3-1-1 ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ག༽ 3-1-2 ༄༅། །དྲིས་ལན་བླང་དོར་རབ་གསལ་སྣང་བའི་ གཞུང་རྣམ་པར་དག་པའི་ཡི་གེ་ ལུང་དང་མཐུན་པ་ བཞུགས་སོ། ། ༄༅། །ན་མོ་གུ་རུ་ཝེ་རཏྣ་ཏྲ་ཡཱ་ཡ། སྐུ་གསུམ་ཡོངས་རྫོ༷གས་རྫོག༷ས་པའི་སངས་རྒྱས་ དང༌། །ཐེག་གསུམ་ཟབ་ཡངས་ལེགས་གསུང་དམ་པའི་ཆོས། །བསླབ་གསུམ་རྣམ་དག་ འཕགས་པའི་དགེ་འདུན་ལ། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །ཀུན་མཁྱེན་ ཀུན་གྱི་མཁྱེན་རབ་གཅིག་བསྡུས་པ། །ཤེས་བྱ་མཐའ་དག་མངོན་སུམ་ལེགས་གཟིགས་ ནས། །གསུང་ར༷བ་ར༷བ་འབྱམས་འགྲོ་ལ་ལེགས་གསུངས་པ། །གསུང་གི་དབང་ཕྱུག་འཇམ་ པའི་དབྱངས་ལ་འདུད། །ཐུབ་དབང་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །མཐའ་ཡས་འགྲོ་ ལ་རྟག་ཏུ་ཕན་དགོངས་པའི། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེན་པོ་ཡིས། །འགྲོ་ཀུན་ རྟག་ཏུ་རྗེས་སུ་འཛིན་གྱུར་ཅིག །རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །མཐའ་དག་ གདུག་པའི་ཚོགས་རྣམས་མཐར་མཛད་པ། །རྡོ་རྗེ་འཛིན་པས་མ་ལུས་འགྲོ་བ་ཡི། །མི་མཐུན་ ཕྱོགས་ཀུན་ཞི་བར་མཛད་དུ་གསོལ། །རྣམ་རིག་ཡེ་ཤེས་གསལ་བའི་སྤྱན་ལྡན་ཞིང༌། །བསྟན་ པའི་རྒྱལ་མཚན་འཛིན་རྣམས་གུས་མཆོད་པ། །བསོད་ནམས་ཆེན་པོ་དཔལ་འབྱོར་དང་ལྡན་ 3-1-3 པའི། །སྐྱེས་བུ་དམ་པས་ཡང་ཡང་བསྐུལ་བའི་ངོར། །དགེ་ལྡན་ས༷་བཟ༷ང་མ༷་ཏི་པཎྜི་ཏས། ། གཞི་ལམ་འབྲས་སོགས་བླང་དོར་གསལ་བའི་གཏམ། །རྣམ་དག་ལུང་བཞིན་ཅི་ནུས་བཤད་ པར་འཚལ། །དད་ལྡན་དོན་གཉེར་གཞན་ལའང་ཕན་གྱུར་ཅིག །དལ་འབྱོར་རྙེད་དཀའ་དེ་ ཡང་མི་རྟག་ཅིང༌། །རྒྱུ་འབྲས་བསླུ་བ་མེད་པའི་ཚུལ་ཤེས་ནས། །གནས་དང་ཡོ་བྱད་གྲོགས་ མཆོག་ལ་བརྟེན་ཏེ། །ཚུལ་གནས་ཐོས་བསམ་སྒོམ་གསུམ་བསྒྲུབ་འཚལ་ལོ། །ཁྱད་པར་ བདེན་གཉིས་བདེན་བཞི་ཐེག་པ་གསུམ། །བསླབ་གསུམ་སྡོམ་གསུམ་ཕྱི་ནང་གྲུབ་མཐའ་ བཞི། །འཁོར་ལོ་གསུམ་དང་ལམ་ལྔ་ས་བཅུ་སོགས། །ཤེས་ནས་བླང་དོར་ཚུལ་ལའང་འབད་ འཚལ་ལོ། །བླང་དོར་བྱས་ཏེ་ཚོགས་གཉིས་བསགས་པ་ལས། །དོན་གཉིས་མཐར་ཕྱིན་སྐུ་ གསུམ་ཡེ་ཤེས་ལྔ། །ཡོན་ཏན་འཕྲིན་ལས་ཕུན་ཚོགས་དང་ལྡན་པའི། །འབྲས་བུ་ཐམས་ཅད་ མཁྱེན་པའི་གོ་འཕང་ཐོབ། །དེ་སླད་ལོག་པའི་ལྟ་བ་ཀུན་སྤངས་ཏེ། ཡང་དག་ལྟ་སྒོམ་སྤྱོད་ འབྲས་ཚུལ་ཤེས་པས། །སྦྱོར་དངོས་རྗེས་གསུམ་ལྡན་པའི་ཉམས་ལེན་འཚལ། །དེ་དག་རིམ་ གྱིས་སྙན་དུ་གསོལ་བར་བགྱི། །གཞི་ལ་དོན་དམ་ཆོས་ཉིད་དེ་བཞིན་ཉིད། །རང་བཞིན་རྣམ་ དག་འོད་གསལ་ཆོས་ཀྱི་དབྱིངས། །རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུ། །བརྟན་གཡོ་ ཀུན་ལ་གདོད་ནས་ཁྱབ་པར་བཞུགས། །དཔེར་ན་བརྟན་གཡོ་ཀུན་ལ་ཁྱབ་པ་ཡི། །ནམ་ མཁའ་འདུས་མ་བྱས་སུ་མཚུངས་པ་ལྟར། །སེམས་ཀྱི་རང་བཞིན་འོད་གསལ་ཆོས་ཀྱི་སྐུ། ། རང་གཞན་ཀུན་ལ་ཁྱད་པར་མེད་པར་གསུངས། །དེ་ལྟ་ན་ཡང་ཀུན་རྫོབ་གློ་བུར་གྱི། །དྲི་མ་ རྣམ་པར་རྟོག་པ་མ་འགགས་པར། །ཉོན་མོངས་པ་དང་ལས་དང་སྐྱེ་བ་གསུམ། །འཁོར་བའི་ དབང་གིས་སྡུག་བསྔལ་དག་ལ་སྤྱོད། །དེ་ཡང་ཚུལ་མིན་ཡིད་ལ་བྱེད་པ་ཡི། །མི་རྟག་པ་ལ་ རྟག་པར་འདུ་ཤེས་ཤིང༌། །སྡུག་བསྔལ་ལ་ཡང་བདེ་བར་འདུ་ཤེས་ལ། །བདག་མེད་བདག་ ཏུ་བཟུང་བའི་དབང་གིས་སོ། །གཉེན་པོ་ཚུལ་བཞིན་ཡིད་ལ་བྱེད་པ་ཡིས། །འདུས་བྱས་ 3-1-4 ཐམས་ཅད་མི་རྟག་ཟག་བཅས་ཀུན། །སྡུག་བསྔལ་ཆོས་ཀུན་བདག་མེད་རྟོགས་བགྱིས་ཏེ། ། མྱང་འདས་ཞི་བའི་ལམ་ལ་འཇུག་འཚལ་ལོ། །མྱང་འདས་མཐར་ཐུག་དོན་དམ་ཆོས་ཀྱི་སྐུ། ། བདེ་བ་ཆེན་པོའི་ངང་ལས་མ་གཡོས་བཞིན། །ཀུན་རྫོབ་གཟུགས་སྐུའི་རྣམ་འཕྲུལ་སྣ་ ཚོགས་ཀྱིས། །དཔག་མེད་གདུལ་བྱའི་དོན་ཡང་ལྷུན་གྱིས་གྲུབ། །དེ་ཡང་དལ་འབྱོར་མི་ལུས་ རིན་པོ་ཆེ། །འཁོར་བའི་རྒྱ་མཚོ་ཆེ་ལས་སྒྲོལ་བའི་གྲུ །ཐར་བའི་གླིང་དུ་འདྲེན་པའི་དེད་ དཔོན་མཆོག །ཐོབ་པའི་དུས་འདིར་བརྩོན་པས་འབད་འཚལ་ལོ། །རྒྱ་མཚོ་ཆེར་གཡེངས་ གཉའ་ཤིང་བུ་གར་ནི། །རུས་སྦལ་མགྲིན་ཆུད་ཤིན་ཏུ་དཀོན་པ་ལྟར། །འཇིག་རྟེན་དགེ་བ་ སྤྱོད་པ་དཀོན་པའི་ཕྱིར། །དགེ་འབྲས་མི་ལུས་ཐོབ་པ་ཤིན་ཏུ་དཀོན། །སེམས་ཅན་སྤྱི་ཡི་ གྲངས་ལ་ལེགས་བསམ་ན། །མི་ལུས་ཐོབ་པ་མེད་པ་ཙམ་དུ་སྣང༌། །ཁ་མཐོར་དུད་འགྲོ་ཕྲ་ མོའི་གྲངས་བསམ་ན། །མི་ལུས་ཐོབ་པ་སྲིད་པ་ཙམ་ལགས་མོད། །ཕྱག་དར་ཁྲོད་ན་ནོར་བུ་ རྙེད་པ་ལྟར། །རྙེད་དཀའི་མི་ལུས་རིན་ཆེན་ཐོབ་དུས་འདིར། །གཏན་གྱི་བདེ་བ་ཐོབ་ཕྱིར་མ་ འབད་ན། །ཕྱི་ནས་རྙེད་པར་དཀའ་བའང་མཁྱེན་པར་འཚལ། །འདུས་བྱས་མི་རྟག་རྟག་པར་ འཛིན་པས་འཁྲུལ། །ངེས་པར་འཆི་ཞིང་འཆི་རྐྱེན་ཤིན་ཏུ་མང༌། །ནམ་འཆི་ངེས་མེད་མྱུར་བ་ ཉིད་དུ་འཆི། །བྱུང་ཚེ་མི་བཟློག་དེ་ཕྱིར་དགེ་ལ་འབད། །དེ་ལྟར་རྙེད་དཀའི་མི་ལུས་མི་རྟག་ ཅིང༌། །སྤྱིར་ཡང་འདུས་བྱས་ཐམས་ཅད་སྐྱེས་ཙམ་ནས། །རང་གི་ངོ་བོ་སྐད་ཅིག་འཇིག་པ་ སྟེ། །འཇིག་རྒྱུ་གཞན་ལ་ལྟོས་པ་མེད་ཕྱིར་རོ། །ཕྱི་རོལ་ཡུལ་གྱི་སྣང་བ་སྣ་ཚོགས་འདི། །མི་ རྟག་མི་བརྟན་འགྱུར་བའི་ཆོས་ཅན་ཏེ། །ཡིད་འོང་མི་འོང་རྣམ་འགྱུར་རྣམ་པར་བཀྲ། །རྨི་ལམ་ ཇི་བཞིན་དྲི་ཟའི་གྲོང་ཁྱེར་བཞིན། །སེམས་ཀྱང་སྣ་ཚོགས་རྣམ་པར་འགྱུར་བ་ཅན། །རེས་ འགའ་ཆགས་སོགས་ཀུན་ནས་ཉོན་མོངས་དང༌། །རེས་འགའ་དད་སོགས་རྣམ་པར་བྱང་བ་ རུ། །སྐྱེ་བ་རང་རིག་གསལ་བར་མཐོང་ཕྱིར་རོ། །སྐད་ཅིག་སྔ་མའི་རྗེས་སུ་སྐད་ཅིག་གཞན། ། 3-1-5 འདྲ་བ་གཞན་དག་བརྒྱུད་དེ་འབྱུང་བ་ལས། །རྟག་པར་འཛིན་པ་བྱིས་པའི་འཁྲུལ་པ་སྟེ། ། དོན་ལ་རྟག་པའི་དངོས་པོ་ཡོད་མ་ཡིན། །བརྟན་པར་སྣང་བའི་ས་གཞི་ཆེན་པོ་དང༌། །རིན་ ཆེན་རང་བཞིན་རི་རབ་ལྷུན་པོ་དང༌། །རྒྱ་མཚོ་ཆེན་པོའང་དུས་ཀྱིས་འཇིག་འགྱུར་ན། །ཆུ་ བུར་ལྟ་བུའི་ལུས་ཅན་སྨོས་ཅི་འཚལ། །ལུས་ཅན་རྣམས་ནི་དང་པོ་སྐྱེས་ཙམ་ནས། །ལམ་ གཞན་མི་འགྲོ་འཆི་བདག་གྲོང་དུ་འགྲོ །དཔེར་ན་རི་དྭགས་རྒྱ་རུ་ཚུད་པ་རྣམས། །རྔོན་པའི་ དྲུང་དུ་ཉེ་བར་འགྲོ་བ་བཞིན། །ས་ཡིས་ནོན་པའམ་ཆུ་ནང་ལྟུང་པ་འམ། །མེ་ཡིས་ཚིག་གམ་ རླུང་གིས་དེངས་པའམ། །ནད་དང་གདོན་དང་དུག་དང་མཚོན་ལ་སོགས། །འཆི་བའི་རྐྱེན་ནི་ ཤིན་ཏུ་མང་པ་ཉིད། །གནས་དང་ཡོ་བྱད་གྲོགས་དང་གསོ་སྨན་དང༌། །བཟའ་བཏུང་ལ་ སོགས་གསོན་པའི་རྐྱེན་རྣམས་ཀྱང༌། བསྟེན་པ་ཉེས་ན་འཆི་བའི་རྐྱེན་བྱེད་ན། །འཆི་བའི་ རྐྱེན་གྱིས་འཆི་བ་སྨོས་ཅི་དགོས། །ལ་ལ་མངལ་དུ་ལ་ལ་བཙས་ནས་འཆི། །ལ་ལ་བྱིས་པ་ལ་ ལ་གཞོན་ནུར་འཆི། །ལ་ལ་དར་བབ་ལ་ལ་རྒས་ནས་འཆི། །ནམ་འཆི་ངེས་པ་ཅུང་ཟད་ཡོད་ མ་ཡིན། །ཚངས་དང་ལྷ་དབང་འཁོར་ལོས་སྒྱུར་བ་དང༌། །མཁའ་ལ་སྤྱོད་པའི་དྲང་སྲོང་ཆེ་ རྣམས་ཀྱང༌། །དུས་ཀྱི་དབང་གིས་མེད་པར་འགྱུར་ལགས་ན། །ཕལ་པའི་ལུས་ཅན་རྣམས་ནི་ སྨོས་ཅི་འཚལ། །ལོ་དང་ཟླ་བ་ཉིན་ཞག་སྐད་ཅིག་རྣམས། །ཅུང་ཟད་མི་སྡོད་རིམ་གྱི་འདའ་བ་ ཡིས། །ཚེ་འདི་ཉིད་ལ་འབྲིད་པར་བགྱིད་པ་སྟེ། །སྣོན་པའི་དུས་ནི་འགའ་ཡང་ཡོད་མ་ ལགས། །གནས་དང་ཡོ་བྱད་འཁོར་དང་གཉེན་བཤེས་དང༌། །སྲ་བའི་གོ་ཆ་རྣོ་བའི་མཚོན་ཆ་ དང༌། །དཔུང་དང་མཐུ་སྟོབས་དཔག་མེད་ལྡན་ན་ཡང༌། །འཆི་བདག་དགྲ་བོ་ལས་ནི་རྒྱལ་མི་ ནུས། །ཡིད་འོང་གཉེན་དང་བསྐྱངས་པའི་འཁོར་གཡོག་དང༌། །བརྩིགས་པའི་མཁར་དང་ བསགས་པའི་ནོར་རྫས་སོགས། །བདེ་བའི་ཡོ་བྱད་དུ་མས་མཐའ་སྐོར་ཡང༌། །འཆི་བའི་སྡུག་ བསྔལ་རང་ཉིད་གཅིག་པུས་མྱོང༌། །དེ་རིང་ཙམ་ཡང་གནས་པའི་གདེངས་མེད་ཅིང༌། །འཆི་ 3-1-6 བའི་ཚེ་ན་དམ་ཆོས་མ་གཏོགས་པ། །སྐྱོབ་བར་ནུས་པ་འགའ་ཡང་མ་མཆིས་པས། །ད་ལྟ་ ཉིད་དུ་བརྩོན་པར་མཛད་ན་ལེགས། །བསགས་པ་ཀུན་གྱི་མཐའ་ནི་འཛད་པ་སྟེ། །དར་བ་ རྣམས་ཀྱི་མཐའ་ནི་རྒུད་པར་འགྱུར། །འདུས་པ་རྣམས་ཀྱི་མཐའ་ནི་འབྲལ་བ་སྟེ། །གསོན་ པའི་མཐའ་ནི་འཆི་བ་ཡིན་པར་གསུངས། །ལས་འབྲས་ལས་ལམ་བཅུ་ཡི་དབྱེ་བ་དང༌། ། ལས་ཀྱི་རྣམ་གྲངས་མི་དགེ་ལས་འབྲས་དང༌། །ཐོག་མེད་ལས་ཀྱི་ཉེས་པ་བསམ་བྱས་ནས། ། མཐོ་རིས་ཐར་པའི་ཆེད་དུ་དགེ་ལ་འབད། །ཤི་འཕོས་ནས་ཀྱང་ཐོག་མེད་འཁོར་བ་ནས། ། བསགས་པའི་ལས་ཀྱི་མཐའ་མེད་འཁོར་བར་འཁྱམས། །དེས་ན་རྒྱུ་འབྲས་བསླུ་བ་མེད་པ་ ལ། །མངོན་པར་ཡིད་ཆེས་ཡང་དག་ལྟ་བ་འཚལ། །འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས་པ་ སྟེ། །དེ་ཡང་སེམས་པ་ཡིད་ཀྱི་ལས་དང་ནི། །དེས་བསྐྱེད་ལུས་དང་ངག་གིས་ལས་ཡིན་ཏེ། ། ངོ་བོའི་སྒོ་ནས་དགེ་དང་མི་དགེའོ། །མི་དགེ་བ་ལས་སྡུག་བསྔལ་ཐམས་ཅད་དང༌། །ཁྱད་ པར་ངན་འགྲོའི་གནོད་པ་ཐམས་ཅད་འབྱུང༌། །དགེ་བ་ལས་ནི་བདེ་འགྲོ་ཐམས་ཅད་དང༌། ། རྣམ་པ་ཀུན་ཏུ་བདེ་ཆེན་ཐོབ་པར་གསུངས། །དགེ་དང་མི་དགེ་ལས་ཀྱི་ལམ་བཅུ་བོ། །ཤེས་ ནས་རང་ཉིད་བླང་དོར་མཛད་པ་དང༌། །བཀའ་བཞིན་བསྒྲུབ་པའི་སྐྱེས་བུ་མང་པོ་ལའང༌། ། བསྟན་ནས་བླང་དོར་བྱེད་དུ་འཇུག་ན་ལེགས། །སྲོག་གཅོད་མ་བྱིན་ལེན་དང་འདོད་ལོག་ དང༌། །རྫུན་དང་ཚིག་རྩུབ་ཕྲ་མ་ངག་འཁྱལ་དང༌། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་ བ་སྟེ། །ལུས་ངག་ཡིད་ཀྱི་མི་དགེ་བཅུ་སྤང་འཚལ། །དེ་ཡང་སྲོག་གཅོད་པ་ནི་བསམ་བཞིན་ དུ། །མ་ནོར་བར་ནི་དུག་མཚོན་ལ་སོགས་ཀྱིས། །རང་གིས་བྱས་སམ་བྱེད་དུ་འཇུག་ཀྱང་ རུང༌། །གཞན་དག་སྲོག་དང་བྲལ་ནས་དགའ་བའོ། །མ་བྱིན་ལེན་པ་གཞན་དག་དབང་བའི་ ནོར། །མཐུ་ཡིས་འཕྲོག་གམ་འཇབ་བུས་རྐུ་བ་འམ། །འོས་པ་མི་འཇལ་བཏམས་པ་མི་གཏོད་ སོགས། །སྲེད་པའི་དབང་གིས་བདག་གིར་བྱེད་པའོ། །ལོག་པར་གཡེམ་པ་ཡུལ་མིན་དུས་ 3-1-7 མིན་པར། །ཡན་ལག་མིན་པ་ཁ་ལག་ལ་སོགས་དང༌། །བགྲོད་མིན་གཞན་གྱི་བུད་མེད་ལ་ སོགས་པ། །ཆགས་པའི་དབང་གིས་མངོན་པར་བགྲོད་པའོ། །རྫུན་ནི་འདུ་ཤེས་གཞན་དུ་ བསྒྱུར་བ་ཡིས། །བདེན་མིན་སྨྲས་ནས་གཞན་གྱིས་གོ་བ་སྟེ། །ཕྲ་མ་ཕན་ཚུན་མཐུན་པ་དབྱེ་ བའི་ཕྱིར། །ཉོན་མོངས་ཅན་གྱི་ཚིག་སྨྲ་གོ་བའོ། །ཚིག་རྩུབ་པ་ནི་གཞན་ལ་འཐབ་པའི་ཚིག ། མི་སྙན་བརྗོད་ནས་གནད་དུ་ཕོག་པ་སྟེ། །ངག་འཁྱལ་ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག ། ཅལ་ཅོལ་རྣམ་པ་སྣ་ཚོགས་སྨྲ་བའོ། །བརྣབ་སེམས་གཞན་གྱི་ནོར་ལ་ཆགས་པ་སྟེ། །གནོད་ སེམས་སེམས་ཅན་རྣམས་ལ་སྡང་བ་ཡིན། །ལོག་པར་ལྟ་བ་དགེ་དང་མི་དགེ་སོགས། །རྒྱུ་ འབྲས་བདེན་པ་མེད་ཅེས་ལྟ་བའོ། །དེ་རྣམས་བསམ་པ་དྲག་ཞན་བར་མ་དང༌། །ཡུལ་ཡང་ མཆོག་དམན་བར་མའི་དབྱེ་བ་དང༌། །གྲངས་ཀྱང་མང་ཉུང་བར་མའི་ཁྱད་པར་གྱིས། །ངོ་བོ་ ཆེ་ཆུང་བར་མ་རྣམས་སུ་འགྱུར། །མི་དགེ་བཅུ་པོ་ཤས་ཆེར་སྤྱོད་པ་ཡིས། །རྣམ་སྨིན་འབྲས་ བུ་དམྱལ་བའི་སྡུག་བསྔལ་ཏེ། །བར་མས་ཡི་དྭགས་གནས་སུ་སྐྱེ་བ་དང༌། །ཆུང་ངུས་དུད་ འགྲོའི་གནས་སུ་འཕེན་པར་གསུངས། །རྒྱུ་མཐུན་འབྲས་བུ་བྱེད་པ་རྒྱུ་མཐུན་ནི། །གོམས་ པའི་དབང་གིས་ལྷག་པར་བྱེད་འདོད་དང༌། །མྱོང་བ་རྒྱུ་མཐུན་ཚེ་ཐུང་ནོར་ཉུང་སོགས། ། བདག་པོའི་འབྲས་བུ་ཡུལ་ངན་རྣམས་སུ་མྱོང༌། །ལུས་ཀྱི་སྡིག་པ་གསུམ་དང་ངག་གི་བཞི། ། ཡིད་ཀྱི་མི་དགེ་གསུམ་པོ་རྣམ་སྤངས་ཏེ། །ལུས་ངག་ཡིད་གསུམ་དགེ་ལ་སྤྱོད་པ་ནི། །དཀར་ པོ་དགེ་བ་ལས་ཀྱི་ལམ་བཅུར་གསུངས། །དགེ་བ་ཟག་བཅས་རྣམ་སྨིན་འབྲས་བུ་ནི། །བདེ་ འགྲོར་མངོན་པར་མཐོ་བའི་དཔལ་ཐོབ་ཅིང༌། །ཟག་མེད་དགེ་བས་ངེས་པར་ལེགས་པ་ནི། ། རྣམ་པར་གྲོལ་བ་གསུམ་ཡང་རིམ་གྱིས་འགྲུབ། །རྒྱུ་མཐུན་འབྲས་བུ་བྱེད་པ་རྒྱུ་མཐུན་ནི། ། དགེ་བ་བཅུ་ལ་སྤྲོ་བས་འཇུག་པ་དང༌། །མྱོང་བ་རྒྱུ་མཐུན་ཚེ་རིང་ནོར་མང་སོགས། །བདག་ པོའི་འབྲས་བུ་ཡུལ་བཟང་ཕུན་ཚོགས་འགྲུབ། །ཐོས་ཆུང་བླུན་པོ་འགའ་ཞིག་ཚེ་འདི་ལ། ། 3-1-8 དགེ་བ་བྱེད་པ་སྡུག་བསྔལ་མྱོང་བ་དང༌། །སྡིག་པ་བྱེད་པ་བདེ་བ་མྱོང་བ་ན། །རྒྱུ་འབྲས་མི་ བདེན་རྫུན་ཞེས་སྐུར་བ་འདེབས། །ལས་ཀྱི་བག་ཆགས་སྣ་ཚོགས་ཀུན་གཞི་ལ། །གནས་པ་ བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །རྐྱེན་རྣམས་འཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ རིམ་པ་བཞིན་དུ་སྨིན་པར་གསུངས། །ཡུལ་དང་བསམ་པའི་སྒོ་ནས་སྟོབས་ལྡན་འགའ། ། མཐོང་ཆོས་ཚེ་འདི་ཉིད་ལ་སྨིན་པ་དང༌། །མཚམས་མེད་ལ་སོགས་སྐྱེས་ནས་མྱོང་བ་དང༌། ། ཕལ་ཆེར་ལན་གྲངས་གཞན་ལ་སྨིན་པ་མང༌། །དེ་ཡང་ཐོག་མར་ལྕི་བ་གང་ཡིན་སྨིན། །ལྕི་ ཡང་མཉམ་ན་འཆི་ཁར་ཉེ་བ་དང༌། །དེ་དག་མཉམ་ན་གོམས་པ་ཤས་ཆེ་དང༌། །དེ་རྣམས་ མཉམ་ན་སྔོན་བྱས་རིམ་བཞིན་མྱོང༌། །བསམ་པ་དཀར་ཞིང་སྦྱོར་བ་ནག་པ་དང༌། །སྦྱོར་བ་ དཀར་ཞིང་བསམ་པ་ནག་པ་དང༌། །གཉིས་ཀ་དཀར་ཞིང་གཉིས་ཀ་ནག་པ་དང༌། །ཤིན་ཏུ་ དཀར་བ་ཟག་མེད་ལས་ཀྱང་གསུངས། །འཕེན་བྱེད་དགེ་བས་བདེ་འགྲོར་འཕངས་ན་ཡང༌། ། རྫོགས་བྱེད་མི་དགེས་སྡུག་བསྔལ་མྱོང་པ་དང༌། །འཕེན་བྱེད་མི་དགེས་ངན་འགྲོ་འཕངས་ན་ ཡང༌། །རྫོགས་བྱེད་དགེ་བས་བདེ་བ་མྱོང་བའང་ཡོད། །བསམ་པར་ནུས་ཤིང་བསམ་ན་དོན་ ཆེ་བའི། །ལས་ཀྱི་རྣམ་དབྱེ་རྣམས་ཀྱང་མཁྱེན་པར་འཚལ། །བསམ་གྱིས་མི་ཁྱབ་ཕྲ་མོའི་ དབྱེ་བ་ནི། །ཀུན་མཁྱེན་གྱིས་མཁྱེན་ཕལ་བ་རྣམས་ཀྱིས་མིན། །མངོན་སུམ་དུ་ཡང་རྒྱུ་རྐྱེན་ སྣ་ཚོགས་ལས། །འབྲས་བུ་སྣ་ཚོགས་འབྱུང་བ་མྱོང་བས་གྲུབ། །ལས་འབྲས་བསླུ་བ་མེད་ པར་རྒྱལ་བ་ཡིས། །བདེན་པར་གསུངས་ལ་ཅིས་ཀྱང་ཡིད་ཆེས་འཚལ། །སྡིག་པ་བྱེད་པ་བདེ་ བར་འདོད་ན་ཡང༌། །རྒྱུ་དང་མཐུན་པར་འབྲས་བུ་འབྱུང་བས་ན། །གང་དང་གང་དུ་སྐྱེས་པར་ གྱུར་བ་དེར། །སྡུག་བསྔལ་མཚོན་ཆས་རྣམ་པར་འཇོམས་པ་ཉིད། །དེ་ཡང་སྡིག་པ་ཆེན་པོ་ སྤྱད་པ་ལས། །ཚ་བའི་དམྱལ་བ་བརྒྱད་དང་ཉེ་འཁོར་བ། །གྲང་བའི་དམྱལ་བ་བརྒྱད་དང་ཉེ་ ཚེ་བ། །གང་དུ་སྐྱེས་ཀྱང་སྡུག་བསྔལ་མཐའ་ལས་འདས། །ཚ་དམྱལ་རྣམས་ནི་ལྕགས་ 3-1-9 བསྲེགས་ས་གཞི་ལ། །ལྕགས་ཀྱི་ར་བས་ཀུན་ནས་བསྐོར་བའི་ནང༌། །གཞོན་ཤ་ཅན་གྱི་ལུས་ ཆེན་གྲུབ་མ་ཐག །རབ་ཏུ་ཚ་བ་མེ་ཡིས་རྟག་ཏུ་བསྲེགས། །ཁྱད་པར་ཡང་སོས་ཐིག་ནག་ བསྡུས་འཇོམས་དང༌། །ངུ་འབོད་དང་ནི་ངུ་འབོད་ཆེན་པོ་དང༌། །ཚ་བ་དང་ནི་རབ་ཏུ་ཚ་བ་ དང༌། །མནར་མེད་རྣམས་སུ་སྡུག་བསྔལ་དཔག་མེད་མྱོང༌། །ཡང་སོས་རྣམས་ནི་མཚོན་ཆ་ རྣོན་པོ་དག །ཕན་ཚུན་བསྣུན་ནས་བརྒྱལ་ཞིང་འགྱེལ་བ་ན། །སླར་ཡང་སོས་པར་གྱུར་ཅིག་ ཅེས་པའི་སྒྲས། །སོས་ཤིང་ཡང་ཡང་འགྱེལ་པའི་སྡུག་བསྔལ་མྱོང༌། །ཐིག་ནག་རྣམས་ནི་ དམྱལ་སྲུང་འཇིགས་པ་ཡིས། །ལུས་ལ་ནག་པོའི་ཐིག་མང་བཏབ་ནས་སུ། །ལྕགས་ཀྱི་སོག་ ལེ་འབར་བས་གཤག་པ་དང༌། །སྟ་རེ་སྟེའུ་རྣམས་ཀྱིས་བཞོག་པར་བྱེད། །བསྡུས་འཇོམས་ རྣམས་ནི་སྲོག་ཆགས་གདོང་ཅན་རིའི། །བར་དུ་བཙིར་ནས་ཁྲག་རྒྱུན་འབབ་པ་དང༌། ། ལྕགས་ཀྱི་འཁྲུལ་འཁོར་ཆེན་པོས་བཙིར་བ་དང༌། །ལྕགས་ཀྱི་ཕ་བོང་ཆེན་པོས་བརྡུང་ཞིང་ འཇོམས། །ངུ་འབོད་རྣམས་ནི་གནས་མལ་བཙལ་བ་ན། །ལྕགས་ཀྱི་ཁང་བ་རྙེད་དེ་ཞུགས་མ་ ཐག །སྒོ་འགག་ཕྱོགས་རྣམས་ཀུན་ནས་མེ་འབར་བས། །བསྲེགས་ཏེ་ངུ་ཞིང་འབོད་པའི་ སྡུག་བསྔལ་ཅན། །ངུ་འབོད་ཆེན་པོ་ལྕགས་ཀྱི་ཁང་པ་ནི། །གཉིས་རིམ་གསུམ་རིམ་ནང་དུ་ ཆུད་པ་ན། །གདུང་བ་ཆེས་ཆེར་ངུ་ཞིང་འབོད་ན་ཡང༌། །སྐྱབས་མི་རྙེད་པས་ལྷག་པར་སྡུག་ བསྔལ་ཉིད། །ཚ་བ་རྣམས་ནི་ལྕགས་ཀྱི་གསལ་ཤིང་གིས། །གཤམ་ནས་སྤྱི་བོར་ཕུག་སྟེ་མེ་ འབར་ཞིང༌། །ལྕགས་ཀྱི་ཕྲུ་བར་ཉ་བཞིན་འཚེད་པ་དང༌། །ལྕགས་བསྲེགས་ཐོ་བས་བརྡུང་ བའི་སྡུག་བསྔལ་ཅན། །རབ་ཏུ་ཚ་བའི་ལུས་ལ་ལྕགས་ཀྱི་ཤིང༌། །རྩེ་གསུམ་འབར་བས་ གཤམ་ནས་སྦྱི་བོ་དང༌། །ཕྲག་པ་གཉིས་སུ་ཕུག་སྟེ་དབང་པོའི་སྒོ། །ཀུན་ནས་མེ་ལྕེ་རབ་ཏུ་ འབར་བ་དང༌། །ལྕགས་ཀྱི་ལེབ་མ་མེ་ཆེན་འབར་བ་ཡིས། །ལུས་ལ་ཀུན་ནས་འཁྲི་བར་བྱེད་ པ་དང༌། །ལྕགས་ཟངས་འགྱུར་བྱེད་ཁོལ་མར་སྤྱི་ཚུག་ཏུ། །བཅུག་ནས་ཡུན་རིང་འཚེད་པའི་ 3-1-10 སྡུག་བསྔལ་ཅན། །མནར་མེད་རྣམས་ནི་ལྕགས་བསྲེགས་ས་གཞི་ལ། །ཕྱོགས་རྣམས་ཀུན་ ནས་འབར་བའི་མེ་འོང་སྟེ། །ལྤགས་པ་ཤ་ཁྲག་རུས་པ་རྐང་གི་བར། །བསྲེགས་པས་མེ་དང་ དབྱེར་མེད་གྱུར་པ་དང༌། །ལྕགས་ཀྱི་ཞིབ་མར་འདག་མེ་འབར་བ་དང༌། །ལྷན་ཅིག་བསྲེས་ ཏེ་ཡོས་བཞིན་རྔོ་པ་དང༌། །ལྕེ་བྱུང་ལྕགས་བསྲེགས་ས་གཞིར་བརྐྱངས་པ་ལ། །ལྕགས་ཀྱི་ ཕུར་བ་མང་པོ་འདེབས་པ་དང༌། །ལྤགས་པ་གཤུས་ནས་བསྒྱེལ་ཏེ་ཁ་ཕྱེ་བར། །ལྕགས་ཀྱི་ཐོ་ ལུམ་འབར་བ་འཇུག་པ་དང༌། །ཟངས་ཞུན་བསྐོལ་བ་བླུགས་པས་ནང་རོལ་རྣམས། །ཕྱིར་ འབྱུང་ལ་སོགས་སྣ་ཚོགས་སྡུག་བསྔལ་ལོ། །སྡུག་བསྔལ་འདི་དག་འགའ་ཞིག་ཡན་མན་ དུའང་། །ཡོད་ཅིང་གོང་མ་གོང་མའི་སྡུག་བསྔལ་རྣམས། །འོག་མ་རྣམས་ལ་ཚང་བར་ཡོད་པ་ དང༌། །བཞི་བརྒྱ་རྩ་བཞིའི་ནད་ཀྱང་ཡོད་པར་གསུངས། །ཉེ་འཁོར་ཚ་དམྱལ་བརྒྱད་པོའི་ ངོས་བཞི་ན། །མེ་མ་མུར་དང་རོ་མྱག་འདམ་རྫབ་དང༌། །སྤུ་གྲིའི་ལམ་སོགས་ཐལ་ཚན་ཆུ་བོ་ སྟེ། །བཅུ་དྲུག་གནས་པས་སྡུག་བསྔལ་མི་བཟད་སྟེར། །དེ་ཡང་མེ་མ་མུར་གྱི་ཐལ་ཚན་ལ། ། པུས་མོ་ནུབ་ཙམ་རྐང་པ་བཞག་མ་ཐག །ལྤགས་པ་ཤ་ཁྲག་ཐམས་ཅད་བསྲེགས་བྱེད་ཅིང༌། ། བཏེག་མ་ཐག་འཚེ་རེས་ཀྱིས་གནོད་པར་བྱེད། །རོ་མྱགས་ཕྱི་སའི་འདམ་དུ་བྱིང་བ་ན། ། སྲིན་བུ་རྣམས་ཀྱིས་ཕུག་སྟེ་ཟ་བ་དང༌། །སྤུ་གྲིས་གཏམས་པའི་ལམ་ལ་ཕྱིན་མ་ཐག །རྐང་པ་ གཅོད་ཅིང་འཚོ་བའི་སྡུག་བསྔལ་དང༌། །རལ་གྲིའི་ནགས་སུ་རལ་གྲི་ལྟུང་བ་ཡིས། །ཡན་ ལག་ཉིང་ལག་ཐམས་ཅད་གཅོད་པ་དང༌། །ཤལ་མ་རིའི་ཚེར་མ་རྣོན་པོ་ལ། །འབབ་འཛེག་ བྱས་པས་འབུགས་ཤིང་འདྲལ་པ་དང༌། །ཐལ་ཚན་ཆུ་བོ་ཁོལ་མར་ལུས་ལྷུང་སྟེ། །ངོས་རྣམས་ སྐྱེ་བུ་མཚོན་ཆ་ཐོགས་པས་བསྲུངས། །ཤ་ཁྲག་ཐམས་ཅད་ཟད་ནས་རུས་གོང་རྣམས། །མེ་ ཏོག་ཀུན་དྷ་ལྟ་བུར་གྱུར་པས་འཚེད། །མི་ལོ་ལྔ་བཅུ་རྒྱལ་ཆེན་རིགས་བཞིའི་ཞག །དེ་ཡི་ཚེ་ ལོ་ལྔ་བརྒྱའི་གོང་མ་རྣམས། །ཞག་དང་ལོ་གྲངས་ཉིས་འགྱུར་ཉིད་ཡིན་པས། །གཞན་འཕྲུལ་ 3-1-11 དབང་བྱེད་ཚེ་ལོ་ཁྲི་དྲུག་སྟོང༌། །ཡང་སོས་ལ་སོགས་དྲུག་པོ་རིམ་པ་བཞིན། །འདོད་ལྷའི་ཚེ་ དང་ཉིན་ཞག་མཉམ་པའི་ལོ། །གྲངས་ཀྱང་སྔར་བཞིན་འོག་མ་གཉིས་ཀྱི་ཚེ། །བར་བསྐལ་ ཕྱེད་དང་གཅིག་ཏུ་སྡུག་བསྔལ་མྱོང༌། །གྲང་དམྱལ་རྣམས་ནི་འཁྱག་རུམ་མུན་ཁྲོད་དུ། །རེག་ ཏུ་མི་བཟོད་གཞོན་ཤ་ཅན་གྱི་ལུས། །གྲང་བའི་ཁྱད་པར་འོག་མ་འོག་མ་རྣམས། །ཤིན་ཏུ་ དྲག་པོས་མིང་དུ་བཏགས་པ་ནི། །ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་ཅན། །སོ་ཐམ་ཨ་ཅུ་ཀྱེ་ ཧུད་ཟེར་པ་དང༌། །ཨུཏྤལ་ལྟར་གས་པད་མ་ལྟར་གས་དང༌། །པདྨ་ལྟ་བུར་ཆེས་ཆེར་གས་ པའོ། །ཉེ་ཚེ་བ་ནི་ངེས་མེད་གནས་རྣམས་སུ། །ཁ་སྣ་བྱ་གཅན་སོགས་ཀྱིས་ཟ་བ་དང༌། །རུས་ གོང་བྱ་རོག་སོགས་ཀྱིས་འཐོག་པ་དང༌། །ལུས་ལ་ལྕགས་ཀྱིས་བསྐྲིས་སོགས་སྡུག་བསྔལ་ ཅན། །ཏིལ་ཁལ་བརྒྱད་ཅུས་གང་བའི་བང་བ་ན། །ལོ་བརྒྱ་རེ་ན་ཏིལ་རེ་བྱུང་བ་ཡིས། །ཟད་ པར་གྱུར་པ་ཆུ་བུར་ཅན་གྱི་ཚེ། །འོག་མ་འོག་མ་ཉི་ཤུ་འགྱུར་དུ་གསུངས། །མི་དགེ་བཅུ་པོ་ བར་མ་སྤྱད་པ་ཡིས། །ཡི་དྭགས་འཇིག་རྟེན་ཁམས་སུ་སྐྱེས་པ་ན། །ཤིན་ཏུ་བཀྲེས་ཤིང་སྐོམ་ པས་ཉམས་ཐག་པས། །པགས་པ་ཤ་དང་ཁྲག་རྣམས་སྐམ་གྱུར་ཏེ། །ལུས་ནི་སྡོང་དུམ་མེ་ ཡིས་ཚིག་པ་བཞིན། །ཁ་སྐམ་པ་ལ་ལྕེ་ཡིས་ལྡག་བྱེད་ཅིང༌། །རྫིང་བུར་ཆུ་ལ་རྒྱུགས་ཀྱང་ མཚོན་ཆས་བསྲུངས། །འཐུང་དུ་མི་འཇུག་ཕྱིའི་སྒྲིབ་པ་ཅན། །ཟས་སྐོམ་ཅུང་ཟད་རྙེད་ཀྱང་ ཁབ་མིག་ལྟར། །ཕྲ་བའི་ཁ་དང་མགྲིན་པར་མི་ཤོང་ཞིང༌། །རབ་ཡངས་ལྟོ་བ་མི་ཁེངས་ཡན་ ལག་རྣམས། །ཕྲ་བས་མི་ཐེག་ནང་གི་སྒྲིབ་པ་ཅན། །བཟའ་བཏུང་ཅུང་ཟད་ནུས་ཀྱང་དེ་ རྣམས་ནི། །མེ་ལྕེའི་ཕྲེང་བར་གྱུར་ནས་བསྲེག་པ་དང༌། །བཤང་གཅི་དྲི་དང་དུག་དང་ལྗན་ ལྗིན་གྱི། །དངོས་པོ་ལ་སྤྱོད་ཟས་སྐོམ་སྒྲིབ་པ་ཅན། །མི་ཡི་ཟླ་བ་ཉིན་ཞག་བྱས་པ་ཡི། །ཚེ་ལོ་ ལྔ་བརྒྱའི་བར་དུ་འཆི་མི་འགྱུར། །དབུལ་ཞིང་ཕོངས་པས་བཙལ་ཡང་མི་རྙེད་པའི། །སྡུག་ བསྔལ་དམྱལ་བ་བཞིན་དུ་ཚད་མེད་ལྡན། །མི་དགེ་ཆུང་ངུས་དུད་འགྲོར་སྐྱེས་པ་ན། །རྒྱ་ 3-1-12 མཚོར་གནས་པའི་ཉ་དང་ཆུ་སྲིན་སོགས། །ཆེན་པོ་རྣམས་ཀྱིས་ཆུང་ངུ་ཟ་བ་དང༌། །སྲིན་བུ་ ཆུང་ངུས་ཆེན་པོ་ཕུག་སྟེ་ཟ། །ཁྱད་པར་ཀླུ་རྣམས་ཉིན་བཞིན་བྱེ་ཚན་གྱིས། །ཆར་པས་ཤ་རུས་ ཐམས་ཅད་བསྲེག་པ་དག །མཁའ་ལྡི ང་གཏུམ་པོ་རྣམས་ཀྱིས་ཟ་བ་དང༌། །གཅིག་གིས་ གཅིག་གསོད་གླེན་ལྐུགས་སྡུག་བསྔལ་ཅན། །ཁ་འཐོར་རྣམས་ཀྱང་གདུག་ཅན་སྐྱེ་བོ་ཡིས། ། ཤ་ཁྲག་ལྤགས་པའི་ཆེད་དུ་གསོད་པ་དང༌། །ལྕགས་ཚན་ལྕགས་ཀྱུ་སོགས་ཀྱིས་བསྣུན་པ་ དང༌། །རང་དབང་མེད་པར་འཁོར་བའི་སྡུག་བསྔལ་ལྡན། །ཚེ་ཚད་ངེས་མེད་ཐུང་བ་ཡུད་ ཙམ་དང༌། །རིང་བ་བསྐལ་བའི་བར་དུ་གནས་པ་དང༌། །ལུས་ཀྱང་ངེས་མེད་ཆུང་བ་རྡུལ་ཕྲན་ ཙམ། །ཆེ་བ་དཔག་ཚད་མང་ཡང་སྡུག་བསྔལ་རྟེན། །ཟག་བཅས་དགེ་བའི་དབང་གིས་བརྒྱ་ ལམ་ན། །གལ་ཏེ་མི་ལུས་ཐོབ་པར་གྱུར་ན་ཡང༌། །ཡོད་པ་རྣམས་ནི་བསྲུང་བའི་སྡུག་བསྔལ་ དང༌། །མེད་པ་རྣམས་ནི་ཚོལ་བའི་སྡུག་བསྔལ་དང༌། །མངལ་ནས་སྐྱེ་བ་དོག་པའི་སྡུག་ བསྔལ་དང༌། །ན་ཚོད་འགྱུར་བ་རྒས་པའི་སྡུག་བསྔལ་དང༌། །ཁམས་འགྱུར་བ་ལས་ན་བའི་ སྡུག་བསྔལ་དང༌། །སྲོག་འགྱུར་བ་ལས་འཆི་བའི་སྡུག་བསྔལ་དང༌། །མི་སྡུག་དགྲ་བོས་ མནར་བའི་སྡུག་བསྔལ་དང༌། །ཡིད་འོང་གཉེན་དང་བྲལ་བའི་སྡུག་བསྔལ་དང༌། །འདོད་ པའི་དངོས་པོ་ཐབས་མང་སྣ་ཚོགས་ཀྱིས། །བཙལ་ཡང་མ་རྙེད་ལ་སོགས་སྡུག་བསྔལ་མྱོང༌། ། དུས་ཀྱི་དབང་གིས་ཚ་གྲང་སྡུག་བསྔལ་དང༌། །བཟའ་བཏུང་མེད་ཚེ་བཀྲེས་སྐོམ་སྡུག་ བསྔལ་དང༌། །ལམ་དུ་འགྲོ་འོང་ངལ་དུབ་སྡུག་བསྔལ་དང༌། །འཐབ་རྩོད་ལ་སོགས་སྡུག་ བསྔལ་མཐའ་ལས་འདས། །ལྷ་མ་ཡིན་རྣམས་ཕྲག་དོག་འགྲན་སེམས་ཀྱིས། །ལྷ་དང་འཐབ་ ཚེ་ལྷ་དབང་རྡོ་རྗེ་ཡིས། །ལུས་རྣམས་དུམ་བུ་དུ་མར་གཏུབ་པ་ན། །རོལ་མཚོའང་ཁྲག་ཏུ་སྣང་ བའི་སྡུག་བསྔལ་ཅན། །འདོད་ལྷ་འདོད་པས་མྱོས་ཤིང་ཡེངས་པ་ན། །མི་བཟད་འཆི་ལྟས་ རྣམས་ཀྱི་ཐེབས་པའི་ཚེ། །དམྱལ་བའི་སྡུག་བསྔལ་ལས་ཀྱང་ཆེས་ལྷག་པའི། །འཆི་འཕོས་ 3-1-13 ལྟུང་འགྱུར་སྡུག་བསྔལ་དྲག་པོས་འཚེད། །གཟུགས་དང་གཟུགས་མེད་ཁམས་ནའང་ཏིང་ འཛིན་གྱིས། །མྱོས་ཤིང་སླར་ཡང་འོག་ཏུ་ལྟུང་བའི་ཕྱིར། །སྐྱེ་འཆི་དག་ལ་རང་དབང་མ་ཐོབ་ པས། །ཀུན་ལ་ཁྱབ་པ་འདུ་བྱེད་སྡུག་བསྔལ་ཅན། །ཁམས་གསུམ་འཁོར་བའི་བཙོན་ར་ཆེན་ པོ་འདིར། །གང་དུ་སྐྱེས་ཀྱང་བདེ་བའི་སྐབས་མ་མཆིས། །མི་གཙང་བ་ལ་དྲི་ཞིམ་མེད་པ་ བཞིན། །དེ་སླད་དེ་ཡི་ཉེས་དམིགས་དྲན་པར་འཚལ། །ཡང་དང་ཡང་དུ་དམྱལ་བར་ཕྱིན་པ་ ན། །ཟངས་ཞུན་བསྐོལ་བ་འཐུངས་པ་གང་ཡིན་པ། །ཕྱོགས་བཞིའི་རྒྱ་མཚོ་ཆེན་པོ་བཞི་ལ་ ཡང༌། །དེ་ཡི་ཚད་ཙམ་ཡོད་པ་མིན་ཞེས་གསུངས། །སེར་སྣའི་དབང་གིས་ཡི་དྭགས་འཇིག་ རྟེན་དུ། །ཕྱིན་པའི་ཚེ་ན་བཀྲེས་ཤིང་སྐོམ་པ་དང༌། །དབུལ་ཞིང་ཕོངས་པའི་སྡུག་བསྔལ་མི་ བཟད་པ། །ཡང་ཡང་མྱོང་མོད་ངལ་བ་འབྲས་མེད་ཉིད། །ཁྱི་ཕག་ལ་སོགས་དུད་འགྲོར་གྱུར་ པ་ན། །མི་གཙང་ལྗན་ལྗིན་རུལ་བ་ཟོས་པ་རྣམས། །རི་རབ་ལྷུན་པོའི་ཚད་ལས་ལྷག་པ་ཙམ། ། སོང་ཡང་དོན་མེད་དཀའ་སྤྱད་སྡུག་བསྔལ་ཉིད། །མིར་གྱུར་ན་ཡང་སྡང་དང་ཆགས་པ་ཡིས། ། འཐབ་ཅིང་རྩོད་པས་མགོ་བོ་གཅོད་པ་དང༌། །བྲལ་ཏེ་ངུས་པའི་མཆི་མ་བསགས་གྱུར་ན། ། རི་རབ་རྒྱ་མཚོ་ལས་ཀྱང་ལྷག་པར་གསུངས། །རིན་ཆེན་བདུན་གྱི་འབྱོར་པ་དང་ལྡན་པ། ། འཁོར་ལོས་སྒྱུར་བའི་བདེ་ཆེན་མྱོང་ན་ཡང༌། །ཚིམ་པ་མེད་ཅིང་དུས་ཀྱི་དབང་གིས་སླར། ། མི་གཙང་ས་ལུད་ཕྱགས་པའི་བྲན་དུའང་གྱུར། །ཁང་བཟང་ཉམས་དགར་ལྷ་མོའི་ཚོགས་ རྣམས་དང༌། །ལྷན་ཅིག་སྤྱོད་པའི་བདེ་བ་མྱོང་ན་ཡང༌། །ངོམ་པ་མེད་ཅིང་ལས་ཀྱི་དབང་གིས་ སླར། །ལྕགས་བསྲེགས་ཁང་བར་ངུ་འབོད་ལ་སོགས་མྱོང༌། །ཚངས་སོགས་གཟུགས་དང་ གཟུགས་མེད་ཁམས་རྣམས་སུ། །འདོད་ལ་ཆགས་བྲལ་བདེ་བ་ཐོབ་མོད་ཀྱི། །སླར་ཡང་ མནར་མེད་མེ་ཡི་བུད་ཤིང་དུ། །གྱུར་ནས་བརྣག་དཀའི་སྡུག་བསྔལ་མྱོང་བར་འགྱུར། །སྔོན་ ཆད་མ་བྱིན་པ་དང་མ་བསྡད་པའི། །གནས་དེ་གང་ནའང་ཡོད་པ་མ་ལགས་ཤིང༌། །སྔོན་ཆད་ 3-1-14 མ་བྱས་པ་དང་མ་མྱོང་བའི། །དགེ་སྡུག་བདེ་སྡུག་གང་དེའང་ཡོད་མ་ལགས། །སྔོན་ཆད་མ་ སྐྱེས་པ་དང་མ་ཕྱིན་པའི། །འགྲོ་བའི་རིས་ཏེ་གང་ནའང་ཡོད་མིན་ཞིང༌། །སྔོན་ཆད་མ་འཐབ་ པ་དང་མ་འགྲོགས་པའི། །སེམས་ཅན་རེས་ཏེ་གང་ནའང་ཡོད་མ་ལགས། །ད་ལྟ་དགྲ་དང་ཉེ་ དུར་སྣང་བ་དང༌། །བྲན་དང་རྗེ་བོར་སྣང་བ་འདི་དག་ཀྱང༌། །སྲིད་པ་གཞན་དུ་དེ་ལས་བཟློག་ པར་མཆིས། །ངེས་མེད་འཁོར་བར་འདི་ལ་སུས་ཡིད་བརྟན། །བརྩེ་བས་བསྐྱངས་ཤིང་འབད་ པས་བསགས་པ་ཡི། །འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་གྱུར་ཀྱང༌། །འཆི་བའི་ཚེ་ན་ རྗེས་སུ་མི་འབྲང་ཞིང༌། །ལས་རྣམས་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །སེམས་ཅན་ཀུན་ལ་ བུ་གཅིག་ལྟར་བརྩེ་བའི། །རྫོགས་པའི་སངས་རྒྱས་གྲངས་མེད་འདས་གྱུར་ཀྱང༌། །རང་གི་ ལས་ཀྱི་ཞགས་པས་བཅིངས་པ་རྣམས། །འཁོར་བའི་བཙོན་རར་ལས་ནི་ཐར་མ་ནུས། ། དཀའ་ཐུབ་ཆེ་ལ་ཕན་ཡོན་ཆུང་བ་ཡི། །འཁོར་པའི་བྱ་བ་སྙིང་པོ་མེད་པ་ལ། །འབད་པའི་ཆ་ ཤས་ཙམ་ཞིག་དམ་པའི་ཆོས། །སྒྲུབ་ན་གཏན་གྱི་བདེ་བ་ཅིས་མི་འགྲུབ། །དེ་སླད་གནས་ སྐབས་མངོན་པར་མཐོ་བ་ཡི། །གོ་འཕང་ཐོབ་ཕྱིར་ཟག་བཅས་དགེ་བ་དང༌། །མཐར་ཐུག་ ངེས་པར་ལེགས་པའི་གོ་འཕང་མཆོག །ཐོབ་ཕྱིར་ཟག་མེད་དགེ་ལ་འབད་འཚལ་ལོ། །དེ་ ཡང་རྣམ་གཡེང་འདུ་འཛིའི་གནས་སྤངས་ཏེ། །འཚེ་བ་མེད་ཅིང་འཚོ་བ་དང་ལྡན་པ། །དབེན་ ཞིང་ཡིད་དུ་འོང་བའི་དགོན་པ་ལ། །བརྟེན་ནས་རྣམ་དག་དགེ་བ་ངང་གིས་འཕེལ། །མྱོས་ འགྱུར་ཆང་དང་བསད་པའི་ཤ་ལ་སོགས། །འདི་དང་ཕྱི་མར་གནོད་གྱུར་མ་དག་པ། །ལོག་ པའི་འཚོ་བ་དུག་བཞིན་རྣམ་སྤངས་ཏེ། །དག་པའི་འཚོ་བ་བསྟེན་པ་ཤིན་ཏུ་གཅེས། །བསམ་ པ་བཟང་བར་འདོད་ཀྱང་ཤས་ཆུང་བས། །སྡིག་པའི་ལས་ལ་ཐབས་ཀྱི་བསྐུལ་བྱེད་ཅིང༌། ། དགེ་བའི་ལས་ལ་བར་ཆད་བྱེད་པ་རྣམས། །སྡིག་པའི་གྲོགས་པོ་ལགས་པས་སྤང་ན་ལེགས། ། ཚུལ་ཁྲིམས་ལྡན་ཞིང་ལུང་དང་རྟོགས་པའི་ཆོས། །འཆད་དང་བསྒྲུབ་པའི་སྒོ་ནས་འཛིན་ 3-1-15 ཞིང་སྤེལ། །གང་དང་འགྲོགས་ན་དགེ་བ་འཕེལ་བ་ཡི། །བཤེས་གཉེན་དམ་པ་གུས་པས་ བསྟེན་པར་འཚལ། །དེ་ཡི་གསུང་བཞིན་རྣམ་དག་ཚུལ་ཁྲིམས་བསྲུངས། །ཐོས་བསམ་ བསྒོམས་པས་ལམ་ལྔ་ས་བཅུ་རྣམས། །རིམ་བཞིན་གོང་ནས་གོང་དུ་བགྲོད་པ་ལས། །རྣམ་ གྲོལ་མཆོག་གི་བདེ་བ་ཆེན་པོ་འགྲུབ། །ཐོས་པའི་དོན་ཡང་ཉམས་སུ་བླང་བྱའི་ཕྱིར། །བཀའ་ ལུང་ཟབ་མོ་གུས་པས་ནོད་པ་སྟེ། །བསམ་པ་ཚུལ་བཞིན་ཡིད་ལ་བྱེད་པ་ཡིས། །རྣམ་པར་ དཔྱད་དེ་ངེས་པར་འཛིན་པའོ། །སྒོམ་པའི་དོན་ཡང་ཇི་ལྟར་རྟོགས་པའི་དོན། །བླང་དོར་ཚུལ་ གྱིས་ཉམས་སུ་ལེན་པ་སྟེ། །སྤང་བྱ་གང་ཡིན་ཤེས་ནས་སྤང་བ་དང༌། །གཉེན་པོ་གང་ཡིན་ ཤེས་ནས་བསྟེན་པའོ། །ཁྱད་པར་བདེན་གཉིས་བདེན་བཞི་ཐེག་པ་གསུམ། །བསླབ་གསུམ་ སྡོམ་གསུམ་ཕྱི་ནང་གྲུབ་མཐའ་དང༌། །འཁོར་ལོ་གསུམ་དང་ལམ་ལྔ་ས་བཅུ་སོགས། །ཤེས་ ནས་བླང་དོར་ཚུལ་ལ་འབད་འཚལ་ལོ། །ཆོས་ཀུན་བདེན་པ་གཉིས་སུ་འདུ་བས་ན། །ཀུན་ རྫོབ་དང་ནི་དོན་དམ་བདེན་པ་ཡི། །གནས་ལུགས་ཤེས་ནས་རབ་འབྱམས་ཤེས་བྱ་ལ། །རྣམ་ པར་དཔྱོད་པ་ཤེས་ལྡན་རྣམས་ཀྱི་ལུགས། །ཀུན་རྫོབ་འཁྲུལ་ཤེས་ཇི་སྲིད་གནས་ཀྱིས་བར། ། རྒྱུ་འབྲས་བསླུ་བ་མེད་པར་བདེན་པ་སྟེ། །དོན་དམ་སྟོང་ཉིད་ཟབ་མོ་ཆོས་ཀྱི་དབྱིངས། །ཡེ་ ཤེས་དམ་པའི་དོན་དུ་བདེན་པའོ། །ཀུན་རྫོབ་སྣང་ཙམ་དུ་ཡང་དོན་བྱེད་དག །མི་ནུས་པ་ནི་ ལོག་པའི་ཀུན་རྫོབ་སྟེ། །སྣང་ཙམ་རང་རང་སོ་སོའི་དོན་བྱེད་དག །ནུས་པར་སྣང་བ་ཡང་ དག་ཀུན་རྫོབ་ལགས། །དོན་དམ་ལ་ཡང་སྐྱེས་སོགས་བཀག་ཙམ་གྱི། །སྟོང་ཉིད་མེད་དགག་ རྣམ་གྲངས་དོན་དམ་སྟེ། །སྤྲོས་པ་མཐའ་དག་ཞི་བའི་དེ་བཞིན་ཉིད། །རྣམ་གྲངས་མ་ཡིན་ མཐར་ཐུག་དམ་པའི་དོན། །ཀུན་རྫོབ་སྒྱུ་མ་ལྟ་བུར་ཡིན་ན་ཡང༌། །ལས་འབྲས་སྒྱུ་མ་ལྟ་བུར་ བདེན་པས་ན། །དགེ་བ་བསྒྲུབ་ཅིང་སྡིག་པ་སྤང་བ་ལ། །རྣམ་པ་ཀུན་ཏུ་བརྩོན་པས་འབད་ འཚལ་ལོ། །དོན་དམ་སྟོང་ཉིད་ལ་ཡང་བཅུ་དྲུག་སོགས། །དབྱེ་བ་མང་ཡང་ཀུན་རྫོབ་ཆོས་ 3-1-16 ཅན་རྣམས། །རང་རང་ངོ་བོས་སྟོང་ཞིང་དམ་པའི་དོན། །གློ་བུར་དྲི་མས་སྟོང་པ་གཉིས་སུ་ འདུས། །ཀུན་རྫོབ་སྟོང་ཚུལ་འཁོར་ལོ་བར་བའི་དོན། །ཤེས་ནས་དངོས་པོ་ཀུན་ལ་མངོན་ ཞེན་སྤངས། །དོན་དམ་སྟོང་ཚུལ་འཁོར་ལོ་ཐ་མའི་དོན། །ཤེས་ནས་མངོན་དུ་འགྱུར་བའི་ ཐབས་བསྟེན་འཚལ། །ཆོས་ཅན་འདུས་བྱས་ཀུན་རྫོབ་བདེན་པ་སྟེ། །ཆོས་ཉིད་འགྱུར་མེད་ དོན་དམ་བདེན་པ་དང༌། །རྣམ་ཤེས་མཐའ་དག་ཀུན་རྫོབ་བདེན་པ་སྟེ། །ཡེ་ཤེས་སྐུ་ནི་དོན་ དམ་བདེན་པ་ལགས། །འཁོར་བ་མཐའ་དག་ཀུན་རྫོབ་བདེན་པ་སྟེ། །མྱ་ངན་འདས་པ་དོན་ དམ་བདེན་པ་དང༌། །གློ་བུར་དྲི་མ་ཀུན་རྫོབ་བདེན་པ་སྟེ། །རང་བཞིན་རྣམ་དག་དོན་དམ་ བདེན་པ་ལགས། །འཁྲུལ་སྣང་མཐའ་དག་ཀུན་རྫོབ་བདེན་པ་སྟེ། །ཡང་དག་སྣང་བ་དོན་ དམ་བདེན་པ་དང༌། །ཀུན་བཏགས་གཞན་དབང་ཀུན་རྫོབ་བདེན་པ་སྟེ། །ཡོངས་གྲུབ་ཆོས་ ཉིད་དོན་དམ་བདེན་པ་ལགས། །བདེན་པ་གཉིས་ཀྱི་རྣམ་དབྱེ་མ་ཤེས་ན། །ཡོད་མེད་རྟག་ ཆད་བདག་ཡོད་བདག་མེད་སོགས། །སྣ་ཚོགས་གསུངས་པའི་དགོངས་པ་མི་ཤེས་པས། ། སངས་རྒྱས་བསྟན་པའི་གནས་ལུགས་ཤེས་པར་དཀའ། །བདེན་གཉིས་ཤེས་ན་དེ་དག་ལ་ བརྟེན་ནས། །གཞན་ཕན་བསོད་ནམས་མི་རྟོག་ཡེ་ཤེས་ཀྱིས། །ཚོགས་གཉིས་བསགས་ཏེ་ སྒྲིབ་གཉིས་སྦྱངས་པ་ལས། །དོན་གཉིས་མཐར་ཕྱིན་རྒྱལ་བའི་གོ་འཕང་ཐོབ། །བདེན་པ་ བཞི་ནི་སྡུག་བསྔལ་བདེན་པ་དང༌། །ཀུན་འབྱུང་འགོག་པ་ལམ་གྱི་བདེན་པ་སྟེ། །རིམ་པ་ བཞིན་དུ་ཤེས་བྱ་སྤང་བྱ་དང༌། །ཐོབ་པར་བྱ་དང་བསྟེན་པར་བྱ་ཕྱིར་བསྟན། །ཁམས་གསུམ་ འཁོར་བ་གང་དུ་སྐྱེས་ན་ཡང༌། །སྡུག་བསྔལ་གྱིས་གཟིར་བདེ་བའི་གོ་སྐབས་མེད། །དེ་ཡི་བྱ་ བ་སྙིང་པོ་མེད་པ་ལ། །ཆགས་པ་སྤངས་ཏེ་ངེས་འབྱུང་བསམ་པ་བསྐྱེད། །ཟག་བཅས་སེམས་ པའི་ལས་དང་བསམ་པའི་ལས། །དེ་ཡི་ཀུན་སློང་ཉོན་མོངས་སྣ་ཚོགས་པ། །སྡུག་བསྔལ་ ཀུན་ཏུ་འབྱུང་བའི་རྒྱུ་ཡིན་པས། །དེ་དག་སྤང་བའི་ཆེད་དུ་འབད་འཚལ་ལོ། །རང་བཞིན་ 3-1-17 རྣམ་དག་དོན་དམ་ཆོས་ཀྱི་དབྱིངས། །གློ་བུར་དྲི་མའི་སྦུབས་ལས་ངེས་གྲོལ་ཏེ། །དག་པ་ གཉིས་ལྡན་མངོན་དུ་གྱུར་པ་ན། །འགོག་བདེན་མཐར་ཐུག་མྱང་འདས་བདེ་ཆེན་ཐོབ། །དེ་ ཡི་ཆེད་དུ་རྣམ་དག་ལེགས་པའི་ལམ། །ཚོགས་གཉིས་དོན་དུ་རིམ་གཉིས་ཟུང་འཇུག་གི། རྣལ་འབྱོར་ཟབ་མོ་བསྒོམས་ཏེ་རང་གཞན་གྱི། །དོན་གཉིས་བསྒྲུབ་པའི་ཆེད་དུ་འབད་ འཚལ་ལོ། །ལས་དང་ཉོན་མོངས་ཀུན་འབྱུང་མ་སྤངས་ན། །འབྲས་བུ་འཁོར་བའི་སྡུག་ བསྔལ་རྒྱུན་མི་འཆད། །ཟག་མེད་ལམ་བདེན་རིམ་གྱིས་གོམས་པ་ལས། །འགོག་བདེན་ཟབ་ མོ་རིམ་གྱིས་མངོན་དུ་འགྱུར། །ཐེག་པ་གསུམ་གྱི་རྣམ་དབྱེ་ལ་མཁས་པས། །གནས་སྐབས་ ཐེག་པ་གསུམ་གྱིས་ངེས་འབྱུང་ཞིང༌། །མཐར་ཐུག་ཐེག་པ་གཅིག་ལ་སྦྱོར་བ་སྟེ། །སངས་ རྒྱས་རྣམས་ཀྱི་ཐབས་ལ་མཁས་པ་ཉིད། །ཐེག་པ་ཞེས་བྱ་བགྲོད་པའི་དོན་ཅན་ཏེ། །དེ་ཡང་ བསམ་པ་ལ་སོགས་དབྱེ་བ་ཡིས། །གང་གིས་འགྲོ་བ་ལམ་གྱི་ཐེག་པ་དང༌། །གང་དུ་ཕྱིན་པ་ འབྲས་བུའི་ཐེག་པའོ། །བསམ་པ་དམན་ཞིང་བཤད་པའང་དམན་པ་དང༌། །སྦྱོར་བ་དམན་ ཞིང་ཚོགས་ཀྱང་དམན་པ་ཡིས། །འབྲས་བུ་འགྲུབ་པའང་དམན་པར་གང་གྱུར་པ། །དེ་ནི་ དམན་པ་ཉན་ཐོས་ཐེག་པར་གསུངས། །དེ་རྣམས་བར་མ་རང་རྒྱལ་ཐེག་པ་སྟེ། །བསམ་པ་ བཟང་པོས་ཟབ་མོའི་ཆོས་འཆད་ཅིང༌། །སྦྱོར་བ་བཟང་པོས་ཚོགས་ཡང་བསགས་པ་ལས། ། འབྲས་བུ་མཆོག་འགྲུབ་ཐེག་པ་ཆེན་པོ་ལགས། །དམན་པའི་རིགས་ཅན་དབང་པོ་རྟུལ་པོ་ རྣམས། །གཞུག་ཕྱིར་གང་ཟག་བདག་མེད་ཙམ་བསྟན་ཏེ། །སྲིད་པའི་སྐྱོན་སྤངས་ཞི་བའི་ ལམ་བསྒྲུབ་པས། །འབྲས་བུ་ཉན་ཐོས་དགྲ་བཅོམ་ཐོབ་པ་དང༌། །བར་མའི་རིགས་ཅན་ དབང་བོ་འབྲི ང་པོ་རྣམས། །གང་ཟག་བདག་དང་ཆོས་བདག་གཟུང་མེད་པར། །རྟོགས་ནས་ རྟེན་འབྲེལ་ཟབ་མོའི་དོན་བསྒོམ་པས། །འབྲས་བུ་རང་རྒྱལ་བྱང་ཆུབ་ཐོབ་པ་དང༌། །མཆོག་ གི་རིགས་ཅན་དབང་པོ་རྣོན་པོ་ལ། །བདག་མེད་མཐའ་དག་བསྟན་ནས་གཞན་དོན་དུ། །བྱང་ 3-1-18 ཆུབ་སྤྱོད་པ་བླ་མེད་སྤྱོད་པ་ལས། །འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པའོ། །དང་པོར་ འཁོར་བ་མི་རྟག་སྡུག་བསྔལ་ཞིང༌། །བདག་མེད་མྱང་འདས་ཞི་བའི་ཐབས་བསྟན་ནས། ། སེམས་ཅན་སྲིད་གསུམ་གནས་ལ་སྐྱོ་བསྐྱེད་དེ། །ཉན་རང་ཞི་བདེ་དག་ལའང་འགོད་པར་ མཛད། །ཕྱི་ནས་དེ་དག་སྔར་འཛིན་ལས་བཟློག་སྟེ། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་དམ་པའི་ ཆོས། །ཟབ་མོའི་དེ་ཉིད་བསྟན་ནས་གདུལ་བྱའི་མཆོག །ཐེག་པ་ཆེན་པོའི་ཆོས་ཀྱིས་སྨིན་ པར་མཛད། །དེ་ཡང་ཟབ་རྒྱས་ཆོས་ལ་དམིགས་པ་སོགས། །རྗོད་བྱེད་ཆེན་པོ་བདུན་དང་ ལྡན་པ་དང༌། །བརྗོད་བྱ་རིགས་སོགས་ཆོས་བཅུ་བསྟན་པའི་ཕྱིར། །ཤིན་ཏུ་རྒྱས་པའི་ མཚུངས་མེད་དམ་པ་ལགས། །དེས་ན་རང་བཞིན་རིགས་ལ་ཁྱད་མེད་ཀྱང༌། །རྒྱས་འགྱུར་ རིགས་ལ་རྣམ་པ་གསུམ་ཡོད་པས། །གནས་སྐབས་གང་ལ་གང་མོས་ཆོས་བསྟན་ཏེ། །མཐར་ ཐུག་ཟབ་མོའི་དོན་ལ་སྦྱར་ན་ལེགས། །འདུལ་བ་མདོ་སྡེ་མངོན་པའི་སྡེ་སྣོད་ལས། །གསུང་ བཞིན་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱི། །བསླབ་པ་གསུམ་ལ་རྟག་ཏུ་སློབ་པ་དང༌། །སྡེ་ སྣོད་གསུམ་ཡང་མཁྱེན་པར་བགྱིད་འཚལ་ལོ། །སྤང་བྱ་སྤོང་བ་སྡོམ་པའི་ཚུལ་ཁྲིམས་དང༌། ། གཉེན་པོ་དགེ་བའི་ཆོས་སྡུད་ཚུལ་ཁྲིམས་དང༌། །བྱེད་ལས་སེམས་ཅན་དོན་བྱེད་ཚུལ་ ཁྲིམས་ཏེ། །ཚུལ་ཁྲིམས་བསླབ་པ་གསུམ་ལ་གནས་ན་ལེགས། །དམིགས་བཅས་དམིགས་ མེད་ཏིང་འཛིན་ལ་གནས་པས། །སྤང་བྱ་སྤོང་ཞིང་གཉེན་པོ་བསྟེན་པ་ནི། །ལྷག་པ་ཏིང་ འཛིན་སེམས་ཀྱི་བསླབ་པ་སྟེ། །དེ་སླད་ཞི་གནས་ལྷག་མཐོང་ཟུང་འཇུག་བསྒོམ། །ཉེས་པ་ ཀུན་གྱི་རྩ་བ་མ་རིག་པ། །སྤང་ཕྱིར་ཆོས་ཀུན་གནས་ལུགས་རྟོགས་པ་ཡིས། །བླང་དོར་ཚུལ་ བཞིན་བྱེད་པའི་ཤེས་རབ་ནི། །ཤེས་རབ་བསླབ་པ་ལགས་པས་སྤེལ་འཚལ་ལོ། །སྡོམ་པ་ གསུམ་ནི་སོ་སོར་ཐར་བ་དང༌། །བྱང་སེམས་སྡོམ་པ་གསང་སྔགས་སྡོམ་པ་སྟེ། །སོ་སོར་ཐར་ བའི་སྡོམ་པ་སེམས་ཅན་ལ། །གནོད་འཚེ་གཞི་དང་བཅས་པ་སྤོང་བའོ། །བྱང་ཆུབ་སེམས་ 3-1-19 དཔའི་སྡོམ་པ་སྒོ་གསུམ་གྱིས། རྟག་ཏུ་འགྲོ་ལ་ཕན་པར་ཞུགས་པ་སྟེ། །གསང་སྔགས་སྡོམ་ པ་ཇི་ལྟར་ཁས་བླང་བའི། །དམ་ཚིག་རྣམ་དག་རྟག་ཏུ་བསྲུང་བའོ། །སོ་སོར་ཐར་པ་ལ་ཡང་ ཁྱིམ་པ་དང༌། །རབ་ཏུ་བྱུང་པའི་ཕྱོགས་ཀྱི་སྡོམ་པ་སྟེ། །དང་པོ་དགེ་བསྙེན་བསྙེན་གནས་སྡོམ་ པ་དང༌། །གཉིས་པ་དགེ་ཚུལ་དགེ་སློང་སྡོམ་པའོ། །ཇི་སྲིད་འཚོ་ཡི་བར་དུ་སྲོག་གཅོད་དང༌། ། མ་བྱིན་ལེན་དང་ལོག་པར་གཡེམ་པ་དང༌། །རྫུན་དུ་སྨྲ་དང་མྱོས་པར་འགྱུར་བའི་ཆང༌། ། སྤོང་བ་ཡོངས་རྫོགས་དགེ་བསྙེན་སྡོམ་པར་གསུངས། །ཉིན་ཞག་གཅིག་གི་བར་དུ་སྲོག་ གཅོད་དང༌། །མ་བྱིན་ལེན་དང་འཁྲིག་པ་རྫུན་དང་ནི། །ཆང་དང་ཕྱི་དྲོའི་ཁ་ཟས་མལ་ཆེ་མཐོ། ། གླུ་གར་ལ་སོགས་སྤོང་བ་བསྙེན་གནས་ལགས། །སྲོག་གཅོད་མ་བྱིན་ལེན་དང་འཁྲིག་པ་ རྫུན། །ཆང་དང་གར་སོགས་ཕྲེང་སོགས་མལ་ཆེ་མཐོ། །དུས་མིན་ཟས་དང་གསེར་དངུལ་ ལེན་པ་རྣམས། །ཇི་སྲིད་འཚོ་བར་སྤོང་བ་དགེ་ཚུལ་ལོ། །ཕམ་པ་བཞི་དང་ལྷག་མ་བཅུ་ གསུམ་དང༌། །སྤང་ལྟུང་སུམ་ཅུ་འབའ་ཞིག་དགུ་བཅུ་དང༌། །སོར་བཤགས་བཞི་དང་ཉེས་ བྱས་བརྒྱ་བཅུ་གཉིས། །ལ་སོགས་སྤང་བ་དགེ་སློང་སྡོམ་པར་གསུངས། །བསམ་གཏན་སྡོམ་ པ་ཟག་མེད་སྡོམ་པ་ནི། །ཏིང་འཛིན་སེམས་ཀྱི་བསླབ་པའི་ནང་དུ་འདུས། །དེ་ལྟར་རྣམ་དབྱེ་ ཤེས་ནས་དེ་རྣམས་ཀྱི། །ནང་ནས་ཇི་ལྟར་ནུས་པའི་སྡོམ་པ་བསྲུང༌། །བྱང་སེམས་སྡོམ་པ་སྔོན་ གྱི་སངས་རྒྱས་ཀྱིས། །སེམས་བསྐྱེད་བླངས་ནས་བསླབ་པ་བསྲུང་བ་ལྟར། །བདག་ཀྱང་དེ་ཡི་ རྗེས་སུ་འཇུག་གོ་ཞེས། །ཁས་བླངས་ནས་ནི་ཇི་བཞིན་བསྒྲུབ་པའོ། །དེ་ཡང་ཁྱིམ་པའམ་རབ་ ཏུ་བྱུང་བ་ཡི། །སྔར་གྱི་བསླབ་བྱའི་སྟེང་དུ་དཀར་ནག་གི། ཆོས་བཞི་དག་ལ་བླང་དོར་བྱེད་པ་ དང༌། །ཕ་རོལ་ཕྱིན་དྲུག་རྟག་ཏུ་སྤྱོད་པ་དང༌། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ ཏེ། །ཚད་མེད་བཞི་ལྡན་བསམ་པ་བཟང་པོ་ཡིས། །སྦྱིན་དང་སྙན་སྨྲ་དོན་སྤྱོད་དོན་མཐུན་ པའི། །བསྡུ་བ་བཞི་ཡིས་གཞན་དོན་བསྒྲུབ་པ་དང༌། །གཞན་གྱི་དོན་དུ་འགྱུར་ན་མནར་མེད་ 3-1-20 པའི། །སྡུག་བསྔལ་ལ་ཡང་བདེ་བར་འཛིན་པ་ཡིས། །ལུས་ངག་ཡིད་ཀྱི་བྱ་བ་གང་ཡིན་ རྣམས། །རྟག་ཏུ་གཞན་ལ་ཕན་པར་སྤྱོད་པ་དང༌། །ཕན་དང་བདེ་བའི་ཁྱད་པར་ཤེས་པ་ཡིས། ། སྡུག་བསྔལ་ཡིན་ཡང་གཏན་ཏུ་ཕན་པ་ཡི། །ཐབས་ལ་འཇུག་ཅིང་བདེ་ཡང་མི་ཕན་པའི། ། བྱ་བ་ངན་པ་རྣམས་ནི་སྤང་བའོ། །ཉོན་མོངས་དྲག་པོ་ལས་བྱུང་རྩ་ལྟུང་བཞི། །སྤོང་ཞིང་བྱུང་ ན་སླར་ཡང་འཆོས་པ་སོགས། །རྣམ་དག་ལུང་ལ་བལྟས་ཏེ་བཀག་པ་རྣམས། །སྤང་ཞིང་ གནང་བ་རྣམས་ནི་བསྟེན་པ་འོ། །གསང་སྔགས་སྡོམ་པ་བྱང་སེམས་སོ་ཐར་གྱི། །སྡོམ་པ་ གང་བླངས་བསྲུང་བའི་སྟེང་དུ་ཡང༌། །དབང་བཞི་བླངས་ནས་སྐབས་དེར་ཐོབ་པ་ཡི། ། རིགས་ལྔའི་དམ་ཚིག་སྡོམ་པ་བསྲུང་བ་སྟེ། །སྒྲུབ་པའི་དམ་ཚིག་རིམ་གཉིས་བསྒོམ་པ་དང༌། ། བཟའ་བའི་དམ་ཚིག་བདུད་རྩི་བསྟེན་པ་དང༌། །བཟུང་བའི་དམ་ཚིག་རྟེན་གསུམ་འཆང་བ་ དང༌། །སྒོ་གསུམ་དམ་ཚིག་དགེ་བཅུ་སྤྱོད་པ་དང༌། །སྤང་བྱ་རྩ་བའི་ལྟུང་བ་བཅུ་བཞི་དང༌། ། ཡན་ལག་ལྟུང་བ་བརྒྱད་རྣམས་སྤོང་བ་དང༌། །བརྟུལ་ཞུགས་ཉི་ཤུ་རྩ་ལྔའི་མི་མཐུན་ཕྱོགས། ། ཉེས་པ་ལྔ་ཚན་ལྔ་རྣམས་སྤོང་བ་དང༌། །ཐེག་དམན་ཡིད་ལ་བྱེད་པ་སྤོང་བ་དང༌། །གཞན་ དོན་ཡལ་བར་འདོར་བ་སྤོང་བ་དང༌། །ལྷ་དང་ལྷ་མིན་བརྙས་པ་སྤོང་བ་དང༌། །ཕྱག་མཚན་ སོགས་ལ་འགོམ་པ་སྤོང་བ་དང༌། །སྐྱེས་བུ་དམ་པ་ཉེ་བར་བསྟེན་པ་དང༌། །རྣལ་འབྱོར་མ་ ཀུན་མཉེས་པར་བྱེད་ལ་སོགས། །རྒྱ་ཆེར་གསང་བའི་རྒྱུད་ལས་གསུངས་པ་ལྟར། །གཉེན་པོ་ སྟོབས་ལྡན་བསྐྱེད་དེ་བསྲུང་བའོ། །ཕྱི་ནང་གྲུབ་མཐའི་དབྱེ་བའང་མཁྱེན་བགྱི་སྟེ། །ཕྱི་བ་ལ་ ཡང་ཚངས་པ་ཁྱབ་འཇུག་དང༌། །དབང་ཕྱུག་པ་དང་རྒྱང་འཕེན་སྟག་གཟིག་པ། །ཟད་བྱེད་ གཅེར་བུ་པ་སྟེ་ལྔ་རུ་གསུངས། །ཚངས་པ་པ་ནི་རིག་བྱེད་རྟག་པ་དང༌། །རིགས་བཞི་ཚངས་ པའི་ལུས་ལས་བྱུང་བ་དང༌། །རྟ་གཙང་མཆོད་སྦྱིན་བྱས་པས་མཐོ་རིས་ཀྱི། །གོ་འཕང་ཐོབ་ པར་འདོད་མོད་དེ་ལྟར་ནའང༌། །རིག་བྱེད་རང་བྱུང་རྟག་པ་མ་ཡིན་ཏེ། །དང་པོ་ཚངས་པའི་ 3-1-21 གདོང་བཞི་ལས་བྱུང་ཞིང༌། །ཕྱི་ནས་བྲམ་ཟེ་རྣམས་ཀྱིས་ཀློག་པ་ལས། །འདུས་བྱས་མི་རྟག་ ཉིད་དུ་གྲུབ་ཕྱིར་རོ། །རིགས་བཞིའང་རིགས་གཅིག་ཉིད་དུ་ཐལ་འགྱུར་ཏེ། །གང་ཟག་ གཅིག་གིས་ལུས་ལས་བྱུང་བའི་ཕྱིར། །དཔེར་ན་ཕ་གཅིག་གིས་ནི་བསྐྱེད་པ་ཡིས། །བུ་རྣམས་ རིགས་གཅིག་ཉིད་དུ་འགྱུར་བ་བཞིན། །སྲོག་ཆགས་བསད་དེ་མཆོད་སྦྱིན་བྱས་པ་ལས། ། མཐོ་རིས་གོ་འཕང་ཐོབ་པ་ག་ལ་སྲིད། །སྡིག་པ་བྱེད་པས་བདེ་འགྲོ་ཐོབ་འགྱུར་ན། །ངན་ འགྲོའི་སྡུག་བསྔལ་གང་ལས་འབྱུང་བར་འགྱུར། །ཁྱབ་འཇུག་དབང་ཕྱུག་པ་དག་ཐུན་མོང་ དུ། །དེ་དག་ཀུན་གྱི་བྱེད་པོར་རང་དབང་ཅན། །བདག་ཀྱང་གཅིག་པུ་ཀུན་ལ་ཁྱབ་པ་དང༌། ། དུས་གསུམ་འགྱུར་མེད་རྟག་པར་འདོད་མོད་ཀྱི། །ཀུན་གྱི་བྱེད་པོ་ཡིན་ན་དགེ་སྡིག་ལས། ། བདེ་སྡུག་མྱོང་པ་པོར་ཡང་ཐལ་བར་འགྱུར། །དེ་ལྟ་ན་ནི་རང་དབང་ཅན་དུ་འགལ། །རྟེན་ འབྲེལ་མ་གཏོགས་བྱེད་པོ་གཞན་ཡོད་མིན། །བདག་ནི་རྟག་པ་གཅིག་པུ་ཐམས་ཅད་དུ། ། འགྲོ་བ་ཡིན་ན་གཉེན་དང་བྲལ་བ་ཡི། །སྡུག་བསྔལ་སུས་ཀྱང་མྱོང་བར་མི་འགྱུར་ཏེ། ། གཉེན་གྱི་བདག་དེ་རྟག་ཏུ་ཡོད་པའི་ཕྱིར། །གཞན་ཡང་སེམས་ཅན་གཅིག་གི་སྡུག་བསྔལ་ གྱིས། །སེམས་ཅན་ཐམས་ཅད་སྡུག་བསྔལ་ཉིད་འགྱུར་དེ། །སྔུག་བསྔལ་ཅན་གྱི་བདག་ཉིད་ གཅིག་པུ་ཏེ། །ཀུན་ལ་ཁྱབ་པར་འགྲོ་བ་ཡིན་ཕྱིར་རོ། །དུས་གསུམ་མི་འགྱུར་རྟག་པ་ཉིད་ ཡིན་ན། །འདོད་པའི་གནས་སྐབས་བཅུ་ཡི་རྣམ་འགྱུར་འགལ། །གྲངས་ཅན་པ་ནི་དབང་ཕྱུག་ གྲུབ་མཐའ་ལ། །དཔང་དུ་བྱེད་པས་དེ་ཡི་བྱེ་བྲག་ཡིན། །རྒྱང་འཕེན་པ་དག་བུར་སོགས་སྦྱར་ བ་ཡི། །ནུས་པ་ལས་ནི་ཆང་སོགས་འབྱུང་བ་སྟར། །གློ་བུར་ས་སོགས་འབྱུང་བའི་ནུས་པ་ ལས། །སེམས་དང་བཅས་པའི་དབང་པོ་འབྱུང་བ་དང༌། །ཤི་ནས་སེམས་ཀྱིས་འཇིག་རྟེན་ཕ་ རོལ་ཏུ། །འགྲོ་བ་མེད་པས་སྐྱེ་བ་སྔ་ཕྱི་མེད། །དེ་ཕྱིར་ཚེ་འདིར་ཇི་ལྟར་བདེ་བ་ཡི། །ཐབས་ ཀྱིས་ཆོག་པར་འདོད་མོད་དེ་ལྟ་ནའང༌། །ས་སོགས་གཅིག་ཏུ་འདུས་པའི་ཤིང་རྣམས་ལའང༌། ། 3-1-22 འབྱུང་བའི་ནུས་པས་སེམས་ཀྱང་ཡོད་པར་འགྱུར། །ཅི་སྟེ་མེད་ན་འབྱུང་བའི་ནུས་པ་ལས། ། སེམས་སྐྱེ་བ་ཡི་ནུས་པའང་མེད་པར་མཚུངས། །དེས་ན་ཚུར་རོལ་མཛེས་པར་སྨྲ་བ་ཡི། ། ཚིག་འདི་དག་ནི་མངོན་པར་བརྫུན་པ་སྟེ། །མཐོ་རིས་ཐར་པའི་བདེ་བ་འདོད་རྣམས་ཀྱིས། ། དེ་འདྲའི་གྲུབ་མཐའ་ངན་པ་སྤངས་པར་བྱ། །ཀླ་ཀློ་སྟག་གཟིག་པ་དག་བརྟན་གཡོ་ཡི། ། བྱེད་པ་པོ་ནི་ར་ཧྨ་ཎ་ཡིན། །ཕྱུགས་ཀྱིས་མཆོད་སྦྱིན་བྱས་ན་དེ་མཉེས་ཏེ། །མཐོ་རིས་མཆོག་ གི་བདེ་བ་སྟེར་བ་དང༌། །མ་མཉེས་ན་ནི་དམྱལ་བའི་སྡུག་བསྔལ་ལ། །སྦྱོར་ཞིང་མི་རྣམས་ འདི་ནས་འཆི་འཕོས་ཀྱང༌། །ལུས་དེ་ཉིད་ཀྱིས་བདེ་དང་སྡུག་བསྔལ་དག །མྱོང་བར་འདོད་ པ་ཤིན་ཏུ་འཁྲུལ་པ་སྟེ། །ཀུན་གྱི་བྱེད་པོར་འདོད་པའི་ལྷ་དེ་ལ། །བདེ་སྡུག་སྟེར་བའི་ནུས་པ་ མེད་ཕྱིར་དང༌། །ལུས་འདིས་ཕྱི་མའི་བདེ་སྡུག་མྱོང་བ་ལ། །མངོན་གསུམ་རིགས་པས་གནོད་ པ་མཐོང་ཕྱིར་རོ། །ཟད་བྱེད་གཅེར་བུ་པ་དག་སྲོག་རྟག་པ། །ལུས་ཀྱི་ཚད་དང་མཉམ་པར་ འདོད་མོད་ཀྱི། །དེ་ལྟ་ན་ནི་ལག་པ་ལ་སོགས་པའི། །ཡན་ལག་བཅད་ན་སྲོག་ཀྱང་ཉམས་ པར་འགྱུར། །ལུས་ནི་ཕྲ་སྦོམ་ལ་སོགས་གྱུར་པ་ན། །སྲོག་ཀྱང་དེ་ལྟར་གྱུར་ན་རྟག་པར་ འགལ། །སྲིད་གསུམ་རྟག་པའི་སྟེང་ན་ཐར་པའི་ཚད། །དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་ ལྔ་བ། །གདུགས་ཀྱི་རྣམ་པ་རྟག་པར་འདོད་ན་ཡང༌། །རིགས་པ་མིན་ཏེ་གཟུགས་ཅན་གང་ ཡིན་པ། །ཕྲ་རབ་རྡུལ་བསགས་པ་ལས་བྱུང་བའི་ཕྱིར། །དེ་ཉིད་མི་རྟག་པར་ཡང་ཐལ་བར་ འགྱུར། །གཞན་ཡང་བུར་ཤིང་འབྲུ་ལ་སོགས་པ་རྣམས། །རྐང་པས་ཆུ་འཐུངས་ནས་ནི་མེ་ ཏོག་དང༌། །འབྲས་བུ་ལ་སོགས་སྐྱེད་པར་བྱེད་པའི་ཕྱིར། །སྲོག་དང་བཅས་པར་འདོད་ པའང་མི་འཐད་དེ། །བུར་ཤིང་དུམ་བུ་དུ་མར་བྱས་པ་ན། །སྲོག་ཀྱང་དུ་མ་ཉིད་དུ་མི་འགྱུར་ རམ། །ཅི་སྟེ་དུམ་བུ་གཅིག་ལ་སྲོག་བསྐུམས་ནས། །གཞན་རྣམས་སྲོག་དང་ལྡན་པ་མ་ཡིན་ ན། །དེ་དག་ས་ལ་བཙུགས་ན་སོ་སོ་ལས། །མྱུ་གུ་ལ་སོགས་སྐྱེ་བར་མཐོང་བའི་ཕྱིར། །དུམ་ 3-1-23 བུ་གཞན་རྣམས་སྲོག་དང་མི་ལྡན་པར། །འདོད་པའི་དམ་བཅའ་དང་ཡང་འགལ་བར་འགྱུར། ། ཕྱི་རོལ་པ་རྣམས་བདེ་བ་འདོད་ན་ཡང༌། །དེ་ཡི་ཐབས་ལ་རྨོངས་པས་དོན་མེད་པའི། །དཀའ་ སྤྱད་སྡུག་བསྔལ་བརྟུལ་ཞུགས་སྣ་ཚོགས་ཀྱིས། །རང་གཞན་བསླུ་བར་བྱེད་པ་ཤིན་ཏུ་འཁྲུལ། ། དེ་དག་ལ་ཡང་འཚེ་བ་མེད་པ་དང༌། །བདེན་པར་སྨྲ་དང་ཚངས་པར་སྤྱོད་ལ་སོགས། །སངས་ རྒྱས་གསུང་དང་མཐུན་པའི་ཆ་སྣང་ན། །མཁས་པས་སུན་དབྱུང་པར་ཡང་མི་བྱའོ། །ནང་བའི་ གྲུབ་མཐའ་རྣམ་པ་བཞི་ཡིན་ཏེ། །བྱེ་བྲག་སྨྲ་དང་མདོ་སྡེ་སྤྱོད་པ་དང༌། རྣལ་འབྱོར་སྤྱོད་པ་ སེམས་ཙམ་སྨྲ་བ་དང༌། །མཐའ་བྲལ་སྟོན་པ་དབུ་མ་ཆེན་པོའོ། །དེ་ལ་ཉན་ཐོས་བྱེ་བྲག་སྨྲ་བ་ ནི། །འདུས་མ་བྱས་གསུམ་རྟག་པའི་རྫས་གྲུབ་དང༌། །འདུས་བྱས་སྐད་ཅིག་ངོ་བོར་རྫས་ གྲུབ་ཅིང༌། །ཁྱད་པར་ལྡན་མིན་འདུ་བྱེད་རྫས་གྲུབ་དང༌། །དུས་གསུམ་གཅིག་ནས་གཅིག་ འགྲོའི་རྫས་གྲུབ་དང༌། །དབང་ཤེས་དོན་གྱི་རྣམ་པ་མ་ཤར་ཡང༌། །དོན་དང་ཕྲད་མ་ཐག་ཏུ་ ཕྲ་རབ་རྣམས། །བསགས་པའི་རགས་པ་དངོས་སུ་རིག་པ་དང༌། །ཕྱི་བས་བརྟགས་པའི་ བདག་གིས་སྟོང་བ་དང༌། །དབང་ཕྱུག་ལ་སོགས་བྱེད་པོ་མེད་པར་འདོད། །རྟག་མི་རྟག་ སོགས་གང་དུ་བརྗོད་མིན་པའི། །གང་ཟག་བདེན་པར་འདོད་པ་མི་འཐད་དེ། །དེ་ཉིད་ཤེས་ པ་ཡིན་ན་བུམ་སོགས་ཀྱི། །ཤེས་པའི་རྗེས་སུ་ཤེས་པ་གཞན་སྐྱེ་བས། །མི་རྟག་བར་འགྱུར་ བེམ་པོ་ཡིན་ན་ཡང༌། །བདེ་སྡུག་མྱོང་བ་མེད་པས་གང་ཟག་མིན། །མདོ་སྡེ་པ་དག་ཤེས་པ་ལ་ སྣང་བའི། །ཡུལ་གྱི་རྣམ་པར་ཤེས་པ་ཉིད་ཡིན་གྱི། །རང་བས་སྔ་བ་རྣམ་པ་གཏོད་བྱེད་ཀྱི། ། གཟུངས་དོན་དབང་ཤེས་དེ་ཡི་སྤྱོད་ཡུལ་མིན། །འདུས་མ་བྱས་གསུམ་མེད་དགག་ཡིན་པས་ ན། །མོ་གཤམ་བུ་བཞིན་རྫས་སུ་གྲུབ་པ་མེད། །ལྡན་མིན་འདུ་བྱེད་གཟུགས་སེམས་སེམས་ བྱུང་གི། གནས་སྐབས་ཡིན་གྱི་བེམ་པོ་རྫས་གྲུབ་མིན། །དུས་གསུམ་འདུས་བྱས་སྔ་ཕྱི་ལ་ ལྟོས་ནས། །བཏགས་པ་ཡིན་གྱི་རྫས་གྲུབ་མིན་པར་འདོད། །མྱ་ངན་འདས་ནས་ཐོགས་པ་ 3-1-24 མེད་པའི་གཟུགས། །ངོ་བོར་གྲུབ་པ་མེད་པར་འདོད་ན་ཡང༌། །འབྲས་བུ་ཐོབ་ནས་མར་མེ་ བརྣལ་བ་དང༌། །མཚུངས་པར་ཅི་ཡང་མེད་པ་མ་ཡིན་ཏེ། །སྐུ་དང་ཡེ་ཤེས་རྫུ་འཕྲུལ་མངོན་ ཤེས་སོགས། །དོན་གཉིས་ཕུན་སུམ་ཚོགས་པ་ཡོད་ཕྱིར་རོ། །རྣལ་འབྱོར་སྤྱོད་པ་སེམས་ཙམ་ སྨྲ་བ་དག །མུ་སྟེགས་ཅན་རྣམས་འདོད་པ་ལྟ་བུ་ཡི། །ཡན་ལག་ཅན་ཞེས་བྱ་བའི་བདག་མེད་ ཅིང༌། །ཉན་ཐོས་སྡེ་གཉིས་འདོད་པ་ལྟ་བུ་ཡི། །ཕྲ་རབ་རྡུལ་ཡང་དཔྱད་ན་རྫས་གྲུབ་མེད། ། རྨི་ལམ་སྣང་བ་བཞིན་དུ་ཕྱི་རོལ་གྱི། །དམིགས་པ་དོན་ལ་མེད་ཀྱང་བག་ཆགས་ཀྱི། །དབང་ གིས་དོན་དུ་སྣང་བ་ཙམ་དུ་འདོད། །གཟུང་འཛིན་གཉིས་མེད་རང་རིག་རང་གསལ་གྱི། །རྣམ་ ཤེས་དོན་དམ་ཡོད་པར་འདོད་མོད་ཀྱི། །ཤེས་པ་སྐད་ཅིག་ངོ་བོར་མ་གྲུབ་པས། །དེ་བསགས་ རྒྱུན་ཡང་དོན་ལ་གྲུབ་པ་མེད། །དབུ་མ་པ་རྣམས་མུ་སྟེགས་འདོད་པ་ཡི། །ཡན་ལག་ཅན་ལ་ སོགས་པའི་བདག་མེད་ཅིང༌། །ཉན་ཐོས་སྡེ་གཉིས་འདོད་པ་ཕྱི་རོལ་གྱི། །དོན་ཡང་བདེན་ པར་ཡོད་པ་མ་ཡིན་ལ། །སེམས་ཙམ་པ་རྣམས་འདོད་པའི་རྣམ་ཤེས་ཀྱང༌། །དོན་ལ་བདེན་ པར་འདོད་པ་མ་ཡིན་ཏེ། །གཅིག་དང་དུ་མའི་རང་བཞིན་བྲལ་བའི་ཕྱིར། །དཔེར་ན་ནམ་ མཁའི་པདྨོ་ཇི་བཞིན་ནོ། །ཀུན་རྫོབ་ཆོས་རྣམས་བརྟགས་ན་མེད་པ་དང༌། །དོན་དམ་རང་ བཞིན་ཆོས་དབྱིངས་དེ་བཞིན་ཉིད། །མུ་བཞིའི་སྤྲོས་པ་ཀུན་ལས་རྣམ་གྲོལ་བ། །འགྱུར་མེད་ ཡོངས་གྲུབ་དོན་ལ་གནས་པར་བཞེད། །མདོར་ན་ཕྱི་རོལ་པ་རྣམས་འདོད་པ་ཡི། །བྱེད་པོ་ རང་དབང་ཅན་དང་བདག་མེད་ཅིང༌། །སྲོག་གི་མཆོད་པས་མཐོ་རིས་ཐོབ་པ་དང༌། །རྒྱུ་ འབྲས་གཏན་ནས་མེད་པའང་མི་འཐད་ལ། །ཉན་ཐོས་བྱེ་བྲག་སྨྲ་བའི་འདོད་པ་ཡི། །བརྗོད་ དུ་མེད་པའི་གང་ཟག་བདག་ཀྱང་མེད། །མདོ་སྡེ་པ་ལྟར་མྱ་ངན་འདས་པ་ཡང༌། །མར་མེ་ཤི་ བ་ལྟ་བུར་གཏན་མེད་མིན། །ཉན་ཐོས་སྡེ་གཉིས་འདོད་པའི་ཕྱི་རོལ་གྱི། །དོན་ཡང་དོན་ལ་ རྫས་སུ་གྲུབ་པ་མེད། །སེམས་ཙམ་པ་རྣམས་འདོད་པའི་རྣམ་ཤེས་ཀྱང༌། །དཔྱད་ན་དོན་ལ་ 3-1-25 ཡོད་པ་མ་ཡིན་ལ། །སྣང་མེད་དབུ་མ་པ་དག་འདོད་པ་ཡི། །དོན་དམ་ཅི་ཡངམེད་པའང་མ་ ཡིན་པས། །མཐའ་བྲལ་དབུ་མ་ཆེན་པོའི་དོན་དེ་ཉིད། །གྲུབ་མཐའི་མཐར་ཐུག་ལེགས་པར་ མཁྱེན་ན་ལེགས། །དེ་ལྟར་ཤེས་ནས་ནང་བའི་ལེགས་བཤད་ལ། །བརྟེན་ནས་ཕྱི་བའི་འཁྲུལ་ བ་རྣམས་དགག་ཅིང༌། །ནང་པ་ལ་ཡང་རྣལ་འབྱོར་བློ་ཁྱད་ཀྱིས། །གོང་མ་གོང་མའི་མཆོག་ཏུ་ ཤེས་པར་བྱ། །འཁོར་ལོ་གསུམ་ལས་དང་པོ་ཉན་ཐོས་ཀྱི། །གྲུབ་མཐའ་གཙོ་བོར་སྟོན་ཅིང་ ཕྱི་མ་གཉིས། །སེམས་ཙམ་དབུ་མ་གཉིས་ཀ་སྟོན་པ་ལ། །བར་བས་སྣང་མེད་དབུ་མ་གཙོ་ བོར་སྟོན། །ཕྱི་མར་སྟོང་ཉིད་ཟབ་མོ་ངེས་པའི་དོན། །ཆོས་ཅན་དོན་ལ་མེད་ཅིང་མི་སྣང་ཡང༌། ། ཆོས་ཉིད་སོ་སོ་རང་རིག་ཡེ་ཤེས་ལ། །སྣང་བཅས་དབུ་མ་ཆེན་པོ་གསལ་བར་སྟོན། །འཁོར་ ལོ་དང་པོར་སྲིད་པ་གསུམ་པོ་འདི། །མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ཅེས། །འཁོར་ བའི་ཉེས་དམིགས་བཤད་ནས་ཉན་རང་གི། ཞི་བདེ་ལ་ཡང་རིམ་གྱིས་འགོད་པར་མཛད། ། འཁོར་ལོ་བར་པར་དངོས་འཛིན་དགག་པའི་ཕྱིར། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ རྣམས་ཀུན། །སྟོང་ཉིད་རྨི་ལམ་སྒྱུ་མ་ལྟ་བུར་ཞེས། །བསྟན་ནས་ཐེག་པ་མཆོག་ལ་སྦྱོར་བར་ མཛད། །འཁོར་ལོ་ཐ་མར་ཀུན་རྫོབ་འཁྲུལ་སྣང་འདི། །དཔྱད་ན་མེད་ཅིང་དོན་དམ་ཆོས་ཀྱི་ དབྱིངས། །འགྱུར་མེད་ཡོངས་གྲུབ་མངོན་དུ་གྱུར་བ་ལས། །རྣམ་གྲོལ་མཐར་ཐུག་ཐོབ་པའི་ ཐབས་མཆོག་སྟོན། །འཁོར་ལོ་གསུམ་གའང་གདུལ་བྱའི་སྐལ་པ་དང༌། །མཐུན་པར་གང་ལ་ གང་འདུལ་སྟོན་པས་ཟབ། །འོན་ཀྱང་རིམ་གྱིས་དྲངས་ནས་ངེས་པའི་དོན། །མཐར་ཐུག་སྟོན་ པས་ཕྱི་མ་མཆོག་ཏུ་གསུངས། །ཕྱི་མ་ལ་ཡང་མཚན་ཉིད་ཐེག་པ་ལས། །གསང་སྔགས་ཟབ་ མོའི་ཐེག་པ་མཆོག་ཏུ་གསུངས། །གསང་སྔགས་ལ་ཡང་བྱ་སྤྱོད་རྣལ་འབྱོར་ལས། །རྣལ་ འབྱོར་བླ་མེད་རིམ་གྱིས་ཟབ་པར་གསུངས། །བླ་མེད་ལ་ཡང་ཕ་རྒྱུད་མ་རྒྱུད་ལས། །གཉིས་ མེད་རྩ་བའི་རྒྱུད་རྣམས་མཆོག་ཏུ་གསུངས། །རྒྱུད་ཀྱིས་དོན་ཡང་གནས་སྐབས་ཐམས་ཅད་ 3-1-26 དུ། །རང་བཞིན་ཆོས་དབྱིངས་རྒྱུན་མི་འཆད་པའོ། །དེ་ཡང་རྣམ་ཀུན་མཆོག་ལྡན་སྟོང་པ་ དང༌། །དམིགས་མེད་སྙིང་རྗེ་བདེ་བ་ཆེན་པོ་དང༌། །དབྱེར་མེད་ཟུང་འཇུག་དོན་དམ་ཡེ་ཤེས་ སྐུ། །བརྟན་གཡོ་ཀུན་ལ་ཁྱབ་པ་ནམ་མཁའ་བཞིན། །དེ་ཉིད་མ་དག་སེམས་ཅན་ཐམས་ཅད་ ལ། །ས་ལ་གཏེར་བཞིན་སྒྲིབ་པ་སྤང་རུང་དུ། །གདོད་ནས་ལྷུན་གྱིས་གྲུབ་པར་གནས་པ་ལ། ། བདེ་གཤེགས་སྙིང་པོ་རྒྱུ་ཡི་རྒྱུད་ཅེས་གསུངས། །ལམ་དུ་ཞུགས་ནས་མི་རྟོག་ཏིང་འཛིན་ གྱིས། །རྣམ་རྟོག་རྣམ་ཤེས་རིམ་གྱིས་འགགས་པ་ལས། །དོན་དམ་ཆོས་ཉིད་རིམ་གྱི་མཐོང་ བ་ལ། །ལམ་གྱི་དམིགས་ཡུལ་ཐབས་ཀྱི་རྒྱུད་ཅེས་བྱ། །བསྙེན་བསྒྲུབ་རྣམ་བཞིའི་རྣལ་འབྱོར་ མཐར་ཕྱིན་ཏེ། །གནས་སྐབས་རིགས་བཞིའི་སྒྲིབ་པ་ཀུན་སྤངས་ནས། །ཟག་མེད་སྐུ་བཞི་ མངོན་དུ་གྱུར་པ་ལ། །དག་པ་གཉིས་ལྡན་འབྲས་བུའི་རྒྱུད་ཅེས་གསུངས། །སྔགས་ཀྱི་དོན་ ཡང་སྲིད་པ་འཁོར་བ་ཡི། །རྩ་བ་རྣམ་རྟོག་རིམ་གྱིས་འགོག་པ་སྟེ། །རྣམ་རྟོག་ཕལ་བའི་ གཉེན་པོ་བསྐྱེད་རིམ་དང༌། །མཐའ་དག་གཉེན་པོའི་རྫོགས་པའི་རིམ་པའོ། །བསྐྱེད་རིམ་ལ་ ཡང་ཡབ་ཀྱི་ཆར་བསྟན་པ། །ཐམས་ཅད་བདེ་བ་ཆེན་པོ་མཚོན་པ་དང༌། །ཡུམ་གྱི་ཆ་རྣམས་ སྟོང་ཉིད་མཚོན་པ་སྟེ། །དོན་དམ་བདེ་སྟོང་ཟུང་འཇུག་སྟོན་པར་མཚུངས། །དེ་ལྟར་ཤེས་ནས་ དོན་དམ་ཆོས་སྐུ་ལ། །སྒྲིབ་བྱེད་གློ་བུར་དྲི་མ་ཉོན་མོངས་དང༌། །ཤེས་བྱའི་སྒྲིབ་པ་རིམ་གྱིས་ སྤངས་པའི་ཕྱིར། །ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་འཚལ་ལོ། །དེ་ཡང་དང་པོར་ཚོགས་ཀྱི་ ལམ་ཞུགས་ཏེ། །ཇི་ལྟར་ནུས་པའི་ཚུལ་ཁྲིམས་རྣམ་དག་བསྲུང༌། །དབང་པོའི་སྒོ་རྣམས་ཡུལ་ ལ་འཇུག་པ་ན། །ལེགས་པར་བརྟགས་ཏེ་ཚུལ་མིན་རྣམ་རྟོག་སྤང༌། །ཟས་ཀྱི་ཚོད་ཀྱང་རིག་ པར་བྱ་སྟེ་བསྟེན། །ཉིན་པར་ཀུན་དང་མཚན་མོའི་སྟོད་སྨད་ལའང༌། །ཞི་གནས་ལྷག་མཐོང་ ཟུང་འཇུག་རྣལ་འབྱོར་བསྒོམ། །སྒོ་གསུམ་སྤྱོད་པ་བརྟགས་ཏེ་ཤེས་བཞིན་བསྟེན། །ཚོགས་ ལམ་ཆུང་ངུར་ལུས་འདི་མི་གཙང་ལ། །ཚོར་བ་སྡུག་བསྔལ་སེམས་ཀྱང་མི་རྟག་ཅིང༌། །ཆོས་ 3-1-27 ཀུན་བདག་མེད་རྟོགས་ནས་དྲན་པ་ལ། །ཉེ་བར་འཇོག་པ་རྣམ་བཞིའི་བསྒོམ་པར་གསུངས། ། འབྲི ང་པོར་སྡིག་པ་སྐྱེས་པ་སྤོང་བ་དང༌། །མ་སྐྱེས་མི་བསྐྱེད་པ་དང་དགེ་བའི་ཆོས། །མ་སྐྱེས་ བསྐྱེད་ཅིང་སྐྱེས་པ་སྤེལ་བ་སྟེ། །ཡང་དག་སྤོང་བཞི་གཙོ་ཆེར་བསྒོམ་པར་བྱ། །དེ་ཡང་བརྩོན་ འགྲུས་ཡང་དག་འཇོག་ཅེས་བྱ། །ཆེན་པོར་དགེ་ལ་འདུན་པའི་ཏིང་འཛིན་དང༌། །བརྩོན་ འགྲུས་ཏིང་འཛིན་སེམས་ཀྱི་ཏིང་འཛིན་དང༌། །རྣམ་པར་དཔྱོད་པའི་ཏིང་འཛིན་བསྒོམ་པ་སྟེ། ། རྫུ་འཕྲུལ་རྐང་པ་བཞི་ལ་གནས་པར་བྱ། །སྦྱོར་བའི་ལམ་དུ་བཟུང་བའི་ཡུལ་འདི་རྣམས། ། རང་བཞིན་མེད་པར་རྟོགས་ནས་བསྒོམ་པ་སྟེ། །དེ་ལ་རིམ་བཞིན་དྲོད་དང་རྩེ་མོ་དང༌། ། བཟོད་པ་དང་ནི་ཆོས་ཀྱི་མཆོག་ཅེས་བྱ། །དང་པོ་གཉིས་སུ་དད་དང་བརྩོན་འགྲུས་དང༌། ། དྲན་དང་ཏིང་འཛིན་ཤེས་རབ་དབང་པོ་བསྟེན། །ཕྱི་མ་དག་ཏུ་དེ་དག་སྟོབས་འགྱུར་ཏེ། །མི་ མཐུན་ཕྱོགས་ཀྱིས་རྫི་བ་མེད་པར་བསྒོམ། །མཐོང་བའི་ལམ་དུ་འཕགས་པའི་བདེན་པ་ བཞིའི། །ཆོས་ཉིད་མངོན་སུམ་གསར་ཏུ་མཐོང་བ་ན། །གཟུང་འཛིན་གཉིས་ཀ་མེད་པར་ རྟོགས་པ་ཡི། །ཡེ་ཤེས་སྐད་ཅིག་བཅུ་དྲུག་རིམ་གྱིས་འཆར། །དེ་ཡང་དྲན་དང་ཆོས་རབ་རྣམ་ འབྱེད་དང༌། །བརྩོན་འགྲུས་དགའ་བ་ཤིན་ཏུ་སྦྱངས་པ་དང༌། །ཏིང་ངེ་འཛིན་དང་བཏང་ སྙོམས་ཡང་དག་པའི། །བྱང་ཆུབ་ཡན་ལག་རྣམ་བདུན་བསྒོམ་པར་གསུངས། །སྒོམ་པའི་ ལམ་དུ་ཆོས་ཉིད་མཐོང་ཟིན་དོན། །གོམས་པར་བྱེད་ཅིང་ས་དགུ་ཟག་མེད་ལ། །བརྟེན་ནས་ སྤང་བྱ་རིམ་གྱིས་སྤངས་པ་ལས། །གཉེན་པོ་ཡེ་ཤེས་རིམ་གྱིས་འཕེལ་བར་འགྱུར། །དེར་ ཡང་ཡང་དག་ལྟ་དང་རྟོགས་པ་དང༌། །ངག་དང་ལས་ཀྱི་མཐའ་དང་འཚོ་བ་དང༌། །རྩོལ་བ་ དང་ནི་དྲན་དང་ཏིང་ངེ་འཛིན། །འཕགས་ལམ་ཡན་ལག་བརྒྱད་པོ་བསྒོམ་པར་གསུངས། །མི་ སློབ་ལམ་དུ་སྒྲིབ་གཉིས་བག་ཆགས་དང༌། །བཅས་པ་སྤངས་ཏེ་གནས་གྱུར་མཐར་ཐུག་པ། ། ཐོབ་ནས་རང་རང་སྤངས་རྟོགས་མཐར་ཕྱིན་པའི། །གོ་འཕང་ཕུན་སུམ་ཚོགས་པ་ཐོབ་པར་ 3-1-28 འགྱུར། །ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་བྱ་སྟེ། །ས་ཡི་དོན་ནི་ཡོན་ཏན་རྣམས་ཀྱི་རྟེན། ། མོས་སྤྱོད་ལྷག་བསམ་རྣམ་དག་རྟོགས་པ་དང༌། །གྲུབ་པ་ཐོབ་དང་སྒྲིབ་པ་སྤངས་པའོ། ། མོས་སྤྱོད་ཚོགས་ལམ་སྦྱོར་ལམ་གནས་སྐབས་ཏེ། །རྟོགས་པ་མཐོང་ལམ་ཐོབ་ནས་ས་ བདུན་བར། །གྲུབ་པས་ཐོབ་པ་ས་བརྒྱད་ཡན་ཆད་དེ། །སྒྲིབ་པ་སྤངས་པ་སངས་རྒྱས་ས་ཡིན་ ནོ། །དེ་ཡང་གྲུབ་པའི་ཚུལ་གྱི་དབྱེ་བ་ནི། །མོས་སྤྱོད་མ་གྲུབ་ལྷག་བསམ་གྲུབ་པ་སྟེ། །དེ་ཡི་ བདུན་པ་མན་ཆད་མ་གྲུབ་དང༌། །བརྒྱད་པ་ཡན་ཆད་གྲུབ་པའི་ས་ཞེས་གསུངས། །ཁྱད་པར་ བྱང་ཆུབ་སེམས་དཔའི་ས་བཅུ་ནི། །འཕགས་པ་སློབ་པའི་ཡེ་ཤེས་མཚུངས་ལྡན་དང༌། ། བཅས་པའི་ཡོན་ཏན་ཀུན་གྱི་རྟེན་ཡིན་ཏེ། །ཡོན་ཏན་གནས་པས་གནས་པ་ཞེས་ཀྱང་བསྟན། ། མཐོང་ལམ་མན་ཆད་ཉོན་མོངས་སྒྲིབ་སྤང་ནས། །སྒོམ་ལམ་ས་བཅུར་ཤེས་བྱའི་སྒྲིབ་པ་ སྤང༌། །མཉམ་བཞག་ཆོས་ཉིད་ནམ་མཁའ་ལྟ་བུ་དང༌། །རྗེས་ཐོབ་ཆོས་ཅན་སྒྱུ་མ་ལྟ་བུར་ རྟོགས། །འོག་མ་འོག་མའི་ཡོངས་སྦྱངས་རྫོགས་པ་དང༌། །གོང་མ་གོང་མའི་ས་ལ་རིམ་གྱིས་ འཕོ། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ། །གོང་ནས་གོང་དུ་ཁྱད་པར་འཕགས་པ་ ཐོབ། །ཏིང་འཛིན་བརྒྱ་ཐོབ་དེ་ལ་འཇུག་པ་དང༌། །སངས་རྒྱས་བརྒྱ་མཐོང་དེ་ཡི་བྱིན་རླབས་ རིགས། །འཇིག་རྟེན་ཁམས་བརྒྱ་གཡོ་ཞིང་ཞིང་བརྒྱར་འགྲོ །དེ་བརྒྱ་སྣང་བྱེད་འགྲོ་བརྒྱ་སྨིན་ པར་བྱེད། །བསྐལ་པ་བརྒྱར་གནས་སྔོན་དང་ཕྱི་མཐར་འཇུག །ཆོས་སྒོ་བརྒྱ་འབྱེད་ལུས་བརྒྱ་ སྟོན་པ་དང༌། །ལུས་རེའང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་གི། འཁོར་གྱིས་ཀུན་ནས་ཡོངས་ སུ་བསྐོར་བ་སྟོན། །རྣམ་དག་བསླབ་པ་གསུམ་ལ་རྣམ་པར་གནས། །ཟག་མེད་ཕུང་པོ་ལྔ་ ཡང་རྣམ་པར་སྦྱོང༌། །ཕ་རོལ་ཕྱིན་བཅུ་རྣམ་པར་དག་པ་ཐོབ། །ཞི་གནས་ལྷག་མཐོང་ཡོན་ ཏན་རྣམ་པར་འཕེལ། །ཐེག་ཆེན་མཐོང་ལམ་ལྷན་ཅིག་རབ་དགའི་ས། །ཐོབ་ནས་ས་བཅུར་ བསྒོམ་ལམ་གོམས་བྱ་སྟེ། །དྲི་མེད་འོད་བྱེད་འོད་འཕྲོ་སྦྱང་དཀའ་དང༌། །མངོན་དུ་གྱུར་དང་ 3-1-29 རིང་དུ་སོང་བའི་ས། །ས་བདུན་རྣམས་སུ་མཉམ་བཞག་མི་རྟོག་པའི། །ཏིང་འཛིན་བསྒོམས་ ཏེ་ཆོས་སྐུའི་དྲི་མ་སྦྱོང༌། །རྗེས་ཐོབ་སེམས་ཅན་ཡོངས་སུ་སྨིན་པ་སོགས། །བསོད་ནམས་ ཚོགས་རབ་ཡོངས་སུ་རྫོགས་པར་བྱ། །མི་གཡོ་ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །དག་པའི་ ས་གསུམ་ཐོབ་ནས་མཉམ་བཞག་དང༌། །རྗེས་ཐོབ་འདྲེས་པའི་ངང་ནས་རང་གཞན་གྱི། ། དོན་གཉིས་འབད་མེད་ལྷུན་གྱིས་གྲུབ་པར་གསུངས། །དེ་ལྟར་ལམ་ལྔ་ས་བཅུར་བསོད་ ནམས་དང༌། །ཡེ་ཤེས་ཚོགས་གཉིས་རིམ་གྱིས་བསགས་པ་ལས། །འབྲས་བུ་དོན་གཉིས་ མཐར་ཕྱིན་སྐུ་གསུམ་དང༌། །ཡེ་ཤེས་ཡོན་ཏན་འཕྲིན་ལས་བཅས་པ་འགྲུབ། །རང་བཞིན་ རྣམ་དག་དོན་དམ་ཆོས་ཀྱི་དབྱིངས། །གློ་བུར་དྲི་མ་མཐའ་དག་དང་བྲལ་ནས། །དག་པ་ གཉིས་ལྡན་མངོན་དུ་གྱུར་པ་ན། །རང་དོན་མཐར་ཕྱིན་དོན་དམ་ཆོས་སྐུ་ཐོབ། །འོག་མིན་ ཆེན་པོར་མཚན་དཔེས་བརྒྱན་པའི་སྐུས། །ཐེག་ཆེན་མཐར་ཐུག་གསང་སྔགས་ཟབ་མོའི་ ཆོས། །རྒྱུན་མི་འཆད་པར་གདུལ་བྱ་དག་པ་ལ། །ལེགས་པར་སྟོན་མཛད་ལོངས་སྤྱོད་རྫོགས་ སྐུའང་འགྲུབ། །གང་གིས་སྲིད་པ་ཇི་སྲིད་གནས་ཀྱི་བར། །གང་ལ་གང་མོས་འགྲོ་ལ་དེ་དང་ དེའི། །རྣམ་འཕྲུལ་སྣ་ཚོགས་སྟོན་པ་སྤྲུལ་བའི་སྐུས། །ཐུན་མོང་གདུལ་བྱའི་ཚོགས་ཀུན་སྨིན་ པར་མཛད། །དེ་བཞིན་ཉིད་ལ་དམིགས་ཏེ་བསྒོམ་པ་ལས། །ཆོས་རྣམས་ཀུན་གྱི་མཐར་ཐུག་ དམ་པའི་དོན། །སྒྲིབ་པ་གཉིས་དང་བྲལ་བ་མངོན་སུམ་དུ། །ཐོགས་མེད་གཟིགས་པ་ཆོས་ དབྱིངས་ཡེ་ཤེས་ཐོབ། །དམ་ཆོས་མང་དུ་ཐོས་ཤིང་བཟུང་བ་ལས། །བདག་དང་བདག་གིར་ འཛིན་པ་མེད་བཞིན་དུ། །ཤེས་བྱ་མཐའ་དག་མེ་ལོང་གཟུགས་བརྙན་བཞིན། །མངོན་སུམ་ མཁྱེན་པ་མེ་ལོང་ཡེ་ཤེས་འབྱུང༌། །བདག་གཞན་མཉམ་པ་ཉིད་དུ་བསྒོམ་པ་ལས། །མི་ གནས་མྱ་ངན་འདས་པ་ཐོབ་པ་ན། །སྲིད་དང་ཞི་བའི་རང་བཞིན་ཆོས་ཀྱི་དབྱིངས། །མཉམ་ པ་ཉིད་དུ་རྟོགས་པའི་ཡེ་ཤེས་ཐོབ། །ཡང་དག་ཆོས་རབ་གསལ་བར་བསྟན་པ་ལས། །ཏིང་ 3-1-30 འཛིན་གཟུངས་སྒོས་ཐེ་ཚོམ་ཀུན་གཅོད་ཅིང༌། །ཤེས་བྱ་ཀུན་ལ་རྟག་ཐོགས་མི་མངའ་བའི། ། སོ་སོར་རྟོགས་པའི་ཡེ་ཤེས་འགྲུབ་པར་འགྱུར། །གཞན་དོན་བྱ་བ་བསྒྲུབ་ལ་བརྩོན་བྱས་ པས། །སྣ་ཚོགས་གདུལ་བྱའི་ཁམས་དང་བསམ་པ་བཞིན། །དཔག་མེད་འཇིག་རྟེན་ཁམས་ སུ་འགྲོ་བའི་དོན། །འབད་མེད་བྱ་བ་གྲུབ་པའི་ཡེ་ཤེས་འབྱུང༌། །བྲལ་འབྲས་ཆོས་ཀྱི་སྐུ་ལ་ མངའ་བ་ཡི། །སྟོབས་བཅུ་མི་འཇིགས་བཞི་དང་མ་འདྲེས་ཆོས། །བཅོ་བརྒྱད་གདོད་ནས་རང་ བཞིན་རྣམ་དག་པ། །དྲི་མ་དག་པས་མངོན་དུ་འགྱུར་བར་གསུངས། །དེ་ཡང་གནས་དང་ གནས་མིན་རྣམ་སྨིན་དང༌། །དབང་པོ་ཁམས་དང་མོས་པ་སྣ་ཚོགས་དང༌། །ཀུན་འགྲོའི་ལམ་ དང་བསམ་གཏན་ཁྱད་པར་དང༌། །སྔོན་གྱི་གནས་རྣམས་རྗེས་སུ་དྲན་པ་དང༌། །ལྷ་ཡི་མིག་ དང་ཟག་པ་ཟད་ཚུལ་རྣམས། །མངོན་སུམ་མཁྱེན་པས་ཐབས་དང་སྐྱབས་དང་ནི། །དག་དང་ ཐེག་ཆེན་ངེས་པར་འབྱུང་བ་ལ། །བསླུ་བའི་བདུད་རྣམས་འཇོམས་པས་སྟོབས་བཅུའོ། །རང་ དོན་མཐར་ཕྱིན་རྫོགས་པར་བྱང་ཆུབ་དང༌། །ཟག་པ་བག་ཆགས་བཅོམ་པ་སྤངས་པ་དང༌། ། གཞན་གྱི་དོན་དུ་ངེས་འབྱུང་ལམ་དང་ནི། །བར་དུ་གཅོད་པའི་ཆོས་ཀུན་སྟོན་པ་ལ། །ཐུབ་ དབང་མི་ཡི་སེང་གེ་སེང་གེ་བཞིན། །འཁོར་མང་རི་དྭགས་ཚོགས་སུ་འཇིགས་མི་མངའ། ། ལྟོས་མེད་བརྟན་ཞིང་རྩལ་ནི་ཕུན་ཚོགས་པའི། །མི་འཇིགས་ཡོན་ཏན་བཞི་ཡང་མངོན་དུ་ གྱུར། །འཁྲུལ་དང་ཅ་ཅོ་བསྙེལ་བ་མི་མངའ་ཞིང༌། །མཉམ་པར་མ་བཞག་སྣ་ཚོགས་འདུ་ ཤེས་དང༌། །མ་བརྟགས་བཏང་སྙོམས་རྫོགས་པའི་སངས་རྒྱས་ལ། ནམ་ཡང་མི་མངའ་སྤྱོད་ པའི་ཡོན་ཏན་དྲུག །འདུན་པ་དང་ནི་བརྩོན་འགྲུས་དྲན་པ་དང༌། །ཤེས་རབ་དང་ནི་རྣམ་པར་ གྲོལ་བ་དང༌། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་རྣམས། །ཉམས་པ་མི་མངའ་རྟོགས་ པའི་ཡོན་ཏན་དྲུག །སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཐམས་ཅད་ཀྱི། །ཡེ་ཤེས་སྔོན་འགྲོ་ཡེ་ ཤེས་རྗེས་འཇུག་དང༌། །འདས་དང་མ་འོངས་ད་ལྟ་དུས་གསུམ་ལ། །མ་ཆགས་མ་ཐོགས་ཡེ་ 3-1-31 ཤེས་གཟིགས་པ་སྟེ། །འཕྲིན་ལས་གསུམ་དང་ཡེ་ཤེས་གསུམ་སྟེ་དྲུག །གང་ཟག་གཞན་ལ་ མངོན་དུ་མ་གྱུར་ཞིང༌། །སངས་རྒྱས་ཉིད་ལ་མངའ་བའི་མ་འདྲེས་པའི། །ཡོན་ཏན་བཅོ་ བརྒྱད་མངོན་དུ་གྱུར་པ་ཉིད། །སྨིན་འབྲས་གཟུགས་སྐུ་གཉིས་ལ་མངའ་བ་ཡི། །སུམ་ཅུ་རྩ་ གཉིས་མཚན་དང་དཔེ་བྱད་སོགས། །མཐོང་མ་ཐག་ཏུ་སྐྱེས་བུ་དམ་པ་རུ། །ཚིམ་བྱེད་ཡོན་ ཏན་རྣམས་ཀྱང་འགྲུབ་པར་གསུངས། །དེ་ལྟའི་ཡོན་ཏན་རྣམ་དག་ནུས་པ་ཡིས། །གདུལ་ བྱའི་འཁོར་བ་ཇི་སྲིད་མ་སྟོངས་པར། །ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་ཡི། །འཕྲིན་ལས་ ཕུན་སུམ་ཚོགས་པའང་འགྲུབ་པ་ཉིད། །དཔེར་ན་ལྷ་ཡི་རྔ་ཆེན་འབད་མེད་པར། །ཆོས་ཀྱི་ སྡོམ་བཞིས་ལྷ་རྣམས་སྨིན་བྱེད་ལྟར། །རྒྱལ་བ་རྣམས་ཀྱང་འབད་མེད་ལྷུན་གྲུབ་ཏུ། །ཐེག་ གསུམ་ཆོས་སྒྲས་གདུལ་བྱ་སྨིན་པར་མཛད། །དཔེར་ན་སྤྲིན་ལ་འབད་པ་མེད་བཞིན་དུ། ། ཆར་གྱིས་ལོ་ཐོག་སྨིན་པར་བྱེད་པ་ལྟར། །རྒྱལ་བའི་སྤྲིན་ལས་དམ་ཆོས་ཆར་ཕབ་སྟེ། ། གདུལ་བྱའི་ཞིང་ལ་དགེ་བའི་ལོ་ཐོག་སྨིན། །དཔེར་ན་ཉི་མ་རྟོག་པ་མེད་བཞིན་དུ། །འོད་ ཟེར་སྤྲོ་བས་མུན་པ་སེལ་བ་ལྟར། །ཐུབ་དབང་ཉི་མའི་དམ་ཆོས་འོད་ཟེར་གྱིས། །གདུལ་ བྱའི་མ་རིག་མུན་པ་སེལ་བར་མཛད། །དཔེར་ན་ནོར་བུ་རིན་ཆེན་འབད་མེད་པར། །གསོལ་ བ་འདེབས་ལ་དགོས་འདོད་སྩོལ་བ་ལྟར། །སངས་རྒྱས་རྣམས་ཀྱང་འབད་མེད་ལྷུན་གྲུབ་ཏུ། ། མཐའ་ཡས་གདུལ་བྱའི་རེ་འདོད་སྐོངས་པར་མཛད། །དཔེར་ན་ནམ་མཁའི་དབྱིངས་སུ་ འཇིག་རྟེན་གྱི། །བྱ་བ་རྒྱུན་མི་འཆད་པར་འབྱུང་བ་ལྟར། །དོན་དམ་ཆོས་སྐུའི་ངང་ལས་མ་ གཡོས་བཞིན། །ཀུན་རྫོབ་གཟུགས་སྐུའི་འཕྲིན་ལས་རྒྱུན་མི་འཆད། །དཔེར་ན་རྒྱ་མཚོ་ཆེན་ པོའི་ཆུ་ཡི་རླབས། །དུས་ལས་ཡོལ་བ་མེད་པར་འབྱུང་བ་ལྟར། །ནམ་ཞིག་གདུལ་བྱ་དུས་ལ་ བབ་པ་ན། །སངས་རྒྱས་འཕྲིན་ལས་དུས་ལ་ཡོལ་མི་མངའ། །ཆུ་རྣམས་རྒྱ་མཚོའི་ནང་དུ་ འདྲེས་པ་ན། །ཆུ་ཡང་གཅིག་ཅིང་བྱ་བ་གཅིག་པ་ལྟར། །སངས་རྒྱས་རྣམས་ཀྱང་དོན་དམ་ 3-1-32 ཆོས་ཀྱི་སྐུར། །འདྲེས་ནས་འཕྲིན་ལས་མཐུན་པས་གཞན་དོན་མཛད། །ཉི་མའི་འོད་ཟེར་ གཅིག་ཏུ་འདྲེས་པ་ཡིས། །མུན་པ་སེལ་ཞིང་ལོ་ཐོག་སྨིན་བྱེད་ལྟར། །སངས་རྒྱས་རྣམས་ཀྱང་ ཡེ་ཤེས་ལྔ་ཡི་སྐུར། །འདྲེས་ནས་འགྲོ་ཀུན་སྨིན་ཅིང་གྲོལ་བར་མཛད། །སངས་རྒྱས་གསུངས་ ལ་རྒོལ་བའི་བླུན་པོ་རྣམས། །གཞི་ལ་བདེ་གཤེགས་སྙིང་པོ་མི་བཞུགས་ཤིང༌། །ལམ་ཡང་མི་ དགོས་ཅང་མེད་རྟོགས་ཙམ་གྱིས། །འབྲས་བུ་ཅི་ཡང་བསྒྲུབ་རྒྱུ་མེད་ཅེས་སྨྲ། །ལ་ལ་ཀུན་ རྫོབ་འཁྲུལ་བའི་སྣང་བ་འདི། །དོན་དམ་ཆོས་སྐུའི་སྣང་བ་ཡིན་ཞེས་ཟེར། །འགའ་ཞིག་རྣམ་ ཤེས་རྣམ་པར་རྟོག་པ་འདི། །ཡེ་ཤེས་མི་རྟོགས་ཆོས་སྐུའི་ངོ་བོར་འདོད། །ཀྱེ་མ་དེང་སང་ སྙིགས་མ་ལྔ་བདོ་ཞིང༌། །ཁྱད་པར་ལྟ་བའི་སྙིགས་མར་གྱུར་བས་ན། །རྣམ་དག་ལུང་དང་ འགལ་ཞིང་རིགས་པས་ཀྱང༌། །གནོད་པའི་ལྟ་སྤྱོད་སྣ་ཚོགས་འབྱུང་ལགས་མོད། །གལ་ཏེ་ མཐོ་རིས་ཐར་བ་ཐོབ་འདོད་ན། །ལོག་པའི་ལྟ་བ་མཐའ་དག་རབ་སྤངས་ནས། །ལྟ་སྒོམ་སྤྱོད་ པ་རྣམ་པར་དག་པ་ཡིས། །ཕུན་ཚོགས་འབྲས་བུ་འགྲུབ་ཕྱིར་འབད་འཚལ་ལོ། །ལྟ་བ་བདེན་ གཉིས་ཟུང་འཇུག་རྟོགས་པ་ཡིས། །ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པ་ལ། །བླང་དོར་ཚུལ་ བཞིན་བགྱིས་ཏེ་དམ་པའི་དོན། །སྟོང་ཉིད་རྟོགས་པས་དངོས་འཛིན་མཐའ་དག་སྤངས། ། སྒོམ་པའང་ཚོགས་གཉིས་དོན་དུ་རིམ་གཉིས་ཀྱི། །རྣལ་འབྱོར་ཟབ་མོའི་ངང་དུ་འཇོག་པ་སྟེ། ། སྤྱོད་པས་བསམ་པ་བྱང་ཆུབ་སེམས་ལྡན་པས། །སྦྱོར་བ་ཕ་རོལ་ཕྱིན་དྲུག་བསྒྲུབ་པའོ། ། འབྲས་བུའང་སྔར་བཤད་དོན་གཉིས་མཐར་ཕྱིན་པའི། །གོ་འཕང་མཆོག་ལ་དམིགས་ཏེ་ འབད་བྱས་ནས། །ཕྱི་མར་ལྷ་མིའི་བདེ་བ་ཕུན་ཚོགས་དང༌། །འདིར་ཡང་ཡིད་ལ་རེ་བ་མཐའ་ དག་འགྲུབ། །རྒྱུ་འབྲས་བསླུ་མེད་ཡིད་ཆེས་དད་པ་དང༌། །ཡོན་ཏན་ཅན་ལ་དང་བའི་དད་པ་ དང༌། །བསྒྲུབ་པར་ནུས་ལ་འདོད་པའི་དད་པ་སྟེ། །དད་པ་གསུམ་པོ་ཆོས་ཀྱི་རྩ་བ་ལགས། ། ཡིད་ཆེས་དད་པའི་དགེ་སྡིག་ཕྲ་མོ་ལའང༌། །བླང་དོར་ཚུལ་བཞིན་བགྱིད་པ་མཁས་པ་སྟེ། ། 3-1-33 ཆགས་སོགས་ཉོན་མོངས་གང་དང་གང་སྐྱེས་པ། །དེ་ཚེ་དེ་དང་དེ་ཡི་གཉེན་པོར་བསྒོམ། ། ཡོན་ཏན་ཀུན་ལྡན་དཀོན་མཆོག་གསུམ་པོ་ལ། །རྩེ་གཅིག་དང་བའི་དད་པས་གསོལ་བཏབ་ ན། །གནས་སྐབས་སྲིད་པའི་སྡུག་བསྔལ་ལས་སྐྱོབ་ཅིང༌། །མཐར་ཐུག་ཞི་བའི་བདེ་བ་བླ་ མེད་ཐོབ། །ནུས་པའི་དད་པས་རང་གཞན་ཡི་དམ་ལྷ། །ཤེས་པས་གཞན་ཕན་བསོད་ནམས་ ཚོགས་ལ་འབད། །མི་རྟོགས་ཏིང་འཛིན་བསྒོམ་ཏེ་ཡེ་ཤེས་ཚོགས། །བསགས་ན་རྫོགས་པའི་ སངས་རྒྱས་ཅིས་མི་ཐོབ། །དེ་ལྟར་དད་པ་གསུམ་དང་ལྡན་པ་ཡིས། །དོན་གཉིས་མཐར་ཕྱིན་ རྫོགས་པའི་སངས་རྒྱས་དང༌། །བདེན་གཉིས་ཟུང་འཇུག་ཆགས་བྲལ་དམ་པའི་ཆོས། །ཡེ་ ཤེས་གཉིས་ལྡན་འཕགས་པའི་དགེ་འདུན་ཏེ། །ནམ་ཡང་བསླུ་བ་མེད་པ་སྐྱབས་ཀྱི་མཆོག ། གསུམ་ལ་རྩེ་གཅིག་གུས་པས་བློ་གཏད་ནས། །སྐྱབས་སུ་སོང་ན་སྲིད་པའི་འཇིགས་པ་ ལས། །སྐྱོབས་ཤིང་ཞི་བའི་གོ་འཕང་བླ་མེད་ཐོབ། །སེམས་ཅན་ཐམས་ཅད་སངས་རྒྱས་སྙིང་ པོ་ཅན། །ཡིན་ཡང་མ་རྟོགས་འཁོར་བར་འཁྱམས་པ་རྣམས། །ཡུན་རིང་ཕན་བཏགས་གྱུར་ བའི་མ་ཡིན་པས། །དེ་རྣམས་ཀུན་ལ་བྱམས་དང་སྙིང་རྗེ་བསྒོམ། །རང་གཞན་བདེ་སྡུག་བླང་ དོར་མཚུངས་པས་ན། །ཐོག་མར་བདག་གཞན་མཉམ་པའི་བྱང་ཆུབ་སེམས། །བསྒོམ་ཞིང་ཕྱི་ ནས་བདག་བས་གཞན་གཅེས་ཀྱི། །བྱང་ཆུབ་སེམས་མཆོག་བསྐྱེད་ལ་འབད་འཚལ་ལོ། ། སྐྱབས་འགྲོའི་དོན་ནི་འཁོར་བའི་སྡུག་བསྔལ་གྱིས། །འཇིགས་པས་ཉེན་ནས་མཆོག་ལ་བློ་ གཏོད་པ། །སེམས་བསྐྱེད་དོན་ཡང་དགེ་བ་གང་ཡིན་རྣམས། །སེམས་ཅན་ཀུན་གྱི་དོན་དུ་ བྱེད་པའོ། །སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་སྔོན་འགྲོ་བས། །དངོས་གཞི་སྦྱིན་དང་ཚུལ་ ཁྲིམས་བཟོད་པ་དང༌། །བརྩོན་འགྲུས་བསམ་གཏན་ཤེས་རབ་ཕ་རོལ་ཕྱིན། །ཚོགས་གཉིས་ ཟུང་འཇུག་བསྒྲུབ་ལ་འབད་འཚལ་ལོ། །ཆོས་དོན་གཉེར་ལ་ལེགས་བཤད་སྦྱིན་པ་དང༌། ། གང་ལ་ཅི་འདོད་ཟང་ཟིང་སྦྱིན་པ་དང༌། །སྣ་ཚོགས་འཇིགས་པ་རྣམས་ལས་སྐྱོབ་པ་སྟེ། ། 3-1-34 སྦྱིན་པ་རྣམ་གསུམ་རྟག་ཏུ་བསྟེན་ན་ལེགས། །མི་དགེ་གང་ཡིན་མཐའ་དག་སྤོང་བ་དང༌། ། སྒོ་གསུམ་དགེ་བའི་ལས་ལ་སྦྱོར་བ་དང༌། །དེ་དག་གཞན་ལ་ཕན་ཕྱིར་བསྒྲུབ་པ་སྟེ། །ཚུལ་ ཁྲིམས་རྣམ་པ་གསུམ་ཡང་རྟག་ཏུ་སྲུངས། །གནོད་བྱེད་རྣམས་ལ་སྙིང་རྗེ་བསྐྱེད་པ་དང༌། ། ཆོས་ཀྱི་དཀའ་སྤྱད་དང་དུ་ལེན་པ་དང༌། །ཆོས་ཉིད་ཟབ་མོའི་དོན་ལ་མི་སྐྲག་པའི། །བཟོད་ པ་རྣམ་པ་གསུམ་ཡང་སྒོམ་འཚལ་ལོ། །རྒྱ་ཆེན་ཆོས་ལ་གོ་ཆ་ཆེར་བསྐྱེད་དེ། །དེ་བཞིན་སྦྱོར་ བ་ཡིས་ཀྱང་བསྒྲུབ་པ་དང༌། །མ་ཞུམ་མི་འཁྲུགས་ཆོག་མི་ཤེས་པ་ཡིས། །དགེ་ལ་ཡང་དག་ སྤྲོ་བའི་བརྩོན་འགྲུས་བརྩམས། །མཐོང་ཆོས་ཚེ་འདིར་དགེ་བར་གནས་པ་དང༌། །ཡོན་ཏན་ ཁྱད་འཕགས་རིམ་གྱིས་འགྲུབ་པ་དང༌། །མངོན་ཤེས་ལ་བརྟེན་གཞན་དོན་ནུས་པ་ཡིས། ། བསམ་གཏན་གསུམ་ལའང་རིམ་གྱིས་མཉམ་པར་བཞག །ཀུན་རྫོབ་སྒྱུ་མ་ལྟ་བུར་ཤེས་པ་ དང༌། །དོན་དམ་མཁའ་ལྟར་འགྱུར་མེད་རྟོགས་པ་དང༌། །ཁྱད་པར་གཞན་དོན་བསྒྲུབ་ཚུལ་ མཁས་པ་ཡི། །ཤེས་རབ་གསུམ་ཡང་རྣམ་པར་སྤེལ་འཚལ་ལོ། །སྦྱིན་པ་གསུམ་དང་ཚུལ་ ཁྲིམས་རྣམ་གསུམ་གྱིས། །གཞན་ལ་ཕན་པ་བསོད་ནམས་ཚོགས་ཡིན་ཏེ། །དོན་དམ་སྟོང་ ཉིད་རྟོགས་པའི་ཤེས་རབ་ཀྱིས། །མི་རྟོག་ངང་ལ་འཇོག་པ་ཡེ་ཤེས་ཚོགས། །བཟོད་དང་ བརྩོན་འགྲུས་བསམ་གཏན་གསུམ་པོ་ཡང༌། །གཞན་ལ་ཕན་པར་སྤྱོད་པའི་ཆ་རྣམས་ནི། ། བསོད་ནམས་ཚོགས་ཏེ་སྟོད་ཉིད་ཟབ་མོ་ལ། །འཇུག་པའི་ཆ་ནི་ཡེ་ཤེས་ཚོགས་སུ་འགྱུར། ། ཐབས་ཀྱི་ཕ་རོལ་ཕྱིན་པ་ལྔ་པོ་ཡང༌། །འཁོར་གསུམ་མི་རྟོག་ཡེ་ཤེས་ཀྱིས་ཟིན་ན། །ཐམས་ ཅད་ཡེ་ཤེས་ཚོགས་སུ་འགྱུར་བར་གསུངས། །དེས་ན་ཕྱིན་དྲུག་རྟེན་ནས་ཚོགས་གཉིས་ བསགས། །བསོད་ནམས་ཚོགས་ཀྱི་དོན་དུ་རྗེས་ཐོབ་ཏུ། །གཞན་ལ་ཕན་པའི་བྱ་བ་ཅི་ནུས་ བསྒྲུབ། །ཡེ་ཤེས་ཚོགས་ཀྱི་དོན་དུ་གཉམ་བཞག་ཏུ། །མི་རྟོག་ཏིང་འཛིན་ཟབ་མོ་ཅི་ནུས་ བསྒོམ། །བསྐྱེད་རིམ་ལ་བརྟེན་རང་གཞན་ཡི་དམ་ལྷའི། །རང་བཞིན་ཅན་དུ་ཤེས་པའི་ 3-1-35 བསོད་ནམས་བསགས། །རྫོགས་རིམ་ལ་བརྟེན་སྟོང་ཉིད་ཟབ་མོའི་དོན། །བསྒོམས་ཏེ་ཡེ་ ཤེས་ཚོགས་ལ་འབད་པར་བྱ། །ཚད་མེད་བཞི་ལ་བརྟེན་ནས་བསྡུ་བ་བཞིས། །གཞན་ལ་ ཕན་པ་བསོད་ནམས་ཚོགས་ཡིན་ཏེ། །རྣམ་ཐར་སྒོ་བཞི་ལ་རྟེན་བསྙེན་བསྒྲུབ་བཞི། །ཉམས་ སུ་ལེན་པ་ཡེ་ཤེས་ཚོགས་ཡིན་ནོ། །ཁ་ཏོན་བཟླས་བརྗོད་ལ་སོགས་ཆོས་སྤྱོད་བཅུ། །བྱང་ ཆུབ་སེམས་ཀྱིས་ཟིན་པ་བསོད་ནམས་ཚོགས། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡེ་ཤེས་ཚོགས། ། དེ་ལྟར་ཚོགས་གཉིས་བསྒྲུབ་ལ་འབད་པར་འཚལ། །ཆེན་པོའི་གོ་འཕང་ཐོབ་ཚེ་དགེ་བ་ དང༌། །མི་དགེ་གང་ལ་འཇུག་ཀྱང་སྟོབས་ཆེ་བས། །རྣམ་དག་དགེ་བ་རྒྱ་ཆེར་སྤེལ་བ་དང༌། ། སྡིག་པར་འགྱུར་བའི་ལས་རྣམས་སྤང་འཚལ་ལོ། །བཀུར་འོས་མཆོག་གསུམ་གུས་པས་ མཆོད་པ་དང༌། །བསྐྱང་འོས་བཀའ་འབངས་བརྩེ་བས་སྐྱང་བ་དང༌། །བསྟུན་འོས་འབྲེལ་ ཟབ་རྣམས་དང་བསྟུན་པ་ཡིས། །རྒྱལ་ཁམས་བདེ་བའི་ཐབས་ལའང་འབད་འཚལ་ལོ། ། རང་རིག་གསལ་ནས་རང་གི་སྒོ་གསུམ་གྱི། །བྱ་བ་གང་ཡིན་ལེགས་པར་ཡོངས་བརྟགས་ཏེ། ། རང་གཞན་ཀུན་ལ་གནོད་པའི་ལས་སྤང་ཞིང༌། །ཕན་པར་འགྱུར་བ་རྟག་ཏུ་བསྟེན་འཚལ་ལོ། ། ཆོས་ནི་ཚོགས་གཉིས་ཟུང་འཇུག་བསྟེན་པ་སྟེ། །ཆོས་མིན་སེམས་ཅན་རྣམས་ལ་འཚེ་བར་ གསུངས། །དེ་ཕྱིར་སེམས་ཅན་ཀུན་ལ་ཕན་པ་དང༌། །ཏིང་འཛིན་ཟབ་མོ་བསྒྲུབ་ཕྱིར་འབད་ འཚལ་ལོ། །མཇུག་ཏུ་རང་གཞན་ཀུན་གྱིས་དུས་གསུམ་དུ། །བསགས་པའི་དགེ་བའི་རྩ་བ་ གང་ཡིན་རྣམས། །སེམས་ཅན་ཀུན་གྱིས་རྫོགས་པའི་བྱང་ཆུབ་ཆེ། །ཐོབ་པའི་ཆེད་དུ་བསྔོ་བ་ སྨོན་ལམ་འཚལ། །དེ་ཡང་རྒྱལ་བ་སྲས་བཅས་མཁའ་ཁྱབ་ཏུ། །བཞུགས་པའི་སྤྱན་སྔར་ འདུན་པ་དྲག་པོ་དང༌། །མི་རྟོག་ཡེ་ཤེས་ལྡན་པས་ཡོངས་བསྔོས་ནས། །བྱེད་ལས་ཕུན་སུམ་ ཚོགས་པ་འགྲུབ་པ་ཉིད། །གཞི་ལ་ཆོས་དབྱིངས་བཞུགས་པའི་སྐྱེ་བོ་ཀུན། །ཚོགས་གཉིས་ ཟབ་མོའི་ལམ་ལ་ལེགས་ཞུགས་ནས། །འབྲས་བུ་དོན་གཉིས་མཐར་ཕྱིན་རྒྱལ་བ་ཡི། །སྐུ་ 3-1-36 གཉིས་ཐོབ་པའི་ཆེད་དུ་ཡོངས་སུ་བསྔོ། །སྐྱེས་བུ་དམ་པའི་ཐུགས་དགོངས་རྫོགས་པ་དང༌། ། རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང༌། །བསྟན་འཛིན་རྣམས་ཀྱི་དགོངས་པ་འགྲུབ་པ་ དང༌། །དགེ་འདུན་མཐུན་ཞིང་ཆོས་སྤྱོད་འཕེལ་བ་དང༌། །སེམས་ཅན་ཐམས་ཅད་བདེ་ཞིང་ དགེ་བ་དང༌། །བསམ་སྦྱོར་བཟང་ཞིང་བར་ཆད་ཞི་བ་དང༌། །ལོངས་སྤྱོད་འཕེལ་ཞིང་འཇིག་ རྟེན་དར་བ་དང༌། །རྟག་ཏུ་དམ་པའི་ཆོས་ལ་སྤྱོད་པར་ཤོག །གཞན་ཡང་དམིགས་པ་བཟང་ དང་སྟོན་པ་བཟང༌། །ཐབས་མཁས་ངེས་འབྱུང་སྦྱོར་བ་བཟང་པོ་ཡིས། །ཇི་ལྟར་འདོད་པའི་ སྨོན་ལམ་རྣམ་དག་བྱ། །མཆོག་གསུམ་བདེན་པའི་སྟོབས་ཀྱང་བརྗོད་པས་འགྲུབ། །རྒྱས་ པར་ཟབ་མོ་རྒྱུད་བླ་སྤྱོད་འཇུག་དང༌། །རྒྱ་ཆེན་མངོན་པའི་འགྲེལ་བ་ལ་སོགས་དང༌། །ཕྱི་ ནང་ལག་ལེན་བསྟོད་པ་དྲི་ལན་དང༌། །ཕྲིན་ཡིག་ལ་སོགས་བོད་དུ་བརྩམས་པ་དང༌། །གསུང་ རབ་དགོངས་འགྲེལ་སྒྲུབ་ཐབས་ལ་སོགས་པ། །སྔོན་མེད་རྒྱ་གར་དཔེ་ལས་བསྒྱུར་བ་དང༌། ། བསྒྱུར་ཟིན་རྣམས་ལ་འགྱུར་བཅོས་ཞུ་དག་སོགས། །བྱས་ཚུལ་དཀར་ཆག་ནང་ནས་གསལ་ བ་རྣམས། །རིམ་གྱིས་གཟིགས་ནས་ཇི་ལྟར་མཁོ་བའི་རིགས། །འབྲི་ཞིང་ཐུགས་ཉམས་སུ་ ཡང་བཞེས་པ་དང༌། །དོན་གཉེར་གཞན་ལའང་བསྐུལ་ཞིང་གནང་བ་ཡིས། །རང་གཞན་ དག་ལ་ཕན་པར་མཛད་དུ་གསོལ། །དེང་སང་ཀུན་མཁྱེན་སྟོན་པ་མི་བཞུགས་ཤིང༌། །བསྟན་ འཛིན་དམ་པ་རྣམས་ཀྱང་གཤེགས་པ་དང༌། །བསྟན་ལ་གནོད་བྱེད་རྣམས་ཀྱང་དར་བ་ཡིས། ། བསྟན་པ་འཇིག་ལ་ཉེ་བར་གྱུར་པའི་དུས། །འདི་འདྲའི་དུས་སུ་ཉམ་ཆུང་བདག་ལྟ་བུའི། ། བརྩམས་པས་བསྟན་པའི་སྒྲོན་མེ་གསལ་བ་དང༌། །སྐྱེས་བུ་དམ་པ་དགྱེས་པ་འཕེལ་བ་དང༌། ། སེམས་ཅན་མང་པོ་མགུ་བར་མི་ནུས་མོད། །དེ་ལྟ་ན་ཡང་དག་པའི་ཞིང་གཞན་དུ། །དགེ་བ་ རྒྱ་ཆེན་ཡུན་རིང་སྒྲུབ་པ་ལས། །ཞིང་འདིར་སྙིགས་མའི་དུས་སུ་དམ་པའི་ཆོས། །བཟུང་ན་ ཕན་ཡོན་ཆེ་བར་གསུངས་པ་དང༌། །སྦྱིན་པའི་ནང་ནས་ཆོས་ཀྱི་སྦྱིན་པ་ནི། །མཆོག་ཏུ་ 3-1-37 གསུངས་ཤིང་རྙེད་པའི་ནང་ནས་ཀྱང༌། །ཆོས་ཀྱི་རྙེད་པ་མཆོག་ཏུ་གསུངས་པས་ན། །བདག་ ཀྱང་ཆོས་འདི་འཆད་ལ་སྤྲོ་བར་གྱུར། །ཁྱོད་ནི་སྔོན་ཡང་སྦྱིན་སོགས་སྤྱོད་པའི་མཐུས། ། ལོངས་སྤྱོད་འབྱོར་བ་རྙེད་པ་དཔག་ཡས་ཀྱང༌། །བདག་ལའང་དག་པའི་སྣང་བས་ལེགས་ བསྐུལ་ཏེ། །ཆོས་ཀྱི་རྙེད་པ་མཆོག་ཏུ་འཛིན་པ་ལེགས། །དེ་ལྟར་བསྐུལ་ཞིང་གདམས་པ་ ལས་བྱུང་བའི། །དགེ་བས་མཁའ་མཉམ་འགྲོ་བ་མ་ལུས་པ། །རྣམ་དག་ལེགས་པའི་ལམ་ལ་ རབ་ཞུགས་ནས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །བདག་ཀྱང་རྣམ་དག་བློ་ གྲོས་གསལ་ལྡན་པས། །སངས་རྒྱས་བསྟན་པའི་རྒྱལ་མཚན་ལེགས་གཟུང་སྟེ། །ལེགས་ བཤད་ཟབ་མོའི་དཔལ་འབྱོར་བཟང་པོ་ཡིས། །རྟག་ཏུ་འགྲོ་ལ་ཕན་པར་བྱེད་གྱུར་ཅིག །ཁྱོད་ ཀྱང་ཡེ་ཤེས་ལྔ་ཡི་དོན་རྟོགས་ནས། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་གསལ་མཛད་དེ། ། ཚོགས་གཉིས་དཔལ་འབྱོར་བཟང་པོ་དང་ལྡན་པའི། །དོན་གཉིས་མཐར་ཕྱིན་ཀུན་མཁྱེན་ ཐོབ་གྱུར་ཅིག །སྙིགས་དུས་སྐྱེ་བོའི་ལྟ་སྤྱོད་ངན་པ་རྣམས། །སྤངས་ནས་ཡང་དག་ལྟ་སྤྱོད་ དང་ལྡན་པས། །རྫོགས་ལྡན་དུས་བཞིན་ཆོས་དང་འཇིག་རྟེན་གྱི། །འབྱོར་པའི་དཔལ་ལ་ རྟག་ཏུ་སྤྱོད་གྱུར་ཅིག །སངས་རྒྱས་བསྟན་པ་ལུང་དང་རྟོགས་པའི་ཆོས། །འཆད་ཉན་བསྒྲུབ་ པའི་ཚུལ་གྱིས་ལེགས་འཛིན་པའི། །བཤེས་གཉེན་དམ་པ་ཐམས་ཅད་ཞབས་བརྟན་ཅིང༌། ། ཕན་བདེ་དཔལ་གྱི་འགྲོ་ཀུན་སྐྱོང་གྱུར་ཅིག །འགྲོ་ཀུན་ཕན་ཚུན་གནོད་འཚེའི་བསམ་ངན་ དང༌། །འཁྲུག་ལོང་སྦྱོར་བ་ངན་པ་རབ་སྤངས་ནས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ ལྡན་པའི། །ཉིན་མཚན་རྟག་ཏུ་ཆོས་ལ་སྤྱོད་གྱུར་ཅིག ། ༧དཀོན་མཆོག་རིན་པོ་ཆེ་གསུམ་ལ་དད་པ་བརྟན་པོ་དང་ལྡན་ཞིང་བཀའ་འབངས་སུ་ གཏོགས་པ་རྣམས་ཆོས་བཞིན་དུ་སྐྱོང་བའི་སྐྱེས་བུ་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་ པོས་གསུང་ཡིག་གནང་སྦྱིན་དང་བཅས་ཏེ་ཡང་ཡང་བསྐུལ་པའི་ངོར། །པཎྜི་ཏ་མ་ཏིས་དགེ་ 3-1-38 ལྡན་ས་བཟང་དུ་སྦྱར་བའོ། །བསྟན་པ་རིན་པོ་ཆེ་དང་སེམས་ཅན་མང་པོ་ལ་ཕན་ཐོག་པར་ གྱུར་ཅིག ། སྨྲས་པ། རྒྱལ་བ་སྲས་བཅས་བཀའ་སྩལ་གང༌། མདོ་རྒྱུད་བསྟན་བཅོས་མཐའ་དག་གི། དོན་ཀུན་གསལ་བར་སྟོན་པའི་གཞུང༌། །བསྟན་བཅོས་ཕུལ་བྱུང་མ་ཏིས་མཛད། །གསུང་ རབ་དགོངས་འགྲེལ་དྲི་མེད་པ། །སྐལ་བཟང་སྐྱེ་བོའི་འཇུག་ངོགས་ཡིན། །གུས་ཤིང་ནན་ ཏན་བརྩོན་བྱས་ན། །གནས་སྐབས་མཐར་ཐུག་ཡོན་ཏན་འབྱུང༌། །ཐོས་བསམ་སྒོམ་པ་ལས་ བྱུང་བའི། །ཆོས་ཀྱི་སྣང་བ་རབ་རྒྱས་ཤིང༌། །བསླབ་པ་གསུམ་གྱི་ཡོན་ཏན་ལྡན། །བསྟན་ འགྲོར་ཕན་བདེ་འབྱུང་གྱུར་ཅིག། །། ཡང་རྩ་བ་དབུ་ཅན་བྲིས་མ། གཞུང་དུ་ཡོད་པས་རྩ་བ་དང་མི་མཐུན་པ་ཁ་ཤས་འདུག ། 3-1-39 དྲིས་ལན་བླང་དོར་རབ་གསལ་སྣང་བ་ཡི། ། འགྲེལ་བཤད་རྣམ་དག་ལུང་དང་མཐུན་པ་བཞུགས། ། བློ་ལྡན་དོན་གཉེར་གང་གིས་འདི་མཐོང་བ། ། དེ་དག་ཆོས་ཀྱི་སྣང་བ་རྣམ་པར་འཕེལ། ། ༄༅། །ན་མོ་གུ་རུ་ཝེ་རཏྣ་དྲ་ཡ་ཡ། རྣམ་དག་ཆོས་སྐུའི་ནམ་མཁའ་ཡངས་པ་ལ། །སྣ་ ཚོགས་གཟུགས་སྐུའི་དཀྱིལ་འཁོར་རབ་རྒྱས་ཏེ། །ལེགས་བཤད་སྣང་བས་འགྲོ་བློའི་མུན་ སེལ་བ། །ཐུབ་དབང་ཉིན་མོར་བྱེད་པ་ལ་བཏུད་ནས། །དེ་ཡི་བསྟན་དང་བསྟན་འཛིན་ མཆོག་རྣམས་ལ། །གུས་ལྡན་སྐྱེས་བུ་དམ་པས་བསྐུལ་བའི་ངོར། །ལེགས་བཤད་བླང་དོར་ རབ་གསལ་སྣང་བ་འདི། །རྣམ་བཤད་འདིས་ཀྱང་ཤིན་ཏུ་གསལ་བར་བཤད། ། དེ་ཡང་འདི་ལྟར། བསྟན་བཅོས་རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན། །འཇུག་བྱ་བསྟན་ བཅོས་ཀྱི་རང་བཞིན་གཞུང་གི་དོན། ཞུགས་པ་མཐར་ཕྱིན་པ་བསྔོ་བའི་དོན་ཏོ། ། དང་པོ། བསྟན་བཅོས་རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན། དང་པོ་ལ་༼མཆོད་བརྗོད་དང་དམ་བཅའ་ལས་དང་པོ་༽གཉིས་ལས། ༡ མཆོད་བརྗོད། ༼དང་པོ། ༽ བྱ་བ་དམ་པ་ལ་འཇུག་པའི་སྔོན་དུ་ཡུལ་དམ་པ་ལ་མཆོད་པར་བརྗོད་པ་ནི། 3-1-40 སྐུ་གསུམ་ཡོངས་རྫོགས་རྫོགས་པའི་སངས་རྒྱས་དང༌། ཐེག་གསུམ་ཟབ་ཡངས་ ལེགས་གསུང་དམ་པའི་ཆོས། །བསླབ་གསུམ་རྣམ་དག་འཕགས་པའི་དགེ་འདུན་ ལ། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །ཞེས་པ་སྟེ། སྐྱབས་གནས་བླ་ན་ མེད་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་སོང་བ་ལས་ གནས་སྐབས་དང་མཐར་ཐུག་གི་དོན་ཕུན་སུམ་ཚོགས་པ་འགྲུབ་པའི་ཕྱིར་དང༌། །དེ་བཞིན་ དུ། ཀུན་མཁྱེན་ཀུན་གྱི་མཁྱེན་རབ་གཅིག་བསྡུས་པ། །ཤེས་བྱ་མཐའ་དག་ མངོན་སུམ་ལེགས་གཟིགས་ནས། །གསུང་རབ་རབ་འབྱམས་འགྲོ་ལ་ལེགས་ གསུངས་པ། །གསུང་གི་དབང་ཕྱུག་འཇམ་པའི་དབྱངས་ལ་འདུད། །ཐུབ་དབང་ ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །མཐའ་ཡས་འགྲོ་ལ་རྟག་ཏུ་ཕན་དགོངས་ པའི། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེན་པོ་ཡིས། །འགྲོ་ཀུན་རྟག་ཏུ་རྗེས་ སུ་འཛིན་གྱུར་ཅིག །རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །མཐའ་དག་ གདུག་པའི་ཚོགས་རྣམས་མཐར་མཛད་པ། །རྡོ་རྗེ་འཛིན་པས་མ་ལུས་འགྲོ་བ་ཡི། ། མི་མཐུན་ཕྱོགས་ཀུན་ཞི་བར་མཛད་དུ་གསོལ། །ཞེས་པ་ནི། མཁྱེན་རབ་དང་ཐུགས་ རྗེ་དང་ནུས་པ་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་འཇམ་པའི་དབྱངས་དང་ཐུགས་རྗེ་ཆེན་ པོ་དང་ཕྱག་ན་རྡོ་རྗེ་རྣམས་ལ་བཏུད་ཅིང་ཤིས་པ་བརྗོད་དེ་གསོལ་བ་བཏབ་པ་ལས་ཀྱང་ རྩོམ་པ་མཐར་ཕྱིན་པ་ལ་སོགས་པའི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་བྱ་བའི་ཆེད་ དུའོ། ། གཉིས་པ་བཤད་པར་དམ་བཅའ་བ་ནི། རྣམ་རིག་ཡེ་ཤེས་གསལ་བའི་སྤྱན་ལྡན་ ཞིང༌། །བསྟན་པའི་རྒྱལ་མཚན་འཛིན་རྣམས་གུས་མཆོད་པ། །བསོད་ནམས་ ཆེན་པོའི་དཔལ་འབྱོར་དང་ལྡན་པའི། །སྐྱེས་བུ་དམ་པས་ཡང་ཡང་བསྐུལ་བའི་ 3-1-41 ངརོ། །དགེ་ལྡན་ས་བཟང་མ་ཏི་པཎྜི་ཏས། །གཞི་ལམ་འབྲས་སོགས་བླང་དོར་ གསལ་བའི་གཏམ། །རྣམ་དག་ལུང་བཞིན་ཅི་ནུས་བཤད་པར་འཚལ། །དད་ལྡན་ དོན་གཉེར་གཞན་ལའང་ཕན་གྱུར་ཅིག །ཅེས་པ་སྟེ། གང་ཆོས་ཟབ་མོ་དོན་དུ་གཉེར་ བ་དེ་ནི་སྐྱེས་བུ་དམ་པ་ཡིན་ལ། །དེ་དང་རིགས་འདྲ་བ་གཞན་དག་ལ་ཡང་ཕན་པའི་ཆེད་དུ་ གསུང་རབ་དགོངས་འགྲེལ་དང་བཅས་པའི་ལུང་རྣམ་དག་ལ་བརྟེན་ནས་འཆད་པའོ། ། བསྟན་བཅོས་ཀྱི་རང་བཞིན། གཞུང་གི་དོན་ལ་ལུས་དང་ཡན་ལག་གཉིས་ལས། དང་ པོ་བསྟན་བཅོས་ཀྱི་ལུས་རྣམ་པར་བཞག་པ་ནི། དལ་འབྱོར་རྙེད་དཀའ་དེ་ཡང་མི་རྟག་ ཅིང༌། །རྒྱུ་འབྲས་བསླུ་བ་མེད་པའི་ཚུལ་ཤེས་ནས། །གནས་དང་ཡོ་བྱད་གྲོགས་ མཆོག་ལ་བརྟེན་ཏེ། །ཚུལ་གནས་ཐོས་བསམ་སྒོམ་གསུམ་བསྒྲུབ་འཚལ་ལོ། ། ཞེས་པས། ཐོག་མར་དམ་པའི་ཆོས་ལ་བསྐུལ་ཞིང་མཐུན་རྐྱེན་རྣམ་པར་དག་པ་ལ་བརྟེན་ ནས་བསྒྲུབ་པ་ཉམས་སུ་བླང་ཚུལ་དང༌། ཁྱད་པར་བདེན་གཉིས་བདེན་བཞི་ཐེག་པ་ གསུམ། །བསླབ་གསུམ་སྡོམ་གསུམ་ཕྱི་ནང་གྲུབ་མཐའ་བཞི། །འཁོར་ལོ་གསུམ་ དང་ལམ་ལྔ་ས་བཅུ་སོགས། །ཤེས་ནས་བླང་དོར་ཚུལ་ལའང་འབད་འཚལ་ལོ། ། ཞེས་པས། སྒྲུབ་པར་བྱེད་པ་ལའང་བསྒྲུབ་ཚུལ་ཤེས་དགོས་པས་ཤེས་བྱ་བདེན་པ་གཉིས་ ལ་སོགས་པའི་གནས་ལུགས་རྟོགས་ནས་བླང་དོར་ཇི་ལྟར་བྱ་བའི་ཚུལ་དང༌། བླང་དོར་ བྱས་ཏེ་ཚོགས་གཉིས་བསགས་པ་ལས། །དོན་གཉིས་མཐར་ཕྱིན་སྐུ་གསུམ་ཡེ་ ཤེས་ལྔ། །ཡོན་ཏན་ཕྲིན་ལས་ཕུན་ཚོགས་དང་ལྡན་པའི། །འབྲས་བུ་ཐམས་ཅད་ མཁྱེན་པའི་གོ་འཕང་ཐོབ། །ཅེས་པས། འཁོར་འདས་ཀྱི་ཆོས་ལ་བླང་དོར་ཚུལ་བཞིན་ དུ་བྱས་པ་ལས་འབྲས་བུ་ཕུན་སུམ་ཚོགས་པ་འགྲུབ་པའི་ཚུལ་དང༌། དེ་སླད་ལོག་པའི་ལྟ་ བ་ཀུན་སྤངས་ཏེ། །ཡང་དག་ལྟ་སྒོམ་སྤྱོད་འབྲས་ཚུལ་ཤེས་པས། །སྦྱོར་དངོས་ 3-1-42 རྗེས་གསུམ་ལྡན་པའི་ཉམས་ལེན་འཚལ། །དེ་དག་རིམ་གྱིས་སྙན་དུ་གསལོ་བར་ བགྱི། །ཞེས་པས། བདེན་པ་གཉིས་ལ་སྒྲོ་འདོགས་པ་དང་སྐུར་བ་འདེབས་པ་ལ་སོགས་པའི་ ལྟ་བ་ངན་པ་སྤངས་ཏེ། ལྟ་བ་རྣམ་པར་དག་པས་མཉམ་བཞག་ཏིང་ངེ་འཛིན་ཟབ་མོ་བསྒོམ་ པ་དང༌། རྗེས་ཐོབ་སྤྱོད་པ་ཞིབ་མོའི་སྒོ་ནས་འབྲས་བུ་རྣམ་པར་དག་པ་ཐོབ་པའི་ཆེད་དུ་ལམ་ རྣམ་པར་དག་པ་ལ་འབད་པར་གདམས་པ་སྟེ། དེ་དག་གིས་ནི་འཆད་པར་འགྱུར་བའི་བསྟན་ བཅོས་ཀྱི་དོན་མཐའ་དག་མདོར་བསྟན་པའོ། ། ཡན་ལག་རྒྱས་པར་བཤད་པ་ལ་གཞི་ལམ་འབྲས་གསུམ་མདོར་བསྟན། བླང་དོར་རྒྱས་ པར་བཤད་པ། གདམས་པའི་ཚུལ་གྱིས་བསྟན་པའོ། ། དང་པོ་ལའང༌། གཞི་ལ་ཆོས་དབྱིངས་བཞུགས་ཚུལ་ནི། གཞི་ལ་དོན་དམ་ཆོས་ ཉིད་དེ་བཞིན་ཉིད། །རང་བཞིན་རྣམ་དག་འདོ་གསལ་ཆོས་ཀྱི་དབྱིངས། །རང་ བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུ། །བརྟན་གཡོ་ཀུན་ལ་གདོད་ནས་ཁྱབ་པར་ བཞུགས། །དོན་འདི་ཉིད་ལུང་རྣམ་པར་དག་པ་རྣམས་ལས་གསལ་བར་གསུངས་ཏེ། །ཇི་ སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། སེམས་ཅན་རྣམས་༼ཀྱི་སེམས་ཀྱི་རང་བཞིན་འོད་ གསལ་བ་རང་བཞིན་གྱིས་རྣམ་པར་དག་པའི་སེམས་༽ནི་༼དོན་དམ་པའི་༽སངས་རྒྱས་༼སྐུ་བཞིའི་བདག་༽ཉིད་ཡིན་ ཏེ་༼མཐར་ཐུག་གི༽ཆེན་པོའི་སངས་རྒྱས་གཞན་༼ཞིག་སངས་རྒྱས་ཚོལ་པའི་སྐབས༽འདིར་འཇིག་རྟེན་ ཁམས་ན་ཡོད་མ་ཡིན། །༼དེ་ལྟར་སངས་རྒྱས་ཀྱི་སྙིང་བོ་ཅན་གྱི་སེམས་ཅན༽དེ་རྣམས་༼བདག་དང་སེམས་ཅན་ རྒྱུ་༽རྣམ་པར་མི་རྟོག་པ་ཡིས་མཉེས་པ༼སྟེ་དེ་རྣམས་ལ་ཕན་པའི་དོན་༽ར་བྱས་ནས་༼རྣལ་འབྱོར་པའི་དུས་ ༽དཔག་མེད་༼དེ་ཐོག་མ་མེད་པ་ནས་བརྒྱུད་པའི༽སྲིད་པ་དག་ནི་གཅོད་པར་བྱེད། །༼དེ་སེམས་ཅན་གྱི་དོན་ བྱེད་པའོ། །༽ཅེས་པ་དང༌། ཀྱཻའི་རྡོ་རྗེ་ལས། སེམས་ཅན་རྣམས་༼ཀྱི་རང་བཞིན་འོད་གསལ་པའི་སེམས་ནི་ དོན་དམ་གྱི༽ནི་༼དོན་དམ་ཀྱི་༽སངས་རྒྱས་ཉིད༼ཡིན་ཏེ༽། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས་༼པས་དེ་ 3-1-43 མ་བསལ་བར་སངས་རྒྱས་མི་ཐོབ་ཅིང༽། །༼གློ་བུར་དྲི་མ་༽དེ་༼མ་ལུས་པར༽བསལ་ནས་ནི་སངས་རྒྱས་༼ཐོབ་པ༽ ཉིད་༼ཡིན་ཏེ༽། །ཅེས་པ་དང༌། རྡོ་རྗེ་གུར་ལས་ཀྱང༌། ནམ་མཁའ་༼ཡི་ངོ་བོ་ལ་སྤྲིན་གྱིས་གོས་པ་མེད་པ༽ ལྟ་བུར་༼བདེ་གཤེགས་སྙིང་པོའི་ངོ་བོ་ལ་ཡང་༽དྲི་མ་མེད་༼ལ༽། །༼འོན་ཀྱང་གཞི་དུས་སུ་ཆགས་སོགས༽ངན་པར་ བརྟགས་པའི་རྣམ་རྟོག་གིས། །རིན་ཆེན་༼དང་འདྲ་བའི་འོད་གསལ་གྱི༽སེམས་དེ་དྲི་༼མ༽ཅན་༼དུ༽ བྱས་༼ཤིང་༽། །༼མཐར་ཐུག༽སེམས་༼རང་བཞིན་གྱིས་འོད་གསལ་བ་དྲི་མས་༽དག་པས་ནི་དག་པ་༼སངས་རྒྱས་ ཐོབ་པ༽ར་འགྱུར་༼རོ༽། །ཞེས་གསུངས་ཤིང༌། རྒྱུད་བླ་མར་ཡང༌། ༼དོན་དམ་འདུས་མ་བྱས་ཀྱི་༽རྫོགས་ ༼པའི་༽སངས་༼རྒྱས་ཀྱི་༽སྐུ་ནི་༼སྔར་མངོན་དུ་མ་གྱུར་པ་ལས་ཕྱིས༽འཕྲོ་༼བ་སྟེ་མངོན་དུ་གྱུར་པའི༽ཕྱིར་དང༌། ། ༼སངས་རྒྱས་དང་སེམས་ཅན་གྱི༽དེ་བཞིན་ཉིད་༼ཀྱི་ངོ་བོ་༽དབྱེར་མེད་༼པའི་༽ཕྱིར་དང༌། །༼རང་བཞིན་གྱིས་ དག་པའི་༽རིགས་༼ཀུན་ལ་༽ཡོད་༼པའི་༽ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་བོ་ཅན་ ༼ནོ༽། །ཞེས་པ་དང༌། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་ནི་༼འཁོར་འདས༽ཐམས་ཅད་ལ་༼བཞུགས་ པར༽། །ཁྱད་པར་མེད་ཀྱང་༼གང་ལ་གློ་བུར་དྲི་མ༽དག་༼པར༽གྱུར་པ་༼དེ༽ས། །དེ་བཞིན་གཤེགས་ ༼པ་ཐོབ་པ༽ཉིད་༼དེ་ཡིན་ནོ༽དེ་ཡི་ཕྱིར། །འགྲོ་ཀུན་༼དེ་བཞིན་ཉིད༽དེ་ཡི་སྙིང་པོ་ཅན། །ཞེས་པ་དང༌། ཆོས་དབྱིངས་བསྟོད་པར་ཡང༌། ༼ཆོས་དབྱིངས་ཀྱི་ངོ་བོ་ལ་དྲི་མ་མེད་པའི་དཔེ་ནི༽ས་ཡི་དཀྱིལ་ན་ཡོད་ པའི་ཆུ། །༼ངོ་བོ་ལ་ས་གདམ་གྱི༽དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ནས་ཡེ་ཤེས་ ཀྱང༌། །༼དཔེ༽དེ་བཞིན་༼དུ་ངོ་བོ་ལ༽དྲི་མ་མེད་པར་གནས་༼སོ༽། །ཞེས་པ་ལ་སོགས་པ་ཤིན་ཏུ་ མང་བས་སོ། །དཔེར་ན་བརྟན་གཡོ་ཀུན་ལ་ཁྱབ་པ་ཡི། །ནམ་མཁའ་འདུས་མ་ བྱས་སུ་མཚུངས་པ་ལྟར། །སེམས་ཀྱི་རང་བཞིན་འདོ་གསལ་ཆོས་ཀྱི་སྐུ། །རང་ གཞན་ཀུན་ལ་ཁྱད་པར་མེད་པར་བཞུགས། །དེ་ཡང་ཀྱཻའི་རྡོ་རྗེ་ལས། ༼ཕྱག་རྒྱ་ཆེན་པོའི་ རང་སྣང་༽བརྟན་དང་གཡོ་བའི་དངོས་པོ་༼ར་སྣང་བ་༽གང་༼ཇི་སྙེད་པ༽། །རྩྭ་ལྕུགས་འཁྲི་ཤིང་༼ས་ཆུ་ མེ་རླུང་༽ལ་སོགས་པ། །༼ཐམས་ཅད་དེ་བཞིན་ཉིད་བདག་དག་པའི་༽བདག་ཉིད་དངོས་པོའི་རང་བཞིན་ 3-1-44 ལས་༼མ་གཏོགས་པ་གཞན་ཅི་ཡང་མེད་པའི་ཕྱིར༽། །༼དོན༽དམ་པའི་༼ཡེ་ཤེས་ཀྱི༽དེ་༼ཁོ་ན༽ཉིད་༼ཀྱི་རོལ་བ་ འབའ་ཞིག་ཏུ་༽ངེས་༼ཤིང་ཐག་ཆོད་པས་༽བསྒོམ་༼པར་༽བྱ༼འོ༽། །༼འདི་ཡི་མཆན་ནི་སྨན་ཆུ་བ་ལྟར་རོ་༽ཞེས་པ་ དང༌། རྒྱུད་བླ་མར་ཡང༌། དེ་སྤྱི་༼ལ་ཁྱབ་པ༽འི་མཚན་ཉིད་༼ཡིན་པས་༽ཉེས་པ་༼ཅན་སེམས་ཅན་༽དང༌། ། ཡོན་ཏན་༼ཅན་རྒྱལ་སྲས་དང་ཡོན་ཏན༽མཐར་ཐུག་༼སངས་རྒྱས་ལ༽ཁྱབ་པ༼ར་རྟག་ཏུ་བཞུགས་པ་༽སྟེ། ། གཟུགས་ཀྱི་༼རང་བཞིན་༽དབྱེ་བ་དམན་པ་༼རྫའི་སྣོད་༽དང༌། །བར་མ་༼ཟངས་ཀྱི་སྣོད་དང་༽མཆོག་ ༼གསེར་གྱི་སྣོད་༽ལ་ནམ་མཁའ་༼ཁྱབ་པར་ནམ་ཡང་ཡོད་པ་༽བཞིན། །ཞེས་པ་དང༌། རྒྱན་ལས་ཀྱང༌། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་༼དུ་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ༽འདི་ཡང་རྟག་ ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་༼ཅན་དུ༽གྱུར་༼པ་༽ཀུན་ཏུ་སོང་༼བ་སྟེ་ཁྱབ་པ༽། ། དེ་བཞིན་འདི་ཡང་སེམས་ཅན་ཚོགས་ཀུན་སོང་༼བ་སྟེ་ཁྱབ་པའོ༽། །ཞེས་པ་ལ་སོགས་པ་དང་ མཐུན་པ་ཉིད་༼འདིར་སྤྱིར་བརྟན་གཡོ་ཀུན་ལ་ཁྱབ་པ་དང་ཁྱད་པར་སེམས་ཅན་ལ་ཁྱབ་པར་བསྟན་༽དོ། ། ༼གཉིས་པ༽སྒྲིབ་པས་འཁོར་བར་གནས་ཚུལ་ནི། དེ་ལྟ་ན་ཡང་ཀུན་རྫོབ་གློ་བུར་ གྱི། །དྲི་མ་རྣམ་པར་རྟོག་པ་མ་འགགས་པར། །ཉོན་མོངས་པ་དང་ལས་དང་སྐྱེ་ བ་གསུམ། །འཁོར་བའི་དབང་གིས་སྡུག་བསྔལ་དག་ལ་སྤྱོད། །རང་བཞིན་རྣམ་པར་ དག་པ་སངས་རྒྱས་ཀྱི་སྙིང་བོ་ཅན་ཡིན་ན་ཡང༌། གནས་སྐབས་སུ། རྒྱུད་ལས། རྣམ་རྟོག་མ་ རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོ་ལྟུང་བྱེད་ཡིན། །ཞེས་གསུངས་པ་ལྟར། མ་རིག་པའི་ དབང་གིས་འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་ དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་འཁོར་ཡུག་ཏུ་འཁོར་བའི་ དབང་གིས་སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་དེ། དབུ་མ་རྟེན་འབྲེལ་སྙིང་པོར། ༼རྟེན་ འབྲེལ་ཡན་ལག་བཅུ་གཉིས་ཀྱི་༽དང་པོ་༼མ་རིག་པ༽བརྒྱད་པ་༼སྲེད་པ༽དགུ་༼བ་ལེན་པ་རྣམས༽ཉོན་མོངས་༼ 3-1-45 པའི་ཉོན་མོངས་པ་ཡིན་ཏེ། རང་འབྲས་ཟག་བཅས་ཀྱི་ལས་སྐྱེད་བྱེད་ཡིན་པའི་ཕྱིར། ༽། །གཉིས་པ་༼འདུ་བྱེད་དང་༽ བཅུ་པ་༼སྲིད་པ་གཉིས་པོ༽ལས་༼ཀྱི་ཀུན་ནས་ཉོན་མོངས་པ༽ཡིན་ཏེ་༼རང་འབྲས་འཁོར་བའི་རྣམ་སྨིན་སྐྱེད་བྱེད་ཡིན་ པའི་ཕྱིར༽། །ལྷག་མ་༼རྣམ་ཤེས་མིང་གཟུགས་སྐྱེ་མཆེད་རེག་པ་ཚོར་བ་སྐྱེ་བ་རྒ་ཤིའི་རྟེན་འབྲེལ་ཏེ༽བདུན་ནི་སྡུག་ བསྔལ་༼ཀྱིས་བསྡུས་པ་ཡིན་ཏེ་འབྲས་བུའི་རྟེན་འབྲེལ་གྱིས་བསྡུས་པ་ཡིན་པའི་ཕྱིར་༽ལོ། །ཞེས་པ་དང༌། ༼མ་རིག་ པ་ལ་སོགས༽གསུམ་པོ་དག་ལས་༼ཀྱི་ལས་ཀྱི་ཉོན་མོངས་པ༽གཉིས་འབྱུང་སྟེ། །༼དེ༽གཉིས་ལས་(རྣམ་ ཤེས་སོགས་)བདུན་འབྱུང་(ཞིང་)བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ། །ཉིད་ ནི་ཡང་དང་ཡང་དུ་འཁོར། །ཞེས་གསུངས་པ་ལྟར། དང་པོ་མ་རིག་པ་དང༌། བརྒྱད་པ་སྲེད་པ་ དང༌། དགུ་པ་ལེན་པ་སྟེ། ཉོན་མོངས་ཀྱི་ཀུན་ནས་ཉོན་མོངས་པ་གསུམ་ལས། གཉིས་པ་འདུ་ བྱེད་དང༌། བཅུ་པ་སྲིད་པ་སྟེ། ལས་ཀྱི་ཀུན་ནས་ཉོན་མོངས་པ་གཉིས་འབྱུང་ཞིང༌། གཉིས་ པོ་དེ་དག་ལས་ལྷག་མ་རྣམ་ཤེས་དང་མིང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་ བ་དང་སྐྱེ་བ་དང་རྒ་ཤི་སྟེ་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་འབྱུང་ལ། བདུན་པོ་དེ་ དག་ལས་ཀྱང་ཉོན་མོངས་པ་གསུམ་འབྱུང་བས། སྒོ་ང་ལས་བྱ་དང་བྱ་ལས་སྒོ་ང་ལྟར་ཕན་ ཚུན་འཁོར་བའི་ཚུལ་གྱིས་སོ། །དེ་ཡང་ཚུལ་མིན་ཡིད་ལ་བྱེད་པ་ཡིས། །མི་རྟག་པ་ ལ་རྟག་པར་འདུ་ཤེས་ཤིང༌། །སྡུག་བསྔལ་ལ་ཡང་བདེ་བར་འདུ་ཤེས་ལ། །བདག་ མེད་བདག་ཏུ་བཟུང་བའི་དབང་གིས་སོ། །དོན་འདི་ཉིད། རྒྱུད་བླ་མར་ཡང༌། (མི་གཙང་ བ་ལ་གཙང་བར་འཛིན་པ་སོགས་)ཚུལ་བཞིན་མ་ཡིན་(པ་)ཡིད་(ལ་)བྱེད་(པའི་རྟོག་པ་)ནི། །(རྟེན་)སེམས་ ཀྱི་རང་བཞིན་(བདེ་གཤེགས་སྙིང་པོ་)ལ་གནས་ཏེ། །ཚུལ་བཞིན་མ་ཡིན་(པ་)ཡིད་(ལ་)བྱེད་ཀྱིས་( རྟོག་པ་)། །(འབྲས་བུ་)ལས་དང་ཉོན་མོངས་(པ་)རབ་ཏུ་ཕྱེ་(བ་སྟེ་བསྐྱེད་པའི་ཕྱིར་)། །ཞེས་མི་རྟག་པ་ ལ་རྟག་པར་འཛིན་པ་ལ་སོགས་པའི་འདུ་ཤེས་ཕྱིན་ཅི་ལོག་དེ་ཉིད། སེམས་ཀྱི་རང་བཞིན་ འོད་གསལ་ལ་སྒྲིབ་གཡོགས་ཀྱི་ཚུལ་དུ་གནས་ཏེ། དེའི་དབང་གིས་ལས་དང་ཉོན་མོངས་ 3-1-46 པ་ལ་སོགས་པའི་ཉེས་པ་ཐམས་ཅད་འབྱུང་བར་གསུངས་པ་དང༌། རིན་ཆེན་ཕྲེང་བར་ཡང༌། ཇི་སྲིད་(ཉེར་ལེན་གྱི་)ཕུང་པོར་(ལྔ་ལ་བདག་ཏུ་)འཛིན་(པ་)ཡོད་པ། །(དུས་)དེ་སྲིད་(དུ་གང་ཟག་)དེ་ལ་ ངར་འཛིན་(པ་)ཡོད་(ལ་)། །ངར་འཛིན་པ་ལས་ཡང་ལས་(འབྱུང་བ་ཡིན་)ཏེ། །(རྒྱུ་)ལས་ལས་ ཀྱང་(འབྲས་བུ་ཡང་སྲིད་དུ་)ནི་སྐྱེ་བ་འབྱུང་(བའི་ཕྱིར)། །ཞེས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ མེད་བཞིན་དུ་བདག་དང་བདག་གིར་འཛིན་པའི་དབང་གིས་ལས་ངན་པ་བསགས་ཏེ་འཁོར་ བར་སྐྱེས་ནས་སྡུག་བསྔལ་མྱོང་བར་གསུངས་པ་དང༌། རྣམ་འགྲེལ་ལས་ཀྱང༌། བདག་ཡོད་ (པར་འཛིན་)ན་ནི་(བདག་མེད་ལ་)གཞན་(བདག་ཡོད་)དུ་(འདུ་)ཤེས་(པའི་སྐྱོན་ཡོད་དེ་)། །༼དེ་ལས་༽བདག་ གཞན་ཆ་ལས་(རིམ་པ་ལྟར་)འཛིན་(པ་སྟེ་ཆགས་པ་)དང་སྡང་(བ་བྱུང་ཞིང་)། །(ཆགས་སྡང་)དེ་དག་དང་ནི་ འབྲེལ་བ་ལས་(འབྲས་བུ་འཁོར་བའི་)། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་བདག་མེད་ པ་ལ་བདག་ཏུ་བཟུང་སྟེ། རང་ཕྱོགས་ལ་ཆགས་པ་དང༌། གཞན་ཕྱོགས་ལ་སྡང་བ་ལ་སོགས་ པའི་ཉོན་མོངས་པས་ལས་ངན་པ་བསགས་ནས། འཁོར་བར་སྡུག་བསྔལ་ལ་སྤྱོད་པའི་ཉེས་ པ་ཐམས་ཅད་འབྱུང་བར་གསུངས་པ་དང་ཡང་མཐུན་པ་ཉིད་དོ། ། (གསུམ་པ་)གཉེན་པོ་ལམ་ལ་ཞུགས་ཚུལ་ནི། གཉེན་པོ་ཚུལ་བཞིན་ཡིད་ལ་བྱེད་པ་ ཡིས། །འདུས་བྱས་ཐམས་ཅད་མི་རྟག་ཟག་བཅས་ཀུན། །སྡུག་བསྔལ་ཆོས་ཀུན་ བདག་མེད་རྟོགས་བགྱིས་ཏེ། །མྱང་འདས་ཞི་བའི་ལམ་ལ་འཇུག་འཚལ་ལོ། །དེ་ ཡང་རྒྱན་ལས། སེམས་ཅན་རྣམས་ལ་ཕན་(པར་)བཞེད་པ(དེ་བཞིན་གཤེགས་པ་)ས། །(རྣམ་ཐར་སྒོ་ གསུམ་ལ་སོགས་པ་)ཏིང་ངེ་འཛིན་གྱི་རྒྱུ་ཉིད་དུ། །(འདུས་བྱས་ཐམས་ཅད་མི་རྟག་པ་སོགས་)ཆོས་ཀྱི་སྡོམ་ནི་ རྣམ་པ་བཞི། །(པོ་རྒྱལ་སྲས་)བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །ཅེས་གསུངས་པ་ལྟར། ལམ་ཟབ་མོ་རྣམ་ཐར་སྒོ་གསུམ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པའི་ཆེད་དུ། འདུས་ བྱས་ཐམས་ཅད་མི་རྟག་པ་དང༌། ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བ་དང༌། 3-1-47 ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ནི་ཞི་ཞིང་བདེ་བའོ། ། ཞེས་འཆད་པར་འགྱུར་པ་བཞིན་ཤེས་པར་བྱ་སྟེ་བསྒྲུབ་པ་ལ་འབད་པར་བྱའོ། ། བཞི་པ་ཞུགས་པ་ལས་འབྲས་བུ་ཐོབ་ཚུལ་ནི། མྱང་འདས་མཐར་ཐུག་དོན་དམ་ ཆོས་ཀྱི་སྐུ། །བདེ་བ་ཆེན་པོའི་ངང་ལས་མ་གཡོས་བཞིན། །ཀུན་རྫོབ་གཟུགས་ སྐུའི་རྣམ་འཕྲུལ་སྣ་ཚོགས་ཀྱིས། །དཔག་མེད་གདུལ་བྱའི་དོན་ཡང་ལྷུན་གྱིས་ གྲུབ། །རང་བཞིན་རྣམ་དག་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་ཆེས་པ་དང༌། འཁོར་ བའི་སྡུག་བསྔལ་སྤང་བའི་ཆེད་དུ་ལམ་རྣམ་དག་ལ་བརྩོན་པར་བྱས་ནས། དོན་གཉིས་ མཐར་ཕྱིན་པ་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པ་ཉིད་དེ། རྒྱུད་བླ་མར། བདག་ཉིད་ཀྱི་ནི་ (དོན་ཕུན་སུམ་ཚོགས་པ་ཐམས་ཅད་)འབྱོར་(ཞིང་ལྷུན་གྱིས་གྲུབ་)བའི་གནས(སམ་གཞི་ནི་འཕགས་པའི་ཡེ་ཤེས)། ། དམ་པའི་(སྤྱོད་ཡུལ་གྱི་)དོན་(དམ་ཆོས་)ཀྱི་སྐུ་(མངོན་སུམ་དུ་གྱུར་པ་ཉིད་)ཡིན་ཏེ། །དྲང་སྲོང་(ཆེན་པོ་རྫོགས་ པའི་སངས་རྒྱས་)རྣམས་ཀྱི་(གཟུགས་ཀྱི་)བརྡ་(འམ་ཐ་སྙད་ཙམ་དུ་བསྟན་པ་)ཡི་སྐུ་(ནི་གདུལ་བྱ)། །ཕ་རོལ་ (པོ་རྣམས་ཀྱི་དོན་)ཕུན་སུམ་ཚོགས་པ་(ཐམས་ཅད་འབྱུང་ཞིང་ལྷུན་གྱིས་གྲུབ་པ)འི་གནས་(སམ་གཞི་ཡིན་ནོ)། ། ཞེས་གསུངས་པ་ལྟར་རོ། ། གཉིས་པ་བླང་དོར་རྒྱས་པར་བཤད་པ་ལ། གཉིས་ལས་སྔོན་འགྲོ་ཆོས་ལ་བསྐུལ་བ་ དང༌། དངོས་གཞི་ཇི་ལྟར་བསྒྲུབ་ཚུལ་ལོ། །དང་པོ་ལའང་གསུམ་ལས། དལ་འབྱོར་རྙེད་པར་ དཀའ་བ་བསམ་པ་དང༌། འཆི་བ་མི་རྟག་པ་བསམ་པ། ལས་རྒྱུ་འབྲས་བསམ་པའོ། །དང་པོ་ ལའང་གསུམ་ལས་དང་པོ། དཀའ་བ་རྙེད་པའི་དུས་སུ་འབད་ཚུལ། དཔེ་དང་རྒྱུའི་སྒོ་ནས་ ཀྱང་དཀོན་པའི་ཚུལ་དང༌། རྙེད་པའི་དུས་སུ་འབད་པར་གདམས་པའོ། ། དང་པོ་ནི། དེ་ཡང་དལ་འབྱོར་མི་ལུས་རིན་པོ་ཆེ། །འཁོར་བའི་རྒྱ་མཚོ་ཆེ་ ལས་སྒལྲོ་བའི་གྲུ། །ཐར་བའི་གླིང་དུ་འདྲེན་པའི་དེད་དཔནོ་མཆོག །ཐོབ་པའི་ 3-1-48 དུས་འདིར་བརྩོན་པས་འབད་འཚལ་ལོ། །དོན་འདི་ཉིད་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་ པ་ལས་ཀྱང༌། (མདོ་ལས་མིར་གྱུར་པའང་དཀོན་ན་)དལ་འབྱོར་(དལ་བ་ཕུན་སུམ་ཚོགས་པ་ལྟ་ཅི་སྨོས་ཞེས་པ་ལྟར་) འདི་ནི་རྙེད་པ་ཤིན་ཏུ་དཀའ་(ཞིང་)། །སྐྱེས་བུ་༼དམ་པའི་༽དོན་(མངོན་པར་མཐོ་བ་དང་ངེས་པར་ལེགས་ པར་)གྲུབ་༼པའི་རྟེན་ཁྱད་པར་ཅན་)ཐོབ་པར་གྱུར་པ་ལས། །གལ་ཏེ་(སྐབས་)འདི༼ར་རང་གཞན་)་ལ་ (འཕྲལ་དང་ཡུན་དུ་)ཕན་པ(འི་རྒྱུ་མཐོ་རིས་དང་ཐར་བ་ཐོབ་བྱེད་ཀྱི་དགེ་བ་མ་བསགས་ཤིང་)མ་བསྒྲུབ་ན། །ཕྱིས་ (ཚེ་རབས་གཞན་དུ་)འདི་(ལྟ་བུ་)ཡང་དག་(པར་)འབྱོར་(ཞིང་རྙེད་)པར་ག་ལ་འགྱུར་(ཏེ་མི་འགྱུར་ཏེ་རྒྱུ་དགེ་ བ་མ་བྱས་པའི་ཕྱིར་རོ)། །ཞེས་གསུངས་ཏེ། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཚེ་རིང་ལྷ་དང་ཀླ་ ཀློ་དང༌། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་ ལྟར། མི་ཁོམ་པ་བརྒྱད་སྤངས་པའི་དལ་བ་ཕུན་སུམ་ཚོགས་པ་དང༌། (འབྱོར་བ་བཅུ་ནི་རྟེན་)མིར་ གྱུར་(པ་དང་གནས་)ཡུལ་དབུས་(སུ་)སྐྱེས་པ་དང༌། །(དབང་པོ་གཟུགས་ཅན་པ་ལ་སྐྱོན་མ་ཞུགས་པ་)དབང་ པོ་ཚང་ཞིང་གནས་(དཀོན་མཆོག་གསུམ་)ལ་དད་(པ་དང་)། །དེ་བཞིན་(དུ་)ལས་(ཀྱི་)མཐའ་མ་ལོག་ (སྟེ་མཚམས་མེད་སོགས་མ་བྱས་)པའོ། །ཞེས་པས་བདག་འབྱོར་ལྔ་དང༌། སངས་རྒྱས་(འཇིག་རྟེན་དུ་) བྱོན་(པ་)དང་(དེས་)ཆོས་གསུངས་(པ་)དང༌། །(གསུངས་པའི་)བསྟན་པ་གནས་ཤིང་(བསྟན་པ་ལ་ གདུལ་བྱ་༽གཞན་ཡང་འཇུག་(པ་དང༌)། །(བསྟན་པ་འཛིན་པའི་གང་ཟག་ལ་)དད་པས་བསོད་སྙོམས་ཕུལ་ བའོ། །ཞེས་པའི་གཞན་འབྱོར་ལྔ་སྟེ་འབྱོར་བ་ཕུན་སུམ་ཚོགས་པ་བཅུ་ཚང་པ་འདི་རྙེད་པར་ དཀའ་བའི་མཆོག་རྙེད་པའི་དུས་སུ་འཁོར་བའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་བསྒྲལ་ བའི་ཆེད་དུ་འབད་པར་རིགས་ཏེ། (སྤྱོད་འཇུག་ལས། དལ་འབྱོར་གྱི་)མི་ཡི་(ལུས་)གྲུ་(དང་འདྲ་བ་འདི་ ཐོབ་པའི་དུས་སུ་དེ་)ལ་བརྟེན་ནས་ནི། །སྡུག་བསྔལ་༼གྱི་)ཆུ་བོ་ཆེ(ན་པོ་སྐྱེ་རྒ་ན་འཆིའི་སྦ་ཀླུང་དང་ལྡན་པ་འདི་) ལས་སྒྲོལ་(པའི་དལ་འབྱོར་གྱི)། །གྲུ་འདི་ཕྱི་ནས་(སྟེ་སླར་ངན་སོང་དུ་སྐྱེས་ནས(རྙེད་དཀའ་བས་(ཏེ་དེའི་ ཕྱིར་རོ)། །(ཀྱེ་)རྨོངས་པ་(ཁྱོད་དུཿཁའི་མཚོ་ལས་སྒྲོལ་བའི་གྲུ་རྙེད་པའི་)དུས་སུ་གཉིད་མ་ལོག(ཅིག་)། །ཅེས་ 3-1-49 གསུངས་པ་ལྟར་རོ། ། གཉིས་པ། དཔེ་དང་རྒྱུའི་སྒོ་ནས་ཀྱང་དཀོན་པའི་ཚུལ་ནི། རྒྱ་མཚོ་ཆེར་གཡེངས་ གཉའ་ཤིང་བུ་གར་ནི། །རུས་སྦལ་མགྲིན་ཆུད་ཤིན་ཏུ་དཀོན་པ་ལྟར། །འཇིག་ རྟེན་དགེ་བ་སྤྱོད་པ་དཀོན་པའི་ཕྱིར། །དགེ་འབྲས་མི་ལུས་ཐོབ་པ་ཤིན་ཏུ་དཀོན། ། དེ་ཡང་སྤྱོད་པ་ལ་འཇུག་པར། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །(འཛམ་བུའི་གླིང་ཐམས་ཅད་)རྒྱ་ མཚོ་(ཆེན་པོ་གཅིག་ཏུ་གྱུར་པར་ཕྱོགས་བཞིའི་རླུང་གིས་བདས་པ་ན་གཅིག་ཏུ་མི་གནས་པར་)ཆེར་གཡེངས་གཉའ་ ཤིང་གི། བུ་ག(གཅིག་པོ་དེ་)ར་(རྒྱ་མཚོ་ན་)རུས་སྦལ་༼ཞར་བ་ལོ་བརྒྱ་ནས༽མགྲིན་(པ་བཏེགས་ནས་ལྟ་བ་དེའི་ མིག་ཞར་བའི་ངོས་སུ་གཉའ་ཤིང་བུ་ག་སོང་ནས་)ཆུད་(པ་དཀོན་པ་)ལྟར། །མི(འི་ལུས་)ཉིད་ཤིན་ཏུ་ཐོབ་(པ་ དཀོན་པ་)དཀ(འ་བ་)ར་གསུངས་(སོ་)། །ཞེས་པ་དང༌། ༼གཞན་ལ་ཕན་པ་ལ་སོགས་པའི་༽དགེ་བ༼འི་རྩ་བ་ ༽་དག་ཀྱང་མ་བྱས་ཤིང༌། །༼གཞན་ལ་གནོད་པ་ལ་སོགས་པའི༽སྡིག་པ་༼མང་པོ༽དག་ནི་ཉེར་བསགས་ ནས། །༼ཡུན་རིང་པོར༽བསྐལ་བ་བྱེ་བ་༼ཕྲག༽བརྒྱར་ཡང་ནི་༼ངན་འགྲོར་བརྒྱུད་མར་ལྟུང་བས་འབྲས་བུ༽། ། བདེ་འགྲོ༼ཐོབ་པ་ལྟ་ཅི་སྨོས་དེ༽འི་སྒྲ་༼ཙམ༽ཡང་ཐོས་༼པར༽མི་འགྱུར་༼རོ༽། །ཞེས་གསུངས་པ་ལྟར་ རོ། །སེམས་ཅན་སྤྱི་ཡི་གྲངས་ལ་ལེགས་བསམ་ན། །མི་ལུས་ཐོབ་པ་མེད་པ་ཙམ་ དུ་སྣང༌། །ཁ་འཐོར་དུད་འགྲོ་ཕྲ་མོའི་གྲངས་བསམ་ན། །མི་ལུས་ཐོབ་པ་སྲིད་པ་ ཙམ་ལགས་མདོ། །མདོ་ལས། ཤིང་རྟའི་འཕང་ལོའི་ཁྱོན་ཙམ་ལ་ཡང་སངས་རྒྱས་ཀྱིས་ གཟིགས་ཤིང་༼སེམས་ཅན་༽གཞན་གྱིས་མི་མཐོང་བའི་སེམས་ཅན། སྟོང་གསུམ་གྱི་༼སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ཀྱི༽ལྷ་དང་མི་ལས་ཀྱང་མང་བ་ཡོད་པར་གསུངས་ཤིང༌། སྡིག་པ་བྱེད་པ་མང་ བས། ངན་སོང་གསུམ་གྱི་སེམས་ཅན་གྲངས་ཀྱིས་གཞལ་པར་མི་ནུས་ལ། དུད་འགྲོའི་ནང་ ནས་ཁ་འཐོར་བ་འདི་རྣམས་ཉུང་ཤོས་ཡིན་ཡང༌། ཆུ་དང་ཐང་དང་བར་སྣང་ལ་གནས་པ་འདི་ ཙམ་གཅིག་གི་ནང་ནས་མི་ལུས་ཐོབ་པ་ནི་རྙེད་པར་དཀའ་བའི་མཆོག་རྙེད་པའོ། ། 3-1-50 གསུམ་པ་རྙེད་པའི་དུས་སུ་འབད་པར་གདམས་པ་ནི། ཕྱག་དར་ཁདྲོ་ན་ནོར་བུ་ རྙེད་པ་ལྟར། །རྙེད་དཀའི་མི་ལུས་རིན་ཆེན་ཐོབ་དུས་འདིར། །གཏན་གྱི་བདེ་བ་ ཐོབ་ཕྱིར་མ་འབད་ན། །ཕྱི་ནས་རྙེད་པར་དཀའ་བའང་མཁྱེན་པར་འཚལ། །དེ་ ཡང་སྤྱོད་འཇུག་ལས། དེ་བཞིན་གཤེགས་པ་༼འཇིག་རྟེན་དུ༽འབྱུང་བ་དང༌། །༼དེའི་བསྟན་པ་ལ༽ དད་༼པ༽དང་མི་ལུས་༼སྐྱོན་མེད་པ༽ཐོབ་པ་དང༌། །༼ལུས་སེམས༽དགེ་༼བ་ལ༽གོམས་༼ཤིང་ལས་སུ༽ རུང་བ་འདི་ལྟ་བུ་༼ནི༽། །༼ཤིན་ཏུ༽དཀོན་ན་ནམ་ཞིག་ཐོབ་པར་འགྱུར་༼ཏེ་རྙེད་པར་དཀའ་བའི་མཆོག་ རྙེད་པའི་དུས་སུ་དགེ་བ་འབད་པར་རིགས་པའི་ཕྱིར༽། །ཞེས་པ་དང༌། སྐད་ཅིག་གཅིག་བྱས་སྡིག་པས་ ཀྱང༌། །བསྐལ་བར་མནར་མེད་གནས་གྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། ། བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་རོ། །དཀོན་པའི་མཆོག་རྙེད་ པའི་དུས་སུ། གཏན་གྱི་དོན་བསྒྲུབ་པ་ལ་འབད་པར་རིགས་ཏེ། སློབ་དཔོན་ཆེན་པོ་ཙནྡྲ་གོ་ མིས། སློབ་མ་ལ་སྤྲིང་བར། ༼མི་ལུས༽གང་ཞིག་༼དལ་འབྱོར་དང་ལྡན་པ༽ཐོབ་ན་༼འཁོར་བར༽སྐྱེ་བའི་ རྒྱ་མཚོའི་མཐར་འབྱིན་༼པར་བྱེད་༽ཅིང༌། །༼མཐར་ཐུག་གི་འབྲས་བུ་༽བྱང་ཆུབ་མཆོག་གི་ས་བོན་དགེ་ བ་འདེབས་༼པར་༽བྱེད་པ་༼ཡིན་ལ༽། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། ། མི་ཉིད་༼ཐོབ་པ་༽དེ་ནི་༼གང་ཟག་༽སུ་ཞིག་འབྲས་བུ་མེད་པར་བྱེད་༼པ་སྟེ་བྱེད་མི་རིགས་ཏེ་འབྲས་བུ་ མཐར་ཐུག་མི་ལུས་ལ་བརྟེན་ནས་འབྱུང་བའི་ཕྱིར༽། །ཅེས་གསུངས་པ་ལྟར་རོ། ། གཉིས་པ་འཆི་བ་མི་རྟག་པ་བསམ་པ་ནི། འདུས་བྱས་མི་རྟག་རྟག་པར་འཛིན་པ་འཁྲུལ། ། ངེས་པར་འཆི་ཞིང་འཆི་རྐྱེན་ཤིན་ཏུ་མང༌། །ནམ་འཆི་ངེས་མེད་མྱུར་བ་ཉིད་དུ་འཆི། །བྱུང་ཚེ་ མི་བཟློག་དེ་ཕྱིར་དགེ་ལ་འབད། །ཅེས་པ་སྡོམ་དུ་བྱས་ཏེ་འཆད་པ་ལ་(བརྒྱད་ལ་)ས། (དང་པོ་ནི། ) ལུས་ལ་སོགས་པ་འདུས་བྱས་ཐམས་ཅད་མི་རྟག་པར་བསྟན་པ་ནི། དེ་ལྟར་ རྙེད་དཀའི་མི་ལུས་མི་རྟག་ཅིང༌། །སྤྱིར་ཡང་འདུས་བྱས་ཐམས་ཅད་སྐྱེས་ཙམ་ 3-1-51 ནས། །རང་གི་ངོ་བོ་སྐད་ཅིག་འཇིག་པ་སྟེ། །འཇིག་རྒྱུ་གཞན་ལ་ལྟོས་པ་མེད་ ཕྱིར་རོ། །ཚད་མའི་བསྟན་བཅོས་དག་ལས་ཀྱང༌། ༼འདུས་བྱས་རྣམས་འཇིག་༽རྒྱུ་༼གཞན་ལ་ལྟོས་པ་༽ མེད་༼པའི་༽ཕྱིར་ན་འཇིག་པ་ནི། །རང་གི་ངོ་བོ་༼གྲུབ་ཙམ་ན༽ས་རྗེས་༼སུ༽འབྲེལ་༼པ༽ཉིད་༼དོ༽། ། ཅེས་གསུངས་པ་ལྟར། སྤྱིར་ཡང་འདུས་བྱས་ཐམས་ཅད་འཇིག་རྒྱུ་གཞན་ལ་ལྟོས་པ་མེད་ པར་རང་གི་ངོ་བོ་མི་རྟག་པ་ཉིད་དུ་གྲུབ་པ་དང༌། ཁྱད་པར་མི་ལུས་འདི་ཉིད་མི་རྟག་ཅིང་ འཆི་བ་རྗེས་སུ་དྲན་པར་བྱའོ། །ཕྱི་རོལ་ཡུལ་གྱི་སྣང་བ་སྣ་ཚོགས་འདི། །མི་རྟག་མི་ བརྟན་འགྱུར་བའི་ཆོས་ཅན་ཏེ། ཡིད་འོང་མི་འོང་རྣམ་འགྱུར་རྣམ་པར་བཀྲ། །རྨི་ ལམ་ཇི་བཞིན་དྲི་ཟའི་གྲོང་ཁྱེར་བཞིན། །དེ་ཡང་སློབ་མ་ལ་སྤྲིང་བ་ལས། ༼བྱིས་པ་རྣམས་༽ སོ་ཀ་མེ་ཏོག་རྒྱས་པའི་ཚལ་༼མཛེས་པ་༽འདི་འབྱུང་བ༼འི་དགའ་བ༽ར་འགྱུར་༼ལ༽། །ཟླ་བ་གསལ་ བ་༼སྟེ་དཀྱིལ་འཁོར་རྒྱས་པ༽ས་མཚོན་པའི་སྟོན་༼གྱི་༽དུས་འདི་འབྱུང་ཞེས། །༼བྱིས་པའི༽སྐྱེ་བོ་ཐམས་ ཅད་དགའ་༼བར་༽འགྱུར་༼ཡང་ཞག་དང་ཟླ་བ་དེ་ཙམ་སོང་བས་༽བདག་གི་ཚེ་འདི་༼ཡང་༽ནི། །༼དེ་ཙམ་ ཞིག་༽ཟད་པར་འགྱུར་ཞེས་ཤིན་ཏུ་མི་དག༼འ་བ༽ར་འགྱུར་བ་མེད་༼པ་ནི་ཤིན་ཏུ་འཁྲུལ་བའོ༽། །ཅེས་ གསུངས་པ་ལྟར། ཕྱི་རོལ་གྱི་ཡུལ་འདི་རྣམས་ཀྱང་ནམ་ཟླ་དུས་བཞི་ལ་སོགས་པའི་དབང་ གིས་མི་རྟག་ཅིང་འགྱུར་བ་དང་བཅས་པ་ཡིན་པ་ལ། དེ་ལྟར་མི་ཤེས་པར་དགའ་བར་བྱེད་ པ་དང༌། དེ་དང་མཐུན་པར་རང་གི་ཚེ་ཟད་པར་འགྱུར་བ་མི་ཤེས་པ་ནི་ཤིན་ཏུ་འཁྲུལ་བའོ། ། སེམས་ཀྱང་སྣ་ཚོགས་རྣམ་པར་འགྱུར་བ་ཅན། །རེས་འགའ་ཆགས་སོགས་ཀུན་ ནས་ཉོན་མོངས་དང༌། །རེས་འགའ་དད་སོགས་རྣམ་པར་བྱང་བ་རུ། །སྐྱེ་བ་རང་ རིག་གསལ་བར་མཐོང་ཕྱིར་རོ། །ཇི་སྐད་དུ། ཆོས་མངོན་པ་ལས། སེམས་སྣ་ཚོགས་ ཀྱིས་རྣམ་པར་འགྱུར་བའི་མཚན་ཉིད་གང་ཞེ་ན། རེས་འགའ་འདོད་ཆགས་དང་བཅས་པའི་ སེམས་དང༌། རེས་༼འགའ་༽འདོད་ཆགས་དང་བྲལ་བ་དང༌། དེ་བཞིན་དུ་༼རེས་འགའ༽ཞེ་སྡང་ 3-1-52 དང་བཅས་པ་དང༌། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང༌། གཏི་མུག་དང་ བྲལ་བ་དང༌། ༼ནང་དུ་༽བསྡུས་པ་དང་༼ཕྱི་རོལ་ཏུ་༽གཡེངས་པ་དང༌། ༼སེམས་མི་གསལ་བར་༽བྱིང་བ་ དང༌། ༼ཡུལ་ལ་སེམས་༽རབ་ཏུ་གཟུང་བ་༼སྟེ་འཇུག་པ་༽དང༌། རྒོད་པ་༼སྟེ་འཕྲོ་བ་༽དང༌། མི་རྒོད་པ་༼སྟེ་ མི་འཕྲོ་བ་༽དང༌། ༼སེམས་རྒྱུད་༽ཉེ་བར་མ་ཞི་བ་དང༌། ཉེ་བར་ཞི་བ་དང༌། །མཉམ་པར་བཞག་པ་ དང༌། མཉམ་པར་མ་བཞག་པ་༼རྗེས་ཐོབ་༽ལ་སོགས་པའི་རྣམ་པར་སེམས་འབྱུང་བ་གང་ཡིན་ པའོ། །ཞེས་གསུངས་པ་ལྟར་ཏེ། ཕྱི་ནང་འདུས་བྱས་ཐམས་ཅད་ཀྱི་དངོས་པོ་ཐམས་ཅད་མི་ རྟག་པ་ཉིད་དུ་ཤེས་པར་བྱའོ། ། (གཉིས་པ་)རྟག་པར་འཛིན་པ་འཁྲུལ་པར་བསྟན་པ་ནི། སྐད་ཅིག་སྔ་མའི་རྗེས་སུ་ སྐད་ཅིག་གཞན། །འདྲ་བ་གཞན་དག་བརྒྱུད་དེ་འབྱུང་བ་ལས། །རྟག་པར་ འཛིན་པ་བྱིས་པའི་འཁྲུལ་པ་སྟེ། །དོན་ལ་རྟག་པའི་དངོས་པོ་ཡོད་མ་ཡིན། །བུམ་ པ་ལ་སོགས་པའི་དཔེ་རྣམས་ཀྱིས་འདུས་བྱས་རིགས་འདྲ་སྔ་ཕྱི་གཞན་རིམ་གྱིས་འབྱུང་བ་ ལས་རྟག་པར་འཛིན་པ་ནི་འདུ་ཤེས་ཕྱིན་ཅི་ལོག་པ་སྟེ། སྐད་ཅིག་གི་མཚན་ཉིད་གང་ཞེ་ན། འདུ་བྱེད་རྣམས་སྐད་ཅིག་ལས་ཕན་ཚུན་དུ་མི་གནས་པ་༼སྟེ་རིང་དུ་མི་སྡོད་པ༽འོ། །ཞེས་གསུངས་ པ་ལྟར། དོན་ལ་སྐད་ཅིག་ལས་རིང་དུ་མི་གནས་པའི་ཕྱིར་རོ། །བརྟན་པར་སྣང་པའི་ས་ གཞི་ཆེན་པོ་དང༌། །རིན་ཆེན་རང་བཞིན་རི་རབ་ལྷུན་པོ་དང༌། །རྒྱ་མཚོ་ཆེན་ པོའང་དུས་ཀྱིས་འཇིག་འགྱུར་ན། །ཆུ་བུར་ལྟ་བུའི་ལུས་ཅན་སྨོས་ཅི་འཚལ། ། སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས་མཛད་པའི་མྱ་ངན་བསལ་བ་ལས། གང་དུ་༼བསྐལ་པ་མེས་ འཇིག་པའི་དུས་༽ས་༼གཞི་༽རྣམས་བསྲེག་༼པར་༽འགྱུར་ཏེ། །ལྷུན་པོའང་ཐལ་པར་འཇིག་པ༼ར་བྱེད་ པ༽དང༌། །རྒྱ་མཚོའི་༼ཆེན་པོ་༽ཆུ་ཡང་སྐམ་༼པར༽འགྱུར་ན། །ལུས་ཅན་དེ་དག་༼སྐད་ཅིག་གིས་འཇིག་ པ་ལྟ་༽སྨོས་༼ཀྱང་༽ཅི་དགོས་༼ཏེ་འོས་མེད་དོ༽། །ཞེས་གསུངས་པ་ལྟར་རོ། ། 3-1-53 གསུམ་པ་ངེས་པར་འཆི་བ་བསམ་པ་ནི། ལུས་ཅན་རྣམས་ནི་དང་པོ་སྐྱེས་ཙམ་ ནས། །ལམ་གཞན་མི་འགྲོ་འཆི་བདག་དྲུང་དུ་འགྲོ། །དཔེར་ན་རི་དྭགས་རྒྱ་རུ་ ཆུད་པ་རྣམས། །རྔོན་པའི་དྲུང་དུ་ཉེ་བར་འགྲོ་བ་བཞིན། །དོན་འདི་ཉིད། སྐྱེས་པའི་ རབས་ཀྱི་ཕྲེང་བ་ལས། ༼བྱིས་པ་སོ་སོའི་སྐྱེ་བོ་རྣམས༽དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །དེ་ ནས་བརྩམས་ཏེ་འཇིག་རྟེན་པ་༼སོ་སོའི་སྐྱེས་བུ་འདི་༽རྣམས་ནི། །༼དཔེར་ན༽ལམ་དུ་ཞུགས་ནས་ ལམ་གཞན་༼དུ༽མ་གོལ་བ་༼སྟེ་མ་ནོར་བ༽ར། །འཆི་བདག་༼གི༽དྲུང་དུ་༼གང་ཟག༽དེ་ནི་༼སྐད་ཅིག་སྐད་ ཅིག་ཙམ་གྱིས༽ཉེ་བར་འགྲོ༼འོ༽། །ཞེས་པ་དང༌། མྱ་ངན་བསལ་བ་ལས། ས་འམ་འོན་ཏེ་མཐོ་ རིས་ནས། །༼རིས་མཐུན་ཞིང་སྐལ་བ་མཉམ་པར་༽སྐྱེས་ནས་ལ་ལ་མི་འཆི་བ། །འགའ་ཞིག་ཁྱོད་ཀྱིས་ མཐོང་བ་འམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་པ་དང༌། སྤྱོད་འཇུག་ལས། ༼ངེས་པར་འཆི་ ངེས་བསྟན་པ་ནི༽ཉོན་མོངས་༼པ་ཉིད་ཉ་བཤོར་བའི་རྒྱ་ཐོགས་ནས་ཉ་བཤོར་མཁན་དང་འདྲ་བས༽རྒྱ་པས་༼ཏེ་དེས་༽ བཤོར་༼པ་སྟེ་དབང་དུ་བྱས་པའི་ཟིན་༽ནས་ནི། །༼རིས་མཐུན་སྐལ་བ་མཉམ་པར་སྐྱེས་པའི་༽སྐྱེ་བ༼ཉིད་དང་འདྲ་བ༽ འི་རྒྱ་༼དེ༽ར་ནི་ཆུད་༼པ་སྟེ་སོན་པར་༽གྱུར་ཏེ། །འཆི་བདག་༼གཤིན་རྗེའི་༽ཁར་ནི་ཆུད་༼པར་༽གྱུར་པ་ ༼དེ་ཡང་༽། །ཅི་སྟེ་ད་དུང་༼གནས་སྐབས་འདི་འདྲར་གྱུར་པ་༽མི་ཤེས་སམ་༼སྟེ་སྐྱེས་ཕན་ཆད་ངེས་པར་འཆིའོ༽། ། ༼རང་དང་ལྷན་ཅིག་སྤྱོད་ཅིང་རིས་གཅིག་པའི་༽རང་སྡེ་༼གཉེན་བཤེས་ལ་སོགས་པ་རྣམས་འཆི་བདག་གིས་༽རིམ་གྱིས་ གསོད་༼ཅིང་༽པ་༼ཤི༽ཡང༌། །ཁྱོད་ཀྱིས་མཐོང་པར་མ་གྱུར་ཏམ། །འོན་ཀྱང་༼རང་སྡེ་རིམ་གྱིས་ཤི་ ཡང་༽གཉིད་ལ་བརྟེན་༼ཅིང་སྲེད་པར་༽གྱུར་པ་༼ནི༽། །མ་ཧེ་དང་༼ཞེས་པ་ནི་མ་ཧེ་སྔ་མ་རྣམས་༽ནི་གདོལ་ བ་༼སྟེ་བཤན་པས་གསོད་པ་མཐོང་ཡང་གཞན་དག་བདེ་བར་རྩྭ་ཟ་བ་༽བཞིན། །ཞེས་པ་ལ་སོགས་པ་གསུངས་ པ་དང་མཐུན་པ་ཉིད་དོ། ། བཞི་པ་འཆི་རྐྱེན་ཤིན་ཏུ་མང་བ་ནི། ས་ཡིས་ནོན་པའམ་ཆུ་ནང་ལྷུང་བའམ། །མེ་ ཡིས་ཚིག་གམ་རླུང་གིས་དེངས་བའམ། །ནད་དང་གདོན་དང་དུག་དང་མཚོན་ 3-1-54 ལ་སོགས། །འཆི་བའི་རྐྱེན་ནི་ཤིན་ཏུ་མང་བ་ཉིད། །དེ་ཡང༌། བཤེས་པའི་སྤྲིང་ཡིག་ ལས། ༼སྐྱེས་བུ་ནི་༽ཚེ་འདི་༼ལ་ཕྱི་མི་མ་ཡིན་གྱིས་འཚེ་བ་དང་ནང་འབྱུང་བ་འཁྲུགས་པ་དང་༽གནོད་༼པ༽མང་༼པོ་ དང་འབྲེལ་བས༽རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་༼ནང་དུ་༽ རྔུབ་༼པ་དང་༽དབུགས་༼ཕྱིར་༽འབྱུང་༼བ་དང་༽གཉིད་ཀྱིས་ལོག་པ་ལས། །༼སླར་ཡང་༽སད་༼པ་༽ ཁོམས་༼སྟེ་མ་ཤི་བར་གནས་པ་༽གང་ལགས་༼པ་༽དེ་ནི་ངོ་མཚར་ཆེ༼འོ༽། །ཞེས་གསུངས་པ་ལྟར། ཚེ་འདི་ལ་གནོད་པར་བྱེད་པ་འཆི་བའི་རྐྱེན་མང་བའི་ཕྱིར་དང༌། གནས་དང་ཡོ་བྱད་ གྲོགས་དང་གསོ་སྨན་དང༌། །བཟའ་བཏུང་ལ་སོགས་གསོན་པའི་རྐྱེན་རྣམས་ ཀྱང༌། །བསྟེན་པ་ཉེས་ན་འཆི་བའི་རྐྱེན་བྱེད་ན། །འཆི་བའི་རྐྱེན་གྱིས་འཆི་བ་ སྨོས་ཅི་དགོས། །རིན་ཆེན་ཕྲེང་བ་ལས། འཆི་བའི་རྐྱེན་ནི་(ཤིན་ཏུ་)མང་བ་སྟེ། །གསོན་པ་ ཉིད་ཀྱི་(རྐྱེན་ནི་)དེ་ལྟ(ར་མང་༽མིན(མ་ཡིན་ནོ)། །(འཚོ་བའི་སྐྱེན་དུ་གྲགས་པ་)དེ་རྣམས་ཉིད་ནི་འཆི་བའི་ རྐྱེན་༼དུ་འགྱུར་བ་ཡོད་པའི་ཕྱིར༽། །༼རྒྱུ་མཚན་༽དེ་བས་༼ན་རྒྱལ་པོ་༽རྟག་ཏུ་༼དགེ་བའི་༽ཆོས་༼ལ་བརྩོན་པར་༽ མཛོད་ཅིག །ཅེས་གསུངས་པ་ལྟར། གསོན་པའི་རྐྱེན་དུ་གྲགས་པ་རྣམས་ཀྱིས་ཀྱང་འཆི་བའི་ རྐྱེན་བྱེད་པ་སྲིད་པའི་ཕྱིར་རོ། ། (ལྔ་པ། ) ནམ་འཆི་ངེས་པ་མེད་པ་ནི། ལ་ལ་མངལ་དུ་ལ་ལ་བཙས་ནས་འཆི། །ལ་ ལ་བྱིས་པ་ལ་ལ་གཞོན་ནུར་འཆི། །ལ་ལ་དར་བབ་ལ་ལ་རྒས་ནས་འཆི། །ནམ་ འཆི་ངེས་པ་ཅུང་ཟད་ཡོད་མ་ཡིན། །དེ་དག་ཀྱང་ཆེད་དུ་བརྗོད་པའི་ཚོམས་ལས། ལ་ ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། ། འབྲས་བུ་སྨིན་པ་ལྟུང་བ་བཞིན། ཞེས་པ་དང༌། སྤྱོད་འཇུག་ལས། ༼ད་ལྟ་སོས་དལ་དུ་བསྡད་ནས་ འཆི་ཁར་དགེ་བ་བྱས་པས་ཆོག་གོ་སྙམ་ན་མི་ཆོག་སྟེ་བྱ་བ་༽འདི་ནི་མ་བྱས་༼ཏེ་ཕྱིས་བྱའོ་ཞེས་ཡིད་ལ་བྱ་སྟེ་མ་བརྩམས་ ཤིང་མ་ཐོབ་པ་དང་༽བརྩམས་པ་༼སྟེ་ཐོག་མར་བྱེད་འདོད་པ་༽དང༌། །༼བྱ་བ་༽འདི་༼ནི་༽བྱེད་བྱས་༼ཕྱེད་མ་བྱས་༽ 3-1-55 པར་གནས་པ་ལ། །གློ་བུར་༼དུ་༽འཆི་བདག་འོང་ནས་ནི་༼འཆི་བར་ཤེས་པ་དང་༽། །ཀྱེ་ཧུད་༼ནི་མྱ་ ངན་བྱེད་པ་སྟེ་དགེ་བ་བྱ་རུང་ཡོད་དུས་སུ་མ་བསྒྲུབས་ཏེ་བྱ་ལོང་མེད་པར་འཆི་བདག་གིས་༽བཅོམ་ཞེས་སེམས་པར་ འགྱུར་༼རོ༽། །ཞེས་པ་དང༌། འཆི་བདག་བརྩེ་བ་མེད་པ་འདི། །༼བདག་གིས་བྱ་བ་སྔ་མ་རྣམས༽བྱས་ ༼ཟིན་པ་༽དང་༼ཕྱི་མ་དག་༽མ་བྱས་༼ཏེ་མ་ཟིན་པ་དཔྱོད་ཅིང་༽མི་སྡོད་ཅིང༌། །ན་(བ་)དང་༼བཅས་པ་དང་༽མི་ ན་༼ཞིང་བདེ་བར་གནས་པ་༽ཀུན་གྱིས་ཀྱང་༼རུང་༽། །གློ་བུར་༼དུ་ནམ་འཆི་ངེས་པ་མེད་པས་༽ཚེ་༼འདི་༽ལ་ ཡིད་མི་བརྟན་༼པར་བྱ་བ་ཡིན་ནོ༽། །ཞེས་གསུངས་པ་དང་མཐུན་ཞིང༌། ཚངས་དང་ལྷ་དབང་ འཁོར་ལོས་སྒྱུར་པ་དང༌། །མཁའ་ལ་སྤྱོད་པའི་དྲང་སྲོང་ཆེ་རྣམས་ཀྱང༌། །དུས་ ཀྱི་དབང་གིས་མེད་པར་འགྱུར་ལགས་ན། །ཕལ་པའི་ལུས་ཅན་རྣམས་ནི་སྨོས་ ཅི་འཚལ། །དེ་ཡང་མྱ་ངན་བསལ་བ་ལས། བརྒྱ་བྱིན་དག་གི་སྟོང་རྣམས་དང༌། །འཁོར་ ལོས་སྒྱུར་བ་བརྒྱ་དག་ཀྱང༌། །དུས་ཀྱི(ཚེ་ཟད་པའི་དབང་གི་)ས་འཆི་བར་འགྱུར་བ་(ལ་དབང་མེད་པ་) ནི། །(དཔེར་ན་)མར་མེ་འབར་བ༼ར་ཡོད་བཞིན་དུ་གློ་བུར་དུ་༽རླུང་གིས་༼བསད་པ་༽བཞིན་༼ནོ༽། །༼དེར་ མ་ཟད་༽དྲང་སྲོང་ཆེན་པོ་ལྔ་མངོན་ཤེས་༼དང་ལྡན་ཞིང་༽། །༼ནམ་༽མཁའ་ལ་རྒྱང་རིང་༼དུ་བྱ་བཞིན་དུ་༽ འགྲོ་བ་ཡང༌། །༼གནས་༽གང་ན་སྤྱོད་ཡུལ་༼ཏེ་གནས་ཀྱང་སོ་སོ་སྐྱེས་བུའི་གནས་སྐབས་སུ་༽འཆི་༼བ་༽མེད་ པའི། །གནས་དེར་ཕྱིན་པ་ཡོད་༼པ་༽མ་ཡིན་༼ནོ༽། །ཞེས་གསུངས་པ་ལྟར་རོ། ། (དྲུག་པ་)མྱུར་བ་ཉིད་དུ་འཆི་བ་ནི། ལོ་དང་ཟླ་བ་ཉིན་ཞག་སྐད་ཅིག་རྣམས། །ཅུང་ ཟད་མི་སྡོད་རིམ་གྱིས་འདའ་བ་ཡིས། །ཚེ་འདི་ཉིད་ལ་འབྲིད་པར་བགྱིད་པ་སྟེ། ། སྣོན་པའི་དུས་ནི་འགའ་ཡང་ཡོད་མ་ལགས། །དེ་ཡང་སྤྱོད་འཇུག་ལས། ༼དུས་༽ཉིན་ ༼མོ་དང་༽མཚན་༼མོ་རེས་མོས་ཀྱིས་འཁོར་བ་ལ་སྐད་ཅིག་ཙམ་ཡང་༽སྡོད་པ༼འི་གོ་སྐབས་༽ཡོངས་༼ཡེ་༽མེད་ པས། །༼སྐྱེས་བུའི་༽ཚེ་འདི་རྟག་ཏུ་གོད་༼པ་སྟེ་འབྲིད་པར་༽འགྱུར་ཞིང༌། །༼ཚེ་ལ་༽སྣོན་པའང་གུད་ ནས་ཡོད་མེད་ན། །བདག་ལྟ་༼བུ་ངེས་པར་༽འཆི་བར་ཅིའི་མི་འགྱུར་༼ཏེ་ཅིས་ཀྱང་འགྱུར་བས་འབད་པར་ 3-1-56 རིགས་པའི་ཕྱིར༽། །ཞེས་པ་དང༌། ༼ངེས་པར་འཆི་བས་མྱུར་དུ་འབད་པར་བསྟན་པ་ནི་༽དེ་རིང་ཁོ་ན་མི་འཆི་ ཞེས། །༼རྒྱུ་མཚན་དུ་བྱས་ནས་སོས་དལ་དུ་ཡིད་༽བདེ་བར་འདུག་པ་རིགས་༼པ་༽མ་ཡིན་༼ཏེ༽། །བདག་ ནི་མེད་པ་༼སྟེ་འཆི་བ་༽ར་འགྱུར་བའི་དུས༼གང་ཡིན་པ༽། །དེ་ནི་གདོན་མི་ཟ་བ༼སྟེ་ངེས་པ༽ར་འབྱུང་ ༼པའི་ཕྱིར་རོ༽། །ཞེས་པ་དང༌། ༼རེ་ཤིག་༽ནད་མེད་༼པའི་༽ཉི་མ་འདི་ལྟ་བུ་༼དང་ལྡན་ཞིང་༽། །ཟས་༼དང་ གོས་ལ་སོགས་པའི་རྙེད་པ་དང་ཡང་༽བཅས་༼ལ་འབྱུང་བོ་མི་དང་མི་མ་ཡིན་པའི་ཉེར་༽འཚེ་བ་མེད་༼པར་༽གྱུར་ ཀྱང༌། །༼གསོན་པའི་༽ཚེ་འདི་༼ལ་༽སྐད་ཅིག་༼ཙམ་ཡང་ཡིད་བརྟན་དུ་མི་རུང་བས་བརྫུན་པ་༽བསླུ་བ༼འི་ཆོས་ ཅན་༽སྟེ། །ལུས་འདི་༼ནི་ཡུན་རིང་དུ་མི་གནས་པས་༽ཐང་ཅིག་༼སྐད་ཅིག་ཙམ་གཡར་བའི་༽བརྙན་པོ༼འི་རྒྱན་༽ བཞིན༼དུ་བདག་པོ་དང་འདྲ་བའི་འཆི་བདག་གིས་ནམ་ལེན་པའི་ངེས་པ་མེད་པའི་ཕྱིར་རོ༽། །ཞེས་པ་དང༌། རྒྱ་ཆེར་ རོལ་བ་ལས། སྲིད་གསུམ་མི་རྟག་༼པའི་དཔེ་༽སྟོན་ཀའི་སྤྲིན་པ་དང་འདྲ་༼ཞིང༽། །འགྲོ་བའི་སྐྱེ་ འཆི་༼ངེས་པ་མེད་པའི་དཔེ་༽གར་མཁན་༼གྱི་༽ལྟ་༼སྟངས་༽དང་མཚུངས༼སོ༽། །སྐྱེས་བུའི་ཚེ་འགྲོ་༼བའི་ འགྲིབ་པ་ནི་དཔེར་ན་མྱུར་པ་༽ནམ་མཁའི་གློག་༼དང་༽འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་ ༼བར་༽མགྱོགས་༼པར་༽འགྲོ་༼བའི་ཕྱིར་རོ་༽། །ཞེས་པ་ལ་སོགས་པ་གསུངས་བ་ལྟར་རོ། ། (བདུན་པ་)དུས་ལ་བབ་ན་ཅེས་ཀྱང་མི་བཟློག་པ་ནི། གནས་དང་ཡོ་བྱད་འཁོར་དང་ གཉེན་བཤེས་དང༌། །སྲ་བའི་གོ་ཆ་རྣོ་བའི་མཚོན་ཆ་དང༌། །དཔུང་དང་མཐུ་ སྟོབས་དཔག་མེད་ལྡན་ན་ཡང༌། །འཆི་བདག་དགྲ་བོ་ལས་ནི་རྒྱལ་མི་ནུས། །དེ་ ཡང་སྤྱོད་པ་ལ་འཇུག་པར། བདག་ནི་མལ་༼ཏེ་ཉལ་ས་༽ན་འདུག་བཞིན་དུ། །གཉེན་༼ཉེ་དུ་གྲོགས་ དགའ་༽བཤེས་(དང་སྨན་དང་ནད་གཡོགས་ལ་སོགས་པ་)རྣམས་ཀྱིས་མཐའ་༼ཐམས་ཅད་༽བསྐོར་(ཏེ་ཡོངས་སུ་ བསྲུངས་)ཡང༌། །སྲོག་ཆད་པ་ཡི་(ཚེ་གནད་གཅོད་པའི་སྡུག་བསྔལ་གྱི་)ཚོར་བ་(དྲག་པོ་)ནི། །(ཉེ་བ་སུས་ཀྱང་ མི་ལེན་པར་)བདག་ཉིད་གཅིག་བུ་(ཉམས་སུ་)མྱོང་བར་འགྱུར། །(འཇིགས་སུ་རུང་བའི་)གཤིན་རྗེའི་ཕོ་ ཉས་(མངོན་སུམ་དུ་)ཟིན་པ་(དེ་)ལ། །(སུས་ཀྱང་བསྐྱབ་པར་མི་ནུས་ཀྱིས་)གཉེན་པས་ཅི་ཕན་བཤེས་ཅི་ 3-1-57 ཕན། །དེ(འི་)ཚེ་བསོད་ནམས་(བསགས་པ་)གཅིག་༼པུ་)སྐྱབས་(ཀྱི་མཆོག་ཏུ་གྱུར་པ་ཡིན་)ན། །དེ་ཡང་ བདག་གིས་(སྔར་)མ་བསྟེན་(པས་འགྱོད་)དོ། །ཞེས་པ་དང༌། སློབ་མ་ལ་སྤྲིང་བར་ཡང༌། (དགེ་མི་ དགེའི་བྱ་བ་)འདི་ནི་སང་བྱ་(ཞིང་)འདི་ནི་ཐང་ཅིག་འོག་ཏུ་(སྟེ་རྗེས་སུ་)བྱ། །འདི་ནི་དེ་རིང་(ཉིད་ནས་) བྱ་ཞེས་སྐྱེ་བོ་(རྣམས་)སེམས་པ་ན། །གཤིན་རྗེའི་(སྐྱེས་བུ་)བེ་ཅོན་ལག་(ན་)ཐོགས་(ཤིང་མིག་)ཟུར་ གྱིས་ལྟ་བ་ཡིས། །མིག་རྩ་དམར་(པོ་)འཁྲོས་(པའི་རྣམ་འགྱུར་ཅན་གྱིས་)མ་རངས་(པའི་)གད་མོ་རེ་ སྙམས་འདེབས་(སོ)། །ཞེས་གསུངས་པ་དང་མཐུན་ཞིང༌། ཡིད་འོང་གཉེན་དང་བསྐྱངས་ པའི་འཁོར་གཡོག་དང༌། །བརྩིགས་པའི་མཁར་དང་བསགས་པའི་ནོར་རྫས་ སོགས། །བདེ་བའི་ཡོ་བྱད་དུ་མས་མཐའ་སྐོར་ཡང༌། །འཆི་བའི་སྡུག་བསྔལ་རང་ ཉིད་གཅིག་པུས་མྱོང༌། །དེ་ཡང་འདི་སྐད་དུ་རྒྱལ་པོ་ལ་གདམས་པའི་མདོ་ལས། འཇིག་ རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་ཏུ་ནི་འགྲོ། སྐྱེས་ཆེན་པོ་ནི་འདེགས། མུན་པ་ཆེན་ པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང༌། ཞེས་པ་ནས། ཕ་མ་དང་ཕུ་ནུ་དང་སྲིང་མོ་དང་ བུ་དང་བུ་མོས་ནི་བསྐོར། དབུགས་ནི་ཆད། ནོར་རྣམས་ནི་བགོ་བཤའ་བྱ་ཞེས་ཟེར་ནས། ཀྱེ་ ཧུད་ཕ། ཀྱེ་ཧུད་མ། ཀྱེ་ཧུད་བུ་ཞེས་ནི་ཟེར། སྐྲ་ནི་ཞིག་སྟེ། སྦྱིན་པ་དང༌། དཀའ་ཐུབ་དང༌། ཆོས་འབའ་ཞིག་གྲོགས་སུ་གྱུར་པ་ན། ཆོས་མ་གཏོགས་པ་སྐྱབས་གཞན་མེད། གནས་ གཞན་མེད། དཔུངས་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་གླིང་ དང་མགོན་དང་གནས་དང་སྟོན་པར་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། ། ༼བརྒྱད་པ་༽དེའི་ཕྱིར་དགེ་བ་ལ་འབད་པ་ནི། དེ་རིང་ཙམ་ཡང་གནས་པའི་གདེངས་ མེད་ཅིང༌། །འཆི་བའི་ཚེ་ན་དམ་ཆོས་མ་གཏོགས་པ། །སྐྱོབ་པར་ནུས་པ་འགའ་ ཡང་མ་མཆིས་པས། །ད་ལྟ་ཉིད་དུ་བརྩོན་པར་མཛད་ན་ལེགས། །དེ་ཡང་སྤྱོད་ འཇུག་ལས། བདག་ལ་༼ཁྱོད་འཁོར་བའི་སྡུག་བསྔལ་ལས་སྐྱབས་ཀྱིས་མ་འཇིགས་ཤིག་ཅེས་༽མི་འཇིགས་༼པ་ 3-1-58 སྐྱེས་བུ་༽སུ་ཡིས་སྦྱིན་༼ཏེ་སྦྱིན་མཁན་མེད་པའི་ཕྱིར་རོ༽། །འདི་ལ་ཇི་ལྟར་(ཏེ་ཐབས་གང་གིས་འཆི་བའི་སྡུག་ བསྔལ་ལས་)ངེས་༼པར་༽ཐར་༼པར་༽འགྱུར་(ཏེ་དེ་ལ་ཐར་པའི་ཐབས་མེད་པའི་ཕྱིར་རོ)། །གདོན་མི་ཟ་བར་ མེད་(པ་སྟེ་འཆི་བར་)འགྱུར་(ཏེ་སྐྱེས་པའི་མཐའ་ནི་འཆི་བ་སྟེ་ཞེས་གསུངས་ཕྱིར་)ན། །༼དེས་ན་རྒྱུ་མཚན་༽ཅིའི་ ཕྱིར་བདག་ཉིད་༼ཡིད་༽བདེ་བར་༼སོས་དལ་དུ་༽འདུག་༼སྟེ་འདུག་མི་རིགས་སོ༽། །ཞེས་གསུངས་པ་ ལྟར། མི་རྟག་པ་དྲན་པས་བརྩོན་འགྲུས་རྩོམ་སྟེ་༼བརྩོན་འགྲུས་མྱུར་དུ་བསྐྱེད་པར་གདམས་པ་ནི་ཉེ་དུའི༽། འཇིག་རྟེན་༼མྱ་ངན་གྱི་ཤུགས་ཀྱིས་༽ཀུན་ཏུ་གདུང་བཞིན་དུ། །ཅི་སྲིད་སྐྱེས་བུ་བཞི་ཡིས་ནི། །༼ཁྲི་༽ དེ་ལས་དེ་ནི་མ་བཏེགས་པ་༼སྟེ་མ་བསྐྱལ་བའི་གོང་༽། །དེ་སྲིད་དེ་ནི་༼གཉེན་གྱི་འཇིག་རྟེན་གྱིས་མྱ་ངན་ དང་སྨྲེ་སྔགས་འདོན་པ་མེད་པའི་གོང་ཉིད་དུ་༽ནང་དུ་སོང༌། །ཞེས་གསུངས་པ་ལྟར། ནགས་ཁྲོད་༼དགོན་༽ དབེན་པ་ལ་བརྟེན་ནས། །གང་ཚེ་དགེ་བྱེད་སྐལ་ལྡན་ཡང༌། །དགེ་བ་བདག་གིས་མ་བྱས་ ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །ཅེས་གསུངས་པ་ ལྟར། འཁོར་བ་དང་ངན་སོང་གི་ཉེས་དམིགས་རྗེས་སུ་དྲན་པས། ༼རྙེད་པར་དཀའ་ཞིང་དོན་ཆེན་པོ་ དང་ལྡན་པ་༽འདི་འདྲ་༼པ༽འི་དལ་བ་༼ཕུན་སུམ་ཚོགས་པ་༽རྙེད་༼པར་༽གྱུར་ནས། །བདག་གིས་༼བསམ་ སྦྱོར་རྣམ་པར་དག་པའི་༽དགེ་༼བ་ལ་༽གོམས་༼པར་༽མ་བྱས་ན། །འདི་ལས་༼རང་གིས་རང་༽བསླུས་པ་ གཞན་མེད་ཅིང་༼དོན་ཆེན་པོ་ལས་ཉམས་པར་འགྱུར་བའི་ཕྱིར་རོ༽། །༼བླང་དོར་གྱི་གནས་ལ་ཤིན་ཏུ་འཁྲུལ་པས་ན་༽ འདི་ལས་༼ཆེས་༽རྨོངས་པ་གཞན་མེད་དོ། །ཞེས་གསུངས་པ་ལྟར། རང་གི་རང་མ་བསླུ་བར་ དགེ་བ་སྤྱད་པར་རིགས་ཤིང༌། བསགས་པ་ཀུན་གྱི་མཐའ་ནི་འཛད་པ་སྟེ། །དར་བ་ རྣམས་ཀྱི་མཐའ་ནི་རྒུད་པར་འགྱུར། །འདུས་པ་རྣམས་ཀྱི་མཐའ་ནི་འབྲལ་བ་ སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན་པར་གསུངས། །ཞེས་པའི་དོན་འདུལ་བ་ལུང་ དང༌། ཆེད་དུ་བརྗོད་པའི་ཚོམས་ལས་གསུངས་པ་ལྟར། གང་ལ་ཆགས་པའི་གཞིར་གྱུར་ པ་རྣམས་ཀྱང་མཐའ་བཞི་པོ་དེ་ལས་མ་འདས་པས། མདོ་སྡེའི་རྒྱན་དུ། ༼བྱང་ཆུབ་སེམས་དཔའ་༽ 3-1-59 དེ་ཡི་༼ཤེས་རབ་ཀྱི༽ས་ཆོས་ཀུན་༼སྣང་ལ་རང་བཞིན་མེད་པ་རྨི་ལམ་༽སྒྱུ་མ་ལྟ་བུར་༼རྟོགས་པའི་ཕྱིར་༽དང༌། ། ༼སྙིང་རྗེ་གཞན་དོན་དུ་འཁོར་བ་༽སྐྱེ་བ་༼ལེན་པ་ན་༽སྐྱེད་མོའི་ཚལ་༼ཡིད་དུ་འོང་བར་དགའ་སྟོན་ལ་༽འགྲོ་༼བ་༽ ལྟ༼བུ་༽ར་རྟོགས་༼པའི་ཕྱིར་༽ནས་༼རིམ་པ་ལྟར༽། །༼རིམ་པ་ལྟར་ཚངས་པ་དང་བརྒྱ་བྱིན་འཁོར་ལོས་སྒྱུར་རྒྱལ་ལ་ སོགས་པའི་ཕུན་སུམ་ཚོགས་པའི་༽འབྱོར་བའི་དུས་དང་༼འབྱོར་བ་ཐམས་ཅད་༽རྒུད་༼ཅིང་ཕོངས་༽བའི་དུས་ན་ ཡང༌། །ཉོན་མོངས་༼ང་རྒྱལ་གྱི་རྒྱགས་ཤིང་ཁེངས་པ་དང་སྲོག་འགགས་པ་ལ་ཐུག་ཀྱང་གཞན་དོན་བསྒྲུབ་པའི་༽སྡུག་ བསྔལ་དག་གིས་གནོད་པ་མེད་༼དེ༽། །ཅེས་གསུངས་པ་ལྟར། འབྱོར་བ་རྒྱས་པའི་དུས་སུ་ང་ རྒྱལ་དང་ཆགས་པས་གནོད་པ་དང༌། རྒུད་ཅིང་ཕོངས་པའི་དུས་སུ་མྱ་ངན་དང་སྡུག་བསྔལ་ གྱིས་གནོད་པ་མེད་པའི་སྒོ་ནས། ༼ལེ་ལོ་ལ་ཞེན་པ་དགག་པ་ནི་༽སེམས་ཅན་༼ཐམས་ཅད་འཁོར་བའི་སྡུག་ བསྔལ་ལས་བསྒྲལ་ཞིང་བྱང་ཆུབ་ཆེན་པོ་ལ་དགོད་པར་བྱའོ་ཞེས་དམ་བཅས་ཤིང་སེམས་བསྐྱེད་པའི་༽ཁུར་ཆེན་༼པོ་༽ མགོ་ལ་ཁྱེར་བ་ཡིས། །སེམས་དཔའ་ཆེན་པོ་༼ལམ་རྣམ་དག་བགྲོད་པ་ལ་ལེ་ལོའི་སྒོ་ནས་༽དལ་གྱིས་ འགྲོ་༼བ་ནི་༽མི་མཛེས་༼དེ༽། །རང་༼དང་སེམས་ཅན་༽གཞན་༼ཐམས་ཅད་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ ཉོན་མོངས་བ་༽སྣ་ཚོགས་༼ཀྱི་༽འཆིང་བས་རབ་༼ཏུ་༽བཅིང་པ་༼ལ༽ས། །༼རྣམ་པར་གྲོལ་པར་བྱ་བའི་ཕྱིར་ དུ་ཉན་ཐོས་ཀྱི་བརྩོན་འགྲུས་ལས་ཀྱང་༽བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས་༼སོ༽། །༼དེ་ཡང་ཉན་ཐོས་ རྣམས་རང་ཉིད་གཅིག་པུའི་དོན་དུ་ཡང་བརྩོན་འགྲུས་ཆེན་པོ་བརྩོན་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་ དུ་བརྩོན་འགྲུས་རྒྱ་ཆེན་པོ་རྩོམ་པ་ནི་ཤིན་ཏུ་རིགས་པ་ཉིད་ཞེས་པའི་དོན་ཏོ། །༽ཞེས་གསུངས་པ་ལྟར། རང་གཞན་ གྱི་དོན་རྒྱ་ཆེན་པོ་བསྒྲུབ་པའི་ཆེད་དུ་དགེ་བའི་བྱ་བ་རྣམ་པར་དག་པ་ལ་བརྩོན་པར་བྱའོ། ། ལས་རྒྱུ་འབྲས་བསམ་པ་ནི། ལས་འབྲས་(བསམ་ཚུལ་(ལས་ལམ་)བཅུའི་དབྱེ་བ་དང༌། ། ལས་ཀྱི་རྣམ་གྲངས་མི་དགེའི་ལས་འབྲས་དང༌། །ཐོག་མེད་ལས་ཀྱི་ཉེས་པ་བསམ་བྱས་ ནས། མཐོ་རིས་ཐར་བའི་ཆེད་དུ་དགེ་ལ་འབད། །ཅེས་པ་སྡོམ་དུ་བྱས་ཏེ་འཆད་པ་ལ་ལྔ་ ལས། 3-1-60 དང་པོ་ལས་འབྲས་བསམ་ཚུལ་མདོར་བསྟན་པ་ནི། ཤི་འཕསོ་ནས་ཀྱང་ཐོག་མེད་ འཁོར་བ་ནས། །བསགས་པའི་ལས་ཀྱིས་མཐའ་མེད་འཁོར་བར་འཁྱམས། །དེས་ ན་རྒྱུ་འབྲས་བསླུ་བ་མེད་པ་ལ། །མངོན་པར་ཡིད་ཆེས་ཡང་དག་ལྟ་བ་འཚལ། ། དེ་ཡང་གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། (ལས་རྒྱུ་འབྲས་བསམ་ཚུལ་ནི་)རྒྱལ་པོ་(ཞེས་བོས་ ནས་)དུས་ཀྱིས་བརྙེན་(པ་སྟེ་འཆི་བའི་དུས་ལ་བབ་)ནས་(འཇིག་རྟེན་ཕ་རོལ་ཏུ་)འགྲོ་(པར་)འགྱུར་(བ་དེའི་ ཚེ་)ན། །(གང་རྗེས་སུ་འབྲང་ན་ནོར་རྫས་སོགས་)ལོངས་སྤྱོད་(དང་ཕ་མ་སོགས་)གཉེན་དང་(གྲོགས་སོགས་) མཛའ་བཤེས་(ཡང་)རྗེས་(སུ་)མི་འབྲང་(ཞིང་)། །སྐྱེས་བུ་དེ་ནི་(ཁམས་གསུམ་)གང་དང་གང་འགྲོ་ བ་༼ལས༽། །༼དགེ་སྡིག་གི་༽ལས་རྣམས་༼རང་གི་༽གྲིབ་མ་བཞིན་དུ་རྗེས་སུ་འབྲང་༼བ་ལ་ཡིད་ཆེས་པར་ བྱའོ༽། །ཞེས་གསུངས་པ་ལྟར། རྒྱུ་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་པར་བྱས་ནས། ཆེད་ དུ་བརྗོད་པའི་ཚོམས་ལས། འཇིག་རྟེན་པ་ཡི་༼ལས་འབྲས་ལ་ཡིད་ཆེས་བའི་༽ཡང་དག་༼པའི་༽ལྟ༼བ༽། ། ཆེན་པོ་༼དེ་གང་ཟག་༽སུ་ལ་ཡོད་༼པར་༽གྱུར་པ༼འི༽། །༼གང་ཟག་༽དེ་ནི་ཚེ་རབས་སྟོང་དག་ཏུ་ ༼ཡང་༽། །ངན་འགྲོར་འགྲོ་བར་མི་འགྱུར་༼ཏེ་༽རོ། །༼ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་གང་ཟག་ཡིན་པའི་ཕྱིར་ རོ་༽ཞེས་གསུངས་པ་ལ་སོགས་པའི་ཕན་ཡོན་ཡང་ཐོབ་སྟེ། །སྤྱོད་འཇུག་ལས། ༼དཀར་པོ་༽ དགེ་བའི་ཆོས་རྣམས་ཐམས་ཅད་༼བསགས་པའི་དོན་དུ་འདུན་པ་བསྐྱེད་པར་བྱ་སྟེ་དེ་ཐམས་ཅད་༽ཀྱི། །རྩ་བ་ འདུན་པ༼འམ་དད་པ་ཡིན་པ༽ར་ཐུབ་པས་༼འཇམ་དཔལ་གྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་མདོ་ལས། ཆོས་ རྣམས་ཐམས་ཅད་རྐྱེན་བཞིན་དེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གི་སྨོན་ལམ་ཅི་བཏབ་པ། །འབྲས་བུའང་དེ་འདྲ་ཉིད་ དུ་འགྱུར། །ཞེས་༽གསུངས་༼ལ༽། །༼འདུན་པ་༽དེའི་འང་༼རྩ་བ་སྟེ་རྒྱུ་༽རྟག་ཏུ་ ཁ་རྩ་བ་ ཀ་༼སྟེ་དུས་ཐམས་ཅད་༽ ནི། །༼དགེ་སྡིག་གི་ལས་ཀྱི་༽རྣམ་སྨིན་༼གྱི་༽འབྲས་བུ་བསྒོམ་པ་༼སྟེ་ཡིད་ཆེས་ནས་བླང་དོར་ལ་བརྩོན་པ༽ས་ སོ། །ཞེས་གསུངས་པ་ལྟར། རྣམ་སྨིན་ལ་ཡིད་ཆེས་ན། བླང་དོར་གྱི་འདུན་པ་འབྱུང་བའི་ཕྱིར་ རོ། ། 3-1-61 འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས་པ་སྟེ། །དེ་ཡང་སེམས་པ་ཡིད་ཀྱི་ལས་ དང་ནི། །དེས་བསྐྱེད་ལུས་དང་ངག་གི་ལས་ཡིན་ཏེ། །ངོ་བོའི་སྒོ་ནས་དགེ་དང་ མི་དགེ་བའོ། །ཆོས་མངོན་པ་མཛོད་ལས། ༼སྣོད་བཅུད་ཀྱི་༽འཇིག་རྟེན་སྣ་ཚོགས་ལས་༼ཀུན་ཀྱང་༽ ལས་སྐྱེས་༼པ་ཡིན་ལ༽། །༼ལས་༽དེ་༼ལ་ཡང་༽ནི་སེམས་པ་དང་དེས་བྱས་༼པ་འདྲ་སྟེ༽། །སེམས་པ་ ཡིད་ཀྱི་ལས་དང་ནི། །དེས་བསྐྱེད་༼པའི་༽ལས་དང་ངག་གི་ལས་༼སོ༽། །ཞེས་གསུངས་པ་ལྟར། བྱ་བ་ལ་སེམས་བསྐུལ་ཞིང་གཡོ་བར་བྱེད་པ་སེམས་པ་ཡིད་ཀྱི་ལས་བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་ལས་གསུམ་དང་། དེས་བསྐྱེད་པ་བསམ་པ་ཡི་ ནི་རྟེན་གྱི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་ལས་དང༌། ངོ་བོའི་སྒོ་ནས་དགེ་བ་དང་མི་དགེ་ བའི་ལས་ཀྱི་ལམ་བཅུ་ཡིན་ལ། མི་དགེ་བ་ལས་སྡུག་བསྔལ་ཐམས་ཅད་དང༌། །ཁྱད་ པར་ངན་འགྲོའི་གནོད་པ་མི་བཟད་འབྱུང༌། །དགེ་བ་ལས་ནི་བདེ་འགྲོ་ཐམས་ ཅད་དང༌། །རྣམ་པ་ཀུན་ཏུ་བདེ་ཆེན་ཐོབ་པར་གསུངས། །ཇི་སྐད་དུ་འཕགས་པ་ཀླུ་ སྒྲུབ་ཀྱི་ཞལ་༼སྔ་༽ནས། མི་དགེ་བ་ལས་སྡུག་བསྔལ་ཀུན་༼འབྱུང་ཞིང་༽། །༼ཁྱད་པར་དུ་མི་དགེ་བ་༽ དེ་༼ལས་༽ནི་༼བཞིན་༽ངན་འགྲོ༼འི་སྡུག་བསྔལ་༽ཐམས་ཅད་དོ། །༼སྤྱིར་༽དགེ་༼བ་༽ལས་བདེ་འགྲོ་ ཐམས་ཅད་དང༌། །༼ཁྱད་པར་དུ་༽རྣམ་པ་ཀུན་ཏུ་བདེ་བ་༼སངས་རྒྱས་༽དག་༼ཐོབ་པར་འགྱུར་རོ༽། །ཅེས་ པ་དང༌། སྤྱོད་འཇུག་ལས་ཀྱང༌། སྡིག་པ་བྱེད་པ་བདེ་༼བ་༽འདོད་༼ཅིང་དོན་དུ་གཉེར་༽ཀྱང༌། །༼འགྲོ་ བ་༽གང་དང་གང་དུ་འགྲོ་༼བར་༽འགྱུར་བ༼འི་སྐྱེ་གནས༽། །དེ་དང་དེར་ནི་སྡིག་པ་དེས་༼བྱས་པའི༽། ། སྡུག་བསྔལ་༼ཉིད་འདོད་པ་སྟེ་བདེ་བ་གཅོད་པར་བྱེད་པས་ན་༽མཚོན་གྱིས་༼སྟེ་དེ་༽རྣམ་པར་འཇོམས་༼ པར་བྱེད་དོ༽། །ཡིད་ལ་བསམ་པའི་དགེ་༼བ་སྟེ་བསོད་ནམས་༽བྱས་པས། །༼ཁམས་སུམ་༽གང་དང་ གང་དུ་འགྲོ་༼བར་༽འགྱུར་བ། །དེ་དང་དེར་ནི་དགེ་བ་༼སྟེ་བསོད་ནམས་ཀྱི་ལས་༽དེས། །༼མངོན་པར་ འདོད་པའི་༽འབྲས་བུ་༼ཐོབ་པར་བྱེད་པས་༽ཡོན་གྱིས་༼ཏེ་བདེ་བས་༽མངོན་༼པར་༽མཆོད་༼པར་༽འགྱུར་༼ 3-1-62 རོ༽། །ཞེས་པ་ལ་སོགས་པ་གསུངས་པ་རྣམས་ལ་ཡིད་ཆེས་པར་བྱ་ཞིང༌། དགེ་དང་མི་ དགེ་ལས་ཀྱི་ལམ་བཅུ་པོ། །ཤེས་ནས་རང་ཉིད་བླང་དོར་མཛད་པ་དང༌། །བཀའ་ བཞིན་བསྒྲུབ་པའི་སྐྱེས་བུ་མང་བོ་ལའང༌། །བསྟན་ནས་བླང་དོར་བྱེད་དུ་བཅུག་ ན་ལེགས། །སངས་རྒྱས་ཀྱི་བསྟན་པ་དང་མཇལ་བའི་སྐབས་དོན། སོ་སོ་ཐར་བའི་མདོ་ ལས། སྡིག་པ་ཐམས་ཅད་མི་བྱ་༼བ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་༽སྟེ། །དགེ་བ་ཕུན་སུམ་ཚོགས་ པར་སྤྱད་༼པ་ནི་ཏིང་ངེ་འཛིན་གྱི་བསླབ་པའོ༽། །༼བདག་མེད་རྟོགས་པའི་ཤེས་རབ་ཀྱི་སྒོ་ནས་༽རང་གི་སེམས་ནི་ ཡོངས་སུ་འདུལ་༼པར་བྱེད་པ་ནི་ཤེས་རབ་ཀྱི་བསླབ་པ་སྟེ༽། །༼བསླབ་པ་གསུམ་པོ་༽འདི་ནི་སངས་རྒྱས་༼ཀྱི་༽ བསྟན་པ་ཡིན་༼ནོ༽། །ཞེས་གསུངས་པ་ལྟར་ཉམས་སུ་བླང་ཞིང་། ཁྱད་པར་དུ་འང་སྤྱོད་འཇུག་ ལས། མི་དགེ་བ་ལས་སྡུག་བསྔལ་༼ངེས་པར་༽འབྱུང་༼ངོ་༽། །༼ཞེས་ཕྱིས་བསམ་པ་སྡོམ་ཞིང་མི་དགེ་བའི་ ལས་༽འདི་ལས་(ཐབས་གང་གིས་)ཇི་ལྟར་ངེས་༼པར་༽ཐར་༼བར་བྱེད་༽ཞེས། །༼བསམ་པས་བཤགས་པ་དང་ དེའི་ཀུན་ཏུ་སྤྱོད་པ་སོགས་༽ཉིན་མཚན་རྟག་ཏུ་བདག་གིས་ནི། །༼ མི་དགེ་བ་ལས་སྡུག་བསྔལ་འབྱུང་བའི་ཚུལ་༽ འདི་ཉིད་འབའ་ཞིག་བསམ་པར་རིགས་༼སོ༽། །ཞེས་གསུངས་པ་ལྟར་རང་གི་སེམས་རྒྱུད་ འདུལ་བ་ལ་འབད་པར་བྱའོ། ། གཉིས་པ་ལས་བཅུའི་དབྱེ་བ་ལ། སྤང་བྱ་དང་གཉེན་པོ་གཉིས་ལས། ༼དང་པོ་༽སྤང་བྱ་མི་ དགེ་བ་བཅུ་ངོས་བཟུང་བ་ནི། སྲོག་གཅོད་མ་བྱིན་ལེན་དང་འདོད་ལོག་དང༌། །རྫུན་ དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་དང༌། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་ བ་སྟེ། །ལུས་ངག་ཡིད་ཀྱི་མི་དགེ་བཅུ་སྤང་འཚལ། །ཞེས་པས་དབྱེ་བ་མདོར་བསྟན་ ནས། རྒྱས་བཤད་ལ། ངོ་བོ་ཁྱད་པར་འབྲས་བུ་གསུམ་ལས། ངོ་བོ་ནི། རྡོ་རྗེ་རྩེ་མོ་ལས། ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་རྣམས་དང༌། །ཡིད་ཀྱི་རྣམ་པ་གསུམ་ དག་ནི། །ཅི་ནུས་པར་ནི་རྗེས་སུ་བསྲུང༌། །ཞེས་གསུངས་པ་ལྟར། ལུས་ཀྱི་ལས་གསུམ་ 3-1-63 ནི། མཛོད་ལས། སྲོག་གཅོད་པ་ནི་༼རང་ལས་གཞན་མིའམ་ལྷ་སྦྱིན་འདི་བསད་སྙམ་དུ་༽བསམ་བཞིན་དུ། ། ༼ཕན་ཚུན་༽མ་ནོར་བར་ནི་༼རང་ལས་༽གཞན་༼གྱི་སྲོག་དང་བྲལ་ཏེ་༽བསད་པའོ་༼དེ་ལས་ཀྱི་ལམ་དངོས་ཡིན་ ཏེ༽། །ཞེས་གསུངས་པ་ལྟར་ཏེ། མི་དགེ་བ་བཅུ་བོ་དུག་གསུམ་གང་གིས་ཐོག་མར་སྦྱོར་ཞིང་ ཐ་མར་གང་གིས་མཐར་ཕྱིན་པར་བྱེད་ཞེ་ན། སྲོག་གཅོད་པ་ལ་ནི། ཤ་ཁྲག་སོགས་ལ་ཆགས་ པའི་དབང་དང༌། དགྲ་ལ་སྡང་བའི་དབང་དང༌། དེ་གཉིས་གང་ལ་ཡང་ལས་འབྲས་ལ་རྨོངས་ པའི་གཏི་མུག་གིས་སྦྱོར་ལ། ཞེ་སྡང་གིས་མཐར་ཕྱིན་པར་བྱེད་དེ། གཞི་དེ་ལ་མནར་སེམས་ མེད་པར་སྲོག་གཅོད་པའི་མི་དགེ་བ་ལ་མི་འཇུག་པའི་ཕྱིར། སྲོག་གཅོད་པ་ལ་ཇི་ལྟ་བར་ ཚིག་རྩུབ་དང་གནོད་སེམས་ལའང་དེ་བཞིན་ཏེ། དུག་གསུམ་གང་རུང་གིས་སྦྱོར་ལ། ཞེ་སྡང་ གིས་མཐར་ཕྱིན་པར་བྱེད་པའི་ཕྱིར། མ་བྱིན་ལེན་ལ་ནི། རྫས་ལ་ཆགས་པ་དང༌། གཞན་ ལ་སྡང་བ་དང༌། ལས་འབྲས་ལ་རྨོངས་པའི་གཏི་མུག་གིས་སྦྱོར་ལ། ཆགས་པའི་མཐར་ཕྱིན་ པར་བྱེད་དེ། གཞན་གྱི་རྫས་ལ་ཆགས་པ་མེད་ན་དེ་རང་དོན་དུ་ལེན་པར་མི་བྱེད་པའི་ཕྱིར། མ་བྱིན་ལེན་ལ་ཇི་ལྟ་བ་བཞིན་ལོག་གཡེམ་དང་བརྣབ་སེམས་ལའང་དེ་བཞིན་དུ་བལྟ་སྟེ་རྒྱུ་ མཚན་མཚུངས་པའི་ཕྱིར་རོ། །རྫུན་དུ་སྨྲ་བ་ལའང༌། ཡིད་དུ་འོང་བ་ལ་ཆགས་པ་དང་མི་འོང་ བ་ལ་སྡང་བ་དང༌། རྨོངས་པའི་གཏི་མུག་གིས་སྦྱོར་ལ་དུག་གསུམ་གང་ཡང་རུང་བས་མཐར་ ཕྱིན་པར་བྱེད་དེ། རྫུན་དུ་སྨྲ་བའི་ཚེ་དེ་གསུམ་གང་རུང་གཅིག་མངོན་དུ་འགྱུར་དགོས་པའི་ ཕྱིར། རྫུན་སྨྲ་ལ་ཇི་ལྟ་བར་ཕྲ་མ་དང་ཚིག་འཁྱལ་ལ་ཡང་དེ་བཞིན་ཏེ། གསུམ་གྱིས་སྦྱོར་ལ་ གང་རུང་གཅིག་གིས་མཐར་ཕྱིན་པའི་ཕྱིར། ལོག་ལྟ་ལ་ནི་བསྙེན་བཀུར་ལ་ཆགས་པ་དང༌། དགྲ་ལ་ལྟ་བ་མཐུན་དུ་དགོས་ནས་སྡང་པ་དང༌། ཤེས་བྱ་ལ་རྨོངས་པའི་གཏི་མུག་གིས་སྦྱོར་ ལ། རྗེས་སུ་གཏི་མུག་གིས་མཐར་ཕྱིན་པར་བྱེད་དེ། མ་རྨོངས་ན་ལོག་ལྟ་ཅན་ཏུ་མི་འགྱུར་ བའི་ཕྱིར། དེ་ཡང་སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བར་ནི་དུག་དང་ 3-1-64 མཚོན་སོགས་ཀྱིས། །རང་གིས་བྱས་སམ་བྱེད་དུ་བཅུག་ཀྱང་རུང༌། །གཞན་དག་ སྲོག་དང་བྲལ་ནས་དགའ་བའོ། །ཞེས་པ་དང༌། མ་བྱིན་ལེན་པ་༼ནི་བདག་པོ་ལས་ནོར་ཐ་དད་པ་ ༽གཞན་གྱི་༼མ་༽ནོར་༼བར༽། །མཐུ་༼ས་འཕྲོག་པ་༽དང་འཇབ་བུས་༼མ་ཚོར་བར་༽བདག་གིར་བྱེད་༼ ནའོ༽། །ཅེས་གསུངས་པ་ལྟར། མ་བྱིན་ལེན་པ་གཞན་དག་དབང་བའི་ནོར། །མཐུ་ ཡིས་འཕྲོག་གམ་འཇབ་བུས་བརྐུས་བའམ། །འོས་པ་མི་འཇལ་བཏམ་པ་མི་ གཏོད་སོགས། །སྲེད་པའི་དབང་གིས་བདག་གིར་བྱེད་པའོ། །ཞེས་པ་དང༌། བགྲོད་ ༼བྱ་༽མིན་༼པ་ལ་མ་ནོར་བར་༽བགྲོད་པར་འདོད་པ་ཡིས། །༼སྒོ་གསུམ་ལ་རེག་པ་བདག་གིར་བྱེད་ན་༽ལོག་ པར་གཡེམ་པ་༼མཐར་ཐུག་པ་ཡིན་ལ་དེ་ལ་དབྱེ་ན་༽རྣམ་པ་བཞི་༼ཡོད་དོ༽། །ཞེས་གསུངས་པ་ལྟར། ལོག་པར་གཡེམ་པ་ཡུལ་མིན་དུས་མིན་པར། །ཡན་ལག་མིན་པ་ཁ་ལག་ལ་ སོགས་དང༌། །བགྲོད་མིན་གཞན་གྱི་བུད་མེད་ལ་སོགས་པ། །ཆགས་པའི་དབང་ གིས་མངོན་པར་བགྲོད་པའོ། །ཞེས་པ་རྣམས་སོ། ། ངག་གི་བཞི་ནི། རྫུན་ཚིག་༼ནི་སྨྲ་བྱེད་དེ་ལས་༽འདུ་ཤེས་གཞན་༼དུ་༽བསྒྱུར་བའི། །ངག་ དོན་༼ཡུལ་དེས་༽མངོན་པར་གོ་བའོ། །ཕྲ་མ་༼ནི་༽ཕན་ཚུན་༼མཐུན་པ་༽དབྱེ་བའི་ཕྱིར། །ཉོན་ མོངས་ཅན་གྱི་སེམས་ཀྱི༼ས་བསླང་བའི་༽ཚིག༼གོ༽། །ཅེས་གསུངས་པ་ལྟར། རྫུན་ནི་འདུ་ ཤེས་གཞན་དུ་བསྒྱུར་བ་ཡིས། །བདེན་མིན་སྨྲས་ནས་གཞན་གྱིས་གོ་བ་སྟེ། །ཕྲ་ མ་ཕན་ཚུན་མཐུན་པ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་ཚིག་སྨྲས་གོ་བའོ། ། ཞེས་དང༌། ཚིག་རྩུབ་པོ་ནི་༼ཉོན་མོངས་པ་ཅན་གྱི་སེམས་ཀྱིས་༽མི་སྙན་པ་༼གོ་ཞིང་མ་ནོར་བའོ༽། །༼རྫུན་ སོགས་གསུམ་པོ་མ་ཟད་༽ཉོན་མོངས་ཅན་༼གྱི་ཚིག་༽ཀུན་༼ཐ་སྙད་ནི་༽ཀྱལ་བ་ཉིད་༼དོ༽། །༼སྟེ་ས་གཞན་དག་ ནི་རྫུན་ལ་སོགས་པ་དེ་ལས་གཞན་པའི་ཉོན་མོངས་ཅན་གྱིས་ཚིག་སྟེ་༽ཅེས་གསུངས་པ་ལྟར། ཚིག་རྩུབ་པ་ ནི་གཞན་ལ་འཐབ་པའི་ཚིག །མི་སྙན་བརྗོད་པས་གནད་དུ་ཕགོ་པ་སྟེ། །ངག་ 3-1-65 འཁྱལ་ཉོན་མངོས་ཅན་གྱི་སེམས་ཀྱི་ཚིག །ཅལ་ཅལོ་རྣམ་པ་སྣ་ཚོགས་སྨྲ་བའོ། ། ཞེས་པ་དག་གོ ། ཡིད་ཀྱི་གསུམ་ལས། བརྣབ་སེམས་ནི། ལོག་༼ཅིང་མ་རིག་པས་སློང་ངམ་ཉོ་འམ་སྐྱེ་བ་ལ་སོགས་༽ པས་གཞན་གྱི་ནོར་ལ་༼བདག་གིས་ཐོབ་ན་ཅི་མ་རུང་སྙམ་དུ་༽ཆགས་༼ཤིང་བདག་གིར་བྱེད་པའོ་༽། །གནོད་ སེམས་༼ནི་གང་ཞེ་ན་༽སེམས་ཅན་ལ་སྡང་༼ཞིང་གནོད་པའི་རྣམ་པར་ཞུགས་༽པ༼འོ༽། །༼ལས་༽དགེ་༼བ་༽ དང་མི་དགེ་༼བ་༽མེད་༼དོ་ཞེས་༽ལྟ་བ། །༼ལོག་པས་ལས་འབྲས་དང་འཕགས་པ་ལ་སྐུར་པ་འདེབས་པ་ནི་༽ ལོག་པར་ལྟ་བ་ཡིན་འདི་ལ། །ཞེས་གསུངས་པ་ལྟར། བརྣབ་སེམས་གཞན་གྱི་ནོར་ལ་ ཆགས་པ་སྟེ། །གནོད་སེམས་སེམས་ཅན་རྣམས་ལ་སྡང་བ་ཡིན། །ལོག་པར་ལྟ་ བ་དགེ་དང་མི་དགེ་སོགས། །རྒྱུ་འབྲས་བདེན་པ་མེད་ཅེས་ལྟ་བའོ། །ཞེས་པ་རྣམས་ སོ། ། ལྕི་ཡང་ལ་སོགས་པའི་ཁྱད་པར་ནི། དེ་རྣམས་བསམ་པ་དྲག་ཞན་བར་མ་དང༌། ། ཡུལ་ཡང་མཆོག་དམན་བར་མའི་དབྱེ་བ་དང༌། །གྲངས་ཀྱང་མང་ཉུང་བར་མའི་ ཁྱད་པར་གྱིས། །ངོ་བོའང་ཆེ་ཆུང་བར་མ་རྣམས་སུ་འགྱུར། །ཞེས་པ་སྟེ། བསམ་པ་ དང་ཡུལ་དང༌གྲངས་ཀྱི་ཁྱད་པར་གྱིས་ལྕི་བ་དང་ཡང་བ་དང་བར་མ་རྣམས་སུ་འགྱུར་རོ། །དེ་ རྣམས་ཀྱི་འབྲས་བུ་ལའང་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པ་དང༌། བདག་པོའི་འབྲས་བུ་ གསུམ་ལས། དང་པོ་ནི། མི་དགེ་བཅུ་པོ་ཤས་ཆེར་སྤྱད་པ་ཡིས། །རྣམ་སྨིན་འབྲས་བུ་ དམྱལ་བའི་སྡུག་བསྔལ་ཏེ། །བར་མས་ཡི་དྭགས་གནས་སུ་སྐྱེ་བ་དང༌། །ཆུང་ ངུས་དུད་འགྲོའི་གནས་སུ་འཕེན་པར་གསུངས། །ཇི་སྐད་དུ། ཆོས་མངོན་པ་ལས། དེ་ ལ་མི་དགེ་བ་བཅུའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་ངན་སོང་གསུམ་པོ་རྣམས་སུའོ། ། 3-1-66 ཞེས་གསུངས་པ་སྟེ། འོག་ཏུ་རྒྱ་ཆེར་འཆད་པར་འགྱུར་བ་རྣམས་སོ། །ཕྱི་མ་དག་ནི། རྒྱུ་ མཐུན་འབྲས་བུ་བྱེད་པ་རྒྱུ་མཐུན་ནི། །གོམས་པའི་དབང་གིས་ལྷག་པར་བྱེད་ འདོད་དང༌། །མྱོང་བ་རྒྱུ་མཐུན་ཚེ་ཐུང་ནོར་ཉུང་སོགས། །བདག་པོའི་འབྲས་བུ་ ཡུལ་ངན་རྣམས་སུ་མྱོང༌། །བྱེད་པ་རྒྱུ་མཐུན་ནི། རང་རང་གི་རིགས་འདྲ་ཕྱི་མ་བྱེད་པར་ འདོད་པ་ཡིན་ལ། མྱོང་བ་རྒྱུ་མཐུན་ནི། གལ་ཏེ་མིར་སྐྱེས་ན་ཡང་སོ་སོ་དང་མཐུན་པར་མིའི་ ལུས་དང་ཡོངས་སུ་བཟུང་བ་མི་འབྱོར་པའོ། །ཞེས་གསུངས་པ་སྟེ། དེ་ཡང་རིན་ཆེན་ཕྲེང་ བར། སྲོག་གཅོད་པས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང༌། །རྐུ་བ་ཡིས་ནི་ ལོངས་སྤྱོད་ཕོངས། །བྱི་པོ་བྱེད་པ་དགྲ་ཟླར་བཅས། །རྫུན་དུ་སྨྲ་བས་སྐུར་བ་སྟེ། །ཕྲ་མ་ཡིས་ ནི་བཤེས་དང་འབྱེད། །ཚིག་རྩུབ་ཉིད་ཀྱིས་མི་སྙན་ཐོས། །མ་འབྲེལ་བས་ནི་ཚིག་མི་བཙུན། ། བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་ པར་ལྟ་བ་ལྟ་ངན་ཉིད། །ཅེས་གསུངས་པ་ལྟར་རོ། །བདག་པོའི་འབྲས་བུ་ནི། སོ་སོ་དང་ མཐུན་པར་ཕྱིའི་དངོས་པོ་མི་འབྱོར་ཞིང་རྒུད་པ་སྟེ། (སྲོག་གཅོད་པས་)ས་ཕྱོགས་གཟི་ཆུང་(རྐུ་བས་) ལོ་ཏོག་ལ། དགྲ་མང་(འདོད་ལོག་གིས་ས་ཕྱོགས་)སྡུག་བསྔལ་གྱིས་འཁྲིགས་པ་དང༌། ༼རྫུན་གྱིས་༽ དྲི་ང་༼ཕྲ་མས་༽མཐོ་དམན་༼ཚིག་རྩུབ་ཀྱིས་༽ཚྭ་སྒོ་ཅན། །༼འཁྱལ་བས་༽དུས་ཚིག་འགྱུར་བ་མི་སྙོམས་ དང༌། །༼བརྣབ་སེམས་ཀྱིས་༽འབྲས་བུ་ཕྲ་དང་༼གནོད་སེམས་ཀྱིས་༽ཁ་བ་དང༌། །༼ལོག་ལྟས་༽ཉུང་བའམ་ མེད་པར་སྐྱེ་བའོ། ། གཉེན་པོ་དགེ་བ་བཅུའི་ངོ་བོ་ནི། ལུས་ཀྱི་སྡིག་པ་གསུམ་དང་ངག་གི་བཞི། ། ཡིད་ཀྱི་མི་དགེ་གསུམ་པོ་རྣམས་སྤངས་ཏེ། །ལུས་ངག་ཡིད་གསུམ་དགེ་ལ་སྤྱོད་ པ་ནི། །དཀར་པོ་དགེ་བའི་ལས་ཀྱི་ལམ་བཅུར་གསུངས། །ལུས་ཀྱིས་སྲོག་གཅོད་པ་ དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་རྣམས་སྤོང་བའི་སེམས་པ་དགེ་ 3-1-67 བ་གསུམ་དང༌། ངག་གིས་རྫུན་དང་ཕྲ་མ་དང་ཚིག་རྩུབ་དང་ཀྱལ་བ་རྣམས་སྤོང་བའི་སེམས་ པ་དགེ་བ་བཞི་དང༌། ཡིད་ཀྱིས་བརྣབ་སེམས་མེད་པ་མ་ཆགས་པའི་སེམས་པ་དང༌། གནོད་ སེམས་མེད་པ་བྱམས་པའི་སེམས་པ་དང༌། ཡང་དག་པའི་ལྟ་བ་ལས་འབྲས་ལ་སོགས་པ་ ཕྱིན་ཅི་མ་ལོག་པར་ཤེས་པའི་སེམས་པ་དགེ་བ་གསུམ་སྟེ། མདོ་ལས། ལུས་ཀྱི་སྡོམ་པ་ ལེགས་པ་དང༌། །ངག་གི་སྡོམ་པ་ལེགས་པ་དང༌། །ཡིད་ཀྱི་སྡོམ་པ་ལེགས་པ་ཡིས། །ཐམས་ ཅད་དུ་ནི་སྡོམ་པ་ལེགས། །ཞེས་གསུངས་པ་རྣམས་སོ། །འབྲས་བུ་གསུམ་གྱི་རྣམ་པར་སྨིན་ པའི་འབྲས་བུ་ནི། དགེ་བ་ཟག་བཅས་རྣམ་སྨིན་འབྲས་བུ་ནི། བདེ་འགྲོ་མངོན་པར་ མཐོ་བའི་དཔལ་ཐོབ་ཅིང༌། །ཟག་མེད་དགེ་བས་ངེས་པར་ལེགས་པ་ནི། །རྣམ་ པར་གྲོལ་བ་གསུམ་ཡང་རིམ་གྱིས་གྲུབ། །ཟག་བཅས་ཀྱི་དགེ་བ་ཆུང་ངུ་སྤྱད་པ་ལས་ འཁོར་ལོས་སྒྱུར་བ་ལ་སོགས་པ་མིའི་བདེ་བ་ཕུན་སུམ་ཚོགས་པ་དང༌། བར་མ་སྤྱད་པ་ལས་ འདོད་ལྷ་དྲུག་གི་བདེ་བ་ཕུན་སུམ་ཚོགས་པ་དང༌། ཆེན་པོ་སྤྱད་པ་ལས་ཁམས་གོང་མ་གཉིས་ ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་འགྲུབ་སྟེ། ཟག་མེད་ལས་ངེས་ལེགས་འགྲུབ་པ་ནི། ཞར་ ལས་བྱུང་བའོ། ། འབྲས་བུ་ཕྱི་མ་དག་ཀྱང༌། རྒྱུ་མཐུན་འབྲས་བུ་བྱེད་པ་རྒྱུ་མཐུན་ནི། །དགེ་བ་ བཅུ་ལ་སྤྲོ་བས་འཇུག་པ་དང༌། །མྱོང་བ་རྒྱུ་མཐུན་ཚེ་རིང་ནོར་མང་སོགས། ། བདག་པོའི་འབྲས་བུ་ཡུལ་བཟང་ཕུན་ཚོགས་འགྲུབ། །བྱེད་པ་རྒྱུ་མཐུན་ནི། སྔར་ བཞིན་རིགས་འདྲ་ཕྱི་མ་བྱེད་པར་འདོད་པ་དང༌། མྱོང་བ་རྒྱུ་མཐུན་ནི། བདེ་འགྲོ་དེ་དག་ཉིད་ དུ་སོ་སོ་དང་མཐུན་པར་ལུས་དང་ཡོངས་སུ་བཟུང་བ་ཕུན་སུམ་ཚོགས་པ་ཐོབ་པ་སྟེ། ཚེ་རིང་ ནོར་མང་དགྲ་ཟླ་མེད། །སྐུར་བ་མེད་ཅིང་བཤེས་དང་མཐུན། །སྙན་པ་ཐོས་ཤིང་ཚིག་བཙུན་ ལ། །རེ་བ་འགྲུབ་ཅིང་འཇིགས་པ་མེད། །ཡང་དག་ལྟ་བ་དང་ཡང་ལྡན། །ཞེས་པ་རྣམས་ནི་ 3-1-68 འགྲུབ་པ་དང༌། བདག་པོའི་འབྲས་བུ་ནི། དེ་དག་ཉིད་དུ་སོ་སོ་དང་མཐུན་པར་ཕྱིའི་དངོས་པོ་ ཕུན་སུམ་ཚོགས་པ་ཐོབ་པ་སྟེ། ༼སྲོག་གཅོད་སྤངས་པས་༽ས་ཕྱོགས་གཟི་ཆེ་༼རྐུ་བ་སྤངས་པས་༽ལོ་ཏོག་ འཕེལ། །༼འདོད་ལོག་སྤངས་པས་ས་ཕྱོགས་ལ་༽རྡུལ་མེད་༼རྫུན་སྤངས་པས་༽དྲི་ང་༼མེད་ཕྲ་མ་སྤངས་པས་༽མཐོ་ དམན་མེད། །༼ཚིག་རྩུབ་སྤངས་པས་༽ཚྭ་སྒོ་མེད་ཅིང་༼ངག་འཁྱལ་སྤངས་པས་༽དུས་ཚིག་སྙོམས། །༼བརྣབ་ སེམས་སྤངས་པས་༽འབྲས་བུ་ཆེ་ཞིང་༼གནོད་སེམས་སྤངས་པས་༽མངར་བ་དང༌། །༼ལོག་ལྟ་སྤངས་པས་༽མང་ པོར་ཡོད་པ་སྐྱེ་བའོ། །དེ་དག་ཀྱང་རིན་ཆེན་ཕྲེང་བར། མི་དགེ་ཞེས་བྱ་དེ་རྣམས་ཀྱི། །རྣམ་ སྨིན་བསྒྲགས་པ་གང་ཡིན་པ། །དགེ་བ་དག་ནི་ཐམས་ཅད་ལ། །འབྲས་བུ་དེ་ལས་བཟློག་སྟེ་ འབྱུང༌། །ཞེས་གསུངས་པ་ལྟར་རོ། ། གསུམ་པ་ལས་ཀྱི་རྣམ་གྲངས་ཀྱང་ཤེས་དགོས་ཏེ། གལ་ཏེ་མ་ཤེས་ན། ཐོས་ཆུང་ བླུན་པོ་འགའ་ཞིག་ཚེ་འདི་ལ། །དགེ་བ་བྱེད་པ་སྡུག་བསྔལ་མྱོང་བ་དང༌། །སྡིག་ པ་བྱེད་པ་བདེ་བར་མཐོང་བས་ན། །རྒྱུ་འབྲས་མི་བདེན་རྫུན་ཞེས་སྐུར་བ་ འདེབས། །ཞེས་པ་ལ་སོགས་པའི་ཉེས་པ་འབྱུང་བའི་ཕྱིར། ལས་ཀྱི་བག་ཆགས་སྣ་ ཚོགས་ཀུན་གཞི་ལ། །གནས་པ་བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །རྐྱེན་རྣམས་ ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་རིམ་པ་བཞིན་དུ་སྨིན་པར་གསུངས། ། ཇི་སྐད་དུ་ལས་བརྒྱ་པར། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་ མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་ པ་ལྟར། (བག་ཆགས་བསྒོ་བའི་གཞི་ངོས་བཟུང་བ་ནི། ཕྱི་རོལ་གྱི་དོན་ནི་མ་ཡིན་ཏེ། བསྒོ་བྱེད་དང་འབྲེལ་བ་མེད་པའི་ཕྱིར་ རོ། །སེམས་ཅན་གྱི་རྒྱུད་དུ་གཏོགས་པ་ལ་ཡང་དབང་པོ་གཟུགས་ཅན་རྣམས་མ་ཡིན་ཏེ། འཁོར་བར་རྒྱུན་ཆགས་པ་མ་ཡིན་པའི་ ཕྱིར་ཏེ། གཟུགས་མེད་དུ་སྐྱེས་པ་ན་རྒྱུན་ཆད་པའི་ཕྱིར། ཁྱབ་སྟེ། གང་ལ་བག་ཆགས་བསྒོ་བའི་གཞི་རྒྱུན་ཆད་ན་དེ་ལ་བསྒོས་ པའི་བག་ཆགས་ཀྱང་མེད་པར་འགྱུར་བས་དེ་ལྟ་ན་ལས་བྱས་པ་ཆུད་ཟོས་པར་ཐལ་བའི་ཕྱིར། ཚོགས་བདུན་འཁོར་དང་བཅས་ 3-1-69 པ་རྣམས་ནི་མ་ཡིན་ཏེ། རང་ཉིད་སྟོབས་དང་ལྡན་པས་གཞན་གྱི་ནུས་པ་འཇུག་པའི་གོ་སྐབས་མེད་པའི་ཕྱིར་ཏེ། དམིགས་རྣམ་ རིས་སུ་ཆད་ཅིང་གསལ་བའི་ཕྱིར། དཔེར་ན་དྲི་ཆེན་སྟོབས་དང་ལྡན་པས་རྫས་གཞན་གྱི་དྲི་མི་འཛིན་པ་བཞིན་ནོ། །རྟག་པ་རྣམས་ ནི་མ་ཡིན་ཏེ། རྐྱེན་གྱིས་བསྒྱུར་དུ་མེད་པའི་ཕྱིར། དེས་ན་བསྒོ་བྱེད་དང་རྒྱུད་གཅིག་ལ་དུས་གཅིག་ཏུ་འབྲེལ་བ་གཅིག་དགོས་ཏེ། རྒྱུད་གཞན་དུ་གཏོགས་པའམ་བསྒོ་བྱེད་དང་སྔ་ཕྱིར་གྱུར་པ་ནི་བག་ཆགས་བསྒོ་བའི་གཞིར་མི་རུང་བའི་ཕྱིར། ༼བག་ཆགས་བསྒོ་ བའི་གཞི་བསྡུས་ན། བརྒྱད་པ་ཀུན་གཞི་རྣམ་ཤེས་དེ་ཆོས་ཅན། བག་ཆགས་བསྒོ་བའི་གཞི་ཡིན་ཏེ། དགེ་མི་དགེའི་ས་བོན་ཆད། བཏང་ཞིང་འཛིན་པའི་ཕྱིར། དེ་ཡིན་ཏེ། དགེ་མི་དགེའི་རྣམ་སྨིན་མངོན་དུ་འགྱུར་ནུས་པའི་ཕྱིར། དེ་ཡིན་ཏེ། ལུང་མ་བསྟན་ཞེས་ མཐོ་རིས་ལ། སྒྲོལ་ཞིང་ངེས་ལེགས་པའི་ཕྱིར། ལུང་མ་བསྟན་ཡིན་ཏེ། རྒྱུ་རྐྱེན་དགེ་མི་དགེའི་ས་བོན་འཛིན་ཞིང་རང་སར་སྨིན་ ནུས་པའི་ཕྱིར། དེ་ཡིན་ཏེ། བདེ་འགྲོ་དང་ངན་འགྲོ་སྐྱེ་ནུས་པའི་ཕྱིར། རྣམ་ཤེས་ཆོས་ཅན། ཁྱོད་ལ་ས་བོན་གྱི་ཆ་དང་རྣམ་སྨིན་ གྱི་ཆ་དང༌། ལེན་པའི་ཆ་དང༌། ལུང་མ་བསྟན་ཡིན་ཏེ། དེ་ནི་མ་སྒྲིབ་ལུང་མ་བསྟན། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ ཉིད་ལ་དེ་ལྡོག་གོ །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་རྒྱུན་འབབ་ཆུ་བོ་བཞིན། །ཐེག་དམན་རྣམས་ ལ་རྣམ་ཤེས་ཚོགས་དྲུག་མ་བསྟན་དེ་བདག་ཏུ་རྟོགས་པར་གྱུར་ན་མི་རུང་བཤད། དེ་ཕྱིར་གྱིས་དང་རྒྱུ་མཐུན་པའི། རྒྱུན་ཆགས་ སུ་གནས་རྣམས་ལ་ལུང་མ་བསྟན། །ཞེས་གསུངས་སོ། །ཀུན་གཞི་རྣམ་ཤེས་རྒྱ་མཚོ་དང་འདྲ་ལ། རྣམ་ཤེས་པ་ཏེ་རྦ་རླབས་དང་ འདྲ་བ་ཡིན་ཏེ། ཀུན་གཞི་རྣམ་ཤེས་རྒྱ་མཚོ་ལ། །རྣམ་ཤེས་རྦ་རླབས་ཀུན་དང་ལྡན། །ཀུན་གཞི་ལ་བརྟེན་ནས། དེ་དེ་ལ་བརྟེན་པ་ ཡིད་ཤེས་དེ་ཡི་འཁོར་དུ། དབང་པོ་ལ་ཕྱ་འབྱུང་ཕྱིར་རོ། །འཇམ་དཔལ་གྲགས་པས་བྲིས། ༽ དེས་ན་ཀུན་གཞིའི་རྣམ་པར་ཤེས་ པ་ཁོ་ན་བག་ཆགས་བསྒོ་བའི་གཞི་ཡིན་ཏེ། རྒྱུན་ཆགས་པ་དང་དམིགས་རྣམ་མི་གསལ་ཞིང་རིས་སུ་མ་ཆད་པ་དང༌། རྐྱེན་གྱི་ཁྱད་ པར་བྱར་ཡོད་པ་དང༌། བསྒོ་བྱེད་དང་རྒྱུད་གཅིག་ལ་འབྲེལ་པ་དེ་རྣམས་ཡན་ལག་ཚང་བ་ནི་ཀུན་གཞིའི་རྣམ་ཤེས་ཁོ་ན་ལ་འཐད་ པའི་ཕྱིར། ཀུན་གཞིའི་འཁོར་གྱི་སེམས་བྱུང་རྣམས་དེར་འགྱུར་རམ་ཞེ་ན་མི་རུང་སྟེ། རང་གི་རིགས་འདྲ་སྔ་མ་ལས་ཕྱི་མ་འབྱུང་ བའི་རྒྱུན་ཆགས་པ་མེད་པའི་ཕྱིར། སེམས་ལ་བརྟེན་ནས་སྐད་ཅིག་རེ་རེ་ཞིང་འབྱུང་བའི་ཕྱིར་རོ། །ཚུལ་ཇི་ལྟར་དུ་བསྒོ་བར་བྱེད་ ཅེ་ན། བསྒོ་བྱེད་དེ་བསྒོ་གཞི་དང་རྒྱུད་གཅིག་ལས་ལྷན་གཅིག་ཏུ་སྐྱེ་འགག་བྱེད་པའི་སྒོ་ནས་བག་ཆགས་བསྒོ་བ་ཡིན་ཏེ། བསྒོ་ བྱེད་རང་ཉིད་འགགས་ཀྱང་རང་དང་རྗེས་སུ་མཐུན་པའི་འབྲས་བུ་འབྱུང་བའི་ནུས་པ་བསྒོ་གཞི་ལ་བཞག་པ་ཉིད་བག་ཆགས་ 3-1-70 བསྒོས་པའི་དོན་ཡིན་པའི་ཕྱིར། ཅིའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། ཀུན་གཞི་ས་བོན་གྱི་ཆ་ཆོས་ཅན། ཁྱོད་ ལ་ཀུན་གཞི་ཞེས་བྱ་སྟེ། ཉོན་མོངས་པའི་ཆོས་ཀུན་གྱི་གཞིར་གྱུར་པ་ཡིན་པའི་ཕྱིར། ཀུན་གཞི་རྣམ་སྨིན་གྱི་ཆ་ཆོས་ཅན། ཁྱོད་ ལ་ཀུན་གཞི་ཞེས་བྱ་སྟེ། སེམས་ཅན་ཀུན་གྱིས་རྒྱུན་མི་ཆད་པར་བདག་ཏུ་སྦྱོར་བའི་གཞི་ཡིན་པའི་ཕྱིར་རོ། །གཉིས་པོ་དེ་གཅིག་ གམ་ཐ་དད་ཞེ་ན། ས་བོན་གྱི་ཆ་ནི། དམིགས་རྣམ་མི་འཛིན་ཅིང་ཚོར་བ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། རིག་པ་མ་ཡིན་ པའི་ཕྱིར་ཏེ། ཡིན་ན་སྐྱེས་བུ་གཅིག་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་མི་འདྲ་བ་དུ་མ་དང་བཅས་པར་ཐལ་བའི་ཕྱིར། རྣམ་སྨིན་ གྱི་ཆ་ནི། དམིགས་རྣམ་འཛིན་ཅིང་ཚོར་བ་བཏང་སྙོམས་དང་མཚུངས་པར་ལྡན་པ་ཡིན་ཏེ། ཤིན་ཏུ་མི་གསལ་པའི་རིག་པ་ཡིན་ པའི་ཕྱིར། དེས་ན་གཉིས་པོ་དེ་ཆོས་ཅན། ལྡོག་པ་ཐ་དད་པ་ཡིན་ཏེ། རིག་པ་ཡིན་མིན་གྱི་ཁྱད་པར་ཡོད་པའི་ཕྱིར། གཉིས་པོ་ངོ་ བོ་ཐ་དད་པ་མ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་བསྐྱེད་པའི་ནུས་པ་ཉིད་ལ་ས་བོན་ཞེས་བརྗོད་པ་ཡིན་པའི་ཕྱིར། ཅིའི་ཕྱིར་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། ཀུན་གཞིའི་རྣམ་ཤེས་ཆོས་ཅན། ཁྱོད་ལ་རྣམ་པར་སྨིན་པ་ཞེས་བྱ་སྟེ། སྔོན་བསགས་པའི་ལས་ཀྱི་བག་ཆགས་ཡོངས་སུ་སྨིན་པའི་ངོ་བོར་གྱུར་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། སྐྱེས་ནས་མ་ཤིའི་བར་དུ་ རྒྱུན་མི་ཆད་པར་མ་སྒྲིབ་ལུང་མ་བསྟན་ཏུ་གནས་པ་ཞིག་རྣམ་སྨིན་དུ་རིག་ལ་དེ་ཡང་ཁྱོད་ལས་གཞན་དུ་མི་འཐད་པའི་ཕྱིར། དེའི་ རྒྱུ་མཚན་ཡང༌། རྣམ་སྨིན་ནི་སྐྱེས་ནས་མ་ཤིའི་བར་དུ་རྒྱུན་མི་ཆད་པ་ཞིག་དགོས་ཏེ། འཇུག་ཤེས་བཞིན་དུ་རེས་འགའ་ཆད་ཅིང་ སླར་ཡང་འབྱུང་ན། དེ་ནི་སྔོན་གྱི་ལས་ཀྱིས་འཕངས་པ་མ་ཡིན་པའི་ཕྱིར་ཏེ། ལས་ཀྱིས་འཕངས་པ་རྣམས་ནི་ལས་དེས་འཕངས་ པའི་ཤུགས་མ་རྫོགས་ཀྱི་བར་དུ་ངང་གིས་འཇུག་པ་ཡིན་པའི་ཕྱིར། དཔེར་ན་མདའ་འཕངས་པ་ཤུགས་མ་ཆད་ཀྱི་བར་དུ་ས་ ལ་མི་ལྟུང་བ་བཞིན་ནོ། །རྣམ་པར་སྨིན་པ་ནི་ཆད་ནས་སླར་ཡང་མཚམས་སྦྱར་བ་ནི་མིན་ཏེ། འཕེན་བྱེད་ཀྱི་ཤུགས་མ་ཟད་ན་ ནི་རྒྱུན་མི་ཆད་ཅིང་ཤུགས་ཟད་ན་ཤུགས་ཟད་པའི་མདའ་བཞིན་དུ་སླར་ཡང་འབྱུང་བའི་མཐུ་མེད་པའི་ཕྱིར། རྣམ་སྨིན་ཡིན་ན་ མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཞིག་དགོས་ཏེ། རྣམ་སྨིན་དགེ་བའམ་ཉོན་མོངས་པ་ཅན་དུ་འདོད་པ་ལ་རིགས་པས་གནོད་ པའི་ཕྱིར། གལ་ཏེ་དགེ་བའི་ལས་ཀྱི་རྣམ་སྨིན་དགེ་བ་ཡིན་ཞེ་ན། དགེ་བའི་ལས་ཀྱི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བ་ཆོས་ ཅན། ཁྱོད་ལ་ཀུན་ནས་ཉོན་མོངས་པ་སྐྱེ་བའི་གོ་སྐབས་མེད་པར་ཐལ། སྐྱེས་ནས་མ་ཤིའི་བར་དུ་དགེ་བ་ལ་ངང་གིས་གནས་ པའི་ཕྱིར། དེ་བཞིན་དུ་མི་དགེ་བའི་ལས་ཀྱི་རྣམ་སྨིན་མི་དགེ་བ་ཡིན་ན། མི་དགེ་བའི་ལས་ཀྱི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་ 3-1-71 བ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་གཉེན་པོ་སྐྱེ་བའི་སྐབས་མེད་པར་ཐལ། སྐྱེས་ནས་མ་ཤིའི་བར་དུ་མི་དགེ་བ་ལ་ངང་གིས་གནས་ པའི་ཕྱིར། རྟགས་སྔ་ཕྱི་ཁས་བླང་། ཅིའི་ཕྱིར་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། ལུས་མ་ཐོབ་པ་ཐོབ་པ་དང༌། ཐོབ་ཟིན་ གནས་པར་བྱེད་པའི་ཕྱིར་ཏེ། བར་སྲིད་ནས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ་ལ་སྦྲེལ་བའི་ཕྱིར་དང༌། དབང་པོ་གཟུགས་ཅན་པ་ རྣམས་སྐྱེས་ནས་མ་ཤིའི་བར་དུ་གནས་པར་བྱེད་པའི་ཕྱིར། དེས་ན་ཀུན་གཞིའི་རྣམ་པར་ཤེས་པ་དང་ལེན་པའི་རྣམ་པར་ཤེས་པ་ དང་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་རྣམས་མིང་གི་རྣམ་གྲངས་ཡིན་ཏེ། དོན་གཅིག་ལ་མིང་ཐ་དད་ཙམ་གྱིས་ཕྱེ་བ་ཡིན་པའི་ ཕྱིར། །)འཁོར་བ་ཐོག་མེད་ནས་བསགས་པའི་ལས་མང་པོའི་བག་ཆགས་རིམ་གྱིས་སྨིན་པར་ འགྱུར་ཏེ། དེ་ཡང༌། ཡུལ་དང་བསམ་པའི་སྒོ་ནས་སྟོབས་ལྡན་འགའ། །མཐོང་ཆོས་ ཚེ་འདི་ཉིད་ལ་སྨིན་པ་དང༌། །མཚམས་མེད་ལ་སོགས་སྐྱེས་ནས་མྱོང་བ་དང༌། ། ཕལ་ཆེར་ལན་གྲངས་གཞན་ལ་སྨིན་པ་མང༌། །འབྲས་བུ་མྱོང་དུས་ཀྱིས་ཕྱེ་ན། ཚེ་ འདི་ལ་མྱོང་བ་དང་སྐྱེ་བ་ཕྱི་མ་ལ་མྱོང་བ་དང༌། སྐྱེ་བ་གཉིས་པ་ཕན་ཆད་ལན་གྲངས་གཞན་ ལ་མྱོང་བ་སྟེ་གསུམ་ཡིན་ལ། ༼དང་པོ་ནི་༽མཛོད་དུ། ཡུལ་༼གྱི་ཁྱད་པར་༽དང་བསམ་པའི་ཁྱད་པར་ ལས། །མཐོང་༼བའི་༽ཆོས་༼ཚེ་འདི་ཉིད་ལ་༽འབྲས་བུ་༼སྨིན་པ་༽ཅན་དུ་འདོད། །ཅེས་པ་དང༌། ༼གང་ ཟག་༽གང་དག་༼གིས་༽འགོག་༼པའི་སྙོམས་པར་འཇུག་པ་དང་༽བྱམས་༼པའི་ཏིང་ངེ་འཛིན་དང་༽ཉོན་མོངས་ མེད་༼པའི་ཏིང་ངེ་འཛིན་དང་༽། །མཐོང་༼ལམ་གནས་སྐབས་སུ་རྒྱུན་ཞུགས་༽དང་དགྲ་བཅོམ་༼པའི་༽འབྲས་ ༼བུ་སྟེ་ལྔ་པོ་དེ་ལས་༽ལངས་༼མ་ཐག་༽པ། །དེ་ལ་ཕན་གནོད་༼གང་༽བྱས་པ་ཡི། །འབྲས་བུ་འཕྲལ་ དུ་༼ཚེ་འདི་ཉིད་ལ་༽མྱོང་བར་འགྱུར་༼རོ༽། །ཞེས་གསུངས་པ་ལྟར། ཡུལ་བཟང་པོ་སངས་རྒྱས་ལ་ སོགས་པ་དགེ་སློང་གི་དགེ་འདུན་མང་པོ་ལ་བསམ་པ་དྲག་པོས་ཕན་གནོད་བྱས་པའི་འབྲས་ བུ་བདེ་སྡུག་ཚེ་འདི་ཉིད་ལ་མྱོང་བ་དང༌། དཔུང་བཟང་གིས་ཞུས་པར། གང་ཞིག་ཕ་མ་ དགྲ་བཅོམ་གསོད། །མཐུན་པའི་དགེ་འདུན་དབྱེན་བྱེད་དང༌། །དེ་བཞིན་གཤེགས་ལ་སྡང་ སེམས་ཀྱིས། །མི་གང་སྐུ་མཚལ་འབྱིན་བྱེད་པ། །ཤིན་ཏུ་མི་བཟད་ལས་འདི་རྣམས། །རྒྱལ་ 3-1-72 བས་མཚམས་མེད་ལྔ་རུ་གསུངས། (ཞེས་པའི་དོན་ནི། མཚམས་མེད་དེ་རྟེན་གང་ལ་འབྱུང་བའི་ཚུལ། ཅི་ཙམ་གྱིས་ མཚམས་མེད་དུ་འགྱུར་ཚུལ་འཁོར་ལོའི་དབྱེན་ཁྱད་པར་དུ་བཤད་པ། ལྔ་པོ་ལས་ལམ་གང་དུ་འགྱུར་བའི་ཚུལ། ལྕི་ཡང་གི་ཁྱད་ པར་དང་ལྔའོ། ། དང་པོ་ནི། ཟ་མ་དང་མ་ནིང་དང་ངན་སོང་བ་རྣམས་ཆོས་ཅན། ཁྱོད་ཀྱིས་ཕ་མ་བསད་ཀྱང་མཚམས་མེད་དུ་མི་འགྱུར་ཏེ། རང་བཞིན་གྱིས་ངོ་ཚ་དང་ཁྲེལ་ཡོད་ཤས་ཆུང་བའི་ཕྱིར་དང༌། ཕ་མས་ཕན་པ་ཆུང་བའི་ཕྱིར་དང༌། རྟོགས་པའི་ཆོས་ཀྱི་རྟེན་དུ་ མི་རུང་བའི་ཕྱིར། སྒྲ་མི་སྙན་པ་ལ་མི་འབྱུང་སྟེ། སྡིག་པ་ཅན་གྱི་བསམ་པ་དང་མི་ལྡན་པའི་ཕྱིར། འོ་ན་མ་ནིང་ཇི་ལྟ་བུ་ཞེ་ན། དེ་ ལ་ལྔ་ཡོད་དེ། སྐྱེ་ནས་མཚན་མ་དང་མི་ལྡན་པས་མ་ནིང་དུ་གྱུར་པ་དང༌། གཞན་གྱིས་འཁྲིག་པ་བརྟེན་པ་ལ་ཕྲག་དོག་བྱེད་པའི་ དབང་གིས་སྐྱེས་པའི་སྤོབས་པ་སྐྱེ་བ་ཅན་གྱི་མ་ནིང་དང༌། ཟླ་ཕྱེད་དཀར་ཕྱོགས་ནག་ཕྱོགས་གང་རུང་ལ་སྐྱེས་པར་འགྱུར་པའི་ དང༌། མི་གཙང་བ་ཁར་བླུགས་ནས་སྐྱེས་པར་འགྱུར་བའི་དང༌། རྐྱེན་གྱིས་མཚན་མ་ཉམས་པའི་མ་ནིང་རྣམས་སུ་ཡོད་པའི་ཕྱིར། འོ་ན་ཟ་མ་ཇི་ལྟ་བུ་ཞེ་ན། མ་ནིང་དང་པོ་དང་གསུམ་པ་ནི་ཟ་མ་ཡང་ཡིན་ནོ། །འདོད་ལྷ་རྣམས་ལ་མི་འབྱུང་སྟེ་སྡིག་སེམས་ཤས་ ཆུང་བའི་ཕྱིར་རོ། །ཁམས་གོང་ན་མི་འབྱུང་སྟེ། དེར་མི་དགེ་བ་མེད་པའི་ཕྱིར། དེས་ན་གླིང་གསུམ་གྱི་སྐྱེས་པ་བུད་མེད་ཁོ་ནའི་ རྟེན་ལ་འབྱུང་ངོ༌། ། གཉིས་པ་ནི། ཕ་མ་མི་མ་ཡིན་པ་བསད་ཀྱང་དེ་མི་འགྱུར་ཏེ། སྐལ་བ་མི་མཉམ་པས་ཕ་མའི་འདུ་ཤེས་ཆུང་བ་དང༌། ཕན་ འདོགས་ཆུང་བའི་ཕྱིར། ཕ་མ་མ་ཡིན་པ་ལ་སྦྱོར་བ་བྱས་ནས། ཕ་མ་བསད་ཀྱང་མི་འགྱུར་ཏེ། བསམ་སྦྱོར་བསྣོལ་བའི་ཕྱིར། དེ་ བཞིན་གཤེགས་པ་ལ་ཁྲག་ཕྱུང་ཙམ་གྱིས་མི་འགྱུར་ཏེ། བཀྲོངས་འདོད་ཡན་ལག་ཏུ་དགོས་པའི་ཕྱིར། ཕ་ཡང་ཡིན་དགྲ་བཅོམ་ པ་ཡང་ཡིན་པ་བསད་ན། མཚམས་མེད་པའི་རྫས་ཐ་དད་པ་གཉིས་འབྱུང་ངམ་ཞེ་ན་མིན་ཏེ། སེམས་གཅིག་གིས་ལས་དེ་རྫོགས་ པར་བྱས་པའི་ཕྱིར། འོན་ཀྱང་རྣམ་སྨིན་ནི་གཉིས་བྱས་པ་དང་འདྲ་བར་ཉམས་སུ་མྱོང་སྟེ། ཕ་བསད་པའི་མཚམས་མེད་གཞན་ ལས་ཞིང་ཆེས་ཁྱད་པར་དུ་འཕགས་པའི་ཕྱིར། ཕ་མ་ཡིན་པའི་འདུ་ཤེས་ཀྱིས་གཞི་མཐུན་པ་དེ་བསད་ན་ཕ་བསད་པའི་མཚམས་ མེད་དུ་མི་འགྱུར་ཏེ། ཕ་བསད་འདོད་ཀྱི་སེམས་མེད་པའི་ཕྱིར། དེས་ན་དགྲ་བཅོམ་བསད་པའི་མཚམས་མེད་དུ་འགྱུར་བ་ཡིན་ ཏེ། དགྲ་བཅོམ་པ་མ་ཡིན་པའི་འདུ་ཤེས་ཀྱིས་དགྲ་བཅོམ་བསད་ན་ཡང་མཚམས་མེད་དུ་འགྱུར་བའི་ཕྱིར། དེ་ཡིན་ཏེ། རྟེན་ངེས་ 3-1-73 པར་བཟུང་བའི་ཕྱིར་རོ། །འོ་ན་སྔ་མ་ལས་མཚུངས་སོ་ཞེ་ན། གཞི་མཐུན་པ་དེ་ཕ་མ་ཡིན་པའི་འདུ་ཤེས་ཀྱིས་བསད་པའི་ལས་དེ་ ཆོས་ཅན། ཕའི་སྲོག་གཅོད་པའི་ལས་ལམ་གྱི་ཡན་ལག་ཚང་བ་མ་ཡིན་ཏེ། འདུ་ཤེས་ཕྱིན་ཅི་ལོག་པ་ཡིན་པའི་ཕྱིར། དགྲ་བཅོམ་ བསད་པའི་ལས་ལམ་གྱི་ཡན་ལག་ཚང་བ་ཡིན་ཏེ། གསོད་པར་བྱ་བའི་གཞི་ལ་འདུ་ཤེས་མ་འཁྲུལ་བའི་ཕྱིར། གལ་ཏེ་འདུ་ཤེས་ འཁྲུལ་བ་ཡིན་ཏེ། དགྲ་བཅོམ་ལ་དེ་མ་ཡིན་པའི་འདུ་ཤེས་པའི་ཕྱིར་ཞེ་ན། འོ་ན་སྲོག་གཅོད་ཐམས་ཅད་གཞི་ལ་འདུ་ཤེས་ཐམས་ ཅད་འཁྲུལ་པར་ཐལ། བསད་བྱའི་ཕུང་པོའི་ཆོས་ཙམ་ལ་སེམས་ཅན་དུ་བཟུང་པའི་ཕྱིར། གསུམ་པ་ལ། དུས་གང་དུ་འབྱུང་བའི་ཚུལ། འབྱེད་པ་པོ་ཇི་ལྟ་བུ། དུས་ནམ་གྱི་ཚེ་ན་འབྱེད། གང་ཟག་ཇི་ལྟ་བུས་འབྱེད། དབྱེ་བའི་ཚད། དབྱེ་ནས་ཅི་ཙམ་དུ་གནས་པ། འཁོར་ལོའི་དབྱེན་གྱི་སྒྲ་དོན་བཤད་པ་དང་བདུན་ནོ། །དང་པོ་ལ་ལས་ཀྱི་དབྱེན་ དང་འཁོར་ལོའི་དབྱེན་གཉིས་ཡོད་པ་ལས། དང་པོ་ནི། བསྟན་པ་གནས་པའི་ཡུལ་དུས་ཐམས་ཅད་དུ་འབྱུང་བ་སྲིད་ལ། གཉིས་ པ་ནི་འཛམ་གླིང་ཁོ་ན་ལ་ཡོད་ཅིང༌། དེར་ཡང་དུས་དྲུག་ཏུ་མི་འབྱུང་སྟེ། མཛོད་ལས། དང་པོ་མཐའ་སྐྱོན་ཟུང་གཅིག་གིས། །སྔ་ རོལ་ཐུབ་པ་ནོངས་པ་དང༌། །མཚམས་མ་བཅད་པ་ནམ་ཡང་ནི། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ༌། །ཞེས་གསུངས་པ་ལྟར། ཆོས་ཀྱི་འཁོར་ལོ་བསྐོར་མ་ཐག་དང༌། མྱ་ངན་ལས་འདའ་བ་ལ་མངོན་དུ་ཕྱོགས་པའི་ཚེ་འཁོར་ལོའི་དབྱེན་མི་འབྱུང་སྟེ། དགེ་ འདུན་རྣམས་བློ་མཐུན་པའི་ཕྱིར། བསྟན་པ་ལ་ལྟ་སྤྱོད་ཀྱི་སྐྱོན་མ་ཞུགས་པའི་དུས་སུ་མི་འབྱུང་སྟེ། སྡིག་པ་ཅན་གྱི་ལྟ་བ་མེད་ པའི་ཕྱིར། མཆོག་ཟུང་གཅིག་གི་སྔར་རོལ་ཏུ་མི་འབྱུང་སྟེ། འདུམ་པར་བྱེད་པ་པོ་མེད་པའི་ཕྱིར། ཐུབ་པ་ནོངས་པའམ་འདས་ པའི་རྗེས་སུ་མི་འབྱུང་སྟེ་འགྲན་པའི་ཟླ་མེད་པའི་ཕྱིར། མཚམས་མ་བཅད་པའི་དུས་སུ་མི་འབྱུང་སྟེ། མཚམས་ནང་དུ་དགེ་འདུན་ ཕྱོགས་གཉིས་སུ་གྱེས་དགོས་པའི་ཕྱིར། འབྱེད་པ་པོ་ཇི་ལྟ་བུ་ཞེ་ན། དགེ་སློང་ལྟ་སྤྱོད་ཚུལ་ཁྲིམས་དང་ལྡན་པས་འབྱེད་ཀྱི་སྲེད་ པ་སྤྱོད་པ་དང༌། ཚུལ་འཆལ་གྱིས་ནི་མ་ཡིན་ཏེ། དང་པོ་ནི་ཤེས་རབ་ཀྱི་སྟོབས་ཞན་པའི་ཕྱིར་དང༌། གཉིས་པ་ནི། ཚིག་ལ་ཡིད་ བརྟན་དུ་མི་རུང་བའི་ཕྱིར། གསུམ་པ། དུས་ནམ་གྱི་ཚེ་ན་འབྱེད་ཞེ་ན། སྟོན་པ་མངོན་སུམ་དུ་མི་བཞུགས་པའི་དུས་སུ་ཡིན་གྱི་ བཞུགས་པའི་དུས་ན་འབྱེད་མི་ནུས་ཏེ་སངས་རྒྱས་ཀྱི་བཀའ་བཟློག་པར་མི་ནུས་པའི་ཕྱིར། བཞི་པ་ནི། སོ་སོའི་སྐྱེ་བོའི་དགེ་ སློང་རྣམས་ཡིན་གྱི་འཕགས་པ་རྣམས་མ་ཡིན་ཏེ། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པའི་ཕྱིར། ལྔ་པ་ནི། འབྱེད་པ་པོའི་དགེ་ སློང་ལ་སྟོན་པ་དང༌། དེའི་བསྟན་པ་ཡང་དག་པའི་ལམ་དུ་ངེས་པ་བསྐྱེད་པ་དེ་ཙམ་གྱིས་ཕྱེ་བ་ཡིན་ཏེ། སྟོན་པ་དཔོན་སློབ་ལ་ཕྱེ་ 3-1-74 ནས་འགྲན་ཟླ་བྱེད་པ་པོའི་བསྟན་པ་ལ་ཞུགས་པའི་ཕྱིར། དྲུག་པ་ནི། ནུབ་གཅིག་ལས་མི་གནས་ཏེ། ནམ་ལངས་པའི་སྔ་རོལ་ ཏུ་འདུམ་པར་འགྱུར་བའི་ཕྱིར། འབྱེད་པར་བྱེད་པའི་དགེ་སློང་དུ་ཞིག་ཡོད་ཅེ་ན། འབྱེད་པ་པོ་རང་ཉིད་དང་ཐ་ནའང་དགུ་ཡོད་ དགོས་ཏེ་འབྱེད་པར་བྱ་བ་ཕྱོགས་གཉིས་སུ་ཐ་ནའང་བཞི་བཞི་ཡོད་དགོས་པའི་ཕྱིར། མང་མཐའ་ལ་ནི་མ་ངེས་སོ། །བདུན་པ་ ནི། ཅིའི་ཕྱིར་འཁོར་ལོའི་དབྱེན་ཞེས་བྱ་ཞེ་ན། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གེགས་བྱེད་པའི་ཕྱིར་དང༌། མ་འདུམ་གྱི་བར་དུ་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡིད་མི་བདེ་ཞིང་རྣལ་དུ་མི་གནས་པས་ཐོས་བསམ་སོགས་འཕེལ་བར་མི་ འགྱུར་བའི་ཕྱིར། བཞི་པ་ནི། ལྔ་པོ་ལས་ལམ་གང་དུ་འདུ་ཞེ་ན་ཅི་རིགས་སུ་འགྱུར་ཏེ། དང་པོ་གསུམ་སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་ ཡིན་ལ། བཞི་པ་ནི་དེའི་སྦྱོར་བ་དང༌། ལྔ་པ་ནི་རྫུན་སྨྲ་བའི་ལས་ལམ་ཡིན་པའི་ཕྱིར། ལྔ་པ་ལྕི་ཡང་གི་ཁྱད་པར་ནི། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ལྕི་ཞིང༌། ལྔ་པ་ནི་ཤིན་ཏུ་ལྕི་བ་ཡིན་ཏེ། བར་བསྐལ་གཅིག་ཏུ་ མནར་མེད་ན་འབྲས་བུ་སྨིན་པར་འགྱུར་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། སྔ་མ་བཞིའི་རྣམ་སྨིན་དམྱལ་པར་ངེས་ཀྱང་མནར་མེད་ དུ་མ་ངེས་པའི་ཕྱིར། འོ་ན་མཚམས་མེད་དུ་མ་བྱས་པའི་ལས་ཀྱི་རྣམ་སྨིན་གཅིག་ཆར་མྱོང་ངམ་རིམ་གྱིས་མྱོང་ཞེ་ན། གཅིག་ ཆར་མྱོང་བར་འགྱུར་ཏེ། རིམ་གྱིས་མྱོང་ན་མཚམས་མེད་དུ་འགལ་བའི་ཕྱིར་རོ། །འོ་ན་ལུས་དུ་མ་གཅིག་ཆར་དུ་འགྲུབ་པའམ་ གང་རུང་གཅིག་བྱས་པ་དང་ཁྱད་པར་མེད་དམ་ཞེ་ན་ཡོད་དེ། མཚམས་མེད་དུ་མ་བྱས་པའི་དམྱལ་བའི་ལུས་ནི་ཤིན་ཏུ་ཆེ་བ་ དང་གཞོན་ཤ་ཅན་དུ་གྲུབ་པ་དང༌། ཆད་པ་དང་གནོད་པ་མི་བཟད་པ་སྣ་ཚོགས་འབྱུང་བའི་དབང་གིས་ཚོར་བ་ཤིན་ཏུ་མང་པོར་ འགྱུར་བའི་ཕྱིར་རོ། །) དེ་ལྟ་བུའི་མཚམས་མེད་པ་ལྔའི་ལས་རྣམས་དང༌། མཛོད་ལས། ༼མ་བསད་ པ་དང་ཉེ་བ་ནི་མ་བསད་པའི་སྡིག་དུ་འདྲ་བས་༽མ་༼མ་ཡང་ཡིན་ལ་༽དགྲ་བཅོམ་མ་༼ཡང་ཡིན་པ་ལ་༽སུན་ཕྱུང་༼བ་ སྟེ་མི་ཚངས་སྤྱོད་པ་༽དང༌། །༼ཕ་བསད་པ་དང་ཉེ་བ་ནི་ཕ་ལྟར་ཕན་བདེ་ལ་གནས་པའི་༽བྱང་ཆུབ་སེམས་དཔའ་ ངེས་༼པ་ལ་༽གནས་༼པ་བསད་པ་༽དང༌། །༼དགྲ་བཅོམ་པ་གསོད་པ་དང་ཉེ་བ་ནི་འཕགས་པ་ལ་བརྟེན་པར་འདྲ་བ་༽ སློབ་པ་༼རྒྱུན་ཞུགས་སོགས་དགེ་འདུན་ལ་བརྟེན་ནས་འདྲ་བས་༽གསོད་དང་དགེ་འདུན་གྱི། །༼ཞལ་དུ་༽འདུ་ བའི་སྒོ་ནི་༼སྤྱི་ཞིང་ལ་སོགས་པ་༽འཕྲོག་པ་དག །མཚམས་མེད་པ་དང་༼རྣམ་སྨིན་༽ཆ་འདྲ་སྟེ། །༼ཉེ་ 3-1-75 བ་ལྔའི་ཐ་མ་༽ལྔ་པ་༼ནི་གཟུགས་སྐུའི་རྣམ་པ་ཡིན་པས་༽མཆོད་རྟེན་༼དང་སྐུ་གཟུགས་གླེགས་བམ་༽བཤིག་པ༼ར་ བྱས་པ་༽་ཡིན་༼ནོ་༽། །ཞེས་པ་ཉེ་བའི་མཚམས་མེད་ལྟ་བུའི་སྡིག་པ་སྟོབས་ལྡན་རྣམས་དང་དགེ་ བ་སྟོབས་ལྡན་འགའ་ཞིག་འབྲས་བུ་སྐྱེ་བ་ཕྱི་མ་ཁོ་ན་ལ་མྱོང་བ་དང༌། ལས་ཀྱི་བག་ཆགས་ མཐའ་ཡས་པའི་ཕལ་ཆེར་སྐྱེ་བ་གཉིས་པ་ཕན་ཆད་ལན་གྲངས་གཞན་ལ་མྱོང་བའོ། །རྒྱུད་ གཅིག་ལ་རིགས་དྲུག་གི་བག་ཆགས་མང་པོ་ཡོད་པ་དེ་ལ་དུ་མ་གཅིག་ཆར་མི་འགྲུབ་པས། རྣམ་སྨིན་རིམ་གྱིས་ཇི་ལྟར་མྱོང་ཞེ་ན། དེ་ཡང་ཐོག་མར་ལྕི་བ་གང་ཡིན་སྨིན། །ལྕི་ ཡང་མཉམ་ན་འཆི་ཁར་ཉེ་བ་དང༌། །དེ་དག་མཉམ་ན་གོམས་པ་ཤས་ཆེ་དང༌། ། དེ་རྣམས་མཉམ་ན་སྔོན་བྱས་རིམ་བཞིན་མྱོང༌། །མཛོད་ལས། ལས་ནི་ཐོག་མར་ལྕི་ གང་དང༌། །ཉེ་བ་གང་དང་གོམས་པ་གང༌། །སྔོན་བྱས་གང་ཡིན་དེ་རྣམས་ལ། །སྔ་མ་སྔ་མ་ སྨིན་པར་འགྱུར། །ཞེས་གསུངས་པ་ལྟར་རོ། ། གཞན་ཡང༌། བསམ་པ་དཀར་ཞིང་སྦྱོར་བ་གནག་པ་དང༌། །སྦྱོར་བ་དཀར་ ཞིང་བསམ་པ་གནག་པ་དང༌། །གཉིས་ཀ་དཀར་ཞིང་གཉིས་ཀ་གནག་པ་དང༌། ། ཤིན་ཏུ་དཀར་བ་ཟག་མེད་ལས་ཀྱང་གསུངས། །བསམ་པ་བུ་དང་སློབ་མ་ལ་སོགས་ པ་ལ་ཕན་པར་འདོད་པས་སྦྱོར་བ་འཐབ་ཅིང་བརྡེག་པ་ལྟ་བུ་དང༌། སྦྱོར་བ་སྦྱིན་པ་དང་སྙན་ པར་སྨྲ་བ་ལ་སོགས་པ་བྱེད་ཀྱང་བསམ་པ་གཞན་བསླུ་བར་འདོད་པ་དང༌། བསམ་པ་བཟང་ པོས་གཞན་ལ་ཕན་པར་བསྒྲུབ་པ་དང༌། བསམ་པ་ངན་པས་གཞན་ལ་གནོད་པར་བྱེད་པ་ལྟ་ བུ་མུ་བཞིའི་དབྱེ་བ་དང༌། (ཁམས་གསུམ་གྱི་དགེ་བའི་ལས་ཆོས་ཅན་)ཡང་དཀར་ལ་རྣམ་པར་སྨིན་པ་ དཀར་པོ་(ཡིན་ཏེ་ངོ་བོ་ཉོན་མོངས་པ་ཅན་མ་ཡིན་པ་དང་རྣམ་སྨིན་ཡིད་དུ་འོང་བ་འབྱིན་པའི་)དགེ་བ་(ཡིན་པའི་ཕྱིར་) དང༌། (མི་དགེ་བ་ཆོས་ཅན་)ནག་ལ་རྣམ་པར་སྨིན་པ་ནག་པ་(ཡིན་ཏེ་ངོ་བོ་ཉོན་མོངས་པ་ཅན་ཡིན་པ་དང་རྣམ་ སྨིན་ཡིད་དུ་མི་འོང་བ་འབྱིན་པའི་)མི་དགེ་བ་(ཡིན་པའི་ཕྱིར་)དང༌། (སྦྱོར་བ་དཀར་ལ་བསམ་པ་ནག་པའི་ལས་དེ་ཆོས་ 3-1-76 ཅན་)དེ་དག་འདྲེས་པ(འི་ལས་ཡིན་ཏེ་བསམ་སྦྱོར་གང་རུང་དེ་དག་ཅིག་ཤོས་མི་དགེ་བའི་ལས་ཡིན་པའི་ཕྱིར་)སྔར་ གྱི་མུ་དང༌། གཉིས་དང༌། (ཟག་པ་མེད་པའི་ལས་ཆོས་ཅན་)མི་གནག་(པ་ཡིན་ཏེ་ཉོན་མོངས་པའི་དྲི་མ་མེད་པའི་ ཕྱིར་)ཅིང་༼ཡང་དེ་ཆོས་ཅན་༽། དཀར་༼པ་ཡིན་ཏེ་གཅིག་ཏུ་རྣམ་པར་བྱང་བ་ཡིན་པའི་ཕྱིར་༽ལ་༼ཡང་དེ་ཆོས་ཅན་༽ རྣམ་པར་སྨིན་པར་མི་འགྱུར་༼པ་ཡིན་ཏེ་འཁོར་བ་དང་མི་མཐུན་པའི་ཕྱིར་༽ཞིང་༼ཡང་དེ་ཆོས་ཅན་༽ལས་ཟད་ པར་༼འགྱུར་བའི་ལས་ཡིན་ཏེ་རྣམ་སྨིན་གྱི་བག་ཆགས་སུན་འབྱིན་པའི་ཕྱིར་ཞེས་༽ཟག་པ་མེད་པའི་ལས་ཀྱང་ གསུངས་སོ། །འཕེན་བྱེད་དགེ་བས་བདེ་འགྲོར་འཕངས་ན་ཡང༌། །རྫོགས་བྱེད་མི་ དགེས་སྡུག་བསྔལ་མྱོང་བ་དང༌། །འཕེན་བྱེད་མི་དགེས་ངན་འགྲོར་འཕངས་ན་ ཡང༌། །རྫོགས་བྱེད་དགེ་བས་བདེ་བ་མྱོང་བའང་ཡོད། །དེ་ཡང་དགེ་བ་ཟག་བཅས་ ཀྱིས་བདེ་འགྲོར་འཕེན་ཞིང༌། མི་དགེ་བས་ངན་འགྲོར་འཕེན་པར་བྱེད་ལ། དགེ་མི་དགེ་ གཉིས་ཀས་བདེ་འགྲོ་ངན་འགྲོ་གཉིས་ཀར་འབྲས་བུ་ཡོངས་སུ་རྫོགས་པར་བྱེད་དེ། དཔེར་ ན་དགེ་བས་བདེ་འགྲོར་འཕངས་ཀྱང་མི་དགེ་བས་རྫོགས་པས་མི་དབུལ་པོ་ལྟ་བུ་དང༌། མི་ དགེ་བས་ངན་འགྲོར་འཕངས་ཀྱང་དགེ་བས་རྫོགས་པ་ཀླུ་འབྱོར་ལྡན་ལྟ་བུ་དང༌། འཕེན་ རྫོགས་གཉིས་ཀ་མི་དགེ་བས་བྱས་པ་དམྱལ་བ་ལྟ་བུ་དང༌། གཉིས་ཀ་དགེ་བས་བྱས་པས་ འཁོར་ལོས་སྒྱུར་བ་ལྟ་བུའོ། །མུ་བཞིར་གསུངས་པ་ལ་སོགས་པའང་ཤེས་པར་བྱ་ཞིང༌། གཞན་ཡང་དུས་རྟག་ཏུ་བྱེད་པ་དང༌། བསམ་པ་དྲག་པོས་བྱེད་པ་དང༌། འགྱོད་སོགས་གཉེན་ པོ་མེད་པ་དང༌། ཡུལ་ཁྱད་པར་ཅན་ལ་བྱས་པ་རྣམས་ནི་སྟོབས་ཆེ་ཞིང༌། དེ་དག་ལས་བཟློག་ པ་རྣམས་ནི། སྟོབས་ཆུང་བ་ལ་སོགས་པའི་ཁྱད་པར་ཡང་ཤེས་པར་བྱས་ནས། མི་དགེ་བ་ སྟོབས་ལྡན་རྣམས་སྤང་ཞིང༌། དགེ་བ་སྟོབས་ལྡན་ལ་འབད་པར་བྱ་སྟེ། བཤེས་སྤྲིངས་ལས། ༼དགེ་སྡིག་གི་བླང་དོར་ལ་གདམས་པ་ལ། ལྕི་ཡང་གི་ཁྱད་པར་ཤེས་དགོས་པས་མི་དགེ་བ་ཆེན་པོ་གཙོ་བོར་སྤང་ཞིང་དགེ་བ་ ཆེན་པོ་ལ་གཙོ་བོར་འཇུག་པར་བྱ་ཞེས་གདམས་པ་ནི། དགེ་བ་དང་མི་དགེ་བའི་ལས་ཁྱད་པར་རྣམ་པ་ལྔ་དང་ལྡན་པ་བཞིན་ 3-1-77 འབྲས་བུ་འབྱིན་པར་ངེས་པ་དང་འབྲས་བུ་ཆེན་པོ་འབྱིན་པའི་ཕྱིར། ཆེན་པོ་ཞེས་བྱའོ། །དེ་དག་ཀྱང་སྦྱོར། བསམ་པ། གཉེན་པོ། གཞིའི་ཁྱད་པར་ལས་ཆེ་ཆུང་དུ་གྱུར་རོ། །དེ་ལ་སྦྱོར་བའི་ཁྱད་པར་ནི་ལས་དེ་༽རྟག་༼ཏུ་བྱེད་པ་དང་བསམ་པའི་ཁྱད་༽དང་ མངོན་པར་ཞེན་༼པ་རྟོགས་པར་བྱེད་པ་༽དང་༼གཉེན་པོའི་ཁྱད་པར་ནི་མི་མཐུན་ཕྱོགས་ལ་འཇོམས་བྱེད་ཀྱི་༽གཉེན་ པོ་མེད་༼པའོ༽། །༼གཞིའི་ཁྱད་པར་འདི་གཉིས་ཕན་འདོགས་པའི་གཞི་ནི་ཕ་མ་དང་ཆོས་སྨྲ་བ་དང་སྤྲེའུ་ལ་སོགས་པའི་ སྐྱེས་རབས་བཞིན་ནོ་༽ཡོན་ཏན་གཙོ་༼བོར་༽ལྡན་༼པའི་༽གཞི་༼དཀོན་མཆོག་གསུམ་ལ་ཕན་གནོད་བྱས་པ་༽ལས་ བྱུང་བ་ཡི། །དགེ་དང་མི་དགེ་རྣམས་ནི་ཆེན་པོ་སྟེ། །དེ་བས་༼ན་མི་དགེ་བ་ཆེན་པོ་སྤངས་ཞིང་༽དགེ་བ་ སྤྱོད་ལ་༼རྒྱལ་པོ་མི་ལུས་ཐོབ་པ་དང་༽དོན་ཡོད་༼པར་༽མཛོད་༼ཅིག་ཅེས་གདམས་སོ༽། །ཅེས་གསུངས་པ་ ལྟར་རོ། ། བསམ་པར་ནུས་ཤིང་བསམས་ན་དོན་ཆེ་བའི། །ལས་ཀྱི་རྣམ་དབྱེ་རྣམས་ ཀྱང་མཁྱེན་པར་འཚལ། །བསམ་གྱིས་མི་ཁྱབ་ཕྲ་མོའི་དབྱེ་བ་ནི། །ཀུན་མཁྱེན་ གྱིས་མཁྱེན་ཕལ་བ་རྣམས་ཀྱིས་མིན། །དེ་ལྟར་ལུང་རྣམ་དག་ལ་བརྟེན་ནས་བསམ་ པར་ནུས་ཤིང་བསམ་པ་ལ་ཕན་ཡོན་ཡོད་པ་རྣམས་ནི་བསམ་པར་བྱ་ཡི། རྒྱུ་འབྲས་ཀྱི་དབྱེ་ བ་ཕྲ་མོ་རྣམས་ནི་སངས་རྒྱས་ལས་གཞན་པས་བསམ་གྱིས་མི་ཁྱབ་སྟེ། མཛོད་འགྲེལ་དུ། རྨ་ བྱའི་མདོངས་ནི་གཅིག་པུ་ལ། །རྒྱུ་ཡི་དབྱེ་བ་ཇི་སྙེད་༼ཡོད་༽པ། །དེ་༼ཇི་ལྟ་བ་བཞིན་དུ་༽མཁྱེན་པ་ ནི་ཀུན་མཁྱེན་༼རྫོགས་པའི་སངས་རྒྱས་ཁོ་ན་༽སྟེ། །ཀུན་མཁྱེན་ཡེ་ཤེས་མིན་པ༼འི་གཞན་གྱིས་ཇི་ལྟ་བ་ བཞིན་དུ་ཤེས་པ༽ས་མིན་༼པའི་ཕྱིར་རོ༽། །ཞེས་གསུངས་པ་ལྟར་རོ། ། མངོན་སུམ་དུ་ཡང་རྒྱུ་རྐྱེན་སྣ་ཚོགས་ལས། །འབྲས་བུ་སྣ་ཚོགས་འབྱུང་ བ་མྱོང་བས་གྲུབ། །ལས་འབྲས་བསླུ་བ་མེད་པར་རྒྱལ་བ་ཡིས། །བདེན་པར་ གསུངས་ལ་ཅིས་ཀྱང་ཡིད་ཆེས་འཚལ། །དེ་ཡང་སྐྱེས་རབས་ལས། ཉི་ཟླ་སྐར་མས་ བརྒྱན་པའི་ནམ་མཁའ་དང༌། །དུད་འགྲོར་བརྟག་པ་རྣམ་པ་མང་པོ་འདི། །འཇིག་རྟེན་ན་ཡང་ 3-1-78 མངོན་སུམ་བཞིན་དུ་སྣང༌། །འདི་ལ་ཐེ་ཚོམ་བློ་ངན་ཁྱེད་མ་སྐྱེད། །ཅེས་གསུངས་པ་ལྟར། ཉི་ ཟླའི་དལ་གྱི་གཟི་བརྗིད་དང༌། སྲོག་ཆགས་གྲོག་མ་ལ་སོགས་པའི་ཁྱད་པར་མངོན་སུམ་དུ་ གྲུབ་པ་ལས་ཀྱང་ཡིད་ཆེས་པར་བྱའོ། ། སྡིག་པ་བྱེད་པ་བདེ་བར་འདོད་ན་ཡང༌། །རྒྱུ་དང་མཐུན་པར་འབྲས་བུ་ འབྱུང་བས་ན། །གང་དང་གང་དུ་སྐྱེས་པར་གྱུར་པ་དེར། །སྡུག་བསྔལ་མཚོན་ ཆས་རྣམ་པར་འཇོམས་པ་ཉིད། །དེ་ཡང་རང་གིས་བྱས་པའི་འབྲས་བུ་རང་གིས་མྱོང་ཞིང་ གཞན་ལ་མི་འཕོ་བས་ལས་ཀྱི་རྣམ་གྲངས་རྣམས་ཀྱང་ཤེས་པའི་སྒོ་ནས་མི་དགེ་བ་སྤོང་ཞིང་ དགེ་བ་བསྒྲུབ་པ་ལ་འབད་པར་རིགས་ཏེ། ཁྱད་པར་འཕགས་པའི་བསྟོད་པ་ལས། བྲམ་ ཟེ་རྣམས་ནི་(བུ་ཡིས་)དགེ་སྡིག་(བྱས་པ་)དག །བྱིན་པ་ལེན་(པ་)བཞིན་(དུ་ཕ་མ་)འཕོ་བར་སྨྲ། ། (སངས་རྒྱས་)ཁྱོད་ཀྱིས་(རང་རང་གི་)བྱས་(པ་)ཆུད་མི་ཟ་དང༌། །(རང་གི་)མ་བྱས་པ་(འདི་ལས་)དང་ ཕྲད་(པ་)མེད་(པར་)གསུངས། །ཞེས་གསུངས་པ་ལྟར་རོ། ། བཞི་པ་མི་དགེ་བའི་ལས་ཀྱི་འབྲས་བུ་འཁོར་བར་སྡུག་བསྔལ་མྱོང་ཚུལ་ལ། དམྱལ་བ་ ཡི་དྭགས་དུད་འགྲོ་དང༌། །མི་དང་ལྷ་མིན་ལྷ་རྣམས་ཏེ། །རིགས་དྲུག་ཁམས་སུམ་འཁོར་བའི་ གནས། །གང་དུ་སྐྱེས་ཀྱང་སྡུག་བསྔལ་ཉིད། །ཅེས་པ་ལྟར་དྲུག་གི་དང་པོ་དམྱལ་བའི་སྡུག་ བསྔལ་ནི། དེ་ཡང་སྡིག་པ་ཆེན་པོ་སྤྱད་པ་ལས། །ཚ་བའི་དམྱལ་བ་བརྒྱད་དང་ ཉེ་འཁོར་བ། །གྲང་བའི་དམྱལ་བ་བརྒྱད་དང་ཉི་ཚེ་བ། །གང་དུ་སྐྱེས་ཀྱང་སྡུག་ བསྔལ་མཐའ་ལས་འདས། །ཞེས་མདོར་བསྟན་ནས། རྒྱས་བཤད་ལ། ཚ་གྲང་གི་སྡུག་ བསྔལ་གཉིས་ལས། དང་པོ་ལའང་། དངོས་དང་། ཉེ་འཁོར། ཚེ་ཚད་གསུམ་གྱི། དང་པོ་ ལའང༌། སྤྱིར་བསྟན་དབྱེ་བ་ངོ་བོ་བསྡུ་བ་བཞི་ལས། སྤྱིར་བསྟན་པ་ནི། ཚ་དམྱལ་རྣམས་ ནི་ལྕགས་བསྲེགས་ས་གཞི་ལ། །ལྕགས་ཀྱི་ར་བས་ཀུན་ནས་བསྐོར་བའི་ནང༌། ། 3-1-79 གཞནོ་ཤ་ཅན་གྱི་ལུས་ཆེན་གྲུབ་མ་ཐག །རབ་ཏུ་ཚ་བའི་མེ་ཡིས་རྟག་ཏུ་བསྲེག ། དེ་ཡང་མཛོད་ལས། (འཛམ་བུའི་གླིང་)འདི(འི)་འོག་(དཔག་ཚད་)སྟོང་ཕྲག་ཉི་ཤུ་ན། །(སྡུག་བསྔལ་ བར་མི་ཆད་པའི་)མནར་མེད་པ་(འདི་ལྕགས་ཀྱི་ཁང་པ་ཡོད་ལ)འོ་དེ་(འདི་དཔངས་དང་རྒྱར་ཡང་བར་ཐག་)ཙམ་ མོ་(སྟེ་ཉི་ཁྲི་ཉི་ཁྲིའོ)། །དེ་ཡི་སྟེང་ན་དམྱལ་བ་བདུན། ཞེས་གསུངས་པ་ལྟར། གནས་ཀྱི་ཁྱད་པར་ གླིང་འདིའི་དཔག་ཚད་སྟོང་ཕྲག་ཉི་ཤུའི་འོག་ན་ལྕགས་བསྲེགས་ཀྱི་ས་གཞི་མེ་འབར་བའི་ ནང་དུ། ལུས་ཀྱི་ཁྱད་པར་མཚམས་མེད་ལྔ་བྱས་པ་ལ་དཔག་ཚད་ལྔ་ཡོད་པ་དང༌། མཚམས་ མེད་བརྒྱད་བྱས་པ་ལ་དཔག་ཚད་བརྒྱད་ཁྲི་ཡོད་པ་དང༌། ཐེག་ཆེན་ལ་བསྐུར་བ་བཏབ་པའི་ ལྕེ་ལའང་དཔག་ཚད་འབུམ་ཡོད་པ་ལ་སོགས་པ་གཞོན་ཤ་ཅན་རེག་ཏུ་མི་བཟོད་པ་རྫུས་ སྐྱེས་སུ་གྲུབ་ནས། མེའི་ཁྱད་པར་བསྐལ་པ་འཇིག་དུས་ཀྱི་མེ་བས་ཀྱང་ཡང་སོས་ཀྱི་མེ་ཚ་ ཞིང༌། དེ་བས་ཀྱང་འོག་མ་འོག་མ་རྣམས་བཞི་འགྱུར་གྱིས་ཚ་བས་སྲེག་པའི་སྡུག་བསྔལ་མྱོང་ ཞིང༌། དེ་དག་གི་དབྱེ་བ་ནི། ཁྱད་པར་ཡང་སོས་ཐིག་ནག་བསྡུས་འཇོམས་དང༌། །ངུ་ འབོད་དང་ནི་ངུ་འབོད་ཆེན་པོ་དང༌། །ཚ་བ་དང་ནི་རབ་ཏུ་ཚ་བ་དང༌། མནར་ མེད་རྣམས་སུ་སྡུག་བསྔལ་དཔག་མེད་མྱོང༌། །ཞེས་པ་ལྟར། ཚ་བའི་དམྱལ་བ་བརྒྱད་ ཡིན་ལ། དེ་རྣམས་ཀྱི་ངོ་བོ་ནི་རིམ་པ་བཞིན་དུ། ཡང་སོས་རྣམས་ནི་མཚོན་ཆ་རྣོན་པོ་ དག །ཕན་ཚུན་བསྣུན་ནས་བརྒྱལ་ཞིང་འགྱེལ་བ་ན། །སླར་ཡང་སོས་པར་གྱུར་ ཅིག་ཅེས་པའི་སྒྲས། །སོས་ཤིང་ཡང་ཡང་འགྱེལ་བའི་སྡུག་བསྔལ་མྱོང༌། །ལས་ཀྱི་ དབང་གིས་རལ་གྲི་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པ་ལག་ཏུ་བྱུང་སྟེ། ཕན་ཚུན་དགྲའི་ འདུ་ཤེས་ཀྱིས་བསྣུན་རེས་བྱས་ནས་འགྱེལ་བ་དང༌། ནམ་མཁའ་ལས་ཡང་ཁྱེད་རྣམས་ཡང་ སོས་པར་གྱུར་ཅིག་ཅེས་པའམ་རླུང་གྲང་མོ་བྱུང་བས་སོས་ཏེ། སྡུག་བསྔལ་དྲག་པོ་ལས་མ་ ཟད་ཀྱི་བར་དུ་མྱོང་བ་དང༌། ཐིག་ནག་རྣམས་ནི་དམྱལ་སྲུང་འཇིགས་པ་ཡིས། །ལུས་ 3-1-80 ལ་ནག་པོའི་ཐིག་མང་བཏབ་ནས་སུ། །ལྕགས་ཀྱི་སགོ་ལེ་འབར་པས་གཤག་པ་ དང༌། །སྟ་རེ་སྟེའུ་རྣམས་ཀྱིས་བཞགོ་པར་བྱེད། །ལུས་གཞོན་ཤ་ཅན་ཆེན་པོ་ལ་དམྱལ་ སྲུང་རྣམས་ཀྱིས་ཐིག་ཆ་བཞིའམ་བརྒྱད་དམ་བཅུ་དྲུག་ལ་སོགས་པ་བཏབ་ནས་སོག་ལེ་ཆེན་ པོ་མེ་རབ་ཏུ་འབར་པས་གཤག་པ་དང༌། སྟ་རེ་དང་སྟེའུ་རྣོན་པོ་མེ་འབར་བས་བཞོག་པའི་ སྡུག་བསྔལ་དང༌། བསྡུས་འཇོམས་རྣམས་ནི་སྲོག་ཆགས་གདོང་ཅན་རིའི། །བར་དུ་ བཙིར་ནས་ཁྲག་རྒྱུན་འབབ་པ་དང༌། །ལྕགས་ཀྱི་འཁྲུལ་འཁོར་ཆེན་པོས་བཙིར་ བ་དང༌། །ལྕགས་ཀྱི་ཕ་བོང་ཆེན་པོས་བརྡུང་ཞིང་འཇོམས། །ལུས་ཆེན་པོ་གཅིག་ཏུ་ འདུས་པ་ན་ལྕགས་ཀྱི་རི་ར་དང་ལུག་དང་རྟ་དང་གླང་པོ་དང་སེང་གེ་ལ་སོགས་པའི་གདོང་ པ་ཅན་མེ་འབར་བ་རྣམས་ཀྱི་བར་དུ་བཙིར་བས་བུ་ག་ཐམས་ཅད་ནས་ཁྲག་རྒྱུན་མང་པོ་ འབབ་པ་དང༌། ཡང་འདུས་པ་ན་ལྕགས་ཀྱི་འཁྲུལ་འཁོར་ཆེན་པོས་བུར་ཤིང་ལྟ་བུར་བཙིར་ བ་དང༌། ཡང་འདུས་པ་ན་ལྕགས་ཀྱི་ཕ་བོང་གི་ཆར་ཆེན་པོ་འབབ་པས་བརྡུང་ཞིང་འཇོམས་ པའི་སྡུག་བསྔལ་དང༌། ངུ་འབོད་རྣམས་ནི་གནས་མལ་བཙལ་བ་ན། །ལྕགས་ཀྱི་ ཁང་པ་རྙེད་དེ་ཞུགས་མ་ཐག །སྒོ་འགག་ཕྱོགས་རྣམས་ཀུན་ནས་མེ་འབར་བས། ། བསྲེག་སྟེ་ངུ་ཞིང་འབོད་པའི་སྡུག་བསྔལ་ཅན། །འཇིགས་པས་ཉེན་ཏེ་གནས་ཚོལ་དུ་ ཕྱིན་པ་ན་ལྕགས་ཀྱི་ཁང་པ་རྙེད་པར་ཞུགས་པ་དང་སྒོ་འགགས་ནས་མེ་རབ་ཏུ་འབར་བས་ བསྲེག་སྟེ་ངུ་ཞིང་འབོད་ཀྱང་སྐྱབས་མི་རྙེད་པ་དང༌། ངུ་འབོད་ཆེན་པོ་ལྕགས་ཀྱི་ཁང་ པ་ནི། །གཉིས་རིམ་གསུམ་རིམ་ནང་དུ་ཆུད་པ་ན། །གདུང་བས་ཆེས་ཆེར་ངུ་ ཞིང་འབོད་ན་ཡང༌། །སྐྱབས་མི་རྙེད་པས་ལྷག་པར་སྡུག་བསྔལ་ཉིད། །གཞན་སྔར་ དང་འདྲ་བ་ལ་ལྕགས་ཀྱི་ཁང་བ་ཆེན་པོ་མེ་འབར་བ་རིམ་པ་མང་པོའི་ནང་དུ་ཆུད་པས་ལྷག་ པར་ཡང་སྡུག་བསྔལ་བ་དང༌། ཚ་བ་རྣམས་ནི་ལྕགས་ཀྱི་གསལ་ཤིང་གིས། །གཤམ་ 3-1-81 ནས་སྤྱི་བརོ་ཕུག་སྟེ་མེ་འབར་ཞིང༌། །ལྕགས་ཀྱི་ཕྲུ་བར་ཉ་བཞིན་འཚེད་པ་དང༌། ། ལྕགས་བསྲེགས་ཐོ་བས་བརྡུང་བའི་སྡུག་བསྔལ་ཅན། །ལྕགས་ཀྱི་གསལ་ཤིང་མེ་ འབར་བས་ཕུག་སྟེ་བ་སྤུའི་ཁུང་བུ་ཐམས་ཅད་ནས་མེ་འབར་བ་དང༌། ལྕགས་ཀྱི་ཕྲུ་བ་དཔག་ ཚད་མང་པོ་ཡོད་པར་འཚེད་ཅིང་ལྕགས་ཀྱི་ཐོ་བ་མེ་འབར་བས་བརྡུང་བ་དང༌། རབ་ཏུ་ ཚ་བའི་ལུས་ལ་ལྕགས་ཀྱི་ཤིང༌། །རྩེ་གསུམ་འབར་བས་གཤམ་ནས་སྤྱི་བོ་དང༌། ། ཕྲག་པ་གཉིས་སུ་ཕུག་སྟེ་དབང་པོའི་སྒོ །ཀུན་ནས་མེ་ལྕེ་རབ་ཏུ་འབར་བ་དང༌། ། ལྕགས་ཀྱི་ལེབ་མ་མེ་ཆེན་འབར་བ་ཡིས། །ལུས་ལ་ཀུན་ནས་འཁྲི་བར་བྱེད་པ་ དང༌། །ལྕགས་ཟངས་འགྱུར་བྱེད་ཁོལ་མར་སྤྱི་ཚུགས་སུ། །བཅུག་ནས་ཡུན་རིང་ འཚེད་པའི་སྡུག་བསྔལ་ཅན། །སྔ་མ་བཞིན་དུ། རྩེ་གསུམ་འབར་བས་འབིགས་པ་དང༌། ལེབ་མ་འབར་བས་འཁྲི་བ་དང༌། འགྱུར་བྱེད་ཁོལ་མར་འཚེད་པ་རྣམས་ཀྱིས་ཤ་ཁྲག་ཟད་ ནས་ཀེང་རུས་ཙམ་ལུས་པ་ལྕགས་བསྲེགས་ས་གཞི་ལ་བཀྲམ་པས་ཤ་ཁྲག་འཕྲལ་དུ་སྐྱེ་ཞིང་ སྐྱེས་མ་ཐག་ཏུ་སླར་ཡང་འཚེད་པ་ལ་སོགས་པའི་སྡུག་བསྔལ་དང༌། མནར་མེད་རྣམས་ ནི་ལྕགས་བསྲེགས་ས་གཞི་ལ། །ཕྱོགས་རྣམས་ཀུན་ནས་འབར་བའི་མེ་འོངས་ཏེ། ། ལྤགས་པ་ཤ་ཁྲག་རུས་པ་རྐང་གི་བར། །བསྲེགས་པས་མེ་དང་དབྱེར་མེད་གྱུར་ པ་དང༌། །ལྕགས་ཀྱི་ཞིབ་མར་འདག་མེ་འབར་བ་དང༌། །ལྷན་ཅིག་བསྲེགས་ ཏེ་ཡོས་བཞིན་བརྔོ་བ་དང༌། །ལྕེ་ཕྱུང་ལྕགས་བསྲེགས་ས་གཞིར་བརྐྱང་བ་ལ། ། ལྕགས་ཀྱི་ཕུར་པ་མང་པོས་འདེབས་པ་དང༌། །པགས་པ་བཤུས་ནས་བསྒྱེལ་ཏེ་ ཁ་ཕྱེ་བར། །ལྕགས་ཀྱི་ཐོ་ལུམ་འབར་བ་འཇུག་པ་དང༌། །ཟངས་ཞུན་བསྐོལ་བ་ བླུགས་པས་ནང་རོལ་རྣམས། །ཕྱིར་འབྱུང་ལ་སོགས་སྣ་ཚོགས་སྡུག་བསྔལ་ལོ། ། ཕྱོགས་ཐམས་ཅད་ནས་མེ་འབར་བ་དང་འདྲེས་ཏེ་མེའི་ཕུང་པོ་འབའ་ཞིག་ཏུ་སྣང་བ་ལ་ཉམ་ 3-1-82 ཐག་པའི་སྐད་འབྱིན་པ་ལས་སེམས་ཅན་དུ་མངོན་ཙམ་དང༌། ལྕགས་ཀྱི་རི་ཆེན་པོ་མེ་འབར་ བ་ལ་འབབ་འཛེག་བྱེད་དུ་འཇུག་པ་ལ་སོགས་པའི་སྡུག་བསྔལ་མཐའ་ཡས་པ་མྱོང་བ་སྟེ། སྤྱོད་འཇུག་ལས། གཤིན་རྗེའི་སྐྱེས་བུས་༼དམྱལ་བར་སྐྱེས་པའི་གང་ཟག་གི་༽པགས་པ་མ་ལུས་༼པ་ མཐའ་དག་ཐོ་བ་མེ་འབར་བ་ལ་སོགས་པའི་མཚོན་གྱིས་༽བཤུས་པས་ཤིན་ཏུ་ཉམ་ཐག་༼པས་ངུ་བར་བྱེད་༽ཅིང༌། ། རབ་ཏུ་འབར་བའི་མེ་ཡིས་བཞུ་བ(ར་གྱུར་པ)འི་ཟངས་ཞུན་༼མ་༽ལུས་ལ་བླུག་༼པར་༽གྱུར་༼པས་ ཀྱང་ཉམ་ཐག་༽ལ། །༼པགས་པ་བཤུས་པ་ལ་མེ་ཆེན་པོ་རབ་ཏུ་༽འབར་བའི་རལ་གྲི་༼དང་༽མདུང་ཐུང་༼སོགས་ ཀྱི་མཚོན་ཆ་སྣ་ཚོགས་༽གིས་བསྣུན་༼པས་གང་ཟག་དེའི་༽ཤ་ཡིས་དུམ་བུ་བརྒྱར་བླགས་པ་༼སྟེ་ཆད་ཅིང་༽། ། ཤིན་ཏུ་༼མེ་༽འབར་བའི་ལྕགས་ཀྱི་ས་གཞིར་ལྟུང་བ་མང་པོར་༼ནི་རྒྱུ་༽མི་དགེ་༼བ་ལ༽ས་༼འབྱུང་ བར་༽འགྱུར་༼རོ༽། །ཞེས་གསུངས་པ་ལྟར་རོ། །དེ་རྣམས་ཀྱི་དོན་བསྡུ་བ་ནི། སྡུག་བསྔལ་འདི་ དག་འགའ་ཞིག་ཡན་མན་དུའང༌། །ཡོད་ཅིང་གོང་མ་གོང་མའི་སྡུག་བསྔལ་རྣམས། །འོག་མ་ རྣམས་ལ་ཚང་བར་ཡོད་པ་དང༌། །བཞི་བརྒྱ་རྩ་བཞིའི་ནད་ཀྱང་ཡོད་པར་གསུངས། །ཞེས་ པའོ། ། གཉིས་པ་ལའང་དབྱེ་བ་ནི། ཉེ་འཁོར་ཚ་དམྱལ་བརྒྱད་པོའི་ངོས་བཞི་ན། །མེ་ མ་མུར་དང་རོ་མྱག་འདམ་རྫབ་དང༌། །སྤུ་གྲིའི་ལམ་སོགས་ཐལ་ཚན་ཆུ་བོ་སྟེ། ། བཅུ་དྲུག་གནས་པས་སྡུག་བསྔལ་མི་བཟད་སྟེར། །དེ་ཡང་མཛོད་ལས། (ཚ་དམྱལ་བརྒྱད་ པོ་)དེ་དག་གི་ནི་ངོས་(ཏེ་ཕྱོགས་)བཞི་ན། །མེ་མ་མུར་(གྱི་ཐང་ཆེན་ལ་འགྲོ་བ་ནི་དང་པོ་)དང་རོ་མྱག་(ཕྱི་ སའི་འདམ་དུ་བྱིང་བའི་སྡུག་བསྔལ་ནི་གཉིས་པ་)དང༌། །སྤུ་གྲི་(དང་རལ་གྲི་སྣོན་པོ)འི་ལམ་སོགས་(ལ་འགྲོ་དགོས་ པའི་སྡུག་བསྔལ་ནི་མཚོན་ཆར་རིག་གཅིག་པས་ཟ་པ་དང་ཐལ་ཚན་གྱི་)ཆུ་བོ་(རབ་མེད་ལ་འགྲོ་དགོས་པའི་སྡུག་བསྔལ་ནི་ བཞི་པ)འོ། །ཞེས་གསུངས་པ་ལྟར། ཚ་དམྱལ་བརྒྱད་པོའི་ཕྱོགས་རེ་རེ་ནའང་མེ་མ་མུར་ལ་ སོགས་པ་བཞི་བཞི་སྟེ་བཅུ་དྲུག་ཡོད་པའོ། །ངོ་བོ་ནི། དེ་ཡང་མེ་མ་མུར་གྱི་ཐལ་ཚན་ 3-1-83 ལ། །པུས་མོ་ནུབ་ཙམ་རྐང་པ་བཞག་མ་ཐག །པགས་པ་ཤ་ཁྲག་ཐམས་ཅད་ སྲེག་བྱེད་ཅིང༌། །བཏེག་མ་ཐག་འཚོ་རེས་ཀྱིས་གནོད་པར་བྱེད། །མེ་མ་མུར་ལ་ རྐང་པ་བཞག་མ་ཐག་བསྲེག་ཅིང་བཏེག་མ་ཐག་འཚོ་བ་རེས་མོས་ཀྱིས་སྡུག་བསྔལ་མྱོང་བ་ ནི་ཉེ་འཁོར་བ་དང་པོ་སྟེ། རོ་མྱག་ཕྱི་སའི་འདམ་དུ་བྱིང་པ་ན། །སྲིན་བུ་རྣམས་ཀྱིས་ ཕུག་སྟེ་ཟ་བ་དང༌། །ཞེས་པ་མི་གཙང་བའི་འདམ་རྫབ་དྲི་ང་བར་བྱིང་བ་ན་སྲིན་བུ་མཆུ་ རྣོན་པོ་ཅན་མང་པོས་རྐང་གི་བར་དུ་ཕུག་སྟེ་ཟ་བ་ནི་གཉིས་པ་དང༌། སྤུ་གྲིའི་གཏམས་ པའི་ལམ་ལ་ཕྱིན་མ་ཐག །རྐང་པ་གཅོད་ཅིང་འཚོ་བའི་སྡུག་བསྔལ་དང༌། །སྤུ་ གྲི་རྣོན་པོ་སོ་གྱེན་ལ་བསླང་བ་བསྒྲིགས་པའི་ལམ་ལ་ཕྱིན་པ་ན་རྐང་པ་བཞག་མ་ཐག་གཅོད་ ཅིང་བཏེགས་མ་ཐག་འཚོ་བ་དང༌། རལ་གྲིའི་ནགས་སུ་རལ་གྲི་ལྷུང་བ་ཡིས། །ཡན་ ལག་ཉིང་ལག་ཐམས་ཅད་གཅོད་པ་དང༌། །ཤལ་མ་རིའི་ཚེར་མ་རྣོན་པོ་ལ། ། འབབ་འཛེག་བྱས་པས་འབུགས་ཤིང་འདྲལ་བ་དང༌། །ཞེས་པ་ཚ་བས་ཉེན་ཏེ་ནགས་ ཚལ་དུ་འཁོད་པ་ན། ལོ་འདབ་ཐམས་ཅད་རལ་གྲི་རྣོན་པོ་གྱུར་པ་ཆར་བཞིན་དུ་འབབ་པས་ ལུས་ཐམས་ཅད་གཅོད་ཅིང་བརྒྱལ་ནས་འགྱེལ་བ་ཁྱི་སྲེ་བོ་རྣམས་ཀྱིས་ཟ་བ་དང༌། ལྕགས་ ཀྱི་ཤལ་མ་རིའི་ནགས་ཚལ་དུ་ཕྱིན་པ་ན་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་ཡན་མན་དུ་ལྟ་བ་ རྣམས་ལ་འབབ་འཛེག་བྱས་པས་ལུས་ཀུན་ནས་འབིགས་ཤིང༌། ཁ་ལྕགས་ཀྱི་མཆུ་ཅན་ རྣམས་ཀྱིས་མིག་འབྲས་འཐོག་ཅིང་ཟ་བ་རྣམས་ནི་མཚོན་ཆར་རིགས་མཐུན་པས་གསུམ་པ་ དང༌། ཐལ་ཚན་ཆུ་བོ་ཁོལ་མར་ལུས་ལྷུང་སྟེ། །ངོས་རྣམས་སྐྱེས་བུ་མཚོན་ཆ་ ཐོགས་པས་བསྲུངས། །ཤ་ཁྲག་ཐམས་ཅད་ཟད་ནས་རུས་གོང་རྣམས། །མེ་ཏོག་ ཀུན་དྷ་ལྟ་བུར་གྱུར་པས་འཚེད། །འགྱུར་བྱེད་ཀྱི་ཆུ་བོ་མེ་དང་འདྲ་བས་ཤ་ཁྲག་ཟད་ ནས་རུས་གོང་དཀར་པོར་གྱུར་པ་ལྕགས་ཀྱུས་ཕྱུང་སྟེ་ཅི་འདོད་ཅེས་དྲིས་པ་ན་བཀྲེས་སོ་སྐོམ་ 3-1-84 མོ་ཞེས་ཟེར་བ་ལ་ཐུ་ལུམ་འབར་བ་དང་ཟངས་ཞུན་འབར་བ་ཁར་བླུགས་པའི་སྡུག་བསྔལ་ ནི་བཞི་པའོ། ། ཚ་དམྱལ་རྣམས་ཀྱི་ཚེ་ཚད་ནི། མི་ལོ་ལྔ་བཅུ་རྒྱལ་ཆེན་རིགས་བཞིའི་ཞག །དེ་ ཡི་ཚེ་ལོ་ལྔ་བརྒྱ་གོང་མ་རྣམས། །ཞག་དང་ལོ་གྲངས་ཉིས་འགྱུར་ཉིད་ཡིན་པས། ། གཞན་འཕྲུལ་དབང་བྱེད་ཚེ་ལོ་ཁྲི་དྲུག་སྟོང༌། །ཡང་སོས་ལ་སོགས་དྲུག་པོ་རིམ་ པ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ་པའི་ལོ། །གྲངས་ཀྱང་སྔར་བཞིན་ འོག་མ་གཉིས་ཀྱི་ཚེ། །བར་བསྐལ་ཕྱེད་དང་གཅིག་ཏུ་སྡུག་བསྔལ་མྱོང༌། །དེ་ཡང་ མཛོད་ལས། (སུམ་ཅུ་རྩ་གསུམ་ཡན་ཆད་ན་ཉི་ཟླ་མེད་ཅིང་མེ་ཏོག་ཁ་འབྱེད་འཛུམ་དང་བྱ་སྐད་འདོན་མི་འདོན་གཉིད་ བྲོ་མི་བྲོ་ལ་ཉིན་མཚན་དུ་འཇོག་ཅིང༌། སྣང་བའི་བྱ་བ་ནི་རང་ལུས་ཀྱི་འོད་ཀྱིས་བྱེད་དོ། ཚེ་ཚད་ནི་)མི་རྣམས་ཚེ་ལོ་ལྔ་ བཅུ་ལ། །འདོད་(པའི་)ལྷ་འོག་མ་(རྒྱལ་ཆེན་རིགས་བཞི)འི་ཉིན་ཞག་སྟེ། །དེ་(ལྟར་བརྩིས་པ་ཞག་སུམ་ ཅུ་ལ་ཟླ་བ་དང་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱས་པ་)ཡི་ཚེ་ལོ་ལྔ་བརྒྱའོ། །(སུམ་ཅུ་རྩ་གསུམ་པ་ལ་སོགས་པ་) གོང་མ་(རྣམས་ཞག་དང་ལོ་གྲངས་)གཉིས་ཀ་ཉིས་འགྱུར་ཉིད་(དོ)། །ཅེས་གསུངས་པ་ལྟར། རྒྱལ་ ཆེན་རིགས་བཞི་པའི་མི་ལོ་ལྔ་བཅུ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་ལོ་ལྔ་བརྒྱ་ཐུབ་པ་ནས། གཞན་འཕྲུལ་དབང་བྱེད་པས་མི་ལོ་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བྱས་པའི་ལོ་ཁྲི་དྲུག་ སྟོང་ཐུབ་པ་རྣམས་གཞིར་བྱས་པ་སྟེ། ཡང་སོས་ལ་སོགས་(ཚ་དམྱལ་དང་པོ་)དྲུག་(པོ་)རིམ་(པ་) བཞིན་(དུ)། །འདོད་ལྷ་(དྲུག་པོ)འི་ཚེ་(ཅི་ཡོད་པ་)དང་ཉིན་ཞག་མཉམ་(མོ)། །དེ་ཡི་(ཡང་སོས་ལ་སོགས་) དེ་དག་རྣམས་ཀྱི་ཚེ་(དང་ལོ་ལྔ་བརྒྱ་ལ་སོགས་པ)། །འདོད་པའི་ལྷ་དང་འདྲ་བ་(༨་༢་༡༢་ཉིས་འགྱུར་དུ་ བསྐྱེད་པ་)ཡིན། ཞེས་གསུངས་པ་ལྟར། ཡང་སོས་པས་རྒྱལ་ཆེན་རིགས་བཞི་པའི་ཚེ་ཚད་ལ་ ཞག་གཅིག་ཏུ་བྱས་པའི་ལོ་ཆེན་པོ་ལྔ་བརྒྱ་དང༌། ཚ་བ་པས་གཞན་འཕྲུལ་དབང་བྱེད་པའི་ ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་ཆེན་པོ་ཁྲི་དྲུག་སྟོང་གི་བར་དུ་སྡུག་བསྔལ་མྱོང་ཞིང༌། 3-1-85 རབ་ཏུ་ཚ་ཕྱེད་མནར་མེད་ནི། བར་གྱི་བསྐལ་པའོ། །ཞེས་གསུངས་པ་ལྟར། རབ་ཏུ་ཚ་བ་ བས་བར་བསྐལ་ཕྱེད་དང༌། མནར་མེད་པས་བར་བསྐལ་གཅིག་གི་བར་དུ་སྡུག་བསྔལ་དྲག་ པོ་མྱོང་བའོ། ། གཉིས་པ་གྲང་བའི་སྡེ་ཚན་ལའང༌། དངོས་དང་ཉེ་ཚེ་གྲང་དམྱལ་གྱི་ཚེ་ཚད་གསུམ་གྱི་ དང་པོ་ནི། གྲང་དམྱལ་རྣམས་ནི་འཁྱག་རུམ་མུན་ཁྲོད་དུ། །རེག་ཏུ་མི་བཟོད་ གཞོན་ཤ་ཅན་གྱི་ལུས། །གྲང་པའི་ཁྱད་པར་འོག་མ་འོག་མ་རྣམས། །ཤིན་ཏུ་ དྲག་པོས་མིང་དུ་བཏགས་པ་ནི། །གནས་ཀྱི་ཁྱད་པར་གླིང་འདིའི་འོག་རྒྱ་མཚོ་དང་ཉེ་བ་ ན་ཉི་ཟླ་ལ་སོགས་པའི་འོད་དང་བྲལ་བའི་མུན་པའི་ཁྲོད་འཁྱག་རུམ་ཆེན་པོའི་སྦུབས་ན་གྲང་ བའི་ཁྱད་པར་འོག་མ་རྣམས་ཆེས་དྲག་པས་ཕྱེ་བ་སྟེ། ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་ ཅན། །སོ་ཐམ་ཨ་ཅུ་ཀྱེ་ཧུད་ཟེར་བ་དང༌། །ཨུད་པལ་ལྟར་གས་པདྨ་ལྟར་གས་ དང༌། །པདྨ་ལྟ་བུར་ཆེས་ཆེར་གས་པའོ། །ས་དེ་ཉིད་ཀྱི་རླུང་ཆེན་པོས་བཏབ་པས་གྲང་ བས་ཉེན་ཏེ་ལུས་ཐམས་ཅད་ཆུ་བུར་དུ་གྱུར་པ་ཅན་དང༌། དེ་བས་ཀྱང་གྲང་བས་ཆུ་བུར་ རྡོལ་བ་ཅན་དང༌། ཤིན་ཏུ་གྲང་ཆེས་པས་སོ་ཐམ་ཐམ་པ་དང༌། དེ་བས་ཀྱང་གྲང་བས་ཨ་ཅུ་ ཟེར་བ་དང༌། ཀྱེ་ཧུད་ཅེས་ཟེར་ཅིང་ཉེན་སྐད་དྲག་པོ་འདོན་པ་དང༌། དེ་བས་ཀྱང་ཆེས་གྲང་ བས་པགས་པ་སྔོན་པོར་གྱུར་ཏེ་ཁག་ལྔའམ་དྲུག་ཏུ་གྱེས་པ་ཨུད་པལ་ལྟར་གས་པ་དང༌། སྔོ་ བ་ལས་ཀྱང་ཐལ་ནས་དམར་པོ་གྱུར་ཏེ། ཁ་བཅུ་ལ་སོགས་པར་གྱེས་པས་པདྨ་ལྟར་གས་པ་ དང༌། ཤིན་ཏུ་དམར་བར་གྱུར་ནས་བརྒྱའམ་སྟོང་ལ་སོགས་པར་གྱེས་པ་པདྨ་ལྟར་ཆེས་ཆེར་ གས་པའི་སྡུག་བསྔལ་མྱོང་བའོ། ། གཉིས་པ། ཉེ་ཚེ་བ་ནི་ངེས་མེད་གནས་རྣམས་སུ། །ཁ་སྣ་བྱ་གཅན་སོགས་ ཀྱིས་ཟ་བ་དང༌། །རུས་གོང་བྱ་རགོ་སོགས་ཀྱིས་འཐོག་པ་དང༌། །ལུས་ལ་ལྕགས་ 3-1-86 ཀྱིས་དཀྲིས་སོགས་སྡུག་བསྔལ་ཅན། །གནས་གྲོང་ཁྱེར་གྱི་བཞི་མདོ་ལ་སོགས་པར་ གཤེད་མ་འགའ་ཞིག་ཐལ་གོང་དང་ཁ་རྣ་ལ་བྱ་གཅན་སོགས་ཀྱིས་འཐོག་པར་སྐྱེས་པ་དང༌། བཤན་པའི་སློབ་མ་རུས་གོང་དྲི་ང་བ་ཅན་ལ་བྱ་རོག་ལ་སོགས་པས་འཐོག་པར་སྐྱེས་པ་དང༌། ཉ་པ་འགའ་ཞིག་ལུས་ལྕགས་ཀྱིས་དཀྲིས་པར་སྐྱེས་པ་ལ་སོགས་པའི་སྡུག་བསྔལ་མྱོང་བའོ། ། གྲང་དམྱལ་བརྒྱད་ཀྱི་ཚེ་ཚད་ནི། ཏིལ་ཁལ་བརྒྱད་ཅུས་གང་བའི་བང་བ་ནས། ། ལོ་བརྒྱ་རེ་ན་ཏིལ་རེ་ཕྱུང་བ་ཡིས། །ཟད་པར་གྱུར་པ་ཆུ་བུར་ཅན་གྱི་ཚེ། །འགོ་ མ་འོག་མ་ཉི་ཤུ་འགྱུར་དུ་གསུངས། །ཇི་སྐད་དུ། (ཡུལ་མ་ག་དྷའི་)ཏིལ་སྦྱངས་(ཁལ་བརྒྱད་ཅུ་ པ་བྱུར་བུར་གང་བའི་)ནང་ནས་ལོ་བརྒྱ་(བརྒྱ་)ཞིང༌། །ཏིལ་རེ་ཕྱུང་བས་(མ་ལུས་པར་)ཟད་(པར་)གྱུར་ པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་(སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མ་)ཉི་ཤུ་འགྱུར་(ཏེ)། །ཞེས་ གསུངས་པ་ལྟར། མ་ག་དྷའི་ཏིལ་ཁལ་བརྒྱད་ཅུས་གང་བའི་བང་བ་ནས་ལོ་བརྒྱ་བརྒྱ་ན་ ཏིལ་རེ་རེ་ཕྱུང་བས་ཟད་པ་ནི་ཆུ་བུར་ཅན་གྱི་ཚེའི་ཚད་ཡིན་ལ་ཕྱི་མ་ཕྱི་མ་རྣམས་ནི་སྔ་མ་སྔ་ མ་ལས་ཉི་ཤུ་ཉི་ཤུ་འགྱུར་གྱིས་རིང་བ་སྟེ། ཉེ་འཁོར་བ་དང་ཉེ་ཚེ་བའི་ཚེ་ཚད་ནི་མ་ངེས་པར་ གསུངས་སོ། །དེ་རྣམས་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་པས་དེའི་རྒྱུ་ སྡིག་པ་སྤོང་ཞིང་སྦྱོང་བ་ལ་འབད་པར་རིགས་ཏེ། བཤེས་སྤྲིངས་སུ། (སྡུག་བསྔལ་གཞན་བས་དམྱལ་ བའི་སྡུག་བསྔལ་ཆེ་བ་དེ་བཞིན་གཤེགས་པས་བསྟན་པ་ནི་མིའི་འཇིག་རྟེན་)འདི་ན་(མི་གཅིག་ལ་)ཉིན་གཅིག་(རངས་ པར་)མདུང་ཐུང་སུམ་བརྒྱ་ཡིས། །(དུས་གཅིག་ལ་)རབ་ཏུ་(ཤུགས་)དྲག་(པོས་)བཏབ་(པའི་)སྡུག་ བསྔལ་གང་ཡིན་པ། །དེ་ཡིས་དམྱལ་བའི་སྡུག་བསྔལ་ཆུང་ངུ་(ཉེ་ཚེ་བའི་སྡུག་བསྔལ་)ཡི། །འོལ་(སྤྱི་ ཙམ་)ཡང་མི་མཆི་(ཞིང་བརྒྱ་སྟོང་གི་)ཆར་ཡང་མི་ཕོད་དོ། །ཞེས་པ་དང༌། (དམྱལ་བའི་སྡུག་བསྔལ་ལ་ཤིན་ ཏུ་འཇིགས་པ་བསྐྱེད་པར་གདམས་པ་ནི་)དམྱལ་བ་(རི་མོར་)བྲིས་(པ་)དང་མཐོང་(པ་)དང་(གཞན་ལས་)ཐོས་ 3-1-87 པ་དང༌། །(སྔོན་མྱོང་བ་)དྲན་(པ་)དང་༼མིང་༽ཀླག་(པ་ཙམ་འམ་)སམ་(འཇིམ་པ་སོགས་ལ་)གཟུགས་སུ་ བགྱིས་པ(འི་ཚུལ་རྣམས་ཀྱི)ས་ཀྱང༌། །སྡུག་བསྔལ་(སྟེ་འཇིགས་པ་)བསྐྱེད་པར་འགྱུར་ན་མི་བཟོད་ པའི། །རྣམ་སྨིན་ཉམས་སུ་མྱོང་བ་སྨོས་ཅི་འཚལ། །ཞེས་གསུངས་པ་ལྟར་རོ། ། གཉིས་པ། ཡི་དྭགས་ཀྱི་སྡུག་བསྔལ་དངོས་ནི། མི་དགེ་བཅུ་པོ་བར་མ་སྤྱད་པ་ ཡིས། །ཡི་དྭགས་འཇིག་རྟེན་རྣམས་སུ་སྐྱེས་པ་ན། །ཤིན་ཏུ་བཀྲེས་ཤིང་སྐོམ་པས་ ཉམ་ཐག་པས། །པགས་པ་ཤ་དང་ཁྲག་རྣམས་སྐམ་གྱུར་ཏེ། །ལུས་ནི་སྡོད་དུམ་ མེ་ཡིས་ཚིག་པ་བཞིན། །ཁ་སྐམ་པ་ལ་ལྕེ་ཡིས་ལྡག་བྱེད་ཅིང༌། །རྫིང་བུར་ཆུ་ལ་ རྒྱུགས་ཀྱང་མཚོན་ཆས་བསྲུངས། འཐུང་དུ་མི་འཇུག་ཕྱི་ཡི་སྒྲིབ་པ་ཅན། །རྩ་བའི་ གནས་གླིང་འདིའི་དཔག་ཚད་ལྔ་བརྒྱའི་འོག་ལ་སོགས་པ་དང༌། འཕྲོས་པའི་གནས་མིའི་ ཡུལ་དང་རྒྱ་མཚོའི་འགྲམ་དང་ནམ་མཁའི་སྤྱོད་ཡུལ་ལ་སོགས་པར་ལུས་ཆུང་བ་མཐོ་གང་ དང༌། ཆེ་བ་དཔག་ཚད་སྟོང་ལ་སོགས་པ་གྲུབ་ནས། སྡུག་བསྔལ་གྱི་ཁྱད་པར་བཀྲེས་སྐོམ་ གྱིས་གདུངས་པས་ཤ་ཁྲག་རྣམས་སྐམས་ཏེ། ཆུའི་ཆེད་དུ་བརྒྱུག་པ་ན་མཚོན་ཆ་ཐོགས་པས་ བསྲུངས་ཤིང༌། མ་བསྲུངས་ཀྱང་རྣག་ཁྲག་ལ་སོགས་པར་མཐོང་ནས་བཏུང་དུ་མི་རུང་བར་ འགྱུར་བ་ཕྱིའི་སྒྲིབ་པ་ཅན་དང༌། ཟས་སྐོམ་ཅུང་ཟད་རྙེད་ཀྱང་ཁབ་མིག་ལྟར། །ཕྲ་ བའི་ཁ་དང་མགྲིན་པར་མི་ཤོང་ཞིང༌། །རབ་ཡངས་ལྟོ་བ་མི་ཁེངས་ཡན་ལག་ རྣམས། །ཕྲ་བས་མི་ཐེགས་ནང་གི་སྒྲིབ་པ་ཅན། །ཟས་སྐོམ་རྙེད་ཀྱང་ཁ་ཁབ་མིག་ ལྟར་དོག་ཅིང་མགྲིན་པ་གཞུ་རྒྱུད་ལྟར་ཕྲ་བས་མི་ཤོང་བ་དང༌། ལྟོ་བ་རྒྱ་མཚོ་ལྟར་ཡངས་ པས་མི་ཁེངས་པ་དང༌། ཡན་ལག་གྲོ་སོགས་ལྟར་ཕྲ་བས་མི་ཐེག་པ་ནང་གི་སྒྲིབ་པ་ཅན་ དང༌། བཟའ་བཏུང་ཅུང་ཟད་ནུས་ཀྱང་དེ་རྣམས་ནི། །མེ་ལྕེའི་ཕྲེང་བར་གྱུར་ནས་ བསྲེག་པ་དང༌། །བཤང་གཅི་དྲི་ང་དུག་དང་ལྗན་ལྗིན་གྱི། །དངོས་པོ་ལ་སྤྱོད་ཟས་ 3-1-88 སྐོམ་སྒྲིབ་པ་ཅན། །བཟའ་བཏུང་བྱས་ཀྱང་མེ་དང་དུག་དང་མི་གཙང་བའི་དངོས་པོར་ འགྱུར་བ་ཟས་སྐོམ་གྱི་སྒྲིབ་པ་ཅན་ལ་སོགས་པའི་སྡུག་བསྔལ་མྱོང་བའོ། ། ཚེ་ཚད་ནི། མི་ཡི་ཟླ་བས་ཉིན་ཞག་བྱས་པ་ཡི། །ཚེ་ལོ་ལྔ་བརྒྱའི་བར་དུ་འཆི་ མི་འགྱུར། །དབུལ་ཞིང་ཕོངས་པས་བཙལ་ཡང་མི་རྙེད་པའི། །སྡུག་བསྔལ་དམྱལ་ བ་བཞིན་དུ་ཚད་མེད་ལྡན། །མཛོད་དུ་༼ཡི་དྭགས་རྣམས་ཀྱི་ཚེ་ཚད་ནི་མིའི༽། ཟླ་བ་༼གཅིག་ལ་ཡི་ དྭགས་རང་གི་༽ཉིན་ཞག་གིས་༼ཚད་དུ་བྱས་པའི་རང་ལོ་༽ལྔ་བརྒྱ༼འོ༽། །ཞེས་གསུངས་པ་ལྟར། མི་ཡི་ཟླ་ བ་ལ་ཉིན་གཅིག་ཏུ་བྱས་པའི་ལོ་ལྔ་བརྒྱ་ལ་སོགས་པར་དབུལ་ཞིང་ཕོངས་པའི་སྡུག་བསྔལ་ མྱོང་བ་སྟེ། བཤེས་སྤྲིངས་སུ། ༼ཡི་དྭགས་༽ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་༼དུ་ཆུང་༽ལ། །ལྟོ་བ་རི་ ཡི་གཏོས་ཙམ་༼ཤིན་ཏུ་ཆེ་སྟེ་དགང་དཀའ་པས་༽བཀྲེས་པས་ཉེན་༼པར་གྱུར་ཏེ༽། །མི་གཙང་གྱི་ན་བོར་ བ་༼བཤང་གཅི་སོགས་༽ཅུང་ཟད་༼ཙམ་རྙེད་༽ཀྱང་༼ཁ་ཆུང་བས༽། །འཚལ་བ་༼སྟེ་ཟ་བ༽འི་མཐུ་༼སྟེ་ནུས་པ་༽ དང་ལྡན་པ་མ་ལགས་༼པའི་ཕྱིར་༽སོ། །ཞེས་པ་དང༌། ༼ལུས་མི་སྡུག་པ་དང་ཁ་མེ་འབར་བའི་དབང་དུ་བྱས་ཏེ་༽ ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། ཟླ་བའང་ཚ་༼བའི་རྐྱེན་དུ་འགྱུར་༽ལ་དགུན་ནི་ཉི་མའང་ གྲང་༼བའི་རྐྱེན་དུ་འགྱུར་བ་དེ་ལྟ་བུའི་ཚ་གྲང་གིས་སྡུག་བསྔལ་ཞིང་དེ་དག་གིས་བལྟས་པ་ཙམ་གྱིས༽། །ལྗོན་ཤིང་ འབྲས་བུ་(སྨིན་པ་ཕུན་སུམ་ཚོགས་པས་གང་ཡང་ཡལ་ག་དུད་པ་རྣམས་ཀྱང་ཡལ་ག་དང་འབྲས་བུ་)མེད་(ཅིང་སྐམ་པར་ སྣང་བས་)འགྱུར་(བ་དང་ཡི་དྭགས་)དེ་དག་གིས། །བལྟས་པ་ཙམ་གྱིས་༼ཡན་ལག་བརྒྱད་ལྡན་གྱི་ཆུ་༽ཀླུང་ ཡང་སྐམ་པར་འགྱུར་༼དེ་གང་ཞེ་ན། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་ཞིང་དྲི་ང་མེད་པ་དང༌། །འཐུང་ན་ལྟོ་ བ་མི་གནོད་ཅིང༌། །མགྲིན་པ་ལ་ནི་མི་གནོད་པའོ༽། །ཞེས་གསུངས་པ་ལྟར་རོ། ། གསུམ་པ་དུད་འགྲོའི་སྡུག་བསྔལ་ལའང་། དངོས་ནི། མི་དགེ་ཆུང་ངུས་དུད་འགྲོར་ སྐྱེས་པ་ན། །རྒྱ་མཚོར་གནས་པའི་ཉ་དང་ཆུ་སྲིན་སོགས། །ཆེན་པོ་རྣམས་ཀྱིས་ ཆུང་ངུ་ཟ་བ་དང༌། །སྲིན་བུ་ཆུང་ངུས་ཆེན་པོ་ཕུག་སྟེ་ཟ། །ཁྱད་པར་ཀླུ་རྣམས་ 3-1-89 ཉིན་བཞིན་བྱེ་ཚན་གྱི། །ཆར་བས་ཤ་རུས་ཐམས་ཅད་བསྲེག་པ་དང༌། །མཁའ་ ལྡིང་གཏུམ་པོ་རྣམས་ཀྱིས་ཟ་བ་དང༌། །གཅིག་གིས་གཅིག་གསོད་གླེན་ལྐུགས་ སྡུག་བསྔལ་ཅན། །རྩ་བའི་གནས་རྒྱ་མཚོའི་ཆེན་པོ་དང༌། འཕྲོས་པའི་གནས་ཆུ་དང་ཐང་ དང༌། ནམ་མཁའི་སྤྱོད་ཡུལ་ལ་སོགས་པ་གཞན་འཕྲུལ་དབང་བྱེད་མན་ཆད་ན་ཡོད་ཅིང་སྡུག་ བསྔལ་གྱི་ཁྱད་པར་ཕན་ཚུན་གཅིག་གིས་གཅིག་གསོད་ཅིང་ཟ་བ་དང༌། ཁྱད་པར་ཀླུ་རྣམས་ ལ་ཉིན་རེ་བཞིན་བྱེ་ཚན་གྱི་ཆར་བས་རུས་པ་ལ་ཐུག་གི་བར་དུ་བསྲེག་པ་དང༌། མཁའ་ལྡི ང་ གཏུམ་པོ་རྣམས་ཀྱིས་ཟ་བ་དང༌། ཁ་འཐོར་རྣམས་ཀྱང་གདུག་ཅན་སྐྱེ་བོ་ཡིས། །ཤ་ ཁྲག་པགས་པའི་ཆེད་དུ་གསོད་པ་དང༌། །ལྕགས་ཚན་ལྕགས་ཀྱུ་སོགས་ཀྱིས་ བསྣུན་པ་དང༌། །རང་དབང་མེད་པར་འཁོལ་བའི་སྡུག་བསྔལ་ལྡན། །མི་དང་ལྷན་ ཅིག་འགྲོགས་པའི་དུད་འགྲོ་རྣམས་ཀྱང་ཤ་ཁྲག་པགས་པ་ལ་སོགས་པའི་ཆེད་དུ་གསོད་པ་ དང་རང་དབང་མེད་པར་འཁོལ་བ་ལ་སོགས་པའི་སྡུག་བསྔལ་དང་ལྡན་པའོ། །ཚེ་ཚད་དང་ ལུས་ཚད་ནི། ཚེ་ཚད་ངེས་མེད་ཐུང་བ་ཡུད་ཙམ་དང༌། །རིང་བ་བསྐལ་པའི་བར་ དུ་གནས་པ་དང༌། །ལུས་ཀྱང་ངེས་མེད་ཆུང་བ་རྡུལ་ཕྲན་ཙམ། །ཆེ་བ་དཔག་ ཚད་མང་ཡང་སྡུག་བསྔལ་རྟེན། །ཚེ་ངེས་པ་མེད་པ་ཐུང་བ་ཡུད་ཙམ་གནས་པ་དང་། རིང་བ་ཀླུ་ཆེན་པོ་འགའ་ཞིག་བསྐལ་པར་གནས་པ་དང༌། ལུས་ཀྱང་ཆུང་བ་ལ་སྐྲའི་རྩེ་མོ་ལྔ་ བཅུའི་ཆ་ཙམ་དང༌། ཆེ་བ་ལ་དཔག་ཚད་ཁྲི་ཡོད་པ་དང༌། གླང་བོ་ཆེ་འགའ་ཞིག་ལ་དཔག་ ཚད་བདུན་ཡོད་པ་དང༌། ཆུ་སྲིན་ཆེ་བ་ལ་དཔག་ཚད་ཉིས་སྟོང་བརྒྱད་བརྒྱ་ཡོད་པ་ལ་སོགས་ པ་གསུངས་ཤིང་ཐམས་ཅད་སྡུག་བསྔལ་སྣ་ཚོགས་ལ་ལོངས་སྤྱོད་པ་སྟེ། བཤེས་སྤྲིངས་སུ། དུད་འགྲོའི་སྐྱེ་གནས་(སུ་གཏོགས་པ་)ན་ཡང་(མི་ལ་སོགས་པ་གཞན་གྱིས་དབང་མེད་དུ་)གསོད་པ་དང༌། ། (ཞགས་པ་སོགས་ཀྱིས་)བཅིངས་(པ་)དང་(དབྱུག་པས་)བརྡེག་(པ་)སོགས་སྡུག་བསྔལ་སྣ་ཚོགས་(པ་) 3-1-90 མྱོང་(བ་དང་)། །ཞི་(བ་མྱ་ངན་ལས་འདས་པ་ཐོབ་པར་)གྱུར་(པའི་)དགེ་བ་སྤངས་པ(འི་དུད་འགྲོ་)རྣམས་ལ་ ནི། །(ཕན་ཚུན་)གཅིག་ལ་གཅིག་ཟ་(བའི་རྣམ་སྨིན་)ཤིན་ཏུ་མི་བཟད་(པ་)འབྱུང་(ངོ་)། །ཞེས་དང༌། (སྤྱིའི་སྡུག་བསྔལ་བསྟན་ནས་སོ་སོའི་སྡུག་བསྔལ་གྱི་དབང་དུ་བྱས་པ་ནི་དུད་འགྲོ་ལ་གནས་རྒྱ་མཚོའི་ལ་གནས་པ་)ཁ་ཅིག་ (ནི་)མུ་ཏིག་༼གི་ཆེད་དུ་འཆི་བ་དང་ལུག་ལ་སོགས་ཁ་ཅིག་༽བལ་དང་(གླང་བོ་ཆེ་ལ་སོགས་ཁ་ཅིག་)རུས་པ་(དང་ རི་དྭགས་སོགས་)ཁྲག་(དང་)། །ཤ་དང་(སྟག་གཟིག་ཁ་ཅིག་)པགས་པའི་ཆེད་དུ་འཆི་བར་འགྱུར་(ལ)། ། (མིའི་གནས་ནའང་རང་)དབང་མེད་(པར་གླང་བོ་ཆེ་ལ་སོགས་པ་)གཞན་གྱིས་རྡོག་པ་(བཏབ་སྟེ་བཀོལ་བ་དང་) ལག་པ་དང༌། །ལྕག་དང་ལྕགས་ཀྱུ(ས་གདབ་པ)་རྣམས་ཀྱིས་བཏབ་སྟེ་བཀོལ་(བས་སྡུག་བསྔལ་བར་ འགྱུར་རོ)། །ཞེས་གསུངས་ལྟར་རོ། ། བཞི་པ་མིའི་སྡུག་བསྔལ་ནི། ཟག་བཅས་དགེ་བའི་དབང་གིས་བརྒྱ་ལམ་ན། ། གལ་ཏེ་མི་ལུས་ཐོབ་པར་གྱུར་ན་ཡང༌། །ཡོད་པ་རྣམས་ནི་བསྲུང་བའི་སྡུག་ བསྔལ་དང༌། །མེད་པ་རྣམས་ནི་ཚོལ་བའི་སྡུག་བསྔལ་དང༌། །དེ་ཡང་སྐྱེས་རབས་ ལས། གཅིག་(ནོར་ཡོད་པ་རྣམས་)ནི་བསྲུང་བས་ཉོན་མོངས་(པ་སྟེ་སྡུག་བསྔལ་)ལ། །གཉིས་པ་(ནོར་ རྫས་སོགས་མེད་པ་རྣམས་ནི་)ཚོལ་བ་(མི་རྙེད་པ)ས་ཤ་ཐང་(སྟེ་སྡུག་བསྔལ་ལོ་)ངོ༌། །(ནོར་ཡོད་མེད་ཕྱུག་ཡང་ན་ དབུལ་ཡང་རུང་)གང་ནའང་(ཕུགས་སུ་)དགའ་བ་མེད་(པར་)གྱུར་པ(ས་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་ནོ)། ། ཞེས་གསུངས་པ་ལྟར། འབྱོར་ལྡན་རྣམས་ནི་འཁོར་དང་ལོངས་སྤྱོད་ཅི་ཙམ་རྒྱ་ཆེ་བ་དེ་ཙམ་ དུ་དེ་དག་བསྲུང་ཞིང་སྐྱོང་པའི་སྒོ་ནས་སྡུག་བསྔལ་ཞིང༌། དབུལ་པོ་རྣམས་ནི་ཟས་དང་གོས་ དང་གནས་མལ་ལ་སོགས་པ་མེད་པ་ཚོལ་བའི་སྒོ་ནས་སྡུག་བསྔལ་དང༌། མངལ་ནས་སྐྱེ་ བ་དགོ་བའི་སྡུག་བསྔལ་དང༌། །ན་ཚོད་འགྱུར་བ་རྒས་པའི་སྡུག་བསྔལ་དང༌། ། ཁམས་འགྱུར་བ་ལས་ན་བའི་སྡུག་བསྔལ་དང༌། །སྲོག་འགྱུར་བ་ལས་འཆི་བའི་ སྡུག་བསྔལ་དང༌། །དེ་ཡང་མདོ་ལས། སྐྱེ་བ་(དོག་པའམ་བཙུར་བ་)ནི་སྡུག་བསྔལ་(བ་དང་དེ་ལས་ 3-1-91 གནས་པའི་སྡུག་བསྔལ་ཀུན་གྱི་གནས་ཡིན་པའི་ཕྱིར་)ལོ། །རྒ་བ་ནི་(ན་ཚོད་འགྱུར་བའི་སྒོ་ནས་)སྡུག་བསྔལ་ལོ། ། ན་བ་ནི་(ཁམས་འགྱུར་བའི་སྒོ་ནས་)སྡུག་བསྔལ་ལོ། །འཆི་བ་ནི་(སྲོག་འགྱུར་བའི་སྒོ་ནས་)སྡུག་བསྔལ་ ལོ། །ཞེས་གསུངས་པ་ལྟར་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞིས་ཉམ་ཐག་པར་འགྱུར་བ་དང༌། མི་སྡུག་དགྲ་བོས་མནར་བའི་སྡུག་བསྔལ་དང༌། །ཡིད་འོང་གཉེན་དང་བྲལ་བའི་ སྡུག་བསྔལ་དང༌། །འདོད་པའི་དངོས་པོ་ཐབས་མང་སྣ་ཚོགས་ཀྱིས། །བཙལ་ ཡང་མི་རྙེད་ལ་སོགས་སྡུག་བསྔལ་མྱོང༌། །དེ་ཡང་མདོ་ལས། མི་སྡུག་པ་(སྟེ་ཡིད་དུ་མི་ འོང་བ་)དང་ཕྲད་པ་ནི་སྡུག་བསྔལ་ལོ། །སྡུག་པ་(སྟེ་ཡིད་དུ་འོང་བ་)དང་བྲལ་བ་ནི་སྡུག་བསྔལ་ལོ། ། གང་འདོད་པ་བཙལ་ཏེ་མི་རྙེད་པ་དེ་(ཡིད་ལ་རེ་པའི་འབྲས་བུ་ཐོབ་པ་མེད་པའི་སྒོ་ནས་)སྡུག་བསྔལ་ལོ། ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་༼སྡུག་བསྔལ་འབྱུང་བའི་གནས་ངན་ལེན་གྱི་རྟེན་དུ་གྱུར་པ་དང་སྡུག་ བསྔལ་གྱི་གནས་ཉིད་ཡིན་པས་༽སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟར་རོ། །(བཤད་མ་ཐག་པའི་སྡུག་ བསྔལ་བརྒྱད་པོ་དེ་དག་དྲུག་ཏུ་ཡང་འདུ་སྟེ། དང་པོ་ནི་དོག་པའི་སྡུག་བསྔལ་དང་། ན་རྒ་འཆི་གསུམ་ནི་འགྱུར་བའི་སྡུག་བསྔལ་ དང༌། ཕྲད་པ་དང༌། བྲལ་བ་དང༌། རེ་བ་འབྲས་བུ་མེད་པ་དང༌། གནས་ངན་ལེན་གྱི་སྡུག་བསྔལ་རྣམས་སུ་འདུས་བའི་ཕྱིར། གསུམ་དུ་ཡང་འདུ་སྟེ། སྐྱེ་རྒ་ན་འཆི་བཞི་དང་མི་སྡུག་པ་དང་ཕྲད་པ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་། སྡུག་པ་དང་བྲལ་བ་ དང་འདོད་པ་བཙལ་དུ་མ་རྙེད་པ་ནི་འགྱུར་བའི་སྡུག་བསྔལ་དང་། ཉེར་ལེན་གྱི་ཕུང་པོ་ལྔ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ པའི་ཕྱིར། དེ་ཡིན་ཏེ། དང་པོ་ནི་སྡུག་བསྔལ་གྱི་ཚོར་བའི་རང་གི་མཚན་ཉིད་ཚང་བའི་ཕྱིར། གཉིས་པ་ནི། ཟག་བཅས་ཀྱི་བདེ་བ་ རང་གི་མཚན་ཉིད་ཚང་བའི་ཕྱིར། གསུམ་པ་ནི། སྡུག་བསྔལ་སྔ་མ་གཉིས་ལས་མ་གྲོལ་བའི་འདུ་བྱེད་ཚང་བའི་ཕྱིར། འོ་ན་མདོ་ ལས། ཀུན་རྫོབ་ཀྱི་བདེན་པར་སྡུག་བསྔལ་བ་དང༌། དོན་དམ་པའི་བདེན་པར་སྡུག་བསྔལ་བར་གསུངས་པའི་དོན་གང་ཡིན་ ཞེ་ན། དང་པོ་བདུན་པོ་ནི་ཆོས་ཅན། ཀུན་རྫོབ་ཀྱི་བདེན་པར་སྡུག་བསྔལ་བ་ཡིན་ཏེ། བྱིས་པས་ཀྱང་མི་འདོད་པའི་རང་བཞིན་ དུ་ཤེས་ནུས་པའི་ཕྱིར། ཉེར་ལེན་ཀྱི་ཕུང་པོ་ལྔ་ཆོས་ཅན། དོན་དམ་པའི་བདེན་པར་སྡུག་བསྔལ་བ་ཡིན་ཏེ། འཕགས་པ་ཁོ་ ནས་མི་འདོད་པའི་རང་བཞིན་དུ་གཟིགས་པའི་ཕྱིར། ) དུས་ཀྱི་དབང་གིས་ཚ་གྲང་སྡུག་བསྔལ་དང༌། ། 3-1-92 བཟའ་བཏུང་མེད་ཚེ་བཀྲེས་སྐོམ་སྡུག་བསྔལ་དང༌། །ལམ་དུ་འགྲོ་འངོ་ངལ་དུབ་ སྡུག་བསྔལ་དང༌། །འཐབ་རདྩོ་ལ་སོགས་སྡུག་བསྔལ་མཐའ་ལས་འདས། །ཚ་གྲང་ དང་བཀྲེས་སྐོམ་དང་ངལ་དུབ་དང་འཐབ་རྩོད་ལ་སོགས་པའི་སྡུག་བསྔལ་མཐའ་ཡས་པ་ རྣམས་ནི་མྱོང་ཞིང་མཐོང་བ་ལས་ཀྱང་ཤེས་པ་ཉིད་དོ། ། ལྔ་པ་ལྷ་མིན་གྱི་སྡུག་བསྔལ་ནི། ལྷ་མ་ཡིན་རྣམས་ཕྲག་དགོ་འགྲན་སེམས་ཀྱིས། ། ལྷ་དང་འཐབ་ཚེ་ལྷ་དབང་རྡོ་རྗེ་ཡིས། །ལུས་རྣམས་དུམ་བུ་དུ་མར་གཏུབ་པ་ན། ། རོལ་མཚོ་ཁྲག་དུ་སྣང་བའི་སྡུག་བསྔལ་ཅན། །(ས་སྡེ་ལས། ལྷ་མ་ཡིན་འདི་རྣམས་ཀྱིས་ལུས་ཚད་ དང༌། ཚེ་ཚད་དང༌། ལོངས་སྤྱོད་སུམ་ཅུ་རྩ་གསུམ་དང་འདྲ་བར་གསུངས་སོ། །)ལྷ་རྣམས་ལྷ་མ་ཡིན་གྱི་བུ་མོ་མཛེས་ མ་འདོད་པ་དང༌། ལྷ་མ་ཡིན་རྣམས་ལྷའི་བདུད་རྩི་བཟང་པོ་འདོད་པས་ཞེ་འགྲས་ནས་གོ་ མཚོན་སྣ་ཚོགས་པ་བཟུང་སྟེ་བར་སྣང་ལ་འཐབ་པ་ན། ལྷ་མ་ཡིན་རྣམས་རི་འཕེན་ཞིང༌། དེ་ རྣམས་བརྒྱ་བྱིན་གྱི་རྡོ་རྗེ་བཅོམ་པའི་དུམ་བུ་རོལ་མཚོར་ལྷུང་བས་སྲོག་ཆགས་མང་པོ་ཤི་བ་ དང༌། ལྷ་མ་ཡིན་གྱི་ལུས་དུམ་བུར་བྱས་པ་ལྷུང་བས་རོལ་མཚོ་དམར་པོ་སྣང་བ་དང༌། དེ་ རྣམས་ཀྱིས་གཟུགས་བརྙན་ལྷ་མ་ཡིན་གྱི་མཚོ་ཀུན་སྣང་ཞེས་བྱ་བ་ལས་ཤར་ནས་དམག་མ་ ལོག་པར་ཡང་ཉེ་དུ་རྣམས་མྱ་ངན་གྱིས་གདུང་བ་དང༌། ལྷའི་དཔལ་ལ་མི་བཟོད་པས་ཡིད་ གདུང་བ་ལ་སོགས་པའི་ཉེས་པ་དང་ཡང་ལྡན་པ་སྟེ། བཤེས་སྤྲིངས་སུ། ལྷ་མིན་(གྱི་སྐྱེ་བ་)དག་ ནའང་(ང་རྒྱལ་ཤས་ཆེ་བས་)རང་བཞིན་གྱིས་ལྷ་ཡི། །དཔལ་ལ་(ཞེ་)སྡང་(བའི་)ཕྱིར་ཡིད་ཀྱི་སྡུག་ བསྔལ་(ཤིན་ཏུ་)ཆེ་(སྟེ་ཕྲག་དོག་གི་ཡིད་མི་བདེ་བ་བསྐྱེད་པའི་ཕྱིར)། །༼ལྷ་མིན་༽དེ་དག་༼དགེ་སྡིག་སྤྱོད་པའི་༽བློ་ དང་ལྡན་༼པ་ཡིན་༽ཡང་འགྲོ་བ་ཡི། །༼རྣམ་སྨིན༽སྒྲིབ་པ་༼དང་ལྡན་པས་རྟེན་དེ་ལ༽ས་བདེན་པ་མཐོང་ བ་མ་མཆིས་སོ། །ཞེས་གསུངས་པ་ལྟར་རོ། ། དྲུག་པ་ལྷའི་སྡུག་བསྔལ་ནི། འདོད་ལྷ་འདོད་པས་མྱོས་ཤིང་གཡེངས་པ་ན། །མི་ 3-1-93 བཟད་འཆི་ལྟས་རྣམས་ཀྱིས་ཐེབས་པའི་ཚེ། །དམྱལ་བའི་སྡུག་བསྔལ་ལས་ཀྱང་ ཆེས་ལྷག་པའི། །འཆི་འཕོ་ལྟུང་འགྱུར་སྡུག་བསྔལ་དྲག་པོས་འཚེད། །རྒྱལ་ཆེན་ རིགས་བཞི་ལ་སོགས་པའི་འདོད་ལྷ་དྲུག་པོ་རྣམས་ནི་གནས་པའི་བར་ལ་འདོད་ཡོན་གྱི་བདེ་ བ་ཟག་བཅས་ལ་གཡེངས་ནས་ཚེ་སོང་བ་ནི་མི་དྲན་ཞིང༌། བཤེས་སྤྲིངས་སུ། མཐོ་རིས་(འདོད་ པའི་ལྷའི་སྐྱེ་བ་ཐོབ་)ནའང་(འདོད་ཡོན་ཕུན་སུམ་ཚོགས་པ་ཐམས་ཅད་སྤྱོད་པའི་)བདེ་(བ་)ཆེན་(པོ་ཡོད་མོད་ཀྱི་)དེ་ དག་གི། །འཆི་འཕོ་(བ)འི་(དུས་ཀྱི་)སྡུག་བསྔལ་དག་ནི་(སྔར་གྱི་བདེ་བ་ཆེ་ཆུང་གི་ཚད་)དེ་བས་(ཀྱང་) ཆེ(འོ)། །ཞེས་པ་དང༌། (འདོད་ལྷ་རྣམས་འཆི་ལྟས་ཀྱིས་ཟིན་པ་དེའི་ཚེ་)ལུས་ཀྱི་ཁ་དོག་(མཛེས་པ་དག་ཉམས་ ནས་)མི་སྡུག་(པར་)གྱུར་པ་དང༌། །(རང་གི་)སྟན་ལ་(འདུག་པར་)མི་དགའ་(བ་དང་རྒྱན་གྱི་)མེ་ཏོག་ (གི་)ཕྲེང་(བ་རྣམས་)རྙིང་(པ་)དང༌། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་ རྔུལ་འབྱུང་(བ་)ཞེས་བགྱི་བ་(རྣམས་ནི)། །མཐོ་རིས་(ཏེ་ལྷ་རྣམས་ཀྱི་)འཆི་འཕོ་(བ་)སྦྲོན་(པར་)བྱེད་ (པའི་)སྔ་ལྟས་ལྔ(འོ)། །ཞེས་པ་ལ་སོགས་པའི་འཆི་ལྟས་ཀྱིས་ཐེབས་པ་ན་སྡུག་བསྔལ་དྲག་པོ་ དམྱལ་བ་ལས་ཀྱང་ཆེས་ལྷག་པ་མྱོང་བར་གསུངས་ཏེ། དྲན་པ་ཉེར་བཞག་ཏུ། ལྷ་ཡི་གནས་ ༼སུ་སྐྱེས་༽ནས་༼ཟག་བཅས་ཀྱི་བདེ་བ་ལོ་མང་པོར་སྤྱོད་པ་ཡང་ཁམས་འོག་མར་༽ལྟུང་བ༼འི་འཆི་ལྟས་བྱུང་བའི་ཚེ་༽ ན། །(དེ་ལ་)སྡུག་བསྔལ་རབ་ཏུ་སྐྱེ་བ་གང༼ཡིན་པ༽། །དེ་ལ་སེམས་ཅན་དམྱལ་བ་(པ་)ཡི། །(སྡུག་ བསྔལ་ནི་དེའི་)བཅུ་དྲུག་ཆར་ཡང་མི་ཕོད་(དེ་དེའི་སྡུག་བསྔལ་ནི་དམྱལ་བའི་སྡུག་བསྔལ་ལས་ཤིན་ཏུ་ཆེ་བའི་ཕྱིར་) དོ། །ཞེས་གསུངས་པ་ལྟར་རོ། ། གཟུགས་དང་གཟུགས་མེད་ཁམས་ནའང་ཏིང་འཛིན་གྱི། །མྱོས་ཤིང་སླར་ ཡང་འགོ་ཏུ་ལྟུང་བའི་ཕྱིར། །སྐྱེ་འཆི་དག་ལ་རང་དབང་མ་ཐོབ་པས། །ཀུན་ལ་ ཁྱབ་པ་འདུ་བྱེད་སྡུག་བསྔལ་ཅན། །གཟུགས་ཁམས་བསམ་གཏན་དང་པོ་ལ་སོགས་ པ་བཞི་དང༌། །གཟུགས་མེད་ནམ་མཁའ་མཐའ་ཡས་ལ་སོགས་པ་བཞི་སྟེ་ཁམས་གོང་མ་ 3-1-94 གཉིས་ཀྱི་ལྷ་རྣམས་ལ་སྡུག་བསྔལ་གྱི་སྡུག་བསྔལ་མེད་ཀྱང༌། ཉོན་མོངས་པ་དང་ལྡན་ཞིང་ སྒྲིབ་པ་དང་བཅས་པས་སྐྱེ་བ་དང་འཆི་བ་ལ་རང་དབང་མེད་ཅིང་མི་རྟག་པ་ཉིད་ཀྱིས་རྗེས་སུ་ བཅིངས་པས་གུས་པ་དང་བདེ་བའི་གནས་མ་ཡིན་པའི་ཕྱིར། འདུ་བྱེད་གནས་ངན་ལེན་གྱི་ སྡུག་བསྔལ་དང་ལྡན་པ་ཉིད་དེ། མདོར་ན། ཁམས་གསུམ་འཁོར་བའི་བཙོན་ར་ཆེན་ པོ་འདིར། །གང་དུ་སྐྱེས་ཀྱང་བདེ་བའི་སྐབས་མ་མཆིས། །མི་གཙང་བ་ལ་དྲི་ཞིམ་ མེད་པ་བཞིན། །དེ་སླད་དེ་ཡི་ཉེས་དམིགས་དྲན་པར་འཚལ། །དེ་ཡང་རྒྱུད་བླ་མར། མི་གཙང་བ(འི་དངོས་པོ་ལ་)ལ་(ནམ་ཡང་)དྲི་ཞིམ་མེད་(པ་ཇི་ལྟ་བ་)བཞིན་དུ་འགྲོ་(བ་)ལྔ(འི་འཁོར་བ་) དག་ལ་བདེ་(བའི་གོ་སྐབས་ཅུང་ཟད་)མེད། །(དེ་སྡུག་བསྔལ་གསུམ་དང་སྡུག་བསྔལ་བརྒྱད་ལ་སོགས་པ་ཤིན་ཏུ་སྡུག་ བསྔལ་བར་གནས་པ་ཉིད་ཀྱི་ཕྱིར་རོ)། (འཁོར་བ་)དེ་ཡི་སྡུག་བསྔལ་(ཡང་)རྟག་ཏུ་(རྒྱུན་མ་ཆད་པར་)མེ་(ཆེན་ པོས་བསྲེགས་པ་དང་)མཚོན་(ཆ་རྣོན་པོས་བཏབ་པ་དང་རྨ་གསར་བ་ལ་)ཁ་བ་(རྒྱ་ཚ་)ལ་སོགས་(པས་)རེག་(པ་ ལས་)སྐྱེས་(པའི་སྡུག་བསྔལ་གྱི་ཚོར་བ་ཇི་ལྟ་བ་)བཞིན་(ནོ)། །ཞེས་པ་དང༌། བཤེས་སྤྲིངས་སུ། འཁོར་ བ་(ནི་ཇི་སྐད་བཤད་པའི་ཉེས་པ་)དེ་འདྲ་(བ་དང་ལྡན་པ་)ལགས་པས་ལྷ་(དང་)མི་དང༌། །དམྱལ་བ་(དང་) དུད་འགྲོ་(དང་)ཡི་དྭགས་རྣམས་(ཀྱི་ལུས་)དག་(དུ་ལས་ཉོན་གྱི་དབང་གིས་སྐྱེ་བ་)ནི། །སྐྱེ་བ་བཟང་བོ་ མ་ལགས་(ཏེ་དེ་དག་ཏུ་)སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་(དུ་)གྱུར་(པ་)ལགས་(པར་)མཁྱེན་(པར་) མཛོད་(ཞེས་གདམས་སོ)། །ཅེས་གསུངས་པ་ལྟར། ཁམས་གསུམ་འཁོར་བའི་ཉེས་དམིགས་ཤེས་ པའི་སྒོ་ནས་དེའི་རྒྱུ་སྡིག་པ་སྤོང་བ་ལ་འབད་པར་བྱའོ། ། ལྔ་པ་ཐོག་མེད་ལས་ཀྱི་ཉེས་པ་བསམ་ཚུལ་ནི། ཡང་དང་ཡང་དུ་དམྱལ་བར་ཕྱིན་ པ་ན། །ཟངས་ཞུན་བསྐོལ་བ་འཐུང་བ་གང་ཡིན་པ། །ཕྱོགས་བཞིའི་རྒྱ་མཚོ་ཆེན་ པོ་བཞི་ལ་ཡང༌། །དེ་ཡི་ཚད་ཙམ་ཡོད་པ་མིན་ཞེས་གསུངས། །ཇི་སྐད་དུ། མྱ་ངན་ བསལ་བ་ལས། ཡང་དང་ཡང་དུ་དམྱལ་བ་ཡི། །ཟངས་ཞུན་བསྐོལ་བ་གང་འཐུང་བ། །རྒྱ་ 3-1-95 མཚོ་བཞི་ཡི་ཆུ་ལ་ཡང༌། །དེ་ཡི་ཚད་ཙམ་ཡོད་མ་ཡིན། ཞེས་གསུངས་པ་ལྟར། འཁོར་བ་ཐོག་ མ་མེད་པ་ནས་བསགས་པའི་ལས་ངན་པའི་དབང་གིས་སྔོན་ཡང་དམྱལ་བའི་སྡུག་བསྔལ་ གྲངས་མེད་པ་མྱོང་ཞིང༌། ད་དུང་ལས་ཀྱི་སྒྲིབ་པ་མ་སྦྱངས་ན་མྱོང་བར་འགྱུར་བའི་ཉེས་པ་ དང༌། སེར་སྣའི་དབང་གིས་ཡི་དྭགས་འཇིག་རྟེན་དུ། །ཕྱིན་པའི་ཚེ་ན་བཀྲེས་ ཤིང་སྐོམ་པ་དང༌། །དབུལ་ཞིང་ཕོངས་པའི་སྡུག་བསྔལ་མི་བཟད་པ། །ཡང་ཡང་ མྱོང་མདོ་ངལ་བ་འབྲས་མེད་ཉིད། །དེ་ཡང༌། (སེར་སྣའི་འབྲས་བུའི་)ཡི་དྭགས་(ཀྱི་)འཇིག་ རྟེན་(དུ་སྐྱེ་བའི་ཚེ་)མི་བཟད་པར། །བཀྲེས་(ཤིང་)སྐོམ་༼པའི་༽སྡུག་བསྔལ་གང་མྱོང་བ། །དེ་ཉིད་ དྲན་ཕྱིར་༼ཏེ་ད་ལྟ་དྲན་ནས་དེ་ལྟ་བུའི་སྡུག་བསྔལ་ལས་བཟློག་པའི་དོན་དུ་༽རང་གི་སྙིང་(དང་)། །རང་གི་ཤ་ ཡང་(ཇི་ལྟར་)འདོར་(པར་)མི་འགྱུར་༼ཏེ་གཏོང་པར་རིགས་སོ༽། །ཞེས་གསུངས་པ་ལྟར་བཀྲེས་སྐོམ་ ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ཡང་ངལ་བ་འབྲས་བུ་མེད་པའི་ཉེས་པ་ དང༌། ཁྱི་ཕག་ལ་སོགས་དུད་འགྲོར་གྱུར་པ་ན། །མི་གཙང་ལྗན་ལྗིན་རུལ་བ་ཟོས་ པ་རྣམས། །རི་རབ་ལྷུན་པོའི་ཚད་ལས་ལྷག་པ་ཙམ། །སོང་ཡང་དོན་མེད་དཀའ་ སྤྱད་སྡུག་བསྔལ་ཉིད། །དེ་ཡང་མྱ་ངན་བསལ་བ་ལས། ༼སོ་སོ་སྐྱེས་བུ་རྣམས་འཁོར་བ་ཐོག་མ་མེད་པ་ ནས་སྡུག་བསྔལ་མྱོང་བའི་ཚུལ་ནི་༽ཁྱི་དང་ཕག་ཏུ་གྱུར་པ་ན། །མི་གཙང་༼བ་༽ཟོས་པ་གང་ཡིན་པ། །(དེ་ གཟུགས་སུ་གྲུབ་ན་)རི་ཡི་རྒྱལ་པོ་ལྷུན་པོ་ཡི། །ཚད་ལས་(ཀྱང་)ཤིན་ཏུ་ལྷག་པར་འགྱུར་(ཏེ་འཁོར་བ་ ཐོག་མ་མེད་པའི་ཕྱིར)། །ཞེས་གསུངས་པ་ལྟར་འཚོ་བ་དམན་པའི་སྡུག་བསྔལ་མྱོང་བ་དང༌། །མིར་ གྱུར་ན་ཡང་སྡང་དང་ཆགས་པ་ཡིས། །འཐབ་ཅིང་རྩོད་པས་མགོ་བོ་བཅད་པ་ དང༌། །བྲལ་ཏེ་ངུས་པའི་མཆི་མ་བསགས་གྱུར་ན། །རི་རབ་རྒྱ་མཚོའི་ལས་ཀྱང་ ལྷག་པར་གསུངས། །དེ་ཡང༌། ཇི་སྐད་དུ། མྱ་ངན་བསལ་བ་ལས། (མིར་གྱུར་པ་ན་)ཕན་ཚུན་ འཐབ་ཅིང་རྩོད་པའི་ཕྱིར་(དུ)། །མགོ་བོ་བཅད་པ་གང་ཡིན་པ། །སྤུང་ན་དེ་ལྟར་(དཔངས་)མཐོ་ 3-1-96 བ་ནི། །ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ་(བ་སྟེ་ཆེ་བའི་ཕྱིར)། །ཞེས་གསུངས་པ་ལྟར་དགྲ་ མི་སྡུག་པ་དང་འཐབ་པའི་སྡུག་བསྔལ་དང༌། འཛའ་བཤེས་(སྡུག་པ་དང་)རབ་ཏུ་བྲལ་པ་ཡིས། ། འཁོར་བའི་གནས་སུ་(སྡུག་བསྔལ་ནས་)གང་ངུས་པའི། །མིག་གི་མཆི་མའི་ཐིགས་པ་(བསགས་པ་) ཡི། །སྣོད་དུ་རྒྱ་མཚོའི་རུང་མ་ཡིན་(ཏེ་དེ་བས་ཀྱང་མང་བར་སོང་བའི་ཕྱིར)། །ཞེས་གསུངས་པ་ལྟར། གཉེན་སྡུག་པ་དང་བྲལ་བའི་སྡུག་བསྔལ་དང༌། གཞན་ཡང༌། མི་ལ་(སྐྱེས་ན་ཡང་)དབུལ་བའི་ སྡུག་བསྔལ་གྱིས། །ཐོ་འཚམ་པ་(སྟེ་སྡུག་བསྔལ་བ་)ནི་གང་མྱོང་(བ་)སྟེ། །བརྗོད་པ་(གང་ཟག་) བདག་ལ་མཐུ་མེད་པ་(ཡིན་ལ་གལ་ཏེ་བརྗོད་ན)། །རང་གི་ལྕེ་ལ་ངོ་ཚ་(སྟེ་བརྗོད་མི་ནུས་པའི་ཕྱིར་)བཞིན། ། ཞེས་གསུངས་པ་ལྟར་དབུལ་ཕོངས་ཀྱི་སྡུག་བསྔལ་བརྗོད་ཀྱིས་མི་ལང་བ་དང༌། རིན་ཆེན་ བདུན་གྱི་འབྱོར་བ་དང་ལྡན་པའི། །འཁོར་ལོས་བསྒྱུར་བའི་བདེ་ཆེན་མྱོང་ན་ ཡང༌། །ཚིམ་པ་མེད་ཅིང་དུས་ཀྱི་དབང་གིས་སླར། །མི་གཙང་ས་ལུད་ཕྱག་པའི་ བྲན་ཏུའང་འགྱུར། །ཇི་སྐད་དུ། བཤེས་སྤྲིངས་ལས། (མིའི་བདེ་བ་ལ་ཡིད་བརྟན་མེད་དེ་གླིང་བཞི་ལ་ དབང་བསྒྱུར་བའི་)འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང༌། །(སྔོན་གྱི་དགེ་བའི་ལྷག་མ་མེད་ན་)འཁོར་ བ(འི་གནས་སྐབས་)དག་ན་(ལས་ཀྱི་དབང་གིས་མི་གཞན་ཕལ་བའི་)ཡང་བྲན་ཉིད་དུ་(འགྱུར་བར་)མཆི་(པ་སྟེ་ ཡོད་པའི་ཕྱིར)། །ཞེས་གསུངས་པ་ལྟར་ཟག་བཅས་ཀྱི་བདེ་བ་ཅུང་ཟད་མྱོང་ན་ཡང་ཚིམ་པ་མེད་ ཅིང་སླར་ཡང་ལྟུང་བའི་ཉེས་པ་དང༌། ཁང་བཟང་ཉམས་དགར་ལྷ་མོའི་ཚོགས་རྣམས་ དང༌། །ལྷན་ཅིག་སྤྱོད་པའི་བདེ་བ་མྱོང་ན་ཡང༌། །ངོམས་པ་མེད་ཅིང་ལས་ཀྱི་ དབང་གིས་སླར། །ལྕགས་བསྲེགས་ཁང་བར་ངུ་འབོད་ལ་སོགས་མྱོང༌། །དེ་ཡང༌། (འདོད་ལྷའི་བདེ་བ་ལ་ཡང་ཡིད་བརྟན་དུ་མི་རུང་སྟེ་ལྷའི་དབང་པོ་)བརྒྱ་བྱིན་(གྱི་ལུས་ཐོབ་ནས་)འཇིག་རྟེན་(གྱི་) མཆོད་འོས་གྱུར་ནས་༼ཀྱང་༽ནི། །(སྔོན་གྱི་དགེ་བའི་ལས་ལྷག་མ་མེད་ན་)ལས་ཀྱི་དབང་གིས་ཕྱིར་ཡང་ ས་སྟེང་(དུ་མིའམ་ཡང་ན་ངན་སོང་དུ་ཡང་)ལྷུང་(བར་འགྱུར་བ་ཡོད་པའི་ཕྱིར)། །ཞེས་གསུངས་པ་དང༌། (མུ་ 3-1-97 སྟེགས་པས་ལྷར་འཛིན་པའི་ཉི་མའི་ལུས་ཐོབ་པ་ལ་ཡིད་བརྟན་དུ་མི་རུང་སྟེ་)ཉི་མ་ཟླ་བ་(ཉིད་ཀྱི་སྐྱེ་བ་)ཐོབ་ནས་རང་ ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་པར་བྱེད་(པ་ཐོབ་ཀྱང)། །སླར་ཡང་(ཟླ་ཉིའི་འོད་ མེད་པའི་)མུན་ནག་སྨག་རིམ་ཕྱིན་(ཅིང་སྐྱེ་བ་)གྱུར་ནས། །རང་གི་ལག་བརྐྱང་བའང་མཐོང་(པར་) མི་འགྱུར་(བ་ཡོད་པའི་ཕྱིར)། །ཞེས་གསུངས་པ་ལྟར། རེ་ཞིག་ལྷའི་བདེ་བ་མྱོང་ན་ཡང་མི་བརྟན་ ཅིང་སླར་ཡང་དམྱལ་བ་ལ་སོགས་པར་ལྟུང་བུའི་ཉེས་པ་དང༌། ཚངས་སོགས་གཟུགས་ དང་གཟུགས་མེད་ཁམས་རྣམས་སུ། །འདོད་ཆགས་བྲལ་བའི་བདེ་བ་ཐོབ་མདོ་ ཀྱི། །སླར་ཡང་མནར་མེད་མེ་ཡི་བུད་ཤིང་དུ། །གྱུར་ནས་བརྣག་དཀའི་སྡུག་ བསྔལ་མྱོང་བར་འགྱུར། །ཇི་སྐད་དུ། (མཐའ་བྲལ་མན་ཆད་ཀྱི་ལྷའི་བདེ་བ་ལ་ཡིད་བརྟན་དུ་མི་རུང་སྟེ་མཐའ་ བྲལ་ཡན་ཆད་ཀྱི་)ལྷ(འི)་ཡུལ་(ན་གནས་པའི་༽འདོད་(པའི་)བདེ་(བ་འོག་མ་ལས་ཁྱད་པར་འཕགས་པ་)ཤིན་ཏུ་ ཆེན་པོ་དང༌། །(གཟུགས་ཁམས་)ཚངས་(པའི་འཇིག་རྟེན་)ཉིད་(ཀྱི་འདོད་པ་ལ་འདོད་)ཆགས་(དང་)བྲལ་ (བའི་)བདེ་བ་ཐོབ་ནས་སླར་(ཡང་སྔར་གྱི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་དབང་གིས)། །མནར་མེད་(པའི་) མེ་ཡི་བུད་ཤིང་(གི་ཚུལ་དུ་)གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་(ཅིང་བར་མཚམས་མེད་)པ་བསྟེན་ (པ་ཡང་ཡོད་པའི་ཕྱིར་)འཚལ་ལོ། །ཞེས་གསུངས་པ་ལྟར་འདོད་ལྷ་རིགས་དྲུག་གི་བདེ་བ་དང༌། འདོད་པ་ལ་འདོད་ཆགས་དང་བྲལ་བ་ཚངས་པ་ལ་སོགས་པའི་བདེ་བ་ཐོབ་མོད་ཀྱི་སླར་ཡང་ མནར་མེད་པའི་སྡུག་བསྔལ་མྱོང་བའི་ཉེས་པ་དང༌། སྔོན་ཆད་མ་ཕྱིན་པ་དང་མ་བསྡད་ པའི། །གནས་དེ་གང་ན་ཡོད་པ་མ་ལགས་ཤིང༌། །སྔོན་ཆད་མ་བྱས་པ་དང་མ་ མྱོང་བའི། །དགེ་སྡིག་བདེ་སྡུག་གང་དེའང་ཡོད་མ་ལགས། །དེ་དག་ཀྱང་སློབ་སྤྲིངས་ སུ། (གང་ཟག་གཅིག་གིས་ཀྱང་)ཡུལ་ཕྱོགས་གང་དུ་གནས་མ་བྱས་པའི་(ས་གཞིའི་)གནས་དེ་མེད(ཅིང་)། ། ༼ཡུལ་ཕྱོགས་༽གང་དུ་མ་སོན་(པའི་)ནམ་མཁའི་ཕྱོགས་དེ་(ཡང་)ཡོད་(པ་)མིན་(པས་)ན། །འོན་ ཀྱང་འདོད་ཆགས་(ཀྱིས་)དགག་དཀའ་(ཞིང་ཚིམ་པ་མེད་པར་སླར་ཡང་)འཕེལ་བར་འགྱུར་བ་ཉིད་ 3-1-98 (ཡིན་ལ)། །(གང་ཟག་གཅིག་གིས་ཀྱང་)སྔོན་ཆད་ལན་མང་(དུ་ཉམས་སུ་)མ་མྱོང་(བའི་)སྡུག་བསྔལ་དེ་ ཡོད་(པ་)མིན་༼ཏེ་འགྲོ་བ་རིགས་དྲུག་གང་དུ་མ་སྐྱེས་པ་མེད་པའི་ཕྱིར༽། །ཞེས་གསུངས་པ་ལྟར་འཁོར་བ་ ཐོག་མ་མེད་པས་སྔར་ཡང་གནས་ངེས་མེད་དུ་ཕྱིན་ཞིང༌། ལས་དགེ་སྡིག་གི་དབང་གིས་ འབྲས་བུ་བདེ་སྡུག་ཀྱང་སྣ་ཚོགས་པ་གཅིག་མྱོང་ཞིང༌། བཤེས་སྤྲིངས་སུ། (སྔོན་སེམས་ཅན་)རེ་ རེས་(ཀྱང་ཕྱོགས་བཞིའི་)རྒྱ་མཚོ་བཞི་ལས་ལྷག་པ་ཡི། །(མའི་)འོ་མ་འཐུང་(ཀྱང་རུང་ངོམས་པར་མ་གྱུར་) ཏེ་༼དེའི་རྒྱུ་མཚན་འཁོར་བ་ཐོག་མ་མེད་པའི་ཕྱིར་དེ་ལྟ་ན་ཡང་༽ད་དུང་སོ་སོ་ཡི། །སྐྱེ་བོའི་(ལམ་གྱི་)རྗེས་སུ་ འབྲང་བ་(འཕགས་པ)འི་(ལམ་ལ་མ་ཞུགས་པའི་)འཁོར་བ་བས། །(སྔར་གྱི་)དེ་བས་ཆེས་མང་ཉིད་དུ་ (འགྱུར་བའི་འོ་མ་)བཏུང་(དུ་)འཚལ་(བའམ་བཏུང་དགོས་ཏེ་)ལོ་(དེའི་རྒྱུ་མཚན་འཁོར་བའི་མཐའ་དཔག་ཏུ་མེད་པའི་ ཕྱིར)། །ཞེས་པ་ལྟར། ད་དུང་ལས་སྒྲིབ་མ་སྦྱངས་(ནས་འཁོར་)ན་འཁོར་བ་མཐའ་མེད་པར་སྡུག་ བསྔལ་མྱོང་བའི་ཉེས་པ་དང༌། སྔོན་ཆད་མ་སྐྱེས་པ་དང་མ་ཕྱིན་པའི། །འགྲོ་བའི་རིས་ཏེ་གང་ནའང་ཡོད་ མིན་ཞིང༌། །སྔོན་ཆད་མ་འཐབ་པ་དང་མ་འགྲོགས་པའི། །སེམས་ཅན་རིས་ཏེ་ གང་ནའང་ཡོད་མ་ལགས། །དེ་ཡང་སློབ་སྤྲིངས་ལས། འགྲོ་བ་(རྣམས་འདོན་ཡོན་)གང་གིས་ ཚིམ་(པར་)འགྱུར་(པའི་)འདོད་པའི་ཡོན་ཏན་(གང་ཡང་)མེད་(དེ་ཅི་ཙམ་སྤྱད་ཀྱང་ངོམས་པ་མེད་པའི་ཕྱིར)། ། གང་གི་ལྟོར་མ་ཉལ་བའི་སེམས་ཅན་དེ་མེད་(དེ་མར་མ་གྱུར་བའི་སེམས་ཅན་དེ་མེད་པའི་ཕྱིར)ན། །(དེ་ ལྟ་ཡིན་པ་)འོན་ཀྱང་འཁོར་བ་པ་ལ་ཆགས་བྲལ་ཇི་ལྟར་ཡོད་(དེ་མེད་དོ)། །ཅེས་པ་དང༌། བཤེས་ སྤྲིངས་སུའང༌། སྐྱེ་བ་སྔ་ཕྱི་ལ་ལྟོས་ནས། །(འཁོར་བ་འདིར་ཉེ་རིང་ངེས་པ་མེད་དེ་)ཕ་ཉིད་(ནི་རིས་འགའ་ ན་)བུ་ཉིད་(དུ་འགྱུར་བ་དང་)མ་ཉིད་(ནི་)ཆུང་མ་ཉིད་(དུ་འགྱུར་བ་དང་)། །སྐྱེ་བོ་དགྲར་གྱུར་པ་ཡང་ (སྐྱེ་བ་གཞན་དུ་མཛའ་)བཤེས་(སུ་འགྱུར་བ་)ཉིད་དེ། །(སླར་ཡང་)བཟློག་པ་(སྟེ་བུ་)ཉིད་དུ་(འགྱུར་བ་)འང་ (ཕར་འགྱུར་བ་སོགས་)མཆིས་པས་དེ་ཡི་སླད་(དུ་སྟེ་རྒྱུ་མཚན་དེས་ན)། །འཇིག་རྟེན་འདི་ན་(དགྲ་གཉེན་ 3-1-99 མཐའ་གཅིག་ཏུ)ངེས་པ་འགའ་མ་མཆིས་(སོ)། །ཞེས་གསུངས་པ་ལྟར། དགྲ་གཉེན་ལ་སོགས་པ་ མཐའ་གཅིག་ཏུ་བདེན་པར་འཛིན་པ་འཁྲུལ་བའི་ཉེས་པ་དང༌། །ད་ལྟར་དགྲ་དང་ཉེ་དུར་ སྣང་བ་དང༌། །བྲན་དང་རྗེ་བོ་སྣང་བ་འདི་དག་ཀྱང༌། །སྲིད་པ་གཞན་ན་དེ་ལས་ བཟློག་པར་མཆི། །ངེས་མེད་འཁོར་བ་འདི་ལ་སུ་ཡིད་བརྟན། །ཇི་སྐད་དུ། མྱ་ངན་ བསལ་བ་ལས། (གང་ཟག་)གང་ལ་ཁྱོད་ཀྱིས་(སེམས་)རབ་༼ཏུ་)བསྒྲིམས་ཏེ། །བརྩེ་བས་བུ་ཡི་ འདུ་ཤེས་པ(འི་གང་ཟག)། །དེ་ཉིད་ཚེ་རབས་གཞན་དུ་ནི་(དེ་ལ་ཁྱོད་ཀྱིས)། །བརྡེག་པར་བྱེད་ཅིང་ (ཕན་ཚུན་)དགྲར་འདུ་ཤེས(པ་ཡང་ཡོད་དོ)། །ཞེས་པ་དང༌། གང་(ཟག་གང་)ཁྱོད་(ཀྱིས་)འདི་ལྟར་ འཁོར་(དུ་)གྱུར་ཏེ། །(དེའི་)མགོ་ལ་ལན་གྲངས་བརྒྱར་བརྡེག་པ། །དེ་(སྔོན་)ཉིད་(ཀྱིས་) བྲན་(དུ་)གྱུར་(པ་)ཁྱོད་ཡིན་ཏེ། །(དེའི་)རྡོག་པས་(ཁྱོད་ཀྱི་མགོ་ལ་)ལན་གྲངས་བརྒྱར་ཡང་བརྡེགས་(སོ)། ། ཞེས་གསུངས་པ་ལྟར། སྔ་མ་བཞིན་དུ་དགྲ་གཉེན་དང་རྗེ་འབངས་ལ་སོགས་མཐའ་གཅིག་ ཏུ་བདེན་པ་མེད་པར་ཤེས་པའི་སྒོ་ནས་འཁོར་བའི་བྱ་བ་སྙིང་པོ་མེད་པ་ལ་ཆགས་པ་སྤང་ བར་བྱའོ། ། བརྩེ་བས་བསྐྱངས་ཤིང་འབད་པས་བསགས་པ་ཡི། །འཁོར་དང་ལོངས་སྤྱོད་ ཕུན་སུམ་ཚོགས་གྱུར་ཀྱང༌། །འཆི་བའི་ཚེ་ན་རྗེས་སུ་མི་འབྲང་ཞིང༌། །ལས་ རྣམས་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །དེ་ཡང་སྤྱོད་པ་ལ་འཇུག་པར། (རྙེད་པ་མ་ཐོབ་ པར་མ་ཟད་)རྙེད་པ་མང་པོ་ཐོབ་གྱུར་ཏེ་(བདེ་བ་ལ་མ་སྤྱོད་པའམ་ཡུན་ཐུང་ངུར་སྤྱོད་པར)། །(མ་ཟད་)ཡུན་རིང་ དུས་སུ་བདེ་(བ་)སྤྱད་ཀྱང༌། །(ནོར་གོས་ཐམས་ཅད་)ཆོམ་པོས་འཕྲོག་པ་ཇི་༼ལྟ་བ་༽བཞིན་དུ། །༼འཆི་ བའི་ཚེ་འདོད་པའི་ཡོན་ཏན་དང་མི་ལྡན་པར་གོས་ཙམ་ཡང་མེད་པར་༽སྒྲེན་མོ་༼དང་ནོར་རམ་བརྒྱག་མ་བཟུང་བས་༽ལག་ པ་སྟོང་བར་༼འཇིག་རྟེན་ནས་ཕ་རོལ་ཏུ་༽འགྲོ༼འོ༽། །ཞེས་གསུངས་པ་ལྟར། ཚེ་འདིའི་ཕུན་སུམ་ ཚོགས་པ་རྣམས་ནི་རྗེས་སུ་མི་འབྲང་ཞིང༌། ཆོས་མངོན་པར། ལས་བདག་གིར་བྱས་པ་ཇི་ལྟ་ 3-1-100 བུ་ཞེ་ན། རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བའི་ཕྱིར་རོ། །ཇི་ལྟར་ན་ལས་ཀྱི་ བགོ་སྐལ་ལ་སྤྱོད་པ་ཡིན་ཞེ་ན། རང་གིས་བྱས་བའི་ལས་ཀྱི་རྣམ་པར་སྨིན་པ་རང་གིས་མྱོང་ བ་དེ་ལ། དགེ་བ་དང་མི་དགེ་བའི་ལས་སོ་སོའི་བགོ་སྐལ་༼འདོད་པ་དང་མི་འདོད་པ་༽ལ་སྤྱོད་པའི་ ཕྱིར་རོ། །ཞེས་གསུངས་པ་ལྟར། རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་རྗེས་སུ་འབྲང་ བ་ལ་ཡིད་ཆེས་པར་ཡང་བྱའོ། ། སེམས་ཅན་ཀུན་ལ་བུ་གཅིག་ལྟར་བརྩེ་བའི། །རྫོགས་པའི་སངས་རྒྱས་ གྲངས་མེད་འདས་གྱུར་ཀྱང༌། །རང་གི་ལས་ཀྱི་ཞགས་པས་བཅིངས་པ་རྣམས། ། འཁོར་བའི་བཙོན་ར་ལས་ནི་ཐར་མ་ནུས། །ཇི་སྐད་དུ། མངོན་པར་རྟོགས་པའི་རྒྱན་ ལས། (གལ་ཏེ་སངས་རྒྱས་འཇིག་རྟེན་དུ་བྱོན་པས་སེམས་ཅན་ཡིན་ནོ་ཅོག་ལམ་ལ་འགོད་དམ་ཞེ་ན་དེ་ལྟ་བུ་མ་ཡིན་ཏེ་ དཔེར་ན་)ལྷ་ཡི་རྒྱལ་པོས་(ཕྱོགས་རིས་མེད་པར་)ཆར་ཕབ་ཀྱང༌། །(མེས་ཚིག་པ་ལྟ་བུ་)ས་བོན་(དུ་)མི་རུང་ (ལ་འདོད་པའི་འབྲས་བུ་)མི་འཁྲུངས་(པ་)ལྟར། །སངས་རྒྱས་རྣམས་ནི་(འཇིག་རྟེན་དུ་)བྱོན་(ནས་དམ་ཆོས་ བདུད་རྩིའི་ཆར་པ་ལྟོས་མེད་དུ་ཕབ་པར་)གྱུར་ཀྱང༌། །(ཆོས་ཀྱི་)བསྐལ་བ་མེད་པས་(བསྟན་པའི་བདུད་རྩིའི་རོ་) བཟང་(བོ་)མི་མྱོང་(ངོ་)། །ཞེས་པ་དང་(འོན་ཀྱང་ལས་ཀྱི་ཞགས་པས་བཅིངས་པའི་སེམས་ཅན་རྣམས་སངས་རྒྱས་ མང་པོ་འབྱོན་པས་སྐྱོན་མེད་སྙམ་ན་རང་ཉིད་མ་འབད་ན་སྐྱོབ་པར་མི་ནུས་ཏེ་)། སྤྱོད་འཇུག་ལས་༼ཀྱང་༽། སེམས་ ཅན་ཐམས་ཅད་༼ལ་ཕན་པ་དང་༽བདེ་༼བ་འབའ་ཞིག་༽མཛད་པའི། །སངས་རྒྱས་༼བཅོམ་ལྡན་གྲངས་མེད་ དཔག་ཏུ་མེད་པ་༽རྣམས་ནི་བྱོན་༼ཞིང་འདས་པར་༽གྱུར་ཀྱང༌། །བདག་ནི་རང་གི་༼ལེ་ལོ་བག་མེད་པར་གྱུར་ ཏེ་༽ཉེས་པ་༼སྤྱད་པ༽ས་༼སངས་རྒྱས་མང་པོ་༽དེའི། གསོ་༼ཞིང་ཕན་བཏགས་༽བའི་སྤྱོད་ཡུལ་༼དུ་༽མ་གྱུར་ ཏོ། །ཞེས་གསུངས་པ་ལྟར། རང་ཉིད་སྐལ་བ་དང་མི་ལྡན་ན་གཞན་གྱིས་སྐྱོབ་པ་དཀའ་བས། རང་རིག་གསལ་བའི་སྒོ་ནས་དད་པ་དང་བརྩོན་འགྲུས་ལ་སོགས་པའི་སྟོབས་བསྐྱེད་དེ་ལས་ ཀྱི་སྒྲིབ་པ་སྦྱོང་བ་ལ་འབད་པར་བྱའོ། ། 3-1-101 དཀའ་ཐུབ་ཆེ་ལ་ཕན་ཡོན་ཆུང་བ་ཡི། །འཁོར་བའི་བྱ་བ་སྙིང་བོ་མེད་པ་ ལ། །འབད་པའི་ཆ་ཤས་ཙམ་ཞིག་དམ་པའི་ཆོས། །བསྒྲུབས་ན་གཏན་གྱི་བདེ་ བ་ཅིས་མི་འགྲུབ། །དེ་ཡང་ཇི་སྐད་དུ། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། །སྡུག་ བསྔལ་ཉིད་ལ་མངོན་པར་བརྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ ལྟར་འཇོམས། །ཞེས་པ་དང༌། ༼རང་གི་ལུས་བདེ་བ་བསྐྱེད་པའི་ཆེད་དུ་དམྱལ་སོགས་ཀྱི་སྡུག་བསྔལ་ལ་ཡང་མི་ འཛེམ་པར་དུས་ཀུན་ཏུ་འཁོར་བར་ལས་བྱས་པའི་སྡུག་བསྔལ་གྱིས་དུབ་པ་སྣ་ཚོགས་འབྱུང་བ་གང་ཡིན་པ་༽དེ་ཡི་བྱེ་བ་( བརྒྱ)འི་ཆ་ཙམ་གྱི། །ཚོགས་ཀྱིས་(ཀྱང)སངས་རྒྱས་ཉིད་འགྲུབ་(སྟེ་འཁོར་བ་མཐའ་མེད་ལ་ལྟོས་ན་བསྐལ་ བ་གྲངས་མེད་གསུམ་གྱི་བྱེ་བ་བརྒྱའི་ཆར་ཡང་མི་ཕོད་)ན(བློ་གཞན་རྣམས་དེ་ལ་མི་སྤྲོ)། །(འོན་ཏེ་དེའི་བར་ལ་དཀའ་སྤྱད་ ཀྱི་དུཿཁ་མང་བ་འོང་ངོ་ཞེ་ན་)འདོད་ལྡན་(འཁོར་བར་སྤྱོད་པའི་དུཿཁ་ནི་)བྱང་ཆུབ་(ཀྱི་)སྤྱོད་པ༼འི་དུཿཁ་༽བས། ། སྡུག་བསྔལ་ཆེ་ལ་(འབྲས་བུ་)བདེ་ཆེན་(བྱང་ཆུབ་ཆེན་པོ་ཐོབ་པ་)མེད་(ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ དཀའ་སྤྱད་ཀྱི་སྡུག་བསྔལ་ལ་བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར)། །ཞེས་གསུངས་པ་ལྟར་བླུན་པོ་རྣམས་ཕྱིན་ཅི་ ལོག་གི་དཀའ་སྤྱད་ལ་འབད་པའི་ཆ་ཤས་ཙམ་ཞིག་མཁས་པ་རྣམས་ཀྱིས་ཡང་དག་པའི་དོན་ བསྒྲུབ་པ་ལ་འབད་པར་བྱས་ན་མཆོག་མྱུར་དུ་འགྲུབ་པར་འགྱུར་བ་ཡང་ཤེས་པར་བྱ་སྟེ། དེ་ སླད་གནས་སྐབས་མངོན་པར་མཐོ་བ་ཡི། །གོ་འཕང་ཐོབ་ཕྱིར་ཟག་བཅས་དགེ་ བ་དང༌། །མཐར་ཐུག་ངེས་པར་ལེགས་པའི་གོ་འཕང་མཆོག །ཐོབ་ཕྱིར་ཟག་མེད་ དགེ་ལ་འབད་འཚལ་ལོ། །ཇི་སྐད་དུ་དབུ་མ་སྙིང་པོ་ལས། དམ་(པའི་)ཆོས་སྒྲོན་མེ་(ལྟ་བུའི་ སངས་རྒྱས་ཀྱི་བསྟན་པ་)དང་བཅས་ཤིང༌། །མི་ཁོམས་(པ་)བརྒྱད་སྤང་༼པའི་༽དལ་བ་༼དང་འབྱོར་བ་བཅུ་ དང་ལྡན་པའི་མི་ལུས་༽འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་(བྱང་ཆུབ་མཆོག་ཏུ་སེམས་སྐྱེད་པ་)ཡིས། །འབྲས་ བུ་ཡོད་པར་བྱ་བར་རིགས་(སོ)། །ཞེས་གསུངས་པ་ལྟར། གནས་སྐབས་ཀྱི་འབྲས་བུ་ལམ་ བསྒོམ་པའི་རྟེན་མཐོ་རིས་ཀྱི་གོ་འཕང་ཐོབ་པའི་དོན་དང༌། མཐར་ཐུག་གི་འབྲས་བུ་ཐར་བ་ 3-1-102 དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་དོན་དུ་དགེ་བའི་བྱ་བ་ཁོ་ན་ལ་འབད་པར་ བྱའོ། །དེ་ལྟར་ན་དལ་འབྱོར་རྙེད་པར་དཀའ་བ་བསམ་པ་དང༌། འཆི་བ་མི་རྟག་པ་བསམ་ པ་དང༌། ལས་རྒྱུ་འབྲས་བསམ་པ་རྣམས་ཀྱིས་སྔོན་དུ་འགྲོ་བ་དམ་པའི་ཆོས་ལ་བསྐུལ་བ་ བཤད་ནས། ད་ནི་དངོས་གཞི་ཇི་ལྟར་བསྒྲུབ་ཚུལ་བཤད་པར་བྱ་སྟེ། མཐུན་རྐྱེན་རྣམ་དག་བསྟེན་ ཚུལ། བསྟེན་ནས་བསྒྲུབ་ཚུལ་མདོར་བསྟན། བླང་དོར་ཤེས་ནས་འབད་ཚུལ། འབད་པས་ འབྲས་བུ་འགྲུབ་ཚུལ། ལྟ་སྒོམ་སྤྱོད་འབྲས་ཤེས་ཚུལ། ཤེས་ནས་ཉམས་སུ་བླང་ཚུལ་རྣམས་ ཀྱིས་སོ། ། དང་པོ་མཐུན་རྐྱེན་ལ་གནས་དང༌། ཡོ་བྱད་གྲོགས་ཏེ་གསུམ་ལས། གནས་ནི། དེ་ཡང་ རྣམ་གཡེང་འདུ་འཛིའི་གནས་སྤངས་ཏེ། །འཚེ་བ་མེད་ཅིང་འཚོ་བ་དང་ལྡན་པ། ། དབེན་ཞིང་ཡིད་དུ་འོང་པའི་དགོན་པ་ལ། །བརྟེན་ནས་རྣམ་དག་དགེ་བ་ངང་ གིས་འཕེལ། །ཇི་སྐད་དུ། མདོ་སྡེའི་རྒྱན་ལས། (ཉམས་ལེན་བྱེད་པ་ལ་འཁོར་ལོའི་བཞིའི་སྒོ་ནས་བག་ ཡོད་པར་བྱ་དགོས་པས་དང་པོ་མཐུན་པའི་ཡུལ་བསྟན་པ་ནི་)བློ་ལྡན་གང་དུ་སྒྲུབ་པ་(བྱེད་པ)འི་ཡུལ་(ཆོས་ཅན་)། ། (མཚན་ཉིད་ལྔ་དང་ལྡན་དགོས་ཏེ་འཚོ་བའི་སྤྱོད་ཚོགས་ཆུང་ངུས་)ལེགས་པར་རྙེད་(པ་)དང་༼ཆོམ་རྐུན་སོགས་ཀྱི་ གནོད་པ་མི་འབྱུང་བས་)གནས་བཟང་(བ་)དང༌། །(ཆུ་བཟང་ཞིང་གཞི་བདག་བཟང་བས་ཁམས་སྐྱོན་མེད་པས་)ས་ བཟང་བ་དང་༼ཚུལ་ཁྲིམས་བཟང་པོ་དང་ལྟ་བ་མཐུན་པའི༽གྲོགས་བཟང་དང༌། །རྣལ་འབྱོར་བདེ་བའི་ཡོ་ བྱད་ལྡན་(པ་ནི་ཉིན་པར་སྐྱེས་བུའི་འདུ་འཛི་ཉུང་ཞིང་ཁྱིམ་པ་དང་འདྲེས་པའི་ཅ་ཅོའི་གཏམ་ཉུང་ལ་མཚན་མོ་ཁྱི་ལ་སོགས་པ་ གང་ཟག་གཞན་གྱི་དགྲ་འབྱུང་པ་དང་མི་ལྡན་པ་གཅིག་དགོས་པའི་ཕྱིར)། །ཞེས་པ་དང༌། སྤྱོད་པ་ལ་འཇུག་པར། ས་ཕྱོགས་(རྒྱལ་པོ་སོགས་གང་གིས་ཀྱང་སྔར་)བདག་གིར་བཟུང་(བ་)མེད་པ(ར)། །རང་བཞིན་(ཏེ་རང་ གི་ངོ་བོ་ཉིད་)གྱིས་ནི་ཡངས་(ཤིང་རྒྱ་ཆེ་བ་ཡིད་བདེ་བྱེད་པ་)རྣམས་སུ། །(གཞན་ལ་བརྟེན་མི་དགོས་པར་)རང་ 3-1-103 དབང་སྤྱོད་ཅིང་(དེ་ལ་ཡང་)ཆགས་(པ་)མེད་པར། །(དུས་)ནམ་ཞིག་བདག་ནི་(བཅོས་མ་མ་ཡིན་པར་) གནས་པར་འགྱུར་(ཞེས་སྨོན་པའི་ཚིག་གོ)། །ཞེས་གསུངས་པ་ལྟར། རི་ཁྲོད་དགོན་པ་དབེན་ཞིང་ ཉམས་དགའ་བ་ཡིད་དུ་འོང་བ་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བ་ལ་བརྟེན་ནས་དགེ་ བ་ངང་གིས་འཕེལ་ལ། ཡོ་བྱད་ཀྱང༌། མྱོས་འགྱུར་ཆང་དང་བསད་པའི་ཤ་ལ་སོགས། ། འདི་དང་ཕྱི་མར་གནོད་གྱུར་མ་དག་པ། །ལོག་པའི་འཚོ་བ་དུག་བཞིན་རྣམ་ སྤངས་ཏེ། །དག་པའི་འཚོ་བ་བརྟེན་པ་ཤིན་ཏུ་གཅེས། །འདུལ་བའི་ལུང་ལས། ཆང་ནི་ ཉེས་པ་ཀུན་གྱི་རྩ་བ་སྟེ། །རྩྭ་རྩེ་ཙམ་ཡང་བཏུང་བར་མི་བྱའོ། །ཞེས་གསུངས་ཤིང༌། གསང་ སྔགས་ལས་ཀྱང༌། སྔགས་པ་ཆང་གིས་བརྫི་བ་ནི། །ངུ་འབོད་གནས་སུ་སྐྱེ་བར་འགྱུར། ། ཞེས་གསུངས་པས། མྱོས་པས་བག་མེད་པར་འགྱུར་བའི་ཆང་དང༌། མདོ་སྡེ་ལས། ཤ་ཡི་ ཕྱིར་དུ་ནོར་སྦྱིན་བྱེད། །ཁེ་ཡི་དོན་དུ་སྲོག་གཅོད་བྱེད། །རྨོངས་པ་དེ་དག་སྡིག་ལས་ཅན། །ངུ་ འབོད་ལ་སོགས་རྣམས་སུ་བཙོ། །ཞེས་ཉོས་ནས་ཟ་མཁན་དང༌། བསད་ནས་འཚོང་མཁན་ གཉིས་ཀ་སྡིག་པ་མཉམ་པས། ངུ་འབོད་ལ་སོགས་པར་སྐྱེ་བར་གསུངས་ལ། གསང་སྔགས་ ལས་ཀྱང༌། གསོད་པོ་ནོར་ལ་སྲེད་པ་ནི། །བསྐལ་པ་འབུམ་དུ་འཚེད་པར་བྱེད། །ཟ་པོ་ཤ་ལ་ སྲེད་པ་ནི། །སྐལ་པ་བྱེ་བར་འཚེར་པར་བྱེད། །ཅེས་ཟ་མཁན་དངོས་སྡིག་པ་བརྒྱ་འགྱུར་གྱིས་ ཆེ་བར་གསུངས་པས། བསད་པའི་ཤ་སྤང་ཞིང༌། སྤྱོད་འཇུག་ལས། (རྙེད་པ་ལ་ཞེན་པའི་གཉེན་ པོར་འདི་ལྟར་སྤྱད་པར་བྱ་སྟེ་)བདག་ནི་(རྙེད་པ་མེད་པར་ཉི་མ་)དེང་ནས་ཤི་ཡང་བླའི་(སྟེ་རུང་གི)། །(གཞན་ལ་ གནོད་པའི་སྒོ་ནས་རྙེད་པས་འཚོ་བའི་)ལོག་འཚོས་(དུས་)ཡུན་རིང་(བོར་)གསོན་(པར་)མི་རུང་(སྟེ་ཅིས་ཕྱིར་ ཞེ་ན་འཚོ་བའི་མཐའ་འཆི་བ་ཡིན་པས་ལོག་འཚོའི་སྒོ་ནས་ཡུན་རིང་འཚོ་ཡང་གང་ཟག་དེ་ལ་འཆི་བའི་སྡུག་བསྔལ་དེ་ཉིད་ངེས་ པར་འབྱུང་བའི་ཕྱིར་ཏེ)། །ཞེས་གསུངས་པས་རྐུས་པ་དང་འཕྲོག་པ་དང་དཀོན་མཆོག་གི་དཀོར་ ལ་སོགས་པ་མ་དག་པའི་འཚོ་བ་རྣམས་སྤངས་ཏེ། དཀར་གསུམ་མངར་གསུམ་ལ་སོགས་པ་ 3-1-104 དག་པའི་འཚོ་བ་ལ་བསྟེན་ན། དམ་པའི་ཆོས་འཕེལ་བར་འགྱུར་རོ། ། གྲོགས་ཀྱི་ཁྱད་པར་ཡང༌། བསམ་པ་བཟང་པོར་འདོད་ཀྱང་ཤས་ཆུང་བས། ། སྡིག་པའི་ལས་ལ་ཐབས་ཀྱིས་བསྐུལ་བྱེད་ཅིང༌། །དགེ་བའི་ལས་ལ་བར་ཆད་ བྱེད་པ་རྣམས། །སྡིག་པའི་གྲོགས་པོ་ལགས་པས་སྤངས་ན་ལེགས། །དེ་ཡང༌། (འོ་ ན་བཤེས་གཉེན་ཅི་ལྟ་བུ་བསྟེན་དགོས་ཞེ་ན་འོག་འདི་ཉིད་ན་བཤད་པའི་བཤེས་གཉེན་དེ་ལྟ་བུ་བསྟེན་དགོས་ཏེ་བྱིས་པ་རྣམས་ ནི་རང་བས་རིགས་དང་ནོར་ལ་སོགས་པ་)མཐོ་(བ་)ལ་ཕྲག་དོག་(སྟེ་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་སྐྱེ་བ་ དང་དེ་དག་རང་དང་)མཉམ་(པ་)ལ་འགྲན་(པས་རྩོད་པ་དང་)། །(རང་བས་)དམན་(པ་)ལ་(མཆོག་ཡིན་ནོ་ཞེས་) ང་རྒྱལ་(སྐྱེ་བ་དང་དེ་དག་ལ་)བསྟོད་ན་(བདག་ཆེན་པོ་ཡིན་ནོ་ཞེས་)དྲེགས་(པ་སྐྱེས་པ་དང་)། །མི་སྙན་(པ་) བརྗོད་ན་ཁོང་ཁྲོ་སྐྱེ་(བ་དང་)། །ནམ་ཞིག་(སྟེ་དུས་གང་གི་ཚེ་)བྱིས་(པ་)ལས་(གཏན་དུ་) ཕན་པ་(ཇི་ལྟར་)ཐོབ་(སྟེ་ཐོབ་པ་མི་སྲིད་དོ)། །ཅེས་གསུངས་པ་ལྟར། གང་དང་འགྲོགས་ན་སྡིག་པ་འཕེལ་བར་ འགྱུར་བ་རྣམས་སྤང་པར་བྱ་ཞིང༌། ཚུལ་ཁྲིམས་ལྡན་ཞིང་ལུང་དང་རྟོགས་པའི་ཆོས། ། འཆད་དང་བསྒྲུབ་པའི་སྒོ་ནས་འཛིན་ཞིང་སྤེལ། །གང་དང་འགྲོགས་ན་དགེ་བ་ འཕེལ་བ་ཡི། །བཤེས་གཉེན་དམ་པ་གུས་པས་བསྟེན་འཚལ་ལོ། །ཇི་སྐད་དུ། མདོ་ སྡེ་རྒྱན་ལས། བཤེས་གཉེན་(ཚུལ་ཁྲིམས་དང་ལྡན་པའི་ཕྱིར་དབང་པོ་)དུལ་བ་(དང་)ཞི་ཞིང་(ནི་ཏིང་ངེ་འཛིན་ དང་ལྡན་པའི་ཕྱིར་སེམས་ནང་དུ་ཞི་བར་གནས་སོ་)ཉེར་ཞི་བ་(ནི་ཤེས་རབ་དང་ལྡན་པའི་ཕྱིར་ཉོན་མོངས་པ་ཉེ་བར་ཞི་བས་ སོ)། །ཡོན་ཏན་ལྷག་པར་(ནི་མཉམ་པའམ་ཆུང་བ་མ་ཡིན་པའོ་)བརྩོན་གྱིས་(ནི་གཞན་དོན་ལ་གཡེལ་པ་མ་ཡིན་ པས་སོ་)ལུང་གིས་ཕྱུག་(པ་ནི་ཐོས་པ་ཉུང་ངུ་མ་ཡིན་པའོ)། །དེ་ཉིད་རབ་ཏུ་རྟོགས་པ་(ནི་ཁོ་ན་ཉིད་ཁུང་དུ་ཆུད་ པའི་ཕྱིར་ཚིག་དོན་ཕྱིན་ཅི་མ་ལོག་པར་)སྨྲ་མཁས་ལྡན་(པ་ནི་རྟག་ཏུ་ཆོས་སྟོན་པའི་ཕྱིར་རོ)། །བརྩེ་བའི་བདག་ ཉིད་(ནི་ཟང་ཟིང་གི་སེམས་མེད་པའི་ཕྱིར་)སྐྱོ་(པའི་)ཡིད་སྤངས་ལ་བསྟེན་༼པ་ནི་རྟག་ཏུ་ཆོས་སྟོན་པ་གཅིག་དགོས་ པའི་ཕྱིར༽། །ཞེས་གསུངས་པ་ལྟར་གང་དང་འགྲོགས་ན་དགེ་བ་ངང་གིས་འཕེལ་བར་འགྱུར་བ་ 3-1-105 རྣམས་བསྟེན་པར་བྱའོ། ། གཉིས་པ། བསྟེན་ནས་བསྒྲུབ་ཚུལ་མདོར་བསྟན་པ་ནི། དེ་ཡི་གསུང་བཞིན་རྣམ་ དག་ཚུལ་ཁྲིམས་བསྲུང༌། །ཐོས་བསམ་སྒོམ་པས་ལམ་ལྔ་ས་བཅུ་རྣམས། །རིམ་ གྱིས་གོང་ནས་གོང་དུ་བགྲོད་པ་ལས། །རྣམ་གྲོལ་མཆོག་གི་བདེ་བ་ཆེན་པོ་ འགྲུབ། །དེ་ཡང་བཤེས་སྤྲིངས་སུ། (ཚུལ་)ཁྲིམས་(ཀྱི་ཡོན་ཏན་)ནི་རྒྱུ་(བ་འགྲོ་བ་)དང་མི་རྒྱུ་(བ་རྩི་ ཤིང་མེ་ཏོག་ལ་སོགས་པ)འི་(རྟེན་)ས་(གཞི་ཡིན་པ་)བཞིན་ཏུ། །(ཚུལ་ཁྲིམས་ཀྱང་ཏིང་ངེ་འཛིན་དང་ཤེས་རབ་ལ་ སོགས་པ་)ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་(སྟོན་པར་)གསུངས་(སོ)། །ཞེས་གསུངས་པ་ ལྟར། སོ་སོར་ཐར་པའི་སྡོམ་པ་རིས་བརྒྱད་ལས་གང་ཡང་རུང་བའི་ཚུལ་ཁྲིམས་རྣམ་པར་ དག་པ་བསྲུངས་ཞིང༌། རིམ་ལྔ་ལས། (ཐོས་བསམ་སྒོམ་གསུམ་གྱིས་ཕན་ཡོན་ནི་དཔེར་ན་)རི་དབང་(ནི་)རྩེ་ ལས་(རྟག་པ་མཐར་བཟུང་གི་ཚིག་གམ་)འགའ་ཞིག་ལྟུང་(པར་)གྱུར་ན། །(རང་ཉིད་)ལྷུང་བར་མི་འགྱུར་ (སྟེ་ལྟུང་བ་མ་ཡིན་)སྙམ་ཡང་ལྷུང་བར་འགྱུར་(བ་བཞིན་དུ་)། །བླ་མ་(དམ་པ་)འི་དྲིན་ལས་(རང་ལ་)ཕན་ པའི་ལུང་(དོན་ཟབ་མོ་)ཐོབ་ན་(དེའི་དོན་རང་ཉིད་གྱིས་ཉམས་སུ་ལོན་པས)། །གྲོལ་བར་མི་འགྱུར་སྙམ་ ཡང་གྲོལ་པར་འགྱུར་(པའོ་)། །ཞེས་གསུངས་པ་ལྟར། བླ་མ་དམ་པ་ལས་མན་ངག་ཟབ་མོ་ ཞུས་ནས། ཐོས་བསམ་སྒོམ་གསུམ་ལ་བརྩོན་པར་བྱ་སྟེ་འཆད་པར་འགྱུར་པ་ལྟར། ལམ་ལྔ་ ས་བཅུ་རིམ་གྱིས་བགྲོད་པ་ལས་རྣམ་པར་གྲོལ་བའི་འབྲས་བུ་བསྒྲུབ་པ་ལ་འབད་པར་བྱའོ། ། ཐོས་པའི་དོན་ཡང་ཉམས་སུ་བླང་བྱ་ཡི། །བཀའ་ལུང་ཟབ་མོ་གུས་པས་ནོད་པ་ སྟེ། །བསམ་པའང་ཚུལ་བཞིན་ཡིད་ལ་བྱེད་པ་ཡིས། །རྣམ་པར་དཔྱོད་དེ་ངེས་ པར་འཛིན་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། (ཐོས་པའི་ཕན་ཡོན་བསྟན་པ་ནི་གནས་སྐབས་ སུ་ཡང་)ཐོས་པས་ཆོས་(ཀྱི་གནས་ལུགས་)རྣམས་ཤེས་པར་འགྱུར་(བ་དང་)། །ཐོས་པས་(དགེ་བ་བསྒྲུབས་ ཅིང་)སྡིག་(པ་)ལས་བཟློག་པར་འགྱུར་(པ་དང་)། །ཐོས་པས་དོན་(ཚུལ་བཞིན་)མ་ཡིན་པ་(ཡིད་ལ་ 3-1-106 བྱེད་པ་)སྤོང་(བ་དང་)། །ཐོས་པས་(མཐར་ཐུག་)རྣམ་པར་གྲོལ་བ(འི་འབྲས་བུ་ཡང་)ཐོབ་(པ་ཡིན་)། །ཅེས་ གསུངས་པ་ལྟར། ལུང་རྣམ་པར་དག་པ་རྒྱ་ཆེན་པོ་ཐོས་ནའང་ལེགས་ཤིང༌། ཁྱད་པར་གང་ ཉམས་སུ་ལེན་པའི་བཀའ་ལུང་ཟབ་མོ་ཐོས་པར་བྱ་སྟེ། མདོ་སྡེའི་རྒྱན་ལས། ཚུལ་བཞིན་ ཡིད་ལ་བྱེད་པ་(ལ་ལྟོས་ནས་ཡང་དག་པའི་ལྟ་བ་འབྱུང་བ་)དང༌། །ཡང་དག་ལྟ་བ་(ལ་བརྟེན་ནས་ཉོན་མོངས་ པ་སྤོང་བའི་)འབྲས་ལྡན་(ཞེས་པ་ནི་རྒྱུ་རྣམས་འབྲས་བུ་ལ་བྱ་བ་བྱེད་པར་རྟོགས་པའི་རིགས་པ་ཏེ་ཆོས་ཅན། བྱ་བ་བྱེད་ པའི་རིགས་པ་ཡིན་ཏེ་འབྲས་བུའི་ཆ་ལ་རྨོངས་པ་སེལ་པའི་རིགས་པ་ཡིན་པའི་ཕྱིར་)དང༌། །ཚད་མས་རྣམ་ཕྱེ་(ཞེས་ པ་ནི་བསྒྲུབ་བྱའི་དོན་ཚད་མ་གསུམ་དང་མི་འགལ་བར་སྟོན་པའི་རིགས་པ་དེ་ཆོས་ཅན། འཐད་པ་བསྒྲུབ་པའི་རིགས་པ་ཡིན་ ཏེ། ལྐོག་གྱུར་གྱི་དོན་ལ་རྨོངས་པ་སེལ་བའི་རིགས་པ་ཡིན་པའི་ཕྱིར་)བསམ་མི་ཁྱབ་(པ་སྟེ)། །རིགས་པ་རྣམ་པ་ བཞིན་ཤེས་བྱ། །(ཞེས་པ་ནི་དོན་བསྡུའོ་)ཞེས་གསུངས་པ་ལྟར། འབྲས་བུ་འབྱུང་བ་རྒྱུ་ལ་ལྟོས་པའི་ རིགས་པ་(ཞེས་པ་ནི་འདུ་བྱེད་རྣམས་རྒྱུ་སྐྱེན་ལ་ལྟོས་པར་རྟོགས་རིགས་པ་གང་ཡིན་པ་དེ་ཆོས་ཅན་ལྟོས་པའི་རིགས་པ་ཡིན། རྒྱུའི་ཆ་ལ་རྨོངས་པ་སེལ་བའི་རིགས་པ་ཡིན་པའི་ཕྱིར་)དང༌། རྒྱུ་རྣམས་འབྲས་བུ་ལ་བྱ་བ་བྱེད་པའི་རིགས་ པ་དང་། ཚད་མས་འཇལ་བ་འཐད་པ་བསྒྲུབ་པའི་རིགས་པ་དང༌། རང་བཞིན་གང་ཡིན་ཆོས་ ཉིད་ཀྱི་རིགས་པ་༼ཞེས་པ་ནི་མེའི་རང་བཞིན་ཚ་བ་ལ་སོགས་པའི་ཆོས་རྣམས་ཆོས་ཅན། ཁྱོད་ལ་འཇིག་རྟེན་དུ་ཆོས་ཉིད་ དུ་གྲགས་པ་ཡིན་ཏེ། ཐོག་མ་མེད་པ་ནས་མེ་ལ་སོགས་པའི་རང་གི་མཚན་ཉིད་དུ་གནས་པའི་ཕྱིར། མེའི་སྟོང་ཉིད་ཆོས་ཅན། ཁྱོད་ལ་བསྟན་བཅོས་ནས་ཆོས་ཉིད་དུ་གྲགས་པ་ཡིན་ཏེ། ཐོག་མ་མེད་པ་ནས་སྤྱིའི་མཚན་ཉིད་དུ་གནས་པའི་ཕྱིར། དེ་ལྟ་བུའི་ སྟོང་ཉིད་རྟོགས་པའི་རིགས་པ་དེ་ཆོས་ཅན། ཆོས་ཉིད་ཀྱི་རིགས་པ་ཡིན་ཏེ། རང་བཞིན་ལ་རྨོངས་པ་སེལ་བའི་འཐད་པ་ཡིན་པའི་ ཕྱིར་༽སྟེ། རིགས་པ་བཞི་ལ་བརྟེན་ནས་བསམ་བྱུང་གི་ཤེས་རབ་ཀྱིས་ལེགས་པར་དཔྱད་ནས་ ངེས་པར་འབྱུང་ཞིང༌། སྒོམ་པའི་དོན་ཡང་ཇི་ལྟར་རྟོགས་པའི་དོན། །བླང་དོར་ཚུལ་ གྱིས་ཉམས་སུ་ལེན་པ་སྟེ། །སྤང་བྱ་གང་ཡིན་ཤེས་ནས་སྤོང་པ་དང༌། །གཉེན་པོ་ གང་ཡིན་ཤེས་ནས་བསྟེན་པའོ། །དེ་ཡང་། སྡོང་པོ་བཀོད་པ་ལས། ཡང་དག་སངས་ 3-1-107 རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་པོ། །དཔེར་ན་ལ་ལ་ཆུ་ཀླུང་གིས། །སྟོབས་ མེད་ནན་གྱིས་ཁྱེར་བ་དག །སྐོམ་པས་ཤི་བར་གྱུར་པ་བཞིན། །མ་བསྒོམ་ཆོས་ཀྱང་དེ་དང་ འདྲ། །ཞེས་གསུངས་པས། ཇི་ལྟར་ཐོས་ཤིང་བསམ་པའི་དོན་བསྒོམ་དགོས་ཤིང༌། སྤྱོད་པ་ ལ་འཇུག་པར། ལུས་ཀྱིས་(དགེ་སྡིག་གི་ལས་)འདི་དག་(ལ་བླང་དོར་གྱི་སྒོ་ནས་)སྤྱད་པར་བྱ(དགོས་ཏེ)། ། ཚིག་ཙམ་བརྗོད་པས་(དགོས་པའི་དོན་)ཅི་ཞིག་འགྲུབ(སྟེ་མི་འགྲུབ་པའི་ཕྱིར)། །(དཔེར་ན་)སྨན་དཔྱད་ (དེ་སྨན་གྱི་བསྟན་བཅོས་)ཀློག་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ་(སྟེ་མི་འགྱུར་བ་བཞིན་ ནོ)། །ཞེས་གསུངས་པས། ཚིག་ཐོས་ཤིང་ཤེས་པ་ཙམ་གྱིས་མི་ཆོག་ཤིང༌། དོན་བླང་དོར་གྱི་ སྒོ་ནས་ཉམས་སུ་བླང་དགོས་ཏེ། དེ་ལྟར་ན་ནི་ཀླུ་སྒྲུབ་ཀྱིས། (གནས་ལུགས་ཀྱི་དོན་གཞལ་པར་བྱེད་ པའི་)ཤེས་རབ་རྒྱས་(པར་)བྱེད་པ་ནི་ཐོས་པ་སྟེ། །(དེའི་དོན་ལ་རིགས་པ་ཡང་དག་གིས་)བསམ་པ་དང་ ནི་(གང་ཟག་གང་ལ་)གཉིས་པོ་ཡོད་(པར་)གྱུར་ན། །(ཐོས་བསམ་)དེ་ལས་བསྒོམ་པ་ཡང་ནི་རབ་ཏུ་ འབྱུང༌། །(ཐོས་བསམ་སྒོམ་གསུམ་)དེ་ལས་(འབྲས་བུ་)དངོས་གྲུབ་བླ་ན་མེད་པ་(རྫོགས་པའི་བྱང་ཆུབ་) ཐོབ་(པོ)། །ཅེས་གསུངས་པ་ལྟར། ཐོས་བསམ་སྒོམ་གསུམ་མཐའ་ཕྱིན་པ་ལས། འབྲས་བུ་ མཐར་ཐུག་འགྲུབ་པར་འགྱུར་བའི་ཕྱིར་རོ། །སྒྲུབ་པ་བྱེད་པ་ལའང་བསྒྲུབ་ཚུལ་ལེགས་པར་ ཤེས་དགོས་པས་དེའི་ཆེད་དུ། གསུམ་པ། བླང་དོར་ཤེས་ནས་འབད་ཚུལ་ནི། སྔར་ལུས་རྣམ་བཞག་ཏུ། ཁྱད་པར་ བདེན་གཉིས་བདེན་བཞི་ཐེག་པ་གསུམ། །བསླབ་གསུམ་སྡོམ་གསུམ་ཕྱི་ནང་གྲུབ་མཐའ་ དང༌། །འཁོར་ལོ་གསུམ་དང་ལམ་ལྔ་ས་བཅུ་སོགས། །ཤེས་ནས་བླང་དོར་ཚུལ་ལ་འབད་ འཚལ་ལོ། །ཞེས་བསྟན་པ་ལྟར། དོན་བརྒྱད་ཀྱིས་འཆད་པའི། དང་པོ་བདེན་པ་གཉིས་ཀྱི་ རྣམ་བཞག་ལའང༌། ངོ་བོ་དང་དབྱེ་བ་བསྒྲུབ་ཚུལ་དང་དབྱེ་བསྡུ། སྟོང་ཚུལ་དང་གྲངས་ངེས། མ་ཤེས་པའི་ཉེས་དམིགས། ཤེས་པའི་ཕན་ཡོན་ནོ། ། 3-1-108 ངོ་བོ་ནི། ཆོས་ཀུན་བདེན་པ་གཉིས་སུ་འདུ་བས་ན། །ཀུན་རྫོབ་དང་ནི་དོན་ དམ་བདེན་པ་ཡི། །གནས་ལུགས་ཤེས་ནས་རབ་འབྱམས་ཤེས་བྱ་ལ། །རྣམ་པར་ དཔྱོད་པ་ཤེས་ལྡན་རྣམས་ཀྱི་ལུགས། །དཔལ་ལྡན་དྲི་མ་མེད་པའི་འོད་ལས། སངས་ རྒྱས་རྣམས་ཀྱིས་ཆོས་བསྟན་པ། །(བརྗོད་བྱ་)བདེན་པ་གཉིས་ལ་ཡང་དག་བརྟེན་(པ་བསྟན་ཏེ)། ། འཇིག་རྟེན་(པའི་བློའི་ཡུལ་དུ་གྱུར་པ་)ཀུན་རྫོབ་བདེན་པ་དང༌། །(འཇིག་རྟེན་ལས་འདས་པའི་བློའི་ཡུལ་གྱུར་ པ་)དམ་པའི་དོན་གྱི་བདེན་པ་(སྟེ་གཉིས་སུ་ངེས་པ)འོ། །ཞེས་གསུངས་པ་ལྟར། བདེན་པ་གཉིས་ ཀྱི་རྣམ་དབྱེ་ཤེས་དགོས་ཤིང༌། དེ་ཡང༌། ཀུན་རྫོབ་འཁྲུལ་ཤེས་ཇི་སྲིད་གནས་ཀྱི་ བར། །རྒྱུ་འབྲས་བསླུ་བ་མེད་པར་བདེན་པ་སྟེ། །དོན་དམ་སྟོང་ཉིད་ཟབ་མོ་ཆོས་ ཀྱི་དབྱིངས། །ཡེ་ཤེས་དམ་པའི་དོན་དུ་བདེན་པའོ། །དབུ་མ་རྒྱན་ལས། མ་བརྟགས་ (མ་དཔྱད་པར་བྱིས་པ་རྣམས་ལ་བདེན་པར་སྣང་བས་ན་)གཅིག་པུ་ཉམས་དགའ་ཞིང༌། །(དོན་ལ་སྐད་ཅིག་གིས་) སྐྱེ་(བ་)དང་འཇིག་པའི་ཆོས་ཅན་(ཡིན་)པ། །(སྣང་བ་ལྟར་)དོན་བྱེད་པ་དག་ནུས་(པ་)རྣམས་ཀྱི། ། རང་བཞིན་(ནི་ཡང་དག་)ཀུན་རྫོབ་ཡིན་པར་རྟོགས་(སོ)། །ཞེས་གསུངས་པ་ལྟར། མ་བརྟགས་ པའི་འཁྲུལ་ཤེས་ལ་སྣ་ཚོགས་སུ་སྣང་ཞིང༌། འདུས་བྱས་རྒྱུ་འབྲས་མི་བསླུ་བར་གནས་པ་ ཀུན་རྫོབ་བདེན་པ་དང༌། (མ་བརྟགས་མ་དཔྱད་པར་བྱིས་བ་ལ་བདེན་བར་སྣང་བ་ཙམ་ཡིན་ལ་)དེའི་ཕྱིར་ཡང་ དག་ཉིད་དུ་ན། །(སྟེ་རིགས་པས་དཔྱད་ན་)དངོས་པོ་གང་ཡང་(དོན་དམ་པར་)གྲུབ་པ་མེད་(དེ)། །ཡང་ དག་དུ་ན་(སྟེ་དོན་དམ་པར་ཀུན་རྫོབ་)སྤྲོས་པ་ཡི། །མཚན་མ་ཀུན་ལས་(ཆོས་དབྱིངས་)དེ་གྲོལ་(བ་) ཡིན་(པས་བདེན་པར་གྲུབ་པོ)། །ཞེས་གསུངས་པ་ལྟར། བརྟག་ན་འདུས་བྱས་ཀྱི་དངོས་པོ་གང་ ཡང་གྲུབ་པ་མེད་ཅིང༌། སྐྱེ་འཇིག་ལ་སོགས་པའི་སྤྲོས་པ་ཐམས་ཅད་ལས་གྲོལ་བའི་ཆོས་ ཉིད་ནམ་ཡང་བསླུ་བ་མེད་པར་གནས་པས་དོན་དམ་པའི་བདེན་པའོ། ། དབྱེ་བ་ནི། ཀུན་རྫོབ་སྣང་ཙམ་དུ་ཡང་དོན་བྱེད་དག །མི་ནུས་པ་ནི་ལོག་པའི་ 3-1-109 ཀུན་རྫོབ་སྟེ། །སྣང་ཙམ་རང་རང་སོ་སོའི་དོན་བྱེད་དག །ནུས་པར་སྣང་བ་ཡང་ དག་ཀུན་རྫོབ་ལགས། །དེ་ཡང་བདེན་གཉིས་སུ། (རྣམ་ཤེས་ལ་)སྣང་དུ་འདྲ་ཡང་(མེ་ཆུ་སོགས་) དོན་བྱེད་(པ་)དག །ནུས་པའི་ཕྱིར་དང་(ཟླ་བ་གཅིག་ལ་ཟླ་བ་གཉིས་སུ་སྣང་བ་སོགས་སྣང་བ་ལྟར་དོན་བྱེད་པར་) མི་ནུས་(པ་དང་གཉིས་ཡོད་པའི་)ཕྱིར། །(རིམ་པ་ལྟར་)ཡང་དག་(པའི་ཀུན་རྫོབ་བདེན་པ་དང་)ཡང་དག་(པ་) མ་ཡིན་པའི། །ཀུན་རྫོབ་(སྟེ་གཉིས་)ཀྱི་ནི་དབྱེ་བ་བྱས་(སོ)། །ཞེས་གསུངས་པ་ལྟར། སྣང་ཙམ་ དུ་དོན་བྱེད་ནུས་པས་མེ་ཆུ་ལ་སོགས་པ་ཡང་དག་པའི་ཀུན་རྫོབ་དང༌། སྣང་ཡང་དོན་བྱེད་མི་ ནུས་པ་སྐྲ་ཤད་འཛག་པ་དང༌། ཟླ་བ་གཉིས་སུ་སྣང་བ་ལ་སོགས་པ་ལོག་པའི་ཀུན་རྫོབ་སྟེ་ གཉིས་དང༌། དོན་དམ་ལ་ཡང་སྐྱེ་སོགས་བཀག་ཙམ་གྱི། །སྟོང་ཉིད་མེད་དགག་རྣམ་ གྲངས་དོན་དམ་སྟེ། །སྤྲོས་པ་མཐའ་དག་ཞི་བའི་དེ་བཞིན་ཉིད། །རྣམ་གྲངས་མ་ ཡིན་མཐར་ཐུག་དམ་པའི་དོན། །ཇི་སྐད་དུ། (དོན་དམ་པར་)སྐྱེ་(པ་)ལ་སོགས་པ(འི་མཐའ་ བརྒྱད)་བཀག་པ༼འི་སྟོང་པ་ཉིད་)ཡང༌། །ཡང་དག་པ་(སྟེ་སྟོང་ཉིད་མཚན་ཉིད་)དང་(སྟོང་ཉིད་ཙམ་དུ་མིང་) མཐུན་(པའི་)ཕྱིར་(སྟོང་ཉིད་དུ་)བཞེད་(ལ)། །སྐྱེ་(བ་)མེད་(པ་ལ་སོགས་པའི་ཀུན་རྫོབ་གྱི་)སྤྲོས་(པ་)ཀུན་ ཞི་བ་(སྟེ་སྟོང་པའི་གཞི་)ལ། །དོན་དམ་ཞེས་པའི་བརྡ་(སྟེ་དོན་དམ་མཚན་ཉིད་པ་ཉིད་དུ་)མཛད་(པ་སྟེ་བཞེད་) དོ། །ཞེས་སྐྱེ་སོགས་བཀག་ཙམ་གྱི་མེད་དགག་ཅི་ཡང་མ་གྲུབ་པ་རྣམ་གྲངས་པའི་དོན་དམ་ དང༌། སྤྲོས་པ་མཐའ་དག་ཞི་བའི་དེ་བཞིན་ཉིད། རྣམ་གྲངས་མ་ཡིན་པའི་དོན་དམ་སྟེ་གཉིས་ སུ་གསུངས་པ་ལྟར་རོ། ། བསྒྲུབ་ཚུལ་ནི། ཀུན་རྫོབ་སྒྱུ་མ་ལྟ་བུ་ཡིན་ན་ཡང༌། །ལས་འབྲས་སྒྱུ་མ་ལྟ་ བུར་བདེན་པས་ན། །དགེ་བ་བསྒྲུབ་ཅིང་སྡིག་པ་སྤོང་བ་ལ། །རྣམ་པ་ཀུན་ཏུ་ བརྩོན་པས་འབད་འཚལ་ལོ། །རྒྱན་ལས། སྒྱུ་མའི་གླང་བོའི་གཟུགས་འཛིན་པ། །(གཟུང་ 3-1-110 འཛིན་གཉིས་སུ་)འཁྲུལ་ཕྱིར་གཉིས་སུ་སྣང་བ་སྟེ། །(ལྟར་སྣང་བ་)དེ་ལ་ཇི་བཞིན་(གྱིས་བཟུང་བ་དང་དེར་ འཁྲུལ་བ་)གཉིས་མེད་ཀྱང༌། །(གང་ཟག་དེ་ལ་གཟུང་འཛིན་)གཉིས་པོ་དག་ཏུ་ཉེ་བར་དམིགས། །(པ་སྟེ་ གཟུང་འཛིན་གཉིས་སུ་སྣང་ངོ་)ཞེས་པ་ལ་སོགས་པ་གསུངས་པ་ལྟར། ཀུན་རྫོབ་གཟུང་འཛིན་གྱིས་ བསྡུས་པའི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ། རྨི་ལམ་ལྟ་བུར་ཤེས་པའི་སྒོ་ནས་ སྡུག་མི་སྡུག་ལ་སོགས་པ་སྣ་ཚོགས་སུ་སྣང་བ་རྣམས་ལ། ཆགས་སྡང་ལ་སོགས་པའི་ཉོན་ མོངས་པ་སྤོང་ཞིང༌། དགེ་སྡིག་ལས་བདེ་སྡུག་འབྱུང་བ་ལ་སོགས་པ་ལས་རྒྱུ་འབྲས་རྨི་ལམ་ སྒྱུ་མ་ལྟར་བུར་སྣང་བ་རྣམས་ལའང་བླང་དོར་ཚུལ་བཞིན་དུ་བྱེད་པའོ། ། དབྱེ་བསྡུ་ནི། དོན་དམ་སྟོང་ཉིད་ལ་ཡང་བཅུ་དྲུག་སོགས། །དབྱེ་བ་མང་ཡང་ ཀུན་རྫོབ་ཆོས་ཅན་རྣམས། །རང་རང་ངོ་བོས་སྟོང་ཞིང་དམ་པའི་དོན། །གློ་བུར་ དྲི་མས་སྟོང་པ་གཉིས་སུ་འདུས། །དེ་ཡང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས༼སྟོང་ པ་ཉིད་ནི་མདོར་བསྡུས་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་ གྲངས་སོ། །༽། ཟ་(བ་)པོ་(དབང་བོ་ནང་དུ་)ཟ་བ(ར་བྱ་བ་ཕྱི)་དེ་ཡི་(ཡུལ་)ལུས་(ཀྱི་ཁོག་པ་ཕྱི་ནང་དབང་རྟེན)། ། གནས་ཀྱི་གཞི་ཡི་(སྣོད་ཀྱི་འཇིག་རྟེན་)སྟོང་བ་ཉིད་(ཆེན་པོ་)། །(ནང་གི་སྐྱེ་མཆེད་དེ་སོགས་)དེ་ཡང་གང་ གི་(སྟོང་པར་མཐོང་ཞེ་ན་གཟུང་འཛིན་བདེན་མེད་དུ་རྟོགས་པས་མཐོང་དེའི་སྟོང་པ་ཉིད་ནི་སྟོང་ཉིད་ལྔ་པ་དང་)ཇི་ལྟར་ མཐོང༌། །གང་(གི་)ཕྱིར་དེ་ཡང་སྟོང་པ་ཉིད་(ཞེ་ན་དོ་དམ་པའི་རྣམ་པར་མཐོང་བ་དེའི་སྟོང་བ་ཉིད་ནི་སྟོང་ཉིད་ དྲུག་པ་དང་)། །དགེ་༼བ་༽གཉིས་ཐོབ་པར་བྱ་བའི་ཕྱིར་(ཞེས་པ་ལ་དགེ་བ་འདུས་བྱས་ཀྱི་སྟོང་བ་ཉིད་ནི་འདུ་ བྱས་སྟོང་པ་ཉིད་དང་༼དགེ་བ་འདུས་མ་བྱས་དོན་དམ་ཡི། ཡིན་ནམ་དཔྱོད་༽གཅིག་ཤེས་ཀྱི་སྟོང་ཉིད་ནི་འདུས་མ་བྱས་སྟོང་ ཉིད་དང་)། །རྟག་ཏུ་སེམས་ཅན་(ལ་)ཕན་བྱའི་ཕྱིར་(ཞེས་པ་ནི་སེམས་ཅན་ལ་ཕན་གདགས་པར་བྱའོ་སེམས་ པའི་སྟོང་ཉིད་ནི་མཐའ་འདུས་སྟོང་པ་ཉིད་དང་)། །འཁོར་བ་བཏང་བར་མི་བྱའི་ཕྱིར། །(དེའི་སྟོང་བ་ཉིད་ནི་ ཐོག་མ་དང་མཐའ་མ་མེད་པ་སྟོང་བ་ཉིད་དང་)དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམ་པར་དག་ 3-1-111 བྱའི་ཕྱིར། །(དེའི་སྟོང་བ་ཉིད་ནི་རང་བཞིན་སྟོང་བ་ཉིད་དང་)མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །(དེའི་ སྟོང་བ་ཉིད་ནི་རང་གི་མཚན་ཉིད་སྟོང་ཉིད་དང་)སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །(དེའི་སྟོང་བ་ཉིད་ ནི་ཆོས་ཐམས་ཅད་སྟོང་ཉིད་ནི་)བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཞེས་པ་སྟེ། སྒོམ་པར་བྱེད་ ཞེས་དྲང་ངོ༌། །གང་གིས་ན་བྱང་ཆུབ་སེམས་དཔས་སོ། །གང་ན་སྟོང་པ་ཉིད་དོ། །(དེའི་སྟོང་བ་ ཉིད་ནི་དོར་བ་མེད་པ་སྟོང་བ་ཉིད་དང་)དགོས་པ་ཅིའི་ཕྱིར་དུ་བསྒོམ་ན། གོང་གི་དགེ་གཉིས་ཐོབ་པར་ བྱ་བའི་ཕྱིར། ཞེས་སོགས་བསྒོམ་པའི་དོན་དུའོ། །ཅེས་པ་ལ་སོགས་པ་གསུངས་པ་རྣམས་ སྡོམ་དུ་བྱས་ནས། ནང་དང་ཕྱི་དང་ཕྱི་ནང་(དང་)ཆེན་པོ་དང༌། །སྟོང་(པ་)ཉིད་(དང་)དོན་དམ་ (པ་དང་)འདུས་བྱས་(དང་)འདུས་མ་བྱས་(དང་)། །མཐའ་(ལས་)འདས་(པ་དང་)ཐོག་(མ་དང་)མཐའ་ (མ་མེད་པ་དང་)དོར་(བ་)མེད་(པ་དང་)རང་བཞིན་དང༌། །རང་(གི་)མཚན་(ཉིད་དང་)ཆོས་ཀུན་(དང་) དངོས་(པོ་)མེད་(པ་དང་དངོས་མེད་པའི་)ངོ་བོ་ཉིད་(སྟོང་བ་ཉིད་དོ)། །སོ་སོའི་མཐར་སྟོང་པ་ཉིད་ཅེས་ སྦྱར་བ་ནི་ཆོས་ཅན་གྱི་དབྱེ་བས། ཆོས་ཉིད་སྟོང་པ་ཉིད་ཀྱང་བཅུ་དྲུག་ཏུ་ཕྱེ་བ་ཡིན་ལ། དེའི་ དང་བོ་བཅུ་བཞིའང་ཕྱི་མ་གཉིས་སུ་འདུ་བའི་ཚུལ་ནི། གང་ཟག་དང་ནི་ཆོས་རྣམས་ཀྱི་(བདག་ གི)། །དངོས་པོ་མེད་(པ་ནི་)འདིར་(བཅོ་ལྔ་པ་དངོས་པོ་མེད་པ་)སྟོང་པ་ཉིད་(དང་)། །(དགག་བྱ་)དེ(འི་) དངོས་(པོ་)མེད་པ་(དེ)འི་དངོས་(པོ་སྟེ་ངོ་བོར་)ཡོད་པ་(ནི)། །(དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་སྟོང་ ཉིད་)དེ་(གཉིས་)ནི་(བཅུ་བཞི་པོ་)དེ་ལས་(ཐ་མར་)སྟོང་ཉིད་གཞན། །(གཉིས་སུ་འཇོག་སྟེ་སྟོང་ཉིད་ཀྱི་མཚན་ ཉིད་བསྟན་པས་རིམ་པ་ལྟར་གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་དང་དེའི་སྟོང་ཉིད་ལ་སྐུར་འདེབས་བསལ་བའི་ཕྱིར་བསྟན་ནོ་) ཞེས་ཀུན་རྫོབ་གློ་བུར་གྱི་དྲི་མ་གང་ཟག་བདག་དང༌། ཆོས་ཀྱི་བདག་མཐའ་དག་གི་དངོས་ པོ་མེད་པ་ནི་དངོས་པོ་མེད་པའི་སྟོང་པ་ཉིད་དང༌། དོན་དམ་ཆོས་ཀྱི་དབྱིངས་བདག་མཐའ་ དག་གིས་སྟོང་པ་དེའི་ངོ་བོར་ཡོད་པ་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཉིས་སུ་ བསྡུས་ནས་གསུངས་པ་སྟེ། རྒྱུད་བླ་མར་ཡང༌། རྣམ་༼པར་༽དབྱེར་༼བ་དང་༽བཅས་པའི་མཚན་ 3-1-112 ཉིད་ཅན་༼གྱི་ཆགས་སོགས༽། །གློ་བུར་༼བ་༽དག་གི་ཁམས་༼བདེ་གཤེགས་སྙིང་པོ་༽སྟོང་གི། །རྣམ་༼པར་༽ དབྱེ༼བ་༽ར་མེད་པའི་མཚན་ཉིད་ཅན་༼ཀྱི་སྟོབས་ལ་སོགས་པ༽། །བླ་མེད་༼སངས་རྒྱས་ཀྱི་༽ཆོས་ཀྱིས་ ༼ནི་༽སྟོང་༼བ་༽མ་ཡིན་༼ཏེ༽། །༼ཡོན་ཏན་དེ་རྣམས་གདོད་མ་ནས་དབྱེར་མེད་དུ་ལྡན་པའི་ཕྱིར་༽ཞེས་ཆོས་ཉིད་ ལས་ཐ་དད་དུ་དབྱེར་ཡོད་པའི་མཚན་ཉིད་ཅན། ཀུན་རྫོབ་གློ་བུར་གྱི་དྲི་མ་མཐའ་དག་གིས་ ཆོས་ཀྱི་དབྱིངས་དེ་སྟོང་ཞིང་ཆོས་ཉིད་ལས་ཐ་དད་དུ་དབྱེར་མེད་པའི་མཚན་ཉིད་ཅན། བླ་ན་ མེད་པའི་སངས་རྒྱས་ཀྱི་ཆོས་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས། མི་སྟོང་པར་ གསུངས་པ་དང་ཡང་མཐུན་པ་ཉིད་དོ། །གཞན་ཡང་རྒྱན་ལས། མེད་པའི་སྟོང་པ་ཉིད་(དུ་) ཤེས་ཤིང༌། །(བྱིས་བ་རྣམས་ཀྱིས་གཟུང་བ་དང་འཛིན་པར་ཀུན་ཏུ་བཏགས་པའི་ངོ་བོ་ཉིད་ནི་གཤིས་ལ་རང་གིས་མཚན་ ཉིད་མེད་པའི་ཕྱིར། རི་བོང་གི་རྭ་བཞིན་དུ་དོན་ལ་མེད་པ་ལ། གཞན་དབང་ཀུན་ཏུ་རྟོག་པ་ཙམ་དེ་ཉིད་སྣང་དུ་ཡོད་ཀྱང་བརྟགས་ ན་)དེ་བཞིན་(དུ་)ཡོད་(པ་)མིན་༼པ་རྨི་ལམ་སྒྱུ་མ་ལྟ་བུའི་༽སྟོང་༼པ༽ཉིད་དང་(ཡོངས་གྲུབ་ཆོས་ཉིད་ནམ་མཁའ་ ལྟར་འགྱུར་བ་མེད་པ་དེ་ཉིད)། །རང་བཞིན་(གྱི་)སྟོང་པ་ཉིད་(ཡིན་པར་)ཤེས་ན(ས)། །(འཕགས་པ་རྣམས་ཀྱིས་ རྣམ་པར་ཐར་པའི་སྒོ་)སྟོང་(པ་)ཉིད་(ཕྱིན་ཅི་མ་ལོག་པ་)ཤེས་པར་དེ་(ལ་)བརྗོད་དོ། །ཞེས་ཀུན་བཏགས་ མེད་པ་ལ་མེད་པར་ཤེས་པ་དང༌། གཞན་དབང་སྣ་ཚོགས་སུ་སྣང་ཡང་བརྟགས་ན་དེ་བཞིན་ དུ་ཡོད་པ་ལ་ཡིན་པར་ཤེས་པ་དང༌། ཡོངས་གྲུབ་ཆོས་ཀྱི་དབྱིངས་རང་བཞིན་འགྱུར་བ་མེད་ པ་ཤེས་ན། སྟོང་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པའོ། །ཞེས་གསུམ་གྱི་རྣམ་དབྱེ་གསུངས་ པའང༌། ཀུན་རྫོབ་རང་རང་གི་དངོས་པོ་སྟོང་པར་རྟོགས་པ་དང༌། དོན་དམ་ཆོས་ཉིད་ཀྱིས་མི་ སྟོང་པར་རྟོགས་པ་གཉིས་སུ་འདུ་བ་ཉིད་དོ། ། སྟོང་ཚུལ་ནི། ཀུན་རྫོབ་སྟོང་ཚུལ་འཁོར་ལོ་བར་པའི་དོན། །ཤེས་ནས་དངོས་ པོ་ཀུན་ལ་མངོན་ཞེན་སྤངས། །དོན་དམ་སྟོང་ཚུལ་འཁོར་ལོ་ཐ་མའི་དོན། །ཤེས་ ནས་མངོན་དུ་འགྱུར་བའི་ཐབས་བསྟེན་འཚལ། །དེ་ཡང་། རྒྱལ་བའི་ཡུམ་ལ་སོགས་ 3-1-113 པ། བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར། གཟུགས་ནས་རྣམ་ མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པ་དང༌། ངོ་བོ་ཉིད་མེད་པ། རྨི་ ལམ་ལྟ་བུ་སྒྱུ་མ་ལྟ་བུ་ལ་སོགས་པ་གསུངས་པའི་དོན་ནི། ཀུན་རྫོབ་འདུས་བྱས་ཀྱིས་བསྡུ་ བའི་ཆོས་ཐམས་ཅད་བརྟགས་ན། བདེན་པར་མེད་པ་ལ་དགོངས་པ་ཡིན་པས། མི་རྟག་ པ་ལ་རྟག་པར་འཛིན་པ་དང༌། བདག་མེད་པ་ལ་བདག་ཏུ་འཛིན་པ་ལ་སོགས་པའི་མངོན་ པར་ཞེན་པ་སྤང་བར་བྱ་སྟེ། རྒྱན་ལས་ཀྱང༌། འདི་ལྟར་(རྟེན་ཅིང་འབྲེལ་འབྱུང་གིས་བསྡུས་པའི་)ཆོས་ རྣམས་ཐམས་ཅད་ནི། །(ཆོས་དང་གང་ཟག་གི་)བདག་མེད་(པ་ཡིན་ཏེ་)དམ་པའི་དོན་དུ་(སྟེ་ཡང་དག་པར་) ན། །(བདག་གིས་)སྟོང་(པ་)ཉིད་(ཡིན་པའི་ཕྱིར་དང་བདག་མེད་ལ་)བདག་ཏུ་དམིགས་པ་ནི། །ཉེས་པར་ བཤད་པ་ཁོ་ན་ཡིན་(པའི་ཕྱིར)། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །ཡང་མྱ་ངན་ལས་ འདས་པ་ཆེན་པོའི་མདོ་ལས། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། ཉོན་མོངས་པས་ཡོངས་སུ་ཁེབས་པའི་ཕྱིར་མཐོང་བར་མི་ནུས་སོ། །ཞེས་པ་དང༌། རིགས་ཀྱི་ བུ་དཔེར་ན་ཟླ་བ་ཚེས་པ་ནི་མི་མཐོང་མོད་ཀྱི་མེད་ཅེས་བྱར་མི་རུང་ངོ༌། །སངས་རྒྱས་ཀྱི་རང་ བཞིན་ཡང་དེ་དང་འདྲ་སྟེ། བྱིས་པ་མ་རབས་ཐམས་ཅད་ཀྱིས་མི་མཐོང་མོད་ཀྱི། དེ་ལ་སངས་ རྒྱས་ཀྱི་རང་བཞིན་མེད་ཅེས་བྱར་མི་རུང་ངོ༌། །ཞེས་པ་དང༌། རིགས་ཀྱི་བུ་སངས་རྒྱས་ཀྱི་རང་ བཞིན་ནི། འདི་ལྟར་སྟེ། སྟོབས་བཅུ་དང་མི་འཇིགས་པ་བཞི་དང༌། སྙིང་རྗེ་ཆེན་པོ་དང་དྲན་ པ་ཉེར་བར་བཞག་པ་གསུམ་སྟེ། སེམས་ཅན་ཐམས་ཅད་ལ་རྣམ་པ་གསུམ་པོ་ཡོད་པ་ཡང༌། ཉོན་མོངས་པ་བཅོམ་ནས་གདོད་མཐོང་པར་འགྱུར་རོ། །ཞེས་པ་དང༌། བདག་མེད་དོ་ཞེས་ གསུངས་ཀྱང༌། ཡང་དག་པར་ན། བདག་མེད་པ་མ་ཡིན་ཏེ། བདག་ཅེས་བྱ་བ་ནི་ཆོས་གང་ བདེན་པ་རྟག་པ། ཡང་དག་པར་གནས་པ་བདག་པོར་གྱུར་པ། མི་འགྱུར་བ་མི་འཕོ་བ་དེ་ནི་ བདག་ཅེས་བྱ་སྟེ། ཞེས་པ་དང༌། རིགས་ཀྱི་བུ་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་ 3-1-114 སྙིང་པོའི་དོན་ཏོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ནི་བདག་ ཅེས་བྱ་བའི་དོན་ཏོ། །ཞེས་པ་དང༌། གཟུགས་ནི་མི་རྟག་པ་སྟེ། གཟུགས་འགགས་པའི་རྐྱེན་ གྱིས་རྣམ་པར་གྲོལ་བ་རྟག་ཏུ་གནས་པའི་གཟུགས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཚོར་ བ་ལ་སོགས་པ་ལའང་སྦྱར་ཞིང༌། རྣམ་པར་གྲོལ་བ་རྟག་ཏུ་གནས་པའི་བདེ་བ་དང༌། ཡོངས་ སུ་དག་པའི་གཟུགས་ལ་སོགས་པ་ཐོབ་པར་འགྱུར་བར་གསུངས་ཤིང༌། སྤྲིན་ཆེན་པའི་མདོ་ དང༌། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་དང༌། དཔལ་ཕྲེང་གིས་ཞུས་པའི་མདོ་དང༌། རྔ་བོ་ ཆེའི་མདོ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ། བཀའ་ཐ་མ་དོན་དམ་ རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར། གཟུགས་ནས་རྣམ་མཁྱེན་ཀྱི་བར་གྱི་ཆོས་ ཐམས་ཅད་ལ་ཡང་རྟག་པ་དང༌། བདེ་བ་དང་བདག་དང་ཡོངས་སུ་དག་པ་ལ་སོགས་པ་སྦྱར་ ཏེ། གསུངས་པའི་དོན་ནི་གཟུགས་ལ་སོགས་པའི་རང་བཞིན་དོན་དམ་འདུས་མ་བྱས་ཆོས་ཀྱི་ དབྱིངས་ཀྱི། ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་དང་ལྡན་པ་བརྟན་གཡོ་ཐམས་ཅད་ལ། ནམ་ མཁའ་ལྟར་ཁྱབ་པར་བཞུགས་པ་ལ་དགོངས་པ་ཡིན་པས། རང་བཞིན་གྱིས་རྣམ་པར་དག་ པ་དེ་ཉིད་མངོན་སུམ་དུ་གྱུར་བའི་ཆེད་དུ། གློ་བུར་གྱི་དྲི་མ་ཉོན་མོངས་པ་སྦྱོང་བ་ལ་འབད་ པར་བྱ་སྟེ། ཆོས་དབྱིངས་བསྟོད་པར། །ཇི་ལྟར་(སྟེ་དཔེར་ན་)འོ་མ་དང་འདྲེས་པས། །མར་གྱི་ སྙིང་བོ་མི་སྣང་བ། །(དཔེ་)དེ་བཞིན་(དུ་གློ་བུར་གྱི་)ཉོན་མོངས་(པ་)དང་འདྲེས་(ཤིང་བསྒྲིབས་)པས། ། ཆོས་ཀྱི་དབྱིངས་(རྒྱལ་བའི་སྙིང་པོ་ཡོད་)ཀྱང་མི་མཐོང་ངོ༌། །(དྲི་མ་སྦྱོང་པའི་དཔེ་ནི་)ཇི་ལྟར་(བསྲུབ་བ་ལ་ སོགས་པའི་རྐྱེན་གྱིས་)འོ་མ་རྣམ་(བཤིག་ཅིང་)སྦྱངས་པས། །མར་གྱི་སྙིང་པོ་(སྒྲིབ་པའི་)དྲི་(མ་) མེད་(པར་)འགྱུར་(དེས)། །དེ་བཞིན་(དུ་ལམ་མི་རྟོག་ཡེ་ཤེས་བསྒྲུབ་ཅིང་ཉམས་སུ་ལེན་པའི་རྐྱེན་གྱིས་)ཉོན་མོངས་(པ་) རྣམ་(པར་)སྦྱངས་(ཤིང་ཟད་པར་བྱས་)པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་(དག་པ་གཉིས་ལྡན་གྱི་སངས་ རྒྱས་མངོན་སུམ་དུ་སྣང་ཞིང་ཐོབ་པར་)འགྱུར་(རོ)། །ཞེས་གསུངས་པ་ལྟར། 3-1-115 གྲངས་ངེས་ནི། ཆོས་ཅན་འདུས་བྱས་ཀུན་རྫོབ་བདེན་པ་སྟེ། །ཆོས་ཉིད་འགྱུར་ མེད་དོན་དམ་བདེན་པ་དང༌། །རྣམ་ཤེས་མཐའ་དག་ཀུན་རྫོབ་བདེན་པ་སྟེ། །ཡེ་ ཤེས་སྐུ་ནི་དོན་དམ་བདེན་པ་ལགས། །དེ་དག་ཀྱང་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་ པ་ལས། གང་ཞིག་ཤེས་ནས་འགའ་ཞིག་སྤང་ཕྱིར་དང༌། །གཞན་གང་ཞིག་ནི་མངོན་སུམ་ ཉིད་བྱ་བ། །དེས་ན་དེ་དག་མཚན་ཉིད་སྒོ་ནས་ནི། །རྣམ་དབྱེ་འདོད་པས་བསྟན་བཅོས་འདི་ བྱས་སོ། །ཞེས་ཆོས་ཅན་ཀུན་རྫོབ་འདུས་བྱས་མི་རྟག་པ་མི་བརྟན་པ། དཔྱད་ན་བདེན་པར་ མེད་པ་ལ་མེད་པར་ཤེས་ནས་སྤང་བར་བྱ་བ་དང༌། ཆོས་ཉིད་དོན་དམ་རྟག་པ་བརྟན་པ་ འགྱུར་བ་མེད་པ་མངོན་སུམ་དུ་བྱ་བར་གསུངས་པས་ཀྱང་བདེན་པ་གཉིས་སུ་གྲངས་ངེས་ལ། རྒྱུད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་ པས་རྣམ་ཤེས་ཀུན་རྫོབ་གློ་བུར་གྱི་དྲི་མ་མཐའ་དག་སྤངས་ཏེ། ཡེ་ཤེས་དོན་དམ་རང་བཞིན་ གྱི་སྐུ་མངོན་དུ་བྱ་བར་གསུངས་པས་ཀྱང་བདེན་པ་གཉིས་སུ་ངེས་པའོ། ། འཁོར་བ་མཐའ་དག་ཀུན་རྫོབ་བདེན་པ་སྟེ། །མྱ་ངན་འདས་པ་དོན་དམ་ བདེན་པ་དང༌། །གློ་བུར་དྲི་མ་ཀུན་རྫོབ་བདེན་པ་སྟེ། །རང་བཞིན་རྣམ་དག་དོན་ དམ་བདེན་པ་ལགས། །སེམས་ཀྱི་རྡོ་རྗེའི་བསྟོད་པར་ཡང༌། འཁོར་བ་རྣམ་རྟོག་ཙམ་ཉིད་ དེ། །རྣམ་པར་རྟོག་མེད་ཐར་པ་ཡིན། །ཞེས་རྣམ་རྟོག་མ་འགགས་ཀྱི་བར་དུ་འཁོར་བར་ གནས་པ་ཀུན་རྫོབ་བདེན་པ་དང༌། རྣམ་རྟོག་འགགས་པ་ལས་མྱ་ངན་ལས་འདས་པ་ཐོབ་པ་ དོན་དམ་བདེན་པ་གསུངས་པ་དང༌། དབུ་མཐའ་ལས། (གློ་བུར་དྲི་མས་)ཀུན་ནས་ཉོན་མོངས་(པ་ དང་)རྣམ་པར་དག(པ་དང་)། །དེ་ནི་དྲི་བཅས་(དང་)དྲི་(མ་)མེད་དང༌། །(དཔེའི་)ཆུ་ཁམས་གསེར་ དང་ནམ་མཁའ་རྣམས། །(ངོ་བོ་གདོད་ནས་)དག་པ་(དེ་)བཞིན་དུ་དག་པར་འདོད། །ཅེས་པ་ཀུན་ ནས་ཉོན་མོངས་པ་གློ་བུར་གྱི་དྲི་མ་ཀུན་རྫོབ་བདེན་པ་དང༌། རྣམ་པར་བྱང་བ་རང་བཞིན་ 3-1-116 གྱིས་དྲི་མ་མེད་པ་དོན་དམ་བདེན་པར་གསུངས་པ་དང༌། འཁྲུལ་སྣང་མཐའ་དག་ཀུན་རྫོབ་བདེན་པ་སྟེ། །ཡང་དག་སྣང་བ་དོན་དམ་ བདེན་པ་དང༌། །ཀུན་བཏགས་གཞན་དབང་ཀུན་རྫོབ་བདེན་པ་སྟེ། །ཡོངས་གྲུབ་ ཆོས་དབྱིངས་དོན་དམ་བདེན་པ་ལགས། །རྒྱན་ལས། (སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་ དབྱིངས་ཡོད་ཀྱང་ཕལ་པས་མི་མཐོང་བའི་རྒྱུ་མཚན་ནི་)བྱིས་པ་(སོ་སོ་སྐྱེ་བོ་རྣམས་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པས་ ཆོས་ཉིད་)ཡང་དག་(པའི་དོན་དེ་)ཉིད་བསྒྲིབས་ནས། །(ཆོས་ཅན་)ཡང་དག་(པ་)མ་ཡིན་(པ་གཟུང་འཛིན་ གྱི་མཚན་མ་)ཀུན་ཏུ་སྣང་(བ་ཡིན་ལ)། །བྱང་ཆུབ་སེམས་དཔའ་(འཕགས་པ་ཡང་དག་པ་མ་ཡིན་པ་འཁྲུལ་བའི་ སྣང་བ་)དེ་(རིམ་གྱིས་)བསལ་ནས། །ཡང་དག་(ཆོས་དབྱིངས་དེ་བཞིན་)ཉིད་ནི་(རང་གི་ངང་གིས་)ཀུན་ཏུ་ སྣང་(བའོ)། །ཞེས་པས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་འཁྲུལ་བའི་སྣང་བ་སྣ་ཚོགས་འཆར་ བ་ཀུན་རྫོབ་ཀྱི་བདེན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པའི་ཆོས་ཉིད་ ཀྱི་སྣང་བ་འཆར་བ་དོན་དམ་པའི་བདེན་པར་གསུངས་པ་དང༌། དབུས་མཐར། བཏགས་པ་ དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཉིད་ཀྱང་སྟེ། །དོན་ཕྱིར་ཡང་དག་མི་རྟོག་ཕྱིར། ། གཉིས་པོ་མེད་པའི་ཕྱིར་བཤད་དོ། །ཞེས་ངོ་བོ་ཉིད་གསུམ་གསུངས་པ་ནི། ཀུན་བཏགས་ནི་ སུམ་ཅུ་པར། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་(དང་)གང་རྣམ་(པར་)བརྟགས་ པ་(སྟེ་གཟུང་ཆར་སྣང་བ)། །དེ་ཉིད་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་(ཡིན་༽དེ་དེ་(ལོག་པའི་ཀུན་ རྫོབ་ཏུ་ཡོད་ཀྱང་ཡང་དག་ཀུན་རྫོབ་བདེན་པ་)མེད་དོ། །ཞེས་དོན་ལ་མེད་བཞིན་དུ་རྟག་གཅིག་རང་ དབང་ཅན་ལ་སོགས་པ་གང་ཟག་གི་བདག་དང༌། གཟུང་བ་དང་འཛིན་པ་ཆོས་ཀྱི་བདག་ཏུ་ བརྟགས་པར་རྟོག་བྱེད་ཀྱི་གཟུང་ཆར་སྣང་བ་བརྟགས་པའི་ཆ་ཅི་ཡང་མེད་པ་རི་བོང་རྭ་ལྟ་བུ་ དང༌། གཞན་དབང་ནི། (རྒྱུ་དང་རྐྱེན་)གཞན་(དག་གིས་དབང་བྱས་པ་གཞན་)གྱི་དབང་གི་ངོ་བོ་ཉིད་( དེ་སྐྱེད་ཞེས་པའི་དོན་ཏོ)། །(དེ་)རྣམ་རྟོག་ཡིན་ཏེ་(བདག་ལས་གཞན་པའི་རྒྱུ་)རྐྱེན་(རྣམས་)ལས་བྱུང་(པའི་ 3-1-117 ཕྱིར)། །ཞེས་ཁམས་གསུམ་པའི་ཤེས་རིག་ཀུན་བཏགས་ཀྱི་གདགས་གཞིར་གྱུར་པ། རྟོག་ བྱེད་རྒྱུ་རྐྱེན་ལ་རག་ལས་པ་དང༌། ཡོངས་གྲུབ་ནི་སྟོང་པ་ཉིད་ཡིན་ལ། དེ་ཡང་གནས་སྐབས་ སེམས་ཙམ་ལ་སྦྱར་བ་ནི། ཡོངས་གྲུབ་ནི་༼གཞན་དབང་༽དེ་ལ་སྔ་མ་༼ཀུན་བཏགས་བདག་གཉིས་པོ༽འོ། ། རྟག་ཏུ་མེད་པར་གྱུར་པ་གང་༼ཡིན་པ་སྟེ་བདག་གཉིས་ཀྱི་སྟོང་ཉིད་ལས་འདོད༽། །ཞེས་པ་དང༌། དབུས་ མཐར་ཡང༌། ཡང་དག་༼པ་༽མ་ཡིན་༼པའི་༽ཀུན་རྟོག་༼གཞན་དབང་ནི་ཀུན་རྫོབ་ཏུ་༽ཡོད། །༼གཞན་ དབང་༽དེ་ལ་༼ཀུན་བཏགས་༽གཉིས་པོ་ཡོད་༼པ་༽མ་ཡིན་ཞེས། །གཞན་དབང་རྣམ་རིག་སེམས་ ཙམ་དེ་ཉིད་ཀུན་བཏགས་བདག་ཉིད་ཀྱིས་སྟོང་པ་དང༌། མཐར་ཐུག་དབུ་མ་ལ་སྦྱར་བ་ནི། ཡུམ་གྱི་འགྲེལ་པར། ཀུན་ཏུ་བཏགས་པ༼འི་གཟུགས་༽དང་རྣམ་པར་བརྟགས་པའི་གཟུགས་ ༼ཏེ་ཀུན་བཏགས་གཞན་དབང་གཉིས་༽ཀྱིས་སྟོང་པ་གང་ཡིན་པ༼འི་གཞི་༽དེ་ནི་དེ་བཞིན་ཉིད་ཡོངས་ སུ་གྲུབ་པའི་མཚན་ཉིད་ཆོས་ཉིད་ཀྱི་གཟུགས་ཞེས་པ་ལ་སོགས་པ་དང༌། རྒྱན་གྱི་ཡོད་མིན་ མེད་མིན་ཞེས་པའི་འགྲེལ་པར། ཀུན་བཏགས་པ་དང་གཞན་གྱི་དབང་གི་མཚན་ཉིད་དག་ གིས་ནི་ཡོད་པ་མ་ཡིན་ནོ། །ཡོངས་སུ་གྲུབཔའི་མཚན་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ། །ཞེས་ པ་དང༌། དབུ་མ་བསམ་གྱིས་མི་ཁྱབ་པར་བསྟོད་པར་ཡང༌། དམ་པའི་དོན་ནི་བཅོས་མ་༼མ་༽ ཡིན་༼པར་གྲུབ་པ་དང་༽། །ངོ་བོ་ཉིད་༼དུ་གྲུབ་པ་༽དང་རང་བཞིན་༼དུ་གྲུབ་པ་༽དང༌། །ཡང་དག་རྫས་ དངོས་༼ཏེ་དོན་དམ་པར་༽ཡོད་པ་ལགས་༼ལ༽། །བརྟགས་པའི་དངོས་པོ་༼ཀུན་བཏགས་ནི་ཀུན་རྫོབ་ཏུ་ ཡང་བདེན་པར་༽མེད་པ་ཉིད་༼ཡིན་ལ༽། །༼དེའི་གདགས་གཞི་༽གཞན་གྱི་དབང་ཡང་༼ཀུན་རྫོབ་ཏུ་བདེན་ པས་དོན་དམ་དུ་༽ཡོད་༼པ་༽མ་ལགས། །ཞེས་པ་དང༌། (བདག་དང་གཟུང་འཛིན་གཉིས་ཀྱིས་)སྟོང་པ་ཉིད་ (ཀྱི་གཞི་དོན་དམ་)ནི་(ཀུན་རྫོབ་)དེ་ལ་ཡོད། །དེ་ལ་(དོན་དམ་)ཡང་ནི་དེ་(ཀུན་རྫོབ་)ཡོད་དོ༌། །(དོན་དམ་) སྟོང་པ་མ་ཡིན་(ཀུན་རྫོབ་ཀྱིས་༽མི་སྟོང་(པ་)མིན། །དེ་ལྟ་བས་ན་(བདེན་གཉིས་སུ་གཏོགས་པ་)ཐམས་ ཅད་བཤད། །(ཡང་དག་མིན་པའི་ཀུན་རྫོབ་ཏུ་)ཡོད་པས་(ན་གཞན་དབང་དང་ལོག་པའི་ཀུན་རྫོབ་ཏུ་ཡོད་ཀྱང་ཡང་ 3-1-118 དག་ཀུན་རྫོབ་ཏུ་)མེད་པས་(ན་ཀུན་བཏགས་དང་དོན་དམ་དུ་)ཡོད་པས་ན་(ཆོས་ཉིད་ཡོངས་གྲུབ་སྟེ)། །དེ་ནི་ (མཐའ་གཉིས་སྤངས་པ་)དབུ་མའི་ལམ་ཡིན་ནོ། །ཞེས་དབུས་མཐའ་ལས་གསུངས་པ་དང༌། དབུ་ མ་པ་ཕྱོགས་གླང་གིས་ཀྱང༌། ཤེས་རབ་ཕ་རོལ་ཕྱིན་པར་ནི། །བསྟན་པ་གསུམ་ལ་ཡང་དག་ བརྟེན། །བཏགས་པ་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་དེ་ཁོ་ན། །མེད་ཅེས་སྨྲ་ལ་ སོགས་ཚིག་གིས། །(ཀུན་)བཏགས་པ་ཐམས་ཅད་(ཀུན་རྫོབ་ཏུ་བདེན་པའང་)འགོག་པ་སྟེ། །སྒྱུ་མ་ ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་ཡང་དག་བསྟན། །(རང་བཞིན་དང་བཅས་དྲི་བྲལ་ དང་དམིགས་པ་དང་ལམ་གྱི་རྣམ་བྱང་སྟེ་)རྣམ་པར་བྱང་བ་བཞི་(ཞེས་སློབ་དཔོན་དཀོན་མཆོག་འབངས་ཀྱི་བཀྲལ་བ་) ཡིས་ནི། །ཡོངས་སུ་གྲུབ་པར་རབ་ཏུ་བསྒྲགས། །ཞེས་གསུངས་པ་ལེགས་པའི་རང་བཞིན་ ཆོས་ཀྱི་དབྱིངས་ནམ་མཁའ་ལྟ་བུར་འགྱུར་བ་མེད་པ་དེ་ཉིད་ཀུན་བཏགས་དང་གཞན་དབང་ གིས་བསྡུས་པའི་གློ་བུར་གྱི་དྲི་མ་མཐའ་དག་གིས་སྟོང་པ་རྣམས་ཡིན་ལ། དེ་དག་ཀྱང་དབུས་ མཐར། ཀུན་ཏུ་རྟོག་(པས་བརྟགས་པའི་)དོན་(ཀུན་བཏགས་དང་)རྣམ་རྟོག་དོན་(ཏེ་གཞན་དབང་དང་)། ། ཆོས་ཉིད་དོན་གྱི་(སྟེ་ཡོངས་གྲུབ་དང་ངོ་བོ་ཉིད་གསུམ་)དེ་དང་དེར། །ཞེས་པས་གཟུགས་སོགས་རང་ མཚན་དོན་ལ་མེད་ཀྱང་། ཀུན་རྟོག་ཙམ་དུ་དམིགས་པ་དང༌། རྟོག་བྱེད་ཀྱི་ཤེས་པ་སྣང་ཙམ་ དུ་ཡོད་པ་ནི་ཀུན་རྫོབ་བདེན་པ་དང༌། དེ་དག་གི་ཆོས་ཉིད་ཡོངས་གྲུབ་ནི་དོན་དམ་བདེན་ པར་གསུངས་པ་རྣམས་ཀྱིས་བདེན་པ་གཉིས་སུ་གྲངས་ངེས་པའང་བསྟན་ལ། སྤྱིར་ཡང་ཀུན་ རྫོབ་དོན་དམ་དང༌། ཆོས་ཅན་ཆོས་ཉིད་དང༌། རྣམ་ཤེས་ཡེ་ཤེས་དང༌། འཁོར་འདས་ཀྱི་ཁྱད་ པར་དང༌། རང་བཞིན་གློ་བུར་དང༌། ཡང་དག་པ་དང་འཁྲུལ་བར་སྣང་བའི་ཁྱད་པར་དང༌། ངོ་བོ་ཉིད་གསུམ་ལ་སོགས་པའི་རྣམ་བཞག་ཤེས་ནས་གསུང་རབ་ཟབ་མོའི་དགོངས་པ་ཤེས་ པའི་ཆེད་དུ་བསྟན་པའོ། ། མ་ཤེས་པའི་ཉེས་དམིགས་ནི། བདེན་པ་གཉིས་ཀྱི་རྣམ་དབྱེ་མ་ཤེས་ན། །ཡོད་ 3-1-119 མེད་རྟག་ཆད་བདག་ཡོད་བདག་མེད་སོགས། །སྣ་ཚོགས་གསུངས་པའི་དགོངས་ པ་མི་ཤེས་པས། །སངས་རྒྱས་བསྟན་པའི་གནས་ལུགས་ཤེས་པར་དཀའ། །དེ་ཡང་ དབུ་མ་རྩ་བའི་ཤེས་རབ་ལས། (གང་ཟག་)གང་དག་(གི་ཀུན་རྫོབ་དང་དོན་དམ་)བདེན་པ་འདི་གཉིས་ ཀྱི། །(གཤིས་ལ་སྟོང་པ་དང་མི་སྟོང་པའི་ཁྱད་པར་དང་རྣམ་ཤེས་དང་ཡེ་ཤེས་ལ་སྣང་མི་སྣང་བའི་ཁྱད་པར་ཀུན་རྫོབ་དང་ དོན་དམ་དུ་བདེན་མི་བདེན་གྱིས་ཁྱད་པར་ལ་སོགས་པའི་)རྣམ་དབྱེ་རྣམ་པར་མི་ཤེས་པ། །(གང་ཟག་)དེ་དག་ སངས་རྒྱས་བསྟན་པ་ལ། །(མཐར་ཐུག་)ཟབ་མོའི་དེ་(ཁོ་ན་)ཉིད་མཐོང་བ་(སྟེ་ཤེས་པ་)མིན་(ཏེ་མཐར་ ཐུག་ཟབ་མོའི་དེ་ཁོ་ན་ཉིད་ཤེས་པ་ལ་བདེན་གཉིས་ཀྱི་གནས་ལུགས་ལེགས་པར་ཤེས་དགོས་པའི་ཕྱིར)། །ཞེས་གསུངས་ པ་ལྟར། བདེན་གཉིས་ཀྱི་རྣམ་དབྱེ་མ་ཤེས་ན་དོན་དམ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ ཡོད་པ་དང༌། ཀུན་རྫོབ་བརྟགས་ཤིང་དཔྱད་ན་མེད་པ་དང༌། དོན་དམ་ཆོས་ཉིད་མི་འགྱུར་ ཞིང་རྟག་པ་དང༌། ཀུན་རྫོབ་མི་རྟག་ཅིང་མི་བརྟན་པ་གྱུར་པའི་ཆོས་ཅན་དང༌། དོན་དམ་དེ་ བཞིན་ཉིད་བདག་དག་པའི་བདག་ཡོད་པ་དང༌། ཀུན་རྫོབ་གང་ཟག་དང་ཆོས་ཀྱི་བདག་མེད་ པ་ལ་སོགས་པའི་དགོངས་པ་ཟབ་མོ་མི་ཤེས་ཤིང༌། ཁྱད་པར་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོ་ ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་པ་མི་ཤེས་པར་སྒྲ་ཇི་བཞིན་ དུ་དོན་ལ་བཟུང་ནས་དོན་དམ་ཆོས་ཀྱི་དབྱིངས་དང་ཀུན་རྫོབ་ལས་རྒྱུ་འབྲས་བདེན་པར་ ཡོད་པ་ལ་བསྐུར་བ་བཏབ་པ་ལས་མནར་མེད་པར་ལྷུང་བ་ལ་སོགས་པའི་ཉེས་པར་འགྱུར་ བ་སྟེ། རྒྱན་ལས། དོན་(དེ་ལ་དཔྱོད་པའི་ཚེ་)སྒྲ་ཇི་(ལྟ་བ་)བཞིན་ཡོངས་རྟོགས་ན། །(ཉེས་དམིགས་ ཆེན་པོ་ཡིན་ཏེ་)བདག་ཉིད་སྙེམས་ཤིང་(པ་སྟེ་ལྟ་བ་མཆོག་ཏུ་འཛིན་པའི་སྒོ་ནས་གཞན་ལས་དོན་མི་ཚོལ་ཞིང་གནས་ ལུགས་རྟོགས་པའི་)བློ་(གྲོས་ལས་)ཉམས་(པ་)འགྱུར་(ལ)། །(སངས་རྒྱས་ཀྱིས་)ལེགས་པར་གསུངས་པ(འི་ ཆོས་དེ་)འང་སྤངས་པས་ན། །(གཞི་དེ་ལས་བསོད་ནམས་མ་ཡིན་པ་འཕེལ་བས་)བརླག་(པར་)འགྱུར་(བའི་ཕྱིར་ གསུང་རབ་འགའ་ཞིག་སྒྲ་ཇི་གཞིན་དུ་ཞེན་པ་ལ་བརྟེན་ནས་)ཆོས་(གཞན་འགའ་ཞིག་)ལ་ཁོང་ཁྲོས་(བཀའ་མིན་ཞེས་ 3-1-120 བསྐུར་བ་བཏབ་པའི་)བསྒྲིབས་(པ་ནི་ཆོས་སྤོང་གིས་ལས་སུ་འགྱུར་ཕྱིར)། །ཞེས་པ་ལ་སོགས་པ་གསུངས་པ་ ལྟར་རོ། ། ཤེས་པའི་ཕན་ཡོན་ནི། བདེན་གཉིས་ཤེས་ན་དེ་དག་ལ་བརྟེན་ནས། །གཞན་ ཕན་བསོད་ནམས་མི་རྟོག་ཡེ་ཤེས་ཀྱི། །ཚོགས་གཉིས་བསགས་ཏེ་སྒྲིབ་གཉིས་ སྦྱངས་བ་ལས། །དོན་གཉིས་མཐར་ཕྱིན་རྒྱལ་བའི་གོ་འཕང་ཐོབ། །དེ་ཡང་དབུ་མ་ བདེན་གཉིས་སུ། བདེན་(པ་)གཉིས་(ཀྱི་སྟོང་ཚུལ་སྣང་ཚུལ་ལ་སོགས་པའི་བདེན་ཚུལ་)རྣམ་དབྱེ་ཤེས་པ་ (འདི་གང་ཟག་དེ་)དག་(ཆོས་ཅན་)། །ཐུབ་བའི་བཀ(འི་དགོངས་པ་)འ་ལ་མི་རྨོངས་ཏེ། །(གང་ཟག་)དེ་ དག་མ་ལུས་(པ་བསོད་ནམས་དང་ཡེ་ཤེས་ཀྱི་)ཚོགས་བསགས་ནས། །(ཡོན་ཏན་)ཕུན་ཚོགས་(པ་དང་ལྡན་ པའི་སྲིད་ཞིའི་)ཕ་རོལ་(ཏུ་)འགྲོ་བ་ཉིད་(ཡིན་པའི་ཕྱིར)། །ཅེས་གསུངས་པ་ལྟར། བདེན་པ་གཉིས་ཀྱི་ རྣམ་དབྱེ་ལ་མཁས་པར་བྱས་ནས། གསུང་རབ་མཐའ་ཡས་པའི་དོན་ཡང་བདེ་བླག་ཏུ་ཤེས་ ཤིང་ཀུན་རྫོབ་ལས་རྒྱུ་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་པའི་སེམས་ཅན་ལ་ཕན་པ་བསོད་ ནམས་ཀྱི་ཚོགས་དང༌། དོན་དམ་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་བརྟེན་ནས་ཡེ་ཤེས་ཀྱི་ ཚོགས་བསགས་པ་ལས་དོན་གཉིས་མཐར་ཕྱིན་པ་དེ་བཞིན་གཤེགས་པའི་སྐུ་གཉིས་ཀྱི་གོ་ འཕང་ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར་པ་ཉིད་དོ། ། གཉིས་པ་བདེན་པ་བཞིའི་རྣམ་བཞག་ལའང༌། དབྱེ་བ། ངོ་བོ། བསྡུ་བ་གསུམ་ལས། དབྱེ་བ་ནི། བདེན་པ་བཞི་ནི་སྡུག་བསྔལ་བདེན་པ་དང༌། །ཀུན་འབྱུང་འགོག་པ་ ལམ་གྱི་བདེན་པ་སྟེ། །རིམ་པ་བཞིན་དུ་ཤེས་བྱ་སྤང་བྱ་དང༌། །ཐོབ་པར་བྱ་དང་ བསྟེན་པར་བྱ་ཕྱིར་བསྟན། །དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མར། ནད་༼ཀྱི་ངོ་བོ་༽ནི་ཤེས་ ༼པར་༽བྱ༼ས་ནས༽་ནད་ཀྱི་རྒྱུ་ནི་སྤང་༼བར་བྱ་བ་ཡིན་༽ལ། །༼ནད་མེད་པའི་༽བདེ་༼བ༽ར་གནས་༼པ་༽ ཐོབ་བྱ༼ར་ཤེས་ནས་བདེ་བ་ཐོབ་པའི་ཐབས་༽སྨན་ནི་བསྟེན་པར་བྱ་བ༼འི་ཚུལ་ལ་འཇུག་པ་༽ལྟར། །༼འབྲས་ 3-1-121 བུ་༽སྡུག་བསྔལ་༼དང་༽རྒྱུ་༼ཀུན་འབྱུང་༽དང་དེ་༼གཉིས་འགགས་པའི་གཞི་༽འགོག་པ་དང་༼འགོག་བདེན་ཐོབ་ བྱ་ཡིན་པ་༽དེ་བཞིན་༼དུ་ཐོབ་བྱེད་ཀྱི་༽ལམ་༼བདེན་རྣམས་རིམ་པ་བཞིན་དུ༽། །ཤེས་༼པར་༽བྱ་༼བ་དང་༽སྤང་ ༼བར་༽བྱ་༼བ་དང་༽རིག་པར་བྱ་ཞིང་བསྟེན་པར་བྱ༼བའོ༽། །ཞེས་པས་དཔེར་ན་ནད་མེད་པའི་ བདེ་བ་ཐོབ་པར་འདོད་པས། ནད་ཀྱི་ངོ་བོ་ཤེས་པར་བྱ་བ་དང༌། ནད་བསྐྱེད་པའི་རྒྱུ་སྤང་ བར་བྱ་བ་དང༌། ནད་མེད་པའི་བདེ་བ་ཐོབ་པར་བྱ་བ་དང༌། དེའི་ཐབས་སྨན་བཟང་པོ་བསྟེན་ པར་བྱ་བ་ཡིན་པ་ལྟར་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འདོད་པས། སྡུག་བསྔལ་ གྱི་བདེན་པ་ཤེས་པར་བྱ་བ་དང༌། དེའི་རྒྱུ་ཀུན་འབྱུང་གི་བདེན་པ་སྤང་བར་བྱ་བ་དང༌། སྡུག་ བསྔལ་མེད་པ་འགོག་པའི་བདེན་པ་ཐོབ་པར་བྱ་བ་དང༌། དེའི་ཐབས་ལམ་གྱི་བདེན་པ་ བསྟེན་པར་བྱ་བའི་ཆེད་དུ་འཕགས་པའི་བདེན་པ་བཞི་གསུངས་པ་ལྟར་རོ། ། ངོ་བོ་ལ་བཞི་ལས། ཤེས་པར་བྱ་བ་སྡུག་བསྔལ་གྱི་བདེན་པ་ནི། ཁམས་གསུམ་ འཁོར་བ་གང་དུ་སྐྱེས་ན་ཡང༌། །སྡུག་བསྔལ་གྱིས་གཟིར་བདེ་བའི་གོ་སྐབས་ མེད། །དེ་ཡི་བྱ་བ་སྙིང་པོ་མེད་པ་ལ། །ཆགས་པ་སྤངས་ཏེ་ངེས་འབྱུང་བསམ་ པ་བསྐྱེད། །དེ་ཡང་ཆོས་མངོན་པ་༼ཀུན་བཏུས་༽ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དང༌། སྣོད་ཀྱི་འཇིག་རྟེན་གང་ཡིན་པ་(སྣོད་ཀྱི་འཇིག་རྟེན་) ལས་དང་ཉོན་མོངས་པས་བསྐྱེད་པ། (སེམས་ཅན་གྱི་འཇིག་རྟེན་)ལས་དང་ཉོན་མོངས་པའི་དབང་ གིས་བྱུང་བ་འདི་མཐའ་དག་ནི་(བསོད་ནམས་དང་བསོད་ནམས་མ་ཡིན་པ་མི་གཡོ་བའི་ལས་ཏེ་གསུམ་སླར་ཡང་ སྡུག་བསྔལ་གསུམ་སོགས་)སྡུག་བསྔལ་གྱི་བདེན་པའོ། །ཞེས་གསུངས་ཤིང༌། (མི་དགེ་བའི་ལས་འབྲས་ བསམ་པའི་སྐབས་སུ་)གོང་དུ་རྒྱས་པར་བསྟན་པ་ལྟར། ཁམས་གསུམ་འཁོར་པ་༼འགྲོ་བ་༽རིགས་ དྲུག་གང་དུ་སྐྱེས་ཀྱང༌། སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་པ་ཡིན་པས་དེ་དག་གི་ཉེས་ དམིགས་ཤེས་པའི་སྒོ་ནས་ངེས་འབྱུང་གི་བསམ་པ་བསྐྱེད་པར་བྱ་སྟེ། བཅོམ་ལྡན་འདས་ 3-1-122 ཀྱིས་ཀྱང༌། ངས་འདུ་བྱེད་༼ཚོར་བ་བདེ་བ་འགྱུར་བ་ལ་དགོངས་ནས་༽མི་རྟག་པ་ཉིད་དང༌། འདུ་བྱེད་ ༼ཚོར་བ་བཏང་སྙོམས་༽འགྱུར་བ་ཉིད་ལ་དགོངས་ནས། གང་ཅི་ཚོར་ཡང་རུང་འདི་ནི་འདིར་སྡུག་ བསྔལ་དུ་གསུངས་སོ། །ཞེས་བཀའ་སྩལ་པ་ལྟར་རོ། ། སྤང་བར་བྱ་བ་ཀུན་འབྱུང་གི་བདེན་པ་ནི། ཟག་བཅས་སེམས་པའི་ལས་དང་ བསམ་པའི་ལས། །དེ་ཡི་ཀུན་སློང་ཉོན་མོངས་སྣ་ཚོགས་པ། །སྡུག་བསྔལ་ཀུན་ཏུ་ འབྱུང་བའི་རྒྱུ་ཡིན་པས། །དེ་དག་སྤང་བའི་ཆེད་དུ་འབད་འཚལ་ལོ། །ཇི་སྐད་དུ། ཀུན་འབྱུང་གི་བདེན་པ་གང་ཞེ་ན། (ཆགས་སོགས་)ཉོན་མོངས་པ་དང་ཉོན་མོངས་པའི་དབང་ གིས་བྱུང་བའི་(དགེ་མི་དགེའི་)ལས་སོ། །ཞེས་གསུངས་པ་ལྟར། ཁམས་གསུམ་པའི་རྗེས་སུ་ ཆགས་པ་(འབྲལ་དཀའ་བར་འགྱུར་བའི་སེམས་བྱུང་དེ་ཆོས་ཅན་)འདོད་ཆགས་(ཡིན་དེ་སྲིད་པའི་ལུས་དང་ལོངས་ སྤྱོད་ལ་ཆགས་པའི་སེམས་བྱུང་ཡིན་པའི་ཕྱིར་དང༌། ཡང་། དེ་ཆོས་ཅན། ཁྱོད་ལ་བྱེད་ལས་ཡོད་དེ། ཁམས་གསུམ་གྱི་སྡུག་ བསྔལ་བསྐྱེད་པའི་ལས་ཅན་ཡིན་པའི་ཕྱིར་)དང་། གཞ༷ན་ལ༷་ཀུ༷ན་ན༷ས་མན༷ར་སེམ༷ས་པ༷(འི་སེམས་བྱུང་ཆོས་ ཅན་)་ཁོ༷ང་ཁྲོ༷་(ཡིན་ཏེ། གནོད་བྱེད་ལ་ཀུན་ནས་མནར་སེམས་པའི་སེམས་བྱུང་ཡིན་པའི་ཕྱིར་)ད༷ང༌། (ཡང་དེ་ཆོས་ཅན། ཁྱོད་ལ་བྱེད་ལས་ཡོད་དེ། བདེ་བ་ལ་རེག་པར་མི་གནས་པ་དང་། སྒོ་གསུམ་གྱི་ཉེས་པ་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ཡིན་ པའི་ཕྱིར་)ཁམ༷ས་གསུ༷མ་པ༷འི་མི༷་ཤེ༷ས་པ༷་(ལས་འབྲས་དང་དེ་ཁོ་ན་ཉིད་ལ་རྨོངས་པའི་སེམས་བྱུང་ཆོས་ཅན་)མ༷་ རི༷ག་པ་(ཡིན་ཏེ། གནས་ལུགས་ལ་རྨོངས་པའི་སེམས་བྱུང་ཡིན་པའི་ཕྱིར། དེ་ལས་དབྱེ་ན། ཉོན་མོངས་ཅན་དང་ཉོན་མོངས་ ཅན་མ་ཡིན་པ་གཉིས་ཡོད་དེ། གཙོ་བོར་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་གཉིས་ཡོད་པའི་ཕྱིར། འོ་ན་དེ་ གཉིས་ཀྱི་གཉེན་པོ་གང་ཞེ་ན། དང་པོ་ནི། གང་ཟག་གི་བདག་མེད་རྟོགས་པས་སྤོང་བ་ཡིན་ཏེ། ཉོན་སྒྲིབ་ཀུན་གྱི་རྩ་བ་ཡིན་པའི་ ཕྱིར། གཉིས་པ་ནི། ཆོས་ཀྱི་བདག་མེད་རྟོགས་པས་སྤོང་བ་ཡིན་ཏེ། ཤེས་སྒྲིབ་ཀུན་གྱི་རྩ་བ་ཡིན་པའི་ཕྱིར། དེ་ལ་ཆོས་སུ་མངོན་ པར་ཞེན་པའི་རྟོག་པ་ཀུན་ཆོས་ཅན། ཁྱོད་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཞེས་བྱ་སྟེ། ཉོན་སྒྲིབ་སྤངས་པའི་རྒྱུད་ལ་ ཡོད་པའི་ཕྱིར་དང༌། ཆོས་ཀྱི་གནས་ལུགས་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཕྱིར་རོ། །འོ་ན་ཉོན་མོངས་པ་ཅན་གྱི་མ་རིག་པ་གང་ 3-1-123 ཞེ་ན། འདི་ལ་དཔལ་ལྡན་ཟླ་བ་གྲགས་པ་དང༌། ཆོས་ཀྱི་གྲགས་པ་དག་ནི། ཕུང་པོ་ལ་བདག་དང་བདག་གིར་འཛིན་པའི་མཚན་ ཉིད་ཅན་གྱི་འཇིག་ཚོགས་ལ་ལྟ་བ་ཉིད། ཉོན་མོངས་པ་ཅན་གྱི་མ་རིག་པར་བཞེད་པ་ཡིན་ཏེ། དབུ་མ་འཇུག་པ་ལས། ཉོན་ མོངས་རྐྱེན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་འགྱུར་ཞིང༌། །བདག་ནི་འདི་ཡི་ཡུལ་དུ་རྟོགས་ བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་གསུངས་པའི་ཕྱིར་དང༌། རྣམ་འགྲེལ་ལས་ཀྱང༌། ཉེས་པའི་རྣམ་ པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་བྱུང་བ་ཡིན། །དེ་མ་རིག་དེ་དེ་ལས་ཆགས། །དེ་ལས་ཞེ་སྡང་ལ་སོགས་འབྱུང༌། །དེ་ ཉིད་ཀྱིས་ནི་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་མིག་ཡིན་པར་གསུངས། །ཞེས་པ་དང༌། ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཇིག་ ཚོགས་ལྟ་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཐེག་པ་ཆེ་ཆུང་གི་མངོན་པ་བདག་ནི། འཇིག་ཚོགས་ལ་ལྟ་བ་ཆོས་ཅན། མ་རིག་ པ་དང་དོན་གཅིག་པ་མ་ཡིན་ཏེ། ཤེས་རབ་ཡིན་པས་རྟོག་ཅིང་འཇལ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། མ་ རིག་པ་ནི། རྟོག་པ་མི་གསལ་བའི་ངོ་བོ་ཡིན་པའི་ཕྱིར། ཞེས་བཞེད་དོ། །དེས་ན་ཉོན་མོངས་པ་ཅན་གྱི་མ་རིག་པ་ལ་མངོན་མཐོ་ ལ་སྒྲིབ་བྱེད་དང༌། ངེས་ལེགས་ལ་སྒྲིབ་བྱེད་གཉིས་ཡོད་དེ། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་ནི། དང་པོ་ཡིན་ལ། དེ་ཁོ་ན་ ཉིད་ལ་རྨོངས་པའི་མ་རིག་པ་ནི་གཉིས་པ་ཡིན་པའི་ཕྱིར་རོ། །བྱེད་ལས་ནི། མ་རིག་པ་ཆོས་ཅན། ཆོས་རྣམས་ལ་ལོག་པར་ངེས་ པའི་རྟེན་བྱེད་པའི་ལས་ཅན་ཡིན་ཏེ། གནས་ལུགས་ལས་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པར་བྱེད་པའི་ཕྱིར་རོ། །ཐེ་ཚོམ་གྱི་རྟེན་བྱེད་ པའི་ལས་ཅན་ཡིན་ཏེ། མཐའ་གཉིས་སུ་དོགས་པ་བསྐྱེད་པར་བྱེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་ པའི་ལས་ཅན་ཡིན་ཏེ། དུག་གསུམ་བསྐྱེད་པར་བྱེད་པའི་ཕྱིར། )ད༷ང༌། བད༷ག་ལྟ་ལ༷་བརྟེ༷ན་ན༷ས་(བདག་རིག་དང་ དབང་ཕྱུག་ལ་སོགས་པའི་ཆོས་ཀྱི་སྒོ་ནས་)སེམ༷ས་ཁེ༷ངས་(ཞིང་མཐོན་པོའི་རྣམ་པར་བྱེད་པའི་སེམས་བྱུང་གང་ཡིན་)པ༷་ (ཆོས་ཅན་)ང༷་རྒྱ༷ལ་(ཡིན་ཏེ། འཇིག་ལྟ་ལ་བརྟེན་ནས་སེམས་ཁོངས་པའི་སེམས་བྱུང་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ ལ་བྱེད་ལས་ཡོད་དེ། ཡོད་ཏན་ཅན་ལ་མི་གུས་པ་དང༌། སྲིད་པར་སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ཡིན་པའི་ཕྱིར་) ད༷ང༌། (ལས་རྒྱུ་འབྲས་སོགས་)བདེ༷ན་པ༷་ལ༷་ཡིད་གཉིས་ཟ༷་བ༷(འི་སེམས་བྱུང་ཆོས་ཅན)་ཐེ༷་ཚོ༷མ་(ཡིན་ཏེ། མཐའ་གཉིས་སུ་དོགས་པའི་སེམས་བྱུང་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ལ་བྱེད་ལས་ཡོད་དེ། མཐོ་རིས་དང་ཐར་བའི་ ཐབས་སུ་གྱུར་བའི་དགེ་བའི་ཕྱོགས་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ཡིན་པའི་ཕྱིར་)ད༷ང༌། ཤེ༷ས་རབ༷་ཉོ༷ན་ 3-1-124 མོང༷ས་པ༷་ཅ༷ན་ལྟ་བ༷་སྟེ༷་དྲུ༷ག་ག༷མ། ལྟ་བ༷་ལ༷་ཕྱེ་ན༷་ཕུ༷ང་པོ༷་ལྔ༷་ལ༷་(དམིགས་ནས་)བད༷ག་དང༷་ བད༷ག་གི༷ར་འཛི༷ན་པ༷(འི་ལྟ་བ་གང་ཡིན་པ་ཆོས་ཅན)་འཇི༷ག་ཚོ༷གས་ལ༷་ལྟ་བ༷་(ཡིན་ཏེ། ཕུང་པོ་ལ་བདག་ གམ་བདག་གིར་འཛིན་ཅིང་ལྟ་བའི་སེམས་བྱུང་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ལ་བྱེད་ལས་ཡོད་དེ། ཉོན་མོངས་པ་ཅན་ གྱི་ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ཡིན་པའི་ཕྱིར། ཅིའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ཞེས་བྱ་ཞེ་ན་འཇིག་ཅིང་ཚོགས་ པའི་ཕུང་པོ་ལ་དམིགས་ནས་འཇིག་ཚོགས་མ་ཡིན་པའི་རྣམ་པར་ལྟ་བའི་ཕྱིར། འདི་ལ་ལྷན་ཅིག་སྐྱེས་པ་དང་ཀུན་ཏུ་བཏགས་པ་ གཉིས་ཡོད་དེ། ཐོག་མ་མེད་པ་ནས་གོམས་པའི་སྟོབས་ལས་བྱུང་བའི་བདག་ལྟ་དང༌། ཚེ་འདིའི་རྐྱེན་ཙམ་ལས་བྱུང་བའི་བདག་ ལྟ་གཉིས་ཡོད་པའི་ཕྱིར་དང༌། ཕུང་པོ་ལྔ་ལ་དམིགས་ནས་རྣམ་པ)་ད༷ང༌། རྟག་པ༷་ད༷ང་ཆ༷ད་པ༷ར་འཛི༷ན་པ(འི་ལྟ་ བ་གང་ཡིན་པ་ཆོས་ཅན་)མཐ༷ར་འཛི༷ན་པ༷འི་ལྟ་བ༷་(ཡིན་ཏེ། འཇིག་ལྟས་གཟུང་བ་དག་ལ་རྟག་པའམ་ཆད་པར་ལྟ་ བའི་སེམས་བྱུང་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན་ཁྱོད་ལ་བྱེད་ལས་ཡོད་དེ། རྟག་ཆད་སྤངས་པའི་དབུ་མའི་ལམ་གྱིས་ངེས་པར་ འབྱུང་བ་ལ་བར་དུ་གཅོད་པའི་ལས་ཅན་ཡིན་པའི་ཕྱིར། འདི་ལ་ཡང་ཐོག་མེད་ནས་གོམས་པའི་སྟོབས་ལས་བྱུང་བ་དང༌། གསར་ དུ་བྱུང་བའི་རྟག་ཆད་དུ་ལྟ་བ་གཉིས་ཡོད་པའི་ཕྱིར་དང༷༌། ལྟ་༷བ༷་དམ༷ན་པ༷(འི་གནས་ཉེར་ལེན་གྱི་ཕུང་པོ་ལྔ)་ལ་ (དམིགས་ནས་རྣམ་པ་ཕུལ་དུ་བྱུང་པ་སོགས་ཡང་དག་པར་ལྟ་བ་གང་ཡིན་པ་ཆོས་ཅན་)མཆོ༷ག་ཏུ༷་འཛི༷ན་པ༷འི་ལྟ་བ༷་ (ཡིན་ཏེ། ལྟ་ངན་ལ་མཆོག་ཏུ་འཛིན་པའི་སེམས་བྱུང་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ལ་བྱེད་ལས་ཡོད་དེ། ལྟ་ངན་ལ་ མཆོག་དུ་ཞེན་པའི་རྟེན་བྱེད་པའི་ལས་ཅན་ཡིན་པའི་ཕྱིར་)དང༌། (ལྟ་བ་ངན་པ་སྔོན་དུ་འགྲོ་བ་ཅན་གྱི་)སྤྱོ༷ད་པ༷་དམ༷ན་ པ༷་ལ༷་མཆོ༷ག་ཏུ༷་འཛི༷ན་(ནས་རྣམ་པ་འདིས་སྡིག་)པ༷འི་(དྲི་མ་དག་གྲོལ་སོགས་སུ་ཡང་དག་པར་ལྟ་བ་གང་ཡིན་པ་ ཆོས་ཅན་)ཚུལ་ཁྲི༷མས་ད༷ང༌། བརྟུལ་ཞུག༷ས་མཆོ༷ག་ཏུ༷་འཛི༷ན་པ༷(འི་ལྟ་བ་ཡིན་ཏེ། དག་གྲོལ་སོགས་མི་བྱེད་ པའི་བརྟུལ་ཞུགས་ལ་དེ་བྱེད་པར་འཛིན་པའི་སེམས་བྱུང་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ལ་བྱེད་ལས་ཡོད་དེ། ཐར་པའི་ དོན་དུ་ཁྱོད་ལ་འབད་ཀྱང་ངལ་བ་འབྲས་བུ་མེད་པའི་རྟེན་བྱེད་པའི་ལས་ཅན་ཡིན་པའི་ཕྱིར་)དང་། (ལས་)རྒྱུ༷་འབྲ༷ས་ (སོགས་)མེ༷ད་པ༷ར་འཛི༷ན་པ༷(འི་ལྟ་བ་གང་ཡིན་པ་ཆོས་ཅན། ) ལོག་པར་ལྟ་བ་(ཡིན་ཏེ། ཡིན་ལུགས་ལ་ཤིན་ཏུ་ ཡང་ལོག་ཚབ་ཆེ་བའི་སེམས་བྱུང་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ལ་བྱེད་ལས་ཡོད་དེ། དགེ་བའི་རྩ་བ་གཅོད་པའི་ལས་ 3-1-125 ཅན་ཡིན་པའི་ཕྱིར་)སྟེ། ལྔ༷ར་འགྱུ༷ར་པ༷ས་བཅུ༷་པོ༷་དེ༷་དག༷་ནི༷་སེམ༷ས་ཀྱི༷་རྒྱུ༷ད་ར༷བ་ཏུ༷་མ༷་ཞི༷་ཞི༷ང་ ལ༷ས་སུ༷་མི༷་རུ༷ང་བ༷ར་བྱེ༷ད་པ༷་རྩ༷་བ༷འི་ཉོ༷ན་མོ༷ངས་པ༷་རྣམས་དང༌། (འཕྲལ་དུ་གནོད་པ་ལ་མི་བཟོད་པ་) ཁྲོ༷་པ༷་ད༷ང༌། (གནོད་བྱེད་ཞེ་ལ་འཇོག་པ་)ཁོ༷ན་དུ༷་འཛིན་པ་དང༌། ༼རང་གཞན་གྱི་ལྟུང་བ་གསང་བ་༽འཆ༷བ་ པ༷་ད༷ང་(ཁོང་ཁྲོས་ཆར་གཏོགས་པ་གཞན་གྱི་ཞེར་འདེབས་པའི་ཚིག་འཕེན་པ་)འཚི༷ག་པ༷་དང༷་(གཞན་གྱི་འབྱོར་བ་ལ་ མི་བཟོད་པ་)ཕྲ༷ག་དོ༷ག་དང་(རང་གི་ཡོ་བྱད་ལ་དམ་པར་འཛིན་པ་)སེ༷ར་སྣ་དང༷་(གཞན་བསླུ་བའི་ཚུལ་འཛིན་པ་) སྒྱུ་དང༷་(རང་གི་ཉེས་པ་གསང་བའི་ཐབས་ཀྱི་སྦྱོར་བ་འཛིན་པ་)གཡོ༷་དང༷་(ཕུན་སུམ་ཚོགས་པ་ལ་ཆགས་པའི་རབ་ཏུ་ དགའ་བ་)རྒྱ༷གས་པ༷་ལ༷་སོ༷གས་པ༷་ཉི༷་ཤུ༷(འི་སྒྲས་རྣམ་པར་འཚེ་བ་སོགས་བསྟན་ལ། དེ་ལ་རྣམ་པར་འཚེ་བ་ནི། སྙིང་ རྗེ་མེད་པས་གཞན་ལ་ཐོ་འཚམ་པའི་སེམས་བྱུང་དང༌། ཁྲེལ་མེད་པ་ནི་གཞན་ལ་ལྟོས་ཏེ་ཁ་ན་མ་ཐོ་བའི་སེམས་བྱུང་ཡིན་ལ། ངོ་ ཚ་མེད་པ་ནི། རང་ལ་ལྟོས་ཏེ་ཁ་ན་མ་ཐོ་བ་ལ་མི་འཛེམ་པའི་སེམས་བྱུང་ཡིན་ནོ། །རྨུགས་པ་ནི་གཏི་མུག་གི་ཆར་གཏོགས་པ་དགེ་ བའི་ཕྱོགས་སུ་བཀོལ་དུ་མི་རུང་བར་བྱེད་པའི་སེམས་བྱུང་དང༌། རྒོད་པ་ནི། ཡུལ་སྡུག་པ་ལ་དམིགས་པ་འདོད་ཆགས་ཀྱི་ཆར་ གཏོགས་པ་སེམས་རྒྱུད་མ་ཞི་བར་བྱེད་པའི་སེམས་བྱུང་དང༌། མ་དད་པ་ནི། གཏི་མུག་གི་ཆར་གཏོགས་པ་དགེ་བའི་ཆོས་རྣམས་ ལ་ཡིད་མ་ཆེས་ཤིང་མི་འདོད་པའི་སེམས་བྱུང་དང༌། ལེ་ལོ་ནི། གཏི་མུག་གི་ཆར་གཏོགས་པ་དགེ་བ་ལ་མི་སྤྲོ་བའི་སེམས་བྱུང་ དང༌། བག་མེད་པ་ནི། དུག་གསུམ་ལེ་ལོ་དང་བཅས་པ་ལ་གནས་ནས་དགེ་བའི་ཆོས་རྣམས་མི་བསྒྲུབ་ཅིང༌། ཟག་བཅས་ཀྱི་ཆོས་ རྣམས་ལ་སེམས་མི་བསྲུང་བར་བག་ཡངས་སུ་བྱེད་པའི་སེམས་བྱུང་དང༌། བརྗེད་ངས་ནི། དགེ་བའི་དམིགས་པ་བརྗེད་པའི་ཉོན་ མོངས་ཅན་གྱི་དྲན་པ་དང༌། ཤེས་བཞིན་མ་ཡིན་པ་ནི། སྒོ་གསུམ་གྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པའི་ཉོན་མོངས་པ་ཅན་ གྱི་ཤེས་རབ་དང༌། རྣམ་གཡེང་ནི། སེམས་འཕྲོ་བར་བྱེད་པའི་དུག་གསུམ་གང་རུང་གི་ཆར་གཏོགས་པའི་སེམས་བྱུང་ངོ༌། །རྣམ་ གཡེང་དེ་ལའང་དྲུག་སྟེ། ངོ་བོ་ཉིད་ཀྱི་དང༌། ཕྱི་རོལ་དང༌། ནང་གི་དང༌། མཚན་མ་དང༌། གནས་ངན་ལེན་དང༌། ཡིད་ལ་བྱེད་པ་ རྣམས་ཡོད་པའི་ཕྱིར། དེ་ལ་ངོ་བོ་ཉིད་ཀྱི་གཡེང་བ་ནི། རང་བཞིན་གྱིས་ཕྱི་རོལ་ཏུ་འཕྲོ་བའི་རྣམ་ཤེས་དང་པོ་ལྔ་ལྟ་བུ། ཕྱི་རོལ་ཏུ་ གཡེང་བ་ནི། ཐོས་བསམ་གྱིས་དགེ་བ་ལ་ཞུགས་པའི་སེམས། འདོད་ཡོན་ལ་འཕྲོ་བར་བྱེད་པའི་སེམས་བྱུང་དང༌། ནང་གི་གཡེང་ བ་ནི། བསྒོམ་པ་ལ་ཞུགས་པའི་སེམས་བྱིང་རྒོད་སོགས་ཀྱིས་མ་དག་པར་བྱེད་པའི་སེམས་བྱུང་དང༌། མཚན་མའི་གཡེང་བ་ནི། 3-1-126 གཞན་དག་རང་ལ་དམ་པར་ཡིད་ཆེས་པའི་ཆེད་དུ་དགེ་བ་ལ་སྦྱོར་བའི་སེམས་བྱུང་དང༌། གནས་ངན་ལེན་གྱི་གཡེང་བ་ནི། ཏིང་ ངེ་འཛིན་གྱི་བདེ་བ་ལ་ང་དང་ང་ཡིར་འཛིན་པའི་སེམས་བྱུང་དང༌། ཡིད་ལ་བྱེད་པའི་གཡེང་པ་ནི། སྙོམས་འཇུག་དང་ཐེག་དམན་ སོགས་རྣམ་པ་གཞན་དང་གཞན་ལ་སེམས་རྣམ་པར་འཕྲོ་བར་བྱེད་པའི་སེམས་བྱུང་)རྣམས་ནི་ཉོན་མོངས་པའི་ཆར་ གཏོགས་ཤིང་སེམས་རྒྱུད་ཉེ་བར་ཉོན་མོངས་པར་བྱེད་པ་དག་སྟེ། མདོར་ན་ཟག་པ་དང་ བཅས་པའི་ཀུན་སློང་རྣམས་ནི་ཉོན་མོངས་པའི་ཀུན་འབྱུང་དང་། རྩ་བ་དང་ཉེ་བའི་ཉོན་ མོངས་པ་དེ་དག་གི་དབང་གིས་བྱུང་བ་སྔར་བཤད་པ་ལྟར་དམིགས་པ་ལ་སེམས་སྐུལ་བར་ བྱེད་པ་སེམས་པའི་ལས་དང༌། དེས་ཀུན་ནས་བསླང་བའི་ལུས་ངག་གི་མི་དགེ་བ་དང་དགེ་བ་ ཟག་པ་དང་བཅས་པ་བསམ་པའི་ལས་ཏེ་གང་ལ་བརྟེན་ནས་སྡུག་བསྔལ་ཀུན་ཏུ་འབྱུང་བའི་ རྒྱུར་གྱུར་པ་རྣམས་སོ། ། ཐོབ་པར་བྱ་བ་འགོག་པའི་བདེན་པ་ནི། རང་བཞིན་རྣམ་དག་དོན་དམ་ཆོས་ཀྱི་ དབྱིངས། །གློ་བུར་དྲི་མའི་སྦུབས་ལས་ངེས་གྲོལ་ཏེ། །དག་པ་གཉིས་ལྡན་མངོན་ དུ་གྱུར་པ་ན། །འགོག་བདེན་མཐར་ཐུག་མྱང་འདས་བདེ་ཆེན་ཐོབ། །ཇི་སྐད་དུ། རྒྱན་ལས། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །ཞེས་ པ་དང༌། དེ་བཞིན་ཉིད་ནི་ཐམས་ཅད་ནས། །བསྒོམ་པ་ལས་ནི་ཡང་དག་འབྱུང༌། །ཞེས་པ་ དང༌། མངོན་པ་ལས། རྣམ་གྲངས་འདི་ནི་དེ་བཞིན་ཉིད་ལ་དམིགས་པ་(སྟེ་ལམ་སྒོམ་)གང་དུ་ (ལས་ཉོན་)ཟག་པ་དང་བཅས་པའི་དངོས་པོ་འགགས་པ་དེ་འགོག་པའི་མཚན་ཉིད་དོ། །ཞེས་ གསུངས་པ་ལྟར་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་དག་པར་གནས་ པ་ལ། ལམ་བསྒོམས་པ་ལས་ནི་གློ་བུར་གྱི་དྲི་མ་ཉོན་མོངས་པ་རྣམས་ཀྱིས་ཀྱང་རྣམ་པར་ དག་ནས་དག་པ་གཉིས་ལྡན་མངོན་དུ་གྱུར་པ་སྟེ། དེ་ལ་དབྱེ་བ་མང་དུ་གསུངས་ཀྱང༌། འདིར་ ནི་ཁྱད་པར་འཕགས་པས་ཇི་ལྟ་བུ་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ 3-1-127 མི་གནས་པའི་མྱ་ངན་ལས་འདས་པར་བསྡུས་པའི་འགོག་པ་གང་ཡིན་པ་སྟེ། སེམས་ཅན་ ཐམས་ཅད་ལ་ཕན་པ་དང་བདེ་བ་ཉེ་བར་གནས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་དེ་ཉིད་ ཐོབ་པའི་དོན་དུ་བསྟན་པའོ། ། བསྟེན་པར་བྱ་བ་ལམ་གྱི་བདེན་པ་ནི། དེ་ཡི་ཆེད་དུ་རྣམ་དག་ལེགས་པའི་ལམ། ། ཚོགས་གཉིས་དོན་དུ་རིམ་གཉིས་ཟུང་འཇུག་གི། རྣལ་འབྱོར་ཟབ་མོ་བསྒོམས་ ཏེ་རང་གཞན་གྱི། །དོན་གཉིས་བསྒྲུབ་པའི་ཆེད་དུ་འབད་འཚལ་ལོ། །མདོ་ལས། ཐབས་(སྙིང་རྗེ་ཆེན་པོ་)དང་བཅས་པའི་(སྟོང་ཉིད་རྟོགས་པའི་)ཤེས་རབ་ནི་ལམ་མོ། །ཤེས་རབ་དང་ བཅས་པའི་ཐབས་ནི་ལམ་མོ། །ཞེས་པ་དང༌། སྔགས་ལས་ཀྱང༌། (ཐོག་མར་)བསྐྱེད་པའི་རིམ་ པ་(ལ་)ལེགས་(པར་)གནས་ནས། །རྫོགས་པའི་རིམ་པ་(སྒོམ་པར་)འདོད་(པ་)རྣམས་ལ། །(བསྐྱེད་ རིམ་བསྒོམ་པའི་)ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདང་བུ་(འོག་མ་)ལྟ་བུར་ (གོང་མ་རྫོགས་རིམ་བསྒོམ་པའི་ཐབས་སུ་)བསྟན་(ནོ་)། །ཞེས་གསུངས་པ་ལྟར། ཐབས་བསོད་ནམས་ ཀྱི་ཚོགས་ཀྱི་དོན་དུ་བསྐྱེད་པའི་རིམ་པ་དང༌། ཤེས་རབ་ཡེ་ཤེས་ཀྱི་(ཚོགས་ཀྱི་)དོན་དུ་རྫོགས་ པའི་རིམ་པ་བསྒོམ་པར་གསུངས་ཤིང༌། མངོན་པར་ཡང་ལམ་གང་གིས་སྡུག་བསྔལ་ཡོངས་ སུ་ཤེས་པ་དང༌། ཀུན་འབྱུང་སྤང་བ་དང༌། འགོག་པ་མངོན་དུ་བྱེད་པ་དང༌། ལམ་སྒོམ་པ་ སྟེ་འདི་ནི་ལམ་གྱི་མཚན་ཉིད་མདོར་བསྡུས་པའོ། །ཞེས་གསུངས་པ་ལྟར་བདེན་པ་བཞི་ལ་ དམིགས་ནས་རིམ་གྱིས་སྒོམ་པར་བྱེད་པ་སྟེ་རྒྱས་པར་ལམ་ལྔ་དང་ས་བཅུའི་སྐབས་སུ་འཆད་ པར་འགྱུར་བ་ཉིད་དོ། ། བསྡུ་བ་ནི། ལས་དང་ཉོན་མོངས་ཀུན་འབྱུང་མ་སྤངས་ན། །འབྲས་བུ་འཁོར་ བའི་སྡུག་བསྔལ་རྒྱུན་མི་འཆད། །ཟག་མེད་ལམ་བདེན་རིམ་གྱིས་གོམས་པ་ལས། ། འགགོ་བདེན་ཟབ་མོ་རིམ་གྱིས་མངོན་དུ་འགྱུར། །དེ་ཡང་ཇི་སྐད་དུ། རྒྱན་ལས། 3-1-128 (འཇིག་རྟེན་འབྱུང་ནུབ་ཤེས་པ་དེ་འཇིག་རྟེན་ཤེས་པ་ཞེས་གསུངས་ལ་འབྱུང་ནུབ་ཤེས་པའི་རྒྱུ་མཚན་)གང་(གིས་)ཕྱིར་ (ཞེ་ན་སྡུག་བསྔལ་དང་ཀུན་འབྱུང་གི་)བདེན་པ་གཉིས་ལས་ནི། །འཇིག་རྟེན་རྣམས་རྟག་(ཏུ་)འབྱུང་ བར་འདོད། །(དེ་རྒྱུ་ཀུན་འབྱུང་གི་བདེན་པ་ལས་འབྲས་བུ་སྡུག་བསྔལ་གྱི་བདེན་པ་རྟག་ཏུ་འབྱུང་བའི་ཕྱིར། འགོག་ལམ་) གཉིས་ཀྱིས་(སྡུག་ཀུན་གཉིས་པོ་)ནུབ་པར་གྱུར་(པ་)དེ་(སྡུག་ཀུན་སྤང་བའི་འགོག་བདེན་དེ་སྤོང་བྱེད་ལམ་བདེན་ ལ་བསྟེན་ནས་ཐོབ་དགོས་པ་དེ)འི་ཕྱིར། །དེ་(ལྟར་)ཤེས་(པའི་བློ་ལྡན་ཆོས་ཅན་)འཇིག་རྟེན་ཤེས་(པ་)ཞེས་ བྱ་(སྟེ་བདེན་བཞིའི་གནས་ལུགས་ཤེས་པའི་བྱང་སེམས་ཡིན་པའི་ཕྱིར)། །ཞེས་པ་རྒྱུ་ཀུན་འབྱུང་གི་བདེན་པ་ ལས་འབྲས་བུ་འཁོར་བའི་སྡུག་བསྔལ་རྒྱུན་མི་ཆད་པར་འབྱུང་ཞིང༌། རྒྱུ་ལམ་གྱི་བདེན་པ་ ལས་འབྲས་བུ་འགོག་པའི་བདེན་པ་ཐོབ་པ་ན། འཁོར་བ་ནུབ་ནས་མྱ་ངན་ལས་འདས་པ་ མངོན་དུ་འགྱུར་བར་གསུངས་པ་དང་མཐུན་པ་སྟེ། རྒྱུད་བླ་མར་ཡང༌། ལྷ་ལ་འཆི་འཕོ་(ལྟུང་ འགྱུར་གྱི་སྡུག་བསྔལ་དང་)མི་ལ་(ཡོད་པ་འཚོ་སྐྱོང་དང་མེད་པ་)ཡོངས་(སུ་)ཚོལ་(དུ་མི་རྙེད་པའི་)སྡུག་བསྔལ་ ཞེས་བྱ་(བ་ཡོད་པ)ར་རྟོགས་པའི་ཕྱིར། །(བདེན་བཞི་རྟོགས་པའི་)ཤེས་རབ་ལྡན་པ(འི་བྱང་སེམས་ཆོས་ ཅན)་ལྷ་མའི་དབང་ཕྱུག་མཆོག་ལའང་མངོན་པར་འདོད་(པ་)མེད་དེ། །(བྱང་ཆུབ་སེམས་དཔའ་ཆོས་ ཅན་གནས་ལུགས་ཀྱི་དོན་ལ་མ་རྨོངས་ཏེ་བདེན་བཞི་རྟོགས་པའི་)ཤེས་རབ་དང་ནི་དེ་བཞིན་གཤེགས་པའི་ གསུང་རབ་(ལ་)དད་པའི་རྗེས་(སུ་)འབྲང་ནས། །(ཟག་པ་དང་བཅས་པ་)འདི་ནི་སྡུག་བསྔལ་འདིའི་ རྒྱུ་(ནི་ཀུན་འབྱུང་སྡུག་བསྔལ་ཀུན་འགགས་པ་)འདི་ནི་འགོག་(པ་)ཞེས་ཤེས་པ(ལམ་བདེན་གྱི་)ས་མཐོང་ (པའི་)ཕྱིར་རོ། །ཞེས་གསུངས་པ་ལྟར། འཁོར་བ་འདི་ནི་སྡུག་བསྔལ་དང༌། འདིའི་རྒྱུ་ནི་ཀུན་ འབྱུང་དང༌། དེ་དག་འགགས་པས་འདི་ནི་འགོག་པའོ། །ཞེས་བྱ་བར་ལམ་བདག་མེད་རྟོགས་ པའི་ཤེས་རབ་ཀྱིས་མཐོང་པར་བྱ་བའི་ཕྱིར་བསྟན་པའོ། ། གསུམ་པ་ཐེག་པ་གསུམ་གྱི་རྣམ་བཞག་ལ། །དགོས་པ་མིང་དོན་དབྱེ་བ་ངོ་བོ་དང༌། ། བྱེད་ལས་མཐར་ཐུག་མཆོག་ལ་སྦྱོར་ཚུལ་ལོ། ། 3-1-129 དགོས་པ་ནི། ཐེག་པ་གསུམ་གྱི་རྣམ་དབྱེ་ལ་མཁས་པས། །གནས་སྐབས་ཐེག་ པ་གསུམ་གྱི་ངེས་འབྱུང་ཞིང༌། །མཐར་ཐུག་ཐེག་པ་གཅིག་ལ་སྦྱོར་བ་སྟེ། །སངས་ རྒྱས་རྣམས་ཀྱི་ཐབས་ལ་མཁས་པ་ཉིད། །དེ་ཡང་རྒྱུད་ལས། ཐེག་པ་སྣ་ཚོགས་ཐབས་ ཚུལ་གྱིས། །འགྲོ་བའི་དོན་རྣམས་རྟོགས་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་ གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་ལྟར། གནས་སྐབས་གདུལ་བྱ་མཐའ་ཡས་ པའི་བསམ་པ་དང༌། མཐུན་པར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་སྣ་ཚོགས་ གསུངས་ནས་མཐར་ཐུག་ཐེག་པ་ཆེན་པོ་ལ་གཞུག་པའི་ཆེད་དུ་ཐེག་པ་གསུམ་ལ་སོགས་ པའི་རྣམ་བཞག་མཛད་པའོ་(ཞེས་པའི་དོན་སྐལ་དམན་ལམ་ལ་རིམ་པར་འཇུག་པའི་ཚུལ་བསྟན་ལ། དེ་ཡང་བྱིས་པ་ སོ་སྐྱེས་རྣམས་འཁོར་བའི་སྡུག་བསྔལ་ལ་ངེས་འབྱུང་སྐྱེས་ནས་ལམ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་དང༌། དེ་ལ་ཞུགས་ནས་ ཡང་སྤང་བྱ་གང་ཟག་གི་བདག་འཛིན་སྤང་ནས་རྟོགས་བྱ་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་ཏེ། དེའི་ལམ་མཐར་ཕྱིན་ པ་རང་རྒྱལ་གྱི་ཐེག་པ་ལ་ངེས་པར་འབྱུང་པ་སྟེ་ཞུགས་པ་དང་། དེ་ལ་ཞུགས་ནས་སྤང་བྱ་བདག་འཛིན་ཕྱེད་དང་གཉིས་སྤང༌། རྟོགས་བྱ། བདག་མེད་ཕྱེད་དང་གཉིས་རྟོགས་ཤིང་། དེའི་ལམ་མཐར་ཕྱིན་ནས་ཐེག་པ་ཆེན་པོའི་ལམ་ལ་ངེས་པར་འབྱིན་ཏེ། ཐེག་ཆེན་ལ་ཡང་མཚན་ཉིད་དང་སྔགས་ཀྱི་ཐེག་པ་གཉིས་ལས། མཚན་ཉིད་ཐེག་པ་པས་སྤང་བྱ་བདག་ཏུ་འཛིན་པ་གཉིས་ཅི་ རིགས་པ་སྤངས་ཏེ། རྟོགས་བྱ་བདག་མེད་གཉིས་ཅི་རིགས་པ་རྟོགས་ནས་འབྲས་བུ་སྔགས་ཀྱི་ཐེག་པ་གཅིག་གིས་སྤང་རྟོགས་ མཐར་ཕྱིན་པའི་སངས་རྒྱས་ཀྱི་སར་གནས་པའམ། འབྱིན་པར་བྱེད་དོ)། ། མིང་དོན་ནི། ཐེག་པ་ཞེས་པའང་བགྲོད་པའི་དོན་ཅན་ཏེ། །དེ་ཡང་བསམ་པ་ ལ་སོགས་དབྱེ་བ་ཡིས། །གང་གིས་འགྲོ་བ་ལམ་གྱི་ཐེག་པ་དང༌། །གང་དུ་ཕྱིན་ པ་འབྲས་བུའི་ཐེག་པའོ། །དེ་ཡང་འཆད་པར་འགྱུར་པ་ལྟར་བསམ་པ་ལ་སོགས་པའི་དབྱེ་ བས་བགྲོད་བྱེད་ལམ་གྱི་ཐེག་པ་དང༌། བགྲོད་བྱ་འབྲས་བུ་གཉིས་ཡིན་ལ། དེ་ཡང་མཐར་ ཐུག་པ་ཐེག་པ་ཆེན་པོའི་དོན་ནི། རྒྱལ་བའི་ཡུམ་ལས། ཅི་ཕྱིར་(སྟོང་ཉིད་དོན་གྱི་ཤེར་ཕྱིན་)འདི་ནི་ 3-1-130 བྱང་ཆུབ་(ཏུ་བགྲོད་པའི་)ཐེག་ཆེན་བྱ་ཞེ་ན། །(དེ་ཡིན་ཏེ་)དེ་གང་ཞོན་(དེ་ལ་བརྟེན་ནས)ནས་སེམས་ ཅན་ཐམས་ཅད་མྱ་ངན་(ལས་)ཟློ་(བར་ནུས་པའི་ཕྱིར)། །(དེ་འདྲའི་)ཐེག་པ་འདི་ནི་(དོག་པ་མེད་པ་ནམ་) མཁའ་(དང་)འདྲ་(བ་)གཞལ་མེད་ཁང་ཆེན་(དང་ཡང་འདྲ་བ་ཡིན་)ཏེ། །དགའ་སྐྱིད་བདེ་བ་མངོན་ པར་ཐོབ་བྱེད་ཐེག་པའི་མཆོག་(ཡིན་པའི་ཕྱིར) ། ཅེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་ རྣམས་ལམ་རྣམ་པར་དག་པ་འདི་ལ་གནས་ནས་འབྲས་བུ་རང་གཞན་ཐམས་ཅད་མྱ་ངན་ ལས་འདས་པའི་བདེ་བ་ཆེན་པོ་ལ་འགོད་པས་ན་ཐེག་ཆེན་ཞེས་བྱའོ། ། དབྱེ་བ་ནི། བསམ་པ་དམན་ཞིང་བཤད་པའང་དམན་པ་དང༌། །སྦྱོར་བ་དམན་ ཞིང་ཚོགས་ཀྱང་དམན་པ་ཡིས། །འབྲས་བུ་གྲུབ་པའང་དམན་པར་གང་གྱུར་པ། ། དེ་ནི་དམན་པ་ཉན་ཐོས་ཐེག་པར་གསུངས། །དོན་ལྔ་པོ་དེ་རྣམས་དམན་པར་གྱུར་པ་ ནི་ཉན་ཐོས་ཀྱི་ཐེག་པ་དང༌། དེ་རྣམས་བར་མ་རང་རྒྱལ་ཐེག་པ་དང༌། །བསམ་པ་ བཟང་པོས་ཟབ་མོའི་ཆོས་འཆད་ཅིང༌། །སྦྱོར་བ་བཟང་པོས་ཚོགས་མང་བསགས་ པ་ལས། །འབྲས་བུ་མཆོག་གྲུབ་ཐེག་པ་ཆེན་པོ་ལགས། །དོན་ལྔ་པོ་དེ་རྣམས་བར་ མར་གྱུར་པ་ནི་རང་རྒྱལ་གྱི་ཐེག་པ་དང༌། མཆོག་ཏུ་གྱུར་པ་ནི་ཐེག་པ་ཆེན་པོ་སྟེ། དེ་རྣམས་ ཀྱང་རྒྱན་ལས། (ཐེག་པའི་རྣམ་བཞག་ནི་རང་གི་རིགས་དང་མཐུན་པའི་)བསམ་པ་དང་ནི་(བསམ་པ་དང་མཐུན་ པའི་ཆོས་)བཤད་(པ་)ཉིད་དང༌། །(བཤད་པ་ལྟར་ཉམས་སུ་ལེན་པའི་)སྦྱོར་བ་དང་ནི་(སྦྱོར་བས་བརྩམས་པ་ ལྟར་)ཚོགས་(གསོག་པ་)དག་དང༌། །(ཚོགས་བསགས་པ་ལྟར་འབྲས་བུ་བྱང་ཆུབ་)གྲུབ་པའི་(ཚུལ་དམན་པ་དང་ བར་པ་དང་མཆོག་ཏུ་གྱུར་པའི་)རབ་ཏུ་དབྱེ་བ་ཡིས། །(ཉན་ཐོས་ཀྱི་ཐེག་པ་དང་རང་རྒྱལ་གྱི་ཐེག་པ་དང་)ཐེག་པ་ (ཆེན་པོ་སྟེ་)རྣམ་པ་གསུམ་དུ་འདོད། །ཅེས་གསུངས་པ་ལྟར་རང་རང་གི་བསམ་པའམ་འདོད་པ་ ཇི་ལྟ་བར་ཆོས་བཤད་ཅིང༌། ཆོས་བཤད་པ་ཇི་ལྟ་བར་ལམ་ལ་སྦྱོར་ལ། སྦྱོར་བས་བརྩམས་ པ་ཇི་ལྟར་བར་ཚོགས་བསགས་ཅིང༌། རྒྱུ་ཚོགས་གཉིས་བསགས་པ་ཇི་ལྟ་བར་འབྲས་བུ་བྱང་ 3-1-131 ཆུབ་འགྲུབ་པའི་ཆོས་ཉིད་སྤྱིར་(ཐུན་མོང་)ཡིན་པས། (དང་པོ་ཐེག་དམན་ལ་)བསམ་པ་དམན་པ་རང་ དོན་འབའ་ཞིག་སེམས་པས་བཤད་པའང་དམན་པ་དེ་དང་མཐུན་པར་གཞན་ལ་ཆོས་བཤད་ པ་ལྟར་སྦྱོར་བའི་བརྩོན་འགྲུས་ཀྱང་དམན་པ་ཆུང་བའི་སྒོ་ནས་ཚོགས་ཀྱང་དམན་པ་ཆུང་ ངུ་བསགས་པ་ལས་འབྲས་བུ་བསགས་པ་ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་ཙམ་ཐོབ་ པར་བྱེད་པ་ནི་ཉན་ཐོས་ཀྱི་ཐེག་པ་དང༌། དོན་དང་པོ་བཞི་པོ་དེ་རྣམས་ཐེག་པ་སྔ་ཕྱི་གཉིས་ ལ་ལྟོས་ནས་བར་མར་གྱུར་པ་ལས་འབྲས་བུའང་བར་མ་རང་བྱང་ཆུབ་ཐོབ་པར་བྱེད་པ་ནི་ རང་སངས་རྒྱས་ཀྱི་ཐེག་པ་དང༌། བསམ་པ་བཟང་པོས་གཞན་དོན་དུ་སངས་རྒྱས་ཐོབ་པར་ འདོད་པས་བཤད་པ་བཟང་པོ་མཐར་ཐུག་ཟབ་པ་དང༌། རྒྱ་ཆེ་བའི་ཆོས་བཤད་པ་ལྟར་སྦྱོར་ བ་བཟང་པོ་གུས་སྦྱོར་དང་རྒྱུན་སྦྱོར་གཉིས་ཀ་དང་ལྡན་པའི་བརྩོན་འགྲུས་ཆེན་པོའི་སྒོ་ནས་ ཚོགས་ཀྱང་བཟང་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་འབྲས་བུ་འགྲུབ་ པའང་བཟང་པོ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ནི་ཐེག་པ་ཆེན་པོའོ། ། ངོ་བོ་ནི། དམན་པའི་རིགས་ཅན་དབང་པོ་རྟུལ་པོ་རྣམས། །གཞུག་ཕྱིར་གང་ ཟག་བདག་མེད་ཙམ་བསྟན་ཏེ། །སྲིད་པའི་སྐནྱོ་སྤངས་ཞི་བའི་ལམ་བསྒྲུབ་པས། ། འབྲས་བུ་ཉན་ཐོས་དགྲ་བཅོམ་ཐོབ་པ་དང༌། །ཇི་སྐད་དུ་ཆོས་མངོན་པ་ལས། ཉན་ ཐོས་ཀྱི་ཐེག་པ་གང་ཞེ་ན་(ཉན་ཐོས་ཆོས་ཅན་རིགས་ཀྱི་ཁྱད་པར་དང་ལྡན་པ་ཡིན་ཏེ་གང་ཟག་གི་བདག་མེད་ཙམ་ རྟོགས་པ་དོན་དུ་གཉེར་བ)། ཉན་ཐོས་ཀྱི་ཆོས་ཉིད་(དེ་རིགས་)ངེས་པ་དང་མ་ངེས་པ་ལ་གནས་པ(འི་ ཕྱིར་)དང༌། (དབང་པོའི་ཁྱད་པར་དང་ལྡན་པ་ཡིན་ཏེ། རིགས་ཅན་གསུམ་གྱི་ནང་ནས་)རང་བཞིན་གྱིས་དབང་པོ་ རྟུལ་པོ་(ཡིན་པའི་ཕྱིར་)དང༌། །(སྨོན་ལམ་གྱི་ཁྱད་པར་དང་ལྡན་པ་ཡིན་ཏེ་)བདག་(ཉིད་གཅིག་པུ་འཁོར་བ་ལས་) རྣམ་པར་ཐར་བར་བྱ་བའི་ཕྱིར་(དེ)། སྨོན་ལམ་བཏབ་(ཅིང་སེམས་བསྐྱེད་)པ(འི་ཕྱིར)་དང༌། (བསམ་ པའི་ཁྱད་པར་དང་ལྡན་པ་ཡིན་ཏེ་སྡུག་ཀུན་གྱིས་བསྡུས་པའི་ཆོས་རྣམས་ལ་ཐོག་མར་)ཡིད་འབྱུང་བ་དང་(བར་དུ་) 3-1-132 འདོད་ཆགས་དང་བྲལ་བ་དང་(ཐ་མར་)རྣམ་པར་གྲོལ་བར་བྱ་བའི་བསམ་པ་ཅན་(ཡིན་པའི་ཕྱིར་) དང༌། (དམིགས་པའི་ཁྱད་པར་དང་ལྡན་པ་ཡིན་ཏེ། )ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་(གང་ཟག་གི་ བདག་མེད་རྟོགས་པ་ཙམ་དོན་དུ་གཉེར་བའི་ཕྱིར་བསྒྲུབ་པའི་ཁྱད་པར་དང་ལྡན་པ་ཡིན་ཏེ་)ཆོས་(མྱང་འདས་)ཀྱི་རྗེས་ སུ་མཐུན་པའི་ཆོས་(ཐོས་བསམ་སྒོམ་གསུམ་)བསྒྲུབ་ཅིང་(ཉམས་སུ་ལེན་པའི་ཕྱིར་)། (འབྲས་བུའི་ཁྱད་པར་ དང་ལྡན་པ་ཡིན་ཏེ་)སྡུག་བསྔལ་གྱི་མཐར་ཕྱིན་(དགྲ་བཅོམ་)པ་ཐོབ་པ(འི་ཕྱིར་)འོ་ཞེས་པས། རིགས་ ཀྱི་ཁྱད་པར་ཐེག་པ་གཞན་དུ་མི་འགྱུར་ཞིང་རེ་ཤིག་ཉན་ཐོས་ཀྱི་དགྲ་བཅོམ་དུ་འགྲོ་བ་ལྟ་ བུ་ངེས་པ་དང༌། དྲོད་རྩེ་མོ་མན་ཆད་ཐེག་ཆེན་པར་ཡང་འགྱུར་ཞིང་བཟོད་པ་མན་ཆད་རང་ རྒྱལ་དུའང་འགྱུར་བ་ལྟ་བུ་མ་ངེས་པ་ལ་གནས་པ་དང༌། དབང་པོའི་ཁྱད་པར་ཕྱི་མ་གཉིས་ ལ་ལྟོས་ནས་རང་བཞིན་གྱིས་དད་པ་ལ་སོགས་པའི་དབང་པོ་ལྔ་རྟུལ་པོར་གྱུར་པ་དང༌། སྨོན་ པའི་ཁྱད་པར་རང་ཉིད་འབའ་ཞིག་འཁོར་བ་ལས་ཐར་པའི་ཆེད་དུ་སེམས་བསྐྱེད་ཅིང་སྨོན་ ལམ་བཏབ་པ་དང༌། བསམ་པའི་ཁྱད་པར་མཐོང་ལམ་མན་ཆད་སྡུག་བསྔལ་ལ་ཡིད་འབྱུང་ བ་དང༌། སྒོམ་ལམ་དུ་འདོད་ཆགས་དང་བྲལ་པར་བྱ་བ་དང༌། ཐམས་ཅད་དུ་ཉོན་མོངས་པ་ ལས་རྣམ་པར་གྲོལ་པར་བྱ་བའི་བསམ་པ་ཅན་དང༌། དམིགས་པའི་ཁྱད་པར་ཉན་ཐོས་ཀྱི་ ཆེད་དུ་གསུངས་པའི་སྡེ་སྣོད་གསུམ་ལ་དམིགས་ནས་ཐོས་བསམ་བྱས་པས་ལྟ་བ་གང་ཟག་ གི་བདག་མེད་ཙམ་རྟོགས་ཏེ་བསྒྲུབ་པའི་ཁྱད་པར་མྱང་འདས་ཐོབ་པ་དང་རྗེས་སུ་མཐུན་ པ། ལམ་གྱི་ཆོས་བསྒྲུབ་པ་ལ་འབྲས་བུའི་ཁྱད་པར་དེ་ཕྱིན་ཆད་འཁོར་བའི་སྡུག་བསྔལ་ ལས་གྲོལ་བའི་དགྲ་བཅོམ་པ་ཐོབ་པར་གསུངས་པས་ནི་གང་ཟག་བསྟན་ཏེ། དོན་དེ་རྣམས་ བརྗོད་བྱར་བྱས་ནས་སྟོན་པ་ནི་དམན་པ་ཉན་ཐོས་ཀྱི་ཐེག་པ་དང༌། བར་མའི་རིགས་ཅན་ དབང་པོ་འབྲིང་པོ་རྣམས། །གང་ཟག་བདག་དང་ཆོས་བདག་གཟུང་མེད་པར། ། རྟོགས་ནས་རྟེན་འབྲེལ་ཟབ་མོའི་དོན་བསྒོམས་པས། །འབྲས་བུ་རང་རྒྱལ་བྱང་ 3-1-133 ཆུབ་ཐོབ་པ་དང༌། །དེ་ཡང་རང་སངས་རྒྱས་ཀྱི་ཐེག་པ་གང་ཞེ་ན། །(རང་སངས་རྒྱས་རྣམས་ཆོས་ ཅན། རིགས་ཀྱི་ཁྱད་པར་དང་ལྡན་པ་ཡིན་ཏེ་)རང་སངས་རྒྱས་ཀྱི་ཆོས་ཉིད་(དེ་རིགས་)ངེས་པ་དང་མ་ངེས་ པ་ལ་གནས་པ(འི་ཕྱིར་)དང༌། (དབང་པོའི་ཁྱད་པར་དང་ལྡན་པ་ཡིན་ཏེ། རིགས་ཅན་གསུམ་གྱི་ནང་ནས་)རང་ བཞིན་གྱིས་དབང་པོ་འབྲི ང་པོ་(ཡིན་པའི་ཕྱིར་)དང༌། (སྨོན་ལམ་གྱི་ཁྱད་པར་དང་ལྡན་པ་ཡིན་ཏེ་)བདག་ (ཉིད་གཅིག་པུ་འཁོར་བ་ལས་)རྣམ་པར་ཐར་བར་བྱ་བའི་ཕྱིར་སྨོན་ལམ་བཏབ་(ཅིང་སེམས་བསྐྱེད་)པ(འི་ ཕྱིར་)དང༌། (བསམ་པའི་ཁྱད་པར་དང་ལྡན་པ་ཡིན་ཏེ། མཐོང་ལམ་གྱི་སྔ་རོལ་ཏུ་)ཡིད་འབྱུང་བ་དང༌། (མཐོང་ ལམ་དུ་)འདོད་ཆགས་དང་བྲལ་བ་དང་(སྒོམ་ལམ་དུ་)རྣམ་པར་གྲོལ་བར་བྱ་བའི་བསམ་པ་ཅན་ དང༌། (སློབ་དཔོན་གཞན་ལ་མི་ལྟོས་པར་)བདག་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་བསམ་ པ་ཅན་(ཡིན་པའི་ཕྱིར་)དང༌། (དམིགས་པའི་ཁྱད་པར་དང་ལྡན་པ་ཡིན་ཏེ་)ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ ནས་༼བསྒྲུབ་པའི་ཁྱད་པར་དང་ལྡན་པ་ཡིན་ཏེ་༽ཆོས་(དབྱིངས་)ཀྱི་༼མྱང་འདས་༽རྗེས་སུ་མཐུན་པའི་ཆོས་(ཐོས་ བསམ་སྒོམ་)བསྒྲུབ་(བྱེད་)ཅིང་(ཉམས་སུ་ལེན་པའི་ཕྱིར། འབྲས་བུའི་ཁྱད་པར་དང་ལྡན་པ་ཡིན་ཏེ། སྔོན་སློབ་དཔོན་གྱི་ དྲུང་དུ་)ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་མ་སྐྱེད་པའམ་ངེས་པར་འབྱེད་པའི་ཆ་དང་ མཐུན་པ་སྔོན་བསྐྱེད་པ་སྔོན་(དགེ་སྦྱོང་གི་)འབྲས་བུ་མ་ཐོབ་པ་འམ་སྔོན་(ཕྱིར་མི་འོང་མན་ཆད་ཀྱིས་) འབྲས་བུ་ཐོབ་པ་(ཚོགས་ཆུང་བ་)ཡང་རུང་སྟེ། (ཕྱི་མ་ལ་)སངས་རྒྱས་འབྱུང་བ་མེད་པར་(སྐྱེ་བ་སྨོན་ ལམ་བཏབ་པས་དེར་སྐྱེས་ནས་དུར་ཁྲོད་དུ་ཕྱིན་ནས་ཡིད་སྐྱོ་བ་བརྟེན་ནས་)བདག་ཉིད་ཀྱིས་ལམ་མངོན་དུ་བྱས་ ནས་བསེ་རུ་ལྟ་བུར་གྱུར་ཏེ་གཅིག་པུར་གནས་པའམ། རང་རྒྱལ་བར་གྱུར་(རམ་)ཏེ་ཚོགས་ན་ སྤྱོད་པ་(གཉིས་)་ག(འ)ང་སྡུག་བསྔལ་གྱི་མཐར་ཕྱིན་པ་(ཐོབ་པ)འོ། །ཞེས་པས་རིགས་ཀྱི་ཁྱད་ པར་ཐེག་པ་གཞན་དུ་མི་འགྱུར་ཞིང་རང་བྱང་ཆུབ་ཐོབ་པ་ལྟ་བུ་ངེས་པའམ། ཚོགས་སྤྱོད་པ་ དྲོད་དང་རྩེ་མོ་མན་ཆད་ལ་གཞན་དུའང་འགྲོ་བ་ལྟ་བུ་མ་ངེས་པ་ལ་གནས་པ་དང༌། དབང་ པོའི་ཁྱད་པར་སྔ་ཕྱི་དག་ལ་ལྟོས་ནས་དད་པ་ལ་སོགས་པའི་དབང་པོ་ལྔ་འབྲིང་པོར་གྱུར་ 3-1-134 པ་དང༌། སྨོན་པའི་ཁྱད་པར་རང་ཉིད་གཅིག་པུ་སྡུག་བསྔལ་ལས་ཐར་པའི་བྱུང་ཆུབ་ཐོབ་ པར་བྱའོ་སྙམ་དུ་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་པ་དང༌། བསམ་པའི་ཁྱད་པར་མངོན་ རྟོགས་ཀྱི་སྔ་རོལ་ཏུ་ཡིད་འབྱུང་བ་དང་མཐོང་ལམ་དུ་འདོད་ཆགས་དང་བྲལ་པ་དང༌། སྒོམ་ ལམ་དུ་རྣམ་པར་གྲོལ་བ་དང་ཐམས་ཅད་དུ་བདག་ཉིད་བྱང་ཆུབ་པར་བྱ་བའི་བསམ་པ་ཅན་ དང༌། དམིགས་པའི་ཁྱད་པར་སངས་རྒྱས་འབྱུང་བ་ན་མི་སྐྱེ་བས་སྡེ་སྣོད་ལ་སོགས་པ་མེད་ པའི་ཕྱིར་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་དམིགས་ནས་ལྟ་བ་ནི། ས་སྡེར་ཉན་ཐོས་དང་འདྲ་ བར་གང་ཟག་གི་བདག་མེད་ཙམ་རྟོགས་པར་བཤད་(དེ་བྱང་ས་ལས། ཉན་ཐོས་རྣམས་དང་རང་སངས་རྒྱས་ ཀྱི་བྱེ་བྲག་ནི་འདི་ཡིན་ཏེ། སྲིད་པ་ཐ་མ་ལ་ལུས་ཐ་མ་ཐོབ་པར་གྱུར་པ་ན། སློབ་དཔོན་མེད་པར་སྔོན་གོམས་པའི་དབང་གིས་ བྱང་ཕྱོགས་སོ་བདུན་རྣམས་བསྒོམས་པས་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དོ། །དེ་ བས་ན་རང་སངས་རྒྱས་ཞེས་བྱའོ། །ཞེས་ཐོགས་མེད་ཀྱིས་གསུངས་)ལ། ཡུམ་གྱི་རྒྱན་དུ། (ཕྱི་གཟུང་བ་རང་བཞིན་ མེད་པར་མངོན་སུམ་དུ་རྟོགས་པས་)གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །(ཕྱི་ཡུལ་གཟུང་བར་བྱས་ནས་འཛིན་ པའི་འཛིན་པ་མེད་ཀྱང་ནང་སེམས་ཉིད་ཐོག་མེད་ནས་རྒྱུན་མ་ཆད་པར་གནས་པ་དེ་ཉིད་སྣ་ཚོགས་སུ་འཆར་བའི་སྒོ་ནས་དེ་མེད་ པར་མ་རྟོགས་པས་)འཛིན་པ(འི་རྟོགས་པ་)མི་སྤོང་ཕྱིར་དང་ནི། །རྟེན་(བྱང་ཆུབ་སེམས་དཔའི་ལམ་)གྱི་བསེ་ རུ་ལྟ་བུའི་ལམ། །(དེ་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པར་ཤེས་པའི་སྒོ་ནས་)ཡང་དག་ བསྡུས་པ་ཤེས་པར་བྱ(འོ)། །ཞེས་གསུངས་པ་ལྟར་བསེ་རུ་ལྟ་བུས་ཆོས་ཀྱི་བདག་གི་ཕྱོགས་ གཅིག་གཟུང་བ་མེད་པའང་རྟོགས་ཏེ། བསྒྲུབ་པའི་ཁྱད་པར་ངེས་འབྱེད་ཆ་མཐུན་ཙམ་ཡང་ (སློབ་དཔོན་)གཞན་ལ་ལྟོས་ནས་མ་བསྐྱེད་པ་(ནི་སྦྱོར་ལམ་མཐོང་ལམ་སྒོམ་ལམ་མི་སློབ་ལམ་བ་)ར་བདག་ ཉིད་ཀྱིས་ལམ་༼བཞི་པོ་༽མངོན་དུ་བྱས་ཏེ། འབྲས་བུའི་ཁྱད་པར་རང་བྱང་ཆུབ་ཐོབ་ཅིང་༼ཉན་ ཐོས་༽བསེ་རུ་ལྟར་གཅིག་པུར་གནས་པ་དང༌། (སྦྱོར་ལམ་ལ་)ངེས་འབྱེད་ཆ་མཐུན་(ཚོགས་སྤྱོད་ཆེ་བས་ བསྐལ་བརྒྱའི་སུམ་གཉིས་)མན་ཆད་(སློབ་དཔོན་)གཞན་ལ་ལྟོས་(དགོས་)ཀྱང་འབྲས་བུ་དང་པོ་(མཐོང་ 3-1-135 ལམ་༽ཡན་ཆད་བདག་ཉིད་ཀྱིས་མངོན་དུ་བྱས་ཏེ་རང་རྒྱལ་བར་གྱུར་ཅིང་(སློབ་མའི་)ཚོགས་ དང་ལྷན་ཅིག་སྤྱོད་པ་(ཆེ་བ་)དང༌། འབྲས་བུ་༼ཆུང་བའི་སུམ་ཆ་༽དང་པོ་༼མན་ཆད་༽འང་གཞན་ལ་ ལྟོས་ཀྱང་ལམ་ལྷག་མ་རྣམས་བདག་ཉིད་ཀྱིས་མངོན་དུ་བྱས་ནས་རང་རྒྱལ་བར་གྱུར་ཅིང་ ཚོགས་དང་ལྷན་ཅིག་སྤྱོད་པ་(ཆུང་བ་)གསུམ་གསུངས་པས་ཀྱང་གང་ཟག་བསྟན་པ་སྟེ། དོན་ དེ་རྣམས་བརྗོད་བྱར་བྱས་ནས་སྟོན་པ་དེ་ནི་བར་མ་རང་སངས་རྒྱས་ཀྱི་ཐེག་པ་དང༌(འདི་རྣམས་ ཀྱི་གྲུབ་མཐའ་ནི་རྣམ་རིག་པ་སྟེ། ཕྱི་གཟུང་བའི་རང་བཞིན་མེད་པར་རྟོག་པ་སྤངས། ནང་རིག་པ་གཅིག་ཉིད་ཡུལ་ཡུལ་ཅན་ གཉིས་མེད་དུ་ཤར་བ་ཡིན་པར་འདོད་པའི་ཕྱིར་ཏེ། ཞེས་ཀུན་མཁྱེན་པས་གསུངས་པཎྜི་ཏ་འབུམ་ཕྲག་གསུམ་པ་སོགས་ཀྱིས་ ཀྱང་བཞེད་དོ། །གསུངས)། མཆོག་གི་རིགས་ཅན་དབང་པོ་རྣོན་པོ་ལ། །བདག་མེད་མཐའ་དག་བསྟན་ ནས་གཞན་དོན་དུ། །བྱང་ཆུབ་སྤྱོད་པ་བླ་མེད་སྤྱོད་པ་ལས། །འབྲས་བུ་རྫོགས་ པའི་སངས་རྒྱས་ཐོབ་པའོ། །དེ་ཡང་ཇི་སྐད་དུ། ཐེ༷ག་པ༷་ཆེ༷ན་པོ༷་(པ་)གང༷་ཞེ༷་ན།༷བྱ༷ང་ ཆུ༷བ་སེམ༷ས་དཔ༷འ་(རྣམས་ཆོས་ཅན། རིགས་ཀྱི་ཁྱད་པར་དང་ལྡན་པ་ཡིན་ཏེ་)ཆོ༷ས་ཉི༷ད་(དེ་རིགས་ངེས་པ་)ད༷ང་ མ༷་ངེ༷ས་པ༷་ལ༷་གན༷ས་པ་(ཡིན་པའི་ཕྱིར་)ད༷ང༌། (དབང་པོའི་ཁྱད་པར་དང་ལྡན་པ་ཡིན་ཏེ་རིགས་ཅན་གསུམ་གྱི་ ནང་ནས་)ར༷ང་བཞི༷ན་གྱི༷ས་དབ༷ང་པོ༷་རྣོ༷ན་པོ༷་(ཡིན་པའི་ཕྱིར་)ད༷ང་(སྨོན་པའི་ཁྱད་པར་དང་ལྡན་པ་ཡིན་ཏེ་) སེམ༷ས་ཅ༷ན་ཐམ༷ས་ཅ༷ད་(རྣམ་པར་)ཐར་བ་(ཐོབ་པ)ར་བྱ༷་བ༷འི་ཕྱི༷ར་སྨོན་ལམ་བཏ༷བ་་(ཅིང་སེམས་ བསྐྱེད་)པ(འི་ཕྱིར)་ད༷ང༌། (བསམ་པའི་ཁྱད་པར་དང་ལྡན་པ་ཡིན་ཏེ། སྲིད་ཞི་ལ་)མི༷་གན༷ས་པ༷འི་མྱ༷་ང༷ན་ལ༷ས་ འད༷ས་པ༷འི་བས༷མ་པ༷་ཅ༷ན་(ཡིན་པའི་ཕྱིར་)ད༷ང༌། (དམིགས་པའི་ཁྱད་པར་དང་ལྡན་པ་ཡིན་ཏེ་)བྱ༷ང་ཆུ༷བ་ སེ༷མས་དཔ༷འི་སྡེ་སྣོ༷ད་ལ༷་དམི༷གས་ན༷ས་(ཤེས་སྒྲིབ་ཀྱི་གཉེན་པོར་)ཆོ༷ས་ཀྱི་(བདག་མེད་རྟོགས་པ་དོན་དུ་ གཉེར་བའི་ཕྱིར། བསྒྲུབ་པའི་ཁྱད་པར་དང་ལྡན་པ་ཡིན་ཏེ། མི་གནས་པའི་མྱང་འདས་ཀྱི་)རྗེ༷ས་སུ༷་མཐུ༷ན་པ༷འི་ཆོ༷ས་ (ཐོས་བསམ་སྒོམ་གསུམ་)བསྒྲུ༷བ་ཅི༷ང་(ཉམས་སུ་ལེན་པའི་ཕྱིར་དེར་མ་ཟད་)སེམ༷ས་ཅ༷ན་རྣམ༷ས་ཀྱ༷ང་ཡོང༷ས་ 3-1-136 སུ༷་སྨི༷ན་པ༷ར་བྱེ༷ད། (ཞེས་པའི་དོན་ནི། རང་གི་གདུལ་བྱ་སྒྲིབ་གཉིས་གང་རུང་དངོས་སུ་སྤང་རུང་དང་། གཉེན་པོ་ལམ་ལྔ་ གང་རུང་དངོས་སུ་སྐྱེ་རུང་དུ་བྱས་པ་ལ་བྱེད་དགོས་ཏེ། རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི། གཟག་དང་སྤྱད་དུ་རུང་བ་ སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང༌། །ཡོངས་སུ་སྤྱད་པ་སྨིན་པ་ཉིད་དུ་བསྟན། །ཞེས་གསུངས་པའི་ ཕྱིར་)སང༷ས་རྒྱ༷ས་ཀྱི༷་ཞི༷ང་ཡ༷ང་ཡོ༷ངས་སུ༷་སྦྱོ༷ང་བ༷་ལ༷་ལུ༷ང་བསྟན་པ༷་ཡ༷ང་ཐོ༷བ་ཅི༷ང༌། (དེ་ལ་ཡང་ རྣམ་པ་གཉིས་ཏེ། སྤྱིར་ལུང་བསྟན་པ་དང་ལུང་བསྟན་པ་ཆེན་པོའོ། །ལུང་བསྟན་པ་ཆེན་པོ་ལ་དྲུག་སྟེ། ཡང་དེ་ཞིང་དང་མིང་དང་ ནི། །དུས་དང་བསྐལ་བའི་མིང་དག་དང༌། །འཁོར་དང་དམ་པའི་ཆོས་དག་ཀྱང༌། །གནས་པའི་སྒོ་ནས་དེར་འདོད་དོ། །འབྲས་ བུའི་ཁྱད་པར་དང་ལྡན་པ་ཡིན་ཏེ་)ག༷ང་བླ་ན༷་མེ༷ད་པ༷་ཡ༷ང་ད༷ག་པ༷འི་བྱང་ཆུ༷བ་མངོ༷ན་པ༷ར་རྫོ༷གས་ པ༷ར་འཚ༷ང་རྒྱ༷་(བ་ཡིན་པའི་ཕྱིར་)འོ། །ཞེས་པས་རིགས་ཀྱི་ཁྱད་པར་དབང་པོ་རྣོན་པོ་སྦྱོར་ལམ་ དང༌། འབྲི ང་པོ་མཐོང་ལམ་དང༌། རྟུལ་པོ་སྒོམ་ལམ་ས་བརྒྱད་པ་ནས་རྫོགས་པའི་བྱང་ཆུབ་ ལས་ཕྱིར་མི་ལྡོག་པ་ཐོབ་ཅིང་སངས་རྒྱས་སུ་ངེས་པ་དང༌། དེ་དག་གི་སྔ་རོལ་ཏུ་རེ་ཤིག་ཕྱིར་ ལྡོག་སྲིད་པས་མ་ངེས་པ་དང༌། དབང་པོའི་ཁྱད་པར་ནང་ཚན་ལ་རྣོ་རྟུལ་ཡོད་ཀྱང་ཉན་རང་ ལ་ལྟོས་ནས་དད་པ་ལ་སོགས་པའི་དབང་པོ་ལྔ་རྣོན་པོར་གྱུར་པ་དང༌། སྨོན་པའི་ཁྱད་པར་ སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱའོ་སྙམ་དུ་སེམས་བསྐྱེད་ ཅིང་སྨོན་ལམ་བཏབ་པ་དང༌། བསམ་པའི་ཁྱད་པར་ཤེས་རབ་དང་སྙིང་རྗེ་གཉིས་ཀྱིས་སྲིད་ པ་དང་ཞི་བའི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱའོ། །སྙམ་ པའི་བསམ་པ་ཅན་དང༌། དམིགས་པའི་ཁྱད་པར་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་སྡེ་སྣོད་ ལ་དམིགས་ནས་ཐོས་བསམ་ཚུལ་བཞིན་དུ་བྱས་པ་ལས་ལྟ་བ་སྔར་བཤད་པ་ལྟར་གང་ཟག་ དང་ཆོས་ཀྱི་བདག་མཐའ་དག་གིས་སྟོང་པར་རྟོགས་ཏེ། བསྒྲུབ་པའི་ཁྱད་པར་གདུལ་བྱ་ སེམས་ཅན་གྱི་རྒྱུད་ལ་སྤང་བྱ་སྤང་རུང་དང་གཉེན་པོ་སྐྱེ་རུང་དུ་བྱེད་པ་དང༌། ཐུགས་རྗེའི་བྱེ་ བྲག་གིས་བདེ་བ་ཅན་དང་མི་མཇེད་ལྟ་བུ་དག་པ་དང་མ་དག་པའི་སངས་རྒྱས་ཀྱི་ཞིང་ཡོངས་ 3-1-137 སུ་སྦྱོང་བ་དང༌། གང་ཟག་གི་བྱེ་བྲག་གིས་མངོན་སུམ་དང་ལྐོག་དང་དུས་ཚད་ཡོད་པ་དང་ མེད་པ་ལ་སོགས་པར་ལུང་བསྟན་པའང་ཐོབ་པར་བྱེད་པ་དང༌། འབྲས་བུའི་ཁྱད་པར་དོན་ གཉིས་མཐར་ཕྱིན་པའི་བྱང་ཆུབ་ཆེན་པོ་ཐོབ་པར་གསུངས་པས་ཀྱང་གང་ཟག་བསྟན་པ་སྟེ། དེ་རྣམས་བརྗོད་བྱར་བྱས་ནས་སྟོན་པ་ནི་མཐར་ཐུག་ཐེག་པ་ཆེན་པོའོ། །གཞུང་དེ་རྣམས་ ཀྱིས་ནི་དངོས་སུ་ཐེག་པ་གསུམ་ལ་གནས་པའི་གང་ཟག་བསྟན་ཅིང༌། ཤུགས་ལ་གང་གིས་ འགྲོ་བ་ལམ་གྱི་ཐེག་པ་དང༌། གང་དུ་འགྲོ་བ་འབྲས་བུའི་ཐེག་པའང་གསལ་པར་བསྟན་པ་ ཉིད་དོ། ། བྱེད་ལས་ལ་གཉིས་ལས། ཕལ་པ་ཐེག་དམན་ལ་སྦྱོར་ཚུལ་ནི། དང་པོར་འཁོར་བ་ མི་རྟག་སྡུག་བསྔལ་ཞིང༌། །བདག་ཉིད་མྱང་འདས་ཞི་བའི་ཐབས་བསྟན་ནས། ། སེམས་ཅན་སྲིད་གསུམ་གནས་ལ་སྐྱོབ་སྐྱེད་དེ། །ཉན་རང་ཞི་བདེ་དག་ལའང་ འགོད་པར་མཛད། །དེ་ཡང་རྒྱུད་བླ་མར་ལས། (འདུས་བྱས་ཐམས་ཅད་)མི་རྟག་(པ་དང་ཟག་པ་དང་ བཅས་པ་ཐམས་ཅད་)སྡུག་བསྔལ་(བ་དང་ཆོས་ཉིད་)བདག་མེད་(པ་)དང༌། །(མྱ་ངན་ལས་འདས་པ་ནི་མཆོག་ཏུ་) ཞི་(ཞིང་བདེ་)བའི་(ཞེས་པ་ལ་སོགས་པ་ཆོས་ཀྱི་སྡོམ་ཆེན་པོ་རྣམས་སྟོན་པའི་)སྒྲ་ཡིས་(འདུལ་བའི་)ཐབས་མཁྱེན་ པ་(སངས་རྒྱས་རྣམས་ཀྱིས་འདུལ་བྱའི)། །སེམས་ཅན་(འཁོར་བ་ལ་ཆགས་པ་རྣམས་ལ་)སྲིད་(པ་)གསུམ་(གྱི་ ཉེས་དམིགས་མང་དུ་གསུངས་ཤིང་)སྐྱོ་(བ)བསྐྱེད་ནས། །(རེ་ཤིག་དང་པོར་འཁོར་བའི་སྐྱོན་ཉེ་བར་ཞི་བ་ཙམ་གྱིས་) མྱ་ངན་(ལས་)འདས་(པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་)ལ་(ཡང་)རབ་(ཏུ་)འཇུག་(པར་)མཛད་(དོ)། ། ཅེས་གསུངས་པ་སྟེ། སྔར་བསྟན་པ་ལྟར། འདུས་བྱས་ཐམས་ཅད་མི་རྟག་པ་དང༌། ཟག་པ་ དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་དང༌། མྱ་ངན་ ལས་འདས་པ་ནི་མཆོག་ཏུ་ཞི་བའོ། །ཞེས་པ་ལ་སོགས་པའི་སེམས་ཅན་ཕལ་བ་རྣམས་སྲིད་ པ་གསུམ་གྱིས་བསྡུས་པའི་འཁོར་བ་མཐའ་དག་ལ་ངེས་པར་འབྱུང་བའི་བསམ་པ་བསྐྱེད་དེ་ 3-1-138 ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་དག་ལ་རིམ་གྱིས་འགོད་པར་མཛད་ པའོ། ། དེ་དག་ཐེག་ཆེན་ལ་སྦྱོར་ཚུལ་ནི། ཕྱི་ནས་དེ་དག་སྔར་འཛིན་ལས་བཟློག་སྟེ། ། སྟོང་ཉིད་སྙིང་རྗེ་ཟུང་འཇུག་དམ་པའི་ཆོས། །ཟབ་མོའི་དེ་ཉིད་བསྟན་ནས་གདུལ་ བྱའི་མཆོག །ཐེག་པ་ཆེན་པོའི་ཆོས་ཀྱིས་སྨིན་པར་མཛད། །དེ་ཡང་ཇི་སྐད་དུ། (སྡུག་ བསྔལ་དང་ཀུན་འབྱུང་ཉེ་བར་)ཞི་བའི་ལམ་ལ་རབ་(ཏུ་)འཇུག་པ། །མྱ་ངན་འདས་(མཐར་ཐུག་)ཐོབ་ (པོ་སྙམ་པའི་)འདུ་ཤེས་ཅན། །(དེ་དག་ལ་)དམ་ཆོས་པདྨ་དཀར་(པོ་)ལ་སོགས་(པ)། །ཆོས་ཀྱི་དེ་ (ཁོ་ན་)ཉིད་(ནི་)བསྟན་པ་ཡིས། །(ཉན་རང་)དེ་དག་སྔར་(མྱང་འདས་ཐོབ་པོ་སྙམ་དུ)འཛིན་(པ་)ལས་ བཟློག་སྟེ། །(སེམས་ཅན་ཚད་མེད་པ་ལ་དམིགས་པའི་བརྩེ་བ་སྙིང་རྗེ་ཆེན་པོའི་)ཐབས་དང་(སྟོང་ཉིད་རྟོགས་པའི་) ཤེས་རབ་(གཉིས་ཐེག་དམན་དུ་མི་ལྟུང་བར་ཐེག་ཆེན་དུ་)ཡོངས་(སུ་)བཟུང་བས། །ཐེག་པ་མཆོག་ལ་ སྨིན་(པར་)མཛད་དེ། །བྱང་ཆུབ་མཆོག་(རྫོགས་པའི་བྱང་ཆུབ་)ཏུ་ལུང་བསྟན་ཏོ། །(ལུང་བསྟན་པ་ལ་ ཡང་རྣམ་པ་གཉིས་ཏེ། སྤྱིར་ལུང་བསྟན་པ་དང་ལུང་བསྟན་པ་ཆེན་པོའོ། །ལུང་བསྟན་པ་ཆེན་པོ་ལ་དྲུག་སྟེ། ཡང་དེ་ཞིང་དང་ མིང་དང་ནི། །དུས་དང་བསྐལ་བའི་མང་དག་དང༌། །འཁོར་དང་དམ་པའི་ཆོས་དག་ཀྱང༌། །གནས་པའི་སྒོ་ནས་དེར་འདོད་དོ་) ཅེས་གསུངས་པ་ལྟར་འཁོར་བའི་སྡུག་བསྔལ་ཞི་བ་ཙམ་གྱི་ལམ་ལ་ཞུགས་ནས་དགྲ་བཅོམ་ པ་དང་རང་བྱང་ཆུབ་ཐོབ་པ་ན་མྱ་ངན་ལས་འདས་པ་མཐར་ཐུག་མ་ཐོབ་ཀྱང་ཐོབ་པོ་སྙམ་ པའི་འདུ་ཤེས་ཅན་དེ་དག་ལ། དམ་པའི་ཆོས་པདྨ་དཀར་པོ་ལས། དེ་བཞིན་ཉན་ཐོས་ཐམས་ ཅད་ཀྱང༌། །མྱ་ངན་འདས་ཐོབ་འདུ་ཤེས་ཏེ། །རྒྱལ་བས་བཤད་པ་དེ་དག་ལ། །མྱ་ངན་མ་ འདས་དེ་ངལ་བསོ། །ཞེས་པ་དང༌། འདི་ལྟར་མྱ་ངན་འདས་པར་གང་བརྗོད་པ། འཁོར་བའི་ སྡུག་བསྔལ་དག་ལས་(ཉན་རང་དགྲ་བཅོམ་པ་)ཁྱོད་ཐར་ཡང༌། །ཁྱེད་ནི་ད་དུང་(མཐར་ཐུག་གི་)མྱ་ངན་ (ལས་)ཡོངས་(སུ་)མ་འདས་(པ)། །(སྟེ་མཐར་ཐུག་གི་མྱང་འདས་མ་ཐོབ་པ་ཡིན་ཏེ། དེ་ཐོབ་པ་ལ་)སངས་རྒྱས་ 3-1-139 ཐེག་པ་འདི་ནི་བཙལ་པར་གྱིས་(ཏེ་ཐེག་པ་ཆེན་པོ་ལ་ངེས་པར་འཇུག་དགོས་པའི་ཕྱིར)། །ཞེས་པ་དང༌། དཔལ་ཕྲེང་གིས་ཞུས་པའི་མདོ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པར་ ཆོས་ཉིད་ཟབ་མོའི་དེ་ཁོ་ན་ཉིད་(ཉན་རང་རྣམས་ཀྱི་འདུས་བྱས་ཐམས་ཅད་མི་རྟག་པ་སྡུག་བསྔལ་བ་བདག་མེད་པ་ མི་གཙང་བར་རྟོགས་པས་ཆོས་ཀྱི་སྐུ་དོན་དམ་པར་ཡང་དེ་ལྟར་བསམ་པས་ན། དེ་བཟློག་པས་ཆོས་སྐུ་གཙང་བདག་བདེ་རྟག་ ཉིད་དུ་)གསལ་བར་བསྟན་པས་སྔར་གྱི་འདུ་ཤེས་དེ་ལས་བཟློག་སྟེ། ཐབས་སྙིང་རྗེ་ཆེན་པོའི་ བསོད་ནམས་ཀྱི་ཚོགས་དང༌། ཤེས་རབ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ བཟུང་བས་ཐེག་ཆེན་གྱི་ལམ་གྱིས་རྣམ་པར་སྨིན་པར་མཛད་ཅིང་བྱང་ཆུབ་ཀྱི་མཆོག་ཏུ་ལུང་ སྟོན་པར་མཛད་པའོ། །ཉན་རང་གི་འབྲས་བུ་ལ་མྱང་འདས་སུ་གསུངས་པ་ནི་དཔེར་ན་ལམ་ རིང་པོས་དུབ་པ་ལ་འབྲོག་དགོན་པར་གྲོང་ཁྱེར་སྤྲུལ་པ་ལྟར་ངལ་བོས་པ་ཙམ་གྱི་དོན་ཡིན་ ལ། མཐར་ཐུག་གི་མྱང་འདས་ནི་སངས་རྒྱས་ཁོ་ན་ཡིན་ཞིང་དེར་བགྲོད་པའི་ཐེག་པ་ལའང་ གཅིག་ཁོ་ན་ཡིན་ཏེ། རྒྱུད་བླ་མར། (མཐར་ཐུག་གི་སྤངས་པ་དང་རྟོགས་པ་དབྱེར་མེད་པ་)དེས་ན་(རྫོགས་པའི་) སངས་རྒྱས་མ་ཐོབ་པར་(སྒྲིབ་གཉིས་བག་ཆགས་དང་བཅས་སྤངས་པའི)། །མྱ་ངན་(ལས་)འདས་པ་མི་ ཐོབ་(པ་)སྟེ། །(དཔེར་ན་ཉི་མའི་)འོད་དང་འོད་ཟེར་སྤངས་ནས་ནི་(སྟེ་མ་མཐོང་བར)། །ཉི་མ(འི་དཀྱིལ་ འཁོར་ལ་)ལྟ་བར་མི་ནུས་(པ་)བཞིན་(ནོ)། །ཞེས་དང༌། མདོ་ལས། ཤ་རིའི་བུ་(མཐར་ཐུག་གི་)ཐེག་ པ་ནི་གཅིག་སྟེ། འདི་ལྟར་སངས་རྒྱས་ཀྱི་ཐེག་པའོ། །ཞེས་དང༌། རྒྱན་ལས་ཀྱང༌། (ཐེག་དམན་ དུ་རིགས་ངེས་པ་རྣམས་རེ་ཞིག་དྲང་པར་མི་ནུས་པས་བཏང་སྙོམས་སུ་བཞག་སྟེ་ཉན་ཐོས་སུ་རིགས་མ་ངེས་པ་)ཁ་ཅིག་དག་ ནི་(རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དུ་)དྲངས་(པར་བྱ་བའི་)ཕྱིར་དང༌། །(ཐེག་ཆེན་དུ་རིགས་ངེས་པ་རྣམས་དྲང་མི་ དགོས་པས་བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་རིགས་མ་ངེས་པ་ཐེག་ཆེན་གྱི་སྤྱོད་པས་སྐྱེ་ནས་ཐེག་དམན་དུ་ལྟུང་བར་སྲིད་ པ་)གཞན་དག་ཡང་དག་(པར་རྗེས་སུ་)བཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱི་ནི། ། (ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རང་རང་གི་འབྲས་བུར་རིགས་)མ་ངེས་(པ་)རྣམས་ལ་(མཐར་ཐུག་)ཐེག་(པ་) 3-1-140 གཅིག་བསྟན་(པ་ཡིན་ནོ)། །ཞེས་གསུངས་པ་ལྟར་རོ། ། མཐར་ཐུག་གི་ཐེག་པ་ནི། དེ་ཡང་ཟབ་རྒྱས་ཆོས་ལ་དམིགས་པ་སོགས། །རྗོད་ བྱེད་ཆེན་པོ་བདུན་དང་ལྡན་པ་དང༌། །བརྗོད་བྱ་རིགས་སོགས་ཆོས་བཅུ་བསྟན་ པའི་ཕྱིར། །ཤིན་ཏུ་རྒྱས་པ་མཚུངས་མེད་དམ་པ་ལགས། །དེ་ཡང་རྒྱན་ལས། (ཐེག་ པ་ཆེན་པོའི་ཡེ་ཤེས་ནི་གསུང་རབ་ཡན་ལག་བཅུ་གཉིས་ལ་དམིགས་པས་)དམིགས་པ་ཆེ་བ་ཉིད་དང་ནི། །དེ་ བཞིན་(དུ)སྒྲིབ་པ་(ཡང་རང་གཞན་)གཉིས་(ཀའི་དོན་བསྒྲུབ་པ་)དག་དང༌། །(བདག་མེད་གཉིས་ཀ་རྟོགས་པས་) ཡེ་ཤེས་(ཆེ་བ་དང་བསྐལ་པ་གྲངས་མེད་གསུམ་དུ་)བརྩོན་འགྲུས་རྩོམ་པ་(བརྩོན་འགྲུས་ཆེ་བ་)དང༌། །(གཞན་ དོན་དུ་འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་གྱིས་མི་གོས་པས་)ཐབས་ལ་མཁས་པར་གྱུར་པ་(ཐབས་མཁས་ པ་སྟེ་དང་པོ་ལྔ་ནི་རྒྱུའི་ཐེག་ཆེན་)དང༌། །(འབྲས་བུ་)ཡང་དག་(པར་རྫོགས་པའི་སངས་རྒྱས་)འགྲུབ་པ(ས་འགྲུབ་ པ)་ཆེན་པོ་དང༌། །སངས་རྒྱས་(ནས་སེམས་ཅན་གྱི་དོན་འབད་མེད་ལྷུན་འགྲུབ་འབྱུང་བས་)འཕྲིན་ལས་ཆེན་ པོ་(དང་ཐ་མ་གཉིས་པོ་དེ་དག་ནི་འབྲས་བུའི་ཐེག་ཆེན་)སྟེ། །(རྒྱུ་འབྲས་ཀྱི་ཐེག་པ་)ཆེན་པོ་འདི་དག་དང་ལྡན་ པས། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད་(དོ)། །ཅེས་གསུངས་པ་ལྟར་མདོ་སྡེ་ལ་སོགས་པའི་ ཆོས་རྒྱ་ཆེན་པོ་ལ་དམིགས་ནས་རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པ་བསྒྲུབ་ཅིང་ བདག་མེད་གཉིས་རྟོགས་པའི་ཡེ་ཤེས་དང་ལྡན་པས། གུས་པ་དང་རྒྱུན་ཏུ་སྦྱོར་བའི་བརྩོན་ འགྲུས་རྩོམ་པ་དང༌། སྲིད་པ་དང་ཞི་བའི་མཐར་མི་ལྟུང་བའི་ཐབས་ལ་མཁས་པ་སྟེ་རྒྱུའི་ཁྱད་ པར་ཆེན་པོ་ལྔ་དང༌། སྟོབས་ལ་སོགས་པའི་ཡོན་ཏན་ཡང་དག་པར་འགྲུབ་པ་དང༌། འཁོར་ བ་ཇི་སྲིད་པར་གཞན་དོན་བསྒྲུབ་པའི་འཕྲིས་ལས་ཏེ་འབྲས་བུའི་ཁྱད་པར་ཆེན་པོ་གཉིས་ དང་བཅས་པའི་རྗོད་བྱེད་ཆེན་པོའི་བདུན་དང་ལྡན་པ་དང༌། ཡང་ཇི་སྐད་དུ། རིགས་དང་ ཆོས་ལ་མོས་པ་དང༌། །(ཞེས་སོགས་འདི་རྣམས་ཀྱི། དོན་ནི། འོག་འདི་ཉིད་དུ་འགྲེལ་པས་གསལ་ལོ་)དེ་བཞིན་ སེམས་ནི་བསྐྱེད་པ་དང༌། །སྦྱིན་ལ་སོགས་པ་བསྒྲུབ་པ་དང༌། །སྐྱོན་མེད་པ་ལ་འཇུག་ཉིད་ 3-1-141 དང༌། །སེམས་ཅན་རྣམས་ཡོངས་སྨིན་བྱེད་དང༌། །ཞིང་ནི་རྣམ་པར་སྦྱོང་བ་དང༌། །མི་གནས་ མྱ་ངན་འདས་པ་དང༌། །བྱང་ཆུབ་མཆོག་དང་སྟོན་པའོ། །ཞེས་གསུངས་པ་ལྟར་ཐོག་མར་ རང་བཞིན་དང་རྒྱས་འགྱུར་རིགས་ཀྱི་དབྱེ་བ་དང༌། ཐེག་ཆེན་གྱི་རིགས་སད་པ་ལས་ཆོས་ ཟབ་མོ་ལ་མོས་པ་དང༌། མོས་པ་ལྟར་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང༌། སེམས་བསྐྱེད་པ་ལྟར་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒྲུབ་པ་དང༌། བསྒྲུབ་པ་ལྟར་མཐོང་ ལམ་དང་ས་དང་པོ་ཐོབ་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་དང༌། དེ་ནས་ ས་བདུན་པའི་བར་ལ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང༌། དེ་ནས་ཕྱིར་མི་ ལྡོག་པའི་ས་གསུམ་པོ་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང༌། མི་གནས་པའི་མྱ་ངན་ ལས་འདས་པ་བསྒྲུབ་པ་དང༌། དེ་ནས་སངས་རྒྱས་ཀྱི་ས་ལ་མངོན་པར་རྫོགས་པའི་བྱང་ཆུབ་ མཆོག་གྲུབ་པ་དང༌། མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་སྟེ། བརྗོད་བྱའི་ཁྱད་པར་དོན་ ཟབ་མོ་རྣམ་པ་བཅུ་པོ་འདི་དག་སྟོན་པ་ནི་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་དང་རྣམ་པར་འཐག་ པ་དང་མཚུངས་བྲལ་ཞེས་ཀྱང་བྱའོ། །དེ་ཡང་ཆོས་མངོན་པ་ལས། ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་གནས་པ་དང༌། རྒྱས་པ་ དང༌། རྒྱ་ཆེ་བ་དང་ཟབ་པའི་རྣམ་པར་ཆོས་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་འཐག་ པ་ཞེས་བྱ་ཞེ་ན། སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པའི་ཕྱིར་རོ། །ཅིའི་ཕྱིར་མཚུངས་བྲལ་ ཞེས་བྱ་ཞེ་ན། མཚུངས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། ། མཆོག་ལ་སྦྱོར་ཚུལ་ནི། དེས་ན་རང་བཞིན་རིགས་ལ་ཁྱད་མེད་ཀྱང༌། །རྒྱས་ འགྱུར་རིགས་ལ་རྣམ་པ་གསུམ་ཡོད་པས། །གནས་སྐབས་གང་ལ་གང་མོས་ ཆོས་བསྟན་ཏེ། །མཐར་ཐུག་ཟབ་མོའི་དོན་ལ་སྦྱོར་ན་ལེགས། །དེ་ཡང་རྒྱུད་བླ་མར། གཏེར་(དང་པོ་ནས་ཡོད་པ་)དང་འབྲས་བུའི་ཤིང་(འབད་པའི་བསྒྲུབ་པ་)བཞིན་དུ། །རིགས་(ཀྱང་དེ་བཞིན་ 3-1-142 དུ་)དེ་རྣམ་(པ་)གཉིས་ཤེས་(པར་)བྱ་སྟེ། །ཐོག་༼མ་༽མེད་(ནས་)རང་བཞིན་(དུ་)གནས་པ(འི་རིགས་) དང༌། །(རྒྱུ་རྐྱེན་གྱིས་གསར་དུ་)ཡང་དག་བླངས་པ་(ལས་བྱུང་བའི་)མཆོག་(རྒྱས་འགྱུར་གྱི་རིགས་)ཉིད་ དོ། །ཞེས་གསུངས་པ་ལྟར་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་ པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བཞུགས་པས་རང་བཞིན་གྱི་རིགས་ལ་ཁྱད་ པར་མེད་ཀྱང༌། རྒྱན་ལས། (སེམས་ཅན་རྣམས་ནི་)ཁམས་རྣམས་དང་ནི་(རིགས་སྣ་ཚོགས་པ་ཅན་ཡིན་ཏེ་ གནས་སྐབས་སུ་ཐེག་པ་གསུམ་གྱིས་རིགས་ཐ་དད་པ་གསུམ་ཡོད་པའི་ཕྱིར། དེ་བཞིན་དུ་)མོས་པ་(ཡང་ཐ་དད་པ་གསུམ་ ཡོད་དེ་ཐོག་མར་རྒྱུའི་དུས་ནས་ཐེག་པ་གསུམ་པོ་གང་ཡང་རུང་བ་ཞིག་ཁོ་ན་ལ་མོས་པས་འཇུག་པ་མཐོང་པའི་ཕྱིར་)དང༌། ། བསྒྲུབ་པ་(ཡང་)ཐ་དད་(པ་གསུམ་གྱི་)དབྱེ་བ་(ཡོད་དེ། དགེ་བའི་བཤེས་གཉེན་ལ་སོགས་པའི་རྐྱེན་གྱིས་ཐེག་ཆེན་ ལྟ་བུ་ལ་མོས་པ་བསྐྱེད་དུ་ཟིན་ཀྱང་། ཁ་ཅིག་གིས་ལམ་ངེས་པར་བསྒྲུབ་ནུས་ལ། ཁ་ཅིག་ནི་བསྒྲུབ་མི་ནུས་པ་ལྟ་བུ་དུ་མ་ཡོད་པའི་ ཕྱིར་)དང༌། །(རྒྱུ་དང་མཐུན་པར་འབྲས་བུ་འབྱུང་བའང་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་ལམ་མཐར་ཕྱིན་པ་ལས་འབྲས་བུ་ གྲུབ་པའི་དུས་ནའང༌)འབྲས་བུ་(བྱང་ཆུབ་དམན་པ་དང་འབྲིང་དང་མཆོག་གསུམ་)ཐ་དད་(པར་)དམིགས་པའི་ ཕྱིར། །(ཐེག་པ་གསུམ་གྱི་)རིགས་(ཐ་དད་པ་)ཡོད་(པ་)ཉིད་དུ་ནི་ངེས་པར་བརྗོད། །ཞེས་གསུངས་པ་ ལྟར། གནས་སྐབས་ཐོས་པ་ལ་སོགས་པ་དགེ་བའི་བག་ཆགས་འཕེལ་བ་ལས་རྒྱས་འགྱུར་ གྱི་རིགས་ལ་ཐ་དད་པ་གསུམ་ཡོད་པས་རེ་ཤིག་དང་པོར་ཐེག་པ་གསུམ་ལས་གང་ལ་མོས་ པ་ལ་རིམ་གྱིས་སྦྱོར་ཏེ། མཐར་ཐུག་ཐེག་པ་ཆེན་པོ་ལ་སྦྱོར་བ་ནི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱིས་ཐབས་ལ་མཁས་པའོ། ། བཞི་པ་བསླབ་པ་གསུམ་ལ། སྤྱིར་བསྟན་པ་ནི། འདུལ་བ་མདོ་སྡེ་མངོན་པའི་སྡེ་ སྣོད་ལས། །གསུང་བཞིན་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱི། །བསླབ་པ་གསུམ་ ལ་རྟག་ཏུ་སློབ་པ་དང༌། །སྡེ་སྣོད་གསུམ་ཡང་མཁྱེན་པར་བགྱིད་འཚལ་ལོ། །(ཅིའི་ ཕྱིར་སྡེ་སྣོད་ཅེས་བྱ་ཞེ་ན། གཞི་ལམ་འབྲས་བུ་ལ་སོགས་པ་ཤེས་བྱའི་དོན་ཐམས་ཅད་བསྡུ་བའི་ཕྱིར་ཏེ། དཔེར་ན་འབྲུ་མང་པོ་ 3-1-143 བསྡུས་པའི་སྣོད་ལ་འབྲུ་སྣོད་ཅེས་བརྗོད་པ་བཞིན་ནོ། །སྡེ་སྣོད་གསུམ་དུ་བཞག་པ་ལ་རྒྱུ་མཚན་ཡོད་དེ། སྤང་པར་བྱ་བ་དང༌། བསྒྲུབ་པར་བྱ་བ་དང༌། ཤེས་པར་བྱ་བ་གསུམ་གསུམ་གྱི་དབང་དུ་བྱས་ནས་འཇོག་པའི་ཕྱིར་རོ། །དེ་ཡང་སྤང་བྱ་ཉེ་ཉོན་ཐེ་ཚོམ་ གྱི་གཉེན་པོར་ཐེ་ཚོམ་ཟ་བ་དེ་ཉིད་ངེས་པར་བྱ་བའི་ཆེད་དུ་ཤིན་ཏུ་གསལ་བར་སྟོན་པ་མདོ་སྡེ་དང་ནི་ཉེ་ཉོན་མཐའ་གཉིས་སུ་ ལྟུང་བའི་གཉེན་པོར་ཁ་ན་མ་ཐོ་བ་དང་བཅས་པའི་བསོག་འཇོག་ལ་སོགས་པ་བཀག་པ་འདོད་པ་བསོད་སྙོམས་ཀྱི་མཐའ་སྤོང་ ཞིང༌། ཁ་ན་མ་ཐོ་བ་མེད་པའི་དབང་དུ་བྱས་ནས་གསེར་སྲང་འབུམ་རི་བ་ལ་སོགས་པའི་གོས་གནང་བས་ངལ་ཞིང་དུབ་པའི་ མཐའ་སྤོང་བ་འདུལ་བ་དང༌། ཉེ་ཉོན་རང་གི་ལྟ་བ་མཆོག་ཏུ་འཛིན་པའི་གཉེན་པོར་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ བསྟན་པས་བློ་བྱང་ནས་ཕྱོགས་ཞེན་སྤོང་བར་བྱེད་པ་མངོན་པའི་སྡེ་སྣོད་རྣམས་སོ། །ཡང་བསྒྲུབ་བྱ་བསླབ་པ་གསུམ་ལ་བློ་བྱང་ བའི་ཆེད་དུ་དེ་རྣམས་ཤིན་ཏུ་གསལ་བར་སྟོན་པའི་མདོ་སྡེ་དང༌། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་ཆེར་སྒྲུབ་ཚུལ་བསྟན་ པས་འདུལ་བ་དང༌། ཆོས་དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་རྣམ་པར་འབྱེད་པའི་ཐབས་རྒྱ་ཆེར་བསྟན་པས་ལྷག་པའི་ཤེས་རབ་ཀྱི་ བསླབ་པ་བསྒྲུབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་དེ། ཡང་ཤེས་བྱ་བསླབ་པ་གསུམ་གྱི་ཆོས་དང་དོན་ཤིན་ཏུ་གསལ་བར་ བཤད་པ་མདོ་སྡེ་དང༌། ཆོས་དང་དོན་བསྒྲུབ་པའི་ཆེད་དུ་ཉོན་མོངས་པ་འདུལ་བའི་བརྩོན་པས་ཆོས་དང་དོན་རྟོགས་པར་བྱེད་པ་ འདུལ་བ་དང༌། ཆོས་དང་དོན་ལེགས་པར་རྟོགས་ཏེ་འབྲེལ་བའི་གཏམ་གྱིས་གཏན་ལ་འབེབ་པ་ལ་མཁས་པས་ཆོས་ལ་རྫོགས་ པར་ལོངས་སྤྱོད་པའི་བདེ་བ་ལ་གནས་པར་བྱེད་པ་མངོན་པའི་སྡེ་སྣོད་རྣམས་སོ)། ། དེ་རྣམས་ཀྱང་རྒྱན་ལས། (སོ་སོར་བཤད་པ་ནི། ཕམ་པ་དང་ལྷག་མ་དང་ལྟུང་བྱེད་དང་སོར་བཤགས་དང་ ཉེས་བྱས་སྟེ་)ལྟུང་(བ་སྡེ་ལྔ་)དང་(བླང་དོར་གྱི་གནས་མི་ཤེས་པ་དང་། སྒོ་གསུམ་གྱི་སྤྱོད་པ་བག་མེད་པ་དང་ཀུན་འབྱུང་ ཉོན་མོངས་པ་མང་བ་དང་བསླབ་པ་ལ་མ་གུས་པ་སྟེ་ལྟུང་བ)འབྱུང་(བའི་རྒྱུ་བཞི་)དང་(བསམ་པས་འགྱོད་ཅིང་ཕྱིས་མི་བྱེད་ པ་སྡོམ་པའི་སེམས་ཀྱིས་ལྟུང་བ་ལས་)ལྡང་བ(འི་ཐབས་)དང༌། །(ལྟུང་བ་ལ་སོགས་པའི་ཉེས་པ་བྱུང་ན། དགེ་སློང་གི་ མདུན་དུ་མཐོལ་ནས་ཉེས་པ་ལས་ཐར་བར་བྱེད་པའི་སོར་བཤགས་དང༌། བསླབ་པ་སྦྱིན་པ་ལ་སོགས་པའི་ཆད་ལས་ཁས་ལེན་ པ་དང་། སྔར་བསླབ་པ་བྱས་པ་ལས་ཕྱིས་དགོས་པ་ལ་ལྟོས་ནས་གནང་པ་བྱིན་པ་དང་། དགེ་འདུན་ཚོགས་པས་བསླབ་པའི་གཞི་ ཕྲན་ཚེགས་འགའ་ཞིག་དགྲོལ་ནས་བག་ཡངས་སུ་བྱ་བ་དང༌། དགེ་སློང་ཕ་མ་ཕན་ཚུན་མཚན་འགྱུར་ནས་ལྟུང་བ་ཐུན་མོང་མ་ 3-1-144 ཡིན་པ་རྣམས་ལྟུང་མེད་དུ་འགྱུར་བ་དང༌། ཆོས་ཀྱི་སྡོམ་བཞིའི་རྣམ་པ་སོ་སོར་ཡང་དག་པ་རྟོགས་པ་ན་ལྟུང་བ་ཕྲན་ཚེགས་ལས་ གྲོལ་བ་དང༌། བདེན་པ་མཐོང་བ་ན་སྔར་ཉེས་པ་ཕྲན་ཚེགས་ལས་གྲོལ་ཞིང་ཕྱིས་ལྟུང་བ་ཕྲ་མོ་ཡང་མི་བྱེད་པའི་སྡོམ་པ་ཆོས་ ཉིད་ཀྱིས་ཐོབ་པ་སྟེ། བདུན་པོ་དེ་རྣམས་ཀྱིས་ལྟུང་བ་ལས་)ངེས་པ་འབྱུང་(པ་)དང་(འདུན་པ་དང༌། དགའ་བོ་དང༌། ཉེ་ དགའ་དང༌། འཆར་ཀ་དང༌། ནབས་སོ་དང༌། འགྲོ་མགྱོགས་སྟེ་དྲུག་སྡེ་ལ་སོགས་པའི་)གང་ཟག་(གང་ཡང་རུང་བ་)དང་། ། (དེ་ལ་བརྟེན་ནས་བསླབ་པ་)བཅས་པ་དང་ནི་(བསླབ་གཞི་མདོར་ན་དེ་རྣམས་ཕམ་པ་བཞི་ལ་སོགས་པའི)རབ་ ༼ཏུ་༽དབྱེ་(བ)དང༌། །(ཡན་ལག་ཚང་ན་ལྟུང་བ་དངོས་གཞིར་འགྱུར་བ་དང༌། མ་ཚང་ན་མི་འགྱུར་བ་དང༌། ལས་དང་པོ་ པ་ལ་ནི་ལྟུང་བ་མེད་ཅིང་བཅས་པ་དང་འགལ་ན་ལྟུང་བར་འགྱུར་བ་ལ་སོགས་པས་གཏན་ལ་འབེབ་ཤིང་)རྣམ་པར་ངེས་ (པར་བྱེད་པའི་)ཕྱིར་(ཆོས་བཞིའམ་བརྒྱད་སྟོན་པའི་སྒོ་ནས་)འདུལ་བ་ཉིད་(དོ)། །ཅེས་གསུངས་པ་ལྟར་ ལྟུང་བ་སྡེ་ལྔ་དང༌། དེ་རྣམས་འབྱུང་བའི་རྒྱུ་དང༌། དེ་དག་ལས་ལྡང་བའི་ཚུལ་དང༌། ངེས་པར་ འབྱུང་བའི་ཚུལ་སྟེ་བཞི་དང༌། གང་ལ་བརྟེན་པའི་གང་ཟག་དང༌། དེ་ལ་བསླབ་པ་བཅས་པ་ དང༌། བསླབ་བའི་རབ་ཏུ་དབྱེ་བ་དང༌། ལྟུང་བ་ཡོད་མེད་ངེས་ཚུལ་ཏེ་བཞི་པོ་རྣམས་གསལ་ པར་སྟོན་པ་ནི་འདུལ་བའི་སྡེ་སྣོད་ཡིན་ལ། དེ་ཉིད་ལས་གཙོ་ཆེར་གསུངས་པ་ལྷག་པ་ཚུལ་ ཁྲིམས་ཀྱི་བསླབ་པ་དང༌། གནས་རྣམས་དང་ནི་མཚན་ཉིད་དང༌། །ཆོས་དོན་སྨོས་ཕྱིར་མདོ་ ཡིན་ནོ། །ཞེས་གསུངས་པ་ལྟར། གང་དུ་གསུངས་པའི་གནས་དང༌། བདེན་པ་གཉིས་ཀྱི་ མཚན་ཉིད་དང༌། ཕུང་པོ་ལ་སོགས་པའི་ཆོས་དང༌། དེ་རྣམས་ཀྱི་དགོངས་པའི་དོན་(རྣམས་ལ་ ཆོས་གང་དུ་གསུངས་པ་དང༌། གསུང་པ་པོ་གང་གིས་གསུངས་པ་དང་འཁོར་གང་ལ་གསུངས་པ་ལ་སོགས་པ་གླེང་གཞིའི་སྒོ་ནས་ གནས་པ་རྣམས་དང་ནི་འཁྲུལ་པའི་ཤེས་པ་ཡུལ་དང་བཅས་པ་ཀུན་རྫོབ་དང༌། མ་འཁྲུལ་པའི་ཤེས་པ་ཡུལ་དང་བཅས་པ་དོན་ དམ་ལ་སོགས་བདེན་པ་གཉིས་ཀྱི་མཚན་ཉིད་ཕུང་ཁམས་སྐྱེ་མཆེད་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པའི་ཆོས་དང༌། དེ་ དག་དོན་དམ་པར་ཡོད་མེད་ལ་སོགས་པའི་དོན་བཞི་པོ་དེ་རྣམས་)གསལ་བར་སྟོན་པ་ནི། མདོ་སྡེའི་སྡེ་སྣོད་ ཡིན་ལ། དེ་ཉིད་ལས་གཙོ་ཆེར་གསུངས་པ་ལྷག་པ་སེམས་ཀྱི་བསླབ་པ་དང༌(བདེན་པ་བཞི་དང་། 3-1-145 བྱང་ཆོས་སོ་བདུན་དང༌། རྣམ་པར་ཐར་པའི་སྒོ་ལ་སོགས་པ་བསྟན་ནས་མྱ་ངན་ལས་འདས་པ་ལས་)། མངོན་འདུ་(ཕྱོགས་ པར་བྱེད་པ)འི་ཕྱིར་དང་(ཆོས་རེ་རེ་ཡང་གཟུགས་ཅན་ཡིན་མིན་དང་བསྟན་ཡོད་བསྟན་མིན་ལ་སོགས་པའི་ཁྱད་པར་མང་ པོས)ཡང་(དང་)ཡང་(དུ་གསལ་བར་སྟོན་པའི་)ཕྱིར། །(སྨྲ་བ་དང་སྨྲ་བའི་གཞི་ལ་ངེས་པར་མཁས་པས་ཕས་ཀྱི་རྒོལ་ བ་ཕྱིན་ཅི་ལོག་ཏུ་སྨྲ་བ་རྣམས་)ཟིལ་(གྱིས་)གནོན་(པའི་ཕྱིར་དང་འདིས་མདོ་སྡེ་ལ་སོགས་པ་རྣམས་ཟབ་ཅིང་རྒྱ་ཆེ་བའི་ ཆོས་རྣམས་གསལ་བར་)རྟོགས་(པར་བྱེད་པའི་)ཕྱི ར་(དེ་ལྟ་བུའི་དོན་བཞི་དང་ལྡན་པ་ནི་)མངོན་པའི་ཆོས་(སོ)། ། ཞེས་གསུངས་པ་ལྟར། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པར་བྱེད་པ་དང༌། ཆོས་རེ་ རེའང་རྣམ་པ་མང་པོ་ཡང་ཡང་སྟོན་པ་དང༌། སྨྲ་བ་རྣམ་ངེས་ལ་མཁས་པས་ཕྱིར་རྒོལ་བ་ཟིལ་ གྱིས་གནོན་པ་དང༌། མདོ་སྡེའི་དོན་རྟོགས་པར་བྱེད་པ་ནི་མངོན་པའི་སྡེ་སྣོད་ཡིན་ལ། དེ་ ཉིད་ལས་གཙོ་ཆེར་གསུངས་པ་ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་རིན་པོ་ཆེ་གསུམ་ ལ་ཅི་ནུས་ཀྱིས་བསླབ་པར་བྱ་ཞིང༌། དེའི་ཆེད་དུ་སྡེ་སྣོད་རིན་པོ་ཆེ་གསུམ་ལ་ཡང་མཁས་ པར་བྱས་ན་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་ཏེ། མདོ་(སྡེ་)དང་ཆོས་མངོན་ (པ་དང་)འདུལ་བ(འི་སྡེ་སྣོད་གསུམ་)དག་(ལ)། །(བརྗོད་བྱའི་གཙོ་བོ་)མདོར་(བསྡུ་)ན་དོན་ནི་(གོང་དུ་བཤད་ པ་ལྟར་རིམ་པ་བཞིན་)རྣམ་༼པ་༽བཞིར་(འདུས་པར་)འདོད་(དོ)། །(བྱང་ཆུབ་སེམས་དཔའ་)བློ་དང་ལྡན་པས་ དེ་(ལྟ་བུའི་དོན་ལེགས་པར་)ཤེས་ན། །(འབྲས་བུ་)རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ་(པའི་ཕན་ཡོན་ཡོད་ དེ)། །ཅེས་གསུངས་པ་ལྟར་རོ། ། སོ་སོའི་ངོ་བོ་ལ་གསུམ་ལས། ཚུལ་ཁྲིམས་ཀྱི་བསླབ་པ་ནི། སྤང་བྱ་སྤོང་བ་སྡོམ་པའི་ ཚུལ་ཁྲིམས་དང༌། །གཉེན་པོ་དགེ་བ་ཆོས་སྡུད་ཚུལ་ཁྲིམས་དང༌། །བྱེད་ལས་ སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཏེ། །ཚུལ་ཁྲིམས་བསླབ་པ་གསུམ་ལ་གནས་ ན་ལེགས། །དེ་དག་ཀྱང་སྤྱོད་པ་ལ་འཇུག་པར། (གཞན་ལ་གནོད་པ་ཡོད་ཀྱང་སེམས་ཅན་ཐམས་ཅད་ ལ་གནོད་པ་གཞི་དང་བཅས་པ་)སྤོང་པའི་སེམས་ནི་(རྣམ་པར་དག་པ་)ཐོབ་པ་ལས། །ཚུལ་ཁྲིམས་(ཀྱི་) 3-1-146 ཕ་རོལ་(ཏུ་)ཕྱིན་པ་(ཡོངས་སུ་རྫོགས་པ)ར་བཤད་(དོ)། །ཅེས་གསུངས་པ་ལྟར། སེམས་ཅན་ལ་ གནོད་འཚེ་གཞི་དང་བཅས་པ་སྤོང་བ་སྡོམ་པའི་ཚུལ་ཁྲིམས་དང༌། (དལ་འབྱོར་ཐོབ་པ་)གང་(གི་)ཚེ་དགེ་(བ་) སྤྱད་(པའི་)སྐལ་(བ་དང་)ལྡན་(བཞིན་དུ་)ཡང༌། །དགེ་བ་(ཚོགས་གཉིས་ཀྱི་སྦྱོར་བ་)བདག་ གིས་མ་བྱས་ན། །ངན་སོང་(དུ་དམྱལ་བ་ལ་སོགས་པའི་)སྡུག་བསྔལ་(དྲག་པོས་གཟིར་ཞིང་བླང་དོར་གྱི་གནས་ ལ་)ཀུན་(ཏུ་)རྨོངས་པས། །དེ(འི)་ཚེ་བདག་གིས་(དགེ་བ་)ཅི་(ཞིག་)བྱར་ཡོད་(དེ་བྱེད་པའི་སྐབས་མེད་ པའི་ཕྱིར)། །ཅེས་གསུངས་པའི་དོན་དྲན་པའི་སྒོ་ནས། ལུས་ངག་ཡིད་གསུམ་དགེ་བ་ལ་འཁོལ་ བ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། (ཡུལ་སེམས་ཅན་གཅིག་ལ་)ཕན་པར་བསམ་པ་ཙམ་གྱི་( བསོད་ནམས་དེ)ས་ཀྱང༌། །སངས་རྒྱས་མཆོད་(པ་)ལས་ཁྱད་(པར་དུ་)འཕགས་(པ་ཡིན་)ན། །སེམས་ ཅན་མ་ལུས་(པ་)ཐམས་ཅད་ཀྱི། །བདེ་(བ་ཐོབ་པའི་)དོན་(དུ་སྦྱོར་བའི་སྒོ་ནས་)བརྩོན་པ་སྨོས་ཅི་ དགོས་(ཏེ་བསོད་ནམས་ཆེ་བ་འོས་མེད་དོ)། །ཞེས་གསུངས་པ་ལྟར། དགེ་བ་ཐམས་ཅད་ཀྱང་གཞན་ དོན་ཁོ་ནར་བྱེད་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་ཚུལ་ཁྲིམས་རྣམ་པ་གསུམ་ལ་ཅི་ ནུས་ཀྱིས་སློབ་པའོ། ། སེམས་ཀྱི་བསླབ་པ་ནི། དམིགས་བཅས་དམིགས་མེད་ཏིང་འཛིན་ལ་གནས་ པས། །སྤང་བྱ་སྤོང་ཞིང་གཉེན་པོ་བསྟེན་པ་ནི། །ལྷག་པ་ཏིང་འཛིན་སེམས་ཀྱི་ བསླབ་པ་སྟེ། །དེ་སླད་ཞི་གནས་ལྷག་མཐོང་ཟུང་འཇུག་བསྒོམ། །དེ་ཡང་ཇི་སྐད་ དུ། (བྱང་ཆུབ་སེམས་དཔའི་)བསླབ་པ་(ཚུལ་ཁྲིམས་རྣམ་པར་དག་པ་)བསྲུང་པར་འདོད་པ་ཡིས། །(དྲན་པ་ དང་ཤེས་བཞིན་གྱིས་)རབ་ཏུ་བསྒྲིམས་ནས་(རང་གི་)སེམས་(འདི་ཉིད་རྩེ་གཅིག་ཏུ་)བསྲུང་(བ་ལ་འབད་པར་ བྱ་)སྟེ། །སེམས་འདི་(ཉོན་མོངས་པ་ལས་)བསྲུང་བར་མ་བྱས་ན། །(མི་དགེ་བ་ལ་འཇུག་པས་)བསླབ་པ་ བསྲུང་བར་ཡོངས་(སུ་)མི་ནུས་(པའི་ཕྱིར)། །ཞེས་གསུངས་པ་ལྟར། རང་གི་སེམས་ནི་ཏིང་ངེ་ འཛིན་ལ་གནས་པའི་སྒོ་ནས་སྤང་བྱ་སྤོང་བའི་ཆེད་དུ། (ཞི་གནས་ཀྱི་རྒྱུ་ལས་བྱུང་ཞིང་ཞི་གནས་དང་ཟུང་ 3-1-147 དུ་འཇུག་པས་ན་)ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་(སྟེ་བསམ་གཏན་དང་པོའི་ཉེར་བསྡོགས་དང༌། བསམ་ གཏན་གྱི་དངོས་གཞི་དང༌། དང་པོའི་དངོས་གཞི་ཁྱད་པར་ཅན་དང༌། ས་དྲུག་ལ་བརྟེན་པའི་ལྷག་མཐོང་མཐོང་ལམ་གྱིས་མཐོང་ སྤངས་ཀྱི་ཉོན་མོངས་པ་དང༌། བསམ་གཏན་ས་དྲུག་གི་སྟེང་དུ་གཟུགས་མེད་དང་པོ་གསུམ་གྱི་དངོས་གཞི་བསྣན་པས་ས་དགུ་ ལ་བརྟེན་པའི་ལྷག་མཐོང་ཟག་མེད་སྒོམ་ལམ་གྱིས་སྒོམ་སྤང༌)གིས། །ཉོན་མོངས་(ཀྱི་ས་བོན་)རབ་ཏུ་འཇོམས་ པར་ཤེས་(པར་)བྱས་ནས། །(ཉོན་མོངས་འཇོམས་པ་ལ་ལྷག་མཐོང་དགོས་དེ་ལ་ཞི་གནས་དགོས་པས་ཉོན་མོངས་ སྤོངས་འདོད་པས་)ཐོག་མར་(སྟེ་དང་པོ་ཉིད་དུ་)ཞི་གནས་བཙལ་(བར་)བྱ་(དེ་ནས་ལྷག་མཐོང་བཙལ་བར་བྱ་ ཞིང་ཞི་གནས་)དེ་ཡང་ནི། །འཇིག་རྟེན་(ལ་)ཆགས་པ་མེད་(ཅིང་བསམ་གཏན་)ལ་མངོན་(པར)དག(འ་ བ)ས་འགྲུབ་(པ་འཇིག་རྟེན་ལ་ཆགས་པ་སྤང་ཞིང་དབེན་པ་བསྟེན་པ་ལ་དགའ་བས་འགྱུར་རོ)། །ཅེས་གསུངས་པ་ ལྟར། འཇིག་རྟེན་གྱི་བྱ་བ་སྙིང་པོ་མེད་པ་རྣམས་ལ་ཆགས་པ་སྤངས་ཏེ་ཞི་གནས་དང་ལྷག་ མཐོང་ཟུང་འཇུག་གི་ངང་དུ་མཉམ་པར་འཇོག་པའོ། ། ཤེས་རབ་ཀྱི་བསླབ་པ་ནི། ཉེས་པ་ཀུན་གྱི་རྩ་བ་མ་རིག་པ། །སྤང་ཕྱིར་ཆོས་ ཀུན་གནས་ལུགས་རྟོགས་པ་ཡིས། །བླང་དོར་ཚུལ་བཞིན་བྱེད་པའི་ཤེས་རབ་ནི། ། ཤེས་རབ་བསླབ་པ་ལགས་པས་སྤེལ་འཚལ་ལོ། །དེ་ཡང་རྣམ་འགྲེལ་དུ། (ཉེས་པའི་རྣམ་ པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་འབྱུང་བ་ཡིན། །དེ་མ་རིག་དེ་དེར་ཆགས་པ། །དེ་ལས་ཞེ་སྡང་ལ་སོགས་འབྱུང༌། །) དེ་ཉིད་ཕྱིར་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །ཞེས་གསུངས་པ་ལྟར། འཁོར་བའི་ཉེས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་སྤང་བའི་ཆེད་དུ། སྤྱོད་འཇུག་ལས། (སྦྱིན་ པ་ནས་བསམ་གཏན་གྱི་བར་གྱི་)ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་(སྟོང་ཉིད་རྟོགས་པའི་)ཤེས་ རབ་(བསྐྱེད་པའི་)དོན་དུ་གསུངས། །(རྒྱུ་མཚན་)དེ་ཡི་ཕྱིར་ན་སྡུག་བསྔལ་(གསུམ་པོ་དེ་)དག །(སླར་ ཡང་མི་སྐྱེ་བར་)ཞི་བར་འདོད་པས་(གནས་ལུགས་རྟོགས་པའི་)ཤེས་རབ་བསྐྱེད་(དོ)། །ཅེས་གསུངས་ པ་ལྟར། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་རིམ་གྱིས་བསྐྱེད་ནས་བླང་དོར་བྱས་པ་ལས་ 3-1-148 འཁོར་བའི་སྡུག་བསྔལ་ལས་གྲོལ་པར་འགྱུར་བ་སྟེ། ཡུམ་ལས་ཀྱང༌། ཤེས་རབ་ཀྱིས་ནི་ ཆོས་ཀྱི་དེ་ཉིད་ཡོངས་ཤེས་ནས། ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། ཞེས་གསུངས་པ་ལྟར་རོ། ། ལྔ་པ་སྡོམ་པ་གསུམ་ལ་མདོར་བསྟན་པ་ནི། སྡོམ་པ་གསུམ་ནི་སོ་སོར་ཐར་བ་ དང༌། །བྱང་སེམས་སྡོམ་པ་གསང་སྔགས་སྡོམ་པ་སྟེ། །སོ་སོར་ཐར་བའི་སྡོམ་ པ་སེམས་ཅན་ལ། །གནོད་འཚེ་གཞི་དང་བྱས་པ་སྤོང་བའོ། །བྱང་ཆུབ་སེམས་ དཔའི་སྡོམ་པ་སྒོ་གསུམ་གྱིས། །རྟག་ཏུ་འགྲོ་ལ་ཕན་པར་ཞུགས་པ་སྟེ། །གསང་ སྔགས་སྡོམ་པ་ཇི་ལྟར་ཁས་བླང་བའི། །དམ་ཚིག་རྣམ་དག་རྟག་ཏུ་བསྲུང་བའོ། ། དེ་ཉིད་རྒྱས་པར་བཤད་པ་ལ། སོ་ཐར་བྱང་སེམས་གསང་སྔགས་གསུམ་གྱི། དང་པོ་ལའང་དབྱེ་བ་མདོར་བསྟན། ངོ་བོ་རྒྱས་བཤད། བསྡུས་ཏེ་གདམས་པ་གསུམ་གྱི་ དང་པོ་ནི། སོ་སོར་ཐར་པ་ལ་ཡང་ཁྱིམ་པ་དང༌། །རབ་ཏུ་བྱུང་བའི་ཕྱོགས་ཀྱི་སྡོམ་ པ་སྟེ། །དང་པོ་དགེ་བསྙེན་བསྙེན་གནས་སྡོམ་པ་དང༌། །གཉིས་པ་དགེ་ཚུལ་དགེ་ སློང་སྡོམ་པའོ། །དེ་ཡང་མཛོད་ལས། (རྩ་བ་བཞི་ཆང་སྟེ་)སྤང་བྱ་ལྔ་(སྤོང་བ་དང་ལྔ་པོ་དེའི་སྟེང་དུ་གར་ སོགས་གཅིག་ཏུ་བགྲང་བ་དང་མལ་ཆེ་མཐོ་གཅིག་ཏུ་བགྲང་བ་དང་ཕྱི་དྲོའི་ཁ་ཟས་ཏེ་སྤང་བྱ་)བརྒྱད་(སྤོང་བ་དང་བརྒྱད་པོ་དེ་ རྣམས་ལས་མལ་ཆེ་མཐོ་སོ་སོར་བགྲང་བ་དང་གསེར་དངུལ་ལེན་པ་སྟེ་སྤང་བྱ་)བཅུ་༼སྤོང་བ་༽དང་ནི། །(ལྟུང་བ་སྡེ་ལྔའི་ སྤང་བྱ་)ཐམས་ཅད་སྤོང་བ་མནོས་པ་ལས། །(རིམ་པ་བཞིན་དུ་)དགེ་བསྙེན་དང་ནི་བསྙེན་གནས་ དང༌། །དགེ་ཚུལ་དང་ནི་དགེ་སློང་ཉིད་(དོ)། །ཅེས་གསུངས་པ་ལྟར། རྫས་ཀྱི་དབྱེ་བ་བཞི་ ཡིན་ལ། སོ་སོར་ཐར་པའི་སྡོམ་པ་རིགས་བརྒྱད་དུ་འབྱེད་པ་ནི། དགེ་སློང་དགེ་ཚུལ་དགེ་ བསྙེན་གསུམ་ལ་ཕ་མ་གཉིས་གཉིས་སུ་ཕྱེ་བ་དང༌། དགེ་ཚུལ་མ་ནས་དགེ་སློང་མ་ལ་འཇུག་ པའི་བར་དུ། དགེ་སློབ་མ་དང༌། བསྙེན་གནས་དང་བཅས་པ་རྣམས་སོ། ། 3-1-149 ངོ་བོ་རྒྱས་པར་བཤད་པ་ནི། ཇི་སྲིད་འཚོ་ཡི་བར་དུ་སྲོག་གཅོད་དང༌། །མ་བྱིན་ ལེན་དང་ལོག་པར་གཡེམ་པ་དང༌། །རྫུན་དུ་སྨྲ་དང་མྱོས་པར་འགྱུར་བའི་ཆང༌། ། སྤོང་པ་ཡོངས་རྫོགས་དགེ་བསྙེན་སྡོམ་པར་གསུངས། །དེ་ཡང་དགེ་བསྙེན་སྡོམ་ བརྒྱད་ལས། (དཀོན་མཆོག་)གསུམ་ལ་སྐྱབས་(སུ་)འགྲོ་(བ་)བླངས་ནས་(ཏེ་བྱས་ནས་)ནི། །(ལུས་) ཇི་སྲིད་འཚོ(འི)་བར་(དུ་)གསོད་དང་རྐུ་(སྟེ་མ་བྱིན་པར་ལེན་པ་དང་)། །ལོག་པར་གཡེམ་(པ་)དང་ རྫུན་གྱི་ཚིག་(སྨྲ་བ་དང་)། །ཆང་གི་བཏུང་བ་རྣམས་ལ་བཟློག(པ་སྟེ་དེ་རྣམས་སྤང་པར་བྱའོ)། །ཅེས་ གསུངས་པ་ལྟར། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྒོ་ནས་ཇི་སྲིད་འཚོའི་བར་དུ་ སྲོག་གཅོད་པ་དང༌། མ་བྱིན་པ་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། རྫུན་དུ་ སྨྲ་བ་དང༌། མྱོས་པར་འགྱུར་བའི་ཆང་སྟེ་སྤང་བྱ་ལྔ་སྤོང་བ་ནི་(ཡང་དག་པར་བླངས་པའི་སྡོམ་པ་ཆོས་ ཅན་)ཡོངས་སུ་རྫོགས་པའི་དགེ་བསྙེན་(ཡིན་ཏེ། སྤང་བྱ་ལྔ་སྤོང་བའི་རབ་ཏུ་ཕྱེ་བའི་བརྡ་བྱུང་གི་སྡོམ་པ་ཡིན་པའི་ ཕྱིར། དེ་ལ་ཡང་སྐྱེས་པ་ལ་བརྟེན་པའི་དགེ་བསྙེན་གྱི་སྡོམ་པ་དང༌། བུད་མེད་ལ་བརྟེན་པ་ནི་དགེ་བསྙེན་མ་ཡི་སྡོམ་པ་)ཡིན་ ལ། མིང་ཆེན་གྱིས་ཞུས་པའི་མདོ་ལས། བསླབ་བྱ་སྣ་གཅིག་བསྲུང་བ་སྣ་གཅིག་སྤྱོད་པའི་ དགེ་བསྙེན་དང༌། གཉིས་བསྲུང་ན་ཕྱོགས་གཅིག་སྤྱོད་པ་དང༌། གསུམ་མམ་བཞི་བསྲུང་ན་ ཕལ་ཆེར་སྤྱོད་པ་དང༌། བསླབ་བྱ་གཞན་མི་བསྲུང་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་ སོང་ན་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུའང་གསུངས་ཤིང༌། བསྙེན་གནས་ཡན་ལག་ བརྒྱད་ཇི་སྲིད་འཚོའི་བར་དུ་བསྲུང་ན་གོ་མའི་དགེ་བསྙེན་དུ་གནས་བརྟན་སྡེ་བའི་མན་ངག་ ལས་གསུངས་པ་དང༌། ཉིན་ཞག་གཅིག་གི་བར་དུ་སྲོག་གཅོད་དང༌། །མ་བྱིན་ལེན་ དང་འཁྲིག་པ་རྫུན་དང་ནི། །ཆང་དང་ཕྱི་དྲོའི་ཁ་ཟས་མལ་ཆེ་མཐོ། །གླུ་གར་ལ་ སོགས་སྤོང་བ་བསྙེན་གནས་ལགས། །དེ་ཡང་བཤེས་སྤྲིངས་ལས། འཚེ་(བ་སྟེ་སྲོག་གཅོད་ པ་)དང་ཆོམ་རྐུན་(ཏེ་མ་བྱིན་པར་ལེན་པ་དང་)འཁྲིག་པ་(སྟེ་མི་ཚངས་པར་སྤྱོད་པ་དང་)རྫུན་(གྱི་ཚིག་སྨྲ་བ་)དང་ 3-1-150 ནི། །ཆང་(འཐུང་བ་)དང་དུས་མིན་(པའི་ཁ་)ཟས་ལ་ཆགས་པ་དང༌། །མལ་སྟན་མཐོ་(ནི་ས་སྟེ་གྲུ་གང་ ཡན་ཆད་)ལ་དགའ་དང་གླུ་དང་ནི། །གར་དང་ཕྲེང་བའི་ཁྱད་པར་རྣམ་པར་སྤོང༌། །ཞེས་པ་དང༌། མཛོད་ལས། (རྩ་བ་བཞི་སྤོང་བ་)ཚུལ་ཁྲིམས་(ཀྱི་)ཡན་ལག་(དང་ཆང་སྤོང་བ་)བག་ཡོད་པའི། །ཡན་ ལག་(དང་ལྷག་མ་གསུམ་སྤོང་བ་)བརྟུལ་ཞུགས་(ཀྱི་)ཡན་ལག་སྟེ། །(སྤང་བྱ་)བཞི་(དང་)གཅིག་(དང་) གསུམ་ནི་རིམ་པ་བཞིན་(ནོ)། །(ཆང་སྤངས་དགོས་ཏེ་)དེ་ཡིས་དྲན་(པ་)ཉམས་(པར་འགྱུར་བའི་ཕྱིར་དང་ཕྱི་ མ་གསུམ་གྱིས་སེམས་རྒྱུད་)དྲེགས་པར་འགྱུར་(པའི་ཕྱིར)། །ཞེས་གསུངས་པ་ལྟར། རྩ་བ་བཞི་བསྲུང་ བ་ཚུལ་ཁྲིམས་ཀྱི་ཡན་ལག་དང༌། དྲན་པ་ཉམས་པའི་རྒྱུ་ཆང་སྤོང་བ་བག་ཡོད་པའི་ཡན་ ལག་དང༌། དྲེགས་པའི་རྒྱུ་གཞན་གསུམ་སྤོང་བ་བརྟུལ་ཞུགས་ཀྱི་ཡན་ལག་སྟེ་སྤང་བྱ་བརྒྱད་ ཉིན་ཞག་གཅིག་ལ་སྤོང་བ་བསྙེན་གནས་ཀྱི་སྡོམ་པ་(ཡིན་ཏེ། ཉིན་ཞག་གཅིག་གི་བརྡ་བྱུང་གི་སྡོམ་པ་ཡིན་ པའི་ཕྱིར། འདི་ལས་གཉིས་མི་བྱེད་པའི་རྒྱུ་མཚན་ཡོད་དེ། ཡུན་ཐུང་བ་ཡིན་པའི་ཕྱིར་)དང༌། སྲོག་གཅོད་མ་བྱིན་ ལེན་དང་འཁྲིག་པ་རྫུན། །ཆང་དང་གར་སོགས་ཕྲེང་སོགས་མལ་ཆེ་མཐོ། །དུས་ མིན་ཟས་དང་གསེར་དངུལ་ལེན་པ་རྣམས། །ཇི་སྲིད་འཚོ་བར་སྤོང་བ་དགེ་ཚུལ་ ལོ། །དེ་ཡང་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལས། (གང་ཟག་)གང་ཞིག་(གི་དུས་ཇི་སྲིད་འཚོའི་བར་དུ་ བསླབ་བྱ་)སྲོག་གཅོད་(པ་སྤོང་བ་དང་)གཞན་གྱི་ནོར་འཕྲོག་དང༌། །མི་ཚངས་སྤྱོད་རྫུན་བཙོས་པའི་ ཆང་ལ་སོགས་(པ)། །གར་(ལ་)སོགས་(པ་)ཕྲེང་(བ་ལ་)སོགས་(དང་)མལ་ཆེན་(པོ་)མཐོ་བ་དང༌། ། ཕྱི་དྲོའི་ཁ་ཟས་(དང་)གསེར་དངུལ་ལེན་པ་སྤོང་(ངོ་)། །ཞེས་གསུངས་པ་ལྟར། རྩ་བ་བཞི་དང་ ཡན་ལག་དྲུག་བསྲུང་ཞིང་སྤང་བྱ་བཅུ་ཇི་སྲིད་འཚོའི་བར་དུ་སྤོང་བ་(ཡང་དག་པར་བླངས་པའི་སྡོམ་ པ་སྐྱེས་པའི་རྒྱུད་ལ་ཡོད་པ་དེ་ཆོས་ཅན་)དགེ་ཚུལ་གྱི་སྡོམ་པ་(ཡིན་ཏེ། སྤང་བྱ་བཅུ་རབ་ཏུ་སྤོང་བས་རབ་ཏུ་ཕྱེ་བའི་བརྡ་ བྱུང་གི་སྡོམ་པ་གང་ཞིག་སྐྱེས་པའི་རྒྱུད་ལ་བརྟེན་པའི་ཕྱིར། འདིས་དགེ་ཚུལ་མའི་སྡོམ་པ་ལ་ཡང་ཤེས་པར་བྱ་སྟེ། བུད་མེད་ལ་ བརྟེན་པ་མ་གཏོགས་པའི་ཁྱད་པར་གཞན་རྣམས་མཚུངས་པའི་ཕྱིར་)དང༌། (ཆོས་བཅུ་པོ་དེའི་སྟེང་དུ་རྩ་བའི་ཆོས་དྲུག་དང་ 3-1-151 ཉེ་བའི་ཆོས་དྲུག་དང་བཅས་པ་སྤོང་བས་རབ་ཏུ་ཕྱེ་བའི་སྡོམ་པ་ཆོས་ཅན། དགེ་སློང་མའི་སྡོམ་པ་ཡིན་ཏེ། དགེ་སློང་མར་བྱ་བའི་ ཆེད་དུ་ཀུན་སྤྱོད་འདུལ་བ་ལས་ཉེ་བར་མཁོ་བའི་རབ་ཏུ་ཕྱེ་བའི་སྡོམ་པ་ཡིན་པའི་ཕྱིར། ཆོས་བཅུ་གཉིས་པོ་གང་ཞེ་ན། མེ་ཏོག་ ཕྲེང་རྒྱུད་ལས། གཅིག་པུ་ལམ་དུ་མི་འགྲོ་ཞིང༌། །ཆུ་པོའི་ཕ་རོལ་བརྒལ་མི་བྱ། །སྐྱེས་པ་ལ་ཡང་རེག་པ་དང༌། །དེ་དང་ལྷན་ གཅིག་འདུག་མི་བྱ། །ཁ་ན་མ་ཐོ་མི་འཆབ་ཞིང༌། །གཉེན་དུ་འགྱུར་བར་མི་བྱ་ཞིང༌། །འདི་རྣམས་དགེ་སློབ་མ་རྣམས་ཀྱི། །ཆོས་ དྲུག་ཞེས་ནི་རབ་ཏུ་བརྗོད། །ས་ལེ་སྦྲམ་ནི་ལེན་པ་དང༌། །གསང་བའི་གནས་ཀྱི་སྤུ་བྲེག་དང༌། །ས་རྣམས་བརྐོ་བར་བྱེད་པ་དང༌། ། རྩ་སྔོན་ལ་སོགས་བཅད་མི་བྱ། །བྱིན་ལེན་མ་བྱས་ཟ་བ་དང༌། །བསོག་འཇོག་བྱས་པ་ཟ་བ་ལས། །རབ་བཟློག་ཞེས་བྱ་དེ་བཞིན་ གཞན། །རྗེས་མཐུན་ཆོས་ནི་དྲུག་ཏུ་བརྗོད་དོ། །ཞེས་པ་ལྟར་རོ། །) ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང༌། །སྤང་ལྟུང་སུམ་ཅུ་འབའ་ཞིག་ དགུ་བཅུ་དང༌། །སོར་བཤགས་བཞི་དང་ཉེས་བྱས་བརྒྱ་བཅུ་གཉིས། །ལ་སོགས་ སྤང་བ་དགེ་སློང་སྡོམ་པར་གསུངས། །ཇི་སྐད་དུ། འདུལ་བ་ལུང་དང༌། སོ་སོར་ཐར་ བའི་མདོ་དང༌། འདུལ་བ་མདོ་རྩ་ལ་སོགས་པར་གསུངས་པ་ལྟར་ལྟུང་བ་སྡེ་ལྔ་ལ་ཉིས་བརྒྱ་ ལྔ་བཅུ་རྩ་གསུམ་དུ་ཕྱེ་བ་རྣམས་དང༌། གཞན་ཡང་གཞི་བསྡུས་ཀྱི་ཉེས་བྱས་ལ་སོགས་པ་ ལུས་ངག་གི་སྤང་བྱ་ཐམས་ཅད་སྤོང་བ་(ཡང་དག་པར་ཁས་བླངས་པའི་སྡོམ་པ་ཆོས་ཅན་)དགེ་སློང་གི་ སྡོམ་པ་(ཡིན་ཏེ། ལུས་ངག་གི་ཉེས་པ་མཐའ་དག་སྤོང་བར་ཁས་ལེན་པའི་རབ་ཏུ་ཕྱེ་བའི་བརྡ་བྱུང་གི་སྡོམ་པ་གང་ཞིག་སྐྱེས་ པའི་རྒྱུད་ལ་བརྟེན་པའི་ཕྱིར། ལྟུང་བ་སྡེ་ལྔ་གང་ཞེ་ན། ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ ཞིག་པ་དགུ་བཅུ། སོ་སོར་བཤགས་པ་བཞི། ཉེས་བྱས་བརྒྱ་རྩ་བཅུ་གཉིས་རྣམས་སོ། །གཞི་བསྡུས་ཀྱི་ཉེས་བྱས་ལ་གྲངས་ངེས་ མ་གསུངས་ཏེ་མཐའ་ཡས་པའི་ཕྱིར། ལྟུང་བ་སྡེ་ལྔ་ལ་སུམ་བརྒྱ་དྲུག་ཅུ་རྩ་བཞིར་ཕྱེ་བ་རྣམས་ཡང་དག་པར་སྤོང་བར་ཁས་བླངས་ པའི་སྡོམ་པ་ཆོས་ཅན། དགེ་སློང་མའི་སྡོམ་པ་ཡིན་ཏེ། ལུས་ངག་གི་ཉེས་པ་མཐའ་དག་སྤོང་པར་ཁས་ལེན་པའི་རབ་ཏུ་ཕྱེ་བའི་ བརྡ་བྱུང་གི་སྡོམ་པ་གང་ཞིག བུད་མེད་ཀྱི་རྒྱུད་ལ་བརྟེན་པའི་ཕྱིར་)རྣམས་སོ། ། བསྡུས་ཏེ་གདམས་པ་ནི། བསམ་གཏན་སྡོམ་པ་ཟག་མེད་སྡོམ་པ་ནི། །ཏིང་ 3-1-152 འཛིན་སེམས་ཀྱི་བསླབ་པའི་ནང་དུ་འདུ། །དེ་ལྟར་རྣམ་དབྱེ་ཤེས་ནས་དེ་རྣམས་ ཀྱི། །ནང་ནས་ཇི་ལྟར་ནུས་པའི་སྡོམ་པ་བསྲུང༌། །མཛོད་ལས། བསམ་གཏན་ལས་ སྐྱེས་༼པའི་སྡོམ་པ་ནི་༽བསམ་གཏན་གྱིས། །ས༼འི་སེམས་དངོས་གཞིའམ་ཉེར་བསྡོགས་༽ཉིད་ཀྱིས་ནི་ངེས་ པར་ཐོབ་༼སྟེ་དེ་དང་ལྷན་ཅིག་དུ་འབྱུང་བའི་ཕྱིར༽། །ཅེས་གསུངས་པ་ལྟར། ཟག་བཅས་བསམ་གཏན་ གྱི་དངོས་གཞིའམ་ཉེར་བསྡོགས་ཀྱི་སེམས་ཐོབ་ནས་༼ས་༽འོག་མ་འོག་༼མ་༽ལས་འདོད་ ཆགས་དང་བྲལ་བའི་སྤོང་བའི་སེམས་པའམ་(དེའི་དོན་ནི། ཟག་བཅས་ཀྱི་བསམ་གཏན་ལ་བརྟེན་ནས་འདོད་ པ་ལ་འདོད་ཆགས་དང་བྲལ་བ་དང༌། བསམ་གཏན་དང་པོ་ལ་འདོད་ཆགས་དང་བྲལ་བ་དང༌། གཉིས་པ་དང་གསུམ་པ་ལ་ འདོད་ཆགས་དང་བྲལ་བའི་སེམས་པ་གང་ཡིན་པ་ཆོས་ཅན། བསམ་གཏན་གྱི་སྡོམ་པ་ཡིན་ཏེ། འཇིག་རྟེན་པའི་བསམ་གཏན་ གྱིས་འཆལ་ཚུལ་ཀུན་ནས་སློང་བའི་ཉོན་མོངས་པ་རྣམ་པར་གནོན་པའི་སྟོབས་ཀྱིས་ཐོབ་པའི་སྡོམ་པ་ཡིན་པའི་ཕྱིར། དབྱེ་ན་ བསམ་གཏན་ས་དྲུག་གིས་བསྡུས་པའི་དྲུག བསམ་གཏན་བཞི་པ་ལ་འདོད་ཆགས་དང་བྲལ་བའི་སྤོངས་པ་དེ་ཆོས་ཅན། བསམ་ གཏན་གྱི་སྡོམ་པ་མ་ཡིན་ཏེ། གཟུགས་མེད་དུ་གཏོགས་པའི་ཕྱིར)། ས་སྡེ་ལས་གཟུགས་དང་གཟུགས་མེད་པ་ ན་སྤྱོད་པའི་བསམ་གཏན་གྱི་སྡོམ་པ་དང་། ཞེས་གསུངས་པ་ལྟར་ན་བསམ་གཏན་བཞི་དང་། གཟུགས་མེད་པའི་སེམས་ཐོབ་པ་ན་རང་རང་གི་ས་འོག་མ་ལ་འདོད་ཆགས་དང་བྲལ་ཞིང་ སྤང་བྱ་སྤོང་བའི་སེམས་པ་དང༌། མཛོད་ལས། ཟག་མེད་(ཀྱི་སྡོམ་པ་)ནི། (བསམ་གཏན་དང་པོའི་ ཉེར་བསྡོགས་དང་དངོས་གཞི་ལ་ཙམ་པོ་དང་ཁྱད་པར་ཅན་དང་ཕྱི་མ་གསུམ་གྱི་དངོས་གཞི་སྟེ་བསམ་གཏན་ས་དྲུག་ཐོབ་པའི་ཚེ་) འཕགས་(པ་)དེས་(ཐོབ་)ཞེས་གསུངས་པ་ལྟར། ཆོས་ཉིད་བདེན་པ་མངོན་སུམ་དུ་མཐོང་བ་ འཇིག་རྟེན་ལས་འདས་པའི་ལམ་གྱིས་འཆལ་བའི་ཚུལ་ཁྲིམས་ཀུན་སློང་དང་བཅས་པའི་ས་ བོན་རྩ་བ་ནས་སྤོང་བའི་སེམས་པ་གང་ཡིན་པ་དེ་དག་ནི་(ཆོས་ཅན། ཟག་མེད་གྱི་སྡོམ་པ་ཡིན་ཏེ། འཇིག་ རྟེན་ལས་འདས་པའི་བསམ་གཏན་གྱིས་འཆལ་ཚུལ་ཀུན་སློང་གི་ཉོན་མོངས་པའི་ས་བོན་དྲུང་ནས་ཕྱུང་བའི་སྟོབས་ཀྱིས་ཐོབ་ པའི་སྡོམ་པ་ཡིན་པའི་ཕྱིར། དབྱེ་ན་འཆལ་ཚུལ་ཀུན་སློང་གི་ཉོན་མོངས་པ་ཕྱོགས་གཅིག་སྤོང་བ་དང༌། ཕལ་ཆེར་སྤོང་བ་དང༌། 3-1-153 མཐའ་དག་སྤོང་བ་དང༌། རྣམ་པར་དག་པ་མཐར་ཕྱིན་པའི་སྡོམ་པ་རྣམས་ཡོད་དེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞིས་བསྡུས་ པའི་སྡོམ་པ་རྣམས་ཡོད་པའི་ཕྱིར། དེ་རྣམས་ཀྱང༌)ཏིང་ངེ་འཛིན་གྱི་ཁྱད་པར་ཡིན་པས་ལྷག་པ་སེམས་ཀྱི་ བསླབ་པའི་ནང་དུ་འདུས་ཤིང༌། དེ་ལྟར་རྣམ་པར་དབྱེ་བ་ཤེས་པར་བྱ་སྟེ་སོ་སོར་ཐར་པའི་ སྡོམ་པ་རིས་བརྒྱད་པོ་རྣམས་ཀྱི་ནང་ནས་ཇི་ལྟར་ནུས་པ་བླངས་ཏེ་བསྲུང་བ་ལ་འབད་པར་ བྱའོ། ། བྱང་ཆུབ་སེམས་དཔའི་སྡོམ་པ་ལ། ངོ་བོ་དང་བསླབ་བྱ་གཉིས་ལས། དང་པོ་ནི། བྱང་ སེམས་སྡོམ་པ་སྔོན་གྱི་སངས་རྒྱས་ཀྱིས། །སེམས་བསྐྱེད་བླངས་ནས་བསླབ་པ་ བསྲུང་བ་ལྟར། །བདག་ཀྱང་དེ་ཡི་རྗེས་སུ་འཇུག་གོ་ཞེས། །ཁས་བླངས་ནས་ནི་ཇི་ བཞིན་བསྒྲུབ་པའོ། །དེ་དག་ཀྱང་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། (ཤེས་རབ་དང་སྙིང་རྗེ་ཆེན་ པོ་དང་ལྡན་པ་རྣམས་ཀྱིས་)ཆེར་(བསྐྱེད་པ་)འོས་(པ་ཐེག་ཆེན་)སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག་(གིས་ ནི་བདེ་བ་རྣམ་པ་བཞི་མི་ཐོབ་སྟེ)། །(བསམ་པ་ཚད་མེད་པ་བཞི་ལ་བརྟེན་ནས་)གཞན་(གྱི་)དོན་(བྱ་བར་)སེམས་ (པའི་བདེ་བ་)དང་(སྦྱོར་བ་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་གཞན་དོན་)དེ་ཡི་ཐབས་རྙེད་(པའི་བདེ་བ་)དང༌། ། (ལུང་གི་ཡོན་ཏན་ཐེག་ཆེན་གྱི་ཆོས་ཟབ་མོའི་)དགོངས་(པ་)ཆེན་(པོའི་)དོན་(རྟོགས་པའི་བདེ་བ་)དང་(རྟོགས་ པའི་ཡོན་ཏན་)དེ་(ཁོ་ན་)ཉིད་༼ཀྱི་༽མཆོག་(ཆོས་ཉིད་བདག་མེད་པར་)མཐོང་བའི། །བདེ་བ་(ཆེན་པོ་)དེ་ (རྣམས་)སྤངས་(ནས་ཕལ་ཆེར་འཁོར་བའི་སྡུག་བསྔལ་ལ་ལོངས་སྤྱོད་ཅིང་གལ་ཏེ་ཐེག་ཆེན་གྱི་ལམ་དུ་ཞུགས་ནའང༌)ཞི་ བ(འི་མཐ)ར་འགྲོ་བར་འགྱུར་(གྱི་མི་གནས་པའི་མྱ་ངན་ལས་འདས་པ་མི་ཐོབ་པོ)། །ཞེས་གསུངས་པ་ལྟར། སེམས་མ་བསྐྱེད་ན་བདེ་བ་བཞི་དང་བྲལ་ཞིང་ཞི་བར་ལྟུང་བའི་ཉེས་དམིགས་དང༌། ༼སེམས་ བསྐྱེད་ལ་སྐྱོ་བ་མེད་པའི་ཕན་ཡོན་ནི༽བློ་ལྡན་༼བྱང་ཆུབ་སེམས་དཔའ་རྣམས་ས་དང་པོར་དོན་དམ་བྱང་ཆུབ་ཀྱི༽སེམས་ མཆོག་བསྐྱེད་མ་ཐག་ཏུ་ཡང༌། །མཐའ་ཡས་༼པའི་སེམས་ཅན་ཐམས་ཅད་ལ་ལུས་ངག་ཡིད་གསུམ་གྱིས༽ ཉེས་པ་བྱེད་(པ་)ལ་སེམས་རབ་(ཏུ་)བསྡམས་(ཏེ་སྡིག་པ་མི་བྱེད་པའི་སྡོམ་པ་ཐོབ་ཅིང་རྒྱུ་སྡིག་པ་མི་བྱེད་པས་ 3-1-154 འབྲས་བུ་ངན་སོང་དུ་ལྟུང་བའི་འཇིགས་པ་མེད་པར་དེ་ཉིད་དགེ་བ་དང་སྙིང་རྗེ)། །གཉིས་འཕེལ་(བར་)བྱེད་པས་ རྟག་ཏུ་དགེ་བ་དང༌། །(ལྡན་པས་དེའི་འབྲས་བུ་མངོན་པར་མཐོ་བའི་བདེ་བ་ལ་ལོངས་སྤྱོད་པས་དགའ་དང་)བརྩེ་ (བ་དང་)ལྡན་(པས་)བདེ་(བ་)དང་(ལྡན་པར་མ་ཟད་གཞན་དོན་གྱི་)སྡུག་བསྔལ་དག་གིས་(ཀྱང་)དགའ་( བར་འགྱུར་བས་ནམ་ཡང་གཞན་དོན་ལ་སྐྱོ་བ་མེད་པའོ)། །ཞེས་གསུངས་པ་ལྟར། སེམས་བསྐྱེད་ན་བདེ་བ་ བཞི་དང་ལྡན་ཞིང་ཉེས་སྤྱོད་མཐའ་དག་བསྡམས་ནས་དགེ་བ་དང་སྙིང་རྗེ་འཕེལ་བར་(སྡིག་པ་ མི་བྱེད་པའི་སྡོམ་པ་ཐོབ་ཅིང་སྡིག་པ་མི་བྱེད་པས་འབྲས་བུ་ངན་སོང་དུ་ལྟུང་བའི་འཇིགས་པ་མེད་པར་དེའི་དགེ་བ་དང་སྙིང་རྗེ་) བྱེད་པས་དགེ་བའི་འབྲས་བུ་བདེ་བས་དགའ་ཞིང་སྙིང་རྗེའི་དབང་གིས་གཞན་དོན་བསྒྲུབ་ པའི་སྡུག་བསྔལ་གྱི་དགའ་བ་ལ་སོགས་པའི་ཕན་ཡོན་རྣམས་ཤེས་པར་བྱ་སྟེ། (སེམས་བསྐྱེད་) དེ་ཡི་རྩ་བ(ར་ནི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་དང་བྲལ་བར་འདོད་པའི)་སྙིང་རྗེ(ཆེན་པོ་ཡིན་པ)ར་ འདོད་(ཅིང་བསམ་པ་ནི་དུས)། །རྟག་ཏུ་(རྒྱུན་མི་ཆད་པར་)སེམས་ཅན་(ཐམས་ཅད་ཐར་བའི་བདེ་བ་ལ་འགོད་བར་ འདོད་པའི་)ཕན་པར་སེམས་(པ་ཡིན་ལ)། །(མོས་པ་ནི་ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བའི་)ཆོས་ལ་(ཡོན་ཏན་དང་ ལྡན་པར་ངེས་ནས་ཇི་ལྟར་ངེས་པར་འཛིན་པའི་)མོས་(པ་)དང་(དམིགས་པ་ནི་)དེ་བཞིན་(དུ་ཐེག་པ་ཆེན་པོ་)དེའི། ། ཡེ་ཤེས་ཚོལ་(ཞིང་དོན་དུ་གཉེར་)བར་དམིགས་(ནས་ཐོས་བསམ་སྒོམ་པ་ལ་འཇུག་)པའོ། །ཞེས་གསུངས་ པ་ལྟར། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཕན་པར་སེམས་ཤིང་ཐེག་ཆེན་གྱི་ཆོས་ ལ་མོས་པ་དེའི་ཡེ་ཤེས་ཚོལ་པར་དམིགས་པའི་སྒོ་ནས། སྡོམ་པ་ཉི་ཤུ་པར། བླ་མ་(རང་ཉིད་བྱང་ སེམས་ཀྱི་)སྡོམ་(པ་)ལ་གནས་ཤིང་(གཞན་ལ་འབོག་པ་ལ་ཡང་)མཁས་(པ་དང༌)། (འབོག་པའི་)ནུས་(པ་) དང་ལྡན་(པ་)ལ་བླང་བར་བྱ(འོ)། །ཞེས་གསུངས་པ་ལྟར། དགེ་བའི་བཤེས་གཉེན་ནི། སྤྱོད་ འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག། (དུས་)ཀུན་ཏུ་(དངོས་པོ་མཐའ་དག་)ཐོགས་ མེད་(དེ་བར་དུ་གཅོད་པ་མེད་པར་)གཟིགས་པར་(སྤྱན་དང་)ལྡན་(པར)། །དེ་དག་ཐམས་ཅད་(ཀྱི་)སྤྱན་ སྔར་ནས། །(ཤེས་བྱ་ཐམས་ཅད་མངོན་སུམ་ཡོད་པས་)བདག་(ཀྱང་)ནི་ཉེ་བར་(མངོན་སུམ་)གནས་སོ་ཞེས། ། 3-1-155 ཞེས་གསུངས་པ་ལྟར། (དྲན་པས་)སྦྱོར་བ་ཡན་ལག་བདུན་པས་རྒྱུད་ཡོངས་སུ་སྦྱངས་ཏེ། (དངོས་གཞི་ནི། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པའམ། དེ་མེད་ན་རྒྱལ་བ་སྲས་དང་བཅས་པ་ཐོགས་པ་མེད་པའི་ ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་མདུན་དུ་བསམ་པ། དད་པ་དང་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། ཕྱོགས་བཅུ་ན་བཞུགས་པའི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཞེས་པ་སྔོན་དུ་འགྲོ་བས་སེམས་ཅན་ཐམས་ ཅད་ཀྱིས་དུས་འདི་ནས་བཟུང་སྟེ་ཇི་སྲིད་)བྱང་ཆུབ་སྙིང་བོར་མཆིས་ཀྱི་བར་(དུ)། །སངས་རྒྱས་(བཅོམ་ལྡན་ འདས་)རྣམས་ལ་སྐྱབས་སུ་མཆི(འོ)། །(དམ་པའི་)ཆོས་(རྣམས་)དང་(བྱང་ཆུབ་སེམས་དཔའ་འཕགས་པ་ཕྱིར་ མི་ལྡོག་པའི་དགེ་འདུན་གྱི་)ཚོགས་ཀྱི་མཆོག་ལ་ཡང༌། །(སྔ་མ་)དེ་བཞིན་(དུ་བློ་གཏོད་ཅིང་རྟེན་པར་ཁས་ལེན་ པས་)ཡང་དག་(པར་)སྐྱབས་སུ་མཆི། །ཞེས་སྐྱབས་གསུམ་སྔོན་དུ་འགྲོ་བས། ཇི་ལྟར་སྔོན་གྱི་ བདེ་གཤེགས་(སངས་རྒྱས་བཅོམ་ལྡན་འདས་རྣམས་)ཀྱིས། །(བླ་ན་མེད་པའི་)བྱང་ཆུབ་(ཆེན་པོར་)ཐུགས་ནི་ བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ(ར་བྱ་རྒྱ་ཆེན་པོ་རྣམས)་ལ། །(བདེ་བར་གཤེགས་པ་) དེ་དག་(གི་ལས་དང་པོ་པ་རྣམས་སངས་རྒྱས་ཀྱི་སའི་བར་ལ་)རིམ་(པ་)བཞིན་(དུ་བསླབ་ཤིང་)གནས་པ་ལྟར། ། (བདག་གིས་ཀྱང་)དེ་བཞིན་(དུ་)འགྲོ་(བ་ཐམས་ཅད་)ལ་(གནས་སྐབས་དང་མཐར་ཐུག་གི་)ཕན་(པ་བསྒྲུབ་པའི་) དོན་དུ། །(བསམ་པ་)བྱང་ཆུབ་(ཀྱི་མཆོག་ཏུ་)སེམས་ནི་བསྐྱེད་(པར་)བགྱི་ཞིང༌། །(སེམས་བསྐྱེད་པ་)དེ་ (ཇི་ལྟ་བ་)བཞིན་དུ་ནི་(སྦྱོར་བ་བྱང་ཆུབ་སེམས་དཔའི་)བསླབ་པ(ར་བྱ་བ་རྒྱ་ཆེན་པོ་)ལའང་(དུས་འདི་ནས་བཟང་ སྟེ་བྱང་ཆུབ་ཀྱི་བར་དུ)། །རིམ་པ་བཞིན་དུ་བསླབ་པར་བགྱི་(འོ་ཞེས་པ་ལན་གསུམ་གྱིས་བླང་པར་བྱའོ། །དེ་ ལྟར་བླངས་པའི་གང་ཟག་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་ཟུར་དུ་ནོད་མི་དགོས་སོ)། །ཞེས་པས་སེམས་བསྐྱེད་ དང་སྡོམ་པ་གཉིས་ཀ་ཟུང་འཇུག་ཏུ་བླངས་ཏེ། དེང་དུས་(སྟེ་ཉི་མ་དེ་རིང་)བདག་(གིས་)ཚེ་(སྐྱེ་བ་) འབྲས་བུ་ཡོད་(པ་སྟེ་འབྲས་བུ་དང་བཅས་ཤིང་)། །མི་ཡི་སྲིད་པ་(སྟེ་སྐྱེ་བ་དལ་འབྱོར་ཚང་བ་)ལེགས་པར་ ཐོབ་(པ་ཡིན་ཏེ)། །(འཁོར་བ་ཐོག་མེད་ནས་སྐྱེ་བ་གང་དུའང་ཐོབ་མ་མྱོང་བ་འདི་ཐོབ་པའི་ཕྱིར)དེ་རིང་སངས་རྒྱས་ (ཀྱི་གདུང་འཚོབ་པའི་)རིགས་སུ་སྐྱེས་(ནས)། །སངས་རྒྱས་སྲས་སུ་ད་(ལྟ་)གྱུར་(པ་ཡིན་ཏེ། བྱང་ཆུབ་ 3-1-156 སེམས་དཔའི་སེམས་བསྐྱེད་པའི་ཕྱིར་)ཏེ། །ད་ནི་(སྟེ་སངས་རྒྱས་ཀྱི་སྲས་སུ་གྱུར་པས་)བདག་གིས་ཅི་ནུས་ཀྱང༌། ། (རང་)རིགས་དང་མཐུན་(པར་བྱེད་)པའི་(སངས་རྒྱས་ཀྱི་གདུང་དང་འཚོབ་པའི་)ལས་གཅིག་བརྩམ་(པར་ བྱ་སྟེ)། །(རང་དོན་ཡིད་བྱེད་སོགས་ཀྱི་ཉེས་པའི་)སྐྱོན་མེད་བཙུན་པའི་རིགས་འདི་ལ། །(ཇི་ལྟར་བདག་གི་ ཉེས་སྤྱོད་ཀྱི་ལྟུང་བའི་)རྙོག་པར་མི་འགྱུར་(བ་)དེ་ལྟར་བྱ(འོ)། །བདག་གིས་(ཉི་མ་)དེ་རིང་༼ཐམས་ཅད་ ཀྱི་དབང་དུ་གྱུར་པའི་༽སྐྱོབས་པ་༼སངས་རྒྱས་༽ཐམས་ཅད་ཀྱི། །སྤྱན་སྔར་(སྟེ་དེའི་མདུན་དུ་)འགྲོ་བ་(སྟེ་ སེམས་ཅན་)བདེ་གཤེགས་(སྟེ་སངས་རྒྱས་)ཉིད་(ཀྱི་བདེན་པ་)དང་ནི། །(སངས་རྒྱས་མ་ཐོབ་ཀྱི་)བར་དུ་བདེ་ (བ་ཕུན་སུམ་ཚོགས་པ་)ལ་མགྲོན་དུ་བོས་ཟིན་གྱི། །(བདག་གི་བསམ་པ་འགྲོ་བ་ཐམས་ཅད་ཀྱིས་ཕན་བདེའི་གཞི་ ལ་ཞུགས་པ་འདི་ལ་)ལྷ་དང་ལྷ་མིན་(དང་)ལ་སོགས་(ཀྱིས་སྒྲས་གནོད་སྦྱིན་ལ་སོགས་པ་སེམས་ཅན་རྣམས་རབ་ཏུ་ དང་བ་དང་མངོན་པར་)དགའ་(ཞིང་རྗེས་སུ་ཡི་རང་)བར་གྱིས། །ཞེས་པ། རང་གཞན་དགའ་བ་བསྐྱེད་ པས་ཀྱང་བརྟན་པར་བྱས་ནས་འཆད་པར་འགྱུར་བའི་བསླབ་བྱ་རྣམས་ཇི་སྲིད་བྱང་ཆུབ་སྙིང་ བོ་མ་ཐོབ་ཀྱི་བར་དུ་བསྲུང་པར་འདོད་པའི་སེམས་པ་རྒྱུན་ཆགས་པའོ། ། བསླབ་བྱ་རྒྱས་པར་བཤད་པ་ནི། དེ་ཡང་ཁྱིམ་པའམ་རབ་ཏུ་བྱུང་བ་ཡིས། །སྔར་ གྱི་བསླབ་བྱའི་སྟེང་དུ་དཀར་ནག་གི། །ཆོས་བཞི་དག་ལ་བླང་དོར་བྱེད་པ་དང༌། ། ཕ་རོལ་ཕྱིན་དྲུག་རྟག་ཏུ་སྤྱོད་པ་དང༌། །དེ་ཡང་སྤྱོད་པ་ལ་འཇུག་པར། རྒྱལ་བ་(ཐུགས་ རྗེའི་བདག་ཉིད་ལས་སྐྱེས་པ་)འི་སྲས་ཀྱིས་(བཤད་མ་ཐག་པ་)དེ་ལྟ་བུར། །བྱང་ཆུབ་(ཀྱི་)སེམས་རབ་(ཏུ་ སྟེ་ལེགས་པར་སྲོག་གི་ཕྱིར་ཡང་ནི་མི་གཏོང་བར་)བརྟན་(པར་)བཟུང་ནས། །གཡེལ་བ་(སྟེ་ལེ་ལོ་)མེད་པར་ (རྒྱུན་མི་ཆད་པས་)རྟག་ཏུ་ཡང༌། །(བྱང་སེམས་ཀྱིས་བསླབ་པར་འོས་པའི་)བསླབ་(པ་རྣམས་)ལས་མི་འདའ་ (བར་བསྒྲུབ་པ་སྙིང་པོ་བྱེད་པ་ལ་)འབད་(ཅིང་དང་དུ་བླངས་)པར་བྱ་(སྟེ་བྱང་ཆུབ་དེ་ལ་རག་ལས་པའི་ཕྱིར)། །ཞེས་ གསུངས་པ་ལྟར་སྔར་སོ་སོར་ཐར་པའི་བསླབ་པ་གང་བླངས་པ་རྣམས་བསྲུང་བའི་སྟེང་དུ་ སེམས་བསྐྱེད་དང་སྡོམ་པའི་ཆོ་གར་གསུངས་པ་ལྟར། སྲོག་གི་ཕྱིར་ཡང་བསམ་བཞིན་དུ་ 3-1-157 རྫུན་མི་སྨྲ་བ་དང༌། བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་བསྔགས་པ་ བརྗོད་པ་དང༌། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པ་རྣམ་པ་དག་པས་གནས་པ་ དང༌། གཞན་དག་ཀྱང་རྫོགས་པའི་བྱང་ཆུབ་ཐོབ་པའི་ཆེད་དུ་ཐེག་པ་ཆེན་པོའི་དགེ་བ་ལ་ འགོད་པ་སྟེ་དཀར་པོའི་ཆོས་བཞི་བསྟེན་པ་དང༌། བླ་མ་དང་མཆོད་པར་འོས་པ་བསླུ་བ་དང༌། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང༌། བྱང་ཆུབ་སེམས་དཔའ་ལ་ སྡང་ཤུགས་ཀྱིས་སྐྱོན་བརྗོད་པ་དང༌། སེམས་ཅན་རྣམས་ལ་གཡོ་དང་སྒྱུས་ཀུན་ཏུ་སྤྱོད་པ་ སྟེ། ནག་པོའི་ཆོས་བཞི་སྤོང་བ་ལ་བསླབ་ཅིང༌། རྒྱན་ལས། ༼ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་སྟེ་༽ བསླབ་༼པ་༽གསུམ་༼གྱི་༽དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་ (པར་)བཤད་དེ་(ཕར་ཕྱིན་)དང་པོ་གསུམ(ཚུལ་ཁྲིམས་ཀྱི་བསླབ་པ་དང་)། །ཐ་མ་(བསམ་གཏན་དང་ཤེས་ རབ་)གཉིས་ཀྱིས་(རིམ་པ་བཞིན་དུ་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་)རྣམ་པ་གཉིས་(བསྡུས་པ་ཡིན་ནོ)། ། གཅིག་(བརྩོན་འགྲུས་)ནི་(བསླབ་པ་)གསུམ་ཆར་ལ་ཡང་གཏོགས་(ཏེ་བསླབ་པ་གསུམ་ག་ལ་བརྩོན་འགྲུས་ ངེས་པར་དགོས་པའི་ཕྱིར་ཏེ)། །ཞེས་གསུངས་པ་ལྟར། སྦྱིན་པས་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ ཡང་དག་པར་ལེན་ཅིང་དེ་ཉིད་བཟོད་པས་གཤེ་ཡང་སླར་མི་གཤེ་བས་བསྲུང་བ་ཚུལ་ཁྲིམས་ ཀྱི་བསླབ་པ་དང༌། བསམ་གཏན་དང་ཤེས་རབ་ལ་བརྟེན་ནས་སེམས་དང་ཤེས་རབ་ཀྱི་ བསླབ་པ་རྣམས་ལ་བརྩོན་འགྲུས་ཆེན་པོས་སློབ་པ་དང༌། བྱམས་དང་སྙིང་རྗེ་དགའ་དང་ བཏང་སྙོམས་ཏེ། །ཚད་མེད་བཞི་ལྡན་བསམ་པ་བཟང་བོ་ཡིས། །སྦྱིན་དང་སྙན་ སྨྲ་དོན་སྤྱོད་དོན་མཐུན་པའི། །བསྡུ་བ་བཞི་ཡིས་གཞན་དོན་བསྒྲུབ་པ་དང༌། །དེ་ དག་ཀྱང་ཇི་སྐད་དུ། བརྟན་པ་(བྱང་ཆུབ་སེམས་དཔའ་)རྣམས་ཀྱི་(ཚད་མེད་པ་བཞི་པོ་)དེ་དག་(ནི་སེམས་ ཅན་)བདེ་(བ་)འདོད་(པ་རྣམས་ལ་དམིགས་ནས་དེ་དང་ཕྲད་པར་འདོད་པའི་རྣམ་པ་ཅན་བྱམས་པ་)དང༌། །སྡུག་ བསྔལ་གྱིས་ཉམ་ཐག་(པ་རྣམས་ལ་དམིགས་ནས་དེ་དང་བྲལ་བར་འདོད་པའི་རྣམ་པ་ཅན་སྙིང་རྗེ་)བདེ་བ་དང་ 3-1-158 (ལྡན་པ་རྣམས་ལ་དམིགས་ནས་དེ་དང་མི་འབྲལ་པར་འདོད་པའི་རྣམ་པ་ཅན་དགའ་པ་དང་)། །ཉོན་མོངས་(པ་ཆགས་ སྡང་གི་མཐར་ལྟུང་བ་)ཅན་(རྣམས་ལ་དམིགས་ནས་དེ་དང་བྲལ་པར་འདོད་པའི་རྣམ་པ་ཅན་བཏང་སྙོམས་)དང་(ཆོས་ལ་ དམིགས་པ་ཚད་མེད་པ་ནི་)དེ་དག་(གི་)བསྟན་བཅོས་(ལ་དམིགས་ནས་ཐོས་བསམ་སྒོམ་གསུམ་བཤད་པ་སྡེ་སྣོད་ ལ་དམིགས་ཞེས་བཏགས་སོ་)དང༌། །དེ་ཡི་དེ་བཞིན་ཉིད་ལ་རབ་ཏུ་འཇུག་(ཞེས་པ་དམིགས་པ་མེད་པ་ལ་ དམིགས་པ་ནི་ཚད་མེད་དེ་བཞིན་ཉིད་ལ་དམིགས་པའི་དོན་ནོ)། །ཅེས་གསུངས་པ་ལྟར། བརྟན་པ་བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་དམིགས་ནས་བདེ་བ་དང་ལྡན་པར་ འདོད་པའི་བྱམས་པ་དང༌། སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་དེ་དང་བྲལ་པར་འདོད་པའི་ སྙིང་རྗེ་དང༌། བདེ་བ་དང་ལྡན་པ་རྣམས་དེ་དང་མི་འབྲལ་བར་འདོད་པའི་དགའ་བ་དང༌། ཉོན་མོངས་པ་ཆགས་སྡང་གི་མཐར་ལྟུང་བ་རྣམས་དེ་དག་དང་བྲལ་པར་འདོད་པའི་བཏང་ སྙོམས་ཚད་མེད་པ་རྣམས་ནི་སེམས་ཅན་ལ་དམིགས་པའི་ཚད་མེད་པ་བཞི་དང༌། དེ་རྣམས་ བརྗོད་བྱར་བྱས་ནས་སྟོན་པའི་བསྟན་བཅོས་ལ་དམིགས་ནས་ཤེས་པར་བྱེད་པ་ནི་ཆོས་ལ་ དམིགས་པའི་ཚད་མེད་པ་དང༌། དེ་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ལ་དམིགས་ནས་འཁོར་ གསུམ་དུ་རྣམ་པར་མི་རྟོག་པའི་སྒོ་ནས་འཇུག་པ་ནི་དམིགས་པ་མེད་པ་ལ་དམིགས་པའི་ཚད་ མེད་པ་སྟེ། བསམ་པ་བཟང་པོ་ཚད་མེད་པ་བཞི་དང་ལྡན་པའི་ངང་ནས་(བསྡུ་བའི་དངོས་པོ་བཞིའི་ སྒོ་ནས་གཞན་དོན་བྱེད་ཚུལ་ནི)། སྦྱིན་(པ་ནི་ཕར་ཕྱིན་གྱི་སྐབས་སུ་བཤད་པ་དང་)མཚུངས་(ལ་ཕྱི་མ་གསུམ་གྱི་ཆོས་) དེ་སྟོན་(པ་དང་དེ་ཉམས་སུ་)ལེན་(དུ་)འཇུག་(པ་)དང༌། །བདག་ཉིད་རྗེས་སུ་འཇུག་(པ་)རྣམས་(ལ་) ནི། །(རིམ་པ་ལྟར་འཆད་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་དེ་རྣམས་ལེགས་པར་སྟོན་པ་ནི་)སྙན་པར་སྨྲ་(བ་)དང་(ཕ་ རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཡང་དག་པར་ཉམས་སུ་ལེན་དུ་འཇུག་པ་ནི་)དོན་སྤྱོད་(པ་)དང༌། །དོན་མཐུན་པ་ནི་ (གཞན་ལ་བསྟན་པ་ལྟར་བདག་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་པ་ནི་)ཉིད་དུ་འདོད། །ཅེས་གསུངས་པ་ ལྟར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་བསྟན་པ་དང་མཚུངས་པར་ཟང་ཟིང་གི་སྦྱིན་ 3-1-159 པའི་སྒོ་ནས་གདུལ་བྱ་རྣམས་སྡུད་པ་དང༌། ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ཆོས་སྟོན་པའི་ སྒོ་ནས་སྙན་པར་སྨྲ་བ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་ཉམས་སུ་ལེན་དུ་འཇུག་པའི་སྒོ་ནས་ དེ་དག་གི་དོན་སྤྱོད་པ་དང༌། གཞན་ལ་ཇི་ལྟར་བསྟན་པ་ལྟར་བདག་ཉིད་ཀྱང་རྗེས་སུ་འཇུག་ ཅིང་ཉམས་སུ་ལེན་པའི་སྒོ་ནས་དོན་མཐུན་པ་སྟེ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྱི་ དོན་བསྒྲུབ་པ་དང༌། (བསྡུ་བའི་དངོས་པོ་བཞིར་འཇོག་པའི་རྒྱུ་མཚན་ཡོད་དེ། ཟས་གོས་སོགས་ཟང་ཟིང་གི་སྦྱིན་པ་ནི་ གཞན་གྱི་ལུས་ལ་ཕན་གདགས་པར་བྱེད་པའི་ཐབས་དང༌། སྙན་པར་སྨྲ་བས་གཞན་གྱི་མི་ཤེས་པ་དང་ལོག་ཤེས་པ་དང་ཐེ་ཚོམ་ རྣམས་བསལ་ནས་ཕ་རོལ་ཏུ་ཕྱིན་པའི་དོན་གོ་བར་འཛིན་དུ་འཇུག་པར་བྱེད་པ་དང༌། དོན་སྤྱོད་པས་གཞན་དག་ཕ་རོལ་ཏུ་ཕྱིན་ པའི་དགེ་བ་བསྒྲུབ་པ་ལ་འཇུག་པར་བྱེད་པ་དང༌། དོན་མཐུན་པས་གཞན་ལ་ཇི་སྐད་སྨྲས་པ་དེ་བཞིན་དུ་བདག་ཉིད་ཀྱང་བྱེད་ པར་རིག་ནས་ཡིད་ཆེས་པས་གཞན་རྗེས་སུ་འཇུག་པར་བྱེད་པའོ། །རྒྱན་ལས། ཕན་པར་བྱེད་པའི་ཐབས་དང་ནི། །འཛིན་པར་ བྱེད་དང་འཇུག་པར་བྱེད། །དེ་བཞིན་རྗེས་སུ་འཇུག་བྱེད་པ། །བསྡུ་པའི་དངོས་པོ་བཞི་ཞེས་བྱ། །ཞེས་པ་ལྟར་རོ། །དེ་དག་གི་བྱེད་ ལས་ནི། དང་པོ་ཟང་ཟིང་གི་སྦྱིན་པས་ནི། ཆོས་བསྟན་པར་བྱ་བའི་སྣོད་དུ་གྱུར་པ་དང༌། སྙན་པར་སྨྲ་བས་ནི། དོན་བྱེ་བྲག་ཏུ་ ཤེས་པར་བྱེད་ཅིང་ཐེ་ཚོམ་གཅོད་པའི་སྒོ་ནས་ཆོས་དེ་ལ་མོས་པར་བྱེད་པ་ཡིན་ཅིང༌། གསུམ་པས་ནི་ཆོས་བཞིན་ཉམས་སུ་ལེན་ ཅིང་བསྒྲུབ་ཏུ་འཇུག་པ། བཞི་པས་ནི་ཡུན་རིང་དུ་ལམ་ལ་ཡིད་ཆེས་ཤིང་ཡུན་རིང་དུ་བསྒྲུབ་པ་དེ་གོང་ནས་གོང་དུ་རྣམ་པར་སྦྱོང་ ཤིང་མཐར་ཕྱིན་པར་བྱེད་པའོ། །རྒྱན་ལས། དངོས་པོ་སྣོད་གྱུར་དངོས་པོ་སྟེ། །གཉིས་པ་ཡིས་ནི་མོས་པ་ཡིན། །གསུམ་པ་ཡིས་ ནི་བསྒྲུབ་པ་སྟེ། །བཞི་པ་རྣམ་པར་སྦྱོང་བའོ)། ། གཞན་གྱི་དོན་དུ་འགྱུར་ན་མནར་མེད་པའི། །སྡུག་བསྔལ་ལ་ཡང་བདེ་བར་ འཛིན་པ་ཡི། །ལུས་ངག་ཡིད་ཀྱི་བྱ་བ་གང་ཡིན་རྣམས། །རྟག་ཏུ་གཞན་ལ་ཕན་ པར་སྤྱོད་པ་དང༌། །དེ་ཡང་ཇི་སྐད་དུ། གཞན་(གྱི་རྒྱུད་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་) དོན་(བསྒྲུབ་པ་ལ་)བརྩོན་(འགྲུས་ཆེན་པོ་དང་)ལྡན་(པ་ནི་)སྙིང་རྗེ་(ཆེན་པོ)འི་བདག་ཉིད་(ཡིན་པའི་ཕྱིར་བྱང་ ཆུབ་སེམས་དཔའ་)འདི། །གང་(གི་)ཚེ་(སེམས་ཅན་གཞན་གྱི་དོན་དུ་འགྱུར་བར་མཐོང་ནས་)མནར་མེད་(པའི་ 3-1-160 དམྱལ་བར་འགྲོ་བ་)ལ་ཡང་དགའ་(བར་)འགྱུར་བ། །དེ་འདྲ་བ་དག་སྲིད་(པར་བསམ་བཞིན་དུ་སྐྱེ་བ་བླངས་ ཏེ་གནས་)ན་གཞན་(གྱི་དོན་དུ་)རྟེན་ཅན་(གྱི་དཀའ་སྤྱད་དང་)། །སྡུག་བསྔལ་འབྱུང་བ་དག་གི་ག་ལ་ འཇིགས་༼ཏེ་འཇིགས་པ་མེད་པའི་སྒོ་ནས་བརྩོན་པར་བྱེད་པའོ༽། །ཞེས་གསུངས་པ་ལྟར། སྙིང་རྗེ་ཆེན་པོ་ དང་ལྡན་པས་གཞན་དོན་གྱི་དཀའ་སྤྱད་ཆེན་པོ་ལའང་ནམ་ཡང་སྐྱོ་བ་མེད་པར་འཇུག་པ་ དང༌། རིན་ཆེན་ཕྲེང་བ་ལས། (གང་ཟག་)གང་ཞིག་(རང་གིས་)ལུས་ངག་ཡིད་(གསུམ་)ཀྱི་ལས། ། ཐམས་ཅད་ལེགས་པར་ཡོངས་(སུ་)བརྟགས་ཏེ། །བདག་དང་གཞན་ལ་ཕན་(པའི་ཚུལ་)ཤེས་ པས། །(ཤེས་པ་ལྟར་)རྟག་ཏུ་བྱེད་པ་དེ་(རང་གཞན་གྱི་དོན་ལ་)མཁས་པའོ། །ཞེས་གསུངས་པ་ལྟར་སྒོ་ གསུམ་གྱི་སྤྱོད་པ་ལ་རང་རིག་གིས་བརྟགས་ནས་རང་གཞན་ལ་ཕན་པར་འགྱུར་བ་གང་ཡིན་ པ་དེ་ལ་འཇུག་པ་དང༌། ཕན་དང་བདེ་བའི་ཁྱད་པར་ཤེས་པ་ཡིས། །སྡུག་བསྔལ་ ཡིན་ཡང་གཏན་དུ་ཕན་པ་ཡི། །ཐབས་ལ་འཇུག་ཅིང་བདེ་ཡང་མི་ཕན་པའི། །བྱ་ བ་ངན་པ་རྣམས་ནི་སྤང་བའོ། །དེ་ཡང་སྡོམ་པ་ཉི་ཤུ་པ་ལས། (གང་ཟག་)གཞན་ནམ་ བདག་ཉིད་ལ་ཡང་རུང༌། །(སྐབས་སུ་)སྡུག་བསྔལ་(ལྟ་བུར་སྣང་བ་)ཡིན་ཡང་གང་ཕན་པའི། ། (མཐར་ཐུག་དང་གནས་སྐབས་སུ་)ཕན་(པ་)དང་བདེ་བ་རྣམས་བྱ་སྟེ། །(གནས་སྐབས་སུ་)བདེ་(བ་ལྟ་བུར་ སྣང་)ཡང་(ཕུགས་སུ་)མི་ཕན་(པ་)མི་བྱའོ། །ཞེས་གསུངས་པ་ལྟར། གཞན་དོན་གྱི་དཀའ་སྤྱད་ལྟ་ བུ་འཕྲལ་དུ་སྡུག་བསྔལ་ཡིན་ཡང་ཕུགས་སུ་རང་གཞན་ལ་ཕན་པར་འགྱུར་བ་རྣམས་བྱ་ ཞིང༌། གཏན་དུ་ཕན་ལ་ཚེ་འདིར་ཡང་བདེ་བའི་དགེ་བ་རྣམས་ཀྱང་བྱ་སྟེ། འདོད་ཡོན་ལ་བག་ མེད་པར་སྤྱོད་པ་ལྟ་བུར་ཚེ་འདིར་བདེ་ཡང༌། ཕྱི་མ་ལ་མི་ཕན་པའི་སྡིག་པའི་བྱ་བ་རྣམས་ནི་ མི་བྱ་བ་དང༌། ཉོན་མོངས་དྲག་པོ་ལས་བྱུང་རྩ་ལྟུང་བཞི། །སྤོང་ཞིང་བྱུང་ན་སླར་ ཡང་བཅོས་པ་སོགས། །རྣམ་དག་ལུང་ལ་ལྟོས་ཏེ་བཀག་པ་རྣམས། །སྤོང་ཞིང་ གནང་བ་རྣམས་ནི་བསྟེན་པའོ། །དེ་དག་ཀྱང་ཇི་སྐད་དུ། ཉོན་མོངས་(པ་)དྲག་(པོ་)ལས་ 3-1-161 (བྱུང་བར་)གྱུར་པ་ཡིས། །(བྱང་སེམས་ཀྱི་)སྡོམ་པ་ཞིག་པར་གང་གྱུར་པ། །དེ་ཡི་(རྒྱུ་རྙེད་དང་བཀུར་སྟིར་ ཆགས་པའི་ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་)ཉེས་པ་བཞི་པོ་ནི། །ཕམ་པ་འདྲ་བ(འི་ཉེས་བྱས་སུ་འགྱུར་བ) ར་དགོངས་པ་ཡིན། །ཞེས་གསུངས་པའི་(དོན་ཕམ་པ་འདྲ་བའི་ཉེས་བྱས་ཀྱི་རིགས་ཐམས་ཅད་སྡོམ་པ་མ་བཟུང་ བ་ལ་མི་འཇོག་པས་རྟེན་བྱང་ཆུབ་སེམས་དཔའ་སྡོམ་པ་ཐོབ་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་སྟེ། ཐུན་མོང་གི་ཡན་ལག་ གཉིས་དང༌། ཉོན་མོངས་པ་དྲག་པོས་ཀུན་ནས་བསླངས་ཏེ་ཕམ་པ་ལྟ་བུ་གང་རུང་གཅིག་སྤྱད་ཀྱང་བྱང་ཆུབ་སེམས་དཔའི་སྡོམ་ པ་བཏང་བར་འགྱུར་ན། ཐམས་ཅད་བྱས་ནས་ལྟ་ཅི་སྨོས། འོ་ན་ཉོན་མོངས་པ་དྲག་པོ་གང་ཡིན་སྙམ་ན། ཕམ་པའི་གནས་ལྟ་བུ་ གང་རུང་གཅིག་ཀྱང་རྒྱུན་མི་ཆད་པར་སྤྱོད་པ་དང༌། བདག་གིས་བྱ་བ་མ་ཡིན་པ་དང༌། ཆོས་དང་འགལ་བས་ངོ་ཚ་ཤེས་པ་མེད་ ཅིང་བྱ་བ་ལ་མི་འཛེམ་པ་ཁྲེལ་ཅུང་ཟད་ཀྱང་མི་སྐྱེ་བ་དང༌། དེས་མགུ་བར་བྱེད་ཅིང་དེས་དགའ་བར་བྱེད་པ་དང་། དེ་ཉིད་ལ་ཡོན་ ཏན་དང་ལྡན་པར་འཛིན་པ་ནི་ཀུན་ནས་དཀྲིས་པ་ཆེན་པོའོ། །ཉོན་མོངས་པ་འབྲི ང་དང་ཆུང་ངུས་ནི་སྡོམ་པ་བཏང་བར་མི་འགྱུར་ རོ། །འབྲི ང་པོ་ནི་ཉོན་མོངས་པ་ཁྱད་པར་གསུམ་པོ་གང་རུང་གཉིས་ཚང་བ་ལ་འདོད་ལ། ཆུང་ངུ་ནི་ཉོན་མོངས་པའི་ཁྱད་པར་ གསུམ་ལ་གཉིས་མ་ཚང་བ་ལ་ཁ་ཅིག་འདོད་དོ་)ཉོན་མོངས་པ་དྲག་པོ་འམ་ཀུན་ནས་དཀྲིས་པ་ཆེན་པོ་ནི་ ཉེས་པ་བཞི་པོ་རྒྱུན་མི་འཆད་པར་སྤྱོད་པ་དང༌། དེ་དག་ལ་ངོ་ཚ་ཁྲེལ་ཡོད་ཆུང་ངུ་ཙམ་ཡང་མི་ བསྐྱེད་པ་དང༌། དེ་དག་ལ་དགའ་ཞིང་མགུ་བས་ཡོན་ཏན་དུ་འཛིན་པ་སྟེ། ཕམ་པ་དེ་དག་ གང་ཡང་རུང་པའམ་ཐམས་ཅད་འབྱུང་བ་དང༌། རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་བཏང་བས་ བྱང་ཆུབ་སེམས་དཔའི་སྡོམ་པ་ཉམས་པར་འགྱུར་ལ། སྡོམ་པར་ཉི་ཤུ་པར། ཉེས་པ་བཞི་པོ་ དེ་དག་ཀྱང་གང་ཞེ་ན། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་ པ་དང༌། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། །གཞན་ གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་དང༌། ཐེག་པ་ཆེན་པོ་སྤོང་ བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་པ་སྟེ། རྙེད་བཀུར་ལ་ལྷག་པར་ཆགས་ པས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་ནི་ཉེས་པ་དང་པོ་དང༌། ལོངས་སྤྱོད་ཆོས་ཡོད་ 3-1-162 བཞིན་དུ་སེར་སྣ་དང་ཆགས་པའི་དབང་གིས་སློང་མོ་པ་དང༌། ཆོས་དོན་དུ་གཉེར་བ་རྣམས་ ལ་མི་སྟེར་བ་ནི་ཉེས་པ་གཉིས་པ་དང༌། གཞན་དག་གིས་ཉེས་པ་བཤད་ཅིང་བཤགས་སྦྱངས་ བྱས་ཀྱང་མི་ཉན་པར་ཁྲོ་ཞིང་མི་བཟོད་པས་བོང་བ་དང་དབྱུག་པ་ལ་སོགས་པས་བརྡེག་ཅིང་ འཚོག་པ་ནི་ཉེས་པ་གསུམ་པ་དང༌། ཐེག་ཆེན་ལ་སྐུར་པ་འདེབས་ཤིང་དམ་པའི་ཆོས་ལྟར་ བཅོས་པ་རྣམས་གཞན་ལ་སྟོན་པ་ནི་ཉེས་པ་བཞི་པ་ཡིན་ཞིང༌། གལ་ཏེ་དེ་རྣམས་བྱུང་ན། (ཉེས་པ་བཅོས་པའི་ཐབས་ཇི་ལྟར་སྙམ་ན། དགེ་སློང་སོ་སོར་ཐར་པའི་སྡོམ་པས་ཕམ་པར་གྱུར་ན། སླར་ཡང་བླང་བའི་སྐལ་བ་ མེད་པ་བཞིན། འདིར་ཕམ་པའི་གནས་ལྟ་བུ་གང་རུང་གཅིག་ཀུན་ནས་དཀྲིས་པ་ཆེན་པོས་སྤྱད་ན་སྡོམ་པ་ཉམས་ལ། སླར་ཡང་ བླང་དུ་ཡོད་དམ་མེད་སྙམ་ན། སླར་ཡང་བླང་དུ་ཡོད་པས་)སྡོམ་པ་སླར་ཡང་བླང་བར་བྱ་(ཞེས་གསུངས་ཏེ་སྔར་ཐོབ་ པ་བཞིན་དུ་བླང་བར་བྱའོ)། །(དགེ་བའི་བཤེས་གཉེན་མེད་ན་ཡང་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་སྔ་མ་ བཞིན་དུ་བླང་བར་བྱའོ། །ཟག་པ་འབྲི ང་ལས་བྱུང་བ་བཤགས་པ་ནི་)ཟག་པ་འབྲི ང་ནི་གསུམ་ལ་བཤགས་(ཞེས་ པ་ནི་ཕམ་པ་ལྟ་བུ་ཟག་པ་འབྲི ང་གིས་སྤྱད་ན་ཉེས་བྱས་ཀྱི་ལྟུང་བ་ཞེས་བྱ་བར་འགྱུར་ཏེ། ཆུང་ངུ་དང་གཞི་ཐམས་ཅད་ཀྱང་ཉེས་ བྱས་སོ། །བྱང་ཆུབ་སེམས་དཔའི་ཕྱོགས་ལས་ནི་ཉན་ཐོས་ལྟར་ལྟུང་བ་སྡེ་ལྔ་མེད་དེ། ཕམ་པ་ལྟ་བུ་དང་ཉེས་བྱས་གཉིས་སུ་ འགྱུར་རོ། །ཟག་པ་འབྲི ང་གི་བཤགས་པ་ནི་ཡུལ་བླ་མའམ། མཁན་པོའམ། ཉན་ཐོས་ཀྱི་ཐེག་པའམ་བྱང་ཆུབ་སེམས་དཔའི་ཐེག་ པ་ཡང་རུང་སྟེ་བརྡ་སྤྲོད་ཅིང་འཛིན་ནུས་པ་གསུམ་གྱི་དྲུང་དུ་ཙོག་པུར་བསྡད་ལ་ཐོག་མར་དངོས་པོ་བརྗོད་པ་ནི། ཚེ་དང་ལྡན་པ་ རྣམས་དགོངས་སུ་གསོལ། བདག་བྱང་ཆུབ་སེམས་དཔའི་མིང་འདི་ཞེས་བགྱི་བ་ལ། ཇི་སྐད་དུ་བརྗོད་པའི་གཞི་ལ། བྱང་ཆུབ་ སེམས་དཔའི་འདུལ་བ་དང་འགལ་བ་ཉེས་བྱས་ཀྱི་ནོངས་པ་བྱུང་སྟེ་ཞེས་བརྗོད་ལ། དེ་དག་ཚེ་དང་ལྡན་པ་རྣམས་ལ་བདག་ འཆག་ཤིང་མཐོལ་སྟེ་མི་འཆབ་པོ། བཤགས་ཤིང་མཐོལ་བས་བདག་བདེ་བ་ལ་གནས་པར་འགྱུར་གྱི་མ་མཐོལ་མ་བཤགས་ན་ བདེ་བ་ལ་གནས་པར་མི་འགྱུར་རོ། །དེས་ཁྱོད་ཀྱིས་ཉེས་པར་མཐོང་ངོ་ཞེས་སྨྲས་ནས། མཐོང་ངོ་ཞེས་སྨྲ་བར་བྱའོ། །ཕྱིས་ཀྱང་ སྡོམ་པར་བྱེད་དམ། ཞེས་སྨྲ་ན། ཆོས་བཞིན་དུ་ཇི་ལྟར་སྟོན་པའི་བསྟན་པ་འདུལ་བ་བཞིན་དུ་ལེགས་པར་སྤྱི་བོས་ནོད་པར་ བགྱིའོ། །ཅེས་ལན་གསུམ་གྱིས་བརྗོད་པར་བྱའོ)། །(ཞེས་ཆུང་ངུའི་བཤགས་པ་ནི་)གཅིག་གི་མདུན་དུ་ལྷག་མ་ 3-1-163 རྣམས་(ཞེས་པ་ནི་སྔ་མ་ལྟ་བུའི་གང་ཟག་གཅིག་གི་མདུན་དུ་སྔ་མ་ལྟར་བཤགས་པར་བྱའོ)། །(ཉེས་བྱས་གཞན་བཤགས་པ་ ནི་)ཉོན་མོངས་མི་མོངས་(ཞེས་པ་ནི་)བདག་སེམས་བཞིན་(ཉོན་མོངས་པ་དང་བཅས་པའི་ཉེས་པ་ནི། བཞིན་ ཞེས་པའི་སྒྲས་ཆུང་ངུ་ལྟར་གང་ཟག་གཅིག་གི་མདུན་དུ་བཤགས་པ་དང་ཉོན་མོངས་མེད་པའི་ཉེས་བྱས་ནི། བདག་སེམས་ཞེས་ པ་རང་གི་ཡི་དམ་གྱི་དྲུང་དུ་བཤགས་པ་བྱ་སྟེ། རང་གི་སེམས་ཁྲེལ་ཡོད་པ་དང༌། ངོ་ཚ་ཤེས་པ་དང༌། དུལ་བ་དང༌། ཞི་བ་དང༌། ཕྱིས་མི་བྱ་བའི་བསམ་པ་ཅན་དུ་བྱའོ། །འདི་ཟག་པ་འབྲི ང་མན་ཆད་ཀྱི་བཤགས་པར་རྗེ་བཙུན་གྱིས་གསུངས་སོ)། །ཞེས་ གསུངས་པ་ལྟར། བླ་མའམ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་ཡང་བླང་བར་ བྱ་སྟེ། ཉོན་མོངས་པ་འབྲི ང་ལས་བྱུང་བ་རྣམས་ནི་བྱང་ཆུབ་སེམས་དཔའ་གསུམ་ཡན་ཆད་ ཀྱི་དྲུང་དུ་བཤགས་པས་སོར་ཆུད་པར་འགྱུར་ཞིང༌། ཉོན་མོངས་པ་ཆུང་ངུ་བྱས་པ་རྣམས་ནི་ གང་ཟག་གཅིག་གི་མདུན་དུ་བཤགས་པས་ཀྱང་བྱང་བར་འགྱུར་ལ། དཀོན་མཆོག་གསུམ་ ལ་མཆོད་པ་མ་བྱས་པ་༼སྡོམ་པ་ཉི་ཤུ་པའི་འགྲེལ་པར། པུས་བཙུག་ཡང་ན་ཙོག་པུར་འདུག །བདག་མིང་ཞེས་པ་ དགོངས་གསོལ་བྱ། །ཚུལ་ཁྲིམས་གསུམ་པོ་ཡང་དག་བླངས། །བསྲུང་བར་བྱའོ་དམ་ཡང་བཅས། །ཞེས་གསུངས་པ་ལྟར། ཕྱག་ འཚལ་བ་དང་བསྟོད་པ་དང་དཀོན་མཆོག་རྗེས་དྲན་དང་། སྤྱིར་ལུས་ངག་ཡིད་ཀྱིས་དགེ་རྩ་རྣམས་མ་བྱས་པར། ཉིན་མཚན་ ཐམས་ཅད་དུ་བག་མེད་པ་ལེ་ལོའི་དབང་དུ་སོང་བ། འདོད་པ་ཆེ་བ། ཆོག་མི་ཤེས་པ། བསྙེན་བཀུར་ལ་ཆགས་པས་སྡོམ་པ་ཉམ་ པར་འགྱུར་རོ། །མདོར་ན་ཉེས་པ་ཐམས་ཅད་སྤངས་ཏེ་དཀར་པོ་དགེ་བའི་ཆོས་བསྒྲུབ་པ་ལ་བརྩོན་པར་བྱའོ། །སྡོམ་པ་ཉི་ཤུ་པར་ གསུངས་སོ། །༽ལ་སོགས་པ་ཉོན་མོངས་ཅན་དང༌། ཉོན་མོངས་མེད་པ་༼ནི་གལ་ཏེ་བརྗོད་པ་དང་སེམས་ འཁྲུལ་པ་ཉིད་དང་ལྡན་ན། ༽ཉེས་བྱས་སུ་གཏོགས་པ་ནི་གཅིག་གི་མདུན་དུ་བཤགས་པའམ། གང་ ཟག་གཞན་མེད་ན་བསམ་པས་རང་གིས་སེམས་ཉིད་དཔང་དུ་བྱས་ཏེ་བཤགས་ཤིང་སྡོམ་ པར་བྱ་སྟེ། སྤྱོད་པ་ལ་འཇུག་པར་ཡང༌། ༼ལས་དང་པོ་པ་ལ་༽ཉེས་པ་བྱུང་བ་རེ་རེ་ཞིང༌། །༼ཕྱིར་ བཅོས་པའི་བསམ་པས་༽བདག་ལ་སྨད་པ་༼སྟེ་འགྱོད་པས་ཡིད་གདུང་བར་བྱས་ནས་ཐབས་༽ཅི་ནས་ཀྱང༌། ། བདག་ལ་ཕྱིས་(ཉེས་པ་)འདི་མི་འབྱུང་བ། །དེ་ལྟར་བྱ(འོ)་ཞེས་ཡུན་རིང་(དུ་)བསམ་(པར་བྱའོ)། ། 3-1-164 ཞེས་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་(སྟེ་བསླབ་པར་བྱ་བ་)དག །ཚད་མེད་པར་ནི་(བྱང་ སེམས་སོ་ཐར་ལ་སོགས་པ་)གསུངས་པ་ལས། །(དེ་དག་ཐམས་ཅད་ལ་བསླབ་ནུས་ན་)སེམས་(ཉོན་མོངས་པའི་དྲི་ མ་)སྦྱོང་བ་ཡི་སྤྱོད་པ་ནི། །ངེས་པ་(སྟེ་གདོན་མི་ཟ་བ)ར་(སེམས་ཀྱིས་དྲི་མ་དག་)དེ་སྲིད་(དུ་)སྤྱད་པར་ བྱ(འོ)། །ཞེས་གསུངས་པ་ལྟར་རང་གི་སེམས་ལས་སུ་རུང་བ་ལ་འབད་པར་བྱ་ཞིང༌། མདོ་སྡེ་ རྣམས་ན་(བྱང་ཆུབ་སེམས་དཔའི་)བསླབ་པ(ར་བྱ་བའི་བླ་དོར་གྱི་ཚུལ་མཐའ་ཡས་པ་)སྣང་༼བའི་ཕྱིར་རོ༽། །དེ་ བས་(ན་)མདོ་སྡེ་(རྒྱ་ཆེན་པོ་རྣམས་རིམ་གྱིས་)ཀླག་པར་བྱ་(ཞིང་)། །(ཁྱད་པར་དུ་འཕགས་པ་)ནམ་མཁའི་ སྙིང་པོ(ས་ཞུས་པ)འི་མདོ་སྡེ་(ལ་)ནི་(བྱང་ཆུབ་སེམས་དཔའི་རྩ་ལྟུང་བཅོས་ཐབས་དང་བཅས་པ་ཐམས་ཅད་གསལ་ བར་བསྟན་པའི་ཕྱིར)། །ཐོག་མ་ཉིད་དུ་བལྟ་བར་བྱ(འོ)། །ཞེས་པ་དང༌། (མདོ་དང་བསྟན་བཅོས་)གང་ ལས་(བྱང་ཆུབ་སེམས་དཔའི་སྤྱོད་པ་)གང་ནི་མ་བཀག་(ཅིང་གནང་)པ། །དེ་ཉིད་(ཚུལ་བཞིན་དུ་)སྤྱད་པར་ བྱ་བ་སྟེ། །(སེམས་ཅན་མགུ་བྱར་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་གཞན་མེད། །ཞེས་གསུངས་པ་ལྟར་)འཇིག་ རྟེན་སེམས་ནི་བསྲུང་(ཞིང་མགུ་པར་བྱ་)བའི་ཕྱིར། །(བྱང་ཆུབ་སེམས་དཔའི་)བསླབ་པ(ར་བྱ་བ་རྣམས་) མཐོང་(ཞིང་རྟོགས་)ནས་(སེམས་ཅན་ལ་ཕན་པ་འགའ་ཞིག་)ཡང་དག་(པར་)སྤྱད་(པར་བྱའོ)། །ཅེས་ གསུངས་པ་ལྟར། རྒྱ་ཆེར་ཐེག་པ་ཆེན་པོའི་གཞུང་ལུགས་རྣམ་པར་དག་པ་རྣམས་ལ་བལྟས་ ཏེ་དེ་དག་ལས་བཀག་པ་རྣམས་སྤོང་ཞིང་གནང་བ་རྣམས་བསྒྲུབ་པ་ལ་འབད་པར་བྱའོ། ། གསང་སྔགས་ཀྱི་སྡོམ་པ་ལ་སྤྱིར་བསྟན་པ་དང༌། ཁྱད་པར་བཤད་པ་གཉིས་ལས། སྤྱིར་ བསྟན་པ་ནི། གསང་སྔགས་སྡོམ་པ་བྱང་སེམས་སོ་ཐར་གྱི། །སྡོམ་པ་གང་བླངས་ བསྲུང་བའི་སྟེང་དུ་ཡང༌། །དབང་བཞི་བླངས་ནས་སྐབས་དེར་ཐོབ་པ་ཡི། །རིགས་ ལྔའི་དམ་ཚིག་སྡོམ་པ་བསྲུང་བ་སྟེ། །དེ་ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། དང་ པོར་རེ་ཤིག་སློབ་མ་ལ། །དབང་རྣམས་ལན་གཅིག་བསྐུར་བ་ཡིས། །དེ་ཚེ་གསང་ཆེན་བཤད་ པ་ཡི། །སྣོད་དུ་ངེས་པར་འགྱུར་བ་ཡིན། །དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ 3-1-165 ཡང་མར་མེད་བཞིན། །ཞེས་པ་ནས། དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་ ནོད་ཞུ། །ཞེས་པ་དང༌། ཀྱཻའི་རྡོ་རྗེ་ལས། སེམས་ཅན་རྣམས་ཀྱིས་དངོས་གྲུབ་ཕྱིར། །དབང་ ནི་རྣམ་པ་བཞི་རུ་བཤད། །ཅེས་གསུངས་པ་ལྟར། ཆོས་ཟབ་མོ་ཉན་པ་ལ་དབང་བའི་དོན་ དང༌། ལམ་རྣམ་དག་བསྒོམ་པ་ལ་དབང་བའི་དོན་དུ་དབང་བསྐུར་བ་བཞི་ཡོངས་སུ་རྫོགས་ པར་ཞུས་ནས། དེའི་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་རྣམས་ཇི་སྲིད་སངས་རྒྱས་མ་ ཐོབ་ཀྱི་བར་དུ་བསྲུང་བ་ཡིན་ལ། དེ་རྣམས་ཀྱང་སམ་བྷུ་ཊི་ལས། ཇི་ལྟར་དུས་གསུམ་(གྱི་) མགོན་པོ་རྣམས་(ཀྱིས)། །བྱང་ཆུབ་ཏུ་ནི་ངེས་(པར་ཐོབ་པར་)མཛད་པའི་(རྒྱུ་རུ་སྨོན་པ)། །བྱང་ཆུབ་ སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །(ཞེས་པས་སྨོན་པའི་སེམས་བསྐྱེད་བསྟན་ ལ་)ཞེས་པ་ལ་སོགས་པ་གསུངས་པ་ལྟར་བསམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སྦྱོར་བ་ ཚུལ་ཁྲིམས་རྣམ་པ་གསུམ་རྟག་ཏུ་བསྲུང་བ་དང་(ཞེས་པ། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །ཞེས་པ་ནས། སོ་སོར་བརྟན་པོར་བཟུང་བར་བགྱི། །ཞེས་པའི་བར་གྱིས་འཇུག་པ་སེམས་བསྐྱེད་བསྟན་ལ། འདི་ལ་སྤྱིའི་སྡོམ་པ་ཞེས་བྱ་སྟེ། བསླབ་པ་ཐམས་ཅད་གསུམ་པོ་འདིའི་ནང་དུ་འདུ་བའི་ཕྱིར་)འཁོར་ལོའི་རིགས་༼རྣམ་པར་སྣང་མཛད་ཀྱི་༽ལ་དཀོན་ མཆོག་གསུམ་སྐྱབས་གནས་སུ་འཛིན་པ་དང༌། (མི་བསྐྱོད་པ་)རྡོ་རྗེའི་རིགས་ལ་རྡོ་རྗེ་དྲིལ་བུ་(དེ་ ཡང་། ཕྱི་བརྡའི་རྡོ་རྗེ་དྲིལ་བུ་ཚད་ལྡན་རེ་འཆང་ཞིང༌། ཁྱད་པར་དུ། ནང་དོན་གྱི་རྡོ་རྗེ་དྲིལ་བུ་ནི། ཐབས་གཞན་དོན་དམ་བྱང་ཆུབ་ ཀྱི་སེམས་དང་། སྤྲོས་བྲལ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཡིན་ནོ་)ཕྱག་རྒྱ་ལ་བརྟེན་ནས་སྐུ་གསུང་ཐུགས་ ཀྱི་དམ་ཚིག་བསྲུང་ཞིང་བླ་མ་ལ་གུས་པར་བྱེད་པ་དང༌། རིན་པོ་ཆེའི་(རིན་ཆེན་འབྱུང་ལྡན་གྱི་) རིགས་ལ་ཟང་ཟིང་(དང་)མི་འཇིགས་༼པ་དང་༽ཆོས་དང་བྱམས་པ(འི་སྦྱིན་པ)་སྟེ། སྦྱིན་པ་རྣམ་པ་ བཞི་རྟག་ཏུ་གཏོང་བ་དང༌། པད་མའི་(སྣང་བ་མཐའ་ཡས་ཀྱི་)རིགས་ལ་ཕྱི་དང་གསང་བས་བསྡུས་ པའམ་ཐེག་པ་གསུམ་གྱིས་བསྡུས་པའི་ཆོས་(ཞེས་པ་ལ་ཡང་། ཕྱི་བྱ་སྤྱོད་དང༌། གསང་བ་རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པ། ཐེག་གསུམ་ནི། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པའོ་)མཐའ་དག་གུས་པར་ 3-1-166 འཛིན་པ་དང༌། ལས་ཀྱི་(དོན་ཡོད་གྲུབ་པའི་)རིགས་ལ་སྡོམ་པ་ཐམས་ཅད་དང་ལྡན་པས་མཆོད་ པའི་ལས་ལ་བརྩོན་པ་སྟེ། མདོར་ན་བསམ་པ་སེམས་བསྐྱེད་དང་ལྡན་པས་སྡོམ་པ་མཐའ་ དག་བཟུང་ནས་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པར་ བྱའོ། །སྙམ་པའི་སེམས་པ་དགེ་བ་རྒྱུན་ཆགས་པའོ། ། ཁྱད་པར་བཤད་པ་ནི། སྒྲུབ་པའི་དམ་ཚིག་རིམ་གཉིས་བསྒོམ་པ་དང༌། །བཟའ་ བའི་དམ་ཚིག་བདུད་རྩི་བསྟེན་པ་དང༌། །བཟུང་བའི་དམ་ཚིག་རྟེན་གསུམ་ འཆང་བ་དང༌། །སྒོ་གསུམ་དམ་ཚིག་དགེ་བཅུ་སྤྱོད་པ་དང༌། །དེ་ཡང་ཉིན་ཞག་ ཕྲུགས་གཅིག་གི་ཁོངས་སུ་ལས་དང་པོ་པས་བསྐྱེད་རིམ་གཙོ་བོར་བྱས་པ་དང༌། བརྟན་པ་ ཐོབ་པས་རྫོགས་རིམ་གཙོ་བོར་བྱས་པའི་རིམ་གཉིས་ཀྱི་རྣལ་འབྱོར་ཐུན་རེ་བསྒོམ་པ་དང༌། ཞག་གམ་ཟླ་བའམ་ལོའི་ཁོངས་སུ་བདུད་རྩིའི་རིལ་བུ་བསྟེན་ཅིང་བཟའ་བཏུང་ཐམས་ཅད་ ལྷ་མཆོད་པའི་བསམ་པས་བསྟེན་པ་དང༌། བྲིས་སྐུ་དང་གླེགས་བམ་དང་རྡོ་རྗེ་དྲིལ་བུ་ལ་ སོགས་པ་རྣམས་ཀྱང་མི་འབྲལ་བར་འཆང་བ་དང༌། སྔར་རྒྱས་པར་བཤད་པ་ལྟར་ལུས་ངག་ ཡིད་གསུམ་གྱི་མི་དགེ་བ་བཅུ་སྤངས་ཏེ་དགེ་བ་བཅུ་ལ་སློབ་པ་དང༌། སྤང་བྱ་རྩ་བའི་ལྟུང་བ་བཅུ་བཞི་དང༌། །ཡན་ལག་ལྟུང་བ་བརྒྱད་རྣམས་ སྤོང་བ་དང༌། །བརྟུལ་ཞུགས་ཉི་ཤུ་རྩ་ལྔའི་མི་མཐུན་ཕྱོགས། །ཉེས་པ་ལྔ་ཚན་ལྔ་ རྣམས་སྤོང་པ་དང༌། །དེ་ཡང་དཔལ་དུས་ཀྱི་འཁོར་ལོ་ལས། གལ་ཏེ་གཡོ་སྒྱུའི་དབང་ གིས་༼དབང་ཐོབ་ནས་མི་དགེ་བ་བཅུ་ལ་ཞུགས་པའི་དབང་གིས་༽རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་ འདི་དག་སྡུལ་བསྔལ་ལོ། །ཞེས་པ་དང༌། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་(སྟེ་ དབང་སྐུར་བའི་སློབ་མ་)རྣམས་ཀྱིས་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པ(སྟེ་དང་པོ་འབྱུང་བ་)ར་འགྱུར། ། (བླ་མ་ཡང་དམ་པ་དང་དམ་པ་མིན་པ་གཉིས་ལས། དམ་པ་ནི། སློབ་མ་མི་དགེ་བ་བཅུ་ལ་ཞུགས་པས་གཞན་གྱི་དོན་མ་གྲུབ་པ་ 3-1-167 ལ་བརྟེན་ནས་ཐུགས་འཁྲུགས་པར་སྣང་བ་ཡིན་ལ་དེ་ལྟ་བུའི་བླ་མ་ནི་ཡུལ་ལོ། །རྟེན་གྱི་གང་ཟག་ནི་དབང་བསྐུར་བ་ཐོབ་ཅིང་ དམ་ཚིག་དང་ལྡན་པ་ཤེས་པ་རང་བཞིན་དུ་གནས་པ་གཅིག་དགོས་པས། ཡུལ་གྱི་བླ་མ་ཡང་བླ་མ་དམ་པ་ཡིན་པར་ཤེས་པ་དང༌། དེ་མི་དགྱེས་པ་དང༌། མི་དགྱེས་པའི་རྒྱུ་ཉོན་མོངས་པས་ཀུན་ནས་བསླང་བའི་ལུས་ངག་གི་ལས་ཡིན་པ། གཞན་གྱི་དོན་མ་ཡིན་ པར་རང་དོན་ལྟ་བུར་བླངས་པའི་བསམ་པ་དང༌། སླར་ཡང་སྦྱང་བའི་བསམ་པ་མེད་པ་སྟེ་ཆོས་དྲུག་གིས་ལྟུང་བར་འགྱུར་རོ། ། ཞེས་དྷ་རི་ཀ་པས་གསུངས། མི་དགེ་བ་བཅུ་ལ་ཞུགས་ཞེས་པའང་གང་རུང་གཅིག་སྤྱད་པ་ཡིན་ལ་དེ་ཡང་བླ་མའི་མངོན་སུམ་དུ་ སྤྱད་པ་ཡན་ལག་ཏུ་དགོས་ཏེ་གཞན་དུ་ན་དང་པོ་དང་གཉིས་པ་ཁྱད་མེད་དུ་འགྱུར་བའི་ཕྱིར། འདི་རྣམས་ཀྱི་སྟེང་དུ་བཤགས་ ཚད་དུས་ལས་འདས་པའང་ཡན་ལག་ཏུ་དགོས་སོ)དེའི་བཀའ་ལས་འགོངས་པས་གཞན་དུ་༼སྟེ་རྩ་ལྟོང་གཉིས་ པ་འབྱུང་བར་༽འགྱུར་ཏེ་(འདིའི་ཡན་ལག་གཞན་བཤད་མ་ཐག་པ་རྣམས་ཡིན་ལ་བླ་མས་ཆེད་དུ་གཏད་པའི་བཀའ་བསྒོ་བ་ ལས་འདས་ཏེ་བླ་མའི་ལྐོག་ཏུ་མི་དགེ་བ་བཅུ་གང་ཡང་རུང་བ་སྤྱད་པའི་ཕྱིར་)ངེས་པར་དེ་བཞིན་སྤུན་ལ་འཁྲོས་ པས་༼རྩ་ལྟུང་༽གསུམ་པའོ། །(འདིའི་དོན་ཡུལ་རྡོ་རྗེ་སྤུན་བསླབ་པ་དང་ལྡན་པ་དང་དེ་ཡིན་པར་ཤེས་པ་དང༌། དེ་མི་ དགྱེས་པ་ཡིན་པ་དང༌། ཉོན་མོངས་པས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ཡིན་པ་དང༌། རང་དོན་ལྷུར་བླང་བའི་བསམ་ པ་ཅན་དང༌། སླར་སྦྱང་བའི་བསམ་པ་མེད་པ་དང་། རང་གི་རྡོ་རྗེ་སྤུན་གྱིས་ཁྱད་པར་བྱས་པ་སྟེ་ཆོས་བདུན་དང་ལྡན་ན་རྩ་ལྟུང་དུ་ འགྱུར་ལ། དེ་ཡང་བླ་མ་གཅིག་ལ་བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་པ་ལས་དེར་འགྱུར་གྱི་བླ་མ་གཞན་ལས་ནི་མི་ འགྱུར་རོ། །ཁ་ཅིག་དཀྱིལ་འཁོར་གཅིག་ལས་དུས་གཅིག་ཏུ་དབང་ཐོབ་པ་ཞེས་འདོད་པ་ནི་མི་འཐད་དེ། འགྲེལ་པར། རྡོ་རྗེ་སྤུན་ རྒན་པོའམ། གཞོན་ནུ་བསླབ་པ་དང་ལྡན་པ་ལ་རབ་ཏུ་འཁྲོ་བར་བྱེད་ན་ཞེས་གསུངས་པའི་ཕྱིར། མདོར་ན་གོང་གི་ཡན་ལག་ བདུན་པའི་སྟེང་དུ་ཡུལ་གྱིས་འཁྲོ་བར་ཤེས་པ་དང༌། བཤགས་ཚད་དུས་ལས་འདས་པ་ཡན་ལག་ཏུ་དགོས་སོ་)བྱམས་པ་ བཏང་བས་རྩ་ལྟུང་བཞི་པར་འགྱུར་ཏེ་(ཞེས་པའི་དོན་ཡུལ་སེམས་ཅན་གྱི་སྐབས་སུ་འགྲེལ་བར་སེམས་ཅན་ རྣམས་ལ་ཞེས་མང་ཚིག་གསུངས་པས་ཡུལ་སེམས་ཅན་གསུམ་ཡན་ཆད་གཅིག་དགོས་སོ། །ངོ་བོ་ལ་ཆུང་ངུ་འབྲི ང་ཆེན་པོ་ཤིན་ཏུ་ ཆེན་པོས་དབྱེ་བས་བཞི་ཡོད་པ་ལས། ཕྱི་མ་གཉིས་པོ་ལ་རྩ་ལྟུང་དུ་འགྱུར་རོ་ཞེས་གསུངས་ཡང༌། དྷ་རི་ཀ་པ་དང་རྗེ་ཕྱོགས་པས་ བཞི་པ་ཉིད་ལ་བཞེད་པ་ལྟར་ལེགས་ཏེ། བཞི་པའི་སྐབས་སུ་འགྲེལ་པར། དཔེར་ན་འབྲུ་སྨིན་པ་ཤིང་ལ་མི་གནས་པ། དེ་བཞིན་ 3-1-168 དུ་སེམས་ཅན་རྣམས་ལ་བྱམས་པ་ཡོངས་སུ་གཏོང་བ་སྟེ། དེས་རྩ་བའི་ལྟུང་བ་བཞི་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ ལ་ཡང་ཕྱོགས་པས་བྱམས་པ་གཏན་ནས་སྤངས་པ་སླར་ལྡོག་པར་མི་འགྱུར་བ་ཞེས་གསུངས་པ་ལས། ཁ་ཅིག་གིས་དེ་ལྟ་བུ་སྒྲ་ཇི་ བཞིན་དུ་བཞེད་པ་ཡིན་ན་ནི་མི་འཐད་དེ། དེ་འདྲ་མི་སྲིད་པའི་ཕྱིར། ཞེས་ཟེར། ཡང་ན་ཚེ་འདིར་ལུས་དེ་ལ་བྱམས་པའི་སེམས་མི་ སྐྱེ་བ་ཙམ་ལས་བཞེད་ན། འགྲེལ་པར་གསུངས་པའི་དཔེ་དོན་དང་འགྲིག་ཤས་ཆེ་ནའང༌། དྷ་རི་ཀ་པས་ཆུ་ཚོད་དྲུག་ཅུ་ལ་ཚད་ བཟུང་མཛད་ཅིང་དེའི་སྟེང་དུ་བཤགས་ཚད་དུས་ལས་འདས་པ་ཡན་ལག་ཏུ་དགོས་སོ་གསུངས་)བྱང་ཆུབ་སེམས་ནི་ རབ་ཏུ་ཉམས་པ་ལས་ཀྱ༷ང་མདའ་(སྟེ་རྩ་ལྟུང་ལྔ་པ་)རུ་འགྱུར། །(ཞེས་པའི་དོན་དབང་པོ་གཉིས་ཀྱི་བདེ་བས་ སངས་རྒྱས་ཉིད་ཐོབ་པར་འདོད་པས་འཛག་བདེ་ལམ་དུ་བསམ་ནས་ཁམས་ཉམས་པར་བྱེད་ན་རྩ་ལྟུང་དུ་འགྱུར་གྱི་ཁམས་ ཉམས་པ་ཙམ་གྱིས་རྩ་ལྟུང་དུ་འགྱུར་བ་མ་ཡིན་ཏེ། ཡིན་ན་ཁྱིམ་པའི་རྡོ་རྗེ་སློབ་དཔོན་ལས་དང་པོ་པ་ལ་རྩ་ལྟུང་མི་འབྱུང་མི་སྲིད་ པའི་སྐྱོན་དུ་འགྱུར། དབང་པོ་གཉིས་ཀྱི་བདེ་བས་སངས་རྒྱས་འདོད་པ་ལ་ཡང་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་དེ་ཁོ་ན་ཉིད་ ཀྱིས་རྣལ་འབྱོར་མེད་པར་དབང་པོ་གཉིས་ཀྱི་བདེ་བ་དེ་ཁོ་ནས་སངས་རྒྱས་ཉིད་འདོད་པའི་ཕྱིར། ཁུ་བ་ཉམས་ཤིང་བཤགས་ ཚད་དུས་ལས་འདས་ནས་རྩ་ལྟུང་དུ་འགྱུར་བ་དང༌། བྱེ་བྲག་ཏུ་ཤེས་རབ་ཡེ་ཤེས་ཀྱི་ལམ་དུས་ཀྱི་སྐབས་སུ་ཁྱིམ་པ་ཡིན་ཀྱང་ སློབ་མ་ལ་གསང་དབང་སྦྱིན་པ་དང༌། བདུད་རྩི་རིལ་བུ་སྦྱོར་བ་དང་རིགས་ཀྱི་སྲས་བསྐྲུན་པ་སྟེ་དམིགས་བསལ་གསུམ་མ་ གཏོགས་པར་དབང་པོ་གཉིས་སྦྱོར་གྱི་བདེ་བ་ཙམ་གྱིས་ཐར་པ་འདོད་ནས་ཁུ་བ་འདོར་ན་བཤགས་ཚད་དུས་ལས་འདས་པས་རྩ་ ལྟུང་དུ་འགྱུར་རོ)དྲུག་པ་གྲུབ་པའི་མཐའ་ལ་སྨོད་པའོ་(ཞེས་པའི་དོན་ལ་ཕྱོགས་པས་མདོ་སྔགས་ཀྱི་དགོངས་པ་ གཅིག་ཡིན་པ་ལ། དོན་ཐ་དད་དུ་བཟུང་ནས་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་སྨོད་པ་ལ་འཆད་ཀྱང་། ཁ་ཅིག་གིས་དེ་མི་འཐད་དེ་དེར་ སྔགས་ཀྱི་དེ་ཁོ་ན་ཉིད་ལ་སྨོད་པ་མ་འདུས་པའི་ཕྱིར། དེས་ན་སྨོད་པའི་ཡུལ་ནི་མདོ་སྔགས་གཉིས་ཀའི་དེ་ཁོ་ན་ཉིད་དམ་གང་ ཡང་རུང་བ་ལ་བྱའོ། །དེ་ལ་ཞེ་སྡང་གི་སྒོ་ནས་སྨྲ་བ་དང༌། གཞན་དོན་མ་ཡིན་པ་དང༌། རང་དོན་ལྷུར་ལེན་པ་དང༌། ལོག་པར་ འཛིན་པ་དང༌། འགྱོད་པ་མེད་པ་སྟེ། ཆོས་ལྔའི་སྟེང་དུ་བཤགས་ཚད་དུས་ལས་འདས་ན་རྩ་ལྟུང་དུ་འགྱུར་རོ་)རི་བོ་དག་ ཀྱང་༼སྟེ་རྩ་ལྟུང་བདུན་པ་ནི་༽མ་སྨིན་མི་ལ་གསང་བ་བྱིན་པ་ལས་སོ། །(ཞེས་པའི་དོན་འགྲེལ་པར། ཉན་ཐོས་ ཀྱི་ལམ་ལ་གནས་པ་ཞེས་གསུངས་པས། ད་ལྟར་ཐེག་པ་ཆེན་པོའི་སེམས་བསྐྱེད་ཙམ་ཡང་མ་ཐོབ་ཅིང་ཉན་ཐོས་ཀྱི་ལམ་ཁོ་ན་ལ་ 3-1-169 གནས་པའི་གང་ཟག་ལ་གསང་སྔགས་བསྒྲགས་ན་རྩ་ལྟུང་དུ་འགྱུར་ལ་དེ་ལ་ཡང་མི་མོས་པའི་གང་ཟག་དང་། འདུལ་བའི་དོན་ མ་ཡིན་པ་དང༌། བདེ་བ་ཆེན་པོའི་གསང་བ་བསྟན་པ་སྟེ་ཆོས་གསུམ་དང་ལྡན་པའི་སྒོ་ནས་མི་འགྱུར་བའི་བདེ་བ་ཆེན་པོའི་ལམ་ བྱིན་པས་བཤགས་ཚད་དུས་ལས་འདས་ན་རྩ་ལྟུང་དུ་འགྱུར་རོ་)ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་(སྟེ་རྩ་ལྟུང་བརྒྱད་ པ་འདི་ཉིད་)འགྱུར་ཏེ་(འདིའི་དོན་གཞན་འདུལ་བའི་ཆེད་མ་ཡིན་པར་རང་གི་ཕུང་པོ་གཟིར་འདོད་ཀྱི་བསམ་པས་ཟས་སྐོམ་ བཅད་པའི་བསྙུང་བར་གནས་པ་དང་། ལ་སོགས་པའི་སྒྲས་སྨན་དཔྱད་ཀྱི་གཞུང་ལས་སྟོབས་འབྲིད་པའི་སྦྱོར་བའི་སྐབས་སུ་ བཤད་པ་ལྟར་གཏར་ག་དང་ཁྲུས་ལ་སོགས་བསྟེན་པ་དང་། མཚོན་གྱིས་ལུས་གཅོད་པ་དང༌། སོགས་པའི་སྒྲས་མེ་ལ་བསྲེག་པ་ སོགས་ཀྱིས་ལུས་ཉོན་མོངས་པར་བྱས་པའི་སྡུག་བསྔལ་ཉམས་སུ་མྱོང་བ་བཤགས་ཚད་དུས་ལས་འདས་ནས་རྩ་བའི་ལྟུང་བར་ འགྱུར་རོ། །དེས་རྩ་ལྟུང་དུ་འགྱུར་བའི་རྒྱུ་མཚན་ཡང་དེ་དག་གིས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་བདེ་བ་ཆེན་པོའི་ཡེ་ ཤེས་སྐྱེ་བའི་གེགས་བྱས་པ་དང༌། ལམ་ཟབ་མོ་བསྒོམ་པའི་རྟེན་ཉམས་པར་འགྱུར་བའི་རྒྱུ་མཚན་གྱིས་ཡིན་གྱི། ཁ་ཅིག་གིས་ འདོད་པ་ལྟར། ཕུང་པོ་སངས་རྒྱས་ཡིན་པ་ལ་གནོད་པའི་རྒྱུ་མཚན་གྱིས་མ་ཡིན་ཏེ། སེམས་ཅན་གྱི་ཕུང་པོ་སངས་རྒྱས་མ་ཡིན་ པའི་ཕྱིར་རོ་)སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང༌། །(ཞེས་པའི་དོན་མདོ་སྡེ་རྒྱན་ལས། མེད་པའི་ སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་པ་ཤེས་པ་ཞེས་བརྗོད་དོ། ། ཞེས་པའི་དོན་ཀུན་མཁྱེན་པས་ཡུལ་སྟོང་ཉིད་གསུམ་ཀ་ལ་ངོས་བཟུང་བ་ལྟར། ཡུལ་དེ་ལྟ་བུའི་སྟོང་ཉིད་ལ་མ་དད་པར་སྟོང་ ཉིད་དེ་སྤངས་ཏེ་སྤྲོས་བཅས་དང་དུ་བླངས་པ་གཞན་འདུལ་བ་སོགས་ཀྱི་དོན་མ་ཡིན་པར་བཤགས་ཚད་དུས་ལས་འདས་ན་རྩ་ ལྟུང་དུ་འགྱུར་རོ། །ཕྱོགས་པས་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལ་མ་དད་པ་ལ་བཞེད་)སྒྱུའི་བྱམས་པ་དང་ནི་ (ཞེས་པའི་དོན་ཉོན་མོངས་པ་དྲག་པོ་སྔོན་དུ་འགྲོ་བས་ཁ་ནས་སྙན་པར་སྨྲ་ཞིང་ཞེ་ལ་གནོད་སེམས་འཛིན་པའི་སྒྱུའི་བྱམས་པ་ ཡུལ་སེམས་ཅན་གང་ཡང་རུང་བ་ལ་བྱེད་ཅིང་བཤགས་ཚད་དུས་ལ་འདས་ནས་རྩ་ལྟུང་དུ་འགྱུར་རོ་)མིང་སོགས་བྲལ་བ་ བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོ་༼ཞེས་པ་ནི་རིམ་པ་བཞིན་ཕྱོགས་སྟེ་བཅུ་པ་དང་དྲག་པོ་སྟེ་བཅུ་གཅིག་ པ༽འོ། །ཞེས་པའི་དོན། རྗེས་ཕྱོགས་པས་སྨྲ་བསམ་བརྗོད་མེད་ཀྱི་དོན་ཕྱག་ཆེན་ལ་ཐེ་ཚོམ་གྱི་རྟོག་པ་ལ་བཞེད། དྷ་རི་ཀ་པས་ དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་མི་འགྱུར་བའི་བདེ་བ་བསྒྲུབ་བའི་ལམ་བསྟན་པ་ལ་གཞན་འདུལ་བ་སོགས་ཀྱི་དོན་མ་ཡིན་ 3-1-170 པར་ཐེ་ཚོམ་དང་ཡིད་གཉིས་ཀྱི་དབང་གིས་དང་དུ་མི་ལེན་པར་བྱེད་པ་བཤགས་ཚད་དུས་ལས་འདས་ན་རྩ་ལྟུང་དུ་འགྱུར་ གསུངས་)དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མ་(སྟེ་རྩ་ལྟུང་བཅུ་གཉིས་པས་འབྱུང་བ)འོ་ (འདིའི་དོན་བླ་མ་དམ་པས་རྣལ་འབྱོར་པ་སྔགས་གྲུབ་པ་ཞེས་གསུངས་ཡང༌། དྷ་རི་ཀ་པས་བཞེད་པ་ལྟར་ཡུལ་རྣལ་འབྱོར་གྱི་ ངང་ཚུལ་ལྡན་པ་ཡིན་པ་དང༌། བདག་གིས་ཕྲག་དོག་གི་དབང་གིས་སྨྲས་པ་དང༌། གཞན་འདུལ་བའི་དོན་མ་ཡིན་པ་སྟེ་ཆོས་ གསུམ་ལྡན་གྱི་སྟེང་དུ་ཡུལ་ཕ་རོལ་པོ་སུན་ཕྱུང་བ་དང༌། དེའི་སྟེང་དུ་བཤགས་ཚད་དུས་ལས་འདས་ན་རྩ་ལྟུང་དུ་འགྱུར་རོ་) དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན་(སྟེ་རྩ་ལྟུང་བཅུ་གསུམ་པའོ)། །(འདིའི་དོན་དམ་ཚིག་ནི་བསྲུང་བ་ དང་བཟའ་བ་གཉིས་སོ། །དང་པོ་ནི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་བཞི་བསྲུང་པའོ། །གཉིས་པ་ནི་བཟའ་བ་ལ་སོགས་པ་ དམ་ཚིག་གི་དུས་ལ་བབ་པ་དང༌། གཞན་གྱི་ངོ་སྲུང་མ་ཡིན་པ་དང༌། གཞན་འདུལ་བ་མ་གཏོགས་པ་སྟེ་ཆོས་གསུམ་ལྡན་གྱི་སྟེང་ དུ་བཤགས་ཚད་དུས་ལས་འདས་ནས་རྩ་ལྟུང་དུ་འགྱུར་རོ་)བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་ འགྱུར་ཏེ་(འདིའི་དོན་ཕྱོགས་པས་རྣལ་འབྱོར་པ་འཛིན་པ་ཐོབ་ནས་རྗེས་དྲན་གྱི་སྐབས་སུ་ལས་ཀྱི་ཕྱག་རྒྱ་བསྟེན་པ་ན་གཡུང་ མོ་ལ་སོགས་པ་བུད་མེད་དམན་པ་ཐམས་ཅད་ལ་སྨོད་པས་དེར་འགྱུར་གསུངས། ཡང་ན་ཡུལ་བུད་མེད་གང་ཡང་རུང་བ་ལ་ཡིད་ དང་ངག་གི་སྨོད་པས་སྨོད་ཚུལ་བུད་མེད་ཀྱི་རྟེན་ཐམས་ཅད་ལ་སྨོད་ཚིག་ཏུ་འགྲོ་བས་སྨད་ཅིང་གཞན་འདུལ་བའི་དོན་མ་ཡིན་པ་ དང༌། བཤགས་ཚད་དུས་ལས་འདས་ན་རྩ་ལྟུང་དུ་འགྱུར་རོ། །འདི་དག་ལ་ཅིའི་ཕྱིར་རྩ་བའི་ལྟུང་བ་བྱ་ཞེ་ན་ཡན་ལག་ནི་ལྟུང་བ་ རྣམས་ལ་ལྟོས་ཏེ་རྩ་བར་འགྱུར་བ་ཡིན་པས་ན་རྩ་བ་སྟེ། དེ་སྤྱད་ཅིང་ཕྱིར་མ་བཅོས་ན་ངན་སོང་དུ་ལྟུང་བར་འགྱུར་བས་ན་ལྟུང་ བའོ། །འདི་དག་གང་ལ་འབྱུང་ཞེ་ན་)རྡོ་རྗེའི་ཐེག་པ་གནས་པ་(སྟེ་དབང་བསྐུར་ཐོབ་བ་)རྣམས་ལའོ། །(ཞེས་ གསུངས་པ་(འདི་རྩ་བའི་ལྟུང་བ་བཅུ་བཞི་)རྣམས་སྤོང་བ་དང༌། གཞན་ཡང༌། དམ་ཚིག་དག་དང་མི་ ལྡན་པ་(སྟེ་དབང་མ་ཐོབ་པའམ་ཐོབ་ཀྱང་ཉམས་པ)འི། །རིག་མ་(ཕྱག་རྒྱུའི་ལམ་དུ་ཡིད་ཀྱི་)བསྟེན་པར་དགའ་ བ་(ན་ཉེས་བྱས་)དང༌། །ཚོགས་ཀྱི་འཁོར་ལོ་(འདི་དུས་སུ་ཁྲོ་བའི་སེམས་མེད་ཀྱང་ཁ་ཤག་གི་སྒོ་ནས་)རྩོད་པ་ དང༌། །གསང་བའི་ཆོས་ནི་(དབང་བསྐུར་མ་ཐོབ་པ་ལ་སྔགས་ཀྱི་བྲིས་སྐུ་དང་རྒྱན་དྲུག་ཕྱག་རྒྱ་སོགས་)སྟོན་པ་ དང༌། །སེམས་ཅན་(ཐེག་ཆེན་ལ་)དད་(པ་)དང་ལྡན་པ་ལ། །དམ་ཆོས་གཞན་(ཐེག་དམན་)དུ་(སྦྱོར་ 3-1-171 བའི་ཆོས་)སྟོན་པ་དང་(ནི་བཞི)། །ཉ༷ན་ཐོས་(ཞེས་བྱ་བ་ནི་རང་གི་ལྟ་བ་བརྟུལ་ཞུགས་)དག་(ལ་མཆོག་)ཏུ་རློམ་ (པར་)བྱེད་པའི་(ཐེག་པ་ཆེན་པོ་མཐའ་དག་ལ་མ་དད་པའོ)། །(དེ་དག་གི་)ནང་དུ་ཞག་བདུན་གནས་པ་(ནི་ལྔ་ པ་)དང༌། །སྦྱོར་བ་ངེས་པར་མ་བྱས་པ་(ནི་དབང་ཡོངས་སུ་མ་རྫོགས་པ་ཡིན་ལ)། །(དེས་ན་གོང་མའི་སྣོད་མ་ ཡིན་པ་སྟེ)སྐལ་༼བ་དང་ལྡན་པ་༽མིན་(པ་ལ་འོག་མ་འོག་མ་ལས་མ་ཐོབ་པ་ལ་གོང་མ་གོང་མའི་)གསང་བ་སྟོན་པ་ ༼ནི་དྲུག་པ་༽དང༌། །གང་ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་སྟོན་པ་དང༌། །བསྙེན་ (པའི་གྲངས་ལ་)སོགས་(པས་བདག་གི་རྒྱུད་)དག་པར་མ་བྱས་པར། །(སློབ་མ་ལ་དབང་བསྐུར་བ་དང་རབ་ གནས་དང་སྦྱིན་བསྲེག་ལ་སོགས་པ་)དཀྱིལ་འཁོར་(དང་འབྲེལ་བའི་བསྒྲུབ་བའི་)ལས་ལ་འཇུག་པ་(ནི་བདུན་པ་) དང༌། །སྡོམ་པ་གཉིས་ཀྱི་(ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་)བཅས་པ་(ཕྲ་མོ་)ལ། །དགོས་པ་མེད་ པར་འདའ་བ་དག །ཁ་ན་མ་ཐོ་(བ་དང་)བཅས་པ་(འདི་ཉེས་པ)ར་འགྱུར་(རོ)། །(དགོས་པ་མེད་པར་ འདའ་བ་ཇི་ལྟ་བུ་ཞེ་ན། རབ་ཏུ་བྱུང་བ་ལ་ཚོགས་ཀྱི་འཁོར་ལོ་ལ་སོགས་པར་དགོས་པ་ཆེན་པོ་ཡོད་པའི་ཚེ་ན་ཕྱི་དྲོའི་ཁ་ཟས་ཀྱི་ ཉེས་པ་མེད་ལ། དགོས་པ་མེད་པར་ཕྱི་དྲོའི་ཁ་ཟས་ཟ་ན། ཉན་ཐོས་ཀྱི་བཅས་པའི་སྟེང་དུ་རྡོ་རྗེ་ཐེག་པའི་ཡང་ཉེས་པའོ། །ཡང་ དཀོན་མཆོག་གསུམ་ལ་དུས་གསུམ་དུ་མི་མཆོད་པ་དང་། རྒན་པ་ལ་གུས་པ་མི་བྱེད་པ་ལ་སོགས་པ་ནི་དགོས་པ་མེད་པའི་ཚེ་སྤྱད་ ན། བྱང་ཆུབ་སེམས་དཔའི་བཅས་པའི་སྟེང་དུ་འདི་ཉིད་ཀྱིའང་ཉེས་པའོ། །དེ་ལྟར་ན་ཡན་ལག་གི་ལྟུང་བ་དགུ་བསྟན་ཡང་། གང་ ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་སྟོན་པ་དང༌། །ཞེས་པའི་ཁོངས་སུ། གསང་བའི་ཆོས་ནི་སྟོན་པ་དང༌། ཞེས་པ་ཡང་ འདུ་སྟེ། དབང་ཐོབ་པ་ལ་ཡང་དུས་མ་ཡིན་པར་གསང་བའི་སྐད་སྨྲ་བ་དང༌། ཕྱག་རྒྱ་སྟོན་པ་ནི་ལུས་ངག་གི་ཉེས་པ་ཡིན་པས། གཉིས་ཀའང་ཡུལ་དབང་ཐོབ་པ་གཅིག་ལ་སྟོན་པས་ན་གཅིག་ཏུ་འདུའོ་)ཞེས་གསུངས་པ་ལྟར་ཡན་ལག་གི་ལྟུང་ བ་བརྒྱད་ཀྱང་སྤོང་བ་དང་། དཔལ་དུས་ཀྱི་འཁོར་ལོ་ལས། (ཡོད་པའི་སྡིག་པ་ལྔ་ནི་)འཚེ་(བ་)དང་ མི་བདེན་(པ་ནི་བརྫུན་དང་)གཞན་གྱི་བུད་མེད་(དེ་འདོད་ལོག་རྣམས་)སྤང་(བར་)བྱ་(བ་དང་)གཞན་གྱི་ ནོར་(མ་བྱིན་པར་ལེན་པ་)དང་ཆང་གི་བཏུང་བ་(ཡང་)དེ་བཞིན་ཉིད་(དུ་སྤང་བར་བྱའོ)། །འཁོར་བར་རྡོ་ རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམ་བྱེད་སྡིག་པ་ལྔ་པོ་འདི་རྣམས་སོ། །གང་ཞིག་ 3-1-172 གང་གི་དུས་སུ་བྱུང་བ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། །སྣ་ཚོགས་གཙོ་ བོའི་བཀའ་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། ། ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་བོ་ལྷ་མིན་དབང་པོའི་ཆོས། ། བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་ པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང༌། །དབང་ པོ་རྣམས་ནི་ཀུན་ནས་ཆགས་པ་དག་སྟེ་དེ་ལྟར་སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་ལྔ། ། ཞེས་པ་དང༌། (འཚེ་དང་རྫུན་དང་འདོད་ལོག་དང་མ་བྱིན་པར་ལེན་པ་དང་ཆང་བཏུང་བ་རྣམས་)ཡོད་པའི་སྡིག་(པ་) དང་(ཆོ་ལོའམ་རྒྱན་པོ་འགྱེད་པ་དང་ཁ་ན་མ་ཐོ་བ་དང་བཅས་པའི་ཤ་ཟ་བ་དང་སྐྱེས་པ་དང་བུད་མེད་ལ་སོགས་པའི་གཏམ་ བརྗོད་པ། ཚིག་ངན་ཀློག་པ་དང༌། ཕ་མེས་དང་མཆོད་སྦྱིན་གྱི་ཆེད་དུ་སྲོག་གཅོད་པས་གྲོལ་བར་ལྟ་བ་དང་འབྱུང་བོའམ་ཡི་ དྭགས་ཀྱི་ཆོས་དང་ཀླ་ཀློ་ལ་སོགས་པའི་ཆོས་ལུགས་ལྷ་མིན་དབང་པོའི་ཆོས་རྣམས་)ཉེ་བའི་སྡིག་པ་དང༌། །(བ་ལང་ དང་བྱིས་པ་དང་བུད་མེད་དང་སྐྱེས་པ་གསོད་པ་སྟེ་བཞི་དང་སྐུ་གཟུགས་དང་མཆོད་རྟེན་བཤིག་པ་ལྷ་དང་མིའི་བླ་མ་གསོད་པ་ དང་། ཆོས་མགོན་པས། རང་གི་བ་ལང་དང་བུད་མེད་པ་སོགས་གསོད་པ་ལ་སྦྱར་བའང་ཡོད་དེ། དེ་རྣམས་ནི་)གསོད་(པ་དང་། གྲོགས་པོ་དང་རྗེ་བོ་དང་སངས་རྒྱས་དང་དགེ་འདུན་དང་དབུགས་འབྱིན་པའམ་ཡིད་བརྟན་པ་ལ་)འཁུ་(བའོ་)དབང་པོ་ མངོན་པར་ཞེན་པ་༼ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་ལྷག་པར་མངོན་པ་ཞེན་པ་༽སྟེ། །སྡིག་པ་ལྔ་ པ་ལྔ་པོ་(སྟེ་ཉེར་ལྔ་པོ་)འདི་དག་གིས། །(ལམ་བཟང་)རིན་པོ་ཆེ་(གང་ཟག་བྱིས་པ་རྣམས་ལ་)ནི་རྟག་ཏུ་ འཕྲོག་པར་བྱེད། །ཅེས་གསུངས་པ་ལྟར། བསླབ་པ་ལྔའི་མི་མཐུན་ཕྱོགས་ཡོད་པའི་སྡིག་པ་ ལྔ་དང་རྒྱན་པོ་འགྱེད་པ་དང་བསད་ཤ་ཟ་བ་ལ་སོགས་པ་ཉེ་བའི་སྡིག་པ་ལྔ་དང༌། བ་ལང་ གསོད་པ་ལ་སོགས་པ་གསོད་པ་ལྔ་དང་། གྲོགས་པོ་བསླུ་བ་ལ་སོགས་པ་འཁུ་བ་ལྔ་དང༌། དབང་པོ་ལྔ་ཡུལ་ལྔ་ལ་ལྷག་པར་ཞེན་པ་སྟེ་ཉེས་པ་ལྔ་ཚན་ལྔ་པོ་དེ་རྣམས་སྤངས་ཏེ་བརྟུལ་ ཞུགས་ཉི་ཤུ་རྩ་ལྔ་བསྲུང་བ་དང༌། 3-1-173 ཐེག་དམན་ཡིད་ལ་བྱེད་པ་སྤོང་བ་དང༌། །གཞན་དོན་ཡལ་བར་འདོར་བ་ སྤོང་བ་དང༌། །ལྷ་དང་ལྷ་མིན་བརྙས་པ་སྤོང་བ་དང༌། །ཕྱག་མཚན་སོགས་ལ་ འགོམ་པ་སྤོང་བ་དང༌། །སྐྱེས་བུ་དམ་པ་ཉེ་བར་བསྟེན་པ་དང༌། །རྣམ་འབྱོར་མ་ ཀུན་མཉེས་པར་བྱེད་ལ་སོགས། །རྒྱ་ཆེར་གསང་བའི་རྒྱུད་ལས་གསུངས་པ་ལྟར། ། གཉེན་པོ་སྟོབས་ལྡན་བསྐྱེད་དེ་བསྲུང་བའོ། །དེ་རྣམས་ཀྱང་རྒྱུད་རྡོ་རྗེ་རྩེ་མོ་ལ་སོགས་ པར། སེམས་ཅན་གདུལ་ཕྱིར་(ཏུ་སྲོག་གཅོད་པ་ལ་སོགས་པ་ལུས་ངག་གི་བདུན་གནང་པའི་སྐབས་ཡོད་པས་དེ་ འདྲའི་ཚེ་)མ་གཏོགས་པ། །(གཞན་སྒོ་གསུམ་གྱི་)བྱ་བ་མ་ཡིན་(པ་ཉེས་སྤྱོད་)ཐམས་ཅད་སྤང་(པའོ)། ། (སྐྱེས་བུ་)དམ་པ་ཉེ་བར་བསྟེན་(ནས་སྔགས་ཀྱི་དམ་ཚིག་དང་སྡོམ་པ་བསྲུང་བར་)བྱ་ཞིང༌། །རྣལ་འབྱོར་མ་ ཀུན་(ལའང་མི་བསྙེས་པར་)བསྙེན་བཀུར་(བར་)བྱ(འོ)། །ཞེས་པ་དང༌། ཐེག་པ་དམན་པ་(ནི་ཉན་རང་ གི་ལམ་སྟེ་ལམ་དེས་རང་བགྲོད་པར་)འདོད་(པའི་ཐེག་དམན་གྱི་སེམས་བསྐྱེད་པར་)མི་བྱ། །སེམས་ཅན་(གྲངས་ མེད་པའི་)དོན་(བྱ་བ་)ལ་(སེམས་ཞུམ་པའི་སྒོ་ནས་)རྒྱབ་(ཀྱིས་)ཕྱོགས་(པར་བྱ་བ་)མིན་(ནོ)། །འཁོར་བ་ དག་ཀྱང་མི་སྤང་ཞིང༌(ཞེས་པ་ནི་འཁོར་བ་ཇི་སྲིད་པར་འཁོར་པར་གནས་ནས་སེམས་ཅན་གྱི་དོན་བྱེད་པའི་གོ་ཆ་ བགོས་པའོ)། །(གཞན་དོན་མི་ནུས་བསམ་པའི་)རྟག་ཏུ་(སྟེ་དུས་ནམ་ཡང་སྲིད་པའི་འཆིང་བ་ལས་གྲོལ་བ་)མྱ་ངན་ (ལས་)འདས་(པ་ལ་)མི་ཆགས་(པ་སྟེ་དེ་དོན་དུ་མི་གཉེར་བར་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བར་བྱའོ)། །(འཇིག་ རྟེན་ལས་འདས་མ་འདས་ཀྱི)ལྷ་དང་ལྷ་(མ་)མིན་(རྣམས་དང་)གསང་བ་པ། །(གནོད་སྦྱིན་རྣམས་ལ་)ཁྱོད་ ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་(ནི་ལྷའི་གཟུགས་བྲི་པ་ལ་སོགས་པ་དང་)གཞོན་པ་(ནི་ལྷའི་གཞོན་པ་ གཟུགས་སུ་བྱས་པ་དང་)མཚོན་ཆ་(ནི་ལྷའི་ཕྱག་མཚན་རལ་གྲི་སོགས་)དང༌། །མཚན་མ་(ནི་ལྷའི་ཕྱག་མཚན་འཁོར་ ལོ་དང་རྡོ་རྗེ་སོགས་)འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་གསུངས། །ཁྱོད་ཀྱིས་ རྟག་ཏུ་བསྲུང་པར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་བཤད། ། ཅེས་གསུངས་པ་ལྟར། རྒྱ་ཆེར་གསང་སྔགས་ཀྱི་གཞུང་ལུགས་རྣམ་པར་དག་པ་རྣམས་ལ་ 3-1-174 བལྟས་ཏེ། དེ་དག་ལས་བཀག་པ་རྣམས་སྤོང་ཞིང་གནང་བ་རྣམས་བསྒྲུབ་པ་ལ་འབད་པར་ བྱའོ། ། དྲུག་པ་གྲུབ་མཐའི་རྣམ་བཞག་ལ། ཐུན་མོང་གི་དབྱེ་བ། སོ་སོའི་ངོ་བོ། དོན་བསྡུ་ཞིང་ གདམས་པའོ། །དང་པོ་དབྱེ་བ་ནི། ཕྱི་ནང་གྲུབ་མཐའི་དབྱེ་བའང་མཁྱེན་བགྱི་སྟེ། ། ཕྱི་བ་ལ་ཡང་ཚངས་པ་ཁྱབ་འཇུག་དང༌། །དབང་ཕྱུག་པ་དང་རྒྱང་འཕེན་སྟག་ གཟིག་པ། །ཟད་བྱེད་གཅེར་བུ་པ་སྟེ་ལྔ་རུ་གསུངས། །འདི་རྣམས་ཀྱི་རྣམ་བཞག་ཞིབ་ པར་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དུ་གསལ་བར་གསུངས་ཤིང༌། ཁྱད་པར་སྤྱོད་པ་ ལ་འཇུག་པར་ཡང༌། (གྲུབ་མཐའ་སྨྲ་བའམ་བདེན་གཉིས་རྟོགས་པར་བྱེད་པ་པོའི་གང་ཟག་)དེ་ལ་འཇིག་རྟེན་ (ཏེ་གང་ཟག་)རྣམ་(པ་)གཉིས་མཐོང་(བའམ་དབྱེར་ཡོད་དེ)། །(གནས་ལུགས་ཚུལ་བཞིན་དུ་རྟོགས་པའི་)རྣལ་ འབྱོར་པ་དང་(གནས་ལུགས་ཕྱིན་ཅི་ལོག་ཏུ་རྟོག་པའི་)ཕལ་པ་(གཉིས་ཡོད་པའི་ཕྱིར་)འོ། །(རྣལ་འབྱོར་པ་དང་ ཕལ་བ་གཉིས་ཡོད་པ་)དེ་ལ་འཇིག་རྟེན་ཕལ་པ་(དངོས་པོའི་རང་བཞིན་ཕྱིན་ཅི་ལོག་ཏུ་འཛིན་པ་ལ་)ནི། །རྣལ་ འབྱོར་(པའི་)འཇིག་རྟེན་གྱིས་(དེ་ཁོ་ན་ཉིད་རིག་པའི་ལུང་རིགས་ཀྱིས་)གནོད་ཅིང་(དེས་རྣལ་འབྱོར་པ་ལ་མི་ གནོད་དོ)། །(ཕལ་བའི་བློ་ལ་རྣལ་འབྱོར་པའི་བློས་གནོད་པར་མ་ཟད་)རྣལ་འབྱོར་པ་(ལ་)ཡང་བློ་(སྟེ་ཤེས་རབ་ཀྱི་) ཁྱད་(པར་)ཀྱིས། །(སྒྲིབ་པ་སྤངས་མ་སྤངས་ཏིང་ངེ་འཛིན་གསལ་མི་གསལ་ལ་སོགས་པའི་ཁྱད་པར་ཡོད་པས་)གོང་མ་ གོང་མ་རྣམས་ཀྱིས་(བློས་འོག་མ་འོག་མ་རྣམས་ལ་)གནོད་(དེ་གྲུབ་མཐའ་སྨྲ་བ་གོང་མ་རྣམས་ཀྱིས་འོག་མ་རྣམས་ལ་ གནོད་པ་ཇི་ལྟ་བ་ཡིན་པའི་ཕྱིར)། །ཅེས་གསུངས་པ་ལྟར། སྤྱིར་གང་ཟག་གི་སྒོ་ནས་ཕྱེ་ན་ཆོས་ཉིད་ ཟབ་མོ་རིམ་གྱིས་རྟོགས་ནས་ཉམས་སུ་ལེན་པ་རྣལ་འབྱོར་པ་དང༌། ཆོས་ཅན་འཁྲུལ་བའི་ སྣང་བ་ལ་བདེན་པར་འཛིན་པ་ཕལ་པ་གཉིས་ཡིན་ཞིང༌། ཕལ་པ་ལ་ཡང་གྲུབ་མཐས་བློ་ བསྒྱུར་བ་ཕྱི་རོལ་མུ་སྟེགས་པ་ལ་ཕྱེ་ན་མཐའ་ཡས་པ་ཡོད་ཀྱང་རེ་ཤིག་ཚངས་པ་དང༌། ཁྱབ་ འཇུག་པ་དང༌། དབང་ཕྱུག་པ་དང༌། རྒྱང་འཕེན་པ་དང༌། ཀླ་ཀློ་སྟག་གཟིག་པ་དང༌། ཟད་ 3-1-175 བྱེད་གཅེར་བུ་པ་སྟེ་ལྔ་ཡིན་ལ། དེ་རྣམས་ཉེར་ལེན་གྱི་ཕུང་པོ་ལ་བདག་དང་བདག་གིར་ འཛིན་པ་ལ། ནང་པའི་རྣལ་འབྱོར་པའི་རིགས་པས་གནོད་ཅིང༌། རྣལ་འབྱོར་པ་རྣམས་ཀྱི་ བློ་ལ་ཡང་ཡེ་ཤེས་དང་བསམ་གཏན་དང་སྙོམས་འཇུག་ལ་སོགས་པའི་རྟོགས་པ་མཐོ་དམན་ གྱི་ཁྱད་པར་ཡོད་པས། གོང་མ་གོང་མ་མཆོག་ཏུ་གྱུར་པ་རྣམས་ཀྱིས་འོག་མ་འོག་མ་དམན་ པ་རྣམས་ལ་གནོད་ཅིང་ཟིལ་གྱིས་གནོན་པས་དེ་རྣམས་ཀྱི་བློ་ཁྱད་དང་གྲུབ་མཐའི་ཁྱད་པར་ བཟང་ངན་རྣམས་ཤེས་པར་བྱ་བའི་ཕྱིར་སྟོན་པའོ། ། སོ་སོའི་ངོ་བོ་ལ། ཕྱི་བ་དང༌། ནང་བ་གཉིས་ལས། ཕྱི་བ་ལ་ཡང་ལྔའི། དང་པོ་ནི། ཚངས་ པ་པ་ནི་རིག་བྱེད་རྟག་པ་དང༌། །རིགས་བཞི་ཚངས་པའི་ལུས་ལས་བྱུང་བ་དང༌། ། རྟ་གཙང་མཆོད་སྦྱིན་བྱས་པས་མཐོ་རིས་ཀྱི། །གོ་འཕང་ཐོབ་པར་འདོད་མདོ་ དེ་ལྟ་ནའང༌། །(མཆོད་སྦྱིན་དང༌། ངེས་བརྗོད་དང༌། སྙན་ཚིག་དང་། སྲིད་སྲུང་གི་རིག་བྱེད་བཞི་འབྱུང་ཞིང་)དེའང་ ཚངས་བ་པ་ལ་རིག་བྱེད་པ་དང་མཆོད་སྦྱིན་པ་ཞེས་ཀྱང་བྱ་ཞིང༌། དེ་དག་རིག་བྱེད་བཞི་རང་ བྱུང་འདུས་མ་བྱས་ཀྱི་ནམ་མཁའ་ལྟར་ཀུན་ཏུ་འགྲོ་ཞིང༌། རྟག་པ་དང༌། ཚངས་པའི་ཁ་ལས་ བྲམ་ཟེ་རྣམས་སྐྱེས་པས་ཁ་དོག་དཀར་ཞིང་ཡེ་ཤེས་རིག་པ་དང༌། ལག་པ་ལས་རྒྱལ་རིགས་ རྣམས་སྐྱེས་པས་ཁ་དོག་དམར་ཞིང་དཔའ་བ་དང༌། བརླ་གཉིས་ལས་རྗེ་རིགས་རྣམས་སྐྱེས་ པས་ཁ་དོག་སེར་ཞིང་ཚོང་ལ་རྒྱུ་བས་ནོར་མང་བ་དང༌། རྐང་པ་དག་ལས་དམངས་རིགས་ རྣམས་སྐྱེས་པས་ཁ་དོག་ནག་ཅིང་ཞིང་ལས་དང་རྒྱལ་པོའི་ཞབས་འབྲི ང་བྱེད་པ་དང༌། རྟ་ དཀར་པོ་གཙང་མ་བསད་དེ་མཆོད་སྦྱིན་བྱས་པས་མཐོ་རིས་ཀྱི་གོ་འཕང་ཐོབ་པར་འདོད་ མོད། རིག་བྱེད་རང་བྱུང་རྟག་པ་མ་ཡིན་ཏེ། །དང་པོ་ཚངས་པའི་གདོང་བཞི་ལས་ བྱུང་ཞིང༌། །ཕྱི་ནས་བྲམ་ཟེ་རྣམས་ཀྱིས་ཀགློ་པ་ལས། །འདུས་བྱས་མི་རྟག་ཉིད་ 3-1-176 དུ་གྲུབ་ཕྱིར་རོ། །མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་ཞེས་པ་ལ་སོགས་པའི་རིག་ བྱེད་ཀྱི་སྒྲ་དེ་ནི་རང་བྱུང་རྟག་པ་མ་ཡིན་ཏེ། བརྗོད་བྱའི་དོན་བརྗོད་པར་བྱེད་པའི་ཕྱིར་དང༌། གང་དོན་གྱི་རྗོད་བྱེད་ཡིན་པ་དེ་ནི། མགྲིན་པ་དང་རྐན་ལ་སོགས་པའི་རྩོལ་བས་བསྐྱེད་པས་ རང་བྱུང་མ་ཡིན་པར་གྲུབ་པོ། །ཅི་སྟེ་དོན་རྗོད་བྱེད་རིག་བྱེད་ཀྱི་སྒྲ་ལྟ་བུ་དེ་རིག་བྱེད་ཀྱི་སྒྲ་ དངོས་མ་ཡིན་ཞིང༌། དེ་ལས་གཞན་ཡིན་ཏེ། དེ་ནི་རྣ་བའི་བུག་པའི་ནང་དུ་རིག་བྱེད་ཀྱི་སྒྲའི་ དོན་ཐམས་ཅད་དང་གཅིག་ཏུ་འདྲེས་པར་གྱུར་ཅིང་རྟག་པ་དེའི་མངོན་པར་གསལ་བྱེད་ཡིན་ པའི་ཕྱིར་རོ། །ཞེ་ན། དེ་ལྟར་ན་མངོན་པར་གསལ་བྱེད་ཀྱི་སྒྲ་དེས་བུམ་པ་ཞེས་བརྗོད་པ་ན། རྣ་བའི་བུག་པའི་ནང་དུ་རིག་བྱེད་ཀྱི་སྒྲ་དུ་མ་ཅ་ཅོ་དར་དིར་དུས་རྟག་པར་རྟོགས་པར་བྱ་བར་ འགྱུར་ཏེ། དོན་ཐམས་ཅད་དང་འདྲེས་ཤིང་རྟག་པའི་རིག་བྱེད་ཀྱི་སྒྲ་དེ་རྣ་བུག་ཏུ་གསལ་བར་ བྱས་པའི་ཕྱིར་རོ། །ཡང་རིག་བྱེད་ཀྱི་སྒྲ་དོན་དང་ཐ་དད་མ་ཡིན་ཞིང༌། གཅིག་པ་ཉིད་ཡིན་ ན་མེ་ལ་སྦྱིན་སྲེག་སྦྱིན་ཞེས་མེའི་སྒྲ་བརྗོད་པ་ན་བརྗོད་པ་པོའི་ཁ་བསྲེག་པར་འགྱུར་ཏེ། མེ་ ཞེས་པའི་སྒྲ་ཁ་ནང་ན་ཡོད་ཅིང་དེ་མེ་དང་གཅིག་ཡིན་པའི་ཕྱིར་རོ། །མདོར་ན་རིག་བྱེད་བཞི་ འདུས་མ་བྱས་རྟག་པ་མ་ཡིན་ཏེ། སྔར་ཚངས་པའི་གདོང་བཞི་ལས་སྐྱེས་ཤིང་ཕྱིས་བྲམ་ཟེ་ རྣམས་ཀྱིས་ཀློག་པ་ལས་འདུས་བྱས་མི་རྟག་པར་གྲུབ་པའི་ཕྱིར་རོ། །ཡང་རིག་བྱེད་ཀྱི་སྒྲ་དེ་ ནམ་མཁའ་ལྟར་ཀུན་ཏུ་འགྲོ་བ་ཡང་མ་ཡིན་ཏེ། བྲམ་ཟེ་ཁོ་ནས་ཀློག་པར་འདོད་པས་ཉི་ཚེ་ བར་གྲུབ་པའི་ཕྱིར་རོ། །ཅི་སྟེ་ཀུན་ཏུ་འགྲོ་བ་ཡིན་ན་དམངས་རིགས་རྣམས་ཀྱིས་ཀྱང་ཀློག་ ཏུ་རུང་པར་རིགས་པས། འགལ་བ་སྣ་ཚོགས་སྨྲ་བ་འདི་དག་ལ་ཤེས་ལྡན་རྣམས་ཀྱིས་ཡིད་ ཆེས་པར་མི་བྱའོ། ། རིགས་བཞི་རིགས་གཅིག་ཉིད་དུ་ཐལ་འགྱུར་ཏེ། །གང་ཟག་གཅིག་གི་ ལུས་ལས་བྱུང་བའི་ཕྱིར། །དཔེར་ན་ཕ་གཅིག་གིས་ནི་བསྐྱེད་པ་ཡི། །བུ་ 3-1-177 རྣམས་རིགས་གཅིག་ཉིད་དུ་འགྱུར་བ་བཞིན། །གལ་ཏེ་ཐམས་ཅད་ཀྱི་བྱེད་པ་ པོ་ཚངས་པས་སྐྱེ་དགུ་རྣམས་བསྐྱེད་པ་ཡིན་ན་བྲམ་ཟེ་ལ་སོགས་པ་རིགས་བཞིའི་ཐ་ སྙད་མི་འཐད་པར་གྱུར་ཞིང་ཐམས་ཅད་ཀྱང་རིགས་གཅིག་ཏུ་འགྱུར་ཏེ། ཚངས་པ་ གཅིག་ལས་སྐྱེས་པའི་ཕྱིར། དཔེར་ན་ཕ་གཅིག་གི་བུ་རྣམས་རིགས་གཅིག་པ་བཞིན་ནོ། ། ཡང་ཚངས་པའི་ཁ་ལས་བྱུང་བ་རྣམས་བྲ་ཟེའི་རིགས་ཡིན་ན་བྲམ་ཟེ་མོ་རྣམས་བྲམ་ཟེའི་ སྲིང་མོར་འགྱུར་ཏེ། སྐྱེ་གནས་གཅིག་ལ་བྱུང་བའི་བུད་མེད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ སྲིང་མོ་བག་མར་བྱས་པ་ལས་ཀླ་ཀློའི་ཆོས་ལ་ཞུགས་ནས་བྲམ་ཟེའི་རིགས་ཉམས་པར་ འགྱུར་ཞིང༌། རིགས་ཉམས་པ་ལས་དམྱལ་བར་འགྲོ་བར་འདོད་པའི་ཁས་བླངས་ཀྱིས་ཀྱང་ གནོད་པར་འགྱུར་རོ། །དེ་བཞིན་དུ་རྒྱལ་རིགས་ལ་སོགས་པ་ལ་ཡང་སྦྱར་རོ། །ཅི་སྟེ་ཚངས་ པའི་ཁ་ལ་སོགས་པའི་སྐྱེ་གནས་ཐ་དད་པའི་དབྱེ་བས་རིགས་བཞིར་འགྱུར་རོ་ཞེ་ན། དེ་ ལྟ་ན་ནི་ཨུ་དུམ་ཝ་རའི་རྩ་བ་དང་རྐེད་པ་དང་རྩེ་མོ་ལས་སྐྱེས་པའི་འབྲུ་རྣམས་ཀྱང་རོ་དང་ གཟུགས་དང་ནུས་པ་ལ་སོགས་པ་ཐ་དད་པར་འགྱུར་བ་ལ་དེ་ལྟར་མ་ཡིན་ནོ། །ཁ་དོག་གི་ སྒོ་ནས་རིགས་བཞི་ཐ་དད་དུ་འབྱེད་པ་ཡང་མི་འཐད་དེ། དོན་དམ་བསྙེན་པ་ལས། ཁ་ལས་ སྐྱེས་པའི་རི་བོང་འཛིན་པ་ལྟར་དཀར་མིན། །དཔུང་པ་ལས་སྐྱེས་ཉིན་བྱེད་ཤར་དང་འདྲ་བ་ མིན། །བརླ་ལས་སྐྱེས་པ་ལྡོང་རོས་ཁ་དོག་འདྲ་མ་ཡིན། །རྐང་པ་ལས་སྐྱེས་མིག་སྨན་ཆེ་ལྟར་ གནག་པ་མིན། །ཞེས་གསུངས་པ་ལྟར། བྲམ་ཟེ་ཁ་དོག་ནག་པོ་དང༌། དམངས་རིགས་ཁ་ དོག་དཀར་པོ་ལ་སོགས་པ་སྣ་ཚོགས་སུ་སྣང་བའི་ཕྱིར་རོ། །བློ་དང་འབྱོར་པ་དང་བྱ་བའི་སྒོ་ ནས་ཐ་དད་དུ་འབྱེད་པ་ཡང་མི་འཐད་དེ། གཉིས་སྐྱེས་ཡེ་ཤེས་རིགས་ལས་སྐྱེས་མིན་རྒྱལ་ རིགས་ནི། །རྒྱལ་པོའི་རིགས་ལས་སྐྱེས་པས་དཔའ་བོ་རྣམས་མ་ཡིན། །རྗེ་རིགས་ཐམས་ཅད་ ཕུན་སུམ་ཚོགས་དང་ལྡན་པ་མིན། །འཇིག་རྟེན་དུ་ནི་དམངས་རིགས་ལས་ཆེན་མི་བགྱིད་དོ། ། 3-1-178 ཞེས་གསུངས་པ་ལྟར་བྲམ་ཟེ་བླུན་པོ་དང་རྒྱལ་རིགས་སྡར་མ་དང་རྗེ་རིགས་དབུལ་པོ་དང་ དམངས་རིགས་རྒྱལ་པོ་ལ་སོགས་པ་སྣ་ཚོགས་སུ་སྣང་བའི་ཕྱིར་རོ། ། སྲོག་ཆགས་བསད་དེ་མཆོད་སྦྱིན་བྱས་པ་ལས། །མཐོ་རིས་གོ་འཕང་ཐོབ་པ་ ག་ལ་སྲིད། །སྡིག་པ་བྱས་པས་བདེ་འགྲོ་ཐོབ་འགྱུར་ན། །ངན་འགྲོའི་སྡུག་བསྔལ་ གང་ལས་འབྱུང་བར་འགྱུར། །རྟ་བསད་པའི་མཆོད་སྦྱིན་གྱིས་འབྲས་བུ་བདེ་འགྲོ་ཐོབ་ པ་ཡང་མི་འཐད་དེ། རྒྱུ་མི་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་ཐོབ་པར་འགལ་པའི་ཕྱིར་ རོ། །སྔོན་མཆོད་སྦྱིན་ལ་ཕྱུགས་གསོད་བྱེད་དང་བསད་བྱ་ཐམས་ཅད་ལྷར་སྐྱེས་པར་འདོད་ པ་དྲང་སྲོང་རྒྱས་པའི་བུ་དྲང་སྲོང་ཤུ་ཀས་ཀྱང་དོན་ཏེ་མི་འཐད་པར་རིག་ནས། མཆོད་སྡོང་ བཙུགས་ནས་ཕྱུགས་བསད་དེ། །ཁྲག་འདམས་བྱས་པས་མཐོ་རིས་སུ། །གལ་ཏེ་འགྲོ་བ་དེ་ ལྟར་ན། །དམྱལ་བར་གང་གིས་འགྲོ་བར་འགྱུར། །ཞེས་པའི་ཚིག་གིས་སུན་ཕྱུང་བ་ལྟར་རོ། ། ༼འདོད་ན་ངན་འགྲོ་མེད་པའི་ཕྱིར། མཐོ་རིས་བསྒྲུབ་ལ་འབད་མི་དགོས་པར་ཐལ། དེའི་ཕྱིར་མཆོད་སྦྱིན་དོན་མེད་དོ་༽དེ་ བས་ན་བློ་དང་ལྡན་པ་རྣམས་ཀྱིས་གྲུབ་མཐའ་ངན་པ་དེ་དག་གི་རྗེས་སུ་འབྲང་བར་མི་བྱ་སྟེ། ཇི་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། གང་ལ་རིགས་ནི་ཚད་མར་གྱུར་པ་དེ་ལ་མི་ ཡི་བདག་པོ་རིག་བྱེད་དག་ནི་ཚད་མར་འགྱུར། །གང་ལ་རིགས་བྱེད་ཚད་མར་གྱུར་པ་དེ་ལ་ ངེས་པར་ས་གཞིའི་གནས་སུ་མཆོད་སྦྱིན་ཚད་མ་སྟེ། །གང་ལ་མཆོད་སྦྱིན་ཚད་མར་གྱུར་པ་དེ་ ལ་རྣམ་མང་ཕྱུགས་དང་མི་ལ་འཚེ་བ་ཚད་མར་འགྱུར། །གང་ལ་འཚེ་བ་ཚད་མར་གྱུར་པ་དེ་ ལ་དམྱལ་བའི་འཇིགས་པ་བྱེད་པའི་སྡིག་པ་ཚད་མའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཁྱབ་འཇུག་དབང་ཕྱུག་པ་དག་ཐུན་མོང་དུ། །དེ་དག་ཀུན་གྱི་ བྱེད་པོ་རང་དབང་ཅན། །བདག་ཀྱང་གཅིག་པུ་ཀུན་ལ་ཁྱབ་པ་དང༌། །དུས་ གསུམ་འགྱུར་མེད་རྟག་པར་འདོད་མདོ་ཀྱི། །ཁྱབ་འཇུག་པ་ལ་ནི་བྱེ་བྲག་པ་དང་ 3-1-179 རིགས་པ་ཅན་པ་དང་གླུ་ཆོས་སུ་སྨྲ་བ་ཞེས་ཀྱང་བྱ་ཞིང༌། དབང་ཕྱུག་པ་ལ་ནི་ཞི་བ་པ་དང༌། འཁྲིག་པ་ཆོས་སུ་སྨྲ་བ་ཞེས་ཀྱང་བྱ་སྟེ། དེ་དག་ནི། ལྷ་གསུམ་པོ་ནི་གཟུགས་གཅིག་སྟེ། ། དུས་གསུམ་རྟག་པར་ཡོད་པ་དང་། །ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ། །ཞེས་ཚངས་ པ་སྐུ་དང་ཁྱབ་འཇུག་ཐུགས་དང་དབང་ཕྱུག་གསུང་དུའང་འདོད་ཅིང༌། ལྷ་ཆེན་པོ་དེ་དག་ ཐམས་ཅད་ཀྱི་བྱེད་པ་པོ་དང༌། བདག་རྟག་པ་གཅིག་པུ་ཐམས་ཅད་དུ་ཁྱབ་པ་དང༌། དུས་ གསུམ་རྟག་པར་ཡོད་པ་དང༌། རང་བཞིན་འགྱུར་བ་མེད་པ་དང་ཡོན་ཏན་གསུམ་དང་ལྡན་པ་ དང༌། སྟོང་ཉིད་ཞིག་པའི་མེད་དགག་ལ་སོགས་པར་འདོད་མོད། ཀུན་གྱི་བྱེད་པོ་ཡིན་ན་དགེ་སྡིག་ལས། །བདེ་སྡུག་མྱོང་བ་པོར་ཡང་ཐལ་ བར་འགྱུར། །དེ་ལྟར་ན་ནི་རང་དབང་ཅན་དུ་འགལ། །རྟེན་འབྲེལ་མ་གཏོགས་ བྱེད་པོ་གཞན་ཡོད་མིན། །གལ་ཏེ་ཁྱབ་འཇུག་དང་དབང་ཕྱུག་ཐམས་ཅད་ཀྱི་བྱེད་པ་པོ་ ཡིན་ན། སེམས་ཅན་རྣམས་ཀྱི་ལས་དགེ་མི་དགེའི་བྱེད་པ་པོར་ཡང་འགྱུར་ལ། དེ་ལྟ་ན་དགེ་ སྡིག་གི་འབྲས་བུ་རྣམ་སྨིན་བདེ་བ་དང་སྡུག་བསྔལ་མྱོང་བ་པོར་ཡང་འགྱུར་ཞིང༌། སེམས་ ཅན་རྣམས་ཀྱི་བདེ་སྡུག་མྱོང་བ་པོ་ཡིན་ན་བདག་གཅིག་པུ་རང་དབང་ཅན་ཡིན་པར་ཡང་ འགལ་བ་ཉིད་དོ། །ཅི་སྟེ་དབང་ཕྱུག་རང་ཉིད་ལས་བྱེད་པ་པོ་མ་ཡིན་ཞིང་གཞན་རྣམས་ ལས་བྱེད་པ་ལ་སྦྱོར་བ་པོ་ཡིན་ནོ་ཞེ་ན། ལས་བྱེད་པ་པོ་དངོས་མ་ཡིན་ན་ཐམས་ཅད་ཀྱི་བྱེད་ པ་པོ་འདོད་པ་དང་ཡང་འགལ་ཞིང༌། དབང་ཕྱུག་གིས་བསྐུལ་བའི་སེམས་ཅན་གྱིས་དབང་ ཕྱུག་གི་ཐུགས་དང་འགལ་བ་མི་དགེ་བའི་ལས་བྱས་པ་ལས། ལས་ལ་སྦྱོར་བ་པོ་དབང་ ཕྱུག་དེས་སེམས་ཅན་དེ་ངན་སོང་དུ་བསྐྱུར་ནས་ཚར་གཅོད་པར་འདོད་པ་དང་ཡང་འགལ་ ཏེ། སེམས་ཅན་དེ་དག་ལ་རང་དབང་མེད་ཅིང་བྱེད་པ་པོ་དབང་ཕྱུག་གི་གཞན་དབང་ཉིད་ དུ་གྱུར་པའི་ཕྱིར་རོ། །གཞན་ཡང་། སྤྱོད་པ་ལ་འཇུག་པར། དབང་ཕྱུག་འགྲོ་བའི་རྒྱུ་ཡིན་ 3-1-180 ན། །རེ་ཤིག་དབང་ཕྱུག་གང་ཡིན་སྨྲོས། །འབྱུང་རྣམས་ཞེ་ན་དེ་ལྟ་མོད། །མིང་ཙམ་ལ་ནི་ཅི་ ཞིག་ངལ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར། དབང་ཕྱུག་འགྲོ་བ་ཐམས་ཅད་ཀྱི་བྱེད་ པ་པོའམ་རྒྱུར་འདོད་པ་ཡིན་ན་དེ་རང་གང་ཡིན་སྨྲོས་བྱས་པ་ལས་འབྱུང་བ་བཞི་པོ་ཡིན་ནོ་ ཞེ་ན། དེ་ལྟར་ན་ཀུན་རྫོབ་ཏུ་རྒྱུའི་གཟུགས་འབྱུང་བ་བཞི་པོ་རྣམས་ལ་འབྲས་བུའི་གཟུགས་ འབྱུང་འགྱུར་ལྔ་དབང་པོ་ལྔ་དང་དོན་ལྔ་འབྱུང་བར་ངེས་ཀྱང་འདོད་པས་མིང་ཙམ་ལ་ནི་མི་ རྩོད་དོ། །འོན་ཀྱང་ས་སོགས་དུ་མ་དང༌། །མི་རྟག་གཡོ་མེད་ལྷ་མིན་ཞིང༌། །འགོམ་བྱ་ཉིད་ དང་མི་གཙང་བས། །དེ་རྣམས་དབང་ཕྱུག་ཉིད་མ་ཡིན། །དབང་ཕྱུག་མཁའ་མིན་གཡོ་མེད་ ཕྱིར། །ཞེས་གསུངས་པ་ལྟར། དོན་ལ་བརྟགས་ན་ས་ལ་སོགས་པའི་འབྱུང་བ་བཞི་པོ་རྣམས་ ནི་ཁྱོད་འདོད་པའི་དབང་ཕྱུག་དེ་མ་ཡིན་ཏེ། དབང་ཕྱུག་གཅིག་པུར་འདོད་པ་ལ་འབྱུང་བ་ རྣམས་ནི་དུ་མ་ཡིན་པའི་ཕྱིར་དང༌། དབང་ཕྱུག་རྟག་པར་འདོད་པ་ལ་འབྱུང་བ་རྣམས་ནི་མི་ རྟག་པ་ཡིན་པའི་ཕྱིར། དབང་ཕྱུག་བློ་དང་ལྡན་པར་འདོད་པ་ལ་འབྱུང་བ་རྣམས་ལ་ནི་བློ་ ཡི་གཡོ་བ་མེད་པའི་ཕྱིར་དང༌། དབང་ཕྱུག་ལྷའི་འགྲོ་བར་འདོད་པ་ལ་འབྱུང་བ་རྣམས་ནི་ ལྷ་མིན་ཞིང་བེམ་པོ་ཡིན་པའི་ཕྱིར། དབང་ཕྱུག་མཆོད་པར་འོས་པར་འདོད་པ་ལ་འབྱུང་བ་ རྣམས་ནི་རྐང་པས་འགོམ་པར་བྱ་བ་ཡིན་པའི་ཕྱིར་དང༌། དབང་ཕྱུག་གཙང་བར་འདོད་པ་ ལས་འབྱུང་བ་རྣམས་ནི་བཤང་གཅི་ལ་སོགས་པའི་མི་གཙང་བས་སྦགས་པ་ཡིན་པའི་ཕྱིར་ རོ། །འོན་ཀྱང་དབང་ཕྱུག་ནི་ནམ་མཁའ་ཡིན་ཞེ་ན། དེ་ཡང་མ་ཡིན་ཏེ། དབང་ཕྱུག་ནི་བློའི་ གཡོ་བ་དང་བཅས་པས་ཐམས་ཅད་ཀྱི་བྱེད་པ་པོར་འདོད་པ་ལ་ནམ་མཁའ་ལ་ནི་བློའི་གཡོ་ བ་མེད་ཅིང་བྱེད་པའང་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །རྒྱུད་ལས་ཀྱང༌། དེ་ཕྱིར་དགེ་དང་མི་ དགེའི་འབྲས་སྟེར་དབང་ཕྱུག་བྱེད་པ་མེད་དེ་སྲོག་ཆགས་ལས་ནི་དོར་ནས་ནི། །ཞེས་པས། སེམས་ཅན་རྣམས་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ལ་རང་རང་ཉེ་བར་ལོངས་སྤྱོད་པ་ 3-1-181 མ་གཏོགས་པ་བྱེད་པ་པོ་དབང་ཕྱུག་ལ་སོགས་པ་གཞན་མེད་པར་གསུངས་སོ། །དོན་དམ་ དུ་རྣམ་པར་དཔྱད་ན། དབུ་མ་རྩ་བར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་ མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་ གསུངས་པ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཡིན་ལ་ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་ བ་རྒྱུ་རྐྱེན་ཕན་ཚུན་ཡང་དག་པར་སྦྱོར་བ་ལས། ཟླ་བ་དང་ཆུ་ཤེལ་ཕྲད་པ་ལས་ཆུ་འབྱུང་བ་ དང༌། ཉི་མ་དང་མེ་ཤེལ་ཕྲད་པ་ལས་མེ་འབྱུང་བ་དང༌། མེ་ལོང་དང་དངོས་པོ་ཕྲད་པ་ལས་ གཟུགས་བརྙན་འབྱུང་བ་དང༌། ས་བོན་དང་ཆུ་ལུད་ཕྲད་པ་ལས་མྱུ་གུ་འབྱུང་བ་དང་ལས་ དགེ་བ་དང༌། མི་དགེ་བ་ལས་འབྲས་བུ་འདོད་མི་འདོད་འབྱུང་བ་རྣམས་ནི། དངོས་པོའི་ཆོས་ ཉིད་ཡིན་གྱི་བྱེད་པ་པོ་དང་སྤྲུལ་པ་པོ་སུ་ཡང་ཡོད་པ་མ་ཡིན་ནོ། །རྒྱན་ལས་ཀྱང༌། (ཀུན་རྫོབ་ ཏུ་ས་བོན་ལས་མྱུ་གུ་དང་མ་རིག་པ་ལ་འདུ་བྱེད་ལ་སོགས་པ་རྒྱུ་སྔ་མ་ལ་)བརྟེན་ནས་(འབྲས་བུ་)དངོས་(པོ་ཕྱི་མ་རྣམས་) རབ་(ཏུ་)སྐྱེ་བ་མངོན་(སུམ་དུ་)འཇུག་པ་(མཐོང་བ་ཡིན་ཡང་)། །(ཕྱི་རོལ་པ་ལ་སོགས་པའི་)སྐྱེ་བོ་(རྨོངས་ པ་རྣམས་)ཇི་ལྟར་(ཏེ་ཅིའི་ཕྱིར་རྟེན་འབྲེལ་ལས་)གཞན་(གཙོ་བོ་དང་དབང་ཕྱུག་ལ་སོགས་རྣམས་)གྱིས་བྱས་(སོ་ ཞེས་ལྟ་བ་ངན་པ་)ལ་བརྟེན་(པ་ནི་རིགས་པ་མ་ཡིན་ནོ)། །གང་ཞིག་ཡོད་པ་(རྟེན་ཅིང་འབྲེལ་པར་འབྱུང་བ་)མི་ མཐོང་(བར་)མེད་(པ་བདག་དང་གཙོ་བོ་ལ་སོགས་པ་)མཐོང་བ། །འདི་འདྲའི་མུན་ནག་(གི་)རྣམ་པ་ འདི་གང་ཞིག་(ཡིན་ཏེ། མུན་པ་ཕལ་པས་ནི་ཡོད་པར་མི་མཐོང་བར་བྱེད་ཀྱི་མེད་པ་མཐོང་བར་བྱེད་མི་ནུས་ལ། བློ་མ་ རིག་པའི་མུན་པས་བསྒྲིབས་པ་ནི་མེད་པ་ཡང་མཐོང་བ་ནི་སྔོན་མེད་པའི་མུན་པ་ཆེན་པོ་སྟེ་ཤིན་ཏུ་ངོ་མཚར་བ་ཡིན་པའི་ཕྱིར་རོ་)། ། ཅེས་གསུངས་པ་ལྟར། དངོས་པོ་རྣམས་རྒྱུ་རྐྱེན་ཕན་ཚུན་རྟེན་ཅིང་འབྲེལ་པ་ལས་སྐྱེ་བར་ མངོན་གསུམ་དུ་མཐོང་བཞིན་དུ་བྱེད་པོ་གཞན་དབང་ཕྱུག་ལ་སོགས་པས་བྱས་པར་འདོད་ པར་རྣམས་ནི་ཤིན་ཏུ་འཁྲུལ་པའོ། །དེ་ཡང་ཡོད་པ་རྟེན་འབྲེལ་གྱི་དོན་མི་མཐོང་བར་མེད་ པ་བདག་དང་གཙོ་བོ་ལ་སོགས་པ་མཐོང་བ་འདི་འདྲ་བ་འདི་ནི་སྔོན་མེད་པའི་མུན་པ་ཆེན་པོ་ 3-1-182 སྟེ། མུན་པ་ཕལ་པས་ནི་ཡོད་པ་མི་མཐོང་བར་ནུས་མོད་མེད་པ་མཐོང་བར་མི་ནུས་པའི་ཕྱིར་ རོ། ། བདག་ནི་རྟག་པ་གཅིག་པུ་ཐམས་ཅད་དུ། །འགྲོ་བ་ཡིན་ན་གཉེན་དང་བྲལ་ བ་ཡི། །སྡུག་བསྔལ་སུས་ཀྱང་མྱོང་བར་མི་འགྱུར་ཏེ། །གཉེན་གྱི་བདག་དེ་རྟག་ ཏུ་ཡོད་པའི་ཕྱིར། །གལ་ཏེ་བདག་རྟག་པ་གཅིག་པུ་དེ་ཡུལ་དུས་ཐམས་ཅད་དུ་གང་ཟག་ ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་འགྲོ་བ་ཡིན་ན། དེ་རྣམས་ཀྱིས་གཉེན་དང་བྲལ་བའི་སྡུག་ བསྔལ་ནམ་ཡང་མི་མྱོང་བར་འགྱུར་ཏེ། གཉེན་གྱི་བདག་གཅིག་པུ་རང་དབང་ཅན་དེ་རྟག་ ཏུ་མི་འགྱུར་བར་ཡོད་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གཅིག་གི་སྡུག་བསྔལ་ གྱིས། །སེམས་ཅན་ཐམས་ཅད་སྡུག་བསྔལ་ཉིད་འགྱུར་ཏེ། །སྡུག་བསྔལ་ཅན་གྱི་ བདག་ཉིད་གཅིག་པུ་དེ། །ཀུན་ལ་ཁྱབ་པར་འགྲོ་བ་ཡིན་ཕྱིར་རོ། །སེམས་ཅན་ གཅིག་གིས་གཉེན་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་མྱོང་བའི་ཚེ། སེམས་ཅན་ གཞན་ཐམས་ཅད་ཀྱིས་དེ་དང་འདྲ་བའི་སྡུག་བསྔལ་མྱོང་བར་འགྱུར་ཏེ། སྡུག་བསྔལ་ཅན་ གྱི་བདག་གཅིག་པུ་ཡུལ་དུས་ཐམས་ཅད་དུ་གང་ཟག་ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་འགྲོ་ བའི་ཕྱིར་རོ། །ཅི་སྟེ་སེམས་ཅན་སོ་སོ་ལ་བདེ་བ་དང་སྡུག་བསྔལ་ཅན་གྱི་བདག་མི་འདྲ་བ་རེ་ རེ་ཡོད་པ་ཡིན་ན་བདག་དེ་དུ་མར་འགྱུར་བས་གཅིག་པུ་རང་དབང་ཅན་ཐམས་ཅད་ལ་ཁྱབ་ པར་འདོད་པ་དང་འགལ་བ་ཡིན་ནོ། ། དུས་གསུམ་མི་འགྱུར་རྟག་པ་གཅིག་ཡིན་ན། །འདོད་པའི་གནས་སྐབས་ བཅུ་ཡི་རྣམ་འགྱུར་འགལ། །གྲངས་ཅན་པ་ནི་དབང་ཕྱུག་གྲུབ་མཐའ་ལ། ། དཔང་དུ་བྱེད་པས་དེ་ཡི་བྱེ་བྲག་ཡིན། །གལ་ཏེ་བདག་དེ་དུས་གསུམ་མི་འགྱུར་བར་ རྟག་པ་ཡིན་ན་གནས་སྐབས་གཞན་དུ་རྣམ་པར་འགྱུར་བ་དང་བྲལ་བའི་ཕྱིར། སྔར་འདོད་ 3-1-183 པའི་གནས་སྐབས་མེད་པ་ལས་ཕྱིས་འདོད་པའི་མདའ་ཡིས་བསྣུན་པས་འདོད་པའི་གནས་ སྐབས་རྣམ་པ་བཅུར་ནི་ཇི་ལྟར་འགྱུར་ཏེ། རྟག་པ་ཡིན་པའི་ཕྱིར་རོ། །འདོད་པའི་གནས་ སྐབས་བཅུ་ནི། (དང་པོར་ཆགས་ཡུལ་)བསམ་(པ་)དང་(དེ་ནས་)འདོད་(པ་)དང་(དེའི་དབང་གིས་)ལུས་ ལ་(རིམས་ཏེ་)དྲོད་(སྐྱེ་བ་)དང་(དྲོད་ཀྱི་དབང་གིས་)ཁ་མཆོག་པད་མ་སྐམས་(པས་སྐོམ་པ་)དང་ཟས་ལ་ རབ་ཏུ་མི་འཇུག་(སྟེ་མི་འདོད་པ་)དང༌། །(ལུས་)འདར་(བ་)དང་(སེམས་རབ་ཏུ་མི་གནས་པས་)སྨྱོ་དང་ རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་འཛག་བདེ་རྟག་ཏུ་བརྒྱལ་བ་དག ། ཅེས་རྒྱུད་ལས་གསུངས་པ་ལྟར། འབྱུང་བར་འདོད་པས་ཀྱང་བདག་ནི་མི་རྟག་པར་གྲུབ་སྟེ། རྣམ་འགྱུར་མང་པོ་དང་ལྡན་པའི་ཕྱིར་རོ། །གལ་ཏེ་བདག་དེ་སད་པའི་གནས་སྐབས་ན་བྱ་ བ་དང་བཅས་པ་ཡིན་ན་གཉིད་ལོག་པ་ན་བྱ་བ་དང་བྲལ་བའི་རྨོངས་པ་ཉིད་དུ་ཡང་ཇི་ལྟར་ འགྲོ། རྣམ་པར་དཔྱད་ན་བདག་འདི་ནི་ཀུན་ཏུ་འགྲོ་བ་དང་ཁྱབ་བདག་དང་གཙོ་བོ་དང་རྟག་ པ་ཡང་མ་ཡིན་ལ། ཐམས་ཅད་ཀྱི་བྱེད་པ་པོ་ཡང་མ་ཡིན་པར་གྲུབ་པོ། །སྤྱོད་པ་ལ་འཇུག་ པར། (གྲངས་ཅན་པ་སྟེ་སེར་སྐྱ་པས་ནི་)གཙོ་བོ་(ནི་རང་བཞིན་གྱི་མིང་གི་རྣམ་གྲངས་སྟེ་དེ་ཡང་མི་འཇིག་པས་)རྟག་པ་ འགྲོ་བ་(སྟེ་བརྟན་གཡོ་)ཡི། །(འཇིག་རྟེན་གྱི་)རྒྱུ་ཡིན་པར་ནི་གྲངས་ཅན་འདོད་(ཅིང་སེམས་སོ)། །(འོ་ན་ གཙོ་བོ་གང་ཡིན་ཞེ་ན་)སྙིང་སྟོབས་(དང་)རྡུལ་དང་མུན་པ་ཞེས། །བྱ་བའི་ཡོན་ཏན་(གསུམ་པོ་)མཉམ་ (པར་)གནས་(པའི་གནས་སྐབས་)ནི། །གཙོ་བོ་ཞེས་བྱར་རབ་(ཏུ་)བརྗོད་(ལ་)དེ་(རྣམས)། །མི་མཉམ་ (པར་གནས་པ་ནི་)འགྲོ་བ་(སྣ་ཚོགས་)ཡིན་པར་བརྗོད་(དོ)། །(དེ་ཡང་རང་བཞིན་ལས་བློའམ་ཆེན་པོ་སྐྱེ། དེ་ལས་ ང་རྒྱལ། དེ་ལས་ཚོགས་བཅུ་དྲུག་སྟེ། ཁ་རྐང་པ་ལག་པ་གཅིན་ལམ་བཤང་ལམ་སྟེ་ལས་ཀྱི་དབང་པོ་ལྔ་དང༌། མིག་སོགས་ དབང་པོ་ལྔ་དང༌། གཉིས་ཀའི་དབང་པོ་ཡིད་དེ་བཅུ་གཅིག །སྒྲ་སོགས་དེ་ཙམ་ལྔའོ། །དེ་ཙམ་ལྔ་ལས་འབྱུང་བ་ལྔའོ། །དེ་ལས་ རང་བཞིན་ནི་རྒྱུ་ཁོ་ན་བློ་ང་རྒྱལ་དེ་ཙམ་ལྔ་སྟེ་བདུན་ནི་གཉིས་ཀ་དབང་པོ་བཅུ་གཅིག་དང་འབྱུང་བ་ལྔ་ནི་འབྲས་བུ་ཁོ་ན། སྐྱེས་ བུ་ནི་གཉིས་ཀ་མིན་པ་ཡིན་ཏེ། ཇི་སྐད་དུ་རྩ་བའི་རང་བཞིན་ལ་ནི་འགྱུར་བ་མེད། །ཆེན་པོ་སོགས་བདུན་རྒྱུ་དང་འགྱུར་བ་ཡིན། ། 3-1-184 བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་འགྱུར་བ་མིན། །ཞེས་འབྲས་བུ་མ་ལུས་པ་གཙོ་བོའི་ངང་དུ་ རང་བཞིན་གཅིག་པར་འདོད་)ཅེས་གསུངས་པ་ལྟར། གྲངས་ཅན་པ་རྣམས་གཙོ་བོ་རྟག་པ་གཅིག་པུ་ རང་དབང་ཅན་སྣང་བ་དང་ཤེས་པའི་སྤྱོད་ཡུལ་ལས་འདས་པ་བརྟན་གཡོ་ཐམས་ཅད་ཀྱི་རྒྱུ་ ཡིན་པར་འདོད་ཅིང༌། དེའི་ངོ་བོ་ལ་སྙིང་སྟོབས་དང་རྡུལ་དང་མུན་པའི་མིང་ཅན་བདེ་སྡུག་ བཏང་སྙོམས་གསུམ་ཆ་མཉམ་པ་ལ་ནི་རང་བཞིན་རྒྱུའི་གཙོ་བོ་དང༌། དེ་གསུམ་ཆ་མི་མཉམ་ པ་ལས་གནས་སྐབས་རྣམ་འགྱུར་སྣ་ཚོགས་པའི་འགྲོ་བ་རྣམས་འབྱུང་བར་འདོད་མོད། (གཙོ་ བོར་རྟག་པ་)གཅིག་(པུར་འདོད་པའི་ལུགས་)ལ་(རྩ་བའི་)རང་བཞིན་(དགག་པ་ནི་གཙོ་བོ་ཆོས་ཅན་རྡུལ་མུན་སྙིང་ སྟོབས་ཀྱི་ཡོན་ཏན་)གསུམ་(གྱི་བདག་)ཉིད་ནི། །རིགས་(པ་)མིན་(པར་ཐལ་གཅིག་ཡིན་པའི་ཕྱིར་ཡོན་ཏན་ གསུམ་མཉམ་པར་གནས་པ་མེད་པ་)དེས་ན་(སྟེ་དེའི་ཕྱིར་འདོད་ན་ཤེས་བྱ་ཆོས་ཅན་གཙོ་བོ་)དེ་ཡོད་(པ་)མིན་(པར་ ཐལ་)། །(འདོད་ན་གཙོ་བོ་མེད་པས་དེའི་འབྲས་བུ་ཐམས་ཅད་མེད་པར་འགྱུར་རོ། །ཁོ་ན་རེ་གཙོ་བོ་གཅིག་མེད་ཀྱང་ཡོན་ ཏན་གསུམ་གྱི་རང་བཞིན་གྱིས་ཡོད་དོ་ཞེ་ན་གཙོ་བོ་བདེན་པ་མེད་པ་)དེ་བཞིན་(དུ་རྡུལ་མུན་སྙིང་སྟོབས་ཀྱི་)ཡོན་ཏན་ (གསུམ་པོ་ཆོས་ཅན་གསུམ་དུ་བདེན་པར་)ཡོད་(པ་)མིན་(པར་ཐལ་)ཏེ། །(གང་གི་ཕྱིར་ན་དེ་ཡོན་ཏན་གསུམ་གྱི་བདག་ ཉིད་ཡིན་ན་)དེ་(རེ་རེ་ལ་)ཡང་སོ་སོར་(ཡོན་ཏན་)རྣམ་(པ་)གསུམ་(གསུམ་དུ་འགྱུར་བའི་)ཕྱིར། །(ཞེས་ཁས་ བླངས་པས་གསུམ་པོ་ཡང་བདེ་སྡུག་གི་གཏི་མུག་ཡིན་པས་རང་བཞིན་གཅིག་ཏུ་མི་རུང་བ་ཡིན་པའི་ཕྱིར། དེ་ལས་སྐྱེས་པའི་ རྣམ་འགྱུར་དགག་པ་ནི་སྙིང་སྟོབས་ལ་སོགས་པའི་)ཡོན་ཏན་མེད་(པའི་ཕྱིར་)ན་(ཁྱབ་པ་ཁས་བླངས་ཏེ་རྒྱུ་མེད་འབྲས་ བུ་མི་འབྱུང་པའི་ཕྱིར་)སྒྲ་སོགས་(ཀྱི་སྒྲའི་རེག་བྱ་སོགས་རྣམ་འགྱུར་ཉེར་གསུམ་པོ་དངོས་པོར་)ཀྱང༌། །ཡོད་(པ་) ཉིད་ཤིན་ཏུ་རྒྱང་རིང་(དུ་)འགྱུར་(ཏེ་མི་སྲིད་པར་ཐལ། རྟགས་ནི་གོང་དུའོ། །ཡང་ན་ཆོས་རྗེའི་དོན་འགྲེལ་ལྟར་རོ)། ། གཙོ་བོ་རྟག་པ་གཅིག་པུ་ཡིན་པའི་ལུགས་ལ་རྡུལ་མུན་སྙིང་སྟོབས་ཀྱི་རང་བཞིན་གསུམ་ཆ་ མཉམ་པ་ཉིད་དུ་བདེན་པར་ཡོད་པ་ནི་རིགས་པ་མ་ཡིན་ཏེ། གཅིག་ཡིན་པ་དང་གསུམ་ཡིན་ པ་ནི་ཤིན་ཏུ་འགལ་བའི་ཕྱིར་རོ། །དེ་བས་ན་གཙོ་བོ་དེ་བདེན་པར་ཡོད་པ་མ་ཡིན་པས། དེའི་ 3-1-185 འབྲས་བུ་རྣམས་ཀྱང་བདེན་པར་ཡོད་པ་མ་ཡིན་ནོ། །འོན་ཏེ་གཅིག་པ་དང་གསུམ་དུ་འགྱུར་ བ་ནི་མི་འགལ་ཏེ། རྡུལ་ལ་སོགས་པ་རེ་རེའི་ངོ་བོར་གྱུར་པའི་བེམ་པོ་ཐམས་ཅད་ཀྱང་ཡོན་ ཏན་གསུམ་གསུམ་གྱི་བདག་ཉིད་དུ་ཡོད་པའི་ཕྱིར་རོ། །ཞེ་ན། གཙོ་བོ་བདེན་པར་མེད་པ་ དེ་བཞིན་དུ་རྡུལ་མུན་པ་སྙིང་སྟོབས་ཞེས་བྱ་བའི་ཡོན་ཏན་གསུམ་པོ་རྣམས་ཀྱང་རང་རང་གི་ ངོ་བོ་རེ་རེ་བདེན་པར་ཡོད་པ་མ་ཡིན་པར་འགྱུར་ཏེ། དེ་དག་རེ་རེ་ཞིང་ཡང་རྡུལ་གྱི་རྡུལ་དང་ རྡུལ་གྱི་མུན་པ་དང་རྡུལ་གྱི་སྙིང་སྟོབས་ཞེས་པ་ལ་སོགས་པ་སོ་སོར་རྣམ་པ་གསུམ་གསུམ་ གྱི་བདག་ཉིད་དུ་ཡོད་པའི་ཕྱིར། དེ་ལྟར་རྒྱུར་འདོད་པའི་ཡོན་ཏན་གསུམ་བདེན་པར་མེད་ ན་འབྲས་བུར་འདོད་པའི་སྒྲ་སོགས་རྣམ་འགྱུར་རྣམས་ཀྱང་ཡོད་པ་ཉིད་དུ་རྒྱང་རིང་ཞིང་མེད་ པར་འགྱུར་ཏེ། རྒྱུ་མེད་ན་འབྲས་བུ་མི་འབྱུང་བ་ནི་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར་རོ། ། དེ་ལྟ་བུའི་གྲངས་ཅན་པ་རྣམས་ནི་དབང་ཕྱུག་གི་གཞུང་ལ་དཔང་དུ་བྱེད་པས་དེའི་ཁོངས་སུ་ འདུ་བ་ཉིད་དོ། ། གསུམ་པ་ནི། རྒྱང་འཕེན་པ་དག་བུར་སོགས་སྦྱར་བ་ཡི། །ནུས་པ་ལས་ནི་ ཆང་སོགས་འབྱུང་བ་ལྟར། །གློ་བུར་ས་སོགས་འབྱུང་བའི་ནུས་པ་ལས། །སེམས་ དང་བཅས་པའི་དབང་པོ་འབྱུང་བ་དང༌། །ཤི་ནས་སེམས་ཀྱིས་འཇིག་རྟེན་ཕ་ རོལ་ཏུ། །འགྲོ་བ་མེད་པས་སྐྱེ་བ་སྔ་ཕྱི་མེད། །དེ་ཕྱིར་ཚེ་འདིར་ཇི་ལྟར་བདེ་བ་ ཡི། །ཐབས་ཀྱིས་ཆོག་པར་འདོད་མདོ་དེ་ལྟ་ནའང༌། །རྒྱང་འཕེན་པ་ལ་ནི་ཕུར་བུ་ པ་དང༌། ཆད་པ་པ་དང༌། ཚུར་རོལ་མཛེས་པར་སྨྲ་བ་ཞེས་ཀྱང་བྱ་ཞིང་དེ་དག་ནི་ཨ་རུ་ར་ དང་བུ་རམ་ལ་སོགས་པ་ཡང་དག་པ་སྦྱར་བའི་ནུས་པ་ལས་ཆང་འབྱུང་བ་བཞིན་དུ་སྐྱེ་བ་ སྔ་མ་ནས་འོང་པ་མེད་ཀྱང་གློ་བུར་དུ་ས་ལ་སོགས་པ་ཡང་དག་པར་སྦྱར་བའི་ནུས་པ་ལས་ སེམས་ཅན་རྣམས་ཀྱི་དབང་པོ་དང་བཅས་པའི་སེམས་འབྱུང་ལ། འདི་ནས་ཤི་བ་ན་སེམས་ 3-1-186 ཀྱིས་འཇིག་རྟེན་ཕ་རོལ་གྱི་ལུས་ལེན་པ་མེད་པས་ཚེ་འདིར་ཇི་ལྟར་བདེ་བའི་ཐབས་བྱས་ པས་ཆོག་པར་སྨྲ་མོད། ས་སོགས་གཅིག་ཏུ་འདུས་པའི་ཤིང་རྣམས་ལའང༌། །འབྱུང་ བའི་ནུས་པས་སེམས་ཀྱང་ཡོད་པར་འགྱུར། །ཅི་སྟེ་མེད་ན་འབྱུང་བའི་ནུས་པ་ ལས། །སེམས་སྐྱེ་པ་ཡི་ནུས་པའང་མེད་པར་མཚུངས། །དེས་ན་ཚུར་རོལ་མཛེས་ པར་སྨྲ་བ་ཡི། །ཚིག་འདི་དག་ནི་མཆོག་ཏུ་རྫུན་པ་སྟེ། །མཐོ་རིས་ཐར་པའི་བདེ་ བ་འདོད་རྣམས་ཀྱིས། །དེ་འདྲའི་གྲུབ་མཐའ་ངན་པ་སྤང་པར་བྱ། །ས་ལ་སོགས་ པ་གཅིག་ཏུ་འདུས་པའི་ཤིང་རྣམས་ལ་ཡང་འབྱུང་བ་རྣམས་ཡང་དག་པར་སྦྱར་བའི་ནུས་པ་ ལས་དབང་པོ་དང་བཅས་པའི་སེམས་ཡོད་པར་ཧ་ཅང་ཐལ་པར་འགྱུར་ཏེ་རིགས་པ་མཚུངས་ པའི་ཕྱིར་རོ། །ཅི་སྟེ་ཤིང་ལ་སོགས་པ་བརྟན་པའི་དངོས་པོ་འདི་རྣམས་ཀྱི་རྒྱུ་འབྱུང་བ་རྣམས་ ལ་སེམས་སྐྱེ་བའི་ནུས་པ་མེད་ན། འབྱུང་བ་རྣམས་ཡང་དག་པར་སྦྱར་བ་ལས་སེམས་ཅན་ རྣམས་ཀྱི་དབང་པོ་དང་བཅས་པའི་སེམས་སྐྱེ་བ་འང་མེད་པར་མཚུངས་པས། ཚུར་རོལ་ མཛེས་པར་སྨྲ་བའི་ཚིག་འདི་དག་ནི་རྫུན་པ་སྟེ་ལེགས་པར་འདོད་པ་རྣམས་ཀྱིས་སྤང་བར་ བྱའོ། ། བཞི་པ་ནི། ཀླ་ཀློ་སྟག་གཟིག་པ་དག་བརྟན་གཡོ་ཡི། །བྱེད་པ་པོ་ནི་ར་ཧྨ་ཎ་ ཡིན། །ཕྱུགས་ཀྱི་མཆོད་སྦྱིན་བྱས་ན་དེ་མཉེས་ཏེ། །མཐོ་རིས་མཆོག་གི་བདེ་བ་ སྟེར་བ་དང༌། །མ་མཉེས་ན་ནི་དམྱལ་བའི་སྡུག་བསྔལ་ལ། །སྦྱོར་ཞིང་མི་རྣམས་ འདི་ནས་ཤི་འཕོས་ཀྱང༌། །ལུས་དེ་ཉིད་ཀྱིས་བདེ་དང་སྡུག་བསྔལ་དག །མྱོང་བར་ འདོད་པ་ཤིན་ཏུ་འཁྲུལ་པ་སྟེ། །ཀླ་ཀློ་སྟག་གཟིག་པ་རྣམས་ལ་ནི་སོག་པོ་ར་ཧྨ་ཎ་པ་ཞེས་ ཀྱང་བྱ་ཞིང་དེ་དག་ནི་བརྟན་པ་སྣོད་ཀྱི་འཇིག་རྟེན་དང་གཡོ་བ་བཅུད་ཀྱི་འཇིག་རྟེན་ཐམས་ ཅད་ཀྱི་བྱེད་པ་པོ་ལྷ་ར་ཧྨ་ཎ་ཡིན་པས་སྲོག་གི་མཆོད་སྦྱིན་གྱིས་དེ་མཉེས་པར་བྱས་ན་བདེ་བ་ 3-1-187 ལ་སྦྱོར་བ་དང༌། མ་མཉེས་ན་སྡུག་བསྔལ་ལ་སྦྱོར་བ་དང༌། ལུས་རྟག་པ་ཡིན་པས་མི་རྣམས་ ཤི་འཕོས་ནས་ཀྱང་ལུས་འདི་ཉིད་ཀྱིས་མཐོ་རིས་ཀྱི་བདེ་བའམ་དམྱལ་བའི་སྡུག་བསྔལ་ལ་ ལོངས་སྤྱོད་པར་འདོད་པ་ནི་རིགས་པ་མ་ཡིན་ཏེ། ཀུན་གྱི་བྱེད་པོར་འདོད་པའི་ལྷ་དེ་ལ། །བདེ་སྡུག་སྟེར་པའི་ནུས་པ་མེད་ཕྱིར་ དང༌། །ལུས་འདིས་ཕྱི་མའི་བདེ་སྡུག་མྱོང་བ་ལ། །མངོན་སུམ་རིགས་པས་གནོད་ པ་མཐོང་ཕྱིར་རོ། །དཔལ་ཀྱཻའི་རྡོ་རྗེར་ཡང༌། རང་གི་རིག་པའི་(འདོད་ཆགས་ཀྱི་བདེ་བ་ཙམ་ཞིག་ གཞིར་བཞག་པ་ལ་བསྐྱེད་རིམ་རྟོག་བཅས་ཀྱི་བདེ་བ་)འགྱུར་(ཞིང་འཕོ་)བ་འདི། །(སྡུག་བསྔལ་འབྱུང་ཞིང་བདེ་སྡུག་གི་ ཆགས་སྡང་གིས་ཟིལ་གྱིས་)དམན་པ་(གཏི་མུག་སྟེ་དུག་གསུམ་དེ་)ལས་ནི་(སྐྱེ་བོ་མི་བཟད་པའི་ལས་སྣ་ཚོགས་བསོག་ ཅིང་དེ་)ལས་(འགྲོ་བ་དྲུག་ཏུ་)སྐྱེས་(ཞིང་འཆི་)ཏེ། །(བདེ་བ་)རང་(འཕོས་བའི་དབང་)གིས་(ལས་གསོག་པར་) བྱེད་ཅིང་(མཐར་)རང་གིས་(སྲོག་ཆགས་)འཕྲོག་(ལ)། །(ཡང་ན་བདེ་བ་)རང་(འཕོས་པའི་དབང་)གིས་(སྲོག་) འཕྲོག་ཅིང་(རྫོགས་རིམ་ལ་བརྟེན་ནས་བདེ་བ་)རང་(མ་འཕོས་པའི་དབང་)གིས་(འཚེ་མེད་དུ་)བྱེད་(པའི་ཕྱིར)། (ཚིག་རྐང་འདིའི་མཆན་གཞུང་གཉིས་ཀ་སྨན་ཆུ་ལྟར་ཡིན། ) ། (དེས་ན་)རང་(གི་)རིག་(འདི་རིག་པའི་འདོད་ཆགས་ཀྱི་ བདེ་བ་ནི་འཁོར་འདས་ལ་དབང་བསྒྱུར་བའི་)རྒྱལ་བོ་(དང་བདེ་བ་)རང་(ཉིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་) གཙོ་བོ་(ཡིན་ནོ)། །ཞེས་གསུངས་པ་ལྟར། ལས་རྟག་པ་མ་ཡིན་ཞིང༌། རང་རང་གིས་བྱས་པའི་ ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་རང་གིས་ལོངས་སྤྱོད་པ་ཡིན་གྱི་ལྷ་གཞན་ཚངས་པ་ དང་དབང་ཕྱུག་དང་ར་ཧྨ་ཎ་ལ་སོགས་པ་རྣམས་ལ་བདེ་སྡུག་སྟེར་བའི་ནུས་པ་མེད་པའི་ཕྱིར་ དང༌། ཁྱད་པར་ལུས་འདི་ཉིད་ཀྱིས་ཕྱི་མའི་བདེ་སྡུག་མྱོང་བར་འདོད་པ་ལ་ནི་མངོན་སུམ་གྱི་ རིགས་པས་ཀྱང་གནོད་པའི་ཕྱིར་རོ། ། ལྔ་པ་ནི། ཟད་བྱེད་གཅེར་བུ་པ་དག་སྲོག་རྟག་པ། །ལུས་ཀྱི་ཚད་དང་མཉམ་ པར་འདོད་མདོ་ཀྱི། །དེ་ལྟར་ན་ནི་ལག་པ་ལ་སོགས་པའི། །ཡན་ལག་བཅད་ན་ 3-1-188 སྲོག་ཀྱང་ཉམས་པར་འགྱུར། །ལུས་ནི་ཕྲ་སྦོམ་ལ་སོགས་གྱུར་པ་ན། །སྲོག་ཀྱང་ དེ་ལྟར་འགྱུར་ན་རྟག་པར་འགལ། །ཟད་བྱེད་པ་ལ་ནི་གཅེར་བུ་པ་དང་རྒྱལ་བ་པ་དང་ མཆོད་འོས་པ་དང་ནམ་མཁའི་གོས་ཅན་པ་ཞེས་ཀྱང་བྱ་ཞིང༌། དེ་དག་སྲོག་རྟག་པ་ལུས་ཀྱི་ ཚད་དང་མཉམ་པར་འདོད་པ་ནི་མི་འཐད་དེ། ལག་པ་དང་རྐང་པ་ལ་སོགས་པ་ལུས་ཀྱི་ཡན་ ལག་བཅད་ན་སྲོག་གི་ཆ་ཤས་ཀྱང་ཉམས་ཤིང་མི་རྟག་པར་འགྱུར་བ་དང༌། ཡང་ལུས་ཕྲ་ སྦོམ་དུ་འགྱུར་བ་ན་དེ་དང་མཉམ་པའི་སྲོག་ཀྱང་ཕྲ་སྦོམ་དུ་འགྱུར་དགོས་པ་ལ། དེ་ལྟ་ན་རྟག་ པར་འདོད་པ་དང་འགལ་བའི་ཕྱིར་རོ། །ཅི་སྟེ་རང་བཞིན་རྟག་ལ་རྣམ་འགྱུར་མི་རྟག་པས་ འགལ་བ་མེད་དོ་ཞེ་ན། རང་བཞིན་དང་རྣམ་འགྱུར་ངོ་བོ་གཅིག་ཡིན་ན་རྟག་མི་རྟག་གཉིས་ ཀ་གཞི་གཅིག་ལ་འདུ་བ་འགལ་ཞིང༌། ཐ་དད་ཡིན་ན་རང་བཞིན་མེད་པའི་རྣམ་འགྱུར་ཡང་ ཡོད་པར་ཐལ་བ་ལས། དེ་ལྟར་ཡང་མ་ཡིན་ནོ། ། སྲིད་གསུམ་རྟག་པའི་སྟེང་ན་ཐར་པའི་ཚད། །དཔག་ཚད་འབུམ་ཕྲག་བཞི་ བཅུ་རྩ་ལྔ་པ། །གདུགས་ཀྱི་རྣམ་པ་རྟག་པར་འདོད་ན་ཡང༌། །རིགས་པ་མིན་ཏེ་ གཟུགས་ཅན་གང་ཡིན་པ། །ཕྲ་རགས་རྡུལ་བསགས་པ་ལས་བྱུང་བའི་ཕྱིར། །དེ་ ཉིད་མི་རྟག་པར་ཡང་ཐལ་པར་འགྱུར། །འཇིག་རྟེན་གསུམ་པོ་འདི་ནི་ཐོག་མ་དང་ཐ་ མ་མེད་ཅིང་སྐྱེ་བ་དང་འཇིག་པ་དང་བྲལ་བ་རྡོ་རྗེའི་རང་བཞིན་རྟག་པ་ཡིན་ལ། དེའི་སྟེང་ན། ཁ་བ་རྒྱ་སྤོས་མེ་ཏོག་དང༌། །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་བཀན་བཟུང་བའི་དབྱིབས་ འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་པ་ལྟར་འཁོར་བ་ལས་གྲོལ་བ་བདེ་བའི་ གནས་རྟག་པ་ཡོད་པར་འདོད་པ་ནི་རིགས་པ་མ་ཡིན་ཏེ། འཇིག་རྟེན་གསུམ་པོ་འདི་ནི་རྡུལ་ ཕྲ་རགས་རྣམས་ཀྱིས་བསྐྱེད་པ་ཡིན་གྱི་རྡུལ་ཕྲ་རགས་མེད་པར་ནི་འབྱུང་བ་མ་ཡིན་ལ་དེ་ བཞིན་དུ་ཐར་པའང་གཟུགས་ཅན་ཡིན་ན་རྡུལ་ཕྲ་རགས་ཀྱིས་བསྐྱེད་དགོས་ལ། གང་རྡུལ་ 3-1-189 ཕྲ་རགས་ཀྱིས་བསྐྱེད་པ་དེ་ཐམས་ཅད་ནི་མི་རྟག་ཅིང་དུས་ཀྱི་དབང་གིས་འཇིག་པར་འགྱུར་ བས་ཐར་པ་གཟུགས་ཅན་རྟག་པ་དང་སྲིད་གསུམ་རྟག་པར་འདོད་པ་ནི་ཤིན་ཏུ་འཁྲུལ་པའོ། ། གཞན་ཡང་བུར་ཤིང་འབྲུ་ལ་སོགས་པ་རྣམས། །རྐང་པས་ཆུ་འཐུངས་ནས་ ནི་མེ་ཏོག་དང༌། །འབྲས་བུ་ལ་སོགས་བསྐྱེད་པར་བྱེད་པའི་ཕྱིར། །སྲོག་དང་ བཅས་པར་འདོད་པའང་མི་འཐད་དེ། །སྲོག་མེད་ན་རྐང་འཐུང་ཞེས་པར་མི་འགྲུབ་སྟེ། སྲོག་མེད་པའི་ཤིང་སྐམ་རྣམས་ནི་ཆུ་འཐུངས་ན་མེ་ཏོག་ལ་སོགས་པ་མི་བསྐྱེད་པའི་ཕྱིར་རོ་ ཞེ་ན། བུར་ཤིང་དུམ་བུ་དུ་མར་བྱས་པ་ན། །སྲོག་ཀྱང་དུ་མ་ཉིད་དུ་མི་འགྱུར་རམ། ། བུར་ཤིང་གི་དབྱུག་པ་གཅིག་དུམ་བུ་དུ་མར་བྱས་པ་ན་སྲོག་ཀྱང་དུ་མ་ཉིད་དུ་ཐལ་བར་ འགྱུར་རོ། །དེ་ལྟ་ན་སྲོག་རྟག་པ་གཅིག་པུར་འདོད་པ་དང་འགལ་བར་འགྱུར་རོ། །ཅི་སྟེ་ དུམ་བུ་གཅིག་ལ་སྲོག་བསྐུམས་ནས། །གཞན་རྣམས་སྲོག་དང་ལྡན་པ་མ་ཡིན་ ན། །བུར་ཤིང་གི་དབྱུག་པ་རིང་པོ་ལ་ཡོད་པའི་སྲོག་དེ་ཐུང་ངུར་བསྐུམས་ནས་དུམ་བུ་གཅིག་ སྲོག་དང་ལྡན་པ་ཡིན་གྱི་གཞན་རྣམས་ལ་སྲོག་མེད་པས་དུ་མར་མི་འགྱུར་རོ། ། ཞེ་ན། དེ་དག་ས་ལ་བཙུགས་ན་སོ་སོ་ལ། །མྱུ་གུ་ལ་སོགས་སྐྱེ་བར་མཐོང་ བའི་ཕྱིར། །དུམ་བུ་གཞན་རྣམས་སྲོག་དང་མི་ལྡན་པར། །འདོད་པའི་དམ་བཅའ་ དང་ཡང་འགལ་བར་འགྱུར། །སྲོག་དང་མི་ལྡན་པར་འདོད་པའི་དུམ་བུ་དེ་དག་ལ་ཡང་ སྲོག་ཡོད་པར་འགྱུར་ཏེ། དེ་དག་ས་ལ་བཙུགས་པ་ན་ཡང་རྐང་པས་ཆུ་འཐུངས་ནས་མྱུ་གུ་ལ་ སོགས་པ་སྐྱེ་བར་མཐོང་བའི་ཕྱིར་རོ། །དེ་བས་ན་ནགས་ཀྱི་ལྗོན་ཤིང་ལ་སོགས་པས་འབྲས་ བུ་བསྐྱེད་པ་ནི་སྲོག་ཡོད་པའི་རྒྱུ་མཚན་གྱིས་མ་ཡིན་གྱི། རྒྱུ་རྐྱེན་རྟེན་འབྲེལ་འཚོགས་པ་ དངོས་པོའི་རང་བཞིན་ཡིན་ནོ། ། 3-1-190 ཕྱི་རོལ་པ་རྣམས་བདེ་བར་འདོད་ན་ཡང༌། །དེ་ཡི་ཐབས་ལ་རྨོངས་པས་དོན་ མེད་པའི། །དཀའ་སྤྱད་སྡུག་བསྔལ་བརྟུལ་ཞུགས་སྣ་ཚོགས་ཀྱིས། །རང་གཞན་ བསླུ་བར་བྱེད་པ་ཤིན་ཏུ་འཁྲུལ། །སྤྱོད་པ་ལ་འཇུག་པར། (མུ་སྟེགས་པ་རྣམས་)སྡུག་བསྔལ་ (གྱི་རྒྱུ་)འདོར་(བར་)འདོད་(པའི་)སེམས་ཡོད་ཀྱང༌། །(ཐབས་མི་མཁས་པས་ཐར་པའི་ཆེད་དུ་མེ་ལ་མཆོང་བ་ ལ་སོགས་པས་དམྱལ་བ་ལ་སོགས་པ་)སྡུག་བསྔལ་(གྱི་རྒྱུ་)ཉིད་ལ་མངོན་པར་རྒྱུག་(སྟེ་ཕྱེ་མ་ལེབ་མར་མེ་ལ་ རྒྱུག་པ་བཞིན་ནོ)། །(མཐོ་རིས་དང་ཐར་པའི་)བདེ་བ་(ཐོབ་པར་)འདོད་ཀྱང་(བླང་དོར་མ་ཤེས་པའི་)གཏི་མུག་ པས། །(སྡུག་བསྔལ་གྱི་རྒྱུ་ལ་ཞུགས་པས་)རང་གི་དགེ་བ་དགྲ་ལྟར་(དུ་)འཇོམས་(སོ)། །ཞེས་གསུངས་ པ་ལྟར། ཕྱི་རོལ་པ་རྣམས་ཀྱང་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་འདོད་ ནའང༌། དེ་དག་གི་ཐབས་ལ་རྨོངས་པས་མེ་ལྔ་བསྟེན་པ་དང༌། རྩེ་གསུམ་ལ་མཆོང་བ་དང༌། གཅེར་བུའི་བརྟུལ་ཞུགས་དང་ཕྱུགས་ཀྱི་མཆོད་སྦྱིན་ལ་སོགས་པ་ལ་འཇུག་པ་ནི་ཐབས་སྣ་ ཚོགས་ཀྱིས་དགག་པར་བྱ་ཞིང༌། དེ་དག་ལ་ཡང་འཚེ་བ་མེད་པ་དང༌། །བདེན་པར་ སྨྲ་དང་ཚངས་པར་སྤྱོད་ལ་སོགས། །སངས་རྒྱས་གསུང་དང་མཐུན་པའི་ཆ་སྣང་ ན། །མཁས་པས་སུན་དབྱུང་བར་ཡང་མི་བྱ་འོ། །ཇི་སྐད་དུ། དྲི་མ་མེད་པའི་འོད་ལས། གང་ཞིག་ཀུན་རྫོབ་པའམ་དོན་དམ་པ་སངས་རྒྱས་ཀྱི་གསུང་དང་མཚུངས་པ་དེ་དག་ནི་སུན་ དབྱུང་བར་མི་བྱའོ། །ཞེས་གསུངས་པ་ལྟར། བདེན་པ་གཉིས་ཀྱི་ཆ་ལ་སངས་རྒྱས་ཀྱི་གསུང་ དང་མཐུན་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་སྣང་བ་རྣམས་ནི་དགག་པར་མི་བྱའོ། ། ནང་བའི་གྲུབ་མཐའ་ལའང༌། དབྱེ་བ་དང༌། ངོ་བོ་གཉིས་ལས། དབྱེ་བ་ནི། ནང་བའི་ གྲུབ་མཐའ་རྣམ་པ་བཞི་ཡིན་ཏེ། །བྱེ་བྲག་སྨྲ་དང་མདོ་སྡེ་སྤྱོད་པ་དང༌། །རྣལ་ འབྱོར་སྤྱོད་པ་སེམས་ཙམ་སྨྲ་བ་དང༌། །མཐའ་བྲལ་སྟོན་པ་དབུ་མ་ཆེན་པོའོ། །དེ་ ཡང་ཀྱཻའི་རྡོ་རྗེ་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། ། 3-1-191 ཞེས་པ་ལྟར་ཕྱི་མ་ཚུལ་ཁྲིམས་རྣམ་དག་ལ་སྦྱར་ནས། དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་ པ་ཡང་དེ་བཞིན་ནོ། །རྣལ་འབྱོར་སྤྱོད་པ་དེ་ལས་ཕྱིས། །དེ་ཡི་རྗེས་སུ་དབུ་མ་བསྟན། །ཞེས་ གསུངས་པ་ལྟར་རང་གི་མོས་པ་དང་མཐུན་པར་རིམ་གྱིས་དྲངས་ཏེ་མཐར་ཐུག་དབུ་མ་ཆེན་ པོ་ལ་སྦྱར་བའི་ཆེད་དུའོ། ། ངོ་བོ་ལ་བཞི་ལས། དང་པོ་བྱེ་བྲག་ཏུ་སྨྲ་བའི་ལུགས་ནི། དྲི་མེད་འོད་ལས། ནམ་མཁའ་ དང་ནི་འགོག་རྣམ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་སྐད་ ཅིག་གམ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །དབང་(པོ་ལས་)སྐྱེས་(པའི་)བློ་(དབང་ཤེས་ལྔ་)ནི་ (ཕྱི་རོལ་དོན་གྱི་རྡུལ་ཕྲ་རབ་དོན་དམ་པར་ཡོད་པར་འདོད་པ་ནི་)རྣམ་(པར་ཤར་བ་)མེད་(པར་ཐུག་ཕྲད་) ཀྱིས། །(རྡུལ་)ཕྲ་རབ་(སོ་སོ་བ་མི་རིག་གི་)བསགས་པ(འི་རགས་པ་དབང་པོས)་དངོས་སུ་རིག་(ཅེས་པའོ)། །ཁ་ཆེའི་ གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཞེས་གསུངས་པ་ལྟར་འཆད་ ཅིང༌། གཟུགས་དང་སེམས་དང་སེམས་ལས་བྱུང་བ་དང་ལྡན་མིན་འདུ་བྱེད་དང་འདུས་མ་ བྱས་པ་སྟེ་ཤེས་བྱ་གཞི་ལྔ་དང་ཡང་སྦྱར་ནས་སྟོན་པ་སྟེ། དེ་ལ་ཉན་ཐོས་བྱེ་བྲག་སྨྲ་བ་ ནི། །འདུས་མ་བྱས་གསུམ་རྟག་པའི་རྫས་གྲུབ་དང༌། །འདུས་བྱས་སྐད་ཅིག་ངོ་ བོར་རྫས་གྲུབ་ཅིང༌། །ཁྱད་པར་ལྡན་མིན་འདུ་བྱེད་རྫས་གྲུབ་དང༌། །སྐྱེ་འཇིག་ གནས་གསུམ་བྲལ་བའི་ནམ་མཁའ་དང༌། སྤང་བྱའི་ས་བོན་དང་བྲལ་བ་གཉེན་པོས་སོ་སོར་ བརྟགས་པས་ཐོབ་པའི་འགོག་པ་དང་རྐྱེན་མ་ཚང་བས་རེ་ཤིག་དགག་བྱ་འགག་ཙམ་སོ་སོར་ བརྟགས་པ་མ་ཡིན་པའི་འགོག་པ་སྟེ་(གང་རྒྱུ་དང་རྐྱེན་མ་ཚང་བའི་སྒོ་ནས་དགག་བྱ་དེ་རེ་ཤིག་འགོག་ལ་དེའི་ས་ བོན་རྣམས་བག་ལ་ཉལ་མ་བཅོམ་ཞིང་སྤང་བ་སླར་མི་ལྡོག་བར་མ་བྱས་པར་གཏན་དུ་འབྲལ་བ་མ་ཡིན་པ་སྟེ། དཔེར་ན་མིག་ ཤེས་སྐྱེས་པ་གཟུགས་ལ་ཡེངས་པ་ན་རྣམ་ཤེས་གཞན་མ་སྐྱེས་པ་ལྟ་བུའམ། བྱ་རོག་སོགས་སྣང་རུང་དུ་ཡོད་པ་ན་ལྟ་འདོད་མེད་ ཅིང༌། ལྟ་འདོད་ཡོད་པ་ན་དེ་ཕྱོགས་གཞན་དུ་སོང་བ་ན་རེ་ཤིག་མ་མཐོང་ཡང༌། གཏན་ནས་མི་མཐོང་བ་ནི་མ་ཡིན་ནོ། །) (འདི་ 3-1-192 ནས་ཆད་དམ་དཔྱོད། ) འདུས་མ་བྱས་གསུམ་ནི། རྒྱུ་རྐྱེན་གྱིས་མ་བསྐྱེད་པ་རྟག་པའི་ངོ་བོར་རྫས་ སུ་གྲུབ་པ་དང༌། འདུས་བྱས་གཟུགས་ཀྱིས་བསྡུས་པ་རྣམས་འབྱུང་བ་དང་འབྱུང་འགྱུར་རྡུལ་ ཕྲན་དང་རགས་པ་གཉིས་ཡིན་ལ། རྡུལ་ཕྲན་ནི། ཕྱི་རོལ་དོན་སྒྲུབ་ཏུ། ཐ་དད་ཕྱོགས་ནས་ མང་པོ་དག། འགའ་ལ་ཀུན་ནས་བསྐོར་ཙམ་དུ། །བརྗོད་པར་ཟད་ཀྱི་རྡུལ་དེ་ཡང༌། །ཆ་ཤས་ བཅས་པའི་བདག་ཉིད་མིན། །ཞེས་པ་ལྟར་རགས་པ་རྩོམ་པ་ན་དབུས་རྡུལ་ལ་ཕྱོགས་དྲུག་ གི་རྡུལ་གྱིས་བསྐོར་ཡང་པར་དང་བཅས་པ་ཆ་ཤས་མེད་པ་རྫས་སུ་གྲུབ་པ་དང༌། རགས་པ་ ནི། རྡུལ་ཕྲན་གང་རྣམས་ཕྲད་གྱུར་ཅིང༌། །རིགས་མཐུན་བྱ་བ་གཅིག་བྱེད་པ། །དེ་རྣམས་ འདུས་པ་ཞེས་བརྗོད་ན། །དེ་རྣམས་རྫས་མེད་ག་ལ་ཞིག །ཅེས་པ་ལྟར་རྡུལ་ཕྲན་དེ་རྣམས་ འཛིན་པར་བྱེད་པའི་རླུང་གིས་ཕྱོགས་གཅིག་ཏུ་བསྡུས་པ་གཡག་རྔ་དང་ནེའུ་སིང་སྔོན་པོ་ལྟ་ བུ་རིགས་མཐུན་ཞིང་བྱ་བ་གཅིག་བྱེད་པའི་རྫས་གྲུབ་དང༌། འདུས་བྱས་ཀྱི་ཁྱད་པར་ལྡན་ མིན་འདུ་བྱེད་རྣམས་ཀྱང་གཟུགས་སེམས་སེམས་བྱུང་རྣམས་ལས་ཐ་དད་པར་རྫས་སུ་གྲུབ་ པ་དང༌། དུས་གསུམ་གཅིག་ནས་གཅིག་འགྲོའི་རྫས་གྲུབ་དང༌། །དབང་ཤེས་དོན་གྱི་ རྣམ་པ་མ་ཤར་ཡང༌། །དོན་དང་ཕྲད་མ་ཐག་ཏུ་ཕྲ་རགས་རྣམས། །བསགས་པའི་ རགས་པ་དངོས་སུ་རིག་པ་དང༌། །དུས་གསུམ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འགྲོ་བའི་ རྫས་སུ་གྲུབ་པ་དང༌། སེམས་གྱིས་བསྡུས་པ་དབང་པོའི་རྣམ་པར་ཤེས་པ་ཚོགས་དྲུག་རྣམས་ ནི་དོན་གྱི་རྣམ་པ་མ་ཤར་ཡང་དོན་དང་ཕྲད་མ་ཐག་ཏུ་རྡུལ་ཕྲ་རགས་བསགས་པ་མངོན་སུམ་ དུ་རིག་པ་རྫས་སུ་གྲུབ་པ་དང༌། དབང་ཤེས་ཀྱི་འཁོར་དུ་སྐྱེས་པའི་སེམས་བྱུང་རྣམས་ཀྱང་ ཡུལ་གྱི་རྣམ་པ་མ་ཤར་བར་ཡུལ་རིག་པའི་རྫས་སུ་གྲུབ་པར་འདོད་ཅིང༌། ཕྱི་བས་བརྟགས་ པའི་བདག་གིས་སྟོང་པ་དང༌། །དབང་ཕྱུག་ལ་སོགས་བྱེད་པོ་མེད་པར་འདོད། ། 3-1-193 རྟག་མི་རྟག་སོགས་གང་དུ་བརྗོད་མིན་པའི། །གང་ཟག་བདེན་པར་འདོད་པ་མི་ འཐད་དེ། །དེ་དག་མུ་སྟེགས་པས་བརྟགས་པའི་བདག་གིས་སྟོང་པ་དང་བྱེད་པ་པོ་དབང་ ཕྱུག་ལ་སོགས་པ་མེད་པར་འདོད་པ་ནི་ལེགས་ཀྱི། བརྗོད་དུ་མེད་པའི་གང་ཟག་གི་བདག་ ཡོད་པར་འདོད་པ་ནི་རིགས་པ་མ་ཡིན་ཏེ། དེ་ཉིད་ཤེས་པ་ཡིན་ན་བུམ་སོགས་ཀྱི། ། ཤེས་པའི་རྫས་སུ་ཤེས་པ་གཞན་སྐྱེ་བས། །མི་རྟག་པར་འགྱུར་བེམ་པོ་ཡིན་ན་ ཡང༌། །བདེ་སྡུག་མྱོང་བ་མེད་པས་གང་ཟག་མིན། །གང་ཟག་གི་བདག་དེ་ཤེས་པའི་ རང་བཞིན་ཡིན་ནམ། མི་ཤེས་པའི་རང་བཞིན་ཡིན། གལ་ཏེ་ཤེས་པའི་རང་བཞིན་ཡིན་ན་མི་ རྟག་པར་འགྱུར་ཏེ། ཡུལ་སྣ་ཚོགས་པ་ལ་འཇུག་པའི་ཤེས་པ་ཡིན་པའི་ཕྱིར་རོ། །དེའང་བུམ་ པའི་ཤེས་པ་འགགས་པ་ན་སྣམ་བུའི་ཤེས་པ་འབྱུང་བ་ལ་སོགས་པ་སྣ་ཚོགས་སུ་འགྱུར་བས་ མི་རྟག་པར་གྲུབ་པོ། །ཅི་སྟེ་མི་ཤེས་པའི་རང་བཞིན་ཡིན་ན་བདེ་བ་དང་སྡུག་བསྔལ་མྱོང་ བ་མ་ཡིན་པར་འགྱུར་ཞིང༌། བདེ་སྡུག་རིག་པ་མ་ཡིན་ན་གང་ཟག་ཡིན་པར་ཡང་འགལ་ལོ། ། འོ་ན་(ཁུར་ཁུར་པའི་མདོར་རྨི་ལམ་གྱི་གནས་སྐབས་ལ་དགོངས་ནས་)བཅོམ་ལྡན་འདས་ཀྱིས་ཀྱང་ཁུར་ཁུར་ བའི་གང་ཟག་ཡོད་དེ། (རྨི་ལམ་གྱི་གནས་སྐབས་དེ་ནི་)རྟག་པར་བདག་མི་སྨྲ་ཞིང་མི་རྟག་པར་ཡང་ བདག་མི་སྨྲའོ། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་(དགོངས་གཞི་)རྨི་ལམ་གྱི་གནས་ སྐབས་ཀྱི་གང་ཟག་ལ་དགོངས་ནས་དགོས་པ་བདག་ཏུ་སྨྲ་བ་རྣམས་བསྟན་པར་གཞུག་པའི་ དོན་དུ་ལྡེམ་པོར་དགོངས་ཏེ་གསུངས་པ་ཡིན་ནོ། ། གཉིས་པ་མདོ་སྡེ་པའི་ལུགས་ནི། དྲི་མེད་འོད་ལས་(མདོ་སྡེ་བས་ལུགས་ལ་དབང་བོའི)། ཤེས་པ་ (ཡུལ་གྱི་)རྣམ་(པར་)བཅས་(པ་དང་)སྐྱེད་བྱེད་ནི་(ཆོས་ཅན)། །དབང་པོའི་(ཤེས་པ་དེའི་)སྤྱོད་ཡུལ་དུ་ སྣང་བ་མིན་(ཏེ)། །(དེ་དང་དུས་སྔ་ཕྱི་ཐ་དད་པའི་ཕྱིར་)ནམ་མཁའ་(ནི་)མོ་གཤམ་བུ་དང་མཚུངས་(པ་ དངོས་པོ་མེད་ལ)། །འགོག་པ་(གཉིས་པོ་)དང་ནི་ནམ་མཁའ་མཚུངས། །(གཟུགས་སེམས་སེམས་བྱུང་ལས་ཐ་ 3-1-194 དད་པའི་)འདུ་བྱེད་བེམ་པོ་(འཕེལ་འགྲིབ་ཀྱི་ཆ་ལ་བཏགས་པ་ཐོས་པ་དང་། ཤེས་རིག་འགགས་པའི་ཆ་ལ་བཏགས་པ་ འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་སྟེ་སྙོམས་པར་འཇུག་ པ་འབྲས་བུ་དང་བཅས་པ་དང་། གནས་པའི་ཆ་ལ་བཏགས་པ་སྲོག་གི་དབང་པོ་དང་། འདྲ་བའི་ཆ་ལ་བཏགས་པ་རིགས་མཐུན་ པ་དང༌། མཚན་ཉིད་ཀྱི་ཆ་ལ་བཏགས་པ་སྐྱེ་བ་དང་། རྒ་བ་དང༌། གནས་པ་དང༌། མི་རྟག་པ་ཉིད་དེ་ཆོས་བཞི་དང༌། ཐ་སྙད་ཀྱི་ ཆ་ལ་བཏགས་པ་མིང་དང་ཚིག་དང་ཡི་གེའི་ཚོགས་ཏེ་ཚོགས་གསུམ་དང་། མ་ཐོས་པའི་ཆ་ལ་བཏགས་པ་སོ་སོ་སྐྱེ་བོ་ཉིད་དེ་བཅུ་ བཞི་པོ་)ཡོད་མ་ཡིན། །དུས་གསུམ་(གཅིག་གཅིག་གི་གནས་སྐབས་སུ་)རྗེས་(སུ་)འགྲོ་(བའི་རྫས་གྲུབ་)དག་ ཀྱང་མེད་(པར)། །(སངས་རྒྱས་མྱ་ངན་ལས་འདས་ནས་ཡེ་ཤེས་ཀྱི་སྐུ་)ཐོགས་པ་མེད་པའི་གཟུགས་ཡོད་(པ) མིན། །ཞེས་པ་མདོ་སྡེ་པ་ཡི་རིག་(ཅིང་རྣམ་པར་བཞག་གོ)། ཞེས་གསུངས་པ་ལྟར་འཆད་པ་ལ། མདོ་སྡེ་པ་དག་ཤེས་པ་ལ་སྣང་བའི། །ཡུལ་གྱི་རྣམ་པ་ཤེས་པ་ཉིད་ཡིན་གྱི། ། རང་བས་སྔ་བ་རྣམ་པ་གཏོད་བྱེད་ཀྱི། །གཟུང་དོན་དབང་ཤེས་དེ་ཡི་སྤྱོད་ཡུལ་ མིན། །ཤེས་བྱ་གཞི་ལྔའི་ནང་ནས་སེམས་དབང་པོའི་ཤེས་པ་ལ་སྣང་བའི་ཡུལ་གྱི་རྣམ་པ་ དེ་ཤེས་པ་ཉིད་ཡིན་གྱི། རང་བས་སྐད་ཅིག་གིས་སྔ་བ་རྣམ་པ་གཏོད་བྱེད་ཀྱི་གཟུང་དོན་ནི་ དབང་ཤེས་དེའི་སྤྱོད་ཡུལ་དུ་སྣང་བ་མ་ཡིན་ཏེ། དུས་མི་མཉམ་པའི་ཕྱིར། གཟུང་འཛིན་ དུས་མི་མཉམ་ཡང་འདྲ་བ་སྐྱེད་བྱེད་ཡུལ་དང་འདྲ་བར་བསྐྱེད་པས་ཡུལ་ཅན་དུ་འཇོག་སྟེ། རྣམ་འགྲེལ་ལས། (ཡིད་མངོན་དེ་དང་)དུས་(སྔ་ཕྱི་)ཐ་དད་པས་(གལ་ཏེ་དབང་བོའི་མངོན་སུམ་གྱི་གཟུང་དོན་ གྱི་རྗེས་དེ་མ་ཐག་པའི་དོན་དེ་ཡིད་ཀྱི་མངོན་སུམ་དེས་)ཇི་ལྟར་བཟུང་(སྟེ་མི་འཛིན་པར་ཐལ)། །ཞེ་ན་(དེའི་སྐྱོན་ མེད་དོ་)རིགས་པ་ཤེས་པ་ཡིས། །(རང་འཛིན་)ཤེས་(པ་ལ་ཤེས་)པའི་རྣམ་པ་འཇོག་ནུས་པའི། །རྒྱུ་ ཉིད་ལ་ནི་གཟུང་པ་(ཞེས་བྱ་བ)ར་ཤེས་(པའི་ཕྱིར)། །ཞེས་གསུངས་པ་ལྟར་རོ། །སེམས་བྱུང་ཡང་ ཡུལ་གྱི་རྣམ་པ་དང་བཅས་པའི་རྫས་སུ་གྲུབ་པར་འདོད་ཅིང༌། གཉིས་ཀ་ཡང་ཤེལ་དག་པ་ ལ་སྣང་བའི་ཚོན་གྱི་ཁ་དོག་(ཤེལ་གྱི་ངོ་བོ་)ཡིན་པ་ལྟར་རང་དང་ངོ་བོ་གཅིག་པའི་དོན་གྱི་རྣམ་ 3-1-195 པར་རིག་པས་རང་རིག་མཚན་ཉིད་པ་དང་དོན་རིག་བཏགས་པ་བ་སྟེ། (དེའི་རྒྱུ་མཚན་)དོན་(དུ་)འཇོག་(པའི་གཟུགས་) དེ་ཡི་བདག་ཉིད་(རྣམས་དེ་ཤེས་པ་ཡིན་པའི་)ཕྱིར་(རོ)། །(གལ་ཏེ་གཟུང་རྣམ་ཚད་ མར་དང་རང་རིག་འབྲས་བུར་བྱས་ན་ཚད་འབྲས་ཡུལ་རྫས་ཐ་དད་པ་ལ་འཇུག་པར་འགྱུར་རོ་ཞེ་ན་དོན་དེ་དེ་མ་ཡིན་པར་ཐལ་) རང་རིག་(འབྲས་བུ་)ཡིན་ཡང་(ཐ་སྙད་དུ་)དོན་རིག་(འབྲས་བུར་འདོད་པ་)ཉིད་(ཡིན་པའི་ཕྱིར)། །ཅེས་ གསུངས་པ་ལྟར་རོ། །གཟུགས་ཀྱི་གཞི་ཡང་སྔ་མ་ལྟར་རྩོམ་བྱེད་རྡུལ་ཕྲན་དང་དེས་བརྩམས་ པའི་རགས་པ་གཉིས་ཡིན་ལ། རྡུལ་ཕྲན་རྣམས་ནི་མ་རེག་ཀྱང་བར་མེད་པས་རེག་པས་འདུ་ ཤེས་སོ་ཞེས་པ་ལྟར་ཕན་ཚུན་མ་རེག་པ་ཡང་ཡིན་ལ་བར་མེད་པ་ཡང་ཡིན་པའི་རྫས་སུ་གྲུབ་ པར་འདོད་ཅིང༌། འདུས་མ་བྱས་གསུམ་མེད་དགག་ཡིན་པས་ན། །མོ་གཤམ་བུ་ བཞིན་རྫས་སུ་གྲུབ་པ་མེད། །ལྡན་མིན་འདུ་བྱེད་གཟུགས་སེམས་སེམས་བྱུང་གི། གནས་སྐབས་ཡིན་གྱི་བེམ་པོ་རྫས་གྲུབ་མིན། །འདུས་མ་བྱས་ཀྱི་ནམ་མཁའ་དང་ སོ་སོར་བརྟགས་པའི་འགོག་པ་དང་སོ་སོར་བརྟགས་མིན་གྱི་འགོག་པ་གསུམ་ནི་དགག་བྱ་ བཀག་པའི་མེད་དགག་ཙམ་ཡིན་པའི་ཕྱིར། མོ་གཤམ་གྱི་བུ་དང་འདྲ་བར་རྫས་སུ་གྲུབ་པ་ མེད་ཅིང༌། ལྡན་མིན་འདུ་ཤེས་ཀྱང་གཟུགས་དང་སེམས་དང་སེམས་བྱུང་གི་གནས་སྐབས་ ལ་བཏགས་པ་ཙམ་ཡིན་གྱི། དེ་གསུམ་ལས་རྫས་ཐ་དད་དུ་གྲུབ་པའི་དངོས་པོར་ཡོད་པ་མ་ ཡིན་ལ། དུས་གསུམ་འདུས་བྱས་སྔ་ཕྱི་ལ་ལྟོས་ནས། །བཏགས་པ་ཡིན་གྱི་རྫས་ གྲུབ་མིན་པར་འདོད། །མྱ་ངན་འདས་ནས་ཐོགས་པ་མེད་པའི་གཟུགས། །ངོ་བོ་ གྲུབ་པ་མེད་པར་འདོད་ན་ཡང༌། །དབུས་དང་མཐའ་རྣམ་པར་འབྱེད་པ་ལས། (རྒྱུ་དང་) འབྲས་བུ་(སྤྱད་ཟིན་པ་ནི་འདས་པ་ཡིན་ཏེ། སྔོན་བྱུང་བའི་དབང་གིས་འགག་པའི་ཕྱིར་)རྒྱུ་རྣམས་སྤྱད་ཟིན་(ལ་ འབྲས་བུ་མ་སྤྱད་པ་ནི་ད་ལྟ་བ་ཡིན་ཏེ། སྐྱེ་ལ་མ་འགགས་པ་ཡིན་པའི་ཕྱིར་)དང༌། །དེ་བཞིན་(དུ་རྒྱུ་དང་འབྲས་བུ་གང་ ཡང་)མ་སྤྱད་(པ་ནི་སྔ་མ་ཉིད་ལས་)གཞན་(མ་འོངས་པ་ཡིན་ཏེ། ཕྱིས་འབྱུང་བ་)ཡིན་(པའི་ཕྱིར་)ནོ། །ཞེས་ 3-1-196 གསུངས་པ་ལྟར། དུས་གསུམ་ནི་འདུས་བྱས་རྒྱུ་འབྲས་སྔ་ཕྱི་ལ་ལྟོས་ནས་བཏགས་པ་ཡིན་ གྱི་གཅིག་ནས་གཅིག་ཏུ་འགྲོ་བའི་རྫས་སུ་གྲུབ་པ་ནི་མེད་པར་འདོད་ཅིང༌། མྱ་ངན་ལས་ འདས་པ་ན། མར་མེ་ཤི་བར་གྱུར་པ་བཞིན། །དེ་ཡི་སེམས་ནི་རྣམ་པར་རོལ། །ཞེས་གསུངས་ པ་ལྟར། ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྐུའམ་གཟུགས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་པར་ འདོད་མོད། འབྲས་བུ་ཐོབ་ནས་མར་མེ་བརྣལ་བ་དང༌། །མཚུངས་པར་ཅི་ཡང་མེད་པ་ མ་ཡིན་ཏེ། །སྐུ་དང་ཡེ་ཤེས་རྫུ་འཕྲུལ་མངོན་ཤེས་སོགས། །དོན་གཉིས་ཕུན་སུམ་ ཚོགས་པ་ཡོད་ཕྱིར་རོ། །འབྲས་བུ་མཐར་ཐུག་མྱ་ངན་ལས་འདས་པ་ཐོབ་པ་ན་རྡུལ་ཕྲ་ རབ་ཀྱི་ཆོས་ལས་འདས་པ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་གཟུགས་སམ་སྐུ་དུས་གསུམ་རིག་ པ་མེད་ན། སངས་རྒྱས་དེ་ཐམས་ཅད་མཁྱེན་པ་མ་ཡིན་པ་དང༌། སྐུ་བཞི་དང་ལྡན་པ་མ་ཡིན་ པ་དང༌། རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་སྟོན་པ་མ་ཡིན་པ་དང༌། སེམས་ཅན་ཐམས་ཅད་ ཀྱི་སྐད་ཀྱིས་ཆོས་སྟོན་པ་པོ་མ་ཡིན་པ་ལ་སོགས་པར་ཐལ་བར་འགྱུར་བ་ལས་དེ་ལྟར་ཡང་ མ་ཡིན་ཏེ། མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་ བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པཎ་ཅན། །སྤྱན་ལྔ་ཆགས་པ་མེད་པ་ འཆང༌། །ཞེས་པ་ལ་སོགས་པ་གསུངས་པ་ལྟར། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ ན་སྐུ་བཞི་དང་ཡེ་ཤེས་ལྔ་དང་མངོན་པར་ཤེས་པ་དྲུག་ལ་སོགས་པ་དོན་གཉིས་མཐར་ཕྱིན་ པའི་ཡོན་ཏན་ཕུན་སུམ་ཚོགས་པ་མཐའ་ཡས་པ་མངའ་བའི་ཕྱིར་རོ། ། གསུམ་པ་སེམས་ཙམ་པའི་ལུགས་ནི། དྲི་མེད་འོད་ལས། (མུ་སྟེགས་པས་འདོད་པ་ལྟར་)ཡན་ ལག་ཅན་ཞེས་བྱ་བ་མེད་(ཅིང་)། །(ཉན་ཐོས་པ་དག་འདོད་པ་ལྟར་ཆ་ཤས་མེད་པའི་)ཕྲ་རབ་རྡུལ་(བསགས་ པའི་ཕྱི་རོལ་གྱི་དོན་)ཡང་ཡོད་མ་ཡིན། །(དོན་མེད་ཀྱང་དོན་ལྟ་བུར་སྣང་བ་ནི་)རྨི་ལམ་ཉམས་སུ་མྱོང་བ་(སྟེ་ 3-1-197 སྣང་བ་)བཞིན། །དམིགས་པ(འི་དོན)་མེད་པར་(བག་ཆགས་ཀྱི་དབང་ལས་དོན་གྱི་རྣམ་པ་)རབ་ཏུ་སྣང༌། ། (དེས་ན་)གཟུང་(བ་ཕྱི་རོལ་གྱི་དོན་)དང་(དེ་)འཛིན་པ(འི་ཤེས་པ་ལས)་རྣམ་གྲོལ་བའི། །(རང་གིས་རང་ རིག་པ་)རྣམ་པར་ཤེས་པ་(སྐད་ཅིག་མ་)དོན་དམ་(པར་)ཡོད། །ཅེས་པ་རྣམ་པར་སྤྱོད་པའི་གཞུང༌། ། རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །ཞེས་གསུངས་པ་ལྟར་འཆད་པ་སྟེ། རྣལ་འབྱོར་ སྤྱོད་པ་སེམས་ཙམ་སྨྲ་བ་དག །མུ་སྟེགས་ཅན་རྣམས་འདོད་པ་ལྟ་བུ་ཡི། །ཡན་ ལག་ཅན་ཞེས་བྱ་བའི་བདག་མེད་ཅིང༌། །ཉན་ཐོས་སྡེ་གཉིས་འདོད་པ་ལྟ་བུ་ཡི། ། ཕྲ་རབ་རྡུལ་ཡང་དཔྱད་ན་རྫས་གྲུབ་མེད། །རྨི་ ལམ་སྣང་བ་བཞིན་དུ་ཕྱི་རོལ་ གྱི། །དམིགས་པ་དོན་ལ་མེད་ཀྱང་བག་ཆགས་ཀྱི། །དབང་གིས་དོན་དུ་སྣང་བ་ ཙམ་དུ་འདོད། །མུ་སྟེགས་པ་རྣམས་གྱིས་བཏགས་པ་རྟག་ཅིག་རང་དབང་ཅན་ལ་སོགས་ པའི་ཡན་ལག་ཅན་ཞེས་བྱ་བའི་བདག་ནི་མེད་ཅིང༌། ཉི་ཤུ་པར། (རགས་པ་རྩོམ་པ་ན་)དྲུག་ གིས་གཅིག་ཆར་སྦྱར་བ་ན། །ཕྲ་རགས་རྡུལ་(ཕྱོགས་)ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་ (ས་)གཅིག་(ནས་སྦྱོར་)ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་པ་ལ་སོགས་ པའི་རིགས་པས་དཔྱད་ན། ཉན་ཐོས་སྡེ་པ་གཉིས་ཀྱི་འདོད་པའི་རྡུལ་ཕྲན་ཆ་མེད་དང༌། དེ་ བསགས་པའི་ཕྱི་རོལ་གྱི་དོན་ཡང་བདེན་པར་ཡོད་པ་མ་ཡིན་ལ། ལང་ཀར་གཤེགས་པར། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་པ་དང༌། བག་ ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །ཞེས་གསུངས་པ་ལྟར། དོན་མེད་ཀྱང་གཟུགས་ཀྱི་གཞི་དོན་དུ་སྣང་པ་ནི་རྨི་ལམ་དུ་དོན་གྱི་རྣམ་པ་ཉམས་སུ་མྱོང་བ་ བཞིན་དུ་བག་ཆགས་ཀྱི་དབང་གིས་སྣང་བ་ཙམ་ཡིན་ཞིང༌། གཟུང་འཛིན་གཉིས་མེད་ རང་རིག་རང་གསལ་གྱི། །རྣམ་ཤེས་དོན་དམ་ཡོད་པར་འདོད་མདོ་ཀྱི། །ཤེས་ པ་སྐད་ཅིག་ངོ་བརོ་མ་གྲུབ་པས། །དེ་བསགས་རྒྱུན་ཡང་དོན་ལ་གྲུབ་པ་མེད། ། 3-1-198 སེམས་ཀྱི་གཞི་རྣམ་པར་ཤེས་པ་ཚོགས་བརྒྱད་དང་དེ་དག་གི་འཁོར་སེམས་ལས་བྱུང་བ་ ཐམས་ཅད་ཀྱང༌། གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་ པ་ལྟར་གཟུང་འཛིན་གྱི་དྲི་མས་མ་གོས་པའི་རང་རིག་རང་གསལ་དོན་དམ་པར་ཡོད་པར་ འདོད་མོད། དེ་ལྟར་ཡང་རིགས་པ་མ་ཡིན་ཏེ། ཇི་སྐད་སྐད་ཅིག་མཐོང་བ་བཞིན། །ཐོག་མ་ དབུས་ཀྱང་བརྟག་པར་གྱིས། །ཐོག་མ་དབུས་དང་ཐ་མ་ཡང༌། །སྐད་ཅིག་བཞིན་དུ་བསམ་ བྱས་ན། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གསུངས་པ་ལྟར། ཤེས་པ་སྐད་ཅིག་གི་ངོ་ བོར་བདེན་པར་མ་གྲུབ་པས་དེ་བསགས་པའི་རྒྱུན་ཡང་བདེན་པར་མི་འགྲུབ་པའི་ཕྱིར་དང༌། གཟུང་བ་མེད་ན་དེ་འཛིན་མེད། །ཅེས་པ་ལྟར། གཟུང་བྱའི་ཡུལ་བདེན་པར་མ་གྲུབ་པས་དེ་ འཛིན་གྱི་ཤེས་པའང་བདེན་པར་མི་འགྲུབ་པའི་ཕྱིར་རོ། །སྔར་བཞིན་ལྡན་མིན་འདུ་བྱེད་ནི་ སེམས་དང་སེམས་བྱུང་གི་གནས་སྐབས་ལ་བཏགས་པ་ཙམ་དང༌། འདུས་མ་བྱས་ཀྱང་མེད་ དགག་ཡིན་པས་རྫས་སུ་གྲུབ་པར་མེད་པར་འདོད་དོ། ། བཞི་པ་དབུ་མ་པའི་ལུགས་ནི། དྲི་མེད་འོད་ལས། (ཕྱི་རོལ་གྱི་དོན་མེད་པར་མ་ཟད་)རྣམ་ཤེས་ དེ་ཡང་(ཆོས་ཅན་)དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །(བདེན་པའི་)གཅིག་དང་ (ཡང་བྲལ་)དུ་མའི་རང་བཞིན་དང་(ཡང་)། །བྲལ་བ(འི་ཕྱིར་དཔེར་ན་)ས་ནམ་མཁའི་པད་མོ་བཞིན། ། (རྡུལ་ཕྲ་རབ་དང་རྣམ་ཤེས་སོགས་བདེན་པའི་དངོས་པོ་)ཡོད་(པ་)མིན་(ཞིང་རི་བོང་གི་རྭ་ལྟར་ཅི་ཡང་)མེད་(པ་) མིན་(ལ་)ཡོད་མེད་(གཉིས་ཀ་)མིན། །གཉིས་ཀའི་བདག་ཉིད་མིན་པ(འི་མཐའ་)འང་མིན་(པས་ན)། ། མཐའ་བཞི་ལས་ནི་རྣམ་གྲོལ་བའི། །དེ་(ཁོ་ན་)ཉིད་(སོ་སོ་རང་རིག་གི་སྤྱོད་ཡུལ་དུ་གྱུར་པ་ཞིག་)དབུ་མ་ པ་ཡིས་རིག །ཅེས་གསུངས་པ་ལྟར་འཆད་པ་སྟེ། དབུ་མ་པ་རྣམས་མུ་སྟེགས་འདོད་ པ་ཡི། །ཡན་ལག་ཅན་ལ་སོགས་པའི་བདག་མེད་ཅིང༌། །ཉན་ཐོས་སྡེ་གཉིས་ འདོད་པའི་ཕྱི་རོལ་གྱི། །དོན་ཡང་བདེན་པར་ཡོད་པ་མ་ཡིན་ལ། །དབུ་མ་རྩ་བར། 3-1-199 གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་ཞིང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་པ་ལ་སོགས་པའི་རིགས་པས་མུ་ སྟེགས་ཅན་ལ་སོགས་པས་འདོད་པའི་ཡན་ལག་ཅན་གྱི་བདག་བདེན་པར་གྲུབ་པ་མེད་ཅིང༌། ཡི་དྭགས་(ཀྱིས་རྣག་ཁྲག་ཏུ་མཐོང་བ་དང་)དུད་འགྲོ་(ལ་གནས་ཀྱི་ཁྱད་པར་དང་)མི་རྣམས་(ལ་འབྱུང་བ་སོགས་) དང༌། །ལྷ་རྣམས་(ལ་བདུད་རྩི་དང་དམྱལ་བ་པ་རྣམས་ལ་གཙོ་བསྲེག་དང་། ལྷན་མིན་རྣམས་ལ་མཚོན་ཆ་སོགས་རང་ རང་གི་བག་ཆགས་བཟང་ངན་དང་མཐུན་པར་)སོ་སོ་རིས་རིས་སུ། །དངོས་(པོ་)གཅིག་(ཡིན་ཀྱང་སེམས་ཅན་ རྣམས་ཀྱི་)ཡིད་(ལ་)ནི་(སྣང་བ་)ཐ་དད་(པ་སྣ་ཚོགས་སུ་སྣང་བའི་)ཕྱིར། །(བྱིས་པ་རྣམས་ལ་སྣང་བ་ལྟར་ཕྱི་རོལ་ གྱི་)དོན་མ་གྲུབ་པར་འདོད་པ་(སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་)ཡིན་(ནོ)། །ཞེས་པ་ལྟར། ཆུ་ལྟ་བུ་དངོས་པོ་གཅིག་ཉིད་སེམས་ཅན་སོ་སོ་ལ་མི་འདྲ་བ་སྣ་ཚོགས་སུ་སྣང་བའི་ཕྱིར་ཉན་ ཐོས་པའི་འདོད་པ་ལྟར་ཕྱི་རོལ་གྱི་དོན་ཡང་བདེན་པར་ཡོད་པ་མ་ཡིན་ལ། སེམས་ཙམ་ པ་རྣམས་འདོད་པའི་རྣམ་ཤེས་ཀྱང༌། །དོན་ལ་བདེན་པར་ཡོད་པ་མ་ཡིན་ཏེ། ། གཅིག་དང་དུ་མའི་རང་བཞིན་བྲལ་བའི་ཕྱིར། །དཔེར་ན་ནམ་མཁའི་པད་མོ་ཇི་ བཞིན་ནོ། །རྣམ་འགྲེལ་ངེས་སུ་ཡང༌། (རིགས་པ་)གང་གིས་(རྟེན་འབྲེལ་གྱིས་བསྡུས་པའི་)དངོས་པོ་ རྣམ་(པར་)དཔྱད་ན། །དེ་ཉིད་དུ་(སྟེ་ཡང་དག་པར་)ན་དེ་(རྣམས་)དངོས་(པོར་)མེད་(དོ)། །གང་གི་ཕྱིར་ (ཞེ་)ན་(དངོས་པོ་)དེ་དག་ལ། །(བདེན་པའི་)གཅིག་དང་དུ་མའི་རང་བཞིན་མེད་(པའི་ཕྱིར་རོ)། །ཞེས་ གསུངས་པ་ལྟར། སྤྱིར་ཡང་ཕྱི་ནང་གཟུང་འཛིན་གྱི་དངོས་པོ་ཐམས་ཅད་བདེན་པར་ཡོད་ པ་མ་ཡིན་ཞིང༌། ཁྱད་པར་སེམས་ཙམ་པས་འདོད་པའི་ནང་རྣམ་པར་ཤེས་པ་དེ་ཡང་བདེན་ པར་ཡོད་པ་མ་ཡིན་ཏེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར། ཞེས་པས་ཀུན་ རྫོབ་རྣམ་ཤེས་ལ་སྣང་ཡང་དཔྱད་ན་རང་བཞིན་མེད་པར་སྟོན་པ་བཀའ་བར་པ་དང་མཐུན་ པའི་དབུ་མ་དང༌། ཀུན་རྫོབ་ཆོས་རྣམས་བརྟགས་ན་མེད་པ་དང༌། །དོན་དམ་རང་ 3-1-200 བཞིན་ཆོས་དབྱིངས་དེ་བཞིན་ཉིད། །མུ་བཞིའི་སྤསྲོ་པ་ཀུན་ལས་རྣམ་གྲོལ་བ། ། འགྱུར་མེད་ཡོངས་གྲུབ་དོན་ལ་གནས་པར་བཞེད། །དེ་ཡང་ཇི་སྐད་དུ། མདོ་སྡེའི་ རྒྱན་ལས། (ཆོས་ཉིད་དེ་བཞིན་ཉིད་དེ་བདག་གཉིས་སུ་བཏགས་པ་དང་གདགས་གཞི་ཤེས་པ་གཞན་དབང་གི་ངོ་བོར་) ཡོད་(པ་)མིན་(ཞིང་དེ་དག་གིས་སྟོང་པ་ཆོས་ཉིད་ཡོངས་གྲུབ་ཀྱི་ངོ་བོར་)མེད་(པའམ་)མིན་(པ་དང་ཀུན་བཏགས་ ནི་བློ་འཁྲུལ་པས་བཏགས་པ་ཡིན་ལ་གཞན་དབང་ཡང་ཀུན་ཏུ་རྟོག་པས་འདུས་བྱས་མ་ཡིན་པ་དང༌། ཆོས་ཉིད་ཡོངས་གྲུབ་ ནི་འདུས་མ་བྱས་ཡིན་པས་དེ་དག་)དེ་བཞིན་(ཏེ་གཅིག་པ་)མིན་(ཞིང་དེ་དག་ཁོ་ན་ལས་)གཞན་(པ་)མིན་(ནོ)། ། (ཆོས་ཉིད་འདུས་མ་བྱས་ཡིན་པས་ཐོག་མར་)སྐྱེ་(བ་མེད་པ་)དང་(མཐར་)འཇིགས་(པ་)མེད་(པ་དང་ལམ་བསྒོམས་ ཏེ་སྤང་བྱ་ཀུན་ནས་ཉོན་མོངས་པའི་ཆོས་འགགས་ཀྱང་དེའི་ཆོས་ཉིད་)འབྲི་བར་མི་འགྱུར་ཏེ། །(གཉེན་པོ་རྣམ་པར་ བྱང་བའི་ཆོས་འཕེལ་བ་ན་དེའི་ཆོས་ཉིད་)འཕེལ་བ་མེད་ཅིང་(མི་འགྱུར་བར་གནས་པ་དང་། དེ་བཞིན་ཉིད་ཀྱི་ངོ་བོ་ གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་ཕྱིས་)རྣམ་པར་དག་པའང་ མེད་(པར་འགྱུར་དགོས་པ་ལ)། །(འོན་ཀྱང་ལམ་བསྒོམས་ཏེ་གློ་བུར་གྱི་དྲི་མ་དང་བྲལ་བར་བྱ་དགོས་པས་)རྣམ་པར་ དག་(པར་)འགྱུར་(བའང་ཡིན་པ་སྟེ། དེ་ལྟར་ན་གཉིས་སུ་མེད་པའི་མཚན་ཉིད་རྣམ་པ་ལྔ་པོ་)དེ་ནི་དོན་དམ་(པའི་) མཚན་(ཉིད་ཡིན་པར་རིག་པར་བྱའོ)། །ཞེས་པ་དང༌། དེ་ཉིད་(དབྱིག་གཉེན་)ཀྱི་འགྲེལ་པར། གཉིས་ སུ་མེད་པའི་དོན་ནི་དམ་པ་སྟེ། །གཉིས་སུ་མེད་པའི་དོན་དེ་ཡང་རྣམ་པ་ལྔས་ཡང་དག་པར་ སྟོན་ཏོ། །ཀུན་བཏགས་པ་དང་གཞན་གྱི་དབང་གི་མཚན་ཉིད་དག་གིས་ནི་ཡོད་པ་མ་ཡིན་ ནོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ། །ཀུན་བཏགས་པ་དང་གཞན་ གྱི་དབང་དང༌། ཡོངས་སུ་གྲུབ་པ་དག་གཅིག་པ་ཉིད་མེད་པས་དེ་བཞིན་མ་ཡིན་ནོ། །དེ་དག་ ཁོ་ན་ལས་གཞན་པ་ཉིད་མེད་པས་གཞན་མ་ཡིན་ནོ། །ཆོས་ཀྱི་དབྱིངས་འདུས་མ་བྱས་པ་ ཡིན་པའི་ཕྱིར་སྐྱེ་བ་ཡང་མེད་འཇིག་པ་ཡང་མེད་དོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་ བྱང་བ་དག་འགག་པ་དང་སྐྱེ་བ་ན་དེ་བཞིན་དུ་གནས་པའི་ཕྱིར་འགྲིབ་པར་ཡང་མི་འགྱུར་ 3-1-201 འཕེལ་བར་ཡང་མི་འགྱུར་རོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ ཕྱིར་རྣམ་པར་དག་པར་འགྱུར་བ་མེད་དོ། །གློ་བུར་གྱི་ཉོན་མོངས་པ་དང་བྲལ་བས་རྣམ་པར་ མ་དག་པ་ཡང་མ་ཡིན་ཏེ། དེ་ལྟར་ན་གཉིས་སུ་མེད་པའི་མཚན་ཉིད་རྣམ་པ་ལྔ་པོ་དེ་ནི་དོན་ དམ་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར་དོན་དམ་པའི་བདེན་ པ་དེ་ཀུན་བཏགས་དང་གཞན་དབང་གིས་བསྡུས་པའི་ཀུན་རྫོབ་གློ་བུར་གྱི་དྲི་མ་མཐའ་དག་ གིས་སྟོང་པས་ཡོད་པའི་མཐའ་དང་བྲལ་ཞིང༌། ཡོངས་གྲུབ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ ཀྱིས་མི་སྟོང་པས་མེད་པའི་མཐའ་དང་བྲལ་ལ། དེ་དག་གཅིག་པ་ཉིད་མེད་པས་གཉིས་ཡིན་ གྱི་མཐའ་དང་ཡང་བྲལ་བ་དང་དེ་དག་ལས་གཞན་མེད་པས་གཉིས་མ་ཡིན་གྱི་མཐའ་དང་ བྲལ་བའོ། །ཞེས་པ་དོན་དམ་ཡེ་ཤེས་ལ་སྣང་ཡང་མུ་བཞིའི་སྤྲོས་པ་དང་བྲལ་བར་སྟོན་པ་ བཀའ་ཐ་མ་དང་མཐུན་པའི་དབུ་མའོ། །གྲུབ་མཐའ་བཞི་སྟོན་པའི་ཚིགས་བཅད་དྲི་མེད་འོད་ ལས་གསུངས་པ། འདི་རྣམས་འཇམ་དཔལ་གྱིས་མཛད་པའི་རང་གི་ལྟ་བའི་འདོད་པ་མདོར་ བསྟན་པ་དང༌། འཕགས་པ་ལྷས་མཛད་པའི་ཡེ་ཤེས་སྙིང་བོ་ཀུན་ལས་བཏུས་པ་དང༌། ཛེ་ཏ་ རིས་མཛད་པའི་བདེ་གཤེགས་གཞུང་གི་རབ་དབྱེ་རྣམས་ལས་ཀྱང་མཐུན་པར་གསུངས་སོ། ། དོན་བསྡུས་ཏེ་གདམས་པ་ནི། མདོར་ན་ཕྱི་རོལ་པ་རྣམས་འདོད་པ་ཡི། །བྱེད་ པོ་རང་དབང་ཅན་དང་བདག་མེད་ཅིང༌། །སྲོག་གི་མཆོད་པས་མཐོ་རིས་ཐོབ་ པ་དང༌། །རྒྱུ་འབྲས་གཏད་ནས་མེད་པའང་མི་འཐད་ལ། །དེ་ཡང་དྲི་མེད་འོད་ལས། ལུས་དང་ངག་དང་ཡིད་ཀྱི་ལས། །དགེ་(བ་)དང་མི་དགེ་(བ་)གང་བྱེད་པ། །དེ(འི་)འབྲས་(བུ་ལ་) སེམས་ཅན་(རྣམས་)ལོངས་སྤྱོད་དེ། །ལྷ་གཞན་(དབང་ཕྱུག་ལ་སོགས་པས་བདེ་སྡུག་གི་)འབྲས་བུ་སྟེར་ བ་མིན་(ནོ)། །ཞེས་གསུངས་པ་ལྟར། སེམས་ཅན་རྣམས་རང་གི་ལས་ཀྱི་འབྲས་བུ་ལ་ལོངས་ 3-1-202 སྤྱོད་པ་ཡིན་གྱི། བྱེད་པ་པོ་བདག་དང་དབང་ཕྱུག་ལ་སོགས་པ་སུ་ཡང་མེད་ཅིང༌། སྲོག་ གཅོད་ལ་སོགས་པ་མི་དགེ་བ་སྤྱད་པ་ལས་ནི་ངན་སོང་དུ་ལྟུང་བ་ཉིད་དོ། ། ཉན་ཐོས་བྱེ་བྲག་སྨྲ་བའི་འདོད་པ་ཡི། །བརྗོད་དུ་མེད་པའི་གང་ཟག་བདག་ ཀྱང་མེད། །མདོ་སྡེ་པ་ལྟར་མྱ་ངན་འདས་པ་ཡང༌། །མར་མེ་ཤི་བ་ལྟ་བུར་གཏན་ མེད་མིན། །ཇི་སྐད་དུ། རྒྱན་ལས། (ཕུང་པོའི་རྒྱུན་ལས་སོ་སོ་སྐྱེ་བོ་དང་འཕགས་པའི་)གང་ཟག་(ཞེས་པ་ ལ་སོགས་པ་)བཏགས་པར་ཡོད་(པ་)ཉིད་དུ། །བརྗོད་(པར་)བྱེད་(པ་ཡིན་གྱི་རྟག་པ་གཅིག་པུ་རང་དབང་ ཅན་ལ་སོགས་པའི་)རྫས་སུ་(ཡོད་པ་ཉིད་ནི་)མ་ཡིན་ནོ་(ཞེས་བརྗོད་པར་བྱའོ)། །(དེའི་རྒྱུ་མཚན་རྫས་སུ་ཡོད་ན་ཚད་ མ་ལ་སྣང་དུ་རུང་བ་ལ་ཚད་མའི་)མི་དམིགས་(པའི་ཕྱིར་བདག་ཏུ་འཛིན་པའི་བློས་དམིགས་པ་ནི་བཅོམ་ལྡན་འདས་ཀྱིས་ བདག་མེད་པ་ལ་བདག་གོ་སྙམ་པ་ནི་ཕྱིན་ཅི་ལོག་གོ་ཞེས་པ་ལྟར་)ཕྱིན་ཅི་ལོག་(གི་དམིགས་)པ་(ཡིན་པའི་ཕྱིར་)དང༌། ། (དེའི་རྒྱུ་མཚན་)ཀུན་ནས་ཉོན་མོངས་(པ་ཡིན་པའི་ཕྱིར་ཏེ་རྩ་བའི་ཉོན་མོངས་པ་དྲུག་གི་ཡ་གྱལ་འཇིག་ཚོགས་ལ་ལྟ་ བ་ཡིན་པའི་ཕྱིར་དང་དེ་ཡོད་ན་རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལ་འཛིན་དང་སྡང༌། །དེ་ དག་དང་ནི་འབྲེལ་པ་ལ། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། བདག་ལ་ཆགས་པ་དང་གཞན་ལ་ སྡང་བ་ལ་སོགས་པ་)ཉོན་མོངས་(པ་གཞན་གྱི་འང་)རྒྱུ་(བྱེད་པའི་ཕྱིར)། །ཞེས་གསུངས་པ་ལྟར། ལས་རྒྱུ་ འབྲས་ལ་ཡིད་ཆེས་པའི་དོན་དུ་ཀུན་གཞིའི་རྒྱུན་ལ་གང་ཟག་ཅེས་བཏགས་པ་ཙམ་ཡིན་གྱི། དོན་དམ་དུ་རྫས་སུ་གྲུབ་པ་ནི་ཡོད་པ་མ་ཡིན་ཏེ། ཚད་མ་ལ་སྣང་དུ་རུང་བ་ལས་མི་དམིགས་ པའི་ཕྱིར་དང༌། དེ་ལྟར་འཛིན་པ་ནི་ཕྱིན་ཅི་ལོག་ཡིན་ཞིང༌། ཕྱིན་ཅི་ལོག་གི་དམིགས་པ་དོན་ ལ་མི་གནས་པའི་ཕྱིར་དང༌། ངོ་བོའང་ཀུན་ནས་ཉོན་མོངས་པ་ཡིན་ཞིང་ཀུན་ནས་ཉོན་མོངས་ གཞན་རྣམས་ཀྱིའང་རྒྱུ་བྱེད་པའི་ཕྱིར་རོ། །མདོ་སྡེ་པའི་འདོད་པ་ལྟར། མྱ་ངན་ལས་འདས་ ཕྱིན་ཆད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གཏན་ནས་མེད་པ་རྣམས་ཀྱང་མི་ཤེས་པའི་ དབང་དུ་བྱས་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ལས། ཇི་ལྟར་(སྟེ་དཔེར་ན་བཟའ་བཏུང་ཡིད་ལ་ 3-1-203 ཆེར་སེམས་པ་)ཡི་དྭགས་རྣམས་ཀྱི་ནི། །རྒྱ་མཚོ་(ཆེན་པོ་ཡང་)སྐམ་(ཞིང་མེད་)པར་མཐོང་བ་ལྟར། །དེ་ བཞིན་(དུ་རང་ལ་སངས་རྒྱས་ཡོད་ཀྱང་)མི་ཤེས་པས་(མ་རིག་པ་སྲེད་པ་སོགས་ཀྱི་)བསྒྲིབས་པས། །སངས་ རྒྱས་རྣམས་ནི་མེད་པར་རྟོགས་(ཀྱི་སངས་རྒྱས་ནི་དུས་ཐམས་ཅད་དུ་འབྲལ་བ་མེད་དོ)། །ཞེས་གསུངས་པ་ ལྟར་རོ། ། ཉན་ཐོས་སྡེ་གཉིས་འདོད་པའི་ཕྱི་རོལ་གྱི། །དོན་ཡང་དོན་ལ་རྫས་སུ་གྲུབ་པ་ མེད། །སེམས་ཙམ་པ་རྣམས་འདོད་པའི་རྣམ་ཤེས་ཀྱང༌། །དཔྱད་ན་དོན་ལ་ཡོད་ པ་མ་ཡིན་ལ། །ཉན་ཐོས་སྡེ་གཉིས་འདོད་པའི་ཕྱི་རོལ་ཀྱི་དོན་དང༌། སེམས་ཙམ་པ་འདོད་ པའི་རྣམ་ཤེས་ཀྱང་སྣང་ཙམ་དུ་ཡོད་མོད། དཔྱད་ན་དོན་དམ་དུ་བདེན་པར་ཡོད་པ་མ་ཡིན་ ཏེ། མི་རྟག་ཡེ་ཤེས་རྒྱུ་བ་ལ། །དོན་དུ་སྣང་བ་མེད་ཕྱིར་ཡང༌། །དོན་མེད་ཁོང་དུ་ཆུད་པར་བྱ། ། དེ་མེད་པས་ན་རྣམ་རིག་མེད། །ཅེས་གསུངས་པ་ལྟར་རོ། ། སྣང་མེད་དབུ་མ་པ་དག་འདོད་པ་ཡི། །དོན་དམ་ཅི་ཡང་མེད་པའང་མ་ཡིན་ པས། །མཐའ་བྲལ་དབུ་མ་ཆེན་པོའི་དོན་དེ་ཉིད། །གྲུབ་མཐའི་མཐར་ཐུག་ལེགས་ པར་མཁྱེན་ན་ལེགས། །དེ་ཡང་རྒྱན་ལས། (ཀུན་བཏགས་ངོ་བོ་ཉིད་ཀྱིས་)མེད་པ་གང་ཡིན་(པའི་ མེད་དགག་)དེ་ཉིད་ནི། །ཡོད་པ་ཡི་ནི་དམ་པ་ཡིན་(ཏེ)། །(ཀུན་བཏགས་ངོ་བོ་ཉིད་ཀྱིས་)རྣམ་པ་ཀུན་ཏུ་ མི་དམིགས་པ(འི་ཕྱིར)། །(མེད་དགག་སྟེ་)དམིགས་པ་ཡི་ནི་མཆོག་ཏུ་(སྟེ་སྒྲིབ་གཉིས་དག་བྱེད་ཀྱི་དམིགས་ པར་)འདོད་(པའི་ཕྱིར་རོ)། །ཅེས་གསུངས་པ་ལྟར། མེད་ཅིང་མི་དམིགས་པར་གསུངས་པ་ཐམས་ ཅད་ཀུན་རྫོབ་གློ་བུར་དྲི་མ་རྣམས་དཔྱད་ན་མེད་པ་ལ་དགོངས་པ་ཡིན་གྱི། དོན་དམ་ཆོས་ཀྱི་ དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ནི་མེད་པ་མ་ཡིན། རྣམ་ཤེས་འཁྲུལ་པ་ལ་སྣང་བ་ མ་དག་པའི་སྣང་བ་འདི་རྣམས་རིམ་གྱིས་འགག་པ་ལས་གཉིས་མེད་ཡེ་ཤེས་ལ་སྣང་བ་ཡང་ དག་པའི་སྣང་བ་རིམ་གྱིས་མངོན་དུ་འགྱུར་བའི་ཕྱིར་རོ། ། 3-1-204 དེ་ལྟར་ཤེས་ནས་ནང་བའི་ལེགས་བཤད་ལ། །བརྟེན་ནས་ཕྱི་བའི་འཁྲུལ་བ་ རྣམས་དགག་ཅིང༌། །ནང་བ་ལ་ཡང་རྣལ་འབྱོར་བློ་ཁྱད་ཀྱིས། །གོང་མ་གོང་ མའི་མཆོག་ཏུ་ཤེས་པར་བྱ། །དེ་ཡང་ཇི་སྐད་དུ། འདི་ལྟར་ཆོས་རྣམས་ཐམས་ཅད་ནི། ། བདག་མེད་དམ་པའི་དོན་དུ་ན། །སྟོང་ཉིད་བདག་ཏུ་དམིགས་པ་ནི། །ཉེས་པར་བཤད་ པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་ཀྱི་གནས་ལུགས་ཟབ་མོ་བདག་ མེད་པ་དང་སྟོང་པ་ཉིད་སྟོན་པའི་ལེགས་བཤད་ལ་བརྟེན་ནས་ཕྱི་རོལ་པ་རྣམས་བདག་དང་ གཙོ་བོ་དང་དབང་ཕྱུག་ལ་སོགས་པ་བདེན་པར་འདོད་པའི་འཁྲུལ་པ་རྣམས་དགག་པར་བྱ་ ཞིང༌། ཡེ་ཤེས་སྙིང་བོ་ཀུན་ལས་བཏུས་པར། སངས་རྒྱས་ཆོས་ནི་རྣམ་པ་བཞིར། །ཡིད་ (ལ་)འདོད་(པ་སྟེ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་)རྣམས་ཀྱིས་མངོན་(སུམ་དུ་)མཐོང་སྟེ། །བྱེ་བྲག་(ཏུ་) སྨྲ་(བ་)ལ་སོགས་པའི་(རང་གི་)ལམ་(ལ་ཉམས་སུ་ལེན་ཚུལ)། །བཤད་པ་(རང་རང་གི་འབྲས་བུ་)དེ་ཉིད་ བསྒྲུབ་པའོ་(ཞེས་པའི་དོན་ཡིན་ནམ་སྙམ)། །ཞེས་པ་ལྟར། ནང་པའི་ཆོས་རྣམས་ཀྱང་གྲུབ་མཐའ་ བཞི་ལ་བརྟེན་ནས་བསྟན་པ་ལྟར་ཤེས་པར་བྱ་སྟེ། རིམ་གྱིས་མཆོག་ཏུ་གྱུར་པ་རྣམས་བསྒྲུབ་ ཅིང་ཉམས་སུ་བླང་བར་བྱའོ། །དེ་ཡང་སེམས་ཙམ་ལ་བརྟེན་ནས་ཉན་ཐོས་པ་ཕྱི་རོལ་གྱི་ དོན་བདེན་པར་འདོད་པ་དགག་ཅིང༌། སྣང་མེད་དབུ་མ་ལ་བརྟེན་ནས། སེམས་ཙམ་དུ་ བདེན་པར་འདོད་པའང་བཀག་ལ། སྣང་བཅས་དབུ་མ་ལ་བརྟེན་ནས་སྣང་མེད་དུ་བདེན་ པར་འདོད་པའང་བཀག་ནས། མཐར་ཐུག་ཆོས་ཀྱི་དབྱིངས་མུ་བཞིའི་སྤྲོས་པ་དང་བྲལ་བར་ རྟོགས་པར་བྱ་སྟེ། ལང་ཀར་གཤེགས་པ་ལས། སེམས་ཙམ་(པའི་གྲུབ་མཐའ་)ལ་ནི་བརྟེན་ནས་ སུ། །(ཉན་ཐོས་སྡེ་གཉིས་འདོད་པའི་)ཕྱི་རོལ་དོན་དུ་མི་རྟོག་(སྟེ་དེ་ལ་བདེན་འཛིན་ལྡོག་)གོ །སྣང་བ་མེད་ (པའི་དབུ་མ་པའི་གྲུབ་མཐའ་)ལ་བརྟེན་ནས་ནི། །(སྣང་བ་)སེམས་ཙམ་(དུ་བདེན་པར་འདོད་པ་)ལས་ནི་ འདའ་བར་བྱ། །ཡང་དག་དམིགས་(པ་སྟེ་སྣང་བཅས་དབུ་མའི་གྲུབ་མཐའ་)ལ་བརྟེན་ནས་སུ། །སྣང་ 3-1-205 མེད་ལས་ཀྱང་འདའ་བར་བྱ་(སྟེ)། །(རྒྱུ་མཚན་)སྣང་མེད་(ཁོ་ན་ལ་)གནས་པའི་རྣལ་འབྱོར་པས། ། ཐེག་པ་ཆེན་པོ་(སྟེ་ཆོས་སྐུ་)མི་མཐོང་(བ་ཡིན་པའི་ཕྱིར་རོ་)ངོ༌། །ཞེས་པ་དང༌། (དེ་དང་མཐུན་པར་)དུས་ ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ལས་ཀྱང༌། (ཉན་ཐོས་སྡེ་གཉིས་འདོད་པ་ལྟར་)སྲིད་གསུམ་(དོན་དུ་སྣང་ བ་འདི་རྡུལ་)ཕྲ་རབ་(ཀྱིས་བསྡུས་པའི་)གཟུགས་མིན་(གྱི་དཔྱད་པའི་སྐབས་)འདིར་ནི་རྣམ་པར་ཤེས་པ་( ཙམ་ཁོ་ན)འོ་(ཞེས་སེམས་ཙམ་པས་ཟེར་ལ་)དེ་བཞིན་(དུ་རྣམ་པར་དཔྱད་ན་)རྣམ་པར་ཤེས་པ་ཉིད་(ཀྱང་བདེན་ པ་)མེད་དོ། །སངས་རྒྱས་(ཀྱི་)ཤེས་རབ་གང་དུའང་གནས་པ་མ་ཡིན་(ནོ་)ཞེས་པའི་ཚིག་ནི་ (མཚན་ཉིད་ཐེག་པ་ཙམ་ལ་བརྟེན་པའི་)སངས་རྒྱས་པ་(སྣང་མེད་དབུ་མ་པ་)རྣམས་སྟོན་པར་འགྱུར་(བས་མེད་ པའི་མཐར་ལྷུང་བ་ཡིན་ནོ)། །(དེ་ལྟར་སྟོན་པའི་རྒྱུ་)གང་གིས་འགྱུར་མེད་(བདེ་བ་ཆེན་པོའི་ཡེ་ཤེས་རྟོགས་པ་)དང་ བྲལ་(བའི་)མི་རྣམས་ཀྱིས་ནི་(ཆོས་རྣམས་རྣམ་པར་དཔྱད་ན་ཅིར་ཡང་མ་གྲུབ་པ་ཆད་པའི་)སྟོང་པ་ཉིད་དེ་(ཡང་ དག་པའི་དོན་དུ་)བཟུང་ནས་(སངས་རྒྱས་དོན་དམ་པའི་སྐུ་ཡང་བདེན་པས་)སྟོང་པར་ལྟ་(བར་)བྱེད་པ། །(ཆད་ པའི་ལྟ་བར་ལྟུང་བ་)དེས་ན་གཙོ་བོ་(རྡོ་རྗེ་འཆང་གི)ས་་(ཡེ་ཤེས་ཆེན་པོ་)གང་ཞིག་(ཐིག་ལེ་) འཕོ་(བ་)མེད་(པ་)ལྷན་སྐྱེས་སྐུའི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་(མཐར་ཐུག་པ་ཡང་དག་པའི་དོན་དུ་)བསྟན་(ནོ)། ། ཞེས་གསུངས་པ་ལྟར་རོ། ། བདུན་པ་འཁོར་ལོ་གསུམ་གྱི་རྣམ་བཞག་ལ་གསུམ་ལས། ཐུན་མོང་དུ་བསྟན་པ་ནི། འཁོར་ལོ་གསུམ་ལས་དང་པོར་ཉན་ཐོས་ཀྱི། །གྲུབ་མཐའ་གཙོ་བོར་སྟོན་ཅིང་ཕྱི་ མ་གཉིས། སེམས་ཙམ་དབུ་མ་གཉིས་ཀ་སྟོན་པ་ལ། །བར་བས་སྣང་མེད་དབུ་མ་ གཙོ་བོར་སྟོན། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་དང་ པོར་སྔར་བསྟན་པ་ལྟར་ཉན་ཐོས་སྡེ་གཉིས་ཀྱི་གྲུབ་མཐའ་གཙོ་བོར་སྟོན་ཅིང༌། བར་པ་དང་ ཐ་མ་གཉིས་ཀྱིས་གནས་སྐབས་སེམས་ཙམ་དང་མཐར་ཐུག་དབུ་མ་གཉིས་ཀ་སྟོན་པ་ལ། བར་པར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བརྟགས་ན་བདེན་པར་མེད་པ་ལ་དགོངས་ནས་མེད་ 3-1-206 ཅིང་མི་དམིགས་པ་དང་རྨི་ལམ་སྒྱུ་མ་ལྟ་བུ་གཙོ་བོ་སྟོན་ཅིང༌། ཕྱི་མར་སྟོང་ཉིད་ཟབ་མོ་ ངེས་པའི་དོན། །ཆོས་ཅན་དོན་ལ་མེད་ཅིང་མི་སྣང་ཡང༌། །ཆོས་ཉིད་སོ་སོ་རང་ རིག་ཡེ་ཤེས་ལ། །སྣང་བཅས་དབུ་མ་ཆེན་པོ་གསལ་བར་སྟོན། །ཆོས་ཅན་ཀུན་རྫོབ་ གཟུང་འཛིན་གྱི་ཆ་ཐམས་ཅད་མེད་ཅིང་མི་སྣང་ཡང༌། ཆོས་ཉིད་དོན་དམ་སོ་སོ་རང་རིག་ ལ་སྣང་བ་དང་བཅས་པ་གསལ་བར་སྟོན་པ་སྟེ། རྒྱན་ལས་ཀྱང༌། སེམས་ལས་གཞན་མེད་ པར་ཡང་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རིག །བློ་དང་ལྡན་པས་ཕྱི་ནང་ གཉིས་པོ་མེད་རིག་ནས། །(གཟུང་འཛིན་གཉིས་པོ་)དེ་མི་ལྡན་པ་(སྟེ་དེས་སྟོང)འི་ཆོས་ཀྱི་དབྱིངས་ལ་ གནས་(པར་བྱེད)། །ཞེས་གསུངས་པ་ལྟར་རོ། ། འཁོར་ལོ་དང་པོར་སྲིད་པ་གསུམ་པོ་འདི། །མི་རྟག་སྡུག་བསྔལ་སྟོང་པ་ བདག་མེད་ཅེས། །འཁོར་བའི་ཉེས་དམིགས་བཤད་ནས་ཉན་རང་གི། ཞི་བདེ་ལ་ ཡང་རིམ་གྱིས་འགོད་པར་མཛད། །བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ བསྐོར་བ་ན། ཁམས་གསུམ་པོ་འདི་དག་ནི་མི་རྟག་པ་དང་སྡུག་བསྔལ་བ་དང༌། སྟོང་པ་དང་ བདག་མེད་པའོ། །ཞེས་པ་ལ་སོགས་པ་འཁོར་བ་དང་ངན་སོང་གི་ཉེས་དམིགས་དང༌། མྱ་ ངན་ལས་འདས་པ་ནི་ཞི་ཞིང་བདེ་བའོ་ཞེས་པ་ལ་སོགས་པས་ལས་རྒྱུ་འབྲས་བསླུ་བ་མེད་ པའི་རྣམ་བཞག་གསལ་བར་གསུངས་ནས། རེ་ཤིག་དང་པོར་ཉན་ཐོས་དང་རང་སངས་རྒྱས་ ཀྱི་ལམ་དང་འབྲས་བུ་ལ་འགོད་པར་མཛད་ཅིང༌། འཁོར་ལོ་བར་པར་དངོས་འཛིན་དགག་པའི་ཕྱིར། །གཟུགས་ནས་རྣམ་ མཁྱེན་བར་གྱི་ཆོས་རྣམས་ཀུན། །སྟོང་ཉིད་རྨི་ ལམ་སྒྱུ་མ་ལྟ་བུར་ཞེས། །བསྟན་ ནས་ཐེག་པ་མཆོག་ལ་སྦྱོར་པར་མཛད། །བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་ འཁོར་ལོ་བསྐོར་བ་ན་སྔར་ལས་རྒྱུ་འབྲས་དང་བདེན་བཞི་ལ་སོགས་པ་ཀུན་རྫོབ་ཏུ་ཡོད་ 3-1-207 པར་གསུངས་པ་ལའང་དོན་དམ་དུའང་ཡོད་དམ་སྙམ་དུ་མངོན་པར་ཞེན་པ་སྤང་པའི་ཆེད་དུ་ ཆོས་ཐམས་ཅད་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང༌། སྣང་ཡང་རང་ བཞིན་མེད་པ་རྨི་ལམ་སྒྱུ་མ་ལྟ་བུ་ལ་སོགས་པར་བསྟན་ནས་ཐེག་པ་ཆེན་པོ་ལ་སྦྱོར་བར་ མཛད་ལ། འཁོར་ལོ་ཐ་མར་ཀུན་རྫོབ་འཁྲུལ་སྣང་འདི། །དཔྱད་ན་མེད་ཅིང་དོན་དམ་ ཆོས་ཀྱི་དབྱིངས། །འགྱུར་མེད་ཡོངས་གྲུབ་མངོན་དུ་གྱུར་པ་ལས། །རྣམ་གྲོལ་ མཐར་ཐུག་ཐོབ་པའི་ཐབས་མཆོག་སྟོན། །བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ ཆོས་ཀྱི་འཁོར་ལོ་བསྐོར་བ་ན། ཀུན་རྫོབ་སྣང་ཙམ་དུ་ཡོད་ཀྱི་དོན་དམ་དུ་མེད་པ་དང༌། དོན་ དམ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པར་ཡོད་པ་དེ་ཉིད་གློ་བུར་གྱི་དྲི་མ་དང་ བྲལ་བ་ལས་དག་པ་གཉིས་ལྡན་གྱི་འབྲས་བུ་ཐོབ་པ་ལ་སོགས་པ་ལེགས་པར་རྣམ་པར་ཕྱེ་ ནས་སྟོན་པ་སྟེ། དེ་རྣམས་ཀྱང་མདོ་ལས། ནོར་བུའི་དྲི་མ་སྦྱོང་བའི་ཚུལ་དཔེར་མཛད་ནས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་མཁན་(ནོར་བུའི་རིགས་ལ་)མཁས་པ་ནོར་བུ་སྦྱོང་ བའི་ཚུལ་(ལམ་ཐབས་)ལེགས་པར་ཤེས་པ་དེས་(སྦྱང་གཞི་)ནོར་བུ་རིན་པོ་ཆེར་རིག་ནས་(དྲི་མས་) ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ། (སྦྱོང་བྱེད་)ལན་ཚྭའི་ཆུ་(བུལ་ཏོག་)རྣོན་པོས་ སྦངས་ནས་སྐྲའི་རེ་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་(སྟེ་ཉ་བཙོས་པའི་)ཁུ་བ་རྣོན་པོས་སྦངས་ནས་བལ་གྱི་ལྭ་བས་ཡོངས་ སུ་སྦྱོང་བར་བྱེད་དོ་(འདིའི་སྐབས་ཀྱི་མོད་ན་དངུལ་ཆུ་རྣོན་པོ་དང་བཅས་པས་བཀྲུས་ཏེ་བྱུང་ངོ་)། །དེ་ཙམ་གྱིས་ བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བས་ཡོངས་སུ་སྦངས་ནས་ དར་སྲབ་མོས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻཌཱརྱའི་ རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་(ནོར་བུ་སྦྱང་ཚུལ་གསུམ་བསྟན་པ་)དེ་བཞིན་དུ་(སྦྱོང་མཁན་) 3-1-208 དེ་བཞིན་གཤེགས་པ་ཡང་(སྦྱོང་གཞི་)ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ ནས་མི་(སྐྱོ་བ་བསྐྱེད་ཚུལ་ནི་སྐད་ཅིག་གིས་འཇིག་པས་)རྟག་པ་དང་(འཕགས་པ་དང་མི་མཐུན་པས)སྡུག་བསྔལ་ བ་དང་(བྱེད་པ་པོའི་)བདག་མེད་པ་དང་(ལུས་)མི་གཙང་བ(དང་བཞི་ནི་གང་ཟག་གི་བདག་གིས་སྟོང་པའོ། །དེ་ དག་གིས་དྲི་མ་ཆེན་པོ་གང་ཟག་གི་བདག་འཛིན་ཡིན་ལ། དེའི་གཉེན་པོར་གང་ཟག་གི་བདག་མེད་རྟོགས་པ་ལ་འགོད་ཅེས་པའི་ དོན་ཏོ། །ཚུལ་ཇི་ལྟར་ན། )འི་ཡིད་འབྱུང་བའི་གཏམ་གྱིས་(སྐྱོ་བ་བསྐྱེད་པར་མཛད། གང་ཟག་གང་ཞེ་ན་)འཁོར་ བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པར་མཛད་དེ་འཕགས་པའི་ཆོས་(དུག་གསུམ་) འདུལ་བ་ལ་འཛུད་པར་མཛད་དོ། །(དྲི་མ་འབྲི ང་པོའི་གཉེན་པོ་ནི་)དེ་ཙམ་གྱིས་དེ་བཞིན་གཤེགས་ པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་(ཆོས་འཁོར་གཉིས་པ་ཆོས་ཐམས་ཅད་གང་ཟག་བདག་ གིས་)སྟོང་པ་ཉིད་དང་(འགོག་པ་ཞི་བ་གྱ་ནོམ་སོགས་)མཚན་མ་མེད་པ་དང༌། (འདུས་བྱས་མི་རྟག་པ་ཟག་ བཅས་སྡུག་བསྔལ་བ་ནི་)སྨོན་པ་མེད་པ་(སྟེ་དེ)འི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་(ཏེ་རིགས་ སམ་ཆོས་ཉིད་དམ་བདག་མེད་)རྟོགས་པར་མཛད་དོ། །(དྲི་མ་ཆུང་ངུའི་གཉེན་པོ་ནི་)དེ་ཙམ་གྱིས་དེ་བཞིན་ གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་(ཆོས་གང་བསྟན་པས་འཛུད་ན་)ཕྱིར་མི་ ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་(ཞེས་པའི་དོན་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་བརྗོད་དེ། དེ་ལ་ཞུགས་ནས་ དེའི་དོན་སྤང་བར་བྱ་བ་མ་ཡིན་པ་དང་། དོན་དེ་ལས་གཞན་དུ་དྲང་བར་བྱར་མེད་པས་)འཁོར་གསུམ་ཡོངས་སུ་དག་ པའི་གཏམ་གྱིས་(གང་འཛུད་ན་དབང་པོ་དང་ཁམས་ཀྱི་ཞེས་པའི་དོན་ཡང་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པ་ཡིན་ཏེ། མདོ་བརྒྱད་སྟོང་པ་ལས། འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། འདས་པ་ལ་སེམས་མི་འཇུག མ་འོངས་པ་ལ་རྣམ་པར་ཤེས་ པ་མི་འཇུག ད་ལྟར། བྱུང་བ་ལ་ཡིད་ལ་བྱེད་པར་མི་འཇུག་གོ་)རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་ དེ་དག་༼གོ་གང་ལ་ན། ༽དེ་བཞིན་གཤེགས་པའི་ཡུལ་༼ཆོས་སྐུ་དེ་ཐོབ་པའི་ལམ་༽ལ་འཛུད་པར་མཛད་ དོ། །(ཞུགས་པའི་དགོས་པ་ནི་སྤྲོས་བྲལ་གྱི་ལམ་ལ་)ཞུགས་པར་གྱུར་ཅིང་(རང་དོན་)དེ་བཞིན་གཤེགས་ པའི་ཆོས་ཉིད་(དམ་ཆོས་སྐུ་)རྟོགས་(ཤིང་ཐོབ་)ནས་ནི་(གཞན་དོན་དུ་)བླ་ན་མེད་པའི་ཡོན་གནས་ 3-1-209 ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་རོ། ། འཁོར་ལོ་གསུམ་གའང་གདུལ་བྱའི་སྐལ་བ་དང༌། །མཐུན་པར་གང་ལ་གང་ འདུལ་སྟོན་པས་ཟབ། །འོན་ཀྱང་རིམ་གྱིས་དྲངས་ནས་ངེས་པའི་དོན། །མཐར་ ཐུག་སྟོན་པས་ཕྱི་མ་མཆོག་ཏུ་གསུངས། །འཁོར་ལོ་གསུམ་དང་ཐེག་པ་གསུམ་དང་ སྡེ་སྣོད་གསུམ་ལ་སོགས་པའི་ཆོས་ཀྱི་ཕུང་པོ་མཐའ་ཡས་པ་གསུངས་པ་རྣམས་ཀྱང་གནས་ སྐབས་སུ་གདུལ་བྱ་མཐའ་ཡས་པའི་མོས་པ་དང་མཐུན་པར་གང་ལ་གང་མོས་སུ་བསྟན་པས་ ཟབ་པ་ཡིན་མོད་ཀྱི། འོན་ཀྱང་རིམ་གྱིས་དྲངས་ནས་མཐར་ཐུག་ངེས་པའི་དོན་གསལ་བར་ སྟོན་པས་ཕྱི་མ་ཁྱད་པར་དུ་འཕགས་པར་ཡང་ཤེས་པར་བྱ་སྟེ། ཇི་སྐད་དུ། དགོངས་པ་ངེས་ པར་འགྲེལ་པའི་མདོ་ལས། བཅོས་ལྡན་འདས་ཀྱིས་སྔོན་ཡུལ་ཝ་ཝཱ་རཱ་ཎ་སཱི་(སྔོན་རང་རྒྱལ་ལྔ་ བརྒྱ་མེའི་ཁམས་ལ་ཞུགས་ནས་འདས་རིང་བསྲེལ་ལྷུང་བས་)དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཉན་ ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་ མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཞིག་རབ་ཏུ་བསྐོར་ཏེ། བཅོས་ལྡན་འདས་ཀྱིས་ཆོས་ ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་ གནས་སུ་གྱུར་པ་ལགས་ལ། བཅོས་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་ བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་ བའི་ཆོས་ཀྱི་འཁོར་ལོ་རིམ་པ་གཉིས་པ་བསྐོར་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་ 3-1-210 གྱུར་པ་ལགས་ཀྱིས། (ཞེས་པའི་དོན། ཆོས་འཁོར་གཉིས་པ་བླ་ན་མཆིས་པའི་རྒྱུ་མཚན་ནི། འདི་ལྟར་ལགས་ཏེ། ཆོས་ འཁོར་གཉིས་པ་འདིའི་གོང་ན་ཆོས་འཁོར་གསུམ་པ་ཡོད་པའི་ཕྱིར། ཆོས་འཁོར་གཉིས་པ་ལ་སྐབས་མཆིས་པའི་རྒྱུ་མཚན་ནི། མདོ་ལས། སུ་ཡང་སངས་མ་རྒྱས་མི་རྒྱ་རྒྱ་བར་མི་འགྱུར་ཞེས་སོགས་བསྟན་ནས། སངས་རྒྱས་བྱ་བ་མེད་པ་ཡིན་ནམ་སྙམ་པའི་ ལོག་རྟོག་སྐྱེ་བའི་སྐབས་འབྱུང༌། ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཤེར་ཕྱིན་དང་། ཐབས་མཁས་ལ་བརྟེན་ནས། སངས་ རྒྱས་ཞེས་སོགས་བསྟན་པས། རེས་སངས་རྒྱས། རེས་མ་རྒྱས་ཟེར་བ་དེ་ནི་ཅི་ཡིན་སྙམ་དུ་ཐེ་ཚོམ་སྐྱེ་བའི་སྐབས་འབྱུང་། དེ་ལ་ སོགས་དེ་འདྲའི་ལོག་རྟོག་དང་། ཐེ་ཚོམ་སྐྱེ་བའི་སྐབས་ཤིན་ཏུ་མང་བའི་ཕྱིར་རོ། །དྲང་བའི་དོན་ཞེས་པའི་རྒྱུ་མཚན་ཡང༌། མེད་ པར་བཤད་ཚད་སྒྲ་ཇི་བཞིན་དུ་བཟུང་དུ་མི་རུང་ཞིང༌། ད་དུང་དགོངས་པ་གཞན་དུ་དྲང་དགོས་པའི་ཕྱིར། རྩོད་པའི་གཞིའི་གནས་ པའི་རྒྱུ་མཚན་ཡང་། གཟུགས་བདེ་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །གཟུགས་སྡུག་བསྔལ་བ་སྟེ་གང་དང་ཡང་བྲལ་ བས་མ་ཡིན་ནོ། །ཞེས་གསུངས་པས། བདེ་བ་ཡིན་ན་སྡུག་བསྔལ་ཡིན་པར་འགལ་ཟེར་བ་ལ་སོགས་པ་རྩོད་པ་འཇུག་པའི་གཞི་ མང་པོའི་རྟེན་དུ་གྱུར་པའི་ཕྱིར་རོ། །)བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་ཉིད་དང༌། འགག་པ་མ་མཆིས་པ་ཉིད་དང༌། གཟོད་ མ་ནས་ཞི་བ་ཉིད་དང་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་ལ་བརྩམས་ནས། ཐེག་པ་ ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ ཏུ་ངོ་མཚར་བ་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ་ཞེས་གསུངས་པ་ལྟར་རོ་(ཆོས་འཁོར་ གསུམ་པ་བླ་ན་མ་མཆིས་པའི་རྒྱུ་མཚན་ནི། འདིའི་གོང་ན་ཆོས་འཁོར་བཞི་པ་མེད་པའི་ཕྱིར། ངེས་པའི་དོན་ཡིན་པའི་རྒྱུ་མཚན་ ཡང་སྒྲ་ཇི་བཞིན་དུ་བཟུང་དུ་རུང་ཞིང༌། མཐར་ཐུག་འདི་བས་ལྷག་པའི་མཐར་ཐུག་པ་བསྟན་ནས་གོང་དུ་དྲང་དུ་མེད་པའི་ཕྱིར། སྐབས་མ་མཆིས་པ་དང༌། རྩོད་པའི་གཞིའི་གནས་མ་མཆིས་པའི་རྒྱུ་མཚན་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་ལེགས་པར་ཕྱེ་ ནས་གཟུགས་ནས་རྣམ་མཁྱེན་གྱི་བར་མེད་པར་བཤད་པ་གང་ཡིན་པ་དེ་ཐམས་ཅད་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་ཀུན་ 3-1-211 བཏགས་ཀྱི་ཆོས་ཐམས་ཅད་བདེན་པར་མེད་པ་ལྟ་སྨོས་ཀྱང་ཅི་དགོས། རྨི་ལམ་ལྟ་བུའི་ཀུན་རྫོབ་ཀྱི་དངོས་པོར་ཡང་མེད་དོ། །རྨི་ ལམ་ལྟ་བུ། སྒྱུ་མ་ལྟ་བུའི་མི་རྟག་པ་སོགས་བཤད་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གཞན་དབང་གིས་བསྡུས་པའི་ཆོས་ ཐམས་ཅད་ཀུན་རྫོབ་ཏུ་ཡོད་ཀྱང༌། དོན་དམ་དུ་མེད་པར་བཤད་ལ། དེས་ན་ཀུན་བཏགས་ནི་ཀུན་རྫོབ་ཙམ་དུ་ཡོད་ལ། ཀུན་ རྫོབ་བདེན་པར་མེད་པ་དང་། གཞན་དབང་ནི་ཀུན་རྫོབ་བདེན་པར་ཡོད་ཅིང༌། གཉིས་ཀའང་དོན་དམ་པར་མེད་པའི་ཕྱིར། དེ་ ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས། མེད་པ་ལ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཞེས་དང༌། དེ་བཞིན་ གཤེགས་པའི་སྙིང་བོ་ནི་རྣམ་པར་དབྱེ་བ་ཡོད་པ། བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་སྟོང་པ་ཡིན་ལ་ཞེས་ དང༌། ཕྱོགས་གླང་གིས་ཀྱང༌། མེད་ཅེས་བྱ་ལ་སོགས་ཚོགས་གིས། །བཏགས་པ་ཐམས་ཅད་འགོག་པ་སྟེ། །སྒྱུ་མ་ལ་སོགས་དཔེ་ རྣམས་ཀྱིས། །གཞན་གྱི་དབང་ནི་བསྟན་པ་ཡིན། །ཞེས་དང༌། རྗེ་བཙུན་གྱིས་ཀྱང༌། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ ཡོད་པའི་སྟོང་ཉིད་དང༌། །ཞེས་སོགས་ཀྱི་དོན་ནོ། །དེས་ན་བཀའ་ཐ་མ་ནི། ཁྱད་པར་དྲུག་གི་སྒོ་ནས་འཕགས་པ་ཡིན་ཏེ། བླ་ན་ ཡོད་པ་དང་མེད་པའི་ཁྱད་པར། ལོག་རྟོག་དང་ཐེ་ཚོམ་སོགས་ཀྱི་སྐབས་ཡོད་པ་དང་མེད་པའི་ཁྱད་པར། དྲང་དོན་དང་ངེས་དོན་ གྱི་ཁྱད་པར། རྩོད་པའི་གཞི་ཡིན་མིན་གྱི་ཁྱད་པར། ངོ་བོ་ཉིད་གསུམ་གྱི་དོན་དམ་པར་མེད་པ་དང་ཡོད་པ་མ་ཕྱེ་བ་དང་ཕྱེ་བའི་ ཁྱད་པར། ཐོས་བསམ་སྒོམ་གསུམ་བྱས་པ་ལ་བསོད་ནམས་ཆེ་ཆུང་གི་ཁྱད་པར་སོགས་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བ་བཞིན་དུ་ གསུངས་པའི་ཕྱིར་རོ)། ། ཕྱི་ནང་གི་ཁྱད་པར་ནི། ཕྱི་མ་ལ་ཡང་མཚན་ཉིད་ཐེག་པ་ལས། །གསང་སྔགས་ ཟབ་མོའི་ཐེག་པ་མཆོག་ཏུ་གསུངས། །འཁོར་ལོ་ཐ་མ་ལ་ཡང་ཕྱི་མཚན་ཉིད་ཕ་རོལ་ ཏུ་ཕྱིན་པའི་ཐེག་པ་དང༌། ནང་གསང་སྔགས་ཀྱི་ཐེག་པ་གཉིས་ཡོད་ཅིང༌། གཉིས་ཀ་ལའང་ བརྒྱད་སྟོང་དོན་བསྡུར། ཤེར་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་ གཤེགས། །ཞེས་གསུངས་པ་ལྟར་མཐར་ཐུག་ངེས་པའི་དོན་གཅིག་ཡིན་ན་ཡང༌། ལྟ་བ་དོན་ དམ་པའི་སྟོང་པ་ཉིད་གསལ་བར་སྟོན་པ་དང༌། སྒོམ་པ་དེ་མངོན་དུ་བྱེད་པའི་ཐབས་མང་ ཞིང་དཀའ་བ་མེད་པ་དང༌། གདུལ་བྱ་ཡང་རབ་དབང་པོ་མཆོག་ཏུ་གྱུར་པ་རྣམས་ཀྱི་དོན་དུ་ 3-1-212 གསུངས་པ་ལ་སོགས་པའི་སྒོ་ནས་གསང་སྔགས་ཁྱད་པར་དུ་འཕགས་པར་ཡང་ཤེས་པར་ བྱ་སྟེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་ མེད་པ་ཉིད། །དབང་པོ་རྣོན་པོའི་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ། ཞེས་གསུངས་པ་ལྟར་རོ། ། གསང་སྔགས་ཀྱི་ཁྱད་པར་ནི། གསང་སྔགས་ལ་ཡང་བྱ་སྤྱོད་རྣལ་འབྱོར་ལས། རྣལ་འབྱོར་བླ་མེད་རིམ་གྱིས་ཟབ་པར་གསུངས། །དེ་ཡང་རྡོ་རྗེའི་གུར་ལས། དམན་ པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྷག་ལ། །སེམས་ཅན་མཆོག་ལ་རྣལ་ འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྷག་ལ། །ཞེས་གསུངས་པ་ལྟར། ཕྱི་ལུས་ངག་གི་བྱ་ བ་གཙོ་བོར་སྟོན་པ་འཇམ་དཔལ་རྩ་རྒྱུད་ལ་སོགས་པ་བྱ་བའི་རྒྱུད་དང༌། ལུས་ངག་གི་བྱ་བ་ དང་ནང་ཏིང་ངེ་འཛིན་གཉིས་ཀ་ཆ་མཉམ་པར་སྟོན་པ་རྣམ་སྣང་མངོན་བྱང་ལ་སོགས་པ་སྤྱོད་ པའི་རྒྱུད་དང༌། ནང་ཏིང་ངེ་འཛིན་གཙོ་བོར་སྟོན་པ་དེ་ཉིད་འདུས་པ་ལ་སོགས་པ་རྣལ་འབྱོར་ གྱི་རྒྱུད་དང༌། བདེ་སྟོང་ཟུང་འཇུག་དོན་དམ་ཡེ་ཤེས་ཀྱི་སྐུ་གསལ་བར་སྟོན་པ་རྣལ་འབྱོར་བླ་ མེད་ཀྱི་རྒྱུད་རྣམས་ཀྱང་སྐལ་བའི་རིམ་པ་དང་མཐུན་པར་བསྟན་པས། འོག་མ་འོག་མ་ལས་ གོང་མ་གོང་མ་ཟབ་པར་གསུངས་ཤིང༌། བླ་མེད་ལ་ཡང་ཕ་རྒྱུད་མ་རྒྱུད་ལས། །གཉིས་ མེད་རྩ་བའི་རྒྱུད་རྣམས་མཆོག་ཏུ་གསུངས། །དེ་ཡང་གདུལ་བྱ་རྣམས་རིམ་གྱིས་ དྲང་བའི་དོན་དུ། གུར་ལས། སྐྱེས་པ་རྣམས་ནི་གདུལ་བའི་ཕྱིར། །རྣལ་འབྱོར་རྒྱུད་ནི་ཡང་ དག་བཤད། །བུད་མེད་རྣམས་ནི་བསྡུ་ཆེད་དུ། །རྣལ་འབྱོར་མ་རྒྱུད་རབ་ཏུ་བཤད། །ཅེས་ གསུངས་པ་ལྟར། ཞུ་བ་པོ་སྐྱེས་པས་ཞུས་ཤིང་དེ་དག་འདུལ་བའི་ཆེད་དུ་ཐབས་བདེ་བ་ཆེན་ པོ་གཙོ་བོར་སྟོན་པ་གསང་བ་འདུས་པ་དང་གཤིན་རྗེ་གཤེད་ལ་སོགས་པ་ཐབས་ཀྱི་རྒྱུད་ དང༌། །ཞུ་པ་པོ་རྣལ་འབྱོར་མས་ཞུས་ཤིང་དེ་དག་འདུལ་བའི་ཆེད་དུ་ཤེས་རབ་སྟོང་པ་ཉིད་ 3-1-213 གཙོ་བོར་སྟོན་པ་ཀྱཻའི་རྡོ་རྗེ་དང༌། བདེ་མཆོག་འཁོར་ལོ་ལ་སོགས་པ་ཤེས་རབ་ཀྱི་རྒྱུད་ཅེས་ གསུངས་ཤིང༌། ངེས་པའི་དོན་དུ་ནི་རྩ་བའི་རྒྱུད་ལས། རྣལ་འབྱོར་ཐབས་ཀྱི་ལུས་དང་ནི། ། ཤེས་རབ་གཅིག་པུ་དག་གིས་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ དེ་བཞིན་གཤེགས་པས་གསུངས། །ཞེས་བཀའ་སྩལ་པ་ལྟར། རྒྱུད་ཐམས་ཅད་ཀྱང་ཐབས་ དང་ཤེས་རབ་གཉིས་སུ་མེད་པར་སྟོན་པ་ཡིན་ནའང༌། དང་པོའི་སངས་རྒྱས་རྡོ་རྗེ་འཛིན་པ་ ཡེ་ཤེས་ཀྱི་སྐུ་དེ་ཉིད་གསལ་བར་གསུངས་པས། མཚན་ཡང་དག་པར་བརྗོད་པ་དང་། དུས་ ཀྱི་འཁོར་ལོ་ལ་སོགས་པ་རྣམས་ལས་མཆོག་ཏུ་ཡང་གསུངས་ཏེ། ཇི་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ ཐམས་ཅད་དུ་ནི་ངེས་པར་རྡོ་རྗེའི་ཚིག་འདི་རྡོ་རྗེ་ཅན་གྱིས་སྦས་པ་སྟེ། །དང་པོའི་སངས་རྒྱས་ སུ་ནི་སྲོག་ཆགས་རྣམས་ཀྱི་ཐར་པའི་ཆེད་དུ་མ་ཚང་མེད་པ་གསལ་བར་གསུངས། །ཞེས་པ་ དང༌། འགྲེལ་ཆེན་དུའང༌། གང་གིས་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་ པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་ འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་ དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་གསང་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་དག་ ནི་འཁོར་བ་པ་སྟེ། མྱ་ངན་ལས་འདས་པའི་ལམ་དང་བྲལ་བའི་ཕྱིར། ཞེས་བྱ་བའི་དོན་ཏོ། ། ཞེས་པ་ལ་སོགས་པས་མྱང་འདས་མཐར་ཐུག་ཐོབ་པར་འདོད་ན་དུས་ཀྱི་འཁོར་ལོའི་ངེས་ དོན་ཤེས་དགོས་པ་གསུངས་པ་ལྟར་རོ། ། རྒྱུད་ཀྱི་དོན་ཡང་གནས་སྐབས་ཐམས་ཅད་དུ། །རང་བཞིན་ཆོས་དབྱིངས་ རྒྱུན་མི་འཆད་པའོ། །དེ་ཡང་དཔལ་གསང་བ་འདུས་པ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། ། རྒྱུད་དེའང་རྣམ་པ་གསུམ་དུ་འགྱུར། །གཞི་དང་རང་བཞིན་ཉིད་དང་ནི། །མི་འཕྲོག་པ་ཡི་ རབ་དབྱེ་པའོ། །ཞེས་གསུངས་པ་ལྟར། གཞི་དང་ལམ་དང་འབྲས་བུའི་གནས་སྐབས་ཐམས་ 3-1-214 ཅད་དུ་དོན་དམ་ཆོས་ཀྱི་དབྱིངས་རྒྱུད་མི་ཆད་པ་ཡིན་ཞིང༌། དེ་ཡང༌། རང་བཞིན་རྣམ་པ་རྒྱུ་ ཡིན་ལ། །གཞི་ནི་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོག་འབྲས་བུ་སྟེ། །གསུམ་གྱིས་ རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པ་ལྟར་གཞི་ལ་ཆོས་དབྱིངས་རང་བཞིན་གྱིས་རྣམ་ པར་དག་པ་གདོད་མ་ནས་ལྷུན་གྱིས་གྲུབ་པར་བཞུགས་པ་རྒྱུའི་རྒྱུད་དང༌། གཞི་ལ་གནས་ པ་དེ་ཉིད་ལམ་ཟབ་མོའི་ཐབས་ཀྱིས་རིམ་གྱིས་མངོན་དུ་འགྱུར་བ་ཐབས་ཀྱི་རྒྱུད་དང༌། ལམ་ མཐར་ཕྱིན་པ་ལས་དག་པ་གཉིས་ལྡན་མི་འཕྲོགས་པའི་གོ་འཕང་ཐོབ་པ་འབྲས་བུའི་རྒྱུད་དོ། ། དེ་ཡང་རྣམ་ཀུན་མཆོག་ལྡན་སྟོང་པ་དང༌། །དམིགས་མེད་སྙིང་རྗེ་བདེ་བ་ ཆེན་པོ་དག །དབྱེར་མེད་ཟུང་འཇུག་དོན་དམ་ཡེ་ཤེས་སྐུ། །བརྟན་གཡོ་ཀུན་ལ་ ཁྱབ་པ་ནམ་མཁའ་བཞིན། །ཇི་སྐད་དུ། དཔལ་ཀྱཻའི་རྡོ་རྗེ་ལས། ཧེ་ནི་སྙིང་རྗེ་ཆེན་པོ་ སྟེ། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ ཡིས་བཤད་ཀྱིས་ཉོན། །ཞེས་གསུངས་པ་ལྟར། ཧེ་ཡིག་གིས་མཚོན་པ་ཐབས་དམིགས་མེད་ སྙིང་རྗེ་བདེ་བ་ཆེན་པོ་དང༌། བཛྲས་མཚོན་པ་ཤེས་རབ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ ལྡན་པའི་སྟོང་པ་ཉིད་དབྱེར་མེད་ཟུང་འཇུག་དོན་དམ་པའི་སངས་རྒྱས་གནས་སྐབས་ཐམས་ ཅད་དུ་རྒྱུན་མི་ཆད་ཅིང་བརྟན་གཡོ་ཐམས་ཅད་ལ་ནམ་མཁའ་ལྟར་ཁྱབ་པར་བཞུགས་པ་སྟེ། མཚན་ཡང་དག་པར་བརྗོད་པ་ལས། དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་ རང་བཞིན་འཛིན། །སྐྱེ་མེད་ཆོས་དེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཞེས་པ་ ལ་སོགས་པ་གསུངས་པ་ལྟར་རོ། ། དེ་ཉིད་མ་དག་སེམས་ཅན་ཐམས་ཅད་ལ། །ས་ལ་གཏེར་བཞིན་སྒྲིབ་པ་སྤང་ རུང་དུ། །གདདོ་ནས་ལྷུན་གྱིས་གྲུབ་པར་གནས་པ་ལ། །བདེ་གཤེགས་སྙིང་པོ་ 3-1-215 རྒྱུ་ཡི་རྒྱུད་ཅེས་གསུངས། །དེ་ཡང་དཔལ་དུས་ཀྱི་འཁོར་ལོ་ལས། བུམ་པའི་ནང་དུ་ཆུ་ ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་ རྡོ་རྗེ་ཅན་ནི་(དང་པོའི་སངས་རྒྱས་ལུས་ཅན་ཐམས་ཅད་ལ་བཞུགས་པ་ཡང་སེམས་ཅན་ལུས་ཡོད་མེད་ཀྱི་རྗེས་སུ་མི་འགྲོ་ དེ་ཉིད་གཟུགས་སོགས་)ཡུལ་དང་རྣམ་པར་བྲལ་(ཞིང་)བ་ལུས་ཀྱི་དབུས་སུ་དེ་བཞིན་(དུ་གནས་སོ་) ནོ། །ཞེས་པ་ལ་སོགས་པས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་བཞིན་གཤེགས་པའི་ སྙིང་པོ་ནམ་མཁའ་ལྟར་བརྟན་གཡོ་ཐམས་ཅད་ལ་ཁྱབ་ཅིང༌། ཁྱད་པར་སེམས་ཅན་ཐམས་ ཅད་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་སྒྲིབ་པ་སྤང་རུང་དུ་གནས་པ་ལ་ནི་རྒྱུའི་རྒྱུད་ཅེས་ གསུངས་ཤིང༌། ལམ་དུ་ཞུགས་ནས་མི་རྟོག་ཏིང་འཛིན་གྱིས། །རྣམ་རྟོག་རྣམ་ཤེས་རིམ་གྱིས་ བཀག་པ་ལས། །དོན་དམ་ཆོས་ཉིད་རིམ་གྱིས་མཐོང་བ་ལ། །ལམ་གྱི་དམིགས་ ཡུལ་ཐབས་ཀྱི་རྒྱུད་ཅེས་བྱ། །དེ་ཡང་འགྲེལ་ཆེན་ལས། དུ་བ་(ལྟ་བུ་དང་)ལ་སོགས་(ཀྱི་སྒྲས་ བསྡུས་པའི་)མཚན་མ(འམ་རྟགས་བཅུ)་དག་དང་ནི། །(དེའི་མཐར་སྣ་ཚོགས་གཟུགས་བརྙན་འོད་གསལ་བ་མཐོང་བ་ སོ་སོར་སྡུད་པའི་ཡན་ལག་སྟེ། དབང་མདོར་བསྟན་པ་ལས། དུ་བ་སྨིག་རྒྱུ་མཁའ་སྣང་དང༌། །སྒྲོན་མ་འབར་བ་ཟླ་ཉི་མ། །མུན་ ཅན་ཆ་དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །ཞེས་གསུངས་པའོ། །དེའི་ཤུགས་ལ་རྣམ་པ་ཐམས་ཅད་ པའི་སྟོང་གཟུགས་བརྟན་པར་མཐོང་བའི་བསམ་གཏན་གྱི་ཡན་ལག་བསྟན། དེ་ལྟར་ཡན་ལག་དང་པོ་གཉིས་དང་། གཡོན་དང་ གཡས་ཀྱི་རྩ་ལ་རྒྱུ་བའི་)སྲོག་(དབུ་མའི་ནང་དུ་)རྩོལ་(བ་སྟེ་)གྱིས་ནི་(དབུགས་ཐམས་ཅད་འབབ་པར་བྱེད་པའི་སྦྱོར་ བ་དག་གིས་)དབུ་མར་འབབ་པ(འི་སྲོག་རྩོལ་གྱི་ཡན་ལག་)་དང༌། (དེའི་ཤུགས་ལ་རླུང་དབུ་མ་ནས་ཀྱང་འགྲོ་འོང་ མེད་པར་འཛིན་པ་འཛིན་པའི་ཡན་ལག་སྟེ། ཡན་ལག་བར་བ་གཉིས་དང་། ཡན་ལག་ཐ་མ་གཉིས་ནི)། རིག་མ་(སྟེ་དབང་ བསྐུར་ཞིང་བསླབ་པ་དང་གཟུགས་དང་ལང་ཚོ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་ལ་སྦྱོར་པ)འི་བརྟུལ་ ཞུགས་དག་གིས་རྡོ་རྗེ་(སྟེ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུ་ལས་ཕྱི་རོལ་ཏུ་)ནི། །ལྟུང་(བ་)མིན་(པའི་རྗེས་དྲན་ 3-1-216 གྱི་ཡན་ལག་དང་། རྗེས་དྲན་གྱི་སྐབས་སུ་ལྟེ་བའི་གཏུམ་མོའི་མེས་སྤྱི་བོའི་ཧཾ་ཡིག་ཞུ་བའི་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་རྡོ་རྗེ་ ནོར་བུའི་བར་དུ་བྱོན་པ་)དེ་བཞིན་(དུ་སླར་)སྟེང་དུ་ཁུ་བ་(གཙུག་ཏོར་གྱི་བར་དུ་བགྲོད་པའམ་གཤེགས་པར་བྱེད་པ་ ཏིང་ངེ་འཛིན་གྱི་ཡན་ལག་)སྟེ། །(དེ་ལྟར་སྦྱོར་བ་ཡན་ལག་དྲུག་གི་)ལམ་འདི་རྣམས་ཀྱིས་སངས་རྒྱས་རྣམས་ ཀྱི་ནི། །བདེ་བ་(ཐིག་ལེ་བཞི་)མཆོག་ཏུ་འགྱུར་བ་མེད་པ་ཞེས། །(རྒྱུད་ཀྱི་རྒྱལ་པོ་རྣམས་སུ་)མངོན་པར་ བརྗོད་པའམ་(མིང་གཞན་དོན་དམ་པའི་)ཕོ་ཉ་མོ(འམ་མཁའ་འགྲོ་མ་)ཀུན་གྱི། །(ཞེས་པ་ཕྱག་རྒྱ་ཆེན་པོ་ཆོས་ཉིད་ འོད་གསལ་གྱི་གཟུགས་དང་)ལྷན་ཅིག་སྐྱེས་པ༼འི་བདེ་བ་ཆེན་པོ་མཆོག་གི་དངོས་གྲུབ༽་རྣལ་འབྱོར་པས་ཐོབ་ ༼པར་༽འགྱུར་༼རོ༽། །ཞེས་གསུངས་པ་ལྟར་ཡན་ལག་དྲུག་གི་རྣལ་འབྱོར་ལ་བརྟེན་ནས་རྣམ་ པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམས་ཏེ། རྣམ་ཤེས་འཁྲུལ་པའི་སྣང་བ་རིམ་གྱིས་འགག་ པ་ལས་དོན་དམ་ཆོས་ཉིད་བདེ་སྟོང་ཟུང་འཇུག་གི་སྣང་བ་རིམ་གྱིས་འཆར་བ་ནི་ཐབས་ཀྱི་ རྒྱུད་ཅེས་བྱ་བ་དང༌། བསྙེན་སྒྲུབ་རྣམ་བཞིའི་རྣལ་འབྱོར་མཐར་ཕྱིན་ཏེ། །གནས་སྐབས་རིགས་ བཞིའི་སྒྲིབ་པ་ཀུན་སྤངས་ནས། །ཟག་མེད་སྐུ་བཞི་མངོན་དུ་གྱུར་པ་ལ། །དག་ པ་གཉིས་ལྡན་འབྲས་བུའི་རྒྱུད་ཅེས་གསུངས། །དེ་ཡང་རྒྱུད་ལས། རྒྱལ་བ་(བདེ་གཤེགས་ སྙིང་བོ)འི་སྐུ་ཡི་རྡོ་རྗེའི་(ནི་རྟེན་འབྲེལ་ལས་འདས་པས་)ཡུལ་དང་ཡུལ་ཅན་(འབྲེལ་པར་འཇུག་པ་)རྣམས་ ཀྱིས་བགྲོད་བྱ་(འམ་རྟོགས་བྱ་)མིན་པ་རྣམ་པ་ཐམས་ཅད་པ་(པྲ་ཕབ་པ་ལྟ་བུར་སྣང་བའི་སྟོང་གཟུགས་ སོ)། །(དེའི་)གསུང་གི་རྡོ་རྗེ་(ནི་ཉེ་ཚེ་བ་མ་ཡིན་ལ་)སེམས་ཅན་ཐམས་ཅད་(ཀྱི་)རང་སྙིང་(སྟེ་རང་རང་ གི་བསམ་པ་ལྟར་རང་རང་གི་)སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པའོ། །རྡོ་རྗེ་ཅན་གྱི་ཐུགས་ ཀྱིས་རྡོ་རྗེ་(ནི་རྣམ་པར་མི་རྟོག་པའི་སེམས་འོད་གསལ་བ་ཡིན་པས་)སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་ བཞིན་མཐའ་དག་པ་ལ་(སྟེ་བརྟན་གཡོ་ཀུན་ལ་ཁྱབ་བྱེད་དུ་)གནས་(པའོ)། །དྲི་མེད་ནོར་བུ་(ཆེན་པོས་ གང་ལ་རེག་ཚད་ནོར་བུ་བྱེད་པ་)ལྟ་བུར་དངོས་པོ་རྣམས་ཀྱི་(ཁམས་བདེ་བ་ཆེན་པོར་)འཛིན་བྱེད་གང་ཡིན་ 3-1-217 དེ་ཉིད་(དེའི་)ཡེ་ཤེས་རྡོ་རྗེའོ། །ཞེས་པ་ལ་སོགས་པས་(སྦྱོང་བྱེད་)ལམ་གྱི་བསྙེན་སྒྲུབ་(པ་ཉེར་ སྒྲུབ་སྒྲུབ་པ་སྒྲུབ་པ་ཆེན་པོ་)བཞིའི་རྣམ་པར་མཐར་ཕྱིན་པ་ལས། (སད་པ་རྨི་ལམ་གཉིད་འཐུག་ཆགས་པ་སྟེ་) སྤང་བྱ་གནས་སྐབས་རིགས་བཞིའི་སྒྲིབ་པ་མཐའ་དག་འགགས་ནས། (སྦྱང་འབྲས་)དྲི་མ་དང་ འབྲལ་བའི་འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ ཆུབ་པས། རྣམ་པ་ཐམས་ཅད་མཁྱེན་པ་དབྱིབས་ཀྱི་རྣམ་པར་མཐར་ཕྱིན་པ་དང༌། སྐྱེས་ བུ་བྱེད་པའི་འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་ཉི་ཤུས་མངོན་པར་ རྫོགས་པར་བྱང་ཆུབ་པ་ལམ་མཁྱེན་པ་སྔགས་ཀྱི་རྣལ་འབྱོར་མཐར་ཕྱིན་པ་དང༌། རྣམ་པར་ སྨིན་པའི་འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་ པ་ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྣལ་འབྱོར་མཐར་ཕྱིན་པ་དང༌། རྒྱུ་མཐུན་ པའི་འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་ བྱང་ཆུབ་པ་ཐམས་ཅད་མཁྱེན་པ་རྣམ་པར་དག་པའི་རྣལ་འབྱོར་མཐར་ཕྱིན་པ་སྟེ། དེ་ལྟར་ ན་འབྲས་བུ་བཞི་དང་རྡོ་རྗེ་བཞི་དང་སྐུ་བཞི་དང་བྱང་ཆུབ་པ་བཞི་དང༌། མཁྱེན་པ་བཞི་དང་ རྣལ་འབྱོར་བཞི་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་ཡང་བྲལ་ནས་དག་ པ་གཉིས་ལྡན་མངོན་དུ་གྱུར་པ་ནི་འབྲས་བུའི་རྒྱུད་ཅེས་གསུངས་སོ། །སྔགས་མཚན་ཉིད་ མཐར་ཐུག་ངེས་པའི་དོན་གཅིག་པས་ཐེག་པ་ཆེན་པོའི་རྒྱུད་བླ་མར་ཡང༌། (དེ་བཞིན་གཤེགས་པའི་ སྙིང་བོ་དེ་ཉིད་གློར་གྱི་དྲི་མས་)མ་དག་(པ་དང་)མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་(གི་གནས་སྐབས་ གསུམ་ལས་)གོ་རིམ་(ཇི་ལྟ་བ་)བཞིན་(དུ)། །སེམས་ཅན་(དང་)བྱང་ཆུབ་སེམས་དཔའ་དང༌། །དེ་ བཞིན་གཤེགས་པ་ཞེས་(བྱ་བའི་མིང་ཐ་དད་པ་གསུམ་གྱིས་)བརྗོད་དོ། །ཞེས་ཆོས་དབྱིངས་ལ་ཁྱད་ པར་མེད་ཀྱང་དྲི་མས་མ་དག་པའི་གནས་སྐབས་ལ་སེམས་ཅན་དང༌། དྲི་མ་ཅི་རིགས་པས་ དག་ཅིང་ལྷག་མས་(ས་)དག་པའི་གནས་སྐབས་ལ་བྱང་ཆུབ་སེམས་དཔའ་དང༌། དྲི་མ་མཐའ་ 3-1-218 དག་གིས་དག་པའི་གནས་སྐབས་ལ་དེ་བཞིན་གཤེགས་པ་ཞེས་བཏགས་ནས་གནས་སྐབས་ གསུམ་གྱི་དབྱེ་བ་གསུངས་པ་དང༌། ཇི་ལྟར་(ཏེ་དཔེར་ན་)རྟོག་(པ་)མེད་(ཅིང་སྒྲིབ་པ་མེད་པའི་)བདག་ ཉིད་ཅན་(གྱི)། །ནམ་མཁའ་(གཟུགས་ཅན་ཐམས་ཅད་ལ་དབྱེར་མེད་པར་)ཀུན་ཏུ་རྗེས་(སུ)སོང་(ཞིང་ཁྱབ་པ་) ལྟར། །སེམས་ཀྱི་རང་བཞིན་(འོད་གསལ་གདོད་མ་ནས)དྲི་(མ)མེད་(པའི་ཆོས་ཀྱི་)དབྱིངས་(ཀྱང་)། །དེ་ བཞིན་(དུ་གང་ཟག་གི་གནས་སྐབས་ཐམས་ཅད་ལ་དབྱེར་མེད་ཅིང་)ཀུན་ཏུ་འགྲོ་བ(ར་ཁྱབ་པ་)ཉིད་(དོ)། །ཅེས་ པས་དེ་བཞིན་ཉིད་ནམ་མཁའ་ལྟར་ཁྱབ་པར་གསུངས་པ་དང༌། (སེམས་ཅན་གྱི་གནས་སྐབས་སུ་ཉོན་ མོངས་པ་ལ་སོགས་པའི་)ཉེས་པ་(རྣམས་སྤང་རུང་)གློ་བུར་(བ་ཉིད་)དང་ལྡན་(པ་ཡིན་གྱི་རང་བཞིན་དུ་གནས་པ་ མ་ཡིན་པའི་ཕྱིར་)དང༌། །(ཕྱིས་དག་པའི་གནས་སྐབས་སུ་སྟོབས་ལ་སོགས་པའི་)ཡོན་ཏན་(མངོན་དུ་གྱུར་པ་རྣམས་) རང་བཞིན་(དུ་གདོད་མ་)ཉིད་(དུ་)ལྡན་(པའི་)ཕྱིར། །ཇི་ལྟར་སྔར་(འཁོར་བའི་ཁམས་སུ་ཡོད་པ་ཇི་ལྟ་བ་དེ་) བཞིན་(དུ་)ཕྱིས་(མྱང་འདས་དུས་སུའང་)དེ་བཞིན་(དུ་གནས་ཤིང་)། །(ནམ་ཡང་)འགྱུར་བ་མེད་པའི་(ཆོས་ དབྱིངས་འདིའི་)ཆོས་ཉིད་(དམ་རང་བཞིན་ཉིད་)དོ། །ཞེས་པས་སེམས་ཅན་ལ་ཡོད་པའི་ཉེས་པ་ནི་ སྤང་རུང་གློ་བུར་བ་ཡིན་ཞིང༌། སངས་རྒྱས་ལ་མངའ་བའི་ཡོན་ཏན་རྣམས་གདོད་མ་ནས་རང་ བཞིན་དུ་ཡོད་པའི་ཕྱིར། བདེ་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་འགྱུར་བ་མེད་པ་རྒྱུད་ཀྱི་དོན་དུ་ གསུངས་པ་དང་ཡང་མཐུན་པ་ཉིད་དོ། ། སྔགས་ཀྱི་དོན་ཡང་སྲིད་པ་འཁོར་བ་ཡི། །རྩ་བའི་རྣམ་རྟོག་རིམ་གྱིས་ འགོག་པ་སྟེ། །རྣམ་རྟོག་ཕལ་བའི་གཉེན་པོར་བསྐྱེད་རིམ་དང༌། །མཐའ་དག་ གཉེན་པོར་རྫོགས་པའི་རིམ་པའོ། །དེ་ཡང༌། དཔལ་ཡང་དག་སྦྱོར་བ་ལས། རྣམ་རྟོག་ མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོ་ལྷུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། ། མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་པ་དང༌། དཔལ་གསང་བ་འདུས་པར་ཡང༌། རྣམ་པར་རྟོག་པ་གང་གང་གི། རྐྱེན་ནི་གང་གང་ལས་བྱུང་བའི། །ཡིད་ནི་མན་ཞེས་བྱ་བ་སྟེ། ། 3-1-219 དྲ་ནི་སྐྱོབ་པར་བྱེད་པའི་དོན། །ཞེས་གསུངས་པ་ལྟར། འཁོར་བའི་ཉེས་པ་ཐམས་ཅད་ཀྱི་རྩ་ བ་རྣམ་པར་རྟོག་པ་ལས་ཡིད་སྐྱོབ་པའི་དོན་གྱིས་ན་མན་ཏྲ་སྟེ་སྔགས་ཞེས་བྱ་ཞིང༌། དེ་ཡང་ ཐ་མལ་རྣམ་རྟོག་གི་གཉེན་པོར་བསྐྱེད་པའི་རིམ་པ་དང༌། རྣམ་རྟོག་མཐའ་དག་གི་གཉེན་ པོར་རྫོགས་པའི་རིམ་པ་བསྒོམ་པ་སྟེ། ཕལ་བ་(སྟེ་ཐ་མལ་པ)འི་(སྣང་བའི་)གནས་སྐབས་གཞོམ་ པའི་ཕྱིར་(དུ)། །(བསྐྱེད་རིམ་གྱིས་)བསྒོམ་པ་(ཡིན་)ཡང་དག་(པར་)རབ་ཏུ་(སངས་རྒྱས་ཀྱིས་)བསྒྲགས་( པ་སྟེ་བསྟན་ནོ)། །(གྱ་ནོམ་ལྷའི་)རང་བཞིན་(དུ་སྣང་བའི་)གནས་སྐབས་གཞོམ་པའི་ཕྱིར། །(རྫོགས་རིམ་) བསྒོམ་པ་ཉིད་ནི་(རྣམ་རྟོག་ཡིད་ལ་)མི་བསྒོམ་(པ་སྟེ་རྟོག་སྒོམ་)ཡིན་(ནོ)། །ཞེས་གསུངས་པ་ལྟར། བསྐྱེད་རིམ་ལ་ཡང་ཡབ་ཀྱི་ཆར་བསྟན་པ། །ཐམས་ཅད་བདེ་བ་ཆེན་པོ་ མཚོན་པ་དང༌། །ཡུམ་གྱི་ཆ་རྣམས་སྟོང་ཉིད་མཚོན་པ་སྟེ། །དོན་ནི་བདེ་སྟོང་ ཟུང་འཇུག་སྟོན་པར་མཚུངས། །དེ་ཡང་། དཔལ་བདེ་མཆོག་གི་རྒྱུད་ལས། སམ་ཞེས་བྱ་ བ་བདེ་བར་བརྗོད། །སངས་རྒྱས་ཀུན་གྱི་བདེ་ཆེན་ཉིད། །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བ། ། མཆོག་ཏུ་བདེ་བས་བདེ་མཆོག་ཉིད། །ཅེས་གསུངས་པ་ལྟར། དོན་དམ་པའི་སངས་རྒྱས་ ཐམས་ཅད་བདེ་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་མཚུངས་ཤིང་དེའི་ལམ་མོས་པ་ཉིད་ཡིད་ལ་ བྱེད་པ་བསྐྱེད་རིམ་སྒོམ་པའི་སྐབས་སུ། ཐབས་བདེ་བ་ཆེན་པོ་མཚོན་པ་ལ་ཡབ་ཀྱི་རྣམ་པ་ དང༌། ཤེས་རབ་སྟོང་པ་ཉིད་མཚོན་པ་ལ་ཡུམ་གྱི་རྣམ་པ་དང༌། བདེ་སྟོང་ཟུང་འཇུག་མཚོན་ པ་ལ་ཡབ་ཡུམ་ཞལ་སྦྱོར་ལ་སོགས་པའི་རྣམ་པས་བསྟན་པའོ། ། བརྒྱད་པ་ས་ལམ་གྱི་རྣམ་བཞག་ལ་དང་པོ་ཐུན་མོང་དུ་བསྟན་པ་ནི། དེ་ལྟར་ཤེས་ནས་ དོན་དམ་ཆོས་སྐུ་ལ། །སྒྲིབ་བྱེད་གློ་བུར་དྲི་མ་ཉོན་མོངས་དང༌། །ཤེས་བྱའི་སྒྲིབ་ པ་རིམ་གྱིས་སྤང་བའི་ཕྱིར། །ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་འཚལ་ལོ། །དེ་ཡང་ རྒྱུད་བླ་མར་ཡང༌། (ལུས་ངག་གི་སྤྲོས་པ་ཀུན་དང་སེམས་ཀྱི་རྣམ་པར་རྟོག་པ་ལ་སོགས་པ་འབད་རྩོལ་མ་ལུས་པ་ཉེ་བར་) 3-1-220 ཞི་བ་ཆོས་ཀྱི་སྐུ(འི་བདག་ཉིད)་ཅན་(ཡིན་པའི་)ཕྱིར་(ན)། །(ཕྲིན་ལས་)ལྷུན་གྱིས་གྲུབ་(པ་)ཅེས་བྱ་ བར་བརྗོད་(དོ)། །ཅེས་གསུངས་པ་ལྟར། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཀྱི་ སྐུ་གདོད་མ་ནས་ལྷུན་གྱིས་གྲུབ་པར་བཞུགས་པ་དེ་ཉིད་དོ། །དབུས་མཐར། (སྤང་བྱའི་སྒྲིབ་པ་ལ་ དབྱེ་ན་)ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་དག་ཏུ་འདོད་་(ལ)། །(གཉིས་པོ་)དེར་ ནི་སྒྲིབ་པ་ཐམས་ཅད་(འདུས་)དེ། །དེ་(གཉེན་པོས་)ཟད་(པར་བྱས་)ནས་ནི་གྲོལ་བ་(མཐར་ཐུག་ཐོབ་ པ)ར་འདོད་(པ་སྟེ་བཞེད་དོ)། །ཅེས་གསུངས་པ་ལྟར། སྤང་བྱ་གློ་བུར་གྱི་དྲི་མ་སྒྲིབ་གཉིས་བག་ ཆགས་དང་བཅས་པ་ལས་གྲོལ་བར་བྱ་བའི་ཆེད་དུ་ལམ་ལྔ་ལ་རིམ་གྱིས་ཞུགས་ཏེ་ས་བཅུ་ བགྲོད་པར་བྱའོ། །ཞེས་པའོ། ། སོ་སོའི་ངོ་བོ་ལ། ལམ་དང་སའི་རྣམ་བཞག་གཉིས་ལས། དང་པོ་ལམ་ནི་ལྔ་སྟེ། ཚོགས་ ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། སྒོམ་པའི་ལམ་དང༌། མཐར་ཕྱིན་ པའི་ལམ་མོ། །དང་པོ་ནི། དེ་ཡང་དང་པོར་ཚོགས་ཀྱི་ལམ་ཞུགས་ཏེ། །ཇི་ལྟར་ནུས་ པའི་ཚུལ་ཁྲིམས་རྣམ་དག་བསྲུངས། །དབང་པོའི་སྒོ་རྣམས་ཡུལ་དུ་འཇུག་པ་ ན། །ལེགས་པར་བརྟགས་ཏེ་ཚུལ་མིན་ཡིད་བྱེད་སྤང༌། །ཟས་ཀྱི་ཚོད་ཀྱང་རིག་ པར་བྱ་སྟེ་བསྟེན། །ཉིན་པར་ཀུན་དང་མཚན་མོའི་སྟོད་སྨད་ལའང༌། །ཞི་གནས་ ལྷག་མཐོང་ཟུང་འཇུག་རྣལ་འབྱོར་བསྒོམ། །སྒོ་གསུམ་སྤྱོད་ལམ་བརྟགས་ཏེ་ཤེས་ བཞིན་བསྟེན། །དེ་ཡང་ཆོས་མངོན་པ་ལས། ཚོགས་ཀྱི་ལམ་གང་ཞེ་ན། སོ་སོ་སྐྱེ་བོའི་(སོ་ སོར་ཐར་པ་རིགས་བརྒྱད་པོ་གང་རུང་གི་)ཚུལ་ཁྲིམས་དང༌། དབང་པོའི་སྒོ་སྡོམ་པ་(སྟེ་གཟུགས་སྒྲ་སོགས་ལ་མི་ ཞེན་པ་)དང༌། ཁ་ཟས་(ཟ་ཚུལ་སྨན་གྱི་འདུ་ཤེས་)ཀྱི(ས་མང་ཉུང)་ཚོད་རིག་པ་དང༌། ནམ་གྱི་ཆ་(ལ་གསུམ་དུ་ ཕྱིས་ནས་ཆ་)སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། (དྲན་)ཤེས་བཞིན་དུ་ མངོན་པར་དགའ་བའོ། །ཞེས་གསུངས་པ་ལྟར། ལས་དང་པོ་པ་རྣམས་ཀྱིས་ཐར་པའི་ཆ་དང་ 3-1-221 མཐུན་པའི་དགེ་བའི་རྩ་བ་རྒྱུད་ཡོན་ཏན་གྱི་ཚོགས་ཀྱིས་འགེངས་ཤིང་རྣམ་པར་གྲོལ་བའི་ འཇུག་ངོགས་སུ་གྱུར་པ་སྟེ། (ཚུལ་ཁྲིམས་ཀྱི་ཕན་ཡོན་ནི་གང་ཟག་)གང་ཞིག་དགའ་བའི་སེམས་ཀྱིས་ སུ། །ལོ་བརྒྱར་(གཞན་ལ་)སྦྱིན་པ་བྱིན་པ་བས། །(གང་ཟག་)གང་ཞིག་ཉིན་གཅིག་ཚུལ་ཁྲིམས་ རྣམ་དག་ནི། །བསྲུངས་བ་དེ་ནི་༼སྔ་མ་སྦྱིན་པའི་བསོད་ནམས་ལས་༽ཁྱད་པར་༼དུ་༽འཕགས་༼སོ༽། ། ཞེས་གསུངས་པ་ལྟར། སོ་སོར་ཐར་པའི་སྡོམ་པ་རིས་བརྒྱད་ལསི་ཇི་ལྟར་ནུས་པའི་སྡོམ་ པ་བླངས་ཏེ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་དང༌། མདོ་ལས། མིག་གིས་གཟུགས་ རྣམས་མཐོང་སྟེ་མཚན་མར་མི་འཛིན། མངོན་རྟགས་སུ་མི་འཛིན། ཞེས་གསུངས་པ་ལྟར། དབང་པོ་རྣམས་ཡུལ་ལ་འཇུག་པ་ན། སྡུག་པ་ལ་ཆགས་པ་དང༌། མི་སྡུག་པ་ལ་སྡང་བ་དང༌། བར་མ་ལ་རྨོངས་པ་ལ་སོགས་པའི་ཉོན་མོངས་པ་སྐྱེ་བ་བསྲུང་ཞིང་དྲན་པས་འཛིན་པ་དང༌། བཤེས་སྤྲིངས་ལས། (ཐོག་མར་ལུས་ཆུད་མི་ཟ་བའི་ཕྱིར་ཟས་ལ་སྤྱོད་ཚུལ་ནི་)ཁ་ཟས་(ཟ་ན་ལུས་ལ་ཕན་པའི་) སྨན་དང་འདྲ་བར་(ཚོད་)རིག་(པར་)བྱས་ནས། །(ཀུན་སློང་)འདོད་ཆགས་(དང་)ཞེ་སྡང་མེད་པར་ བསྟེན་(པར་)བགྱིས་ཏེ། །(ཆེད་དུ་བྱས་པ་ལུས་)བརྒྱག་(པའི་)ཕྱིར་(ལུས་ལ་སྟོབས་བསྐྱེད་ལ་དགྲ་ལ་གནོད་པ་ བྱའོ་སྙམ་པས་)མ་ལགས་བསྙེམས་པའི་ཕྱིར་མ་ལགས། །(ཡན་ལག་དང་ཉིང་ལག་རྒྱས་པར་བྱ་བའི་ཕྱིར་དུ་ བདག་གིར་བཟུང་ནས་)མཚག་(པའི་)ཕྱིར་(དུ་)མ་ལགས་(སོ་འོ་ན་གང་གི་ཆེད་དུ་ཞེ་ན་དགེ་བ་བསྒྲུབ་པའི་རྟེན་དུ། བརྒྱག་པ་དང་མཚག་པའི་ཕྱིར་དུ་ཟ་བ་ནི་འདོད་ཆགས་ཀྱིས་ཟ་བ་དང༌། བསྙེམས་པའི་ཕྱིར་ཟ་བ་ནི་ཞེ་སྡང་གིས་ཟ་བའོ་)ལུས་ གནས་(པ་)འབའ་ཞིག་(གི་)ཕྱིར་(དུ་ཟ་བའོ)། །ཞེས་གསུངས་པ་ལྟར། ཉུང་ན་རིད་དེ་དགེ་བ་ལ་ སྦྱོར་མི་བཟོད་ཅིང༌། མང་ན་རྒྱགས་པ་མ་ཞུ་བའི་ནད་བསྐྱེད་པས། འཇུ་ཞིང་ལུས་ལ་ཕན་ པ་ཙམ་དུ་སྤྱོད་པ་ཟས་ཀྱི་ཚོད་རིག་པ་དང༌། (རབ་བྱུང་རྣལ་འབྱོར་ལ་བརྩོན་པར་གདམས་པ་ནི་དགེ་ལ་སྦྱོར་ བའི་སྐབས་སུ་)རིག་པའི་བདག་ཉིད་ཉིན་པར་ཐམས་ཅད་དང༌། །མཚན་མོ(ལ་)འང་དེ་བཞིན་(དུ་ ཆ་གསུམ་དུ་བྱས་པའི་)སྟོད་སྨད་(ཀྱི་)ཐུན་(དག་ལ་)བཟླས་(པ་སོགས་བྱས་)ནས་(ནི)། །(གོང་གི་ཆ་ལ་མནལ་ 3-1-222 ཞིང་)མནལ་(བའི་)ཚེའང་འབྲས་(བུ་འམ་དོན་)མེད་ཉིད་དུ་མི་འགྱུར་བར། །དྲན་(ཤེས་བཞིན་དང་) ལྡན་(པ་)དེ་ཉིད་པར་དུ་མནལ་བར་མཛོད་༼དེ་དེ་ལྟར་བྱས་ན་གཉིད་ཀྱང་ཀུན་སློང་གིས་དགེ་བར་འགྱུར་བའི་ ཕྱིར༽། །ཅེས་གསུངས་པ་ལྟར། ཉིན་པར་དགེ་བ་ལ་འབད་ཅིང་ནམ་གུང་དགེ་བའི་གཉིད་དུ་ བསྒྱུར་ཏེ། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་པར། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་(པའི་སྒྲིབ་པ་)རྣམ་པར་འཇོམས་པར་ཤེས་(པར་)བྱས་ ནས། །ཐོག་མར་ཞི་གནས་བཙལ་(པར)བྱ་(ཞིང་ཞི་གནས་)དེ་ཡང་ནི། །འཇིག་རྟེན་(ཏེ་འདོད་ཡོན་ལ་) ཆགས་པ་མེད་(པ་དང་ཏིང་ངེ་འཛིན་)ལ་མངོན་(པར་)དག(འ་བ)ས་འགྲུབ་(པ་ཡིན་ནོ)། །ཅེས་གསུངས་ པ་ལྟར། ཞི་གནས་ལྷག་མཐོང་ཟུང་གི་རྣལ་འབྱོར་ལ་བརྩོན་པ་དང་། ལུས་དང་སེམས་ཀྱི་ གནས་སྐབས་ལ། །ཡང་དང་ཡང་དུ་བརྟགས་བྱ་བ། །དེ་ཉིད་ཁོ་ན་མདོར་(བསྡུས་)ན་ནི། །ཤེས་ བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར། སྒོ་གསུམ་གྱི་སྤྱོད་པ་ལ་རང་རིག་ གིས་བརྟགས་ནས་རུང་བ་རྣམས་སྤྱོད་ཅིང༌། མི་རུང་བ་སྤོང་བ་ཤེས་བཞིན་དུ་གནས་པར་ དགའ་བ་སྟེ། ཐར་པའི་རྒྱུའི་ཆོས་ལྔ་ལ་སློབ་པ་དང༌། ལེགས་པར་གྲུབ་པའི་རྒྱུད་ལས། ཉིན་ པར་བག་མེད་(གྱི་དབང་གིས་མི་དགེ་བ་)བྱས་པ་དག །མཚན་མོ་ལེགས་པར་བཤགས་པར་བྱ་( ཞིང་)། །(དེ་བཞིན་དུ་)མཚན་མོ་(བག་མེད་གྱི་དབང་གིས་མི་དགེ་བ་)བྱས་པ་ནང་པར་བཤགས། །(དགེ་བ་) ལེགས་པར་བྱས་(པ་)ལ་མངོན་(པར་)དག(འ་བ་སྟེ་རྗེས་སུ་ཡི་རང་བ་)ར་བྱ(འོ)། །ཞེས་གསུངས་པ་ ལྟར། སྡིག་པ་བཤགས་ཤིང་དགེ་བ་སྤེལ་བ་དང༌། །དབུས་དང་མཐའ་རྣམ་པར་འབྱེད་པ་ ལས། (འབྲུ་ལེགས་པ་དང་སྙོམ་དང་ལྷག་ཆད་མེད་ཚེག་དང་ཤད་ཀྱི་མཚམས་ཆོད་པའོ། །གཟུགས་བརྙན་བཞེངས་པ་དང་ ཏིང་ངེ་འཛིན་བསྒོམ་པ་ཡེ་ཤེས་པ་སྤྱན་དྲངས་པ་ལ་མཆོད་པའོ། །ཆོས་དང་ཟང་ཟིང་སྐྱབས་ཏེ་སྦྱིན་པ་གསུམ་འབྲས་བུ་ལ་རེ་བ་ མེད་པའོ། །སྒོ་གསུམ་གུས་པ་སྐྱོ་དུབ་མེད་པ་མི་ངོམས་པའོ། །གསལ་བ་དག་པ་ཚིག་སྡེབ་ཤེས་པའོ། །དོན་དང་ཚིག་མི་བརྗེད་ པས་ཡོན་ཏན་མང་ངོ༌། །སྤྱིའི་ཁོག་ཕུབ་གཞུང་གི་ས་མཚམས་གོང་འོག་མཚམས་སྦྱོར་ཡི་གེ་འབྲུ་ནོན་དོན་སྤྱི་དང་རྒོལ་ལན་ནོ། ། 3-1-223 སྒྲ་ཆེ་ཆུང་རན་པ་མི་ཚིག་མ་འདྲེས་ཡོད་མེད་དག་པའོ། །ལུང་དང་མན་ངག་རང་རིག་ཚད་མ་གསུམ་མོ། །རྩེ་གཅིག་མ་ཡེངས་ བསྒོམས་པས་རྣམ་རྟོག་སྤྲིན་ལྟར་དེངས་སོ། །ཐིག་ཆེན་གྱི་)ཡི་གེ་འབྲི་(བ་དང་དེ་ལ་མེ་ཏོག་སོགས་ཀྱིས་)མཆོད་(པ་དང་ གཞན་ལ་)སྦྱིན་པ་དང༌། །(གཞན་ལ་)ཉན་(པ་)དང་(གསུང་རབ་)ཀློག་(པ་)དང་(དོན་ངེས་པ་མི་བརྗེད་པར་) འཛིན་པ་དང༌། །(རང་གིས་གཞན་ལ་)འཆད་(པ་)དང་(བློ་ལ་)ཁ་ཏོན་བྱེད་པ་དང༌། །དེ་(དག་གི་དོན་ བསམ་བྱུང་གི་རིགས་པའི་སྒོ་ནས་)སེམས་པ་དང་(རྣམ་པར་མི་རྟོག་པ་)བསྒོམ་པ་སྟེ། །(ཐེག་ཆེན་གྱི་ཆོས་)སྤྱོད་ པ་འདི་བཅུའི་བདག་ཉིད་ནི། །(ཐེག་དམན་གྱི་ཆོས་སྤྱོད་ལ་ལྟོས་ཏེ་)བསོད་ནམས་(ཀྱི་)ཕུང་པོ་དཔག་ (ཏུ་)མེད་(པ་)ཐོབ་(པོ)། །ཅེས་གསུངས་པ་ལྟར། ཆོས་སྤྱོད་བཅུའི་བསྒྲུབ་པ་ལ་བརྩོན་པ་དང༌། རིན་ཆེན་ཕྲེང་བ་ལས། (གནས་ལུགས་ཀྱི་དོན་རྟོགས་པའི་)ཤེས་རབ་རྒྱས་(པར་)བྱེད་པ་ནི་ཐོས་པ་སྟེ། ། བསམ་པ་དང་(ཐོས་པ་)ནི་གཉིས་པོ་(གང་ཟག་གང་ལ་)ཡོད་(པར་)གྱུར་ན། །(ཐོས་བསམ་གཉིས་པོ་)དེ་ ལས་(བརྟེན་ན་)བསྒོམ་པ་ཡང་ནི་རབ་ཏུ་འབྱུང་(ཞིང་)། །(ཐོས་བསམ་སྒོམ་གསུམ་)དེ་ལས་(སྒྲུབ་པ་པོས་) དངོས་གྲུབ་བླ་ན་མེད་པ་(རྫོགས་བའི་སངས་རྒྱས་)ཐོབ་(པ་ཡིན་ནོ)། །ཅེས་གསུངས་པ་ལྟར། གཞུང་ ལུགས་རྣམ་པར་དག་པ་ཐོས་པ་ལས་བྱུང་བའི་ཤེས་རབ་དང༌། དེའི་དོན་རྟོགས་པ་བསམ་ པ་ལས་བྱུང་པའི་ཤེས་རབ་དང༌། དེ་དག་དང་མཐུན་པར་སྒོམ་པ་ལས་བྱུང་བའི་ཤེས་རབ་ རྣམས་རིམ་གྱིས་སྤེལ་བ་སྟེ། ཐར་པ་ཐོབ་པར་འདོད་པའི་ལས་དང་པོ་རྣམས་ཀྱིས་འདི་དག་ ལ་ཅི་ནུས་ཀྱིས་བསླབ་པར་བྱའོ། ། གཞན་ཡང༌། ཚོགས་ལམ་ཆུང་ངུར་ལུས་འདི་མི་གཙང་ལ། །ཚོར་བ་སྡུག་ བསྔལ་སེམས་ཀྱང་མི་རྟག་ཅིང༌། །ཆོས་ཀུན་བདག་མེད་རྟོགས་ནས་དྲན་པ་ལ། ། ཉེ་བར་འཇོག་པ་རྣམ་བཞི་བསྒོམ་པར་གསུངས། །དེ་ཡང་མཛོད་ལས། དྲན་པ་ཉེར་ བཞག་ཤེས་རབ་སྟེ། །(ཞེས་པས་ལུས་འདི་ཆོས་ཅན། གནས་ངན་ལེན་ཡིན་ཏེ། གནོད་པ་ཐམས་ཅད་ཀྱི་གཞི་ཡིན་ པའི་ཕྱིར། སྡུག་བསྔལ་ཞེས་བྱ་སྟེ། འཕགས་པ་རྣམས་དང་མི་མཐུན་པའི་ཕྱིར། མ་རིག་པ་ལས་བྱུང་བའི་ཚོར་བ་ནི། སྲེད་པའི་ 3-1-224 རྒྱུ་ཡིན་ཏེ། ཚོར་བ་བདེ་བ་ལ་ནི་བདེ་བ་ལ་སྲེད་ཅིང༌། སྡུག་བསྔལ་བ་ལ་ནི་བྲལ་བར་སྲེད་ལ། བཏང་སྙོམས་ནི་གཉིས་མ་ཡིན་ ལ་སྲེད་པའི་ཕྱིར། སེམས་རྣམ་ཤེས་བརྒྱད་ནི་གཞི་ཡིན་ཏེ། བདག་ཏུ་འཛིན་པའི་གཞི་ཡིན་པའི་ཕྱིར། ལམ་བདེན་ནི་མ་རྨོངས་པ་ ཡིན་ཏེ། འཁོར་འདས་ཀྱི་ཆོས་ལ་བླང་དོར་བྱེད་པ་ལ་མཁས་པ་ཡིན་པའི་ཕྱིར། དེས་ན་བྱང་ཕྱོགས་སོ་བདུན་གྱི་དང་པོར་དྲན་པ་ ཉེ་བར་བཞག་པ་བསྒོམ་པ་ལ་དགོས་པ་ཡོད་དེ། ལུས་མི་གཙང་བ་ལ་སོགས་བསྒོམས་པས་བདེན་པ་བཞི་ལ་འཇུག་པར་འགྱུར་ བའི་ཕྱིར། དེ་ཡང་འདི་ལྟར་ལུས་སྐྱེ་རྒ་ན་འཆི་བཞིར་ཤེས་ནས་ཀུན་གཞི་ལ་དེ་དག་གི་བག་ཆགས་ཡོད་པ་གནས་ངན་ལེན་གྱི་ འདུ་བྱེད་དུ་ཤེས་པ་ལ་འཇུག་ཅིང་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཤེས་ནས་འདོད་མི་འདོད་ཆ་མཉམ་གསུམ་དང་དུ་ལེན་ པའི་སྲེད་པ་གསུམ་འབྱུང༌། སྲེད་པ་ཀུན་འབྱུང་གི་གཙོ་བོ་ཡིན་པས་ཀུན་འབྱུང་གི་བདེན་པ་སྤོང་བ་ལ་འཇུག་ལ། སེམས་མི་རྟག་ པ་ཙམ་དུ་ཤེས་ན་བདག་སྔར་ཡོད་གློ་བུར་དུ་ཆད་པའི་འཇིག་པ་མེད་པས་འགོག་པའི་བདེན་པ་མངོན་དུ་བྱེད་པ་ལ་འཇུག་ཅིང༌། ཆོས་དགེ་མི་དགེ་ལུང་མ་བསྟན་གསུམ་དུ་ཤེས་ནས་བླང་དོར་བཏང་སྙོམས་སུ་བྱེད་པའི་ལམ་གྱི་བདེན་པ་ལ་འཇུག་པའི་ཕྱིར། དེ་ སྐད་དུའང༌། དབུས་མཐའ་ལས༌། གནས་ངན་ལེན་དང་སྲེད་རྒྱུའི་ཕྱིར། །གཞིའི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་ བྱ་བས། །དྲན་པ་ཉེ་བར་བཞག་པ་བསྒོམ། )ཞེས་གསུངས་པ་ལྟར། ལུས་ལ་སོགས་པའི་གནས་ལུགས་ཇི་ ལྟར་བར་ཤེས་པའི་ཤེས་རབ་ཀྱིས་རྟོགས་པའི་དོན་མི་བརྗེད་པའི་དྲན་པ་སྟེ་ཚོགས་ལམ་ཆུང་ ངུའི་གནས་སྐབས་སུ་ལུས་གཙང་བར་འཛིན་པའི་གཉེན་པོར་མི་གཙང་བར་དྲན་པ་ཉེ་བར་ བཞག་པ་དང༌། ཚོར་བ་བདེ་བར་འཛིན་པའི་གཉེན་པོར་སྡུག་བསྔལ་བར་དྲན་པ་ཉེ་བར་ འཇོག་པ་དང༌། སེམས་རྟག་པར་འཛིན་པའི་གཉེན་པོར་མི་རྟག་པར་དྲན་པ་ཉེ་བར་འཇོག་པ་ དང༌། ཆོས་བདག་ཡོད་པར་འཛིན་པའི་གཉེན་པོར་བདག་མེད་པར་དྲན་པ་ཉེ་བར་འཇོག་པ་ རྣམས་བསྒོམ་པར་བྱ་ཞིང༌། འབྲིང་པོར་སྡིག་པ་སྐྱེས་པ་སྤང་བ་དང༌། །མ་སྐྱེས་མི་བསྐྱེད་པ་དང་དགེ་ བའི་ཆོས། །མ་སྐྱེས་བསྐྱེད་ཅིང་སྐྱེས་པ་སྤེལ་བ་སྟེ། །ཡང་དག་སྤོང་བཞི་གཙོ་ ཆེར་བསྒོམ་པར་བྱ། །དེ་ཡང་། བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། །ཞེས་གསུངས་ 3-1-225 པ་ལྟར། ཚོགས་ལམ་འབྲི ང་བོའི་གནས་སྐབས་སུ་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་ སྤང་བའི་ཆེད་དུ་འབད་ཅིང་བརྩོན་འགྲུས་རྩོམ་པ་དང༌། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་ རྣམས་མི་བསྐྱེད་པའི་ཆེད་དུ་འབད་ཅིང་བརྩོན་འགྲུས་རྩོམ་པ་དང༌། གཉེན་པོ་དགེ་བའི་ཆོས་ མ་སྐྱེས་པ་རྣམས་བསྐྱེད་པའི་ཆེད་དུ་འབད་ཅིང་བརྩོན་འགྲུས་རྩོམ་པ་དང༌། གཉེན་པོ་དགེ་ བའི་ཆོས་སྐྱེས་པ་རྣམས་སྤེལ་བའི་ཆེད་དུ་འབད་ཅིང་བརྩོན་འགྲུས་རྩོམ་པ་སྟེ། ཡང་དག་ པར་འཇོག་པ་བཞི་གཙོ་བོར་བསྒོམ་པར་བྱ་བ་དང༌། ཆེན་པོར་དགེ་ལ་འདུན་པའི་ཏིང་འཛིན་དང༌། །བརྩོན་འགྲུས་ཏིང་འཛིན་ སེམས་ཀྱི་ཏིང་འཛིན་དང༌། །རྣམ་པར་དཔྱོད་པའི་ཏིང་འཛིན་བསྒོམ་པ་སྟེ། །རྫུ་ འཕྲུལ་རྐང་པ་བཞི་ལ་གནས་པར་བྱ། །དེ་ཡང་། རྫུ་འཕྲུལ་རྐང་པའི་ཏིང་འཛིན་ནོ། ། ཞེས་གསུངས་པ་ལྟར། (རྫུ་འཕྲུལ་གྱི་རྐང་པ་བཞི་ནི་སེམས་ལུས་སུ་རུང་བའི་ཏིང་ངེ་འཛིན་ཉིད་དོ། །དེ་བསྒོམ་པའི་ མི་མཐུན་ཕྱོགས་ཉེས་པ་ལྔ་ནི། ལེ་ལོ་དང་གདམས་ངག་བརྗེད་པ་དང༌། བྱིང་རྒོད་དང་འདུ་མི་བྱེད་པ་དང༌། འདུ་བྱེད་པའོ། །དེ་ ཡང་དབུས་མཐར། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་ དག་ཉེས་པ་ལྔར་འདོད་དོ། །དེ་ལ་ལེ་ལོའི་གཉེན་པོར་ནི། འདུན་པ་དང་རྩོལ་བ་དང་དད་པ་དང་ཤིན་ཏུ་སྦྱངས་པའོ། །རྩོལ་པའི་ གནས་ནི་འདུན་པའོ། །གནས་པ་ནི་རྩོལ་བའོ། །འདུན་པའི་རྒྱུ་ནི་དད་པའོ། །རྩོལ་བའི་འབྲས་བུ་ནི་ཤིན་ཏུ་སྦྱངས་པའོ། །དེ་ཡང་ དབུས་མཐར། གནས་དང་དེ་ལ་གནས་པ་དང༌། རྒྱུ་དང་འབྲས་བུ་ཉིད་དུའོ། །གདམས་ངག་གི་དམིགས་པ་མ་བརྗེད་པ་དང༌། བྱིང་ རྒོད་རྟོགས་པ་དང༌། རྟོགས་ནས་དེ་དང་བྲལ་བའི་ཕྱིར་གཉེན་པོ་འདུ་བྱེད་པ་དང༌། བྱིང་རྒོད་ཞི་བའི་ཚེ་རྣལ་དུ་འཇོག་དགོས་ཏེ། དབུས་མཐར། དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་ རྣལ་དུ་འཇོག་པའོ། །)ཚོགས་ལམ་ཆེན་པོའི་གནས་སྐབས་སུ་བསྒོམ་པར་འདོད་པའི་འདུན་པ་ལ་ བརྟེན་ནས་སེམས་རྩེ་གཅིག་ཏུ་གནས་པ་འདུན་པའི་ཏིང་ངེ་འཛིན་དང༌། བྱིང་རྒོད་སེལ་བའི་ བརྩོན་འགྲུས་ལ་བརྟེན་ནས་སེམས་རྩེ་གཅིག་ཏུ་གནས་པ་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ 3-1-226 དང༌། ཞི་གནས་ཀྱིས་སེམས་ནང་དུ་བསྡུས་པ་ལ་བརྟེན་ནས་སེམས་རྩེ་གཅིག་ཏུ་གནས་པའི་ སེམས་ཀྱི་ཏིང་ངེ་འཛིན་དང༌། ལྷག་མཐོང་གིས་གསལ་བར་བཟུང་བ་ལ་བརྟེན་ནས་སེམས་ རྩེ་གཅིག་ཏུ་གནས་པ་དཔྱོད་པའི་ཏིང་ངེ་འཛིན་རྣམས་ལས་སྤྱན་དང་མངོན་པར་ཤེས་པ་ལ་ སོགས་པའི་ཡོན་ཏན་རྣམས་འབྱུང་བའི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པར་བྱའོ། ། གཉིས་པ་སྦྱོར་ལམ་ནི། སྦྱོར་བའི་ལམ་དུ་གཟུང་བའི་ཡུལ་འདི་རྣམས། །རང་ བཞིན་མེད་པར་རྟོགས་ནས་བསྒོམ་པ་སྟེ། །དེ་ལ་རིམ་བཞིན་དྲོད་དང་རྩེ་མོ་ དང༌། །བཟོད་པ་དང་ནི་ཆོས་ཀྱི་མཆོག་ཅེས་བྱ། །དེ་ཡང་ཚོགས་[ལམ་ལས་{བསགས་ པ་ལྔ་ལ}་མོས་པ་སྤྱོད་པ་བ་རྣམས་ཀྱིས་ངེས་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བདེན་པ་ མངོན་པར་རྟོགས་པ་ལ་རིམ་གྱིས་སྦྱོར་ཞིང་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་སྟེ། དྲོད་ཐོབ་པ་ཡན་ཆད་ཀྱི་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་ལ་སོགས་པ་སྔར་བཤད་པ་རྣམས་ཀྱང་ ཡིན་ཞིང༌ཁྱད་པར། རྒྱན་ལས། (ཚོགས་ལམ་པ་ཆོས་ཅན། )བྱང་ཆུབ་སེམས་དཔའ་མཉམ་(པར་) བཞག་པ་(ལ་དགོས་པ་ཡོད་དེ། དེ་ལ་བརྟེན་ན)ས། །ཡིད་ཀྱིས་བརྗོད་པ་(སེམས་ཙམ་ལས་)མ་གཏོགས་ པ། །དོན་(དུ་སྣང་བ་)ཀུན་(བདེན་པར་)རབ་ཏུ་མི་མཐོང་(བའི་སྦྱོར་ལམ་དྲོད་བསྐྱེད་པའི་ཕྱིར་)ངོ༌། །ཞེས་ གསུངས་པ་ལྟར། བདེན་པ་རྣམས་ལ་དམིགས་ནས་གཟུང་བ་ཕྱི་རོལ་གྱི་དོན་མེད་པར་ རྟོགས་པའི་སྣང་བ་ཐོབ་པ་ཏིང་ངེ་འཛིན་ཞི་གནས་དང་ཤེས་རབ་ལྷག་མཐོང་མཚུངས་ལྡན་ དང་བཅས་པ་དྲོ་བར་གྱུར་པ་(ཡང་)དང༌། ཆོས་ཀྱི་སྣང་བ་(དེ་ཉིད་)འཕེལ་(བར་)བྱ་(བ)འི་ཕྱིར། ། བརྩོན་འགྲུས་བརྟན་པ་ཀུན་ཏུ་རྩོམ་(པས་སྣང་བ་མཆེད་པའི་རྩེ་མོ་ཐོབ་པ་དང་)། །ཞེས་གསུངས་པ་ ལྟར། བདེན་པ་རྣམས་ལ་གཟུང་བ་མེད་པར་རྟོགས་པའི་སྣང་བ་དེ་ཉིད་མཆེད་ཅིང་འཕེལ་ བའི་ཆེད་དུ་བརྩོན་འགྲུས་བརྟན་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་ པ་རྩེ་མོ་དང༌། (ཇི་སྐད་དུ་ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་འགྱུར་ཞིང༌། །)དེ་ནས་དོན་དུ་ 3-1-227 (གཟུང་པར་)སྣང་བ་ནི། །སེམས་སུ་རབ་ཏུ་སྣང་(བ་སྟེ་མཐོང་)བར་འགྱུར་(བའི་དུས)། །དེ(འི་)ཚེ་(བྱང་ སེམས་)དེ་ཡིས་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་(སྟེ་གཟུངས་བ་ལ་བདེན་འཛིན་)སྤོང་(བར་)འགྱུར་( རོ)། །ཞེས་གསུངས་པ་ལྟར། བདེན་པ་རྣམས་ལ་དོན་དུ་སྣང་བ་སེམས་ཁོ་ནར་སྣང་བ་ཕྱོགས་ གཅིག་ལ་ཞུགས་པ་དང༌། འཛིན་པའང་མེད་པར་རྟོགས་པའི་རྗེས་སུ་མཐུན་པར་སོང་བའི་ ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པ་བཟོད་པ་སྟེ། དེ་གསུམ་ནི་གཟུང་བ་ རང་བཞིན་མེད་རྟོགས་ཀྱི་ཡེ་ཤེས་ཆུང་ངུ་དང་འབྲི ང་དང་ཆེན་པོའོ། །དེ་ཚེ་བར་ཆད་མེད་པ་ ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །(སྟེ་འཇིག་རྟེན་པའི་ཆོས་ཀྱི་མཆོག་སྐྱེ་བའི་ཕྱིར། དེ་ལ་བར་ཆད་མེད་པ་ཞེས་ བྱ་སྟེ། ) འདི་ལྟར་(གཟུང་རྟོག་སྤངས་པ་)དེ་ཡི་མཇུག་ཐོག་ཏུ། །འཛིན་པའི་རྣམ་པར་གཡེང་བ་སྤོང་( བ་ཡིན་པའི་ཕྱིར)། །ཞེས་གསུངས་པ་ལྟར། བདེན་པ་རྣམས་ལ་དེ་མ་ཐག་མཐོང་ལམ་སྐྱེས་ནས་ འཛིན་པ་མེད་པར་རྟོགས་པར་འགྱུར་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་ བཅས་པ་ཆོས་མཆོག་སྟེ། (དེ་ལྟར་ན་ངེས་པར་འབྱེད་པའི་ཆ་མཐུན་པ་བཞི་པོ་)འདི་དག་གོ་རིམ་(ཇི་ལྟ་བ་) བཞིན་དུ་ནི་(སྔར་བཤད་པ་ལྟར)། །དྲོ་བར་གྱུར་(པ་དང་)སོགས་(པའི་སྒྲས་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་ རྣམས་)ཡིན་(པར་)ཞེས་བྱ(འོ)། །ཞེས་གསུངས་པ་ལྟར་རོ། །མངོན་པར་རྟོགས་པའི་རྒྱན་ལས། བྱང་ཆུབ་སེམས་དཔའ་སྐྱོབ་པ་(སྦྱོར་ལམ་པ་)ཡི་(རྟོགས་པ་ལ)། །དྲོད་(དང་)སོགས་(པའི་སྒྲས་རྩེ་མོ་དང་ བཟོད་པ་དང་ཆོས་མཆོག་སྟེ་བཞིའི་)བདག་ཉིད་(གོ་རིམ་)ཅི་(ལྟ་བ་)་བཞིན་དུ། །(དེ་རེ་རེ་ལ་ཡང་)ཆུང་དང་ འབྲི ང་དང་ཆེན་མོ་རྣམས་(ཀྱིས་དབྱེ་བས་བཅུ་གཉིས་སུ་ཡོད)། །ཞེས་དེ་དག་རེ་རེ་ལ་ཡང་ཆུང་ངུ་དང་ འབྲི ང་དང་ཆེན་པོ་གསུམ་གསུམ་དུའང་གསུངས་སོ། ། དང་པོ་གཉིས་སུ་དད་དང་བརྩོན་འགྲུས་དང༌། །དྲན་དང་ཏིང་འཛིན་ཤེས་ རབ་དབང་པོ་བསྟེན། །ཕྱི་མ་དག་ཏུ་དེ་དག་སྟོབས་འགྱུར་ཏེ། །མི་མཐུན་ཕྱོགས་ ཀྱིས་རྫི་བ་མེད་པར་བསྒོམ། །དབུས་དང་མཐའ་རྣམ་པར་འབྱེད་པ་ལས། དབང་པོ་ 3-1-228 རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཡན་ལག་གཉིས་གཉིས་སོ། །ཞེས་གསུངས་པ་ ལྟར། དྲོད་དང་རྩེ་མོའི་གནས་སྐབས་སུ་དབང་པོ་ལྔ་དང་བཟོད་པ་དང༌། ཆོས་མཆོག་གི་ སྐབས་སུ་སྟོབས་ལྔ་རྣམས་ཀྱང་བསྟེན་པར་བྱ་སྟེ། དེ་དག་ཀྱང་རྒྱན་ལས། བྱང་ཆུབ་(ཞེས་པ་ དད་པའི་དབང་པོའི་དང་)སྤྱོད་དང་(ཞེས་པ་བརྩོན་འགྲུས་དང་)ཐོས་མཆོག་(ཞེས་པ་དྲན་པ་)དང༌། །ཞི་གནས་ (ཞེས་པའི་ཏིང་ངེ་འཛིན་དང་)ལྷག་མཐོང་(ཞེས་པ་ཤེས་རབ་སྟེ་བྱང་ཆུབ་ཆེན་པོ་སོགས་ལྔ་པོ་ནི་)དད་སོགས་ཀྱི། ། (དམིགས་པའི་)གཞི་ཡིན་པར་ནི་ཤེས་(པར་)བྱ་སྟེ། །(དེ་ཡང་དང་པོའི་གཞི་ནི། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ སྟེ་དེ་ལ་དམིགས་ནས་ཡིད་ཆེས་པའི་དད་པ་དང༌། བསྒྲུབ་པའི་སྒོ་ནས་འཇུག་པར་བྱེད་པ་དང༌། བརྩོན་འགྲུས་ཀྱི་དབང་པོའི་ གཞི་ནི་བྱང་ཆུབ་སེམས་དཔའ་སྤྱོད་པ་སྟེ་དེ་ལ་དམིགས་ནས་སྤྲོས་པའི་ཚུལ་གྱིས་ས་ལམ་དང་བསླབ་པ་གསུམ་ལ་ཚུལ་བཞིན་ དུ་སློབ་པ་དང༌། གསུམ་པའི་གཞི་ནི་ཐེག་པ་ཆེན་པོའི་ཆོས་ཟབ་མོ་ཐོབ་པ་སྟེ་དེ་ལ་དམིགས་ནས་གདམས་ངག་གི་དམིགས་ པ་རྣམས་མི་བརྗེད་པའི་ཚུལ་གྱིས་འཛིན་པ་དང༌། བཞི་པའི་གཞི་ནི། ཞི་གནས་ཏེ་དེ་ལ་དམིགས་ནས་རྣམ་གཡེངས་སྤངས་ཏེ། སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་དང༌། ལྔ་པའི་གཞི་ནི། ལྷག་མཐོང་སྟེ་དེ་ལ་དམིགས་ནས་གནས་ལུགས་ཕྱིན་ཅི་མ་ ལོག་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར། དེ་རྣམས་ལ་དབང་པོ་ཞེས་བྱ་སྟེ་རང་རང་གི་)དོན་ གྲུབ་(པར་)བྱེད་པ་(ལ་དབང་བ)འི་སྐབས་ཀྱིས་(ཏེ་དོན་གྱིས་)སོ། །ཞེས་གསུངས་པ་ལྟར། བྱང་ཆུབ་ ཆེན་པོ་ལ་འདུན་པ་དང་དད་པའི་དབང་པོ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྲོ་བ་ བརྩོན་འགྲུས་ཀྱི་དབང་པོ་དང༌། ཐེག་པ་ཆེན་པོའི་ཆོས་ཐོས་པ་རྣམས་མི་བརྗེད་པ་དྲན་པའི་ དབང་པོ་དང༌། ཞི་གནས་ལ་རྩེ་གཅིག་ཏུ་གནས་པ་ཏིང་ངེ་འཛིན་གྱི་དབང་པོ་དང༌། ལྷག་ མཐོང་གིས་རྣམ་པར་འབྱེད་པ་ཤེས་རབ་ཀྱི་དབང་པོ་རྣམས་རང་རང་གིས་དོན་འགྲུབ་པ་ལ་ དབང་བྱེད་པས་ན་དབང་པོ་ཞེས་པ་དང༌། (བཤད་མ་ཐག་པའི་)དད་སོགས་(དེ་དག་རིམ་གྱིས་)ས་(དང་ པོ་སོགས་ཐོབ་པ་)ལ་འཇུག་པ་སྟེ། །(སྔར་ས་མ་ཐོབ་པས་)ཀུན་ནས་ཉོན་མོངས་(པ་)ཅན་དུ་འདོད་(ལ)། ། (མ་དད་པ་ལ་སོགས་པ་)མི་མཐུན་ཕྱོགས་ཉམས་ཆུང་བ(ར་བྱ)ས་(པས་)སྤང་(པ)། །(སྟེ་མངོན་འགྱུར་དུ་མི་ 3-1-229 འབྱུང་བས་བཟོད་མཆོག་གི་གནས་སྐབས་ཀྱི་དད་སོགས་)དེ་དག་ཉིད་ལ་སྟོབས་ཞེས་བྱ(འོ)། །ཞེས་གསུངས་ པ་ལྟར། དད་པ་ལ་སོགས་པ་དགེ་བ་ཐོབ་པ་ལ་རིམ་གྱིས་འཇུག་པ་ཡང་ཡིན་ལ་སྔར་ས་མ་ ཐོབ་པས་ཉོན་མོངས་པ་ཅན་ཡང་ཡིན་ཞིང༌། སོ་སོར་མི་མཐུན་པའི་ཕྱོགས་མ་དད་པ་དང་ ལེ་ལོ་དང་བརྗེད་ངེས་པ་དང་གཡེང་བ་དང་མི་ཤེས་པ་རྣམས་ངེས་པར་བསྲབས་ཏེ་མངོན་ འགྱུར་མི་འབྱུང་བས་གཉེན་པོ་ལ་མི་བརྫི་བའི་ཕྱིར། དད་པའི་སྟོབས་དང་བརྩོན་འགྲུས་ཀྱི་ སྟོབས་དང༌། དྲན་པའི་སྟོབས་དང༌། ཏིང་ངེ་འཛིན་གྱི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་ཞེས་ པ་རྣམས་སོ། ། གསུམ་པ་མཐོང་ལམ་ནི། མཐོང་བའི་ལམ་དུ་འཕགས་པའི་བདེན་པ་བཞིའི། ། ཆོས་ཉིད་མངོན་སུམ་གསར་དུ་མཐོང་བས་ན། །གཟུང་འཛིན་གཉིས་ཀ་མེད་ པར་རྟོགས་པ་ཡི། །ཡེ་ཤེས་སྐད་ཅིག་བཅུ་དྲུག་རིམ་གྱིས་འཆར། །དེ་ཡང་རྒྱན་ལས་ ཇི་སྐད་དུ། ༼སྦྱོར་ལམ་ཆོས་མཆོག་རྫོགས་པའི་རྗེས་༽དེ་ནས་༼བྱང་སེམས་འཕགས་པ་༽དེ་ནི་འཇིག་རྟེན་ལས། ། འདས་པའི་ཡེ་ཤེས་(བདེན་པ་བཞིའི་ཆོས་ཉིད་མངོན་སུམ་རྟོགས་པ་དང་ལ་སོགས་པ་ལས་མཆོག་ཏུ་གྱུར་པས་ཐེག་པ་) བླ་(ན་)མེད་པ། །(གཟུང་བ་དང་འཛིན་པར་)རྣམ་པར་མི་རྟོག་(ཅིང་མཐོང་བས་སྤང་པར་བྱ་བའི་ཉོན་མོངས་པའི་) དྲི་མ་མེད་(པ)། །(ཡུལ་དང་ཡུལ་ཅན་དུ་)འཛིན་པ་གཉིས་དང་བྲལ་བ་ཐོབ་(པ་སྟེ་མདོ་ལས་ཀྱང་ཆོས་རྣམས་ ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་བྲལ་བ་རྣམ་པར་དག་པ་སྐྱེས་སོ)། །ཅེས་གསུངས་པ་ལྟར་འཇིག་རྟེན་པའི་ ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་འཕགས་པའི་ བདེན་པ་རྣམས་ལ་གཟུང་བ་དང་འཛིན་པ་གཉིས་ཀ་མི་དམིགས་པའི་ཏིང་ངེ་འཛིན་དང་ཤེས་ རབ་མཚུངས་ལྡན་དང་བཅས་པ་ཆོས་ཉིད་མངོན་སུམ་གསར་དུ་མཐོང་ཞིང་རྣམ་པར་གྲོལ་ བའི་འཇུག་ངོགས་སུ་གྱུར་པ་སྟེ། མངོན་པར་རྟོགས་པའི་རྒྱན་ལས། (སྡུག་ཀུན་གྱི་)བདེན་(པ་) དང་(འགོག་ལམ་གྱི་)བདེན་(པ་)ལ་(ཆོས་ཤེས་པའི་)བཟོད་པ་དང༌། །(ཆོས་ཤེས་པ་དང་རྗེས་བཟོད་དང་རྗེས་སུ་) 3-1-230 ཤེས་པའི་སྐད་ཅིག་(མ་)རྣམ་(པ་)བཞི་(བཞི་བསྟན་པ་)ཡིས། །ལམ་ཤེས་(ཀྱི་བདག་)ཉིད་ལ་མཐོང་ བའི་ལམ། །ཕན་ཡོན་(དང་)བཅས་པ་འདི་བཤད་དོ་(གང་ལས་བཤད་ན་མདོ་ལས་བརྒྱ་བྱིན་གྱིས་ཤ་རིའི་བུ་ ལ་བྱང་སེམས་ཀྱིས་ཤེར་ཕྱིན་འདི་གང་ལས་བཙལ་བར་བྱ་ཞེས་པ་ནས་ཚེ་འདི་དང་ཕྱི་མའི་ཡོན་ཏན་དང་ཕན་ཡོན་དེ་ལྟ་བུ་དག་ ཐོབ་པར་འགྱུར་རོ། །ཞེས་པའི་བར་གྱིས་བཤད)། །ཞེས་གསུངས་པ་ལྟར། སྡུག་བསྔལ་དང་ཀུན་འབྱུང་ དང་འགོག་པ་དང༌། ལམ་གྱི་བདེན་པ་རྣམས་ལ་དམིགས་ནས། སོ་སོའི་མཐོང་སྤང་གི་སྒྲིབ་ པ་སྤོང་པ་ཆོས་ཤེས་པའི་བཟོད་པ་དང༌། སྒྲིབ་པ་སྤང་བའི་རྣམ་གྲོལ་ཉམས་སུ་མྱོང་བ་ཆོས་ ཤེས་པ་དང༌། སྐད་ཅིག་དང་པོ་གཉིས་པོ་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་རྟོགས་པ་རྗེས་སུ་ ཤེས་པའི་བཟོད་པ་དང༌། སྐད་ཅིག་གསུམ་པ་དེ་ཉིད་རང་རིག་པའི་ཚུལ་གྱིས་འཛིན་པ་རྗེས་ སུ་ཤེས་པ་སྟེ། བདེན་པ་སོ་སོ་ལ་སྐད་ཅིག་བཞི་བཞིའི་དབྱེ་བས་སྐད་ཅིག་མ་བཅུ་དྲུག་རིམ་ ཅན་དུ་སྐྱེ་ཞིང༌། ཐེག་ཆེན་པ་རྣམས་ཀྱི་དེ་དང་ལྷན་ཅིག་ས་དང་པོའང་ཐོབ་སྟེ། རྒྱན་ལས། (སྦྱོར་ལམ་མན་ཆད་རྫོགས་པ་)དེ་ནས་(བྱང་ཆུབ་སེམས་དཔའ་)དེ་ནི་ས་དང་པོ(རབ་ཏུ་དགའ་བ)ར། །བྱང་ཆུབ་ སེམས་དཔའ་དེ་(ས་དང་པོ་ལ་གནས་པ་)བདག་ཉིད། །ཀུན་དང་(སྤང་རྟོགས་)མཉམ་(པ་)དང་འཇིག་ རྟེན་ལས། །འདས་པའི་ཡེ་ཤེས་(ཉན་རང་ལས་ཁྱད་པར་དུ་འཕགས་པ་ཐེག་པ་)བླ་(ན་)མེད་(པའི་མཐོང་ལམ་)ཐོབ་(པའོ)། །ཅེས་གསུངས་པ་ལྟར་རོ། ། དེ་ཡང་དྲན་དང་ཆོས་རབ་རྣམ་འབྱེད་དང༌། །བརྩོན་འགྲུས་དགའ་བ་ཤིན་ ཏུ་སྦྱངས་པ་དང༌། །ཏིང་ངེ་འཛིན་དང་བཏང་སྙོམས་ཡན་ལག་གི། བྱང་ཆུབ་ཡན་ ལག་རྣམ་བདུན་བསྒོམ་པར་གསུངས། །ཇི་སྐད་དུ། (དྲན་པ་ལ་སོགས་པ་དེ་དག་གནས་སྐབས་)ས་( དང་པོ)ར་ཞུགས་(ཤིང་མཐོང་ལམ་ཐོབ་)པ་(རྣམས་)ལ་(དེ་ཁོ་ན་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་མི་ རྟོག་པའི་ཡེ་ཤེས་ཀྱི་གྲོགས་སུ་གྱུར་པའི་དྲན་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་བརྩོན་འགྲུས་དང་དགའ་བ་དང་ཤིན་ཏུ་ སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ཡང་དག་སྟེ་)བྱང་ཆུབ་ཀྱི། །ཡན་ལག་(ཞེས་བྱ་)རྣམ་པར་བཞག་ 3-1-231 པར་བརྗོད་(དེ)། །ཆོས་རྣམས་(ཐམས་ཅད་བདག་མེད་པར་མཉམ་པ་ཉིད་)དང་ནི་(བདག་དང་)སེམས་ཅན་ ཀུན་(ཀྱི་རང་བཞིན་ཆོས་དབྱིངས་སུ)། །མཉམ་པ་ཉིད་དུ་(ཀུན་འགྲོ་བར་མངོན་སུམ་དུ་)རྟོགས་(པའི་)ཕྱིར་རོ། ། ཞེས་གསུངས་ལྟར། མཐོང་ལམ་ཐོབ་ཅིང་ས་དང་པོ་ལ་ཞུགས་ཏེ་ཆོས་ཐམས་ཅད་བདག་ མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་དུ་ཞུགས་ནས་བྱང་ཆུབ་ ཀྱི་ཡན་ལག་བདུན་ལ་འཇུག་པ་ནི། དྲན་པ་ཡང་དག་ལ་བརྟེན་ནས་ཕྱི་མ་རྣམས་ཀྱང་འབྱུང་ བ་ནི། གཞིའམ་གནས་ཀྱི་ཡན་ལག་དང༌། ཆོས་རྣམ་པར་འབྱེད་པ་ནི་བྱང་ཆུབ་གྱི་རང་བཞིན་ ངོ་བོའི་ཡན་ལག་དང༌། བརྩོན་འགྲུས་ནི་སྤང་བྱ་ལས་ངེས་པར་འབྱུང་ཞིང་ཡོན་ཏན་རྣམས་ མྱུར་དུ་འགྲུབ་པའི་ཡན་ལག་དང༌། ཆོས་ཀྱི་སྣང་བ་རྣམ་པར་འཕེལ་བའི་དགའ་བ་ནི་ཕན་ ཡོན་གྱི་ཡན་ལག་དང༌། ཤིན་ཏུ་སྦྱངས་པས་གནས་ངན་ལེན་ཐམས་ཅད་བཅོམ་པ་དང༌། ཏིང་ ངེ་འཛིན་ལས་ཇི་ལྟར་བསམ་པའི་དོན་ཐམས་ཅད་འབྱོར་པ་དང༌། བཏང་སྙོམས་ཀྱིས་ཇི་ ལྟར་འདོད་པ་བཞིན་རྣམ་པར་མི་རྟོག་པ་ལ་གནས་པ་རྣམས་ནི་ཀུན་ནས་ཉོན་མོངས་པ་མེད་ པའི་ཡན་ལག་སྟེ་(དེ་ཡང་དྲན་པ་ནི་བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་ཡིན་ཏེ། དེའི་སྟོབས་ཀྱིས་དམིགས་པ་ལ་སེམས་མི་ གཡེང་བ་ཡིན་པའི་ཕྱིར། ཆོས་རབ་ཏུ་རྣམ་འབྱེད་ནི་ཆོས་ཅན་རང་བཞིན་གྱི་ཡན་ལག་ཡིན་ཏེ། བྱང་ཆུབ་ཀྱིས་ངོ་བོ་ཡིན་པའི་ ཕྱིར། བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་ཡིན་ཏེ། དེ་ཡི་སྟོབས་ཀྱིས་སོ་སྐྱེས་ཀྱི་ས་ལས་འདའ་བ་ཡིན་པའི་ཕྱིར། དགའ་བ་ནི་ཕན་ཡོན་གྱི་ཡན་ལག་ཡིན་ཏེ། དེས་ལུས་སེམས་ལ་ཕན་འདོགས་པའི་ཕྱིར། ཤིན་ཏུ་སྦྱངས་པ་ཏིང་ངེ་འཛིན་བཏང་ སྙོམས་གསུམ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་ཡིན་ཏེ། དེ་དག་ནི་ཉོན་མོངས་པའི་གཉེན་པོ་ཡིན་ཕྱིར། དེ་ལ་ཤིན་ ཏུ་སྦྱངས་པ་ནི་ཉོན་མོངས་པ་མེད་པའི་གཞི་ཡིན་ཏེ། ལུས་སེམས་ལས་སུ་མི་རུང་བ་ནི་ཉོན་མོངས་པའི་གཞི་ཡིན་ལ་དེའི་གཉེན་ པོ་ཡིན་པའི་ཕྱིར། ཏིང་ངེ་འཛིན་ཉོན་མོངས་མེད་པའི་གནས་ཡིན་ཏེ། ལུས་སེམས་སྦྱངས་ནས་ཏིང་ངེ་འཛིན་ལ་ཞུགས་པས་ཉོན་ མོངས་སྤོང་བ་ཡིན་པའི་ཕྱིར། བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ངོ་བོ་ཉིད་ཡིན་ཏེ། ལུས་སེམས་ལས་སུ་མི་རུང་བའི་རྩོལ་ བ་དང་བཅས་པའི་གཉེན་པོ་ཡིན་པའི་ཕྱིར)། (དབུས་མཐའ་ལས། ཆོས་རབ་ཏུ་རྣམ་འབྱེད་ནི་)རང་བཞིན་(གྱི་)ཡན་ 3-1-232 ལག་(དང་དྲན་པ་ནི་)གནས་(ཀྱི་)ཡན་ལག་(དང་)། །གསུམ་པ་(བརྩོན་འགྲུས་ནི་)ངེས་འབྱུང་(གི་)ཡན་ ལག་སྟེ། །བཞི་པ་(དགའ་བ་ནི་)ཕན་ཡོན་(གྱི་)ཡན་ལག་ཡིན་(ལ)། །(ཤིན་ཏུ་སྦྱངས་པ་ཏིང་ངེ་འཛིན་བཏང་ སྙོམས་)རྣམ་(པ་)གསུམ་(ནི་)ཉོན་མོངས་མེད་(པའི་)ཡན་ལག་(ཡིན་ནོ)། །(འདི་ལ་གཞི་དང་གནས་དང་ནི། ། ངོ་བོ་ཉིད་དུ་བསྟན་པ་ཡིན་)ཅེས་(དབུས་མཐའ་ལས་)གསུངས་པ་ལྟར་རོ། ། བཞི་པ་སྒོམ་ལམ་ནི། སྒོམ་པའི་ལམ་དུ་ཆོས་ཉིད་མཐོང་ཟིན་དོན། །གོམས་པར་ བྱས་ཏེ་ས་དགུ་ཟག་མེད་ལ། །བརྟེན་ནས་སྤང་བྱ་རིམ་གྱིས་སྤང་པ་ལས། །གཉེན་ པོ་ཡེ་ཤེས་རིམ་གྱིས་འཕེལ་པར་འགྱུར། །དེ་ཡང་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་ དུ་མཐོང་ཟིན་གོམས་པར་བྱེད་པ་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་ཡིན་ལ། ཁྱད་ པར་དུ་རྒྱན་ལས། (ས་དང་པོ་ཐོབ་པ་)དེ་ནས་(བྱང་སེམས་)དེ་ནི་ལྷག་མ་ཡི། །ས་(གཉིས་པ་ཡན་ཆད་) རྣམས་བསྒོམ་པའི་ལམ་ལ་ནི་(ཆོས་ཅན)། །(མཉམ་རྗེས་ཀྱི་)ཡེ་ཤེས་རྣམ་པ་གཉིས་པོ་དག །བསྒོམ་ (པའི་)ཕྱིར་རབ་ཏུ་སྦྱོར་བར་བྱེད་(དེ)། །(མཉམ་བཞག་ཡེ་ཤེས་དེས་སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་ལ་སྦྱོར་ པར་བྱེད་ལ་གཞན་རྗེས་ཐོབ་ཡེ་ཤེས་ནི་བདེན་པ་ཇི་བཞིན་མཉམ་པར་འཇོག་ལ་སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པར་བྱེད་ པའི་ཕྱིར་)ཅེས་གསུངས་པ་ལྟར། ཐེག་ཆེན་པ་རྣམས་ཀྱིས་ནི་ས་དང་པོའི་མཐོང་ལམ་རྫོགས་ པའི་ལྷག་མ་ནས་ས་བཅུའི་པར་ལ། ཚོགས་གཉིས་ཁྱད་པར་ཅན་རིམ་གྱིས་འཕེལ་བར་བྱེད་ པ་སྟེ། དེ་རྣམས་སུ་འདོད་ཁམས་པ་གཅིག་དང༌། གཟུགས་ཁམས་བསམ་གཏན་པ་བཞི་ དང༌། གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ། ཁམས་གསུམ་གྱི་ས་དགུ་ཟག་མེད་དུ་གྱུར་པ་ལ་ གནས་ནས། སྤང་བྱ་སྒོམ་སྤང་ཆེན་པོའི་ཆེན་པོ་ལ་སོགས་རྣམས། གཉེན་པོ་སྒོམ་ལམ་ཆུང་ ངུའི་ཆུང་ངུ་ལ་སོགས་པ་རྣམས་རིམ་གྱིས་སྐྱེ་བས་སྤོང་བར་བྱེད་པ་སྟེ། མངོན་པར་རྟོགས་ པའི་རྒྱན་ལས། (འདོད་པ་དང་བསམ་གཏན་བཞི་དང་གཟུགས་མེད་བཞི་)ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་(སྒྲིབ་གཉིས་)དག་པ་ 3-1-233 ཡིན། །ཞེས་གསུངས་པ་ལྟར་རོ། ། དེར་ཡང་ཡང་དག་ལྟ་དང་རྟོག་པ་དང༌། །ངག་དང་ལས་ཀྱི་མཐའ་དང་འཚོ་ བ་དང༌། །རྩོལ་བ་དང་ནི་དྲན་དང་ཏིང་ངེ་འཛིན། །འཕགས་ལམ་ཡན་ལག་ བརྒྱད་པོ་བསྒོམ་པར་གསུངས། །(དེ་ལ་ཡང་དག་པའི་ལྟ་བ་ནི། མཐོང་བའི་ལམ་ཡོངས་སུ་གཅོད་པའི་ཡན་ ལག་སྟེ། སྒོམ་ལམ་རྗེས་ཐོབ་དེས་རང་གིས་རྟོགས་པ་ལྟར་ངེས་པར་འཛིན་པའི་ཕྱིར། རྟོག་པ་ནི་གཞན་གོ་བར་བྱེད་པའི་ཡན་ ལག་སྟེ་རྟོག་པས་ཀུན་ནས་བསླངས་ཏེ་ངག་གིས་བརྗོད་པ་གཞན་གྱིས་གོ་བར་ནུས་པའི་ཕྱིར། ངག་དང་ལས་ཀྱི་མཐའ་དང་འཚོ་ བ་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། ངག་གིས་བསྙད་པ་དང་འབྲེལ་བའི་གཏམ་གྱིས་ལྟ་བ་རྣམ་དག་ཏུ་ཡིད་ ཆེས་སོ། །ལས་ཀྱི་མཐའ་བྱ་བ་མ་ཡིན་པ་མི་བྱེད་པས་ཚུལ་ཁྲིམས་རྣམ་དག་ཏུ་ཡིད་ཆེས་སོ། །འཚོ་བས་ཆོས་གོས་སོགས་ཇི་ལྟར་ གནང་བ་བཞིན་ལོངས་སྤྱོད་པས་ཡོ་བྱད་བསྙུང་བར་ཡིད་ཆེས། དེ་དག་གཞན་རྣམ་པར་རིག་པར་བྱེད་པའི་སྒོ་ནས་ཡིད་ཆེས་ པར་འདོད་དོ། །ལྷག་མ་གསུམ་གཉེན་པོའི་ཡན་ལག་སྟེ། རྩོལ་བས་ལམ་བསྒོམས་པས་སྒོམ་སྤང་ཤེས་སྒྲིབ་ཀྱི་གཉེན་པོ་བྱེད་ དོ། །དྲན་པས་ཞི་གནས་ཀྱི་རྒྱུ་མཚན་ལ་སོགས་མ་བརྗེད་པས། ལམ་གྱི་སྒྲིབ་པ་བྱིང་རྒོད་གྱི་གཉེན་པོ་བྱེད་དོ། །ཏིང་ངེ་འཛིན་ གྱིས་བསམ་གཏན་ལ་གནས་ནས་མངོན་ཤེས་སོགས་བསྒྲུབས་པའི་དབང་གིས་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པས་བརྒྱད་ དོ། །འགྲེལ་བཤད་དུ། འཚོ་བའི་ཡོ་བྱད་རྣམས་ཀྱི་ཕྱིར། ཚུལ་འཆོས་ལ་སོགས་པའི་ཉེས་པ་མེད་པའི་ལུས་དང་ངག་གི་ཀུན་ཏུ་ སྤྱོད་པ་ནི་ཡང་དག་པའི་འཚོ་བ་སྟེ། དེས་འདི་ལྟར་དེ་ནི་ལུས་གནས་པ་ཙམ་དུ་བྱ་བའི་ཕྱིར་རིག་པ་དང༌། ཚོད་ཟིན་པར་ཆོས་གོས་ ལ་སོགས་པ་ཚོལ་བས་ན། གདོན་མི་ཟ་བར་འདིས་ནི་ཡོ་བྱད་རྣམས་ལ་སྲེད་པ་སྤངས་སོ། །ཞེས་ཡོ་བྱད་བསྙུངས་པར་ཡིད་ཆེས་ པར་འགྱུར་རོ། །འདི་ནི་དབུས་མཐའི་དགོངས་པ་ལྟར་རོ། །མདོ་རྒྱན་ལྟར་ན། )ཇི་སྐད་དུ། རྒྱན་ལས། དེ་ཡི་འོག་དུ་ ཇི་ལྟར་བར། །རྟོགས་པའི་རྗེས་སུ་འཇུག་པ་སྐྱེ། །(ཞེས་པ་ནི་ཡང་དག་པའི་ལྟ་བ་དང་)རྣམ་བཞག་ཇི་ བཞིན་རྟོགས་པ་དང༌། །རྣམ་པར་བཞག་ལ་འཇུག་པ་(ཞེས་པ་ནི་ཡང་དག་པའི་རྟོག་པ་)དང༌། །ལས་ གསུམ་རྣམ་པར་དག་པ་(ཞེས་པ་ནི་ངག་འཚོ་བ་ལས་ཀྱི་མཐའ་གསུམ་)དང༌། །ཤེས་བྱ་དག་དང་(ཞེས་པ་ནི་ རྩོལ་བ་དང་)ལམ་དང་ནི་(ཞེས་པ་དྲན་པ་དང་)། །ཡོན་ཏན་ཁྱད་པར་ཅན་གྱི་(མི)་(ཞེས་པ་ནི་ཏིང་ངེ་འཛིན་དང་ 3-1-234 ཡང་ཕྱི་མ་གསུམ་ནི་རང་རང་གི་མི་མཐུན་པའི་ཕྱོགས་ཀྱི་)ནི་(ཡིན)། །སྒྲིབ་པའི་གཉེན་པོར་བསྒོམ་པ(འི་ཚུལ་ ནི་འོག་འདི་ཉིད་དུ་གསལ་བ)འོ། །ཞེས་གསུངས་པ་ལྟར། མཐོང་ལམ་བྱང་ཆུབ་ཀྱི་ཡན་ལག་གིས་ ཇི་ལྟར་རྟོགས་པའི་རྗེས་སུ་འཇུག་ཅིང་དེ་ཁོ་ན་ཉིད་འཛིན་པས་ཡོངས་སུ་གཅོད་པ་ཡང་དག་ པའི་ལྟ་བ་དང༌། རང་གིས་རྣམ་པར་བཞག་པ་བཞིན་དུ་གཞན་གྱིས་ཀྱང་རྟོགས་ཤིང་གོ་བར་ བྱེད་པའི་ངག་ཀུན་ནས་སློང་ཞིང་གཞན་གྱི་རྣམ་པར་བཞག་པའི་མདོ་སྡེ་ལ་སོགས་པའང་ འཇུག་པ་ཡང་དག་པའི་རྟོག་པ་དང༌། ངག་གི་ལས་རྣམ་པར་དག་པས་ལྟ་བ་རྣམ་དག་བསྟན་ ནས་གཞན་ཡིད་ཆེས་པར་བྱེད་པ་ཡང་དག་པའི་ངག་དང༌། ལུས་ཀྱི་ལས་རྣམ་པར་དག་པ་ སྤྱོད་ལམ་ཕུན་སུམ་ཚོགས་པས་ཚུལ་ཁྲིམས་རྣམ་དག་ཏུ་ཡིད་ཆེས་པར་བྱེད་པ་ཡང་དག་པའི་ ལས་ཀྱི་མཐའ་དང༌། གཉིས་གའི་ལས་རྣམ་པར་དག་པ་འཚོ་བའི་ཡོ་བྱད་ཇི་ལྟར་གནང་བས་ འཚོ་ཞིང་ལོག་འཚོ་སྤངས་པས་འཚོ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད་པ་ཡང་དག་པའི་འཚོ་ བ་དང༌། སྒོམ་སྤང་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཡང་དག་པའི་རྩོལ་བ་དང༌། ལམ་གྱི་སྒྲིབ་ པ་བྱིང་རྒོད་ལ་སོགས་པའི་གཉེན་པོ་ཡང་དག་པའི་དྲན་པ་དང་། མངོན་ཤེས་ལ་སོགས་པ་ ཡོན་ཏན་ཁྱད་པར་ཅན་གྱི་གེགས་སྙོམས་འཇུག་གི་སྒྲིབ་པའི་གཉེན་པོ་ཡང་དག་པའི་ཏིང་ངེ་ འཛིན་རྣམས་བསྒོམ་པ་སྟེ། དབུས་དང་མཐའ་རྣམ་པར་འབྱེད་པར་ཡང༌། ཡོངས་སུ་གཅོད་ (བྱེད་ཞེས་པ་ནི་ཡང་དག་པའི་ལྟ་བ་)དང་གོ་བྱེད་(ཞེས་པ་ཡང་དག་པའི་རྟོག་པ་)དང༌། །རྣམ་གསུམ་གཞན་ ཡིད་ཆེས་པར་བྱེད་(ཞེས་པ་ནི་ངག་ལས་ཀྱི་མཐའ་འཚོ་བ་གསུམ་དང་)། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ ནི་(ཞེས་པ་དྲན་པ་རྩོལ་བ་ཏིང་ངེ་འཛིན་གསུམ་སྟེ)། །(འཕགས་པའི་)ལམ་གྱི་ཡན་ལག་འདི་བརྒྱད་(བསྟན་)དོ། ། (ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང༌། །མི་མཐུན་ ཕྱོགས་ཀྱི་གཉེན་པོའོ། །)ཞེས་གསུངས་པ་ལྟར་རོ། ། ལྔ་པ་མཐར་ཕྱིན་པའི་ལམ་ནི། མི་སློབ་ལམ་དུ་སྒྲིབ་གཉིས་བག་ཆགས་དང༌། ། 3-1-235 བཅས་པ་སྤངས་ཏེ་གནས་གྱུར་མཐར་ཐུག་པ། །ཐོབ་ནས་རང་རང་སྤངས་ རྟོགས་མཐར་ཕྱིན་པའི། །གོ་འཕང་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར། །དེ་ཡང་ རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་གནས་ངན་ལེན་ཐམས་ཅད་སྤངས་ཤིང་གནས་མ་ ལུས་པ་ཡོངས་སུ་གྱུར་པས་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་མཐར་ཐུག་པ་ཐོབ་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་གོང་དུ་འགྲོ་བ་དང་བཅས་པའི་ཕྱིར་ལམ་མཚན་ ཉིད་པ་དང་འབྲས་བུ་བཏགས་པ་ཡིན་ལ། ཐེག་པ་ཆེན་པོ་པ་རྣམས་ཀྱི་(ནི་)སྤངས་རྟོགས་ ཕུལ་དུ་དབྱུང་དུ་མེད་པའི་ཕྱིར་ལམ་བཏགས་པ་བ་དང་འབྲས་བུ་མཚན་ཉིད་པ་ཡིན་ཞིང༌། དེ་ཉིད་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ཞེས་ཀྱང་བྱ་སྟེ། རྒྱན་ལས། (དཔེར་ན་ རྫས་ཀྱི་དངོས་པོས་རྡོ་རྗེའི་ཕ་ལམ་དེ་རྫས་གཞན་གྱིས་མི་ཤིགས་པ་བཞིན་དུ་སྒོམ་ལམ་ཆེན་པོའི་ཆེན་པོ་)རྡོ་རྗེ་ལྟ་བུའི་ ཏིང་འཛིན་ནི། །(མཚན་མ་དང་རྣམ་པར་)རྟོག་པས་མི་(ཕྱེད་ཅིང་)མི་ཤིགས་(པ་)ཐོབ་(པ་ལ་བརྟེན་)ནས་ ནི། །(སྔར་མཐོང་སྤང་དང་བྲལ་ནས་འཇིག་རྟེན་ལས་འདས་པའི་ལམ་དུ་)གནས་(གྱུར་བ་མ་ཟད་གནས་ངན་ལེན་མཐའ་ དག་དང་བྲལ་ནས་མི་སློབ་པའི་ལམ་དུ་གནས་མ་ལུས་པ་)གཞན་གྱུར་པ་མཐར་ཐུག་པ། །(ཉོན་མོངས་པ་དང་ཤེས་ བྱའི་)སྒྲིབ་པ་ཀུན་གྱི་དྲི་(མ་)མེད་(པར་གྱུར་པ་ལས་མཐར་ཕྱིན་པའི་འབྲས་བུ་འགྲུབ་པའོ་)དང༌། །(དོན་གཉིས་ མཐར་ཕྱིན་ཐོབ་ཚུལ་ནི་སངས་རྒྱས་ཀྱིས་)གང་ལ་གནས་ན་(འཁོར་བ་ཇི་སྲིད་པར་མངོན་པར་རྫོགས་པར་བྱང་ཆུབ་བ་ དང་མྱ་ངན་ལས་འདས་པར་ཡང་སྟོན་པ་ལ་སོགས་རྫུ་འཕྲུལ་མཐའ་ཡས་པའི་སྒོ་ནས་)སེམས་ཅན་ཀུན་(ལ)། །ཕན་ (པ་དང་བདེ་བ་བསྒྲུབ་པའི་)ཕྱིར་(ཕྲིན་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པ་)རབ་ཏུ་སྒྲུབ་བྱེད་པ། །(ཤེས་བྱ་ཇི་ལྟ་ བ་དང་ཅི་སྙེད་པའི་)རྣམ་པ་ཐམས་ཅད་(མངོན་སུམ་དུ་)མཁྱེན་པ་ཡི། །(རྫོགས་པའི་སངས་རྒྱས་ཀྱི་)གོ་འཕང་ བླ་ན་མེད་པ་ཐོབ་(པའོ)། །ཅེས་གསུངས་པ་ལྟར་ཡིན་ལ། རྒྱས་པར་ནི་འབྲས་བུའི་སྐབས་སུ་ འཆད་པར་འགྱུར་རོ། ། སའི་རྣམ་བཞག་ལ། ལམ་ལྔ་དང་སྦྱར་བ། གྲུབ་ཚུལ་གྱི་དབྱེ་བ། ས་བཅུའི་མཚན་ཉིད་ 3-1-236 སྤང་རྟོགས་ཀྱི་ཁྱད་པར། འཕོ་ཚུལ་དང་ཡོན་ཏན། བསླབ་སོགས་ཀྱི་དབྱེ་བ། ས་བཅུའི་མིང་ དོན་ཏེ་བདུན་ཡོད་པའི་ནང་ནས། དང་པོ་ལམ་ལྔ་དང་སྦྱར་བ་ནི། ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་བྱ་སྟེ། །ས་ཡི་ དོན་ནི་ཡོན་ཏན་རྣམས་ཀྱི་རྟེན། །མོས་སྤྱོད་ལྷག་བསམ་རྣམ་དག་རྟོགས་པ་ དང༌། །གྲུབ་པ་ཐོབ་དང་སྒྲིབ་པ་སྤངས་པའོ། །དེ་ཡང༌། རྒྱན་ལས། (ཐེག་པ་ཆེན་པོའི་) སེམས་བསྐྱེད་དེ་ནི་(བྱང་ཆུབ་སེམས་དཔའི་)ས་རྣམས་ལ་(དབྱེ་བ་བཞི་ཡོད་དེ)། །མོས་(པས་སྤྱོད་པའི་སེམས་ བསྐྱེད་)དང་ལྷག་བསམ་དག་པ(འི་སེམས་བསྐྱེད་)དང༌། རྣམ་པར་སྨིན་པ(འི་སེམས་བསྐྱེད་ནི་སྔ་མ་གཉིས་ ལས་)གཞན་དུ་འདོད་(ཅིང་)། །དེ་བཞིན་(དུ་)སྒྲིབ་པ་སྤང་པ(འི་སེམས་བསྐྱེད་དང་བཞི)འོ། །ཞེས་པས་ སེམས་བསྐྱེད་ཀྱི་དབྱེ་བ་སྟོན་པ་ན། ལས་དང་པོ་པའི་ས་ལ་མོས་པ་ལས་བྱུང་བའི་སེམས་ བསྐྱེད་དང༌། ས་དང་པོ་ནས་བདུན་པའི་བར་ལ་ལྷག་པའི་སེམས་བསྐྱེད་དང༌། བརྒྱད་པ་ནས་ བཅུ་པའི་པར་ལ་རྣམ་པར་སྨིན་པ་ལས་བྱུང་བའི་སེམས་བསྐྱེད་དང༌། སངས་རྒྱས་ཀྱི་ས་ལ་ སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་གསུངས་ཤིང༌། མོས་སྤྱོད་ཚོགས་ལམ་སྦྱོར་ལམ་གནས་སྐབས་ཏེ། །རྟོགས་པ་མཐོང་ལམ་ ཐོབ་ནས་ས་བདུན་པར། །གྲུབ་པས་ཐོབ་པ་ས་བརྒྱད་ཡན་ཆད་དེ། །སྒྲིབ་པ་ སྤངས་པ་སངས་རྒྱས་ས་ཡིན་ནོ། །དེ་ཡང་ཇི་སྐད་དུ། (ཡོན་ཏན་གྱི་རྟེན་དུ་གྱུར་བའི་)ས་(རྣམས་) ཐོབ་པ(འི་ཚུལ་གྱི་སྒོ་ནས་དབྱེ་བ)་ནི་(མོས་སྤྱོད་ཀྱི་སྐབས་ཀྱི་རྣམ་བཞག་ཇི་སྐད་བཤད་པ་རྣམས་ལ་བསམ་པ་)མོས་པ་ (ཡིད་ལ་བྱེད་པ་ཐོབ་པ་)དང༌། །(སྦྱོར་བའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་བཅུའི་)སྤྱོད་པ་དག་ལ་འཇུག་(བཞིན་པ་ཐོབ་) པ་དང༌། །(ས་དང་པོ་ནས་བདུན་པའི་བར་ལ་ཆོས་ཉིད་མངོན་སུམ་དུ་)རྟོགས་པའི་ཕྱིར་ན་(རྟོགས་པས་ཐོབ་པ་ དང་ཕྱིར་མི་ལྡོག་པའི་)ས་(གསུམ་པོ་)རྣམས་(ལ་)ནི་(འབད་རྩོལ་མེད་པར་རང་གི་ངང་གིས་འཇུག་པའི་ཕྱིར)། །གྲུབ་ པའི་སྒོ་ནས་(ཐོབ་པ་ཞེས་པ་སྟེ་)རྣམ་པ་བཞི་(འོ)། །ཞེས་གསུངས་པ་ལྟར། ཚོགས་ལམ་དང་སྦྱོར་ 3-1-237 ལམ་དུ་ཆོས་རྣམས་ལ་མོས་པ་གཙོ་བོར་བྱེད་པས་ཐོས་པའི་ས་དང༌། ཆོས་སྤྱོད་བཅུ་ལ་ཇི་ ལྟར་འདོད་པ་བཞིན་འཇུག་པས་སྤྱོད་པས་ཐོབ་པའི་ས་དང༌། ས་དང་པོར་མཐོང་ལམ་ཐོབ་ ནས། སྒོམ་ལམ་ས་བདུན་པའི་པར་ལ་ཆོས་ཉིད་མངོན་སུམ་དུ་རྟོགས་པས་ཐོབ་པའི་ས་དང༌། ས་བརྒྱད་པ་ཡན་ཆད་ལ་འབད་རྩོལ་མེད་པས་ལྷུན་གྱིས་གྲུབ་པས་ཐོབ་པའི་ས་དང༌། མཐར་ ཕྱིན་པའི་ལམ་དུ་སྔར་བཤད་པ་ལྟར་སྒྲིབ་པ་སྤངས་པའི་ས་ཞེས་པ་རྣམས་སོ། ། གཉིས་པ་གྲུབ་པའི་ཚུལ་གྱིས་དབྱེ་བ་ནི། དེ་ཡང་གྲུབ་པའི་ཚུལ་གྱི་དབྱེ་བ་ནི། ། མོས་སྤྱོད་མ་གྲུབ་ལྷག་བསམ་གྲུབ་པ་སྟེ། །དེ་ཡང་བདུན་པ་མན་ཆད་མ་གྲུབ་ དང༌། །བརྒྱད་པ་ཡན་ཆད་གྲུབ་པའི་ས་ཞེས་གསུངས། །ཇི་སྐད་དུ། ས་རྣམས་ཐམས་ ཅད་མ་གྲུབ་དང༌། །གྲུབ་པ་དག་ཏུ་ཤེས་པར་བྱ། །གྲུབ་པ་དག་ཀྱང་མ་གྲུབ་དང༌། །གྲུབ་པ་ དག་ཏུ་ཡང་འདོད་དོ། །ཞེས་གསུངས་པ་ལྟར། ས་ཐམས་ཅད་གྲུབ་པ་དང་མ་གྲུབ་པ་གཉིས་ སུ་ཤེས་པར་བྱའོ། །མོས་པས་སྤྱོད་པའི་ས་ལ་དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་པའི་ཕྱིར་ མ་གྲུབ་པའི་ས་དང༌། ས་དང་པོ་ཡན་ཆད་ནི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར་གྲུབ་ པའི་ས་ཞེས་བྱའོ། །གྲུབ་པའི་ས་ལའང་སྔ་མ་ལྟར་གཉིས་ཏེ། བདུན་པ་མན་ཆད་ནི་འབད་ རྩོལ་དང་བཅས་པའི་ཕྱིར་མ་གྲུབ་པ་དང༌། བརྒྱད་པ་ཡན་ཆད་ནི་མངོན་པར་འདུ་བྱེད་པ་ མེད་པར་འཇུག་པས་གྲུབ་པའི་ས་ཞེས་བྱའོ། ། གསུམ་པ་ས་བཅུའི་མཚན་ཉིད་ནི། ཁྱད་པར་བྱང་ཆུབ་སེམས་དཔའི་ས་བཅུ་ ནི། །འཕགས་པ་སློབ་པའི་ཡེ་ཤེས་མཚུངས་ལྡན་དང༌། །བཅས་པའི་ཡོན་ཏན་ ཀུན་གྱི་རྟེན་ཡིན་ཏེ། །ཡོན་ཏན་གནས་པས་གནས་པ་ཞེས་ཀྱང་བསྟན། །དེ་ཡང༌། དབུ་མ་འཇུག་པར། བྱང་ཆུབ་སེམས་དཔའི་སྙིང་རྗེ་ལ་སོགས་པས་ཡོངས་སུ་བཟུང་བའི་ ཡེ་ཤེས་ཁོ་ནར་ཕྱེ་བ་ལ་ནི་སའི་མིང་ཐོབ་སྟེ། ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར། ཞེས་པ་ 3-1-238 དང༌། དབུས་མཐའི་ཊཱི་ཀར་ཡང༌། ཀུན་ཏུ་འགྲོ་བ་ལེགས་པའི་དོན་ཁོང་དུ་ཆུད་པའི་གནས་ སྐབས་རྣམས་ནི་དེ་ལས་སྐྱེས་པའི་ཡོན་ཏན་གྱི་གཞིའི་ཚུལ་གྱི་ས་རྣམས་སོ། །ཞེས་གསུངས་ པ་ལྟར། བྱང་ཆུབ་སེམས་དཔའ་འཕགས་པ་སློབ་པའི་ཡེ་ཤེས་མཚུངས་ལྡན་དང་བཅས་ པ་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་རྟེན་དུ་གྱུར་པའོ། །དེ་ཉིད་དགེ་བ་བསྒྲུབ་པ་རྣམ་པ་སྣ་ ཚོགས་པ་རྣམས་ལ་དགའ་བས་རྟག་པར་ཐམས་ཅད་དུ་གནས་པའི་གཞིའི་རྟེན་དུ་གྱུར་པའི་ ཕྱིར་གནས་པ་ཞེས་ཀྱང་བྱ་སྟེ། རྒྱན་ལས། དགེ་བ་སྒྲུབ་པ་སྣ་ཚོགས་ལ། །དགའ་བས་རྟག་ པར་ཐམས་ཅད་དུ། །གནས་ཕྱིར་བྱང་ཆུབ་སེམས་དཔའ་ཡི། །ས་རྣམས་གནས་པ་ཡིན་པར་ འདོད། །ཅེས་གསུངས་པ་ལྟར། བཞི་པ་སྤང་རྟོགས་ཀྱི་ཁྱད་པར་ནི། མཐོང་ལམ་མན་ཆད་ཉོན་མོངས་སྒྲིབ་སྤངས་ ནས། །སྒོམ་ལམ་ས་བཅུར་ཤེས་བྱའི་སྒྲིབ་པ་སྤང༌། །མཉམ་བཞག་ཆོས་ཉིད་ནམ་ མཁའ་ལྟ་བུ་དང༌། །རྗེས་ཐོབ་ཆོས་ཅན་སྒྱུ་མ་ལྟ་བུར་རྟོགས། །དེ་ཡང་ཇི་སྐད་དུ། མཐོང་བ(འི་ལམ་གྱི)ས་(ཤེས་སྒྲིབ་ཀུན་བཏགས་རྣམས་ཀྱང་སྤང་མོད་ཀྱི་)སྤང་བྱའི་(གཙོ་བོ་ཉེས་སྤྱོད་ཆེན་པོའི་རྐྱེན་ དུ་གྱུར་བའི་ཀུན་བཏགས་)ཉོན་མོངས་(པའི་སྒྲིབ་པ་)རྣམས། །ཐམས་ཅད་(སྤངས་ཏེ་)ཡང་དག་(པར་)ཟད་ (པར་)བྱས་ནས། །ཤེས་བྱའི་སྒྲིབ་པ་(ལྷན་སྐྱེས་རྣམས་)སྤང་བའི་ཕྱིར་(ཆོས་ཉིད་མངོན་སུམ་དུ་རྟོགས་ཟིན་ རྒྱུན་ལྡན་དུ་གོམས་པར་བྱེད་པའི་ཕྱིར)། །བསྒོམ་པ(འི་ལམ་)ལ་ནི་ཡང་དག་(པར་)སྦྱོར་(ཏེ་འཇུག་པར་བྱེད་དོ)། ། ཞེས་གསུངས་པ་ལྟར། སྤང་བྱའི་ཁྱད་པར་མཐོང་ལམ་མན་ཆད་དུ་སེམས་ཀྱི་རྒྱུད་རབ་ཏུ་ མ་ཞི་བར་བྱེད་པ་ཉོན་མོངས་པའི་སྒྲིབ་པ་རྣམས་སྤང་ནས་ས་བཅུ་རྣམས་སུ་བསྒོམ་པའི་ལམ་ ལ་ཤེས་བྱ་ཤེས་པའི་གེགས་སུ་གྱུར་པ་ཤེས་བྱའི་སྒྲིབ་པ་རྣམས་རིམ་གྱིས་སྤོང་ལ། རྟོགས་ པའི་ཁྱད་པར་ཡང༌། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་སུ། རྣམ་པར་མི་རྟོག་པའི་ ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ༌། །དེའི་རྗེས་ 3-1-239 ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་བརྒྱད་དང་མཚུངས་པར་ མཐོང་ངོ༌། །ཞེས་གསུངས་པ་ལྟར་རྟོགས་ཤིང༌། ཁ་ཅིག་ས་བཅུ་སོ་སོར་ཆོས་ཅན་རྟོགས་ཚུལ་ ལ་ཁྱད་པར་ཡོད་ཀྱང༌། རྟོགས་བྱའི་དོན་དམ་ལ་ཁྱད་པར་མེད་པས་ཆོས་ཀྱི་དབྱིངས་རྟོགས་ པ་ལ་ཁྱད་པར་མེད་མོད་ཞིག་ཀྱང་གསུངས་མོད། སྤང་བྱ་གློ་བུར་གྱི་དྲི་མ་རིམ་གྱིས་སངས་ པ་ལས་རང་བཞིན་(ཆོས་དབྱིངས་)རྟོགས་པའང་གོང་ནས་གོང་དུ་འཕེལ་བར་གསུངས་ཏེ། ཇི་ སྐད་དུ། ཆོས་ཀྱི་དབྱིངས་ལ་བསྟོད་པ་ལས། (དཔེ་)ཇི་ལྟར་ཚེས་པའི་ཟླ་བ་ནི། །སྐད་ཅིག་སྐད་ ཅིག་རྒྱས་པར་མཐོང་(པའི་དཔེ)། །དེ་བཞིན་(དུ་)ས་ལ་(རིམ་པ་བཞིན་དུ་)ཞུགས་(པ་)རྣམས་ཀྱིས་( ཀྱང་)། །(སྔ་མ་སྔ་མ་ལ་ལྟོས་ཏེ་ཕྱི་མ་ཕྱི་མ་)རིམ་གྱིས་རིམ་གྱིས་(གོང་ནས་གོང་དུ་)འཕེལ་པར་མཐོང་(ངོ་)། ། ཞེས་པ་ལ་སོགས་པས་སོ། ། ལྔ་པ་འཕོ་ཚུལ་དང་ཡོན་ཏན་ནི། འོག་མ་འོག་མའི་ཡོངས་སྦྱངས་རྫོགས་པ་དང༌། ། གོང་མ་གོང་མའི་ས་ལ་རིམ་གྱིས་འཕོ། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་ སོགས་པ། །གོང་ནས་གོང་དུ་ཁྱད་པར་འཕགས་པ་ཐོབ། །དེ་ཡང་བརྒྱད་སྟོང་འགྲེལ་ ཆེན་དུ། ས་གང་གིས་ཡོངས་སུ་སྦྱོངས་བར་འགྱུར་བའི་ཆོས་གང་ཡིན་པ་དེ་མ་རྫོགས་ཀྱི་པར་ དུ་ནི་ས་དེ་ཡིན་ལ་ཡོངས་སུ་རྫོགས་ནས་ནི་ས་གཞན་པ་ཡིན་པར་རིག་པར་བྱའོ། །ཞེས་པ་ དང༌། མངོན་པར་རྟོགས་པའི་རྒྱན་ལས། (ས་)ཡོངས་སུ་སྦྱོང་བའི་(ཆོས་)རྣམ་(པ་)བཅུ་(ཐམ་པ་) ཡིས། །ས་ནི་དང་པོ་ཐོབ་(པར་)འགྱུར་ཏེ་(བཅུ་པོ་དེ་ཡང་གང་ཞེ་ན་རྣམ་མཁྱེན་དང་ལྡན་པའི་ཡིད་ལ་བྱེད་པ་དགེ་ བ་ཐམས་ཅད་བསྒྲུབ་པ་ནི་ལྷག་པའི་བསམ་པ་མི་དམིགས་པའི་ཕྱིར། བསམ་པ་ཡོངས་སུ་སྦྱོངས་བ་དང་སེམས་ཅན་ཐམས་ཅད་ ལ་ཕན་པར་བྱ་བའི)། །བསམ་(པ་)དང་ཕན་པའི་དངོས་(པོ་)ཉིད་དང༌། །(སེམས་ཅན་མི་དམིགས་ཕྱིར་) སེམས་ཅན་རྣམས་ལ་སེམས་མཉམ་(པ་ཡོངས་སུ་སྦྱོངས་པ་)ཉིད། །(སེམས་ཅན་ལ་རྣམ་རྟོག་མེད་པར་སྦྱིན་ པ་ཡོངས་སུ་)གཏོང་(བ་)དང་(བཀུར་སྟི་དང་རིམ་འགྲོ་དང་རྙེད་པ་བསྒྲུབ་པའི་སྒོ་ནས་དགེ་བའི་)བཤེས་གཉེན་ 3-1-240 བསྟེན་པ་དང༌། །(ཆོས་ཉིད་མི་དམིགས་པའི་ཕྱིར་)དོན་དམ་དམིགས་པ་ཚོལ་བ་(ཡོངས་སུ་སྦྱོང་བ་)དང༌། ། (སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་སུ་ལ་ཡང་དེའི་བར་ཆད་མི་བྱེད་པ་ནི་ཁྱིམ་མི་དམིགས་པའི་ཕྱིར་)རྟག་ཏུ་ངེས་ འབྱུང་(གི་)སེམས་ཉིད་(ཡོངས་སུ་སྦྱོང་བ་)དང༌། (རྣམ་མཁྱེན་མ་ཐོབ་པར་སངས་རྒྱས་ཡིད་ལ་བྱེད་པ་དང་མི་འབྲལ་ བ་ནི་)སངས་རྒྱས་(ཀྱི་)སྐུ་(ཐོབ་པར་)འདོད་(པ་ལ་)དགའ་བ་(ཡོངས་སུ་སྦྱོང་བ་)དང༌། །(གསུང་རབ་ཡན་ ལག་བཅུ་གཉིས་སེམས་ཅན་རྣམས་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་ནི་ཆོས་ཀྱི་དབྱེ་བ་མི་དམིགས་པའི་ཕྱིར་)ཆོས་སྟོན་པ་ (ཡོངས་སུ་སྦྱངས་བ་)དང་བདེན་པ་ཡི། །(ཚིག་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་ནི་ཚིག་མི་དམིགས་པའི་ཕྱིར་)ཚིག་ (ཡོངས་སུ་སྦྱོང་བ་)ནི་བཅུ་པ་ཡིན་པར་འདོད། །དེ་དག་(རྣམས་ཀྱང་)རང་བཞིན་མི་དམིགས་པས། ། (མི་དམིགས་པའི་ཚུལ་གྱིས་སྤྱོད་པ་)ཡོངས་སུ་སྦྱོངས་བར་ཤེས་པར་བྱ། །ཞེས་པ་ལ་སོགས་པ་རྒྱ་ ཆེར་གསུངས་པ་ལྟར། ཇི་སྲིད་དུ་རང་གིས་ཡོངས་སྦྱོངས་མ་རྫོགས་ཀྱི་བར་དེ་སྲིད་དུ་ས་དེ་ དང་དེ་ཡིན་ཞིང༌། རྫོགས་པ་དང་གོང་མ་གོང་མར་འཕོ་བ་ཡིན་ལ། ཡོན་ཏན་གྱི་ཁྱད་པར་ ཡང༌། ཏིང་འཛིན་བརྒྱ་ཐོབ་དེ་ལ་འཇུག་པ་དང༌། །སངས་རྒྱས་བརྒྱ་མཐོང་དེ་ཡི་བྱིན་རླབས་ རིག །འཇིག་རྟེན་ཁམས་བརྒྱ་གཡོ་ཞིང་ཞིང་བརྒྱར་འགྲོར། །དེ་བརྒྱ་སྣང་བྱེད་འགྲོ་བརྒྱ་སྨིན་ པར་བྱེད། །བསྐལ་བ་བརྒྱར་གནས་སྔོན་དང་ཕྱི་མཐར་འཇུག །ཆོས་སྒོ་བརྒྱ་འབྱེད་ལུས་ བརྒྱ་སྟོན་པ་དང༌། །ལུས་རེའང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་གི། འཁོར་གྱིས་ཀུན་ནས་ ཡོངས་སུ་བསྐོར་བ་སྟོན། །ཞེས་མདོའི་དོན་སྡོམ་དུ་བྱས་པ་ལྟར། ས་དང་པོར་སྐད་ཅིག་མ་ རེ་རེ་ལ་ཡང་ཏིང་ངེ་འཛིན་བརྒྱ་ཐོབ་ཅིང་དེ་ལ་འཇུག་པ་ལ་སོགས་པ་བརྒྱ་ཕྲག་བཅུ་གཉིས་ དང༌། ས་གཉིས་པར་ཏིང་ངེ་འཛིན་སྟོང་ལ་འཇུག་པ་ལ་སོགས་སྟོང་ཕྲག་བཅུ་གཉིས་དང༌། ས་གསུམ་པར་ཡོན་ཏན་འབྲས་བུ་འབུམ་འཕྲག་བཅུ་གཉིས་ལ་སོགས་པ་གོང་ནས་གོང་དུ་ ཁྱད་པར་འཕགས་པ་རྣམས་ཐོབ་ཅིང༌། ས་བཅུ་པར་ནི་དབང་སྐུར་བ་ཁྱད་པར་བ་ཡང་ཐོབ་ སྟེ། རྒྱན་ལས། སངས་རྒྱས་ཀུན་གྱིས་འོད་ཟེར་ཆེན་པོས་(མངོན་པར་)དབང་སྐུར་(བར་)སྦྱིན་( 3-1-241 ནས་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་དམ་པར་གྱུར་པ་དང་)། །དེ་ནི་(ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཐོགས་པ་མེད་པ་དང་ལྡན་ པས་)ཆོས་(ཐམས་ཅད་)ལ་དབང་(བསྐུར་)བ་ཀུན་དང་ཡང་དག་(པར་)ལྡན་(པ་དང་)། །སངས་རྒྱས་ (ཀྱི་)འཁོར་ཀྱི་དཀྱིལ་འཁོར་(ཐམས་ཅད་དུ་ཕན་ཚུན་འདྲི་བ་དང་ལན་འདེབས་པ་དང་རྫུ་འཕྲུལ་)སྟོན་(པ་ལ་ སོགས་)པའི་རྣམ་པ(ར)་ཤེས་(པ་དང་ལྡན་པ་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི)། །བསླབ་པ་བཅའ་བས་ (ཉེས་པ་དང་ལྡན་པ་རྣམས)ཚར་བཅད་(ཅིང་སུན་འབྱིན་པ་དང་ཡོན་ཏན་དང་ལྡན་པ་རྣམས་ལ་)ཕན་འདོགས་ བྱེད་(པ་)ལ(འང་)བརྩོན་(པའི་སྒོ་ནས་སངས་རྒྱས་ཀྱི་གདུང་རྒྱུད་མི་གཅོད་ཅིང་བཙུན་པར་སྐྱེས་པ་ཉིད་དོ)། །ཞེས་ གསུངས་པ་ལྟར་རོ། །(དབང་བསྐུར་བ་ཞེས་པའི་དོན་ནི། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་དེ་ནར་སོན་ པ་ན་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐོབ་པ་དང༌། རྒྱལ་པོའི་བྱ་བ་ལ་དབང་ཐོགས་པ་མེད་པ་དང་རྩོད་པའི་འདུལ་བའི་ཐབས་ལ་ མཁས་པ་དང༌། ངན་པ་ཚར་གཅོད་ཅིང་བཟང་བོ་རྗེས་སུ་འཛིན་པའི་སྒོ་ནས་རྒྱལ་སྲིད་ལེགས་པར་སྐྱོང་བ་དེ་བཞིན་དུ་ས་བཅུ་ པ་ལ་གནས་པ་ན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་ དང་ལྡན་པ་ཞེས་བྱ་བ་མངོན་སུམ་དུ་གྱུར་མ་ཐག་དུ་སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་པདྨ་རིན་ཆེན་ལས་ གྲུབ་པ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་སྙེད་ཀྱི་པད་མའི་འཁོར་གྱིས་བསྐོར་བ་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ དེ་པད་མ་དེ་དང་འཚམ་པའི་ལུས་ཀྱིས་དེ་ལ་འདུག་ཅིང་པདྨའི་འཁོར་རྣམས་ལ་ཡང་བྱང་ཆུབ་སེམས་དཔའ་རེ་རེ་འདུག་པས་ བྱང་ཆུབ་སེམས་དཔའ་དེ་ཉིད་ལ་མངོན་པར་ལྟའོ། །དེ་ནས་དེའི་ཞབས་ཀྱི་མཐིལ་གཉིས་ནས་འོད་ཟེར་བྱུང་བས་ཕྱོགས་བཅུའི་ སེམས་ཅན་དམྱལ་བ་རྣམས་ཀྱི་སྡུག་བསྔལ་རྒྱུན་ཆད་པར་བྱེད་དོ། །དེ་བཞིན་དུ་འོད་ཟེར་དེ་སྙེད་རེ་པུས་མོ་གཉིས་དང་ལྟེ་བ་དང་ རྩིབས་ལོག་གཉིས་དང་ལག་མཐིལ་གཉིས་རྣམས་ལས་བྱུང་བས་རིམ་པ་བཞིན་དུ་དུད་འགྲོ་དང་གཤིན་རྗེའི་འཇིག་རྟེན་དང༌། མི་རྣམས་དང་ལྷ་མིན་གྱི་སྡུག་བསྔལ་ཞི་པར་བྱེད་དོ། །ཡང་འོད་ཟེར་དེ་སྙེད་རེ་ཕྲག་པ་གཉིས་དང་རྒྱབ་དང་མགུལ་རྣམས་ལས་ བྱུང་བས་རིམ་པ་བཞིན་དུ་ཉན་ཐོས་དང་རང་རྒྱལ་རྣམས་ཀྱི་གནས་སྣང་བར་བྱེད་ཅིང་ཆོས་སྣང་པའི་སྒོ་ཉེ་བར་བསྒྲུབ་པོ། །ཁའི་ སྒོ་ནས་ཉེ་བར་བྱུང་བའི་ཕྱོགས་བཅུའི་བྱང་སེམས་ས་དང་པོ་ནས་དགུ་པའི་པར་ལ་གནས་པ་རྣམས་སྣང་བར་བྱེད་ཅིང༌། ཐབས་ ཤེས་ལ་མཁས་པའི་ཚུལ་ཉེར་བསྒྲུབ་བོ། །སྨིན་མཚམས་ནས་བྱུང་བས་ཕྱོགས་བཅུའི་བཅུད་གནས་ཐམས་ཅད་མོག་མོག་པོར་ 3-1-242 བྱེད་ཅིང་དབང་བསྐུར་པའི་བྱང་ཆུབ་སེམས་དཔའ་རྣམས་སྣང་བར་བྱ་སྟེ་དེ་དག་གི་སྐུ་ལ་ཐིམ་པར་འགྱུར་རོ། །སྤྱི་གཙུག་ནས་ བྱུང་བས་སྟོང་གསུམ་གྲངས་མེད་འབུམ་འཕྲག་བཅུ་ཚང་བའི་རྡུལ་རྙེད་ཀྱིས་ཕྱོགས་བཅུའི་སངས་རྒྱས་འཁོར་བཅས་སྣང་པར་ བྱེད་ཅིང་སངས་རྒྱས་དེ་དག་གི་ཞབས་ཀྱི་མཐིལ་དུ་ནུབ་པར་འགྱུར་རོ། །དེ་ནས་སངས་རྒྱས་དང་བྱང་སེམས་དེ་དག་གིས་བྱང་ སེམས་དེ་ལ་དབང་བསྐུར་བའི་དུས་ལ་བབ་པར་མཁྱེན་ནས། དབང་བསྐུར་ཐོབ་པའི་བྱང་སེམས་རྣམས་ཀྱི་དཔལ་གྱི་བེའུ་དང་རྡོ་ རྗེ་དང་བཀྲ་ཤིས་འཁྱིལ་བ་ལས་བདུད་ཐམས་ཅད་ལས་རྒྱལ་བ་ཞེས་བྱ་བའི་འོད་ཟེར་བྱུང་སྟེ་དེའི་དཔལ་གྱི་བེའུ་སོགས་སུ་ནུབ་ པར་གྱུར་པས་དེའི་སྟོབས་སོགས་ཡོན་ཏན་རྣམས་འབུམ་འགྱུར་དུ་འཕེལ་བར་གྱུར་ཏོ། །སངས་རྒྱས་དེ་དག་གི་མཛོད་སྤུ་ནས་ ཐམས་ཅད་མཁྱེན་པའི་མངོན་ཤེས་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་བྱུང་སྟེ་དེའི་སྤྱི་བོར་ནུབ་པས་བྱང་སེམས་དེ་སངས་རྒྱས་ཀྱི་ ཡུལ་ལ་མངོན་པར་དབང་བསྐུར་བ་ཞེས་བྱ་བར་ས་བཅུའི་མདོ་ལས་གསུངས་པ་ལྟར་རོ། །) དྲུག་པ་བསླབ་སོགས་ཀྱི་དབྱེ་བ་ནི། རྣམ་དག་བསླབ་པ་གསུམ་ལ་རྣམ་པར་ གནས། །ཟག་མེད་ཕུང་པོ་ལྔ་ཡང་རྣམ་པར་སྦྱོང་། །ཕ་རོལ་ཕྱིན་བཅུ་རྣམ་པར་ དག་པ་ཐོབ། །ཞི་གནས་ལྷག་མཐོང་ཡོན་ཏན་རྣམ་པར་འཕེལ། །དེ་ཡང་ཇི་སྐད་དུ། (ས་དང་པོ་ལ་བདེན་པ་བཞིའི་)ཆོས་ཉིད་(མངོན་སུམ་དུ་)རབ་ཏུ་རྟོགས་(ཏེ་ཟག་པ་མེད་པའི་སྡོམ་པ་ཐོབ་པར་བྱས་) ནས་འདིར་(ས་གཉིས་པ་ལ་རྨི་ལམ་ན་ཡང་ལྟུང་བས་མི་གོས་པས)། །ལྷག་པའི་ཚུལ་ཁྲིམས་(དེའི་བསླབ་པ་ལ་ སློབ་ཅིང་ས་གསུམ་པ་ལ་ནམ་ཡང་མི་ཉམས་པའི་བསམ་གཏན་ཐོབ་པས་)ལྷག་(པའི་)སེམས་(ཀྱི་བསླབ་པ་ལ་སློབ་པ་) དང༌། །(དེ་ནས་ས་གསུམ་པ་ལ་)ལྷག་པའི་ཤེས་རབ་ལ་རྗེས་(སུ་)སློབ་(སྟེ)། །ཞེས་པ་དང༌། འབྲས་ བུས་རྣམ་པ་འདི་བཞི་ནི། །ས་བཞི་པོ་ལ་ཡང་དག་བརྟེན། །ཞེས་གསུངས་པ་ལྟར། །ས་དང་ པོར་བསླབ་པ་གསུམ་གྱི་རྒྱུད་ལ་སློབ་ཅིང༌། གཉིས་པ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། གསུམ་པ་ལ་སེམས་ཀྱི་བསླབ་པ་དང༌། བཞི་པ་ལྔ་པ་དྲུག་པ་རྣམས་ལ་ཡང་རིམ་པ་ལྟར་བྱང་ ཆུབ་ཀྱི་ཕྱོགས་དང༌། བདེན་པ་དང་རྟེན་འབྲེལ་ཤེས་པའི་ཤེས་རབ་རྣམས་ལ་བསླབ་པས། དེ་དག་གི་འབྲས་བུ་ས་བདུན་པ་ལ་མཚན་མ་མེད་པའི་ཡེ་ཤེས་དང༌། བརྒྱད་པ་ལ་ལྷུན་ཀྱིས་ 3-1-243 གྲུབ་པའི་ཡེ་ཤེས་དང༌། དགུ་པ་ལ་སེམས་ཅན་ཡོངས་སུ་སྨིན་པ་དང༌། །བཅུ་པ་ལ་ཏིང་ངེ་ འཛིན་དང་གཟུངས་ཀྱི་སྒོ་རྣམས་གྲུབ་པ་ནི་བསླབ་གསུམ་དང་སྦྱར་ཏེ་དབྱེ་བ་དང༌། །(ས་དང་པོ་ ལ་བདེན་པ་བཞིའི་)ཆོས་ཉིད་(མངོན་སུམ་དུ་)རབ་ཏུ་རྟོགས་ནས་(དེ་ཟག་པ་མེད་པའི་)འདིར་(ས་གཉིས་པ་ལ་ རྨི་ལམ་ན་ཡང་ལྟུང་བས་མི་གོས་པས་ལྷག་པ)། །ཚུལ་ཁྲིམས་ཀྱི་ནི་ཕུང་པོ་སྦྱོང་(པ་སྟེ་དེའི་བསླབ་པ་ལ་སློབ་ཅིང་)། ། དེ་ཡི་འོག་ཏུ་(ས་གསུམ་ལས་ནམ་ཡང་མི་ཉམས་པའི་བསམ་གཏན་པ་ཐོབ་པས་)ཏིང་(ངེ་)འཛིན་(གྱི་ཕུང་པོ་སྦྱོང་བ་) དང༌། །(ས་བཞི་པ་དང་ལྔ་པ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་ཤེས་པའི་ཤེས་རབ་དང་དྲུག་པ་ལ་རྟེན་འབྲེལ་ཤེས་པའི་) ཤེས་རབ་(གྱི་)ཕུང་པོ་རྣམ་པར་སྦྱོངས་(པའི་སྔ་མ་དྲུག་པོ)། །དེ་ལས་གཞན་པ་(ས་བདུན་པ་ནས་སངས་ རྒྱས་ཀྱི་སའི་བར་)དག་ལ་ནི། །སྒྲིབ་(པ་)རྣམ་(པ་)བཞི་(ལས་གྲོལ་བ་)དང་(སངས་རྒྱས་ཀྱི་ས་ལ་ནི་ཐམས་ཅད་ ལ་ཐོགས་པ་མེད་པའི་ཡེ་ཤེས་བརྙེས་པས་)ཐོགས་པ་ཡི། །སྒྲིབ་པ་ལས་ཀྱང་རྣམ་(པར་)གྲོལ་(བ་)དང༌། ། གྲོལ་བའི་ཡེ་ཤེས་རྣམ་པར་སྦྱོངས་(ཏེ་མངོན་དུ་མཛད་དོ)། །ཞེས་གསུངས་པ་ལྟར། ས་དང་པོར་ ཆོས་ཉིད་མངོན་སུམ་གྱིས་རྟོགས་ནས། གཉིས་པར་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། གསུམ་ པར་ཏིང་ངེ་འཛིན་གྱི་ཕུང་པོ་དང༌། བཞི་པ་ལྔ་པ་དྲུག་པ་རྣམས་སུ་ཤེས་རབ་ཀྱི་ཕུང་པོ་དང༌། (རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་ཀྱིས་གཟིགས་པའི་ཕུང་པོ་རྣམ་པར་སྦྱོང་ངོ༌། །དེ་ཡང་ས་བདུན་པ་ལ་རྩོལ་ བཅས་མཚན་མེད་ཀྱིས་འབྲས་བུ་ལ་སྒྲིབ་པ་དང༌། བརྒྱད་པ་ལ་རྩོལ་མེད་མཚན་མེད་ཀྱི་འབྲས་བུ་ལ་བསྒྲིབ་པ་དང༌། དགུ་པ་ ལ་སེམས་ཅན་སྨིན་པའི་འབྲས་བུ་ལ་བསྒྲིབ་པ་དང༌། བཅུ་པ་ལ་ལུས་ཡོངས་སུ་རྫོགས་པའི་འབྲས་བུ་ལ་བསྒྲིབ་པ་སྟེ་)བདུན་ པ་ལ་སོགས་པར་འབྲས་བུ་བཞིའི་སྒྲིབ་པ་ལས། རྣམ་པར་གྲོལ་བ་སྦྱོང་ཞིང༌། སངས་རྒྱས་ ཀྱི་ས་ལ་ནི་ཤེས་བྱ་ལ་ཐོགས་པའི་སྒྲིབ་པ་ལས་ཀྱང་རྣམ་པར་གྲོལ་བ་དང༌། གྲོལ་བའི་ཡེ་ ཤེས་གཟིགས་པའི་ཕུང་པོ་རྣམ་པར་སྦྱོང་བ་ནི་ཟག་མེད་ཕུང་པོ་ལྔ་སྦྱོང་ཚུལ་གྱི་དབྱེ་བ་དང༌། དབུས་དང་མཐའ་རྣམ་པར་འབྱེད་པར། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་ གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་ཏེ། །འདི་དག་ཕ་རོལ་ཕྱིན་ 3-1-244 པ་བཅུ། ཁྱད་པར་ཅན་(ས་དང་པོ་ལ་སྦྱིན་པའི་ཕར་ཕྱིན་ལ་གཙོ་བོར་ལོངས་སྤྱོད་པས་དེར་ཕར་ཕྱིན་བཅུ་ཀའང་ཉམས་ སུ་ལེན་པ་སོགས་)དང་ཁྱད་མེད་ནི། །ས་བཅུ་རྣམས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར། ས་ ཐམས་ཅད་ནའང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོད་ཅིང༌། ས་དང་པོ་ན་སྦྱིན་པ་གཙོ་ཆེ་བ་ན། བཅུ་པ་ན་ཡེ་ཤེས་ཆེ་བའི་བར་ནི་ཕ་རོལ་ཏུ་ཕྱིན་པས་དབྱེ་བ་དང༌། རྒྱན་ལས། (ཐུན་མོང་དུ་ཏིང་ ངེ་འཛིན་ཁྱད་པར་ཅན་གྱི་ངང་དུ་)ཡང་དག་(པར་)གསུངས་པ་ལ་བརྟེན་ནས། །སེམས་ལ་(རྟོག་པ་ཐམས་ ཅད་དང་བྲལ་བས་རང་གི་)སེམས་ནི་(རྩེ་གཅིག་ཏུ་དམིགས་ལ་)འཇོག་(པའི་)ཕྱིར་དང༌། །(མཉམ་པར་བཞག་པ་ ལ་བརྟེན་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འབྱུང་བས་)ཆོས་(ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་)རབ་ (ཏུ་)རྣམ་པར་འབྱེད་པའི་ཕྱིར། །(རིམ་པ་བཞིན་དུ་)ཞི་གནས་དང་ནི་ལྷག་མཐོང་(གི་དོན་)ཡིན་(ནོ)། ། ཞེས་གསུངས་པ་ལྟར། ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་ལ་སེམས་འཇོག་ པ་ནི་ཞི་གནས་དང༌། ཆོས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རབ་ཏུ་འབྱེད་པའི་ཤེས་ རབ་ནི་ལྷག་མཐོང་ཡིན་ལ། དེ་ཡང༌། (ས་དང་པོའི་ཞི་གནས་ལྷག་མཐོང་ནི་ཆོས་དབྱིངས་ཀུན་འགྲོའི་ཚུལ་དུ་ མངོན་སུམ་དུ་)རྟོག་(པ་)དང་(ས་གཉིས་པ་ནས་དྲུག་པའི་བར་ནི་མཚན་མ་དང་བཅས་པའི་སྦྱོར་པ་ལ་)ངེས་པ་འབྱུང་ བ་དང༌། །(ས་བདུན་པར་ནི་ཆོས་སྣ་ཚོགས་ལ་མཚན་མ་ཐ་དད་པར་མི་འཛིན་པ་)མཚན་མེད་(པ་དང་དག་པ་ས་གསུམ་ ཀྱི་སྐབས་སུ་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པས་མངོན་པར་)འདུ་མི་བྱེད་པ་དང༌། །(ཡང་ས་གསུམ་པོ་དེ་རྣམས་ སུ་སངས་རྒྱས་ཀྱི་ཞིང་)ཡོངས་(སུ་)དག་(པར་བྱ་བ་དང་སྒྲིབ་པ་གཉིས་ཀྱི་)རྣམ་པར་དག་པ(འི་སངས་རྒྱས་ཐོབ་ པ་ཉིད་ཐོབ་པར་བྱ་བ་)ལ། །(དེ་ལྟར་ན་)བརྟན་པའི་(བྱང་ཆུབ་སེམས་དཔའ་)ཞི་གནས་(དང་)ལྷག་མཐོང་ གི། རྣལ་འབྱོར་དེ་(ནི་མོས་སྤྱོད་པ་ནས་)ས་(བཅུའི་པར་ལ་)ཀུན་(ཏུ་)འགྲོ་སྟེ། །(བྱེད་ལས་ཕུན་སུམ་ཚོགས་ པ་ནི་རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་)ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་(པའི་ཕྱིར)། །ཞེས་ གསུངས་ལྟར། ཆོས་ཉིད་མངོན་སུམ་དུ་རྟོགས་པ་ནི་ས་དང་པོ་ལ་འཇུག་པ་དང༌། མཚན་མ་ དང་བཅས་པའི་སྦྱོར་བ་ལས་ངེས་པར་འབྱུང་བ་ནི་ས་དྲུག་པའི་བར་དང༌། མཚན་མ་མེད་ 3-1-245 པ་ནི་ས་བདུན་པ་དང༌། མངོན་པར་འདུ་བྱེད་པ་མེད་པ་ནི་ས་བརྒྱད་པ་ལ་སོགས་པ་གསུམ་ གྱི་ཞི་གནས་ལྷག་མཐོང་སྟེ། དག་པ་ས་གསུམ་ལ་བརྟེན་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་ དག་པ་དང༌། སངས་རྒྱས་ཉིད་ཀྱང་ཐོབ་པར་བྱེད་པས་དོན་ཐམས་ཅད་འགྲུབ་པ་རྣམས་ནི་ཞི་ གནས་ལྷག་མཐོང་གི་དབྱེ་བའོ། ། བདུན་པ་ས་བཅུའི་མིང་དོན་ནི། ཐེག་ཆེན་མཐོང་ལམ་ལྷན་ཅིག་རབ་དགའི་ས། ། ཐོབ་ནས་ས་བཅུར་སྒོམ་ལམ་གོམས་བྱས་ཏེ། །དྲི་མེད་འདོ་བྱེད་འདོ་འཕྲོ་སྦྱང་ དཀའ་དང༌། །མངོན་དུ་གྱུར་དང་རིང་དུ་སོང་བའི་ས། །དེ་ཡང་ས་དང་པོའི་སྟོད་ཀྱི་ཆ་ ལ་ཐེག་པ་ཆེན་པོའི་མཐོང་ལམ་སྐད་ཅིག་བཅུ་དྲུག་ཡོངས་སུ་རྫོགས་པ་ཐོབ་ནས། སྨད་ཀྱི་ཆ་ ནས་བརྩམས་ཏེ་ས་བཅུ་རྣམས་སུ་བསྒོམ་པའི་ལམ་ལ་ཆོས་ཉིན་མཐོང་ཟིན་གོམས་པར་བྱེད་ ཅིང༌། དེ་རྣམས་ཀྱིས་མིང་དོན་ཡང༌། ཨ་བྷི་དྷ་ན་ལས། རབ་ཏུ་དགའ་དང་དྲི་མ་མེད། །འོད་ བྱེད་པ་དང་འོད་འཕྲོ་ཅན། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། ། ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །ཞེས་གསུངས་པ་ལྟར། (བྱང་ཆུབ་ལ་ནི་ཉེ་བ་དང༌། །སེམས་ཅན་ དོན་བསྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་མཐོང་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དེ། །ཞེས་གསུངས་པ་ལྟར་)ས་ དང་པོར་བདག་ཉིད་བྱང་ཆུབ་ས་ཆེན་པོ་ལ་ཉེ་ཞིང་གཞན་དོན་ཕུན་སུམ་ཚོགས་པ་འགྲུབ་པ་ ལ་དགའ་བ་ཁྱད་པར་ཅན་སྐྱེ་བས་རབ་ཏུ་དགའ་བ་དང༌། (འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་ མེད་པའི་ས་ཞེས་བྱ། །ཞེས་གསུངས་པ་ལྟར། ) གཉིས་པ་ལ། ཚུལ་ཁྲིམས་འཆལ་བ་དང་ཐེག་དམན་ཡིད་ ལ་བྱེད་པའི་དྲི་མ་དང་བྲལ་བས་དྲི་མ་མེད་པ་དང༌། (ཆོས་ཀྱི་སྣང་བ་རྒྱ་ཆེན་ནི། །བྱེད་པའི་ཕྱིར་ན་འོད་བྱེད་ པ། །ཞེས་གསུངས་པ་ལྟར། ) གསུམ་པ་ལ་ཏིང་ངེ་འཛིན་ལ་བརྟེན་ནས་ཆོས་ཚད་མེད་པ་ཚོལ་ཞིང་ གཞན་དག་ལའང་ཆོས་ཀྱི་སྣང་བ་རྒྱ་ཆེན་པོ་བྱེད་པས་འོད་བྱེད་པ་དང༌། (འདི་ལྟར་བྱང་ཆུབ་ཕྱོགས་ མཐུན་ཆོས། །རབ་ཏུ་སྲེད་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །སྒྲིབ་གཉིས་བསྲེགས་པས་འོད་འཕྲོ་ཅན། །ཞེས་གསུངས་ 3-1-246 པ་ལྟར། ) བཞི་པ་ལ་བྱང་ཆུབ་ཕྱོགས་མཐུན་གྱི་ཤེས་རབ་ལ་བརྟེན་ནས་སྒྲིབ་པ་གཉིས་སྲེག་ པར་བྱེད་པས་འོད་འཕྲོ་ཅན་དང༌། (སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང༌། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། ། བློ་ལྡན་རྣམས་ཀྱི་སྦྱང་དགའ་བ། །དེ་ཕྱིར་སྦྱངས་དཀའ་ཞེས་བྱའོ། །ཞེས་གསུངས་པ་ལྟར། ) ལྔ་པ་ལ་བདེན་བཞི་ཤེས་ པའི་ཤེས་རབ་ལ་བརྟེན་ནས་སེམས་ཅན་མང་པོ་སྨིན་པར་བྱེད་ཅིང་དེའི་ལོག་བསྒྲུབ་ལས་ ཀྱང་སེམས་བསྲུང་བ་ནི་བསྒྲུབ་པར་དཀའ་བས་སྦྱང་དཀའ་བ་དང་། (ཤེས་རབ་ཕ་རོལ་ཕྱིན་རྟོགས་ ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདི་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། །ཞེས་གསུངས་ པ་ལྟར། ) དྲུག་པ་ལ་རྟེན་འབྲེལ་ཤེས་པ་ལ་བརྟེན་ནས་སྲིད་ཞིའི་རང་བཞིན་མཉམ་པ་ཉིད་དུ་ མངོན་དུ་གྱུར་པས་མངོན་དུ་གྱུར་པ་དང་། (བགྲོད་གཅིག་ལམ་དང་འབྲེལ་པའི་ཕྱིར། །རིང་དུ་སོང་བའི་སར་ འདོད་དོ། །ཞེས་གསུངས་པ་ལྟར། ) བདུན་པ་ལ་བགྲོད་པ་གཅིག་པའི་ལམ་དང་འབྲེལ་ཞིང་མཚན་མ་ ལ། རིང་དུ་སོང་བས་རིང་དུ་སོང་བའི་ས་ཞེས་བྱ་ཞིང༌། ས་བདུན་རྣམས་སུ་མཉམ་བཞག་མི་རྟོག་པའི། །ཏིང་འཛིན་བསྒོམས་ཏེ་ཆོས་ སྐུའི་དྲི་མ་སྦྱོང༌། །རྗེས་ཐོབ་སེམས་ཅན་ཡོངས་སུ་སྨིན་པ་སོགས། །བསོད་ནམས་ ཚོགས་རབ་ཡོངས་སུ་རྫོགས་པར་བྱ། །ཇི་སྐད་དུ་རྒྱན་ལས། རྣམ་པར་མི་རྟོག་ཡེ་ཤེས་ ནི། །སངས་རྒྱས་ཆོས་རྣམས་སྦྱོང་པར་བྱེད། །གཞན་ནི་ཇི་བཞིན་རྣམ་འཇོག་པ། །སེམས་ ཅན་རྣམས་ཡོངས་སྨིན་པར་བྱེད། །ཅེས་གསུངས་པ་ལྟར་ས་དང་པོ་ནས་བདུན་པའི་པར་ལ་ མཉམ་བཞག་མི་རྟོག་ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྐུའི་དྲི་མ་རིམ་གྱིས་སྦྱོང་ཞིང་རྗེས་ཐོབ་ སེམས་ཅན་སྨིན་པ་ལ་སོགས་པས་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པ་ལ། མི་གཡོ་ ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །དག་པའི་ས་གསུམ་ཐོབ་ནས་མཉམ་བཞག་ དང༌། །རྗེས་ཐོབ་འདྲེས་པའི་ངང་ནས་རང་གཞན་གྱི། །དོན་གཉིས་འབད་མེད་ ལྷུན་གྱིས་གྲུབ་པར་གསུངས། །མཚན་མ་སྲིད་པར་རྩོལ་བ་དང་མཚན་མེད་ཞི་བར་རྩོལ་ 3-1-247 བའི་འདུ་ཤེས་ཀྱིས་གཡོ་བ་མེད་པས་ས་བརྒྱད་པ་མི་གཡོ་བ་དང༌། སོ་སོ་ཡང་དག་པའི་རིག་ པ་བཞིའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཐོབ་པས་ས་དགུ་པ་ལེགས་པའི་བློ་གྲོས་དང༌། ཏིང་ངེ་ འཛིན་དང་གཟུངས་ཀྱི་སྒོ་སྤྲིན་ལྟ་བུས་ཐོབ་པའི་ཆོས་ནམ་མཁའ་ལྟ་བུར་ཁྱབ་པས་ན་ས་བཅུ་ པ་ཆོས་སྤྲིན་རྣམས་སུ་མཉམ་རྗེས་འདྲེས་པའི་ངང་ནས་དོན་གཉིས་ཕུན་སུམ་ཚོགས་པ་ལྷུན་ གྱིས་གྲུབ་པ་རྣམས་སོ། །ཇི་སྐད་དུ། རྒྱུད་བླ་མ་ལས། (ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ རྣམས་གཞན་གྱི་དོན་)བྱ་བ་བསྒྲུབ་(པ་)ལ་(དུས་)རྟག་ཏུ་(རང་གི་)བློ། །(འབད་རྩོལ་མེད་པར་དཔེར་ན་བུད་ཤིང་ སྐམ་པོ་ལ་)མེ་(སྟོབས་ལྡན་རང་ཤུགས་ཀྱིས་འབར་བ་)བཞིན་དུ་ནི་འབར་བ(འི་ཚུལ་ཀྱིས་འཇུག་པ་)དང༌། །(དེར་ མ་ཟད་དུས་ཅིག་ཆར་དུ་སྤྲོས་པའི་མཚན་མ་ཉེ་བར་)ཞི་བའི་བསམ་གཏན་(ཏིང་ངེ་འཛིན་གྱི་)སྙོམས་འཇུག་ལ། ། (དུས་)རྟག་ཏུ་(རྒྱུན་མི་ཆད་པར་)སྙོམས་པར་ཞུགས་པའང་ཡིན་(ནོ)། །ཞེས་གསུངས་པ་ལྟར་རོ། ། བཞི་པ་འབད་པས་འབྲས་བུ་འགྲུབ་ཚུལ་ལ་འཚམས་སྦྱར་ཏེ་མདོར་བསྟན་པ་ནི། དེ་ ལྟར་ལམ་ལྔ་ས་བཅུར་བསོད་ནམས་དང༌། །ཡེ་ཤེས་ཚོགས་གཉིས་རིམ་གྱིས་ བསགས་པ་ལས། །འབྲས་བུ་དོན་གཉིས་མཐར་ཕྱིན་སྐུ་གསུམ་དང༌། །ཡེ་ཤེས་ ཡོན་ཏན་འཕྲིན་ལས་བཅས་པ་འགྲུབ། །རྒྱུ་ཕུན་སུམ་ཚོགས་པ་ཐེག་པ་ཆེན་པོའི་ལམ་ ལྔ་དང་ས་བཅུ་རིམ་གྱིས་བགྲོད་དེ། སེམས་ཅན་ལ་ཕན་པ་བསོད་ནམས་ཀྱི་ཚོགས་དང༌། མི་ རྟོག་པ་བསྒོམ་པ་ཡེ་ཤེས་ཀྱི་ཚོགས་གཉིས་ཉེ་བར་བསགས་པ་ལས། འབྲས་བུ་ཕུན་སུམ་ ཚོགས་པ་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུམ་དང་ཡེ་ཤེས་ལྔ་དང༌། །བྲལ་བ་དང༌། རྣམ་ པར་སྨིན་པའི་འབྲས་བུའི་ཡོན་ཏན་ལྷུན་གྱིས་འགྲུབ་ཅིང་རྒྱུན་མི་ཆད་པའི་འཕྲིན་ལས་ རྣམ་པར་དག་པ་རྣམས་འགྲུབ་པར་འགྱུར་བ་སྟེ། རིན་ཆེན་ཕྲེང་བར། སངས་རྒྱས་རྣམ་ཀྱི་ གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་ཡང་དག་འཁྲུངས། །ཆོས་ཀྱི་སྐུ་དེ་མདོར་བསྡུས་ ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། 3-1-248 དེའི་དོན་རྒྱས་པར་བཤད་པ་ལ། སྐུ་དང་ཡེ་ཤེས་ཡོན་ཏན་ཕྲིས་ལས་བཞི་ལས། སྐུ་ གསུམ་ནི། རང་བཞིན་རྣམ་དག་དོན་དམ་ཆོས་ཀྱི་དབྱིངས། །གློ་བུར་དྲི་མ་མཐའ་ དག་དང་བྲལ་ནས། །དག་པ་གཉིས་ལྡན་མངོན་དུ་གྱུར་པ་ན། །རང་དོན་མཐར་ ཕྱིན་དོན་དམ་ཆོས་སྐུ་ཐོབ། །དེ་ཡང་མངོན་པར་རྟོགས་པའི་རྒྱན་ལས། (ཐུབ་པ་ཡང་ཡིན་ལ་ངོ་ བོ་ཉིད་ཀྱི་སྐུ་ཡིན་པས་ན་)ཐུབ་པའི་ངོ་བོ་ཉིད་སྐུ་(གང་ཡིན་ལ་དེ་)ནི། །ཟག་པ་མེད་པའི་ཆོས་(ས་ལམ་ཡོན་ ཏན་མཐར་ཐུག་མཁའ་ཁྱབ་གསར་དུ་བསྐྱེད་པ་མིན་པར་གདོད་ནས་རང་ཆས་སུ་ཡོད་པ་)གང་དག །ཐོབ་(པར་)གྱུར་ (པའི་ངོ་བོ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་)རྣམ་(པ་)ཀུན་(ཏུ་)རྣམ་(པར་)དག་པ། །དེ་དག་ (བཅོས་མ་གློ་བུར་བ་མ་ཡིན་གྱི་)རང་བཞིན་(པའི་སྐུ་གཉུག་མའི་)མཚན་ཉིད་ཅན་(ཡིན་ནོ)། །ཞེས་གསུངས་ པ་ལྟར། ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་དང་དབྱེར་མི་བྱེད་པའི་ཆོས་ཀྱི་དབྱིངས་རང་ བཞིན་གྱིས་དག་པ་དེ་ཉིད་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་ནས་དག་པ་གཉིས་ལྡན་དུ་ གྱུར་པ་ནི་ངོ་བོ་ཉིད་དམ་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ལ་འགའ་ཞིག་རྟོགས་པ་མཐར་བྱིན་པ་ ཆོས་ཀྱི་སྐུ་སངས་རྒྱས་དངོས་ཡིན་གྱི། ངོ་བོ་ཉིད་ཀྱི་སྐུ་ནི་སྤང་བྱ་སྤང་ཙམ་གྱི་མེད་དགག་ ཡིན་པས་སངས་རྒྱས་དངོས་མ་ཡིན་ནོ་ཞེས་ཟེར་པ་ནི་མི་འཐད་དེ། རྒྱུད་བླ་མར། (ཤེས་བྱ་ཇི་ལྟ་ བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་ཀྱི་)རྣམ་(པ་)ཀུན་(མངོན་སུམ་དུ་མཁྱེན་པ་)མངོན་(པར་)རྫོགས་(པར་)བྱང་ ཆུབ་(པ་ནི་སངས་རྒྱས་ཞེས་བྱ་བ་)དང༌། །(གློ་བུར་གྱི་)དྲི་མ་(སྒྲིབ་པ་གཉིས་)བག་ཆགས་(དང་)བཅས་(པ་ མ་ལུས་པར་)སྤངས་པ་(ལ་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ)། །(དེ་ལྟར་རྫོགས་པའི་)སངས་རྒྱས་(དང་སྤངས་པ་ མཐར་བྱིན་པ་ལ་བཏགས་པ་མི་གནས་པའི་)མྱ་ངན་(ལས་)འདས་པ་(དག་)ནི་(མིང་གི་ཐ་སྙད་ཐ་དད་པ་ཙམ་དུ་ཟད་ ཀྱི། དེ་བཞིན་གཤེགས་པའི་ཁམས་གྱི་དོན་གཅིག་ལ་ཡང་དག་པར་འདུས་པའི་ཕྱིར་)། །(འཕགས་པའི་ཡེ་ཤེས་)དམ་པའི་ (སྤྱོད་ཡུལ་གྱི་)དོན་དུ་(ན་ཟག་པ་མེད་པའི་དབྱིངས་སུ་རྣམ་པར་དབྱེ་བར་མེད་ཅིང་བཅད་དུ་མེད་ལ་)གཉིས་(སུ་)མེད་ (པ་)ཉིད་(དོ)། །ཅེས་ཤེས་བྱ་མཐའ་དག་མངོན་སུམ་དུ་མཁྱེན་པའི་སྒོ་ནས་རྟོགས་པ་མཐའ་ 3-1-249 ཕྱིན་པའི་སངས་རྒྱས་དང༌། སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པའི་སྒོ་ནས་སྤངས་ པ་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་ནི་དོན་དམ་པར་གཉིས་སུ་མེད་ཅིང་དེ་ཉིད་མཐར་ ཐུག་གི་འབྲས་བུ་ཡིན་པར་གསུངས་པའི་ཕྱིར་རོ། ། འོག་མིན་ཆེན་པོར་མཚན་དཔེས་བརྒྱན་པའི་སྐུས། །ཐེག་ཆེན་མཐར་ཐུག་ གསང་སྔགས་ཟབ་མོའི་ཆོས། །རྒྱུན་མི་ཆད་པར་གདུལ་བྱ་དག་པ་ལ། །ལེགས་ པར་སྟོན་མཛད་ལོངས་སྤྱོད་རྫོགས་སྐུའང་འགྲུབ། །ཇི་སྐད་དུ་མངོན་པར་རྟོགས་པའི་ རྒྱན་ལས། (གཉིས་མེད་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་)མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་ བརྒྱད་ཅུའི་བདག་ཉིད་ཅན་(དུ་ཆོས་སྟོན་པ་འདི)། །ཐེག་ཆེན་(གྱི་ཆོས་རྫོགས་པར་)ཉེ་བར་ལོངས་སྤྱོད་ (པའི་སྐུ་ཡིན་པའི་)ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་(པའི་)སྐུ་(ཡིན་པ)ར་(སངས་རྒྱས་ཀྱིས་)བཞེད། ། ཅེས་གསུངས་པ་ལྟར། འོག་མིན་ཆེན་པོར་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུས་རྒྱས་ སྲས་འཕགས་པ་རྣམས་དང་ལྷན་ཅིག་ཐེག་པ་ཆེན་པོའི་ཆོས་ཁོ་ན་ལ་རྒྱུན་མི་ཆད་པར་ལོངས་ སྤྱོད་པའོ། ། གང་གིས་སྲིད་པ་ཇི་སྲིད་གནས་ཀྱི་པར། །གང་ལ་གང་མོས་འགྲོ་ལ་དེ་ དང་དེའི། །རྣམ་འཕྲུལ་སྣ་ཚོགས་སྟོན་པ་སྤྲུལ་བའི་སྐུས། །ཐུན་མོང་གདུལ་བྱའི་ ཚོགས་ཀུན་སྨིན་པར་མཛད། །དེ་ཡང་ཇི་སྐད་དུ། (སངས་རྒྱས་བྱང་སེམས་རང་རྒྱལ་ཉན་ཐོས་སྣ་ ཚོགས་པའི་སྤྲུལ་པ་)གང་གིས་སྲིད་པ་ཇི་སྲིད་(གནས་ཀྱི་)པར་(དུ)། །འགྲོ་(བ་སེམས་ཅན་ཐམས་ཅད་)ལ་ (གནས་སྐབས་དང་མཐར་ཐུག་གི་)ཕན་པ་སྣ་ཚོགས་(པ་)དག །མཉམ་(པ་སྟེ་ཅིག་ཆར་)དུ་མཛད་པའི་སྐུ་ (གང་ཡིན་པ་)དེ་ནི། །ཐུབ་པའི་(གཟུགས་སྐུ་གཉིས་ལས་)སྤྲུལ་(པའི་)སྐུ་(སྣ་ཚོགས་པས་འཁོར་བ་ཇི་སྲིད་གནས་ ཀྱིས་བར་ཐུབ་པའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ནི་)རྒྱུན་མི་ཆད། །ཅེས་གསུངས་པ་ལྟར། དུས་འཁོར་བ་ ཇི་སྲིད་མ་སྟོངས་ཀྱི་བར་དུ་འཁོར་ཐུན་མོང་བའི་གདུལ་བྱ། མཐའ་ཡས་པ་རྣམས་ལ་གང་ 3-1-250 འོས་ཀྱི་རྣམ་འཕྲུལ་སྣ་ཚོགས་པ་བསྟན་ནས་ཕན་འདོགས་པས་གཞན་དོན་མཐར་ཕྱིན་པར་ མཛད་པ་སྟེ། དེ་ཡང་དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་པའི་དོན་དུ་པི་ཝང་ལེན་པའི་རྣམ་ པར་མཛད་པ་ལྟ་བུ་བཟོའི་སྤྲུལ་པ་དང༌། རི་བོང་དང་རུ་རུ་ལ་སོགས་པའི་སྐྱེ་བར་སྟོན་པ་ལྟ་ བུ་སྐྱེ་བའི་སྤྲུལ་པ་དང༌། མཛད་པ་བཅུ་གཉིས་སྟོན་པ་ལྟ་བུ་བྱང་ཆུབ་མཆོག་གི་སྤྲུལ་པ་དང༌། དེའི་ཁྱད་པར་མྱ་ངན་ལས་འདས་པར་ཡང་སྟོན་པས། གདུལ་བྱ་དཔག་ཏུ་མེད་པའི་རྒྱུད་ལ་ རྣམ་པར་གྲོལ་བའི་བདེ་བ་སྦྱིན་པར་མཛད་པ་སྟེ། མདོ་སྡེ་རྒྱན་ལས། (དྲི་ཟའི་རྒྱལ་པོ་རབ་དགའ་ འདུལ་དོན་དུ་རྒྱུད་མང་སྦྲིང་བ་དང་། གཞན་པ་ཤིང་མཁན་དང་རྫ་མཁན་ལ་སོགས་པར་ཡང་སྟོན་པ་)བཟོ་(བའི་སྤྲུལ་པ་) དང་(བྲམ་ཟེ་དང་རྒྱལ་རིགས་དང་རི་བོང་རུ་རུ་ལ་སོགས་པར་སྟོན་པ་)སྐྱེ་༼བའི་སྤྲུལ་བ་༽དང་༼རྡོ་རྗེ་གདན་དུ་མངོན་པར་ རྫོགས་པར་འཚང་རྒྱ་བ་༽བྱང་ཆུབ་ཆེ(ན་པོའི་སྤྲུལ་པ་དང་)། །(དུས་ལ་བབ་པ་ན་)མྱ་ངན་(ལས་)འདས་པ་(ལ་ སོགས་པ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་དུས་)རྟག་(ཏུ་རྒྱུན་མི་ཆད་པར་)སྟོན་པ་(ནི)། །སངས་རྒྱས་ (རྣམས་ཀྱི་)སྤྲུལ་པའི་སྐུ་དེ་ནི། །(གདུལ་བྱ་དཔག་ཏུ་མེད་པ་རྣམས་)རྣམ་པར་གྲོལ་བའི་(གོ་འཕང་ལ་བཀོད་ པའི་)ཐབས་(ལ་མཁས་པ་)ཆེན་པོ་(ཡིན་ནོ)། །ཞེས་གསུངས་པ་ལྟར་རོ། །དེ་དག་ཀྱང༌སྐུ་གཉིས་ སུ་བསྡུ་ན། རང་བཞིན་ཅན་ནམ་ཆོས་ཀྱི་སྐུ་ནི་རང་དོན་མཐར་ཕྱིན་པ་དོན་དམ་པའི་སྐུ་དང༌། གདུལ་བྱ་དག་པ་ལ་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། ཐུན་མོང་དུ་སྣང་བ་སྤྲུལ་བའི་ སྐུ་ནི་གཞན་དོན་མཐར་ཕྱིན་པ་བརྡའི་སྐུ་ཞེས་ཀྱང་གསུངས་ཏེ། ཇི་སྐད་དུ་རྒྱན་ལས། (ངོ་བོ་ དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་བའི་ཆོས་སྐུ་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་)སྐུ་གསུམ་(པོ་འདི་)དག་གིས་ (རྫོགས་པའི་)སངས་རྒྱས་(མཐའ་དག་རྣམས་)ཀྱི། །སྐུ་(གསུམ་པོ་ཐམས་ཅད་ཀྱང་)བསྡུས་པར་ནི་ཤེས་(པར་) བྱ་སྟེ། །སྐུ་གསུམ་(པོ་)དག་གི་(སྒོ་ན)ས་རང་(དོན་ཕུན་སུམ་ཚོགས་པ་ཆོས་སྐུ་དང་)གཞན་གྱི་(དོན་ཕུན་སུམ་ ཚོགས་པ་དང་གཟུགས་སྐུ་གཉི་)ས་(ཏེ)། །དོན་འདི་(དག་ཀྱང་ཆོས་སྐུ་ལ་གཟུགས་སྐུ་)རྟེན་(པ་)དང་(ལོངས་སྤྱོད་ རྫོགས་པའི་སྐུ་ལ་སྤྲུལ་སྐུ་རྟེན་པ་)བཅས་པ(འི་ཚུལ་)ར(བ་ཏུ)་བསྟན་(ཏོ)། །ཞེས་པ་དང༌། རྒྱུད་བླ་མ་ལས་ 3-1-251 ཀྱང༌། (སྐབས་)འདིར་ནི་དང་པོ་(ཟབ་པ་ནི་)ཆོས་(ཀྱི་)སྐུ་སྟེ། །ཕྱི་མ་(རྒྱ་ཆེ་བ་དང་བདག་ཉིད་ཆེ་བ་གཉིས་པོ་) དག་(གིས་)ནི་གཟུགས་ཀྱི་སྐུ(འོ)། །ནམ་མཁའ་ལ་(བརྟེན་ནས་)ནི་གཟུགས་གནས་(པ་)བཞིན་( དུ)། །དང་པོ་(ཆོས་སྐུ་)ལ་ནི་ཐ་མ་(གཟུགས་སྐུ་གཉིས་བརྟེན་ནས་)གནས་(སོ)། །ཞེས་པ་ལ་སོགས་པའོ། ། ཡེ་ཤེས་ལྔ་ནི། དེ་བཞིན་ཉིད་ལ་དམིགས་ཏེ་བསྒོམ་པ་ལས། །ཆོས་རྣམས་ཀུན་ གྱི་མཐར་ཐུག་དམ་པའི་དོན། །སྒྲིབ་པ་གཉིས་དང་བྲལ་བ་མངོན་སུམ་དུ། །ཐོགས་ མེད་གཟིགས་པའི་ཆོས་དབྱིངས་ཡེ་ཤེས་ཐོབ། །དེ་ཡང་རྒྱན་ལས། ཆོས་རྣམས་ཀུན་ གྱི་(འབྲས་དུས་ཀྱི་)དེ་བཞིན་ཉིད་(ཆོས་ཅན)། །སྒྲིབ་གཉིས་དག་པའི་མཚན་ཉིད་(ཡིན་)དེ་(དག་པ་ གཉིས་ལྡན་གྱི་ཆོས་དབྱིངས་མཐར་ཐུག་ཡིན་པའི་ཕྱིར)། །དངོས་པོ་(མཉམ་བཞག་གི་)ཤེས་པ་(ཆོས་དབྱིངས་)དེ་ ལ་དམིགས་(ཤིང་དེ་ལ)། །དབང་ཟད་མི་ཤེས་(པའི་)མཚན་ཉིད་ཅན་(ཡིན་ཏེ་བཞེད་དགུར་མཉམ་པར་ འཇོག་པ་ཡིན་པའི་ཕྱིར། རྗེས་ཐོབ་ཀྱི་ཤེས་པས་གཞན་དབང་ལ་དམིགས་ཤིང་དེ་ལ་དབང་ཟད་པའི་མཚན་ཉིད་ཅན་ཡིན་ནོ)། ། ཅེས་གསུངས་པ་ལྟར། ཆོས་དབྱིངས་དེ་བཞིན་ཉིད་སྒྲིབ་པ་མཐའ་དག་དང་བྲལ་བ་མངོན་ སུམ་དུ་མཁྱེན་པ་ཆོས་དབྱིངས་ཡེ་ཤེས་དང༌། དམ་ཆོས་མང་དུ་ཐོས་ཤིང་བཟུང་བ་ ལས། །བདག་དང་བདག་གིར་འཛིན་པ་མེད་བཞིན་དུ། །ཤེས་བྱ་མཐའ་དག་མེ་ ལོང་གཟུགས་བརྙན་བཞིན། །མངོན་སུམ་མཁྱེན་པ་མེ་ལོང་ཡེ་ཤེས་འབྱུང༌། །ཇི་ སྐད་དུ། མེ་ལོང་(ལྟ་བུའི་)ཡེ་ཤེས་(ཆོས་ཅན་དང་ཡོན་ཏན་ལྔ་ལྡན་དེ་རང་གི་ངོ་བོའི་སྒོ་ནས་རྟག་ཏུ་)ང་ཡི་(བར་) མེད་(པ་དང་)། །(ཡུལ་གྱི་སྒོ་ནས་)ཡོངས་སུ་མ་ཆད་(པ་ཡུལ་དུས་ཐམས་ཅད་ཤེས་པ་དང་དུས་ཀྱིས་སྒོ་ནས་)རྟག་ ཏུ་ལྡན་(པ་དང་)། །(སྤངས་པའི་སྒོ་ནས་སྒྲིབ་པ་དང་བྲལ་བས་)ཤེས་བྱ་ཀུན་ལ་མ་རྨོངས་པ་(དང་)། །(རྣམ་པའི་ སྒོ་ནས་)རྟག་ཏུ་དེ་ལ་མངོན་ཕྱོགས་མིན་(པའི་ཕྱིར)། །ཞེས་གསུངས་པ་ལྟར། བདག་དང་བདག་ གིར་འཛིན་པ་མེད་བཞིན་དུ་ཡུལ་མཐའ་དག་ཏུ་དུས་རྟག་ཏུ་མཁྱེན་པས་ཤེས་བྱ་ཐམས་ཅད་ 3-1-252 ལ་རྨོངས་པ་མེད་ཅིང་མ་དག་པའི་ཡུལ་ལ་མངོན་དུ་ཕྱོགས་པ་ཡང་མ་ཡིན་པ་མེ་ལོང་ལྟ་བུའི་ ཡེ་ཤེས་དང༌། བདག་གཞན་མཉམ་པ་ཉིད་དུ་བསྒོམ་པ་ལས། །མི་གནས་མྱ་ངན་འདས་ པ་ཐོབ་པ་ན། །སྲིད་དང་ཞི་བའི་རང་བཞིན་ཆོས་ཀྱི་དབྱིངས། །མཉམ་པ་ཉིད་དུ་ རྟོགས་པའི་ཡེ་ཤེས་ཐོབ། །ཇི་སྐད་དུ་(སངས་རྒྱས་ཆོས་ཅན)། མཉམ་ཉིད་ཡེ་ཤེས་(དང་ལྡན་པར་ འདོད་དེ་)སེམས་ཅན་(ཐམས་ཅད་)ལ། །(མཉམ་པ་ཉིད་དུ་)སྒོམ་པ་(རྣམ་པར་)དག་པ་ལས་(ཐོབ་པར་) འདོད་དེ། །མི་གནས་ཞི་བར་ཞུགས་པ་(ཡིན་པའི་ཕྱིར་)དེ་(གང་གི་སྒོ་ནས་བསྒོམ་པ་དག་ཅེ་ན་སྔོན་བྱང་ཆུབ་ སེམས་དཔའི་དུས་ན་སེམས་ཅན་ཐམས་ཅད་ལ)། །མཉམ་ཉིད་ཡེ་ཤེས་(སྒོམ་པ་རྫོགས་པའི་སྒོ་ནས་)ཡིན་པར་ འདོད། །ཅེས་གསུངས་པ་ལྟར། སྔོན་བདག་གཞན་མཉམ་པ་ཉིད་དུ་བསྒོམས་པ་ལས། ཕྱིས་ མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ན་སྲིད་པ་དང་ཞི་བ་མཉམ་པ་ཉིད་མངོན་སུམ་དུ་ མཁྱེན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། ཡང་དག་ཆོས་རབ་གསལ་པར་བསྟན་པ་ལས། །ཏིང་འཛིན་གཟུངས་སྒོས་ ཐེ་ཚོམ་ཀུན་གཅོད་ཅིང༌། །ཤེས་བྱ་ཀུན་ལ་རྟག་ཐོགས་མི་མངའ་བའི། །སོ་སོར་ རྟོགས་པའི་ཡེ་ཤེས་འགྲུབ་པར་འགྱུར། །ཇི་སྐད་དུ། སོ་སོར་རྟོགས་པའི་ཡེ་ཤེས་ནི། ། ཤེས་བྱ་ཀུན་ལ་རྟག་མ་ཐོགས་(ཏེ་ཤེས་བྱ་ཀུན་འབད་མེད་དུ་དུས་གཅིག་ལ་གསལ་བར་མཁྱེན་པའི་ཕྱིར་རོ)། ། (རང་གཞན་གྱིས་ཡོན་ཏན་དང་ལྡན་ཏེ་)ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱིས། །གཏེར་དང་འདྲ་བ་ ཁོ་ན་ཡིན། །ཞེས་གསུངས་པ་ལྟར་ཤེས་བྱ་མཐའ་དག་མ་འདྲེས་པར་མངོན་སུམ་དུ་མཁྱེན་ ཅིང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་མཐའ་ཡས་པ་དང་ལྡན་པའི་སོ་སོར་རྟོག་པའི་ཡེ་ཤེས་ དང༌། གཞན་དོན་བྱ་བ་བསྒྲུབ་ལ་བརྩོན་བྱས་པས། །སྣ་ཚོགས་གདུལ་བྱའི་ཁམས་ 3-1-253 དང་བསམ་པ་བཞིན། །དཔག་མེད་འཇིག་རྟེན་ཁམས་སུ་འགྲོ་བའི་དོན། །འབད་ མེད་བྱ་བ་གྲུབ་པའི་ཡེ་ཤེས་འབྱུང༌། །ཇི་སྐད་དུ། བྱ་བ་གྲུབ་པའི་ཡེ་ཤེས་ནི་(ཆོས་ཅན)། ། (བྱེད་ལས་སེམས་ཅན་ཀུན་གྱི་དོན་དུ་སྤྲུལ་པ་བྱེད་དེ་འཇིག་རྟེན་གྱི་)ཁམས་རྣམས་ཀུན་ཏུ་(སྐུ་ངོ་བོ་མཚན་དཔེས་ བརྒྱན་པ་དང་མ་བརྒྱན་པ་སོ་སྐྱེ་སོགས་)སྣ་ཚོགས་(སྤྲུལ་)ཤིང༌། །(གྲངས་)དཔག་མེད་(དང་)བསམ་ཡས་ (སྟེ་བསམ་གྱིས་མི་ཁྱབ་པའི་)སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་བསྒྲུབ་པའོ། །ཞེས་གསུངས་པ་ ལྟར། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་སྣ་ཚོགས་པའི་གདུལ་བྱའི་བསམ་པ་ དང་མཐུན་པར་གང་ལ་གང་འདུལ་གྱི་ཕྲིན་ལས་བསྒྲུབ་ཚུལ་མཁྱེན་པ་བྱ་བ་བསྒྲུབ་པའི་ཡེ་ ཤེས་རྣམས་ཏེ། དེ་རྣམས་འབྱུང་བའི་ཚུལ་ཡང༌། དེ་བཞིན་ཉིད་ནི་ཐམས་ཅད་ནས། །སྒོམ་ པ་ལས་ནི་ཡང་དག་འབྱུང༌། །ཞེས་གསུངས་པ་ལྟར། ཏིང་ངེ་འཛིན་ཟབ་མོ་བསྒོམ་པ་ལས་ ཆོས་དབྱིངས་ཡེ་ཤེས་དང༌། (སྔོན་ཐེག་པ་ཆེན་པོའི་ཆོས་ཐོས་པ་)འཛིན་པའི་ཕྱིར་དང་(བདག་གཞན་སེམས་ ཅན་ཐམས་ཅད་ལ་)སེམས་མཉམ་(པའི་ཡེ་ཤེས་སྒོམ་པའི་)ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང༌། ། (སེམས་ཀྱི་)བྱ་བ་བསྒྲུབ་པ་(ལ་ཤིན་ཏུ་གོམས་པར་བྱས་པ་)ཉིད་ཀྱིས་ཕྱིར། །(སངས་རྒྱས་ཆོས་ཅན་ཐུགས་རྒྱུད་ ལ་)ཡེ་ཤེས་བཞི་པོ་ཡང་དག་འབྱུང་(བའི་རྒྱུ་མཚན་ཡོད་དེ། །གོང་མ་རྣམས་རྟགས་སོ་)ཞེས་གསུངས་པ་ ལྟར། དམ་པའི་ཆོས་མང་དུ་ཐོས་ཤིང་འཛིན་པ་ལས་མེ་ལོང་ལྟ་བུ་དང༌། བདག་གཞན་མཉམ་ པ་ཉིད་དུ་བསྒོམ་པ་ལས་མཉམ་པ་ཉིད་དང༌། ཡང་དག་པའི་ཆོས་གསལ་བར་བསྟན་པ་ལས་ སོ་སོར་རྟོགས་པ་དང༌། གཞན་གྱིས་དོན་བསྒྲུབ་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་རྣམས་འབྱུང་ བར་ཡང་ཤེས་པར་བྱའོ། ། ཡོན་ཏན་ལ། རྒྱུད་བླ་མར། (སངས་རྒྱས་ཀྱི་སྐུ་ནི་)རང་དོན་གཞན་དོན་(རིམ་པ་བཞིན་དུ་)དོན་ དམ་(པ་ཆོས་ཀྱི་)སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་(གཟུགས་ཀྱི་)སྐུ་ཉིད་དེ། །(དེ་གཉིས་ནི་རིམ་པ་ བཞིན་དུ་)བྲལ་(བའི་ཡོན་ཏན་སོ་གཉིས་)དང་རྣམ་པར་སྨིན་པའི་འབྲས་བུ་ནི། །(སོ་གཉིས་དང་ལྡན་ལ་དེ་ལྟ་ 3-1-254 བུའི། ) ཡོན་ཏན་(གྱི་)དབྱེ་བ་(ནི་བསྡོམ་པ་)དྲུག་ཅུ་(རྩ་)བཞི་(པོ་)འདི་དག་(གོ)། །ཅེས་གསུངས་པ་ ལྟར། རང་དོན་དོན་དམ་ཆོས་སྐུ་ལ་མངའ་བ་བྲལ་འབྲས་ཀྱི་ཡོན་ཏན་དང༌། གཞན་དོན་ཀུན་ རྫོབ་གཟུགས་སྐུ་ལ་མངའ་བ་སྨིན་འབྲས་ཀྱི་ཡོན་ཏན་གཉིས་ལས། བྲལ་འབྲས་ཀྱི་ཡོན་ཏན་ ལའང༌། ཐུན་མོང་དུ་བསྟན་པ་ནི། བྲལ་འབྲས་ཆོས་ཀྱི་སྐུ་ལ་མངའ་བ་ཡི། །སྟོབས་བཅུ་མི་འཇིགས་བཞི་དང་ མ་འདྲེས་ཆོས། །བཅོ་བརྒྱད་གདོད་ནས་རང་བཞིན་རྣམ་དག་པ། །དྲི་མ་དག་ པས་མངོན་དུ་གྱུར་པར་གསུངས། །ཇི་སྐད་དུ། (ཡོན་ཏན་)དེ་དག་(གི་ནང་ནས་བྲལ་འབྲལ་ཀྱི་) ཡོན་ཏན་སུམ་ཅུ་ནི། །(རྩ་)གཉིས་འདི་ཆོས་སྐུས་རབ་(ཏུ་)ཕྱེས་(པ་)ཏེ(གཙོ་བོར་དེ་དང་ལྡན་པ་ཡིན་ཏེ)། ། (དཔེར་ན་)ནོར་བུ་རིན་ཆེན་(གྱི་)འོད་(དང་)མདོག་དང༌། །དབྱིབས་(དབྱེར་མེད་པ་)བཞིན་(དུ་ཡོན་ཏན་ དེ་ཆོས་སྐུ་ལ་)དབྱེ་བ་མེད་(པའི་)ཕྱིར་རོ། །ཞེས་གསུངས་པ་ལྟར། སྟོབས་བཅུ་དང་མི་འཇིགས་པ་ བཞི་དང༌། མ་འདྲེས་པའི་ཆོས་བཅོ་བརྒྱད་དེ་ཡོན་ཏན་སུམ་ཅུ་རྩ་གཉིས་པོ་འདི་དག་དཔེར་ ན་ནོར་བུ་རིན་པོ་ཆེའི་འོད་དང་མདོག་དང་དབྱིབས་དབྱེ་བར་མི་ཕྱེད་པ་བཞིན་དུ་ཆོས་ཀྱི་སྐུ་ ལ་གདོད་མ་ནས་མངའ་བ་དེ་ཉིད་ལམ་བསྒོམ་པ་ལས་མངོན་དུ་གྱུར་པའོ། ། སོ་སོའི་ངོ་བོ་ལ་སྟོབས་བཅུ་ནི། དེ་ཡང་གནས་དང་གནས་མིན་རྣམ་སྨིན་དང༌། ། དབང་པོ་ཁམས་དང་མོས་པ་སྣ་ཚོགས་དང༌། །ཀུན་འགྲོའི་ལམ་དང་བསམ་ གཏན་ཁྱད་པར་དང༌། །སྔོན་གྱི་གནས་རྣམས་རྗེས་སུ་དྲན་པ་དང༌། །ལྷ་ཡི་མིག་ དང་ཟག་པ་ཟད་ཚུལ་རྣམས། །མངོན་སུམ་མཁྱེན་པའི་ཐབས་དང་སྐྱབས་དང་ནི། ། དག་དང་ཐེག་ཆེན་ངེས་པར་འབྱུང་པ་ལས། །བསླུ་བའི་བདུད་རྣམས་འཇོམས་ པས་སྟོབས་བཅུའོ། །དེ་ཡང་ཇི་སྐད་དུ། གནས་དང་གནས་མིན་(པ་མཁྱེན་པ་དང་)ལས་རྣམས་ ཀྱི། །རྣམ་པར་སྨིན་(པ་མཁྱེན་པ་)དང་དབང་པོ་(མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་)དང༌། །(གདུལ་བྱའི་) 3-1-255 ཁམས་(སམ་རིགས་སྣ་ཚོགས་)རྣམས་(མཁྱེན་པ་)དང་ནི་(སེམས་ཅན་གྱི་)མོས་པ་(མཁྱེན་པ་)དང་(ཐེག་པ)། ། ཀུན་(ཏུ་)འགྲོ་(བ)འི་ལམ་(ཐ་དད་པ་སྣ་ཚོགས་མཁྱེན་པ་)དང་བསམ་གཏན་(པ་དང་སྙོམས་པར་འཇུག་པ་) སོགས། །ཉོན་མོངས་(ཅན་དང་)དྲི་མ་མེད་པ(འི་ཁྱད་པར་མཁྱེན་པ་)དང༌། །གནས་ནི་རྗེས་སུ་དྲན་པ་ དང༌། །ལྷ་ཡི་མིག་(གི་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ་)དང་(རང་གཞན་གྱི་ཉོན་མོངས་པ་དག་)ཞི་བ་དག །(མངོན་ སུམ་དུ་)མཁྱེན་པའི་སྟོབས་ནི་(སྟེ་)རྣམ་པ་བཅུ། །ཞེས་གསུངས་པ་ལྟར། རང་བྱུང་གཉིས་དང་ འཁོར་ལོས་སྒྱུར་བ་རྣམས་སྐྱེས་པའི་རྟེན་ལས་འབྱུང་གི་བུད་མེད་ཀྱི་རྟེན་ལས་མི་འབྱུང་ཞེས་ པ་རྒྱུ་འབྲས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་དགེ་པ་ལས་འདོད་ པ་དང་མི་དགེ་བ་ལས་མི་འདོད་པ་འབྱུང་བ་ལ་སོགས་པ་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་ པའི་སྟོབས་དང༌། སེམས་ཅན་རྣམས་ཀྱི་དད་པ་ལ་སོགས་པའི་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། སེམས་ཅན་རྣམས་གནས་ སྐབས་སུ་ཐེག་པ་གསུམ་གྱི་རིགས་ཐ་དད་པ་གནས་པ་ལྟ་བུ་ཁམས་སྣ་ཚོགས་མཁྱེན་པའི་ སྟོབས་དང༌། སེམས་ཅན་འདི་ནི་ཐེག་པ་གསུམ་ལས་འདི་ལ་མོས་པའོ་ཞེས་པ་ལྟ་བུ་མོས་པ་ སྣ་ཚོགས་མཁྱེན་པའི་སྟོབས་དང༌། སེམས་ཅན་རྣམས་འཁོར་བ་དང་མྱ་ངན་ལས་འདས་པ་ གང་དུ་འགྲོ་བའི་ཁྱད་པར་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། གཞན་གྱི་རྒྱུད་ ལ་སྐྱེས་པའི་བསམ་གཏན་དང༌། གཟུགས་མེད་ལ་སོགས་པ་ཟག་བཅས་དང་ཟག་མེད་ལ་ སོགས་ཀྱི་ཁྱད་པར་མཁྱེན་པའི་སྟོབས་དང༌། རང་གཞན་གྱི་ཚེ་རབས་སྔ་མའི་སྤྱོད་པ་ཐམས་ ཅད་རྒྱུ་མཚན་དང་བཅས་ཏེ་མཁྱེན་པ་སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་དང༌། སེམས་ ཅན་རྣམས་(གང་ནས་)འཆི་བ་དང་གང་དུ་སྐྱེས་པའི་ཚུལ་སྲིད་པ་བར་མིའི་བཟང་ངན་མཁྱེན་ པ་ལྷའི་མིག་གི་མངོན་པར་ཤེས་པའི་སྟོབས་དང༌། རང་དང་གཞན་གྱི་ཉོན་མོངས་པ་ཞི་ཞིང་ ཟག་པ་ཟད་པའི་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་སྟོབས་རྣམས་སོ། །དེ་རྣམས་ 3-1-256 ཀྱི་(ནང་ནས་)གནས་དང་གནས་མ་ཡིན་པ་མཁྱེན་པ་ནི་(ཆོས་ཅན་)སེམས་ཅན་(ཕྱི་རོལ་བ་)རྣམས་ (ཀྱིས་)ཕྱུགས་ཀྱི་མཆོད་སྦྱིན་ལ་སོགས་པ་(མཐོ་རིས་ཐོབ་པར་འདོད་པའི་)ཐབས་ངན་པས་བསླུ་པའི་ བདུད་འཇོམས་ཤིང་(སྟེ་རྒྱུ་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བའི་ཚུལ་ཕྱིན་ཅི་མ་ལོག་པར་མཁྱེན་པའི་ཕྱིར)། ལས་བདག་གིར་བྱ་བ་མཁྱེན་པས་(ནི་ཆོས་ཅན་)དབང་ཕྱུག་(གིས་རྗེས་འབྲང་)ལ་སོགས་པའི་(འདོད་ པ་ལྟར་ཐམས་ཅད་དབང་ཕྱུག་གིས་བྱས་པས་དེ་མཉེས་པ་དང་མ་མཉེས་ལས་བདེ་སྡུག་སྟེར་སྙམས་པའི་)སྐྱབས་ལ་བསླུ་ བའི་བདུད་འཇོམས་(ཏེ་བདེ་སྡུག་མྱོང་བ་དེ་ལས་བྱེད་པ་པོ་རང་ཉིད་ཀྱི་ལས་ཀྱི་དབང་ཡིན་གྱི་གང་ཟག་གཞན་གྱིས་ གཞན་ལ་བདེ་སྡུག་སྟེར་བའི་ནུས་པ་མེད་པའི་ཚུལ་ཇི་བཞིན་ཤེས་པའི་ཕྱིར་)ལ། བསམ་གཏན་(གྱི་སྙོམས་འཇུག་)ལ་ སོགས་པ་(ཟག་བཅས་ཟག་མེད་ཀྱི་ཁྱད་པར་)མཁྱེན་པས་འཇིག་རྟེན་པའི་ལམ་ཙམ་གྱིས་ཡང་དག་ པ(ར་གྲོལ་པར་འདོད་པ)་ལས་བསླུ་བའི་བདུད་འཇོམས་པ་(སྟེ་བསམ་གཏན་དང་གཟུགས་མེད་ཀྱི་སེམས་ཙམ་ གྱིས་ཐར་བ་ཐོབ་པར་མ་ཡིན་པར་མཁྱེན་པའི་ཕྱིར་)དང༌། དབང་བོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་ པ་ལ་སོགས་པ་(ལྷག་མ་)བདུན་གྱིས་(ནི་ཆོས་ཅན་)རྒྱལ་སྲས་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་ ལས་བསླུ་བའི་བདུད་རྣམས་འཇོམས་པས་ཀྱང་སྟོབས་ཞེས་བྱ་སྟེ། དབང་བོ་དམན་པ་དང་ ཐེག་པ་དམན་པ་སོགས་འོག་མ་འོག་མ་སྤངས་ནས་གོང་མ་གོང་མ་མཆོག་ལ་སྦྱར་བར་བྱེད་ པའི་ཕྱིར། རྒྱན་ལས། ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ ལས། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ གསུངས་པ་ལྟར་རོ། །(ཡང་རྒྱུད་བླར། སྟོབས་སོགས་རྣམས་ལ་སྟོབས་དྲུག་དང༌། །གསུམ་དང་གཅིག་ནི་རིམ་པ་བཞིན། ། འབིགས་དང་གཞིག་དང་གཅོད་ཕྱིར་རོ། །ཞེས་གསུངས་པ་ལྟར། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་ པ་དྲུག་པོ་དེ་ཆོས་ཅན་ལྷ་དབང་གིས་རྡོ་རྗེ་དང་འདྲ་བ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ལྷ་མ་ཡིན་གྱི་གོ་ཆ་སྲ་བ་དང་འདྲ་བ་རྣམས་ འབིགས་པར་བྱེད་པའི་ཕྱིར། བསམ་གཏན་སོགས་ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པ་མཁྱེན་པ་དང༌། སྔོན་གྱིས་ གནས་རྗེས་སུ་དྲན་པ་དང༌། ལྷའི་མིག་གི་མངོན་པར་ཤེས་པའི་སྟོབས་གསུམ་པོ་དེ་ཆོས་ཅན་ལྷ་དབང་གིས་རྡོ་རྗེ་དང་མཚུངས་ཏེ། 3-1-257 ལྷ་མ་ཡིན་གྱིས་རྩིག་པ་བརྟན་པོ་དང་འདྲ་བའི་སྙོམས་འཇུག་གིས་སྒྲིབ་པ་འཇིག་པར་བྱེད་པའི་ཕྱིར། ཟག་པ་ཟད་པའི་སྟོབས་ གཅིག་པུ་དེ་ཆོས་ཅན་ལྷ་དབང་གིས་རྡོ་རྗེ་དང་མཚུངས་ཏེ། ལྷ་མ་ཡིན་གྱི་ཤིང་ནགས་འཐིབས་པོ་དང་འདྲ་པའི་ཉོན་མོངས་པའི་ སྒྲིབ་པ་རྣམས་གཅོད་པར་བྱེད་པའི་ཕྱིར་) ༢༧༡ མི་འཇིགས་པ་བཞི་ནི། རང་དོན་མཐར་ཕྱིན་རྫོགས་པར་བྱང་ཆུབ་དང༌། ། ཟག་པ་བག་ཆགས་བཅས་པ་སྤངས་པ་དང༌། །གཞན་གྱི་དོན་དུ་ངེས་འབྱུང་ ལམ་དང་ནི། །བར་དུ་གཅོད་པའི་ཆོས་ཀུན་སྟོན་པ་ལ། །ཐུབ་དབང་མི་ཡི་སེང་ གེ་སེང་གེ་བཞིན། །འཁོར་མང་རི་དྭགས་ཚོགས་སུ་འཇིགས་མི་མངའ། །ལྟོས་ མེད་བརྟན་ཞིང་རྩལ་ནི་ཕུན་ཚོགས་པའི། །མི་འཇིགས་ཡོན་ཏན་བཞི་ཡང་ མངོན་དུ་གྱུར། །དེ་ཡང་ཇི་སྐད་དུ། རང་གཞན་(ཏེ་རིམ་པ་ལྟར་རང་)དོན་དུ་ཡེ་ཤེས་དང༌། ། སྤངས་(པ་སྟེ་གཉིས་)དང་(གཞན་དོན་དུ་)ངེས་འབྱུང་(གི་ལམ་དང་ཐར་པ་ལ་)གེགས་བྱེད་རྣམས། །(སྒྲིབ་ གཉིས་དག་ཏུ་འཁོར་རྒྱ་མཚོ་ལྟ་བུའི་དབུས་སུ་)སྟོན་(པར་)མཛད་(པ་ལ་)མུ་སྟེགས་(སོགས་ཆོས་མིན་གྱི་རྒོལ་བ་ སོགས་)ཐམས་ཅད་ཀྱིས། །མི་རྫི་(པ་སྟེ་ཆོས་མཐུན་གྱིས་མི་གནོད་པ་)ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ གསུངས་པ་ལྟར། རང་དོན་ལས་བརྩམས་ཏེ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་ བརྙེས་པ་དང༌། ཟག་པ་བག་ཆགས་དང་བཅས་པ་སྤངས་པ་དང༌། གཞན་དོན་ལས་བརྩམས་ ཏེ་འཁོར་བ་ལས་ངེས་པར་འབྱུང་བའི་ལམ་ཐམས་ཅད་སྟོན་པ་དང༌། ཐར་པ་ལ་བར་དུ་ གཅོད་པའི་ཆོས་ཐམས་ཅད་སྟོན་པ་ལ་དགེ་སྦྱོང་དང་བྲམ་ཟེ་དང༌། ལྷ་དང་བདུད་དང་ཚངས་ པ་ལ་སོགས་འཁོར་མང་པོའི་ནང་ནས་སུས་ཀྱང་ཆོས་དང་མཐུན་པར་རྒོལ་བའི་འཇིགས་པ་ མི་མངའ་བ་སྟེ། རྒྱུད་བླ་མར་ཡང༌། ཇི་ལྟར་རི་དྭགས་དབང་པོ་ནགས་མཐར་རྟག་འཇིགས་ མེད། །རི་དྭགས་རྣམས་ལ་སྐྲག་པ་མེད་པར་རྒྱུ་བ་ལྟར། །དེ་བཞིན་ཚོགས་(སྟེ་འཁོར་གྱི་)ནང་(དུ་) ཐུབ་པའི་དབང་པོའི་སེང་གེ་ཡང་(ཆོས་ཅན)། །(འཁོར་གྱི་ནང་དུ་)ལེགས་(པར་)གནས་(པ་ཡིན་ཏེ་གང་ 3-1-258 ལ་ཡང་འཇིགས་པ་དང་སྐྲག་པ་མེད་ཅིང་བདག་ཉིད་མཆོག་ཏུ་གྱུར་པའི་ཕྱིར་)ལྟོས་(པ་)མེད་(པ་ཡིན་ཏེ་གཞན་ལ་རགས་ མ་ལས་པ་ཡིན་པའི་ཕྱིར་)བརྟན་པའི་(ཡོན་ཏན་དང་ལྡན་པ་ཡིན་ཏེ། དུས་རྟག་ཏུ་མཉམ་པར་བཞག་པ་ཡིན་པའི་ཕྱིར་) རྩལ་(ཕུན་སུམ་ཚོགས་པ་)དང་ལྡན་པར་གནས་(ཏེ)། །(སྤང་བྱ་ནི་ཤིན་ཏུ་ཕྲ་བ་རྣམས་ཀྱང་སྤང་པའི་ཕྱིར་)ཞེས་ གསུངས་པ་ལྟར་རོ། ། (གསུམ་པ་)མ་འདྲེས་པ་བཅོ་བརྒྱད་(ལ་གསུམ་)ལས། (དང་པོ་)སྤྱོད་པས་བསྡུས་པ་དྲུག་ནི། འཁྲུལ་དང་ཅ་ཅོ་བསྙེལ་བ་མི་མངའ་ཞིང༌། །མཉམ་པར་མ་བཞག་སྣ་ཚོགས་ འདུ་ཤེས་དང༌། །མ་བརྟགས་བཏང་སྙོམས་རྫོགས་པའི་སངས་རྒྱས་ལ། །ནམ་ཡང་ མི་མངའ་སྤྱོད་པའི་ཡོན་ཏན་དྲུག། དེ་ཡང་ཇི་སྐད་དུ། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། ། སྟོན་ལ་དྲན་པ་ཉམས་མི་མངའ། །མཉམ་པར་མ་བཞག་ཐུགས་མི་མངའ། །འདུ་ཤེས་སྣ་ ཚོགས་ཀྱང་མི་མངའ། །མ་བརྟགས་བཏང་སྙོམས་མི་མངའ་སྟེ། །ཞེས་གསུངས་པ་ལྟར། སྐུའི་ སྤྱོད་པ་ལ་དུག་གསུམ་གྱི་ཀུན་ནས་བསླང་བའི་འཁྲུལ་པ་མི་མངའ་བ་དང༌། གསུང་གི་སྤྱོད་པ་ ལ་རྩོད་པ་དང་ཀྱལ་ཀ་ལ་སོགས་པ་ཅ་ཅོ་མི་མངའ་བ་དང༌། ཐུགས་ཀྱི་སྤྱོད་པ་ལ་འདས་པའི་ དོན་བརྗེད་པའི་དྲན་པ་ཉམས་པ་མི་མངའ་བ་དང༌། རྣམ་པར་གཡེང་བ་ལ་སོགས་པ་ཐུགས་ མཉམ་པར་མ་བཞག་པ་མི་མངའ་བ་དང༌། འཁོར་འདས་རང་བཞིན་ཐ་དད་དུ་འཛིན་པ་ལ་ སོགས་འདུ་ཤེས་སྣ་ཚོགས་མི་མངའ་བ་དང༌། གདུལ་བྱ་དུས་ལ་བབ་ཀྱང་མ་བརྟགས་པར་ ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བའོ། ། རྟོགས་པས་བསྡུས་པ་དྲུག་ནི། འདུན་པ་དང་ནི་བརྩོན་འགྲུས་དྲན་པ་དང༌། ། ཤེས་རབ་དང་ནི་རྣམ་པར་གྲོལ་བ་དང༌། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་ པ་རྣམས། །ཉམས་པ་མི་མངའ་རྟོགས་པའི་ཡོན་ཏན་དྲུག །ཇི་སྐད་དུ། འདུན་དང་ བརྩོན་འགྲུས་དྲན་པ་དང༌། །ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་ 3-1-259 མི་མངའ། །ཞེས་གསུངས་པ་ལྟར་དཀོན་མཆོག་གི་གདུང་རྒྱུད་མི་གཅོད་པ་དང༌། སེམས་ཅན་ ལ་ཕན་པ་དོན་དུ་གཉེར་བའི་འདུན་པ་ཉམས་པ་མི་མངའ་བ་དང༌། གཞན་དོན་ལ་སྤྲོ་བའི་ བརྩོན་འགྲུས་ཉམས་པ་མི་མངའ་བ་དང༌། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་གཟིགས་པའི་ དྲན་པ་ཉམས་པ་མི་མངའ་བ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཉམས་པ་མི་ མངའ་བ་དང༌། སྒྲིབ་པ་ཐམས་ཅད་དང་བྲལ་བའི་རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་ དང༌། རྣམ་པར་གྲོལ་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་གཟིགས་པ་ཉམས་པ་མི་མངའ་ བ་རྣམས་སོ། །(ཕྱིར་རྣམ་གྲོལ་ལ་ཉན་ཐོས་ཀྱི་རྣམ་གྲོལ་ནི་སྒྲའི་རྗེས་སུ་འགྲོ་བའོ། །རང་རྒྱལ་གྱི་རྣམ་གྲོལ་ནི། རྐྱེན་གྱི་ རྗེས་སུ་འགྲོའོ། །སངས་རྒྱས་ཀྱི་རྣམ་གྲོལ་ནི། ཆོས་ཉིད་ཀྱི་རྗེས་སུ་འགྲོ་བ་སྟེ། སྒྲིབ་གཉིས་ལས་གྲོལ་བ་དང༌། འབྲས་བུ་ཕུན་ ཚོགས་འཇུག་པས་གྲོལ་བ་དང༌། མི་གནས་པའི་མྱང་འདས་ཀྱི་གྲོལ་བ་སྟེ། ནམ་མཁའ་ལྟར་རྣམ་པར་གྲོལ་བ་ཟད་མི་ཤེས་ཤིང་ སེམས་ཅན་གྱི་དོན་ལ་འཁོར་བ་སྲིད་གྱི་བར་དུ་འཇུག་པས་རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའ་བའོ། །འོ་ན་སྤྱོད་པའི་ སྐབས་ཀྱི་དྲན་པ་དང༌། རྟོགས་པའི་སྐབས་ཀྱི་དྲན་པ་ཉམས་པ་མེད་པ་གཉིས་ཀྱི་ཁྱད་པར་གང་ཞེ་ན། གཞན་དག་གི་དྲན་པ་ནི་ མ་བསམ་ན་བརྗེད་པ་ཡིན་ལ། སངས་རྒྱས་ལ་དེ་མེད་པ་ནི་སྤྱོད་པའི་དྲན་པ་ཡིན་ལ། སངས་རྒྱས་ནས་བྱ་བ་ཐམས་ཅད་དྲན་པའི་ ལམ་དུ་བཞག་པས་ཕྱིས་བསམ་མི་དགོས་ཤིང་དྲན་བཞིན་པ་ནི་རྟོགས་པའི་དྲན་པ་ཡིན་ནོ། །ཞེས་ཆོས་མགོན་པས་གསུངས་ཁ་ ཅིག་ན་རེ། །སྔ་མ་སྐུའི་དབང་དུ་བྱས་པ་དང༌། ཕྱི་མ་ཐུགས་རྗེའི་དབང་དུ་བྱས་པ་ཡིན་ནོ། །ཞེས་ཀྱང་ཟེར་བ་ཡོད། ) ཕྲིན་ལས་དང་ཡེ་ཤེས་ཀྱི་བསྡུས་པ་དྲུག་ནི། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ ཐམས་ཅད་ཀྱང༌། །ཡེ་ཤེས་སྔོན་འགྲོ་ཡེ་ཤེས་རྗེས་འཇུག་དང༌། །འདས་དང་མ་ འོངས་ད་ལྟར་དུས་གསུམ་ལ། །མ་ཆགས་མ་ཐོགས་ཡེ་ཤེས་གཟིགས་པ་སྟེ། ། འཕྲིན་ལས་གསུམ་དང་ཡེ་ཤེས་གསུམ་སྟེ་དྲུག །དེ་ཡང༌། ལས་གསུམ་ཡེ་ཤེས་སྔོན་ འགྲོ་དང༌། །ཞེས་གསུངས་པ་ལྟར་སྐུའི་ཕྲིན་ལས་རྫུ་འཕྲུལ་ལ་སོགས་པ་ཐམས་ཅད་(དང་པོར་ ཀུན་སློང་)ཡེ་ཤེས་སྔོན་དུ་འགྲོ་ཞིང་(བར་དུ་ཡེ་ཤེས་དང་ལྷན་ཅིག་ཏུ་གནས་པ་དང་མཐར་)ཡེ་ཤེས་ཀྱི་རྗེས་སུ་ 3-1-260 འཇུག་པ་དང༌། (ཡང་ཁ་ཅིག་སངས་རྒྱས་སྔོན་བྱང་ཆུབ་སེམས་དཔའི་མཛད་པའི་དུས་ན་ཕྲིན་ལས་སུ་མཛད་དོ་འཚལ་བ་ ཐམས་ཅད་ལ་དགོངས་པ་སྔ་ནས་བཞག་སྟེ་ཕྲིན་ལས་ཕྱི་ནས་མཛད་པ་དེ་ཕྲིན་ལས་ལྷུན་གྱིས་གྲུབ་པས་སངས་རྒྱས་ཀྱིས་འདུལ་ པའི་དུས་ལ་བབ་ན་ཕྱིས་སུ་མཛད་པ་ཐམས་ཅད་ཉན་ཐོས་ལྟར་འཕྲལ་ལ་མི་འཚལ་ཏེ་ཅི་མཛད་པ་ཐམས་ཅད་ཡེ་ཤེས་ཀྱིས་སྔ་ ནས་མཁྱེན་བཞིན་དུ་ཕྲིན་ལས་མཛད་པས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱིས་རྗེས་སུ་འབྲང་བ་ཞེས་བྱའོ་)གསུང་གི་ འཕྲིན་ལས་ཆོས་སྟོན་པ་ལ་སོགས་པ་ཐམས་ཅད་(ཡེ་ཤེས་)སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་ སུ་འཇུག་པ་(སྔར་ཡེ་ཤེས་ཀྱི་སེམས་ཅན་གྱིས་དོན་དུ་གང་འགྱུར་བ་གཏན་ལ་ཕབས་ནས་སེམས་ཅན་གྱིས་བསམ་པ་དང་ མཐུན་པར་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུངས་བཞིན་འབྱུང་བའི་ཕྱིར་)དང༌། ཐུགས་རྗེ་ཕྲིན་ལས་ཏིང་ངེ་ འཛིན་ལ་སྙོམས་པར་འཇུག་པ་ལ་སོགས་པ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ ཀྱི་རྗེས་སུ་འཇུག་པ་སྟེ་གསུམ་དང༌། (རྣམ་པར་རྟོག་པ་དང་སྤྲོས་པ་ཐམས་ཅད་ཡེ་ཤེས་ཀྱིས་སྔོན་དུ་སྤངས་ནས་ དོན་དམ་པའི་རྗེས་སུ་ཞུགས་ཤིང་ཆོས་ཀྱི་དབྱིངས་ལ་ཡིད་འཇོག་པས་ན་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བའོ། །) དུས་ ལའང་ཡེ་ཤེས་སྒྲིབ་པ་མེད། །ཅེས་གསུངས་པ་ལྟར། (འདས་པ་མཁྱེན་པ་ནི་ཁྱིམ་བདག་དཔལ་སྐྱེས་ཀྱིས་ བསྐལ་བ་དགུ་བཅུ་རྩ་གཅིག་གི་གོང་དུ་ཐར་པའི་ས་བོན་གདབ་པ་མཁྱེན་པ་ལྟ་བུ་སྟེ། ངས་ནི་འདི་ཡི་ཐར་པ་ཡི། །ས་བོན་ཤིན་ཏུ་ ཕྲ་བ་རྙེད། །སའམ་རྡོ་ལ་གསེར་བཞིན་དུ། །བག་ལ་ཞ་བ་ལྟ་བུར་གཟིགས་ཅེས་སོ། །) འདས་པའི་དུས་ལ་མ་ཆགས་ མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་དང༌། (མ་འོངས་པ་མཁྱེན་པ་ནི་སྟོན་པ་འདས་ནས་ལོ་བཞི་ བརྒྱ་ན་འཕགས་པ་ཀླུ་སྒྲུབ་འབྱོན་པ་མཁྱེན་པ་ལྟ་བུ་སྟེ། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །ལྷོ་ཕྱོགས་བྷེ་ ཏའི་ཡུལ་དུ་ནི། །དགེ་སློང་ཀླུ་ཞེས་བྱ་བ་འབྱུང་ཅེས་སོ། །) ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་གསུམ་གསུམ་དེ་དྲུག་གོ ། དེ་རྣམས་ཀྱང༌། གང་ཟག་གཞན་ལ་མངོན་དུ་མ་གྱུར་ཅིང༌། །སངས་རྒྱས་ཉིད་ ལ་མངའ་བའི་མ་འདྲེས་པའི། །ཡོན་ཏན་བཅོ་བརྒྱད་མངོན་དུ་གྱུར་པ་ཉིད། །རྒྱན་ ལས། སྤྱོད་པ་(མ་འདྲེས་པ་དྲུག་)དང་ནི་རྟོགས་པ་དང༌། །ཡེ་ཤེས་(མ་འདྲེས་པ་གསུམ་)དང་ནི་ཕྲིན་ 3-1-261 ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ གསུངས་པ་ལྟར་རོ། ། སྨིན་འབྲས་ཀྱི་ཡོན་ཏན་ནི། སྨིན་འབྲས་གཟུགས་སྐུ་གཉིས་ལ་མངའ་བ་ཡི། ། སུམ་ཅུ་རྩ་གཉིས་མཚན་དང་དཔེ་བྱད་སོགས། །མཐོང་མ་ཐག་ཏུ་སྐྱེས་བུ་དམ་ པ་རུ། །ཚིམ་བྱེད་ཡོན་ཏན་རྣམས་ཀྱང་འགྲུབ་པར་གསུངས། །ཇི་སྐད་དུ། རྒྱུད་བླ་ མར། (གདུལ་བྱ་གང་གི་སྐྱེས་བུ་དེ་)མཐོང་ན་(ཡིད་)ཚིམ་(པར་)བྱེད་(པའི་སྨིན་འབྲས་ཀྱི་)ཡོན་ཏན་གང་( ཡིན་པ)། །སུམ་ཅུ་རྩ་གཉིས་ཞེས་བྱ་བ་(དེ་ནི)། །སྤྲུལ་པ(འི་སྐུ་དང་ཐེག་པ་ཆེན་པོའི་)ཆོས་ལ་རྫོགས་ པར་ནི། །ལོངས་སྤྱོད་(པའི་)གཟུགས་སྐུ་གཉིས་ལ་གནས་(པ་སྟེ་གཉིས་ལ་གཙོ་བོར་ལྡན་ནོ)། །ཞེས་ པ་དང༌། (སྔོན་བླ་མ་བསུ་སྐྱེལ་སོགས་བྱས་པས་ཕྱག་དང་ཞབས་མཐིལ་ལ་)ལེགས་(པར་)གནས་་(པའི་རྩིབ་སྟོང་ གི་)འཁོར་ལོས་མཚན་པ་དང༌། །(སྔོན་སེམས་ཅན་གཞན་གྱི་སྲོག་བསྐྱབ་པས་ཞབས་ཀྱི་རྟིང་པ་)ཡངས་ཤིང་ ཞབས་(ཀྱི་)ལོང་(བུ་)མི་མངོན་(པར་བྱིན་གྱིས་ཟླུམ་པ་ཉིད་)དང༌། །(སྔོན་སེམས་ཅན་རྣམས་ཆོས་ཀྱིས་བསྐྱབས་ པ་ལས་ཕྱག་དང་ཞབས་གྱི་)སོར་མོ་(རྣམས་)རིང་(བ་)དང་(སྔོན་གཞན་གྱི་འཁོར་མ་ཕྱེ་བ་ལས་)ཕྱག་(དང་)ཞབས་ རྣམས་(ཀྱི་སོར་མོའི་བར་རྣམས)། །དྲ་བ་ཡིས་ནི་འབྲེལ་པ་དང༌། །ཞེས་པ་ལ་སོགས་པ་གསུངས་ པ་ལྟར་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། མངོན་རྟོགས་རྒྱན་དུ། (སངས་རྒྱས་རྣམས་ནི་བྱ་བ་ ཐམས་ཅད་ལ་དབེན་པས་)ཐུབ་པའི་སེན་མོ་ཟངས་མདོག་(ལྟར་འདུག་པ་)དང༌། །(སེམས་ཅད་ལ་ཕན་བདེའི་ ཐུགས་མངའ་བས་)མདོག་སྣུམ་(པ་དང༌། སེན་མོ་)མཐོ་དང་(ཁ་ན་མ་ཐོ་བ་མེད་པས་)སོར་མོ་རྣམས། །ཟླུམ་ (པ་དང་དགེ་བ་ཤིན་ཏུ་འཚོགས་པས་སོར་མོ་)རྒྱས་(པ་དང་དགེ་བ་རིམ་གྱིས་འགྲུབ་པར་སོར་མོ་)བྱིན་གྱིས་ཕྲ་བ་ དང༌། །(འཕྲིན་ལས་དང་འཚོ་བ་ཤིན་ཏུ་དབེན་པས་)རྩ་མི་མངོན་(པ་)དང་(ཉོན་མོངས་པའི་མདུད་པ་ལས་གྲོལ་བས་) མདུད་པ་མེད་(པ་དང་དབེན་པའི་ཆོས་མངའ་བས་ལུང་བུ་མི་མངོན་པ)། །ཅེས་པ་ལ་སོགས་པ་གསུངས་ པ་ལྟར་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པའི་ཡོན་ཏན་རྣམས་གདུལ་བྱ་ཐུན་མོང་བ་ 3-1-262 ལ་སྣང་བ་སྤྲུལ་པའི་སྐུ་དང༌། ཐེག་ཆེན་པ་ལ་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ལ་ མངའ་བས། མཐོང་བ་ཙམ་གྱིས་དང་བའི་དད་པ་བསྐྱེད་པར་མཛད་པ་སྟེ། རྒྱན་ལས། ལུས་ ཅན་(ཏེ་རང་གི་གདུལ་བྱ་)ཀུན་གྱི་(སངས་རྒྱས་ཀྱི་གཟུགས་སྐུ་)ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་ པར་འཚལ་(བ་སྟེ་ཤེས་ཤིང་)། །(རང་ཉིད་)མཐོང་བ་ཙམ་གྱིས་རབ་(ཏུ་)དང་པ(འི་དད་པ་བསྐྱེད་པ)ར། ། མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། ། ཕྲིས་ལས་ལ་ལྷུན་གྲུབ་རྒྱུན་མི་འཆད་ཚུལ་ནི། དེ་ལྟའི་ཡོན་ཏན་རྣམ་དག་ནུས་ པ་ཡིས། །གདུལ་བྱའི་འཁོར་བ་ཇི་སྲིད་མ་སྟོང་པར། །ལྷུན་གྱིས་གྲུབ་ཅིང་རྒྱུན་ མི་ཆད་པ་ཡི། །ཕྲིན་ལས་ཕུན་སུམ་ཚོགས་པའང་འགྲུབ་པ་ཉིད། །དེ་ཡང༌། རྒྱུད་ བླ་མ་ལས། །(གདུལ་བྱ་)གང་ཞིག་(གང་གི་ཆེད་དུ་འཇུག་པ་དང་ཐབས་)གང་གིས་(འདུལ་བ་དང་)འདུལ་བ་ ཡི། །བྱ་(བ་)གང་(ཡིན་པ་དང་གདུལ་བྱ་གནས་པའི་ཡུལ་)གང་དུ་(འབྱོན་པ་དང་འདུལ་པའི་དུས་ལ་བབ་པ་)གང་ གི་ཚེ་(ཕྲིན་ལས་འགྲུབ་པ་ལ་སངས་རྒྱས)། །དེ་ཡི་(ཀུན་སློང་གི་)རྣམ་རྟོག་སྐྱེ་(བ་)མིན་(པའི་)ཕྱིར། །ཐུབ་པ་ (ཆོས་ཅན་)རྟག་ཏུ་(ཕྲིན་ལས་)ལྷུན་གྱིས་གྲུབ་(པ་ཡིན་ཏེ་)། །(གཞུང་གོང་མ་རྟགས་)ཅེས་གསུངས་པ་ལྟར། གདུལ་བྱ་གང་གི་ཆེད་དུ་འཇུག་པ་དང༌། ཐབས་གང་གིས་འདུལ་བ་དང༌། འདུལ་བའི་བྱ་བ་ གང་ཡིན་པ་དང༌། གདུལ་བྱ་གནས་པའི་ཡུལ་དུ་གཤེགས་པ་དང༌། སྐབས་སུ་བབ་པའི་དུས་ གང་གིས་ཚེ་འདུལ་བ་རྣམས་ལ་དེ་དང་དེའི་ཀུན་སློང་གི་རྣམ་པར་རྟོག་པ་དང་འབད་རྩོལ་གྱི་ གཡོ་བ་མེད་པའི་ཕྱིར། སངས་རྒྱས་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ་པར་འཇུག་ཅིང༌། གཞན་ གྱི་དབང་གིས་ངེས་འབྱུང་དང༌། །བདག་དང་སེམས་ཅན་མཚུངས་གཟིགས་དང༌། །མཛད་ པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་ཆད། །ཅེས་གསུངས་པ་ལྟར། སྔོན་ སེམས་ཅན་ཐམས་ཅད་བསྒྲལ་བར་དམ་བཅས་ཤིང་སྨོན་ལམ་བཏབ་པ་ལ་སོགས་པའི་རྒྱུ་ ཕུན་སུམ་ཚོགས་པ་ལས་ངེས་པར་འབྱུང་བའི་ཕྱིར་དང༌། བདག་ཉིད་ཀྱིས་ཐོབ་པའི་སངས་ 3-1-263 རྒྱས་དང་སེམས་ཅན་གྱི་དབྱིངས་རང་བཞིན་གྱིས་དག་པ་གཉིས་ཁྱད་པར་མེད་ཅིང་མཚུངས་ པར་གཟིགས་པའི་ཕྱིར་དང༌། སེམས་ཅན་ལ་མཐའ་མེད་ཅིང་དེ་འདུལ་པའི་ཕྲིན་ལས་ལའང་ མཐའ་མེད་པས་མཛད་པ་ཡོངས་སུ་མ་རྫོགས་པའི་ཕྱིར་ན་འཁོར་བ་ཇི་སྲིད་མ་རྫོགས་ཀྱི་ བར་དུ་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་མི་ཆད་པ་ཉིད་དོ། ། དེ་ཉིད་དཔེ་ཡིས་རྒྱས་པར་བཤད་པ་ལ། ལྷུན་གྲུབ་འབད་པ་མེད་པའི་ཚུལ་ནི། དཔེར་ ན་ལྷ་ཡི་རྔ་ཆེན་འབད་མེད་པར། །ཆོས་ཀྱི་སྡོམ་བཞིས་ལྷ་རྣམས་སྨིན་བྱེད་ལྟར། ། རྒྱལ་བ་རྣམས་ཀྱང་འབད་མེད་ལྷུན་གྲུབ་ཏུ། །ཐེག་གསུམ་ཆོས་སྒྲས་གདུལ་བྱ་ སྨིན་པར་མཛད། །དེ་ཡང་རྒྱན་ལས། ཇི་ལྟར་(ཏེ་དཔེར་ན་)རྔ་(བོ་ཆེ་ཆེན་པོ་)དག་མ་བརྡུངས་ པར། །(ཆོས་ཀྱི་སྡོམ་བཞིའི་)སྒྲ་ནི་ཀུན་ཏུ་(འབད་མེད་དུ་)འབྱུང་བ་ལྟར། །(དེ་བཞིན་)སངས་རྒྱས་རྣམས་ ཀྱང་གཟོ་(བ་སྟེ་འབད་རྩོལ་)མེད་པར། །(ཐེག་པ་གསུམ་གྱི་ཆོས་)བཤད་པ་དག་ནི་ཀུན་ཏུ་འབྱུང༌། ། ཞེས་གསུངས་པ་ལྟར། ལྷའི་རྔ་བོ་ཆེ་ལ་འབད་རྩོལ་མེད་བཞིན་དུ་ཆོས་ཀྱི་སྡོམ་བཞི་བསྟན་ ནས་ལྷ་རྣམས་ལ་ཕན་འདོགས་པ་བཞིན་དུ་སངས་རྒྱས་རྣམས་ཀྱང་འབད་པ་དང་རྩོལ་བ་ མི་མངའ་བར་ཐེག་པ་གསུམ་གྱི་ཆོས་ཀྱི་སྒྲ་དབྱངས་ཀྱིས་གདུལ་བྱ་མཐའ་ཡས་པ་སྨིན་པར་ མཛད་པ་དང༌། དཔེར་ན་སྤྲིན་ལ་འབད་པ་མེད་བཞིན་དུ། །ཆར་གྱིས་ལོ་ཏོག་སྨིན་ པར་བྱེད་པ་ལྟར། །རྒྱལ་པའི་སྤྲིན་ལས་དམ་ཆོས་ཆར་འབབ་སྟེ། །གདུལ་བྱའི་ ཞིང་ལ་དགེ་བའི་ལོ་ཐོག་སྨིན། །ཇི་སྐད་དུ་རྒྱུད་བླ་མ་ལས། ཇི་ལྟར་(ཏེ་དཔེར་ན་)དབྱར་ གྱི་དུས་ན་(བར་སྣང་གི་)སྤྲིན་(ལས་ས་གཞི་ལ་ཞིང་པའི)། །ལོ་ཏོག་ཕུན་སུམ་ཚོགས་པའི་རྒྱུ། །(ཆར་ གྱིས་)ཆུ་ཡི་ཕུང་པོ་འབད་མེད་པར། །ས་ལ་མངོན་པར་འབེབས་པ་ལྟར། །དེ་བཞིན་(དུ་སངས་ རྒྱས་ཀྱི་)ཐུགས་རྗེའི་སྤྲིན་(དང་འདྲ་བ་)ལས་ནི། །རྒྱལ་བའི་དམ་ཆོས་ཆུ་ཡི་ཆར། །འགྲོ་བའི་དགེ་ བའི་ལོ་ཏོག་(མངོན་མཐོ་དང་ངེས་ལེགས་ཀྱི་)རྒྱུ། །(འདི་དང་འདི་ལས་འབད་པར་བྱའོ་སྙམ་པའི་ཀུན་སློང་གིས་)རྣམ་ 3-1-264 པར་རྟོག་པ་མེད་པར་(བརྒྱད་ཁྲི་བཞི་སྟོང་ཆོས་ལ་འབད་མེད་དུ་)འབེབས་(པར་བྱེད་དོ)། །ཞེས་གསུངས་ པ་ལྟར། སྤྲིན་ལ་འབད་རྩོལ་མེད་བཞིན་དུ་ས་ལ་ཆར་ཕབ་ནས་ཞིང་པའི་ལོ་ཏོག་འཕེལ་ བར་བྱེད་པ་ལྟར་སངས་རྒྱས་རྣམས་ལ་འབད་པ་དང་རྩོལ་བ་མི་མངའ་བར་ཐུགས་རྗེ་ཆེན་ པོའི་སྤྲིན་ལས་དམ་པའི་ཆོས་ཀྱི་ཆར་ཆེན་པོ་ཕབ་ནས་གདུལ་བྱ་མཐའ་ཡས་པའི་རྒྱུད་ཀྱི་ ཞིང་ལ་དགེ་བའི་ལོ་ཏོག་ཕུན་སུམ་ཚོགས་པ་འཕེལ་བར་མཛད་པ་དང༌། དཔེར་ན་ཉི་མ་ རྟོག་པ་མེད་བཞིན་དུ། །འདོ་ཟེར་སྤྲོ་བས་མུན་པ་སེལ་བ་ལྟར། །ཐུབ་དབང་ཉི་ མའི་དམ་ཆོས་འདོ་ཟེར་གྱིས། །གདུལ་བྱའི་མ་རིག་མུན་པ་སེལ་བར་མཛད། །ཇི་ སྐད་དུ། (དཔེར་ན་ཉི་མའི་དཀྱིལ་འཁོར་ཤར་བས་མུན་པ་སེལ་བར་བྱེད་པ་བཞིན་དུ་རང་དོན)ཆོས་(སྐུ་)དང་(གཞན་ དོན་)གཟུགས་ཀྱི་སྐུ་དག་གིས་(ཕྱེ་བའི)། །བྱང་ཆུབ་སྙིང་པོའི་(ནམ་)མཁའ་(ལ་)ཤར་བའི། །ཀུན་ མཁྱེན་(ཆོས་ཀྱི་རྒྱལ་པོ་)ཉི་མ་(ཡང་གདུལ་བྱའི་)འགྲོ་བར་ནི། །ཡེ་ཤེས་(ཀྱི་)འོད་ཟེར་སྤྲོ(ས་པས་མུན་ པ་སེལ)་བར་མཛད་(དོ)། །ཅེས་གསུངས་པ་ལྟར། ནམ་མཁའ་ལ་ཉི་མ་ཤར་བའི་འོད་ཟེར་ གྱིས་འཇིག་རྟེན་མུན་པ་སེལ་བར་བྱེད་པ་ལྟར། བྱང་ཆུབ་ནམ་མཁའ་ཆེན་པོ་ཡངས་པར་སྐུ་ གཉིས་ཀྱི་དཀྱིལ་འཁོར་རབ་ཏུ་རྒྱས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་ པས་གདུལ་བྱ་དཔག་ཏུ་མེད་པའི་མི་ཤེས་པའི་མུན་པ་སེལ་བར་མཛད་པ་དང༌། དཔེར་ན་ ནོར་བུ་རིན་ཆེན་འབད་མེད་པར། །གསོལ་བ་འདེབས་ལ་དགོས་འདོད་སྩོལ་བ་ ལྟར། །སངས་རྒྱས་རྣམས་ཀྱང་འབད་མེད་ལྷུན་གྲུབ་ཏུ། །མཐའ་ཡས་གདུལ་བྱའི་ རེ་འདོད་སྐོངས་པར་མཛད། །དེ་ཡང་ཇི་སྐད་དུ། ཇི་ལྟར་ནོར་བུ་རིན་(པོ་)ཆེན་རྟོག་(པ་) མེད་(པར་)འདོད་པའི་ནོར། །འབད་པ་(དང་རྩོལ་བ་)མེད་པ་(གང་ཟག་)གནས་པ་དག་ལ་རབ་(ཏུ་) སྟེར་(བ་)ལྟར། །དེ་བཞིན་(དུ་)ཐུབ་པ་འབད་(པ་དང་རྩོལ་བ་)མེད་(པར་བསམ་པ་)ཇི་ལྟར་འོས་པར་ ནི། །(གདུལ་བྱ་)གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་(གཞན་གྱི་བར་དུ་)རྟག་ཏུ་བཞུགས་(ནས་དོན་བྱེད་དོ)། ། 3-1-265 ཞེས་གསུངས་པ་ལྟར། ནོར་བུ་རིན་པོ་ཆེ་ལ་འབད་རྩོལ་དང་རྟོག་པ་མེད་བཞིན་དུ་གསོལ་ བ་འདེབས་པ་པོ་རྣམས་ལ་ཇི་ལྟར་འོས་པའི་དགོས་འདོད་སྩོལ་བ་བཞིན་དུ་སངས་རྒྱས་ རྣམས་ཀྱང་འབད་པ་དང་རྩོལ་བ་མི་མངའ་བར་སྲིད་པ་ཇི་སྲིད་རྟག་ཏུ་བཞུགས་ཏེ། གདུལ་ བྱ་མཐའ་ཡས་པའི་རེ་འདོད་སྐོངས་པར་མཛད་པའོ། ། དེ་ཉིད་རྒྱུན་མི་ཆད་པའི་ཚུལ་ནི། དཔེར་ན་ནམ་མཁའི་དབྱིངས་སུ་འཇིག་རྟེན་གྱི། ། བྱ་བ་རྒྱུན་མི་ཆད་པར་འབྱུང་བ་ལྟར། དོན་དམ་ཆོས་སྐུའི་ངང་ལས་མ་གཡོས་ བཞིན། །ཀུན་རྫོབ་གཟུགས་སྐུའི་ཕྲིན་ལས་རྒྱུན་མི་ཆད། །དེ་ཡང༌། རྒྱན་ལས། (དཔེ་) ཇི་ལྟར་(ན་འདུས་མ་བྱས་ཀྱི་ནམ་)མཁའ་(འགྱུར་བ་མེད་པ་ལ་འདུས་བྱས་བརྟན་གཡོའི་)འཇིག་རྟེན་གྱི། །བྱ་བ་ (སྐྱེ་འཇིག་)རྒྱུན་མི་ཆད་པ(ར་སྣང་བ་)ལྟར། །(དཔེ་)དེ་བཞིན་(དུ་)ཟག་(པ་)མེད་(པའི་ཆོས་ཀྱི་)དབྱིངས་ (ནམ་ཡང་འགྱུར་བ་མེད་པའི་ངང་)ན་ཡང༌། །རྒྱལ་བ་(ཐམས་ཅད་མཁྱེན་པ)འི་(སྐུ་གསུང་ཐུགས་ཀྱི་)མཛད་པ་ (འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་)རྒྱུན་མི་ཆད་(པ་ཉིད་དོ)། །ཅེས་གསུངས་པ་ལྟར། འདུས་མ་བྱས་ ནམ་མཁའི་དབྱིངས་སུ་འདུས་བྱས་འཇིག་རྟེན་གྱི་ཁམས་རྣམས་ཀྱི་ཆགས་འཇིག་རྒྱུན་མི་ ཆད་པར་འབྱུང་བ་བཞིན་དུ་སངས་རྒྱས་རྣམས་ཀྱང་ཟག་མེད་ཆོས་སྐུའི་ངང་ལས་མ་གཡོས་ བཞིན་དུ་གདུལ་བྱ་སྣ་ཚོགས་པའི་མོས་པ་དང་མཐུན་པར་གཟུགས་སྐུ་གཉིས་ལ་བརྟེན་པའི་ ཕྲིན་ལས་རྒྱུན་མི་ཆད་པ་དང༌། དཔེར་ན་རྒྱ་མཚོ་ཆེན་པོའི་ཆུ་ཡི་རླབས། །དུས་ལས་ཡོལ་བ་མེད་པར་འབྱུང་ བ་ལྟར། །ནམ་ཞིག་གདུལ་བྱ་དུས་ལ་བབ་པ་ན། །སངས་རྒྱས་ཕྲིན་ལས་དུས་ ལས་ཡོལ་མི་མངའ། །ཇི་སྐད་དུ། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། ། དུས་ལས་ཡོལ་བར་འགྱུར་བའང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་ རྒྱས་དུས་ལས་ཡོལ་མི་མངའ། །ཞེས་གསུངས་པ་ལྟར། རྒྱ་མཚོ་ཆེན་པོའི་རླབས་དུས་ལས་ 3-1-266 མི་འདའ་བར་གྲགས་པ་དེ་ཉིད་དུས་ལས་འདའ་བའང་སྲིད་མོད་ཀྱི་གདུལ་བྱ་ནམ་དུས་ལ་ བབ་པ་ན་ནམ་ཡང་བསླུ་བ་མེད་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་མི་ཆད་པར་ འཇུག་པ་དང༌། ཆུ་རྣམས་རྒྱ་མཚོའི་ནང་དུ་འདྲེས་པ་ན། །ཆུ་ཡང་གཅིག་ཅིང་བྱ་ བ་གཅིག་པ་ལྟར། །སངས་རྒྱས་རྣམས་ཀྱང་དོན་དམ་ཆོས་ཀྱི་སྐུར། །འདྲེས་ནས་ ཕྲིན་ལས་མཐུན་པས་གཞན་དོན་མཛད། །དེ་ཡང་ཐེག་པ་ཆེན་པོ་བསྡུས་པར། (ཆུ་བོ་) ཀུན་ཀྱང་(རྒྱ་མཚོར་)འདྲེས་པའི་(ཚེ་ན་བྱ་བ་གཅིག་ལ་འཇུག་པའི་)ཕྲིན་ལས་ཅན་(ཡིན་ལ)། །རྒྱ་མཚོར་ ཆུ་(དང་)འདྲ་(བའི་)སངས་རྒྱས་རྣམས་(ཀྱང་གཞན་དོན)། །བྱས་སོ་བྱེད་དོ་བྱའོ་ཞེས། །གཞན་གྱི་ དོན་ལ་རྟོག་མི་མངའ་(བའི་ཕྲིན་ལས་འཇུག་པ་ཅན་ཡིན་ནོ)། །ཞེས་གསུངས་པ་ལྟར། ཆུ་བོ་ཆེན་པོ་ ཐམས་ཅད་རྒྱ་མཚོར་འདྲེས་ནས་བྱ་བ་གཅིག་བྱེད་པ་བཞིན་དུ་དོན་དམ་པའི་སངས་རྒྱས་ ཐམས་ཅད་ཆོས་སྐུའི་ངང་དུ་འདྲེས་ནས་རྣམ་རྟོག་དང་འབད་རྩོལ་མི་མངའ་པར་ཕྲིན་ལས་ ཀྱང་འདྲེས་པའི་ཚུལ་གྱིས་གཞན་གྱི་དོན་རྒྱུན་མི་ཆད་པར་མཛད་པ་དང༌། ཉི་མའི་འདོ་ཟེར་ གཅིག་ཏུ་འདྲེས་པ་ཡིས། །མུན་པ་སེལ་ཞིང་ལོ་ཏོག་སྨིན་བྱེད་ལྟར། །སངས་རྒྱས་ རྣམས་ཀྱང་ཡེ་ཤེས་ལྔ་ཡི་སྐུར། །འདྲེས་ནས་འགྲོ་ཀུན་སྨིན་ཅིང་གྲོལ་པར་མཛད། ། དེ་ཡང་རྒྱན་ལས། (སངས་རྒྱས་སྤྲུལ་པའི་སྐུ་ཆོས་ཅན། ཕྲིན་ལས་སྣ་ཚོགས་བྱེད་དེ་)ཇི་ལྟར་ཉི་མའི་དཀྱིལ་ འཁོར་གྱི། །འོད་ཟེར་དཔག་ཏུ་མེད་འདྲེས་ཤིང༌། །(དུས་)རྟག་ཏུ་(སྐམ་པ་དང་སྨིན་པ་སོགས)བྱ་བ་ གཅིག་ལ་འཇུག་(ཅིང་)། །འཇིག་རྟེན་ལ་ཡང་སྣང་བར་བྱེད། །དེ་བཞིན་ཟག་མེད་དབྱིངས་ ན་ཡང༌། །སངས་རྒྱས་(ཀྱི་ཕྲིན་ལས་)དཔག་ཏུ་མེད་(པ་)འདྲེས་ཤིང༌། །མཛད་པ་གཅིག་(པུ་)ནི་ (སེམས་ཅན་གྱི་དོན་)མཛད་པ་(ཡིན)ལ། །(དེ་ཡང་)ཡེ་ཤེས་(ཀྱི་)སྣང་བའི་མཛད་པར་འདོད་(པའི་ཕྱིར)། ། ཅེས་གསུངས་པ་ལྟར། ཉི་མའི་འོད་ཟེར་རྣམས་གཅིག་ཏུ་འདྲེས་ནས་ལོ་ཏོག་སྨིན་པ་དང་ མུན་པ་སེལ་བ་ལ་སོགས་པའི་བྱ་བ་གཅིག་ལ་འཇུག་པ་བཞིན་དུ་སངས་རྒྱས་རྣམས་ཀྱང་ 3-1-267 དོན་དམ་ཡེ་ཤེས་ཀྱི་སྐུའི་ངང་དུ་འདྲེས་ནས་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་འགོད་པའི་ཕྲིན་ ལས་ཀྱང་གཅིག་ཏུ་འདྲེས་པའི་སྒོ་ནས་རྒྱུན་མི་ཆད་པ་ཉིད་དོ། ། ལྔ་པ། ལྟ་སྒོམ་སྤྱོད་འབྲས་ཤེས་ཚུལ་ནི། སངས་རྒྱས་གསུང་ལ་རྒོལ་བའི་བླུན་པོ་ རྣམས། །གཞི་ལ་བདེ་གཤེགས་སྙིང་པོ་མི་བཞུགས་ཤིང༌། །ལམ་ཡང་མི་དགོས་ ཅང་མེད་རྟོགས་ཙམ་གྱིས། །འབྲས་བུ་ཅི་ཡང་བསྒྲུབ་ཏུ་མེད་ཅེས་སྨྲ། །དེ་ལྟར་ འདོད་པ་ནི་རིགས་པ་མ་ཡིན་ཏེ། ཇི་སྐད་དུ། རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་ མཁས་(པའི་གང་ཟག་)འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །(གོང་གི་གང་ཕྱིར་ནི་རྟགས་འདྲེན་ ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་)མ་ལུས་(པ་)དེ་(ཁོ་ན་)ཉིད་(ཀྱིས་)མཆོག་ནི་ཚུལ་(ཇི་ལྟ་བ་)བཞིན་(དུ་)ཀུན་ མཁྱེན་(སངས་རྒྱས་)གྱིས་མཁྱེན་(པ་ཡིན་གྱི་)གཞན་(གང་གིས་ཀྱང་ཤེས་པ་)མིན་པས། །དེ་ཕྱིར་དྲང་ སྲོང་(སྟེ་སངས་རྒྱས་)རང་ཉིད་ཀྱིས་(དྲང་ངེས་སོགས་སུ་རྣམ་པར་)བཞག་(པའི་)མདོ་སྡེ་གང་ཡིན་(པ་)དེ་ མི་དཀྲུགས་(ཏེ)། །(དཀྲུགས་ན་)ཐུབ་ཚུལ་(སྟེ་དགོངས་པ་)བཤིག་(པར་འགྱུར་པའི་)ཕྱིར་(བཤིག་པ་)དེ་ ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་གསུངས་པ་ལྟར། སངས་རྒྱས་ལས་ མཁས་པའི་གང་ཟག་སུ་ཡང་མེད་པས། ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་འཇུག་པ་ན་ལུང་རྣམ་ དག་དཔང་དུ་བྱེད་དགོས་ཤིང༌། ལུང་ལ་ལོག་པར་རྒོལ་ན་ཆོས་སྤོང་གི་ལས་བསགས་པའི་ ཉེས་པ་ཆེན་པོར་འགྱུར་བའི་ཕྱིར་དང༌། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ ཅན་ཁམས། །(བདེ་གཤེགས་སྙིང་པོ་དེ་ཀུན་རྫོབ་ཀྱི་)ཆོས་རྣམས་ཀུན་གྱི་གནས་(སམ་གཞི་རྟེན་)ཡིན་ ཏེ(མ་དག་པའི་གནས་སྐབས་སུ་ཀུན་ནས་ཉོན་མོངས་སོགས་ཀྱི་གཞི་རྟེན་དང༌། མ་དག་དག་པའི་གནས་སྐབས་སུ་ལམ་གྱི་ ཆོས་ཐམས་ཅད་ཀྱི་གཞི་རྟེན་དང༌། ཤིན་ཏུ་རྣམ་དག་གི་གནས་སྐབས་སུ་འབྲས་བུའི་ཆོས་ཐམས་ཅད་ཀྱི་གཞི་རྟེན་ཡིན་ཞིང་)། ། (སྙིང་པོ)དེ་(བརྟན་གཡོ་ཐམས་ཅད་ལ)ཡོད་པས་ན་(དྲི་བཅས་ཀྱི་དུས་ན་)འགྲོ་ཀུན་(ཞེས་བྱ་བ་)དང༌། ། (དྲི་བྲལ་གྱི་དུས་ན་དེ་དྲི་མ་དང་བྲལ་ཙམ་ལ་)མྱ་ངན་(ལས་)འདས་པའང་ཐོབ་པ་(ཞེས་བྱའི་ཐ་སྙད་བྱེད་པ)ར་ 3-1-268 འགྱུར་(ཏེ་ཡིན་པའི་ཕྱིར)། །ཞེས་པ་དང༌། དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་ གཤེགས་པའི་སྙིང་པོ་གང་ལགས་པ་འདི་ནི་འཇིན་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་དང་ རང་བཞིན་གྱིས་དག་པའི་ཆོས་ཀྱི་སྙིང་པོའོ། །ཞེས་པ་དང༌། མྱ་ངན་ལས་འདས་པ་ཆེན་པོ་ ལས་ཀྱང༌། སངས་རྒྱས་ཀྱི་རང་བཞིན་ནི་(དོན་དམ་པར)དོན་དམ་རང་བཞིན་གྱིས་(ལུང་རིགས་གང་ གིས་ཀྱང་)མེད་པར་(སྒྲུབ་པར་)བྱེད་ནུས་པ་མ་ཡིན་ཏེ། (དོན་དམ་པར)མེད་པར་བྱ་བའི་གནས་མེད་ (པ་སྟེ་རང་བཞིན་གྱིས་གྲུབ་པའི་ཕྱིར་)དོ། །ཞེས་པ་དང༌། རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ནི་ འདི་ལྟ་སྟེ། (དོན་དམ་པའི་)སྟོབས་བཅུ་དང་། མི་འཇིགས་པ་བཞི་དང༌། སྙིང་རྗེ་ཆེན་པོ་དང༌། (ཆོས་ཉན་པ་ལ་གུས་དང་མ་གུས་པ་དང༌། ཆ་མཉམ་པའི་འཁོར་གསུམ་ལ་རིམ་པ་བཞིན་ཆགས་པ་དང་ཁོང་ཁྲོ་བ་དང་ཆ་མཉམ་ པའི་གཡེང་བ་གསུམ་གྱི་དྲན་པ་མེད་པའི་ཕྱིར། དོན་དམ་པའི་བཏང་ཉོམས་ཀྱིས་)དྲན་པ་ཉེ་བར་བཞག་པ་གསུམ། སེམས་ཅན་ཐམས་ཅད་ལ་གསུམ་པོ་ཡོད་པ་ཡང་(ཆགས་སོགས་དྲི་མས་བསྒྲིབས་ནས་མ་མཐོང་བ་ཡིན་ཏེ། གཉེན་པོ་ལམ་བསྒོམས་པས་སྒྲིབ་བྱེད་)ཉོན་མོངས་པ་བཅོམ་ནས་གདོད་མཐོང་བར་འགྱུར་(པའི་ཕྱིར་)རོ། ། ཞེས་པ་དང༌། སེམས་ཅན་ཐམས་ཅད་ལ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡོད་མོད་ ཀྱི་(མཐོང་བའི་ཐབས་ལམ་)མི་མཐོང་(བ་ལ་རྒྱུ་མཚན་ཡོད་དེ་)ངོ་མ་བསྒོམས་པའི་ཕྱིར། (འོན་ཀྱང་གཞིའི་ དུས་སུ་)ཞེས་པ་དང༌། རིགས་ཀྱི་བུ་ཟླ་བ་ཚེས་པ་(གཅིག་ལྟ་བུ་)ནི་(ཟླ་བའི་དཀྱིལ་འཁོར་ཡོངས་རྫོགས་)མི་ མཐོང་མོད་ཀྱི་(དཀྱིལ་འཁོར་ཡོངས་རྫོགས་དེ་ལ་སྒྲིབ་བྱེད་ཀྱིས་དྲི་མས་བསྒྲིབས་ནས་མ་མཐོང་བ་ཙམ་ཡིན་པའི་ཕྱིར་ ཏེ། དབང་མདོར་བསྟན་པར། ཇི་ལྟར་ཟླ་ཤར་རིམ་པ་ཡི། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །གྲིབ་མ་ཉམས་པ་རྫོགས་པ་ སྟེ། །ཟླ་བ་ཆད་དང་རྫོགས་པ་སྨིན། །ཞེས་གསུངས་པའི་ཕྱིར་)མེད་ཅེས་བྱར་མི་རུང་ངོ༌། །སངས་རྒྱས་ཀྱི་རང་ བཞིན་ཡང་དང་དེ་དང་འདྲ་བར་བྱིས་པ་མ་རབས་(ལམ་མ་བསྒོམ་པའི་གང་ཟག་)ཐམས་ཅད་ཀྱིས་མི་ མཐོང་མོད་ཀྱི་དེ་(རྣམས་)ལ་སངས་རྒྱས་ཀྱི་རང་བཞིན་མེད་ཅེས་བྱར་མི་རུང་(སྟེ་རྒྱུད་བླར། རྫོགས་ སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་ 3-1-269 པོ་ཅན། །ཞེས་གསུངས་པའི་ཕྱིར་)ངོ༌། །ཞེས་པ་དང༌། རྔ་བོ་ཆེའི་མདོར་ཡང༌། དེ་བཞིན་གཤེགས་པའི་ སྙིང་པོའི་གཏམ་བསྟན་པ་ལ་སྨོད་པས་(ཏེ་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་མེད་པར་སྨྲ་ན)། སངས་རྒྱས་ རྟག་པ་ཉིད་ཀྱིས་གཏམ་སྤོང་པར་འགྱུར་ཏེ་(རྟག་པའི་སངས་རྒྱས་མེད་པར་ཐལ་སེམས་ཅན་གྱི་རྒྱུད་ལ་སངས་ རྒྱས་མེད་པ་གང་ཞིག་དེ་མེད་ན་སངས་རྒྱས་རྟག་པ་མེད་དགོས་པའི་ཕྱིར)། (རྒྱུ་མཚན་)དེ་ཉིད་ཀྱི་(ཕྱིར་སེམས་ཅན་ རྣམས་)ཡོངས་སུ་མྱ་ངན་འདའ་བར་མི་འགྱུར་རོ། །(འདོད་ན་དེ་ལྟར་མ་ཡིན་ཏེ། བརྟག་གཉིས་ལས། སེམས་ ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ནས་ནི་སངས་རྒྱས་ཉིད། །ཅེས་གསུངས་པའི་ ཕྱིར་)ཞེས་པ་ལ་སོགས་པས་དབྱིངས་རང་བཞིན་གྱི་རྣམ་པར་དག་པའི་དེ་བཞིན་གཤེགས་ པའི་སྙིང་པོ་ཐམས་ཅད་ལ་ཁྱབ་པར་ཡོད་ཅིང༌། ལམ་རྣམ་པར་དག་པ་བསྒོམས་པས་དེ་དྲི་མ་ དང་བྲལ་བའི་འབྲས་བུ་ཡོན་ཏན་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཐོབ་པར་གསུངས་ པའི་ཕྱིར་རོ། ། ལ་ལ་ཀུན་རྫོབ་འཁྲུལ་བའི་སྣང་བ་འདི། །དོན་དམ་ཆོས་སྐུའི་སྣང་བ་ཡིན་ ཞེས་ཟེར། །འགའ་ཞིག་རྣམ་ཤེས་རྣམ་པར་རྟོག་པ་འདི། །༢ཡེ་ཤེས་༡མི་རྟོག་ ཆོས་སྐུའི་ངོ་བོར་འདོད། །ཀུན་རྫོབ་རྣམ་ཤེས་ཀྱི་སྤྱོད་ཡུལ་གཟུགས་སྒྲ་ལ་སོགས་པ་འདི་ རྣམས་དཔྱད་ན་སྟོང་ཉིད་དུ་རྟོགས་པ་ཙམ་གྱིས་གྲོལ་བས་དགག་མི་དགོས་ཤིང་སྣང་བ་འདི་ ཉིད་དོན་དམ་ཆོས་སྐུའི་སྣང་བ་ཡིན་ཞེས་པ་དང༌། དེ་བཞིན་དུ་རྣམ་ཤེས་ཚོགས་དྲུག་པོ་འདི་ རྣམས་ཀྱང་དཔྱད་ན་བདེན་མེད་དུ་རྟོགས་པ་དེ་ཉིད་མི་རྟོག་ཡེ་ཤེས་ཆོས་སྐུའི་ངོ་བོར་འདོད་ པ་དེ་དག་ནི་འཐད་པ་མ་ཡིན་ཏེ། དཔལ་བརྟག་གཉིས་ལས། ཀྱཻ་བཅོམ་ལྡན་འདས་རྣམ་ པར་མ་དག་པ་གང་ལགས། གཟུགས་ལ་སོགས་པའོ། །དེ་ཅིའི་སླད་དུ་ཞེ་ན། གཟུང་བ་དང་ འཛིན་པའི་དངོས་པོ་ཡིན་པའི་ཕྱིར་རོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར། ཡུལ་དང་ ཡུལ་ཅན་གཟུང་འཛིན་དུ་སྣང་བ་འདི་དག་ནི་མི་རྟག་པ་མི་བརྟན་པ་བརྫུན་པ་བསླུ་བའི་ཆོས་ 3-1-270 ཅན་དོན་དམ་ཆོས་སྐུ་ལ་སྒྲིབ་པར་བྱེད་པ་སྤང་བྱ་གློ་བུར་གྱི་དྲི་མ་ཡིན་པའི་ཕྱིར་དང༌། རྔ་བོ་ ཆེའི་མདོ་ལས། སངས་རྒྱས་བཅོམ་ལྡན་གང་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ཐམས་ ཅད་ནི་རྟག་པ་བརྟན་པ་ཞི་བ་ཐེར་ཟུག་པ་ཡིན་ནོ། །ཞེས་པ་དང༌། མྱ་ངན་ལས་འདས་པའི་ མདོ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་རྟག་པ་དང་མི་འགྱུར་བའི་ཆོས་ཅན་ཡིན་ཏེ། ཞེས་པ་ལ་སོགས་པ་གསུངས་པ་ལྟར། ཆོས་ཀྱི་སྐུ་ནི་རྟག་པ་བརྟན་པ་ནམ་ཡང་བསླུ་བ་མེད་ པའི་ཆོས་ཉིད་ཡིན་པའི་ཕྱིར། ཕུང་པོ་ལྔ་རྒྱལ་བ་རིགས་ལྔར་གསུངས་པའི་ཕྱིར། གཟུགས་ལ་ སོགས་པ་འདི་དག་ཆོས་སྐུ་ཡིན་ནོ་སྙམ་ན། དེ་དག་ནི་ཕུང་པོ་ལྔའི་རང་བཞིན་འགྱུར་བ་མེད་ པ་ལ་དགོངས་པ་ཡིན་གྱི་ཆོས་ཅན་གློ་བུར་གྱི་དྲི་མ་འདི་དག་བདེན་མེད་དུ་གོ་བ་ཙམ་གྱིས་མི་ ཆོག་ཅིང༌། རིམ་གྱིས་འགག་པ་ལས་དོན་དམ་ཡེ་ཤེས་ཀྱི་སྐུ་ཐོབ་པར་བྱ་དགོས་ཏེ། ཇི་སྐད་ དུ་མདོ་དེ་ཉིད་ལས། གཟུགས་ནི་མི་རྟག་སྟེ་གཟུགས་འགག་པའི་རྐྱེན་གྱིས་རྣམ་པར་གྲོལ་ བ་རྟག་ཏུ་གནས་པའི་གཟུགས་ཐོབ་པར་འགྱུར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་ རྣམ་པར་ཤེས་པ་ཡང་མི་རྟག་པ་སྟེ། རྣམ་པར་ཤེས་པ་འགག་པའི་རྐྱེན་གྱིས་རྣམ་པར་གྲོལ་ བ་རྟག་ཏུ་གནས་པའི་རྣམ་པར་ཤེས་པ་ཐོབ་པར་འགྱུར་རོ། །ཞེས་པ་དང༌། དེ་བཞིན་དུ་བདེ་ བ་དང་བདག་དང་ཡོངས་སུ་དག་པ་ཡང་སྦྱར་ཏེ་རྒྱས་པར་གསུངས་པའི་ཕྱིར་རོ། ། ཀྱེ་མ་དེང་སང་སྙིགས་མ་ལྔ་བདོ་ཞིང༌། །ཁྱད་པར་ལྟ་བའི་སྙིགས་མར་གྱུར་ པ་ན། །རྣམ་དག་ལུང་དང་འགལ་ཞིང་རིགས་པས་ཀྱང༌། །གནོད་པའི་ལྟ་སྤྱོད་སྣ་ ཚོགས་འབྱུང་ལགས་མདོ། །དེ་ཡང་ཚེའི་སྙིགས་མ་ཚེ་ཤིན་ཏུ་ཐུང་བ་དང༌། དུས་ཀྱི་སྙིགས་ མ་རྩོད་ལྡན་གྱི་དུས་སུ་གྱུར་པ་དང༌། ཉོན་མོངས་པའི་སྙིགས་མ་དུག་གསུམ་དུག་ལྔ་རྩ་བ་ དང་ཉེ་བའི་ཉོན་མོངས་པ་ཤིན་ཏུ་དྲག་པོར་གྱུར་པ་དང༌། ལྟ་བའི་སྙིགས་མ་ལྟ་བ་མི་མཐུན་ པ་ཐ་དད་པ་སྣ་ཚོགས་ཀྱིས་གཟིངས་པར་གྱུར་པ་དང༌། སེམས་ཅན་གྱི་སྙིགས་པ་ལུས་དང་ 3-1-271 ལོངས་སྤྱོད་དམན་པར་གྱུར་པའི་སྐབས་འདིར་བདེན་པ་གཉིས་ཀྱི་གནས་ལུགས་གསལ་ པར་སྟོན་པའི་ལུང་རྣམ་པར་དག་པ་རྣམས་དྲང་དོན་དགོངས་པ་ཅན་ཡིན། དོན་དམ་ཆོས་ ཀྱི་དབྱིངས་ཀྱང་བདེན་པར་གྲུབ་པ་མེད། ཀུན་རྫོབ་ལས་རྒྱུ་འབྲས་ཀྱང་བདེན་པར་གྲུབ་པ་ མེད་ཅེས་ཟེར་ཞིང༌། སྤྱོད་པ་ངན་པ་གཞན་གྱི་ལུས་དང་ལོངས་སྤྱོད་ལ་གནོད་པ་སྣ་ཚོགས་ པ་བྱེད། འཚོ་བ་ངན་པ་བསད་པའི་ཤ་དང་མྱོས་པར་འགྱུར་བའི་ཆང་ལ་བག་མེད་པར་སྤྱོད་ པ་ལ་སོགས་པ་བསྟན་པ་རིན་པོ་ཆེ་ལ་གནོད་པའི་ལས་རྣམ་འགྱུར་སྣ་ཚོགས་པ་གཅིག་བྱུང་ ལགས་མོད་ཀྱི། གལ་ཏེ་མཐོ་རིས་ཐར་པ་ཐོབ་འདོད་ན། །ལོག་པའི་ལྟ་བ་མཐའ་ དག་རབ་སྤངས་ནས། །ལྟ་སྒོམ་སྤྱོད་པ་རྣམ་པར་དག་པ་ཡིས། །ཕུན་ཚོགས་ འབྲས་བུ་འགྲུབ་ཕྱིར་འབད་འཚལ་ལོ། །དེ་ཡང༌། བཤེས་སྤྲིངས་ལས། གལ་ཏེ་མཐོ་ རིས་(དང་)ཐར་པ་(ཐོབ་པར་)མངོན་བཞེད་ན། །(ལས་འབྲས་མི་བསླུ་བར་རྟོགས་པའི་)ཡང་དག་(པའི་)ལྟ་ (བ་དང་སྟོང་ཉིད་རྟོགས་པའི་ལྟ་བ་)ལ་གོམས་པ་ཉིད་དུ་མཛོད(དེའི་རྒྱུ་མཚན་ལས་འབྲས་མི་བསླུ་བ་རྟོགས་པའི་ལྟ་ བས་ནི་མཐོ་རིས་ཀྱི་རྒྱུ་བྱེད་ལ་སྟོང་ཉིད་རྟོགས་པའི་ལྟ་བས་ནི་ཐར་པ་ཐོབ་པར་བྱེད་པའི་ཕྱིར)། །(ཡང་དག་པའི་ལྟ་བ་དང་མི་ ལྡན་ན་སྐྱོན་ཡོད་དེ་)གང་ཟག་ལོག་པར་ལྟ་བར་(རྣམས་ཀྱི་སྔར་སྦྱིན་སོགས་)ལེགས་(པར་)སྤྱད་ཀྱང༌། །དེ་ དག་རྣམ་པར་སྨིན་པ་མི་བཟད་(པ་སྟེ་ཡིད་དུ་མི་འོང་བ་དང་)ལྡན་(པར་གྱུར་པའི་ཕྱིར)། །ཞེས་གསུངས་ པ་ལྟར། གནས་སྐབས་མཐོ་རིས་ཀྱི་བདེ་བ་དང་མཐར་ཐུག་ཐར་པ་ཆེན་པོའི་གོ་འཕང་ཐོབ་ པར་འདོད་པ་རྣམས་ཀྱིས་ལྟ་བ་རྣམ་དག་ལ་བརྟེན་ནས་སྒོམ་པ་དང་སྤྱོད་པ་ཟབ་མོ་ཉམས་ སུ་བླང་བར་བྱ་སྟེ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་ན་སྤྱོད་པ་བཟང་པོ་བྱས་ཀྱང་རྣམ་སྨིན་མི་འདོད་ པ་མྱོང་བར་འགྱུར་པའི་ཕྱིར་རོ། ། ལྟ་བ་བདེན་གཉིས་ཟུང་འཇུག་རྟོགས་པ་ཡིས། །ཀུན་རྫོབ་རྒྱུ་འབྲས་བསླུ་ བ་མེད་པ་ལ། །བླང་དོར་ཚུལ་བཞིན་བགྱིས་ཏེ་དམ་པའི་དོན། །སྟོང་ཉིད་རྟོགས་ 3-1-272 པས་དངོས་འཛིན་མཐའ་དག་སྤངས། །ཇི་སྐད་དུ། བདེན་པ་གཉིས་ལ་འཇུག་པར། ཡང་དག་ཀུན་རྫོབ་གཉིས་ཀྱི་སྐས། །མེད་པར་དེ་ཉིད་ཁང་བ་ཡི། །སྟེང་དུ་འགྲོ་བར་བྱེད་པ་ ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར། བདེན་པ་གཉིས་ཀྱི་གནས་ལུགས་ ལེགས་པར་རྟོགས་པའི་སྒོ་ནས། བཤེས་སྤྲིངས་ལས། (ཆད་ལྟ་བ་འགའ་ཞིག་གིས་ཚེ་འདིར་སྡིག་པ་བྱས་ པའི་རྣམ་སྨིན་ད་ལྟ་མ་མཐོང་བས་ཕྱིར་མར་ཡང་འབྱུང་བ་མེད་དོ་སྙམ་ན་)སྡིག་པའི་ལས་རྣམས་སྤྱད་པ་འགའ་ ཡང་ནི། །དེ་ཡི་མོད་ལ་མཚོན་(བདར་བས་རེག་པ་)བཞིན་(དུ་)མི་གཅོད་(པ་སྟེ་གདུང་བར་མི་བྱེད་)ཀྱང༌། ། འཆི་བའི་དུས་ལ་བབ་ན་(གཤིན་རྗེའི་སྐྱེས་བུ་མི་བཟད་པས་འཚེ་བའི་མཚན་མ་)སྡིག་པ་ཡི། །ལས་ཀྱི་ འབྲས་བུ་གང་ལགས་(པར་གསལ་བར་)མངོན་པར་གྱུར་(རོ)། །ཞེས་གསུངས་པ་ལྟར། ཀུན་རྫོབ་ ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་སྒོ་ནས་སྡིག་པ་སྤོང་བ་དང༌། དགེ་བ་སྒྲུབ་པ་ལ་འབད་པར་ བྱ་ཞིང༌། སྤྱོད་འཇུག་ལས། ཉོན་མོངས་(པ་དང་)ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོར་ སྟོང་པ་ཉིད་(བསྒོམ་དགོས་སོ)། །(གང་ཟག་གང་གིས་ན་)མྱུར་དུ་ཐམས་ཅད་མཁྱེན་(པ་ཐོབ་པར་)འདོད་ པས། །(སྟོང་ཉིད་)དེ་ནི་ཇི་ལྟར་བསྒོམ་(པར་)མི་བྱེད་(དེ་ངེས་པར་བསྒོམ་དགོས་སོ)། །ཅེས་གསུངས་ པ་ལྟར། དོན་དམ་སྟོང་ཉིད་ཟབ་མོ་རྟོགས་པའི་སྒོ་ནས་བག་ཆགས་འཁྲུལ་སྣང་གི་དངོས་པོ་ འདི་དག་ལ་མངོན་པར་ཞེན་པ་མཐའ་དག་ཅི་ནུས་ཀྱིས་སྤང་བར་བྱའོ། ། བསྒོམ་པའང་ཚོགས་གཉིས་དོན་དུ་རིམ་གཉིས་ཀྱི། །རྣལ་འབྱོར་ཟབ་མོའི་ ངང་དུ་འཇོག་པ་སྟེ། །སྤྱོད་པ་བསམ་པ་བྱང་ཆུབ་སེམས་ལྡན་པས། །སྦྱོར་བ་ཕ་ རོལ་ཕྱིན་དྲུག་བསྒྲུབ་པའོ། །དེ་ཡང་མདོ་ལས། ཆོས་(ཀྱི་གནས་ལུགས་)འདི་བསྒོམ་པར་མ་ གྱུར་ན། །ཆོས་ཉིད་(མངོན་སུམ་དུ་)མཐོང་པར་མི་འགྱུར་ཏེ་(ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གནས་ ལུགས་ཀྱི་དོན་ངེས་པར་བསྒོམས་དགོས་པའི་ཕྱིར)། །(དཔེར་ན་)ཆུ་ནི་(མིག་གིས་)མཐོང་(བ་)དང་(རྣ་བས་)ཐོས་ པ་ཡིས་(མི་ཆོག་པར)། །མ་འཐུངས་(པར་)སྐོམ་པ(འི་ནད་)་ཇི་ལྟར་སེལ་(ཏེ་མི་སེལ་བ་བཞིན་ནོ)། །ཞེས་ 3-1-273 གསུངས་པ་ལྟར། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ནམ་མཁའ་ལྟར་ཁྱབ་ པ་དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བ་མངོན་སུམ་དུ་འགྱུར་བར་བྱ་བའི་ཆེད་དུ། སྔར་བསྟན་ པ་ལྟར་རིམ་གཉིས་ཀྱི་རྣལ་འབྱོར་བསྒོམ་པ་ལ་འབད་པར་བྱ་ཞིང༌། རྒྱན་ལས། སྐྱེ་བོ་རྨོངས་ པ་(འགའ་ཞིག་ནི་)རང་གི་བདེ་(བ་བསྒྲུབ་པའི་)དོན་རྩོམ་(ཡང་)། །དེ་མ་ཐོབ་པས་རྟག་ཏུ་སྡུག་བསྔལ་ (མྱོང་བར་)འགྱུར་(བ་ལ་རྒྱུ་མཚན་ཡོད་དེ་བདེ་སྡུག་གི་རྒྱུའི་བླང་དོར་མི་ཤེས་པའི་ཕྱིར)། །བརྟན་པ་(བྱང་སེམས་) རྟག་ཏུ་གཞན་དོན་(ལ་)བརྩོན་པ་ནི་(ཆོས་ཅན)། །(རང་གཞན་)གཉིས་གའི་དོན་བྱས་(པའི་ཕྱིར་)མྱ་ ངན་(ལས་)འདའ་བ་(ཐོབ་པ)ར་འགྱུར་(ཏེ)། །ཞེས་གསུངས་པ་ལྟར། བསམ་སྦྱོར་བཟང་ངན་གྱི་ ཁྱད་པར་ཤིན་ཏུ་ཆེ་བས་སྔར་བཤད་པ་བཞིན་དུ་བསམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ སྒོ་ནས་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་གཞན་དོན་དུ་བསྒྲུབ་པ་ལ་འབད་པར་བྱའོ། ། འབྲས་བུ་སྔར་བཤད་དོན་གཉིས་མཐར་ཕྱིན་པའི། །གོ་འཕང་མཆོག་ལ་ དམིགས་ཏེ་འབད་བྱས་ནས། །ཕྱི་མར་ལྷ་མིའི་བདེ་བ་ཕུན་ཚོགས་དང༌། །འདིར་ ཡང་ཡིད་ལ་རེ་བ་མཐའ་དག་འགྲུབ༌། །དེ་ཡང་རྒྱུད་བླ་མ་ལས། རྣམ་གྲོལ་ཆོས་ཀྱི་སྐུ་ དག་གིས། །རང་དང་གཞན་གྱི་དོན་བསྟན་ཏེ། །རང་གཞན་དོན་བརྟེན་དེ་ལ་ནི། །བསམ་མི་ ཁྱབ་སོགས་ཡོན་ཏན་ལྡན། །ཞེས་གསུངས་པ་ལ་སོགས་པ་སྔར་གསུངས་པ་ལྟར་དོན་གཉིས་ མཐར་ཕྱིན་པའི་འབྲས་བུ་བྱང་ཆུབ་ཆེན་པོ་ཐོབ་པའི་ཆེད་དུ། སེམས་ཅན་ལ་ཕན་པ་བྱང་ཆུབ་ སེམས་དཔའི་སྤྱོད་པ་ལ་བརྩོན་པར་བྱས་ན་གནས་སྐབས་ཀྱི་འབྲས་བུ་ཚེ་འདི་དང་ཕྱི་མའི་ ཕུན་ཚོགས་པ་རྣམས་ཀྱང་ཞོར་ལ་འགྲུབ་པ་ཉིད་དེ། སྤྱོད་པ་ལ་འཇུག་པར་ཡང༌། སེམས་ ཅན་མགུ་བར་བྱ་བ་ཡིས། །མ་འོངས་སངས་རྒྱས་འགྲུབ་ལྟ་ཞོག །ཚེ་འདི་ཉིད་ལ་དཔལ་ཆེན་ དང༌། གྲགས་དང་སྐྱིད་འགྱུར་ཅིའི་མི་མཐོང༌། །ཞེས་གསུངས་པ་ལྟར་རོ། ། དྲུག་པ་ཤེས་ནས་ཉམས་སུ་བླང་ཚུལ་ལ། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད། དངོས་ 3-1-274 གཞི་ཚོགས་གཉིས་ཟུང་འཇུག རྗེས་སུ་བསྔོ་བ་སྨོན་ལམ་སྟེ་གསུམ་ལས། དང་པོ་སྐྱབས་ འགྲོ་ལའང༌། ཐོག་མར་དད་པ་བསྐྱེད་ཚུལ་ནི། རྒྱུ་འབྲས་བསླུ་མེད་ཡིད་ཆེས་དད་པ་ དང༌། །ཡོན་ཏན་ཅན་ལ་དང་བའི་དད་པ་དང༌། །བསྒྲུབ་པར་ནུས་ལ་འདོད་པའི་ དད་པ་སྟེ། །དད་པ་གསུམ་པོ་ཆོས་ཀྱི་རྩ་བ་ལགས། །དེ་ཡང༌། དམ་པའི་ཆོས་མངོན་ པ་ལས། དད་པ་གང་ཞེ་ན། ཡོད་པ་ཉིད་དང་ཡོན་ཏན་ཅན་དང་ནུས་པ་རྣམས་ལ་མངོན་པར་ ཡིད་ཆེས་པ་དང༌། དང་བ་དང་འདོད་པ་སྟེ། འདུན་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་ གསུངས་པ་ལྟར། དད་པ་གསུམ་པོ་བསྐྱེད་པ་ལ་འབད་པར་བྱ་དགོས་ཏེ། གལ་ཏེ་མ་བསྐྱེད་ ན་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་ བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་མོ་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར། དགེ་བའི་ཆོས་ རྣམས་མི་བསྒྲུབ་པའི་ཕྱིར་རོ། ། ཡིད་ཆེས་དད་པས་དགེ་སྡིག་ཕྲ་མོ་ལའང༌། །བླང་དོར་ཚུལ་བཞིན་བགྱིད་པ་ མཁས་པ་སྟེ། །ཆགས་སོགས་ཉོན་མོངས་གང་དང་གང་སྐྱེས་པ། །དེ་ཚེ་དེ་དང་དེ་ ཡི་གཉེན་པོར་བསྒོམ། །སྔར་རྒྱས་པར་བཤད་པ་ལྟར། ཀུན་རྫོབ་ཏུ་ལས་རྒྱུ་འབྲས་བདེན་ པར་ཡོད་པ་ཉིད་ལ་མངོན་པར་ཡིད་ཆེས་པའི་དད་པ་བརྟན་པོ་དང་ལྡན་པས་དགེ་བ་ཕྲ་མོ་ ནས་ཀྱང་སྤེལ་བ་དང༌། སྡིག་པ་ཕྲ་མོ་ཡང་སྤོང་བ་ལ་འབད་པར་བྱ་ཞིང༌། རིན་ཆེན་ཕྲེང་བ་ ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་ཞེ་ སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་གསུངས་པ་ལྟར། ཉོན་མོངས་པ་ དུག་གསུམ་ལ་སོགས་པ་མངོན་གྱུར་དུ་སྐྱེས་པ་ན་འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་དང་། ཞེ་སྡང་གི་གཉེན་པོ་བྱམས་པ་དང༌། གཏི་མུག་གི་གཉེན་པོ་རྟེན་འབྲེལ་ཤེས་པ་ལ་སོགས་པ་ བསྒོམ་པར་བྱའོ། ། 3-1-275 ཡོན་ཏན་ཀུན་ལྡན་དཀནོ་མཆོག་གསུམ་པོ་ལ། །རྩེ་གཅིག་དང་པའི་དད་ པས་གསལོ་བཏབ་ན། །གནས་སྐབས་སྲིད་པའི་སྡུག་བསྔལ་ལས་སྐྱོབ་ཅིང༌། ། མཐར་ཐུག་ཞི་བའི་བདེ་བ་བླ་མེད་ཐབོ། །ཇི་སྐད་དུ། རྒྱན་ལས། (རང་དོན་མཐར་ཐུག་ གི་དབང་དུ་བྱས་ན་)སངས་རྒྱས་(ཀྱི་)ཆོས་(སྟོབས་སོགས་)ཀྱི་ཡོན་ཏན་(ཡོངས་སུ་)རྫོགས་པའི་སྐུ་གང་ ཡིན་(དང་)། །(གཞན་དོན་མཐར་ཐུག་གི་དབང་དུ་བྱས་ནས་)དམ་པའི་ཆོས་ལ་སེམས་ཅན་རབ་(ཏུ་) འདུལ་(པའི་ཐབས་)མཁྱེན་པ་གང༌། །འགྲོ་བ་ཀུན་ལ་ཐུགས་རྗེའི་ཕ་རོལ་སོན་པ་གང་(ཡིན་པའི་ ཕྱིར)། །སངས་རྒྱས་ཉིད་དེ་(ཆོས་ཅན་)འདིར་ནི་སྐྱབས་ཀྱི་མཆོག་ཏུ་འདོད་(དེ་གོང་མ་རྣམས་རྟགས)། ། ཅེས་གསུངས་པ་ལྟར། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་སངས་རྒྱས་ལ་སོགས་ པ་དཀོན་མཆོག་རིན་ཆེན་གསུམ་ལ་བློ་རྩེ་གཅིག་ཏུ་གཏད་དེ་དང་བའི་དད་པས་གསོལ་བ་ བཏབ་ནས། འཇིག་རྟེན་(ཏེ་འཁོར་བ་)ཇི་སྲིད་(པར་དུ་)སེམས་ཅན་(རྣམས་)གྱི། །གནོད་(པ་)དང་ ཕུན་སུམ་ཚོགས་པ་ཀུན། །(རིམ་པ་ལྟར་)བཟློག་ཅིང་འབྱོར་བར་བྱ་(བའི་)ཆེད་དུ། །སངས་རྒྱས་ (ཉིད་ནི་)སྐྱབས་ཆེན་(པོ་མཆོག་ཏུ་གྱུར་པ་)ཉིད་དུ་འདོད། །ཅེས་གསུངས་པ་ལྟར། འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་རྒུད་པ་མཐའ་དག་ལས་སྐྱོབས་ཅིང༌། སྲིད་པ་དང་ཞི་བའི་འབྱོར་ པ་ཐམས་ཅད་ཀྱང་སྩོལ་བ་ཉིད་དོ། ། ནུས་པའི་དད་པས་རང་གཞན་ཡི་དམ་ལྷར། །ཤེས་པས་གཞན་ཕན་ བསོད་ནམས་ཚོགས་ལ་འབད། །མི་རྟོག་ཏིང་འཛིན་བསྒོམས་ཏེ་ཡེ་ཤེས་ཚོགས། ། བསགས་ན་རྫོགས་པའི་སངས་རྒྱས་ཅིས་མི་ཐོབ། །ཇི་སྐད་དུ། ཀྱཻའི་རྡོ་རྗེ་ལས། (རང་ རྒྱུད་ལ་བཞུགས་པའི་སངས་རྒྱས་)རང་དང་གཞན་གྱི(ས་ལམ་ཟབ་མོ་བསྒོམས་ནས་)རྟོགས་པ་ལས། །སངས་ རྒྱས་(ཐོབ་པ་)མ་ཡིན་(པའི་)སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །(གཞན་ཡང་ལམ་མི་ མཁས་པའི་སེམས་ཅན་)དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ལྷ་དང་ལྷ་མིན་མི་རྣམས་དང༌། །(ཆུང་ 3-1-276 ངུ་ན་)བཤང་བའི་སྲིན་བུ་ལ་སོགས་པ། །ལྷ་དང་ལྷ་མ་ཡིན་གྱི་ཡང༌། །(རང་རང་གི་སངས་རྒྱས་)བདེ་ བ་(ཆེན་པོ་ཆོས་ཉིད་བཞུགས་པ)གང་ཕྱིར་མི་ཤེས་པ། །(ཡིན་ཀྱང་རང་རང་གི་རྒྱུད་གྱི་ཆོས་ཉིད་ནི་)རྟག་ཏུ་རང་ བཞིན་བདེ་བ་ཅན་(ཡིན་ཏེ། སམ་བུ་དྲི་ལས། རང་གི་རྒྱུད་ལ་སངས་རྒྱས་གཞུགས། །གཞན་དུ་གང་ན་སངས་རྒྱས་ མེད)། །ཞེས་གསུངས་པ་ལྟར། རང་གཞན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཅན་དུ་ཤེས་ པའི་སྒོ་ནས། རྒྱན་ལས། (ཐེག་ཆེན་གྱི་བྱང་ཆུབ་བསྒྲུབས་པ་ལ་ཞུམ་པ་དགག་པ་ནི། ལྷ་ལ་སོགས་པའི་འགྲོ་བ་གཞན་ གྱིས་རྒྱུད་ལ་རྫོགས་པའི་བྱང་ཆུབ་འགྲུབ་པ་ཡིན་ཏེ་) གང་(གི་)ཕྱིར་(ཞེ་ན་)སེམས་ཅན་མི(འི་ལུས་ཐོབ་པ)ར་གྱུར་ པ་(རྣམས་ཀྱི་འགྱུར་པར་གསུངས་པའི་ཕྱིར)། །(དེ་ཡང་རེ་རེ་ཙམ་གྱི་ཐོབ་པར་བྱ་བ་མ་ཡིན་གྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ ཁམས་མཐའ་ཡས་པ་རྣམས་ནི་སེམས་ཅན་)ཚད་མེད་(པ་གྲངས་མེད་པ་དཔག་ཏུ་མེད་པས་ཐོབ་པའི་ཕྱིར་དང་དེ་ཡང་དུས་ རིང་པོ་ནས་འགའ་ཞིག་ཐོབ་པ་ཙམ་མ་ཡིན་གྱིས)སྐད་ཅིག་(མ་)རེ་རེ་ལ(འང་རྒྱུན་མ་ཆད་པར)། །རྫོགས་པའི་ བྱང་ཆུབ་ཐོབ་(པ་མཐའ་ཡས་པ་ཡོད་པ་)དེའི་ཕྱིར། །(བདག་ལྟ་བུས་བྱང་ཆུབ་ཐོབ་པར་མི་ནུས་སོ་སྙམ་དུ་)ཞུམ་པ་ དང་དུ་བླང་(བར་)མི་བྱ་(ཞིང་སྤྲོ་པའི་སྒོ་ནས་ཐེག་པ་ཆེན་པོ་ལ་མོས་པར་བྱའོ)། །ཞེས་གསུངས་པ་ལྟར། གློ་ བུར་གྱི་དྲི་མ་སྦྱངས་པའི་ཆེད་དུ་སེམས་ཅན་ལ་ཕན་པ་བསོད་ནམས་ཀྱི་ཚོགས་དང༌། མཚན་ ཡང་དག་པར་བརྗོད་པ་ལས། ཀུན་ཏུ་རྟོག་པ་ཐམས་ཅད་སྤང༌། །རྣམ་པར་མི་རྟོག་དབྱིངས་ མི་ཟད། །ཅེས་གསུངས་པ་ལྟར། མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་ཡེ་ཤེས་ཀྱི་ཚོགས་ བསགས་པ་ལས་མཐར་ཐུག་གི་འབྲས་བུ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་གྱུར་རོ། ། དེ་ནས་སྐྱབས་འགྲོ་བྱེད་ཚུལ་ནི། དེ་ལྟར་དད་པ་གསུམ་དང་ལྡན་པ་ཡིས། །དོན་ གཉིས་མཐའ་ཕྱིན་རྫོགས་པའི་སངས་རྒྱས་དང༌། །བདེན་གཉིས་ཟུང་འཇུག་ ཆགས་བྲལ་དམ་པའི་ཆོས། །ཡེ་ཤེས་གཉིས་ལྡན་འཕགས་པའི་དགེ་འདུན་ཏེ། ། ནམ་ཡང་བསླུ་བ་མེད་པ་སྐྱབས་ཀྱི་མཆོག །གསུམ་ལ་རྩེ་གཅིག་གུས་པས་བློ་ 3-1-277 གཏད་ནས། །སྐྱབས་སུ་སངོ་ན་སྲིད་པའི་འཇིགས་པ་ལས། །སྐྱོབས་ཤིང་ཞི་བའི་ གོ་འཕང་བླ་མེད་ཐབོ། །དེ་ཡང་སྐྱབས་སུ་འགྲོ་བའི་ཡུལ་ནི་རྒྱུད་བླ་མར། འདུས་མ་བྱས་ (པའི་ཡོན་ཏན་དང་)ཤིང་ལྷུན་གྱིས་གྲུབ་(པའི་ཡོན་ཏན་དང་)། །གཞན་གྱི་རྐྱེན་ཀྱིས་(ཇི་ལྟ་བ་བཞིན་དུ་) རྟོགས་(པ་)མིན་པ(འི་ཡོན་ཏན་དང་)། །མཁྱེན་(པའི་ཡོན་ཏན་)དང་བརྩེ་(བའི་ཡོན་ཏན་)དང་ནུས་པ(འི་ ཡོན་ཏན་དང་)ར་ལྡན་(པ་དང་)། །(དང་པོ་གསུམ་རང་དོན་གྱི་ཡོན་ཏན་དང་ཕྱི་མ་གསུམ་གཞན་དོན་གྱི་ཡོན་ཏན་དེ་) དོན་གཉིས་(དང་ལྡན་པའམ་ཡོན་ཏན་བརྒྱད་དང་)ལྡན་པའི་སངས་རྒྱས་ཉིད་(དོ)། །ཅེས་གསུངས་པ་ ལྟར། རང་དོན་མཐར་ཕྱིན་པ་དོན་དམ་ཆོས་ཀྱི་སྐུ་འདུས་མ་བྱས་ཤིང་གདོད་མ་ནས་ལྷུན་ གྱིས་གྲུབ་པ་སོ་སོ་རང་རིག་ཡེ་ཤེས་ཀྱིས་རྟོགས་ནས། གཞན་དོན་མཐར་ཕྱིན་པའི་ཡོན་ ཏན་གསུམ་ལྡན་གྱི་སངས་རྒྱས་དེ་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པར་མཁྱེན་ནས་དེ་མ་ རྟོགས་པ་རྣམས་ལ་ཐུགས་རྗེ་ཆེན་པོས་ལམ་བསྟན་ཏེ་འཁོར་བའི་སྡུག་བསྔལ་མཐའ་དག་ ལས་སྐྱོབས་པའི་ནུས་པ་དང་ལྡན་པ་རྫོགས་པའི་སངས་རྒྱས་དང༌། བསམ་(དུ་)མེད་(པའི་ཡོན་ ཏན་དང་)གཉིས་(སུ་)མེད་(པའི་ཡོན་ཏན་)རྟོག་(པ་)མེད་པ(འི་ཡོན་ཏན)། །དག་(པའི་ཡོན་ཏན་)གསལ་ (པའི་ཡོན་ཏན་)གཉེན་པོའི་ཕྱོགས་(སུ་གྱུར་པ་)ཉིད་ཀྱི་(ཡོན་ཏན)། །(འགོག་བདེན་)གང་ཞིག་(ལམ་བདེན་) གང་གིས་ཆགས་(པ་དང་)བྲལ་བ(ར་བྱས་པའི་རྣམ་བྱང་གི)། བདེན་(པ་)གཉིས་(ཀྱི་)མཚན་ཉིད་ཅན་ དེ་ཆོས་(དཀོན་མཆོག)། །ཞེས་གསུངས་པ་ལྟར། འཇིག་རྟེན་པའི་བློས་བསམ་གྱིས་མི་ཁྱབ་པ་ དང༌། ལས་དང་ཉོན་མོངས་པ་གཉིས་སུ་མེད་པ་དང༌། དེ་དག་གི་རྒྱུ་ཚུལ་མིན་ཡིད་ལ་བྱེད་ པའི་རྣམ་རྟོག་མེད་པ་སྟེ། ཡོན་ཏན་གསུམ་དང་ལྡན་པ་གང་ཞིག་འདོད་ཆགས་དང་བྲལ་བར་ གྱུར་པ་འགོག་པའི་བདེན་པ་དང༌། ཉོན་མོངས་པའི་དྲི་མ་རྣམ་པར་དག་པ་དང༌། (ཡེ་ཤེས་ཀྱི་ སྣང་བ་གསལ་བ་དང༌)དུག་གསུམ་གྱི་མུན་པ་འཇོམས་པའི་གཉེན་པོ་སྟེ་ཡོན་ཏན་གསུམ་དང་ལྡན་ པ་གང་ཞིག་འདོད་ཆགས་དང་བྲལ་བར་བྱེད་པ་ལམ་གྱི་བདེན་པ་སྟེ་བདེན་པ་གཉིས་ཟུང་ 3-1-278 དུ་འཇུག་པ་དམ་པའི་ཆོས་དང༌། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས་ པ་ལྟར་ཆོས་ཉིད་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མངོན་ སུམ་དུ་གཟིགས་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། དེ་སེམས་ཅན་ཐམས་ཅད་ལའང་ཁྱབ་ པར་ཡོད་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མངོན་གསུམ་དུ་གཟིགས་པ་ཇི་སྙེད་པ་མཁྱེན་ པའི་ཡེ་ཤེས་ཏེ། ཡེ་ཤེས་གཉིས་དང་ལྡན་པས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ ཚོགས་ཡོན་ཏན་ཕུན་ཚོགས་པ་མངའ་བ་ནི། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་ མཆོག་ཉིད། །ཅེས་གསུངས་པ་ལྟར་ནམ་ཡང་བསླུ་བ་མེད་པའི་སྐྱབས་གནས་མཆོག་ཏུ་གྱུར་ པ་ཡིན་པས་དེ་དག་ལ་བློ་རྩེ་གཅིག་ཏུ་གཏད་དེ་སྐྱབས་སུ་འགྲོ་བ་ལ་བརྩོན་པར་བྱའོ། །དེ་ ལྟར་ན་གནོད་པ་ཐམས་ཅད་ལས་སྐྱོབས་ཤིང་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་ཐོབ་པར་ འགྱུར་ཏེ། རྒྱན་ལས། (སངས་རྒྱས་ཆོས་ཅན་)ཉེ་བར་འཚེ་བ་ཐམས་ཅད་(ལས་སྐྱོབས་པ་ཡིན་ཏེ། ཁྱོད་ ཀྱིས་མཐུས་ལོང་བ་རྣམས་ཀྱིས་གཟུགས་མཐོང་བ་དང་འོན་པ་རྣམས་ཀྱིས་སྒྲ་ཐོས་པ་ཡིན་པའི་ཕྱིར་)དང༌། །(དེ་ཆོས་ཅན་) ཐབས་མ་ཡིན་(ལས་སྐྱོབས་སྟེ་མུ་སྟེགས་ཅན་གྱིས་ལྟ་བ་ལས་བཟློག་པའི་ཕྱིར་)དང་ངན་སོང་(ལས་སྐྱོབས་ཏེ་ཁྱོད་ ཀྱི་འོད་ཀྱིས་ངན་སོང་ལས་ཐར་བར་བྱེད་པའི་ཕྱིར་)དང༌། །(དེ་ཆོས་ཅན་)འཇིག་ཚོགས་(ལས་སྐྱོབས་ཏེ་ཐེག་དམན་དུ་ རིགས་ངེས་པ་ཉན་རང་གི་ཐེག་པ་གཉིས་ཀྱིས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱེད་པའི་ཕྱིར་)ཐེག་པ་དམན་པ་ལས། ། སྐྱོབས་པ་(སྟེ་མ་ངེས་པའི་རིགས་ཅན་ཐེག་ཆེན་ལ་འགོད་པ་ཡིན་པ་)དེའི་ཕྱིར་(ན་སྐྱབས་ཀྱི་)མཆོག་ཏུ་འདོད་( དོ)། །ཅེས་གསུངས་པ་ལྟར་རོ། ། སེམས་བསྐྱེད་ལ་བྱམས་པ་དང་སྙིང་རྗེ་བསྒོམ་པ་ནི། སེམས་ཅན་ཐམས་ཅད་ སངས་རྒྱས་སྙིང་པོ་ཅན། །ཡིན་ཡང་མ་རྟོགས་འཁོར་བར་འཁྱམས་པ་རྣམས། ། 3-1-279 ཡུན་རིང་ཕན་བཏགས་གྱུར་པའི་མ་ཡིན་པས། །དེ་རྣམས་ཀུན་ལ་བྱམས་དང་ སྙིང་རྗེ་བསྒོམ། །དེ་ཡང་རྒྱུད་བླ་མ་ལས། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་ པ་ཡི་གཏེར་ནི་ཡོད་གྱུར་ཀྱང༌། །མི་དེས་དེ་མ་ཤེས་ཤིང་གཏེར་དེ་ཡང༌། །དེ་ལ་ང་འདིར་ཡོད་ ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་བསལ་ མེད་ཆོས་ཉིད་ཀྱང༌། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་ འདིས་མྱོང་ངོ༌། །ཞེས་གསུངས་པ་ལྟར། དཔེར་ན་མི་དབུལ་པོའི་ཁྱིམ་འོག་ན་ཟད་མི་ཤེས་ པའི་གཏེར་ཡོད་ཀྱང་མ་ཤེས་ཀྱི་བར་ལ་དབུལ་ཞིང་ཕོངས་པའི་སྡུག་བསྔལ་མྱོང་བ་བཞིན་ དུ་སེམས་ཅན་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་གདོད་མ་ནས་རང་བཞིན་ གྱིས་རྣམ་པར་དག་ཅིང་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡོད་ཀྱང་དེ་མ་རྟོགས་ཀྱི་བར་ལ་ ཁམས་གསུམ་འཁོར་བར་སྡུག་བསྔལ་སྣ་ཚོགས་ལ་ལོངས་སྤྱོད་པ་རྣམས་ནི། བཤེས་སྤྲིངས་ ལས། (ཡང་དང་ཡང་དུ་འཁོར་བ་ཉིང་མཚམས་སྦྱར་བའི་ཉེས་པ་ནི་སེམས་ཅན་རེ་རེ་ལའང་སྔར་བདག་གི་མར་གྱུར་པ་དང་) མ་ཡི་(མར་གྱུར་པ་སོགས་གྲངས་ཀྱིས་)ཐུག་(པའི་)མཐའི་རྒྱ་ཤུག་(གི་)ཚི་གུ་ཙམ་(གྱི)། །རི་ལུར་བྱས་ (ནས་བགྲངས་)ཀྱང་ས་ཡིས་ལང་(བར་)མི་འགྱུར། །(དེ་གྲངས་ཀྱིས་བགྲངས་པར་མི་ནུས་པའི་ཕྱིར། འདིར་གཅིག་ གི་མ་བྱས་པའི་གྲངས་ལ་སྦྱོར་བ་ནི་མདོར་མཐུན་ཏེ། མདོ་ལས་དགེ་སློང་དག དཔེར་ན་སྐྱེས་བུ་ཞིག་གིས་ས་ཆེན་པོ་འདི་ལ་རྒྱ་ ཤུག་གི་ཚི་གུ་ཙམ་གྱིས་རི་ལུ་ཐོགས་ཏེ་འདི་ནི་བདག་གི་མའོ་འདི་ནི་བདག་གི་མ་དེའི་མའོ་ཞེས་འདོར་བར་བྱེད་ན་དགེ་སློང་དག་ ས་ཆེན་པོ་འདིའི་འཇིམ་པ་ནི་སྔར་ཆེས་ཟད་པར་འགྱུར་གྱི་མི་རྣམས་ཀྱི་མའི་རྒྱུད་ནི་དེ་ལྟར་མ་ཡིན་པར་ང་སྨྲའོ། །ཞེས་གསུངས་ པ་ལྟར་རང་གི་རྩ་བའི་མ་དང་དེའི་མ་སོགས་ཀྱི་ཐུག་མཐའ་ལ་སྦྱོར་བ་རོང་སྟོན་ཆོས་རྗེས་བཞེད་)ཞེས་གསུངས་པ་ལྟར། འཁོར་བ་ཐོག་མེད་ནས་ད་ལྟའི་བར་དུ་དྲིན་ཅན་གྱི་མར་གྱུར་པའི་སྒོ་ནས་ཕན་པ་འབའ་ཞིག་ བསྒྲུབ་པ་ཡིན་པས་དེ་རྣམས་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་འདོད་པའི་ བྱམས་པ་དང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་ 3-1-280 བསྒོམ་པར་བྱ་སྟེ། རྒྱན་ལས། (རྩ་བ་)སྙིང་རྗེའི་(དེ་ལ་)འཆུ་བ་(ནི་)བྱམས་པ་སྟེ་(དེས་དེ་རྒྱས་པར་ བྱེད་པའི་ཕྱིར)། །(བྱམས་པ་དང་ལྡན་པ་)དེ་(གཞན་)སྡུག་བསྔལ་ན་(སྙིང་རྗེའི་སྒོ་ནས་གཞན་དོན་བྱེད་པ་ལ་ཞུགས་ པ་དེ་ལ་གཞན་དོན་གྱིས་)བདེ་བ་(སྐྱེ་བ་)ཡིས། །(སྡོང་བུ་ཡལ་ག་ལྟ་བུའི་)ཡངས་(ཤིང་)རྒྱས་(པར་འགྱུར་བ་དང་) ཚུལ་བཞིན་ཡིད་(ལ་)བྱེད་པའི། །(སེམས་པ་)ཡལ་ག་(ལྟ་བུ་)རྒྱ་ཆེར་འཕེལ་བ(ར་འགྱུར་བ)་དང༌། ། ཞེས་པ་ལ་སོགས་པ་དང༌། (སྙིང་རྗེའི་ཕན་ཡོན་ནི་)སྙིང་རྗེ་ཆེན་པོ་ཡོན་ཏན་འབྱུང་གནས་ཀྱི་(བྱང་ ཆུབ་སེམས་དཔའ་ཆེན་པོ)། །སེམས་ཅན་རྣམས་ལ་སྙིང་རྗེ་སུ་མི་བྱེད་(དེ་བྱེད་རིགས་ཏེ)། །འདི་ལྟར་(སྙིང་ རྗེ་ཅན་གྱིས་བྱང་སེམས་)དེ་དག་ལ་ནི་སྡུག་བསྔལ་(མི་བཟོད་པས་གདུང་)ཡང༌། །བརྩེས་(བ་ཆེན་པོ་)བསྐྱེད་ (པའི)བདེ་བ་གཞལ་དུ་མེད་པ་འབྱུང་(བའི་ཕྱིར)། །ཞེས་གསུངས་པ་ལྟར་རོ། ། དེ་བདག་གཞན་མཉམ་པ་དང་བརྗེ་བ་བསྒོམ་པ་ནི། རང་གཞན་བདེ་སྡུག་བླང་དོར་ མཚུངས་པ་ལས། །ཐོག་མར་བདག་གཞན་མཉམ་པའི་བྱང་ཆུབ་སེམས། །བསྒོམ་ ཞིང་ཕྱི་ནས་བདག་བས་གཞན་གཅེས་ཀྱི། །བྱང་ཆུབ་སེམས་མཆོག་བསྐྱེད་ལ་ འབད་འཚལ་ལོ། །དེ་ལ་སེམས་བསྐྱེད་ཀྱི་ངོ་བོ་ནི། མངོན་པར་རྟོགས་པའི་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་ པ་ལྟར་ཡིན། དེའི་ཁྱད་པར་ཡང༌། སྤྱོད་འཇུག་ལས། དང་པོ་(སྟེ་ཐོག་མ་)ཉིད་དུ་འབད་(པ་སྟེ་ མངོན་ཞེན་ཆེན་པོས་)དེ་བསྒོམ་(པར་བྱས་ལ་ཕྱི་ནས་རྗེ་བ་ཡང་ངོ་)། །བདག་དང་གཞན་དུ་མཉམ་པ་ནི་( བདག་གཞན་མ་བརྗེ་ན་བདག་ཏུ་འཛིན་པར་འགྱུར་བས་དེ་བཟློག་པའི་ཆེད་དུ)། །(བདག་ལ་བདེ་བ་ཕན་པ་ལྟར་གཞན་ ལའང་)བདེ་(བས་ཕན་པ་)དང་(བདག་ལ་སྡུག་བསྔལ་གྱིས་གནོད་པ་ལྟར་གཞན་ལའང་)སྡུག་བསྔལ་(ཀྱིས་གནོད་ པར་)མཉམ་པས་ན། །(བདག་དུ་ཁཿདང་དུ་ཁའིཿརྒྱུ་ལས་འབྱིན་པ་བཞིན་གཞན་ཡང་འབྱིན་བདག་ལ་བདེ་བ་སྒྲུབ་པ་ བཞིན་དུ་གཞན་ལའང་བསྒྲུབ་པའི་སྒོ་ནས་སེམས་ཅན་)ཐམས་ཅད་བདག་བཞིན་བསྲུང་བར་བྱ(འོ)། །ཞེས་ མདོར་བསྟན་ནས། (བདག་གཅིག་པུ་བདེ་བའི་དོན་དུ་འབད་ཀྱི་གཞན་གྱི་དོན་དུ་འབད་པས་ཅི་ཞིག་བྱ་སྙམ་ན་)གང་ 3-1-281 (གི་)ཚེ་བདག་དང་གཞན་གཉིས་ག །བདེ་བ་འདོད་དུ་མཚུངས་པ་ལ། །བདག་དང་(གཞན་གཉིས་ གའི་བདེ་བ་བསྒྲུབ་དགོས་པར་)ཁྱད་པར་ཅི་ཡོད་ན་(སྟེ་མེད་ལ་རྒྱུ་མཚན)། །གང་ཕྱིར་བདག་(ཉིད་)གཅིག་ (པུ་)བདེ་བར་(བསྒྲུབ་)བརྩོན་(ལ་གཞན་ལ་མ་ཡིན་པའི་ཁྱད་པར་འགལ་ལོ)། །ཞེས་གསུངས་པ་ལྟར། བདག་གཞན་ཐམས་ཅད་ཀྱང་བདེ་བ་འདོད་པར་མཚུངས་པས་བདག་གི་བདེ་བ་བསྒྲུབ་པ་ ལ་འབད་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བདེ་བ་བསྒྲུབ་པ་ལ་ཡང་བརྩོན་པར་བྱ་བ་ དང༌། གང་ཚེ་བདག་དང་གཞན་གཉིས་ག །སྡུག་བསྔལ་མི་འདོད་མཚུངས་པ་ལ། །བདག་ དང་(གཞན་འཇིགས་པ་དང་སྡུག་བསྔལ་བསྲུང་དགོས་པར་)ཁྱད་པར་ཅི་ཡོད་(དེ་ཅུང་ཟད་ཀྱང་མེད)ན། །(རྒྱུ་མཚན་) གང་(གི་)ཕྱིར་གཞན་(གྱི་སྡུག་བསྔལ་བསྲུང་བྱ་)མིན་(ལ་)བདག་(གཅིག་པུ་སྡུག་བསྔལ་ལས་) བསྲུང་(པར་)བྱེད་(དེ་བྱེད་མི་རིགས་སོ)། །ཅེས་པ་ལྟར་བདག་གཞན་ཐམས་ཅད་ཀྱང་སྡུལ་བསྔལ་མི་འདོད་ པར་མཚུངས་པས་བདག་གིས་གཞན་གྱི་སྡུག་བསྔལ་བསྲུང་བ་ལ་ཡང་(སྟེ་མཆོག་ཏུ་)བརྩོན་ པར་བྱས་ཏེ། ཐོག་མར་བདག་གཞན་མཉམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །དེ་ནས་ བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། (ལུས་ངག་གིས་ཕན་གནོད་དུ་མ་ཟད། སེམས་ཀྱིས་ ཕན་གནོད་བྱེད་པའང་སྐྱོན་ཡོན་ཆེ་བར་བསྟན་པ་ནི་)བདག་ཉིད་(ལང་ཚོ་དང་གཟུགས་དང་ནོར་ལ་སོགས་པའི་སྒོ་ནས་ གཞན་པས་)མཐོ་བར་(ཏེ་མཆོག་ཏུ་)འདོད་པ(འི་མངོན་པའི་ང་རྒྱལ་)དེས། །(ཕྱི་མར་)ངན་འགྲོ་(དང་འགྲོ་ རིགས་)ངན་(པ་)དང་(བླང་དོར་མི་ཤིས་པའི་)གླེན་པར་འགྱུར་(རོ)། །(ཕུན་སུམ་ཚོགས་པས་མཐོ་བར་འདོད་པ་) དེ་ཉིད་(གང་ཟག་)གཞན་ལ་སྤོ་(པར་)བྱས་ན། །(སྔ་མ་ལས་བཟློག་ནས་)བདེ་འགྲོ(ར་སྐྱེས་ཏེ་གཞན་གྱི་དམ་ པར་བྱེད་པའི)་རིམ་འགྲོ་ཐོབ་པར་འགྱུར་(རོ)། །ཞེས་པ་དང༌། (ཐོབ་འདོད་ཀྱི་སྐྱོན་ཡོན་བསྟན་པ་ནི་མདོར་ན་) འཇིག་རྟེན་(ན་)བདེ་བ་(གང་)ཇི་སྙེད་(ཅིག་ཡོད་)པ། །དེ་ཀུན་(ཏེ་ཐམས་ཅད་)གཞན་བདེ་(བ་)འདོད་ (པ་)ལས་བྱུང་ཞིང༌། །འཇིག་རྟེན་(ན་)སྡུག་བསྔལ་(གང་)ཇི་སྙེད་(གཅིག་ཡོད་)པ། །དེ་ཀུན་བདག་ བདེ་(བ་)འདོད་(ནས་བྱ་བ་མི་ཡིན་པ་ལ་ཞུགས་པ་)ལས་བྱུང་། །ཞེས་པ་ལ་སོགས་པའི་ཁྱད་པར་ཤེས་ 3-1-282 པའི་སྒོ་ནས། (བདག་གཞན་བརྗེ་བ་སངས་རྒྱས་ཀྱི་ལམ་ཡིན་ཡང་འཁོར་བ་བའི་བདེ་བར་བསྒྲུབ་པ་ལ་མི་དགོས་སོ་ཞེ་ན་) བདག་(གི་)བདེ་(བ་དང་)གཞན་གྱི་སྡུག་བསྔལ་དག །(བདག་གི་བདེ་བ་གཞན་ལ་གཏོང་པ་དང་གཞན་གྱི་ སྡུག་བསྔལ་རང་གིས་ལེན་པའི་ཚུལ་གྱིས་)ཡང་དག་(པར་)བརྗེ་བ(ར་)མ་བྱས་ན། །སངས་རྒྱས་ཉིད་དུ་མི་ གྲུབ་ཅིང་(དེར་མ་ཟད)། །འཁོར་བ་ན་ཡང་(ལྷ་མིའི་)བདེ་བ་(ག་ལ་ཡོད་དེ་)མེད་(དོ)། །ཅེས་གསུངས་ པ་ལྟར། ཁམས་གསུམ་འཁོར་བའི་སྡུག་བསྔལ་སྤངས་ནས། རྫོགས་པའི་སངས་རྒྱས་ཀྱི་ གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་བདག་བས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་ ཁྱད་པར་ཅན་བསྒོམ་པར་བྱ་སྟེ། དེ་ལྟར་(བདག་འཛིན་ནི་རང་གཞན་ཐམས་ཅད་ཀྱི་སྡུག་བསྔལ་སྐྱེད་བྱེད་ཡིན་ པ། གཉེན་པོའི་ཡིད་བསྟན་པར་བྱ་བའི་ཕྱིར་ན་བདག་འཛིན་གྱི་)བདག་(གི་)གནོད་(པ་སྟེ་དུ་ཁ་) ཞི་བ(ར་བྱ་བའི་དོན་)་དང༌། །གཞན་གྱི་སྡུག་བསྔལ་ཞི་(བར་)བྱ་(བ)འི་ཕྱིར། །(གང་ལ་བདག་ཏུ་བཟུང་བའི་རྟེན་)བདག་གི་ གཞན་ལ་བཏང་(པར་)བྱ་(བ་)དང༌། །(དེས་བདག་འཛིན་ལྡོག་པ་བསོད་ནམས་ཀྱི་ཚོགས་སོ། །དུས་ཐོག་མེད་ནས་ སེམས་ཅན་ལ་གནོད་པའི་སྡིག་པའང་འཛད་དེ། སེམས་ཅན་རྣམས་བདག་བཞིན་དུ་བདག་གོ་སྙམ་དུ་བཟུང་ལ་སྔར་བདག་རྙིང་ པ་ལ་ངལ་འབད་ཀྱི་སྒོ་ནས་ཕན་བདེ་བསྒྲུབ་པ་བཞིན་དུ་བསྒྲུབ་སྔར་གཞན་ལ་ཇི་ལྟར་བྱས་པ་བཞིན་དུ་བདག་རྙིང་པ་ལ་བྱའོ། ། འོ་ན་སྔར་བདག་མེད་ལ་བདག་ཏུ་འཛིན་པ་འཁྲུལ་བ་བཞིན་དུ། གཞན་ལའང་བདག་ཏུ་འཛིན་པའང་འཁྲུལ་བས་རྗེས་ཀྱང་ འབྲས་བུ་ལ་ཁྱད་མེད་དོ་སྙམ་ནས་འཁྲུལ་བ་ཁྱད་པར་མེད་ཀྱང་འབྲས་བུ་ལ་ཁྱད་པར་མེད་པ་མི་འགལ་ཏེ། ཐོ་ཡོར་ལ་དགྲར་ ཤེས་པའི་སྐྲག་འཇིགས་གཉེན་དུ་ཤེས་པས་སེལ་ནུས་པ་བཞིན་ནོ་)གཞན་རྣམས་བདག་བཞིན་བསྲུང་པར་བྱ། ། ཞེས་པ་ལྟར། བདག་གི་ལུས་དང་ལོངས་སྤྱོད་ལ་སོགས་པ་ཕུན་སུམ་ཚོགས་པའི་ཁྱད་པར་ ཐམས་ཅད་དྲིན་ཅན་གྱི་མར་གྱུར་པའི་སེམས་ཅན་ཐམས་ཅད་ལ་ལྟོས་པ་མེད་པར་བཏང་ པར་བྱ་ཞིང་གཞན་གྱི་སྡིག་པ་དང་སྡུག་བསྔལ་ལ་སོགས་པ་མི་འདོད་པའི་ཁྱད་པར་ཐམས་ ཅད་བདག་ཉིད་ཀྱིས་བླངས་ཏེ་སྦྱོང་བ་ལ་འབད་པར་བྱའོ། ། གཉིས་གའི་དོན་བསྡུ་བ་ན། སྐྱབས་འགྲོའི་དོན་ནི་འཁོར་བའི་སྡུག་བསྔལ་གྱི། ། 3-1-283 འཇིགས་པས་ཉེན་ནས་མཆོག་ལ་བློ་གཏདོ་པ། །སེམས་བསྐྱེད་དོན་ཡང་དགེ་ བ་གང་ཡིན་རྣམས། །སེམས་ཅན་ཀུན་གྱི་དོན་དུ་བྱེད་པའོ། །རང་གཞན་ཐམས་ ཅད་འཁོར་བའི་སྡུག་བསྔལ་གྱི་འཇིགས་པས་སྐྲག་ནས། ཡུལ་དམ་པ་དཀོན་མཆོག་རིན་པོ་ ཆེ་གསུམ་ལ་དུས་འདི་ནས་བྱང་ཆུབ་ཆེན་པོ་མ་ཐོབ་ཀྱི་བར་དུ་བློ་གཏོད་ཅིང་སྐྱབས་གནས་ སུ་ཁས་ལེན་པ་ནི་སྐྱབས་འགྲོའི་དོན་ཡིན་ཞིང༌། དགེ་བའི་བྱ་བ་གང་ཡིན་པ་ཐམས་ཅད་ སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱེད་པ་ནི་སེམས་བསྐྱེད་ཀྱི་དོན་ཡིན་ལ། ཐེག་ཆེན་པའི་ ལུགས་ལ་དེ་དག་ཀྱང་དོན་གཅིག་པར་གསུངས་ཏེ། ཇི་སྐད་དུ། རྒྱན་ལས། འདི་ནི་དེ་དངོས་ འདོད་པས་ཁས་ལེ༷ན་དེ་ཡང་སྙིང་རྗེ་ལས་རིག་བྱ༷། །དེ་ལས་རྣམ་པ་ཀུན་མཁྱེ༷ན་ཕན་དང་ བདེ་བྱེད་དཀའ་ལ་སྐྱོ་བ་མེད། །ངེས་པར་འབྱུང་ལ་ཐེག་པ་ཀུན་གྱིས་རྟོན་པའི་ཡོན་ཏན་རྟག་ ཏུ་ལྡ༷ན། །བརྡ་བཏ༷གས་ཆོས་ཉིད་ཐོ༷བ་པ་བློ་ལྡན་རྣམས་ཀྱིས་སྐྱབས་འགྲོ་འདི་མཆོག་ཉིད། ། ཅེས་པས་སྐྱབས་གནས་མཐར་ཐུག་སངས་རྒྱས་ཉིད་ཐོབ་པར་འདོད་པས་དེའི་ལམ་བསྒྲུབ་ པར་ཁས་ལེན་པ་ངོ་བོའི་དོན་དང་དེ་ཡང་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ ཆེན་པོ་ལས་བྱུང་བ་རྒྱུའི་དོན་དང༌། དེ་ལས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་ སངས་རྒྱས་ཉིད་ཐོབ་པ་འབྲས་བུའི་དོན་དང༌། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་ བ་བྱེད་པའི་དཀའ་སྤྱད་ལ་སྐྱོ་བ་མེད་པ་ལས་ཀྱི་དོན་དང༌། ངེས་པར་འབྱུང་བར་བྱ་བ་ལ་ ཐེག་པ་ཐམས་ཅད་དང་མཐུན་པར་ཚོགས་གཉིས་ཀྱི་ཉེ་བར་རྟོན་པའི་ཡོན་ཏན་རྣམས་ལྡན་ པའི་དོན་དང༌། རགས་པ་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་དང༌། ཕྲ་བ་དོན་དམ་ཆོས་ ཉིད་གྱིས་ཐོབ་པ་ལ་སོགས་པར་འབྱེད་པ་འཇུག་པའི་དོན་ཏེ། དོན་དྲུག་གི་སྒོ་ནས་མཆོག་ཏུ་ བསྟན་པས་སོ། །དེ་བས་ན་སྦྱིན་པ་ལ་སོགས་པའི་དགེ་བ་ལ་འཇུག་པ་ཐམས་ཅད་ཀྱི་སྔོན་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་པར་དུ་བདག་ནི་སྐྱབས་སུ་མཆི། ། 3-1-284 བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་ པར་ཤོག །ཅེས་ཀྱང་བརྗོད་པར་བྱའོ། ། དངོས་གཞི་ཚོགས་གཉིས་ཟུང་འཇུག་ལའང༌། ཕྱིན་དྲུག་ལ་བརྟེན་ནས་ཚོགས་གཉིས་ བསྒྲུབ་ཚུལ་ནི། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་སྔོན་འགྲོ་བས། །དངོས་གཞི་ སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང༌། །བརྩོན་འགྲུབ་བསམ་གཏན་ཤེས་རབ་ཕ་ རོལ་ཕྱིན། །ཚོགས་གཉིས་ཟུང་འཇུག་བསྒྲུབ་ལ་འབད་འཚལ་ལོ། །ཇི་སྐད་དུ། རྒྱན་ ལས། (ཚེ་འདིར་ལན་དང་ཕྱི་མར་རྣམ་སྨིན་ལ་)རེ་བ་མེད་པའི་སྦྱིན་པ་དང༌། །ཡང་སྲིད་(སྐྱེ་བ་ཕྱི་མ་ལྷ་མི་ལ་ སོགས་པའི་ལུས་ལེན་པར་)མི་འདོད་(པའི་)ཚུལ་ཁྲིམས་དང༌། །(གཞན་གྱི་གནོད་པ་དང་ལམ་བསྒྲུབ་པའི་དཀའ་ སྤྱད་ཀྱི་སྡུག་བསྔལ་)ཐམས་ཅད་ལ་ནི་(ཅི་མི་སྙམ་པའི་)བཟོད་པ་དང༌། །(འཇིག་རྟེན་དང་འཇིག་རྟེན་ལས་འདས་ པའི་)ཡོན་ཏན་ཀུན་འབྱུང་(བའི་)བརྩོན་འགྲུས་དང༌། །དེ་བཞིན་(དུ་ཡོན་ཏན་ཀུན་འབྱུང་བའི་)བསམ་ གཏན་(གཟུགས་ཅན་དང་)གཟུགས་མེད་(པའི་ཏིང་ངེ་འཛིན་)མིན་(པ་དང་)། །ཤེས་རབ་(ནི་)ཐབས་ (སྙིང་རྗེ་ཆེན་པོས་གཞན་དོན་བྱེད་པ་)དང་ལྡན་པ་སྟེ། །ཕ་རོལ་ཕྱིན་པ་དྲུག་པོ་(དེ་དག་)ལ། །བརྟན་པ་ (བྱང་ཆུབ་སེམས་དཔའ་)རྣམས་ཀྱི་ཡང་དག་(པར་)སྦྱོར་(པའི་ཡོན་ཏན་དང་ལྡན་པའོ)། །ཞེས་གསུངས་པ་ ལྟར། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་སྦྱོར་པའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ ཀྱི་ཚོགས་གཉིས་ལ་འབད་པར་བྱའོ། ། ཕྱིན་དྲུག་གི་ངོ་བོ་རྒྱས་པར་བཤད་པ་ནི། ཆོས་དོན་གཉེར་ལ་ལེགས་བཤད་སྦྱིན་ པ་དང༌། །གང་ལ་ཅི་འདོད་ཟང་ཟིང་སྦྱིན་པ་དང༌། །སྣ་ཚོགས་འཇིགས་པ་རྣམས་ ལས་སྐྱོབས་པ་སྟེ། །སྦྱིན་པ་རྣམ་གསུམ་རྟག་ཏུ་བསྟེན་ན་ལེགས། །ཞེས་པ་ལྟར་ བསྒྲུབ་ཅིང༌། རྒྱན་ལས་ཀྱང༌། བྱང་ཆུབ་སེམས་དཔའི་(སྦྱིན་པ་གསུམ་གྱིས་སེམས་ཅན་ཡོངས་སུ་སྨིན་པར་ བྱེད་དེ། རང་གི་)ལུས་དང་ལོངས་སྤྱོད་དག །གཞན་ལ་མི་སྦྱིན་པ་ནི་ཡོངས་(སུ་)མེད་(པའི་ཕྱིར་)དེ། ། 3-1-285 (ཇི་ལྟར་སྨིན་པར་བྱེད་ཅེ་ན་འདི་ཕྱིའི་)ཕན་འདོགས་རྣམ་པ་གཉིས་ཀྱིས་གཞན་སྨིན་(པར་)བྱེད་(དེ)། ། (ཕངས་མེད་པར་འདོད་པ་ཡོངས་སུ་རྫོགས་པར་བྱེད་པ་དང་སྦྱིན་པས་བསྡུས་ནས་དགེ་བ་ལ་སྦྱོར་བའི་ཕྱིར་དང༌། ཉེ་རིང་མེད་ པར་)མཉམ་པར་སྦྱིན་པ་(དང་སྦྱིན་པ)འི་ཡོན་ཏན་(གྱིས་)ངོམས་(པར་)མི་འགྱུར་(བའི་ཕྱིར)། །ཞེས་ གསུངས་པ་ལྟར། བྱང་ཆུབ་སེམས་དཔའི་ལུས་དང་ལོངས་སྤྱོད་ཐམས་ཅད་ཕྱོགས་མི་འབྱེད་ པར་གཞན་ལ་གཏོང་བས་ངོམས་པ་མེད་པར་བྱས་ཏེ། འཕྲལ་དུ་འདོད་པ་ཡོངས་སུ་རྫོགས་ པ་དང༌། ཕུགས་སུ་དགེ་བ་ལ་སྦྱོར་བའི་སྒོ་ནས་ཕན་འདོགས་པ་ལ་ཡང་བསླབ་པར་བྱའོ། ། མི་དགེ་གང་ཡིན་མཐའ་དག་སྤོང་བ་དང༌། །སྒོ་གསུམ་དགེ་བའི་ལས་ལ་ སྦྱོར་བ་དང༌། །དེ་དག་གཞན་ལ་ཕན་ཕྱིར་བསྒྲུབ་པ་སྟེ། །ཚུལ་ཁྲིམས་རྣམ་པ་ གསུམ་ཡང་རྟག་ཏུ་བསྲུང༌། །ཞེས་པ་ལྟར་བསྒྲུབ་ཅིང༌། དེ་བཞིན་དུ། (བྱང་ཆུབ་སེམས་དཔའི་ ཚུལ་ཁྲིམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ་)རྟག་པར་རང་བཞིན་(དུ་རང་བཞིན་གྱིས་གོམས་པའི་དབང་ གིས་སྡིག་པ་མི་བྱེད་པ་དང་)ལྷག་པར་འཚེ་བ་མེད(པ་ཡོངས་སུ་རྫོགས་པ་དང་)། །(ཚུལ་ཁྲིམས་ཀྱི་ཡོན་ཏན་རྟོགས་ ནས་དེ་ལ་)བདག་དགའ་(བ་དང་བླང་དོར་ལ་)བག་ཡོད་(པ་སྟེ་ཚུལ་ཁྲིམས་ལྔ་པོ་)འདི་ལ་གཞན་འགོད་(པའི་) ཕྱིར(དང་)། །(དེས་འདི་ཕྱིའི་)ཕན་(པ་)རྣམས་(པ་)གཉིས་(ཡོངས་སུ་)རྫོགས་(པའི་སྒོ་ནས་སེམས་ཅན་རྣམས་) རྣམ་པར་སྨིན་པ(ར་བྱེད་པའི་ཕྱིར་)དང༌། །(ཚེ་ཕྱི་མ་ལ་ཕན་འདོགས་ཏེ་རྣམ་སྨིན་དང་)རྒྱུ་མཐུན་(པའི་)ཡོན་ ཏན་བརྒྱུད་པས་གཞན་སྨིན་(པར་)བྱེད་(པའི་ཕྱིར)། །ཅེས་གསུངས་པ་ལྟར། རྟག་ཏུ་རྒྱུན་མི་ཆད་ པར་རང་བཞིན་གྱིས་གོམས་པའི་ཚུལ་ཁྲིམས་ལྷག་པར་འཚེ་བ་མེད་པ་དེ་ཉིད། བདག་ཉིད་ དགའ་བའི་ངང་ནས་བག་ཡོད་པས་བསྲུང་ཞིང༌། གཞན་རྣམས་ཀྱང་དངོས་སུ་ཚུལ་ཁྲིམས་ རྣམ་དག་ལ་འགོད་པ་དང༌། བརྒྱུད་ནས་རྣམ་པར་སྨིན་པའི་འབྲས་བུ་བདེ་འགྲོར་སྐྱེ་བ་དང༌། རྒྱུ་མཐུན་པའི་འབྲས་བུ་ཚུལ་ཁྲིམས་རྒྱུན་དུ་བསྲུང་བ་ལ་འགོད་པའི་སྒོ་ནས་ཕན་འདོགས་པ་ ལ་ཡང་བསླབ་པར་བྱའོ། ། 3-1-286 གནོད་བྱེད་རྣམས་ལ་སྙིང་རྗེ་བསྐྱེད་པ་དང༌། །ཆོས་ཀྱི་དཀའ་སྤྱད་དང་དུ་ ལེན་པ་དང༌། །ཆོས་ཉིད་ཟབ་མོའི་དོན་ལ་མི་སྐྲག་པའི། །བཟོད་པ་རྣམ་པ་གསུམ་ ཡང་བསྒོམ་འཚལ་ལོ། །ཞེས་པ་ལྟར་བསྒྲུབ་ཅིང༌། དེ་བཞིན་དུ། (བྱང་ཆུབ་སེམས་དཔའི་བཟོད་ པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ་)གཞན་གནོད་(པ་)བྱེད་(པ་)ལ་ཕན་(པར་)བྱེད་(པའི་)བློ་(དང་) ལྡན་པ(ས)། །གནོད་བྱེད་དྲག་པོ་(སྟེ་ཤིན་ཏུ་གདུང་བ་)དག་ཀྱང་རབ་ཏུ་བཟོད་(ལ)། །(བཟོད་པ་སྒོམ་ པའི་)ཐབས་རིག་(ནས་)གནོད་པ་(ལ་)བཟོད་པ་དེ་དག་གིས། །གནོད་བྱེད་(རྣམས་དད་པར་བྱས་ནས་) དགེ་བ་ཡང་དག་ལེན་དུ་འཇུག(པས་ཚེ་འདི་ཕྱི་གཉིས་ག་ལ་ཕན་འདོགས་པའི་ཕྱིར་)། ཅེས་གསུངས་པ་ ལྟར། གཞན་དག་བདག་ལ་གནོད་པ་སྣ་ཚོགས་བྱེད་པ་རྣམས་ནི་བྱང་ཆུབ་ཀྱི་སྤྱོད་པ་བཟོད་ པ་འགྲུབ་པའི་རྒྱུ་ཡིན་པས་ཕན་འདོགས་པའོ་སྙམ་དུ་ཤེས་པས་གནོད་པ་དྲག་པོ་དག་ཀྱང་ བཟོད་པར་བྱེད་ཅིང༌། དངོས་སུ་གནོད་པ་ལ་ནི་ལན་མི་བྱེད་པས་ཕན་འདོགས་པ་དང༌། བརྒྱུད་ནས་གནོད་བྱེད་རྣམས་དད་པར་བྱས་ཏེ། དགེ་བ་ཡང་དག་པར་ལེན་དུ་འཇུག་པའི་སྒོ་ ནས་ཕན་འདོགས་པ་ལ་བསླབ་པར་བྱའོ། ། རྒྱ་ཆེན་ཆོས་ལ་གོ་ཆ་ཆེར་བསྐྱེད་དེ། །དེ་བཞིན་སྦྱོར་བ་ཡིས་ཀྱང་བསྒྲུབ་ པ་དང༌། །མ་ཞུམ་མི་འཁྲུགས་ཆོག་མི་ཤེས་པ་ཡིས། །དགེ་ལ་ཡང་དག་སྤྲོ་བའི་ བརྩོན་འགྲུས་བརྩམས། །ཞེས་གསུངས་པ་ལྟར་བསྒྲུབ་ཅིང༌། དེ་བཞིན་དུ། རྒྱལ་སྲས་ བརྩོན་འགྲུས་མཆོག་ལ་བརྟེན་པ་དེ་(ཆོས་ཅན)། །(གཞན་དོན་དུ་བརྩོན་འགྲུས་ལ་མི་སྐྱོ་བ་ཡིན་ཏེ་)སེམས་ ཅན་(གྱི་)ཚོགས་རབ་(ཏུ་)སྨིན་པར་བྱེད་པ(འི་ཚེ)་ན། །ཕ་རོལ་(པོའི་)སེམས་དགེ་(བ་)གཅིག་ གི་ཕྱིར་ཡང་ནི། །བསྐལ་པ་བྱེ་(བ་)སྟོང་དུའང་སྐྱོ་(བར་)མི་འགྱུར་(པའི་ཕྱིར)། །ཞེས་གསུངས་ པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་མང་པོ་ལ་ཡུན་ཐུང་ངུས་ཕན་ཐོགས་ པ་ལ་སྤྲོ་བས་འཇུག་པ་ལྟ་ཅི་སྨོས། སེམས་ཅན་གཅིག་གི་རྒྱུད་ལ་དགེ་བ་སྣ་གཅིག་བསྐྱེད་ 3-1-287 པའི་ཆེད་དུའང་ཡུན་རིང་པོ་བསྐལ་པ་བྱེ་བ་སྟོང་ཕྲག་ཏུ་མི་སྐྱོ་བར་བརྩོན་པས་འཇུག་ཅིང༌། དངོས་སུ་དགེ་བ་ལ་སྦྱོར་བས་ཕན་པ་དང༌། བརྒྱུད་ནས་དགེ་བའི་འབྲས་བུ་ཕུན་ཚོགས་པ་ལ་ སྦྱོར་བའི་སྒོ་ནས་ཕན་འདོགས་ལ་ཡང་བསླབ་པར་བྱའོ། ། མཐོང་ཆོས་ཚེ་འདིར་དགེ་བར་གནས་པ་དང༌། །ཡོན་ཏན་ཁྱད་འཕགས་ རིམ་གྱིས་འགྲུབ་པ་དང༌། །མངོན་ཤེས་ལ་བརྟེན་གཞན་དོན་ནུས་པ་ཡི། །བསམ་ གཏན་གསུམ་ལའང་རིམ་གྱིས་མཉམ་པར་བཞག །ཅེས་གསུངས་པ་ལྟར་བསྒྲུབ་ ཅིང༌། དེ་བཞིན་དུ། (བྱང་ཆུབ་སེམས་དཔའི་བསམ་གཏན་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ་དམིགས་པ་ ལས་མི་གཡེང་བའི་)ཡིད་ཀྱི་དབང་ནི་བླ་ན་མེད་(པ་)ཐོབ་ནས། །གཞན་གྱི་མཆོད་(པ་དང་)འདོད་(པ་ བརྙེན་བཀུར་)ཐམས་ཅད་ངེས་(པར་)བཅོམ་(པ་དང་)སྟེ། །མཆོག་གི་(སྟེ་སངས་རྒྱས་ཀྱིས་)བསྟན་(པ་) ལ་(གདུལ་བྱ་)གཞན་དག་(སྐུ་གསུང་ཐུགས་ཀྱིས་རྫུ་འཕྲུལ་བསྟན་ནས་)འདུན་(པར་འཇུག་པར་)བྱེད་ཅིང༌། དེ་ དག་(གིས་)དགེ་(པའི་)ལས་ཡང་དག་(པར་)འཕེལ་བ(འི་སྒོ་ནས་སྨིན་པ་)ར་བྱེད་(པའི་ཕྱིར་)། །ཅེས་ གསུངས་པ་ལྟར། བསམ་གཏན་ལ་མཉམ་པར་བཞག་པས་ཡིད་རྩེ་གཅིག་ཏུ་གནས་པ་ལ་ དབང་ཐོབ་ཅིང༌། ཟང་ཟིང་གི་རྙེད་པ་དང་བཀུར་སྟི་ལ་ཆགས་པ་མེད་པར་རྫུ་འཕྲུལ་ལ་ སོགས་པའི་མངོན་ཤེས་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་ལ་གདུལ་བྱ་རྣམས་འདུན་ པར་བྱ་སྟེ་དངོས་སུ་དགེ་བའི་ཆོས་ལ་སྦྱོར་བས་ཕན་པ་དང༌། བརྒྱུད་ནས་དགེ་བའི་འབྲས་བུ་ ལ་སྦྱོར་བའི་སྒོ་ནས་ཕན་འདོགས་པ་ལའང་བསླབ་པར་བྱའོ། ། ཀུན་རྫོབ་སྒྱུ་མ་ལྟ་བུར་ཤེས་པ་དང༌། །དོན་དམ་མཁའ་ལྟར་འགྱུར་མེད་ རྟོགས་པ་དང༌། །ཁྱད་པར་གཞན་དོན་བསྒྲུབ་ཚུལ་མཁས་པ་ཡི། །ཤེས་རབ་ གསུམ་ཡང་རྣམ་པར་སྤེལ་འཚལ་ལོ། །ཞེས་གསུངས་པ་ལྟར་བསྒྲུབ་ཅིང༌། དེ་བཞིན་དུ། (བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ་)དེ་(ཁོ་ན་)ཉིད་(ངེས་དོན་དང་)དགོངས་ 3-1-288 (པ་ཅན་དྲང་)དོན་(གྱི་)ཚུལ་(འབྱེད་པ་)ལ་རབ་(ཏུ་)མཁས་(པའི་ཤེས་རབ་ཀྱིས་)ཏེ། །སེམས་ཅན་(རྣམས་ ཀྱི་)ཐེ་ཚོམ་ཤིན་ཏུ་སེལ་བར་བྱེད་(པ)། །དེ(འི)་ཕྱིར་(དང་)རྒྱལ་པའི་བསྟན་(པ་)ལ་(གདུལ་བྱ་)དེ་ གུས་པའི། །རང་བཞིན་(གྱིས་)དགེ་བའི་ཡོན་ཏན་རྣམ་(པར་)འཕེལ་(བར་)བྱེད་(པའི་ཕྱིར)། །ཅེས་ གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་རྣམ་པར་དག་པས་ངེས་དོན་ཟབ་ མོ་དེ་ཁོ་ན་ཉིད་ཀྱི་ཚུལ་དང་དྲང་དོན་དགོངས་པ་ཅན་གྱི་ཚུལ་ལ་སོགས་པ་ཁྱད་པར་ཐམས་ ཅད་ལ་མཁས་པར་བྱ་སྟེ། གནས་སྐབས་སུ་སེམས་ཅན་རྣམས་ཀྱིས་ཐེ་ཚོམ་མཐའ་དག་སེལ་ བར་བྱེད་པས་ཕན་འདོགས་ཤིང༌། མཐར་ཐུག་རྒྱལ་པའི་བསྟན་པ་ལ་གུས་པར་བྱས་ནས་ རང་གཞན་གྱི་རྒྱུད་ལ་དགེ་བའི་ཡོན་ཏན་ཡང་དག་པར་འཕེལ་བར་བྱེད་པའི་སྒོ་ནས་ཕན་ འདོགས་པ་ལ་ཡང་བསླབ་པར་བྱའོ། །དེ་རྣམས་ཀྱང་ཚོགས་གཉིས་དག་ཏུ་བསྡུ་བ་ནི། སྦྱིན་ (པ་)དང་ཚུལ་ཁྲིམས་(ཀྱི་ཕར་ཕྱིན་ནི་སེམས་ཅན་ལ་ཕན་པར་བྱེད་པ་)བསོད་ནམས་ཀྱི། །ཚོགས་ཡིན་(ཞིང་) ཤེས་རབ་(ཀྱིས་ཕར་ཕྱིན་)ཡེ་ཤེས་ཀྱི་(ཚོགས་ཡིན་ལ)། །(བཟོད་པ་དང་བརྩོན་འགྲུས་བསམ་གཏན་)གསུམ་ པོ་དག་ནི་(བསོད་ནམས་ཡེ་ཤེས་)གཉིས་ཀ(འི་ཚོགས་ཡིན་ལ༑)སྟེ། །(འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཤེས་ རབ་ཀྱིས་ཟིན་ན་ཕར་ཕྱིན་དང་པོ་)ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས་(སུ་འགྱུར་བ་ཡིན་ནོ)། །ཞེས་གསུངས་པ་ ལྟར། སྦྱིན་པ་གསུམ་དང་ཚུལ་ཁྲིམས་རྣམ་གསུམ་གྱིས། །གཞན་ལ་ཕན་པ་བསོད་ ནམས་ཚོགས་ཡིན་ཏེ། །དོན་དམ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས། །མི་རྟོག་ ངང་ལ་འཇོག་པ་ཡེ་ཤེས་ཚོགས། །ཆོས་ཀྱི་སྦྱིན་པ་དང་ཟང་ཟིང་གི་སྦྱིན་པ་དང༌། མི་ འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་གསུམ། སྡོམ་པའི་ཚུལ་ཁྲིམས་དང་དགེ་བ་ཆོས་སྡུད་ཀྱི་ ཚུལ་ཁྲིམས་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་གྱིས་གཞན་ལ་ཕན་འདོགས་པ་ ནི་བསོད་ནམས་ཡིན་ལ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཟབ་མོ་སྟོང་པ་ཉིད་རྟོགས་པའི་ 3-1-289 ཤེས་རབ་ཀྱིས་རྣམ་པར་མི་རྟོག་པའི་ངང་དུ་འཇོགས་པ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ཞིང༌། བཟོད་དང་བརྩོན་འགྲུས་བསམ་གཏན་གསུམ་པོ་ཡང༌། །གཞན་ལ་ཕན་ པར་སྤྱོད་པའི་ཆ་རྣམས་ནི། །བསོད་ནམས་ཚོགས་ཏེ་སྟོང་ཉིད་ཟབ་མོ་ལ། ། འཇུག་པའི་ཆ་ནི་ཡེ་ཤེས་ཚོགས་སུ་འགྱུར། །གནོད་པ་ལ་ལན་མི་བྱེད་པའི་བཟོད་ པ་དང༌། གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་དང༌། བསམ་གཏན་པ་ལ་བརྟེན་པའི་མངོན་ ཤེས་ཀྱིས་གཞན་ལ་ཕན་འདོགས་པའི་ཆ་ནི་བསོད་ནམས་ཀྱིས་ཚོགས་ཡིན་ལ། ཆོས་ཉིད་ ཟབ་མོ་ལ་མི་སྐྲག་པའི་བཟོད་པ་དང༌། སྟོང་ཉིད་བསྒོམ་པ་ལ་སྤྲོ་བའི་བརྩོན་འགྲུས་དང༌། མི་ རྟོག་པའི་ངང་དུ་འཇོགས་པའི་བསམ་གཏན་རྣམས་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ཞིང༌། ཐབས་ ཀྱི་ཕ་རོལ་ཕྱིན་པ་ལྔ་པོ་ཡང༌། །(ཡུལ་གང་ཟག་ཤེས་པ)འཁོར་གསུམ་མི་རྟོག་ཡེ་ཤེས་ཀྱིས་ ཟིན་ན། །ཐམས་ཅད་ཡེ་ཤེས་ཚོགས་སུ་འགྱུར་བར་གསུངས། །དེས་ན་ཕྱིན་དྲུག་ བརྟེན་ནས་ཚོགས་གཉིས་བསགས། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་པོ་ ལྔ་པོ་ཡང༌། བྱེད་པ་པོ་དང་ལས་དང་བྱ་བ་སྟེ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ ཀྱིས་ཡོངས་སུ་ཟིན་ན་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བར་གསུངས་པས་ཕ་ རོལ་ཕྱིན་པ་དྲུག་ལ་བརྟེན་ནས་ཚོགས་གཉིས་བསོག་པ་ལ་འབད་པར་བྱའོ། ། ༼གསུམ་པ། ༽ མཉམ་རྗེས་ལ་བསོག་པར་ཚོགས་གཉིས་བསོགས་ཚུལ་ནི། བསོད་ནམས་ ཚོགས་ཀྱི་དོན་དུ་རྗེས་ཐོབ་ཏུ། །གཞན་ལ་ཕན་པའི་བྱ་བ་ཅི་ནུས་བསྒྲུབ། །ཡེ་ ཤེས་ཚོགས་ཀྱི་དོན་དུ་མཉམ་བཞག་ཏུ། །མི་རྟོག་ཏིང་འཛིན་ཟབ་མོ་ཅི་ནུས་ བསྒོམ། །ཇི་སྐད་དུ། རྒྱུད་བླ་མ་ལས། (ཉོན་མོངས་པ་དང་ཤེས་བྱའི་)སྒྲིབ་པ་གཉིས་དང་བྲལ་པ(ར་ བྱེད་པ་)ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །(རྣམ་པར་)མི་རྟོག་པ་དང་(མཉམ་བཞག་ཡེ་ཤེས་)དེ་ཡི་ནི། ། རྗེས་(ལ་)ཐོབ་(པ་)དེ(འང)་ནི་ཡེ་ཤེས་(སུ་)འདོད་(དོ)། །ཅེས་གསུངས་པ་ལྟར་སྒྲིབ་པ་གཉིས་ 3-1-290 སྦྱངས་ཤིང་ཚོགས་གཉིས་བསགས་པའི་ཆེད་དུ་མཉམ་བཞག་མི་རྟོག་པའི་ཏིང་འཛིན་བསྒོམ་ པ་དང༌། རྗེས་ཐོབ་སེམས་ཅན་ལ་ཕན་པའི་བྱ་བ་ལའང་ཅི་ནུས་ཀྱིས་བརྩོན་པར་བྱའོ། ། བསྐྱེད་རིམ་ལ་བརྟེན་རང་གཞན་ཡི་དམ་ལྷའི། །རང་བཞིན་ཅན་དུ་ཤེས་ པས་བསོད་ནམས་བསགས། །རྫོགས་རིམ་ལ་བརྟེན་སྟོང་ཉིད་ཟབ་མོའི་དོན། ། བསྒོམས་ཏེ་ཡེ་ཤེས་ཚོགས་ལ་འབད་པར་བྱ། །དེ་ཡང་། རྒྱུད་ལས། སེམས་ཅན་ཀུན་ གྱི་ཡིད་ཁྱབ་པ། །རྡོ་རྗེ་སེམས་དཔའ་རྟག་ཏུ་བཞུགས། །དེ་ལྟར་ཤེས་པའི་རྣལ་འབྱོར་པས། ། དབང་བོ་གང་ལའང་བརྙས་མི་བྱ། །ཞེས་གསུངས་པ་ལྟར་རང་གཞན་ཐམས་ཅད་ཡི་དམ་ གྱི་ལྷའི་རང་བཞིན་དུ་ཤེས་པའི་སྒོ་ནས་བསྐྱེད་རིམ་གསལ་པོ་བསྒོམས་ཏེ་ལོངས་སྤྱོད་ཐམས་ ཅད་ལྷ་མཆོད་པའི་ཚུལ་གྱིས་སྤྱོད་པ་བསོད་ནམས་ཀྱི་ཚོགས་དང་། དོན་དམ་པའི་རྡོ་རྗེ་ སེམས་དཔའ་མངོན་དུ་འགྱུར་པའི་ཆེད་དུ་རྫོགས་རིམ་ཟབ་མོ་བསྒོམས་ཏེ་ཡེ་ཤེས་ཀྱི་ཚོགས་ བསོག་པ་ལ་འབད་པར་བྱའོ། ། ཚད་མེད་བཞི་ལ་བརྟེན་ནས་བསྡུ་བ་བཞིས། །གཞན་ལ་ཕན་པ་བསོད་ ནམས་ཚོགས་ཡིན་ཏེ། །རྣམ་ཐར་སྒོ་བཞི་ལ་བརྟེན་བསྙེན་བསྒྲུབ་བཞི། །ཉམས་ སུ་ལེན་པ་ཡེ་ཤེས་ཚོགས་ཡིན་ནོ། །དེ་ཡང་གུར་ལས། ཚངས་པའི་གནས་ནི་བཞི་པོ་ ཡིས། །སེམས་ཀྱི་ངལ་ནི་གསོ་བར་བྱ། །ཞེས་གསུངས་པ་ལྟར། བསམ་པ་བཟང་པོ་བྱམས་ པ་དང༌། སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དང་ལྡན་པའི་སྒོ་ནས། སྦྱོར་བ་རྣམ་དག་ སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པ་རྣམས་ཀྱིས་སེམས་ཅན་ལ་ ཕན་འདོགས་པ་བསོད་ནམས་ཀྱི་ཚོགས་དང༌། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་ མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུ་མི་བྱེད་པ་བཞི་ལ་བརྟེན་ནས། བསྙེན་ པ་དང་ཉེ་བར་སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་མན་ངག་ཟབ་མོ་ཞུས་ཏེ་ཉམས་སུ་ལེན་པའི་ཡེ་ 3-1-291 ཤེས་ཀྱི་ཚོགས་ལ་འབད་པར་བྱའོ། ། ཁ་ཏོན་བཟླས་བརྗོད་ལ་སོགས་ཆོས་སྤྱོད་བཅུ། །བྱང་ཆུབ་སེམས་ཀྱིས་ཟིན་ པ་བསོད་ནམས་ཚོགས། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡེ་ཤེས་ཚོགས། །དེ་ལྟར་ ཚོགས་གཉིས་བསྒྲུབ་ལ་འབད་པར་འཚལ། །ཇི་སྐད་དུ། རྒྱན་ལས། (སེམས་བསྐྱེད་ལ་སྐྱོ་ བ་མེད་པའི་ཕན་ཡོན་ནི་)བློ་ལྡན་(བྱང་ཆུབ་སེམས་དཔའ་རྣམས་ལ་དང་པོར་དོན་དམ་བྱང་ཆུབ་ཀྱིས་)སེམས་མཆོག་ བསྐྱེད་མ་ཐག་ཏུ་ཡང༌། །མཐའ་ཡས་(པའི་སེམས་ཅན་ཐམས་ཅད་ལ་ལུས་ངག་ཡིད་གསུམ་གྱི་)ཉེས་པ་བྱེད་ (པ་)ལ་སེམས་རབ་(ཏུ་)བསྡམས་(ཏེ)། །(སྡིག་པ་མི་བྱེད་པའི་སྡོམ་པ་ཐོབ་ཅིང༌། རྒྱུ་སྡིག་པ་མི་བྱེད་པས་འབྲས་བུ་ ངན་སོང་དུ་ལྟུང་བའི་འཇིག་པ་མེད་པར་དེ་ཉིད་དགེ་བ་དང་སྙིང་རྗེ་)གཉིས་འཕེལ་(བར་)བྱེད་པས་རྟག་ཏུ་དགེ་ བ་དང་། །(ལྡན་པས་དེའི་འབྲས་བུ་མངོན་པར་མཐོ་བའི་བདེ་བ་ལ་ལོངས་སྤྱོད་པས་དགའ་བ་དང་)བརྩེ་(བ་དང་)ལྡན་ (པས་)བདེ་(བ་)དང་(ལྡན་པར་མ་ཟད་གཞན་དོན་གྱིས་)སྡུག་བསྔལ་དག་གིས་(ཀྱང་)དགའ་(བར་འགྱུར་བ་ ནམ་ཡང་གཞན་དོན་ལ་སྐྱོ་བ་མེད་པའོ)། །ཞེས་གསུངས་པ་ལྟར། བསམ་པ་བྱང་ཆུབ་ཀྱི་སེམས་དང་ ལྡན་པས་སྡིག་པ་མཐའ་དག་སྤངས་ཏེ། དགེ་བ་དང་སྙིང་རྗེ་གཉིས་འཕེལ་བར་བྱ་ཞིང་དགེ་ བའི་འབྲས་བུ་བདེ་བས་ཀྱང་དགའ་བ་དང༌། སྙིང་རྗེའི་དབང་གིས་གཞན་དོན་བསྒྲུབ་པའི་ སྡུག་བསྔལ་གྱིས་ཀྱང་དགའ་བའི་སྒོ་ནས་ཆོས་སྤྱོད་བཅུའི་བསྒྲུབ་པ་ལ་བརྩོན་པར་བྱ་སྟེ་ ཁྱད་པར་དུ་ཡང་རྩ་བའི་རྒྱུད་ལས། རྣལ་འབྱོར་ཆེན་པོས་ཐམས་ཅད་མཁྱེན། །ཕྱག་རྒྱ་ཆེན་ པོའི་ཡན་ལག་བསྒོམ། །མཆོག་ཏུ་མི་འགྱུར་བསྒྲུབས་ནས་ནི། །ཚེ་གཅིག་ཉིད་ལ་སངས་ རྒྱས་འགྱུར། །ཞེས་གསུངས་པ་ལྟར། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ དང་མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པ་ཕྱག་རྒྱ་ཆེན་མོའི་ཡན་ལག་བསྒོམ་པ་ལ་ འབད་པར་བྱའོ། ། གནས་སྐབས་ཀྱི་ཀུན་སྤྱོད་ཟབ་མོ་བསྟེན་ཚུལ་ནི། ཆེན་པོའི་གོ་འཕང་ཐོབ་ཚེ་དགེ་ 3-1-292 བ་དང༌། །མི་དགེ་གང་ལ་འཇུག་ཀྱང་སྟོབས་ཆེ་བས། །རྣམ་དག་དགེ་བ་རྒྱ་ཆེར་ སྤེལ་བ་དང༌། །སྡིག་པར་འགྱུར་བའི་ལས་རྣམས་སྤང་འཚལ་ལོ། །དེ་ཡང༌། ཆོས་ མངོན་པ་ལས། སྐྱེ་བོ་མང་པོས་ཀྱང་སྟོབས་དང་ལྡན་པའི་ལུས་སུ་རིག་པར་བྱའོ། །ཞེས་ པ་དང༌། འོག་མ་ལས། དམག་ལ་སོགས་པ་(མང་པོ་ཚོགས་པས་གྲོས་བཏབས་ནས་གཅིག་གིས་ཕ་རོལ་པོ་ གསོད་པར་བྱེད་ན་གསོད་པའི་)དོན་(ལ་གྲོས་བྱས་རུང་མ་བྱས་རུང་སྦྱོར་བ་)གཅིག་(ཅིང་མཐུན་པའི་)ཕྱིར། །(འདུན་པ་ ལོག་པ་མ་གཏོགས་པ་)ཐམས་ཅད་བྱེད་པ་པོ་བཞིན་(དངོས་གཞི་མ་ཡིན་པའི་སྲོག་གཅོད་ཀྱིས་སྡིག་པ་དང་)ལྡན་( ནོ)། །ཞེས་གསུངས་པ་ལྟར། དགེ་མི་དགེ་གང་བྱེད་ཀྱང་མང་པོ་འདུན་པ་གཅིག་པ་སྟེ་སྟོབས་ ཆེ་བར་གསུངས་པས་བཀའ་འབངས་སུ་གཏོགས་པ་མང་པོ་རྣམས་བསྟན་པ་སྤྱིའི་རིམ་གྲོ་ ལ་སོགས་པ་ལས་བརྩམས་ཏེ་སྐུ་གཟུགས་བཞེངས་པ་ལ་སོགས་པ་དང་གསུང་རབ་ཀློག་ པ་དང་ཉེའུ་འདོན་པ་ལ་སོགས་པའི་དགེ་བ་རྣམ་དག་རྣམས་ལ་རིམ་གྱིས་བསྐུལ་བ་དང༌། དམག་དང་ལིངས་དང་སྲོག་བཅད་པའི་མཆོད་སྦྱིན་ལ་སོགས་པ་སྡིག་པར་འགྱུར་བའི་ལས་ ལ་བཟློག་པ་ལའང་འབད་པར་བྱའོ། ། བཀུར་འོས་མཆོག་གསུམ་གུས་པས་མཆོད་པ་དང༌། །བསྐྱང་འོས་བཀའ་ འབངས་བརྩེ་བས་བསྐྱང་བ་དང༌། །བསྟུན་འོས་འབྲེལ་ཟབ་རྣམས་དང་བསྟུན་པ་ ཡིས། །རྒྱལ་ཁམས་བདེ་བའི་ཐབས་ལའང་འབད་འཚལ་ལོ། །དེ་ཡང༌། སངས་རྒྱས་ ཆོས་དང་དགེ་འདུན་རྣམས། །སྐྱབས་ཀྱི་མཆོག་ཏུ་གྱུར་པ་སྟེ། །(དེའི་རྒྱུ་མཚན་)སྐྱབས་(གསུམ་པོ་) དེ་དག་ལ་བརྟེན་པ་ནི། །(གང་ཟག་དེ་)སྲིད་པའི་འཇིགས་པ་ཆེ(ན་པོ་)ལས་སྒྲོལ་(བར་བྱེད་པའི་ཕྱིར)། ། ཞེས་གསུངས་པ་ལྟར། དཀོན་མཆོག་རིན་པོ་ཆེ་གསུམ་ལ་གུས་པས་སྐྱབས་སུ་འགྲོ་ཞིང་ མཆོད་པ་འབུལ་བ་དང༌། སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་ གཞན་མེད། །ཅེས་གསུངས་པ་ལྟར་བཀའ་འབངས་ལ་སོགས་པའི་སེམས་ཅན་ཐམས་ཅད་ 3-1-293 ལ་བྱམས་པ་དང་སྙིང་རྗེ་ཆེན་པོས་ཕན་འདོགས་པ་དང༌། མཐུན་པ་རྣམས་ཀྱིས་དཀའ་ཐུབ་ ཆེ། །ཞེས་གསུངས་པ་ལྟར། བསྟུན་པར་འོས་པ་རྣམས་དང་མཐུན་པ་ལ་སོགས་པའི་སྒོ་ནས་ རང་གཞན་ཐམས་ཅད་བདེ་བའི་ཐབས་ལ་འབད་པར་བྱའོ། ། རང་རིག་གསལ་བས་རང་གི་སྒོ་གསུམ་གྱི། །བྱ་བ་གང་ཡིན་ལེགས་པར་ ཡོངས་བརྟགས་ཏེ། །རང་གཞན་ཀུན་ལ་གནོད་པའི་ལས་སྤང་ཞིང༌། །ཕན་ པར་འགྱུར་བ་རྟག་ཏུ་བསྟེན་འཚལ་ལོ། །དེ་ཡང༌། ཡེ་ཤེས་རྒྱས་པའི་མདོ་ལས། ཡིད་ མགྱོགས་(ཏེ་)ཡིད་(ཀྱིས་)ནི་(དྲན་ཤེས་བཞིན་པའི་སྒོ་ནས་)ལེགས་(པར་)དཔྱད་ན(ས་མི་དགེ་བ་སྤོང་ཞིང་ དགེ་བ་བསྒྲུབ་པས)། །(ལུས་ཀྱི་)བྱ་བ་དང་ནི་(ངག་གིས་)སྨྲ་བ་དག །ཐམས་ཅད་དགེ་ལེགས་(ཀྱི་ཕྱོགས་) ཉིད་འགྱུར་ཏེ། །(དེ་དུས་ཀྱིས་ལུས་ངག་གི་བྱ་བ་)ཀུན་ཀྱང་ཡིད་དགེ(བ་དེ)འི་དབང་(དུ་) གྱུར་(པའི་)ཕྱིར་(རོ)། །ཞེས་གསུངས་པ་ལྟར་རང་གི་སྒོ་གསུམ་གྱི་སྤྱོད་པ་ལ་རང་གིས་ལེགས་པར་ བརྟགས་ཏེ། དྲན་པ་དང་ཤེས་བཞིན་གྱིས་ཟིན་པའི་སྒོ་ནས་རང་གཞན་ཀུན་ལ་གནོད་པར་ འགྱུར་བའི་ལས་ངན་པ་རྣམས་སྤང་ཞིང༌། འཕྲལ་དང་ཡུན་དུ་ཕན་པར་འགྱུར་བའི་ལས་རྣམ་ པར་དག་པ་ལ་འབད་པར་བྱའོ། ། ཐམས་ཅད་ཀྱི་སྐབས་དོན་བསྡུས་ཏེ་བསྟན་པ་ནི། ཆོས་ནི་ཚོགས་གཉིས་ཟུང་ འཇུག་བསྟེན་པ་སྟེ། །ཆོས་མིན་སེམས་ཅན་རྣམས་ལ་འཚེ་བར་གསུངས། །དེ་ ཕྱིར་སེམས་ཅན་ཀུན་ལ་ཕན་པ་དང༌། །ཏིང་འཛིན་ཟབ་མོ་བསྒྲུབ་ཕྱིར་འབད་ འཚལ་ལོ། །དེ་ཡང་ཇི་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། (ཆོས་ཇི་ལྟ་བུ་ཞེ་ན་)ཆོས་ ནི་སེམས་ཅན་(ལ་)ཕན་པ་(བསོད་ནམས་ཀྱི་ཚོགས་དང་)ཡུལ་དང་(རྡུལ་ཕྲ་རབ་)རྣམ་པར་བྲལ་བ་(རྣམ་ པ་ཐམས་ཅད་པའི་སྟོང་པ་ཉིད་བསྒོམ་པ་ཡེ་ཤེས་ཀྱི་ཚོགས་)དག་སྟེ་(དོར་བྱ་)ཆོས་མིན་པ་ནི་(གཞན་ལ་)འཚེ་བ་( ལོག་པར་ལྟ་བ)འོ། །(དེས་ན་)འཚེ་བ་(སྟོན་པའི་)རིག་བྱེད་ཚད་མ(ར་བྱེད་པ་)དག་ནི་(ཚིག་མཁས་ཀྱང་)བདེ་ 3-1-294 བའི་འབྲས་བུ་མི་སྟེར་(གྱི་)དུས་ཀུན་ཏུ་ནི་སྡུག་བསྔལ་སྟེར་(ལ)། །(སྐྱེས་བུ་)དམ་པའི་བྱམས་(པ་ དང་)ལྡན་(ན་སྒྲ་གཏན་ཚིགས་ཕྱིའི་རིག་པའི་གནས་ལ་)རྨོངས་(ཀྱང་ནང་རིག་སྟོན་)པའི་ཚིག་ལས་(འགྱུར་མེད་) མཆོག་གི་བདེ་བ་(ཡེ་ཤེས་ཀྱི་ཚོགས་)བྱེད་ཅིང་(བསོད་ནམས་ཀྱིས་ཚོགས་)སེམས་ཅན་དོན་ལ་རྗེས་སུ་ ཆགས་(པར་བྱེད་པ་ནི་ཆོས་ཡིན་ལ)། །དེ(འི)་ཕྱིར་(ཚོགས་གཉིས་ཀྱི་དོན་དུ་)སེམས་ཅན་དོན་ནི་གཅིག་ པུ་དག་དང་མི་བདག་ཡིད་ཀྱིས་(བེམ་པོའི་)རང་བཞིན་མེད་པ་(པྲ་ཕབ་པ་ལྟ་བུ་)བསྒོམ་པར་གྱིས། ། ཞེས་པ་དང༌། འགྲེལ་ཆེན་དྲི་མ་མེད་པའི་འོད་ལས་ཀྱང༌། བསོད་ནམས་ཀྱི་ཚོགས་ཀྱི་དོན་ དུ་སེམས་ཅན་ལ་ཕན་པར་བྱའོ། །ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་མཆོག་ཏུ་མི་འགྱུར་པའི་ཡེ་ ཤེས་བསྒོམ་པར་བྱའོ། །སེམས་ཅན་ལ་ཕན་པ་མ་གཏོགས་པ་བསོད་ནམས་ཀྱི་ཚོགས་དང༌། མཆོག་ཏུ་མི་གྱུར་བའི་ཡེ་ཤེས་བསྒོམ་པ་མ་གཏོགས་པ་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་མ་ ཡིན་ནོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཐུགས་སོ། །ཞེས་གསུངས་པ་ལྟར། རྗེས་ ཐོབ་ཏུ་སེམས་ཅན་ལ་གནོད་འཚེ་འགྱུར་བ་ཅི་ནུས་ཀྱིས་སྤངས་ཏེ་ལུས་ངག་ཡིད་གསུམ་གྱིས་ ཕན་འདོགས་པ་དང༌། མཉམ་བཞག་ཏུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཟབ་མོ་བསྒོམ་པ་ ལ་བརྩོན་པར་བྱའོ། ། ༼གསུམ་པ། ༽ རྗེས་སུ་བསྔོ་བ་སྨོན་ལམ་ནི། མཇུག་ཏུ་རང་གཞན་ཀུན་གྱིས་དུས་ གསུམ་དུ། །བསགས་པའི་དགེ་བའི་རྩ་བ་གང་ཡིན་རྣམས། །སེམས་ཅན་ཀུན་ གྱིས་རྫོགས་པའི་བྱང་ཆུབ་ཆེ། །ཐོབ་པའི་ཆེད་དུ་བསྔོ་བ་སྨོན་ལམ་འཚལ། །དེ་ལ་ བསྔོ་རྒྱུའི་དགེ་བ་ནི། མདོ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །(ཞེས་པས་མདོར་བསྟན་ ནས་རྒྱས་པར་བཤད་པ་ནི་རང་གཞན་གྱིས་འདས་པའི་དུས་ན་)བྱས་(པ་)དང་(མ་འོངས་པ་ནི་)བྱེད་(པར་)འགྱུར་(པ་ དང་)དེ་བཞིན་(དུ་ད་ལྟར་)བྱེད་(བཞིན་)པ(འི་དགེ་བ་རྣམས་)དང༌། །(འཕགས་པ་ཀུན་ཏུ་)བཟང་པོ(འི་བསྔོ་བ་) ཇི་(ལྟ་བ་)བཞིན་(དུ)དེ་འདྲའི་(བསྔོ་)ས་དག་ལ། །(རང་གཞན་དགེ་རྩ་རྣམས་གནས་སྐབས་དང་མཐར་ཐུག་) 3-1-295 ཀུན་ནས་ཀུན་ཏུ་བཟང་པོར་(ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུ་)འགྱུར་བར་ཤོག །ཅེས་གསུངས་ པ་ལྟར། གང་ཟག་རང་གཞན་ཐམས་ཅད་ཀྱིས་དུས་འདས་པ་དང་མ་འོངས་པ་དང་ད་ལྟར་ བྱུང་བའི་སྐབས་སུ་བསགས་པའི་དགེ་བའི་རྩ་བ་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ ལས་བྱུང་བ་ལ་སོགས་པ་ཐམས་ཅད་བློ་ཡུལ་དུ་སྡོམ་ནས། ཆེད་དུ་བྱ་བ། སེམས་ཅན་ཁོ་ནའི་ དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་གསུངས་པ་ལྟར། ནམ་མཁའི་མཐའ་ དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་ པའི་དོན་དུ་བསྔོ་བར་བྱའོ། ། དེ་ཡང་རྒྱལ་བ་སྲས་བཅས་མཁའ་ཁྱབ་ཏུ། །བཞུགས་པའི་སྤྱན་སྔར་འདུན་ པ་དྲག་པོ་དང༌། །མི་རྟོག་ཡེ་ཤེས་ལྡན་པས་ཡོངས་བསྔོས་ན། །བྱེད་ལས་ཕུན་ སུམ་ཚོགས་པ་འགྲུབ་པ་ཉིད། །དེ་ཡང༌། བཟང་པོ་སྤྱོད་པ་ལས། རྡུལ་(ཕྲ་རབ་)གཅིག་ (གི)སྟེང་ན་(ཡང་སངས་རྒྱས་ཀྱི་ཞིང་གི་)རྡུལ་(ཕྲ་རབ་ཇི་)སྙེད་(པའི་གྲངས་དང་མཉམ་པའི་)སངས་རྒྱས་རྣམས། ། (རང་གི་འཁོར་)སངས་རྒྱས་(ཀྱི་)སྲས་(བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རྣམས་)ཀྱི་དབུས་ན་བཞུགས་ པ་དག་(གིས་གང་བར་མོས་ལ) ། དེ་ལྟར་(དུ་རྡུལ་གཅིག་གི་སྟེང་ན་བཞུགས་པའི་ཚུལ་དེ་ལྟ་བུས་)ཆོས་ཀྱི་དབྱིངས་ (ཀྱིས་ཁྱབ་པའི་ནམ་མཁའི་མཐའ་གཏུགས་པའི་སྡུལ་ཕྲ་རབ་)རྣམས་(ཀྱི་སྟེ་)མ་ལུས་པ། །ཐམས་ཅད་(ཀྱང་) རྒྱལ་བ་(སྲས་དང་བཅས་པ་)དག་གི་གང་བར་མོས་(ཏེ་ཕྱག་འཚལ་བའོ)། །ཞེས་གསུངས་པ་ལྟར། མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་ཐམས་ཅད་བཞུགས་པའི་སྤྱན་སྔར། མདོ་ལས། (དགེ་མི་དགེ་)ཆོས་རྣམས་ཐམས་ཅད་རྐྱེན་(ཇི་ལྟ་བ་)བཞིན་དུ། །(རྒྱུ་)འདུན་པའི་རྩ་(བ་སྟེ་བསམ་པ་ བཟང་ངན་)ལ་རབ་ཏུ་གནས་(པ་སྟེ་འབྱུང་བས་)། །(གང་ཟག་)གང་གིས་སྨོན་ལམ་(བཟང་ངན་)ཇི་(ལྟར་) བཏབ་པ་(བཞིན་དུ་)། །འབྲས་བུའང་(བཟང་ངན་)དེ་འདྲ་(བ་)ཉིད་དུ་འགྱུར་(རོ)། །ཞེས་གསུངས་ པ་ལྟར། འབྲས་བུ་ཕུན་ཚོགས་པ་འགྲུབ་པར་འདོད་པའི་འདུན་པ་དང༌། མངོན་པར་རྟོགས་ 3-1-296 པའི་རྒྱན་ལས། (བསྔོ་བ་ཁྱད་པར་ཅན་)དེ་ནི་དམིགས་མེད་(དེ་འཁོར་གསུམ་མི་རྟོག་པས་ཟིན་པའི་)རྣམས་པ་ ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་གསུངས་པ་ལྟར། འཁོར་གསུམ་དུ་རྣམ་པར་མི་ རྟོག་པའི་ཤེས་རབ་ཀྱིས་ཟིན་པས་བསྔོས་ན། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་ པ་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར། གནས་སྐབས་དང་མཐར་ཐུག་གི་བྱེད་ལས་ཕུན་ ཚོགས་པའང་འགྲུབ་པར་འགྱུར་རོ། ། གཞི་ལ་ཆོས་དབྱིངས་བཞུགས་པའི་སྐྱེ་བོ་ཀུན། །ཚོགས་གཉིས་ཟབ་མོའི་ ལམ་ལ་ལེགས་ཞུགས་ནས། །འབྲས་བུ་དོན་གཉིས་མཐར་ཕྱིན་རྒྱལ་བ་ཡི། །སྐུ་ གཉིས་ཐོབ་པའི་ཆེད་དུ་ཡོངས་སུ་བསྔོ། །དེ་ཡང༌། རིག་པ་དྲུག་ཅུ་པ་ལས། དགེ་བ་འདི་ ཡིས་སྐྱེ་བོ་(སེམས་ཅན་)ཀུན། །(རྒྱུ་)བསོད་ནམས་(དང་)ཡེ་ཤེས་(ཀྱིས་)ཚོགས་(གཉིས་)བསགས་ ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། (འབྲས་བུ་གཞན་དོན་དམ་པ་གཟུགས་སྐུ་དང་རང་དོན་དམ་པ་ཆོས་ སྐུ་སྟེ)། དམ་པ་(སྐུ་)གཉིས་ནི་ཐོབ་པར་ཤོག །ཅེས་གསུངས་པ་ལྟར། རང་གཞན་གྱིས་དུས་ གསུམ་དུ་བསགས་པའི་དགེ་བ་འདི་ཡིས། གཞི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་གྱི་སྐྱེ་ བོ་ཀུན། ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཉེ་བར་བསགས་ནས་འབྲས་བུ་ བསོད་ནམས་ལས་བྱུང་བ་གཟུགས་སྐུ་དམ་པ་དང་ཡེ་ཤེས་ལས་བྱུང་བ་ཆོས་སྐུ་དམ་པ་སྟེ། དོན་གཉིས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་ གྱུར་ཅིག །ཅེས་པ་དང༌། སྐྱེས་བུ་དམ་པའི་ཐུགས་དགོངས་རྫོགས་པ་དང༌། །རྒྱལ་པའི་བསྟན་པ་དར་ ཞིང་རྒྱས་པ་དང༌། །བསྟན་འཛིན་རྣམས་ཀྱི་དགོངས་པ་འགྲུབ་པ་དང༌། །དགེ་ འདུན་མཐུན་ཞིང་ཆོས་སྤྱོད་འཕེལ་བ་དང༌། །དེ་ཡང༌། (བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ དགོངས་རྫོགས་པར་བསྔོ་བ་ནི་)བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་(བའི་)དོན་(རྒྱ་ཆེན་པོ་ 3-1-297 མཛད་པར)ཐུགས་ལ་དགོངས་(པ་བཞིན་དུ་)འགྲུབ་པར་ཤོག །(སངས་རྒྱས་ཀྱི་ཐུགས་དགོངས་རྫོགས་པར་ བསྔོ་བ་ནི་)མགོན་པོ་ཡིས་ནི་(སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་)གང་དགོངས་པ། །(དེ་བཞིན་དུ་) སེམས་ཅན་རྣམས་ལ་(ཕན་བདེ་)དེ་འབྱོར་(བ་སྟེ་ཡང་དག་པར་འགྲུབ་པར་)ཤོག །ཅེས་གསུངས་པའི་ དོན་དང་མཐུན་པར་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀྱི་དགོངས་ པ་ཁྱད་པར་ཅན་ཐམས་ཅད་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག ཅེས་པ་དང༌། (བསྟན་པ་གནས་པའི་དོན་དུ་བསྔོ་བ་ནི་)འགྲོ་བའི་སྡུག་བསྔལ་(གསུམ་པོ་མ་ལུས་པ་སེལ་བའི་)སྨན་(གཅིག་) པུ(ནི་བསྟན་པ་རིན་པོ་ཆེ་ཡིན་ལ་དེ་དང་མཚུངས་པའི་འགྲན་ཟླ་གཞན་མེད་པས་)། །(མངོན་མཐོ་དང་ངེས་ལེགས་ཀྱི་)བདེ་ བ་ཐམས་ཅད་འབྱུང་པའི་གནས། །(ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབས་པས་)བསྟན་པ་(སྟེ་ལུང་ དང་རྟོག་པའི་ཆོས་གཉིས་ཀྱི་བརྗོད་བྱེད་དེ་སྡེ་སྣོད་གསུམ་དང་རྗོད་བྱ་བསླབ་པ་གསུམ་དང་བཅས་པ་ནི་)རྙེད་(པ་)དང་ བཀུར་སྟི་དང༌། །བཅས་ཏེ་(བར་ཆད་མེད་ཅིང་གཟུགས་བརྙན་ཙམ་མ་ཡིན་པར་འཇིག་རྟེན་འདིར་) ཡུན་རིང་(དུ་)གནས་(པར་)གྱུར་ཅིག །ཅེས་གསུངས་པའམ་དེ་དང་མཐུན་པར་ཕན་བདེའི་འབྱུང་གནས་ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཅིག ཅེས་པ་དང༌། (བསྟན་པའི་རྩ་ བ་སྡེ་སྣོད་གསུམ་ལ་)མཁས་པ(འི་མདོ་སྡེ་འཛིན་པ་)རྣམས་ནི་(གཞན་གྱིས་)བཀུར་བ་དང༌། །(འཚོ་བའི་རྐྱེན་) བསོད་སྙོམས་དག་ཀྱང་རྙེད་པར་ཤོག །(བཤེས་གཉེན་དེའི་)རྒྱུད་ནི་(མངོན་པའི་ང་རྒྱལ་དང་རྙེད་བཀུར་ལ་ ཆགས་པ་སོགས་མེད་པས་)ཡོངས་སུ་དག་པ་དང༌། །ཕྱོགས་རྣམས་ཀུན་ཏུ་(སྙན་པའི)གྲགས་(པས་ཁྱབ) པར་ཤོག །ཅེས་གསུངས་པའམ། དེ་དང་མཐུན་པར་བསྟན་པ་འཛིན་པའི་སྐྱེས་(བུ་)དམ་པ་ ཐམས་ཅད་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ་ལ་སོགས་པས་ཕྱོགས་ཐམས་ཅད་དུ་ཕན་ཐོག་ པར་གྱུར་ཅིག ཅེས་པ་དང༌། (དཀོན་མཆོག་གསུམ་གྱི་གནས་)གཙུག་ལག་ཁང་རྣམས་(སུ་གསུང་རབ་) ཀློག་པ་དང༌། །(ཟིན་པ་)ཁ་ཏོན་གྱི་(སྒོ་ནས་)རྒྱས་(པ་སྟེ་གང་ཞིང་དར་བས་)ལེགས་(པར་)གནས་(པར་) ཤོག །རྟག་ཏུ་དགེ་འདུན་མཐུན་པ་(སྟེ་བསམ་པ་གཅིག་ཅིང་ཕན་ཚུན་་དབྱེན་མེད་པ་)དང༌། །དགེ་འདུན་ 3-1-298 (གྱིས་བྱ་བའི་)དོན་ཡང་འགྲུབ་པར་ཤོག །(ཡང་གི་སྒྲས་དགེ་འདུན་རྣམས་མཐུན་པར་མ་ཟད་ཞེས་པའི་དོན་ཏོ་) ཅེས་གསུངས་པ་དང་མཐུན་པར་དགེ་འདུན་ཐམས་ཅད་ཐུགས་མཐུན་པའི་སྒོ་ནས་ཆོས་སྤྱོད་ བཅུའི་བསྒྲུབ་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག ཅེས་པ་དང༌། སེམས་ཅན་ཐམས་ཅད་བདེ་ཞིང་དགེ་བ་དང༌། །བསམ་སྦྱོར་བཟང་ཞིང་ བར་ཆད་ཞི་བ་དང༌། །ལོངས་སྤྱོད་འཕེལ་ཞིང་འཇིག་རྟེན་དར་བ་དང༌། །རྟག་ཏུ་ དམ་པའི་ཆོས་ལ་སྤྱོད་པར་ཤོག །དེ་ཡང༌། (བསྒྲུབ་བྱ་དགེ་བ་ཕུན་སུམ་ཚོགས་པར་བསྔོ་བ་ནི་ཞི་བ་ལྷས་) བདག་གི་བསོད་ནམས་འདི་ཡིས་(གཙོ་བོའི་སྟོབས་ཀྱི་)ནི། །སེམས་ཅན་ཐམས་ཅད་མ་ལུས་པ། ། (སྤངས་བྱ་)སྡིག་པ་ཐམས་ཅད་(རྣམ་པར་)སྤངས་ནས་ནི། །(བསྒྲུབ་བྱ་)རྟག་ཏུ་དགེ་བ་བྱེད་པར་ཤོག ། ཅེས་གསུངས་པའམ་དེ་དང་མཐུན་པར་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱེད་པའི་སྒོ་ནས་ དགེ་པའི་ལས་ལ་འཇུག་པར་གྱུར་ཅིག །ཅེས་པ་དང༌། (བསམ་པ་)བྱང་ཆུབ་(ཀྱི་)སེམས་དང་མི་ འབྲལ་ཞིང༌། །(སྦྱོར་བ་)བྱང་ཆུབ་(ཀྱི་)སྤྱོད་(པ་བསྒྲུབ་པ)ལ་གཞོལ་བ་དང༌། །(ཡོངས་འཛིན་)སངས་ རྒྱས་(དང་བྱང་ཆུབ་སེམས་དཔའ)རྣམས་ཀྱིས་ཡོངས་(སུ་)བཟུང་ཤིང༌། །(འགལ་རྐྱེན་བར་ཆད་)བདུད་ཀྱི་ ལས་ཀྱང་སྤང་པར་ཤོག །ཅེས་གསུངས་པའམ་དེ་དང་མཐུན་པར་སེམས་ཅན་ཐམས་ཅད་ བསམ་པ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་གྱུར་ཅིག སྦྱོར་བ་བྱང་ཆུབ་ཀྱི་སྤྱོད་པ་ ཉམས་སུ་ལེན་པར་གྱུར་ཅིག སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྗེས་ སུ་འཛིན་པར་གྱུར་ཅིག བདུད་དང་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ཉེ་བར་ཞི་ བར་གྱུར་ཅིག ཅེས་པ་དང༌། (འགྲོ་བ)ཐམས་ཅད་(ཇི་སྲིད)ནམ་མཁའི་(མ་ལུས་པ)མཛོད་(ལ་མངའ་ བརྙེས་པའི་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད)བཞིན་(ནམ་འཕགས་པ་ནོར་བཟང་བཞིན)དུ། །ལོངས་སྤྱོད་ ཟད་པ་མེད་པ(འི་མཛོད་ཐོབ་)ར་ཤོག(དེ་ལྟ་བུའི་ལོངས་སྤྱོད་དེ་ལ་)། (ཕན་ཚུན་འཐབ་པ་དང་)རྩོད་པ་མེད་ ཅིང་འཚེ་(བའམ་ངལ་ཞིང་ཕོངས་པ་)མེད་པར། །རང་དབང་དུ་ནི་སྤྱོད་(ཅིང་འཇུག་)པར་ཤོག །ཅེས་ 3-1-299 གསུངས་པའམ། དེ་དང་མཐུན་པར་དམ་པའི་ཆོས་བསྒྲུབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས་ པ་དང་ལྡན་པར་གྱུར་ཅིག འགལ་རྐྱེན་རྩོད་པ་དང་འཁྲུག་ལོང་ཐམས་ཅད་ཉེ་བར་ཞི་བར་ གྱུར་ཅིག རང་རང་གི་རྫས་དང་དབང་ཕྱུག་གིས་ཆོག་ཤེས་ཤིང་དགེ་ལ་བདེ་བར་ལོངས་སྤྱོད་ པར་གྱུར་ཅིག ཅེས་པ་དང༌། (ཕྱིའི་རྐྱེན་ཕུན་སུམ་ཚོགས་པར་བསྔོ་བའི་མི་རྣམས་མཐོང་པའི་ཆོས་ལ་བདེ་བའི་དོན་ དུ་)ལྷ(འི་བུ་རྣམས་)ཡང་དུས་སུ་ཆར་འབེབས་ཤིང༌། །(དེས་འཚོ་པའི་གཞི་)ལོ་ཏོག་ཕུན་སུམ་ཚོགས་ པར་ཤོག །(འཇིག་རྟེན་སྐྱོང་པའི་)རྒྱལ་པོའང་ཆོས་བཞིན་བྱེད་གྱུར་ཅིག །(དེའི་འཁོར་གྱི་)འཇིག་ རྟེན་དག་ཀྱང་དར་(ཞིང་རྒྱས་)བར་ཤོག །ཅེས་གསུངས་པའམ། དེ་དང་མཐུན་པར་ལོ་ཕྱུག་ རྟག་ཏུ་ལེགས་པར་གྱུར་ཅིག ཆར་ཆུ་དུས་སུ་འབེབས་པར་གྱུར་ཅིག རྒྱལ་པོས་ཆོས་བཞིན་ བྱེད་པར་གྱུར་ཅིག རྒྱལ་ཁམས་ཐམས་ཅད་བདེ་བར་གྱུར་ཅིག ཅེས་པ་དང༌། འབྱུང་པོ་(སྟེ་ སེམས་ཅན་)གང་དག་(པ་སྟེ་)འདིར་ནི་ལྷག་གྱུར་(པ་ཡོད་པར་)ཏམ། །སའམ་(འོག་)འོན་ཏེ་བར་སྣང་ (ས་བླར་)འཁོད་(པ་སྟེ་གནས་)ཀྱང་རུང༌། །(ཡུལ་)སྐྱེ་དགུ་རྣམས་ལ་(དུས་)རྟག་ཏུ་བྱམས་(པར་)བྱེད་ ཅིང༌། །(དུས་)ཉིན་དང་མཚན་(ཐམས་ཅད་)དུ་(དམ་པའི་)ཆོས་ལ་སྤྱོད་པར་ཤོག །ཅེས་གསུངས་ པའམ། དེ་དང་མཐུན་པར་སེམས་ཅན་ཐམས་ཅད་བྱམས་པ་ལ་གནས་པར་གྱུར་ཅིག སྙིང་ རྗེ་དང་ལྡན་པར་གྱུར་ཅིག ཉིན་མཚན་རྟག་ཏུ་དམ་པའི་ཆོས་སྤྱོད་པའི་སྐལ་བ་དང་ལྡན་པར་ གྱུར་ཅིག ཅེས་པ་ལ་སོགས་པ་དང༌། གཞན་ཡང་དམིགས་པ་བཟང་དང་སྟོན་པ་བཟང༌། །ཐབས་མཁས་ངེས་ འབྱུང་སྦྱོར་བ་བཟང་པོ་ཡིས། །ཇི་ལྟར་འདོད་པའི་སྨོན་ལམ་རྣམ་དག་བྱ། ། མཆོག་གསུམ་བདེན་པའི་སྟོབས་ཀྱང་བརྗོད་པས་འགྲུབ། །དེ་ཡང་རྒྱན་ལས། (བྱང་ ཆུབ་སེམས་དཔའ་ཆོས་ཅན་)དམིགས་པ་བཟང་(པོ་དང་ལྡན་པ་ཡིན་ཏེ། གཞན་དོན་དུ་ཐེག་ཆེན་གྱི་ཆོས་ཉེ་བར་ དམིགས་པའི་ཕྱིར་)དང་སྟོན་པ་བཟང་(པོ་ཡིན་ཏེ། ཚོགས་གཉིས་གཙོ་བོར་བསྒྲུབ་པའི་ཕྱིར)། །ཐབས་བཟང་ 3-1-300 བ་དང་(ལྡན་པ་ཡིན་ཏེ། ཞི་ལྷག་ཟུང་འཇུག་གི་རྣལ་འབྱོར་ལ་བརྩོན་པ་ཡིན་པའི་ཕྱིར་)ངེས་འབྱུང་(བཟང་པོ་)དང་ (ལྡན་པ་ཡིན་ཏེ། འབྲས་བུ་རྫོགས་པའི་སངས་རྒྱས་དོན་དུ་གཉེར་བ་ཡིན་པའི་ཕྱིར)། །སྦྱོར་བ་བཟང་པོའི་བདག་ ཉིད་(དང་ལྡན་པ་ཡིན་ཏེ། སངས་རྒྱས་མ་ཐོབ་ཀྱི་བར་དུ་གུས་སྦྱོར་དང་རྟག་སྦྱོར་གཉིས་རྒྱུན་མི་ཆད་པ་ཡིན་པའི་ཕྱིར། དེ་ལྟ་ བུའི་དོན་ལྔ་པོ་)འདི། །(སྐྱེས་བུ་དམ་པ་ལ་ལྡན་པའི་འཁོར་ལོ་བཞིའི་ནང་ནས་)ཡང་དག་(པའི་)སྨོན་ལམ་ཡིན་ པར་(མདོ་ལས་)བཤད་(དོ)། །ཅེས་གསུངས་པ་ལྟར། གཞན་དོན་དུ་བྱང་ཆུབ་ཆེན་པོ་ཐོབ་པར་ འདོད་པས་ཐེག་པ་ཆེན་པོའི་ཆོས་ལ་དམིགས་ནས་ཚོགས་གཉིས་ཀྱི་ཉེ་བར་སྟོན་པའི་དགེ་བ་ བསགས་པ་རྣམས་ཞི་གནས་དང་ལྷག་མཐོང་ཟུང་འཇུག་གི་ཐབས་ལ་མཁས་པས་ཟིན་པར་ བྱ་སྟེ། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ལས་ངེས་པར་འབྱུང་བས་ཁྱད་པར་དུ་འཕགས་ པའི་འབྲས་བུ་བསྒྲུབ་པའི་ཕྱིར། དད་ཅིང་གུས་པས་རྒྱུན་མི་ཆད་པར་སྦྱོར་བའི་བརྩོན་འགྲུས་ དང་ལྡན་པའི་སྒོ་ནས་སྨོན་ལམ་རྣམ་པར་དག་པ་བྱ་སྟེ། སྨོན་ལམ་ཐམས་ཅད་ཀྱང་དམ་པའི་ ཆོས་ཡོངས་སུ་འཛིན་པར་བསྔོས་ན་དེའི་ཁོངས་སུ་འདུ་བར་གསུངས་པས། བཟང་སྤྱོད་ ལས། (དུས་གསུམ་གྱི་)རྒྱལ་བ་ཀུན་གྱི་དམ་པའི་ཆོས་(གསུང་རབ་ཡན་ལག་བཅུ་གཉིས་པོ་འབད་པས་) འཛིན་ཅིང༌། །བྱང་ཆུབ་(ཀྱིས་)སྤྱོད་པ་(འགྲོ་བ་)ཀུན་ཏུ་སྣང་བར་བྱེད་(པ་སྟེ་ཆོས་ཡང་དག་པར་འཆད་ པར་བྱེད་ནའོ། །དེས་ན་འདིར་བྱང་ཆུབ་སྤྱོད་པ་ཡང༌དེ་སྟོན་པའི་ཚིག་ལ་བྱའོ)། །བཟང་པོ་སྤྱོད་པ་(ནི་བྱང་ཆུབ་སེམས་ དཔའི་སྤྱོད་པ་སྟེ་དེ)རྣམ་པར་སྦྱོང་བ་(ནི་དྲི་མ་མེད་པར་བྱེད་པ་ཡིན་ལ་དེ་)ཡང༌། །(དུས་རིང་པོར་བྱེད་པས་)མ་ འོངས་(པའི་)བསྐལ་པ་ཀུན་ཏུ་སྤྱོད་པར་ཤོག་(ཅེས་སོ། །)། (ཡང་དག་གི་དོན་ནི་མཆོད་པ་སོགས་དུས་ཡུན་ རིང་དུ་མ་ཟད་འདི་ཡང་དུས་ཡུན་རིང་དུ་ཅེས་པའི་དོན་ཏོ། །)ཅེས་པ་དང༌། སྐྱེ་བ་ཐམས་ཅད་དུ་ཡང་ཚོགས་ གཉིས་ལ་སོགས་པའི་ཡོན་ཏན་རིམ་གྱིས་འཕེལ་བའི་ཆེད་དུ། (འདོད་པའི་ཁམས་ལ་སོགས་པའི་) སྲིད་པ་ཐམས་ཅད་དུ་ཡང་(སེམས་ཅན་གྱིས་)འཁོར་བ(འི་སྐྱེ་བ)ན། །བསོད་ནམས་(དང་)ཡེ་ཤེས་ (ཀྱིས་ཚོགས་)དག་ནི་མི་ཟད་(པ་)བརྙེས་(པ་སྟེ་དེ་དང་ལྡན་པར་གྱུར་ཅིག)། །(དེ་བཞིན་དུ་)ཐབས་དང་ཤེས་ 3-1-301 རབ་(དང་དཔའ་བར་འགྲོ་བའི་)ཏིང་(ངེ་)འཛིན་(དང་བྱང་ཆུབ་སེམས་དཔའ་)རྣམ་(པར་)ཐར་(བ་)དང༌། །(བྱང་ ཆུབ་སེམས་དཔའི་)ཡོན་ཏན་(ཐུན་མོང་དང་ཐུན་མོང་མ་ཡིན་པ་)ཀུན་གྱི་མི་ཟད་(པའི་)མཛོད་(དུ་)གྱུར་ཅིག ། ཅེས་པ་དང༌། སངས་རྒྱས་ཀྱི་གསུང་དང་མཐུན་པར་དམ་པའི་ཆོས་སྟོན་པ་ཐོབ་པའི་ཆེད་དུ། དུས་གསུམ་(དུ་)གཤེགས་པའི་རྒྱལ་བ་(མ་ལུས་པ་)ཐམས་ཅད་དག་(གིས)། །(ཆོས་ཀྱི་)འཁོར་ལོའི་ ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། །(སངས་རྒྱས་)དེ་དག་གིས་ཡང་གསུང་དབྱངས་མི་ཟད་(པ་ གང་ཡིན་པ་དེ་)ལ། །བློ་ཡི་སྟོབས་ཀྱི་(བརྩོན་པ་ཆེན་པོ)ས་བདག་ཀྱང་(ཅིག་ཆར་དུ་)རབ་ཏུ་འཇུག(པར་ ཤོག)། ཅེས་པ་དང༌། ལས་དང་ཉོན་མོངས་པ་དང་བདུད་ཀྱི་སྟོབས་བཅོམ་ནས་བཟང་པོ་སྤྱོད་ པའི་སྟོབས་ཐོབ་པའི་ཆེད་དུ། (རེ་ཤིག་ངེས་པར་མྱོང་བར་འགྱུར་བའི་མི་དགེ་བའི་)ལས་ཀྱི་སྟོབས་(ནི་ངན་ སོང་གི་སྡུག་བསྔལ་བསྐྱེད་པར་ནུས་པ་དེ་ལྟ་བུ་)རྣམས་(སྟོབས་བཞི་ཡི་སྒོ་ནས་བཤགས་པས་)ཡོངས་སུ་དག་(པར་) བྱེད་ཅིང༌། །(སེམས་རྒྱུད་རབ་ཏུ་)ཉོན་མོངས་(པར་བྱེད་པ་ནི་འདོད་ཆགས་སོགས་ཡིན་ལ་དེ་རྣམས་ཀྱི)སྟོབས་ རྣམས་(ནི་མི་སྡུག་པ་དང་བྱམས་པ་བསྒོམ་པ་ལ་སོགས་པས)ཀུན་ཏུ་འཇོམས་པར་བྱེད། །(ལྷའི་བུ་ལ་སོགས་པའི་) བདུད་ཀྱི་སྟོབས་རྣམས་(བྱང་ཆུབ་ལ་བར་ཆད་བྱེད་པས་མངོན་ཤེས་སོགས་ཀྱི་སྒོ་ནས་)སྟོབས་(སམ་མཐུ་)མེད་ (པར་)རབ་(ཏུ་བསྒྲུབ་པར་)བྱེད་ཅིང༌། །བཟང་པོ་(སྟེ་བྱང་ཆུབ་ཀྱི་)སྤྱོད་པའི་སྟོབས་ཀུན་(ཀྱང་གཉེན་པོ་ གསུམ་པོ་འདིས་)རྫོགས་(པར་)བྱེད་(པར་)ཤོག །ཅེས་པ་དང༌། སྣོད་བཅུད་རྣམ་པར་དག་པ་ལ་ སོགས་པའི་ཡོན་ཏན་ཐོབ་པའི་ཆེད་དུ། །(དེ་ཡང་བདེ་བ་ཅན་དང་པདྨོ་ཅན་ལ་སོགས་པ་སངས་རྒྱས་ཀྱི་)ཞིང་ རྣམས་རྒྱ་མཚོ་(ལྟ་བུ་སྐད་ཅིག་རེ་རེ་ལ་)རྣམ་པར་དག་(པར་)བྱེད་ཅིང༌། །སེམས་ཅན་རྒྱ་མཚོ་(དག་ནི་ ཆོ་འཕྲུལ་གསུམ་གྱི་སྒོ་ནས་)རྣམ་པར་གྲོལ་(བར་)བྱེད་ལ། །(བསྟན་པ་དང་རྟོགས་པའི་)ཆོས་རྣམས་རྒྱ་མཚོ་ (ལྟ་བུ་ཤེས་རབ་ཀྱི་མིག་གིས་)རབ་ཏུ་མཐོང་(བ་དང་ལྡན་པར་)བྱེད་ཅིང༌། །(ཤེས་བྱ་མཐའ་ཡས་པ་ལ་འཇུག་པའི་) ཡེ་ཤེས་རྒྱ་མཚོ་(ལྟ་བུ་རྣམས་སྐད་ཅིག་ལ་)རབ་ཏུ་རྟོགས་བྱེད་(དེ་མཐོང་བར་)ཤོག་(ལས་དེ་གང་ཞེ་ན་སངས་ རྒྱས་ཀྱི་ཞིང་སྦྱོང་བ་ལ་བརྩོན་པ་རྣམས་པར་བརྒྱད་དོ)། །ཅེས་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་ 3-1-302 ཞུགས་ཏེ་སྨོན་ལམ་ཐམས་ཅད་རྫོགས་པའི་ཆེད་དུ། །(དེ་བཞིན་གཤེགས་པའི་རྗེས་སུ་སློབ་པའི་བསྔོ་བ་ནི་) གང་ཡང་དུས་གསུམ་(དུ་)གཤེགས་པའི་རྒྱལ་བ་(རྣམས་ཀྱིས་)ཡི། །བྱང་ཆུབ་(སེམས་དཔའི་)སྤྱོད་ པའི་སྨོན་ལམ་བྱེ་བྲག་རྣམས། །དེ་(དག་)ཀུན་མ་ལུས་(པ་)བདག་གིས་རྫོགས་(པར་)བགྱིས་ ནས། །བཟང་པོ་སྤྱོད་(པ་སྤྱད་)པས་(རྫོགས་པའི་)བྱང་ཆུབ་(དུ་)སངས་རྒྱས་(པར་)ཤོག །ཅེས་པ་ དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་ཞུགས་ཏེ་དེ་དག་གི་སྤྱོད་པ་དང་མཐུན་པར་ སྤྱོད་པའི་ཆེད་དུ། (བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པའི་བསྔོ་བ་ནི། འཕགས་པ་ཀུན་ཏུ་བཟང་པོ་ནི་བྱང་ཆུབ་སེམས་ དཔའི་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་)རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །(དེ་ལྟ་བུའི་བྱང་ཆུབ་ སེམས་དཔའ་)གང་གི་མཚན་ནི་ཀུན་ཏུ་བཟང་(པོ་)ཞེས་(བྱ་ལ་)བགྱི། །མཁས་པ་དེ་དང་མཚུངས་ པ(སྟེ་བསྐལ་པ་འདྲ་བ)ར་སྤྱད་པའི་ཕྱིར་(ན)། །དགེ་བ་འདི་དག་ཐམས་ཅད་(སྐད་ཅིག་རེ་རེ་ལ་)ཡོངས་ སུ་བསྔོ། །ཅེས་པ་དང༌། སྒོ་གསུམ་རྣམ་པར་དག་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་ ཐོབ་པའི་ཆེད་དུ། ལུས་(རྣམ་པར་དག་པ་)དང་ངག་དང་ཡིད་ཀྱང་རྣམ་(པར་)དག་ཅིང༌། །(སྔར་བཤད་ པའི་)སྤྱོད་པ་རྣམ་(པར་)དག་(པ་དང་)ཞིང་རྣམས་ཡོངས་(སུ་)དག་(པ་)སྟེ། །བསྔོ་བ(ར་བྱེད་པ་འཕགས་ པ་ཀུན་ཏུ་)བཟང་པོ་མཁས་པ་ཅི་འདྲ་བ། །དེ་(དང་)འདྲར་(བ་ཁོ་ན་)བདག་ཀྱང་དེ་དང་མཚུངས་ པ་(སྟེ་ཀུན་ཏུ་བཟང་པོ་དང་མཉམ་པ)ར་ཤོག །ཅེས་པ་དང༌། ཁྱད་པར་དུ་འཕགས་པ་འཇམ་དཔལ་ གྱི་སྨོན་ལམ་དང་མཐུན་པར་སྤྱོད་པའི་ཆེད་དུ། (ཐོག་མཐའ་བར་གསུམ་དུ་དགེ་བས་ན་)ཀུན་ཏུ་དགེ་ བ་བཟང་པོ་སྤྱད་པའི་ཕྱིར་(རམ་ཆེད་དུ)། །(འཕགས་པ་)འཇམ་དཔལ་གྱི་ནི་(བཏབ་པའི་)སྨོན་ལམ་ (ལ་)སྤྱད་(པ་ལྟར)བགྱིད་ཅིང་(རྫོགས་པར་བྱའོ)། །(དེ་ལྟ་བུ་སྨོན་ལམ་གང་ཞེ་ན། སྔོན་རྒྱལ་བོར་ནམ་མཁའ་ཞེས་བྱ་ བར་གྱུར་པའི་ཚེ་ན་འདི་སྐད་སྨོན་ལམ་བཏབ་པོ། །འཁོར་བ་ཐོག་མ་མེད་པའི་སྔོན་གྱི་ཐ་མ་ཇི་སྲིད་པ་དེ་སྲིད་སེམས་ཅན་ཕན་ དོན་དུ་སྤྱོད་པ་དཔག་ཡས་སྤྱོད་པར་བགྱི། ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་སྨོན་ལམ་)མ་འོངས་(པའི་)བསྐལ་པ་ ཀུན་ཏུ་(ཡིད་)མི་སྐྱོ་བར། །(སངས་རྒྱས་དང་བྱང་ཆུབ་སེམས་དཔའ་)དེ་ཡི་བྱ་བ་(སྟེ་ལས་དེ་དག་)མ་ལུས་(པར་) 3-1-303 རྫོགས་(པར་)བགྱིད་(པར་)ཤོག །ཅེས་གསུངས་པ་ལ་སོགས་པ་བརྗོད་པའི་མཐར། སངས་ རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་ དང༌། །དགེ་འདུན་(རྣམས་དབྱེན་གྱིས་)མི་ཕྱེད་(པ་ཐུགས་)མཐུན་པའི་བྱིན་རླབས་ཀྱིས། །(དགེ་བ་དེ་ དག་)བསྔོས་ཤིང་སྨོན་ལམ་བཏབ་པ་(བཞིན་དུ་)འགྲུབ་པར་ཤོག །ཅེས་པས་བདེན་པའི་སྟོབས་ ཀྱང་བརྗོད་པར་བྱའོ། ། གདམས་པའི་ཚུལ་གྱིས་བསྡུས་པ་ནི། རྒྱས་པར་ཟབ་མོ་རྒྱུད་བླ་སྤྱོད་འཇུག་དང༌། ། རྒྱ་ཆེན་མངོན་པའི་འགྲེལ་བ་ལ་སོགས་དང༌། །ཕྱི་ནང་ལག་ལེན་བསྟོད་པ་དྲི་ ལན་དང༌། །ཕྲིན་ཡིག་ལ་སོགས་བདོ་དུ་བརྩམས་པ་དང༌། །དེ་ཡང་ཐེག་པ་གསུམ་ གྱི་མཐར་ཐུག་ཐེག་པ་ཆེན་པོའི་དོན་སྟོན་ཞིང་གྲུབ་མཐའ་བཞིའི་མཐར་ཐུག་དབུ་མ་ཆེན་ པོའི་དོན་སྟོན་ལ། འཁོར་ལོ་གསུམ་གྱི་མཐར་ཐུག་དོན་དམ་རྣམ་ངེས་ཀྱི་དོན་གསལ་བར་ སྟོན་པ་བསྟན་བཅོས་ཐམས་ཅད་ཀྱི་མཐར་ཐུག་བྱམས་ཆོས་ལྔའི་སྙིང་པོ། (དོན་གཉིས་མཐར་ ཕྱིན་)སངས་རྒྱས་(ཀྱིས་དོན་དང་རྣམ་བྱང་གི་བདེན་པ་)ཆོས་(དང་)ཚོགས་(དགེ་འདུན་དང་དྲི་བཅས་)ཁམས་ དང་(དྲི་མེད་)བྱང་ཆུབ་དང༌། །(སྟོབས་སོགས་)ཡོན་ཏན་(དང་)སངས་རྒྱས་(ཀྱིས་)ཕྲིན་ལས་(ནི་དོན་ བདུན་གྱིས་)ཐ་མ་སྟེ། །(རྒྱུད་བླ་མའི་)བསྟན་བཅོས་(དབུ་ཞབས་)ཀུན་གྱིས་ལུས་(ཀྱི་བརྗོད་བྱ་)ནི་མདོར་ བསྡུས་ན། །རྡོ་རྗེ་(ལྟ་བུ་)ཡི་ནི་གནས་བདུན་(པོ་)འདི་དག་གོ་(འདུས་སོ)། །ཞེས་པ་ལ་སོགས་ པས་སྐྱབས་གནས་མཐར་ཐུག་སངས་རྒྱས་དཀོན་མཆོག་གི་དོན་དང༌། དེའི་བསྟན་པ་དེ་ཆོས་ དཀོན་མཆོག་གི་དོན་དང༌། དེ་ཉིད་འཛིན་པ་དགེ་འདུན་དཀོན་མཆོག་གི་དོན་དང༌། ཁམས་ རང་བཞིན་གྱིས་དག་པ་བདེ་གཤེགས་སྙིང་པོའི་དོན་དང༌། དེ་དྲི་མ་དང་བྲལ་བ་བྱང་ཆུབ་ ཆེན་པོའི་དོན་དང༌། དེ་ལ་མངའ་བ་ཡོན་ཏན་ཕུན་ཚོགས་པའི་དོན་དང༌། དེའི་ནུས་པ་ཕྲིན་ ལས་རྣམ་པར་དག་པའི་དོན་ཏེ་རྡོ་རྗེའི་གནས་བདུན་གྱིས་གསུང་རབ་མཐར་ཐུག་གི་སྙིང་ 3-1-304 པོ་བསྡུས་ནས་སྟོན་པ་ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ་ངེས་དོན་རབ་གསལ་སྣང་བ་ ཞེས་བྱ་བ་དང༌། དལ་འབྱོར་རྙེད་པར་དཀའ་བ་དང་འཆི་བ་མི་རྟག་པ་དང་འཁོར་བའི་ཉེས་ དམིགས་དྲན་པའི་སྒོ་ནས་ཐར་པའི་མཐར་ཐུག་ཐོབ་པའི་དོན་དུ། བསམ་པ་བྱང་ཆུབ་ཀྱི་ མཆོག་ཏུ་སེམས་བསྐྱེད་དེ་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླངས་ནས་དགེ་བ་བྱང་ ཆུབ་ཏུ་བསྒྱུར་པའི་ཚུལ་ཤིན་ཏུ་གསལ་བར་སྟོན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་ པའི་འགྲེལ་བ་གཞུང་དོན་རབ་གསལ་སྣང་བ་ཞེས་བྱ་བ་དང༌། གསུང་རབ་ཐམས་ཅད་ཀྱི་ དགོངས་པ་འགྲེལ་ཞིང་སྡེ་སྣོད་ཐམས་ཅད་ཀྱི་གཞི་མར་གྱུར་པ་ཐེག་པ་ཐམས་ཅད་ཀྱི་སྤྱི་ སྡོམ་ཆེན་པོ། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་མཐའ་དག་གསལ་པར་སྟོན་པ། དམ་ པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་འགྲེལ་པ་ཤེས་བྱ་རབ་གསལ་སྣང་བ་ཞེས་བྱ་བ་ དང༌། ཐམས་ཅད་མཁྱེན་པ་ཐོབ་པ་ལ་རིག་པའི་གནས་ལྔ་ཤེས་དགོས་ཤིང་དེ་ཐམས་ཅད་ཀྱི་ གཞི་མའང་སྒྲ་རིག་པ་ཡིན་ལ། སྒྲའི་བསྟན་བཅོས་མཐའ་ཡས་པ་རྣམས་ཀྱིས་མཆོག་ཏུ་གྱུར་ བ་ཀཱ་ལ་པའི་འགྲེལ་པ་ལེགས་སྦྱར་རབ་གསལ་སྣང་བ་ཞེས་བྱ་བ་རྣམས་ཀྱང་ཡི་གེ་མཐོང་ བ་ཙམ་གྱིས་དོན་གསལ་བར་གོ་པ་དང༌། དཔལ་དུས་ཀྱི་འཁོར་ལོ་དང༌། ཀྱཻའི་རྡོ་རྗེ་དང༌། བདེ་མཆོག་འཁོར་ལོ་དང༌། རྡོ་རྗེ་ཕྲེང་བ་ལ་སོགས་པ་རྣམས་ཀྱི་སྒྲུབ་ཐབས་དང༌། དཀྱིལ་ འཁོར་གྱི་ཆོ་ག་རྣམས་ཀྱང་གཞན་ལས་རྣམ་པར་གསལ་བ་དང༌། བླ་མ་དང་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟོད་པ་དང༌། སྐྱེས་བུ་དམ་པ་རྣམས་ཀྱི་གཞི་ལམ་འབྲས་ གསུམ་ལ་སོགས་པ་ལས་བརྩམས་ཏེ་དྲིས་པའི་ལན་དང༌། ཕྲིན་ཡིག་དང་གདམས་པ་ལ་ སོགས་པ་བོད་དུ་བརྩམས་པ་རྣམས་དང༌། གསུང་རབ་དགོངས་འགྲེལ་སྒྲུབ་ཐབས་ལ་སོགས་པ། །སྔོན་མེད་རྒྱ་གར་ དཔེ་ལས་བསྒྱུར་བ་དང༌། །བསྒྱུར་ཟིན་རྣམས་ལ་འགྱུར་བཅསོ་ཞུ་དག་སོགས། ། 3-1-305 བྱས་ཚུལ་དཀར་ཆག་ནང་ནས་གསལ་བ་རྣམས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཚིགས་སུ་བཅད་པ་གཅིག་པ་ལྔ་པ་བདུན་པ་དགུ་པ་བཅུ་པ་ལ་སོགས་པ་གཟུངས་སྔགས་ དང་བཅས་པ་དང༌། མཚན་ཡང་དག་པར་བརྗོད་པའི་བསྡུས་དོན་འདོན་ཐབས་དང་བཅས་ པ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས་ཚིགས་བཅད་དུ་ བསྡེབས་པ། ཀྱཻའི་རྡོ་རྗེ། མཧཱ་མ་ཡ། གཤིན་རྗེ་གཤེད་དམར། རྡོ་རྗེ་ཕག་མོ། བདག་མེད་ མ་ལ་སོགས་པའི་སྒྲུབ་ཐབས། ཀྲྀ་ཡ་ས་མུཙྪ་ཡ་ཞེས་བྱ་བ་རྡོ་རྗེ་སློབ་དཔོན་རྣམས་ལ་ཉེ་བར་ མཁོ་བའི་ཆོ་ག་མཐའ་ཡས་པ་ཕྱོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་ཆེན་པོ་གཞུང་ཚད་ ཤོ་ལོ་ཀ་སྟོང་ཕྲག་དྲུག་ཡོད་པ་ལ་སོགས་པ་རྣམས་དང༌། འགྱུར་བཅོས་དང་ཞུ་དག་བྱས་པའི་ སྐོར་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་དང་བཅས་པ་དང༌། བདེ་མཆོག་སྟོད་ འགྲེལ་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ དང༌། དཔའ་བོས་མཛད་པའི་སྐྱེས་རབས་དང༌། སྐྱེས་རབས་ཆོས་ཀྱི་གཎྜི་དང༌། བདེ་བ་ཅན་ གྱི་བཀོད་པའི་མདོ་ལ་སོགས་པ་ཞིབ་པར་དཀར་ཆག་ཏུ་བཀོད་པ་རྣམས་ཀྱང༌། རིམ་གྱིས་གཟིགས་ནས་ཇི་ལྟར་མཁོ་བའི་རིགས། །འབྲི་ཞིང་ཐུགས་ཉམས་ སུ་ཡང་བཞེས་པ་དང༌། །དོན་གཉེར་གཞན་ལའང་བསྐུལ་ཞིང་གནང་བ་ཡིས། ། རང་གཞན་དག་ལ་ཕན་པར་མཛད་དུ་གསོལ། །དེ་ཡང༌། རྒྱན་ལས། (སྐྱེས་བུ་དམ་པ་ རྣམས་ཀྱིས་བསྒྲུབ་པར་བྱ་བ་དོན་གཉིས་ཕུན་སུམ་ཚོགས་པ་བསྒྲུབ་པ་ནི་)གསེར་(བཟང་པོ་)ལས་(བཟོ་བོ་མཁས་པས་) བརྡུངས་(པ་སྟེ་)བྱས་(པའི་རྒྱན་མཛེས་པ་གྲུབ་པ་དང་)འདྲ་ཞིང་(དགའ་བ་བསྐྱེད་པ་དང་བདེན་གཉིས་བདེན་བཞི་ངོ་ བོ་ཉིད་གསུམ་ལ་སོགས་པ་ཤེས་པར་བྱ་བའི་ཆོས་རྣམས་ཤེས་པའི་རང་བཞིན་ཉི་མའི་འོད་ཟེར་གྱིས་ཕྱེ་བའི་)པདྨ་རྒྱས་པ་ (མཐོང་བ་)བཞིན་(དགའ་བ་བསྐྱེད་པ་དང་)། །(རྒྱུ་འབྲས་བསླུ་མེད་དང་སྤང་བྱ་འཁོར་བའི་ཉེས་དམིགས་དང་ཐོབ་བྱ་ཐར་ པའི་ས་བོན་སོགས་བསམ་པས་ཤེས་ནས་བླང་དོར་ཚུལ་བཞིན་དུ་བྱེད་པ་ནི་)བཀྲེས་པས་ཉེན་པ་(རྣམ)ས་གཡོས་ 3-1-306 ལེགས་(པོ་བྱས་པའི་)ཁ་ཟས་(བཟང་པོ་)བཟའ་བ་(དང་)འདྲ་(པར་དགའ་སྐྱེད་པ་དང་)། །(རང་བཞིན་གྱི་རིགས་ དོན་དམ་པའི་སངས་རྒྱས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་པ་དང༌། དེ་རང་བཞིན་རྣམ་དག་ཡིན་ཡང་གློ་བུར་དྲི་མ་ སྦྱངས་དགོས་པ་དང་། སྟོབས་སོགས་དོན་དམ་གྱི་ཡོན་ཏན་རྣམས་སེམས་ཅན་གྱི་དུས་ནའང་ཡོད་པ་དང༌། སངས་རྒྱས་ལ་འབད་ རྩོལ་མི་མངའ་ཡང་སེམས་ཅན་གྱི་མོས་པ་བཞིན་ཕྲིན་ལས་འཇུག་པ་ལ་སོགས་པ་ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པའི་ གནས་རྣམས་ལུང་རྣམ་དག་ལ་བརྟེན་ནས་རྟོགས་པ་ནི་སྙན་ངག་དང་བཅས་པའི་)ཕྲིན་ཡིག་ལེགས་པར་ཐོས་(པ་དང་) འདྲ་(ཞིང་གདོད་ནས་ཡོངས་སུ་གྲུབ་པའི་ཆོས་ཉིད་རིམ་གྱིས་མངོན་སུམ་དུ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་ བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་ལམ་གྱི་ཡོན་ཏན་ཕུན་ཚོགས་པ་དང་འབྲས་བུ་སངས་རྒྱས་ལ་མངའ་བ་སྟོབས་བཅུ་ སོགས་བྲལ་འབྲས་ཀྱི་ཡོན་ཏན་མངོན་དུ་གྱུར་པ་ནི་)རིན་ཆེན་(མཆོག་ཏུ་གྱུར་བ་གནས་པའི་)སྒྲོམ་(ཁ་)ཕྱེ་(ནས་མཐོང་ བ་)ལྟ་(བུའི་དགའ་བ་བསྐྱེད་པ་སྟེ)ར། །(དེ་ལྟར་དཔེ་ལྔ་དགའ་བ་བསྐྱེད་པའི་རྒྱུ་ཡིན་པ་དང་འདྲ་བར་དེ་རྣམས་ཀྱིས་མཚོན་ པའི་)ཆོས་དེ་(གཞུང་)འདིར་བཤད་པ་ཡང་(མཁས་པ་རྣམས་)དགའ་བའི་མཆོག་(ཏུ་གྱུར་པ་)བསྐྱེད་ (པར་བྱེད་)དེ། །ཞེས་གསུངས་པ་ལྟར། སྐྱེ་བུ་དམ་པ་རྣམས་ཀྱིས་ལེགས་པར་བསྒྲུབ་པར་བྱ་བ་ དང༌། བསྒྲུབ་ཚུལ་ཤེས་པར་བྱ་བ་དང༌། ཤེས་ནས་བསམ་པར་བྱ་བ་དང༌། བསམ་གྱིས་མི་ ཁྱབ་པའི་དབྱིངས་དེ་ཉིད་བསྒོམས་པས་སོ་སོ་རང་གིས་རིག་པར་བྱ་བ་ལ་སོགས་པའི་ཆོས་ ཟབ་མོ་དེ་རྣམས་ཇི་ལྟར་ནུས་བཞིན་བཤད་པ་ལ་བརྟེན་ནས་ཀྱང་ཐུགས་དགྱེས་པ་འཕེལ་བ་ མཛད་དེ། ལེགས་བཤད་དོན་དུ་གཉེར་བ་གཞན་དག་ལ་ཡང་སྤེལ་བའི་སྒོ་ནས་རང་གཞན་ ལ་ཕན་པ་རྒྱ་ཆེན་པོ་མཛད་དུ་གསོལ། ། དེང་སང་ཀུན་མཁྱེན་སྟོན་པ་མི་བཞུགས་ཤིང༌། །བསྟན་འཛིན་དམ་པ་ རྣམས་ཀྱང་གཤེགས་པ་དང༌། །བསྟན་ལ་གནོད་བྱེད་རྣམས་ཀྱང་དར་བ་ཡིས། ། བསྟན་པ་འཇིག་ལ་ཉེ་བར་གྱུར་པའི་དུས། །དེ་ཡང་མཛོད་ལས། སྟོན་པ་(རྫོགས་པའི་ སངས་རྒྱས་)འཇིག་རྟེན་(ཐམས་ཅད་ཀྱིས་)མིག་(ལྟ་བུས་)ནི་ཟུམ་(སྟེ་འདས་པའི་ཚུལ་བསྟན་པར་)གྱུར་ཅིང༌། ། 3-1-307 (དེའི་ལུང་བསྟན་པའི་རྒྱན་དྲུག་མཆོག་གཉིས་ལ་སོགས་པའི་)དཔང་(དུ་)གྱུར་(པའི་)སྐྱེས་བུ་(དམ་པ་)རྣམས་ ཀྱང་ཟད་པ་(སྟེ་འདས་པའི་ཚུལ་བསྟན་པ་)དང༌། །(སྙིགས་མའི་དུས་སུ་)དེ་(ཁོ་ན་)ཉིད་མ་མཐོང་(པར་)རང་ དགར་(སྨྲ་བར་)གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་(སངས་རྒྱས་ཀྱིས་)བསྟན་པ་འདི་(ལ་དྲང་དོན་ལ་ངེས་ དོན་ངེས་དོན་ལ་དྲང་དོན་ཡིན་ནོ་ཞེས་)དཀྲུགས་སོ། །(ཡང་ན་ལམ་དང་ལམ་མ་ཡིན་པ་)སྟོན་པ་འཇིག་རྟེན་(གྱིས་) མིག་(དང་འདྲ་བའི་གསལ་བྱེད་)ནི་ཟུམ་གྱུར་ཅིང་། །(བཅོམ་ལྡན་འདས་ལས་མངོན་སུམ་དུ་ཆོས་ཐོས་པ་དམ་པའི་ ཆོས་ཀྱི)དཔང་(པོར་)གྱུར་(པའི་)སྐྱེས་བུ་རྣམས་ཀྱང་(མྱ་ངན་ལས་འདས་ཏེ་)ཟད་པ་དང༌། །(མ་རིག་པའི་ མུན་པས་བསྒྲིབས་ཏེ་ཆོས་ཀྱི་)དེ་(ཁོ་ན་)ཉིད་མ་མཐོང་(པའི་གང་ཟག་བཅོས་སུ་མི་བཏུབ་པ་)རང་དགར་གྱུར་ པ(འི་སྟོབས་)དང༌། །(རང་གི་ལྟ་བ་ངན་པ་རྟོག་གེ་ངན་པར་ཞུགས་པའི་)ངན་རྟོག་རྣམས་ཀྱིས་(ཤཱཀྱའི་)བསྟན་ པ(འི་ཆོས་)འདི་(ཚིག་དང་དོན་གྱི་སྒོ་ནས་)དཀྲུགས་སོ། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་ བསྟན་པ་ལ་ཕན་འདོགས་པའི་སྐྱེས་བུ་དམ་པ་རྣམས་གཤེགས་ཤིང་གནོད་པ་སྣ་ཚོགས་བྱེད་ པའི་སྐྱེས་བུ་གདུག་པ་ཅན་མང་པོ་ནི་འཕེལ་བའི་དུས་སུ་གྱུར་བ། འདི་འདྲའི་དུས་སུ་ཉམ་ཆུང་བདག་ལྟ་བུའི། །བརྩམས་པས་བསྟན་པའི་སྒྲོན་ མེ་གསལ་བ་དང༌། །སྐྱེས་བུ་དམ་པ་དགྱེས་པ་འཕེལ་བ་དང༌། །སེམས་ཅན་མང་ པོ་མགུ་བར་མི་ནུས་མདོ། །དེ་ཡང༌། རང་བྱུང་(སྟོན་པ་ཉིད་དང་)རང་བྱུང་(དེའི་སློབ་མ་)བསྟན་ པ་(ལ་)གཅེས་(པར་)འཛིན་(པའི་དགྲ་བཅོམ་པ་)རྣམས། །མཆོག་ཏུ་(སྡུག་བསྔལ་)ཞི་(ཞིང་)ར་(མྱ་ངན་ འདས་པའི་གྲོང་ཁྱེར་དུ་)གཤེགས་(ནས་)འགྲོ་(བའི་)མགོན་(སྐྱབས་)མེད་པ(ར་གྱུར་པ)ས་ན། །འདོམས་ (བྱེད་ཡང་དག་པའི་དགེ་བའི་བཤེས་གཉེན་)མེད་(ཅིང་)ཡོན་ཏན་(དཀར་པོ་)འཇོམས་པར་བྱེད་པ་ཡི། །དྲི་ མ་(ཆོས་ལོག་འགའ་ཞིག་གི)ས་དགའ་མགུར་(བྲམ་ཟེ་རྒྱལ་པོ་རྒྱལ་བྱེད་བཤེས་ཀྱི་ཆོས་སྒྲུབ་པའི་དུས་)དེང་སང་ འདི་ནི་སྤྱོད་(དོ)། །ཅེས་གསུངས་པ་ལྟར། བསྟན་པ་འཇིག་ལ་ཉེ་བས་སངས་རྒྱས་ཀྱི་གསུང་ ལ་དཔང་དུ་མི་བྱེད་ཅིང༌། རང་བཟོའི་གཟུ་ལུམ་སྣ་ཚོགས་དགའ་མགུར་སྤྱོད་པའི་དུས་འདིར་ 3-1-308 ལུང་རྣམ་དག་ལ་བརྟེན་པའི་བརྩམས་པས་མང་པོ་ལ་ཕན་པ་དཀའ་ལགས་མོད། དེ་ལྟར་ན་ཡང་དག་པའི་ཞིང་གཞན་དུ། །དགེ་བ་རྒྱ་ཆེན་ཡུན་རིང་སྒྲུབ་པ་ ལས། །ཞིང་འདིར་སྙིགས་མའི་དུས་སུ་དམ་པའི་ཆོས། །བཟུང་ན་ཕན་ཡོན་ཆེར་ བར་གསུངས་པ་དང༌། །དེ་ཡང༌། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། (གང་ཟག་)སུ་དག་(ཡུན་རིང་པོར་)བསྐལ་པ་བྱེ་བར་ཞིང་(རྣམ་དག་)གཞན་དུ། །སེམས་(རྣམ་པར་དག་ པ་དང་)ལྡན་(པའི་སྒོ་ནས་)དམ་ཆོས་འཛིན་པར་གྱུར་པ(འི་ཕན་ཡོན་)བས། །(གང་ཟག་)འགའ་ཞིག་ (གིས་ཡུན་ཐུང་བ་)སྔ་དྲོ་ཙམ་ཞིག་(མ་དག་པའི་ཞིང་)མི་མཇེད་(ཀྱིས་འཇིག་རྟེན་གྱིས་ཁམས་སུ་སྙིགས་མའི་དུས་) ན། །(དམ་ཆོས་འཛིན་པ་)དེ་ནི་(སྔ་མ་)དེ་བས་(ཀྱང་ཕན་ཡོན་)ཁྱད་པར་(འཕགས་ཤིང་)མཆོག་ཏུ་བཤད་ (དོ)། །ཅེས་གསུངས་པ་ལྟར། ཞིང་ཁམས་རྣམ་པར་དག་པར་དུས་བཟང་པོ་ལ་དམ་པའི་ཆོས་ འཛིན་པ་ནི་སླ་ཞིང༌། མ་དག་པའི་ཞིང་འདི་ལྟ་བུར་སྙིགས་མའི་དུས་སུ་དམ་པའི་ཆོས་འཛིན་ པ་ནི་ཤིན་ཏུ་དཀའ་བས་ན། དེ་ཙམ་དུ་ཕན་ཡོན་ཡང་ཆེ་བ་དང༌། ༣༣༣ སྦྱིན་པའི་ནང་ནས་ ཆོས་ཀྱི་སྦྱིན་པ་ནི། །མཆོག་ཏུ་གསུངས་ཤིང་རྙེད་པའི་ནང་ནས་ཀྱང༌། །ཆོས་ ཀྱི་རྙེད་པ་མཆོག་ཏུ་གསུངས་པས་ན། །བདག་ཀྱང་ཆོས་འདི་འཆད་ལ་སྤྲོ་བར་ གྱུར། །དེ་ཡང་བྱམས་པ་སང་གེའི་སྒྲ་ཆེན་པོར། སྟོང་(གསུམ་གྱི་སྟོང་)ཆེན་(པོའི་)འཇིག་རྟེན་(གྱི་) ཁམས་འདིར་(རིན་པོ་ཆེ་)གསེར་དག་གིས། །ཡོངས་སུ་བཀང་སྟེ་(སྦྱིན་ཡུལ་)གང་ལ་སྦྱིན་པ(འི་ བསོད་ནམས)་ལས་(ཀྱང་)། །(གསུང་རབ་རྣམ་པར་དག་པ་)ཚིག་བཞི་(པ)འི་ཚིགས་སུ་བཅད་པ་གཅིག་ བརྗོད་པ། །དེ་ཡི་ཕན་ཡོན་(ནི་)དེ་ལྟར་འགྱུར་(བ་)མ་ཡིན་(ཏེ་དེ་བས་ཆེས་ལྷག་པའི་ཕྱིར)། །ཞེས་པ་ ལ་སོགས་པས་སྟོང་གསུམ་གསེར་གྱིས་བཀང་སྟེ་བྱིན་པ་ལས་ཆོས་དོན་དུ་གཉེར་བ་ལ་ཚིག་ བཞི་པ་རེ་ཙམ་བྱིན་ན་ཕན་ཡོན་ཆེ་བར་གསུངས་པ་དང༌། མདོ་སྡེ་ལས། (དཔེར་ན་སྐྱེས་བུ་)མིག་ (དང་)ལྡན་(ཞིང་ཉིན་པར་ལྟ་བུའི་)སྣང་བ་ཡོད་གྱུར་ན། །(ཡུལ་)གཟུགས་རྣམས་མཐོང་བ་ཇི་ལྟ་བར། ། 3-1-309 དེ་བཞིན་(དུ་)དགེ་དང་མི་དགེ(བ)འི་ཆོས་(ལ་བླང་དོར་ཡང་)། །ཐོས་པ(འི་ཤེས་རབ་ཀྱི)ས་རྣམ་པར་ ཤེས་པར་འགྱུར་(རོ)། །ཞེས་པ་ལ་སོགས་པས་ཆོས་ཟབ་མོ་ཐོས་ཤིང་མཐོང་བ་ལ་བརྟེན་ ནས། བླང་དོར་གྱི་ཚུལ་ལེགས་པར་ཤེས་པ་ནི་རྙེད་པའི་མཆོག་ཏུ་གསུངས་པས་ན། ཆོས་ཀྱི་ རྣམ་གྲངས་འདི་རྣམས་ཅི་ནུས་ཀྱིས་འཆད་པ་ལ་སྤྲོ་བར་གྱུར་ཏོ། ། ཁྱོད་ནི་སྔོན་ཡང་སྦྱིན་སོགས་སྤྱོད་པའི་མཐུས། །ལོངས་སྤྱོད་འབྱོར་བ་རྙེད་ པ་དཔག་ཡས་ཀྱང༌། །བདག་ལའང་དག་པའི་སྣང་བས་ལེགས་བསྐུལ་ཏེ། །ཆོས་ ཀྱི་རྙེད་པ་མཆོག་ཏུ་འཛིན་པ་ལེགས། །ཆོས་མངོན་པ་མཛོད་ལས། དེ་ལྟར་(སྐུ་གསུང་ ཐུགས་)ཐུབ་པ་(སངས་རྒྱས་བཅོམ་ལྡན་འདས་)དག་གི་བསྟན་པ་ནི། །(གང་ཟག་)ལྐོག་མར་སྲོག་ཕྱིན་(ཏེ་ འཆི་ཁ་མ་དང་)འདྲ་(བ་)དང་དྲི་མ་(ནག་པོ་ལ་ཕྱོགས་པ་)རྣམས། །(མཐུ་ཆེ་ཞིང་)སྟོབས་དང་ལྡན་པའི་དུས་ སུ་རིག་ནས་ནི། །ཐར་པ་འདོད་པ་རྣམས་ཀྱིས་(མི་ལུས་ཐོབ་པ་དོན་ཡོད་པར་བྱ་བའི་ཕྱིར་)བག་ཡོད་(པས་ དགེ་བ་ལ་བརྩོན་པར་མཛོད་)ཀྱིས་(ཤིག་པའོ)། །ཞེས་གསུངས་པ་ལྟར། བསྟན་པ་འཇིག་ལ་ཉེ་བའི་ དུས་ངན་པ་འདི་ལྟ་བུའི་སྐབས་སུ་ཡང་ལོངས་སྤྱོད་ཀྱི་རྙེད་པ་ལ་ཆེ་ཆེར་མི་འཛིན་པ་བདག་ ཅག་ལ་དད་པའི་སྒོ་ནས་ཆོས་ཀྱི་རྙེད་པ་མཆོག་ཏུ་འཛིན་པ་ནི་ཤིན་ཏུ་ལེགས་སོ། །སླར་ཡང་ བཤེས་སྤྲིངས་ལས། (ཆང་སྤོང་བ་ལ་སོགས་པ་)བག་ཡོད་(པ་ནི་འཆི་བ་མེད་པ་)བདུད་རྩིའི་གནས་ཏེ་ བག་མེད་པ(འི་སྤྱོད་པ་ནི)། །འཆི་བའི་གནས་སུ་བདེ་བར་གཤེགས་པས་གསུངས་(སོ)། །(རྒྱུ་ མཚན་)དེ་བས་(ན་རྒྱལ་པོ་)ཁྱོད་ཀྱིས་དགེ་(བའི་)ཆོས་སྤེལ་(པའི་)སླད་དུ། །(ལུས་ངག་ཡིད་གསུམ་)གུས་ པ་(ཆེན་པོས་དུ)ས་རྟག་ཏུ་བག་དང་ལྡན་པར་མཛོད། །ཅེས་གསུངས་པ་ལྟར་སྔར་བཞིན་སྒོ་ གསུམ་གྱི་སྤྱོད་པ་བཟང་པོ་བག་ཡོད་པ་དང་ལྡན་པའི་སྒོ་ནས་གཙུག་ལག་ཁང་གསོ་བ་དང་ རྟེན་གསུམ་བཞེངས་པ་དང༌། དགེ་འདུན་གྱི་སྡེ་སྤེལ་བ་ལ་སོགས་པ་དགེ་བའི་བྱ་བ་རྒྱ་ཆེན་ པོ་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། 3-1-310 ཞུགས་པ་མཐར་ཕྱིན་པའི་བསྔོ་བ་ནི། དེ་ལྟར་བསྐུལ་ཞིང་གདམས་པ་ལས་བྱུང་ བའི། དགེ་བས་མཁའ་མཉམ་འགྲོ་བ་མ་ལུས་པ། །རྣམ་དག་ལེགས་པའི་ལམ་ ལ་རབ་ཞུགས་ནས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །འདྲི་བ་པོས་ ཀྱང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་མང་པོ་ལ་བརྩམས་ཏེ་དྲིས་ཤིང༌། འཆད་པ་ པོས་ཀྱང་གསུང་རབ་དགོངས་འགྲེལ་དང་བཅས་པའི་ལུང་རྣམ་དག་ལ་བརྟེན་ནས་བཤད་ པའི་དགེ་བས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལམ་རྣམ་དག་ལ་ཞུགས་ནས་འབྲས་བུ་ཐམས་ ཅད་མཁྱེན་པའི་གོ་འཕང་ཐོབ་པར་གྱུར་ཅིག ། བདག་ཀྱང་རྣམ་དག་བློ༷་གྲོ༷ས་གསལ་ལྡན་པས། །སངས་རྒྱས་བསྟན་པའི་ རྒྱ༷ལ་མཚ༷ན་ལེགས་བཟུང་སྟེ། །ལེགས་བཤད་ཟབ་མོའི་དཔ༷ལ་འབྱོ༷ར་བཟ༷ང་པོ༷་ ཡིས། །རྟག་ཏུ་འགྲོ་ལ་ཕན་པར་བྱེད་གྱུར་ཅིག །རྩོམ་པ་པོ་བདག་ཀྱང་སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེའི་བྱ་བ་ཐོས་བསམ་སྒོམ་གསུམ་འཕེལ་བའི་ངང་ནས་དོན་དུ་གཉེར་བ་ རྣམས་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་གཏོང་ནུས་པར་གྱུར་ཅིག ༣༣༧ ཁྱོད་ཀྱང་ཡེ༷་ཤེ༷ས་ལྔ་ཡི་དོན་རྟོགས་ནས། །བསྟན་པའི་རྒྱ༷ལ་མཚ༷ན་ ཕྱོགས་བཅུར་གསལ་མཛད་དེ། །ཚོགས་གཉིས་དཔ༷ལ་འབྱོ༷ར་བཟ༷ང་པོ༷་དང་ལྡན་ པའི། །དོན་གཉིས་མཐར་ཕྱིན་ཀུན་མཁྱེན་ཐོབ་གྱུར་ཅིག །སྐུལ་བ་པོ་ཁྱོད་ཀྱང་ མཚན་བཟང་པོ་དོན་དང་ལྡན་པའི་སྒོ་ནས་བསྟན་པ་རིན་པོ་ཆེའི་ཞབས་ཏོག་དང་སེམས་ཅན་ མང་པོ་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབས་ནས་དོན་གཉིས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ ཀྱི་གོ་འཕང་ཐོབ་པར་གྱུར་ཅིག སྙིགས་དུས་སྐྱེ་བོའི་ལྟ་སྤྱོད་ངན་པ་རྣམས། །སྤངས་ནས་ཡང་དག་ལྟ་སྤྱོད་ དང་ལྡན་པས། །རྫོགས་ལྡན་དུས་བཞིན་ཆོས་དང་འཇིག་རྟེན་གྱི། །འབྱོར་བའི་ 3-1-311 དཔལ་ལ་རྟག་ཏུ་སྤྱོད་གྱུར་ཅིག །དུས་ངན་པའི་སེམས་ཅན་རྣམས་ཀྱང་ལྟ་བ་དང་སྤྱོད་ པ་ངན་པ་རྣམས་སྤངས་ནས་ལྟ་སྤྱོད་རྣམ་པར་དག་པ་དང་ལྡན་པས་ཆོས་དང་འཇིག་རྟེན་གྱི་ འབྱོར་བ་ཕུན་སུམ་ཚོགས་པ་ལ་སྤྱོད་པར་གྱུར་ཅིག ། སངས་རྒྱས་བསྟན་པ་ལུང་དང་རྟོགས་པའི་ཆོས། །འཆད་ཉན་བསྒྲུབ་པའི་ ཚུལ་གྱིས་ལེགས་འཛིན་པའི། །བཤེས་གཉེན་དམ་པ་ཐམས་ཅད་ཞབས་བརྟན་ ཅིང༌། །ཕན་བདེ་དཔལ་གྱིས་འགྲོ་ཀུན་སྐྱོང་གྱུར་ཅིག །སངས་རྒྱས་ཀྱི་བསྟན་པ་ལུང་ གི་ཆོས་འཆད་ཉན་གྱིས་འཛིན་ཅིང་རྟོགས་པའི་ཆོས་བསྒྲུབས་པས་འཛིན་པའི་སྐྱེས་བུ་དམ་ པ་རྣམས་ཀྱང་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བའི་སྒོ་ནས་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ ཆེན་པོ་འགྲུབ་པར་གྱུར་ཅིག འགྲོ་ཀུན་ཕན་ཚུན་གནོད་འཚེའི་བསམ་ངན་དང༌། །འཁྲུག་ལོང་སྦྱོར་བ་ ངན་པ་རབ་སྤངས་ནས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ལྡན་པས། །ཉིན་ མཚན་རྟག་ཏུ་ཆོས་ལ་སྤྱོད་གྱུར་ཅིག །སེམས་ཅན་ཐམས་ཅད་ཕན་ཚུན་གནོད་པ་དང་ འཚེ་བའི་སེམས་ངན་དང༌། འཁྲུག་ལོང་དང་འཐབ་རྩོད་ཀྱི་སྦྱོར་བ་ངན་པ་མཐའ་དག་སྤངས་ ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཉིན་མཚན་རྟག་ཏུ་དམ་པའི་ཆོས་སྤྱོད་ པའི་སྐལ་བ་དང་ལྡན་པར་གྱུར་ཅིག དཀོན་མཆོག་རིན་པོ་ཆེ་གསུམ་ལ་དད་པ་བརྟན་པོ་དང་ལྡན་ཞིང་བཀའ་འབངས་སུ་ གཏོགས་པ་རྣམས་ཆོས་བཞིན་དུ་སྐྱོང་བའི་སྐྱེས་བུ་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་ པོས་གསུང་ཡིག་གནང་སྦྱིན་དང་བཅས་ཏེ་ཡང་ཡང་བསྐུལ་བའི་ངོར། པཎྜི་ཏ་མ་ཏིས་དགེ་ ལྡན་ས་བཟང་དུ་སྦྱར་བའོ། །བསྟན་པ་རིན་པོ་ཆེ་དང་སེམས་ཅན་མང་པོ་ལ་ཕན་ཐོགས་པར་ གྱུར་ཅིག ཅེས་པ་ནི་མཇུག་ཡོངས་སུ་རྫོགས་ཤིང་ལེགས་པར་གྲུབ་པའི་དོན་ཏོ། ། 3-1-312 ལེགས་བཤད་བླང་དོར་རབ་གསལ་སྣང་བ་ཡི། །རང་འགྲེལ་རྣམ་དག་ལུང་དང་མཐུན་ པ་འདི། །གནས་ལྔ་རིག་པ་མ་ཏི་པཎྜི་ཏས། །བཟང་ལྡན་ཡང་དགོན་དབེན་པར་རྣམ་པར་ སྦྱར། །རྒྱལ་དང་རྒྱལ་བའི་སྲས་ཀྱི་གསུང་རབ་ལ། །བརྟེན་ནས་རང་བཟོ་སྤངས་ཏེ་བཤད་ ལགས་མོད། །བདག་བློའི་དབང་གིས་ནོངས་པའི་ཆ་མཆིས་ན། །དེ་ཉིད་གཟིགས་པ་རྣམས་ ལ་བཟོད་པར་གསོལ། །གསུང་རབ་ཟབ་མོའི་ནམ་མཁའ་ལས་འོངས་པ། །ལེགས་བཤད་ ཉིན་མོར་བྱེད་པའི་འོད་ཟེར་གྱིས། །དོན་གཉེར་སྐྱེས་བུའི་མི་ཤེས་མུན་བསལ་ནས། །ཡེ་ ཤེས་སྣང་བའི་པད་ཚལ་རྒྱས་གྱུར་ཅིག །མཾགྷལཾབྷཝན་ཏུ། ཤུབྷཾ། དགེ་བ་འདིས་ཀྱང་སྐལ་ལྡན་འགྲོ་བ་རྣམས། །གསང་སྔགས་ཟབ་མོའི་ལམ་ལ་རབ་ ཞུགས་ནས། །རིམ་གཉིས་ཟབ་མོའི་ཚོགས་གཉིས་མཐར་ཕྱིན་ཏེ། །རྡོ་རྗེ་འཆང་དབང་གོ་ འཕང་ཐོབ་པར་ཤོག །༼བྷ་ཝན་ཏུ། ཤུ་བྷ། ༽ རྣམ་དག་ལུང་དང་མཐུན་པ་ལས་བྱུང་བའི། །བློ་དམན་དང་བ་འདྲེན་པའི་ཆོས་ཀྱི་མཆོག ། བླང་དོར་རབ་གསལ་གཞུང་འགྲེལ་བཅས་པ་འདི། །བྱ་བྲལ་ཀརྨའི་མིང་ཅན་སྔགས་རིག་ ལས། །འདིར་བྲིས་དགེ་བས་ཉིན་མོར་བྱེད་པའི་ཁམས། །རྣམ་དག་བློ་གསལ་ཤར་རིའི་ཕྲག་ པ་ནས། །ལེགས་བཤད་འོད་སྟོང་བཞད་པའི་འཛུམ་ཕྲེང་གིས། །ཐུབ་བསྟན་པད་མོ་རྟག་ཏུ་ འབྱེད་གྱུར་ཅིག། གང་ཞིག་སྙིང་གི་མེ་ལོང་གསལ་བའི་ངོགས། །མཐའ་དག་ཤེས་བྱའི་སྣང་ བརྙན་བལྟ་འདོད་རྣམས། །བླངས་དོར་རབ་གསལ་གཞུང་འགྲེལ་སྣང་བ་ཡིས། །བླུན་རྨོངས་ མུན་པའི་སྨག་རུམ་གསལ་གྱུར་ཅིག །དགེའོ། ། རབ་དཀར་འདི་བསྐྲུན་པས། །མ་ལུས་འགྲོ་ཚོགས་ཀྱི། །གནས་སྐབས་མཐར་ཐུག་གི། དཔལ་ཡོན་མཐའ་མེད་ཤོག །འདི་བྲིས་ལེགས་དགེས། །ཚེ་རབས་ཀུན་ཏུ། །ངེས་དོན་ཟབ་ མོར། །ཇི་བཞིན་སྤྱོད་ཤོག །ལེགས་བཞེངས་དེ་ཡི་མཐུ་ལས། །བསྟན་འགྲོར་དགེ་མཚན་ 3-1-313 ཤར་ཏེ། །སྐལ་ངན་རྒུད་ཚོགས་ཞི་ནས། །རྫོགས་ལྡན་ཆོས་སྤྱོད་གྱུར་ཅིག །སརྦ་མངྒ་ལམ། མ་ཡིག་གཙང་བ་སྐུ་འབྲི ང་བསོད་ནམས་དཔལ་ལྡན་ཕྱག་ཡིག་བྲིས་མ་དང༌། ཡང་རྩ་བ་དབུ་ཅན་བྲིས་མ་གཉིས་ཡིན། གཞུང་དུ་ཡོད་པས་རྩ་བ་དང་མི་མཐུན་པ་ཁ་ཤས་ཡོད་དོ། ། ༢༠༡༥ལོར་ཇོ་ནང་དཔེ་ཚོགས་བསྐྱར་ཞུ་གཉིས་པ། ཐུབ་དབང༌། གསུང་སྙན། ཁམ་པོ། ༢༠༡༧ལོར་ཡང་དཔེ་རྙིང་གཉིས་རྙེད་པ་དེར་གཏུག་སྟེ་ཐུབ་དབང་གིས་གཅིག་ཞུས། དཔེ་གཅིག་ན་མཆན་མང་པོ་མི་ འདུག གཅིག་དེར་དམར་མཆན་དང་ནག་མཆན་གཉིས་ཡོད་པ་ཀོར་རྟགས་མི་འདྲ་བ་དམར་༼༽མཆན་དང་()ནག་མཆན་ གཉིས་སུ་བཙུད་ཡོད། 3-1-314 ༄༅། །ས་བཟང་མ་ཏིས་མཛད་པའི་བློ་སྦྱོང་དོན་བདུན་མའི་འགྲེལ་པ་ རབ་གསལ་སྣང་བ་བཞུགས། ། ཤོག་བུ་གཉིས་པ་མན་ཆད་རྗེ་མ་ཏི་རང་གི་ཕྱག་དཔེ་ཕྱག་རིས་མ་ཁུངས་ཡིན་ལགས་སོ། ། ༄༅། །ན་མོ་གུ་རུ་ཝེ་རཏྣ་ཏྲ་ཡ་ཡཱ། དུས་གསུམ་འགྲོ་བའི་སྟོན་པ་དུས་གསུམ་རྒྱལ་ བ་དང་། །སྒྲིབ་གསུམ་མུན་པ་སེལ་མཛད་ཐེག་གསུམ་དམ་པའི་ཆོས། །བསླབ་གསུམ་ རྣམ་དག་ཉེས་གསུམ་དྲི་བྲལ་དགེ་འདུན་ལ། །དག་པ་གསུམ་གྱིས་ཕྱག་འཚལ་མཆོད་ཅིང་ སྐྱབས་སུ་མཆི། །གྲངས་མེད་གསུམ་དུ་ཚོགས་གཉིས་རབ་བསགས་ཐུབ་ཆེན་དང་། །གྲངས་ མེད་གསུམ་དུ་སྐུ་གཉིས་སྟོན་མཛད་མི་ཕམ་མགོན། །གྲངས་མེད་གསུམ་དུ་ཐུགས་གཉིས་ འབྱོངས་པ་ཐོགས་མེད་ལ། །གྲངས་མེད་གསུམ་དུ་ལུས་ངག་ཡིད་གསུམ་གུས་པས་འདུད། ། སྐུ་གསུམ་བརྙེས་པ་བྲམ་ཟེའི་སྲས་པོ་དབྱིག་གཉེན་དང་། །འཕགས་གྲོལ་བཙུན་གྲོལ་གུ་ ཎ་མི་ཏྲི་སེང་གེ་བཟང་། །གང་བ་སྤེལ་དང་ཀུ་སུ་ལུ་པ་ཆེ་ཆུང་གཉིས། །གསེར་གླིང་པ་དང་ དཔལ་ལྡན་ཨ་ཏི་ཤ་ལ་འདུད། །འབྲོམ་སྟོན་པུ་ཏོ་བ་དང་རྒྱལ་སྲས་ཤ་ར་བ། །འཆད་ཀ་བ་ དང་སེ་སྤྱིལ་ལྷ་བཙུན་སྤྱིལ་བུ་བ། །(འདི་ཡན་མ་ཚང་བས་ཁ་བསྐང་བ་ལགས་པ། འདི་ཡན་གྱི་མ་དཔེ་བཙལ་ནས་ འབྲི་བར་ཞུ། འདི་མན་ས་བཟང་མ་ཏི་རང་གིས་ཕྱག་བྲིས་ལགས་སོ། །ཤོག་ལྡེབ་དང་པོ་འདི་མ་ཏི་རང་གིས་མཛད་པའང་མིན་ ཞིང་མ་ཚང་བ་ནམ་གྲགས་ཀྱིས་ཁ་བསྐང་བ་ཡིན་དཔེ་ཚོལ་ལ་བྲིས། )སྣར་ཐང་པ་དང་བྱམས་པ་གླིང་པ་གཞོན་ ནུ་གྲུབ། །ཐུགས་རྗེ་རྫོང་པ་གྲགས་པའི་མཚན་ཅན་རྣམས་ལ་འདུད། །ཅེས་པ་ལྟར་རྒྱལ་བ་ ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་སྟེ། རྒྱལ་བའི་རྒྱལ་ཚབ་བྱམས་པ་མགོན་ 3-1-315 པོ། རྒྱལ་བའི་སྲས་པོ་འཕགས་པ་ཐོགས་མེད། རྒྱལ་བ་གཉིས་པ་སློབ་དཔོན་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། གུ་ཎ་མི་ཏྲ། སེང་གེ་བཟང་པོ། གང་བ་སྤེལ་དང་། ཀུ་ སུ་ལུ་པ། བླ་མ་དམ་པ་གསེར་གླིང་པ་རྣམས་ལས་བརྒྱུད་དེ་ཇོ་བོ་ཆེན་པོ་རྗེ་ལྷ་ཅིག་ལ་གནང་ བ་སྟེ། ཇོ་བོ་འདི་ཉིད་ཟ་ཧོར་རྒྱལ་པོའི་སྲས་པོ་གྲོང་ཁྱེར་འབུམ་ཕྲག་ཉེར་བདུན་མངའ་འོག་ ན་ཡོད་པ། འཁྲུངས་མ་ཐག་ཏུ་སྒྲོལ་མའི་ཞལ་གཟིགས་ཤིང་། གཞོན་ནུའི་དུས་སུ་བླ་མ་ར་ ཧུ་ལ་བྷ་དྲ་གུ་ཎ་ལ་ཀྱེའི་རྡོ་རྗེའི་དབང་ཞུས་པས་དེའི་ཡང་ཞལ་གཟིགས་པ། དགུང་ལོ་ཉེར་ དགུའི་བར་དུ་རིག་པའི་གནས་ལྔ་ལ་སྦྱངས་ཏེ། རྒྱུད་སྡེ་མང་པོ་ལ་མཁས་པས་གྲུབ་པ་བརྙེས་ པ། ཡི་དམ་གཞན་མང་པོའི་ཡང་ཞལ་གཟིགས་ཏེ་མངོན་པར་ཤེས་པ་དང་ལྡན་པ་གཅིག་ ཤིང་ནགས་སུ་སྒྲུབ་པ་ལ་བཞུགས་སྙམ་དུ་དགོངས་པ་ལ། ར་ཧུ་ལ་བྷ་དྲ་རི་བྱ་རྐང་ཅན་ཐག་ རིང་པོ་ན་བཞུགས་པའི་མངོན་ཤེས་ཀྱིས་མཁྱེན་ནས་རྫུ་འཕྲུལ་གྱིས་བྱོན་ཏེ་བྱམས་སྙིང་རྗེ་ བྱང་ཆུབ་ཀྱི་སེམས་བསྒོམས་པ་དང་དེ་གཞན་ལ་སྟོན་པའང་བརྩོན་པ་གྱིས་ཤིག་འབྲས་བྲེ་ ཕྱེད་སྦྱིན་པར་བཏང་བའི་འབྲས་བུ་ལ་ལོངས་སྤྱོད་པ་གཅིག་གིས་འབོད་པར་འགྱུར་བས་ དེར་སོང་ན་བསྟན་པ་དང་སེམས་ཅན་ལ་ཕན་པར་འགྱུར་ཞེས་ལུང་བསྟན་ཞིང་སྔགས་པའི་ ཆོས་ལུགས་ཀྱིས་ཆོག་སྙམ་དུ་དགོངས་པ་ལ། མནལ་ལམ་དུ་བཅོམ་ལྡན་འདས་འཁོར་དང་ བཅས་པ་བཤོས་གསོལ་བའི་མཐའ་ན་འདུག་པ་དང་ཐམས་ཅད་ཀྱིས་གཟིགས་ཤིང་ཅི་ལ་ ཆགས་རབ་ཏུ་བྱུང་གསུང་བ་བྱུང་ནས་ཕལ་ཆེན་སྡེ་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ པ་མཛད་དོ། །དེ་ནས་བླ་མ་དྷརྨཱ་རཀྵི་ཏ་ཞེས་བྱ་བ་ནད་པ་ལ་སྨན་གྱི་དོན་དུ་རང་གི་ཤ་བཅད་ ནས་གནང་བ། བཀའ་དབང་ཕྱུག་པ་གསུམ་གྱི་ཕྲེང་བ་དང་། བསྟན་བཅོས་རྟ་དབྱངས་ ཀྱིས་མཛད་པའི་མདོ་སྡེ་རྒྱན་ལ་བརྟེན་ནས་བློ་སྦྱོང་སྒོམ་པ་ཅིག་ལ་ཆོས་འདི་ཞུས་པས་དད་ པ་ཆེན་པོ་ཐོབ་ཅིང་། དེ་ནས་བླ་མ་བྱམས་པའི་རྣལ་འབྱོར་པ་ཞེས་བྱ་བ་གཞན་གྱིས་ཁྱི་ལ་ 3-1-316 དབྱུག་པ་བསྣུན་པ་ན་སྙིང་རྗེ་སྡུག་བསྔལ་རང་ལ་འཕོས་ཏེ་སྐུ་ལ་སྐྲངས་འབུར་བྱུང་བའི་བྱང་ ཆུབ་སེམས་དཔའ་བཀའ་ནམ་མཁའི་སྙིང་པོའི་མདོ་དང་། བསྟན་བཅོས་བསླབ་བཏུས་སྤྱོད་ འཇུག་ལ་བརྟེན་ནས་བློ་སྦྱོང་སྒོམ་པ་ཅིག་ལ་ཞུས་པས་ཀྱང་ངེས་ཤེས་ཆེན་པོ་ཐོབ་བོ། །དེ་ ནས་རྡོ་རྗེ་གདན་ལ་བསྐོར་བ་མཛད་པའི་དུས་སུ། བུད་མེད་རྒན་གཞོན་གཉིས་ཀྱི་དྲིས་ལན་ ལ། མྱུར་དུ་སངས་རྒྱས་ཐོབ་པར་འདོད་པར་ཆོས་གང་ལ་བསླབ་པར་བྱ། བྱམས་སྙིང་རྗེ་ བྱང་ཆུབ་སེམས་ལ་བསླབ་པར་བྱའོ་ཞེས་པ་ལ་སོགས་པས་སྔགས་ཀྱི་ལུགས་ཀྱི་བྱང་ཆུབ་ ཀྱི་སེམས་སྒོམ་ཚུལ་གསུང་གིན་འདུག་པ་རྣམས་ཐུགས་སུ་ཆུད་ཅིང་། གཙང་ཁང་གི་ལྷ་ཆེ་ ཆུང་རྣམས་ཀྱང་དེ་ལྟར་གསུང་ཞེས་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་གསུང་ བའང་ཐུགས་སུ་ཆུད་ནས། གསེར་གླིང་པ་ཆོས་དེའི་བདག་པོར་མཁྱེན་ཏེ་ཚོང་པ་མང་པོ་དང་ ལྷན་ཅིག་བྱོན་ཏོ། །དེའང་གསེར་གླིང་རྒྱལ་པོའི་སྲས་པོ། གླིང་དེར་འཁྲུངས་མ་ཐག །དཀོན་ མཆོག་གསུམ་ལ་སྐྱབས་འགྲོ་མཛད་པས། ནགས་ཁྲོད་ནས་ཐུབ་པའི་སྐུ་གཟུགས་ཅིག་ཀྱང་ རྙེད་དེ། རྒྱ་གར་དུ་བྱོན་ནས་སློབ་གཉེར་མཛད་པས་མཁས་པ་ཆེན་པོར་གྱུར་པ། བཀའ་དྲི་ མ་མེད་པར་གྲགས་པས་ཞུས་པའི་མདོ་དང་། བསྟན་བཅོས་བྱང་ཆུབ་སེམས་དཔའི་ས་ལ་ བརྟེན་ནས་བློ་སྦྱོང་སྒོམ་དེ་དང་མཇལ་མ་ཐག་མོས་གུས་ཚད་མེད་པ་སྐྱེས་ཏེ་ཁོང་གིས་ཀྱང་ བསྟན་པའི་བདག་པོར་མངའ་གསོལ་བ་ཡིན་ནོ་གསུང་ནས། སྐུ་གཟུགས་དེའང་གནང་ཞིང་། ཅི་ལ་འོངས་གསུང་བ་ལ། བྱང་ཆུབ་ཀྱི་སེམས་ཞུ་རུ་འོངས་ཞུས་པས། ལོ་བཅུར་སྡོད་ནུས་ སམ་གསུང་བ་ལ་ནུས་ལགས་ཞེས་གསུངས་ཏེ། ཞུས་ཤིང་བསྒོམས་པས་བདག་བས་གཞན་ གཅེས་ཀྱི་བྱང་ཆུབ་ཀྱི་སེམས་ཁྱད་པར་དུ་འཕགས་པ་ཐུགས་ལ་འཁྲུངས་སོ། །རྡོ་རྗེ་གདན་ དུ་ཁ་ས་པ་ཎིའི་དྲུང་དུ་མཆོད་པ་ཕུལ་བས། བོད་དུ་སོང་ཡི་དམ་སྒྲོལ་མའང་དེ་ན་འགྲོ་དོན་ མཛད་ཀྱིན་བཞུགས་གསུང་ཞིང་དེ་ནས་རེ་ཤིག་བི་ཀྲ་མ་ལ་ཤཱི་ལའི་གནས་བརྟན་མཛད་ 3-1-317 ཀྱིན་བཞུགས་པ་དང་། དེ་དུས་བོད་དུ་གླང་དར་མས་བསྟན་པ་བསྣུབས་པའི་རྗེས་སུ། ལྟ་ བ་མཐོན་པོར་འདོད་ཅིང་སྤྱོད་པ་ཁྱད་དུ་གསོད་པ་སྦྱོར་སྒྲོལ་ལམ་དུ་བྱེད་པ་ལ་སོགས་པའི་ ཆོས་ལོག་མང་དུ་བྱུང་ནས། ལྷ་བླ་མ་ཞི་བ་འོད་ཀྱིས་པཎྜི་ཏ་གདན་འདྲེན་པ་ལ་བོད་མང་པོ་ བཏང་ཡང་། ཇོ་བོ་རིན་ཆེན་བཟང་པོ་མིན་པས་ཕན་ཐོགས་པ་མ་བྱུང་ཞིང་དེ་ནས་ཇོ་བོ་ཆེན་ པོའི་སྙན་པ་ཐོས་ཏེ་གདན་འདྲེན་པའི་དཀའ་སྤྱད་མང་པོ་བྱེད་པའི་བར་ལ། ཞི་བ་འོད་བདེ་ བར་གཤེགས་ནས། དེའི་དབོན་པོ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ལ་སོགས་ པ་བརྫངས་པས་དཀའ་སྤྱད་ཆེན་པོ་དང་ཐབས་སྣ་ཚོགས་ཀྱིས་གདན་འདྲོངས་ཏེ་ལོ་ཆེན་ རིན་ཆེན་བཟང་པོ་དང་ཡང་མཇལ་ཞིང་། དབོན་པོས་ལས་རྒྱུ་འབྲས་ཀྱི་ཆོས་གསུང་བར་ ཞུས་པས་ཇོ་བོ་ཤིན་ཏུ་མཉེས་ནས། སྤྱོད་ཕྱོགས་ཀྱི་ཆོས་མང་པོ་གསུངས་སོ། །ཆོས་ལོག་ རྣམས་སུན་དབྱུང་ནས་སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད་དོ། །དེ་རྣམས་འབྲོམ་ གྱིས་དབུས་སུ་གསན་ནས་མོས་གུས་དང་དཀའ་སྤྱད་ཆེན་པོས་གདན་དྲངས་ཏེ་གཙང་ལ་ཟླ་ བ་བཅོ་བརྒྱད་ཐོགས་ཤིང་། ས་སྐྱ་ལ་སོགས་པའང་ལུང་བསྟན་ལ། རོང་དང་དོལ་དང་ཡར་ ལུང་བསམ་ཡས་དང་ལྷ་ས་རྣམས་སུ་རིམ་གྱིས་བྱོན་ནས་འགྲོ་བ་མང་པོའི་དོན་མཛད་དོ། ། དུད་འགྲོ་འབུལ་བ་བྱུང་བ་རྣམས་འཚོང་བར་ཞུས་པས་ཕ་མ་མི་འཚོང་གསུང་ཞིང་ལེགས་ པར་བསྐྱངས་ནས་ལྷ་སར་བྱོན་པས་ཐུགས་རྗེ་ཆེན་པོ་དང་དངོས་སུ་མཇལ་ཞིང་འབུལ་བ་ མང་པོའང་མཛད་དེ་བསྐོར་བ་མཛད་པའི་དུས་སུ་ཞབས་ས་ལ་མ་རེག་པ་མང་པོས་མཐོང་བ་ བྱུང་ལ་འབྲོམ་གྱིས་གསེར་སྲང་བརྒྱ་ལ་སོགས་པའི་འབུལ་བ་མང་པོ་མཛད་ཅིང་ཕལ་ཆེར་སྙེ་ ཐང་དུ་བཞུགས་སོ། །འཁོར་དཔག་ཏུ་མེད་པ་ལ་འདུལ་པའི་ཆོས་གསུང་བའི་དུས་སུ་ལྷའི་ རིན་པོ་ཆེའི་མེ་ཏོག་གི་ཆར་བབས་ཤིང་ཐམས་ཅད་ལ་སེམས་བཟང་ངམ། སེམས་བཟང་པོ་ གྱིས་ཨང་གསུངས་ལ་སྐྱབས་འགྲོ་མང་དུ་གསུངས་པས་དབུས་རྣམས་སྐྱབས་འགྲོ་བ་ཞེས་ 3-1-318 ཟེར་ཞིང་། མངའ་རིས་པ་རྣམས་རྒྱུ་འབྲས་པ་ཞེས་ཀྱང་ཟེར་རོ། །སྤྱིར་བླ་མ་ཐམས་ཅད་ལ་ མོས་ཤིང་ཁྱད་པར་གསེར་གླིང་པ་ལ་མོས་ཏེ། ང་ལ་སེམས་བཟང་པོ་ཅུང་ཟད་ཡོད་པ་འདི་ ཁོང་གི་དྲིན་ཡིན་གསུང་ཞིང་བློ་སྦྱོང་ཡང་གཙོ་ཆེར་དེའི་ལུགས་ཡིན་ནོ། །བུ་ཆེན་མང་པོ་ཡོད་ ཀྱང་འབྲོམ་སྟོན་པ་རྒྱལ་ཚབ་ཏུ་བསྐོས་སོ། །སློབ་དཔོན་མདོ་སྡེ་ལ་གྱིས། ལྷ་ཁང་མང་དུ་ བཞེངས། བུ་སློབ་རྣམས་ཀྱི་དབུ་མཛད་གྱིས། ཕན་པ་རྒྱ་ཆེན་པོ་འོང་གསུང་ཞིང་རྟེན་གསུམ་ ཐམས་ཅད་ཀྱང་གནང་སྟེ། ཐམས་ཅད་འབྲོམ་ལ་བརྟེན་ལ་ཚེ་འདི་བློ་ཡིས་ཐོངས་གསུང་ཞིང་ དབུས་སུ་ལོ་དགུ་བཞུགས་ཏེ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་དོ། ། འབྲོམ་གྱིས་བྱང་རྭ་སྒྲེང་བཏབ་ནས་འགྲོ་བ་མང་པོའི་དོན་མཛད་ཅིང་ཡི་དམ་མང་པོའི་ ཞལ་ཡང་གཟིགས་ཏེ་མཐར་དགའ་ལྡན་དུ་ཇོ་བོའི་སྤྱན་སྔར་གཤེགས་སོ། །སྟོན་པས་བུ་ ཆེན་གསུམ་དང་ཁྱད་པར་པུ་ཏོ་བ་ལ་གནང་། འདིའང་གནས་བརྟན་ཆེན་པོ་གཅིག་གི་སྤྲུལ་ པར་གྲགས་ཤིང་། འཁོར་ཉིས་སྟོང་རེ་ཙམ་འདུས་པ་ཐམས་ཅད་ཀྱང་ཚེ་འདི་བློས་བཏང་བ་ འབའ་ཞིག་བྱུང་། གནས་ངེས་མེད་མཛད་ཅིང་ཁོང་ནམ་གཤེགས་མི་ཤེས་པས་འགའ་རེ་ ཁུར་པོ་ཁུར་གྱིན་ཆོས་ཉན་པ་བྱུང་། ཡོན་བདག་གཅིག་གིས་སྲང་མང་པོ་ཟི་བའི་གཡུ་ཕུལ་ བའང་ཕུལ་ས་དེ་ཀར་བཞག་ནས་གང་ལའང་ཆགས་ཞེན་མི་མཛད་པ་ཅིག་བྱོན། དེས་ཤ་ར་ བ་དང་གླང་ཐང་བ་ལ་གནང་། ཤ་ར་བ་འདི་ཐུགས་རབ་ཤིན་ཏུ་ཆེ་ཞིང་ལུང་དང་རྟོགས་པའི་ ཡོན་ཏན་ཆེན་པོ་མངའ་བ་ཡིད་དམ་མང་པོའི་ཞལ་གཟིགས་ཤིང་བྱང་ཆུབ་ཀྱི་སེམས་རྒྱུན་ དུ་སྒོམ་པ་ཞིག་བྱོན། དེས་བྱ་འཆད་ཁ་བ་ལ་གནང་། འདིའང་སྔགས་གསར་རྙིང་གཉིས་ཀ་ དང་མཚན་ཉིད་ཀྱི་ཆོས་ཀྱང་མང་དུ་མཁྱེན་པ་ཞིག་ཡིན་ལ། ཁོང་གིས་དགེ་བཤེས་ལྕགས་ ཤིང་པའི་སྔས་ན་དཔེ་ཆུང་ཞིག་འདུག་པ་གཟིགས་པ་དང་། ཆོས་འདི་དང་བསྟུན་ན་ཁེ་དང་ རྒྱལ་ཁ་གཞན་ལ་གཏོང་ཞིང་གྱོང་དང་བུབ་ཁ་རང་གིས་ལེན་པ་ཞིག་དགོས་པར་འདུག་པར་ 3-1-319 ངོ་མཚར་ཆེ་སྙམ་ནས། གང་ཡིན་དྲིས་པས་གླང་ཐང་པའི་ཚིག་རྐང་བརྒྱད་མ་བྱ་བ་ཡིན་ཟེར་ ཏེ། དེ་ཞུ་རུ་འགྲོ་དགོངས་ནས་ལྷ་སར་བྱོན་པས་གླང་ཐང་པ་གྲོངས་ཟེར་གདན་ས་བ་ཇི་འདྲ་ ཡོད་དྲིས་པས། མདོ་སྡེ་དང་ཞང་ཞུང་གཉིས་ཡོད་པ་གདན་ས་ལ་མ་འཆམ་ཟེར་དེའང་ཁྱོད་ ཀྱིས་གྱིས་ཟེར་བ་ཡིན་པ་ལ་ང་ཡིས་བྱེད་བྱ་བར་གོ་ནས་ཆོས་དེ་དེ་ན་མེད་པར་འདུག ད་སུ་ བཟང་དྲིས་པས་ཤ་ར་བ་བཟང་ཟེར་ནས་དེར་བྱོན་པ་དང་། ཁོང་འཁོར་སྟོང་ཕྲག་རེ་ཙམ་ལ་ པུ་ཏི་མང་པོ་གསུང་གིན་འདུག་པ་ལ་ཞག་འགའ་མཉན་པས། འདོད་པའི་ཆོས་དེའི་ཚིག་ཟུར་ ཙམ་ཡང་མ་བྱུང་བར་དྲིས་ལ་ཡོད་ན་ལེགས་མེད་ན་འགྲོ་སྙམ་སྟེ། ཁོང་མཆོད་རྟེན་ལ་བསྐོར་ བ་མཛད་པ་ལ་ན་བཟའ་བཏིང་ནས་ཞུ་བ་ཞིག་བདོག་བྱས་པས། ཁྱེད་ལ་ཐག་མ་ཆོད་པ་ཅི་ ཡོད་ངས་ནི་འདུན་མ་ཐམས་ཅད་སྟན་ཐོག་ནས་བཅད་པ་ཡིན་གསུང་། བདག་གིས་མཐོང་ བའི་ཆོས་གཅིག་ན་ཁེ་དང་རྒྱལ་ཁ་གཞན་ལ་གཏོང་ཞིང་། གྱོང་དང་བུབ་ཁ་རང་གིས་ལེན་བྱ་ བ་ཞིག་བྱུང་བ་ཟབ་མི་ཟབ་ཇི་འདྲ་ལགས་ཞུས་པས། སངས་རྒྱས་ཐོབ་པར་འདོད་ན་དེ་མེད་ པའི་ཐབས་མེད་གསུང་། ལུང་ཇི་འདྲ་བདོག་ཞུས་པས། འཕགས་པ་ཀླུ་སྒྲུབ་ལ་ཚད་མར་མི་ བྱེད་པ་སུ་ཡོད། ཁོང་གིས། བདག་ལ་དེ་དག་སྡིག་སྨིན་ཞིང་། །བདག་དགེ་མ་ལུས་དེར་སྨིན་ ཤོག །ཅེས་པ་ལ་སོགས་པ་གསུངས་པ་དང་མཐུན་གསུང་ངོ་། །དེ་བདག་ལ་གནང་བར་ཞུ་ བྱས་པས། ཡུན་རིང་དུ་སྡོད་ནུས་ན་ངས་རྐྱེན་གྱིས་ཆོར་བ་གཅིག་བྱ་གསུང་ནས་ལོ་དྲུག་གི་ བར་ལ་ཚར་གཅིག་ཉམས་ཁྲིད་དུ་བསྒོམས་པས་རང་ལ་གཅེས་འཛིན་གྱི་ཁྲི་བ་གཏན་ནས་ མེད་པ་ཞིག་བྱུང་། ཁོང་གིས་ཐོག་མར་ཇོ་བོ་འགའ་རེ་ལ་བསྟན་པས་མཛེ་བཟློག་ཅིང་མཛེ་པོ་ མང་དུ་འདུས་པས་མཛེ་ཆོས་ཞེས་སུའང་གྲགས་ཤིང་། གཞན་མང་པོ་ལ་མ་གསུངས་པ་ལ། དབོན་པོ་མི་གཞི་མི་ལེགས་པ་ཅིག་གིས་ཞོར་ལ་ཐོས་པ་ཙམ་གྱིས་ཀྱང་ཁོ་ན་བ་དྲག་པོ་བྱུང་ དུས་བསྒོམ་གྱིན་འདུག་པ་གཟིགས་ནས། གཞན་མང་པོ་ལ་ཉན་དགོས་དགོངས་ཏེ་བསྟན་ 3-1-320 པས་དགེ་འདུན་བདུན་བརྒྱ་རེ་ཙམ་འདུས་ཤིང་ཕན་པ་རྒྱ་ཆེན་པོ་བྱུང་། དེས་སེ་སྤྱིལ་བུ་བ་ལ་ གནང་། དེས་ལྷ་སྤྱིལ་བུ་བ་ལ་གནང་། དེས་སྣར་ཐང་པ་སངས་རྒྱས་སྒོམ་པ་ལ་གནང་། དེས་ ཆོས་རྗེ་བྱམས་པ་གླིང་པ་ལ་གནང་། དེས་མཁན་པོ་གཞོན་ནུ་གྲུབ་ལ་གནང་། དེས་ཐུགས་རྗེ་ རྫོང་པ་བསོད་ནམས་རྡོ་རྗེ་ལ་གནང་། དེས་ཆོས་རྗེ་གངས་པ་གྲགས་པ་དཔལ་བ་ལ་གནང་། དེས་ས་བཟང་བ་ལ་གནང་བ་ལགས། གདམས་ངག་དངོས་ལ་དོན་བདུན་ཏེ། སྔོན་འགྲོ་རྟེན་གྱི་ཆོས་གསུམ། དངོས་གཞི་བྱང་ སེམས་སྦྱང་བ། རྐྱེན་ངན་ལམ་དུ་བསྒྱུར་བ། ཚེ་གཅིག་གི་ཉམས་ལེན་བསྟན་པ། འབྱོངས་ ཚད་དམ་ཚིག་བསླབ་བྱའོ། ། དེ་ལ་རྟེན་གྱི་ཆོས་གསུམ་ནི། དང་པོ་སྔོན་འགྲོ་དག་ལ་བསླབ། །ཅེས་པ་སྟེ། དལ་འབྱོར་ རྙེད་པར་དཀའ་བ་བསམ་པ། འཆི་བ་མི་རྟག་པ་བསམ་པ། ལས་རྒྱུ་འབྲས་བསམ་པའོ། ། དང་པོ་ནི། རྒྱུ་དང་ངོ་བོ་གྲངས་དང་དཔེ་ཡིས་བསྟན། །ཕྱིས་ཀྱང་རྙེད་དཀའ་འདོད་ལ་ སྙིང་པོ་མེད། །གཞན་ལ་མ་རེ་རང་གིས་རང་མ་བསླུས། །དེ་ལྟར་ཤེས་པས་བརྩོན་འགྲུས་ བརྩམ་པར་རིག །དལ་འབྱོར་གྱི་ལུས་འདི་ཉིད་རྒྱུའི་སྒོ་ནས་ཀྱང་རྙེད་པ་ཤིན་ཏུ་དཀའ་བ་ ཡིན་ཏེ། འཇིག་རྟེན་ན་བདེ་འགྲོ་ཐོབ་པའི་རྒྱུ་དགེ་བ་བྱེད་པ་ཉུང་ཞིང་། ངན་འགྲོའི་རྒྱུ་མི་དགེ་ བ་བྱེད་པ་མང་བས། རྒྱུ་མེད་ན་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །དེ་ལྟར་ཡང་སྤྱོད་འཇུག་ ལས། དགེ་བ་དག་ཀྱང་མ་བྱས་ཤིང་། །སྡིག་པ་དག་ནི་ཉེར་བསགས་ན། །བསྐལ་པ་བྱེ་བ་ བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་པ་ལྟར་རོ། །ངོ་བོའི་སྒོ་ནས་ཀྱང་མི་ ཁོམ་པ་བརྒྱད་སྤངས་ཤིང་ཡོན་ཏན་གྱི་འབྱོར་པ་བཅུ་དང་ལྡན་པའི་ལུས་འདི་ཉིད་རྙེད་པར་ དཀའ་བས་དོན་ཡོད་པར་བྱ་དགོས་ཏེ། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུའི་ དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསམས་ན། །ཕྱིས་འདི་ཡང་དག་ 3-1-321 འབྱོར་པར་ག་ལ་འགྱུར། །ཞེས་པ་ལྟར་རོ། །གྲངས་ཀྱི་སྒོ་ནས་ཀྱང་རྙེད་པར་དཀའ་སྟེ། མདོ་ ལས། ཤིང་རྟའི་འཕང་ལོའི་ཁྱོན་ཙམ་ལའང་། སངས་རྒྱས་ཀྱིས་གཟིགས་ཤིང་གཞན་གྱིས་མི་ མཐོང་བའི་སེམས་ཅན། སྟོང་གསུམ་གྱི་ལྷ་དང་མི་ལས་ཀྱང་མང་བ་ཡོད་པར་གསུངས་ཤིང་། མི་དགེ་བ་བྱེད་པ་མང་བས་ངན་སོང་གསུམ་གྱི་སེམས་ཅན་གྲངས་ཀྱིས་གཞལ་བར་མི་ ནུས་ལ་དུད་འགྲོའི་ནང་ནས་ཁ་འཐོར་བ་འདི་རྣམས་ཉུང་ཤས་ཤིག་ཡིན་ཡང་། ཆུ་དང་ཐང་ དང་བར་སྣང་ལ་གནས་པའི་འདི་ཙམ་ཅིག་གི་ནང་ནས་མི་ལུས་ཐོབ་པ་དཀའ་བ་བསམས་ ནས་ཀྱང་འབད་དགོས་ཏེ། སེམས་ཅན་སྤྱི་ཡི་གྲངས་བསམས་ན། །མི་ལུས་ཐོབ་པ་མེད་པ་ ཙམ། །ཁ་འཐོར་དུད་འགྲོའི་གྲངས་བསམས་ན། །མི་ལུས་ཐོབ་པ་སྲིད་པ་ཙམ། །ཞེས་པ་ ལྟར་རོ། །དཔེའི་སྒོ་ནས་ཀྱང་རྙེད་པ་དཀའ་བ་ཡིན་ཏེ། མདོ་ལས་བརྟག་པ་མཐའ་བཟུང་གི་ དཔེས། རྒྱ་མཚོ་ཆེན་པོའི་སྟེང་ན་གཉའ་ཤིང་བུ་ག་གཅིག་པ་ཞིག་རླུང་གིས་གཡེངས་པའི་ བུ་གར་རུས་སྦལ་ཞར་བ་གཅིག་ལོ་བརྒྱ་བརྒྱ་ན་སྟེང་དུ་ལན་རེ་འཐོན་པའི་མགྲིན་པ་ཆུད་པ་ དཀའ་བ་ལྟར་མི་ལུས་ཐོབ་པར་དཀའ་བར་གསུངས་པས་ཀྱང་འབད་པར་རིགས་ཏེ། དེ་ཉིད་ ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། བུ་གར་རུས་སྦལ་མགྲིན་ ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། །ཞེས་པ་དེ་ལྟར་རོ། །ད་ལན་འབད་པ་མ་ བྱས་ན་ཕྱི་ནས་ཡང་ཡང་རྙེད་པར་དཀའ་སྟེ། དེ་བཞིན་གཤེགས་པ་འབྱུང་བ་དང་། །དད་དང་ མི་ལུས་ཐོབ་པ་དང་། །དགེ་གོམས་རུང་བ་འདི་ལྟ་བུ། །དཀོན་ན་ནམ་ཞིག་ཐོབ་པར་འགྱུར། ། ཞེས་པ་དང་། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །བསྐལ་པར་མནར་མེད་གནས་འགྱུར་ ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །ཞེས་ པ་དང་། བདག་གིས་སྤྱོད་པ་འདི་འདྲས་ནི། །མི་ལུས་ཀྱང་ནི་ཐོབ་མི་འགྱུར། །མི་ལུས་ཐོབ་ པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་པ་དང་། དེ་ཙམ་ཁོ་ན་མྱོང་གྱུར་ 3-1-322 ནས། །དེ་ལས་རྣམ་ཐར་མི་འགྱུར་ཏེ། །འདི་ལྟར་དེ་ནི་མྱོང་བཞིན་དུ། །སྡིག་པ་གཞན་དག་ རབ་ཏུ་སྐྱེད། །ཅེས་པ་ལྟར་རོ། །འདོད་པའི་བདེ་བ་མཁོ་ཆུང་ལ་སྙིང་པོ་མེད་པ་འདིའི་ཆེད་ དུ་ཡང་དལ་འབྱོར་ཆུད་གསན་པར་མི་རིགས་ཏེ། འདོད་ལྡན་རྣམས་ལ་དེ་ལ་སོགས། །ཉེས་ དམིགས་མང་ལ་མནོག་ཆུང་སྟེ། །ཤིང་རྟ་འདྲེན་པའི་ཕྱུགས་དག་གིས། །རྩྭ་ནི་ཁམ་འགའ་ ཟོས་པ་བཞིན། །ཞེས་པ་དང་། ཕྱུགས་ཀྱིས་སྒྲུབ་ནའང་མི་དཀོན་པའི། །མནོག་ཆུང་གང་ ཡིན་དེ་དོན་དུ། །དལ་འབྱོར་ཕུན་ཚོགས་རྙེད་དཀའ་འདི། །ལས་ཀྱིས་མནར་བ་རྣམས་ཀྱིས་ བཅོམ། །ཞེས་པ་ལྟར་རོ། །ཚེ་འདིའི་འདོད་པ་བསྒྲུབས་ཀྱང་འགྲུབ་པའི་ངེས་པ་མེད་ཅིང་། གཏན་གྱི་བདེ་བ་བསྒྲུབས་ནས་དེའི་ཕུན་སུམ་ཚོགས་པའང་ཞོར་ལ་འགྲུབ་པས་དགེ་བ་རྣམ་ དག་ལ་འབད་པར་རིགས་ཏེ། བཤེས་སྤྲིང་ལས། གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་ འབྱིང་ཞིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བ་འདེབས་བྱེད་པ། །ཡིད་བཞིན་ནོར་བུ་བས་ ཀྱང་ཡོན་ཏན་མཆོག་ལྷག་པའི། །མི་ཉིད་དེ་ནི་འབྲས་བུ་མེད་པར་སུ་ཞིག་བྱེད། །ཅེས་པ་ལྟར་ རོ། །ཆོས་རང་གིས་མ་ནུས་ན་གཞན་ལ་རེ་བས་ཀྱང་མི་ཕན་ཏེ། ཐར་པ་རང་ལ་རག་ལས་དེ་ ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་སོ། །ཞེས་པ་དང་། སེམས་ཅན་ཐམས་ ཅད་ཕན་མཛད་པའི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་། །བདག་ནི་རང་གི་ཉེས་ པས་འདི། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ཞེས་པ་དང་། ད་དུང་དེ་བཞིན་བདག་བྱེད་ན། ། ཡང་དང་ཡང་དུའང་དེ་བཞིན་དེ། །ངན་འགྲོ་ནད་དང་འཆིང་བ་དང་། །གཅད་དང་གཤགས་ སོགས་མྱོང་བར་འགྱུར། །ཞེས་པ་དང་། མངོན་རྟོགས་རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབ་ ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་ མེད་པས་བཟང་མི་མྱོང་། །ཞེས་པ་ལྟར་རོ། །འདི་ལྟ་བུའི་དལ་བ་ཐོབ་པའི་དུས་སུ་རང་གིས་ རང་བསླུ་བ་མི་རིགས་ཏེ། གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དགེ་བ་བདག་གིས་མ་བྱས་ན། ། 3-1-323 ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །ཅེས་པ་དང་། འདི་ འདྲའི་དལ་བ་རྙེད་འགྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་ གཞན་མེད་ཅིང་། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་པ་དང་། བཤེས་སྤྲིང་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །མི་གཙང་འཕྱག་པར་བྱེད་པ་དེ་བས་ནི། །གང་ ཞིག་མི་རུ་སྐྱེས་ནས་སྡིག་པ་དག །བྱེད་པ་དེ་ནི་ཆེས་རབ་བླུན་པ་ལགས། །ཞེས་པ་ལྟར་རོ། ། དེ་ལྟར་ཤེས་པའི་སྒོ་ནས་ལེ་ལོ་དང་རྣམ་གཡེང་གི་དབང་དུ་མི་འགྱུར་བར་ཉིན་མཚན་རྒྱུན་ མི་ཆད་པར་དགེ་བ་ལ་འབད་དགོས་ཏེ། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་པ་དང་། ཉིན་མཚན་ཕྱེད་པར་མ་འབད་ན། །བདག་གི་སྡུག་བསྔལ་ནམ་མཐར་ཕྱིན། །ཞེས་པ་དང་། མདོ་སྡེ་རྒྱན་ལས། མགོ་ལ་སེམས་ཅན་ཁུར་ཆེན་འཁྱེར་བ་ཡིས། །སེམས་དཔའ་ཆེན་པོ་དལ་ གྱིས་འགྲོ་མི་མཛེས། །རང་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པས། །བརྩོན་པ་བརྒྱ་ འགྱུར་དུ་ནི་བྱ་བའི་རིགས། །ཞེས་པ་ལྟར་རོ། ། གཉིས་པ་འཆི་བ་མི་རྟག་པ་བསམ་པ་ནི། ངེས་པར་འཆི་ཞིང་མྱུར་བ་ཉིད་དུ་འཆི། །ནམ་ མཆི་ངེས་མེད་འཆི་རྐྱེན་ཤིན་ཏུ་མང་། །ཅིས་ཀྱང་མི་ཕན་འཆི་ཁར་འགྱོད་ཀྱང་འཕྱིས། །དེས་ ན་མི་རྟག་དྲན་པས་རྣམ་གཡེང་སྤང་། །དེ་ཡང་མངལ་དུ་ཉིང་མཚམས་སྦྱར་ཕྱིན་ཆད་འཆི་བ་ ལས་མ་འདས་པས་མ་ཤི་བར་ལ་དམ་པའི་ཆོས་ཁོ་ན་བྱ་དགོས་ཏེ། སྐྱེས་རབས་ལས། དང་ པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །དེ་ནས་བཟུང་སྟེ་འཇིག་རྟེན་འདི་དག་ནི། །ལམ་དུ་ ཞུགས་ཏེ་ལམ་གཞན་མ་གོལ་བར། །འཆི་བདག་དྲུང་དུ་དེ་ནི་མྱུར་བར་འགྲོ། །ཞེས་པ་དང་། ཆེད་དུ་བརྗོད་པའི་ཚོམས་ལས། བསགས་པ་ཀུན་གྱི་མཐའ་མཛད་ཅིང་། །དར་བའི་མཐའ་ ནི་རྒུད་པ་འགྱུར། །འདུས་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། ། 3-1-324 ཞེས་པ་ལྟར་རོ། །ཁྱད་པར་གནས་གང་དུ་སྐྱེས་ཀྱང་མཐར་འཆི་བ་ལས་འོས་མེད་དེ། མྱ་ ངན་བསལ་བ་ལས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མི་འཆི་བར། །འགའ་ ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་པ་དང་། འདི་ལྟར་སྐྱེས་པ་ ཐམས་ཅད་ཀྱི། །མདུན་ན་གནས་པ་འཆི་བའོ། །ཞེས་པ་ལྟར་རོ། །རི་དྭགས་རྒྱར་ཚུད་པ་འཆི་ བ་དང་འདྲ་བར། རང་དང་རིས་མཐུན་པ་མང་པོ་འཆི་བ་མཐོང་ཡང་མི་སྐྲག་པ་ནི་ཤན་པས་ དུད་འགྲོ་མང་པོ་གསོད་བཞིན་པའི་ལྷག་མ་རྣམས་མི་སྐྲག་པ་བཞིན་དུ་ཤིན་ཏུ་བླུན་པ་སྟེ། སྤྱོད་འཇུག་ལས། ཉོན་མོངས་རྒྱ་བས་བཤོར་ནས་ནི། །སྐྱེ་བའི་རྒྱར་ནི་ཆུད་གྱུར་ཏེ། །འཆི་ བདག་ཁར་ནི་སོང་གྱུར་པ། །ཅི་སྟེ་ད་དུང་མི་ཤེས་སམ། །རང་སྡེ་རིམ་གྱིས་གསོད་པ་ཡང་། ཁྱོད་ཀྱིས་མཐོང་བར་མ་གྱུར་ཏམ། །འོན་ཀྱང་གཉིད་ལ་བརྟེན་པ་གང་། །གདོལ་པ་དང་ནི་མ་ ཧེ་བཞིན། །ཞེས་པ་ལྟར་རོ། །དྲང་སྲོང་ཆེན་པོ་མངོན་ཤེས་དང་རྫུ་འཕྲུལ་ཐོབ་པ་རྣམས་ཀྱང་ འཆི་བ་ལས་མ་འདས་ན། ཕལ་པ་རྣམས་འཆི་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དྲང་སྲོང་ཆེན་པོ་ ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་ན་འཆི་མེད་སྤྱོད་ཡུལ་བའི། །ས་ དེར་འགྲོ་བར་མི་ནུས་པའོ། །ཞེས་པ་ལྟར་རོ། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་གཟུགས་ ཀྱི་སྐུ་ཡང་མི་རྟག་པའི་ཚུལ་སྟོན་ན། ཆུ་བུར་ལྟ་བུའི་ལུས་འདི་ཉིད་མི་རྟག་པ་ལྟ་ཅི་སྨོས་ཏེ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྡོང་བུ་ལྟ་བུ་ཡི། ། ལུས་ཅན་རྣམས་ལྟ་སྨོས་ཅི་དགོས། །ཞེས་པ་ལྟར་རོ། ། མྱུར་དུ་འཆི་བ་དྲན་པའི་སྒོ་ནས་ཀྱང་དགེ་བ་ལ་འབད་པར་བྱ་སྟེ། མྱུར་བ་ཉིད་དུ་འཆི་ འགྱུར་བས། །དེ་སྲིད་དུ་ནི་ཚོགས་བསགས་བྱ། །དེ་ཚེ་ལེ་ལོ་སྤངས་ཀྱང་ནི། །དུས་མ་ཡིན་ པས་ཅི་ཞིག་བྱ། །ཞེས་པ་ལྟར་རོ། །དེ་ཡང་ཉིན་མཚན་ཅུང་ཟད་ཀྱང་མི་སྡོད་པར་ཚེ་འདིའི་ སྟེང་ནས་འབྲིད་ཅིང་། སྣོན་པ་པོ་གཞན་ཡང་མེད་པས། མྱུར་དུ་འཆི་བ་དྲན་པར་བྱ་སྟེ། ཉིན་ 3-1-325 མཚན་སྡོད་པ་ཡོང་མེད་པས། །ཚེ་འདི་རྟག་ཏུ་གུད་འགྱུར་ཞིང་། །སྣོན་པའང་གུད་ན་ཡོང་ མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་པ་ལྟར་རོ། །དཔེར་ན་སྟོན་ཀའི་སྤྲིན་དང་། གར་མཁན་གྱི་རྣམ་འགྱུར་དང་། ནམ་མཁའི་གློག་དང་། རི་གཟར་གྱི་ཆུ་རྣམས་མི་སྡོད་ཅིང་ མྱུར་དུ་འཇིག་པ་བཞིན་དུ། སྲིད་པ་གསུམ་པོ་གང་དུ་སྐྱེས་ཀྱང་མི་རྟག་ཅིང་མི་བརྟན་པས། མྱུར་དུ་འཇིག་པའི་ཆོས་ཅན་དུ་ཤེས་པར་བྱ་སྟེ། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་ སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་ མཁའི་གློག་འདྲ་སྟེ། །རི་གཟར་ཆུ་འབབ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་པ་ལྟར་རོ། ། ནམ་འཆི་ངེས་པ་མེད་པས་ཐོག་མར་འཇིག་རྟེན་གྱི་བྱ་བ་འདི་དང་འདི་བསྒྲུབས་ལ་དེ་ ནས་ཆོས་ཁོ་ན་བྱའོ་སྙམ་པས་ཀྱང་མི་ཕན་ཏེ། འདི་ནི་མ་བྱས་བརྩམས་པ་དང་། །འདི་ཕྱེད་ བྱས་པར་གནས་པ་ལ། །གློ་བུར་འཆི་བདག་འོངས་ནས་ནི། །ཀྱི་ཧུད་བཅོམ་ཞེས་སེམས་ པར་འགྱུར། །ཞེས་པ་དང་། འཆི་བདག་བརྩེ་བ་མེད་པ་འདིས། །བྱས་དང་མ་བྱས་མི་སྡོད་ ཅིང་། །ན་དང་མི་ན་ཀུན་གྱི་ཡང་། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཞེས་པ་ལྟར་རོ། །ལོ་དང་ ཟླ་བ་དང་ཞག་ཕྱི་མ་བས་ཚེ་ཕྱི་མ་ངོས་སྔ་བ་སྲིད་ཅིང་། དེ་རིང་ཙམ་ཡང་མི་འཆི་བའི་གདེང་ མེད་པས་ཡིད་དལ་དུ་འདུག་པར་མི་རིགས་ཏེ། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་ པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། ། བདག་ལ་མི་འཇིག་སུ་ཡིས་བྱིན། །འདི་ལས་ཅི་ལྟར་ངེས་ཐར་འགྱུར། །གདོན་མི་ཟ་བར་ མེད་འགྱུར་ན། །ཅི་ཕྱིར་བདག་ཉིད་བདེ་བར་འདུག །ཅེས་པ་ལྟར་རོ། །རེ་ཤིག་བདེ་བར་ སྣང་ཡང་སྐད་ཅིག་རེ་རེ་ཞིང་འཆི་བ་ལ་ཉེ་བས། གཡར་བའི་དངོས་པོ་བདག་པོས་ནམ་ལེན་ མི་ཤེས་པ་དང་འདྲ་བར་བསམ་ནས་ཀྱང་དགེ་བར་འབད་དགོས་ཏེ། ནད་མེད་ཉི་མ་འདི་ལྟ་ བུ། །ཟག་བཅས་འཚེ་བ་མེད་གྱུར་ཀྱང་། །ཚེ་འདི་སྐད་ཅིག་བསླུ་བ་སྟེ། །ལུས་འདི་ཐང་ཅིག་ 3-1-326 བརྙན་པོ་བཞིན། །ཞེས་པ་ལྟར་རོ། ། འཆི་བའི་རྐྱེན་ནི་མང་སྟེ་ནད་དང་གདོན་དང་དུག་དང་མཚོན་དང་མེ་དང་ཆུ་ལ་སོགས་ པ་མཐའ་ཡས་ལ། གསོན་པའི་རྐྱེན་ནི་ཤིན་ཏུ་ཉུང་ཞིང་། གསོན་པའི་རྐྱེན་དུ་འདོད་པའི་ གནས་མལ་དང་ཁ་ཟས་དང་བཏུང་བ་དང་གསོས་སྨན་ལ་སོགས་པ་བསྟེན་པ་ཉེས་ནའང་ འཆི་བའི་རྐྱེན་བྱེད་པས་མ་ཤི་བར་དུ་ཆོས་ལ་འབད་པར་རིགས་ཏེ། རིན་ཆེན་ཕྲེང་བ་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཉིད་ནི་དེ་ལྟ་མིན། །དེ་རྣམས་ཉིད་ནི་འཆི་བའི་ཡང་། ། དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་པ་ལྟར། བཤེས་སྤྲིང་ལས། ཚེ་འདི་གནོད་མང་རླུང་ གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ལགས། །ཞེས་པ་ལྟར་རོ། །འཆི་ བ་ལ་ཅིས་ཀྱང་མི་ཕན་ཏེ། གཉེན་བཤེས་དང་འཁོར་གཡོག་དང་ནོར་རྫས་ལ་སོགས་པ་གང་ གིས་ཀྱང་ཕན་མི་ཐོགས་ཤིང་། བསོད་ནམས་ཀྱི་ཚོགས་བསགས་ན་ཕན་པར་འགྱུར་བ་ལ། དེའང་མ་གྲུབ་ན་འགྱོད་པར་འགྱུར་བས། དལ་བའི་དུས་སུ་འབད་པར་རིགས་ཏེ། བདག་ ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་རྣམས་ཀྱིས་མཐར་བསྐོར་ཡང་། །སྲོག་ཆད་པ་ ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཤེན་རྗེའི་ཕོ་ཉས་ཟིན་པ་ལས། ། གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་ གིས་མ་བསྟེན་ཏོ། །ཞེས་པ་ལྟར་རོ། །དེ་བཞིན་དུ་རྣལ་འབྱོར་དང་བསྟན་བཅོས་ལ་སོགས་ པའི་རིག་པ་དུ་མ་ཤེས་པས་ཀྱང་ཕན་མི་ཐོགས་ཏེ། ངེས་པར་འབྱུང་བའི་གླུ་ལས། རྣལ་ འབྱོར་བསྟན་བཅོས་ཐམས་ཅད་དང་། །སྦྱོར་བ་དུ་མ་རབ་ཤེས་ཀྱང་། །དེང་བྱ་སང་བྱ་ཞེས་ སྨྲ་ཞིང་། །བསམ་དང་ལྡན་ཞིང་འཆི་བར་འགྱུར། །ཞེས་པ་ལྟར་རོ། །འཆི་ཁར་འགྱོད་ཀྱང་ ཕྱིས་པས་ཕན་མི་ཐོགས་ཤིང་སྡུག་བསྔལ་ལྷག་པར་འཕེལ་བར་འགྱུར་བས། སྔོན་དུ་ཚོགས་ 3-1-327 གསོག་པ་ལ་འབད་པར་རིགས་ཏེ། མྱུར་བ་ཉིད་དུ་འཆི་འགྱུར་བས། །ཇི་སྲིད་དུ་ནི་ཚོགས་ བསགས་བྱ། །དེ་ཚེ་ལེ་ལོ་སྤངས་ཀྱང་ནི། །དུས་མ་ཡིན་པས་ཅི་ཞིག་བྱ། །ཞེས་པ་དང་། མྱ་ ངན་ཤུགས་ཀྱིས་སྐྲངས་པ་ཡིས། །མིག་དམར་གདོང་ལས་མཆི་མ་འཛག །ཉེ་དུ་རེ་ཐག་ཆད་ པ་དང་། །གཤིན་རྗེའི་ཕོ་ཉའི་བཞིན་ལ་ལྟ། །རང་སྡིག་དྲན་པས་གདུངས་པ་དང་། །དམྱལ་ བའི་སྒྲ་ནི་ཐོས་པ་ཡིས། །སྐྲག་པས་མི་གཙང་ལུས་གོས་ཤིང་། །མྱོས་པར་གྱུར་ཚེ་ཅི་ཞིག་བྱ། ། ཞེས་པ་ལྟར་རོ། །རིས་མཐུན་པ་མི་ཡི་སྡིག་པ་ལས་ཀྱང་འཇིགས་པ་ཆེན་པོ་སྐྱེ་ན། རིས་མི་ མཐུན་པ་གཤིན་རྗེའི་ཕོ་ཉས་བཟུང་བ་ན་སྡུག་བསྔལ་དྲག་པོ་མྱོང་བ་ལྟ་སྨོས་ཀྱང་ཅི་དགོས་ ཏེ། སྐྱེ་བོ་ཡན་ལག་གཅོད་པའི་སར། །དེ་རིང་ཁྲིད་པའང་བྲེད་འགྱུར་ཏེ། །ཁ་སྐམ་མིག་རྩ་ ངན་ལ་སོགས། །སྔ་ལས་གཞན་དུ་འགྱུར་སྣང་ནའང་། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཏེ། །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ། །རབ་ ཏུ་ཉམ་ཐག་སྨོས་ཅི་དགོས། །ཞེས་པ་ལྟར་རོ། །དེའི་དུས་སུ་སྐྱབས་བཙལ་ཡང་འཕྱིས་པས་ རྙེད་པར་དཀའ་སྟེ། སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་ འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་ཚོལ་བར་ བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡིད་མུག་འགྱུར། །གནས་ དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཅི་ལྟར་བྱ། །ཞེས་པ་ལྟར་རོ། །དེའི་ཕྱིར་ད་ལྟ་ ཉིད་ནས་སྐྱབས་སུ་འགྲོ་བ་ལ་སོགས་པའི་དགེ་བར་འབད་པར་རིགས་ཏེ། དེ་བས་རྒྱལ་བ་ འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། ། དེ་རིང་ཉིད་ནས་སྐྱབས་སུ་མཆི། །ཞེས་པ་ལྟར་རོ། །དེས་ན་མི་རྟག་པ་དྲན་པས་རྣམ་གཡེང་ རྣམས་སྤང་ཞིང་། འདོད་ཡོན་ལ་ཆགས་པ་དང་ལེ་ལོ་སྤངས་ནས་བརྩོན་འགྲུས་བརྩམ་པར་ རིགས་ཏེ། ལམ་ནི་ཀུན་ནས་བཀག་ནས་སུ། །འཆི་དག་གིས་ནི་བལྟས་བཞིན་དུ། །ཇི་ལྟར་ 3-1-328 ཁྱོད་ནི་ཟ་དགའ་ཞིང་། །འདི་ལྟར་གཉིད་ལོག་ཅི་ལྟར་དགའ། །ཞེས་དང་། སྐྱེས་རབས་ལས། ལམ་རྣམས་ཐམས་ཅད་འཆི་བདག་ཉིད་ཀྱིས་བཀག །དགོས་པ་མེད་པར་རབ་ཏུ་དགའ་ བཞིན་སྤྱོད། །འགྲོ་བ་འདི་ལྟ་བུར་ནི་གནས་པ་ལ། །སྐྱེ་བོ་འཇིགས་པ་མེད་པར་ངོ་མཚར་ ཀྱེ། །ཞེས་པ་ལྟར་རོ། །དེ་ཡང་ཕྱི་རོལ་རྫས་དང་ཡོ་བྱད་ལ་ཆགས་པའི་རྣམ་པར་གཡེང་བ་ སྤངས་ནས་སྒྲུབ་པ་ལ་བརྩོན་པར་བྱ་སྟེ། བསག་དང་བསྲུང་དང་བརླག་པའི་གདུང་བ་ཡིས། ། ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་བྱ་སྟེ། །ནོར་ལ་ཆགས་པས་གཡེངས་པར་གྱུར་པ་རྣམས། ། སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །ནང་སེམས་ ཅན་ལ་ཆགས་པའི་རྣམ་གཡེང་སྤངས་ནས་ཀྱང་དགེ་བ་ལ་འབད་པར་རིགས་ཏེ། སེམས་ཅན་ རྣམས་ལ་ཆགས་བྱས་ན། །ཡང་དག་ཉིད་ལ་ཀུན་ནས་སྒྲིབ། །སྐྱོ་བའི་སེམས་ཀྱང་འཇིག་པར་ བྱེད། །ཐ་མར་མྱ་ངན་གདུང་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་གནས་ རི་ཁྲོད་དབེན་པ་བསྟེན་ན་ཡང་དགེ་བ་འཕེལ་བར་གྱུར་ཏེ། འཇིག་རྟེན་ཀུན་ལས་གདུངས་ བཞིན་དུ། །ཇི་སྲིད་སྐྱེས་བུ་བཞི་ཡིས་ནི། །དེ་ལས་དེ་ནི་མ་བཏེག་པ། །དེ་སྲིད་དུ་ནི་ནགས་ སུ་སོང་། །བཤེས་མེད་འཁོན་པའང་མེད་བྱས་ནས། །ལུས་འདི་གཅིག་པུ་དབེན་གནས་ཏེ། ། སྔ་ནས་ཤི་དང་འདྲར་བརྩིས་ནས། །ཤི་ནའང་མྱ་ངན་བྱེད་པ་མེད། །དྲུང་ན་འཁོད་པ་སུ་དག་ ཀྱང་། །མྱ་ངན་གནོད་པ་བྱེད་མེད་པས། །འདི་ཡིས་སངས་རྒྱས་རྗེས་དྲན་སོགས། །སུས་ཀྱང་ གཡེངས་པར་གྱུར་པ་མེད། །ཅེས་པ་ལྟར་རོ། །གཞན་མང་པོ་འདས་པ་ལ་བསམས་ནས་ཀྱང་ མི་རྟག་པ་བསྒོམ་པ་རིགས་ཏེ། དུར་ཁྲོད་སོང་ནས་གཞན་དག་གི། རུས་གོང་དག་དང་བདག་ གི་ལུས། །འཇིགས་པའི་ཆོས་ཅན་དག་ཏུ་ནི། །ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར། །ཞེས་ པ་ལྟར་རོ། །དེ་ལྟར་འཆི་བ་མི་རྟག་པ་རྣལ་མ་གཅིག་དྲན་ན་ཚེ་འདིའི་བྱ་བ་ལ་ཞེན་པ་དང་ བྲལ་ནས་བློ་ཆོས་སུ་འགྲོ་ངེས་ཤེས་པ་ཞིག་འོང་སྟེ། འཆི་བ་ན་ཆོས་མ་ཡིན་པ་གང་གིས་ཀྱང་ 3-1-329 ཕན་མི་ཐོགས་པའི་ཕྱིར་རོ། །ཆོས་འབའ་ཞིག་བྱས་པ་ལས་རབ་འཆི་བ་ལ་དགའ་སྤྲོ་ཆེན་པོ་ དང་བཅས་པ་འབྱུང་ཞིང་། ཐ་ནའང་མི་འཇིགས་ཤིང་མི་འགྱོད་ཙམ་རེ་དགོས་ཏེ། སྡིག་པ་ སྤངས་ཕྱིར་སྡུག་བསྔལ་མེད། །མཁས་པའི་ཕྱིར་ན་མེད་དགའ་མེད། །ཅེས་པ་དང་། དེ་བས་ སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། ། སེམས་ཤེས་སུ་ཞིག་སྒྱིད་ལུག་གྱུར། །ཞེས་པ་དང་། རྒྱན་ལས། དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་ བུ་དང་། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་པའི་དུས་དང་རྒུད་པའི་དུས་ གཅིག་ཀྱང་། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །ཅེས་པ་ལྟར་རོ། ། ལས་རྒྱུ་འབྲས་བསམ་པ་ལ། རྒྱུ་འབྲས་བསམ་པར་རིགས་ཚུལ། ནག་པོའི་རྒྱུ་འབྲས་ བསམ་པ། དཀར་པོའི་རྒྱུ་འབྲས་བསམ་པ། ལས་ཀྱི་རྣམ་གྲངས་བསམ་པ། འཁོར་བའི་ཉེས་ དམིགས་བསམ་པ། ཐར་པའི་ཕན་ཡོན་བསམ་པ། བསམ་ནས་བླང་དོར་བྱེད་ཚུལ་ལོ། ། བསམ་པར་རིགས་ཚུལ་ནི། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། རྒྱལ་པོ་དུས་ཀྱིས་བསྙེན་ ནས་འགྲོ་གྱུར་ན། །ལོངས་སྤྱོད་གཉེན་དང་མཛའ་བཤེས་རྗེས་མི་འབྲང་། །སྐྱེས་བུ་དེ་ནི་ གང་དང་གར་འགྲོ་ཡང་། །ལས་རྣམས་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་པ་ལྟར་འཆི་ བའི་དུས་ལ་བབ་པ་ན་འཁོར་དང་ལོངས་སྤྱོད་རྣམས་རྗེས་སུ་མི་འབྲང་བར་རང་རང་གིས་ འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་རྣམས་རྗེས་སུ་འབྲང་བའི་ཕྱིར་རོ། །དེ་ཡང་། སྡིག་པ་བྱེད་པ་བདེ་འདོད་ཀྱང་། །གང་དང་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་སྡིག་པ་ དེས། །སྡུག་བསྔལ་མཚོན་གྱིས་རྣམ་འཇོམས་འགྱུར། །ཞེས་པ་ལྟར་སྡིག་པ་མི་དགེ་བ་བྱས་ པ་རྣམས་ལ་སྡུག་བསྔལ་སྣ་ཚོགས་པ་འབྱུང་ཞིང་། ཡིད་ལ་བསམ་པའི་དགེ་བྱས་པས། །གང་ དང་གང་དུ་འགྲོ་འགྱུར་བ། །དེ་དང་དེ་ནི་དགེ་བ་དེས། །འབྲས་བུའི་ཡོན་གྱིས་མངོན་མཆོད་ འགྱུར། །ཞེས་པ་ལྟར་དགེ་བ་རྣམ་དག་བྱས་པ་རྣམས་ལ་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་ 3-1-330 བར་ཤེས་པར་བྱས་ནས་དགེ་བའི་ཆོས་རྣམས་སྒྲུབ་པ་ལ་འདུན་པ་བསྐྱེད་པར་བྱ་སྟེ། དགེ་ བའི་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བ་འདུན་པར་ཐུབ་པས་གསུངས། །དེ་ཡིའང་རྩ་བ་རྟག་ ཏུ་ནི། །རྣམ་སྨིན་འབྲས་བུ་བསྒོམས་པས་སོ། །ཞེས་པ་ལྟར་རོ། །དེ་བཞིན་དུ་མི་དགེ་སྤོང་བ་ ལའང་འདུན་པ་དྲག་པོ་བསྟེན་པར་བྱ་སྟེ། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་ པར་རིགས། །ཞེས་པ་ལྟར་རོ། །ལས་བརྒྱ་པར། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་ པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུའི་ཉིད་དུ་སྨིན་པར་ འགྱུར། །ཞེས་པ་ལྟར། ཀུན་རྫོབ་ཏུ་ལས་རྒྱུ་འབྲས་བདེན་པར་ཡོད་པ་ཉིད་ལ་མངོན་པར་ ཡིད་ཆེས་པའི་དད་པ་ལ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱ་ཞིང་། དེ་ལྟར་རྟོགས་ པ་ལ་ནི་ཕན་ཡོན་ཆེན་པོའང་ཡོད་དེ། ཆེད་དུ་བརྗོད་པའི་ཚོམས་ལས། འཇིག་རྟེན་པ་ཡི་ཡང་ དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དག་ཏུ། །ངན་འགྲོར་འགྲོ་བར་མི་ འགྱུར་རོ། །ཞེས་པ་ལྟར་རོ། །རྒྱུ་དང་འབྲས་བུ་མེད་པར་ལྟ་བས་ནི་སྔར་བསགས་པའི་དགེ་ བའི་རྩ་བ་རྣམས་ཀྱང་གཅོད་ཅིང་། ཕྱིས་ལེགས་པར་སྤྱད་པ་རྣམས་ཀྱང་དོན་མེད་པར་འགྱུར་ བས། མཐོ་རིས་དང་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་ཡང་དག་པའི་ལྟ་བ་བསྟེན་པར་བྱ་ སྟེ། བཤེས་སྤྲིང་ལས། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་ མི་ཟད་ལྡན། །ཞེས་པ་ལྟར་རོ། ། ནག་པོའི་རྒྱུ་འབྲས་བསམ་པ་ལ། རྒྱུ་ལས་ཀྱི་དབྱེ་བ་ནི། སྡོམ་དུ་བྱས་ན། ལུས་ངག་ ཡིད་ཀྱི་མི་དགེ་རྣམ་བཅུ་སྟེ། །སྲོག་གཅོད་མ་བྱིན་ལེན་དང་འདོད་ལོག་དང་། །རྫུན་དང་ཕྲ་ མ་ཚིག་རྩུབ་ངག་ཁྱལ་དང་། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བའོ། །དེ་ལ་མཛོད་ 3-1-331 ལས། སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བར་ནི་གཞན་བསད་པའོ། །ཞེས་པ་ལྟར་ བསད་སེམས་ཉོན་མོངས་པ་ཅན་གྱིས་སེམས་ཅན་གཞན་མ་ནོར་བར་གསོད་པའི་སྦྱོར་བ་ བྱས་ཤིང་། མཐར་ཐུག་གྲུབ་པར་འགྱུར་ཏེ། བསད་སེམས་མེད་པ་དང་། ནོར་བ་བསད་པ་ལ་ སོགས་པས་ནི་དངོས་གཞིར་མི་འགྱུར་ཡང་རྗེས་མཐུན་པའི་ཉེས་པ་འབྱུང་ལ། སུ་ཡིན་ཡང་ བསད་སྙམ་ལས་ནི་དངོས་གཞིར་ཡང་འགྱུར་བའོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་ དང་འཇབ་བུས་བདག་གིར་བྱེད། །ཅེས་པ་ལྟར་བླང་སེམས་ཉོན་མོངས་པ་ཅན་གྱིས་གཞན་ གྱི་རྫས་མ་ནོར་བར་བདག་གིར་བྱས་པ་སྟེ། གཏའ་མ་དང་བུ་ལོན་དང་ཁྲལ་བཙས་ལ་སོགས་ པ་ལ་དོར་བྱེད་པ་དང་། སྔགས་དང་གཡོ་སྒྱུ་ལ་སོགས་པས་བླངས་ནའང་དངོས་གཞིར་ འགྱུར་ལ། གཞན་གྱི་རྫས་བསྲེག་པ་ལ་སོགས་པས་ཆུད་གསོན་པ་ནི་འདུལ་བ་ལས་སྦོམ་ པོར་བཤད་ནའང་། ས་སྡེ་ལས་མ་བྱིན་ལེན་དང་ཆ་འདྲ་བའམ་དེ་བས་ཀྱང་ཉེས་པ་ཆེ་བར་ གསུངས་པའོ། །བགྲོད་མིན་བགྲོད་པར་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམ་པ་བཞི། ། ཞེས་པ་ལྟར་བགྲོད་པར་འདོད་པའི་བསམ་པས། བགྲོད་བྱ་མིན་པ་ཆུང་མ་དང་གླ་བྱིན་པའི་ སྨད་འཚོང་མ་ལས་གཞན། བདག་པོ་ཅན་དང་ཕ་མའི་བདུན་རྒྱུད་ཚུན་ཆད་ཀྱི་ཉེ་བ་དང་རབ་ ཏུ་བྱུང་བ་ལ་སོགས་པ། ཡན་ལག་མ་ཡིན་པ་ཁ་དང་བཤང་ལམ་ལ་སོགས་པར། ཡུལ་མ་ཡིན་ པ་སྣང་བ་ཅན་དང་ལྷ་ཁང་དང་མཆོད་རྟེན་ཀྱི་དྲུང་དང་སྐྱེ་བོ་མང་པོས་མཐོང་བའི་ཕྱོགས་སུ། དུས་མ་ཡིན་པ་ཟླ་མཚན་ཟག་པ་དང་སྦྲུམ་མ་ཟླ་བ་ཚང་བ་དང་ནུ་ཞོ་འཛག་པ་དང་བསྙེན་ གནས་སྲུང་བ་དང་ཉིན་བར་ལ་སོགས་པའི་ཚེ། མ་ནོར་བར་བགྲོད་པའོ། །རྫུན་ཚིག་འདུ་ ཤེས་གཞན་གྱུར་པའི། །ངག་དོན་མངོན་པར་གོ་བའོ། །ཞེས་པ་ལྟར་དོན་གཞན་དུ་གནས་པ་ ལ་ཚིག་གཞན་དུ་བརྗོད་པར་བྱའོ་སྙམ་པས་སེམས་ཅན་གཞན་དག་ལ་མཐོང་ཡང་མ་མཐོང་ ཞེས་པ་ལ་སོགས་པ་དོན་གོ་བར་སྨྲས་པ་སྟེ། ཕ་རོལ་པོས་མ་གོ་ན་རྫུན་དུ་མི་འགྱུར་ཡང་ངག་ 3-1-332 ཁྱལ་དུ་འགྱུར་ལ། ངག་ཏུ་མ་སྨྲས་ཀྱང་ཡོད་པ་ལ་མེད་པའི་ལུས་ཀྱི་སྟངས་བྱེད་པ་དང་། ལུས་ ངག་གཉི་གས་མ་བྱས་ཀྱང་། གསོ་སྦྱོང་གི་ཚེ་ཡོངས་སུ་དག་གམ་ཞེས་དྲིས་པ་ན་ལྟུང་བ་ཡོད་ བཞིན་དུ་ཅིའང་མི་སྨྲ་བའང་རྫུན་གྱི་ཁྱད་པར་དུ་གསུངས་པའོ། །ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། ། ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཅེས་པ་ལྟར་དབྱེ་བར་འདོད་པའི་བསམ་པས། ཕ་རོལ་ པོ་མཐུན་པ་དབྱེ་བའམ། ཕྱེ་བ་མི་འདུམ་པར་བྱ་བའི་ཆེད་དུ། ཕན་ཚུན་གྱི་སྐྱོན་བརྗོད་མ་ནོར་ བར་སྨྲས་པ་སྟེ། དེའང་བདེན་པ་སྨྲས་ན་ཕྲ་མ་ཁོ་ན་ཡིན་ལ། རྫུན་པ་སྨྲས་ན་རྫུན་དང་ཕྲ་མ་ གཉི་གར་འགྱུར་བའོ། །ཚིག་རྩུབ་པོ་ནི་མི་སྙན་པ། །ཞེས་པ་ལྟར་མི་སྙན་པ་སྨྲ་འདོད་ཀྱི་ཕ་ རོལ་པོ་ལ་འཕོག་པའི་ཚིག་མ་ནོར་ཞིང་གོ་བར་སྨྲས་པ་ལ་སོགས་པ་སྟེ། ས་སྡེར་ལྐོག་གམ་ དབེན་པར་སྨྲས་ནའང་འགྱུར་བར་གསུངས་པའོ། །ཉོན་མོངས་ཅན་ཀུན་ཀྱལ་བ་ཉིད། །ཅེས་ པ་ལྟར་ངག་གི་ཉེས་པ་བཞི་ཀའང་ཀྱལ་བར་འདོད་ལ། ཁ་ཅིག་རྫུན་ལ་སོགས་གསུམ་ལས་ གཞན་པའི་ཉོན་མོངས་ཅན་གྱི་ཚིག་ཅེས་ཀྱང་འདོད་དེ། གཞན་ནི་དེ་ལས་གཞན་ཉོན་མོངས། ། ཁ་གསག་གླུ་དང་ཟློས་གར་དང་། །བསྟན་བཅོས་ངན་ཞེན་ཞེས། ཕྱི་རོལ་པའི་གཞུང་འཆད་ པ་དང་། སྨྲེ་སྔགས་དང་། འདུ་འཛིའི་གཏམ་ལ་སོགས་པའོ། །བརྣབ་སེམས་ནི། ལོག་པས་ གཞན་གྱི་ནོར་ལ་ཆགས། །ཞེས་པ་ལྟར་ལོག་པའི་བསམ་པས་ཕ་རོལ་གྱི་ནོར་བདག་གིར་བྱ་ བར་འདོད་པ་མ་བྱིན་ལེན་གྱི་ཀུན་སློང་དུ་གྱུར་པའོ། །གནོད་སེམས་སེམས་ཅན་ལ་སྡང་བ། ། ཞེས་པ་ལྟར་སེམས་ཅན་རྣམས་ཀྱི་ལུས་དང་ལོངས་སྤྱོད་ལ་གནོད་པ་བྱ་བར་འདོད་པའི་ བསམ་པ་ངན་པ་སྟེ། མི་བཟོད་པ་དང་ཁྲོ་བ་དང་ཁོན་འཛིན་དང་ངོ་ཚ་མེད་པ་ལ་སོགས་པ་ ལས་གྱུར་པའོ། །དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་ཡིན་ཞེས་པ་ལྟར་གཞི་དོན་ལ་ ཡོད་ཀྱང་རྒྱུ་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བ་ལ་སོགས་པ་མེད་དོ་ཞེས་འདུ་ཤེས་ ཤིང་སྐུར་བ་འདེབས་པ་སྟེ། ཕྱིན་ཅི་ལོག་ཏུ་འཛིན་ཞིང་དགེ་བའི་རྩ་བ་གཅོད་བྱེད་དུ་གྱུར་ 3-1-333 པའོ། །དེ་དག་ཀྱང་བསམ་པ་དང་གཞི་དང་ཚོགས་པའི་དབང་གིས་ཆེན་པོ་ལ་སོགས་པར་ འགྱུར་བ་ཡོད་དེ། བསམ་པའི་དབང་གིས་མ་གུས་པར་བྱས་པ་དང་། བག་མེད་པར་བྱས་ པ་དང་། མི་ཤེས་པས་བྱས་པ་གསུམ་དང་། ཞེ་སྡང་དང་འདོད་ཆགས་དང་གཏི་མུག་གིས་ བྱས་པ་གསུམ་དང་། ཉོན་མོངས་པ་དྲག་པོ་དང་། འབྲི ང་དང་ཆུང་ངུས་བྱས་པ་གསུམ་དང་། གཞིའི་དབང་གིས་འཕགས་པ་དང་ཕ་མ་ལ་སོགས་པ་ཡུལ་བཟང་པོ་དང་། མི་ཕལ་པ་ལྟ་བུ་ བར་མ་དང་། དུད་འགྲོ་ལ་སོགས་པ་དམན་པ་ལ་བྱས་པ་གསུམ་རྣམས་རིམ་པ་ལྟར་ཆེན་པོ་ དང་འབྲི ང་དང་ཆུང་ངུར་གྱུར་པ་དང་། ཚོགས་པའམ་གྲངས་ཀྱི་དབང་གིས་ལན་ཅིག་བྱས་པ་ ཆུང་ངུ་དང་། ལན་གཉིས་བྱས་པ་འབྲི ང་པོ་དང་། ལན་གསུམ་ཕན་ཆད་བྱས་པ་ནི་ཆེན་པོའོ། ། གཞན་ཡང་མི་དགེ་བའི་ཁྱད་པར་སྟོབས་ལྡན་གྱི་རྣམ་གྲངས་ནི་དཔུང་བཟང་དུ། གང་ཞིག་ ཕ་མ་དགྲ་བཅོམ་གསོད། །མཐུན་པའི་དགེ་འདུན་དབྱེན་བྱེད་དང་། །དེ་བཞིན་གཤེགས་ ལ་སྡང་སེམས་ཀྱིས། །མི་གང་སྐུ་མཚལ་འབྱིན་བྱེད་པ། །ཤིན་ཏུ་མི་ཟད་ལས་འདི་རྣམས། ། རྒྱལ་བས་མཚམས་མེད་ལྔ་རུ་གསུངས། །ཞེས་པ་ལྟར་སྐྱེ་བ་གཞན་གྱིས་བར་མཚམས་མ་ ཆོད་པར་ཕྱི་མ་ཁོ་ན་ལ་རྣམ་སྨིན་སྡུག་བསྔལ་མྱོང་བར་འགྱུར་བ་མཚམས་མེད་པ་ལྔའི་ལས་ རྣམས་དང་། དེ་བཞིན་དུ་མ་དགྲ་བཅོམ་མ་སུན་དབྱུང་དང་། བྱང་ཆུབ་སེམས་དཔའ་ངེས་ གནས་དང་། སློབ་པ་རྒྱུན་ཞུགས་གསོད་དང་དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་ནི་འཕྲོག་པ་ དག །མཚམས་མེད་པ་དང་ཆ་འདྲ་སྟེ། ལྔ་པ་མཆོད་རྟེན་འཇིགས་པ་ཡིན། །ཞེས་པ་ལྟར་ཉེ་ བའི་མཚམས་མེད་ལྔ་དང་། ཉན་ཐོས་ཀྱི་སྡོམ་པ་དང་འགལ་བ་དང་། གསང་སྔགས་ཀྱི་དམ་ ཚིག་ལས་འདའ་བ་དང་། རབ་ཏུ་བྱུང་བ་ལ་འཚེ་བ་དང་། བྱང་ཆུབ་སེམས་དཔའ་ལ་བརྙས་ པ་དང་། ཕལ་པས་དགེ་འདུན་གྱི་དཀོར་ལ་སྤྱོད་པ་ལ་སོགས་པ་རྣམས་སོ། ། འབྲས་བུ་སྡུག་བསྔལ་གྱི་ཁྱད་པར། རྣམ་པར་སྨིན་པ་དང་། རྒྱུ་མཐུན་པ་དང་། བདག་ 3-1-334 པོའི་འབྲས་བུ་གསུམ་ལས་དེ་བཞིན་མི་དགེ་བ་བཅུ་པོ་ཆེ་འབྲི ང་ཆུང་གསུམ་སྤྱད་པ་ལས་ངན་ སོང་གསུམ་དུ་རྣམ་པར་སྨིན་པའི་འབྲས་བུ་འགྲུབ་ཚུལ་ལའང་ཆེན་པོར་སྤྱད་པ་ལས་དམྱལ་ བ་མྱོང་ཚུལ་ལ་སྡོམ་ནི། ཚ་དམྱལ་བརྒྱད་དང་ཉེ་འཁོར་བ། །གྲང་དམྱལ་བརྒྱད་དང་ཉེ་ཚེ་ བ། །དམྱལ་བའི་གནས་རྣམས་བཅོ་བརྒྱད་པོ། །སྡུག་བསྔལ་ཤིན་ཏུ་མི་ཟད་ལྡན། །ཞེས་པ་ གནས་དང་ལུས་དང་ཚ་གྲང་དང་ཚེ་ཚད་རྣམས་ཀྱིས་རིག་པར་བྱ་སྟེ། དེ་ལ་ཚ་དམྱལ་རྣམས་ ཀྱི་གནས། །འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །དེའི་སྟེང་ན་དམྱལ་ བ་བདུན། །ཞེས་པ་ལྟར་གླིང་འདིའི་འོག་ན་གནས་ཀྱི་ཁྱད་པར་ལྕགས་བསྲེགས་ཀྱི་ས་གཞི་ མེ་རབ་ཏུ་འབར་བ་ལྕགས་ཀྱི་ར་བས་ཀུན་ནས་བསྐོར་ཞིང་མེ་ལྕེ་དཔག་ཚད་དུ་མ་འཕྲོ་བའི་ ནང་དུ་དྲན་པ་ཉེར་བཞག་ཏུ། ལུས་ཀྱི་ཁྱད་པར་མཚམས་མེད་ལྔ་བྱས་པའི་ལུས་ལ་དཔག་ ཚད་ལྔ་ཡོད་པ་དང་། མྱང་འདས་སུ། མཚམས་མེད་བརྒྱད་བྱས་པའི་ལུས་ལ་དཔག་ཚད་ བརྒྱད་ཁྲི་ཡོད་པ་དང་། དཀོན་མཆོག་ཏ་ལ་ལས། ཐེག་ཆེན་ལ་སྐུར་བ་བཏབ་པའི་ལྕེ་ལའང་ དཔག་ཚད་འབུམ་ཡོད་པ་ལ་སོགས་པའི་གཞོན་ཤ་ཅན་རེག་ཏུ་མི་བཟོད་པ་བརྫུས་སྐྱེས་སུ་ གྲུབ་ནས། མེའི་ཁྱད་པར་ཡང་བསྐལ་པ་འཇིག་དུས་ཀྱི་མེ་བས་ཀྱང་ཡང་སོས་ཀྱི་མེ་ཚ་ཞིང་། དེ་བས་ཀྱང་འོག་མ་འོག་མ་རྣམས་བཞི་འགྱུར་གྱིས་ཚ་བས་བསྲེགས་པའི་སྡུག་བསྔལ་ དྲག་པོ་མྱོང་ལ། ཁྱད་པར་དུ་ཡང་སྡོམ་ནི། ཡང་སོས་ཐིག་ནག་བསྡུས་འཇོམས་དང་། །ངུ་ འབོད་ངུ་འབོད་ཆེན་པོ་དང་། །ཚ་བ་རབ་ཏུ་ཚ་བ་དང་། །མནར་མེད་ཅེས་བྱ་ཚ་དམྱལ་བརྒྱད། ། ཅེས་པའི་ཡང་སོས་རྣམས་ནི་ལས་ཀྱི་དབང་གིས་རལ་གྲི་ལ་སོགས་པའི་མཚོན་ཆ་རྣོན་པོ་སྣ་ ཚོགས་པ་ལག་ཏུ་བྱུང་སྟེ་ཕན་ཚུན་དགྲའི་འདུ་ཤེས་སུ་གྱུར་ནས་བསྣུན་རེས་བྱས་པས་བརྒྱལ་ ཞིང་ས་ལ་འགྱེལ་བ་ན། ནམ་མཁའ་ལས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་པའམ། རླུང་གྲང་མོ་བྱུང་བས་སོས་ཏེ་སྡུག་བསྔལ་དྲག་པོ་ལས་མ་ཟད་ཀྱི་བར་དུ་མྱོང་བ་དང་། ཐིག་ 3-1-335 ནག་པ་རྣམས་ཀྱི་ལུས་ལ་དམྱལ་སྲུང་རྣམས་ཀྱིས་ཐིག་ཆ་བཞིའམ་བརྒྱད་དམ་བཅུ་དྲུག་ལ་ སོགས་པ་བཏབ་ནས་སོག་ལེ་མེ་འབར་བས་གཤོག་པ་དང་སྟེའུ་དང་སྟ་རེ་ལ་སོགས་པས་ འཇོག་པའི་སྡུག་བསྔལ་དང་། བསྡུས་འཇོམས་པ་རྣམས་ཀྱི་ལུས་གཅིག་ཏུ་ཚོགས་ན་ལྕགས་ ཀྱི་རི་ར་དང་ལུག་དང་རྟ་དང་གླང་པོ་དང་སྟག་དང་སེང་གེ་ལ་སོགས་པའི་གདོང་པ་ཅན་ རྣམས་ཀྱི་བར་དུ་འཚིར་བས་བུ་ག་ཐམས་ཅད་ནས་ཁྲག་རྒྱུན་འབབ་པ་དང་། ཡང་འདུས་པ་ ན་ལྕགས་ཀྱི་འཕྲུལ་འཁོར་ཆེན་པོས་བུད་ཤིང་ལྟར་འཚིར་བ་དང་། ཡང་འདུས་པ་ན་ལྕགས་ ཀྱི་ཕ་བོང་གི་ཆར་འབབ་པས་བརྡུང་ཞིང་འཇོམས་པའི་སྡུག་བསྔལ་དང་། ངུ་འབོད་པ་རྣམས་ ཀྱིས་གནས་ཚོལ་དུ་ཕྱིན་པ་ན་ལྕགས་ཀྱི་ཁང་པ་རྙེད་དེ་ནང་དུ་ཞུགས་མ་ཐག་སྒོ་འགག་ཅིང་ ཕྱོགས་ཐམས་ཅད་ནས་མེ་འབར་བས་བསྲེགས་ཏེ་ངུ་ཞིང་འབོད་ཀྱང་སྐྱབས་མི་རྙེད་པའི་ སྡུག་བསྔལ་དང་། ངུ་འབོད་ཆེན་པོས་གཞན་སྔར་དང་འདྲ་བ་ལ་ལྕགས་ཀྱི་ཁང་པ་ཉིས་རིམ་ ལ་སོགས་པར་ཆུད་པས་ལྷག་པར་སྡུག་བསྔལ་བ་དང་། ཚ་བ་རྣམས་ཀྱི་ལུས་ལྕགས་ཀྱི་ཕྲུ་བ་ དཔག་ཚད་མང་པོ་ཡོད་པར་ཉ་བཞིན་དུ་འཚེད་པ་དང་། ལྕགས་ཀྱི་གསལ་ཤིང་འབར་བས་ གཤག་ནས་སྤྱི་བོར་བྱུང་སྟེ་བ་སྤུའི་བུ་ག་ཐམས་ཅད་ནས་མེ་འབར་བ་དང་། ལྕགས་ཀྱི་ཐོ་ བ་མེ་འབར་བས་བརྡུང་བ་ལ་སོགས་པའི་སྡུག་བསྔལ་དང་། རབ་ཏུ་ཚ་བ་པ་རྣམས་ཀྱི་ལུས་ ལ་ལྕགས་ཀྱི་གསལ་ཤིང་རྩེ་གསུམ་མེ་འབར་བས་གཤག་ནས་སྤྱི་བོ་དང་ཕྲག་པ་གཉིས་སུ་ ཕུག་སྟེ་དབང་པོའི་སྒོ་ཐམས་ཅད་ནས་མེ་འབར་བ་དང་། ལྕགས་ཀྱི་ལེབ་མ་ཆེན་པོ་མེ་འབར་ བས་ལུས་ལ་ཀུན་ནས་བཀྲི་བ་དང་། ལྕགས་ཟངས་འགྱུར་བྱེད་ཁོལ་བའི་ནང་དུ་སྤྱི་ཚུགས་སུ་ བཅུག་ནས་འཚེད་པ་དང་། ཤ་ཁྲག་ཟད་ནས་ཀེང་རུས་ཙམ་ལུས་པས་ལྕགས་ཀྱི་ས་གཞི་ལ་ བཀྲམས་པ་ཤ་ཁྲག་ཁྲལ་དུ་སྐྱེས་མ་ཐག་སླར་ཡང་འཚེད་པ་ལ་སོགས་པའི་སྡུག་བསྔལ་དང་། མནར་མེད་པ་རྣམས་ཀྱི་ལུས་ལ་ཕྱོགས་ཐམས་ཅད་ནས་མེ་འབར་བ་འོངས་ཏེ་པགས་པ་དང་ 3-1-336 ཤ་དང་རྒྱུས་པ་དང་རུས་པ་དང་རྐང་གི་བར་དུ་བསྲེག་ཅིང་མེའི་ཕུང་པོ་འབའ་ཞིག་ཏུ་སྣང་བ་ ལ་ཉམ་ཐག་པའི་སྐད་འབྱིན་ནས་ལས་སེམས་ཅན་དུ་མངོན་ཙམ་དང་། ལྕགས་ཀྱི་མདག་ མ་མེ་འབར་བ་དང་བསྲེས་ནས་བརྔོད་པ་དང་། ལྕགས་ཀྱི་རི་མེ་ཆེན་པོ་འབར་བ་ལ་འབབ་ མཛེག་བྱེད་དུ་འཇུག་པ་དང་། ལྕེ་ལྕགས་བསྲེག་ས་གཞི་ལ་བརྒྱངས་ཏེ་ལྕགས་ཕུར་མང་པོས་ འདེབས་པ་དང་། པགས་པ་བཤུས་ཏེ་ལྕགས་བསྲེགས་གཞི་ལ་སྒྱེལ་ནས་ཁར་ལྕགས་ཀྱི་ཐོ་ ལུམ་མེ་འབར་བ་དང་ཟངས་ཞུན་སྐོལ་བ་བླུགས་པས་ནང་ཁྲོལ་རྣམས་བསྲེག་ཅིང་སྨད་ནས་ ཕྱིར་བྱུང་བ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་སྟེ། གོང་མ་རྣམས་ཀྱི་སྡུག་བསྔལ་ ཐམས་ཅད་འོག་མ་རྣམས་ལ་ཚང་བར་ཡོད་ཅིང་། ནད་བཞི་བརྒྱ་ཆ་ཚང་བས་ཀྱང་སྡུག་ བསྔལ་བའོ། ། ཉེ་འཁོར་བ་ནི། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མར་ མུར་དང་རོ་མྱག་འདམ། །སྤུ་གྲིའི་ལམ་སོགས་བཅུ་པོ་ཡིན། །ཞེས་པ་ལྟར་ཚ་དམྱལ་བརྒྱད་ པོ་ཐམས་ཅད་ཀྱི་ཕྱོགས་བཞི་པོ་རེ་རེ་ནའང་མེ་མར་མུར་ལ་སོགས་པ་བཞི་བཞི་སྟེ། དེ་ཡང་ མེ་མར་མུར་ནི་ཐང་ཆེན་པོ་པུས་མོ་ནུབ་ཙམ་ལ་ཕྱིན་པ་ན་རྐང་པ་བཞག་མ་ཐག་ཤ་ཁྲག་ རྣམས་བསྲེག་ཅིང་བཏེག་མ་ཐག་འཚོ་བ་དང་། རོ་མྱག་ཕྱི་སའི་འདམ་རྫབ་དྲི་ང་བར་ལུས་ བྱིང་བ་ན་སྲིན་བུ་མཆུ་རྣོན་པོ་ཅན་རྣམས་ཀྱིས་རྐང་གི་བར་དུ་ཕུག་སྟེ་ཟ་བ་དང་། སྤུ་གྲི་སོ་ གྱེན་དུ་བསླང་པས་གཏམས་པའི་ལམ་ལ་ཕྱིན་པ་ན་རྐང་པ་བཞག་མ་ཐག་གཅོད་ཅིང་བཏེག་ མ་ཐག་འཚོ་བ་དང་། རལ་གྲིའི་ལོ་མའི་ནགས་ཚལ་དུ་འཁོད་པ་ན་རལ་གྲི་རྣམས་ཆར་ བཞིན་དུ་ལྷུང་བས་ལུས་ཐམས་ཅད་གཅོད་ཅིང་བརྒྱལ་ཏེ་འགྱེལ་བ་ན་ཁྱི་བསྲེ་བོ་རྣམས་ཀྱིས་ བཤུལ་ཤ་ཐོག་ཅིང་ཟ་བ་དང་། ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་དུ་ཚེར་མ་རྣོན་པོ་སོར་བཅུ་ དྲུག་པ་ཡན་མན་དུ་ལྟ་བ་ལ་འབབ་འཛེག་བྱས་པས་ལུས་ཀུན་ནས་འབིག་ཅིང་། ཁ་ལྕགས་ 3-1-337 ཀྱི་མཆུ་ཅན་གྱི་མིག་འབྲས་འཐོག་ཅིང་ཟ་བ་རྣམས་མཚོན་ཆར་འདྲ་བས་གཅིག་ཏུ་བྱས་པ་ དང་། ཐལ་ཚན་རྣམས་འགྱུར་བྱེད་ཀྱི་ཆུ་བོ་རབ་མེད་ཁོལ་བར་ལྷུང་སྟེ་ངོས་གཉིས་ནས་སྐྱེས་ བུ་མཚོན་ཆ་ཐོགས་པས་བསྲུང་ཞིང་ཤ་ཁྲག་ཟད་ནས་རུས་གོང་མེ་ཏོག་ཀུནྡ་ལྟར་གྱུར་གྱི་ བར་དུ་འཚེད་པས། བར་བར་དུ་ཐོ་ལུམ་འབར་བ་དང་ཟངས་ཞུན་ཁོལ་བ་ཁར་བླུགས་པ་ལ་ སོགས་པའི་སྡུག་བསྔལ་བའོ། །ཚེ་ཚད་ནི། མི་རྣམས་ཚེ་ལོ་ལྔ་བཅུ་ལ། །འདོད་ལྷ་འོག་མའི་ ཉིན་ཞག་སྟེ། །དེ་ཡི་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉི་ག་ཉིས་འགྱུར་ཉིད། །ཅེས་པ་ལྟར་རྒྱལ་ ཆེན་རིས་བཞི་པས་མི་ལོ་ལྔ་བཅུ་ལ་ཉིན་ཞག་ཏུ་བྱས་པའི་ལོ་ལྔ་བརྒྱ་ཐུབ་པ་ནས། གཞན་ འཕྲུལ་དབང་བྱེད་པས་མི་ལོ་སྟོང་དྲུག་བརྒྱ་ལ་ཉིན་ཞག་ཏུ་བྱས་པའི་ལོ་ཁྲི་དྲུག་སྟོང་ཐུབ་པ་ རྣམས་གཞིར་བྱས་ཏེ། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་ མཉམ། །དེ་ཡིས་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །ཞེས་པ་ལྟར་ཡང་ སོས་པས་རྒྱལ་ཆེན་རིས་བཞི་པའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་ཆེན་པོ་ལྔ་བརྒྱ་དང་། ཚ་བ་པས་གཞན་འཕྲུལ་དབང་བྱེད་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་ཆེན་པོ་དེའང་ཁྲི་ དྲུག་སྟོང་ཐུབ་པར་གསུངས་ཤིང་། རབ་ཏུ་ཚ་བྱེད་མནར་མེད་ནི། །བར་གྱི་བསྐལ་པའོ་ཞེས་ པ་ལྟར་རབ་ཏུ་ཚ་བ་པས་བར་བསྐལ་ཕྱེད་དང་། མནར་མེད་པས་བར་བསྐལ་གཅིག་གི་བར་ དུ་སྡུག་བསྔལ་དྲག་པོ་མྱོང་བའོ། ། གྲང་དམྱལ་རྣམས་ནི་གནས་གླིང་འདིའི་འོག་རྒྱ་མཚོ་དང་ཉེ་བ་ན་ཉི་ཟླ་ལ་སོགས་ པའི་འོད་དང་བྲལ་བ་མུན་པའི་ཁྲོད་འཁྱག་རུམ་གྱི་སྦུབས་ཆེན་པོ་ན་ལུས་ཤིན་ཏུ་གཞོན་ཤ་ ཅན་རེག་ཏུ་མི་བཟོད་པ་གྲུབ་ནས་གྲང་བའི་ཁྱད་པར་འོག་མ་རྣམས་ཆེས་དྲག་པས་མིང་དུ་ བཏགས་པ་སྡོམ་ནི། ཆུ་བུར་ཆུ་བུར་རྡོལ་བ་ཅན། །སོ་ཐམ་ཨ་ཆུ་ཀྱི་ཧུད་ཟེར། །ཨུཏྤལ་པད་ མ་ལྟར་གས་དང་། །པད་མ་ལྟ་བུར་ཆེར་གས་པའོ། །ཞེས་པ་ལྟར་དེ་ཉིད་ཀྱི་རླུང་ཆེན་པོས་ 3-1-338 བཏབ་པས་གྲང་བས་ཉེན་ནས་ལུས་ཐམས་ཅད་ཆུ་བུར་དུ་གྱུར་པ་ཅན་དང་དེ་བས་ཀྱང་གྲང་ བར་གྱུར་པས་ཆུ་བུར་དེའང་རྡོལ་བ་ཅན་དང་། ཤིན་ཏུ་གྲང་ཆེས་པས་སོ་ཐམ་ཐམ་པ་དང་། དེ་བས་ཀྱང་གྲང་བས་ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཅེས་ཟེར་ཞིང་ཉེན་སྐད་དྲག་པོ་འདོན་པ་ དང་། དེ་བས་ཀྱང་ཆེས་གྲང་བས་ལུས་སྔོན་པོར་གྱུར་ཏེ་ཁ་ལྔའམ་དྲུག་ཏུ་གྱེས་པ་ཨུཏྤལ་ལྟར་ གས་པ་དང་། སྔོ་བ་ལས་ཀྱང་ཐལ་ནས་དམར་པོར་འགྱུར་ཏེ་ཁ་བཅུ་ལ་སོགས་པར་གྱེས་ པས་པད་མ་ལྟར་གས་པ་དང་། ཤིན་ཏུ་དམར་བར་གྱུར་ནས་བརྒྱའམ་སྟོང་ལ་སོགས་པར་ གྱེས་པ་པད་མ་ལྟར་ཆེས་གས་པའི་སྡུག་བསྔལ་མྱོང་བའོ། །ཉི་ཚེ་བར་ནི་གནས་ངེས་པ་མེད་ པར་གཤེད་མ་འགའ་ཞིག་ཐལ་གོང་དང་ཁ་སྣ་ལ་བྱ་གཅན་གྱིས་འཐོག་པར་སྐྱེས་པ་དང་། ཤན་པའི་སློབ་མ་རུས་གོང་དྲི་ང་བ་ཅན་ལ་བྱ་རོག་ལ་སོགས་པས་འཐོག་པར་སྐྱེས་པ་དང་། ཉ་པ་འགའ་ཞིག་ལུས་ལྕགས་ཀྱིས་བཀྲིས་པར་སྐྱེས་པ་ལ་སོགས་པའི་སྡུག་བསྔལ་མྱོང་བའོ། ། ཚེ་ཚད་ནི། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་རེ་ཕྱུང་ནས་ཟད་གྱུར་པ། །ཆུ་བུར་ཅན་ གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཞེས་པ་ལྟར་མ་ག་དྷའི་ཏིལ་ཁལ་བརྒྱད་ཅུས་ གང་བའི་བང་བ་ནས་ལོ་བརྒྱ་བརྒྱ་ན་ཏིལ་རེ་རེ་ཕྱུང་བས་ཟད་པ་ནི་ཆུ་བུར་ཅན་གྱི་ཚེ་ཚད་ ཡིན་ལ། ཕྱི་མ་ཕྱི་མ་རྣམས་ནི་སྔ་མ་སྔ་མ་ལས་ཉི་ཤུ་འགྱུར་གྱིས་རིང་བ་སྟེ། ཉེ་འཁོར་བ་དང་ ཉི་ཚེ་བའི་ཚེ་ཚད་ནི་མ་ངེས་པར་གསུངས་སོ། །དེ་རྣམས་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ ཞིག་ལ་ལོངས་སྤྱོད་དེ། བཤེས་སྤྲིང་ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། ། རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེ་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུའི་ཡང་། ། འོལ་ཡང་མི་འགྱུར་ཆར་ཡང་མི་ཕོད་དོ། །ཞེས་པ་དང་། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་ དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་པས་ཀྱང་། །སྡུག་བསྔལ་སྐྱེ་བར་འགྱུར་ན་ མི་ཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །ཞེས་པ་ལྟར་རོ། ། 3-1-339 མི་དགེ་བ་བར་མ་སྤྱད་པའི་རྣམ་པར་སྨིན་པའི་འབྲས་བུ་ཡི་དྭགས་སུ་སྐྱེས་པ་ན་རྩ་བའི་ གནས་གླིང་འདིའི་དཔག་ཚད་ལྔ་བརྒྱའི་འོག་ལ་སོགས་པ་དང་། འཕྲོས་པའི་གནས་མིའི་ ཡུལ་དང་རྒྱ་མཚོའི་འགྲམ་དང་ནམ་མཁའི་སྤྱོད་ཡུལ་ལ་སོགས་པ་རྣམས་སུ། ལུས་ཆུང་བ་ མཐོ་གང་དང་ཆེ་བ་དཔག་ཚད་སྟོང་ལ་སོགས་པ་ཡོད་པ་གྲུབ་ནས། སྡུག་བསྔལ་གྱི་ཁྱད་པར་ བཀྲེས་པ་དང་སྐོམ་པ་ཉམ་ཐག་པས་པགས་པ་དང་ཤ་དང་ཁྲག་རྣམས་སྐམ་ནས་ལུས་སྡོང་ དུམ་མེས་ཚིག་པ་ལྟར་གྱུར་ཏེ་ཁ་སྐམ་པ་ལ་ལྕེས་ལྡག་ཅིང་རྫིང་བུ་ལ་སོགས་པར་རྒྱུགས་ན་ མཚོན་ཆ་སྣ་ཚོགས་ཐོགས་པས་བསྲུང་ནས་འཐུང་དུ་མི་འཇུག་ལ། གལ་ཏེ་མ་བསྲུངས་ཀྱང་ རྣག་ཁྲག་ལ་སོགས་པར་མཐོང་ནས་བཏུང་དུ་མི་རུང་བར་འགྱུར་བ་ཕྱིའི་སྒྲིབ་པ་ཅན་དང་། གལ་ཏེ་ཟས་སྐོམ་ཅུང་ཟད་རྙེད་ཀྱང་ཁ་ཁབ་མིག་ལྟར་དོག་པ་དང་མགྲིན་པ་གཞུ་རྒྱུད་ལྟར་ ཕྲ་བ་ནས་མི་ཤོང་བ་དང་ལྟོ་བ་རྒྱ་མཚོ་ལྟར་ཡངས་པ་མི་ཁེངས་པ་དང་ཡན་ལག་བྲ་སོག་ལྟར་ ཕྲ་བས་མི་ཐེག་པ་ལ་སོགས་པ་ནང་གི་སྒྲིབ་པ་ཅན་དང་། གལ་ཏེ་བཟའ་བཏུང་ནུས་ཀྱང་དེ་ དག་མེ་ལྕེའི་ཕྲེང་བ་ལ་སོགས་པར་གྱུར་ནས་བསྲེག་པ་དང་། བཤང་གཅི་དང་དྲི་ང་བ་དང་ དུག་དང་མཆིལ་མ་དང་ངར་སྣབས་དང་ལྗན་ལྗིན་གྱི་དངོས་པོ་ལ་ལོངས་སྤྱོད་པ་ཟས་སྐོམ་ ཉིད་ཀྱི་སྒྲིབ་པ་ཅན་ལ་སོགས་པའི་སྡུག་བསྔལ་དྲག་པོ་མྱོང་ངོ་། །ཚེའི་ཚད་ནི། ཟླ་བ་ཉིན་ ཞག་གི་ལྔ་བརྒྱ། །ཞེས་མིའི་ཟླ་བ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་ལོ་ལྔ་བརྒྱ་ལ་སོགས་པར་ མྱོང་བ་སྟེ། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ལྟོས་ཙམ་བཀྲེས་པས་ཉེན། །མི་ གཙང་གྱི་ན་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་པ་དང་། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། །ལྗོན་ ཤིང་འབྲས་བུ་མེད་འགྱུར་དེ་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་སྐམ་པ་འགྱུར། །ཞེས་ པ་ལ་སོགས་པ་ལྟར་རོ། ། 3-1-340 མི་དགེ་བ་ཆུང་ངུ་སྤྱད་པའི་རྣམ་པར་སྨིན་པའི་འབྲས་བུ་དུད་འགྲོར་སྐྱེས་པ་ན། རྩ་ བའི་གནས་རྒྱ་མཚོ་ཆེན་པོ་དང་འཕྲོས་པའི་གནས་ཆུ་དང་ཐང་དང་ནམ་མཁའི་སྤྱོད་ཡུལ་ལ་ སོགས་པ་གཞན་འཕྲུལ་དབང་བྱེད་མན་ཆད་དུ་ཉི་མའི་སྙིང་པོར་ལུས་ཆུང་བ་སྐྲའི་རྩེ་མོ་ལྔ་ བཅུ་ཙམ་དང་། ཆེ་བ་དཔག་ཚད་ཁྲི་ཡོད་པ་དང་གླང་པོ་ཆེ་འགའ་ཞིག་ལ་དཔག་ཚད་བདུན་ ཡོད་པ་དང་། ལས་བརྒྱ་པར། ཆུ་སྲིན་ཆེ་བ་ལ་དཔག་ཚད་ཉིས་སྟོང་བདུན་བརྒྱ་ཡོད་པ་ལ་ སོགས་པ་གྲུབ་ནས་སྡུག་བསྔལ་གྱི་ཁྱད་པར་ཉ་དང་ཆུ་སྲིན་ལ་སོགས་པ་ཆེ་བ་རྣམས་ཀྱི་ཆུང་ ངུ་མང་པོ་མིད་དེ་ཟ་བ་དང་། སྲིན་འབུ་ལ་སོགས་པ་ཆུང་ངུ་རྣམས་ཀྱིས་ཆེ་བ་མང་པོའི་ལུས་ ཕུག་སྟེ་ཟ་བ་དང་། ཕན་ཚུན་གཅིག་གི་གཅིག་གསོད་ཅིང་འཚེད་པ་དང་། ཁྱད་པར་ཀླུ་རྣམས་ ཉིན་རེ་ཞིང་བྱེ་ཚན་གྱི་ཆར་པས་ཤ་རྣམས་རུས་པ་ལ་ཐུག་གི་བར་དུ་བསྲེག་པ་དང་། མཁའ་ ལྡི ང་གཏུམ་པོས་ཟ་བ་དང་། ཁ་འཐོར་བ་རྣམས་ཀྱང་རང་དབང་མེད་པར་ཤ་དང་ཁྲག་དང་ པགས་པ་ལ་སོགས་པའི་ཆེད་དུ་གསོད་པ་དང་ལྕག་ཚན་དང་ལྕགས་ཀྱུ་དང་དབྱུག་པ་ལ་ སོགས་པ་བརྡེག་པ་དང་འཚོགས་པ་དང་འཁོལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་མྱོང་ ལ། ཚེ་ཚད་ནི་ཚེ་ཐུང་བ་ཡུད་ཙམ་དང་རིང་བ་བསྐལ་པའི་བར་དུ་མྱོང་བ་སྟེ། དུད་འགྲོའི་སྐྱེ་ གནས་ན་ཡང་གསོད་པ་དང་། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་མྱོང་། །ཞི་ འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་ཟད་འབྱུང་། །ཞེས་པ་ དང་། ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། ། དབང་མེད་གཞན་ནི་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུ་རྣམས་ཀྱིས་བཏབ་སྟེ་ བཀོལ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། མི་དགེ་བ་རྣམས་ཀྱི་རྒྱུ་མཐུན་གྱི་འབྲས་བུ་ལ་གཉིས་ལས་བྱེད་པ་རྒྱུ་མཐུན་གྱི་འབྲས་ བུ་ནི་གོམས་པའི་དབང་གིས་རང་གི་རིགས་འདྲ་ཕྱི་མ་རྣམས་ལྷག་པར་བྱེད་འདོད་ཅིང་། དེ་ 3-1-341 དག་ལ་དགའ་བས་འཇུག་པ་ཡིན་ལ། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི་གལ་ཏེ་མིར་སྐྱེས་ ཀྱང་ལུས་དང་ལོངས་སྤྱོད་དམན་པར་འགྱུར་བ་སྟེ་རིམ་པ་ལྟར། རིན་ཆེན་ཕྲེང་བར། གསོད་ པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང་། །རྐུ་བ་ཡིས་ནི་ལོངས་སྤྱོད་ ཕོངས། །བྱི་བོ་བྱེད་པས་དགྲ་ཟླར་བཅས། །རྫུན་དུ་སྨྲ་བས་སྐུར་པ་སྟེ། །ཕྲ་མ་ཡིས་ནི་བཤེས་ དང་འབྱེད། །ཚིག་རྩུབ་ཉིད་ཀྱིས་མི་སྙན་ཐོས། །མ་འབྲེལ་པས་ནི་ཚིག་མི་བཙུན། །བརྣབ་ སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་ བས་ལྟ་ངན་ཉིད། །ཅེས་པ་ལ་སོགས་པ་འགྲུབ་པའོ། །བདག་པོའི་འབྲས་བུ་ནི་ཕྱིའི་དངོས་པོ་ རྣམས་དམན་པར་འགྱུར་བ་སྟེ་རིམ་པ་ལྟར་ལུས་ཀྱི་གསུམ་གྱིས། ས་ཕྱོགས་གཟི་ཆུང་ལོ་ཏོག་ ལ། །དགྲ་མང་རྡུལ་གྱིས་འཁྲིགས་པ་དང་། །ངག་གི་བཞིས། ས་ཕྱོགས་དྲི་ང་མཐོ་དམན་ཚྭ་སྒོ་ ཅན། །དུས་ཚིགས་འགྱུར་བ་མི་སྙོམས་དང་། །ཡིད་ཀྱི་གསུམ་གྱིས། འབྲས་བུ་ཕྲ་དང་ཁ་བ་ དང་། །ཉུང་བའམ་མེད་པར་སྐྱེ་བའོ། །ཞེས་སྡོམ་དུ་བྱས་པ་ལྟར་རོ། ། དཀར་པོའི་རྒྱུ་འབྲས་བསམས་པ་ལ། རྒྱུ་ལས་ཀྱི་དབྱེ་བ་སྡོམ་དུ་བྱས་པ། ལུས་ཀྱི་མི་ དགེ་གསུམ་དང་ངག་གི་བཞི། །ཡིད་ཀྱི་མི་དགེ་གསུམ་པོ་རྣམས་སྤངས་ནས། །ལུས་ངག་ཡིད་ གསུམ་དགེ་ལ་སྤྱོད་པ་ནི། །དཀར་པོ་དགེ་བའི་ལས་ཀྱི་ལམ་བཅུར་གསུངས། །དེ་ཡང་ལུས་ ཀྱི་མི་དགེ་སྲོག་གཅོད་པ་སྤོང་བའི་སེམས་པ་དགེ་བ་དང་། མ་བྱིན་པར་ལེན་པ་སྤོང་བའི་ སེམས་པ་དགེ་བ་དང་། འདོད་པས་ལོག་པར་གཡེམ་པ་སྤོང་བའི་སེམས་པ་དགེ་བ་དང་། ངག་གི་རྫུན་སྤོང་བའི་སེམས་པ་དགེ་བ་དང་། ཕྲ་མ་སྤོང་བའི་སེམས་པ་དགེ་བ་དང་། ཚིག་ རྩུབ་སྤོང་བའི་སེམས་པ་དགེ་བ་དང་། ཀྱལ་བ་སྤོང་བའི་སེམས་པ་དགེ་བ་དང་བཞིའོ། །ཡིད་ ཀྱི་བརྣབ་སེམས་མེད་པ་མ་ཆགས་པའི་སེམས་པ་དགེ་བ་དང་། གནོད་སེམས་མེད་པ་བྱམས་ པའི་བདག་ཉིད་ཅན་གྱི་སེམས་པ་དགེ་བ་དང་། ཡང་དག་པའི་ལྟ་བ་ལས་འབྲས་ལ་སོགས་ 3-1-342 པ་ཕྱིན་ཅི་མ་ལོག་པར་ཤེས་པའི་སེམས་པ་དགེ་བ་གསུམ་པོ་རྣམས་ཏེ་མདོ་ལས། ལུས་ཀྱི་ སྡོམ་པ་ལེགས་པ་དང་། །ངག་གི་སྡོམ་པ་ལེགས་པ་དང་། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། ། ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་པ་ལྟར་རོ། །ཁྱད་པར་དུ་སྐྱེས་བུ་དམ་པ་རྣམས་མི་ དགེ་བ་བཅུ་སྤངས་ནས་དགེ་བ་བཅུ་སྤྱོད་པའི་རྒྱུ་མཚན་རྒྱན་ལས། བརྩེ་བས་སེམས་ཅན་ རྣམས་ལ་ནི། །སྲོག་དང་ལོངས་སྤྱོད་ཆུང་མ་དག །རྟ་གཏོང་ཤིན་ཏུ་དགའ་བྱེད་པ། །དེ་སྤོང་ ཅི་ལྟར་བསྲུང་མི་འགྱུར། །ཞེས་པ་ལྟར་གཞན་དོན་དུ་རང་གི་སྲོག་དང་ལོངས་སྤྱོད་དང་ཆུང་ མ་རྣམས་ཀྱང་རྟག་ཏུ་སྦྱིན་པར་གཏོང་བ་ལ་དགའ་བར་བྱེད་ན། གཞན་གྱི་སྲོག་གཅོད་པ་ དང་ལོངས་སྤྱོད་མ་བྱིན་པ་ལེན་པ་དང་ཆུང་མ་ལ་ལོག་པར་གཡེམ་རྣམས་སྤོང་ལྟ་ལྟ་སྨོས་ ཀྱང་ཅི་དགོས་པའི་ཚུལ་གྱིས་ལུས་ཀྱི་སྡོམ་པ་ལ་གནས་ཤིང་དགེ་བ་ལ་སྤྱོད་པ་དང་། འཕགས་ལ་མི་ལྟ་སེམས་སྙོམས་ཤིང་། །མི་འཇིགས་བརྩེ་ཕྱིར་ཀུན་སྟེར་བ། །གཞན་ལ་ གནོད་པ་བྱེད་པ་ཡི། །ལོག་པའི་ཚིག་ནི་ཅི་ལྟར་སྨྲ། །ཞེས་པ་ལྟར་ཕལ་པ་རྣམས་ལུས་སྲོག་ ལ་ལྟ་བ་དང་། རང་གཞན་ལ་སེམས་མ་སྙོམས་པ་དང་། གཞན་དག་གི་འཇིགས་པ་དང་། ལོངས་སྤྱོད་ལ་ཆགས་པའི་དབང་གིས་རྫུན་དུ་སྨྲ་བ་ཡིན་ལ། སྐྱེས་བུ་དམ་པ་རྣམས་ནི་ལུས་ དང་སྲོག་ལ་མི་ལྟ་བ་དང་། རང་གཞན་ཐམས་ཅད་ལ་ཕན་པའི་སེམས་སྙོམས་པ་དང་། རྒྱལ་ པོ་ལ་སོགས་པས་མི་འཇིགས་པ་དང་། བདོག་པ་ཐམས་ཅད་གཞན་ལ་སྟེར་བའི་ཕྱིར། རྫུན་ གྱི་རྒྱུ་རྣམས་མ་ཚང་བས་རྫུན་གྱི་ཚིག་སྤོང་ཞིང་ངག་བདེན་པར་སྨྲ་བ་དང་། སྙོམས་པར་ཕན་ པར་འདོད་པ་བརྩེ་བ་ཅན། །གཞན་ལ་སྡུག་བསྔལ་སྐྱེ་བས་ཤིན་ཏུ་འཇིག །སེམས་ཅན་ འདུལ་བ་ལ་ནི་རབ་བརྩོན་པ། །ངག་གི་ཉེས་རྣམས་གསུམ་ལས་ཤིན་ཏུ་རིང་། །ཞེས་པ་ལྟར་ ཕལ་པ་རྣམས་ཆགས་སྡང་གི་སྒོ་ནས་ཕྲ་མ་དང་། སྙིང་རྗེ་མེད་པ་ཚིག་རྩུབ་དང་གཞན་གྱི་ སེམས་མི་བསྲུང་བས་ཀྱལ་པ་རྣམས་སྨྲ་བ་ཡིན་པ་ལ། སྐྱེས་བུ་དམ་པ་རྣམས་ནི་སེམས་ཅན་ 3-1-343 ཐམས་ཅད་ལ་སྙོམས་པར་ཕན་པ་འབའ་ཞིག་འདོད་པས་གཞན་དག་བཤེས་པ་འབྱེད་པའི་ ཕྲ་མ་མི་བྱེད་ཅིང་མཐུན་པའི་ཐབས་སྨྲ་བ་དང་། གཞན་ལ་སྡུག་བསྔལ་སྐྱེས་ན་ཤིན་ཏུ་ འཇིགས་པས་གཞན་ལ་གནོད་པའི་ཚིག་རྩུབ་པོ་མི་སྨྲ་ཞིང་སྙན་པར་སྨྲ་བ་དང་། སེམས་ཅན་ འདུལ་བའི་ཐབས་སྣ་ཚོགས་ལ་རབ་ཏུ་བརྩོན་པས་ཚིག་ཀྱལ་པ་མི་སྨྲ་ཞིང་འོས་ཤིང་རིགས་ པ་སྨྲ་བ་སྟེ་ངག་གི་སྡོམ་པ་ལ་གནས་ཤིང་དགེ་བ་ལ་སྤྱོད་པ་དང་། ཐམས་ཅད་གཏོང་བ་སྙིང་ རྗེ་ཅན། །རྟེན་འབྱུང་ཆོས་ལ་རབ་མཁས་པ། །དེ་ནི་ཡིད་ཀྱི་ཉོན་མོངས་ཀུན། །ཅི་ལྟ་བུར་ན་ དང་དུ་ལེན། །ཞེས་པ་ལྟར་ཕལ་པ་རྣམས་ལོངས་སྤྱོད་ལ་ཆགས་པའང་བརྣབ་སེམས་དང་ སྙིང་རྗེ་མེད་པས་གནོད་སེམས་དང་། རྟེན་འབྱུང་ལ་མི་མཁས་པས་ལོག་ལྟ་རྣམས་བསྟེན་པ་ ཡིན་ལ་སྐྱེས་བུ་དམ་པ་རྣམས་ནི་ལོངས་སྤྱོད་ཐམས་ཅད་སྦྱིན་པར་གཏོང་བས་བརྣབ་སེམས་ མེད་ཅིང་མ་ཆགས་པའི་སེམས་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་དང་ལྡན་ པས་གནོད་སེམས་མེད་ཅིང་བྱམས་པའི་སེམས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ ཆོས་ཐམས་ཅད་ལ་རབ་ཏུ་མཁས་པས་ལོག་པར་ལྟ་བ་མེད་ཅིང་ཡང་དག་པའི་ལྟ་བ་ཅན་ཏེ་ ཡིད་ཀྱི་སྡོམ་པ་ལ་གནས་ཤིང་དགེ་བ་ལ་སྤྱོད་པའི་ཕྱིར་རོ། །འབྲས་བུ་ལ་གསུམ་གྱི་དང་པོ་ རྣམ་པར་སྨིན་པའི་འབྲས་བུ་ནི། དགེ་བ་ཟག་པ་དང་བཅས་པ་མདོ་ལས། མཁའ་ལ་རླུང་ བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་པ་ ལྟར་དཀྱིལ་འཁོར་གསུམ་གྱི་སྟེང་མ་གསེར་གྱི་ས་གཞི་ལ་མཐར་ཐུག་པའི་བར་དུ་སྐྱེ་བར་ བྱེད་ལ། ལས་ཆེན་པོ་སྤྱད་པས་མི་དང་འདོད་ལྷ་དང་། ཁམས་གོང་མར་མྱོང་བར་འགྱུར་ གསུངས་པའི་དང་པོར། ཆུང་ངུ་སྤྱད་པས་མི་རྣམས་སུ་སྐྱེས་པ་ན་གནས་ཀྱི་ཁྱད་པར་གླིང་ བཞི་དང་གླིང་ཕྲན་བརྒྱད་པོ་རྣམས་སུ་ལུས་ཀྱི་ཁྱད་པར། འཛམ་བུ་གླིང་པ་རྣམས་ཀྱི་ཚད། ཁྲུ་ བཞི་པོ་དང་ཕྱེད་དང་བཞི། །ཤར་དང་བ་གླང་སྤྱོད་དང་ནི། །བྱང་ཞེས་བྱ་བ་ཉིས་འགྱུར་ 3-1-344 བསྐྱེད། །ཅེས་པ་ལྟར་འཛམ་བུ་གླིང་པའི་མི་རྣམས་བསྐལ་པ་དང་པོའི་དུས་ན་ཆེ་ཞིང་། སྙིགས་མའི་དུས་ན་ཆུང་ཡང་། རང་རང་གི་ཁྲུ་བཞི་པའམ་ཕྱེད་བཞི་པ་དང་། གླིང་ཕྱི་མ་རྣམས་ སུ་རིམ་པ་ལྟར། ཉིས་འགྱུར་གྱིས་ཆེ་བ་གྲུབ་ནས། ཚེའི་ཁྱད་པར་སྒྲ་མི་སྙན་ན་ཚེ་སྟོང་སྟེ། གཉིས་ན་ཕྱེད་ཕྱེད་ཡིན་པས་སོ། །འདི་ན་མ་ངེས་ཐ་མ་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། ། ཅེས་པ་ལྟར་བྱང་ན་ལོ་སྟོང་དང་། ནུབ་ན་ལྔ་བརྒྱ་དང་། ཤར་ན་ཉིས་བརྒྱ་ལྔ་བཅུ་དང་། འདི་ ན་ཐུང་ཤོས་ལོ་བཅུ་དང་རིང་ཤོས་བསྐལ་པ་དཔག་མེད་ཀྱི་བར་དུ། ལོངས་སྤྱོད་ཀྱི་ཁྱད་པར་ འདི་ན་གསེར་དང་དངུལ་ལ་སོགས་པ་དང་། ཤར་ན་རིའི་དང་བེའུ་རས་ལ་སོགས་པ་དང་། ནུབ་ན་བ་གླང་དང་ནོར་བུ་ལ་སོགས་པ་ལ་སྤྱོད་ཅིང་། བྱང་ན་ལོངས་སྤྱོད་ཀྱི་འཛིན་པ་མེད་ ལ་གླ་ཟན་འབྲས་ཆན་དང་འཁུར་བ་དང་། ཞོ་དང་མར་དང་ཆང་དང་བུ་རམ་དང་སྦྲང་རྩི་ལ་ སོགས་པ་དང་། བྱང་ན་མ་རྨོས་མ་བཏབ་པའི་འབྲས་ས་ལུ་འབའ་ཞིག་ལ་སྤྱོད་ཅིང་། ཐམས་ ཅད་ཀྱང་གནས་ཕུན་སུམ་ཚོགས་པ་དང་། གྲོགས་ཡིད་དུ་འོང་བ་དང་། གོས་རེག་ན་འཇམ་ པ་དང་། ཟས་ཚིམ་ཞིང་འཕྲོད་པ་ལ་སོགས་པའི་བདེ་བ་དང་ཡང་ལྡན་ལ། མིའི་ནང་ན་འཁོར་ ལོས་བསྒྱུར་བའི་བདེ་བ་ནི་མཆོག་ཡིན་ཞིང་། དེ་ཡང་རྒྱལ་པོ་འཁོར་བཅས་གང་དུ་འདོད་ པར་འགྲོ་བའི་འཁོར་ལོ་དང་། ཇི་ལྟར་བསམ་པ་འབྱུང་བའི་ནོར་བུ་དང་། ཡིད་འོང་བདེ་བའི་ དཔལ་སྐྱེད་བཙུན་མོ་དང་། བྱ་བ་ཀུན་ལ་མཁས་པའི་བློན་པོ་དང་། དུལ་ཞིང་ཕ་རོལ་གྱི་ གཡུལ་ལས་རྒྱལ་བྱེད་གླང་པོ་དང་། དེ་དང་ཡོན་ཏན་མཚུངས་པའི་རྟ་མཆོག་དང་། བང་ མཛོད་ནོར་གྱིས་འགེངས་པའི་ཁྱིམ་བདག་སྟེ། རིན་ཆེན་བདུན་སོགས་འབྱོར་པ་དཔག་མེད་ ལྡན། །ཞེས་པ་ལྟར་བཙུན་མོའི་འཁོར་དཔག་ཏུ་མེད་པ་དང་། མི་སྟོང་ཕྲག་རེ་ཐུབ་པའི་བུ་ སྟོང་དང་། དཔུང་གི་ཚོགས་ཡན་ལག་བཞི་པ་དང་། དགྲ་སྡེ་ཟིལ་གྱིས་གནོན་པའི་མཚོན་ཆ་ དང་། རིན་པོ་ཆེའི་ཁྱད་པར་ཨིནྡྲ་ནཱི་ལ་ལ་སོགས་པ་འཁོར་དང་ལོངས་སྤྱོད་བསམ་གྱིས་མི་ 3-1-345 ཁྱབ་པ་དང་ལྡན་པ་སྟེ། འཁོར་ལོས་བསྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་ འབྱེད། །ཅེས་པ་ལྟར་དེ་མན་ཆད་དུ་ཕུན་སུམ་ཚོགས་པའི་ཁྱད་པར་རྣམས་མི་རྫོགས་པས། ཚེ་ལོ་དཔག་མེད་ནས་བརྒྱད་ཁྲི་པའི་བར་ལ་འབྱུང་ཞིང་། གསེར་དངུལ་ཟངས་ལྕགས་འཁོར་ ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་མས་རིམ་བཞིན། །ལྷན་ ཅིག་གཉིས་མིན་སངས་རྒྱས་བཞིན། །ཞེས་པ་ལྟར་གླིང་བཞི་ཀ་ལ་དབང་བྱེད་པ་གསེར་གྱི་ འཁོར་ལོ་ཅན་དང་། བྱང་མ་གཏོགས་གསུམ་ལ་དབང་བྱེད་པ་དངུལ་གྱི་འཁོར་ལོ་ཅན་དང་། ཤར་ལ་དབང་བྱེད་པ་ཟངས་ཀྱི་འཁོར་ལོ་ཅན་དང་། འདི་ཁོ་ན་ལ་དབང་བྱེད་པ་ལྕགས་ཀྱི་ འཁོར་ལོ་ཅན་སྟེ། འགྲན་ཟླ་མེད་པའི་ལས་བསགས་པས་གཉིས་ལྷན་ཅིག་ཏུ་མི་འབྱུང་སྟེ་ སངས་རྒྱས་བཞིན་ནོ། །ཕས་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་བརྩམས་པས་ རྒྱལ་གནོད་པ་མེད། །ཅེས་པ་ལྟར་གསེར་གྱི་འཁོར་ལོ་ཅན་ཕ་རོལ་གྱིས་བསུས་ནས་བཀའ་ བཞིན་དུ་བྱེད་ཅིང་། དངུལ་གྱི་འཁོར་ལོ་ཅན་རང་ཉིད་སོང་བ་ཙམ་གྱིས་འདུལ་ལ། ཟངས་ཀྱི་ འཁོར་ལོ་ཅན་གྱིས་གཡུལ་བཤམས་པ་ཙམ་གྱིས་འདུལ་ཞིང་། ལྕགས་ཀྱི་འཁོར་ལོ་ཅན་ གྱིས་གཡུལ་བཤམས་ནས་བརྡེག་མི་དགོས་པར་མཚོན་ཆ་བཟས་པའམ་བརྩམས་པ་ཙམ་ གྱིས་འདུལ་ཏེ། ཐམས་ཅད་ཀྱིས་རྒྱལ་ཡང་གནོད་པ་མེད་པར་མངའ་འོག་ཐམས་ཅད་ཁྲིམས་ དགེ་བ་བཅུ་ལ་བཀོད་ནས་རྒྱལ་སྲིད་ཆོས་དང་མཐུན་པར་སྐྱོང་བའི་བདེ་བ་དང་ལྡན་པའོ། ། དགེ་བ་ཟག་པ་དང་བཅས་པ་བར་མར་སྤྱད་པས་འདོད་པའི་ཁམས་ཀྱི་ལྷ་དྲུག་པོ་རྣམས་སུ་ སྐྱེས་པ་ན་གནས་ཀྱི་ཁྱད་པར། ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །ཆུ་ཡི་ནང་དུ་བརྒྱད་ཁྲི་ དག །ནུབ་བོ་ཆུ་ཡི་སྟེང་དུ་ཡང་། །དཔག་ཚད་དག་ནི་བརྒྱད་ཁྲིའོ། །ཞེས་པ་ལྟར་ཕྱིའི་རྒྱ་ མཚོ་ནས་གསེར་གྱི་ས་གཞི་ལ་ཐུག་པའི་རི་རབ་ལྷུན་པོ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་བང་ རིམ་བཞི་དང་ལྡན་པ་གསེར་གྱི་རི་བདུན་དང་ཉི་མ་ཟླ་བ་དང་སྐར་མའི་ཚོགས་ཀྱིས་བསྐོར་ 3-1-346 བ་དང་རི་རབ་ཀྱི་བང་རིམ་ལ་སོགས་པ་རྒྱལ་ཆེན་བཞིའི་རིས་དེ་ནས་སུམ་ཅུ་རྩ་གསུམ་དང་ དེ་དག་གི་ཐད་ཀའི་སྟེང་གི་ནམ་མཁའ་ལ། འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་ དང་གཞན་འཕྲུལ་དབང་བྱེད་པའི་གནས། གཞན་རྣམས། གནས་ནས་གནས་འོག་ཇི་སྲིད་ བར། །དེ་ནས་དེ་ཡི་གོང་དེ་སྲིད། །ཅེས་པ་ལྟར་སུམ་ཅུ་རྩ་གསུམ་ནས་འདིའི་བར་ལ་དཔག་ ཚད་བརྒྱད་ཁྲི་ཡོད་པ་ལྟར་དེ་ནས་འཐབ་བྲལ་གྱི་བར་ལའང་བརྒྱད་ཁྲི་དང་། འཐབ་བྲལ་ ནས་འདིའི་བར་ལ་འབུམ་དྲུག་ཁྲི་ཡོད་པ་ལྟར་དེ་ནས་དགའ་ལྡན་གྱི་བར་ལའང་ཡོད་པ་ལ་ སོགས་པའི་མཐོ་ཁྱད་དང་ལྡན་ཞིང་། ཐད་ཀའི་རྒྱར་ཡང་གོང་མ་གོང་མ་རྣམས་ཉིས་འགྱུར་ གྱིས་ཡངས་ཤིང་འོག་མ་རྣམས་ལས་ཡོན་ཏན་ཁྱད་པར་དུ་འཕགས་པ་རྣམས་སུ་ལུས་ཀྱི་ ཁྱད་པར། ཐམས་ཅད་ནའང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་དང་། ལམ་ སྲང་ཐམས་ཅད་མེ་ཏོག་དང་བཅས་པས་གཅལ་དུ་བཀྲམས་པ་དང་། རྫིང་བུ་ཡིད་དུ་འོང་བ་ མེ་ཏོག་དང་བྱ་སྣ་ཚོགས་པས་བསྐོར་བ། བཟའ་བ་དང་བཏུང་བ་དང་གོས་དང་རྒྱན་ལ་ སོགས་པ་ཅི་བསམ་པ་ཐམས་ཅད་འབྱུང་བའི་དཔག་བསམ་ཤིང་ལྗོན་པ་མང་པོ་དང་། ལྷ་ རྫས་ཀྱི་རོལ་མོ་སྣ་ཚོགས་པས་གང་བ། འདོད་དང་ལྡན་པ་ལྷ་ཡི་ལུས། །བཞི་ཆ་ནས་ནི་རྒྱང་ གྲགས་དག་བཞི་ཆ་རེ་རེས་འཕེལ་བས་ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད། །ཅེས་པ་ལྟར། རྒྱལ་ཆེན་རིས་བཞི་པ་ལ་རྒྱང་གྲགས་བཞི་ཆ་སྟེ་མིའི་འདོམ་བརྒྱ་ཉི་ཤུ་རྩ་ལྔ་ནས། དགའ་ ལྡན་པ་ལ་འདོམ་ལྔ་བརྒྱ་དང་། གཞན་འཕྲུལ་དབང་བྱེད་པ་ལ་རྒྱང་གྲགས་ཕྱེད་དང་གཉིས་ ཏེ་འདོམ་ཕྱེད་དང་བརྒྱད་བརྒྱ་པ་རྣམས་གྲུབ་ནས། ཚེའི་ཚད་སྔར་བཤད་པ་ལྟར་རྒྱལ་ཆེན་ རིས་བཞི་པས། མི་ལོ་ལྔ་བཅུ་ལ་ཞག་གཅིག་ཏུ་བྱས་པའི་མི་ལོ་ཆེན་པོ་ལྔ་བརྒྱ་ནས་གཞན་ འཕྲུལ་དབང་བྱེད་པས་མི་ལོ་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བྱས་པའི་ལོ་ཁྲི་དྲུག་སྟོང་གི་ བར་དུ། ལོངས་སྤྱོད་ཀྱི་ཁྱད་པར། ས་གཞི་ཤིང་བལ་ལྟར་འཇམ་ཞིང་རེག་ན་བདེ་བ་ཚོན་སྣ་ 3-1-347 བརྒྱ་ཙམ་གཅིག་གི་མིང་(མིག་)མངས་རིས་སུ་བྲིས་པ་དང་། ཡན་ལག་བརྒྱད་དང་ལྡན་པའི་ ཆུས་ཡོངས་སུ་གང་བའི་མཚོ་དང་རྫིང་བུ་བྱ་དང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་དང་། འདོད་ཡོན་ལ་རྩེ་བའི་ཚལ་ཕུན་སུམ་ཚོགས་པ་རྣམས་དང་། གནས་གསེར་དང་དངུལ་དང་ བཻཌུརྱ་དང་མན་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་པ་བ་གམ་དང་བསིལ་ཁང་དང་སྟེགས་ བུ་དང་སྐར་ཁུང་དྲ་བ་ཅན། ནོར་བུ་སྣ་ཚོགས་པའི་འོད་ཟེར་གྱིས་སྣང་བ་འགྱེད་པས་མཆོག་ ཏུ་མཛེས་ཤིང་ཉམས་དགའ་བ་དང་། ལུས་ཕྱི་ནང་ཐམས་ཅད་གཙང་ཞིང་རྔུལ་དང་དྲི་མ་དང་ རུས་པ་དང་རྩ་རྒྱུས་དང་ནང་ཁྲོལ་དང་བཤང་གཅི་མེད་པ་འོད་དང་ལྡན་ཞིང་རབ་ཏུ་མཛེས་ པ་དང་། གོས་སྲབ་ཅིང་འཇམ་ལ་ཡང་བ་རེག་ན་བདེ་བ་ཁ་དོག་སྣ་ཚོགས་པ་ཅན་གསེར་ གྱིས་སྤྲས་པ་དང་། རྒྱན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ནོར་བུའི་རྣ་ཆ་མགུལ་རྒྱན་གདུབ་ བུ་སྐ་རགས་དོ་ཤལ་ལ་སོགས་པ་མཆོག་ཏུ་མཛེས་པ་དང་། འཁོར་ལྷའི་བུ་མོ་གཞོན་ནུས་ སིལ་སྙན་དང་རོལ་མོ་སྣ་ཚོགས་འཛིན་པས་ཡོངས་སུ་བསྐོར་བ་དང་། བཟའ་བ་བདུད་རྩི་སྣ་ ཚོགས་དང་བཏུང་བ་སྦྲང་ཆང་ལ་སོགས་པ་འབྱུང་བའི་ལྗོན་ཤིང་དང་། ཞོན་པ་ཤིང་རྟ་དང་ ཁྱོགས་ལ་སོགས་པ་དང་གོས་དང་རྒྱན་དང་ཡོ་བྱད་དང་མེ་ཏོག་དང་གླུ་གར་དང་རོལ་མོ་ལ་ སོགས་པ་འབྱུང་བའི་ལྗོན་ཤིང་རྣམས་ལས་གང་འདོད་པ་མདུན་དུ་བྱུང་བ་ལ་ལོངས་སྤྱོད་ པའི་བདེ་བ་ལ་སོགས་པ་གོང་མ་གོང་མ་རྣམས་ཁྱད་པར་དུ་འཕགས་པ་དང་ལྡན་པའོ། ། དགེ་བ་ཟག་པ་དང་བཅས་པ་ཆེན་པོ་སྤྱད་པས་ཁམས་གོང་མ་དག་གི་ལྷ་རྣམས་སུ་སྐྱེས་ པ་ན། གནས་ཀྱི་ཁྱད་པར། གོང་མའི་གནས་རྣམས་བཅུ་བདུན་ནི། །གཟུགས་ཁམས་ཡིན་དེ་ སོ་སོ་ཡི། །བསམ་གཏན་ས་གཞི་གསུམ་པ་ཡིན། །བཞི་པ་ས་གཞི་བརྒྱད་པ་ཡིན། །ཞེས་པ་ ལྟར་བསམ་གཏན་དང་པོ་ལ་ཚངས་རིས་དང་ཚངས་པ་མདུན་ན་འདོན་དང་ཚངས་ཆེན་དང་། གཉིས་པ་ལ་འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་དང་། གསུམ་པ་ལ་དགེ་ཆུང་དང་ 3-1-348 ཚད་མེད་དགེ་དང་དགེ་རྒྱས་དང་། བཞི་པ་ལ་སྤྲིན་མེད་དང་བསོད་ནམས་སྐྱེས་དང་འབྲས་ བུ་ཆེ་དང་། ཁྱད་པར་བཞི་པ་ལ་མི་ཆེ་བ་དང་མི་གདུང་བ་དང་གྱ་ནོམ་སྣང་དང་ཤིན་ཏུ་མཐོང་ དང་འོག་མིན་ཏེ་གནས་གཙང་མ་ལྔ་དང་བཅས་པའི་བཅུ་བདུན་པོ་རྣམས། སྔར་བསྟན་པ་ ལྟར་གཞན་འཕྲུལ་དབང་བྱེད་ནས་འདིའི་བར་ཙམ་ཞིག་རེ་ནས་ཚངས་རིས་ཀྱི་བར་ལ་ཡོད་ པ་ལ་སོགས་པའི་མཐོ་ཁྱད་དང་བཅས་ཤིང་། རྒྱ་ཡང་བསམ་གཏན་དང་པོ་སྟོང་སྤྱི་ཕུད་ཙམ་ དང་། གཉིས་པ་སྟོང་གཉིས་བར་མ་ཙམ་དང་། གསུམ་པ་སྟོང་གསུམ་ཙམ་དང་། བཞི་པ་ཚད་ མེད་པར་ཡངས་ཤིང་ཁྱད་པར་དུ་འཕགས་པ་རྣམས་སུ། ལུས་ཀྱི་ཁྱད་པར། གཟུགས་ཅན་ དང་པོ་དཔག་ཚད་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། ། ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་དཔག་ཚད་གསུམ་དོར་རོ། །ཞེས་པ་ལྟར་ ཚངས་རིས་པ་ལ་དཔག་ཚད་ཕྱེད་པ་ནས། འོད་ཆུང་པ་ལ་གཉིས་དང་། དགེ་ཆུང་བ་ལ་བཅུ་ དྲུག་དང་། སྤྲིན་མེད་པ་ལ་བརྒྱ་ཉི་ཤུ་རྩ་ལྔ་དང་། འོག་མིན་པ་ལ་ཁྲི་དྲུག་སྟོང་ཡོད་པ་གྲུབ་ ནས་ཚེའི་ཚད་ཀྱང་། གཟུགས་ཅན་ཉིན་མཚན་མེད་ཚེ་ནི། །རང་ལུས་གཞལ་བའི་བསྐལ་པ་ ཡིན། །འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། །དེ་ཡི་འོག་མ་ཕྱེད་ཕྱེད་ཡིན། །ཞེས་པ་ལྟར་དེ་ ཡན་ཆད་ན་ཉིན་མཚན་མེད་པས་ལོའི་སྒོ་ནས་མི་འཇིག་པར་ལུས་ཀྱི་དཔག་ཚད་མཉམ་པའི་ བསྐལ་པས་འཇོག་ཅིང་། དེའི་འོག་མ་གསུམ་ལ་བར་བསྐལ་བཞི་བཅུ་ལ་བསྐལ་པར་བྱས་ པའི་ཕྱེད་ཕྱེད་ཅེས་བྱ་སྟེ། ཚངས་རིས་པས་བར་བསྐལ་ཉི་ཤུ་དང་། མདུན་ན་འདོན་པས་བཞི་ བཅུ་དང་། ཚངས་ཆེན་པས་དྲུག་ཅུ་དང་། འོད་ཆུང་པས་བསྐལ་ཆེན་གཉིས་དང་། སྤྲིན་མེད་ པས་བརྒྱ་ཉི་ཤུ་རྩ་ལྔ་དང་། འོག་མིན་པས་ཁྲི་དྲུག་སྟོང་གི་བར་དུ། ལོངས་སྤྱོད་ཀྱི་ཁྱད་པར་ འདོད་ཡོན་གྱི་བདེ་བ་ལ་འདོད་ཆགས་དང་བྲལ་ནས། བདེ་བ་སྐྱེ་བ་གསུམ་པོ་ནི། །བསམ་ གཏན་གསུམ་ལ་ས་དགུ་ཡིན། །ཞེས་པ་ལྟར་བསམ་གཏན་དང་པོ་ན་དབེན་པ་ལས་སྐྱེས་པའི་ 3-1-349 བདེ་བ་ཅན་དང་། གཉིས་པ་ན་ཏིང་ངེ་འཛིན་ལས་སྐྱེས་པའི་བདེ་བ་ཅན་དང་། གསུམ་པ་ན་ དགའ་བ་མེད་པའི་བདེ་བ་ཅན་དང་། བསམ་གཏན་བཞི་པོ་ཐམས་ཅད་ནའང་བཏང་སྙོམས་ དང་དྲན་པ་ཡོངས་སུ་དག་པ་དང་ཞི་བའི་བདེ་བ་མི་གཡོ་བ་ཅན་མྱོང་བ་དང་། གཟུགས་མེད་ ཁམས་ན་གནས་མེད་དོ། །སྐྱེ་བ་ལས་ནི་རྣམ་པ་བཞི། །ཞེས་པ་ལྟར་གཟུགས་མེད་སྐྱེ་མཆེད་ མུ་བཞི་ན་གཟུགས་མེད་པའི་ཕྱིར་གནས་གཞན་ཐ་དད་པ་མེད་ཅིང་སྐྱེ་བ་ལེན་ཚུལ་གྱི་སྒོ་ ནས་བཞིར་བཞག་པ་ཡིན་ལ། ཚེའི་ཚད། གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། །ཉི་ཤུ་ལྷག་ པ་ལྷག་པས་ནི། །ཞེས་པ་ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་པས་བསྐལ་ཆེན་ཉི་ཁྲི་དང་། རྣམ་ཤེས་མཐའ་ཡས་པས་བཞི་ཁྲི་དང་། ཅི་ཡང་མེད་པས་དྲུག་ཁྲི་དང་། སྲིད་པའི་རྩེ་མོ་པས་ བསྐལ་ཆེན་བརྒྱད་ཁྲིའི་བར་དུ་ལོངས་སྤྱོད་འདོད་ཡོན་གྱི་བདེ་བ་ལ་འདོད་ཆགས་དང་བྲལ་ ནས། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ལ་མཉམ་པར་བཞག་པས་ཞི་བ་དང་། རྣམ་པར་ཐར་ པའི་བདེ་བ་ཁྱད་པར་ཅན་ཉམས་སུ་མྱོང་བ་དང་ལྡན་པའོ། ། རྒྱུ་མཐུན་པའི་འབྲས་བུ་ལ་གཉིས་ལས་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ནི་དགེ་བ་རྣམས་ ལ་གོམས་པའི་དབང་གིས་རང་རང་གི་རིགས་འདྲ་ཕྱི་མ་རྣམས་བྱེད་འདོད་ཅིང་མངོན་པར་ དགའ་བས་འཇུག་པ་ཡིན་ལ། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི་བདེ་འགྲོ་དེ་དག་ཉིད་དུ་ སོ་སོ་དང་མཐུན་པར་སྲོག་གཅོད་སྤངས་པས་ཚེ་རིང་བ་དང་། མ་བྱིན་ལེན་པ་སྤངས་པས་ ལོངས་སྤྱོད་ཆེ་བ་ལ་སོགས་ལུས་དང་ཡོངས་སུ་བཟུང་བ་ཕུན་སུམ་ཚོགས་པ་ཐོབ་པའོ། ། དབང་ངམ་བདག་པོའི་འབྲས་བུ་ནི་ལྷ་དང་། མིའི་གནས་དེ་དག་ཉིད་དུ་ལས་སོ་སོ་དང་ མཐུན་པར་ཕྱིའི་དངོས་པོ་ཕུན་སུམ་ཚོགས་པ་ཐོབ་པ་སྟེ། ལུས་ཀྱི་གསུམ་གྱིས། ས་ཕྱོགས་ གཟི་ཆེ་ལོ་ཏོག་ལ། །དགྲ་ཉུང་རྡུལ་དང་བྲལ་བ་དང་། །ངག་གི་བཞིས། དྲི་ཞིམ་མཉམ་ཞིང་ ཚྭ་སྒོ་མེད། །དུས་ཚིགས་འགྱུར་བ་སྙོམས་པ་དང་། །ཡིད་ཀྱི་གསུམ་གྱིས། འབྲས་བུ་རགས་ 3-1-350 དང་ཞིམ་པ་དང་། །མང་པོ་ཡོད་པར་སྐྱེ་བའོ། །ལས་ཀྱི་རྣམ་གྲངས་བསམ་པ་ནི། །བསགས་ བྱས་སོགས་དང་འཕེན་རྫོགས་སོགས། །བསྒྱུར་ལ་སོགས་པས་སྟོབས་ལྡན་དང་། །ངོ་བོ་མྱོང་ དུས་གཉིས་ཀ་དང་། །རང་གི་སོ་སོར་མྱོང་ཚུལ་ལོ། །དེ་ཡང་ལས་བསགས་པ་ནི་ཀུན་གཞིའི་ རྣམ་ཤེས་ལ་བག་ཆགས་བཞག་ནས་འཕེལ་བར་བྱེད་པ་སྟེ། བྱས་པ་ནི་སྒོ་གསུམ་གྱིས་ཀུན་ ཏུ་སྤྱད་པ་ཡིན་ཞིང་། བསགས་ལ་བྱས་པ་ནི་ཞེ་སྡང་དྲག་པོས་སྲོག་གཅོད་པ་དང་། དད་པ་ ཆེན་པོས་ཕྱག་འཚལ་བ་ལྟ་བུའོ། །བསགས་ལ་མ་བྱས་པ་ནི་དགེ་བ་དང་མི་དགེ་བ་བྱེད་ འདོད་ཡུན་རིང་པོ་ཡོད་ཀྱང་ལག་ལེན་ལ་མ་གྲུབ་དང་། གཞན་དག་གི་དགེ་མི་དགེ་ལ་རྗེས་ སུ་ཡི་རངས་པ་ལྟ་བུའོ། །བྱས་ལ་མ་བསགས་པ་ནི་རྨི་ལམ་དུ་བྱས་པ་དང་། ཆེད་དུ་མ་བསམ་ པ་དང་། ནོར་བ་དང་བརྗེད་པས་བྱས་པ་དང་། ལན་ཅིག་བྱས་ཀྱང་འགྱོད་པ་དང་གཉེན་པོ་ བཅོམ་པ་ལྟ་བུའོ། །གཉི་ག་མ་ཡིན་པ་ནི་དེ་དག་གཞན་ཏེ་དང་པོ་ནི་མྱོང་བར་ངེས་པ་དང་། ཕྱི་མ་དག་ནི་མ་ངེས་པར་ཡང་གསུངས་པའོ། །འཕེན་རྫོགས་ཀྱི་ཁྱད་པར་ནི་འཕེན་བྱེད་ དགེ་བ་ཟག་བཅས་ཀྱིས་བདེ་འགྲོ་སྐྱེ་བ་འཕེན་ཞིང་། མི་དགེ་བས་ངན་འགྲོར་སྐྱེ་བ་འཕེན་ པ་ཡིན་ལ། རྫོགས་བྱེད་དགེ་བས་བདེ་འགྲོ་ངན་འགྲོ་གཉི་གར་འབྲས་བུ་འདོད་པ་མྱོང་ཞིང་། རྫོགས་བྱེད་མི་དགེ་བས་བདེ་འགྲོ་ངན་འགྲོ་གཉི་གར་འབྲས་བུ་མི་འདོད་པ་མྱོང་བའོ། །དེ་ ཡང་དགེ་བས་བདེ་འགྲོར་འཕངས་ཀྱང་མི་དགེ་བས་རྫོགས་པ་མི་དབུལ་པོ་ལྟ་བུ་དང་། མི་ དགེ་བས་ངན་འགྲོར་འཕངས་ཀྱང་དགེ་བས་རྫོགས་པ་ཀླུ་འབྱོར་ལྡན་ལྟ་བུ་དང་། འཕེན་ རྫོགས་གཉི་ག་དགེ་བས་བྱས་པ་འཁོར་ལོ་བསྒྱུར་རྒྱལ་ལྟ་བུ་དང་། གཉི་ག་མི་དགེ་བས་ བྱས་པ་དམྱལ་བ་པ་ལྟ་བུའོ། །འཕེན་ཚུལ་ལའང་མུ་བཞི་སྟེ། ལས་གཅིག་གིས་ལུས་གཅིག་ འཕེན་པ་སྙིང་རྗེའི་སེམས་གསལ་བ་གཅིག་གིས་ཚངས་པ་སྐྱེས་པ་ལྟ་བུ་དང་། ལས་གཅིག་ གིས་ལུས་གཅིག་འཕེན་པ་མཆོད་རྟེན་ལ་ཕྱག་གུས་པ་གཅིག་ཕུལ་བས་ལུས་ཀྱིས་ནོན་པའི་ 3-1-351 རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོ་བསྒྱུར་བ་ཐོབ་པ་ལྟ་བུ་དང་། ལས་དུ་མས་ ལུས་གཅིག་འཕེན་པ་མཆོད་སྦྱིན་བརྒྱ་བྱས་པས་བརྒྱ་བྱིན་དུ་སྐྱེ་བ་ལྟ་བུ་དང་། ལས་དུ་མས་ ལུས་དུ་མ་འཕེན་པ་ཚུལ་ཁྲིམས་དུ་མ་བསྲུངས་པས་ལྷ་མི་རུ་ཐོབ་པ་ལྟ་བུའོ། །ལས་མང་པོ་ དང་ལྡན་པའི་རྣམ་སྨིན་ཇི་ལྟར་རིམ་གྱིས་མྱོང་བར་འགྱུར་སྙམ་ན། ལས་ནི་འཁོར་བར་ལྕི་ གང་དང་། །ཉེ་བ་གང་དང་གོམས་བྱས་གང་། །སྔོན་བྱས་གང་ཡིན་དེ་རྣམས་ལས། །སྔ་མ་སྔ་ མ་རྣམ་སྨིན་འགྱུར། །ཞེས་པ་ལྟར་ཐོག་མར་གང་ལྕི་བ་དེ་སྨིན་ཞིང་། ལྕི་ཡང་མཉམ་ན་འཆི་ ཁར་མངོན་དུ་གྱུར་པ་དང་། དེ་དག་མཉམ་ན་གོམས་པ་ཤས་ཆེ་བ་དང་། དེ་རྣམས་མཉམ་ ན་སྔོན་ལ་བྱས་པ་གང་ཡིན་པ་དེ་ཐོག་མར་སྨིན་པར་འགྱུར་རོ། །རྒྱུད་ལ་སོགས་པ་སྟོབས་ དང་ལྡན་པ་ནི་དགེ་བ་དང་མི་དགེ་བ་གང་སྔོན་ཡང་ཡང་གོམས་པར་བྱས་པ་ནི་རྒྱུད་ལ་བག་ ཆགས་བསྒོས་པའི་ཕྱིར་མ་གོམས་པ་ལས་སྟོབས་ཆེ་བ་དང་། ནར་སོན་པ་བྱས་པ་ནི་མངོན་ པར་ཞེན་པ་དྲག་པའི་ཕྱིར་གཞོན་ནུ་བས་སྟོབས་ཆེ་བ་དང་། འཕགས་པ་མིན་ཡང་ཕ་མ་དང་། ། ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་ མེད་པར་གསུངས། །ཞེས་པ་ལྟར་དེ་རྣམས་ལ་ཕན་པ་དང་གནོད་པ་བྱས་ནས་ཡུལ་གྱི་སྒོ་ ནས་གཞན་ལས་དགེ་བ་དང་མི་དགེ་བ་སྟོབས་ཆེ་བ་དང་། ཡང་ནས་ཡང་དུ་ལན་མང་པོ་ བྱེད་པ་དང་། སྦྱིན་པ་ཚུལ་ཁྲིམས་ཀྱི་གྲོགས་ཀྱིས་ཟིན་པ་དང་། སྲོག་གཅོད་རྐུ་བའི་གྲོགས་ ཀྱིས་ཟིན་པ་ལྟ་བུ་གྲོགས་ཀྱི་སྟོབས་ཆེ་བ་དང་། ཡང་རྟག་ཏུ་བྱེད་པ་དང་། བསམ་པ་དྲག་ པོས་བྱེད་པ་དང་། འགྱོད་སོགས་གཉེན་པོ་མེད་པ་དང་། ཡུལ་ཁྱད་པར་ཅན་ལ་བྱས་པ་ནི་ སྟོབས་ཆེ་སྟེ། བཤེས་སྤྲིང་དུ། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ ལྡན་གཞི་ལས་བྱུང་བ་སྟེ། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱོད་ལ་དོན་ ཡོད་མཛོད། །ཅེས་པ་ལྟར་རོ། །དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་ 3-1-352 པོ་བཞིན་ལྡན། །ཞེས་པ་ལྟར་རང་ཡང་བྱེད་གཞན་ཡང་བྱེད་དུ་འཇུག་བྱེད་པ་ལ་རྗེས་སུ་ཡི་ རངས་པའི་མི་དགེ་བ་དང་དགེ་བ་ལ་ཡང་དེ་བཞིན་དུ་སྦྱར་བ་ནི་སྐྱེ་བོ་མང་པོས་ཀྱང་སྟོབས་ དང་ལྡན་པའི་ལས་ལ་སོགས་པའོ། །ངོ་བོའི་སྒོ་ནས་ཕྱེ་ན་བདེ་བར་མྱོང་བར་འགྱུར་བའི་ ལས་ནི་འདོད་པའི་ཁམས་དང་གཟུགས་ཁམས་བསམ་གཏན་དང་པོ་གསུམ་འཕེན་པར་བྱེད་ པའི་དགེ་བའོ། །སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ནི་མི་དགེ་བ་གང་ཡིན་པའོ། །བཏང་ སྙོམས་མྱོང་བར་འགྱུར་བའི་ལས་ནི་བསམ་གཏན་བཞི་པ་དང་གཟུགས་མེད་དུ་འཕེན་པར་ བྱེད་པའི་དགེ་བའོ། །མྱོང་དུས་ཀྱིས་ཕྱེ་ན་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི། ཞིང་ དང་བསམ་པའི་ཁྱད་པར་ལས། །མཐོང་ཆོས་འབྲས་བུ་ཅན་དུ་འདོད། །ཅེས་པ་ལྟར་ཏེ་ཞིང་ གི་སྒོ་ནས། གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་ལངས་ པ། །དེ་ལ་ཕན་གནོད་བྱས་པ་ཡི། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། །ཞེས་པ་ལྟར་ འགོག་པའི་ཏིང་ངེ་འཛིན་དང་། བྱམས་པའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་མེད་པའི་ཏིང་ ངེ་འཛིན་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་རྣམས་ལས་ ལངས་པ་ལ་ཕན་པ་དང་གནོད་པ་བྱས་པ་དང་། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་ འདུན་མང་པོ་ལ་ཕན་པ་དང་གནོད་པ་བྱས་པའི་འབྲས་བུ་ཚེ་འདི་ལ་འབྱུང་བ་དབུལ་པོས་ སངས་རྒྱས་མཆོད་པའི་ས་ཞིང་གསེར་དུ་སྐྱེས་པ་དང་། དགེ་འདུན་ལ་བུད་མེད་ཅེས་བརྗོད་ པས་བརྗོད་པ་པོ་བུད་མེད་དུ་འགྱུར་བ་ལྟ་བུ་དང་། བསམ་པའི་སྒོ་ནས་དད་པ་ལ་སོགས་པ་ དང་ཉོན་མོངས་པ་ཤིན་ཏུ་དྲག་པོས་ཀུན་ནས་བསླང་བའི་དགེ་བ་དང་མི་དགེ་བ་སྤྱད་པ་ལས་ འབྲས་བུ་འཕྲལ་དུ་འབྱུང་བ་རྣམས། སྐྱེས་ནས་མྱོང་བར་འགྱུར་བ་ནི་སྐྱེ་བ་གཞན་གྱིས་བར་ མ་ཆོད་པར་ཚེ་ཕྱི་མ་ཁོ་ན་ལ་རྣམ་པར་སྨིན་པ་མྱོང་བ་མི་དགེ་བའི་ཁྱད་པར་མཚམས་མེད་པ་ ལྔ་དང་ཉེ་བའི་མཚམས་མེད་ལ་སོགས་པ་དང་། དགེ་བའི་ཁྱད་པར་སྟོབས་ལྡན་ཅི་རིགས་པ་ 3-1-353 རྣམས་སོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ནི་སྐྱེ་བ་གཉིས་པ་ཕན་ཆད་ཀྱིས་འཁོར་ བར་རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་ལས་ཀྱི་ཁྱད་པར་སྣ་ཚོགས་པའོ། །གཉིས་ཀས་ཕྱེ་ ན་ནག་ལ་རྣམ་སྨིན་ནག་པ་ནི་མི་དགེ་བ་གང་ཡིན་པ་སྟེ་བསམ་པ་ཉོན་མོངས་པ་ཅན་ཡིན་པ་ དང་འབྲས་བུ་མི་འདོད་པ་མྱོང་བའི་ཕྱིར་རོ། །དཀར་ལ་རྣམ་སྨིན་དཀར་བ་ནི་ཁམས་གསུམ་ པའི་དགེ་བ་ཟག་བཅས་ཏེ་བསམ་པ་ཉོན་མོངས་པ་ཅན་མ་ཡིན་པ་དང་འབྲས་བུ་འདོད་པ་ མྱོང་བའི་ཕྱིར་རོ། །ལས་དཀར་ནག་འདྲེས་པ་ལས་རྣམ་སྨིན་དཀར་ནག་འདྲེས་པ་མྱོང་བ་ནི་ འདོད་ཁམས་ཀྱི་དགེ་སྡིག་འདྲེས་མ་སྟེ། གཞན་སླུ་བའི་ཆེད་དུ་སྦྱིན་པ་གཏོང་བ་ལ་སོགས་པ་ བསམ་པས་ནག་ལ་སྦྱོར་བས་དཀར་བ་དང་། བུ་དང་སློབ་མ་ལ་སོགས་པ་ཕན་པའི་བསམ་ པས་ལུས་ངག་གིས་ཐོ་འཚམ་སྦྱོར་བས་ནག་ལ་བསམ་པས་དཀར་བའོ། །མི་ནག་ཅིང་དཀར་ ལ་རྣམ་པར་སྨིན་པར་མི་འགྱུར་ཞིང་ཟག་བཅས་ཀྱི་ལས་ཟད་པར་འགྱུར་བའི་ལས་ཀྱང་ཡོད་ དེ་སྦྱོར་བ་དང་བར་ཆད་མེད་པའི་ལམ་བསྒོམས་ན་ཟག་པ་མེད་པའི་ལས་རྣམས་སོ། །དེ་ ལྟར་བསམ་པར་ནུས་ཤིང་བསམ་པ་ལ་ཕན་ཡོན་ཡོད་པ་རྣམས་བསམ་པར་བྱའི། རྒྱུ་འབྲས་ ཀྱི་དབྱེ་བ་ཕྲ་མོ་རྣམས་ནི་སངས་རྒྱས་ལས་གཞན་པས་བསམ་གྱིས་མི་ཁྱབ་སྟེ་མཛོད་འགྲེལ་ དུ། རྨ་བྱའི་མདོངས་ནི་གཅིག་པུ་ལ། །རྒྱུ་ཡི་དབྱེ་བ་ཇི་སྙེད་པ། །དེ་མཁྱེན་པ་ནི་ཀུན་མཁྱེན་ ཏེ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཞེས་པ་ལྟར་རོ། །རང་གི་སོ་སོར་མྱོང་ཚུལ་ནི་རང་ རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་དང་ཐུན་མོང་མ་ཡིན་པར་རང་རང་གིས་ ཉམས་སུ་མྱོང་བར་འགྱུར་ཏེ་བསྟོད་པ་ལས། བྲམ་ཟེ་རྣམས་ནི་དགེ་སྡིག་དག །བྱིན་པ་ལེན་ བཞིན་འཕོ་བར་སྨྲ། །ཁྱོད་ཀྱིས་བྱས་ཆུད་མི་ཟ་དང་། །མ་བྱས་པ་དང་ཕྲད་མེད་གསུངས། ། ཞེས་པ་ལྟར་རོ། །དེ་ཡང་རྒྱུ་མི་དགེ་བ་ལས་འབྲས་བུ་མི་འདོད་པ་སྣ་ཚོགས་དང་། རྒྱུ་དགེ་ བ་ལས་འབྲས་བུ་འདོད་པ་སྣ་ཚོགས་སོ་སོར་མ་འདྲེས་པར་མྱོང་བར་འགྱུར་ཏེ། རིན་ཕྲེང་ 3-1-354 ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དེ། །དགེ་ལས་བདེ་ འགྲོ་ཐམས་ཅད་དང་། །རྣམ་པ་ཀུན་ཏུ་བདེ་བ་དག །ཅེས་པ་ལྟར་རོ། །དེ་བས་ན་ཚེ་འདིའི་ བདེ་བ་ཅུང་ཟད་ཀྱི་དོན་དུ་ལྷ་མཆོད་པ་དང་སྲིད་བསྐྱང་བའི་ལས་གསོག་པའི་ཕྱིར་སྡིག་པའི་ ལས་བྱ་བར་མི་རིགས་ཏེ། ཁྱོད་ཀྱིས་ལྷ་དང་དྲང་སྲོང་བྲམ་ཟེ་དང་། །ཡབ་ཡུམ་བཙུན་མོ་སྲས་ དང་བློན་པོ་དང་། །འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །དམྱལ་བའི་སྡུག་བསྔལ་སྐལ་ནོད་ འགའ་མ་མཆིས། །ཞེས་པ་ལྟར་རོ། ། འཁོར་བའི་ཉེས་དམིགས་བསམ་པ་ནི། རིགས་དྲུག་གང་དུ་སྐྱེས་ན་ཡང་། །སྡུག་བསྔལ་ འབའ་ཞིག་བདེ་བ་མེད། །དགྲ་གཉེན་ལ་སོགས་ངེས་པ་མེད། །འཕོ་ཞིང་བླར་དོར་ཚུལ་མི་ ཤེས། །ཞེས་པ་ལྟར་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་ ཁམས་གསུམ་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་དེ། རྒྱུད་བླ་ མར། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་པ་དང་མདོ་རྒྱན་ལས། འཁོར་བ་ཁབ་ཀྱི་ རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པ་ལྟར་རོ། །འདོད་ཡོན་ལ་སྤྱོད་པའི་བདེ་ བ་ཅུང་ཟད་ཡོད་ནའང་དེ་ཉིད་དངོས་སུ་འགྱུར་བའི་སྡུག་བསྔལ་ཡིན་ཞིང་། བརྒྱུད་ནས་སྡུག་ བསྔལ་གྱི་སྡུག་བསྔལ་སྐྱེད་བྱེད་ཡིན་པའི་ཕྱིར་ཆགས་པར་མི་རིགས་ཏེ། འཛིན་རྟེན་འདི་ དང་ཕ་རོལ་ཏུ། །འདོད་པ་རྣམས་ནི་ཕུང་ཁྲོལ་སྐྱེད། །འདིར་ནི་བསད་དང་བཅིང་དང་གཅོད། ། ཕ་རོལ་ཏུ་ནི་དམྱལ་སོགས་སྒྲུབ། །ཅེས་པ་ལྟར་རོ། །དེ་ཡང་མྱ་ངན་བསལ་བར། །ཡང་ དང་ཡང་དུ་དམྱལ་བ་ཡི། །ཟངས་ཞུན་སྐོལ་བ་གང་འཐུང་བ། །རྒྱ་མཚོ་བཞི་ཡི་ཆུ་ཡིས་ཀྱང་། ། དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཞེས་པ་ལྟར། དམྱལ་བ་རྣམས་ལ་ཚ་གྲང་གཅོད་འདྲལ་ལ་ སོགས་པའི་སྡུག་བསྔལ་དང་། ཡི་དྭགས་ལ་འཇིག་རྟེན་མི་ཟད་པར་བཀྲེས་སྐོམ་སྡུག་བསྔལ་ 3-1-355 གང་མྱོང་བ་དང་། དེ་ཉིད་དྲན་ཕྱིར་རང་གི་སྙིང་། །རང་གི་ཤ་ཡང་འདོད་མི་འགྱུར། །ཞེས་ པ་ལྟར་ཡི་དྭགས་རྣམས་ལ་བཀྲེས་ཤིང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་དང་། །ཁྱི་དང་ ཕག་ཏུ་གྱུར་པ་ན། །མི་གཙང་བཟོས་པ་གང་ཡིན་པ། །རི་ཡི་རྒྱལ་པོ་ལྷུན་པོ་ཡི། །ཚད་ལས་ ཤིན་ཏུ་ལྷག་པར་འགྱུར། །ཞེས་པ་ལྟར་དུད་འགྲོ་རྣམས་ལ་འཚོ་བ་དམན་པ་ལ་སོགས་པའི་ སྡུག་བསྔལ་དང་། འཛའ་བཤེས་རབ་ཏུ་བྲལ་བ་ཡིས། །འཁོར་བའི་གནས་སུ་གང་ངུས་པའི། ། མིག་གི་མཆི་མའི་ཐིགས་པ་ཡི། །སྣོད་དུ་རྒྱ་མཚོའང་རུང་མ་ཡིན། །ཞེས་པ་ལྟར་མི་རྣམས་ ལའང་། གཉེན་སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། ཕན་ཚུན་འཐབ་ཅིང་རྩོད་པའི་ཕྱིར་ དུ་མགོ་བཅད་པ་གང་ཡིན་ནས། སྤུངས་ན་དེ་ལྟར་མཐོ་བ་ནི། །ཚངས་པའི་འཇིག་རྟེན་ལས་ ཀྱང་ཐལ། །ཞེས་པ་ལྟར་དགྲ་མི་སྡུག་པ་དང་འཐབ་པའི་སྡུག་བསྔལ། མི་ལ་དབུལ་བའི་ཉེས་ པ་ཡིས། །ཐོ་འཚམ་པ་ནི་གང་མྱོང་དེ། །བརྗོད་པ་བདག་ལ་མཐུ་མེད་པ། །རང་གི་ལྕེ་ལ་ངོ་ཚ་ བཞིན། །ཞེས་པ་ལྟར་དབུལ་ཞིང་ཕོངས་པ་ལ་སོགས་པའི་སྡུག་བསྔལ་དྲན་པ་ཉེར་བཞག་ཏུ། ལྷ་ཡི་གནས་ནས་ལྷུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་ནི། །དེ་ལ་སེམས་ཅན་དམྱལ་བ་ཡི། ། བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པ་ལྟར་ལྷ་རྣམས་ལའང་འཆི་འཕོ་ལྟུང་འགྱུར་གྱི་སྡུག་ བསྔལ་དང་། ལྷ་མིན་དག་ནས་རང་བཞིན་གྱིས་ལྷ་ཡིས། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་ བསྔལ་ཆེ། །ཞེས་པ་ལྟར་ལྷ་མ་ཡིན་རྣམས་ལའང་ཕྲག་དོག་གི་དབང་གིས་འཐབ་རྩོད་པ་ལ་ སོགས་པའི་སྡུག་བསྔལ་དང་། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་ མེ་ཡི་བུད་ཤིང་འགྱུར་བ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལ་ལོ། །ཞེས་པ་ལྟར་ ཁམས་གོང་མར་སྐྱེས་ནས་ཀྱང་དམྱལ་བར་ལྷུང་བ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་ པ་སྔར་ཡང་མྱོང་ལ། ལམ་མ་བསྒོམ་ན་ད་དུང་མྱོང་བར་འགྱུར་ཞིང་ཁམས་གསུམ་གྱི་ཚོར་ བ་མཐའ་དག་སྡུག་བསྔལ་གསུམ་གྱི་ངོ་བོ་ཡིན་པས་འཁོར་བ་ལས་མ་ཐར་ན་བདེ་བའི་གོ་ 3-1-356 སྐབས་ཅུང་ཟད་ཀྱང་མེད་དེ། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང་། །དམྱལ་བ་དུད་འགྲོ་ ཡི་དྭགས་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་འགྱུར་ ལགས་མཁྱེན་མཛོད། །ཅེས་པ་ལྟར་རོ། ། དགྲ་དང་གཉེན་ལ་སོགས་པ་ལའང་མཐའ་གཅིག་ཏུ་ངེས་པ་མེད་ཅིང་དེ་དག་གི་དོན་ སྡུག་བསྔལ་ལ་སྤྱོད་པའང་དོན་མེད་པ་ཉིད་དེ་སྐྱེ་བ་སྔ་ཕྱི་ལ་ལྟོས་ནས། ཕ་ནི་བུ་ཉིད་མ་ནི་ ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་དག་བཤེས་ཉིད་དེ། །བཟློག་པ་ཉིད་དུའང་མཆི་བས་དེ་ ཡི་སླད། །འཇིག་རྟེན་དེ་ན་ངེས་པ་འགའ་མ་མཆིས། །ཞེས་པ་དང་། ཚེ་འདི་ཉིད་དུའང་། སྐད་ ཅིག་གཅིག་གིས་མཛའ་འགྱུར་ལ། །ཡུད་ཙམ་གྱིས་ནི་དགྲར་ཡང་འགྱུར། །ཞེས་པ་ལྟར་རོ། ། འཁོར་བ་ཐོག་མ་མེད་པ་ནས་སྡུག་བསྔལ་སྣ་ཚོགས་མྱོང་ཞིང་བདེ་བ་ལྟར་སྣང་ཅུང་ཟད་མྱོང་ ཡང་ཐེ་ཚོམ་པ་མེད་ལ། ད་དུང་ལམ་མ་བསྒོམས་ན་མཐའ་མེད་པར་འཁྱམས་པར་འགྱུར་ཏེ། སློབ་སྤྲིང་དུའང་། སྔོན་ཆད་ལན་མང་མ་མྱོང་སྡུག་བསྔལ་དེ་ཡོད་མིན། །འགྲོ་བ་གང་གིས་ ཚེ་གཅིག་འགྱུར་འདོད་བདེ་དག་མེད། །ཅེས་པ་དང་། རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། ། འོ་མ་འཐུངས་ཏེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་པས། །དེ་བས་ཆེས་ མང་ཉིད་ཅིག་བཏུང་འཚལ་ལོ། །ཞེས་པ་ལྟར་རོ། །བདེ་བ་ཟག་བཅས་ཅི་རིགས་མྱོང་ཡང་ འཕོ་ཞིང་མི་རྟག་པས་སྙིང་པོ་མེད་དེ། འཁོར་ལོ་བསྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་ བ་དག་ན་ཡང་བྲན་ཉིད་དུ་འགྱུར། །བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང་། །ལས་ ཀྱི་དབང་གིས་སླར་ཡང་ས་སྟེང་ལྷུང་། །ཞེས་པ་དང་། ཉི་མ་ཟླ་བ་ཐོབ་ནས་རང་ལུས་ཀྱི། ། འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། ། རང་གི་ལག་པ་བརྐྱང་བའང་མཐོང་མི་འགྱུར། །ཞེས་པ་དང་། བདེ་འགྲོར་ཡང་དང་ཡང་ འོངས་ཏེ། །བདེ་བ་མང་པོ་སྤྱད་སྤྱད་ནས། །ཤི་ནས་ངན་སོང་སྡུག་བསྔལ་ནི། །ཡུན་རིང་མི་ 3-1-357 ཟད་རྣམས་སུ་ལྷུང་། །ཞེས་པ་ལྟར་རོ། །སྡུག་བསྔལ་དང་བྲལ་བར་འདོད་ཀྱང་དགེ་བ་སྒྲུབ་ པ་དང་། སྡིག་པ་སྤོང་བ་ལ་སོགས་པའི་བླང་དོར་མི་ཤེས་པའི་སྒོ་ནས་རྨོངས་ཤིང་འཁོར་བར་ འགྱུར་ཏེ། རྒྱན་ལས། སྐྱེ་བོ་རྨོངས་པ་རང་གི་བདེ་དོན་བརྩོན། །དེ་མ་ཐོབ་པས་རྟག་ཏུ་སྡུག་ བསྔལ་འགྱུར། །ཞེས་པ་དང་། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་ བདེ་བ་དགྲ་ལྟར་འཇོམས། །ཞེས་པ་ལྟར་རོ། ། ཐར་པའི་ཕན་ཡོན་བསམས་པ་ལ། །ཐར་པ་མཐར་ཐུག་སངས་རྒྱས་ཏེ། །སྐུ་གསུམ་ཡེ་ ཤེས་ལྔ་ཡི་བདག །ཡོན་ཏན་ཕུན་སུམ་ཚོགས་པ་དང་། །ཕྲིན་ལས་རྣམ་པར་དག་པ་ཅན། ། ཞེས་པ་ལྟར་བཞི་ལས། སྐུ་གསུམ་ནི་མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ། ཟག་པ་མེད་པའི་ཆོས་རྣམས་ཀུན། །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་ མཚན་ཉིད་ཅན། །ཞེས་པ་ལྟར་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྤང་བྱ་གློ་བུར་གྱི་ དྲི་མ་མཐའ་དག་དང་བྲལ་ནས་ཟག་པ་མེད་པའི་ཡོན་ཏན་གྱི་ཆོས་ཐམས་ཅད་མངོན་དུ་གྱུར་ པས་རང་དོན་མཐར་ཕྱིན་པ་ངོ་བོ་ཉིད་ཀྱི་སྐུ་དང་། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་ བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་ སྤྱོད་རྫོགས་སྐུར་བཞེད། །ཅེས་པ་ལྟར་གནས་འོག་མིན་ཆེན་པོར་སྐུ་མཚན་དང་དཔེ་བྱད་ ཀྱིས་བརྒྱན་པས་འཁོར་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཐེག་པ་ཆེན་པོ་ཁོ་ན་དུས་རྒྱུན་ མི་ཆད་པར་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། གང་གི་སྲིད་པ་ཇི་སྲིད་བར། །འགྲོ་ལ་ ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་ པ་ལྟར་དུས་འཁོར་བ་མ་སྟོངས་ཀྱི་བར་དུ་འཁོར་ཐུན་མོང་བའི་གདུལ་བྱ་མཐའ་ཡས་པ་ རྣམས་ལ་གང་ལ་གང་སེམས་ཀྱི་རྣམ་འཕྲུལ་སྣ་ཚོགས་བསྟན་ནས་ཕན་འདོགས་པས་གཞན་ 3-1-358 དོན་མཐར་ཕྱིན་པར་མཛད་པ་སྤྲུལ་པའི་སྐུའོ། །ཡེ་ཤེས་ལྔ་ནི་རྒྱན་ལས། ཆོས་རྣམས་ཀུན་ གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །དངོས་པོ་ཤེས་པ་དེ་ལ་དམིགས། ། དབང་ཟད་མི་ཤེས་མཚན་ཉིད་ཅན། །ཞེས་པ་ལྟར་ཆོས་ཐམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ སྒྲིབ་པ་མཐའ་དག་དང་བྲལ་བ་མངོན་སུམ་དུ་རྟོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མེ་ལོང་ཡེ་ཤེས་ང་ཡིར་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། ། རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་པ་ལྟར་བདག་དང་བདག་གིར་འཛིན་པ་མེད་བཞིན་ དུ་ཤེས་བྱ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་རྟག་ཏུ་རྒྱུན་མི་ཆད་པར་མངོན་སུམ་དུ་ རྟོགས་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་ཉིད་ཡེ་ཤེས་སེམས་ཅན་ལ། །རྣམ་རྟོག་དག་ པ་ལས་འདོད་དེ། །མི་གནས་ཞི་བར་བཞུགས་པ་དེ། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། ། ཅེས་པ་ལྟར་སྔོན་བདག་གཞན་མཉམ་པ་ཉིད་དུ་བསྒོམས་པ་ལས་ཕྱིས་མི་གནས་པའི་མྱ་ ངན་ལས་འདས་པ་ཐོབ་པ་ནི་སྲིད་ཞིའི་རང་བཞིན་མཉམ་པ་ཉིད་དུ་རྟོགས་པ་མཉམ་པ་ཉིད་ ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་ འཛིན་དང་གཟུངས་རྣམས་ཀྱི། །རྟེན་དང་འདྲ་བ་ཁོ་ན་ཡིན། །ཞེས་པ་ལྟར་ཏིང་ངེ་འཛིན་དང་ གཟུངས་ཀྱི་སྒོ་མཐའ་ཡས་པ་དང་ལྡན་ཞིང་ཤེས་བྱ་མཐའ་དག་མ་འདྲེས་པར་མངོན་སུམ་དུ་ རྟོགས་པ་སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་ནི། ཁམས་རྣམས་ཀུན་ཏུ་ སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་སྒྲུབ་པའོ། ། ཞེས་པ་ལྟར་འཇིག་རྟེན་གྱི་ཁམས་མཐའ་ཡས་རྣམས་སུ་སྣ་ཚོགས་པའི་གདུལ་བྱའི་བསམ་ པ་དང་མཐུན་པར་གང་ལ་གང་འདུལ་གྱི་ཕྲིན་ལས་སྒྲུབ་ཚུལ་མཁྱེན་པ་བྱ་བ་གྲུབ་པའི་ཡེ་ ཤེས་རྣམས་སོ། །ཡོན་ཏན་ནི་ཆོས་སྐུ་ལ་མངའ་བ་བྲལ་འབྲས་ཀྱི་ཡོན་ཏན་དང་གཟུགས་སྐུ་ ལ་མངའ་བ་སྨིན་འབྲས་ཀྱི་ཡོན་ཏན་གཉིས་ལས་དང་པོ་ལ་སྟོབས་བཅུ་དང་མི་འཇིགས་པ་ 3-1-359 བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དེ། སྟོབས་བཅུ་ནི་རྒྱུད་བླ་མར། གནས་ དང་གནས་མིན་ལས་རྣམས་ཀྱི། །རྣམ་པར་སྨིན་དང་དབང་པོ་དང་། ཁམས་རྣམས་དང་ནི་ མོས་པ་དང་། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་རྣམ་པར་དག་པ་ དང་། །གནས་ནི་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཞི་བ་དག །མཁྱེན་པའི་སྟོབས་ནི་རྣམ་ པ་བཅུ། །ཞེས་པ་རྣམས་ཀྱི་དང་པོ་རྒྱུ་འབྲས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ ཀྱིས་གདུལ་བྱ་རྣམས་ཐབས་ངན་པས་བསླུ་བའི་བདུད་འཇོམས་ཤིང་། ལས་ཀྱི་རྣམ་པར་ སྨིན་པ་སོ་སོར་མྱོང་བ་མཁྱེན་པའི་སྟོབས་ཀྱིས་སྐྱབས་དམན་པས་བསླུ་བའི་བདུད་འཇོམས་ ལ། བསམ་གཏན་སོགས་དག་མ་དག་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་པའི་ལམ་གྱི་དག་ པ་ལས་བསླུ་བའི་བདུད་འཇོམས་པ་དང་། ལྷག་མ་རྣམས་ཀྱིས་ཐེག་པ་ཆེན་པོ་ངེས་པར་ འབྱུང་བ་ལས་བསླུ་བའི་བདུད་འཇོམས་པ་སྟེ། རྒྱན་ལས། ཐབས་དང་སྐྱབས་དང་དག་པ་ དང་། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་ འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །མི་འཇིགས་པ་བཞི་ནི་རང་དོན་ལས་ བརྩམས་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་བརྙེས་པ་དང་། ཟག་པ་བག་ ཆགས་དང་བཅས་པ་མ་ལུས་པ་སྤངས་པ་དང་། གཞན་དོན་ལས་བརྩམས་ཏེ་ངེས་པར་འབྱུང་ བའི་ལམ་ཐམས་ཅད་དང་། བར་དུ་གཅོད་པའི་ཆོས་ཐམས་ཅད་སྟོན་པ་ལ། གཞན་མུ་སྟེགས་ ལ་སོགས་པས་ཆོས་དང་མཐུན་པར་རྒོལ་བའི་འཇིགས་པ་མི་མངའ་བ་སྟེ། རང་གཞན་དོན་ དང་ཡེ་ཤེས་དང་། །སྤངས་དང་ངེས་འབྱུང་བགེགས་མཛད་དང་། །སྟོན་མཛད་མུ་སྟེགས་ གཞན་དག་གིས། །མི་རྫི་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །མ་འདྲེས་པའི་ཆོས་ བཅོ་བརྒྱད་ནི། སྐུའི་སྤྱོད་པ་ལ་རྒྱུད་བླ་མར། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་པའི་ཐུགས་ ཀྱི་སྤྱོད་པ་ལ་དྲན་ནས་ཉམས་པ་མི་མངའ་བ་དང་། །མཉམ་པར་མ་བཞག་ཐུགས་མི་མངའ། ། 3-1-360 འདུ་ཤེས་སྣ་ཚོགས་མི་མངའ་ཞིང་། །མ་བརྟགས་བཏང་སྙོམས་མི་མངའ་བ། །ཞེས་པ་ལྟར་ སྤྱོད་པས་བསྡུས་པ་དྲུག་དང་། འདུན་དང་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་རྣམ་གྲོལ་ རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་མི་མངའ། །ཞེས་པ་ལྟར་རྟོགས་པས་བསྡུས་པ་ དྲུག་དང་། ལས་གསུམ་ཡེ་ཤེས་སྔོན་འགྲོ་དང་། །ཞེས་པ་ལྟར་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འཇུག་པ་གསུམ་དང་། དུས་ལའང་ཡེ་ ཤེས་སྒྲིབ་པ་མེད། །ཅེས་པ་ལྟར་འདས་མ་འོངས་ད་ལྟར་བའི་དུས་ལ་མ་ཆགས་མ་ཐོགས་ པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་གསུམ་རྣམས་གཞན་ལ་མངོན་དུ་མ་གྱུར་ཞིང་སངས་ རྒྱས་ཁོ་ནར་མངའ་བས་མཆོག་ཏུ་གྱུར་པ་སྟེ་རྒྱན་ལས། སྤྱོད་པ་དང་ནི་རྟོགས་པ་དང་། །ཡེ་ ཤེས་དང་ནི་ཕྲིན་ལས་ཀྱི། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ ལོ། །ཞེས་པ་ལྟར་རོ། །སྨིན་འབྲས་ཀྱི་ཡོན་ཏན་ནི་མངོན་རྟོགས་རྒྱན་ལས། ཕྱག་ཞབས་ འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཞེས་པ་ལ་སོགས་པ་མཚན་བཟང་པོ་སུམ་ཅུ་རྩ་ གཉིས་དང་། ཐུབ་པའི་སེན་མོ་ཟངས་མདོག་དང་། །ཞེས་པ་ལ་སོགས་པ་དཔེ་བྱད་བཟང་ པོ་བརྒྱད་ཅུས་བརྒྱན་པའི་སྐུ་གདུལ་བྱ་རྣམས་ཀྱིས་མཐོང་མ་ཐག་ཏུ་འདི་དག་ནི་གདོན་མི་ ཟ་བར་སྐྱེས་བུ་དམ་པའོ་ཞེས་ཡིད་ཆེས་ཤིང་དང་བའི་དད་པ་སྐྱེས་ནས་ཕན་འདོགས་པར་ མཛད་པ་སྟེ། རྒྱན་ལས། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་ འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ ལྟར་རོ། །རྣམ་པར་དག་པའི་ཕྲིན་ལས་ནི། །གདུལ་བྱ་ཇི་སྲིད་གནས་ཀྱི་བར། །འབད་རྩོལ་ མེད་ཅིང་ལྷུན་གྲུབ་ཏུ། །རྒྱུན་མི་ཆད་པར་འཇུག་པའོ། །དེ་ཡང་རྒྱན་ལས། ཇི་ལྟར་རྔ་དག་ མ་བརྡུངས་པར། །སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར། །སངས་རྒྱས་རྣམས་ཀྱང་བཟོ་མེད་པར། ། བཤད་པ་དག་ནི་ཀུན་ཏུ་འབྱུང་། །ཞེས་པ་ལྟར་རྔ་བོ་ཆེ་ལ་འབད་རྩོལ་མེད་བཞིན་དུ་ཆོས་ཀྱི་ 3-1-361 སྡོམ་བཞིས་ལྷ་རྣམས་ལ་ཕན་འདོགས་པ་ལྟར་སངས་རྒྱས་རྣམས་ཀྱང་འབད་པ་དང་རྩོལ་ བ་མི་མངའ་བར་ཐེག་པ་གསུམ་གྱི་ཆོས་ཀྱི་སྒྲ་དབྱངས་ཀྱིས་གདུལ་བྱ་མཐའ་ཡས་པ་སྨིན་ པར་མཛད་ཅིང་། ཇི་ལྟར་ནོར་བུ་འབད་མེད་པར། །རང་གི་འོད་ནི་སྟོན་པ་ལྟར། །རྒྱལ་བ་ རྣམས་ཀྱང་བཟོ་མེད་པར། །དེ་བཞིན་མཛད་པའི་ངེས་པར་སྟོན། །ཞེས་པ་ལྟར་ནོར་བུ་རིན་ པོ་ཆེ་ལ་རྣམ་རྟོག་དང་རྩོལ་བ་མེད་བཞིན་དུ་འོད་ཟེར་གྱིས་མུན་པ་སེལ་བ་ལྟར་སངས་རྒྱས་ རྣམས་ཀྱང་འབད་པ་དང་རྩོལ་བ་མི་མངའ་བར་ཕྲིན་ལས་ཀྱི་སྣང་བ་ཚད་མེད་པས་གདུལ་ བྱ་རྣམས་ཀྱི་མ་རིག་པའི་མུན་པ་སེལ་བར་མཛད་པ་ནི་ལྷུན་གྱིས་གྲུབ་པའི་དོན་ནོ། །ཇི་ལྟར་ མཁའ་ལ་འཇིག་རྟེན་གྱི། །བྱ་བ་རྒྱུན་མི་ཆད་པ་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང་། ། རྒྱལ་བའི་མཛད་པ་རྒྱུན་མི་ཆད། །ཅེས་པ་ལྟར་འདུས་མ་བྱས་ནམ་མཁའི་དབྱིངས་སུ་འདུས་ བྱས་འཇིག་རྟེན་གྱི་ཁམས་རྣམས་ཀྱི་བྱ་བ་ཆགས་འཛིན་རྒྱུན་མི་ཆད་པ་ལྟར་སངས་རྒྱས་ རྣམས་ཀྱང་ཟག་པ་མེད་པའི་དབྱིངས་ལས་མ་གཡོས་བཞིན་དུ་གདུལ་བྱ་རྣམས་ལ་གང་ལ་ གང་འདུལ་གྱི་ཕྲིན་ལས་རྒྱུན་མི་ཆད་པ་མཛད་ཅིང་། ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་ བ་ཉམས་ཤིང་སྐྱེ་བ་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང་། །སངས་རྒྱས་ཕྲིན་ལས་སྐྱེ་ ཞིང་འབྲི། །ཞེས་པ་ལྟར་ནམ་མཁའི་ཁམས་སུ་འདུས་བྱས་ཀྱི་དངོས་པོ་རྣམས་འགའ་ཞིག་ འཇིག་ཅིང་འགའ་ཞིག་འཆགས་པ་ལྟར། ཟག་པ་མེད་པའི་དབྱིངས་ལས་ཀྱང་གདུལ་བྱ་དུས་ ལ་མ་བབ་པ་རྣམས་ལ་ཕྲིན་ལས་མི་འཇུག་ཅིང་། དུས་ལ་བབ་པ་རྣམས་ལ་ནམ་ཡང་མི་བསླུ་ བར་འཇུག་པའི་ཚུལ་གྱིས་རྒྱུན་མི་ཆད་པ་ཉིད་དེ། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་རྣམས་ ཀྱི་གནས། །དུས་ལས་ཡོལ་བར་འགྱུར་བའང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། ། སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་པ་ལྟར་རོ། །ཆུ་ཐམས་ཅད་རྒྱ་མཚོ་ཆེན་པོར་ འདྲེས་པ་ན་བྱ་བ་གཅིག་བྱེད་པ་ལྟར་སངས་རྒྱས་ཐམས་ཅད་དོན་དམ་ཆོས་ཀྱི་སྐུར་འདྲེས་ 3-1-362 ནས་ཕྲིན་ལས་ཀྱང་འདྲེས་པའི་ཚུལ་གྱིས་འཇུག་ཅིང་འབད་རྩོལ་དང་། རྣམ་རྟོག་མི་མངའ་བ་ ཉིད་དེ། ཐེག་བསྡུས་སུ། ཀུན་ཀྱང་འདྲེས་པའི་ཕྲིན་ལས་ཅན། །རྒྱ་མཚོ་ཆུ་འདྲ་སངས་རྒྱས་ རྣམས། །བྱ་བ་བྱེད་དོ་བྱའོ་ཞེས། །གཞན་གྱི་དོན་ལ་རྟོག་མི་མངའ། །ཞེས་པ་ལྟར་རོ། །དོན་ དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་སྙིང་པོར་བཞུགས་པས་ སྒྲིབ་པ་སྤངས་པ་ཙམ་གྱིས་མངོན་དུ་འགྱུར་བའི་ཕྱིར་སྒྲུབ་པར་དཀའ་བའང་མ་ཡིན་ཏེ་རྒྱུད་ བླ་མར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པ་ལྟར་རོ། །བསམ་ནས་ བླང་དོར་བྱེད་ཚུལ་ནི་མི་ལུས་རིན་པོ་ཆེ་ཐོབ་ཅིང་། དམ་པའི་ཆོས་དང་མཇལ་དུས་སུ་སྐྱེས་བུ་ དམ་པའི་སྤྱོད་པ་ལ་བརྟེན་ནས་བླང་དོར་གྱི་ཚུལ་ལ་སྤྲོ་བས་འཇུག་པར་རིགས་ཏེ། དབུ་མ་ སྙིང་པོར། དམ་ཆོས་སྒྲོན་མ་དང་བཅས་ཤིང་། །མི་ཁོམ་བརྒྱད་སྤང་ཡང་དག་པའི། །སྐྱེས་བུ་ ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་བྱ་བའི་རིགས། །ཞེས་པ་ལྟར་རོ། ། དེ་ལྟར་ཐར་པའི་ཕན་ཡོན་དང་འཁོར་བའི་ཉེས་དམིགས་ཤེས་པའི་སྒོ་ནས། བྱང་ཆུབ་ སེམས་དཔའི་སྤྱོད་པ་མ་སྤངས་པར་ལམ་རྣམ་དག་ལ་སྤྲོ་བས་ཞུགས་ན། འབྲས་བུ་བྱང་ཆུབ་ ཆེན་པོ་མྱུར་དུ་ཐོབ་པར་འགྱུར་བའི་ཕྱིར་ཡང་འབད་པར་རིགས་ཏེ། བདག་ལྟ་རིགས་ཀྱི་ མིར་སྐྱེས་ནས། །ཕན་དང་གནོད་པ་ངོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གི་ བྱང་ཆུབ་ཅིས་མི་ཐོབ། །ཅེས་པ་ལྟར་རོ། །བླང་དོར་གྱི་ཚུལ་ཡང་གོ་བའི་བརྗོད་པ་ཙམ་གྱིས་ མི་ཆོག་ཅིང་། ཤེས་པ་ལྟར་ཉམས་སུ་ལེན་པ་ལ་འབད་དགོས་ཏེ། ལུས་ཀྱིས་འདི་དག་སྤྱད་ པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། །ནད་ པ་དག་ལ་ཕན་འགྱུར་རམ། །ཞེས་པ་ལྟར་རོ། །བདག་ལྟ་བུས་བྱང་ཆུབ་སྒྲུབ་མི་ནུས་སྙམ་དུ་ ཞུམ་པ་དང་སྒྱིད་ལུག་པ་སྤངས་ཏེ། སྔོན་གྱི་སངས་རྒྱས་རྣམས་ཀྱང་མིར་གྱུར་པ་ན་ཐེག་ཆེན་ 3-1-363 གྱི་ཆོས་ལ་བཞུགས་ནས་གཞན་དོན་མཛད་པ་ལས་གྲུབ་པའོ་སྙམ་དུ་བསམས་ནས་ཀྱང་སྤྲོ་ བས་འཇུག་པར་རིགས་ཏེ། ཞུམ་བཅས་རྩོལ་བ་དོར་བ་ཡིས། །ཕོངས་ལས་ཐར་བར་འགྱུར་ རམ་ཅི། །ང་རྒྱལ་རྩོལ་བ་སྐྱེད་པ་ན། །ཆེན་པོ་ཡིས་ཀྱང་ཐུབ་པ་དཀའ། །ཞེས་པ་དང་། རྒྱན་ ལས། གང་ཕྱིར་སེམས་ཅན་མིར་གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །ཞེས་པ་ལྟར་རོ། །དུས་ངན་པ་བསྟན་པ་ འཇིག་པ་ལ་ཉེ་བའི་དུས་སུ་རིག་ནས་ཀྱང་བླང་དོར་ལ་བག་ཡོད་པས་བརྩོན་པར་རིགས་ཏེ། མཛོད་ལས། དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། ། སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་པ་འདོད་པ་རྣམས་ཀྱིས་བག་ཡོད་བྱོས། ། ཞེས་པ་ལྟར་རོ། ། ༈ གཉིས་པ་དངོས་གཞི་བྱང་སེམས་སྦྱང་བ་ལའང་རྩ་བ་སྙིང་རྗེ་ཆེན་པོ་སྐྱེ་དགོས་ཏེ། རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། །ཆོས་ལ་མོས་ དང་དེ་བཞིན་དེའི། །ཡེ་ཤེས་ཚོལ་བར་དམིགས་པའོ། །ཞེས་པ་དང་། སྙིང་རྗེ་ཆེན་པོ་ཡོན་ ཏན་འབྱུང་གནས་ཀྱི། །སེམས་ཅན་རྣམས་ལ་སྙིང་རྗེ་སུ་མི་བྱེད། །འདི་ལྟར་དེ་དག་ལས་ནི་ སྡུག་བསྔལ་ཡང་། །བརྩེ་བསྐྱེད་བདེ་བ་གཞལ་དུ་མེད་པར་འགྱུར། །ཞེས་པ་དང་། སྙིང་རྗེས་ ཟིན་པའི་བརྩེ་ལྡན་རྣམས། །ཞི་ལའང་ཡིད་ནི་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ ལ། །ཆགས་པར་འགྱུར་བ་སྨོས་ཅི་དགོས། །ཞེས་པ་དང་། མདོ་ལས། སྤྱན་རས་གཟིགས་ ཀྱིས་གསོལ་པ། སངས་རྒྱས་ཐོབ་པར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱིས་ ཏེ། ཆོས་གཅིག་ལ་བསླབ་པར་བགྱིའོ། །དེ་གང་ཞེ་ན། སྙིང་རྗེ་ཆེན་པོའོ། །ནང་ལ་སྙིང་རྗེ་ ཆེན་པོ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པར་འགྱུར་རོ། ། ཞེས་པ་དང་བློ་གྲོས་རྒྱ་མཚོའི་མདོ་ལས། སངས་རྒྱས་ཐོབ་པར་བྱེད་པའི་ཆོས་ནི་གཅིག་སྟེ། 3-1-364 བདག་གི་བདེ་བ་ལ་མ་ཆགས་པའི་སྙིང་རྗེ་ཆེན་པོའི་ཞེས་པ་ལྟར་རོ། ། དེ་ཡང་སྐྱེས་སླ་བ་དང་དཀའ་བ་དང་ཐམས་ཅད་ལ་རིམ་གྱིས་བསྒོམ་པར་བྱ་སྟེ། དང་པོ་ ལའང་། དྲིན་ཆེ་བ་དང་། སྡུག་བསྔལ་ཆེ་བ་དང་། སྡིག་པ་ཆེ་བ་ལ་སྒོམ་པ་གསུམ་ལས། དང་ པོ་ནི། ཚེ་འདིར་དྲིན་ཆེ་ཤོས་རང་གི་མ་འདི་ཉིད་ཡིན། འདིས་ཕན་པ་འབའ་ཞིག་བསྒྲུབས། གནོད་པ་མཐའ་དག་ལས་བསྲུངས། བདག་གི་དོན་དུ་སྡིག་པ་མང་པོ་སྤྱད། སྡུག་བསྔལ་སྣ་ ཚོགས་མྱོང་བ་སྙིང་རྗེ་སྙམ་དུ་ཞེ་ཐག་པ་ནས་ཡུན་རིང་དུ་བསྒོམ་ཞིང་། དེའི་སྡུག་བསྔལ་སེལ་ བ་ལའང་རང་ལ་ནུས་པ་མེད་པས་དཀོན་མཆོག་ལ་གསོལ་བ་དྲག་ཏུ་གདབ་བོ། །དེ་བཞིན་ དུ་ཕ་ལ་སོགས་གང་ཉེ་བ་དང་དྲིན་ཆེ་བ་རྣམས་ལ་བསྒོམ་མོ། །དེ་ནས་སྡུག་བསྔལ་ཆེ་བ་ དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ཀྱི་སྡུག་བསྔལ་གྱི་ཁྱད་པར་སྔར་བཤད་པ་རྣམས་བསམ་ སྟེ། འདི་རྣམས་ཀྱིས་ཀྱང་བདག་གི་མ་བྱས་པའི་དུས་སུ་ཕན་པ་འབའ་ཞིག་བསྒྲུབས་པ་ཡིན་ པ་ལ། ད་འདིར་ཚ་གྲང་བཀྲེས་སྐོམ་གླེན་ལྐུགས་ཀྱི་སྡུག་བསྔལ་དྲག་པོ་འདི་ཙམ་མྱོང་བ་ སྙིང་རེ་རྗེ་སྙམ་དུ་བསྒོམ་ཞིང་། དེ་རྣམས་ཀྱི་དོན་དུ་གསོལ་བ་གདབ་བོ། །མི་ཡིན་ཡང་དགྲ་ མི་སྡུག་པས་མནར་བ་གཉེན་སྡུག་པ་དང་བྲལ་བ། ནད་དྲག་པོས་གཟིར་བ། དབུལ་ཞིང་ ཕོངས་པས་ཉམ་ཐག་པ་རྣམས་ལ་དམིགས་ནས་ཀྱང་ཡུན་རིང་དུ་བསྒོམ་མོ། །དེ་ནས་སྡིག་ པ་གང་ཆེ་བ་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ། ཁ་དྲག་བཙན་ཕྱུག་འཁོར་གཡོག་ འཛོམ་པོའི་སྒོ་ནས་སྡིག་པ་རླབས་པོ་ཆེ་བྱེད་པ། དངོས་སུ་གཞན་མང་པོའི་ལུས་དང་ལོངས་ སྤྱོད་ལ་གནོད་པ་བྱེད་པ། བརྒྱུད་ནས་རང་ཉིད་ངན་སོང་དུ་སྐྱུར་བར་བྱེད་པ་རྣམས་ལ་ལྷག་ པར་ཡང་སྙིང་རྗེ་ཆེན་པོ་བསྒོམ་ཞིང་། དེ་རྣམས་ཀྱི་དོན་དུའང་དཀོན་མཆོག་ལ་གསོལ་བ་ གདབ་པར་བྱའོ། །དེ་ནས་སྐྱེ་དཀའ་བ་རང་གི་ཕན་ཆེན་པོ་བཏགས་པའི་ལན་དུ་གནོད་པ་ ཆེན་པོ་བྱེད་པ་ལྟ་བུ་ལ་བསྒོམ་པར་བྱ་སྟེ། འདིས་ཐོག་མ་མེད་པ་ནས་བདག་གི་ཕ་མ་ཡང་ 3-1-365 ཡང་བྱས་ནས་ཕན་བཏགས་པའི་དྲིན་ཆེན་ཡིན་ཞིང་། ད་ལྟ་ཡང་བདག་གི་བཟོད་པ་འགྲུབ་ པའི་གྲོགས་བྱས་པའི་དྲིན་ཅན་ཡིན་ཡང་། ཉོན་མོངས་པའི་དབང་གིས་སྡིག་པ་བྱེད་པ་སྙིང་ རྗེ་སྙམ་དུ་སེམས་པའོ། །དེ་ནས་ཐམས་ཅད་ལ་བསྒོམ་པ་ནི་སེམས་ཅན་ཐམས་ཅད་རང་ལ་ ཕན་འདོགས་པའི་ཉེ་དུ་དྲིན་ཅན་འབའ་ཞིག་ཡིན་ཞིང་། དེ་རྣམས་འཁོར་བ་སྡུག་བསྔལ་གྱི་ རྒྱ་མཚོར་ལྷུང་བར་མཐོང་བ་བཞིན་དུ་ཚེ་འཕོས་པས་ངོ་མ་ཤེས་པར་གཞན་རྣམས་ཡལ་བར་ དོར་ནས་རང་གཅིག་པུ་ཐར་བར་འདོད་པ་ནི་རིགས་པ་མ་ཡིན་ཏེ། སློབ་མ་ལ་སྤྲིང་བར། ཉེ་ དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་མཐོང་བཞིན་ དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་ བོར་མེད། །ཅེས་པ་ལྟར་རོ། །དེ་ཡང་ལན་ཅིག་ཙམ་མ་ཡིན་གྱི། བཤེས་སྤྲིང་ལས། མ་ཡི་ ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་ པ་དང་། སེམས་ཅན་རེ་རེ་མ་བྱས་ནས། །ནུ་ཞོ་འཐུངས་པ་གང་ཡིན་པ། །ཕྱོགས་བཞིའི་རྒྱ་ མཚོ་བཞི་ལ་ཡང་། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཞེས་པ་ལྟར་ལན་མང་པོར་ཕན་བཏགས་ ཏེ་དེ་དག་གི་དྲིན་མི་དྲན་པར་ཡལ་བར་འདོར་བ་ནི་མི་རིགས་ཏེ། རྔའི་ཚིགས་སུ་བཅད་པ་ ལས། རི་རྣམས་དང་ནི་ས་རྣམས་དང་། །རྒྱ་མཚོ་བདག་གི་ཁུར་མིན་ཏེ། །མི་གང་བྱས་པ་མི་ གཟོ་བ། །དེ་ནི་བདག་གི་ཁུར་ཆེན་ཡིན། །ཞེས་པ་ལྟར་རོ། །བྱས་པ་ཤེས་ཤིང་དྲིན་དྲན་པའི་ སྒོ་ནས་ཀྱང་བསྒོམ་པར་རིགས་ཏེ། སྔ་མ་ལྟར། མི་གང་སེམས་ཅན་མི་གནོད་ཅིང་། །བྱས་པ་ ཤེས་ཤིང་བྱས་པ་གཟོ། །བྱས་པ་ཆུད་ཟོས་མི་བྱེད་པའི། །མི་ལ་དཔལ་མགོན་ཉེ་བར་གནས། ། ཞེས་པ་ལྟར་རོ། །དེ་བས་ན་དྲིན་ཅན་གྱི་མར་གྱུར་པའི་སེམས་ཅན་འདི་རྣམས་མ་རིག་པའི་ ལིང་ཏོག་གིས་ཤེས་རབ་ཀྱི་མིག་ནི་བསྒྲིབས། དགེ་བའི་བཤེས་གཉེན་གྱི་དམིགས་བུ་དང་ནི་ བྲལ། གྲོགས་བཟང་པོའི་འཁོར་ནི་མེད། འཁོར་བའི་འབྲོག་དགོན་པར་ནི་འཁྱམས། ཉོན་ 3-1-366 མོངས་པའི་ནད་དྲག་པོས་ནི་གཟིར། ལས་ངན་པའི་ཁུར་ཆེན་པོས་ནི་ནོན། སྡུག་བསྔལ་སྣ་ ཚོགས་ཀྱི་ཚད་པས་ནི་བསྲེག །འདོད་ཡོན་ལ་ཆགས་པའི་སྐོམ་པས་ནི་གདུང་། གནས་གང་ དུ་འགྲོ་བའི་གཏོལ་ནི་མེད། མགོན་དང་སྐྱབས་དང་དཔུང་གཉེན་དང་ནི་བྲལ་ཞིང་། གནོད་ པ་དང་འཇིགས་པ་དུ་མས་གཙེས་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་ཡུན་རིང་དུ་བསམ་ཞིང་། དཀོན་མཆོག་ལ་གསོལ་བ་གདབ་པའོ། ། དེ་ལྟར་ན་རིན་ཆེན་ཕྲེང་བར། བྱེ་བ་ཕྲག་ཁྲིག་གཏམས་པའི་ཞིང་ཁམས་ན། །མཆོད་པ་ རྣམ་མང་དཔག་མེད་ཅི་ཡོད་པས། །སྐྱེས་མཆོག་རྣམས་ལ་ཉིན་རེ་རྟག་མཆོད་པས། །བྱམས་ པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་པ་ལྟར་ཐོག་མ་མེད་པའི་འཁོར་བ་ནས་ཕན་ བཏགས་པའི་སེམས་ཅན་རྣམས་ལ་ལན་དུ་ཕན་འདོགས་པར་འདོད་པའི་བྱམས་པ་དང་སྡུག་ བསྔལ་མཐའ་དག་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་བསྐྱེད་ནས། དངོས་གཞི་བྱང་ ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ། དེ་ཡང་ཐོག་མར་སྔོན་འགྲོའི་ཆོས་བཤད་པ་རྣམས་ཀྱི་དོན་ དྲན་པའི་སྒོ་ནས། བཟང་སྤྱོད་ལས་འབྱུང་བ་ལ་སོགས་པའི་ཡན་ལག་བདུན་པས་རྒྱུད་སྦྱངས་ ཏེ། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་སྐྱབས་གསུམ་སྔོན་ དུ་འགྲོ་བས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་སྐྱེས་པ་དང་། །བྱང་ ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་ དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་ བཞིན་དུ་བསླབ་པར་བགྱིའོ། །ཞེས་པ་ལན་གསུམ་གྱིས་སེམས་བསྐྱེད་པ་དང་། སྡོམ་པ་ ཟུང་འཇུག་ཏུ་བླངས་ཏེ། མཇུག་ཏུ། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་ པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་བསྐྱེད། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་ 3-1-367 དང་། བདག་གི་དེ་རིང་སྐྱབས་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། ། ཞེས་རང་གཞན་དགའ་བ་བསྐྱེད་པས་ཀྱང་བསྟན་པར་བྱའོ། །དེ་ནས། བདག་དང་གཞན་དུ་ མཉམ་པ་ནི། །ཐོག་མ་ཉིད་དུ་འབད་དེ་བསྒོམ། །བདེ་དང་སྡུག་བསྔལ་མཉམ་པ་ན། །ཐམས་ ཅད་བདག་བཞིན་བསྲུང་བར་བྱ། །ཞེས་པ་དང་། ལག་པ་ལ་སོགས་དབྱེ་བ་རྣམ་མང་ཡང་། ། ཡོངས་སུ་བསྲུང་བྱའི་ལུས་སུ་གཅིག་པ་ལྟར། །དེ་བཞིན་འགྲོ་བའི་སྡུག་བསྔལ་ཐ་དད་ ཀྱང་། །ཐམས་ཅད་བདག་བཞིན་བདེ་བ་འདོད་མཉམ་གཅིག །ཅེས་པ་དང་། གང་ཚེ་བདག་ དང་གཞན་གཉིས་ཀ །བདེ་བར་འདོད་པར་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། ། གང་ཕྱིར་བདག་གཅིག་བདེ་བར་བརྩོན། །ཞེས་པ་དང་། གང་ཚེ་བདག་དང་གཞན་གཉིས་ ཀ །སྡུག་བསྔལ་མི་འདོད་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་ མིན་བདག་བསྲུང་བྱེད། །ཅེས་པ་ལ་སོགས་པས་ཐོག་མར་བདག་གཞན་མཉམ་པ་བྱང་ཆུབ་ ཀྱི་སེམས་བསྒོམ་པར་ཡང་གསུངས་ཤིང་། འདི་པའི་ལུགས་ཀྱིས་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་ཉིད་གཙོ་བོར་བསྒོམ་ པ། དངོས་གཞི་གཏོང་ལེན་སྤེལ་མར་སྦྱང་། །ཞེས་གསུངས་ཏེ། གང་ཞིག་བདག་དང་གཞན་ རྣམས་ནི། །མྱུར་དུ་སྐྱབས་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་ དམ་པ་སྤྱད་པར་བྱ། །ཞེས་པ་དང་། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་ བ་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་པ་ དང་། དེ་ལྟས་བདག་གནོད་ཞི་བ་དང་། །གཞན་གྱི་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་ གཞན་ལ་བཏང་བྱ་དང་། །གཞན་རྣམས་བདག་བཞིན་བསྲུང་བར་བྱ། །ཞེས་པ་ལ་སོགས་ པ་གསུང་བ་ལྟར་ཐོག་མ་རང་གི་རྩ་བའི་མ་དྲིན་ཅན་དམིགས་ཡུལ་དུ་བྱས་ལ། འདིས་བདག་ 3-1-368 མངལ་ན་གནས་པ་ནས་བཟུང་སྟེ་ཆུད་མ་ཟོས་པར་བསྐྱངས་པས། སངས་རྒྱས་ཀྱི་བསྟན་པ་ དང་མཇལ། ཆོས་ཟབ་མོའི་སྣོད་དུ་གྱུར། ལམ་རྣམ་དག་སྒྲུབ་ཏུ་བྱུང་བས་དྲིན་ཆེ། ཚེ་འདིར་ མ་ཟད་ཐོག་མེད་ནས་མ་བྱས་རེ་བཞིན་བྱམས་པའི་མིག་གིས་བལྟས། བརྩེ་བའི་ཡིད་ཀྱིས་ བཟུང་། གནོད་པ་ཐམས་ཅད་ལས་སྐྱབས། ཕན་བདེ་ཐམས་ཅད་ལ་སྦྱར། འདིས་བདག་གི་ དོན་བྱེད་བྱེད་ནས་སྡིག་པ་མང་པོའང་བསག །འཁོར་བར་སྡུག་བསྔལ་སྣ་ཚོགས་མྱོང་བ་སྙིང་ རེ་རྗེ་སྙམ་དུ་ཞེ་ཐག་པས་ཡུན་རིང་དུ་བསྒོམ། ད་ནི་བདག་གིས་ཀྱང་ལན་དུ་ཕན་གདགས་ ཤིང་གནོད་པ་བསལ་བར་བྱའོ། །འདི་ལ་གང་གིས་ཕན་ན་བདེ་བ་དང་དགེ་བས་ཕན་པས། བདག་གི་དགེ་བ་དང་བདེ་བ་ལ་སོགས་པའི་ཡོན་ཏན་གང་ཡོད་པ་ཐམས་ཅད་རང་དོན་ལ་ ལྟོས་པ་མེད་པར་སྙིང་ཐག་པ་ནས་བཏང་བས། འཕྲལ་དུ་བདེ་ཞིང་ཆོས་སྒྲུབ་པའི་མཐུན་ རྐྱེན་ཐམས་ཅད་འཛོམ་ནས། ཕུགས་སུ་སངས་རྒྱས་ཐོབ་པའི་རྒྱུ་དགེ་བ་རྣམ་དག་སྤྱོད་པར་ འགྱུར་རོ་སྙམ་དུ་བསམ་ཞིང་། དེ་ལྟར་གྱུར་ན་རེ་དགའ་སྙམ་པའི་འདུན་པ་དྲག་པོ་བསྐྱེད་ པར་བྱའོ། །འདི་ལ་གང་གིས་གནོད་ན་དངོས་སུ་སྡུག་བསྔལ་སྣ་ཚོགས་དང་། བརྒྱུད་ནས་ ལས་དང་ཉོན་མོངས་པའི་ཀུན་འབྱུང་གིས་གནོད་པས། མའི་རྒྱུད་ལ་ཡོད་པའི་འབྲས་བུ་ སྡུག་བསྔལ་གྱི་ཁྱད་པར་གང་ཡོད་པ་ཐམས་ཅད་དང་། རྒྱུ་ཀུན་འབྱུང་གིས་བསྡུས་པ་ལས་ དང་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་མ་ལུས་པར་སངས་ཀྱིས་ བླངས་ནས། རང་གི་སྙིང་དཀྱིལ་དུ་བྱུང་བར་སྒོམ་ཞིང་དེ་ལྟར་གྱུར་ན་རེ་དགའ་སྙམ་པའི་ འདུན་པ་བསྐྱེད་པར་བྱའོ། །དེ་བཞིན་དུ་སྔར་བསྟན་པ་ལྟར། ཕ་ལ་སོགས་པ་དྲིན་ཆེ་ཞིང་ཉེ་ བ་རྣམས་དང་། མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་སྡུག་བསྔལ་དྲག་པོ་མྱོང་བ་རྣམས་དང་རང་ ལ་གནོད་པ་ལ་སོགས་པའི་སྡིག་པ་ཆེན་པོ་བྱེད་པ་རྣམས་དང་། རིམ་གྱིས་རྒྱ་བསྐྱེད་དེ། གླིང་ བཞི་པ་དང་། སྟོང་གསུམ་དང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་གནས་ 3-1-369 པ། འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་གནས་རྣམ་བཞིས་བསྡུས་པའི་སེམས་ཅན་ཐམས་ ཅད། ཕན་ཚུན་དྲིན་ཅན་གྱི་ཕ་མར་གྱུར་པ་ཤ་སྟག་ཡིན་པ་ལ། སྐྱེ་བས་འཕོས་པས་ངོ་མ་ཤེས་ པར་གཅིག་ལ་གཅིག་གནོད་པ་ལ་སོགས་པའི་སྡིག་པ་སྣ་ཚོགས་བྱེད་ཅིང་། ངན་སོང་གསུམ་ ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ལ་རྒྱུན་མི་ཆད་པར་སྤྱོད་པ་སྙིང་རེ་རྗེ། འདི་རྣམས་ ཀྱི་དོན་དུ། བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཕངས་པ་མེད་པར་བཏང་བར་བྱ། །ཐམས་ཅད་བཏང་ བས་མྱ་ངན་འདས། །བདག་བློའང་མྱ་ངན་འདས་པ་སྒྲུབ། །ཐམས་ཅད་གཏོང་བར་ཆབས་ ཅིག་ལ། །ལུས་ཅན་རྣམས་ལ་བཏང་བ་མཆོག །ཅེས་པ་ལྟར་བདག་གི་ལུས་ལོངས་སྤྱོད་དུས་ གསུམ་དུ་བསགས་པའི་དགེ་བའི་རྩ་བ་ལ་སོགས་པ་ཕུན་སུམ་ཚོགས་པའི་ཁྱད་པར་གང་ ཡོད་པ་ཐམས་ཅད་ལྟོས་པ་མེད་པར་བཏང་བས། ཡིད་བཞིན་ནོར་བུ་བུམ་པ་བཟང་། །རིག་ སྔགས་གྲུབ་དང་སྨན་ཆེན་དང་། །དཔག་བསམ་གྱི་ནི་ཤིང་དག་དང་། །ལུས་ཅན་ཀུན་གྱི་ འདོད་འཇོར་གྱུར། །ཞེས་པ་ལྟར་གནས་སྐབས་སུ་གང་ལ་ཅི་འདོད་པའི་ལོངས་སྤྱོད་ཕུན་ སུམ་ཚོགས་པའི་བདེ་བ་དང་ལྡན་ཞིང་། བདག་གི་བསོད་ནམས་འདི་ཡིས་ནི། །སེམས་ཅན་ ཐམས་ཅད་མ་ལུས་པ། །སྡིག་པ་ཐམས་ཅད་སྤངས་ནས་ནི། །རྟག་ཏུ་དགེ་བ་བྱེད་པར་ཤོག ། ཅེས་པ་ལྟར་མཐར་ཐུག་སངས་རྒྱས་ཐོབ་པའི་རྒྱུ་དགེ་བ་རྣམ་པར་དག་པ་ལ་སྤྱོད་པར་གྱུར་ ཅིག་སྙམ་པའི་འདུན་པ་དྲག་པོ་བྱའོ། ། བདག་གཞན་བརྗེ་བའི་བློ་སྐྱེ་སླ་བའི་ཆེད་དུ། དེ་གཉིས་རླུང་ལ་བསྐྱོན་པར་བྱ། །ཞེས་པ་ རླུང་སྣ་སྒོ་ནས་ཕར་འགྲོ་བ་ན་བདག་གི་བདེ་བ་དང་དགེ་བ་ཐམས་ཅད་གཞན་ལ་སོང་ཞིང་། ཚུར་འོང་བ་ན་གཞན་གྱི་སྡུག་བསྔལ་དང་སྡིག་པ་ཐམས་ཅད་བདག་ལ་བྱུང་བར་བསྒོམ་ སྟེ། རྣམ་པར་རྟོག་པ་ལ་སྤྱོད་པའི་གཉེན་པོར་དབུགས་འབྱུང་བ་དང་འཇུག་པ་རྗེས་སུ་དྲན་ 3-1-370 པ་བསྒོམ་པར་བྱའོ་ཞེས་པ་ལྟར་མི་རྟོག་ཏིང་འཛིན་སྐྱེ་བའི་རྒྱུར་ཡང་འགྱུར་རོ། །གཞན་གྱི་ སྡུག་བསྔལ་ལེན་ནུས་པ་ལ་འཇུག་པའི་ཆེད་དུ། ལེན་པའི་གོ་རིམ་རང་ནས་བརྩམ། །ཞེས་པ་ འཇིག་རྟེན་ནའང་འཚེ་བ་མྱུར་དུ་སངས་ན་དགའ་ཞེས་པ་ལྟར་རང་ལ་མ་འོངས་པ་ན་འབྱུང་ བར་འགྱུར་བའི་སྡུག་བསྔལ་ཆེན་པོ་དེ་ལྟར་སྡུག་བསྔལ་ཅུང་ཟད་ཙམ་གྱིས་ཞི་བར་བྱེད་པ་ ལ་སྤྲོ་བས་འཇུག་པ་སྟེ། བསད་བྱའི་མི་ཞིག་ལག་བཅད་དེ། །གལ་ཏེ་ཐར་ན་ཅིས་མི་ལེགས། ། གལ་ཏེ་མི་ཡི་སྡུག་བསྔལ་གྱིས། །དམྱལ་བ་ཐར་ན་ཅིས་མི་ལེགས། །ཞེས་པ་ལྟར་གསོད་ པ་ལ་ལྟོས་ན་ལག་པ་གཅོད་པ་ཙམ་དང་དུ་ལེན་པ་བཞིན་དུ་མ་འོངས་པ་ན་དམྱལ་བ་མྱོང་ བའི་རྒྱུ་ཁྲོ་བ་སྤངས་ནས་བཟོད་པ་བསྒོམ་པའི་དཀའ་སྤྱད་དང་དུ་ལེན་པ་དང་། བདག་གིས་ བྱང་ཆུབ་སྒྲུབ་པ་ཡི། །སྡུག་བསྔལ་འདི་ནི་ཚོད་ཡོད་དེ། །ཟུག་རྔུ་ཁོང་བརླག་གནོད་བསལ་ ཕྱིར། །ལུས་རྨ་བཏོད་པའི་སྡུག་བསྔལ་བཞིན། །ཞེས་པ་དང་། སྨན་པ་ཀུན་ཀྱང་གསོ་དཔྱད་ ཀྱི། །མི་བདེ་བསལ་ནས་ནད་མེད་བྱེད། །དེ་བས་སྡུག་བསྔལ་མང་པོ་དག །གཞོམ་ཕྱིར་མི་ བདེ་ཆུང་བཟོད་བྱ། །ཞེས་པ་ལྟར་ནད་ཀྱི་སྡུག་བསྔལ་ཞི་བར་འདོད་པས་སྲེག་གཏར་གྱི་སྡུག་ བསྔལ་དང་དུ་ལེན་པ་བཞིན་དུ་མ་འོངས་པ་ན་འཁོར་བ་ངན་སོང་གི་སྡུག་བསྔལ་མྱོང་འགྱུར་ ཞི་བར་འདོད་པས་ལམ་བསྒོམ་པའི་དཀའ་སྤྱད་ཀྱི་སྡུག་བསྔལ་དང་དུ་ལེན་པ་ལ་འབད་པར་ བྱ་སྟེ། གལ་ཏེ་སྡུག་བསྔལ་གཅིག་གིས་ནི། །སྡུག་བསྔལ་མང་པོ་མེད་འགྱུར་ན། །བརྩེ་དང་ ལྡན་པས་སྡུག་བསྔལ་དེ། །རང་དང་གཞན་ལ་བསྐྱེད་བྱ་ཉིད། །ཅེས་ཀྱང་གསུངས་པ་ལྟར་རོ། ། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །རྗེས་ཀྱི་མན་ངག་མདོར་བསྡུས་པའོ། །ཞེས་ པ་ཡུལ་ཡིད་དུ་འོང་མི་འོང་བར་གསུམ་ལ་བརྟེན་ནས་ཉོན་མོངས་པ་དུག་གསུམ་རྒྱུད་ལ་ སྐྱེས་པ་ན་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་གསུམ་དུ་བསྒྱུར་བ་སྟེ། དེ་ཡང་མིག་གི་ 3-1-371 དབང་པོས་སྐྱེས་པ་བུད་མེད་ལ་སོགས་པ་ནང་སེམས་ཅན་གྱི་གཟུགས་དང་། གནས་དང་ཡོ་ བྱད་ལ་སོགས་པ་ཕྱི་རོལ་གྱི་གཟུགས་སྡུག་ཅིང་ཡིད་དུ་འོང་བ་མཐོང་བ་ལ་བརྟེན་ནས་ཉོན་ མོངས་པ་འདོད་ཆགས་རྒྱུད་ལ་སྐྱེས་པ་ན། འདི་ལྟ་བུར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་ འདོད་ཆགས་བདག་ལ་འདུས་ནས། དེ་རྣམས་ཐམས་ཅད་མ་ཆགས་པའི་དགེ་བའི་རྩ་བ་རྣམ་ པར་དག་པ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསྒོམ་པ་དང་། དེ་བཞིན་དུ་སྦྱར་ཏེ། དགྲ་བོ་ལ་ སོགས་པའི་གཟུགས་མི་སྡུག་ཅིང་ཡིད་དུ་མི་འོང་བ་མཐོང་བ་ལ་བརྟེན་ནས་ཉོན་མོངས་པ་ཞེ་ སྡང་རྒྱུད་ལ་སྐྱེས་པ་ན། འདི་ལྟ་བུར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་བདག་ལ་ འདུས་ནས། དེ་རྣམས་ཐམས་ཅད་ཞེ་སྡང་མེད་པའི་དགེ་བའི་རྩ་བ་རྣམ་པར་དག་པ་དང་ལྡན་ པར་གྱུར་ཅིག་སྙམ་པ་དང་། ཐ་མལ་པའི་གཟུགས་སྡུག་མི་སྡུག་བར་མར་གནས་པ་མཐོང་ བ་ལ་བརྟེན་ནས་དེ་དག་གི་གནས་ལུགས་མི་ཤེས་པ་ཉོན་མོངས་པ་གཏི་མུག་རྒྱུད་ལ་སྐྱེས་པ་ ན། དེ་ལྟ་བུར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་གཏི་མུག་བདག་ལ་འདུས་ནས། དེ་རྣམས་ ཐམས་ཅད་གཏི་མུག་མེད་པའི་དགེ་བའི་རྩ་བ་རྣམ་པར་དག་པ་དང་ལྡན་པར་གྱུར་ཅིག་སྙམ་ དུ་བསྒོམ་པར་བྱའོ། །དེ་བཞིན་དུ་རྣ་བའི་དབང་པོས་བསྟོད་པ་ལ་སོགས་པའི་སྒྲ་སྙན་པ་ཐོས་ པ་ལས་འདོད་ཆགས་དང་། སྨོད་པ་ལ་སོགས་པའི་སྒྲ་མི་སྙན་པ་ཐོས་པ་ལས་ཞེ་སྡང་དང་། སྙན་མི་སྙན་བར་མ་ཐོས་པ་ལ་གཏི་མུག་རྒྱུད་ལ་སྐྱེས་པ་ན། དེ་ལྟ་བུར་གྱུར་པའི་སེམས་ ཅན་ཐམས་ཅད་ཀྱི་དུག་གསུམ་བདག་ལ་འདུས་ནས། དེ་རྣམས་ཐམས་ཅད་དུག་གསུམ་མེད་ པའི་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཅིག་སྙམ་པ་དང་། སྣའི་དབང་པོས་བདུག་སྤོས་ལ་ སོགས་པའི་དྲི་ཞིམ་པ་ཚོར་བ་ལས་འདོད་ཆགས་དང་། རུལ་བ་ལ་སོགས་པའི་དྲི་ང་བ་ཚོར་ བ་ལས་ཞེ་སྡང་དང་། ཞིམ་མི་ཞིམ་བར་མ་ཚོར་བ་ལས་གཏི་མུག་རྒྱུད་ལ་སྐྱེས་པ་ན་དེ་ལྟ་བུར་ གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་དུག་གསུམ་བདག་ལ་འདུས་ནས། དེ་རྣམས་ཐམས་ཅད་ 3-1-372 དུག་གསུམ་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཅིག་སྙམ་པ་དང་། ལྕེའི་དབང་པོས་ མངར་གསུམ་ལ་སོགས་པའི་རོ་ཞིམ་པོ་མྱོང་བ་ལས་འདོད་ཆགས་དང་། ཏིག་ཏ་ལ་སོགས་ པའི་རོ་མི་ཞིམ་པ་མྱོང་བ་ལས་ཞེ་སྡང་དང་། ཞིམ་མི་ཞིམ་བར་མ་མྱོང་བ་ལས་གཏི་མུག་རྒྱུད་ ལ་སྐྱེས་པ་ན། དེ་ལྟ་བུར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་དུག་གསུམ་བདག་ལ་འདུས་ ནས། དེ་རྣམས་ཐམས་ཅད་དུག་གསུམ་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཅིག་ སྙམ་པ་དང་། ལུས་ཀྱི་དབང་པོས་གོས་ལ་སོགས་པའི་རེག་བྱ་འཇམ་པ་མྱོང་བ་ལས་འདོད་ ཆགས་དང་། མཚོན་ལ་སོགས་པའི་རེག་བྱ་རྩུབ་པ་མྱོང་བ་ལས་ཞེ་སྡང་དང་། འཇམ་རྩུབ་ བར་མ་མྱོང་བ་ལས་གཏི་མུག་རྒྱུད་ལ་སྐྱེས་པ་ན། དེ་ལྟ་བུར་གྱུར་པའི་སེམས་ཅན་ཐམས་ཅད་ ཀྱི་དུག་གསུམ་བདག་ལ་འདུས་ནས། དེ་རྣམས་ཐམས་ཅད་དུག་གསུམ་མེད་པའི་དགེ་བའི་ རྩ་བ་དང་ལྡན་པར་གྱུར་ཅིག་སྙམ་པ་དང་། ཡིད་ཀྱི་དབང་པོས་ཆོས་ཡིད་དུ་འོང་བ་བསམ་ པ་ལས་འདོད་ཆགས་དང་། ཡིད་དུ་མི་འོང་བ་བསམ་པ་ལས་ཞེ་སྡང་དང་། བར་མ་བསམ་ པ་ལས་གཏི་མུག་རྒྱུད་ལ་སྐྱེས་པ་ན། དེ་ལྟ་བུར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་དུག་ གསུམ་བདག་ལ་འདུས་ནས། དེ་རྣམས་ཐམས་ཅད་དུག་གསུམ་མེད་པའི་དགེ་བའི་རྩ་བ་ དང་ལྡན་པར་གྱུར་ཅིག་སྙམ་དུ་བསྒོམ་པར་བྱའོ། །དབང་པོ་དྲུག་ཡུལ་དྲུག་ལ་ཞུགས་པའི་ རྗེས་སུ་དུག་གསུམ་དགེ་བར་བསྒྱུར་བའི་མན་ངག་ཟབ་མོ་མདོར་བསྡུས་པའོ། ། དེ་ལྟར་བློ་འདི་འཆོས་ལུགས་ལེགས་ན་ཉོན་མོངས་དུག་གསུམ་སྐྱེས་པའང་དགེ་བའི་ རྐྱེན་དུ་འགྱུར་བས། དད་པ་དང་སྙིང་རྗེ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས། འཆོས་ལུགས་ ཉེས་ན་གཞན་ལས་ལྷག་པའི་དགེ་སྦྱོར་ཅི་བྱ་སྙམ་པའང་གཞན་ཁྱད་དུ་བསད་པས་དགེ་བ་ རྣམ་དག་ཏུ་འགྱུར་བ་དཀའོ། ། དེ་བས་ན། སྤྱོད་ལམ་ཀུན་ལ་ཚིག་གིས་སྦྱང་། །ཞེས་པ་སྟེ། འཇམ་དཔལ་ཞིང་བཀོད་ 3-1-373 ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་ སྨོན་ལམ་ཅི་བཏབ་པ། །འབྲས་བུའང་དེ་འདྲ་ཉིད་དུ་འགྱུར། །ཞེས་པ་ལྟར་འགྲོ་བ་དང་ འཆག་པ་དང་། ཉལ་བ་དང་འདུག་པའི་སྤྱོད་ལམ་ཐམས་ཅད་དུ་དྲིན་ཅན་གྱི་མར་གྱུར་པའི་ སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་ནས་སྦྱོང་ནུས་ པར་གྱུར་ཅིག །བདག་གི་དགེ་བ་དང་བདེ་ལེགས་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ སྨིན་ནས་ཕན་ཐོགས་པར་གྱུར་ཅིག་སྙམ་པའི་འདུན་པ་དྲན་པོ་དང་ལྡན་པས། ཀླུ་སྒྲུབ་ཀྱི་ གསུང་། བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་པ་དང་། འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་ དཔའི་དགེ་ཀུན་གྱིས། །འགྲོ་བ་བདེ་ལ་སྤྱོད་གྱུར་ཅིག །ཅེས་པ་ལ་སོགས་པའི་སྨོན་ལམ་ རྣམ་པར་དག་པ་གདབས་ཅིང་། དོན་དང་མཐུན་པའི་ཚིག་གི་སྒོ་ནས་ཀྱང་སྦྱོང་བར་བྱའོ། ། གསུམ་པ། རྐྱེན་ངན་ལམ་དུ་བསྒྱུར་བ་ནི། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་ བྱང་ཆུབ་ལམ་དུ་བསྒྱུར། །ཞེས་པ་ཐུན་མོང་དུ་ལས་ངན་པ་མཐུན་པར་བསགས་པའི་དབང་ གིས་སྣོད་ཀྱི་འཇིག་རྟེན་མ་དག་པ་མཐུན་རྐྱེན་དཀོན་ཞིང་འགལ་རྐྱེན་མང་བའི་གནས་སུ། བཅུད་ཀྱི་སེམས་ཅན་མ་རུངས་པ་སྡིག་པ་སྣ་ཚོགས་སྤྱོད་པ་ན། རང་ལའང་ལུས་དང་ལོངས་ སྤྱོད་ལ་གནོད་པ་སྣ་ཚོགས་བྱུང་བའི་ཚེ། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་ བ་ཡིས་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པ། །བདག་ལ་གནོད་པ་འདི་འབྱུང་ རིགས། །ཞེས་པ་ལྟར་རང་གིས་ཀྱང་སྔོན་སེམས་ཅན་འདི་དག་གི་ལུས་དང་ལོངས་སྤྱོད་ལ་ གནོད་པ་བྱས་པའི་འབྲས་བུ་མྱོང་བ་ཡིན་པས་རྣམ་སྨིན་མྱོང་བས་འཛད་མོད་ཀྱི། བདག་གི་ ལས་ཀྱིས་བསྐུལ་བྱས་ནས། །བདག་ལ་གནོད་བྱེད་རྣམས་བྱུང་སྟེ། །དེ་ཡིས་སེམས་ཅན་ དམྱལ་འདོང་ན། །བདག་གིས་དེ་དག་མ་བརླག་གམ། །ཞེས་པ་ལྟར་བདག་གི་ལས་ངན་ 3-1-374 པས་བསྐུལ་ནས་གནོད་པ་བྱེད་པ་འདི་དག་ཀྱང་དྲིན་ཅན་གྱི་མ་འབའ་ཞིག་ཡིན་པ་ལ། སྡིག་ པ་སྤྱད་པའི་དབང་གིས་དམྱལ་བར་འགྲོ་བ་སྙིང་རེ་རྗེ་འདི་དག་གི་སྡིག་པ་དང་སྡུག་བསྔལ་ ཐམས་ཅད་བདག་ལ་སྨིན་ནས་བྱང་བར་གྱུར་ཅིག །བདག་གི་དགེ་བ་དང་བདེ་ལེགས་ ཐམས་ཅད་གཞན་ལ་སྨིན་ནས་ཕན་ཐོགས་པར་གྱུར་ཅིག་སྙམ་དུ་རང་གཞན་ལ་གནོད་པ་སྣ་ ཚོགས་མཐོང་བ་ལ་སོགས་པའི་རྐྱེན་ངན་པ་ཐམས་ཅད་ཀྱང་བདག་གཞན་བརྗེ་བ་བྱང་ཆུབ་ ཀྱི་སེམས་སྒོམ་པའི་ལམ་རྣམ་དག་ཏུ་བསྒྱུར་བར་བྱའོ། ། འཕྲལ་ལ་གང་ཐུག་སྒོམ་དུ་སྦྱར། །ཞེས་པ་མི་དང་ཐུག་སྟེ་ལུས་དང་ལོངས་སྤྱོད་ལ་ གནོད་པ་བྱེད་པ་ཐུང་བ་ན། འཇིག་རྟེན་གྱི་ཁམས་ན་འདི་ལྟ་བུ་བྱུང་བ་དཔག་ཏུ་མེད་པས། དེ་རྣམས་ཀྱི་སྡུག་བསྔལ་དེ་དག་བདག་ལ་སྨིན་པར་གྱུར་ཅིག་སྙམ་དུ་བསྒོམ་ཞིང་། ཚིག་ངན་ པ་སྣ་ཚོགས་ཀྱིས་སེམས་ལ་གནོད་པར་བྱུང་ན་ཡང་དག་ཚངས་མི་བྱ་བར་འདི་ལྡན་གཞན་ ལ་བྱུང་བ་རྣམས་ཀྱང་བདག་ལ་སྨིན་པར་གྱུར་ཅིག་ཅེས་པ་དང་། གང་དག་བདག་ལ་ཁ་ཟེར་ རམ། །གཞན་དག་གནོད་པ་བྱེད་པའམ། །དེ་བཞིན་ཕྱར་ཀ་གཏོང་ཡང་རུང་། །ཐམས་ཅད་ བྱང་ཆུབ་སྐལ་ལྡན་འགྱུར། །ཞེས་པ་ལ་སོགས་པའི་སྨོན་ལམ་བྱའོ། །དེ་བཞིན་དུ་འདྲེ་གདོན་ དང་ཐུག་པའི་ན་ཚ་དྲག་པོ་བྱུང་ནའང་གནོད་བྱེད་ཀྱི་སྡིག་པ་བདག་ལ་སྨིན་པ་དང་། བདག་ གི་དགེ་བ་དེ་ལ་སྨིན་པར་གྱུར་ཅིག་སྙམ་པ་དང་། ནད་གདོན་གྱིས་གཟིར་བའི་སེམས་ཅན་ མཐའ་ཡས་པའི་སྡུག་བསྔལ་བདག་ལ་སྨིན་ནས་དེ་རྣམས་ནད་མེད་པའི་བདེ་བ་ཆེན་པོ་དང་ ལྡན་པར་གྱུར་ཅིག་སྙམ་པ་དང་། རྭ་ཅན་དང་མཆེ་བ་ཅན་ལ་སོགས་པ་དུད་འགྲོའི་གནོད་ པ་དྲག་པོས་གཙེས་པ་ན་ཡང་། གནོད་བྱེད་ཀྱི་སྡིག་པ་དང་། དུད་འགྲོས་གཙེས་པའི་སེམས་ ཅན་མཐའ་ཡས་པའི་སྡུག་བསྔལ་བདག་ལ་སྨིན་ནས། དེ་རྣམས་ཐམས་ཅད་ཕན་ཚུན་གནོད་ ཚེ་དང་བྲལ་བར་གྱུར་ཅིག་སྙམ་པ་དང་། ཕྱི་རོལ་འབྱུང་བའི་གནོད་པས་ནོན་པའམ་ཆུས་ 3-1-375 ཁྱེར་བའམ་མེས་ཚིག་པའམ་རླུང་གིས་བརྡས་པའམ་གཡང་ལ་ལྷུང་བ་ལ་སོགས་པ་བྱུང་ ནའང་། འདི་ལྟ་བུ་མྱོང་བའི་སེམས་ཅན་མཐའ་ཡས་པ་ཞིག་ཡོད་པ་དེ་རྣམས་ཀྱི་སྡུག་བསྔལ་ བདག་ལ་སྨིན་ནས་སྦྱོང་ནུས་པར་གྱུར་ཅིག །བདག་གི་དགེ་ལེགས་ཅི་ཡོད་པ་ཐམས་ཅད་ གཞན་ལ་སྨིན་ནས་ཕན་ཐོགས་པར་གྱུར་ཅིག་སྙམ་དུ་བློ་སྦྱོང་། མདོར་ན་རྒྱན་ལས། རྒྱལ་ སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་གྱུར་པ། །དེ་ལྟ་དེ་ ལྟར་རིགས་མཐུན་ཚོགས་དག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །ཞེས་ སྤྱོད་ཡུལ་ཡོངས་སུ་དག་པའི་མདོའི་དོན་རྒྱན་ལས་གསུངས་པ་ལྟར་སྒོ་གསུམ་གྱི་སྤྱོད་ལམ་ ཐམས་ཅད་སོ་སོ་དང་མཐུན་པའི་ཚིག་གིས་གཞན་དོན་དུ་བསྒྱུར་བར་བྱ་སྟེ། ཁང་པར་འཇུག་ པ་ན་སེམས་ཅན་ཐམས་ཅད་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པར་གྱུར་ཅིག །སྒོ་གཅོད་ པ་ན་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྒོ་གཅོད་པར་གྱུར་ཅིག །གདན་ ལ་འདུག་པ་ན་སེམས་ཅན་ཐམས་ཅད་རྡོ་རྗེའི་གདན་ལ་འདུག་པར་གྱུར་ཅིག །གོས་གྱོན་ ན་སེམས་ཅན་ཐམས་ཅད་ངོ་ཚ་ཁྲེལ་ཡོད་ཀྱི་གོས་དང་ལྡན་པར་གྱུར་ཅིག །ཟས་ཟ་བ་ན་ སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཟས་ལ་སྤྱོད་པར་གྱུར་ཅིག །ཁྲུས་བྱེད་པ་ན་སེམས་ ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །སྣོད་སྟོང་པ་མཐོང་བ་ ན་སེམས་ཅན་ཐམས་ཅད་ཀྱིས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་རྟོགས་པར་གྱུར་ཅིག །གང་བ་ མཐོང་བ་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཡོན་ཏན་གྱི་འབྱོར་པས་གང་བར་གྱུར་ཅིག་སྙམ་ དུ་བསམ་ཞིང་བརྗོད་པར་ཡང་བྱའོ། །དེ་ལྟ་ན་རིན་པོ་ཆེའི་གླིང་དུ་སླེབ་ན་རྡོ་ཕལ་པ་མི་རྙེད་ པ་བཞིན་དུ་འཕྲལ་ལ་གང་ཐུག་ཐམས་ཅད་བྱང་ཆུབ་ཀྱི་སེམས་བསྒོམ་པའི་གྲོགས་སུ་འགྱུར་ བ་ཉིད་དོ། ། གཉིས་པོས་ཚང་ན་ཐམས་ཅད་བླངས། །ཞེས་པ་ནི་སྡུག་བསྔལ་དང་ཀུན་འབྱུང་གཉིས་ 3-1-376 ཚད་ཅིང་མནར་ན་དེའི་སྟེང་དུ་གཞན་ཐམས་ཅད་ཀྱི་སྡུག་བསྔལ་ཀུན་འབྱུང་ཡང་བླངས་ནས་ སྦྱོང་བ་སྟེ། དེ་ཡང་རང་རྒྱུད་ལ་ལུས་ཀྱི་སྡུག་བསྔལ་དང་སེམས་ཀྱི་མྱ་ངན་དྲག་པོ་མྱོང་བ་ན། འདི་ལྟ་བུར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་མྱ་ངན་དང་སྡུག་བསྔལ་ཐམས་ཅད་བདག་ ལ་སྨིན་ནས་སྦྱོང་ནུས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་བདེ་ བ་དང་ལྡན་པར་གྱུར་ཅིག་སྙམ་པ་དང་། རང་རྒྱུད་ལ་རྩ་བ་དང་ཉེ་བའི་ཉོན་མོངས་པ་དྲག་པོ་ སྐྱེས་པ་དང་། དེ་དག་གིས་ཀུན་ནས་བསླང་བའི་ལས་ངན་པ་བྱེད་འདོད་པར་གྱུར་པ་ན་ཡང་། འདི་ལྟ་བུར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་ལས་ཀྱི་ཀུན་འབྱུང་ ཐམས་ཅད་བདག་ལ་སྨིན་ནས་སྦྱོང་ནུས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་སེམས་ ཀྱི་རང་བཞིན་དྲི་མ་དང་བྲལ་བའི་འགོག་བདེན་ཟབ་མོ་ཐོབ་པར་གྱུར་ཅིག །རྣམ་པར་དག་ པའི་ལམ་ཉམས་སུ་ལེན་པར་གྱུར་ཅིག་སྙམ་དུ་བློ་སྦྱོང་ངོ་། །བཀོལ་བ་རྣམས་ལ་རྟག་ཏུ་ བསྒོམ། །ཞེས་པ་ནི་ཕ་རོལ་པོ་རང་བཞིན་ངན་ཞིང་ཁྲོ་གཏུམ་ཆེ་བ་ཚེ་འདིར་ཕར་གནོན་པ་མ་ བྱས་ཀྱང་སྔོན་གྱི་ལས་ཀྱི་ཚུར་གནོད་པ་སྣ་ཚོགས་བྱེད་པ་རྣམས་དང་། རིགས་དང་གཟུགས་ དང་འཁོར་དང་ལོངས་སྤྱོད་ལ་སོགས་པའི་ཡོན་ཏན་གྱི་སྒོ་ནས་འགྲན་པ་རྣམས་དང་། ཡུན་ རིང་པོར་ལྷན་ཅིག་འགྲོགས་ལ་བརྟེན་ནས་སྐྱོན་གྱི་ཆ་སྣ་ཚོགས་མཐོང་བ་རྣམས་ལ་ཁྱད་ པར་དུ་ཡང་བཀོལ་ནས་བསྒོམ་པར་བྱ་སྟེ། མཐོ་ལ་ཕྲག་དོག་མཉམ་ལ་འགྲན། །དམའ་ལ་ ང་རྒྱལ་བསྟོད་ན་དྲེགས། །མི་སྙན་བརྗོད་ན་ཁོང་ཁྲོ་སྐྱེ། །ནམ་ཞིག་བྱིས་ལས་ཕན་པ་ཐོབ། ། ཅེས་པ་ལྟར་བྱིས་པ་རྣམས་ཀྱི་རང་བཞིན་དེ་ལྟ་བུ་ཡིན་པའི་ཕྱིར་དང་། རྒྱན་ལས། བཀྲེན་ལ་ བརྩེ་དང་མ་རུང་པ་ལ་བརྩེ། །ཀུན་འཁྲུག་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་ དབང་ཅན་ལ་སྙིང་རྗེ་དང་། །ལོག་པར་མངོན་ཞེན་ཅན་ལ་སྙིང་རྗེའོ། །ཞེས་པ་ལྟར་ཕ་རོལ་ ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་ལ་སྤྱོད་པ་རྣམས་ཤིན་ཏུ་སྙིང་རྗེ་བའི་གནས་ཡིན་པས། 3-1-377 བཞི་བརྒྱ་པར། ན་བའི་བུ་ལ་ཁྱད་པར་དུ། །མ་ནི་བརྩེ་བར་འགྱུར་བ་ལྟར། །དེ་བཞིན་བྱང་ ཆུབ་སེམས་དཔའ་རྣམས། །དམ་པ་མིན་ལ་ལྷག་པར་བརྩེ། །ཞེས་པ་ལྟར་ཡུལ་དེ་རྣམས་ལ་ ལྷག་པར་ཡང་སྙིང་རྗེ་ཆེན་པོ་བསྐྱེད་དེ། སྐྱོན་གྱི་ཆ་གང་ཡིན་པ་དེ་དག་བདག་ལ་སྨིན་ནས་དེ་ རྣམས་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསྒོམ་ཞིང་། ཁྱད་པར་ ཕ་མ་དང་མཁན་སློབ་ལ་སོགས་པ་དྲིན་ཆེ་བ་རྣམས་ལ་སྐྱོན་གྱི་ཆ་མཐོང་ན་ཡང་། རང་གི་ སྐྱོན་དུ་ཤེས་པར་བྱས་ནས། དག་སྣང་དང་མོས་གུས་བསྐྱེད་པར་བྱའོ། །ལེ་ལན་ཐམས་ཅད་ གཅིག་ལ་གདའ། །ཞེས་པ་ནི་རང་གི་ལུས་དང་ལོངས་སྤྱོད་དང་སེམས་ལ་གནོད་པ་སྣ་ཚོགས་ བྱུང་བ་ན། ཤུ་བ་མི་ཡི་གཟུགས་འདྲ་བ། །རེག་ཏུ་མི་བཟོད་སྡུག་བསྔལ་ཅན། །སྲེད་མདོངས་ བདག་གིས་བཟུང་གྱུར་ན། །དེ་ལ་གནོད་པས་སུ་ལ་ཁྲོ། །ཞེས་པ་ལྟར་གནོད་བྱའི་ལུས་འདི་ ཉིད་རང་གིས་བཟུང་བས་ལན་པ་ཡིན་སྙམ་དུ་བསམས་ནས། གནོད་བྱེད་གཞན་ལ་ཁྲོ་བར་ མི་བྱ་བ་དང་། བྱིས་པ་སྡུག་བསྔལ་མི་འདོད་ཀྱང་། །སྡུག་བསྔལ་རྒྱུ་ལ་བརྐམ་པས་ན། །རང་ གི་ཉེས་པས་གནོད་གྱུར་པས། །གཞན་ལ་བཀོན་དུ་ཅི་ཞིག་ཡོད། །ཅེས་པ་ལྟར་སྡུག་བསྔལ་ གྱི་རྒྱུ་རང་གིས་ལས་ངན་པ་བསགས་པས་ལན་ནས་ཡིན་སྙམ་དུ་བསམས་ནས། གཞན་ལ་ འཐབ་པར་མི་བྱ་བ་དང་། ཡིད་ཁྱོད་རང་དོན་བྱེད་འདོད་པས། །བསྐལ་པ་གྲངས་མེད་འདས་ གྱུར་ཀྱང་། །ངལ་བ་ཆེན་པོ་འདི་ལྟ་བུས། །ཁྱོད་ཀྱིས་སྡུག་བསྔལ་འབའ་ཞིག་བསྒྲུབས། ། ཞེས་པ་ལྟར་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྡུག་བསྔལ་སྣ་ཚོགས་མྱོང་བ་འདི་ རང་དོན་འབའ་ཞིག་བསྒྲུབས་པས་ལན་པ་ཡིན་གྱི། གཞན་དག་གིས་ལན་པ་མ་ཡིན་སྙམ་དུ་ བྱ་བ་དང་། གལ་ཏེ་ཁྱོད་ཀྱིས་སྔ་དུས་སུ། །ལས་འདི་བྱས་པར་གྱུར་ན་ནི། །སངས་རྒྱས་ཕུན་ སུམ་དེ་མིན་པ། །འདི་འདྲའི་གནས་སྐབས་འགྱུར་མི་སྲིད། །ཅེས་པ་ལྟར་ད་ལྟའི་སྡུག་བསྔལ་ སྣ་ཚོགས་མྱོང་བ་འདི་སྔོན་རང་གིས་གཞན་དོན་མ་བྱས་པས་ལན་པ་ཡིན་པས་ད་ནི་རང་དོན་ 3-1-378 ལ་ཆགས་པ་སྤངས་ཏེ་གཞན་དོན་འབའ་ཞིག་བསྒྲུབ་པར་བྱའོ་སྙམ་དུ་ཡང་ཡང་བསམ་མོ། ། ཀུན་ལ་བཀའ་དྲིན་ཆེ་བར་བསྒོམས། །ཞེས་པ་ནི་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ ཤ་སྟག་ཀྱང་ཡིན་ལ། སེམས་ཅན་རྣམས་དང་རྒྱལ་བ་ལ། །སངས་རྒྱས་ཆོས་གྲུབ་འདྲ་བ་ལ། ། རྒྱལ་ལ་གུས་བྱེད་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཞེས་པ་ལྟར་བླ་ན་མེད་ པའི་བྱང་ཆུབ་ཀྱང་སེམས་ཅན་ལ་ཕན་བཏགས་པ་ལ་འགྲུབ་པའི་ཆ་ནས་ཀྱང་བཀའ་དྲིན་ ཆེ་བས། མིག་གིས་སེམས་ཅན་ལྟ་ན་ཡང་། །འདི་དག་ཉིད་ལ་བརྟེན་ནས་བདག །སངས་ རྒྱས་ཉིད་དུ་འགྱུར་རོ་ཞེས། །དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ། །ཞེས་པ་ལྟར་བྱམས་པ་ དང་སྙིང་རྗེ་ཆེན་པོ་བསྐྱེད་དེ་དྲིན་ལན་ལ་བསམས་ནས་ཀྱང་། དེ་དག་གི་སྡིག་པ་དང་སྡུག་ བསྔལ་ཐམས་ཅད་བདག་གིས་བླང་ཞིང་། བདག་གི་བདེ་བ་དང་དགེ་བ་ཐམས་ཅད་གཞན་ ལ་སྦྱིན་པར་བྱའོ། །མིའམ་མི་མ་ཡིན་པས་གནོད་པ་ཆེན་པོ་བྱུང་བ་ན་ཡང་། དེ་བས་ངལ་ བས་མ་བསྒྲུབས་པའི། །ཁྱིམ་དུ་གཏེར་ནི་བྱུང་བ་ལྟར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། ། བདག་གིས་དགྲ་ལ་དགའ་བར་བྱ། །ཞེས་པ་ལྟར་གནོད་བྱེད་མེད་ན་བཟོད་པ་མི་འགྲུབ་ པས། འདིས་བདག་གི་བཟོད་པ་དང་བློ་སྦྱོང་སྒོམ་པའི་གྲོགས་བྱས་པའི་ཆ་ནས་ཀྱང་དྲིན་ ཆེ་བར་བསམས་ཏེ། གནོད་པ་ཇི་ཙམ་ཆེ་བ་ཙམ་དུ་ལན་དུ་ཕན་འདོགས་པ་ལ་འབད་པར་ བྱའོ། །དངོས་སུ་ཕན་འདོགས་པའི་ནུས་པ་མེད་ནའང་བསམ་པ་བཟང་པོས་དགེ་སྦྱོར་ཐམས་ ཅད་གནོད་བྱེད་གང་ཡིན་པ་དེས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱས་པས་ བརྒྱུད་ནས་ཕན་ཐོགས་པར་གྱུར་ཏེ། ཐེག་བསྡུས་བཤད་སྦྱར་ལས། གཞན་ལ་ཕན་པ་མཐུ་ མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ ཞུགས། །ཞེས་པ་ལྟར་རོ། ། བཞི་པ། ཚེ་གཅིག་ཉམས་ལེན་བསྟན་པ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ 3-1-379 ལྔ་དག་ལ་སྦྱར་བར་བྱ། །ཞེས་པ་ལ། སྟོབས་ལྔ་ནི། འཕེན་པ་གོམས་པ་ས་བོན་དང་། །སུན་ འབྱིན་པ་དང་སྨོན་ལམ་སྟོབས། །ཞེས་པ་སྟེ། འཕེན་པའི་སྟོབས་ནི། རྒྱན་ལས། ཇི་ལྟར་མདུད་པའི་དབང་གིས་ནི། །གོས་ལ་མཚོན་ བཀྲ་མི་བཀྲ་བ། །དེ་བཞིན་འཕེན་པའི་དབང་གིས་ནི། །གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ། ། ཞེས་འཕེན་པའི་བཟང་ངན་ལ་བརྟེན་ནས་འབྲས་བུ་བཟང་ངན་དུ་འགྱུར་བར་གསུངས་ པས། དུས་འདི་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་རྒས་པ་དང་ན་བ་དང་འཆི་བ་ དང་དགྲའི་གནོད་པ་ལ་སོགས་པ་ལུས་དང་སེམས་ལ་གནོད་པའི་ཁྱད་པར་ཅི་བྱུང་ཡང་རུང་ བསམ་པ་བྱང་ཆུབ་ཀྱི་སེམས་སྒོམས་དང་སྦྱོར་བ་སེམས་ཅན་ལ་ཕན་འདོགས་པ་འདི་དང་མི་ འབྲལ་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་རྒྱུན་དུ་བྱ་སྟེ། དེ་ལྟ་ན་སྒོ་གསུམ་ཆོས་དང་ངང་ གིས་མཐུན་ཞིང་། རྐྱེན་གློ་བུར་བ་གང་བྱུང་ཡང་ཆོས་ཀྱིས་སེམས་ལ་ཕན་ཐོགས་པར་འགྱུར་ རོ། ། གོམས་པའི་སྟོབས་ནི། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ནའང་ཡོད་མ་ ཡིན། །དེ་བས་གནོད་པ་ཆུང་གོམས་པས། །གནོད་པ་ཆེན་པོ་བཟོད་པར་བྱ། །ཞེས་པ་ལྟར་ དགྲའི་གནོད་པ་ལ་སོགས་པ་མི་འདོད་པ་ཅི་བྱུང་ཡང་བདག་གཞན་བརྗེ་བ་ལ་གོམས་པར་ བྱའོ། །བདག་གི་ཕུན་ཚོགས་གཞན་ལ་གཏོང་བ་དང་གཞན་གྱི་བྱུར་ངན་བདག་གིས་ལེན་ ན་ནི་དཀའོ་སྙམ་ན། དཀའ་ལས་ཕྱིར་ལྡོག་མི་བྱ་སྟེ། །འདི་ལྟར་གོམས་པའི་དབང་གིས་ནི། ། གང་གི་མིང་ཐོས་འཇིགས་པ་ཡང་། །དེ་ཉིད་མེད་ན་མི་དགར་འགྱུར། །ཞེས་པ་ལྟར་དང་པོ་ མགོ་དང་ལག་པ་ལ་སོགས་ལུས་སྦྱིན་པར་གཏོང་བ་ལ་སོགས་མིང་ཙམ་ཐོས་པས་འཇིགས་ པ་ཡང་ཕྱིས་གོམས་པ་ལ་བརྟེན་ནས་ལུས་ལ་སོགས་པ་སློང་བ་མ་བྱུང་ན་མི་དགའ་ཞིང་བྱུང་ ན་དགའ་བ་འཕེལ་བར་འགྱུར་ཏེ། དེ་བས་ན། མང་དུ་ཐོས་པ་ཐོས་པ་འདོད། །དཀའ་ཐུབ་ 3-1-380 པ་ནི་དེས་མི་འཇིག །གཙང་སྦྲ་ཅན་ནི་གཙང་ལ་དགའ། །སྐྱེ་རྒུ་ཕྱོགས་པའི་ལམ་དུ་འགྲོ། ། ཞེས་པ་ལྟར་དགེ་བའི་བྱ་བ་གང་ཡིན་པ་དེ་ལ་གོམས་པའི་སྟོབས་བསྐྱེད་པར་བྱའོ། ། དཀར་པོ་དགེ་བའི་ས་བོན་གྱི་སྟོབས་ནི། རྒྱུད་བླ་མར། གཏེར་དང་འབྲས་བུའི་ཤིང་ བཞིན་དུ། །རིགས་ཏེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་ དག་བླངས་པ་མཆོག་ཡིན་ནོ། །ཞེས་པ་ལྟར་གཏེར་དང་པོ་ནས་ཡོད་པ་བཞིན་དུ་རང་བཞིན་ གྱི་རིགས་སེམས་ཅན་ཐམས་ཅད་ལ་ཡོད་ཅིང་། དེ་མངོན་དུ་འགྱུར་བ་ལ་ལྗོན་ཤིང་རིམ་གྱིས་ བསྐྱེད་པ་བཞིན་དུ་རྒྱས་འགྱུར་གྱི་རིགས་ཐོས་སོགས་དགེ་བའི་བག་ཆགས་སམ་ས་བོན་ ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་འཕེལ་བར་བྱ་དགོས་པས། ཐེག་པ་ཆེན་པོའི་ཆོས་ལ་ཐོས་ བསམ་སྒོ་གསུམ་གྱིས་ཞུགས་ནས་ཚོགས་གསོག་ལ་འབད་པར་བྱ་སྟེ། དེ་ལྡན་ནི་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་པ་ལྟར་སྙིང་རྗེ་ཆེན་པོ་དང་ཟབ་མོ་ལ་མོས་ པ་དང་དཀའ་སྤྱད་ལ་བཟོད་པ་དང་གཞན་ཕན་གྱི་དགེ་བ་ངང་གིས་འཕེལ་བར་འགྱུར་བས་ དགེ་བའི་ས་བོན་ནམ་བག་ཆགས་སྟོབས་བསྐྱེད་པར་བྱའོ། ། རྣམ་པར་སུན་འབྱིན་པའི་སྟོབས་ནི། ཉེས་པ་ལ་ཉེས་པར་མཐོང་བ་སྟེ། བདག་ནི་ཡོངས་ སུ་མ་བཏང་ན། །སྡུག་བསྔལ་སྤོང་བར་མི་ནུས་ཏེ། །ཇི་ལྟར་མེ་ནི་མ་སྤངས་ན། །བསྲེག་པ་ སྤོང་བར་མི་ནུས་བཞིན། །ཞེས་པ་ལྟར་ཐོག་མ་མེད་པ་ནས་སྡུག་བསྔལ་སྣ་ཚོགས་མྱོང་བ་ དང་། ཚེ་འདིར་ཡང་མི་འདོད་པ་སྣ་ཚོགས་བྱུང་བ་འདི་བདག་འཛིན་མ་སྤངས་པའི་ཉེས་པར་ འདུག་པས། ཁྱོད་ཀྱིས་ཁོ་བོ་གར་བརླག་པའི། །སྔོན་གྱི་དུས་དེ་གཞན་ཡིན་ཏེ། །ངས་མཐོང་ ཁྱོད་ད་གང་དུ་འགྲོ། ཁྱོད་ཀྱི་དྲེགས་པ་ཀུན་གཞོམ་བྱ། །ཞེས་པ་ལྟར་ད་ཕྱིན་ཆད་འཁོར་བ་ ངན་སོང་གི་སྡུག་བསྔལ་སྤང་བར་འདོད་པས། བདག་ལ་གཅེས་པར་འཛིན་པའི་རྣམ་རྟོག་ 3-1-381 ཐམས་ཅད་ཅི་ནུས་ཀྱིས་སྤངས་ཏེ། གཞན་ལ་གང་ཕན་པའི་བྱ་བ་ལ་འབད་པར་བྱའོ། ། སྨོན་ལམ་གྱི་སྟོབས་ནི། མདོ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་ རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །འབྲས་བུ་དེ་འདྲ་ཉིད་དུ་འགྱུར། ། ཞེས་དང་། རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པའོ། ། ཞེས་པ་ལྟར་འདུན་པ་དྲག་པོའི་སྒོ་ནས་དགེ་བ་ཐམས་ཅད་ཀྱི་མཇུག་ཏུ། སེམས་ཅན་ཐམས་ ཅད་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །གནས་སྐབས་བྱང་ ཆུབ་ཀྱི་སེམས་གཉིས་སྦྱོང་བ་དང་མི་འབྲལ་བར་གྱུར་ཅིག །རྐྱེན་གང་བྱུང་བ་ཐམས་ཅད་ ཆོས་འདིའི་གྲོགས་སུ་འགྱུར་བར་གྱུར་ཅིག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ནས། །བདུད་ཀྱི་ལས་ ཀྱང་སྤང་བར་ཤོག །ཅེས་པ་ལ་སོགས་པའི་སྨོན་ལམ་རྣམ་པར་དག་པ་ཡང་ཡང་གདབ་ཅིང་། བླ་མ་དཀོན་མཆོག་ཆོས་སྐྱོང་སྲུང་མ་རྣམས་ལའང་མཆོད་པ་དང་གཏོར་མ་ཕུལ་ནས་དེ་ལྟར་ འགྲུབ་པར་མཛད་དུ་གསོལ་ཞེས་གསོལ་བ་དྲག་ཏུ་གདབ་སྟེ། གདམས་ངག་ཟབ་མོ་མདོར་ བསྡུས་ཏེ་བསྟན་པའོ། ། ཐེག་ཆེན་འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་གོམས་པ་གཅེས། །ཞེས་པ་ ནི་ཆོས་འདི་ལ་སྦྱངས་པའི་གང་ཟག་དེ་འཆི་ངེས་པའི་ནད་ཀྱིས་ཐེབས་པ་ན། སྔར་བསྟན་པ་ ལྟར་དུས་འཆི་ཁ་བར་དོ་སྐྱེ་བ་ཐམས་ཅད་དུ་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་འདི་ དང་མི་འབྲལ་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་ཡང་ཡང་བྱ་ཞིང་། དེ་ཉིད་ལ་རྩེ་གཅིག་ ཏུ་གོམས་པའི་སྟོབས་བསྐྱེད་དེ་དཀར་པོ་དགེ་བའི་ས་བོན་སྤེལ་བའི་ཆེད་དུ། ལོངས་སྤྱོད་ ཐམས་ཅད་དཀོན་མཆོག་མཆོད་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་གང་ཆེ་བའི་ཕྱོགས་ སུ་ཐོངས་བྱས་ལ། སྔར་ཡང་བདག་ཉིད་གཅེས་པར་འཛིན་པའི་རྣམ་རྟོག་ངན་པ་འདིས་འཆི་ 3-1-382 བ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་ཡིན་སྙམ་དུ་རྣམ་པར་སུན་འབྱིན་པའི་ སྟོབས་བསྐྱེད་ནས། ད་ཕྱིན་ཆད་རང་གི་ལུས་དང་ལོངས་སྤྱོད་ལ་གཅེས་འཛིན་གྱི་རྟོག་པ་ སྤངས་ཏེ་གཞན་ལ་བཏང་བས་ཕན་ཐོགས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་འཆི་ བ་ལ་སོགས་པའི་སྡུག་བསྔལ་བདག་ལ་སྨིན་ནས། གཞན་ཐམས་ཅད་འཆི་བ་མེད་པ་ཐར་ པའི་གོ་འཕང་ཐོབ་པར་གྱུར་ཅིག །བདག་ཀྱང་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ གཉིས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ཆོས་འདི་སྟོན་པའི་དགེ་བའི་བཤེས་ གཉེན་དང་མི་འབྲལ་བར་གྱུར་ཅིག་ཅེས་པ་ལ་སོགས་པའི་སྨོན་ལམ་གྱི་སྟོབས་བསྐྱེད་པར་ བྱའོ། ། དེ་ལྟར་གོམས་པར་བྱས་ན། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་ བསམས་ན་ཡང་། །ཕན་འདོགས་བསམ་པ་དང་ལྡན་དེ། །བསོད་ནམས་དཔག་མེད་ལྡན་ གྱུར་ན། །ཞེས་པ་ལྟར། སྔོན་དེད་དཔོན་མཛའ་བོའི་བུ་མོས་མའི་མགོ་ལ་གནོད་པ་ཅུང་ ཟད་བྱས་པའི་རྣམ་སྨིན་གྱིས་ཉེ་ཚེ་བའི་དམྱལ་བར་མགོ་ལ་ལྕགས་ཀྱི་འཁོར་ལོ་མེ་འབར་ བ་འཁོར་བའི་སྡུག་བསྔལ་དྲག་པོ་མྱོང་བ་ན་འདི་ལྟ་བུའི་སྡུག་བསྔལ་མྱོང་བར་འགྱུར་བའི་ སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག་སྙམ་དུ་བསམ་མ་ཐག་ ཤི་འཕོས་ཏེ་ལྷར་སྐྱེས་པ་ལ་སོགས་པའི་བསོད་ནམས་དཔག་ཏུ་མེད་པ་ཐོབ་པ་དང་། སེམས་ གསལ་གཅིག་གི་འབྲས་བུ་ཡང་། །ཚངས་ལ་སོགས་པ་ཡིན་པ་ལྟར། །ཞེས་པའི་དོན་མྱང་ འདས་ཀྱི་མདོ་ལས། བུད་མེད་གཅིག་གི་བུ་ཆུས་ཁྱེར་བ་ལ་བྱམས་པའི་སེམས་གསལ་པོ་ སྐད་ཅིག་སྐྱེས་ནས། འདོམས་གང་དུ་ཕྱིན་པ་ན་ཤི་འཕོས་ཏེ་ཚངས་པའི་འཇིག་རྟེན་དུ་སྐྱེས་ པར་གསུངས་པ་ལ་སོགས་པ་གནས་སྐབས་མངོན་པར་མཐོ་བ་དང་མཐར་ཐུག་ངེས་པར་ ལེགས་པ་ཡང་འཆི་ཁའི་ལས་སྟོབས་ལྡན་ལ་བརྟེན་ནས་འགྲུབ་ཅིང་། འཕོ་བའི་རབ་ཆོས་ 3-1-383 ཉིད་འོད་གསལ་ལ་འཕོས་པ་ནི་དོན་དམ་བྱང་ཆུབ་སེམས་ཟབ་མོ་སྟོང་པ་ཉིད་བསྒོམས་པ་ ལས་འགྲུབ་པ་ཉིད་དོ། ། བློ་སྦྱོང་གི་འབྱོངས་ཚད་བསྟན་པ་ནི། ཆོས་ཀུན་དགོངས་པ་གཅིག་ཏུ་འདུས། །ཞེས་པ་ སྟེ་རྒྱན་ལས། ཐུབ་པས་གསུངས་པའི་དམ་ཆོས་ལེགས་བཤད་པ། །རྩ་བ་ཆོས་ཀྱི་དབྱིངས་ལ་ བློ་གྲོས་བཞག །ཅེས་པ་དང་། འདི་ལྟར་ཆོས་རྣམས་ཐམས་ཅད་ནི། །བདག་མེད་པ་ཡི་དོན་ དུ་ན། །སྟོང་ཉིད་བདག་ཏུ་དམིགས་པ་ནི། །ཉེས་པ་བཤད་པར་ཁོ་ན་ཡིན། །ཞེས་པ་ལྟར་ སངས་རྒྱས་བཅོ་ལྡན་འདས་ཀྱིས་ཐེག་པ་ཆེ་ཆུང་གི་ཆོས་གསུངས་པ་སོགས་ཆོས་ཀྱི་དབྱིངས་ བདག་མེད་རྟོགས་པའི་དོན་དང་བདག་འཛིན་སྤོང་བའི་དོན་དུ་དགོངས་པ་མཐུན་པ་ཡིན་པ་ ལ། དེ་ལྟར་མ་རྟོགས་པར་རྣམ་འགྲེལ་དུ། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ ཆ་ལས་འཛིན་དང་སྡང་། །དེ་དག་དང་ནི་འབྲེལ་བ་ལས། །ཉེས་པ་ཐམས་ཅད་འབྱུང་བར་ འགྱུར། །ཞེས་པ་ལྟར་བདག་མེད་པར་བདག་ཏུ་བཟུང་ནས། རང་ཕྱོགས་ལ་ཆགས་ཏེ་གཅེས་ པར་འཛིན་པ་དང་། གཞན་ཕྱོགས་ལ་སྡང་ཞིང་ཁྲོ་བ་ལ་སོགས་པ་ཉོན་མོངས་པའི་དབང་ གིས་ལས་ངན་པ་བསགས་ན་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་མི་འགྱུར་བས། འཇིག་ རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིག་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་ བདག་ཏུ་འཛིན་པ་ལས་འགྱུར་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་པ་ལྟར་ ཉེས་པ་ཐམས་ཅད་ཀྱི་རྩ་བ་རང་ཕྱོགས་ལ་གཅེས་པར་འཛིན་པའི་རྣམ་རྟོག་སྤངས་ཏེ། ཆོས་ གང་བྱེད་ཐམས་ཅད་བདག་འཛིན་གྱི་གཉེན་པོར་འགྱུར་ཞིང་། དེ་ལྟར་རྒྱུད་གོམས་པ་དང་། གཞན་གྱི་སྡུག་བསྔལ་ཞི་དགའ་བས། །པད་མའི་མཚོ་ལ་ངང་པ་ལྟར། །མནར་མེད་པར་ཡང་ འཇུག་པར་བྱེད། །ཅེས་པ་ལྟར་གཞན་དོན་གྱི་དཀའ་སྤྱད་ལ་སྤྲོ་བས་འཇུག་པ་ཅིག་བྱུང་ན་ ཐེག་ཆེན་གྱི་ཆོས་ལ་བློ་འབྱོངས་པའི་ཚད་ཡིན་ནོ། ། 3-1-384 དཔང་པོ་གཉིས་ཀྱིས་གཙོ་བོ་བཟུང་། །ཞེས་པ་ལ་གྲོགས་དགེ་བའི་བཤེས་གཉེན་གྱི་ དཔང་པོ་ནི་སྤྱོད་པ་གྲོགས་ཀྱིས་མ་ཁྲེལ་བ་སྟེ། སྐྱེས་རབས་ལས། མ་མཐོང་བཞིན་དུ་སྡིག་ པ་བྱས་ན་ཡང་། །དུག་ཟོས་བཞིན་དུ་བདེ་བ་ག་ལ་ཡོད། །ལྷ་དང་རྣལ་འབྱོར་ཅན་གྱི་མི་དག་ གིས། །རྣམ་དག་མི་ཤེས་མི་མཐོང་མི་སྲིད་དོ། །ཞེས་པ་ལྟར་གྲོགས་བཟང་པོས་ཁྲེལ་ན་མི་ རུང་སྙམ་དུ་གཞན་རྒྱུ་མཚན་དུ་བྱས་ཏེ་སྡིག་པ་སྤངས་ཤིང་དགེ་བ་རྣམ་དག་སྤྱད་པ་ལས། གཞན་མང་པོས་ཀྱང་གང་སྨོན་དེ་ཆོས་བཟང་པོ་ཞིག་བྱུང་འདུག་ཅེས་ཟེར་བ་དང་། ཁྱད་པར་ འཕགས་པ་རྣམས་ཀྱིས་ཐུགས་ཀྱིས་མ་ཁྲེལ་བར་བསྟོད་བཀུར་བསྔགས་པ་ཐོབ་པའང་ཡིན་ ལ། རང་རིག་པའི་དཔང་པོ་ནི་ཆོས་སེམས་ཀྱིས་མ་ཁྲེལ་བ་སྟེ། ལུས་དང་སེམས་ཀྱི་གནས་ སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་ བའི་མཚན་ཉིད་དོ། །ཞེས་པ་ལྟར་རང་གི་སྒོ་གསུམ་གྱི་སྤྱོད་པ་ལ་རང་གིས་བརྟགས་ནས་ རང་རྒྱུ་མཚན་དུ་བྱས་ཏེ་མི་རུང་བ་ལ་འཛེམ་ཞིང་དགེ་བ་རྣམ་དག་སྤྱོད་པ་ངོ་ཚ་ཤེས་པ་ཡིན་ ཞིང་། དེ་ལྟ་ན་རྒྱན་ལས། བྱིས་པ་ཤིན་ཏུ་གོས་བཟང་གྱོན་ཡང་ནི། ཁྲེལ་དང་བྲལ་ཕྱིར་ཉེས་ པའི་དྲི་མ་ཅན། །རྒྱལ་སྲས་ངོ་ཚ་ཤེས་པའི་གོས་ཅན་ནི། །དགའ་བ་མེད་ཀྱང་ཉེས་པའི་དྲི་ མ་བྲལ། །ཞེས་པ་གསུངས་པ་ལྟར་ཕལ་པ་རྣམས་ལས་བྱང་ཆུབ་སེམས་དཔའ་ཁྱད་པར་དུ་ འཕགས་པའི་སྒོ་ནས་ཀྱང་བློ་འབྱོངས་པའི་རྟགས་ཡིན་ནོ། ། ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཞེས་པ་ནི། སེམས་ཅན་རྣམས་ནི་གྲོལ་བ་ན། ། དགའ་བའི་རྒྱ་མཚོ་གང་ཡིན་པ། །དེ་ཉིད་ཀྱིས་ནི་ཆོག་མིན་ནམ། །ཐར་པ་འདོད་པས་ཅི་ཞིག་ བྱ། །ཞེས་པ་ལྟར་བློ་ལེགས་པར་འབྱོངས་པའི་སྟོབས་ཀྱིས་དེང་ཕྱིན་ཆད་རྐྱེན་བཟང་ངན་ཅི་ བྱུང་ཡང་བྱང་ཆུབ་ཀྱི་སེམས་བསྒོམ་པའི་གྲོགས་སུ་ཁྱེར་བས་ཆོག་སྙམ་པའི་གདེང་ཐོབ་ན་ འབྱོངས་པའི་ཚད་ཡིན་པས། དམ་ཆོས་འོ་མ་བསྲུབ་པ་ལས། །མར་གྱི་ཉིང་ཁུ་བྱུང་བ་ཡིན། ། 3-1-385 ཞེས་པ་ལྟར་བསྟན་པའི་སྙིང་པོ་ཐེག་ཆེན་གྱི་བསམ་སྦྱོར་ཕུན་སུམ་ཚོགས་པ་ཐོབ། ལམ་ བདེ་བ་འཇུག་པ་མེད་པ་བདེ་བ་ནས་བདེ་བར་འགྲོ་བ་ཡིན་པས་དོན་ཆེན་པོ་གྲུབ་སྙམ་དུ་ ལེགས་པར་ཤེས་པའི་ཡིད་བདེ་དང་དགའ་བ་འབའ་ཞིག་རྒྱུན་དུ་བསྟེན་པར་བྱའོ། ། ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཞེས་པ་ནི། རྒྱན་ལས། ཕྱེ་མ་ལེབ་དང་འདབ་ ཆགས་དང་། །རྒྱ་མཚོ་དག་གིས་རི་རབ་ལྟར། །བརྟེན་ན་གྲོགས་ངན་སྡུག་བསྔལ་དང་། ། ཟབ་མོ་ཐོས་པས་མི་གཡོའོ། །ཞེས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་རྐྱེན་ཆུང་འབྲི ང་ ཆེན་པོ་གང་གིས་ཀྱང་ཐེག་ཆེན་གྱི་ཆོས་ལས་མི་གཡོ་ཞིང་བརྟན་པར་གྱུར་པ་སྟེ། རྟ་རྩལ་ ཅན་ཡེངས་པའི་ངང་ལ་རྟ་འགྲོགས་ཀྱང་མི་ལྷུང་བ་དང་འདྲ་བར། མ་བརྟགས་པར་ཡེངས་ པའི་ངང་ལ་གློ་བུར་གནོད་བྱེད་ལ་སོགས་པའི་རྐྱེན་ངན་པ་བྱུང་བ་ལ་ཞེ་སྡང་ལ་སོགས་པ་ མི་སྐྱེ་བར་བློ་སྦྱོང་དང་བཟོད་པ་བསྒོམ་པའི་གྲོགས་བཟང་པོ་བྱུང་གི་སྙམ་དུ་དགའ་བའི་སྒོ་ ནས། འདི་དང་བདག་གིས་བསྒྲུབས་པས་ན། །དེ་ཕྱིར་བཟོད་པའི་འབྲས་བུ་འདི། །འདི་ལ་ ཐོག་མར་སྦྱིན་འོས་ཏེ། །འདི་ལྟར་དེ་ནི་བཟོད་པའི་རྒྱུ། །ཞེས་པ་ལྟར་བདག་གིས་བཟོད་པའི་ འབྲས་བུ་བྱང་ཆུབ་ཐོབ་པ་ན་གནོད་བྱེད་འདི་ལ་ཐོག་མར་ཕན་གདག་པར་བྱའོ་སྙམ་པའི་ བསམ་པ་བཟང་པོ་སྐྱེ་ན་འབྱོངས་པའི་ཚད་ཡིན་པས་དེ་ལྟ་བུར་འགྱུར་བ་ལ་འབད་དེ་བསླབ་ པར་བྱའོ། །འབྱོངས་ཚད་འདི་རྣམས་ཀྱང་བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་ཡིན་གྱི། མཐར་ ཕྱིན་པ་ནི་མ་ཡིན་པས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྒོམ་པར་བྱའོ། ། བློ་སྦྱོང་གི་དམ་ཚིག་བསྟན་པ་ནི། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །ཅེས་པ་ནི་བསྟན་ པ་སྤྱི་དང་མི་འགལ་བ། བླ་མའི་རྣམ་ཐར་དང་མི་འགལ་བ། བློ་སྦྱོང་ཕྱོགས་རེ་བ་མ་ཡིན་པ་ གསུམ་ལ་སློབ་སྟེ། དང་པོ་ནི། མདོ་ལས། སྡིག་པ་ཐམས་ཅད་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པ་ 3-1-386 སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པ་ ལྟར་བསླབ་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་སློབ་ཅིང་རང་གི་སེམས་རྒྱུད་འདུལ་བར་ བྱེད་པ་ཡིན་པས། ང་ཐེག་ཆེན་ཡིན་སྙམ་པའི་ང་རྒྱལ་གྱིས་བསླབ་བྱ་ཕྲ་མོ་ཁྱད་དུ་གསོད་པ་ སྤངས་ཏེ། འདུལ་བར་བསྡུ་བར། ལྟུང་འདིའི་རྒྱུ་ཡང་རྣམ་བཞི་སྟེ། །མི་ཤེས་པ་དང་མ་གུས་ དང་། །ཉོན་མོངས་མང་དང་བག་མེད་པའོ། །ཞེས་པ་རྣམས་ཀྱང་སྤང་ཞིང་། ཐོས་བསམ་ གྱིས་བླང་དོར་གྱི་གནས་ཤེས་པ་དང་། སངས་རྒྱས་ཀྱི་གསུང་ལ་གུས་པ་དང་། ཉོན་མོངས་ པའི་གཉེན་པོ་བསྐྱེད་པ་དང་། སྒོ་གསུམ་གྱི་སྤྱོད་པ་བག་ཡོད་པའི་སྒོ་ནས་སོ་སོར་ཐར་པའི་ སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་དང་གསང་སྔགས་ཀྱི་སྡོམ་པ་རང་རང་གིས་ཇི་ ལྟར་ཁས་བླངས་པ་རྣམས་མ་ཉམས་པར་བསྲུང་བ་ལ་འབད་པར་བྱ་སྟེ། དེ་བས་ཇི་ལྟར་དམ་ བཅས་བཞིན། །བདག་གིས་གུས་པས་བསྒྲུབ་པར་བྱ། །ཞེས་པ་ལྟར་རོ། ། གཉིས་པ་ནི། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། ། བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏང་ངོ་། །ཞེས་པ་ལྟ་ བུའི་བླ་མ་བཟང་པོ་རྣམས་ཀྱིས་བཅས་པའི་བཀའ་སྲོལ་ལམ་རྣམ་པར་ཐར་པ་རྣམས་དང་མི་ འགལ་བར་བསླབ་པར་བྱ་ཞིང་། གང་དང་འགྲོག་ན་སྡིག་པ་འཕེལ་བར་འགྱུར་བའི་གྲོགས་ ངན་པ་རྣམས་སྤངས་ཏེ། གཞན་གྱི་སེམས་ནི་བསྲུང་བའི་ཕྱིར། །བསླབ་པ་མཐོང་ནས་ཡང་ དག་སྤྱད། །འཇིག་རྟེན་མ་དད་འགྱུར་བ་ཀུན། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་པ་ དང་། སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་གཞན་མེད། །ཅེས་པ་ ལྟར་གཞན་མ་དད་པར་འགྱུར་བའི་སྤྱོད་པ་ངན་པ་རྣམས་འདོར་ནས། སེམས་ཅན་མགུ་བར་ བྱ་བའི་སྤྱོད་པ་རྣམ་པར་དག་པ་ལ་བསླབ་པར་བྱའོ། ། གསུམ་པ་ནི། འབྱུང་བའི་གནོད་པ་ལ་བཟོད་ཀྱི་སེམས་ཅན་གྱི་གནོད་པ་ལ་མི་བཟོད་ 3-1-387 པ་དང་། མིའི་གནོད་པ་ལ་བཟོད་ཀྱི་འདྲེའི་གནོད་པ་ལ་མི་བཟོད་པ་དང་། མཐོ་བ་ལ་གུས་ ཀྱི་དམའ་བ་ལ་བརྙས་པ་དང་། གཉེན་ལ་བྱམས་ཀྱི་དགྲ་ལ་སྡང་བ་ལ་སོགས་པ་ཕྱོགས་རེ་ བའི་བསམ་པ་སྤངས་ཏེ། འགྲོ་བ་འདི་ཀུན་ཐུགས་རྗེའི་བདག་ཅན་ཏེ། །བདག་ཏུ་མཛད་པ་ འདི་ལ་ཐེ་ཚོམ་མེད། །སེམས་ཅན་ངོ་བོར་མཐོང་བ་འདི་དག་ནི། །མགོན་དེ་བདག་ཉིད་ཅིའི་ ཕྱིར་གུས་མི་བྱེད། །ཅེས་པ་ལྟར་སེམས་ཅན་ཐམས་ཅད་རང་བཞིན་སངས་རྒྱས་ཀྱི་སྙིང་པོ་ ཅན་དུའང་མཚུངས་པའི་ཆ་ནས་ཀྱང་དག་སྣང་ཕྱོགས་མེད་དུ་སྦྱང་ཞིང་། ནམ་མཁའི་མཐར་ ཐུག་གྱུར་པའི་སེམས་ཅན་རྣམས། །གང་གི་མར་མ་གྱུར་པ་གཅིག་ཡོད་མིན། །ཞེས་པ་ལྟར། གནས་སྐབས་དྲིན་ཅན་གྱི་མར་མཚུངས་པའི་ཆ་ནས་ཀྱང་བྱམས་སྙིང་རྗེ་ཕྱོགས་མེད་དུ་ བསྒོམ་པར་བྱའོ། ། འདུན་པ་བསྒྱུར་ལ་རང་སོར་གཞག །ཅེས་པ་ནི་སྔར་ཡུན་རིང་པོར་གོམས་པའི་དབང་ གིས་རང་ལ་གཅེས་པར་འཛིན་པའི་འདུན་པ་གཅིག་ཡོད་པ་དེ། བདག་ནི་གཞན་གྱི་དབང་ གྱུར་ཞེས། །ཡིད་ཁྱོད་དེ་ལྟར་ཤེས་གྱིས་ལ། །སེམས་ཅན་ཀུན་དོན་མ་གཏོགས་པ། །ད་ནི་ ཁྱོད་ཀྱིས་གཞན་མི་བསམ། །ཞེས་པ་ལྟར་དེང་ཕྱིན་ཆད་བདག་བས་གཞན་གཅེས་ཀྱི་བསམ་ པར་འདུན་པ་བསྒྱུར་ལ། ཆུ་སྐྱར་བྱི་ལ་ཆོམ་རྐུན་དག །སྒྲ་མེད་འཇབ་ཅིང་འགྲོ་བ་ལྟར། ། མངོན་པར་འདོད་པའི་དོན་སྒྲུབ་པ། །ཐུབ་པས་རྟག་ཏུ་དེ་བཞིན་སྤྱད། །ཅེས་པ་ལྟར་སྤྱོད་ ལམ་ཞི་ཞིང་དུལ་བ་མངོན་ཚན་ཆུང་ངུས་རང་སོར་བཞག་སྟེ་གཞན་དོན་འབའ་ཞིག་ལ་སྤྲོ་ བས་འཇུག་པར་བྱའོ། ། ཡན་ལག་ཉམས་པ་རྣམས་མི་བརྗོད། །ཅེས་པ་ནི་སྤྱིར་འཇིག་རྟེན་པའི་སྐྱོན་ལོང་བ་ དང་འོན་པ་དང་ལྡབ་ལྡིབ་དང་ལྐུགས་པ་དང་ཞ་བོ་དང་ཐེངས་པོ་དང་གླེན་པ་ལ་སོགས་པ་མི་ མཐོང་ན། དེ་རྣམས་བདག་ལ་སྨིན་པར་གྱུར་ཅིག་སྙམ་དུ་བློ་སྦྱོང་བར་བྱའི། སྐྱོན་དེ་རྣམས་ 3-1-388 ངག་ཏུ་བརྗོད་པར་མི་བྱ་ཞིང་། ཁྱད་པར་ཆོས་པའི་སྐྱོན་ཚུལ་ཁྲིམས་འཆལ་བ་ལ་སོགས་པ་ མཐོང་ན་ཡང་། སྡུད་པར། འདི་ནི་ཁྲིམས་ལྡན་འདི་ནི་ཁྲིམས་འཆལ་ཞེས། །སྣ་ཚོགས་འདུ་ ཤེས་ཞུགས་པ་ཤིན་ཏུ་ཚུལ་ཁྲིམས་འཆལ། །ཞེས་གསུངས་པས་ཚུལ་ཁྲིམས་མི་བསྲུང་བ་དང་ ཐོས་པ་ཆུང་བ་དང་སྒོམ་པ་ལ་མི་བརྩོན་པ་དང་བསམ་པ་ངན་པ་ལ་སོགས་པའི་སྐྱོན་རྣམས་ མི་བརྗོད་པར། ཡོན་ཏན་ཀུན་ཚང་དཀོན་པ་ལྟར། །ཡོན་ཏན་གཅིག་ཀྱང་མེད་པའང་དཀོན། ། ཞེས་པ་ལྟར་ཡོན་ཏན་གྱི་ཆ་གང་ཡིན་པ་ནས་བརྗོད་ཅིང་། དགའ་བ་བསྐྱེད་པར་བྱ་སྟེ། གཞན་གྱིས་ཡོན་ཏན་ལྡན་བསྟོད་པས། །གལ་ཏེ་དགའ་བའི་བདེ་ཐོབ་ན། །ཡིད་ཁྱོད་ཀྱང་ནི་ དེ་བསྟོད་ནས། །ཅི་ཕྱིར་དེ་ལྟར་དགའ་མི་བྱེད། །ཅེས་པ་ལྟར་རོ། ། གཞན་ཕྱོགས་གང་ཡང་མི་བསམ་མོ། །ཞེས་པ་ནི་སྤྱིར་སེམས་ཅན་ཐམས་ཅད་དང་ཁྱད་ པར་ཆོས་སྒོར་ཞུགས་རྣམས་ལ་སྐྱོན་གྱི་རྣམ་པ་མཐོང་ན། རང་ཉིད་སྣང་བ་མ་དག་པས་ལན་ པ་ཡིན་གྱི། གཞན་གྱི་ཕྱོགས་ལ་ཉེས་པ་མེད་དེ་རང་བཞིན་རྣམ་དག་ནི་སངས་རྒྱས་ཀྱི་སྙིང་ པོ་ཅན་ཡིན་ལ། སྐྱོན་དུ་སྣང་བ་ནི་ཡང་རྒྱུ་གློ་བུར་གྱི་དྲི་མ་བརྟག་ན་བདེན་པར་མ་གྲུབ་རྨི་ ལམ་སྒྱུ་མ་ལྟ་བུ་ཡིན་སྙམ་དུ་བསམ་ནས་ཡོན་ཏན་གྱི་ཆ་ལ་དག་སྣང་ཕྱོགས་མེད་དུ་བསྐྱེད་ པར་བྱའོ། །གཞན་གྱི་གནོད་པ་སྣ་ཚོགས་བྱས་ནའང་རང་རང་གིས་དེ་ལྟ་བུ་མྱོང་བར་འགྱུར་ བའི་ལས་བྱས་པའི་ཉེས་པ་ཡིན་སྙམ་དུ་བསམ་ཞིང་། རང་གིས་གཞན་ལ་གནོད་པ་ཅུང་ཟད་ བྱས་པ་དྲན་ནའང་སླན་ཆད་སྤོང་བའི་བསམ་པས་བཤགས་སྙམ་ལ་འབད་པ་བྱ་སྟེ། གཞན་ གྱིས་ཉེས་པ་བྱས་པ་ཡང་། །རང་གི་སྐྱོན་དུ་བསྒྱུར་བྱོས་ལ། །བདག་གི་ཉེས་པ་ཆུང་བྱས་ཀྱང་། ། ཐུབ་པ་ཆེ་ལ་རབ་ཏུ་ཤོག །ཅེས་པ་ལྟར་རོ། ། ཉོན་མོངས་གང་ཆེ་སྔོན་ལ་སྦྱང་། །ཞེས་པ་ནི། གལ་ཏེ་ལྷ་དང་ལྷ་མི་རྣམས། །ཐམས་ ཅད་བདག་ལ་དགྲར་ལངས་ཀྱང་། །དེ་དག་གིས་ནི་མནར་མེད་པའི། །མེ་ནང་ཁྲིད་ཅིང་ 3-1-389 འཇུག་མི་ནུས། །ཞེས་པ་ལྟར་དགྲ་གཞན་ཇི་ཙམ་སྟོབས་ཆེའང་མནར་མེད་ལ་སོགས་པར་ ཁྲིད་མི་ནུས་ཤིང་། བཟོད་པ་དང་བློ་སྦྱོང་སྒོམ་པའི་གྲོགས་སུ་ཡང་འགྱུར་བ་ཡིན་པ་ལ། ཉོན་ མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་ཕྲད་ན་རི་རབ་ཀྱང་། །ཐལ་བར་ཡང་ནི་མི་ལུས་ པ། །དེར་བདག་སྐད་ཅིག་གཅིག་ལ་འདོར། །ཞེས་པ་ལྟར་ཉོན་མོངས་པའི་དགྲ་བོ་དེ་དམྱལ་ བ་ལ་སོགས་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ཡིན་པས། དེ་ལྟས་ཉོན་མོངས་ གཞོམ་པ་ལ། །རྟག་ཏུ་ཕྱིར་མི་ལྡོག་པར་བྱ། །ཞེས་པ་དང་། བདག་ནི་བསྲེག་སྟེ་བསད་གྱུར་ ཏམ། །བདག་གི་མགོ་བོ་བཅད་ཀྱང་བླའི། །རྣམ་པ་ཀུན་དུ་ཉོན་མོངས་པའི། །དགྲ་ལ་ འདུད་པར་མི་བྱའོ། །ཞེས་པ་ལྟར་རང་གི་རྒྱུད་ལ་ཉོན་མོངས་གང་ཤས་ཆེ་བརྟགས་ནས་དེའི་ གཉེན་པོ་བསྒོམ་པར་བྱ་སྟེ། སྟོང་ཉིད་ལྟ་བས་གྲོལ་འགྱུར་ཏེ། །སྒོམ་པ་ལྷག་མ་དེ་དོན་ཡིན། ། ཞེས་པ་ལྟར་ས་བོན་རྩ་བ་ནས་སྤོང་བ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ ལ་སོགས་པའི་ཏིང་ངེ་འཛིན་དང་། དཔུང་བཟང་ལས། འདོད་ཆགས་ཤས་ཆེ་མི་སྡུག་ཤ་ ཚིལ་དང་། །པགས་པ་ཀེང་རུས་ལྟ་བས་རྣམ་པར་བཟློག །བྱམས་དང་སྙིང་རྗེའི་ཆུས་གདབ་ ཞེ་སྡང་ལ། །གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །ཞེས་པ་ལྟར་མངོན་གྱུར་མགོ་གནོན་ པས་སྤོང་བ་འདོད་ཆགས་ཤས་ཆེ་ན་མི་སྡུག་པ་དང་། ཞེ་སྡང་ཤས་ཆེ་ན་བྱམས་པ་དང་སྙིང་ རྗེ་དང་། གཏི་མུག་ཤས་ཆེ་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཁྱད་པར་ཤེས་པའི་སྒོ་ནས་ སྦྱོང་བ་ལ་འབད་པར་བྱའོ། ། འབྲས་བུ་རེ་བ་ཐམས་ཅད་སྤང་། །ཞེས་པ་ནི། སྐྱེས་རབས་ལས། ང་འབད་འདི་ཀུན་ས་ ཀུན་ཐོབ་ཕྱིར་མིན། །མཐོ་རིས་བདེ་དང་རྒྱལ་སྲིད་ཐོབ་ཕྱིར་མིན། །བདག་གིས་དམ་ཆོས་ མཆོག་ཉིད་ཐོབ་ཕྱིར་མིན། །ཞེས་པ་ལྟར་བློ་སྦྱོང་སྒོམ་པའི་འབྲས་བུ་ཚེ་འདིའི་རྙེད་པ་དང་ བཀུར་སྟི་དང་། ཕྱི་མར་ལྷ་མིའི་བདེ་བ་དང་རྒྱལ་སྲིད་ཀྱི་འབྱོར་པ་དང་། རང་ཉིད་གཅིག་ 3-1-390 པུ་མྱ་ངན་ལས་འདས་པའི་བདེ་བ་ལ་སོགས་པ་སྲིད་པ་དང་ཞི་བའི་འབྱོར་པ་ལ་རེ་བ་ཐམས་ ཅད་སྤང་བར་བྱ་ཞིང་། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། །གོ་འཕང་ཐོབ་ ཕྱིར་སྐྱོན་གྱི་དགྲ་བརྟུལ་ནས། །རྒ་ནད་འཆི་བའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ ལས་འགྲོ་བ་སྒྲོལ་བར་འདོད། །ཅེས་པ་ལྟར་གཞན་གི་དོན་དུ་སྲིད་ཞིའི་མཐའ་ལ་མི་གནས་ པའི་མྱ་ངན་འདས་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབས་ནས་སེམས་ཅན་ཐམས་ཅད་ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བའི་ཆེད་དུ་འབད་པར་བྱའོ། ། དུག་ཅན་ཟས་སྤང་འགྲོགས་སྙིང་མིན། །ཞེས་པ་ནི་སྔ་མ་ལྟར་བདག་ལ་ཕན་འདོད་དུག་ ཅན་མི་ཟ་ལྟར། ཆོས་མིན་འདྲེས་པའི་བདེ་བ་མི་འདོད་དོ། །ཞེས་པ་ལྟར་རང་དོན་འབའ་ ཞིག་ཞེ་ལ་བཞག་པའི་དགེ་བ་ནི་དུག་ཅན་གྱི་ཟས་ཟ་བ་དང་འདྲ་བས་སྤངས་ཏེ། དགེ་བ་ གང་བྱེད་གཞན་དོན་ཁོ་ན་སྒྲུབ་པ་ལ་འབད་པར་བྱ་ཞིང་། གཞན་གྱི་གནོད་པ་ལ་འགྲོགས་ ཡུན་རིང་དུ་བྱེད་པ་དང་འདྲ་བའི་ཁྲོ་བ་དང་ཁོན་འཛིན་དྲག་པོ་བྱེད་པ་ནི་རང་གཞན་གཉིས་ ཀ་ལ་གནོད་པའི་རྒྱུ་ཡིན་པས་སྤངས་ནས་སྙིང་རྗེ་ཆེན་པོ་བསྒོམ་པར་བྱ་སྟེ། ཞེ་སྡང་ཟུག་རྔུའི་ སེམས་འཆང་ན། །ཡིད་ནི་ཞི་བ་ཉམས་མི་མྱོང་། །དགའ་དང་བདེ་བ་མི་འཐོབ་ལ། །གཉིད་ མི་འོང་ཞིང་བརྟན་མེད་འགྱུར། །ཞེས་པ་དང་། ཉོན་མོངས་སྐྱེས་པས་དེ་ལྟ་བུར། །བདག་ གསོད་ལ་སོགས་ཞུགས་པ་ལ། །སྙིང་རྗེ་རྒྱ་ལ་མ་སྐྱེས་ནའང་། །ཁྲོ་བར་འགྱུར་བ་ཅིའི་ཐ་ཚིག ། ཅེས་པ་ལྟར་རོ། ། ཤགས་ངན་འཕྲང་སྒུགས་མི་བྱ་ཞིང་། །ཞེས་པ་ནི་གཞན་གྱི་རང་ལ་ཚིག་ངན་སྨྲས་པའི་ ལན་དུ་གཤེ་ཡང་སླར་མི་གཤེ་བར་བྱ་ཞེས་པ་ལྟར་ཚིག་ངན་སྨྲ་བ་སྤངས་ཏེ། སྨྲ་ན་ཡིད་ ཕེབས་འབྲེལ་བ་དང་། །དོན་གསལ་ཡིད་དུ་འོང་བ་དང་། །ཆགས་དང་ཞེ་སྡང་སྤངས་པ་དང་། ། འཇམ་ཞིང་རན་པར་སྨྲ་བར་བྱ། །ཞེས་པ་ལྟར་གཞན་ལ་ཕན་པ་འབའ་ཞིག་སྨྲ་བར་བྱ་ཞིང་། 3-1-391 དེ་བཞིན་དུ་གཞན་གྱིས་གནོད་པ་བྱས་པ་ཞེ་ལ་བཞག་ནས་འཕྲང་ལ་སྒུགས་ཏེ་ལན་བྱ་བར་ ནུས་པའི་དུས་སུ་གནོད་ལན་འཇལ་བའང་སྤང་བར་བྱ་སྟེ། འོན་ཏེ་ལན་དུ་གནོད་བྱ་ན། །དེ་ དག་སྲུངས་པར་མ་གྱུར་པས། །བདག་གི་སྤྱོད་པའང་ཉམས་འགྱུར་ཞིང་། །དེས་ན་དཀའ་ ཐུབ་ཞིག་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། ། གནད་ལ་མི་དབབ་ཁལ་མི་བསྒྱུར། །ཞེས་པ་ནི། འཚང་འབྲུ་བ་ཡི་བསམ་པ་དང་། ། གལ་ཏེ་སྐྱོར་འབྱིན་བསླུ་སེམས་སམ། །གང་ཚེ་བདག་བསྟོད་ལྷུར་ལེན་པའི། །གཞན་ལ་ སྨོད་པ་ཉིད་དང་ནི། །གཤེ་བཅས་འགྱེད་དང་བཅས་གྱུར་པ། །དེ་ཚེ་ཤིང་བཞིན་གནས་པར་ བྱ། །ཞེས་པ་ལྟར་གཞན་གྱི་སྐྱོན་གནད་ལ་ཕབ་ནས་མཚང་འབྲུ་བ་དང་བདག་ལ་བསྟོད་ཅིང་ གཞན་ལ་སྨོད་པ་ལ་སོགས་པའང་སྤང་བར་བྱ་ཞིང་། རང་གི་སྟེང་དུ་འབབ་པའི་ཁལ་ལམ་ ཁུར་ཆེན་པོ་ལྟ་བུའི་ཉེས་པ་གཡོ་སྒྱུའི་སྒོ་ནས་གཞན་ལ་བསྒྱུར་བའང་མི་བྱ་སྟེ། བདག་ཕྱིར་ གཞན་ལ་གནོད་བྱས་ན། །དམྱལ་ལ་སོགས་པར་གདུང་བར་འགྱུར། །ཞེས་གསུངས་པའི་ ཕྱིར་རོ། ། འགྱོག་རྩེ་མི་གཏོད་གཏོ་བཟློག་མིན། །ཞེས་པ་ནི་ལོངས་སྤྱོད་ཐུན་མོང་དུ་ཡོད་པ་ལ་ ཐབས་སྣ་ཚོགས་ཀྱི་སྒོ་ནས་རང་གིས་ཐོབ་པར་བྱེད་པ་ནི་འགྱོག་གི་རྩེའི་འདོད་པར་འགྲོ་ བས་དེ་ལྟར་མི་བྱ་ཞིང་རང་སོར་འཇོག་པའི་བཟང་ཤོས་གཞན་གྱིས་ཐོབ་པའི་ཐབས་ལ་ འབད་པར་བྱའོ། །དེ་བཞིན་དུ་རང་བཟང་པོར་འདོད་པ་དང་། འདྲེ་གདོན་དང་ནད་ཞི་བར་ འདོད་པ་དང་། ཚེ་རིང་བ་དང་ལོངས་སྤྱོད་འཕེལ་བར་འདོད་པས་བློ་སྦྱོང་བསྒོམས་པ་ནི་ གཏོ་བཟློག་བྱེད་པ་དང་འདྲ་བས་དེ་ལྟར་མི་བྱ་ཞིང་། སེམས་ཅན་ཐམས་ཅད་ལ་ཕན་པ་ཁོ་ ནའི་དོན་དུ་བྱ་སྟེ། དེ་ལྟར་བྱས་ན། སེམས་ཅན་མགུ་ལས་བྱུང་བ་ཡི། །མ་འོངས་སངས་རྒྱས་ འགྲུབ་ལྟ་ཞོག །ཚེ་འདི་ཉིད་ལའང་དཔལ་ཆེན་དང་། །གྲགས་དང་སྐྱིད་འགྱུར་ཅིས་མ་མཐོང་། ། 3-1-392 ཞེས་པ་ལྟར་གནས་སྐབས་ཀྱི་འབྲས་བུ་མི་འདོད་ཀྱང་ཞོར་ལ་འབྱུང་བའི་ཕྱིར་རོ། ། ལྷ་མཆོག་བདུད་དུ་མི་དབབ་ཅིང་། །ཞེས་པ་ནི་འཇིག་རྟེན་པ་རྣམས་ཀྱི་རང་གི་ལྷ་མ་ མགུ་ན་བདུད་དུ་བབས་ནས་གནོད་པ་བྱེད་པ་དང་འདྲ་བར། བློ་སྦྱོང་གི་སྒོ་ནས་ང་རྒྱལ་དང་ རློམ་སེམས་ཆེན་པོ་བྱས་ན། ངན་འགྲོར་ང་རྒྱལ་གྱིས་ཁྲིད་དེ། །མི་ཡི་དགའ་སྟོན་བཅོམ་པ་ དང་། །གཞན་གྱི་ཟན་ཟའི་བྲན་དང་ནི། །གླེན་དང་མི་སྡུག་ཉམ་ཆུང་དང་། །ཐམས་ཅད་དུ་ ནི་བརྙས་པར་འགྱུར། །ཞེས་པ་ལྟར་ཆོས་ཉོན་མོངས་ཀྱི་གཉེན་པོར་མ་སོང་བར་འཁོར་བ་ ངན་སོང་གི་རྒྱུར་སོང་བ་སྲིད་པས། བདག་ལ་གཅེས་འཛིན་དང་ང་རྒྱལ་སྤངས་ཏེ། བདག་ནི་ བྲན་གྱི་ཐ་མ་ལྟར། །དོན་རྣམས་ཀུན་ལ་བཀོལ་བར་གྱིས། །ཞེས་པ་ལྟར་གཞན་དོན་ལ་སྤྲོ་ བས་འཇུག་པར་བྱའོ། །སྐྱིད་ཀྱི་ཡན་ལག་སྡུག་མི་ཚོལ། །ཞེས་པ་ནི་ཉེ་དུ་དང་མཆེད་གྲོགས་ ཤི་ན་དེ་དག་གི་ལོངས་སྤྱོད་ང་ལ་འོང་སྙམ་པ་དང་། ཡོན་བདག་ལ་བར་ཆད་བྱུང་ན་དེ་དག་ ལ་བརྟེན་པའི་ཚོགས་སོག་འོང་སྟེ་སྙམ་པ་དང་། དགྲའི་ཕྱོགས་ལ་མི་རུང་བ་བྱུང་ན་ཤིན་ཏུ་ ལེགས་སོ་སྙམ་པ་ལ་སོགས་པ་ནི་སྐྱིད་པའི་ཡན་ལག་ཏུ་སྡུག་བསྔལ་ཚོལ་བ་ཡིན་པས་དྲན་ པས་གཟུང་སྟེ་སྤང་བར་བྱའོ། །ཆོས་ཚུལ་བཞིན་བྱེད་པ་ལ་དངོས་སུ་དགྲ་སུ་ཡང་མེད་ཀྱང་། དགོན་སྡེ་དང་ཡུལ་ཕྱོགས་ལ་སོགས་པའི་ཕྱོགས་ཆ་བཟུང་ནས། དགྲའི་ཕྱོགས་ལ་ཉེས་པ་ ལ་དགའ་བ་བསྒོམ་པ་ནི་དོན་མེད་པ་ཆེན་པོ་སྟེ། གལ་ཏེ་དགྲ་ཞིག་མི་དགའ་ནའང་། །དེ་ལ་ ཁྱོད་དགར་ཅི་ཞིག་ཡོད། ཁྱོད་ཀྱི་ཡིད་སྨོན་ཙམ་གྱིས་ནི། །དེ་ལ་གནོད་པར་འགྱུར་རམ་ཅི། ། ཞེས་གསུངས་པ་ལྟར་རོ། །གལ་ཏེ་རང་འདོད་པ་བཞིན་དུ་དགྲའི་ཕྱོགས་ལ་སྡུག་བསྔལ་ ཆེན་པོ་བྱུང་ནའང་དགའ་བ་བསྒོམ་པར་མི་རིགས་ཏེ། ཁྱོད་ཀྱི་འདོད་པས་སྡུག་བསྔལ་དེ། ། གྲུབ་ནའང་ཁྱོད་དགར་ཅི་ཞིག་ཡོད། །གལ་ཏེ་འཚེངས་པར་གྱུར་ཞེ་ན། །དེ་ལས་ཕུང་བའང་ གཞན་ཅི་ཡོད། །ཅེས་པ་ལྟར་བྱང་ཆུབ་ཀྱི་སེམས་ཉམས་པའི་ཉེས་པར་འགྱུར་བའི་ཕྱིར་རོ། ། 3-1-393 དེ་བས་ན་བློ་སྦྱོང་གི་དམ་ཚིག་ཏུ་གཞན་ལ་ཉེས་པའི་ཆ་མཐོང་བ་ཐམས་ཅད་བདག་ལ་སྨིན་ པར་གྱུར་ཅིག །རང་ལ་ལེགས་པའི་ཆ་མཐོང་བ་ཐམས་ཅད་གཞན་ལ་སྨིན་པར་གྱུར་ཅིག་ སྙམ་པའི་བསམ་པ་བཟང་པོ་དང་མི་འབྲལ་བར་བྱའོ། ། ལྔ་པ། བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། ། ཞེས་པ་ནི། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་བསམ། ། སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པ་ལྟར་ཟས་ བཟང་པོ་ལ་སྤྱོད་པ་ན་སེམས་ཅན་ཐམས་ཅད་འདི་ལྟ་བུའི་བཟའ་བ་ཕུན་སུམ་ཚོགས་པའམ། དེ་བས་མཆོག་ཏུ་གྱུར་པ་དེ་བཞིན་གཤེགས་པའི་ཞལ་ཟས་ལ་ལོངས་སྤྱོད་པར་གྱུར་ཅིག །ཁ་ ཟས་ངན་དང་ཐུག་ན་འདི་ལྟ་བུའི་ཁ་ཟས་ངན་པ་ལ་སྤྱོད་པའི་སྡིག་པ་དང་སྡུག་བསྔལ་བདག་ ལ་སྨིན་པར་གྱུར་ཅིག །དེ་བཞིན་གོས་བཟང་ངན་དང་ཕྲད་པ་དང་། གནས་མལ་བཟང་ངན་ དུ་འདུག་པ་དང་། འགྲོ་འཆག་ཉལ་འདུག་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་དུ་བདག་ གི་ཕུན་སུམ་ཚོགས་པའི་ཁྱད་པར་ཐམས་ཅད་གཞན་ལ་སྨིན་པར་གྱུར་ཅིག །གཞན་གྱི་མི་ འདོད་པའི་ཁྱད་པར་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག་ཅེས་པ་ལ་སོགས་པ་གཞན་ ཕན་གྱི་བསམ་པ་བཟང་པོ་བྱའོ། ། ལོག་ནོན་ཐམས་ཅད་གཅིག་གིས་བྱ། །ཞེས་པ་ནི་ན་ཚ་དང་འདྲེ་གདོན་གྱི་གནོད་པ་དང་། དགྲ་མང་བ་དང་ཉོན་མོངས་པ་ཆེར་སོང་བ་ལ་སོགས་པས་བློ་སྦྱོང་སྒོམ་སྙིང་མི་འདོད་པ་ བྱུང་ན། འཇིག་རྟེན་གྱི་ཁམས་ན་ཉེས་པ་འདི་ལྟ་བུ་བྱུང་བའི་སེམས་ཅན་མཐའ་ཡས་པ་ཞིག་ ཡོད་པ་སྙིང་རེ་རྗེ། དེ་རྣམས་ཀྱི་ཉེས་པ་བདག་ལ་སྨིན་པར་གྱུར་ཅིག །བདག་གི་དགེ་ལེགས་ ཀྱི་ཁྱད་པར་ཅི་མཆིས་པ་ཐམས་ཅད་དེ་དག་ལ་སྨིན་པར་གྱུར་ཅིག་སྙམ་དུ་བདག་གཞན་ བརྗེ་བ་བྱང་ཆུབ་ཀྱི་སེམས་བསྒོམ་པ་འདི་ཉིད་ལོག་ནོན་དང་བགེགས་སེལ་གྱི་མཆོག་ཡིན་ 3-1-394 ཏེ། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོན་འདོད་ཅིང་། །སེམས་ཅན་མི་བདེ་བསལ་བར་ འདོད་པ་དང་། །བདེ་མང་བརྒྱ་ཕྲག་སྤྱད་པར་འདོད་པས་ཀྱང་། །བྱང་ཆུབ་སེམས་ཉིད་རྟག་ ཏུ་བཏང་མི་བྱ། །ཞེས་པ་ལྟར་རོ། ། ཐོག་མཐའ་གཉིས་ལ་བྱ་བ་གཉིས། །ཞེས་པ་ནི་སྔ་དྲོ་ལྡང་བ་ན་དེ་རིང་གི་ཉི་མ་ལའང་ བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་བར་བྱ་དགོས་སྙམ་པའི་འཕེན་པ་བཏང་ནས། བག་ ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། །དེ་ བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་ལྡན་པར་མཛོད། །ཅེས་ བཤེས་སྤྲིང་ལས་གསུངས་པ་ལྟར་སྒོ་གསུམ་གྱི་སྤྱོད་པ་བག་དང་ལྡན་པའི་སྒོ་ནས་གཞན་ལ་ ཕན་པ་འབའ་ཞིག་བསྒྲུབ་པར་བྱའོ། །དགོང་མོ་ཉལ་བ་ན་ཉིན་བར་གྱི་སྤྱོད་པ་ལ་ཕྱིར་མིག་ ལྟ་བའི་ཚུལ་གྱིས་བརྟག་སྟེ་བྱང་ཆུབ་སེམས་དཔའི་བསམ་སྦྱོར་དང་མཇལ་བ་བྱུང་ན། ཉེས་ པ་བྱུང་བ་རེ་རེ་ཞིང་། །བདག་ལ་སྨད་ན་ཅི་ནས་ཀྱང་། །བདག་ལ་ཕྱིས་འདི་མི་འབྱུང་བ། །དེ་ ལྟར་བྱ་ཞེས་ཡུན་རིང་བསམ། །ཞེས་པ་དང་། ལེགས་གྲུབ་ལས། ཉིན་པར་བག་མེད་བྱས་ པ་དག །མཚན་མོ་ལེགས་པར་བཤགས་པར་བྱ། །མཚན་མོ་བྱས་པ་ནངས་པར་བཤགས། ། ལེགས་པར་བྱས་ལ་མངོན་དགའ་བྱ། །ཞེས་པ་ལྟར་བཤགས་སྡོམ་ལེགས་པར་བྱ་ཞིང་། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་གཞན་ལ་ཕན་པའི་ཁྱད་པར་གྲུབ་ནས་དགའ་བ་ བསྒོམས་ནས་ཀྱང་འཕེལ་བར་བྱ་སྟེ། ཞེས་པ་དང་། བསྐལ་པ་དུ་མར་དགེ་དགོངས་མཛད་ པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །འདིས་ནི་ཚད་མེད་སྐྱེ་བོའི་ ཚོགས་རྣམས་ཀྱིས། །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱ། །ཞེས་པ་ལྟར་རོ། ། གཉིས་པོ་གང་བྱུང་བཟོད་པར་བྱ། །ཞེས་པ་ནི་འཁོར་དང་ལོངས་སྤྱོད་ཕུན་ཚོགས་བྱུང་ ནའང་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་ང་རྒྱལ་དང་དྲེགས་པ་མི་བྱ་བར་གཞན་ལ་ཕན་པའི་ 3-1-395 ཐབས་སུ་བསྒྱུར་ཞིང་། ཤིན་ཏུ་རྒུད་ཅིང་ཉམ་ཐག་པར་གྱུར་ན་ཡང་སྒྱུ་མ་ལྟ་བུར་ཤེས་པའི་ སྒོ་ནས་ཡི་ཆད་ཅིང་ཞུམ་པར་མི་བྱ་བར་གཞན་གྱི་རྒུད་པ་ཐམས་ཅད་ཀྱང་བདག་ལ་སྨིན་ པར་གྱུར་ཅིག་སྙམ་དུ་བློ་སྦྱོང་བའི་སྒོ་ནས་བཟོད་པར་བྱ་སྟེ། རིན་ཆེན་ཕྲེང་བར། ལྷ་བཞིན་ ཕུན་སུམ་ཚོགས་པས་ཀྱང་། ཁེངས་པ་ཉིད་དུ་མི་བྱ་ཞིང་། །ཡི་དྭགས་བཞིན་དུ་རྒུད་ན་ཡང་། ། ཞུམ་པ་ཉིད་དུ་མི་བྱའོ། །ཞེས་པ་དང་། རྒྱན་ལས་ཀྱང་། དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། ། སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་པའི་དུས་དང་རྒུད་པའི་དུས་ན་ཡང་། ། ཉོན་མོངས་སྡུག་བསྔལ་དག་གིས་གནོད་པ་མེད། །ཅེས་གསུངས་པ་ལྟར་རོ། ། གཉིས་པོ་སྲོག་དང་བསྡོས་ཏེ་བསྲུང་། །ཞེས་པ་ནི། རང་ངམ་གཞན་གྱི་དབང་ཡང་རུང་། ། གནས་སྐབས་གང་དུ་ཅི་སྤྱོད་ཀྱང་། །བསླབ་པར་བསྲུང་བ་གང་ཡིན་པའི། །གནས་སྐབས་ དེ་ལ་འབད་དེ་བསླབ། །ཅེས་པ་ལྟར་བསླབ་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་སློབ་པ་ ཆོས་སྤྱིའི་དམ་ཚིག་དང་། བདག་གི་རྙེད་དང་བཀུར་སྟི་དང་། །ལུས་དང་འཚོ་བ་མེད་བླ་ཞིང་། ། དགེ་བ་གཞན་ཡང་མེད་བླ་ཡི། །བྱང་ཆུབ་སེམས་ནི་ཉམས་མི་བྱ། །ཞེས་པ་ལྟར་བྱང་ཆུབ་ཀྱི་ སེམས་བསྒོམ་པ་བློ་སྦྱོང་གི་དམ་ཚིག་གཉིས་པོ་འདི་དག་རང་གི་སྲོག་བས་ཀྱང་གཅེས་པར་ བསྲུང་བར་བྱའོ། ། དཀའ་བ་གསུམ་ལ་རྟག་ཏུ་བསླབ། །ཅེས་པ་ནི་ཉོན་མོངས་སྐྱེས་པ་ན་དང་པོ་དྲན་པ་ དཀའ་ཞིང་བར་དུ་བཟློག་པ་དཀའ་ལ། ཐ་མ་རྒྱུན་གཅོད་པ་དཀའ་ནའང་། མཐུན་པའི་རིམ་ གྲོ་བསྟེན་བྱ་ན། །ཐམས་ཅད་ཕན་དང་བདེ་བྱེད་མོད། །ཉོན་མོངས་རྣམས་ནི་བསྟེན་བྱས་ན། ། ཕྱིར་ཞིང་སྡུག་བསྔལ་གནོད་པ་བྱེད། །ཅེས་པ་ལྟར་དང་པོར་ནམ་སྐྱེས་པ་ན་ཉོན་མོངས་པའི་ དགྲ་ངོས་ཟིན་པར་བྱས་ལ། དེ་བས་པང་དུ་སྦྲུལ་འོངས་ན། །ཇི་ལྟར་རིངས་སུ་ལྟར་བ་ལྟར། ། དེ་བཞིན་གཉིད་དང་སྙོམས་འོངས་ན། །མྱུར་དུ་དེ་དག་བཟློག་པར་བྱ། །ཞེས་པ་ལྟར་བར་ 3-1-396 དུ་གཉེན་པོའི་སྟོབས་བསྐྱེད་དེ་སྤངས་ནས། རེ་ཞིག་དང་པོར་འདི་འདྲའི་སེམས། །འདི་ནི་ སྐྱོན་ཤས་བྱས་བཅས་ཏེ། །དེ་ཚེ་བདག་གིས་ཤིང་བཞིན་དུ། །གཟུངས་ཐུབ་པར་ནི་གནས་ པར་བྱ། །ཞེས་པ་ལྟར་མཐར་གཉེན་པོ་གཟུངས་ཐུབ་པའི་སྒོ་ནས་ཕྱིས་མི་འབྱུང་བ་ལ་བསླབ་ པར་བྱའོ། ། རྒྱུ་ཡི་གཙོ་བོ་རྣམ་གསུམ་བླངས། །ཞེས་པ་ནི། དེ་བཞིན་གཤེགས་པ་བྱུང་བ་དང་། །དད་ དང་མི་ལུས་ཐོབ་པ་དང་། །དགེ་གོམས་རུང་བ་འདི་ལྟ་བུ། །དཀོན་ན་ནམ་ཞིག་ཐོབ་པར་ འགྱུར། །ཞེས་པ་ལྟར་ཆོས་སྒྲུབ་པའི་རྒྱུའི་གཙོ་བོ་སངས་རྒྱས་ལ་སོགས་དགེ་བའི་བཤེས་ གཉེན་དང་མཇལ་ཞིང་དད་པ་དང་། མི་ལུས་ཐོབ་ཅིང་མཐུན་རྐྱེན་འཛོམས་པ་དང་། རང་ གི་བློ་དགེ་བ་ལ་བཀོལ་དུ་རུང་བ་རྣམས་ཡིན་པས། དེ་རྣམས་ཚང་ན་དགའ་བ་བསྒོམ་ཞིང་། མ་ཚང་ན་དེ་འདྲའི་རིགས་ཅན་མང་པོ་ཡོད་པས་དེ་རྣམས་ཀྱི་རྒྱུ་གསུམ་མ་ཚང་བའི་ཉེས་ པ་བདག་ལ་སྨིན་ནས་གཞན་ཐམས་ཅད་རྒྱུ་གསུམ་པོ་འདི་དང་ལྡན་པར་གྱུར་ཅིག་སྙམ་དུ་ བསྒོམ་པར་བྱའོ། ། ཉམས་པ་མེད་པ་རྣམ་གསུམ་བསྒོམ། །ཞེས་པ་ནི། སྡུད་པར། སངས་རྒྱས་ཆོས་རྣམས་ དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་འདི་སྐད་ གསུངས། །ཞེས་པ་ལྟར་ཐེག་པ་ཆེན་པོ་སྟོན་པའི་ཡོན་ཏན་ཐམས་ཅད་བླ་མ་དམ་པ་བསྟེན་ པ་ལས་འབྱུང་བར་གསུངས་པས་བླ་མ་ལ་མོས་གུས་ཉམས་པ་མེད་པ་དང་། དེ་བཞིན་ཐེག་ པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ ཐེག་པའི་མཆོག །ཅེས་པ་ལྟར་བློ་སྦྱོང་འདི་ཐེག་ཆེན་གྱི་སྙིང་པོ་ཡིན་པ་དེ་རྣམས་ལ་སྤྲོ་དགའ་ ཉམས་པ་མེད་པ་དང་། གཡེལ་བ་མེད་པར་རྟག་ཏུ་ནི། །བསླབ་ལས་མི་འདའ་འབད་པར་བྱ། ། ཞེས་པ་ལྟར་ཐེག་པ་ཆེ་ཆུང་གི་བསླབ་བྱ་ཕྲ་མོ་རྣམས་ཀྱང་ཉམས་པ་མེད་པར་བསྲུང་བའོ། ། 3-1-397 གནས་གྲོགས་འཚོ་བ་རྣམ་དག་བསྟེན། །ཞེས་པ་ནི་སྒྲུབ་པ་རྣམ་དག་བྱེད་པ་ལ་གནས་ཕུན་ སུམ་ཚོགས་པ་བསྟེན་དགོས་པས་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་ རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ ཡོ་བྱད་ལྡན། །ཞེས་པ་ལྟར་འཚོ་བའི་ཡོ་བྱད་སྒྲུབ་སླ་ཞིང་། འབྱུང་པོ་མི་དང་མི་མ་ཡིན་པའི་ གནོད་པ་མེད་པའི་ཏིང་ངེ་འཛིན་ངང་གིས་འཕེལ་བའི་གནས་སུ་འདུག་པར་བྱའོ། །དེ་བཞིན་ དུ་གྲོགས་ཕུན་ཚོགས་ཡང་། བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ། །ཡོན་ཏན་ལྷག་པར་ བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་པ་ལྟར་བསླབ་པ་རིན་པོ་ཆེ་གསུམ་ལ་གནས་ཤིང་ལུང་ དང་མངོན་པར་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྷག་པར་ལྡན་པས། རྙེད་པ་ དང་བཀུར་སྟི་ལ་ལྟོས་པ་མེད་པར་སྙིང་རྗེ་ཆེན་པོས་གཞན་དོན་ལ་སྐྱོ་བ་མེད་པ་རྣམས་ཀྱང་ བསྟེན་པར་བྱ་སྟེ། འོད་ལྡན་དུའང་། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་རྣམ་པ་ཤེས། །ནད་ པར་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་སྟེ། །དུས་ སུ་འདོམས་པ་དེ་དག་བླ་མར་བསྔགས། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་དུ་འཚོ་བ་རྣམ་ པར་དག་པ་སྡིག་པ་དང་མ་འདྲེས་པ་བསྟེན་པར་བྱ། ཞིང་ལོག་པའི་འཚོ་བ་རྣམས་སྤངས་ བར་བྱ་སྟེ། བདག་ནི་དེ་རིང་ཤི་ཡང་བླའི། །ལོག་འཚོས་ཡུན་རིང་གསོན་མི་རུང་། །ཞེས་པ་ དང་། ཕུང་སྟེར་གཞན་དུ། གང་དུ་འཚོ་བ་ལོག་པ་ནི། །ཅུང་ཟད་ཙམ་གྱིས་འཚོ་བྱེད་པ། །དེ་ ནི་བཤང་འཇིལ་ནུབ་གྱུར་ཏེ། །སྲིན་འབུ་རྣམས་ཀྱིས་ཟ་བར་འགྱུར། །ཞེས་པ་ལྟར་ཁ་གསག་ དང་གཞོགས་སློང་དང་ཐོབ་ཀྱིས་འཇལ་དང་རྙེད་པས་རྙེད་པ་ཚོལ་བ་ལ་སོགས་པའི་འཚོ་བ་ དང་། དཀོན་མཆོག་དཀོར་ལ་སྤྱོད་པ་དང་། རྐུས་པ་དང་འཕྲོག་པའི་འཚོ་བ་དང་། བསད་ པའི་ཤ་ཟ་བ་དང་། མྱོས་པར་འགྱུར་བའི་ཆང་འཐུང་བ་ལ་སོགས་པའི་འཚོ་བས་ནི་ངན་སོང་ 3-1-398 དུ་ལྟུང་བར་གསུངས་པའི་ཕྱིར་རོ། ། རྣམ་གསུམ་དག་པའི་ཤ་གནང་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། མ་འོངས་དུས་ཀྱི་མི་དག་ནི། །ཤ་ཟ་གཏི་མུག་ཅན་དེ་དག །ཤ་ནི་སྡིག་མེད་རུང་བ་ཞེས། །དེ་ བཞིན་གཤེགས་པས་གནང་ཞེས་ཟེར། །ཞེས་པས། བླུན་པོ་རྣམས་ཀྱི་འཇུག་ཚུལ་ལུང་བསྟན་ ནས། གླང་པོའི་རྩལ་དང་སྤྲིན་ཆེན་དང་། །མྱ་ངན་འདས་དང་སོར་ཕྲེང་དང་། །ལང་ཀར་ གཤེགས་པ་རྣམས་ལས་ནི། །ང་ཡིས་ཤ་ནི་རྣམས་པར་བཀག །ཅེས་པ་མདོ་སྡེ་ཆེན་པོ་རྣམས་ ལས་རྣམ་གྲངས་མང་པོའི་སྒོ་ནས་བཀག་པའི་ཕྱིར་རོ། །འགོག་པའི་རྒྱུ་མཚན་ཡང་། ཤ་ཡི་ དོན་དུ་ནོར་སྦྱིན་བྱེད། །ཁེ་ཡི་དོན་དུ་སྲོག་གཅོད་བྱེད། །རྨོངས་པ་དེ་དག་སྡིག་ལས་ཅན། །ངུ་ འབོད་ལ་སོགས་རྣམས་སུ་བཙོ། །ཞེས་ཤ་ཉོས་ནས་ཟ་བ་པོ་དང་ཁེ་འདོད་ནས་གསོད་པོ་ གཉི་གའང་སྡིག་པའི་ལས་ཀྱི་དབང་གིས་དམྱལ་བ་ངུ་འབོད་ལ་སོགས་པར་ཡུན་རིང་འཚེད་ པ་ཤིན་ཏུ་སྙིང་རྗེ་བའི་ཕྱིར་རོ། །གསང་སྔགས་ལས་ཤ་བསྟེན་པར་གསུངས་པ་ཡང་གླང་པོ་ ཆེ་ལ་སོགས་པ་ཤའི་དོན་དུ་བསད་པ་མ་ཡིན་པ་ལས་ཀྱིས་ཤི་བའི་ཤ་ལ་དགོངས་པ་ཡིན་ གྱི། བསད་པའི་ཤ་བཟའ་བར་གསུངས་པ་ནི་མ་ཡིན་ཏེ། དྲི་མེད་འོད་ལས་བསོད་ནམས་ ཀྱང་སེམས་ཅན་ལ་ཕན་བཏགས་པ་ལས་འགྱུར་གྱི་ལྷ་དང་ཕ་མེས་ཀྱི་དོན་དུ་སྲོག་བཅད་པ་ ལས་ནི་མ་ཡིན་ནོ་ཞེས་བསོད་ནམས་འདོད་པས་སྒྲུབ་མཆོད་དང་འདས་མཆོད་ལ་སོགས་ པའི་དོན་དུ་བསད་ཤ་སྤྱོད་པ་ནི་ཐུགས་རྗེ་ཆེན་པོས་བཀག་པའི་ཕྱིར་དང་། བརྩེ་མེད་ཤ་ཟ་ བ་ལ་གསུངས། །ཞེས་བསད་པའི་ཤ་ཟ་བ་ནི་སྙིང་རྗེ་མེད་པ་ཡིན་ལ། དེ་ཡི་རྩ་བ་སྙིང་རྗེར་ གསུངས། །ཞེས་སྙིང་རྗེ་མེད་ན་བྱང་ཆུབ་ཀྱི་སེམས་མེད་ཅིང་། དེ་མེད་ན་ཐེག་པ་ཆེན་པོའི་ དོན་མེད་པའི་ཕྱིར་རོ། །འཕགས་པ་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་ པར་ཡང་། གསོད་པོ་ནོར་ལ་སྲེད་པ་ནི། །བསྐལ་པ་འབུམ་དུ་འཚེད་པར་འགྱུར། །ཟ་པོ་ཤ་ 3-1-399 ལ་སྲེད་པ་ནི། །བསྐལ་པ་བྱེ་བར་འཚེད་པར་འགྱུར། །ཞེས་རང་ཉིད་མི་ཟ་བར་ནོར་གྱི་ཆེད་ དུ་གསོད་མཁན་ལས་ཀྱང་ཤའི་ཆེད་དུ་ཉོས་ནས་ཟ་མཁན་དེ་བསྐལ་པ་བརྒྱ་འགྱུར་གྱིས་ དམྱལ་བར་ཡུན་རིང་དུ་གནས་པར་གསུངས་པས། ཚེ་འདིའི་བདེ་བ་ཅུང་ཟད་ཙམ་གྱི་ཆེད་ དུ་ཕྱི་མ་ལ་དམྱལ་བར་བསྐལ་པ་མང་པོར་གནས་པའི་རྒྱུ་བསད་ཤ་ཟ་བ་ནི་ལས་རྒྱུ་འབྲས་ ལ་ཡིད་ཆེས་པ་རྣམས་ཀྱིས་སྤང་བར་བྱའོ། །ཆོག་ཤེས་ཅན་འགའ་ཞིག་རྒྱུན་གཅོད་དང་ཆུ་ འཐུང་དང་ས་རྡོ་དང་སྔོ་ཚོད་མ་ཙམ་གྱི་འཚོ་བ་ལ་བརྟེན་ནས་ཀྱང་ཆོས་ཕྱོགས་སུ་དཀའ་སྤྱད་ བྱེད་པ་ཡོད་ན་དཀར་གསུམ་མངར་ལ་སོགས་པའི་འཚོ་བ་བཟང་པོ་ཡོད་བཞིན་དུ་བསད་ཤ་ སྤོང་བ་ཙམ་གྱིས་དཀའ་སྤྱད་མི་ནུས་པ་ནི་ཤིན་ཏུ་ཡང་རིགས་པ་མ་ཡིན་ནོ། ། དེ་བཞིན་དུ་མྱོས་པས་བག་མེད་པར་འགྱུར་བའི་ཆང་འཐུང་བས་ཡང་སྤང་བར་བྱ་སྟེ། བཅོམ་ལྡན་འདས་ཀྱིས། ཆང་ནི་ཉེས་པ་ཀུན་གྱི་རྩ་བ་སྟེ། །རྩྭ་རྩེ་ཙམ་ཡང་བཏུང་བར་མི་ བྱའོ། །ཞེས་པ་དང་། ཉེས་པ་ནི་ཚེ་འདི་ལ་ནོར་ཟད་པར་བྱེད་པ་དང་། ནད་རྒྱས་པར་བྱེད་པ་ དང་། འཐབ་པ་དང་རྩོད་པ་སྐྱེད་པ་དང་དོན་མེད་པ་ལ་ལྟ་བ་དང་། གྲགས་པ་མ་ཡིན་པ་ཀུན་ ཏུ་བྱུང་བར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་ཞེས་པ་ལ་སོགས་པ་སུམ་ཅུ་རྩ་ ལྔ་གསུངས་ཤིང་། འདུལ་བ་ལས་ནི་བསླབ་པ་བླངས་པ་རྣམས་ཀྱིས་འཐུང་བ་རྣམ་པ་ཐམས་ ཅད་དུ་བཀག་ལ། གསང་སྔགས་ལས་བསྟེན་པར་གསུངས་པའང་ཏིང་ངེ་འཛིན་གྱི་གྲོགས་ སུ་འགྱུར་བ་དང་ལྷ་མཆོད་པའི་དོན་དུ་ཅུང་ཟད་གནང་བ་ཡིན་གྱི་གསང་འདུས་ལས། སྔགས་ པ་ཆང་གིས་བཟི་བ་ནི། །ངུ་འབོད་གནས་སུ་སྐྱེ་བར་འགྱུར། །ཞེས་མྱོས་པས་བག་མེད་པར་ འགྱུར་བ་ནི་བཀག་པའི་ཕྱིར་རོ། །ཆང་གིས་མྱོས་པས་ནི་འཇིག་རྟེན་གྱི་དོན་ཡང་མི་འགྲུབ་ན་ ཆོས་ཀྱི་དོན་ལྟ་སྨོས་ཀྱང་ཅི་དགོས། ཆུའི་བཏུང་བ་ཙམ་གྱི་ཆོག་ཤེས་པ་ཡང་ཡོད་ན་ཇ་དཀར་ ཇ་ནག་སྨན་ཇ་ལ་སོགས་པའི་བཏུང་བ་བཟང་པོ་ཡོད་བཞིན་དུ་མྱོས་པར་འགྱུར་བའི་ཆང་ 3-1-400 འཐུང་བ་ཡང་རིགས་པ་མ་ཡིན་ནོ། ། འབྲས་མེད་གསུམ་དང་ལྡན་པར་བྱ། །རིན་ཆེན་ཕྲེང་བ་ལས། གང་ཞིག་ལུས་ངག་ཡིད་ ཀྱི་ལས། །ཐམས་ཅད་ལེགས་པར་ཡོངས་བརྟག་སྟེ། །རང་དང་གཞན་ལ་ཕན་ཤེས་ནས། ། རྟག་ཏུ་བྱེད་པ་དེ་མཁས་པའོ། །ཞེས་པ་ལྟར་སྒོ་གསུམ་གྱི་སྤྱོད་པ་ལ་རང་རིག་གིས་བརྟག་ ནས་མི་རུང་རྣམས་སྤངས་ཏེ། ཕྱག་འཚལ་བ་དང་བསྐོར་བ་བྱེད་པ་དང་སྐུ་གཟུགས་བཞེངས་ པ་དང་ཡི་གེ་འབྲི་བ་དང་ལུས་གནད་འཕྲུལ་འཁོར་ལ་སོགས་པ་ལུས་ཀྱི་ལས་ཐམས་ཅད་ དགེ་བ་དང་མི་འབྲལ་བ་དང་། ཁ་ཐོན་དང་བཟླས་བརྗོད་དང་ཆོས་འཆད་པ་དང་རླུང་འཛིན་ འདྲེན་ལ་སོགས་པ་ངག་གི་ལས་ཐམས་ཅད་དགེ་བ་དང་མི་འབྲལ་བ་དང་། དད་པ་དང་སྙིང་ རྗེ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་དམིགས་བཅས་དང་དམིགས་མེད་ཀྱི་ཏིང་ངེ་འཛིན་ བསྒོམ་པ་ལ་སོགས་པ་ཡིད་ཀྱི་ལས་ཐམས་ཅད་དགེ་བ་དང་མི་འབྲལ་བར་བྱའོ། །སྦྱོར་ བ་བཞི་ལྡན་ཐབས་ཀྱི་མཆོག །ཅེས་པ་ནི་བདེ་ལེགས་ཐོབ་པར་འདོད་ན་དཀོན་མཆོག་ལ་ མཆོད་པ་འབུལ་བ་དང་སེམས་ཅན་ལ་ཕན་འདོགས་ལ་སོགས་པ་ལུས་ངག་ཡིད་གསུམ་གྱི་ སྒོ་ནས་ཚོགས་གསོག་པའི་སྦྱོར་བ་དང་། སྡུག་བསྔལ་འབྱུང་བར་མི་འདོད་ན་ཐོག་མེད་ནས་ བསགས་པའི་སྡིག་པ་རྣམས་གཉེན་པོ་སྟོབས་བཞི་དང་ལྡན་པའི་སྒོ་ནས་བཤགས་ཤིང་སྡོམ་ པའི་སྦྱོར་བ་དང་། བར་ཆད་ཞི་བར་འདོད་ན་གནོད་བྱེད་རྣམས་ལའང་གཏོར་མ་ལ་སོགས་ པ་སྦྱིན་ནས་དགེ་སྦྱོར་གྱི་བསྐུལ་མ་བྱས་པ་དྲིན་ཆེ་བར་བསམས་ཏེ་བྱམས་སྙིང་རྗེ་བྱང་ཆུབ་ ཀྱི་སེམས་རྣམ་པར་སྦྱོང་བ་དང་། མཐུན་རྐྱེན་སྒྲུབ་པར་འདོད་པས་ཆོས་སྐྱོང་རྣམས་ལའང་ མཆོད་གཏོར་ཕུལ་ནས་ཐེག་པ་ཆེན་པོའི་བསམ་སྦྱོར་ཕུན་སུམ་ཚོགས་པ་མཐར་ཕྱིན་པར་ མཛད་དུ་གསོལ་ཞེས་གསོལ་བ་འདེབས་པའི་སྦྱོར་བ་བསྟེན་པ་འདི་དག་དང་ལྡན་ནའང་ དམ་པའི་ཆོས་འཕེལ་བའི་ཐབས་ཀྱི་མཆོག་ཏུ་འགྱུར་བའོ། ། 3-1-401 ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱངས། །ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། །ཞེས་ པ་ནི་ཡུལ་སེམས་ཅན་དང་སེམས་ཅན་མ་ཡིན་པ་དང་། ཡིད་དུ་འོང་བ་དང་མི་འོང་བ་དང་། ཉེ་བ་དང་རིང་བ་ལ་སོགས་པ་ཐམས་ཅད་ལ་ཕྱོགས་རིས་མེད་པ་བློ་སྦྱོང་བར་བྱ་ཞིང་། བློ་ ལ་གང་ཤར་ཐམས་ཅད་ལ་བློ་སྦྱོང་གིས་ཁྱབ་པར་བྱས་ནས་ཁ་ཙམ་ཚིག་ཙམ་མ་ཡིན་པར་ གཏིང་ནས་འབྱོངས་པར་བྱེད་པ་སྟེ། དེ་ལྟ་ན་རྒྱུན་ཤེས་ཀྱིས། ཡང་དག་ཐབས་ལ་མཁས་པ་ ལ། །དོན་དུ་མི་འགྱུར་གང་ཡང་མེད། །སྦྱོར་བ་ཤེས་པའི་སྨན་པ་ལ། །སྨན་དུ་མི་འགྱུར་གང་ ཡང་མེད། །ཅེས་པ་ལྟར་ཡུལ་གང་སྣང་ཐམས་ཅད་བློ་སྦྱོང་གི་གྲོགས་སུ་འགྱུར་བ་ཉིད་དོ། ། རྐྱེན་གཞན་དག་ལ་ལྟོས་མི་བྱ། །ཞེས་པ་ནི་གནས་དང་གྲོགས་དང་ཡོ་བྱད་ལ་སོགས་པ་ དམ་པའི་ཆོས་འཕེལ་བའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་འཛོམ་ན་ནི་རྐྱེན་གཞན་ལ་ལྟོས་པ་ མེད་ཅིང་། གལ་ཏེ་དེ་རྣམས་མ་འཛོམ་ན་གང་མ་འཛོམ་པ་དེ་ཉིད་བྱང་ཆུབ་ཀྱི་སེམས་བསྒོམ་ པའི་གྲོགས་སུ་ཤེས་པར་བྱ་སྟེ། གཞན་ཡང་ཆོས་སྒྲུབ་པའི་མཐུན་རྐྱེན་དེ་རྣམས་མ་འཛོམ་ པའི་སེམས་ཅན་མཐའ་ཡས་པ་ཡོད་པ་དེ་རྣམས་ཀྱི་ཉེས་པ་ཐམས་ཅད་བདག་ལ་སྨིན་པར་ གྱུར་ཅིག་སྙམ་དུ་སེམས་པས་སོ། །ད་རེས་གཙོ་བོ་ཉམས་སུ་བླངས། །ཞེས་པ་ནི་འཁོར་བ་ ཐོག་མ་མེད་པ་ནས་ལུས་ཇི་སྙེད་ཅིག་བླངས་པ་ཐམས་ཅད་དོན་མེད་དུ་སོང་འདུག་པས་ད་ རེས་མི་ལུས་འཐོབ་པའི་དུས་འདིར་དོན་གང་གཙོ་ཆེ་བ་དེ་སྒྲུབ་དགོས་སྙམ་དུ་སེམས་པ་སྟེ། དྲི་མེད་འོད་ལས། འཁོར་བ་ཡི་ནི་བདེ་བ་མི་རྟག་པ། །ཐོབ་པ་མིན་ཡང་རྨོངས་ཆེན་ཚོལ་བར་ བྱེད། །ཡང་དག་རྒྱལ་སྲིད་འབྱོར་པ་ཐོབ་པ་ཡང་། །ཐར་པའི་དོན་དུ་མཁས་རྣམས་གཏོང་ བར་བྱེད། །ཅེས་པ་ལྟར་འཁོར་བའི་བྱ་བ་སྙིང་པོ་མེད་པ་གཙོ་བོར་འཛིན་པའི་ཆགས་པ་ སྤངས་ན་ཐར་པ་མཐར་ཐུག་ཐམས་ཅད་མཁྱེན་པ་གཙོ་བོ་སྒྲུབ་དགོས་ཤིང་། དེ་ལའང་ཇོ་ བོས། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་ 3-1-402 པ་ཆུ་ལ་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བྱ། །ཞེས་པ་ལྟར་ཚེ་ཐུང་ངུ་ལ་ ཤེས་བྱ་མང་པོ་ལ་འཇུག་པའི་ལོང་མེད་པས། ཐེག་པ་གསུམ་གྱི་ནང་ནས་གཙོ་བོར་ཐེག་པ་ ཆེན་པོ་ལ་འཇུག་དགོས་ལ་དེ་ལའང་བླང་དོར་ཤེས་ཙམ་གྱི་ཐོས་བསམ་ཡང་དགོས་མོད་ཀྱི། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །དཔེར་ན་ལ་ལ་ཆུ་ ཀླུང་གི། སྟོབས་མེད་ནན་གྱིས་ཁྱེར་བ་དག །སྐོམ་པས་ཤི་བར་གྱུར་པ་ལྟར། །མ་བསྒོམ་ཆོས་ ཀྱང་དེ་བཞིན་ནོ། །ཞེས་དང་། སྤྱོད་འཇུག་ལས། ལུས་ཀྱིས་འདི་ལྟར་སྤྱད་པར་བྱ། །ཚིག་ ཙམ་བརྗོད་པས་ཅི་ཞིག་ཕན། །སྨན་དཔྱད་བཀླག་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་ འགྱུར་རམ། །ཞེས་གསུངས་པ་ལྟར་བཤད་པ་ལས་ཀྱང་ཉམས་ལེན་གཙོ་ཆེ་ཞིང་དེ་ལའང་། སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །གོང་ནས་གོང་དུ་ཁྱད་ཞུགས་སྤྱད། །ཆུང་ངུའི་ཕྱིར་ནི་ཆེ་མི་ གཏང་། །གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་པ་ལྟར་སྦྱིན་པ་ལས་ཚུལ་ཁྲིམས་མཆོག་ ཏུ་གསུངས་ཤིང་དེ་བས་ཀྱང་བཟོད་པ་དང་དེ་བས་ཀྱང་སྒོམ་པ་མཆོག་ཡིན་ཏེ། ཆོས་འདི་ སྒོམ་པར་མ་བྱས་ན། །ཆོས་ཉིད་མཐོང་བར་མི་འགྱུར་ཏེ། །ཆུ་ནི་མཐོང་དང་ཐོས་པ་ཡིས། །མ་ འཐུང་སྐོམ་པ་ཅི་ལྟར་སེལ། །ཞེས་པ་ལྟར་རོ། །སྒོམ་པར་བྱ་རྒྱུ་ཡང་འཇུག་པ་ལས། ཉན་ ཐོས་སངས་རྒྱས་འབྲི ང་རྣམས་ཐུབ་དབང་སྐྱེས། །རྒྱལ་རྣམས་རྒྱལ་བའི་སྲས་ལས་སྐྱེས་པ་སྟེ། ། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། ། ཞེས་པ་ལྟར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དམ་པ་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་ པ་ལ་འབད་པར་བྱའོ། ། གོ་ལོག་མི་བྱ་རེས་འཇོག་མིན། །ཞེས་པ་ནི། བཟོད་པ་འདུན་པ་རོ་མྱང་དང་། །སྙིང་རྗེ་ གཉེར་སེམས་ཡི་རང་དྲུག །གོ་ལོག་མི་བྱ་ཡིན་ལུགས་བཞིན། །བསྒོམས་ན་དགེ་བ་འཕེལ་ བར་འགྱུར། །ཞེས་པ་ལྟར་ཆོས་སྒྲུབ་པའི་སྡུག་བསྔལ་མི་བཟོད་པ་དགྲ་འདུལ་བ་དང་གཉེན་ 3-1-403 སྐྱོང་བའི་སྡུག་བསྔལ་ལ་བཟོད་པ་གོ་ལོག་ཡིན་པས་དེ་སྤངས་ཏེ་དམ་པའི་ཆོས་སྒྲུབ་པའི་ དཀའ་སྤྱད་ལ་བཟོད་པར་བྱའོ། །ཆོས་རྣས་དག་སྒྲུབ་པ་ལ་འདུན་པ་མི་བྱེད་པར་ཚེ་འདིའི་ དཔལ་འབྱོར་ལ་འདུན་པ་བྱེད་པ་ནི་འདུན་པ་གོ་ལོག་ཡིན་པས་དེ་སྤངས་ཏེ་ཆོས་ཀྱི་བྱ་བ་ཁོ་ ན་ལ་འདུན་པ་བསྐྱེད་པར་བྱའོ། །ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཆོས་ཀྱི་རོ་མི་མྱང་བར་ འཇིག་རྟེན་གྱི་བདེ་བའི་རོ་མྱང་བ་ནི་རོ་མྱང་གོ་ལོག་ཡིན་པས་དེ་སྤངས་ཏེ་ཆོས་ཟབ་མོའི་རོ་ མྱང་བར་བྱའོ། །སྡིག་ཅན་འབྱོར་པ་ཆེན་པོ་དང་ལྡན་པ་ལ་སྙིང་རྗེ་མི་བསྒོམ་པར་ཆོས་པ་དགེ་ ཕྱོགས་སུ་དཀའ་སྤྱད་བྱེད་པ་ལ་སྙིང་རྗེ་བསྒོམ་པ་ནི་སྙིང་རྗེ་གོ་ལོག་ཡིན་པས་དེ་སྤངས་ཏེ་ སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་རྣམས་ལ་སྙིང་རྗེ་བསྒོམ་པར་བྱའོ། །རང་ལ་སྟོས་ཤིང་ཉེན་པའི་ མི་རྣམས་ཆོས་ལ་མི་སྦྱོར་བར་འཇིག་རྟེན་གྱི་དཔལ་འབྱོར་ལ་སྦྱོར་བ་ནི་གཉེར་སེམས་གོ་ ལོག་ཡིན་པས་དེ་སྤངས་ཏེ་དམ་པའི་ཆོས་ལ་སྦྱར་བར་བྱའོ། །འཁོར་འདས་ཀྱི་བདེ་བ་དང་ དགེ་བ་མཐོང་བ་ལ་དགའ་བ་མི་བསྒོམ་པར་དགྲ་ལ་སྡུག་བསྔལ་བྱུང་བ་ལ་དགའ་བ་བསྒོམ་ པ་ནི་རྗེས་སུ་ཡི་རང་གོ་ལོག་ཡིན་པས་དེ་སྤངས་ཏེ་གཞན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་ ལ་དགའ་བ་བསྒོམ་པར་བྱ་སྟེ། སྡོམ་པ་ཉི་ཤུ་པ་ལས། བདག་ཉིད་དམ་ནི་གཞན་ལ་རུང་། ། ཕན་དང་བདེ་བ་རྣམས་བྱ་ཞིང་། །སྡུག་བསྔལ་ཡིན་ཡང་གང་ཕན་བྱ། །བདེ་ཡང་མི་ཕན་མི་ བྱའོ། །ཞེས་པ་ལྟར་རོ། །ཆོས་ཟབ་མོ་ལ་ཡིད་ཆེས་མ་སྐྱེས་པར་རེས་བྱེད་ཅིང་རེས་བྱེད་འཕྲོ་ ལ་འཇོག་པ་སྤངས་ནས་རྒྱུན་མི་ཆད་པར་རྩེ་གཅིག་ཏུ་བསྒོམ་པར་བྱ་སྟེ། གང་ཞིག་བསམ་སྟེ་ བྱར་བརྩམ་པ། །དེ་ལས་གཞན་དུ་མི་བསམ་སྟེ། །དེར་གཏད་པ་ཡི་བསམ་པ་ཡིས། །དེ་ཉིད་ རེ་ཤིག་བསྒྲུབ་པར་བྱ། །ཞེས་པ་དང་། རྒྱན་ལས་ཀྱང་། མི་དོན་གཉེར་ལ་རྩུབ་ཤིང་ལྟར། ། ལས་ལ་རབ་ཏུ་བསྒྲུབ་པར་བྱ། །ཞེས་གསུངས་པ་ལྟར་རོ། ། དོལ་ཆོད་བྱ་ཞིང་རྟོག་དཔྱོད་བྱ། །ཞེས་པ་ནི་སྨན་པ་རྣམས་རྩ་མ་རྙེད་ན་དོལ་ཆོད་བྱེད་པ་ 3-1-404 བཞིན་དུ་བློ་སྦྱོང་ཁོ་ན་བློ་ལིངས་གཏད་ནས་རྐྱེན་གང་བྱུང་ཡང་དེ་ཉིད་ལ་ཆིག་འདྲིལ་དུ་སྦྱོང་ བ་སྟེ། དེ་ལ་རྟག་ཏུ་བྱ་བ་དང་། །གུས་པར་བྱས་ཏེ་སྦྱར་བར་བྱ། །ཞེས་པ་ལྟར་རོ། །རང་གི་ རྒྱུད་ལ་ཉོན་མོངས་པ་གང་ཆེ་བརྟག་ནས་དེ་ཉིད་འབད་པ་ཆེན་པོས་སྤངས་ཏེ། སླར་ཡང་ཉོན་ མོངས་པ་དེ་སྐྱེ་བའི་ཡུལ་བསྟེན་པ་ལ་སོགས་པའི་སྒོ་ནས་སྐྱེ་མི་སྐྱེ་རྟོག་དཔྱོད་བྱ་ཞིང་། སྐྱེ་ན་ གཉེན་པོ་སྟོབས་ལྡན་གྱིས་སྤངས་ནས་ཇི་སྲིད་མི་སྐྱེ་བར་འགྱུར་གྱི་བར་འབད་པར་བྱའོ། ། ཡུས་དང་ཀོ་ལོང་མི་བྱ་ཞིང་། །ཞེས་པ་ནི་རང་ཉིད་མཁས་ཤིང་བཙུན་པ་ལ་སོགས་པའི་ ཡུས་དང་གཞན་ལ་ཕན་ཆེན་པོ་བཏགས་པའི་དྲིན་ཡོད་པས་དྲིན་འདྲ་འོང་ངམ་སྙམ་པའི་ཡུས་ མི་བྱ་སྟེ། དེ་ལྟར་གཞན་གྱི་དོན་བྱས་ཀྱང་། །རློམ་སེམས་དང་ནི་ངོ་མཚར་མེད། །གཅིག་ ཏུ་གཞན་དོན་ལ་དགའ་བས། །རྣམ་སྨིན་འབྲས་བུའི་རེ་བ་མེད། །ཅེས་གསུངས་པ་ལྟར་ བྱའོ། །དེ་བཞིན་དུ་གཞན་གྱིས་རང་ལ་འོས་ཤིང་རིག་པའི་བཀུར་ཆ་མ་བྱས་པ་དང་། མང་ པོའི་སྔོན་དུ་ཚིག་ངན་པས་སྨྲ་ཕབ་པ་དང་། ལུས་དང་ལོངས་སྤྱོད་ལ་གནོད་པ་སྣ་ཚོགས་བྱུང་ ནའང་། ཞེ་སྡང་གི་སྒོ་ནས་གནོད་ལན་དང་ཀོ་ལོང་མི་བྱ་བར་བཟོད་པ་བསྒོམ་པར་བྱ་སྟེ། ཞེ་ སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། ། སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་པ་ལྟར་རོ། ། ཡུད་ཙམ་མི་བྱ་བསྔགས་འདོད་མིན། །ཞེས་པ་ནི་ཡུད་ཙམ་ཉིད་ལ་དགའ་མི་དགའ་བའི་ རྣམ་འགྱུར་གསལ་པོར་སྟོན་པའི་སྒོ་ནས་ངོ་མི་བརྟན་ཞིང་འགྲོག་པར་དཀའ་བ་སྤངས་ནས་ ངོ་དཀར་ཞིང་གསོང་པོར་སྨྲ་བའི་སྒོ་ནས་གཞན་དགའ་བར་འགྱུར་བའི་སྤྱོད་པ་ལ་བསླབ་ པར་བྱ་སྟེ། དེ་ལྟར་རང་དབང་ཡོད་གྱིས་ཏེ། །རྟག་ཏུ་འཛུམ་པའི་བཞིན་དུ་གྱིས། ཁྲོ་གཉེར་ ངོ་ཟུམ་ཡོངས་ཐོངས་ལ། །འགྲོ་བའི་བཤེས་དང་གསོང་པོར་གྱིས། །ཞེས་པ་ལྟར་རོ། །དེ་ བཞིན་དུ་ཆོས་ཚུལ་བཞིན་བྱས་པ་ལ་བརྟེན་ནས་གཞན་མང་པོས་འོར་ཆེ་ཞེས་པ་ལ་སོགས་ 3-1-405 པའི་ཚིག་གིས་བསྟོད་ཅིང་བསྔགས་པ་དང་སྙན་པའི་གྲགས་པ་ལ་ཡང་རེ་བ་མེད་པར་བྱ་ སྟེ། བསྟོད་དང་གྲགས་པའི་རིམ་གྲོ་འདི། །བསོད་ནམས་མི་འགྱུར་ཚེར་མི་འགྱུར། །བདག་ སྟོབས་མི་འགྱུར་ནད་མེད་མིན། །ལུས་བདེ་བར་ཡང་མི་འགྱུར་རོ། །ཞེས་པ་ལྟར་རོ། །བདེ་ དང་སྡུག་བསྔལ་གང་བྱུང་ཡང་། །ལམ་གྱི་གྲོགས་སུ་ཤེས་པར་བྱ། །ཞེས་པ་ནི། བསོད་ནམས་ ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་ན། །གཞན་དོན་འཁོར་བར་གནས་ ཀྱང་ནི། །སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། །ཞེས་པ་ལྟར་བདེ་བ་དང་སྐྱིད་པ་ཕུན་སུམ་ཚོགས་པ་ བྱུང་ན་ཡང་སྐྱིད་སྡུག་ལམ་ཁྱེར་དུ། སྐྱིད་ན་བསོད་ནམས་ཚོགས་སུ་བསྔོ། །ཕན་བདེས་ནམ་ མཁའ་གང་བར་ཤོག །ཅེས་པ་ལྟར་འདི་ལྟ་བུའི་བདེ་བའམ་འདི་བས་ཀྱང་ཆེས་མཆོག་ཏུ་ གྱུར་པའི་ཕན་པ་དང་བདེ་བ་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག་ སྙམ་དུ་སེམས་པས་ལམ་གྱི་གྲོགས་སུ་ཤེས་པར་བྱ་ཞིང་། སྡུག་བསྔལ་དང་ཡིད་མི་བདེ་བ་སྣ་ ཚོགས་འབྱུང་བ་ན་ཡང་། སྡུག་ན་གཞན་གྱི་སྡུག་བསྔལ་ཁུར། །སྡུག་བསྔལ་རྒྱ་མཚོ་སྐེམ་པར་ ཤོག །ཅེས་པ་ལྟར་སེམས་ཅན་གཞན་གྱི་སྡུག་བསྔལ་ཐམས་ཅད་ཀྱང་བདག་ལ་སྨིན་པ་བྱང་ ཞིང་དག་པར་གྱུར་ཅིག་ཅེས་པ་དང་། བདག་ནི་སྔོན་དང་ད་ལྟར་ཡང་། །ཆོས་ལ་མོས་དང་ བྲལ་བས་ན། །ཕོངས་པ་འདི་འདྲ་བྱུང་བར་གྱུར། །སུ་ཞིག་ཆོས་ལ་མོས་པ་གཏོང་། །ཞེས་པ་ ལྟར་སྔོན་ཆོས་མ་བྱས་ཤིང་སྡིག་པ་སྤྱད་པ་ལ་བརྟེན་ནས་སྡུག་བསྔལ་སྣ་ཚོགས་མྱོང་བ་ཡིན་ པས ། ད་ནི་ཐེག་ཆེན་གྱི་ཆོས་ལ་མོས་པའི་སྒོ་ནས་གཞན་དོན་ཁོ་ན་ལ་འཇུག་པར་བྱའོ་སྙམ་ དུ་སེམས་པས་ཀྱང་། ལམ་གྱི་གྲོགས་སུ་ཤེས་པར་བྱ་སྟེ། དེ་ལྟར་ངེས་པས་གཞན་དག་གི། དོན་ལ་རབ་ཏུ་འཇུག་གྱིས་དང་། །ཐུབ་པའི་བཀའ་ནི་མི་བསླུ་བས། །དེ་ཡི་ཕན་ཡོན་ཕྱིས་ མཐོང་འགྱུར། །ཞེས་པ་ལྟར་རོ། ། དེ་རྣམས་ཀྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་སྒོམ་ཚུལ་རྒྱས་པར་བསད་(བཤད་)ནས། 3-1-406 ད་ནི་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་བསྡུས་ཏེ་སྟོན་པ། བརྟན་པ་ཐོབ་ནས་གསང་ བ་བསྟེན། །ཞེས་པ་ནི་ཐོག་མར་སྔོན་འགྲོའི་ཚུལ་གྱིས། བསོད་ནམས་ཀྱི་ཚོགས་ཡོངས་སུ་ རྫོགས་པའི་དོན་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་བརྟན་པ་ཐོབ་པར་བྱས་ནས། ཕྱི་ནང་དངོས་གཞིའི་ཚུལ་གྱིས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་དོན་དུ་དོམ་དམ་བྱང་ ཆུབ་ཀྱི་སེམས་བསྒོམ་པ་འབད་པར་བྱའོ་ཞེས་པའི་དོན་ནི། འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་གི་ཞལ་ནས། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སེམས་ཅན་ལ་ཕན་པ་བྱའོ། །ཡེ་ ཤེས་ཀྱི་ཚོགས་ཀྱི་དོན་དུ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྒོམ་པར་བྱའོ་ཞེས་གསུངས་པ་ ལྟར་རོ། །དེ་ཡང་། ཀུན་རྫོབ་སྒྱུ་མ་ལྟ་བུར་ལྟ། །དོན་དམ་སྟོང་ཉིད་ཟབ་མོ་བསྒོམ། །ཞེས་ པ་སྟེ། རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་ གསུངས་པ་ལྟར་སངས་རྒྱས་ལ་སོགས་པ་དགེ་བའི་བཤེས་གཉེན་མཉེས་པར་བྱས་ནས་མན་ ངག་གི་ལུང་བླངས་ཏེ། སྔོན་དུ་ཡང་ཚོགས་གཉིས་ཀྱི་སྒྲུབ་པ་ཡུན་རིང་བྱས་པ་ལས། ཆོས་ ཐམས་ཅད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ངང་ནས་རྣམ་པར་མི་རྟོག་པའི་ ཏིང་ངེ་འཛིན་ཞི་གནས་དང་དོན་དམ་ཤེས་པའི་ཤེས་རབ་ལྷག་མཐོང་ཟུང་འཇུག་ལ་མཉམ་ པར་འཇོག་པའོ། །དེ་བཞིན་དུ་རྒྱུད་ལས་ཀྱང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་ རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་ འགྱུར། །ཞེས་དང་། དབུས་མཐར་ཡང་། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་ འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་ སྟོང་པ་ཉིད་ཐམས་ཅད་ཀྱང་དངོས་པོ་མེད་པའི་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་གཉིས་སུ་འདུ་བར་གསུངས་པས། རྟག་གཅིག་རང་དབང་ཅན་ལ་སོགས་ 3-1-407 པར་བརྟགས་པ་གང་ཟག་གི་བདག་དོན་ལ་མེད་ཅིང་། ཆོས་གཟུང་བ་དང་འཛིན་པར་སྣང་ བ་འདི་རྣམས་ཀྱང་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་བྱས་ནས། གང་ཚེ་དངོས་དང་དངོས་མེད་ དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་ རབ་ཏུ་ཞི། །ཞེས་པ་ལྟར་གནས་སྐབས་ཀུན་རྫོབ་སྣ་ཚོགས་སུ་སྣང་ཡང་ཐམས་ཅད་རང་རང་ གི་ངོ་བོ་སྟོང་པ་ཉིད་ཀྱི་ངང་དུ་ཡང་མཉམ་པར་བཞག་ཅིང་། རྒྱུད་བླ་མར། རྣམ་དབྱེར་བཅས་ པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གི། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། ། བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་པ་ལྟར་མཐར་ཐུག་གློ་བུར་དྲི་མས་སྟོང་ཡང་དོན་དམ་ པའི་ཡོན་ཏན་རྣམས་དང་རྣམ་པར་དབྱེར་མེད་པའི་ཆོས་ཀྱི་དབྱིངས་ཀྱིས་མི་སྟོང་པའི་ངང་ དུ་མཉམ་པར་བཞག་པར་བྱའོ། །ལངས་ཀར་གཤེགས་པར་ཡང་། སེམས་ཙམ་ལ་ནི་བརྟེན་ པ་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ །ཞེས་པ་དང་། བག་ཆགས་ཀྱིས་ནི་དཀྲུག་པའི་སེམས། ། དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་ པ་ཡིན། །ཞེས་གསུངས་པ་ལྟར་ཕྱི་རོལ་ཡུལ་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་རང་གི་ སེམས་སུ་ཐག་བཅད་ཅིང་། སྣང་བ་མེད་ལ་བརྟེན་ནས་ནི། །སེམས་ཙམ་ལས་ཀྱང་འདའ་ བར་བྱ། །ཞེས་སྣང་མེད་དབུ་མ་གཙོ་བོར་སྟོན་པ་བཀའ་བར་པ་དང་མཐུན་པར་སེམས་འདི་ ཡང་དུས་གསུམ་ཕྱི་ནང་ལ་སོགས་པར་བརྟག་ན་མི་རྙེད་པས་སྟོང་པར་ཐག་བཅད་དེ། ཡང་ དག་དམིགས་ལ་བརྟེན་ནས་སུ། །སྣང་མེད་ལས་ཀྱང་འདའ་བར་བྱ། །ཞེས་སྣང་བཅས་དབུ་ མ་གཙོ་བོར་སྟོན་པ་བཀའ་ཐ་མ་དང་མཐུན་པར་སྣང་མེད་ཙམ་མཐར་ཐུག་ཏུ་འདོད་པ་ལས་ ཀྱང་འདས་ནས། སྤྱོད་འཇུག་ལས། དེ་བས་སྒྲིབ་པ་བསལ་བའི་ཕྱིར། །ལོག་པའི་ལམ་ལས་ སེམས་གླན་ཏེ། །ཡང་དག་དམིགས་ལ་རྟག་པར་ཡང་། །བདག་གིས་མཉམ་པར་བཞག་པར་ བྱ། །ཞེས་པ་དང་། ཆོས་མངོན་པར་ཡང་། ཅིའི་ཕྱིར་སྤངས་པའི་མཐའ་ཞེས་བྱ་ཞེ་ན། ཕྱིན་ 3-1-408 ཅི་ལོག་མེད་པའི་དམིགས་པ་ཡིན་པའི་ཕྱིར་ཞེས་གསུངས་པ་ལྟར་དོན་དམ་ཆོས་ཀྱི་དབྱིངས་ རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་མཉམ་པར་བཞག་པར་བྱ་སྟེ། རྒྱན་ལས་ཀྱང་། སེམས་ལས་གཞན་མེད་པར་ཡང་བློ་རིག་ནས། །དེ་ནས་སེམས་ཀྱང་མེད་ པ་ཉིད་དུ་རིག །བློ་དང་ལྡན་པའི་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ ལ་གནས། །ཞེས་གསུངས་པ་ལྟར་རོ། ། དེ་ལྟར་ན་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟེ་བསོད་ནམས་ དང་ཡེ་ཤེས་ཀྱི་ཚོགས་ཉེ་བར་བསགས་པ་ལས་ནི། རང་གཞན་གྱི་དོན་གཉིས་མཐར་ཕྱིན་ པ་སྐུ་གཉིས་ཀྱི་གོ་འཕངས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ཏེ། རྒྱུད་བླ་མར། བདག་ ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། ། ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་གསུངས་པ་ལྟར་རོ། །དེ་བས་གནོད་པ་ཁྱད་ བསད་ཅིང་། །སྡུག་བསྔལ་རྣམས་ཀྱིས་མི་ཚུགས་བྱོས། །མཁས་པས་སྡུག་བསྔལ་བྱུང་ཡང་ ནི། །སེམས་ཀྱིས་རབ་དང་སྙོག་མི་བྱ། །ཞེས་པ་དང་། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། ། སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་དང་དགེ་ལ་ དགའ། །ཞེས་པ་ལྟར། འཇུག་ཡོངས་སུ་རྫོགས་པའི་དོན་ནི། སྙིགས་མ་ལྔ་པོ་བདོ་བ་འདི། །བྱང་ཆུབ་ལམ་ དུ་བསྒྱུར་བ་ཡིན། །ཞེས་པ་ནི་དུས་དང་སེམས་ཅན་དང་ཚེ་དང་ཉོན་མོངས་པ་དང་ལྟ་བའི་ སྙིགས་མ་ལྔ་པོ་བདོ་བའི་སྐབས་འདིར་ཆོས་སྒྲུབ་པའི་མཐུན་རྐྱེན་དང་བདེ་བའི་རྒྱུ་རྐྱེན་ནི་ ཉུང་ཞིང་མི་དང་མི་མ་ཡིན་པའི་འཚེ་བ་ལ་སོགས་པ་འགལ་རྐྱེན་དང་སྡུག་བསྔལ་གྱི་རྒྱུ་ནི་ ཤིན་ཏུ་མང་བས་རྐྱེན་ངན་སྣ་ཚོགས་ཀྱི་རུ་འཛིངས་པར་གྱུར་པ་ན་རྐྱེན་ངན་ཇི་ཙམ་མང་བ་དེ་ ཉིད་བློ་སྦྱོང་བསྒོམ་པའི་གྲོགས་སུ་འགྱུར་བས་བྱང་ཆུབ་ཆེན་པོའི་ལམ་དུ་བསྒྱུར་བ་ཡིན་ནོ། ། 3-1-409 དེ་ཡང་ཞིང་ཁམས་རྣམ་པར་དག་པར་དུས་བཟང་པོ་ལ་དམ་པའི་ཆོས་འཛིན་པ་ནི་སླ་ཞིང་། མ་དག་པའི་ཞིང་འདི་ལྟ་བུར་དུས་ངན་པ་ལ་དམ་པའི་ཆོས་འཛིན་པ་ནི་ཤིན་ཏུ་དཀའ་བས་ ན། དེ་ཙམ་དུ་ཕན་ཡོན་ཡང་ཆེ་བས་ལམ་རྣམ་དག་ཏུ་འགྱུར་བ་ཡིན་ཏེ། མདོ་ལས། སུ་དག་ བསྐལ་པ་བྱེ་བར་ཞིང་གཞན་དུ། །སེམས་ལྡན་དམ་ཆོས་འཛིན་པར་གྱུར་པ་བས། །འགའ་ ཞིག་སྔ་དྲོ་ཙམ་ཞིག་མི་མཇེད་ན། །དེ་ནི་དེ་བས་ཁྱད་པར་མཆོག་ཏུ་བཤད། །ཅེས་གསུངས་ པ་ལྟར་རོ། ། མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ལས་རྙེད་པ་ཡིན། །འདི་དོན་ བསྒོམས་ནས་འགྲོ་ཀུན་གྱིས། །བྱང་ཆུབ་ཆེན་པོ་ཐོབ་གྱུར་ཅིག །ཅེས་པ་ནི་སྔར་རྒྱས་པར་ བཤད་པ་ལྟར་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་ཉོན་མོངས་པའི་ དུག་ནད་ཐམས་ཅད་ཞི་བར་བྱེད་པ་བདུད་རྩིའི་སྙིང་པོ་ལྟ་བུ་འདི་ཉིད་ཇོ་བོ་ཆེན་པོས་བླ་མ་ མང་པོ་ལས་ཀྱང་ཞུས་ཤིང་ཁྱད་པར་གསེར་གླིང་པ་ཆེན་པོ་ལས་རྙེད་པ་ཡིན་པས། འདིའི་ དོན་ཕྱིན་ཅི་མ་ལོག་པ་ལེགས་པར་བསྒོམ་པ་ལ་བརྟེན་ནས་ནམ་མཁའི་མཐའ་དང་མཉམ་ པའི་སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ ཅིག་ཅེས་པའོ། ། ཐེག་ཆེན་བློ་སྦྱོང་སྒོམ་པའི་མན་ངག་གི། རྣམ་བཤད་རྣམ་དག་ལུང་དང་མཐུན་པ་འདི། ། དད་ལྡན་སློབ་མས་ཡང་ཡང་བསྐུལ་བའི་ངོར། །བློ་ལྡན་བློ་གྲོས་རྒྱལ་མཚན་དཔལ་གྱི་ བསྡེབས། །གལ་ཏེ་འདི་ལ་ཉེས་པའི་ཆ་མཆིས་ན། །དེ་ཉིད་གཟིགས་པ་རྣམས་ལ་བཟོད་ པར་གསོལ། །ལེགས་པའི་ཆ་ལའང་དེ་ཉིད་གཟིགས་པ་རྣམས། །དགེས་ཤིང་དགེ་ལེགས་ འཕེལ་བར་མཛད་དུ་གསོལ། །དགེ་བ་འདིས་ཀྱང་ལུས་ཅན་མ་ལུས་པ། །རྣམ་དག་བྱང་ཆུབ་ སེམས་གཉིས་ལེགས་བསྒོམས་ཏེ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ནས། ། 3-1-410 རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་གྱུར་ཅིག །བདག་ཀྱང་འཁོར་ཚེ་ཚེ་རབས་ཐམས་ཅད་དུ། ། བསམ་པ་བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །སྦྱོར་བ་ཕ་རོལ་ཕྱིན་དྲུག་ལོངས་སྤྱད་ནས། ། འབྲས་བུ་ཐམས་ཅད་མཁྱེན་པ་མྱུར་ཐོབ་ཤོག། །། མངྒ་ལཾ།