུ་བཏགས་པར་བསམས་ཏེ་སྒོམ་པ་ནི་ཉན་རང་དང་ཡང་ཐུན་མོང་བ་མ་དག་ས་བདུན་མན་ ཆད་ན་ཡོད་པ་ཆོས་ལ་དམིགས་པ་དང༌། ཆོས་ཙམ་དུ་ཡང་རྣམ་པར་མི་རྟོག་པའི་སྒོ་ནས་ བྱམས་སོགས་སྒོམ་པ་ནི་ཐེག་ཆེན་པ་ཁོ་ནའི་ཐུན་མོང་མ་ཡིན་པ་དག་པ་ས་གསུམ་ཡན་ཆད་ ན་ཡོད་པ་དམིགས་པ་མེད་པ་ལ་དམིགས་པའི་ཚད་མེད་པའོ་ཞེས་ཀྱང་གསུངས་སོ། ། (གཉིས་པ་)བྱམས་པ་དམིགས་པ་མེད་པའི་ཁྱད་པར་ནི། དེ་དོན་དེ་བཞིན་ཉིད་ ཕྱིར་དང༌། །ཞི་བ་ཐོབ་པས་དག་ཕྱིར་དང༌། །ལས་གཉིས་ཉོན་མོངས་ ཟད་པའི་ཕྱིར། །བྱམས་པ་དམིགས་པ་མེད་པ་ཡིན། །སེམས་ཅན་རྣམས་དང་ 4-1-464 ཆོས་རྣམས་ཀྱིས་སྟོང་པ་ཉིད་ལ་དམིགས་པ་ནི་དམིགས་པ་མེད་པ་ཞེས་བྱ་སྟེ། དེ་དག་གི་ དོན་དམ་པའི་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་དང༌། ས་བརྒྱད་པ་ཡན་ཆད་དུ་ཞི་བ་སྟེ་ མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྒོ་ནས་ཁམས་རང་བཞིན་གྱིས་དག་པ་དྲི་མ་དང་བྲལ་ བའི་ཚུལ་གྱིས་རྒྱས་པས། འབད་པ་དང་རྩོལ་བ་མེད་པར་དམིགས་པ་དང་མཚན་མར་འཛིན་ པའི་སྒྲིབ་པ་རྣམ་པར་དག་པའི་ཕྱིར་དང༌། བྱམས་པའི་རྒྱུ་མཐུན་པ་ལས་བྱུང་བའི་ལུས་དང་ ངག་གི་ལས་གཉིས་བརྡེག་འཚོག་དང་ཚིག་རྩུབ་ལ་སོགས་པའི་སྐྱོན་གྱིས་རྣམ་པར་དག་པའི་ ཕྱིར་དང༌། མདོ་ལས། ཡིད་ཀྱི་མདུད་པ་རྣམས་སྤངས་པའི་ཕྱིར་དམིགས་པ་ཆད་དོ། །ཞེས་ གསུངས་པ་ལྟར་ཉོན་མོངས་རྣམས་ནི་དམིགས་པ་ཡིན་ལ། དེ་རྣམས་ཟད་ཅིང་སྤངས་པའི་ ཕྱིར་ཏེ། དེ་ལྟར་རྒྱུ་མཚན་བཞིའི་སྒོ་ནས་ཁྱད་པར་དུ་བྱམས་པ་ཚད་མེད་པ་ནི་དམིགས་པ་ མེད་པ་ཡིན་ཞིང༌། དེ་བཞིན་དུ་གཞན་གསུམ་ལ་ཡང་རིག་པར་བྱའོ། ། (སྤྱིའི་གཉིས་པ་)དབྱེ་བའི་ཁྱད་པར་ལ་གསུམ་ལས། (དང་པོ་)དམན་པ་དང་མཆོག་གི་དབྱེ་ བ་ནི། དེ་དག་གཡོ་དང་མི་གཡོ་དང༌། །ཆགས་པས་རོ་མྱང་མིན་ཤེས་ བྱ། །བྱང་ཆུབ་སེམས་དཔའི་མི་གཡོ་སྟེ། །ཆགས་དང་བྲལ་བར་རབ་ཏུ་ གནས། །ཚད་མེད་པ་དེ་དག་ཀྱང་བསམ་གཏན་ལ་བརྟེན་པ་ན་མི་མཐུན་ཕྱོགས་སྟོབས་ ཆེ་བས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་གཡོ་བ་ནི་དམན་པ་དང༌། གཉེན་པོ་ སྟོབས་ཆེ་བས་ཡོངས་སུ་ཉམས་པར་མི་འགྱུར་ཞིང་གོང་ནས་གོང་དུ་གནས་པ་དང༌། ཁྱད་ པར་དུ་འགྱུར་པའི་སྐལ་བ་ཅན་མི་གཡོ་བ་ནི་མཆོག་དང༌། བསམ་གཏན་གྱི་བདེ་བ་ལ་ཆགས་ པས་རོ་མྱང་བ་དང་བཅས་པ་ཉོན་མོངས་པ་ཅན་ནི་དམན་པ་དང༌། རོ་མྱང་བ་མིན་ཞིང་ཉོན་ མོངས་པ་ཅན་མ་ཡིན་པ་ནི་མཆོག་སྟེ་རྣམ་པའི་དབྱེ་བ་བཞིར་ཤེས་པར་བྱའོ། །དེ་དག་ལས་ ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ཚད་མེད་པ་ནི་གནས་པ་དང་ཁྱད་པར་དུ་འགྱུར་བའི་ 4-1-465 སྐལ་བ་ཅན་ཡིན་པས་མི་གཡོ་བ་སྟེ། བསམ་གཏན་གྱི་བདེ་བ་ལ་ཆགས་པ་དང་བྲལ་བར་ རབ་ཏུ་གནས་པས་རོ་མྱང་བ་མིན་ཞིང་ཉོན་མོངས་པ་ཅན་ཡང་མ་ཡིན་པས་ཆེས་མཆོག་ཏུ་ གྱུར་པའོ། ། (གཉིས་པ་)ཆུང་ངུ་དང་ཆེན་པོའི་དབྱེ་བ་ནི། མཉམ་བཞག་ངོ་བོ་ཉིད་མིན་ཆུང༌། ། འབྲིང་དང་དམན་པའི་ས་པ་དང༌། །བསམ་པ་དམན་དང་ང་རྒྱལ་ བཅས། །གང་ཡིན་དེ་དམན་གཞན་ནི་ལྷག །འདོད་ཁམས་པའི་ཚད་མེད་པ་ ནི་མཉམ་པར་བཞག་པའི་ངོ་བོ་ཉིད་མིན་པས་ཁམས་གོང་མ་པ་ལ་ལྟོས་ནས་ཆུང་ངུ་དང༌། མཉམ་པར་བཞག་པའི་ཡང་ཚངས་རིས་པའི་ཆུང་ངུ་དང༌། མདུན་ན་འདོན་པའི་འབྲིང་པོ་ ཡང་ཚངས་ཆེན་པ་ལ་ལྟོས་ནས་ཆུང་ངུ་དང་ཞེས་པ་ལ་སོགས་པ་ལྷག་མ་རྣམས་ལའང་སྦྱར་ བ་དང༌། དམན་པའི་ས་པ་མོས་སྤྱོད་པ་རྣམས་ཀྱི་ནི་ས་ཐོབ་པ་ལ་ལྟོས་ནས་ཆུང་ངུ་དང༌། བསམ་པ་དམན་པ་ཉན་རང་རྣམས་ཀྱི་ནི་བྱང་ཆུབ་སེམས་དཔའ་ལ་ལྟོས་ནས་ཆུང་ངུ་དང༌། ང་རྒྱལ་དང་བཅས་པ་ས་བདུན་པ་མན་ཆད་ཀྱི་གང་ཡིན་པ་དེ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་ པ་མ་ཐོབ་པས་དག་པ་ས་གསུམ་ཐོབ་པ་ལ་ལྟོས་ནས་དམན་པའམ་ཆུང་ངུ་ཡིན་ཞིང༌། ཆུང་ ངུ་དྲུག་པོ་དེ་རྣམས་ལས་ལྡོག་སྟེ་གཞན་ཉིད་དུ་གྱུར་པ་མཉམ་པར་བཞག་པའི་སེམས་རིམ་ གྱིས་ཐོབ་པ་རྣམས་དང༌། བྱང་ཆུབ་སེམས་དཔའི་ས་ཐོབ་པ་དང་ཐེག་ཆེན་སེམས་བསྐྱེད་དང་ ལྡན་པ་དང༌། ཁྱད་པར་ས་བརྒྱད་པ་ཡན་ཆད་ལ་གནས་པའི་ཚད་མེད་པ་ནི་སྔ་མ་རྣམས་ལས་ ལྷག་པ་ཆེན་པོར་གྱུར་པའོ། ། (གསུམ་པ་)རྒྱུ་འབྲས་དང་རྟགས་ཀྱི་དབྱེ་བ་ནི། ཚངས་པའི་གནས་པས་གནས་ པ་ཡི། །བློ་ལྡན་རྟག་ཏུ་འདོད་པར་སྐྱེ། །དེས་ནི་ཚོགས་རྣམས་རྫོགས་ བྱེད་ཅིང༌། །སེམས་ཅན་རྣམས་ཀྱང་རྣམ་སྨིན་བྱེད། །རྒྱུ་ཕུན་སུམ་ཚོགས་ 4-1-466 པ་ཚངས་པའི་གནས་པ་ཚད་མེད་པ་བཞིས་གནས་པའི་བློ་དང་ལྡན་པ་རྣམས་ཀྱིས་རྟག་ཏུ་ འབྲས་བུ་ཕུན་སུམ་ཚོགས་པ་ལྔ་ཐོབ་པར་འགྱུར་ཏེ། རྣམ་པར་སྨིན་པའི་འབྲས་བུ་ནི། གཙོ་ ཆེར་གཟུགས་ཁམས་ཚངས་པའི་གནས་རྣམས་སུ་སྐྱེ་ཞིང་སྙིང་རྗེའི་དབང་གིས་གདུལ་བྱའི་ དོན་དུ་འདོད་པའི་ཁམས་ལ་སོགས་གང་འདོད་པ་རྣམས་སུ་སྐྱེ་བ་དང༌། བདག་པོའི་འབྲས་ བུ་ཡང་ཚད་མེད་པ་དེས་ནི་དམིགས་པ་དང་པོ་གསུམ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་ དང༌། བཞི་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་གཉིས་རྒྱ་ཆེན་པོ་རྣམས་ཡོངས་སུ་ རྫོགས་པར་བྱེད་ཅིང༌། སྐྱེས་བུ་བྱེད་པའི་འབྲས་བུ་ནི་གཞན་དོན་ལ་སྤྲོ་བའི་འབད་རྩོལ་ཆེན་ པོའི་སྒོ་ནས་སེམས་ཅན་མང་པོ་རྣམས་ཀྱང་རྣམ་པར་སྨིན་པར་བྱེད་པའོ། ། དེ་བཞིན་དུ། ཀུན་ཏུ་ཚངས་དང་མི་འབྲལ་ལ། །དེ་ཡི་མི་མཐུན་ཕྱོགས་ དང་བྲལ། །བག་མེད་གྱུར་ཀྱང་དེ་ཡི་རྐྱེན། །མི་བཟད་པས་ཀྱང་མི་ འགྱུར་རོ། །རྒྱུ་མཐུན་པའི་འབྲས་བུ་ནི། རིགས་མཐུན་གོམས་པའི་དབང་གིས་ཚེ་རབས་ ཀུན་ཏུ་ཚངས་པའི་གནས་བཞིས་གནས་པ་དང་མི་འབྲལ་བར་གྱུར་ལ། བྲལ་བའི་འབྲས་བུ་ ནི། ཚད་མེད་པ་བཞི་པོ་དེའི་མི་མཐུན་པའི་ཕྱོགས་གནོད་སེམས་དང་རྣམ་འཚེ་དང་མི་དགའ་ བ་དང་ཆགས་སྡང་རྣམས་དང་བྲལ་བ་ཐོབ་ཅིང༌། རྟགས་ཀྱི་ཁྱད་པར་ཡང་རེ་ཤིག་བག་མེད་ པའི་དབང་གིས་བྱམས་པ་ལ་སོགས་པ་དེའི་མི་མཐུན་པའི་ཕྱོགས་མངོན་དུ་གྱུར་ཀྱང་བྱམས་ སོགས་དེ་དག་ཉམས་པར་བྱེད་པའི་རྐྱེན་དགྲའི་གནོད་པ་དྲག་པོ་ལ་སོགས་པ་མི་བཟད་པ་ བྱུང་བས་ཀྱང་ཚད་མེད་པ་རྣམས་སྒོམ་པ་ལས་ནམ་ཡང་ཉམས་པར་མི་འགྱུར་རོ་ཞེས་པའོ། ། (སྤྱིའི་གསུམ་པ་)སྐྱོན་ཡོན་གྱི་ཁྱད་པར་ལ་གཉིས་ལས། (དང་པོ་) སྐྱོན་ངོས་གཟུང་སྟེ་སྤང་ ཚུལ་ལའང༌། དངོས་དང་ཁྱད་པར་གཉིས་ཀྱི་དངོས་ནི། བྱང་ཆུབ་སེམས་དཔའ་ གནོད་སེམས་དང༌། །རྣམ་འཚེ་མི་དགའ་གནོད་སེམས་དང༌། །འདོད་ 4-1-467 པའི་འདོད་ཆགས་དང་ལྡན་པ། །ཉེས་དམིགས་རྣམ་པ་མང་ལ་རེག །བྱང་ ཆུབ་སེམས་དཔའ་གཉེན་པོ་ཚད་མེད་པ་བཞི་དང་མི་ལྡན་པ་ལ་ནི། སེམས་ཅན་ལ་གནོད་པ་ བྱ་བར་སེམས་པ་བྱམས་པའི་མི་མཐུན་ཕྱོགས་དང༌། གསོད་པ་དང་བརྡེག་པ་ལ་སོགས་པའི་ སྦྱོར་བ་བྱེད་པའི་རྣམ་པར་འཚེ་བ་སྙིང་རྗེའི་མི་མཐུན་ཕྱོགས་དང༌། གཞན་བདེ་བ་དང་ལྡན་ པ་ལ་ཕྲག་དོག་གི་སྒོ་ནས་མི་དགའ་བར་བྱེད་པ་དགའ་བའི་མི་མཐུན་ཕྱོགས་དང༌། དགྲ་ལ་ གནོད་པར་སེམས་པ་ཁོང་ཁྲོ་དང༌། གཉེན་ལ་འདོད་པའི་འདོད་ཆགས་དང་ལྡན་པའི་མཐར་ ལྷུང་བ་བཏང་སྙོམས་ཀྱི་མི་མཐུན་ཕྱོགས་རྣམས་འབྱུང་ཞིང་གཞན་ཡང་ཉེས་དམིགས་རྣམ་པ་ མང་པོ་ལ་རེག་པར་འགྱུར་བས་སྐྱོན་དེ་རྣམས་ངོ་ཤེས་པའི་སྒོ་ནས་སྤང་བར་བྱའོ། ། ཉེས་དམིགས་མང་པོའི་ཁྱད་པར་ནི། ཉོན་མོངས་རྣམས་ཀྱིས་བདག་ འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་ རྙེད་པ་དམན་ཞིང་བསྲུང་དང་དེ་བཞིན་སྟོན་པས་སྨད། །རྩོད་བཅས་ མི་སྙན་དེ་ནི་གཞན་དུ་མི་ཁོམ་རྣམས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་ པས་ཡིད་ལ་སྡུག་བསྔལ་ཆེན་པོ་འཐོབ། །གནོད་སེམས་ལ་སོགས་པའི་ཉོན་ མོངས་པ་རྣམས་ཀྱིས་ཚེ་འདིར་སྡིག་པ་དང་ཕྱི་མར་སྡུག་བསྔལ་ལ་སྦྱོར་བས་བདག་ཉིད་ འཇོམས་ལ། ཕ་རོལ་པོའི་སྲོག་དང་ལོངས་སྤྱོད་ལ་གནོད་པར་བྱེད་པའི་སྒོ་ནས་སེམས་ཅན་ གཞན་ཡང་འཇོམས་ཤིང༌། ཉོན་མོངས་པའི་དབང་གིས་སྲོག་གཅོད་དང་མ་བྱིན་ལེན་ལ་ སོགས་པ་བྱས་ནས་ཚུལ་ཁྲིམས་འཇོམས་ཏེ་བདག་གཞན་གཉིས་ཀ་ལ་གནོད་པར་འགྱུར་བ་ དང༌། ཚུལ་ཁྲིམས་ཉམས་ན་འགྱོད་ཅིང་གདུང་བ་བསྐྱེད་པས་བདག་ཉིད་བདེ་བ་ལས་ཉམས་ པ་དང་བཅས་པ་དང༌། གཞན་རྣམས་ཀྱང་མ་དད་ཅིང་བསོད་སྙོམས་འབུལ་བ་མེད་པས་རྙེད་ པ་དམན་ཞིང་སྨོད་པར་འགྱུར་བ་དང༌། སྔར་སྲུང་བ་བྱེད་པའི་ལྷ་རྣམས་ཀྱིས་ཀྱང་སྨོད་ཅིང་ 4-1-468 མི་བསྲུང་བ་དང༌། དེ་བཞིན་དུ་སྟོན་པ་སངས་རྒྱས་ཀྱིས་ཀྱང་ཚུལ་ཁྲིམས་ཉམས་པ་ནི་རོ་དང་ འདྲའོ་ཞེས་པ་ལ་སོགས་པས་སྨོད་ཅིང་རྗེས་སུ་འཛིན་པར་མི་འགྱུར་བ་དང༌། གྲོགས་ཚངས་ པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཀྱང་ཆོས་ཉིད་ཀྱིས་རྣམ་པར་སྨོད་ཅིང་ཚུལ་ཁྲིམས་ འཆལ་པ་དེ་དང་ལྷན་ཅིག་གནས་པར་མི་བྱའོ་ཞེས་རྩོད་པ་དང་བཅས་པར་འགྱུར་བ་དང༌། ཆེ་གེ་མོ་དེ་ནི་བསླབ་པ་ལས་ཉམས་ཤིང་སྡིག་པ་སྤྱོད་པའོ་ཞེས་ཕྱོགས་མཚམས་རྣམས་སུ་ མི་སྙན་པ་འབྱུང་བ་དང༌། སྡིག་པ་བྱེད་པ་དེ་ནི་ཚེ་རབས་གཞན་དུ་ཡང་དམྱལ་བ་ལ་སོགས་ པ་མི་ཁོམ་པའི་གནས་རྣམས་སུ་སྐྱེ་བ་དང༌། ཚེ་འདིར་ཡང་བྱམས་པ་ལ་སོགས་པ་ཐོབ་པ་ ལས་ཉམས་ནས་ཁ་ན་མ་ཐོ་བ་འཕེལ་བ་དང༌། ཚེ་ཕྱི་མ་ལ་ཡང་མ་ཐོབ་པ་ཐོབ་པར་འགྱུར་ བ་ལས་ཉམས་པས་ཡིད་ལ་ཡིད་ཤེས་ཀྱི་འཁོར་དུ་སྐྱེས་པའི་ཡིད་མི་བདེ་དང་དབང་ཤེས་ ལྔའི་འཁོར་དུ་སྐྱེས་པའི་སྡུག་བསྔལ་ཆེན་པོ་འཐོབ་པ་སྟེ། དེ་རྣམས་ཀྱི་དང་པོ་གསུམ་ནི་རང་ དང་གཞན་དང་གཉི་ག་ལ་གནོད་པའི་ཉེས་པ་དང༌། དེ་ནས་(ཉམས་བཅས་སོགས)དྲུག་ནི་མཐོང་ བའི་ཆོས་ཚེ་འདི་ལ་འབྱུང་བའི་ཉེས་པ་དང༌། མི་ཁོམ་པར་སྐྱེ་བ་ནི་ཚེ་ཕྱི་མ་ལ་འབྱུང་བ་དང༌། ཐོབ་པ་ལས་ཉམས་པ་ནི་འདི་[ལ{ལས་}འབྱུང་བ་དང༌། མ་ཐོབ་པ་ལས་ཉམས་པ་ནི་ཕྱི་མ་ [ལ{ལས་}འབྱུང་བའི་ཉེས་པའོ། ། (གཉིས་པ་)ཡོན་ཏན་ཤེས་ནས་བསྟེན་ཚུལ་ལའང་གཉིས་ལས། (དང་པོ་)དོན་གཉིས་འགྲུབ་ ཚུལ་སྤྱིར་བསྟན་ནི། ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ ལ་མི་འབྱུང་སྟེ། །ཉོན་མོངས་ཅན་མིན་སེམས་ཅན་གྱི། །དོན་དུ་འཁོར་ བའང་ཡོངས་མི་གཏོང༌། །ཚད་མེད་པ་བཞི་དང་བྲལ་བའི་ཉེས་པ་མང་པོ་སྔར་བཤད་ པ་འདི་དག་ཀུན་གཉེན་པོ་བྱམས་པ་ལ་སོགས་པ་ཚངས་པའི་གནས་བཞི་ལ་ལེགས་པར་ གནས་པ་རྣམས་ལ་མི་འབྱུང་བས་རང་དོན་ཕུན་སུམ་ཚོགས་པ་འགྲུབ་སྟེ། ཤེས་རབ་དང་ 4-1-469 ལྡན་པས་ཀུན་ནས་ཉོན་མོངས་པ་ཆགས་སྡང་ལ་སོགས་པ་ཅན་མིན་པའི་སྒོ་ནས་སྙིང་རྗེ་ཆེན་ པོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་བའང་ཡོངས་སུ་མི་གཏོང་ཞིང་དེར་སྐྱེས་ནས་ གཞན་དོན་ཕུན་སུམ་ཚོགས་པའང་འགྲུབ་པ་ཉིད་དོ། ། (གཉིས་པ་)ཁྱད་པར་གཞན་དོན་འགྲུབ་ཚུལ་ནི། ཇི་ལྟར་རྒྱལ་བའི་སྲས་རྣམས་ སེམས་ཅན་ལ། །བྱམས་པ་ལ་སོགས་སེམས་པ་འདི་འབྱུང་བ། །སེམས་ ཅན་ཐམས་ཅད་ཡོན་ཏན་ལྡན་པ་ཡི། །བུ་གཅིག་པ་ལའང་དེ་ལྟ་མ་ ཡིན་ནོ། །ཇི་ལྟར་ན་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ ཅད་ལ་བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཚད་མེད་པ་བཞིའི་སེམས་པ་འདི་འབྱུང་བ་ལྟར། སེམས་ཅན་ཕལ་པ་ཐམས་ཅད་ནི་ཡོན་ཏན་མང་པོ་དང་ལྡན་པའི་རང་གི་བུ་གཅིག་པ་ལའང་ དེ་ལྟ་བུའི་བྱམས་པ་ལ་སོགས་པའི་སེམས་པ་འབྱུང་བ་མ་ཡིན་པས། ཕལ་པ་རྣམས་རང་གི་ བུ་གཅིག་པུའི་དོན་སྒྲུབ་པ་ལས་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་ པ་ཁྱད་པར་དུ་འཕགས་པ་ཡིན་ནོ། ། སྙིང་རྗེ་ཁྱད་པར་དུ་བཤད་པ་ལ་བདུན་ཏེ། སྙིང་རྗེ་ངོས་གཟུང༌། དཔེ་ཡིས་བསྔགས་པ། ཕན་ཡོན་བསྟན་པ། དེ་ཡི་ཁྱད་པར། དེ་ལ་གདམས་པ། རྐྱེན་ལས་འགྲུབ་ཚུལ། ཆེན་པོར་ འགྱུར་ཚུལ་ལོ། ། དང་པོ་ལ་དམིགས་པ། འབྲས་བུ། སྤངས་པ། རྟོགས་པ། དབྱེ་བ་སྟེ་ལྔ་ལས། (དང་པོ་) དམིགས་པ་ནི། རབ་འབར་དགྲ་ཡི་དབང་དུ་སོང༌། །སྡུག་བསྔལ་གྱིས་ནོན་ མུན་པས་བསྒྲིབས། །དགྲོད་དཀའི་ལམ་ལ་ཀུན་ཏུ་ཞུགས། །འཆིང་བ་ཆེ་ དང་ཡང་དག་ལྡན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་འཇུག་པའི་ཡུལ་རྣམ་ པ་བཅུ་སྟེ། འདོད་པའི་ཡོན་ཏན་ལྔ་ལ་འདོད་ཆགས་ཀྱི་མེ་རབ་དུ་འབར་བས་གདུངས་པ་ 4-1-470 རྣམས་དང༌། དགེ་བ་ལ་ཞུགས་ཀྱང་བདུད་ཀྱི་བར་ཆད་ཀྱིས་དགྲའི་དབང་དུ་སོང་བ་རྣམས་ དང༌། སེམས་ཅན་དམྱལ་བ་ལ་སོགས་པ་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་ཟིལ་གྱིས་ ནོན་པ་རྣམས་དང༌། ཤན་པ་ལ་སོགས་པ་མཐའ་གཅིག་ཏུ་ཉེས་པ་སྤྱོད་པ་ལས་རྒྱུ་འབྲས་ལ་ རྨོངས་པའི་མུན་པས་བསྒྲིབས་པ་རྣམས་དང༌། རེ་ཤིག་རྒྱས་འགྱུར་གྱི་རིགས་ཆད་པས་ཡུན་ རིང་པོར་མྱ་ངན་ལས་མི་འདའ་བའི་ཆོས་ཅན་འཁོར་བ་བགྲོད་པར་དཀའ་བའི་ལམ་ལ་ཀུན་ ཏུ་ཞུགས་པ་རྣམས་དང༌། ཕྱི་རོལ་མུ་སྟེགས་པའི་ཐར་པ་ལ་ཞུགས་ཏེ་ལྟ་བ་ངན་པ་སྣ་ཚོགས་ པའི་འཆིང་བ་ཆེ་ཞིང་དམ་པ་དང་ཡང་དག་པར་ལྡན་པ་རྣམས་དང༌། དེ་བཞིན་དུ། ཟས་ ཆེན་དུག་དང་འདྲེས་ལ་ཞེན། །ལམ་ནི་རབ་ཏུ་སྟོར་གྱུར་པ། །ལམ་གོལ་ རབ་ཞུགས་སྟོབས་ཆུང་བའི། །སེམས་ཅན་རྣམས་ལ་སྙིང་རྗེའོ། །ཁམས་ གོང་མ་དག་གི་ཏིང་ངེ་འཛིན་གྱི་རོ་ལ་ཆགས་པ་ནི་ཡུན་རིང་དུ་འཆིང་ཞིང་མཐར་ཉམས་པར་ འགྱུར་བས་ཟས་ཆེན་པོ་དུག་དང་འདྲེས་པ་ལ་ཞེན་པ་ལྟ་བུ་རྣམས་དང༌། ཟབ་མོའི་དེ་ཁོ་ན་ ཉིད་མ་རྟོགས་ཀྱང་རྟོགས་ཤིང་གྲོལ་ལོ་སྙམ་པའི་མངོན་པའི་ང་རྒྱལ་ཅན་ཐར་པའི་ལམ་ ནི་རབ་ཏུ་སྟོར་བར་གྱུར་པ་རྣམས་དང༌། ཐེག་ཆེན་དུ་རིགས་མ་ངེས་པ་ཐེག་པ་དམན་པ་ལ་ ཞུགས་པ་ཐེག་ཆེན་ལས་ལམ་གོལ་བར་རབ་ཏུ་ཞུགས་པ་རྣམས་དང༌། ཐེག་ཆེན་ལ་ཞུགས་ ཀྱང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཚོགས་གཉིས་རྒྱ་ཆེན་པོ་ཡོངས་སུ་མ་རྫོགས་པས་ སྟོབས་ཆུང་བར་གྱུར་པའི་སེམས་ཅན་རྣམས་ཡིན་ལ། དེ་དག་ལ་དམིགས་ནས་སྙིང་རྗེ་ཆེན་ པོ་སྐྱེ་བའོ། ། (གཉིས་པ་)འབྲས་བུ་ནི། འཚེ་སྤང་བྱང་ཆུབ་མཆོག་གི་ས་བོན་དང༌། །བདེ་ བ་བསྐྱེད་དང་གདུང་བྱེད་འདོད་པའི་རྒྱུ། །ངོ་བོ་ཉིད་སྦྱིན་ཆོས་ལ་བརྟེན་ པ་ཡི། །རྒྱལ་བའི་སྲས་ལ་བྱང་ཆུབ་ཐག་མི་རིང༌། །སྙིང་རྗེ་བསྒོམས་པ་ལ་ 4-1-471 བརྟེན་ནས་འབྲས་བུ་ལྔ་འགྲུབ་པ་སྟེ། བྲལ་བའི་འབྲས་བུ་ནི་མི་མཐུན་པའི་ཕྱོགས་རྣམ་པར་ འཚེ་བ་མཐའ་དག་སྤངས་པ་དང༌། བདག་པོའི་འབྲས་བུ་ནི་སྙིང་རྗེས་བྱང་ཆུབ་མཆོག་གི་ས་ བོན་བྱས་ནས་དེ་མྱུར་དུ་འགྲུབ་པ་དང༌། སྐྱེས་བུ་བྱེད་པའི་འབྲས་བུ་ནི་གཞན་གྱི་རྒྱུད་ལ་བདེ་ བ་བསྐྱེད་པར་བྱེད་པ་དང༌། དེའི་དོན་དུ་རང་གི་རྒྱུད་ལ་དཀའ་སྤྱད་ཀྱི་གདུང་བ་སྐྱེད་པར་ བྱེད་པ་དང༌། རྣམ་པར་སྨིན་པའི་འབྲས་བུ་ནི་གཞན་དོན་དུ་ཇི་ལྟར་འདོད་པར་སྐྱེ་བའི་རྒྱུ་ བྱས་ནས་དེར་སྐྱེ་བ་དང༌། རྒྱུ་མཐུན་པའི་འབྲས་བུ་ནི་ད་ལྟ་སྒོམ་པ་དང་མཐུན་པར་མ་འོངས་ པ་ན་སྙིང་རྗེ་ཁྱད་པར་དུ་འཕགས་པའི་ངོ་བོ་ཉིད་སྦྱིན་ཞིང་འགྲུབ་པར་འགྱུར་བའོ། །དེ་ལྟར་ ཡོན་ཏན་ལྔ་དང་ལྡན་པའི་སྙིང་རྗེའི་ཆོས་ལ་བརྟེན་པའི་རྒྱལ་བའི་སྲས་པོ་རྣམས་ལ་བླ་ན་ མེད་པའི་བྱང་ཆུབ་ཆེན་པོ་ཐག་མི་རིང་བར་མྱུར་དུ་འགྲུབ་པར་འགྱུར་བའོ། ། (གསུམ་པ་)སྤངས་པ་ནི། སྙིང་རྗེ་བློ་མཆོག་འཁོར་བར་གཏོགས་པ་ཡི། ། སྡུག་བསྔལ་བདག་ཉིད་ཀུན་དང་བདག་མེད་པའང༌། །རྣམ་པར་ཤེས་ ནས་སྐྱོ་བར་མི་འགྱུར་ཞིང༌། །ཉེས་པས་རབ་གནོད་པར་ཡང་མི་འགྱུར་ རོ། །བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེ་དང་བློ་མཆོག་ལྡན་པས་རིམ་པ་བཞིན་སྙིང་རྗེ་ ཆེན་པོས་འཁོར་བར་གཏོགས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་བདག་ཉིད་ཀུན་ དང་ལྡན་པར་ཤེས་ཤིང༌། བློ་གྲོས་མཆོག་ཏུ་གྱུར་པས་འཁོར་བའི་རང་བཞིན་བདག་མེད་ པའང་རྣམ་པར་ཤེས་ནས་སྙིང་རྗེ་དང་ལྡན་པའི་ཕྱིར་འཁོར་བའི་སྡུག་བསྔལ་གྱིས་སྐྱོ་བར་མི་ འགྱུར་ཞིང་ཤེས་རབ་དང་ལྡན་པའི་ཕྱིར་འཁོར་བའི་ཉོན་མོངས་པའི་ཉེས་པས་རབ་ཏུ་གནོད་ པར་ཡང་མི་འགྱུར་ཏེ། སྲིད་ཞིའི་མཐར་ལྷུང་བ་དང་བྲལ་བའི་ཕྱིར་རོ། ། (བཞི་པ་)རྟོགས་པ་ནི། འཇིག་རྟེན་སྡུག་བསྔལ་བདག་ཉིད་ལྟ་བ་ཡི། །བརྩེ་ དང་ལྡན་པས་སྡུག་བསྔལ་དེ་དང་ནི། །དེ་ཡོངས་སྤངས་པའི་ཐབས་ཀྱང་ 4-1-472 ཇི་བཞིན་རིག །ཉམ་ང་བར་བྱེད་སྐྱོ་བར་ཡང་མི་འགྱུར། །འཇིག་རྟེན་གསུམ་ པོ་ཐམས་ཅད་སྡུག་བསྔལ་གྱི་བདག་ཉིད་ཅན་དུ་ལྟ་བའི་བརྩེ་བ་དང་ལྡན་པས་དེ་འཁོར་བའི་ སྡུག་བསྔལ་དེ་དང་ནི། དེའི་རྒྱུ་ཀུན་འབྱུང་ཡོངས་སུ་སྤངས་པ་ལས་འགོག་པ་མངོན་དུ་འགྱུར་ བའི་ཐབས། ལམ་རྣམ་དག་སྟོན་པའི་ཚུལ་དག་ཀྱང་ཇི་ལྟ་བ་བཞིན་དུ་རིག་པའི་རྟོགས་པ་ དང་ལྡན་པས་སྙིང་རྗེས་གཞན་གྱི་སྡུག་བསྔལ་ལ་ཉམ་ང་བར་ཡང་བྱེད་ཅིང་དེ་སྤང་པའི་ཆེད་ དུ་རང་གི་སྡུག་བསྔལ་ལ་སྐྱོ་བར་ཡང་ནི་མི་འགྱུར་རོ། ། (ལྔ་པ་)དབྱེ་བ་ལ་གཉིས་ལས། (དང་པོ་)རྒྱུའི་སྒོ་ནས་དབྱེ་བ་ནི། སྙིང་རྗེའི་བདག་ཉིད་ ཅན་གྱི་བརྩེ་བ་འདི། །རང་བཞིན་དང་ནི་སོ་སོར་བརྟགས་པ་དང༌། །དེ་ སྔོན་གོམས་པར་བྱས་དང་ལྡན་པ་དང༌། །མི་མཐུན་ཕྱོགས་ཉམས་རྣམ་ དག་ཐོབ་པ་བཞི། །སྙིང་རྗེའི་བདག་ཉིད་ཅན་གྱི་བརྩེ་བ་འདི་ལ་ཕྱེ་ན་སྙིང་རྗེའི་རང་ བཞིན་ཅན་ཐེག་ཆེན་རྒྱས་འགྱུར་གྱི་རིགས་སད་པ་ལས་བྱུང་བ་དང་ནི་སྙིང་རྗེ་མེད་པའི་སྐྱོན་ དང་ཡོད་པའི་ཡོན་ཏན་སོ་སོར་བརྟགས་པ་ལས་བྱུང་བ་དང༌། སྙིང་རྗེ་དེ་ཉིད་སྔོན་ཚེ་རབས་ གཞན་དུ་གོམས་པར་བྱས་པ་དང་ལྡན་པ་ལས་བྱུང་བ་དང༌། མི་མཐུན་པའི་ཕྱོགས་རྣམ་པར་ འཚེ་བ་ཉམས་ཤིང་རྣམ་པར་དག་པ་ཐོབ་པ་ལས་བྱུང་བ་སྟེ་རྣམ་པ་བཞིའོ། ། (གཉིས་པ་)མཆོག་དམན་གྱིས་དབྱེ་བ་ནི། མཉམ་དང་རྟག་མིན་ལྷག་པའི་ བསམ་པས་མིན། །སྒྲུབ་པའི་སྒོ་དང་འདོད་ཆགས་བྲལ་བ་དང༌། །མི་ དམིགས་པས་མིན་གང་དེ་བརྩེ་མིན་ཏེ། །དེ་བཞིན་བརྩེ་མེད་གང་དེ་ བྱང་ཆུབ་མིན། །མཉམ་པས་མིན་པ་ཚོར་བ་སྡུག་བསྔལ་ཅན་ཁོ་ན་ལ་བརྩེ་བ་ནི་མཆོག་ མ་ཡིན་གྱི། འདི་ལྟར་གང་ཅི་ཚོར་ཡང་རུང་དེ་ཐམས་ཅད་ནི་སྡུག་བསྔལ་ལོ་ཞེས་གསུངས་ པ་ལྟར་ཁམས་གསུམ་གྱི་ཚོར་བ་གསུམ་ག་དང་ལྡན་པ་ཐམས་ཅད་ལ་མཉམ་པ་ཉིད་དུ་བརྩེ་ 4-1-473 བ་ནི་མཆོག་ཏུ་གྱུར་པ་དང་(༡)། རྟག་པས་མིན་པ་ཕུང་པོ་ལྷག་མེད་དུ་ཟད་པར་འགྱུར་བ་ ནི་མཆོག་མ་ཡིན་གྱི། ལྷག་མེད་མྱང་འདས་སུ་ཡང་མི་ཟད་པའི་བརྩེ་བ་ནི་མཆོག་ཏུ་གྱུར་ པ་དང་(༢)། ལྷག་པའི་བསམ་པས་མིན་པ་ས་མ་ཐོབ་པ་རྣམས་ཀྱི་ནི་མཆོག་མ་ཡིན་གྱི། ས་ ལ་ཞུགས་པ་བདག་གཞན་མཉམ་པ་ཉིད་དུ་རྟོགས་པ་རྣམས་ཀྱི་བརྩེ་བ་ནི་མཆོག་ཏུ་གྱུར་པ་ དང་(༣)། སྒྲུབ་པའི་སྒོ་ནས་མིན་པ་སྡུག་བསྔལ་ལས་མི་སྐྱོབ་པ་ནི་མཆོག་མ་ཡིན་གྱི། སྡུག་ བསྔལ་མཐའ་དག་ལས་སྐྱོབ་པའི་བརྩེ་བ་ནི་མཆོག་ཏུ་གྱུར་པ་དང་(༤)། འདོད་ཆགས་དང་ བྲལ་བ་མིན་པས་མ་ཡིན་པ་རྣམ་པར་འཚེ་བའི་བག་ཆགས་དང་བཅས་པ་ནི་མཆོག་མ་ཡིན་ གྱི། མི་མཐུན་པའི་ཕྱོགས་རྣམ་པར་འཚེ་བ་མཐའ་དག་ལ་འདོད་ཆགས་དང་བྲལ་བའི་བརྩེ་ བ་ནི་མཆོག་ཏུ་གྱུར་པ་དང་(༥)། མི་དམིགས་པས་མིན་པ་དམིགས་པ་དང་བཅས་པ་གང་ ཡིན་པ་དེ་ནི་བརྩེ་བ་མཆོག་མིན་གྱི། ས་བརྒྱད་པ་ཡན་ཆད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ པས་འཁོར་གསུམ་དུ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ནི་མཆོག་ཏུ་གྱུར་པ་ཡིན་ཞིང་(༦)། མཆོག་མ་ཡིན་པ་དྲུག་ནི་དམན་པ་ཡིན་ཏེ། དེ་བཞིན་དུ་བརྩེ་བ་ཆེན་པོ་མཆོག་ཏུ་གྱུར་པ་མེད་ པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་མིན་པས་མཆོག་ཏུ་གྱུར་པ་རྣམས་ བསྒྲུབ་པ་ལ་འབད་པར་བྱའོ། ། དཔེ་ཡིས་བསྔགས་པ་ལ་གསུམ་ལས། (དང་པོ་)ཐུན་མོང་དུ་བསྟན་པ་ནི། སྙིང་རྗེ་དང་ ནི་བཟོད་དང་སེམས་པ་དང༌། །སྨོན་ལམ་སྐྱེ་བ་སེམས་ཅན་ཡོངས་སྨིན་ བྱེད། །དང་པོ་རྩ་བ་ཐ་མ་འབྲས་མཆོག་ལྡན། །འདི་ནི་སྙིང་རྗེའི་ལནྗོ་ ཤིང་ཆེན་པོ་ཡིན། །དཔེར་ན་ལྗོན་ཤིང་གི་རྩ་བ་དང་སྡོང་པོ་དང་ཡལ་ག་དང་ལོ་མ་དང་ མེ་ཏོག་དང་འབྲས་བུ་རྣམས་སྔ་མ་ལས་ཕྱི་མ་རིམ་གྱིས་འབྱུང་བ་ལྟར། སེམས་ཅན་རྣམས་ སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་ནི་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་ 4-1-474 རྩ་བ་ཡིན་པས་ཤིང་སྡོང་གི་རྩ་བ་ལྟ་བུ་དང་ནི་དེ་ལས་གཞན་དོན་གྱི་དཀའ་སྤྱད་བཟོད་པ་ནི་ སྡོང་པོ་ལྟ་བུ་དང༌། དེ་ལས་སེམས་ཅན་གྱི་དོན་ལ་སེམས་པ་ནི་ཡལ་ག་ལྟ་བུ་དང༌། དེ་ལས་ སྐྱེ་བ་བཟང་པོར་སྨོན་ལམ་འདེབས་པ་ནི་ལོ་མ་ལྟ་བུ་དང༌། དེ་ལས་སྐྱེ་བ་བཟང་པོ་ཐོབ་པ་ནི་ མེ་ཏོག་ལྟ་བུ་དང༌། དེ་ལས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་གྲུབ་པ་ནི་འབྲས་བུ་ཕུན་ སུམ་ཚོགས་པ་སྨིན་པ་ལྟ་བུ་སྟེ། དང་པོ་སྙིང་རྗེའི་རྩ་བ་བརྟན་པོ་ཚུགས་པ་ལ་བརྟེན་ནས་ ཐ་མ་གཞན་དོན་རྣམ་པར་དག་པའི་འབྲས་བུ་མཆོག་དང་ལྡན་པ་གྲུབ་པ་འདི་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སྙིང་རྗེའི་ལྗོན་ཤིང་ཆེན་པོ་རྒྱས་པ་ཡིན་ནོ། ། (གཉིས་པ་)ལྡོག་ཕྱོགས་ནས་བཤད་པ་ནི། རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་ སྤྱད་བཟོད་པ་ཉིད་མི་འགྱུར། །བློ་ལྡན་སྡུག་བསྔལ་མི་བཟོད་ན། །སེམས་ ཅན་དོན་སེམས་ཉིད་མི་འགྱུར། །རྩ་བ་སྙིང་རྗེ་ཆེན་པོ་མེད་པར་གྱུར་ན་གཞན་དོན་ གྱི་དཀའ་སྤྱད་ལ་བཟོད་པའི་སྡོང་པོ་ཉིད་ཀྱང་འབྱུང་བར་མི་འགྱུར་ཞིང༌། བློ་དང་ལྡན་པ་དེ་ གཞན་དོན་གྱི་སྡུག་བསྔལ་མི་བཟོད་ན་སེམས་ཅན་གྱི་དོན་བྱ་བར་སེམས་པའི་ཡལ་ག་ཉིད་ ཀྱང་འབྱུང་བར་མི་འགྱུར་རོ། །སེམས་པ་དང་ནི་བྲལ་བའི་བློ། །སྐྱེ་བ་དཀར་པོ་ རྣམ་དག་ཏུ། །སྨོན་ལམ་འདེབས་པར་མི་འགྱུར་རོ། །སྐྱེ་བ་བཟང་པོ་མ་ ཐོབ་ན། །སེམས་ཅན་ཡོངས་སྨིན་བྱེད་མི་འགྱུར། །གཞན་དོན་སེམས་པ་དང་ ནི་བྲལ་བའི་བློ་དེ་ལས་སྐྱེ་བ་དཀར་པོ་རྣམ་དག་ཏུ་སྨོན་ལམ་འདེབས་པའི་ལོ་མ་འབྱུང་བར་ མི་འགྱུར་རོ། །སྐྱེ་བ་བཟང་པོའི་མེ་ཏོག་མ་ཐོབ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ འབྲས་བུ་འབྱུང་བར་མི་འགྱུར་ཏེ། དེ་བས་ན་གཞན་དོན་ཕུན་སུམ་ཚོགས་པ་སྒྲུབ་པར་འདོད་ པ་རྣམས་ཀྱིས་རྩ་བ་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། ། (གསུམ་པ་)སྒྲུབ་ཕྱོགས་ནས་བཤད་པ་ནི། སྙིང་རྗེའི་འཆུ་བ་བྱམས་པ་སྟེ། །དེ་ 4-1-475 སྡུག་བསྔལ་ན་བདེ་བ་ཡིས། །ཡངས་རྒྱས་ཚུལ་བཞིན་ཡིད་བྱེད་པའི། ། ཡལ་ག་རྒྱ་ཆེར་འཕེལ་བ་དང༌། །སྙིང་རྗེའི་ལྗོན་ཤིང་གི་རྩ་བ་ཆུ་ཡིས་འཆུ་བ་ལྟ་ བུ་ནི་བྱམས་པ་སྟེ། བྱམས་པའི་སེམས་དང་ལྡན་པ་ནི་སེམས་ཅན་དེ་རྣམས་སྡུག་བསྔལ་བར་ མཐོང་བ་ན། སྙིང་རྗེ་འཕེལ་པའི་སྒོ་ནས་སྡུག་བསྔལ་སྐྱེ་བ་དེ་ལས་གཞན་དོན་ལ་སྤྲོ་བའི་ བདེ་བའང་སྐྱེ་བ་ཡིས་དཀའ་སྤྱད་ལ་བཟོད་པའི་སྡོང་པོ་ཡངས་པར་རྒྱས་པར་འགྱུར་ཞིང༌། བཟོད་པ་དེ་ཉིད་ཐེག་ཆེན་གྱི་ཆོས་ལ་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པ་ལས། གཞན་ དོན་སེམས་པའི་ཡལ་ག་རྒྱ་ཆེན་པོ་འཕེལ་བར་འགྱུར་བ་དང༌། སྨོན་ལམ་རྒྱུན་ནི་མ་ ཆད་པས། །ལོ་མ་འདོར་ལེན་རྐྱེན་རྣམ་གཉིས། །གྲུབ་པ་དེ་ཕྱིར་མེ་ཏོག་ དང༌། །འབྲས་བུ་དོན་ཡོད་ཤེས་པར་བྱ། །གཞན་དོན་དུ་ལུས་ཁྱད་པར་ཅན་སྒྲུབ་ པའི་སྨོན་ལམ་ལོ་མ་ལྟ་བུའི་རྒྱུན་ནི་མ་ཆད་པས་ཤིང་གི་ལོ་མ་རྙིང་པ་འདོར་ཞིང༌། སར་པ་ ལེན་པ་དང་ཆོས་མཐུན་པར་གོང་ནས་གོང་དུ་ནང་དང་ཕྱིའི་རྐྱེན་རྣམ་པ་གཉིས་གྲུབ་པ་དེའི་ ཕྱིར། ནང་གི་རྐྱེན་རང་གི་རྒྱུད་ཡོངས་སུ་སྨིན་པ་གྲུབ་པས་མེ་ཏོག་ལྟ་བུའི་སྐྱེ་བ་བཟང་པོ་དོན་ ཡོད་པ་དང༌། ཕྱིའི་རྐྱེན་གཞན་གྱི་རྒྱུད་ཡོངས་སུ་སྨིན་པ་གྲུབ་པས་འབྲས་བུ་ལྟ་བུའི་སེམས་ ཅན་ཡོངས་སུ་སྨིན་པར་བྱེད་པ་དོན་ཡོད་པ་གྲུབ་པར་ཤེས་པར་བྱའོ། ། (སྤྱིའི་བཞི་པ་)ཕན་ཡོན་བསྟན་པ་ནི། སྙིང་རྗེ་ཆེན་པོ་ཡོན་ཏན་འབྱུང་གནས་ ཀྱི། །སེམས་ཅན་རྣམས་ལ་སྙིང་རྗེ་སུ་མི་བྱེད། །འདི་ལྟར་འདི་དག་ལ་ ནི་སྡུག་བསྔལ་ཡང༌། །བརྩེས་བསྐྱེད་བདེ་བ་གཞལ་དུ་མེད་པར་འབྱུང༌། ། སྙིང་རྗེ་ཆེན་པོ་ནི་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ཐམས་ཅད་འབྱུང་བའི་གནས་ ཀྱི་ངོ་བོ་ཡིན་པས་སེམས་ཅན་མཐའ་ཡས་པ་རྣམས་ལ་སྙིང་རྗེ་སུ་ཞིག་བསྒོམ་པར་མི་བྱེད་དེ་ སྒོམ་པར་བྱེད་པར་རིགས་སོ། །དེའི་རྒྱུ་མཚན་འདི་ལྟར་བྱང་ཆུབ་སེམས་དཔའ་འདི་དག་ལ་ 4-1-476 ནི་གཞན་དོན་སྒྲུབ་པའི་སྡུག་བསྔལ་ཡང་བརྩེ་བས་བསྐྱེད་པའི་དབང་གིས་དོན་ཆེན་པོ་གྲུབ་ པོ་སྙམ་པའི་བདེ་བ་ཆེན་པོ་གཞལ་དུ་མེད་པར་འབྱུང་བའི་ཕྱིར་རོ། ། (ལྔ་པ་)ཁྱད་པར་ལ་བདུན་ཏེ་ཆགས་པ་{མེད་པ་}འགྲུབ་ཚུལ། སྙིང་རྗེའི་བྱམས་པ་ བསྔགས་པ། སྐྲག་པ་དགའ་བར་འགྱུར་ཚུལ། བདེ་གཞན་ཟིལ་གྱིས་གནོན་ཚུལ། བརྩེ་བས་ སྦྱིན་པའི་ཕན་ཡོན། སྡུག་བསྔལ་ཁས་ལེན་འགྲུབ་ཚུལ་གསུམ་དང༌། དེ་འབྲས་འཕེལ་ཚུལ་ ལོ། ། དང་པོ་ནི། སྙིང་རྗེས་ཟིན་པའི་བརྩེ་ལྡན་རྣམས། །ཞི་ལའང་ཡིད་ནི་མི་ གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་པར་འགྱུར་པ་ སྨོས་ཅི་དགོས། །འཇིག་རྟེན་པ་དང་ཉན་རང་རྣམས་ནི་སྲིད་ཞིའི་མཐའ་ལ་ཆགས་པ་དང་ བཅས་པ་ཡིན་པ་ལ་ཐབས་སྙིང་རྗེས་ཟིན་པའི་བརྩེ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ནི་ ཉན་རང་ལྟར་ཟག་མེད་ཞི་བ་མྱ་ངན་ལས་འདས་པའི་བདེ་བ་ལའང་ཡིད་ནི་མི་གནས་ཤིང་ ཆགས་པ་མེད་ན། ཟག་བཅས་འཇིག་རྟེན་པའི་བདེ་བ་སྙིང་པོ་མེད་པ་དང༌། རང་གི་སྲོག་མྱུར་ དུ་འཇིག་པའི་ཆོས་ཅན་ལ་ཆགས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མཐའ་གཉིས་ དང་བྲལ་བའི་ཡོན་ཏན་དང་ལྡན་པའོ། ། གཉིས་པ་ལ་སྤྱིར་བསྟན་པ་དང༌། ཁྱད་པར་གཉིས་ལས། དང་པོ་ནི། ཁ་ན་མ་ཐོ་ མེད་པའི་བྱམས་པ་གང༌། །དེ་ནི་ཡོད་མིན་འཇིག་རྟེན་པ་ཡང་ཡིན། །བློ་ ལྡན་རྣམས་ཀྱི་བརྩེ་བའི་བྱམས་པ་ནི། །ཁ་ན་མ་ཐོ་མེད་ཅིང་འཇིག་ རྟེན་འདས། །ཕ་མ་རང་གི་བུ་ཚ་ལ་སོགས་པ་ལ་བྱམས་པ་ལ་སོགས་པ་ནི་སྲེད་པའི་རང་ བཞིན་ཡིན་ཞིང་མི་དགེ་བ་ལའང་སྦྱོར་བས་ཁ་ན་མ་ཐོ་བ་མེད་པའི་བྱམས་པ་གང་ཡིན་པ་དེ་ ནི་དེ་དག་ལ་ཡོད་པ་མིན་ཞིང༌། ཚངས་པ་ལ་སོགས་པའི་བྱམས་པ་ནི་སྡིག་པ་དང་བྲལ་བས་ 4-1-477 ཁ་ན་མ་ཐོ་བ་མེད་ཀྱང་ཟག་པ་དང་བཅས་པས་འཇིག་རྟེན་པ་ཡང་ཡིན་ལ། བློ་ལྡན་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བརྩེ་བས་ཀུན་ནས་བསླངས་པའི་ བྱམས་པ་ནི་ཁ་ན་མ་ཐོ་བ་ཅུང་ཟད་ཀྱང་མེད་ཅིང་ཟག་མེད་འཇིག་རྟེན་ལས་འདས་པ་ཡང་ ཡིན་ནོ། ། ཁྱད་པར་ལའང་གཉིས་ལས། (དང་པོ་)ཁ་ན་མ་ཐོ་བ་མེད་ཚུལ་ནི། སྡུག་བསྔལ་ དབའ་རྒལ་ཆེ་དང་མི་ཤེས་པའི། །མུན་པ་ཆེ་ལ་བརྟེན་པར་གྱུར་པ་ཡི། ། འཇིག་རྟེན་འདྲེན་པའི་ཐབས་གང་ཡིན་པ་དེ། །ཇི་ལྟར་ཁ་ན་མ་ཐོ་ མེད་མི་འགྱུར། །འབྲས་བུ་སྡུག་བསྔལ་གྱི་ཆུ་བོ་བཞི་ལ་སོགས་པའི་དབའ་རྒལ་ཆེན་ པོས་ཡུན་རིང་དུ་ཁྱེར་བ་དང༌། རྒྱུ་མི་ཤེས་པ་གཏི་མུག་གི་མུན་པ་ཆེན་པོ་ལ་བརྟེན་པར་གྱུར་ པའི་འཇིག་རྟེན་པ་རྣམས་འཁོར་བ་ནས་འདྲེན་ཞིང་བྱང་ཆུབ་ལ་སྦྱོར་བའི་ཐབས་གང་ཡིན་ པའི་བྱམས་པ་དང་སྙིང་རྗེ་ཆེན་པོ་དེ་ཇི་ལྟར་ན་ཁ་ན་མ་ཐོ་མེད་པར་མི་འགྱུར་ཏེ། ཅིས་ཀྱང་ ཁ་ན་མ་ཐོ་བ་མེད་པར་འགྱུར་བས་སྐྱོན་ཐམས་ཅད་ལས་གྲོལ་བ་ཉིད་དོ། ། (གཉིས་པ་)འཇིག་རྟེན་ལས་འདས་པའི་ཁྱད་པར་ནི། འཇིག་རྟེན་བྱང་ཆུབ་རང་ སངས་རྒྱས་པ་ཡི། །དགྲ་བཅོམ་རྣམས་ལ་བྱམས་པ་དེ་མེད་ན། །དེ་ལས་ གཞན་ལྟ་སྨོས་ཀྱང་ཅི་དགོས་པ། །ཇི་ལྟར་འཇིག་རྟེན་འདས་པ་མ་ཡིན་ འགྱུར། །འཇིག་རྟེན་གྱི་ཁམས་ན་རང་རང་སོ་སོར་མངོན་པར་བྱང་ཆུབ་པ་རང་སངས་རྒྱས་ པའི་དགྲ་བཅོམ་པ་རྣམས་ལ་ཡང་བྱང་ཆུབ་སེམས་དཔའི་བྱམས་པ་དེ་ལྟ་བུ་མེད་ན། དེ་ལས་ གཞན་ཉན་ཐོས་པ་དང་འཇིག་རྟེན་པ་ལ་མེད་པ་ལྟ་སྨོས་ཀྱང་ཅི་དགོས་པས་བྱམས་པ་དང་ སྙིང་རྗེ་དེ་ཇི་ལྟར་ན་འཇིག་རྟེན་ལས་འདས་པ་མ་ཡིན་པར་འགྱུར་ཏེ་འཇིག་རྟེན་ལས་འདས་ པ་ཡིན་པ་ཉིད་དོ། ། 4-1-478 (གསུམ་པ་)སྐྲག་པ་དགའ་བར་འགྱུར་ཚུལ་ནི། བྱང་ཆུབ་སེམས་དཔའ་སྡུག་ བསྔལ་མེད། །བརྩེ་བས་སྡུག་བསྔལ་གྱུར་པ་གང༌། །དེ་ལ་དང་པོ་ཀུན་ ཏུ་སྐྲག །རེག་ནས་ཤིན་ཏུ་མངོན་པར་དགའ། །བྱང་ཆུབ་སེམས་དཔའ་རྣམས་ གཞན་གྱི་སྡུག་བསྔལ་མེད་པར་བྱ་བའི་ཕྱིར་ཐེག་ཆེན་གྱི་ལམ་དུ་ཞུགས་པ་ན་སྙིང་བརྩེ་བ་ ལ་བརྟེན་ནས་སྡུག་བསྔལ་སྐྱེ་བར་གྱུར་པ་གང་ཡིན་པ་དེ་ལ། དང་པོ་མོས་པ་སྤྱོད་པའི་ས་ལ་ གནས་པ་ན་བདག་གཞན་མཉམ་པ་ཉིད་དང་སྡུག་བསྔལ་གྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་ བཞིན་རྟོགས་པ་ལ་མ་རེག་པས་ཀུན་ཏུ་སྐྲག་པར་འགྱུར་ཞིང༌། ལྷག་བསམ་རྣམ་པར་དག་ པའི་ས་ལ་རེག་པ་ན་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཚུལ་གྱིས་བདག་གཞན་མཉམ་པ་ ཉིད་དུ་རྟོགས་ནས་དང་པོར་སྐྲག་པའི་གནས་དེ་ལ་ཕྱིས་ཤིན་ཏུ་མངོན་པར་དགའ་བ་འཕེལ་ བར་འགྱུར་རོ། ། (བཞི་པ་)བདེ་གཞན་ཟིལ་གྱིས་གནོན་ཚུལ་ནི། བརྩེ་བས་བསྐྱེད་པའི་སྡུག་ བསྔལ་འཇིག་རྟེན་གྱི། །བདེ་བ་ཐམས་ཅད་ཟིལ་གྱིས་གནོན་འགྱུར་ ཞིང༌། །དོན་བྱས་རྣམས་ཀྱང་དེ་དང་མི་ལྡན་གང༌། །དེ་ལས་ངོ་མཚར་ ཆེ་བ་ཅི་ཞིག་ཡོད། །བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ལ་བརྩེ་བས་བསྐྱེད་ པའི་དཀའ་སྤྱད་ཀྱི་སྡུག་བསྔལ་ཡང་དོན་ཆེན་པོ་གྲུབ་པོ་སྙམ་པའི་བདེ་བར་གྱུར་པ་དེས་ འཇིག་རྟེན་ཀྱི་ལྷ་དང་མིའི་བདེ་བ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་ཞིང༌། འཇིག་རྟེན་ ལས་འདས་པ་དགྲ་བཅོམ་པ་དོན་བྱས་པ་རྣམས་ཀྱང་བདེ་བ་དེ་ལྟ་བུ་དང་མི་ལྡན་ན། གཞན་ ཕལ་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་པ་གང་ཡིན་པ་དེ་ལས་ངོ་མཚར་ཆེ་བ་ཅི་ཞིག་ཡོད་དེ་ མེད་པ་ཉིད་དོ། ། (ལྔ་པ་)བརྩེ་བས་སྦྱིན་པའི་ཕན་ཡོན་ནི། བརྟན་པའི་བརྩེ་དང་ལྡན་པའི་སྦྱིན་ 4-1-479 པ་ཡིས། །སྦྱིན་པའི་བདེ་བ་བྱེད་པ་གང་ཡིན་པ། །དེ་ལ་ཁམས་གསུམ་ ཉེ་བར་སྤྱད་རྣམས་ཀྱིས། །བདེ་བ་དེ་ཡིས་ཆར་ཡང་མི་ཕོད་དོ། །བརྟན་པ་ བྱང་ཆུབ་སེམས་དཔའ་སློང་མོ་བ་ལ་བརྩེ་བ་དང་ལྡན་པའི་སྒོ་ནས་གང་ལ་ཅི་འདོད་པ་ཐམས་ ཅད་སྦྱིན་པ་ཡིས་གཞན་རྣམས་ཚིམ་པར་གྱུར་པ་ན། བདག་ཉིད་སྦྱིན་པ་གྲུབ་པའི་དགའ་ བས་བདེ་བར་བྱེད་པ་གང་ཡིན་པ་དེ་ལ་ཁམས་གསུམ་གྱི་ལྷ་དང་མིའི་བདེ་བ་ལ་ཉེ་བར་སྤྱད་ པ་རྣམས་ཀྱིས་བདེ་བར་བྱས་པ་གང་ཡིན་པ་དེ་ཡིས་བརྒྱ་དང་སྟོང་དང་བྱེ་བ་ལ་སོགས་པའི་ ཆར་ཡང་མི་ཕོད་དོ། ། (དྲུག་པ་)སྡུག་བསྔལ་ཁས་ལེན་འགྲུབ་ཚུལ་ནི། སེམས་ཅན་དོན་ཕྱིར་བརྩེ་བས་ སྡུག་བསྔལ་གྱི། །རང་བཞིན་འཁོར་བ་གང་ཡིན་མི་གཏོང་ན། །སྙིང་རྗེ་ ཅན་རྣམས་གཞན་ལ་ཕན་པའི་ཕྱིར། །སྡུག་བསྔལ་ཅི་སྟེ་ཁས་ལེན་བྱེད་ མི་འགྱུར། །སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པའི་ཕྱིར་སྙིང་བརྩེ་བས་སྡུག་བསྔལ་ གྱི་རང་བཞིན་ཅན་གྱི་འཁོར་བ་གང་ཡིན་པ་དེ་མི་གཏོང་ཞིང༌། དེར་སྐྱེ་བ་ལེན་པ་ཡིན་ན་ བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན་རྣམས་སེམས་ཅན་གཞན་ལ་ཕན་པའི་དོན་གྱི་ཕྱིར་དཀའ་ སྤྱད་ཀྱི་སྡུག་བསྔལ་ཅི་སྟེ་ཁས་ལེན་བྱེད་མི་འགྱུར་ཏེ་ཅིས་ཀྱང་ཁས་ལེན་པར་འགྱུར་རོ། ། འགྲེལ་པར་ཡང་སྡུག་བསྔལ་ཐམས་ཅད་ནི་འཁོར་བའི་སྡུག་བསྔལ་གྱི་ཁོངས་སུ་གཏོགས་ ཏེ། (འཁོར་བ་)དེ་ཁས་བླངས་པས་སྡུག་བསྔལ་ཐམས་ཅད་ཁས་བླངས་པར་འགྱུར་རོ་ཞེས་ གསུངས་པ་ལྟར་རོ། ། (བདུན་པ་)གསུམ་དང་དེ་འབྲས་འཕེལ་ཚུལ་ནི། བརྩེ་དང་ལྡན་པའི་སྙིང་རྗེ་སྦྱིན་ པ་དང༌། །ལོངས་སྤྱོད་དང་ནི་དེ་ལས་བྱམས་པ་དང༌། །རྗེས་སུ་བཟུང་ བས་བསྐྱེད་དང་དེ་ཡི་མཐུས། །བྱས་པའི་བདེ་བ་རྟག་ཏུ་འཕེལ་བར་ 4-1-480 འགྱུར། །བརྩེ་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཚེ་རབས་ཐམས་ཅད་དུ་ ཆོས་གསུམ་འཕེལ་བར་འགྱུར་ཏེ། སྙིང་རྗེ་གོམས་པར་བྱས་པ་ལས་སྙིང་རྗེ་གོང་ནས་གོང་དུ་ འཕེལ་བ་དང་སྙིང་རྗེའི་དབང་གིས་སྦྱིན་པ་རྒྱ་ཆེན་པོ་འཕེལ་བ་དང༌། སྦྱིན་པའི་དབང་གིས་ ལོངས་སྤྱོད་ཕུན་སུམ་ཚོགས་པ་འཕེལ་བ་དང་ནི་བཅས་པ་རྣམས་སོ། །རྒྱུ་གསུམ་པོ་དེ་རྣམས་ ལས་འབྲས་བུ་བདེ་བ་རྣམ་པ་གསུམ་འཕེལ་བ་འབྱུང་སྟེ། སྡུག་བསྔལ་དང་བྲལ་བར་འདོད་ པའི་སྙིང་རྗེ་ལས་བདེ་བ་དང་ལྡན་པར་འདོད་པའི་བྱམས་པ་འབྱུང་ཞིང༌། བྱམས་པས་གཞན་ ལ་ཕན་ཐོགས་པས་བསྐྱེད་པའི་བདེ་བ་འཕེལ་བ་དང༌། སྦྱིན་པ་ལས་སེམས་ཅན་རྗེས་སུ་ བཟུང་བས་བསྐྱེད་པའི་བདེ་བ་འཕེལ་བ་དང༌། ལོངས་སྤྱོད་ལས་སེམས་ཅན་རྗེས་བུ་འཛིན་ པ་དེའི་མཐུ་ཡོད་པས་བྱས་པའི་བདེ་བ་རྟག་ཏུ་འཕེལ་བར་འགྱུར་བའོ། ། (སྤྱིའི་ལྔ་པ་)གདམས་པ་ལ་དྲུག་སྟེ། སྦྱིན་པ་ལ་སྤྲོ་བར་བྱ་བ། གཞན་བདེ་བས་བདེ་བར་ བྱ་བ། བརྩེ་བས་སྦྱིན་པ་ལ་གདམས་པ། སྙིང་རྗེ་ལས་སྦྱིན་པའི་བསྔགས་པ། དགའ་བ་ལ་ཉེ་ བར་སྤྱོད་ཚུལ། ཕ་རོལ་ཏུ་ཕྱིན་པ་བསྒྲུབ་ཚུལ་ལོ། ། དང་པོ་ནི། སྙིང་རྗེས་རྒྱས་པར་བྱ་ཞིང་འཕེལ་བར་བྱ། །སྦྱིན་པས་ ཡོངས་སྨིན་བྱ་ཞིང་བདེ་བར་བྱ། །ཀུན་ཏུ་དྲང་བར་བྱ་ཞིང་བཀྲི་བྱ་ཞེས། ། ཞན་པ་རྣམས་ལ་རབ་ཏུ་སྨྲ་དང་འདྲ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྔར་ བཤད་པ་ལྟར་ཡོན་ཏན་དྲུག་དང་ལྡན་པའི་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་རྒྱས་པར་བྱ་ཞིང༌། སྙིང་རྗེའི་སྦྱིན་པ་ལ་བརྟེན་ནས་ལོངས་སྤྱོད་དང་དེ་ལས་ཀྱང་སྦྱིན་པ་ལ་སོགས་པའི་ཡོན་ཏན་ གོང་ནས་གོང་དུ་འཕེལ་བར་བྱ་བ་དང༌། སྦྱིན་པས་སེམས་ཅན་རྣམས་དགེ་བ་ལ་སྦྱར་ནས་ ཡོངས་སུ་སྨིན་པར་བྱ་ཞིང་བདག་ཉིད་ཀྱང་སྦྱིན་པ་གྲུབ་པའི་དགའ་བ་དང་བདེ་བ་བསྐྱེད་ པར་བྱ་བ་དང༌། གདུལ་བྱ་རྣམས་རྒྱུ་ཚོགས་གཉིས་ཀྱི་དགེ་བ་ལ་ཀུན་ཏུ་དྲང་བར་བྱ་ཞིང༌། 4-1-481 འབྲས་བུ་བྱང་ཆུབ་ཆེན་པོ་དང་ཉེ་བར་བཀྲི་བ་སྟེ་ཁྲིད་པར་བྱས་ནས་དེའི་གོ་འཕང་ལ་དགོད་ པར་བྱའོ། །ཞེས་སྦྱིན་པ་ཞན་པ་རྣམས་ལ་གདམས་ངག་རབ་ཏུ་སྨྲ་བ་དང་འདྲ་བའི་སྒོ་ནས་སྤྲོ་ བ་བསྐྱེད་པར་བྱའོ། ། (གཉིས་པ་)བདེ་བར་བྱ་བ་ནི། སྙིང་རྗེས་སྡུག་བསྔལ་དག་གིས་སྡུག་བསྔལ་ ལ། །བདེ་མ་བསྐྱེད་པར་གང་གིས་བདེ་བར་འགྱུར། །དེ་ཕྱིར་བརྩེ་དང་ ལྡན་པས་གཞན་བདེ་བ། །བསྐྱེད་ནས་བདག་ཉིད་བདེ་བར་བྱེད་པ་ ཡིན། །བྱང་ཆུབ་སེམས་དཔའ་རྣམས་གཞན་སྡུག་བསྔལ་བ་མཐོང་བ་ན་སྙིང་རྗེའི་ཤུགས་ ཀྱིས་བདག་ཉིད་སྡུག་བསྔལ་བར་གྱུར་པ་དག་གིས་གཞན་དོན་སྒྲུབ་པའི་སྡུག་བསྔལ་དང་དུ་ བླང་བར་བྱས་ཏེ། ཐོག་མར་སེམས་ཅན་གཞན་ལ་བདེ་བ་མ་བསྐྱེད་པར་རྒྱུ་གཞན་གང་གིས་ བདག་ཉིད་བདེ་བར་འགྱུར་ཏེ་མི་འགྱུར་རོ། །དེའི་ཕྱིར་བརྩེ་བ་དང་ལྡན་པ་རྣམས་ནི་དང་ པོར་གཞན་དག་གི་རྒྱུད་ལ་དགེ་བ་དང་བདེ་བ་བསྐྱེད་ནས་གཞན་ལ་ཕན་པ་གྲུབ་པའི་རྒྱུ་དེ་ ཉིད་ཀྱིས་བདག་ཉིད་དགའ་བ་དང་བདེ་བ་མྱོང་བར་བྱེད་པ་ཡིན་ནོ། ། (གསུམ་པ་)གདམས་པ་ལ་ལྔ་སྟེ་རང་བདེ་ལ་ལྟོས་པ་མེད་ཚུལ། གཞན་བདེ་བས་འབྲས་བུ་ འགྲུབ་ཚུལ། མི་འདོད་ཀྱང་ལོངས་སྤྱོད་འབྱུང་ཚུལ། རྣམ་སྨིན་ལ་རེ་བ་མེད་ཚུལ། འབྲས་བུ་ རྣམས་གཞན་ལ་གཏོང་ཚུལ་ལོ། ། དང་པོ་ནི། སྙིང་རྗེ་ཅན་ནི་རྟག་ཏུ་རང་སྦྱིན་ལ། །སྟོན་དང་འདྲ་སྟེ་རང་ བདེ་མི་འདོད་པ། །ལོངས་སྤྱོད་རྣམས་ཀྱིས་གཞན་དག་བདེ་བར་གྱིས། ། ཡང་ན་ཐ་དད་མིན་བདེ་བདག་ལའང་མིན། །སྙིང་རྗེ་ཅན་ནི་རྟག་ཏུ་རང་གི་ སྦྱིན་པ་ལ་དཔེར་ན་སློབ་དཔོན་གྱིས་རང་གི་སློབ་མ་ལ་གདམས་ངག་སྟོན་པ་དང་འདྲ་བར་ འདི་ལྟར་སྟོན་ཏེ། རང་གི་བདེ་བ་ལ་ལྟོས་པ་མེད་ཅིང་མི་འདོད་པའི་སྒོ་ནས་སྦྱིན་པའི་རྣམ་ 4-1-482 སྨིན་གྱི་འབྲས་བུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྣམས་ཀྱིས་སེམས་ཅན་གཞན་དག་དགའ་ བ་དང་བདེ་བ་འཕེལ་བར་གྱིས་ཤིག ཡང་ན་སྟེ་དེ་ལྟར་བྱེད་པ་མིན་ན་སྙིང་རྗེ་ཅན་གཞན་ ལ་བདེ་བ་མེད་ན་བདག་ལ་བདེ་བ་མེད་ཅིང༌། གཞན་བདེ་བར་གྱུར་པ་ལས་བདག་ཀྱང་བདེ་ བར་འགྱུར་བའི་བདེ་བ་བདག་གཞན་ཐ་དད་མིན་པའི་བདེ་བ་དེས་བདག་ལའང་བདེ་བ་ མིན་པར་གྱིས་ཤིག་ཅེས་པ་སྟེ། མདོར་ན་སྙིང་རྗེ་སློབ་དཔོན་དང་འདྲ་བས་སྦྱིན་པ་སློབ་མ་ འདྲ་བ་ལ་ལོངས་སྤྱོད་གཞན་དག་ལ་གཏོང་བས་དོན་ཡོད་པར་གྱིས་ཤིག་ཅེས་རྗེས་སུ་སྟོན་ པ་ལྟ་བུའོ། ། (གཉིས་པ་)འབྲས་བུ་འགྲུབ་ཚུལ་ནི། དེ་བདེས་བདེ་བ་བདག་གིས་སྦྱིན་པ་ནི། ། འབྲས་དང་བཅས་ཏེ་སེམས་ཅན་རྣམས་ལ་བྱིན། །གལ་ཏེ་ཁྱོད་ཀྱིས་ བདག་ལ་བྱ་བ་ཡོད། །དེ་དག་ཉིད་ལ་ཤིན་ཏུ་འབྲས་ཡོད་བྱོས། །སེམས་ ཅན་དེ་རྣམས་བདེ་བས་བདེ་བར་འགྱུར་བ་བདག་གིས་གང་ལ་ཅི་འདོད་པ་སྦྱིན་པ་ནི་དེའི་ འབྲས་བུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་བཅས་ཏེ་སེམས་ཅན་རྣམས་ལ་བྱིན་ཅིག གལ་ཏེ་སྦྱིན་པ་ཁྱོད་ཀྱིས་བདག་ལ་འབྲས་བུ་འགྲུབ་པའི་བྱ་བ་ཞིག་ཡོད་ན་ཇི་སྙེད་ཡོད་པ་དེ་ སེམས་ཅན་དེ་དག་ཉིད་ལ་ཤིན་ཏུ་འབྲས་བུར་ཡོད་པར་བྱོས་ཤིག་དང༌། དེ་ལྟར་ན་རང་གི་ འདོད་པའི་འབྲས་བུའང་འགྲུབ་པ་ཉིད་དོ། །ཞེས་བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེས་ སྦྱིན་པ་རྗེས་སུ་སྟོན་པའོ། ། (གསུམ་པ་)ལོངས་སྤྱོད་འབྱུང་ཚུལ་ནི། སྦྱིན་པ་པོ་ནི་ལོངས་སྤྱོད་མི་འདོད་པ། ། ལོངས་སྤྱོད་ཤིན་ཏུ་མང་ལ་བཟང་དང་ཕྲད། །བདག་ནི་བདེ་དེ་འདོད་ པ་མ་ཡིན་ཏེ། །འདི་ལྟར་བདག་ནི་སྦྱིན་པ་བརྒྱུད་དང་ལྡན། །སྦྱིན་པ་པོ་ དེ་ནི་ལོངས་སྤྱོད་ལ་རྒྱབ་ཀྱིས་ཕྱོགས་པའི་སྒོ་ནས་མི་འདོད་པ་ཡིན་ཡང༌། མི་འདོད་པ་དེ་ 4-1-483 ཉིད་བསམ་པ་རྒྱ་ཆེ་བའི་ཕྱིར་འབྲས་བུ་ལོངས་སྤྱོད་ཤིན་ཏུ་མང་ལ་བཟང་བ་དང་ཕྲད་པ་དེ་ ནི་ཆོས་ཉིད་ཡིན་ནོ། །དེ་ལྟ་ན་ཡང་སྙིང་རྗེ་ཅན་བདག་ནི་ལོངས་སྤྱོད་ལ་བརྟེན་པའི་བདེ་བ་ དེ་འདོད་པ་མ་ཡིན་ཏེ། འདི་ལྟར་བདག་ནི་ལོངས་སྤྱོད་བྱུང་ཡང་ཆགས་པ་མེད་པར་སྦྱིན་པ་ བརྒྱུད་མར་རྒྱུན་མི་འཆད་པ་དང་ལྡན་པར་གཏོང་བ་ལས་ཤེས་པར་བྱའོ། ། (བཞི་པ་)རེ་བ་མེད་ཚུལ་ནི། བདག་ནི་རྟག་ཏུ་བརྩེ་བའི་བདོག་པ་ཀུན། ། ཡོངས་སུ་གཏོང་བ་གང་ཡིན་དེ་ལྟོས་ལ། །དེས་ན་ཁྱོད་ཀྱིས་བདག་ ནི་དེ་འབྲས་ལ། །དོན་གཉེར་མེད་པ་ཉིད་དུ་ཤེས་པར་བྱ། །བྱང་ཆུབ་སེམས་ དཔའ་བདག་ནི་དུས་རྟག་ཏུ་སེམས་ཅན་ལ་བརྩེ་བའི་སྒོ་ནས་ལོངས་སྤྱོད་ཀྱི་དངོས་པོ་བདོག་ པ་ཀུན་ཆགས་པ་མེད་པར་ཡོངས་སུ་གཏོང་བ་གང་ཡིན་པ་དེ་ལྟོས་ལ་རྒྱུ་མཚན་དེས་ན། སྦྱིན་ པ་ཁྱོད་ཀྱིས་སྙིང་རྗེ་ཅན་བདག་ནི་སྦྱིན་པ་དེའི་རྣམ་པར་སྨིན་པའི་འབྲས་བུ་ལོངས་སྤྱོད་ཀྱི་ བདེ་བ་ལ་རེ་བའམ་དོན་གཉེར་མེད་པ་ཉིད་དུ་ཤེས་པར་བྱའོ་ཞེས་ཀྱང་རྗེས་སུ་སྟོན་པའོ། ། (ལྔ་པ་)འབྲས་བུ་གཏོང་ཚུལ་ནི། གལ་ཏེ་ཁྱོད་འབྲས་ཐོབ་པ་མི་གཏོང་ན། ། སྦྱིན་ལ་མངོན་དགའ་ཡིན་པར་མི་འགྱུར་ཏེ། །འདི་ལྟར་སྐད་ཅིག་ཙམ་ ཡང་སྦྱིན་མེད་ན། །སྦྱིན་ལ་མངོན་པར་དགའ་བ་ཉིད་མ་ཡིན། །གལ་ཏེ་ སྦྱིན་པ་ཁྱོད་ཀྱི་འབྲས་བུ་ལོངས་སྤྱོད་ཐོབ་པ་གཞན་ལ་མི་གཏོང་ན། བདག་ཉིད་སྦྱིན་པ་ལ་ མངོན་པར་དགའ་བ་ཡིན་པར་མི་འགྱུར་ཏེ། འདི་ལྟར་དུས་སྐད་ཅིག་ཙམ་ཡང་རྫས་འགའ་ ཞིག་སྦྱིན་པར་བྱེད་པའི་བློ་མེད་ན་སྦྱིན་པ་ལ་མངོན་པར་དགའ་པ་ཉིད་མ་ཡིན་པའི་ཕྱིར་ རོ། །མ་བྱས་པ་ལ་འབྲས་བུ་མི་འབྱིན་ཏེ། །འདི་ལྟར་ལན་ལྟས་བདག་ གི་ཆ་མ་ཡིན། །ཁྱོད་ཀྱི་ལན་ལ་ལྟ་དང་བྲལ་བས་ན། །འབྲས་བུ་ཤིན་ཏུ་ གཞན་ལ་གཏོང་བ་ཡིན། །ས་བོན་མ་བཏབ་ན་མྱུ་གུ་མི་འབྱུང་བ་བཞིན་དུ་རྒྱུ་སྦྱིན་པ་ 4-1-484 མ་བྱས་པར་འབྲས་བུ་ལོངས་སྤྱོད་མི་འབྱིན་ཏེ། རྒྱུ་དང་མཐུན་པར་འབྲས་བུ་འབྱུང་ན་ཡང་ འདི་ལྟར་ལན་ལ་ལྟས་ནས་སྦྱིན་པ་གཏོང་བ་ནི་སྙིང་རྗེ་ཅན་བདག་གི་བྱ་བའི་ཆ་མ་ཡིན་ཞིང༌། སྦྱིན་པ་ཁྱོད་ཀྱི་ལན་ལ་ལྟ་བ་དང་བྲལ་བས་ན་སྦྱིན་པའི་འབྲས་བུ་ཕུན་སུམ་ཚོགས་པ་ཐམས་ ཅད་ཤིན་ཏུ་ཡང་སེམས་ཅན་གཞན་ལ་གཏོང་བ་ཡིན་ནོ་ཞེས་ཀྱང་རྗེས་སུ་སྟོན་པའོ། ། (སྤྱིའི་བཞི་པ་)སྙིང་རྗེས་སྦྱིན་པའི་བསྔགས་པ་ནི། རྒྱལ་སྲས་རྣམས་ཀྱི་བརྩེ་བས་ སྦྱིན་པ་ནི། །ཁ་ན་མ་ཐོ་མེད་ཅིང་དག་པའི་གཞི། །བདེ་བ་འདྲེན་པར་ བྱེད་པ་ཉིད་དང་ནི། །རྗེས་སུ་བསྲུང་བཅས་ཚོལ་མེད་གསོ་པ་མེད། །རྒྱལ་ སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩེ་བས་ཀུན་ནས་བསླངས་པའི་སྦྱིན་པ་ནི་ཆོས་དྲུག་ དང་ལྡན་པ་སྟེ། འཕྲོག་པ་དང་རྐུ་བ་ལ་སོགས་པས་གཞན་ལ་གནོད་པ་སྤངས་པས་ཁ་ན་མ་ ཐོ་བ་མེད་ཅིང་སྡིག་པ་དང་མ་འདྲེས་པ་དང༌། དུག་དང་མཚོན་ཆ་དང་བསད་པའི་ཤ་དང་མྱོས་ པར་འགྱུར་བའི་ཆང་དང་བུད་མེད་སྦྱིན་པ་ལ་སོགས་པ་མ་དག་པའི་སྦྱིན་པ་རྣམས་སྤངས་ཏེ། དཀར་གསུམ་མངར་གསུམ་ལ་སོགས་པ་འཚོ་བ་རྣམ་པར་དག་པའི་གཞི་ལ་བརྟེན་པ་དང༌། སྦྱིན་པས་བསྡུས་ཏེ་དགེ་བ་ལ་སྦྱར་ནས་མཐོ་རིས་དང་ཐར་པའི་བདེ་བ་འདྲེན་པར་བྱེད་པ་ ཉིད་དང་ནི། འཁོར་གྱི་སྐྱེ་བོ་ལ་མི་གནོད་པར་དེ་དག་གི་སེམས་རྗེས་སུ་བསྲུང་བ་དང་བཅས་ པ་དང༌། མི་སློང་ཡང་དོན་དུ་གཉེར་བའམ་ཕོངས་པར་རིག་ནས་སྦྱིན་པའི་གནས་ཉེ་རིང་ལ་ སོགས་པས་ཚོལ་བའམ་འདམ་པ་མེད་པར་སྦྱིན་པ་དང༌། ཚེ་འདིར་ལན་དང་ཕྱི་མའི་རྣམ་ པར་སྨིན་པ་ལ་རེ་བའི་དྲི་མས་གོས་པ་མེད་པར་སྦྱིན་པའོ། དེ་བཞིན་དུ་གཞན་ཡང༌། རྒྱལ་སྲས་རྣམས་ཀྱི་བརྩེ་བས་སྦྱིན་པ་ནི། ། མཐའ་དག་རྒྱ་ཆེན་གཙོ་དང་རྟག་པ་དང༌། །དགའ་དང་ཟང་ཟིང་མེད་ དང་དག་པ་དང༌། །བྱང་ཆུབ་ལ་གཞོལ་དགེ་ལ་གཞོལ་བ་ཡིན། །རྒྱལ་ 4-1-485 སྲས་རྣམས་ཀྱི་བརྩེ་བས་ཀུན་ནས་བསླང་བའི་སྦྱིན་པ་ནི་ཆོས་དགུ་དང་ཡང་ལྡན་པ་སྟེ། ནང་ དང་ཕྱིའི་དངོས་པོ་མཐའ་དག་སྦྱིན་པ་དང༌། དངོས་པོ་དེའང་མང་ཞིང་རྒྱ་ཆེ་བ་སྦྱིན་པ་དང༌། དེ་རྣམས་ཀྱི་ནང་ནས་ཀྱང་གྱ་ནོམ་པ་གཙོ་བོར་གྱུར་པ་སྦྱིན་པ་དང༌། དེའང་ཡང་དང་ཡང་དུ་ རྟག་པར་རྒྱུན་མི་འཆད་པར་སྦྱིན་པ་དང༌། གཉེན་པོས་སོ་སོར་མ་བརྟགས་པར་ཡང་དགའ་ ཞིང་སྤྲོ་བས་སྦྱིན་པ་དང༌། སྔར་བཤད་པ་ལྟར་ལན་དང་རྣམ་པར་སྨིན་པ་ལ་རེ་བས་མ་གོས་ པར་ཟང་ཟིང་མེད་པའི་སྦྱིན་པ་དང༌། མ་དག་པའི་སྦྱིན་པ་སྤངས་ཏེ་དག་པའི་སྦྱིན་པ་དང༌། སྲིད་ཞིའི་མཐའ་ལ་མ་ཆགས་པར་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་དེའི་གོ་འཕང་ལ་ གཞོལ་པ་དང༌། མཐོ་རིས་དང་ཐར་བའི་བདེ་བ་སྐྱེད་པར་བྱེད་པས་དགེ་བ་ལ་གཞོལ་བ་ཡང་ ཡིན་ནོ། ། (ལྔ་པ་)དགའ་བ་ལ་ཉེ་བར་སྤྱོད་ཚུལ་ནི། ཇི་ལྟར་བདེ་བ་གསུམ་གྱིས་ཚིམ་ པའི་ཡིད། །བརྩེ་ལྡན་ཡོངས་སུ་གཏོང་བས་དགའ་འགྱུར་བ། །ལོངས་ སྤྱོད་ཅན་དག་ཉེ་བར་སྤྱད་པ་ཡིས། །དེ་ལྟར་དགའ་བར་འགྱུར་བ་མ་ ཡིན་ནོ། །ཇི་ལྟར་ན་ལོངས་སྤྱོད་རྣམས་སྦྱིན་པར་ཐོངས་པའི་དགའ་བ་དང༌། དེས་གཞན་ ཡོངས་སུ་བཟུང་ནས་ཕན་ཐོགས་པའི་དགའ་བ་དང༌། དེ་དག་ལ་བརྟེན་ནས་བྱང་ཆུབ་ཆེན་ པོའི་ཚོགས་རྫོགས་པའི་དགའ་བ་སྟེ། དགའ་ཞིང་བདེ་བ་གསུམ་གྱིས་ཚིམ་པའི་ཡིད་ཅན་ གྱི་བརྩེ་ལྡན་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པ་ཡོངས་སུ་གཏོང་བས་དགའ་བར་འགྱུར་ བ་དེ་ལྟར་སྦྱིན་པས་ཚིམ་པར་བྱས་པ་ལ་སོགས་པའི་ལོངས་སྤྱོད་ཅན་དག་འདོད་ཡོན་ལ་ ཉེ་བར་སྤྱད་པ་ཡིས་དེ་ལྟར་དགའ་བར་འགྱུར་བ་མ་ཡིན་ཏེ། འདོད་ལྡན་རྣམས་ལོངས་ སྤྱོད་ཀྱིས་ཚིམ་པའི་བདེ་བ་ལས། བརྩེ་ལྡན་རྣམས་སྦྱིན་པ་རྫོགས་པའི་བདེ་བ་ཁྱད་པར་དུ་ འཕགས་པ་ཡིན་ནོ། ། 4-1-486 (དྲུག་པ་)ཕ་རོལ་ཏུ་ཕྱིན་པ་བསྒྲུབ་ཚུལ་ནི། བཀྲེན་ལ་བརྩེ་དང་མ་རུངས་པ་ལ་ བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་ དབང་ཅན་ལ་སྙིང་རྗེ་དང༌། །ལོག་པར་མངོན་པར་ཞེན་ལ་སྙིང་རྗེའོ། ། བྱང་ཆུབ་སེམས་དཔའ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་ལ་སྤྱོད་པའི་ སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། མི་མཐུན་ཕྱོགས་ལས་བཟློག་ནས་དེ་དག་ གི་རྒྱུད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་པར་སྒྲུབ་པ་སྟེ། དེ་ཡང་བཀྲེན་པ་སེར་སྣ་ཅན་རྣམས་ ལ་བརྩེ་བས་དེ་ལས་བཟློག་ནས་སྦྱིན་པ་ལ་འགོད་པ་དང༌། མ་རུངས་པ་ཚུལ་ཁྲིམས་འཆལ་ པ་གཞན་ལ་གནོད་པ་རྣམས་ལ་བརྩེ་བས་དེ་ལས་བཟློག་ནས་ཚུལ་ཁྲིམས་ལ་འགོད་པ་དང༌། སེམས་ཀུན་ཏུ་འཁྲུགས་པ་ཁོང་ཁྲོ་ཅན་རྣམས་ལ་བརྩེ་བས་དེ་ལས་བཟློག་ནས་བཟོད་པ་ ལ་འགོད་པ་དང༌། སྒོ་གསུམ་གྱི་སྤྱོད་པ་བག་མེད་པ་ལེ་ལོ་ཅན་རྣམས་ལ་བརྩེ་བས་དེ་ལས་ བཟློག་ནས་བརྩོན་འགྲུས་ལ་འགོད་པ་དང༌། ཡུལ་གྱི་གཞན་དབང་ཅན་འདོད་པ་ལ་སེམས་ རྣམ་པར་གཡེང་བ་རྣམས་ལ་སྙིང་རྗེ་བས་དེ་ལས་བཟློག་ནས་བསམ་གཏན་ལ་འགོད་པ་ དང༌། ལོག་པར་མངོན་པར་ཞེན་པ་མུ་སྟེགས་ཅན་ལ་སོགས་པ་ཤེས་རབ་འཆལ་བ་རྣམས་ལ་ སྙིང་རྗེ་བས་དེ་ལས་བཟློག་ནས་ཤེས་རབ་རྣམ་པར་དག་པ་ལ་འགོད་པའོ། ། (སྤྱིའི་དྲུག་པ་)རྐྱེན་ལས་འགྲུབ་ཚུལ་ནི། བདེ་དང་སྡུག་བསྔལ་དེ་རྒྱུ་ལས། །བྱང་ ཆུབ་སེམས་དཔའི་སྙིང་རྗེ་སྟེ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། ། བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །དམིགས་པའི་རྐྱེན་ནི་བདེ་བའི་ཚོར་བ་སྐད་ ཅིག་གིས་འགྱུར་བའི་སྡུག་བསྔལ་དང་སྡུག་བསྔལ་གྱི་ཚོར་བ་སྡུག་བསྔལ་གྱི་སྡུག་བསྔལ་ དང༌། དེ་གཉིས་ཀྱི་རྒྱུ་བཏང་སྙོམས་ཀྱི་ཚོར་བ་ནི་བདེ་སྡུག་གི་གནས་ངན་ལེན་མ་སྤངས་ པས་དེ་དག་འདྲེན་པར་བྱེད་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། སྡུག་བསྔལ་གསུམ་ལ་སྤྱོད་པའི་ 4-1-487 སེམས་ཅན་རྣམས་ལ་དམིགས་ནས་བྱང་ཆུབ་སེམས་དཔའི་སྙིང་རྗེ་སྐྱེ་བ་སྟེ། རྒྱུའི་རྐྱེན་ནི་ ཀུན་གཞིའི་རྣམ་ཤེས་ལ་སྙིང་རྗེའི་ས་བོན་བག་ཆགས་ཡོད་པ་དང༌། བདག་རྐྱེན་ནི་གྲོགས་ ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་པ་དང༌། དེ་མ་ཐག་རྐྱེན་ནི་སྙིང་རྗེའི་རང་ བཞིན་གྱི་སེམས་སྔ་མ་འགགས་མ་ཐག་པ་ཡིན་པ་ལ། རྐྱེན་བཞི་པོ་དེ་རྣམས་ལས་བྱང་ཆུབ་ སེམས་དཔའི་སྙིང་རྗེ་ཆེན་པོ་སྐྱེ་བའོ། ། (བདུན་པ་)ཆེན་པོར་འགྱུར་ཚུལ་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི། ། མཉམ་པར་ཤེས་བྱ་དེ་བསམ་ཕྱིར། །སྒྲུབ་ཕྱིར་འདོད་ཆགས་བྲལ་ཕྱིར་ དང༌། །མི་དམིགས་ཕྱིར་དང་དག་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྙིང་རྗེ་དེ་ནི་ ཚོར་བ་སྡུག་བསྔལ་ཅན་ལ་འཇུག་གི་བདེ་བ་དང་བཏང་སྙོམས་ཅན་ལ་མི་འཇུག་པ་མ་ཡིན་ གྱི། གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བར་རིག་ནས་ཚོར་བ་གསུམ་ དང་ལྡན་པའི་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་འཇུག་པར་ཤེས་པར་བྱ་ཞིང༌། དེ་ ཡང་ཚིག་ཙམ་མ་ཡིན་གྱི་ལྷག་པའི་བསམ་པ་རྣམ་པར་དག་པས་སེམས་ཅན་ཐམས་ཅད་སྡུག་ བསྔལ་དང་བྲལ་བར་འདོད་པའི་ཕྱིར་དང༌། དེ་ཡང་བསམ་པ་ཙམ་མ་ཡིན་གྱི་སྒྲུབ་པའི་སྒོ་ ནས་དེ་དག་སྡུག་བསྔལ་གང་ཡོད་པ་ལས་སྐྱོབ་པའི་ཕྱིར་དང༌། དེ་ཡང་མི་མཐུན་ཕྱོགས་རྣམ་ པར་འཚེ་བ་མཐའ་དག་སྤངས་པས་འདོད་ཆགས་དང་བྲལ་བའི་ཕྱིར་དང༌། དེ་ཡང་བདག་ དང་གཞན་དང་སྙིང་རྗེ་སྟེ་འཁོར་གསུམ་དུ་རྣམ་པར་མི་རྟོག་པས་མི་དམིགས་པའི་ཕྱིར་དང༌། ཁྱད་པར་ས་བརྒྱད་པ་ཡན་ཆད་དུ་མི་སྐྱེ་བའི་བཟོད་པ་ཐོབ་པས་འབད་རྩོལ་མེད་ཅིང་རྣམ་ པར་དག་པའི་ཕྱིར་རོ་ཞེས་པ་སྟེ། ཁྱད་པར་དྲུག་དང་ལྡན་པའི་སྒོ་ནས་འཇིག་རྟེན་པ་དང་ ཉན་རང་ལས་ཆེན་པོའམ་མཆོག་ཏུ་གྱུར་པའོ། ། (དགུ་པ་)མཆོག་ཏུ་འགྱུར་ཚུལ་ནི། རང་གི་སེམས་ཀྱིས་བྱམས་ལ་སགོས། ། 4-1-488 སྒོམ་པ་ཆོས་ལ་མསོ་པ་དང༌། །བསམ་དང་དབང་འབྱོར་ཉིད་དང་ནི། ། རྣམ་པར་མི་རྟོག་གཅིག་ཕྱིར་མཆོག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་ སེམས་ཀྱིས་བྱམས་པ་ལ་སོགས་པ་སྒོམ་པ་ནི་སྔར་བཤད་པ་ལྟར་བྱམས་སོགས་དང་ལྡན་ པའི་ཆོས་ལ་མོས་པ་དང༌། རོ་མྱང་བ་ལ་སོགས་པའི་བསམ་པ་དང་ནམ་མཁའ་མཛོད་ལ་ སོགས་པའི་ཏིང་ངེ་འཛིན་ལ་དབང་འབྱོར་བ་ཉིད་དང་ནི་འཁོར་གསུམ་དུ་རྣམ་པར་མི་རྟོག་ པའི་ཐབས་ཀྱིས་བཟུང་བ་དང༌། ས་བརྒྱད་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ཀུན་དང་ དོན་གཅིག་ལ་འཇུག་པའི་ཕྱིར་གཞན་ལས་མཆོག་ཏུ་གྱུར་པའོ། ། [གསུམ་{གཉིས་}ཀའི་ཆེ་བས་དོན་བསྡུ་ནི། དེ་ལྟར་བཅོམ་ལྡན་འདས་ལ་ དང་བ་རབ་སྐྱེས་ཤིང༌། །རྫས་དང་བཀུར་བསྟི་ཆེན་པོས་ཤིན་ཏུ་རྒྱུན་ མཆོད་ལྡན། །ཡོན་ཏན་མང་ལྡན་ཕན་བྱེད་བཤེས་ལ་རྟག་བསྟེན་པ། ། འགྲོ་ལ་རྗེས་སུ་བརྩེ་བ་གྲུབ་པ་ཀུན་ཐོབ་འགྱུར། །གོང་དུ་བསྟན་པའི་ཚུལ་དེ་ ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དང་བའི་དད་པ་རབ་ཏུ་སྐྱེས་ཤིང༌། ན་བཟའ་ དང་ཞལ་ཟས་ལ་སོགས་པའི་རྫས་ལ་བརྟེན་པ་རྙེད་པའི་མཆོད་པ་དང༌། བཀའ་བཞིན་དུ་ ཉམས་སུ་ལེན་པ་བཀུར་བསྟི་སྒྲུབ་པ་ཆེན་པོས་ཤིན་ཏུ་རྒྱུན་མི་འཆད་པའི་མཆོད་པ་དང་ལྡན་ པ་དང༌། དུལ་ཞིང་ཞི་བ་ལ་སོགས་པའི་ཡོན་ཏན་མང་པོ་དང་ལྡན་ལ་སྙིང་རྗེས་གདུལ་བྱ་ལ་ ཕན་པ་བྱེད་པའི་དགེ་བའི་བཤེས་གཉེན་ལ་རྟག་ཏུ་བསྟེན་པ་དང༌། །{རགས་པས་ཡོན་ཏན་ འགྲུབ་ཚུལ}འགྲོ་བ་མཐའ་དག་ལ་རྗེས་སུ་བརྩེ་བའི་སྒོ་ནས་ཚད་མེད་པ་བཞི་རྟག་ཏུ་སྒོམ་པ་ རྣམས་ནི་རང་དང་གཞན་གྱི་དོན་ཐམས་ཅད་གྲུབ་པ་ཀུན་ཏུ་ཐོབ་པར་འགྱུར་རོ། །ཁྱད་པར་ དུ་བསོད་ནམས་འཕེལ་བའི་ལས་མཆོད་པ་དང་བསྟེན་པ་དང་ཚད་མེད་པའི་སྐབས་རྫོགས་ པར་བཤད་ཟིན་ཏོ།། ༈ །། 4-1-489 བསམས་པས་རིག་པར་བྱ་བའི་གཞི་ལ། རིག་བྱ་བྱང་ཆུབ་ཕྱོགས་མཐུན་དང༌། རིག་ པས་ཡོན་ཏན་འགྲུབ་ཚུལ་ལོ། ། དང་པོ་ལ་བྱང་སར་སྡོམ་ནི། ངོ་ཚ་བརྟན་དང་མི་སྐྱོ་དང༌། །དེ་བཞིན་བསྟན་བཅོས་འཇིག་ རྟེན་ཤེས། །ལེགས་པར་སྟོན་པར་བྱེད་པ་དང༌། །དེ་བཞིན་སོ་སོ་ཡང་དག་རིག །ཚོགས་ དང་བྱང་ཆུབ་ཕྱོགས་རྣམས་དང༌། །ཞི་གནས་ལྷག་མཐོང་ཐབས་མཁས་དང༌། །གཟུངས་ དང་སྨོན་ལམ་ཏིང་འཛིན་གསུམ། །ཆོས་ཀྱི་མདོ་ནི་རྣམ་བཞིར་ཤེས། །(༡༥)ཞེས་པ་རྣམས་ རེ་རེ་ཞིང་རིམ་པ་ལྟར་རྒྱས་པར་གསུངས་ལ། འགྲེལ་བཤད་དག་ལས་ཀྱང༌། ངོ་ཚ་ཤེས་པ་ ནས་བརྩམས་ཏེ་གང་ཟག་ལ་བདག་མེད་པའི་བར་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཕྱོགས་དང་ མཐུན་པའི་ཆོས་ཡིན་པར་རིག་པར་བྱའོ་ཞེས་བཤད་ཅིང༌། འདིར་ནི་དེ་དག་རྒྱས་པར་བཤད་ པ་དང་བསྡུས་ཏེ་བྱེད་ལས་བསྟན་པའོ། ། རྒྱས་བཤད་ལ་བཅོ་ལྔ་པོ་དེ་རྣམས་སྡེ་ཚན་གསུམ་དུ་བྱས་ཏེ། སྔོན་དུ་འགྲོ་བ། དོན་ དངོས་བསྟན་པ། དེའི་ཡན་ལག་གོ །དང་པོ་ལ་ངོ་ཚ་ཤེས་པ། བརྟན་པའི་ཁྱད་པར། སྐྱོ་བ་ མེད་པ། བསྟན་བཅོས་ཤེས་པ། འཇིག་རྟེན་ཤེས་པ། རྟོན་པའི་ཁྱད་པར། རིག་པའི་ཁྱད་ པར། ཚོགས་ཀྱི་རྣམ་དབྱེའོ། ། དང་པོ་ལ་མཚན་ཉིད་མདོར་བསྟན། ཁྱད་པར་རྒྱས་བཤད། མཆོག་ཏུ་འགྱུར་ཚུལ་ལོ། ། དང་པོ་ནི། ངོ་ཚ་མི་མཐུན་ཕྱོགས་སྤངས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ ལྡན། །ཁ་ན་མ་ཐོ་མེད་དམན་ཡུལ། །སེམས་ཅན་སྨིན་བྱེད་བརྟན་པའི་ ཡིན། །ཀུན་ལས་བཏུས་པར་(ལས་གསུངས་པའི་དོན་བླངས་པ་)། བདག་ཉིད་ལ་ལྟོས་ནས་ཁ་ན་ མ་ཐོ་བ་ལ་འཛེམ་པ་ངོ་ཚ་ཤེས་པ་དང༌། གཞན་ལ་ལྟོས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པ་ཁྲེལ་ ཡོད་པར་གསུངས་ནའང༌། འདིར་གཉིས་པོ་གཞི་མཐུན་པའམ་རྣམ་གྲངས་སུ་བྱས་ནས་སྟོན་ 4-1-490 པ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ཚ་ཤེས་པའམ་ཁྲེལ་ཡོད་པ་ནི་མཚན་ཉིད་བཞི་ དང་ལྡན་པ་སྟེ། ངོ་བོ་ཉིད་ནི་མི་མཐུན་པའི་ཕྱོགས་ངོ་ཚ་མེད་པ་མཐའ་དག་སྤངས་པ་དང༌། གྲོགས་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང་དམིགས་པ་ཁ་ན་མ་ ཐོ་བ་ཟག་པ་མེད་པའང་ཡིན་ལ། ཐེག་ཆེན་ལས་དམན་པའང་ཡིན་པ་ཉན་རང་གི་ཐེག་པ་ ཡུལ་དུ་བྱས་ནས་དེ་དག་ལ་མི་འཇུག་པ་དང༌། བྱེད་ལས་སེམས་ཅན་རྣམས་ཀྱང་དེ་དག་ལ་ བཀོད་ནས་ཡོངས་སུ་སྨིན་པར་བྱེད་པ་ནི་བརྟན་པའི་ངོ་ཚ་ཤེས་པ་ཡིན་ནོ། ། རྒྱས་བཤད་ལ་ལྔ་སྟེ། སྐྱེ་བའི་ཁྱད་པར། རྣམ་པའི་དབྱེ་བ། སྐྱོན་ཡོན་ངོས་བཟུང༌། ཡོན་ ཏན་བསྔགས་པ། རྟགས་ཀྱི་ཁྱད་པར་རོ། ། སྐྱེ་ཚུལ་ནི། ཕ་རོལ་ཕྱིན་པ་དྲུག་པོ་ཡི། །མི་མཐུན་ཕྱོགས་ནི་འཕེལ་ བ་དང༌། །གཉེན་པོ་འགྲིབ་པས་བྱང་ཆུབ་སེམས། །མི་བཟད་ངོ་ཚ་སྐྱེ་ བར་འགྱུར། །རང་གི་རྒྱུད་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡི་མི་མཐུན་ པའི་ཕྱོགས་སེར་སྣ་ལ་སོགས་དྲུག་པོ་ནི་འཕེལ་བ་དང༌། གཉེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ དེ་ཉིད་འགྲིབ་པར་རིག་པས་བྱང་ཆུབ་སེམས་དཔའ་རྣམས་ལ་བསམ་པའི་སྒོ་ནས་མི་བཟད་ ཅིང་ཆེན་པོར་གྱུར་པས་ངོ་ཚ་ཤེས་པ་སྐྱེ་བར་འགྱུར་ཞིང༌། བརྟན་ནམ་ཕ་རོལ་ཕྱིན་ པ་དྲུག །བསྟེན་པ་ལ་ནི་ལེ་ལོ་དང༌། །ཉོན་མོངས་རྗེས་སུ་མཐུན་ཆོས་ལ། ། སྦྱོར་བ་ལས་ཀྱང་ངོ་ཚ་འགྱུར། །བརྟན་པ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་བསྟེན་ ཞིང་སྒོམ་པ་ལ་ནི་ལེ་ལོའི་དབང་གིས་མི་སྦྱོར་བ་དང༌། འདོད་ཆགས་ལ་སོགས་པའི་ཉོན་ མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པའི་ཆོས་དབང་པོའི་སྒོ་མི་སྡོམ་པ་ལ་སོགས་པས་འདོད་ པའི་ཡོན་ཏན་ལྔ་ལ་འཇུག་ཅིང་སྦྱོར་བ་ལས་ཀྱང་ངོ་ཚ་ཤེས་པ་སྐྱེ་བར་འགྱུར་རོ། ། (གཉིས་པ་)དབྱེ་བ་ནི། མཉམ་བཞག་ངོ་བོ་ཉིད་མིན་ཆུང༌། །འབྲིང་དང་ 4-1-491 དམན་པའི་ས་པ་དང༌། །བསམ་པ་དམན་དང་ངར་བཅས་པའི། །ངོ་ཚ་ དམན་དེ་ལས་གཞན་ལྷག །འདོད་ཁམས་པའི་ངོ་ཚ་ཤེས་པ་ནི་མཉམ་པར་བཞག་ པའི་ངོ་བོ་ཉིད་མིན་པས་ཆུང་ངུ་དང་མཉམ་པར་བཞག་པའི་ཡང་ཚངས་རིས་པའི་ཆུང་ངུ་དང༌། མདུན་ན་འདོན་པའི་འབྲིང་པོའང་ཚངས་ཆེན་པ་ལ་ལྟོས་ནས་ཆུང་ངུ་ཞེས་སོགས་ས་ལྷག་མ་ རྣམས་ལའང་སྦྱར་བ་དང༌། དམན་པ་མོས་སྤྱོད་པའི་ས་པ་རྣམས་ཀྱི་ནི་ས་ཐོབ་པ་ལ་ལྟོས་ ནས་ཆུང་ངུ་དང༌། བསམ་པ་དམན་པ་ཉན་རང་རྣམས་ཀྱི་ནི་བྱང་ཆུབ་སེམས་དཔའ་ལ་ལྟོས་ ནས་ཆུང་ངུ་དང༌། ངར་འཛིན་པ་དང་བཅས་པ་ས་བདུན་པ་མན་ཆད་ན་ཡོད་པའི་ངོ་ཚ་ཤེས་ པ་ནི་དག་པ་ས་གསུམ་ཐོབ་པ་ཡན་ཆད་ལ་ལྟོས་ནས་དམན་པའམ་ཆུང་ངུ་ཡིན་ཞིང༌། ཆུང་ངུ་ དྲུག་པོ་དེ་རྣམས་ལས་གཞན་མཉམ་པར་བཞག་པའི་ས་རིམ་གྱིས་ཐོབ་པ་རྣམས་དང༌། བྱང་ ཆུབ་སེམས་དཔའི་ས་ཐོབ་པ་དང་ཐེག་ཆེན་སེམས་བསྐྱེད་དང་ལྡན་པ་དང༌། ཁྱད་པར་ས་ བརྒྱད་པ་ཡན་ཆད་ལ་གནས་པའི་ངོ་ཚ་ཤེས་པ་ནི་སྔ་མ་རྣམས་ལྷག་པ་ཆེན་པོར་གྱུར་པའོ། ། གསུམ་པ་ལ་སྐྱོན་རྣམས་དང་ཡོན་ཏན་ངོས་གཟུང་བའོ། །དང་པོ་ལའང་གཉིས་ལས། (དང་པོ་)ངོ་ཚ་མེད་པས་རང་གཞན་འཇོམས་ཚུལ་ནི། བློ་ལྡན་ངོ་ཚ་མེད་པ་ནི། །ཚུལ་ བཞིན་མིན་པའི་ཉོན་མོངས་རྣམས། །དང་དུ་ལེན་ཞིང་ཁོང་ཁྲོ་དང༌། ། ཡལ་བར་འདོར་དང་ང་རྒྱལ་གྱིས། །སེམས་ཅན་རྣམས་དང་ཚུལ་ ཁྲིམས་འཇོམས། །བློ་ལྡན་ཡིན་ཡང་ངོ་ཚ་མེད་པས་ནི་མི་སྡུག་པ་ལ་སྡུག་པར་འཛིན་པ་ ལ་སོགས་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ རྣམས་དང་དུ་ལེན་པའི་སྒོ་ནས་མི་དགེ་བ་སྤྱད་པས་བདག་ཉིད་ལ་འདི་དང་གཞན་དུ་གནོད་ པ་བྱེད་ཅིང༌། ཁོང་ཁྲོ་ཞེ་སྡང་གིས་ནི་གཞན་ལ་གནོད་པ་སྣ་ཚོགས་བྱེད་པ་དང༌། སེམས་ཅན་ གྱི་དོན་ལ་བག་མི་བྱེད་པར་ཡལ་བར་འདོར་བ་དང༌། དམན་པ་ལ་བརྙས་པའི་ང་རྒྱལ་གྱིས་ 4-1-492 གཞན་གྱི་དོན་མི་འགྲུབ་པས་སེམས་ཅན་རྣམས་འཇོམས་པ་དང༌། དགེ་བ་ཡལ་བར་འདོར་ བ་དང༌། དམ་པ་ལ་མི་འདུད་པའི་ང་རྒྱལ་གྱིས་བླང་དོར་མི་བྱེད་པས་ཚུལ་ཁྲིམས་འཇོམས་པ་ སྟེ་རང་གཞན་གཉིས་ཀ་ལ་གནོད་པ་བྱེད་པའོ། ། (གཉིས་པ་)རྣམ་སྨིན་འདོད་པ་མིན་པ་མྱོང་ཚུལ་ནི། འགྱོད་པས་ཉམས་དང་བཅས་ འགྱུར་ཞིང༌། །བཀུར་བསྟི་དམན་པ་ཐོབ་འགྱུར་ཏེ། །དད་ལྡན་མི་མིན་ ཚོགས་དང་ནི། །སྟོན་པས་ཀྱང་ནི་བཏང་སྙོམས་མཛད། །ངོ་ཚ་མེད་པས་ཚུལ་ ཁྲིམས་ཉམས་པ་ན། {ཀུན་བཏུས་སུ། } འགྱོད་པ་ནི་ཡིད་མི་བདེ་དང་མཚུངས་པར་ལྡན་པའོ། ། ཞེས་གསུངས་པ་ལྟར་མི་དགེ་བ་ལ་འགྱོད་པ་དང་བཅས་པས་ཡིད་བདེ་བ་ལས་ཉམས་པ་ དང་བཅས་པར་འགྱུར་ཞིང་བདག་ཉིད་ཀྱིས་སྨོད་པ་དང༌། སྡིག་པ་སྤྱོད་པ་དེ་མཆོད་པའི་ གནས་མ་ཡིན་པས་རྙེད་པ་དང་བཀུར་བསྟི་དམན་པ་ཐོབ་པར་འགྱུར་ཞིང་བཟང་པོ་མི་ཐོབ་ སྟེ། གཞན་དག་གིས་ཀྱང་སྨོད་པ་དང༌། བསྟན་པ་ལ་དད་པ་དང་ལྡན་པའི་མི་མིན་པའི་ལྷའི་ ཚོགས་སྲུང་མ་རྣམས་ཀྱིས་ཀྱང་མི་བསྲུང་ཞིང་སྨོད་པ་དང་ནི། སྟོན་པ་སངས་རྒྱས་ཀྱིས་ཀྱང་ འདི་ནི་དམ་པའི་ཆོས་ཀྱི་སྣོད་མ་ཡིན་ནོ་ཞེས་བྱ་བར་{རྗེས་སུ་}མཁྱེན་ནས་རྗེས་སུ་འཛིན་ པར་མི་མཛད་ཅིང་བཏང་སྙོམས་སུ་འཇོག་པར་མཛད་པ་དང༌། དེ་བཞིན་དུ། རྒྱལ་སྲས་ཆོས་དང་མཐུན་རྣམས་ཀྱིས། །རྣམ་པར་སྨོད་ ཅིང་འཇིག་རྟེན་ལས། །མི་སྙན་ཐོབ་རྣམས་མཐོང་ཆོས་ཏེ། །གཞན་དུ་ ཕྱིར་ཞིང་མི་ཁོམ་སྐྱེ། །རྒྱལ་བའི་སྲས་པོ་ཆོས་དང་མཐུན་པ་ཚངས་པ་མཚུངས་པར་ སྤྱོད་པ་མཁས་པ་རྣམས་ཀྱིས་ཀྱང་ངོ་ཚ་མེད་པ་དེ་ལ་ཆོས་ཉིད་ཀྱིས་རྣམ་པར་སྨོད་ཅིང༌། འཇིག་རྟེན་པ་རྣམས་ལས་ཀྱང་ཕན་ཚུན་བརྒྱུད་དེ་ཕྱོགས་མཚམས་རྣམས་སུ་སྡིག་པ་ཅན་གྱི་ གཏམ་མི་སྙན་པ་ཐོབ་པ་རྣམས་ནི་མཐོང་བའི་ཆོས་ཚེ་འདི་ཉིད་ལ་ཐོབ་པའི་ཉེས་པ་སྟེ། འདི་ 4-1-493 ལས་གཞན་དུ་སྐྱེ་བ་ཕྱི་མ་རྣམས་སུ་ཕྱིར་ཞིང་བརྒྱུད་ནས་ངན་སོང་གསུམ་ལ་སོགས་པ་མི་ ཁོམ་པའི་གནས་རྣམས་སུ་སྐྱེ་བ་ནི་ཚེ་རབས་གཞན་ལ་ཐོབ་པའི་ཉེས་པའོ། ། དེས་ན་ཆོས་དཀར་ཐོབ་པ་དང༌། །མ་ཐོབ་པ་ལས་རྣམ་ཉམས་ འགྱུར། །དེ་ཕྱིར་སྡུག་བསྔལ་གནས་པ་དང༌། །ཡིད་ཀྱང་རྣལ་དུ་མི་ གནས་འགྱུར། །ཉེས་དམིགས་མང་པོ་དང་ལྡན་པ་དེས་ན་ཆོས་དཀར་པོ་དགེ་བ་རྣམས་ ཐོབ་པ་ལས་ཉམས་པས་ཚེ་འདིར་མི་དགེ་བ་འཕེལ་བ་དང༌། མ་ཐོབ་པ་ལས་རྣམ་པར་ཉམས་ པས་ཕྱི་མ་ལ་མི་དགེ་བ་འཕེལ་བར་འགྱུར་ཞིང༌། མི་དགེ་བ་འཕེལ་བ་དེའི་ཕྱིར་འདི་དང་ཕྱི་ མ་ཐམས་ཅད་དུ་སྒོ་ལྔའི་རྣམ་ཤེས་དང་མཚུངས་ལྡན་གྱི་སྡུག་བསྔལ་ལ་གནས་པ་དང༌། ཡིད་ ཀྱི་རྣམ་ཤེས་དང་མཚུངས་ལྡན་གྱི་ཡིད་མི་བདེ་ལ་གནས་པས་ཡིད་ཀྱང་རྣལ་དུ་མི་གནས་ པར་འགྱུར་བས་རྣམ་པར་སྨིན་པ་སྡུག་བསྔལ་དང་ཡིད་མི་བདེ་བ་མྱོང་བར་འགྱུར་བའོ། ། (གཉིས་པ་)ཡོན་ཏན་ལ་གསུམ་ལས། (དང་པོ་)ཉེས་པ་སྤོང་ཚུལ་ནི། རྒྱལ་སྲས་ངོ་ཚ་ ལྡན་རྣམས་ལ། །ཉེས་པ་འདི་དག་ཀུན་མི་འབྱུང༌། །རྒྱལ་བའི་སྲས་པོ་ངོ་ཚ་ ཤེས་པ་དང་ལྡན་པ་རྣམས་ལ་སྔར་བཤད་པའི་ཉེས་པ་འདི་དག་ཀུན་མི་འབྱུང་བའོ། ། (གཉིས་པ་)འབྲས་བུ་ཐོབ་ཚུལ་ལ་ལྔའི་རྣམ་པར་སྨིན་པའི་འབྲས་བུ་ནི། མཁས་པ་ རྟག་ཏུ་ལྷ་དག་དང༌། །མི་རྣམས་སུ་ནི་ཡང་དག་སྐྱེ། །ངོ་ཚ་ཤེས་ཤིང་བླང་དོར་ གྱི་ཚུལ་ལ་མཁས་པ་དེ་ཕྱི་མ་ལ་དུས་རྟག་ཏུ་ཇི་ལྟར་འདོད་པའི་ལྷ་དག་དང་མི་རྣམས་སུ་ནི་ ཡང་དག་པར་ཏེ་ངེས་པར་སྐྱེ་བ་དང༌། བདག་པོའི་འབྲས་བུ་ནི། བློ་ལྡན་ངོ་ཚས་མྱུར་ དུ་ནི། །རྫོགས་པའི་བྱང་ཆུབ་ཚོགས་རྫོགས་བྱེད། །བློ་ལྡན་བྱང་ཆུབ་སེམས་ དཔའ་ངོ་ཚ་ཤེས་པ་དེས་མྱུར་དུ་ནི་རྫོགས་པའི་བྱང་ཆུབ་འགྲུབ་པར་བྱེད་པ་བསོད་ནམས་ དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱེད་པ་དང༌། སྐྱེས་བུ་བྱེད་པའི་འབྲས་ 4-1-494 བུ་ནི། རྒྱལ་བའི་སྲས་ནི་སེམས་ཅན་རྣམས། །སྨིན་བྱེད་སྐྱོ་བར་མི་འགྱུར་ ཉིད། །རྒྱལ་བའི་སྲས་པོ་དེ་ནི་སྐྱེ་བ་ཐམས་ཅད་དུ་སེམས་ཅན་རྣམས་ཐེག་པ་གསུམ་གྱི་ ཡོངས་སུ་སྨིན་པར་བྱེད་པ་ལ་ནམ་ཡང་སྐྱོ་བར་མི་འགྱུར་བ་ཉིད་དང༌། བྲལ་བ་དང་རྒྱུ་མཐུན་ གྱི་འབྲས་བུ་ནི། དེ་རྟག་མི་མཐུན་ཕྱོགས་དང་ནི། །གཉེན་པོ་བྲལ་དང་མི་ འབྲལ་འགྱུར། །བྱང་ཆུབ་སེམས་དཔའ་དེ་རྟག་ཏུ་མི་མཐུན་ཕྱོགས་དང་ནི་གཉེན་པོ་དག་ རིམ་པ་ལྟར་བྲལ་དང་མི་འབྲལ་འགྱུར་ཞེས་སྦྱར་ཏེ་རྟག་ཏུ་མི་མཐུན་ཕྱོགས་ངོ་ཚ་མེད་པ་དང་ བྲལ་བ་ནི་བྲལ་འབྲས་དང༌། རྟག་ཏུ་གཉེན་པོ་ངོ་ཚ་ཤེས་པ་དང་མི་འབྲལ་བ་ནི་རྒྱུ་མཐུན་ པའི་འབྲས་བུ་ཡིན་ཞིང་དེ་རྣམས་ཐོབ་པའོ། ། (གསུམ་པ་)དེའི་དོན་བསྡུ་ནི། དེ་ལྟར་རྒྱལ་སྲས་ངོ་ཚ་ལྡན། །ཕན་ཡོན་དེ་ དག་ཐོབ་པར་འགྱུར། །སྔར་བཤད་པ་དེ་ལྟར་རྒྱལ་བའི་སྲས་པོ་ངོ་ཚ་ཤེས་ཤིང་ཁྲེལ་ ཡོད་པ་དང་ལྡན་པ་རྣམས་ལ་ནི་རང་གཞན་ལ་གནོད་པ་ལ་སོགས་པའི་ཉེས་པ་དེ་དག་མི་ འབྱུང་ཞིང༌། འབྲས་བུ་ཕུན་སུམ་ཚོགས་པའི་ཕན་ཡོན་དེ་དག་ཐོབ་པར་འགྱུར་བའོ། ། (སྤྱིའི་བཞི་པ་)ཡོན་ཏན་བསྔགས་པ་ལ་གསུམ་ལས། (དང་པོ་)གོས་ཀྱི་མཆོག་ཏུ་འགྱུར་ཚུལ་ ནི། བྱིས་པ་ཤིན་ཏུ་གོས་བཟང་གྱོན་ཡང་ནི། །ཁྲེལ་དང་བྲལ་ཕྱིར་ཉེས་ པས་དྲི་མ་ཅན། །རྒྱལ་སྲས་ངོ་ཚ་ཤེས་པའི་གོས་ཅན་ནི། །དགབ་པ་ མེད་ཀྱང་ཉེས་པའི་དྲི་མ་བྲལ། །བྱིས་པ་སོ་སོའི་སྐྱེ་བོ་བླུན་པོ་རྣམས་ཕྱི་ནས་ཤིན་ ཏུ་གོས་བཟང་པོ་ལུས་ལ་གྱོན་ཡང་ནི་ནང་ན་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་བྲལ་བའི་ཕྱིར་ ཉོན་མོངས་པའི་ཉེས་པའི་དྲི་མ་ཅན་ཡིན་པས་དམ་པ་རྣམས་ཀྱི་སྤྱན་སྔར་མཛེས་པ་མ་ཡིན་ ལ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་མཁས་པ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པའི་གོས་མཆོག་ཏུ་ གྱུར་པ་ཅན་རྣམས་ནི། ཕྱི་ནས་ལུས་ལ་གོས་ཕལ་པས་དགབ་པ་མེད་ཀྱང་ནང་ན་སེམས་ལ་ 4-1-495 ཉོན་མོངས་པའི་ཉེས་པའི་དྲི་མ་དང་བྲལ་བའི་ཕྱིར་ཤིན་ཏུ་མཛེས་པ་ཡིན་ནོ། ། (གཉིས་པ་)དག་ཅིང་རྒྱན་གྱིས་མཛེས་ཚུལ་ནི། རྒྱལ་བའི་སྲས་ནི་ཁྲེལ་དང་ལྡན་ གྱུར་པ། །ནམ་མཁའ་བཞིན་དུ་ཆོས་ཀྱིས་གོས་པ་མེད། །རྒྱལ་སྲས་ རྣམས་ཀྱི་ནང་དུ་འདུས་གྱུར་པ། །ངོ་ཚ་ཤེས་པས་བརྒྱན་པ་མཛེས་པ་ ཡིན། །རྒྱལ་བའི་སྲས་པོ་རྣམས་ནི་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པས་གནས་པར་ གྱུར་པ་ན། དཔེར་ན་ནམ་མཁའ་སྤྲིན་དང་རྡུལ་ལ་སོགས་པའི་གོས་པ་མེད་པ་བཞིན་དུ་གྲོང་ ཁྱེར་ལ་སོགས་རྒྱུ་བ་ནའང༌། བཤེས་སྤྲིང་དུ། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང༌། ། བདེ་དང་མི་བདེ་སྙན་དང་མི་སྙན་དང༌། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། ། བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་གསུངས་པ་ལྟར་འཇིག་རྟེན་པའི་ ཆོས་རྣམས་ཀྱིས་གོས་པ་མེད་ཅིང༌། ཕལ་པ་རྣམས་ཀྱང་རྒྱན་བཟང་པོས་བརྒྱན་ན་སྐྱེ་བོ་མང་ པོའི་ནང་དུ་མཛེས་པ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་རྒྱལ་བའི་སྲས་པོ་རྣམས་ ཀྱི་ནང་དུ་འདུས་ཤིང་གནས་པར་གྱུར་པ་ན་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པས་བརྒྱན་པ་ནི་ཤིན་ ཏུ་མཛེས་པ་ཡིན་ནོ། ། (གསུམ་པ་)གདུལ་བྱ་སྨིན་པར་བྱེད་ཚུལ་ནི། བྱང་ཆུབ་སེམས་དཔའ་རྣམས་ནི་ ངོ་ཚ་བས། །གདུལ་བྱ་རྣམས་ལ་མ་བཞིན་བྱམས་པ་ཉིད། །ངོ་ཚ་བས་ ནི་ཉེས་པ་ཐམས་ཅད་ལས། །འཁོར་བ་ཀུན་ཏུ་སྲུང་བར་བྱེད་པའང་ ཡིན། །བྱང་ཆུབ་སེམས་དཔའ་རྣམས་ནི་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པས་གདུལ་ བྱ་རྣམས་ལ་མས་བུ་ལ་ཕན་འདོགས་པ་བཞིན་དུ་བྱམས་པའི་སྒོ་ནས་ཡོངས་སུ་སྨིན་པར་ བྱེད་པ་ཉིད་ཡིན་ཏེ། བསྐྱབ་པར་བྱ་བའི་སེམས་ཅན་ཡལ་བར་དོར་ན་ངོ་ཚ་བའི་ཕྱིར་རོ། །ངོ་ ཚ་དང་ལྡན་པ་ནི་དཔུང་གི་ཚོགས་ཡན་ལག་བཞིས་རྒྱལ་སྲིད་བསྲུང་བ་བཞིན་དུ་ཉོན་མོངས་ 4-1-496 པའི་ཉེས་པ་ཐམས་ཅད་ལས་འཁོར་བ་པ་རྣམས་ཀུན་ཏུ་སྲུང་བར་བྱེད་ཅིང༌། འཁོར་བར་ གནས་ཀྱང་ཉོན་མོངས་པས་མི་གོས་པས་བདག་ཉིད་ཀྱང་ཀུན་ཏུ་སྲུང་བར་བྱེད་པའང་ཡིན་ ནོ། ། (སྤྱིའི་ལྔ་པ་)རྟགས་ནི། ཀུན་ལ་དང་དུ་ལེན་པ་དང༌། །ཀུན་ལ་དང་དུ་མི་ ལེན་ཞིང༌། །ཀུན་ལ་མི་འཇུག་འཇུག་པ་ནི། །ཁྲེལ་ལྡན་ཁྲེལ་བས་བྱས་ པའི་རྟགས། །བསམ་པའི་སྒོ་ནས་སྦྱིན་པ་ལ་སོགས་པའི་གཉེན་པོ་རྣམས་ཀུན་ལ་དང་དུ་ ལེན་པ་དང༌། སེར་སྣ་ལ་སོགས་པའི་སྤང་བྱ་རྣམས་ཀུན་ལ་དང་དུ་མི་ལེན་ཞིང་སྤོང་བ་དང༌། སྦྱོར་བའི་སྒོ་ནས་མི་དགེ་བའི་ཕྱོགས་རྣམས་ཀུན་ལ་མི་འཇུག་པ་དང༌། དགེ་བའི་ཕྱོགས་ རྣམས་ཀུན་ལ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཁྲེལ་ཡོད་པ་དང་ལྡན་པ་རྣམས་ཀྱི་ངོ་ཚ་ ཤེས་ཤིང་ཁྲེལ་ཡོད་པས་བྱས་པའི་རྟགས་ཡིན་ནོ། ། (སྤྱིའི་གསུམ་པ་)མཆོག་ཏུ་འགྱུར་ཚུལ་ནི། རང་གི་སེམས་ཀྱིས་ཁྲེལ་སྒོམ་པ། ། ཆོས་ལ་མོས་དང་བསམ་པ་དང༌། །དབང་འབྱོར་པ་དང་མི་རྟོག་དང༌། ། གཅིག་པ་ཉིད་ཀྱིས་གཙོ་བོ་ཡིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་ སེམས་ཀྱིས་ཁྲེལ་ཡོད་པ་སྒོམ་པ་ནི་སྔར་བཤད་པ་ལྟར་དོན་དེ་ཉིད་སྟོན་པའི་ཐེག་ཆེན་གྱི་ ཆོས་ལ་མོས་པ་དང༌། རོ་མྱང་བ་ལ་སོགས་པའི་བསམ་པ་དང་ནམ་མཁའ་མཛོད་ལ་སོགས་ པའི་ཏིང་ངེ་འཛིན་ལ་དབང་འབྱོར་པ་དང༌། འཁོར་གསུམ་དུ་མི་རྟོག་པའི་ཐབས་ཀྱིས་ཡོངས་ སུ་ཟིན་པ་དང༌། ས་བརྒྱད་པ་ཐོབ་པ་ཡན་ཆད་དང་དོན་གཅིག་ལ་འཇུག་པ་ཉིད་ཀྱིས་གཙོ་བོ་ འམ་མཆོག་ཏུ་གྱུར་པ་ཡིན་ཞེས་པའོ། ། (གཉིས་པ་)བརྟན་པའི་ཁྱད་པར་ལ་གཉིས་ལས། (དང་པོ་)མདོར་བསྟན་ནི། བྱང་ཆུབ་ སེམས་དཔའི་བརྟན་པ་ནི། །དེ་ལས་གཞན་པ་ཐམས་ཅད་ལས། །མཚན་ 4-1-497 ཉིད་དང་ནི་རབ་དབྱེ་དང༌། །མི་འགྱུར་བས་ནི་ཁྱད་པར་འཕགས། །བྱང་ ཆུབ་སེམས་དཔའ་རྣམས་ཀྱི་{བློ་}བརྟན་པའི་ཁྱད་པར་ནི་དེ་ལས་གཞན་ཉན་རང་ལ་སོགས་ པའི་བརྟན་པ་ཐམས་ཅད་ལས་མཚན་ཉིད་དམ་རང་བཞིན་དང་ནི་རྣམ་པའི་རབ་ཏུ་དབྱེ་བ་ དང༌། ནམ་ཡང་མི་འགྱུར་བ་སྟེ་དོན་གསུམ་གྱི་སྒོ་ནས་ནི་ཁྱད་པར་དུ་འཕགས་ཤིང་མཆོག་ཏུ་ གྱུར་པའོ། ། (གཉིས་པ་)རྒྱས་བཤད་ལ་གསུམ་ལས། (དང་པོ་)མཚན་ཉིད་རྒྱས་པར་བཤད་པ་ནི། བརྩོན་འགྲུས་ཏིང་འཛིན་ཤེས་རབ་ནི། །སྙིང་སྟོབས་སྲན་ཐུབ་བརྟན་ པར་འདོད། །གང་ཕྱིར་གསུམ་གྱིས་བྱང་ཆུབ་སེམས། །འཇིགས་པ་མེད་ པར་རབ་ཏུ་འཇུག །ཐེག་ཆེན་གྱི་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང༌། དེ་ལ་སེམས་ རྩེ་གཅིག་ཏུ་གནས་པའི་ཏིང་ངེ་མཛིན་དང༌། བླང་དོར་གྱི་ཚུལ་ལེགས་པར་ཤེས་པའི་ཤེས་ རབ་གསུམ་ཚོགས་པ་ནི་སྤྱིའི་མཚན་ཉིད་ཡིན་ལ། སྙིང་སྟོབས་དང་སྲན་ཐུབ་པ་དང་བརྟན་ པ་རྣམས་ནི་མིང་གི་རྣམ་གྲངས་ཡིན་པར་འདོད་ཅིང༌། སྒྲུབ་པ་ནི་དེ་རྣམས་བརྟན་པར་འཇོག་ པའི་རྒྱུ་མཚན་གང་གི་ཕྱིར་སྙམ་ན། བརྩོན་འགྲུས་ལ་སོགས་དེ་གསུམ་གྱིས་བྱང་ཆུབ་སེམས་ དཔའ་རྣམས་གཞན་དོན་གྱི་དཀའ་སྤྱད་ལ་འཇིགས་པ་མེད་པར་རབ་ཏུ་འཇུག་པའི་ཕྱིར་རོ། ། དེའི་རྒྱུ་མཚན་ཡང༌། ཞུམ་དང་གཡོ་དང་རྨོངས་པ་ཡིས། །བྱ་བ་རྣམས་ ལ་འཇིགས་པ་སྐྱེ། །དེ་ཕྱིར་གཉུག་མ་གསུམ་ལ་ནི། །བརྟན་པའི་མིང་ དུ་ཤེས་པར་བྱ། །སེམས་ཞུམ་ཞིང་མི་སྤྲོ་བ་དང་གཡོ་ཞིང་རྣལ་དུ་མི་གནས་པ་དང༌། རྨོངས་ཤིང་ཐབས་མི་ཤེས་པ་གསུམ་པོ་གང་ཡང་རུང་བ་ཡིས་གཞན་དོན་གྱི་བྱ་བ་རྣམས་ལ་ འཇིགས་པ་སྐྱེ་བ་དེའི་ཕྱིར། བརྩོན་འགྲུས་ལ་སོགས་པ་གཉུག་མ་སྟེ་སོ་སོར་མ་བརྟགས་པར་ 4-1-498 ཡང་ལྷུན་གྱིས་གྲུབ་པར་འབྱུང་བ་གསུམ་པོ་ལ་ནི། འཇིགས་པའི་རྒྱུ་གསུམ་པོ་དེ་རྣམས་ཀྱིས་ གཡོ་བར་མི་ནུས་པས་བརྟན་པ་ཞེས་བྱ་བའི་མིང་འཇུག་པ་ཉིད་དུ་ཤེས་པར་བྱའོ། ། (གཉིས་པ་)རབ་དབྱེ་རྒྱས་པར་བཤད་པ་ནི། རང་བཞིན་དང་ནི་སྨོན་ལམ་དང༌། ། ལྟ་བ་མེད་པ་ཉིད་དང་ནི། །སེམས་ཅན་ལོག་པར་སྒྲུབ་པ་དང༌། །ཟབ་ ཅིང་རྒྱ་ཆེ་ཐོས་པ་དང༌། །གདུལ་བྱ་འདུལ་བར་དཀའ་བ་དང༌། །རྒྱལ་སྐུ་ བསམ་གྱིས་མི་ཁྱབ་དང༌། །སྔར་རྒྱས་པར་བཤད་པའི་རིགས་ནས་བྱང་ཆུབ་ཀྱི་བར་ དོན་བརྒྱད་ལ་བརྟན་པ་སྟེ། རང་བཞིན་གྱི་རིགས་ལ་ཡིད་ཆེས་པས་བརྟན་པ་དང་ནི་བྱང་ ཆུབ་ཏུ་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་པ་ལ་བརྟན་པ་དང༌། རང་གི་དོན་ལ་ཞུགས་པ་ན་ ལུས་དང་སྲོག་ལ་ལྟ་བ་མེད་པའི་བརྟན་པ་ཉིད་དང་ནི། གཞན་གྱི་དོན་ལ་ཞུགས་པ་ན་སེམས་ ཅན་རྣམས་ཀྱི་ལོག་པར་སྒྲུབ་པ་ལ་བཟོད་པས་བརྟན་པ་དང༌། དེ་ཁོ་ན་ཉིད་ཟབ་ཅིང་བསམ་ གྱིས་མི་ཁྱབ་པའི་དོན་ཐོས་པས་མི་སྐྲག་ཅིང་བརྟན་པ་དང༌། མངོན་པར་ཤེས་པའི་མཐུ་རྒྱ་ ཆེན་པོས་གཞན་དོན་སྒྲུབ་པའི་ཚུལ་སྣ་ཚོགས་པ་ཐོས་པས་ཀྱང་མི་སྐྲག་ཅིང་བརྟན་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ན་གདུལ་བྱ་སྣ་ཚོགས་འདུལ་བར་དཀའ་བའི་ཐབས་ ལ་མ་ཞུམ་ཞིང་བརྟན་པ་དང༌། བྱང་ཆུབ་མཆོག་ཏུ་གྱུར་པ་རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་ གསུམ་གྱི་བདག་ཉིད་ཅན་བསམ་གྱིས་མི་ཁྱབ་པའི་གོ་འཕང་ཐོབ་པར་བྱ་བ་ལ་བརྟན་པ་དང་ བཅས་[པ་རྣམས་{པའི་རྣམ་པ་}ནི་གནས་སྐབས་ཀྱི་དབྱེ་བའོ། ། གཞན་ཡང༌། དཀའ་བ་དག་ནི་སྣ་ཚོགས་དང༌། །འཁོར་བ་གཏོང་བ་ མེད་ཉིད་དང༌། །དེ་ཉིད་ཉོན་མོངས་མེད་པ་ལ། །བརྟན་པའི་བརྟན་པ་ སྐྱེ་བ་ནི། །དེ་ལས་གཞན་དང་མི་མཚུངས་ཏེ། །བརྟན་ལྡན་རྣམས་ཀྱི་ མཆོག་ཏུ་འདོད། །གཞན་དོན་དུ་བྱང་ཆུབ་ཆེན་པོ་སྒྲུབ་པའི་དཀའ་བ་དག་ནི་སྣ་ཚོགས་ 4-1-499 སྤྱོད་པ་ལ་བརྟན་པ་དང༌། སྙིང་རྗེས་བསམས་བཞིན་དུ་སྲིད་པར་སྐྱེ་བས་འཁོར་བ་གཏོང་བ་ མེད་ཅིང་རྗེས་སུ་འཛིན་པ་ཉིད་ལ་བརྟན་པ་དང༌། ཤེས་རབ་ཀྱིས་འཁོར་བ་དེ་ཉིད་དུ་གནས་ ཀྱང་འཁོར་བའི་སྐྱོན་ཀུན་ནས་ཉོན་མོངས་པས་གོས་པ་མེད་པ་ལ་བརྟན་པ་སྟེ། བརྟན་པ་ བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ལ་སོགས་པའི་བརྟན་པ་སྐྱེ་བ་ནི་དེ་ལས་གཞན་པ་ཉན་ རང་ལ་སོགས་པའི་བརྟན་པ་དང་མི་མཚུངས་ཏེ། བརྟན་ལྡན་ཐེག་ཆེན་པ་རྣམས་ཀྱི་བརྟན་པ་ མཆོག་ཏུ་གྱུར་པར་འདོད་དོ། ། (གསུམ་པ་)མི་འགྱུར་བ་རྒྱས་པར་བཤད་པ་ནི། ཕྱེ་མ་ལེབ་དང་འདབ་ལྕག་དང༌། ། རྒྱ་མཚོ་དག་གིས་རི་རབ་ལྟར། །བརྟན་པ་གྲོགས་ངན་སྡུག་བསྔལ་ དང༌། །ཟབ་མོ་ཐོས་པས་མི་གཡོས་སོ། །དཔེར་ན་རྐྱེན་ཆུང་ངུ་ཕྱེ་མ་ལེབ་ཀྱི་ གཤོག་པ་དང༌། བར་མ་ནམ་མཁའ་ལྡིང་གི་འདབ་ལྕག་དང༌། ཆེན་པོ་རྒྱ་མཚོ་འཁྲུགས་པའི་ རླབས་དག་གིས་ཀྱང་རི་རབ་ལྷུན་པོ་མི་གཡོ་ཞིང་མི་འགྱུར་བ་ལྟར། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་བརྟན་པ་ཡང་རྐྱེན་ཆུང་ངུ་གྲོགས་པོ་ངན་པས་བསྒྱུར་བ་དང༌། བར་མ་ལམ་སྒྲུབ་ པའི་དཀའ་སྤྱད་ཀྱི་སྡུག་བསྔལ་དང༌། ཆེན་པོ་ཆོས་ཟབ་མོ་སྟོང་པ་ཉིད་ཐོས་པའམ་ཡང་ན་ ཉན་རང་གི་ཞི་བདེ་ནི་ཟབ་མོའོ་ཞེས་ཐོས་པས་ཀྱང་མི་གཡོས་ཤིང་མི་འགྱུར་བས་ན་བརྟན་ པར་གསུངས་སོ། ། (སྤྱིའི་གསུམ་པ་)སྐྱོ་བ་མེད་པ་ནི། བྱང་ཆུབ་མི་སྐྱོ་མཉམ་མེད་པ། །གཞི་གསུམ་ ཐོས་པས་མི་ངོམས་དང༌། །བརྩོན་འགྲུས་ཆེ་དང་སྡུག་བསྔལ་ལ། །ཁྲེལ་ དང་བརྟན་ལ་བརྟེན་པ་སྟེ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་སྐྱོ་བ་ནི་གཞི་དང་ རྟེན་དང་ངོ་བོ་ཉིད་དང་རབ་ཏུ་དབྱེ་བའི་སྒོ་ནས་གཞན་དང་མཉམ་པ་མེད་ཅིང་ཁྱད་པར་དུ་ འཕགས་པ་སྟེ། གཞི་གསུམ་ནི་དམ་པའི་ཆོས་ཐོས་པས་མི་ངོམས་པ་དང༌། ཡུན་རིང་པོར་ 4-1-500 བརྩོན་འགྲུས་ཆེན་པོ་རྩོམ་པ་དང༌། འཁོར་བའི་སྡུག་བསྔལ་ལ་མི་སྐྱོ་བ་རྣམས་ཡིན་ལ། རྟེན་ ནི་གཞི་གསུམ་པོ་དེ་དག་གིས་སྐྱོ་བ་སྐྱེས་ན་ངོ་ཚ་བས་ཁྲེལ་ཡོད་པ་དང་བརྟན་པ་ལ་བརྟེན་པ་ སྟེ། དེ་རྣམས་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བའི་ཕྱིར་རོ། ། ངོ་བོ་དང་དབྱེ་བ་ནི། བྱང་ཆུབ་ཆེ་ལ་འདུན་པ་དྲག །བློ་ལྡན་རྣམས་ཀྱི་ མི་སྐྱོ་བ། །ས་རྣམས་ལ་ནི་མ་རྫོགས་དང༌། །རྫོགས་དང་ཤིན་ཏུ་རྫོགས་ པར་འདོད། །བྱང་ཆུབ་ཆེན་པོ་ལ་ཐོབ་པར་འདོད་པའི་འདུན་པ་དྲག་པོ་ནི་བློ་ལྡན་རྣམས་ ཀྱི་མི་སྐྱོ་བའི་ངོ་བོ་ཉིད་ཡིན་ཏེ། འདུན་པ་ལོག་ན་སྐྱོ་བར་འགྱུར་ཞིང༌། འདུན་པ་ལ་བརྟེན་ ནས་བརྩོན་འགྲུས་ཆེན་པོ་འབྱུང་བའི་ཕྱིར་རོ། །ས་མཚམས་ཀྱིས་ཕྱེ་ན་མོས་སྤྱོད་ཀྱི་ས་རྣམས་ ལ་ནི་མ་རྫོགས་པ་དང༌། རྒྱུའི་ས་བདུན་ལ་ནི་རྫོགས་པ་དང༌། འབྲས་བུ་ས་གསུམ་ལ་ནི་ཤིན་ ཏུ་རྫོགས་པའི་མི་སྐྱོ་བར་འདོད་དོ། ། (བཞི་པ་)བསྟན་བཅོས་ཤེས་པ་ལ། (དང་པོ་)དོན་དངོས་ནི། བརྟན་རྣམས་བསྟན་ བཅོས་ཤེས་པ་ཉིད། །གཞི་དང་ཆེད་དུ་བྱ་བ་དང༌། །བྱེད་ལས་དང་ནི་ མཚན་ཉིད་དང༌། །མི་ཟད་ཉིད་དང་འབྲས་བུ་ནི། །ཡང་དག་འགྲུབ་པས་ ཁྱད་པར་འཕགས། །བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟན་བཅོས་ཤེས་པ་ ཉིད་ནི་དོན་དྲུག་གི་སྒོ་ནས་ཉན་རང་ལ་སོགས་པ་ལས་མཆོག་ཏུ་གྱུར་པ་ཡིན་ཏེ། གཞིའམ་ དམིགས་ཡུལ་ནི་ནང་རིག་པ་དང་གཏན་ཚིགས་རིག་པ་དང་སྒྲ་རིག་པ་དང་གསོ་བ་རིག་པ་ དང་བཟོ་རིག་པ་སྟེ་རིག་པའི་གནས་ལྔ་ཡིན་པ་དང༌། ཆེད་དུ་བྱ་བ་ནི་རང་དང་གཞན་གྱི་དོན་ ཕུན་སུམ་ཚོགས་པ་འགྲུབ་པར་བྱ་བ་ཡིན་པ་དང༌། བྱེད་ལས་ནི་ནང་རིག་པ་སྡེ་སྣོད་གསུམ་ ལ་མཁས་པས་བསླབ་པ་གསུམ་བདག་ཉིད་ཀྱིས་སྒྲུབ་ཅིང་གཞན་དག་ལ་ཡང་སྟོན་པ་ དང༌། གཏན་ཚིགས་རིག་པ་ལ་མཁས་པས་ཕས་ཀྱི་རྒོལ་བའི་སྐྱོན་ཤེས་ནས་ཚར་གཅོད་པ་ 4-1-501 དང༌། སྒྲ་རིག་པ་ལ་མཁས་པས་བདག་ཉིད་ངེས་པའི་ཚིག་བཟང་པོ་བརྗོད་ཅིང་མཁས་པར་ གོ་བས་གཞན་ཡིད་ཆེས་པར་བྱེད་པ་དང༌། གསོ་བ་རིག་པ་ལ་མཁས་པས་སེམས་ཅན་མང་ པོའི་ནད་རབ་ཏུ་ཞི་བར་བྱེད་པ་དང༌། བཟོ་རིག་པ་ལ་མཁས་པས་གཞན་དག་ལའང་བཟོ་ གནས་དང་ལོངས་སྤྱོད་ཀྱི་སྒོ་ནས་ཕན་འདོགས་པ་དང་ནི། མཚན་ཉིད་ནི་རིག་པའི་གནས་ ལྔ་པོ་དེ་དག་ཐོས་ནས་ཚིག་དང་དོན་འཛིན་པ་དང༌། ཚིག་གིས་བྱང་བའི་སྒོ་ནས་ཁ་ཏོན་བྱེད་ པ་དང༌། ལེགས་པར་བརྟགས་ཏེ་སྐྱོན་ཡོན་ཁོང་དུ་ཆུད་པའི་སྒོ་ནས་རབ་ཏུ་དང་བའི་ཡིད་ ཀྱིས་དོན་སེམས་པ་དང༌། མཐོང་ཞིང་ལེགས་པར་རྟོགས་པས་སངས་རྒྱས་ཀྱི་གསུང་རབ་ནི་ དོན་བཟང་པོ་དང་ཚིག་འབྲུ་བཟང་པོ་ལ་སོགས་པའི་སྒོ་ནས་ལེགས་པར་བཤད་པ་དང༌། ཕྱི་ རོལ་པའི་བསྟན་བཅོས་ནི་དེ་དག་ལས་བཟློག་པས་ཉེས་པར་བཤད་པར་ཤེས་ཤིང་དེ་དག་ གི་དམིགས་ཕྱེད་པ་དང༌། མི་ཟད་པ་ཉིད་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ དབྱིངས་སུའང་ཟད་མི་ཤེས་ཤིང་འཕེལ་བ་དང༌། འབྲས་བུ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ ཅད་དུ་མཁྱེན་པ་ཡང་དག་པ་འགྲུབ་པས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། ། (གཉིས་པ་)བསྡུས་ཚུལ་དང་བྱེད་ལས་ནི། ཏིང་ངེ་འཛིན་དང་གཟུངས་སྒོས་ བསྡུས། །སེམས་ཅན་སྨིན་པར་བྱེད་པ་དང༌། །དམ་ཆོས་འཛིན་པར་བྱེད་ པའང་ཡིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟན་བཅོས་ཤེས་པ་ཉིད་དེ་ཡང་ཏིང་ ངེ་འཛིན་གྱི་སྒོ་དག་དང་གཟུངས་ཀྱི་སྒོ་མཐའ་ཡས་པ་དག་གིས་བསྡུས་པ་ཡིན་ལ། ཏིང་ངེ་ འཛིན་ལ་བརྟེན་པའི་རྫུ་འཕྲུལ་ལ་སོགས་པས་གདུལ་བྱ་སྣོད་དུ་བྱས་ཏེ་རིག་པའི་གནས་ ལྔ་བསྟན་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། གཟུངས་ཀྱི་སྒོས་ནི་རིག་པའི་ གནས་ལྔས་བསྡུས་པའི་དམ་པའི་ཆོས་ཐམས་ཅད་ཀྱི་དོན་དང་ཚིག་མི་བརྗེད་པར་འཛིན་ པར་བྱེད་པའང་ཡིན་ནོ། ། 4-1-502 འཇིག་རྟེན་ཤེས་པ་ལ་གཉིས་ལས། (དང་པོ་)མདོར་བསྟན་ནི། བརྟན་རྣམས་འཇིག་ རྟེན་ཤེས་པ་ཉིད། །ལུས་དང་ངག་དང་ཡིད་དང་ནི། །བདེན་པ་ཤེས་པས་ མཉམ་པ་མེད། །དེ་ལས་གཞན་པ་དག་ལས་འཕགས། །བརྟན་པ་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་འཇིག་རྟེན་ཤེས་པ་ཉིད་དེ། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ འཇིག་རྟེན་པ་རྣམས་དགེ་བ་ལ་དད་ཅིང་འདུན་པའི་ཐབས་ཤེས་པ་དང་ནི་ཁྱད་པར་ཡིད་ཀྱི་ བདེན་པ་བཞིའི་འབྱུང་བ་དང་འཇིག་པ་ཤེས་པའི་སྒོ་ནས་ཉན་རང་ལ་སོགས་པ་དང་མཉམ་ པ་མེད་ཅིང་མཆོག་ཏུ་གྱུར་པ་ཡིན་ཏེ། དེ་ལས་གཞན་པའི་འཇིག་རྟེན་ཤེས་པ་དག་ལས་ཁྱད་ པར་དུ་འཕགས་པའི་ཕྱིར་རོ། ། (གཉིས་པ་)རྒྱས་བཤད་ལ་གསུམ་ལས། (དང་པོ་)འཇིག་རྟེན་མདུན་ཐབས་ཤེས་ཚུལ་ནི། བརྟན་རྣམས་རྟག་ཏུ་འཛུམ་པར་བྱེད། །གསོང་པོ་དག་ཏུ་སྨྲ་བ་ཡིན། ། སེམས་ཅན་སྣོད་དུ་བྱ་བའི་ཕྱིར། །དམ་ཆོས་བསྒྲུབ་པར་བྱ་བའི་ཕྱིར། ། བརྟན་པ་རྣམས་ནི་དུས་རྟག་ཏུ་ལུས་ཀྱི་སྤྱོད་ལམ་འཛུམ་པའི་མདངས་དང་ལྡན་པར་བྱེད་ ཅིང༌། ངག་གིས་ཀྱང་གསོང་པོ་དག་ཏུ་སྙན་པར་སྨྲ་བར་བྱེད་པ་ཡིན་ཏེ། དེ་དག་ཀྱང་ཅིའི་ ཕྱིར་བྱེད་ཅེ་ན་གདུལ་བྱར་གྱུར་པའི་སེམས་ཅན་རྣམས་དད་ཅིང་སྣོད་དུ་རུང་བར་བྱ་བའི་ ཕྱིར་བྱེད་དོ། །དེ་ཡང་གང་གི་སྣོད་དུ་བྱེད་ན་དམ་པའི་ཆོས་ཟབ་པ་དང་རྒྱ་ཆེ་བ་རྣམས་རྒྱུད་ ལ་བསྒྲུབ་སྟེ་ཕན་གདགས་པར་བྱ་བའི་ཕྱིར་བྱེད་པའོ། ། (གཉིས་པ་)འཇིག་རྟེན་འབྱུང་འཇིག་ཤེས་ཚུལ་ནི། གང་ཕྱིར་བདེན་པ་གཉིས་ ལས་ནི། །འཇིག་རྟེན་རྣམས་རྟག་འབྱུང་བར་འདོད། །གཉིས་ཀྱིས་ནུབ་ པར་འགྱུར་དེའི་ཕྱིར། །དེ་ཤེས་འཇིག་རྟེན་ཤེས་ཞེས་བྱ། །གང་གི་ཕྱིར་ཀུན་ ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་གཉིས་ལས་ནི་འཇིག་རྟེན་པ་རྣམས་འཁོར་བར་རྟག་ 4-1-503 ཏུ་ཡང་དང་ཡང་འབྱུང་བར་འདོད་དེ། གང་འབྱུང་བ་ནི་འཁོར་བ་མཐའ་དག་སྡུག་བསྔལ་ གྱི་བདེན་པར་འབྱུང་བ་དང༌། གང་ལས་འབྱུང་བ་ནི་ལས་དང་ཉོན་མོངས་པའི་ཀུན་འབྱུང་ གི་བདེན་པ་ལས་འབྱུང་བའི་ཕྱིར་རོ། །རྣམ་པར་བྱང་བའི་ཕྱོགས་ཀྱི་བདེན་པ་གཉིས་ཀྱིས་ འཁོར་བའི་སྡུག་བསྔལ་ནུབ་པར་འགྱུར་ཏེ། ནུབ་པའི་ངོ་བོ་གང་ཡིན་པ་ནི་འགོག་པའི་བདེན་ པ་དག་པ་གཉིས་ལྡན་མངོན་དུ་གྱུར་པ་དང༌། གང་གིས་ནུབ་པར་བྱེད་པ་ནི་ལམ་གྱི་བདེན་པ་ ཟག་པ་མེད་པའི་ཤེས་རབ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བདེན་པ་བཞི་པོ་དེ་དག་ཤེས་པ་ནི་ འཇིག་རྟེན་ཤེས་པ་ཞེས་བྱ་སྟེ་འཇིག་རྟེན་འབྱུང་བ་དང་ནུབ་པའི་ཚུལ་ཕྱིན་ཅི་མ་ལོག་པར་ ཤེས་པའི་ཕྱིར་རོ། ། (གསུམ་པ་)དེ་དག་ཤེས་པའི་བྱེད་ལས་ནི། དེ་དག་ཞི་བ་ཐོབ་པའི་ཕྱིར། །བློ་ ལྡན་བདེན་པ་རྣམས་ལ་སྦྱོར། །གང་ཕྱིར་བློ་ལྡན་བདེན་ཤེས་ཕྱིར། ། འཇིག་རྟེན་ཤེས་ཞེས་ངེས་པར་བརྗོད། །འཁོར་བ་སྡུག་བསྔལ་དང་ཀུན་འབྱུང་གི་ བདེན་པ་དེ་དག་ཞི་བར་བྱ་བ་དང༌། མྱ་ངན་ལས་འདས་པ་འགོག་པ་དང༌། ལམ་གྱི་བདེན་ པ་དེ་དག་ཐོབ་པར་བྱ་བའི་ཕྱིར་བློ་ལྡན་རྣམས་བདེན་པ་བཞི་པོ་རྣམས་ཤེས་པ་ལ་སྦྱོར་ཞིང་ བརྩོན་པར་བྱེད་དེ། གང་གི་ཕྱིར་བློ་ལྡན་རྣམས་ཀྱིས་བདེན་པ་རྣམས་ཀྱི་བླང་དོར་ཤེས་པ་ དེའི་ཕྱིར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་ཐམས་ཅད་ཤེས་པ་ཞེས་ ཀྱང་ངེས་པར་བརྗོད་དོ། ། རྟོན་པ་ལ་གསུམ་ལས། (དང་པོ་)རྟོན་པ་བཞིར་དབྱེ་བ་ནི། གཙུག་ལག་བསྟན་ པའི་ཆོས་དང་ནི། །དེ་དོན་དགོངས་པ་ཅན་དག་དང༌། །ངེས་དོན་ཚད་ མར་ལྡན་པ་དང༌། །དེ་ཡི་བརྗོད་མེད་ཐོབ་པའོ། །སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་གསུངས་པ་གཙུག་ལག་བསྟན་པའི་ཆོས་ལ་སྟོན་པར་བྱའི་གང་ 4-1-504 ཟག་ལ་རྟོན་པར་མི་བྱ་བ་དང་ནི། ཆོས་དེའི་ཡང་དོན་དགོངས་པ་ཟབ་མོ་ཅན་དག་ལ་རྟོན་ པར་བྱའི་ཚིག་འབྲུ་ལ་རྟོན་པར་མི་བྱ་བ་དང༌། དོན་ཡང་སྟོན་པ་ཚད་མར་གྱུར་པས་ངེས་དོན་ དུ་གསུངས་ཤིང་དེས་ཚད་མར་མཛད་པའི་སྡུད་པ་པོ་རྣམས་ཀྱིས་ཀྱང་ངེས་པར་བྱས་པ་ཚད་ མ་དང་ལྡན་པ་ལ་རྟོན་པར་བྱའི་དྲང་བའི་དོན་ལ་རྟོན་པར་མི་བྱ་བ་དང༌། ངེས་དོན་དེ་ཤེས་ པའི་བློ་ཡང་བརྗོད་དུ་མེད་ཅིང་སོ་སོར་རང་གིས་རིག་པར་བྱ་བ་འཇིག་རྟེན་ལས་འདས་པའི་ ཡེ་ཤེས་ཐོབ་པ་ལ་རྟོན་པར་བྱའི་རྟོག་པ་དང་བཅས་པ་རྣམ་ཤེས་ལ་རྟོན་པར་མི་བྱ་བའོ། ། (གཉིས་པ་)ཕྱིན་ཅི་ལོག་དགག་པ་ནི། སྤོང་དང་ཇི་སྐད་བཤད་པ་དང༌། །ལོག་ པར་ཡང་དག་ཤེས་པ་དང༌། །བརྗོད་དང་བཅས་པར་ཐོབ་པ་དག །འདིར་ ནི་དགག་པར་བསྟན་པ་ཡིན། །ཆོས་ལ་རྟོན་པས་ནི་དབང་ཕྱུག་ལ་སོགས་པའི་གང་ ཟག་ལ་རྟོན་པའི་སྒོ་ནས་གཙུག་ལག་གི་ཆོས་སྤོང་བ་དགག་པ་དང༌། དོན་ལ་རྟོན་པས་ནི་ཕ་ དང་མ་ནི་བསད་བྱ་ཞིང༌། །ཞེས་པ་ལ་སོགས་པའི་དོན་ལ་མི་དཔྱོད་པར་ཇི་སྐད་བཤད་པའི་ ཚིག་འབྲུ་ལ་རྟོན་པ་དགག་པ་དང༌། ངེས་དོན་ལ་རྟོན་པས་ནི་དྲང་བའི་དོན་ལོག་པར་བཤད་ པ་ལ་ཡང་དག་པར་ཤེས་པ་དགག་པ་དང༌། ཡེ་ཤེས་ལ་རྟོན་པས་ནི་བརྗོད་པ་དང་བཅས་པ་ ཐོབ་པ་རྣམ་ཤེས་ལ་རྟོན་པ་དག་འདིར་ནི་དགག་པར་བསྟན་པ་ཡིན་ནོ། ། (གསུམ་པ་)དེ་དག་གི་ཕན་ཡོན་ནི། མོས་དང་རྣམ་པར་དཔྱོད་པ་དང༌། །གཞན་ ལས་ཇི་བཞིན་ཐོས་པ་དང༌། །བརྗོད་དུ་མེད་པའི་ཡེ་ཤེས་ལས། །བརྟན་ རྣམས་ཉམས་པར་མི་འགྱུར་རོ། །ཆོས་ལ་རྟོན་པས་ནི་གཙུག་ལག་གི་ཆོས་ཟབ་མོ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསུངས་པ་ལ་མོས་པ་དང༌། དོན་ལ་ རྟོན་པས་ནི་དགོངས་པའི་དོན་ལ་བདག་ཉིད་ཀྱིས་རྣམ་པར་དཔྱོད་པ་དང༌། ངེས་དོན་ལ་རྟོན་ པས་ནི་ཆོས་ཀྱི་དབྱིངས་ཀྱི་དོན་ཟབ་མོ་གཞན་ལས་ཇི་ལྟ་བ་བཞིན་དུ་ཐོས་པ་ལ་ཡིད་ཆེས་པ་ 4-1-505 དང༌། ཡེ་ཤེས་ལ་རྟོན་པས་ནི་བརྗོད་དུ་མེད་ཅིང་སོ་སོ་རང་གིས་རིག་པར་བྱ་བ་འཇིག་རྟེན་ ལས་འདས་པའི་ཡེ་ཤེས་ཏེ། བཞི་པོ་དེ་དག་ལས་བརྟན་པ་རྣམས་ནམ་ཡང་ཉམས་པར་མི་ འགྱུར་རོ། ། རིག་པ་ལའང་གསུམ་ལས། (དང་པོ་)རིག་པ་བཞིའི་མཚན་ཉིད་ནི། རྣམ་གྲངས་ དང་ནི་མཚན་ཉིད་དང༌། །ཚིག་དང་ཡེ་ཤེས་ཤེས་པའི་ཕྱིར། །བྱང་ཆུབ་ སེམས་དཔའ་ཡང་དག་རིག །བཞི་པོ་མཚུངས་པ་མེད་པར་འདོད། །དོན་ རེ་རེ་ལ་ཡང་མིང་གི་རྣམ་གྲངས་མཐའ་ཡས་པ་ཡོད་པ་རྣམས་ཇི་སྙེད་པ་ཤེས་པ་ཆོས་སོ་སོ་ ཡང་དག་པར་རིག་པ་དང་ནི། མིང་དེ་དག་གིས་བརྗོད་པར་བྱ་བའི་དོན་ཆོས་རྣམས་ཀྱི་རང་ དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་དོན་སོ་སོ་ཡང་དག་པར་རིག་པ་དང༌། ཡུལ་ སྣ་ཚོགས་ཀྱི་སྐད་རིགས་དང་ཚིག་གི་ཁྱད་པར་རྣམས་ཤེས་པ་ངེས་པའི་ཚིག་སོ་སོ་ཡང་དག་ པར་རིག་པ་དང༌། རྣམ་པར་དབྱེ་བ་མཐའ་ཡས་པ་ལ་མཁས་པའི་ཡེ་ཤེས་ཀྱིས་ཆོས་སྟོན་ པའི་ཚུལ་ཐོགས་པ་མེད་པ་ཤེས་པའི་ཕྱིར་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་པོ་ཉན་རང་ལ་སོགས་པ་གཞན་དང་ མཚུངས་པ་མེད་པའི་མཚན་ཉིད་ཅན་དུ་འདོད་དོ། ། (གཉིས་པ་)གཞིར་འཇོག་པའི་རྒྱུ་མཚན་ནི། བསྟན་པ་ལ་ནི་རབ་བརྩོན་པའི། ། གང་དང་གང་གིས་སྟོན་པ་ནི། །ཆོས་དང་དོན་ནི་གཉིས་པོ་དག །ཚིག་ དང་ཤེས་པ་ཁོ་ནས་སྟོན། །གཞན་དོན་དུ་ཆོས་བསྟན་པ་ལ་ནི་རབ་ཏུ་བརྩོན་པའི་བྱང་ ཆུབ་སེམས་དཔའ་རྣམས་ཀྱིས་གང་ཞིག་སྟོན་པ་དང་གང་གིས་སྟོན་པ་དེ་ལ་ནི་སོ་སོ་ཡང་ དག་པར་རིག་པའི་ཡེ་ཤེས་དགོས་ཤིང༌། དེ་ཡང་གང་ཞིག་སྟོན་པ་ནི་རྗོད་པར་བྱེད་པའི་ཆོས་ དང་བརྗོད་པར་བྱ་བའི་དོན་ནི་གཉིས་པོ་དག་ཡིན་ལ། གང་གིས་སྟོན་པ་ནི་ངེས་པའི་ཚིག་ 4-1-506 དང་ཤེས་པ་སྟེ་སྤོབས་པ་ཁོ་ནས་ཡང་དག་པར་སྟོན་པའོ། ། དེ་ཡང༌། ཆོས་ནི་བསྟན་དང་བཤད་ཕྱིར་དང༌། །རྣམ་པ་ཀུན་ཏུ་གཉིས་ ཐོབ་ཕྱིར། །རྒོལ་བ་རྣམས་ཀྱི་ལན་འདེབས་ཕྱིར། །སོ་སོ་ཡང་དག་རིག་ པ་བཞི། །ཆོས་ནི་མིང་གི་རྣམ་གྲངས་ཀྱི་སྒོ་ནས་མདོར་བསྟན་པའི་ཕྱིར་དང༌། དོན་གྱི་ངོ་ བོ་ཙམ་གཏན་ལ་ཕབ་སྟེ་རྒྱས་པར་བཤད་པར་བྱ་བའི་ཕྱིར་དང༌། (འགྲེལ་བཤད་དུ་དོན་གྱིས་བསྟན་ མིང་གིས་བཤད་ཟེར་)ངེས་པའི་ཚིག་གིས་རྣམ་པ་ཀུན་ཏུ་གདུལ་བྱའི་རྒྱུད་ལ་ཆོས་དང་དོན་གཉིས་ པོ་ཐོབ་ཅིང་རྟོགས་པར་བྱ་བའི་ཕྱིར་དང༌། སྤོབས་པས་ནི་རྒོལ་བ་རྣམས་ཀྱི་ལན་ཕྱིན་ཅི་མ་ ལོག་པར་འདེབས་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་བཞིར་རྣམ་པར་བཞག་པར་བྱའོ། ། [གཉིས་པ་{གསུམ་པ་}ངེས་ཚིག་དང་བྱེད་ལས་ནི། མཉམ་ཉིད་སོ་སོ་རང་རིག་ ནས། །ཕྱིས་ནི་རབ་ཏུ་ཤེས་པ་ཡིན། །ཐེ་ཚོམ་ཐམས་ཅད་གཅོད་བྱེད་པ། ། སོ་སོ་ཡང་དག་རིག་པར་བརྗོད། །ཐོག་མར་མཉམ་གཞག་ཏུ་འཇིག་རྟེན་ལས་ འདས་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སོ་སོ་རང་གིས་ཡང་དག་པར་ རིག་ནས་ཕྱིས་ནི་དེའི་རྗེས་ཐོབ་ཏུ་རྣམ་གྲངས་ལ་སོགས་པ་རྣམས་ཕྱིན་ཅི་མ་ལོག་པར་རབ་ ཏུ་ཤེས་ཤིང་སྟོན་པ་ཡིན་ཞེས་པ་ནི་ངེས་པའི་ཚིག་ཡིན་ལ། གདུལ་བྱར་གྱུར་པ་གཞན་དག་ གི་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་ནི་བྱེད་ལས་ཡིན་པས། དེ་དག་ནི་སོ་སོ་ཡང་དག་ པར་རིག་པ་བཞིར་བརྗོད་དོ། ། ཚོགས་ཀྱི་རྣམ་དབྱེ་ལ་བཞི་ལས། (དང་པོ་)ངོ་བོ་དང་འབྲས་བུ་ནི། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཚོགས། །བསོད་ནམས་ཡེ་ཤེས་མཚུངས་པ་མེད། ། གཅིག་གིས་འཁོར་བར་མངོན་མཐོ་བྱེད། །གཞན་གྱིས་ཉོན་མོངས་ མེད་པར་འཁོར། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཐོབ་པར་བྱེད་པའི་རྒྱུ་ 4-1-507 ཚོགས་གཉིས་ཀྱི་ངོ་བོ་ནི་ཐབས་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་སེམས་ཅན་ལ་ཕན་འདོགས་ པ་བསོད་ནམས་ཀྱི་ཚོགས་དང༌། ཤེས་རབ་སྟོང་ཉིད་རྟོགས་པ་ལ་བརྟེན་ནས་མི་རྟོག་པའི་ ཏིང་ངེ་འཛིན་སྒོམ་པ་ཡེ་ཤེས་ཀྱི་ཚོགས་ཏེ། ཉན་རང་ལ་སོགས་པ་དང་མཚུངས་པ་མེད་ཅིང་ ཁྱད་པར་དུ་འཕགས་པ་ཡིན་ལ། འབྲས་བུ་ནི་གཅིག་བསོད་ནམས་ཀྱི་ཚོགས་ཀྱིས་གནས་ སྐབས་འཁོར་བར་མངོན་པར་མཐོ་བ་ལྷ་དང་མིའི་ཕུན་སུམ་ཚོགས་པ་དང༌། མཐར་ཐུག་ གཟུགས་ཀྱི་སྐུའང་ཐོབ་པར་བྱེད་ཅིང༌། གཞན་ཡེ་ཤེས་ཀྱི་ཚོགས་ཀྱིས་གནས་སྐབས་ཀུན་ ནས་ཉོན་མོངས་པ་མེད་པར་འཁོར་བར་གཞན་གྱི་དོན་དང༌། མཐར་ཐུག་ཆོས་ཀྱི་སྐུའང་ཐོབ་ པར་བྱེད་པའོ། ། (གཉིས་པ་)ཕར་ཕྱིན་དང་སྦྱར་བ་ནི། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། ། ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། ། ལྔ་ཅར་ཡང་ནི་ཡེ་ཤེས་ཚོགས། །སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ སེམས་ཅན་ལ་ཕན་པར་བྱེད་པ་བསོད་ནམས་ཀྱི་ཚོགས་ཡིན་ཞིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ལ། བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་གསུམ་ པོ་གཞན་ནི་བསོད་ནམས་དང་ཡེ་ཤེས་ཀྱི་གཉིས་ཀའི་ཚོགས་ཡིན་ཏེ། གནོད་པ་ལ་ལན་མི་ བྱེད་པ་དང་སྡུག་བསྔལ་དང་དུ་ལེན་པ་ནི་བསོད་ནམས་དང༌། ཆོས་ལ་ངེས་པར་སེམས་པའི་ བཟོད་པ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ཞིང༌། གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་བསོད་ནམས་ དང་མི་རྟོག་པ་སྒོམ་པ་ལ་སྤྲོ་བ་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དམིགས་བཅས་ལ་མཉམ་པར་ འཇོག་པའི་བསམ་གཏན་བསོད་ནམས་དང༌། དམིགས་མེད་ལ་མཉམ་པར་འཇོག་པ་ཡེ་ ཤེས་ཀྱི་ཚོགས་ཡིན་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔ་ཆར་ཡང་ནི་འཁོར་གསུམ་དུ་ རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་ཞིང་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སྒོ་ 4-1-508 ནས་ཡེ་ཤེས་ཀྱི་ཚོགས་ཡིན་པར་རིག་པར་བྱའོ། ། (གསུམ་པ་)ངེས་ཚིག་དང་བྱེད་ལས་ནི། རྒྱུན་དུ་སྒོམ་པ་ཐོབ་ནས་ནི། །དགེ་བ་ ཡང་དང་ཡང་དུ་སྒྲུབ། །བརྟན་པའི་ཚོགས་གང་ཡིན་པ་དེ། །དོན་ཀུན་ སྒྲུབ་པར་བྱེད་པ་ཡིན། །སཾ་བྷཱ་ར་ཞེས་པ་ནི་ཚོགས་ཏེ། དེའི་སཾ་ཞེས་པ་རྒྱུན་དུ་(སཾ་པ་ཏྱ་) བྷཱ་ཞེས་པ་སྒོམ་པ་(བྷཱ་ཝ་)ཐོབ་ནས་ནི། ར་ཞེས་པ་སྦྱིན་པ་ལ་སོགས་པའི་དགེ་བ་ཡང་དང་ ཡང་དུ་(ཨཱ་ཧཱ་ར་)སྒྲུབ་པས་སངས་རྒྱས་ཀྱིས་སྐུ་གསུམ་འགྲུབ་པས་ན་ཚོགས་ཞེས་པ་(ཡི་གེ་བསྣན་ པའི་)ངེས་པའི་ཚིག་ཡིན་ལ། བརྟན་པ་བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་གང་ཡིན་པ་དེ་ནི་རང་དང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་ཕུན་སུམ་ ཚོགས་པ་ཀུན་སྒྲུབ་པར་བྱེད་པ་ཡིན་ཞེས་པ་ནི་བྱེད་ལས་སོ། ། (བཞི་པ་)ས་མཚམས་དང་དབྱེ་བ་ནི། འཇུག་དང་མཚན་མ་མེད་པ་དང༌། ། ལྷུན་གྱིས་གྲུབ་པར་བྱ་བ་དང༌། །དབང་བསྐུར་མཐར་ཐུག་བྱ་བའི་ ཕྱིར། །བརྟན་རྣམས་ཚོགས་ནི་སྒྲུབ་པར་བྱེད། །མོས་པས་སྤྱོད་པ་སའི་ཚོགས་ ནི་ལྷག་བསམ་རྣམ་དག་གི་ས་ལ་འཇུག་པར་བྱ་བའི་ཕྱིར་སྒྲུབ་པ་དང༌། ས་དང་པོ་ནས་དྲུག་ པའི་བར་གྱི་ཚོགས་ནི་མཚན་མ་མེད་པའི་ས་བདུན་པ་ཐོབ་པར་བྱ་བའི་ཕྱིར་དང༌། ས་བདུན་ པའི་ཚོགས་ནི་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པའི་ས་བརྒྱད་པ་དང་དགུ་པ་ཐོབ་པར་ བྱ་བའི་ཕྱིར་དང༌། ས་བརྒྱད་པ་དང་དགུ་པའི་ཚོགས་ནི་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་དབང་ བསྐུར་བའི་ས་བཅུ་པ་ཐོབ་པར་བྱ་བའི་ཕྱིར་དང༌། ས་བཅུ་པའི་ཚོགས་ནི་འབྲས་བུ་མཐར་ ཐུག་སངས་རྒྱས་ཀྱི་ས་ཐོབ་པར་བྱ་བའི་ཕྱིར་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཚོགས་ གཉིས་པོ་ནི་རིམ་པ་ལྟར་སྒྲུབ་པར་བྱེད་པའོ། ། དོན་དངོས་བྱང་ཆུབ་ཕྱོགས་མཐུན་གྱི་སྤྱི་དོན་ལ་ལྔའི། 4-1-509 (དང་པོ་)མཚན་ཉིད་ནི། མཛོད་ལས། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་དེ་དང་མཐུན་ པའི་ཕྱིར། །སུམ་ཅུ་རྩ་བདུན་དེ་ཡི་ཕྱོགས། །ཞེས་ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་མི་སློབ་པའི་ ཡེ་ཤེས་བྱང་ཆུབ་ཀྱི་ངོ་བོ་ཡིན་ལ། དེའི་རྗེས་སུ་མཐུན་པ་དང་དེའི་རྒྱུར་གྱུར་པས་ན་ཕྱོགས་ དང་མཐུན་པ་ཞེས་པ་དང༌། (གཉིས་པ་)དབྱེ་བསྡུ་ནི། དད་དང་བརྩོན་འགྲུས་དྲན་པ་དང༌། །ཏིང་འཛིན་ཤེས་རབ་ བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །ཞེས་པ་བཅུ་ནི་རྫས་སུ་གྲུབ་པ་ ཡིན་ལ། གཞན་རྣམས་ནི་དེ་དག་གི་ནང་དུ་འདུ་བས་རྫས་ལོགས་སུ་གྲུབ་པ་མེད་དེ། དྲན་པ་ ཉེར་གཞག་ཤེས་རབ་སྟེ། །བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། །རྫུ་འཕྲུལ་རྐང་པ་ཏིང་ འཛིན་ནོ། །གཙོ་བོ་སྨོས་པས་དེ་དག་ནི། །སྦྱོར་བྱུང་ཡོན་ཏན་རྣམས་ཀྱང་ཡིན། །ཞེས་པ་ལྟར་ ཡིན་པ་དང༌། ཆོས་རབ་ཏུ་འབྱེད་པ་དང་ཡང་དག་པའི་ལྟ་བ་ནི་ཤེས་རབ་ཡིན་པ་དང༌། རྩོལ་ བ་ནི་བརྩོན་འགྲུས་ཡིན་ལ་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་ནི་ཚུལ་ཁྲིམས་ ཡིན་པའི་ཕྱིར་རོ། ། (གསུམ་པ་)ས་མཚམས་ལ། སྡེ་ཚན་བདུན་ནི་གོ་རིམ་བཞིན། །ལས་ནི་དང་པོ་པ་དག་དང༌། ། ངེས་འབྱེད་ཆ་མཐུན་རྣམས་དང་ནི། །སྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་རིམ་པ་ལྟར་ ཚོགས་ལམ་དང་དྲོད་དང་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་དང་སྒོམ་ལམ་དང༌། མཐོང་ ལམ་རྣམས་ན་སྡེ་ཚན་རེ་རེ་ཡོད་པར་འདོད་མོད་འདིར་ནི་ཐེག་ཆེན་པའི་ལུགས་ཀྱིས་ཚོགས་ ལམ་ཆུང་ངུ་ན་དྲན་པ་ཉེར་བར་གཞག་པ་བཞི་དང༌། འབྲིང་པོ་ན་ཡང་དག་པར་སྤོང་བ་བཞི་ དང༌། ཆེན་པོ་ན་རྫུ་འཕྲུལ་གྱི་རྐང་བ་བཞི་དང༌། སྦྱོར་ལམ་དང་པོ་གཉིས་ན་དབང་པོ་ལྔ་དང༌། ཕྱི་མ་གཉིས་ན་སྟོབས་ལྔ་དང༌། མཐོང་ལམ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། སྒོམ་ལམ་ ན་འཕགས་པའི་ལམ་ཡན་ལག་བརྒྱད་ཡོད་པར་བཞེད་པ་དང་མཐུན་པར་འཆད་དོ། ། (བཞི་པ་)གོ་རིམ་ནི་སྔ་མ་ལས་ཕྱི་མ་འབྱུང་བ་རྒྱུ་འབྲས་ཀྱི་རིམ་པའོ། །(ལྔ་པ་)ཟག་པ་ཡོད་ 4-1-510 མེད་ལ། བྱང་ཆུབ་ཡན་ལག་ལམ་ཡན་ལག །ཟག་པ་མེད་པའི་གཞན་རྣམས་གཉིས། །ཞེས་ ཕྱི་མ་གཉིས་ཟག་མེད་ཁོ་ན་ཡིན་ལ། གཞན་རྣམས་ཟག་བཅས་ཟག་མེད་གཉིས་ཀ་ཡིན་པར་ ཡང་འདོད་མོད། ཟག་པ་རྒྱས་པ་མེད་པའི་ཆ་ནས་ནི་ཐམས་ཅད་ཀྱང་ཟག་མེད་དུ་འགྱུར་ ཞིང༌། ཡང་བྱིས་པ་ལ་ཡོད་པ་རྣམས་ཟག་བཅས་དང་འཕགས་པ་ལ་ཡོད་པ་རྣམས་ཟག་མེད་ ཅེས་ཀྱང་བྱའོ། ། གཞུང་དོན་ལ་སྡེ་ཚན་བདུན་ཏེ། དྲན་པ་ཉེར་བཞག་རྣམས་པ་བཞི། །ཡང་དག་སྤོང་བ་ རྣམ་པ་བཞི། །རྫུ་འཕྲུལ་རྐང་པ་རྣམ་པ་བཞི། །དད་སོགས་དབང་པོ་རྣམ་པ་ལྔ། །དེ་ཉིད་ སྟོབས་སུ་གྱུར་པ་ལྔ། །བྱང་ཆུབ་ཡན་ལག་རྣམ་པ་བདུན། །ལམ་གྱི་ཡན་ལག་རྣམ་པ་བརྒྱད་ དོ། །དེ་རྣམས་ཀྱིའང་སྡེ་ཚན་དང་པོ་གསུམ་ལ་ནི་གཙོ་ཆེ་བའི་དབང་དུ་བྱས་ནས། ཚོགས་ ལམ་གྱི་ཆོས་བཞི་གསུམ་བཅུ་གཉིས་ཞེས་ཀྱང་བྱ་ཞིང༌། དང་པོ་དྲན་པ་ཉེར་གཞག་ལ་གཉིས་ལས། (དང་པོ་)ཁྱད་པར་འཕགས་ཚུལ་མདོར་ བསྟན་ནི། བློ་ལྡན་དྲན་པ་ཉེར་བཞག་པ། །སྒོམ་པ་རྣམ་པ་བཅུ་བཞི་ ཡིས། །མཚུངས་པ་མེད་པའི་ཕྱིར་ན་དེ། །དེ་ལས་གཞན་ལས་ཁྱད་པར་ འཕགས། །བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དང་ཚོར་བ་དང་སེམས་དང་ ཆོས་དྲན་པ་ཉེ་བར་བཞག་པ་བཞི་པོ་ནི་སྒོམ་པའི་ཚུལ་རྣམ་པ་བཅུ་བཞིའི་སྒོ་ནས་མཚུངས་པ་ མེད་པའི་ཕྱིར་ན། དེ་ནི་དེ་ལས་གཞན་ཉན་རང་གི་དྲན་པ་ཉེ་བར་བཞག་པ་ལས་ཁྱད་པར་དུ་ འཕགས་ཤིང་མཆོག་ཏུ་གྱུར་པའོ། ། (གཉིས་པ་)ཁྱད་པར་བྱེད་ཆོས་རྒྱས་བཤད་ནི། རྟེན་དང་གཉེན་པོ་དག་དང་ནི། ། དེ་བཞིན་དུ་ནི་འཇུག་པ་དང༌། །དམིགས་པ་དང་ནི་ཡིད་བྱེད་དང༌། ། ཐོབ་པས་བསྒོམ་པ་ཁྱད་པར་འཕགས། །ཉན་རང་རྣམས་ནི་ཉན་ཐོས་ཀྱི་སྡེ་སྣོད་ 4-1-511 ལ་བརྟེན་ནས་སྒོམ་པ་ཙམ་ཡིན་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ཐེག་པ་ཆེན་པོའི་ ཆོས་ཟབ་པ་དང་རྒྱ་ཆེ་བ་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་པའི་ཤེས་རབ་ ལ་བརྟེན་ནས་སྒོམ་པ་ལས་ཁྱད་པར་དུ་འཕགས་པ་དང༌། ཉན་རང་རྣམས་ནི་ལུས་གཙང་ བར་འཛིན་པའི་གཉེན་པོར་མི་གཙང་བར་དྲན་པ་ཉེ་བར་འཇོག་པ་དང༌། ཚོར་བ་བདེ་བར་ འཛིན་པའི་གཉེན་པོར་སྡུག་བསྔལ་བ་དྲན་པ་ཉེ་བར་འཇོག་པ་དང༌། སེམས་རྟག་པར་འཛིན་ པའི་གཉེན་པོར་མི་རྟག་པར་དྲན་པ་ཉེ་བར་འཇོག་པ་དང༌། ཆོས་བདག་ཡོད་པར་འཛིན་པའི་ གཉེན་པོར་བདག་མེད་པ་དྲན་པ་ཉེ་བར་འཇོག་པ་ཙམ་ཡིན་པ་ལ། བྱང་ཆུབ་སེམས་དཔའ་ རྣམས་ནི་ལུས་ལ་སོགས་པའི་ཆོས་ཐམས་ཅད་གཟུང་བ་དང་འཛིན་པས་སྟོང་པ་ནམ་མཁའ་ ལྟ་བུར་རྟོགས་པའི་སྒོ་ནས་ལུས་མི་གཙང་བར་འཛིན་པ་ལ་སོགས་པ་དེ་དག་གི་ཡང་གཉེན་ པོ་དག་བྱེད་པའི་སྒོ་ནས་ཁྱད་པར་དུ་འཕགས་པ་དང་ནི། དེ་བཞིན་དུ་ནི་ཉན་རང་རྣམས་ བདག་ཉིད་བདེན་པ་བཞི་ལ་འཇུག་པ་ཙམ་ཡིན་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ བདག་ཉིད་ཀྱང་འཇུག་གཞན་ཡང་འཇུག་པར་བྱེད་པ་སྟེ། དེ་ཡང་དབུས་དང་མཐའ་རྣམ་ པར་འབྱེད་པ་ལས། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། ། བདེན་པ་བཞི་ལ་འཇུག་བྱ་བ། །དྲན་པ་ཉེ་བར་བཞག་པ་སྒོམ། །ཞེས་གསུངས་པ་ལྟར། ལུས་གནས་ངན་ལེན་ཟག་བཅས་ཀྱི་ས་བོན་དང་ལྡན་པ་ཀུན་གཞིའི་རྣམ་ཤེས་འདུ་བྱེད་སྡུག་ བསྔལ་གྱི་རྒྱུ་ལས་བྱུང་བར་རིག་ནས་ཤེས་བྱ་སྡུག་བསྔལ་གྱི་བདེན་པ་དང༌། ཚོར་བ་བླང་ དོར་ལ་སྲེད་པའི་རྒྱུ་ཡིན་པར་རིག་ནས་དེ་ལས་བྱུང་བ་སྲེད་པ་སྤང་བྱ་ཀུན་འབྱུང་གི་བདེན་པ་ དང༌། སེམས་བདག་ཏུ་ཞེན་པའི་གཞི་ཡིན་པར་རིག་ནས་མྱ་ངན་ལས་འདས་པ་ན་བདག་ཆད་ ཀྱིས་དོགས་པའི་སྐྲག་པ་མེད་པས་ཐོབ་བྱ་འགོག་པའི་བདེན་པ་དང༌། ཆོས་ཀུན་ནས་ཉོན་ མོངས་པ་དང་རྣམ་པར་བྱང་བ་སྤང་གཉེན་དུ་རིག་ནས་བླང་དོར་ལ་མ་རྨོངས་པས་བསྟེན་བྱ་ 4-1-512 ལམ་གྱི་བདེན་པ་རྣམས་ལ་རིམ་གྱིས་འཇུག་པའི་ཕྱིར་ཁྱད་པར་དུ་འཕགས་པ་དང༌། ཉན་ རང་རྣམས་ནི་རང་གི་ལུས་ལ་སོགས་པ་ལ་དམིགས་པ་ཙམ་ཡིན་ལ། བྱང་ཆུབ་སེམས་དཔའ་ རྣམས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ཚོར་བ་དང་སེམས་དང་ཆོས་ལ་དམིགས་ནས་ སྒོམ་པས་ཁྱད་པར་འཕགས་པ་དང་ནི། ཉན་རང་རྣམས་ནི་ལུས་མི་གཙང་བ་ལ་སོགས་པར་ ཡིད་ལ་བྱེད་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ལུས་ལ་སོགས་པའི་ཆོས་ཐམས་ ཅད་ནམ་མཁའ་ལྟར་མི་དམིགས་པར་ཡིད་ལ་བྱེད་པས་ཁྱད་པར་འཕགས་པ་དང༌། ཉན་ རང་རྣམས་ནི་ལུས་ཕུང་པོ་ལྷག་མེད་དུ་ལུས་ལ་སོགས་པ་དང་བྲལ་བའི་ཕྱིར་སྒོམ་པ་ཡིན་པ་ ལ། བྱང་ཆུབ་སེམས་དཔའ་རྣམས་ལུས་ལ་སོགས་པ་དང་བྲལ་བ་མྱང་འདས་ཀྱི་མཐར་ལྷུང་ བ་ཡང་མ་ཡིན་མ་བྲལ་བ་འཁོར་བའི་མཐར་ལྷུང་བ་ཡང་མ་ཡིན་གྱི། མཐའ་གཉིས་ལ་མི་ གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་སྒོ་ནས་སྒོམ་པ་ཁྱད་པར་དུ་འཕགས་པའོ། ། དེ་བཞིན་དུ། མཐུན་དང་རྗེས་སུ་འཇུག་པ་དང༌། །ཡོངས་སུ་ཤེས་དང་སྐྱེ་ བ་དང༌། །ཆེན་པོ་དང་ནི་མཆོག་ཉིད་དང༌། །བསྒོམ་པ་ཡང་དག་འགྲུབ་ པས་གཞན། །ཐེག་ཆེན་པའི་དྲན་པ་ཉེ་བར་བཞག་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མཐུན་ པར་སྒོམ་པས་དེ་དག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའི་གཉེན་པོ་བྱེད་པའི་ ཕྱིར་དང༌། འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡང་རྗེས་སུ་འཇུག་ པས་དེ་དག་ལ་དེ་རྣམས་བསྟན་པའི་ཕྱིར་དེ་དག་དང་མཐུན་པའི་དྲན་པ་ཉེ་བར་བཞག་པ་ རྣམས་ཀྱང་སྒོམ་པ་དང༌། ལུས་དོན་ལ་མ་གྲུབ་ཀྱང་དེར་སྣང་བ་སྒྱུ་མ་ལྟ་བུ་དང༌། ཚོར་བ་ མེད་བཞིན་དུ་ལོག་པར་ཉམས་སུ་མྱོང་བ་རྨི་ལམ་ལྟ་བུ་དང༌། སེམས་ཀྱི་ཆོས་ཉིད་འདུས་མ་ བྱས་ནི་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་ནམ་མཁའ་ལྟ་བུ་དང༌། ཀུན་ནས་ ཉོན་མོངས་འདོད་ཆགས་ལ་སོགས་པ་དང་རྣམ་བྱང་དད་པ་ལ་སོགས་པ་འདུས་བྱས་ཀྱི་ཆོས་ 4-1-513 རྣམས་ནི་ནམ་མཁའ་ལ་རྡུལ་དང་དུ་བ་དང་སྤྲིན་ལ་སོགས་པས་ཁེབས་པ་བཞིན་དུ་སྤང་རུང་ གློ་བུར་བ་ཉིད་དུ་ཡོངས་སུ་ཤེས་པ་དང༌། བསམ་བཞིན་དུ་སྲིད་པར་སྐྱེ་བ་ན་ཡང་འཁོར་ ལོས་སྒྱུར་བ་ལ་སོགས་པའི་ལུས་དང་ཚོར་བ་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་ སྐྱེ་ཞིང༌། དེ་ལའང་ཆགས་པའི་ཀུན་ནས་ཉོན་མོངས་པ་མེད་པ་དང༌། རང་བཞིན་གྱིས་དབང་ པོ་རྣོ་བ་ཉིད་ཀྱིས་ཐེག་ཆེན་པའི་དྲན་པ་ཉེར་གཞག་སྒོམ་པ་ཆུང་ངུ་ཡང་ཉན་རང་ལ་སོགས་ པ་གཞན་དག་ལས་ཆེན་པོར་འགྱུར་བ་ཉིད་དང་ནི་[སྒོམ་{གོམས་}པ་ཡོངས་སུ་གྲུབ་པས་ས་ བརྒྱད་པ་ཡན་ཆད་དུ་འདྲེས་ཤིང་ཉེ་བར་འདྲེས་པའི་ཚུལ་གྱིས་བསྒོམས་པས་མཆོག་ཉིད་དུ་ གྱུར་པ་དང༌། ཤིན་ཏུ་གོམས་པ་མཐར་ཕྱིན་པས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་ པ་ན་ཡང་མི་ཟད་པའི་སྒོམ་པ་དང༌། འབྲས་བུ་ཕུན་སུམ་ཚོགས་པ་ས་བཅུ་བ་དང་སངས་རྒྱས་ ཉིད་དུ་ཡང་དག་པར་འགྲུབ་པས་ཀྱང་ཁྱད་པར་གཞན་ཏེ། དེ་ལྟར་ཁྱད་པར་དུ་བྱེད་ཆོས་བཅུ་ བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པའོ། ། ཡང་དག་པར་སྤོང་བ་ལ་གསུམ་ལས། (དང་པོ་)མཚན་ཉིད་མདོར་བསྟན་ནི། བརྟན་པ་ རྣམས་ཀྱི་ཡང་དག་སྤོང༌། །ལུས་ཅན་ཀུན་དང་མཚུངས་པ་མེད། །དྲན་ པ་ཉེ་བར་བཞག་པ་ཡི། །ཉེས་པ་རྣམས་ཀྱི་གཉེན་པོར་བསྒོམ། །བརྟན་པ་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤང་བྱ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང་སྐྱེས་པ་ སྤོང་བ་དང༌། གཉེན་པོ་དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་དང་སྐྱེས་པ་སྤེལ་བའི་ཆེད་དུ་འདུན་ པ་སྐྱེད་ནས་འབད་ཅིང༌། བརྩོན་འགྲུས་རྩོམ་པའི་ཡང་དག་པར་སྤོང་བ་བཞི་ནི་རང་གཞན་ ཐམས་ཅད་ཀྱི་དོན་དུ་སྒོམ་པའི་ཕྱིར་ཉན་རང་ལ་སོགས་པའི་ལུས་ཅན་ཀུན་གྱི་ཡང་དག་སྤོང་ བ་དང་མཚུངས་པ་མེད་ཅིང་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ཡང་སྔར་བཤད་པའི་དྲན་པ་ ཉེ་བར་བཞག་པ་བཞི་པོའི་མི་མཐུན་ཕྱོགས་བདག་གཉིས་སུ་འཛིན་པ་ལ་སོགས་པའི་ཉེས་ 4-1-514 པ་རྣམས་ཀྱི་གཉེན་པོར་བསྒོམ་པའོ། ། (གཉིས་པ་)གཉེན་པོའི་དབྱེ་བ་ནི། འཁོར་བ་ཉེ་བར་སྤྱོད་པ་དང༌། །སྒྲིབ་པ་ དག་ནི་དོར་བ་དང༌། །ཡིད་ལ་བྱེད་པ་དོར་བ་དང༌། །ས་རྣམས་ལ་ནི་ འཇུག་པ་དང༌། །བྱང་ཆུབ་སེམས་དཔའ་རྣམས་གཞན་དོན་དུ་འཁོར་བར་ཚངས་པ་ ལ་སོགས་པའི་ལུས་བླངས་ཏེ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་ཉེ་བར་སྤྱོད་པ་ན་འདོད་ ཆགས་ལ་སོགས་པའི་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱ་བའི་ཕྱིར་ཡང་དག་པར་ སྤོང་བ་སྒོམ་པ་དང༌། དེ་བཞིན་དུ་སྦྱར་ཏེ་འདོད་པ་ལ་འདུན་པ་དང་གནོད་སེམས་དང་ གཉིད་རྨུགས་དང་རྒོད་འགྱོད་ཐེ་ཚོམ་སྟེ་སྒྲིབ་པ་ལྔ་པོ་དག་ནི་དོར་བར་བྱ་བ་དང༌། ཉན་ཐོས་ དང་རང་སངས་རྒྱས་ཀྱི་ཐེག་པ་ཡིད་ལ་བྱེད་པ་དོར་བར་བྱ་བ་དང༌། ས་དང་པོ་ནས་དྲུག་ པའི་བར་གྱི་ས་རྣམས་ལ་ནི་འཇུག་པར་བྱ་བ་དང༌། མཚན་མ་མེད་པར་གནས་པ་ དང༌། །ལུང་བསྟན་པ་ནི་ཐོབ་པ་དང༌། །སེམས་ཅན་རྣམས་ཡོངས་སྨིན་ བྱ་དང༌། །དབང་ནི་བསྐུར་བར་བྱ་བ་དང༌། །ས་བདུན་པ་ལ་མཚན་མ་མེད་པར་ གནས་པར་བྱ་བ་དང༌། ས་བརྒྱད་པ་ལ་ལུང་བསྟན་པ་ནི་ཐོབ་པར་བྱ་བ་དང༌། ས་དགུ་པ་ལ་ སེམས་ཅན་རྣམས་ཡོངས་སུ་སྨིན་པ་གྲུབ་པར་བྱ་བ་དང༌། ས་བཅུ་པ་ལ་དབང་ནི་བསྐུར་བ་ ཐོབ་པར་བྱ་བ་དང༌། ཞིང་རྣམས་དག་པར་བྱ་ཕྱིར་དང༌། །མཐར་ཐུག་ཉིད་དུ་ བྱ་བའི་ཕྱིར། །བྱང་ཆུབ་སེམས་དཔའ་བློ་ལྡན་རྣམས། །མི་མཐུན་ཕྱོགས་ ཀྱི་གཉེན་པོར་བསྒོམ། །ས་བརྒྱད་པ་དགུ་པ་བཅུ་པ་གསུམ་ཆར་ལ་སངས་རྒྱས་ཀྱི་ཞིང་ རྣམས་ཡོངས་སུ་དག་པར་བྱ་བའི་ཕྱིར་དང༌། སངས་རྒྱས་ཀྱི་ས་ལ་འབྲས་བུ་མཐར་ཐུག་ཉིད་ དུ་འགྲུབ་པར་བྱ་བའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་བློ་དང་ལྡན་པ་རྣམས་བྱ་བ་དེ་དག་ལ་ བར་དུ་གཅོད་ཅིང་སྒྲིབ་པར་བྱེད་པ་མི་མཐུན་ཕྱོགས་རྣམས་ཀྱི་གཉེན་པོ་ཡང་དག་པར་སྤོང་ 4-1-515 བ་བཞི་བསྒོམ་པའོ། ། (གསུམ་པ་)བསྒོམ་ཚུལ་བསྟན་པ་ནི། མདུན་པ་ལ་ནི་བརྟེན་ནས་སུ། །རྣལ་ འབྱོར་རྒྱུ་མཚན་བཅས་སྒོམ་པ། །ཡང་དག་སྤོང་བ་ཐམས་ཅད་ལ། ། གཉེན་པོ་ཞེས་ནི་ངེས་པར་བརྗོད། །དེ་ཡང་མདོ་ལས། གང་འདུན་པ་བསྐྱེད་ དོ་འབད་དོ་བརྩོན་འགྲུས་རྩོམ་མོ་སེམས་རབ་ཏུ་འཛིན་ནོ་ཡང་དག་པར་རབ་ཏུ་འཇོག་གོ་ ཞེས་གསུངས་པ་ལྟར། བརྩོན་འགྲུས་ཀྱི་གནས་དགེ་སྡིག་ལ་བླང་དོར་བྱེད་པར་འདོད་པའི་ འདུན་པ་ལ་ནི་བརྟེན་ནས་སུ་ངོ་བོ་ཞི་གནས་ལྷག་མཐོང་ཟུང་དུ་འཇུག་པའི་རྣལ་འབྱོར་དང༌། དེའི་གྲོགས་ཞི་གནས་ཀྱི་རྒྱུ་མཚན་དང་རབ་ཏུ་འཛིན་པའི་རྒྱུ་མཚན་དང་བཏང་སྙོམས་ཀྱི་རྒྱུ་ མཚན་ཡིད་ལ་བྱེད་པ་དང་བཅས་ཏེ་ལྷན་ཅིག་སྒོམ་པ་ལ་འབད་ཅིང་བརྩོན་འགྲུས་རྩོམ་མོ། ། བརྩོན་འགྲུས་དེ་ཡང་ཞི་གནས་དང་རབ་ཏུ་འཛིན་པའི་མི་མཐུན་ཕྱོགས་ཞུམ་པ་དང་རྒོད་པ་ སེལ་བའི་གཉེན་པོ་སྟེ། བྱིང་ཞིང་ཞུམ་པར་གྱུར་ན་ཤེས་རབ་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ སེམས་པ་ལ་སོགས་པ་ལྷག་མཐོང་གི་རྒྱུ་མཚན་ཡིད་ལ་བྱེད་པས་སེམས་རབ་ཏུ་འཛིན་ཏོ། ། རྒོད་ཅིང་འཕྲོ་བར་གྱུར་ན་འཁོར་བའི་ཉེས་དམིགས་སེམས་པ་ལ་སོགས་པ་ཞི་གནས་ཀྱི་རྒྱུ་ མཚན་ཡིད་ལ་བྱེད་པས་ནང་དུ་ཡང་དག་པར་རབ་ཏུ་འཇོག་གོ །བྱིང་བ་དང་རྒོད་པ་སྤངས་ ནས་ཆ་མཉམ་པར་གྱུར་ན་འབད་པ་དང་རྩོལ་བ་དོར་ནས་འདུ་བྱེད་བཏང་སྙོམས་ཀྱི་ངང་དུ་ མཉམ་པར་འཇོག་སྟེ། དེ་བས་ན་ཡང་དག་པར་སྤོང་བའི་དབྱེ་བ་ཇི་སྐད་བཤད་པ་ཐམས་ ཅད་ལ་དྲན་པ་ཉེ་བར་བཞག་པ་ལ་སོགས་པའི་མི་མཐུན་ཕྱོགས་སྤོང་བའི་གཉེན་པོ་ཞེས་ནི་ ངེས་པར་བརྗོད་དོ། ། རྫུ་འཕྲུལ་གྱི་རྐང་པ་ལ་འགྲུབ་ཚུལ་གྱི་དབྱེ་བ་དང༌། དེ་དག་གི་རྣམ་གཞག་གཉིས་ལས། དང་པོ་ནི། བརྟན་པ་རྣམས་ཀྱི་རྫུ་འཕྲུལ་གྱི། །རྐང་པ་མཚན་ཉིད་མཆོག་ 4-1-516 ལྡན་བཞི། །བདག་ཉིད་དང་ནི་གཞན་དག་གི། དོན་ཀུན་འགྲུབ་པའི་ ཕྱིར་སྐྱེའོ། །བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་སྤྲུལ་པ་དང་བསྒྱུར་བ་ ལ་སོགས་པ་རྣམས་ཀྱི་རྐང་པ་དེའི་རྟེན་ནམ་རྒྱུར་གྱུར་པ་མཚན་ཉིད་ཐབས་ཤེས་རབ་ཁྱད་ པར་ཅན་དང་འབྲེལ་བས། ཉན་རང་ལ་སོགས་པ་ལས་མཆོག་ཏུ་གྱུར་པ་དང་ལྡན་པ་བཞི་པོ་ རྣམས་དགོས་པ་བྱང་ཆུབ་སེམས་དཔའ་བདག་ཉིད་དང་ནི་སེམས་ཅན་གཞན་དག་གི་འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཀུན་འགྲུབ་པར་བྱ་བའི་ཕྱིར་སྐྱེ་བའོ། ། རྣམ་གཞག་ལའང་གཉིས་ལས། (དང་པོ་)མདོར་བསྟན་ནི། རྟེན་དང་རབ་ཏུ་དབྱེ་བ་དང༌། །ཐབས་དང་ མངོན་པར་བསྒྲུབ་པ་ཡིས། །བློ་ལྡན་རྫུ་འཕྲུལ་རྐང་པ་རྣམས། །རྣམ་པ་ ཀུན་ཏུ་རྣམ་གཞག་འདོད། །གཞི་གང་ལ་རྟེན་པ་དང༌། དེའི་རབ་ཏུ་དབྱེ་བ་དང༌། ཐབས་ཀྱི་ཁྱད་པར་དང༌། མངོན་པར་བསྒྲུབ་པ་སྟེ་དོན་རྣམ་པ་བཞི་ཡིས་བློ་ལྡན་རྣམས་ཀྱི་རྫུ་ འཕྲུལ་གྱི་རྐང་པ་བཞི་པོ་རྣམས་རྣམ་པ་ཀུན་ཏུ་རྣམ་པར་བཞག་པར་འདོད་དོ། ། (གཉིས་པ་)རྒྱས་བཤད་ལའང་གཉིས་ལས། (དང་པོ་)སྤྱིར་བསྟན་ནི། བསམ་གཏན་ ཕ་རོལ་ཕྱིན་བརྟེན་ནས། །རབ་ཏུ་དབྱེ་བ་དག་དང་ཐབས། །རྣམ་བཞི་ མངོན་པར་སྒྲུབ་པ་ནི། །རྣམ་པ་དྲུག་ཏུ་བརྗོད་པ་ཡིན། །ཟག་མེད་ཀྱི་བསམ་ གཏན་བཞི་ཐོབ་པ་ལ་སོགས་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་རབ་ཏུ་ དབྱེ་བ་ནི། གུས་སྦྱོར་ལ་བརྟེན་ནས་སེམས་རྩེ་གཅིག་ཏུ་གནས་པ་འདུན་པའི་ཏེང་ངེ་འཛིན་ སྤོང་བའི་འདུ་བྱེད་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་དང༌། དེ་བཞིན་དུ་རྒྱུན་སྦྱོར་ལ་བརྟེན་ ནས་སེམས་རྩེ་གཅིག་ཏུ་གནས་པ་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང༌། སྔོན་བསྒོམས་པའི་ ས་བོན་བརྟས་པ་ལ་བརྟེན་ནས་སེམས་རྩེ་གཅིག་ཏུ་གནས་པ་སེམས་ཀྱི་ཏིང་ངེ་འཛིན་དང༌། 4-1-517 ཤེས་རབ་ཀྱིས་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྟེན་ནས་སེམས་རྩེ་གཅིག་ཏུ་ གནས་པ་དཔྱོད་པའི་ཏིང་ངེ་འཛིན་ཏེ་རྣམ་པ་བཞི་དག་དང༌། ཐབས་ཀྱང་རྣམ་པ་བཞི་ཁོ་ན་ དང༌། མངོན་པར་སྒྲུབ་པ་ནི་རྣམ་པ་དྲུག་ཏུ་བརྗོད་པར་འགྱུར་བ་རྣམས་ཡིན་ནོ། ། (གཉིས་པ་)ཁྱད་པར་ལའང་གཉིས་ལས། (དང་པོ་)ཐབས་བཞི་བཤད་པ་ནི། གཅིག་ནི་ འབད་པར་བྱེད་པ་སྟེ། །གཉིས་པ་ཕན་འདོགས་བྱེད་པ་ཡིན། །གསུམ་པ་ གཏོད་པར་བྱེད་པ་སྟེ། །བཞི་པ་གཉེན་པོ་པ་ཡིན་ནོ། །ཏིང་ངེ་འཛིན་བཞི་པོ་ དེ་རྣམས་མཐར་ཐུག་པ་འགྲུབ་པའི་ཐབས་སུ། འདུན་པ་བརྩོན་འགྲུས་དད་པ་དང༌། །ཤིན་ ཏུ་སྦྱངས་པ་དག་དང་ནི། །དྲན་པ་དང་ནི་ཤེས་བཞིན་དང༌། །སེམས་པ་དང་ནི་བཏང་སྙོམས་ ཏེ། །{ཞེས་སྡོམ་དུ་བྱས་པ་ལྟར་}སྤོང་བའི་འདུ་བྱེད་བརྒྱད་སྒོམ་དགོས་པས། དང་པོ་གསུམ་ གཅིག་ཏུ་བྱས་པ་ནི་ཏིང་ངེ་འཛིན་ལ་འབད་པར་བྱེད་པའི་ཐབས་ཡིན་ཏེ། དད་པས་ཡིད་ཆེས་ ནས་འདུན་པས་དོན་དུ་གཉེར་ན་རྩོལ་བས་འབད་པ་འབྱུང་པའི་ཕྱིར་རོ། །གཉིས་པ་ཤིན་ ཏུ་སྦྱངས་པ་ནི་ཕན་འདོགས་པར་བྱེད་པའི་ཐབས་ཡིན་ཏེ། ལུས་དང་སེམས་ལས་སུ་རུང་ བ་ལས་དགའ་བ་དང་བདེ་བ་འཕེལ་བར་འགྱུར་བའི་ཕྱིར་རོ། །གསུམ་པ་དྲན་པ་དང་ཤེས་ བཞིན་ནི་དམིགས་པ་ལ་སེམས་གཏོད་པར་བྱེད་པའི་ཐབས་ཡིན་ཏེ། དྲན་པས་མི་འཕྲོ་བར་ བྱེད་ཅིང་འཕྲོས་ན་ཤེས་བཞིན་གྱིས་རིག་ནས་གླན་ཏེ་འཇོག་པའི་ཕྱིར་རོ། །བཞི་པ་སེམས་ པ་དང་བཏང་སྙོམས་ནི་གཉེན་པོ་སྒོམ་པ་ནི་ཐབས་ཡིན་ནོ། །དེ་ཡང་སེམས་པས་ནི་ཞུམ་པའི་ གཉེན་པོར་རབ་ཏུ་འཛིན་ཞིང་རྒོད་པའི་གཉེན་པོར་རབ་ཏུ་འཇོག་ལ། བཏང་སྙོམས་ཀྱིས་ནི་ བྱིང་རྒོད་མེད་ཅིང་ཆ་མཉམ་པ་ན་འབད་རྩོལ་སྤངས་ནས་མཉམ་པར་འཇོག་པའི་ཕྱིར་རོ། ། (གཉིས་པ་)སྒྲུབ་པ་དྲུག་བཤད་པ་ནི། མཐོང་བ་དང་ནི་གདམས་ངག་དང༌། ། གནས་པས་རྣམ་པར་བརྩེ་བ་དང༌། །སྨོན་ལམ་དང་ནི་དབང་དག་ 4-1-518 དང༌། །ཆོས་ཐོབ་པ་ནི་བསྒྲུབ་པའི་ཕྱིར། །རྫུ་འཕྲུལ་གྱི་རྐང་པ་བསྒོམས་པས་ སྟོང་གསུམ་གྱི་འཇིག་རྟེན་ན་ཡོད་པའི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བ་ཤའི་སྤྱན་ དང༌། བསམ་གཏན་བཞི་བསྒོམས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་ དུས་གསུམ་གྱི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བ་ལྷའི་སྤྱན་དང༌། རྣམ་པར་མི་རྟོག་ པའི་ཡེ་ཤེས་ཀྱིས་ཆོས་ཉིད་མངོན་སུམ་དུ་མཐོང་བ་ཤེས་རབ་ཀྱི་སྤྱན་དང༌། གསུང་རབ་ཡན་ ལག་བཅུ་གཉིས་ལ་སོགས་པ་བསྟན་པའི་ཆོས་ཐམས་ཅད་ཐོགས་པ་མེད་པར་ཤེས་པ་ཆོས་ ཀྱི་སྤྱན་དང༌། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་ གཟིགས་པ་སངས་རྒྱས་ཀྱི་སྤྱན་ཏེ། སྤྱན་ལྔས་མཐོང་བ་མངོན་པར་སྒྲུབ་པ་དང་ནི་རྫུ་འཕྲུལ་ གྱི་མངོན་ཤེས་ཀྱིས་གདུལ་བྱ་གང་ན་ཡོད་པར་སོང་སྟེ། ལྷའི་རྣ་བས་དེ་དག་གི་སྐད་དང་ གཞན་གྱི་སེམས་ཤེས་པས་སེམས་ཀྱི་ཁྱད་པར་དང༌། སྔོན་གྱི་གནས་དྲན་པས་གང་ནས་འོང་ བ་དང༌། ལྷའི་མིག་གིས་གང་དུ་འགྲོ་བ་དང༌། ཟག་པ་ཟད་པ་ཤེས་པས་ངེས་པར་འབྱུང་བར་ བྱ་བའི་ཕྱིར་གདམས་ངག་འདོམས་པ་སྒྲུབ་པ་དང༌། ཏིང་ངེ་འཛིན་མཐའ་ཡས་པ་ལ་གནས་ པས་རྫུ་འཕྲུལ་དང་སྤྲུལ་པ་སྣ་ཚོགས་པས་རྣམ་པར་རྩེ་ཞིང་རོལ་པ་སྒྲུབ་པ་དང༌། སྨོན་ལམ་ ཤེས་པ་གང་གི་སྨོན་ལམ་གྱི་སྟོབས་ཀྱིས་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་ལུས་དང་འོད་ དང་སྒྲ་དབྱངས་ལ་སོགས་པའི་ཡོན་ཏན་མཐའ་ཡས་པ་འགྲུབ་པ་སྨོན་ལམ་ཁྱད་པར་ཅན་ གྱིས་རྣམ་པར་རྩེ་ཞིང་རོལ་པ་སྒྲུབ་པ་དང་ནི། ཚེ་སེམས་ཡོད་བྱད་ལས་སྐྱེ་བ། །མོས་སྨོན་རྫུ་ འཕྲུལ་ཡེ་ཤེས་ཆོས། །ཞེས་(སྡོམ་དུ་བྱས་)པ་ལྟར། སྐུ་ཚེ་བྱིན་གྱིས་བརླབས་ནས་ཇི་སྲིད་འདོད་ པར་གནས་པ་ཚེ་ལ་དབང་བ་དང༌། ཇི་ལྟར་བཞེད་པ་བཞིན་ཏིང་ངེ་འཛིན་ལ་འཇུག་ནུས་པ་ སེམས་ལ་དབང་བ་དང༌། སེམས་ཅན་རྣམས་ལ་ཅི་འདོད་པའི་ལོངས་སྤྱོད་ཀྱི་ཆར་འབེབས་ ནུས་པ་ཡོ་བྱད་ལ་དབང་བ་དང༌། ཁམས་དང་ས་དང་འགྲོ་བ་དང་སྐྱེ་གནས་དང་གནས་ 4-1-519 སྐབས་གཞན་དུ་མྱོང་འགྱུར་གྱི་ལས་གཞན་དུ་བསྒྱུར་ནུས་པ་ལས་ལ་དབང་བ་དང༌། བསམ་ གཏན་ལས་མ་ཉམས་བཞིན་དུ་འདོད་ཁམས་སུ་སྐྱེ་བ་ལ་སོགས་པ་གང་འདོད་པར་སྐྱེ་བ་ལ་ དབང་བ་དང༌། ས་ལ་སོགས་པའང་ཆུ་དང་གསེར་ལ་སོགས་པ་གང་མོས་པར་བསྒྱུར་ནུས་ པ་མོས་པ་ལ་དབང་བ་དང༌། ཇི་ལྟར་སྨོན་པ་བཞིན་དུ་རང་གཞན་གྱི་དོན་ཕུན་སུམ་ཚོགས་ པ་འགྲུབ་པར་ནུས་པ་སྨོན་ལམ་ལ་དབང་བ་དང༌། གདུལ་བྱ་འདུན་པར་བྱ་བའི་ཆེད་དུ་ རྣམ་འཕྲུལ་དཔག་ཏུ་མེད་པ་སྟོན་ནུས་པ་རྫུ་འཕྲུལ་ལ་དབང་བ་དང༌། སོ་སོ་ཡང་དག་པར་ རིག་པ་བཞི་རབ་ཀྱི་མཐར་ཕྱིན་པ་ཡེ་ཤེས་ལ་དབང་བ་དང༌། སེམས་ཅན་མཐའ་ཡས་པ་ལ་ མིང་ཚིག་ཡི་གེའི་ཚོགས་ཐ་དད་པས་ཆོས་ཀྱི་སྒོ་དཔག་ཏུ་མེད་པ་བསྟན་ནས་ཅིག་ཅར་ཚིམ་ པར་བྱེད་ནུས་པ་ཆོས་ལ་དབང་བ་སྟེ་དབང་བཅུ་པོ་དག་སྒྲུབ་པ་དང༌། སྟོབས་བཅུ་དང་མི་ འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་འབྲས་བུ་སངས་རྒྱས་ཀྱི་ཆོས་ཐོབ་ པ་ནི་བསྒྲུབ་པའི་ཕྱིར་ཏིང་ངེ་འཛིན་བསྒོམ་པར་བྱ་སྟེ། དེ་ལྟར་ན་མངོན་པར་སྒྲུབ་པ་རྣམ་པ་ དྲུག་གོ །དེ་ནས་སྡེ་ཚན་གཉིས་ནི་དབུས་མཐའ་ལས། དབང་པོ་རྣམས་དང་སྟོབས་རྣམས་ལ། ། ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་གསུངས་པ་ལྟར་རོ། ། སྦྱོར་ལམ་གྱི་ཆོས་བཅུ་སྟེ། དེའི་ཡང་དྲོད་དང་རྩེ་མོར་འབྱུང་བའི་དབང་པོ་ལྔ་ནི། བྱང་ ཆུབ་སྤྱོད་དང་ཐོས་མཆོག་དང༌། །ཞི་གནས་ལྷག་མཐོང་དད་སོགས་ཀྱི། ། གཞི་ཡིན་པར་ནི་ཤེས་བྱ་སྟེ། །དོན་གྲུབ་བྱེད་པའི་སྐབས་ཀྱིས་སོ། །བྱང་ ཆུབ་ཆེན་པོ་དང་དེའི་སྤྱོད་པ་དང་ཐོས་པ་མཆོག་ཏུ་གྱུར་པ་དང་ཞི་གནས་དང་ལྷག་མཐོང་ རྣམས་ནི་རིམ་པ་ལྟར་དད་པ་དང་སོགས་པ་སྟེ་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་ དང་ཤེས་རབ་རྣམས་ཀྱི་གཞིའམ་དམིགས་པ་ཡིན་པར་ནི་ཤེས་པར་བྱ་སྟེ། དེ་ཡང་དད་པའི་ དབང་པོའི་གཞི་ནི་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་སྟེ། དེ་ལ་དམིགས་ནས་མངོན་པར་ཡིད་ 4-1-520 ཆེས་པ་དང་རབ་ཏུ་དང་བ་དང་སྒྲུབ་པར་ནུས་པའི་སྒོ་ནས་འཇུག་པ་དང༌། བརྩོན་འགྲུས་ ཀྱི་དབང་པོའི་གཞི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ། དེ་ལ་དམིགས་ནས་སྤྲོ་བའི་ཚུལ་ གྱིས་ས་དང་ཕ་རོལ་ཏུ་ཕྱིན་པ་དང་བསླབ་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་སློབ་པ་དང༌། དྲན་པའི་དབང་པོའི་གཞི་ནི་ཐེག་པ་ཆེན་པོའི་ཆོས་ཟབ་མོ་ཐོས་པ་སྟེ། དེ་ལ་དམིགས་ནས་ གདམས་ངག་གི་དམིགས་པ་རྣམས་མི་བརྗེད་པའི་ཚུལ་གྱིས་འཛིན་པ་དང༌། ཏིང་ངེ་འཛིན་ གྱི་དབང་པོའི་གཞི་ནི་ཞི་གནས་ཏེ། དེ་ལ་དམིགས་ནས་རྣམ་གཡེང་སྤངས་ཏེ་སེམས་རྩེ་ གཅིག་ཏུ་མཉམ་པར་འཇོག་པ་དང༌། ཤེས་རབ་ཀྱི་དབང་པོའི་གཞི་ནི་ལྷག་མཐོང་སྟེ། དེ་ལ་ དམིགས་ནས་གནས་ལུགས་ཕྱིན་ཅི་མ་ལོག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་ པར་འབྱེད་པའོ། །ངེས་ཚིག་ནི་རང་རང་གི་གཞིའམ་དམིགས་པ་ལྔ་པོ་རྣམས་ཀྱི་དོན་གྲུབ་པ་ ལ་དབང་བྱེད་པའི་སྐབས་ཀྱིས་ན་དབང་པོ་ཞེས་སོ། ། དེས་བཟོད་པ་དང་ཆོས་མཆོག་ཏུ་འབྱུང་བའི་སྟོབས་ལྔ་ནི། དད་སོགས་ས་ལ་ འཇུག་པ་སྟེ། །ཀུན་ནས་ཉོན་མོངས་ཅན་དུ་འདོད། །མི་མཐུན་ཕྱོགས་ ཉམ་ཆུང་བས་ཡང༌། །དེ་དག་ཉིད་ལ་སྟོབས་ཞེས་བྱ། །བཤད་མ་ཐག་པ་བྱང་ ཆུབ་ལ་དད་པ་ལ་སོགས་པ་ལྔ་པོ་དེ་ཉིད་ས་དང་པོ་ཐོབ་ཏུ་ཉེ་བས་ན་ས་ལ་འཇུག་པ་སྟེ། འོན་ ཀྱང་མཐོང་སྤང་མ་སྤངས་ཤིང་འཇིག་རྟེན་པའི་ལམ་ཡིན་པས་ཀུན་ནས་ཉོན་མོངས་པ་ཅན་ དུའང་འདོད་ལ། མི་མཐུན་ཕྱོགས་མ་དད་པ་དང་ལེ་ལོ་དང་བརྗེད་ངེས་དང་རྣམ་གཡེང་དང་ གཏི་མུག་རྣམས་ཉམས་སྟོབས་ཆུང་བས་གཉེན་པོ་ལ་བརྫི་བར་མི་ནུས་ཤིང་གཉེན་པོས་སྤང་ བྱ་དེ་རྣམས་ཟིལ་གྱིས་གནོན་པས། སྟོབས་ཀྱི་སྐབས་སུ་ཡང་ངོ་བོ་སྔར་བཤད་པ་དེ་དག་ ཉིད་ལ་དད་པའི་སྟོབས་དང་བརྩོན་འགྲུས་ཀྱི་སྟོབས་དང་དྲན་པའི་སྟོབས་དང་ཏིང་ངེ་འཛིན་ གྱི་སྟོབས་དང་ཤེས་རབ་ཀྱི་སྟོབས་ཞེས་བྱ་ཞིང༌། དེ་རྣམས་ཀྱང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ 4-1-521 འབྱུང་བ་སྟེ་དབུས་མཐའ་ལས་ཀྱང༌། མི་མཐུན་ཕྱོགས་ནི་[བསྲབས་{བསླབས་}པའི་ཕྱིར། ། སྟོབས་ལྡན་འབྲས་བུ་ཕྱི་མ་ཡིན། །ཞེས་གསུངས་པ་ལྟར་རོ། ། མཐོང་ལམ་དུ་འབྱུང་བ་བྱང་ཆུབ་ཀྱི་ཡན་ལག་ལ། གནས་སྐབས་དང་རྟོགས་ཚུལ་ མདོར་བསྟན། སོ་སོའི་དོན་དཔེ་ཡིས་བཤད་པ། ཡན་ལག་དང་སྦྱར་ཏེ་བསྡུ་བའོ། ། དང་པོ་ནི། སར་ཞུགས་པ་ལ་བྱང་ཆུབ་ཀྱི། །ཡན་ལག་རྣམ་པར་ གཞག་པར་བརྗོད། །ཆོས་རྣམས་དང་ནི་སེམས་ཅན་ཀུན། །མཉམ་པ་ ཉིད་དུ་རྟོགས་ཕྱིར་རོ། །ངོ་བོ་སྔར་བཤད་པའི་དྲན་པ་ལ་སོགས་པ་དེ་དག གནས་ སྐབས་ས་དང་པོར་ཞུགས་ཤིང་མཐོང་ལམ་ཐོབ་པ་རྣམས་ལ། དེ་ཁོ་ན་ཉིད་དུ་མངོན་པར་ བྱང་ཆུབ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་གྲོགས་སུ་གྱུར་པས་དྲན་པ་དང་ཆོས་རྣམ་པར་ འབྱེད་པ་དང་བརྩོན་འགྲུས་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་ སྙོམས་ཡང་དག་པར་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བར་རྣམ་པར་གཞག་པར་བརྗོད་དེ། ཆོས་རྣམས་ཐམས་ཅད་བདག་མེད་པར་མཉམ་པ་ཉིད་དང་ནི། བདག་དང་སེམས་ཅན་ཀུན་ གྱི་རང་བཞིན་ཆོས་ཀྱི་དབྱིངས་སུ་མཉམ་པ་ཉིད་ཀུན་ཏུ་འགྲོ་བར་མངོན་སུམ་དུ་རྟོགས་པའི་ ཕྱིར་རོ། ། རིན་པོ་ཆེ་སྣ་བདུན་དང་ཆོས་མཐུན་པར་དཔེས་བཤད་པ་ལ་གཉིས་ལས། ({གཉིས་པ་ })རྒྱས་བཤད་ནི། ཤེས་བྱ་མ་རྒྱལ་རྒྱལ་བའི་ཕྱིར། །དྲན་པ་དག་ནི་ཀུན་ཏུ་ སྤྱོད། །ཤེས་བྱ་བདེན་པ་བཞིའི་ཆོས་ཉིད་སྔར་མོས་སྤྱོད་མན་ཆད་དུ་མཐོང་སྤང་ལས་མ་ རྒྱལ་ཞིང་མངོན་སུམ་དུ་མ་རྟོགས་པ་དེ་ཉིད། ས་དང་པོར་མཐོང་ལམ་ཐོབ་མ་ཐག་མཐོང་ སྤང་ལས་རྒྱལ་ཞིང་མངོན་སུམ་དུ་རྟོགས་པའི་ཕྱིར་ཡང་དག་པའི་དོན་{ལ་}མ་བརྗེད་པའི་ དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྣམ་པ་ཀུན་ཏུ་སྤྱོད་པ་དེ་ཉིད། དཔེར་ན་འཁོར་ལོ་ 4-1-522 རིན་པོ་ཆེས་ཕ་རོལ་གྱི་གཡུལ་སྔར་མ་ཕེབས་པར་གསར་དུ་ཕེབས་པར་བྱེད་པ་ལྟ་བུ་དང༌། འདི་ཡི་རྣམ་འབྱེད་རྟོག་པ་ཡི། །མཚན་མ་ཐམས་ཅད་འཇོམས་པར་བྱེད། ། འཕགས་པ་འདིའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་ཐམས་ཅད་ ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཀྱིས་བདག་གཉིས་དང་གཟུང་ འཛིན་ལ་སོགས་པར་རྟོག་པའི་མཚན་མ་ཐམས་ཅད་འཇོམས་པར་བྱེད་པ་སྟེ། དཔེར་ན་གླང་ པོ་རིན་པོ་ཆེས་ཕྱིར་རྒོལ་བ་ཐམས་ཅད་འཇོམས་པ་ལྟ་བུ་དང༌། འདི་ཡི་བརྩོན་འགྲུས་ མ་ལུས་པ། །མྱུར་དུ་རྟོགས་པར་བྱ་ཕྱིར་འཇུག །འཕགས་པ་འདིའི་བརྩོན་ འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་མ་ ལུས་པ་མྱུར་དུ་རྟོགས་ཤིང་བསྒྲུབ་པར་བྱ་བའི་ཕྱིར་སྤྲོ་བས་འཇུག་པ་སྟེ། དཔེར་ན་རྟ་མཆོག་ རིན་པོ་ཆེས་ས་ཆེན་པོ་རྒྱ་མཚོའི་མཐའ་ཀླས་པ་མྱུར་དུ་བསྐོར་བ་ལྟ་བུ་དང༌། ཆོས་ཀྱི་ སྣང་བ་རྣམ་འཕེལ་བའི། །དགའ་བས་རྟག་ཏུ་རྒྱས་པར་འགྱུར། །དེ་ལྟར་ བརྩོན་འགྲུས་བརྩམས་པས་ས་དང་པོར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་སྣང་བ་ རྣམ་པར་འཕེལ་བའི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བྱང་ཆུབ་པའི་ལུས་སེམས་ ཟག་པ་མེད་པའི་དགའ་བས་རྟག་ཏུ་རྒྱས་ཤིང་ཚིམ་པར་འགྱུར་བ་སྟེ། དཔེར་ན་ནོར་བུ་རིན་ པོ་ཆེའི་སྣང་བའི་ཁྱད་པར་གྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དགའ་བར་བྱེད་པ་ལྟ་བུ་དང༌། སྒྲིབ་པ་ཀུན་ལས་ཐར་བའི་ཕྱིར། །ཤིན་ཏུ་སྦྱངས་པས་བདེ་བ་ཐོབ། །ལུས་ དང་སེམས་ལས་སུ་མ་རུང་བར་བྱེད་པ་གནས་ངན་ལེན་གྱི་སྒྲིབ་པ་ཀུན་ལས་ཐར་ཞིང་བག་ ཆགས་ངན་པ་ཐམས་ཅད་བཅོམ་པའི་ཕྱིར་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ དང་ལྡན་པས་ལུས་དང་སེམས་ལས་སུ་རུང་བ་ཟག་པ་མེད་པའི་བདེ་བ་ཐོབ་པ་ནི། དཔེར་ན་ བཙུན་མོ་རིན་པོ་ཆེ་ལ་བརྟེན་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་དགའ་བདེ་མྱོང་བ་ལྟ་བུ་ 4-1-523 དང༌། ཏིང་ངེ་འཛིན་ལས་བསམས་པའི་དོན། །འབྱོར་བ་ཉེ་བར་སྐྱེ་བར་ འགྱུར། །ཆོས་ཀྱི་དབྱིངས་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ཡང་དག་བྱང་ ཆུབ་ཀྱི་ཡན་ལག་ལས་གང་ཡིད་ལ་བསམ་པའི་རང་གཞན་གྱི་དོན་ཐམས་ཅད་ཇི་ལྟར་འདོད་ པ་བཞིན་དུ་འབྱོར་བ་ཉེ་བར་སྐྱེ་བར་འགྱུར་བ་ནི། དཔེར་ན་ཁྱིམ་བདག་རིན་པོ་ཆེས་རྒྱལ་པོ་ ཇི་ལྟར་བཞེད་པ་བཞིན་འབྱོར་བ་ཐམས་ཅད་སྒྲུབ་པ་ལྟ་བུ་དང༌། བཏང་སྙོམས་ཀྱིས་ནི་ ཐམས་ཅད་དུ། །འདི་ནི་ཇི་ལྟར་འདོད་བཞིན་གནས། །རྗེས་ལ་ཐོབ་དང་ མི་རྟོག་པའི། །གནས་པ་མཆོག་ནི་རྟག་ཏུ་གནས། །མཐའ་གཉིས་སུ་རྣམ་ པར་མི་རྟོག་པའི་ཡེ་ཤེས་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས་ནི་དུས་དང་རྣམ་ པ་ཐམས་ཅད་དུ་འཕགས་པའི་འདི་ནི་མཉམ་བཞག་དང་རྗེས་ཐོབ་ཇི་ལྟར་འདོད་པ་བཞིན་ དུ་གནས་པར་བྱེད་དེ། དེ་ཡང་རྗེས་ལས་ཐོབ་པའི་གནས་པ་མཆོག་གིས་ནི་ལམ་གཞན་ཕྱི་ མ་མཆོག་ཏུ་གྱུར་པ་རྣམས་སྒྲུབ་ཅིང༌། ལམ་གཞན་སྔ་མ་དམན་པ་རྣམས་འདོར་བར་བྱེད་ པ་དང༌། མཉམ་གཞག་རྣམ་པར་མི་རྟོག་པའི་གནས་པ་མཆོག་གིས་ནི་འབད་རྩོལ་དང་བླང་ དོར་[བྱེད་{མེད་}པ་རྟག་ཏུ་གནས་པར་བྱེད་པ་ནི། དཔེར་ན་བློན་པོ་རིན་པོ་ཆེས་རྟ་དང་གླང་ པོ་ཆེ་དང་ཤིང་རྟ་དང་དཔུང་བུ་ཆུང་{སྟེ་དཔུང་}གི་ཚོགས་ཡན་ལག་བཞི་དང་བཅས་ཏེ་ནོར་ རྫས་ལ་སོགས་དབུལ་བར་བྱ་བ་རྣམས་འབུལ་ལ། ཕ་རོལ་གྱི་དམག་ལ་སོགས་པ་དོར་བར་ བྱ་བ་ནི་འདོར་ཞིང༌། དཔུང་གི་ཚོགས་རྣམས་དུབ་པ་དང་གནོད་པ་མེད་པའི་གནས་སུ་སོང་ ནས་གནས་པར་བྱེད་པ་ལྟ་བུའོ། ། དོན་བསྡུ་ནི། ཡོན་ཏན་དེ་ལྟའི་སེམས་དཔའ་ནི། །འཁོར་ལོས་སྒྱུར་བ་ ལྟ་བུར་འཇུག །རྟག་ཏུ་རིན་ཆེན་བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་ རྣམས་ཀྱིས་བསྐོར། །ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ས་དང་ 4-1-524 པོར་མཐོང་ལམ་ཐོབ་པ་རྣམས་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ ལྡན་པས་གཞན་དོན་བྱེད་པ་ལྟ་བུར་འཇུག་སྟེ། དུས་རྟག་ཏུ་རིན་ཆེན་སྣ་བདུན་ལྟ་བུའི་བྱང་ ཆུབ་ཀྱི་ཡན་ལག་བདུན་པོ་རྣམས་ཀྱིས་བསྐོར་ནས་གཞན་དོན་ཕུན་སུམ་ཚོགས་པ་མཛད་ པའི་ཕྱིར་རོ། ། (གསུམ་པ་)ཡན་ལག་དང་སྦྱར་ཏེ་བསྡུ་བ་ནི། གནས་ཀྱི་ཡན་ལག་རང་བཞིན་ ཡན་ལག་དང༌། །གསུམ་པ་ངེས་པར་འབྱུང་བའི་ཡན་ལག་སྟེ། །བཞི་ པ་ཕན་ཡོན་གྱི་ནི་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་པའི་ ཡན་ལག་གོ ། (དོན་དང་རྒྱ་དཔེ་གཉིས་ཀ་དང་མཐུན་)དྲན་པ་ནི་གནས་ཀྱི་ཡན་ལག་སྟེ། དགེ་བའི་ ཆོས་རྣམས་མ་བརྗེད་པ་ལས་ཡན་ལག་ཕྱི་མ་རྣམས་འབྱུང་བའི་ཕྱིར་རོ། །ཆོས་རྣམ་པར་ འབྱེད་པ་ནི་རང་བཞིན་གྱི་ཡན་ལག་སྟེ། བྱང་ཆུབ་དང་མཐོང་ལམ་ནི་ཤེས་རབ་དེའི་ངོ་བོ་ ཉིད་ཡིན་པའི་ཕྱིར་རོ། ། གསུམ་པ་བརྩོན་འགྲུས་ནི་ས་འོག་མ་ལས་གོང་མར་ངེས་པར་འབྱུང་བའི་ཡན་ལག་སྟེ། དེས་བགྲོད་བྱ་མཐར་ཐུག་མ་ཐོབ་ཀྱི་བར་དུ་རྒྱུན་མི་གཅོད་པའི་ཕྱིར་རོ། །བཞི་པ་དགའ་བ་ ནི་ཕན་ཡོན་གྱི་ནི་ཡན་ལག་ཡིན་ཏེ། སེམས་ཀྱི་རྒྱུད་དགའ་བདེས་ཚིམ་པར་བྱེད་པའི་ཕྱིར་རོ། ། ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་རྣམ་པ་གསུམ་ནི་ཉོན་མོངས་པ་མེད་ པའི་ཡན་ལག་སྟེ། དབུས་མཐར་ཡང༌། འདི་ལའང་གཞི་དང་གནས་དང་ནི། །ངོ་བོ་ཉིད་ཀྱིས་ བསྟན་པར་འདོད། །ཅེས་གསུངས་པ་ལྟར་ཤིན་ཏུ་སྦྱངས་པ་ནི་ལུས་དང་སེམས་ཀྱི་གནས་ ངན་ལེན་ཐམས་ཅད་དང་བྲལ་བས་གཞི་གང་གིས་ཀྱང་ཀུན་ནས་ཉོན་མོངས་པ་མེད་པའི་ ཡན་ལག་དང༌། ཏིང་ངེ་འཛིན་ནི་བྱིང་རྒོད་དང་རྣམ་གཡེང་མཐའ་དག་དང་བྲལ་བས་གནས་ གང་ལ་བརྟེན་ནས་ཀྱང་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་དང༌། བཏང་སྙོམས་ 4-1-525 ནི་ཆགས་སྡང་གི་རྒྱུ་ཡིད་མི་བདེ་མཐའ་དག་དང་བྲལ་བས་རང་གི་ངོ་བོ་ཉིད་ཀུན་ནས་ཉོན་ མོངས་པ་གང་ཡང་མེད་པའི་ཡན་ལག་གོ ། སྒོམ་ལམ་དུ་འབྱུང་བ་ལམ་གྱི་ཡན་ལག་ནི། འཕགས་པ་རྣམས་ཉོན་མོངས་པ་སྤོང་བ་ དང་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའི་ལམ་ཐམས་ཅད་ཡན་ལག་བརྒྱད་པོ་འདིས་ སྒྲུབ་པས་ན་འཕགས་པའི་ལམ་ཡན་ལག་བརྒྱད་ཅེས་བྱ་སྟེ། ཡང་དག་པའི་ལྟ་བ་དང་རྟོག་པ་ དང་ངག་དང་ལས་ཀྱི་མཐའ་དང་འཚོ་བ་དང་རྩོལ་བ་དང་དྲན་པ་དང་ཏིང་ངེ་མཛིན་ནོ། ། དང་པོ་གཉིས་ནི། དེ་ཡི་འགོ་ཏུ་ཇི་ལྟ་བར། །རྟོགས་པའི་རྗེས་སུ་འཇུག་ པ་སྐྱེ། །རྣམ་བཞག་ཇི་བཞིན་རྟོགས་པ་སྟེ། །རྣམ་པར་བཞག་ལ་འཇུག་ པ་དང༌། །མཐོང་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན་རྫོགས་པ་དེའི་འོག་ཏུ་མཉམ་གཞག་ ཆོས་ཉིད་ཡང་དག་པ་ཇི་ལྟ་བར་མངོན་སུམ་དུ་རྟོགས་པ་དེའི་རྗེས་སུ་འཇུག་པ་རྗེས་ཐོབ་ཀྱི་ ཡེ་ཤེས་སྐྱེས་ཏེ། ཤེས་རབ་དེ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་ པར་རྟོགས་པ་ནི་ཡང་དག་པའི་ལྟ་བ་དང༌། རང་གིས་མཉམ་པར་བཞག་པའི་ཆོས་ཉིད་ རྟོགས་པ་དེ་ཉིད་ཀྱི་རྣམ་པར་བཞག་པ་གཞན་ལའང་སྟོན་པའི་ཚུལ་ཇི་ལྟ་བ་བཞིན་དུ་ཡོངས་ སུ་གཅོད་ཅིང་རྟོགས་པ་ནི་ཡང་དག་པའི་རྟོག་པ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་བཞག་པ་ལ་ཚུལ་བཞིན་ དུ་འཇུག་པ་ཡང་དེ་ཉིད་ཡིན་པས། ཉོན་མོངས་པ་ཅན་གྱི་རྟོག་པ་སྤངས་པ་དེས་ཟག་མེད་ ཕུང་པོ་ལྔ་ལ་སོགས་པའི་དོན་རྟོགས་པའི་ཕྱིར་དང༌། དེ་ནས་གསུམ་ཚན་གཉིས་ནི། ལས་ གསུམ་རྣམ་པར་དག་པ་དང༌། །ཤེས་བྱ་དག་དང་ལམ་དང་ནི། །ཡོན་ ཏན་ཁྱད་པར་ཅན་དག་གི། སྒྲིབ་པའི་གཉེན་པོར་བསྒོམ་པའོ། །ལས་ གསུམ་རྣམ་པར་དག་པ་དང༌། །ཞེས་པ་ནི་ཚིག་རྩུབ་ལ་སོགས་པ་ངག་གི་མི་དགེ་བ་མཐའ་ 4-1-526 དག་སྤངས་ནས་སྐལ་བ་དང་མཐུན་པར་ཆོས་སྟོན་པ་ལ་སོགས་པ་ངག་གིས་ལས་རྣམ་པར་ དག་པ་ནི་ཡང་དག་པའི་ངག་དང༌། སྲོག་གཅོད་ལ་སོགས་པ་ལུས་ཀྱི་མི་དགེ་བ་མཐའ་དག་ སྤངས་ནས་ལུས་ཀྱི་ལས་རྣམ་པར་དག་པ་ནི་ཡང་དག་པའི་ལས་ཀྱི་མཐའ་དང༌། ལོག་པའི་ འཚོ་བ་མཐའ་དག་སྤངས་ནས་ལུས་ངག་གཉི་གའི་ལས་རྣམ་པར་དག་པ་ནི་ཡང་དག་པའི་ འཚོ་བ་སྟེ། སྤང་བར་བྱ་བ་ལོག་འཚོ་ལྔ་ནི་རིན་ཆེན་ཕྲེང་བར། ཚུལ་འཆོས་རྙེད་དང་བཀུར་ སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་སྙེད་དང་བཀུར་སྟིའི་ཕྱིར། །ཚིག་ འཇམ་སྔོན་དུ་སྨྲ་བའོ། །གཞོགས་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་ བྱེད་པའོ། །ཐོབ་ཀྱིས་འཇལ་བ་སྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པ། །རྙེད་ པས་རྙེད་པ་རྣམ་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། ། ཡང་དག་པའི་རྩོལ་བ་ནི་ཆོས་ཉིད་རྟོགས་པ་དེ་ཡུན་རིང་དུ་སྒོམ་པ་ལ་མི་སྐྱོ་ཞིང་སྤྲོ་བའི་སྒོ་ ནས་ཤེས་བྱའི་སྒྲིབ་པ་དག་གི་གཉེན་པོར་སྒོམ་པ་དང༌། ཡང་དག་པའི་དྲན་པ་ནི་ཞི་གནས་ དང་ལྷག་མཐོང་དང་བཏང་སྙོམས་ཀྱི་རྒྱུ་མཚན་མ་བརྗེད་པའི་སྒོ་ནས་བྱིང་རྒོད་སྤངས་ཏེ་ཟུང་ འཇུག་གི་ལམ་མངོན་སུམ་དུ་བྱ་བའི་སྒྲིབ་པའི་གཉེན་པོར་སྒོམ་པ་དང་ནི། ཡང་དག་པའི་ ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ ཏན་ཁྱད་པར་ཅན་མངོན་པར་འགྲུབ་པ་དག་གི་གེགས་སྙོམས་འཇུག་གི་སྒྲིབ་པའི་གཉེན་ པོར་སྒོམ་པའོ། །དེ་རྣམས་ཡན་ལག་ཏུ་འགྱུར་བས་དབུས་མཐའ་ལས། ཡོངས་སུ་གཅོད་དང་ གོ་བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། ། ལམ་གྱི་ཡན་ལག་འདི་བརྒྱད་དོ། །ཞེས་གསུངས་པ་ལྟར་ལྟ་བ་ནི་མཐོང་ལམ་དུ་ཇི་ལྟར་མྱོང་ བའི་དེ་ཁོ་ན་ཉིད་ངེས་པར་འཛིན་པས་ཡོངས་སུ་གཅོད་པའི་ཡན་ལག་དང༌། རྟོགས་པ་ནི་ཇི་ ལྟར་རྟོགས་པའི་དོན་ངག་ཏུ་བརྗོད་པའི་ཀུན་སློང་ཡིན་པས་གཞན་ལ་གོ་བར་བྱེད་པའི་ཡན་ 4-1-527 ལག་དང༌། ངག་གིས་ནི་འདྲི་བ་དང་ལུང་སྟོན་པ་དང་འབེལ་བའི་གཏམ་གྱིས་ཆོས་གཏན་ལ་ ཕབ་པ་ན་ལྟ་བ་རྣམ་པར་དག་པར་ཡིད་ཆེས་པ་དང༌། ལས་ཀྱི་མཐས་ནི་{ལོངས་}སྤྱོད་ལམ་ ཕུན་སུམ་ཚོགས་པ་ལ་བརྟེན་ནས་ཚུལ་ཁྲིམས་རྣམ་པར་དག་པར་ཡིད་ཆེས་པ་དང༌། འཚོ་ བས་ནི་ཆོས་གོས་ལ་སོགས་པ་ཇི་ལྟར་གནང་བ་སྤྱོད་ཅིང་བཀག་པ་མི་སྦྱོད་པས་འཚོ་བ་རྣམ་ པར་དག་པར་ཡིད་ཆེས་པའི་ཡན་ལག་དང༌། རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་གསུམ་ ནི་རང་རང་གི་མི་མཐུན་ཕྱོགས་ཤེས་བྱ་དང་ལམ་དང་ཡོན་ཏན་ཁྱད་པར་ཅན་གྱི་སྒྲིབ་པའི་ གཉེན་པོའི་ཡན་ལག་གོ ། ཡན་ལག་ལ་དྲུག་སྟེ་ཞི་གནས་ལྷག་མཐོང༌། ཐབས་ལ་མཁས་པ། གཟུངས་ཀྱི་ཁྱད་པར། སྨོན་ལམ་འདེབས་ཚུལ། ཏིང་ངེ་འཛིན་གསུམ། ཆོས་ཀྱི་སྡོམ་བཞིའོ། ། དང་པོ་ལ་གཉིས་ལས། (དང་པོ་)མཚན་ཉིད་ཀྱི་སྒོ་ནས་མདོར་བསྟན་པ་ནི། ཡང་དག་ གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང༌། །ཆོས་ རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། ། ཐུན་མོང་དུ་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་ངང་དུ་ཡང་དག་པར་གནས་པ་ལ་བརྟེན་ནས་ ཁྱད་པར་དུ་སེམས་ལ་སེམས་ནི་འཇོག་ཕྱིར་ཞི་གནས་དང་ནི་ཆོས་རབ་རྣམ་པར་འབྱེད་པའི་ ཕྱིར་ལྷག་མཐོང་ཡིན་ཞེས་སྦྱར་ཏེ། སེམས་ཀྱི་ཆོས་ཉིད་གཟུང་འཛིན་དང་བྲལ་བ་ལ་རང་གི་ སེམས་རྩེ་གཅིག་ཏུ་འཇོག་པའི་ཕྱིར་ཞི་གནས་དང་ནི་མཉམ་པར་བཞག་པ་ལ་བརྟེན་ནས། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འབྱུང་བས་ཆོས་ཀྱི་གནས་ལུགས་ཕྱིན་ཅི་མ་ ལོག་པར་རབ་ཏུ་འབྱེད་པའི་ཕྱིར་ལྷག་མཐོང་ཡིན་ཞེས་པའོ། ། (གཉིས་པ་)དབྱེ་བ་དང་བྱེད་ལས་རྒྱས་བཤད་ནི། དེ་ནི་ཀུན་འགྲོ་ཆ་གཅིག་དང༌། ། ཆ་གཅིག་མ་ཡིན་རྒྱུར་འདོད་དོ། །རྟོགས་དང་ངེས་པར་འབྱུང་བ་དང༌། ། 4-1-528 མཚན་མེད་འདུ་མི་བྱེད་པ་དང༌། །ཞི་གནས་དང་ལྷག་མཐོང་སྒོམ་པ་དེ་ནི་མངོན་ པར་ཤེས་པ་ལ་སོགས་པའི་ཡོན་ཏན་གང་དང་གང་འདོད་པ་དེ་དང་དེ་སྒྲུབ་པ་ལ་ཀུན་ཏུ་ འགྲོ་བ་ཡིན་ཏེ་མདོ་ལས། དགེ་སློང་དག་ཀྱེ་མ་བདག་ཉིད་འདོད་པ་དག་གིས་དབེན་པར་ འདོད་ན་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བསྟན་ནས་དགེ་སློང་དེས་ཆོས་གཉིས་པོ་འདི་ཁོ་ ན་བསྒོམ་པར་བྱའོ་ཞེས་གསུངས་པ་ལྟར་རོ། །སྒོམ་ཚུལ་གྱི་སྒོ་ནས་གཟུགས་མེད་ཀྱི་ཏིང་ངེ་ འཛིན་ཞི་གནས་ཤས་ཆེ་བ་དང༌། བསམ་གཏན་དང་པོ་གསུམ་ལྷག་མཐོང་ཤས་ཆེ་བ་ལྟ་བུ་ ནི་ཆ་གཅིག་པ་དང༌། ཆ་གཅིག་པ་མ་ཡིན་པ་གཉི་ག་ཟུང་དུ་འབྲེལ་བར་སྒོམ་པ་ནི་བསམ་ གཏན་བཞི་པ་ལྟ་བུ་དང༌། ས་མཚམས་ཀྱི་སྒོ་ནས་རྒྱུར་འདོད་དོ་ཞེས་པ་ལ་སོགས་པ་སྟེ་མོས་ སྤྱོད་ཀྱི་སའི་ཞི་གནས་ལྷག་མཐོང་ནི། ས་དང་པོ་ལ་སོགས་པ་འགྲུབ་པའི་རྒྱུ་ཡིན་པ་དང༌། ས་དང་པོའི་ཞི་གནས་ལྷག་མཐོང་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བར་མངོན་སུམ་དུ་རྟོགས་ པ་དང༌། ས་གཉིས་པ་ནས་དྲུག་པའི་བར་གྱི་ནི་མཚན་མ་དང་བཅས་པའི་སྦྱོར་བ་ལས་ངེས་ པར་འབྱུང་བ་དང༌། ས་བདུན་པའི་ནི་ཆོས་སྣ་ཚོགས་ལ་མཚན་མ་ཐ་དད་པར་མི་འཛིན་པས་ མཚན་མ་མེད་པ་དང༌། དག་པ་ས་གསུམ་གྱི་ནི་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པས་ མངོན་པར་འདུ་མི་བྱེད་པ་དང༌། ཡོངས་དག་རྣམ་པར་དག་པ་ལ། །བརྟན་པའི་ ཞི་གནས་ལྷག་མཐོང་གི། རྣལ་འབྱོར་དེ་ས་ཀུན་འགྲོ་སྟེ། །ཐམས་ཅད་ སྒྲུབ་པར་བྱེད་པ་ཡིན། །ཡང་ས་གསུམ་པོ་དེ་རྣམས་སུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་ དག་པར་བྱ་བ་དང༌། སྒྲིབ་པ་གཉིས་ཀྱིས་རྣམ་པར་དག་པའི་སངས་རྒྱས་ཉིད་ཐོབ་པར་བྱ་ བ་ལ་ཡང་ཞི་གནས་ལྷག་མཐོང་སྒོམ་པའོ། །དེ་ལྟར་ན་བརྟན་པ་བྱང་ཆུབ་སེམས་དཔའི་ཞི་ གནས་དང་ལྷག་མཐོང་གི་རྣལ་འབྱོར་དེ་ནི་མོས་སྤྱོད་ཀྱི་ས་ནས་ས་བཅུ་པའི་བར་ལ་ཀུན་ཏུ་ འགྲོ་བ་ནི། རང་དང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་སྒྲུབ་པར་ 4-1-529 བྱེད་པ་ཡིན་ཞེས་པ་ནི་བྱེད་ལས་ཕུན་སུམ་ཚོགས་པའོ། ། ཐབས་ལ་མཁས་པ་ལ་གཉིས་ཀྱི། (དང་པོ་)རྣམ་པའི་དབྱེ་བ་ནི། སངས་རྒྱས་ཆོས་ རྣམས་རྫོགས་བྱ་དང༌། །སེམས་ཅན་རྣམས་ཡོངས་སྨིན་བྱ་དང༌། །མྱུར་ ཐོབ་བྱ་བ་འགྲུབ་པ་དང༌། །ལམ་རྒྱུན་མི་གཅོད་ལ་མཁས་པ། །མོས་སྤྱོད་ ཀྱི་ས་ནས་རྣམ་མཁྱེན་གྱི་བར་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ ཐབས་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་སྒོམ་པ་ལ་མཁས་པ་དང༌། གདུལ་བྱ་ སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཐབས་རྗེས་ཐོབ་བསྡུ་བའི་དངོས་པོ་བཞིས་ གཞན་དོན་བྱེད་པ་ལ་མཁས་པ་དང༌། འབྲས་བུ་རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པར་བྱེད་ པའི་ཐབས་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་སྡིག་པ་ཐམས་ཅད་སོ་སོར་བཤགས་པ་ དང༌། འཁོར་འདས་ཀྱི་དགེ་བ་མཐའ་དག་ལ་དགའ་ཞིང་རྗེས་སུ་ཡི་རང་བ་དང༌། སངས་ རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མྱ་ངན་ལས་མི་འདའ་བར་གསོལ་བ་ འདེབས་པ་དང༌། རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བ་མཐའ་དག་གཞན་ དོན་དུ་བྱང་ཆུབ་ཆེན་པོར་བསྔོ་བ་ལ་མཁས་པ་དང༌། སེམས་ཅན་གྱི་དོན་བྱ་བ་འགྲུབ་པའི་ ཐབས་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་སྒྲུབ་པ་ལ་མཁས་པ་དང༌། ཕུང་པོ་ལྷག་མེད་ ཀྱི་མྱང་འདས་སུ་ཡང་ལམ་རྒྱུན་མི་གཅོད་པའི་ཐབས་ཤེས་རབ་ཀྱིས་སྲིད་པའི་མཐའ་ལ་མི་ གནས་ཤིང༌། སྙིང་རྗེས་ཞི་བའི་མཐའ་ལའང་མི་གནས་པའི་མྱ་ངན་ལས་འདས་པ་ལ་མཁས་ པ་སྟེ་རྣམ་པ་ལྔའོ། ། (གཉིས་པ་)ས་མཚམས་དང་བྱེད་ལས་ནི། བྱང་ཆུབ་སེམས་དཔའི་ས་ཀུན་ལ། ། ཐབས་ནི་མཚུངས་པ་མེད་པ་སྟེ། །ཐབས་མཁས་དེ་ལ་བརྟེན་ནས་ནི། ། དེ་དག་དོན་ཀུན་སྒྲུབ་པར་བྱེད། །བྱང་ཆུབ་སེམས་དཔའི་མོས་སྤྱོད་ཀྱི་ས་ནས་ས་ 4-1-530 བཅུ་པའི་བར་ཀུན་ལ་ཐབས་ལ་མཁས་པ་དེ་དག་གོང་ནས་གོང་དུ་མཆོག་ཏུ་གྱུར་པ་ནི་ཉན་ རང་ལ་སོགས་པའི་ཐབས་མཁས་དང་མཚུངས་པ་མེད་པ་སྟེ། ཐབས་ལ་མཁས་པ་ལྔ་པོ་དེ་ དག་ལ་བརྟེན་ནས་ནི་བྱང་ཆུབ་སེམས་དཔའ་དེ་དག་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ ཀུན་སྒྲུབ་པར་བྱེད་པའོ། ། གཟུངས་ཀྱི་ཁྱད་པར་ལ་བྱང་ས་ལས་(གསུངས་པའི་དོན་བསྡུས་པ་)ངོ་བོ་ནི་དྲན་པ་དང་ཤེས་ རབ་ཀྱི་སྟོབས་སྐྱེད་པ་ཐོབ་པ་སྟེ། དེ་ལ་དབྱེ་ན་ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པ་ཡུན་རིང་ དུ་འཛིན་ནུས་པ་ཆོས་ཀྱི་གཟུངས་དང༌། ཆོས་ཀྱི་དོན་ཚད་མེད་པ་ཡུན་རིང་དུ་འཛིན་ནུས་པ་ དོན་གྱི་གཟུངས་དང༌། ཏིང་ངེ་འཛིན་ཐོབ་པའི་བྱིན་རླབས་ལ་བརྟེན་ནས་སྔགས་ཀྱི་མཐུས་ ཡམས་ནད་མང་པོ་ཞི་བར་བྱེད་པ་སྔགས་ཀྱི་གཟུངས་དང༌། དབེན་པར་རྩེ་གཅིག་ཏུ་བརྩོན་ པ་ལ་བརྟེན་ནས། ཏདྱ་ཐཱ། ཨི་ཊི་མི་ཊི་ཀི་ཊི་བི་ཀྵཱན་ཏི་པ་[དཱ་{རཱ་}ནི་སྭཱཧཱ། ཞེས་པའི་དོན་ ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་ཡོངས་སུ་གྲུབ་པ་མེད་ཅིང་བརྗོད་དུ་མེད་པའི་ངོ་བོ་ཉིད་ གང་ཡིན་པ་དེ་ནི་དེ་དག་གི་ངོ་བོ་ཉིད་ཀྱི་དོན་ཡིན་ནོ། །ཞེས་པ་ལ་སོགས་པར་ཁོང་དུ་ཆུད་ པས་མོས་སྤྱོད་ཀྱི་སའི་བཟོད་པ་ཆེན་པོ་ཐོབ་པ་ནི་བཟོད་པའི་གཟུངས་ཞེས་པ་བཞི་གསུངས་ ཤིང༌། འདིར་ནི་དབྱེ་བ་དང་བྱེད་ལས་གཉིས་ཀྱི་དང་པོ་ནི། རྣམ་སྨིན་ཐོས་ལ་གོམས་ པ་དང༌། །ཏིང་ངེ་འཛིན་གྱི་གཟུངས་དག་ནི། །ཆུང་ངུ་དང་ནི་ཆེན་པོ་ སྟེ། །ཆེན་པོ་དེ་ཡང་རྣམ་པ་གསུམ། །སྔོན་ཚེ་རབས་སྔ་མ་ལ་གཟུངས་ཐོབ་པར་ འགྱུར་བའི་ལས་རྣམ་པར་དག་པ་བསགས་པ་ལས་འདིར་དམ་པའི་ཆོས་ཀྱི་ཚིག་དང་དོན་ མང་པོ་འབད་པ་མེད་པར་འཛིན་ནུས་ཤིང༌། མི་བརྗེད་པའི་དྲན་པ་དང་ཤེས་རབ་ནི་རྣམ་པར་ སྨིན་པ་ལས་བྱུང་བའི་གཟུངས་དང་མཐོང་བའི་ཆོས་ཚེ་འདི་ཉིད་ལ་ཆོས་མང་དུ་མཉན་པ་ལ་ 4-1-531 བརྟེན་ནས། ཚིག་དང་དོན་མང་པོ་འཛིན་ནུས་པའི་དྲན་པ་དང་ཤེས་རབ་ནི་ཐོས་པ་ལ་གོམས་ པའི་གཟུངས་དང༌། ཟབ་མོ་སྟོང་པ་ཉིད་ལ་སོགས་པ་བསྒོམས་པ་ལས་བྱུང་བའི་ཤེས་རབ་ལ་ བརྟེན་ནས་དམ་པའི་ཆོས་ཀྱི་ཚིག་དང་དོན་མང་པོ་ཡུད་ཙམ་གྱིས་འཛིན་ནུས་ཤིང་མི་བརྗེད་ པ་ཏིང་ངེ་འཛིན་གྱི་གཟུངས་དག་སྟེ་གསུམ་ཡིན་ལ། དེ་ཡང་རྣམ་པར་སྨིན་པ་དང་ཐོས་པ་ གོམས་པའི་གཟུངས་གཉིས་ནི་ཆུང་ངུ་དང་ནི་ཏིང་ངེ་འཛིན་གྱི་གཟུངས་ནི་ཆེན་པོ་ཡིན་ཏེ། ཆེན་པོ་དེ་ཡང་རྣམ་པ་གསུམ་དུ་འགྱུར་རོ། ། དེ་ཡང་འདི་ལྟར། བློ་ལྡན་མ་ཞུགས་ཞུགས་པ་ཡང༌། །མ་དག་ས་པ་ རྣམས་ཀྱི་ནི། །ཆུང་ངུ་དང་ནི་འབྲིང་པོ་སྟེ། །དག་པའི་ས་པའི་གཟུངས་ ཆེན་ཡིན། །བློ་ལྡན་ས་ལ་མ་ཞུགས་པ་མོས་སྤྱོད་པ་རྣམས་ཀྱི་གཟུངས་ནི་ཆོས་ཉིད་མངོན་ སུམ་དུ་མ་མཐོང་བས་དམན་པ་དང༌། ས་ལ་ཞུགས་པ་ཡང་མ་དག་ས་བདུན་ལ་གནས་པ་ རྣམས་ཀྱི་ནི་ཆོས་ཉིད་མཐོང་ཡང་འབད་རྩོལ་དང་བཅས་པའི་ཕྱིར་བར་མ་ཡིན་པས་རིམ་ པ་ལྟར་དམན་པ་ཆུང་ངུ་དང་ནི་བར་མ་འབྲིང་པོ་སྟེ། དག་པའི་ས་གསུམ་ལ་གནས་པའི་ གཟུངས་ནི་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པས་ཆེན་པོའམ་མཆོག་ཏུ་གྱུར་པ་ཡིན་ནོ། ། བྱེད་ལས་ནི། བྱང་ཆུབ་སེམས་དཔའ་ཡང་དང་ཡང༌། །དེ་ལ་ཡང་དག་ བརྟེན་ནས་ནི། །རྟག་ཏུ་དམ་པའི་ཆོས་དག་ཀྱང༌། །རབ་ཏུ་སྟོན་ཅིང་ འཛིན་པར་བྱེད། །བྱང་ཆུབ་སེམས་དཔའ་རྣམས་ཡང་དང་ཡང་རྒྱུན་མི་འཆད་པར་ གཟུངས་གསུམ་པོ་དེ་ལ་ཡང་དག་པར་བརྟེན་ནས་ནི་དུས་རྟག་ཏུ་དམ་པའི་ཆོས་ཀྱི་ཚིག་དང་ དོན་ཕུན་སུམ་ཚོགས་པ་དག་ཀྱང་གཞན་ལ་རྒྱ་ཆེར་རབ་ཏུ་སྟོན་ཅིང་རང་ཡང་ཡུན་རིང་དུ་ འཛིན་པར་བྱེད་པ་ཡིན་ནོ། ། སྨོན་ལམ་གྱི་ཁྱད་པར་ནི་ངོ་བོ་ཉིད་དང་གཞི་དང་ས་དང་དབྱེ་བ་དང་ལས་ཏེ་ལྔས་སྟོན་ 4-1-532 པ་ལ། དང་པོ་གསུམ་ནི། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་ དང་བཅས་པ་སྟེ། །དེ་ནི་ཡེ་ཤེས་ཀྱིས་བསྐུལ་བ། །ས་རྣམས་ཀུན་ལ་ མཉམ་པ་མེད། །བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་ངོ་བོ་ནི་ཡུལ་ ལ་གཡོ་བའི་སེམས་པ། དོན་དུ་གཉེར་བྱ་བྱང་ཆུབ་ཆེན་པོ་ལ་སོགས་པ་ཐོབ་པར་འདོད་པའི་ འདུན་པ་དང་བཅས་པས་ཚིག་ཏུའང་བརྗོད་པ་སྟེ། དེའི་གཞི་ནི་ཡེ་ཤེས་ཐོབ་པར་འདོད་པ་ ཉིད་ཀྱིས་བསྐུལ་བའམ་ཡང་ན་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་ལས་ བྱུང་བས་དེས་བསྐུལ་བ་ཡིན་ཞིང༌། ས་ནི་མོས་སྤྱོད་ནས་བཟུང་སྟེ་བཅུ་པའི་བར་གྱིས་ས་ རྣམས་ཀུན་ལ་གནས་ནས་སྨོན་ལམ་འདེབས་པ་དེ་ཉན་རང་ལ་སོགས་པ་དང་མཉམ་པ་མེད་ ཅིང་ཁྱད་པར་དུ་འཕགས་པའོ། ། རྒྱུ་འབྲས་ཀྱི་དབྱེ་བ་ནི། དེ་ནི་རྒྱུར་གྱུར་ཤེས་བྱ་སྟེ། །སེམས་ཙམ་ལས་ནི་ འགྲུབ་པའི་ཕྱིར། །སེམས་ལས་མདོ་ལ་འབྲས་བུ་ཅན། །དེ་ནི་མ་འོངས་ དོན་སྒྲུབ་བྱེད། །སྨོན་ལམ་དེ་ནི་གང་འདོད་པའི་དོན་ཐམས་ཅད་ཇི་ལྟར་བསམས་བཞིན་ འགྲུབ་པའི་རྒྱུར་གྱུར་པར་ཤེས་པར་བྱ་སྟེ། ལུས་ངག་གི་བྱ་བ་ལ་ལྟོས་པ་མེད་པར་སེམས་ ཙམ་གྱིས་སྨོན་ལམ་བཏབ་པ་ལས་ནི་རང་གཞན་གྱི་དོན་ཐམས་ཅད་འགྲུབ་པའི་ཕྱིར་རོ། །དེ་ ཡང་སེམས་ལ་དབང་ཐོབ་པ་ལས་མོད་ལ་ཚེ་འདི་ཉིད་དུ་ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་ པ་ཅན་དང༌། ཡང་སྨོན་ལམ་དེ་ནི་མ་འོངས་པའི་སྐྱེ་བ་གཞན་རྣམས་སུ་ཡང་གང་འདོད་པའི་ དོན་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ཏེ་མདོ་ལས། སྨོན་ལམ་གང་གིས་བྱང་ཆུབ་སེམས་ དཔའ་སྨོན་ལམ་གྱི་སྟོབས་ཅན་རྣམས་རྣམ་པར་རྩེ་བ་དེའི་ལུས་བགྲང་བར་སླ་བ་མ་ཡིན་ནོ་ ཞེས་རྒྱས་པར་འབྱུང་བ་ལྟར་རོ། ། ས་མཚམས་ཀྱི་དབྱེ་བ་དང་ལས་ནི། སྣ་ཚོགས་ཆེ་དང་བྱང་ཆུབ་བར། །ས་ 4-1-533 རྣམས་གོང་ནས་གོང་དུ་ནི། །རྣམ་དག་བྱང་ཆུབ་སེམས་དཔའ་ཡི། ། རང་གཞན་དོན་རབ་སྒྲུབ་བྱེད་ཡིན། །མོས་སྤྱོད་ཀྱི་ས་ལ་ནི་མོས་པ་ཐ་དད་པའི་ སྒོ་ནས་སྨོན་ལམ་སྣ་ཚོགས་པ་འདེབས་པ་དང༌། ས་དང་པོ་[ལ་{ལྔ་}ནི་སྔར་བཤད་པ་ལྟར་ སྨོན་ལམ་ཆེན་པོ་བཅུ་དང༌། ས་གཉིས་པ་ནས་བྱང་ཆུབ་ཆེན་པོའི་བར་དུ་ས་རྣམས་གོང་ནས་ གོང་དུ་ནི་ཁྱད་པར་དུ་འཕགས་ཤིང་རྣམ་པར་དག་པའི་སྨོན་ལམ་རྣམས་སུ་འབྱེད་ཅིང་དེ་ རྣམས་ཀྱིས་ནི་བྱང་ཆུབ་སེམས་དཔའ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་ རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ། ། ཏིང་ངེ་འཛིན་ལ་གསུམ་ལས། (དང་པོ་)སྤྱོད་ཡུལ་གྱི་དབྱེ་བ་ནི། ཏིང་འཛིན་གསུམ་ གྱི་སྤྱོད་ཡུལ་ནི། །བདག་མེད་རྣམ་པ་གཉིས་པོ་དང༌། །བདག་ཏུ་འཛིན་ པའི་རྟེན་དང་ནི། །དེ་རྟག་ཉེར་ཞི་ཡིན་ཤེས་བྱ། །སྟོང་པ་ཉིད་དང་སྨོན་པ་མེད་ པ་དང་མཚན་མ་མེད་པ་སྟེ། ཏིང་ངེ་འཛིན་གསུམ་གྱི་སྤྱོད་ཡུལ་ལམ་དམིགས་པ་ནི་གོ་རིམ་ བཞིན་དུ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་ཀུན་བཏགས་གང་ཟག་དང་ཆོས་ཀྱི་བདག་མེད་པ་ རྣམ་པ་གཉིས་པོ་ལ་དམིགས་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་བདག་ཏུ་འཛིན་པའི་ རྟེན་ནམ་འཁྲུལ་པའི་གནས་གཞན་དབང་ཉེར་ལེན་གྱི་ཕུང་པོ་ལྔ་སྨོན་པར་བྱ་བའི་གནས་མ་ ཡིན་པ་དང་ནི། མཚན་མ་མེད་པའི་ཏིང་ངེ་འཛིན་ནི་ཀུན་བཏགས་གཞན་དབང་དེ་དག་རྟག་ ཏུ་ཉེ་བར་ཞི་བ་ཡོངས་གྲུབ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་སྤྲོས་པའི་མཚན་མ་ཐམས་ཅད་ དང་བྲལ་བ་ལ་དམིགས་ནས་འཇུག་པ་ཡིན་པར་ཤེས་པར་བྱའོ། ། (གཉིས་པ་)འཛིན་ཚུལ་གྱི་དབྱེ་བ་ནི། དེ་ནི་གཟུང་འཛིན་ངོ་བོའི་ཕྱིར། །རྣམ་ པ་གསུམ་དུ་ཤེས་པར་བྱ། །རྣམ་པར་མི་རྟོག་རྒྱབ་ཀྱིས་ཕྱོགས། །རྟག་ཏུ་ དགའ་དང་ལྡན་པའོ། །ཏིང་འཛིན་གསུམ་པོ་དེ་ནི་བདག་མེད་གཉིས་དང་ཉེར་ལེན་ 4-1-534 ཕུང་པོ་ལྔ་དང་དེ་དག་ཉེ་བར་[ཞི་བ་{ལེན་པ་}གསུམ་ནི་གཟུང་བ་ཡུལ་གྱི་ངོ་བོ་དང༌། སྟོང་ པ་ཉིད་དང་སྨོན་པ་མེད་པ་དང་མཚན་མ་མེད་པ་གསུམ་ནི་འཛིན་པ་ཡུལ་ཅན་གྱི་ངོ་བོ་ཡིན་ པའི་ཕྱིར་ཡུལ་གསུམ་པོ་དེ་རྣམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཡུལ་ ཅན་ཏིང་ངེ་འཛིན་རྣམ་པ་གསུམ་དུ་ཤེས་པར་བྱ་ཞིང༌། དེ་དག་ཀྱང་རིམ་པ་བཞིན་དུ་སྟོང་པ་ ཉིད་ཀྱི་ཏིང་ངེ་འཛིན་ནི་ཀུན་བཏགས་བདག་གཉིས་ཀྱིས་སྟོང་བར་རྟོགས་ནས་གང་ཟག་དང་ ཆོས་ཀྱི་བདག་གཉིས་སུ་རྣམ་པར་མི་རྟོག་པ་དང༌། སྨོན་པ་མེད་པ་ནི་བདག་ཏུ་འཛིན་པའི་ རྟེན་གཞན་དབང་ཉེར་ལེན་གྱི་ཕུང་པོ་སྡུག་བསྔལ་གྱི་རང་བཞིན་ལ་ཆགས་པ་མེད་པར་རྒྱབ་ ཀྱིས་ཕྱོགས་ཏེ་མི་སྨོན་པ་དང༌། མཚན་མ་མེད་པ་ནི་དེ་དག་ཉེ་བར་ཞི་བ་ཡོངས་གྲུབ་ཆོས་ ཀྱི་དབྱིངས་དྲི་མ་དང་བྲལ་བའི་མྱ་ངན་ལས་འདས་པ་ལ་དུས་རྟག་ཏུ་དགའ་བ་དང་མཚུངས་ པར་ལྡན་པའོ། ། (གསུམ་པ་)དེ་དག་གི་དགོས་པ་ནི། ཡོངས་སུ་ཤེས་དང་སྤང་བ་དང༌། །མངོན་ སུམ་དུ་ནི་བྱ་བའི་ཕྱིར། །སྟོང་ཉིད་ལ་སོགས་ཏིང་འཛིན་རྣམས། །དོན་ རྣམ་གསུམ་དུ་ཡོངས་སུ་བསྒྲགས། །ཀུན་ཏུ་བརྟགས་པའི་བདག་ཉིད་མེད་པར་ ཡོངས་སུ་ཤེས་པར་བྱ་བ་དང༌། བདག་ཏུ་འཛིན་པའི་རྟེན་གཞན་དབང་ཉེར་ལེན་གྱི་ཕུང་ པོ་སྤང་བར་བྱ་བའི་ཕྱིར་དང༌། དེ་དག་ཉེ་བར་ཞི་བ་ཡོངས་གྲུབ་ཆོས་ཀྱི་དབྱིངས་དྲི་མ་དང་ བྲལ་བ་མངོན་སུམ་དུ་ནི་བྱ་བའི་ཕྱིར་སྟོང་པ་ཉིད་དང་ལ་སོགས་པ་སྟེ་སྨོན་པ་མེད་པ་དང་ མཚན་མ་མེད་པའི་ཏིང་ངེ་འཛིན་རྣམས་དོན་རྣམ་པ་གསུམ་པོ་འགྲུབ་པའི་ཆེད་དུ་ཡོངས་སུ་ བསྒྲགས་པ་ཡིན་ནོ། ། ཆོས་ཀྱི་སྡོམ་བཞི་ལ། སྡོམ་བཞིར་འཇོག་པའི་རྒྱུ་མཚན། དེའི་སྐབས་དོན་བསྟན་པ། ཁྱད་པར་རྒྱས་པར་བཤད་པའོ། ། 4-1-535 དང་པོ་ནི། སེམས་ཅན་རྣམས་ལ་ཕན་བཞེད་པས། །ཏིང་ངེ་འཛིན་ གྱི་རྒྱུ་ཉིད་དུ། །ཆོས་ཀྱི་སྡོམ་ནི་རྣམ་པ་བཞི། །བྱང་ཆུབ་སེམས་དཔའ་ རྣམས་ལ་བཤད། །དེ་ཡང་འཆད་པ་པོ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ རྣམས་བྱང་ཆུབ་ལ་བཀོད་དེ་ཕན་འདོགས་པར་བཞེད་པའི་སངས་རྒྱས་རྣམས་ཀྱིས་ཆེད་དུ་ བྱ་བ་སྔར་བཤད་པའི་ཏིང་ངེ་འཛིན་གསུམ་པོ་གདུལ་བྱ་རྣམས་ཀྱི་རྒྱུད་ལ་སྐྱེ་ཞིང་འཕེལ་ བར་བྱ་བའི་རྒྱུ་ཉིད་དུ། བཤད་བྱའི་ངོ་བོ་འདུས་བྱས་ཐམས་ཅད་མི་རྟག་པ་དང་ཟག་པ་དང་ བཅས་པ་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་དང་མྱ་ངན་ལས་ འདས་པ་ཞི་བ་སྟེ། ཆོས་ཐམས་ཅད་ཀྱི་དོན་འདུས་པས་སྡོམ་ཆེན་པོར་ནི་གྱུར་པ་རྣམ་པ་བཞི་ པོ་རྣམས་གདུལ་བྱ་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་དེ། འདུས་ བྱས་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་བའི་དོན་ཡིད་ལ་བྱས་པས་ནི་དེ་དག་ལ་སྨོན་པ་ མེད་པའི་ཏིང་ངེ་འཛིན་སྐྱེ་ཞིང་ཆོས་ཐམས་ཅད་བདག་མེད་པའི་དོན་བསྒོམས་པས་ནི་ཟབ་ མོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྐྱེ་ལ། མྱ་ངན་ལས་འདས་པ་ཞི་བའི་དོན་རྟོགས་པ་ལས་ནི་ མཚན་མ་མེད་པའི་ཏིང་ངེ་འཛིན་སྐྱེ་ཞིང་འཕེལ་བར་འགྱུར་བའི་ཕྱིར་རོ། ། སྐབས་དོན་བསྟན་པ་ནི། བརྟན་པ་རྣམས་ཀྱི་བཞི་པོ་འདི། །མེད་པའི་དོན་ དང་རྣམ་རྟོག་དོན། །ཀུན་ཏུ་རྟོག་དོན་ཁོ་ན་དང༌། །རྣམ་རྟོག་ཉེ་བར་ཞི་ བའི་དོན། །བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྡོམ་བཞི་པོ་འདིའི་མཚན་ ཉིད་དམ་སྐབས་དོན་ངོས་བཟུང་ན། མི་རྟག་པའི་དོན་ནི། (མི་རྟག་པའི་སྐད་དོད། ) ཨ་ནི་ཏྱ་ཞེས་ པའི་ཨ་མེད་པ་དང་ནི་ཏྱ་རྟག་པ་ཡིན་པས་རྟག་པ་མེད་པ་ཞེས་བྱ་བའི་དོན་ཏེ། གང་ཟག་དང་ ཆོས་ཀྱི་བདག་རྟག་པ་དང་བརྟན་པ་དང་མི་འགྱུར་བ་ལ་སོགས་པར་བརྟགས་པ་རྣམས་དོན་ ལ་མེད་བཞིན་དུ་ཀུན་ཏུ་བཏགས་པའི་མཚན་ཉིད་ཅན་དང༌། སྡུག་བསྔལ་བའི་དོན་ནི་ཡང་ 4-1-536 དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བའི་དོན་ གཞན་དབང་གི་མཚན་ཉིད་ཅན་དང༌། བདག་མེད་པའི་དོན་ནི་གཞན་དབང་ཀུན་ཏུ་རྟོག་ པའི་དོན་ཙམ་ཁོ་ན་སྣང་ཙམ་དུ་ཡོད་ཀྱི། ཁོ་ནའི་སྒྲས་བྱིས་པས་ཀུན་ཏུ་བཏགས་པའི་བདག་ གཉིས་ནི་མེད་པས་གཞན་དབང་ཀུན་བཏགས་ཀྱིས་སྟོང་བའི་མཚན་ཉིད་ཅན་དང༌། ཞི་བའི་ དོན་ནི་གཟུང་འཛིན་རྣམ་རྟོག་གི་མཚན་མ་ཐམས་ཅད་ཉེ་བར་ཞི་བ་ཆོས་ཉིད་ཡོངས་གྲུབ་དྲི་ མ་དང་བྲལ་བའི་མཚན་ཉིད་ཅན་མྱ་ངན་ལས་འདས་པའི་དོན་ཡིན་ནོ། ། ཁྱད་པར་རྒྱས་བཤད་ལ་མི་རྟག་པ་རྒྱས་པར་བཤད་པ་དང༌། བདག་མེད་པ་རྒྱས་པར་ བཤད་པའོ། །དང་པོ་ནི་(མི་རྟག་པ་མེད་པའི་དོན་དུ་མ་ཟད་)གཞན་དབང་གི་མཚན་ཉིད་ཅན་སྐད་ ཅིག་གིས་འཇིག་པའི་དོན་ཡང་མི་རྟག་པའི་དོན་དུ་རིག་པར་བྱ་སྟེ། དེས་ན་དེ་རབ་ཏུ་སྒྲུབ་པ་ ལ་ཐུན་མོང་དུ་འདུ་བྱེད་ཐམས་ཅད་སྐད་ཅིག་མར་སྒྲུབ་པ། ཁྱད་པར་དུ་ནང་གི་འདུ་བྱེད་སྐད་ ཅིག་མར་སྒྲུབ་པ། དེ་བཞིན་དུ་སྤྱིའི་འདུ་བྱེད་སྐད་ཅིག་མར་བསྒྲུབ་པའོ། ། དང་པོ་ནི། མི་རུང་རྒྱུ་ལས་སྐྱེས་ཕྱིར་དང༌། །འགལ་ཕྱིར་རང་ཉིད་མི་ གནས་ཕྱིར། །མེད་ཕྱིར་མཚན་ཉིད་ངེས་ཕྱིར་དང༌། །རྗེས་སུ་འཇུག་ཕྱིར་ འགག་པའི་ཕྱིར། །འོག་ནས་འབྱུང་བའི་འདུས་བྱས་ཐམས་ཅད་སྐད་ཅིག་མ་ཞེས་པ་ནི་ བསྒྲུབ་བྱ་ཡིན་ལ། དེའི་ཡང་ཕྱི་ནང་གི་འདུས་བྱས་ཐམས་ཅད་ཆོས་ཅན་ཡིན་ཞིང་སྐད་ཅིག་ མ་ནི་བསྒྲུབ་བྱའི་ཆོས་ཏེ། མི་རུང་ཞེས་པ་ལ་སོགས་པ་ནི་གཏན་ཚིགས་སུ་སྦྱར་ཏེ་བཤད་ པར་བྱའོ། །དེ་ཡང་འདུས་བྱས་ཐམས་ཅད་ཆོས་ཅན་སྐད་ཅིག་མ་ཡིན་ཏེ། སྐད་ཅིག་རིམ་ཅན་ དུ་སྐྱེ་འགག་བྱེད་པ་མ་ཡིན་ན་འདུས་བྱས་ཀྱི་རྒྱུན་འཇུག་པར་སྣང་བ་འདི་མི་རུང་བ་ལ་རྒྱུན་ འཇུག་པར་སྣང་བའི་ཕྱིར་རོ། །རྒྱུན་ཞེས་བྱ་བ་ཡང་སྐད་ཅིག་མ་དུ་མ་མཐུད་པ་ཡིན་ལ། དེ་ ནི་སྐད་ཅིག་མ་མེད་པར་མི་འབྱུང་སྟེ། དཔེར་ན་ཕྲེང་བ་རེ་རེ་བ་མེད་པར་མང་པོ་བསྒྲིགས་པ་ 4-1-537 མི་འབྱུང་བ་བཞིན་ནོ། །སྐད་ཅིག་མ་མཐུད་པ་མེད་ཀྱང་དངོས་པོ་གཅིག་ཉིད་སྐྱེས་ནས་ཡུན་ རིང་དུ་གནས་སོ་ཞེ་ན་མ་ཡིན་ཏེ། འདུས་བྱས་ཐམས་ཅད་ནི་སྐད་ཅིག་སྔ་མ་སྔ་མའི་རྒྱུ་ལས་ ཕྱི་མ་ཕྱི་མ་སྐྱེ་བ་ཡིན་པའི་ཕྱིར་དང༌། གལ་ཏེ་སྐྱེས་པ་ཙམ་ཁོ་ནས་སྐད་ཅིག་གིས་འཇིག་པ་ནི་ མ་ཡིན་གྱི། རྐྱེན་གཞན་གྱིས་ཕྱིས་འཇིག་པའོ་སྙམ་ན་མ་ཡིན་ཏེ། རིགས་པ་དང་ལུང་དང་ཡིད་ ལ་བྱེད་པ་དང་འགལ་བའི་ཕྱིར་རོ། །སྔར་སྐྱེ་བའི་རྒྱུ་ནི་སྣང་མུན་ལྟར་འཇིག་པའི་རྒྱུར་འགལ་ ཞིང༌། ཕྱིས་འབྱུང་བ་ཡང་འཇིག་པའི་རྒྱུར་མི་རིགས་པའི་རིགས་པ་དང་འགལ་བའི་ཕྱིར་དང་ མདོ་ལས་ཀྱང༌། བཅོས་ལྡན་འདས་ཀྱིས་དགེ་སློང་དག་འདུ་བྱེད་ཐམས་ཅད་ནི་སྒྱུ་མ་ལྟ་བུ་ སྐྱེ་ཞིང་འཇིག་པ་དུས་རེ་ཤིག་པ་ཡུན་ཐུང་ངུ་གནས་པ་ཞེས་གསུངས་པའི་ལུང་དང་འགལ་བ་ དང༌། རྣལ་འབྱོར་པ་རྣམས་ཀྱིས་འདུ་བྱེད་རྣམས་སྐད་ཅིག་མ་རེ་རེ་ཞིང་སྐྱེ་འགག་བྱེད་པར་ མཐོང་བའི་ཡིད་ལ་བྱེད་པ་དང་ཡང་འགལ་བའི་ཕྱིར་རོ། །ཡང་འདུ་བྱེད་རྣམས་དུས་རིང་ པོའི་བར་དུ་གནས་ན་རང་ཉིད་ཀྱིས་གནས་སམ་རྒྱུ་གཞན་ཞིག་གིས་གནས་ཞེས་[བཏགས་ {བརྟགས་}གྲང༌། དང་པོ་ནི་མ་ཡིན་ཏེ་མཐར་རང་ཉིད་ཀྱང་མི་གནས་ཤིང་འཇིག་པའི་ཕྱིར་ རོ། །རྒྱུ་གཞན་གྱིས་ཀྱང་གནས་པ་མ་ཡིན་ཏེ། ཡོད་ན་སྣང་དུ་རུང་བ་ལ་མ་དམིགས་པའི་ཕྱིར་ རོ། །གལ་ཏེ་གནས་པའི་རྒྱུ་མེད་ཀྱང་རེ་ཤིག་འཇིག་པའི་རྒྱུ་ཡང་མེད་པས་ཕྱིས་འཇིག་པའི་ རྒྱུ་དང་ཕྲད་པ་ལས་འཇིག་གོ་ཞེ་ན་དེ་ཡང་རིགས་པ་མ་ཡིན་ཏེ། ཕྱིས་འབྱུང་བ་དེ་འཇིག་པའི་ རྒྱུར་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །གལ་ཏེ་སྐྱེས་པ་ཙམ་གྱིས་འཇིག་པར་མི་འགྱུར་ན་མི་ རྟག་པའི་མཚན་ཉིད་མ་ངེས་པར་ཐལ་བ་ལས། བཅོམ་ལྡན་འདས་ཀྱིས་འདུས་བྱས་ཐམས་ ཅད་མི་རྟག་པར་གསུངས་པ་འདི་ནི་འདུས་བྱས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ངེས་པ་ ཡིན་པའི་ཕྱིར་དང༌། འོན་ཏེ་སྐད་ཅིག་རེ་རེ་སྔོན་མེད་པ་སྐྱེ་ན་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་ ངོ་ཤེས་པར་ཡང་མི་འགྱུར་རོ་སྙམ་ན། དེ་ནི་སྐད་ཅིག་སྔ་མ་དང་ཕྱི་མ་ཁ་དོག་དང་བོངས་ཚོད་ 4-1-538 འདྲ་བ་རྗེས་སུ་འཇུག་པ་ལ་རྒྱུན་གཅིག་ཏུ་འཛིན་པ་འཁྲུལ་པ་ཡིན་པའི་ཕྱིར་ཏེ། དཔེར་ན་ཆུ་ བོ་ལ་སོགས་པ་སྐད་ཅིག་རེ་རེ་ཞིང་སྐྱེ་འགག་བྱེད་ཅིང་འབབ་པ་ལ་རྒྱུན་གཅིག་ཏུ་འཛིན་པ་ བཞིན་ནོ། །དེ་ཁོ་ན་ཉིད་དུ་གནས་ན་ནི་སྐད་ཅིག་དང་པོ་དང་ཁྱད་པར་མེད་པའི་ཕྱིར་མཐར་ འགག་པར་མི་རིགས་པ་ལས་མཐར་འགག་པར་དམིགས་པའི་ཕྱིར་ཡང་སྐད་ཅིག་མར་གྲུབ་ པོ། ། དེ་བཞིན་དུ། ཡོངས་སུ་འགྱུར་བ་དམིགས་ཕྱིར་དང༌། །དེ་རྒྱུ་ཉིད་དང་ འབྲས་བུའི་ཕྱིར། །ཟིན་པའི་ཕྱིར་དང་བདག་པོའི་ཕྱིར། །དག་དང་སེམས་ ཅན་རྗེས་འཇུག་ཕྱིར། །ལོ་ཐོག་དང་ན་ཚོད་ལ་སོགས་པ་རྣམས་མཐར་ཡོངས་སུ་འགྱུར་ བར་དམིགས་པའི་ཕྱིར་ཡང་དེ་ལ་སྐད་ཅིག་རེ་རེ་ནས་ཉེ་བས་སྐད་ཅིག་མར་གྲུབ་སྟེ། དང་ པོ་ནས་འགྱུར་བ་མེད་ན་ཕྱིས་ཀྱང་འགྱུར་བར་དམིགས་པ་མི་རུང་བའི་ཕྱིར་དང༌། སེམས་ ནི་སྐད་ཅིག་མར་གྲུབ་པས་དབང་པོ་དང་ཡུལ་གཟུགས་ཅན་རྣམས་ཀྱང་དབང་ཤེས་སྐད་ ཅིག་མ་དེའི་རྒྱུ་ཉིད་ཡིན་པའི་ཕྱིར་སྐད་ཅིག་མར་གྲུབ་སྟེ། དཔེར་ན་མི་རྟག་པ་ལས་རྟག་པ་ མི་འབྱུང་བ་བཞིན་དུ་རྒྱུ་སྐད་ཅིག་མ་{མ་}ཡིན་པ་ལས་འབྲས་བུ་སྐད་ཅིག་མ་མི་འབྱུང་བའི་ ཕྱིར་དང༌། ཡང་འདུ་བྱེད་ཐམས་ཅད་ནི་སྐད་ཅིག་མར་གྲུབ་སྟེ། སེམས་སྐད་ཅིག་མའི་འབྲས་ བུ་ཡིན་པའི་ཕྱིར་རོ། །དེ་ཡང་མདོ་ལས། འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད་ཅིང་སེམས་ ཀྱིས་འདྲེན་ཏེ་སེམས་འབྱུང་ཞིང་འབྱུང་བའི་དབང་དུ་འགྱུར་རོ་ཞེས་པ་དང༌། རྣམ་པར་ཤེས་ པའི་རྐྱེན་གྱིས་ནི་མིང་དང་གཟུགས་སོ། །ཞེས་གསུངས་པ་ལྟར་མིག་ལ་སོགས་པའི་དབང་པོ་ རྣམས་ནི་སེམས་ཀྱིས་ཟིན་པའི་ཕྱིར་དང༌། སེམས་{ཅན་}ནི་འདུ་བྱེད་རྣམས་ལ་བདག་པོའི་ ཚུལ་གྱིས་དབང་བསྒྱུར་བའི་ཕྱིར་དང༌། སེམས་ལ་དབང་ཐོབ་པ་རྣམས་ཀྱིས་ས་ལ་སོགས་ པའང་གསེར་ལ་སོགས་པར་མོས་ན་དེ་ཁོ་ན་བཞིན་དུ་འགྱུར་བས་སེམས་དག་པའི་རྗེས་སུ་ 4-1-539 འཇུག་པའི་ཕྱིར་དང༌། སྡིག་པ་སྤྱོད་པ་རྣམས་ལ་ཕྱིའི་དངོས་པོ་རྣམས་ངན་པར་སྣང་ཞིང༌། བསོད་ནམས་བྱེད་པ་རྣམས་ལ་བཟང་པོར་སྣང་བས། སེམས་ཅན་རྣམས་ཀྱི་ལས་བཟང་ངན་ གྱི་རྗེས་སུ་འཇུག་པའི་ཕྱིར་ཡང་སྐད་ཅིག་གིས་མི་རྟག་པར་གྲུབ་བོ། ། ནང་གི་འདུ་བྱེད་སྐད་ཅིག་མར་སྒྲུབ་པ་ལ་གཏན་ཚིགས་ཀྱི་དབྱེ་བ་དང༌། སྐ་ཅིག་མར་ འགྲུབ་ཚུལ་ལོ། །དང་པོ་ནི། དང་པོ་ཇེ་བས་ཇེ་ཆེ་དང༌། །རྒྱས་དང་རྟེན་གྱི་ དངོས་པོ་དང༌། །འགྱུར་དང་ཡོངས་སུ་སྨིན་པ་དང༌། །དེ་བཞིན་དམན་ དང་ཁྱད་པར་འཕགས། །སྔར་བཞིན་དུ་འདིར་ཡང་ནང་གི་འདུས་བྱས་ཐམས་ཅད་ ནི་ཆོས་ཅན་གྱི་དོན་ཡིན་ལ་སྐད་ཅིག་མ་ཡིན་ཏེ་ཞེས་པ་ནི་བསྒྲུབ་བྱའི་ཆོས་ཡིན་ཞིང༌། དང་ པོ་མངལ་དུ་ཉིང་མཚམས་སྦྱར་མ་ཐག་ནུར་ནུར་པོ་རྣམ་པར་ཤེས་པ་དང་བཅས་པའི་དངོས་ པོར་སྐྱེ་བ་དང་སྐྱེ་བའི་སྐད་ཅིག་ཕྱིན་ཆད་ཇེ་བས་ཇེ་ཆེ་སྐྱེ་བ་དང༌། ཟས་དང་གཉིད་དང་ ཚངས་སྤྱོད་དང་སྙོམས་པར་འཇུག་པ་རྣམས་ཀྱིས་རྒྱས་པ་ལས་སྐྱེ་བ་དང༌། རྣམ་ཤེས་ཀྱི་རྟེན་ གྱི་དངོས་པོར་དབང་པོ་རྣམས་སྐྱེ་བ་དང༌། ཆགས་པ་ལ་སོགས་པའི་དབང་གིས་ཁ་དོག་ལ་ སོགས་པ་འགྱུར་བ་དང་བཅས་པར་སྐྱེ་བ་དང༌། བྱིས་པ་དང་གཞོན་ནུ་དང་ལང་ཚོ་དང་དར་ བབ་དང་རྒས་པའི་གནས་སྐབས་རྣམས་སུ་ཡོངས་སུ་སྨིན་པ་ལས་སྐྱེ་བ་དང༌། དེ་བཞིན་ དུ་དམན་པ་ངན་འགྲོར་སྐྱེ་བ་དང་ཁྱད་པར་དུ་འཕགས་པ་བདེ་འགྲོར་སྐྱེ་བ་དང༌། འོད་ གསལ་བ་དང་འོད་མི་གསལ། །ཡུལ་གཞན་འགྲོ་དང་ས་བོན་བཅས། ། ས་བོན་མེད་པའི་ངོ་བོ་དང༌། །གཟུགས་བརྙན་དུ་ནི་སྐྱེ་བ་སྟེ། །ལོངས་ སྤྱོད་དང་སྙོམས་འཇུག་ལ་དབང་བསྒྱུར་བས་འོད་གསལ་བ་འཕྲུལ་དགའ་ཡན་ཆད་དུ་སྐྱེ་ བ་དང༌། དེ་དག་ཤས་ཆུང་བས་འོད་མི་གསལ་བ་དགའ་ལྡན་མན་ཆད་དུ་སྐྱེ་བ་དང༌། སྐྱེ་བ་ གཞན་ནས་གཞན་དུ་འགྲོ་བའམ་འཆག་པ་ལྟ་བུ་ཡུལ་གཞན་དུ་འགྲོ་བའི་སྐྱེ་བ་དང༌། དགྲ་ 4-1-540 བཅོམ་པའི་ཕུང་པོ་ཐ་མ་མ་གཏོགས་པ་ས་བོན་དང་བཅས་པའི་སྐྱེ་བ་དང༌། དགྲ་བཅོམ་པ་ཐ་ མའི་ཕུང་པོ་ས་བོན་མེད་པའི་ངོ་བོའི་སྐྱེ་བ་དང༌། ཏིང་ངེ་འཛིན་གྱི་ཡུལ་ཀེང་རུས་ལ་སོགས་ པའི་གཟུགས་བརྙན་དུ་ནི་སྐྱེ་བ་སྟེ་སྐྱེ་ཚུལ་མི་འདྲ་བ་བཅུ་བཞི་དང་ལྡན་པའི་ཕྱིར་རོ་ཞེས་པ་ ནི་གཏན་ཚིགས་ཀྱི་དོན་ནོ། ། སྐད་ཅིག་མར་འགྲུབ་ཚུལ་ནི། སྐྱེ་བ་རྣམ་པ་བཅུ་བཞི་ལ། །རྒྱུ་དང་ཚད་ ཀྱི་ཁྱད་པར་དང༌། །རྒྱས་པ་དོན་མེད་མི་རུང་དང༌། །རྟེན་ཉིད་དུ་ནི་མི་ སྲིད་དང༌། །སྐྱེ་བ་རྣམ་པ་བཅུ་བཞི་པོ་དེ་རྣམས་རེ་རེས་ཀྱང་སྐད་ཅིག་མར་འགྲུབ་པའི་ རྒྱུ་མཚན་རིམ་པ་ལྟར་འཆད་པ་ལ། དང་པོར་སྐྱེ་བ་ནི་རྒྱུའི་ཁྱད་ཀྱིས་སྐད་ཅིག་མར་འགྲུབ་ སྟེ་ནུར་ནུར་པོ་ལ་རྣམ་ཤེས་ཞུགས་པ་དེ་ཉིད་ནར་ནར་པོ་ལ་སོགས་པ་སྐད་ཅིག་སྔ་མ་སྔ་མ་ ལས་ཕྱི་མ་ཕྱི་མ་རིམ་པ་ལྟར་སྐྱེ་བའི་ཕྱིར་དང༌། ཇེ་བས་ཇེ་ཆེར་སྐྱེ་བ་ནི་ཚད་ཀྱི་ཁྱད་པར་ གྱི་སྐད་ཅིག་མར་འགྲུབ་སྟེ་སྐད་ཅིག་རེ་རེ་ནས་འཕེལ་བར་མི་འགྱུར་ན་བོངས་སམ་ཚད་ ཇེ་ཆེར་འགྱུར་བ་འགལ་བའི་ཕྱིར་དང༌། རྒྱས་པར་བྱེད་པའི་རྒྱུ་བཞི་ལས་སྐྱེ་བའི་ཕྱིར་ཡང་ སྐད་ཅིག་མར་ངེས་ཏེ། སྐད་ཅིག་མ་མ་ཡིན་ན་རྒྱས་པར་བྱེད་པའི་རྒྱུ་དོན་མེད་པར་ཐལ་བ་ ལས་དོན་མེད་པ་ནི་མི་རུང་ཞིང་སྐད་ཅིག་རེ་རེ་ཞིང་རྒྱས་པར་འགྱུར་བའི་ཕྱིར་དང༌། དབང་ པོ་གཟུགས་ཅན་རྣམས་ནི་དབང་ཤེས་ཀྱི་རྟེན་གྱི་དངོས་པོར་སྐྱེ་བའི་ཕྱིར་ཡང་སྐད་ཅིག་མར་ ངེས་ཏེ། སྐད་ཅིག་མ་མ་ཡིན་ན་རྣམ་ཤེས་སྐད་ཅིག་མའི་རྟེན་ཉིད་དུ་འགྱུར་བ་ནི་མི་སྲིད་པའི་ ཕྱིར་རོ། །དཔེར་ན་བཞོན་པ་རྟ་ལྟ་བུ་ནི་སྡོད་ལ་ཞོན་པ་མི་ལྟ་བུ་ནི་འགྲོའོ་ཞེས་བྱ་བ་མི་སྲིད་ པ་བཞིན་དང༌། གནས་པ་ལ་ནི་མི་སྲིད་དང༌། །དང་པོ་མི་འཇིག་མཐར་མི་ འགྱུར། །དེ་བཞིན་དམན་དང་ཁྱད་པར་འཕགས། །འོད་གསལ་བ་དང་ འོད་མི་གསལ། །འགྱུར་བ་དང་ཡོངས་སུ་སྨིན་པའི་སྐྱེ་བའི་ཕྱིར་ཡང་སྐད་ཅིག་མར་ངེས་ 4-1-541 ཏེ། སྐད་ཅིག་གིས་མི་འཇིག་པར་གནས་པ་ལ་ནི་ཆགས་སོགས་ཀྱིས་འགྱུར་བ་དང་རིམ་གྱིས་ ཡོངས་སུ་སྨིན་པ་མི་སྲིད་པའི་ཕྱིར་དང༌། དང་པོ་ནས་སྐད་ཅིག་གིས་མི་འཇིག་ན་མཐར་ཡང་ མི་འགྱུར་བར་ཐལ་བ་ལས། མཐར་ནི་ཆགས་སོགས་དང་སྨིན་པ་ལས་འགྱུར་བར་དམིགས་ པའི་ཕྱིར་རོ། །བཤད་མ་ཐག་པའི་རིགས་པ་དེ་བཞིན་དུ་དམན་པ་ངན་འགྲོར་སྐྱེ་བ་དང་ཁྱད་ པར་དུ་འཕགས་པ་བདེ་འགྲོར་སྐྱེ་བ་དང༌། འོད་གསལ་བ་འཕྲུལ་དགའ་ཡན་ཆད་དུ་སྐྱེ་བ་ དང༌། འོད་མི་གསལ་བ་དེ་མན་ཆད་དུ་སྐྱེ་བའི་ཕྱིར་ཡང་སྐད་ཅིག་མར་ངེས་ཏེ། སྐད་ཅིག་མ་ རིམ་གྱིས་བརྒྱུད་ནས་ཡོངས་སུ་འགྱུར་བའི་ཁྱད་པར་མེད་པར་གནས་པ་ལ་ནི། སྐྱེ་གནས་ གོང་འོག་དེ་དག་ཏུ་སེམས་ལ་རག་ལུས་ཏེ་འཇུག་པ་མི་སྲིད་པའི་ཕྱིར་དང༌། དང་པོ་ནས་སྐད་ ཅིག་གིས་མི་འཇིག་ན་མཐར་ཡང་དེ་དག་ཏུ་མི་འགྱུར་བར་ཐལ་བའི་ཕྱིར་རོ། །འགྲོ་མེད་ གནས་པ་མི་རུང་དང༌། །ཐ་མ་ཉིད་ནི་མི་སྲིད་ཕྱིར། །སེམས་ཀྱི་རྗེས་ སུ་འཇུག་པའི་ཕྱིར། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །ཡུལ་གཞན་ དུ་འགྲོ་བའི་སྐྱེ་བའི་ཕྱིར་ཡང་སྐད་ཅིག་མར་ངེས་ཏེ། ཡུལ་གཞན་དུ་འཕོ་བ་ཡང་འདུ་བྱེད་ ཀྱི་རྒྱུན་སྐྱེས་པ་དང་མ་སྐྱེས་པ་དང་གནས་པ་ལ་མི་རུང་གི། ཡུལ་གཞན་དུ་སྐད་ཅིག་གིས་ འགགས་ནས་ཡུལ་གཞན་དུ་སྐད་ཅིག་གིས་སྐྱེ་བའི་རྒྱུན་ལས་གཞན་པའི་འགྲོ་བ་མེད་པའི་ ཕྱིར་རོ། །ས་བོན་དང་བཅས་པའི་སྐྱེ་བའི་ཕྱིར་ཡང་སྐད་ཅིག་མར་ངེས་ཏེ། སྐད་ཅིག་མ་མ་ ཡིན་ན་ནི་ས་བོན་སྐད་ཅིག་རིམ་ཅན་དུ་གནས་པར་སྣང་བ་འདི་མི་རུང་བར་ཐལ་བ་ལས་དེ་ ནི་དམིགས་ཤིང་དེའང་སྐད་ཅིག་བརྒྱུད་པ་ལས་གཞན་མ་ཡིན་པའི་ཕྱིར་དང༌། ས་བོན་མེད་ པར་སྐྱེ་བའི་ཕྱིར་ཡང་སྐད་ཅིག་མར་ངེས་ཏེ། དང་པོ་ནས་སྐད་ཅིག་རིམ་ཅན་དུ་བརྒྱུད་པ་མ་ ཡིན་ན་སྐད་ཅིག་ཐ་མ་ཉིད་ནི་མི་སྲིད་པར་ཐལ་བའི་ཕྱིར་རོ། །གཟུགས་བརྙན་དུ་ནི་སྐྱེ་བའི་ ཕྱིར་ཡང་སྐད་ཅིག་མར་ངེས་ཏེ། སེམས་དག་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྗེས་སུ་འཇུག་ 4-1-542 པས་ཀེང་རུས་ལ་སོགས་པའི་རྣམ་པར་སྐད་ཅིག་རེ་རེ་ལ་སྐྱེ་བའི་ཕྱིར་རོ། །དེ་ལྟར་ན་སྐད་ ཅིག་མ་མ་ཡིན་པ་ལ་སྐྱེ་བ་རྣམ་པ་བཅུ་བཞི་སོགས་མི་སྲིད་པའི་ལྡོག་པ་འགྲུབ་པའི་ཕྱིར་ཡང་ ནང་གི་འདུས་བྱས་ཐམས་ཅད་སྐད་ཅིག་མར་གྲུབ་བོ། ། དེ་བཞིན་དུ་ཕྱིའི་འདུ་བྱེད་སྐད་ཅིག་མར་སྒྲུབ་པ་ནི། འབྱུང་བ་རྣམས་དང་དོན་ རྣམ་དྲུག །སྐད་ཅིག་ཉིད་དུ་བརྗོད་པ་ནི། །སྐམ་དང་འཕེལ་དང་རང་ བཞིན་གྱིས། །གཡོ་དང་འཕེལ་དང་འགྲིབ་པའི་ཕྱིར། །ས་དང་ཆུ་དང་མེ་དང་ རླུང་སྟེ་རྒྱུའི་གཟུགས་འབྱུང་བ་བཞི་པོ་རྣམས་དང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་ བྱ་དང་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཏེ། འབྲས་བུའི་གཟུགས་དབང་པོའི་བཟུང་དོན་ནམ་ སྤྱོད་ཡུལ་རྣམ་པ་དྲུག་པོ་ནི་ཆོས་ཅན་གྱི་དོན་ཡིན་ལ། ངོ་བོ་ཉིད་ཀྱིས་སྐད་ཅིག་མ་ཉིད་དུ་ བརྗོད་པར་བྱ་བ་ཡིན་ཏེ་ཞེས་པ་ནི། བསྒྲུབ་བྱའི་ཆོས་ཡིན་ཞིང་དེ་དག་གི་སྒྲུབ་བྱེད་རྟགས་ ཀྱི་དོན་ནི། ཆུ་མིག་དང་མཚོ་དང་མཚེའུ་ལ་སོགས་པའི་ཆུ་རྣམས་སོ་ཁ་ཚ་བའི་དུས་སུ་སྐད་ ཅིག་རེ་རེ་ནས་སྔར་ཡོད་གསར་དུ་སྐམ་པ་དང༌། དབྱར་ཁ་ཆར་པའི་དུས་སུ་སྐ་ཅིག་རེ་རེ་ ནས་སྔར་མེད་གསར་དུ་འཕེལ་བར་དམིགས་པའི་ཕྱིར་དང༌། རླུང་ནི་རང་བཞིན་གྱིས་གཡོ་ བའི་ཕྱིར་དང༌། དུས་ཀྱི་དབང་གིས་རེས་འགའ་འཕེལ་བ་དང་རེས་འགའ་འགྲིབ་པར་ཡང་ དམིགས་པའི་ཕྱིར་ཏེ། སྐ་ཅིག་མ་མ་ཡིན་པ་ལ་ནི་འཕེལ་འགྲིབ་དེ་དག་མི་རུང་བའི་རྒྱུ་མཚན་ གོང་དུ་སྒྲུབ་ཟིན་པ་བཞིན་ནོ། །འབྱུང་བ་དེ་དང་འབྲེལ་ཕྱིར་དང༌། །ཡོངས་སུ་ འགྱུར་བ་བཞི་ཡི་ཕྱིར། །ཁ་དགོ་དྲི་དང་རོ་དང་རེག །འདྲ་ཕྱིར་དེ་ནི་དེ་ དང་འདྲ། །ས་ནི་འཇིག་རྟེན་ཆགས་པ་ན་ཆུ་དང་རླུང་ལ་བརྟེན་པས་སྐད་ཅིག་མར་གྲུབ་ པའི་འབྱུང་བ་དེ་མེད་དག་དང༌། རྟེན་དང་བརྟེན་པར་འབྲེལ་བའི་ཕྱིར་དང༌། དགེ་མི་དགེའི་ དབང་གིས་ས་ཕྱོགས་བཟང་ངན་དུ་སྣང་བ་སེམས་ཅན་ཀྱི་ལས་ཀྱིས་བྱས་པ་དང༌། བསྣུན་ 4-1-543 པའམ་རྐོ་བ་ལ་སོགས་པའི་གནོད་པས་བྱས་པ་དང༌། མེས་བསྲེག་པ་ལ་སོགས་པ་འབྱུང་ བས་བྱས་པ་དང༌། (གྲོང་ཁྱེར་ལ་སོགས་པ་)ཡུན་རིང་པོ་ན་རྙིང་པ་དུས་ཀྱིས་བྱས་པ་སྟེ་ཡོངས་སུ་ འགྱུར་བ་བཞི་དམིགས་པའི་ཕྱིར་ཡང་སྐད་ཅིག་མར་གྲུབ་སྟེ། སྐད་ཅིག་རེ་རེ་ལ་སྐྱེ་འགག་ མེད་པར་གནས་པ་ལ་ནི་དེ་དག་མི་རུང་བའི་ཕྱིར་རོ། །ཁ་དོག་དང་དྲི་དང་རོ་དང་རེག་བྱ་སྟེ་ འབྲས་བུའི་གཟུགས་བཞི་ཡང་ས་ལ་སོགས་པ་དང་སྐད་ཅིག་མར་འཇོག་པའི་རྒྱུ་མཚན་འདྲ་ བའི་ཕྱིར་དང༌། འཕེལ་འགྲིབ་དང་བཅས་པའི་འབྱུང་བ་རྣམས་རྒྱུར་བྱས་པ་ལས་བྱུང་བའི་ ཕྱིར་དབང་པོའི་བཟུང་དོན་དེ་དག་ནི་འབྱུང་བ་དེ་རྣམས་དང་འདྲ་བར་སྐད་ཅིག་མར་གྲུབ་ པོ། །བུད་ཤིང་རག་ལས་འཇུག་པའི་ཕྱིར། །ཇེ་བས་ཇེ་ཆེར་དམིགས་པའི་ ཕྱིར། །སེམས་རྗེས་འཇུག་ཕྱིར་དྲི་བའི་ཕྱིར། །དེས་ན་ཕྱི་ཡང་སྐད་ཅིག་ མ། །མེ་ནི་བུད་ཤིང་མང་ཉུང་ལ་རག་ལས་ནས་ཆེ་ཆུང་སྣ་ཚོགས་སུ་འཇུག་པར་སྣང་བའི་ ཕྱིར་དང༌། དུང་དང་དྲིལ་བུ་ལ་སོགས་པའི་སྒྲ་ཡང་སྔར་དམིགས་པ་དེ་ལས་ཇེ་བས་ཇེ་ཆེའམ་ (འགྲེལ་ཆེན་དུ་)ཇེ་བས་ཇེ་ཆུང་ལ་སོགས་པར་དམིགས་ཤིང་མཐར་འགག་པའི་ཕྱིར་དང༌། སྡོམ་ པའི་གཟུགས་ལ་སོགས་པ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཀྱང་ཡིད་ཡུལ་དུ་སྣང་བ་ཙམ་ ཡིན་པས་སེམས་སྐད་ཅིག་མའི་རྗེས་སུ་འཇུག་པའི་ཕྱིར་སྔར་བཤད་པ་ལྟར་སྐད་ཅིག་མར་ གྲུབ་སྟེ། སྐད་ཅིག་མ་མ་ཡིན་པ་ལ་ནི་དེ་དག་མི་རུང་བའི་ཕྱིར་རོ། །སྤྱིར་འདུས་བྱས་ཐམས་ ཅད་མི་རྟག་པར་འདོད་ཅིང༌། མར་མེ་ལ་སོགས་པ་གཡོ་བར་སྣང་བ་རྣམས་ནི་སྐད་ཅིག་མར་ འདོད་ཀྱི། རི་ལ་སོགས་པ་བརྟན་པར་སྣང་བ་རྣམས་སྐད་ཅིག་མར་སྣང་བ་རྣམས་སྐད་ཅིག་ མར་མི་འདོད་པ་རྣམས་ལ་དྲི་བ་བྱས་ན་ཕམ་པར་འགྱུར་བའི་ཕྱིར་ཡང་སྐད་ཅིག་མར་གྲུབ་ སྟེ། མར་མེའང་རླུང་གིས་མི་གཡོ་བའི་དུས་ན་སྐད་ཅིག་མ་མ་ཡིན་ནམ་ཞེས་དྲིས་པ་ལ། དེ་ནི་ ཕྱིས་རླུང་གིས་བསྐྱོད་པའི་ཚེ་སྔ་མ་དང་མི་འདྲ་བར་མཐོང་བའི་ཕྱིར་སྐད་ཅིག་མར་གྲུབ་པོ་ཞེ་ 4-1-544 ན། དེ་ལྟ་ན་འདུས་བྱས་བརྟན་པར་སྣང་བ་རྣམས་ཀྱང་ཕྱིས་ཞིག་པ་ན་སྔ་མ་དང་མི་འདྲ་བར་ མཐོང་བའི་ཕྱིར་སྐད་ཅིག་མར་གྲུབ་བོ། །དབང་ཤེས་སྐད་ཅིག་མར་འདོད་ཅིང་དབང་པོ་སྐད་ ཅིག་མར་མི་འདོད་པ་རྣམས་ལ། ཞོན་པ་མི་ལྟ་བུ་ནི་འགྲོའི་བཞོན་པ་རྟ་ལྟ་བུ་ནི་སྡོད་དམ་ ཞེས་དྲིས་པ་ལ་དེ་ནི་མི་སྲིད་དོ་ཟེར་ན། དེ་བཞིན་དུ་བརྟེན་པའམ་འབྲས་བུ་རྣམ་ཤེས་སྐད་ ཅིག་མར་གྲུབ་པའི་ཕྱིར་རྟེན་ནམ་རྒྱུ་དབང་པོ་རྣམས་ཀྱང་སྐད་ཅིག་མར་གྲུབ་པོ་ཞེས་བརྗོད་ པར་བྱའོ། །བུམ་པ་ལ་སོགས་པ་བརྟན་པར་སྣང་བ་རྣམས་ཀྱང་སྐད་ཅིག་མར་གྲུབ་ན། མར་ མེ་ལ་སོགས་པ་ལྟར་སྐད་ཅིག་གིས་གཡོ་བར་སྣང་ངམ་ཞེ་ན། དེ་ལྟར་མི་སྣང་བ་ནི་སྐད་ཅིག་ སྔ་ཕྱི་འདྲ་བའི་རྒྱུན་རྗེས་སུ་འཇུག་པས་འཁྲུལ་གཞི་བྱས་ནས་འདས་པའི་སྐད་ཅིག་དེ་ཉིད་ད་ ལྟར་གྱི་འདི་ཡིན་ནོ་སྙམ་དུ་འཛིན་པ་ནི་འཁྲུལ་པ་སྟེ། མི་རྟག་པ་ལ་རྟག་པར་འཛིན་པ་འདུ་ ཤེས་ཕྱིན་ཅི་ལོག་ཀུན་ནས་ཉོན་མོངས་པའི་ཁྱད་པར་ཡིན་པས་རྣམ་པར་བྱང་བར་འདོད་པ་ རྣམས་ཀྱིས་སྤང་བར་བྱའོ། །རྒྱུ་མཚན་ནམ་རིགས་པ་དེ་དང་དེས་ན་ཕྱི་ཡི་དངོས་པོ་འབྱུང་བ་ བཞི་དང་དོན་དྲུག་སྟེ་གཟུགས་བཅུ་[གཅིག་]པོ་ཡང་སྐད་ཅིག་མ་སྐྱེ་འགག་བྱེད་པའི་ཚུལ་ གྱིས་མི་རྟག་པར་གྲུབ་བོ། ། བདག་མེད་པའི་དོན་རྒྱས་པར་བཤད་པ་ལ་བདག་ཡོད་རིགས་པས་དགག་པ་དང༌། ལུང་ལ་བརྟེན་ནས་དགག་པའོ། ། དང་པོ་ལ་བཞི་སྟེ་གང་ཟག་རྫས་ཡོད་དུ་འདོད་པ་དགག་པ། གཅིག་དང་ཐ་དད་དུ་ བདེན་པ་དགག་པ། རྫས་ཡོད་བརྗོད་མིན་དུ་འདོད་པ་དགག་པ། ཡུལ་ལ་དབང་བསྒྱུར་བར་ འདོད་པ་དགག་པའོ། ། དང་པོ་ནི། གང་ཟག་བཏགས་པར་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ ཡིན་ནོ། །མི་དམིགས་ཕྱིན་ཅི་ལོག་པ་དང༌། །ཀུན་ནས་ཉོན་མོངས་ཉོན་ 4-1-545 མོངས་རྒྱུ། །ཅི་གང་ཟག་ཡོད་པ་ཞེས་བརྗོད་དམ་མེད་པ་ཞེས་བརྗོད་ཅེ་ན། མགོ་གཅིག་ ཏུ་མི་སྨྲའི་མཐའ་གཉིས་སྤང་བའི་ཕྱིར་རྣམ་པར་ཕྱེ་ནས་སྟོན་པ་སྟེ། གཞན་དབང་ལས་རྒྱུ་ འབྲས་ཀུན་རྫོབ་ཏུ་བདེན་པར་ཡོད་པ་ལས་སྐུར་བ་འདེབས་པའི་མཐའ་སྤང་བའི་ཕྱིར། (དོན་ དམ་པའི་ཚིགས་སུ་བཅད་པར་)རྒྱུན་ལ་གང་ཟག་ཅེས་བྱ་སྟེ་ཞེས་གསུངས་པ་ལྟར་ཕུང་པོའི་རྒྱུན་ལ་ སོ་སོ་སྐྱེ་བོ་དང་འཕགས་པའི་གང་ཟག་ཅེས་པ་ལ་སོགས་པ་བཏགས་པ་བར་ཡོད་པ་ཉིད་དུ་ བརྗོད་པར་བྱ་བ་ཡིན་གྱི། ཀུན་བཏགས་ཀྱི་བདག་དོན་དམ་པར་མེད་པ་ལ་རྟག་གཅིག་རང་ དབང་ཅན་ལ་སོགས་པར་སྒྲོ་འདོགས་པའི་མཐའ་སྤང་བའི་ཕྱིར་རྫས་སུ་ཡོད་པ་ཉིད་ནི་མ་ ཡིན་ནོ་ཞེས་བརྗོད་པར་བྱའོ། །དེའི་རྒྱུ་མཚན་ཡང་རྫས་སུ་ཡོད་ན་གཟུགས་སོགས་ལྟར་ཚད་ མ་ལ་སྣང་དུ་རུང་བ་ལ་མི་དམིགས་པའི་ཕྱིར་རོ། །མ་གྲུབ་སྟེ་གང་ཟག་གི་བདག་འདོད་པ་ རྣམས་ཀྱི་བློས་དམིགས་ཤིང༌། བཅོམ་ལྡན་འདས་ཀྱིས་ཀྱང་མཐོང་བའི་ཆོས་ཁོ་ན་ལ་བདག་ དམིགས་ཤིང་འདོགས་པ་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། ལུང་གི་དོན་ནི་བཏགས་ བ་ལ་དགོངས་པ་ཡིན་ཞིང་བདག་ཏུ་འཛིན་པའི་བློས་དམིགས་པས་ནི་རྫས་སུ་ཡོད་པར་མི་ འགྲུབ་སྟེ། བཅོམ་ལྡན་འདས་ཀྱིས་བདག་མེད་པ་ལ་བདག་གོ་སྙམ་པ་ནི་ཕྱིན་ཅི་ལོག་གོ་ ཞེས་གསུངས་པ་ལྟར། བློ་དེ་ནི་ཕྱིན་ཅི་ལོག་ཡིན་པའི་ཕྱིར་དང༌། ཕྱིན་ཅི་ལོག་ཡིན་པའི་རྒྱུ་ མཚན་ཡང་ཀུན་ནས་ཉོན་མོངས་པ་ཡིན་པའི་ཕྱིར་ཏེ། དེའི་རྒྱུ་མཚན་ཡང་རྩ་བའི་ཉོན་མོངས་ པ་དྲུག་གི་ཡ་གྱལ་འཇིག་ཚོགས་ལ་ལྟ་བ་ཡིན་པའི་ཕྱིར་དང༌། དེ་ཡོད་ན་རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །དེ་དག་དང་ནི་ འབྲེལ་པ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར་བདག་ལ་ ཆགས་པ་དང་གཞན་ལ་སྡང་བ་ལ་སོགས་པ་ཉོན་མོངས་པ་གཞན་གྱིའང་རྒྱུ་བྱེད་པའི་ཕྱིར་ དང༌། ཉོན་མོངས་པའི་དབང་གིས་ལས་ངན་པ་བསགས་པ་ལས་འཁོར་བར་འཆིང་བར་བྱེད་ 4-1-546 པའི་ཕྱིར་རོ། །དེ་བས་ན་ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་ཆེད་དུ་གང་ཟག་བཏགས་བ་འདོད་ པར་བྱའི། ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་རྫས་སུ་གྲུབ་པ་ནི་ནམ་ཡང་འདོད་པར་མི་བྱའོ། ། གཉིས་པ་ནི། ཉེས་པ་གཉིས་ཕྱིར་དེ་ལས་འདི། །གཅིག་དང་གཞན་དུ་ བརྗོད་བྱ་མིན། །ཕུང་པོ་བདག་ཏུ་ཐལ་བ་དང༌། །དེ་རྫས་ཉིད་དུ་ཐལ་ འགྱུར་ཕྱིར། །གང་ཟག་ཏུ་གདགས་པའི་གཞི་ཕུང་པོ་དང་གང་ཟག་གཅིག་གམ་ཐ་དད་ཅེ་ ན། ཉེས་པ་གཉིས་ཡོད་པའི་ཕྱིར་ཕུང་པོ་དེ་ལས་གང་ཟག་གི་བདག་འདི་ངོ་བོ་དབྱེར་མེད་ཀྱི་ གཅིག་པ་དང་ཐ་དད་པའི་རྫས་གཞན་དུའང་བདེན་པར་ཡོད་དོ་ཞེས་བྱ་བར་བརྗོད་པར་བྱ་ བ་[མིན་{ཡིན་}ནོ། །ཉེས་པ་གཉིས་པོ་གང་ཞེ་ན་ཕུང་པོ་དང་གང་ཟག་གི་བདག་རྫས་གཅིག་ ན་ཕུང་པོའང་བདག་རྟག་པ་ཉིད་དུ་ཐལ་བ་དང༌། བདག་ཀྱང་མི་རྟག་པའི་རྫས་སུ་ཐལ་བར་ འགྱུར་ལ། གཞན་ཡིན་ན་བདག་དེ་ཕུང་པོ་ལས་ཐ་དད་པའི་རྫས་ཉིད་དུ་ཡོད་པར་ཐལ་བར་ འགྱུར་བ་ལས། དེ་ལྟར་ཡང་མ་དམིགས་པའི་ཕྱིར་རོ། ། གསུམ་པ་ནི་གནས་མ་བུ་པའི་སྡེ་པ་དག་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་ དུ་མེད་པའི་གང་ཟག་གི་བདག་འདོད་པ་དགག་པ་ལ་གཉིས་ལས། དོན་མི་འཐད་པ་ནི། གལ་ཏེ་རྫས་ཡོད་བརྗོད་མིན་པའི། །དགོས་པ་ཡང་ནི་བརྗོད་དགོས་ཏེ། ། གཅིག་དང་གཞན་དུ་བརྗོད་མིན་པ། །དགོས་པ་མེད་པར་མི་རིགས་སོ། ། གལ་ཏེ་གང་ཟག་གི་བདག་དེ་རྫས་སུ་ཡོད་ཅིང་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་ པར་བྱ་བ་མིན་པར་འདོད་ན་དེའི་དགོས་པའམ་རྒྱུ་མཚན་ཡང་ནི་འདིའོ་ཞེས་བརྗོད་དགོས་ ཏེ། གང་ཟག་གི་བདག་ཕུང་པོ་ལས་གཅིག་དང་གཞན་དུ་བརྗོད་པར་བྱ་བ་མིན་པ་དེ་དགོས་ པའམ་རྒྱུ་མཚན་གང་ཡང་མེད་པར་དེ་གཉིས་གཅིག་དང་གཞན་དུ་བརྗོད་དུ་མེད་ཅེས་སྨྲ་ 4-1-547 བར་མི་རིགས་པས་སོ། །དེའི་རྒྱུ་མཚན་ཡང་རྫས་ཡོད་ཡིན་པ་ལ་དེ་ཉིད་དམ་གཞན་གང་རུང་ ཞིག་ཡིན་པས་ཁྱབ་པའི་ཕྱིར་རོ། ། དཔེ་མ་གྲུབ་པ་ནི། མཚན་ཉིད་དང་ནི་འཇིག་རྟེན་ན། །མཐོང་ཕྱིར་བསྟན་ བཅོས་སྒོ་ནས་ཀྱང༌། །བུད་ཤིང་མེ་བཞིན་གཉིས་སུ་ནི། །བརྗོད་མིན་མི་ རུང་དམིགས་ཕྱིར་རོ། །གལ་ཏེ་བུད་ཤིང་དང་མེ་གཅིག་དང་གཞན་དུ་བརྗོད་དུ་མེད་ པ་བཞིན་དུ་ཕུང་པོ་དང་བདག་ཀྱང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་གྲུབ་པོ་ཞེ་ན་དེ་ ནི་མི་རིགས་ཏེ། མེ་ནི་མེའི་ཁམས་ཡིན་ལ་བུད་ཤིང་ནི་ས་ལ་སོགས་པའི་ཁམས་ཡིན་པས་ མཚན་ཉིད་ཐ་དད་པའི་ཕྱིར་དང་ནི་འཇིག་རྟེན་ན་ཡང་མེ་མེད་པའི་བུད་ཤིང་དང༌། བུད་ཤིང་ མེད་པའི་མེ་ཐ་དད་པ་མཐོང་བའི་ཕྱིར་དང༌། བསྟན་བཅོས་ལུང་རྣམ་དག་གི་སྒོ་ནས་ཀྱང་ གང་དུ་ཡང་མེ་དང་བུད་ཤིང་དག་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་མ་གསུངས་པའི་ ཕྱིར་རོ། །དེས་ན་དཔེ་བུད་ཤིང་དང་མེ་གཉིས་སུ་བརྗོད་པར་བྱ་བ་མིན་པ་མི་རུང་བ་བཞིན་ དུ། དོན་ཕུང་པོ་དང་བདག་གཉིས་སུ་ནི་བརྗོད་པར་བྱ་བ་མིན་པ་ཞེས་བྱ་བ་འདི་མི་རུང་ངོ༌། ། བུད་ཤིང་མེད་པའི་མེ་ཇི་ལྟ་བུ་ཞེ་ན་རླུང་གིས་ཁྱེར་བའི་མེ་བུད་ཤིང་ལས་རྒྱངས་ཆད་པར་ བར་སྣང་ལ་འབར་བ་དམིགས་པའི་ཕྱིར་རོ། །དེའི་ཚེ་རླུང་ཉིད་བུད་ཤིང་ཡིན་ནོ་ཞེ་ན་དེ་ཉིད་ ཀྱི་ཕྱིར་མེ་དང་བུད་ཤིང་ཐ་དད་དུ་གྲུབ་སྟེ་འབྱུང་བ་ཐ་དད་ཡིན་པས་དབང་ཤེས་ཐ་དད་ཀྱི་ སྤྱོད་ཡུལ་ཡིན་པའི་ཕྱིར་རོ། ། བཞི་པ་ལ་གསུམ་སྟེ། ཡུལ་ལ་སྤྱོད་པ་དགག་པ། བདག་པོར་འདོད་པ་དགག་པ། ཁྱད་ པར་བརྟགས་ཏེ་དགག་པའོ། ། དང་པོ་ནི། གཉིས་ཡོད་རྣམ་ཤེས་སྐྱེ་བའི་ཕྱིར། །དེ་རྐྱེན་མ་ཡིན་དོན་ མེད་ཕྱིར། །དེ་ཕྱིར་ལྟ་བ་པོ་ནས་ནི། །གྲོལ་བའི་བར་དུ་མི་འགྱུར་རོ། །ཕྱི་ 4-1-548 རོལ་པ་ལ་སོགས་པ་འགའ་ཞིག་གཟུགས་ལ་ལྟ་བ་པོ་ནས་ཆོས་ཤེས་པ་པོའི་བར་དང༌། ལས་ བྱེད་པ་པོ་དང་རྣམ་སྨིན་མྱོང་བ་པོ་དང་བླང་དོར་ཤེས་པ་པོ་དང་བསྒོམས་པས་གྲོལ་བ་པོའི་ གང་ཟག་གི་བདག་རྫས་སུ་གྲུབ་པ་ཡོད་དོ་ཞེ་ན། དེ་རྣམ་ཤེས་བསྐྱེད་པའི་རྐྱེན་གྱི་ངོ་བོར་ ཡོད་དམ། དབང་བསྒྱུར་བའི་བདག་པོར་ཡོད་ཅེས་བརྟགས་ཏེ། དང་པོ་ལྟར་ན་རེ་ཤིག་ ཡུལ་དང་དབང་པོ་གཉིས་ཡོད་ན་རྣམ་པར་ཤེས་པ་སྐྱེའི་དེ་དག་མེད་ན་མི་སྐྱེ་བའི་ཕྱིར་དང༌། བདག་དེ་ནི་རྣམ་ཤེས་སྐྱེ་བའི་རྐྱེན་མ་ཡིན་ཏེ། དོན་ལ་བདེན་པར་གྲུབ་པ་མེད་པས་རྣམ་ཤེས་ སྐྱེད་པའི་མཐུ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །གང་ཟག་གི་བདག་རྫས་སུ་གྲུབ་པ་མེད་པ་ དེའི་ཕྱིར་ཡུལ་གཟུགས་ལ་ལྟ་བ་པོ་ནས་ནི་ཤེས་པ་པོ་དང་གྲོལ་བ་པོའི་བར་དུ་བརྟགས་ན་ ཡུལ་ལ་ལོངས་སྤྱོད་པའི་བདག་བདེན་པར་མི་འགྱུར་རོ། ། གཉིས་པ་ནི། བདག་པོ་ཉིད་ཅིག་ཡིན་ན་ནི། །མི་རྟག་མི་འདོད་འབྱུང་ མི་བྱེད། །དེ་ལས་མཚན་ཉིད་བསྒྲུབ་དགོས་ཏེ། །རྫོགས་པའི་བྱང་ཆུབ་ གསུམ་ལ་གནོད། །ཡང་གང་ཟག་དེ་ཇི་ལྟར་འདོད་པ་བཞིན་དབང་བསྒྱུར་བའི་བདག་ པོ་རང་དབང་ཅན་ཉིད་ཅིག་ཡིན་པར་འདོད་ན་ནི། དེ་ལ་མི་རྟག་པ་དང་མི་འདོད་པ་སྡུག་ བསྔལ་ལ་སོགས་པའང་འབྱུང་བ་མི་བྱེད་པར་ཐལ་བར་འགྱུར་ཏེ། དེ་ནི་རྟག་པ་དང་བདེ་བ་ འདོད་པའི་ཕྱིར་རོ། །དེ་ཁོ་ནའོ་ཞེ་ན་མ་ཡིན་ཏེ་གང་ཟག་དེ་མི་འདོད་བཞིན་དུ་མི་རྟག་པ་དང་ སྡུག་བསྔལ་འབྱུང་བར་མཐོང་བའི་ཕྱིར་རོ། །ཡང་གང་ཟག་དེ་རྫས་སུ་གྲུབ་པ་ཡིན་ན་མིག་ གི་བྱེད་ལས་ལྟ་བ་དང༌། དབང་པོའི་མཚན་ཉིད་གཟུགས་དང་བ་ཡིན་པ་ལྟར་བདག་དེའི་བྱེད་ ལས་དང་མཚན་ཉིད་འདི་ཡིན་ནོ་ཞེས་བྱ་བར་བསྒྲུབ་དགོས་པར་འགྱུར་ཏེ། རྫས་ཡོད་གང་ ཡིན་ནི་རང་རང་གི་བྱེད་ལས་དང་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །གཞི་མ་གྲུབ་པ་ལ་བྱེད་ ལས་དང་མཚན་ཉིད་བསྒྲུབ་པར་མི་ནུས་པའི་ཕྱིར་ཡང་བདག་རྫས་སུ་གྲུབ་པ་མེད་དོ། །གལ་ 4-1-549 ཏེ་བདག་རྫས་སུ་ཡོད་ན་བཅོམ་ལྡན་འདས་ཀྱི་རྫོགས་པའི་བྱང་ཆུབ་རྣམ་པ་གསུམ་ལའང་ གནོད་པར་འགྱུར་ཏེ། བདག་ཡོད་ན་བདག་མེད་པའི་ཟབ་མོ་མངོན་པར་རྫོགས་པར་བྱང་ ཆུབ་པ་ལ་ཡང་གནོད་ལ། གཞན་མུ་སྟེགས་ཅན་དང་འདྲ་བས་ཐུན་མོང་མ་ཡིན་པར་མངོན་ པར་རྫོགས་པར་བྱང་ཆུབ་པ་ལ་ཡང་གནོད་ཅིང༌། འཇིག་རྟེན་པ་དང་འདྲེས་པས་འཇིག་རྟེན་ ལས་འདས་པར་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ཡང་གནོད་པའི་ཕྱིར་རོ། ། གསུམ་པ་ལ་གཉིས་ལས། མདོར་བསྟན་ནི། ཉེས་པ་གསུམ་ཕྱིར་ལྟ་སོགས་ལ། ། དེ་ཡི་བྱེད་པ་རང་བྱུང་མིན། །བྱེད་པ་དེ་ཡི་རྐྱེན་ཅན་ཡང༌། །ལྟ་སོགས་ བྱེད་པ་མེད་པ་ཡིན། །ལྟ་བ་པོ་ལ་སོགས་པའི་གང་ཟག་གི་བདག་ཡོད་ན། བྱེད་པ་ དང་བཅས་པ་ཞིག་ཡིན་ནམ་བྱེད་པ་མེད་པ་ཞིག་ཡིན། བྱེད་པ་དང་བཅས་པ་ཞིག་ཡིན་ན་རྒྱུ་ མེད་རང་བྱུང་ཞིག་ཡིན་ནམ་བདག་གི་རྐྱེན་ཅན་ཞིག་ཡིན་ཞེས་བརྟགས་ནས། དང་པོ་ལྟར་ ན་འཆད་པར་འགྱུར་བའི་ཉེས་པ་གསུམ་ཡོད་པའི་ཕྱིར་ཡུལ་ལ་ལྟ་བ་དང་ཉན་པ་ལ་སོགས་ པ་ནས་རྣམ་པར་ཤེས་པའི་བར་ལ་གང་ཟག་དེའི་བྱེད་པ་རྒྱུ་མེད་པའི་རང་བྱུང་ནི་མིན་ཞིང༌། གཉིས་པ་ལྟར་ན་བྱེད་པ་གང་ཟག་དེའི་རྐྱེན་ཅན་ཡང་ཡུལ་ལ་ལྟ་བ་ལ་སོགས་པའི་བྱེད་པ་ མེད་པ་ཡིན་ཏེ་འཆད་པར་འགྱུར་པའི་ཉེས་པ་གསུམ་ཡོད་པའི་ཕྱིར་རོ། །ཡང་བདག་དེ་བྱེད་ པ་མེད་པར་ཡང་མི་རིགས་ཏེ། ལྟ་བ་པོ་ལ་སོགས་པའི་རྫས་ཡོད་དུ་འདོད་པའི་ཕྱིར་རོ། ། རྒྱས་བཤད་ལའང་གཉིས་ལས། བྱེད་པ་རང་བྱུང་དུ་འདོད་པ་དགག་པ་ནི། བྱེད་ པོ་མིན་ཕྱིར་མི་རྟག་ཕྱིར། །ཅིག་ཅར་རྟག་ཏུ་འཇུག་པའི་ཕྱིར། །ལྟ་ལ་ སོགས་པའི་བྱེད་པ་ནི། །རང་བྱུང་ཉིད་དུ་མི་རུང་ངོ་། །སྔར་བསྟན་པའི་ཉེས་ པ་གསུམ་པོ་གང་ཞེ་ན། གང་ཟག་དེ་རྐྱེན་ལ་ལྟོས་པ་མེད་པས་ལྟ་བ་ལ་སོགས་པའི་བྱེད་པ་ པོ་མིན་པའི་ཕྱིར་དང༌། རང་བྱུང་ཡིན་ན་རྟག་པར་འགྱུར་དགོས་པ་ལ་མཐོང་བ་ལ་སོགས་པ་ 4-1-550 རེས་འགའ་བར་དམིགས་པས་མི་རྟག་པ་ཡིན་པའི་ཕྱིར་དང༌། བྱེད་པ་རྟག་པ་ཡིན་ན་ཡུལ་ལ་ ལྟ་བ་ལ་སོགས་པ་དུས་ཅིག་ཅར་རྟག་ཏུ་རྒྱུན་མི་འཆད་པར་འཇུག་དགོས་པ་ལ་རེས་འགའ་ མི་འཇུག་པའི་ཕྱིར། ཡུལ་ལ་ལྟ་བ་དང་ཉན་པ་ལ་སོགས་པ་ནས་རྣམ་པར་ཤེས་པའི་བྱེད་པ་ ནི་རྐྱེན་ལ་མ་ལྟོས་པའི་རྒྱུ་མེད་རང་བྱུང་ཉིད་དུ་མི་རུང་ངོ༌། ། བདག་རྐྱེན་ཅན་དུ་འདོད་པ་དགག་པ་ནི། དེ་བཞིན་གནས་དང་ཞིག་པ་ནི། ། སྔ་ན་མེད་དང་མི་རྟག་དང༌། །ཕྱོགས་གསུམ་པ་ཡང་མེད་པའི་ཕྱིར། ། རྐྱེན་ཉིད་དུ་ནི་མི་རུང་ངོ་། །བྱེད་པ་རང་བྱུང་དུ་འདོད་པ་ལ་ཉེས་པ་གསུམ་ཡོད་ པ་དེ་བཞིན་དུ་བདག་གི་རྐྱེན་ཅན་དུ་འདོད་པ་ལ་ཡང་ཉེས་པ་གསུམ་ཡོད་དེ། གང་ཟག་གི་ བདག་དེ་ལྟ་བ་ལ་སོགས་པའི་རྐྱེན་ཡིན་ན། གནས་པ་དང་ཞིག་པ་དང་གཉི་ག་ཡིན་པ་སྟེ། གསུམ་པོ་དག་ལས་གང་ཡིན་ཞེས་བརྟགས་ནས། གནས་པ་ནི་རྐྱེན་དུ་མི་འཐད་དེ། རྟག་ཏུ་ གནས་པ་དེ་རྐྱེན་ཡིན་ན་ལྟ་བ་ལ་སོགས་པའི་བྱེད་པ་དེ་ནམ་ཡང་མེད་པར་མི་འགྱུར་བ་ལས། གང་ཟག་རྟག་ཏུ་ཡོད་ཀྱང་ལྟ་བ་ལ་སོགས་པའི་བྱེད་པ་ནི་རང་ཉིད་མ་སྐྱེས་པའི་སྔ་རོལ་ན་ མེད་པའི་ཕྱིར་དང༌། ཞིག་པའང་རྐྱེན་དུ་མི་རུང་སྟེ། གང་ཟག་དེ་མི་རྟག་པར་ཐལ་བར་འགྱུར་ བའི་ཕྱིར་དང༌། རྟག་པ་དང་མི་རྟག་པ་གཞི་གཅིག་ལ་འདུ་བ་འགལ་བས་གནས་པ་དང༌། ཞིག་པའི་ཕྱོགས་གཉིས་ཀ་ཡིན་པའི་ཕུང་པོ་གསུམ་པའང་མེད་པའི་ཕྱིར་གཉི་ག་ཡིན་པའང་ ལྟ་བ་ལ་སོགས་པའི་རྐྱེན་ཉིད་དུ་ནི་མི་རུང་ངོ༌། ། དེ་ལྟར་བདག་ཡོད་རིགས་པས་བཀག་ནས་ལུང་ལ་བརྟེན་ནས་དགག་པ་ལ། དོན་དམ་ དུ་མེད་པར་གསུངས་ཚུལ་དང༌། ཀུན་རྫོབ་ཏུ་འདོགས་པའི་རྒྱུ་མཚན་ནོ། ། དང་པོ་ནི། འདི་ལྟར་ཆོས་རྣམས་ཐམས་ཅད་ནི། །བདག་མེད་དམ་ པའི་དོན་དུ་ན། །སྟོང་ཉིད་བདག་ཏུ་དམིགས་པ་ནི། །ཉེས་པར་བཤད་པ་ 4-1-551 ཁོ་ན་ཡིན། །བདག་མེད་པའི་ཚུལ་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྡོམ་བཞི་ སྟོན་པའི་མདོ་ལས། ཆོས་རྣམས་ཐམས་ཅད་ནི་བདག་མེད་པའོ་ཞེས་གསུངས་ཏེ། དེ་ཡང་ འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་གྱི་དོན་དུ་ན་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ སྣང་བའི་ཕྱིར་རོ། །དོན་དམ་པ་སྟོང་པ་ཉིད་ཀྱི་མདོ་ལས་ཀྱང༌། སྟོང་པ་ཉིད་ལ་ནི་ལས་ཀྱང་ ཡོད། ལས་ཀྱི་རྣམ་པར་སྨིན་པའང་ཡོད་མོད་ཀྱི་ཆོས་ཀྱི་བརྡར་བཏགས་པ་མ་གཏོགས་པ། གང་ཞིག་ཕུང་པོ་འདི་དག་འདོར་ཞིང་ཕུང་པོ་གཞན་ཉིང་མཚམས་སྦྱོར་བར་བྱེད་པ་པོ་ནི་མི་ དམིགས་སོ་ཞེས་གསུངས་པས། ཀུན་རྫོབ་ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་སྒོ་ནས་ཆེད་དུ་ བདག་བཏགས་པ་ཙམ་ཡོད་ཀྱི་དོན་དམ་པར་བདག་རྫས་གྲུབ་ཏུ་དམིགས་པར་འདོད་ན་ནི་ ཉེས་པར་བཤད་པ་ཁོ་ན་ཡིན་ཏེ། ཇི་སྐད་དུ་གནས་ལྔ་པའི་མདོ་ལས། བདག་ཏུ་དམིགས་པ་ ལ་ཉེས་པ་ལྔ་སྟེ། བདག་ཏུ་ལྟ་བ་དང་སྲོག་ཏུ་ལྟ་བར་འགྱུར། མུ་སྟེགས་ཅན་རྣམས་དང་ཁྱད་ པར་མེད་པར་འགྱུར། ལམ་གོལ་བར་ཞུགས་པར་འགྱུར། སྟོང་པ་ཉིད་ལ་ཡང་འདིའི་སེམས་ འཇུག་པར་མི་འགྱུར། དད་པར་མི་འགྱུར་མོས་པར་མི་འགྱུར་ཡང་དག་པར་མི་འགྱུར། འདིའི་འཕགས་པའི་ཆོས་རྣམས་ཀྱང་རྣམ་པར་བྱང་བར་མི་འགྱུར་རོ་ཞེས་གསུངས་པ་ལྟར་ རོ། ། ཀུན་རྫོབ་ཏུ་འདོགས་ཚུལ་{བསྟན་པ་ལ་}གཉིས་ལས། དང་པོ་དོན་དངོས་བསྟན་པ་ ནི། ཀུན་ནས་ཉོན་མོངས་རྣམ་བྱང་བའི། །གནས་སྐབས་གཅོད་པའི་བྱེ་ བྲག་དང༌། །འཇུག་དང་རྒྱུན་གྱི་བྱེ་བྲག་ཀྱང༌། །གང་ཟག་གིས་ནི་ཉེ་ བར་བསྟན། །གང་ཟག་རྫས་སུ་མེད་ན་བཅོམ་ལྡན་འདས་ཀྱིས་ཀུན་ཤེས་པ་དང་ལྡན་པ་ དང༌། ཁུར་ཁྱེར་བ་དང་དད་པའི་རྗེས་སུ་འབྲང་བ་ལ་སོགས་པའི་གང་ཟག་གསུངས་པ་དང་ མི་འགལ་ལམ་ཞེ་ན་དེ་དག་ནི་མདོ་ལས། ཡོངས་སུ་ཤེས་པར་བྱ་བའི་ཆོས་རྣམས་ནི་ཀུན་ 4-1-552 ནས་ཉོན་མོངས་པའོ། །ཡོངས་སུ་ཤེས་པ་ནི་རྣམ་པར་བྱང་བའོ། །ཞེས་གསུངས་པ་ལྟར་ ཀུན་ནས་ཉོན་མོངས་པ་སྡུག་བསྔལ་དང་ཀུན་འབྱུང་ལ་གནས་པའི་གང་ཟག་དང་རྣམ་པར་ བྱང་བ་འགོག་པ་དང་ལམ་ལ་གནས་པའི་གང་ཟག་རྣམས་ཀྱི་གནས་སྐབས་འདི་དང་འདིའོ་ ཞེས་སོ་སོར་གཅོད་པའི་བྱེ་བྲག་ཤེས་པར་བྱ་བའི་ཕྱིར་དང༌། དེ་བཞིན་དུ་ཁུར་(སྡུག་བསྔལ་) དང་ཁུར་ཁྱེར་བ་(ཀུན་འབྱུང་)ནི་ཀུན་ནས་ཉོན་མོངས་པའོ། །ཁུར་འདོར་(འགོག་པ་དང་འདོར་བ་ལམ་) ནི་རྣམ་པར་བྱང་བའོ། །ཞེས་གསུངས་པ་ལྟར་ཉོན་མོངས་རྣམ་བྱང་དེ་དག་གི་ཐ་སྙད་འཇུག་ པའི་བྱེ་བྲག་ཤེས་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་གནས་སྐབས་ སྦྱོར་བ་དང་མཐོང་བ་དང་སྒོམ་པ་དང་མཐར་ཐུག་པའི་ལམ་གྱི་འཇུག་པའི་བྱེ་བྲག་ཤེས་པར་ བྱ་བ་དང༌། ཕུང་པོ་ཟག་བཅས་ཟག་མེད་ཀྱི་རྒྱུན་གྱི་བྱེ་བྲག་རྣམས་ཀྱང་དད་པའི་རྗེས་འབྲང་ ལ་སོགས་པའི་གང་ཟག་གདགས་པ་མེད་པར་བཤད་པར་མི་ནུས་པས། དེ་རྣམས་ཤེས་པར་ བྱ་བའི་ཆེད་དུ། (སྤྱོད་འཇུག་ལས་)རྒྱུན་གཅིག་ལ་ནི་བརྟེན་ནས་སུ། །བྱེད་པོ་སྤྱོད་པོ་ཞེས་བྱར་ བསྟན། །ཞེས་གསུངས་པ་ལྟར་གང་ཟག་གི་མིང་གིས་ནི་ཉེ་བར་བཏགས་ནས་བསྟན་པའོ། ། དོགས་པ་སྤང་བ་ནི། བདག་ཏུ་ལྟ་བ་བསྐྱེད་མི་དགོས། །གོམས་པ་ཐོག་ མ་མེད་དུས་ཅན། །གང་ཟག་ཡོད་ན་ཐམས་ཅད་ནི། །འབད་མེད་ཐར་ པའམ་ཐར་པ་མེད། །དེ་ལྟར་གང་ཟག་དོན་ལ་མེད་བཞིན་དུ་བཏགས་ནས་སྟོན་པ་དེ་ གོ་ཡུལ་བདག་ལྟ་སྐྱེད་པའི་དོན་དུ་ཡིན་ནམ་སྙམ་ན། བདག་ཏུ་ལྟ་བ་བསྐྱེད་པའི་དོན་དུ་ནི་ གང་ཟག་བཤད་མི་དགོས་ཏེ། འཁོར་བ་ཐོག་མ་མེད་པ་ནས་སྐྱེས་ཟིན་པའི་ཕྱིར་རོ། །ལམ་ བདག་ལྟ་གོམས་པར་བྱ་བའི་ཕྱིར་ཡིན་ནམ་སྙམ་ན་མ་ཡིན་ཏེ། བདག་ཏུ་ལྟ་བ་གོམས་པ་ ནི་སྐྱེ་བ་ཐོག་མ་མེད་པའི་དུས་ཅན་ནས་གྲུབ་ཟིན་པའི་ཕྱིར་རོ། །གང་ཟག་ཏུ་ལྟ་བ་ཡོད་ན་ འབྲས་བུ་ཐར་པ་ཐོབ་པར་འགྱུར་བས་དེའི་ཆེད་དུ་ཡིན་ནམ་སྙམ་ན་མ་ཡིན་ཏེ། དེ་ལྟར་ཡིན་ 4-1-553 ན་སོ་སོ་སྐྱེ་བོ་ཐམས་ཅད་ནི་ལམ་ལ་འབད་པ་མེད་པར་ཐར་པ་ཐོབ་པར་འགྱུར་ཏེ། ཐོག་ མ་མེད་པ་ནས་གང་ཟག་ཏུ་ལྟ་བ་ཡོད་པའི་ཕྱིར་རོ་ཞེས་པའམ། འཕགས་པ་རྣམས་ལ་ཐར་ པ་མེད་པར་འགྱུར་ཏེ་བདག་ལྟ་མེད་པའི་ཕྱིར་རོ་ཞེས་པ་དང༌། ཡང་བདག་ཏུ་ལྟ་བ་ཡོད་ན་ གཞན་ལ་སྡང་བ་ལ་སོགས་པའི་ཉོན་མོངས་པ་རྣམས་སྐྱེ་བར་འགྱུར་ཞིང༌། ཉོན་མོངས་པའི་ དབང་གིས་ལས་ངན་པ་བསགས་ནས་འཁོར་བ་ལས་ཐར་བར་མི་འགྱུར་བས་ཐར་པ་འདོད་ པ་རྣམས་ཀྱིས་ཀུན་རྫོབ་ཏུ་བདག་བཏགས་པ་བ་ཁས་བླང་བར་བྱའི་དོན་དམ་དུ་བདག་རྫས་ སུ་ཡོད་པ་ནི་ནམ་ཡང་ཁས་བླང་བར་མི་བྱའོ། ། བསྡུས་ཏེ་བྱེད་ལས་བསྟན་པ་ནི། དེ་ལྟར་ཡོན་ཏན་དེ་དག་དང༌། །རྟག་ ལྡན་བྱང་ཆུབ་སེམས་དཔའ་ནི། །བདག་གི་དོན་ཡང་མི་འདོར་ཞིང༌། ། གཞན་གྱི་དོན་ཡང་སྒྲུབ་པར་བྱེད། །གོང་དུ་རྒྱས་པར་བཤད་པའི་ཚུལ་དེ་ལྟར་ངོ་ ཚ་ཤེས་པ་ནས་ཆོས་ཀྱི་སྡོམ་བཞིའི་བར་གྱི་ཡོན་ཏན་བཅོ་ལྔ་པོ་དེ་དག་དང་རྟག་ཏུ་ལྡན་པའི་ བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་རབ་ཀྱིས་བདག་གི་དོན་དུ་སྤངས་རྟོགས་ཀྱི་ཡོན་ཏན་ རྣམས་ཀྱང༌། མི་འདོར་ཞིང་གཙོ་བོར་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་སེམས་ཅན་གཞན་རྣམས་ ཀྱི་དོན་ཕུན་སུམ་ཚོགས་པ་ཡང་རྒྱ་ཆེན་པོ་སྒྲུབ་པར་བྱེད་པ་ཡིན་ནོ། །རིགས་པར་བྱ་བ་བྱང་ ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྐབས་རྫོགས་པར་བཤད་ཟིན་ཏོ།། ༈ །། རིག་པའི་ཡོན་ཏན་འགྲུབ་ཚུལ་ལ། འགྲེལ་བཤད་དག་ལས་སྒྲུབ་པའི་ཡོན་ཏན་དང་ བསྔགས་པའི་ཡོན་ཏན་གཉིས་ལས། དང་པོ་ལ་རྒྱུ་མཐུན་པ་དང་བྲལ་བ་དང་སེམས་ཅན་ ལ་མངོན་དུ་ཕྱོགས་པའི་ཡོན་ཏན་གསུམ་གྱི་དང་པོ་ནི། ཡུན་རིང་པོ་ནས་བསླབ་པའི་ལམ་ ལ་གོམས་པས་དགེ་བའི་ཆོས་དང་ཉེ་བར་གྱུར་པའི་ལམ་ཕྱིར་ཞིང་མང་བ་དང་བརྟན་པ་དང་ ངེས་པ་དང་ཡུན་རིང་པོར་འཇུག་པའི་ཚུལ། རང་གི་ལུས་དང་སྡོམ་པའི་ཕྱིར། །ཞེས་པ་ལ་ 4-1-554 སོགས་པ་དང་བྲལ་བའི་ཡོན་ཏན་ནི། མཐོང་བ་དང་སྒོམ་པའི་ལམ་གྱིས་སྤང་བྱའི་གནས་ ངན་ལེན་དང་བྲལ་བའི་ཚུལ། དེ་བཞིན་གཤེགས་རིགས་སྐྱེ་བ་དང༌། །ཞེས་པ་ལ་སོགས་པ་ དང༌། སེམས་ཅན་ལ་མངོན་དུ་ཕྱོགས་པའི་ཡོན་ཏན་ནི་སེམས་མཉམ་པ་ཉིད་ཀྱི་[ཡོན་ཏན་ ཀྱིས་{སྒོ་ནས་}སེམས་ཅན་རྣམས་ལ་ཕན་འདོགས་པའི་ཚུལ། སྣོད་ཉིད་དུ་ནི་བྱ་བ་དང༌། ། ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བཅུ་དྲུག་གིས་བསྟན་ཅིང༌། ལྷག་མ་རྣམས་ཀྱིས་ ནི་དོན་གཉིས་འགྲུབ་ཚུལ་གྱི་སྒོ་ནས་བསྔགས་པའི་ཡོན་ཏན་བསྟན་པར་ཡང་འཆད་མོད། འདིར་ནི་བྱང་ས་ལས་སྡོམ་གྱི་ཚིགས་སུ་བཅད་པ་སྡེ་ཚན་བཞིས་གསུངས་པ་འདི་ཉིད་ལེའུ་ འདིའི་ཐོག་མ་ན་རྒྱ་དཔེ་གཉིས་ནའང་སྣང་བ་རྣམས་རིམ་པ་ལྟར་སྦྱར་ནས་འཆད་པ་ལ། ངོ་ མཚར་བ་ལ་སོགས་པའི་ཡོན་ཏན་སྦྱོར་བ་ལ་སོགས་པའི་ཁྱད་པར། ལུང་བསྟན་པ་ལ་སོགས་ པའི་བྱ་བ། གདགས་པ་ལ་སོགས་པའི་རྣམ་དབྱེའོ། ། དང་པོ་ནི། ངོ་མཚར་ངོ་མཚར་མ་ཡིན་དང༌། །སྙོམས་པའི་སེམས་དང་ཕན་འདོགས་ དང༌། །ལན་དུ་ཕན་འདོགས་དེ་བཞིན་སྨོན། །སྦྱོར་བ་འབྲས་བུ་ཡོད་པ་ཉིད། །ཅེས་གསུངས་ པ་ལྟར་ཟབ་པའི་ཡོན་ཏན། བསམ་པའི་ཡོན་ཏན། ཕན་པའི་ཡོན་ཏན། སྨོན་པའི་ཡོན་ཏན། སྦྱོར་བའི་(ཆུད་མི་ཟ་བ་)ཡོན་ཏན་ནོ། ། དང་པོ་ལ་མཚར་བའི་དབྱེ་བས། རྒྱུ་འབྲས་ཀྱི་ཡོན་ཏན་དང༌། དེ་ལས་བཟློག་པ་སྦྱོར་ བའི་ཡོན་ཏན་ནོ། །དང་པོ་ལའང་གཉིས་ལས། (དང་པོ་)རྒྱུའི་ཡོན་ཏན་ངོ་མཚར་ཆེ་བ་ནི། རང་གི་ལུས་དང་སྡོམ་པའི་ཕྱིར། །ཕུན་སུམ་ཚོགས་པ་ཡོངས་གཏོང་ དང༌། །ཉམ་ཆུང་རྣམས་ལ་བཟོད་པ་དང༌། །ལུས་དང་སྲོག་ལ་མི་ལྟ་ བར། །བརྩོན་འགྲུས་རྩོམ་དང་བསམ་གཏན་གྱི། །བདེ་ལ་རོ་མྱང་མེད་པ་ དང༌། །ཤེས་རབ་རྟོག་པ་མེད་པ་ནི། །བློ་ལྡན་རྣམས་ཀྱི་ངོ་མཚར་འདོད། ། 4-1-555 ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བརྩམས་ཏེ། སྦྱིན་པའི་ནང་ནས་རང་གི་ལུས་ལ་ཆགས་པ་མེད་ པར་གཞན་ལ་གཏོང་བ་དང༌། ཚུལ་ཁྲིམས་ཀྱི་ནང་ནས་སྡོམ་པ་ཡོངས་སུ་རྫོགས་པ་བསྲུང་ བའི་ཕྱིར་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྣམས་ཡོངས་སུ་གཏོང་བ་དང༌། བཟོད་པའི་ནང་ ནས་ཉམ་སྟོབས་ཆུང་ངུ་རྣམས་ཀྱིས་གནོད་པ་ཆེན་པོ་བྱེད་པ་ལ་ཡང་བཟོད་པ་དང༌། བརྩོན་ འགྲུས་ཀྱི་ནང་ནས་རང་གི་ལུས་དང་སྲོག་ལ་ཡང་མི་ལྟ་བར་གཞན་དོན་དུ་བརྩོན་འགྲུས་རྒྱ་ ཆེན་པོ་རྩོམ་པ་དང༌། བསམ་གཏན་གྱི་ནང་ནས་བསམ་གཏན་དང་པོ་ལ་སོགས་པའི་བདེ་ བ་ཆེན་པོ་ཐོབ་པ་ལ་ཡང་ཆགས་པ་དང་རོ་མྱང་མེད་པ་དང༌། ཤེས་རབ་ཀྱི་ནང་ནས་འཁོར་ གསུམ་དུ་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་རྣམས་ནི་ཕལ་པ་རྣམས་ལ་མེད་པས། བློ་ལྡན་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པའི་ཡོན་ཏན་ངོ་མཚར་ཆེ་བ་ཡིན་པར་འདོད་དོ། ། (གཉིས་པ་)འབྲས་བུའི་ཡོན་ཏན་ངོ་མཚར་ཆེ་བ་ནི། དེ་བཞིན་གཤེགས་རིགས་ སྐྱེ་བ་དང༌། །ལུང་བསྟན་པ་དང་དབང་བསྐུར་དང༌། །བྱང་ཆུབ་རབ་ཏུ་ ཐོབ་པ་ཡང༌། །ངོ་མཚར་ཆེ་བ་ཡིན་པར་འདོད། །འབྲས་བུ་བཞི་ལས་བརྩམས་ ཏེ། ས་དང་པོ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ན་དེ་བཞིན་གཤེགས་པའི་ རིགས་སུ་སྐྱེ་བ་དང༌། སྒོམ་ལམ་ས་བརྒྱད་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་ པ་དང༌། ས་བཅུ་པར་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐོབ་པ་རྣམས་ནི་སློབ་པའི་ འབྲས་བུ་དང༌། སངས་རྒྱས་ཀྱི་ས་ལ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་རབ་ཏུ་ཐོབ་པ་ནི་མི་ སློབ་པའི་འབྲས་བུ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་འབྲས་བུའི་ཡོན་ཏན་ཡང་ཕལ་པ་རྣམས་ལ་ མེད་ཅིང༌། བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་པས་ངོ་མཚར་ཆེ་བ་ཡིན་པར་འདོད་དོ། ། (གཉིས་པ་)སྦྱོར་བའི་ཡོན་ཏན་ནི། འདོད་ཆགས་བྲལ་དང་སྙིང་རྗེ་དང༌། །དེ་ བཞིན་སྒོམ་མཆོག་ཐོབ་པ་དང༌། །སེམས་མཉམ་ཕྱིར་ན་དེ་དག་ལ། ། 4-1-556 སྦྱོར་བ་ངོ་མཚར་ཆེ་མ་ཡིན། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལུས་དང་ ལོངས་སྦྱོད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བའི་ཕྱིར་སྦྱིན་པ་རྒྱ་ཆེན་པོ་ལ་སྦྱོར་བ་ངོ་ མཚར་མི་ཆེ་བ་དང༌། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་གཞན་ལ་གནོད་པ་སྤོང་བ་ལ་སོགས་ པའི་ཚུལ་ཁྲིམས་ལ་སྦྱོར་བ་དང༌། གནོད་ལན་མི་བྱེད་པ་ལ་སོགས་པའི་བཟོད་པ་ལ་སྦྱོར་ བའང་ངོ་མཚར་མི་ཆེ་ལ། དེ་བཞིན་དུ་ས་བརྒྱད་པར་སྒོམ་པའི་མཆོག་རྣམ་པར་མི་རྟོག་པའི་ ཡེ་ཤེས་ལ་དབང་ཐོབ་པ་ལ་བརྟེན་ནས་མངོན་པར་འདུ་བྱེད་པ་མེད་ཅིང་རྣམ་པར་མི་རྟོག་ པའི་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ལ་སྦྱོར་བ་རྣམས་ཀྱང་ངོ་མཚར་མི་ཆེ་སྟེ། རང་གི་དོན་བཞིན་དུ་གཞན་གྱི་དོན་ལ་སྐྱོ་བ་མེད་པས་ན་བདག་གཞན་ཐམས་ཅད་ལ་སེམས་ མཉམ་པ་ཉིད་ཐོབ་པའི་ཕྱིར་ན། ཕ་རོལ་ཏུ་ཕྱིན་པ་དེ་དག་ཐམས་ཅད་ལ་སྦྱོར་བ་ནི་སྐྱེས་བུ་ དམ་པ་རྣམས་ཀྱི་རང་བཞིན་ནམ་ངང་ཚུལ་ཡིན་པས་ངོ་མཚར་ཆེ་བ་མ་ཡིན་པ་ཉིད་ཀྱང་ཡིན་ པ་ནི་ཟབ་ཅིང་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ནོ། ། (གཉིས་པ་)བསམ་པའི་ཡོན་ཏན་ལ་གཉིས་ལས། (དང་པོ་)སེམས་ཅན་ལ་མཉམ་སེམས་ ནི། ཇི་ལྟར་བློ་ལྡན་སེམས་ཅན་ལ། །རབ་ཏུ་བྱམས་པར་གྱུར་པ་ལྟར། ། སེམས་ཅན་བདག་དང་ཆུང་མ་དང༌། །བུ་བཤེས་གཉེན་ལའང་དེ་ལྟ་ མིན། །ཇི་ལྟར་ན་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ལ་ཕན་པར་ འདོད་པའི་སྒོ་ནས་རབ་ཏུ་བྱམས་པར་གྱུར་པ་ལྟར། སེམས་ཅན་ཕལ་པ་རྣམས་ནི་བདག་ ཉིད་དང་ཆུང་མ་དང་བུ་དང་བཤེས་དང་གཉེན་ཉེ་བ་རྣམས་ལའང་དེ་ལྟར་བྱམས་པར་གྱུར་པ་ མིན་ཏེ། རེས་འགའ་བདག་ཉིད་ཀྱང་གསོད་པར་བྱེད་པས་གཏན་དུ་བ་མ་ཡིན་པ་དང༌། ཉེ་ རིང་དང་བཅས་པས་མཉམ་པ་ཉིད་མ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་དུས་རྟག་ཏུ་ ཉེ་རིང་མེད་པར་མཉམ་པ་ཉིད་དུ་སེམས་ཅན་ལ་ཕན་པ་མཛད་པས་མཆོག་ཏུ་གྱུར་བའོ། ། 4-1-557 (གཉིས་པ་)ཕར་ཕྱིན་ལ་མཉམ་སེམས་ནི། དོན་གཉེར་བ་ལ་ཕྱོགས་མེད་དང༌། ། ཚུལ་ཁྲིམས་རྟག་ཏུ་མ་ཉམས་དང༌། །ཀུན་ཏུ་བཟོད་ཅིང་ཐམས་ཅད་ ཕྱིར། །བརྩོན་འགྲུས་ཆེན་པོ་རྩོམ་པ་དང༌། །རྟག་ཏུ་བསམ་གཏན་དགེ་ བ་དང༌། །ཤེས་རབ་རྣམ་པར་མི་རྟོག་ཉིད། །བྱང་ཆུབ་སེམས་དཔའ་དེ་ དག་ལ། །དེ་ལྟར་སེམས་མཉམ་ཤེས་པར་བྱ། །སློང་མོ་བ་ལོངས་སྤྱོད་དོན་དུ་ གཉེར་བ་རྣམས་ལ་ཕྱོགས་འབྱེད་པ་མེད་པར་གང་འདོད་པ་སྟེར་བས་སྦྱིན་པ་ལ་སེམས་ མཉམ་པ་ཉིད་དང༌། དེ་བཞིན་དུ་ཚུལ་ཁྲིམས་རྣམ་པར་དག་པ་དུས་རྟག་ཏུ་ཉེས་པ་ཕྲ་མོས་ ཀྱང་མ་ཉམས་པར་བསྲུང་བ་དང༌། ཡུལ་དང་དུས་དང་སེམས་ཅན་རྣམས་ལ་བྱེ་བྲག་མེད་ པར་ཀུན་ཏུ་བཟོད་ཅིང་འཁྲུག་པ་མེད་པར་སྒོམ་པ་དང༌། རང་གཞན་ཐམས་ཅད་དང་དགེ་ བ་ཐམས་ཅད་ཀྱི་ཕྱིར་མཉམ་པར་སྦྱོར་བའི་བརྩོན་འགྲུས་རྒྱ་ཆེན་པོ་རྩོམ་པ་དང༌། དུས་རྟག་ ཏུ་ཉོན་མོངས་པ་ཅན་མ་ཡིན་པའི་བསམ་གཏན་དགེ་བ་ལ་མཉམ་པར་འཇོག་པ་དང༌། ཤེས་ རབ་ཀྱིས་ཆོས་ཐམས་ཅད་ལ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ཉིད་ ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དེ་དག་སྒྲུབ་ལ་གོང་དུ་བཤད་པ་དེ་ ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་མཉམ་པར་ཤེས་པར་བྱའོ། ། (གསུམ་པ་)ཕན་པའི་ཡོན་ཏན་ལ(གཉིས་)། རྒྱལ་སྲས་གཞན་ལ་ཕན་འདོགས་ཚུལ་དང༌། དེའི་ལན་དུ་ཕན་འདོགས་ཚུལ་ལོ། ། དང་པོ་ལ་གཉིས་ལས། (དང་པོ་)ཕན་འདོགས་ཚུལ་མདོར་བསྟན་པ་ནི། སྣོད་ཉིད་དུ་ ནི་བྱེད་པ་དང༌། །ཚུལ་ཁྲིམས་དག་ལ་འགོད་པ་དང༌། །གནོད་པ་ལ་ ནི་བཟོད་པ་དང༌། །དོན་བྱེད་པར་ནི་འགྲོ་བ་དང༌། །བསྟན་པ་འདི་ལ་ འཛུད་པ་དང༌། །ཐེ་ཚམོ་གཅོད་པར་བྱེད་པ་འདི། །བློ་ལྡན་རྣམས་ཀྱིས་ 4-1-558 སེམས་ཅན་ལ། །ཕན་འདོགས་ཉིད་དུ་འདོད་པ་ཡིན། །ཐོག་མར་ཟང་ཟིང་གི་ སྦྱིན་པས་སེམས་ཅན་རྣམས་ལ་ཆོས་བསྟན་པའི་སྣོད་ཉིད་དུ་ནི་བྱེད་པ་དང༌། སྣོད་དུ་གྱུར་པ་ རྣམས་ཚུལ་ཁྲིམས་རྣམ་པ་གསུམ་པོ་དག་ལ་འགོད་པ་དང༌། གཞན་གྱི་ལུས་དང་ངག་གིས་ གནོད་པ་བྱས་པ་ལ་ནི་ལན་མི་བྱེད་ཅིང་བཟོད་པ་དང༌། གཞན་གྱི་དོན་བྱེད་པར་སྤྲོ་བའི་ བརྩོན་འགྲུས་ཀྱིས་ནི་དཀའ་སྤྱད་ཆེན་པོ་ལ་ཡང་འགྲོ་བ་དང༌། བསམ་གཏན་ལས་ཐོབ་པའི་ རྫུ་འཕྲུལ་གྱིས་དད་པར་བྱས་ཏེ་སངས་རྒྱས་ཀྱི་བསྟན་པ་འདི་ལ་འཛུད་པ་དང༌། ཤེས་རབ་ ཀྱིས་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་འདི་རྣམས་ནི། བློ་ལྡན་བྱང་ཆུབ་སེམས་དཔའ་ རྣམས་ཀྱིས་གདུལ་བྱ་སེམས་ཅན་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་ཕན་འདོགས་ པ་ཉིད་དུ་འདོད་པ་ཡིན་ནོ། ། (གཉིས་པ་)དེ་ཉིད་དཔེ་ཡིས་རྒྱས་བཤད་ལ(བདུན་)། །མ་དང་ཕ་དང་རྩ་ལག་དང༌། །གྲོགས་ པོ་བྲན་དང་སློབ་དཔོན་དང༌། །མཁན་པོ་འདྲ་བར་ཕན་ཚུལ་ལོ། ། (དང་པོ་)མ་དང་འདྲ་བར་ཕན་འདོགས་ཚུལ་ནི། གང་དག་རྟག་ཏུ་སེམས་ཅན་ རྣམས། །བསམ་པ་མཉམ་པས་འཛིན་བྱེད་དང༌། །འཕགས་པའི་ས་ལ་ སྐྱེད་པ་དང༌། །དགེ་བ་འཕེལ་བར་བྱེད་པ་དང༌། །ཉེས་བྱས་ལས་ནི་ ཡོངས་བསྲུང་དང༌། །ཐོས་པ་བྱང་བར་བྱེད་པ་སྟེ། །ལས་ལྔ་དག་གིས་ རྒྱལ་སྲས་རྣམས། །སེམས་ཅན་མ་དང་འདྲ་བ་ཡིན། །མས་བུ་ཁོང་དུ་འཛིན་ པ་ལྟར་བྱང་ཆུབ་སེམས་དཔའ་གང་དག་དུས་རྟག་ཏུ་སེམས་ཅན་རྣམས་སྙིང་རྗེས་བསམ་པ་ མཉམ་པས་རྗེས་སུ་འཛིན་པར་བྱེད་པ་དང༌། (མས་བུ་)མི་གནོད་པར་མངལ་ནས་འབྱིན་ཅིང་ བསྐྱེད་པ་ལྟར། (སེམས་དཔས་སེམས་ཅན་རྣམས་)འཕགས་པའི་ཆོས་མཐོང་ལམ་ཐོབ་པ་དང༌། ས་ དང་པོ་ཡན་ཆད་ལ་འཇོག་ཅིང་སྐྱེད་པར་བྱེད་པ་དང༌། (མས་བུ་)ནུ་ཞོ་བསྣུན་ཅིང་ཁ་ཟས་ཀྱིས་ 4-1-559 གསོས་ཏེ་ཁྲུས་དང་བྱུག་པ་ལ་སོགས་པས་བསྐྱེད་བསྲིང་བ་ལྟར་(སེམས་དཔས་སེམས་ཅན་རྣམས) འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་གོང་ནས་གོང་དུ་འཕེལ་བར་བྱེད་པ་ དང༌། (མས་བུ་)ངམ་གྲོག་གཡང་སར་ལྷུང་བ་ལས་བསྲུང་བ་ལྟར་(སེམས་དཔས་སེམས་ཅན་རྣམས་) ངན་སོང་དུ་ལྟུང་བའི་རྒྱུ་ཉེས་བྱས་སྡིག་པ་ལས་ནི་ཡོངས་སུ་སྲུང་བར་བྱེད་པ་དང༌། (མས་བུ་) སྨྲ་བ་ལ་སོགས་པ་འཇིག་རྟེན་པའི་ཐ་སྙད་སློབ་པ་ལྟར་(སེམས་དཔས་སེམས་ཅན་རྣམས་)ཟབ་པ་དང་ རྒྱ་ཆེ་བའི་ཆོས་ལ་ཐོས་པ་བྱང་བར་བྱེད་པ་སྟེ། བྱེད་ལས་ལྔ་པོ་དེ་དག་གིས་རྒྱལ་སྲས་བྱང་ ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ཀྱི་མ་དང་འདྲ་བ་ཡིན་ནོ། ། (གཉིས་པ་)ཕ་དང་འདྲ་བར་ཕན་འདོགས་ཚུལ་ནི། སེམས་ཅན་ཀུན་ལ་རྟག་པར་ ནི། །དད་པ་སྐྱེད་པར་བྱེད་པ་དང༌། །ལྷག་པའི་ཁྲིམས་སོགས་བསླབ་པ་ དང༌། །རྣམ་པར་གྲོལ་ལ་སྦྱོར་བ་དང༌། །སངས་རྒྱས་ལ་ནི་གསོལ་བ་ དང༌། །དེ་དག་སྒྲིབ་པ་སྤོང་བ་སྟེ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། ། སེམས་ཅན་ཕ་དང་འདྲ་བ་ཡིན། །ཕས་བུ་སྐྱེད་པའི་རྒྱུ་མངལ་དུ་ས་བོན་འདེབས་ པ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཀུན་ལ་རྟག་པར་ནི་འཕགས་པའི་ལུས་འགྲུབ་ པའི་ས་བོན་དུ་གྱུར་པའི་དད་པ་ཆེན་པོ་སྐྱེད་པར་བྱེད་པ་དང༌། (ཕས་བུ་)བཟོ་དང་ཚོང་ལ་ སོགས་པ་རང་རང་གི་རིགས་དང་མཐུན་པའི་བྱ་བ་སློབ་པ་ལྟར་(སེམས་དཔས་སེམས་ཅན་རྣམས་) ལྷག་པའི་ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་རིན་པོ་ཆེ་གསུམ་ལ་སློབ་ཏུ་འཇུག་པ་དང༌། (ཕས་བུ་)ཇི་ལྟར་འོས་པའི་ཆུང་མ་བླངས་ནས་བདེ་བ་ལ་སྦྱོར་བ་ལྟར་(སེམས་དཔས་སེམས་ཅན་རྣམས་) རྣམ་པར་གྲོལ་བ་མྱ་ངན་ལས་འདས་པའི་དགའ་བ་དང་བདེ་བ་ཡང་དག་པ་ལ་སྦྱོར་བ་དང༌། (ཕས་བུ་)བཤེས་གཉེན་དམ་པ་ལ་གཏད་ནས་ཕན་པ་འདོམས་སུ་འཇུག་པ་ལྟར་(སེམས་དཔས་ སེམས་ཅན་རྣམས་)སངས་རྒྱས་བཅོམ་ལྡན་འདས་ལ་ནི་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ 4-1-560 ཞིང་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང༌། (ཕས་བུ་)ཕའི་བུ་ལོན་ཆགས་པའི་ འཆིང་བ་མེད་པ་ལྟར་(སེམས་དཔས་སེམས་ཅན་རྣམས་)སེམས་ཅན་དེ་དག་འཁོར་བར་འཆིང་བའི་ སྒྲིབ་པ་གཉིས་སྤོང་བར་བྱེད་པ་སྟེ། བྱེད་ལས་ལྔ་པོ་དེ་དག་གིས་རྒྱལ་སྲས་བྱང་ཆུབ་སེམས་ དཔའ་རྣམས་སེམས་ཅན་ཐམས་ཅད་ཀྱི་ཕ་དང་འདྲ་བ་ཡིན་ནོ། ། (གསུམ་པ་)རྩ་ལག་འདྲ་བར་ཕན་འདོགས་ཚུལ་ནི། གང་དག་བསྟན་པར་མི་འོས་ པ། །སེམས་ཅན་རྣམས་ལ་གསོང་བྱེད་དང༌། །བསླབ་ལས་ཉམས་པ་སྨོད་ པ་དང༌། །ཕུན་སུམ་ཚོགས་པ་བསྔགས་པ་ཉིད། །གདམས་ངག་སྦྱིན་ པར་བྱེད་པ་དང༌། །བདུད་རྣམས་སྤྲོན་པར་བྱེད་པ་སྟེ། །ལས་ལྔ་དག་ གིས་རྒྱལ་སྲས་རྣམས། །སེམས་ཅན་རྩ་ལག་འདྲ་བ་ཡིན། །རྩ་ལག་གམ་ གཉེན་གྱིས་རང་གི་རྩ་ལག་ལ་ཐོས་ན་གནོད་པར་འགྱུར་བའི་གཏམ་གསོང་བ་ལྟར་གང་དག་ ཤིན་ཏུ་ཟབ་པའི་ཆོས་དམན་པ་ལ་བསྟན་པར་མི་འོས་པ་རྣམས་བྱང་ཆུབ་སེམས་དཔས་སྐལ་ བ་དང་མི་ལྡན་པའི་སེམས་ཅན་རྣམས་ལ་གསོང་བར་བྱེད་པ་དང༌། (གཉེན་གྱིས་གཉེན་)སྤྱོད་པ་ ངན་པ་ལ་སྨོད་པ་ལྟར་(སེམས་དཔས་སེམས་ཅན་རྣམས་)བསླབ་པ་ལས་ཉམས་པ་རྣམས་ལ་སྨོད་ཅིང་ འཆོས་པར་བྱེད་པ་དང༌། (གཉེན་གྱིས་གཉེན་)སྤྱོད་ལམ་བཟང་པོ་ལ་བསྔགས་པ་བརྗོད་པ་ལྟར་ (སེམས་དཔས་སེམས་ཅན་རྣམས་)བསླབ་པ་གསུམ་ཕུན་སུམ་ཚོགས་པ་དང་ལྡན་པ་རྣམས་ལ་བསྟོད་ ཅིང་བསྔགས་པ་བརྗོད་པ་ཉིད་དང༌། (གཉེན་གྱིས་གཉེན་)བྱ་བ་རྣམས་ལ་གྲོགས་ཀྱི་ངོར་བྱེད་ཅིང་ གྲོས་ལེགས་པ་སློབ་པ་ལྟར་(སེམས་དཔས་སེམས་ཅན་རྣམས་)སེམས་ལ་ཕན་པའི་གདམས་ངག་ཟབ་ མོ་སྦྱིན་པར་བྱེད་པ་དང༌། (གཉེན་གྱིས་གཉེན་)ཉམ་ང་བའི་གནས་ལས་བཟློག་པར་བྱེད་པ་ལྟར་ (སེམས་དཔས་སེམས་ཅན་རྣམས་)བདུད་ཀྱི་ལས་རྣམས་སྦྲོན་ཞིང་ཤེས་པར་བྱས་ནས་སྤོང་དུ་འཇུག་ པར་བྱེད་པ་སྟེ། བྱེད་ལས་ལྔ་པོ་དེ་དག་གིས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་སེམས་ 4-1-561 ཅན་ཐམས་ཅད་ཀྱི་རྩ་ལག་དམ་པ་དང་འདྲ་བ་ཡིན་ནོ། ། (བཞི་པ་)གྲོགས་པོ་འདྲ་བར་ཕན་འདོགས་ཚུལ་ནི། ཀུན་ནས་ཉོན་མོངས་རྣམ་ བྱང་ལ། །གང་དག་རང་བློ་མ་འཁྲུལ་བ། །འཇིག་རྟེན་འཇིག་རྟེན་མིན་པ་ ཡི། །ཕུན་ཚོགས་ཟད་པར་སྦྱིན་པར་བྱེད། །སྐྱོ་བ་མེད་པས་མི་ཕྱེད་དང༌། ། རྟག་ཏུ་ཕན་དང་བདེ་འདོད་པ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། ། སེམས་ཅན་གྲོགས་པོ་འདྲ་བ་ཡིན། །གྲོགས་པོ་བཟང་པོས་རང་གི་གྲོགས་པོ་ལ་ ཕུགས་སུ་ཕན་པ་དང་འཕྲལ་དུ་བདེ་བའི་ཐབས་སློབ་པ་ལ་བློ་མ་འཁྲུལ་བས་འཇུག་པ་ལྟར། སྤང་བྱ་ཀུན་ནས་ཉོན་མོངས་པ་དང་གཉེན་པོ་རྣམ་པར་བྱང་བའི་ཕྱོགས་ལ་སྐྱོན་དང་ཡོན་ ཏན་ཤེས་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་གང་དག་གཞན་དོན་ལ་རང་གི་བློ་མ་འཁྲུལ་ བས་འཇུག་པ་དང༌། (གྲོགས་ཀྱིས་གྲོགས་ལ་)འཕྲལ་དུ་བདེ་བ་སྒྲུབ་པ་ལྟར་(སེམས་དཔས་སེམས་ཅན་ རྣམས་)གནས་སྐབས་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་མངོན་པར་མཐོ་བའི་བདེ་བ་མཐའ་ དག་སྦྱིན་པ་དང༌། (གྲོགས་ཀྱིས་གྲོགས་ལ་)ཕུགས་སུ་ཕན་པ་སྒྲུབ་པ་ལྟར་(སེམས་དཔས་སེམས་ཅན་རྣམས་) མཐར་ཐུག་འཇིག་རྟེན་མིན་པའི་ཕུན་སུམ་ཚོགས་པ་ངེས་པར་ལེགས་པ་མྱ་ངན་ལས་འདས་ པའི་ཕན་པ་ཟད་པར་ཏེ་མཐའ་དག་སྦྱིན་པར་བྱེད་པ་དང༌། (གྲོགས་ཀྱིས་གྲོགས་ལ་)གྲོགས་ཀྱི་བྱ་ བ་ལ་མི་སྐྱོ་ཞིང་ཕྲ་མས་མི་ཕྱེད་པ་ལྟར་(སེམས་དཔས་སེམས་ཅན་རྣམས་)གཞན་དོན་གྱི་དཀའ་སྤྱད་ ལ་སྐྱོ་བ་མེད་པས་ཐེག་དམན་ཡིད་ལ་བྱེད་པས་མི་ཕྱེད་པ་དང༌། (གྲོགས་ཀྱིས་གྲོགས་ལ་)ཕན་པ་ དང་བདེ་བ་འདོད་པ་ལྟར་(སེམས་དཔས་སེམས་ཅན་རྣམས་)རྟག་ཏུ་ཕན་པ་རྫོགས་པའི་སངས་རྒྱས་ དང་གནས་སྐབས་ཐམས་ཅད་དུ་ཡང་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་འདོད་པ་སྟེ། བྱེད་ལས་ལྔ་པོ་དེ་དག་གིས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ ཀྱི་གྲོགས་པོ་བཟང་པོ་དང་འདྲ་བ་ཡིན་ནོ། ། 4-1-562 (ལྔ་པ་)བྲན་དང་འདྲ་བར་ཕན་འདོགས་ཚུལ་ནི། གང་དག་སེམས་ཅན་སྨིན་བྱ་ ལ། །རྟག་ཏུ་བརྩོན་པ་དང་ལྡན་དང༌། །ཡང་དག་ངེས་པར་འབྱུང་བ་ སྨྲ། །ལོག་པར་སྒྲུབ་པ་རྣམས་ལ་བཟོད། །ཕུན་སུམ་ཚོགས་པ་གཉིས་ སྦྱིན་བྱེད། །དེ་ཡི་ཐབས་ལ་མཁས་པ་སྟེ། །ལས་ལྔ་དག་གིས་རྒྱལ་སྲས་ རྣམས། །སེམས་ཅན་བྲན་དང་འདྲ་བ་ཡིན། །བྲན་བཟང་པོ་རྣམས་ཇོ་བོའི་ལས་ ལ་སྤྲོ་བས་འཇུག་པ་ལྟར་བྱང་ཆུབ་སེམས་དཔའ་གང་དག་སེམས་ཅན་རྣམས་ཡོངས་སུ་ སྨིན་པར་བྱ་བའི་ཐབས་ལ་དུས་རྟག་ཏུ་བརྩོན་པ་དང་ལྡན་པ་དང༌། (བྲན་ཇོ་བོའི་)བྱ་བ་རྣམས་ ལ་མི་སླུ་ཞིང་གསོང་པོར་སྨྲ་བ་ལྟར་(སེམས་དཔས་སེམས་ཅན་རྣམས་)འཁོར་བ་ལས་ཡང་དག་པར་ ངེས་པར་འབྱུང་བའི་ཆོས་ཟབ་མོ་མ་ནོར་བར་སྨྲ་བ་དང༌། (བྲན་ཇོ་བོའི་)སྤྱོ་བ་དང་བརྡེག་པ་ལ་ བཟོད་པ་ལྟར་(སེམས་དཔས་སེམས་ཅན་རྣམས་)ཕན་བཏགས་པའི་ལན་དུ་ལོག་པར་སྒྲུབ་པ་རྣམས་ ལ་བཟོད་པ་དང༌། (བྲན་ཇོ་བོའི་)དགོས་པ་ཐམས་ཅད་བྱེད་པ་ལྟར་(སེམས་དཔས་སེམས་ཅན་རྣམས་) འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་གཉིས་ཀ་སྦྱིན་པར་བྱེད་ པ་དང༌། (བྲན་ཇོ་བོའི་)བྱ་བ་ཐམས་ཅད་ལ་མཁས་ཤིང་བཟོ་བ་ལྟར་(སེམས་དཔས་སེམས་ཅན་རྣམས་) མངོན་པར་མཐོ་བ་དང་ངེས་པར་ལེགས་པ་སྒྲུབ་པ་དེའི་ཐབས་ལ་མཁས་པ་སྟེ། བྱེད་ལས་ ལྔ་པོ་དེ་དག་གིས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ཀྱི་བྲན་ གཡོག་བཟང་པོ་དང་འདྲ་བ་ཡིན་ནོ། ། (དྲུག་པ་)སློབ་དཔོན་འདྲ་བར་ཕན་འདོགས་ཚུལ་ནི། གང་དག་མི་སྐྱེའི་ཆོས་ལ་ ནི། །བཟོད་པ་ཐོབ་པར་འདོད་པ་དང༌། །ཐེག་པ་ཐམས་ཅད་སྟོན་པ་ དང༌། །རྣལ་འབྱོར་གྲུབ་པར་སྦྱོར་བ་དང༌། །བཞིན་མཛེས་ལན་དུ་ཕན་ འདོགས་དང༌། །རྣམ་པར་སྨིན་ལ་མི་ལྟ་བ། །ལས་ལྔ་དག་གིས་རྒྱལ་ 4-1-563 སྲས་རྣམས། །སེམས་ཅན་སློབ་དཔནོ་འདྲ་བ་ཡིན། །སློབ་དཔོན་བཟང་པོ་ནི་ [ཐོག་{སློབ་}མར་རང་ཉིད་ལེགས་པར་བསླབས་པ་ལྟར་བྱང་ཆུབ་སེམས་དཔའ་གང་དག་ ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་ནི་བཟོད་པ་ཐོབ་པར་བྱས་ཏེ། གཞན་དོན་སྒྲུབ་པའི་ཐབས་ ཐམས་ཅད་འབད་རྩོལ་མེད་པར་ཤེས་པར་འདོད་པ་དང༌། (སློབ་དཔོན་གྱིས་སློབ་མ་ལ་)རང་གི་ ཤེས་པ་ཐམས་ཅད་ཡོངས་སུ་རྫོགས་པར་སློབ་པ་ལྟར་(སེམས་དཔས་སེམས་ཅན་རྣམས་)ཐེག་པ་ གསུམ་པོ་ཐམས་ཅད་ཀྱི་དོན་རྫོགས་པར་སྟོན་པ་དང༌། (སློབ་དཔོན་གྱིས་སློབ་མ་ལ་)མྱུར་དུ་སློབ་ པར་བྱེད་པ་ལྟར་(སེམས་དཔས་སེམས་ཅན་རྣམས་)ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་མྱུར་དུ་ གྲུབ་པར་སྦྱོར་བ་དང༌། (སློབ་དཔོན་གྱིས་སློབ་མ་ལ་)འཛུམ་ཞིང་སྙན་པར་སྨྲ་བ་ལྟར་(སེམས་དཔས་ སེམས་ཅན་རྣམས་)བཞིན་མཛེས་ཤིང་དེས་པའི་སྒོ་ནས་ཕན་བཏགས་པའི་ལན་དུ་ཕན་འདོགས་ པ་དང༌། (སློབ་དཔོན་གྱིས་སློབ་མ་ལ)ཟང་ཟིང་སྙེད་པ་དང་བཀུར་སྟི་མི་འདོད་པ་ལྟར་(སེམས་དཔས་ སེམས་ཅན་རྣམས་)ལན་དང་རྣམ་པར་སྨིན་པ་ལ་མི་ལྟ་བ་སྟེ། བྱེད་ལས་ལྔ་པོ་དེ་དག་གིས་རྒྱལ་ སྲས་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ཀྱི་སློབ་དཔོན་མཁས་པ་དང་འདྲ་ བ་ཡིན་ནོ། ། (བདུན་པ་)མཁན་པོ་འདྲ་བར་ཕན་འདོགས་ཚུལ་ནི། སེམས་ཅན་དོན་ལ་ཤིན་ ཏུ་བརྩོན། །ཚོགས་རྣམས་རྫོགས་པར་བྱེད་པ་དང༌། །ཚོགས་བསགས་ མྱུར་དུ་གྲོལ་བར་བྱེད། །མི་མཐུན་ཕྱོགས་རྣམས་སྤོང་བར་བྱེད། །འཇིག་ རྟེན་འཇིག་རྟེན་མ་ཡིན་པའི། །ཕུན་སུམ་ཚོགས་ལ་སྦྱོར་བ་སྟེ། །ལས་ལྔ་ དག་གིས་རྒྱལ་སྲས་རྣམས། །སེམས་ཅན་མཁན་པོ་འདྲ་བ་ཡིན། །མཁན་ པོ་བཟང་པོས་རང་གི་སློབ་མ་དེ་དང་པོ་རབ་ཏུ་འབྱིན་པ་ལྟར་བྱང་ཆུབ་སེམས་དཔའ་སེམས་ ཅན་གྱི་དོན་ལ་ཤིན་ཏུ་བརྩོན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་རྫོགས་པར་ 4-1-564 བྱེད་པ་དང༌། (མཁན་པོས་སློབ་མ་ལ་)དེ་ནས་བསྙེན་པར་རྫོགས་པར་བྱེད་པ་ལྟར་(སེམས་དཔས་སེམས་ ཅན་རྣམས་)ཚོགས་བསགས་པ་རྣམས་སྒྲིབ་པ་དག་ལས་མྱུར་དུ་གྲོལ་བར་བྱེད་པ་དང༌། (མཁན་ པོས་སློབ་མ་ལ་)དེ་ནས་ཉེས་པ་སྤོང་བ་ལ་རྗེས་སུ་སྟོན་པ་ལྟར་(སེམས་དཔས་སེམས་ཅན་རྣམས་)ལམ་ གྱི་སྤང་བྱ་མི་མཐུན་ཕྱོགས་རྣམས་སྤོང་བར་བྱེད་པ་དང༌། (མཁན་པོས་སློབ་མ་ལ་)ཟང་ཟིང་གིས་ ཕན་འདོགས་པ་ལྟར་(སེམས་དཔས་སེམས་ཅན་རྣམས་)འཁོར་དང་ལོངས་སྤྱོད་ལ་སོགས་པ་འཇིག་ རྟེན་གྱི་ཕུན་སུམ་ཚོགས་པ་ལའང་སྦྱོར་བ་དང༌། (མཁན་པོས་སློབ་མ་ལ་)ཆོས་ཀྱིས་ཕན་འདོགས་ པ་ལྟར་(སེམས་དཔས་སེམས་ཅན་རྣམས་)འཇིག་རྟེན་མ་ཡིན་པའི་ཕུན་སུམ་ཚོགས་པ་རྣམ་པར་གྲོལ་ བའི་བདེ་བ་ལ་སྦྱོར་བ་སྟེ། བྱེད་ལས་ལྔ་པོ་དེ་དག་གིས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ རྣམས་སེམས་ཅན་ཐམས་ཅད་ཀྱི་མཁན་པོ་དམ་པ་དང་འདྲ་བ་ཡིན་ནོ། ། (གཉིས་པ་)ལན་དུ་ཕན་འདོགས་ཚུལ་ནི། ལོངས་སྤྱོད་རྣམས་ལ་མ་ཆགས་ དང༌། །ཚུལ་ཁྲིམས་ཉམས་པ་མེད་པ་དང༌། །བྱས་པ་བཟོ་དང་ལྡན་པ་ དང༌། །སྒྲུབ་པ་ལ་ཡང་སྦྱོར་བའི་ཕྱིར། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །དེ་ ལྟར་འཇུག་པའི་ལུས་ཅན་དག །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། ། དེ་བཞིན་ལན་དུ་ཕན་འདོགས་ཡིན། །ལོངས་སྤྱོད་རྣམས་ལ་མ་ཆགས་པའི་སྒོ་ ནས་སྦྱིན་པ་ལ་འཇུག་པ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་ཉེས་ལྟུང་གིས་ཉམས་པ་མེད་ པ་ལ་འཇུག་པ་དང༌། ཕན་འདོགས་པའི་བྱང་ཆུབ་སེམས་དཔའ་བཟོད་པ་ལ་དགའ་བར་ ཤེས་ནས་བྱས་པ་བཟོ་བ་དང་ལྡན་པས་བཟོད་པ་ལ་འཇུག་པ་དང༌། ལམ་ལ་སྤྲོ་བའི་བརྩོན་ འགྲུས་ཀྱིས་བསམ་གཏན་ཞི་གནས་དང་ཤེས་རབ་ལྷག་མཐོང་སྒྲུབ་པ་ལ་ཡང་སྦྱོར་བའི་ཕྱིར་ ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ལ་དེ་ལྟར་འཇུག་པའི་ལུས་ཅན་དག ཕན་འདོགས་པ་པོའི་བྱང་ ཆུབ་སེམས་དཔའ་རྣམས་ལ་ནི་སྔར་ཕན་བཏགས་པ་དེ་བཞིན་དུ་ལན་དུ་ཕན་འདོགས་པ་ 4-1-565 ཡིན་ཏེ། དེ་ལྟར་སྒྲུབ་པ་རྣམས་ལ་ཤིན་ཏུ་མཉེས་ཤིང་དྲིན་དུ་གཟོ་བར་མཛད་པའི་ཕྱིར་རོ། ། (བཞི་པ་)སྨོན་པའི་ཡོན་ཏན་ནི། རྟག་ཏུ་འཕེལ་དང་ཉམས་པ་དང༌། །སེམས་ ཅན་རབ་ཏུ་སྨིན་པ་དང༌། །ས་ལ་ཁྱད་པར་འགྲོ་བ་དང༌། །བླ་ན་མེད་ པའི་བྱང་ཆུབ་འདོད། །བྱང་ཆུབ་སེམས་དཔའ་རྣམས་ནི་དུས་རྟག་ཏུ་སྦྱིན་པ་ལ་སོགས་ པ་ཕ་རོལ་ཏུ་ཕྱིན་པ་རྣམས་འཕེལ་བར་གྱུར་ཅིག་ཅེས་པ་དང༌། དེ་དག་གི་མི་མཐུན་ཕྱོགས་ སེར་སྣ་ལ་སོགས་པ་ཉམས་པར་གྱུར་ཅིག་ཅེས་པ་དང༌། སེམས་ཅན་ཐམས་ཅད་དགེ་བའི་ ཆོས་ཀྱིས་རབ་ཏུ་སྨིན་པར་གྱུར་ཅིག་ཅེས་པ་དང༌། ས་བཅུ་པོ་རྣམས་ལ་ཡོན་ཏན་ཁྱད་པར་ ཅན་གོང་ནས་གོང་དུ་འགྲོ་བར་གྱུར་ཅིག་ཅེས་པ་དང༌། མཐར་ཐུག་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་ཅེས་གནས་ལྔ་པོ་འདི་དག་ཐོབ་པར་འདོད་ པའི་སྒོ་ནས་སྨོན་ལམ་རྣམ་པར་དག་པ་འདེབས་པའོ། ། (ལྔ་པ་)སྦྱོར་པའི་ཡོན་ཏན་ནི། འཇིགས་སྤང་ཡང་དག་བསྐྱེད་པ་དང༌། །ཐེ་ ཚོམ་དག་ནི་གཅོད་པ་དང༌། །སྒྲུབ་པ་ཡི་ནི་གདམས་ངག་ལ། །བརྟན་ རྣམས་རྟག་ཏུ་ཆུད་མི་ཟ། །གདུལ་བྱ་རྣམས་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ ལ་འཇིགས་ཤིང་སྐྲག་པ་སྤང་བའི་སྦྱོར་བ་དང༌། དེ་རྣམས་ལ་བྱང་ཆུབ་ཀྱི་སེམས་ཡང་དག་ པར་བསྐྱེད་པའི་སྦྱོར་བ་དང༌། སེམས་བསྐྱེད་པ་རྣམས་ཀྱི་ཐེ་ཚོམ་དག་ནི་གཅོད་པའི་སྦྱོར་བ་ དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པ་ཡི་ནི་གདམས་ངག་སྟོན་པའི་སྦྱོར་བ་སྟེ། སྦྱོར་བ་རྣམ་ པ་བཞི་ལ་བརྟེན་ནས་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་གཞན་དོན་སྒྲུབ་པའི་ སྦྱོར་བ་ཆུད་མི་ཟ་བའི་ཡོན་ཏན་དང་ལྡན་པའོ། ། (གཉིས་པ་)སྦྱོར་བ་ལ་སོགས་པའི་ཁྱད་པར་ལ། ཡང་དག་སྦྱོར་དང་འབྲི་བ་དང༌། །དེ་ བཞིན་ཁྱད་པར་འགྲོ་བ་དང༌། །ཡོན་ཏན་འདྲ་བར་བཅོས་རྣམས་དང༌། །ཡང་དག་རྣམས་དང་ 4-1-566 དེ་བཞིན་འདུལ། །ཞེས་གསུངས་པ་ལྟར་ཡང་དག་པའི་སྦྱོར་བའི་རྣམ་དབྱེ། ཉམས་པ་དང་ ཁྱད་འཕགས་དབྱེ་བ་དང༌། བཅོས་མ་དང་ཡང་དག་དབྱེ་བ། འདུལ་བའི་རྣམ་དབྱེ་བསྟན་ པའོ། ། དང་པོ་ནི། རེ་བ་མེད་པའི་སྦྱིན་པ་དང༌། །ཡང་སྲིད་མི་འདོད་ཚུལ་ ཁྲིམས་དང༌། །ཐམས་ཅད་ལ་ནི་བཟོད་པ་དང༌། །ཡོན་ཏན་ཀུན་འབྱུང་ བརྩོན་འགྲུས་དང༌། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་ རབ་ཐབས་དང་ལྡན་པ་ནི། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟན་པ་ རྣམས་ཀྱི་ཡང་དག་སྦྱོར། །ཚེ་འདིར་ལན་དང་ཕྱི་མ་རྣམ་པར་སྨིན་པ་ལ་རེ་བ་མེད་ པའི་སྦྱིན་པ་དང༌། ཡང་སྲིད་སྐྱེ་བ་ཕྱི་མར་ལྷ་མི་ལ་སོགས་པའི་ལུས་ལེན་པར་མི་འདོད་པའི་ ཚུལ་ཁྲིམས་དང༌། གཞན་གྱི་གནོད་པ་དང་ལམ་གྱི་དཀའ་སྤྱད་ཀྱི་སྡུག་བསྔལ་ཐམས་ཅད་ལ་ ནི་ཇི་མི་སྙམ་པའི་བཟོད་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཀུན་ འབྱུང་བའི་བརྩོན་འགྲུས་དང༌། དེ་བཞིན་དུ་ཡོན་ཏན་ཀུན་འབྱུང་བའི་བསམ་གཏན་ཁྱད་ པར་ཅན་གཟུགས་མེད་པའི་ཏིང་ངེ་འཛིན་མིན་པ་དང༌། ཤེས་རབ་ཐབས་སྙིང་རྗེ་ཆེན་པོས་ གཞན་དོན་བྱེད་པ་དང་ལྡན་པ་རྣམས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་བརྟན་པ་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་སྦྱོར་བའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཇི་སྐད་དུ་ དཀོན་མཆོག་བརྩེགས་པར་འོད་སྲུང་གིས་ཞུས་པ་ལས། རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་ པ་དང༌། སྲེད་པའི་སྐྱེ་བ་ཐམས་ཅད་ལ་མི་གནས་པའི་ཚུལ་ཁྲིམས་དང༌། སེམས་ཅན་ཐམས་ ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་དང༌། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་ པའི་བརྩོན་འགྲུས་དང༌། གཟུགས་མེད་པའི་ཁམས་རྣམ་པར་སྤངས་པའི་བསམ་གཏན་དང༌། བསྡུ་བའི་དངོས་པོ་བཞི་དང་ལྡན་པའི་ཐབས་ཀྱིས་ཟིན་པའི་ཤེས་རབ་དང་ཞེས་གསུངས་པ་ 4-1-567 ལྟར་རོ། ། གཉིས་པ་ནི། ལོངས་སྤྱོད་ཆགས་བཅས་ཉམས་བཅས་དང༌། །ང་རྒྱལ་ ཉིད་དང་བསོད་ཉམས་དང༌། །རོ་མྱང་བ་དང་རྣམ་རྟོག་ནི། །བརྟན་པ་ རྣམས་ཀྱི་ཉམས་པའི་རྒྱུ། །དེ་དག་གཉེན་པོ་ལ་གནས་པའི། །བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ནི། །དེ་ལས་བཟློག་ཕྱིར་ཁྱད་པར་གྱི། །སྐལ་ ཅན་ཆོས་སུ་ཤེས་པར་བྱ། །ལོངས་སྤྱོད་ལ་ཆགས་པ་དང་བཅས་པ་དང༌། ཚུལ་ཁྲིམས་ ཉམས་པ་དང་བཅས་པ་དང༌། ང་རྒྱལ་གྱིས་ཁེངས་པ་ཉིད་དང༌། བདེ་བ་དམན་པ་ལ་ཆགས་ ནས་དགེ་བ་ལ་མི་སྦྱོར་བ་བསོད་ཉམས་དང༌། བསམ་གཏན་གྱི་བདེ་བ་ལ་རོ་མྱང་བ་དང༌། འཁོར་གསུམ་དུ་རྣམ་པར་རྟོག་པ་རྣམས་ནི་བརྟན་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་ པར་འགྱུར་བའི་རྒྱུ་ཡིན་པས་སྤང་བར་བྱ་ཞིང༌། དེ་དག་གི་གཉེན་པོ་ལོངས་སྦྱོད་ལ་ཆགས་ པ་མེད་པ་དང༌། ཚུལ་ཁྲིམས་ཉམས་པ་མེད་པ་དང༌། ང་རྒྱལ་གྱིས་ཁེངས་པ་མེད་པ་དང༌། བདེ་བ་དམན་པ་ལ་ཆགས་པ་མེད་པ་དང༌། བསམ་གཏན་ལ་རོ་མྱང་བ་མེད་པ་དང༌། འཁོར་ གསུམ་དུ་རྟོག་པ་མེད་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པའི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ནི་སྤང་བྱ་དེ་དག་ལས་བཟློག་པའི་ཕྱིར་ཁྱད་པར་དུ་འཕགས་པར་འགྱུར་ བའི་སྐལ་བ་ཅན་གྱི་ཆོས་སུ་ཤེས་པར་བྱའོ། ། གསུམ་པ་ནི། སྤྲུལ་པ་དང་ནི་ཚུལ་འཆོས་དང༌། །བཞིན་གྱི་མཛེས་ནི་ སྟོན་པ་དང༌། །དེ་བཞིན་འཕྲལ་ལ་འཇུག་པ་དང༌། །ལུས་དང་ངག་ནི་ ཞི་བ་དང༌། །དེ་བཞིན་སྨྲ་མཁས་ཕུན་སུམ་ཚོགས། །དེ་དག་སྒྲུབ་དང་ བྲལ་བ་ཉིད། །བྱང་ཆུབ་སེམས་དཔའ་རྣམ་དག་གི། ཡང་དག་མིན་པ་ ཉིད་དུ་བཤད། །བཟློག་པ་རབ་ཏུ་སྦྱོར་རྣམས་ཀྱི། །དེ་དག་ཡང་དག་ཉིད་ 4-1-568 དུ་བཤད། །དོན་ལ་སྦྱིན་པའི་བློ་མེད་ཀྱང་གཞན་སྣང་དུ་ཅུང་ཟད་སྟེར་བ་ལྟར་སྤྲུལ་པ་དང་ ནི་དོན་ལ་ཉེས་སྤྱོད་མི་སྤོང་ཡང་སྤོང་བ་ལྟར་ཚུལ་འཆོས་པ་དང༌། ནང་དུ་ཁྲོ་བ་མ་སྤངས་ ཀྱང་ཕྱི་རོལ་ཏུ་བཞིན་གྱི་མཛེས་པ་ཙམ་ནི་སྟོན་པ་དང༌། དེ་བཞིན་དུ་རྒྱུན་དུ་དགེ་བ་ལ་མི་སྤྲོ་ ཡང་འཕྲལ་ལ་སྤྲོ་བ་ལྟར་འཇུག་པ་དང༌། ནང་དུ་སེམས་མ་ཞི་ཡང་[ཕྱི་{ཕ་}རོལ་ཏུ་ལུས་དང་ ངག་ནི་ཞི་བས་བསམ་གཏན་སྒོམ་པ་ལྟར་སྟོན་པ་དང༌། དེ་བཞིན་དུ་དོན་གྱི་གནས་ལུགས་ མི་ཤེས་ཀྱང་ཚིག་སྨྲ་བ་མཁས་པ་ཕུན་སུམ་ཚོགས་པས་ཤེས་པ་ལྟར་སྟོན་པ་སྟེ། དོན་ལ་ཕ་ རོལ་ཏུ་ཕྱིན་པ་དེ་དག་སྒྲུབ་པ་དང་བྲལ་བ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམ་དག་གི་ཡོན་ ཏན་ཡང་དག་པ་མིན་པ་བཅོས་མ་ཉིད་དུ་བཤད་པས་སྤང་བར་བྱ་ཞིང༌། བཅོས་མ་དེ་དག་ ལས་བཟློག་པ་དོན་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རབ་ཏུ་སྦྱོར་བ་རྣམས་ཀྱི་སྦྱིན་པ་ལ་སོགས་ དེ་དག་ནི་ཡང་དག་པ་ཉིད་དུ་བཤད་པས་བསྟེན་པར་བྱའོ། ། བཞི་པ་ནི། བློ་ལྡན་དེ་དག་ས་ཀུན་ཏུ། །སྦྱིན་ལ་སོགས་པ་ཉེར་བསྒྲུབས་ པས། །སེམས་ཅན་རྣམས་ཀྱི་མི་མཐུན་ཕྱོགས། །རྣམ་པ་དྲུག་ནི་འདུལ་ བར་བྱེད། །བློ་ལྡན་བྱང་ཆུབ་སེམས་དཔའ་དེ་དག་མོས་སྤྱོད་ཀྱི་ས་ནས་བཟུང་སྟེ་ས་བཅུ་ ཀུན་ཏུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་ཉེ་བར་བསྒྲུབས་པས་ གདུལ་བྱ་རྣམས་ཀྱང༌། དེ་དག་ལ་བཀོད་ནས་སེམས་ཅན་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་རྣམ་པ་དྲུག་ནི་འདུལ་བར་བྱེད་པའོ། ། (གསུམ་པ་)ལུང་བསྟན་པ་ལ་སོགས་པའི་བྱ་བ་ལ། ལུང་བསྟན་པ་དང་ངེས་པར་[ཞུགས་ {འགྱུར}། །ངེས་པ་ཁོ་ནར་བྱ་བ་དང༌། །རྟག་པར་ཡང་ནི་བྱ་བ་དང༌། །གཙོ་བོར་བྱ་བ་ཐ་མ་ ཡིན། །ཞེས་གསུངས་པ་ལྟར་ལུང་བསྟན་ཐོབ་པ། ངེས་པར་འགྱུར་བ། ངེས་པར་བྱ་བ། རྟག་ ཏུ་བྱ་བ། གཙོ་བོར་བྱ་བའོ། ། 4-1-569 དང་པོ་ནི། གང་ཟག་དུས་ཀྱི་བྱེ་བྲག་གིས། །བློ་ལྡན་ལུང་བསྟན་རྣམ་ པ་གཉིས། །བྱང་ཆུབ་དང་ནི་ལུང་སྟོན་པ། །གང་ཟག་དང་དུས་ཀྱི་བྱེ་བྲག་གིས་བློ་ ལྡན་བྱང་ཆུབ་སེམས་དཔའ་རྣམས་ལུང་བསྟན་པ་རྣམ་པ་གཉིས་ཏེ། དེ་ཡང་གང་ཟག་གི་བྱེ་ བྲག་གིས་རིགས་ལ་གནས་པ་དང་སེམས་བསྐྱེད་པ་འཁོར་དེར་འདུས་པ་མངོན་སུམ་དུ་ལུང་ སྟོན་པ་དང༌། འཁོར་[དེར་{དེས་}མ་འདུས་པར་མངོན་སུམ་མ་ཡིན་པར་ལུང་སྟོན་པ་དང༌། དུས་ཀྱི་བྱེ་བྲག་གིས་དུས་འདི་ཙམ་ན་འཚང་རྒྱའོ་ཞེས་དུས་ཚད་ཡོད་པ་དང༌། མ་འོངས་པ་ན་ འཚང་རྒྱ་བར་འགྱུར་རོ་ཞེས་དུས་ཚད་མེད་པར་ལུང་སྟོན་པ་དང༌། སངས་རྒྱས་དེ་ཉིད་ཀྱིས་ དངོས་སུ་བྱང་ཆུབ་ཏུ་ལུང་སྟོན་པ་དང་ནི་སངས་རྒྱས་འདི་ཞེས་བྱ་བའི་ལུང་སྟོན་པར་འགྱུར་ རོ་ཞེས་ལུང་སྟོན་འགྱུར་དུ་ལུང་སྟོན་པའོ། །གཞན་ཡང་ཆེན་པོར་བརྗོད་པ་ནི། ། མི་སྐྱེའི་བཟོད་པ་ཐོབ་པ་ཡིས། །ང་རྒྱལ་རྩོལ་བ་སྤངས་པ་དང༌། །སངས་ རྒྱས་སྲས་རྣམས་ཐམས་ཅད་དང༌། །ངོ་བོ་གཅིག་ཏུ་གྱུར་པ་ལས། །བཤད་ མ་ཐག་པ་དེ་ལས་གཞན་ཡང་ལུང་བསྟན་པ་ཆེན་པོ་ཞེས་བྱ་བར་བརྗོད་པ་ནི། ས་བརྒྱད་པར་ མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡིས་བདག་ནི་སངས་རྒྱས་སུ་འགྱུར་རོ་སྙམ་པའི་ང་རྒྱལ་ སྤངས་པ་དང༌། མཚན་མའི་རྩོལ་བ་ཐམས་ཅད་སྤངས་པ་དང༌། ཉོན་ཡིད་སྤངས་པས་ངར་ འཛིན་གྱིས་བསྡུས་པའི་རྒྱུད་ཐ་དད་པ་མེད་པས་སངས་རྒྱས་དང་དེའི་སྲས་བྱང་ཆུབ་སེམས་ དཔའ་ཆེན་པོ་རྣམས་ཐམས་ཅད་དང་ངོ་བོ་གཅིག་ཏུ་གྱུར་པ་ལས་ལུང་བསྟན་པ་མཆོག་ཏུ་ གྱུར་པ་ཐོབ་པའོ། །ཡང་དེ་ཞིང་དང་མིང་དག་དང༌། །དུས་དང་བསྐལ་བའི་ མིང་དང་ནི། །འཁོར་དང་དམ་པའི་ཆོས་དག་ཀྱང༌། །གནས་པའི་སྒོ་ ནས་དེར་འདོད་དོ། །གཞན་ཡང་ལུང་བསྟན་དེ་ནི་ཞིང་ཁམས་འདི་ཞེས་བྱ་བ་དང༌། སངས་རྒྱས་ཀྱི་མིང་འདི་ཞེས་བྱ་བ་དག་དང༌། དུས་འདི་ཙམ་ན་ཞེས་པ་དང༌། བསྐལ་པའི་ 4-1-570 མིང་འདི་ཞེས་བྱ་བ་དང་ནི་འཁོར་འདི་སྙེད་ཅིག་ཞེས་པ་དང༌། དམ་པའི་ཆོས་དག་ཀྱང་ཡུན་ འདི་སྲིད་ཅིག་ཏུ་གནས་པར་འགྱུར་རོ་ཞེས་པའི་སྒོ་ནས་ལུང་བསྟན་པ་དེར་འདོད་དོ། ། (གཉིས་པ་)ངེས་པར་འགྱུར་བ་ནི། བློ་ལྡན་རྣམ་པ་ཐམས་ཅད་དུ། །ཕུན་ ཚོགས་སྐྱེ་དང་མི་སྐྱོ་དང༌། །རྟག་ཏུ་སྒོམ་པར་བྱེད་པ་དང༌། །ཏིང་འཛིན་ ཉམས་པ་མེད་པ་དང༌། །བྱ་བ་འགྲུབ་དང་ལྷུན་གྲུབ་པའི། །བཟོད་པ་ ཐོབ་པར་ངེས་པར་འགྱུར། །བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་རྒྱུ་ཕ་རོལ་ཏུ་ཕྱིན་ པ་དྲུག་བསྒྲུབས་པས་རྣམ་པ་ཐམས་ཅད་དུ་རྟགས་སམ་འབྲས་བུ་འདི་དག་ངེས་པར་འགྲུབ་ པར་འགྱུར་བ་སྟེ། དེ་ཡང་སྦྱིན་པས་རྟག་ཏུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་ཐོབ་ པར་ངེས་པར་འགྱུར་བ་དང༌། ཚུལ་ཁྲིམས་ཀྱིས་ཇི་ལྟར་འདོད་པ་བཞིན་སྐྱེ་བ་ཡོངས་སུ་ འཛིན་པར་ངེས་པར་འགྱུར་བ་དང༌། བཟོད་པས་རྟག་ཏུ་འཁོར་བའི་སྡུག་བསྔལ་ལས་མི་ སྐྱོ་བར་ངེས་པར་འགྱུར་བ་དང༌། བརྩོན་འགྲུས་ཀྱིས་རྟག་ཏུ་དགེ་བའི་ཆོས་སྒོམ་པར་བྱེད་ པ་རྒྱུན་མི་གཅོད་པར་ངེས་པར་འགྱུར་བ་དང༌། བསམ་གཏན་གྱིས་ཏིང་ངེ་འཛིན་ཉམས་པ་ མེད་པ་དང༌། རྫུ་འཕྲུལ་ལ་བརྟེན་ནས་སེམས་ཅན་གྱི་དོན་བྱ་བ་འགྲུབ་པར་ངེས་པར་འགྱུར་ བ་དང༌། ཤེས་རབ་ཀྱིས་རྟག་ཏུ་ལྷུན་གྲུབ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པས་ལྷུན་ གྱིས་གྲུབ་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ངེས་པར་འགྱུར་བའོ། ། (གསུམ་པ་)ངེས་པར་བྱ་བ་ནི། མཆོད་བསླབ་ཡང་དག་བླང་བ་དང༌། །སྙིང་ རྗེ་དགེ་བ་བསྒོམ་པ་དང༌། །དེ་བཞིན་དགོན་པར་བག་ཡོད་དང༌། །ཐོས་ དོན་ངོམས་པ་མེད་པ་ནི། །ས་རྣམས་ཀུན་ལ་བརྟན་པ་ཡི། །གདོན་མི་ ཟ་བར་བྱ་བ་ཉིད། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་དབང་དུ་བྱས་ནས་རིམ་པ་བཞིན་དུ་དཀོན་ མཆོག་མཆོད་པ་གཙོ་བོར་བྱས་པའི་སྦྱིན་པ་དང༌། ཚུལ་ཁྲིམས་ཀྱི་བསླབ་པ་ཐམས་ཅད་ཡང་ 4-1-571 དག་པར་བླང་བ་དང༌། སྙིང་རྗེ་ཆེན་པོས་གནོད་པ་ཐམས་ཅད་བཟོད་པ་དང༌། དགེ་བ་རྣམ་ དག་བསྒོམ་པ་ལ་སྤྲོ་བས་བརྩོན་པ་དང༌། དེ་བཞིན་དུ་གྲོང་ལས་རྒྱང་གྲགས་གཅིག་འཕགས་ པའི་དགོན་པར་བག་ཡོད་པས་ཏིང་ངེ་འཛིན་ལ་གནས་པ་དང༌། ཤེས་རབ་ཀྱིས་གསུང་རབ་ རྣམ་དག་ཐོས་པའི་དོན་གྱིས་ངོམས་པ་མེད་པ་ཉིད་དེ་དྲུག་པོ་འདི་དག་ནི་ས་རྣམས་ཀུན་ལ་ བརྟན་པ་བྱང་ཆུབ་སེམས་དཔའི་ངེས་པར་གདོན་མི་ཟ་བར་བྱ་དགོས་པ་ཉིད་ཡིན་ནོ། ། (བཞི་པ་)རྟག་ཏུ་བྱ་བ་ནི། འདོད་པའི་ཉེས་དམིགས་ཤེས་པ་དང༌། །འཁྲུལ་པ་ དག་ལ་རྟོག་པ་དང༌། །སྡུག་བསྔལ་དང་དུ་ལེན་ཉིད་དང༌། །དགེ་བ་དག་ ནི་བསྒོམ་པ་དང༌། །བདེ་ལ་རོ་མྱང་མེད་ཉིད་དང༌། །མཚན་མ་རྣམ་པར་ མི་རྟོག་པ། །ས་རྣམས་ཀུན་ལ་བརྟན་པ་ཡི། །རྟག་ཏུ་བྱ་བ་དག་ཡིན་ནོ། ། འདོད་ཡོན་ལ་ཆགས་པའི་ཉེས་དམིགས་ཤེས་པའི་སྒོ་ནས་ལོངས་སྤྱོད་རྣམས་ཆགས་པ་ མེད་པར་གཏོང་བ་དང༌། སྒོ་གསུམ་གྱི་འཁྲུལ་པ་དག་ལ་རྟོག་པའི་སྒོ་ནས་ཉེས་སྤྱོད་མཐའ་ དག་སྤོང་བ་དང་གནོད་པ་དང་དཀའ་སྤྱད་ཀྱི་སྡུག་བསྔལ་ཐམས་ཅད་དང་དུ་ལེན་ཅིང་བཟོད་ པ་ཉིད་དང༌། དགེ་བ་རྣམ་པར་དག་པ་རྣམས་ནི་བསྒོམ་པ་ལ་བརྩོན་པ་དང༌། བསམ་གཏན་ གྱི་བདེ་བ་ལ་ཆགས་པའི་རོ་མྱང་བ་མེད་པ་ཉིད་དང༌། འཁོར་གསུམ་དང་གཟུགས་སོགས་ཀྱི་ མཚན་མ་ལ་རྣམ་པར་མི་རྟོག་པའི་ཤེས་རབ་སྟེ་དྲུག་པོ་དེ་དག་ནི། ས་རྣམས་ཀུན་ལ་བརྟན་ པ་བྱང་ཆུབ་སེམས་དཔའི་རྟག་ཏུ་རྒྱུན་མི་འཆད་པར་བྱ་དགོས་པ་དག་ཡིན་ནོ། ། (ལྔ་པ་)གཙོ་བོར་བྱ་བ་ནི། ཆོས་སྦྱིན་ཚུལ་ཁྲིམས་དག་པ་དང༌། །མི་སྐྱེ་ བཟོད་པ་ཐོབ་ཉིད་དང༌། །ཐེག་ཆེན་བརྩོན་འགྲུས་རྩོམ་པ་དང༌། །མཐའ་ ལ་སྙིང་རྗེ་ལྡན་གནས་དང༌། །ཤེས་རབ་བློ་དང་ལྡན་རྣམས་ཀྱི། །ཕ་རོལ་ ཕྱིན་པའི་གཙོ་བརོ་འདོད། །སྦྱིན་པའི་ནང་ནས་ཆོས་ཀྱི་སྦྱིན་པ་དང༌། ཚུལ་ཁྲིམས་ 4-1-572 ཀྱི་ནང་ནས་འཕགས་པ་དགེས་པའི་ཚུལ་ཁྲིམས་ཟག་པ་མེད་པའི་སྡོམ་པ་རྣམ་པར་དག་པ་ དང༌། བཟོད་པའི་ནང་ནས་ཆོས་ལ་ངེས་པར་སེམས་པ་སྟེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ པ་ཉིད་དང༌། བརྩོན་འགྲུས་ཀྱི་ནང་ནས་ཐེག་པ་ཆེན་པོའི་ཆོས་ལ་སྤྲོ་པས་བརྩོན་འགྲུས་རྩོམ་ པ་དང༌། བསམ་གཏན་གྱི་ནང་ནས་མཐའ་སྟེ་མཆོག་ཏུ་གྱུར་པ་བཞི་པ་ལ་གནས་ཤིང་སྙིང་རྗེ་ ཚད་མེད་པ་དང་ལྡན་པས་གནས་པ་དང༌། ཤེས་རབ་ཀྱི་ནང་ནས་ཆོས་ཐམས་ཅད་སྟོང་ཞིང་ བདག་མེད་པར་རྟོགས་པའི་ཤེས་རབ་སྟེ། དེ་དག་ནི་བློ་དང་ལྡན་པ་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་མཆོག་གམ་གཙོ་བོར་ཉམས་སུ་བླང་བར་བྱ་བར་འདོད་ དོ། ། གདགས་པ་ལ་སོགས་པའི་རྣམ་དབྱེ་ལ། གདགས་པ་རྣམ་པར་བཞག་པ་དང༌། །དེ་ བཞིན་ཆོས་རྣམས་ཚོལ་བ་དང༌། །ཡང་དག་ཇི་བཞིན་ཡོངས་ཤེས་དང༌། །དེ་བཞིན་དཔག་ ཏུ་མེད་པ་དང༌། །བསྟན་པ་ཡི་ནི་འབྲས་བུ་དང༌། །ཆེ་དང་ཐེག་པ་བསྡུ་བ་དང༌། །བྱང་ཆུབ་ སེམས་དཔའ་བཅུར་ཤེས་བྱ། །མིང་དང་གདགས་པའང་དེ་བཞིན་ནོ། །ཞེས་གསུངས་པ་ ལྟར། བདུན་པ་གདགས་པ་རྣམ་པར་བཞག་པ། རྣམ་གཞག་ཡོངས་སུ་ཚོལ་བ། བཙལ་བས་ ཡོངས་སུ་ཤེས་པ། ཤེས་བྱ་དཔག་ཏུ་མེད་པ། དཔག་མེད་བཤད་པའི་འབྲས་བུ། བཤད་བྱ་ ཐེག་ཆེན་ངོས་བཟུང༌། ཐེག་ཆེན་སྤྱོད་པའི་གང་ཟག་གོ ། དང་པོ་ལ་ཆོས་དང་བདེན་པ་རྣམ་བཞག་དང༌། རིགས་པ་ཐེག་པ་རྣམ་བཞག་གོ །དང་ པོ་ལའང་གཉིས་ལས། (དང་པོ་)ཆོས་རྣམ་བཞག་ནི། མདོ་སོགས་རྣམ་པའི་བྱེ་བྲག་ གིས། །རིག་པའི་གནས་ནི་རྣམ་བཞག་པ། །ས་རྣམས་ཀུན་ལ་བརྟན་ པ་ཡི། །ཆོས་རྣམས་བཞག་པ་ཡིན་ཤེས་བྱ། །མདོའི་སྡེ་དང་དབྱངས་ཀྱི་བསྙད་ པའི་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་རྣམ་པའི་བྱེ་བྲག་གིས་སྔར་བཤད་ 4-1-573 པ་ལྟར་རིག་པའི་གནས་ནི་ལྔ་རྣམ་པར་བཞག་པ་དེ་ཉིད་ས་རྣམས་ཀུན་ལ་བརྟན་པ་བྱང་ཆུབ་ སེམས་དཔའ་ཡི་ཆོས་རྣམ་པར་བཞག་པ་ཡིན་པར་ཤེས་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ རྣམས་ཤེས་བྱ་ཐམས་ཅད་ལ་མཁས་པར་བྱ་བའི་ཕྱིར་རིག་པའི་གནས་ལྔ་ག་ཐེག་པ་ཆེན་པོ་ ལས་བཤད་པས་གཏན་ཚིགས་རིག་པ་ལ་སོགས་པ་གཞན་བཞིའང་མདོའི་སྡེ་ལ་སོགས་པའི་ ཁོངས་སུ་འདུ་བ་ཉིད་དོ། ། (གཉིས་པ་)བདེན་པ་རྣམ་བཞག་ནི། དེ་བཞིན་ཉིད་ནི་རྣམ་བདུན་ལ། །བརྟེན་ ནས་བདེན་པ་རྣམ་པར་བཞག །ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་དེ་བཞིན་ཉིད་ ནི་རྣམ་པ་བདུན་ལ་བརྟེན་ནས་རང་རང་གི་ངོ་བོར་བདེན་པའི་ཚུལ་རྣམ་པར་བཞག་པ་སྟེ། དེ་བཞིན་ཉིད་བདུན་གང་ཞེ་ན། འཁོར་བ་འདི་ཉིད་ཐོག་མ་མེད་པ་ནས་རྒྱུན་དུ་འཇུག་པ་ནི་ འཇུག་པའི་དེ་བཞིན་ཉིད་དང༌། བདག་མེད་གཉིས་སམ་ངོ་བོ་ཉིད་གསུམ་ནི་མཚན་ཉིད་ཀྱི་ དེ་བཞིན་ཉིད་དང༌། འདུ་བྱེད་ཐམས་ཅད་རྣམ་པར་རིག་པ་ཙམ་ཡིན་པ་ནི་རྣམ་པར་རིག་པའི་ དེ་བཞིན་ཉིད་དང༌། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ནི་གནས་པའི་དེ་བཞིན་ ཉིད་དང༌། ལས་དང་ཉོན་མོངས་པའི་ཀུན་འབྱུང་ནི་ལོག་པར་སྒྲུབ་པའི་དེ་བཞིན་ཉིད་དང༌། དྲི་མ་དང་བྲལ་བའི་འགོག་པ་ནི་རྣམ་པར་དག་པའི་དེ་བཞིན་ཉིད་དང༌། ཟག་པ་མེད་པའི་ ལམ་ནི་ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་རྣམས་སོ། །འདི་དག་ནི་བཅོམ་ལྡན་འདས་ཀྱི་ དགོངས་འགྲེལ་གྱི་མདོ་ལས་གསུངས་པ་དང་ཡང་མཐུན་པ་ཉིད་དོ། ། གཉིས་པ་ལའང༌། ཐུན་མོང་དུ་བསྟན་པ་ནི། རིགས་པ་ཐེག་པ་རྣམ་གཞག་པ། ། རྣམ་པ་བཞི་དང་རྣམ་གསུམ་ཉིད། །རིགས་པ་རྣམ་པར་བཞག་པ་དང༌། ཐེག་པ་ རྣམ་པར་བཞག་པ་ནི་རིམ་པ་བཞིན་དུ་འབྲས་བུ་རྣམས་རྒྱུ་ལ་ལྟོས་པའི་རིགས་པ་དང༌། རྒྱུས་ རྣམས་འབྲས་བུ་ལ་བྱ་བ་བྱེད་པའི་རིགས་པ་དང༌། སྒྲུབ་བྱེད་འཐད་པ་སྒྲུབ་པའི་རིགས་པ་ 4-1-574 དང༌། རང་བཞིན་ཆོས་ཉིད་ཀྱི་རིགས་པ་སྟེ་རྣམ་པ་བཞི་དང༌། དམན་པ་ཉན་ཐོས་ཀྱི་ཐེག་ པ་དང་བར་མ་རང་སངས་རྒྱས་ཀྱི་ཐེག་པ་དང་མཆོག་ཏུ་གྱུར་པ་ཐེག་པ་ཆེན་པོའི་སྟེ་རྣམ་པ་ གསུམ་ཉིད་ཡིན་ནོ། ། (གཉིས་པ་)སོ་སོར་བཤད་པ་ལ་གཉིས་ལས། (དང་པོ་)རིགས་པ་རྣམ་གཞག་ནི། ཚུལ་ བཞིན་ཡིད་ལ་བྱེད་པ་དང༌། །ཡང་དག་ལྟ་བ་འབྲས་ལྡན་དང༌། །ཚད་ མས་རྣམ་འབྱེད་བསམ་མི་ཁྱབ། །རིགས་པ་རྣམ་པ་བཞིར་ཤེས་བྱ། །ལྟོས་ པའི་རིགས་པ་ནི་སྤྱིར་མྱུ་གུ་ས་བོན་ལ་ལྟོས་ནས་འབྱུང་བ་འབྲས་བུ་འདུ་བྱེད་ཐམས་ཅད་རང་ རང་གི་རྒྱུ་ལ་ལྟོས་ནས་འབྱུང་བ་སྟེ། འདིར་ནི་ཐེག་པ་གསུམ་ལ་དོན་དང་མཐུན་པར་ཚུལ་ བཞིན་ཡིད་ལ་བྱེད་པ་ལ་ལྟོས་ནས་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་འབྱུང་ བ་དང༌། བྱ་བ་བྱེད་པའི་རིགས་པ་ནི་སྤྱིར་མིག་གིས་མིག་ཤེས་ཀྱི་རྟེན་བྱེད་པ་ལྟ་བུ་རྒྱུ་ཐམས་ ཅད་རང་རང་གི་འབྲས་བུ་ལ་བྱ་བ་བྱེད་པ་སྟེ། འདིར་ནི་ཡང་དག་པའི་ལྟ་བ་ལ་བརྟེན་ནས་ འབྲས་བུ་རྣམ་པར་གྲོལ་བ་དང་ལྡན་པའི་བྱ་བ་བྱེད་པ་དང༌། འཐད་པ་སྒྲུབ་པའི་རིགས་པ་ནི་ སྤྱིར་མིག་ཤེས་ཀྱིས་གཟུགས་མཐོང་བ་དང༌། དུ་བ་ལས་མེ་ཡོད་པར་རྟོགས་པ་ལྟ་བུ་མངོན་ སུམ་དང་རྗེས་དཔག་ཚད་མས་རང་རང་གི་གཞལ་བྱ་ངེས་པ་སྟེ། འདིར་ནི་ཐེག་པ་ཆེན་པོའི་ ཆོས་ཀྱི་དོན་མངོན་གསུམ་ལ་སོགས་པའི་ཚད་མས་རྣམ་པར་འབྱེད་ཅིང་ཡོངས་སུ་རྟོགས་ པ་དང༌། ཆོས་ཉིད་ཀྱི་རིགས་པ་ནི་སྤྱིར་མེའི་རང་བཞིན་ཚ་བ་དང༌། ཆུའི་རང་བཞིན་གཤེར་ བ་ལ་སོགས་པ་རང་རང་གི་ཆོས་ཉིད་དུ་གྲུབ་པ་བསམ་གྱིས་མི་ཁྱབ་པ་སྟེ། འདིར་ཡང་ཚུལ་ བཞིན་ཡིད་ལ་བྱེད་པ་ལས་ཡང་དག་པའི་ལྟ་བ་དང༌། དེ་ལས་རྣམ་པར་གྲོལ་བ་འབྱུང་བ་ལ་ སོགས་པ་ནི་ཆོས་ཉིད་ཡིན་པས་བསམ་གྱིས་མི་ཁྱབ་པའོ། །དེ་ལྟར་ན་ཆོས་ལ་རྣམ་པར་སྤྱོད་ པའི་རིགས་པ་ནི་རྣམ་པ་བཞིར་ཤེས་པར་བྱ་ཞིང༌། རིགས་པ་གཞན་གསུམ་ཡང་མཐར་འདི་ 4-1-575 ལ་ཐུག་པས་འདི་ཉིད་རིགས་པ་ཐམས་ཅད་ཀྱི་མཆོག་སྟེ། (ཐམས་ཅད་མཁྱེན་པ་གྲུབ་པར། )བསྟོད་ པར་ཡང༌། རིགས་པའི་ནང་ནས་ཆོས་ཉིད་དང༌། །རྣམ་གྲོལ་ནང་ནས་མི་གཡོ་དང༌། །ཤེས་ རབ་ནང་ནས་ཀུན་མཁྱེན་ལྟར། །ཁྱོད་ནི་ལུས་ཅན་ཀུན་གྱི་མཆོག །ཅེས་གསུངས་པ་ལྟར་ རོ། ། (གཉིས་པ་)ཐེག་པ་རྣམ་གཞག་ནི། བསམ་པ་དང་ནི་བཤད་ཉིད་དང༌། །སྦྱོར་ བ་དང་ནི་ཚོགས་དག་དང༌། །འགྲུབ་པའི་རབ་ཏུ་དབྱེ་བ་ཡིས། །ཐེག་ པ་རྣམ་པ་གསུམ་དུ་འདོད། །རང་རང་གི་[རིགས་{རིག་པ་}དང་མཐུན་པའི་བསམ་ པ་དང་ནི་བསམ་པ་དང་མཐུན་པའི་ཆོས་བཤད་པ་ཉིད་དང༌། བཤད་པ་ལྟར་ཉམས་སུ་ལེན་ པའི་སྦྱོར་བ་དང་ནི་སྦྱོར་བས་བརྩམས་པ་ལྟར་ཚོགས་སོག་པ་དག་དང༌། ཚོགས་བསགས་ པ་ལྟར་འབྲས་བུ་བྱང་ཆུབ་འགྲུབ་པའི་ཚུལ་དམན་པ་དང་བར་མ་དང་མཆོག་ཏུ་གྱུར་པའི་ རབ་ཏུ་དབྱེ་བ་ཡིས་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང་ཐེག་པ་ཆེན་ པོ་སྟེ་རྣམ་པ་གསུམ་དུ་འདོད་དོ། །དེ་ཡང་བསམ་པ་དམན་པ་རང་དོན་འབའ་ཞིག་སེམས་ པས་བཤད་པའང་དམན་པ་དེ་དང་མཐུན་པའི་ཆོས་བཤད་པ་ལྟར། སྦྱོར་བའང་དམན་པ་ བརྩོན་འགྲུས་ཆུང་ངུའི་སྒོ་ནས་ཚོགས་ཀྱང་དམན་པ་ཉུང་ངུའི་བསགས་པ་ལས་འབྲས་བུ་ དམན་པ་དགྲ་བཅོམ་པ་ཙམ་ཐོབ་པར་བྱེད་པ་ནི་ཉན་ཐོས་ཀྱི་ཐེག་པ་དང༌། དོན་དང་པོ་བཞི་ པོ་དེ་རྣམས་ཐེག་པ་སྔ་ཕྱི་གཉིས་ལ་ལྟོས་ནས་བར་མར་གྱུར་པ་ལས་འབྲས་བུའང་བར་མ་ རང་བྱང་ཆུབ་ཐོབ་པར་བྱེད་པ་ནི་རང་སངས་རྒྱས་ཀྱི་ཐེག་པ་དང༌། བསམ་པ་མཆོག་ཏུ་གྱུར་ པ་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པས་བཤད་པ་མཆོག་ཏུ་གྱུར་པ་ཟབ་བ་དང་རྒྱ་ ཆེ་བའི་ཆོས་བཤད་པ་ལྟར། སྦྱོར་བ་མཆོག་ཏུ་གྱུར་པ་གུས་སྦྱོར་རྒྱུན་དང་ལྡན་པའི་བརྩོན་ འགྲུས་ཆེན་པོས་ཚོགས་ཀྱང་མཆོག་ཏུ་གྱུར་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་ 4-1-576 པོ་བསགས་པ་ལས་འབྲས་བུ་འགྲུབ་པ་མཆོག་ཏུ་གྱུར་པ་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་ པར་བྱེད་པ་ནི་ཐེག་པ་ཆེན་པོའོ། ། (གཉིས་པ་)ཡོངས་སུ་ཚོལ་བ་ནི། མིང་དང་དངོས་དག་ཕན་ཚུན་དུ། །གློ་བུར་ བ་ནི་ཉིད་དུ་བཙལ། །འདོགས་པ་རྣམ་པ་གཉིས་པོ་འདིར། །དེ་ཙམ་དུ་ ནི་ཚོལ་བའོ། །ཆོས་རྣམས་ཀྱི་ངོ་བོ་དང་ཁྱད་པར་ལ་མིང་དང་དོན་དུ་མངོན་པར་ཞེན་ པ་སྤང་བའི་ཕྱིར་ཐོས་བསམ་གྱིས་ཡོངས་སུ་ཚོལ་བ་ནི་བཞི་སྟེ། མིང་དང་དངོས་པོ་དང་ངོ་ བོ་ཉིད་དུ་འདོགས་པ་དང་ཁྱད་པར་དུ་འདོགས་པ་ཡོངས་སུ་ཚོལ་བའོ། །དང་པོ་གཉིས་ནི་ རྗོད་བྱེད་མིང་དང་བརྗོད་བྱ་དངོས་པོ་དག་ཕན་ཚུན་དུ་དོན་ལ་འབྲེལ་པ་མེད་ཀྱང་གཅིག་ལ་ གཅིག་གློ་བུར་བ་ནི་ཉིད་དུ་རྟོག་པས་བཏགས་པ་ཙམ་དུ་བཙལ་ན་རང་བཞིན་མེད་པར་ཤེས་ པ་སྟེ། དེ་ཡང་ལྟོ་ལྡིར་གྱི་དངོས་པོ་ལ་བུམ་པ་ཞེས་པའི་མིང་དེ་ཉིད་གློ་བུར་དུ་བཏགས་ནས་ བརྗོད་པ་ཙམ་དུ་ཟད་ཀྱི་དཔྱད་ན་རང་བཞིན་གྱིས་ཡོད་པ་མ་ཡིན་པར་རྟོག་ཅིང་ཚོལ་བ་ནི་ མིང་ཡོངས་སུ་ཚོལ་བ་དང༌། བུམ་པ་ཞེས་པའི་མིང་ལའང་ལྟོ་ལྡིར་གྱི་དངོས་པོ་དེ་གློ་བུར་དུ་ རྟོག་པས་སྦྱར་ནས་བརྗོད་པ་ཙམ་དུ་ཟད་ཀྱི། དཔྱད་ན་རང་བཞིན་གྱིས་ཡོད་པ་མ་ཡིན་པར་ རྟོག་ཅིང་ཚོལ་བ་ནི་དངོས་པོ་ཡོངས་སུ་ཚོལ་བ་དང༌། ངོ་བོ་ཉིད་དང་ཁྱད་པར་དུ་འདོགས་ པ་རྣམ་པ་གཉིས་པོ་ཡང་འདིར་གློ་བུར་དུ་བཏགས་པ་དེ་ཙམ་དུ་ནི་ཚོལ་བའོ་ཞེས་པ་ནི་བརྡ་ ལ་བྱང་བ་ན་རྗོད་བྱེད་ཀྱི་མིང་དང་བརྗོད་བྱའི་དོན་རྟོག་ཡུལ་ལ་འབྲེལ་པར་སྣང་བས། མིང་ ཐོས་པ་ན་དོན་དྲན་ཞིང་དོན་མཐོང་བ་ན་མིང་དྲན་པའི་སྒོ་ནས་གཟུགས་ནི་གཟུགས་སུ་རུང་ བ་ཉིད་དང༌། ཚོར་བ་ནི་ཉམས་སུ་མྱོང་བ་ཉིད་དོ་ཞེས་པ་ལ་སོགས་པ་ངོ་བོ་ཉིད་ཀྱི་ཐ་སྙད་ གློ་བུར་དུ་བཏགས་ནས་བརྗོད་པ་ཙམ་དུ་ཟད་ཀྱི་དཔྱད་ན་བཏགས་པ་བཞིན་དོན་ལ་མེད་ པར་རྟོག་ཅིང་ཚོལ་བ་ནི་ངོ་བོ་ཉིད་དུ་འདོགས་པ་ཡོངས་སུ་ཚོལ་བ་དང༌། སྔ་མ་ལྟར་མིང་དང་ 4-1-577 དོན་རྟོག་ཡུལ་དུ་འབྲེལ་བར་སྣང་བའི་སྒོ་ནས་རྟག་མི་རྟག་དང་བླ་ན་ཡོད་མེད་ལ་སོགས་པ་ ཁྱད་པར་གྱི་ཐ་སྙད་གློ་བུར་དུ་བཏགས་ནས་བརྗོད་པ་ཙམ་དུ་ཟད་ཀྱི། དཔྱད་ན་བཏགས་པ་ བཞིན་དོན་ལ་མེད་པར་རྟོག་ཅིང་ཚོལ་བ་ནི་ཁྱད་པར་དུ་འདོགས་པ་ཡོངས་སུ་ཚོལ་བའོ། ། (གསུམ་པ་)ཡོངས་སུ་ཤེས་པ་ལ་བརྒྱད་དེ། དམིགས་མེད་སྤང་བྱ་གཉེན་པོ་དང༌། །མཚན་ ཉིད་དང་ནི་སྒོམ་པ་དང༌། །སྣང་བ་དང་ནི་གནས་གྱུར་དང༌། །ཞིང་སྦྱོང་ཡོངས་སུ་ཤེས་པའོ། ། (དང་པོ་)དམིགས་མེད་ཡོངས་སུ་ཤེས་པ་ནི། ཐམས་ཅད་དམིགས་སུ་མེད་པའི་ ཕྱིར། །ཡང་དག་ཡེ་ཤེས་རྣམ་པ་བཞི། །ས་རྣམས་ཀུན་ལ་བརྟན་པ་ཡི། ། དོན་ཀུན་འགྲུབ་པར་བྱེད་པར་འགྱུར། །སྔར་ཐོས་བསམ་གྱི་སྒོ་ནས་བཙལ་བ་ ལྟར་སྒོམ་བྱུང་གི་ཤེས་རབ་ཀྱིས་ཀྱང༌། མིང་ལ་སོགས་པའི་ཆོས་དེ་དག་ཐམས་ཅད་དམིགས་ སུ་མེད་པར་ཤེས་པའི་ཕྱིར་མིང་དང་དངོས་པོ་ཚོལ་བ་དང་ལྡན་པ་ཡང་དག་པ་ཇི་ལྟ་བ་བཞིན་ དུ་ཡོངས་སུ་ཤེས་པ་དང༌། ངོ་བོ་ཉིད་དང་ཁྱད་པར་དུ་འདོགས་པ་ཚོལ་བ་དང་ལྡན་པ་ཡང་ དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཡེ་ཤེས་རྣམ་པ་བཞི་ཐོབ་པ་སྟེ། དེ་དག་གིས་ནི་ ས་རྣམས་ཀུན་ལ་བརྟན་པ་བྱང་ཆུབ་སེམས་དཔའི་རང་གཞན་གྱི་དོན་ཀུན་འགྲུབ་པར་བྱེད་ པར་འགྱུར་བའོ། ། (གཉིས་པ་)སྤང་བྱ་ཡོངས་སུ་ཤེས་པ་ནི། འཆིང་བ་ཡི་ནི་རྟེན་དག་དང༌། ། ལོངས་སྤྱོད་ས་བོན་རྒྱུ་མཚན་འདིར། །སེམས་དང་སེམས་ལས་བྱུང་བ་ རྣམས། །རྟེན་བཅས་ས་བོན་བཅས་ཏེ་བཅིངས། །འཁོར་བར་འཆིང་བ་ཡི་ནི་ རྟེན་གྱི་རྒྱུ་མཚན་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དག་དང༌། ལོངས་སྤྱོད་ཀྱི་རྒྱུ་མཚན་གཟུགས་ སོགས་ཡུལ་ལྔར་སྣང་བ་དང༌། ས་བོན་གྱི་རྒྱུ་མཚན་སྣོད་དང་ཡུལ་དེ་དག་གི་ས་བོན་ཀུན་ གཞིའི་རྣམ་པར་ཤེས་པ་ལ་ཡོད་པ་སྟེ། རྒྱུ་མཚན་གསུམ་པོ་དེ་དག་ལ་བདེན་པར་ཞེན་པ་ 4-1-578 དང་བཅས་པའི་སྐབས་འདིར་སེམས་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་སེམས་ལས་བྱུང་ བ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་སེམས་པ་ལ་སོགས་པ་རྣམས། རྟེན་མིག་ལ་སོགས་ པའི་དབང་པོ་{དྲུག་}དང་བཅས་ཤིང་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་དང་བཅས་ཏེ་ བཅིངས་སོ་ཞེས་བྱ་བར་ཡོངས་སུ་ཤེས་ནས་སྤོང་བར་བྱེད་པའོ། ། (གསུམ་པ་)གཉེན་པོ་ཡོངས་སུ་ཤེས་པ་ནི། མདུན་བཞག་མཚན་མ་གང་ཡིན་ དང༌། །བདག་ཉིད་འདུག་པ་གང་ཡིན་པ། །ཐམས་ཅད་རྣམ་འཇིག་བློ་ ལྡན་གྱིས། །བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར། །རྣམ་པར་མི་རྟོག་པའི་རིམ་ པས་བཅིངས་པ་ལས་གྲོལ་བར་བྱེད་པ་སྟེ། དེ་ལ་མདུན་དུ་བཞག་པའི་མཚན་མ་ནི་ཐོས་ བསམ་སྒོམ་གསུམ་གྱི་སྦྱོར་བས་ཀུན་བཏགས་པའི་དམིགས་པ་ཀེང་རུས་ལ་སོགས་པ་[གང་ {མ་}ཡིན་པ་དང༌། བདག་ཉིད་འདུག་པ་ནི་འབད་པས་ཀུན་བཏགས་པ་མ་ཡིན་པར་རང་ བཞིན་གྱིས་ལྷན་ཅིག་སྐྱེས་པའི་དམིགས་པ་བུམ་པ་ལ་སོགས་པ་གང་ཡིན་པ་དེ་དག་ཐམས་ ཅད་རྣམ་པར་འཇིག་པ་ནི་དམིགས་པ་མེད་པའི་ངོ་བོ་ཉིད་གཉེན་པོ་རྣམ་པར་མི་རྟོག་པས་ ཐོག་མར་ཀུན་བཏགས་ཀྱི་མཚན་མ་དང༌། དེ་ནས་ལྷན་སྐྱེས་ཀྱི་མཚན་མ་སྤོང་བར་བྱེད་ པ་ཡིན་ལ། (འདུས་བྱས་རྟག་པ་ལ་སོགས་པ་)དེ་ཡང་ཕྱིན་ཅི་ལོག་བཞི་དང་ལྡན་པའི་གང་ཟག་གི་ མཚན་མ་རྣམ་པར་འཇིག་པའི་རྣལ་འབྱོར་པས་ནི་ཉན་རང་གི་བྱང་ཆུབ་ཐོབ་ཅིང་མཚན་མ་ ཐམས་ཅད་རྣམ་པར་འཇིག་པར་བྱེད་པའི་བློ་ལྡན་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་ནི་ཐོབ་ པར་འགྱུར་ཏེ། འཆིང་བ་ཇི་ལྟར་ཡོངས་སུ་ཤེས་པ་དེས་ནི་སྤང་བྱ་ལས་གྲོལ་བའི་ཐབས་ཀྱང་ ཡོངས་སུ་ཤེས་པའི་ཕྱིར་རོ། ། (བཞི་པ་)མཚན་ཉིད་ཡོངས་སུ་ཤེས་པ་ནི། དེ་བཞིན་ཉིད་དམིགས་ཡེ་ཤེས་ དང༌། །གཉིས་སུ་འཛིན་པ་རྣམ་སྤངས་དང༌། །གནས་ངན་ལེན་ལུས་ 4-1-579 མངོན་སུམ་པ། །བློ་ལྡན་དེ་ཟད་བྱེད་པར་འདོད། །དེ་བཞིན་ཉིད་ལ་དམིགས་ པའི་ཡེ་ཤེས་ཀྱིས་ཡོངས་གྲུབ་ཆོས་ཀྱི་དབྱིངས་ཡོད་པ་ལ་ཡོད་པར་ཤེས་པ་དང༌། གཟུང་ འཛིན་གཉིས་སུ་འཛིན་པ་རྣམ་པར་སྤངས་པ་ཉིད་ཀྱིས་ཀུན་བཏགས་མེད་པ་ལ་མེད་པར་ ཤེས་པ་དང༌། གནས་ངན་ལེན་ཉོན་མོངས་པའི་ས་བོན་བག་ཆགས་ཀྱི་ལུས་མངོན་སུམ་པ་ ཤེས་པ་ཉིད་ཀྱིས་གཞན་དབང་སྣང་ལ་རང་བཞིན་མེད་པ་ཤེས་པ་སྟེ། མཚན་ཉིད་ངོ་བོ་ཉིད་ གསུམ་ཇི་ལྟ་བར་ཡོངས་སུ་ཤེས་པས་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་གནས་ངན་ལེན་ གྱི་ལུས་སམ་རྟེན་ཀུན་གཞིའི་རྣམ་པར་ཤེས་པ་གཞན་དབང་དེ་ཟད་ཅིང་སྤོང་བར་བྱེད་པར་ འདོད་དོ། ། (ལྔ་པ་)སྒོམ་པ་ཡོངས་སུ་ཤེས་པ་ནི། དེ་བཞིན་ཉིད་དམིགས་ཡེ་ཤེས་ནི། ། རྣམ་པ་ཐ་དད་མེད་བསྒོམས་ཤིང༌། །ཡོད་དང་མེད་དོན་མངོན་སུམ་ པ། །རྣམ་རྟོག་དབང་འབྱོར་ཉིད་ཅེས་བྱ། །ཉན་ཐོས་རྣམས་ཀྱི་མཚན་མ་མེད་པ་ སྒོམ་པ་ནི་མཚན་མ་འཁོར་བ་དང་མཚན་མེད་མྱ་ངན་ལས་འདས་པ་ཐ་དད་དུ་མཐོང་ནས་ མཚན་མ་ལ་ཉེས་དམིགས་སུ་ལྟ་བས་ཡིད་ལ་མི་བྱེད་ཅིང༌། མཚན་མེད་ལ་ཡོན་ཏན་དུ་ལྟ་ ཞིང་སྙོམས་པར་འཇུག་པས་དམན་པ་ཡིན་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་ ཉིད་ལ་དམིགས་པའི་ཡེ་ཤེས་ནི། དེ་བཞིན་ཉིད་ལས་མ་རྟོགས་པའི་མཚན་མའི་རང་བཞིན་ མ་མཐོང་བས་མཚན་མ་འཁོར་བའི་དེ་བཞིན་ཉིད་དང་མཚན་མེད་མྱ་ངན་ལས་འདས་པའི་དེ་ བཞིན་ཉིད་རྣམ་པ་ཐ་དད་པ་མེད་པར་བསྒོམས་ཤིང༌། ཡོད་པའི་དོན་དེ་བཞིན་ཉིད་ཡོད་པ་ དང་མེད་པའི་དོན་བདག་གཉིས་ཀྱི་མཚན་མ་མེད་པར་མངོན་སུམ་དུ་རྟོགས་པས། དམིགས་ པ་ལ་ཇི་ལྟར་འདོད་པ་བཞིན་དབང་བསྒྱུར་བས་རྣམ་པར་རྟོག་པ་ལ་དབང་འབྱོར་པ་ཉིད་ ཅེས་བྱ་སྟེ་ཁྱད་པར་དུ་འཕགས་པ་ཡིན་ནོ། ། 4-1-580 (དྲུག་པ་)སྣང་བ་ཡོངས་སུ་ཤེས་པ་ནི། བྱིས་པ་ཡང་དག་ཉིད་བསྒྲིབས་ནས། ། ཡང་དག་མ་ཡིན་ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔའ་དེ་བསལ་ ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། །མཚན་མ་འཁོར་བའི་རང་བཞིན་དུ་དེ་ བཞིན་ཉིད་ཡོད་ཀྱང་ཕལ་པས་མི་མཐོང་བའི་རྒྱུ་མཚན་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མཐོང་ སྤང་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པས་ཆོས་ཉིད་ཡང་དག་པའི་དོན་དེ་ཉིད་བསྒྲིབས་ ནས། ཆོས་ཅན་ཡང་དག་པ་མ་ཡིན་པ་གཟུང་འཛིན་གྱི་མཚན་མ་ངང་གིས་ཀུན་ཏུ་སྣང་བ་ ཡིན་ལ། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ནི་ཡང་དག་པ་མ་ཡིན་པ་འཁྲུལ་པའི་ སྣང་བ་དེ་རིམ་གྱིས་བསལ་ནས། ཡང་དག་པ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ནི་རང་གི་ངང་ གིས་ཀུན་ཏུ་སྣང་བ་ཡོངས་སུ་ཤེས་པའོ། ། (བདུན་པ་)གནས་གྱུར་ཡོངས་སུ་ཤེས་པ་ནི། དོན་མེད་པ་དང་དོན་ཡོད་དག ། མི་སྣང་སྣང་བ་ཡིན་ཤེས་བྱ། །དེ་ནི་གནས་གཞན་གྱུར་པ་སྟེ། །འདོད་ དགུར་སྤྱོད་ཕྱིར་ཐར་པ་ཡིན། །དོན་མེད་པ་ཀུན་བཏགས་འཁྲུལ་པའི་མཚན་མ་མི་ སྣང་བ་དང༌། དོན་ཡོད་པ་ཡོངས་གྲུབ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་སྣང་བ་དག་ནི་རིམ་པ་ ལྟར་ཆོས་ཅན་གློ་བུར་གྱི་དྲི་མ་མི་སྣང་བ་དང༌། ཆོས་ཉིད་རང་བཞིན་གྱིས་དག་པ་སྣང་བ་ཡིན་ པར་ཤེས་པར་བྱ་ཞིང༌། དེ་ནི་དེ་བཞིན་ཉིད་དག་པ་གཉིས་ལྡན་གྱི་ཚུལ་གྱིས་གནས་གཞན་ དུ་ཡོངས་སུ་གྱུར་པ་སྟེ། མཚན་མའི་འཆིང་བ་མེད་པས་རང་དབང་དུ་འདོད་དགུར་སྤྱོད་ཅིང་ ཡོད་མེད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་པས་སེམས་ལ་དབང་བསྒྱུར་བའི་ཕྱིར་ཐར་པ་མྱ་ ངན་ལས་འདས་པ་ཐོབ་པ་ཡིན་ནོ། ། (བརྒྱད་པ་)ཞིང་སྦྱོང་ཡོངས་སུ་ཤེས་པ་ནི། དོན་ཆེན་རྣམ་པ་ཐམས་ཅད་དུ། ། གཞན་དང་གཞན་རིགས་མཐུན་སྣང་བ། །བར་ཆད་བྱེད་ཡིན་དེ་ལྟ་ 4-1-581 བས། །ཡོངས་སུ་ཤེས་ནས་དེ་སྤང་བྱ། །དོན་ཆེན་པོ་སྣོད་ཀྱི་འཇིག་རྟེན་ངམ་གྲོག་ དང་ཚེར་མ་ཅན་ལ་སོགས་པ་མ་དག་པར་སྣང་བ་འདི་རྣམ་པ་ཐམས་ཅད་དུ་སྐད་ཅིག་སྔ་ ཕྱི་གཞན་དང་གཞན་རྒྱུན་མ་ཆད་པ་བྱུང་བ་ལ་སྔ་མ་དེ་ཉིད་འདི་ཡིན་ནོ་ཞེས་རིགས་མཐུན་ པར་སྣང་བ་ལ་མངོན་པར་ཞེན་པ་དེ་ནི། སངས་རྒྱས་ཀྱི་ཞིང་ཤེལ་དང་བཻ་ཌཱུརྱ་ལ་སོགས་ པར་ཡོངས་སུ་དག་པར་བྱ་བ་ལ་བར་ཆད་བྱེད་པ་ཡིན་པ་དེ་ལྟ་བས་ན། བར་ཆད་དེ་ཡོངས་ སུ་ཤེས་པར་བྱས་ནས་དེ་དག་ནི་སྐད་ཅིག་མ་དང་སེམས་ཉིད་དེར་སྣང་བའོ་ཞེས་ཤེས་པས། སྣ་ཚོགས་སུ་སྣང་བ་ལ་བདེན་པར་ཞེན་པ་སྤང་བར་བྱ་སྟེ། དྲི་མ་མེད་པར་གྲགས་པ་ལས། སངས་རྒྱས་ཀྱི་ཞིང་སྦྱང་བར་འདོད་པས་རང་གི་སེམས་སྦྱང་བར་བྱའོ་ཞེས་གསུངས་པ་ལྟར་ རོ། ། (བཞི་པ་)དཔག་ཏུ་མེད་པ་ནི། ཡོངས་སྨིན་རྣམ་པར་སྦྱང་བྱ་དང༌། །ཐོབ་པ་ སྨིན་པར་རུང་བྱ་དང༌། །ཡང་དག་བཤད་པའི་དངོས་པོ་ནི། །བློ་ལྡན་ རྣམས་ཀྱི་དཔག་ཏུ་མེད། །ཡོངས་སུ་སྨིན་པར་བྱ་བའི་དངོས་པོ་ནི་སྤྱིར་སེམས་ཅན་ གྱི་ཁམས་ནམ་མཁའ་དང་མཉམ་པ་དཔག་ཏུ་མེད་པ་དང༌། རྣམ་པར་སྦྱང་བར་བྱ་བའི་དངོས་ པོ་ནི། མ་དག་པ་དང་དག་པ་ལ་སོགས་པ་སྣོད་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་དང༌། ཐོབ་ པར་བྱ་བའི་དངོས་པོ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལས་སྟོབས་དང་མི་འཇིགས་པ་ལ་ སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང༌། སྨིན་པར་རུང་བར་བྱ་བའི་དངོས་པོ་ནི་ཁྱད་པར་ རང་གི་གདུལ་བྱར་གྱུར་པ་རིགས་ཅན་གསུམ་གྱི་སེམས་ཅན་དཔག་ཏུ་མེད་པ་དང༌། ཡང་ དག་པར་བཤད་པར་བྱ་བའི་དངོས་པོ་ནི། ཉོན་མོངས་པ་འདུལ་བའི་ཐབས་ཆོས་ཀྱི་ཕུང་པོ་ བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་དཔག་ཏུ་མེད་ཅིང་མཐའ་ཡས་པ་སྟེ། དེ་དག་ནི་བྱང་ཆུབ་ སེམས་དཔའ་བློ་ལྡན་རྣམས་ཀྱི་ཤེས་པར་བྱ་བའི་དངོས་པོ་དཔག་ཏུ་མེད་པ་རྣམ་པ་ལྔ་ཡིན་ 4-1-582 ནོ། ། (ལྔ་པ་)བཤད་པའི་འབྲས་བུ་ནི། བྱང་ཆུབ་སེམས་ནི་སྐྱེ་བ་དང༌། །མི་སྐྱེ་ བ་ཡི་བཟོད་པ་ཉིད། །དྲི་མེད་མིག་ནི་དམན་པ་དང༌། །ཟག་པ་ཟད་པ་ ཉིད་དང་ནི། །དམ་ཆོས་ཡུན་རིང་གནས་པ་དང༌། །བྱེ་བྲག་ཤེས་གཅོད་ ལོངས་སྤྱོད་ཉིད། །དེ་ལ་ཞུགས་པ་བློ་ལྡན་གྱི། །བཤད་པའི་འབྲས་བུ་ ཡིན་ཤེས་བྱ། །དེ་ལྟར་གང་ལ་གང་འདུལ་གྱི་ཆོས་བཤད་པ་ལ་བརྟེན་ནས་ཉན་པ་པོའི་ འཁོར་ཁ་ཅིག་གིས་ནི་བྱང་ཆུབ་ཏུ་སེམས་ནི་བསྐྱེད་པ་དང༌། ཁ་ཅིག་གིས་ནི་མི་སྐྱེ་བའི་ཆོས་ ལ་བཟོད་པ་ཉིད་ཐོབ་པ་དང༌། ཁ་ཅིག་གིས་ནི་ཆོས་རྣམས་ལ་དྲི་མ་མེད་པའི་ཆོས་ཀྱི་མིག་ནི་ རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐེག་པ་དམན་པས་བསྡུས་པ་ཐོབ་པ་དང༌། ཁ་ཅིག་གིས་ནི་ ཟག་པ་ཟད་པ་དགྲ་བཅོམ་པ་ཉིད་ཐོབ་པ་དང་ནི་ཆོས་བཤད་པ་རྣམས་གཅིག་ནས་གཅིག་ ཏུ་བརྒྱུད་དེ་བཟུང་བ་ལས་དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་འགྱུར་བ་དང༌། ཆོས་ ཀྱི་དོན་བྱེ་བྲག་ཏུ་མི་ཤེས་པ་རྣམས་ཀྱང་བྱེ་བྲག་ཏུ་ཤེས་པར་འགྱུར་བ་དང༌། ཐེ་ཚོམ་ཟ་ བ་རྣམས་ཀྱི་ཐེ་ཚོམ་ཡང་གཅོད་པར་འགྱུར་བ་དང༌། ངེས་པ་ཐོབ་པ་རྣམས་ཀྱང་དམ་པའི་ ཆོས་ཀྱི་དགའ་བའི་རོ་ཁ་ན་མ་ཐོ་བ་མེད་པ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པར་འགྱུར་བ་ཉིད་དེ། བརྒྱད་པོ་འདི་དག་ནི་བཤད་པ་དེ་ལ་ཞུགས་པའི་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ ཆོས་བཤད་པའི་འབྲས་བུ་ཡིན་པར་ཤེས་པར་བྱའོ། ། (དྲུག་པ་)བཤད་བྱའི་ཐེག་ཆེན་ལ་གཉིས་ལས། ཐེག་པ་ཆེན་པོར་འཇོག་ཚུལ་ནི། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། ། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་དཔག་ཏུ་མེད་པ་ལ་ 4-1-583 དམིགས་པས་ན་དམིགས་པ་ཆེ་བ་ཉིད་དང་ནི། དེ་བཞིན་དུ་རང་དང་གཞན་གྱི་དོན་ཕུན་སུམ་ ཚོགས་པ་བསྒྲུབས་པས་ན་སྒྲུབ་པ་གཉིས་དག་ཆེ་བ་དང༌། བདེན་པ་མངོན་པར་རྟོགས་པ་ ན་གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་རྟོགས་པས་ཡེ་ཤེས་ཆེན་པོ་དང༌། བསྐལ་པ་ གྲངས་མེད་པ་གསུམ་དུ་རྟག་ཏུ་སྦྱོར་བ་དང་གུས་པར་སྦྱོར་བའི་སྒོ་ནས་བརྩོན་འགྲུས་རྩོམ་པ་ ཆེན་པོ་དང༌། སྙིང་རྗེས་འཁོར་བ་ཡོངས་སུ་མི་གཏོང་ཞིང་ཤེས་རབ་ཀྱི་ཀུན་ནས་ཉོན་མོངས་ པས་མི་གོས་པའི་ཐབས་ལ་མཁས་པར་གྱུར་པ་ཆེན་པོ་རྒྱུའི་ཁྱད་པར་ལྔ་དང༌། ཡང་དག་ འགྲུབ་པ་ཆེན་པོ་དང༌། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་ འདི་རྣམས་དང་ལྡན་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །རང་དོན་ མཐར་ཕྱིན་པ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་ཡང་དག་ པ་འགྲུབ་པ་ཆེན་པོ་དང༌། གཞན་དོན་མཐར་ཕྱིན་པ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་ མྱ་ངན་ལས་འདས་པ་ཀུན་ཏུ་སྟོན་པ་ལ་སོགས་པ་སངས་རྒྱས་ཀྱི་འཕྲིན་ལས་ཆེན་པོ་ཡང་ དང་ཡང་དུ་རྒྱུན་མི་འཆད་པར་འཇུག་པ་སྟེ། འབྲས་བུའི་ཁྱད་པར་གཉིས་དང་བཅས་པའི་ ཆེན་པོ་བདུན་པོ་འདི་རྣམས་དང་ལྡན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཤད་ པར་བྱ་བའི་ཆོས་ལ་ཐེག་པ་ཆེན་པོ་ཞེས་ནི་ངེས་པར་བརྗོད་དོ། ། ཐེག་པ་ཆེན་པོ་བསྡུད་ཚུལ་ནི། རིགས་དང་ཆོས་ལ་མོས་པ་དང༌། །དེ་བཞིན་ སེམས་ནི་བསྐྱེད་པ་དང༌། །སྦྱིན་ལ་སོགས་པ་བསྒྲུབ་པ་དང༌། །སྐྱོན་མེད་ པ་ལ་འཇུག་ཉིད་དང༌། །སེམས་ཅན་རྣམས་ནི་ཡོངས་སྨིན་དང༌། །ཞིང་ ནི་རྣམ་པར་སྦྱོང་བ་དང༌། །མི་གནས་མྱ་ངན་འདས་པ་དང༌། །བྱང་ཆུབ་ མཆོག་དང་སྟོན་པའོ། །ཐོག་མར་ཐེག་པ་ཆེན་པོ་རིགས་ལ་གནས་པ་དང༌། རིགས་ སད་པ་ལས་ཐེག་ཆེན་གྱི་ཆོས་ལ་མོས་པ་དང་མོས་པ་ཐོབ་པ་དེ་བཞིན་དུ་བྱང་ཆུབ་ཀྱི་མཆོག་ 4-1-584 ཏུ་སེམས་ནི་བསྐྱེད་པ་དང༌། བསམ་པ་སེམས་བསྐྱེད་དང་ལྡན་པས་སྦྱོར་བ་སྦྱིན་པ་ལ་སོགས་ པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པ་དང༌། ཁྱད་པར་ས་དང་པོར་བྱང་ཆུབ་སེམས་དཔའི་ སྐྱོན་མེད་པ་ལ་འཇུག་པ་ཉིད་དང༌། དེ་ནས་ས་བདུན་པའི་བར་ལ་སེམས་ཅན་རྣམས་ནི་ ཡོངས་སུ་སྨིན་པར་བྱེད་པ་དང༌། དེ་ནས་ཕྱིར་མི་ལྡོག་པའི་ས་གསུམ་ལ་སངས་རྒྱས་ཀྱི་ཞིང་ ནི་རྣམ་པར་སྦྱོང་བ་དང༌། ཤེས་རབ་དང་སྙིང་རྗེས་སྲིད་པ་དང་ཞི་བའི་མཐའ་གཉིས་ལ་མི་ གནས་པའི་མྱ་ངན་ལས་འདས་པ་སྒྲུབ་པ་དང༌། མཐར་ཐུག་སངས་རྒྱས་ཀྱི་ས་ལ་མངོན་པར་ རྫོགས་པར་བྱང་ཆུབ་པ་མཆོག་དང་མྱ་ངན་ལས་འདས་པ་ཆེན་པོ་ཡང་སྟེ། དེ་ལྟར་ན་ཆོས་ བཅུ་{བཞི་}པོ་འདིས་ཐེག་པ་ཆེན་པོའི་གཞི་དང་ལམ་དང་འབྲས་བུའི་གནས་སྐབས་ཐམས་ ཅད་བསྡུས་ནས་སྟོན་པའོ། ། བདུན་པ་ཐེག་ཆེན་སྤྱོད་པའི་གང་ཟག་ལ་བྱང་ཆུབ་སེམས་དཔའི་དོན་དང༌། དེའི་མཚན་ ཉིད་ཀྱི་དོན་ནོ། ། དང་པོ་ལ་ས་རྣམས་ལ་སྤྱོད་ཚུལ་གྱི་དབྱེ་བ་དངོས་བསྟན་པ། སྒྲུབ་པ་དང་སྨོན་པས་དེ་ རྣམས་ཀྱི་མཚན་ཉིད། དེ་དག་གིས་གཞན་ལ་ཕན་འདོགས་པར་བྱེད་ཚུལ་ལོ། ། དང་པོ་ནི། གཅིག་ནི་མོས་པ་དང་ལྡན་པ། །ལྷག་པའི་བསམ་པ་དག་ པ་གཞན། །མཚན་མ་དང་ནི་མཚན་མེད་དང༌། །མངོན་པར་འདུ་བྱེད་ མེད་སྤྱོད་པ། །ལྔ་པོ་འདི་དག་ས་ཀུན་ལ། །བྱང་ཆུབ་སེམས་དཔའ་ཡིན་ ཤེས་བྱ། །བྱང་ཆུབ་སེམས་དཔའ་ལ་ཕྱེ་ན་སྡེ་ཚན་ལྔ་ཡོད་པའི་གཅིག་མོས་སྤྱོད་ཀྱི་ས་ལ་ གནས་པ་རྣམས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་ཆོས་ཉིད་ལ་མོས་ པ་ཙམ་ཡིད་ལ་བྱེད་པ་དང་ལྡན་པའི་གང་ཟག་དང༌། ས་དང་པོ་ལ་གནས་པ་རྣམས་ནི་འཇིག་ རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པས་ལྷག་པའི་བསམ་པ་རྣམ་པར་དག་པས་སྤྱོད་པ་དང༌། 4-1-585 གཞན་ས་གཉིས་པ་ནས་དྲུག་པའི་བར་ལ་གནས་པ་རྣམས་ལ་མི་འདོད་བཞིན་དུ་སྤྲོས་པའི་ མཚན་མ་ཕྲ་མོ་འབྱུང་བས་མཚན་མ་དང་བཅས་པར་སྤྱོད་པ་དང་ནི། ས་བདུན་པ་ལ་གནས་ པ་རྣམས་ལ་[སྒྲིམས་{བསྒྲིབས་}ན་ཇི་སྲིད་འདོད་པར་མཚན་མ་མངོན་གྱུར་མི་འབྱུང་བས་ མཚན་མ་མེད་པར་སྤྱོད་པ་དང༌། དག་པ་ས་གསུམ་ལ་གནས་པ་རྣམས་ལ་སྔ་མ་རྣམས་ གོམས་པའི་རྣམ་སྨིན་གྱི་འབྲས་བུ་མི་རྟོག་པའི་ཡེ་ཤེས་ལྷུན་གྲུབ་ཏུ་འབྱུང་བས་མངོན་པར་ འདུ་བྱེད་པར་མེད་པར་སྤྱོད་པ་ཅན་ཞེས་བྱ་སྟེ། ལྔ་པོ་འདི་དག་ནི་མོས་སྤྱོད་ནས་བཅུ་པའི་ བར་གྱི་ས་རྣམས་ཀུན་ལ་བྱང་ཆུབ་སེམས་དཔའི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །ཀུན་ ལས་བཏུས་པར་ནི། ལྷག་པའི་བསམ་པས་སྤྱོད་པ་ས་བཅུ་ཀ་ལ་གནས་པ་དང༌། མཚན་མ་ དང་བཅས་པར་སྤྱོད་པ་དང་པོ་ནས་དྲུག་པའི་བར་ལ་གནས་པ་ལ་གསུངས་སོ། ། (གཉིས་པ་)དེ་རྣམས་ཀྱི་མཚན་ཉིད་ནི་དོན་བརྒྱད་ལས་བརྩམས་ནས་འཆད་པ་སྟེ། སྤྲོ་ དགའི་ཁྱད་པར་གཞན་དོན་བསྒྲུབ་ཚུལ་དང༌། །ནང་དུ་གནས་ཚུལ་བསྟན་པའི་ཁྱད་པར་ དང༌། །སྡུག་བསྔལ་ཁས་ལེན་ཆོས་གཙོར་བྱེད་ཚུལ་དང༌། །བག་ཡོད་བསྟེན་ཚུལ་ངོ་ཚ་ཤེས་ ཚུལ་ལོ། ། (དང་པོ་)སྤྲོ་དགའི་ཁྱད་པར་གྱིས་བཤད་པ་ནི། འདོད་ལ་མ་ཆགས་ལས་གསུམ་ རྣམ་པར་དག །ཁྲོ་བ་ཟིལ་གནོན་ཡོན་ཏན་མཆོག་ལྷུར་ལེན། །ཆོས་ ལ་མི་གཡོ་དེ་ཉིད་ཟབ་མོར་མཐོང༌། །བྱང་ཆུབ་དགའ་ལྡན་བྱང་ཆུབ་ སེམས་དཔའ་ཡིན། །འདོད་པའི་ལོངས་སྤྱོད་ལ་མ་ཆགས་པར་གཏོང་བའི་སྦྱིན་པ་དང༌། ལུས་ངག་ཡིད་གསུམ་གྱི་ལས་གསུམ་ཉེས་པས་རྣམ་པར་དག་པའི་ཚུལ་ཁྲིམས་དང༌། གནོད་ བྱེད་ལ་ཁོང་ཁྲོ་བ་ཟིལ་གྱིས་གནོན་པའི་བཟོད་པ་དང༌། ཡོན་ཏན་མཆོག་ཏུ་གྱུར་པ་རྣམས་ ལྷུར་ལེན་པའི་བརྩོན་འགྲུས་དང༌། དམིགས་ཡུལ་གྱི་ཆོས་ལ་སེམས་མི་གཡོ་བར་གནས་པའི་ 4-1-586 བསམ་གཏན་དང༌། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཟབ་མོ་སྟོང་པ་ཉིད་མཐོང་བའི་ཤེས་ རབ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་ཅིང་བྱང་ཆུབ་ཆེན་པོ་ལ་དགའ་ཞིང་སྤྲོ་བས་ཐོབ་པར་ འདོད་པའི་སྨོན་པ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའི་མཚན་ཉིད་ཅན་ཡིན་ནོ། ། (གཉིས་)པ་གཞན་དོན་བསྒྲུབ་ཚུལ་གྱིས་བཤད་པ་ནི། ཕན་འདོགས་འདོད་དང་ གནོད་པ་མེད་ལྟ་དང༌། །གཞན་གྱི་གནོད་པ་དང་དུ་ལེན་པ་དང༌། ། བརྟན་པ་བག་ཡོད་མང་དུ་ཐོས་པ་དང༌། །གཞན་གྱི་དོན་བརྩོན་བྱང་ ཆུབ་སེམས་དཔའ་ཡིན། །ཆོས་དང་ཟང་ཟིང་གིས་གཞན་ལ་ཕན་འདོགས་པར་འདོད་ པའི་སྦྱིན་པ་དང༌། གཞན་གྱི་ལུས་དང་ལོངས་སྤྱོད་ལ་གནོད་པ་མེད་པར་ལྟ་བའི་ཚུལ་ཁྲིམས་ དང༌། གཞན་གྱི་གནོད་པ་དང་དུ་ལེན་པའི་བཟོད་པ་དང༌། སྡུག་བསྔལ་གྱིས་སྤ་མི་འགོང་ ཞིང་དགེ་བ་ལ་བརྟན་པའི་བརྩོན་འགྲུས་དང༌། བདེ་བ་ལ་རོ་མྱང་དང་ཆགས་པ་མེད་ཅིང་ བག་ཡོད་བའི་བསམ་གཏན་དང༌། གསུང་རབ་ཟབ་རྒྱས་མང་དུ་ཐོས་པ་དང་ལྡན་པའི་ཤེས་ རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་ཅིང༌། གཞན་གྱི་དོན་འབའ་ཞིག་བསྒྲུབ་པ་ལ་བརྩོན་ པས་བྱང་ཆུབ་ཆེན་པོ་ཐོབ་པར་སྨོན་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ། ། (གསུམ་པ་)ནང་དུ་གནས་ཚུལ་གྱིས་བཤད་པ་ནི། རང་གིས་ཡོངས་སུ་བཟུང་བའི་ ཉེས་དམིགས་ཤེས། །ལོངས་སྤྱོད་མ་ཆགས་ཞེ་ལ་འཁོན་འཛིན་མེད། ། རྣལ་འབྱོར་རྒྱུ་མཚན་ལ་མཁས་ལྟ་ངན་མེད། །ནང་དུ་རབ་གནས་བྱང་ ཆུབ་སེམས་དཔའ་ཡིན། །རང་གིས་ལོངས་སྤྱོད་ཡོངས་སུ་བཟུང་བའི་ཉེས་དམིགས་ ཤེས་ནས་གཏོང་བའི་སྦྱིན་པ་དང༌། བུ་དང་ཆུང་མ་ལ་སོགས་པའི་ལོངས་སྤྱོད་ལ་མ་ཆགས་ པར་རབ་ཏུ་འབྱུང་བའི་ཚུལ་ཁྲིམས་དང༌། གཞན་གྱིས་གནོད་པ་བྱས་ཀྱང་ཞེ་ལ་འཁོན་འཛིན་ མེད་པའི་བཟོད་པ་དང༌། ཞི་གནས་ལྟག་མཐོང་གི་རྣལ་འབྱོར་སྒོམ་པ་ལ་སྤྲོ་བའི་བརྩོན་ 4-1-587 འགྲུས་དང༌། ཞི་གནས་དང་ལྟག་མཐོང་རབ་ཏུ་འཛིན་པའི་རྒྱུ་མཚན་གསུམ་སྒོམ་པ་ལ་ མཁས་པའི་བསམ་གཏན་དང༌། བདག་དང་བདག་གིར་འཛིན་པ་ལ་སོགས་པའི་ལྟ་བ་ངན་ པ་མེད་པའི་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་ཅིང༌། བྱང་ཆུབ་སེམས་དཔའ་རྣམས་ ཀྱི་ནང་ཐེག་པ་ཆེན་པོ་ལས་མི་གཡོ་བ་ཉིད་དུ་རབ་ཏུ་གནས་པས་བྱང་ཆུབ་ཆེན་པོ་ཐོབ་པར་ སྨོན་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ། ། (བཞི་པ་)བརྟན་པའི་ཁྱད་པར་གྱིས་བཤད་པ་ནི། བརྩེ་དང་ལྡན་པ་ངོ་ཚ་ཡོན་ ཏན་གནས། །སྡུག་བསྔལ་དང་ལེན་རང་གི་བདེར་མ་ཆགས། །དྲན་གཙོ་ ཤིན་ཏུ་མཉམ་པར་བཞག་པའི་བདག །ཐེག་པ་མི་འཁྲུགས་བྱང་ཆུབ་ སེམས་དཔའ་ཡིན། །སྙིང་བརྩེ་བ་ཆེན་པོ་དང་ལྡན་པས་ལུས་ལོངས་སྤྱོད་ཐམས་ཅད་ གཞན་ལ་གཏོང་བའི་སྦྱིན་པ་དང༌། མི་དགེ་བ་ལ་འཛེམ་པ་ངོ་ཚ་ཤེས་པའི་ཡོན་ཏན་ལ་གནས་ ལ་གནས་པས་ཉེས་སྤྱོད་ལ་མི་འཇུག་པའི་ཚུལ་ཁྲིམས་དང༌། གནོད་པ་དང་དཀའ་སྤྱད་ཀྱི་ སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང༌། རང་གི་བདེ་བ་ལ་མ་ཆགས་པར་གཞན་དོན་ལ་ སྤྲོ་བའི་བརྩོན་འགྲུས་དང༌། དྲན་པའི་གཙོ་བོ་གདམས་ངག་གི་དམིགས་རྣམ་མ་བརྗེད་པའི་ ངང་དུ་མཉམ་པར་འཇོགས་པའི་བསམ་གཏན་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཀྱི་ དབྱིངས་ལ་ཤིན་ཏུ་མཉམ་པར་བཞག་པའི་བདག་ཉིད་ཅན་གྱི་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་ དྲུག་བསྒྲུབ་ཅིང༌། ཐེག་པ་གཞན་གྱིས་མི་འཁྲུགས་པར་བརྟན་པར་གནས་པས་བྱང་ཆུབ་ཆེན་ པོ་ཐོབ་པར་སྨོན་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ། ། (ལྔ་པ་)སྡུག་བསྔལ་ཁས་ལེན་གྱིས་བཤད་པ་ནི། སྡུག་བསྔལ་སེལ་བ་སྡུག་ བསྔལ་མི་བྱེད་ཉིད། །སྡུག་བསྔལ་བཟོད་པ་སྡུག་བསྔལ་འཇིགས་པ་མེད། ། སྡུག་བསྔལ་རྣམ་གྲོལ་སྡུག་བསྔལ་མི་རྟོག་པ། །སྡུག་བསྔལ་ཁས་ལེན་ 4-1-588 བྱང་ཆུབ་སེམས་དཔའ་ཡིན། །གཞན་གྱི་དབུལ་ཕོངས་ལ་སོགས་པའི་སྡུག་བསྔལ་ སེལ་བའི་སྦྱིན་པ་དང༌། གཞན་ཀྱི་ལུས་དང་ལོངས་སྤྱོད་ལ་གནོད་པའི་སྡུག་བསྔལ་མི་བྱེད་པ་ ཉིད་ཀྱི་ཚུལ་ཁྲིམས་དང༌། གཞན་གྱི་གནོད་པ་ལ་སོགས་པའི་སྡུག་བསྔལ་གྱིས་མི་འཁྲུགས་ པའི་བཟོད་པ་དང༌། གཞན་དོན་གྱི་སྡུག་བསྔལ་ལ་འཇིགས་པ་མེད་ཅིང་སྤྲོ་བས་འཇུག་པའི་ བརྩོན་འགྲུས་དང༌། འདོད་པའི་ཁམས་ལ་འདོད་ཆགས་དང་བྲལ་བས་སྡུག་བསྔལ་གྱི་སྡུག་ བསྔལ་ལ་སོགས་པ་ལས་རྣམ་པར་གྲོལ་བའི་བསམ་གཏན་དང༌། སྡུག་བསྔལ་གྱི་ཁྱད་པར་ རྣམས་ལ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་ ཅིང༌། གཞན་དོན་དུ་འཁོར་བའི་སྡུག་བསྔལ་ཁས་ལེན་པས་བྱང་ཆུབ་ཆེན་པོ་ཐོབ་པར་སྨོན་ པ་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ། ། (དྲུག་པ་)ཆོས་གཙོར་བྱེད་ཚུལ་གྱིས་བཤད་པ་ནི། ཆོས་ལ་མི་དགའ་རང་བཞིན་ ཆོས་ལ་དགའ། །ཆོས་ལ་སྨོད་ཅིང་ཆོས་ལ་མངོན་པར་བརྩོན། །ཆོས་ལ་ དབང་བ་ཆོས་ལ་མུན་པ་མེད། །ཆོས་གཙོར་བྱེད་པ་བྱང་ཆུབ་སེམས་ དཔའ་ཡིན། །སེར་སྣ་དང་ལོངས་སྤྱོད་ཀྱི་ཆོས་ལ་མི་དགའ་བའི་སྦྱིན་པ་དང༌། རང་བཞིན་ གྱིས་དགེ་བའི་ཆོས་ལ་དགའ་ཞིང་མི་དགེ་བ་སྤོང་བའི་ཚུལ་ཁྲིམས་དང༌། མི་བཟོད་ཅིང་ཁོང་ ཁྲོ་བའི་ཆོས་ལ་སྨོད་ཅིང་སྤོང་བའི་བཟོད་པ་དང༌། དགེ་བའི་ཆོས་ཐམས་ཅད་ལ་མངོན་པར་ སྤྲོ་བས་འཇུག་པའི་བརྩོན་འགྲུས་དང༌། སྙོམས་པར་འཇུག་པའི་ཆོས་ལ་དབང་ཐོབ་པའི་ བསམ་གཏན་དང༌། ཤེས་བྱའི་ཆོས་ཐམས་ཅད་ལ་མི་ཤེས་པའི་མུན་པ་མེད་ཅིང་གསལ་བའི་ ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་ཅིང༌། དམ་པའི་ཆོས་ཁོ་ན་གཙོ་བོར་བྱེད་པས་བྱང་ ཆུབ་ཆེན་པོ་ཐོབ་པར་སྨོན་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ། ། (བདུན་པ་)བག་ཡོད་བསྟེན་ཚུལ་གྱིས་བཤད་པ་ནི། ལོངས་སྤྱོད་བག་ཡོད་ངེས་ 4-1-589 ལ་བག་ཡོད་དང༌། །བསྲུང་ལ་བག་ཡོད་དགེ་ལ་བག་ཡོད་དང༌། །བདེ་ ལ་བག་ཡོད་ཆོས་ལ་བག་ཡོད་དེ། །ཐེག་པ་བག་ཡོད་བྱང་ཆུབ་སེམས་ དཔའ་ཡིན། །ལོངས་སྤྱོད་ལ་བག་ཡོད་པས་མ་ཆགས་པར་གཏོང་བའི་སྦྱིན་པ་དང༌། བསླབ་བྱ་ངེས་པ་ཅན་ལ་བག་ཡོད་པས་བླང་དོར་བྱེད་པའི་ཚུལ་ཁྲིམས་དང༌། རང་དང་ གཞན་གྱི་སེམས་རྗེས་སུ་བསྲུང་བ་ལ་བག་ཡོད་པའི་བཟོད་པ་དང༌། དགེ་བ་ལ་བག་ཡོད་ པའི་སྒོ་ནས་སྤྲོ་བས་འཇུག་པའི་བརྩོན་འགྲུས་དང༌། བདེ་བ་ལ་བག་ཡོད་པས་མ་ཆགས་ཤིང་ རོ་མྱང་བ་མེད་པའི་བསམ་གཏན་དང༌། ཆོས་ཐམས་ཅད་ལ་བག་ཡོད་པས་ཡང་དག་པ་ཇི་ ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་ཅིང༌། ཐེག་པ་ཆེན་པོའི་ ཆོས་ལ་བག་ཡོད་པས་བྱང་ཆུབ་ཆེན་པོ་ཐོབ་པར་སྨོན་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ། ། (བརྒྱད་པ་)ངོ་ཚ་ཤེས་ཚུལ་གྱིས་བཤད་པ་ནི། མ་གུས་ངོ་ཚ་ཉེས་ཆུང་ངོ་ཚ་དང༌། ། མི་བཟོད་ངོ་ཚ་ཡོངས་ཉམས་ངོ་ཚ་དང༌། །རྣམ་འཕྲོ་ངོ་ཚ་ལྟ་ཆུང་ངོ་ཚ་ སྟེ། །ཐེག་གཞན་ངོ་ཚ་བྱང་ཆུབ་སེམས་དཔའ་ཡིན། །སློང་མོ་བ་ལ་མ་གུས་ ཤིང་ཁྱད་པར་དུ་གསོད་པ་ངོ་ཚ་བས་གུས་པས་སྦྱིན་པ་གཏོང་བ་དང༌། ཉེས་པ་ཆུང་ངུ་ཕྲ་རབ་ ཙམ་ལ་ཡང་འཇིགས་པར་ལྟ་ཞིང་ངོ་ཚ་བས་སྤོང་བའི་ཚུལ་ཁྲིམས་བསྲུང་བ་དང༌། གཞན་ གྱི་གནོད་པ་ལ་མི་བཟོད་ཅིང་ལན་བྱེད་པ་ངོ་ཚ་བས་བཟོད་པ་སྒོམ་པ་དང༌། དགེ་བའི་བྱ་བ་ ཡོངས་སུ་ཉམས་ན་ངོ་ཚ་བས་མི་ཉམས་ཤིང་འཕེལ་བའི་བརྩོན་འགྲུས་རྩོམ་པ་དང༌། སེམས་ ཕྱི་རོལ་ཏུ་རྣམ་པར་འཕྲོ་བ་ངོ་ཚ་བས་ནང་དུ་བསམ་གཏན་ལ་མཉམ་པར་འཇོག་པ་དང༌། ལྟ་ བ་ཆུང་ངུ་བདག་ཏུ་ལྟ་བ་ལ་ངོ་ཚ་བས་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་ཤེས་རབ་ བསྐྱེད་པ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་ཅིང༌། ཐེག་པ་གཞན་ཉན་རང་གི་ཐེག་པ་ལ་འཇུག་ པ་ངོ་ཚ་བས་ཐེག་པ་ཆེན་པོ་ལ་གནས་ཤིང་བྱང་ཆུབ་ཆེན་པོ་ཐོབ་པར་སྨོན་པ་ནི་བྱང་ཆུབ་ 4-1-590 སེམས་དཔའ་ཡིན་ནོ། ། (གསུམ་པ་)དེ་དག་གིས་གཞན་ལ་ཕན་འདོགས་ཚུལ་ནི། འདི་དང་ཕ་རོལ་དང་ ནི་བཏང་སྙོམས་དང༌། །འདུ་བྱེད་ལྡན་དང་དབང་འབྱོར་ཉིད་ཐོབ་དང༌། ། མཚུངས་པར་སྟོན་དང་འབྲས་བུ་ཆེན་པོ་ཡིས། །བྱང་ཆུབ་སེམས་ དཔའ་ཕན་འདོགས་བྱེད་ལ་འཇུག །སེམས་ཅན་རྣམས་ལ་གནས་སྐབས་སུ་གང་ ལ་ཅི་འདོད་པའི་སྦྱིན་པས་ཚེ་འདི་ཉིད་ལ་ཕན་འདོགས་པ་དང༌། ཚུལ་ཁྲིམས་རྣམ་དག་ལ་ བཀོད་ནས་སྐྱེ་བ་ཁྱད་པར་ཅན་ཐོབ་པར་བྱེད་པས་འཇིག་རྟེན་ཕ་རོལ་ཏུ་ཕན་པ་དང་ནི། བཟོད་པས་གནོད་ལན་མི་བྱེད་པར་གནོད་བྱེད་བཏང་སྙོམས་སུ་འཇོག་པ་དང༌། བརྩོན་ འགྲུས་ཀྱིས་དགེ་བའི་གྲོགས་མངོན་པར་འདུ་བྱེད་པ་དང་ལྡན་པ་དང༌། བསམ་གཏན་གྱིས་ རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་ལ་དབང་འབྱོར་བ་ཉིད་ཐོབ་པར་བྱེད་པ་ དང༌། ཤེས་རབ་ཀྱིས་རིགས་ཅན་གསུམ་ལ་རང་རང་གི་བློ་དང་མཚུངས་པར་ཐེག་པ་གསུམ་ སྟོན་པའམ། ཡང་ན་ཆོས་ཐམས་ཅད་བདག་མེད་པར་མཚུངས་པར་སྟོན་པ་དང་[བརྟན་ {ལྡན་}པ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནས། མཐར་ཐུག་གི་འབྲས་བུ་ཆེན་པོ་རྫོགས་ པའི་སངས་རྒྱས་ཀྱི་ས་ལ་འགོད་པ་ཡིས་ཕན་འདོགས་པ་ནི་བྱང་ཆུབ་སེམས་དཔའ་རང་ཉིད་ ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་ཅིང༌། བྱང་ཆུབ་ཆེན་པོར་སྨོན་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ གཞན་རྣམས་ལ་ཡང་དེ་དང་མཐུན་པར་ཕན་འདོགས་པར་བྱེད་པ་ལ་འཇུག་པ་ཡིན་ནོ། ། (གཉིས་པ་)མཚན་དོན་ལ་མཚན་གྱི་རྣམ་གྲངས་ཐུན་མོང་དུ་བསྟན་པ་དང༌། ངེས་པའི་ཚིག་ གིས་ཁྱད་པར་དུ་བཤད་པའོ། །རྣམ་གྲངས་ནི། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེ། །བློ་ལྡན་ཉིད་དང་གསལ་བའི་མཆོག །རྒྱལ་སྲས་རྒྱལ་བའི་ གཞི་དང་ནི། །རྒྱལ་བྱེད་རྒྱལ་བའི་མྱུ་གུ་དང༌། །རྩལ་ལྡན་དང་ནི་ 4-1-591 འཕགས་མཆོག་དང༌། །དེད་དཔནོ་དང་ནི་གྲགས་མཆོག་དང༌། །སྙིང་རྗེ་ ཅན་དང་བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ཆོས་དང་ལྡན། །ཐམས་ ཅད་ལ་ཐུན་མོང་དུ་དོན་དང་མཐུན་པའི་མཚན་གྱི་རྣམ་གྲངས་བཅུ་དྲུག་མངའ་བ་སྟེ། གཞན་ དོན་དུ་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པའམ་བྱང་ཆུབ་དང་སེམས་ཅན་ལ་དམིགས་པའི་ བསམ་པ་དང་ལྡན་པས་ན་བྱང་ཆུབ་སེམས་དཔའ་དང༌། ཆེན་པོ་བདུན་དང་ལྡན་པའི་ཐེག་ ཆེན་ལ་སྤྱོད་པས་ན་སེམས་དཔའ་ཆེན་པོ་དང༌། ཟབ་པ་དང་རྒྱ་ཆེ་བའི་དོན་རྟོགས་པས་ན་ བློ་དང་ལྡན་པ་ཉིད་དང༌། ཤེས་རབ་ཀྱི་སྣང་བ་ཆེན་པོ་དང་ལྡན་པས་ན་གསལ་བའི་མཆོག་ དང༌། (ས་བོན་ལ་སོགས་པ་)ཁྱད་པར་བཞི་དང་ལྡན་པས་སངས་རྒྱས་ཀྱི་སྲས་སུ་སྐྱེས་པས་ན་རྒྱལ་ བའི་སྲས་པོ་དང༌། སངས་རྒྱས་ཀྱི་རིགས་རྒྱུན་མི་གཅོད་པའི་གཞིར་གྱུར་པས་ན་རྒྱལ་བའི་ གཞི་དང་ནི་མི་མཐུན་ཕྱོགས་བདུད་བཞི་ལས་རྒྱལ་བར་བྱེད་པས་ན་རྒྱལ་བྱེད་དང༌། སྟོབས་ སོགས་ཡོན་ཏན་དང་ལྡན་པའི་སངས་རྒྱས་ཀྱི་ལྗོན་ཤིང་སྐྱེད་པར་བྱེད་པས་ན་རྒྱལ་བའི་མྱུ་ གུ་དང༌། ཕས་རྒོལ་ཐམས་ཅད་འཇོམས་པའི་མཐུ་སྟོབས་མངའ་བས་ན་རྩལ་ལྡན་དང་ནི། བདག་མེད་མཐའ་དག་རྟོགས་ཤིང་ཉན་རང་འཕགས་པ་རྣམས་ལས་མཆོག་ཏུ་གྱུར་པས་ན་ འཕགས་མཆོག་དང༌། གདུལ་བྱ་རྣམས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ནས་ཐར་བའི་གྲོང་ ཁྱེར་དུ་ཁྲིད་པར་བྱེད་པས་ན་དེད་དཔོན་དང་ནི་ཕྱོགས་བཅུར་ཡོན་ཏན་གྱི་སྙན་པར་གྲགས་ པས་ན་གྲགས་མཆོག་དང༌། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ བར་བཞེད་པས་ན་སྙིང་རྗེ་ཅན་དང༌། གཞན་ལ་ཕན་པ་བསོད་ནམས་ཀྱི་ཚོགས་ཆེན་པོ་ བསགས་པས་ན་བསོད་ནམས་ཆེན་པོ་དང་ལྡན་པ་དང༌། མངོན་པར་ཤེས་པ་ལ་སོགས་པའི་ ཡོན་ཏན་ཕུན་སུམ་ཚོགས་པ་ལ་དབང་འབྱོར་པས་ན་དབང་ཕྱུག་ཆེན་པོ་ཅན་དང༌། དེ་བཞིན་ དུ་སྒོ་གསུམ་དགེ་བ་འབའ་ཞིག་ལ་སྤྱོད་ཅིང་ལུང་དང་མངོན་པར་རྟོགས་པའི་ཆོས་ཟབ་ཅིང་ 4-1-592 རྒྱ་ཆེ་བ་དང་ལྡན་པས་ན་ཆོས་དང་ལྡན་པ་ཞེས་པ་རྣམས་སོ། ། ངེས་པའི་ཚིག་གིས་བཤད་པ་ནི་བོ་དྷི་སཏྭ་ཞེས་པའི་བོ་དྷི་རྟོགས་པ་ལའང་འཇུག་ཅིང༌། སཏྭ་སེམས་དཔའ་འམ་སེམས་ཅན་ཡིན་པས་རྟོགས་པའི་སེམས་ཅན་ཞེས་ཀྱང་སྦྱར་ནས་ འཆད་པས་ན་དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་པའི་སྐབས་ཐམས་ཅད་དུ་ རྟོགས་པ་དེ་དག་ཐམས་ཅད་དང་ལྡན་པས་ན་རྟོགས་པའི་སེམས་ཅན་ཞེས་བྱའོ། །ཞེས་པའི་ དོན་ཅན་དུ་རིག་པར་བྱ་སྟེ། དེ་ཡང་རང་གཞན་དོན་གཉིས་རྟོགས་ཚུལ། སེམས་ཡིད་རྣམ་ ཤེས་རྟོགས་ཚུལ། སྤང་གཉེན་མཚན་ཉིད་རྟོགས་ཚུལ། ཇི་ལྟ་ཇི་སྙེད་རྟོགས་ཚུལ། འབྲས་ བུའི་ཁྱད་པར་རྟོགས་ཚུལ། རྟོགས་པའི་རྣམ་དབྱེ་བསྟན་པ་རྣམས་ཀྱིས་འཆད་པའི་དང་པོ་ དོན་གཉིས་རྟོགས་ཚུལ་ནི། དེ་ཉིད་བཟང་རྟོགས་དོན་ཆེན་ལེགས་རྟོགས་དང༌། ། དོན་ཀུན་རྟོགས་དང་རྟག་ཏུ་རྟོགས་པ་དང༌། །ཐབས་རྣམས་རྟོགས་པར་ གྱུར་བའི་ཁྱད་པར་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཆོས་ ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བཟང་པོ་གང་ཟག་དང་བཅས་ཆོས་ཀྱི་བདག་མེད་པ་རྟོགས་པ་ དང༌། དོན་ཆེན་པོ་རང་གཞན་གཉི་གའི་དོན་ལེགས་པར་རྟོགས་པ་དང༌། འདུས་བྱས་དང་ འདུས་མ་བྱས་ལ་སོགས་པ་ཤེས་བྱའི་དོན་ཀུན་རྣམ་པ་ཐམས་ཅད་དུ་རྟོགས་པ་དང༌། མྱ་ངན་ ལས་འདས་པ་ཀུན་ཏུ་སྟོན་པ་ན་ཡང་མི་ཟད་པར་རྟག་ཏུ་རྟོགས་པ་དང༌། གདུལ་བྱ་ཇི་ལྟར་ འདུལ་བའི་ཐབས་རྣམས་ཀྱང་རྟོགས་པར་གྱུར་པ་སྟེ། རྟོགས་པའི་ཁྱད་པར་ལྔ་དང་ལྡན་པའི་ རྒྱུ་མཚན་དེས་ན་རྟོགས་པའི་སེམས་ཅན་ནམ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། ། (གཉིས་པ་)རྣམ་ཤེས་རྟོགས་ཚུལ་ནི། བདག་རྗེས་རྟོགས་དང་ལྟ་བ་ཕྲ་རྟོགས་ དང༌། །རྣམ་རིག་སྣ་ཚོགས་རྣམ་པར་རྟོགས་དང་ཀུན། །ཡང་དག་མིན་ རྟོག་ཡིན་པར་རྟོགས་པའི་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་ 4-1-593 བྱའོ། །ཉོན་ཡིད་ཀྱིས་བདག་ཏུ་གཟུང་བར་བྱ་བའི་གཞི་ཀུན་གཞིའི་རྣམ་ཤེས་རྗེས་སུ་ རྟོགས་པ་དང༌། བདག་ཏུ་ལྟ་བ་དང་ལྡན་ཞིང་ཤེས་པ་དང་སྤང་བར་དཀའ་བས་ཕྲ་བ་ཉོན་ ཡིད་རྟོགས་པ་དང༌། རྣམ་པར་རིག་པ་རྣམ་པ་སྣ་ཚོགས་པ་འཇུག་པའི་རྣམ་པར་ཤེས་པ་ ཚོགས་དྲུག་རྣམ་པར་རྟོགས་པ་དང༌། དེ་ལྟར་ན་སེམས་ཀུན་གཞིའི་རྣམ་ཤེས་དང༌། ཡིད་ ཉོན་མོངས་ཅན་དང༌། རྣམ་ཤེས་ཚོགས་དྲུག་པོ་ཀུན་ཀྱང་ཡང་དག་པ་མིན་པའི་ཀུན་ཏུ་རྟོག་ པ་གཞན་དབང་རྣམ་པར་རིག་པ་ཙམ་ཡིན་པར་རྟོགས་པ་སྟེ། རྟོགས་པའི་ཁྱད་པར་བཞི་དང་ ལྡན་པའི་རྒྱུ་མཚན་དེས་ན་རྟོགས་པའི་སེམས་ཅན་ནམ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། ། (གསུམ་པ་)མཚན་ཉིད་རྟོགས་ཚུལ་ནི། མ་རྟོགས་རྟོགས་དང་རྗེས་སུ་རྟོགས་པ་ རྟོགས། །དངོས་མེད་རྟོགས་དང་རབ་ཏུ་སྐྱེ་བ་རྟོགས། །མ་རྟོགས་རྟོགས་ པ་སོ་སོར་རྟོགས་པའི་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། ། མ་རྟོགས་པའམ་མ་རིག་པ་ནི་སྤང་བྱ་ཡིན་པར་རྟོགས་པ་དང༌། རྗེས་སུ་རྟོགས་པ་རིག་པ་ཡེ་ ཤེས་ནི་དེའི་གཉེན་པོ་ཡིན་པར་རྟོགས་པ་དང༌། ཀུན་བཏགས་[རྣམས{རྣམ་པ་}ནི་བཏགས་ པ་ལྟར་དངོས་པོ་མེད་པར་རྟོགས་པ་དང༌། གཞན་དབང་རྣམས་ནི་རྐྱེན་ལ་ལྟོས་ནས་རབ་ ཏུ་སྐྱེ་བ་ཙམ་དུ་རྟོགས་པ་དང༌། གཟུང་འཛིན་དུ་ཞེན་པ་ནི་ཆོས་ཉིད་མ་རྟོགས་པ་ཡིན་པར་ རྟོགས་པའི་སྒོ་ནས་གཟུང་འཛིན་དང་བྲལ་བའི་ཆོས་ཉིད་ཡོངས་གྲུབ་སོ་སོ་རང་རིག་པའི་ཡེ་ ཤེས་ཀྱིས་རྟོགས་པ་སྟེ། རྟོགས་པའི་ཁྱད་པར་ལྔ་དང་ལྡན་པའི་རྒྱུ་མཚན་དེས་ན་རྟོགས་པའི་ སེམས་ཅན་ནམ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། ། (བཞི་པ་)ཇི་སྙེད་རྟོགས་ཚུལ་ནི། དོན་མེད་རྟོགས་དང་དོན་དམ་རྟོགས་པ་ དང༌། །དོན་ཀུན་རྟོགས་དང་མཐའ་དག་དོན་རྟོགས་དང༌། །རྟོགས་བྱ་ རྟོགས་གཞི་རྟོགས་པ་རྟོགས་པའི་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ 4-1-594 ཞེས་བྱའོ། །གཞན་དབང་ཀུན་ཏུ་རྟོག་པ་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་དུ་བདེན་པ་མེད་ པར་རྟོགས་པ་དང༌། ཡོངས་གྲུབ་ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་ཡེ་ཤེས་ཀྱི་སྤྱོད་ ཡུལ་དུ་ཡོད་པར་རྟོགས་པ་དང༌། བྱིས་པས་གཟུང་འཛིན་དུ་བཏགས་པའི་དོན་ཀུན་མེད་ བཞིན་དུ་ཀུན་ཏུ་བཏགས་པ་ཙམ་དུ་རྟོགས་པ་དང༌། ཤེས་བྱ་མཐའ་དག་གི་དོན་རྣམ་པ་ ཐམས་ཅད་དུ་ཐོགས་པ་མེད་པར་རྟོགས་པ་དང༌། རྟོགས་བྱ་ཡུལ་དང་རྟོགས་གཞི་དབང་པོ་ དང་རྟོགས་པ་རྣམ་ཤེས་རྣམས་འཁོར་གསུམ་ཡོངས་སུ་དག་པར་རྟོགས་པ་སྟེ། རྟོགས་པའི་ ཁྱད་པར་ལྔ་དང་ལྡན་པའི་རྒྱུ་མཚན་དེས་ན་རྟོགས་པའི་སེམས་ཅན་ནམ་བྱང་ཆུབ་སེམས་ དཔའ་ཞེས་བྱའོ། ། (ལྔ་པ་)འབྲས་བུ་རྟོགས་ཚུལ་ནི། གྲུབ་པར་གྱུར་པ་རྟོགས་དང་གནས་རྟོགས་ དང༌། །ལྷུམས་རྗེས་རྟོགས་དང་རིམ་པ་རྟོགས་པ་དང༌། །རབ་ཏུ་རྟོགས་ དང་ཐེ་ཚོམ་བསལ་རྟོགས་རྒྱུ། །དེས་ན་བྱང་ཆུབ་སེམས་དཔའ་ཞེས་ བྱའོ། །འོག་མིན་ཆེན་པོར་ལོངས་སྐུའི་རྟེན་ལ་ཆོས་ཀྱི་སྐུའི་མངོན་པར་རྫོགས་པར་སངས་ རྒྱས་པ་ཉིད་གྲུབ་པར་གྱུར་པ་རྟོགས་པ་དང༌། དེ་ནས་གླིང་བཞི་བྱེ་བ་ཕྲག་བརྒྱ་ལ་སོགས་ པར་ལྷ་རྣམས་སྨིན་པའི་དོན་དུ་གནས་དགའ་ལྡན་ན་བཞུགས་པའི་ཚུལ་རྟོགས་པ་དང༌། མི་ རྣམས་སྨིན་པའི་དོན་དུ་ཡུམ་གྱི་ལྷུམས་སུ་འཇུག་པའི་ཚུལ་རྗེས་སུ་རྟོགས་པ་དང༌། ལྷུམས་ ནས་བལྟམས་པ་དང་བཟོའི་གནས་ལ་མཁས་པ་དང་བཙུན་མོའི་འཁོར་དང་སྤྱོད་པ་དང༌། རབ་ཏུ་འབྱུང་བ་དང་དཀའ་བ་སྤྱོད་པ་དང་སྤྲུལ་བའི་སྐུས་མངོན་པར་རྫོགས་པར་བྱང་ཆུབ་ པ་སྟོན་པའི་རིམ་པ་རྣམས་རྟོགས་པ་དང༌། གདུལ་བྱ་མ་རྟོགས་པ་རྣམས་ཀྱིས་རབ་ཏུ་རྟོགས་ པར་བྱ་བའི་ཕྱིར་དང༌། ཐེ་ཚོམ་ཅན་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ བསྐོར་བའི་ཚུལ་རྟོགས་པ་སྟེ། རྟོགས་པའི་ཁྱད་པར་དེ་རྣམས་དང་ལྡན་པའི་རྒྱུ་མཚན་དེས་ན་ 4-1-595 རྟོགས་པའི་སེམས་ཅན་ནམ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། ། (དྲུག་པ་)རྟོགས་པའི་རྣམ་དབྱེ་ནི། བློ་དང་ལྡན་པ་བློ་ཐོབ་མ་ཐོབ་དང༌། །རབ་ གནས་རྟོགས་དང་རྗེས་སུ་རྟོགས་པ་དང༌། །སོ་སོར་འཆད་བློ་བརྗོད་མེད་ ང་བཅོམ་དང༌། །ང་ཅན་བློ་གྲོས་མ་སྨིན་ཡང་དག་སྨིན། །བློ་དང་ལྡན་པ་ རྣམས་ཀྱི་རྟོགས་པ་ལ་ཕྱེ་ན། དུས་ཀྱི་སྒོ་ནས་བློ་ཐོབ་ཟིན་འདས་པའི་རྟོགས་པ་དང༌། མ་ཐོབ་ པ་མ་འོངས་པའི་རྟོགས་པ་དང༌། ཐོབ་པ་རབ་ཏུ་གནས་པ་ད་ལྟར་བའི་རྟོགས་པ་དང༌། ཕྱི་ནང་ གིས་ཕྱེ་ན་ནང་དུ་རང་གིས་རིག་པའི་རྟོགས་པ་དང༌། ཕྱི་[ནས་{ནང་} གཞན་ལས་ཐོབ་པ་ རྗེས་སུ་རྟོགས་པ་དང༌། ཕྲ་རགས་ཀྱིས་ཕྱེ་ན་ཐོས་བསམ་གྱིས་སོ་སོར་འཆད་བའི་བློ་རགས་ པའི་རྟོགས་པ་དང༌། སྒོམ་བྱུང་གིས་བརྗོད་དུ་མེད་པའི་བློ་ཕྲ་བའི་རྟོགས་པ་དང༌། མཆོག་ དམན་གྱིས་ཕྱེ་ན་ས་བརྒྱད་པ་ཡན་ཆད་ང་རྒྱལ་བཅོམ་པ་མཆོག་གི་རྟོགས་པ་དང༌། བདུན་པ་ མན་ཆད་ང་རྒྱལ་ཅན་དམན་པའི་རྟོགས་པ་དང༌། ཉེ་རིང་གིས་ཕྱེ་ན་ས་བདུན་པ་མན་ཆད་བློ་ གྲོས་མ་སྨིན་པ་རིང་བའི་རྟོགས་པ་དང༌། ས་བརྒྱད་པ་ཡན་ཆད་བློ་གྲོས་ཡང་དག་པར་སྨིན་ པ་ཉེ་བའི་རྟོགས་པ་སྟེ། དེ་ལྟར་རྟོགས་པའི་རྣམ་པར་དབྱེ་བ་བཅུ་གཅིག་དང་ལྡན་པས་ན་ ཡང་རྟོགས་པའི་སེམས་ཅན་ནམ་བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ་སྟེ། ཡོན་ཏན་དེ་དག་ དང་ལྡན་པ་རྣམས་ལ་མོས་པར་བྱ་ཞིང་རང་ཉིད་ཀྱིས་ཀྱང་དེ་དག་སྒྲུབ་པ་ལ་འབད་པར་བྱའོ། ། རིག་པའི་ཡོན་ཏན་འགྲུབ་ཚུལ་གྱི་སྐབས་རྫོགས་པར་བཤད་ཟིན་ཏོ།། ༈ །། {གཉིས་པ་}ཞུགས་ནས་གྲུབ་པ་རྟགས་ཀྱི་ཁྱད་པར་ལ། ཡོན་ཏན་དེ་དག་དང་ལྡན་པའི་ གང་ཟག་རྣམས་བྱང་ཆུབ་སེམས་དཔའ་ཡིན་པར་གང་གིས་ཤེས་སྙམ་ན། (གཉིས་ཀྱི་དང་པོ་)རྟགས་ལྔའི་དབྱེ་བ་ནི། བརྩེ་དང་སྙན་པར་སྨྲ་བ་དང༌། །བརྟན་ པ་ཉིད་དང་ལག་བརྐྱང་ཉིད། །དགོངས་པ་ཟབ་མོ་ངེས་འགྲེལ་པ། །འདི་ 4-1-596 དག་བློ་ལྡན་རྣམས་ཀྱི་རྟགས། །སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་ དང་བྲལ་ནས་ཕན་པ་དང་བདེ་བ་ཐོབ་པར་འདོད་པའི་བརྩེ་བ་ཆེན་པོ་དང༌། ངག་གི་ཉེས་ པ་ཐམས་ཅད་སྤངས་ནས་དམ་པའི་ཆོས་ལ་སྦྱར་བའི་ཆེད་དུ་རང་རང་གི་བློ་དང་མཐུན་པའི་ གཏམ་སྙན་པར་སྨྲ་བ་དང༌། བརྩོན་འགྲུས་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་བརྟེན་ནས་ རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པ་ན་ཞུམ་པ་དང་གཡོ་བ་དང་རྨོངས་བ་རྣམས་ཀྱིས་མི་ འགྱུར་ཞིང་བརྟན་པ་ཉིད་དང༌། ལོངས་སྤྱོད་ལ་ཆགས་པ་མེད་པར་གང་ལ་ཅི་འདོད་པའི་ སྦྱིན་པ་ལག་བརྐྱང་སྟེ་གཏོང་བ་ཉིད་དང༌། སྟོང་པ་ཉིད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ ལ་སོགས་པ་གསུང་རབ་མཐའ་དག་གི་དགོངས་པ་ཟབ་མོ་མིང་དང་ཚིག་དང་ཡི་གེའི་སྒོ་ནས་ ངེས་པར་འགྲེལ་ཞིང་གསལ་བར་སྟོན་པ་སྟེ། འདི་དག་ནི་བློ་ལྡན་རྣམས་བྱང་ཆུབ་སེམས་ དཔའ་ཡིན་པ་ཉིད་ཀྱི་རྟགས་སམ་མཚན་མར་ཤེས་པར་བྱ་སྟེ། (ཆོས་བཅུ་པའི་)མདོ་ལས། དུ་བ་ ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། ། རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར་རོ། ། (གཉིས་པ་)བྱེད་ལས་དང་བསྡུ་བ་ནི། ཡོངས་འཛིན་མོས་པ་ཐོབ་པ་དང༌། །མི་ སྐྱོ་གཉིས་ཀྱིས་བསྡུ་བའི་ཕྱིར། །བསམ་པ་དང་ནི་སྦྱོར་བ་ལས། །རྟགས་ ལྔར་རྣམ་པར་ཤེས་པར་བྱ། །བརྩེ་བས་བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་རྣམས་ ཡོངས་སུ་འཛིན་པར་བྱེད་ཅིང་སྙན་པར་སྨྲ་བས་སངས་རྒྱས་ཀྱི་བསྟན་པ་ལ་མོས་པ་ཐོབ་པར་ བྱེད་པ་དང༌། བརྟན་པས་ནི་ལོག་སྒྲུབ་དང་དཀའ་སྤྱད་ལ་སོགས་པ་མི་སྐྱོ་བར་བྱེད་ལ། ལག་ རྐྱང་བ་དང་དགོངས་པ་ཟབ་མོ་སྟོན་པ་གཉིས་ཀྱིས་གོ་རིམ་བཞིན་དུ་ཟང་ཟིང་གི་བསྡུ་བ་དང་ ཆོས་ཀྱི་བསྡུ་བའི་སྒོ་ནས་ཕན་འདོགས་པར་བྱེད་པའི་ཕྱིར་བྱེད་ལས་བསྟན་ཞིང༌། མདོར་ བསྡུ་ན་བརྩེ་བ་བསམ་པ་རྣམ་པར་དག་པའི་རྟགས་དང་ནི་གཞན་བཞི་སྦྱོར་བ་ཕུན་སུམ་ 4-1-597 ཚོགས་པའི་རྟགས་ཡིན་པ་ལས་བྱང་ཆུབ་སེམས་དཔའི་རྟགས་ལྔར་རྣམ་པར་ཤེས་པར་བྱའོ། ། བྱང་ས་ལས་ནི། ངོ་བོ་ཉིད་དང་གནས་དང་ནི། །འབྲས་བུ་གོ་རིམ་བསྡུ་བ་ཡིན། །ཞེས་པ་ ལྟར་རྟགས་ལྔ་པོ་ཐམས་ཅད་རེ་རེ་ཞིང་ངོ་བོ་ཉིད་དང་གནས་དང་འབྲས་བུའི་སྒོ་ནས་རྒྱས་ པར་བཤད་ཅིང༌། ཐུན་མོང་དུ་གོ་རིམ་ངེས་ཚུལ་དང༌། ཕར་ཕྱིན་དྲུག་གི་བསྡུས་ཚུལ་ཡང་ {རྒྱས་པར་}གསུངས་སོ། ། རྟགས་ལྡན་དེ་དག་ཕྱོགས་ཀྱིས་དབྱེ་བ་ལ་ཁྱིམ་ན་གནས་པའི་ཕྱོགས། རབ་ཏུ་བྱུང་བའི་ ཕྱོགས། ཕྱི་མ་བསྔགས་པའི་ཚུལ་ལོ། ། དང་པོ་ནི། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཁྱིམ་པ་འཁོར་ལོས་ སྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་ དོན་བྱེད་དོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་གཞན་དོན་འབའ་ཞིག་མཛད་པ་རྣམས་ནི་ དོན་དུ་འགྱུར་ན་ཁྱིམ་པའི་ཕྱོགས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་ པའི་གླིང་བཞི་ལ་སོགས་པ་ལ། དབང་བསྒྱུར་བ་རྣམས་སུ་ཡང་གྱུར་ནས་དེ་ལྟ་བུའི་སྐྱེ་བ་ ཐམས་ཅད་དུའང་མངའ་འོག་དགེ་བ་བཅུའི་ཁྲིམས་ཀྱིས་སྐྱོང་བ་ལ་སོགས་པས་སེམས་ཅན་ རྣམས་ཀྱི་གནས་སྐབས་དང་མཐར་ཐུགས་གི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་བྱེད་དོ། ། གཉིས་པ་ནི། ས་རྣམས་ཀུན་ལ་བློ་ལྡན་གྱི། །རབ་བྱུང་ལེན་པས་ཐོབ་ པ་དང༌། །ཆོས་ཉིད་ཀྱིས་ནི་ཐོབ་པ་གཞན། །རབ་ཏུ་བྱུང་བ་སྟོན་བྱེད་ ཡིན། །ས་རྣམས་ཀུན་ལ་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རབ་ཏུ་བྱུང་བའི་ཚུལ་ནི། མོས་སྤྱོད་ཀྱི་སར་མཁན་སློབ་ལ་སོགས་པ་ལས་ཡང་དག་པར་ལེན་པའི་ཆོ་ག་ལས་ཐོབ་པ་ དང༌། ས་དང་པོ་ཡན་ཆད་སྡིག་པ་མི་བྱ་བའི་སྡོམ་པ་འཕགས་པ་དགེས་པའི་ཚུལ་ཁྲིམས་ཆོས་ ཉིད་ཀྱིས་ནི་ཐོབ་པ་དང༌། གཞན་ཡང་མཆོག་གི་སྤྲུལ་པའི་མཆོད་རྟེན་རྣམ་དག་གི་དྲུང་དུ་ 4-1-598 རབ་ཏུ་བྱུང་བའི་ཚུལ་སྟོན་པར་བྱེད་པ་ལ་སོགས་པས་ཀྱང་སེམས་ཅན་གྱི་དོན་རྣམ་པར་དག་ པ་མཛད་པ་ཡིན་ནོ། ། གསུམ་པ་ནི། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་ རྣམས་དང་ལྡན། །དེས་ན་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་ དཔའ་ལས་ཁྱད་འཕགས། །རབ་ཏུ་བྱུང་བའི་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་དག་ ནི་གནས་སྐབས་འཁོར་བའི་འདུ་འཛི་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་བ་དང༌། མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་སོགས་པའི་ཡོན་ཏན་ཚད་མེད་ པ་རྣམས་དང་ལྡན་པ་དེས་ན་སྡོམ་བརྩོན་རབ་ཏུ་བྱུང་བ་རྣམས་ཁྱིམ་པའི་བྱང་ཆུབ་སེམས་ དཔའ་ལས་ཆེས་ཁྱད་པར་དུ་འཕགས་པ་ཉིད་དེ། (དྲག་ཤུལ་ཅན་གྱི་)མདོ་ལས་ཀྱང༌། ཁྱིམ་ན་ གནས་པ་རྣམས་ནི་ཉེས་པའི་ཚོགས་མང་པོ་དང་ལྡན་པ་སྟེ། རབ་ཏུ་བྱུང་བ་རྣམས་ནི་ཡོན་ ཏན་གྱི་ཚོགས་མང་པོ་དང་ལྡན་པའོ་ཞེས་པ་ལ་སོགས་པའི་ཁྱད་པར་མང་དུ་གསུངས་པ་ལྟར་ རོ། །བྱང་ས་ལས་ནི། ལས་མཐའ་ལེགས་པར་བྱས་པ་དང༌། །མཁས་དང་གཞན་ལ་ཕན་ འདོགས་དང༌། །ཡོངས་སུ་བསྔོ་བ་ཐ་མ་ཡིན། །ཞེས་པ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ངེས་པར་ བྱེད་པ་ལ་སོགས་པའི་(མང་པོས་)ལས་ཀྱི་མཐའ་ལེགས་པར་བྱས་པ་དང༌། ཐེག་པ་གསུམ་ལ་ སོགས་པའི་ཁྱད་པར་མང་པོ་ལ་མཁས་པ་(མང་པོ་)དང༌། བསྡུ་བའི་དངོས་པོ་བཞིས་གཞན་ལ་ ཕན་འདོགས་པ་དང༌། གསུམ་པོ་དེ་དག་གིས་བསྡུས་པའི་དགེ་བ་དུས་གསུམ་དུ་བསགས་ པ་ཐམས་ཅད་རྣམ་པར་སྨིན་པ་གཞན་མི་འདོད་པར་རྫོགས་པའི་བྱང་ཆུབ་ཁོ་ནར་ཡོངས་ སུ་བསྔོ་བ་སྟེ། བཞིས་ཕྱོགས་གཉིས་ཀའི་བསླབ་བྱ་རྒྱས་པར་བཤད་ནས་བུ་སྨད་ཡོངས་སུ་ འཛིན་པའི་ཉེས་པ་ལས་གྲོལ་བ་དང༌། ལོངས་སྤྱོད་ཡོངས་སུ་གཟུང་བའི་དོན་དུ་ཞིང་ལས་ དང་ཉོ་ཚོང་དང་རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལ་སོགས་པའི་སྡུག་བསྔལ་མེད་པ་དང་གོམས་ 4-1-599 པའི་དབང་གིས། ཚངས་པར་སྤྱོད་པ་རྒྱུན་མི་འཆད་པར་ངེས་པར་བསྲུང་ནུས་པ་དང་བྱང་ ཆུབ་ཀྱི་ཕྱོགས་རྣམས་ལ་མངོན་པར་ཤེས་པ་མྱུར་བ་དང༌། དགེ་བ་གང་དང་གང་བརྩམས་པ་ དེ་དང་དེ་མྱུར་བ་མྱུར་བར་མཐར་ཕྱིན་པར་འགྱུར་བ་དང༌། བརྟུལ་ཞུགས་ངེས་པ་ལ་གནས་ པས་གཞན་གྱིས་བཀུར་བར་འོས་ཤིང་ཚིག་བཙུན་པར་འགྱུར་བ་ལ་སོགས་པས་རབ་ཏུ་བྱུང་ བའི་ཕྱོགས་ཁྱད་པར་དུ་འཕགས་པར་ཡང་གསུངས་སོ། ། ཕྱོགས་ཅན་རྣམས་ཀྱི་ལྷག་པའི་བསམ་པ་ནི། ས་རྣམས་ཀུན་ལ་བརྟན་པ་ ཡི། །ཕ་རོལ་སྡུག་པའི་འབྲས་བུ་དང༌། །འདི་ལ་དགེ་ལ་འཇུག་འདོད་ དང༌། །མྱ་ངན་འདས་པར་འདོད་པ་དང༌། །མ་དག་རྣམ་དག་རབ་དག་ པ། །སེམས་ཅན་རྣམས་ལ་བསམ་པར་འདོད། །མོས་སྤྱོད་ནས་བཅུ་པའི་བར་ གྱི་ས་རྣམས་ཀུན་ལ་བརྟན་པ་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ལྔ་སྟེ། སེམས་ ཅན་ཐམས་ཅད་ལ་ཕ་རོལ་ཏུ་སྡུག་ཅིང་ཡིད་དུ་འོང་བའི་འབྲས་བུ་འདོད་པ་ནི་བདེ་བའི་ ལྷག་པའི་བསམ་པ་དང༌། འབྲས་བུ་ཕུན་སུམ་ཚོགས་པའི་རྒྱུར་ཚེ་འདི་ཉིད་ལ་དགེ་བ་རྣམ་ དག་ལ་འཇུག་པར་འདོད་པ་ནི་ཕན་པའི་ལྷག་པའི་བསམ་པ་དང༌། མྱ་ངན་ལས་འདས་པ་ འདོད་པ་ནི་སྡུག་བསྔལ་མེད་པའི་བདེ་བ་དང་ཉོན་མོངས་པ་མེད་པའི་ཕན་པ་འདོད་པ་ཡིན་ པས་གཉིས་ཀའི་ལྷག་པའི་བསམ་པ་སྟེ་སྔ་མ་དག་གི་ནང་དུ་འདུས་པ་དང༌། དེ་དག་ཀྱང་ས་ མཚམས་ཀྱིས་ཕྱེ་ན་འཕགས་པའི་ས་ལ་མ་ཞུགས་པ་མོས་སྤྱོད་པ་རྣམས་ཀྱི་ལྷག་པའི་བསམ་ པ་ནི་མ་དག་པ་དང༌། ས་དང་པོ་ནས་བདུན་པའི་བར་ལ་གནས་པ་རྣམས་ཀྱི་ལྷག་པའི་བསམ་ པ་ནི་རྣམ་པར་དག་པ་དང༌། བརྒྱད་པ་ཡན་ཆད་ཕྱིར་མི་ལྡོག་པའི་ས་གསུམ་ལ་གནས་པ་ རྣམས་ཀྱི་ལྷག་པའི་བསམ་པ་ནི་རབ་ཏུ་དག་པ་སྟེ། ལྔ་པོ་དེ་རྣམས་ནི་བྱང་ཆུབ་སེམས་དཔའ་ རྣམས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་འདོད་པའི་ལྷག་པའི་བསམ་པ་ཡིན་པར་ 4-1-600 འདོད་དོ། །བྱང་ས་ལས་ནི། སེམས་ཅན་རྣམས་ལ་བློ་ལྡན་གྱི། །མཉེས་གཤིན་པ་ནི་རྣམ་ བདུན་དང༌། །དེ་དག་བསམ་པ་བཅོ་ལྔ་སྟེ། །བྱ་བ་བཅུ་ནི་བྱེད་པར་བསྟན། །ཞེས་པ་ལྟར་ འཇིགས་པ་མེད་པ་དང་རིགས་པ་དང་མི་སྐྱོ་བ་དང་གསོལ་བ་མ་བཏབ་པར་འཇུག་པ་དང༌། ཟང་ཟིང་མེད་པ་དང་རྒྱ་ཆེ་བ་དང་མཉམ་པའི་སྒོ་ནས་གཞན་དོན་གྱི་དགེ་བ་ལ་མཉེས་གཤིན་ ཏུ་འཇུག་པ་བདུན་དང༌། མཆོག་གི་བསམ་པ་དང་ཚུལ་ཁྲིམས་ཀྱི་བསམ་པ་དང་ཕ་རོལ་ཏུ་ ཕྱིན་པའི་བསམ་པ་དང་དེ་ཁོ་ནའི་དོན་གྱི་བསམ་པ་ལ་སོགས་པ་ལྷག་པའི་བསམ་པ་བཅོ་ལྔ་ དང༌། མཆོག་གི་བསམ་པས་དཀོན་མཆོག་མཆོད་པ་ལ་སྦྱོར་བ་ལ་སོགས་པ་བྱ་བ་བཅུ་བྱེད་ པས་ཀྱང་རྒྱས་པར་གསུངས་སོ། ། ལྷག་པའི་བསམ་པས་ཡོངས་སུ་འཛིན་ཚུལ་ནི། ས་རྣམས་ཀུན་ལ་བློ་ལྡན་པའི། ། སྨོན་ལམ་དང་ནི་སེམས་མཉམ་དང༌། །བདག་པོར་གྱུར་པ་ཉིད་དང་ནི། ། འཁོར་སྡུད་པ་ཡིས་ཡོངས་སུ་འཛིན། །མོས་སྤྱོད་ནས་བཅུ་པའི་བར་གྱི་ས་རྣམས་ ཀུན་ལ་བློ་ལྡན་བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་འཛིན་པའི་ཚུལ་རྣམ་པ་བཞི་སྟེ། སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་མྱ་ངན་ལས་ འདས་པ་ལ་དགོད་པར་བྱའོ་ཞེས་ཁས་ལེན་[པ་{ཅིང་}སྨོན་ལམ་གྱི་སྒོ་ནས་ཡོངས་སུ་འཛིན་ པ་དང་ནི། འཕགས་པའི་ས་ཐོབ་པ་ཡན་ཆད་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཚུལ་གྱིས་ བདག་དང་གཞན་སེམས་མཉམ་པ་ཉིད་ཐོབ་པ་ལས་ཡོངས་སུ་འཛིན་པ་དང༌། འཁོར་ལོས་ སྒྱུར་བ་ལ་སོགས་པ་སེམས་ཅན་མང་པོའི་བདག་པོའམ་ཇོ་བོར་གྱུར་པ་ན་མཐུ་དང་དབང་ གིས་དགེ་བ་ལ་སྦྱོར་བས་ཡོངས་སུ་འཛིན་པ་ཉིད་དང་ནི། བསླབ་བྱ་མཐའ་དག་ལ་མཁས་ པའི་སློབ་དཔོན་དུ་གྱུར་པ་ན་འཁོར་གྱི་ཚོགས་ཡོངས་སུ་སྡུད་པ་ཡིས་དགེ་བ་ལ་སྦྱར་ཏེ་ ཡོངས་སུ་འཛིན་ཞིང་ཕན་འདོགས་པ་རྣམས་སོ། །བྱང་ས་ལས་(འབྱུང་བའི་དོན་བསྡུས་པ་)ནི། བྱང་ 4-1-601 ཆུབ་ཏུ་སེམས་བསྐྱེད་མ་ཐག་སེམས་ཅན་ཐམས་ཅད་ལ་ཇི་ལྟར་ནུས་པའི་ཕན་པ་དང་བདེ་ བ་སྦྱོར་བ་ཅིག་ཅར་ཡོངས་སུ་འཛིན་པ་དང་ཕ་མས་བུ་དང་བྲན་གཡོག་སྐྱོང་བ་དང༌། རྒྱལ་ པོས་མངའ་འབང་སྐྱོང་བ་ལྟར་ཕན་འདོགས་པ་བདག་པོས་ཡོངས་སུ་འཛིན་པ་དང༌། ཚོགས་ ཡང་དག་པར་བསྡུས་ཏེ་ཟང་ཟིང་དང་[ཆོག་{ཕྱོགས་}འཛིན་དང་སེར་སྣ་མེད་པར་ཆོས་ཀྱིས་ ཕན་འདོགས་པ་འཛིན་པས་ཡོངས་སུ་འཛིན་པ་དང༌། སེམས་ཅན་ཡོངས་སུ་སྨིན་པ་ཆུང་བ་ ལ་གནས་པ་རྣམས་ཡུན་རིང་པོས་ཡོངས་སུ་འཛིན་པ་དང༌། ཡོངས་སུ་སྨིན་པ་འབྲིང་པོ་ལ་ གནས་པ་རྣམས་ཡུན་རིང་པོ་མ་ཡིན་པས་ཡོངས་སུ་འཛིན་པ་དང༌། ཡོངས་སུ་སྨིན་པ་ཆེན་པོ་ ལ་གནས་པ་རྣམས་ཡོངས་སུ་འཛིན་པ་ཐ་མའམ་མྱུར་བས་ཡོངས་སུ་འཛིན་པ་སྟེ་དྲུག་དང༌། དེ་དག་གི་བར་ཆད་བསལ་བ་ལ་སོགས་པ་རྒྱས་པར་གསུངས་སོ། ། ཡོངས་འཛིན་རྣམས་ཀྱི་སྐྱེ་བའི་ཁྱད་པར་ནི། བློ་ལྡན་རྣམས་ཀྱི་ལས་དང་ནི། ། གཞན་ཡང་སྨོན་ལམ་དག་དང་ནི། །ཏིང་ངེ་འཛིན་དང་དབང་འབྱོར་ པའི། །དབང་གིས་སྐྱེ་བར་འདོད་པ་ཡིན། །གདུལ་བྱ་ཡོངས་སུ་གཟུང་བའི་ཆེད་དུ་ བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་ལེན་པའི་ཚུལ་ནི་རྣམ་པ་བཞི་སྟེ། མོས་སྤྱོད་ཀྱི་ ས་ལ་གནས་པ་རྣམས་ལས་རྣམ་པར་དག་པའི་དབང་གིས་རང་ཉིད་གང་འདོད་པའི་གནས་ སུ་སྐྱེ་བ་དང་ནི་གཞན་ཡང་འཕགས་པའི་ས་ལ་ཞུགས་པ་རྣམས་ལས་ཀྱི་དབང་གིས་ངན་སོང་ དུ་སྐྱེ་བ་མེད་ཀྱང༌། སེམས་ཅན་ཡོངས་སུ་སྨིན་{པར་བྱ་}བའི་ཆེད་དུ་སྨོན་ལམ་གྱི་དབང་ གིས་དུད་འགྲོ་ལ་སོགས་པའི་གནས་དམན་པ་དག་ཏུ་ཡང་སྐྱེ་བ་དང་ནི་བསམ་གཏན་གྱི་ སེམས་ཐོབ་པ་རྣམས་ཀྱང་དེ་ལས་མ་ཉམས་བཞིན་དུ་སྙིང་རྗེའི་དབང་གིས། བསམ་གཏན་ གྱི་འབྲས་བུ་གཟུགས་ཁམས་ཡན་ཆད་དུ་སྐྱེ་བ་[བཟློག་{ལྡོག་}ནས་ཏིང་ངེ་འཛིན་གྱི་དབང་ གིས་འདོད་པའི་ཁམས་ཀྱི་གནས་ཇི་ལྟར་རིགས་པ་རྣམས་སུ་སྐྱེ་བ་དང༌། མཐར་ཕྱིན་པའི་ 4-1-602 ས་ལ་གནས་པ་རྣམས་ནི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་དབང་འབྱོར་པའི་དབང་གིས་སྤྲུལ་ པའི་སྐུ་དགའ་ལྡན་གྱི་གནས་ལ་སོགས་པར་སྐྱེ་བའི་ཚུལ་ཀུན་ཏུ་སྟོན་པ་རྣམས་སུ་འདོད་པ་ ཡིན་ནོ། །བྱང་ས་ལས་(བཏུས་པ་)ནི། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ ལ་ཕན་པ་དང་བདེ་བའི་ཆེད་དུ། མུ་གེའི་གནོད་པ་བྱུང་བའི་དུས་སུ་ཉའི་ལུས་ཆེན་པོར་སྐྱེས་ ཏེ་ཤས་ཚིམ་པར་བྱེད་པ་དང༌། ནད་ཀྱི་གནོད་པ་ཞི་བའི་ཆེད་དུ་རིག་སྔགས་འཆང་གྲུབ་པའི་ སྨན་པ་ཆེན་པོར་སྐྱེ་བ་དང༌། ཕ་རོལ་ཀྱི་དམག་ཚོགས་ཞི་བའི་ཆེད་དུ་སྟོབས་དང་ལྡན་པའི་ ཆོས་ཀྱི་རྒྱལ་པོར་སྐྱེ་བ་ལ་སོགས་པས་གནོད་པ་ཡང་དག་པར་ཞི་བར་བྱེད་པ་དང༌། དུད་ འགྲོ་རྣམ་པ་སྣ་ཚོགས་པ་དང༌། ལྷ་དང་ལྷ་མ་ཡིན་ལ་སོགས་པ་འགྲོ་བ་རིས་མཐུན་པ་མང་ པོའི་གཙོ་བོར་སྐྱེས་ནས་དེ་རྣམས་དགེ་བ་ལ་སྦྱར་བའི་དོན་དུ་ཆོས་སྟོན་པ་ནི་སྐལ་བ་མཉམ་ པར་མཐུན་པར་འཇུག་པ་དང༌། འཇིག་རྟེན་ཐམས་ཅད་ལས་ཡང་དག་པར་འདས་པའི་ཚེ་ དང་ཁ་དོག་དང་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པར་སྐྱེ་བ་ནི་ཆེན་པོར་སྐྱེ་བ་ དང༌། ས་དང་པོ་ནས་བཅུ་པའི་བར་ལ་འཛམ་བུ་གླིང་གི་དབང་ཕྱུག་ནས་བཟུང་སྟེ། དབང་ ཕྱུག་ཆེན་པོའི་བར་སྐྱེ་བའི་གནས་མཆོག་ཏུ་གྱུར་པ་ཐོབ་པ་ནི་བདག་པོར་སྐྱེ་བ་དང༌། ཚོགས་ ཡོངས་སུ་རྫོགས་ནས་རྒྱལ་པོའི་ཕོ་བྲང་ལ་སོགས་པར་སྐྱེས་ཏེ་མངོན་པར་རྫོགས་པར་འཚང་ རྒྱ་ཞིང་འཕྲིན་ལས་ཐམས་ཅད་མཛད་པ་ནི་ཐ་མའི་སྐྱེ་བ་སྟེ། ལྔ་པོ་འདི་དག་ལ་བརྟེན་ནས་ དོན་གཉིས་འགྲུབ་པར་ཡང་གསུངས་སོ། ། དེའི་གནས་པ་སའི་ངོ་བོ་ལ་སྤྱི་དོན་དང་གཞུང་དོན་གཉིས་ལས། དང་པོ་ལའང་བྱང་ས་ ལས་ནི། སྤྱི་སྡོམ་གྱི་སྐབས་སུའང༌། ལྷག་པའི་བསམ་དང་གནས་པ་དང༌། །སྐྱེ་དང་ཡོངས་སུ་ འཛིན་དང་ས། །ཞེས་གོ་རིམ་མི་འདྲ་བར་གསུངས་ཤིང༌། གནས་པའི་སྐབས་སུ། རིགས་དང་ དེ་བཞིན་མོས་པ་(སྤྱོད་པ་)དང༌། །(དང་པོ་)རབ་ཏུ་དགའ་དང་(གཉིས་པ་)ལྷག་ཁྲིམས་དང་(གསུམ་ 4-1-603 པ་)། །ལྷག་པའི་སེམས་དང་(བཞི་པ་ལྔ་པ་དྲུག་པ་གསུམ་)ཤེས་རབ་གསུམ། །མཚན་མ་མེད་པ་རྣམ་ པ་གཉིས་(ནི་བདུན་པ་)། །རྩོལ་བ་བཅས་དང་(བརྒྱད་པ་)ལྷུན་གྱིས་གྲུབ་(གཉིས་པོ་དགུ་པ་)། །སོ་སོ་ ཡང་དག་རིག་དང་(བཅུ་པ་)མཆོག །དེ་བཞིན་གཤེགས་པའི་གནས་པ་མཆོག །ཅེས་པ་དང་ བྱང་ཆུབ་སེམས་དཔའི་གནས་པ་ནི། མདོར་བསྡུས་ན་བཅུ་གཉིས་ཡོད་དེ། བྱང་ཆུབ་སེམས་ དཔའི་གནས་པ་དེ་རྣམས་ཀྱིས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་བསྡུས་པར་ རིག་པར་བྱའོ་ཞེས་པ་དང༌། བཅུ་གསུམ་པ་དེ་བཞིན་གཤེགས་པའི་གནས་པ་ནི་རབ་གནས་ ཀྱི་སྐབས་སུ་འཆད་པར་གསུངས་ལ། དེ་རྣམས་ཀྱི་དོན་བསྡུས་པ་ནི་ཐོག་མར་ཐེག་པ་ཆེན་ པོའི་རིགས་ལ་གནས་པའི་ཚུལ་དང༌། སེམས་བསྐྱེད་[ནས་ས་{པ}དང་པོ་མ་ཐོབ་ཀྱི་བར་དུ་ ཆོས་ཉིད་ལ་མོས་པར་སྤྱོད་པའི་ས་ལ་གནས་པ་དང༌། ས་དང་པོ་ནས་ཆོས་ཉིད་མངོན་སུམ་ དུ་མཐོང་སྟེ་རབ་ཏུ་དགའ་བ་ལ་གནས་པ་དང༌། ས་གཉིས་པར་ཉེས་ལྟུང་གི་དྲི་མ་མེད་པའི་ སྒོ་ནས་ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ་དང༌། ས་གསུམ་པར་བསམ་ གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་ཀྱིས་ལྷག་པའི་སེམས་ལ་གནས་ པ་དང༌། ས་བཞི་པར་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་སུམ་ཅུ་རྩ་བདུན་རྟོགས་པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་དང༌། ས་ ལྔ་པར་ཤེས་རབ་སྔ་མ་ལ་བརྟེན་ནས་བདེན་པ་བཞིའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་ པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་དང༌། ས་དྲུག་པར་སྔར་བདེན་པ་ཤེས་པ་ ལ་བརྟེན་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་རྒྱུ་ཀུན་འབྱུང་ལ་བརྟེན་ནས་འབྲས་བུ་ སྡུག་བསྔལ་འབྱུང་བ་དང༌། རྒྱུ་ལམ་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་འགག་པར་རྟོགས་ པ་དང་ལྡན་པའི་ལྷག་པའི་ཤེས་རབ་ལ་གནས་པ་དང༌། ས་བདུན་པར་སྔར་གྱི་ཤེས་རབ་ གསུམ་པོ་ལ་བརྟེན་ནས་མངོན་པར་འདུ་བྱེད་པ་དང་བཅས་ཤིང་རྩོལ་བ་དང་བཅས་པས་ 4-1-604 རྒྱུན་ཆགས་ཀྱི་ལམ་ལ་འཇུག་པའི་མཚན་མ་མེད་པ་ལ་གནས་པ་དང༌། ས་བརྒྱད་པར་སྔ་ མ་དེ་ཉིད་ཤས་ཆེར་བསྒོམས་པས་མངོན་པར་འདུ་བྱེད་པ་མེད་ཅིང་རང་གི་ངང་གིས་རྒྱུན་ ཆགས་སུ་བར་ཆད་མེད་པར་ལྷུན་གྱིས་གྲུབ་པའི་ལམ་ལ་འཇུག་པའི་མཚན་མ་མེད་པ་ལ་ གནས་པ་དང༌། ས་དགུ་པར་ཤེས་རབ་དང་ཏིང་ངེ་འཛིན་ཡོངས་སུ་དག་ཅིང་མི་གཡོ་བའི་བློ་ གྲོས་ཆེན་པོ་ལ་བརྟེན་ནས་ཆོས་ཕྱིན་ཅི་མ་ལོག་པ་སྟོན་པ་སོ་སོ་ཡང་དག་པར་རིག་པ་བཞི་ ལ་གནས་པ་དང༌། ས་བཅུ་པར་ལམ་གྱི་མཐར་ཐུག་སྟེ་དབང་བསྐུར་བ་ཆེན་པོའང་ཐོབ་ཅིང་ སྲིད་པ་ཐ་མ་པར་གྱུར་པས། དེའི་རྗེས་ཐོགས་སུ་བར་ཆད་མེད་པར་སངས་རྒྱས་ནས་འཕྲིན་ ལས་ཐམས་ཅད་མཛད་པ་ནི་བྱང་ཆུབ་སེམས་དཔའི་གནས་པ་མཆོག་ཡོངས་སུ་གྲུབ་པ་སྟེ། རྒྱས་པར་ནི་ཐམས་ཅད་རེ་རེ་ཞིང་རྣམ་པ་དང་མཚན་མ་དང་རྟགས་ཀྱི་སྒོ་ནས་ཀྱང་གཏན་ ལ་ཕབ་ཅིང་ཞིབ་པར་གསུངས་སོ། །སའི་སྐབས་སུ་ཡང་གནས་པ་བཅུ་བསུམ་པོ་ས་བདུན་ དུ་གསུངས་ཏེ། རིགས་ལ་གནས་པ་དང༌། མོས་པས་སྦྱོད་པ་ལ་གནས་པའི་ས་གཉིས་དང༌། རབ་ཏུ་དགའ་བ་ལ་གནས་པ་ནི་ལྷག་པའི་བསམ་པ་དག་པའི་ས་གཅིག་དང༌། ལྷག་པའི་ ཚུལ་ཁྲིམས་དང་སེམས་ལ་གནས་པ་གཉིས་དང༌། ལྷག་པའི་ཤེས་རབ་ལ་གནས་པ་གསུམ་ དང༌། མཚན་མ་མེད་པ་ལ་གནས་པ་རྩོལ་བ་དང་བཅས་པ་ནི་སྤྱོད་པ་སྒྲུབ་པའི་ས་གཅིག་ཏུ་ བསྡུས་པ་དང༌། མཚན་མ་མེད་པ་ལ་གནས་པ་ལྷུན་གྱིས་གྲུབ་པ་ནི་ངེས་པའི་ས་དང༌། སོ་སོ་ ཡང་དག་པར་རིག་པ་ལ་གནས་པ་ནི་སྤྱོད་པའི་ངེས་པའི་ས་དང༌། གནས་པ་མཆོག་དང་དེ་ བཞིན་གཤེགས་པའི་གནས་པ་ནི་མཐར་ཐུག་པར་འགྲོ་བའི་ས་སྟེ། བྱང་ཆུབ་སེམས་དཔའི་ ས་དྲུག་དང༌། དེ་བཞིན་གཤེགས་པ་དང་ཡང་ཐུན་མོང་བའི་ས་གཅིག་གོ །དེ་རྣམས་རྣམ་པར་ སྦྱོང་བའི་ཚུལ་དད་པ་དང་སྙིང་རྗེ་དང་བྱམས་པ་ལ་སོགས་པའི་ཆོས་བཅུ་མི་མཐུན་ཕྱོགས་ དང་གཉེན་པོའི་སྒོ་ནས་ཀྱང་བཤད་ཅིང༌། བསམ་པ་དང་སྦྱོར་བ་དང་གོ་རིམ་ངེས་ཚུལ་གྱིས་ 4-1-605 ཀྱང་གསུངས་སོ། ། འདིར་ནི་སྤྱི་དོན་རྣམ་པ་བདུན་ཏེ། མཚན་ཉིད་དབྱེ་བ་སྤངས་རྟོགས་དང༌། །ཡོངས་སྦྱོང་ འཕོ་ཚུལ་ཡོན་ཏན་ནོ། །མཚན་ཉིད་ནི། བྱང་ཆུབ་སེམས་དཔའ་སློབ་པའི་ཡེ་ཤེས་མཚུངས་ ལྡན་དང་བཅས་པ་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་དུ་གྱུར་པ་སྟེ། དབུ་མ་འཇུག་པའི་འགྲེལ་ པར། བྱང་ཆུབ་སེམས་དཔའི་སྙིང་རྗེ་ལ་སོགས་པས་ཡོངས་སུ་བཟུང་བའི་ཡེ་ཤེས་ཁོ་ན་ཆར་ བྱེ་བ་ལ་ནི་སའི་མིང་འཐོབ་སྟེ། ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ་ཞེས་པ་དང༌། དབུས་ མཐའི་ཊིཀྐར་ཡང༌། ཀུན་ཏུ་འགྲོ་བ་ལ་སོགས་པའི་དོན་ཁོང་དུ་ཆུད་པའི་གནས་སྐབས་ རྣམས་ནི་དེ་ལས་སྐྱེས་པའི་ཡོན་ཏན་གྱི་གཞིའི་ཚུལ་གྱིས་ས་རྣམས་སོ་ཞེས་གསུངས་པ་ལྟར་ རོ། །སོ་སོའི་མཚན་ཉིད་ནི་གཞུང་དུ་འཆད་དོ། ། དབྱེ་བའང་རྒྱས་པར་གཞུང་ལས་འབྱུང་ཞིང༌། ཕར་ཕྱིན་གྱིས་དབྱེ་བ་ནི་ས་རེ་རེ་ནའང་ ཕ་རོལ་ཏུ་ཕྱིན་པ་ཐམས་ཅན་ཚང་བར་ཡོད་མོད་ཀྱི། འོན་ཀྱང་ས་དང་པོ་ན་སྦྱིན་པ་གཙོ་ཆེ་བ་ ནས་བཅུ་པ་ན་ཡེ་ཤེས་གཙོ་ཆེ་བའི་བར་ཏེ་དབུས་མཐའ་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་ བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་ཏེ། ། འདི་དག་ཕ་རོལ་ཕྱིན་པ་བཅུ། །ཞེས་པ་དང༌། (རེ་རེ་ན་)ཁྱད་པར་ཅན་དང་(ཐམས་ཅད་ན་)ཁྱད་ མེད་ནི། །ས་བཅུ་རྣམས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། ། སྤངས་པ་ནི་ས་བཅུ་སོ་སོར་ཆོས་ཀྱི་དབྱིངས་རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་རྣམས་ ཀྱི་རང་རང་གི་མི་མཐུན་པའི་ཕྱོགས་མ་རིག་པས་བསྡུས་པའི་ཤེས་བྱའི་སྒྲིབ་པ་རྣམས་ཏེ། ཆོས་ཀྱི་དབྱིངས་ལས་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་པ་དང་ཀུན་ལས་བཏུས་པར་ཡང༌། བྱང་ཆུབ་སེམས་དཔའ་ནི་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་ས་བཅུ་རྣམས་ 4-1-606 སུ་སྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོའི་ལམ་སྒོམ་པ་ཡིན་གྱི་ཉོན་མོངས་པའི་ གཉེན་པོ་ནི་མ་ཡིན་ཏེ། ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །གཞན་ཡང་(ས་བཅུ་པའི་) མདོ་ལས། ས་ཐོབ་གྱུར་མ་ཐག་ཏུ་འཇིགས་པ་ལྔ་དང་བྲལ། །འཚོ་བ་ཆད་དང་འཆི་དང་མི་ བསྔགས་ངན་འགྲོ་དང༌། །འཁོར་གྱི་འཇིགས་བྲལ་དེ་ལ་བག་ཚའི་རྣམ་པ་མེད། །ཅིའི་ཕྱིར་ཞེ་ ན་དེ་ལ་བདག་གི་གནས་མེད་དོ། །ཞེས་གསུངས་པ་ལྟར་འཇིགས་པ་ལྔ་སྤངས་པ་དང༌། རྒྱུད་ བླ་མར། འཕགས་པས་འཆི་དང་ན་བ་དང༌། །རྒ་བའི་སྡུག་བསྔལ་རྩ་ནས་སྤངས། །ལས་དང་ ཉོན་མོངས་དབང་གིས་སྐྱེ། །དེས་ན་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པ་ལྟར་སྡུག་བསྔལ་ གྱི་ཆུ་བོ་བཞི་སྤངས་པ་ལ་སོགས་པའོ། །རྟོགས་པ་ནི་ཐམས་ཅད་ཀྱིས་ཀྱང་མཉམ་གཞག་ ཏུ་ཆོས་ཉིད་དོན་དམ་པ་ཇི་ལྟ་བའི་ཚུལ་སྤྲོས་པའི་མཐའ་དང་བྲལ་བ་ན་ནམ་མཁའ་ལྟ་བུར་ རྟོགས་ཤིང༌། རྗེས་ཐོབ་ཏུ་ཆོས་ཅན་ཀུན་རྫོབ་ཇི་སྙེད་པའི་ཚུལ་སྣང་ལ་རང་བཞིན་མེད་པ་ སྒྱུ་མ་ལྟ་བུར་རྟོགས་ཏེ། རྣམ་པར་མི་རྟོགས་པ་ལ་འཇུག་པའི་གཟུངས་ལས། རྣམ་པར་མི་ རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ༌། ། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་དང་སྒྱུ་མ་ལ་སོགས་པ་བརྒྱད་དང་ མཚུངས་པར་མཐོང་ངོ་ཞེས་གསུངས་པ་ལྟར་རོ། །སོ་སོས་ནི་ས་དང་པོར་ཆོས་ཀྱི་དབྱིངས་ རང་གཞན་ཐམས་ཅད་ཀྱི་བདག་ཉིད་དུ་ཀུན་ཏུ་འགྲོ་བའི་ཚུལ་དུ་རྟོགས་ཤིང་དེ་བཞིན་དུ་ས་ གཉིས་པར་རང་བཞིན་གྱིས་འོད་གསལ་བར་མཐོང་བས་མཆོག་གི་དོན་དང༌། གསུམ་པར་ བསྟན་པའི་ཆོས་ཐམས་ཅད་རྟོགས་པའི་རྒྱུ་མཐུན་པའི་དོན་དང༌། བཞི་པར་གང་ལ་ཡང་ བདག་གི་བར་ཡོངས་སུ་འཛིན་པ་མེད་པའི་དོན་དང༌། ལྔ་པར་རྣམ་པར་དག་པའི་དབྱིངས་ སུ་རང་གཞན་གྱི་རྒྱུད་རྣམས་ཐ་དད་པ་མེད་པའི་དོན་དང༌། དྲུག་པར་ཉོན་མོངས་རྣམས་ནི་ གློ་བུར་བ་ཡིན་གྱི་རང་བཞིན་མ་ཡིན་ལ། རང་བཞིན་གྱིས་རྣམ་པར་དག་པས་གསར་དུ་རྣམ་ 4-1-607 པར་དག་པ་མིན་པའི་དོན་དང༌། བདུན་པར་མདོ་ལ་སོགས་པའི་{ཆོས་ཀྱི་}མཚན་མ་ཐ་དད་ མེད་པའི་དོན་དང༌། བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཉོན་མོངས་པ་བྲི་བ་ དང་རྣམ་པར་བྱང་བ་འཕེལ་བ་མེད་པའི་དོན་དང༌། ཉོན་ཡིད་གནས་གྱུར་པས་རྣམ་པར་མི་ རྟོག་པ་ལ་དབང་བའི་དོན་དང༌། དབང་ཤེས་གནས་གྱུར་པས་ཞིང་དག་པ་ལ་དབང་བའི་ དོན་དང༌། དགུ་པར་ཡིད་ཤེས་གནས་གྱུར་པ་ལས་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ལ་ དབང་བའི་དོན་དང༌། བཅུ་པར་ཇི་ལྟར་བཞེད་པ་བཞིན་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་ པའི་འཕྲིན་ལས་ལ་དབང་བའི་གནས་ཀྱི་དོན་དུ་རྟོགས་ཏེ། དབུས་མཐའ་ལས། ཀུན་ཏུ་འགྲོ་ དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང༌། །ཡོངས་སུ་འཛིན་པ་མེད་དོན་དང༌། ། རྒྱུད་རྣམས་ཐ་དད་མེད་པ་དང༌། །ཉོན་མོངས་རྣམ་དག་མིན་དོན་དང༌། །ཐ་དད་མེད་པའི་ དོན་ཉིད་དང༌། །བྲི་མེད་འཕེལ་བ་མེད་དོན་དང༌། །(བརྒྱད་པ་ལ་)མི་རྟོག་དང་ཞིང་དང་(དགུ་བ་ལ་) ཡེ་ཤེས་(བཅུ་བ་ལ་)ལས་དག་པ། །དབང་ནི་རྣམ་པ་བཞི་ཡི་གནས། །ཞེས་གསུངས་པ་ལྟར་རོ། ། ཁ་ཅིག་(སྒྲོ་འདོགས་གཅོད་ཚུལ་ལ་ཁྱད་ཡོད་ཀྱང་)རྟོགས་བྱའི་དོན་ལ་ཁྱད་པར་མེད་པའི་ཕྱིར་ཆོས་ཀྱི་ དབྱིངས་རྟོགས་པ་ལ་ཁྱད་པར་མེད་དོ་ཞེས་ཀྱང་གསུང་མོད་ཀྱི། གློ་བུར་གྱི་དྲི་མ་རིམ་གྱིས་ སྤངས་པ་ལས་ཆོས་ཀྱི་དབྱིངས་རྟོགས་པའང་གོང་ནས་གོང་དུ་འཕེལ་བར་འགྱུར་ཏེ། ཆོས་ དབྱིངས་བསྟོད་པ་ལས། ཇི་ལྟར་ཚེས་པའི་ཟླ་བ་ནི། །སྐད་ཅིག་སྐད་ཅིག་རྒྱས་པར་མཐོང༌། ། དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཞེས་ གསུངས་པ་ལྟར་རོ། ། ཡོངས་སྦྱོང་ནི། རང་རང་གི་ཡོན་ཏན་ཁྱད་པར་ཅན་རིམ་གྱིས་འཕེལ་བར་བྱེད་པ་སྟེ་ མངོན་རྟོགས་རྒྱན་ལས། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་ཏེ། ། བསམ་དང་ཕན་པའི་དངོས་ཉིད་དང༌། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །ཅེས་པ་ 4-1-608 ལ་སོགས་པ་རྒྱ་ཆེར་གསུངས་པ་བཞིན་ནོ། ། འཕོ་ཚུལ་ནི་ཇི་སྲིད་དུ་རང་རང་གི་ཡོངས་སྦྱོང་མ་རྫོགས་ཀྱི་བར་དེ་སྲིད་དུ་ས་དེ་དང་ དེ་ཡིན་ཞིང་རྫོགས་ནས་གོང་མ་གོང་མར་འཕོ་བ་སྟེ་བརྒྱད་སྟོང་འགྲེལ་པར། ས་གང་གི་ ཡོངས་སུ་སྦྱོང་བར་འགྱུར་བའི་ཆོས་གང་ཡིན་པ་དེ་དག་མ་རྫོགས་ཀྱི་བར་དུ་ནི་ས་དེ་ཡིན་ལ། ཡོངས་སུ་རྫོགས་ནས་ནི་ས་གཞན་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་པ་ལྟར་རོ། །ཡོན་ ཏན་ལ་གཉིས་ལས་ཐུན་མོང་དུ་བསྟན་པ་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་རེ་རེ་ལའང༌། །ཏིང་ འཛིན་བརྒྱ་ཐོབ་དེ་ལ་འཇུག་པ་དང་(༡)། །སངས་རྒྱས་བརྒྱ་མཐོང་(༢)དེ་ཡི་བྱིན་བརླབས་(༣) རིག །འཇིག་རྟེན་ཁམས་བརྒྱ་གཡོ་(༤)ཞིང་ཞིང་བརྒྱར་(༥)འགྲོ། །དེ་བརྒྱ་སྣང་བྱེད་(༦)འགྲོ་ བརྒྱ་སྨིན་པར་བྱེད་(༧)། །བསྐལ་པ་བརྒྱར་གནས་(༨)སྔོན་དང་ཕྱི་མཐའ་(༩)འཇུག །ཆོས་སྒོ་ བརྒྱ་འབྱེད་(༡༠)ལུས་བརྒྱ་སྟོན་པ་(༡༡)དང༌། །ལུས་རེའང་རྒྱལ་སྲས་བརྒྱ་ཡིས་བསྐོར་བར་ (༡༢)སྟོན། །ཞེས་པའི་དོན་ས་བཅུ་པའི་མདོ་ལས་འབྱུང་བ་སྡོམ་དུ་བྱས་པ་ལྟར། ས་དང་པོར་ སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་ཏིང་ངེ་འཛིན་བརྒྱ་ཐོབ་ཅིང་དེ་ལ་སྙོམས་པར་འཇུག་པ་དང༌། སངས་རྒྱས་བརྒྱའི་ཞལ་མངོན་སུམ་དུ་[གཟིགས་{མཐོང་}པ་དང༌། དེ་དག་གིས་བྱིན་གྱིས་ བརླབས་པའང་ཤེས་པ་ལ་སོགས་པ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང༌། ས་གཉིས་པར་ ཏིང་ངེ་འཛིན་སྟོང་ལ་སྙོམས་པར་འཇུག་པ་ལ་སོགས་པ་ཡོན་ཏན་སྟོང་ཕྲག་བཅུ་གཉིས་དང༌། ས་གསུམ་པར་ཡོན་ཏན་འབུམ་ཕྲག་བཅུ་གཉིས་ལ་སོགས་པ་གོང་ནས་གོང་དུ་ཁྱད་པར་དུ་ འཕགས་པ་རྣམས་ཐོབ་ཅིང༌། གཞན་ཡང་རྣམ་པར་སྨིན་པ་རང་ལུགས་སུ་བཞག་ཀྱང༌། ས་ དང་པོ་ལ་གནས་པ་རྣམས་ཕལ་ཆེར་འཛམ་བུ་གླིང་གི་དབང་ཕྱུག་སེར་སྣའི་དྲི་མ་དང་བྲལ་ བར་སྐྱེས་ཏེ་སེམས་ཅན་རྣམས་ཀྱི་སེར་སྣ་སེལ་བར་(འགྱུར་ཟེར་རོ་)བྱེད་པ་དང༌། ས་གཉིས་པ་ ལ་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བར་སྐྱེས་ཏེ་སེམས་ཅན་རྣམས་འཆལ་པའི་ཚུལ་ 4-1-609 ཁྲིམས་མི་དགེ་བ་ལས་བཟློག་ནས་དགེ་བ་ལ་འགོད་པ་དང༌། ས་གསུམ་པ་ལ་བརྒྱ་བྱིན་ཏུ་ སྐྱེས་ཏེ་སེམས་ཅན་རྣམས་འདོད་པའི་འདོད་ཆགས་ལས་བཟློག་པ་ལ་མཁས་པ་ནས། བཞི་ པ་ལ་སོགས་ལ་འཐབ་བྲལ་ལ་སོགས་པ་བཞི་དང༌། བརྒྱད་པ་ལ་སྟོང་གི་བདག་པོ་དང༌། དགུ་བ་ལ་སྟོང་གསུམ་གྱི་བདག་པོ་དང༌། བཅུ་པ་ལ་འོག་མིན་གྱི་བདག་པོའི་བར་སྐྱེ་བ་ཁྱད་ པར་ཅན་ལེན་པའི་ཡོན་ཏན་དང༌། ས་དང་པོ་ལ་སྟོང་གསུམ་གཏེར་བྱེ་བ་བརྒྱ་སྟོང་ཁྲག་ཁྲིག་ གིས་གིས་གང་བར་མཐོང་བ་ནས། བཅུ་པ་ལ་སངས་རྒྱས་ཚངས་པ་བྱེ་བ་ཁྲག་ཁྲིག་དུ་མས་ བསྐོར་ནས་ཆོས་སྟོན་པ་མཐོང་བ་ལ་སོགས་པའི་རྨི་ལྟས་ཁྱད་པར་ཅན་རྣམས་ཀྱང་འགྲུབ་ པར་གསུངས་སོ། ། (གཉིས་པ་)ས་མཚམས་དང་སྦྱར་བ་ལའང་བཞི་ལས་དང་པོ་སེམས་བསྐྱེད་སྐྱེས་པའི་ ཡོན་ཏན་ནི། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་འཇིག་ལ་སོགས་པས་ འགྱུར་བ་མེད་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་ནས་དོན་དམ་བྱང་ཆུབ་ཀྱི་སེམས་སྐྱེས་ ཏེ། འཕགས་པའི་གོ་འཕང་ཐོབ་པས་རང་ཉིད་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་ལས་ གྲོལ་ཡང༌། གཞན་དོན་དུ་གང་ལ་གང་འདུལ་གྱི་སྐྱེ་བ་ལ་སོགས་པར་བསྟན་ནས་ཐབས་ལ་ མཁས་པ་དང་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་མཛད་པ་སྟེ། རྒྱུད་བླ་མ་ལས། རྒྱལ་སྲས་ འགྱུར་མེད་ཆོས་ཉིད་འདི། །རྟོགས་ནས་མ་རིག་མདོངས་རྣམས་ཀྱིས། །སྐྱེ་བ་ལ་སོགས་དག་ ཏུ་ནི། །མཐོང་བ་གང་ཡིན་དེ་རྨད་དོ། །འཕགས་པའི་སྤྱོད་ཡུལ་ཐོབ་པ་གང༌། །བྱིས་པའི་སྤྱོད་ ཡུལ་དུ་སྟོན་ཏེ། །དེ་ཉིད་ཕྱིར་ན་འགྲོ་བ་ཡི། །གཉེན་གྱི་ཐབས་དང་སྙིང་རྗེ་མཆོག །ཅེས་ གསུངས་པ་ལྟར་རོ། ། (གཉིས་པ་)སྤྱོད་པ་མཆོག་ལ་ཞུགས་པའི་ཡོན་ཏན་ནི། ས་གཉིས་པ་ནས་བདུན་པའི་བར་ ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་སྟོབས་ཀྱིས་འཇིག་རྟེན་པའི་སྐྱོན་ 4-1-610 ཐམས་ཅད་ལས་ཡང་དག་པར་འདས་ཀྱང༌། སྙིང་རྗེའི་དབང་གིས་གདུལ་བྱ་རྣམས་ཡོངས་ སུ་སྨིན་པར་བྱ་བའི་ཕྱིར་འཇིག་རྟེན་དུ་གནས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག་ ཏུ་གྱུར་པ་མཛད་པ་ནི། པདྨ་ཆུ་ནང་དུ་གནས་ཀྱང་ཆུའི་སྐྱོན་གྱིས་མ་གོས་པ་ལྟ་བུ་སྟེ། དེ་ནི་ འཇིག་རྟེན་ཐམས་ཅད་ལས། །འདས་ཀྱང་འཇིག་རྟེན་ལས་མ་གཡོས། །འཇིག་རྟེན་དོན་དུ་ འཇིག་རྟེན་ན། །འཇིག་རྟེན་དྲི་མས་མ་གོས་སྤྱོད། །ཇི་ལྟར་པདྨ་ཆུ་ནང་དུ། །སྐྱེས་པ་ཆུ་ཡིས་ གོས་པ་མེད། །དེ་བཞིན་འདི་ནི་འཇིག་རྟེན་དུ། །སྐྱེས་ཀྱང་འཇིག་རྟེན་ཆོས་མ་གོས། །ཞེས་ གསུངས་པ་ལྟར་རོ། ། (གསུམ་པ་)ཕྱིར་མི་ལྡོག་པ་ཐོབ་པའི་ཡོན་ཏན་ནི། ས་བརྒྱད་པ་ཡན་ཆད་ལ་གནས་པའི་ བྱང་ཆུབ་སེམས་དཔའ་རྣམས་གཞན་དོན་གྱི་བྱ་བ་སྒྲུབ་པ་ལ་འབད་རྩོལ་མེད་པར་ངང་ ཤུགས་ཀྱིས་འཇུག་ཅིང༌། དེ་དང་ལྷན་ཅིག་བསམ་གཏན་ཏིང་ངེ་འཛིན་ལ་ཡང་མི་གཡོ་བར་ མཉམ་པར་འཇོག་ནུས་པས། དབང་པོ་ཇི་ལྟར་རྟུལ་ཡང་རྫོགས་པའི་བྱང་ཆུབ་ལས་ཕྱིར་ མི་ལྡོག་པར་གྱུར་པ་སྟེ། བྱ་བ་སྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང༌། །ཞི་བའི་ བསམ་གཏན་སྙོམས་འཇུག་ལ། །རྟག་ཏུ་སྙོམས་པར་ཞུགས་པའང་ཡིན། །ཞེས་གསུངས་པ་ ལྟར་རོ། ། (བཞི་པ་)སྐྱེ་བ་ཐ་མར་གྱུར་པའི་ཡོན་ཏན་ནི་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་ དཔའ་རྣམས་སྔོན་གྱི་སྨོན་ལམ་རྣམ་པར་དག་པའི་དབང་དང༌། ཀུན་སློང་གི་རྣམ་རྟོག་ཐམས་ ཅད་དང་བྲལ་བའི་སྟོབས་ཀྱིས་འབད་པ་དང་རྩོལ་བ་མེད་པར་ཆོས་སྟོན་པ་དང་སྤྲུལ་པ་ འགྱེད་པ་དང༌། སྤྱོད་ལམ་སྣ་ཚོགས་ཀྱི་སྒོ་ནས་གང་ལ་གང་འདུལ་གྱི་འཕྲིན་ལས་ལྷུན་གྱིས་ གྲུབ་པར་མཛད་པ་སྟེ། སྔོན་གྱི་འཕེན་པའི་དབང་དང་ནི། །རྣམ་རྟོག་ཐམས་ཅད་བྲལ་བའི་ ཕྱིར། །དེ་ནི་ལུས་ཅན་སྨིན་པ་ཡི། །དོན་དུ་འབད་པ་བྱེད་མ་ཡིན། །བསྟན་དང་གཟུགས་སྐུ་ 4-1-611 དག་དང་ནི། །སྤྱོད་དང་སྤྱོད་ལམ་གྱིས་ཀྱང་རུང༌། །གང་ཞིག་ཇི་ལྟར་གང་གིས་འདུལ། །དེས་ དེ་དེ་ལྟར་ཉིད་དུ་ཤེས། །ཞེས་གསུངས་པ་ལྟར་རོ། །སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་ སེམས་དཔའ་དེའི་འཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ ལ་དུས་རྟག་ཏུ་རྒྱུན་མི་འཆད་པར་ཐོགས་པ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པ་དེ་ནི། སངས་རྒྱས་ཀྱི་འཕྲིན་ལས་དང་ཡང་ཚུལ་མཚུངས་པའི་སྒོ་ནས་གཞན་དོན་ཕུན་སུམ་ཚོགས་ པ་འགྲུབ་པ་ཉིད་དེ། དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱི། །འགྲོ་ལ་རྟག་ཏུ་ལྷུན་གྲུབ་པར། ། ཐོགས་མེད་བློ་ལྡན་དེ་ཡི་ནི། །སེམས་ཅན་དོན་ནི་ཡང་དག་འཇུག །ཅེས་གསུངས་པ་ལྟར་ རོ། ། གཞུང་དོན་ལ། སྡོམ་གྱིས་མདོར་བསྟན་དང༌། ངོ་བོ་རྒྱས་བཤད་གཉིས་ལས། སྡོམ་ ནི། མཚན་ཉིད་གང་ཟག་བསླབ་པ་དང༌། །ཕུང་པོ་གྲུབ་པ་རྟགས་དང་ ནི། །ངེས་པའི་ཚིག་དང་ཐོབ་པ་ཡིས། །གནས་པ་དང་ནི་ས་ཉིད་དོ། །ས་ རྣམས་ཀྱི་རང་བཞིན་ནམ་མཚན་ཉིད་བསྟན་པ་དང༌། ས་བཅུ་ལ་སློབ་པའི་གང་ཟག་གི་དབྱེ་ བ་དང༌། བསླབ་པ་གསུམ་ལ་སློབ་ཚུལ་འབྲས་བུ་དང་བཅས་པ་དང༌། ཟག་མེད་ཀྱི་ཕུང་པོ་ལྔ་ སྦྱོང་ཚུལ་དང༌། གྲུབ་པ་དང་མ་གྲུབ་པའི་ཁྱད་པར་དང༌། ས་ཐོབ་པའི་རྟགས་ཀྱི་དབྱེ་བ་ཕན་ ཡོན་དང་བཅས་པ་དང་ནི་སོ་སོ་དང་ཐུན་མོང་གི་ངེས་པའི་ཚིག་དང༌། ཐོབ་ཚུལ་གྱི་དབྱེ་བ་ དང་བཅས་པ་རྣམ་པ་བརྒྱད་པོ་ཡིས་གནས་པ་དང་ནི་ས་རྣམས་ཀྱི་རྣམ་གཞག་རིམ་གྱིས་སྟོན་ པ་ཉིད་དོ། ། ངོ་བོ་ལ་སྔར་བསྟན་པ་ལྟར་བརྒྱད་ལས། (དང་པོ་)ས་རྣམས་ཀྱི་མཚན་ཉིད་ནི། སྟོང་ པ་ཉིད་ཀྱི་མཆོག་རྟོགས་ནས། །ལས་རྣམས་ཆུད་མི་ཟ་བར་གནས། ། བསམ་གཏན་རབ་བདེས་གནས་ནས་ནི། །དེ་ཡི་འགོ་ཏུ་འདོད་པར་ 4-1-612 སྐྱེ། །དཔེར་ན་སའི་མཚན་ཉིད་སྲ་བ་དང་ཆུའི་མཚན་ཉིད་གཤེར་བའོ། །ཞེས་པ་ལྟར་ས་ དང་པོའི་མཚན་ཉིད་དམ་རང་བཞིན་ནི། སྟོང་པ་ཉིད་ཀྱི་མཆོག་གང་ཟག་དང་ཆོས་ཀྱི་བདག་ མེད་པ་གཉིས་མངོན་སུམ་དུ་གསར་དུ་རྟོགས་ནས་རབ་ཏུ་དགའ་བ་ཁྱད་པར་ཅན་ལ་གནས་ པ་དང༌། ས་གཉིས་པའི་མཚན་ཉིད་ནི་དགེ་བ་དང་མི་དགེ་བའི་ལས་རྣམས་དང༌། དེ་དག་གི་ འབྲས་བུ་འབྱུང་ཚུལ་ཆུད་མི་ཟ་བར་ཤེས་པས་བླང་དོར་ཚུལ་བཞིན་དུ་བྱེད་པའི་ཕྱིར་ཉེས་ པ་ཕྲ་མོས་ཀྱང་མ་གོས་པའི་ཚུལ་ཁྲིམས་རྣམ་དག་ལ་གནས་པ་དང༌། གསུམ་པའི་མཚན་ ཉིད་ནི་བསམ་གཏན་བཞིའི་དངོས་གཞི་ཐོབ་པས་དེ་དག་གིས་རབ་ཏུ་བདེ་བ་ཟག་པ་མེད་ ཅིང་ཕུལ་དུ་བྱུང་བ་ལ་གནས་ནས་ནི། དེ་དག་ལས་ཡོངས་སུ་མ་ཉམས་བཞིན་དུ་དེའི་འོག་ ཏུ་སེམས་ཅན་རྣམས་ཀྱི་མོས་པ་དང་མཐུན་པར་འདོད་པའི་ཁམས་ཀྱི་གནས་ཇི་ལྟར་འོས་ པར་སྐྱེ་བ་ལེན་པ་དང༌། དེ་ནས་བྱང་ཆུབ་ཕྱོགས་མཐུན་རྣམས། །འཁོར་བ་ དག་ཏུ་ཡོངས་སུ་བསྔོ། །སེམས་ཀུན་ཉོན་མོངས་མེད་པར་ནི། །སེམས་ ཅན་རྣམས་ཡོངས་སྨིན་པར་བྱེད། །ས་བཞི་པའི་མཚན་ཉིད་ནི་གསུམ་པའི་རྗེས་ དེ་ནས་ཤེས་རབ་ཀྱིས་འཁོར་བའི་གཉེན་པོ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ ཤེས་པས་མང་དུ་གནས་ཀྱང་སྙིང་རྗེ་ཆེན་པོས་དེ་དག་གི་དགེ་བ་རྣམས་འཁོར་བ་དག་ཏུ་ ཡོངས་སུ་བསྔོ་ཞིང་བསྒྱུར་བ་དང༌། ལྔ་པའི་མཚན་ཉིད་ནི་འཕགས་པའི་བདེན་པ་བཞི་ཤེས་ པས་མང་དུ་གནས་པས་རང་གི་སེམས་ལ་ཀུན་ནས་ཉོན་མོངས་པ་ཅུང་ཟད་ཀྱང་མེད་པར་ ནི། ཉོན་མོངས་པ་ཅན་གྱི་སེམས་ཅན་རྣམས་བསྟན་བཅོས་དང་བཟོ་གནས་ལ་སོགས་པའི་ ཐབས་སྣ་ཚོགས་ཀྱིས་ཡོངས་སུ་སྨིན་པར་བྱེད་པ་དང༌། ཆེད་དུ་བསམས་ཏེ་སྐྱེ་བ་ ན། །ཀུན་ནས་ཉོན་མོངས་རྗེས་སུ་སྲུང༌། །བགྲོད་པ་གཅིག་པའི་ལམ་ དང་འབྲེལ། །མཚན་མེད་གཅིག་ཏུ་ངེས་པའི་ལམ། །ས་དྲུག་པའི་མཚན་ཉིད་ 4-1-613 ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པའི་ཤེས་རབ་ཀྱིས་མང་དུ་གནས་པས་སེམས་ཅན་ ལ་ཕན་གདགས་པའི་ཕྱིར་ཆེད་དུ་བསམས་ཏེ་སྲིད་པར་སྐྱེ་བ་ན་ཀུན་ནས་ཉོན་མོངས་པ་རྗེས་ སུ་སྲུང་ཞིང་དེའི་སྐྱོན་གྱིས་གོས་པ་མེད་པར་བྱེད་པ་དང༌། བདུན་པའི་མཚན་ཉིད་ནི་རྫོགས་ པའི་བྱང་ཆུབ་ཏུ་བགྲོད་པ་གཅིག་པའི་ལམ་ས་བརྒྱད་པ་དང་འབྲེལ་ཞིང༌། དེ་ཉིད་ཁད་ཀྱིས་ ཐོབ་ལ་ཉེ་བས་འདྲེས་ཤིང་ཉེ་བར་འདྲེས་པའི་ཚུལ་གྱིས་མཚན་མ་མེད་པ་ལ་འཇོག་ནུས་ པས་མཚན་མ་མེད་པ་གཅིག་ཏུ་ངེས་པའི་ལམ་ལ་གནས་པ་དང༌། མཚན་མ་མེད་པར་ ལྷུན་གྱིས་གྲུབ། །ཞིང་ཡང་རྣམ་པར་སྦྱོང་བ་དང༌། །དེ་ཡི་འགོ་ཏུ་སེམས་ ཅན་རྣམས། །རྣམ་པར་སྨིན་པ་འགྲུབ་པར་འགྱུར། །ས་བརྒྱད་པའི་མཚན་ཉིད་ ནི་འབད་རྩོལ་གྱིས་མངོན་པར་འདུ་བྱ་བ་མེད་པའི་ཚུལ་གྱིས་མཚན་མ་མེད་པ་ལ་མཉམ་ པར་འཇོག་ནུས་པས་མཚན་མ་མེད་པ་ཡང་ལྷུན་གྱིས་གྲུབ་པ་དང༌། སངས་རྒྱས་ཀྱི་ཞིང་ཡང་ ཇི་ལྟར་འདོད་པ་བཞིན་དུ་རྣམ་པར་སྦྱོང་བ་ལ་གནས་པ་དང༌། དགུ་པའི་མཚན་ཉིད་ནི་བརྒྱད་ པ་དེའི་འོག་ཏུ་སོ་སོ་ཡང་དག་པར་རིག་པ་བཞིའི་ཡེ་ཤེས་ལ་དབང་ཐོབ་པ་ཉིད་ཀྱིས་གང་ ལ་གང་འདུལ་གྱི་ཆོས་སྟོན་པར་ནུས་པས་རྣམ་པ་ཐམས་ཅད་དུ་སེམས་ཅན་རྣམས་རྣམ་པར་ སྨིན་པ་འགྲུབ་པར་འགྱུར་བ་ལ་གནས་པ་དང༌། ཏིང་ངེ་འཛིན་དང་གཟུངས་རྣམས་ དང༌། །བྱང་ཆུབ་རྣམ་པར་དག་པ་ཉིད། །རྣམ་པར་བཞག་པ་འདི་དག་ གིས། །ས་ཡི་མཚན་ཉིད་ཤེས་པར་བྱ། །ས་བཅུ་པའི་མཚན་ཉིད་ནི་དྲི་མ་མེད་པ་ ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་དང༌། མི་ཟད་པའི་ཟ་མ་ཏོག་ཅེས་[བྱ་བ་{པ་}ལ་ སོགས་པའི་གཟུངས་ཀྱི་སྒོ་མཐའ་ཡས་པ་རྣམས་རྣམ་པར་དག་པ་ལ་གནས་པ་དང༌། བཅུ་ གཅིག་པ་སངས་རྒྱས་ཀྱི་སའི་མཚན་ཉིད་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་དང་ལྡན་ ཞིང་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་སྤངས་པས་བྱང་ཆུབ་ཆེན་པོ་རྣམ་པར་དག་པ་ 4-1-614 ཉིད་ལ་གནས་པ་སྟེ། དེ་ལྟར་ན་རྣམ་པར་བཞག་པ་འདི་དག་གིས་ནི་བྱང་ཆུབ་སེམས་དཔའི་ ས་བཅུ་དང་སངས་རྒྱས་ཀྱི་སའི་མཚན་ཉིད་བསྟན་པར་ཤེས་པར་བྱའོ། ། (གཉིས་པ་)གང་ཟག་གི་དབྱེ་བ་ནི། བྱང་ཆུབ་སེམས་དཔའ་ལྟ་བ་རྣམ་པར་ དག །ཚུལ་ཁྲིམས་ཤིན་ཏུ་རྣམ་དག་མཉམ་པར་བཞག །ཆོས་ལ་ང་ སྤངས་རྒྱུད་དང་ཀུན་ཉོན་མོངས། །རྣམ་པར་དག་པ་ཐ་དད་ང་རྒྱལ་ མེད། །ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བཅུའི་[ཉམས་{རྣམ་}བཞག་སྟོན་པ་ སྟེ། ས་དང་པོ་ལ་གནས་པ་ནི་བདག་གཉིས་སུ་ལྟ་བའི་གཉེན་པོ་བདག་མེད་མངོན་སུམ་དུ་ རྟོགས་པའི་ཡེ་ཤེས་ཐོབ་པའི་ཕྱིར་ལྟ་བ་རྣམ་པར་དག་པའི་གང་ཟག་ཅེས་བྱ་བ་དང་དེ་བཞིན་ དུ་སྦྱར་ཏེ། ས་གཉིས་པ་ལ་གནས་པ་ནི་ལྟུང་བའི་དྲི་མ་ཕྲ་མོས་ཀྱང་གོས་པ་མེད་པའི་ཕྱིར་ ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་དང༌། ས་གསུམ་པ་ལ་གནས་པ་ནི་ཚེ་རབས་ཐམས་ཅད་ དུ་ཉམས་པ་མེད་པའི་བསམ་གཏན་དང་ཏིང་ངེ་འཛིན་ཐོབ་པའི་ཕྱིར་མཉམ་པར་བཞག་པ་ དང༌། ས་བཞི་པ་ལ་གནས་པ་ནི་མདོ་སྡེ་ལ་སོགས་པའི་ཆོས་རྣམས་ལ་མཐར་ཐུག་ངེས་པའི་ དོན་ཐ་དད་དུ་འཛིན་པའི་ང་རྒྱལ་མེད་པའི་ཕྱིར་ཆོས་ལ་ང་རྒྱལ་སྤངས་པ་དང༌། ས་ལྔ་པ་ལ་ གནས་པ་ནི་(འགྲེལ་པ་གཉིས་སུ་ས་བཅུ་པའི་མདོ་དྲངས་པ་ལྟར་)འདས་པ་དང་མ་འོངས་པ་དང་ད་ལྟར་ བྱུང་བའི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་རྣམས་ལ་བསམ་པ་མཉམ་པ་ཉིད་གསུམ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་དང༌། སེམས་རྣམ་པར་དག་པ་དང༌། ལྟ་བ་ཐེ་ཚོམ་ཡིད་གཉིས་ འགྱོད་པ་སེལ་བ་རྣམ་པར་དག་པ་དང༌། ལམ་དང་ལམ་མ་ཡིན་པར་ཤེས་པ་རྣམ་པར་དག་ པ་དང་ལམ་ཤེས་པ་རྣམ་པར་དག་པ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ ཅད་གོང་ནས་གོང་དུ་སྒོམ་པ་རྣམ་པར་དག་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དེ། མཉམ་པ་ཉིད་བཅུ་པོ་དེ་དག་ལ་སངས་རྒྱས་ 4-1-615 བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་དེ་ཁོ་ན་གཞིན་དུ་བདག་ གི་སངས་རྒྱས་ཀྱི་ཆོས་རྣམས་ཀྱང༌། རིང་པོར་མི་ཐོགས་པར་རྣམ་པར་དག་པར་འགྱུར་རོ་ སྙམ་པ་དེ་ལྟ་བུའི་སེམས་དང་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུས་རྒྱུད་ཐམས་ ཅད་མཉམ་པ་ཉིད་དུ་འཇུག་པའི་ཕྱིར་རྒྱུད་ཐ་དད་པའི་ང་རྒྱལ་མེད་པ་དང༌། ས་དྲུག་པ་ལ་ གནས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་རྟོགས་པས་མང་དུ་གནས་པའི་ ཕྱིར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ལ་སོགས་པ་ནག་པོའི་ཕྱོགས་དང༌། མ་རིག་པ་ འགགས་པས་འདུ་བྱེད་འགག་ཅེས་པ་ལ་སོགས་པ་དཀར་པོའི་དེ་བཞིན་ཉིད་རང་བཞིན་ གྱིས་རྣམ་པར་དག་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པས། ཀུན་ནས་ཉོན་མོངས་པ་འཁོར་ བ་དང་རྣམ་པར་དག་པ་མྱ་ངན་ལས་འདས་པའི་ཆོས་ཉིད་ཐ་དད་དུ་འཛིན་པའི་ང་རྒྱལ་མེད་ པ་དང༌། སྐད་ཅིག་གཅིག་བློ་ཐོབ་པ་བཏང་སྙོམས་པ། །ཞིང་རྣམ་སྦྱོང་ བ་སེམས་ཅན་སྨིན་བྱེད་པར། །མཁས་པ་མཐུ་ཆེ་ལུས་ཡོངས་རྫོགས་ པ་དང༌། །ངེས་པར་སྟོན་ལ་མཁས་པ་དབང་བསྐུར་ཡིན། །ས་བདུན་པ་ལ་ གནས་པ་ནི་མཚན་མ་མེད་པར་གནས་པའི་མཐུས་སྐད་ཅིག་རེ་རེ་ལ་བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པའི་ཕྱིར་སྐད་ཅིག་གཅིག་དང་ལྡན་པའི་བློ་ཐོབ་པ་དང༌། ས་ བརྒྱད་པ་ལ་གནས་པ་ནི་མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་ལ་གནས་པའི་ཕྱིར་དང༌། ཕྱིར་ མི་ལྡོག་པའི་ས་ལ་ཞུགས་པ་རྣམས་དང་འདྲེས་ཤིང་ཉེ་བར་འདྲེས་པའི་ཕྱིར་འབད་རྩོལ་མེད་ པར་བཏང་སྙོམས་པ་དང༌། ཇི་ལྟར་འདོད་པའི་སངས་རྒྱས་ཀྱི་ཞིང་རྣམ་པར་སྦྱོང་བར་བྱེད་ པ་དང༌། ས་དགུ་པ་ལ་གནས་པ་ནི་སོ་སོ་ཡང་དག་པར་རིག་པ་བཞིའི་ཡེ་ཤེས་ལ་གནས་པས་ སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་མཁས་པ་དང༌། ས་བཅུ་པ་ལ་གནས་པ་ནི་མངོན་ པར་ཤེས་པ་ཆེན་པོ་ཐོབ་པའི་ཕྱིར་རྫུ་འཕྲུལ་གྱི་མཐུ་ཆེན་པོ་དང་ལྡན་པ་དང༌། ཏིང་ངེ་འཛིན་ 4-1-616 དང་གཟུངས་ཀྱི་སྒོ་ཚད་མེད་པ་ཐོབ་པའི་ཕྱིར་ལུས་ཡོངས་སུ་རྫོགས་པ་དང༌། དགའ་ལྡན་གྱི་ གནས་ན་གནས་པ་ལ་སོགས་པའི་སྤྲུལ་པ་སྟོན་པའི་ཕྱིར་ལུས་ངེས་པར་སྟོན་པ་ལ་མཁས་པ་ དང༌། སངས་རྒྱས་ཐམས་ཅད་ཀྱིས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་ པའི་ཕྱིར་དབང་བསྐུར་ཐོབ་པའི་གང་ཟག་ཅེས་བྱ་བ་རྣམས་ཡིན་ནོ། ། (གསུམ་པ་)བསླབ་གསུམ་ལ་སློབ་ཚུལ་ལ་གཉིས་ལས། དང་པོ་སློབ་ཚུལ་དངོས་ ནི། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ལྷག་པའི་ཚུལ་ཁྲིམས་ལྷག་ སེམས་དང༌། །ལྷག་པའི་ཤེས་རབ་ལ་རྗེས་སློབ། །ས་དང་པོ་ལ་བདེན་པ་བཞིའི་ ཆོས་ཉིད་མངོན་སུམ་དུ་རབ་ཏུ་རྟོགས་ཏེ་ཟག་པ་མེད་པའི་སྡོམ་པ་ཐོབ་པར་བྱས་ནས་འདིར་ ས་གཉིས་པ་ལ་རྨི་ལམ་ན་ཡང་ལྟུང་བས་མི་གོས་པས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ ལ་སློབ་ཅིང༌། ས་གསུམ་པ་ལ་ནམ་ཡང་མི་ཉམས་པའི་བསམ་གཏན་ཐོབ་པའི་ལྷག་པའི་ སེམས་ཀྱི་བསླབ་པ་ལ་སློབ་པ་དང༌། དེ་ནས་ས་གསུམ་ལ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ ལ་རྗེས་སུ་སློབ་སྟེ། དེ་ཡང་ས་བཞི་པ་ལ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པས་བསྡུས་པའི་ ཤེས་རབ་ལ་སློབ་པའོ། །ཤེས་རབ་སྤྱོད་ཡུལ་གཉིས་ཡིན་ཏེ། །ཆོས་ཀྱི་དེ་ཉིད་ དང་དེ་ནི། །མི་ཤེས་ཤེས་སོགས་འཇུག་པ་ཉིད། །ཤེས་རབ་སྤྱོད་ཡུལ་དེ་ ལྟ་བས། །དེ་ས་གཉིས་ལ་རྣམ་པར་གནས། །ས་ལྔ་པ་དང་དྲུག་པ་གཉིས་ལ་ཤེས་ རབ་ཀྱི་སྤྱོད་ཡུལ་གཉིས་ཡིན་ཏེ། དེ་ཡང་ས་ལྔ་པ་ལ་ནི་འཕགས་པའི་བདེན་པ་བཞིའི་ཆོས་ ཀྱི་དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་ལ་སློབ་པ་དང༌། ས་དྲུག་པ་ལ་གནས་པ་དེ་ནི་མི་ཤེས་པ་ སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ་དང་ ཤེས་པ་སྟེ། མ་རིག་པ་འགག་པས་འདུ་བྱེད་འགག་པ་ལ་སོགས་པའི་འཇུག་པ་རྣམ་པར་ བྱང་བའི་རྟེན་འབྲེལ་ལུགས་དང་མཐུན་པ་དང་ལུགས་ལས་ལྡོག་པ་ཉིད་ཤེས་པའི་ཤེས་རབ་ 4-1-617 ལ་སློབ་པ་སྟེ། ཤེས་རབ་དེ་དག་སྤྱོད་ཡུལ་གཉིས་ལ་འཇུག་པ་དེ་ལྟ་བས་ན་བདེན་པ་ཤེས་ པ་དང་རྟེན་འབྲེལ་ཤེས་པ་དེ་གཉིས་རིམ་པ་ལྟར་ས་ལྔ་པ་དང་དྲུག་པ་གཉིས་ལ་རྣམ་པར་ གནས་སོ། ། (གཉིས་པ་)བསླབ་པའི་འབྲས་བུ་ནི། བསླབ་པ་རྣམས་དང་བསྒོམས་པ་ཡི། ། འབྲས་བུ་གཞན་ནི་རྣམ་པ་བཞི། །མཚན་མེད་མངོན་པར་འདུ་བྱེད་ པར། །གནས་པ་འབྲས་བུ་དང་པོ་ཡིན། །བསླབ་པ་རིན་པོ་ཆེ་གསུམ་པོ་རྣམས་ ལ་ཚུལ་བཞིན་དུ་བསླབས་པ་དང༌། ཕྱིན་ཅི་མ་ལོག་པར་བསྒོམས་པའི་འབྲས་བུ་ངོ་བོ་ལ་ གཞན་ནི་རྣམས་པ་བཞི་འགྲུབ་པ་སྟེ། ས་བདུན་པར་མཚན་མ་མེད་པ་ལ་མངོན་པར་འདུ་ བྱེད་པ་དང་བཅས་པར་གནས་པ་དེ་ནི་འབྲས་བུ་དང་པོ་ཡིན་ནོ། །དེ་ཉིད་མངོན་འདུ་ བྱེད་མེད་དང༌། །ཞིང་ཡང་རྣམ་པར་དག་པ་དག །འབྲས་བུ་གཉིས་པར་ འདོད་པ་ཡིན། །ས་བརྒྱད་པ་ལ་མཚན་མ་མེད་པར་གནས་པ་དེ་ཉིད་མངོན་པར་འདུ་ བྱེད་པ་མེད་པ་དང༌། སངས་རྒྱས་ཀྱི་ཞིང་ཡང་རྣམ་པར་དག་པ་འགྲུབ་པ་དེ་དག་འབྲས་བུ་ གཉིས་པར་འདོད་པ་ཡིན་ནོ། །སེམས་ཅན་སྨིན་པ་འགྲུབ་ཉིད་དང༌། །ཏིང་ངེ་ འཛིན་དང་གཟུངས་རྣམས་ནི། །གྲུབ་པ་འབྲས་བུ་དམ་པ་ཡིན། །འབྲས་ བུ་རྣམ་པ་འདི་བཞི་ནི། །ས་བཞི་པོ་ལ་ཡང་དག་བརྟེན། །ས་དགུ་པ་ལ་སྔར་ བཤད་པ་བཞིན་སེམས་ཅན་མང་པོ་ཡོངས་སུ་སྨིན་པ་འགྲུབ་པ་ཉིད་ནི་འབྲས་བུ་གསུམ་པ་ དང༌། ས་བཅུ་པ་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་མཐའ་ཡས་པ་རྣམས་ནི་གྲུབ་པ་འབྲས་ བུ་དམ་པ་བཞི་པ་ཡིན་ནོ། །དེ་ལྟར་ན་མཚན་མ་མེད་པ་ལ་སོགས་པ་འབྲས་བུ་རྣམ་པ་འདི་ བཞི་ནི་ས་བདུན་པ་ལ་སོགས་པ་བཞི་པོ་ལ་ཡང་དག་པར་བརྟེན་པའོ། ། (བཞི་པ་)ཕུང་པོ་ལྔ་སྦྱོང་ཚུལ་ནི། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ཚུལ་ 4-1-618 ཁྲིམས་ཀྱི་ནི་ཕུང་པོ་སྦྱོང༌། །དེ་ཡི་འགོ་ཏུ་ཏིང་འཛིན་དང༌། །ཤེས་རབ་ ཕུང་པོ་རྣམ་པར་སྦྱོང༌། །སྔར་བསྟན་པ་ལྟར་ས་དང་པོར་ཆོས་ཉིད་མངོན་སུམ་དུ་རབ་ ཏུ་རྟོགས་པར་བྱས་ནས་འདིར། ས་གཉིས་པ་ལ་ཚུལ་ཁྲིམས་ཀྱི་ནི་ཕུང་པོ་རྣམ་པར་སྦྱོང་ཞིང་ དེའི་འོག་ཏུ་ས་གསུམ་པ་ལ་ཏིང་ངེ་འཛིན་གྱི་ཕུང་པོ་སྦྱོང་བ་དང༌། ས་བཞི་པ་ལ་བྱང་ཆུབ་ ཕྱོགས་མཐུན་ཤེས་པའི་ཤེས་རབ་དང་ལྔ་པ་ལ་བདེན་པ་ཤེས་པའི་ཤེས་རབ་དང༌། དྲུག་པ་ ལ་རྟེན་འབྲེལ་ཤེས་པའི་ཤེས་རབ་ཀྱི་ཕུང་པོ་རྣམ་པར་སྦྱོང་ངོ༌། །དེ་ལས་གཞན་པ་ དག་ལ་ནི། །སྒྲིབ་པ་བཞི་དང་ཐོགས་པ་ཡི། །སྒྲིབ་པ་ལས་ཀྱང་རྣམ་ གྲོལ་དང༌། །གྲོལ་བའི་ཡེ་ཤེས་རྣམ་པར་སྦྱོང༌། །ས་སྔ་མ་དྲུག་པོ་དེ་ལས་གཞན་ ས་བདུན་པ་ནས་སངས་རྒྱས་ཀྱི་སའི་བར་དག་ལ་ནི་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་ བའི་ཡེ་ཤེས་གཟིགས་པའི་ཕུང་པོ་རྣམ་པར་སྦྱོང་ངོ༌། །དེ་ཡང་ས་བདུན་པ་ལ་རྩོལ་བཅས་ མཚན་མེད་ཀྱི་འབྲས་བུ་ལ་སྒྲིབ་པ་དང༌། བརྒྱད་པ་ལ་རྩོལ་མེད་མཚན་མེད་ཀྱི་འབྲས་བུ་ལ་ སྒྲིབ་པ་དང༌། དགུ་པ་ལ་སེམས་ཅན་སྨིན་པའི་འབྲས་བུ་ལ་སྒྲིབ་པ་དང༌། བཅུ་པ་ལ་ལུས་ ཡོངས་སུ་རྫོགས་པའི་འབྲས་བུ་ལ་སྒྲིབ་པ་སྟེ་སྒྲིབ་པ་རྣམ་པ་བཞི་ལས་གྲོལ་བ་དང༌། སངས་ རྒྱས་ཀྱི་ས་ལ་ནི་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་བརྙེས་པས་ཐོགས་པའི་ སྒྲིབ་པ་ལས་ཀྱང་རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ རྣམ་པར་སྦྱོང་སྟེ་མངོན་དུ་མཛད་པའོ། ། (ལྔ་པ་)གྲུབ་ཚུལ་གྱིས་བསྟན་པ་ལ་གསུམ་ལས། (དང་པོ་)དོན་དངོས་བསྟན་པ་ནི། ས་ རྣམས་ཐམས་ཅད་མ་གྲུབ་དང༌། །གྲུབ་པ་དག་ཏུ་ཤེས་པར་བྱ། །གྲུབ་པ་ དག་ཀྱང་མ་གྲུབ་དང༌། །གྲུབ་པ་དག་ཏུ་ཡང་འདོད་དོ། །སྤྱི་རིགས་ནས་ས་ རྣམས་ཐམས་ཅད་ལ་ཕྱེ་ན་མོས་སྤྱོད་ཀྱི་ས་མན་ཆད་ཆོས་ཉིད་མངོན་སུམ་དུ་མ་རྟོགས་པས་ 4-1-619 མ་གྲུབ་པའི་ས་དང༌། ས་དང་པོ་ཡན་ཆད་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་རྟོགས་པས་ གྲུབ་པའི་ས་དག་ཏུ་ཤེས་པར་བྱ་ཞིང༌། ཁྱད་པར་གྲུབ་པའི་ས་བཅུ་པོ་དག་ཀྱང་ས་བདུན་པ་ མན་ཆད་ནི་འབད་རྩོལ་གྱིས་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པས་མ་གྲུབ་ པའི་ས་དང༌། བརྒྱད་པ་ཡན་ཆད་མངོན་པར་འདུ་བྱ་བ་མེད་པར་ལྷུན་གྱིས་གྲུབ་པར་འཇུག་ པས་གྲུབ་པའི་ས་དག་ཏུ་ཡང་འདོད་དོ། ། (གཉིས་པ་)གྲུབ་པར་འཇོག་ཚུལ་ནི། གྲུབ་པ་ཇི་ལྟར་རྣམ་བཞག་བཞིན། ། ཡིད་ལ་བྱེད་པས་དེ་རྟོགས་པར། །ཤེས་པའི་ཕྱིར་དང་དེ་ཉིད་ལ། །རྣམ་ མི་རྟོག་ཕྱིར་རྣམ་ཤེས་བྱ། །ས་རབ་ཏུ་དགའ་བ་ལ་སོགས་པ་གྲུབ་པར་བཤད་པའི་རྒྱུ་ མཚན་ཡང༌། ས་རྣམས་ཀྱི་ཡོན་ཏན་དང་སྒོམ་ཚུལ་ལ་སོགས་པ་གསུང་རབ་ལས་ཇི་ལྟར་རྣམ་ པར་བཞག་པ་བཞིན་དུ་ཚུལ་བཞིན་ཡིད་ལ་བྱེད་པས་རྣམ་པར་བཞག་པ་དེ་རྣམས་ཐོག་མར་ ཕྱི་རོལ་གྱི་དོན་དུ་བདེན་པ་མེད་པར་རྣམ་པར་རྟོག་པ་སེམས་ཙམ་དུ་ཤེས་པའི་ཕྱིར་དང༌། དེ་ ནས་སེམས་ཙམ་དེ་ཉིད་ལ་ཡང་རྣམ་པར་མི་རྟོག་ཅིང་གཟུང་འཛིན་ལས་གྲོལ་བའི་ཡེ་ཤེས་ ཐོབ་པའི་ཕྱིར་གྲུབ་པ་ཡིན་པར་རྣམ་པར་ཤེས་པར་བྱའོ། ། (གསུམ་པ་)བསམ་མི་ཁྱབ་ཚུལ་ནི། སོ་སོ་རང་རིག་བྱ་ཕྱིར་དང༌། །སངས་རྒྱས་ རྣམས་ཀྱི་ཡུལ་ཡིན་ཕྱིར། །ས་རྣམས་ཀུན་ལ་བསྒོམ་པ་དང༌། །གྲུབ་ པ་ཡང་ནི་བསམ་མི་ཁྱབ། །ས་རྣམས་ཀྱི་ཇི་ལྟ་བའི་དོན་ནི་གནས་སྐབས་བྱང་ཆུབ་ སེམས་དཔའ་ས་གང་དང་གང་ཐོབ་པ་དེ་དང་དེའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་ རྟོགས་པར་བྱ་བ་ཡིན་པའི་ཕྱིར་དང༌། མཐར་ཐུག་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་ན། དང་པོ་ནས་བཅུ་པའི་བར་ཀྱི་ས་རྣམས་ཀུན་ལ་བསྒོམ་པ་དང་ གྲུབ་པའི་ཚུལ་གཉི་ག་ཡང་ནི་དེ་དག་ལས་གཞན་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་ཉིད་ 4-1-620 དོ། ། (དྲུག་པ་)རྟགས་རྣམ་པར་དབྱེ་བ་ལ་གསུམ་ལས། (དང་པོ་)ས་ལ་ཞུགས་པའི་རྟགས་ ཀྱི་ཁྱད་པར་ནི། སྣང་དང་བཅས་དང་མོས་པ་དང༌། །མ་ཞུམ་པ་དང་མི་ དམན་ཉིད། །གཞན་དྲིང་མི་འཇོག་བདག་ཉིད་དང༌། །ཐམས་ཅད་རབ་ ཏུ་རྟོགས་པ་དང༌། །ས་གང་ལ་ཞུགས་པ་དེའི་བླང་དོར་དང་ཡོན་ཏན་རྣམས་གསལ་ བར་ཤེས་ཤིང་སྣང་བ་དང་བཅས་པ་དང༌། གང་ལ་མ་ཞུགས་པ་དེ་ལ་ཐོབ་པར་འདོད་པའི་ མོས་པ་དང་དད་པ་སྐྱེ་བ་དག་ནི་རྟགས་གཅིག་དང༌། ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ དམ་པ་རྣམས་ལ་མི་སྐྲག་ཅིང་མ་ཞུམ་པ་དང༌། གཞན་དོན་དུ་ལུས་གཏོང་བ་ལ་སོགས་པའི་ དཀའ་སྤྱད་རྒྱ་ཆེན་པོ་ལ་མི་དམན་པ་ཉིད་དང༌། རང་གིས་གང་ཐོབ་པའི་ས་དེ་ལ་སུ་ལའང་ ལྟོས་པ་མེད་པས་གཞན་གྱི་དྲིང་ལ་མི་འཇོག་པའི་བདག་ཉིད་དང༌། ས་གང་ཐོབ་པར་བྱ་བ་ དེ་མངོན་པར་སྒྲུབ་པར་བྱེད་པའི་ཐབས་ལ་ས་ཐམས་ཅད་རབ་ཏུ་རྟོགས་པ་དང༌། ཀུན་ལ་ སེམས་ནི་མཉམ་པ་དང༌། །བཀྲི་དང་རྗེས་སུ་ཆགས་མེད་དང༌། །ཐབས་ ཤེས་འཁོར་དུ་སྐྱེ་བ་ནི། །ཀུན་ལ་རྟགས་སུ་འདོད་པ་ཡིན། །ཆོས་ཀྱི་དབྱིངས་ ཀུན་ཏུ་འགྲོ་བ་རྟོགས་པས་བདག་དང་སེམས་ཅན་ཀུན་ལ་སེམས་ནི་མཉམ་པ་ཉིད་ཐོབ་པ་ དང༌། ལམ་གཞན་ལ་ཞུགས་ན་བདེ་བ་དང་ཐེག་ཆེན་ལ་ཞུགས་ན་སྡུག་བསྔལ་བའོ་ཞེས་ པ་ལ་སོགས་པའི་སྙན་པ་དང་མི་སྙན་པ་བརྗོད་པས་ལམ་གཞན་དུ་བཀྲི་བར་མི་ནུས་པ་ དང༌། ཟག་པ་མེད་པའི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པས་ཚངས་པ་དང་བརྒྱ་བྱིན་ དང་འཁོར་ལོས་སྒྱུར་བ་ལ་སོགས་པའི་འབྱོར་པ་ལ་རྗེས་སུ་ཆགས་པ་མེད་པ་དང༌། འཁོར་ གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པས་སངས་རྒྱས་ཉིད་འགྲུབ་པའི་ཐབས་ ཤེས་ཤིང་མཁས་པ་དང༌། དུས་རྟག་ཏུ་སངས་རྒྱས་བཞུགས་པའི་འཁོར་གྱི་དཀྱིལ་འཁོར་དུ་ 4-1-621 སྐྱེ་བ་སྟེ་བཅུ་པོ་འདི་རྣམས་ནི་བྱང་ཆུབ་སེམས་དཔའ་ས་རྣམས་ཀུན་ལ་ཞུགས་པའི་ཐུན་མོང་ གི་རྟགས་སུ་འདོད་པ་ཡིན་ཞིང༌། སྔར་བཤད་པའི་རྟགས་ལྔ་ལས་གཞན་[མིན་{ཡིན་}ནོ། ། (གཉིས་པ་)ཕར་ཕྱིན་ཐོབ་པའི་རྟགས་ཀྱི་དབྱེ་བ་ནི། མདུན་པ་མེད་པ་མ་ཡིན་ ཆགས་དང་འཁུ་བའི་སྙིང་མེད་ཁྲོ་མིན་ལེ་ལོ་མེད། །བྱམས་དང་སྙིང་ རྗེ་མིན་པའི་བསམ་མེད་བློ་གྲོས་ངན་རྟོག་རྣམ་རྟོག་འཕྲོགས་པ་མེད། ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་སྒྲུབ་པ་ལ་མདུན་པ་མེད་པ་མ་ཡིན་ཞིང༌། མོས་པས་དོན་དུ་ གཉེར་བ་ནི་ཐུན་མོང་གི་རྟགས་གཅིག་དང༌། ས་དང་པོ་དྲུག་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་ མཐུན་ཕྱོགས་དང་བྲལ་བའི་རྟགས་དྲུག་ནི། ས་དང་པོར་སྦྱིན་པའི་མི་མཐུན་ཕྱོགས་ལུས་ དང་ལོངས་སྤྱོད་ཐམས་ཅད་ལ་ཆགས་པ་དང་བྲལ་བ་དང༌། ས་གཉིས་པར་ཚུལ་ཁྲིམས་ཀྱི་ མི་མཐུན་ཕྱོགས་སེམས་ཅན་ཐམས་ཅད་ལ་གནོད་པའམ་འཁུ་བའི་སྙིང་སྟེ་བསམ་པ་ངན་པ་ མེད་པ་དང༌། གསུམ་པར་བཟོད་པའི་མི་མཐུན་ཕྱོགས་ཁོང་ཁྲོ་ཞེ་སྡང་དང་ལྡན་པ་མིན་པ་ དང༌། བཞི་པར་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་དགེ་བ་ལ་མི་སྤྲོ་བའི་ལེ་ལོ་མེད་པ་དང༌། ལྔ་པར་བསམ་གཏན་ཐོབ་པའི་བྱམས་པ་དང་སྙིང་རྗེ་མིན་པའི་བསམ་པ་མེད་ཅིང་དེ་དག་ གི་མི་མཐུན་ཕྱོགས་གནོད་སེམས་དང་རྣམ་པར་འཚེ་བ་སྤངས་པ་དང༌། དྲུག་པར་ཤེས་རབ་ ཀྱི་མི་མཐུན་ཕྱོགས་བློ་གྲོས་ངན་པ་བདག་ལྟ་ངོ་བོ་ཉིད་དུ་རྟོགས་པ་དང་ཁྱད་པར་དུ་རྣམ་ པར་རྟོག་པས་འཕྲོགས་པ་མེད་པའོ། །ས་བདུན་པ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་ རྟགས་དྲུག་ནི། བློ་གྲོས་རྣམ་པར་གཡེངས་མིན་བདེ་བས་མི་འཕྲོགས་སྡུག་ བསྔལ་དག་གིས་གནོད་པ་མེད། །དགེ་བའི་བཤེས་ལ་ཉེ་བར་བརྟེན་ ཅིང་ཐོས་པ་ལྷུར་ལེན་སྟོན་པ་མཆོད་ལ་བརྩོན། །ཐབས་མཆོག་ཤེས་ པ་གང་ཞིག་བསོད་ནམས་ཡང་དག་བསྡུས་པ་ཤིན་ཏུ་རྒྱ་ཆེན་ཀུན། 4-1-622 གཞན་དང་ཐུན་མོང་བྱས་ནས་ཉིན་གཅིག་བཞིན་དུ་རྫོགས་པའི་བྱང་ ཆུབ་ཡོངས་སུ་བསྔོ། །ཐེག་པ་ཆེན་པོ་ལ་བློ་གྲོས་རབ་ཏུ་བརྟན་པས་ཐེག་པ་གཞན་ཡིད་ ལ་བྱེད་པས་སེམས་རྣམ་པར་གཡེངས་པ་མིན་པ་དང༌། འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་ ཀྱང་དེ་ལ་མ་ཆགས་པས་ཟག་བཅས་ཀྱི་བདེ་བས་སེམས་མི་འཕྲོགས་པ་ཉིད་དང༌། རང་ གི་ལུས་ལོངས་སྤྱོད་རྒུད་པ་དང་གཞན་དོན་སྒྲུབ་པའི་དཀའ་སྤྱད་ཀྱི་སྡུག་བསྔལ་དག་གིས་ གནོད་པ་མེད་ཅིང་སྦྱོར་བ་ལས་མི་ལྡོག་པ་ཉིད་དང༌། མཆོག་ཏུ་གྱུར་པའི་དགེ་བའི་བཤེས་ གཉེན་ལ་ཉེ་བར་བརྟེན་ཅིང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐོས་པ་ལྷུར་ལེན་པ་ཉིད་དང༌། སྟོན་ པ་རྫོགས་པའི་སངས་རྒྱས་མཉེས་པར་བྱ་བའི་ཆེད་དུ་མཆོད་པའི་ཁྱད་པར་རྣམས་ལ་བརྩོན་ པས་འཇུག་པ་ཉིད་དང༌། ཐབས་ལ་མཁས་པའི་མཆོག་ཤེས་པ་གང་ཞིག་བསྔོ་རྒྱུའི་བསོད་ ནམས་དུས་གསུམ་གྱིས་ཡང་དག་པར་བསྡུས་པ་ཤིན་ཏུ་རྒྱ་ཆེན་པོ་ཀུན་ཆེད་དུ་བྱ་བ་སེམས་ ཅན་གཞན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། དུས་ཉིན་གཅིག་བཞིན་དུ་རྒྱུན་མི་འཆད་ པར་འབྲས་བུ་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་དོན་དུ་ཡོངས་སུ་བསྔོ་བ་རྣམས་སོ། ། དག་པ་ས་གསུམ་དུ་ཕར་ཕྱིན་ཕྱི་མ་གསུམ་ཐོབ་པའི་རྟགས་ནི། བཟང་པོའི་གནས་ སུ་སྐྱེས་པ་རྟག་ཏུ་དགེ་བྱེད་མངོན་ཤེས་ཡོན་ཏན་རྣམས་ཀྱིས་བརྩེན། ། སངས་རྒྱས་སྲས་དེ་ཀུན་གྱི་བླ་ན་འདུག་པ་ཡོན་ཏན་གཏེར་དུ་ཤེས་ པར་བྱ། །ས་བརྒྱད་པར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་བཟང་པོའི་གནས་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པའི་ཞིང་ཁམས་རྣམས་སུ་སྐྱེ་བ་ དང༌། ས་དགུ་པར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་དེའི་མི་མཐུན་ཕྱོགས་མི་དགེ་བའི་ ཆོས་རྣམས་དང་མ་འདྲེས་པའི་ཕྱིར་དུ་རྟག་ཏུ་དགེ་བ་འབའ་ཞིག་བྱེད་པ་དང༌། ས་བཅུ་པར་ ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཕུན་སུམ་ 4-1-623 ཚོགས་པ་རྣམས་ཀྱིས་བརྩེན་པ་སྟེ། རྟགས་བཅུ་དྲུག་པོ་དེ་རྣམས་དང་ལྡན་པའི་སངས་རྒྱས་ ཀྱི་སྲས་བྱང་ཆུབ་སེམས་དཔའ་དེ་རྣམས་ནི་ལུས་ཅན་ཀུན་གྱི་བླ་ན་འདུག་པ་ཡོན་ཏན་ཟད་མི་ ཤེས་པའི་གཏེར་དུ་ཤེས་པར་བྱའོ། ། (གསུམ་པ་)དེའི་ཕན་ཡོན་བསྡུས་ཏེ་བསྟན་པ་ནི། ས་རྣམས་ཀུན་ལ་རྣམ་ཀུན་ཏུ༌། ། བློ་ལྡན་རྣམས་ཀྱི་ཕན་ཡོན་ནི། །ཞི་གནས་ལྷག་མཐོང་གཉིས་ཀ་ལ། ། ལྔ་པོའི་བདག་ཉིད་དག་ཏུ་འདོད། །སྔར་བཤད་པའི་ས་རྣམས་ཀུན་ལ་རྣམ་པ་ཀུན་ ཏུ་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ཐོབ་པའི་ཕན་ཡོན་ནི། གདམས་ངག་གི་སྐབས་སུ་བཤད་པ་ལྟར་སྐད་ཅིག་རེ་རེ་ལ་སྒྲིབ་པ་གཉིས་ཀྱི་གནས་ངན་ ལེན་ས་བོན་གྱི་གནས་ཐམས་ཅད་ཟད་པར་འགྱུར་བ་དང༌། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ ཏེ་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་རྟོགས་པས་ཆོས་ཀྱི་དགའ་བ་ལ་དགའ་བ་ ཡང་དག་པ་ཐོབ་པར་འགྱུར་བ་དང༌། འདྲིས་ཤིང་མ་བརྗེད་པའི་སྒོ་ནས་ཆོས་ཐམས་ཅད་ལ་ རྣམ་པ་ཕྱོགས་རེར་ཡོངས་སུ་མ་ཆད་པའི་ཆོས་ཀྱི་སྣང་བ་ཚད་མེད་པ་ཡང་དག་པར་ཡོངས་ སུ་ཤེས་པར་འགྱུར་བ་དང༌། སྒྲིབ་པས་རྣམ་པར་དག་པའི་སྐལ་བ་དང་མཐུན་པའི་རྒྱུ་མཚན་ མ་བརྟགས་བཞིན་དུ་ཆོས་ཉིད་ཀྱི་སྣང་བ་མངོན་སུམ་དུ་མཐོང་བར་འགྱུར་བ་དང༌། ཆོས་ཀྱི་ སྐུ་ཡོངས་སུ་རྫོགས་པ་དང་ཡོངས་སུ་འགྲུབ་པར་བྱ་བའི་ཕྱིར་གོང་ནས་གོང་དུ་ཆེས་ཁྱད་པར་ དུ་འཕགས་པའི་རྒྱུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་བྱེད་པ་སྟེ། དང་པོ་གཉིས་ནི་ ཞི་གནས་ཀྱི་ཕྱོགས་དང་མཐུན་པ་དང༌། དེ་ནས་གཉིས་ནི་ལྷག་མཐོང་གི་ཕྱོགས་དང་མཐུན་ པ་དང༌། ལྷག་མ་གཅིག་ནི་གཉིས་ཀ་ལ་ཡོད་པའི་ཕན་ཡོན་ཡིན་པས་དེ་ལྟར་ན་ཕན་ཡོན་ལྔ་ པོའི་བདག་ཉིད་དག་ཐོབ་པ་ཉིད་དུ་འདོད་པ་ཡིན་ནོ། །ངེས་ཚིག་གིས་བསྟན་པ་ལ་ས་བཅུ་ སོ་སོའི་ངེས་ཚིག་དང་དེ་རྣམས་ཐུན་མོང་གི་ངེས་ཚིག་གོ ། 4-1-624 དང་པོ་ནི། ཨ་བྷི་དྷ་ན་ལས། རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་ས་དང་འོད་འཕྲོ་ ཅན། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ ཆོས་ཀྱི་སྤྲིན། །ཞེས་གསུངས་པ་བཞིན་རིམ་པ་ལྟར་འཆད་པ་ནི། བྱང་ཆུབ་དང་ནི་ ཉེ་བ་དང༌། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་ འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཆོས་ཀྱི་དབྱིངས་མངོན་སུམ་དུ་ རྟོགས་པས་བྱང་ཆུབ་ཆེན་པོ་དང་ནི་ཉེ་བར་གྱུར་པ་དང༌། ཡོན་ཏན་ཕུན་སུམ་ཚོགས་པ་ལ་ བརྟེན་ནས་སེམས་ཅན་མང་པོའི་དོན་སྒྲུབ་པར་ནུས་པ་མཐོང་བ་ལས་རབ་ཏུ་དགའ་བ་ཁྱད་ པར་ཅན་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་ས་དང་པོ་ལ་རབ་ཏུ་དགའ་བ་ཞེས་བརྗོད་དོ། ། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། ། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་ཐེག་པ་གཞན་ཡིད་ལ་བྱེད་པར་རྩོལ་བའི་དྲི་མ་དང་ བྲལ་བའི་ཕྱིར་ས་གཉིས་པ་ལ་ནི་དྲི་མ་མེད་པའི་ས་ཞེས་བྱའོ། །ཆོས་ཀྱི་སྣང་བ་ཆེན་ པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་ཀྱི་ སྣང་བ་ཚད་མེད་པ་ཚོལ་ཞིང༌། གཞན་དག་ལ་ཡང་ཆོས་ཀྱི་སྣང་བ་རྒྱ་ཆེན་པོ་ནི་འཕེལ་བར་ བྱེད་པའི་ཕྱིར་ན་ས་གསུམ་པ་ལ་འོད་བྱེད་པ་ཞེས་བྱའོ། །འདི་ལྟར་བྱང་ཆུབ་ཕྱོགས་ མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། ། གཉིས་པོ་སྲེག་པས་འོད་འཕྲོ་ཅན། །འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ ཆོས་རྟོགས་པའི་ཤེས་རབ་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་རབ་ཏུ་སྲེག་པར་བྱེད་པས་ འོད་འཕྲོ་བ་ལྟ་བུ་སྟེ། ཤེས་རབ་དེ་དང་ལྡན་པའི་ཕྱིར་ན་ས་བཞི་པ་དེ་ནི་ཉོན་མོངས་པ་དང་ ཤེས་བྱའི་སྒྲིབ་པ་གཉིས་པོ་སྲེག་པར་བྱེད་པས་འོད་འཕྲོ་བ་ཅན་ཞེས་བྱའོ། །སེམས་ཅན་ རྣམས་ཡོངས་སྨིན་བྱེད་ཅིང༌། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ 4-1-625 ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱོང་དཀའ་ཞེས་བྱའོ། །སེམས་ ཅན་མཐའ་ཡས་པ་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང༌། དེ་དག་གི་ལོག་སྒྲུབ་ཀྱིས་མི་སྐྱོ་བར་ རང་གི་སེམས་ཀྱང་ཀུན་ནས་ཉོན་མོངས་པ་ལས་བསྲུང་བའི་ཕྱིར། བློ་ལྡན་བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་སྦྱང་དཀའ་བ་དེའི་ཕྱིར་ན་ས་ལྔ་པ་ལ་སྦྱང་དཀའ་བ་ཞེས་བྱའོ། །ཤེས་ རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་ འདི་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འཁོར་བའི་རང་བཞིན་དང་ནི་མྱ་ངན་ལས་འདས་པ་ གཉིས་པོ་འདི་དག་མཉམ་པ་ཉིད་མངོན་དུ་གྱུར་ཅིང་སྲིད་ཞིའི་མཐའ་ལ་མི་གནས་པའི་ཕྱིར་ ས་དྲུག་པ་ལ་མངོན་དུ་གྱུར་པའི་ས་ཞེས་བཤད་དོ། །བགྲོད་གཅིག་ལམ་དང་འབྲེལ་ བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །མྱ་ངན་ལས་འདས་པར་བགྲོད་པ་ གཅིག་པའི་ལམ་ས་བརྒྱད་པ་དང་འབྲེལ་ཞིང་དེ་ཐོབ་པ་ལ་ཉེ་བའི་ཕྱིར་རྩོལ་བཅས་སྦྱོར་ བའི་མཐར་ཕྱིན་ཏེ་འཁོར་བ་ལས་རིང་དུ་སོང་བས་ན་ས་བདུན་པ་ལ་རིང་དུ་སོང་བའི་ས་ ཞེས་བྱ་བར་འདོད་དོ། ། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་ བརྗོད། །མཚན་མ་སྤང་བར་རྩོལ་བ་དང་མཚན་མེད་སྒྲུབ་པར་རྩོལ་བའི་འདུ་ཤེས་གཉིས་ ཀྱིས་མི་གཡོ་བའི་ཕྱིར་ན་ས་བརྒྱད་པ་ལ་མི་གཡོ་བ་ཞེས་བྱ་བར་ངེས་པར་བརྗོད་དོ། །སོ་ སོ་ཡང་དག་རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་ཡིན། །གཙོ་བོར་ སོ་སོ་ཡང་དག་པར་རིག་པ་བཞི་ལ་དབང་ཐོབ་པའི་བློ་གྲོས་བཟང་པོ་དང་ལྡན་པའི་ས་དགུ་ བ་དེ་ནི་ལེགས་པའི་བློ་གྲོས་ཞེས་བྱ་བ་ཡིན་ནོ། །སྤྲིན་བཞིན་གཉིས་ཀྱིས་ནམ་ མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །སྤྲིན་གྱིས་ནམ་མཁའ་ལ་ཁྱབ་ 4-1-626 པ་བཞིན་དུ་བརྟེན་པ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་གཉིས་ཀྱིས་ནམ་མཁའ་ལྟ་བུར་རྒྱ་ཆེ་ བའི་{ཐོས་པའི་}ཆོས་ཀྱི་རྟེན་ལ་ཁྱབ་པའི་ཕྱིར་ན་ས་བཅུ་པ་ལ་ཆོས་ཀྱི་སྤྲིན་ཞེས་བྱའོ། ། ཐུན་མོང་གི་ངེས་ཚིག་ལ་གཉིས་ལས། (དང་པོ་)གནས་པའི་ངེས་ཚིག་ནི། དགེ་བ་སྒྲུབ་ པ་སྣ་ཚོགས་ལ། །དགའ་བས་རྟག་པར་ཐམས་ཅད་དུ། །གནས་ཕྱིར་བྱང་ ཆུབ་སེམས་དཔའ་ཡི། །ས་རྣམས་གནས་པ་ཡིན་པར་འདོད། །ཕ་རོལ་ཏུ་ ཕྱིན་པ་ལ་སོགས་པའི་དགེ་བ་སྒྲུབ་པ་སྣ་ཚོགས་པ་རྣམས་ལ་དགའ་ཞིང་སྤྲོ་བའི་བསམ་པས་ རྟག་ཏུ་རྒྱུན་མི་འཆད་པར་གནས་སྐབས་ཐམས་ཅད་དུ་གནས་པའི་ཕྱིར། བྱང་ཆུབ་སེམས་ དཔའི་ས་བཅུ་པོ་རྣམས་ནི་གནས་པ་ཞེས་བྱ་བ་ཡིན་པར་འདོད་དོ། ། སའི་ངེས་ཚིག་ནི། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་ མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་ འདོད་དོ། །བྷུ་མི་ཞེས་པ་ས་ཡིན་ཞིང༌། བྷཱུ་ཏ་འབྱུང་པོ་དང༌། ཨ་བྷ་ཡ་འཇིགས་མེད་དང༌། བྷཱུ་ཡ་བྷཱུ་ཡ་ཕྱི་ཕྱིར་ཞེས་པར་ཡི་གེ་བསྒྱུར་བའི་ངེས་ཚིག་གིས་བཤད་ན། འབྱུང་པོ་དཔག་ཏུ་ མེད་པ་རྣམས་འོག་ཏུ་ལྟུང་བ་ལ་སོགས་པའི་འཇིགས་པ་མེད་པར་བྱ་བའི་ཕྱིར་ས་རེ་རེའང་ ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ། དེ་དག་ལ། ཕྱིར་ཞིང་ཕྱིར་ཞིང་ས་རྣམས་གོང་ནས་ གོང་དུ་ཁྱད་པར་དུ་འཕགས་པར་འགྲོ་བ་དང་ལྡན་པའི་ཕྱིར་ན་གནས་པ་དེ་དག་ཉིད་ལ་ས་ ཞེས་བྱ་བར་ཡང་འདོད་པ་ཉིད་དོ། ། ཐོབ་པའི་ཚུལ་བསྟན་པ་ནི། ས་ཐོབ་པ་ནི་མོས་པ་དང༌། །སྤྱོད་པ་དག་ལ་ འཇུག་པ་དང༌། །རྟོགས་པའི་ཕྱིར་ན་ས་རྣམས་ནི། །འགྲུབ་པའི་སྒོ་ནས་ རྣམ་པ་བཞི། །ཡོན་ཏན་གྱི་རྟེན་དུ་གྱུར་པའི་ས་ཐམས་ཅད་ཐོབ་ཚུལ་གྱི་སྒོ་ནས་དབྱེ་བ་ ནི། མོས་སྤྱོད་ཀྱི་གནས་སྐབས་སུ་སའི་རྣམ་གཞག་ཇི་སྐད་བཤད་པ་རྣམས་ལ་བསམ་པ་ 4-1-627 མོས་པ་ཡིད་ལ་བྱེད་པས་ཐོབ་པ་དང༌། སྦྱོར་བའི་སྒོ་ནས་ཀྱང་སྔར་བསྟན་པའི་ཆོས་སྤྱོད་ བཅུའམ་ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་དག་ལ་འཇུག་བཞིན་པས་ཐོབ་པ་དང༌། ས་དང་པོ་ ནས་བདུན་པའི་བར་ལ་ཆོས་ཉིད་དོན་དམ་པ་མངོན་སུམ་དུ་རྟོགས་པའི་ཕྱིར་ན་རྟོགས་པས་ ཐོབ་པ་དང༌། ཕྱིར་མི་ལྡོག་པའི་ས་གསུམ་པོ་རྣམས་ལ་ནི་འབད་རྩོལ་མེད་པར་ངང་གིས་ འཇུག་པའི་ཕྱིར་འགྲུབ་པའི་སྒོ་ནས་ཐོབ་པ་ཞེས་བྱ་བ་སྟེ་རྣམ་པ་བཞི་ཡིན་ནོ། ། ས་ལ་ཞུགས་པའི་སྤྱོད་པའི་རྣམ་གཞག་ལ་བྱང་ས་ལས། མོས་པས་སྤྱོད་པའི་ས་ཡན་ ཆད་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལ་ནི་མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་སྤྱོད་པ་བཞི་ཡོད་པ་རིག་པར་བྱ་སྟེ། བཞི་གང་ཞེ་ན་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། བྱང་ ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་དང༌། མངོན་པར་ཤེས་པའི་སྤྱོད་པ་དང༌། སེམས་ ཅན་ཡོངས་སུ་སྨིན་པའི་སྤྱོད་པའོ་ཞེས་གསུངས་ཤིང༌། དང་པོ་ནི་(དོན་ཙམ་བསྡུས་པ་)ཐབས་ དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། གཉིས་ པ་ནི་ཕྱོགས་མཐུན་སུམ་ཅུ་སོ་བདུན་དང་ཡོངས་སུ་ཚོལ་བ་བཞི་དང་ཡོངས་སུ་ཤེས་པ་བཞི་ དང༌། གསུམ་པ་ནི་མཐུའི་སྐབས་སུ་བསྟན་པ་རྣམས་དང༌། བཞི་པ་ནི་འདུལ་བ་དང་འདུལ་ བའི་ཐབས་དཔག་ཏུ་མེད་པ་དང་ཡོངས་སུ་སྨིན་པའི་སྐབས་སུ་བསྟན་པ་རྣམས་ལ་རྒྱས་པར་ གསུངས་ནས་སྤྱོད་པ་འདི་བཞིས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་བསྡུས་པར་ རིག་པར་བྱའོ། །ཞེས་པ་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་གཉེན་པོ་དང་འབྱུང་བ་དང་འབྲས་ བུའི་སྒོ་ནས་ཀྱང་[གདུལ་{གསལ་}བར་གསུངས་སོ། ། འདིར་ཡང༌། ལུས་ཅན་ཐེག་པ་ཆེན་པོ་དང༌། །ཐེག་པ་དམན་ལ་མོས་ པ་རྣམས། །གཉི་ག་མདུན་པར་བྱ་བ་དང༌། །གདུལ་བའི་ཕྱིར་ནི་བརྟན་ རྣམས་ཀྱི། །སྤྱོད་པ་བཞི་པོ་མདོ་བཞིན་དུ། །རྗེས་སུ་འབྲངས་ནས་ 4-1-628 བཤད་པ་ཡིན། །ཐུན་མོང་དུ་གདུལ་བྱར་གྱུར་པའི་ལུས་ཅན་རྣམས་ལ་དམ་པའི་ཆོས་ཀྱི་ ཕན་འདོགས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་ལ། ཁྱད་པར་དུ་ཐེག་པ་ཆེན་པོ་ལ་ མོས་པ་རྣམས་ཀྱི་ཆེད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང༌། ཐེག་པ་དམན་པ་ལ་མོས་པ་ རྣམས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཆེད་དུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ ཆོས་སུམ་ཅུ་རྩ་བདུན་གྱི་སྤྱོད་པ་དང༌། ཐེག་པ་ཆེ་ཆུང་གཉི་ག་ལ་མོས་པ་རྣམས་མདུན་པར་ བྱ་བའི་ཆེད་དུ་མངོན་པར་ཤེས་པ་དྲུག་གི་སྤྱོད་པ་དང༌། ཐེག་པ་མཐོ་དམན་གཉི་ག་ལ་མོས་ པ་རྣམས་གདུལ་བར་བྱ་བའི་ཕྱིར་ནི་བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཡོངས་སུ་སྨིན་ པར་བྱེད་པའི་སྤྱོད་པ་སྟེ། བརྟན་པ་རྣམས་ཀྱི་སྤྱོད་པ་རྣམ་པ་བཞི་པོ་འདི་དག་དཀོན་མཆོག་ བརྩེགས་པར་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་འབྱུང་བ་བཞིན་དུ་སངས་རྒྱས་ཀྱི་ གསུང་གི་རྗེས་སུ་འབྲངས་ནས་འདིར་གཞུང་གི་སྟོད་སྨད་དུ་ཚང་བར་བཤད་པ་ཡིན་ནོ། ། སྤྱད་པས་མཐར་ཐུག་རབ་གནས་འགྲུབ་ཚུལ་ལ་བྱང་ས་ལས། སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་ཡོད་དེ། སྐྱེས་བུ་ཆེན་པོའི་ མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། རྣམ་པ་ཐམས་ཅད་ཡོངས་སུ་ དག་པ་བཞི་དང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང༌། དྲན་པ་ ཉེ་བར་བཞག་པ་གསུམ་དང་བསྲུང་བ་མེད་པ་གསུམ་དང་ཐུགས་རྗེ་ཆེན་པོ་དང༌། བསྙེལ་བ་ མི་མངའ་བའི་ཆོས་ཉིད་དང་བག་ཆགས་ཡང་དག་པར་བཅོམ་པ་དང་རྣམ་པ་ཐམས་ཅད་དང་ མཆོག་མཁྱེན་པའོ་ཞེས་པ་རྣམས་རྒྱས་པར་གསུངས་ཤིང༌། འདིར་ཡང་སྤྱི་དོན་ལ། དབྱེ་བ། ངོ་བོ། འཁྲུལ་སྤང་གསུམ་ལས། དབྱེ་བ་ནི། ཀུན་ལས་ བཏུས་པར། དེ་དག་ཀྱང་གང་ཞེ་ན། ཚད་མེད་པ་རྣམས་དང་རྣམ་པར་ཐར་བ་རྣམས་དང་ ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་དང༌། ཟད་པར་གྱི་སྐྱེ་མཆེད་རྣམས་དང་ཞེས་གསུངས་ 4-1-629 པའི་འགོག་པའི་རྣམ་ཐར་བོར་བ་དང༌། མངོན་ཤེས་དང་པོ་ལྔ་ནི་བྱིས་པ་དང་འཕགས་པ་ ཐམས་ཅད་ལ་ཡོད་པའི་ཐུན་མོང་བ་དང༌། ཉོན་མོངས་པ་མེད་པ་དང་བསམས་ནས་ཤེས་པ་ དང་སོ་སོ་ཡང་དག་པར་རིག་པ་རྣམས་དང་མངོན་པར་ཤེས་པ་རྣམས་དང༌། ཞེས་པ་ནི་ཐེག་ པ་ཆེ་ཆུང་གི་འཕགས་པ་ཐམས་ཅད་ལ་ཡོད་པའི་ཐུན་མོང་བ་དང༌། མཚན་དང་དཔེ་བྱད་ བཟང་པོ་རྣམས་དང་ཡོངས་སུ་དག་པ་རྣམས་དང་ཞེས་པ་ནི་ཐེག་ཆེན་སློབ་པ་{རྣམས་}དང༌། མི་སློབ་པ་གཉིས་ཀ་ལ་ཡོད་པའི་ཐུན་མོང་བ་དང༌། སྟོབས་རྣམས་དང་མི་འཇིགས་པ་རྣམས་ དང་དྲན་པ་ཉེ་བར་བཞག་པ་རྣམས་དང་བསྲུང་བ་མེད་པ་རྣམས་དང་བསྙེལ་བ་མི་མངའ་ བའི་ཆོས་ཉིད་དང༌། བག་ཆགས་ལེགས་པར་བཅོམ་པ་དང་ཐུགས་རྗེ་ཆེན་པོ་དང་སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་མདོ་སྡེ་ལས་ ཇི་སྐད་འབྱུང་བ་རྣམས་སོ། །ཞེས་གསུངས་པ་རྣམས་ནི་ཐེག་ཆེན་མི་སློབ་པའི་སངས་རྒྱས་ཁོ་ ན་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་སོ། ། ངོ་བོ་ལ། ཚད་མེད་པ་བཞི་ནི་སྐབས་བཅོ་བརྒྱད་པའི་མཇུག་ཏུ་བཤད་ཟིན་ཅིང༌། རྣམ་ ཐར་ཟིལ་གནོན་ཟད་པར་གསུམ་ཡང་མཐུའི་སྐབས་སུ་བཤད་ཟིན་ཏོ། །ཉོན་མོངས་པ་མེད་ པ་ནི་མངོན་རྟོགས་རྒྱན་ལས། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་ སྤོང་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། ། ཅེས་གསུངས་པ་ལྟར་ཉན་ཐོས་རྣམས་ནི་བདག་མཐོང་བ་ལས་གཞན་གྱི་ཉོན་མོངས་འབྱུང་ བ་རྗེས་སུ་བསྲུང་བ་ཙམ་ཡིན་ལ། སངས་རྒྱས་རྣམས་ནི་གདུལ་བྱ་གང་ན་ཡོད་པར་གཤེགས་ ནས་དེ་དག་གི་ཉོན་མོངས་པ་རྒྱུན་གཅོད་པར་མཛད་པའོ། །བསམས་ནས་ཤེས་པའང་ཐུན་ མོང་བ་ནི་འབད་རྩོལ་དང་བཅས་ཏེ་མཉམ་པར་བཞག་ན་དྲི་བ་དྲིས་པ་ལུང་སྟོན་པ་{ཤེས་ པ་}ཙམ་ཡིན་ལ། སངས་རྒྱས་རྣམས་ནི་དུས་རྟག་ཏུ་མཉམ་པར་བཞག་པས་འབད་རྩོལ་མི་ 4-1-630 མངའ་བར་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་ཐོགས་པ་མེད་པར་མཁྱེན་པའོ། །སོ་སོ་ཡང་དག་ པར་རིག་པ་བཞི་ནི་ཆོས་རྣམས་ཀྱི་མིང་གི་རྣམ་གྲངས་མཐའ་ཡས་པ་རྣམས་ཐོགས་པ་མེད་ པར་ཤེས་པ་ཆོས་སོ་སོ་ཡང་དག་པར་རིག་པ་དང༌། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ དང་དགོངས་པའི་དོན་རྣམས་ཐོགས་པ་མེད་པར་ཤེས་པ་དོན་སོ་སོ་ཡང་དག་པར་རིག་པ་ ཤེས་པ་དང༌། ཡུལ་སོ་སོའི་སྐད་རིགས་མི་འདྲ་བ་སྣ་ཚོགས་པ་དང་ཆོས་ཀྱི་ངེས་པའི་ཚིག་ རྣམས་ཤེས་པ་ངེས་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། རྫས་ཡོད་བཏགས་ཡོད་ལ་སོགས་ པ་ཆོས་ཀྱི་རབ་ཏུ་དབྱེ་བ་རྣམས་ཐོགས་པ་མེད་པར་ཤེས་པས་སྤོབས་པ་སོ་སོ་ཡང་དག་པར་ རིག་པ་རྣམས་སོ། །མངོན་པར་ཤེས་པ་དྲུག་ནི་མཐུའི་སྐབས་སུ་རྒྱས་པར་བཤད་ཟིན་ཏོ། ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ནི་མངོན་པར་རྟོགས་པའི་རྒྱན་ལས། ཕྱག་(དང་) ཞབས་(ཀྱི་མཐིལ་)འཁོར་ལོའི་(རྩིབས་སྟོང་པས་)མཚན་(པ་)དང་རུས་སྦལ་(གྱི་ལྟོ་བ་ལྟར་)ཞབས(མཐིལ་ མཉམ་པ་དང་)། །ཕྱག་དང་ཞབས་སོར་(རིན་པོ་ཆེའི་)དྲ་བས་འབྲེལ་བ་དང༌། །ཕྱག་ནི་ཞབས་བཅས་ (ཤིང་བལ་ལྟར་)འཇམ་ཞིང་གཞོན་ཤ་ཆགས(པ་དང་)། །འདི་ཡི་སྐུ་ནི་(ཞབས་མཐིལ་གཉིས། ཕྱག་མཐིལ་ གཉིས། ཕྲག་པ་གཉིས། ལྟག་པ་སྟེ་)བདུན་དག་མཐོ་བ་དང༌། །སོར་མོ་རིང་དང་རྟིང་(པ)ཡངས་(པ་དང་) སྐུ་ཆེ་(ཞིང་དྲང་བ)དང༌། །ཞབས་(པུ་མོ་དང་ལོང་བུ་ཕྱིར་)འབུར་(བར་)མི་མངོན་(པ་དང་བ་)སྤུ་ནི་(གཡས་ ཕྱོགས་སུ་)གྱེན་དུ་(འཁྱིལ་ཞིང་)ཕྱོགས་(པ་དང་)། །བྱིན་པ་(རིམ་པར་རྒྱས་ཤིང་ཟླུམ་པ་)ཨེ་ན་ཡའི་(བསེ་ཁ་སྒོ་) འདྲ་(བ་དང་མ་བཏུད་པར་པུས་མོའི་ལྷ་ངར་སླེབ་པའི་)ཕྱག་རིང་མཛེས། །འདོམས་(ཁྲུ་བདུན་པ་)ཀྱི་སྦ་བ་(སྟེ་ གསང་མཚན་རྟ་ཅང་ཤེས་ལྟར་)སྦུབས་སུ་ནུབས་པའི་མཆོག(དང་)། །པགས་པ་གསེར་(སྦྱངས་པའི) མདོག་(དང་)པགས་པ་སྲབ་པ་དང༌། །(བ་)སྤུ་ནི་(བུ་ག་)རེ་རེ་ནས་(རེ་རེ་)གཡས་(ཕྱོགས་)ལེགས་ འཁྲུངས་དང༌། །ཞལ་(གྱི་སྨིན་མཚམས་)མཛོད་སྤུ (དཀར་འཇམ་གཡས་འཁྱིལ་བ་)ས་བརྒྱན་(པ་དང་)རོ་ སྟོད་སེངྒེའི་འདྲ(བར་རྒྱས་པ་དང་)། །འདི་ཡི་དཔུང་པའི་མགོ་ཟླུམ་(པ་དང་)ཐལ་གོང་(སྟེ་བྲང་ཞེང་) 4-1-631 རྒྱས་(པ་དང་ཉི་ཤུ་)། །འདི་ལ་(ལྗགས་མ་ཉམ་པས་)རོ་མི་ཞིམ་པ་(རྟ་ཆག་ཀྱང་)རོ་མཆོག་(ཏུ་)སྣང་(བ་དང་)། ། སྐུ་ནི་ནྱ་གྲོ་དྷ(འི་སྡོང་པོ་)ལྟར་ཆུ་(དང་)ཞེང་གབ་(ཅིང་མཉམ་པ་དང་)། །གཙུག་ཏོར་(ཟླུམ་ཞིང་མཉམ་ པ་)དབུར་ལྡན་(པ་དང་)ལྗགས་(ཨུཏྤལ་དམར་པོ་ལྟར་)རིང་(ཞིང་)མཛེས་པ་དང༌། །(གསུང་)ཚངས་ པའི་དབྱངས་(དང་ལྡན་པ་དང་)འགྲམ་པ་སེངྒེ་འདྲ་དང་ཚེམས་(ཀུནྡ་ལྟར་)། །ཤིན་ཏུ་དཀར་དང་ཚད་ མཉམ་(དང་བར་མེད་པས་)ཐགས་བཟང་དང༌། །གྲངས་ནི་(སྟེ་འོག་ཉི་ཤུ་ཉི་ཤུ་)བཞི་བཅུ་ཐམ་པ་ཚང་ བ་དང༌། །སྤྱན་ནི་(དཀར་ནག་འབྱེས་ཤིང་)མཐོན་མཐིང་(དང་)སྤྱན་(གྱི)རྫི་(མ་)བ་མཆོག་གི། འདྲ་བ་ (ལྟར་སྟུག་ཅིང་མ་འཛིངས་པ་གཉིས་ཏེ་)འདི་དག་(སྐྱེས་བུ་དམ་པ་ཆེན་པོར་མཚོན་པར་བྱེད་པའི་)སུམ་ཅུ་རྩ་གཉིས་ མཚན་(ཡིན་ནོ་)། །ཞེས་གསུངས་པ་རྣམས་སོ། །དེ་བཞིན་དུ་དཔེ་བྱད་བཟང་པོ་བརྒྱད་ཅུ་ ཡང་དེ་ཉིད་ལས། (བཅུ་ཚན་བརྒྱད་ཀྱི་དང་པོ་)ཐུབ་པའི་སེན་མོ་ཟངས་(ཀྱི་)མདོག་(ལྟར་དམར་བ་)དང༌། ། མདོག་(མདངས་པདྨ་དང་ལྡན་ཞིང་)སྣུམ་(པ་དང་གཤོང་བུ་མེད་ཅིང་)མཐོ་དང་སོར་མོ་རྣམས་(ཕན་ཚུན་)། ། ཟླུམ་(ཞིང་)རྒྱས་(པ་དང་རྩ་བ་ནས་)བྱིན་གྱིས་ཕྲ་བ་དང༌། །རྩ་(ལྟར་མི་)མི་མངོན་(པ་)དང་(རྩ་ལ་) མདུད་པ་མེད་(པ་དང་)། །ལོང་བུ་(ནང་དུ་འབུར་བར་)མི་མངོན་(པ་དང་)ཞབས་(ཆེ་ཆུང་རིང་ཐུང་)མཉམ་ (པ་)དང༌། །(གཉིས་པ་ནི་) ། སེངྒེ་(ལྟར་བརྗིད་པ་དང་)གླང་ཆེན་(ལྟར་ཐད་དཀར་དང་)བྱ་(ལྟར་མཁའ་ལ་)དང་ ནི། །ཁྱུ་མཆོག་སྟབས་(ཀྱིས་འཁོར་གྱི་སྣ་འདྲེན་ཅིང་)གཤེགས་(པ་དང་)གཡས་ཕྱོགས་(སུ་གཤེགས་ཤིང་ ལྡོག་པ་)དང༌། །(ལྟ་ན་)མཛེས་(པར་)གཤེགས་(པ་དང་མི་ཡོ་བར་)དྲང་(པོར་གཤེགས་པ་)དང་(འགྱིང་ལེགས་ པས་)འཁྲིལ་བག་ཆགས(པ་དང་)། །(དྲི་མ་མེད་པས་)བྱི་དོར་བྱས་(པ་)འདྲ་(པ་དང་རིང་ཐུང་སྦོམ་ཕྲའི་ཆ་ཕྱེད་ པས་)རིམ་པར་འཚམ(པ་དང་)། (གསུམ་པ་ནི། ) ། (དྲི་མ་མེད་པས་སྐུ་)གཙང་དང་(རེག་ན་)འཇམ་(པ་)དང་ (རང་བཞིན་གྱིས་)དག་པའི་སྐུ(དང་)། །མཚན་ནི་(ཆ་ཤས་)ཡོངས་སུ་རྫོགས་པ་དང༌། །སྐུའི་ཁོ་ལག་ (ཁྱོན་ཆེ་བས་)ཡངས་ཤིང་བཟང་(པ་དང་)། །གོམ་(པ་ཆེ་ཆུང་)སྙོམས་པ་དང་སྤྱན་གཉིས་ནི། །(རང་ བཞིན་གྱིས་)དག་(པ་)དང་(འཇམ་ཞིང་མཉེན་པས་)གཞོན་ཤ་ཅན་ཉིད་དང༌། །སྐུ་(ཤ་)ཞུམ་(པ་)མེད་(པ་) 4-1-632 དང་(སྐུ་ཤ་ཁེངས་པས་)རྒྱས་པ་དང༌། (བཞི་པ་ནི། )། (ཤ་ལྷོད་པ་མིན་པས་)ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། ། (རིང་ཐུང་འོས་ཤིང་འཚམ་པས་)ཡན་ལག་(དང་ཉིང་ལག་)ཤིན་ཏུ་རྣམ་(པར་)འབྱེས་(པ་)དང༌། །(སྤྱན་ལ་ རབ་རིབ་མེད་པས་)གཟིགས་པ་སྒྲིབ་(པ་)མེད་(པ་དང་དྲི་མ་མེད་པས་)དག་པ་དང༌། །དཀུ་(འི་ཕྱལ་)ཟླུམ་ (ཞིང་སྐེད་)སྐབས་ཕྱིན་(པས་)མ་རྙོངས་དང༌། །(ཕྱལ་མཐོ་དམན་མེད་པས་)ཕྱང་ངེ་བ་དང་ལྟེ་བ་ནི(གཏིང་ རིང་ཞིང་)། །ཟབ་(པ་)དང་(ལྟེ་བའི་རི་མོ་)གཡས་ཕྱོགས་(སུ་)འཁྱིལ་བ་དང༌། །(སྤྱོད་ལམ་ཐམས་ཅད་) ཀུན་ནས་ལྟ་ན་སྡུག་པ་དང༌། (ལྔ་པ་ནི། )། (སྒོ་གསུམ་གྱི་)ཀུན་སྤྱོད་གཙང་(པ་)དང་སྐུ་ལ་ནི། །སྨེ་བ(ལ་ སོགས་ཤ་མཚན་)གནག་བག་མེད་པ་དང༌། །ཕྱག་ནི་ཤིང་བལ་(གྱི་འདབ་མ་)ལྟར་འཇམ་(པ་)དང༌། ། ཕྱག་རིས་(ལ་འོད་ཀྱི་)མདངས་ཡོད་(པ་དང་ཕྱག་གི་རི་མོ་)ཟབ་(པ་དང་དཀྱུས་)རིང་(བ་)དང༌། །ཞལ་ ནི་ཧ་ཅང་མི་རིང་(ཞིང་འཚམས་པ་)དང༌། །མཆུ་ནི་(མེ་ཏོག་)བིམ་པ་ལྟར་དམར་(ཞིང་དྭངས་པ་)དང༌། ། ལྗགས་(བདེ་ཞིང་)མཉེན་པ་དང་(པདྨའི་འདབ་མ་ལྟར་)སྲབ་པ་དང༌། (དྲུག་པ་ནི། ) ། (ལྗགས་)དམར་(བ་) དང་(གསུང་གླང་པོ་དང་)འབྲུག་གི་སྒྲ་(ལྟར་བརྗིད་པ་)[ཉིད་{གཉིས་}དང༌། །གསུང་(སྙན་ཅིང་)མཉེན་ (ལ་)འཇམ་(པ་)དང་མཆེ་བ་(བཞི་པོ་)ཟླུམ་(པ་དང་)། །རྣོ་(པ་)དང་དཀར་(བ་)དང་(ཚད་)མཉམ་པ་ དང༌། །(རྩ་བ་ནས་རྩེ་མོར་)བྱིན་གྱིས་ཕྲ་དང་ཤངས་(རྒྱུད་བཟང་ཞིང་དོད་པས་)མཐོ་དང༌། །མཆོག་ཏུ་ དག་པ་ཉིད་དང་ནི། (བདུན་པ་ནི། )། སྤྱན་(དཀྱུས་རིང་ཞིང་) ཡངས་པ་དང་(ཡན་མན་གྱི་)རྫི་མ་(འི་མཚམས་) སྟུག(པ་དང་)། །(སྤྱན་དཀར་ནག་འབྱེས་ཤིང་)པདྨའི་འདབ་མ་འདྲ་བ་དང༌། །སྨིན་(མ་གཡས་གཡོན་འབྲེལ་ བས་)ཚུགས་རིང་(བ་)དང་(སྨིན་མ་ཕྲ་ཞིང་མཉེན་པས་)འཇམ་པ་དང༌། །(སྨིན་མ་མདོག་)སྣུམ་དང་སྤུ་ནི་ (རིང་ཐུང་མེད་པའི་)མཉམ་པ་དང༌། །ཕྱག་རིང་(ཞིང་ཤ་)རྒྱས་(པ་)དང་སྙན་(རིང་ཐུང་མེད་པའི་)མཉམ་(པ་) དང༌། །(སྙན་)ཉམས་པ་རྣམ་པར་སྤངས་པ་དང༌། །དཔྲལ་བ་ལེགས་པར་འབྱེས་པ་(པ་སྟེ་སྐྲ་ མཚམས་མཐོ་བ་)དང༌། །དབྱེས་ཆེ་བ་དང་དབུ་(ཟླུམ་ཞིང་)རྒྱས་(པ་)དང༌། །དབུ་སྐྲ་བུང་བ་(འི་མདོག་) ལྟར་ནག་(པ་)དང༌། །(དབུ་སྐྲའི་མཚམས་)སྟུག་(པ་)དང་(དབུ་སྐྲ་)འཇམ་(པ་)དང་(ཕན་ཚུན་)མ་འཛིངས་ 4-1-633 དང༌། །མི་གཤོར་(བ་སྟེ་རྩུབ་པ་མེད་པ་དང་)དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང༌། ། དཔལ་གྱི་བེའུ་དང་བཀྲ་ཤིས་(ཀྱི་རྫས་བརྒྱད་ལ་སོགས་པོ་རྣམས་)ནི། །(རྫོགས་པའི་)སངས་རྒྱས་(རྣམས་ ཀྱི་)དཔེ་བྱད་བཟང་པོར་(བརྒྱད་ཅུ་)བཞེད(པ་ཡིན་)། །ཅེས་གསུངས་པ་རྣམས་སོ། །ཡོངས་སུ་ དག་པ་བཞི་ནི་ཇི་ལྟར་བཞེད་པ་བཞིན་དུ་ལུས་ལེན་པ་དང་གནས་པ་དང་གཏོང་བ་ལ་དབང་ ཐོབ་པ་གནས་ཡོངས་སུ་དག་པ་དང༌། དངོས་པོ་སྣ་ཚོགས་སུ་སྤྲུལ་པ་དང་བསྒྱུར་བ་ལ་དབང་ ཐོབ་པ་དམིགས་པ་ཡོངས་སུ་དག་པ་དང༌། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ལ་སྙོམས་པར་ འཇུག་པ་ཐུགས་ཡོངས་སུ་དག་པ་དང༌། ཚིག་དང་དོན་མི་བརྗེད་ཅིང་དྲན་པའི་གཟུངས་ཀྱི་སྒོ་ ཀུན་ཏུ་འཛིན་པ་མཁྱེན་པ་ཡོངས་སུ་དག་པ་རྣམས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ ནི། རྒྱུད་བླ་མ་ལས། གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་པར་སྨིན་དང་དབང་པོ་ དང༌། །ཁམས་རྣམས་དང་ནི་མོས་པ་དང༌། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། ། ཉོན་མོངས་དྲི་མ་མེད་པ་དང༌། །སྔོན་གནས་རྗེས་སུ་དྲན་པ་དང༌། །ལྷ་ཡི་མིག་དང་ཞི་བ་དག ། མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། །ཞེས་གསུངས་པ་ལྟར་རང་བྱུང་གཉིས་དང་འཁོར་ལོས་ སྒྱུར་བ་སྐྱེས་པའི་རྟེན་ལ་འབྱུང་བ་གནས་ཡིན་གྱི། བུད་མེད་ཀྱི་རྟེན་ལ་འབྱུང་བ་གནས་མ་ ཡིན་ནོ་ཞེས་པ་ལ་སོགས་པ་རྒྱུ་འབྲས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། རང་རང་གིས་དགེ་བ་དང་མི་དགེ་བ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་རང་རང་གིས་འདོད་ པ་དང་མི་འདོད་པ་མྱོང་བའི་ཚུལ་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང༌། སེམས་ ཅན་རྣམས་ཀྱི་དད་པ་ལ་སོགས་པའི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་ སྟོབས་དང༌། ཐེག་པ་གསུམ་གྱི་རིགས་ཐ་དད་པ་ལ་སོགས་པ་ཁམས་སྣ་ཚོགས་མཁྱེན་པའི་ སྟོབས་དང༌། ཟག་བཅས་དང་ཟག་མེད་མོས་པ་སོགས་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ དང༌། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུ་འགྲོ་བའི་ཁྱད་པར་ཀུན་ཏུ་འགྲོ་བའི་ལམ་ 4-1-634 མཁྱེན་པའི་སྟོབས་དང༌། བསམ་གཏན་དང་རྣམ་པར་ཐར་བ་དང་ཏིང་ངེ་འཛིན་ལ་སོགས་པ་ ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བའི་ཁྱད་པར་མཁྱེན་པའི་སྟོབས་དང༌། རང་གཞན་ གྱི་ཚེ་རབས་སྔ་མའི་སྤྱོད་པ་རྒྱུ་མཚན་དང་བཅས་པ་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་ པའི་སྟོབས་དང༌། ལྷའི་མིག་གི་མངོན་ཤེས་ཀྱིས་སྲིད་པ་བར་མའི་བཟང་ངན་རྟོགས་པ་འཆི་ འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། རང་གཞན་གྱི་ཉོན་མོངས་ཞི་ཞིང་ཟག་པ་ཟད་ པའི་རྣམ་པ་ཐམས་ཅད་མངོན་སུམ་མཁྱེན་པའི་སྟོབས་རྣམས་སོ། །མི་འཇིགས་པ་བཞི་ནི་ རང་དོན་ལས་བརྩམས་ཏེ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་བརྙེས་པ་དང༌། ཟག་པ་བག་ཆགས་དང་བཅས་པ་ཐམས་ཅད་སྤངས་པ་དང༌། གཞན་དོན་ལས་བརྩམས་ཏེ་ འཁོར་བ་ལས་ངེས་པར་འབྱུང་བའི་ལམ་ཐམས་ཅད་སྟོན་པ་དང༌། ཐར་བ་ལ་བར་དུ་གཅོད་ པའི་ཆོས་ཐམས་ཅད་སྟོན་པ་ལ་དགེ་སྦྱོང་དང་བྲམ་ཟེ་དང་ལྷ་དང་བདུད་དང་ཚངས་པ་ལ་ སོགས་པ་འཁོར་མང་པོའི་ནང་ནས་སུས་ཀྱང་ཆོས་དང་མཐུན་པར་རྒོལ་བའི་འཇིགས་པ་མི་ མངའ་བ་རྣམས་སོ། །དྲན་པ་ཉེ་བར་བཞག་པ་གསུམ་ནི་སྟོན་པ་ཐུགས་རྗེ་ཅན་ཚོགས་ཡོངས་ སུ་སྡུད་པ་ན་གུས་པ་ལ་རྗེས་སུ་ཆགས་པ་དང་མ་གུས་པ་ལ་ཁོང་ཁྲོ་བ་དང༌། གཉིས་ཀ་ལ་ ཆགས་སྡང་གི་ཀུན་ནས་ཉོན་མོངས་པ་གཉིས་མི་མངའ་བའི་དྲན་ཤེས་བཞིན་ཡང་དག་པ་ལ་ གནས་པའོ། །བསྲུང་བ་མེད་པ་གསུམ་ནི་རང་གི་སྐུ་གསུང་ཐུགས་ལ་མ་དག་པའི་སྐྱོན་མེད་ པས་གཞན་གྱི་ལུས་ངག་ཡིད་གསུམ་གྱི་ཉེས་པ་ཚར་བཅད་དེ་སྤོང་བར་གདམས་པ་ན། རང་ ལ་ཡང་སྙད་གདགས་སུ་འོང་སྙམ་པའི་དོགས་པ་དང་འཇིགས་པ་མི་མངའ་བས་ཆོས་སྟོན་ པའོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི་སེམས་ཅན་རྣམས་ཀྱི་ཁམས་དང་བསམ་པ་དང་ བག་ལ་ཉལ་ཇི་ལྟ་བར་སྐུའི་རྣམ་འཕྲུལ་མཛད་པ་དང༌། གསུང་གི་ལེགས་བཤད་སྟོན་པའི་ འཕྲིན་ལས་ནམ་ཡང་དུས་ལས་མི་འདའ་བར་འཇུག་པའོ། །བག་ཆགས་ཡང་དག་པར་ 4-1-635 བཅོམ་པ་ནི་ཐམས་ཅད་མཁྱེན་པར་གྱུར་ནས་གནས་སྐབས་ཐམས་ཅད་དུ་ཐམས་ཅད་ མཁྱེན་པ་མ་ཡིན་པའི་སྤྱོད་པ་ཅུང་ཟད་ཀྱང་མི་མངའ་བའོ། །ཐུགས་རྗེ་ཆེན་པོ་ནི་ཉིན་ལན་ གསུམ་མཚན་ལན་གསུམ་གྱིས་མཚོན་ནས་རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་ འཁོར་བའི་སྡུག་བསྔལ་མཐའ་དག་ལས་བསྒྲལ་བར་བཞེད་པའོ། །སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་བཅོ་བརྒྱད་ནི། འཁྲུལ་དང་ཅ་ཅོ་མི་མངའ་ཞིང༌། །སྟོན་ལ་དྲན་པ་ཉམས་མི་མངའ། ། མཉམ་པར་མ་བཞག་ཐུགས་མི་མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟགས་ བཏང་སྙོམས་མི་མངའ་སྟེ། །ཞེས་གསུངས་པ་ལྟར་སྐུའི་སྤྱོད་པ་ལ་འཁྲུལ་བ་མི་མངའ་བ་ དང༌། གསུང་གི་སྤྱོད་པ་ལ་ཅ་ཅོ་མི་མངའ་བ་དང༌། ཐུགས་ཀྱི་སྤྱོད་པ་ལ་དྲན་པ་ཉམས་པ་མི་ མངའ་བ་དང༌། ནམ་ཡང་མཉམ་པར་མ་བཞག་པ་མི་མངའ་བ་དང༌། འཁོར་འདས་རང་ བཞིན་ཐ་དད་དུ་འཛིན་པ་ལ་སོགས་པའི་འདུ་ཤེས་སྣ་ཚོགས་མི་མངའ་བ་དང༌། གདུལ་བྱ་མ་ བརྟགས་པར་བཏང་སྙོམས་སུ་འཇོག་པ་མི་མངའ་བ་སྟེ་སྤྱོད་པས་བསྡུས་པ་དྲུག་དང༌། འདུན་ དང་བརྩོན་འགྲུས་དྲན་པ་དང༌། །ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ ཉམས་མི་མངའ། །ཞེས་གསུངས་པ་ལྟར་དཀོན་མཆོག་གི་[གསུང་{གདུང་}རྒྱུན་མི་གཅོད་པ་ ལ་སོགས་པའི་འདུན་པ་ཉམས་པ་མི་མངའ་བ་དང༌། གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་ ཉམས་པ་མི་མངའ་བ་དང༌། ཆོས་ཐམས་ཅད་ཇི་ལྟ་བར་གཟིགས་པའི་[དྲན་{འདུན་}པ་ ཉམས་པ་མི་མངའ་བ་དང༌། རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཉམས་པ་མི་མངའ་བ་ དང༌། སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་དང༌། རྣམ་པར་གྲོལ་ བའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་གཟིགས་པ་ཉམས་པ་མི་མངའ་བ་སྟེ། རྟོགས་པས་ བསྡུས་པ་དྲུག་དང༌། ལས་གསུམ་ཡེ་ཤེས་སྔོན་འགྲོ་དང༌། །དུས་ལའང་ཡེ་ཤེས་སྒྲིབ་པ་མེད། ། ཅེས་གསུངས་པ་ལྟར་སྐུའི་འཕྲིན་ལས་རྫུ་འཕྲུལ་མཛད་པ་དང༌། གསུང་གི་འཕྲིན་ལས་ 4-1-636 གདམས་ངག་སྟོན་པ་དང༌། ཐུགས་ཀྱི་འཕྲིན་ལས་ཏིང་ངེ་འཛིན་སྒོམ་པ་ཐམས་ཅད་ཡེ་ཤེས་ སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱིས་རྗེས་སུ་འཇུག་པ་གསུམ་དང༌། འདས་པ་དང་མ་འོངས་པ་དང་ ད་ལྟར་བྱུང་བའི་དུས་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་འཇུག་པ་གསུམ་སྟེ། ཡེ་ཤེས་དང་འཕྲིན་ལས་ཀྱིས་བསྡུས་པ་དྲུག་དང་བཅས་པའི་ཡོན་ཏན་བཅོ་བརྒྱད་པོ་འདི་ རྣམས་སངས་རྒྱས་ཁོ་ན་ལ་མངོན་དུ་གྱུར་པའི་ཚུལ་གྱིས་མངའ་བ་རྣམས་སོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ནི། ཤེས་བྱ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཅན་ ཇི་སྙེད་པ་དང༌། ཆོས་ཉིད་ཇི་ལྟ་བའི་དོན་རྣམས་ཀྱི་ངོ་བོ་དང་ཁྱད་པར་དང་རབ་ཏུ་དབྱེ་བའི་ རྣམ་པ་ཐམས་ཅད་ཆགས་པ་དང་ཐོགས་པ་མེད་པར་མངོན་སུམ་དུ་མཁྱེན་པ་ཉིད་དོ། ། འཁྲུལ་སྤང་ལ་བཞི་ལས། ཡོན་ཏན་མ་ཐོབ་ཀྱང་གྲོལ་བ་སྤང་བ་ནི། གསུང་རབ་གྱི་དོན་ ལས་རིང་དུ་གྱུར་པ་འགའ་ཞིག་བྲལ་བ་དང་སྨིན་པའི་འབྲ་བུའི་ཡོན་ཏན་དེ་དག་གང་ཡང་ མ་ཐོབ་པར་ཀུན་རྫོབ་རང་སྟོང་རྟོགས་པ་ཙམ་གྱིས་མཐར་ཕྱིན་པའི་རྣམ་པར་གྲོལ་བ་ཐོབ་ པོ་ཞེས་བྱ་བར་སེམས་ན། དེ་དག་ནི་གོང་མའི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་ གིས་ཐོབ་པོ་སྙམ་དུ་སེམས་ཁེངས་པ་ལ་གནས་པའི་ཕྱིར་མངོན་པའི་ང་རྒྱལ་དང་ལྡན་པ་ ཞེས་བྱའི། ཡང་དག་པའི་དོན་རིག་པ་ཞེས་ནི་མི་བྱ་སྟེ། མཐར་ཐུག་གི་རྣམ་པར་གྲོལ་བ་ནི། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་[གཉིས་ཏེ{ཉིད་དེ}། ། བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །ཅེས་པ་ ལ་སོགས་པས་རང་དོན་དོན་དམ་ཆོས་སྐུ་ལ་མངའ་བ་བྲལ་འབྲས་ཀྱི་ཡོན་ཏན་དང༌། གཞན་ དོན་ཀུན་རྫོབ་གཟུགས་སྐུ་ལ་མངའ་བ་སྨིན་འབྲས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ པར་གསུངས་པའི་ཕྱིར་རོ། ། སྟོབས་སོགས་ཕྱིས་འབྱུང་འདོད་པ་སྤང་པ་ནི། ཁ་ཅིག་སྟོབས་དང་མི་འཇིགས་པ་ལ་ 4-1-637 སོགས་པའི་ཡོན་ཏན་རྣམས་རིམ་གྱིས་བསྐྱེད་པ་ལས་འགྲུབ་པ་ཡིན་གྱི། གདོད་མ་ནས་ སེམས་གྱི་རང་བཞིན་དེ་བཞིན་ཉིད་ལ་ཡོད་པ་མ་ཡིན་ནོ་ཞེས་འདོད་པ་དེ་དག་ནི་རིགས་པ་ མ་ཡིན་ཏེ། དྲི་མེད་གནས་ལ་མངོན་ཤེས་དང༌། །ཡེ་ཤེས་དྲི་མེད་དེ་ཉིད་རྣམས། །རྣམ་དབྱེ་ མེད་ཕྱིར་མར་མེ་ཡི། །སྣང་དང་དྲོ་མདོག་ཆོས་མཚུངས་ཅན། །ཞེས་གསུངས་པ་ལྟོར་དོན་ དམ་པའི་ཡོན་ཏན་རྣམས་ནི་འདུས་མ་བྱས་ཡིན་པས་སྔར་མེད་གསར་དུ་སྐྱེད་པ་མ་ཡིན་ ཞིང༌། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་གདོད་མ་ནས་དབྱེར་མེད་པར་གནས་པ་ དེ་ཉིད་དྲི་མ་དང་བྲལ་བ་ཙམ་གྱིས་མངོན་སུམ་དུ་གྱུར་པ་ཡིན་པའི་ཕྱིར་རོ། ། མཚན་སོགས་སྔར་ཡོད་དུ་འདོད་པ་སྤང་བ་ནི། ཡང་ཁ་ཅིག་མདོ་ལས་རང་བཞིན་གྱིས་ འོད་གསལ་བ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་བཅས་པ་ཉིད་སེམས་ཅན་ཐམས་ ཅད་ལ་ཡོད་པར་གསུངས་པས་ཕལ་བ་རྣམས་ལ་ཡང་ཕྱག་ཞབས་འཁོར་ལོས་མཚན་པ་ ལ་སོགས་པ་ཡོད་པར་འདོད་མོད། དེ་དག་ནི། སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་ གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་གསུངས་པ་ལྟར་རང་རིག་ཡེ་ཤེས་ལ་སྣང་བ་རྣམ་ པ་ཐམས་ཅད་པའི་སྟོང་པ་ཉིད་ལ་དགོངས་པ་ཡིན་གྱི། གཞན་རིག་རྣམ་ཤེས་ལ་སྣང་བ་ གཟུགས་སྐུའི་མཚན་དང་དཔེ་བྱད་རྣམས་ནི་དང་པོ་ནས་ཡོད་པ་མ་ཡིན་ཏེ། བསོད་ནམས་ཀྱི་ ཚོགས་ཀྱིས་བསྐྱེད་པ་རྣམ་པར་སྨིན་པའི་འབྲས་བུ་འདུས་བྱས་ཡིན་པའི་ཕྱིར་རོ། ། ཕལ་བ་མཐར་ཕྱིན་པར་འདོད་པ་སྤང་བ་ནི། བློ་ཆུང་བ་འགའ་ཞིག་དམིགས་པ་ཕྱོགས་ རེ་ཙམ་སྤྲུལ་བ་དང་བསྒྱུར་བ་མཐོང་བ་དང༌། མངོན་ཤེས་ཅུང་ཟད་ཙམ་ཐོབ་པ་མཐོང་བ་ནི། འདི་དག་ནི་གདོན་མི་ཟ་བར་མངོན་པར་རྫོགས་པར་སངས་རྒྱས་པ་ཞིག་གོ་ཞེས་ཡིད་ཆེས་ པར་བྱེད་མོད། དེ་ཙམ་གྱིས་མཆོག་གྲུབ་པར་ནི་མི་འགྱུར་ཏེ་རྣམ་འགྲེལ་ལས། མི་སྡུག་ཟད་ པར་ས་ལ་སོགས། ཡང་དག་མིན་ལའང་ཞེས་བྱིས་པ་རྣམས་ལའང་ཟད་པར་གྱི་སྐྱེ་མཆེད་ 4-1-638 ལ་སོགས་པ་ཡོད་པར་གསུངས་པའི་ཕྱིར་དང༌། མྱ་ངན་བསལ་བ་ལས། དྲང་སྲོང་ཆེན་པོ་ལྔ་ མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང༌། །གང་ན་སྤྱོད་ཡུལ་འཆི་མེད་པའི། །གནས་ དེར་འགྲོ་བ་ཡོད་མ་ཡིན། །ཞེས་པ་ལྟར་ཐ་མལ་པའི་དྲང་སྲོང་རྣམས་ལ་ཡང་མངོན་པར་ཤེས་ པ་ལྔ་ཡོད་པར་གསུངས་པའི་ཕྱིར་རོ། །དེ་བས་ན་ཐུན་མོང་གི་ཡོན་ཏན་ཅུང་ཟད་ཙམ་གྱིས་ མགོ་མྱོས་པར་མི་བྱ་ཞིང་མཐར་ཕྱིན་པའི་ཡོན་ཏན་ཐོབ་པ་ལ་མོས་པར་བྱ་སྟེ། རང་ཉིད་ཀྱང་ ཡོན་ཏན་ཁྱད་པར་ཅན་རྣམས་བསྒྲུབ་པ་ལ་འབད་པར་བྱའོ། ། གཞུང་དོན་ལ། སངས་རྒྱས་ཐོབ་པའི་ཡོན་ཏན་དང༌། ཐོབ་བྱ་སངས་རྒྱས་ཀྱི་མཚན་ཉིད་ དོ། །དང་པོ་ནི། ཚད་མེད་རྣམ་ཐར་ཟིལ་གནོན་ཟད་པར་ཉོན་མོངས་མེད་དང་བསམས་ནས་ ཤེས། །རིག་དང་མངོན་ཤེས་མཚན་དཔེ་ཡོངས་དག་སྟོབས་དང་མི་འཇིགས་པ་རྣམས་དང༌། ། བསྲུང་མེད་བསྙེལ་མེད་བག་ཆགས་བཅོམ་དང་བསྙེལ་བ་མི་མངའ་ཐུགས་རྗེ་ཆེ། །མ་འདྲེས་ བཅོ་བརྒྱད་རྣམ་མཁྱེན་དང་ལྡན་ཕ་རོལ་ཕྱིན་རྫོགས་རྣམས་ལ་འདུད། །ཅེས་པ་ལྟར་རིམ་ པ་བཞིན་འཆད་པ་ལ་ཚད་མེད་པ་བཞི་ནི། སེམས་ཅན་རྣམས་ལ་བརྩེ་བ་ཅན། ། ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བདེ་བའི་དགོངས་པ་ ཅན། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །དམིགས་ཡུལ་སེམས་ཅན་ཚད་ མེད་པ་རྣམས་ལ་དམིགས་ཏེ། རྣམ་པ་ཕན་པ་དང་བདེ་བར་དགོངས་པའི་ཐུགས་བརྩེ་བ་ཅན་ ཞེས་སྤྱིར་བསྟན་ནས། ཁྱད་པར་དུ་སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པར་དགོངས་ པ་བྱམས་པ་ཚད་མེད་པ་དང༌། སྡུག་བསྔལ་དང་བྲལ་བའི་དགོངས་པ་ཅན་སྙིང་རྗེ་ཚད་མེད་ པ་དང༌། བདེ་བ་དང་མི་འབྲལ་བའི་དགོངས་པ་ཅན་དགའ་བ་ཚད་མེད་པ་གསུམ་ནི་གནས་ སྐབས་མངོན་པར་མཐོ་བའི་བདེ་བ་ལ་སྦྱོར་བའི་དགོངས་པ་ཅན་དང་རྗེས་སུ་ཆགས་པ་དང་ ཁོང་ཁྲོ་བ་མེད་པར་དགོངས་པའི་བཏང་སྙོམས་ཚད་མེད་པ་ནི་མཐར་ཐུག་ངེས་པར་ལེགས་ 4-1-639 པའི་ཕན་པ་ལ་སྦྱོར་བའི་དགོངས་པ་ཅན་ཏེ། དེ་ལྟར་ན་ཚད་མེད་པ་བཞིའི་ཡོན་ཏན་མཐར་ ཕྱིན་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། ། རྣམ་ཐར་ཟིལ་གནོན་ཟད་པར་གསུམ་ནི། ཐུབ་པའི་སྒྲིབ་ཀུན་ངེས་པར་གྲོལ། ། འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །ཐུབ་པ་རྫོགས་པའི་སངས་རྒྱས་ ཀྱི་རྣམ་པར་ཐར་པ་ནི་སྒྲིབ་པ་འགའ་ཞིག་ལས་གྲོལ་བ་ཙམ་མ་ཡིན་གྱི། ཉོན་མོངས་པ་དང་ ཤེས་བྱའི་སྒྲིབ་པ་མ་ལུས་པ་ཀུན་ལས་ངེས་པར་གྲོལ་བ་ཡིན་ལ། ཟིལ་གནོན་ཡང་དམིགས་ པ་ཕྱོགས་རེ་ཙམ་ཟིལ་གྱིས་གནོན་པ་མ་ཡིན་གྱི། ཐུགས་ཇི་ལྟར་བཞེད་པ་བཞིན་དབང་ བསྒྱུར་བས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པ་ཡིན་ཞིང༌། ཟད་པར་གྱི་སྐྱེ་མཆེད་ [ཡང་{རྣམས་}དམིགས་པ་ཕྱོགས་རེ་ཙམ་ལ་ཁྱབ་པ་མ་ཡིན་གྱི། ཐུབ་པ་ཁྱོད་ཀྱི་མཁྱེན་པའི་ ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་སྟེ། དེ་ལྟར་ཡོན་ཏན་གསུམ་གྱི་མི་མཐུན་པའི་ ཕྱོགས་ལས་ཐུགས་རྣམ་པར་གྲོལ་བ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། ། ཉོན་མོངས་མེད་པ་ནི། སེམས་ཅན་རྣམས་ནི་ཐམས་ཅད་ཀྱི། །ཉོན་མོངས་ མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། ། བརྩེར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ཉན་ཐོས་རྣམས་ནི་གཞན་གྱི་ཉོན་མོངས་ པའི་དམིགས་རྐྱེན་མི་བྱེད་པ་ཙམ་ཡིན་ལ། སངས་རྒྱས་རྣམས་ནི་གདུལ་བྱར་གྱུར་པའི་ སེམས་ཅན་རྣམས་ནི་མ་ལུས་པ་ཐམས་ཅད་ཀྱི་ཉོན་མོངས་པའི་རིགས་མ་ལུས་པ་ཐམས་ཅད་ འདུལ་ཞིང་ཉོན་མོངས་པའི་ས་བོན་བག་ཆགས་དང་བཅས་པ་འཇོམས་པར་མཛད་པ་སྟེ། ཉོན་མོངས་པ་དྲག་པོ་ཅན་རྣམས་ལ་ལྷག་པར་ཡང་ཐུགས་བརྩེ་བ་དང་བཅས་པ་ཁྱོད་ལ་ཕྱག་ འཚལ་ལོ་ཞེས་པའོ། ། 4-1-640 བསམས་ནས་ཤེས་པ་ནི། ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་ པ་མི་མངའ་རྟག་པར་ནི། །མཉམ་པར་བཞག་ཅིང་འདྲི་ཀུན་གྱི། །ལན་ ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །ཉན་ཐོས་རྣམས་ཀྱིས་ནི་འབད་རྩོལ་དང་བཅས་པ་ དང་ཆགས་ཐོགས་དང་བཅས་པ་དང་རེས་འགའ་ཤེས་པ་ཙམ་ཡིན་ལ། སངས་རྒྱས་རྣམས་ ཀྱིས་ནི་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་འཇུག་ཅིང༌། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ ཆགས་པ་མི་མངའ་བ་མངོན་དུ་གྱུར་པ་ཉིད་དང༌། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཤེས་བྱ་ ཐམས་ཅད་ལ་ཐོགས་པ་མི་མངའ་བ་ཉིད་དང༌། དུས་རྟག་པར་ནི་མཉམ་པར་བཞག་ཅིང་ གང་དང་གང་འདྲི་བ་ཀུན་གྱི་ལན་ལྡོན་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་ཐེ་ཚོམ་མཐའ་དག་ གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། ། སོ་སོ་ཡང་དག་པར་རིག་པ་བཞི་ནི། རྟེན་དང་བརྟེན་པ་བཤད་བྱ་དང༌། ། གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བ། ། ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་མིང་གི་རྣམ་གྲངས་མཐའ་ཡས་པའི་ ཆོས་དང༌། བརྟེན་པ་རང་རང་གི་མཚན་ཉིད་དམ་དགོངས་པའི་དོན་སོ་སོ་ཡང་དག་པར་རིག་ པ་གཉིས་ནི་བཤད་པར་བྱ་བ་དང༌། གསུང་ངེས་པའི་ཚིག་སྣ་ཚོགས་པ་དང་མཁྱེན་པ་སྤོབས་ པ་སོ་སོ་ཡང་དག་པར་རིག་པ་གཉིས་ནི་འཆད་པར་བྱེད་པ་ཡིན་ལ། དེ་དག་ལ་བློ་གྲོས་རྟག་ ཏུ་ཐོགས་པ་མི་མངའ་བའི་སྒོ་ནས་དམ་པའི་ཆོས་ལེགས་པར་སྟོན་པ་ཁྱོད་ལ་ཕྱག་འཚལ་ལོ་ ཞེས་པའོ། ། མངོན་པར་ཤེས་པ་དྲུག་ནི། གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་ དག་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། ། ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་གདུལ་ 4-1-641 བྱ་གང་ན་ཡོད་པར་དེར་གཤེགས་ནས་གཞན་གྱི་སེམས་ཤེས་པའི་མངོན་ཤེས་ཀྱིས་སེམས་ ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་སྣ་ཚོགས་མཁྱེན་པར་མཛད་དེ། ལྷའི་རྣ་བའི་མངོན་ཤེས་ ཀྱིས་སོ་སོའི་སྐད་ཤེས་པས་སེམས་ཅན་དེ་དག་རང་རང་གི་སྐད་ཀྱིས་སེམས་ཅན་རྣམས་ལ་ ཆོས་བསྟན་ནས་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ཀྱིས་སྔོན་གྱི་མཐའ་གང་ནས་ འདིར་འོང་བ་དང༌། ལྷའི་མིག་གི་མངོན་ཤེས་ཀྱིས་བར་དོ་བཟང་ངན་ཤེས་པས་ཕྱི་མའི་ མཐའ་གང་དུ་འགྲོ་བ་དང༌། ཟག་པ་ཟད་པ་ཤེས་པའི་མངོན་ཤེས་ཀྱིས་ཐེག་པ་གསུམ་གྱི་ ལམ་གྱིས་འཁོར་བ་ལས་ངེས་པར་འབྱུང་བའི་ཚུལ་རྣམས་ཇི་ལྟ་བ་བཞིན་དུ་མཁྱེན་ནས་རང་ རང་གི་མོས་པ་དང་མཐུན་པར་གདམས་ངག་ལེགས་པར་འདོམས་པ་ཁྱོད་ལ་ཕྱག་འཚལ་ལོ་ ཞེས་པའོ། ། མཚན་དང་དཔེ་བྱད་རྣམས་ནི། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་ བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། ། མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །གདུལ་བྱར་གྱུར་པའི་ལུས་ཅན་ཀུན་གྱིས་ སངས་རྒྱས་བཅོམ་ལྡན་འདས་ཁྱོད་ཀྱི་གཟུགས་ཀྱི་སྐུ་མངོན་སུམ་དུ་མཐོང་ན། མཚན་བཟང་ པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པའི་སྒོ་ནས་སྐྱེས་བུ་དམ་པ་ མཆོག་ཏུ་གྱུར་པ་ལགས་པར་འཚལ་ཞིང་ཡིད་ཆེས་ཏེ། མཐོང་བ་ཙམ་ཉིད་ཀྱིས་རབ་ཏུ་དང་ བའི་དད་པ་བསྐྱེད་པར་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། ། ཡོངས་སུ་དག་པ་བཞི་ནི། ལེན་དང་གནས་དང་གཏོང་བ་དང༌། །སྤྲུལ་དང་ ཡོངས་སུ་བསྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟར་བཞེད་པ་བཞིན་དུ་ལུས་ལེན་པ་དང་གནས་པ་དང་ གཏོང་བ་ལ་མངའ་བརྙེས་པ་གནས་ཡོངས་སུ་དག་པ་དང༌། དངོས་པོ་སྔར་མེད་གསར་དུ་ 4-1-642 སྤྲུལ་པ་དང་སྔར་ཡོད་གཞན་དུ་ཡོངས་སུ་བསྒྱུར་བ་ལ་མངའ་བརྙེས་པ་དམིགས་པ་ཡོངས་ སུ་དག་པ་དང༌། དུས་རྟག་ཏུ་{རྣམ་པ་ཐམས་ཅད་དུ་}ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ ལ་མངའ་བརྙེས་པ་ཐུགས་ཡོངས་སུ་དག་པ་དང༌། རྣམ་པ་ཐམས་ཅད་དུ་ཡེ་ཤེས་ལ་མངའ་ བརྙེས་པ་མཁྱེན་པ་ཡོངས་སུ་དག་པ་སྟེ། དེ་ལྟར་ཡོངས་སུ་དག་པ་བཞི་མཐར་ཕྱིན་པ་དང་ ལྡན་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། ། སྟོབས་བཅུ་ནི། ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་ པར་འབྱུང་བ་ལ། །སེམས་ཅན་རྣམས་ལ་རབ་སླུ་བའི། །བདུད་འཇོམ་ ཁྱོད་ལ་ཕྱག་འཚལ་ལོ། །རྒྱུ་དགེ་བ་ལས་འབྲས་བུ་འདོད་པ་དང་རྒྱུ་མི་དགེ་བ་ལས་ འབྲས་བུ་མི་འདོད་པ་འབྱུང་བ་ལ་སོགས་པ་རྒྱུ་འབྲས་གནས་དང་གནས་མ་ཡིན་པ་མཁྱེན་ པའི་སྟོབས་ཀྱིས། ཕྱུགས་བསད་པའི་མཆོད་སྦྱིན་མཐོ་རིས་ཀྱི་རྒྱུར་འདོད་པ་ལ་སོགས་པ་ ཐབས་ལས་སླུ་བའི་བདུད་འཇོམས་པ་དང༌། རང་རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་ པ་རང་རང་གིས་མྱོང་བ་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་དབང་ཕྱུག་ལ་སོགས་ པའི་ལྷ་མཉེས་པར་བྱས་ན་སྡུག་བསྔལ་ལས་སྐྱོབ་པར་འདོད་པ་སྐྱབས་ལས་སླུ་བའི་བདུད་ འཇོམས་པ་དང༌། བསམ་གཏན་ལ་སོགས་པའི་སྙོམས་པར་འཇུག་པ་ཉོན་མོངས་པ་དང་རྣམ་ པར་བྱང་བའི་ཁྱད་པར་མཁྱེན་པའི་སྟོབས་ཀྱིས། ཟག་བཅས་འཇིག་རྟེན་པའི་ལམ་གྱིས་རྣམ་ པར་གྲོལ་བར་འདོད་པ་དག་པ་ལས་སླུ་བའི་བདུད་འཇོམས་པ་དང༌། དབང་པོ་མཆོག་དམན་ དང་མོས་པ་སྣ་ཚོགས་དང་ཁམས་དུ་མ་དང་ཀུན་འགྲོའི་ལམ་དང་སྔོན་གྱི་གནས་དང༌། འཆི་ འཕོ་དང་སྐྱེ་བ་དང་ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་ཀྱིས། དབང་པོ་དམན་པ་ལ་ སོགས་པ་མཆོག་ལ་སྦྱོར་བའི་སྒོ་ནས་ཐེག་ཆེན་གྱི་ལམ་གྱིས་ངེས་པར་འབྱུང་བ་ལས་སེམས་ ཅན་རྣམས་ནི་རབ་ཏུ་སླུ་བའི་བདུད་རྣམས་འཇོམས་པ་སྟེ། དེ་ལྟར་ན་བདུད་བཞི་འཇོམས་ 4-1-643 པའི་སྟོབས་བཅུ་དང་ལྡན་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། ། མི་འཇིགས་པ་བཞི་ནི། རང་གཞན་དོན་དུ་ཡེ་ཤེས་དང༌། །སྤངས་དང་ ངེས་འབྱུང་གེགས་བྱེད་རྣམས། །སྟོན་མཛད་མུ་སྟེགས་གཞན་དག་གིས། ། མི་བརྫི་ཁྱོད་ལ་ཕྱག་འཚལ་ལོ། །རང་གཞན་དོན་དུ་ཞེས་པ་རིམ་པ་ལྟར་རང་ དོན་མཐར་ཕྱིན་པ་ལས་བརྩམས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ཤིང་མངོན་པར་ རྫོགས་པར་སངས་རྒྱས་སོ་ཞེས་ཞལ་གྱིས་བཞེས་པ་དང༌། སྤང་བྱ་ཟག་པ་བག་ཆགས་དང་ བཅས་པ་ཐམས་ཅད་སྤངས་སོ་ཞེས་ཞལ་གྱིས་བཞེས་པ་གཉིས་དང༌། གཞན་དོན་ཕུན་སུམ་ ཚོགས་པ་བསྒྲུབ་པའི་དོན་དུ་ཐེག་པ་གསུམ་གྱི་ལམ་གྱིས་འཁོར་བ་ལས་ངེས་པར་འབྱུང་ངོ་ ཞེས་ཞལ་གྱིས་བཞེས་པ་དང༌། ཉོན་མོངས་པ་རྣམས་ཀྱིས་ཐར་བ་ཐོབ་པའི་གེགས་བྱེད་དོ་ ཞེས་ཞལ་གྱིས་བཞེས་པ་གཉིས་ཏེ། དོན་བཞི་པོ་དེ་རྣམས་འཁོར་མང་པོའི་དབུས་སུ་སྟོན་ ཅིང་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་ན། དེ་ལྟར་མ་ཡིན་ནོ་ཞེས་དགེ་སྦྱོང་ངམ་བྲམ་ ཟེ་འམ་ལྷའམ་བདུད་དམ་ཚངས་པའམ་མུ་སྟེགས་ལ་སོགས་པ་གཞན་དག་གིས། ཆོས་དང་ མཐུན་པར་རྒོལ་བའམ་རྒོལ་བའི་མཚན་མ་ཅུང་ཟད་ཀྱང་མ་མཐོང་བས་དེ་དག་གིས་མི་བརྫི་ ཞིང་མི་འཇིགས་པ་བཞིའི་ཡོན་ཏན་བརྙེས་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། ། བསྲུང་བ་མེད་པ་དང་བསྙེལ་བ་མེད་པ་ནི། བསྲུང་མེད་བསྙེལ་བ་མི་མངའ་ བས། །འཁོར་གྱི་ནང་ན་བག་རྐྱང་གསུང༌། །ཀུན་ནས་ཉོན་མོངས་གཉིས་ སྤངས་པ། །འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །བསྲུང་བ་མེད་པ་གསུམ་དང་ བསྙེལ་བ་མི་མངའ་བ་གསུམ་གྱིས་རིམ་པ་ལྟར་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ སྤྱོད་པ་ལ་ཡོངས་སུ་མ་དག་པ་མི་མངའ་བས། གཞན་གྱི་ཉེས་པ་བརྗོད་ན་རང་ལའང་སྐྱོན་ གདགས་སུ་འོང་སྙམ་པའི་བསྲུང་བའམ་བཅབ་པ་མི་མངའ་བའི་སྒོ་ནས་འཁོར་མཐའ་ཡས་ 4-1-644 པ་རྣམས་ཀྱི་ནང་དུ་བག་རྐྱང་སྟེ་ཇི་ལྟར་བཞེད་པ་བཞིན་དུ་ཚར་བཅད་པ་དང༌། རྗེས་འཛིན་ གྱི་གདམས་ངག་དང་རྗེས་སུ་བསྟན་པ་གསུང་བ་དང༌། དགེ་སློང་དག་འདི་དག་ནི་ཕན་པ་ དང་བདེ་བ་དང་ཕན་བདེར་འགྱུར་བའོ། །ཞེས་ཆོས་སྟོན་པ་ན་གུས་ཤིང་ཡང་དག་པར་སྒྲུབ་ པ་རྣམས་ལ་རྗེས་སུ་ཆགས་པ་དང༌། མི་གུས་ཤིང་ལོག་པར་སྒྲུབ་པ་རྣམས་ལ་ཁོང་ཁྲོ་བ་དང༌། ཁ་ཅིག་གུས་ཤིང་ཁ་ཅིག་མི་གུས་པ་རྣམས་ལ་ཆགས་སྡང་གི་ཀུན་ནས་ཉོན་མོངས་པ་གཉིས་ ཀ་སྤངས་པའི་དྲན་པ་ཉེ་བར་བཞག་པ་གསུམ་དང་ལྡན་པས་འཁོར་གྱི་ཚོགས་ཡོངས་སུ་སྡུད་ པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། ། བག་ཆགས་ཡང་དག་པར་བཅོམ་པ་ནི། ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང༌། ། གནས་པ་ཀུན་ལ་རྟག་པར་ནི། །ཀུན་མཁྱེན་མིན་སྤྱོད་མི་མངའ་བ། ། ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །ཉན་ཐོས་དགྲ་བཅོམ་པ་རྣམས་ནི་ཉོན་ མོངས་པ་ཟད་ཀྱང༌། བག་ཆགས་ཡང་དག་པར་མ་བཅོམ་པས་རེས་འགའ་གླང་པོ་ཆེ་འཁྲུལ་ བ་དང་ཐུག་པ་ལ་སོགས་པ་ཀུན་མཁྱེན་མ་ཡིན་པའི་སྤྱོད་པ་ཅན་ཡིན་ལ། སངས་རྒྱས་བཅོམ་ ལྡན་འདས་རྣམས་ནི་བག་ཆགས་ཡང་དག་པར་བཅོམ་པས། ཀུན་མཁྱེན་ཁྱོད་གྲོང་དུ་བསོད་ སྙོམས་ལ་རྒྱུ་བ་དང་ནང་དུ་ཡང་དག་འཇོག་ལ་གནས་པ་ལ་སོགས་པའི་གནས་སྐབས་ཀུན་ ལ་རྟག་ཏུ་རྒྱུན་མི་འཆད་པར་ནི། ཀུན་མཁྱེན་མིན་པའི་སྤྱོད་པ་འཁྲུལ་པ་དང་ཅ་ཅོ་ལ་སོགས་ པ་ཅུང་ཟད་ཀྱང་མི་མངའ་བ་སྟེ། ཐམས་ཅད་མཁྱེན་པ་ཞེས་པའི་མཚན་དང་མཐུན་པར་སྤྱོད་ པ་ཐམས་ཅད་ཡང་དག་པའི་དོན་དང་ལྡན་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། ། བསྙེལ་བ་མི་མངའ་བ་ནི། སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ ལ་ཕྱག་འཚལ་ལོ། །སེམས་ཅན་གང་དང་གང་ཡིན་པ་ཀུན་གྱི་དོན་བྱ་བའི་དུས་གང་ 4-1-645 ཡིན་པ་དེ་ལ་སངས་རྒྱས་ཁྱོད་ནི་དུས་ལས་མི་འདའ་ཞིང༌། བཏང་སྙོམས་སུ་མི་འཇོག་པས་ འཕྲིན་ལས་མཛད་པ་ཐམས་ཅད་རྟག་ཏུ་ཕན་པ་དང་བདེ་བའི་དོན་མངའ་བའི་སྒོ་ནས་གཞན་ དོན་ལ་ནམ་ཡང་མི་བསྙེལ་བ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། ། ཐུགས་རྗེ་ཆེན་པོ་ནི། འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་ སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །ཕན་དགོངས་ཁྱོད་ལ་ ཕྱག་འཚལ་ལོ། །ཁམས་གསུམ་འཁོར་བར་གནས་པའི་འཇིག་རྟེན་མ་ལུས་པ་ཀུན་ལ་ ཉིན་ལན་གསུམ་མཚན་ལན་གསུམ་དུ་སྟེ། ཉིན་མཚན་ལན་དྲུག་གིས་མཚོན་ནས་དུས་རྟག་ ཏུ་སུ་དང་སུ་ནི་ཉམས་སུ་དང་སུ་ནི་འཕེལ་ཞེས་སོ་སོར་གཟིགས་པ་ནི་བྱེད་ལས་ཡིན་ཞིང༌། ངོ་བོ་ནི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་བཞེད་པའི་ཐུགས་རྗེ་ཆེན་ པོ་དང་ལྡན་པས་རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་ལ་ཕན་པ་འབའ་ཞིག་དགོངས་ པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། སྤྱོད་པ་དང་ནི་རྟོགས་པ་དང༌། ། ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་ མ་ཁྱོད་ལ་ཕྱག་འཚལ་ལོ། །སྐུའི་སྤྱོད་པ་ལ་འཁྲུལ་བ་མི་མངའ་བ་དང༌། གསུང་གི་ སྤྱོད་པ་ལ་ཅ་ཅོ་མི་མངའ་བ་དང༌། ཐུགས་ཀྱི་སྤྱོད་པ་ལ་དྲན་པ་ཉམས་པ་དང་མཉམ་པར་མ་ བཞག་པ་དང་འདུ་ཤེས་ཐ་དད་དང་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་པས་ བསྡུས་པ་དྲུག་དང་ནི། འདུན་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་ རབ་དང་རྣམ་པར་གྲོལ་བ་རྣམས་ཉམས་པ་མི་མངའ་བ་རྟོགས་པས་བསྡུས་པ་དྲུག་དང༌། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམས་མ་ཆགས་མ་ཐོགས་པར་མཁྱེན་ པ་ཡེ་ཤེས་ཀྱིས་བསྡུས་པ་གསུམ་དང་ནི། སྐུ་དང་གསུང་དང་ཐུགས་ཀྱི་མཛད་པ་ཐམས་ཅད་ 4-1-646 ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱིས་རྗེས་སུ་འབྲང་བ་འཕྲིན་ལས་ཀྱིས་བསྡུས་པ་གསུམ་ སྟེ། ཡོན་ཏན་བཅོ་བརྒྱད་པོ་དེ་རྣམས་གང་ཟག་གཞན་ལ་མངོན་དུ་གྱུར་པ་མེད་ཅིང་སངས་ རྒྱས་ཁོ་ན་ལ་མངའ་བས། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ཀུན་གྱི་བླ་མའམ་ མཆོག་ཏུ་གྱུར་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། སྐུ་གསུམ་དག་གིས་བྱང་ཆུབ་ཆེ། ། རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཚོམ་དག ། གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་གསུམ་གྱི་ནང་ནས་ངོ་བོ་ཉིད་ཀྱི་སྐུས་ཟབ་ མོ་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་ གིས་རྒྱ་ཆེ་བ་མངོན་པར་རྫོགས་པར་བྱང་ཆུབ་པ་ཆེན་པོ་རྣམ་པ་ཀུན་ཏུ་བརྙེས་པས། ཤེས་ བྱ་ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་བརྙེས་པའི་ ཕྱིར་ཡུལ་དང་དུས་དང་གནས་སྐབས་ཐམས་ཅད་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་ བསྐོར་ནས། ལྷ་དང་མི་ལ་སོགས་པ་སེམས་ཅན་ཀུན་གྱི་ཉོན་མོངས་པ་ཐེ་ཚོམ་མཐའ་དག་ གཅོད་པའི་འཕྲིན་ལས་དང་ལྡན་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནི། འཛིན་པ་མི་མངའ་ཉེས་མི་མངའ། ། རྙོག་པ་མི་མངའ་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། ། སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། ། ལོངས་སྤྱོད་ལ་ཀུན་ཏུ་འཛིན་པ་མི་མངའ་བས་སྦྱིན་པ་དང༌། སྒོ་གསུམ་གྱི་ལས་ལ་ཉེས་ པའི་དྲི་མ་མི་མངའ་བས་ཚུལ་ཁྲིམས་དང༌། འཇིག་རྟེན་གྱི་ཆོས་དང་སྡུག་བསྔལ་གྱིས་ཐུགས་ ལ་རྙོག་པ་མི་མངའ་བས་བཟོད་པ་དང༌། རྟོགས་པ་ཆུང་ངུ་དང་ངན་ངོན་ཙམ་གྱིས་ཆོག་པར་ འཛིན་པ་ལ་མི་གནས་པས་བརྩོན་འགྲུས་དང༌། ཡུལ་དུས་ཐམས་ཅད་དུ་རྣམ་པར་གཡེང་ 4-1-647 བས་མི་གཡོ་བས་བསམ་གཏན་དང༌། ཆོས་རྣམས་ཐམས་ཅད་ལ་རྣམ་པར་རྟོག་པའི་སྤྲོས་པ་ མེད་པས་ཤེས་རབ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་མཐའ་དག་ལས་རྣམ་ པར་གྲོལ་བས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་ཡོངས་སུ་རྫོགས་པའི་སངས་རྒྱས་བཅོམ་ ལྡན་འདས་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། ཐེག་བསྡུས་བཤད་སྦྱར་ལས་ཀྱང༌། བསེ་རུ་ ལྟ་བུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །བཅོམ་ལྡན་ཉག་གཅིག་ཕ་རོལ་ཕྱིན། ། དྲུག་གི་སྤྱི་ལ་བཞུགས་པ་ལགས། །ཞེས་གསུངས་པ་ལྟར་རོ། ། འཐོབ་བྱ་སངས་རྒྱས་ཀྱི་མཚན་ཉིད་ནི། དམ་པའི་དོན་ནི་གྲུབ་པ་སྟེ། །ས་ ཀུན་ལས་ནི་ངེས་པར་འབྱུང༌། །སེམས་ཅན་ཀུན་གྱི་མཆོག་ཏུ་གྱུར། ། སེམས་ཅན་ཐམས་ཅད་རྣམ་གྲོལ་མཛད། །ཡོན་ཏན་མི་ཟད་མཉམ་ མེད་ལྡན། །འཇིག་རྟེན་དག་དང་དཀྱིལ་འཁོར་ནའང༌། །སྣང་ལ་ལྷ་དང་ མི་རྣམས་ཀྱིས། །རྣམ་པ་ཀུན་དུ་མི་མཐོང་བའོ། །དེ་ཡང་ངོ་བོ་རྒྱུ་འབྲས་ལས་ ལྡན་འཇུག་པ་སྟེ་དོན་དྲུག་གིས་སྟོན་པའི་ངོ་བོའི་དོན་ནི་མངོན་རྟོགས་རྒྱན་ལས། ཐུབ་པའི་ ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་ རང་བཞིན་མཚན་ཉིད་ཅན། །ཞེས་གསུངས་པ་ལྟར་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་ དང་ལྡན་པའི་ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་ པར་དག་པའི་དོན་ནི། གློ་བུར་གྱི་དྲི་མ་ཐམས་ཅད་དང་ཡང་བྲལ་ནས་དག་པ་གཉིས་ལྡན་དུ་ གྲུབ་པར་གྱུར་པ་སྟེ་ངོ་བོ་ཉིད་ཀྱི་སྐུའོ། །རྒྱུའི་དོན་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པོ་ཀུན་ རིམ་གྱིས་བགྲོད་པ་ལས་ནི་ངེས་པར་འབྱུང་བའོ། །འབྲས་བུའི་དོན་ནི་སེམས་ཅན་མ་ལུས་ པ་ཀུན་གྱི་མཆོག་ཏུ་གྱུར་རབ་ཏུ་གྱུར་ཁྱད་པར་དུ་འཕགས་པར་གྱུར་པའོ། །ལས་ཀྱི་དོན་ནི་ འཕྲིན་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་ 4-1-648 བསྔལ་ལས་རྣམ་པར་གྲོལ་བར་མཛད་པའོ། །ལྡན་པའི་དོན་ནི་སྟོབས་དང་མི་འཇིགས་པ་ ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཕུང་པོ་ལྷག་མེད་དུའང་མི་ཟད་ཅིང་ཉན་རང་ ལ་སོགས་པ་དང་མཉམ་པ་མེད་པ་རྣམས་དང་ལྡན་པའོ། །འཇུག་པའི་དོན་ནི་སྐུ་གསུམ་གྱི་ རབ་ཏུ་དབྱེ་བས་[སྟོན་{འཇུག་}པ་སྟེ། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་ སྐུ་རྒྱུན་མི་འཆད། །ཅེས་གསུངས་པ་ལྟར་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ ཏུ་གདུལ་བྱའི་བསམ་པ་དང་མཐུན་པར་རྣམ་འཕྲུལ་སྣ་ཚོགས་སུ་སྣང་བས་སེམས་ཅན་གྱི་ དོན་རྒྱུན་མི་འཆད་པར་མཛད་པ་སྤྲུལ་བའི་སྐུ་དང༌། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་ བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་ སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་པ་ལྟར་འོག་མིན་ཆེན་པོར་བྱང་ཆུབ་སེམས་དཔའི་ འཁོར་གྱི་དཀྱིལ་འཁོར་ནའང་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་སྣང་བས་ཐེག་པ་ཆེན་ པོའི་ཆོས་ཁོ་ན་ལ་རྒྱུན་མི་འཆད་པར་ཉེ་བར་སྤྱོད་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། གསང་ བ་བསམ་གྱིས་མི་ཁྱབ་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ ཁྱབ། །ཅེས་པ་དང༌། ནམ་མཁའ་ཆེ་རྒྱུད་ཀྱི་སྙིང་པོ་ལས། འོད་གསལ་ནམ་མཁའ་ཆེན་པོ་ ཉིད། །ཆོས་སྐུའི་རང་བཞིན་རྟོགས་གྱུར་ན། །དངོས་གྲུབ་ཐོབ་རུང་མ་ཐོབ་རུང༌། །དེ་ཉིད་ དངོས་གྲུབ་ཆེན་པོ་ཡིན། ། ཞེས་གསུངས་པ་ལྟར་སེམས་གྱི་རང་བཞིན་འོད་གསལ་ནམ་མཁའ་ལྟར་ཁྱབ་པར་ བཞུགས་ཀྱང་གློ་བུར་གྱི་དྲི་མ་མ་སྤངས་པའི་ལྷ་དང་མི་ལ་སོགས་པའི་སེམས་ཅན་རྣམས་ ཀྱིས་རྣམ་པ་ཀུན་ཏུ་མི་མཐོང་ཞིང༌། སངས་རྒྱས་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པའི་ཡེ་ ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཆོས་ཀྱི་སྐུའོ། །རྒྱུད་བླ་མར་ཡང༌། དག་ལས་རིང་དང་ཉེ་རྣམས་ 4-1-649 ལ། །འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། །ཆུ་དང་ནམ་མཁའ་ཟླ་གཟུགས་བཞིན། །དེ་ མཐོང་བ་ནི་རྣམ་པ་གཉིས། །ཞེས་སྒྲིབ་པ་[རིམ་{གཉིས་}ཀྱིས་དག་པ་ལས་གདུལ་བྱ་རིང་ བ་ལ་སྣང་བ་སྤྲུལ་པའི་སྐུ་ནི་ཆུ་ནང་དུ་ཤར་བའི་ཟླ་བ་ལྟ་བུ་དང༌། ཉེ་བ་ལ་སྣང་བ་ལོངས་ སྤྱོད་རྫོགས་པའི་སྐུ་ནི་ནམ་མཁའི་ཟླ་བ་ལྟ་བུར་གསུངས་ཤིང༌། ཀུན་རྫོབ་གཟུགས་ཀྱི་སྐུ་ མཐོང་བ་ལ་བརྟེན་ནས་ཐེག་པ་ཆེན་པོ་ལ་ཞུགས་ཏེ། ལམ་ཟབ་མོ་བསྒོམས་པས་དོན་དམ་ ཆོས་ཀྱི་སྐུ་ཡང་མངོན་སུམ་དུ་མཐོང་བར་འགྱུར་ཏེ། (རྒྱུད་བླ་མར་ཡང་)རིམ་གྱིས་དེ་མཐོང་ལ་ བརྟེན་ནས། །ཐེག་པ་འདི་ལ་གནས་པ་རྣམས། །ནང་གི་དམ་པའི་ཆོས་སྐུ་ནི། །ཡེ་ཤེས་མིག་ གིས་མཐོང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་ཡོན་ཏན་ཕུན་སུམ་ཚོགས་ པ་དང་ལྡན་པའི་སངས་རྒྱས་ཐོབ་པར་འདོད་པ་རྣམས་ཀྱིས་གཞུང་ལུགས་རྣམ་པར་དག་པ་ འདི་ལྟ་བུ་ལ་ཞུགས་ཏེ། ཐོས་པ་དང་བསམ་པ་ཚུལ་བཞིན་དུ་བྱས་ནས་ལམ་རྣམ་པར་དག་པ་ བསྒོམ་པ་ལ་འབད་པར་བྱའོ།། ༈ །། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན། ལེགས་པར་རྣམ་པར་བྱང་བའི་རྟོགས་པ་ཅན། བྱང་ཆུབ་ སེམས་དཔའ་ཆེན་པོ་བྱམས་པ་མགོན་པོས་གསུངས་པ་ལས། སྤྱོད་པ་དང་རབ་ཏུ་གནས་ པའི་སྐབས་ཞེས་བྱ་བ། ལེའུ་ཉི་ཤུ་རྩ་གཅིག་པའི་སྐབས་རྫོགས་པར་བཤད་ཟིན་ཏོ།། ༈ །། དོན་དེ་ལེགས་པར་བསྒྱུར་བའི་ཚུལ་ནི། བསྟན་བཅོས་འདི་ཉིད་རྗེ་བཙུན་གྱིས་ལེགས་ པར་སྦྱར་བའི་སྐད་དུ་བརྩམས་ཤིང་རྒྱ་གར་འཕགས་པའི་ཡུལ་དུ་རིམ་གྱིས་བྱོན་པ་ལས། སྔོན་སྐྱེས་བུ་དམ་པ་རྣམས་ཀྱིས་བོད་ཀྱི་ཡུལ་དུའང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ པར་མཛད་པའི་དུས་སུ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིང་ཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་ དཔལ་བརྩེགས་ལ་སོགས་པས་རྒྱ་གར་གྱི་དཔེ་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་ཞུས་དག་ 4-1-650 ཀྱང་མཛད་དེ། འཆད་ཉན་གྱིས་ཀྱང་གཏན་ལ་ཕབ་ནས་སྐལ་བ་དང་ལྡན་པ་རྣམས་ལ་ཕན་ པ་རྒྱ་ཆེན་པོ་མཛད་པའོ། །སླར་ཡང་ཟབ་ཅིང་རྒྱ་ཆེའི་གཞུང་འདི་ལ། །ལྷག་པར་མོས་པ་མ་ ཏི་པཎྜི་ཏས། །རྩ་འགྲེལ་གཉིས་ཀྱི་རྒྱ་དཔེ་ལ་གཏུགས་ནས། །ཅུང་ཟད་བཅོས་ཤིང་ཤིན་ཏུ་ དག་པར་བགྱིས། །ཞེས་པའོ། །བསྟན་བཅོས་འདི་ཉིད་ལ་དད་ཅིང་མོས་པའི་སྒོ་ནས་ཉན་ པ་དང་འཛིན་པ་ལ་སོགས་པ་བྱས་ན། ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་གཟུང་བ་ལ་ སོགས་པའི་བསོད་ནམས་ཆེན་པོའང་ཐོབ་པར་འགྱུར་ཏེ། འདི་དང་བྱང་ཆུབ་སེམས་དཔའི་ ས་གཉིས་པོ་བརྗོད་བྱའི་རྣམ་གྲངས་དང་གོ་རིམ་ལ་སོགས་པ་མཐུན་ཞིང༌། དེ་ལས་ཇི་སྐད་ དུ། ལྷ་དང་མིའི་འཇིག་རྟེན་གྱི་ནང་ནས་ལྷར་གྱུར་པའམ་མིར་གྱུར་པའམ་དགེ་སྦྱོང་ངམ་བྲམ་ ཟེ་ལས། བྱང་ཆུབ་སེམས་དཔའི་ས་འདི་ལ་བརྟན་པོར་མོས་པ་བསྐྱེད་ནས་འདི་ཉན་པའམ་ འཛིན་པའམ་སྒོམ་པའི་རྣམ་པས་སྦྱོར་བར་བྱེད་དམ་གཞན་དག་ལ་རྒྱ་ཆེར་སྟོན་པར་བྱེད་ དམ། ཐ་ན་ཡི་གེར་འབྲིར་བཅུག་སྟེ་འཆང་བའམ་མཆོད་པའམ་བཀུར་སྟིར་བྱེད་པ་དེ་ལ་ནི། མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་གཏོགས་པའི་མདོ་སྡེ་ཉན་པ་ལ་སོགས་པའི་ ལས་ཀྱི་བསོད་ནམས་ཀྱི་ཕུང་པོ་བཅོམ་ལྡན་འདས་ཀྱིས་གསུངས་ཤིང་གསལ་བར་མཛད་ པ་སྟེ། བཀྲོལ་ཞིང་བཏགས་ནས་བསྟན་པ་ཇི་སྙེད་པ་དེ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོར་ འགྱུར་བར་རེ་བར་བྱའོ་ཞེས་གསུངས་པ་ལྟར་རོ། ། དེ་ལྟར་ཕན་ཡོན་དཔག་མེད་དང་ལྡན་པའི། ། རྣམ་པར་དག་པའི་གཞུང་ལུགས་ལ་བརྟེན་ནས། ། ཐོས་བསམ་སྒོམ་པའི་ཚུལ་ལ་འབད་བྱས་ན། ། དོན་གཉིས་མཐར་ཕྱིན་རྒྱལ་བའི་གོ་འཕང་འཐོབ། །༡ ཞེས་པ་འདི་ནི་བློ་ལྡན་དོན་གཉེར་མང་པོས་ཡང་ཡང་བསྐུལ་བའི་ངོར། ། 4-1-651 རྒྱལ་བའི་གསུང་རབ་ཟབ་མོའི་ལུང་དང་རྒྱལ་ཚབ་མཆོག་གི་ལེགས་བཤད་དང༌། ། ཐོགས་མེད་དབྱིག་གཉེན་བློ་བརྟན་ལ་སོགས་དམ་པའི་ལེགས་བཤད་ལ་བརྟེན་ནས། ། དགེ་ལྡན་ས་བཟང་གཙུག་ལག་ཁང་དུ་བློ་གྲོས་རྒྱལ་མཚན་དཔལ་གྱིས་སྦྱར། །༢ གལ་ཏེ་འདི་ལ་འཁྲུལ་པའི་ཆ་མཆིས་ན། ། དེ་ཉིད་གཟིགས་པ་རྣམས་ཀྱིས་བཟོད་མཛད་དེ། ། ལེགས་པའི་ཆ་ལའང་དེ་ཉིད་གཟིགས་པ་རྣམས། ། དགེས་པས་ལེགས་བཤད་འཕེལ་བར་མཛད་དུ་གསོལ། །༣ ཐེག་པ་གསུམ་གྱི་ནང་ནས་མཐར་ཐུག་ཐེག་ཆེན་མདོ་སྡེ་ཀུན་གྱི་རྒྱན། ། གྲུབ་མཐའ་བཞི་ཡི་ནང་ནས་མཐར་ཐུག་དབུ་མ་ཆེན་པོའི་དོན་སྟོན་པ། ། འཁོར་ལོ་གསུམ་གྱི་ནང་ནས་མཐར་ཐུག་འཁོར་ལོ་ཕྱི་མའི་དགོངས་འགྲེལ་མཆོག ། བསྟན་བཅོས་ཀུན་གྱི་ནང་ནས་མཐར་ཐུག་འདི་ལ་མཁས་རྣམས་དགེས་པར་མཛོད། །༤ སེམས་ཀྱི་རང་བཞིན་འོད་གསལ་སྟོན་པ་ལ། ། སེམས་ཙམ་གཞུང་ཞེས་བཏགས་ནས་འདོར་བ་ཡི། ། སེམས་ལྡན་མཁས་པར་རློམ་པ་དེ་དག་གི། སེམས་ལ་ཆོས་སྤོང་ལས་ཀྱིས་གོས་མ་གྱུར། །༥ རྣམ་དག་ལེགས་བཤད་འདི་ལ་བརྟེན་ནས་རྣམ་དཔྱོད་གསལ་ལྡན་སྐྱེ་བོ་རྣམས། ། བྱམས་མགོན་འཕགས་པའི་གཞུང་འདིར་ཞུགས་ནས་བྱམས་དང་སྙིང་རྗེ་དང་ལྡན་པས། ། འགྲོ་བ་རྒྱུད་ལྔས་བསྡུས་པའི་འགྲོ་ཀུན་ཟབ་མོའི་ལམ་ལ་ལེགས་སྦྱར་ཏེ། ། ཀུན་མཁྱེན་རྒྱལ་བའི་གོ་འཕང་མཆོག་དེ་ཀུན་གྱིས་མྱུར་དུ་ཐོབ་གྱུར་ཅིག །༦ 4-1-652 རྒྱལ་བ་རྫོགས་སངས་རྒྱས་ཀྱི་བྱིན་བརླབས་དང༌། ། རྒྱལ་བའི་དམ་ཆོས་ཟབ་མོའི་བདེན་པ་དང༌། ། རྒྱལ་བའི་སྲས་མཆོག་རྣམས་ཀྱི་ཐུགས་རྗེ་ཡིས། ། རྒྱལ་བའི་བསྟན་པ་དར་ཞིང་རྒྱས་གྱུར་ཅིག །༧ སྙིགས་དུས་སྐྱེ་བོ་མ་རུངས་པ་རྣམས་བསམ་སྦྱོར་ངན་པ་རྣམ་སྤངས་ཏེ། ། རྫོགས་ལྡན་དུས་ཀྱི་མི་རྣམས་བཞིན་དུ་ཆོས་དང་འབྱོར་བའི་དཔལ་ལྡན་ཞིང༌། ། ཉིན་མཚན་ཀུན་ཏུ་དམ་པའི་ཆོས་ལ་བརྩོན་པའི་བསམ་སྦྱོར་བཟང་པོ་ཡིས། ། དགའ་ལྡན་གནས་པའི་ལྷ་རྣམས་བཞིན་དུ་དགའ་བདེའི་དཔལ་ལ་སྤྱོད་གྱུར་ཅིག །༨ བློ་གྲོས་ཡངས་པའི་ནམ་མཁའ་ལས་འོངས་པའི། ། ལེགས་བཤད་ཉིན་མོར་བྱེད་པའི་འོད་ཟེར་གྱིས། ། དོན་གཉེར་སྐྱེ་བོའི་མི་ཤེས་མུན་བསལ་ནས། ། ཡོན་ཏན་པདྨའི་ཚལ་རབ་རྒྱས་གྱུར་ཅིག །༩ གང་གི་དྲིན་གྱིས་བདག་འདྲའི་བློས་ཀྱང་ངེས་དོན་ཟབ་མོ་རྟོགས་གྱུར་པ། ། རྒྱལ་བའི་རྒྱལ་ཚབ་ས་བཅུའི་དབང་ཕྱུག་མི་ཕམ་མགོན་ལ་ཕྱག་འཚལ་ཞིང༌། ། དེ་ཡི་ལེགས་བཤད་བདུད་རྩིའི་རྒྱུན་གྱིས་བདག་དང་འགྲོ་རྣམས་ཚིམ་མཛད་པ། ། མཆོག་གསུམ་ངོ་བོ་བླ་མ་རྣམས་ལ་སྒོ་གསུམ་གུས་པས་སྐྱབས་སུ་མཆི། །༡༠ བདག་ཀྱང་འཁོར་ཚེ་ཚེ་རབས་ཐམས་ཅད་དུ། ། ཚུལ་གནས་ཐོས་བསམ་སྒོམ་གསུམ་དང་ལྡན་ཞིང༌། ། འཆད་རྩོད་རྩོམ་པས་དད་ལྡན་གཞན་དག་ཀྱང༌། ། ལེགས་བཤད་བདུད་རྩིས་ཚིམ་པར་བྱེད་གྱུར་ཅིག །༡༡ 4-1-653 ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་རྣམ་པར་བཤད་པ་ཐེག་ཆེན་རབ་གསལ་སྣང་བ་ཞེས་ བྱ་བ། སྡོམ་བརྩོན་སྡེ་སྣོད་འཛིན་པ་མང་པོས་སྔ་མོ་ནས་བསྐུལ་ཞིང༌། ཁྱད་པར་དུའང་དགེ་ བའི་བཤེས་གཉེན་ཆེན་པོ་ཁམས་པ་(འབྲི་གུང་)ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་(ནོར་བུ་དཔལ་གྱི་ཡེ་ཤེས་)ནས་ ཡང་དང་ཡང་དུ་བསྐུལ་བའི་ངོར། བོད་ཀྱི་པཎྜི་ཏ་(གནས་ལྔ་རིག་པ་)མ་ཏི་དྷྭ་ཛ་ཤྲཱི་བྷ་དྲས་(བློ་གྲོས་ རྒྱལ་མཚན་དཔལ་བཟང་པོས་)དགེ་ལྡན་ས་བཟང་དུ་སྦྱར་བའོ། །བསྟན་པ་རིན་པོ་ཆེ་དང་སེམས་ ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག ། འདི་ནི་རྒྱལ་བའི་རྒྱལ་ཚབ་བྱམས་མགོན་ནས། །(འཕགས་པ་)ཐོགས་མེད་(མཁས་མཆོག་) དབྱིག་གཉེན་(དེའི་སློབ་མ་མངོན་པ་རང་ལས་མཁས་པ་)བློ་བརྟན་(པཎ་ཆེན་)གང་བ་སྤེལ། (བྲམ་ཟེ་)རིན་ ཆེན་རྡོ་རྗེ་(དེའི་དབོན་པོ་)སད་ཛ་ན་དང་ནི། །(མར་པ་)ཆོས་ཀྱི་དབང་ཕྱུག་ལྕང་ར་ལྡུམ་སྟོན་དང༌། ། རྟུམ་སྟོན་(བློ་གྲོས་གྲགས་)ཆུ་མིག་(ཤེས་རབ་གྲགས་)པ་དང་(སྣར་ཐང་པ་)དཔལ་ལྡན་གྲོ། །(སངས་རྒྱས་) སྒོམ་(པ་)སེང་(གེ་སྐྱབས་)རིན་ཆེན་(གཡག་ལུང་པ་)བླ་མ་(ཀུན་མཁྱེན་)རིན་ཆེན་གསལ། །(མཁས་མཆོག་) ཀུན་དགའ་ཚུལ་ཁྲིམས་(སྐྱི་སྟོན་)གྲགས་པའི་རྒྱལ་མཚན་(ཀུན་མཁྱེན་གངས་པ་)ལས། །བརྒྱུད་དེ་ མ་ཏི་(པཎ་ཆེན་)བདག་ལ་གནང་བའོ། །གཅིག་ཞུས། །(བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། །) མ་ཡིག་ནི་འབྲས་དཔེ་རྙིང་ཕྱི་ཚ། ༡༡༥དང༌། མདོ་སྨད་དཔེ་རྙིང་དབུ་ཅན་གཉིས་ཡིན། མདོ་སྨད་དཔེ་རྙིང་དབུ་ཅན་ཁོ་ན་ལ་ཡོད། { } གཞུང་ཚིག་ཕན་ཚུན་མི་འདྲ་བས་སྔོན་མ་ཕྱི་ཚ། ༡༡༥ དང་ཕྱི་མ་མདོ་སྨད་དཔེ་རྙིང་ཡིན་པས་འདེམས་དགོས། [ { }