1-1-1 ལོ་ཙཱ་བ་བློ་གྲོས་དཔལ་གྱི་གསུང་འབུམ། 1-1-2 1-1-3 དཀར་ཆག ཐོག་མའི་གླེང་བརྗོད། ........................................................(1) ཇོ་ནང་ལོ་ཙཱ་བ་བློ་གྲོས་དཔལ་གྱི་རྣམ་ཐར་མདོར་བསྡུས། ...............(1) བརྡ་སྤྲོད་པའི་ཁྱད་པར་རྟོགས་བྱེད་ཅེས་བྱ་བ་བཞུགས་སོ། །...............(239) བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ གཞུང་དོན་སྣང་བ་ཞེས་བྱ་བ་བཞུགས། .................................(1) ༄༅། །ཟབ་ལམ་གྱི་སྔོན་འགྲོ་བཞུགས་སོ། །................................................................(9) ༄༅། །ཟབ་ལམ་ཐོག་མར་དགེ་བའི་ཁྲིད་བཞུགས་སོ། །................................................(27) ༄༅། །ངོ་སྤྲོད་གནས་ལུགས་གསལ་བ་བཞུགས་སོ། །..................................................(39) ༄༅། །གེགས་སེལ་གྱི་ས་གཅོད་བཞུགས་སོ། །...........................................................(91) ༄༅། །གེགས་སེལ་གྱི་རྒྱུད་བཞུགས། ......................................................................(93) ༄༅། །གེགས་སེལ་གྱི་འགྲེལ་བ་བཞུགས་སོ། །..........................................................(97) ༄༅། །བདེན་གཉིས་གསལ་བའི་མེ་ལོང་ལོ་ཙྪ་བས་ མཛད་པ་བཞུགས་སོ། །...................................................................(107) ༄༅། །དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་འདེབས་སོགས་བཞུགས་སོ། །..........................(113) ༄༅། །དུས་འཁོར་ལྷན་སྐྱེས་ཀྱི་མངོན་རྟོགས་བཞུགས་སོ། །........................................(117) ༄༅། །དཔལ་དུས་ཀྱི་འཁོར་ལོ་བདག་འཇུག་སྙིང་པོ་ གསལ་བ་བཞུགས་སོ། །...................................................................(131) 1-1-4 ༄༅། །དཔལ་དུས་ཀྱི་འཁོར་ལོའི་དབང་གོང་མའི་ཆོ་ག་བདུད་རྩིའི་ འབྱུང་གནས་ཞེས་བྱ་བ་བཞུགས་སོ། །................................................(163) ན་རོ་འགྲེལ་ཆེན་གྱི་བསྡུས་དོན་བཞུགས་སོ། །..........................................................(325) དུས་འཁོར་གྱི་ཐིག་རྩ་དང༌། ཞི་རྒྱས་སོ་སོའི་ལས་བརྒྱད་ཞི་རྒྱས་ལས་ ཐམས་ཅད་པ་ལ་བཞིར་ཕྱེ་སྟེ། བཅུ་གཉིས་ཀྱི་དབྱེ་བའི་ ཐིག་རྩ་བཞུགས་སོ། །............................................................................(345) དཔལ་རྡོ་རྗེ་ནག་པོ་ཆེན་པོའི་བསྐང་མདོས་བཞུགས་སོ། །............................................(365) ༄༅། །ཆོས་རྗེ་ཐམས་ཅད་མཁྱེན་པའི་བསྟོད་པ་ཉིད་ཀྱི་རྒྱལ་ཚབ་དམ་ པར་གྱུར་པ་ཇོ་ནང་ལོ་ཙྪ་བས་མཛད་པ་བཞུགས་སོ། །........................................(1) ཇོ་ནང་ཐོག་མའི་བླ་མ་རྣམ་གསུམ་གྱི་འདས་ཚིགས། ...................................................(387) ༄༅། །བླ་མ་མཆོད་པའི་ཆོ་ག་མཆོད་པའི་གཏེར་ བཞུགས་སོ། །...........................................................................(177) ༄༅། །མཁས་པ་རྣམས་དགའ་བར་བྱེད་པའི་དགོངས་པ་རབ་ཏུ་ གསལ་བ་ཞེས་བྱ་བ་བཞུགས་སོ། །..................................................(191) པར་བྱང་སྨོན་ཚིག............................................................................................ (389) 1-1-5 1-1-6 ༄༅། །བརྡ་སྤྲོད་པའི་ཁྱད་པར་རྟོགས་བྱེད་ ཅེས་བྱ་བ་བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་བྱུད་པཏྟི་ནཱ་མ། བོད་སྐད་དུ། བརྡ་སྤྲོད་པའི་ཁྱད་ པར་རྟོགས་བྱེད་ཅེས་བྱ་བ། ན་མཿ སརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ནི། བུདྡྷཿ སངས་རྒྱས། བྷ་ག་ཝཱན། བཅོམ་ ལྡན་འདས། ཏ་ཐཱ་ག་ཏཿ དེ་བཞིན་གཤེགས་པ། ཨཪྷན། དགྲ་བཅོམ་པ། སམྱཀྶཾ་བུདྡྷཿ ཡང་ དག་པར་རྫོགས་པའི་སངས་རྒྱས། བིདྱཱ་ཙ་ར་ཎ་སཾ་པནྣཿ རིག་པ་དང་ཞབས་སུ་ལྡན་པ། སུ་ ག་ཏ། བདེ་བར་གཤེགས་པ། ལོ་ཀ་བིཏ། འཇིག་རྟེན་མཁྱེན་པ། ཨ་ནུཏྟ་རཿ པུ་རུ་ཥ་དམྱ་ སཱ་ར་ཐི། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ། ཤཱསྟཱཿ སྟོན་པ། ཛ་ནི་རྒྱལ་བ། ལོ་ ཀ་ཛྱེཥྛཿ འཇིག་རྟེན་གཙོ་བོ། སརྦ་ཛྙཱཿ ཐམས་ཅད་མཁྱེན་པ། ཏཱ་ཡཱི། སྐྱོབ་པ། དེ་ཝཱ་ཏི་དེ་ཝཱ། ལྷའི་ཡང་ལྷ། མ་ཧཱཪྵི། དྲང་སྲོང་ཆེན་པོ། དྷརྨ་སྭཱ་མཱི། ཆོས་ཀྱི་རྗེ། རྀ་ཥ་བྷཿ ཁྱུ་མཆོག ནཱ་ཡ་ཀཿ འདྲེན་པ། བིནཱ་ཡ་ཀཿ རྣམ་པར་འདྲེན་པ། ཨ་དྷྭཱ་ཡ་ཝཱ་དཱི། གཉིས་སུ་མེད་པར་གསུང་པ། བི་ བྷུཿ ཁྱབ་བདག བི་ཤྭན་ཏ་ར། ཐམས་ཅད་སྒྲོལ། བི་རཱ་ཊ། རྣམ་པར་མཛེས། དྷཱི་རཿ བརྟན་ པ། གུ་ན་སཱ་ག་རཿ ཡོན་རྒྱ་མཚོ། བཱནྟ་དོ་ཥཿ སྐྱོན་བསལ་བ། བྷ་ཝཱནྟ་ཀྲྀཏ། སྲིད་པ་མཐར་ མཛད། ཨ་གྷ་ཧནྟཱ། སྡིག་བཅོམ། ཨ་ནངྒ་ཛིཏ། ལུས་མེད་ཐུལ། མཱ་ར་ཛིཏ། བདུད་འདུལ། ཥ་ ཌ་བྷི་ཛྙཱཿ མངོན་ཤེས་དྲུག་ལྡན། ད་ཤ་བ་ལ། སྟོབས་བཅུ་པའོ། །སིདྡྷཱཪྠཿ དོན་གྲུབ། ཤོདྡྷཽ་ད་ ནིཿ ཟས་གཙང་སྲས་པོ། མཱ་ཡཱ་དེ་ཝཱི་སུ་ཏཿ སྒྱུ་འཕྲུལ་ལྷ་མོའི་སྲས། ཤཱཀྱ་མུ་ནི། ཤཱཀྱ་ཐུབ་པ། 1-1-7 ཤཱཀྱ་སིངྷ། ཤཱཀྱ་སེང་གེ ཤཱཀྱ་སུངྒ་ཝཿ ཤཱཀྱ་སྐྱེས་མཆོག སཱུརྱ་བཾ་ཤཿ ཉི་མའི་རིགས། ཨངྒི་ར་ སཿ ཉི་མའི་རྒྱུད། གཽ་ཏ་མའོ། ། མཚན་སུམ་ཅུ་རྩ་གཉིས་ནི། ཨུཥྞཱི་ཥ་ཤི་རསྐ་ཏཱ། དབུ་གཙུག་ཏོར་དང་ལྡན་པ། པྲ་ དཀྵི་ཎཱ་བརྟྟ་ཀེ་ཤ དབུ་སྐྲ་གཡས་སུ་འཁྱིལ་བ། ས་མ་ལ་ལཱ་ཊཿ དཔྲལ་བའི་དབྱེས་མཉམ་ པ། ཨཱུརྞཱ་ཀོ་ཥཿ ཨཱུརྞཱཿ མཛོད་སྤུ། ཨ་བྷི་ནཱི་ལ་ནེ་ཏྲ་གོ་པཀྵྨ། སྤྱན་འཐོན་འཐིང་བའི་རྫི་མ་ལྟ་ བུ། ཙཏྭཱ་རི་ཤདྡནྟཿ ཚེམས་བཞི་བཅུ་མངའ་བ། ས་མ་དནྡཿ ཚེམས་མཉམ་པ། ཨ་བི་ར་ལ་ དནྟཿ ཚེམས་ཐགས་བཟང་བ། སུ་ཤུཀླ་དནྟཿ ཚེམས་ཤིན་ཏུ་དཀར་བ། ར་ས་ར་སཱ་གྲ་ཏཱ། རོ་ བྲོ་བའི་མཆོག་དང་ལྡན་པ། སིངྷ་ཧ་ནུཿ འགྲམ་པ་སེང་གེ་འདྲ་བ། པྲ་བྷཱུ་ཏ་ཏ་ནུ་ཛི་ཧྭཱ། ལྗགས་ ཤིན་དུ་རིང་ཞིང་སྲབ་པ། པྲཧྨ་སྭ་རཿ ཚངས་པའི་དབྱངས། སུ་སཾ་པྲྀཏྟསྐནྡྷཿ དཔུང་མགོ་ཤིན་ དུ་ཟླུམ་པ། སཔྟོཏྶདཿ བདུན་མཐོ་བ། ཙིཏཱནྟ་རཱཾ་སཿ ཐལ་གོང་རྒྱས་པ། སཱུཀྵྨ་སུ་ཝརྞྞཙྪི་བིཿ པགས་པ་སྲབ་ཅིང་མདོག་གསེར་འདྲ་བ། སྠི་ཏཱ་ན་བ་ན་ཏ་པྲ་ལམྦ་བཱ་ཧུ་ཏཱ། བཞེངས་བཞིན་ དུ་མ་བཏུད་པར་ཕྱག་པུས་མོ་སླེབ་པ། སིངྷ་པཱུརྦཱརྔྷ་ཀཱ་ཡཿ རོ་སྟོད་སེང་གེ་འདྲ་བ། ནྱ་གྲོ་དྷ་པ་ རི་མཎྜ་ལཿ ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ། ཨེ་ཀཻ་ཀ་རོ་མ་པྲ་དཀྵི་ཎཱ་ཝརྟྟཿ སྤུ་རེ་རེ་ནས་ སྐྱེས་ཤིང་གཡས་ཕྱོགས་སུ་འཁྱིལ་བ། ཨཱུརྡྡྷངྒ་རོ་མ། སྐུའི་སྤུ་གྱེན་དུ་ཕྱོགས་པ། ཀོ་ཤཱ་ག་ཏ་ བསྟི་གུ་ཧྱཿ འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ། སུ་ཝརྟྟ་ཏོ་རུཿ བརླ་ཤིན་ཏུ་ཟླུ་མ་པ། ཨུཙྪཾ་ ཁ་པཱ་དཿ ཞབས་ཀྱི་ལོང་མོའི་ཚིགས་མི་མངོན་པ། མྲི་དུ་ཏ་རུ་ཎ་ཧསྟ་བཱ་ད་ཏ་ལཿ ཕྱག་ཞབས་ ཀྱི་མཐིལ་འཇམ་ཞིང་གཞོན་ཤ་ཆགས་པ། ཛཱ་ལཱ་བ་ནདྡྷ་ཧསྟ་པཱ་དཿ ཕྱག་དང་ཞབས་དྲ་བར་ འབྲེལ་བ། དཱིརྒྷཱངྒུ་ལིཿ སོར་མོ་རིང་པ། ཙཀྲཾ་ཀི་ཏ་ཧསྟ་པཱ་ད་ཏ་ལཿ ཕྱག་ཞབས་འཁོར་ལོའི་ མཚན་དང་ལྡན་པ། སུ་པྲ་ཏིཥྛི་ཏ་པཱ་དཿ ཞབས་ཤིན་དུ་གནས་པ། ཨཱ་ཡ་ཏ་པཱ་ད་པཱཪྵིཎཿ ཞབས་ཀྱི་རྟིང་པ་ཡངས་པ། ཨེ་ཎེ་ཡ་ཛཾ་གྷཱཿ བྱིན་པ་རི་དྭགས་ཨེ་ཎེ་ཡའི་ལྟ་བུ། 1-1-8 དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། ཨཱ་ཏཱམྲ་ན་ཁཿ སེན་མོ་ཟངས་ཀྱིས་མདོག་ལྟ་བུ། སྣིགྡྷ་ན་ཁཿ སེན་མོ་མདོག་སྣུམ་པ། ཏུཾ་ག་ན་ཁཿ སེན་མོ་མཐོ་བ། བྲྀཏྟཱངྒུ་ལིཿ སོར་མོ་རྣམས་ ཟླུམ་པ། ཙི་ཏཱཾ་གུ་ལིཿ སོར་མོ་རྣམས་རྒྱས་པ། ཨ་ནུ་པཱུརྦངྒུ་ལིཿ སོར་མོ་རྣམས་བྱིན་གྱིས་ཕྲ་ བ། ནིརྒཱུ་ཊ་སི་རཿ རྩ་མི་མངོན་པ། ནིརྒྲནྠི་སི་རཿ རྩ་མདུད་པ་མེད་པ། ནིརྒཱུ་ཊ་གུལྥཿ ལོང་ བུ་མི་མངོན་པ། ཨ་བི་ཤ་མ་པཱ་དཿ ཞབས་མི་མཉམ་པ་མེད་པ། སིངྷ་བིཀྲཱནྟ་གཱ་མཱི། སེང་ གེའི་སྟབས་སུ་གཤེགས་པ། ནཱ་ག་བིཀྲཱནྟ་གཱ་མཱི། གླང་པོ་ཆེའི་སྟབས་སུ་གཤེགས་པ། ཧཾ་ས་ བི་ཀྲཱནྟ་གཱ་མཱི། ངང་པའི་སྟབས་སུ་གཤེགས་པ། བྲྀ་ཥ་བྷ་བི་ཀྲཱནྟ་གཱ་མཱི། ཁྱུ་མཆོག་གི་སྟབས་ སུ་གཤེགས་པ། པྲ་དཀྵི་ཎ་བརྟྟགཱ་མཱི། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ། ཙཱ་ཀུ་གཱ་མཱི། མཛེས་པར་གཤེགས་པ། ཨ་ཝཀྲ་གཱ་མཱི། མ་ཡོ་བར་གཤེགས་པ། བྲྀཏྟ་གཱ་ཏྲཿ སྐུ་འཁྱིལ་བག་ ཆགས་པ། མྲྀཥྚ་གཱ་ཏྲཿ སྐུ་བྱི་དོར་བྱས་པ། ཨ་ནུ་པཱུརྦ་གཱཏྲཿ སྐུ་རིམ་པར་འཚམ་པ། ཤུ་ཙི་གཱ་ཏྲཿ སྐུ་གཙང་བ། མྲྀ་དུ་གཱ་ཏྲཿ སྐུ་འཇམ་པ། བི་ཤུད་དྷ་གཱ་ཏྲཿ སྐུ་རྣམ་པར་དག་པ། པ་རི་པཱུརྞ་བྱཱཉྫ་ ནཿ མཚན་རྫོགས་པ། པྲི་ཐུ་ཙཱ་རུ་མཎྜལ་གཱ་ཏྲཿ སྐུ་ཁོ་ལག་ཡངས་ཤིང་བཟང་བ། ས་མ་ཀྲ་མ། གོམ་པ་སྙོམས་པ། སུ་ཀུ་མཱ་ར་གཱ་ཏྲཿ སྐུ་ཤིན་དུ་གཞོན་མདོག་ཅན། ཨ་དི་ན་གཱཏྲཿ སྐུ་ཞུམ་པ་ མེད་པ། ཨུཏྶ་ད་གཱ་ཏྲཿ སྐུ་རྒྱས་པ། སུ་སཾ་ཧ་ཏ་གཱཏྲཿ སྐུ་ཤིན་ཏུ་གྲིམས་པ། སུ་བི་བྷཀྟཱངྒ་པྲ་ཏྱཾ་ གཿ ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ། བི་ཏི་མི་ར་བི་ཤུདྡྷ་ལོ་ཀཿ གཟིགས་ པ་རབ་རིབ་མེད་ཅིང་རྣམ་པར་དག་པ། བྲྀཏྟ་ཀུཀྵིཿ དཀུ་ཟླུམ་པ། མྲྀཥྚ་ཀུཀྵིཿ དཀུ་སྐབས་ ཕྱིན་པ། ཨ་བྷུགྣ་ཀུཀྵིཿ དཀུ་མ་རྙོངས་པ། ཀྵ་མོ་ད་རཿ ཕྱལ་ཕྱང་ངེ་བ། གཾ་བྷཱི་ར་ནཱ་བྷིཿ ལྟེ་བ་ ཟབ་པ། པྲ་དཀྵི་ཎཱ་བརྟྟ་ནཱ་བྷིཿ ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ། ས་མནྟ་པྲཱ་སཱ་དི་ཀཿ ཀུན་ ནས་མཛེས་པ། ཤུ་ཙ་ས་མཱ་ཙཱ་རཿ ཀུན་སྤྱོད་གཙང་བ། བྱ་བ་ག་ཏ་ཏི་ལ་ཀཱ་ལ་ཀ་གཱ་ཏྲཿ སྐུ་ལ་ སྨེ་བ་དང་གནག་བག་མེད་པ། ཏུ་ལ་ས་དྲྀ་ཤ་སུ་ཀུ་མཱ་ར་པཱ་ཎིཿ ཕྱག་ཤིང་བལ་ལྟར་ཤིན་དུ་ 1-1-9 འཇམ་པ། སྣིགྡྷ་པཱ་ཎི་ལེ་ཁཿ ཕྱག་གི་རི་མོ་མདངས་ཡོད་པ། གཾ་བྷཱི་ར་པཱ་ཎི་ལེ་ཁཿ ཕྱག་གི་རི་ མོ་ཟབ་པ། ཨཱ་ཡ་ཏ་པཱ་ཎི་ལེ་ཁཿ ཕྱག་གི་རི་མོ་རིང་བ། ནཱཏྱཱ་ཡ་ཏ་བ་ད་ནཿ ཞལ་ཧ་ཅང་ཡང་ མི་རིང་བ། བིམྦ་པྲ་ཏི་བིམྦ་དཪྴ་ན་ཝ་ད་ནཿ ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ། མྲྀ་ དུ་ཛི་ཧྭཿ ལྗགས་མཉེན་པ། ཏ་ནུ་ཛི་ཧྭཿ ལྗགས་སྲབ་པ། རཀྟ་ཛི་ཧྭཿ ལྗགས་དམར་བ། ག་ཚ་ གརྫི་ཏ་ཛཱི་མུ་ཏ་གོ་ཥཿ གླང་པོ་ཆེའི་ང་རོ་དང་འབྲུག་གི་སྒྲ་དང་ལྡན་པ། མ་དྷུ་ར་ཙཱ་རུ་མཉྫུ་སྭ་ རཿ གསུང་སྙན་ཅིང་མཉེན་ལ་འཇམ་པ། བྲྀཏྟ་དཾཥྚྲཿ མཆེ་བ་ཟླུམ་པ། ཏཱིཀྵྞ་དཾཥྚྲཿ མཆེ་བ་རྣོ་ བ། ཤུཀླ་དཾཥྚྲཿ མཆེ་བ་དཀར་བ། ས་མ་དཾཥྚྲཿ མཆེ་བ་མཉམ་པ། ཨ་ནུ་པཱུརྦ་དཾཥྚྲཿ མཆེ་བ་བྱིན་ གྱིས་ཕྲ་བ། ཏུཾ་ག་ནཱ་སཿ ཤངས་མཐོ་བ། ཤུ་ཙི་ནཱ་སཿ ཤངས་གཙང་བ། བི་ཤུད་དྷ་ནེ་ཏྲཿ སྤྱན་ རྣམ་པར་དག་པ། བི་སཱ་ལ་ནེ་ཏྲཿ སྤྱན་ཡངས་པ། ཙི་ཏ་པཀྵྨ། རྫི་མ་སྟུག་པ། སི་ཏཱ་སི་ཏ་ཀ་མ་ ལ་ད་ལ་ས། ཀི་ལ་ན་ཡ་ནཿ སྤྱན་དཀར་ནག་འབྱེས་ཤིང་པད་མའི་འདབ་མ་རངས་པ་ལྟ་བུ། ཨཱ་ཡ་ཏ་བྷྲཱུཿ སྨིན་ཚུགས་རིང་བ། ཤླཀྵྞ་བྷྲཱུཿ སྨིན་མ་འཇམ་པ། ས་མ་རོ་མ་བྷྲཱུཿ སྨིན་མའི་སྤུ་ མཉམ་པ། སྣིགྡྷ་བྷྲཱུཿ སྨིན་མ་སྣུམ་པ། པཱི་ནཱ་ཡ་ཏ་ཀརྞྞཿ སྙན་ཤལ་སྟུག་ཅིང་རིང་བ། ས་མ་ཡ་ ཀརྞྞཿ སྙན་མཉམ་པ། ཨ་ནུ་པ་ཧ་ཏ་ཀརྞྞེནྟྲི་ཡཿ སྙན་གྱི་དབང་པོ་མ་ཉམས་པ། སུ་པ་རི་ཎ་ཏ་ ལ་ལཱ་ཊཿ དཔྲལ་བ་ལེགས་པར་འབྱེས་པ། པྲྀ་ཐུ་ལ་ལཱ་ཊཿ དཔྲལ་བ་དབྱེས་ཆེ་བ། སུ་པ་རི་ པཱུརྞོཏྟ་མཱཾ་གཿ དབུ་ཤིན་དུ་རྒྱས་པ། བྷྲ་མ་ར་ས་དྲྀ་ཤ་ཀེ་ཤཿ དབུ་སྐྲ་བུང་བ་ལྟར་གནག་པ། ཙི་ ཏ་ཀེ་ཤཿ དབུ་སྐྲ་སྟུག་པ། ཤླཀྵྞ་ཀེ་ཤཿ དབུ་སྐྲ་འཇམ་པ། ཨ་སཾ་ལུ་ཏི་ཏ་ཀ་ཀེ་སཿ དབུ་སྐྲ་མ་ འཛིངས་པ། ཨ་པ་རུ་ཥ་ཀེ་སཿ དབུ་སྐྲ་མི་གཤོར་བ། སུ་ར་བྷི་ཀེ་ཤཿ དབུ་སྐྲ་དྲི་ཞིམ་པ། ཤྲཱི་ བཏྶ་སྭསྟི་ཀ་ནཾ་དྱཱ་བརྟྟ་ལ་ལི་ཏ་པཱར་ཎི་པཱ་དཿ ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་ དང་གཡུང་དྲུང་འཁྱིལ་བས་བརྒྱན་པ། བརྔྷ་མཱ་ནཿ སྡོང་རིས། གསུང་དབྱངས་ཡན་ལག་དྲུག་བཅུ་ནི། སྣིགྔྷཿ མཉེན་པོ། མྲྀ་དུ་ཀཱ། འཇམ་པ། 1-1-10 མ་ནོ་ཛྙཱ། ཡིད་དུ་འོང་བ། མ་ནོ་ར་མཱ༌། ཡིད་ལ་འཐད་པ། ཤུདྡྷཿ དག་པ། བི་མ་ལཱ། དྲི་མ་མེད་ པ། པྲ་བྷཱ་སཱ་རཱ། གསལ་བ། ཝརྞྞཿ སྙན་ཞིང་འཇེབས་པ། ཤྲ་བ་ནའི་ཡཱ། མཉན་པར་འོས་པ། ཨ་ནེ་ལཱ། མི་ཚུགས་པ། ཀ་ལཱ། སྙན་པ། བི་ནཱི་ཏ། དུལ་བ། ཨ་ཀརྐ་ཤཱ། མི་རྩུབ་པ། ཨ་པ་ རུ་ཥཱ། མི་བརླང་བ། སུ་བི་ནཱི་ཏཱ། རབ་ཏུ་དུལ་བ། ཀརྞ་སུ་ཁཱ། རྣར་སྙན་པ། ཀཱ་ཡ་པྲ་ཧྣཱ་ད་ན་ ཀཱ་རཱ། ལུས་སིམ་པར་བྱེད་པ། ཙིཏྟོ་དི་ལྱ་ཀཱ་རཱི། སེམས་སིམ་པར་བྱེད་པ། ཧྲྀ་ད་ཡ་སཾ་ཏུཥྚི་ཀཱ་ རཱི། སྙིང་དགའ་བར་བྱེད་པ། པྲཱི་ཏི་སུ་ཁ་ཛ་ན་ནཱི། དགའ་བ་དང་བདེ་བ་སྐྱེད་པ། ནིཥྤ་རི་ད་ཧཱ། ཡོངས་སུ་གདུང་བ་མེད་པ། ཨཱ་ཛྙཱེ་ཡཱ། ཀུན་ཏུ་ཤེས་པར་བྱ་བ། བ་ཛྙེ་ཡཱ། རྣམ་པར་རིག་པར་ བྱ་བ། བིཥྱཥྚཱ། རྣམ་པར་གསལ་བ། པྲེ་མ་ནཱི་ཡ། དགའ་བར་བྱེད་པ། ཨ་བྷི་ནནྡ་ནཱི་ཡཱ། མངོན་ པར་དགར་བར་བྱེད་པ། ཨཱ་ཉྫཱ་པ་ནཱི་ཡ། ཀུན་ཤེས་པར་བྱེད་པ། བི་ཛྙཱ་པ་ནཱི་ཡཱ། རྣམ་པར་ རིག་པར་བྱེད་པ། ཡུཀྟཱ། རིགས་པ། ས་ཧི་ཏཱ། འབྲེལ་བ། པུ་ན་རུཀྟ་དོ་ཥ་ཛ་ཧཱ། ཟློས་པའི་ སྐྱོན་མེད་པ། སིངྷ་སཱ་ར་བེ་གཱ། སེང་གེའི་སྒྲའི་ཤུགས། ནཱ་ག་སྭ་ར་ཤབྡཱ། ཀླང་པོ་ཆེའི་སྒྲ་སྐད། མེ་གྷ་སྭ་ར་གྷོ་ཥཱ། འབྲུག་གི་སྒྲ་དབྱངས། ནཱ་གེནྡྲ་རུ་ཏཱ། གླུའི་དབང་པོའི་སྒྲ། གནྡྷརྦ་སཾ་གཱི་ཏི་ གྷོ་ཥཱ། དྲི་ཟའི་གླུ་དབྱངས། ཀ་ལ་བིངྐ་སྭ་ར་རུ་ཏཱ་བྱ། ཀ་ལ་བིང་ཀེའི་སྒྲ་དབྱངས། པྲཧྨ་སཱ་ར་རུ་ ཏཱ་ར་བི་ཏཱ། ཚངས་པའི་སྒྲ་དབྱངས་བསྒྲགས་པ། ཛཱི་བཾ་ཛཱི་བ་ཀ་སྭ་ར་རུ་ཏ་ར་བི་ཏཱ། ཤང་ཤང་ ཏེའུའི་སྒྲ་དབྱངས་སུ་གྲག་པ། དེ་ཝེནྡྲ་མ་དྷུ་ར་ནིརྒྷོཥཱ། ལྷའི་དབང་པོའི་དབྱངས་ལྟར་སྙན་པ། དུནྡུ་བྷི་སྭ་རཱ་རྔའི་སྒྲ། ཨ་ནཾ་ན་ཏཱ་མ་ཁྱེངས་པ། ཨ་ན་ཝ་ན་ཏཱ། མི་དམའ་བ། སརྦ་ཤབྡཱ་ནུ་པྲ་ བིཥྚཱ། སྒྲ་ཐམས་ཅད་རྗེས་སུ་ཞུགས་པ། ཨ་པ་ཤབྡཱ་བི་ག་ཏཱ། ཚིག་ཟུར་ཆག་པ་མེད་པ། ཨ་ བི་ཀ་ལཱ། མ་ཚང་བ་མེད་པ། ཨ་ལཱི་ནཱ། མ་ཞུམ་པ། ཨ་དཱ་ནཱ། མི་ཞན་པ། པྲ་མུ་དི་ཏཱ། རབ་ཏུ་ དགའ་བ། པྲ་སྲྀ་ཏཱ། ཁྱབ་པ། ས་ཁི་ལཱ། ཆུབ་པ། ས་རི་ཏཱ། རྒྱུན་ཆགས་པ། ལ་ལི་ཏཱ། འབྲེལ་ བ། སརྦ་སྭ་ར་པཱུ་ར་ཎཱ། སྒྲ་ཐམས་ཅད་རྫོགས་པར་བྱེད་པ། སརྦེནྡྲི་ཡ་སཾ་ཏོ་ཥ་ཎཱི། དབང་པོ་ 1-1-11 ཐམས་ཅད་ཚིམ་པར་བྱེད་པ། ཨ་ནིནྡི་ཏཱ། མ་སྨད་པ། ཨ་ཙཉྩ་ལཱ། མི་འགྱུར་བ། ཨ་ཙ་པ་ལཱ། མ་བརྟབས་པ། སརྦ་པཪྵ་དུ་ནུ་ར་ཝི་ཏཱ། འཁོར་ཀུན་ཏུ་གྲག་པ། སརྦཱ་ཀཱ་ར་ཝ་རོ་བེ་ཏཱ། རྣམ་ པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པ་ཐུགས་ཏིང་ངེ་འཛིན་གྱི་ མིང་ནི། སཱུ་རཾ་ག་མོ་ནཱ་མ་ས་མཱ་དྷིཿ དཔལ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན། རཏྣ་མུ་ དྲཱ་ནཱ་མ་ས་མཱ་དྷིཿ རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན། སུ་ཙནྡྲོ་ནཱ་མ་ས་མཱ་དྷིཿ ཟླ་བ་ བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན། སིངྷ་བི་ཀྲཱི་ཌི་ཏཿ སེང་གེ་རྣམ་པར་རྩེ་བ། ཙནྡྲ་དྷྭ་ཛ་ཀེ་ ཏུཿ ཟླ་བའི་རྒྱལ་མཚན་ཏོག སརྦ་དྷརྨོཏྒ་ཏཿ ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ། སརྦ་ དྷརྨ་མུ་དྲཱ་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ། བི་ལོ་ཀི་ཏ་མཱུརྔྷཿ སྤྱི་གཙུག་རྣམ་པ་ལྟ་བ། དྷརྨ་དྷཱུ་ཏུ་ ནི་ཡ་ཏཿ ཆོས་ཀྱི་དབྱིངས་སུ་ངེས་པ། ནི་ཡ་ཏ་དྷྭ་ཛ་ཀེ་ཏུཿ ངེས་པའི་རྒྱལ་མཚན་ཏོག བཛྲོ་ ནཱ་མ་ས་མཱ་དྷིཿ རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན། སརྦ་དྷརྨ་པྲ་བེ་ཤ་མུ་དྲཱ། ཆོས་ཐམས་ཅད་ལ་ འཇུག་པའི་ཕྱག་རྒྱ། ས་མཱ་དྷི་རཱ་ཛཱ་སུ་པྲ་ཏིཥྛི་ཏཿ ཏིང་ངེ་འཛིན་གྱི་རྒྱལ་པོ་ལྟར་རབ་ཏུ་གནས་ པ། རསྨི་པྲ་མུཀྟཿ འོད་ཟེར་རབ་ཏུ་འགྱེད་པ། བ་ལ་བྱཱུ་ཧཿ དཔུང་གི་བཀོད་པ། ས་མུདྒ་ཏཿ ཡང་དག་པར་འཕགས་པ། ནི་རུཀྟི་ནི་ཡ་ཏ་པྲ་བེ་ཤཿ ངེས་པའི་ཚིག་ལ་གདོན་མི་ཟ་བར་ འཇུག་པ། ཨ་དྷི་ཝ་ཙ་ན་པྲ་བེ་ཤཿ ཚིག་བླ་དྭགས་ལ་འཇུག་པ། དིགྦི་ལོ་ཀི་ཏཿ ཕྱོགས་རྣམ་ པར་ལྟ་བ། ཨཱ་དྷཱ་ར་ཎ་མུ་དྲཱ། ཕྱག་རྒྱ་ཡོངས་སུ་འཛིན་པ། ཨ་སཾ་པྲ་མོ་ཥཿ བརྗེད་པ་མེད་པ། སརྦ་དྷརྨ་ས་མ་ཝ་ས་ར་ཎ་སཱ་ག་ར་མུ་དྲཱ། ཆོས་ཐམས་ཅད་ཡང་དག་འདུ་བ་རྒྱ་མཚོའི་ཕྱག་རྒྱ། ཨཱ་ཀཱ་ཤ་སྥ་ར་ཎཿ ནམ་མཁའ་ཁྱབ་པར་བྱེད་པ། བཛྲ་མཎྜ་ལ། རྡོ་རྗེའི་དཀྱིལ་འཁོར། དྷྭ་ཛཱ་ གྲ་ཀེ་ཡཱུ་རཿ རྒྱ་མཚན་རྩེ་མོའི་དཔུང་རྒྱན། ཨིནྡྲ་ཀེ་ཏུཿ དབང་པོའི་ཏོག ཤྲོ་ཏོ་ནུ་ག་ཏཿ རྒྱུན་ གྱི་རྗེས་སུ་སོང་བ། སིངྷ་བི་ཛྲེ་བྷི་ཏཿ སེང་གེ་རྣམ་པར་བསྒྱིངས་པ། བྱ་ཏྱ་སྟོ་ནཱ་མ་ས་མཱ་དྷིཿ 1-1-12 སྣྲེལ་ཞི་ཞེས་བྱ་བའི་ཏིང་ངེ་འཛིན། ར་ཎ་ཛ་ཧཿ ཉོན་མོངས་པ་སྤོང་བ། བཻ་རོ་ཙ་ན། རྣམ་པར་ སྣང་བ༌། ཨ་ནི་མི་ཥ། ཚོལ་བ་མེད་པ། ཨ་ནི་ཀེ་ཏ་སྠི་ཏཿ གནས་ལ་རྟེན་པ་མེད་པ། ནིཤྩིཏྟཿ སེམས་མེད་པ། བི་མ་ལ་པྲ་དཱི་པཿ དྲི་མ་མེད་པའི་སྒྲོན་མ། ཨ་ནནྟ་པྲ་བྷཿ འོད་མཐའ་ཡས་པ། པྲ་བྷཱ་ཀ་རཿ འོད་བྱེད་པ། ཤུདྡྷ་སཱ་རཿ དག་པ་དམ་པ། བི་མ་ལ་པྲ་བྷཿ འོད་དྲི་མ་མེད་པ། ར་ ཏི་ཀ་རཱཿ དགའ་བ་བྱེད་པ། བིདྱུཏྤྲ་དཱི་པཿ གློག་གི་སྒྲོན་མ། ཨཀྵ་ཡཿ ཟད་མི་ཤེས་པ། ཨ་ཛ་ ཡཿ མི་ཕམ་པ། ཏེ་ཛོ་ཝ་ཏཱི། གཟི་བརྗིད་ཡོད་པ། ཀྵ་ཡཱ་པ་ག་ཏཿ ཟད་པ་དང་བྲལ་བ། ཙནྡྲ་ བི་མ་ལཿ ཟླ་བ་དྲི་མ་མེད་པ། སཱུརྱ་པྲ་དཱི་པཿ ཉི་མ་སྒྲོན་མ། ཨ་བི་བརྟྟཿ འགྱུར་བ་མེད་པ། ཨ་ནིཉྫཿ མི་གཡོ་བ། པྲ་ཉྫཱ་པྲ་དཱི་པཿ ཤེས་རབ་སྒྲོན་མ། ཤུདྡྷ་པྲ་ཏི་བྷཱ་སཿ སྣང་བ་གསལ་བ། ཨཱ་ལོ་ཀ་ཀ་རཿ སྣང་བ་བྱེད་པ། ཀ་རཱ་ཀ་རཿ བྱ་བ་བྱེད་པ། ཛྙཱ་ན་ཀེ་ཏུཿ ཡེ་ཤེས་ཏོག བཛྲོ་ བ་མཿ རྡོ་རྗེ་ལྟ་བུ། ཙིཏྟ་སྠི་ཏིཿ སེམས་གནས་པ། ས་མནྟཱ་ལོ་ཀཿ ཀུན་ཏུ་སྣང་བ། སུ་པྲ་ཏིཥྛི་ ཏཿ རབ་ཏུ་གནས་པ། རད་ན་ཀོ་ཊིཿ རིན་ཆེན་མཐའ། ཝ་ར་དྷརྨ་མུ་དྲཱ་ཆོས་དམ་པའི་ཕྱག་རྒྱ། སརྦ་དྷརྨ་ས་མ་ཏ། ཆོས་ཐམས་ཅད་མཉམ་པ་ཉིད། ར་ཏི་ཛ་ཧཿ དགའ་བ་སྤོང་བ། དྷརྨོཏྒ་ཏཿ ཆོས་ཀྱིས་འཕགས་པ། བི་ཀི་ར་ཎཿ རྣམ་པར་འཐོར་བ། སརྦ་དྷརྨ་པ་ད་པྲ་བྷེ་དཿ ཆོས་ཐམས་ ཅད་ཀྱི་ཚིག་རབ་ཏུ་འབྱེད་པ། ས་མཱཀྵ་རཱ་ཝ་ཀཱ་རཿ ཡི་གེ་མཉམ་པར་དགོད་པ། ཨ་ཀྵ་རཱ་པ་ ག་ཏཿ ཡི་གེ་དང་བྲལ་བ། ཨཱ་ལཾ་བ་ན་ཙྪེ་ད་ནཿ དམིགས་པ་གཅོད་པ། ཨ་པྲ་ཀཱ་རོ་ནཱ་ས་མ་མཱ་ དྷིཿ འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན། ཨ་བི་ཀཱ་རཿ རྣམ་པ་མེད་པ། ནཱ་མ་ནི་ཡ་ཏ་ བྲ་པེ་ཤཿ མིང་ངེས་པར་འཇུག་པ། ཨ་ནི་ཀེ་ཏ་ཙཱ་རཱི། གནས་མེད་པར་སྤྱོད་པ། ཏི་མ་རཱ་པ་ག་ ཏཿ རབ་རིབ་མེད་པ། ཙཱ་རི་ཏྲ་བ་ཏཱི། སྤྱོད་པ་དང་ལྡན་པ། ཨ་ཙ་ལཿ གཡོ་བ་མེད་པ། བི་ཥ་ ཡ་ཏཱིརྞཿ ཡུལ་ལས་རྒལ་བ། སརྦ་གུ་ན་སཉྩ་ཡ་ག་ཏཿ ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་ པ། སྠི་ཏ་ནིཤྩིཏྟཿ སེམས་མེད་པར་གནས་པ། ཤུ་བྷ་པུཥྤི་ཏ་ཤུདྡྷིཿ དགེ་བའི་མེ་ཏོག་རྒྱས་ཤིང་ 1-1-13 དག་པ། ཨ་ནནྟ་པྲ་ཏི་བྷཱ་ནཿ སྤོབས་པ་མཐའ་ཡས་པ། བོ་དྷྱཾ་ག་ཝ་ཏཱི། བྱང་ཆུབ་ཀྱི་ཡན་ལག་ ཡོད་པ། ཨ་ས་མ་ས་མཱ། མི་མཉམ་པ་དང་མཉམ་པ། སརྦ་དྷརྨ་བི་ཀྲ་མ་ཎཿ ཆོས་ཐམས་ཅད་ ལས་འདའ་བ། པ་རི་ཙྪེ་ད་ཀ་རཿ ཡོངས་སུ་གཅོད་པ། བི་མ་ཏི་བི་ཀི་ར་ཎཿ ནམ་ནུར་རྣམ་ པར་སེལ་བ། ནི་ར་དྷིཥྛཱི་ནཿ གནས་སུ་བྱ་བ་མེད་པ། ཨེ་ཀ་བྱཱུ་ཧཿ བཀོད་པ་གཅིག་པ། ཨཱ་ ཀཱ་རཱ་བྷི་ནིཪྷཱ་རཿ རྣམ་པ་མངོན་པར་སྒྲུབ་པ། ཨེ་ཀ་ཀཱ་རཿ རྣམ་པར་གཅིག་ཏུ་གྱུར་པ། ཨཱ་ཀཱ་ རཱ་ན་བ་ཀཱ་རཿ རྣམ་པར་འདོར་བ་མེད་པ། ནིརྦོ་དི་ཀ་སརྦ་བྷ་ཝ་ཏ་མོ་པ་ག་ཏཿ རྟོགས་པས་ སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པ། སཾ་ཀེ་ཏ་རུ་ཏ་པྲ་བེ་ཤཿ བརྡ་དང་སྒྲ་ལ་འཇུག་པ། ནིརྒྷོ་ཥཱ་ཀྵ་ར་བི་མུཀྟཿ སྒྲ་དབྱངས་ཡི་གེ་དང་བྲལ་བ། ཛྭ་ལ་ནོལྐཱ། སྒྲོན་མ་འབར་བ། ལ་ཀྵ་ ཎ་པ་རི་ཤོ་དྷ་ནཿ མཚན་ཉིད་ཡོངས་སུ་སྦྱོང་བ། ཨ་ན་བྷི་ལ་ཀྵི་ཏཿ མངོན་པར་མ་དམིགས་ པ། སརྦ་ཀཱ་ར་ཝ་རོ་པེ་ཏཿ རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཨ་ཀྵ་ཡ་ཀ་རཎྜཿ མི་ ཟད་པའི་ཟ་མ་ཏོག དྷཱ་ར་ཎི་མ་ཏིཿ གཟུངས་ཀྱི་བློ་གྲོས། སམྱཀ་ཏྭ་མི་ཐྱཱ་ཏྭ་སརྦ་སཾ་གྲ་ས་ནཿ ཡང་དག་པ་དང་ལོག་པ་ཐམས་ཅད་དུ་རྣམ་པར་སེལ་བ། སརྦ་རོ་དྷ་བི་རོ་དྷ་སཾ་པྲ་ཤ་མ་ནཿ འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ། སརྦ་སུ་ཁ་དུཿཁ་ནི་ར་ བྷི་ནནྡཱི། བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བར་བྱེད་པ། ཨ་ནུ་རོ་དྷ་ པྲ་ཏི་རོ་དྷཿ མཐུན་པ་དང་འགལ་བ་མེད་པ། བི་མ་ལ་པྲ་བྷཿ འོད་དྲི་མ་མེད་པ། སཱ་ར་ཝ་ཏཱི། སྙིང་པོ་དང་ལྡན་པ། པ་རི་པཱུརྞྞ་ཙནྡྲ་བི་མ་ལ་པྲ་བྷཿ ཟླ་བ་ཉ་བའི་འོད་དྲི་མ་མེད་པ། བིདྱཱ་པྲ་ བྷཿ གློག་གི་འོད། མ་ཧཱ་བྱཱུ་ཧཿ བཀོད་པ་ཆེན་པོ། སརྦཱ་ཀཱ་ར་པྲ་བྷཱ་ཀཱ་རཿ རྣམ་པ་ཐམས་ཅད་ དུ་འོད་བྱེད་པ། ས་མཱ་དྷི་ས་མ་ཏ། ཏིང་ངེ་འཛིན་མཉམ་པ་ཉིད། ཨ་ར་ཛོ་བི་ར་ཛོ་ན་ཡ་ཡུཀྟཿ རྡུལ་མེད་ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པ། ཨ་ར་ཎ་ས་མ་བ་ས་ར་ཎཱ། ཉོན་མོངས་པ་ མེད་པ་ཡང་དག་པར་འདུ་བ། ཨ་ར་ཎ་ས་ར་ཎ་སརྦ་ས་མ་བ་ས་ར་ཎཿ ཉོན་མོངས་པ་མེད་པ་ 1-1-14 དང་ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཡང་དག་པར་འདུ་བ། ཨ་ནི་ལམྦྷ་ནི་ཀེ་ཏ་ན་ཀི་ ཏཿ གནས་ལ་བརྟན་པ་མེད་པར་བརྩོན་པ། ཏ་ཐཱ་ཏཱསྠི་ཏ་ནིཤྩིཏྟཿ དེ་བཞིན་ཉིད་ལ་གནས་ ཤིང་སེམས་མེད་པ། ཀཱ་ཡ་ཀ་ལི་སམྤྲ་ཐ་མ་ནཿ ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ། ཝཱཀྐ་ལི་ བི་དྷྭནྶ་ན་ག་ག་ན་ཀལྤཿ ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ། ཨཱ་ཀཱ་ ཤཱ་སཾ་ག་བི་མུཀྟི་ནི་རུ་པ་ལོ་པོ་ནཱ་མ་ས་མཱ་དྷིཿ ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་ གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། དམ་པའི་ཆོས་ཀྱི་མཚན་གྱི་རྣམ་གྲངས་ལ། སདྡྷརྨཿ དམ་པའི་ཆོས། བི་རཱ་གཿ འདོད་ཆགས་དང་བྲལ་བ། པྲཧྨ་ཙརྱཾ། ཚངས་པར་སྤྱོད་པ། ཨཱ་དཽ་ཀ་ལྱཱ་ཎཾ། ཐོག་མར་དགེ་བ། མ་དྷྱེ་ཀ་ལྱཱ་ཎཾ། བར་དུ་དགེ་བ། པཪྻ་བ་སཱ་ན་ཀ་ལྱཱ་ཎཾ། ཐ་མར་དགེ་བ། སྭཱཪྠཾ། དོན་བཟང་ པོ། སུ་བྱཉྫ་ནཾ། ཚིག་འབྲུ་བཟང་པོ། ཀེ་བ་ལཾ། མ་འདྲེས་པའམ་འབའ་ཞིག་པ། པ་རི་པཱུརྞཾ། ཡོངས་སུ་རྫོགས་པ། པ་རི་ཤུདྡྷཾ། ཡོངས་སུ་དག་པ། པརྱ་བ་དཱ་ཏཾ། ཡོངས་སུ་བྱང་བ། སྭཱ་ཁྱཱ་ ཏོཿ ལེགས་པར་གསུངས་པ། སཱནྲྀཥྚི་ཀཿ ཡང་དག་པར་མཐོང་བ། ནིརྫྭ་རཿ ནད་མེད་པ། ཨཱ་ ཀཱ་ལི་ཀཿ དུས་ཆད་པ་མེད་པ། ཨོ་པ་ནཱ་ཡི་ཀཿ ཉེ་བར་གཏོད་པ། ཨེ་ཧི་པ་ཤྱི་ཀཿ འདི་མཐོང་ བ་ལ་ཡོད་པ། པྲ་ཏྱཱཏྨ་བེ་ད་ནཱི་ཡོ་བ་ཛྙཻཿ མཁས་པ་རྣམས་ཀྱིས་རང་གིས་རིག་པར་བྱ་བ། དྷརྨ་ བི་ན་ཡཿ ཆོས་འདུལ་བ། སུ་པྲ་བེ་དི་ཏཿ ལེགས་པར་བསྟན་པ། ནིརྱཱ་ཎི་ཀཿ ངེས་པར་འབྱུང་ བ། སཾ་བོ་དྷི་གཱ་མཱི། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། ཨ་བྷིནྣཿ སསྟུ་པཿ མི་མཐུན་ པ་མེད་ཅིང་འདུས་པ་དང་ལྡན་པ། ས་པྲ་ཏི་ས་ར་ཎཿ རྟེན་ཡོད་པ། ཙྪིནྣ་པློ་ཏི་ཀཿ རྒྱུ་བ་བཅད་ པའོ། ། དམ་པའི་ཆོས་བསྟན་པའི་མཚན་ནི། ཤ་ཏ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བཉྩ་བི་ཤ་ཏི་སཱ་ཧ་སྲི་ཀཱ། སྟོང་ཕྲག་ཉི་ཤུ་ལྔ་པ། 1-1-15 ཨཥྚ་སཱ་ཧ་སྲི་ཀཱ་པྲ་ཛྙཱ་པཱ་རི་མ་ཏཱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བུདྡྷཱ་བ་ཏཾ་ ས་ཀཾ། སངས་རྒྱས་ཕལ་པོ་ཆེ། བོ་དྷི་སཏྭ་པི་ཊཱ་ཀཾ། བྱང་ཆུབ་སེམས་དཔའི་སྡེ་སྣོད། ལ་ལ་ཏི་ བསྟི་རཿ རྒྱ་ཆེར་རོལ་པ། ས་མཱ་དྷི་རཱ་ཛཱཿ ཏིང་ངེ་འཛིན་རྒྱལ་པོ། པི་ཏཱ་པུ་ཏྲ་ས་མཱ་ག་མཿ ཡབ་ དང་སྲས་མཇལ་པ། ལོ་ཀོཏྟ་ར་པ་རི་བརྟྟཿ འཇིག་རྟེན་ལས་འདས་པའི་ལེའུ། སཏྡྷརྨ་པུཎྜ་རཱི་ ཀཾ དམ་པའི་ཆོས་པད་མ་དཀར་པོ། ག་ག་ན་གཉྫཿ ནམ་མཁའ་མཛོད། རཏྣ་མེ་གྷཿ དཀོན་ མཆོག་སྤྲིན། ལངྐཱ་ཝ་ཏཱ་རཾ། ལང་ཀར་གཤེགས་པ། སུ་ཝརྞྞ་པྲ་བྷཱ་སོཏྟ་མཾ། གསེར་འོད་དམ་པ། བི་མ་ལ་ཀཱིརྟྟི་ནིར་དེ་ཤཿ དྲི་མ་མེད་པར་གྲགས་པས་བསྟན་པ། གཎྜ་བྱཱུ་ཧཿ སྡོང་པོ་བཀོད་པ། གྷ་ན་བྱཱུ་ཧཿ སྟུག་པོ་བཀོད་པ། ཨཱ་ཀཱ་ཤ་གརྦྷཿ ནམ་མཁའི་སྙིང་པོ། ཨཀྵ་ཡ་མ་ཏི་ནིརྡེ་ཤཿ བློ་ གྲོས་མི་ཟད་པས་བསྟན་པ། ཨུ་པཱ་ཡ་ཀོ་ཤ་ལྱཾ། ཐབས་ལ་མཁས་པ། དྷརྨ་སཾ་གཱི་ཏིཿ ཆོས་ཡང་ དག་པར་སྡུད་པ། སུ་བི་ཀྲཱིནྟ་བི་ཀྲཱ་མཱི། རབ་ཀྱི་རྩལ་གྱི་རྣམ་པར་གནོན་པ། མ་ཧཱ་ཀ་རུ་ཎཱ་པུཎྜ་ རཱི་ཀཾ། སྙིང་རྗེ་ཆེན་པོའི་པད་མ་དཀར་པོ། རཏྣ་ཀེ་ཏུཿ རིན་པོ་ཆེའི་ཏོག ད་ཤ་བྷཱུ་མ་ཀཾ། ས་ བཅུ་པ། ཏ་ཐཱ་ག་ཏ་མ་ཧཱ་ཀ་རུ་ཎ་ནིར་དེ་ཤཿ དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་ པ། དྲུ་མ་ཀིནྣ་ར་རཱ་ཛཱ་པ་རི་པྲྀཙྪཱ། མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ། སཱུརྱ་གརྦྷཿ ཉི་མའི་ སྙིང་པོ། བུདྡྷ་བྷཱུ་མིཿ སངས་རྒྱས་ཀྱི་ས། ཏ་ཐཱ་ག་ཏཱ་ཚིནྟྱ་གུ་ཧྱ་ནིརྡེ་ཤཿ དེ་བཞིན་གཤེགས་ པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ། སཱུ་རཾ་ག་མ་མཱ་དྷི་ནིརྡེ་ཤེཿ དཔའ་འགྲོ་བར་ འགྲོ་བའི་ཏིང་ངེ་འཛིན་བསྟན་པ། སཱ་ག་ར་ནཱ་ག་རཱ་ཛཱ་པ་རི་པྲྀཙྪཱ། རྒྱ་མཚོའི་ཀླུའི་རྒྱལ་པོས་ ཞུས་པ། ཨ་ཛཱ་ཏ་ཤ་ཏྲུ་ཀཽ་ཀྲྀ་ཏྱ་བི་ནོ་ད་ནཾ། མ་སྐྱེས་དགྲའི་འགྱོད་པ་བསལ་བ། སན་དྷི་ནི་རྨོ་ ཙ་ནཾ། དགོངས་པ་ངེས་པར་འགྲེལ་བ། བུདྡྷ་སཾ་གཱི་ཏིཿ སངས་རྒྱས་ཀྱི་ཡང་དག་པར་སྡུད་པ། རཱཥྚ་པཱ་ལ་པ་རི་པྲྀཙྪཱ། ཡུལ་འཁོར་སྐྱོང་གིས་ཞུས་པ། སརྦ་དྷརྨཱ་པྲ་བྲྀཏྟི་ནིརྡེ་ཤཿ ཆོས་ཐམས་ ཅད་འབྱུང་བ་མེད་པར་བསྟན་པ། རཏྣ་ཙཱུ་ཌ་པ་རི་པྲྀཙྪཱ། གཙུག་ན་རིན་པོ་ཆེས་ཞུས་པ། རཏྣ་ 1-1-16 ཀཱུ་ཊཿ དཀོན་མཆོག་བརྩེགས་པ། མ་ཧཱ་ཡཱ་ན་པྲ་སཱ་ད་པྲ་བྷཱ་བ་ནཾ། ཐེག་པ་ཆེན་པོ་ལ་དད་པ་ རབ་ཏུ་སྒོམ་པ། མ་ཧཱ་ཡཱ་ནོ་པ་དེ་ཤཿ ཐེག་པ་ཆེན་པོའི་མན་ངག པྲཧྨ་བི་ཤ་ཥ་ཙིཏྟ་པ་རི་ བྲྀཙྪ། ཚངས་པར་ཁྱད་པར་སེམས་ཀྱིས་ཞུས་པ། པ་ར་མཱཪྠ་སམྦྲྀ་ཏི་སཏྱ་ནིརྡེ་ཤཿ དོན་དམ་པ་ དང་ཀུན་རྫོབ་ཀྱི་བདེན་པ་བསྟན་པ། མཉྫུ་ཤྲཱི་བི་ཧཱ་རཿ འཇམ་དཔལ་གནས་པ། མ་ཧཱ་པ་རི་ ནིརྦཱ་ཎཾ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ། ཨ་བོ་བརྟྟ་ཙཀྲཾ། ཕྱིར་མི་ལྡོག་པའི་འཁོར་ ལོ། ཀརྨ་བི་བྷ་གཿ ལས་རྣམ་པར་འབྱེད་པ། པྲ་ཛྙཱ་པཱའ་ར་མི་ཏཱ་པཉྩ་ཤ་ཏི་ཀཱ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ། ཏྲི་ཤ་ཏཱི་པྲ་ཛྙཱ་པཱ་ར་མི་ཏཱ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སུམ་བརྒྱ་ པ། རཏྣོལྐཱ། དཀོན་མཆོག་ཏ་ལ་ལ། གོ་ཙ་ར་པ་རི་ཤུད་དྷཾ། སྤྱོད་ཡུལ་ཡོངས་སུ་དག་པ། པྲ་ ཤཱནྟ་བི་ནིཤྩ་ཡ་པྲཱ་ཏི་ཧཱཪྻ་ནིརྡེ་ཤཿ རབ་ཏུ་ཞི་བ་རྣམ་པར་གདོན་མི་ཟ་བའི་ཆོ་འཕྲུལ་བསྟན་ པ། ཏ་ཐཱ་ག་ཏོཏྤཏྟི་སམྦྷ་ཝ་ནིརྡེ་ཤཿ དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བ་བསྟན་པ། བྷ་ཝ་ སཾ་ཀྲཱནྟིཿ སྲིད་པ་འཕོ་བ། པ་ར་མཱཪྠ་དྷརྨ་བི་ཛཱ་ཡཿ དོན་དམ་པའི་ཆོས་ཀྱིས་རྣམ་པར་རྒྱལ་བ། མཉྫུ་ཤྲཱི་བུདྡྷ་ཀྵེ་ཏྲ་གུ་ཎ་བྱཱུ་ཧཿ འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ། བོ་ དྷི་པ་ཀྵ་ནིརྡེ་ཤཿ བྱང་ཆུབ་ཀྱི་ཕྱོགས་ངེས་པར་བསྟན་པ། ཀརྨཱ་ཝ་ར་ཎ་པྲ་ཏི་བྲ་སྲབབིཿ ལས་ ཀྱི་སྒྲིབ་པ་རྒྱུན་གཅོད་པ། ཏྲི་སྐནྡྷ་ཀཾ། ཕུང་པོ་གསུམ་པ། སརྦ་བེ་དལྱ་སཾ་གྲ་ཧཿ རྣམ་པར་ འཐག་པ་ཐམས་ཅད་བསྡུས་པ། སཾ་གྷཱ་ཊ་སཱུ་ཏྲཾ། ཟུང་གི་མདོ། ཏ་ཐཱ་ག་ཏ་ཛྙཱ་ན་མུ་དྲཱ་ས་མཱ་དྷིཿ དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན། བཛྲ་མེ་རུ་ཤི་ཁ་ར་ཀཱུ་ཊཱ་གཱ་ར་དྷཱ་ ར་ཎཱི། རྡོ་རྗེ་རི་རབ་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས། ཨ་ན་ཝ་ཏཔྟ་ནཱ་ག་རཱ་ཛཱ་པ་རི་ པྲྀཙྪཱ། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ། སརྦ་བུདྡྷ་བི་ཥ་ཡཱ་ཝཱ་ཏཱ་རཛྙཱ་ནཱ་ལོ་ཀཱ་ལཾ་ཀཱ་རཿ སངས་ རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན། སཏྤ་ཤ་ཏི་ཀ་པྲ་ཛྙཱ་པཱ་ར་མི་ ཏཱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ། བྱཱ་སེ་པ་རི་པྲྀཙྪ། དྲང་སྲོང་རྒྱས་པས་ཞུས་ 1-1-17 པ། སུ་བཱ་ཧུ་པ་རི་བྲྀཙྪཱ། ལག་བཟངས་ཀྱིས་ཞུས་པ། སིངྷ་པ་རི་པྲྀཙྪ། སེང་གེས་ཞུས་པ། མ་ ཧཱ་ས་ཧ་སྲ་པྲ་མརྡ་ནཾ། སྟོང་ཆེན་མོ་རབ་ཏུ་འཇོམས་པ། ཨུགྲ་པ་རི་པྲྀཙྪཱ། དྲག་ཤུལ་ཅན་གྱིས་ ཞུས་པ། ཤྲདྡྷ་པ་ལཱ་དྷཱ་ནཾ། དད་པའི་སྟོབས་བསྐྱེད་པ། ཨངྒུ་ལི་མཱ་ལཱི་ཡཾ། སོར་མོའི་ཕྲེང་བ་ལ་ ཕན་པ། ཧསྟི་ཀ་ཀྵྱཾ། གླང་པོའི་རྩལ། ཨཀྵ་ཡ་མ་ཏི་པ་རི་པྲྀཙྪཱ། བློ་གྲོས་མི་ཟད་པས་ཞུས་པ། སཱ་ལིསྟམྦྷ་ཀཾ། སཱ་ལུ་ལྗང་པ། བཻ་ཥཛྱ་གུ་རུ་བཻདཱུཪྻ་པྲ་བྷཿ སྨན་གྱི་བླ་བཻ་དཱུརྱའི་འོད། ཨཪྠ་བི་ ནིཤྩ་ཡཾ། དོན་རྣམ་པར་ངེས་པ། མ་ཧཱ་བ་ལ་སཱུ་ཏྲཾ། སྟོབས་པོ་ཆེའི་མདོ། ཝཱི་ར་དཏྟ་གྲྀ་ཧ་པ་ ཏི་པ་རི་པྲྀ་ཙྪཱ། ཁྱིམ་བདག་དཔས་བྱིན་གྱིས་ཞུས་པ། རཏྣ་ཀ་རཎྜ་ཀཾ། དཀོན་མཆོག་ཟ་མ་ ཏོག བི་ཀུརྦ་ཎ་རཱ་ཛཱ་པ་རི་པྲྀཙྪཱཿ རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ། དྷྭ་ཛཱ་གྲ་ཀེ་ཡཱུ་རཱ། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན། ཏྲི་པི་ཏྲ་ཀཾ། སྡེ་སྣོད་གསུམ། པྲཛྙ་པྟི་ཤཱསྟཾ། བཏགས་པའི་ གཙུག་ལག སཾ་གཱི་ཏི་པརྱ་ཡཿ འགྲོ་བའི་རྣམ་གྲངས། དྷརྨ་སྐནྡྷཿ ཆོས་ཀྱི་ཕུང་པོ། དྷཱ་ཏུ་ཀཱ་ ཡཿ ཁམས་ཀྱི་ཚོགས། ཛྙཱ་ན་པྲསྠཱ་ནཾ། ཡེ་ཤེས་ལ་འཇུག་པ། པྲ་ཀ་ར་ཎ་པཱ་དཿ རབ་ཏུ་བྱེད་ པའི་རྐང་པ། ཨེ་ཀོཏྟ་རི་ཀཱ་ག་མཿ གཅིག་ལས་འཕྲོས་པའི་ལུང༌། མ་དྷྱཱ་ག་མཿ ལུང་བར་མ། དཱིརྒྷཱ་ག་མཿ ལུང་རིང་མོ། སཾ་ཡུཀྟཱ་ག་མཿ ཡང་དག་པར་ལྡན་པའི་ལུང༌། བ་ན་ཡ་བི་བྷཾ་གཿ འདུལ་བ་རྣམ་པར་འབྱེད་པ། བི་ན་ཡ་བསྟུཿ འདུལ་བའི་གཞི། བི་ན་ཡ་ཀྵུ་དྲ་ཀཾ། འདུལ་བ་ ཕྲན་ཚེགས། ཨུཏྟ་ར་གྲནྠཿ གཞུང་བླ་མ། རཱ་ཛཱ་ཝ་བཱ་ད་ཀཾ། རྒྱལ་པོ་ལ་གདམས་པའོ། ། ཆོས་སྤྱི་ལ་འཇུག་པའི་མིང་ནི། ཀཾ་ཋོཀྟཾཿ ཞབས་ནས་གསུངས་པ། ཨཱ་ག་མཿ ལུང༌། ཨཱརཿ གཙུག་ལག པྲ་ཝ་ཙ་ནཾ། གསུང་རབ། ཤཱ་ས་ནཾ། བསྟན་པའམ་བཅོས་པ། སཱུཏྲཱནྟཿ མདོ་ སྡེ། སཱུཏྲཾ། མདོ། སིདྡྷཱནྟཿ གྲུབ་པའི་མཐའ། ས་མ་ཡཿ གཞུང་ལུགས་སམ། སྔགས་ཀྱི་སྐབས་ སུ་དམ་ཚིག ཨ་ནུ་ཤཱ་ས་ནཱཿ རྗེས་སུ་བསྟན་པ། ཨ་ཝ་ཝཱ་དཿ གདམས་པ། དཪྴ་ཎཾཿ ལྟ་བ། མ་ཏམ྄། ལུགས། ཤཱསྟྲཾ། བསྟན་བཅོས། པྲ་ཀཱ་ར་ཎཾ། རབ་ཏུ་བྱེད་པ། པྲ་ཀྲི་ཡཱ། ལོ་རྒྱུས། སཱུ་ 1-1-18 ཏྲཾ། མདོར་བྱས་པ། ཀཱ་རི་ཀཱ། ཚིག་ལེའུར་བྱས་པ། ཊི་པ་ཊི་ཀཱ། མདོ་མདོར་བཤད་པའམ་ས་ བཅད་པ། བྲྀཏྟིཿ འགྲེལ་པ། བི་བ་ར་ཎཾ། རྣམ་པར་འགྲེལ་བ། པཉྫི་ཀཱ། དཀའ་འགྲེལ། བྷཱཥྱཾ། བཤད་པ། བྱཱ་ཁྱཱ་ནཾ། རྣམ་པར་བཤད་པ། བརྟྟི་ཀཾ། རྣམ་འགྲེལ། པདྦ་ཏིཿ གཞུང་འགྲེལ། མི་ སྲ་ཀཾ། སྤེལ་མ། ཊཱི་ཀཱ། འགྲེལ་བཤད། ཊཱི་ཀཱ་ཊཱི་ཀཱ། འགྲེལ་བཤད་ཀྱི་བཤད་པ། ཤློ་ཀཿ གཱ་ ཐཱ། ཚིགས་སུ་བཅད་པ། གདྱམ྄། རྐྱང་པ། པདྱམ྄། ཚིགས་སུ་སྦྱར་བ། བྲྀཏྟ་མ྄། སྦྱར་བ། ཙྪནྡཿ སྡེབ་སྦྱོར། དཎྜ་ཀཾཿ རྒྱུན་ཆགས། གྲནྠཿ ཚིག་གམ། གཞུང་ངམ། ལེའུ་གྲངས། པ་རི་ བརྟྟཿ ལེའུ། ཨཱ་ཤྭཱ་ས་ཀཿ ཚིགས། པ་རི་ཙྪེ་དཿ ལེའུར་བཅད་པ། སརྒཿ ལེའུར་ཕྱེ་བ། པ་ཊ་ ལཿ རིམ་པར་ཕྱེ་བ། ཨཱ་དྷྱཱ་ཡཿ བརྗེད་ལེའུ། ཙྪནྡོ་བི་ཙི་ཏིཿ སྡེར་སྦྱོར་བསྡུས་པ། པིཎྜོདྷཱ་ནཾ། བསྡུས་པའི་སྡོམ། ཨནྟ་རོདྡཱནཾ། བར་སྡོམ། ཨུད྄་དུ་དཱ་ནམ྄ཿ སྡོམ་མམ། མདོར་ཡང་གདགས་ སོ། ། ཆོས་ཀྱི་སྐབས་སྐབས་ནས་ཚིག་ཕྲད་ལྟ་བུར་འབྱུང་བ་ནི། ཀ་ར་ཎཿ སྐབས། ཨེ་ཝཾ་རཱུ་པཾ། དེ་ལྟ་བུ། ཨ་ཏ་ཨེ་ཏསྨཱཏྐཱ་ར་ཎཏ྄། དེས་ན་དེའི་ཕྱིར། ཨཏྲ། འདིར། ཏཏྲ། དེ་ལ། ཨི་ཧ། འདི་ལ། ཨསྨིན྄། འདིར། ཏ་ཐཱ། དེ་བཞིན། ཡ་ཐཱ། ཇི་ལྟ་བའམ། ཇི་ལྟར་རམ། ཇི་ ནས་སམ། འདི་ལྟར། ཝཱ། འམ་མམ་རུང༌། ཙ། དང་ངམ་ཡང༌། ཨེ་ཝ། ཉིད། ཡསྨཱཏ྄། གང་གི་ ཕྱིར་རམ། འདི་ལྟར། ཀིནྟཪྷི། དེ་ལྟ་མོད་ཀྱི། ཏཏ། དེ། ཡཏ྄། གང་ཡིན་པའམ། གང༌། ཀིཾ། ཅི། ན་ནུ། མ་ཡིན་ནམ་སྟེ་དྲི་བའི་ཚིག ཀིཉྩ། འདི་ལྟར་ཡང༌། ཨ་ནྱཙྩ། གཞན་ཡང༌། ཨ་པི་ཏུ། ཡང་ངམ། མོད་ཀྱི། ཀིནྟུ། འོན་ཀྱང་ངམ། མོད་ཀྱི། ཏདྱ་ཐཱ། འདི་ལྟར་རམ། དཔེར་ན། ཨ་ཐ། དེ་ནས་སམ། ཅི་སྟེ། ཨི་མེ། འདི་དག ཨ་མཱི། འདི་རྣམས། ཨེ་ཝཾ། འདི་སྐད་དམ། འདི་ལྟར་ རམ། དེ་བཞིན། བྷཱུ་ཡོ་པི། ཡང་ངམ། གཞན་ཡང། བྷཱུ་ཡ། ཡང་ངམ། ཕྱིར་ཞིང༌། ཀ་དཱ་ཏུ། ནམ་ཞིག ཀ་ཐཾ། ཅི་ལྟར། ཨེ་ཝཾ་ཧི། དེ་ལྟར་ན། ཏ་ཐོ་པི། དེ་བས་ཀྱང༌། ཏ་ཐཱ་ཧི། འདི་ལྟར། 1-1-19 ཨེ་ཝ་མེ་ཝ། དེ་བཞིན་དུ། ས་ཙེཏ། ཡ་ཏི། གལ་ཏེ། པེ་ཡཱ་ལ། དེ་བཞིན་དུ་སྦྱར་བའམ་གོང་ མ་བཞིན་དུ་སྦྱར་ལ། བཱུརྦ་ཝཏ། གོང་མ་བཞིན་ནམ་སྔ་མ་བཞིན། ཨུ་ཏ་ཧོ། ཨ་ཐ་ཝ། ཡང་ ན། ཨ་ཧོསྦིཏ། འོན་ཏེའམ་དེ་སྟེ། ནཱ་མ། གྱུར་དུ་ཟིན་ཀྱང་ངམ་ཆུག་ཀྱང༌། ཝ་ཏ། ཀྱེ་མའམ། ཀྱི་ཧུད་དམ། མ་ལ་འམ། ཅི་མ་རུང་ངམ། ཨེ་མ། ཨ་ཧོ། ཨེ་མའམ། ཨ་ལ་ལ། ཧཱ། ཀྱི་ཧུད་ དམ་ཀྱེ་མ། དྷྲུ་བཾ། ཨ་ཝ་སྱཾ། འོན་ཀྱང་ངམ། ལོས་ཏེའམ་ངེས་པར། ནཱུ་ནཾ། ངེས་པའམ། གོར་ མ་ཆགས་པའམ་སྙམ། ཨ་པི། ཀྱང་ངམ་ཡང༌། ས་ཧ། ས། ལྷན་ཅིག་གམ། བཅས་པ། སཱ་ ཀཾ། སཱརྔྷཾ། ལྷན་ཅིག་གམ་ཐབས་ཅིག ཧནྟ། འོན་ཏང་ངམ་འོ་ན། ཨནྱཏྲ། གཞན་དུའང་མ་ གཏོགས་པ། ཏ་ཐཱ་བི། དེ་ལྟ་མོད་ཀྱི། ཡ་དི་དཾ། འདི་ལྟ་སྟེའམ་གང་འདི། ཨ་ཐ་ཝཱ། ཡང་ན། ཨ་ཐ་ཙ། འོན་ཀྱང་ངམ་དེ་ལྟའམ་དེ་ལ། ཀི་ལ། ལོ། གྲག་ཅེའོ། །སྠ་པ་ཡི་ཏྭཱ། མ་གཏོགས་ པའམ་གཞག་པ། ཧིཏྭཱ། བོར་པའམ་མ་གཏོགས་པ། ཀྀ་ཙཱ་ཏ། དེ་ལས་ཅིར་འགྱུར་རམ། འོ་ན་ ཅིར་འགྱུར། ཡེ་ཥཱཾ་ཀྲྀ་ཏ་ཤཿ གང་དག་གི་ཕྱིར། ཏ་ཏྲ་ཏཱ་བཏ། དེ་ལ་རེ་ཤིག ཨ་པི་ཙ། གཞན་ ཡང༌། ཞེ་འམ། འོན་ཀྱང༌། ཀཱ་ཙིཏ། གང་ཡང༌། ཡ་ཐཱ་པི་ནཱ་མ། དཔེར་ནའམ། ཇི་ལྟར་ཡང༌། ཀེ་ཙིཏ། ཁ་ཅིག ཡེ་ཀེ་ཙི་ཏ། གང་སུ་དག ཡཿ ཀཤྩིཏ། གང་ལ་ལ། ཀྭ་ཙ་ན། གང་ན། ཀེ་ཙ་ན། གང་དག ཨ་ཡཾ། འདི། ཨི་དཾ། ཨི་ཡཾ། འདི། ཀ་སྱཿ སུའི། ཀེ་ན་ཙིཏ། གང་གིས་ཀྱང༌། ཀེ་ ན། གང་གིས་སམ་གང་གི་ཕྱིར། ཡེ་ན། གང་གིས་སམ་གང་གི་ཕྱིར། ཏ་ཡཱ། དེས། ཨ་ནེ་ན། ཨ་ན་ཡཱ། འདིས། ཀ་ཏི། དུ། ཡེ་ཥཱཾ། གང་རྣམས་ཀྱི། ཏེཥཱཾ། དེ་རྣམས་ཀྱི། ཡ་སྱ། གང་གིའམ། གང་ལ། ཏསྱ། དེའི་འམ། དེ་ལ། ཨསྱ། འདིའི་འམ་འདི་ལ། ཀསྱ་ཙིཏ། གང་ལ་ལའི། ཀྭ་ ཙིཏ། ལ་ལར། ཀུ་ཏྲ། གང་དུ། ཀུ་ཏ། གང་ལས་སམ། གང་ལ་ལ་ཞིག ཀ་ཐཾ་ཙིཏ། ཅི་ལྟར་ ཡང༌། ཨི་ཏི། ཞེས་པའོ། ། བྱང་ཆུབ་སེམས་དཔའི་སྤྱིའི་མིང་གི་རྣམ་གྲངས་ནི། བོ་དྷི་སིཏྭཿ བྱང་ཆུབ་ 1-1-20 སེམས་དཔའ། མ་ཧཱ་སཏྭཿ སེམས་དཔའ་ཆེན་པོ། དྷཱི་མཱཾ། བློ་ལྡན། ཨུཏྟ་ཨདྱུ་ཏིཿ གསལ་ མཆོག །ཛི་ན་པུ་ཏྲཿ རྒྱལ་བའི་སྲསཿ ཛི་ནཱ་དྷཱ་རཿ རྒྱལ་བའི་གཞི། བི་ཛེ་ཏཱ། རྣམ་པར་རྒྱལ་ བྱེད། ཛི་ནཱཾ་ཀུ་རཿ རྒྱལ་བའི་མྱུ་གུ། བི་ཀྲཱནྟཿ རྩལ་ལྡན། པ་ར་མཱཪྻཿ འཕགས་མཆོག སཱཪྠ་པཱ་ ཧུཿ དེད་དཔོན། མ་ཧཱ་ཡ་ཤཱ། གྲགས་ཆེན། ཀྲྀ་པཱ་ལུཿ སྙིང་རྗེ་ཅན། མ་ཧཱ་པུ་ཎྱཿ བསོད་ནམས་ ཆེ། ཨཱི་ཤྭ་རཿ དབང་ཕྱུག་དྷརྨི་ཀཿ ཆོས་དང་ལྡན་པ། ཛི་ནོ་ར་སཿ རྒྱལ་བའི་ཐུགས་ཀྱི་སྲས། དྷརྨ་ཏོ་ནིརྒ་ཏཿ ཆོས་ལས་བྱུང་བ། མུ་ཁ་ཏོ་ཛཱ་ཏཿ ཞལ་ནས་སྐྱེས་པའོ། ། སོ་སོའི་མཚན་ནི། ཨ་ཝ་ལོ་ཀི་ཏེ་ཤྭ་རཿ སྤྱན་རས་གཟིགས་དབང་ཕྱུག མཻ་ཏྲེ་ཡཿ བྱམས་པ། ཨཱ་ཀཱ་ཤ་གརྦྷཿ ནམ་མཁའི་སྙིང་པོ། ས་མནྟ་བྷདྲཿ ཀུན་ཏུ་བཟང་པོ། བཛྲ་པཱ་ ཎིཿ ཕྱག་ན་རྡོ་རྗེ། མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཿ འཇམ་དཔལ་གཞོན་ནུར་གྱུར་པ། སརྦ་ནི་ཝ་ར་ཎ་ བིསྐམྦྷིཿ སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ། ཀྵི་ཏི་གརྦྷཿ སའི་སྙིང་པོ། ག་ག་ན་གཉྫཿ ནམ་ མཁའ་མཛོད། ཤཱུ་རཾ་ག་མཿ དཔའ་བར་འགྲོ་བ། ཨཀྵ་ཡ་མ་ཏིཿ བློ་གྲོས་མི་ཟད་པ། པྲ་ཏི་བྷཱ་ ན་ཀཱུ་ཊཿ སྤོབས་པ་བརྩེགས་པ། གནྡྷ་ཧསྟི། སྤོས་ཀྱི་གླང་པོ། ཛཱ་ལི་ནཱི་པྲ་བྷཿ དྲ་བ་ཅན་གྱི་ འོད། ཨ་མོ་གྷ་དཪྴི། མཐོང་བ་དོན་ཡོད་ལ་སོགས་སོ། ། ཉན་ཐོས་ཀྱི་གང་ཟག་གི་རིམ་པའི་མིང་ནི། སྲོ་ཏཱ་པནྣཿ རྒྱུན་དུ་ཞུགས་པ། སཔྟི་ཀྲྀཏྦྷ་ཝ་པ་ར་མཿ རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ། ཀུ་ལཏྐུ་ལཿ རིགས་ནས་ རིགས་སུ་སྐྱེ་བ། ས་ཀྲྀ་དཱ་ག་མཱིཿ ལན་ཅིག་ཕྱིར་འོང་བ། ཨེ་ཀ་བི་ཙ་ཀིཿ བར་ཆད་གཅིག་པ། ཨ་ནཱ་གཱ་མཱི། ཕྱིར་མི་འོང་བ། ཨནྟ་རཱ་པ་རི་ནིརྦཱ་ཡཱི། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་ བ། ཨུ་པ་པདྱ་པ་རི་ནིརྦཱ་ཡཱི། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ། སཱི་བྷི་སཾསྐཱ་ར་པ་རི་ ནིརྦཱ་ཡཱིཿ མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ། ཨ་ན་ བྷི་སཾ་སྐཱ་ར་པ་རི་ནིརྦཱ་ཡཱིཿ མངོན་པར་འདུ་བྱེད་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ། 1-1-21 ཨཱུརྡྡྷ་ཤྲོ་ཏཱ། གོང་དུ་འཕོ་བ། ཀཱ་ཡ་སྭཱ་ཀྵཱི། ལུས་ཀྱི་མངོན་དུ་བྱེད་པ། ཤྲདྡྷཱ་ནུ་སཱ་རཱི། དད་པས་ རྗེས་སུ་འབྲང་བ། དྷརྨཱ་ནུ་སཱ་རཱི། ཆོས་ཀྱི་རྗེས་སུ་འབྲང་བ། ཤྲདྡྷཱ་དྷི་མུཀྟཿ དད་པས་མོས་པ། དྲྀཥྚི་པྲཱཔྟཿ མཐོང་བས་ཐོབ་པས། ས་མ་ཡ་བི་མུཀྟཿ དུས་ཀྱི་རྣམ་པར་གྲོལ་བ། ཨ་ས་མ་ཡ་བི་ མུཀྟཿ དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ། པྲཛྙཱ་བི་མུཀྟཿ ཤེས་རབ་ཀྱིས་རྣམ་པར་གྲོལ་ བ། ཨུ་བྷ་ཡ་ཏོ་བྷཱ་ག་བི་མུཀྟཿ གཉི་གའི་ཆ་ལས་རྣམ་པར་གྲོལ་བའོ། ། ཉན་ཐོས་སོ་སོའི་མཚན་ནི། ཨཱཛྙཱ་ཏ་ཀཽཎྜི་ནྱཿ ཀུན་ཤེས་ཀོའུ་ཌི་ནྱ། ཀཱ་ཤྱ་པ། འོད་ སྲུང༌། ཤཱ་རི་པུ་ཏྲཿ ཤཱ་རིའི་བུ། མཽཏྒ་གལྱཱཡ་ནཿ མོའུང་གལ་གྱི་བུ། མ་ཧཱ་ཀཱ་ཏྱཱ་ཡ་ནཿ ཀཱ་ཏྱའི་ བུ་ཆེན་པོ། སུ་བྷཱུ་ཏིཿ རབ་འབྱོར། པཱུརྞོ་མཻ་ཏྲ་ཡ་ཎཱི་པུ་ཏྲཿ བྱམས་མའི་བུ་གང་པོ། ཨ་ཤྭ་ཛིཏ྄། རྟ་ཐུལ། ཨ་ནི་རུཏྡྷཿ མ་འགགས་པ། རཱ་ཧུ་ལཿ སྒྲ་གཅན་ཟིན། ཨཱ་ནནྡཿ ཀུན་དགའ་བོ། ནནྡཿ དགའ་བོ། ནནྡ་ཀཿ དགའ་བྱེད། ནནྡི་ཀཿ དགའ་ཡོད། མ་ཧཱ་ནཱ་མཿ མིང་ཆེནཿ ཙུནྡཿ སྐུལ་ བྱེད། ཏིཥྱཿ འོད་ལྡན། པུཥྱ་དང་མ་འདོམ་ནི་སྐར་རྒྱལ་དུ་གདགས། ཨུ་པ་ཏིཥྱཿ ཉེ་རྒྱལ། ཀོ་ ལ་ཏིཿ པང་ནས་སྐྱེས། ཨུ་རུ་བིལྦཱ་ཀཱཥྱ་པཿ ལྟེང་རྒྱས་འོད་སྲུང༌། ན་དཱི་ཀཱཥྱ་པཿ ཆུ་ཀླུང་འོད་ བསྲུང༌། ག་ཝཱཾ་པ་ཏིཿ བ་ལང་བདག བཱ་ཥྱ༔ རླངས་པ། ཨུ་པ་སེ་ནཿ ཉེ་སྡེ། ཙཱུ་ཌ་པཾ་ཐ་ཀཿ ལམ་ཕྲན་བསྟན། མ་ཧཱ་པཾ་ཐ་ཀཿ ལམ་ཆེན་བསྟན། ཤྲོ་ཎཿ ཀོ་ཊཱི་བི་ཤཿ གྲོ་ཞིན་སྐྱེས་བྱེ་བ་ ཉི་ཤུ་པ། ཨུ་དཱ་ཡཱི། འཆར་ཀ སུནྡ་རཱ་ནནྡཿ མཛེས་དགའ། ཤྲོ་ཎ་ཀོ་ཊཱི་ཀརྞྞཿ གྲོ་ཞིན་སྐྱེས་རྣ་ བ་བྱེ་བ་རི། སུ་བཱུ་ཧུཿ ལག་བཟངས། ཨུ་དྲཱ་ཡ་ཎཿ ལྷག་སྤྱོད་ཀྱི་བུ། ལ་བ་ན་བྷ་དྲི་ཀཿ མཛེས་ བཟང༌། ཨུ་པཱ་ལཱིཿ ཉེ་བར་འཁོར། མ་ཧཱ་ཀོཥྛ་ལིཿ གསུས་པོ་ཆེ། ག་ཡཱ་ཀཱཥྱ་པཿ ག་ཡ་འོད་ བསྲུང༌། བཀྐུ་ལ། བ་ཀུ་ལ་དངོས་སུ་གཞག ཁ་དི་ར་པ་ནི་ཀཿ སེང་ལྟེང་ནགས་པ། སྭ་ག་ཏཿ ལེགས་འོངས། མ་ཧཱ་པྲ་ཛཱ་པ་ཏི་གཽ་ཏ་མཱིཿ སྐྱེ་རྒུའི་བདག་མོ་ཆེན་མོ་གོའུ་ཏ་མི། མཱ་ཡཱ་དེ་ཝཱིཿ ལྷ་ མོ་སྒྲུ་འཕྲུལ། ཡ་ཤོ་དྷ་རཱ། གྲགས་འཛིན་མ། གོ་པཱ། ས་འཚོ་མ། ཨུཏྤ་ལ་ཝརྞྞཱ། ཨུད་པ་ལའི་ 1-1-22 མདོག དྷརྨཱ་དིནྣཿ ཆོས་ཀྱི་བྱིན། ཉན་ཐོས་ཀྱི་ཡོན་ཏན་ནི། ཀྵཱི་ཎཱ་ཤྲ་ཝཿ ཟག་པ་ཟད་པ། ནིསྐེལ་ཤཿ ཉོན་མོངས་ པ་མེད། བ་ཤཱི་བྷཱུ་ཏཿ དབང་དང་ལྡན་པར་གྱུར་པ། སུ་བི་མུཀྟ་ཙིཏྟཿ སེམས་ཤིན་ཏུ་རྣམ་པར་ གྲོལ་བ། སུ་བི་མུཀྟ་པྲཉྫཱ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཨཱ་ཛཱ་ནེ་ཡ། ཅང་ཤེས་པ། མ་ ཧཱ་ནཱ་གཿ གླང་པོ་ཆེན་པོ། ཀྲྀ་ཏ་ཀྲྀཏྱཿ བྱ་བ་བྱས་པ། ཀྲྀ་ཏ་ཀ་ར་ཎཱི་ཡཿ བྱེད་པ་བྱས་པ། ཨ་ པཧྱ་ཏ་བྷཱ་རཿ ཁུར་བོར་བ། པ་རི་ཀྵཱི་ཎ་བྷ་ཝ་སཾ་ཡོ་ཛ་ནཿ སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ ཟད་པ། ཨ་ནུ་པྲཱཔྟ་སཱ་ཀཪྠཿ བདག་གི་དོན་རྗེས་སུ་ཐོབ་པ། སམྱཀྫྙཱ་ན་སུ་བི་མུཀྟ་ཙིཏྟཿ ཡང་ དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སརྦ་ཙེ་ཏོ་བ་ཤི་པ་ར་མ་པཱ་ར་མི་ཏཱ་ པྲཱཔྟཿ སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་དུ་སོན་པ། སུ་པྲ་ཏི་པནྣོ་བྷ་ག་ཝ་ཏཿ ཤྲཱ་བ་ཀཿ སཾ་གྷཿ བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལེགས་པར་ཞུགས་པ། བྱཱ་ཡ་ པྲ་ཏི་པནྣཿ རིགས་པར་ཞུགས་པ། རི་ཛུ་པྲ་ཏི་པནྣཿ དྲང་པོར་ཞུགས་པ། སཱ་མཱི་ཙཱི་པྲ་ཏི་པནྣཿ མཐུན་པར་ཞུགས་པ། ཨ་ནུ་དྷརྨ་ཙཱ་རཱི། ཆོས་དང་རྗེས་སུ་མཐུན་པར་སྤྱོད་པ། དྷརྨཱ་ནུ་དྷརྨ་པྲ་ ཏི་པནྣཿ ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པའོ། །སྐྱབས་གསུམ་གྱི་སྡེ་ཚན་བརྡ་ སྤྲོད་པའི་ལེའུ་སྟེ་དང་པོའོ། ། གཅིག་པའི་སྡེ་ནི། ཨེ་ཀ་སརྦ་ཉྫཱཿ ཐམས་ཅད་མཁྱེན་པ་གཅིག་པུ། ཨ་པྲ་ཏི་པུངྒ་ ལཿ གང་ཟག་ཟླ་མེད་པ། ཨ་ད་ཡ་ཝཱ་དཱི། གཉིས་སུ་མེད་པར་གསུང་བ། ཨ་ནུ་པ་མཿ དཔེ་ མེད་པ། པ་ར་མཱཪྠཿ དོན་དམ་པ། ཏ་ཏྭཾ། དེ་ཁོ་ན། བྷཱུ་ཏ་གོ་ཊི། ཡང་དག་པའི་མཐའ། ཏ་ ཐ་ཏཱ། དེ་བཞིན་ཉིད། ཨ་བི་ཏ་ཐ་ཏཱ། མ་ནོར་བ་དེ་བཞིན་ཉིད། ཨ་ན་ནྱེ་ཏ་ཐ་ཏཱ། གཞན་མ་ ཡིན་པ་དེ་བཞིན་ཉིད། ཤཱུ་ནྱ་ཏཱ། སྟོང་པ་ཉིད། དྷརྨ་དྷཱ་ཏུཿ ཆོས་ཀྱི་དབྱིངས། དྷརྨ་ནི་ཡཱ་མ་ཏཱ། ཆོས་མི་འགྱུར་བ་ཉིད། ཨ་ཙིནྟྱ་དྷཱ་ཏུཿ བསམ་གྱིས་མི་ཁྱབ་པའི་དབྱིངས། ཨ་བི་པརྱ་ས་ཏ་ཐ་ 1-1-23 ཏཱ། ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད། ཨ་དྭ་ཡཾ། གཉིས་སུ་མེད་པ། ཨ་དྭཻ་དྷཱི་ཀཱ་རཾ། གཉིས་སུ་ བྱར་མེད་པ། དྷརྨ་སྠི་ཏི་ཏཱ། ཆོས་གནས་པ་ཉིད། སྠི་ཏཻ་བ་དྷརྨ་དྷཱ་ཏུ་སྠི་ཏི་ཏཱ། ཆོས་ཀྱི་ཚུལ་ནི་ གནས་པ་ཉིད། ཨེ་ཀཻ་དྷོཥཱ་ཏ་ཐ་ཏཱ། དེ་བཞིན་ཉིད་འདི་ནི་གཅིག་པ་ཉིད་དོ། །དྷརྨ་དྷཱ་ཏྭ་སམྦྷེ་ དཿ ཆོས་ཀྱི་དབྱིངས་འདྲེས་པ་མེད་པའམ་དབྱེར་མེད་པ། ཨ་དྭ་ཡ་མེ་ཏ་ད་དྭཻ་དྷཱི་ར་ཀཱ་ར་མ་ བྷིནྣ་མ་ཙྪིནྣཾ། འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་ཏེ་གཅད་དུ་མེད་ པའོ། །ཨུ་ནུཏྟ་རཿ བླ་ན་མེད་པ། ནི་རུཏྟ་རཿ གོང་ན་མེད་པ། ཨ་ནུཏྟམཿ ལྟག་ན་མེད་པ། ཨུཏྟརཿ བླ་མ། ཨུཏྟ་མཿ དམ་པ། ཛེཥྛཿ ཐུ་བོ། ཤྲེཥྛེཿ ཕུལ། ཝ་རཿ རབ། པྲ་ཝ་རཿ རབ་མཆོག ཨ་གྲཿ མཆོག བི་ཤིཥྚིཿ ཁྱད་པར་དུ་འཕགས་པ། སྲ་དྷཱ་ནཾ། གཙོ་བོའམ་གཅེས་པ། པ་ར་མཿ དམ་པ་དབྱིག ཨུཏྐྲྀཥྚཿ མཆོག་ཏུ་བྱུང་བ། པྲ་ཀྲྀཥྚཿ ཕུལ་དུ་བྱུང་བ། སྲ་ཎཱི་ཏཿ གྱ་ནོམ་པ། ཨ་ ས་མཿ མཉམ་པ་མེད་པ། ཨ་ས་མ་ས་མཿ མི་མཉམ་པ་དང་མཉམ་པ། ཨ་པྲ་ཏི་ས་མཿ ཟླ་ མེད་པ། པྲཥྛཿ མཆོག་གམ་གཙོ་བོ། ཤ་ར་ཎཾ། སྐྱབས། ནཱ་ཐཿ མགོན། པ་རཱ་ཡ་ནཾ། དཔུང་ གཉེན། ཏྲཱ་ཎཾ། སྐྱོབ་པ། པ་རི་ཏྲཱ་ནཾ། ཡོངས་སུ་སྐྱོབ་པ། ཏཱ་ཡཱི། སྐྱོབ་སྟོན། ལ་ཡ་ནཾ། གནས། ག་ཏིཿ རྟེན། དྭཱི་པཿ གླིང་ངམ་སྐྱབས་སྐབས་དང་སྦྱར། ཁངྒ་བི་ཥཱ་ཎ་ཀཱལྤ། བསེ་རུ་ལྟ་བུའོ། ། གཉིས་པའི་སྡེ་ལ། བདེན་པ་གཉིས་ནི། སཾ་བྲྀ་ཏི། ཀུན་རྫོབ་ཀྱི། བར་མཱཪྠ་སཏྱ། དོན་དམ་པའི་བདེན་པའོ། །བྱང་ཆུབ་ཀྱི་སེམས་གཉིས་ནི། བོ་དྷི་པྲ་ཎིདྷིཿ བྱང་ཆུབ་སྨོན་པ། བོ་དྷི་པྲསྠཱ་ནཾ་ཙིཏྟཿ བྱང་ཆུབ་འཇུག་པའི་སེམས་སོ། །སྒྲིབ་པ་གཉིས་ནི། ཀླེ་ཤཿ ཉོན་མོངས༌། ཛྙེ་ཡཱ་ཝ་ར་ཎཱཾ། ཤེས་བྱའི་སྒྲིབ་པའོ། །ཚོགས་གཉིས་ནི། པུཥྱཿ བསོད་ནམས། ཛྙཱ་ན་སཾ་བྷཱ་རཿ ཡེ་ཤེས་ཀྱི་ཚོགས་སོ། །རིམ་པ་གཉིས་ནི། ཨུཏྤཏྟི་སྐྱེད་པའི། ཨུཏྤནྣ་ཀྲ་མཿ རྫོགས་པའི་རིམ་ པའོ། །དངོས་གྲུབ་གཉིས་ནི། ལོ་ཀཿ འཇིག་རྟེན། ལོ་ཀོཏྟི་ར་སིདྡྷིཿ འཇིག་རྟེན་ལས་འདས་ པའི་དངོས་གྲུབ་བོ། །དོན་གཉིས་ནི། སྭ། རང་དང༌། པ་རཱཪྠཿ གཞན་དོན་ནོ། །སྐུ་གཉིས་ནི། 1-1-24 དྷརྨཿ ཆོས་རཱུ་པ་ཀཱ་ཡཿ གཟུགས་སྐུའོ། ། གསུམ་པའི་སྡེ་ལ། སྐུ་གསུམ་ནི། དྷརྨ། ཆོས་ཀྱིཿ སཾ་བྷོ་ག། ལོངས་སྤྱོད་ རྫོགས་པའི། ནིརྨ་ཎ་ཀཱ་ཡཿ སྤྲུལ་པའི་སྐུའོ། །མ་འདྲེས་པའི་དྲན་པ་ཉེ་བར་གནས་པ་གསུམ་ ནི། སྲུ་ཤྲུ་ཁ་མཱ་ཎེ་ཥུ། གུས་པ་ཉན་པ་རྣམས་ལ། ཨ་སུ་ཤྲཱུ་ཥ་མཱ་ཎེ་ཥུ། གུས་པར་མི་ཉན་པ་ རྣམས་ལ། ས་ཤྲཱུ་ཥ་མཱ་ཎཱ་ཤྲཱ་ཀུ་ཥ་མཱ་ཎེ་ཥུ་ས་མ་ཙིཏྟ་ཏཱ། གུས་པར་ཉན་པ་དང་གུས་པར་མི་ ཉན་པ་རྣམས་ལ་སེམས་སྙོམས་པའོ། །ཆོ་འཕྲུལ་གསུམ་ནི། རྀདྡྷིཿ རྫུ་འཕྲུལ་གྱི། ཨཱ་དེ་ ཤ་ན། ཀུན་བརྗོད་པའི། ཨ་ནཱ་ཤཱ་ས་ནཱི་པྲཱ་ཏི་ཧཱཪྻཾ། རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །མྱང་ འདས་གསུམ་ནི། སོ་པ་དྷི་ཤེ་ཥཿ ཕུང་པོ་ལྷག་མ་དང་བཅས་པའི། ནི་རུ་པ་དྷི་ཤེ་ཥཿ ཕུང་ པོའི་ལྷག་མ་མེད་པའི། ཨ་པྲ་ཏིཥྛི་ཏ་ནིརྦཱ་ཎཾ། མི་གནས་པའི་མྱ་ངན་ལས་འདས་པའོ། །རྣམ་ པར་ཐར་པའི་སྒོ་གསུམ་ནི། ཤཱུ་ནྱ་ཏཱ། སྟོང་པ་ཉིད། ཨ་ནི་མིཏྟཾ། མཚན་མ་མེད་པ། ཨ་ པྲ་ཎི་ཧི་ཏཾ། སྨོན་པ་མེད་པའོ། །ཤེས་རབ་གསུམ་ནི། ཤྲུ་ཏ་མ་ཡཱི། ཐོས་པ་ལས་བྱུང་བའི། ཙིནྟཱ་མ་ཡཱི། བསམས་པ་ལས་བྱུང་བའི། བྷ་ཝ་ནཱ་མ་ཡཱ་པྲ་ཛྙཱ། བསྒོམས་པ་ལས་བྱུང་བའི་ཤེས་ རབ་བོ། །བསླབ་པ་གསུམ་ནི། ཨ་དྷི་ཤཱི་ལཾ། ལྷག་པའི་ཚུལ་ཁྲིམས། ཨ་དྷི་ཙཏྟིཾ། ལྷག་ པའི་སེམས། ཨ་དྷི་པྲཉྫཱ། ལྷག་པའི་ཤེས་རབ་བོ། །ཐེག་པ་གསུམ་ནི། ཤྲཱ་ཝ་ཀ ཉན་ཐོས་ ཀྱི། པྲ་ཏྱ་ཀ་བུདྡྷ། རང་སངས་རྒྱས་ཀྱི། སམྱཀྶཾ་བུདྡྷཡཱ་ནཾ། ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱི་ཐེག་པའོ། །སྡེ་སྣོད་གསུམ་ནི། སཱུ་ཏྲ་པི་ཊ་ཀཾ། མདོ་སྡེའི་སྡེ་སྣོད། ཨ་བྷི་དྷརྨ་བི་ ཊ་ཀཾ ། ཆོས་མངོན་པའི་སྡེ་སྣོད། བི་ན་ཡ་པི་ཊ་ཀཾ ། འདུལ་བའི་སྡེ་སྣོད་དོ། །དུས་གསུམ་ ནི། ཨཱ་ཏཱི་ཏ། འདས་པའི། ཨ་ནཱ་ག་ཏ། མ་འོངས་པའི། པྲ་ཏྱུཏྤནྣ་ཀཱ་ལཿ ད་ལྟར་བྱུང་བའི་ དུས་སོ། །རྩ་བ་གསུམ་ནི། བོ་དྷི་ཙིཏྟོཏྤཱ་དཿ བྱང་ཆུབ་ཏུ་སེམས་བསྐྱེད་པ། ཨཱ་ཤ་ཡ་བི་ ཤུདྡྷིཿ བསམ་པ་རྣམ་པར་དག་པ། ཨ་ཧཾ་ཀཱ་ར་མ་མ་ཀཱ་ར་པ་རི་ཏྱཱ་གཿ བདག་ཏུ་འཛིན་པ་དང་ 1-1-25 བདག་གིར་འཛིན་པ་ཡོངས་སུ་སྤངས་པའོ། །དབང་པོ་གསུམ་ནི། མྲྀདྡྷཾ། རྟུལ་པོའི། མ་ དྷྱཾ། འབྲིང་པོའི། ཏཱིཀྵྞེ་ནྡྲི་ཡཿ རྣོན་པོའི་དབང་པོའོ། །མཚན་ཉིད་གསུམ་ནི། པ་རི་ཀལྦི་ ཏ། ཀུན་བརྟགས་པའི། པ་ར་ཏནྟྲཿ གཞན་གྱི་དབང་གི། པ་རི་ནིཥྤནྣ་ལ་ཀྵ་ཎཾ། ཡོངས་སུ་གྲུབ་ པའི་མཚན་ཉིད་དོ། །ཚོགས་གསུམ་ནི། ནཱ་མ། མིང་གི། པ་ད། ཚིག་གི། བྱཉྫ་ན་ཀཱ་ཡཿ ཡི་ གེའི་ཚོགས་སོ། །ཁམས་གསུམ་ནི། ཀཱ་མ། འདོད་པའི། རཱུ་པྱ། གཟུགས་ཀྱི། ཨ་རཱུ་པྱ་དྷཱ་ ཏུཿ གཟུགས་མེད་པའི་ཁམས་སོ། །སྡུག་བསྔལ་གསུམ་ནི། དུཿཁ། སྡུག་བསྔལ་གྱི། སཾ་ སྐཱ་ར། འདུ་བྱེད་ཀྱི། བི་པ་རི་ཎཱ་མ་དུཿཁ་ཏཱ། འགྱུར་བའི་སྡུག་བསྔལ་ལོ། །སྐྱབས་སུ་འགྲོ་ བ་གསུམ་ནི། བུདྡྷཾ་ཤ་ར་ཎཾ་གཙྪཱ་མི་དྭི་པཱ་དཱ་ནཱ་མགྲྱཾ། རྐང་གཉིས་རྣམས་ཀྱི་མཆོག་སངས་ རྒྱས་ལ་སྐྱབས་སུ་མཆིའོ། །དྷརྨཾ་ཤ་ར་ཎཾ་གཙྪཱ་མི་བཱི་རཱ་གཱ་ཎཱ་མགྲྱཾ། འདོད་ཆགས་དང་བྲ་བ་ རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །སཾ་གྷཾ་ཤ་ར་ཎཾ་གཙྪཱ་མི་ག་ཎཱ་ནཱ་མ་གྲྱཾ། ཚོགས་ རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། ། བཞི་པའི་སྡེ་ལ། སྐུ་བཞི་ནི། ནིརྨཱཎ། སྤྲུལ་པའི་སཾ་བྷོ་ག ལོངས་སྤྱོད་རྫོགས་པའི། དྷརྨ། ཆོས་ཀྱི། སྭ་བྷཱ་ཝི་ཀ་ཀཱ་ཡ། ངོ་བོ་ཉིད་ཀྱི་སྐུའོ། །རྡོ་རྗེ་བཞི་ནི། ཀཱ་ཡ༌། སྐུ། ཝཱཀ྄། གསུང༌། ཙིཏྟ། ཐུགས། ཛྙཱ་ན་བཛྲ། ཡེ་ཤེས་རྡོ་རྗེའོ། །མི་འཇིགས་པ་བཞི་ནི། སརྦ་དྷརྨཱ་ བྷི་སཾ་བོ་དྷི། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ། སརྦཱ་ཤྲ་བ་ཀྵ་ཡ་ཉྫཱ་ན། ཟག་པ་ཐམས་ཅད་པར་མཁྱེན་པ་ལ། ཨནྟ་ར་ཡི་ཀ་དྷརྨཱ་ན་ནྱ་ཐཱ་ཏྭ་ནིཤྩི་ཏ་བྱཱ་ཀ་ར་ཎཿ བར་ དུ་གཅོད་པའི་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་པའི་ལུང་བསྟན་པ་ལ། སརྦ་སཾ་པ་ ད་དྷི་ག་མཱ་ཡ་ནཻཪྻཱ་ཎི་ཀ་པྲ་ཏི་པཏྟ་ཐཱ་ཏྭ་བཻ་ཤཱ་ར་དྱཾ། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་ འགྱུར་བ་ངེས་པར་འབྱུང་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་མི་འཇིགས་པའོ། །སོ་སོ་ཡང་ དག་པར་རིག་པ་བཞི་ནི། དྷརྨ་ཆོས། ཨཪྠ་དོན། ནི་རུཀྟི། ངེས་པའི་ཚིག པྲ་ཏི་བྷཱ་ན། 1-1-26 པྲ་ཏི་སཾ་བིཏ྄། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །བདེན་པ་བཞི་ནི། དུཿཁ། སྡུག་ བསྔལ་གྱི། ས་མུ་ད་ཡ། ཀུན་འབྱུང་གི། མཱརྒ། ལམ་གྱི། ནི་རོ་དྷ་སཏྱཾ། འགོག་པའི་བདེན་ པའོ། །ཚངས་པའི་གནས་བཞི་ནི། མཻ་ཏྲཱི། བྱམས་པ། ཀ་རུ་ཎཱ། སྙིང་རྗེ། མུ་དི་ཏཱ། དགའ་བ། ཨུ་པེཀྵཱ། བཏང་སྙོམས་སོ། །རྣམ་པར་ཐར་པ་བཞི་ནི། ཤཱུ་ནྱ་ཏཱ། སྟོང་པ་ ཉིད་ཀྱི། ཨ་ནི་མིཏྟཱ། མཚན་མ་མེད་པའི། ཨ་པྲ་ཎི་ཧི་ཏཱ། སྨོན་པ་མེད་པའི། ཨ་ན་བྷི་སཾསྐཱ་ རཱི་བི་མོཀྵཿ མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་བའོ། །ལུང་དུ་བསྟན་པ་བཞི་ ནི། ཨེ་ཀཱཾ་ཤ མགོ་གཅིག་ཏུ། བི་བྷ་ཛྱ། རྣམ་པར་ཕྱེ་སྟེ། པ་རི་པྲྀཙྪཱ། དྲིས་ནས། སྠཱ་པ་ནཱི་ ཡ། བྱཱ་ཀ་ར་ཎཾ། གཞག་པའི་ལུང་བསྟན་པའོ། །དགོངས་པ་བཞི་ནི། ས་མ་ཏ། མཉམ་པ་ ཉིད་ལ། ཀཱ་ལཱནྟ་ར། དུས་གཞན་ལ། ཨཪྠཱནྟ་ར། དོན་གཞན་ལ། པུཏྒ་ལཱནྟ་རཱ་བྷི་པྲཱ་ཡཿ གང་ ཟག་གཞན་ལ་དགོངས་པའོ། །ལྡེམ་པོར་དགོངས་པ་བཞི་ནི། ཨ་ཝ་ཏཱ་ར་ཎ། གཞུག་ པ་ལ། ལཀྵ་ཎ། མཚན་ཉིད་ལ། པྲ་ཏི་པཀྵ། གཉེན་པོ་ལ། པ་རི་ཎཱ་མནཱ་བྷི་སནྡྷིཿ བསྒྱུར་བ་ ལ་ལྡེམ་པོར་དགོངས་པའོ། །རྟོན་པ་བཞི་ནི། ཨཪྠ་པྲ་ཏི་ས་ར་ཎེ་ན་བྷ་ཝི་ཏ་བྱཾ་ན་བྱཉྫ་ན་ པྲ་ཏི་ས་ར་ཎེ་ན། དོན་ལ་རྟོན་པར་བྱའི། ཚིག་འབྲུ་ལ་རྟོན་པར་མི་བྱ། དྷརྨ་པྲ་ཏི་ས་ར་ཎེ་ན་བྷ་ ཝི་ཏ་བྱཾ་ན་པུཏྒ་ལ་པྲ་ཏི་ས་ར་ཎེ་ན། ཆོས་ལ་རྟོན་པར་བྱ་བའི་གང་ཟག་ལ་རྟོན་པར་མི་བྱ། ཉྫཱ་ ན་པྲ་ཏི་ས་ར་ཎེ་ན་བྷ་ཝི་ཏ་བྱཾ་ན་བིཛྙཱ་ན་པྲ་ཏི་ས་ར་ཎེ་ན། ཡེ་ཤེས་ལ་རྟོན་པར་བྱའི་རྣམ་ཤེས་ ལ་རྟོན་པར་མི་བྱ། ནཱི་ཏཱཪྠ་སཱུ་ཏྲ་པྲ་ཏི་ས་ར་ཎེ་ན་བྷ་ཝི་ཏ་བྱཾ་ན་ནཻ་ཡཱཪྠ་སཱུ་ཏྲ་པྲ་ཏི་ས་ར་ཎེ་ན། ངེས་དོན་གྱི་མདོ་སྡེ་ལ་རྟོན་པར་བྱའི། དྲང་དོན་གྱི་མདོ་སྡེ་ལ་རྟོན་པར་མི་བྱའོ། །བྱིན་གྱི་ རླབས་བཞི་ནི། སཏྱ། བདེན་པའི། ཏྱ་ག གཏོང་བའི། ཨུ་པ་ས་མ། ཉེ་བར་ཞི་བའི། པྲཛྙཱ་ དྷིཥྛཱ་ནཾ། ཤེས་རབ་ཀྱི་བྱིན་གྱིས་བརླབས་སོ། །འཁོར་ལོ་བཞི་ནི། པྲ་ཏི་རཱུ་པ་དེ་ཤ་བཱ་སཿ མཐུན་པའི་ཡུལ་དུ་གནས་པ། སཏྱུ་རུ་ཥཱ་པཱ་ཤྲ་ཡཾ། སྐྱེས་བུ་དམ་པ་ལ་རྟེན་པ། ཨཱཏྨ་ན་སམྱཀྤྲ་ 1-1-27 ཎིདྷཱ་ནཾ། བདག་ཉིད་ཀྱིས་ཡང་དག་པའི་སྨོན་ལམ་བཏབ་པ། པཱུརྦེ་ཙ་ཀྲྀ་ཏ་པུ་ཎྱ་ཏཱཿ སྔོན་ཡང་ བསོད་ནམས་བྱས་པའོ། །བསྡུ་བའི་དངོས་པོ་བཞི་ནི། དཱ་ནཿ སྦྱིན་པ། པྲྀ་ཡ་ཝཱ་དཱི་ཏཱ། སྙན་པར་སྨྲ་བ། ཨཪྠ་ཙཪྻཱ། དོན་སྤྱོད་པ། ས་མཱ་ནཱཪྠཿ དོན་མཐུན་པའོ། །དྲན་པ་ཉེ་བར་ བཞག་པ་བཞི་ནི། ཀཱ་ཡ། ལུས། བེ་ད་ན། ཚོར་བ། ཙིཏྟ། སེམས། དྷརྨ་སྨྲྀ་ཏྱུ་པ་སྠཱ་ནཾ། ཆོས་དྲན་པ་ཉེ་བར་བཞག་པའོ། །ཡང་དག་པར་སྤོང་བ་བཞི་ནི། ཨ་ནུཏྤནྣ་པཱ་པཱ་ནཱ་མ་ ནུཏྤཱ་དཱ་ཡ་པྲ་ཧཱ་ཎཾ་ཙྪནྡཿ སྡིག་པ་མ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་པ། ཨུཏྤནྣ་པཱ་པཱ་ ནཱཾ་ཀུ་ཤ་ལ་མཱུ་ལ་པྲ་ཏི་པཀྵཿ སྡིག་པ་སྐྱེས་པ་རྣམས་ཀྱི་གཉེན་པོ་དགེ་བའི་རྩ་བ་སྐྱེད་པ། ཨ་ ནུཏྤནྣ་ཀུ་ཤ་ལཱ་ནཱཾ་ས་མུཏྤཱ་ད་ནཾཿ དགེ་བ་མ་སྐྱེས་པ་མ་རྣམས་ཡང་དག་པར་སྐྱེད་པ། ཨུཏྤནྣ་ཀུ་ ཤ་ལ་མཱུ་ལཱ་ནཱ་བུདྡྷ་ཏྭེ་པ་རི་ཎཱ་མ་ནཱ། དགེ་བའི་རྩ་བ་སྐྱེས་པ་རྣམས་སངས་རྒྱས་ཉིད་དུ་ཡོངས་ སུ་བསྔོ་བའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། ཙྪནྡ་ས་མཱ་དྷི། འདུན་པའི་ཏིང་ངེ་འཛིན། ཙིཏྟ། སེམས་ཀྱི། བཱིརྱ། བརྩོན་འགྲུས་ཀྱི། མཱི་མཱནྶ་མཱ་དྷི་པྲ་ཧཱ་ཎ་སཾ་སྐཱ། ར་ས་མ་ནྭཱ་ག་ཏོ་རྀདྡྷི་ པཱ་དཿ སྤྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པའོ། །ངེས་ འབྱེད་ཆ་མཐུན་བཞི་ནི། ཨཱུཥྨ་ག་ཏཿ དྲོ་བར་གྱུར་པ། མཱུརྔྷཱ་ནཿ རྩེ་མོ། ཀྵཱནྟིཿ བཟོད་ པ། ལཽ་ཀི་ཀཱགྲ་དྷརྨཿ འཇིག་རྟེན་པའི་ཆོས་མཆོག་གོ །ལམ་བཞི་ནི། དུཿཁཱ་པྲ་ཏི་པཏཱནྡྷཱ་བྷི་ ཛྙཱ། མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ། སུ་ཁཱ་པྲ་ཏི་པཀྵི་པྲཱ་བྷི་ཛྙཱ། མངོན་པར་ཤེས་པ་ མྱུར་ལ་སླ་བའི་ལམ་མོ། །བསམ་གཏན་བཞི་ནི། པྲ་ཐ་མཾ་དྷྱཱ་ན། བསམ་གཏན་དང་པོ། དྭི་ཏཱི་ཡཾ་དྷྱཱ་ནཿ བསམ་གཏན་གཉིས་པ། ཏྲྀ་ཏཱི་ཡཾ་དྷྱ་ན། བསམ་གཏན་གསུམ་པ། ཙ་ཏུ་ཪྠཾ་དྷྱཱ་ན་ མུ་པ་སཾ་པ་དྱ་བི་ཧ་ར་ཏིཿ བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། །གཟུགས་ མེད་བཞི་ནི། ཨཱ་ཀཱ་ཤཱ་ནནྟྱ་ཡ་ཏ་ནཾ། ནམ་མཁའ་མཐའ་ཡས་སྐྱེ་མཆེད། བཛྙཱི་ནཱནནྟྱ་ཡ་ ཏ་ནཾ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད། ཨཱ་ཀིཉྩ་ནྱཱ་ཡ་ཏཾཿ ཅི་ཡང་མེད་པའི་སྐྱེ་མཆེད། ནཻ་ཝ་ 1-1-28 སཾ་ཉྫཱ་ནཻ་སཾ་ཛྙཱ་ཡ་ཏམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ། །བསྒོམ་པ་བཞི་ ནི། ས་མ་ཐཿ ཞི་གནས། བི་པ་ཤྱཱ་ནཱཿ ལྷག་མཐོང༌། ཡོ་གཿ རྣལ་འབྱོར། ཡོ་ནི་ཤོ་མ་ནསྐཱ་ རཿ ཚུལ་བཞིན་ཡིད་ལ་བྱེད་པའོ། །བསོད་ནམས་བྱ་བ་བཞི་ནི། དཱ་ན་མ་ཡཾ། སྦྱིན་པ་ ལས་བྱུང་བའི། ཤཱི་ལ་མ་ཡཾ། ཚུལ་ཁྲིམས་ལས་བྱུང་བའི། བྷཱ་ཝནཱ་མ་ཡཾ། བསྒོམས་པ་ལས་ བྱུང་བའི། ཨོ་པ་ཏི་ཀཾ་པུཎྱ་ཀྲི་ཡཱ་བསྟུ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ། །སྡེ་པ་བཞི་ནི། སརྦཱ་སྟི་ཝཱ་དཿ ཐམས་ཅད་ཡོད་པར་སྨྲ་བའི་སྡེ། སནྨ་ཏཱི་ཡཱཿ ཀུན་གྱིས་ བཀུར་བའི་སྡེ། མ་ཧཱ་སཱཾ་གྷི་ཀཱཿ དགེ་འདུན་ཕལ་ཆེན་པོའི་སྡེ། ཨཱརྱ་སྠཱ་བ་རཱིཿ འཕགས་པ་ གནས་བརྟན་པའི་སྡེའོ། །དགེ་སྦྱོང་གི་ཆོས་བཞི་ནི། ཨ་ཀུཥྚེ་ཎ་ན་པྲ་ཏྱཱ་ཀུཥྚ་བྱཾ། གཤེ་ ཡང་སླར་མི་གཤེ་བར་བྱ། རོ་ཥི་ཏེ་ན་ན་པྲ་ཏི་རོ་ཎ་ཏི་བྱཾ། ཁྲོས་ཀྱང་སླར་མི་ཁྲོ་བར་བྱ། བྷཎྜི་ ཏེ་ན་ན་པྲ་ཏི་བྷཎྜི་ཏ་བྱཾ། མཚང་བྲུས་ཀྱང་སླར་མཚང་མི་བྲུ་བར་བྱ། ཏཱ་ཌི་ཏེ་ན་ན་པྲ་ཏི་ཏཱ་ཌི་ ཏ་བྱཾ། བརྡེགས་ཀྱང་སླར་མི་བརྡེག་པར་བྱའོ། །རིག་བྱེད་བཞི་ནི། རྀགྦེ་དཿ ངེས་བརྗོད་ ཀྱི་རིག་བྱེད། ཡ་ཛུར། མཆོད་སྦྱིན་གྱི། སཱ་མ། སྙན་ཚིག་གི། ཨ་ཐརྦ་བེ་དཿ སྲིད་བསྲུང་གི་ རིག་བྱེད་དོ། །མི་རིགས་བཞི་ནི། བྲཧྨ་ཎཿ བྲམ་ཟེ། ཀྵ་ཏྲི་ཡཿ རྒྱལ་རིགས། བཻཤྱཿ རྗེའུ་ རིགས། ཤཱུ་དྲཿ དམངས་རིགས་སོ། །སྐྱེ་གནས་བཞི་ནི། ཛཱ་རཱ་ཡུ་ཛཱ། མངར་ནས་སྐྱེ་པ། ཨཎྜ་ཛཱ། སྒོ་ང་ལས་སྐྱེ་པ། སཾ་སྭེ་ད་ཛཱ། དྲོད་གཤེར་ལས་སྐྱེ་པ། ཨུ་པ་བཱ་དུ་ཀཱ། བརྫུས་ཏེ་ སྐྱེ་པའོ། །ཟས་བཞི་ནི། ཀ་བ་ལི་ཀཱ་ཧཱ་ར། ཁམ་གྱི་ཟས། སྤཪྴ་ཧཱ་ར། རེག་པའི་ཟས། མ་ ན་སཾ་ཙེ་ཏ་ནཱ་ཧཱ་ར། ཡིད་ལ་སེམས་པའི་ཟས། བཛྙཱི་ན་མཱ་ཧཱ་ར། རྣམ་པར་ཤེས་པའི་ཟས་སོ། །དཔུང་ཚོགས་བཞི་ནི། ཧསྟི་ཀཱ་ཡ། གླང་པོ་ཆེའི་ཚོགས། ཨ་ཤྭ་ཀཱ་ཡ། རྟའི་ཚོགས། ར་ ཐ་ཀཱ་ཡ། ཤིང་རྟའི་ཚོགས། པཏྟ་ཀཱི་ཡ། དཔུང་བུ་ཆུང་གི་ཚོགས་སོ། །རྒྱལ་ཆེན་བཞི་ནི། དྷྲྀ་ཏ་རཱ་ཥྚྲ། ཡུལ་འཁོར་བསྲུང༌། བི་རཱུ་ཊ་ཀ། འཕགས་སྐྱེས་པོ། བི་རཱུ་པཱཀྵ། མིག་མི་བཟང༌། 1-1-29 བཻཤྲ་བ་ཎ། རྣམ་ཐོས་ཀྱི་བུའོ། །ཕྲིན་ལས་བཞི་ནི། ཤཱན྄་ཏི་ཀ ཞི་བ། པཽཥྚིཀཿ རྒྱས་པ། བ་ཤཱི་ཀ་ར་ཎ། དབང་དུ་བྱ་བ། ཨ་བྷི་ཙ་རཿ དྲག་ཤུལ་སྤྱོད་པའོ། །བདུད་བཞི་ནི། སྐནྡྷཿ ཕུང་པོའི། ཀླེ་ཤ ཉོན་མོངས་པའི། མྲྀ་ཏྱུ། འཆི་བདག་གི། དེ་ཝ་པུ་ཏྲ་མཱ་རཱཿ ལྷའི་བུའི་བདུད་ དོ། །ཉོན་མོངས་བཞི་ནི། རཱ་ག འདོད་ཆགས། དྲྭེ་ཥ། ཞེ་སྡང༌། མོ་ཧ། གཏི་མུག མཱ་ནཿ ང་རྒྱལ་ལོ། །ཟག་པ་བཞི་ནི། ཀཱ་མ། འདོད་པའི། བྷ་ཝ། སྲིད་པའི། ཨ་བིདྱཱ། མ་རིག་ པའི། དྲྀཥྚྱ་ཤྲ་ཝ། ལྟ་བའི་ཟག་པའོ། །ཕམ་པ་བཞི་ནི། ཨ་བྲཧྨ་ཙཪྻཾ། མི་ཚངས་པར་སྤྱོད་ པ། ཨ་དཏྟ་དཱ་ནཾཿ མ་བྱིན་པར་ལེན་པ། ཨུ་པ་བྷེ་ལ། བསམ་པ་ལོག་པ། བ་དྷཿ གསོད་པ། ཨུཏྟ་ར་མ་ནུ་ཎྱ་དྷརྨ་པྲ་ལཱ་པཿ མིའི་ཆོས་བླ་མ་སྨྲ་བའོ། །རྐྱེན་བཞི་ནི། ཧེ་ཏུ་པྲ་ཏྱ་ཡཿ རྒྱུའི་ རྐྱེན། ས་མ་ནནྟ་རཿ དེ་མ་ཐག་པའི། ཨཱ་ལམྦ་ན། དམིགས་པའི། ཨ་དྷི་པ་ཏི་པྲཏྱ་ཡཿ བདག་ པོའི་རྐྱེན་ནོ། །འབྱུང་བ་ཆེན་པོ་བཞི་ནི། པྲྀ་ཐི་བཱི། སའི། ཨ་པ། ཆུའི། ཏེ་ཛོ། མེའི། བཱ་ ཡུ་དྷཱ་ཏུཿ རླུང་གི་ཁམས་སོ། །འབྱུང་བའི་ངོ་བོ་བཞི་ནི། ཁཀྑ་ཊ་ཏྭཾ། སྲ་བ་ཉིད། དྲ་བ་ཏྭཾ། གཤེར་བ་ཉིད། ཨུཥྞ་ཏྭཾ། ཚ་བ་ཉིད། ལ་གྷུ་ས་མུ་དི་ར་ཎ་ཏྭཾ། ཡང་ཞིང་གཡོ་བ་ཉིད་དོ། །དུས་ བཞི་ནི། ཀྲྀ་ཏ་ཡུ་ག རྫོགས་ལྡན་གྱི་དུས། ཏྲེ་ཏཱ་ཡ། གསུམ་ལྡན་གྱི། དྭཱ་པ་ར། གཉིས་ལྡན་ གྱི། ཀ་ལི་ཡུ་ག རྩོད་ལྡན་གྱི་དུས་སོ། །ཆུ་ཀླུང་ཆེན་པོ་བཞི་ནི། གངྒཱ་ན་དཱི། གང་གཱའི་ ཀླུང༌། སིདྡྷུ་ན་དཱིཿ སིན་དྷུའི་ཀླུང༌། ཤཱི་ཏཱ་ན་དཱི། ཤཱི་ཏའི་ཀླུང༌། བཀྵུ་ན་དཱི། པཀྵུའི་ཀླུང་ངོ༌། ། ལྔ་པའི་སྡེ་ལ། སངས་རྒྱས་ལྔ་ནི། བཻ་རོ་ཙ་ནཿ རྣམ་པར་སྣང་མཛད། ཨ་ཀྵོ་བྷྱཿ མི་འཁྲུགས་པ། རཏྣ་སཾ་བྷ་ཝཿ རིན་ཆེན་འབྱུང་ལྡན། ཨ་མི་ཏཱ་བྷཿ འོད་དཔག་མེད། ཨ་མོ་ གྷ་སིད྄་དྷིཿ དོན་ཡོད་གྲུབ་པའོ། །ཡེ་ཤེས་ལྔ་ནི། དྷརྨ་དྷཱ་ཏུ་བི་ཤུད྄་དྷིཿ ཆོས་ཀྱི་དབྱིངས་ རྣམ་པར་དག་པའི། །ཨཱ་དཪྴ། མེ་ལོང་ལྟ་བུའི། ས་མ་ཏཱ། མཉམ་པ་ཉིད་ཀྱི། པྲ་ཏྱ་པེཀྵ་ཎྱ། སོ་སོར་རྟོག་པའི། ཀྲྀཏྱཱ་ནུསྠཱ་ན་ཛྙཱ་ནཾ། བྱང་གྲུབ་པའི་ཡེ་ཤེས་སོ། །རྣམ་པར་དག་པའི་ 1-1-30 ཕུང་པོ་ལྔ་ནི། ཤཱི་ལ་སྐནྡྷཿ ཚུལ་ཁྲིམས་ཀྱི་ཕུང་པོ། ས་མཱ་དྷི། ཏིང་ངེ་འཛིན་གྱི། པྲཛྙཱ། ཤེས་ རབ་ཀྱི། བི་མུཀྟི། རྣམ་པར་གྲོལ་བའི། བི་མུཀྟི་ཛྙཱ་ན་དཪྴ་ན་སྐན་དྷཿ རྣམ་པར་གྲོལ་བའི་ཡེ་ ཤེས་མཐོང་བའི་ཕུང་པོའོ། །སངས་རྒྱས་རྣམས་ཀྱི་སྤྱན་ལྔ་ནི། མཱནྶ་ཙཀྵུཿ ཤའི་སྤྱན། དི་བྱ་ཙཀྵུཿ ལྷའི་སྤྱན། བུདྡྷ་ཙཀྵུཿ སངས་རྒྱས་ཀྱི་སྤྱན། པྲཛྙཱ་ཙཀྵུཿ ཤེས་རབ་ཀྱི་སྤྱན། ཛྙཱ་ ན་ཙཀྵུཿ ཡེ་ཤེས་ཀྱི་སྤྱན་ནོ། །དབང་པོ་ལྔ་ནི། ཤྲོདྡྷེནྲིཡི། དད་པའི་དབང་པའོ། །བཱིརྱ། བརྩོན་འགྲུས་ཀྱི། སྨྲྀ་ཏི། དྲན་པའི། ས་མཱ་དྷི། ཏིང་ངེ་འཛིན་གྱི། པྲཛྙེནྡྲི་ཡཾ། ཤེས་རབ་ཀྱི་ དབང་པོའོ། །སྟོབས་ལྔ་ནི། ཤྲདྡྷ་བ་ལཾ། དད་པའི་སྟོབས། ཨིདྱཱ་དི། ཞེས་པ་ལ་སོགས་ པའོ། །རིག་པའི་གནས་ལྔ་ནི། ཤབྡབདྱཱི། སྒྲ་རིག་པ། ཧེ་ཏུ། གཏན་ཚིགས། ཨ་དྷྱཏྨ། ནང༌། ཙི་ཀིནྶ། གསོ་བ། ཤིལྤ་སྠཱ་ན་བིདྱཱ། གཟོའི་གནས་རིག་པའོ། །ཚོགས་སྦྱོར་གྱི་ རྟོགས་པ་ལྔ་ནི། ཨཱ་ལོ་ཀ་ལབྡྷ། སྣང་བ་ཐོབ་པ། ཨཱ་ལོ་ཀ་པྲྀཏྟི། སྣང་བ་མཆེད་པ། ཏཏྭཱཪྠཻ་ ཀ་དེ་ཤཱ་ནུ་པྲ་བེ་ཤཿ དེ་ཁོ་ནའི་དོན་གྱི་ཕྱོགས་གཅིག་ལ་རྗེས་སུ་ཞུགས་པ། ཨ་ནནྟ་རྱ་ས་མཱ་ དྷིཿ བར་ཆད་མེད་པའི་ཏིང་ངེ་འཛིན། ནིར྄་བྷེ་དྷ་བྷཱ་གཱི་ཡཿ ངེས་པར་འབྱེད་པའི་ཆ་མཐུན་ ནོ། །བསམ་གཏན་གྱི་ཆོས་ལྔ་ནི། པྲཱནྟ་ཀོ་ཊ་ཀི་དྷྱཱ་ནཾ། རབ་ཀྱི་མཐར་ཕྱིན་པའི་བསམ་ གཏན། ཨ་ནཱ་ག་མྱཾ། མི་ལྕོགས་པ་མེད་པ། དྷྱཱ་ནཱཏྟ་རཾ། བསམ་གཏན་ཁྱབ་པར་ཅན། སཱ་མནྟ་ ཀཾ། ཉེར་བསྡོགས། མཽ་ལཾ། དངོས་གཞིའོ། །ལྟ་བ་ལྔ་ནི། སཏྐཱ་ཡ་དྲྀཥྚིཿ འཇིག་ཚོགས་ལ་ ལྟ་བ། ཁ༽ མི་ཐྱཱ་དྲྀཥྚ ལོག་པར་ལྟ་བ། ཀ༽ ཨཀནྟ་གྲཱ་ཧ་དྲྀ་ཥྚིཿ མཐར་འཛིན་པའི་ལྟ་བ། དྲྀཥྚི་ པ་རཱ་མཪྵཿ ལྟ་བ་མཆོག་ཏུ་འཛིན་པ། ཤཱི་ལ་བྲ་ཏ་པ་རཱ་མཪྵཿ ཚུལ་ཁྲིམས་དང་བརྟུལ་ཞུགས་ མཆོག་ཏུ་འཛིན་པའོ། །སྙིགས་མ་ལྔ་ནི། ཨཱ་ཡུསྐ་ཥཱ་ཡཿ ཚེའི་སྙིགས་མ། དྲྀཥྚི་ཀ་ཥཱ་ཡཿ ལྟ་ བའི་སྙིགས་མ། ཀླེ་ཤ་ཀ་ཥཱ་ཡཿ ཉོན་མོངས་པའི་སྙིགས་མ། ས་ཏྭ་ཀ་ཥཱ་ཡཿ སེམས་ཅན་གྱི་ སྙིགས་མ། ཀཱ་ལ་ཀ་ཥཱ་ཡཿ དུས་ཀྱི་སྙིགས་མའོ། །འཚམས་མེད་པ་ལྔ་ནི། མཱཏྲྀ་གྷཱ་ཏཿ མ་ 1-1-31 བསད་པ། ཨཪྷདྦ་དྷཿ དགྲ་བཅོམ་པ་བསད་པ། པིཏྲྀ་གྷཱ་ཏཿ ཕ་བསད་པ། སཾ་གྷ་བྷེ་དཿ དགེ་ འདུན་གྱི་དབྱེན་བྱས་པ། ཏ་ཐཱ་ག་ཏསྱཱནྟི་ཀེ་དུཥྚ་ཙིཏྟ་རུདྷི་རོཏྤཱ་ད་ནཾ། དེ་བཞིན་གཤེགས་པ་ ལ་ངན་སེམས་ཀྱིས་ཁྲག་ཕྱུང་པའོ། །འཚམས་མེད་པ་དང་ཉེ་བ་ལྔ་ནི། མཱ་ཏུ་རཪྷནྟྱཱ་དཱུ་ཥ་ཎཾ། མ་དགྲ་བཅོམ་པ་སུན་པར་བྱས་པ། ནི་ཡ་ཏ་བྷཱུ་མིསྠི་ཏ་སྱ་བོ་དྷི་སཏྭ་སྱ་མཱ་ར་ཎཾ། བྱང་ཆུབ་ སེམས་དཔའི་ངེས་པའི་ས་ལ་གནས་པ་བསད་པ། ཤཻཀྵ་སྱ་མཱ་ར་ཎི། སློབ་པ་བསད་པ། སཾ་ གྷཱ་ཡ་དྲྭ་ར་ཧ་ར་ཎཾ། དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ། སྟཱུ་པ་བྷེ་ད་ནཾ། མཆོད་རྟེན་འཇིག་ པའོ། །འབྲས་བུ་ལྔ་ནི། ནིཥྤནྡ་ཕ་ལཾ། རྒྱུ་མཐུན་པའི་འབྲས་བུ། ཨ་དྷི་པ་ཏི། བདག་པོའི། པུ་རུ་ཥ་ཀཱ་ར། སྐྱེས་བུ་བྱེད་པའི། པི་པཱ་ཀ་རྣམ་པར་སྨིན་པའི། བི་སཾ་ཡོ་ག་ཕ་ལཾ། བྲལ་བའི་ འབྲས་བུའོ། །ཉོན་མོངས་པ་ལྔ་ནི། མོ་ཧ། གཏི་མུག །དྭེ་ཥ། ཞེ་སྡང༌། མཱ་ཏྶཪྻཾ། སེར་སྣ། རཱ་ག། འདོད་ཆགས། ཨཪྵྱཱ། ཕྲག་དོག་གོ། སྒྲིབ་པ་ལྔ་ནི། ཀཽ་ཀྲྀཏྱཾ། འགྱོད་པ། སྟྱཱ་ནཾ། རྨུགས་པ། མིདྡྷཾ། གཉིད། ཨོ་དྡྷ་ཏྱཾ། རྒོད་པ། བི་ཙི་ཀིཏྶཱ། ཐེ་ཚོམ་མོ། །ཆུ་རུང་བ་ལྔ་ནི། སཾ་ གྷ་ཀལྤཿ དགེ་འདུན་གྱིས་རུང་བ། པུགླ་ལ། གང་ཟག་གིས། པ་རི་ཤྲཱི་ཝ་ཎ། ཆུ་ཚགས་ཀྱིས། ཨ་ཧོ་རཱཏྲ། ཉིན་ཞག་གིས། ཨུ་ད་པཱ་ན་ཀཔླཿ ཁྲོན་པས་རུང་བའོ། ། དྲུག་པའི་སྡེ་ལ། མངོན་ཤེས་དྲུག་ནི། དི་བྱཾ་ཙཀྵུ། ལྷའི་མིག དི་བྱཾ་ཤྲོ་ཏྲཾ། ལྷའི་རྣ་ བ། པ་ར་ཙིཏྟ་ཛྙཱ་ནཾ། ཕ་རོལ་གྱི་སེམས་ཤེས་པ། པཱུརྦེནི་བཱ་སཱ་ནུ་སྨྲྀ་ཏི་ཛྙཱ་ནཾ། སྔོན་གྱི་གནས་ རྗེས་སུ་དྲན་པ་ཤེས་པ། རྀདྡྷི་བི་དྷི་ཛྙཱི་ནཾ། རྫུ་འཕྲུལ་གྱི་བྱ་བ་ཤེས་པ། ཨཱ་ཤྲ་ཝ་ཀྵ་ཡ་ཛྙཱ་ནཾ། ཟག་པ་ཟད་པ་ཤེས་པའོ། །རྗེས་སུ་དྲན་པ་དྲུག་ནི། བུདྡྷ། སངས་རྒྱས། དྷརྨ། ཆོས། སཾ་ གྷ། དགེ་འདུན། ཤཱི་ལ། ཚུལ་ཁྲིམས། ཏྱཱ་ག གཏོང་བ། དེ་ཝ་ཏཱ་ནུ་སྨྲྀ་ཏི། ལྷ་རྗེས་སུ་དྲན་པའོ། །བླ་ན་མེད་པ་དྲུག་ནི། དཪྴ་ནཱ་ནུཏྟརྱཾ། མཐོང་བ་བླ་ན་མེད་པ། ཤྲ་ཝ་ཎ། ཐོས་པ། ལཱ་ བྷ། རྙེད་པ། ཤིཀྵ། བསླབ་པ། པ་རི་ཙརྱ། རིམ་འགྲོར་བྱ་བ། ཨ་ནུ་སྨྲྀཏྱཱ་ནུཏྟ་རྱཾ། རྗེས་སུ་ 1-1-32 དྲན་པ་བླ་ན་མེད་པའོ། །ཕུང་པོ་དྲུག་ནི། རཱུ་པ་སྐནྡྷ། གཟུགས་ཀྱི་ཕུང་པོ། བེ་དཱ་ནཱ། ཚོར་ བའི། སཾ་ཛྙཱ། འདུ་ཤེས་ཀྱི། སཾ་སྐཱ་ར། འདུ་བྱེད་ཀྱི། བི་ཛྙཱ་ན། རྣམ་པར་ཤེས་པའི། ཛྙཱ་ན་སྐནྡྷ། ཡེ་ཤེས་ཀྱི་ཕུང་པོའོ། །ཁམས་དྲུག་ནི། པྲྀ་ཐིཝཱ་དྷཱ་ཏུ། སའི་ཁམས། ཏོ་ཡ། ཆུའི། ཏེ་ཛོ། མེའི། བཱ་ཡུ། རླུང་གི། ཨཱ་ཀཱ་ཤ ནམ་མཁའི། ཛྙཱ་ན་དྷཱ་ཏུ། ཡེ་ཤེས་ཀྱི་ཁམས་སོ། །དབང་པོ་ དྲུག་ནི། ཙ་ཀྵུ། མིག ཤྲོ་ཏྲ། རྣ་བ། གྷྲ་ཎ། སྣ། ཛི་ཧྭཱ། ལྕེ། ཀཱ་ཡ། ལུས། མ་མེནྡྲི་ཡཾ། ཡིད་ ཀྱི་དབང་པོའོ། །ཡུལ་དྲུག་ནི། རཱུ་པ། གཟུགས། ཤནྡ། སྒྲ། གནྡྷ། དྲི། ར་ས། རོ། སྤཪྴ། རེག་བྱ། དྷརྨ། ཆོས་སོ། །ལས་ཀྱི་དབང་པོ་དྲུག་ནི། བྷ་གེནྡྲ། བྷ་གའི་དབང་པོ། ཝཱ་ གིནྡྲི་ཡ། ངག་གི་དབང་པོ། པཱ་ཎི། ལག་པའི། པཱ་ད། རྐང་པའི། པཱ་ཡུ། བཤང་ལམ་གྱི། དི་ བྱེནྡྲི་ཡ། མཆོག་གི་དབང་པོའོ། །ལས་ཀྱི་དབང་པོའི་བྱ་བ་དྲུག་ནི། མཱུ་ཏྲ་ཤཱ་ཝཿ དྲི་ཆུ་ འཛག་པ། ཨཱ་ལཱ་བ། བརྗོད་པ། ཨཱ་དཱ་ནཾ། ལེན་པ། ག་ཏི། འགྲོ་བ། བིཌཤྲཱ་ཝ། བཤང་བ་ འཛག་པ། ཤཱུཀྲ་ཙྱཱུ་ཏི། ཁུ་བ་འཕོ་བའོ། །རོ་དྲུག་ནི། ཨཱམླཿ སྐྱུར་བ། ཀ་ཥཱ་ཡཿ སྐ་བ། ཏིཀྟཿ ཁ་བ། ཀ་ཊུ་ཀཿ ཚ་བ། མ་དྷུ་རཿ དངར་བ། ལ་བ་ཎཿ ལན་ཚའོ། །ལོངས་སྤྱོད་འབྲི་བའི་ གནས་དྲུག་ནི། དྱུ་ཏཾ། རྒྱན་བོ། བི་ཀཱ་ལ་ཙརྱཱ། མཚན་མོ་འཕྱན་པ། པཱ་པ་མི་ཏྲ་ཏཱ། སྡིག་ པའི་གྲོགས་པོ་དང་བསྟེན་པ། ས་མཱ་ཛཱ་དཪྴ་ནཾ། འདུས་པ་ལྟ་བ། ཨཱ་ལ་སྱཾ་ལེ་ལོ། མདྱ་པ་ནཾ། ཆང་འཐུང་བའོ། །དུས་དྲུག་ནི། བ་སནྟཿ དཔྱིད། གྲཱིཥྨཿ སོ་ཀ བཪྵཱ། དབྱར། ཤ་རཏྟ། སྟོན། ཧེ་མནྟཿ དགུན། ཤི་ཤི་རཿ དགུན་སྨད་དོ། །རྒྱུ་དྲུག་ནི། ཀཱ་ར་ཎ་ཧེ་ཏུཿ བྱེད་པའི་རྒྱུ། ས་ཧ་བྷཱུ་ཧེ་ཏུཿ ལྷན་ཅིག་འབྱུང་བའི་རྒྱུ། བི་པཱ་ཀ་ཧེ་ཏུཿ རྣམ་པར་སྨིན་པའི་རྒྱུ། སཾ་པྲ་ཡུཀྟ་ཧེ་ ཏུ། མཚུངས་པར་ལྡན་པའི་རྒྱུ། སརྦ་ཏྲ་ག་ཧེ་ཏུཿ ཀུན་དུ་འགྲོ་བའི་རྒྱུ། ས་བྷཱ་ག་ཧེ་ཏུཿ སྐལ་པ་ མཉམ་པའི་རྒྱུའོ། ། བདུན་པའི་སྡེ་ལ། ཐུབ་པ་བདུན་ནི། བི་པ་ཤྱཱི། རྣམ་པར་གཟིགས། ཤི་ཁཱི། གཙུག་ 1-1-33 ཏོར་ཅན། བི་ཤྭ་བྷུཀ ཐམས་ཅད་སྐྱོབ། ཀྲ་ཀུ་ཚནྡཿ ལོག་དད་སེལ། ཀྲ་ཀུཏྶུནྡཿ འཁོར་བ་ འཇིག ཀ་ན་ཀ་མུ་ནི། གསེར་ཐུབ། ཀཱཤྱ་པ། འོད་སྲུང༌། ཤཱཀྱ་མུ་ནི། ཤཱཀྱ་ཐུབ་པའོ། །བྱང་ ཆུབ་ཀྱི་ཡན་ལག་བདུན་ནི། སྨྲྀ་ཏི་སཾ་བོ་དྷྱཾ་ག དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དྷརྨ་བི་ཙ་ཡ། ཆོས་རྣམ་པར་འབྱེད་པ། བཱིཪྻ། བརྩོན་འགྲུས། པྲཱིཏཱི། དགའ་བ། པྲ་སྲཔྔྷི། ཤིན་ཏུ་སྦྱངས་པ། ས་མཱ་དྷི། ཏིང་ངེ་འཛིན། ཨུ་པེཀྵ་སཾ་བོ་དྷྱཾ་ག། བཏང་སྟོམས་ཡང་དག་བྱང་ ཆུབ་ཀྱི་ཡན་ལག་གོ །ཉན་ཐོས་ཀྱི་ས་བདུན་ནི། ཤུཀླ་བི་དཪྴ་ནཱ་བྷཱུ་མིཿ དཀར་པོ་རྣམ་ པ་མཐོང་བའི་ས། གོ་ཏྲ། རིགས་ཀྱི། ཨཥྚ་མ་ཀ བརྒྱད་པའི། དཪྴ་མ། མཐོང་བའི། ཏ་ནུ། བསྲབས་པའི། བཱི་ཏཱ་རཱ་ག འདོད་ཆགས་དང་བྲ་བའི། ཀྲྀ་ཏཱ་བཱི་བྷཱུ་མིཿ བྱས་པ་བསྲུང་བའི་ སའོ། །སོ་སོར་ཐར་པ་རིས་བདུན་ནི། བྷི་ཀྵུཿ དགེ་སློང༌། བྷུ་ཀྵུ་ཎཱི། དགེ་སློང་མ། ཤྲཱི་ མ་ཎེ་ར་ཀཿ དགེ་ཚུལ་མ། ཤི་ཀྵ་མཱ་ཎཱ། དགེ་སློབ་མ། ཨུ་པཱ་ས་ཀཿ དགེ་བསྙེན། ཨུ་པཱ་སི་ ཀཱ དགེ་བསྙེན་མའོ། །འཕགས་པའི་ནོར་བདུན་ནི། ཤྲདྷཱ་དྷ་ནཾ། དད་པའི་ནོར། ཤཱི་ ལ། ཚུལ་ཁྲིམས་ཀྱི། ཧྲཱི། ངོ་ཚ་ཤེས་པའི། ཨ་པ་ཏྲཱ་སྱ། ཁྲེལ་ཡོད་པའི། ཤྲུ་ཏ། ཐོས་པའི། ཏྱཱ་ ག གཏོང་བའི། པྲཛྙཱདྷ་ནཾ། ཤེས་རབ་ཀྱི་ནོར་རོ། །མཆོད་པའི་རྣམ་པ་བདུན་ནི། བནྡ་ ནཱ། ཕྱག་འཚལ་བ། པཱུ་ཛ་ནཱ། མཆོད་པ། དེ་ཤ་ནཱ། བཤགས་པ། ཨ་ནུ་མོ་ད་ནཱ། རྗེས་སུ་ཡི་ རང་བ། ཨ་དྷྱེ་ཥ་ཎཱ། གསོལ་བ་གདབ་པ། ཡཱ་ཙ་ནཱ། བསྐུལ་བ། པ་རི་ཎཱ་མ་ནཱ། ཡོངས་སུ་བསྔོ་ བའོ། །གླུ་དབྱངས་བདུན་ནི། མ་དྷྱ་མཿ བར་མ་པ། རྀ་ཥ་བྷཿ དྲང་སྲོང་བ། གནྡྷཱ་རཿ ས་ འཛིན་པ། ཥཊཛ། དྲུག་ལྡན། པཉྩ་མ། ལྔ་པ། དྷེ་ཏ་བཿ བློ་གསལ། ནི་ཥཱ་ད། འཁོར་ཉན་ནོ། །ང་རྒྱལ་བདུན་ནི། མཱ་ནཿ ང་རྒྱལ། ཨ་ཏི་མཱ་ནཿ ལྷག་པའི་ང་རྒྱལ། མཱ་ནཱ་ཏི་མཱ་ནཿ ང་རྒྱལ་ ལས་ཀྱང་ང་རྒྱལ། ཨསྨི་མཱ་ནཿ ངའོ་སྙམ་པའི་ང་རྒྱལ། ཨ་བྷི་མཱ་ནཿ མངོན་པའི་ང་རྒྱལ། ཨཱུ་ ན་མཱ་ནཿ ཅུང་ཟད་སྙམ་པའི་ང་རྒྱལ། མི་ཐྱཱ་མཱ་ནཿ ལོག་པའི་ང་རྒྱལ་ལོ། །རྒྱལ་སྲིད་རིན་ 1-1-34 པོ་ཆེ་བདུན་ནི། ཙཀྲ་རཏྣཾ། འཁོར་ལོ་རིན་པོ་ཆེ། ཧསྟི། གླང་པོ། ཨ་ཤྭ། རྟ། མ་ཎི། ནོར་ བུ། སྟྲཱི། བུད་མེད། གྲྀ་ཧ་པ་ཏི། ཁྱིམ་བདག །པ་རི་ཎཱ་ཡ་ཀ་རཏྣཾ། བློན་པོ་རིན་པོ་ཆེའོ། ། བརྒྱད་པའི་སྡེ་ལ། འཕགས་ལམ་ཡན་ལག་བརྒྱད་ནི། སཾམྱགྡྲྀཥྚིཿ ཡང་དག་ པའི་ལྟ་བ། སམྱཀྶཾ་ཀལྤཿ ཡང་དག་པའི་རྟོག་པ། སམྱགཝཱག ཡང་དག་པའི་ངག སམྱཀྐརྨཱནྟཿ ཡང་དག་པའི་ལས་ཀྱི་མཐའ། སམྱགྫཱི་བཿ ཡང་དག་པའི་འཚོ་བ། སཾ་མྱགྦྱཱ་ཡཱ་མཿ ཡང་དག་ པའི་རྩོལ་བ། ས་མྱཀསྨྲྀ་ཏི། ཡང་དག་པའི་དྲན་པ། སམྱཀྶ་མཱ་དྷིཿ ཡང་དག་པའི་ཏིང་ངེ་ འཛིན་ནོ། །རྣམ་ཐར་བརྒྱད་ནི། རཱུ་བི་རཱུ་པཱ་ཎི། པ་ཤྱཱནྟྱ་ཡཾ་པྲ་ཐ་མོ་བི་མོཀྵཿ གཟུགས་ ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ཨ་དྷྱཱཏྨ་མ་རཱུ་པཾ་སཾ་ཛྙཱ་པ་ ཧིརྔྷཱ་རཱུ་པཱ་ཎི་པ་ཤྱནྟི། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ ལྟ་བ། ཤུ་བྷཾ། བི་མོཀྵཾ་ཀཱ་ཡེ་ན་སཱ་ཀྵཱཏ་ཀྲྀ་ཏྭོ་པ་སཾ་པ་དྱ་བི་ཧ་ར་ཏི། སྡུག་པའི་རྣམ་པར་ཐར་ པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ། ཨཱ་ཀཱ་ཤཱ་ནནྟྱ་ཡ་ཏ་ན་མུ་ པ་སཾ་པདྱ་བི་ཧ་ར་ཏི། ནམ་མཁའ་མཐའ་ཡས་པས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ། བི་ཛྙཱ་ནཱ་ནནྟྱཱ་ཡ་ཏ་ན་མུ་པ་སམྤ་དྱ་བ་ཧ་ར་ཏི། རྣམ་ཤེས་མཐའ་ཡས་མཆེད་རྫོགས་པར་བྱས་ ཏེ་གནས་པ། ཨཱ་ཀིཉྩི་ཏྱཱ་ཡ་ཏ་ན་མུ་པ་སམྤ་ཏྱ་བི་ཧ་ར་ཏི། ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་ པར་བྱས་ཏེ་གནས་པ། ནཻ་ཝ་སཾ་ཛྙཱ་ནཱ་སཾ་ཛྙཱ་ཡ་ཏ་ན་མུ་པ་སཾ་པདྱ་བི་ཧ་ར་ཏི། འདུ་ཤེས་མེད་ འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ། སཾ་ཛྙཱ་བེ་དི་ཏ་ནི་རོ་དྷཾ་ཀཱ་ཡེ་ན་སཱ་ ཀྵཏྲ་ཀྲྀ་ཏྭོ་པ་སམྤ་དྱ་བི་ཧ་ར་ཏྱ་ཡ་མཥྚ་མོ་བི་མོཀྵཿ འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱིས་ མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ནི། ཨདྷྱཏྨ་རཱུ་པཾ་སཾཛྙཱི་ཝ་ཧིརྔྷཱུ་རཱུ་པཱ་ཎི་པཤྱ་ ཏི་པ་རིཏྟཱ་ནི་སུ་ཝརྞྞ་དུ་ཝརྞྞཱ་ནི། ཏཱ་ནི་ཁ་ལུ་རཱུ་པ་ཎཱ་བྷི་བྷཱུ་ཡ་ཛ་ནཱ་བྷི་བྷཱུ་ཡ་པཤྱ་ཏི་ཨེ་ཝཾ་སཾ་ 1-1-35 ཛྙཱི་ཙ་བྷ་ཝ་ཏི་ཨི་དཾ་པྲ་ཐ་མ་མ་བྷི་བྷཱ། ཡ་ཏ་ནཾ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་ གཟུགས་ཆུང་ངུ༌། ཁ་དོག་བཟང་པོ་དང༌། ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ ཟིལ་གྱིས་གནོན་པར་ཤེས་ཟིལ་གྱིས་གནོན་པར་མཐོང་བ་དེ་ལྟ་བུར་འདུ་ཤེས་པར་འགྱུར་ བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ཨདྷྱཱཏྨ་མ་རཱུ་པཾ་སཾཛྙཱི་བ་ཧིརྔྷཱ་རཱུ་པ་ནི་ པཱ་ཤྱ་ཏི་མ་ཧཱརྒ་ཏཱ་ནི་སུ་ཝརྞྞ་དུ་ཝརྞྞཱ་ནི། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་ གཟུགས་ཆེན་པོར་གྱུར་པ་ཁ་དོག་བཟང་པོ་ཁ་དོག་ངན་པ་རྣམས་ལ་ལྟ་ཞིང༌། ཞེས་སོགས་ གཉིས་པའོ། །ཨདྷྱཱཏྨ་མ་རཱུ་པཾ་སིཛྙཱི་པ་ཧིརྡྡྷ་རཱུ་པ་ཎི་པ་ཤྱ་ཏི་ནཱི་ལཱ་ནི། ནཱི་ལ་ཝརྞྞཱ་ནི། ནི་ལ་ ནཱི་དཪྴ་ནཱ་ནི། ནཱི་ལ་ནིརྦྷཱ་སཱ་ནི། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་ཞིང༌། ཞེས་སོགས་གཉིས་པའོ། །དེ་བཞིན་དུ་སྦྱར་ཏེ། པཱི་ཏཱ་ནི། སེར་པོ། བཞི་པའོ། །ལོ་ཧི་ཏཱ་ནི། དམར་པོ། ལྔ་པའོ། །ཨ་ཝ་དཱ་ཏཱ་ནི། དཀར་པོ། དྲུག་པའོ། །ཨཱ་ཀཱ་ཤཱ་ནནཏྱཱ་ཡ་ཏ་ན་མུ་པ་སཾ་ པདྱ་བི་ཧ་ར་ཏི་ཨི་དཾ་སཔྟ་མ་མ་བི་བྷཱ་ཡ་ཏ་ནཾ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་ བྱས་ཏེ་གནས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ། །བི་ཛྙཱ་ནཱནཏྱཱ་ཡ་ཏ་ནཾ། རྣམ་ཤེས་མཐའ་ཡས། སྐྱེ་མཆེད། ཨཥྚ་མ་མ་བྷཱི་བྷཱ་ཡ་ཏ་ནཾ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ བརྒྱད་པའོ། །ཀླུའི་རྒྱལ་པོ་བརྒྱད་ནི། ཤཾ་ཁ་པཱ་ལོ་ནཱ་ག་རཱ་ཛཱ། ཀླུའི་རྒྱལ་པོ་དུང་སྐྱོང༌། ཀརྐོ་ཊ་ཀཿ སྟོབས་ཀྱི་རྒྱུ། ཀུ་ལི་ཀ རིགས་ལྡན། པདྨཿ པད་མ། མ་ཧཱ་པདྨཿ པད་མ་ཆེན་པོ། བ་སུ་ཀཱིཿ ནོར་རྒྱས། ཨ་ནནྟོ་ནཱ་ག་རཱ་ཛཱ། ཀླུའི་རྒྱལ་པོ་མཐའ་ཡས། ཏཀྵ་ཀོ་ནཱ་ག་རཱ་ཛཱ། ཀླུའི་ རྒྱལ་པོ་འཇོག་པོའོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ནི། ཨ་ལ་ཡཱ་བི་ཛྙཱ་ནཾ། ཀུན་ གཞིའི་རྣམ་པར་ཤེས་པ། ཀླིཥྚམྨ་ནཿ ཉོན་མོངས་པ་ཅན་གྱི་ཡིད། ཙཀྵུརྦི་ཛྙཱ་ནཾ། མིག་གི་རྣམ་ པར་ཤེས་པ། ཤྲོ་ཏྲ། རྣ་བའི། གྷྲཱ་ཎ། སྣའི། ཛིཧྭཱ། ལྕེའི། ཀཱ་ཡ། ལུས་ཀྱི། མ་ནོ་བི་ཛྙཱ་ནཾ། ཡིད་ 1-1-36 ཀྱི་རྣམ་པར་ཤེས་པའོ། །སྡུག་བསྔལ་བརྒྱད་ནི། ཛཱ་ཏིཪྵུཿ ཁཾ། སྐྱེ་བ་སྡུག་བསྔལ་བ། ཛ་ རཱ། རྒ་བ། བྱཱ་དྷི། ན་བ། མ་ར་ཎཾ། འཆི་བ། པྲྀ་ཡ་བི་པྲ་ཡོ་གཿ སྡུག་པ་དང་བྲལ་བ། ཨ་པྲྀ་ ཡ་སཾ་པྲ་ཡོ་གཿ མི་སྡུག་པ་དང་ཕྲད་པ། ཡ་ད་པཱིཙྪཾ་པཪྻེ་ཥ་མཱ་ཎོ་ན་ལ་བྷ་ཏེ་ད་པི་དུ་ཁཾཿ གང་ འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་བ། སཾ་ཀྵ་པ་ད་ཎ་པཉྩོ་པཱ་དཱ་ན་སྐནྡྷཱ་དུཿཁཾ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའོ། །མི་ཁོམ་པ་བརྒྱད་ནི། ན་ར་ཀཱ་ ཀྵ་ཎཱཿ སེམས་ཅན་དམྱལ་བ་རྣམས་མི་ཁོམ་པ། ཏིརྱཉྩཿ དུད་འགྲོ། པྲེ་ཏཱཿ ཡི་དྭགས། དཱིརྒྷཱ་ ཡུ་ཥཽ་དེ་ཝཱཿ ལྷ་ཚེ་རིང་པོ། པྲཏྱཱནྟ་ཛ་ན་པ་དཾ། མཐའ་འཁོབ་ཀྱི་མི། ཨིནྡྲི་ཡ་བཻ་ཀལྱཾཿ དབང་ པོ་མ་ཚང་བ། མིཐྱཱ་དཪྴ་ནཾ། ལོག་བར་ལྟ་བ། ཏ་ཐཱ་ག་ཏཱ་ནཱ་མ་ནུདྤཱ་དཱཾ། དེ་བཞིན་གཤེགས་པ་ རྣམས་མ་བྱོན་པའོ། །འཇིག་རྟེན་གྱི་ཆོས་བརྒྱད་ནི། ལཱ་བྷཿ རྙེད་པ། ཨ་ལཱ་བྷཿ མ་རྙེད་ པ། ཡ་ཤཿ སྙན་པ། ཨ་ཡ་ཤཿ མི་སྙན་པ། ནིདྷཱ། སྨོད་པ། པྲ་སཾ་སཱ། བསྟོད་པ། སུ་ཁཾ། བདེ་ བ། དུཿཁཾ། སྡུག་བསྔལ་བའོ། །གཟུགས་ཅན་བརྒྱད་ནི། ཙ་ཏུརྨ་ཧཱ་བྷཱུ་ཏཱ་ནི་རཱུ་པ་གནྡྷ་ར་ ས། སྤར་ཤཿ འབྱུང་བ་ཆེན་པོ་བཞི་དང༌། གཟུགས་དང་དྲི་དང་རོ་དང་རེག་བྱའོ། ། དགུ་པའི་སྡེ་ལ། མཐར་གྱི་གནས་པའི་སྙོམས་པར་འཇུག་པར་དགུ་ནི། པྲ་ཐ་མཾ་དྷྱཱ་ན་མུ་པ་སཾ་པདྱ་བི་ཧ་ར་ཏི། བསམ་གཏན་དང་པོ་རྫོགས་པར་བྱས་གནས་པ། དྭི་ཏཱི་ ཡཾ། གཉིས་པ། ཏྲྀཏཱི་ཡཾ། གསུམ་པ། ཙ་ཏུཪྠཾ་དྷྱ་ནཾ། བསམ་གཏན་བཞི་པ། ཨཱ་ཀཱ་ཤཱནྟི། ནམ་ མཁའ་མཐའ་ཡས། བིཛྙཱ་ནཱནྟི། རྣམ་ཤེས་མཐའ་ཡས། ཨ་ཀིཉྩ་ནི། ཅི་ཡང་མེད་པའི། ནཻ་ཝ་ སཾ་ཛྙཱ་ནཱ་སཾ་ཛྙཱ་ཡ་ཏ་ནཾ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད། ནི་རོ་དྷེ་ས་མཱ་པཏྟིཿ འགོག་པ་ལ་སྙོམས་པར་འཇུག་པའོ། །མི་སྡུག་པའི་འདུ་ཤེས་དགུ་ནི། བི་ནཱི་ལ་ཀ་སཾ་ ཉྫཱཿ རྣམ་པར་སྔོས་པའི་འདུ་ཤེས། བི་པཱུ་ཡ་ཀཿ རྣམ་པར་རྣགས་པའི། བི་པ་དུ་མ་ཀ རྣམ་ པར་འབུས་གཞིགས་པའི། བྱཱ་དྷྱཱ་ཏ་ཀ རྣམ་པར་བམ་པའི། བི་ལོ་ཧ་ཏི་ཀ རྣམ་པར་དམར་ 1-1-37 པའི། བི་ཁཱདི་ཏ་ཀ རྣམ་པར་ཟོས་པའི། བི་ཀྵིཔྟཀཿ རྣམ་པར་འཐོར་བའི། བི་དགྡྷ་ཀ རྣམ་ པར་ཚིག་པའི། ཨསྠི་སཾ་ཛྙཱཿ རུས་གོང་གི་འདུ་ཤེས་སོ། །གར་གྱི་ཉམས་དགུ་ནི། སྲྀངྒ་ རཿ སྒྱེག་པའམ་སྟེག་པའམ་འཛིམ་པ། ཝཱ་རཿ དཔའ་བ། བཱི་བྷཏྶཱ། མི་སྡུག་པ། རཽ་དྲཾ། དྲག་ ཤུལ་ཅན། ཧཱ་སྱཾ། བཞག་གད། བྷ་ཡཱ་ན་ཀཿ འཇིགས་སུ་རུང་བ། ཀ་རུ་ཎ། སྙིང་རྗེ་བ། ཨདྦྷུ་ ཏ། དམ་པའམ་ངོ་མཚར་བ། ཤཱནྟཿ ཞི་བའོ། །གཟའ་དགུ་ནི། ཨཱ་དིཏྱཿ ཉི་མ། སོ་མཿ ཟླ་ བ། ཨངྒ་ར་ཀཿ མིག་དམར། བུ་དྷཿ གཟའ་ལྷག བྲྀདྡྷསྤ་ཏི། ཕུར་བུ། ཤུ་ཀྲ། པ་བ་སངས། ཤ་ནཻཤྩ་རཿ སྤེན་པ། རཱ་ཧུཿ སྒྲ་གཅན། ཀེ་ཏུཿ མཇུག་རིངས་སོ། ། བཅུ་པའི་སྡེ་ལ། སངས་རྒྱས་ཀྱི་སྟོབས་བཅུ་ནི། སྠཱ་ནཱ་སྠཱ་ན་ཛྙཱ་ན་བ་ལཾཿ གནས་ དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ཀརྨ་བི་པཱ་ཀཿ ལས་ཀྱི་རྣམ་པར་སྨིན་པ། ནཱ་ནཱ་དྷི་ མུཀྟི། མོས་པ་སྣ་ཚོགས། ནཱ་ནཱ་དྡྷཱ་ཏུ། ཁམས་སྣ་ཚོགས། ཨིནྡྲི་ཡཱ་པ་རཱ་པ་ར། དབང་པོ་མཆོག་ དང་མཆོག་མ་ཡིན་པ། སརྦ་ཏྲ་གཱ་མི་ནཱི་པྲ་ཏི་པཏ། ཐམས་ཅད་དུ་འགྲོ་བའི་ལམ། སརྦ་དྷྱ་ན་ བི་མོཀྵ་ས་མཱ་དྷི་ས་མཱ་པཏྟི་སཾ་ཀླེ་ཤ་བྱ་བ་དཱ་ན་བྱུཏྠཱ་ན་ཛྙཱ་ན་བ་ལཾཿ བསམ་གཏན་དང་རྣམ་པར་ ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་ བྱང་བ་དང་ལྡང་བ་ཐམས་ཅད་མཁྱེན་པའི་སྟོབས། བཱུརྦོ་ནི་པཱ་སཱ་ནུ་སྨྲྀ་ཏི། སྔོན་གྱི་གནས་ རྗེས་སུ་དྲན་པ། ཙྱུ་ཏྱུ་པ་བཏྟི། འཆི་འཕོ་དང་སྐྱེ་བ། ཨཱ་ཤྲ་བཀྵ་ཡ་ཛྙཱ་ན་བ་ལཾ། ཟག་པ་ཟད་ པ་མཁྱེན་པའི་སྟོབས་སོ། །བྱང་ཆུབ་སེམས་དཔའི་སྟོབས་བཅུ་ནི། ཨཱ་ཤ་ཡ་བ་ལཾ། བསམ་པའི་སྟོབས། ཨདྷྱཱ་ཤ་ཡ། ལྷག་པའི་བསམ་པའི། པྲ་ཡོ་ག སྦྱོར་བའི། པྲཛྙཱ། ཤེས་ རབ་ཀྱི། པྲ་ཎི་དྷཱ་ན། སྨོན་ལམ་གྱི། ཡཱ་ན། ཐེག་པའི། ཙརྱཱ། སྤྱོད་བའི། བི་ཀུརྦ་ཎ། རྣམ་པར་ འཕྲུལ་བའི། བོ་དྷི། བྱང་ཆུབ་ཀྱི། དྷརྨ་ཙཀྲ་པྲ་བརྟྟ་ན་བ་ལཾ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ བའི་སྟོབས་སོ། །བྱང་ཆུབ་སེམས་དཔའི་དབང་བཅུ་ནི། ཨཱ་ཡུརྦ་ཤི་ཏཱ། ཚེ་ལ་དབང་ 1-1-38 བ། ཙིཏྟ། སེམས་ལ། ཀརྨ། ལས་ལ། བ་རིཥྐཱ། ཡོ་བྱད་ལ། ཨུ་པ་བཏྟི། སྐྱེ་བ་ལ། ཨ་དྷི་མུཀྟི། མོས་པ་ལ། དྷརྨ། ཆོས་ལ། པྲ་ཎི་དྷ་ན། སྨོན་ལམ་ལ། རྀདྡྷི། རྫུ་འཕྲུལ་ལ། ཛྙཱ་ན་བ་ཤི་ཏཱ། ཡེ་ ཤེས་ལ་དབང་བའོ། །ས་བཅུ་ནི། པྲ་མུ་དི་ཏཱ། རབ་ཏུ་དགའ་བ། བི་མ་ལཱ། དྲི་མ་མེད་པ། པྲ་ བྷཱ་ཀ་རཱི། འོད་བྱེད་པ། ཨརྩི་ཥྨ་ཏཱི། འོད་འཕྲོ་ཅན། སུ་དུརྫ་ཡཱ། ཤིན་ཏུ་སྦྱང་དཀའ། ཨ་བི་མུ་ ཁཱི། མངོན་དུ་གྱུར་པ། དུ་རཾ་ག་མཱ། རིང་དུ་སོང་བ། ཨ་ཙ་ལཱ། མི་གཡོ་བ། སཱ་དྷུ་མ་ཏཱི། ལེགས་ པའི་བློ་གྲོས། དྷརྨ་མེ་གྷཱ། ཆོས་ཀྱི་སྤྲིན་ནོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ནི། དཱ་ན་པཱ་ར་མི་ཏཱ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། ཤཱི་ལ། ཚུལ་ཁྲིམས་ཀྱི། ཀྵཱནྟི། བཟོད་པའི། བཱིརྱ། བརྩོན་འགྲུས་ ཀྱི། དྷྱཱ་ན། བསམ་གཏན་གྱི། པྲཛྙཱ་ཤེས་རབ་ཀྱི། ཨུ་པཱ་ཡ། ཐབས་ཀྱི། པྲ་ཎི་དྷཱ་ན། སྨོན་ལམ་ ཡི། བ་ལ། སྟོབས་ཀྱི། ཛྙཱན་པཱ་ར་མི་ཏཱ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་སྤྱོད་བཅུ་ ནི། ལེ་ཁ་ནཱ། ཡི་གེ་འབྲི་བ། པུ་ཛཱ་ནཱ། མཆོད་པ། དཱ་ནཾ། སྦྱིན་པ། ཤྲ་ཝ་ཎཾ། ཉན་པ། ཝཱ་ཙ་ ནཱ། ཀློག་པ། ཨུཏྒྲ་ཧ་ཎཾ། འཛིན་པ། པྲ་ཀཱ་ཤ་ན། རབ་ཏུ་སྟོན་པ། སྭཱ་དྷྱཱ་ཡ། ཁ་ཐོན་བྱེད་པ། ཙིཏྟ་ནཱ། སེམས་པ། བྷཱ་ཝ་ནཱ། སྒོམ་པའོ། །ཤེས་པ་བཅུ་ནི། དྷརྨ་ཛྙཱ་ནཾ། ཆོས་ཤེས་པ། པ་ ར་ཙིཏྟ། ཕ་རོལ་གྱི་སེམས། ཨ་ནྭ་ཡ། རྗེས་སུ་རྟོགས་པ། སམྦྲྀ་ཏི། ཀུན་རྫོབ། དུཿཁ། སྡུག་ བསྔལ། ས་མུ་ད་ཡ། ཀུན་འབྱུང༌། ནི་རོ་དྷ། འགོག་པ། མཱརྒ། ལམ། ཀྵ་ཡ། ཟད་པ། ཨ་ནུཏྤ་ ད་ཛྙཱ་ནཾ། མི་སྐྱེ་བ་ཤེས་པའོ། །ཟད་པར་གྱི་སྐྱེ་མཆེད་བཅུ་ནི། ནཱི་ལ་ཀྲྀཏྶྣཱ་ཡ་ཏ་ནཾ། ཟད་ པར་སྔོན་པོའི་སྐྱེ་མཆེད། པཱ་ཏི། སེར་པོའི། ལོ་ཧ་ཏི། དམར་པོའི། ཨ་པ་དཱ་ཏ། དཀར་པོའི། པྲྀཐི་བཱི། སའི། ཨཱ་པ། ཆུའི། ཏེ་ཛཿ མེའི། བཱ་ཡུ། རླུང་གི ཨཱ་ཀཱ་ཤ ནམ་མཁའི། བི་ཛྙཱ་ན་ཀྲྀཏྶྣཱ་ ཡ་ཏ་ནཾ། ཟད་པར་རྣམ་པར་ཤེས་པའི་སྐྱེ་མཆེད་དོ། །ལུས་ཀྱི་རླུང་བཅུ་ནི། ཎ་བཱཿ སྲོག བྲཱ་ཎ་བཱ་ཡུཿ སྲོག་རླུང༌། ཨཱ་པཱ་ན། ཐུར་སེར། ས་མཱ་ན། མཉམ་གནས། ཨུ་དཱ་ན། གྱེན་རྒྱུ། བྱཱ་ ནཾ། ཁྱབ་བྱེད། ནཱ་གཿ ཀླུ། ཀཱུརྨཿ རུས་སྦལ། ཀྲྀ་ཀ་རཿ རྩངས་པ། དེ་ཝ་དཏྟཿ ལྷ་སྦྱིན། དྷ་ 1-1-39 ནཉྫ་ཡོ་བཱ་ཡུཿ ནོར་ལས་རྒྱལ་བའི་རླུང་ངོ༌། །ལམ་རྟག་བཅུ་ནི། དྷཱུ་མ། དུ་བ། མ་རཱི་ཙི། སྨིག་རྒྱུ། ཁ་དྱོ་ཏ། མེ་ཁྱེར། དཱི་པ། མར་མེ། ཛྭ་ལ། འབར་བ། ཙནྟྲ། ཟླ་བ། ཨ་དི་ཏྱ། ཉི་མ། རཱ་ཧུ། སྒྲ་གཅན། ཀཱ་ལཱ། ཆ་ཤས། བིནྡུ། ཐིག་ལེའོ། །བསླབ་པ་བཅས་པའི་ཕན་ཡོན་ བཅུ་ནི། སཾ་གྷ་སཾ་གྲ་ཧཱ་ཡཿ དགེ་འདུན་བསྡུ་བའི་ཕྱིར། སཾ་གྷ་སུཥྛུ་ཏཱ་ཡཻ། དགེ་འདུན་ལེགས་ པར་བྱ་བའི་ཕྱིར། སཾ་གྷ་སྱ་སུ་ཁ་སྤཪྴ་བི་ཧཱའ་རཱ་ཡ། དགེ་འདུན་བདེ་བ་ལ་རེག་པར་གནས་ པའི་ཕྱིར། དུརྨདྦྷཱུ་ནཱཾ་སུངྒ་ལ་ནཱཾ་ནི་གྲ་ཧ་ཡ། གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་ པའི་ཕྱིར། ལཱཛྫི་ནཱཾ་སྤཪྴ་བི་ཧཱ་རཱ་ཡ། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར། ཨ་ན་བྷི་པྲ་སནྣཱ་ནཱཾ། ཨ་བྷི་པྲ་སཱ་དཱ་ཡ། མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་ བའི་ཕྱིར། ཨ་བྷི་པྲ་སནྣཱ་ནཱཾ་བྷུ་ཡོ་བྷ་བཱ་ཡ། མངོན་པར་དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་ བའི་ཕྱིར། དྲྀཥྚ་དྷརྨི་ཀཱ་ཎྱ་མཱ་ཤྲ་ཝཱ་ཎྱཾ་སམྦ་རཱ་ཡ། མཐོང་བའི་ཆོས་ཀྱི་ཟག་པ་རྣམས་བསྡམས་ པའི་ཕྱིར། སཱཾ་པ་རཱ་ཡི་ཀཱ་ཎཱཾ་སེ་ཏྲ་ས་མུཏྒཱ་ཏཱ་ཡ། ཚེ་རབས་ཕྱི་མའི་རྣམས་ཆུ་ལོན་གྱིས་བཟློག་ པའི་ཕྱིར། བྲཧྨ་ཙརྱཉྩཱཏྨ་ཙི་ར་སྠི་ཏི་ཀཾ་བྷ་ཝི་ཥྱ་ཏི། བདག་ཉིད་ཀྱི། བདག་ཉིད་ཀྱི་ཚངས་པ་ སྤྱོད་པ་ཡུན་རིང་དུ་གནས་པར་འགྱུར་བའོ། །ཕྱོགས་བཅུ་ནི། པཱུརྦཱ་དི་ཀ། ཤར་ཕྱོགས། དཀྵི་ཎཱ། ལྷོ། པཤྩི་མཱ། ནུབ། ཨུཏྟ་རཱ། བྱང༌། པཱུརྦ་དཀྵི་ཎཱ། ཤར་ལྷོ། དཀྵི་ཎྱ་པཤྩི་མཱ། ལྷོ་ ནུབ། པཤྩི་མོཏྟ་རཱ། ནུབ་བྱང༌། ཨུཏྟ་ར་པཱུ་རྦཱཿ བྱང་ཤར། ཨ་དྷཿ འོག ཨུརྔྷ་དིཀ྄ སྟེང་ཕྱོགས་ སོ། །མི་དགེ་བ་བཅུ་ནི། ཏྲཱི་ཎི་ཀཱ་ཡ་དུཤྩ་རི་ཏཱ་ནི། ལུས་ཀྱི་ཉེས་པར་སྤྱོད་པ་གསུམ། ཙཏྭཱ་ རི་ཝཱ་གྡུཤྩ་རི་ཏཱ་ནི། ངག་གི་ཉེས་པར་སྤྱོད་པ་བཞི། ཏྲཱི་ཎི་མ་ནཱ་དུཤྩ་རི་ཏཱ་ནི། ཡིད་ཀྱི་ཉེས་པར་ སྤྱོད་པ་གསུམ་མོ། །དགེ་བ་བཅུ་ནི། ཀཱ་ཡ་སུ་ཙ་རི་ཏཾ། ལུས་ཀྱི་ལེགས་པར་སྤྱོད་པ། པྲ་ཎཱ་ ཏི་པཱ་ཏཱཏྤ་རི་ཏིཿ སྲོག་གཅོད་པར་སྤོང་བ། ཨ་དཏྟཱ་དཱ་ནཱ་དྦི་ར་ཏིཿ མ་བྱིན་པར་ལེན་པ་སྤོང་བ། ཀཱ་མ་མིཐྱཱ་ཙཱ་རཱ་དྦི་ར་ཏིཿ འདོད་པས་ལོག་པར་སྤྱོད་པ་སྤོང་བ། ཝཀྶུ་ཙ་རི་ཏཾ། ངག་གི་ལེགས་ 1-1-40 པར་སྤྱོད་པ། མྲྀ་ཥཱ་ཝཱ་དཱཏྤྲ་ཏི་བི་ར་ཏིཿ བརྫུན་དུ་སྨྲ་བ་སྤོང་བ། པ་རུ་ཥྱཱཏྤྲ་ཏི་བི་ར་ཏིཿ ཚིག་ རྩུབ་མོ་སྨྲ་བ་སྤོང་བ། བཻ་ཤུ་ནྱཱཏྤྲ་ཏི་བི་ར་ཏིཿ ཕྲ་མ་སྨྲ་བ་སྤོང་བ། སམྦྷིནྣ་པྲ་ལཱ་པཱ་ཏྤྲ་ཏི་བི་ར་ ཏིཿ ཚིག་འཁྱལ་བ་སྨྲ་བ་སྤོང་བ། མ་ནཿ སུ་ཙ་རི་ཏཾ། ཡིད་ཀྱི་ལེགས་པར་སྤྱོད་པ། ཨ་བྷི་དྷྱཱ་ཡཱཿ པྲ་ཏི་བི་ར་ཏིཿ བརྣབ་སེམས་སྤོང་བ། བྱཱ་པཱ་དཱཏྤྲ་ཏི་བི་ཏིཿ གནོད་སེམས་སྤོང་བ། མིཐྱཱ་དྲཥྚེཿ པྲ་ཏཱི་བི་ར་ཏིཿ ལོག་པར་ལྟ་བ་སྤོང་བའོ། ། བཅུ་གཅིག་གི་སྡེ་ལ། འདོད་ཁམས་པ་བཅུ་གཅིག་ནི། པ་ར་ནིརྨི་ཏི་པ་ཤ་ བརྟྟི་ནཿ གཞན་འཕྲུལ་དབང་བྱེད། ནིརྨཱ་ཎ་ར་ཏ་ཡཿ འཕྲུལ་དགའ། ཏུ་ཥི་ཏཱཿ དགའ་ལྡན། ཡཱ་མཱཿ འཐབ་བྲལ། ཏྲཱ་ཡསྟིཾ་ཤཱཿ སུམ་ཅུ་རྩ་གསུམ། ཙ་ཏུརྨ་ཧཱ་རཱ་ཛཱ་ཀཱ་ཡི་ཀཱཿ རྒྱ་ཆེན་བཞིའི་ རིས། ཨ་སུ་རཱཿ ལྷ་མ་ཡིན། མ་ནུ་ཥྱཱཿ མི། ཏིརྱཉྩཿ དུད་འགྲོ། པྲེ་ཏཱཿ ཡི་དྭགས། ནཱ་ར་ ཀཱཿ དམྱལ་བ་རྣམས་སོ། །སེམས་བྱུང་དགེ་བ་བཅུ་གཅིག་ནི། ཤྲདྡྷཱཿ དད་པ། ཧྲཱིཿ ངོ་ ཚ་ཤེས་པ། ཨ་པ་ཏྲཱ་པྱཾཿ ཁྲེལ་ཡོད་པ། ཨ་ལོ་བྷཿ ཀུ་ཤ་མཱུ་ལཾ། མ་ཆགས་པའི་དགེ་བའི་རྩ་ བ། ཨ་དྭེ་ཥ་ཀུ་ཤ་མ་མཱུ་ལཾ། ཞེ་སྡང་མེད་པའི་དགེ་བའི་རྩ་བ། ཨ་མོ་ཧཿ ཀུ་ཤ་ལ་མཱུ་ལཾ། གཏི་ མུག་མེད་བའི་དགེ་བའི་རྩ་བ། བཱིརྱཾ། བརྩོན་འགྲུས། པྲ་སྲ་ཐི། ཤིན་ཏུ་སྦྱངས་པ། ཨ་བྲ་མཱ་ད། བག་ཡོད་པ། ཨུ་བེཀྵཱ། བཏང་སྙོམས། ཨ་བི་ཧིཾ་སཱ། རྣམ་པར་མི་འཚེ་བའོ། ། བཅུ་གཉིས་ཀྱི་སྡེ་ལ། གསུང་རབ་ཡན་ལག་བཅུ་གཉིས་ནི། སཱུ་ཏྲཾ། མདོའི་ སྡེ། གེ་ཡཾ། དབྱངས་ཀྱིས་བསྙད་པའི་སྡེ། བྱཱ་ཀཱ་ར་ཎཾ། ལུང་དུ་བསྟན་པའི་སྡེ། གཱ་ཐཱ། ཚིགས་ སུ་བཅད་པའི་སྡེ། ཨུ་དཱ་ནཾ། ཆེད་དུ་བརྗོད་པའི་སྡེ། ནི་དཱ་ནཾཿ གླེང་གཞིའི་སྡེ། ཨ་ཝ་དཱ་ནཾ། རྟོགས་པ་བརྗོད་པའི་སྡེ། ཨ་ཏི་བྲྀཏྟ་ཀཾ དེ་ལྟ་བུ་བྱུང་བའི་སྡེ། ཛཱ་ཏ་ཀཾ སྐྱེས་པ་རབས་ཀྱི་ སྡེ། བཻ་པུ་ལྱཾ། ཤིན་ཏུ་རྒྱས་པའི་སྡེ། ཨཏྦྷུ་ཏ་དྷརྨཾ། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ། ཨུ་པ་དེ་ཤཿ གཏན་ལ་ཕན་པར་བསྟན་པའི་སྡེའོ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། པཱཾ་ཤུ་ཀ་ 1-1-41 ལི་ཀཿ ཕྱག་དར་ཁྲོད་པ། ཏྲཻ་ཙཱི་བ་རི་ཀཿ ཆོས་གོས་གསུམ་པ། ནཱ་མ་ཏི་ཀཿ ཕྱིང་པ་པ། པཻཎྜ་ པཱ་ཏི་ཀཿ བསོད་སྙོམས་པ། ཨེ་ཀཱ་ས་ནི་ཀཿ སྟན་གཅིག་པ། ཁ་ལུ་བཤྩཏྦྷཀྟི་ཀཿ ཟས་ཕྱིས་ མི་ལེན་པ། ཨཱ་ར་ཎཱ་ཀཿ དགོན་པ་པ། བྲྀཀྵ་མཱུ་ལི་ཀཿ ཤིང་དྲུང་པ། ཨཱ་བྷྱ་བ་ཀཱ་སི་ཀཿ བླ་ གབ་མེད་པ་པ། སྨཱ་ཤཱ་ནི་ཀཿ དུར་ཁྲོད་པ། ནཻ་སདྡི་ཀཿ ཅོག་པུ་བ། ཡ་ཐཱ་སཾ་སྟ་རི་ཀཿ གཞི་ ཇི་བཞིན་པའོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི། ཨ་བིདྱཱཿ མ་རིག་པ། སཾ་སྐཱ་ རཿ འདུ་བྱེད། བིཛྙཱ་ནཾཿ རྣམ་པར་ཤེས་པ། ནཱ་མ་རཱུ་པཾ། མིང་དང་གཟུགས། ཥ་ཌཱ་ཡ་ཏ་ནཾ། སྐྱེ་མཆེད་དྲུག སྤཪྴཿ རེག་པ། བེ་ད་ནཱ། ཚོར་བ། ཏྲྀཥྞཱ། སྲེད་པ། ཨུ་པཱ་དཱ་ནཾ་ལེན་པ། བྷ་ ཝཿ སྲིད་པ། ཛཱ་ཏིཿ སྐྱེ་བ། ཛ་རཱ་མ་ར་ཎཾ། རྒ་ཤིའོ། །སྐྱེ་མཆེད་བཅུ་གཉིས་ནི། ཙཀྵུ་རཱ་ ཡ་ཏ་ནཾ། མིག་གི་སྐྱེ་མཆེད། རཱུ་པ། གཟུགས་ཀྱི། ཤྲོཏྲ། རྣ་བའི། ཤབྡ། སྒྲའི། གྷྲཱ་ཎ། སྣའི། གནྡྷ། དྲིའི། ཛི་ཧྭཱ། ལྕེའི། ར་ས། རོའི། ཀཱ་ཡེ། ལུས་ཀྱི། སྤྲཥྚ་བྱ། རེག་བྱའི། མ་ན། ཡིད་ཀྱི། དྷརྨཱ་ཡ་ཏ་ནཾ། ཆོས་ཀྱི་སྐྱེ་མཆེད་དོ། །ཁྱིམ་བཅུ་གཉིས་ནི། མེ་ཥ་རཱ་ཤི། ལུག་གི་ཁྱིམ། བྲྀ་ ཥ། གླང༌། མི་ཐུ་ན། འཁྲིག་པ། ཀརྐ་ཊ། སྦལ་པ། སིངྒ། སེང་གེ ཀ་ནྱཱ། བུ་མོ། ཏུ་ལཱ། སྲང༌། བྲྀཤྩི་ཀ སྡིག་པ། དྷ་ནུ། གཞུ། མ་ཀ་ར། ཆུ་སྲིན། ཀུམྦྷ། བུམ་པ། མཱ་ནི་རཱ་ཤི། ཉའི་ཁྱིམ་ མོ། །ཟླ་བ་བཅུ་གཉིས་ནི། ཙཻ་ཏྲ་མཱ་ས། ནག་པའི་ཟླ་བ། བཻ་ཤཱ་ཁ། ས་གའི། ཛྱཥྚཱ། སྣྲོན་ གྱི། པཱུརྦཱ་ཥཱ་ཊེ། ཆུ་སྟོད་ཀྱི། ཤྲཱ་ཝ་ཎ། གྲོ་བཞིན་གྱི། བྷཱ་དྲ་པ་དཱ། ཁྲུམས་སྟོད་ཀྱི། ཨཤྩ་ནི། ཐ་ སྐར་གྱི། ཀཱརྟྟི་ཀཱ། སྨིན་དྲུག་གི། མྲྀ་ག་ཤི་ར། མགོའི་པུཥྱ། རྒྱལ་གྱི། མཱ་གྷ། མཆུའི། ཕཱལྒུ་ན་ མཱ་ས། དབོའི་ཟླ་བའོ། །ལྷ་ཆེན་པོ་བཅུ་གཉིས་ནི། ནཻ་རྀཏྱ། བདེན་བྲལ། ཝཱ་ཡུ། རླུང༌། ཨགྷི། མེ། ཥཊྨུ་ཁ། གདོང་དྲུག ས་མུ་དྲ། རྒྱ་མཚོ། ག་ན་པ་ཏི། ཚོགས་བདག ཤ་ཀྲ། བརྒྱ་ བྱིན། བྲཧྨ། ཚངས་པ། རུ་དྲ། དྲག་པོ། ཡཀྵ། གནོད་སྦྱིན། བིཥྞུ། ཁྱབ་འཇུག ཡ་མཱ་ཨི་ཏི། གཤིན་རྗེ་ཞེས་པའོ། །བདེན་མེད་ཀྱི་དཔེ་བཅུ་གཉིས་ནི། མཱ་ཡཱ། སྒྱུ་མ། ནིརྨ་ཏིཿ སྤྲུལ་ 1-1-42 པ། ཨུཏ་ཀ་ཙནྡྲཿ ཆུ་ཟླ། མ་རཱི་ཙི། སྨྱིག་རྒྱུ། གནྡྷརྦ་ན་ག་རཾ། དྲི་ཟའི་གྲོང་ཁྱེར། པྲ་ཏི་བིམྦ། གཟུགས་བརྙན། པྲ་ཏི་བྷཱ་ས། མིག་ཡོར། པྲ་ཏི་ཤྲུཏྐཱ། བྲག་ཆ། སྭསྣཾ། རྨི་ལམ། བུདྦུ་དཿ ཆུའི་ ཆུ་བུར། ཨིནྡྲ་ཛཱ་ལཾ། མིག་འཕྲུལ། ན་ཊ་རཾ་ག གར་གྱི་ལྟད་མོའོ། ། བཅུ་གསུམ་གྱི་སྡེ་ལ། འཚོ་བའི་ཡོ་བྱད་བཅུ་གསུམ་ནི། སཾ་གྷཱ་ཏྲཱི། སྣམ་སྦྱར། ཨུཏྟ་རཱ་སཾ་གཿ བླ་གོས། ཨནྟརྦཱ་སཿ མཐང་གོས། སཾ་ཀཀྵི་ཀཱ། རྔུལ་གཟན། པྲ་ཏི་སཾ་ཀཀྵི་ཀཱ། རྔུལ་གཟན་གྱི་གཟན། ནི་བཱའ་ས་ནཾ། ཤམ་ཐབས། པྲ་ཏི་ནི་བཱ་ས་ནཾ། ཤམ་ཐབས་ཀྱི་གཟན། ཀེ་ས་པྲ་ཏི་གྲ་ཧ་ཎཾ། སྐྲ་བཟེད། སྣཱཏྲ་ཤཱ་ཊ་ཀཾ། ཁྲུས་རས། ནི་ཥ་ད་ནཾ། གདིང་བ། ཀཎྜུ་པྲ་ཏིཙྪཱ་ ད་ནཾ། གཡན་པ་དགབ་པ། བཪྵཱ་སཱ་ཊཱི་ཙཱ་བ་རཾ། དབྱར་གྱི་གོས་རས་ཆེན། པ་རི་སྐཱ་ར་ཙཱི་བ་ རཾ། ཡོ་བྱད་ཀྱི་གོས་སོ། །དགེ་འདུན་གྱི་ལྷག་མ་བཅུ་གསུམ་ནི། ཤུཀྲ་བི་སྲྀཥྚི། ཁུ་བ་ འབྱིན་པ། ཀཱ་ཡ་སཾ་སརྒ། ལུས་ཀྱིས་རེག་པ། མཻ་ཐུ་ནཱ་བྷཱ་ཥ་ཎཾ། འཁྲིག་པ་དང་ལྡན་པར་སྨྲ་ བ། པ་རི་ཙརྱཱ་སཾ་ཝརྞ་ནཾ། བསྙེན་བཀུར་བསྔགས་པ། སཉྩ་རི་ཏྲཾ། བསྨྱན་བྱེད་པ། ཀུ་ཊི་ཀཱ། ཁང་པ། མ་ཧཱལླ་ཀཿ ཁང་ཆེན། ཨ་མཱུ་ལ་ཀཾ། གཞི་མེད་པ། ལཻ་སི་ཀཾ། བག་ཙམ། སཾ་གྷ་བྷེ་དཿ དགེ་འདུན་གྱི་དབྱེན་བྱེད་པ། ཏ་ད་ནུ་བརྟྟ་ཀཿ དེའི་རྗེས་སུ་ཕྱོགས་པ། ཀུ་ལ་དུ་ཥ་ཀཿ ཁྱིམ་ སུན་འབྱིན་པ། དཽརྦ་ཙ་སྱཾ། བཀའ་བློ་མི་བདེ་བའོ། །གདོན་གྱི་རིགས་བཅུ་གསུམ་ནི། ཡཀྵ། གནོད་སྦྱིན། རཱ་ཝ་ཎ། སྒྲ་སྒྲོགས་ཀྱི་བུ། རཱཀྵ་ས། སྲིན་པོ། བི་ཤཱ་ཙ། ཤ་ཟ། ཀ་ཊ་པཱུ་ ཏ་ན། ལུས་སྲུལ་པོ། སྐན་དྷ། སྐྱེམ་བྱེད། ཨུནྨཱ་ད། བསྙོ་བྱེད། ཙྪཱ་ཡཱ། གྲིབ་གནོན། ཨ་པསྨ་ ར། བརྗེད་བྱེད། ཨོསྟ་ར་ཀ གནོན་པོ། པཉྩི་ཀ ལྔས་རྩེན། ཌཱ་ཀི་ནི། མཁའ་འགྲོ་མ། བེ་ཏཱ་ ཌ། རོ་ལངས་སོ། །བློའི་རྣམ་གྲངས་བཅུ་གསུམ་ནི། བུདྡྷི། བློ། མ་ཏི། གློ་གྲོས། ག་ཏིཿ རྟོགས་པ། མ་ཏཾ། བྱེ་བྲག་བྱེད་པའམ་རྟོགས་པ། དྲྀཥྚི། མཐོང་བ། ཨ་བྷི་ས་མི་ཏཱ་བཱི། མངོན་ པར་རྟོགས་པ་དང་ལྡན་པ། སམྱཀ་ཨ་ཝ་བོ་དྷཿ རྟོགས་པའམ་ཡང་དག་པར་ཁོང་དུ་ཆུད་པ། 1-1-43 སུ་པྲ་ཏི་བིདྡྷཿ ལེགས་པར་རྟོགས་པ། ཨ་བི་ལ་ཡཀྵི་ཏཿ མངོན་པར་རིག་པའམ། མངོན་པར་ སྣང་བའམ་ངོ་ཤེས་པ། ག་ཏིཾ་ག་ཏཿ རྟོགས་པར་ཁོང་དུ་ཆུད་པ། ཨ་ཝ་བོ་དྷཿ རྟོགས་པའམ་ ཁོང་དུ་ཆུད་པ། པྲཏྱཱ་བི་ཛྙཱ༌། ངོ་ཤེས་པ། མེ་ནི་རེ། ཤེས་པར་གྱུར་པའོ། ། བཅུ་བཞིའི་སྡེ་ལ། མ་ནུ་ཞེས་དུས་འཁོར་ནང་ལེའི་གོ་བཞི་པར། གསུངས་པ་ཡིད་དེ། སེམས་ ཅན་གྱི་དབྱེ་བ་བཅུ་བཞི་ནི། དེ་ཝཏྭཾ་ཙཱཥྚ་བྷེ་དཻརྦྷ་ཝ་ཏི། ལྷ་ཉིད་ཀྱང་བརྒྱད་ཀྱི་དབྱེ་བ་ རྣམས་ཀྱིས་འགྱུར་ཏེ། པྲྀ་ཐིཝཱ་ཀྲྀཏྵེཎ་ན། ཟད་པར་ས། ཨཔ྄་ཀྲྀ་ཏྶྣེ་ན། ཟད་པར་ཆུ། ཏེ་ཛ་ ཀྲྀཏྶྣེ་ན། ཟད་པར་མེ། བཱ་ཡུ་ཀྲྀཏ་སྣེ་ན། ཟད་པར་རླུང༌། ཤཱུ་ཀྲྀཏྶྣེ་ན། ཟད་པར་སྟོང་པ། ཙནྡྲ་ ཀྲྀཏ་སྣེ་ན། ཟད་པར་ཟླ་བ། སཱུརྱ་ཀྲྀཏ་སྣེ་ན། ཟད་པར་ཉི་མ། རཱུ་ཧུ་ཀྲྀཏ་སྣེ་ནེ་ཏི། ཟད་པར་ སྒྲ་གཅན་གྱིས། ཞེས་པའོ། །མཱ་ནུ་ཥཏྭཾ་ཡ་ཐཻ་ཀཾ་ཥཊདྷཱ་ཏྭཱ་ཏྨ་ཀཾ། མི་ཉིད་གཅིག་ནི་ཇི་ལྟར་བ་ ཁམས་དྲུག་གི་བདག་ཉིད་དོ། །ཏིཪྻཉྩོ་བིདྡྷ་པྲ་ཀཱ་རཤྩ་ཏུཿ པྲ་ཀཱ་རཱཿ ཥཊདྷཱཏྭཱཏྨ་ཀཾ། དུད་འགྲོ་ དག་ཀྱང་ཆུ་གཏེར་རྣམ་པ་སྟེ་ཁམས་དྲུག་གི་བདག་ཉིད་ཅན་སྐྱེ་གནས་རྣམ་པ་བཞིའོ། །ནཱ་ ར་ཀཏྭཾ་ཏ་ཐཻ་ཀཾ་ན་ར་ཀ་ག་ཏཽ་ཥཊདྷཱ་ཏུ་པཱ་ས་ནོདྦྷཱུ་ཏཾ་སྭ་པྣ་ཏུ་ལྱ་མི་ཏི། དམྱལ་བའི་འགྲོ་བར་ དམྱལ་བ་ཉིད་ནི་དེ་བཞིན་གཅིག་སྟེ་ཁམས་དྲུག་གི་བག་ཆགས་ལས་བྱུང་བ་རྨི་ལམ་དང་ མཚུངས་པའོ་ཞེས་སོ། །ཟབ་པའི་རྣམ་གྲངས་བཅུ་བཞི་ནི། གམྦྷཱི་རོ་གམྦྷཱི་རཱ་བ་བྷཱ་སཿ ཟབ་པ་ཟབ་པར་སྣང་བ། དུརྡྲྀ་ཤཿ མཐོང་བར་དཀའ་བ། དུ་ར་ནུ་བོ་དྷ། རྗེས་སུ་རྟོགས་པར་ དཀའ་བ། དུ་ར་ཝ་བོ་དྷཿ ཁོང་དུ་ཆུད་པར་དཀའ་བ། སཱུཀྵྨ་ནི་པུ་ཎ་པཎྜི་ཏཱ་བི་ཛྙཱ་བེ་ད་ནཱི་ཡཿ ཞིབ་མོར་བརྟགས་པའི་མཁས་པ་དང་འཛངས་པས་རིག་པ། ཨ་ཏརྫཡ༥༠༴༦། བརྟག་མི་ ནུས་པ། ཨ་ཏརྐཱ་བ་ཙ་རཾ། རྟོག་གེའི་སྤྱོད་པ་མ་ཡིན་པ། ཨ་ནི་དཪྴ་ན། བསྟན་དུ་མེད་པ། དུ་ ར་ཝ་ག་ཧ། གཏིང་དཔག་དཀའ་བ། ཤི་བ། ཞི་བ། ཨ་པྲ་པཉྩཿ སྤྲོས་པ་མེད་པ། ནིཿཔྲ་པཉྩཿ སྤྲོས་པ་དང་བྲལ་བ། ཨ་བི་པྲ་པཉྩཿ རྣམ་པར་སྤྲོས་པ་མེད་པ། དུརྦི་གཱཧྱཱཾ། རྟོགས་པར་དཀའ་ 1-1-44 བའོ། ། བཅོ་ལྔ་པའི་སྡེ་ལ། ཚེས་བཅོ་ལྔ་ནི། པྲ་ཏི་པ་ཏ། ཚེས་གཅིག དྭི་ཏཱི་ཡཱ། གཉིས་ པ། ཏྲྀ་ཏཱི་ཡཱ། གསུམ་པ། ཙ་ཏུཪྠཱ། བཞི་པ། པཉྩ་མི། ལྔ་པ། ཥཥྛཱི། དྲུག་པ། སཔྟ་མཱི། བདུན་པ། ཨཥྚ་མཱི། བརྒྱད་པ། ན་ཝ་མཱི། དགུ་པ། ད་ཤ་མཱི། བཅུ་པ། ཨེ་ཀཱ་ད་ཤཱི། བཅུ་གཅིག་པ། དྭཱ་ད་ ཤཱི། བཅུ་གཉིས་པ། ཏྲ་ཡོ་ད་ཤཱི། བཅུ་གསུམ་པ། ཙ་ཏུརྡ་ཤཱི། བཅུ་བཞི་པ། བཽརྞྞ་མཱ་སཱི། ཟླ་བ་ ཉའོ། ། བཅུ་དྲུག་པའི་སྡེ་ལ། འཕགས་པའི་བདེན་པ་བཞི་རྣམ་པ་བཅུ་དྲུག་དུ་ ཕྱེ་བ་ནི། དུཿཁཾ། སྡུག་བསྔལ་བ། ཨ་ནིཏྱཾ། མི་རྟག་པ། ཤཱུ་ནྱཾ། སྟོང་པ། ཨནྟྱཱཏྨ་ཀཾ། བདག་ མེད་པ། ས་མུ་ད་ཡཿ ཀུན་འབྱུང་བ། པྲ་བྷ་ཝཿ རབ་ཏུ་སྐྱེ་བ། ཧེ་ཏུཿ རྒྱུ། པྲ་ཏྱ་ཡཿ རྐྱེན། ནི་ རོ་དྷཿ འགོག་པ། ཤཱནྟཿ ཞི་བ། པྲ་ཎཱི་ཏཿ གྱ་ནོམ་པ། ནིཿ སར་ཎཿ ངེས་པར་འབྱུང་བ། མཱརྒཿ ལམ། ནྱཱ་ཡཿ རིགས་པ། པྲ་ཏི་པཏྟིཿ སྒྲུབ་པ། ནཻརྱཱ་ཎི་ཀཿ ངེས་པར་འབྱིན་པའོ། །སེམས་ ཀྱི་སྐད་ཅིག་བཅུ་དྲུག་ནི། དུཿཁེ་དྷརྨ་ཛྙཱ་ན་ཀྵཱནྟིཿ སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་ པ། དུཿཁེ་དྷརྨ་ཛྙཱ་ནཾ། སྡུག་བསྔལ་ལ་ཆོས་ཤེས་པ། དུཿཁེནྭ་ཡ་ཛྙཱ་ནཾ་ཀྵཱནྟིཿ སྡུག་བསྔལ་ལ་ རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ། དུཿཁེ་ནྭ་ཡ་ཛྙཱ་ནཾ། སྡུག་བསྔལ་ལ་རྗེས་སུ་རྟོགས་ པར་ཤེས་པ། ཏ་ཐེ་ཝཾ། དེ་བཞིན་དུ། ས་མུ་ད་ཡེ་ཙ་ཏུཪྠཿ ཀུན་འབྱུང་ལ་བཞི། ནི་རོ་དྷེ་ཙ་ ཏུཪྠཿ འགོག་པ་ལ་བཞི། མཱརྒཻ་ཙ་ཏུཪྠཿ ལམ་ལ་བཞིའོ། །རྒྱལ་པོ་བཅུ་དྲུག་ནི། ད་ཤ་ར་ ཐཿ ཤིང་རྟ་བཅུ་པ། པཉྩ་ལཿ རཱ་ཛཱཿ ལྔ་འཛིན་གྱི་རྒྱལ་པོ། ཀ་ལིངྒ་རཱ་ཛཱཿ དུས་མཚན་གྱི་རྒྱལ་ པོ། ཨསྨ་ཀ་རཱ་ཛཱཿ ཨསྨ་ཀའི་རྒྱལ་པོ། ཀཽ་ར་བ། སྒྲ་མི་སྙན་གྱི། ཀ་པཱ་ལ། ཐོད་པ་ཅན་གྱི། གེ་ ཡ། གླུ་དབྱངས་ཀྱི། མ་ག་དྷ། མ་ག་དྷའི། ཏཱ་མ་ལིཔྟ་ཀ ཏ་མ་ལིབ་ཏའི། ཨི་ཀྵུ་ཀུ་ནཱ་མ་རཱ་ཛཱཿ རྒྱལ་པོ་བུ་རམ་ཤིང་སྐྱེས། བི་རཱུ་ཊ་ཀཿ འཕགས་སྐྱེས་པོ། སིངྷི་ཧ་ནུ། སེང་གེ་འགྲམ། ཤུདྡྷོ་ 1-1-45 ད་ནཿ ཟས་གཙང༌། ཤུཀླཽ་ད་ནཿ ཟས་དཀར། དྲོ་ཎཽ་ད་ནཿ བྲེ་བོ་ཟས། ཨ་མྲྀ་ཏཽ་ད་ནཿ བདུད་ རྩི་ཟས་སོ། ། བཅུ་བདུན་པའི་སྡེ་ལ། གཞི་བཅུ་བདུན་ནི། པྲ་བྲ་ཛྱ་བསྟུ། རབ་ཏུ་བྱུང་བའི་ གཞི། པོ་ཥ་དྷ་བསྟུ། གསོ་སྦྱོང་གི་གཞི། བཪྵ་བསྟུ། དབྱར་གྱི་གཞི། པྲ་བཱ་ར་ཎ། དགག་ དབྱེའི། ཀ་ཋི་ན། སྲ་བཀྱང་གི། ཙཱི་བ་ར། གོས་ཀྱི། ཙརྨ། ཀོ་ལྤགས་ཀྱི། བཻ་ཥ་ཛྱ། སྨན་གྱི། ཀརྨ། ལས་ཀྱི། པྲ་ཏི་ཀྲྀ་ཡ། ཕྱིར་བཅོ་པའི། ཀཱ་ལཱ་ཀཱ་ལ་སམྤཱ་ཏ། དུས་དང་ནུས་པ་མ་ཡིན་ པར་སྦྱོར་བའི། བྷཱུམྱནྟ་རསྠ་ཙ་ར་ཎ། ས་གཞན་དུ་སྦོས་པའི་སྤྱོད་པའི། པ་རི་ཀརྨ་ཎ། ཡོངས་ སུ་སྦྱར་བའི། ཀརྨ་བྷེ་ད། ལས་མི་མཐུན་པའི། ཙཀྲ་བྷེ་ད། འཁོར་ལོ་མི་མཐུན་པའི། ཨ་དྷི་ ཀ་ར་ཎ། རྩོད་པའི། ས་མ་ཡ་ནཱ་ས་ན་བསྟུ། མལ་ཆིའི་གཞིའོ། །དགའ་བའི་རྣམ་གྲངས་ བཅུ་བདུན་ནི། ཏུཥྚཿ ཚིམ་པའམ་དགའ་བ། ཨུ་ད་གྲཿ མགུ་བ། ཨཱཏྟ་མ་ནཱཿ ཡིད་རངས་ པ། པྲ་མུ་དི་ཏཿ རབ་ཏུ་དགའ་བ། པྲཱི་ནི་ཤཽ་མ་ན་སྱ་ཛཱ་ཏཿ དགའ་བ་དང་ཡིད་བདེ་བ་སྐྱེས་ པ། ཧཪྵ་ཛཱ་ཏཿ རངས་པ་སྐྱེས་པ། ཧྲྀ་ཥི་ཏ་ཙིཏྟཿ སེམས་རངས་པར་གྱུར་པ། པྲ་མོ་དྱཾ། མཆོག་ ཏུ་དགའ་བ། སནྟུཥྚཿ ཆོག་ཤེས་པ། པ་རི་ཏོ་ཥཿ ཡོངས་སུ་མགུ་བ། ཨོདྦལྱི་ཀ་རཱི། ཤིན་ཏུ་ དགའ་བར་བྱེད་པ། བ་ཧུ་ཛཱ་ན་པྲི་ཡཱ། སྐྱེ་བོ་མང་པོ་དགའ་བ། སཾ་རཉྫ་ནཱི་ཡཿ ཡང་དག་པར་ སྡུག་པར་འགྱུར་བའམ་ཆགས་པར་འགྱུར་བ། སཾ་མོ་ད་ནཱི་ཡཿ ཡང་དག་པར་དགའ་བ་འགྱུར་ བ། ཨཱ་རཱ་དྷ་ནཱ། མགུ་བར་བྱ་བའམ་མཉེས་པར་བྱ་བ། ཨཱ་བྷི་རཱ་དྷ་ནཱཿ མངོན་པར་མགུ་བར་ བྱ་བའམ་མཉེས་པར་བྱ་བ། ཨ་བྷི་ནནྡ་ཡི་ཥྱ་ཏི། མངོན་པར་དགའ་བར་འགྱུར་བའོ། ། བཅོ་བརྒྱད་པའི་སྡེ་ལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། ནཱསྟི་ཏ་ཐཱ་ག་ཏ་སྱ་སྑ་ལི་ཏཾ། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ། ནཱསྟི་ར་བི་ཏཾ། ཅ་ཅོ་ མེད་པ། ནཱསྟི་མུ་ཥི་ཏཱ་སྨྲྀ་ཏི་ཏཱ། བསྙེལ་བ་མེད་པ། ནཱསྟྱ་ས་མཱ་ཧི་ཏ་ཙིཏྟཾ། སེམས་མཉམ་པར་ 1-1-46 མ་བཞག་པ་མེད་པ། ནཱསྟི་ནཱ་ནཱཏྭ་སཾ་ཛྙཱ། ཐ་དད་པའི་འདུ་ཤེས་མེད་པ། ནཱསྟྱ་པྲ་ཏི་སཾ་ཁྱཱ་ཡོ་ པེཀྵཿ སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ། ནཱསྟི་ཙྪནྡ་སྱ་ཧཱ་ནི། འདུན་པ་ཉམས་ པ་མེད་པ། ནཱསྟི་བཱིརྱ་སྱ་ཧཱ་ནི། བརྩོན་འགྲུས་ཉམས་པ་མེད་པ། ནཱསྟི་སྨྲྀ་ཏི་ཧཱ་ནིཿ དྲན་པ་ ཉམས་པ་མེད་པ། ནཱསྟི་ས་མཱ་དྷེཪྷཱ་ནིཿ ཏིང་ངེ་འཛིན་ཉམས་པ་མེད་པ། ནཱསྟི་པྲཛྙཱ་ཡཪྷཱ་ནིཿ ཤེས་རབ་ཉམས་པ་མེད་པ། ནཱསྟི་བི་མུཀྟེར་ཧཱ་ནིཿ རྣམ་པར་གྲོལ་བ་ཉམས་པ་མེད་པ། སརྦ་ ཀཱ་ཡ་ཀརྨ་ཛྙཱ་ནཱ་པཱུརྦངྒ་མཾ་ཛྙཱ་ནཱ་ནི་པ་རི་བརྟྟི། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། སརྦ་ཝཱཀྐརྨ་ཛྙཱ་ན་པཱུ་རྦང་ག་མཾ་ཛྙཱ་ནཱ་ནུ་པ་རི་བརྟྟི། ངག་གི་ ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། སརྦ་མ་ནསྐརྨ་ཛྙཱ་ན་ པཱུརྦ་ངྒ་མཾ་ཛྙཱ་ནཱ་ནུ་པ་རི་བརྟྟི། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་ རྗེས་སུ་འབྲང་བ། ཨ་ཏཱི་ཏེ་དྷྭནྱ་སཾ་ག་མ་པྲ་ཏི་ཧ་ཏཾ་ཛྙཱ་ན་དཪྴ་ནཾ་པྲ་བརྟ་ཏེ། འདས་པའི་དུས་ ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ། ཨ་ནཱ་ག་ཏེ་དྷཱནྱ་སདྒ་མ་པྲ་ཏི་ཧ་ ཏཾ་ཛྙཱ་ན་དཪྴ་ནཾ་པྲ་བརྟྟ་ཏེ། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་ པ་འཇུག་པ། པྲཏྱུཏྤནྣཻདྷྭནྱ་སཾ་ག་མ་པྲ་ཏི་ཧ་ཏཾ་ཛྷཱ་ན་དཪྴ་ནཾ་པྲ་བརྟྟ་ཏེ། ད་ལྟར་གྱི་དུས་ལ་མ་ ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པའོ། །སྟོང་པ་བཅོ་བརྒྱད་ནི། ཨདྷྱཱཏྨ་ ཤཱུནྱ་ཏཱ། ནང་སྟོང་པ་ཉིད། པ་ཧིརྔྷཱ་ཤཱུནྱ་ཏཱ། ཕྱི་སྟོང་པ་ཉིད། ཨདྷྱཏྨ་བ་ཧིརྔྷཱ་ཤཱུནྱ་ཏཱ། ཕྱི་ནང་ སྟོང་པ་ཉིད། ཤཱུནྱ་ཏཱའ་ཤཱུནྱ་ཏཱ། སྟོང་པ་ཉིད་སྟོང་པ་ཉིད། མ་ཧཱ། ཆེན་པོ། པ་ར་མཱཪྠ། དོན་ དམ་པ། སཾ་སྐྲྀ་ཏ། འདུས་བྱས། ཨ་སཾ་སྐྲྀ་ཏ། འདུས་མ་བྱས། ཨཏྱནྟ། མཐའ་ལས་འདས་པ། ཨ་ན་པ་རཱགྲ། ཐོག་མ་དང་ཐ་མ་མེད་པ། ཨ་ན་བ་ཀཱ་ར། དོར་བ་མེད། པྲ་ཀྲྀ་ཏི། རང་བཞིན། སརྦ་དྷརྨ། ཆོས་ཐམས་ཅད། སྭ་ལཀྵ་ཎ། རང་གི་མཚན་ཉིད། ཨ་ནུ་པ་ལམྦྷ། མི་དམིགས་པ། ཨ་བྷཱ་ཝ། དངོས་པོ་མེད་པ། སྭ་བྷཱ་ཝ་ཤཱུནྱ་ཏཱ། ངོ་བོ་ཉིད་སྟོང་པ་ཉིད། ཨ་བྷཱ་ཝ་སྭ་བྷཱ་ཝ་ཤཱུནྱ་ 1-1-47 ཏཱ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཁམས་བཅོ་བརྒྱད་ནི། ཙཀྵུར་དྷཱ་ཏུཿ མིག་གི་ཁམས། རཱུ་པ་དྷཱ་ཏུཿ གཟུགས་ཀྱི་ཁམས། ཙཀྵུརྦི་ཛྙཱ་ནདྷཱ་ཏུཿ མིག་གི་རྣམ་པར་ཤེས་ པའི་ཁམས། ཤྲོཏྲ། རྣ་བའི། ཤབྡ། སྒྲའི། ཤྲོ་ཏྲ་བི་ཛྙཱ་ན། རྣ་བའི་རྣམ་པར་ཤེས་པའི། གྷྲཱ་ཎ། སྣའི། གནྡྷ། དྲིའི། གྷྲཱ་ཎ་བི་ཛྙཱ་ན། སྣའི་རྣམ་པར་ཤེས་པའི། ཛིཧྭཱ། ལྕེའི། ར་ས། རོའི། ཛིཧྭཱ་ བིཛྙཱི་ན། ལྕེའི་རྣམ་པར་ཤེས་པའི། ཀཱ་ཡ། ལུས་ཀྱི། སྤྲཥྚ་བྱ། རེག་བྱའི། ཀཱ་ལ་བིཛྙཱ་ན། ལུས་ ཀྱི་རྣམ་པར་ཤེས་པའི། མ་ནོ་དྷཱ་ཏུཿ ཡིད་ཀྱི་ཁམས། དྷརྨ་དྷཱ་ཏུ། ཆོས་ཀྱི་ཁམས། མ་ནོ་བཛྙཱི་ ན་དྷཱ་ཏུཿ ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །མཁས་པའི་རྣམ་གྲངས་བཅོ་བརྒྱད་ ནི། པཎྜི་ཏཿ མཁས་པའམ་མཛངས་པ། བི་ཙཀྵ་ཎ། མཁས་པའམ་རྟོགས་པ། པཎྜི་ཏ་ཛཱི་ཏཱི་ ཡཿ མཁས་པའི་རང་བཞིན་ཅན། པྲ་བི་ཎཿ ནིཥྞཱ་ཏཿ མཁས་པའམ་བྱང་པ། བྱཀྟཿ གསལ་བ། མེ་དཱ་བཱི། ཡིད་གཞུངས་པ། བུ་དྷཿ རྟོགས་པ། བུདྡྷི་མཾ། བློ་དང་ལྡན་པ། པྲ་ཛྙཱཿ ཤེས་རབ་ཅན། བོདྡྷཱཿ ཁོང་དུ་ཆུད་པ། པྲ་ཛྙཱ་ཝཱན། ཤེས་རབ་དང་ལྡན་པ། བིདཝ་ནཿ མཁས་པའམ་རིག་པ། ནི་པྲ་ཎཿ བརྟགས་པའམཿ རྟོགས་པའམ་མཁས་པ། བིཛྙཱཿ འཛངས་པའམ་ཤེས་པ། ཨཱ་ ཀྲྀཥྚི་མཱན། ལྡོབ་རྐྱེན་པ། བ་ཊུ་གཡེར་པོ། ཙ་ཏུ་ར་སྲ། གྲིམས་པ། དཀྵ། ཤེས་ཉེན་ཅན་ནམ་ མཁས་པའོ། །ས་གཡོས་པའི་ལྟས་ཆེན་པོ་བཅོ་བརྒྱད་ནི། ཀཾ་པི་ཏཿ འགུལ། པྲ་ཀཾ་ པི་ཏཿ རབ་ཏུ་འགུལ། སཾ་པྲ་ཀཾ་པི་ཏཿ ཀུན་དུ་འགུལ་རབ་ཏུ་འགུལ། ཏ་ཐེ་ཝཾ། དེ་བཞིན་དུ། ཙ་ལི་ཏ། གཡོས༣། བེ་དྷི་ཏཿ ལྡེག༣། ཀྵ་བྷི་ཏཿ འཁྲུགས༣། ར་ཎི་ཏཿ འུར་འུར༣། གརྫི་ཏཿ ཆེམ་ཆེམ། པྲ་གརྫི་ཏཿ རབ་ཏུ་ཆེམ་ཆེམ། སཾ་པྲ་གརྫིཏཿ ཀུན་དུ་རབ་ཏུ་ཆེམ་ཆེམ་མོ། །རིག་ པའི་གནས་བཅོ་བརྒྱད་ནི། གནྡརྦཾ། རོལ་མོ། བཻ་ཤི་ཀཾ། འཁྲིག་ཐབས། བཱརྟྟཱ། འཚོ་ ཆིས། སཱཾ་ཁྱཱི། གྲངས་ཅན། ཤབྡཿ སྒྲ། ཙི་ཀིཏྶྀ་ན། གསོ་བའི་དཔྱད། ནཱི་ཏིཿ ཆོས་ལུགས། ཤིལྦཾ། བཟོ། དྷ་ནུརྦེ་དཿ འཕོང་དཔྱད། ཧེ་ཏུཿ གཏན་ཚིགས། ཡོ་ག རྣལ་འབྱོར། ཤྲུ་ཏི། ཐོས་ 1-1-48 པ། སྨྲྀ་ཏི། དྲན་པ། ཛྱོ་ཏི་ཥཾ། སྐར་མའི་དཔྱད། ག་ཎི་ཏཾ། རྩིས། མཱ་ཡཱ། མིག་འཕྲུལ། པུ་རཱ་ཎཾ། སྔོན་གྱི་རབས། ཨ་ཏི་ཧཱ་ས་ཀཾ སྔོན་བྱུང་བའོ། །རྩ་བའི་སྡེ་བཞི་བཅོ་བརྒྱད་དུ་གྱེས་ པ་ལ། ཨཱརྱ་སརྦཱ་སྟི་ཝཱ་དཿ འཕགས་པ་ཐམས་ཅད་དང་ཡོད་པར་སྨྲ་བའི་སྡེ་ནི། མཱུ་ལ་སརྦཱ་ སྟི་ཝཱ་དཿ གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ། ཀཱཤྱ་པཱི་ཡཱ། འོད་བསྲུང་བའི་སྡེ། མ་ཧཱི་ཤཱ་ས་ ཀཱ། ས་སྟོན་གྱི་སྡེ། དྷརྨ་གུཔྟཱ། ཆོས་བསྲུང་གི་སྡེ། བ་ཧུ་ཤྲུ་ཏཱི་ཡཱ། མང་དུ་ཐོས་པའི་སྡེ། ཏཱམྲ་ ཤཱ་ཊཱི་ཡཱཿ གོས་དམར་བའི་སྡེ། བི་བྷཱཛྱ་ཝཱ་དི་ནཿ རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེའོ། །ཨཱརྱ་སསྨ་ཏཱི་ ཡཱཿ འཕགས་པ་ཀུན་གྱིས་བཀུར་བའི་སྡེ་ནི། ཀཽ་རུ་ཀུལླ་ཀཱ། སར་སྒྲོགས་རིགས་ཀྱི་སྡེ། ཨཱ་ བནྟ་ཀཱ། བསྲུང་བའི་སྡེ། བཱནྶཱི་པཱུ་ཏྲཱི་ཡཱཿ གནས་མ་བུའི་སྡེའོ། །མ་ཧཱ་སཾ་གྷི་ཀཱ། དགེ་འདུན་ ཕལ་ཆེན་པོའི་སྡེ་ནི། པཱུརྦ་ཤཻ་ལཱཿ ཤར་གྱི་རི་བོའི་སྡེ། ཨ་པར་ཤཻ་ལཱཿ ནུབ་ཀྱི་རི་བོའི་སྡེ། ཧཻ་ མ་ཝ་ཏཱཿ གངས་རི་པའི་སྡེ། ལོ་ཀོཏྟ་ར་ཝཱ་དི་ནཿ འཇིག་རྟེན་འདས་སྨྲའི་སྡེ། པྲཛྙཔྟི་ཝཱ་དི་ནཿ བཏགས་པར་སྨྲ་བའི་སྡེའོ། །ཨཱརྱ་སྠཱ་བི་རཱཿ འཕགས་པ་གནས་བརྟན་པའི་སྡེ་ནི། མ་ཧཱ་བི་ཧཱ་ ར་བཱ་སི་ནཿ གཙུག་ལག་ཁང་ཆེན་གནས་པའི་སྡེ། ཛེ་ཏ་བ་ནཱི་ཡཱཿ རྒྱལ་བྱེད་ཚལ་གནས་པའི་ སྡེ། ཨ་བྷ་ཡ་གི་རི་བཱ་སི་ནཿ འཇིགས་མེད་རི་ལ་གནས་པའི་སྡེའོ། །གྲངས་མཐུན་གྱི་སྡེ་ཚན་ བརྡ་སྤྲོད་པའི་ལེའུ་སྟེ་གཉིས་པའོ།། །། གསང་སྔགས་ཀྱི་ཆོས་སྐད་ལ། ཏནྟྲཾ། རྒྱུད། ཨུཏྟ་ར་ཏནྟྲ། རྒྱུད་ཕྱི་མའམ་བླ་མ། མནྟྲཿ གསང་སྔགས། བིདྱཱ། རིགས་སྔགས། དཱ་ར་ཎི། གཟུངས་སྔགས། ཨུཏྤཏྟི་ཀྲ་མཿ སྐྱེད་ པའི་རིམ་པ། ནིཥྤིཏྟི་ཀྲ་མཿ རྫོགས་པའི་རིམ་པ། མཎྜལ་རཱ་ཛཱ་གྲཱི། དཀྱིལ་འཁོར་རྒྱ་མཆོག ། ཀརྨ་རཱ་ཛཱ་གྲཱི། ལས་རྒྱལ་མཆོག བིནྡུ་ཡོ་གཿ ཐིག་ལེའི་རྣལ་འབྱོར། སཱུཀྵྨ་ཡོ་གཿ ཕྲ་མོའི་རྣལ་ འབྱོར། ཨཱ་བཱ་ཧ་ནཾ། སྤྱན་དྲངས་པ། ཨཱ་ཀཪྵ་ཎཾ། དགུག་པ། པྲེ་བེ་ཤཿ གཞུག་པ། བནྡྷ་ནཾ། བཅིང་བ། བ་ཤི་ཀ་ར་ཎཾ། དབང་དུ་བྱ་བ། བི་སརྫ་ནཾ། སླར་གཤེགས་སུ་གསོལ་བ། སུ་ན་རཱ་ 1-1-49 ག་མི། སླར་ཡང་འབྱོན་པ། ཨ་དྷིཥྛཱ་ནཾ། བྱིན་གྱིས་བརླབ་པ། ཙཎྜ་ལཱི་ཡོ་གཿ གཏུམ་མོའི་རྣལ་ འབྱོར། བི་དྷི། ཆོ་ག ཀལྤཿ ཆོ་ག་ཞིབ་མོ། ཛཱ་པཿ བཟླས་བརྗོད། ཨཀྵ་སཱུ་ཏྲ། བགྲང་ཕྲེང༌། ཨིཥྚ་དེ་ཝ་ཏཱ་ཧཾ་ཀཱ་ར། འདོད་པའི་ལྷའི་ང་རྒྱལ། བྷཱུ་མྱ་དྷི་བཱ་ས་ན་བི་དྷིཿ ས་ལྷག་པར་གནས་ པའི་ཆོ་ག དེ་ཝཿ ལྷ། ཀ་ལ་ཤཾ། བུམ་པ། གྷ་ཊཱ། བུམ་པ། སཱུ་ཏྲཿ ཐིག་སྐུད། ར་ཛ། རྡུལ་ ཚོན། བཛྲ། རྡོ་རྗེ། གྷཎྜ། དྲིལ་བུ། ཤཱི་ཥྱཱ་དྷི་བཱ་ས་ནཾ། སློབ་མ་ལྷག་པ་གནས་པ། མཎྜ་ལཱ་དྷྱེ་ཥ་ ཎཱ། དཀྱིལ་འཁོར་ལ་གསོལ་བ་གདབ་པ། ཨ་བྷི་ཥེ་ཀཾ་པྲཱཪྠ་ཡེཏ། དབང་བསྐུར་བར་གསོལ་ བ་གདབ་པར་བྱའོ། །ཨ་བྷི་ཥེ་ཀཿ དབང་བསྐུར་བ། ཀ་ལ་ཤཱ་བྷི་ཥེ་ཀཿ བུམ་པའི་དབང་ བསྐུར། གུ་ཧྱ། གསང་བའི། པྲཛྙཱ་ཛྙཱ་ན། ཤེས་རབ་ཡེ་ཤེས་ཀྱི། ཙ་ཏུཪྠཱ་བྷི་ཥེ་ཀཾཿ བཞི་པའི་ མངོན་པར་དབང་བསྐུར་བའོ། །ས་མི་དྷཿ ཡམ་ཤིང༌། ཨགྷི་ཀུཎྜ། མེ་ཐལ། པཱ་ཏྲཱི། དགང་ གཟར། ཤྲུ་བ་ཀཾ། བླུགས་གཟར། ཨཱ་ཧཱུ་ཏི་དྲ་བྱཾ། བསྲེག་བླུགས་ཀྱི་རྫས། ཧ་བ་ནཾ། བསྲེགས་ པ། ཧོ་ཏཱ། སྦྱིན་སྲེག་བྱེད་པ། ཛུ་ཧུ་ཡཱཏ། སྦྱིན་སྲེག་བྱའོ། །ཨུ་པ་པྲྀ་ཤྱ། ཉེ་རེག ཨཱ་ཙ་མ་ནཾ། འཐོར་འཐུང༌། པྲོ་ཀྵ་ཎཾ། བསང་གཏོར། བཛྲཱ་ས་ནཾ། རྡོ་རྗེའི་འདུག་སྟངས། པདྨཱ་ས་ནཾ། པད་ མའི་འདུག་སྟངས། པཪྻཾ་ཀཿ དཀྱིལ་དཀྲུངས། པཪྻ་ཀཱརྔྷ། དཀྱིལ་དཀྲུངས་ཕྱེད་པ། དཻཏྱཱ་ས་ ནཾ། ལྷ་མིན་གྱི་འདུག་སྟངས། ཀཱུརྨ་པཱ་དཿ རུས་སྦལ་གྱི་སྟབས། ཨུཏྐུ་ཊཾ། ཙོག་པུ། ཨཱ་ལཱི་ཊ་པ་ དཾ། གཡས་བརྐྱང༌། པྲཏྱཱ་ལཱི་ཊ་པ་དཾ། གཡོན་བརྐྱང༌། ས་མ་པ་དཾ། མཉམ་པའི་སྟབས། བཻ་ཤཱ་ ཁ་པ་དཾ། ས་གའི་སྟབས། མཎྜ་ལཾ། ཟླུམ་པོ། ལ་ལི་ཏ་པ་དཾ། རོལ་པའི་སྟབས་སོ། །ཤཱནྟི་པུཥྚི། ཞི་བ་དང་རྒྱས་པ། མཱ་ར་ཎོཙྩཱ་ཊ་ན། བསད་པ་དང་བསྐྲད་པ། བ་ཤྱཱ་ཀྲྀཥྚ། དབང་དང་དགུག་ པ། མོ་ཧ་ན་སྟམྦྷ་ནི། རྨོངས་པ་དང་རེངས་པ། སརྦ་ཀརྨཾ། ལས་ཐམས་ཅད་པ། ཨིདྱཱ་དི། ཞེས་ པ་ལ་སོགས་པའོ། ། མདོ་སྡེའི་ཆོས་སྐད་ལ། བོ་དྷི་ཙིཏྟོ་ཏྤནྣ། བྱང་ཆུབ་ཏུ་སེམས་བསྐྱེད་པ། མ་ཧཱ་ཀ་རུ་ 1-1-50 ཎི་ཀ། སྙིང་རྗེ་ཆེན་པོ། པྲ་ཎི་དྷ་ན། སྨོན་ལམ། པཉྩ་མཱརྒཱཿ ལམ་ལྔ། ད་ཤ་བྷཱུ་མི། ས་བཅུ། སབྟ་ཏྲིང་ཤདྦོ་དྷི་པཀྵཿ དྷརྨཿ བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན། ཨཥྚ་ད་ཤ་ཤཱུནྱ་ ཏཿ སྟོང་པ་ཉིད་བཅོ་བརྒྱད། ནཻ་རཱཏྨྱཾ་དྭི་བི་དྷཾ། བདག་མེད་པ་རྣམ་པ་གཉིས། ཀརྨ་བི་པཱ་ཀསྟྲི་ བི་དྷཿ ལས་ཀྱི་རྣམ་པར་སྨིན་པ་རྣམ་པ་གསུམ། ཙ་ཏུ་རཱརྱ་སཏྱཾ། འཕགས་པའི་བདེན་པ་བཞི། དྭཱ་དཤཱངྒ་པྲ་ཏཱི་ཏྱ་ས་མུ་ཏྱཱ་ཏ། རྟེན་ཅིངའབྲེལ་བར་འབྱུང་བའི་ཡན་ལ་བཅུ་གཉིས། ད་ཤ་ཏ་ཐཱ་ ག་ཏ་བ་ལཾ། དེ་བཞིན་གཤེགས་པའི་སྟོབས་བཅུ། ཙ་ཏྭཱ་རི་བཻ་ཤཱ་རདྱཾ། མི་འཇིགས་པ་བཞི། ཨཥྚཱ་ད་ཤ་བེ་ནི་ཀ་བུདྡྷ་དྷརྨཱཿ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་སོ། །ཨིདྱཱ་ དི། ཞེས་པ་ལ་སོགས་པའོ། ། མངོན་པའི་ཆོས་སྐད་ལ། གཟུགས་ནི། པཉྩེནྡྲི་ཡཾ། དབང་པོ་ལྔ། པཉྩ་བི་ཥ་ཡཾ། ཡུལ་ ལྔ། ཝརྞྞ་རཱུ་པཾ། ཁ་དོག་གི་གཟུགས། ནཱི་ལམ། སྔོན་པོ། པཱི་ཏཾ། སེར་པོ། ལོ་ཧི་ཏཾ། དམར་པོ། ཨ་ཝ་དཱ་ཏཾ། དཀར་པོ། ཨ་བྷྲཾ། སྤྲིན། དྷཱུ་མཿ དུ་བ། ར་ཛཱཿ རྡུལ། མ་ཧི་ཀཱ། ཁུག་རྣ། ཙྪཱ་ཡཱ། གྲིབ་མ། ཨཱ་ཏ་པཿ ཉི་མ། ཨཱ་ལོ་ཀཿ སྣང་བ། ཨནྡྷཱ་ཀཱ་རཿ མུན་པ། སཾསྠཱ་ན་རཱུ་པཾཿ དབྱིབས་ ཀྱི་གཟུགས། དཱིརྒྷཾ། རིང་པོ། ཧྲསྭཾཿ ཐུང་ངུ༌། བྲྀཏྟཾ། ལྷམ་པ། བ་རི་མཎྜ་ལཾ། ཟླུ་པོ། སཱ་ཏཾ། ཕྱ་ལེ་བའམ་མཉམ་པ། བི་སཱ་ཏཾ། ཕྱ་ལེ་བ་མ་ཡིན་པའམ་མི་མཉམ་པ། ཨུནྣ་ཏཾ། མཐོན་པོ། ཨ་བ་ན་ཏཾ། དམའ་བ། ཙ་ཏུ་ར་སྲཾ། གྲུ་བཞི། བི་ཛྙཱཔྟིཿ རྣམ་པར་རིག་བྱེད། ས་ནི་དཪྴ་ནཾ། བསྟན་དུ་ཡོད་པ། ཨ་ནི་དཪྴ་ནཾ། བསྟན་དུ་མེད་པ། ས་པྲ་ཏི་གྷཿ ཐོགས་པ་དང་བཅས་པའོ། །སེམས་ནི། ཀུན་གཞི་ལ་སོགས་པ་སྔར་བསྟན་པའི་རྣམ་ཤེས་ཚོགས་བརྒྱད་དོ། ། སེམས་བྱུང་འདུ་བྱེད་ནི། ཀུན་འགྲོ་ལྔ། སྤཪྴ། རེག་པ། སཾ་ཛྙཱཿ འདུ་ཤེས། བེ་ད་ནཱཿ ཚོར་བ། མ་ནསྐཱ་རཿ ཡིད་ལ་བྱེད་པ། ཙེ་ཏ་ནཱ། སེམས་པའོ། །ཡུལ་ངེས་ལྔ། ཙྪནྡཿ འདུན་པ། ཨ་ དྷི་མོཀྵཿ མོས་པ། སྨྲྀཏི། དྲན་པ། པྲཛྙཱཿ ཤེས་རབ། ས་མཱ་དྷིཿ ཏིང་ངེ་འཛིན་ནོ། །དགེ་བ་བཅུ་གཅིག 1-1-51 ཤྲདྡྷཱ། དད་པ། ཧྲཱི། ངོ་ཚ་ཤེས་པ། ཨ་པ་ཏྲཱ་བྱཾ། ཁྲེལ་ཡོད་པ། ཨ་ལོ་བྷཿ མ་ཆགས་པ། ཨ་དྭེ་ ཥ། ཞེ་སྡང་མེད་པ། ཨ་མོ་ཧཿ གཏི་མུག་མེད་པ ། བཱིརྱཾ། བརྩོན་འགྲུས། པྲ་སྲབིབཿ ཤིན་དུ་ སྦྱངས་པ། ཨ་པྲ་མཱ་དཿ བག་ཡོད་པ། ཨུ་པེཀྵཱ། བཏང་སྙོམས། ཨ་བི་ཧྀ་སྭཱ། རྣམ་པར་མི་འཚེ་ བའོ། །རྩ་བའི་ཉོན་མོངས་པ་དྲུག རཱ་ག འདོད་ཆགས། པྲ་ཏི་གྷཿ ཁོང་ཁྲོ་བ། མཱ་ནཿ ང་རྒྱལ། ཨ་ བིདྱཱཾ། མ་རིག་པ། དྲྀཥྚིཿ ལྟ་བ། བི་ཙི་ཀིཏྶཱ། ཐེ་ཚོམ་མོ། །ཉེ་ཉོན་ཉི་ཤུ། ཀྲོ་དྷཿ ཁྲོ་བ། ཨུ་པ་ནཱ་ཧཿ ཁོན་དུ་འཛིན་པ། མྲཀྵཿ འཆབ་པ། པྲ་དཱ་སཿ འཚིག་པ། ཨིཪྵྻཱ། ཕྲག་དོག མཱཏྶརྱཾ། སེར་སྣ། མཱ་ཡཱ། སྒྱུ། སཱདྷྱཾ། གཡོ། མ་དཿ རྒྱགས་པ། བི་ཧིཾ་སཱ། རྣམ་པར་འཚེ་བ། ཨཱ་ཧྲཱི་ཀྵཾ། ངོ་ཚ་མེད་པ། ཨ་ན་པཏྲཱ་པྱཾ། ཁྲེལ་མེད་པ། ཨ་ཤྲདྡྷཱ། མ་དད་པ། ཀཽ་ཤཱི་དྱཾ། ལེ་ལོ། པྲ་མཱ་དཿ བག་མེད་པ། མུ་ ཥི་ཏ་སྨྲྀ་ཏི་ཏཱ། བརྗེད་ངས་པ། བི་ཀྵེ་པཿ རྣམ་པར་གཡེང་བ། ཨ་སཾ་པྲ་ཛཱ་ནྱཾ། ཤེས་བཞིན་མ་ ཡིན་པ། ཨོ་དྡྷ་ཏྱཾ། རྒོད་པ། ཀཽ་ཀྲྀཏྱཾ། འགྱོད་པའོ། །གཞན་འགྱུར་བཞི། སྟྱཱ་ནཾ། རྨུགས་པ། མིདྡྷཾ། གཉིད། བི་ཏརྐཿ རྟོག་པ། བི་ཙཱ་རཿ དཔྱོད་པའོ། ། ལྡན་མིན་འདུ་བྱེད་ནི། པྲཱཔྟིཿ ཐོབ་པ། ཨ་པྲཱཔྟིཿ མ་ཐོབ་པ། ཨ་སཾ་ཛྙི་ས་མ་པཏྟིཿ འདུ་ཤེས་མེད་པའི་སྙོམས་འཇུག ནི་རོ་དྷ་ས་མཱ་པཏྟིཿ འགོག་པའི་སྙོམས་འཇུག ཨ་སཾ་ཛྙཱི་ཀཾ། འདུ་ཤེས་མེད་པ་པ། ཛཱི་བི་ཏེནྡྲི་ཡཾ། སྲོག་གི་དབང་པོ། ནི་ཀཱ་ཡ་ས་བྷཱ་གཿ རིས་མཐུན་པ། ཛཱ་ ཏིཿ སྐྱེ་བ། ཛ་རཱཿ རྒ་བ། སྠི་ཏིཿ གནས་པ། ཨ་ནི་ཏྱ་ཏཱ། མི་རྟག་པ། ནཱམ་ཀཱ་ཡཿ མིང་གི་ ཚོགས་པ། བ་ད་ཀཱ་ཡཿ ཚིག་གི་ཚོགས། བྱཉྫ་ན་ཀཱ་ཡཿ ཡི་གེའི་ཚོགས། ཨེ་ཝཾ་བྷ་གཱི་ཡཱ། དེ་ ལྟ་བུའི་ཆ་དང་མཐུན་པ། པྲ་བྲྀཏྟི། འཇུག་པ། པྲ་ཏི་ནི་ཡ་མཿ སོ་སོར་ངེས་པ། ཡོ་གཿ འབྱོར་ འབྲེལ་པ། ཛ་བཿ མགྱོགས་པ། ཨ་ནུ་ཀྲ་མཿ གོ་རིམ། ཀཱ་ལཿ དུས། དེ་ཤཿ ཡུལ། སཾ་ཁྱཱ། གྲངས། ས་མཱགྲཱི། འདུ་འཕྲོད་དམ་ཚོགས་པ། པྲ་བནྡྷཿ རྒྱུན། ཨནྱ་ཐཱ་ཏྭཾ། གཞན་དུ་འགྱུར་བ། པྲ་བནྡྷོ་པ་ར་མཿ རྒྱུན་ཆད་པ། བྱཉྫ་ནཾ། གསལ་བྱེད། ཨ་ཀྵ་རཾ། ཡི་གེ། ཝརྞྞཿ བརྗོད་པའོ། ། 1-1-52 འདུས་མ་བྱས་ནི། ཨཱ་ཀཱ་ཤཿ ནམ་མཁའ། ཨ་པྲ་ཏི་སཾ་ཁྱཱ་ནི་རོ་དྷཿ སོ་སོར་བརྟགས་ མིན་གྱི་འགོག་པ། པྲ་ཏི་སཾ་ཁྱཱ་ནི་རོ་དྷཿ སོ་སོར་བརྟགས་པའི་འགོག་པའོ། །ཨི་ཏྱཱ་དི། ཞེས་ པ་ལ་སོགས་པའོ། ། འདུལ་བའི་ཆོས་སྐད་ནི། ཙཏྭཱ་རཿ པཱ་རཱ་ཛི་ཀཱ་དྷརྨཱཿ ཕས་ཕམ་པར་འགྱུར་བའི་ཆོས་ བཞི། ཏྲ་ཡོ་ད་ཤ་སཾ་གྷཱ་བ་ཤེ་ཥཱ། དགེ་འདུན་ཡི་ལྷག་མ་བཅུ་གསུམ། དྭཱ་བ་ནི་ཡོ་ཏཽ། མ་ངེས་པ་ གཉིས། ཏྲིངྴཏྒཻ་སྶརྒི་ཀ་པཱ་ཡཏྟི་ཀཱ། སྤང་བའི་ལྟུང་བྱེད་སུམ་བཅུ། ན་བ་ཏི་སུདྡྷ་པྲཱ་ཡཤྩིཏྟི་ཀཱ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། ཙཏྭཱ་རཿ པྲ་ཏི་དེ་ཤ་ནཱི་ཡཱ་ནི། སོ་སོར་བཤགས་པ་བཞི། ཤ་ཏ་དྭཱ་ད་ཤ་ཤིཀྵཱ་ཀ་རི་ནཱི་ཡཱཿ བསླབ་པར་བྱ་བ་བརྒྱ་དང་བཅུ་གཉིས། ཨུ་པཱ་དྷྱཱ་ཡཿ མཁན་ པོ། ཨཱ་ཙཱརྱཿ སློབ་དཔོན། ཀརྨ་ཀཱ་ར་ཀཿ ལས་བྱེད་པ། ར་ཧོ་ནུ་ཤཱ་ས་ཀཿ གསང་སྟེ་སྟོན་པ། ནི་ཤྲ་ཡ་ཧཱ་ཡ་ཀཿ གནས་བྱིན་པ། པཱ་ཋཱ་ཙཱརྱཿ ཀློག་པའི་སློབ་དཔོན། མུཀྟི་ཀཱ་ཛྙཔྟིཿ གསོལ་ བ་གཅིག་བུ། ཛྙཔྟི་ཀརྨཿ གསོལ་བའི་ལས། ཛྙཔྟི་དྭཱི་ཏཱི་ཡཾཿ གསོལ་བ་དང་གཉིས། ཛྙཔྟི་ཙ་ ཏུཪྠཾ། གསོལ་བ་དང་བཞི། ཀརྨ་ཝཱ་ཙ་ནཱཿ ལས་བརྗོད་པ། ཙྪཱ་ཡཱ། གྲིབ་ཚོད། ཨུ་པ་སམྤནྣཿ བསྙེན་པར་རྫོགས་པ། པྲ་བྲ་ཛི་ཏཿ རབ་ཏུ་བྱུང་བ། ཤྲ་མ་ཎཿ དགེ་སྦྱོང༌། པོ་ཥ་དྷི་ཀཱ། གསོ་ སྦྱོང་པ། ཨུ་པ་བཱ་སསྠཱ། བསྙེན་གནས་ལ་གནས་པ། ཨིཏྱཱ་དིཿ ཞེས་པ་ལ་སོགས་པའོ། ། སྒྲ་པའི་ཆོས་སྐད་ལ། སཱུ་ཏྲཾ། མདོར་བྱས་པ། དྷཱ་ཏུཿ ཁམས། ནི་པཱ་ཏཿ ཚིག་གི་ཕྲད། ཨནྭཱ་ཁྱཱ་ནཾ། རྗེས་སུ་བཤད་པ། ཨུ་པ་སརྒཿ ཉེ་བར་བསྒྱུར་བ། ཝཀྱོ་པ་ནྱ་སཿ ཚིག་གི་ལྷད། ཨུ་པ་སཾ་ཁྱཱ་ནཾ། ཚིག་ཁ་སྐོང་པ། ས་མཱ་སཿ ཚིག་སྡུད་པ། ས་མསྟཿ ཚིག་བསྡུས་པ། ཀརྨཿ ལས། བྷཱ་ཝཿ དངོས། སཾསྐྲྀ་ཏཾ། ལེགས་པར་སྦྱར་བ། པྲ་ཀྲྀ་ཏཾ། ཐ་མལ་པ། ཨ་བ་བྷྲཾ་ཤ། ཟུར་ཆག་ པ། པི་ཤ་ཙི་ཀཿ ཤ་ཟའི་སྐད། ཀྲི་ཡ་པ་དཾ། བྱེད་པའི་ཚིག ཨ་ན་བ་སྠཱ་པྲ་སཾ་གཿ ཐུག་པ་མེད་ པར་འགྱུར། ཨ་ཏི་པྲ་སཾ་གཿ ཐལ་ཆེས་པར་འགྱུར། པྲ་སཾ་གཿ བྲ་ས་ཛྱ་ཏཿ ཐལ་བར་འགྱུར་ 1-1-53 རམ་འགྱུར། བི་གྷཀྟཿ རྣམ་དབྱེ། བི་གྲ་ཧཿ ཚིག་རྣམ་པར་སྦྱར་བ། དྭ་ནྡྭཿ ཟླས་དབྱེ་བ། དྭི་གུཿ བ་གཉིས་པ། ཏཏྤུ་རུ་ཥཿ དེའི་སྐྱེས་བུ། བ་ཧུ་བྲཱི་ཧིཿ འབྲུ་མང་པོ་པ། ཨ་བྱ་ཡི་བྷཱ་ཝཿ ཟད་པར་ མི་འགྱུར་བ། ཀརྨ་དྷཱ་ར་ཡཿ ལས་འཛིན་པ། ས་མཱའ་ནཱ་དྷི་ཀ་ར་ཎཿ གཞི་མཐུན་པ། ཀཱ་ར་ཀཿ བྱེད་པ། པྲ་ཐ་མ་པུ་རུ་ཥཿ སྐྱེས་བུ་དང་པོ། མ་དྷྱ་མ་པུ་རུ་ཥཿ སྐྱེས་བུ་བར་མ། ཨུཏྟ་ར་པུ་རུ་ཥཿ སྐྱེས་བུ་ཕྱི་མ། ཨིདྱཱ་དི། ཞེས་པ་ལ་སོགས་པའོ། ། ཚད་མ་པའི་ཆོས་སྐད་ལ། ཏརྐཿ རྟོག་གེ། ཏཱརྐི་ཀཿ རྟོག་གེ་པ། པྲཏྱཀྵཾ། མངོན་ སུམ། ཨ་ནུ་མཱ་ནཾཿ རྗེས་སུ་དཔག་པ། ཨཱ་ག་མཿ ལུང༌། ཨུ་བ་པཏྟིཿ འཐད་པའམ་སྒྲུབ་བྱེད། ཧེ་ཏུཿ གཏན་ཚིགས། ཨ་ནྭ་ཡཿ རྗེས་སུ་འགྲོ་བ། བྱ་ཏི་རེ་ཀཿ ལྡོག་པ། ཨ་སིདྡྷིཿ མ་གྲུབ་པ། བི་རུདྡྷཿ འགལ་བ། ཨནཻ་ཀཱཾ་ཏི་ཀཿ མ་ངེས་པ། དྲྀཥྚཱནྟཿ དཔེ། ས་དྷརྨ་ཝཏ། ཆོས་མཐུན་པ་ ཅན། བཻ་དྷརྨྱ་ཝཏ། ཆོས་མི་མཐུན་པ། ཧེ་ཏྭཱ་བྷཱ་སཿ རྒྱུ་ལྟར་སྣང་ངམ་གཏན་ཚིགས་ལྟར་སྣང༌། དྲྀཥྚཱནྟ་བྷཱ་སཿ དཔེ་ལྟར་སྣང༌། སཱ་དྷ་ནཾཿ སྒྲུབ་པ། དཱུ་ཥ་ཎཾ། སུན་དབྱུང་བ། སྭ་བཀྵཿ རང་གི་ ཕྱོགས། པ་ར་པཀྵཿ གཞན་གྱི་ཕྱོགས། ཝཱ་དཱི། རྒོལ་བ། པྲ་ཏི་ཝཱའ་དཱི། ཕྱིར་རྒོལ་བ། ཏྲི་རཱུ་ པ་ལིངྒཾ། ཚུལ་གསུམ་པའི་རྟགས། སྭ་ལཀྵ་ཎཾ། རང་གི་མཚན་ཉིད། སཱ་མཱནྱཾ། སྤྱི། པཱུ་པཱུརྦ་ པཀྵཿ ཕྱོགས་སྔ་མ། ཨུཏྟ་ར་པཀྵཿ ཕྱོགས་ཕྱི་མ། ཙོ་དྱཾ། བརྒལ་བ། པ་རི་ཧཱ་ར། ལན། ས་མཱ་ དྷཱ་ནཾ། ལན་གདབ་པ། ཨ་ནུ་མེ་ཡེ་ས་ཏྭཾ། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ། ས་པཀྵེ་ས་ཏྭཾ། མཐུན་པའི་ཕྱོགས་ལ་ཡོད་པ། ཨ་ས་པཀྵེཙཱ་ས་ཏྭཾ། མི་མཐུན་པའི་ཕྱོགས་ལ་མེད་པ། སྭ་བྷཱ་ཝ་ ཧེ་ཏུཿ རང་བཞིན་གྱི་གཏན་ཚིགས། ཀཱརྱ་ཧེ་ཏུཿ འབྲས་བུའི་གཏན་ཚིགས། ཛྙ་པ་ཀ་ཧེ་ཏུཿ ཤེས་པར་བྱེད་པའི་གཏན་ཚིགས། ཨ་ནུ་པ་ལབྡྷི། མི་དམིགས་པ། ཀཱ་ར་ཎ་ཧེ་ཏུ། བྱེད་པའི་ རྒྱུ། པྲ་ཏི་ཛྙ། དམ་བཅའ་བ། ཨཪྠ་སཱ་མཱ་ནྱཾ། དོན་སྤྱི། ཨ་བྷི་ལཱ་པ་སཱ་མཱ་ནྱཾ། བརྗོད་པའི་སྤྱི། སམྱགཉྫཱ་ནཾ། ཡང་དག་པའི་ཤེས་པ། མིཐྱཱ་ཛྙཱ་ནཾ། ལོག་པའི་ཤེས་པ། སཏྟཱ། ཡོད་པ། ཝཱའ་ཙྱཾ། 1-1-54 བརྗོད་པར་བྱ་བ། ཝཱ་ཙ་ཀ བརྗོད་པར་བྱེད་པ། ཨ་བི་ནཱ་བྷཱ་བ་སམྦནྡྷཿ མེད་ན་མི་འབྱུང་བའི་ འབྲེལ་བ། ཏ་དཱཏྨྱ་ལ་ཀྵ་ཎ་སམྦནྡྷཿ དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱིས་འབྲེལ་བ། ཏ་དུཏྤཏྟི་ ལ་ཀྵ་ཎཿ སམྦནྡྷཿ དེ་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་བ། དྭིཥྛོ་ཧི་སམྦནྡྷཿ འབྲེལ་བ་ནི་ གཉིས་ལ་གནས་པ། བྱཱ་བྲྀཏྟཿ ལྡོག་པ། ཨ་པོ་ཧཿ སེལ་བ། སཾ་ཀེ་ཏ། བརྡའ། པྲ་ས་ཛཛྱ་པྲ་ཏི་ ཥེ་དྷཿ མེད་པར་དགག་པ། པ་རྱུ་དཱ་ས་པྲ་ཏི་ཧེ་དྷཿ མ་ཡིན་པར་དགག་པ། བི་པྲ་ཀཪྵ། བསྐལ་ པ། ཀྲ་མ་ཡཽ་ག་པ་དྱཾ། རིམ་པ་དང་ཅིག་ཅར། སྭ་སམྦེ་ད་ན། རང་རིག་པའོ། ། མུ་སྟེགས་པའི་ཆོས་སྐད་ལ། རིགས་པ་ཅན་པའི་གཞུང་ལས་འབྱུང་བ། ཥོ་ཌ་ཤ་པ་ དཱཪྠཿ ཚིག་གི་དོན་བཅུ་དྲུག པྲ་མ་ཎཾ། ཚད་མ། པྲ་མེ་ཡཾ། གཞལ་བྱ། སཾ་ཤ་ཡཿ ཐེ་ཚོམ། པྲ་ ཡོ་ཛ་ནཾ། དགོས་པ། དྲྀཥྚནྟཿ དཔེ། སིདྡྷཱནྟ། གྲུབ་པའི་མཐའ། ཨ་ཝ་ཡ་བཿ ཆ་ཤས། ཏརྐཿ རྟོག་གེཿ ནིརྞྞ་ཡཿ གཏན་ལ་དབབ་པ། ཝཱ་དཿ རྩོད་པ། ཛལྤཿ བརྗོད་པ། ཧེ་ཏྭཱ་བྷཱ་སཿ རྒྱུ་ལྟར་ སྣང་བ། བི་ཏཎྜ། སུན་ཅི་ཕྱིན་དུ་རྒོལ་བ། ཛཱ་ཏི། ལྟག་ཆོད། ཛཱ་ཏྱུཏྟ་རཾ། ཙྪ་ལཿ ཚིག་དོར། ནི་ གྲ་ཧསྠཱ་ནཾ། ཆད་པའི་གནས། ཨིན྄་དྲི་ཡཱཪྠ་སིནྣི་ཀཪྵོཏྤནྣཾ་ཛྙཱ་ནཾ་པྲཏྱཀྵཾ། དབང་པོ་དང་དོན་དུ་ ཕྲད་པ་ལས་བྱུང་བའི་ཤེས་པ་མངོན་སུམ། ཨ་བྱ་པ་དེ་ཤྱཾ། བསྟན་དུ་མེད་པ། ཨ་བྱ་བྷི་ཙཱ་རི། འཁྲུལ་པ་མེད་པ། བྱ་བ་སཱ་ཡཱཏྨ་ཀཾ། རྟོག་པའི་བདག་ཉིད། ཨ་ཤྲ་མེ། བསྟི་གནས་སོ། ། གྲངས་ཅན་པའི་གཞུང་ལས་འབྱུང་བ། ཙཻ་ཏ་ནྱཾ། ཤེས་པ་ཡོད་པ། པྲ་དྷཱ་ནཾ། གཙོ་ བོ། སཏྭཾ། སྙིང་སྟོབས། ར་ཛཿ རྡུལ། ཏ་མཿ མུན་པ། མ་ཧཱཾ། ཆེན་པོ། ཨ་ཧཾ་ཀཱ་རཿ ངར་འཛིན་ པ། པཉྩ་བུདྡྷཱིནྡྲི་ཡཱ་ཎི། བློའི་དབང་པོ་ལྔ། པཉྩ་ཏྨཱ་ཏྲཱ་ཎི། དེ་ཙམ་ལྔ། ཨ་ནི་མཱ། ཕྲ་བ། ལ་གྷི་མཱ། ཡང་པ། མ་ཧི་མཱ། མཆོད་པར་བྱ་བ། ཨི་སི་ཏྭཾ། བདག་པོར་གྱུར་པ། བ་ཤི་ཏྭཾ། དབང་དུ་གྱུར་ པ། པྲཱཔྟིཿ གར་ཡང་ཕྱིན་པ། པྲ་ཀཱམྱཾ། འདོད་རྒུར་ལྡན་པ། ཡ་ཏྲ་ཀཱ་མཱ་བ་སཱ་ཡི་ཏྭཾ། དགའ་ མགུར་གནས་པ། ཨ་བྷི་བྱཀྟིཿ མངོན་པ། ཨ་བིརྦྷཱཝཿ མངོན་པར་འབྱུང་བ། ཏི་རོ་བྷཱ་ཝཿ མི་ 1-1-55 མངོན་པར་གྱུར་པ། བ་རི་ཎཱ་མཿ ཡོངས་སུ་འགྱུར་བ། ལ་ཡཿ ཞ་བ། ཝཱ་ཀ ངག་གམ་ཚིག པཱ་ ཎིཿ ལག་པ། པཱ་དཿ རྐང་པ། པྲ་ཙི་ཏཿ ལྡན་པ། པཱ་ཡུཿ རྐུབ། ཨུ་པསྠཾ། འདོམས། སིནྟི་ ཀྲྀཥྚཿ ཉེ་བ། བི་པྲ་ཀྲྀཥྚཿ རྒྱང་རིང་བ། བཱི་ཏཿ རྣམ་པར་ལྡན་པ། ཨཱ་བཱི་ཏཿ བསལ་ཏེ་འོངས་པ། ས་ཧ་ཙ་ར་སམྦནྡྷཿ ལྷན་ཅིག་འགྲོགས་པའི་འབྲེལ་པ། གྷཱ་ཏྱ་གྷཱ་ཏ་ཀ་སམྦནྡྷཿ གནོད་པར་བྱ་ བ་དང་གནོད་པར་བྱེད་པའི་འབྲེལ་བ། སྭ་སྭཱ་མི་ལཀྵ་ཎ་སམྦནྡྷཿ རྗེ་ཁོལ་གྱི་མཚན་ཉིད་ཀྱི་ འབྲེལ་པ། ཨཱ་དྷཱརཱ་དྷེ་ཡ་ལ་ཀྵ་ཎ་སཾ་བནྡྷཿ གཞི་དང་རྟེན་པའི་མཚན་ཉིད་ཀྱི་འབྲེལ་པ། ཨཝ་ ཡ་ཝཱ་བ་ཡ་བི་ལ་ཀྵ་ཎ་སཾ་བནྡྷཿ ཆ་ཤས་དང་ཆ་ཤས་ཅན་གྱི་མཚན་ཉིད་ཀྱི་འབྲེལ་པ། ཀརྱ་ ཀ་ར་ཎ་ལ་ཀྵ་ཎ་སམྦནྡྷཿ བྱ་བ་དང་བྱེད་པའི་མཚན་ཉིད་ཀྱི་འབྲེལ་པའོ། ། དཔྱོད་པ་ཅན་པའི་གཞུང་ལས་འབྱུང་བ། སཏྶ་པྲ་ཡོ་གེ་པུ་རུ་ཥ་སྱེནྡྲི་ཡཱ་ཎཱཾ་བུདྡྷི་ ཛནྨ་པྲཏྱ་ཀྵཾ། ཡོད་པ་དང་ཕྲད་ན་སྐྱེས་བུའི་དབང་པོ་རྣམས་ཀྱི་བློ་སྐྱེ་བ་ནི་མངོན་སུམ་མོ། །ཨཪྠ་ལོ་ཙ་ན་ཛྙཱ་ནཾ། དོན་ལ་ལྟ་བའི་ཤེས་པ། པྲགྦྷཱ་ཝཿ སྔ་ན་མེད་པ། པྲ་དྷྭཾ་སཱ་བྷཱ་ཝཿ ཞིག་ ནས་མེད་པ། ཨི་ཏ་རེ་ཏ་རཱ་བྷཱ་ཝཿ གཅིག་ལ་གཅིག་མེད་པ། ཨཏྱནྟ་བྷཱ་ཝཿ གཏན་མེད་པ། ཤཱབྡཾ། སྒྲ་ལས་བྱུང་བ། ཨུ་པ་མཱ་ནཾ། ཉེ་བར་འཇལ་བ། ཨཪྠཱ་པཏྟིཿ དོན་གྱིས་གོ་བ། ཨ་བྷཱ་ཝཿ དངོས་པོ་མེད་པ། སྨྲྀ་ཏི། དྲན་པ། ཤྲུ་ཏི། ཐོས་པ། ཨ་པཽ་རུ་ཥེ་ཡཿ སྐྱེས་བུས་མ་བྱས་པ། དུརྦྷ་ ཎ་ཏྭཾ། བཟླས་དཀའ་བའོ། ། བྱེ་བྲག་པའི་ཚིག་གི་དོན་དྲུག་ལ་སོགས་པ་ནི། དྲ་བྱཾ། རྫས། གུ་ཎཿ ཡོན་ ཏན། ཀརྨཿ ལས། སཱ་མཱ་ནྱཾ། སྤྱི། བི་ཤེ་ཥཿ བྱེ་བྲག ས་མ་བྷཱ་ཡ། འདུ་བ། པ་རི་མཱ་ཎཾ། བོང་ ཚོད། སཾ་ཁྱཱ། གྲངས། སཾ་ཡོ་ག ཕྲད་པ། བི་བྷཱ་ག བྱེ་བ། པྲྀ་ཐགཾཏྭ། སོ་སོ་པ། མ་ཧཱ་སཏྟཱ། ཡོད་ པ་ཆེན་པོ། མ་ཧཱ་སཱ་མཱ་ནྱཾ། སྤྱི་ཆེན་པོ། ཨ་ཝཱནྟ་ར་སཱ་མཱ་ནྱཾ། ཉི་ཚེ་བའི་སྤྱི། སཀྟཱརྱཾ། འབྲས་ བུ་སྔ་ན་ཡོད་པ། ཨ་སཏྐཱརྨཾ། འབྲས་བུ་སྔ་ན་མེད་པ། ཨཏྨེནྡྲི་ཡཱཪྠཱ་དྱ་དུཏྤ་ནྣཾ་ཛྙཱ་ནཾ་པྲ་ཏྱ་ཀྵཾ། 1-1-56 བདག་དང་དབང་པོ་དང་ལས་གང་བྱུང་བའི་ཤེས་པ་མངོན་སུམ། ལམྦཱམྦུ་ད་དཪྴ་ནཱ་དཝཪྵཱ་ནུ་ མཱ་ནཾ། སྤྲིན་གྱི་རྩ་བ་ནར་བར་སྣང་བ་ལས་ཆར་འབབ་པར་རྗེས་སུ་དཔག་པ། ན་དི་པཱུ་ར་དཪྴ་ ནཱ་དྲ་པ་རི་བྲྀཥྚྱ་ནུ་མཱ་ནཾ། ཆུ་བྲུག་པར་སྣང་བ་ལས་གོང་དུ་ཆར་བབ་པར་རྗེས་སུ་དཔག་པ། མེ་གྷོནྣ་ཏི་དཪྴ་ནཱན། སྤྲིན་འཁྲིགས་པར་སྣང་བའམ་མཐོང་བའོ། ། ལྟ་བ་སྣ་ཚོགས་ནི། ཨཱཏྨ་གྲཱ་ཧཿ བདག་ཏུ་འཛིན་པ། ཨེ་ཀ་ཏྭ་གྲཱ་ཧཿ གཅིག་ཏུ་འཛིན་ པ། ཀྀརྟྲ་ཏྭ་གྲཱ་ཧཿ བྱེད་པར་འཛིན་པ། པཎྜི་གྲཱ་ཧཿ རིལ་པོར་འཛིན་པ། དྲྀཥྚི་པྲསྐནྟཿ ལྟ་བར་ བྱིང་བ། དྲྀཥྚི་ག་ཧ་ནཾ། ལྟ་བའི་ཐིབས་པོ། དྲྀཥྚི་ཀཱནྟ་རཾ། ལྟ་བུ་དགོན་པ། བི་ཥ་མ་དྲྀཥྚིཿ མི་ མཐུན་པར་ལྟ་བའམ་ལྟ་བ་མི་བཟད་པ། ཀུ་དྲྀཥྚིཿ ལྟ་བ་ངན་པ། དྲྀཥྚི་སཾ་ཀ་ཊཿ ལྟ་བ་ཡ་ང་བ། དྲྀཥྚི་ཀྲྀ་ཏཾ། ལྟ་བར་གྱུར་པའམ་བྱས་པ། དྲྀཥྚི་ག་ཏཾ། ལྟ་བའི་རྣམ་པའམ་ལྟ་བར་གྱུར་པའོ། ། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ནི། ཤཱ་ཤྭ་ཏོ་ལོ་ཀཿ འཇིག་རྟེན་རྟག ཨ་ཤཱ་ཤྭ་ ཏོ་ལོ་ཀཿ འཇིག་རྟེན་མི་རྟག ཤཱ་ཤྭ་ཏཤྩཱ་ཤཱ་ཤྭ་ཏཤྩ། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག ནཻ་ ཝ་ཤཱ་ཤྭ་ཏོ་ནཱ་ཤཱ་ཤྭ་ཏཤྩ། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན། ཨནྟ་བཱཾ་ལོ་ཀ འཇིག་ རྟེན་མཐའ་དང་ལྡན། ཨ་ནནྟ་ཝཱནློ་ཀཿ འཇིག་རྟེན་མཐའ་དང་མི་ལྡན། ཨནྟ་ཝཱཾཤྩ་ཨ་ནནྟ་ ཝཱཾ་ཤྩ། མཐའ་ཡོད་ཀྱང་མེད་ལ་མེད་ཀྱང་མེད། ནཻ་ཝཱནྟ་ཝཱཾ་ནཱ་ནནྟ་ཝཱཾ། མཐའ་ཡོད་པ་ཡང་མ་ ཡིན། མཐའ་མེད་པ་ཡང་མ་ཡིན། བྷ་ཝ་ཏི་ཏ་ཐཱ་ག་ཏཿ པ་རཾ་མ་ར་ཎཱཏ། དེ་བཞིན་གཤེགས་ པ་ཤི་ནས་ཡོད། ན་བྷ་ཝ་ཏི་ཏ་ཐཱ་ག་ཏཿ པ་རཾ་མ་ར་ཎཱཏ། དེ་བཞིན་གཤེགས་པ་ཤི་ནས་མེད། བྷ་ཝ་ཏི་ཙ་ན་བྷ་ཝ་ཏི་ཙ་ཏ་ཐཱ་ག་ཏཿ པ་རམྨ་ར་ཎཱཏ། དེ་བཞིན་གཤེགས་པ་ཤི་ནས་ཡོད་ཀྱང་ ཡོད་ལ་མེད་ཀྱང་མེད། ནཻ་ཝ་བྷ་ཝ་ཏི་ན་ན་བྷ་ཝ་ཏི་ཏ་ཐཱ་ག་ཏཿ པ་རམྨར་ཎཱཏ། དེ་བཞིན་ གཤེགས་པ་ཤི་ནས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན། ས་ཛཱི་ཝསྟ་ཙྪཱ་རཱི་རཾ། སྲོག་དེ་ ལུས་དེ་ཡིན། ཨ་ནྱོ་ཛཱི་ཝོ་ནྱཙྪ་རི་རཾ། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ། ། 1-1-57 མུ་སྟེགས་ཅན་གྱི་བདག་ཏུ་བརྗོད་པའི་མིང་ནི། ཨཱཏྨཱ། བདག སཏྭཿ སེམས་ ཅན། ཛྭ་ཝཿ སྲོག ཛནྟུ། སྐྱེ་བ་པོ། པོ་ཥཿ གསོ་བ། པུ་རུ་ཥཿ སྐྱེ་བུ། པུདྒ་ལཿ གང་ཟག མ་ནི་ ཛཱཿ ཤེད་ལས་སྐྱེས། མཱ་ན་ཝཿ ཤེད་བུ། ཀཱ་ར་ཀཿ བྱེད་པ་པོ། ཀཱ་རཱ་པ་ཀཿ བྱེད་དུ་འཇུག་པ་ པོ། བེ་ད་ཀཿ ཚོར་བ་པོ། ཛཱ་ན་ཀཿ ཤེས་པ་པོ། པ་ཤྱ་ཀཿ མཐོང་བ་པོ། ཨུཙྪཱ་པ་ཀཿ སློང་བ་ པོ། ས་མུཙྪཱ་པ་ཀཿ ཀུན་ནས་སློང་བ་པོའོ། །ཆོས་སྐད་ཀྱི་སྡེ་ཚན་བརྡ་སྤྲོད་པའི་ལེའུ་སྟེ་གསུམ་ པའོ།། །། ཆུའི་མིང་ནི། ས་མུ་དྲཿ རྒྱ་མཚོ། ས་ག་ར། དུག་ཅན། ཛ་ལ་དྷི། ཆུ་འཛིན། མ་ཧཱ་རྞྞ་བཿ ཆུ་ཆེན། ཛ་ལ་ནི་དྷིཿ ཆུ་གཏེར། རཏྣཱ་ཀ་རཿ རིན་ཆེན་འབྱུང་གནས། ལ་ཝཎོ་ད་ཀཿ ཚ་མཚོ། ཨོ་གྷཿ ཆུ་བོ། ན་དཱི། ཀླུང་ངམ་འབབ་ཆུ། ཀུ་ན་དཱི། ཆུ་ཕྲན། ས་རཿ མཚོ། ཏ་ཌ་གཿ མཚེའུ། ཨུ་ད་ཀ་དྷཱ་ར། ཆུའི་རྒྱུན། བིལྦཾ། ལྟེང་ཀ ཨུཏྶཿ འབབ་ཆུའམ་ངོ༌། ཧྲ་དཿ མཚོ་ཕྲན། ཀུ་ལྱཿ ཡུར་པོ་ཆེ། ཨུཏྦྷི་དཿ ཆུ་མིག ཨཱ་ལི། ཡུར་ཕྲན། པུཥྚི་རི་ཎཱི། རྫིང༌། ཨུཥྞོ་ད་ཀཿ ཆུ་ཚན་ནམ་ ཆུ་དྲོན། ཀཱུ་པཿ ཁྲོན་པ། ཨུ་ད་པཱ་ནཾ། ཁྲོན་པ། ཨཱུམྨིཿ ཆུ་རླབས་སམ་དབའ་རློང༌། མནྡཱ་ཀི་ནཱི། དལ་གྱིས་འབབ་པ། པཱ་རཾ་ཝཱ་ཨ་པཱ་རཾ་ཝཱ། ཕ་རོལ་གྱི་འགྲམ་མམ་ཚུ་རོལ་གྱི་འགྲམ། ནིརྶ་ར་ དྷཱ་རཿ ཕུ་ཆུའི་རྒྱུན། ཀཉྩ་ན་བཱ་ལུ་ཀཱ་སྟཱིརྞཿ གསེར་གྱི་བྱེ་མ་བདལ་པ། ཏཱི་རམ། འགྲམ་མམ་ ངོགས། པུ་ལི་ནཾ། ཆུ་གླིང༌། ནཻ་རཉྫ་ནཱ་ན་དཱི། ནཻ་རན་ཛ་ནའི་ཀླུང༌། ན་དཱི་བཻ་ཏ་ར་ཎཱི། ཆུ་བོ་རབ་ མེད་དོ། ། ཤིང་གི་མིང་ནི། ནནྡ་ན་པ་ནཾ། དགའ་བའི་ཚལ། མི་སྲ་ཀ་བ་ནཾ། འདྲེས་པའི་ཚལ། པཱ་རཱུ་ཥ་ཀ་བ་ནཾ། རྩུབ་འགྱུར་ཚལ། ཙཻཏྲ་ར་ཐ་བ་ནཾ། ཤིང་རྟ་སྣ་ཚོགས་ཀྱི་ཚལ། པཱ་རི་ཡཱ་ཏྲ་ཀོ་ བི་དཱ་རཿ ཡོངས་འདུ་ས་བརྟོལ། ཕ་ལ་བྲྀཀྵཿ འབྲས་བུའི་ཤིང༌། པུཥྤ་བྲྀཀྵཿ མེ་ཏོག་གི་ཤིང༌། གནྡྷ་བྲྀཀྵཿ སྤོས་ཀྱི་ཤིང༌། གུལྨཿ ཤིང་གྱེལ་བ། པཏྨ་ཀཿ ཤུག་པ། དེ་ཝ་དཱ་རུ། ཐང་ཤིང༌། དཱ་ 1-1-58 རུ་ཧ་རི་དྲཱ། སྐྱེར་པ། ཏཱ་ལཱི་སཿ བལ་ལུ། ས་ལེ་བ་ཏྲ་བྲྀཀྵཿ ཀུ་ཤུའི་ཤིང༌། ཙནྡ་ནཾ། ཙན་དན། ཁ་དི་ར། སེང་ལྡེང༌། དཱ་ཌི་མ་བྲྀཀྵཿ བལ་པོ་སེའུ་ཤིང༌། པིཎྜ་ཁརྫཱུ་ར་བྲྀཀྵཿ འབྲ་གོའི་ཤིང༌། བ་ན་སྱ་ཏི། ནགས། བ་ན་ཥཎྜཿ ནགས་ཁྲོད། བཾ་ས། བེ་ཎུཿ བསྙུག་མ། བིཎྜ་བེ་ཎུ། འོད་མ། བེ་ཏྲཾ། སྦ། ནྱ་གྲོ་དྷཿ ཤིང་ནྱ་གྲོ་དྷ། ཨི་ཀྵུ་བ་ནཾ། བུ་རམ་ཤིང་གི་ཚལ། སཱལི་བ་ནི། འབྲས་ཀྱི་ ཚལ། ཙེ་ཏ་སཿ ལྕང་མ། ན་ཌ་བ་ནཾ། འདམ་བུའི་ཚལ། སཱ་ལ་བྲྀཀྵཿ ཤིང་སཱ་ལ། ནཱ་ག་བྲྀཀྵཿ ཀླུ་ཤིང༌། བྲྀཀྵཿ ཤིང་ལྗོན་པོ། ཙ་བྱ། སྤྱི་མོ། ཛཱ་ཏི། འཁྲི་ཤིང་སྣ་མ། པཎྜུ་པ་ལཱ་ཤཿ ལོ་མ་ སེར། ཤཱིརྞ་པ་ལཱ་ཤཿ འདབ་མ་ལྷགས། ཀ་ཀ ཚེར་མ། ཏཱ་ལ། ཤིང་ཏཱ་ལའམ་མུ་ལེ་གྲུམ་ཤིང༌། བལླཱི། ལ་ཏཱཿ འཁྲི་ཤིང་ངམ་ལྕུག་མ། ཀ་རཱི་ར། བསྙུག་མའི་ལྡུམ་བུའོ། ། རིའི་མིང་ནི། ནི་མིན྄་དྷ་ར། མུ་ཁྱུད་འཛིན། ཨ་ཤྭ་ཀརྞ། རྟ་རྣ། སུ་དཪྴ་ནཿ ལྟ་ན་ སྡུག ཁ་དི་ར་ཀཿ སེང་ལྡེང་ཅན། ཨི་ཥཱ་དྷཱ་རཿ བཤོལ་མདའ་འཛིན། ཡུ་གནྡྷ་རཿ གཉའ་ཤིང་ འཛིན། བི་ན་ཏ་ཀཿ རྣམ་པར་འདུད། མེ་རུ། ལྷུན་པོ། སུ་མེ་རུ་པརྦ་ཏ་རཱ་ཛཱཿ རིའི་རྒྱལ་པོ་རི་ རབ། ཙཀྲ་བཱ་ཌཿ ཁོར་ཡུག མ་ཧཱ་ཙཀྲ་བཱ་ཌཿ ཁོར་ཡུག་ཆེན་པོ། །གནྡྷ་མཱ་ད་ནཿ སྤོས་ཀྱི་ངད་ ལྡང༌། ཧི་མ་ཝཱན། གངས། ཀཻ་ལཱ་ཤ ཏི་སེ་གངས། པོ་ཏ་ལ་ཀཿ གྲུ་འཛིན། མ་ལ་ཡཿ མ་ལ་ ཡ། བིནྡྷྱཿ འབིགས་བྱེད། བི་པུ་ལ་པཱཪྴྭཿ ངོས་ཡངས། བཻ་དེ་ཧ་ཀ་པརྦ་ཏཿ ལུས་འཕགས་ཀྱི་ རི། སུ་མེ་རུ་པ་རི་ཥཎྜཿ རི་རབ་ཀྱི་བང་རིམ་མོ། །ཆུ་ཤིང་རིའི་སྡེ་ཚན་བརྡ་སྤྲོད་པའི་ལེའུ་སྟེ་ བཞི་པའོ།། །། སྣོད་ཀྱི་འཇིག་རྟེན་ནི། སཱ་ཧ་སྲ་ཙཱུ་ཌི་ཀོ་ལོ་ཀ་དྷཱ་ཏུཿ སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ ཁམས། དྭི་སྭ་ཧ་སྲཽམ་དྷྱ་མོ། སྟོང་གཉིས་བར་མའི། ཏྲི་སཱ་ཧ་སྲ་མ་ཧཱ་ས་ཧ་སྲོ་ལོ་ཀ་དྷཱ་ཏུཿ སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས། ས་ཧ་ལོ་ཀ་དྷཱ་ཏུཿ མི་མཇེད་ཀྱི་འཇིག་རྟེན་གྱི་ ཁམས། བུདྡྷ་ཀྵེ་ཏྲཾ། སངས་རྒྱས་ཀྱི་ཞིང༌། ལོ་ཀཱནྟ་རི་ཀཱ། འཇིག་རྟེན་གྱི་བར། ལུ་ཛྱ་ཏ་ཨི་ཏི་ 1-1-59 ལོ་ཀཿ འཇིག་པས་ན་འཇིག་རྟེན། བུདྡྷ་བི་ཥ་ཡཿ སངས་རྒྱས་ཀྱི་ཡུལ། སརྦ་ལོ་ཀ་དྷཱ་ཏུ་པྲ་ས་ རཿ འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད། ཨ་ཝ་མཱུརྔྷཿ སྤྱིའུ་ཚུགས་ཀྱི། བྱཏྱསྟཿ སྣྲེལ་ཞིའི། ཏིརྱགློ་ཀདྷཱ་ཏུཿ ཐད་ཀའི་འཇིག་རྟེན་གྱི་ཁམས། བཱ་ཏཱ་ལཿ ས་འོག བྷཽ་མཿ ས་བླ། ཨནྟ་རི་ཀྵ་བཱ་སི་ནཿ བར་སྣང་ལ་གནས་པ། ཀཱ་མཿ འདོད་པའི། རཱུ་པྱཿ གཟུགས་ཀྱི། ཨ་རཱུ་ པྱ་དྷཱ་ཏུཿ གཟུགས་མེད་པའི་ཁམས་སོ། ། འདོད་ཁམས་ཀྱི་ཁྱད་པར་ལྷ་ཡུལ་ནི། ཙ་ཏུརྨ་ཧཱ་རཱ་ཛ་ཀ་ཡི་ཀཱཿ རྒྱལ་ཆེན་ བཞིའི་རིས་པ། ཏྲ་ཡསྟྲི་ཤཱ། སུམ་བཅུ་རྩ་གསུམ་པ། ཡཱ་མཱ། འཐབ་བྲལ་པ། ཏུ་ཥི་ཏཱཿ དགའ་ ལྡན་པ། ནི་རྨ་ན་ར་ཏ་ཡ། འཕྲུལ་དགའ་བ། པ་ར་ནིརྨ་ཏ་བ་ཤ་བརྟྟི་ན། གཞན་འཕྲུལ་དབང་ བྱེད་པའོ། ། གཟུགས་ཁམས་ཀྱི་ཁྱད་པར་བསམ་གཏན་དང་པོའི་ས་པ་ནི། པྲཧྨ་ཀཱ་ཡི་ ཀཱ། ཚངས་རིས་པ། བྲཧྨ་པུ་རོ་ཧི་ཏ། ཚངས་པའི་མདུན་ན་འདོན་པ། མ་ཧཱ་བྲཧྨ་ཎཿ ཚངས་ ཆེན་པ། གཉིས་པའི་ས་པ་ནི། པ་རཱཏྟཱི་བྷཱཿ འོད་ཆུང་བ། ཨ་པྲ་མཱ་ཎཱ་བྷཱཿ ཚད་མེད་འོད་ པ། ཨཱ་བཱ་སྭ་རཱཿ འོད་གསལ་བ། གསུམ་པའི་ས་པ་ནི། པ་རཱིཏྟ་ཤུ་བྷཱཿ དགེ་ཆུང་བ། ཨ་ པྲ་མཱ་ཎ་ཤུ་བྷཱཿ ཚད་མེད་དགེ་བ། ཤུ་བྷ་ཀྲྀཏྶྣཱཿ དགེ་རྒྱས་པ། བསམ་གཏན་བཞི་པའི་ས་པ་ལ། ཨ་ན་བྷྲ་ཀཱཿ སྤྲིན་མེད་པ། པུཎྱ་པྲ་ས་བཱཿ བསོད་ནམས་སྐྱེས་པ། པྲྀཧཏྥ་ལ། འབྲས་བུ་ཆེ་པ། བཞི་པ་བྱེ་བྲག་གནས་གཙང་མ་ལྔ་ནི། ཨ་བྲྀ་ཧཱཿ མ་ཆེ་བ། ཨ་ཏ་པཱཿ མི་གདུང་བ། སུ་དྲྀ་ཤ གྱ་ནོམ་སྣང་བ། སུ་ཪྴ་ནཱཿ ཤིན་དུ་མཐོང་པ། ཨ་ཀ་ནིཥྛཿ འོག་མིན་པའོ། །ཡང་མིང་ གཞན། ཨ་གྷ་ནིསྠཱཿ བསགས་མཐའོ། །མ་ཧཱ་མ་ཧེ་ཤྭ་རཱ་ཡ་ཏ་ནཾཿ དབང་ཕྱུག་ཆེན་པོ་ཆེ་བའི་ གནས། །འདི་འོག་མིན་གྱི་ཕྱོགས་ཀྱི་གནས་རྣམ་པར་སྣང་མཛད་ལོངས་སྐུའི་བཞུགས་སར་ བཤད་དོ། ། 1-1-60 གཟུགས་མེད་པའི་ས་ནི། ཨཱ་ཀཱ་ཤཱའ་ནནྱཱ་ཡ་ཏ་ནཾ། ནམ་མཁའ་མཐའ་ཡས་སྐྱེ་ མཆེད་པ། བཛྙཱི་ནཱ་ནནྱཱ་ཡ་ཏ་ནཾ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་པ། ཨཱ་ཀིཉྩ་ནྱཱ་ཡ་ཏ་ནཾ། ཅི་ ཡང་མེད་པའི་སྐྱེ་མཆེད་པ། ནཻཝ་སཾ་ཛྙཱ་ནཱ་སཾ་ཛྙཱ་ཡ་ནཾ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་ མཆེད་པའོ། ། མི་ལ་སོགས་པའི་ཡུལ་ནི། ཙ་ཏུརྡྭའི་པ་ཀེ་ལོ་ཀ་དྷཱ་ཏུཿ གླིང་བཞིའི་འཇིག་རྟེན་གྱི་ ཁམས། པཱུརྦ་བི་དེ་ཧ། ཤར་ལུགས་འཕགས་པ། དེ་ཧ། ལུས། བི་དེ་ཧ། ལུས་འཕགས་སོ། །ཛམྦཱ་དྭཱི་པཿ འཛམ་བུའི་གླིང༌། ཙཱ་མ་རཿ རྔ་ཡབ། ཨ་པ་ར་ཙཱ་མ་རཿ རྔ་ཡབ་གཞན་ནོ། །ཨ་ པ་ར་གོ་དཱ་ནཱི་ཡཿ ནུབ་བ་ལང་སྤྱོད། ཤཱ་ཋཱཿ གཡོ་ལྡན། ཨུཏྟ་ར་མནྟྲི་ཎཿ ལམ་མཆོག་འགྲོའོ། །ཨུཏྟ་ར་ཀུ་རུཿ བྱང་སྒྲ་མི་སྙན། ཀུ་ར་བཿ སྒྲ་མི་སྙན། ཀཽ་ར་བཿ སྒྲ་མི་སྙན་གྱི་ཟླའོ། ། ཡུལ་གྱི་ཁྱད་པར་ནི། དེ་ཝཱ། ཝ་ཏཱ་རཿ ལྷ་ཡུལ་ནས་བབས་པ། བཱ་རཱ་ཎ་སཱི། བ་ར་ ཎ་སི། བཻ་ཤཱ་ལཱི། ཡངས་པ་ཅན། པ་རི་ནིརྦ་ཎཾ། ཡོངས་སུ་མྱ་ངན་ལས་འདས་པ། རཱ་ཛཾགྲྀ་ཧཾ། རྒྱལ་པོའི་ཁབ། བེ་ཎུ་བ་ཎཾ། འོད་མའི་ཚལ། ཀཽ་ཤམྦཱི། ཀོའུ་ཤམ་བི། ཤྲཱ་བསྟི། མཉན་ཡོད། ཨ་ནཱ་ཐ་པཎྜི་ད་སྱཱ་རཱམ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ། ཛེ་ཏ་པ་ནཾ། རྒྱལ་བུ་རྒྱལ་ བྱིན་གྱི་ཚལ། པུཎྜུ་བརྟ་ནཾ། ལི་ཁ་ར་ཤིང་འཕེལ། བོ་དྷི་མཎྜཿ བྱང་ཆུབ་སྙིང་པོ། གྲྀདྡྷྲ་ཀཱུ་ཊ་ པརྦ་ཏཿ བྱ་རྒོད་ཕུང་པོའི་རི། ག་ཡཱ་ཤཱིཪྵ། ག་ཡ་མགོའི་རི། སྠུ་ཎོ་པསྠུ་ཎོ་གྲཱ་མཻ། ཀ་བ་དང་ཉེ་ བའི་ཀ་བའི་གྲོང༌། ཀ་བི་ལ་བསྟུ་ན་ག་རཾ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར། མ་ཐུ་རཱ། བཅོམ་ བརླག ཤྲཱི་ན་ལནྡཱ། དཔལ་ན་ལན་ད། མ་ག་དྷཱ། ཡུལ་མ་ག་དྷཱ། ཤ་རཱ་ཝ་ཏཱི། འདམ་བུ་ཅན། ལུམྦི་ནཱི། ལུམ་བི་ནཱི། ཨིནྡྲ་ཤེ་ལ་གུ་ཧཱཿ དབང་པོའི་བྲག་ཕུག ཀུ་ཤ་ན་ག་རཾ། ཨུ་ཀུ་ཤའི་གྲོང་ ཁྱེར། ཨུ་ཤཱི་ར་གི་རིཿ ཨུ་ཤི་རའི་རི། ཨུཛྫ་ཡ་ནཱི་ན་ག་རཱི། གྲོང་ཁྱེར་འཕགས་རྒྱལ། ཀ་ལིཾ་གཾ། ཀ་ལིང་ཀ མྲྀ་ག་དཱ་བཿ རི་དྭགས་ཀྱི་ནགས། རྀ་ཥི་པ་ཏ་ནཾ། དྲང་སྲོང་ལྷུང་བ། རྀ་ཥི་ཝ་ད་ནཾ། 1-1-61 དྲང་སྲོང་སྨྲ་བ། ཀོ་ས་ལཱ། ཀོ་ས་ལ། སཱ་ཀེ་ཏཾ། གནས་བཅས། ཨ་བནྟིཿ བསྲུང་བྱེད། ཙམྦཱ། ཙམ་པ། པཉྩ་ལཿ ལྔ་ལེན། ཨ་ཌ་ཀ་ཝ་ཏཱིཿ ལྕང་ལོ་ཅན་ཏེ་ཤོང་གིས་རོ་ལྡན་དུ་བསྒྱུར་བ་ ལེགས། ཀ་ལནྡ་ཀ་ནི་པ་སཿ ཀ་ལན་ད་ཀ་གནས་པའོ། ། གནས་ཀྱི་ཁྱད་པར་གཞན་ནི། གི་རིཿ རིའམ་རི་བོ། ཤཻ་ལཿ བྲག་གམ་རི་བོ། པརྦ་ཏཿ རི། པྲཱགྦྷཱ་རཿ བྱ་སྐྱིབས། ད་རཱི། རི་སུལ། ཤྭ་བྷྲཾ། ངམ་གྲོག་གམ་གཡང་ས། ཀུ་ཤྭ་ བྷྲཾ། ངམ་གྲོག་ཆུང་ངུ༌། མ་ཧཱ་ཤྭ་བྷྲཾ། ངམ་གྲོག་ཆེན་པོ། པྲ་པཱ་ཏཿ གཡང་ས། དེ་ཤ། ཡུལ། ཨ་ ཊ་བཱི། འབྲོག ཀཱནྟཱ་རཾ། དགོན་པ། པྲ་ཏྱནྟཿ མཐའ་འཁོབ། ཤི་ཁ་རཾ། སཱ་ནུཿ ཟོམ་མམ་རྩེ་མོ། །པརྦ་ཏ་ཀནྡ་རཿ རི་ཁྲོད། དྲོ་ཎཱི། ལུང་པ། ཧི་མ་ཝཱནྤརྦ་ཏཿ རི་བ་ཁ་ཅན་ནམ་གངས། དུརྒཿ རྫོང་ངམ་བགྲོད་དཀའ་བ། ཨུནྣ་ཏཾ། སྒང་ངམ་མཐོ་བ། ནིམྣཾ། གཤོང་ངམ་དམའ་བ། སྠཱ་ལཱི། ཐང༌། མ་རུ། མྱ་ངམ། ཤཻ་ལ་གུ་ཧཱ། བྲག་ཕུག གི་རི་ག་ཧྭ་རཿ རི་ཁྲོད་དམ་ཚང་ཚིང༌། ནི་ཏམྦ། རི་ཞོལ། ཨུ་པནྟྱ་ཀ རི་རྩ། ཀརྦཊ་པྲ་དེ་ཤཿ རི་བྲག་གམ་རི་འོར་གྱི་ཕྱོགས། ཨུནྐ་ཊོ་ནཱ་མ་དྲོ་ ཎི་མུ་ཁཾ། ཤས་ཆེ་བ་ཞེས་བྱའི་ལུང་བའི་མདའ། གི་རི་ཀུཉྫ། སྨན་ལྗོངས། ཞིང་གི་ཁྱད་པར་ནི། པྲྀ་ཐི་བཱ་ར་སཿ སའི་བཅུད། པྲྀ་ཐི་བི་པརྦ་ཊ་ཀཿ སའི་ཞག བ་ ན་ལ་ཏཱ། མྱུ་གུའི་ཚལ། པྲྀ་ཐི་བཱི་མཎྜཿ སའི་སྙིང་ཁུ། པྲྀ་ཐི་ཝཱི་ཨོ་ཛ། ས་བཤིན་པ། ཀྵེ་ཏྲཾ། ཞིང༌། སུ་ཀྵེ་ཏྲཾ། ཞིང་བཟང་བ། ཀུ་ཀྵེ་ཏྲཾ། ཞིང་ངན་པ། ན་དཱི་མཱ་ཏྲྀ་ཀཿ ཞིང་ཆུ་མ། ཨ་ནཱུ་པཿ སེར་ཅན་ནམ་གཤེར་ཆེ་བ། དེ་ཝ་མཱ་ཏྲྀ་ཀཿ གནམ་སྡོད། ཨ་དེ་ཝ་མཱ་ཏྲི་ཀཿ གནམ་སྡོད་མ་ ཡིན་པ། ཨཱུ་ཥ་རཱ། ཚ་རྒོ་ཅན། ཨུངྒ་ལཱ། རྒོན་དུང༌། པྲ་ཏི་ཀྲྀཥྚཱ། ཐ་ཆད། པཱ་ས་བྷཱུ་མི། སྡིག་པ་ ཅན་གྱིས་གཞི། པཱ་ཥཱ་ཎ། རྡོ་བ། སརྐ་རཱ། གསེག་མ། ཀ་ཋལླཿ གྱོ་མོ། ལོཥྚཿ བོང་པ། ཤི་ལཱ་ ཏ་ལཾ། རྡོ་ལེབ། ཨུ་པ་ལཾ། ཕ་བོང་ངམ་རྡོ་བ། མེ་དི་ནཱི་ས། པཱཥཱི། ལུད། ཨ་ཀྲྀཥྚོཔྟ་ཏཎྜུ་ལ་ཕ་ལ་ སཱ་ལིཿ མ་རྨོས་མ་བཏབ་པའི་འབྲས་ས་ལུའི་འབྲུ། སུ་བྲྀཥྚི། ཆར་འབབ་མཁས་པ། དུརྦྲཥྚིཿ 1-1-62 ཆར་འབབ་མི་མཁས་པ། སཱ་ཡཾ་ལུ་ན་ཀཱ་ལྱཾ་བི་བརྡྷ་ཏེ། ནུབ་བརྔས་ན་ནང་སྐྱེ་བ། ཨ་ཝ་ལ་ པཤྩ་ན་པྲ་ཛྙཱ་ཡ་ཏེ། བརྔས་པར་ཡང་མི་མངོན་པ། ཀྵེ་ཏྲ་ཎི་མཱ་ས་ཡནྟི། ཞིང་འཇལ་ཞིང་འགོད་ པ། མཪྻཱ་དཱཾ་བྱ་བསྠ་ས་ཡནྟི། ཞིང་གི་སྐབས་སུ་ནི། མུ་ཐུག་བྲིས་པ། ཁྲིམས་ཀྱི་སྐབས་སུ་ནི་ བཀའ་ཁྲིམས་བཅས་པའོ། །ཡུལ་ཞིང་གི་སྡེ་ཚན་བརྡ་སྤྲོད་པའི་ལེའུ་སྟེ་ལྔ་པའོ།། །། འཇིག་རྟེན་པའི་ལྷ་ཆེན་པོ་ནི། པྲཧྨ། ཚངས་པ། ཧི་ར་ཎཱ་གརྦཿ དབྱིག་གི་སྙིང་པོ། པྲཧྨ་ས་ཧ་མྱ་ཏིཿ མི་འབྱེད་ཀྱི་བདག་པོ་ཚངས་པ། ཨཤྩི་ནི་ཀུ་མཱ་རཽ། ཐ་སྐར་གཞོན་ནུ་གཉིས། ཨཱི་ཤྭ་རཿ དབང་ཕྱུག བི་ཥྞུཿ ཁྱབ་འཇུག ཤ་ཀྲཿ བརྒྱ་བྱིན། ཤ་ཏ་ཀྲ་ཏུཿ མཆོད་སྦྱིན་བརྒྱ་ བ། ད་ཤ་ཤ་ཏ་ན་ཡ་ནཿ མིག་སྟོང་པ་སྟེ་མ་འདོམ་ན་བརྒྱ་བྱིན། ཀཽ་ཤི་ཀཿ ཀོའུ་ཤི་ཀ ལོ་ཀ་ པཱ་ལ། འཇིག་རྟེན་སྐྱོང་བ། ཙ་ཏུརྨ་ཧཱ་རཱ་ཛཱཿ རྒྱལ་པོ་ཆེན་པོ་བཞི། ཀ་རོ་ཊ་པཱ་ཎ་ཡོ་དེ་ཝཱཿ ལྷ་ ལག་ན་གཞོང་ཐོགས། མཱ་ལཱ་དྷཱ་རཱཿ ཕྲེང་ཐོགས། ས་དཱ་མ་དཱཿ རྟག་ཏུ་མྱོས། ད་ཤ་དིགློ་ཀ་པཱ་ ལཿ ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ། གྲ་ཧ་ན་བཿ གཟའ་དགུ། རྒྱུ་སྐར་ཉི་རྩ་བརྒྱད་ནི། ཨཤྩི་ནཱི། ཐ་སྐར། བྷ་ར་ཎཱི། བྲ་ཉེ། ཀྲྀ་ཏྲི་ཀཱ། སྨིན་དྲུག རོ་ ཧི་ཎཱི། སྣར་མ། མྲྀ་ག་ཤི་རཱ། མགོ། ཨཱརྡྲཱ། ལག སུ་ནརྦ་སུ། ནབས་སོ། སུ་ཥྱཱ། རྒྱལ། ཨ་ཤླེ་ ཥཱ། མ་གྷཱ། མཆུ། བཱུརྦ་ཕལྒུ་ནཱི། གྲེ། ཨུཏྟར་ཕལྒུ་ནཱི། ལྦོ། ཧསྟཱ། མེ་བཞི། ཙིཏྲཱ། ནག་པ། སྭཱ་ ཏཱི ས་རི། བི་ཤཱ་ཁཱ། ས་ག །ཨ་ནུ་རཱ་དྷཱ། ལྷ་འཚམས། ཛྱེཥྛཱ། སྣྲོན། མཱུ་ལཱ། སྣྲུབས། པཱུརྦཱ་ཥཱ་ཊཱ། ཆུ་སྟོད། ཨུཏ་ཏ་རཱའ་ཥཱ་ཊཱ། ཆུ་སྨད། ཤྲ་པཱ་ཎཱ། གྲོ་བཞིན། ཨ་བྷི་ཛིཌི། བྱི་བཞིན། ཤ་ཏ་བྷི་ ཥཱ། མོན་གྲེ། དྷ་ནིཥྛཱ། མོན་གྲུ། པཱུརྦ་བྷ་དྲ་པ་དཱ། ཁྲུམས་སྟོད། ཨུཏྟ་པ་ར་བྷ་དྲ་པ་དཱ། ཁྲུམས་ སྨད། རེ་ཝ་ཏཱི། ནམ་གྲུའོ། །གཞན་ཡང༌། རེ་ཝ། ལྷ། ནཱ་ག། ཀླུ། ཡཀྵ། གནོད་སྦྱིན། གནྡྷརྦ། དྲི་ཟ། ཨ་སུ་ར། ལྷ་མ་ཡིན། ག་རུ་ཌ། ནམ་མཁའ་ལྡིང༌། ཀནྣི་ར། མིའམ་ཅི། མ་ཧོ་ར་ག ལྟོ་ འཕྱེ་ཆེན་པོ། ཀུམྦྷཎྜཱཿ གྲུལ་བུམ་སྟེ། འདི་རྣམས་ལྷའི་ཁོངས་སུ་བསྡུས་ལ། ཀླུ་ནི་འགའ་ཞིག་ 1-1-63 དུད་འགྲོའི་ནང་དུ་སྡུད་དོ། ། མི་རྣམས་ཀྱི་ནང་ནས། སྔོན་གྱི་མཁན་པོའི་མཚན་ནི། ནཱ་གཱརྫུ་ནཿ ཀླུ་སྒྲུབ། ནཱ་ག་ཧྭ་ཡཿ ཀླུས་བོད། ཨཱརྱ་དེ་ཝ། འཕགས་པ་ལྷ། ཨཱརྱཱ་སཾ་གཿ འཕགས་པ་ཐོགས་མེད། བ་སུ་བནྡྷུཿ དབྱིག་གཉེན། ཨཱརྱ་ཤཱུ་རཿ འཕགས་པ་དཔའ་བོ། ཨ་ཤྭ་གྷོ་ཥཿ རྟ་སྐད་དང་རྟ་ དབྱངས། དིགྣཱ་གཿ ཕྱོགས་ཀྱི་གླང་པོ། དྷརྨ་པཱ་ལཿ ཆོས་སྐྱོང༌། དྷརྨ་ཀཱིརྟྟིཿ ཆོས་ཀྱི་གྲགས་པ། སྠི་ར་མ་ཏིཿ བློ་གྲོས་བརྟན་པ། སཾ་གྷ་བྷ་དྲཿ འདུས་པ་བཟང་པོའམ་དགེ་འདུན་བཟང་པོ། གུ་ ན་པྲ་བྷཿ ཡོན་ཏན་འོད། བ་སུ་མི་ཏྲཿ དབྱིག་བཤེས། གུ་ན་མ་ཏིཿ ཡོན་ཏན་བློ་གྲོས། ཤཱཀྱ་ བུདྡྷིཿ ཤཱཀྱའི་བློ། དེ་ཝེནྡྲ་བུདྡྷིཿ ལྷ་དབང་བློ། ཛྙཱ་ན་གརྦྷཿ ཡེ་ཤེས་སྙིང་པོ། ཤཱནྟ་རཀྵི་ཏཿ ཞི་ བ་འཚོ། ཙནྡྲ་གོ་མཱི། བཙུན་པ་ཟླ་བ། བུདྡྷ་པཱ་ལི་ཏཿ སངས་རྒྱས་སྐྱོང༌། བྷ་བྱཿ སྐལ་ལྡན། ཝ་ ར་རུ་ཙིཿ མཆོག་སྲེད། པཱ་ཎི་ནཿ པཱ་ཎི་ནི། པཱ་ཏཉྫ་ལིཿ ཆུར་ལྷུང༌། ཙནྡྲཀཱིརྟྟིཿ ཟླ་བ་གྲགས་པ། བི་ནཱི་ཏ་དེ་ཝཿ དུལ་བ་ལྷ། ནནྡཿ དགའ་བོ། དྷརྨོཏྟ་རཿ ཆོས་མཆོག ཤཱཀྱ་མི་ཏྲཿ ཤཱཀྱ་བཤེས་ གཉེན། ཛྙཱ་ན་དཏྟཿ ཡེ་ཤེས་བྱིན། པྲ་བྷཱ་ཀ་ར་སིདྡྷིཿ འོད་བྱེད་གྲུབ། ཤཱི་ལ་བྷ་དྲཿ ངང་ཚུལ་ བཟང༌། དཾཥྚ྄་སེ་ནཿ མཆེ་བའི་སྡེ། དྷརྨ་ཏྲ་ཏཿ ཆོས་སྐྱོབ། བི་ཤེ་ཥ་མི་ཏྲཿ ཁྱད་པར་བཤེས་ གཉེན། ར་ཝི་གུཔྟཿ ཉི་མ་སྦས་པ། བཱ་བྷ་ཊཿ ཕ་ཁོལ། ཡ་མཚན་ཅན་ནི། ཏཱིཪྠྱ་ཀ་རཿ མུ་སྟེགས་བྱེད་པ། ཏཱིཪྠི་ཀཿ མུ་སྟེགས་ཅན། མི་མཱནྶ་ ཀཿ དཔྱོད་པ་བ། བཻ་ཤེ་ཥི་ཀཿ བྱེ་བྲག་པ། སཾ་ཁྱཿ གྲངས་ཅན་པ། ལོ་ཀཱ་ཡ་ཏཿ འཇིག་རྟེན་ རྒྱང་ཕན་པ། ཀཱ་ཎཱ་དཱཿ གཟེགས་ཟན་པ། པཱ་ཥཱཎྜི་ཀཱཿ ཡ་མཚན་ཅན། ཤཻ་བཿ ཞི་བ་པ། ཨ་ཙེ་ ལ་ཀཿ གོས་མེད་པ། ནི་གྲནྠཿ གཅེར་བུ་པ། ཨཱཪྷ་ཏཿ མཆོད་འོས་པ། ཀྵ་པ་ཎཿ ཟད་བྱེད་པ། ཨིདྱཱ་དིཿ ཞེས་པ་ལ་སོགས་པའོ། ། འཁོར་ལོས་བསྒྱུར་བའི་རྒྱལ་རྒྱུད་ནི། མ་ཧཱ་ས་མྨ་ཏཿ མང་པོས་བཀུར་བ། རོ་ཙཿ 1-1-64 འོད་མཛེས། ཀལྱཱ་ཎཿ དགེ་བ། ཝ་ར་ཀ་ལྱཱ་ཎཿ དགེ་མཆོག ཨུ་པོ་ཥ་དྷཿ གསོ་སྦྱོང་འཕགས། མཱུརྔྷཱཏཿ སྤྱི་བོ་སྐྱེས། མཱནྡྷཱ་ཏཱ། ང་ལས་ནུ། ཙཱ་རུཿ མཛེས་པ། ཨུ་པ་ཙཱ་རུཿ ཉེ་མཛེས། ཙཱ་རུ་མཾ་ ཏཱ་དིཿ མཛེས་ལྡན་ལ་སོགས་པའོ། ། རྒྱལ་པོ་ཕལ་བའི་མིང་ནི། རཱ་ཛ་ས་ཧ་སྲཱ་ནཱི་ཀཿ རྒྱལ་པོ་དམག་སྟོང་པ། ཤ་ཏཱ་ནཱི་ ཀཿ དམག་བརྒྱ་པ། བྲཧྨ་དཏྟཿ ཚངས་བྱིན། ཨ་ནནྟ་ནེ་མི། མུ་ཁྱུད་མཐའ་ཡས། བིམྦི་སཱ་ རཿ གཟུགས་ཅན་སྙིང་པོ། བྲ་དྱོ་ཏ། རབ་སྣང༌། པྲ་སེ་ན་ཛི་ཏ། གསལ་རྒྱལ། རཱ་ཛཱ་ཨུ་ད་ཡ་ ན་བཏྶ། རྒྱལ་པོ་ཤར་བའི་བུ། ཀྲྀ་ཀི་རཱ་ཛཱ། རྒྱལ་པོ་ཀྲྀ་ཀི། སྲེ་ཎི་ཀ བཟོ་སྦྱངས། ཨ་ཤོ་ཀཱ་དིཿ མྱ་ངན་མེད་པ་ལ་སོགས་པའོ། ། མིའི་རིམ་པ་དང་ཁྱད་པར་ནི། རཱ་ཛཱཿ རྒྱལ་པོ། པཱཪྠི་བ། ས་བདག་སྟེ་རཱ་ཛ་དང་མ་ འདོམ་ན་རྒྱལ་པོ། རཱ་ཛཱ་ཀྵ་ཏྲི་ཡོ་མཱུརྔྷཱ་བྷི་ཥིཀྟཿ རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ བ། ཡུ་བ་རཱ་ཛཱ། རྒྱ་ཚབ། མཎྜ་ལི་ཀ་རཱ་ཛཱ། རྒྱལ་ཕྲན། སཱ་མནྟཿ རཱ་ཛཱ་མཱ་ཏྲཿ ཆགས་འོག་གི་ རྒྱལ་ཕྲན་ནམ་བློན་པོ་ཆེན་པོ། ཀོ་ཊ་རཱ་ཛ། ཁམས་ཀྱི་རྒྱལ་པོ་འམ་རྒྱལ་ཕྲན། མནྟྲི་པཪྵ་ད་དྷྱ་ ཀྵཾ། ནང་བློན་སྦྱན། མ་ཧཱ་མཱ་ཏྲཿ སྣ་ཆེན་པོ་ལ་གཏོགས་པ། མ་ནིཏྲཱ། བཀའ་ལ་གཏོགས་པ། ཨཱ་ མཱཏྱཿ བློན་པོ། པུ་རོ་ཧ་ཏིཿ མདུན་ན་འདོན། རཱ་ཛཱ་ན་ཀཿ ཞང་བློན། དཎྜ་མུ་ཁྱཿ དབང་བློན། དཎྜ་ནཱ་ཡ་ཀཿ སེཌཱ་པཱ་ཏིཿ དམག་དཔོན། ཨ་དྷྱཱ་ཀྵཾཿ སྤྱན། ཨཱ་ཊཱ་བི་ཀཿ ནགས་ཁྲོད་བདག ཨནྟརྦ་ཤི་ཀཿ ནང་པའི་བླ། སནྟི་བི་གྲ་ཧི་ཀཿ ཕྲིན་བློན། ག་ཎ་ནཱ་བ་ཏི། རྩིས་ཀྱི་བླ། ག་ཎ་ཀ་ མ་ཧཱ་མཱ་ཏྲཿ རྩིས་པ་ཆེན་པོའམ་རྩིས་མཁན་ཆེན་པོ། ཨ་ཀྵ་པ་ཊ་ལི་ཀཿ འདུ་འགོད་ཀྱི་རྩིས་ པ། པྲ་ཏཱི་ཧཱ་རཿ སྒོ་དཔོན་ཆེནཔོ། དྷརྨཱ་དྷི་ཀ་ར་ཎཿ ཆོས་བཞིན་གཅོད་པའམ། ཞལ་ཆེ་བ། པྲ་ དེཥྚཱ། ཞལ་ཆེ་བ། ནཱ་ཡ་ཀཿ སྡེ་སྣའམ་སྡེ་དཔོན། ཨ་ཤྭ་པ་ཏི། ཆིབས་ཀྱི་བླ། པཱི་ལུ་པ་ཏི། གླང་ པོ་ཆེའི་བླ། གཉྫ་པ་ཏི། དཀོར་གྱི་བླ། ཁཾ་བྷཱ་ར་པ་ཏི། མངན། ཀོ་ཊ་པཱ་ལཿ རྩེ་རྗེ། ཨནྟ་པཱ་ལཿ 1-1-65 སོ་སྲུངས། དུརྒ་པཱ་ལཿ རྫོང་སྲུངས། ཤྲེཥྛཱི། ཚོང་དཔོན། བི་ཥ་ཡ་བ་ཏི། ཡུལ་དཔོན། ན་ག་ར་ པ་ཏི། གྲོང་ཁྱེར་གྱི་བླ། གྲཱ་མ་པ་ཏི། གྲོང་དཔོན། པཽ་ར་བྱ་བ་ཧཱ་རི་ཀཿ གྲོང་གི་བླ། ནི་ཡུཀྟ་ཀཿ སྣར་བསྐོར་པ། བྷ་ཊ་བ་ལཱགྲཿ ཁྲོམ་གྱི་རུ། ས་མཱ་ཧརྟྲྀ། སྡུད་སྣ། པྲ་ཤཱའ་སྟཱ། མཐོང་སླེབས་ཀྱི་ དཔོན་པོ། སནྟིདྷཱ་ཏཱཿ དཀོར་འདྲུབ་པ། བྷཎྜཱ་རི་ཀ མཛོད་པ། རཱ་ཛཱ་དྡྷཱ་རི་ཀཿ ཕོ་བྲང་འཁོར་ དུ་ཁ་འཛིན་པ། ག་ཎ་ཀཿ རྩིས་མཁན། ཛྱོ་ཏི་ཥཿ སྐར་མཁན། བྷི་ཥ་ཀ སྨན་པ། བཻདྱཾ། ཏ་ ལ། བརྒ། ས་སྲུངས། པཱ་རི་དྷྭ་ཛ་ཀིཿ རྒྱལ་མཚན་ཐོགས་པ། ཙྪ་ཏྲ་དྷ་རཿ གདུགས་ཐོགས་པ། ཙིཧྣ་དྷ་རཿ རྟགས་མཚན་ཐོག་པ། ཙཱ་མ་རི་ཀཾ། རྔ་ཡབ་ཐོགས་པ། ཀཱ་ར་པཱ་ལི་ཀཿ རལ་གྲི་ གྱོག་པོ་ཐོགས་པ། ཁཱདྒི་ཀཿ རལ་གྲི་པ། པྲཱ་སི་ཀཿ མདུང་པ། པཱཪྴྭ་དྷི་ཀཿ དགྲ་སྟ་ཐོགས་པ། ཙཱཀྲི་ཀཿ འཁོར་ལོ་ཐོགས་པ། སྥཱ་རི་ཀཿ ཕུབ་ཐོགས་པ། ཙཻཏྲ་དཎྜི་ཀཿ དབྱིག་གུ་ཐོགས་པ། ཡཱཥྚཱི་ཀཿ དབྱུག་པ་པ། དྭཱ་ར་པཱ་ལ། སྒོ་སྲུངས་པ། དཽ་ཝཱ་རི་ཀཿ སྒོ་བ། ཤེ་ཥ་པ་ཏིཿ གཉེར་པ། སཱུ་ཙ་ཀཿ ལོག་པོའམ་འདམ་པོ། དཎྜི་བཱ་སི་ཀཿ ཡུལ་སྲུངས། སེ་བ་ཀ ཞམ་རིང་བྱེད་པ། བྷ་ ཊ། ཤོར་བའམ་བཀྲབས་པ། ཨི་སྭསྟཱ་ཙཱརྱཿ འཕོང་གི་སློབ་དཔོན། ནཱ་སཱི་རཿ སྔ་ཚོམས། ནཻ་ ག་མཿ གྲོང་མི། ཛ་ན་པ་དཿ ཡུལ་གྱི་མི། དཻ་ཝ་ཀུ་ལི་ཀཿ ལྷ་ཁང་བསྲུང་བ། མཱ་ཡཱ་ཀ་རཿ སྒྱུ་ མ་མཁན། ཨརྱ། ཇོ་བོའམ་རྗེའུ། མནྟྲ་ཝཱ་དཱིཿ གསང་སྔགས་སྨྲ་བ། ཀྲྀ་ཡཱ་ཝཱ་དཱི་བཅོས་མ་བྱེད་ པ། ཁ་ཧྱ་ཝཱ་དཱི། གཏེར་ལྟ་ཤེས་པ། དཱ་ཏུ་ཝཱ་དཱི། ནོར་སྒྱུར་མཁན། ལུབྡྷ་ཀཿ རྔོན་པ། མཱཏྶི་ཀཿ ཉ་བ། ཤ་ཀུནྟི་ཀཿ བྱ་བ། ཨོ་ར་བྷྲི་ཀཿ ཤན་པ། ཁ་ཊི་ཀཿ སཽ་ཀ་རི་ཀཿ ཕག་འཚོང་བ། གོ་ གྷཱ་ཏ་ཀཿ བ་ལང་གསོད་པ། བཱ་གུ་རི་ཀཿ རྒྱས་འཆོར་བ། ཀཽཀྐུ་ཊི་ཀཿ བྱ་གག་འཚོང་བ། ནཱ་ ག་བནྡྷ་ཀཿ གླང་པོ་ཆེ་འཛིན་པ། ནཱ་ག་མཎྜ་ལི་ཀཿ སྦྲུལ་ཚོགས་ཅན། ཨཱ་ཧི་ཏུཎྜི་ཀཿ སྦྲུལ་ ཁས་སྡིགས་པ། བྷཻངྒ་རི་ཀཿ ཕྱག་ཚང་སྐྱེམས་མལ་པ། སཱུ་པ་ཀཱ་རཿ ཕྱག་ཚང་ཚང་བང་པ། ར་ ཛ་ཀཿ བཙོ་བླག་མཁན། སྠ་པ་ཏིཿ ཕྱག་མཁན་ཏ་ཀྵ་ཀཿ ཤིང་མཁན། པ་ལ་གཎྜ། བརྔྷ་ཀ 1-1-66 སཱུ་ཏྲ་དྷཱ་རཿ ཐིག་མཁན། ཡཱ་བ་སི་ཀཿ རྩ་འཚོང༌། ཀཱཥྚ་ཧཱ་ར་ཀཿ ཤིང་ཐུན། མཱ་ལཱ་ཀཱ་ར། མེ་ ཏོག་ཕྲེང་རྒྱུད། ཤཽཎྜི་ཀཿ ཀལླ་བ་ལ། ཆང་འཚོང༌། ཨ་ཡུ་དྷ་ཛཱི་བཱི། མཚོན་ཆས་འཚོ་བ། གཱནྡྷི་ ཀཿ སྤོས་འཚོང་བ། ཙི་ཏྲ་ཀཱ་རཿ རི་མོ་མཁན། ཤི་ལཱ་ཀུ་ཊ། རྡོ་མཁན། ཏནྟྲ་བཱ་ཡ། ཐ་ག་ བ། སཽ་ཝརྞི་ཀ སུ་ཝརྞི་ཀཱ་ར། གསེར་མགར། ལོ་ཧ་ཀཱ་རཿ ལྕགས་མཁན་ནམ་མགར་བ། ཀཾ་ ས་ཀཱ་ར། འཁར་བ་མཁན། མ་ཎི་ཀཱ་ར། ནོར་བུ་མཁན། སཱུ་ཙི་ཀ ཁབ་མཁན། པ་ཏྲ་ཙྪེ་ད་ ཀ གླེགས་འདྲ་མཁན། ནི་མིཏྟ་ཀ ལྟས་མཁན། བཻ་བཉྩི་ཀ མཚན་མཁན། ཙརྨ་ཀཱ་རཿ ལྷམ་ མཁན་ནམ་ཀོ་ལྤགས་མཁན། མོ་ཙི་ཀཿ ལྷམ་མཁན། ར་ཐ་ཀཱ་རཿ ཤིང་རྟ་མཁན་ནམ་ལྷམ་ མཁན། བེ་ཎུ་ཀཱ་ར། བསྨྱུག་མ་མཁན། ཁཱ་ཏ་རཱུ་པ་ཀཱ་རཿ ཀོ་མཁན་ནམ་ཆུང་མོ་མཁན། ཀུམྦྷ་ ཀཱ་རཿ རྫ་མཁན། མ་ཏི་ཀཿ ཚོང་པ། ཤོལྐི་ཀཿ ཤོ་གམ་པ། གཽལྨི་ཀིཿ ལ་གཅན་པ། ཏཱ་ར་པཎྱི་ ཀཿ གྲུ་བཙས་གཅོད་པ། ཧོ་རིཿ ཉན་རྣ། ཙ་ར། ཨ་ཝ་ཙ་ར་ཀ བྱ་མ་རྟ། མཽ་སྟི་ཀ ཟོལ་པ། བི་ དཱུ་ཥ། བཞད་གད་པ། མཽ་དྲི་ཀ ཡི་གེ་པ། ཀཱ་ཡསྠ། ཡི་གེ་པ། ཨཱ་ཙིརྞ་དཎྜ་ཏཱ། དབྱིག་པ་སྤྱོད་ པ། དཱུ་ཏ། ཕོ་ཉ། ཀཥྱ་ཡིཏྟཿ ཀཱཥྛི་ཀཱ་བིནྟིཿ རང་རྟ། ལེ་ཧཱ་རི། ལེ་ཁ་ཧཱ་རི་ཀཿ འཕར་མ་འམ་ བང་ཆེན། ཀུ་ཊུམྦི་ཀཿ ཁྱིམ་ཁོལ། ཀུ་ཊུམྦཿ བཟའ་པ་འམ་ཉེ་འབྲེལ། ཀཉྩུ་ཀི། ཨནྟ་པུ་ར། མ་ཧལླཿ ཉུང་རུམ། ཀཱཪྵི་ཀཱཿ ཞིང་པ། ཀྲྀ་ཥཱི་བི་ལཿ ཞིང་རྨེད་པ། ཨ་བྷཱི་རཿ ཕྱུགས་རྫི། གོ་པཱ་ ལཿ བ་ལང་རྫི། ཤ་རཱི་ར་རཀྵ་ཀཿ སྐུ་སྲུངས་པ། པ་རི་ཝཱ་རཿ གཡོག་འཁོར། དཱ་སཿ བྲན་ཕོ། དཱ་སཱི། བྲན་མོ། ཀརྨ་རཿ ལས་བྱེད་པ། པཽ་རུ་ཥེ་ཡ། ཞོ་ཤས་འཚོ་བ། བྷྲྀ་ཏྱ། གླ་མིའམ་གཡོག་ གམ་བྲན། བནྡྷ་ན་པཱ་ལ་ཀཿ བཙོན་རྩི། བ་དྷྱ་གྷཱ་ཏ་ཀཿ གཤེད་མ། ཀཱ་ར་ཎཱ་ཀཱ་ར་ཀཿ གནོད་ བྱེད། བ་དྷ་ཀཿ གསོད་པ། ཧ་ན་ནཾ། བསད་པ། ཀལྤི་ཀཱ་རཿ ཀ་པྱཱ་རི། ལྷ་འབངས་སམ་ནང་ བྱན་ནམ་རྩེ་རྒོད། ཨུ་དྱཱ་ན་པཱ་ལཿ སྐྱེད་མོས་ཚལ་བསྲུང་བ། ཨཱ་རཱ་མི་ཀཿ ཀུན་དགའ་པ། གྲྀཧཱི། ཁྱིམ་པ། གྲྀ་ཧསྠཿ ཁྱིམ་ན་གནས་པ། མཱ་ཎ་པ་ཀཿ བྲམ་ཟེའི་ཁྱེའུ། ན་ག་ར་གྷཱ་ཏ་ཀཿ གྲོང་ 1-1-67 ཁྱེར་འཇོམས་པ། གྲཱ་མ་གྷཱ་ཏ་ཀཿ གྲོང་འཇོམས་པ། ནཱ་བི་ཀཿ གྲུ་བ། ཨཱ་ཧཱ་ར་ཀཿ སྙོད་ཅིང་ སྟོབ་པ། ནིཪྷཱ་ར་ཀཿ སེལ་པ། ཀརྞ་དྷཱ་རཿ གདོས་པ་འཛིན་ནམ་རླུང་གཡོར་ཐོགས། ར་ཎ་དྷ་ རཿ རུ་སྐྱ་འཛིན་པ། ཀེ་བརྟྟཿ རྐྱལ་ཆེན་ནམ་ཉ་བའོ། ། མི་རིགས་ཀྱི་དབྱེ་བ་ནི། ཙ་ཏྭཱ་རོ་ཝརྞྞཱཿ རིགས་བཞི། པྲཧྨ་ཎཿ བྲམ་ཟེ། ཀྵ་ཏྲི་ཡཿ རྒྱལ་རིགས། བཻ་ཤྱཿ རྗེའུ་རིགས། ཤཱུ་དྲཿ དམངས་རིགས། ཀྵ་ཏྲི་ཡ་མ་ཧཱ་སཱ་ལ་ཀུ་ལཾ། རྒྱལ་ རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ། བྲཧྨ་ཎ་མ་ཧཱ་སཱ་ལ་ཀུ་ལཾ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་ པོ་ལྟ་བུ། གྲྀ་ཧ་པ་ཏི་མ་ཧཱ་སཱ་ལ་ཀུ་ལཾ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ། ཨུཙྩ་ ཀུ་ལཾ། རིགས་མཐོ་བ། ཨ་བྷི་ཛཱ་ཏཿ རིགས་བཙུན་པ། ནཱི་ཙ་ཀུ་ལཾ། རིགས་དམའ་བ། ཙཎྜཱ་ ལཿ མ་ཏངྒཿ གདོལ་པ། འདོམ་ན་ཙཎྜཱ་ལ་གཏུམ་བྱེད་དུ་གདགས། ཤ་བ་རཿ པུ་ལིནྡཿ རི་ ཁྲོད་པ། པུཀྐ་སཿ ཌོམྦྷཿ གཡུང་པོ། མླེཙྪཿ ཀླ་ཀློ། པྲཏྱནྟ་ཛ་ན་པ་དཾ། མཐའ་འཁོབ་ཀྱི་མིའོ། ། གཉེན་བཤེས་ཀྱི་མིང་ནི། པི་ཏཱ། ཕ། མཱ་ཏཱ། མ། ཛ་ན་པི་ཏྲཱི། མ། བི་ཏཱ་མ་ཧ། མེས་ པོ། པྲ་པི་ཏཱ་མ་ཧཿ ཡང་མེས་པོ། བི་ཏཱ་མ་ཧཱི། ཕྱི་མོ། པྲ་བི་ཏཱ་མ་ཧཱི། ཡང་ཕྱི་མོ། པུ་ཏྲཿ བུ། དུ་ ཧི་ཏཱ། བུ་མོ། ཛྱེཥྛ་བྷྲཱ་ཏཱ། ཕུ་པོ། ཀ་ནཱི་ཡཾ་བྷྲཱ་ཏཱ། ནུ་བོ། བྷྲཱ་ཏཱ། སྤུན། བ་གི་ནཱི། སྲིང་མོའམ་ཕུན་ ནུ་མོའམ་སྲུ། ནཔྟཱ། ཚ་བོ། ནཔྟཱི། ཚ་མོ། སྭ་སུ་རཿ གྱོས་པོ། སྭ་སཱ། སྒྱུག་མོ། མཱ་ཏུ་ལཿ ཞང་ པོ། བྷཱརྱཱ། པཏྣཱི། དཱ་རཱ། ཀ་ལ་ཏྲཾ། ཆུང་མའམ་ཁྱོ་མོ། མ་ཏྲི་སྭ་སཱ། སྲུ་མོ། པི་ཏྲྀ་སྭ་སཱ། ནེ་ནེ་མོ། ས་པཏྣཱི། ཆེན་ཆུན། ཨནྟ་པུ་ར། བཙུན་མོ་འམ་འཁོར་རམ་སླས། བ་དྷཱུ། མནའ་མ། ཛམྦ་ཏི། ཁྱོ་ཤུག དམྦ་ཏི། དཱ་ར་ཀཿ ཁྱེའུ། དཱ་རི་ཀཱ། བུ་མོ། ཡ་མ་ལ་ཀཿ མཚེ་མ། ཛྙཱ་ཏི། ཉེ་དུ། སྭ་ ཛ་ན། གཉེན་འདབ། བནྡྷུ། རྩ་ལག སཱ་ལོ་ཧི་ཏཿ སྣག་གི་གཉེན་འཚམས་སམ་ཕའམ་རྒན་ རབས། མི་ཏྲཾ། མཛའ་བཤེས། ས་ཁཱ། གྲོགས་པོ། ཨནྟརྫ་ན། ནང་མི། ཏ་ན་ཡཿ བུ། ཨ་གྲ་ མ་ཧི་སཱི། བཙུན་མོ་དམ་པ། ན་བ་བ་དྷཱུ། བག་མ་སར་པའམ་མནའ་མ་སར་པ། ན་རཿ སྐྱེས་ 1-1-68 པ། ནཱ་རཱི། བུད་མེད། མཱ་ཏྲྀ་གྲཱ་མ། བུད་མེད། སུ་མཱཾ། སྐྱེས་པའམ་ཕོ། ཏཱ་ཏཿ ཡབ་བམ་ཇོ་བོ། ཨམྦཱ། ཡུམ་འམ་ཟ་ཟ། དྷཱི་ཏྲཱི། མ་མ། སྟྲཱི་གུརྦི་ཎཱི། བུད་མེད་སྦྲུམ་མ། རྀ་ཏུ་མ་ཏཱི་སྟྲཱི། ཟླ་མཚན་ དང་ལྡན་པའི་བུད་མེད་དོ། ། ལུས་དང་ཡན་ལག་ལ་སོགས་པའི་མིང་ནི། ཀཱ་ཡཿ ཤ་རཱི་རཾ། གཱ་ཏྲ། ཀ་ཌེ་བ་ རཾཿ ལུས་ཀྱི་མིང་འདི་རྣམས་འདོམ་ན། ལུས་དང༌། གཟུགས་དང༌། ཁོག་པ་ལ་སོགས་པར་ གདགས། སི་རཿ མགོ། མསྟ་ཀཿ གླད་པ། མསྟ་ཀ་ལུམ་གཿ གླད་རྒྱས། མཱུར་དྷཱ། སྤྱི་བོ། ཀེ་ ས། ཤི་རོ་རུ་ཧ། སྐྲ། མུ་ཁ་མཎྜ་ལཾ། བཞིན་གྱི་དཀྱིལ་འཁོར། ཝཀྐྲ་མ། ཞལ་ལམ་གདོང་ངམ་ ཁ། ལ་ལཱ་ཊཾ། དཔྲལ་བ། བྷྲཱུ། སྨིན་མ། པཀྵྨ། མིག་གི་རྫི་མ། ཏཱ་ར་ཀ། མིག་གི་འབྲས་བུ། མུ་ཁཾ། ཁ། སྲྀཀྐ། ཁའི་གྲྭ། ཙི་བུ་ཀཾ། ཀོ་སྐོ། གྲཱི་བཱ། མགྲིན་པ། ཀ་པོ་ལཾ། འཁུར་བ། གཎྜ། འཁུར་ཚོས། ཧ་ནུ། འགྲམ་པ། སང་ཁ། མུར་འགྲམ། ཛམ་བྷི། ཐག་འགྲམ། དནྟཿ སོ། ཏཱ་ལུ། རྐན། ཨོཥྛཿ མཆུ། དཾཥྚྲ། མཆེ་བ། སྨ་ཤྲུ། ཁ་སྤུ། ཀ་ཎ་ཋ། མགུལ་བ། ཀནྛ་ནཱ་ལི་ཀཱ། མིད་པ། ཀནྛ་མ་ཎི། སྲོལ་མདུད། ཧྲྀ་ད་ཡཾ། སྙིང༌། ཀྲྀ་ཀཱ་ཊི་ཀཱ། ལྟག་པ། ཧ་སྟ། ལག་པ། ཨཾ་སཿ ཕྲག་ པ། སྐན་དྷཿ ཐལ་གོང༌། པྲྀཥྛཿ རྒྱབ། ཛངྒྷ། ནམ་ཚོང༌། བཱ་ཧུ་སི་ཁ་རཾ། དཔུང་མགོ། ཀ་ཀྵཿ མཆན་ཁུང༌། བཱ་ཧུཿ དཔུང་པ། ཀཱུརྤ་ར་ཀཾ། གྲུ་མོ། མ་ཎི་བན་དྷཿ འཁྲིག་མ། ཧསྟ་པྲྀཥྛཾ། ལག་ པའི་རྒྱབ། ཨང་གུ་ལི། སོར་མོ། ཨཾ་གུཥྛཾ། མཐེ་བོ། ཏརྫ་ནཱི། འཛུབ་མོ། མ་དྷྱཱཾ་གུ་ལི། གུང་མོ། ཨ་ནཱ་མི་ཀཱ། སྲིན་ལག ཀ་ནིཥྛཱ་ཀཱ། མཐེའུ་ཆུང༌། མུཥྚི། ཁུ་ཚུར། ཁ་ཊཿ ཁུ་ཚུར་རམ། ལྟག་ དབྱུག ཙ་པེ་ཊ། ཐལ་ལྕག ན་ཁཾ། སེན་མོ། ཧསྟ་ཏ་ལཾ། ལག་འཐིལ། སན་དྷཱི། ཚིགས། ན་ཧ་ རུ། ཆུ་བ། སྣཱ་ཡུཿ རྒྱུས་པ། སི་རཱ། རྩ། ཨུ་རཱ། བྲང་ངམ་ཐོང་ཁ། སྟ་ན། པ་ཡོ་དྷ་ར། ནུ་མ། ཧྲྀ་ ད་ཡ། པྲ་བེ་ཤཿ སྙིང་ཁ། ཨུ་ད་རཾ། ལྟོ། ནཱ་བྷི། ལྟེ་བ། ནཱ་བྷི་མཎྜ་ལཾ། ལྟེ་བ་ཁུར། བསྟི། ཆུ་ སོའམ་འདོམས། ཛ་གྷ་ནཾ། རྐྱེད་པ། སྲོ་ཎི། ཆུ་སོའམ་སྟ་ཟུར། པེ་ལ། རླིག་པ། ཏྲྀ་ཀ མཇུག་ 1-1-69 ངོ༌། པྲྀཥྛ་བཾ་སཿ སྒལ་ཚིགས། པརིསྭ་ཀ རྩིབ་མ། པརསྭ་རྩིབ་ལོགས། ཀ་ཊི། རྐྱེད་པ། བུ་ ལི། རྐུབ། པྥིཀ རྐུབ་ཚོས། པཱ་ད། རྐང་པ། ཨུ་རུ། བརླ། ཛ་ནུ། པུས་མོ། ཛ་ནུ་མཎྜ་ལཾ། པུས་ མོའི་ལྷ་ང༌། ཛཾ་གྷཱ། རྗེ་ངར། གུལྥ། ལོང་བུ། པཱཥྞཱི། རྟིང་པ། པཱ་ད་ཏ་ལཾ། རྐང་འཐིལ། ཀློ་མ་ ཀ ཕུསྥུ་ས། གློ་བ། ཡ་ཀྲྀ་ཏ། མཚེར་བ། པིཏྟ། མཁྲིས་པ། པྲིཀྐཿ མཁལ་མ། ཨནྟྲཾ། རྒྱུ་མ། ཨནྟྲ་གུ་ཎཱ། གཉེ་མ། ཨཱ་མ་ས་ཡ། ཕོ་བ། པཀྵ་ཤ་ཡ། ལོང་ཁ། ཨོ་དཱ་རི་ཡ་ཀཾ། ལྒང་བ། མཱནྶ། ཤ ཀུཀྵི། དཀུ། ཏྭ་ཀ པགས་པ། ཨསྠི། རུས་པ། རུ་དྷི་རཾ། ཁྲག མཛྫ། རྐང་ངམ་གཞུངས་ པ། དནྟ་མཱནྶཾ། རྙིལ། ཨཾ་གཾ། ཡན་ལག པྲཏྱཾ་གཾ། ཉིང་ལག གརྦྷ། མངལ། བ་སཱ། ཞག མེ་དཿ ཚིལ། པཱུ་ཡཾ། རྣག སི་གྷཱ་ཎི་ཀཾ། སྣབས། ཁེ་ཊཾ། མཆིལ་མ། ཤླེཥྨཱ། བད་ཀན་ནམ་མཆིལ་མ། དནྟ་མ་ལཾ། སོ་རྐྱག་གམ་སོའི་དྲི་མ། ནཱ་སཱ་པུ་ཊཿ སྣའི་བུ་ག ལ་སཱི་ཀཱ། ཆུ་སེར། ཨ་ཤྲུ། མཆི་ མ། ཙཀྵུརྨ་ལཾ། མིག་རྣག་གམ་དྲུ་མ། ཀརྞ་མ་ལཾ། རྣ་སྤབས། ཙ་མ་ས། རྣ་ཤལ། རོ་མ་སྤུ། རོ་ མ་ཀུ་པ། བ་སྤུའི་ཁོང་བུ། ཨུཏྒཱ་རཿ སྒྲེགས་པ། སྭེ་ད། རྡུལ། མཱནྶ་ཀཱི་ལཿ མཛེར་པ། ཙྪིཀྐ། སྦྲིད་པ། ཀྵུ་ཌ། ཧིཀྐཱ། སྐྱིགས་བུ། མ་ལཾ། དྲི་མ། ཏི་ལ་ཀཾ། སྨེ་བ། མཱུ་ཏྲཾ། གཅིན། གུ་ཐཾ། ཕྱི་ ས། བི་ཛྱམྦྷཱ། ལྐད་པའོ། ། ལུས་སུ་འགྱུར་བའི་མིང་ནི། ཀ་ལ་ལཾ། ནུར་ནུར་པོ། ཨུརྦུ་དཾ། མེར་མེར་པོ། པེ་སཱི། ནར་ནར་པོ། གྷ་ན། གོར་གོར་པོ། པྲ་ཤཱ་ཁཱ། རྐང་ལག་འགྱུས་པའོ། ། ན་ཚོད་འགྱུར་བའི་རིམ་པ་ནི། བ་ཡཿ ན་ཚོད། གརྦྷ་རཱུ་པཿ ཁྱེའུ། བཱ་ལཿ བྱིས་པ། ལཱཌཱི་ཀཿ བུས་པ། ཀུ་མཱ་རཿ གཞོན་ནུ། ཏ་རུ་ཎཿ གཞོན་པ། ཡཽ་བ་ནཾ། ལང་ཚོ། ཡུ་ཝཱ། ལང་ ཚོ་ལ་བབ་པ། ད་དྲུཿ དར་ལ་བབ་པའམ་སྐྱེས་ཕྲན། ཡུ་བ་ཏིཿ ན་ཆུང༌། ཀུ་མ་རཱི། གཞོན་ནུ་ མའོ། །ཀུབྫཿ རྒུར་པོ། ཛཱིརྞ་ཏཱ། འཁོགས་པ། བི་ལཱི་པྲ་ཚུ་ར་ཏཱ། གཉེར་མ་མང་བ། པཱ་ལི་ཏྱཾ། མགོ་སྐྱ། དཎྜ་ཨ་བཥྚཾ་བྷ་ན་ཏཱ། མཁར་བ་ལ་རྟེན་པ། ཁ་ལི་ཏྱཾ། སྤྱི་ཅེར། ཀཱ་ཤཿ ལུད་པ་ལུ་ 1-1-70 བ། ཁུ་རུ་ཁཱ་རཱ་བ་སཀྟ་ཀནྛཿ མགུར་སྒྲ་ངར་ངར་པོས་འགག་པ། པྲ་བ་རེ་ཎ་ཀཱ་ཡེ་ན་དཎྜི་མ་ བ་སྲྀཥྛཿ ལུས་རྒུ་བས་འཁར་བ་ལ་རྟེན་པ། དྷ་མ་ནཱི་ཤཾ་ཏ་ཏ་གཱ་ཏྲཿ ལུས་རྩ་ཕྱིར་འཐོན་པས་ ཁྱེབས་པ། བྲིདྡྷཿ རྒན་པོ། མ་ཧལླ་ཀཿ ནས་གཟེར་བ། ག་ཏ་ཡཽ་བ་ནཿ དར་ཡོལ་བའམ་ཕྱིན་ པ། ཛཱིརྞཿ རྒས་པའམ་རྙིངས་པའམ་རྙིས་པ། བ་ལཱི་ནི་ཙི་ཏ་ཀཱ་ཡཿ ལུས་གཉེར་མས་གང་བ། བི་བྷུགྣཿ སྒུར་བ། ཨཱ་ཏུ་རཿ ནད་པའམ་ན་བའོ། ། ངན་འགྲོའི་མིང་ནི། དུརྒ་ཏི། ངན་འགྲོ། ཨ་པཱ་ཡ། ངན་སོང༌། བི་ནི་པཱ་ཏཿ ལོག་ པར་ལྷུང་བ། ན་ར་ཀཿ སེམས་ཅན་དམྱལ་བ། ཡ་མ་ལོ་ཀ གཤིན་རྗེའི་འཇིག་རྟེན། པི་ཏྲྀ་བི་ ཥ་ཡ། ཡི་དྭགས་ཀྱི་ཡུལ། ཏིརྱ་གྱོ་ནི་ག་ཏཿ དུད་འགྲོའི་སྐྱེས་གནས་སུ་སོང་བའམ་སྐྱེས་པའོ། ། དམྱལ་བའི་ཁྱད་པར་ནི། སཾ་ཛཱི་བཱཿ ཡང་སོས། ཀཱ་ལ་སཱུ་ཏྲཾ། ཐིག་ནག སཾ་གྷཱ་ཏཿ བསྡུས་འཇོམས། རཽ་ར་བཿ ངུ་འབོད། མ་ཧཱ་རཽ་ར་བ། ངུ་འབོད་ཆེན་པོ། ཏ་པ་ནཿ ཚ་བ། པྲ་ ཏཱ་པ་ནཿ རབ་ཏུ་ཚ་བ། ཨ་བཱི་ཙི། མནར་མེད་པའོ། །ཨརྦུ་དཿ ཆུ་བུར་ཅན། ནིརྦུ་དཿ ཆུ་བུར་ རྡོལ་བ། ཨ་ཊ་ཊཿ སོ་ཐམ་ཐམ། ཧ་ཧ་བཿ ཀྱི་ཧུད་ཟེར་བ། ཧུ་ཧུ་བཿ ཨ་ཆུ་ཟེར་བ། ཨུཏྤ་ ལཿ ཨུད་པལ་ལྟར་གས་པ། པདྨཿ པད་མ་ལྟར་གས་པ། མ་ཧཱ་པདྨཿ པད་མ་ལྟར་ཆེར་གས་ པའོ། །ཀུ་ཀཱུ་ལཾ། མེ་མ་མུར། ཀུ་ཎ་པཾ། རོ་མྱགས། ཀྵུ་ར་དྷཱ་རཱ། སྤུ་གྲིའི་སོ། ཨ་སིདྷཱ་རཱ། རལ་ གྲིའི་སོ། ཨ་ཡཿ ཤཱལྨ་ལི་བ་ནཾ། ལྕགས་ཀྱི་ཤིང་ཤཱལ་མ་ལིའི་ནགས། ཨ་སི་པ་ཏྲ་བ་ནཾ། ལོ་མ་ རལ་གྲི་ལྟ་བུའི་ནགས། ཨ་ཡོ་གུ་ཌཿ ལྕགས་ཀྱི་ཐུ་ལུམ། པྲ་ཏྱེ་ཀ་ན་ར་ཀཿ ཉི་ཙེ་བའི་སེམས་ ཅན་དམྱལ་བ། སཾ་ཙྪི་དྱ་ཏེ། གཅོད་པ། བྷིནྡ་ཏི། འབིབས་པ། བི་ཤིཪྻ་ཏེ། ཞིགས་པར་གྱུར་ པའམ་སྙིལ་བ། ནྱཾ་ཀཱུ་ཊ་ནཱ་མ་སྲཱ་ཎཱི། འབུམ་མཆུ་རྣོན་ཞེས་བྱ་བ། ཨ་ཡ་སྟུཎྜ་ནཱ་མཱ་ནོ་པཱ་ཡཱ་ སཱ། ཁྭ་ལྕགས་ཀྱི་མཆུ་ཞེས་བྱ་བ། མསྟ་ཀ་ནིརླི་ཁནྟི། ཀླད་རྒྱས་འཐོག་པ། ཨརྟྟ་སྭ་རཾ་ཀྲནྡ་ཏི། 1-1-71 ཉམས་ཐག་པའི་ང་རོ་འབྱིན་པའམ་འོ་དོད་འབོད་པའམ་ཆོ་ངེས་འདེབས་པ། དྷཱ་བི་ཏ། རྒྱུག་ པའོ། ། ཡི་དྭགས་ནི། པྲེ་ཏཿ ཡི་དྭགས། དུད་འགྲོར་གཏོགས་པ་ས་ལ་སྤྱོད་པ་ནི། སིངྷཱ་ཛཱ་ནེ་ཡ། སེང་གེ་ཅིང་ཤེས། ཨེ་རཱ་བཱ་ཎ་ཧསྟིཿ གླང་པོ་ཆེ་ས་བསྲུང་གི་བུ། ཧསྟྱ་ཛཱ་ན་ཡ། གླང་པོ་ཆེ་ཅང་ཤེས། ཀནྠ་ཀཿ སྔགས་ལྡན། ཨ་ཤྭཱ་ཛཱ་ནེ་ཡ། རྟ་ཅང་ཤེས། བ་ལཱ་ཧ་ཀཱ་ཤྭ་རཱ་ཛཱ། རྟའི་རྒྱལ་པོའི་སྤྲིན་གྱི་ཤུགས་ཅན། སྭཱ་པ་དཿ གཅན་གཟན། སིངྷ། སེང་གེ། ཤཱརྡཱུ་ལཿ བྱཱ་གྷྲཿ སྟག བྱཱ་གྷྲཱི། གཟིག དྭཱི་པི། གུང༌། རྀ་ཀྵཿ བལླུ་ཀཿ དོམ། ཏ་རཀྵུཿ དྲེད། ཀོ་ཀཿ མཆའ་འམ་ སྤྱང་ཁྱི། བྲི་ཀཿ སྤྱང་ཁྱི། སྲྀ་གཱ་ལཿ བྷེ་རུཎྜ་ཀཿ ལྕེ་སྤྱང༌། ཀྲོཥྚུ་ཀཿ ལོ་མཱ་སཱི། སྲྀ་ག་ལཿ ཝ། ཀུ་ཀུ་ར། ཁྱི། བི་ཌཱ་ལ། མཱ་སྫཱ་རཿ བྱི་ལ། ན་ཀུ་ལཿ ནེ་ལེའམ་སྲེ་མོའོ། །མྲྀ་གཿ རི་དྭགས། གཎྜཿ བསེ། བ་རཱ་ཧཿ ཕག་རྒོད་དམ་ཕག ཨཱ་ར་ཎྱ་བ་རཱ་ཧཿ ཕག་རྒོད། ཧ་རི་ཎྱ། ཤ་བ། གཽ་ ར་ཁ་རཿ རྐྱང༌། ཤ་ཤཿ རི་བོང་ངོ༌། །པ་ཤུཿ ཕྱུགས། ཧསྟིཿ གླང་པོ་ཆེའམ་བན་གླང༌། ཀུཉྫ་རཿ ཀ་རེཎྜཿ ཀ་རི་ཎཱིཿ བན་གླང་མོ། ཨ་ཤྭ། ཏུ་ར་ག །ཧ་ཡཿ རྟ། བ་ཏ་བཱ། རྟ་རྒོད་མ། ཨུཥྚཿ རྔ་ མོ། ཙ་མ་རཿ གཡག གོ་བ་ལང༌། བ་ལི་བརྟ། གླང༌། མ་ཧི་ཥཿ མ་ཧེ། བེ་ག་ས་རཿ ཨ་ཤྭ་ཏ་ རི། དྲེའུ། གརྡ་བྷཿ བོང་བུ། ཀ་ན་བྷཿ རྔེའུ། ཀོ་ཤྭ་རཿ རྟེའུ། ཀ་ལ་བྷཿ བ་ལང་གི་ཕྲུ་གུ། ག་ཛ་ པོ་ཏ། བན་གླང་གི་ཕྲུ་གུ ། སཱུཀ་རཿ ཕག །ཨེ་ཌ་ཀ ཨུ་ར་བྷཱཿ ལུག ཨ་ཛཱ། ཙྪ་ག་ལཿ ར། པྲཱ་ ཎ་ཀ སྲོག་ཆགས། བཱ་ན་ར། ཀ་པིཿ མརྐ་ཊ། སྤྲེའུ། མཱུ་ཥཿ ཨཱ་ཁུཿ བྱི་བ། ཀྲྀ་ཀ་ལཱ་སཿ རྩངས་ པ། པི་པཱི་ལི་ཀཱཿ གྲོག་མ་འམ་གྲོག་སྦུར། ཡུ་ཀཿ ཤིག ལི་ཀྵ། སྲོ་མའོ། །ཆུ་ལ་སྤྱོད་པ་ ནི། ཤི་ཤུ་མཱ་རཿ ཆུ་སྲིན་བྱིས་པ་གསོད། མ་ཀ་རཿ ཆུ་སྲིན། གྲཱ་ཧཿ ཆུ་སྲིན་འཛིན་ཁྲི། ཀུམྦྷཱི་ རཿ ཆུ་སྲིན་ཀུམབྷི་ར། ན་ཀྲཿ ཆུ་སྲིན་ན་ཀྲ། ཀཱུརྨཿ རུས་སྦལ། ཨུ་དྲཿ སྲམ། མཏསྱཿ ཉ། བྱ་ ཏཿ སྦྲུལ། སརྦ་བྱཱ་ཌ། ཨུ་ར་གཿ པནྣ་གཿ གླུའམ་སྦྲུལ། མཎྜཱུ་ཀཿ སྦལ་པ། བྲྀཙྪི་ཀཿ སྡིག་ 1-1-72 པ། ས་རཱི་སྲྀ་པཿ སྡིག་སྦྲུལ། ཀྲྀ་མིཿ སྲིན་བུ། ཛ་ལཱུ་ཀཿ སྲིན་བུ་པད་པ། དྭཱི་པི་ཀཿ སྲིལ་ལམ་ འབུའམ་མུག་པའོ། །མཁའ་ལ་སྤྱོད་པ་ནི། ཀ་ལ་བིངྐ། བྱ་ཀ་ལ་བིང་ཀ པཀྵཱི། བྱ། ཤ་ཀུ་ ནི། བི་ཧ་གཿ བྱ། ཙ་ཊ་ཀཿ བྱེའུ། སུ་པརྞིཿ ག་རུ་ཌ་དང་འདོམ་ན་འདབ་བཟངས། མ་ཡཱུ་ར། བཪྷཱི། ཤི་ཁཱི། རྨ་བྱ། ཛཱི་བཾ་ཛཱི་བ་ཀཿ ཤང་ཤང་ཏེའུ། གྲྀ་དྷྲཿ བྱ་རྒོད། ཙཱ་ཤཿ བྱ་ཙ་ཤ ཤུ་ཀཿ ནེ་ཙོ། ཀུ་ནཱ་ལ། བྱ་ཀུ་ནཱ་ལ། རཱ་ཛ་ཧཾ་སཿ ངང་པའི་རྒྱལ་པོ། དྷརྟ་རཱཥྚཱཿ ངང་སྐྱ། ཧཾ་ས། ངང་ མོ། ཀྲོཉྩཿ ཁྲུང་ཁྲུང༌། ཙཀྲ་བཱ་ཀཿ ངུར་པ། སཱ་ར་སཿ བཞད། ས་རི་ཀཿ རི་སྐྱེགས། ཀོ་ཀི་ལཿ ཁུ་བྱུག བ་ལཱ་ཀཱཿ ཆུ་སྐྱར། བ་ཀ བྱ་དཀར། ཏིཏྟི་རིཿ སྲེག་པ། ཀ་པིཉྩ་ལཿ གོང་མ་སྲེག ཀཾ་ཀ་ རཿ ཀྲ་ཀ་རཿ བྱ་ཝང༌། ཨུ་ལཱུ་ཀ འུག་པ། ཙ་ཀོ་རཿ བྱ་ཙ་ཀོ་ར། དྲཻ་ཎཿ ཀཱ་ཀཿ བྱ་རོག །བ་ཡ་ ས། དྷྭཾ་ཀྵཿ སྤྱི་གཏོལ་ཅན་ནམ་ཁཱའམ་བྱ་རོག ཀ་པོ་དཿ ཐི་བ། པཱ་རཱ་བ་ཏཿ ཕུག་རོན། ཀུཀྐ་ ཊ། ཁྱིམ་བྱ། ཙིལླ། འོལ་བ། ཙཱ་ཏ་ཀཱ། ཁུག་རྟཿ པཀྵ་གུཔྟཿ བྱ་འམ་འདབ་སྐྱོབ། ཀཱ་རཎྜ་བཿ བྱ་ཀ་ར་ན་ད་བཿ ཏི་ཏཱི་ལཿ ཕ་ཝང༌། ཙརྨ་ཙ་ཊ་ཀཿ ཙི་རཱི། སི་ལཱི། ཚང་པ་བྱེའུ། བྷྲ་མ་རཿ བུང་ བ། མ་ཤ་ཀཿ སྦྲང་བུ་མཆུ་རིངས། དཾ་ཤཿ ཤ་སྦྲང༌། ཁ་དྱཽ་ཏ་ཀཿ སྲིན་བུ་མེ་ཁྱེར། པ་ཏཾ་གཿ ཕྱེ་ མ་ལེབ། ཤ་ལ་བྷཿ ཆ་ག་བ། ཨུ་པཱ་དཿ ཨུཏྤ་ཏ་ཀ འཇི་བ། ཏྲཻ་ལཱ་ཊཿ སྦྲང་བུ་ཏྲཻ་ལ་ཏ། ཏྲྱམྦུ་ཀཿ སྦྲང་བུ་ཏྲྱ་མ་བུ་ཀའོ། །བྲྀནྡཿ ས་མུ་ཧཿ ནི་བ་ཧཿ བྱཱུ་ཏཿ ཞེས་པ་རྣམས་ནི་ཚོགས་པའམ་ཁྱུའམ་ བཀོད་པའོ། །སེམས་ཅན་ཀྱི་སྡེ་ཚན་བརྡ་སྤྲོད་པའི་ལེའུ་སྟེ་དྲུག་པའོ།། །། བདེ་བའི་ཁྱད་པར་ནི། སུ་ཁཿ བདེ་བ། སུཿ ལེགས་པ། ཀྵེ་མཿ སྐྱིད་པ། ར་ཏིཿ དགའ་ བ། ཨཱ་སཱིརྦཱ་དཱ། ཤིས་པར་བརྗོད་པ། ཨ་ཤཱི་ཤཿ ལེགས་སུ་སྨོན་པ། ཝརྞ་ཝཱདཱིཿ བསྔགས་པ་སྨྲ་ བ། ཤྲཱིཿ དཔལ་ལམ་གཡང༌། ལཀྵྨཱིཿ དཔལ་ལམ་ཤིས་པ། མཾ་ག་ལཾ། བཀྲ་ཤིས་སམ་ལྟས། ཀུ་ཏུ་ཧ་ལཾ། དགེ་མཚན་ནམ་ལྟད་མོ། སྲ་ཤ་སྟཾ། དགེ་ཤིས། སྭསྟི། བདེ་ལེགས་སམ་དགེ་ བ། སྭསྟྱཱ་ཡ་ནཾ། བདེ་ལེགས་སུ་གྱུར་པ། སཽརྦསྟི་ཀཿ བདེ་ལེགས་བརྗོད་པ། ཀ་ལྱཱ་ཎཾ། བདེ་ 1-1-73 ལེགས་སམ་དགེ་བ། ཤླ་གྷྱ། ལེགས་པ། ཀུ་ཤ་ལཾ། དགེ་བའམ་མཁས་པ། ཤྲེ་ཡཾ། མཆོག་ཏུ་ བཀྲ་བས། ཛྱ་ཡཱཏ། མཆོག་ཏུ་བཏུས་པ། སྭ་དྷཱ། གཞི་བསྲུང་བ། བ་ཤ་ཊ། གཞི་མི་འགྲིབ་པ། ༀ། རབས་བསྔགས། སྭཱ་ཧཱ། གཞི་ཚུགས་པའོ། ། སྡུག་བསྔལ་གྱི་ཁྱད་པར་ནི། དུཿཁ། སྡུག་བསྔལ། ས་རི་དཱ་ཧཿ ཡོངས་སུ་གདུང་ བའམ་ཚ་བ། བྱཱ་དྷིཿ རོ་ག། ནད། པྲ་ཎཾ། རྨ། གཎྜ། ཤྲཱི་བི་ཀཱ། འབྲས། ཀུཥྛཾ། མཛེ། བི་སྥོ་ ཊཿ འབྲུམ་བུ། ཀི་ཊི་བྷཿ འབྲུམ་བུ་ཕྲ་མོ། ད་དྲུཿ ཤུ་བ། ཀི་ལཱ་ས། ངལ་སྐྱེན་པའམ་ཤ་བཀྲ། བི་ཙ་རྩི་ཀཱ། རྐང་ཤུ། ཀཎྜཱུཿ གཡའ་བ། པཱ་མཱ། གཡན་པ། ཀཙྪཱུ། ཁྱི་རྔོ། བི་སཱུ་ཙི་ཀ གསུད་ པ། ཨ་དྷྨཱ་ཏཿ ལྦོས་པ། ཧིཀྐཱ། སྐྱིགས་པུ། རཱ་ཛཱ་ཡ་ཀྵུ། གཅོང་ཆེན་པོ། ཀྵ་ཡ་བྱཱ་དྷི། ནང་ཁོང་ སྐྱེམ། བྷྲ་མཿ མགོ་འཁོར། ཀཱ་སཿ ལུད་པ། ཤྭཱ་སཿ དབུགས་མི་བདེ་བ། ཤོ་ཥཿ སྐྱེམ་པ། ལོ་ ཧི་ལིཾ་གཾ། ལྷོག་པ། ཨ་པ་སྨཱ་ར། བརྗེད་བྱེད། བཻ་སརྦ། མེ་དཔལ། ཨཾ་ག་བྷེ་དཿ ཡན་ལག་ ཏུ་ཟུག་པ། གུལྨཿ སྐྲན། པཎྜུ་རོ་གཿ སྐྱ་ལྦབ། ཀྵ་ཏཿ གློ་འགྲམས་པ། སཾ་བྷིནྣ་བྱཉྫ་ནཾ། གླེ་ འདམས་པ། ཀ་ཊ་ཀྐ་རཿ བྷསྨ་ཀཿ བཀྲེས་ངབ། བྷ་གནྡྷ་རཿ མཚན་པར་རྡོལ་བ། ཨཪྴཾ་ཤི། གཞང་འབྲུམ། ཙྪརྡི། སྐྱུག་བྲོ་བ། མཱུ་ཏྲ་རོ་དྷཿ ཆུ་འགག་པ། ཤླཱི་པཱ་དཱ། རྐང་བམ། ཀླ་མཿ ངལ་ བ། ཨངྒ་དཱ་ཧཿ ལུས་ཚ་བ། བཱ་ཤྭ་དཱ་ཧཿ རྩིབ་ལོགས་ཚ་བ། ཨསྠི་བྷེ་དཿ རུས་པ་ལ་ཟུག་པ། སཉྩཱ་ར་བྱཱ་དྷི། ནད་འགོ་བ། ཛྭཱ་རཿ རིམས། པིཏྟཾ། འཁྲིས་ནད། རུ་དྷ་རྀ། ཁྲག་ནད། པྲ་ཛྭཱ་རཿ རིམས་དྲག་པོ། ཨེ་ཀཱ་ཧི་ཀཿ ཉིན་གཅིག་པ། དྭཻ་ཏཱི་ཡ་ཀ དྭཱ་ཧི་ཀཿ ཉིན་གཉིས་པ། ཏྲཻ་ནཱི་ཡ་ ཀཿ ཉིན་གསུམ་པ། ཙཱ་ཏུཪྠ་ཀཿ ཉིན་བཞི་པ། ནི་ཏྱ་ཛྭཱ་རཿ རྟག་པའི་རིམས། བི་ཥ་མ་ཛྭ་རཿ རིམས་མི་བཟད་པ། སནྣི་པཱ་ཏཿ འདུས་པ། ཨ་ཏི་སཱ་རཿ ཚད་པ། པྲ་མེ་ཧཿ གཅིན་ནད། ར་ ཛ་ཏཾ། གློག་པ། ཨུཏྶི་ཀཱ། ཨུ་བྱཱ་ས། འགོ་བའི་གློག་པ། སི་ཏ་པུཥྤི་ཀཾ། སིཏྨ། སི་དྷ་མ། ཤ་བཀྲ། ཤྩི་ཏྲཾ། ཤ་ཟིག་གུ། ཀམྤཿ འདར་བུ། བ་ཧི་རཱ་ཡཱ་མཿ གླང་ལངས་པ། བཱ་ཏ་པྲ་ཏོ་དཿ གཟེར་ 1-1-74 ཐབས། མ་ནྱཱ་སྟམྦྷཿ གཉེའུ་རེངས། ཀཱ་མ་ལཱཿ མིག་སེར། ཀཱ་ཙ་པ་ཊ་ལཾ། ལིང་ཏོག་སེར་པོ། སཾ་ནྱཱ་ས། རྨྱ་བ། ཨི་ཏི། ཡམས་ཀྱི་ནད། ཨུ་པ་སརྒཿ འགོ་བའི་ནད། བི་ཊ་ཀཾ། ཕོལ་མིག མཱུ་ ཏྲ་ཀྲྀཙྪ་རཾ། གཅིན་སྲི་བ། ད་ཀོ་ད་རཿ དམུ་རྫིང་ཅན། ཛ་ལོ་ད་རཿ དམུ་ཆུ་ཅན་ནོ། ། གནས་ཁང་གི་ཁྱད་པར་ནི། ཀུ་ཊཱ་གཱ་རཾཿ ཁང་པ་བརྩེགས་པ། བི་མཱ་ནཿ གཞལ་ མེད་ཁང༌། ཨཱ་བ་ས་ཐཿ འདུག་གནས། གྲྭ་མཿ གྲོང༌། ན་ག་རཿ གྲོང་ཁྱེར། ནི་ག་མཿ གྲོང་ རྡལ། ཛཱ་ན་པ་དཾཿ ལྗོངས་སམ་ཡུལ། རཱ་ཛཱ་དྷཱ་ནཱི། རྒྱལ་པོའི་ཕོ་བྲང༌། པུ་རཾ། གྲོང་ཁྱེར་རམ་ ཕོ་བྲང༌། པྲཱ་སཱ་དཿ ཁང་བཟངས་སམ་ཁང་བ། བེཤྨ། ཁང་པ། གྲྀ་ཧཾ། ཨཱ་ཀཱ་རཾ། གེ་ཧཾ། ཁྱིམ། བྷ་བ་ནཾ། གནས་སམ་ཁང་པ། ཧརྨྱཾ། པུ་ཤུའམ་ཡང་ཐོག ཨོ་བི་དྷྱ་ན་ཁཱཿ མདའ་ཡབ་བམ་བ་ གམ། ག་བཱཀྵཾ། ཁོལ་མའམ་དཀར་ཁུང༌། ཏོར་ཎཾ། རྟ་བབས། བྷིཏྟིཿ རྩིག་པ། པྲཱ་ཀཱ་རཿ ར་ བ། བི་ཏཱ་ནཾ། བླ་རེ། ཡ་པ་ནི་ཀཱཿ ཡོལ་བ། ཁ་ར་གྲྀ་ཧཾཿ གུར། པ་ཊ་ཀུ་ཊི་སྦྲ། མཎྜ་པཿ འདུ་ ཁང་ངམ་བཀད་ས། དྭཱ་རཾ། སྒོ། ཀ་པཱ་ཊ་པུ་ཊཾ། སྒོ་འཕར། དྭཱ་ར་ས་ཁ། སྒོ་སྐྱེས། ཨ་བ་སཾ་ གཿ ཡ་ཕུབས། ནྱཱ་སཿ ཐེམ་པ། སྠཱུ་ནཱ། ཀ་བའམ་གཟུ་བ། སྟམྦྷཿ ཀ་བ། ཀུམྦྷ་ཀཿ ཀ་རྟེན། ཀྲྀ་ཀ་ཊ་ཀཿ ཀ་ཞུ། སཱིཪྵ་ཀཾ། ཕྲེང་ཕུལ། གོ་སཱ་ར་ཀཿ གདུང༌། དྷ་ར་ཎཱི། ཕྱམ། ཨིནྡྲ་ཀཱི་ལཿ འཁོར་གཏན་ནམ་སྒོའི་ཐེམ་པ། བེ་དི་ཀཱ། ལན་ཀན་ནམ། ཁ་ཁྱེར་རམ་སྟེགས་བུ། སོ་པཱ་ཎཾ། ཐེམ་སྐས། བི་ཏདྷིཿ སྟེགས་བུ། ཨཱ་རཱ་མཿ ཀུན་དགའ་ར་བ། བཱ་ཌཱི། ཊི་ཀཿ སཱ་ཁ་བཱ། ལྡུམ་ ར། ཕ་ལཱ་རཱ་མཿ བཟའ་ཤིང་གི་ར་བ། སུ་སིཀྟཾ། ཆག་ཆག་ལེགས་པར་བཏབ་པ། སུ་ཤོ་དྷི་ ཏཾ། ཕྱག་དར་ལེགས་པར་བྱས་པ། སུ་ཤོ་བྷི་ཏཾ། ཤིན་ཏུ་མཛེས་པར་བྱས་པ། ས་མ་པཱ་ཎི་ཏ་ ལ་ཛཱ་ཏཿ ལག་མཐིལ་ལྟར་མཉམ་པ། ཨུདྱཱ་ནཾ། སྐྱེད་མོས་ཚལ། ཨནྟ་རཱ་པ་ཎཾ། གྲོང་བར། བཱི་ ཥཱི། སྲང་ངམ་ཁྱམས། ར་ཐྱཱ། ལམ་པོ་ཆེ། པནྠཱ། ལམ། ཚ་ཏྭ་ར། བཞི་མདོ། ཤྲྀངྒཱ་ཊ་ཀཾ། སུམ་ མདོ། ཨཱ་སྱ་དཾ། གནས་སམ་རྟེན། ནི་ཀེ་ཏཿ གནས། ནི་ཤྲ་ཡཿ གནས་སམ་རྟེན། གྲཱིཥྨི་ཀཱ་བཱ་ 1-1-75 སཿ དཔྱིད་ས། བཱཪྵི་ཀཱ་བཱ་སཿ དབྱར་ས། ཧེ་མནྟི་ཀཱ་བཱ་སཿ དགུན་སའོ། ། རིན་པོ་ཆེའི་ཁྱད་པར་ནི། མ་ཎི། ནོར་བུ། བཻ་ཏཱུཪྻཾ། བེ་དུརྱ། ཨིནྡྲ་ནཱི་ལཾ། ཨན་ ད་རྙིལ། མ་ར་ཀ་ཏཾ། མ་རྒད། པདྨ་རཱ་གཿ པད་མ་རཱ་ག པྲ་བཱ་ལ། བྱི་རུ། ཀརྐེ་ཏ་ནཾ། ཀེ་ཀེ་ རུ། མུཀྟི་ཀཱ། མུ་ཏིག ཤི་ལཱ། མན་ཤེལ། མུ་སཱ་ར་གལྦཿ སྤུག ཨསྨ་གརྦྷཿ རྡོའི་སྙིང་པོ། ཨ་ ནརྒྷ་མ་ཎི་རཏྣཾ། ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ། ཧི་ར་ཎྱཾ། དབྱིག མེ་ཙ་ཀཾ གཟི། པུཥྤ་རཱ་ ག སྦུར་ལོང༌། ཀཱ་ཙ་ཀཿ འཆིང་བུའམ་དོ་ཟན། སྥཱ་ཊི་ཀཾ། ཤེལ། སུ་ཝརྞ། ཧེ་མཾ། ཀ་ན་ཀཾ། གསེར། ཛ་ཏ་རཱུ་པཾ། ས་ལེ་སྦྲམ། རཱུ་པྱཾ། ར་ཛ་ཏཾ། དངུལ། ཀུ་རུ་བིནྡཿ ཞ་ཉེ། ལོ་ཧཿ ལྕགས། ཏཱམྨྲ། ཟངས། ཏྲ་པུ། ཚོན་མོ་སྟེངས། སཱི་སཾ། རོ་ཉེ། རཻ་ཏྱཾ། ར་གན། ཀཱཾ་ས། འཁར་བ། རྒྱན་གྱི་ཁྱད་པར་ནི། ཨ་ལཾ་ཀཱ་རཿ རྒྱན། ཨཱ་བྷ་ར་ཎཾ། རྒྱན་ནམ་ཕྱང་ཕྲུལ་ལམ་ སྤུད་པ། བི་བྷུ་ཥ་ཎཾ། ལྷབ་ལྷུབ། མཎྜ་ནཾ། བརྒྱན་པ། ཀ་ཊ་ཀཾ། བ་ལ་ཡཾ། གདུབ་བུ། ཀེ་ཡུ་རཿ དཔུང་རྒྱན། ཧཱ་རཿ དོ་ཤལ། ཨརྔྷ་ཧཱ་རཿ སེ་མོ་དོ། ནཱུ་པུ་རཾ། རྐང་གདུབ། ཀུཎྜ་ལཾ། རྣ་ཆག་ གདུབ་འཁོར། མ་ཀུ་ཊཾ། ཅོད་པན་ནམ་དབུ་རྒྱན། ཀི་རཱི་ཊིཿ ཅོད་པན་ནམ་དབུ་རྒྱན་རྩེ་ཕྲན་ ཅན། མཽ་ལིཿ ཅོད་པན་ནམ་དབུ་རྒྱན་རྩེ་གསུམ། པཊྚ། དར་ཐོད། སེ་ཁ་རཾ། མེ་ཏོག་ཐོད། ཀནྛཱ་བྷ་ར་ཎཾ། མགུར་རྒྱན། མུ་དྲི་ཀ བཱ་ལ་ཀ ཨངྒུ་ལཱི་ཡ་ཀཾ། སོར་གདུབ་པོ། ། གོས་ཀྱི་ཁྱད་པར་ནི། ཨོརྞ་ཀཾ་བཱ་སཿ བལ་གོས། ཤཱ་ན་ཀཾ། ཤ་ནའི་རས། ཀྵཽ་མ་ཀཾ། ཟར་མའི་རས། དཽ་ཀུ་ལ་ཀཾ། དུ་ཀུ་ལའི་རས། ཀཽཊྚམྦ་ཀཾ། གོ་དམ་པའི་རས། ཀརྤཱ་ས་ཀཾ། རས་ གོས། ཀཽ་ཤ་ཡ་ཀཾ། མོན་དར། ཨཾ་ཤུ་ཀཾ། དར་ལ། པཊྚ་ཀཾ། དར། པ་ཊཿ སྣམ་བུ། པ་ཊ་ཀཿ རས་ཡུག་ཆེན། ཤཱ་ཊ་ཀཾ། རས་ཡུག་ཕྲན། པྲཱ་བཱ་རཿ བེའུ་རས། ཨཱ་མི་ལཿ བེའུ་རས་ཡུག་ཆེན། ཀྲྀ་མི་ལི་ཀཱཿ བེའུ་རས་དམར་པོ། ཀྲྀ་མི་ཝརྞཱ། ལ་བ་དམར་པོ། ཤོ་མི་ལི་ཀཱ། བེའུ་ཕྲུག ཀཱ་ཤི་ ཀ་སཱུ་ཀྵྨཾ། ཡུལ་ཀ་ཤི་ཀའི་རས་ཕྲན། ས་མ་ཝརྞཱ། ཁ་དོག་རན་པ། དུརཝརྞཱ། ཁ་དོག་ངན་པ། 1-1-76 ཨཱ་པ་རནྟ་ཀཾ། ཉི་འོག་གི་གོས། སཱ་ཊ་ཀཾ། རས། དུ་ཥྱཾ། རས་བཅོས་བུ། ཙི་ཏྲ་པ་ཊཿ ཟ་འོག པྲྀཏྒཿ དར་རི་མོ་ཅན། གོ་ཙ་བ། ལ་བ། ནེ་ཏྲཾ། དར། པཊྚཿ དར་ཡུག །ཀ་ཙ། སུ་བ་ར། སྲིན་ བལ། ན་མ་ཏ། ཕྱིང་བ། པ་ཊ། སྣམ་བུ། ཁོ་ལཱ། ཞ། ཤི་རོ་བེཥྚ་ནཾ། ཐོད། ཙེ་ལཾ། རས་གོས། ཙརྨ་རྩེ་ལཾ། སླག་པ། ཙོ་ལ། བེར་རམ་རལ་ཁ། ཝསྟྲཾ། རས་སམ་གོས། ཨརྔྷ་ཙོ་ལཾ། སྟོད་ ཀོར། ལམྤ། ཤམ་བུ། སུནྠ་ཎཱ། དོར་མ། ཀོ་པི་ནི། པ་ཅར། ཀཱ་ཡ་བནྡྷ་ནཾ། སྐ་རགས། ཨུ་པཱ་ ཏཏ། ལྷམ། པཱ་དུ་ཀཿ མཆིལ་ལྷམ། ཤ་ཡ་ནཱ་ས་ནཾ། མལ་ཆའམ་མལ་སྟན། ཨ་ཏུ་ལྱཱ་ནི་བཱ་སཾ་ སི། གཞལ་དུ་མེད་པའི་གོས་སོ། ། ཡོ་བྱད་ཀྱི་ཁྱད་པར་ནི། པ་རིསྐཱའ་རཿ ཡོ་བྱད། ཨུ་པ་ཀ་ར་ཎཾ། ཡོ་བྱད་དམ་འཚོག་ ཆས། སུ་ཁོ་པ་དྷཱ་ནཾ། བདེ་བའི་ཡོ་བྱད། མུ་ཤ་ལཾ། གཏུན་ཤིང༌། ཀ་རཎྜ་ཀ ཟ་མ་ཏོག གླཱ་ན་ པྲ་ཏྱ་ཡ་བྷཻ་ཥ་ཛྱཾ། ན་བའི་གསོས་སྨན། རཏྣ་པེ་ཊ་ཀཾ། རིན་པོ་ཆེའི་སྦྲམ། ཁ་ཊྭཱ། ཁྲི། བཱི་ཋི་ཀཱ། ཁྲིའུ། ལེ་ཁ་ནི། བསྙུག་གུ། ཊཾ་ཀ་ཎ་ཀྵཱ་རཿ ཚ་ལ། ཤ་ལཱ་ཀཱ། ཐུར་མ། ཏཱ་ལ་ཀཾ། སྒོ་ལྕགས། པྲ་ཏི་ཏཱ་ལ་ཀཾ། ལྡེ་མིག ཨཱ་དཪྴཿ མེ་ལོང༌། ཨཱ་རཿ བསྙུང་ངམ་གསོར། ཊཾ་ཀཿ གཟོང༌། པཉྫ་ རཿ གཟེབ། ཙཉྩཿ གབ་ཙེ། ས་མུཏྒཿ ཟ་མ་ཏོག པི་ཋ་རཱི། ཕྲུ་སྣོད་དོ། ། ཚོན་རྩིའི་ཁྱད་པར་ནི། རཾ་གཿ ཚོན་རྩི། ལཱཀྵཱ། རྒྱ་སྐྱེགས། མཉྫིཥྛཱ། བཙོད། པནྣཾ་གཱ། རྨ་ཤིང༌། ཀུ་སུམྦྷ། ལེབ་རྒན་རྩི། ནཱི་ལི། རམས། རཱ་ཛ་པ་ཊཾ། ཐིང་ཤུན། ཧ་རི་དྲཱ། ཡུང་བ། ཧ་རི་ཏཱ་ལཾ། བབ་ལ། མ་ནཿ ཤི་ལཱ། ལྡོང་རོས། ཏུཏྠ་ཀཾ། སྤངས་མ། སིནྡུ་རཾ། ལི་ཁྲི། ཧིངྒུ་ལཾ། མཚལ། ག་བྱ། དྲྀ་ཊ། སྤྱིན། སུ་ཝརྞི་དྲ་བཿ གསེར་གྱི་འཇི་བ། ར་ས་ཀརྨ། གསེར་ཆུ། པཱ་ར་ པཾ། དངུལ་ཆུ། གཽ་རི་ཀཱ། བཙག མཀྐེ་ལཾ། ས་དཀར། མ་ཥིཿ སྣག་ཚ། ཀ་ཡཱུ་ཤཾ། ནག་ཚུར། སཱུ་དྷཱ། རྡོ་ཐལ། སརྫ་ར་སཿ སྲ་རྩི། ཀ་པིཏྠི། ཀ་པི་དའོ། ། འབྲུ་སྣའི་ཁྱད་པར་ནི། རཱ་ཛ་མཱ་ཤཿ མོན་སྲན་དཀར་རུ། མུདྒཿ མོན་སྲན་སྡེའུ། ས་ 1-1-77 སུ་ར། སྲན་ཆུང༌། མཱ་ཤཿ མོན་སྲན་གྲེའུ། མ་ཀུཥྚཿ མོན་སྲན་ན་གུ། ཀུ་ལནྠཿ རྒྱ་སྲན། ཀ་ལ་ བཿ བརྟྟུ་ལི། སྲན་མ། ཙ་ཎཱ། མོན་སྲན། ཏི་ལ། ཏིལ། སཱ་ལིཿ ས་ལུ། སཪྵ་པཿ ཡུངས་དཀར། ཡ་བཿ ནས། གོ་དྷཱུ་མཿ གྲོ། ཨ་ནུ་ཕ་ལཾ། ཅི་ཚེ། ཀཾ་གུ། ཁྲེ། པྲི་ཡཾ་གུཿ ཁྲེ། ཏཎྜུ་ལཿ འབྲས་ ཐུག་པོ་ཆེ། རཱ་ཛི་ཀ སྐྱེ་ཙེ། ཨ་ཏ་སཱི། ཟར་མ། སྱཱ་མཱ་ཀཾ། ཁྲེ་རྒོད། བལླཱ། ཁ་སྲལ་ཆུ་ངུ༌། ཀཱ་ རཎྜ་བཿ སྲེ་ད། ཀོ་དྲ་བཿ ཅི་ཙེཿ བྷསྨཿ བྲ་བོའོ། ། བཟའ་བཏུང་གི་ཁྱད་པར་ནི། མ་ཧཱ་མ་ཧཿ དུས་སྟོན་ཆེན་པོ། ཛཱ་ཏི་མ་ཧཿ བཙས་ སྟོན། ཀུ་ཊཱི་མ་ཧཿ གཙུག་ལག་ཁང་གི་དུས་སྟོན། ཨུཏྶ་བཿ དགའ་སྟོན། བརྦ། དུས་སྟོན་ ནམ། དུས་ཚིགས་སོ། །གྲྀ་ཏཾ། མར། སརྤི་མཎྜཿ མར་གྱི་སྙིང་ཁུ། ན་བ་ནཱི་ཏཾ། མར་སར། ཀྵཱི་ རཾ། འོ་མ། ད་དྷི། ཞོ། གྷོ་ལ། མ་ཏི་ཐཾ། དར་བ། ཨནྣཾ། ཟས། པཱ་ནཾ། སྐོམ་མམ་བཏུང་བ། ཀི་ ལཱ་ཌཿ ཆུར་བ། པཱི་ཡཱུ་ཥཾ། པྲི། ད་དྷི་མཎྜ། ཞོ་ག་ཆུ། ཨདྡྲ་ཀཾ། སྒེའུ་གཤེར། ཨི་ཀྵུཿ བུ་རམ་ ཤིང༌། གུ་ཌཿ བུ་རམ། ས་ཏུཿ ཕྱེ། ཀ་ཎི་ཀ བག་ཕྱེ། མཎྜཿ འཁུར་བ། ལཏྟུ་ཀཾ། ལ་ཏུ། པེ་ཡ། པེ་ཛཱ། ཐུག་པ། ཏེ་མ་ནཾ། བྱཉྫ་ནཾ། ཚོད་མ། སཱུ་པཿ སྲན་ཚོད། ཀྲི་ས་རཿ སྦྱར་ཐུག པ་རི་བྱཱ་ ཡཿ བེ་ཥ་བཱ་རཿ སྤོད། ལ་ཝ་ནཾ། ལན་ཚ། ཤུནྛཱི། སྒ། ཨཱམླ། སྐྱུར་པོ། ཙུཀྐྲཾ། ཚྭ། དྲཱཀྵཱ། རྒུན་ འབྲུམ། དཱ་ཌི་མཾཿ སེ་འབྲུ། པ་ཀྭོ། ར་སཿ དྲོན་ཞ། དྲཱཀྵཱ་པཱ་ན་ཀཾ། རྒུན་ཆུ། མྲྀདྡྷཱི་ཀཱ། རྒུན་ཆང༌། སུ་རཱ། འབྲུའི་ཆང༌། མཻ་རེ་ཡཾ། སྦྱར་བའི་ཆང༌། ཤཱི་དྷུ། བུ་རཾ་ཆང༌། ཀཉྩ་ཀཱཿ རྩ་བ་མོ། ཀིནྛཾ། ཕབས། སྣིགྡྷཿ སྣུམ། མཱ་ཀྵི་ཀཾ ། མ་དྷུ། སྦྲང་རྩི། བྷྲཱ་མ་རཾ། བུང་བའི་སྦྲང་རྩི། ཀྵཽ་དྲ་མ་དྷུ། སྦྲང་ བུའི་སྦྲང་རྩི། ཨ་ནེ་ཌ་ཀཾ། སྦྲང་རྩི་མ་བསྐོལ་བ། ཨཱ་ལུ། མོན་པའི་དོ་བ། ལ་སུ་ནཾ། སྒོག་སྐྱ། པ་ལཎྜུ། སྐུན་འདོང་ངམ་རྒུན་ཙོང༌། ལ་ཏརྐཿ སྒེའུའམ་མེ་མོ། གུཉྫ་ན་ཀཾ། ཀེའུ། གུགྒུ་ལ། ཉུངས་མ། བ་ཧུ་རི། ཙཱ་ནཱ། དྷཱ་ལཱ། ཡོས། ལཱ་ཛཱཿ འབྲས་ཡོས། ཀ་ཎཱ། ཟེགས་མ། ཏུ་ཥཿ ཕུབ་ མ། བུ་ཤཿ སྦུན་པ། ཀིཾ་ཤཱ་རུཿ གྲ་མ། མཉྫ་རཱི། སྙེ་མ་འམ་དོག་པ། ཨ་པུ་པཿ སྣུམ་འཁུར། 1-1-78 ཀུལྨཱ་ཤཿ ཟན་དྲོན། ཏྲ་པུ་སཾ། ག་གོན། ཀརྐ་ཊ་ཀཱ། རྒྱལ་མོ་ག་གོན། ཨཱ་ལཱ་པུཿ སྐུ་བ། ཨོ་དྷ་ ནཾ། བྷཀྟཾ། འབྲས་ཆན། ཏརྤ་ཎཾ། སྐྱོ་མ། ཡ་བཱཾ་གུཿ ཐུག་པ། མན་ཐཱཿ ཕྱེའམ་འདའ་གུ། པཱ་ ཡ་སཾ། འོ་ཐུག །པཉྩ་མི་ཀཾ། ལྔ་སྟོན། ཨཥྚཱི་མི་ཀཾ། བརྒྱད་སྟོན། ཙཱ་ཏུརྡ་ཤི་ཀཾ། བཅུ་བཞི་སྟོན། པཱཉྩ་ད་ཤི་ཀཾ། ཉ་སྟོན། ནི་ཏྱ་ཀཾ། རྟག་རེས་འཁོར། ནི་མནྟྲ་ན་ཀཾ། འགྲོན་དུ་བོས་པ། ཨོ་ཏྱཱ་ཏི་ ཀཾ། འཕྲལ་ལ་བོས་པ། ཨུཏྤིཎྜཾ། སྤགས་པའམ་ནོས་པ། ཨ་ལོ་པ། ཁམ། བཱ་ལ་མཱུ་ལཾ། ལ་ཕུག་ གཞོན་པ། མ་ཧཱ་མཱུ་ལཾ། ལ་ཕུག་ནར་སོན་པ། པཎྜི་ལུ། དོ་བའི་རྡོག་པོའོ། ། སྨན་གྱི་ཁྱད་པར་ནི། ཨོ་ཥ་དྷིཿ སྨན། བཻ་ཥ་ཛྱཾ། རྩི། ཨ་མྲྀ་ཏཾ། སུ་དྷཱ། བདུད་རྩི། ར་ སཱ་ཡ་ཎཾ། བཅུད་ཀྱིས་ལེན། སཱུཀྵྨེ་ལ། སུག་སྨེལ། སཽ་ཏཱཾ་ཛ་ནཾ། ལིག་པུ་མིག གན་དྷ་མཱནྶཱི། སྤང་སྤོས། ཨཱམྦ་ལ་བེ་ཏ་སཿ སྟར་བུ། ཨ་གསྟི། ཧ་རཱི་ཏ་ཀཱི། ཨ་གསྟིའམ་ཨ་རུ་ར། གོ་ཀྵུ་ར་ ཀཿ གཟེ་མ། ཨ་ཡསྠཱ་ནུ། ཁབ་ལེན། ཤྴེ་ལོ་ད་ཀཾ། ཅོང་ཞིའི་ཆུ། གཱནྡྷཱ་ཀཾ། མུ་ཟི། ཏཻ་ལཾ། འབྲུ་ མར། ཀ་ཊུ་ཀ་ཏཻ་ལཾ། ཡུངས་མར། ཨ་ལཱི་སཾ་བ་ལུ། སརྐ་རཱ། ལི་ཁ་ར། གོ་རོ་ཙ་ནཱ། འགི་ཧང༌། བཾ་ས་རོ་ཙ་ནཱ། ཅུ་གང༌། ཏ་ག་ར། རྒྱ་སྤོས། ནཱ་ག་རཾ། ལི་དོང་ཀྲ། སུནྛི། བཅྭ་སྒ། མ་རི་ཙཾ། ན་ལེ་ཤམ། བ་ཧེ་ཌ། བི་བྷཱི་ཏ་ཀཾ། བ་རུ་ར། ཨཱ་མ་ལ་ཀཾ། སྐྱུ་རུ་ར། ཨ་ཛཱ་ཛཱི། གོ་སྙོད། ཛཱི་ར་ ཀཾ། ཐ་བེ། ཡཥྚི་མ་དྷུ། ཤིང་དངར། ཀུཥྛཾ། རུ་རྟ། པོ་པྥ་ལཾ། སླ་གོར་ཞོ་ཤ ། ཏྭཀ ། ཏྭ་ཙ། ཤིང་ ཚ། ནཱ་ག་རཾ་ག སྐྱུར་རྩི། ཛམྦཱི་རཿ སྐྱུར་རྩི་ཆེན་པོ། བ་ད་ར་ཕ་ལཾ། རྒྱ་ཤུག་གི་འབྲུ། མཱ་ཏཱུ་ལུང་ ག ཛཱ་ཏི་ཕ་ལཾ། སྤོས་གྱི་རྒྱལ་པོའམ་ལིག་ཤི་བེར། བ་ཙཱ། ཤུ་ཐག ལ་བཾ་ག ལི་ཤི། ཛ་དུ་བཱ་རཿ ཟུར་བ། ཧིཾ་གུ། ཤིང་ཀུན། ཙི་རཱ་ཏིགྟཾ། རྩ་མཁྲིས། མུསྟཿ གླ་སྒང༌། བྷ་དྲ་མུསྟཾ། འབྲས་སྒང༌། བི་ཥཾ། མདའ་དུག ནིརྦི་ཥཾ། བོ་ང་ནག་པོ། ཨ་ཏི་བི་ཥཾ། པྲ་ཏི་བི་ཥཾ། བོ་ང་དཀར་པོ། ཨིནྡྲ་ཏསྟཱ། ཧབ་ཤང་ཚེའུ་འམ། དབང་པོ་ལག་པ། བ་ལཱ་མོ་ཊཿ མྱང་རྩི་སྤྲས། ཤི་ལ་ཛ་ཏ། བྲག་ཞུན། ཨཱ་ ར་གྭ་དྷ། ཀརྟི་ཀཱ་ར། རཱ་ཛ་བྲྀཀྵཿ པུཥྤ་ཀ། དོང་ཀ ཀཱ་ཡུ་སཾ། སཱི་སཾ། ནག་ཚུར། ཀསྟུ་རི། ཀནྛཾ། 1-1-79 མྲྀ་ག་མ་དཿ གླ་རྩི། ཀརྤུཾ། ག་པུར། སརྤིཿ མ་སར། མ་དྷུཿ སྦྲང་རྩི། ཕཱ་ཎི་ཏཾ། བུ་རམ་གྱི་དབུ་ པ། ཁཎྜཾ། ཧྭགས། གཎྜ་བཻ་ཥ་ཛྱཾ། སྡོང་བུའི་སྨན་ནོ། །ལོངས་སྤྱོད་ཀྱི་སྡེ་ཚན་བརྡ་སྤྲོད་པའི་ ལེའུ་སྟེ་བདུན་པའོ།། །། བཀུར་བསྟིའི་ཁྱད་པར་ནི། བནྡ་ནཾ། ཕྱག་འཚལ་བ། པཱུ་ཛ་ནཱ། མཆོད་པ། མཱ་ན་ནཱ། རི་མོར་བྱ་བ། ཨརྩ་ནཱ། རྗེད་པ། ཨ་པ་ཙཱ་ཡ་ནཱ། གསོལ་བ། ཙིཏྟི་ཀཱ་ར། གཅེས་པར་བྱེད་པ། སཏྐཱ་ར། བཀུར་བསྟི་བྱེད་པ། གུ་རུ་ཀཱ་ར། བླ་མར་བྱ་བའམ་བཙུན་པར་བྱ་བ། ཨུ་པསྠཱ་ནཾ། རིམ་འགྲོ། པཪྻུ་པཱ་ས་ནཾ། བསྙེན་བཀུར། ཨཱ་ད་ར། གུས་པར་བྱ་བ། གཽ་ར་ཝཾ། གུས་པའམ་ ཞེ་ས། ཨཉྫ་ལི་ཀརྨ། ཐལ་མོ་སྦྱོར་བ། པྲ་ཏྱུཏྠཱ་ནཾ། མངོན་དུ་ལྡང་བ། སཱ་མཱི་ཙཱི། འདུད་པའམ་ མཐུན་པ། པྲ་ཎཱ་མཿ རབ་ཏུ་འདུད་པ། ཨ་བྷི་ན་མ་ནཾ། མངོན་པར་འདུད་པ། སཱ་མཱི་ཙཱི་ཀ་ར་ཎཱི་ ཡཿ ཕྱག་བྱ་བའི་འོས་སུ་གྱུར་པ། ཨ་ཧ་བ་ནཱི་ཡ། ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ། བྲཱ་ཧ་བ་ ནཱི་ཡཿ རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ། བྷཀྟིཿ སྙིང་ཉེ་བའམ་གུས་པ། གུ་རུ་སྲུ་ཤྲཱུ་ཥཱ། བླ་མ་ ལ་སྲི་ཞུ་ཆེ་བ། ས་པྲ་ཏཱི་ཤཿ ཞེ་ས་དང་བཅས་པ། ས་གཽ་ར་ཝ། གུས་པ་དང་བཅས་པ། སེ་པ་ ནཾ། བསྟེན་པ། བྷ་ཛཱ་ནཾ། བསྙེན་པ། པྲ་ཎི་བ་ཏྱ། ཕྱག་འཚལ་ལམ་བཏུད་ནས། ཨ་བྷི་ཝཱ་ད་ནཾ། གུས་པར་སྨྲ་བ། པཱུརྦཱ་བྷི་ལཱ་པཱི། གསོང་པོར་སྨྲ་བའོ། ། སྤྲོ་བརྩོན་གྱི་ཁྱད་པར་ནི། ཨུཏྶཱུ་ཊི། ཨུཏྶཱ་ཧ། སྤྲོ་བ། ཨཱ་རམྦྷཿ རྩོམ་པ། ཨ་ཏནྡྲི་ཏཿ མི་གཡེང་པའམ་སྙོམས་ལས་མེད་པ། སཏྐྲྀཏྱ་ཀཱ་རཱི། གུས་པར་བྱེད་པ། སཱ་ཏཏྱ་ཀཱ་རཱི། རྒྱུན་ དུ་བྱེད་པ། ནི་བ་ཀཿ རྟག་འགྲུས་ཆེ་བ། པྲ་ཏི་ཛྙཱནྟཱ་ར་ཀཿ ཁ་འོག་ཏུ་ལུས་འགྲུས་པ། ཨསྠི་ཏི་ ཀྲི་ཡཱ། ཉམས་སུ་ལེན་པའམ་ཞེན་པར་བྱེད་པ། ཨ་བྷི་ཡོ་གཿ མངོན་པར་བརྩོན་པ། ཨུཏོཡ་ གཿ བརྩོན་པ། ཡོ་ག་མཱ་པནྟ་བྱཾ། བརྩོན་པར་བྱ་རྣལ་འབྱོར་དུ་བྱ་སྦྱོར་བར་བྱ་ཞེས་སྐབས་ དང་སྦྱར། དྷརྨཱ་ནུ་དྷརྨ་པྲ་ཏི་པཏྟི། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན། ཨཱ་དཱིཔྟ་ཤི་ 1-1-80 ར་ཤྩཽ་ལོ་པ་མཿ མགོ་འམ་གོས་ལ་མེ་འབར་བ་ལྟ་བུ། ཨོཏྶཀྵཾ། སྤྲོ་བའམ་བརྩོན་པ། པ་རཱ་ཀྲ་ མཿ བརྟུལ་པའམ་ཕ་རོལ་གནོན་པའམ་དཔའ་བ། ཨཱ་ཏཱ་ཡཱི། རྟུན་པ། ཨཱ་ཏཔྟ་ཀཱ་རཱི། རྟུན་ ཅིང་བྱེད་པ། ཨུདྱ་ཏཿ བརྩོན་པའམ་ཞུགས་པ། ནི་ར་ཏཿ འབད་པའམ་བརྩོན་པ། ཨསྠཱི་ཀྲྀ་ ཏྱ། རུ་ཤིང་ལྟར་འཛིན་པའམ་ཆེད་ཆེར་འཛིན་པ། པྲ་ཏི་པཏྟི་སཱ་རཿ སྒྲུབ་པ་ནན་སྙིང་པོར་ བྱེད་པ། ན་བྱཱ་བཧཱ་ར། རུ་ཏ་ཝཀྤ་ར་མཿ བརྗོད་པའི་སྒྲ་དང་སྨྲ་བ་ལྷུར་ལེན་པ་མ་ཡིན། བྱ་ཡ་ སཱ་ཡཿ འབད་པའམ་རྩོལ་བ། ཨ་བྷྱུཏྶཱ་ཏཿ མངོན་པར་སྤྲོ་བ། སནྣཱ་ཧ་སནྣདྡྷཿ གོ་ཆ་བགོས་ པ། དྲིཌྷ་སཱ་རཾ། སྲ་ཞིང་བརྟན་པ། ཨུདྱ་མཿ ནན་ཏན་ནམ་འབད་པ། ཨུཏྟཔྟཿ འབར་བའམ་ གསལ་བའམ་སྦྱངས་པའོ། ། མི་འཇིགས་པའི་ཁྱད་པར་ནི། ཨ་བྷི་རུ། བི་ཤཱ་ར་དཿ མི་འཇིགས་པ། ཨཙྪ་མྦྷཱི། བག་ཚ་བ་མེད་པ། ནིརྦྷ་ཡཿ འཇིགས་མེད་པ། ཨ་བི་ཥཱ་དཿ ཞུམ་པ་མེད་པ། ནེ་ཏྲ་ས་ཏིཿ མི་ སྐྲག་པ། ན་སནྟྲ་ས་ཏི། མི་དངང་བ། ན་སཏྟྲཱ་ས་མཱ་པདྱ་ཏེ། དངང་བར་མི་འགྱུར། ན་ལཱི་ཡ་ ཏེ། མི་ཞུམ། ན་སཾ་ལཱི་ཡ་ཏེ། མི་འགོང༌། ན་ཛེ་ཧྲཱི་ཡ་ཏེ། མི་འཛེམ། ནརྟྟི་ཡ་ཏེ། མི་ལྡོག་པའོ། ། སྤངས་པའི་ཁྱད་པར་ནི། པྲ་ཏི་ནི་སྲྀ་ཛྱ། སྤངས་ཏེ། ཝཱནྟཱི་ཀྲྀ་ཏཾ། བསལ་བ་འམ་ སྦྱངས་པ། སརྦོ་པ་དྷི་པྲ་ཏི་ནི་སརྒཿ ཕུང་པོ་ཀུན་སྤངས་པ། བྱནྟཱི་ཀྲྀ་ཏཾ། མཐའ་མེད་པར་ བྱས་པ། བིསྐམྦྷ་ཎཾ། རྣམ་པར་གནོན་པའམ་རྣམ་པར་སེལ་བ། རིཉྩ་ཏི། འདོར་བའམ་སྤོང་ བ། ཙྪོ་རི་ཏཱ། བོར་བའམ་བཏང་བ། བཱ་ཏི་ཧཱ་པཱ་པཿ སྡིག་པ་སྤངས་པའམ་སྦྱངས་པ། བྱ་ཏི་ བྲྀཏྟཿ ཤིན་ཏུ་འདས་པ། པྲ་ཏི་ནི་སྲྀ་ཛ་ཏི། འདོར་བ། པྲ་ཏི་བི་ནི་སྲྀ་ཛཱཿ འོར་ཅིག་གམ་ཐོང་ཅིག ཨུཏསྲ་ཛྱ་ཏི། གཏོང་བའམ་འདོར་བ། པ་རི་ཏྱཱ་གཿ ཡོངས་སུ་གཏོང་བའམ་འདོར་བ། ཛཱ་ཧཱི་ ཏི། སྤོང་བའམ་འདོར་བ། པྲ་ཏི་ཀྵེ་པ། སྤོང་བ། ཨ་པ་ཀཪྵ་ཎཾ། བསལ་བ། པྲ་ཏི་ཀྲཱནྟཿ ཕྱིར་ ལོག་པའམ་སྤངས་པ། ཨ་པ་ཀཪྵཿ འབྲི་བའམ་འགྲིབ་པ། ཨཱུ་ནཏྡྷཾ། འགྲིབ་པ། ཨ་ཡོ་གཿ མི་ 1-1-81 ལྡན་པ། བི་ཡོ་གཿ བྲལ་བ། བི་སཾ་ཡོ་གཿ མི་ལྡན་པའམ་བྲལ་བ། བི་ཤླེ་ཥཿ བྱེ་བའམ་བྲལ་ བའམ་གྱེད་པ། བི་གཙྪེཏ། བྲ་བར་གྱུར་པའམ་མེད་པར་གྱུར་པ། བིབྷཱུ་ཏཾ། བྲལ་བའམ་ཞིག་ པ། ཨནྟརྔྷཱ་ནཾ། ནུབ་པའམ་མི་སྣང་བ། ཨ་པ་ཀྲཱནྟཿ ཕྱིར་ཕྱུང་བའམ་མེད་པར་གྱུར་པ། བི་པ་ རི་ཎཱ་ཏཾ། རྣམ་པར་གྱུར་པ། ཨཱ་ཤྲ་ཡཾ་པ་རཱ་བྲྀཏྟཾ། གནས་གྱུར་པ། པ་རི་ཎ་ཏཾ། ཡོངས་སུ་གྱུར་ པ། པ་རི་ཎཱ་མཿ གྱུར་པ། ཛཱི་བི་ཏཱཏབྱ་པ་རོ་པ་ཡེ་ཏ། སྲོག་དང་བྲལ་བ། པརྱཱ་དཱ་ནཾ་གཙྪི་ཏི། མ་ལུས་པའམ་གཏན་ནས་སམ་རིལ་གྱིས་ཟད་པར་གྱུར་པ། བི་ཧཱི་ནཾ། ཉམས་པའམ་མ་ཚང་ བ། པ་རི་བྷུཀྟཾ། ཡོངས་སུ་སྦྱང་པའམ་ཟོས་པ། ཨསྟཾ་གཙྪ་སྟི། ནུ་པའམ་མེད་པའམ་ཞིག་པར་ གྱུར་པ། བི་དྷ་མཏི། སེལ་བའམ་འཇོམས་པ། ཨ་བ་བི་དྭཾ། བོར་བ། རཱ་ག་ནི་སཱུ་ད་ནཾ། འདོད་ ཆགས་སེལ་བ། པརྱུ་དསྟཿ བསལད། སྠི་ཏེ་ར་ནྱ་ཥཱ་ཏྭཾ། གནས་པ་གཞན་དུ་གྱུར་པ། ན་རཱ་ ཤི་བྷཱ་ཝཿ སྤུངས་པའི་དངོས་པོ་མེད་པའམ་ཕུང་པོར་གྱུར་པ་མ་ཡིན་པ། པྲ་བྷཊྦྷུ་རཾ། རབ་ ཏུ་འཇིག་པ། པྲྀཥྛཱི་བྷ་ཝ་ཏི། རྒྱབ་ཀྱིས་ཕྱོགས་པར་གྱུར་པ། ཀོ་ལཱ་ཡི་ཏ་བྱཾ། བསལ་བའམ་ བཅོས་པ། ཨུཙྪེཏསྱ་ཏི། ཆད་པར་གྱུར་པ། བི་ཏི་མི་ཀ་རཿ རབ་རིབ་མེད་པར་བྱེད་པ། ཨ་ནུ་ ན་ཡཱ་ཨ་སནྡྷུ་ཀྵ་ཎ་ཏཱ། རྗེས་སུ་ཆགས་པ་བདོ་བར་མ་བྱས་པ། ནིརླི་ཁི་ཏཾ། ཤིན་དུ་ཕྱིས་པའམ་ བསྲབས་པའམ་གཞར་བ། ས་མ་བ་ཧནྟི། ཡང་དག་པར་སྤོང་བའམ་འཇོམས་པ། སུ་པྲ་ཀྵ་ལི་ ཏཾ། སུ་དྷོ་ཏཾ། ལེགས་པར་བཀྲུགས་པའམ་བཤལ་བའམ། སྦྱངས་པའམ། དུལ་བའམ། བཙོ་ མ། ནིདྷཱནྟཾ། ཝཱནྟཱི་བྷཱ་ཝ། བསལ་བའམ་སྐྱུགས་པ། ཨུཏྀསྲཥྛཾ། བཏང་བའམ། སྤངས་པའམ་ བོར་བ། པྲ་ཏྱཱ་ཁྱཱ་ཏཾ། བཏང་བའམ། བོར་བའམ། སྤངས་པ། ཨུཏྶརྫ་ནཾ། བཏང་བ། ཤོ་ཀ་བི་ ནོ་ད་ནཾ། མྱ་ངན་བསངས་པ། པྲ་བི་ཛཱ་ཧྱ། རབ་ཏུ་སྤངས་ནས། ཨ་ནཾ་ག་ཎཱ། ཉོན་མོངས་པ་ མེད་པ། ནི་ཧ་ཏཿ བཅོམ་པའོ། ། སྒྱུ་རྩལ་གྱི་ཁྱད་པར་ནི། ཀཱ་ལ། སྒྱུ་རྩལ། ལི་བིཿ ཡི་གེ། མུ་དྲཱ། ལག་རྩིས། སཾ་ཁྱཱ། 1-1-82 གྲངས། ག་ཎ་ནཱ། རྩིས། མུཥྚི་བནྡྷཿ འཛིན་སྟངས། ཤི་ཁཱ་བནྡྷཿ ཐོར་ཚུགས། པཱ་ད་བནྡྷཿ གོམ་ སྟབས། ཨཾ་ཀུ་ཤ་གྲ་ཧཿ ལྕགས་ཀྱུས་བསྒྱུར་ཐབས། སེ་རཽ། རལ་གྲིའི་ཐབས། པཱ་ཤ་གྲ་ཧཿ ཞགས་པ་གདབ་པ། ཏོ་མ་ར་གྲ་ཧཿ མདའ་བོ་ཆེ་འཕེན་ཐབས། ཨིཥྛསྟྲཱ་ཙཱརྱཿ འཕོང་གི་སློབ་ དཔོན། ནིརྱཱ་ཎཾ། མདུན་དུ་བརྣུ་པ། ཨ་པ་ཡཱ་ཎཾ། ཕྱི་བསྣུར་བ། ཙྪེ་དྱཾ། གཅད་པ། བྷེ་དྱཾ། དྲལ་ བ། བེ་དྷྱཾ། དབུག་པ། དཱུ་ར་བེ་དྷཿ རྒྱང་ནས་ཕོག་པ། ཤབྡ་བེ་དྷཿ སྒྲ་གྲག་པར་ཕོག་པ། མརྨ་ བེ་དྷཿ གནད་དུ་ཕོག་པ། ཨ་ཀྵུ་ཎ་བེ་དྷཿ མི་འཆོར་བར་ཕོག་པ། དྲྀཌྷ་པྲ་ཧཱ་རི་ཏཱ། ཚབས་ཆེ་ བ། པཉྩ་སུ་སྠཱ་ནེ་ཥུ་ཀྲྀ་ཏཱ་བཱི་སཾ་བྲྀཏྟ། གནས་ལྔ་ལ་བྱང་བར་གྱུར་ཏོ། །ལཾ་གྷི་ཏཾ། མཆོངས་པ། སཱ་ལམྦྷཿ གྱད་ཀྱི་འཛིན་སྟངས། ཛ་བི་ཏཾ། བང༌། པླ་བི་ཏཾ། རྐྱལ། ཏ་ར་ཎཾ། རྒལ་བ། ཧསྟི་གྲཱི་ བཱ། གླང་པོ་ཆེའི་གཉར་ཞོན་པ། ཨ་ཤྭ་པྲྀཥྛཿ རྟ་ལ་ཞོན་པ། ར་ཐཿ ཤིང་རྟའི་ཐབས། དྷ་ནུཥྐ་ ལཱ་པཿ མདའ་གཞུ། བཱ་ཧུ་བྱཱ་ཡཱ་མཿ སྟོབས་འགྱེད་པའོ། ། རོལ་མོའི་ཁྱད་པར་ནི། ནརྟྟ་ཀཿ གར་རམ་བྲོ་གར་མཁན། ན་ཊཿ གར་རམ་བྲོ། བྷཻ་ རཱི། རྔ་ཆེ་བོ། མྲྀ་དཾ་གཿ རྫ་རྔ། དུནྡུ་བིཿ རྔ། མུ་རཿ རྫ་རྔ་ཆེན་པོ། པ་ཎ་བཿ འཁར་རྔ། ཏུ་ཎ་ བཿ པི་ཝང་རྒྱུད་གཅིག་པ། ཛྷརྫྷ་རཱི། རྫ་རྔ་ཁ་གཅིག་པ། ཛྷལླ་རཱི། ལྕགས་ཀྱི་སིལ་ཁྲོལ། ཤ་ མྱཱ། འཁར་ཁྲོལ། བལླ་རཱི། པི་ཝང་རྒྱུད་གསུམ་པ། མུ་ཀུནྡ། རྔ་མུ་ཀུནྡ། ན་རྱཾ། སིལ་སྙན། སཾ་ གཱི་ཏིཿ གླུ་དབྱངས། ཏཱའ་ཌཱ་བ་ཙ་རཿ ཕེག་རྡོབ་པ། བཱདྱཾ། རོལ་མོའི་སྒྲ། བཱི་ཎཱ། པི་ཝང༌། བཾ་ སཿ གླིང་བུའོ། །བྱ་བྱེད་ཀྱི་སྡེ་ཚན་བརྡ་སྤྲོད་པའི་ལེའུ་སྟེ་བརྒྱད་པའོ།། །། ཆོས་མངོན་པ་ལས་འབྱུང་བའི་གྲངས་ནི། ཨེ་ཀཾ། གཅིག །ད་ཤཾ། བཅུ། ཤ་ཏཾ། བརྒྱ། ས་ཧསྲཾ། སྟོང༌། པྲ་བྷེ་དཾ། ཁྲི། ལཀྵཾ། འབུམ། ཨ་ཏི་ལཀྵཾ། ས་ཡ། ཀོ་ཊིཿ བྱེ་བ། མ་ དྷྱཿ དུང་ཕྱུར། ཨ་ཡུ་ཏཿ ཐེར་འབུམ། མ་ཧཱ་ཡུ་ཏཿ ཐེར་འབུམ་ཆེན་པོ། ན་ཡུ་ཏཿ ཁྲག་ཁྲིག མ་ཧཱ་ན་ཡུ་ཏཿ ཁྲག་ཁྲིག་ཆེན་པོ། པྲ་སུ་ཏཿ རབ་བཀྲམ། མ་ཧཱ་པྲ་སུ་ཏཿ རབ་བཀྲམ་ཆེན་ 1-1-83 པོ། ཀཾ་ཀ་རཿ གཏམས། མ་ཧཱ་ཀཾ་ཀ་རཿ གཏམས་ཆེན་པོ། བིམྦ་རཿ དཀྲིགས། མ་ཧཱ་བིམྦ་ རཿ དཀྲིགས་ཆེན་པོ། ཨ་ཀྵོ་བྷྱཿ མི་འཁྲུགས། མ་ཧཱ་ཨ་ཀྵོ་བྷྱཿ མི་འཁྲུགས་ཆེན་པོ། བི་པཱ་ཧཿ ཁྱད་ཕྱིན། མ་ཧཱ་བི་བ་ཧཿ ཁྱད་ཕྱིན་ཆེན་པོ། ཨུཏྶཾ་གཿ པང་སྟེང༌། མ་ཧོཏྶངྒཿ པང་སྟེང་ཆེན་པོ། བཱ་ཧ་ནཿ དེད་འདྲེན། མ་ཧཱ་བཱ་ཧ་ནཿ དེད་འདྲེན་ཆེན་པོ། ཏི་ཊི་བྷཿ མཐའ་སྣང༌། མ་ཧཱ་ཏི་ཊི་ བྷཿ མཐའ་སྣང་ཆེན་པོ། ཧེ་ཏུཿ རྒྱུ་རིག མ་ཧཱ་ཧེ་ཏུཿ རྒྱུ་རིག་ཆེན་པོ། ཀ་ར་བྷཿ འོད་མཛེས། མ་ཧཱ་ཀ་ར་བྷཿ འོད་མཛེས་ཆེན་པོ། ཨིནྡྲཿ དབང་པོ། མ་ཧེནྡྲཿ དབང་པོ་ཆེན་པོ། ས་མཱཔྟཿ ལེགས་ཕྱིན། མ་ཧཱ་ས་མཱཔྟཿ ལེགས་ཕྱིན་ཆེན་པོ། ག་ཏིཿ རྟོགས་འགྲོ། མ་ཧཱ་ག་ཏིཿ རྟོགས་ འགྲོ་ཆེན་པོ། ནི་བ་ར་ཛཱཿ འབྱིང་རྡུལ། མ་ཧཱ་བ་ར་ཛཱཿ འབྱིང་རྡུལ་ཆེན་པོ། མུ་དྲཱཿ རྒྱ་སྟགས། མ་ཧཱ་མུ་དྲཱ། རྒྱ་སྟགས་ཆེན་པོ། བ་ལཾ། སྟོབས་འཁོར། མ་ཧཱ་བ་ལཾ། སྟོབས་འཁོར་ཆེན་པོ། སཾ་ ཛྙཱ། བརྡ་ཤེས། མ་ཧཱ་ཛྙཱ། བརྡ་ཤེས་ཆེན་པོ། བི་བྷཱུ་ཏཿ རྣམ་འབྱུང༌། མ་ཧཱ་བི་བྷཱུ་ཏཿ རྣམ་འབྱུང་ ཆེན་པོ། བ་ལཱཀྵཾ། སྟོབས་མིག མ་ཧཱ་བ་ལཱིཀྵཾ། སྟོབས་མིག་ཆེན་པོ། ཨ་སཾ་ཁྱཱཾ། གྲངས་མེད་པ། ཨ་པྲ་མཱ་ཎཾ། ཚད་མེད་པ། ཨ་པྲ་མེ་ཡཾ། དཔག་ཏུ་མེད་པ། ཨ་པ་རི་མི་ཏཾ། བསྐྱད་དུ་མེད་པ། ཨ་པ་རི་མཱ་ཎཾ། དཔག་ཡས། ཨ་ཏུ་ལྱཾ། གཞལ་དུ་མེད་པ། ཨ་མཱ་བྱཾ། གཞལ་གྱིས་མི་ལང་བ། ཨ་ཙིནྟྱཾ། བསམ་གྱིས་མ་ཁྱབ་པའོ། ། འཇིག་རྟེན་པའི་གྲངས་ནི། ཨེ་ཀཾ། གཅིག ད་ཤཾ། བཅུ། ཤ་ཏཾ། བརྒྱ། ས་ཧ་སྲཾ། སྟོང༌། ཨ་ཡུ་ཏཾ། ཁྲི། ལཀྵཾ། འབུམ། ནི་ཡུ་ཏཾ། ས་ཡ། ཨརྤུ་དཾ། བྱེ་བ། ནྱརྦུ་དཾ། དུང་ཕྱུར། པདྨཾ། ཐེར་འབུམ། ཁརྦཾ། ཁུ་རྔོག ནི་ཁརྦཾ། མཆོག་ཉལ། མ་ཧཱ་པཏྨཾ། སྐྱང་འཕྱེས། ཤངྐྲཿ བྱེ་ མ་ནབ་ནུབ། ས་མུ་དྲཱཾ། ཐིག་འབུམ་མམ་མཚོ་ཡས། མདྡྷྱཾ། ལྷབས། ཨནྟཿ ཕྱོར། པ་རཱ་རྦྷཿ རྗི། ཨེ་ཀཾ། གཅིག དྭི། གཉིས། ཏྲཱི་ཎི། གསུམ། ཙ་ཏྭཱ་རི། བཞི། པཉྩ། ལྔ། ཥཊ། དྲུག སཔྟ། བདུན། ཨཥྚོ། བརྒྱད། ན་བ། དགུ། ད་ཤ བཅུ། ཨེ་ཀཱ་ད་ཤ བཅུ་གཅིག དྭཱ་ད་ཤ། བཅུ་ 1-1-84 གཉིས། ཏྲ་ཡོ་ད་ཤ། བཅུ་གསུམ། ཙ་ཏུར་ཤ། བཅུ་བཞི། པཉྩ་ད་ཤ། བཅོ་ལྔ། ཥོ་ཌ་ཤ། བཅུ་ དྲུག །སཏྤ་ད་ཤ། བཅུ་བདུན། ཨཥྚཱ་ད་ཤ། བཅོ་བརྒྱད། ཨེ་ཀོནྣ་བི་ཤ་ཏི། བཅུ་དགུ། བྀ་ཤ་ ཏི། ཉི་ཤུ། །ཨེ་ཀ་བྀ་ཤ་ཏི། ཉི་ཤུ་རྩ་གཅིག དྭཱ་བྀ་ཤ་ཏི། ཉི་ཤུ་རྩ་གཉིས། ཏྲ་ཡོ་བྀ་ཤ་ཏི། ཉི་ ཤུ་རྩ་གསུམ། ཙ་ཏུརྦིཾ་ཤ་ཏི། ཉི་ཤུ་རྩ་བཞི། པཉྩ་བྀ་ཤ་ཏི། ཉི་ཤུ་རྩ་ལྔ། ཥཊ་བྀ་ཤ་ཏི། ཉི་ཤུ་རྩ་ དྲུག སཔྟ་བྀ་ཤ་ཏི། ཉི་ཤུ་རྩ་བདུན། ཨཥྚཱ་བྀ་ཤ་ཏི། ཉི་ཤུ་རྩ་བརྒྱད། ཨེ་ཀོནྣ་ཏྲྀ་ཤཏ྄། ཉི་ཤུ་རྩ་ དགུ། ཏྲིཾ་ཤཏ། སུམ་བཅུ། ཨེ་ཀ་ཏྲྀ་ཤཏ། སུམ་བཅུ་སོ་གཅིག །དྭཱི་ཏྲྀ་ཤུ་ཏ། སོ་གཉིས། ཏྲ་ཡསྟྲིཾ་ ཤཏ། སོ་གསུམ། ཙ་ཏུསྟྲྀ་ཤ་ཏ་སོ་བཞི། པཉྩ་ཏྲྀ་ཤཏ། སོ་ལྔ། ཥ་ཊ་ཏྲྀ་ཤཏཿ སོ་དྲུག སཔྟ་ཏྲྀ་ ཤཏ། སོ་བདུན། ཨཥྚ་ཏྲི་ཤཏ། སོ་བརྒྱད། ཨེ་ཀོནྣ་ཙ་ཏྭཱ་རྀ་ཤཏ། སོ་དགུ། ཙ་ཏྭཱ་རྀ་ཤཏ། བཞི་ བཅུ། ཨེ་ཀ་ཙཏྭ་རྀ་ཤཏ། བཞི་བཅུ་ཞེ་གཅིག དྭཱ་ཙཏྭཱ་རྀ་ཤཏ། ཞེ་གཉིས། ཏྲ་ཡཤྩ་ཏྭཱ་རྀ་ཤཏ། ཞེ་གསུམ། ཙ་ཏུཤྩ་ཏྭཱ་རྀ་ཤཏ། ཞེ་བཞི། པཉྩ་ཙ་ཏྭཱ་རྀ་ཤ་ཏ། ཞེ་ལྔ། ཥཊ་ཙཏྭཱ་རྀ་ཤཏ། ཞེ་དྲུག སཔྟ་ཙཏྭཱ་རྀ་ཤཏ། ཞེ་བདུན། ཨཥྚཱ་ཙཏྭཱ་རྀ་ཤཏ། ཞེ་བརྒྱད། ཨེ་ཀོནྣ་པཉྩཱ་ཤཏ། ཞེ་དགུ། པཉྩཱ་ ཤཏ། ལྔ་བཅུ། སེ་ཀ་པཉྩཱ་ཤཏ། ལྔ་བཅུ་ང་གཅིག དྭཱ་པཉྩཱ་ཤཏ། ང་གཉིས། ཏྲྀ་པཉྩཱ་ཤཏ། ང་ གསུམ། ཙ་ཏུརྤཉྩཱ་ཤཏ། ང་བཞི། པཉྩ་པཉྩཱ་ཤཏ། ང་ལྔ། ཥཊ་པཉྩཱ་ཤཏ། ང་དྲུག སཔྟ་པཉྩཱ་ ཤཏ། ང་བདུན། ཨཥྚཱ་པཉྩཱ་ཤཏ། ང་བརྒྱད། ཨེ་ཀོནྣ་ཥཥྚི། ང་དགུ། ཥཥྚི། དྲུག་བཅུ། ཨེ་ཀ་ ཥཥྚི། དྲུག་བཅུ་རྩ་གཅིག དྭཱ་ཥཥྚི། རེ་གཉིས། ཏྲྀ་ཥཥྚི། རེ་གསུམ། ཙ་ཏུཪྵཥྚི། རེ་བཞི། པཉྩ་ཥཥྚི། རེ་ལྔ། ཥཊ་ཥཥྚི། རེ་དྲུག སཔྟ་ཥཥྚི། རེ་བདུན། ཨཥྚ་ཥཥྚི། རེ་བརྒྱད། ཨེ་ཀོནྣ་སཔྟི། རེ་དགུ། སཔྟ་ཏི། བདུན་བཅུ། ཨེ་ཀ་སཔྟ་ཏི། བདུན་བཅུ་དོན་གཅིག དྭཱ་སཔྟ་ཏི། དོན་གཉིས། ཏྲི་སཔྟ་ ཏི། དོན་གསུམ། ཙ་ཏུསྶཔྟ་ཏི། དོན་བཞི། པཉྩ་སཔྟ་ཏི། དོན་ལྔ། ཥཊ་སཔྟ་ཏི། དོན་དྲུག སཔྟ་ སཔྟ་ཏི། དོན་བདུན། ཨཥྚཱ་སཔྟ་ཏི། དོན་བརྒྱད། ཨེ་ཀོནྣཱ་ཤཱི་ཏི། དོན་དགུ། ཨ་ཤཱི་ཏི། བརྒྱད་ བཅུ། ཨེ་ཀཱ་ཤཱི་ཏི། བརྒྱད་བཅུ་གྱ་གཅིག དྭཱ་ཤཱི་ཏི། གྱ་གཉིས། ཏྲྱ་ཤཱི་ཏི། གྱ་གསུམ། ཙ་ཏུ་ར་ 1-1-85 ཤཱི་ཏི། གྱ་བཞི། པཉྩཱ་ཤཱི་ཏི། གྱ་ལྔ། ཥ་ཊཱ། ཤཱི་ཏི། གྱ་དྲུག སཔྟཱ་ཤཱི་ཏི། གྱ་བདུན། ཨཥྚི་ཤཱི་ཏི། གྱ་བརྒྱད། ཨེ་ཀོནྣ་ན་བ་ཏི། གྱ་དགུ། ན་བ་ཏི། དགུ་བཅུ། ཨེ་ཀ་ན་བ་ཏི། དགུ་བཅུ་གོ་གཅིག དྭཱ་ན་བ་ཏི། གོ་གཉིས། ཏྲི་ན་བ་ཏི། གོ་གསུམ། ཙ་ཏུརྣ་བ་ཏི། གོ་བཞི། པཉྩ་ན་པ་ཏི། གོ་ལྔ། ཥཊ་ན་པ་ཏི། གོ་དྲུག སཔྟ་ན་བ་ཏི། གོ་བདུན། ཨཥྚཱ་ན་བ་ཏི། གོ་བརྒྱད། ཨེ་ཀོནྣ་ཤ་ཏཾ། གོ་ དགུ། ཤ་ཏཾ། བརྒྱ། ཨརྔྷཾ། ཕྱེད། ཨ་དྷྱརྔྷཾ། ཕྱེད་དང་གཉིས། ཨརྔྷ་ཏྲི་ཏཱི་ཡཾ། ཕྱེད་དང་གསུམ། ཨརྡྷ་ཙ་ཏུཥྚ། ཨརྡྷུཥྚ། ཕྱེད་དང་བཞི། ཏྲྀ་ཏཱི་ཡ་བྷཱ་ག སུམ་ཆ། ཏྲྀ་ཏཱི་ཡཱཾ་ས། སུམ་ཆ། ཚ་ཏུཪྠ་བྷཱ་ ག བཞི་ཆ། ཙ་ཏུཪྠཾ་ས། བཞི་ཆ། པཉྩ་མ་བྷཱ་ག ལྔ་ཆ། པཉྩ་མཱཾ་ས། ལྔ་ཆའོ། ། ཚད་བསྒྲེ་བའི་རིམ་པ་ནི། པ་ར་མཱུ་ཎཱུ། རྡུལ་ཕྲ་རབ། ཨ་ཎིཾ། རྡུལ་ཕྲ་མོ། ལོ་ཧ་ར་ ཛཱ། ལྕགས་རྡུལ། ཨ་པྲ་ཛཱ། ཆུ་རྡུལ། ཤ་ཤ་ར་ཛཱ། རི་བོང་རྡུལ། ཨ་བི་ར་ཛཱ། ལུག་རྡུལ། གོ་ ར་ཛཱ། གླང་རྡུལ། བཱ་ཏཱ་ཡ་ནཙྪི་དྡྲ་ར་ཛཱ། ཉི་ཟེར་གྱི་རྡུལ། ལིཀྵཱ། སྲོ་མ། ཡུ་ཀཱ། ཤིག ཡ་བཿ ནས། ཨཾ་གུ་ལི་པརྦཿ སོར། ཙ་ཏུརྦིཾ་ཤ་ཏི་གུ་ཎཿ ཉི་ཤུ་རྩ་བཞིར་བསྒྱུར་བ། ཧསྟཿ ཁྲུ། དྷ་ནུཿ འདོམ། པཉྩ་ཤ་ཏཱ་ནི། ལྔ་བརྒྱ། ཀྲོ་ཤཿ རྒྱང་གྲགས། ཡོ་ཛ་ནཾ། དཔག་ཚད། དུས་ཀྱི་ཁྱད་པར་ནི། ཀྵ་ཎཾ། སྐ་ཅིག ལ་བཿ ཐང་ཅིག མུ་ཧུ་རྟྟཿ ཡུད་ཙམ། ཛྷ་གི་ ཏི། ཛྷི་ཊི་ཏི། ཡུད་ཅེས་སམ་ཕྱོད་ཅེས་པ། ས་མ་ནནྟ་རཾ། དེ་མ་ཐག ཨཙྪ་ཊཱ་སཾ་གྷཱ་ཏ་མཱ་ཏྲཾ། སེ་ གོལ་ཏོགས་པ་ཙམ། ཀཱ་ལཿ དུས། བེ་ལཱ། དུས་ཚོད། ས་མ་ཡཿ ཚོད་དམ་ཚེ། ར་ཛ་ནཱི། མཚན་ མོ། པྲ་ཐ་མེ་ཡཱ་མེ། ཐུན་དང་པོ། པྲ་ཧཱ་རཿ མེལ་ཚེའམ་ཐུན། གྷ་ཊི་ཀཱ། ཆུ་ཚོད། དི་བ་སཿ ཉིན་ མོ། ཨ་ཧོ་རཱ་ཏྲཿ ཉིན་ཞག ཤུཀླ་པཀྵཿ ཟླ་བ་ཡར་ངོ༌། ཀྲྀཥྞ་པཀྵཿ ཟླ་བ་མར་ངོ༌། མཱ་ས། ཟླ་བ། བཪྵཾ། སཾ་བནྶ་ར། ལོ། སམྦརྟྟ་ཀལྤཿ འཇིག་པའི་བསྐལ་པ། བི་བརྟྟ། འཆགས་པའི། ཨནྟ་ ར། བར་གྱི། ཤསྟྲ། མཚོན་གྱི། རོ་ག ནད་ཀྱི། དུརྦྷི་ཀྵཱནྟ་ར་ཀལྤཿ མུ་གེའི་བསྐལ་པ་བར་མ། ཏེ་ཛཱ། མེས། ཨ་པ། ཆུས། བཱ་ཡུ། རླུང་གིས། སཾ་བརྟྟ་ནཱི། འཇིག་པ། ཨུཏྐཪྵ། ཡར་སྐྱེ་བ། ཨ་ 1-1-86 པ་ཀཪྵཿ མར་འབྲི་བ། ཀལྤཿ བསྐལ་པ། མ་ཧཱ་ཀལྦཿ བསྐལ་པ་ཆེན་པོ། བྷ་དྲ་ཀལྤཿ བསྐལ་ བཟང་པོའོ། །པྲསྠཿ བྲེ། ཏུ་ལཿ སྲང༌། མཱ་ནཿ ཚད། པཽ་ཏ་བཿ ཞོ་ཆའོ། །འཇལ་བྱེད་ཀྱི་སྡེ་ ཚན་བརྡ་སྤྲོད་པའི་ལེའུ་སྟེ་དགུ་པའོ།། །། བདེ་ལེགས་ནི། ཡེ་ཛངྒ་མཱཤྩཱ་ཏྲ་ཏ་ཐཻ་ཝ་སྠཱ་བ་རཱ་སྟེ་སརྦ་སཏྭཱཿ སུ་ཁི་ནོ་བྷ་ཝནྟུ། ཤཱསྟཱ་ ར་མ་གྲྱཾ་ན་ར་དེ་ཝ་པཱུ་ཛྱཾ་བུདྡྷ་ན་མ་སྱེ་དྱ་ཨི་ཧཱསྟུ་སྭ་སྟི། །སེམས་ཅན་གང་དག་འགྲོ་དང་མི་ འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །སྟོན་མཆོག་དམ་པ་ལྷ་མིས་མཆོད་ འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །ཡེ་ཛངྒ་མཱཤྩཱ་ཏྲ་ཏ་ཐཻ་ཝ་སྠཱ་ ཝ་རཱ་སྟེ་སརྦ་སཏྭཱཿ སུ་ཁི་ནོ་བྷ་ཝནྟུ། ཤཱནྟཾ་བི་རཱ་གཾ་ན་ར་དེ་ཝཔཱུ་ཛྱཾ་དྷརྨཾ་ན་མ་སྱེ་དྱཾ་ཨི་ཧཱ་སྟུ་ སྭསྟི། །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ ཅིག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ ཤོག །ཡེ་ཛངྒ་མཱ་ཤྩཱ་ཏྲ་ཏ་ཐཻ་ཝ་སྠཱ་ཝ་རཱ་སྟེ་སརྦ་སཏྭཱཿ སུ་ཁི་ནོ་བྷ་ཝནྟུཿ ག་ཎཱ་ན་མ་གྲྱ་ན་ར་ དེ་ཝ་པཱུ་ཛྱཾ་སཾ་གྷཾ་ན་མ་སྱེ་དྱཾ་ཨི་ཧཱ་སྟུ་སྭ་སྟི། །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་ དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་ འདུན་ཕྱག་འཚལ་དིང་འདིར་བདེ་ལེགས་ཤོག །ཡང༌། ལཀྵྨཱི་དྷ་རཿ ཀཱཉྩ་ན་པརྦ་ཏཱ་བྷ་སྟྲི་ ལོ་ཀ་ནཱ་ཐསྟྲི་མ་ལ་པྲ་ཧཱི་ཎཿ བུདྡྷོ་བའི་བུདྡྷཱ་མཱུ་ཛ་པ་ཏྲ་ནེ་ཏྲསྟནྨངྒ་ལཾ་བྷ་ཝ་ཏུ་ཤཱན་ཏི་ཀ་རཾ་ཏ་ ཝཱདྱ། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་ དྲི་མ་གསུམ་སྤངས་པ། །སངས་རྒྱས་པད་མ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །དེས་ནི་ དེ་རིང་ཁྱེད་ལ་ཞི་བྱེད་བཀྲ་ཤིས་ཤོག །ཏེ་ནོ་པ་དིཥྚ་པྲ་ཝ་རསྟྭ་ཀམཔྱཿ ཁྱཱ་ཏསྟྲི་ལོ་ཀེ་ན་ར་ དེ་ཝ་པཱུ་ཛྱཿ དྷརྨོཏྟ་མཿ ཤཱནྟི་ཀ་རཿ པྲ་ཛཱནཱཾ་ཏནྨཾ་ག་ལཾ་བྷ་ཝ་ཏུ་ཤཱནྟི་ཀ་རཾ་ཏ་ཝཱ་དྱ། །དེ་ཡི་ཉེ་ བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མི་ཡིས་ 1-1-87 མཆོད། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ ཤོག །སདྡྷརྨ་ཡུཀྟ་ཤྲུ་ཏ་མཾ་ག་ལཱདྱཿ སཾ་གྷོ་ནྲྀ་དེ་ཝཱ་སུ་ར་དཀྵ་ཎཱྀ་ཡཿ ཡཿ ཤྲཱི་ནི་བཱ་ས་པྲ་བཾ་རོ་ག་ ཎཱ་ནཱཾ་ཏནྨཾ་ག་ལཾ་ཏ་ནྨཾ་ག་ལཾ་བྷ་ཝཾ་ཏི་ཤཱན་ཏི་ཀ་རནྟ་ཝཱ་དྱ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་ པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱི་ཡོན་གྱི་གནས། །ཚོགས་ཀྱི་མཆོག་རབ་ངོ་ ཚ་ཤེས་པ་དཔལ་གྱི་གཞི། །དེས་ནི་དེ་རིང་ཁྱེད་ལ་ཞི་བྱེད་བཀྲ་ཤིས་ཤོག །ཡང༌། ཡནྨཾ་ག་ལཾ་ ས་ཀ་ལ་སཏྭ་ཧྲྀ་དི་སྠི་ཏ་སྱ་སརྦཱཏྨ་ཀསྱ་ཝ་ར་སརྦ་ཀུ་ལཱ་དྷི་པ་བྱ། ནིཿ ཤེ་ཥ་སཏྭ་ཛ་ན་ཀ་སྱ་མ་ ཧཱ་སུ་ཁ་སྱ་ཏནྨཾ་ག་ལཾ་བྷ་ཝ་ཏུ་ཏེ། དྱ་ཝ་རཱ་བྷི་ཥེ་ཀེ ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་ སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་ སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱེད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག ། སྨོན་ལམ་ནི། མཉྫུ་ཤི་རཱི་ཡ་ཐ་ཛཱ་ན་ཏི་ཤཱུ་རཿ སོ་པི་ས་མནྟ་ཏ་བྷ་དྲ་ཏ་ཐཻ་ཝ། ཏེ་ཥུ་ ཨ་ཧ་མ་ནུ་ཤི་ཀྵ་ཡ་མཱ་ནོ་ནཱ་མ་ཡ་མཱི་ཀུ་ཤ་ལ་མི་མུ་སརྦཾ། །འཇམ་དཔལ་ཇི་ལྟར་མཁྱེན་ཅིང་ དཔའ་བ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །སརྦ་ཏྲི་ཡ་དྷྭ་ག་ཏེ་བྷི་རྫི་ནེ་བྷིཪྻཱ་པ་རི་ ཎཱ་མ་ཎ་ཝརྞ་ཏི་ཨ་གྲྭ་ཏཱ་ཡ། ཨ་ཧཾ་ཀུ་ཤ་ལ་མི་མུ་སརྦ་ནཱ་མ་ཡ་མཱི་ཝ་ར་བྷ་དྲ་ཙ་རཱི་ཡཾ། །དུས་ གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་ལ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཡང༌། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཀཱ་ལ་ ཀྲི་ཡཱཾ་ཙ་ཨ་ཧཾ་ཀ་ར་མཱ་ཎ་ཨཱ་ཝ་ར་ཎཱཾ་བི་ནི་བིརྟ་ཡི་སརྦཱཾ། སམྨུ་ཁ་པ་ཤྱི་ཡ་ཏ་མ་མི་ཏཱ་བྷཾ་ཏཾ་ཙ་ སུ་ཁཱ་ཝ་ཏི་ཀྵེཏྟྲ་བྲ་ཛེ་ཡཾ། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་ འགྲོ་གྱུར་ཅིག །ཏ་ཏྲ་ག་ཏ་སྱ། ཨི་མི་པྲ་ཎི་དྷཱ་ནཱ་ཨཱ་མུ་ཁི་སརྦི་བྷ་ཝེ་ཡ་ས་མ་གྲཱཿ ཏཱཾཤྩ་ཨ་ཧཾ་ 1-1-88 པ་རི་པཱུ་རི་ཨ་ཤེ་ཥཱནྶ་ཏྭ་ཧི་ཏཾ་ཀ་རི་ཡཱ་བ་ཏ་ལོ་ཀཾ། དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང༌། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བ་དང༌། །དེ་དག་མ་ལུས་བདག་གིས་ཡོངས་རྫོགས་ཏེ། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་བགྱིད་ཤོག །ཏ་ཧི་ཛི་ན་མཎྜ་ལི་ཤོ་བྷ་ནི་རམྱེ་པདྨ་མ་ཝ་ རེ་རུ་ཙི་ཏེ་ཨུ་པ་པནྣཿ བྱཱ་ཀ་ར་ཎ་མ་ཧུ་ཏ་ཏྲ་ལ་བྷེ་ཡཱ་སམྨུ་ཁ་ཏོ་ཨ་མི་ཏཱ་བྷ་ཛི་ན་སྱ། །རྒྱལ་ བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པད་མ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ ཤོག །བྱཱ་ཀ་ར་ཎཾ་པྲ་ཏི་ལ་བྷྱ་ཙ་ཏ་སྨིནྣི་རྨི་ཏ་ཀོ་ཊི་ཤ་ཏེ་བྷི་ར་ནེ་ཀཻཿ སཏྭ་ཧི་ཏཱ་ནི་བ་ནྱ་ཧཱུ་ཧུ་ཀུ་ རྱཱཾ་དིཀྵུ་ད་ཤ་སྭ་པི་བུདྡྷི་བ་ལེ་ན། །དེར་ནི་བདག་གིས་ལུང་བསྟན་རབ་ཐོ་ནས། །སྤྲུལ་པ་མང་ པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང༌། །སེམས་ཅན་ཕན་པ་ མང་པོ་བྱེད་གྱུར་ཅིག །ཡང༌། དེ་ཝ་རུ་ཏེ་བྷི་ཙ་ནཱ་ག་རུ་ཏེ་བྷིཪྻ་ཀྵ་ཀུམྦྷཱཎྜ་མ་ནུ་ཥྱ་རུ་ཏེ་བྷིཿ ཡཱ་ ནི་ཙ་སརྦ་རུ་ཏཱ་ནི་ཛ་ག་སྱ་སརྦ་རུ་ཏེ་ཥྭ་ཧུ་དེ་ཤ་ཡི་དྷརྨཾ། །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་ སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྐད་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་ནི་ཆོས་སྟོན་ཤོག །ཡང༌། སརྦི་ཨ་པཱ་ཡ་དུཐཁཱ ནཔྲ་ཤ་མནྟཿ སརྦ་ ཛ་གཾ་སུ་ཁིསྠཱ་པ་ཡ་མཱ་ནཿ སརྦ་ཛ་ག་སྱ་ཧི་ཏཱ་ཡ་ཙ་རེ་ཡཾ་ཡཱ་ཝ་ཏ་ཀྵེཏྟྲ་པ་ཐཱ་དི་ཤ་ཏཱ་སུ། །ཞིང་ གི་ཁྱོན་དང་ཕྱོགས་རྣམས་ཇི་སྙེད་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བྱེད་ཅིང༌། །འགྲོ་བ་ ཐམས་ཅད་བདེ་ལ་འགོད་པ་དང༌། །སྐྱེ་རྒུ་ཀུན་ལ་ཕན་པ་སྤྱོད་པར་ཤོག །ཡང༌། ཀྵེཏྟྲ་ས་མུ་ དྲ་བི་ཤོ་དྷ་ཡ་མཱ་ནཿ སཏྭ་ས་མུ་དྲ་བི་མོ་ཙ་ཡ་མཱ་ནཿ དྷརྨ་ས་མུ་དྲ་བི་པ་ཤྱི་ཡ་མཱ་ནོ་ཛྙཱ་ན་ས་མུ་ དྲ་བི་གཱ་ཧ་ཡ་མཱ་ནཿ ཞིང་རྣམས་རྒྱ་མཚོ་རྣམ་པར་སྦྱོང་བྱེད་ཅིང༌། །སེམས་ཅན་རྒྱ་མཚོ་རྣམ་ པར་གྲོལ་བྱེད་ལ། །ཆོས་རྣམས་རྒྱ་མཚོ་རྣམ་པར་མཐོང་བྱེད་ཅིང༌། །ཡེ་ཤེས་རྒྱ་མཚོ་རབ་ཏུ་ རྟོགས་བྱེད་ཤོག །ཙརྱ་ས་མུ་དྲ་བི་ཤོ་དྷ་ཡ་མཱ་ནྉྤར་ཎི་དྷི་ས་མུ་དྲ་པྲ་པཱུ་ར་ཡ་མཱ་ཎཿ བུད་དྷ་ 1-1-89 ས་མུ་དྲ་པྲ་པཱུ་ཛ་ཡ་མཱ་ནྈྐལྤ་ས་མུ་དྲ་ཙ་རེ་ཡ་མ་ཁིནྣཿ ། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བགྱིད་ ཅིང༌། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་བགྱིད་ལ། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་ བགྱིད་པ། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱོད་གྱུར་ཅིག །གཞན་ཡང༌། ད་ཤ་དིག་བྱོ་མ་པརྱནྟ་ སརྦནྟ་སརྦ་སཏྭཱཪྠ་སཱ་དྷ་ནེ། ཡ་ཐཱ་ཙ་ར་ཏི་མཉྫུ་ཤྲཱིཿ སཻ་ཝ་ཙརྱཱ་བྷ་ཝེནྨ་མ། །ཕྱོགས་བཅུ་ནམ་ མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་སྒྲུབ་པའི་ཕྱིར། །ཇི་ལྟར་འཇམ་དཔལ་ སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །ཨཱ་ཀཱ་ཤ་སྱ་སྠི་ཏིཪྻཱ་ཝ་ཏ་ཡཱ་ཝཙྩ་ཛ་ ག་ཏ་སྠི་ཏིཿ ཏཱ་ཝཏྨ་མ་སྠི་ཏིརྦྷཱུ་ཡཱཏ་ཛདྡུཿ ཁཱ་ནི་ནི་གྷྣ་ཏཿ ། །ནམ་མཁའ་ཇི་སྲིད་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་ཀྱི་བར། །དེ་སྲིད་བདག་ཀྱང་གནས་གྱུར་ཏེ། །འགྲོ་བའི་སྡུག་བསྔལ་ སེལ་བར་ཤོག །ཡཏྐི་ཀཉྩིཛྫ་ག་ཏོ་དུཿཁནྟཏྶརྦམྨ་པི་པ་ཙྱ་ཏཾཿ བོ་དྷི་སཏྭ་ཤུ་བྷཻཿ སརྦཻརྫྫ་གཏྶུ་ ཁི་ཏ་མསྟུ་ཙ། །འགྲོ་བའི་སྡུག་བསྔལ་གང་ཅིའང་རུང༌། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་ཀུན་གྱིས། །འགྲོ་བ་བདེ་ལ་སྤྱོད་པར་ཤོག །ཛ་གད་དུཿཁཻ་ཀ་ བྷེ་ཥ་ཛྱཾ་སརྦ་སམྤཏྶུ་ཁཱ་ཀ་རཾ། ལཱ་བྷ་སཏྐཱ་ར་ས་ཧི་ཏཉྩི་རནྟིཥྛ་ཏུ་ཤཱ་ས་ནམ། །འགྲོ་བའི་སྡུག་ བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་ བསྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །མཉྫུ་གྷོ་ཥནྣ་མ་སྱ་མི་ཡཏྤྲ་སཱ་དཱནྨ་ཏིཿ ཤུ་ བྷཱ། ཀལྱ་ཎ་མི་ཏྲམྦནྡེ་ཧཾ་ཡཏྤྲ་སཱ་དཱཙྩ་ཝརྡྷ་ཏཾ། །གང་གི་དྲིན་གྱིས་དགེ་བློ་བྱུང༌། །འཇམ་པའི་ དབྱངས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདག་དར་པ། །དགེ་བའི་བཤེས་ལ་ཕྱག་ འཚལ་ལོ། །སྨོན་ལམ་གྱི་སྡེ་ཚན་བརྡ་སྤྲོད་པའི་ལེའུ་སྟེ་བཅུ་པའོ།། །། སྔོན་གྱི་ལོ་པཎ་མཁས་པས་ལེགས་སྦྱར་བའི། །གཞུང་ལུགས་རྣམ་དག་ཁུངས་ལ་བརྟེན་ ནས་བགྱིས། །འགལ་བ་མཆིས་ན་མཁས་ལ་བཟོད་པར་གསོལ། །དགེ་བ་ཀུན་མཁྱེན་གོ་ འཕང་ཐོབ་གྱུར་ཅིག །བརྡ་སྤྲོད་པའི་ཁྱད་པར་རྟོགས་བྱེད་ཅེས་བྱ་བ། སྡེ་སྣོད་འཛིན་པ་དགེ་ 1-1-90 བའི་བཤེན་གཉེན་བསམ་གྲུབ་རྒྱལ་མཚན་གྱིས་བསྐུལ་ནས། དགེ་སློང་ལོ་ཙཱ་བ་བློ་གྲོས་ དཔལ་བཟང་པོས། ཀུན་འདུལ་གྱི་ལོ་དཔྱིད་ཟླ་འབྲིང་པོའི་ཟླ་བ་ཡར་ངོ་ལ་གྲུབ་པར་སྦྱར་བ་ ཡོངས་སུ་རྫོགས་སོ།། །། ཡཱ་ནཱི་ཧ་བྷཱུ་ཏཱ་ནི་ས་མཱ་ག་ཏཱ་ནི་སྠི་ཏཱ་ནི་བྷཱུ་མ་པ་ཐ་ཝཱནྟཱ་རཱི་ཀྵེ། ཀུརྦནྟུ་མཻ་ཏྲཱི་ས་ཏ་ཏཾ་པྲ་ཛཱུ་སུ་ དེ་ཝཱ་ཙ་རཱ་ཏྲཽ་ཙ་ཙ་རནྟུ་དྷརྨམ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་ བར་སྣང་འཁོད་ཀྱང་རུང༌། །སྐྱེ་རྒུ་ཀུན་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིད་དང་མཚན་དུ་ཆོས་ ལ་སྤྱོད་གྱུར་ཅིག། །།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུ་ན་ཏེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ། དེ་ཥཱཉྩ་ཡོ་ནི་ རོ་ཨེ་ཝྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཕྱག་དཔེ་ངོ་བོ་ལ་ཞུས་དག་གོ། །། (མ་དཔེ་ནི་བོད་གཞུང་དཔེ་མཛོད་ཁང་གི་དབུ་ཅན་བྲིས་མ་སྤུས་ལེགས་དཔེ་རྙིང་ཞིག་ཡིན། ) 1-1-91 ༄༅། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ རྣམ་པར་བཤད་པ་གཞུང་དོན་སྣང་བ་ ཞེས་བྱ་བ་བཞུགས། དང་པོ། ཀླད་ཀྱི་དོན། ༄༅། །ༀ་སྭ་སྟི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ གཞུང་དོན་སྣང་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་ འཚལ་ལོ། །རྒྱལ་བ་སྲས་དང་བཅས་པ་རྣམས་ལ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཐེག་པ་ཆེན་པོའི་གསུང་རབ་མཐའ་དག་ཕྱོགས་རྣམས་ཀུན་དུ་རྒྱས་གྱུར་ཅིག །བདག་ཅག་ རྣམས་ཀྱི་ལུས་ངག་ཡིད་གསུམ་དུས་གསུམ་དགེ་བའི་ཚོགས་རྣམས་ཀྱིས། །རྒྱལ་བའི་ཆོས་ དང་སེམས་ཅན་ཀུན་ལ་ཕན་པ་རྒྱ་ཆེན་འབྱུང་གྱུར་ཅིག །རྒྱལ་བ་ཀུན་གྱི་ཡེ་ཤེས་ལས་གྲུབ་ རྣམ་དག་མཁྱེན་པ་ཚད་མེད་ཅིང༌། །རབ་གསལ་ཉི་མ་གཞོན་ནུ་དང་མཚུངས་མཚན་བཟང་ འོད་ཟེར་དྲ་བ་ཅན། །ཟུར་ཕུད་གསལ་ལྡན་ལྷ་བརྒྱའི་གཙུག་གིས་ཞབས་ཀྱི་པད་མ་གུས་ མཆོད་པ། །དཔལ་ལྡན་འཇམ་པའི་དབྱངས་ཀྱི་དྲིན་ལས་འཇིག་རྟེན་ཉིན་མོར་བྱེད་གྱུར་ཅིག །འཕགས་མཆོག་དེ་ཡིས་རྗེས་སུ་གཟུང་བའི་སྐད་ཅིག་ཉིད་ལ་གསུང་རབ་དོན། །ཇི་བཞིན་ གཟིགས་པའི་དེ་མ་ཐག་ཏུ་འཁོར་བའི་བྱ་བ་རིང་སྤངས་ནས། །གཅིག་ཏུ་བརྩོན་པས་རང་ གཞན་དོན་དུ་བྱང་ཆུབ་སྤྱོད་པ་ལྷུར་ལེན་པ། །གཞུང་འདི་སྟོན་མཛད་རྒྱལ་སྲས་དམ་པ་ཞི་ 1-1-92 བའི་ལྷ་ལ་ཕྱག་འཚལ་ལོ། །དེ་ཡི་གསུང་རབ་བྱང་ཆུབ་སྤྱོད་པའི་གྲོང་ཁྱེར་ཆེན་པོར་འཇུག་ པའི་སྒོ། །ཟོལ་མེད་རྣམ་པར་འབྱེད་པའི་བློ་ལྡན་ཤེས་རབ་འབྱུང་གནས་སྦས་པ་དང༌། །དགེ་ བའི་ལྷ་དང་ཀྲིཥྞ་པ་དང་རྣམ་པར་སྣང་མཛད་བསྲུང་བ་དང༌། །རྣལ་འབྱོར་ཟླ་བ་གསེར་གླིང་ པ་སོགས་རྒྱ་འགྲེལ་མཛད་རྣམས་རྒྱལ་གྱུར་ཅིག །དེ་དག་ཀུན་གྱི་གསུང་རབ་ཆུ་བོ་བློ་ཆེན་རྒྱ་ མཚོར་བསྟེན་པའི་མཐུས། །རྣམ་འབྱེད་སྙིང་རྗེའི་སྙིང་པོ་ཅན་གྱི་ཆུ་འཛིན་སྟུག་པོ་འཁྲིགས་ པ་ལས། །ལེགས་བཤད་(ཚེག་བར་དྲུག་ཆད། )རྣམ་མང་འབྲས་བུ་སྨིན་མཛད་པ། །གངས་རིའི་ ཁྲོད་འདིར་སྔོན་ཆད་བྱུང་བའི་སྐྱེས་བུ་ཆེན་པོ་རྣམས་ལའང་འདུད། །བློ་ཞན་བདག་འདྲས་ གཞུང་འདི་མཐའ་དག་དགྲོལ་བར་མི་ནུས་དེ་ལྟ་ནའང༌། །སློབ་མ་སྡོམ་བརྩོན་ཆོས་སྨྲ་མང་ པོས་ཡང་དང་ཡང་དུ་བསྐུལ་བའི་ངོར། །དམ་པའི་ལེགས་(ཚེག་བར་དགུ་ཆད། )ཕྲེང་མཛེས་འདི། །བདག་བློའི་སྙིམ་པས་གུས་པར་འབུལ་གྱིས་ཁྱེད་རྣམས་དགྱེས་པ་འཕེལ་གྱུར་ཅིག །བདག་ ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འདིས་ནི་སྐུ་ཚེ་དཔག་ཏུ་མེད་པའི་སྔ་རོལ་ནས་ སྨོན་པ་དང་འཇུག་པའི་རང་བཞིན་ཅན་གྱི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་(ཚེག་བར་ཁ་ཤས་ ཆད། )ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་བྱང་ཆུབ་ཀྱི་སྤྱོད་པ་རླབས་ཆེ་བ་རྣམས་ཀྱིས་ས་དང་ ལམ་གྱི་རིམ་པར་ཞུགས་ཤིང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་སེམས་ཅན་ཡོངས་ སུ་སྨིན་པ་དང་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པ་ལ་སོགས་པ་སློབ་པའི་ཆོས་རྣམས་ མཐར་ཕྱིན་ཏེ་མི་སློབ་པའི་ཆོས་ཟག་པ་མེད་པའི་རང་བཞིན་ཅན་ཡང་དག་པའི་མཐའ་ མངོན་དུ་བྱས་ཤིང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཆོས་ཀྱི་སྐུ་སྒྲིབ་པ་ཐམས་ཅད་ དང་བྲལ་བ་རྣམ་པར་མི་རྟོག་པའི་དབྱིངས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཟག་ མེད་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་དགའ་ལྡན་གནས་ནས་འཕོ་བ་ལ་སོགས་པ་ཕུལ་ དུ་བྱུང་བའི་མཛད་པ་རྣམས་ཀྱིས་སྐད་ཅིག་རེ་རེ་ལ་ཡང་ཞིང་ཁམས་དཔག་ཏུ་མེད་པ་རྣམས་ 1-1-93 སུ་མཐའ་ཡས་པའི་སྤྲུལ་པ་རྣམས་བསྟན་ཅིང་གདུལ་བྱ་རྣམས་ཀྱི་སྐལ་བ་དང་འཚམ་པར་ ཐོག་མ་དང་བར་དང་ཐ་མར་དགེ་བའི་ཆོས་ཀྱི་འཁོར་ལོ་རིམ་པར་བསྐོར་བས་སེམས་ཅན་ དཔག་ཏུ་མེད་པ་{དབུགས་?}དབྱུང་སྟེ་བདེ་བ་དང་ལྡན་པར་མཛད་དོ། །དེའི་རྗེས་སུ་བསྟན་ པ་འཛིན་པའི་སྐྱེས་བུ་དམ་པ་མང་པོས་ཀྱང་བདེ་བར་གཤེགས་པའི་བཀའ་སྒྲོ་སྐུར་མེད་པར་ སྡུད་པ་དང༌། སྟོན་པའི་གསུང་རབ་དཔང་དུ་བྱས་པ་དགོངས་འགྲེལ་དུ་མ་ཡང་མཛད་ནས་ རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པས་སེམས་ཅན་མང་པོའི་གནས་སྐབས་དང་མཐར་ ཐུག་གི་དོན་རྒྱ་ཆེན་པོ་གྲུབ་པར་མཛད་པ་ཡིན་ནོ། །དེའི་ཕྱིར་དེ་ལྟ་བུའི་ཆོས་ཉམས་སུ་ལེན་ པ་རྣམས་ཀྱིས་ལེགས་པར་བརྟགས་ཏེ་འཁྲུལ་པ་མེད་པ་ལ་འཇུག་པར་རིགས་ཏེ། རྒྱན་སྟུག་ པོ་བཀོད་པའི་མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་ བའི་གསེར་བཞིན་དུ། །ལེགས་པར་བརྟགས་ཏེ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་ མིན། །ཞེས་སོ། །ཁྱད་པར་ཀྱང་རྒྱུད་བླ་མར། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང༌། །ཁམས་གསུམ་ཉོན་མོངས་ཀུན་ནས་སྤོང་བྱེད་གསུང༌། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་ གང༌། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་པས་བཀའ་དང༌། གང་ཞིག་རྒྱལ་ བས་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་ པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང༌། །ཞེས་ པས་བསྟན་བཅོས་ཀྱི་མཚན་ཉིད་གསུངས་པ་ལྟར་བརྟག་གོ །དེ་ལས་ཀྱང་ཕལ་ཆེ་བ་བཀའ་ རྣམས་ལ་ནི་སྟོན་འཁོར་ལ་སོགས་པ་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཇུག་ཅིང༌། བསྟན་ བཅོས་རྣམས་ལ་ནི་མཛད་པ་པོ་ལ་སོགས་པ་རྩིས་མགོ་ཡན་ལག་ལྔའི་སྒོ་ནས་འཇུག་ལ། ཐུན་མོང་དུ་ནི་རྣམ་བཤད་རིགས་པར། མདོ་དོན་སྨྲ་བ་རྣམས་ཀྱིས་ནི། །དགོས་པ་བསྡུས་ པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་ 1-1-94 བསྙད་པར་བྱ། །ཞེས་སོགས་བདག་ཉིད་ཆེན་པོ་དབྱིག་གཉེན་གྱིས་གསུངས་པ་ལྟ་བུ་འཆད་ ཉན་གྱི་མན་ངག་དུ་མའི་སྒོ་ནས་འཇུག་གོ ། དེའི་ཕྱིར་འདིར་ཡང་བསྟན་བཅོས་མཛད་པ་པོ་སུ་ཡིན་པ་དང༌། བསྟན་བཅོས་ཀྱི་མིང་ གང་ཡིན་པ་དང༌། དགོས་པ་ཅིའི་དོན་དུ་བརྩམས་པ་དང༌། གཞུང་གི་ཚད་ཅི་ཙམ་ཡིན་པ་ དང༌། ཕྱོགས་གང་དུ་གཏོགས་པའི་རྩིས་མགོ་བསམ་པར་བྱ་བ་ལས། བསྟན་བཅོས་མཛད་ པ་པོ་ནི་འཕགས་པ་ཞི་བའི་ལྷ་ཡིན་ཏེ། དེའི་རྣམ་པར་ཐར་པ་ཕྱོགས་ཙམ་བསྟན་པས་ཀྱང་ དང་བ་དང་ཡིད་ཆེས་པ་སྐྱེ་བའི་ཕྱིར་ཚིགས་སུ་བཅད་པ། རྒྱལ་སྲིད་རབ་སྤངས་(༡)གྲུབ་པ་ བརྙེས (༢)། །གཙུག་ལག་གཉིས་ཀྱི་(༣)ཕྱོགས་ལས་རྒྱལ(༤)། །རབ་བྱུང་(༥)བདེན་གཟིགས་ (༦) རྫུ་འཕྲུལ་བསྟན(༧)། །ངོ་མཚར་བདུན་ལྡན་དེ་ལ་འདུད། ། དེ་ཡང་འདི་སྐད་ཅེས་གསུང་བ་རྗེས་སུ་ཐོས་ཏེ། སློབ་དཔོན་ཆེན་པོ་འདི་ཡུལ་ལྷོ་ཕྱོགས་ ཀྱི་རྒྱུད་དཔལ་ལྡན་ན་ག་ར་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོར་མིའི་དབང་པོ་འཇམ་དཔལ་གོ་ ཆ་ཞེས་བྱ་བའི་སྲས་རྒྱལ་བུ་ཞི་བའི་གོ་ཆ་ཞེས་བྱ་བར་གྱུར་ཏོ། །ཞེས་གྲག་གོ །དེ་སྔོན་གྱི་ སྤྱོད་པ་ཡོངས་སུ་དག་པའི་མཐུ་ལས་གཞོན་ནུར་གྱུར་པ་ན་ཡང་དཀོན་མཆོག་གསུམ་ལ་གུས་ པ་ཆེད་ཆེར་བྱེད་ཅིང༌། དགེ་སྦྱོང་དང་བྲམ་ཟེ་དང་ཕ་མ་དང་རྒན་རབས་རྣམས་ལ་སྲི་ཞུ་ཆེ་ བ་དང༌། ནང་མི་དང་བློན་པོ་དང་མཛའ་བཤེས་དང་ཕོ་བྲང་འཁོར་གྱི་མི་ཐམས་ཅད་ལ་ཡང་ ཇི་ལྟར་འཚམ་པ་བཞིན་ཕན་འདོགས་ལ། སྐྱེ་བོ་ཕོངས་པ་དང་ནད་པ་དང་སློང་མོ་སྤྱོད་པ་ ལ་སོགས་པ་མགོན་སྐྱབས་མེད་པ་རྣམས་ལ་ནི་ཕ་བུ་ལ་བརྩེ་བ་དང་སློབ་དཔོན་སློབ་མ་ལ་ བརྩེ་བ་བཞིན་དུ་སྙིང་བརྩེ་བར་གྱུར་པ་ལས་འཇིག་རྟེན་ཤིན་ཏུ་དར་བར་གྱུར་ཏེ། ནང་གི་ སྐྱེ་བོ་དང་ཡོངས་ཀྱི་སྐྱེ་བོ་ཐམས་ཅད་ཀྱིས་སྐྱེས་བུ་དམ་པ་དེ་ལ་བཀུར་སྟི་དང་རིམ་གྲོ་བྱེད་ པར་གྱུར་པས་ཐམས་ཅད་ཀྱང་ལྷའི་དཔལ་ལྟ་བུ་ལ་ཉེ་བར་སྤྱོད་པར་གྱུར་ཏོ། །དེ་དེ་ལྟ་བུའི་ 1-1-95 གནས་སྐབས་ན་ཡང་དྲེགས་མེད་ཅིང་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་དང༌། ཐར་པ་ཆ་མཐུན་ གྱི་དགེ་བའི་རྩ་བ་ཐོབ་པ་དང༌། ཐེག་པ་ཆེན་པོའི་རིགས་ལ་ཡང་དག་པར་གནས་པ་ལས་ དུལ་བར་སྤྱོད་ཅིང་བྱང་ཆུབ་ཀྱི་སྤྱོད་པ་འབའ་ཞིག་ལ་ཐུགས་གཞོལ་བར་གྱུར་པ་ན་རྒྱལ་ ཚབ་ཏུ་དབང་བསྐུར་བའི་དུས་ལ་བབ་སྟེ་རིན་པོ་ཆེའི་ཁྲི་ཆེན་པོ་བཤམས་པ་ལས་གཉིད་ ཀྱིས་ལོག་པའི་རྨི་ལམ་དུ་ཁྲི་དེ་ལ་རྗེ་བཙུན་འཇམ་པའི་དབྱངས་བཞུགས་ནས། བུ་ཅིག་འདི་ ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། །ང་དང་ཁྱོད་གཉིས་སྟན་ གཅིག་ལ་འདུག་པ། །འདི་ནི་ཚུལ་དང་མཐུན་པ་མ་ཡིན་ནོ། །ཞེས་གསུང་བ་རྨི་བས་ཐེ་ཚོམ་ དུ་གྱུར་པ་ན་རྒྱལ་ཚབ་ཏུ་དབང་བསྐུར་བའི་སླད་དུ་རྒྱལ་པོའི་བཙུན་མོ་རྡོ་རྗེ་རྣལ་འབྱོར་མའི་ སྤྲུལ་པ་རང་གི་ཡུམ་གྱིས་ཆུ་དྲོན་མོ་བླུགས་ཏེ་ཁྲུས་བྱེད་དུ་གསོལ་བ་ལས་དེའི་དྲོད་མི་བཟོད་ པ་གཟིགས་ཏེ་སྨྲས་པ། བུ་སྙིགས་མའི་དུས་སུ་རྒྱལ་སྲིད་བཟུང་ན་ཉོན་མོངས་པའི་དབང་ གིས་མི་དགེ་བ་སྤྱད་དེ་ཤི་ནས་དམྱལ་བར་སོང་ན་འདི་བས་ཆེས་བཟོད་པར་དཀའ་བའི་ སྡུག་བསྔལ་མྱོང་པར་འགྱུར་རོ། །དེའི་ཕྱིར་འཇིག་རྟེན་གྱི་བྱ་བ་ལ་སྙིང་པོ་མེད་ཀྱིས་བུ་ཁྱོད་ བྷང་གའི་ནགས་སུ་སོང་ཞིག་དང༌། འཇམ་པའི་དབྱངས་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ། །ཞེས་སོ། །དེ་ནས་དེ་མ་ཐག་ཏུ་ཡུམ་གྱི་གསུང་སྤྱི་བོས་བླངས་ནས་ཁྱིམ་དང་ལོངས་སྤྱོད་ལ་ ཞེན་པ་མེད་པར་མཛད་དེ། རྒྱལ་སྲིད་སྤངས་པའི་མཛད་(༡)པའོ། ། དེ་ནས་རྟ་མཆོག་ལྗང་ཁུ་ལ་ཆིབས་ཏེ་དགེ་བའི་བཤེས་གཉེན་ཡིད་ལ་བྱེད་ཅིང་སོང་བ་ ན་བྷང་གའི་ནགས་མཐར་བུ་མོ་རིན་པོ་ཆེ་ཅིག་དང་ཕྲད་ནས་རྟ་འཛིན་ཏུ་བཅུག་སྟེ་ཆུ་འཐུང་ བར་ཆས་པ་ལ་སྤྲུལ་པའི་བུ་མོ་དེ་ན་རེ། དེ་ནི་དུག་གི་ཆུ་ཡིན་པས་འདི་འཐུང་ཞིག་ཅེས་ བདུད་རྩིའི་ཆུ་དང་སྤྲུལ་པའི་ཤ་བསྲེགས་པས་ཀྱང་ཚིམ་པར་བྱས་སོ། །དེའི་ཚེ་བུ་མོ་དེ་ལ་ གང་ནས་འོངས་ཞེས་དྲིས་པ་དང༌། ནགས་ཚལ་ཆེན་པོ་འདིའི་དབུས་ན་བདག་གི་བླ་མ་ཡོན་ 1-1-96 ཏན་གྱི་ཚོགས་ཀྱིས་བརྒྱན་ཅིང་ཐུགས་རྗེ་དང་ལྡན་པ་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་སྒྲུབ་ པ་བཞུགས་པའི་སྤྱན་སྔ་ནས་འོངས་སོ། །ཞེས་སོ། །དེ་ཐོས་པ་ཙམ་གྱིས་དབུགས་དབྱུང་ ཞིང་དགའ་བར་གྱུར་ཏེ་ཀྱེ་བདག་ལ་དེ་སྟོན་ཅིག་ཅེས་སྨྲས་ནས་སོང་བ་ན་ཤིན་ཏུ་ཟབ་པའི་ ཐུགས་དང་ལྡན་ཞིང་ལུས་ངག་དུལ་བའི་བླ་མ་དེ་གསེར་གྱི་རི་བོ་བཞིན་དུ་གཟི་བྱིན་དང་ ལྡན་པ་མཐོང་ནས་ཕྱག་བྱས་ཏེ་རྟ་མཆོག་ཕུལ་ཞིང་འཇམ་པའི་དབྱངས་ཀྱི་ཏིང་ངེ་འཛིན་ གྱི་གདམས་པས་རྗེས་སུ་འཛིན་པར་འཚལ་ལོ་ཞེས་གསོལ་པ་དང༌། དེས་ཀྱང་སྐལ་བ་དང་ འཚམ་པར་གདམས་པ་གནང་ནས་ཏིང་ངེ་འཛིན་སྒྲུབ་པས་འཇམ་པའི་དབྱངས་མངོན་སུམ་ དུ་གྱུར་ཏེ། གྲུབ་པ་བརྙེས་པའི་མཛད་པ(༢)འོ། ། དེ་ནས་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོར་སྤྱོད་པའི་བརྟུལ་ཞུགས་ལ་སོང་ཤིག་ཅེས་བླ་ མའི་རྗེས་སུ་གནང་བ་ཐོབ་པ་བཞིན་ཕྱིན་ནས་མ་ག་དྷ་རྒྱལ་པོའི་སྐུ་སྲུང་བྱེད་ཅིང་འཇམ་པའི་ དབྱངས་ཀྱི་ཕྱག་མཚན་ཤིང་གི་རལ་གྲི་ཤུབས་དང་བཅས་པ་ཅིག་ལག་ཆར་བཟུང་བ་ལས་ མི་གཡོ་བའི་སྡེ་ཞེས་གྲགས་ཏེ། ཆོས་ཀྱི་མཐུ་ཕུན་སུམ་ཚོགས་པ་ལ་རྒྱལ་པོའི་བཀུར་སྟི་ཆེར་ ཐོབ་པ་ལ་འགྲན་སེམས་དང་ཕྲག་དོག་སྐྱེས་པ་རྣམས་ཀྱིས་རྒྱལ་པོ་ལ་མི་གཡོ་བའི་སྡེས་སྐུ་ བསྲུངས་མི་ནུས་ཏེ་ཤིང་གི་རལ་གྲི་ལས་གཞན་པའི་མཚོན་ཆ་མ་མཆིས་པ་ལ་གཟིགས་པས་ མཁྱེན་ལགས་སོ་ཞེས་གསོལ་ཏོ། །དེ་ཡང་ཡང་ཐོས་ནས་རྒྱལ་པོས་ཀྱང་སྐུ་སྲུང་པ་རྣམས་ ཀྱི་མཚོན་ཆ་ལ་བལྟའོ་ཞེས་སྨྲས་པ་དང༌། སློབ་དཔོན་ན་རེ། བདག་གི་རལ་གྲི་ལ་གཟིགས་ པ་མི་འོས་སོ། །ཞེས་གསུང་ངོ༌། །ནན་གྱིས་ཡང་ཡང་གསོལ་བ་བཏབ་པས་འོ་ན་དབེན་པར་ སྤྱན་ཡ་ཅིག་ཕྱག་གིས་བཀབ་སྟེ་གཟིགས་སུ་གསོལ་ཞེས་སྨྲས་ནས་རལ་གྲི་ཕྱུང་བ་ན་དེའི་ འོད་ཟེར་གྱིས་རྒྱལ་པོའི་མིག་ཡ་ཅིག་ས་ལ་ལྷུང་ངོ༌། །འོན་ཀྱང་མིག་གི་བུ་གར་མིག་བཅུག་ སྟེ་ཟུག་རྔུ་མེད་ཅིང་མཐོང་བར་བྱིན་གྱིས་བརླབས་པ་ལས་སྐྱེས་བུ་དམ་པའི་མཐུ་ཆེན་པོ་ལྷག་ 1-1-97 པར་ཡང་རྟོགས་ཏེ། འཇིག་རྟེན་གྱི་གཙུག་ལག་ལས་རྒྱལ་བའི་མཛད་པ(༣)འོ། ། དེ་ནས་དེ་སྤྱོད་པའི་བརྟུལ་ཞུགས་ལ་གནས་བཞིན་དུ་སོང་བ་དང༌། ཕྱོགས་གཅིག་ན་ཕྱི་ ནང་གཉི་གའི་སྦྱིན་བདག་རྒྱལ་པོ་ཞིག་ཡོད་པའི་སར། ཕྱི་རོལ་པའི་པཎྜི་ཏ་ཤང་ཀར་ནན་ད་ ཞེས་བྱ་བ་འོངས་ནས་ནང་པའི་པཎྜི་ཏ་རྣམས་དང་རྩོད་ཅིང་རྫུ་འཕྲུལ་འགྲན་ཏེ་གང་ཕམ་པ་ དེ་རྒྱལ་བ་དེའི་བསྟན་པ་ལ་འཇུག་དགོས་པ་མཁྱེན་པར་མཛོད་ཅིག་ཅེས་ཟེར་རོ། །དེ་ཐོས་པ་ དང་ནང་པའི་གནས་བརྟན་ཐུགས་མ་བདེ་བར་གནས་པ་ལ་དགེ་བསྙེན་ཞིག་ན་རེ། ཁ་སང་ བདག་འབྲས་ཀྱི་བཀྲུ་བཤལ་འདོར་བ་ན་སྒོ་དྲུང་ན་རྣལ་འབྱོར་པ་ཅིག་འདུག་པའི་ཞབས་ལ་ ཐོར་མ་ཕོག་པས་ལྕགས་བསྲེགས་ལ་ཕོག་པ་བཞིན་དུ་ཁོལ་ཞིང་འབར་བ་ཞིག་མཆིས་པས་ བཟློག་པར་ནུས་སམ་ཞེས་སྨྲ་བ་དང་མཐུན་པར་སློབ་དཔོན་བཙལ་ཏེ། མུ་སྟེགས་པའི་རྩོད་ པ་དང་རྫུ་འཕྲུལ་བཟློག་པར་ནུས་སམ་ཞེས་དྲིས་པས་རུང་ངོ་ཞེས་ཁས་བླངས་པས་རྒྱལ་པོ་ ལ་སྦྲན་ནས་རྒྱལ་པོས་དཔང་པོ་མཛད་དེ་གཡས་གཡོན་དུ་ཁྲི་བརྩིགས་པ་ལ་པཎྜི་ཏ་རྣམས་ འཁོད་ནས་གྲུབ་མཐའ་ལ་བརྩད་པས་སློབ་དཔོན་མཆོག་ཏུ་གྱུར་པ་ལ། མུ་སྟེགས་པ་རྣམས་ ན་རེ། བར་སྣང་སྟོང་པ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་ཟེར་ཏེ། ཐིག་བཏབ་ ནས་ཚོན་འགྱེད་པ་ན་སློབ་དཔོན་གྱིས་རླུང་གི་ཏིང་ངེ་འཛིན་ཅུང་ཟད་མཛད་པས་དཀྱིལ་ འཁོར་དང་བཅས་པའི་མུ་སྟེགས་པ་དང་རྒྱལ་པོ་ཡང་རླུང་གིས་ཁྱེར་ཏེ་ལྗོན་ཤིང་ཆེན་པོ་ རྣམས་ཀྱང་འགྱེལ་བ་དང་ལྡེག་པར་གྱུར་པ་ན་སློབ་དཔོན་གྱི་ཏིང་ངེ་འཛིན་གྱི་མཐུས་རྒྱལ་པོ་ འཁོར་དང་བཅས་པ་མདུན་དུ་བཀུག་པ་ལ་ཁྲུས་དང་བྱུག་པ་དང་གོས་འབུལ་བ་ལ་སོགས་ པས་བདེ་བར་བྱས་ནས་མུ་སྟེགས་ཅན་དུ་མ་སངས་རྒྱས་ཀྱི་བསྟན་པ་ལ་ཡང་དག་པར་ བཅུག་སྟེ། ཆོས་ཀྱི་གཙུག་ལག་ལས་རྒྱལ་བའི་མཛད་པ(༤)འོ། ། དེ་ནས་དཔལ་ལྡན་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོར་མཁན་པོ་པཎྜི་ཏ་ཁྱུ་མཆོག་རྒྱལ་ 1-1-98 བའི་ལྷ་ལ་རབ་ཏུ་བྱུང་བ་ཞུས་ནས་མཚན་ཡང་ཞི་བའི་ལྷ་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་སྡེ་ སྣོད་གསུམ་ལ་ཐོས་པ་ཡང་མཛད་ཅིང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ལྷག་པར་རྗེས་སུ་ འཛིན་པས་གཙོ་ཆེར་ནང་དུ་ཡང་དག་འཇོག་གི་སྒྲུབ་པ་ཟབ་མོ་ལྷུར་ལེན་ལ། སྐབས་སུ་མདོ་ སྡེ་རིན་པོ་ཆེ་དུ་མ་གཟིགས་ནས་ཤིན་ཏུ་གཅེས་པའི་དོན་རྣམས་ཕྱོགས་གཅིག་ཏུ་བསྡེབས་ པ་བསླབ་པ་ཀུན་ལས་བཏུས་པ་དང༌། མདོ་ཀུན་ལས་བཏུས་པ་ཡང་མཛད་ཅིང༌། ཁ་ཅིག་ནི་ བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ཀྱང་དེ་དུས་ནས་མཛད་ཚར་རོ་ཞེས་གསུངས་ཏེ། རབ་ཏུ་ བྱུང་བའི་མཛད་པ(༥)འོ། ། དེ་ལྟར་ནང་དུ་མཉམ་བཞག་རྗེས་ཐོབ་ལ་དེ་ཙམ་དུ་བརྩོན་ཡང་ཕྱི་རོལ་ཏུ་ཟ་བ་དང་ ཉལ་བ་དང་འཆག་པ་གསུམ་ལས་མི་མཛད་པ་ལ། བྷུག་ཏ། སུབ་ཏ། ཀུཙྪི་ཝ། ཞེས་པ་ནི། བོད་སྐད་དུ། ཟ་བ་དང༌། ཉལ་བ་དང༌། འཆག་པ། ཞེས་པ་སྟེ། དེ་བསྡུས་ནས་བྷུ་སུ་ཀུ་པ་ཞེས་ སྒྲོགས་སོ། །དེ་ལ་ཁ་ཅིག་ན་རེ། འདི་ནི་རབ་ཏུ་བྱུང་བའི་བྱ་བ་འཁོར་ལོ་གསུམ་པོ་གང་ཡང་ མི་བྱེད་པར་དགེ་འདུན་གྱི་ནང་དུ་འདུག་པ་མི་རིགས་པས་བརྟགས་ལ་སུན་དབྱུང་ངོ་ཞེས་ བགྲོས་ནས་དང་པོའི་ཆོ་འཕྲུལ་གྱི་དུས་སུ་ལོ་རེ་བཞིན་གསུང་རབ་འདོན་པའི་སྲོལ་ཡོད་པ་ དེ་ལ་ཞུས་པས་བདག་གིས་ཅི་ཡང་མི་ཤེས་སོ་ཞེས་གསུང་ངོ༌། །དེ་ལྟ་ན་ཡང་ནན་གྱིས་བཅོལ་ ནས་ཁས་བླངས་པ་ན་གཙུག་ལག་ཁང་གི་ཕྱི་རོལ་དབང་ལྡན་གྱི་མཚམས་སུ་ས་ཕྱོགས་ ཡངས་པར་མཆོད་པའི་རྣམ་པ་དུ་མ་ནི་བཤམས། སེང་གེའི་ཁྲི་མཐོན་པོ་ཡང་བརྩིགས་ཏེ་ སྐྱེ་བོའི་ཚོགས་ཆེན་པོ་ཡང་བསྡུས་ནས་སྤྱན་དྲངས་སོ། །དེས་ཀྱང་ཁྲི་དེ་ལ་བཞུགས་པའི་རྫུ་ འཕྲུལ་མངོན་པར་འདུ་བྱས་ཏེ། བདག་གིས་དྲང་སྲོང་གིས་གསུངས་པ་ཞིག་གམ། དེའི་རྗེས་ སུ་བྱུང་བ་ཞིག་ལས་གང་གདོན་གསུངས་པ་དང༌། དེ་དག་ངོ་མཚར་སྐྱེས་ཤིང་སྔར་མ་གྲགས་ པ་ཞིག་གོ་ཟེར་བ་ལ། བསམས་པས་བསླབ་པ་ཀུན་ལས་བཏུས་པ་དང་མདོ་ཀུན་ལས་བཏུས་ 1-1-99 པ་ཧ་ཅང་རྒྱ་ཆེ་བས་འདི་རན་ནོ་སྙམ་དུ་དགོངས་ནས་སྤྱོད་འཇུག་ཞལ་དོན་དུ་མཛད་པ་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་དུ་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་ པས། །དམིགས་པ་མེད་པས་རབ་ཏུ་ཞི། །ཞེས་པའི་སྐབས་སུ་མཐོང་ལམ་མངོན་དུ་མཛད་ ཅིང་འཕགས་པ་འཇམ་དཔལ་ཡང་འོད་དང་བཅས་པ་མདུན་གྱི་ནམ་མཁའ་ལ་འདུག་པ་སྐྱེ་ བོ་རྣམས་ཀྱིས་མཐོང་ནས་དད་པར་གྱུར་ཅིང་ཨེ་མ་ཧོ་འདི་ནི་བློ་གྲོས་མི་ཟད་པ་ཞིག་གོ་ཞེས་ ཟེར་བ་ལས་བློ་གྲོས་མི་ཟད་པ་ཞེས་ཀྱང་གྲགས་ཏེ། བདེན་པ་གཟིགས་པའི་མཛད་པ(༦)འོ། ། དེ་ནས། བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བསམས་པ་ཡི། །དགེ་བ་ གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །ཅེས་གསུང་བ་ན་རྗེ་བཙུན་དང་ བཅས་པ་ནམ་མཁའ་ལ་ལྡིངས་ཤིང་སྐྱེ་བོ་རྣམས་ལ་མི་སྣང་སྟེ་གསུང་གི་ང་རོ་ཁོ་ན་དྲག་པས་ སྤྱོད་འཇུག་རྫོགས་པར་གསུངས་ནས་ལྷོ་ཕྱོགས་ཀྱི་རྒྱུད་ན་སོ་བ་ནཱ་ཐ་ཞེས་བྱ་བའི་རྟེན་ཡོད་ པ་དང་ཉེ་བར་བྱོན་ཏོ། །དེ་ན་མུ་སྟེགས་པའི་ཀུན་ཏུ་རྒྱུ་ལྔ་བརྒྱ་ཙམ་གནས་པ་རླུང་ཚུབ་ཆེན་ པོ་ཞག་བདུན་གྱི་བར་དུ་བྱུང་བས་འཚོ་བ་ཆད་པ་རྣམས་ན་རེ། བདག་ཅག་གི་འཚོ་བ་སྒྲུབ་ ནུས་པ་ཡོད་ན་དེའི་གསུང་སྤྱི་བོས་ལེན་ཏེ་ཟེར་བ་ལ་སློབ་དཔོན་གྱིས་འབྲས་ཆན་ལྷུང་བཟེད་ རེ་ཙམ་གྱི་བསོད་སྙོམས་ཏིང་ངེ་འཛིན་གྱིས་མང་དུ་སྤྲུལ་བའི་རྫུ་འཕྲུལ་མཛད་ནས་དེ་རྣམས་ ཚིམ་ཞིང་བདེ་བར་བྱས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་དོ། །དེའི་ཤུལ་དུ་ནཱ་ལེནྡྲར་པཎྜི་ ཏ་རྣམས་ཀྱིས་སྤྱོད་འཇུག་གི་ཚིག་དང་དོན་བསྡུས་པའི་ཚེ་ཁ་ཆེ་བ་རྣམས་ཀྱི་མཆོད་བརྗོད་ ཀྱང༌། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །ཞེས་སོགས་དབུ་མ་རྩ་ཤེ་དང་འདྲ་བ་ཅན་ ལེའུ་དགུའི་བདག་ཉིད་ཤོ་ལོ་ཀ་བདུན་བརྒྱ་པར་བསྡུས་ལ། ཡུལ་དབུས་པ་རྣམས་ཀྱི་མཆོད་ བརྗོད། བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང༌། །ཞེས་སོགས་བསླབ་པ་ཀུན་ལས་ 1-1-100 བཏུས་དང་འདྲ་བ་ཅན་ལེའུ་བཅུའི་བདག་ཉིད་ཤོ་ལོ་ཀ་སྟོང་དུ་བརྩིས་པས་མ་མཐུན་པ་དང༌། བསླབ་པ་ཀུན་ལས་བཏུས་པ་ཡང༌། །ངེས་པར་ཡང་དང་ཡང་དུ་བལྟ། །ཡང་ན་རེ་ཤིག་མདོར་ བསྡུས་པ། །མདོ་རྣམས་ཀུན་ལས་བཏུས་པ་བལྟ། །ཞེས་པའི་བསྟན་བཅོས་གཉིས་པོ་གང་ ཡིན་མ་རྟོགས་ཏེ་ཐེ་ཚོམ་དུ་གྱུར་པ་བསལ་བའི་དོན་དུ་གདུགས་འཛིན་པ་དང་བཅས་པའི་ པཎྜི་ཏ་གཉིས་ཀྱིས་ཕྱིན་ཏེ་ཞུས་པ་ན་ཤོ་ལོ་ཀ་སྟོང་གི་བདག་ཉིད་ཡུལ་དབུས་པ་རྣམས་ཀྱིས་ བསྡུས་པ་ལྟར་ཡིན་ལ་བསྟན་བཅོས་གཉིས་པོ་ཁོ་བོའི་སྤོང་ཁང་ན་ཏ་ལའི་ལོ་མ་ལ་ལྕགས་ ཀྱི་རྩེ་མོས་ཡི་གེར་བྲིས་པ་ཡོད་དོ་ཞེས་རྗེས་སུ་བསྟན་ཅིང༌། དེ་དག་གི་ལུང་ཡང་གནང་ནས་ རྒྱལ་བའི་བསྟན་པ་ལ་ཕན་པར་མཛད་དེ། རྫུ་འཕྲུལ་བསྟན་པའི་མཛད་པ(༧)འོ། ། དེ་ལྟར་ངོ་མཚར་པའི་མཛད་པ་བདུན་པོ་དེ་ཙམ་ཞིག་བླ་མ་བརྒྱུད་པའི་རིམ་པ་ལས་ཐོས་ པ་དང༌། པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲ་ལ་སོགས་པས་ལེགས་བཤད་ལ་བརྟེན་ནས་བྲིས་ཀྱི། གཞན་ཡང་མཁྱེན་པ་དང་བརྩེ་བ་དང་ནུས་པ་དང་ཐབས་ལ་མཁས་པ་ལ་སོགས་པའི་ཡོན་ ཏན་མང་པོ་ཅན་དུ་འགྲེལ་པ་རྣམས་ལས་འབྱུང་བ་དང༌། སློབ་དཔོན་གྱིས་མཛད་པའི་བསྟན་ བཅོས་དམ་པ་རྣམས་ལ་དཔགས་ནས་ཀྱང་མཛད་པ་པོ་ཕུན་སུམ་ཚོགས་པར་རིག་པར་བྱའོ། ། བསྟན་བཅོས་ཀྱི་མིང་གང་ཡིན་པ་ནི། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་ཞེས་པས་རྟོགས་ ཏེ་བརྗོད་བྱ་དང་མཐུན་པར་བཏགས་པའོ། །དགོས་པ་ཅིའི་དོན་དུ་བརྩམས་ན་བྱང་ཆུབ་ཀྱི་ སྤྱོད་པ་རྟོགས་ནས་ཉམས་སུ་བླངས་པས་གནས་སྐབས་དང་མཐར་ཐུག་གི་བཞེད་དོན་སྒྲུབ་ པའི་དོན་དུའོ། ། གཞུང་གི་ཚད་ཅི་ཙམ་ཡིན་པ་ནི། སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ཤོ་ལོ་ཀ་སྟོང་གི་སུམ་ཆ་ རེའམ་སུམ་བརྒྱ་རེ་ལ་བམ་པོ་རེར་བརྩིས་པའང་ཡོད་པ་ལས་འདིར་ཤོ་ལོ་ཀ་སྟོང་ལ་བམ་པོ་ 1-1-101 གཉིས་སུ་མཛད་ཅིང་ལེའུ་བཅུའི་བདག་ཉིད་དུ་བཞུགས་ཏེ། དེ་རྣམས་ཀྱི་ལྡང་ཚད་ཀྱང་སློབ་ དཔོན་སྤྱན་རས་གཟིགས་དབང་ཕྱུག་བརྟུལ་ཞུགས་ཀྱིས་ཡི་གེ་དུ་མ་འདུས་པ་ལས་མིང་ངོ༌། །མིང་དུ་མ་འདུས་པ་ལས་ཚིག་གོ །ཚིག་དུ་མ་འདུས་པ་ལས་སྐྱེས་བུའི་འཇུག་ལྡོག་གི་དོན་ སྟོན་པ་བྱ་བའི་ཚིག་དང་བཅས་པའི་ངག་གོ །དེ་དུ་མ་འདུས་པ་ལས་འཇུག་ལྡོག་གི་དོན་དུ་མ་ སྟོན་པའི་ལེའུ་དང་རབ་ཏུ་བྱེད་པ་དང་སྐབས་ལ་སོགས་པའོ། །དེ་དུ་མ་འདུས་པ་ལས་བསྟན་ འཆོས་སོ། །ཞེས་གསུངས་པ་ལྟར་ཞིབ་ཏུ་བརྩིས་པས་རྟོགས་ཏེ། གཞུང་འདི་ལ་ཡང་དངོས་ སུ་ཤོ་ལོ་ཀ་དགུ་བརྒྱ་བཅུ་གཉིས་ཙམ་ལས་མི་སྣང་ཡང་སྟོང་དུ་ཉེ་བ་ལ་བཏགས་པའམ་ཡང་ ན་ཡི་གེ་སུམ་ཅུ་རྩ་གཉིས་རེ་ལ་ཤོ་ལོ་ཀར་བརྩི་བའི་ལུགས་ཡོད་པས། རྐང་པ་རིང་བ་རྣམས་ ཀྱི་ཡི་གེ་བགྲངས་པས་ཤོ་ལོ་ཀ་སྟོང་དུ་ཚང་བའང་སྲིད་དོ། ། ཕྱོགས་གང་དུ་གཏོགས་ན་ནང་པ་དང་ཕྱི་རོལ་པ་གཉིས་ལས་ནང་པའི་ཁོངས་སུ་ གཏོགས་ཤིང༌། བཀའ་དང་བསྟན་འཆོས་གཉིས་ལས་བསྟན་འཆོས་སུ་གཏོགས་ལ། སྤྱི་ དང་བྱེ་བྲག་གི་དགོངས་འགྲེལ་གཉིས་ལས་གཙོ་བོར་བྱེ་བྲག་གི་དགོངས་འགྲེལ་ལོ། །དེ་ ལ་བཀའ་འཁོར་ལོ་རིམ་པ་གསུམ་གྱི་དབང་དུ་བྱས་པའི་དགོངས་འགྲེལ་ལས་ལྟ་བ་སྟོན་ ཚོད་བཀའ་བར་པ་མཚན་ཉིད་མེད་པ་སྟོན་པའི་དགོངས་པ་དང་མཐུན་ལ། གཙོ་བོར་སྤྱོད་ པ་གསལ་བར་སྟོན་པ་ནི་བཀའ་བར་པ་དང་ཐ་མ་གཉི་གའི་ཐུན་མོང་བར་གཏོགས་ཤིང༌། བསླབ་པ་གསུམ་ལས་ནི་ལྷག་པ་སེམས་ཀྱི་བསླབ་པ་གཙོ་བོར་སྟོན་ལ། སྡེ་སྣོད་གསུམ་ལས་ ནི་མདོ་སྡེའི་སྡེ་སྣོད་དུ་གཏོགས་པ་ཕལ་ཆེའོ། །ཐེག་པ་གསུམ་ལས་ཐེག་པ་ཆེན་པོའི་ཆོས་ཏེ། དེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་རྒྱུའི་ཐེག་པ་དང་གསང་སྔགས་འབྲས་བུའི་ཐེག་པ་གཉིས་ལས་ འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་གཏོགས་ཏེ། སྤྱིའི་རྣམ་པར་བཞག་པ་བསྟན་ཟིན་ཏོ།། །། 1-1-102 ༈ ད་ནི་སྐབས་སུ་བབ་པའི་གཞུང་ལ་འཇུག་པའི་ཐོག་མར་ལོ་པཎ་གྱིས་བཀོད་པའི་ མཚན་ཕྱག་བསྟན་པ་ནི། རྒྱ༷་ག༷ར་སཾ་སྐྲྀ་ཏའི་སྐ༷ད་དུ༷། བོ༷་དྷི༷་ས༷ཏྭ༷་ཙ༷རྱ༷་ཨ༷་ཝ༷་ཏཱ༷་ར༷་ཞེས་པར་ བཞུགས་པ་ལས། བོ༷ད་སྐ༷ད་དུ༷་བསྒྱུར་ན། བོ་དྷི་བྱང་ཆུབ་དང༌། སཏྭ་སེམས་དཔའ་དང༌། ཙརྱ་སྤྱོད་པ་དང༌། ཨ་ཝ་ཏཱ་ར་འཇུག་པ་ཞེས་པར་འགྱུར་རོ། །དེ་བཤད་ན་བྱང༷་ཆུ༷བ་སེ༷མས་ དཔ༷འི་སྤྱོ༷ད་པ༷་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ༷་སོགས་པའི་ཐབས་ཁྱད་པར་ཅན་གྱིས་གཙོ་བོར་ གཞན་དོན་ལྷུར་ལེན་པ་སྟེ་དེ་ལ་འཇུ༷ག་པ༵འི་གཞུང་ཡིན་པའི་ཕྱིར་རོ། །འདོགས་པའི་རྒྱུ་ མཚན་ཡང་དཔེ་དང་གནས་དང་ཞུ་བ་པོ་དང་ཤོ་ལོ་ཀའི་གྲངས་ལ་སོགས་པ་མང་དུ་འབྱུང་བ་ ལས་འདིར་ནི་བྱང་ཆུབ་ལ་འདིས་འཇུག་པར་བྱེད་པའམ། འདི་ལ་སྤྱོད་པ་དོན་དུ་གཉེར་བས་ འཇུག་པར་བྱ་བ་ཡིན་པའི་ཕྱིར་བྱེད་ལས་སམ་བྱ་བ་ལས་བཏགས་སོ། །དགོས་པ་ནི་རྣམ་ ངེས་ལས། བརྡ་སྦྱར་བ་ཡང་དོན་རྟོགས་པའི་ཕྱིར་དུ་ཡིན་ན་ཞེས་གསུངས་པ་ལྟར་དོན་གོ་ བའི་ཆེད་དུ་བརྡ་སྦྱར་བ་སྟེ། ལང་ཀར་གཤེགས་པའི་མདོ་ལས་ཀྱང༌། མིང་དུ་གདགས་པ་མ་ མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པ་མཛད། །ཅེས་གསུངས་སོ། །ཐོག་མར་བཏགས་པའི་དགོས་ པ་དང༌། རྒྱ་སྐད་སྨོས་པའི་དགོས་པ་དང་ཤན་སྦྱར་བའི་དགོས་པ་ལ་སོགས་པ་གསུང་བ་ཡང་ ཤེས་པར་བྱའོ། ། སྤངས་པ་དང་རྟོགས་པ་མཐར་ཕྱིན་པའི་སང༷ས་རྒྱ༷ས་ད༷ང་ཐེག་ཆེན་སློབ་ལམ་གྱི་ཡོན་ ཏན་ལ་དབང་བསྒྱུར་བའི་བྱང༷་ཆུ༷བ་སེ༷མས་དཔ༷འ་ཐ༷མས་ཅ༷ད་ལ༷་ཕྱག༷་འཚ༷ལ་ལོ༵། །དམ་ པའི་ཆོས་བསྒྱུར་བ་མཐར་ཕྱིན་ནས་བསྟན་པ་དང་སེམས་ཅན་དུ་མ་ལ་ཕན་པར་གྱུར་ཅིག་ སྙམ་དུ་དགོངས་ནས་འགྱུར་མཛད་པའི་ལོ་ཙཱ་བས་བཀོད་པ་ཡིན་ནོ། ། 1-1-103 གཉིས་པ། གཞུང་གི་དོན་བཤད་པ། ༡ མཆོད་པར་བརྗོད་པ། ད་ནི་གཞུང་དངོས་ལ་འཇུག་པའི་དོན་དུ་མཆོད་བརྗོད་ཀྱི་ངག་དགོད་པར་བཞེད་ནས་ བ༷དེ་གཤེ༷གས་ཞེས་པས་སངས་རྒྱས་དང་ཆོ༷ས་ཀྱི༷་སྐུ༷་མང༷འ་ཞེས་པས་ཆོས་དང་སྲས༷་བཅ༷ས་ ཞེས་པས་དགེ་འདུན་དཀོན་མཆོག་སྟེ་སྐྱབས་གནས་ཁྱད་པར་ཅན་གསུམ་ད༵ང༌། གཞན་ ཕྱག༷་འོ༷ས་ཀུ༷ན་ལ༷འ༷ང་གུ༷ས་པ༷ར་ཕྱག༷་འཚ༷ལ་ཏེ༵། །ཞེས་སྦྱར་བ་ནི་བསྡུས་པའི་དོན་ཏོ། །ཚིག་གི་དོན་ནི་བདེ་གཤེགས་ཞེས་པའི་སྒྲ་ནི་ལེགས་པར་སྦྱར་བའི་སྐད་ལ་སུ་ག་ཏ་ཞེས་ པར་བཞུགས་པ་ལས། སུའི་སྒྲ་ནི་བདེ་བ་དང་མཛེས་པ་དང་ལེགས་པ་གསུམ་ལ་འཇུག་ པས་བདེ་བར་གཤེགས་པ་ཞེས་སྦྱོར་ན་སངས་རྒྱས་ནི་འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ སྤངས་ནས་ཐར་པ་བདེ་བ་ཆེན་པོའི་དབྱིངས་སུ་གཤེགས་པའོ་ཞེས་པ་སྟེ་འདིས་ནི་སོ་སོའི་ སྐྱེ་བོ་སྡུག་བསྔལ་ལས་མ་འདས་པ་རྣམས་ལས་ཁྱད་པར་དུ་འཕགས་པར་སྟོན་ཏོ། །མཛེས་ པར་གཤེགས་པ་ཞེས་སྦྱར་ན་སངས་རྒྱས་ནི་སྟོང་ཉིད་ཟབ་མོ་རྟོགས་ཤིང་ཆོས་སྐུའི་ཡོན་ ཏན་དཔག་ཏུ་མེད་པས་མཛེས་པར་གཤེགས་པའོ་ཞེས་པ་སྟེ་འདིས་ནི་མུ་སྟེགས་ཀྱི་སྟོན་པ་ བདག་ལ་སོགས་པ་ལ་ཚུལ་བཞིན་མ་ཡིན་པར་ཞེན་པས་འཁོར་བའི་གཉེན་པོ་མ་ཡིན་པའི་ ལྟ་བ་ངན་པས་མི་མཛེས་པ་རྣམས་ལས་ཁྱད་པར་དུ་འཕགས་པར་སྟོན་ཏོ། །ལེགས་པར་ གཤེགས་པ་ཞེས་སྦྱར་ན་སངས་རྒྱས་ནི་བདག་ལྟའི་ས་བོན་ལེགས་པར་སྤངས་པས་སླར་ འཁོར་བར་མི་ལྡོག་པའི་དབྱིངས་སུ་གཤེགས་པའོ། །ཞེས་པ་སྟེ་འདིས་ནི་རྒྱུན་དུ་ཞུགས་པ་ དང་ལན་ཅིག་ཕྱིར་འོང་བ་དང་བྱང་ཆུབ་སེམས་དཔའ་སླར་ལྡོག་པའི་ཆོས་ཅན་རྣམས་ལས་ ཁྱད་པར་དུ་འཕགས་པར་སྟོན་ཏོ། །དེ་བཞིན་དུ་སུའི་སྲོག་ན་ཡོད་པའི་ཨུ་ཡིག་ཕྱིས་ཏེ་ས་ལ་ 1-1-104 ཡི་གེ་བསྣན་ནས་སམྱཀྶཾ་བུདྡྷ་ཞེས་ཡི་གེ་ཕྱིས་པ་དང༌། བསྣན་པའི་ངེས་ཚིག་གིས་བཤད་ན་ ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པར་སྦྱོར་ཏེ་འདིས་ཀྱང་ཕྱིར་མི་འོང་བ་དང་དགྲ་ བཅོམ་པ་དང་རང་སངས་རྒྱས་ཡོངས་སུ་མ་རྫོགས་ཤིང་གོང་མ་དང་བཅས་པ་རྣམས་ལས་ ཁྱད་པར་དུ་འཕགས་པར་སྟོན་པའི་ཕྱིར། སངས་རྒྱས་དཀོན་མཆོག་ནི་སྐྱབས་འོས་བླ་ན་ མེད་པར་ཡིད་ཆེས་སོ། །དེ་བཞིན་དུ་ཆོས་ཀྱི་སྐུའི་སྒྲ་ཡང་སཾ་སྐྲྀ་ཏའི་སྐད་དུ་དྷརྨ་ཀཱ་ཡ་ཞེས་ པར་བཞུགས་པ་ལས། དྷརྨ་ནི་ཆོས་དང༌། ཀཱ་ཡ་ནི་སྐུ་འམ་གོང་བུའམ་བསགས་པ་ལ་ཡང་ འཇུག་པས་བདེ་བར་གཤེགས་པ་ཉིད་ལ་ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་ པ་ཆགས་བྲལ་ཟག་མེད་ཀྱི་དབྱིངས་རྟོགས་པའི་ཆོས་ཀྱི་མཐར་ཐུག་འགོག་བདེན་ཟབ་མོའི་ ཡོན་ཏན་མ་ལུས་པ་འདུས་ཤིང་ཚོགས་པ་མངའ་བའི་ཕྱིར་ཆོས་དཀོན་མཆོག་ཏུ་རིགས་ཤིང་ དེ་ལ་སྐྱབས་གནས་ཀྱི་དམ་པར་ཡིད་ཆེས་སོ། །སྲས་བཅས་ཞེས་པའི་སྲས་ནི་ཉན་ཐོས་ཀྱང་ ཡིན་མོད་འདིར་ནི་སངས་རྒྱས་ཀྱི་གདུང་འཚོབ་པར་ནུས་པ་རབ་ཏུ་དགའ་བ་ལ་སོགས་པའི་ ས་ཆེན་པོ་ལ་བཞུགས་པ་བྱང་ཆུབ་སེམས་དཔའི་ཚོགས་ལ་བཞེད་དེ། དེ་ནི་སྐྱབས་གནས་ཀྱི་ འོས་དགེ་འདུན་དཀོན་མཆོག་ཏུ་རིགས་པས་དེ་དང་བཅས་པའམ། ཡང་ན་སྲས་བཅས་ཞེས་ པའི་སྒྲ་འདིས་མཐར་ཐུག་གི་སྐྱབས་གནས་གསུམ་ག་སངས་རྒྱས་ཁོ་ན་ལ་སྦྱར་ཡང་འཐད་ པར་གསུངས་ཏེ། ཇི་སྐད་དུ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་རྣམས་ཀྱི། །སྐྱབས་ ནི་སངས་རྒྱས་ཉག་གཅིག་སྟེ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ ཕྱིར། །ཞེས་སོ། །དེར་མ་ཟད་སོ་སོའི་སྐྱེ་བོ་ཡིན་ཡང་མཁན་པོ་དང་སློབ་དཔོན་དང་རྒན་ རབས་ཡོན་ཏན་དང་ལྡན་པ་ལ་སོགས་པ་ཕྱག་འོས་ཀུན་ལའང་གུས་པར་ཕྱག་འཚལ་ཞེས་ པས་སྐྱབས་གནས་མ་ཡིན་ཡང་ཕྱག་གི་གནས་སུ་རུང་བར་སྟོན་ཅིང༌། ཏེ་ཞེས་པའི་ཚིག་ལྷག་ མས་བཤད་པར་དམ་བཅའ་ལ་སོགས་པའི་ཚིག་ཕྱི་མ་ཉེ་བར་འདྲེན་ནོ། ། 1-1-105 ༢ བརྩམས་པར་དམ་བཅའ་བ། ད་ནི་བརྩམས་པར་དམ་བཅའ་སྟོན་ཏེ་བདེ༷་གཤེ༷གས་སྲས༷་བྱང་ཆུབ་སེམས་དཔའ་ རྣམས་ཀྱི༷་སྡོ༷མ་པ་མི་དགེ་བ་སྤོང་བ་དང་དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་ཉམས་ སུ་ལེན་པ་ལ༷་འཇུ༷ག་པ༷་ནི༵། བརྗོད་པར་བྱ་ཞེས་པར་སྦྲེལ་ལོ། །ཅི་རང་དགར་བརྗོད་དམ་ཞེ་ ན་སྐྱོན་མེད་དེ་སྟོན་པའི་ལུ༷ང་བཞི༷ན་རྩོམ་པའི་ཕྱིར་རོ། །འདིས་ནི་སློབ་དཔོན་གསུང་རབ་ཀྱི་ དོན་རྟོགས་པ་དང༌། གང་ཞིག་རྒྱལ་བས་བསྟན་པ་འབའ་ཞིག་གི །དབང་བྱས་ཞེས་པ་ལྟར་ རྩོམ་པ་པོ་ཚད་མའི་སྐྱེས་བུར་ཡང་སྟོན་ཏོ། །འོ་ན་སྟོན་པའི་ལུང་དང་ཟློས་པར་འགྱུར་རོ་ཞེ་ ན་མ་ཡིན་ཏེ། ལུང་ཚིག་ཤིན་ཏུ་རྒྱས་པ་རྣམས་ཀྱི་དོན་མདོ༷ར་བསྡུ༷ས་ན༷ས་ནི༷་བརྗོ༷ད་པ༷ར་བྱ༷། ཞེས་སྨོས་པའི་ཕྱིར་རོ། །འདིས་ནི་ཚིག་ཉུང་ངུས་ལུང་དོན་བདེ་བླག་ཏུ་བརྗོད་པ་ལ་མཁས་ པའམ་རྒྱ་ཆེན་པོ་བསྡུས་པའི་བསྟན་བཅོས་སུ་ཡང་མཚོན་ནོ། ། དོན་ལུང་ལས་སྔོ༷ན་ཆ༷ད་མ༷་བྱུ༷ང་བ༷་ཡ༷ང་འདི༷ར་བརྗོ༷ད་མེ༵ད། ཚིག་ཡི་གེ་ལྕི་ཡང་ལ་ སོགས་པའི་སྡེ༷བ་སྦྱོ༷ར་མཁ༷ས་པ༷འ༷ང་བད༷ག་ལ༷་ཡོ༷ད་མི༷ན་ཏེ༵། (ལུང་ལས་མ་བྱུང་བ་བརྗོད་ན་ལམ་ གོལ། སྙན་ངག་སྡེབ་སྦྱོར་གྱི་འཇིག་རྟེན་ལས་འདས་པའི་དོན་མི་རྟོགས་པས་)རྒྱུ་མཚན་གཉིས་པོ་དེ༷་ཕྱི༷ར་གཞ༷ན་ དོ༷ན་(འཇིག་རྟེན་ལས་འདས་པའི་དོན་ལ་ཐེ་ཚོམ་གྱི་)བས༷མ་པ༷་བད༷ག་ལ༷་མེ༵ད། ཅེས་སྨོས་པས་གཞན་ མགུ་བར་མི་ནུས་པར་དགོངས་པས་དོན་མེད་ཀྱི་རྣམ་རྟོག་གཅོད་པའམ་བདག་ཉིད་ཁེངས་ བསྐྱུངས་ནས་དུལ་བར་སྟོན་ཏོ། ། གཞན་དོན་མེད་པའི་འབད་པས་ཅི་བྱ་ཞེ་ན། ར༷ང་གི༷་ཡི༷ད་ལ༷་(བྱང་ཆུབ་ཀྱི་སེམས་གོང་ནས་གོང་ དུ་)བསྒོ༷མ་(པ་འཕེལ་བའི་)ཕྱི༷ར་ང༷ས་འདི༷་བརྩ༵མས། །ཞེས་འདས་པའི་རྐྱེན་བསྟན་པ་ནི་ནང་གི་ 1-1-106 དངོས་པོ་རྫོགས་པར་ཐུགས་ལ་བཞག་པའོ། ། རང་དོན་དུ་བརྩམ་མི་དགོས་ཏེ་དང་པོ་ནས་ཡིད་ལ་ཡོད་པས་སོ་སྙམ་ན་གཞུང་ཡང་ ཡང་མཐོང་བ་ལས་དགེ༷་བ༷་བསྒོ༷མ་པ་གོང་ནས་གོང་དུ་འགྲོ་བའི་ཕྱི༷ར་བད༷ག་གི༷་ད༷ད་པ་དང་ བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པ༷འི་ཤུ༵གས། ཚིག་ཏུ་ བཀོད་པ་འདི༷་ད༷ག་གི༷ས་ཀྱང༷་རེ༷་ཤི༷ག་དང་པོར་འཕེ༷ལ་འགྱུ༷ར་ལ༵། ཕྱིས་ནི་དབང་འབྱོར་པ་ ཡང་འཐོབ་པའི་ཕྱིར་དོན་ཡོད་དོ། ། གཞན་དོན་མེད་པ་ཐེག་ཆེན་གྱི་ཆོས་དང་འགལ་ལོ་སྙམ་ན་སྔར་ནི་མི་ནུས་པའི་དབང་དུ་ བྱས་ཀྱི་ནུས་ན་བད༷ག་ད༷ང་སྐ༷ལ་བ༷་(སྟེ་ཁམས་)མཉམ༷་པ༷(འམ་རིགས་མཚུངས་པ་)གཞ༷ན་གྱི༷ས་ཀྱང༷༌། ཅི༷་སྟེ༷་(གཞུང་གི་དོན་)འདི༷་ད༷ག་མཐོ༷ང་ཞིང་ཞུགས་ནས་ཉམས་སུ་བླངས་ན༷་གནས་སྐབས་དང་ མཐར་ཐུག་གི་དོ༷ན་ཡོ༷ད་འགྱུ༵ར་བའི་ཕྱིར་གཞན་དོན་དོར་བའི་ཉེས་པ་མེད་དོ། ། འདི་དག་གིས་ནི་བསྟན་འཆོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་གྱི་ངག་ཀྱང་ བསྟན་པར་བལྟ་སྟེ། བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། །ལུང་བཞིན་མདོར་བསྡུས་ ནས་ནི་བརྗོད་པར་བྱ། །ཞེས་པས་འདིའི་བརྗོད་པར་བྱ་བ་དང༌། དོན་དེ་བསྟན་འཆོས་འདིས་ བརྗོད་པའི་ཕྱིར་རྗོད་བྱེད་དང༌། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །ཞེས་པ་ ནས། ཅི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར། །ཞེས་པའི་བར་གྱིས་གནས་སྐབས་ཀྱི་དོན་ སྒྲུབ་པའི་ཆ་ནས་དགོས་པ་དང༌། མཐར་ཐུག་གི་དོན་སྒྲུབ་པའི་ཆ་ནས་ཉིང་དགོས་དང༌། བརྗོད་བྱ་རྗོད་བྱེད་འབྲེལ་བ་གྲུབ་པར་ཡང་ཤུགས་ལ་གནས་པ་བསྟན་པའི་ཕྱིར་རོ། །དེས་ ན་མངོན་རྟོགས་རྒྱན་གྱི་འགྲེལ་པར། འཇུག་པའི་ཡན་ལག་ཏུ་བསྟན་འཆོས་ཀྱི་བརྗོད་པར་ བྱ་བ་དང༌། དགོས་པ་དང༌། དགོས་པའི་དགོས་པ་དང༌། འབྲེལ་བ་ཁོང་ན་ཡོད་པ་རྣམས་ གསུངས་ཏེ་ཞེས་འབྱུང་བས་ནི་འདིའང་ལེགས་པར་བཤད་པ་ཡིན་ནོ། ། 1-1-107 དེ་ལྟར་འཇུག་པའི་ཡན་ལག་བསྟན་ནས། འཇུག་པ་པོ་གང་ཟག་གི་དབང་དུ་མཛད་ པ་ད༷ལ་འབྱོ༷ར་ཞེས་སོགས་གསུངས་པའི་དལ་བ་ནི་མི་ཁོམ་པ་བརྒྱད་སྤངས་པ་སྟེ། དམྱལ་ བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་མི་འབྱུང་དང༌། །ལྐུགས་པ་འདིར་ནི་མི་ཁོམ་བརྒྱད། །ཅེས་ཤེས་རབ་འབྱུང་གནས་ཀྱིས་འགྲེལ་ཆེན་དུ་དྲངས་ པའི་འགྲོ་བ་འདི་དག་གང་དུ་སྐྱེས་ཀྱང་ཆོས་བྱ་བར་མི་ཁོམ་པའི་ཕྱིར་རོ། །འབྱོར་པ་ནི། མིར་ གྱུར་ཡུལ་དབུས་སྐྱེས་པ་དང༌། །དབང་པོ་ཚང་ཞིང་གནས་ལ་དད། །དེ་བཞིན་ལས་མཐའ་ མ་ལོག་པ། །ཞེས་རང་འབྱོར་ལྔ་དང༌། སངས་རྒྱས་བྱོན་དང་ཆོས་གསུངས་དང༌། །བསྟན་པ་ གནས་དང་རྗེས་འཇུག་དང༌། །གཞན་གྱི་དོན་ལ་སྙིང་བརྩེ་བའོ། །ཞེས་གཞན་འབྱོར་ལྔ་དང་ བཅས་པའི་ཡན་ལག་བཅུ་ཚོགས་པ་འདི༷་ནི༷་ཤི༷ན་ཏུ༷་རྙེ༷ད་པ༷ར་དཀ༷འ། སྐྱེ༷ས་བུ༷འི་དོ༷ན་མངོན་ མཐོ་དང་ངེས་ལེགས་སྒྲུ༷བ་པའི་རྟེན་ཐོ༷བ་པ༷ར་གྱུ༷ར་པ༷་ལ༵། ག༷ལ་ཏེ༷་(དལ་འབྱོར་ཕུན་ཚོགས་ཐོབ་པའི་ དུས་)འདི༷ར༷་ནི་ཕ༷ན་པ༷་མ༷་བས༷མས་ན༵། ཕྱི༷ས་(སླར་ཡང་དལ་འབྱོར་)འདི༷་ཡ༷ང་ད༷ག་འབྱོ༷ར་བ༷ར་ ག༷་ལ༷་འགྱུ༵ར་ཏེ། རྒྱལ་བ་དྲོད་ཀྱི་སྐྱེ་མཆེད་ཀྱི་རྣམ་ཐར་ལས། མི་ཁོམ་པ་བརྒྱད་ལས་ལྡོག་པ་ ཡང་རྙེད་པར་དཀའ། མི་ཉིད་ཐོབ་པ་ཡང་རྙེད་པར་དཀའ་ན། ཞེས་སོགས་དང༌། འདི་ཉིད་དུ་ ཡང༌། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །ཞེས་འཆད་པར་འགྱུར་བ་བཞིན་ནོ། ། ད་ནི་ཇི༷་ལྟར༷་ཞེས་སོགས་ཀྱི་དོན་མཚ༷ན་མོ༷་མུ༷ན་ན༷ག་སྤྲི༵ན་རུ༷མ་ཐིབས་ཆེ་ཞིང་ཕྱོགས་ ཀུན་ཏུ་ཁྱབ་པའི་ཁྲོད་ན༵ས། གློ༷ག་འགྱུ༷་བའི་མཐུ་ལས་སྐ༷ད་ཅི༷ག་བ༷ར་སྣ༷ང་དངོས་པོར་གྱུར་ པ་ཅུང་ཟད་སྟོ༷ན་པ༷་ལྟར༷། དེ༷་བཞི༷ན་དུ་མི་དགེ་བ་མུན་ནག་གི་ཐིབས་པོ་ལྟ་བུ་རྒྱ་ཆེ་བའི་ནང་ དུ་གནས་པ་རྣམས་ལ་སང༷ས་རྒྱ༷ས་མཐུ༷་ཡི༷ས་བརྒྱ༷་ལ༷མ་(སྟེ་རེས་འགའ་)ན༵། འཇི༷ག་རྟེ༷ན་ཀུན་ ལ་ཕན་པའི་བསོ༷ད་ན༷མས་(ཕན་བདེའི་རྒྱུ་དགེ་བའི་ལས་ལ་འཇུག་པའི་)བློ༷་གྲོ༷ས་(ཏེ་བསམ་པ་)ཐ༷ང་འག༷འ་ འབྱུ༵ང༌། སྲིད་པ་ཙམ་འདི་ཡང་རྒྱལ་བའི་མཐུ་ཡིན་པར་གདོན་མི་ཟ་སྟེ། ཡོན་ཏན་རིན་པོ་ཆེ་ 1-1-108 སྡུད་པར། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང༌། །འཆད་དང་རིགས་པ་དག་དང་ ལྡན་པར་སྤྱོད་པ་དང༌། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ ཀྱང་དེ་བཞིན་གཤེགས་པ་སྐྱེས་བུའི་མཐུ། །ཞེས་གསུངས་པས་སོ། ། དེ་ལྟར་རྟོགས་ནས་ཉམས་སུ་བླང་བར་བྱ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རིམ་པ་དང་ མཐུན་པར་གཞུང་དུ་འཆད་པ་རྣམས་སྤྱིའི་ཚུལ་གྱིས་གཏན་ལ་དབབ་པའི་དོན་དུ། མདོ་སྡེའི་ རྒྱན་དང་ཐེག་བསྡུས་སུ། གྲངས་དང་དེ་ཡི་མཚན་ཉིད་གོ་རིམ་དང༌། །ངེས་པའི་ཚིག་དང་ གོམས་བྱའི་ཡོན་ཏན་དང༌། །རབ་ཏུ་དབྱེ་དང་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་ རྣམ་ངེས་ཡིན་ཞེས་བྱ། །ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ་དོན་བཅུས་ཁོང་དུ་ཆུད་པར་ བྱ་བ་ལས། གྲངས་ནི་དྲུག་ཏུ་ངེས་པ་སྟེ་སྦྱིན་པ་དང་ཚུལ་ཁྲིམས་ནི་འཁོར་བ་ལས་མི་འཕག་པའི་རྒྱུ་ ལོངས་སྤྱོད་དང་ཁྱིམ་ལ་ཆགས་པའི་གཉེན་པོ་དང༌། བཟོད་པ་དང་བརྩོན་འགྲུས་ནི་འཕགས་ ཀྱང་ལྡོག་པའི་རྒྱུ་དཀའ་སྤྱད་དང་སྐྱོ་བའི་གཉེན་པོ་དང༌། བསམ་གཏན་དང་ཤེས་རབ་ནི་ འཕགས་ཤིང་མི་ལྡོག་ཀྱང་ཉམས་པའི་རྒྱུ་རྣམ་གཡེང་དང་འཆལ་པའི་གཉེན་པོ་ཡིན་པས་སོ། ། མཚན་ཉིད་ནི། ཡོངས་སུ་གཏོང་བ་དང༌། གདུང་བ་མེད་པ་དང༌། འཁྲུག་པ་མེད་པ་དང༌། དགེ་བ་སྡུད་པ་དང༌། སེམས་རྩེ་གཅིག་པ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ་དྲུག་གིས་ རིམ་པ་ལྟར་རྒྱལ་བའི་ཡུམ་དུ་གསུངས་སོ། ། གོ་རིམ་ནི། མདོ་སྡེའི་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་གསུངས་ པ་ལྟར་རོ། །ངེས་པའི་ཚིག་ནི། དེ་ཉིད་དུ། དབུལ་བ་འདོར་བར་བྱེད་པ་དང༌། །བསིལ་བ་ཐོབ་ 1-1-109 དང་ཁྲོ་བཟོད་དང༌། །མཆོག་ལ་སྦྱོར་དང་ཡིད་འཛིན་དང༌། །དོན་དམ་ཤེས་པའི་ཕྱིར་བཤད་ དོ། །ཞེས་གསུངས་པའོ། །(ལང་གཤེགས་ལས། རེ་བ་མེད་པའི་སྦྱིན་པ་དང༌། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང༌། །ཐམས་ཅད་ལ་ནི་བཟོད་པ་དང༌། །ཡོན་ཏན་ཀུན་སྡུད་བརྩོན་འགྲུས་དང༌། །དེ་བཞིན་བསམ་གཏན་གཟུགས་མེད་ཡིན། །ཤེས་ རབ་ཐབས་དང་བཅས་པ་ཡི། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བསྟན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཞེས་སོ། །)གོམས་བྱའི་ ཡོན་ཏན་ནི་གཞན་ལ་ཕན་པའི་བསམ་པས་ཕར་ཕྱིན་དྲུག་པོ་འདྲིས་པར་བྱས་པའི་འབྲས་བུ་ གནས་སྐབས་སུ་སྤྱོད་པ་ངོ་མཚར་ཞིང་མཐར་ཐུག་སངས་རྒྱས་འཐོབ་པའོ། །རབ་ཏུ་དབྱེ་བ་ ནི། རེ་རེ་ལ་ཡང་གསུམ་གསུམ་སྟེ། ཆོས་དང་ཟང་ཟིང་དང་མི་འཇིགས་པའི་སྦྱིན་པ་དང༌། མི་ དགེ་བ་སྡོམ་པ་དང་དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང༌། གནོད་ པས་ཇི་མི་སྙམ་པ་དང་སྡུག་བསྔལ་དང་དུ་ལེན་པ་དང་ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ དང༌། གོ་ཆ་དང་སྦྱོར་བ་དང་ཆོག་མི་ཤེས་པའི་བརྩོན་འགྲུས་དང༌། མཐོང་བའི་ཆོས་ལ་བདེ་ བར་གནས་པ་དང་ཡོན་ཏན་མངོན་དུ་བྱེད་པ་དང་སེམས་ཅན་གྱི་དོན་སྒྲུབ་པའི་བསམ་གཏན་ དང༌། རྣམ་པར་མི་རྟོག་པའི་སྦྱོར་བ་དང་རྣམ་པར་མི་རྟོག་པ་དང་དེའི་རྗེས་ལ་ཐོབ་པའི་ཤེས་ རབ་རྣམས་སོ། །བསྡུ་བ་ནི། དགེ་བའི་ཆོས་ཀུན་གྱིས་འདི་དྲུག་བསྡུས་ཤིང༌། འདི་དྲུག་གིས་ ཀྱང་དེ་རྣམས་བསྡུས་ཏེ་རྒྱུ་དང་འབྲས་བུ་ལ་སོགས་པའི་སྒོ་ནས་སོ། །མི་མཐུན་ཕྱོགས་ནི། སེར་སྣ་དང༌། འཆལ་བ་དང༌། ཁྲོ་བ་དང༌། ལེ་ལོ་དང༌། རྣམ་གཡེང་དང༌། ཤེས་རབ་འཆལ་ བ་རྣམས་རིམ་པ་བཞིན་ནོ། །ཡོན་ཏན་ནི། སྡུད་པར། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་ དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །ཅེས་ སོགས་དང༌། རིན་ཆེན་ཕྲེང་བར་ཡང༌། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་ གཟུགས་བཟང་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །ཞེས་གསུངས་པ་ ལ་སོགས་མང་དུ་གནས་སོ། །ཕན་ཚུན་རྣམ་པར་ངེས་པ་ནི། མངོན་པར་རྟོགས་པའི་རྒྱན་དུ། 1-1-110 དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་གསུངས་པ་ལྟ་བུ། ཕར་ཕྱིན་རེ་རེ་ལ་སྦྱོར་བ་ན་ ཡང་དྲུག་ཀ་ཚང་བ་ལ་དགོངས་པའོ། ། ༣ བཤད་པ་ཉིད་ཉེ་བར་དགོད་པ། ལེའུ་དང་པོ། བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ། ༈ ད་ནི་གཞུང་ལ་སྦྱར་ཏེ་ལེའུ་གསུམ་གྱིས་སྦྱིན་པ་འཆད་པར་བཞེད་ནས་དེ༷་ལྟ༷ས་ཞེས་ པ་ལ་སོགས་པའི་དོན་མི་དགེ་བ་མཚན་མོའི་མུན་ནག་ཐིབས་ཆེན་པོ་བཞིན་དུ་སྟོབས་ཆེ་བ་ དང༌། དགེ་བ་སྤྲིན་རུམ་གྱི་གློག་བཞིན་དུ་འབྱུང་དཀའ་ལ་ཡུན་དུ་མི་གནས་པར་བཤད་པ་དེ་ ལྟ་བས་ན་དགེ༷་བ༷་(སྟེ་བསོད་ནམས་)ཉམ༷་ཆུ༷ང་ཉི༷ད་ལ༷་རྟ༵ག་ཏུ་གནང་ཤིང༌། སྡི༷ག་པ༷་(མི་དགེ་བ་) སྟོ༷བས་ཆེ༷ན་(དམྱལ་སོགས་ཀྱི་སྡུག་བསྔལ་)ཤི༷ན་ཏུ༷་མི༷་བཟ༷ད་པ༵། །གང་ཡིན་པ་དེ༷་ནི༷་(སངས་རྒྱས་ཐོབ་ འདོད་ཀྱིས་)རྫོ༷གས་པ༷འི་བྱང༷་ཆུ༷བ་ཏུ་སེ༷མས་བསྐྱེད་ནས་ལམ་བསྒོམ་པ་(སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་) མི༷ན་པ༵། དགེ༷་གཞ༷ན་ག༷ང་གི༷ས་ཟི༷ལ་གྱི༷ས་གནོ༷ན་(པ་སྟེ་དེ་ལས་རྒྱལ་བར་བྱེད་)པ༷ར་འགྱུ༵ར(ཏེ་མི་ འགྱུར་རོ)། ། དེའི་ཕྱིར་སྡིག་པ་སྟོབས་ཆེན་འཇོམས་པ་ལ་བྱང་ཆུབ་ཀྱི་སེམས་ཁོ་ན་བསྐྱེད་པར་རིགས་ ཏེ། བསྐ༷ལ་པ༷་དུ༷་མ༷ར་(སེམས་ཅན་ལ་ཕན་པའི་ཐབས་འབའ་ཞིག་)ར༷བ་(ཏུ་) དགོ༷ངས་(ཤིང་སྤྱོད་པར་) མཛ༷ད་པ༷་ཡི༷། །ཐུ༷བ་(སྒོ་གསུམ་ཐུབ་པས་ན་ཐུབ་པ་སྟེ་ཉན་ཐོས་སོགས་ཡིན་ལ་དེ་དག་གི་)དབ༷ང་(པོ་སངས་རྒྱས་) རྣམ༷ས་ཀྱི༷ས་(ཀྱང་བྱང་ཆུབ་ཀྱི་སེམས་)འདི༷་ཉི༷ད་ཕ༷ན་པ༷ར་གཟི༷གས་ནས། སྡོང་པོ་བཀོད་པའི་ མདོར། བྱི་ལས་མིག་བལྟས་པས་བྱི་བ་རྣམས་ཟིལ་གྱིས་གནོན་ཅིང་མི་བཟོད་པ་དེ་བཞིན་ 1-1-111 དུ་ཐམས་ཅད་མཁྱེན་པའི་སེམས་རིན་པོ་ཆེའི་མིག་གིས་ཀྱང་ལས་དང་ཉོན་མོངས་པའི་བྱི་བ་ རྣམས་ཟིལ་གྱིས་གནོན་ཅིང་མི་བཟོད་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ། ། རིགས་པ་ཡང་ཡོད་དེ་བྱང་ཆུབ་ཀྱི་སེམས་འདི༷ས་ནི༷་ཚ༷ད་མེ༷ད་སྐྱེ༷་བོ༷འི་ཚོ༷གས་(ཏེ་སེམས་ ཅན་གྱི་ཕུང་པོ་)རྣམ༷ས་ཀྱི༵ས། བདེ༷་མཆོ༷ག་ཕུལ་དུ་བྱུང་བ་སངས་རྒྱས་ཉིད་དང་གནས་སྐབས་ཀྱི་ ཕན་བདེ་འཕེལ་བ་ཡང་སྐྲ་འབལ་བ་དང་མེ་གསུམ་བསྟེན་པ་ལ་སོགས་པའི་དཀའ་བ་མེད་ པར་བདེ༷་བླ༷ག་ཉི༷ད་དུ༷་ཐོ༷བ་པ༷ར་བྱེ༵ད་པའི་ཕྱིར་ཟིལ་གྱིས་གནོན་པར་གདོན་མི་ཟའོ། ། ཤེས་ལྡན་གང་ཞིག་སྲི༷ད་པ༷འི་སྡུ༷ག་བསྔ༷ལ་བརྒྱ༷་ཕྲ༷ག་མང་པོ་དམྱལ་བ་ལ་སོགས་པར་ ལྟུང་འགྱུར་གཞོ༷མ་འདོ༷ད་ཅི༵ང༌། རང་གི་དོན་སྒྲུབ་པ་རྣམས་དང༌། སྐྱེ་རྒ་ན་འཆི་ལ་སོགས་པ་ སེ༷མས་ཅ༷ན་མི༷་བདེ༷་བས༷ལ་བ༷ར་འདོ༷ད་པའི་སྒོ་ནས་གཞན་དོན་སྒྲུབ་པ༷་ད༵ང༌། ཐུན་མོང་དུ་ རང་གཞན་ཐམས་ཅད་མངོན་མཐོ་ལ་སོགས་པའི་བདེ༷་མ༷ང་བརྒྱ༷་ཕྲ༷ག་སྤྱོ༷ད་པ༷ར་འདོ༷ད་པ༷ས་ ཀྱང༷༌། བྱང༷་ཆུ༷བ་སེ༷མས་ཉི༷ད་རྟག༷་ཏུ༷་གཏ༷ང་མི༷་བྱ༷། །ཞེས་པ་སྟེ། བྱང་ཆུབ་ཀྱི་སེམས་ལས་ འདོད་པ་དེ་དག་འགྲུབ་པར་ངེས་པའི་ཕྱིར་རོ། ། གཞན་ཡང༌། བྱང༷་ཆུ༷བ་སེ༷མས་སྐྱེ༷ས་གྱུ༷ར་ན༷་སྐ༷ད་ཅི༷ག་གི༵ས། །སྔར་འཁོ༷ར་བ༷འི་བཙོ༷ན་ ར༷ར་ལས་ཉོན་གྱི་འཆིང་བས་བསྡ༷མས་པ༷འི་ཉམ༷་ཐ༷ག་(སྟེ་ཤིན་ཏུ་ཉེན་ཞིང་ཉོན་མོངས་པ་)རྣམ༷ས། མིང་འཕོས་ཏེ་བདེ༷་གཤེ༷གས་རྣམ༷ས་ཀྱི༷་སྲས༷་ཞེ༷ས་བརྗོ༷ད་བྱ་༷ཞི༵ང༌། དོན་འཕོས་ནས་འཇི༷ག་ རྟེ༷ན་ལྷ་༷མི༷ར་བཅ༷ས་པ༷ས་ཀྱང་ཕྱག༷་བྱ་༷བའི་འོས་སུ་འགྱུ༵ར་བའི་ཕྱིར་ཡོན་ཏན་ཚད་མེད་དེ། དཀོན་མཆོག་བརྩེགས་པ་ལས། དཔེར་ན་ས་བདག་རྒྱལ་པོ་ཆེན་པོ་ལ། །མཚན་གྱིས་ལུས་ སྤྲས་བུ་ཞིག་ཡོད་གྱུར་ལ། །གཞོན་ནུ་དེ་ནི་བཙས་པར་མཐོང་མ་ཐག །གྲོང་ཁྱེར་མི་དང་རྒྱལ་ ཕྲན་ཐམས་ཅད་འདུད། །དེ་བཞིན་བློ་ལྡན་སེམས་མཆོག་བསྐྱེད་མ་ཐག །མཚན་ལྡན་རྒྱལ་ བའི་སྲས་པོ་དེ་ལ་ནི། །ལྷ་དང་བཅས་པའི་འཇིག་རྟེན་ཕྱག་འཚལ་ཞིང༌། །དང་བའི་སེམས་ 1-1-112 ཀྱིས་ཤིན་ཏུ་གཅེས་པར་འཛིན། །ཞེས་གསུངས་སོ། ། དཔེའི་སྒོ་ནས་ཀྱང་གསལ་བར་བསྔགས་ཏེ་དཔེར་ན་དངུལ་ཆུ་རྫས་ལ་སོགས་པའི་མཐུ་ ལས་ནུས་པ་སྨིན་པའི་རིགས་གསེ༷ར་འགྱུ༷ར་གྱི་རྩི༷་ཞེས་བྱ་བར་གྱུར་པ་དེ་ཉུང་ངུ་ཙམ་གྱི༷ས་ ཀྱང་ལྕགས་དུ་མ་ཞིག་གསེར་གྱི་རྣམ༷་པ༷་མཆོ༷ག་ཏུ་བསྒྱུར་ནུས་པ་ལྟ་༷བུ༵ར། (ཕ་མའི་ཁུ་ཁྲག་ལས་ བྱུང་བས་)མི༷་གཙ༷ང་(ཞིང་སྙིང་པོ་མེད་པའི་)ལུ༷ས་འདི༷་བླང༷ས་ཀྱང་བྱང་ཆུབ་ཀྱི་སེམས་བཟུང་ན༷ས་ སྨོན་ལམ་བཏབ་ན་རྒྱ༷ལ་བ༷འི་སྐུ༵། རི༷ན་ཆེ༷ན་(ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་རིན་གྱི་ཚབ་ཏུ་མེད་པས་) རི༷ན་ཐ༷ང་མེ༷ད་པ༷ར་བསྒྱུ༷ར་བ༷ས་ན༵། བྱང༷་ཆུ༷བ་སེ༷མས་ཞེ༷ས་བྱ་༷བ༷འི་རྩི་ཁྱད་པར་ཅན་དེ་ཀྱེ་ ཤེས་ལྡན་དག་ཡོན་ཏན་འཕེལ་བས་ར༷བ་ཏུ་ཟུང་ཤིག་སྐྱོན་མེད་པས་བརྟན༷་པར་ཟུ༵ང་ཤིག་ ཅེས་པ་སྟེ། བྱམས་པའི་རྣམ་ཐར་ལས། རིགས་ཀྱི་བུ། འདི་བལྟས་ཏེ་དཔེར་ན་དངུལ་ཆུའི་ རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་ བསྒྱུར་རོ། །དངུལ་ཆུ་སྲང་གཅིག་པོ་དེ་ལྕགས་སྲང་སྟོང་པོ་དེས་ཟད་པའམ་ལྕགས་སུ་བསྒྱུར་ མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྩི་དགེ་བའི་རྩ་བ་ ཡོངས་སུ་བསྔོ་བའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པས་ནི་ལས་དང་ཉོན་མོངས་པའི་སྒྲིབ་པའི་ ལྕགས་ཐམས་ཅད་ཟད་པར་བྱས་ཏེ་ཆོས་ཐམས་ཅད་ཐམས་ཅད་མཁྱེན་པའི་གསེར་གྱི་ཁ་ དོག་ཏུ་བྱེད་ཀྱང་ཐམས་ཅད་མཁྱེན་པ་ཉིད་བསྐྱེད་པའི་རྩེ་གཅིག་པོ་དེ་ལས་དང་ཉོན་མོངས་ པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཉོན་མོངས་པའམ་ཟད་པར་བྱ་བར་མི་ནུས་སོ། །ཞེས་ གསུངས་སོ། ། ནོར་བུའི་དཔེས་ཀྱང་བསྔགས་ཏེ། དཔེར་ན་ཚོང་པ་མང་པོའི་དེད་དཔོན་ཚོང་བརྡལ་སྐྱོང་ ཞིང་རིན་པོ་ཆེ་བརྟག་པ་ལ་མཁས་པས་ཡིད་བཞིན་གྱི་ནོར་བུ་ཡོན་ཏན་དང་ལྡན་པར་ཤེས་ པ་བཞིན་དུ་འགྲོ༷་བ༷་མང་པོའི༷་དེ༷ད་དཔོ༷ན་གཅི༷ག་པུ༷་ཚ༷ད་མེ༷ད་པའི་བློ༵་དང་ལྡན་པས་སངས་ 1-1-113 རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ལེ༷གས་པ༷(སྟེ་རང་གིས་མ་ཤེས་པ་དང་གཞན་སླུར་འདོད་ཀྱི་སྐྱོན་ མེད་པ)ར་ཡོང༷ས་སུ༷་(སྟེ་ནན་ཏན་དུ་)བརྟག༷ས་ན༷་རི༷ན་ཆེ༷་བ༵ས། འགྲོ༷་བ༷འི་ནང་ན་ལས་དགེ་བ་ དང་མི་དགེ་བའི་ཉོ་ཚོང་ལ་འབད་པ་རྣམས་ཀྱི་གན༷ས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ ད༷ང་བྲ༷ལ་བ༷ར་འདོ༷ད་པ༷་རྣམ༷ས། ཀྱེ་ཡོན་ཏན་ཁྱད་པར་དུ་འཕགས་པའི་རི༷ན་ཆེ༷ན་བྱང༷་ཆུ༷བ་ ཀྱི་སེ༷མས་ལེ༷གས་པར་ཟུང་ཤིག་བརྟན༷་པ༷ར་ཟུ༵ང་ཤིག །ཅེས་པ་སྟེ། དེ་ཉིད་དུ། རིགས་ཀྱི་བུ། འདི་ལྟ་སྟེ་དཔེར་ན་ཇི་སྲིད་དུ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་འོད་ཀྱིས་སྣང་བར་བྱེད་པ་ དེ་སྲིད་དུ་ནོར་དང་འབྲུ་དང་རིན་པོ་ཆེ་དང་ས་ལེ་སྦྲམ་དང་དངུལ་དང་མེ་ཏོག་དང་སྤཽས་དང་ ཕྲེང་བ་དང་བྱུག་པ་དང་གོས་དང་ལོངས་སྤྱོད་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ནོར་བུ་ རིན་པོ་ཆེ་དབང་གི་རྒྱལ་པོའི་རིན་དུ་མི་བཟོད་དོ། །དེ་བཞིན་དུ་ཇི་སྲིད་དུས་གསུམ་དུ་ཐམས་ ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ཡུལ་སྣང་བར་མཛད་པ་དེ་སྲིད་དུ་ལྷ་དང་ མི་དང་སེམས་ཅན་ཐམས་ཅད་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་ཟག་པ་ དང་བཅས་པ་དང་ཟག་པ་མེད་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་ཏུ་སེམས་ བསྐྱེད་པའི་ནོར་བུར་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ །ཞེས་གསུངས་ སོ། ། ལྗོན་ཤིང་གི་དཔེས་ཀྱང་བསྔགས་ཏེ། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ༷་བ༷་གཞ༷ན་ ཀུ༷ན་ཆུ༷་ཤི༷ང་(འབྲས་བུ་སྨིན་ན་རྩ་བ་ཟད་དེ་སླར་མི་སྐྱེ་བ་)བཞི༷ན་དུ༷་ནི༵། (བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་དགེ་ བ་ཀུན་)འབྲ༷ས་བུ༷་ལན་གཅིག་བསྐྱེ༷ད་ན༷ས་ཟ༷ད་པ༷ར་འགྱུ༷ར་བ༷་ཉི༵ད། བྱང༷་ཆུ༷བ་སེ༷མས་ཀྱི༷(ས་ ཟིན་པའི་དགེ་བ་དཔག་བསམ་གྱི་)ལྗོ༷ན་ཤི༷ང་(བཞིན་དུ་)རྟག༷་པ༷ར་ཡ༵ང༌། །(གནས་སྐབས་སུ་འཁོར་ལོས་སྒྱུར་ སོགས་ཀྱི་བདེ་བ་སྤྱད་ཀྱང་མཐར་ཐུག་སངས་རྒྱས་ཀྱི་)འབྲ༷ས་བུ༷་འབྱི༷ན་པ༷ས་མི༷་ཟ༷ད་འཕེ༷ལ་བ༷ར་འགྱུ༵ར་ ཏེ། དེ་བརྟན་པའི་རང་བཞིན་ལས་སྐད་ཅིག་སོ་སོ་ལ་དགེ་བའི་ཚོགས་ཀྱི་རྒྱུན་རྣམ་པ་དུ་མས་ 1-1-114 གང་བའི་ཕྱིར་རོ། །དཀོན་མཆོག་ཟ་མ་ཏོག་གི་མདོ་ལས་ཀྱང༌། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྤོས་ཀྱི་ཤིང་ལྗོན་པ་སྣ་ཚོགས་ནི་ཁམས་བཞིས་བཟུང་ན་རྣམ་པར་འཕེལ་ལོ། །དེ་ བཞིན་དུ་ཚོགས་སྣ་ཚོགས་བསགས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་གཟུང་ ཞིང་རྣམ་མཁྱེན་དུ་ཡོངས་སུ་བསྔོས་ན་རྣམ་པར་འཕེལ་ལོ། །ཞེས་གསུངས་སོ། ། དཔའ་བོའི་དཔེས་ཀྱང་བསྔགས་ཏེ། སྔར་སྡི༷ག་པ༷་ཤི༷ན་ཏུ༷་མི༷་བཟ༷ད་(པ་མཚམས་མེད་ལྔ་ལ་ སོགས་པ་)བྱས༷་ན༷་ཡ༵ང༌། སྲུང་མ་དཔ༷འ་བོ་ལ༷་བརྟེ༷ན་ན༷ས་ཇི་སྲིད་དེ་དང་མ་བྲལ་བར་དེ་སྲིད་ དུ་(དགྲ་ཤ་མཁོན་གྱི་)འཇི༷གས་པ༷་ཆེ༷ན་པོ༷་ལས་ཀྱང་སྒྲོལ་ཞིང་བག་མི་ཚ་བ་ལྟར༷། བྱང་ཆུབ་ཀྱི་ སེམས་ག༷ང་ལ༷་བརྟེ༷ན་ན༷ས་ཡུ༷ད་ཙམ་གྱི༷ས་སྡིག་པ་ལས་སྒྲོ༷ལ་འགྱུ༷ར་བ༵། གཉེན་པོ་སྟོབས་ ཅན་དེ༷་ལ༷་བ༷ག་(དང་ལྡན་པའི་སེམས་)ཅ༷ན་རྣམ༷ས་ཀྱི༷ས་ཅི༷ས་མི༷་བརྟེ༵ན(ཏེ་བརྟེན་པར་རིགས་སོ)། །ཞེས་ པ་སྟེ། རྒྱ་དཔེ་ལ་ལ་ནི། དེ་ལ་མི་ཤེས་སྐྱེ་བོས་ཅིས་མི་བརྟེན། །ཞེས་པར་ཡོད་ཅིང་འགྲེལ་ པར་ཡང་དེ་འཆད་དོ། །བྱམས་པའི་རྣམ་ཐར་ལས་ཀྱང༌། རིགས་ཀྱི་བུ། འདི་ལྟ་སྟེ་དཔེར་ན་ སྐྱེས་བུ་དཔའ་བོ་ལ་ཡང་དག་པར་བརྟེན་པ་ནི་དགྲ་བོ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་ བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐྱེས་བུ་དཔའ་བོ་ལ་ཡང་དག་པར་བརྟེན་པའི་བྱང་ ཆུབ་སེམས་དཔའ་ཡང་ཉེས་པར་སྤྱོད་པའི་དགྲ་བོ་ཐམས་ཅད་ཀྱིས་མི་འཇིགས་སོ། །ཞེས་ གསུངས་སོ། ། མེའི་དཔེས་ཀྱང་བསྔགས་ཏེ། བྱང་ཆུབ་ཀྱི་སེམས་དེ༷ས་ནི༷་དུ༷ས་མཐ༷འི་མེ༷ས་འཇིག་རྟེན་ འཇིག་པ་ན་ཉི་མ་བདུན་ཤར་ཏེ་བསམ་གཏན་དང་པོ་དང་བཅས་པའི་འདོད་ཁམས་ཐམས་ ཅད་ཐལ་བ་ཙམ་ཡང་མ་ལུས་པར་བསྲེག་པ་བཞི༷ན་དུ་དམྱལ་བ་ལ་སོགས་པར་ལྟུང་བའི་ སྡི༷ག་ཆེ༷ན་རྣམ༷ས། སྐ༷ད་ཅི༷ག་གཅི༷ག་གི༷ས་ངེ༷ས་པ༷ར་སྲེ༷ག་པ༷ར་བྱེ༵ད་པ་དེ་ལ་བག་ཅན་རྣམས་ ཀྱིས་ཅིས་མི་བརྟེན། ཞེས་སྦྱར་ཏེ། འདི་ཡང་དེ་ཉིད་ལས། ཉེས་པ་བྱས་པ་ཐམས་ཅད་སྲེག་ 1-1-115 པར་བྱེད་པས་བསྲེག་པའི་བསྐལ་པའི་མེ་ལྟ་བུའོ། །ཞེས་གསུངས་སོ། ། སྔར་བཤད་པ་དང་དེ་ལས་གཞན་ཡང་བྱང་ཆུབ་ཀྱི་སེམས་དེ༷འི༷་ཕ༷ན་ཡོ༷ན་དཔ༷ག་ཏུ༷་ མེ༷ད་པ༷་ད༵ག །རྒྱལ་བའི་རྒྱལ་ཚབ་(སྔོན་བྱམས་པའི་ཏིང་ངེ་འཛིན་བསྒོམས་པས་གདུལ་བྱ་རྣམས་བྱམས་པ་ལ་ བཀོད་ཅིང་ལྷག་པར་)བྱམ༷ས་(པ་སེམས་ཅན་གྱི་)མགོ༷ན་བློ༷་ད༷ང་ལྡན༷་པ༷ས་བྱང་ཆུབ་སེམས་དཔའ་ གཞོན་ནུ་ནོ༷ར་བཟ༷ང་ལ་བཤ༵ད་དེ། ཇི་སྐད་དུ། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ ཅད་ཀྱི་དཀར་པོའི་ཆོས་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ ཅད་བརྟེན་པས་ས་ལྟ་བུའོ། །དབུལ་བ་ཐམས་ཅད་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །དོན་ ཐམས་ཅད་ཡང་དག་པར་སྒྲུབ་པས་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །ཞེས་པ་ལ་སོགས་པ་རྒྱ་ ཆེར་འབྱུང་བ་ལ་བལྟ་ཞིང༌། འདིར་ཡང༌། དེ་ལ་མི་ཤེས་སྐྱེ་བོས་ཅིས་མི་བརྟེན། །ཅེས་པ་སྦྱོར་ རོ། ། ད་ནི་ཕན་ཡོན་ཅན་གྱི་བྱང༷་ཆུ༷བ་སེ༷མས་དེ༷་རིགས་དང་ས་ལ་སོགས་པས་ཕྱེ་ན་མང་པོར་ འགྱུར་ཡང་མདོ༷ར་བསྡུ༷་ན༵། རྣམ༷་པ༷་གཉི༷ས་སུ༷་ཤེ༷ས་བྱ་༷སྟེ༷། །གང་ཞེ་ན་བྱང༷་ཆུ༷བ་སྨོ༷ན་པ༷འི་ སེ༷མས་(སངས་རྒྱས་ཐོབ་པར་འདོད་པ་)ད༷ང་ནི༵། བྱང༷་ཆུ༷བ་འཇུ༷ག་པ༷(འི་སེམས་བྱང་ཆུབ་སེམས་དཔའི་སྤྱོད་པའི་ བདག་)ཉི༷ད་ཡི༷ན་ནོ༵། ། ཕྱེ་བ་དཔེས་ཀྱང་གསལ་བར་མཛད་དེ། སྐྱེས་བུ་འགའ་ཞིག་མངོན་པར་འདོད་པའི་ཡུལ་ དུ་འགྲོ༷་བ༷ར་འདོ༷ད་པའི་དོན་གཉེར་ད༷ང་ལམ་དུ་ཞུགས་ནས་འགྲོ༷་བ༷་ཡི༵། རྣམ་པ་ལ་ཁྱད་ པར་གྱི་བྱེ༷་བྲ༷ག་ཇི༷་ལྟར༷་ཡོད་པ་ཤེ༷ས་པ༷་ལྟར༷། དེ༷་བཞི༷ན་མཁ༷ས་པ༷ས་སྨོན་པ་དང་འཇུག་ པའི་སེམས་འདི༷་གཉི༷ས་ཀྱི༷། བྱེ༷་བྲ༷ག་རི༷མ་བཞི༷ན་དཔེ་དང་སྦྱར་ནས་ཁྱད་པར་གྱི་དབྱེ་བ་ ཤེ༷ས་པ༷ར་བྱ་༷སྟེ། དེ་ཁོ་ན་ཉིད་ལ་འཇུག་པར། དེ་ལ་དང་པོ་མགོན་པོ་ཡིས། །དོན་གཉེར་ 1-1-116 རྣམ་པར་ཡང་དག་བཤད། །གཉིས་པ་སྦྱིན་པ་ལ་སོགས་ལ། །འཇུག་པའི་རྣམ་པར་རབ་ཏུ་ བསྒྲགས། །ཞེས་གསུངས་པ་ལྟར་རོ། ། སེམས་དེ་གཉིས་ལ་འབྲས་བུའི་ཁྱད་པར་ཡང་ཡོད་དེ། བྱང༷་ཆུ༷བ་སྨོ༷ན་པ༷འི་སེ༷མས་ (བསྒྲུབ་པའམ་སྤྱོད་པ་དང་བྲལ་བ་)ལ༷ས་ནི༵། །(ཁམས་གསུམ་དུ་)འཁོ༷ར་བ་ན་སྤྱོད་པའི་ཚེ༷་དབུལ་བ་ ཐམས་ཅད་རྣམ་པར་བཟློག་ཅིང་བྱང་ཆུབ་སེམས་དཔའི་མིང་མི་འདོར་བ་དང་ཉན་རང་གི་ ཡོན་ཏན་ཟིལ་གྱིས་གནོན་པ་ལ་སོགས་པའི་འབྲ༷ས་བུ༷་ཆེ༷་འབྱུ༷ང་ཡ༵ང༌། ཇི༷་ལྟར༷་སྒྲུབ་པ་ནན་ ཏན་དང་བཅས་པས་སྦྱིན་སོགས་ལ་འཇུ༷ག་པ༷འི་སེ༷མས་བཞི༷ན་དུ༵། བསོ༷ད་ན༷མས་(ཏེ་དགེ་བ་) རྒྱུ༷ན་ཆ༷གས་(ཏེ་བར་མ་ཆད་པ་)འབྱུ༷ང་བ༷་མི༵ན་པའི་ཕྱིར་རོ། ། སེམས་ཕྱི་མ་ཉིད་ལྷག་པའི་ཁྱད་པར་སྒྲུབ་པ་ནི། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་ བསྐྱེད་པ་ག༷ང་ན༷ས་བཟུ༷ང་སྟེ༷་ཆ་(ལས་ཉོན་ལས་སྐྱེ་བའི་རྒྱུན་གྱི་རང་བཞིན་ནི་)སེ༷མས་ཅ༷ན་(དེ་ཉིད་རང་ གི་མཚན་ཉིད་འཛིན་པས་ན་)ཁ༷མས། མཐ༷འ་ཡ༷ས་པ་མཐའ་ཡས་པ་རྣམས་སྡུག་བསྔལ་ཐམས་ ཅད་ལས་ར༷བ་ཏུ༷་དགྲོ༷ལ་བ༷འི་ཕྱི༷ར། བྱང་ཆུབ་ཀྱི་སྤྱོད་པ་ལས་མི༷་ལྡོ༷ག་པ༷འི༷་སེ༷མས་ཀྱི༷ས་ སུ༵། འཇུག་པའི་སེ༷མས་དེ༷་ཡ༷ང་ད༷ག་བླང༷ས་པའི་སྡོམ་པ་གཟུང་གྱུ༷ར་པ༵། དེ༷་ན༷ས་བཟུ༷ང་སྟེ༷་ གཉི༷ད་ལོ༷ག་ག༵མ། །(རྣམ་པར་གཡེང་པས་)བ༷ག་མེ༷ད་གྱུ༷ར་ཀྱང༷་(ཚུལ་ཁྲིམས་གསུམ་ལས་བྱུང་བའི་)བསོ༷ད་ ན༷མས་ཤུ༵གས། །(དགེ་བའི་)རྒྱུ༷ན་མི༷་འཆ༷ད་པ༷ར་དུ༷་མ༷་ཞི༵ག །(བསོད་ནམས་རྒྱ་ཆེ་ལ་ཟད་མི་ཤེས་པས་) ན༷མ་མཁ༷འ་མཉམ༷་པ༷ར་ར༷བ་ཏུ་འབྱུ༵ང་སྟེ། འཕགས་པ་དཔལ་བྱིན་གྱིས་ཞུས་པ་ལས། བྱང་ ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་སོ། ། འཇུག་པ་བྱང་ཆུབ་ཀྱི་སེམས་བླངས་ནས་གཉིད་ལོག་གམ་བག་མེད་གྱུར་ཀྱང་སྐད་ཅིག་ རེ་རེ་ལ་བསོད་ནམས་ཀྱི་རྒྱུན་ཚད་མེད་པར་འཕེལ་བའི་ཚུལ་འདི༷་ནི༷་འཐ༷ད་པ༷་(སྟེ་སྒྲུབ་བྱེད་ 1-1-117 ཀྱི་རིགས་པ་)ད༷ང་བཅ༷ས་པ༵ར། ལ༷ག་བཟ༷ང་གི༷ས་ནི༷་ཞུ༷ས་པ༷(འི་མདོ་)ལ༵ས། །དམ༷ན་པ་(ཉན་རང་ གི་ཐེག་པ་)ལ་མོ༷ས་པའི་སེ༷མས་ཅ༷ན་རྣམས་ཐེག་པ་ཆེན་པོ་ལ་སྤྲོ་བ་བསྐྱེད་པའི་དོ༷ན་གྱི༷་ཕྱི༷ར། (དེ་བཞིན་ཉིད་དུ་མ་ནོར་བར་གསུང་པས་)དེ༷་བཞི༷ན་གཤེ༷གས་པ༷་ཉི༷ད་ཀྱི༷ས་གསུ༵ངས་ཏེ། ཇི་སྐད་དུ། ལག་བཟང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྗེས་སུ་དྲན་ཅིང་ སེམས་ཅན་གྱི་ཚོགས་མཐའ་ཡས་པ་ལ་ཕན་པ་དང་བདེ་བའི་ཕྱིར་གོ་ཆ་བགོས་ན་དེའི་དགེ་ བའི་རྩ་བ་མཐའ་ཡས་པ་དག་བག་མེད་པར་གྱུར་ཏམ་སེམས་གཞན་དུ་གྱུར་ཏམ་གཉིད་ཀྱིས་ ལོག་ཀྱང་ཉིན་མཚན་དུ་སེམས་སྐད་ཅིག་སྐད་ཅིག་ལ་འཕེལ་བ་དང་རྒྱས་པ་དང་ཡོངས་སུ་ རྫོགས་པར་འགྱུར་རོ། །ཞེས་སོ། ། འདིའི་འཐད་པ་རིགས་པས་ཀྱང་སྒྲུབ་པར་བཞེད་ནས་སེམས་ཅན་རྣམས་ཀྱི་ཀླད་ནད་ ཙམ། ཞེས་སོགས་ཀྱི་དཔེ་དཀོན་མཆོག་བརྩེགས་པ་ལས། མཛའ་བོའི་བུ་མོ་ཞེས་གྲགས་ པའི་དེད་དཔོན་ཞིག་གིས་སྤོས་དང་འབྲུ་དང་གོས་དང་གསེར་འཚོང་དུ་ཕྱིན་པ་ལས་ཀར་ཥ་ པཱ་ཎི་བཞི་དང་བརྒྱད་དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་ཀྱི་ཁེ་རྙེད་པ་རྣམས་མ་ལ་དྲིན་ལན་ གྱི་ཚུལ་དུ་བྱིན་ཞིང༌། རེ་ཤིག་ན་རྒྱ་མཚོ་ལ་ནོར་བུ་ལྡོག་ཏུ་ཆས་པ་མས་མ་བཟོད་པར་སྒོ་ འཕྲེད་བཅད་དེ་བསྲུངས་པ་ལས། དེའི་མགོ་བོ་ལ་རྐང་པས་བརྫིས་ནས་སོང་བ་ན་རྒྱ་མཚོར་ གྲུ་ཞིག་གོ །དེ་ནས་དེས་གྲུའི་ཚལ་པ་ལ་འཇུས་པས་ཐོན་ཏེ། རིམ་གྱིས་གྲོང་ཁྱེར་དགའ་བ་ དང་དགའ་བྲལ་དང་རྟག་མྱོས་དང་ཚངས་པའི་བླ་མ་ཞེས་བྱ་བར་ལྷའི་བུ་མོ་བཞི་དང་བརྒྱད་ དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་ཀྱིས་བསུ་སྟེ་ལོ་དེ་སྙེད་ཅིག་ཏུ་བདེ་བ་མྱོང་ངོ༌། །དེ་ནས་ སླར་ཡང་རིམ་གྱིས་སོང་སྟེ་ལྕགས་ཀྱི་ཁང་པ་ཆེན་པོ་ཞིག་ཏུ་ཞུགས་པ་ན་སྒོའང་རང་འགྲིག་ ཅིང་དེ་ན་སེམས་ཅན་དམྱལ་བ་མགོ་ལ་ལྕགས་ཀྱི་འཁོར་ལོ་མེ་རབ་ཏུ་འབར་བ་འཁོར་ཞིང་ དེས་ཟག་པའི་ཀླད་པ་དང་རྣག་ཁྲག་ཟ་བ་ཞིག་འདུག་གོ །དེའི་ཚེ་ནམ་མཁའ་ལས། དགའ་ 1-1-118 བ་དང་ནི་དགའ་བྲལ་དང༌། །རྟག་མྱོས་ཚངས་པའི་བླ་མ་རྣམས། །སྤངས་ནས་ཅི་ཕྱིར་ཁྱོད་ འདིར་འོངས། །ཞེས་པ་དང༌། ལས་ཀྱི་དབང་གིས་འདིར་འོངས་སོ། །ཞེས་གྲག་གོ །དེའི་ ཚེ་གཤིན་རྗེའི་སྐྱེས་བུ་ལ་དམྱལ་བ་འདི་ཅི་ལས་བྱུང་དྲིས་པས། མའི་མགོ་ལ་གནོད་པ་བྱས་ པ་ལས་བྱུང༌། ཞེས་པ་དང༌། འོ་ན་ངས་ཀྱང་ལས་དེ་བྱས་པ་ལས་འདིར་ཁྲིད་དོ་སྙམ་པ་ལས་ འཁོར་ལོ་དེ་མགོ་ལ་འཁོར་ནས་སྡུག་བསྔལ་དྲག་པོ་མྱོང་བ་ན་དེས་དེ་ལ་སེམས་ཅན་གཞན་ དག་འདིར་འོང་བ་ཡོད་དམ་དྲིས་པས་མའི་མགོ་ལ་གནོད་པ་བྱས་པ་ཐམས་ཅད་འདིར་ འོང་ཞེས་ཟེར་རོ། །དེ་མ་ཐག་ཏུ་སེམས་ཅན་གྱི་དོན་དུ་བདག་གིས་སྡུག་བསྔལ་འདི་བསྐལ་ པའི་བར་དུ་ཡང་བཟོད་པར་བྱ་ཡིས། གཞན་དག་འདིར་འོང་བར་མ་གྱུར་ཅིག་སྙམ་སྟེ་ངག་ ཏུ་ཡང་བརྗོད་པས་དེའི་མོད་ལ་འཁོར་ལོ་དེ་ཤིང་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་ འཕགས་ཤིང༌། མཛའ་བོའི་བུ་མོ་ཡང་ཤི་འཕོས་ནས་དགའ་ལྡན་དུ་སྐྱེས་སོ། །ཞེས་འབྱུང་ངོ༌། །དེ་ལྟར་ན་དེས་དམིགས་ཡུལ་ཉི་ཚེ་བ་མའི་མགོ་ལ་གནོད་པ་བྱས་པའི་སེ༷མས་ཅ༷ན་རྣམ༷ས་ ཀྱི༷་ཀླ༷ད་ན༷ད་ཙ༵མ་ལ་དམིགས་ཤིང༌། རྣམ་པ་སྡུག་བསྔལ་ཉི་ཚེ་བ་དེ་འདྲ་ཞིག་བས༷ལ་ལོ༷་ སྙམ༷་དུ༷་བས༷མས་ན༷་ཡ༵ང༌། སེམས་ཅན་ལ་ཕ༷ན་འདོ༷གས་བས༷མ་པ༷་ད༷ང་ལྡན༷་དེ༵ས། དགའ་ ལྡན་དུ་སྐྱེ་བ་ལ་སོགས་པའི་བསོ༷ད་ན༷མས་དཔ༷ག་མེ༷ད་ལྡན༷་གྱུ༷ར་ན༵། བྱང་ཆུབ་ཏུ་སེམས་ བསྐྱེད་པ་ནི་དམིགས་ཡུལ་ནམ་མཁའ་དང་མཉམ་པར་སེ༷མས་ཅ༷ན་རེ༷་རེ༷འི་ལུས་སེམས་ཀྱི་ མི༷་བདེ༷་བ༵། དཔ༷ག་ཏུ༷་མེ༷ད་པ༷་ལ་དམིགས་ནས་རྣམ་པ་སྡུག་བསྔལ་མ་ལུས་པ་བས༷ལ་འདོ༷ད་ ཅི༵ང༌། སེམས་ཅན་རེ༷་རེ༷འ༷ང་ཡོ༷ན་ཏ༷ན་དཔ༷ག་མེ༷ད་སངས་རྒྱས་ཉིད་དུ༵། བསྒྲུ༷བ་པ༷ར་འདོ༷ད་ པ༷་རྣམས་ལ་བསོད་ནམས་ནམ་མཁའ་མཉམ་པར་རབ་ཏུ་འབྱུང་བ་ལྟ་སྨོ༷ས་ཀྱང་ཅི༷་དགོ༵ས། ཞེས་པའོ། ། ཕན་སྟོབས་ཀྱི་ཆ་ནས་ཀྱང་རིགས་པར་སྒྲུབ་སྟེ་འཇིག་རྟེན་ན་ཕན་ཆེ་བའི་(ལུས་སྐྱེད་བྱེད་ 1-1-119 ཀྱི་) ཕ༷་འ༷མ་ཡ༷ང་ན༷་མ༷་ཡ༷ང་(གི་སྒྲས་སྤུན་ཟླ་དང་མཛའ་བོ་ལ་སོགས་པ་ཡང་)རུ༵ང༌། སེམས་ཅན་སུ༷་ལ༷་ (འཇུག་སེམས་)འདི༷་འདྲ༷འི་ཕ༷ན་སེ༷མས་ཡོ༵ད། དེར་མ་ཟད་ཟླ་བ་དང་ཆུ་ལྷ་ལ་སོགས་པའི་ལྷ་ ༷ད༷ང་གནས་འཇོག་དང་རྒྱལ་བ་ལ་སོགས་པའི་དྲ༷ང་སྲོ༷ང་རྣམ༷ས་ཀྱང༷་རུ༵ང༌། སྐྱེ་རྒུའི་བདག་པོ་ རིག་བྱེད་རྣམས་ལ་དབང་བསྒྱུར་བའི་ལྷ་ཚ༷ངས་པ༷་ལ༷་ཡ༷ང་(ཕན་སེམས་)འདི༷་ཡོ༷ད་ད༵མ། ཞེས་ འདྲི་བ་སྟེ། དེ་དག་ལ་ནི་སེམས་ཅན་མ་ལུས་པ་ལ་དམིགས་པའི་ཕན་སེམས་རྣམ་དག་དེ་ ལྟ་བུ་ཡོད་པར་སུས་ཀྱང་ལན་འདེབས་མི་ནུས་པ་སྟོན་ཏོ། །དེའི་རྒྱུ་མཚན་ཕ་མ་ལ་སོགས་ པའི་སེ༷མས་ཅ༷ན་དེ༷་ད༷ག་ཉི༷ད་ལ༷་སྔོ༵ན་ཆད་ར༷ང་གི༷་དོ༷ན་དུ༷འང་འཁོར་བའི་མི་བདེ་བ་དཔག་ ཏུ་མེད་པ་བསལ་འདོད་དང་སངས་རྒྱས་ཀྱི་ཡོན་ཏན་དཔག་མེད་སྒྲུབ་འདོད་འདི༷་འདྲ༷འི་ སེ༵མས། སད་པའི་གནས་སྐབས་ན་ལྟ་ཞོག་རྨི༷་ལ༷མ་དུ༷་ཡ༷ང་མ༷་རྨི༷ས་ན༵། གཞ༷ན་གྱི༷་དོ༷ན་དུ༷་ ག༷་ལ༷་སྐྱེ༵་སྟེ་མི་སྐྱེ་བའི་ཕྱིར་རོ། ། མཇུག་བསྡུས་ཏེ་གདམས་པར་བཞེད་ནས་དེ་ལྟར་བྱང་ཆུབ་སེམས་དཔའ་ལས་གཞ༷ན་ ད༷ག་ལ་ར༷ང་གི༷་དོ༷ན་དུ༷་ཡ༵ང༌། མི༷་འབྱུ༷ང་བས་རྨི་ལམ་དུ་སྲིད་པ་ཙམ་ཡང་དཀོན་པ་ཅན་ མཐའ་ཡས་པའི་སེ༷མས་ཅ༷ན་དོ༷ན་སེ༷མས་ག༵ང་ཡིན་པའི་བྱང་ཆུབ་ཀྱི་སེ༷མས་དེ་སེམས་ ཅན་སུའི་རྒྱུད་ལ་སྐྱེས་པ་དེ་ནི་ཡིད་བཞིན་གྱི༷་ནོར་བུ་རི༷ན་ཆེ༷ན་ཁྱད༷་པ༷ར་འཕགས་པ་དང་ མཚུངས་པའམ་དེ་བས་ཀྱང་ལྷག་པ་འདི༵་ནི་སྔ༷་ན༷་མེ༷ད་པ༷འི་ངོ་མཚར་རྨ༷ད་དུ་བྱུང་བ་ཅི༷ག་ འཁྲུ༵ངས་པ་ཡིན་ཏེ་འདི་ལས་སངས་རྒྱས་འབྱུང་བར་གདོན་མི་ཟ་བའི་ཕྱིར་རོ། ། དེས་ན་བྱང་ཆུབ་ཀྱི་སེམས་འདི་ནི་འདོད་པ་སྒྲུབ་པ་དང་མི་འདོད་པ་སྤོང་བའི་ཐབས་བླ་ ན་མེད་པ་ཡིན་པས་འགྲོ༷་བ༷་ཀུ༷ན་གྱི༷་དག༷འ་བ༷འི་རྒྱུ༵་བྱེད་ལ། སེ༷མས་ཅ༷ན་སྡུ༷ག་བསྔ༷ལ་སེལ་ བའི་སྨན་ནམ་རྩི༷ར་གྱུ༷ར་པ༵། གང་ཡིན་པ་(དགའ་བ་རྒྱས་པར་བྱེད་པའི་)རི༷ན་ཆེ༷ན་སེ༷མས་ཀྱི༷་བསོ༷ད་ ན༷མས་ག༵ང༌། དེ༷་ལ༷་ཇི༷་ལྟར༷་གཞ༷ལ་གྱི༷ས་ལ༵ང་སྟེ་མི་ལང་བས་བསོད་ནམས་ཚད་མེད་པར་ 1-1-120 གྲུབ་བོ། ། གཞན་ཡང་སེམས་ཅན་ལ་བྱམས་པའི་སེམས་ཀྱིས་ཕ༷ན་པ༷ར་བས༷མས་པ༷་ཙ༷མ་གྱི༷ས་ ཀྱང༷༌། སང༷ས་རྒྱ༷ས་མང་པོ་མཆོ༷ད་པ་ལ༷ས་ཁྱད༷་འཕ༷གས་སུ་གསུངས་ན༵། སེ༷མས་ཅ༷ན་(སྡུག་ བསྔལ་ཅན་)མ༷་ལུ༷ས་(པའི་སྡུག་བསྔལ་ཐམས་ཅད་བསལ་ནས་འཇིག་རྟེན་ལས་འདས་མ་འདས་)ཐ༷མས་ཅ༷ད་ཀྱི༵། བདེ༷་དོ༷ན་སྒྲུབ་པ་ལ་བརྩོ༷ན་པ༷ས་ཞུགས་ན་མཆོད་པ་ཁྱད་འཕགས་སུ་འགྱུར་བ་སྨོ༷ས་ཅི༷་ དགོ༵ས་ཏེ། ཟླ་བ་སྒྲོན་མའི་མདོ་ལས། མཆོད་པ་ཚད་མེད་རྣམ་མང་ཇི་སྙེད་པས། །ཞིང་ནི་བྱེ་ བ་ཁྲག་ཁྲིག་གཏམས་སྙེད་ཀྱི། །རྒྱལ་བ་རྣམས་ལ་མཆོད་པ་བྱས་པས་ཀྱང༌། །བྱམས་པའི་ སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་གསུངས་སོ། ། གཞན་ཡང་སེམས་ཅན་རྣམས་ནི་སྡུ༷ག་བསྔ༷ལ་འདོ༷ར་འདོ༷ད་སེ༷མས་ཡོ༷ད་ཀྱང༷༌། དེའི་ ཐབས་ལ་རྨོངས་པས་སྡུ༷ག་བསྔ༷ལ་ཉི༷ད་ལ༷་སྦྱོར་བར་སྣང་སྟེ་དེའི་རྒྱུ་སྡིག་པ་ལ་མངོ༷ན་པ༷ར་ རྒྱུ༵ག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་(བྱམས་པས་ལུས་སེམས་ཀྱི་)བདེ༷་བ༷་འདོ༷ད་ཀྱང༷་(བླང་དོར་མ་ཤེས་ པའི་)གཏི༷་མུ༷ག་པ༵ས། (སྡུག་བསྔལ་གྱི་རྒྱུ་ལ་ཞུགས་པས་)ར༷ང་གི༷་བདེ༷་བ༷་དགྲ༷་བོ་མཐོང་བ་ལྟར༷་ཅི་ ཆོམས་ཆོམས་སུ་འཇོ༵མས་པ་སྙིང་རྗེའོ། །དེ་ལྟར་སེམས་ཅན་ག༷ང་ཞི༷ག་བདེ༷་བ༷ས་(མི་ངོམས་ པའི་)ཕོ༷ངས་པ༷་ད༵ང༌། (དམྱལ་སོགས་ཀྱི་)སྡུ༷ག་བསྔ༷ལ་(བརྒྱ་ཕྲག་)མ༷ང་ལྡན༷་དེ༷་ད༷ག་ལ༵། །རིམ་པ་ ལྟར་(མཐོ་རིས་དང་ཐར་པའི་)བདེ༷་བ༷་ཀུ༷ན་གྱི༷ས་ཚི༷མ་པ༷་(སྟེ་ངོམས་པ་)ད༵ང༌། (སྙིང་རྗེས་)སྡུ༷ག་བསྔ༷ལ་ ཐ༷མས་ཅ༷ད་གཅོ༷ད་བྱེ༷ད་གཉེན་པོར་ཡང་གྲུབ་ཅི༵ང༌། བླང་དོར་ལ་རྨོངས་པའི་རྒྱུ་གཏི༷་མུ༷ག་ ཀྱང༷་ནི༷་སེ༷ལ་བྱེ༷ད་པ༵། བྱང་ཆུབ་ཀྱི་སེམས་དེ༷་ད༷ང་དགེ༷་མཚུ༷ངས་(ཏེ་མཉམ་པ་)ག༷་ལ༷་ཡོ༵ད། དེ༷་ འདྲ༷འི་བཤེ༷ས་(ཏེ་གྲོགས་)ཀྱང༷་ག༷་ལ༷་ཡོ༵ད། །(དེས་བྱས་པའི་)བསོ༷ད་ན༷མས་དེ༷་འདྲ་༷ག༷་ལ༷་ཡོ༵ད། །ཅེས་པའི་རྐང་པ་གསུམ་པོ་འདི་ཚིག་སྔ་མའི་བྱེད་ལས་གསུམ་དང་གོ་རིམ་བཞིན་དུ་སྦྱར་ ནས་སྒྲུབ་པའོ། ། 1-1-121 གཞན་ཡང་སྔར་(ཉོན་མོངས་པའི་དུས་སུ་)ཕ༷ན་བཏ༷གས་པའི་(དྲིན་)ལ༷ན་ལྡོ༷ན་པ་ག༷ང་ཡི༷ན་ པ༵འི་སེམས་ཅན་དེ༷་ཡ༷ང་རེ༷་ཤི༷ག་བསྔ༷གས་ཤིང་བསྟོད་པར་འོ༷ས་ན༵། བློ་ལྡན་གང་ལ་འགྲོ་ བ་ཀུན་གྱིས་ཕན་པ་སྒྲུབ་པ་མ༷་བཅོ༷ལ་ཡང་ལེ༷གས་པ༷་བྱེ༷ད་པ༷་ཡི༵། བྱང༷་ཆུ༷བ་སེ༷མས་དཔ༷འ་ ལན་ལ་མི་རེ་བའི་སྐྱེས་བུ་གང་ཡིན་པ་ལ་བསྟོད་བཀུར་བསྔགས་པར་འོས་པ་སྨོ༷ས་ཅི༷་ དགོ༵ས་ཏེ་དེའི་རྒྱུ་ཡང་བྱང་ཆུབ་ཀྱི་སེམས་སུ་གྲུབ་བོ། ། གཞན་ཡང་དཔེར་ན་ཡུལ་དམན་པ་འགྲོ༷་བ༷་ཉུ༷ང་ཟ༷ད་ཙམ་ལ་དམིགས་ནས་ལོ་རེའམ་ ཟླ་རེར་ན༷ར་མ༷འི་ཟ༷ས་སྦྱོ༷ར་བ༵། དུས་དམན་པ་སྐ༷ད་ཅི༷ག་ཙམ་དུ་དངོས་པོ་དམན་པ་ཟ༷ས་ ཙ༷མ་སྦྱི༷ན་པ༷་བྱེ༷ད་ཀྱི་སྐོམ་པ་ལ་སོགས་པ་གཞན་མེད་པ༷་ད༵ང༌། དེ་ཡང་ཚིག་ངན་པ་ལ་ སོགས་པས་བརྙ༷ས་པ་དང་བཅ༷ས་ཤིང་ཕན་འདོགས་དམན་པ་ཉི༷ན་བྱེ༷ད་འགྲ༷ངས་བགྲ༷ངས་ པ༷ར་བྱེ༷ད་པ༷་ཙམ་ཡ༵ང༌། དགེ༷་བ༷་བྱེ༷ད་པ༷་ཡི༷ན་ནོ་ཞེ༷ས་སྐྱེ༷་བོ༷ས་བཀུ༵ར་བར་བྱེད་ན། འདིར་ ནི་དེ་ལས་ཁྱད་པར་དུ་འཕགས་པ་ཡུལ་སེ༷མས་ཅ༷ན་གྲ༷ངས་མཐ༷འ་ཡ༷ས་ལ༷་དམིགས་ནས་ ཡུན་དུ༷ས་རི༷ང་བ༵། ཇི་སྲིད་མཁ༷འ་ད༷ང་སྐྱེ༷་བོ༷་ཡོ༷ངས་སུ་ཟ༷ད་ཟད་དམ་ཡང་ན་དེ་དག་མ༷་ཟ༷ད་ བ༵ར་དུ། དངོས་པོ་མཐར་ཐུག་བདེ༷་བ༷ར་གཤེ༷གས་པ༷འི་བདེ༷་བ༷་བླ༷་ན༷་མེ༵ད་པ་དང༌། གནས་ སྐབས་སུ་ཡང་ཡི༷ད་ལ༷་བས༷མས་པ༷འི་བདེ་བ་མ་ལུས་པ་སྒྲུབ་ཅིང་སྡུག་བསྔལ་སེལ་བའི་ ཐབས་མཐ༷འ་ད༷ག་རྫོ༷གས་བྱེ༷ད་པ༵། དུས་རྟག༷་ཏུ༷་རྒྱུན་མ་ཆད་པར་སྦྱི༷ན་པ༷འི་བྱང་ཆུབ་སེམས་ དཔའ་ནི་སྦྱིན་བདག་ཆེན་པོ་ཞེས་ལྟ་༷ཞི༷ག་སྨོ༷ས་ཅི༷་དགོ༵ས། ཞེས་པ་སྟེ་ཤོ་ལོ་ཀ་འདིའི་རྐང་པ་ གཉིས་པ་ནི། མཁའ་དང་སྐྱེ་བོ་ཡོངས་ཟད་མ་ཟད་བར། །ཞེས་པ་རྒྱ་དཔེ་ལ་སྣང་ཞིང༌། བདེ་ བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཅེས་པ་ནི་མཆན་དཀྱུས་སུ་ཤོར་བ་སྙམ་མོ། ། ད་ནི་བྱང་ཆུབ་སེམས་དཔའ་ལ་དད་པར་བྱ་བ་སྟོན་ཏེ། ག༷ང་ཞི༷ག་དེ༷་འདྲ༷འི་ཡོན་ཏན་ ཅན་རྒྱ༷ལ་སྲས༷་(ཐམས་ཅད་ལ་བདེ་བ་སྟེར་བའི་)སྦྱི༵ན་བད༷ག་ལ༵། ག༷ལ་ཏེ༷་ང༷ན་སེ༷མས་(ཏེ་མ་དད་པའམ་ 1-1-122 སྡིག་པའི་སེམས་)སྐྱེ༷ད་པ༷ར་བྱེ༷ད་པ༷་གང་ཡིན་པའི་བདག་ཉིད་ངན་པ་དེ༵། ང༷ན་སེ༷མས་གཅིག་ ལ་སོགས་པ་བསྐྱེ༵ད་པ༷འི་གྲ༷ངས་བཞི༷ན་བསྐ༷ལ་པ་གཅིག་ལ་སོགས་པ༷ར་ནི༵། དམྱལ༷་བ༷ར་ གན༷ས་པ༷ར་འགྱུ༵ར་ཞེ༷ས་ཐུ༷བ་པ༷ས་གསུ༵ངས་ཏེ། ཇི་སྐད་དུ། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་ འཕྲུལ་གྱི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་ཁོང་ ཁྲོ་བ་དང་བརྙས་པའི་སེམས་བསྐྱེད་པ་དེ་སྲིད་ཀྱི་བསྐལ་པར་བདག་དམྱལ་བར་གནས་པའི་ གོ་ཆ་བགོ་བར་བྱའོ། །ཞེས་སོ། །བསྐལ་པའི་ཚད་ནི་ཆུ་ཞེང་ཐམས་ཅད་དཔག་ཚད་ཕྱེད་པའི་ རྡོ་བ་ལ་ཀ་ཤི་ཀའི་རས་ཀྱིས་ལོ་བརྒྱ་བརྒྱ་ན་ཕོགས་རེ་ཕྱགས་པས་ནམ་ཟད་པར་འགྱུར་བ་དེ་ ཙམ་ན་བར་གྱི་བསྐལ་པ་གཅིག་སྟེ་བར་བསྐལ་བརྒྱད་ཅུ་ལ་བསྐལ་ཆེན་ནོ། །ཞེས་བཻ་རོ་ཙ་ན་ རཀྵི་ཏས་འགྲེལ་པར་དྲངས་སོ། ། འོ༷ན་ཏེ༷་སེམས་ཅན་ག༷ང་ཞི༷ག་བྱང་སེམས་ལ་ཡི༷ད་ར༷བ་ད༷ང་བའི་དད་པ་ལན་གཅིག་ལ་ སོགས་པ་བྱེ༷ད་ན༵། དེ༷་ཡི༷་འབྲ༷ས་བུ༷་སྔར་གྱི་སྡིག་པའི་རྣམ་སྨིན་དེ༷་བ༷ས་ཀྱང་འགྱུར་ལྷག༷་པ༷ར་ འཕེ༵ལ་ཏེ། ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས། འཇམ་དཔལ་ཡོངས་སུ་ བརྟག་པ་བཟུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་ བཏོན་པར་གྱུར་ལ། ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱམས་པའི་སེམས་ལ་གནས་པ་ འགའ་ཞིག་གིས་དེ་དག་ཐམས་ཅད་ཀྱི་མིག་སྐྱེ་བར་བྱས་པ་བས། འཇམ་དཔལ་རིགས་ཀྱི་ བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་ སེམས་དང་བས་བལྟ་ན་འདི་ནི་དེ་བས་ཆེས་ལྷག་པའི་བསོད་ནམས་སྐྱེ་བའོ། །ཞེས་གསུངས་ སོ། ། ཡང་དེ་ལྟ་བུའི་རྒྱ༷ལ་སྲས༷་རྣམ༷ས་ལ༷་ནི་གཞན་གྱི་དོ༷་ག༷ལ་(ཏེ་སྟོབས་སམ་ཚོགས་)ཆེ༷ན་པོ༷ས་ གནོད་པ་བྱས་པས་ཀྱང༷༌། གནོད་ལན་བྱས་པ་ལ་སོགས་པའི་སྡི༷ག་པ༷་མི༷་འབྱུ༷ང་དགེ༷་བ༷་ང༷ང་ 1-1-123 གི༷ས་འཕེ༵ལ་ཏེ། དེ་གནོད་བྱེད་ལ་དང་བར་འཛིན་ཅིང་བཟོད་པ་དང་དུ་ལེན་པའི་ཕྱིར་རོ། ། དེས་ན་གང་ཟག་ག༷ང་གི་རྒྱུད་ལ༷་སེ༷མས་ཀྱི༷་ད༷མ་པ༷་རི༷ན་ཆེ༷ན་དེ༵། སྐྱེ༷ས་ཤིང་མངའ་ བར་གྱུར་པ༷་དེ༷་ཡི༷་སྐུ༷་ལ༷་ཕྱག༷་འཚ༷ལ་ཞི༵ང༌། རྒྱལ་སྲས་བྱམས་པའི་སྟོབས་ལྟ་བུ་ག༷ང་ལ༷་ གནོད་སྦྱིན་རྣམས་ཀྱིས་ཤ་ཁྲག་བསླངས་ཏེ་གནོ༷ད་པ༷་བྱས༷་ཀྱང༷་འཁོར་གྱི་ཐོག་མར་སྐྱེ་བ་ལྟ་ བུར་རྣམ་སྨིན་བདེ༷་བ་དང་འབྲེ༷ལ་བར་མཛད་པ༵། བདེ༷་བ༷འི་འབྱུ༷ང་གན༷ས་བྱང་ཆུབ་སེམས་ དཔའ་དེ༷་ལ༷་སྐྱ༷བས་སུ༷་མཆི༵། དེ་ལ་འགའ་ཞིག་གནོད་པ་བྱས་ཀྱང་བདེ་བ་དང་འབྲེལ་ན། ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས། ཞེས་སྔར་བཤད་ པ་དང་འགལ་ལོ་སྙམ་ན། སྐྱོན་མེད་དེ་སྔར་ནི་བསམ་སྦྱོར་གཉི་ག་གནག་པའི་དབང་དུ་བྱས་ པ་དང༌། འདིར་སྦྱོར་བ་གནག་ཀྱང་བསམ་པ་མི་གནག་པ་ལ་དགོངས་པའམ། གང་དག་ བདག་ལ་ཁ་ཟེར་རམ། །གཞན་དག་གནོད་པ་བྱེད་པ་འམ། །དེ་བཞིན་ཕྱར་ཁ་གཏོང་ཡང་ རུང༌། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །ཞེས་འཆད་པར་འགྱུར་བ་ལྟ་བུའི་སྨོན་ལམ་ གྲུབ་པ་ལ་ཡང་དགོངས་པའི་ཕྱིར་རོ། ། བྱང༷་ཆུ༷བ་སེ༷མས་དཔ༷འི་སྤྱོ༷ད་པ༷་(ནི་སྔར་བཤད་པའི་སྤྱོད་པ་གསུམ་གྱི་བདག་ཉིད་དོ། །དེ་)ལ༷་འཇུ༷ག་ པ༷་ལ༵ས། བྱང༷་ཆུ༷བ་སེ༷མས་ཀྱི༷་ཕ༷ན་ཡོ༷ན་(ཏེ་འབྲས་བུའམ་ཡོན་ཏན་གྱི་ཆེ་བ་)གཙོ་བོར་བཤ༷ད་པ༷་ ཞེ༷ས་བྱ་༷བ༷་སྟེ༷་(བརྗོད་བྱའི་དོན་ཡོངས་སུ་གཅོད་པས་)ལེ༷འུ༷་ད༷ང་པོ༷འོ༷།། །། ལེའུ་གཉིས་པ། སྡིག་པ་བཤགས་པ། ༈ ད་ནི་དེ་ལྟར་དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ་བ་ཐོབ་ཅིང་བྱང་ཆུབ་སེམས་ 1-1-124 ཀྱི་ཕན་ཡོན་ཡང་རིག་ནས། སེམས་བསྐྱེད་པའི་གཞུང་ལ་འཇུག་པའི་ཐོག་མར་སྤྱིའི་ཚུལ་ གྱིས་བྱང་ཆུབ་སེམས་ཀྱི་རྒྱུ་དང༌། ངོ་བོ་དང༌། དབྱེ་བ་དང༌། བསླབ་བྱ་དང༌། ལེན་ཚུལ་གཏན་ ལ་དབབ་པར་བྱ་སྟེ། དེ་ལ་རྒྱུ་ནི། ཆོས་བཅུ་པའི་མདོ་ལས། རིགས་ཀྱི་བུ། འདི་ལ་བྱང་ཆུབ་ སེམས་དཔའ་རིགས་ལ་གནས་པ་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན་དེ་བཞིན་གཤེགས་པའམ་ དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་བསྐུལ་ཅིང་སྐྱོ་བར་བྱས། ཡང་དག་པར་འཛིན་དུ་ བཅུག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་བྱང་ ཆུབ་ཀྱི་སེམས་ལ་མོས་པའི་རྒྱུ་དང་པོའོ། །རྫོགས་པའི་བྱང་ཆུབ་བམ་བྱང་ཆུབ་སེམས་ཀྱི་ བསྔགས་པ་བརྗོད་པ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ བསྐྱེད་པ་འདི་ནི་རྒྱུ་གཉིས་པའོ། །སེམས་ཅན་མགོན་དང་སྐྱབས་དང་དཔུང་གཉེན་མེད་པ་ རྣམས་མཐོང་ནས་སྙིང་རྗེའི་སེམས་ཉེ་བར་བཞག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་གསུམ་པའོ། །དེས་དེ་བཞིན་གཤེགས་པའི་རྣམ་པ་ ཐམས་ཅད་རྫོགས་པར་མཐོང་ནས་དགའ་བ་བསྐྱེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་བཞི་པའོ། །ཞེས་གསུངས་པ་ལྟར་རོ། ། ངོ་བོ་ནི། མངོན་པར་རྟོགས་པའི་རྒྱན་དུ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་ དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་བཞིན་ནོ། ། དབྱེ་བ་ནི། སྒྲུབ་པའི་ཟིན་མ་ཟིན་གྱི་དབང་དུ་བྱས་པ། བྱང་ཆུབ་སྨོན་པའི་སེམས་དང་ ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་སྨོན་འཇུག་གཉིས་སུ་ཕྱེ་བ་དང༌། བརྡ་ལས་བྱུང་ བ་དང་ཆོས་ཉིད་ཀྱིས་ཐོབ་པའི་དབང་དུ་བྱས་པ། མདོ་སྡེའི་རྒྱན་གྱི་འགྲེལ་པར། གཞན་ གྱིས་བསྟན་ཅིང་གཞན་གྱིས་རྣམ་པར་རིག་བྱེད་ལས་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་ཡང་ དག་བླངས་པ་བརྡ་ལས་བྱུང་བའོ། །ཞེས་པ་དང༌། དོན་དམ་པའི་སེམས་བསྐྱེད་པ་དེ་ཡང་ 1-1-125 ས་རབ་ཏུ་དགའ་བ་ཡིན་པས་ཞེས་གསུངས་པ་ལྟར་ཀུན་རྫོབ་དང་དོན་དམ་གཉིས་སུ་ཕྱེ་བ་ དང༌། ས་མཚམས་ཀྱི་དབང་དུ་བྱས་པ། མདོ་སྡེའི་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་ པ་སྤངས་པའོ། །ཞེས། ལས་དང་པོ་བའི་ས་དང༌། མ་དག་ས་བདུན་དང༌། དག་པ་ས་གསུམ་ དང༌། སངས་རྒྱས་ཀྱི་ས་ལ་བཞག་པ་སྟེ་བཞིར་ཕྱེ་བ་དང༌། དཔེའི་དབང་དུ་བྱས་པ། མངོན་ པར་རྟོགས་པའི་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་ མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ ལམ་པོ་ཆེ། །བཞོན་པ་བཀོད་པའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་ རྩ་གཉིས་སོ། །ཞེས་རྣམ་པའི་སྒོ་ནས་ཉི་ཤུ་རྩ་གཉིས་སུ་ཕྱེ་བ་ལ་སོགས་པའོ། ། བསླབ་བྱ་ནི། རྒྱལ་བའི་སྲས་ཀྱིས་དེ་ལྟ་བུར། །བྱང་ཆུབ་སེམས་རབ་བརྟན་བཟུང་ནས། །གཡེལ་བ་མེད་པར་རྟག་ཏུ་ཡང༌། །བསླབ་ལས་མི་འདའ་འབད་པར་བྱ། །ཞེས་པ་ལྟར་སློབ་ ཅིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དག །ཚད་མེད་པར་ནི་གསུངས་པ་ལས། །སེམས་སྦྱང་ བ་ཡི་སྤྱོད་པ་དག །ངེས་པར་དེ་སྲིད་སྤྱད་པར་བྱ། །ཞེས་པ་ལྟར་སེམས་དག་པས་ལྟུང་བ་མི་ འབྱུང་བར་བྱའོ། །དེ་ལྟར་འབད་ཀྱང་ལྟུང་བས་གོས་ན། ཉེས་པ་བྱུང་བ་རེ་རེ་ཞིང༌། །བདག་ ལ་སྨད་ནས་ཅི་ནས་ཀྱང༌། །བདག་ལ་ཕྱིས་འདི་མི་འབྱུང་བ། །དེ་ལྟར་བྱ་ཞེས་ཡུན་རིང་ བསམ། །ཞེས་པ་ལྟར་རང་གི་ཡིད་སུན་ཕྱུང་ནས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་ པོ་གསུམ་པ་གདོན་བྱ་ཞིང༌། །རྒྱལ་དང་བྱང་ཆུབ་སེམས་བརྟེན་ནས། །ལྟུང་བའི་ལྷག་མ་དེ་ ཞི་བྱ། །ཞེས་པ་དང༌། བསླབ་བཏུས་སུ། རྨི་ལམ་འཕགས་པ་མཁའ་སྙིང་པོའི། །མདུན་དུ་ འདུག་སྟེ་བཤགས་པར་བྱ། །ཞེས་པ་དང༌། སྡོམ་པ་ཉི་ཤུ་པར། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཞེས་གསུངས་ 1-1-126 པ་ལ་སོགས་པ་ལྟུང་བ་ལྕི་ཡང་གི་གཉེན་པོ་ཇི་ལྟར་རིགས་པས་འཆོས་ཤིང་རྣམ་པར་དག་པ་ ལ་སློབ་བོ། ། ལེན་ཚུལ་ནི། གང་ཟག་ལས་ལེན་ན། སྡོམ་པ་ཉི་ཤུ་པར། བླ་མ་སྡོམ་ལ་གནས་ཤིང་ མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་གསུངས་པའི་མཚན་ཉིད་ཚང་བ་ལ། མཎྜལ་ ཕུལ་ནས། རིགས་ཀྱི་བུ། ཁྱོད་ལས་བདག་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དང་སྡོམ་ པ་ནོད་པར་འཚལ་གྱིས། དེ་ལ་གནོད་པ་མ་མཆིས་ན་གསན་ཅིང་བསྩལ་དུ་གསོལ། ཞེས་ གསོལ་བ་གདབ་པ་དང༌། དེས་ཀྱང་སློབ་མ་ལ་རིགས་ཀྱི་བུ་ཁྱོད་འདི་ལྟར་སེམས་ཅན་མ་ བསྒྲལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་གྲོལ་བ་དང༌། དབུགས་མ་ཕྱུང་བ་རྣམས་ དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་འདས་ ལས་བཟླ་བ་དང༌། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་པས་བྱང་ཆུབ་ཀྱི་སེམས་ དང་ཡི་དམ་བརྟན་པར་བྱེད་པ་ལེགས་སོ་ཞེས་བརྗོད་ནས་བྱང་ཆུབ་སེམས་ཀྱི་ཕན་ཡོན་ ལ་སོགས་པས་སྤྲོ་བ་བསྐྱེད་པར་གསུངས་སོ། །ཅི་སྟེ་དེ་ལྟ་བུའི་བླ་མ་མ་རྙེད་ན། བྱང་ཆུབ་ སེམས་དཔའི་ས་ལས། གལ་ཏེ་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་མེད་ན་དེ་བཞིན་ གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་བདག་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་སྟེ། ཞེས་གསུངས་ལ། སློབ་དཔོན་ཞི་བ་འཚོ་ལ་སོགས་ པ་མཁས་པ་གཞན་དུ་མ་ཡང་དེ་ལྟར་བཞེད་པས་རང་གིས་ཆོ་ག་ཤེས་ན་དེ་ལའང་མི་རིགས་ པ་མེད་དོ། །ལུགས་གཉིས་པོ་གང་བྱེད་ཀྱང་བཀོད་པ་ཕུན་སུམ་ཚོགས་པར་བཤམས་ནས་ སྦྱོར་བའི་དུས་སུ་ཡན་ལག་བདུན་པ་དང་སྙིང་རྗེ་ཆེན་པོས་རྒྱུད་སྦྱངས་ནས། དངོས་གཞིའི་ དུས་སུ་བསམ་པ་རྒྱ་ཆེན་པོས་སྡོམ་པ་བླང་ཞིང༌། རྗེས་ཀྱི་དུས་སུ་བསླབ་པ་ཕུན་སུམ་ཚོགས་ པར་བྱ་སྟེ་རིམ་པ་ལྟར་གཞུང་ཉིད་དུ་གསལ་བར་འགྱུར་རོ། ། 1-1-127 དེས་ན་ད་ནི་གཞུང་ལ་འཇུག་པར་བྱ་སྟེ། ཐོག་མར་མཆོད་པའི་ཡན་ལག་བརྩམ་པར་ བཞེད་ནས། ཕན་ཡོན་ཅན་རི༷ན་ཆེ༷ན་(བྱང་ཆུབ་)སེ༷མས་ཀྱི་སྡོམ་པ་དེ༷་གཟུ༷ང་བ༷ར་བྱ་༷བ༷འི་ཕྱི༷ར། དེ༷་བཞི༷ན་(ཉིད་དུ་)གཤེ༷གས་པ༷་(ཡི་སངས་རྒྱས་)རྣམ༷ས་ད༷ང་(དམ་པ་ཡང་ཡིན་ཆོས་ཀྱང་ཡིན་པས་)ད༷མ་ པ༷འི་ཆོ༵ས། །དཀོ༷ན་མཆོ༷ག་དྲི༷་མ༷་མེ༷ད་(ལུང་དང་རྟོགས་པའི་ཆོས་གཉིས་ཀྱིས་སྒྲིབ་གཉིས་ཀྱི་གཉེན་པོ་བྱེད་པ་) ད༷ང་སང༷ས་རྒྱ༷ས་(ཆོས་སྐུའི་བདག་ཉིད་ལས་སྐྱེས་པའི་)སྲ༵ས། །འཕགས་པའི་དགེ་འདུན་ཏེ་དཀོན་ མཆོག་གསུམ་ག་ཡོ༷ན་ཏ༷ན་(རིན་པོ་ཆེ་འབྱུང་བའི་གནས་)རྒྱ༷་མཚོ༷་ལྟ་བུར་གཏིང་དཔག་དཀའ་བ་ རྣམ༷ས་ལ༷་འཁོར་གསུམ་ཡོངས་སུ་དག་པས་ལེ༷གས་པ༷ར་(ཏེ་དང་བའི་སེམས་ཀྱིས་)མཆོ༵ད་ནས་ སེམས་བསྐྱེད་པར་བགྱིའོ། །འདོད་དོན་ཕུན་སུམ་ཚོགས་པར་གྱུར་ཅིག་ཅེས་པ་ནི་སེམས་ བསྐྱེད་ཀྱི་སྦྱོར་བ་ཇི་སྲིད་པའི་བར་དུ་སྦྱོར་བ་དགོངས་པའོ། ། མཆོད་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །ཞེས་ སོགས་ཚིག་རེ་རེ་ལ་ཡང༌། ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་ སུ་བཟུང་བ་མེད་པ་དེ་དག་ཀུན། །ཞེས་པའི་ཐ་མའི་ཚིག་རིམ་པར་སྦྱར་བས་ཡིད་ཀྱི་མཆོད་ པ་གསལ་བར་བྱེད་དོ། །ཚིག་གི་དོན་ནི་པད་མ་ལ་སོགས་པའི་མེ༷་ཏོ༷ག་དང་ཛཱ་ཏི་ལ་སོགས་ པའི་འབྲ༷ས་བུ༷་ཇི༷་སྙེ༷ད་ཡོ༷ད་པ༷་ད༵ང༌། ཕན་པའི་ཁྱད་པར་སྨ༷ན་གྱི༷་རྣམ༷་པ༷་(སྟེ་རིགས་རྩ་བ་སྡོང་པོ་ ལས་བྱུང་བ་སོགས་)ག༷ང་ད༷ག་ཡོ༷ད་པ༷་ད༵ང༌། བཻཌཱུརྱ་ལ་སོགས་པ་འཇི༷ག་རྟེ༷ན་རི༷ན་ཆེ༷ན་ཇི༷་སྙེ༷ད་ ཡོ༷ད་པ༷་ད༵ང༌། སློབ་དཔོན་རྒྱལ་པོ་སྲས་ཀྱིས། བསིལ་དང་ཞིམ་དང་ཡང་དང་འཇམ། །དང་ བ་དང་ནི་དྲི་མ་མེད། །འཐུང་ན་ལྟོ་ལ་མི་གནོད་དང༌། །མགྲིན་པ་ལ་ཡང་མི་གནོད་པའོ། །ཞེས་བཤད་པ་ལྟར་ཡན་ལག་བརྒྱད་ལྡན་ལ་སོགས་པའི་ཆུ༷་གཙ༷ང་ཡི༷ད་དུ༷་འོ༷ང་བ༷་ཅི༷་ཡོ༷ད་ ད༵ང༌། མཛོད་དུ། ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །ཞེས་གསུངས་པ་ལྟ་བུ་རི༷ན་ཆེ༷ན་རི༷་ བོ༷་ད༷ང་ནི༷་དེ༷་བཞི༷ན་དུ༵། ན༷གས་ཚ༷ལ་(དང་སྤང་ཤོང་ལ་སོགས་པའི་)ས༷་ཕྱོ༷གས་དབེ༷ན་ཞི༷ང་ཉམ༷ས་ 1-1-128 དག༷འ་(བ་སྟེ་ཡིད་དུ་འོང་བ་)ད༵ང༌། །ལྗོ༷ན་ཤི༷ང་(ལ་མཛེས་པའི་)མེ༷་ཏོ༷ག་(ཉིད་དེའི་)རྒྱ༷ན་(དུ་)སྤྲ༷ས་སྤུ༷ད་ ཅིང་འབར་བ་ལྟར་ལྷག་གེར་གནས་པ༷་ད༵ང༌། (ལྗོན་)ཤི༷ང་ག༷ང་(ཡལ་ག་ལ་དྲི་རོ་ཕུན་སུམ་ ཚོགས་པའི་) འབྲ༷ས་(བུ་)བཟ༷ང་(པོ་)མང་པོའི་ལྗིད་ཀྱིས་ཡ༷ལ་ག༷་དུ༷ད་པ༷་(སྟེ་སྨྲ་བར་གྱུར་པ་)ད༵ང༌། མི་ཡུལ་དུ་མ་ཟད་ལྷ་༷ལ་སོ༷གས་འཇི༷ག་རྟེ༷ན་ན༷་ཡ༷ང་(ཆ་མཉམ་དུ་སྦྱར་བའི་)དྲི༷་ད༷ང་ནི༵། (ཨ་ཀ་རུ་ནག་ པོ་སོགས་)སྤོ༷ས་ད༷ང་དཔ༷ག་བས༷མ་ཤི༷ང་ད༷ང་རི༷ན་ཆེ༷ན་ཤི༵ང༌། །དཀོན་མཆོག་བརྩེགས་པར། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ན་ནི་རྩ་བ་བཻཌཱུརྱ་དང་སྡོང་པོ་ཤེལ་ལས་གྲུབ་ཅིང་ཨིནྡྲ་ ནཱི་ལ་དང༌། པད་མ་རཱ་ག་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་པའི་ལོ་མ་དང་མེ་ཏོག་གིས་བརྒྱན་ པ་ལ་འབྲས་བུ་གཡུར་ཟ་བ་མང་པོ་ཆགས་ཤིང་མུ་ཏིག་དམར་པོ་དང་དྲིལ་བུ་གཡེར་ཁའི་དྲ་ བ་མཛེས་པ་ལས་ཆོས་ཀྱི་སྒྲ་འབྱུང་བ་རིན་པོ་ཆེའི་ཤིང་རྣམས་ཀྱང་ཡོད་དོ། །ཞེས་འབྱུང་བ་ ལྟ་བུ་དང༌། མཚོ༷་ད༷ང་རྫི༷ང་བུ༷་(མེ་ཏོག་)པ༷ད་མ༷(སྟེ་ཆུ་སྐྱེས་ཀྱི་མེ་ཏོག་དུ་མ)ས་བརྒྱ༷ན་པ༷་ད༵ང༌། །ང༷ང་ པ༷་ཤི༷ན་ཏུ༷་(སྒྲ་)སྐ༷ད་སྙན༷་(པ་)ཡི༷ད་(དུ་)འོ༷ང་(བ་སྟེ་ཉམས་དགའ་བ་དང་)ལྡ༵ན(པ་དང་)། །(ཐོང་བས་) མ༷་རྨོ༷ས་(ཤིང་ས་བོན་མ་བཏབ་པར་)འཁྲུ༷ངས་པ༷འི་ལོ༷་ཏོ༷ག་(གི་)རྣམ༷་པ༷་(འབྲས་བུ་ལ་སོགས་པ་)ད༵ང༌། །གཞ༷ན་ཡ༷ང་མཆོ༷ད་པ༷ར་འོ༷ས་པ༷འི་རྒྱ༷ན་དང་རྣམ་འཕྲུལ་ཇི་སྙེད་རྣམ༷ས་ནི༵། རྒྱ་ན༷མ་མཁ༷འ་ ར༷བ་འབྱམ༷ས་ཁ༷མས་ཀྱི༷་མཐ༷ས་གཏུ༷གས་པ༵། ཡོ༷ངས་སུ༷་བཟུ༷ང་བ༷་མེ༷ད་པ༷་(སྒྲ་མི་སྙན་པའི་ལོངས་ སྤྱོད་ལྟ་བུ་)དེ༷་ད༷ག་ཀུ༵ན། །དབུལ་བྱའི་དངོས་པོའོ། ། བློ༷་ཡི༷ས་བླང༷ས་ན༷ས་ཐུ༷བ་པ༷་སྐྱེ༷ས་བུ་རྣམས་ཀྱི༷་ཁྱུ་མཆོ༵ག །སྲས༷་(བྱང་སེམས་)ད༷ང་བཅ༷ས་ པ༷་རྣམ༷ས་ལ༷་ལེ༷གས་འབུ༷ལ་ན༵། །ཡོ༷ན་གན༷ས་ད༷མ་པ༷་(སེམས་ཅན་ཀུན་ལ་ཕན་བདེ་བཞེད་པའི་) ཐུ༷གས་རྗེ༷་ཆེ༷་རྣམ༷ས་ཀྱི༵ས། །(སྡུག་བསྔལ་གྱིས་གཟིར་བ་)བད༷ག་ལ༷་བརྩེ༷་དགོ༷ངས་བད༷ག་གི༷་འདི༷་ ད༷ག་བཞེ༵ས་ནས་བདག་གི་བར་མཛད་དུ་གསོལ། ཞེས་པ་སྟེ། དམ་ཚིག་གསུམ་བཀོད་པའི་ རྒྱལ་པོ་ལས། ཕྱོགས་བཅུ་ན་རྣམ་པར་གནས་པ་ང་ཡིར་བྱ་བ་དང་ཡོངས་སུ་བཟུང་བ་མེད་པ་ 1-1-129 རྣམས་དབུལ་ལོ། །ཞེས་གསུངས་སོ། ། མེ་ཏོག་འབྲས་བུ་ལ་སོགས་པའི་མཆོད་རྫས་མཁའ་ཁྱབ་དངོས་སུ་འབུལ་བ་ལ་བད༷ག་ ནི༷་བསོ༷ད་ན༷མས་(བསགས་པ་དང་)མི༷་ལྡན༷་(པའི་ཚེ་འདིར་ཤིན་ཏུ་དབུལ་བར་གྱུར་པས་)བཀྲེ༷ན་ཆེ༷ན་ཏེ༵། མཆོ༷ད་པ༷འི་ནོ༷ར་བློས་དམིགས་པ་ལས་གཞ༷ན་བད༷ག་ལ༷་ཅ༷ང་མ༷་མཆི༵ས། དེ༷ས་ན༷་གཞ༷ན་ དོ༷ན་དགོ༷ངས་པ༷འི་མགོ༷ན་གྱི༷ས་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འདི༵། བད༷ག་གི༷་དགེ་བ་ འཕེལ་བའི་དོ༷ན་སླ༷ད་ཉི༷ད་ཀྱི༷་མཐུ༷ས་(ཏེ་སྟོབས་ཀྱིས་)བཞེ༷ས་ཤི༵ག ། གཞན་ཡང་(ཉོན་མོངས་པའི་བདུད་ལས་)རྒྱ༷ལ་(བ་)ད༷ང་དེ༷་སྲས༷་རྣམ༷ས་ལ༷་བད༷ག་གི༷ས་ནི༵། བད༷ག་གི༷་ལུ༷ས་དངོས་སུ་ཡོད་པ་འདི་ཀུ༷ན་གཏ༷ན་དུ༷་(བྲན་གཡོག་ཏུ་)དབུ༷ལ་བ༷ར་བགྱི༵། སེ༷མས་ དཔ༷འ་མཆོ༷ག་རྣམ༷ས་བད༷ག་ནི༷་ཡོ༷ངས་བཞེ༷ས་ཤི༵ག །གུ༷ས་པ༷ས་ཁྱཻ༷ད་ཀྱི༷་འབ༷ངས་སུ༷་མཆི༷་ བ༷ར་བགྱི༵འོ། ། བད༷ག་ནི༷་ཁྱེ༷ད་ཀྱི༷ས་འབ༷ངས་སུ་ཡོ༷ངས་སུ༷་བཟུ༷ང་བ༷ས་ན༵། མཉེས་པའི་སླད་དུ་སྲི༷ད་ན༷་ ཡུན་དུ་གནས་པའི་སྤྱོད་པ་བྱ་བ་དཀའ་བས་མི༷་འཇི༷གས་སེ༷མས་ཅ༷ན་(ལ་)ཕ༷ན་(པའི་དོན་སྒྲུབ་) པ༷ར་བགྱི༵ད། སྔོ༷ན་(མི་ཤེས་པ་བྱས་པ་ཉིད་)གྱི༷་སྡི༷ག་ལ༷ས་(སྟོབས་བཞིའི་སྒོ་ནས་)ཡ༷ང་ད༷ག་འད༷འ་ བགྱི༷ད་ཅི༵ང༌། །སྡི༷ག་པ༷་གཞ༷ན་ཡ༷ང་སླ༷ན་ཆ༷ད་མི༷་བགྱི༷ད་དོ༵(ཞེས་དམ་བཅའོ)། ། ཁྱད་པར་གྱི་མཆོད་པ་བྱ་བར་བཞེད་ནས་ཁྲུ༷ས་ཀྱི༷་ཁ༷ང་པ༷་ཤི༷ན་ཏུ༷་དྲི༷་ཞི༷མ་པ༵(ཙན་དན་ལ་ སོགས་པའི་དྲིས་བསྒོས་པ)། ཤེ༷ལ་གྱི༷་(རང་བཞིན་གྱི་)ས༷་གཞི༷་(དྲི་མ་མེད་པས་)གས༷ལ་ཞི༷ང་(འོད་ཟེར་འབར་ བས་)འཚེ༷ར་བ༷་(བྱི་དོར་བྱས་ཤིང་)བསྟ༵ར(བ)། །(དེ་ནི་ཨིནྡྲ་ནཱི་ལ་སོགས་པའི་)རི༷ན་ཆེ༷ན་(ལས་འོད་ཟེར་སྣ་ ཚོགས་) འབ༷ར་བ༷འི་ཀ༷་བ༷་ཡི༷ད་འོ༷ང་ལྡ༵ན་(པའི་སྟེང་དུ)། །མུ༷་ཏི༷ག་(གི་དྲ་བ་དྲ་ཕྱེད་)འོ༷ད་ཆ༷གས་(ཏེ་ འོད་གསལ་བའི་)བླ༷་རེ༷་བྲེ༷ས་པ༷་དེ༵ར་མཆོད་པར་བྱ་སྟེ། སུ་ལ་ཞེ་ན། དེ༷་བཞི༷ན་གཤེ༷གས་ད༷ང་དེ༷་ ཡི༷་སྲས༷་རྣམ༷ས་པ་ལ༵འོ། །གང་གིས་ཞེ་ན། (བཻཌཱུརྱ་ལ་སོགས་པའི་)རི༷ན་ཆེ༷ན་(བརྒྱ་སྟོང་)མ༷ང་པོ༷འི་ 1-1-130 བུ༷མ་པ༷་(དྲི་ཞིམ་པོའི་)སྤོ༷ས་ཀྱི༷་ཆུ༵། །ཡི༷ད་དུ་འོ༷ང་བས་ལེ༷གས་པ༷ར་བཀ༷ང་བ༷་(ཡིད་འཕྲོག་པའི་)གླུ༷་ ད༷ང་ནི༵། །(རྫ་རྔ་ལ་སོགས་པའི་)རོ༷ལ་མོ༷ར་བཅ༷ས་པ༷་དུ༷་མ༷ས་ཏེ་སྐུ༷་ཁྲུ༷ས་གསོ༵ལ་བའོ། ། དེ༷་ད༷ག་སྐུ༷་ལ༷་(དུ་ཀཱུ་ལ་ལ་སོགས་པའི་རས་མཉམ་ཞིང་)མཚུ༷ངས་པ༷་མེ༷ད་པ༷འི་གོ༵ས། །གཙ༷ང་ལ༷་ དྲི༷་(ཞིམ་པས་)ར༷བ་(ཏུ་)བསྒོ༷ས་པ༷ས་སྐུ༷་ཕྱི༷་(ཞིང་ཕྱི་དོར་བགྱི)འོ༵། །སྐུ་ཕྱིས་པའི་རྗེས་དེ༷་ན༷ས་དེ༷་ལ༷་ (ཚོན་སྣ་ཚོགས་པས་)ཁ༷་དོ༷ག་ལེ༷གས་བསྒྱུ༷ར་བ༵འི། །ན༷་བཟ༷འ་ཤི༷ན་ཏུ༷་དྲི༷་ཞི༷མ་(བསྒོས་པའི་)ད༷མ་པ༷་ དབུ༵ལ། །(ཁྱིམ་པའི་རྟགས་ཅན་ལ་)གོ༷ས་བཟ༷ང་སྲ༷བ་ལ༷་(སྟེ་ཕྲ་བ་རེག་བྱ་)འཇ༷མ་པ༷་སྣ་༷ཚོ༷གས་ཀྱིས་ ལྷབ་ལྷུབ་གཙོ་བོར་གྱུར་པའི་མཆོད་པ་ད༵ང༌། གདུབ་བུ་དང་སྙན་ཆ་དང་ཅོད་པན་ལ་སོགས་ པ་རྒྱ༷ན་མཆོ༷ག་བརྒྱ༷་ཕྲ༷ག་མང་པོ་དེ༷་ད༷ང་དེ༷་ད༷ག་གི༵ས། (བདུད་ཐམས་ཅད་ཀྱིས་ཕམ་པར་མི་ནུས་པའི་) མི་འཕ༷གས་པ༷་ཀུ༷ན་ཏུ༷་བཟ༷ང་(པོ་)ད༷ང་འཇ༷མ་(ཞིང་སྙན་པའི་)དབྱང༷ས་(མངའ་བས་འཇམ་དབྱངས་) ད༵ང༌། འཇི༷ག་རྟེ༷ན་(ཐམས་ཅད་ཀྱི་སྟེ་མགོན་དུ་གྱུར་པའི་སྤྱན་རས་གཟིགས་དང་)དབ༷ང་ཕྱུ༷ག་སོ༷གས་(ཀྱི་སྒྲས་ རྡོ་རྗེ་འཛིན་སོགས་)ལ༷འ༷ང་བརྒྱ༷ན་པ༷ར་བགྱི༵། །ཞེས་པ་སྟེ་སོགས་པའི་སྒྲས་ནི་སའི་སྙིང་པོ་ལ་ སོགས་པ་ཉེ་བའི་སྲས་གཞན་ནམ་བྱང་ཆུབ་སེམས་དཔའ་ཆེས་མང་པོ་ལ་ཡང་མཆོད་པར་ བལྟའོ། ། མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་དང༌། །ཚངས་པའི་ འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་ མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་འབྱུང་བའི་སྟོ༷ང་གསུ༷མ་ (ནི་སངས་རྒྱས་ཀྱི་ཞིང་ཞིག་ཡིན་ལ། དེ་ལྟར་ཕྱོགས་བཅུའི་ཞིང་མཐའ་ཡས་པ་)ཀུ༷ན་ཏུ༷་དྲི༷་ང༷ད་ལྡང༷་བ༷་ཡི༵། (ཧ་རི་ ཙན་དན་ལ་སོགས་པ་དཔེར་ན་གསེར་སའི་སྐོང་བུ་ཁ་སྦྱར་གྱི་ནང་དུ་མེས་བཙོས་པས་ནང་གི་དྲི་མ་དང༌། བུལ་ཏོག་དང་སྐྱུ་རུ་ར་ དང་ལན་ཚྭ་ལ་སོགས་པས་ཕྱིའི་དྲི་མ་)དྲི༷་མཆོ༷ག་རྣམ༷ས་ཀྱི༷ས་ཐུ༷བ་དབ༷ང་ཀུ༷ན་གྱི༷་སྐུ༵། །གསེ༷ར་སྦྱ༷ངས་ (ཤིང་)བཙོ༷་མ༷(ར་བྱས་པ་རོ་ཙ་ན་སོགས་པའི་ནོར་བུས་བརྡར་ཞིང་)བྱི༷་དོ༷ར་བྱས༷་པ༷་ལྟར༷། །འོ༷ད་ཆ༷གས་ 1-1-131 འབ༷ར་བ༷་དེ༷་ད༷ག་ལ་བྱུ༷ག་པས་མཆོད་པ༷ར་བགྱི༵འོ། །ཡུལ་ཐུ༷བ་དབ༷ང་མཆོ༷ད་གན༷ས་མཆོ༷ག་ ལ༷་དངོས་པོ་ཡི༷ད་འོ༷ང་བ༵འི། (ལྷའི་)མེ༷་ཏོ༷ག་མ༷ནྡ༷་ར༷་ད༷ང་པ༷ད་མ༷་ད༵ང༌། །ཨུ༷ཏྤ༷ལ་ལ༷་སོ༷གས་ (པས་ཙམ་པ་ཀ་དང་ན་ག་གེ་སར་སོགས་)དྲི༷་ཞི༷མ་ཐ༷མས་ཅ༷ད་གཅལ་དུ་བཀྲམ་པའམ་སིལ་བུར་འཐོར་ བ་ད༵ང༌། (མེ་ཏོག་)ཕྲེ༷ང་བ༷་སྤེ༷ལ་ལེ༷གས་ཡི༷ད་འོ༷ང་དུ་བརྒྱུས་པ་དང་ཆུན་འཕྱངས་ལ་སོགས་པ་ རྣམ༷ས་ཀྱི༷ས་མཆོ༵ད་པའོ། ། སྤོ༷ས་མཆོ༷ག་ཡི༷ད་འཕྲོ༷ག་དྲི༷་ང༷ད་(ཀྱིས་ཕྱོགས་ཀུན་ཏུ་)ཁྱ༷བ་པ༷་ཡི༵། །བདུ༷ག་པ༷འི་སྤྲི༷ན་ཚོ༷གས་ རྣམ༷ས་ཀྱང༷་ཐུབ་དབང་དེ༷་ལ༷་དབུ༵ལ་ཏེ་འདི་ནི་དུ་བ་ལ་སོགས་པས་བདུགས་པ་ཉིད་སྤོས་སུ་ འགྱུར་བའི་ཕྱིར་བྱུག་པ་ལས་ཐ་དད་དོ། །ཞ༷ལ་ཟ༷ས་(སྣུམ་ཁུར་སོགས་ཁམ་དུ་བཅད་པའི་)བཟ༷འ་(བ་ དང༌། རྒྱ་སྟར་གྱི་འབྲས་བུའི་ཁུ་བ་སོགས་)བཏུ༷ང་སྣ་༷ཚོ༷གས་(ལེགས་པར་)བཅ༷ས་པ༷་ཡི༵། །ལྷ་༷བཤོ༷ས་རྣམ༷ས་ ཀྱང༷་དེ༷་ལ༷་དབུ༷ལ་བ༷ར་བགྱི༵འོ། །རིན་པོ་ཆེ་གཞན་ནམ་གསེ༷ར་གྱི༷་རྒྱུ་ལས་གྲུབ་པ་པད༷་མ༷་ ལྟར་རྒྱས་པའི་སྣོད་ཚ༷ར་དུ༷་དང༷ར་བ༷་(སྟེ་ཕྲེང་དུ་སྒྲིག་པ་)ཡི༵། ནང་དུ་རི༷ན་ཆེ༷ན་འོད་འབྱིན་པའམ་ (སྣང་ཞིང་གསལ་བའི་)སྒྲོ༷ན་མ༷་རྣམ༷ས་ཀྱང༷་དབུ༷ལ་བ༷ར་བགྱི༵འོ། །ས༷་གཞི༷་བསྟ༷ར་(ཞིང་བྱི་དོར་བཅས་ པ་)བ༷་སྤོ༷ས་ཀྱི༷ས་བྱུ༷གས་པ༷་དེ༵ར། །མེ༷་ཏོ༷ག་(མདོག་དབྱིབས་སྣ་ཚོགས་པ་)ཡི༷ད་འོ༷ང་སི༷ལ་མ༷་བགྲ༷མ་ པ༷ར་བགྱི༷ས་པས་ཀྱང་མཆོད་པའོ། །གཞ༷ལ་(དུ་)མེ༷ད་(པའི་)ཕོ༷་བྲ༷ང་གི་ནང་ན་བསྟོ༷ད་དབྱང༷ས་ ཡི༷ད་འོ༷ང་སྒྲོགས་པ་དང་ལྡ༵ན་ལ། ཕྱི་ནང་ཀུན་ཏུ་མུ༷་ཏི༷ག་རི༷ན་ཆེ༷ན་རྒྱ༷ན་འཕྱ༷ང་མཛེ༷ས་པ་ འབ༷ར་ཞིང་འོད་འཕྲོ་བ༵། དཔ༷ག་ཡ༷ས་རྣམ་པར་སྣང་ལ་མཛེས་པས་ན༷མ་མཁ༷འི་རྒྱ༷ན་གྱུ༷ར་ དེ༷་ད༷ག་ཀྱང༷༌། ཐུ༷གས་རྗེ༷འི་ར༷ང་བཞི༷ན་ཅ༷ན་ལ༷་དབུ༷ལ་བ༷ར་བགྱི༵འོ། །རི༷ན་ཆེ༷ན་(ལས་བྱས་པའི་ ཚ་བ་སྐྱོབ་པར་བྱེད་པའི་)གདུ༷གས་མཛེ༷ས་(ཤིང་སྡུག་པ་)གསེ༷ར་གྱི༷་ཡུ༷་བ༷་ཅ༵ན། །(ཁོ་ར་)ཁོ༷ར་ཡུ༷ག་(ཏུ་མུ་ ཏིག་ལ་སོགས་པ་)རྒྱ༷ན་གྱི༷་རྣམ༷་པ༷་དུ་མས་ཡི༷ད་འོ༷ང་བརྒྱ༵ན། དབྱི༷བས་ལེ༷གས་ལྟ་༷ན༷་སྡུ༷ག་པ༷་གྱེན་ དུ་བསྒྲེ༷ང་བ༷་ཡ༵ང༌། རྟག༷་ཏུ༷་ཐུ༷བ་དབ༷ང་རྣམ༷ས་ལ༷་དབུ༷ལ་བ༷ར་བགྱི༵འོ། ། 1-1-132 (སྔར་གྱི་མཆོད་པ་)དེ༷་ལ༷ས་གཞ༷ན་(པའི་)ཡ༷ང་མཆོ༷ད་པ༷འི་ཚོ༵གས། །(རྔ་བོ་ཆེ་ལ་སོགས་པའི་)རོ༷ལ་ མོ༷་དབྱང༷ས་སྙན༷་ཡི༷ད་འོ༷ང་ལྡ༵ན(པ་དེ་ལྟ་བུ་གང་ཐོས་པ་ན)། །སེ༷མས་ཅ༷ན་ཐ༷མས་ཅ༷ད་དགའ་ཞིང་ ཚི༷མ་བྱེ༷ད་པ༵འི། །(མཆོད་པའི་)སྤྲི༷ན་རྣམ༷ས་ཞིང་ཁམས་སོ༷་སོ༷ར་གན༷ས་གྱུ༷ར་ཅི༵ག ། ཕྱོགས་བཅུར་ད༷མ་(པ་སངས་རྒྱས་ཀྱི་)ཆོ༷ས་(རྙེད་དཀའ་བ་དང་དོན་ཆེ་བས་)དཀོ༷ན་མཆོ༷ག་ཐ༷མས་ ཅ༷ད་ད༵ང༌། (སངས་རྒྱས་ཀྱི་སྐུ་གདུང་ཆུད་པ་སོགས་རྒྱལ་བའི་)མཆོ༷ད་རྟེ༷ན་རྣམ༷ས་ད༷ང་(རྒྱལ་བ་སྲས་བཅས་ཀྱི་) སྐུ༷་གཟུ༷གས་ལ༵། །རི༷ན་ཆེ༷ན་(སྣ་ཚོགས་ཀྱི་ཕྱེ་མ་དང་)མེ༷་ཏོ༷ག་ལ༷་སོ༷གས་(པའི་)ཆ༵ར། །(འཁོར་བ་ཇི་སྲིད་ པར་)རྒྱུ༷ན་མི༷་འཆ༷ད་པ༷་འབ༷བ་པ༷ར་ཤོ༵ག །ཅེས་པ་སྟེ་སོགས་པའི་སྒྲས་ཙན་དན་གྱི་ཕྱེ་མ་དང་ གོས་ལ་སོགས་པ་གཟུང་ངོ༌། ། ཇི༷་ལྟར༷་འཇ༷མ་དབྱང༷ས་(དང་ཀུན་བཟང་)ལ༷་སོ༷གས་པ༵ས། །(ས་བཅུ་པའི་དབང་ཕྱུག་རྣམས་ཀྱིས་ ལྷག་བསམ་དག་པས་)རྒྱ༷ལ་བ༷་རྣམ༷ས་ལ༷་(ཟག་མེད་ཀྱི་)མཆོ༷ད་པ་མཛ༷ད་པ༵འི་ལུགས། དཀོན་མཆོག་ ཏ་ལ་ལའི་མདོར། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང༌། །མེ་ཏོག་བཀོད་པའི་འོད་ཟེར་རབ་ བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་ མཆོད། །ལག་པའི་མཐིལ་ནས་མཆོད་པ་བསམ་ཡས་རྣམས། །རྒྱལ་བ་གཅིག་ལ་དེ་དག་ བྱེད་པ་ལྟར། །རྒྱལ་བ་མ་ལུས་ཀུན་ལའང་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་ དེ་འདྲའོ། །ཞེས་འབྱུང་བ་དེ༷་བཞི༷ན་(དུ་)བད༷ག་གི༷ས་(ཀྱང་མོས་པས་)དེ༷་བཞི༷ན་གཤེ༵གས (པ)། (འཇིག་རྟེན་གྱི་)མགོ༷ན་པོ༷་སྲས༷་(བྱང་སེམས་)ད༷ང་བཅ༷ས་(པ་)རྣམ༷ས་(ལ་)མཆོ༵ད། །ཅེས་པ་སྟེ་ཚུལ་ འདི་ནི་མཆོད་པ་ཐམས་ཅད་ལ་ཁྱད་པར་བྱེད་པ་བླ་ན་མེད་པའོ། ། མཆོད་པའི་རྗེས་སུ་ཡོ༷ན་ཏ༷ན་རྒྱ༷་མཚོ༷་(ལྟར་ཟད་མི་ཤེས་པའི་དཀོན་མཆོག་གསུམ་པོ་)རྣམ༷ས་ལ༷་ བད༵ག །བསྟོ༷ད་དབྱང༷ས་ཡ༷ན་ལ༷ག་རྒྱ༷་མཚོ༷ས་བསྟོ༵ད། །བསྟོ༷ད་དབྱང༷ས་སྙན༷་སྤྲི༷ན་(ཏེ་ཚོགས་) དེ༷་ད༷ག་ལ༵ས། །ངེ༷ས་པ༷ར་(ཏེ་བདག་གི་སྨོན་པ་བཞིན་དུས་)ཀུ༷ན་ཏུ༷་འབྱུ༷ང་གྱུ༷ར་ཅི༵ག །ཅེས་བསྟོད་ 1-1-133 པ་སྟེ་མཉེན་པ་དང་འཇམ་པ་དང་ཡིད་དུ་འོང་བ་ལ་སོགས་པའི་དབྱངས་ཀྱི་ཡན་ལག་དྲུག་ཅུ་ མདོ་ལས་འབྱུང་བ་ཉི་ཁྲི་སྣང་བ་ལ་སོགས་པར་བཤད་པའི་ཚུལ་གྱིས་སོ། ། ད་ནི་ཕྱག་གི་ཡན་ལག་གི་དབང་དུ་མཛད་ནས་འདས་མ་འོངས་ད་ལྟར་གྱི་དུ༷ས་གསུ༷མ་ (དུ་)གཤེ༷གས་(ཤིང་བཞུགས་)པ༷འི་(ཡེ་ཤེས་མཐའ་ཡས་མངའ་བ་ཤེས་བྱ་ཀུན་ལ་ཁྱབ་པའི་)སང༷ས་རྒྱ༷ས་ཀུ༵ན (དང་)། །(ལུང་རྟོགས་ཀྱི་)ཆོ༷ས་ད༷ང་ཚོ༷གས་ཀྱི༷་མཆོ༷ག་(རྒྱལ་སྲས་ཀྱི་དགེ་འདུན་གང་ཟག་ཆེན་པོ་བརྒྱད་དང་) བཅ༷ས་(པ་)དཀོན་མཆོག་གསུམ་ལ༵། ཕྱོགས་བཅུའི་ཞི༷ང་རྡུ༷ལ་ཀུ༷ན་གྱི༷་གྲ༷ངས་སྙེ༷ད་ཀྱི༷། ལུ༷ས་དཔག་ཏུ་མེད་པར་དམིགས་ནས་(ལུས་རེ་རེ་ལའང༌། མགོ་ལག་ལྕེ་དཔག་མེད། ལྕེ་རེ་རེས་བསྟོད་པ་དཔག་ མེད་འདོན། ལུས་རེ་རེས་ཡན་ལག་ལྔ་ས་ལ་བཏུད་ནས། ཡིད་དང་ཞིང༌། )གུས་པར་བཏུ༷ད་པ༷ས་ནི༷་བད༷ག་ཕྱག༷་ འཚ༵ལ (གུས་ན་ཡན་ལག་ལྔས་ནོན་པའི་བྱེ་མའི་གྲངས་དང་མཉམ་པའི་འཁོར་ལོས་སྒྱུར་བར་སྐྱེ་ལ། ཚངས་པ་མཚུངས་པར་ སྤྱོད་པ་ལ་གནོད་པ་བྱས་ན་དགེ་རྩ་རྣམས་གཅོད་པར་གསུངས་སོ)། །བྱང༷་ཆུ༷བ་སེ༷མས་ཀྱི༷་དབང་གིས་བལྟམ་ པ་བསྟན་པ་ལ་སོགས་པའི་ས་གཞི༷་རྣམ༷ས་ད༵ང༌། རྒྱལ་བའི་མཆོ༷ད་རྟེ༷ན་ཀུ༷ན་ལ༷འང་བད༷ག་ ཕྱག༷་འཚ༵ལ། མཁ༷ན་པོ༷་དེ༷་བཞི༷ན་སློ༷བ་དཔོ༷ན་ད༵ང༌། །གཞན་བརྟུ༷ལ་ཞུ༷གས་མཆོ༷ག་ལ༷་ གནས་པ་(སྟེ་ཉན་རང་བྱང་སེམས་སོ་སྐྱེ་)རྣམས་ལའང་ཕྱག༷་འཚ༷ལ་ལོ༵། ། དེ་དང་རྗེས་སུ་མཐུན་པར། གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི། སྐྱབས་འགྲོ་བདུན་ ཅུ་པར། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་ གསུངས་ལ། དེ་ལ་སྐྱབས་སུ་འགྲོ་བའི་ཚུལ་ནི། བྱང༷་ཆུ༷བ་སྙི༷ང་པོ༷ར་མཆི༷ས་(ཏེ་མ་ཐོབ་)ཀྱི༷་ བ༵ར། །སང༷ས་རྒྱ༷ས་རྣམ༷ས་ལ༷་སྐྱ༷བས་སུ༷་མཆི༵། །ཆོ༷ས་ད༷ང་བྱང༷་ཆུ༷བ་སེ༷མས་དཔ༷འ་ཡི༵། །ཚོ༷གས་ལ༷འ༷ང་དེ༷་བཞི༷ན་སྐྱ༷བས་སུ༷་མཆི༵། །ཞེས་པ་དང༌། སྐྱབས་གནས་བསླབ་པ་སྒྲུབ་ པའི་ཐབས་ནི། མྱ་ངན་ལས་འདས་པའི་མདོར། གང་ཞིག་སངས་རྒྱས་སྐྱབས་སོང་བས། །དེ་ ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། 1-1-134 །དམ་པའི་ཆོས་ལ་སྐྱབས་སོང་བས། །འཚེ་དང་གནོད་སེམས་སྤང་བར་བྱ། །དགེ་འདུན་ལ་ ཡང་སྐྱབས་སོང་བས། །མུ་སྟེགས་ཅན་ལ་ཕྱག་མི་བྱ། །ཞེས་པ་དང༌། དེ་ལ་ཕན་ཡོན་འབྱུང་ བའི་ཚུལ་ནི། ཕག་མོའི་རྟོགས་པ་བརྗོད་པ་ལས། གང་དག་སངས་རྒྱས་སྐྱབས་སོང་བ། །དེ་ དག་ངན་འགྲོར་འགྲོ་མི་འགྱུར། །མི་ཡི་ལུས་ནི་སྤངས་ནས་ཀྱང༌། །དེ་དག་ལྷ་ཡི་ལུས་ཐོབ་ བོ། །ཞེས་ཆོས་དང་དགེ་འདུན་ལ་ཡང་སྦྱར་བ་དང༌། མདོ་སྡེའི་རྒྱན་ལས་ཀྱང༌། འཚེ་བ་དག་ ནི་ཐམས་ཅད་དང༌། །ཐབས་མ་ཡིན་དང་ངན་སོང་དང༌། །འཇིག་ཚོགས་ཐེག་པ་དམན་དག་ ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་གསུངས་པའོ། ། དེའི་རྗེས་སུ་སྡིག་པ་བཤགས་པར་བཞེད་ནས། ཡུལ་ཕྱོ༷གས་རྣམ༷ས་ཀུ༷ན་ན༷་བཞུ༷གས་ པ༷་ཡི༵། རྫོ༷གས་ས༷ངས་རྒྱ༷ས་ད༷ང་བྱང༷་ཆུ༷བ་སེ༵མས། །ཐུ༷གས་རྗེ༷་ཆེ༷ན་པོ༷་མང༷འ་རྣམ༷ས་(མདུན་ དུ་དམིགས་)ལ༵། །རྣམ་པ་ལུས་ཀྱིས་ཐ༷ལ་མོ༷་སྦྱ༷ར་ཏེ༷་ངག་ཏུ་གསོ༷ལ་བ༷་ནི༵། དུས་ཐོ༷ག་མ༷་མེ༷ད་ ལྡན༷་འཁོ༷ར་བ༷་ན༵ས། (འཁོར་བའི་)ཚེ༷་ར༷བས་འདི༷་འ༷མ་སྔོན་གྱི་སྐྱེ་བ་གཞ༷ན་ད༷ག་ལ༵། རྒྱུ་ བད༷ག་གི༷ས་མ༷་འཚ༷ལ་མ་ཤེས་པའི་དབང་གིས་ངོ་བོ་རང་གིས་སྡི༷ག་བགྱི༷ས་པ༷འ༵མ། གཞན་ བགྱི༷ད་དུ༷་བཙ༷ལ་བ༷་ཉི༷ད་ད༷ང་ནི༵། གཏི༷་མུ༷ག་འཁྲུ༷ལ་བ༷ས་བད༷ག་(ཟིལ་གྱིས་)ནོ༷ན་ཏེ༵། །སྡིག་ པ་ལ་རྗེ༷ས་སུ༷་ཡི༷་ར༷ང་ག༷ང་བགྱི༷ས་པ༵། །ནོ༷ངས་པ༷་(སྟེ་ཉེས་པ་)དེ༷་ནི༷་མཐོ༷ང་ཞིང་རྟོགས་པར་ བགྱི༷ས་ན༵ས། བས༷མ་པ༷་(ཞེ་)ཐ༷ག་(པ་ནས་འགྱོད་)པ༷ས་མགོ༷ན་(པོ་སྲས་བཅས་)ལ༷་བཤ༵གས་པའོ། ། ཁྱད་པར་བད༷ག་གི༷ས་ཡོན་ཏན་གྱི་ཞིང་དཀོ༷ན་མཆོ༷ག་གསུ༷མ་ད༷ང་ནི༵། ཕན་པའི་ཞིང་ ཕ༷་མ༷འ༷མ་བཀུར་བར་འོས་པའི་བླ༷་མ༷་གཞ༷ན་ད༷ག་ལ༵། ཀུན་སློང་ཉོ༷ན་མོ༷ངས་(ཏེ་གནོད་སེམས་ ཀྱི་) སྒོ༷་ན༷ས་ངོ་བོ་ལུ༷ས་ང༷ག་ད༵ང༌། ཡི༷ད་ཀྱི༷ས་ནོ༷ངས་བགྱི༷ས་ག༷ང་ལ༷གས་པ༵། །(ཆགས་སོགས་ ཉོན་མོངས་པའི་)ཉེ༷ས་པ༷་དུ༷་མ༷ས་སྐྱོ༷ན་འབའ་ཞིག་ཏུ་ཆ༷གས་ཤིང་གནས་པ༵འི། སྡི༷ག་ལྡན༷་བད༷ག་ གི༷ས་སྡི༷ག་པ༷་ག༵ང་(གིས་འབྲས་བུ་མནར་མེད་སོགས་བསྐྱེད་པས)། །ཤི༷ན་ཏུ༷་ལྕི་ཞིང་མི༷་བཟ༷ད་པ་བགྱི༷ས་ 1-1-135 པ༷་དེ༵། ཐ༷མས་ཅ༷ད་དྲན་ཅིང་གནོང་བས་(འཇིག་རྟེན་གྱི་)འདྲེ༷ན་པ༷་རྣམ༷ས་ལ༷་(སོ་སོར་)འཆ༵གས་ སོ། ། གལ་ཏེ་མ་བཤགས་ན་བད༷ག་ནི༷་(འཁོར་བར་འཆིང་བའི་)སྡི༷ག་པ༷་མ༷་བྱང༷་(ཞིང་མ་ཟད་)པ༵འི། སྔོ༷ན་དུ༷་འགུ༷མ་པ༷ར་འགྱུ༷ར་དུ༷་འཆི༵། །དེས་ན་ཐབས་ཇི༷་ལྟར༷་བྱས་ན་འདི༷་ལ༷ས་ངེ༷ས་ཐ༷ར་ བ༵ར། མྱུ༷ར་བ༷འི་ཚུ༷ལ་གྱི༷ས་བསྐྱ༷བ་(ཅིང་བདེ་བའི་ཐབས་བསྟན་)ཏུ༷་གསོ༵ལ། ། ཡི༷ད་བརྟན༷་(ནི་ཡིད་ཆེས་བྱར་)མི༷་རུ༷ང་(བའི་)འཆི༷་བད༷ག་འདི༵། །བདག་གི་བྱ་བ་འདི་ནི་ བྱས༷་ད༷ང་གཞན་ནི་མ༷་བྱས༷་སོ་ཞེས་གསོལ་བ་བཏབ་ཀྱང་མི༷་སྡོ༷ད་པར་ཐོག་བཞིན་དུ་འབབ་ པ༵ས། ན༷་(བ་)ད༷ང་མི༷་ན༷་(ཞིང་བདེ་བར་གནས་)ཀུ༷ན་གྱི༷ས་ཀྱང༷༌། །གློ༷་བུ༷ར་ཚེ༷་ལ༷་ཡི༷ད་མི༷་བརྟ༵ན་ ནོ། །ལུས་ལོངས་སྤྱོད་སོགས་ཐ༷མས་ཅ༷ད་བོ༷ར་ཏེ༷་ཆ༷་དགོ༷ས་པ༵ར། བད༷ག་གི༷ས་དེ༷་ལྟར༷་མ༷་ ཤེ༷ས་ན༵ས། །སྔར་མཛ༷འ་བ་བསྐྱང་བ་ད༷ང་མི༷་མཛ༷འ་བ་གཞོམ་པའི་དོ༷ན་གྱི༷་ཕྱི༵ར། (སྲོག་གཅོད་ མ་བྱིན་ལེན་སོགས་)སྡི༷ག་པ༷་རྣམ༷་པ༷་སྣ་༷ཚོ༷གས་བྱས༷་པ་འགྱོད་དོ་ཞེས་སུན་འབྱིན་པའོ། ། གང་གི་དོན་དུ་སྡིག་པ་བྱས་པའི་མི༷་མཛ༷འ་(བའི་དགྲ་)རྣམ༷ས་ཀྱང༷་མེ༷ད་འགྱུ༷ར་ཞི༵ང༌། མཛ༷འ་བ༷་རྣམ༷ས་ཀྱང༷་མེ༷ད་པ༷ར་འགྱུ༵ར། །བྱེད་པ་པོ་བད༷ག་ཀྱང༷་མེ༷ད་པ༷ར་འགྱུ༷ར་བ༷་སྟེ༷། དེ༷་ བཞི༷ན་རྫས་ལ་སོགས་པ་ཐ༷མས་ཅ༷ད་མེ༷ད་པ༷ར་འགྱུ༵ར་བས་དེ་རྣམས་ཀྱི་དོན་དུ་སྡིག་པ་བྱས་ པ་འཁྲུལ་ལོ་ཞེས་པའོ། །བག་ཆགས་རྗེས་སུ་འབྲང་ངམ་སྙམ་ན་མ་ཡིན་ཏེ། རྨི༷་ལ༷མ་ཉམ༷ས་ སུ༷་མྱོ༷ང་བ༷འི་བདེ་སྡུག་སད་པ་ན་རྗེས་སུ་མི་འབྲང་བ་བཞི༵ན། (བདེ་སྡུག་གི་རྒྱུའི་)དངོ༷ས་པོ༷་ག༷ང་ ད༷ང་ག༷ང་(ཚེ་འདིར་)སྤྱ༷ད་པ༵། །དེ༷་དང་དེ༷་ནི་(ཕྱིས་ཡུན་རིང་པོར་སོང་ནས་)དྲན༷་པ༷འི་ཡུ༷ལ་དུ༷་འགྱུ༵ར་བ་ ཙམ་སྲིད་ཀྱི། (སྔར་)འད༷ས་པ༷་ཉིད་ཀྱི་ཕྱིར་ཐ༷མས་ཅ༷ད་མཐོ༷ང་བར་ནི་མི༷་འགྱུ༵ར་རོ། །གལ་ཏེ་ མཐོང་ན་རེ༷་ཤི༷ག་གསོ༷ན་ཚེ༷་འདི༷་ཉི༷ད་ལ༵། མཛ༷འ་ད༷ང་མི༷་མཛ༷འ་དུ༷་མ༷་འད༵ས་ཏེ་མ་མཐོང་ བས་གསལ་ལོ། །འོན་ཀྱང་དེ༷་ད༷ག་དོ༷ན་དུ༷་བྱས༷་པ༷འི་སྡི༵ག །(རྣམ་སྨིན་ཡིད་དུ་མི་འོང་བ་དྲག་པོ་འབྱིན་ 1-1-136 པས་)མི༷་བཟ༷ད་ག༷ང་ཡི༷ན་རང་གི་མདུ༷ན་ན༷་གན༵ས་(ཏེ་བདག་གི་རྗེས་སུ་འབྲང་) བས་ཀྱང་འཁྲུལ་ལོ། ། དེ༷་ལྟར༷་(སྐྱེ་བ་སྔ་མ་ནས་ཐམས་ཅད་བོར་ཏེ་འོང་བ་དང༌། ཐམས་ཅད་བོར་ཏེ་སྐྱེ་བ་གཞན་དུ་འགྲོ་དགོས་པས་) བད༷ག་ནི༷་(མགྲོན་པོ་ལྟ་བུར་)གློ༷་བུ༷ར་(དུ་འགྲོ་བ་ཡིན་ནོ་)ཞེ༵ས། །བད༷ག་གི༷ས་རྟོ༷གས་པ༷ར་མ༷་ གྱུ༷ར་པ༵ས། །གཏི༷་མུ༷ག་(གི་དབང་གིས་མཛའ་བ་ལ་)ཆ༷གས་ད༷ང་(བ་དང་མི་མཛའ་བ་ལ་)ཞེ༷་སྡ༷ང་གི༵ས། །སྡི༷ག་པ༷་རྣམ༷་པ༷་དུ༷་མ༷་བྱས༷་ཏེ་འགྱོད་པའོ། ། ཉི༷ན་མཚ༷ན་སྡོ༷ད་པ༷་འོ༷ང་མེ༷ད་པ༵ར། །ཚེ༷་འདི༷་རྟག༷་ཏུ༷་འགོ༷ད་པས་འབྲིད་པར་འགྱུ༷ར་ ཞི༵ང༌། སྣོ༷ན་པ༷་(སྟེ་འཕེལ་བྱེད་)གུ༷ད་ན༷ས་འོ༷ང་མེ༷ད་ན༵། །བད༷ག་ལྟ་༷(ངེས་པར་)འཆི༷་བ༷ར་ཅི༷ས་མི༷་ འགྱུ༵ར་ཏེ་སྐྱེས་པ་ལ་འཆི་བས་ཁྱབ་པའི་ཕྱིར་འབད་དགོས་སོ། ། འདུ་འཛི་ལ་ཆགས་པར་མི་ཁོམ་སྟེ་འཆི་དུས་བད༷ག་ནི༷་མ༷ལ་ན༷་འདུ༷ག་བཞི༷ན་དུ༵། གཉེ༷ན་བཤེ༷ས་ཀུ༷ན་གྱི༷ས་མཐ༷འ་བསྐོ༷ར་ཡ༵ང༌། །སྲོ༷ག་འཆ༷ད་པ༷་ཡི༷་ཚོ༷ར་བ༷་ད༵ག །བད༷ག་ ཉི༷ད་གཅི༷ག་པུ༷ས་མྱོ༷ང་བ༷ར་འགྱུ༵ར་(གྱི་གཉེན་བཤེས་ཀྱིས་སྡུག་བསྔལ་ཆ་ཙམ་ཡང་མི་ལེན་ཞིང་མི་ཕན་ན་)བའི་ ཕྱིར་དང༌། (དམྱལ་སོགས་སུ་)གཤི༷ན་རྗེ༷་ཕོ༷་ཉ༷ས་ཟི༷ན་པ༷་ལ༵། །གཉེ༷ན་པ༷ས་ཅི༷་ཕ༷ན་བཤེ༷ས་ཅི༷་ ཕ༵ན་ཏེ་སུས་ཀྱང་ཕན་མི་ནུས་པའི་ཕྱིར་དང༌། དེ༷་ཚེ༷་བསོ༷ད་ན༷མས་གཅི༷ག་པུ་སྐྱ༷བས་ཡིན་ ན༵། (བསོད་ནམས་) དེ༷་ཡ༷ང་བད༷ག་གི༷ས་མ༷་བསྟེ༷ན་པའི་ཕྱིར་ཤིན་ཏུ་འགྱོད་དོ༵། །རྒྱལ་པོ་ལ་ གདམས་པའི་མདོར། འགྲོ་བ་གཞན་དག་ཏུ་ནི་རྒྱུ། མལ་གྱི་ཐ་མར་ནི་ཉལ། སྲོག་ནི་ཅུང་ཟད་ ཅིག་ལུས། གཤིན་རྗེའི་སྐྱེས་བུས་ནི་འཇིགས་སྐྲག །བྱུར་གྱི་དབང་དུ་ནི་སོང༌། དབུགས་རྒྱུ་ བ་ནི་ཆད། ཁ་དང་སྣ་ནི་གདངས། སོ་ནི་གཙིགས། ཕ་མ་དང་ཕུ་ནུ་དང་སྲིང་མོ་དང་བུ་དང་ བུ་མོས་ནི་བསྐོར། དབུགས་ནི་ཆད། ནོར་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་མ། ཀྱི་ཧུད་ ཕ། ཀྱི་ཧུད་བུ་ཞེས་ནི་ཟེར་བ་ན་ཆོས་མ་གཏོགས་པ་སྐྱབས་གཞན་མེད། མགོན་གཞན་མེད། 1-1-137 གནས་གཞན་མེད། དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་ གླིང་དང་གནས་དང་མགོན་དང་རྟེན་པར་འགྱུར་རོ། །ཞེས་གསུངས་སོ། ། མགོ༷ན་པོ༷་ཞེས་བོས་ནས་(ལང་ཚོ་གཟུགས་ནོར་དབང་ཆེ་རྒྱགས་སོགས་ཀྱིས་)བ༷ག་མེ༷ད་(པར་གྱུར་པ་) བད༷ག་གི༷ས་ནི༵། (དམྱལ་སོགས་ཀྱི་སྡུག་བསྔལ་བའི་)འཇི༷གས་པ༷་འདི༷་འདྲ་༷(འབྱུང་བར་)མ༷་འཚ༷ལ་ན༵ས། །མི༷་རྟག༷་ཚེ༷་འདི༷འི་ཆེ༷ད་ད༷ག་ཏུ༵། །སྡི༷ག་པ༷་མ༷ང་པོ༷་ཉེ༷་བ༷ར་བསྒྲུ༵བས་ཏེ་འགྱོད་པའོ། །(ཆད་ ལས་ཕོག་པའི་)སྐྱེ༷་བོ༷་(འགའ་རྐང་ལག་སོགས་)ཡ༷ན་ལ༷ག་གཅོ༷ད་པ༷འི་ས༵ར། །དེ༷་རི༷ང་སྐལ་བ་ མཉམ་པས་ཁྲི༷ད་པ༷འ༷ང་བྲེ༷ད་འགྱུ༷ར་ཏེ༵། (སྐོམ་པས་)ཁ༷་སྐ༷མ་མི༷ག་རྩ༷་ང༷ན་(པ་དམའ་བར་གྱུར་པ་ལུས་ འདར་སྨྲེ་སྔགས་འདོན་པ་)ལ༷་སོ༵གས། །སྔ༷་ལ༷ས་གཞ༷ན་དུ༷་འགྱུ༷ར་སྣ༷ང་ན༵། །(འཆི་བའི་ཚེ་)སྐལ་བ་མི་ མཉམ་ལ་གཤི༷ན་རྗེ༷འི་ཕོ༷་ཉ༷་(འཇིགས་སུ་རུང་བའི་གཟུགས་ཅན་)འཇི༷གས་འཇི༷གས་ལྟ༵འི། ཤ༷་ཚུ༷གས་ (ཏེ་དབྱིབས་) ཅ༷ན་གྱི༷ས་བཟུ༷ང་གྱུ༷ར་ཅི༵ང༌། །དམྱལ་སོགས་ཀྱི་འཇི༷གས་ཆེ༷ན་(སྡུག་བསྔལ་བཟོད་ དཀའ་བའི་)ན༷ད་ཀྱི༷ས་ཐེ༷བས་གྱུ༷ར་པ༵། ར༷བ་ཏུ༷་ཉམ༷་ཐ༷ག་པ་ན་མི་གཙང་བ་ལུག་པ་ལ་སོགས་ (སུ་གྱུར་པའི་གནས་སྐབས་ན་བསོད་ནམས་བྱེད་པ་ལྟ་)སྨོ༷ས་ཀྱང་ཅི༷་དགོ༵ས། ། ཐུགས་རྗེ་ཅན་སུ༷་ཞི༷ག་འཇི༷གས་ཆེ༷ན་འདི༷་ལ༷ས་བད༵ག །ལེ༷གས་པ༷ར་སྐྱོ༷བ་པ༷ར་བྱེ༷ད་ འགྱུ༷ར་ཞེ༵ས་སྨྲ་ཞིང༌། བྲེ༷ད་ཤ༷་མངོན་དུ་ཐོ༷ན་(ཏེ་རྔམས་པ་)པ༷འི་མི༷ག་བགྲ༷ད་ན༵ས། ཕྱོ༷གས་ བཞི༷ར་སྐྱ༷བས་ད༷ག་ཚོ༷ལ་བ༷ར་བྱེ༵ད། །(དགེ་བ་བྱས་ན་དེ་དུས་སྐྱབས་རྙེད་པ་ལ)ཕྱོ༷གས་བཞི༷ར་(གང་དུའང་) སྐྱ༷བས་མེ༷ད་མཐོ༷ང་ན༷ས་ནི༵། །དེ༷་ན༷ས་ཀུ༷ན་ཏུ༷་ཡི༷་མུ༷ག་འགྱུ༵ར། །དམྱལ་སོགས་ཀྱི་གན༷ས་ དེ༷ར་སྡིག་ཅན་ལ་སྐྱ༷བས་ཡོ༷ད་མ༷་ཡི༷ན་ན༵། དེ༷་ཚེ༷་བད༷ག་གི༷ས་ཇི༷་ལྟར༷་བྱ་༷སྟེ་འགྱོད་པ་འཕྱིས་ པའོ། ། དེ༷་བ༷ས་ད་ལྟ་རྒྱ༷ལ་བ༷་འགྲོ༷་བ༷འི་(དབུགས་འབྱིན་ཞིང་ཡིད་བརྟན་པའི་གནས་སུ་གྱུར་པ་)མགོ༵ན(པོ)། །འགྲོ༷་བ༷་(སྡུག་བསྔལ་ལས་)སྐྱོ༷བ་པ༷འི་དོ༷ན་བརྩོ༷ན་པ༵། །(ཐམས་ཅད་དུ་ནུས་པ་དཔག་མེད་མངའ་བས་) 1-1-138 སྟོ༷བས་ཆེ༷ན་(དེས་སྡུག་བསྔལ་གྱི་)འཇི༷གས་པ༷་ཀུ༷ན་སེ༷ལ་(བར་བྱེད་པ་)ལ༵། །དེ༷་རི༷ང་ཉི༷ད་ན༷ས་ སྐྱ༷བས་སུ༷་མཆི༵། །རྒྱལ་བ་དེ༷་ཡི༷ས་ཐུ༷གས་སུ༷་ཆུ༷ད་(པ་སྟེ་མངོན་དུ་བྱས་)པ༷འི་ཆོ༵ས། (འགོག་ལམ་ཉོན་ མོངས་པའི་གཉེན་པོ་གྱུར་པས་)འཁོ༷ར་བ༷འི་འཇི༷གས་པ༷་སེ༷ལ་བ༷་ད༵ང༌། །(ཕྱིར་མི་ལྡོག་པའི་)བྱང༷་ཆུ༷བ་ སེ༷མས་དཔ༷འི་ཚོ༷གས་དགེ་འདུན་ལ༷་ཡ༵ང༌། དེ༷་བཞི༷ན་ཡ༷ང་ད༷ག་(པར་གཡོ་སྒྱུ་དང་ཐེ་ཚོམ་མེད་པར་) སྐྱ༷བས་སུ༷་མཆི༵། ། བད༷ག་ནི༷་(དམྱལ་སོགས་ཀྱི་)འཇི༷གས་པ༷ས་རྣམ༷་སྐྲ༷ག་པ༵ས། །བྱང་སེམས་ཀུ༷ན་ཏུ༷་བཟ༷ང་ ལ༷་བད༷ག་ཉི༷ད་འབུ༵ལ། །འཇ༷མ་པ༷འི་དབྱང༷ས་ལ༷འ༷ང་གཞན་གྱིས་མ་སྐུལ་ཡང་བད༷ག་ཉི༷ད་ ཀྱི༵ས། བད༷ག་གི༷་ལུ༷ས་འདི༷་དབུ༷ལ་བ༷ར་བགྱི༵། །(སེམས་ཅན་ལ་)ཐུ༷གས་རྗེ༷ས་གཞན་དོན་སྤྱོ༷ད་ པ༷་མ༷་འཁྲུ༷ལ་བ༵འི། (འགྲོ་བ་སྡུག་བསྔལ་བ་རྣམས་ལ་)སྤྱ༷ན་ར༷ས་(ཀྱིས་འཚོ་ཞིང་)གཟི༷གས་(པའི་)མགོ༷ན་ (པོ་)དེ༷་ལ༷་ཡ༵ང་(སྡུག་བསྔལ་ཞིང་)། །ཉམ༷་ཐ༷ག་(ནས་བྲེད་པའི་)ང༷་རོ༷ས་འོ༷་དོ༷ད་འབོ༵ད། །སྡི༷ག་ལྡན༷་ བད༷ག་ལ༷་བསྐྱ༷བ་ཏུ༷་གསོ༵ལ། །(སྡིག་པ་ལས་རིང་དུ་སོང་བས་)འཕ༷གས་པ༷་(སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལ་ བདེན་པས་)ན༷མ་མཁ༷འི་སྙི༷ང་པོ༷་ད༵ང༌། །(ས་ཁམས་དག་པར་བྱེད་པས་)ས༷་ཡི༷་སྙི༷ང་པོ༷་ད༷ག་ད༷ང་ནི༵། །བྱམས་པ་དང་སྒྲིབ་པ་རྣམ་སེལ་ལ་སོགས་ཐུ༷གས་རྗེ༷་ཆེ༷་མགོ༷ན་ཐ༷མས་ཅ༷ད་ལ༵། སྐྱ༷བས་ ཚོ༷ལ་སྙི༷ང་ན༷ས་འོ༷་དོ༷ད་འབོ༵ད། །མཐུ་སྟོབས་ཅན་ག༷ང་ཞི༷ག་མཐོ༷ང་ན༷་གཤི༷ན་རྗེ༷་ཡི༵། ཕོ༷་ཉ༷་ དང་ལ༷་སོ༷གས་ཀྱི་སྒྲས་གནོད་སྦྱིན་དང་སྲིན་པོ་ལ་སོགས་སྡ༷ང་བ༷་རྣམ༷ས། སྐྲ༷ག་ན༷ས་ཕྱོ༷གས་ བཞི༷ར་འབྱེ༷ར་(ཞིང་འབྲོས་པར་)བྱེ༷ད་པ༵། །དཔལ་ཕྱག་ན་རྡོ༷་རྗེ༷་ཅ༷ན་ལ༷་སྐྱ༷བས་སུ༷་མཆི༵། ། སྔོ༷ན་ཆ༷ད་རྒྱལ་བ་སྲས་བཅས་ཁྱེ༷ད་ཀྱི༷་བཀ༷འ་སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་ སུམ་ཚོགས་པར་སྤྱད། །ཅེས་གསུངས་པ་ལ༷ས་འད༵ས། ད༷་ནི༷་(མི་འདོད་པའི་འབྲས་བུ་དམྱལ་སོགས་ཀྱི་) འཇི༷གས་པ༷་ཆེ༷་མཐོ༷ང་ན༵ས། །ཁྱེ༷ད་ལ༷་སྐྱ༷བས་སུ༷་མཆི༷་ལ༷གས་ཀྱི༷ས། །(སྔར་བསགས་སྡིག་པའི་ འབྲས་བུ་མི་བཟད་པའི་)འཇི༷གས་པ༷་མྱུ༷ར་དུ༷་བས༷ལ་དུ༷་གསོ༵ལ། ། 1-1-139 རླུང་མཁྲིས་བད་ཀན་འདུས་པའི་ནད་རེ་རེ་ལ་དུས་མིན་འཆི་བ་བརྒྱ་དང༌། དུས་སུ་འཆི་ བ་གཅིག་སྟེ་བརྒྱ་རྩ་གཅིག་རེར་ཕྱེ་བའི་ཐ༷་མ༷ལ་ན༷ད་ཀྱི༷ས་འཇི༷གས་ན༷་ཡ༵ང༌། སྨ༷ན་པ༷འི་ ང༷ག་བཞི༷ན་བྱ་༷དགོ༷ས་ན༵། །ཉོན་མོངས་དུག་གསུམ་ཆ་མཉམ་དང་བཅས་པ་རེ་རེ་ལ་གཉེན་ པོ་མེད་པ་བརྒྱ་དང་ཡོད་པ་གཅིག་རེར་ཕྱེ་བ་བཞི༷་བརྒྱ༷་རྩ༷་བཞི༷འི་ན༷ད་ཀྱི༷ས་ནི༵། ཟི༷ན་པ༷ར་ གྱུར་པ༷ས་རྒྱལ་བའི་གསུང་བཞིན་བྱ་བ་སྨོ༷ས་ཅི༷་དགོ༵ས་ཏེ། ཉོན་མོངས་པ་དེ༷་གཅི༷ག་གི༷ས་ ཀྱང༷་འཛ༷མ་གླི༷ང་ན༵། གན༷ས་པ༷འི་མི༷་ཀུ༷ན་མ་བྲལ་བར་དུ་རླ༷ག་བྱེ༷ད་པ༵། དེ༷་ད༷ག་གསོ༷་བ༷འི་ སྨ༷ན་(ཞིག་ཡོད་ཅེས་)གཉེན་པོ་ལས་གཞ༷ན་ནི༵། ཕྱོ༷གས་རྣམ༷ས་ཀུ༷ན་ན༷ས་མི༷་རྙེ༷ད་ན༵། །དེ༷་ལ༷་ སྨ༷ན་པ༷་ཐ༷མས་ཅ༷ད་མཁྱེ༵ན་པ། ཉོན་མོངས་ཀྱི་ཟུ༷ག་རྔུ༷་ཐ༷མས་ཅ༷ད་འབྱི༷ན་པ༷་ཡི༵། བཀ༷འ་ ལྟར༷་གཉེན་པོ་མི༷་བྱེ༷ད་སེ༷མས་པ༷་ནི༵། ཤི༷ན་ཏུ༷་གཏི༷་མུ༷ག་ཅན་(བདག་པས་གཞན་དུ་)སྨད༷་པ༷འི་ གན༵ས་ཡིན་པའི་ཕྱིར་རོ། ། ངམ་གྲོག་ལ་སོགས་གཡ༷ང་ས༷་ཐ༷་མ༷ལ་ཆུ༷ང་ངུ༷་ལ༷འ༵ང༌། བ༷ག་ཡོ༷ད་གན༷ས་པ༷ར་བྱ༷་ དགོ༷ས་ན༵། །སྡིག་པས་དཔ༷ག་ཚ༷ད་སྟོ༷ང་(འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །)སོགས་ ཀྱི་འོག་ངན་སོང་དུ༷་ལྟུ༷ང་བ༷་ཡི༵། ཚེ་ཚད་བསྐལ་པའི་ཚད་ཀྱིས་ཡུ༷ན་རི༷ང་བའི་གཡ༷ང་ས༷ར་ལ་ བག་ཡོད་པ་སྨོ༷ས་ཅི༷་དགོ༵ས། ། མྱུར་དུ་མ་འབད་ཀྱང་དེ༷་རི༷ང་ཁོ༷་ན༷་མི༷་འཆི༷་ཞེ༵ས། བདེ༷་བ༷ར་འདུ༷ག་པ༷་རི༷གས་པ་མ༷་ ཡི༵ན་ཏེ། བད༷ག་ནི༷་མེ༷ད་པ༷ར་འགྱུ༷ར་བ༷འི་དུ༵ས། །དེ༷་ནི༷་གདོ༷ན་མི༷་ཟ༷་བ༷ར་འབྱུ༵ང་བའི་ཕྱིར་ རོ། །བད༷ག་ལ༷་འཆི་བས་མི༷་འཇི༷གས་སུ༷་ཡི༷ས་བྱི༷ན་ནས། (དམྱལ་སོགས་ཀྱི་སྡུག་བསྔལ་)འདི༷་ལ༷ས་ ཇི༷་ལྟར༷་ངེ༷ས་(པར་)ཐ༷ར་(པར་)འགྱུ༵ར་ཏེ། གདོ༷ན་མི༷་ཟ༷་བ༷ར་(ཤི་ནས་)མེ༷ད་(པར་)འགྱུ༷ར་དུ་ངེས་ ན༵། ཅི༷་ཕྱི༷ར་བད༷ག་ཡི༷ད་བདེ༷་བ༷ར་(གནས་པར་)འདུ༵ག་སྟེ་འདུག་པ་མི་རིགས་པས་མྱུར་དུ་ འབད་དོ། །སྔོ༷ན་ཆ༷ད་ཡང་ཡང་སྐྱེ་མྱོ༷ང་སྟེ༷་ཡང་ཡང་ཞི༷ག་པ༷་ལ༵ས། བད༷ག་ལ༷་འདུ་བྱེད་གྲུལ་ 1-1-140 ཐུབ་པའི་གདེང་ལྷག༷་པ༷་ཅི༷་ཡོ༷ད་ན༵། བད༷ག་ཉི༷ད་འདུས་བྱས་བསླུ་བ་དེ༷་ལ༷་མངོ༷ན་ཞེ༷ན་ན༵ས། བླ༷་མ༷་རྒྱལ་བ་སྲས་དང་བཅས་པའི༷་བཀ༷འ་ད༷ང་འག༷ལ་བ༷ར་བྱས༷་ན་འཁྲུལ་བར་སྟོན་པའོ། ། རང་གི་གསོ༷ན་ཚེ༷་འདི༷་ད༷ང་དེ༷་བཞི༷ན་དུ༵། གཉེ༷ན་ད༷ང་བཤེ༷ས་པ༷་དང་ལོངས་སྤྱོད་སོགས་ ཀྱང་རྣམ༷་སྤང༷ས་ན༵ས། རྣམ་ཤེས་གཅི༷ག་པུ༷་ག༷་ཤེ༷ད་ངེས་མེད་ཀྱི་གནས་སུ་འགྲོ༷་དགོ༷ས་ན༵། མཛ༷འ་ད༷ང་མི༷་མཛ༷འ་ཀུ༷ན་ལ་ཆགས་སྡང་སྤྱད་པ་ཅི༷་ཞིག་རུ༵ང༌། ཞེས་པའོ། །རྒྱུ་མི༷་དགེ༷་བ༷་ ལ༷ས་འབྲས་བུ་སྡུ༷ག་བསྔ༷ལ་འབྱུ༵ང༌། དེ༷་ལ༷ས་ཇི༷་ལྟར༷་ངེ༷ས་ཐ༷ར་ཞེ༵ས། །ཉི༷ན་མཚ༷ན་རྟག༷་ཏུ༷་ བད༷ག་གི༷ས་ནི༵། །འདི༷་ཉི༷ད་འབ༷འ་ཞི༷ག་བས༷མ་པ༷འི་སྒཽ་ནས་སྡིག་པ་གཞོམ་པ་རི༵གས་སོ། ། བད༷ག་ནི༷་མི༷་ཤེ༷ས་གཏི༷་མུ༷ག་པ༵ས། །ར༷ང་བཞི༷ན་གྱི་ཁ༷་ན༷་མ༷་ཐོ༷་བ་སྲོག་གཅོད་པ་ལ་ སོགས་པའ༵མ། བཅ༷ས་པ༷འི་སྡི༷ག་པ༷་རབ་ཏུ་བྱུང་བས་དུས་མ་ཡིན་པའི་ཁ་ཟས་ཟོས་པ་ལྟ་བུ་ ག༷ང་ཡི༷ན་པ༵ས། ག༷ང་ཡ༷ང་རུ༷ང་བ༷་བགྱི༷ས་པ༷་རྣམ༷ས། །མགོ༷ན་པོ༷འི་སྤྱ༷ན་སྔ༷ར་མངོ༷ན་སུ༷མ་ དུ༵། །ཐ༷ལ་སྦྱ༷ར་སྡུ༷ག་བསྔ༷ལ་འཇི༷གས་སེ༷མས་ཀྱི༷ས། །ཡ༷ང་ད༷ང་ཡ༷ང་དུ༷་འགྱོད་པས་ཕྱག༷་ འཚ༷ལ་ཏེ༵། དེ༷་ད༷ག་ཐ༷མས་ཅ༷ད་བཤ༷གས་པ༷ར་བགྱི༵འོ། ། འདྲེ༷ན་པ༷་རྒྱལ་བ་སྲས་བཅས་རྣམ༷ས་ཀྱི༷ས་བད༷ག་གི༷་སྡི༵ག །ནོ༷ངས་པ༷་(སྟེ་ཉེས་པ་ལ་ཉེས་པ་) ལ༷གས་པ༷ར་བཟུ༷ང་དུ༷་གསོ༵ལ། །(ཉེས་པ་)འདི༷་ནི༷་(རྣམ་སྨིན་མི་བཟད་ཅིང་)བཟ༷ང་པོ༷་མ༷་ལ༷གས་ པ༵ས། །སླ༷ན་ཆ༷ད་བད༷ག་ནི༷་ཡོ༷ང་ཡེ་སྲོག་ལ་བབ་ཀྱང་མི༷་བགྱི༵ད་དོ། ། བྱང༷་ཆུ༷བ་སེ༷མས་དཔ༷འི་སྤྱོ༷ད་པ༷་ལ༷་འཇུ༷ག་པ༷་ལ༷ས། གཙོ་བོར་སྡི༷ག་པ༷་བཤ༷གས་པ༷འི་ ལེ༷འུ༷་སྟེ༷་གཉི༷ས་པ༷འོ༵།། །། ལེའུ་གསུམ་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ། 1-1-141 ༈ སྡིག་པ་བཤགས་པའི་དེ་མ་ཐག་ཏུ་བསོད་ནམས་ལ་རྗེས་སུ་ཡི་རང་བའི་ཡན་ལག་ འབྲེལ་བས་སེ༷མས་ཅ༷ན་ཀུ༷ན་གྱི༷་ང༷ན་སོ༷ང་གི༵ ། སྡུ༷ག་བསྔ༷ལ་ང༷ལ་བསོ༷འི་དགེ༷་བ༷་བསོད་ ནམས་ཆ་མཐུན་གྱིས་མངོན་མཐོ་སྒྲུབ་པ་ད༵ང༌། དེའི་བྱེད་ལས་སྡུ༷ག་བསྔ༷ལ་ཅ༷ན་ད༷ག་བདེ༷་ བ་ལ་གན༷ས་པར་གྱུར་ཅིག་སྙམ་དུ་འབད་པ་བསོད་ནམས་ཆ་མཐུན་གྱི་དགེ་བ་ལ༵། དག༷འ་ བ༷ས་རྗེ༷ས་སུ༷་ཡི༷་ར༷ང་ངོ༵༌། །འདིར་སློབ་དཔོན་ཤེས་རབ་འབྱུང་གནས་ན་རེ། རྗེས་སུ་ཡི་རང་ བ་ཡང་རྣམ་པ་གསུམ་སྟེ། ཡིད་དང༌། ལུས་དང༌། ངག་གིས་སོ། །དེ་ལ་ཡིད་ཀྱིས་ནི་སེམས་ རབ་ཏུ་དང་བས་ཡང་དག་པར་དགའ་བར་བྱེད་པ་དང༌། ལུས་ཀྱིས་ནི་བ་སྤུ་ཟིང་ཞེས་བྱེད་པ་ དང༌། མཆི་མ་འབྱུང་བ་དང་ལུས་འདར་བ་ལ་སོགས་པ་ཉམས་སུ་མྱོང་བ་དང༌། ངག་གིས་ནི་ ཡང་དག་པར་དགའ་བའི་སེམས་ཀྱིས་ལེགས་པར་བྱས་སོ་རབ་ཏུ་བྱས་སོ་བཟང་པོ་བྱས་སོ་ ཞེས་དེ་ལྟར་ངག་ཏུ་བརྗོད་ཅིང་རྗེས་སུ་ཡི་རང་བར་བྱེད་པའོ། །ཞེས་གསུང་ངོ༌། །བྱང༷་ཆུ༷བ་ རྒྱུ༷ར་གྱུ༷ར་ཐར་པ་ཆ་མཐུན་གྱི་དགེ༷་བས༷གས་པ༵། དེ༷་ལ༷་རྗེ༷ས་སུ༷་ཡི༷་ར༷ང་ངོ༵༌། །དེས་ལུ༷ས་ ཅ༷ན་འཁོ༷ར་བ༷འི་སྡུ༷ག་བསྔ༷ལ་ལ༵ས། ངེ༷ས་པ༷ར་ཐ༷ར་པའི་བྱེད་ལས་ལ༷འང་ཡི༷་ར༷ང་ངོ༵༌། །དེའི་ འབྲས་བུ་སྐྱོ༷བ་པ༷་རྣམ༷ས་ཀྱི༷་བྱང༷་ཆུ༷བ་ད༵ང༌། རྒྱ༷ལ་སྲས༷་རྣམས་ཀྱི་ས༷་དང་ལམ་གྱི་རྟོགས་པ་ ལ༷འ༷ང་ཡི༷་ར༷ང་ངོ༵༌། །སེ༷མས་ཅ༷ན་ཐ༷མས་ཅ༷ད་བདེ༷་མཛ༷ད་པ༵འི། །རྒྱུ་ཐུ༷གས་བསྐྱེ༷ད་དགེ༷་ བ༷་རྒྱ༷་མཚོ༷་ལྟར་ཡངས་ཤིང་གཏིང་ཟབ་པ་ད༵ང༌། སེ༷མས་ཅ༷ན་ཕ༷ན་པ༷ར་མཛ༷ད་པ༷འི་འཕྲིན་ ལས་རྣམ་དག་ལ༵། དག༷འ་བ༷ས་རྗེ༷ས་སུ༷་ཡི༷་ར༷ང་ངོ༵༌། །རྒྱལ་བའི་ཡུམ་ལས། ཀེའུ་ཤི་ཀ ། སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་སྲང་ཚད་ཀྱིས་གཞལ་བར་ནུས་ཀྱི། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་ལས་སྐྱེས་པའི་སེམས་བསྐྱེད་ན་ དེའི་བསོད་ནམས་ཀྱི་ཚད་ནི་གཟུང་བར་མི་ནུས་སོ། །ཞེས་སོ། ། 1-1-142 བསྐུལ་བ་བསྟན་པའི་ཕྱིར་ཕྱོ༷གས་རྣམ༷ས་ཀུ༷ན་གྱི༷་སང༷ས་རྒྱ༷ས་ལ༵། ཐ༷ལ་མོ༷་སྦྱ༷ར་ཏེ༷་ གསོ༷ལ་བ༷་ནི༵། །སེ༷མས་ཅ༷ན་སྡུ༷ག་བསྔ༷ལ་མུ༷ན་འཐོ༷མས་ལ༵། །ཆོ༷ས་ཀྱི༷་སྒྲོ༷ན་མ༷འམ་སྣང་བ་ རྒྱ་ཆེན་སྦ༷ར་དུ༷་གསོ༵ལ་ལོ། །རྒྱ༷ལ་བ༷་མྱ་༷ང༷ན་འད༷འ་བཞེ༷ད་ལ༵། །ཐ༷ལ་མོ༷་སྦྱ༷ར་ཏེ༷་གསོ༷ལ་བ༷་ ནི༵། །འགྲོ༷་བ་འདི༷་རྣམས་མ་རིག་པས་འདོ༷ངས་པ༷ར་མི༷་དགོ༷ད་ཅི༵ང༌། དེའི་དོན་དུ་བསྐ༷ལ་པ༷་ གྲ༷ངས་མེ༷ད་བཞུ༷གས་པ༷ར་གསོ༵ལ་བ་གདབ་བོ། ། ད་ནི་བསྔོ་བའི་ཡན་ལག་འབྲེལ་བས་དེ༷་ལྟར༷་མཆོད་པ་ལ་སོགས་པའི་ཡན་ལག་འདི༷་ ད༷ག་ཀུ༷ན་བྱས༷་ཏེ༵། དགེ༷་བ༷་བད༷ག་གི༷ས་བས༷གས་པ༷་ག༵ང་ཡིན་པ(འི་བསོད་ནམས་)དེ༷ས་ནི༷་ སེ༷མས་ཅ༷ན་ཐ༷མས་ཅ༷ད་ཀྱི༷། སྡུ༷ག་བསྔ༷ལ་ཐ༷མས་ཅ༷ད་བས༷ལ་བ༷ར་ཤོ༵ག །ཁྱད་པར་སྡུག་པ་ ལ་ཐུགས་བརྩེ་བ་བྱང་སེམས་ཀྱི་ཆེ་བ་མཚོན་པའི་འགྲོ༷་བ༷་(ནད་ཀྱིས་གདུངས་པའི་)ན༷ད་པ༷་རྣམས་ ཇི༷་སྲི༷ད་དུ༵། ན༷ད་སོ༷ས་(པར་)གྱུ༷ར་གྱི༷་བ༷ར་དུ༷་ནི༵། །བདག་(ནད་སེལ་བའི་)སྨ༷ན་ད༷ང་(སྨན་སྟེར་བའི་) སྨ༷ན་པ༷་ཉི༷ད་ད༷ག་ད༵ང༌། དེ༷་ཡི༷་(རིམ་གྲོ་བྱེད་པའི་)ན༷ད་གཡོ༷ག་བྱེ༷ད་པ༷ར་ཤོ༵ག །ཅེས་སྨོན་ནོ། ། (བཀྲེས་སྐོམ་གྱིས་གདུངས་པ་ལ་)ཟ༷ས་ད༷ང་སྐོ༷མ་གྱི༷་ཆ༷ར་ཕ༷བ་སྟེ༷། །རིམ་པ་ལྟར་བཀྲེ༷ས་(པ་ སྟེ་ལྟོགས་པ་)ད༷ང་སྐོ༷མ་པ༷འི་(གདུངས་པའི་)གནོ༷ད་པ༷་བས༵ལ་ནུས་པར་གྱུར་ཅིག །ཁྱད་པར་ མུ༷་གེ༷འི་བསྐ༷ལ་པ༷་བ༷ར་མ༷འི་ཚེ༵། །བད༷ག་ནི༷་ཟ༷ས་ད༷ང་སྐོ༷མ་དུ༷་གྱུ༵ར། །ཞེས་པ་ལ། མཛོད་ དུ། བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་ཚར་ཕྱིན་ཏེ། །ཞག་རྣམས་དང་ནི་ ཟླ་བ་དང༌། །ལོ་བདུན་རྣམས་ཏེ་གོ་རིམ་བཞིན། །ཞེས་གསུངས་པ་གསུམ་ག་ཚེ་ལོ་བཅུ་པ་ ལ་འབྱུང་བ་འགྲེལ་པས་འཆད་ཅིང༌། གདགས་པར་ནི་བཅུ་པ་ལ་མཚོན་གྱི་བསྐལ་པ་བར་ མ་ཞག་བདུན་དང༌། ཉི་ཤུ་པ་ལ་ནད་ཀྱི་བསྐལ་པ་བར་མ་ཟླ་བ་བདུན་དང་ཞག་བདུན་དང༌། སུམ་ཅུ་པ་ལ་མུ་གེའི་བསྐལ་པ་བར་མ་ལོ་བདུན་དང་ཟླ་བ་བདུན་དང་ཞག་བདུན་འབྱུང་བར་ གསུངས་ཏེ། བསྐལ་ཆེན་གྱི་བར་དུ་འབྱུང་བས་བསྐལ་པ་བར་མར་བཤད་དོ། །དེའི་མུ་གེའི་ 1-1-143 བསྐལ་པ་བར་མ་ལ་ནི་ཟས་སྐོམ་མེད་དེ་གཅིག་གིས་གཅིག་གི་ཤ་དང་རུས་པ་ཟ་བ་ཉིད་ ཟས་ཡིན་ནོ། །ཁ་ཅིག་ནི་དེའང་མ་རྙེད་པས་འཆི་བར་འགྱུར་ཏེ། དེ་ལྟར་འགྲོ་བ་ཉམ་ཐག་ པའི་དུས་སུ་བདག་ནི་ཟས་དང་སྐོམ་དུ་གྱུར་ཞེས་གསུངས་པ་ལྟར། དྲི་མ་མེད་པར་གྲགས་ པས་བསྟན་པའི་མདོ་ལས་ཀྱང༌། མུ་གེའི་བསྐལ་པ་བར་མ་ལ། །ཟས་དང་སྐོམ་དུ་བསྒྱུར་ནས་ སུ། །བཀྲེས་ཤིང་སྐོམ་པ་མེད་བྱས་ཏེ། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །ཞེས་གསུངས་ སོ། ། སེ༷མས་ཅ༷ན་ཆོག་མི་ཤེས་པས་ཕོ༷ངས་ཤི༷ང་ནོར་མེད་པས་དབུ༷ལ་བ༷་ལ༵་དམིགས་ནས། བད༷ག་ནི༷་(ནོར་ཅི་བླངས་ཀྱང་)མི༷་ཟ༷ད་གཏེ༷ར་དུ་སྤྲུལ་པར་གྱུ༷ར་ཏེ༵། ཡོ༷་བྱ༷ད་མཁོ༷་རྒུ༷་རྣམ་པ་སྣ་ ༷ཚོ༷གས་སུ༵་བསྒྱུར་ནས། སོ་སོའི་མདུ༷ན་དུ༷་ཉེ༷་བ༷ར་གན༷ས་གྱུ༷ར་ཅི༵ག །(དེ་ནས་བྱང་ཆུབ་བར་དུ་འགྲོ་ བ་ཀུན་ལ་བདག་གི་)ལུ༷ས་ད༷ང་དེ༷་བཞི༷ན་ལོ༷ངས་སྤྱོ༷ད་ད༵ང༌། །(བུ་ཆུང་མ་ཁང་ཁྱིམ་སོགས་)དུ༷ས་གསུ༷མ་ (དུ་བསག་པའི་སྦྱིན་ཚུལ་བསྒོམ་སོགས་ཀྱི་)དགེ༷་བ༷་ཐ༷མས་ཅ༷ད་ཀྱང༷༌། །སེ༷མས་ཅ༷ན་ཀུ༷ན་གྱི༷་(མངོན་མཐོ་ ངེས་ལེགས་ཀྱི་)དོ༷ན་བསྒྲུ༷བ་ཕྱི༵ར། །ཕ༷ངས་པ༷་(ལན་དང་རྣམ་སྨིན་གྱི་འབྲས་བུ་ལ་རེ་བ་)མེ༷ད་པ༷ར་གཏ༷ང་ བ༷ར་བྱ་༷སྟེ། (ཟག་བཅས་ཀྱི་ཆགས་ཡུལ་ལུས་སོགས་)ཐ༷མས་ཅ༷ད་གཞན་དོན་དུ་བཏ༷ང་བ༷ས་མྱ་༷ང༷ན་ འད༵འ་(སྟེ་ཐམས་ཅད་སྤངས་པ་ནི་མྱང་འདས་ཡིན་)བའི་ཕྱིར་དང༌། བད༷ག་བློ༷་མྱ་༷ང༷ན་འད༷ས་པ༷་བསྒྲུ༵བ་ པའི་ཕྱིར་དང༌། འཆི་དུས་ཐ༷མས་ཅ༷ད་གཏོ༷ང་བ༷ར་ཆ༷བས་གཅི༷ག་ལ༵(དོན་མེད་དུ་བཏང་པས)། ད་ ལྟ་སེ༷མས་ཅ༷ན་རྣམ༷ས་ལ༷་བཏ༷ང་བ༷་མཆོ༵ག་ཡིན་པའི་ཕྱིར་རོ། །བསླབ་བཏུས་སུའང༌། བདག་ གི་ལུས་དང་ལོངས་སྤྱོད་དང༌། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་ བཏང་བ་དང༌། །དེ་བསྲུང་དག་པ་སྤེལ་པའོ། །ཞེས་རྒྱས་པར་འཆད་ཅིང༌། མ་འོངས་པ་ཡང་ གཏང་དུ་རུང་སྟེ་ཞེན་པ་འགོག་པའི་བློ་སྦྱོང་བའི་ཕྱིར་རོ། ། དེས་ན་བད༷ག་གི༷ས་ལུ༷ས་ཅ༷ན་ཐ༷མས་ཅ༷ད་ལ༵། (རང་རང་གི་འདོད་དོན་སྒྲུབ་པའི་དོན་དུ་)ལུ༷ས་ 1-1-144 འདི༷་ཅི༷་བདེ༷ར་བྱི༷ན་ཟི༷ན་པ་ཉིད་ཀྱི༷ས། རྟག༷་ཏུ༷་གསོ༷ད་ད༷ང་(ཚིག་ངན་གྱིས་)སྨོ༷ད་པ༷འ༵མ། །(དབྱུག་ པས་) བརྡེ༷ག་སོ༷གས་ཅི༷་དག༷ར་བྱེ༷ད་ཀྱང་སེམས་ཅན་ལ༷་ར༵ག་ལས་ཏེ་བདག་མི་དབང་བས་ སོ། །བད༷ག་གི༷་ལུ༷ས་ལ༷་རྩེ༷ད་མོ་བྱེ༷ད་ད༵མ། (མཐོ་འཚམས་པས་)ཅོ༷་འདྲི༷་ག༷་ཞ༷འི་རྒྱུ༷་(བཞད་གད་) བྱེ༷ད་ཀྱ༵ང་(རུང་)། །བད༷ག་གི༷་ལུ༷ས་འདི༷་གཞན་དོན་དུ་བྱི༷ན་ཟི༷ན་གྱི༷ས། འདི༷་ཡི༷་(བདེ་སྒྲུབ་ སྡུག་བསྔལ་བསྲུང་སོགས་)ཁ༷་ཏ༷ས་རང་དོན་ཅི༷་ཞི༷ག་བྱ༷། གཞན་དེ༷་ལ༷་གནོ༷ད་པར༷་མི༷་འགྱུ༷ར་བ༵འི། (དགེ་སྒྲུབ་སྡིག་སྤང་གི་) ལ༷ས་ག༷ང་ཡི༷ན་པ༷འ༷ང་བྱེ༷ད་དུ༷་ཆུ༵ག ། བཏང་ནས་གཞན་ལ་ཕན་དགོས་པའི་ཕྱིར་བད༷ག་ལ༷་དམི༷གས་ན༷ས་ན༷མ་དུ༷་ཡ༵ང༌། (སེམས་ཅན་)འག༷འ་ཡ༷ང་དོ༷ན་མེ༷ད་(པ་མི་འདོད་པའི་རྒྱུར་)མ༷་གྱུ༷ར་ཅི༵ག །ཐ་ན་བད༷ག་ལ༷་དམི༷གས་ ན༷ས་ག༷ང་ད༷ག་གི༵ས། རྒྱུད་ལ་(ཀུན་ནས་མནར་སེམས་ཀྱི་)ཁྲོ༷་(བ)འ༷མ་མ་ད༷ད་པ༷འི་སེ༷མས་བྱུ༷ང་ ན༵་ཡང༌། བདག་གི་ལུས་དེ༷་ཉི༷ད་རྟག༷་ཏུ༷་དེ༷་ད༷ག་གི༵ ། དོ༷ན་གནོད་པ་དང་ཕན་པར་གང་ བསམ་པ་ཀུ༷ན་འགྲུ༷བ་པ༷འི་རྟེན་ནམ་རྒྱུ༷༷ར་གྱུ༷ར་ཅི༵ག །གལ་ཏེ་གནོད་སེམས་ངོས་སྐྱེས་ནས་ ག༷ང་ད༷ག་བད༷ག་ལ༷་(སྐུར་འདེབས་ཀྱི་སུན་འབྱིན་པའི་)ཁ༷་ཟེ༷ར་ར༵མ། གཞ༷ན་ད༷ག་(ལུས་སེམས་ཡིད་ཀྱིས་) གནོ༷ད་པ༷ར་བྱེ༷ད་པ༷འ༵མ། །དེ༷་བཞི༷ན་(དུ་མེད་པའི་རྐྱེན་སྒྲོ་བདགས་ནས་)ཕྱ༷ར་ཀ༷་གཏོ༷ང་ཡ༷ང་རུ༵ང༌། །དེ་ཐ༷མས་ཅ༷ད་སྡིག་པ་མེད་པར་(བླ་ན་མེད་པའི་)བྱང༷་ཆུ༷བ་ཀྱི་སྐ༷ལ་བ་དང་ལྡན༷་པར་གྱུ༵ར་ཅིག ། དེ་བཞིན་དུ། བད༷ག་ནི༷་མགོ༷ན་(སྐྱབས་)མེ༷ད་(པ་)རྣམ༷ས་ཀྱི༷་མགོ༵ན་དུ་གྱུར་ཅིག །ལ༷མ་ ཞུ༷གས་རྣམ༷ས་ཀྱི༷་དེ༷ད་དཔོ༷ན་ད༵ང༌། །ཆུ་ལ་བརྒ༷ལ་འདོ༷ད་རྣམ༷ས་ཀྱི༷་(ཆུ་ཀླུང་ལས་སྒྲོལ་བའི་)གྲུ༷་ ད༷ང་ནི༵། །(རྒྱ་མཚོ་ལ་)གཟི༷ངས་ད༷ང་(ཆུ་བྲན་ལ་)ཟ༷མ་པ༷་ཉི༷ད་དུ༷་གྱུ༵ར་ཅིག །མུན་པར་གནས་པ་ མ༷ར་མེ༷་འདོ༷ད་པ་རྣམས་ལ༷་(མུན་པ་སེལ་བའི་)མ༷ར་མེ༷་ད༵ང༌། གན༷ས་མ༷ལ་འདོ༷ད་ལ༷་གན༷ས་ མ༷ལ་ད༵ང༌། །བད༷ག་ནི༷་ལུ༷ས་ཅ༷ན་(རིམ་གྲོ་སྒྲུབ་པའི་དོན་དུ་)བྲ༷ན་འདོ༷ད་པ༵། །ཀུ༷ན་གྱི༷་བྲ༷ན་(དང་ གཡོག་)དུ༷་འགྱུ༷ར་བ༷ར་ཤོ༵ག །ཤོ་ལོ་ཀ་འདིར། (རིན་པོ་ཆེའི་)གླི༷ང་དོ༷ན་གཉེ༷ར་ལ༷་གླི༷ང་ད༷ང་ནི༵། 1-1-145 །ཞེས་ཁ་ཅིག་ཏུ་འབྱུང་ཡང་རྒྱ་འགྲེལ་ན་མེད་ཅིང་རྐང་པ་ལྷག་པས་མ་དག་གོ །(སེམས་ཅན་གྱི་རེ་ བ་སྐོང་བའི་)ཡི༷ད་བཞི༷ན་ནོ༷ར་བུ་ད༷ང་དེར་ལག་པ་བཅུག་ན་འདོད་རྒུ་འབྱུང་བའི་བུ༷མ་པ༷་བཟ༵ང་ པོ་དང༌། རི༷ག་སྔ༷གས་ཀྱི་མཐུས་ཅི་འདོད་གྲུ༷བ་པ་ད༷ང་གནོད་པ་(དང་ནད་)ཞི་བའི་སྨ༷ན་ཆེ༷ན་ ད༵ང༌། (བསམས་པའི་འབྲས་བུ་འབྱིན་པའི་)དཔ༷ག་བས༷མ་གྱི༷་ནི༷་ཤི༷ང་ད༷ག་ད༵ང༌། །ལུ༷ས་ཅ༷ན་རྣམ༷ས་ ཀྱི༷་ཅི་འདོ༷ད་གཞོར་ཡོད་པའི་འདོད་འཇོ༷ར་གྱུ༵ར་ཅིག །ས༷་སོ༷གས་འབྱུ༷ང་བ༷་ཆེ༷ན་པོ༷་བཞི་ པོ་དངོས་པོ་ཐམས་ཅད་ཀྱི་རྒྱུ་དང་རྟེན་བྱེད་པ་ད༵ང༌། ན༷མ་མཁ༷འ་ཀུན་ལ་ཁྱབ་པ་བཞི༷ན་དུ༷་ རྟག༷་པ༷ར་ཡ༵ང༌། །སེ༷མས་ཅ༷ན་དཔ༷ག་ཏུ༷་མེ༷ད་པ༷་ཡི༵། །རྣམ༷་མ༷ང་དུ་མའི་སྒོ་ནས་ཉེ༷ར་འཚོ༷འི་ གཞི༷ར་ཡ༷ང་ཤོ༵ག །དེ༷་བཞི༷ན་ན༷མ་མཁ༷འི་མཐ༷ས་གཏུ༷གས་པ༵འི། །སེ༷མས་ཅ༷ན་ཁ༷མས་ལ༷་ དམིགས་ནས་རྣམ༷་པ་ཀུ༷ན་ཏུ༵། ཅི་འདོད་པ་སྤྲུལ་པ་ལ་དབང་བསྒྱུར་ནས་སེམས་ཅན་ཐ༷མས་ ཅ༷ད་མྱ་༷ང༷ན་འད༷ས་འདས་ཀྱི་བ༷ར་དུ༵། བད༷ག་ནི༷་ཉེ༷ར་འཚོ༷འི་རྒྱུ༷ར་ཡ༷ང་ཤོ༵ག །ཅེས་པ་སྟེ། བཟང་པོ་སྤྱོད་པར། དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ ཕྲག་བརྒྱ་ཡི། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང༌། །སེམས་ཅན་ཕན་པ་མང་པོ་ བྱེད་གྱུར་ཅིག །ཅེས་གསུངས་པའོ། ། དེ་ལྟར་སེམས་བསྐྱེད་པའི་སྦྱོར་བ་རྫོགས་ནས། ད་ནི་དངོས་གཞི་སྡོམ་པ་བླང་བའི་ཆོ་ ག་ལ་འཇུག་སྟེ་དེའང་སྔར་བཞིན་སྦྱོར་བའི་སྐབས་སུ་སྐྱབས་འགྲོ་སྔོན་དུ་སོང་བའམ། མིན་ ན་མཛོད་འགྲེལ་དུ། སྐྱབས་སུ་འགྲོ་བ་ནི་སྡོམ་པ་ཐམས་ཅད་ཀྱི་སྒོར་གྱུར་པའོ། །ཞེས་དང༌། གཞན་ལས་ཀྱང༌། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་འབྱུང་ བའི་ཕྱིར། སྐྱབས་འགྲོ་སྔོན་དུ་སོང་ནས། ཇི༷་ལྟར༷་སྔོ༷ན་གྱི༷་བདེ༷་གཤེ༷གས་ཀྱི༵ས། །(སྒྲིབ་གཉིས་ སྤངས་ཤིང་གཞན་དོན་དུ་)བྱང༷་ཆུ༷བ་(ནི་ཆོས་ཐམས་ཅད་རང་བཞིན་མེད་པར་ཐུགས་སུ་ཆུད་པའི་སངས་རྒྱས་ཏེ། དེ་ཐོབ་ འདོད་ཀྱི་)ཐུ༷གས་ནི༷་བསྐྱེ༷ད་པ༷་ད༵ང༌། །བྱང༷་ཆུ༷བ་སེ༷མས་དཔ༷འི་བསླ༷བ་པ༷་ལ༵། །དེ༷་ད༷ག་རི༷མ་ 1-1-146 བཞི༷ན་གན༷ས་པ༷་ལྟར༷། །དེ༷་བཞི༷ན་འགྲོ༷་ལ༷་ཕ༷ན་དོ༷ན་དུ༵། །བྱང༷་ཆུ༷བ་སེ༷མས་ནི༷་བསྐྱེ༷ད་བགྱི༷་ ཞི༵ང༌། །དེ༷་བཞི༷ན་དུ༷་ནི༷་བསླ༷བ་པ༷་ལ༷འ༵ང༌། །རི༷མ་པ༷་བཞི༷ན་དུ༷་བསླ༷བ་པ༷ར་བགྱི༵། །ཞེས་པ་ ལན་གསུམ་གྱིས་སློབ་དཔོན་ནམ་སྐུ་གཟུགས་ཀྱི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་བྱང་ ཆུབ་སེམས་དཔའ་དཔང་དུ་གསོལ་ནས་སྡོམ་པ་བླང་ངོ༌། །དེ་ལྟར་བླངས་པའི་གང་ཟག་གིས་ བྱང་ཆུབ་སེམས་དཔའི་སྡོམ་པ་ཟུར་དུ་ནོད་མི་དགོས་ཏེ། སེམས་བསྐྱེད་ནས་བསླབ་པ་ལ་ སློབ་པར་དམ་བཅས་པ་ལས་ལྷག་པའི་སྡོམ་པ་མ་གསུངས་ཤིང༌། འདི་ཉིད་བྱང་ཆུབ་སེམས་ ཀྱི་སྡོམ་པ་བླང་བ་ཡིན་པ་ཡང་འགྲེལ་པ་རྣམས་ལས་བཤད་པའི་ཕྱིར་རོ། །ཇི་ལྟར་སྔོན་གྱི་ ཞེས་པའི་ཚིག་ལ། འཇམ་དཔལ་ཞིང་བཀོད་ལས། འཁོར་བ་ཐོག་མ་མེད་པ་ཡི། །སྔོན་གྱི་ ཐ་མ་ཇི་སྲིད་པར། །དེ་སྲིད་སེམས་ཅན་ཕན་དོན་དུ། །འཇིག་རྟེན་མགོན་པོའི་སྤྱན་སྔར་ ནི། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང༌། །སྤྱོད་པ་དཔག་ཡས་སྤྱད་པར་བགྱི། །ཞེས་ གསུངས་པ་འདི་དཔེར་མཛད་དོ། ། དེ་ནས་སྔར་བསྟན་པ་དེ༷་ལྟར༷་(སྤྲོས་བྲལ་རྟོགས་པའི་)བློ༷་ད༷ང་ལྡན༷་པ༷་ཡི༵ས། །ར༷བ་ཏུ་དད་པ་ ད༷ང་དང་བ་བརྟན་པོས་བྱང༷་ཆུ༷བ་སེ༷མས་ཀྱི་སྡོམ་པ་དངོས་གཞི་བཟུ༷ང་ན༵ས། མཇུ༷ག་ཀྱང༷་ རྒྱ༷ས་པ༷ར་བྱ་༷བ༷འི་ཕྱི༵ར། །(སེམས་བསྲུང་བ་དང་དག་པ་སྤེལ་བའི་ཕྱིར་)སེ༷མས་ནི༷་འདི༷་ལྟར༷་གཟེ༷ངས་ བསྟོ༷ད་དོ༵། །དེ༷ང་དུ༷ས་(ཏེ་ཉི་མ་དེ་རིང་)བད༷ག་མི་ཚེ༷་འབྲ༷ས་བུ༷་ཡོ༵ད་པར་གྱུར་ཏེ། མི༷་ཡི༷་སྲི༷ད་པ༷་ (དལ་འབྱོར་)ལེ༷གས་པ༷ར་ཐོ༵བ་ཅིང༌། སེམས་བསྐྱེད་པའི་དུས་དེ༷་རི༷ང་སང༷ས་རྒྱ༷ས་(ཀྱི་གདུང་སོབ་ པའི་)རི༷གས་སུ༷་སྐྱེ༵ས་ནས། སང༷ས་རྒྱ༷ས་སྲས༷་སུ༷་ད༷་གྱུ༷ར་པའི་ཕྱིར་དགའ་བར་འོས་པ་ཉིད་དོ༵། ། དེས་ན་ད༷་ནི༷་བད༷ག་གི༷ས་ཅི༷་ན༷ས་ཀྱང༷༌། རི༷གས་ད༷ང་མཐུ༷ན་པ༷འི་ལ༷ས་ཐེག་ཆེན་གཞན་ དོན་ཁོ་ན་བརྩ༷མ་སྟེ༷། ཐེག་དམན་རང་དོན་གྱི་སྐྱོ༷ན་མེ༷ད་ཅིང་ཁུངས་བཙུ༷ན་པ༷འི་རི༷གས་འདི༷་ 1-1-147 ལ༵། ལྟུང་བས་རྙོ༷ག་པ༷ར་མི༷་འགྱུ༷ར་བ་དེ༷་ལྟར༷་འབད་པ་བྱའོ༷། ། རྙེད་མཁན་ལོ༷ང་བ༷ས་ཕྱག༷་ད༷ར་ཕུ༷ང་པོ༷་ལ༵ས། ཇི༷་ལྟར༷་རི༷ན་ཆེ༷ན་རྙེ༷ད་ན་ཡ་མཚན་པ༷་ ལྟར༷། དེ༷་བཞི༷ན་ཇི༷་ཞི༷ག་ལྟར༷་སངས་རྒྱས་ཀྱི་མཐུས་སྟེ༷ས་ལེགས་ན༵ས། བྱང༷་ཆུ༷བ་སེ༷མས་ འདི༷་བད༷ག་ལ༷་སྐྱེ༵ས་པ་ངོ་མཚར་བས་དགའོ། །འགྲོ༷་བ༷འི་འཆི༷་བད༷ག་(གཤིན་རྗེ་རྩད་ནས་) འཇོ༷མས་བྱེ༷ད་པ༵འི། །(མཆི་མེད་)བདུ༷ད་རྩི༷་མཆོ༷ག་ཀྱང༷་བྱང་ཆུབ་ཀྱི་སེམས་འདི༷་ཡི༷ན་ནོ༵། །འགྲོ༷་བ༷འི་(ཆོས་དང་ཟང་ཟིང་གིས་)དབུ༷ལ་བ༷་སེ༷ལ་བ༷་ཡི༵། །(ནམ་མཁའ་མཛོད་ལ་སོགས་པའི་ལོངས་སྤྱོད་ལ་ དབང་ཐོབ་པས་)མི༷་ཟ༷ད་(པའི་)གཏེ༷ར་ཡ༷ང་(བྱང་སེམས་)འདི༷་ཡི༷ན་ནོ༵། །འགྲོ༷་བ༷འི་(ལུས་སེམས་ལས་བྱུང་ པའི་ཉོན་མོངས་པའི་རིམས་)ན༷ད་ར༷བ་(ཏུ་)ཞི༷་བྱེ༷ད་པ༵འི། །སྨ༷ན་གྱི༷་མཆོ༷ག་ཀྱང༷་འདི༷་ཡི༷ན་ནོ༵། །(སྔོན་ དུས་)སྐྱེ་འཆི་བར་དོའི་སྲི༷ད་(པ་བཞིའི་རང་བཞིན་གྱིས་འཁོར་བའི་)དེ་ལ༷མ་(དུ་)འཁྱ༷མ་ཞི༷ང་དུ༷བ་པ༷་ཡི༵། འགྲོ༷་བ༷་ང༷ལ་བསོ༷(བའི་གནས་མྱང་འདས་ཀྱི་བསལ་བ་སྟེར་བ)འི་ལྗོ༷ན་ཤི༷ང་ཡི༵ན། །འགྲོ༷་བ༷་ཐ༷མས་ཅ༷ད་ ང༷ན་འགྲོ༷་(གསུམ་གྱི་འདབ་རྫས་)ལ༵ས། སྒྲོ༷ལ་བ༷ར་བྱེ༷ད་པ༷འི་སྤྱི༷་སྟེ༷གས་ཟམ་པའམ་གྲུ་ལྟ་བུ་ཡང་ བྱང་ཆུབ་ཀྱི་སེམས་འདི་ཡི༵ན་ཏེ། སེམས་མ་བསྐྱེད་པར་སངས་རྒྱས་མི་སྲིད་ཅིང་སངས་རྒྱས་ ན་རྒུད་པ་དེ་རྣམས་གཅིག་ཅར་དུ་སེལ་བ་ངེས་པའི་ཕྱིར་རོ། ། འགྲོ༷་བ༷འི་(ཆགས་སོགས་)ཉོ༷ན་མོ༷ངས་ཀྱི་ཚ་གདུ༷ང་སེ༷ལ་བ༷འི་སྨན། བྱང་ཆུབ་སེ༷མས་ཀྱི༷་ ཟླ༷་བ༷་(བསིལ་བའི་འོད་ཅན་དེ་)ཤ༷ར་བ༷་(སྟེ་སྐྱེས་པ་)ཡི༵ན་ཞིང༌། འགྲོ༷་བ༷འི་མི༷་ཤེ༷ས་(པ་དེ་ཉིད་རྟོགས་པ་ལ་ སྒྲིབ་པའི་) ར༷བ་རི༷བ་ད༵ག །ངེས་པར་དཔྱི༷ས་འབྱི༷ན་པའི་(མི་ཤེས་པའི་མུན་པ་སེལ་བའི་)ཉི༷་མ༷་ཆེ༷ན་པོ༷་ ཡང་ཡི༵ན་པས་དགའ་བ་བསྒོམ་མོ། །ད༷མ་ཆོ༷ས་འོ༷་མ༷་གསུང་རབ་ཀྱི་ཚོགས་ཐོས་བསམ་གྱིས་ བསྲུ༷བས་པ༷་ལ༵ས། སེམས་བསྐྱེད་མ༷ར་གྱི༷་ཉི༷ང་ཁུ༷་ཕྱུ༷ང་བ༷་ཡི༵ན། འགྲོ༷་བ༷(རྣམས་རེས་གཅིག་ནས་གཅིག་ཏུ་རྒྱུ་བས་)འི་འགྲོ༷ན་པོ༷་རྣམས་སྲི༷ད་པ༷(བཞི)འི་ལ༷མ་རྒྱུ་ ཞི༵ང༌། (བླ་ན་མེད་པའི་)བདེ༷་བ༷འི་ལོ༷ངས་སྤྱོ༷ད་(ལ་ལོངས་)སྤྱ༷ད་པ༷ར་འདོ༷ད་པ༷་ལ༵། །སེམས་བསྐྱེད་ 1-1-148 འདི༷་ནི༷་བདེ༷་བ༷འི་མཆོ༷ག་སངས་རྒྱས་སྒྲུབ་བྱེད་དུ༷་ཉེ༷ར་གན༷ས་ཏེ༵། དེས་ཕན་བདེ་ཆར་བཞིན་ འབེབས་པའི་ཕྱིར་སེ༷མས་ཅ༷ན་འགྲོ༷ན་ཆེ༷ན་རིགས་དྲུག་མཐའ་དག་ཚི༷མ་པ༷ར་བྱེ༷ད་པ༷་ཡི༵ན་ པས་གཞན་དགའ་བ་བསྐྱེད་དོ། ། བད༷ག་གི༷ས་སེམས་བསྐྱེད་པའི་དུས་དེ༷་རི༷ང་སྐྱོ༷བ་པ༷་ཐ༷མས་ཅ༵ད་དཔང་དུ་གསོལ་བ་ ཉིད་ཀྱི༷། སྤྱ༷ན་སྔ༷ར་འགྲོ༷་བ༷་རྣམས་མཐར་ཐུག་བདེ༷་གཤེ༷གས་ཉི༷ད་ད༷ང་ནི༵། དེ་མ་ཐོབ་ཀྱི་ བ༷ར་དུ༷་གནས་སྐབས་བདེ༷་(བ་ཕུན་ཚོགས་)ལ༷་འགྲོ༷ན་དུ༷་བོ༷ས་ནས་དེ་དག་སྒྲུབ་པར་ཁས་བླངས་ ཟི༷ན་གྱི༷ས། ལྷ་༷ད༷ང་ལྷ་༷མི༷ན་ལ༷་སོ༷གས་རིགས་དྲུག་མཐའ་དག་དག༷འ་བ༷ར་གྱི༷ས་ཤིག་པའོ། ། བྱང༷་ཆུ༷བ་སེ༷མས་དཔ༷འི་སྤྱོ༷ད་པ༷་ལ༷་འཇུ༷ག་པ༷་ལ༷ས། གཙོ་བོར་བྱང༷་ཆུ༷བ་ཀྱི༷་སེ༷མས་ཀྱི་ སྡོམ་པ་ཡོ༷ངས་སུ༷་གཟུ༷ང་བ༷་སྟེ༷་ལེ༷འུ༷་གསུ༷མ་པ༷འོ༵།། །། ལེའུ་བཞི་པ། བག་ཡོད་བསྟན་པ། ༈ སེམས་བསྐྱེད་པའི་རྗེས་སུ་བསླབ་པ་ལ་བག་ཡོད་(དེ་ནི། ཉོན་མོངས་པ་དུག་གསུམ་ཆེད་པ་དང༌། བརྩོན་འགྲུས་ལ་གནས་ནས་དགེ་ཆོས་རྣམས་བསྒོམ་ཞིང༌། ཟག་བཅས་ཀྱི་ཆོས་རྣམས་ལས་སེམས་བསྲུང་བ་སྟེ། འཇིག་རྟེན་ ལས་འདས་མ་འདས་ཀྱི་དོན་སྒྲུབ་པར་བྱེད་པའི་ལས་ཅན་ཞིག་ཡིན་པས་དེ་དང་)འབྲེལ་བས་རྒྱ༷ལ་བ༷འི་སྲས༷་ཀྱི༷ས་ དེ༷་ལྟ་༷བུ༵ར། བྱང༷་ཆུ༷བ་སེ༷མས་དཔའི་སྡོམ་པ་ར༷བ་(ཏུ་)བརྟན༷་(པར་)བཟུ༷ང་ན༵ས། གཡེ༷ལ་བ༷་ (སྟེ་ལེ་ལོ་)མེ༷ད་པ༷ར་རྟག༷་ཏུ༷་ཡ༵ང༌། བསླ༷བ་(བྱ་ཕར་ཕྱིན་ལྔ་ཚད་མེད་བཞི་བསྡུ་དངོས་བཞི་རྣམས་ཐབས་ཤེར་ཕྱིན་ ཤེས་རབ་སྟེ་དེ་གཉིས་)ལ༷ས་མི༷་འད༷འ་འབ༷ད་པ༷ར་བྱ་༷ཞེས་བསྟན་ཏོ། ། དེ་ལ་རེ་ཤིག་མ་བརྟགས་པར་བ༷བ་ཅོ༷ལ་བརྩ༷མས་པ༷་ག༷ང་ཡི༷ན་པ༷འ༵མ། ག༷ང་ཞི༷ག་ཅུང་ 1-1-149 ཟད་བརྟགས་ཀྱང་ལེ༷གས་པ༷ར་མ༷་བརྟག༷ས་པ༵འི་བྱ་བ། དེ༷་ནི༷་ད༷མ་བཅ༷འ་བྱས༷་གྱུ༷ར་ཀྱང༷༌། ལེགས་ན་བྱ་༷འ༷མ་ཉེས་ན་གཏ༷ང་ཞེ༷ས་བརྟག༷ས་པ༷འི་རི༵གས་ཡིན་པ་ལས། འདིར་ནི་སང༷ས་ རྒྱ༷ས་རྣམ༷ས་ད༷ང་དེ༷་ཡི༷་སྲ༵ས། ཤེ༷ས་ར༷བ་ཆེ༷ན་པོ༷་རྣམས་ཀྱིས༷་བྱང་ཆུབ་ཀྱི་སྤྱོད་པ་ག༷ང་ལ་ ལེགས་པར་བརྟག༷ས་ཤི༵ང༌། ལེན་པ་པོ་བད༷ག་ཉི༷ད་ཀྱི༷ས་ཀྱང༷་བརྟག༷ས་བརྟག༷ས་ནས་ཁས་ བླངས་པ༵འི་བྱ་བ་སྐྱོན་མེད། དེ༷་ལ༷་བཤོ༷ལ་དུ་ཅི༷་ཞི༷ག་ཡོ༵ད། ། ག༷ལ་ཏེ༷་བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །ཞེས་སོགས་ཀྱི་ཚིག་དེ༷་ལྟར༷་ད༷མ་ བཅ༷ས་ན༵ས། ལག་ལེན་ལ༷ས་ཀྱི༷ས་སྒྲུ༷བ་པ༷་མ༷་བྱས༷་ན༵། སེ༷མས་ཅ༷ན་འགྲོན་དུ་གཉེར་བ་དེ༷་ ད༷ག་ཀུ༷ན་བསླུ༷ས་པ༵ས། བད༷ག་གི༷་འགྲོ༷་བ༷་ཅི༷་འདྲར༷་འགྱུ༵ར་ཏེ་ངན་སོང་ལས་འོས་མེད་དོ། །ཁྱབ་པ་ཡོད་དེ་དངོ༷ས་པོ༷་ཕ༷ལ་བ༷་(ཟན་སོགས་)ཅུ༷ང་ཟ༷ད་ལ༷འ༵ང༌། ཡི༷ད་ཀྱི༷ས་སྦྱི༷ན་པ༷ར་བས༷མ་ བྱས༷་ན༵ས། །མི༷་ག༷ང་སྦྱི༷ན་པ༷ར་མི༷་བྱེ༷ད་པ༵། །དེ༷་ཡ༷ང་(ཡིད་ལ་བསམས་ནས་མ་བྱིན་ན་)ཡི༷་དྭ༷གས་སུ་ འགྱུ༵ར་ཞིང་ཁས་བླངས་ནས་མ་བྱིན་ན་དམྱལ་བར་སྐྱེའོ་ཞེས་དྲན་པ་ཉེར་གཞག་ཏུ་གསུ༷ངས་ ན༵། (སེམས་ཅན་ཐམས་ཅད་)འདིར་བླ༷་ན༷་མེ༷ད་པ༷འི་བདེ༷་བ༷་(སངས་རྒྱས་)ལ༵། (དགོད་པར་)བས༷མ་པ༷་ ཐ༷ག་པ༷ས་འགྲོ༷ན་གཉེ༷ར་ན༵ས། །འགྲོ༷་བ༷་ཐ༷མས་ཅ༷ད་དུས་གཅིག་ཏུ་བསླུ༷ས་ཏེ་ལག་ལེན་མ་ བྱས༷་ན༵། བདེ༷་འགྲོ༷ར་ཅི༷་ག༷་འགྲོ༷་འགྱུ༷ར་ར༵མ་སྟེ་མི་འགྲོ་བའི་ཕྱིར་རོ། ། འོ་ན་འཕགས་པ་ཤཱ་རིའི་བུས་སྔོན་(རྒྱལ་པོ་ཟླ་འོད་དུ་གྱུར་པ་ན་)བྱང་ཆུབ་ཏུ་སེམས་བསྐྱེད་ནས་ སངས་རྒྱས་སྟོང་ཕྲག་བཅུ་ལ་བསྙེན་བཀུར་བྱས་ཤིང༌། དེ་ནས་བདུད་ཀྱིས་ཐོ་བརྩམས་པ་ ལས་བྱང་ཆུབ་ཀྱི་སེམས་བཏང་ངོ་ཞེས་ཐོས་ཀྱང་འཕགས་པར་གྱུར་པ་དང་འགལ་ལོ་ཞེ་ན། བདེན་ཏེ་དེ་ལྟ་བུའི་མི༷་ག༷ང་བྱང༷་ཆུ༷བ་སེ༷མས་བཏ༷ང་ཡ༵ང༌། ངན་འགྲོ་དེ༷་ད༷ག་ཏུ་མ་ལྷུང་བར་ ཐ༷ར་པ༷ར་བྱེ༷ད་པ༷་ནི༵། དམིགས་བསལ་གྱི་ལ༷ས་ཚུ༷ལ་ཚུ་རོལ་མཐོང་བས་བས༷མ་གྱི༷ས་མི༷་ ཁྱ༷བ་སྟེ༷། ཐ༷མས་ཅ༷ད་མཁྱེ༷ན་པ༷་ཁོ༷་ན༷ས་མཁྱེ༵ན་པའི་ཤེས་བྱ་ཁྱད་པར་ཅན་ཡིན་པས་དཔྱད་ 1-1-150 དཀའ་མོད། འོན་ཀྱང་ཅི་རིགས་ནས་བྱང་ཆུབ་ཀྱི་སེམས་བཏང་བས་ངན་འགྲོ་མྱོང་ངོ་ཞེས་བྱ་ བ་འདི་ནི་དངོས་པོ་ཕལ་པ་ཅུང་ཟད་ཁས་བླངས་ཏེ་མ་བྱིན་ན་ངན་འགྲོ་མྱོང་བར་བཤད་པའི་ ལུང་ལ་བརྟེན་ནས་རིགས་པས་འགྲུབ་བོ། ། ཐེག་དམན་ཡིད་བྱེད་དེ༷་ནི༷་སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི་ཞེས་བྱང༷་ ཆུ༷བ་སེ༷མས་དཔ༷འ་ལ༵། ལྟུ༷ང་བ༷འི་ན༷ང་ན༷་ལྕི༷་བ༷ར་ཡང་བསྟན་པ་སྟེ༷། འདི༷་ལྟར༷་དེ༷་ནི༷་བྱུ༷ང་ གྱུ༷ར་ན༵། །སེ༷མས་ཅ༷ན་ཀུ༷ན་གྱི༷་དོ༷ན་ལ༷་བསམ་པ་དམ༵ན་པའི་ཕྱིར་རོ། །(རང་གིས་བྱང་སེམས་བཏང་ ལྟུང་བ་ལྕི་བར་མ་ཟད་)ག༷ང་ཡང་གཞ༷ན་ལ་ལ་ཞིག་གིས་སྐ༷ད་ཅི༷ག་ཙ༷མ་ཡ༷ང་བྱང་སེམས་གཞན་ དོན་ལ་ཞུགས་པ་འདི༵འི། བསོ༷ད་ན༷མས་བ༷ར་ཆ༷ད་གེ༷གས་བྱེ༷ད་པ༵། དེས་སེ༷མས་ཅ༷ན་ཐམས་ ཅད་ཀྱི་དོ༷ན་ལ༷་དམ༷ན་(ཏེ་ཉམས་)པར་གྱུ༷ར་པའི་ལས་བྱས་པ༵ས་ན། དེ༷་ཡི༷་ང༷ན་འགྲོ༷་མུ༷་མཐ༷འ་ མེ༵ད་དེ། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། གང་ལ་ལ་ཞིག་གིས་འཛམ་ བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་ཕྲོགས་ཤིང་སྲོག་བཅད་པ་བས་ཀྱང་གང་ ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའི་དགེ་བ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཁམ་ གཅིག་ཙམ་སྟེར་བའི་བར་ཆད་བྱེད་ན་དེ་ནི་དེ་བས་ཆེས་གྲངས་མེད་པའི་སྡིག་པ་བསྐྱེད་དེ་ སངས་རྒྱས་འབྱུང་བ་བསྐྱེད་པའི་དགེ་བ་ལ་བར་ཆད་བྱེད་པར་གནས་པའི་ཕྱིར་རོ། །ཞེས་སོ། །དེ་ལྟར་སེ༷མས་ཅ༷ན་གཅི༷ག་གི༷་བདེ༷་བ༷་ཕྲ་མོ་ཡ༵ང༌། བཤི༷ག་(སྟེ་བཅོམ་)ན༷་བད༷ག་ཉི༷ད་(བདེ་འགྲོ་ ལས་)ཉམ༷ས་འགྱུ༷ར་དུ་གསུངས་ན༵། བྱང་སེམས་བཏང་བས་ན༷མ་མཁ༷འ་མ༷་ལུ༷ས་མཐ༷འ་ཀླ༷ས་ པ༵འི། ལུ༷ས་ཅ༷ན་བདེ༷་བའི་རྩ་བ་བཤི༷ག་ན་ངན་འགྲོ་སྨོ༷ས་ཅི༷་དགོ༵ས། དེ༷་ལྟར༷་ཉེས་པ་ཆེ་ན་སླར་ཡང་བླངས་པས་ཆོག་གོ་ཞེ་ན་བདེན་ཏེ་ཉམས་པའི་ལྟུ༷ང་བ༷་ སྟོ༷བས་ལྡན༷་རེ་ད༵ང༌། བླངས་པའི་བྱང༷་ཆུ༷བ་སེ༷མས་སྟོ༷བས་ལྡན༷་པ༷་ད༵ག །འཁོ༷ར་བ༷ར་རེ༷ས་ ཀྱི༷ས་སྤང་གཉེན་འདྲེ༷་བྱེ༷ད་ན༵། ས༷་དང་པོ་སོགས་ཐོ༷བ་པ༷་ལ༷་ཡུ༷ན་རི༷ང་ཐོ༵གས་སོ། ། 1-1-151 བསླབ་པ་ཉམས་སུ་མི་རུང་བ་དེ༷་ལྟ་༷བས༷་ན་སྔར་སྐྱོབ་པ་ཐམས་ཅད་ཀྱི་སྤྱན་སྔར་ཇི༷་ ལྟར༷་(སེམས་ཅན་གཏན་པར་བྱ་ཞེས་)ད༷མ་བཅ༷ས་(པ་)བཞི༵ན། བད༷ག་གི༷ས་གུ༷ས་པ༷ར་ལག་ལེན་ བསྒྲུ༷བ་པ༷ར་བྱ་༷སྟེ། དེ༷ང་ན༷ས་(དམ་བཅས་པའི་དོན་སྒྲུབ་པ་ལ་གཡེལ་བ་མེད་པར་)བརྩོ༷ན་པ༷ར་མ༷་བྱས༷་ན༵། །(ལྟུང་བ་སྟོབས་ལྡན་ཀྱིས་)འོ༷ག་ན༷ས་འོ༷ག་ཏུ༷་(ངན་སོང་བརྒྱུད་པ་ཁོ་ནར་)འགྲོ༷་བ༷ར་འགྱུ༵ར་བའི་ཕྱིར་རོ། །སངས་རྒྱས་འགའ་ཞིག་དང་མཇལ་བས་སྐྱོབ་པའི་ཕྱིར་ངན་འགྲོའི་དགོས་པ་མེད་དོ་ཞེ་ན། སྔར་ཡང་སེ༷མས་ཅ༷ན་ཐ༷མས་ཅ༷ད་ཕ༷ན་མཛ༷ད་པ༵འི། སང༷ས་རྒྱ༷ས་གྲ༷ངས་མེ༷ད་འད༷ས་གྱུ༷ར་ ཀྱང༷༌། །བད༷ག་ནི༷་ར༷ང་གི༷་བརྩོན་པ་དོར་བའི་ཉེ༷ས་པ༷ས་དེ༵འི། (སྨན་མཆོག་དམ་པ་ཆོས་ཀྱིས་)གསོ༷་ བ༷འི་སྤྱོ༷ད་ཡུ༷ལ་མ༷་གྱུ༷ར་ཏོ༵། ། ད༷་དུ༷ང་སྔར་གྱི་སྤྱོད་པ་(བག་མེད་པ་)དེ༷་བཞི༷ན་(དུ་)བད༷ག་བྱེ༷ད་ན༵། ཡ༷ང་ད༷ང་ཡ༷ང་དུ༷འ༷ང་ འོག་ཏུ་ལྟུང་བ་དེ༷་བཞི༷ན་ཏེ༵། ང༷ན་འགྲོ༷ར་(དམྱལ་སོགས་དང་བདེ་འགྲོར་སྐྱེས་ཀྱང་)ན༷ད་ད༷ང་(དུས་མིན་དུ་) འཆི༷་བ༷་ད༵ང༌། །(རྐང་ལག་སོགས་)བཅ༷ད་ད༷ང་(རལ་གྲི་དང་མདུང་སོགས་ཀྱིས་)གཤ༷ག་སོ༷གས་མྱོ༷ང་བ༷ར་ འགྱུ༵ར་བས་ད་ལྟ་བག་ཡོད་བྱའོ། ། འཇིག་རྟེན་དུ་དེ༷་བཞི༷ན་གཤེ༷གས་པ༷་འབྱུ༷ང་བ༷་ད༵ང༌། དེ་ལ་ད༷ད་ད༷ང་མི༷་ལུ༷ས་ཐོ༷བ་པ༷་ ད༵ང༌། དགེ༷་གོ༷མས་རུ༷ང་བའི་རྟེན་དབང་པོ་ཚང་བ༷་སོགས་འདི༷་ལྟ་༷བུ༵། དཀོ༷ན་ན༷་མི་བརྩོན་ པས་ན༷མ་ཞི༷ག་ཐོ༷བ་པ༷ར་འགྱུ༵ར་བསམ་མོ། །དལ་འབྱོར་ཐོབ་ནས་ན༷ད་མེ༷ད་པའི་ཉི༷་མ༷་འདི༷་ ལྟ་༷བུ༵ར་གནས་ཤིང༌། (མཐུན་རྐྱེན་)ཟ༷ས་(གོས་དང་)བཅ༷ས་(ཤིང་རྒྱལ་པོ་ཆོམ་རྐུན་གཅན་ཟན་སོགས་ཀྱི་)འཚེ༷་ བ༷་མེ༷ད་ཀྱང༷་ནི༵། །ཚེ༷་ནི༷་སྐ༷ད་ཅི༷ག་(ཙམ་ཡང་མི་རྟག་པས་)བསླུ༷་བ༷་སྟེ༷། །ལུ༷ས་ནི༷་ཐ༷ང་ཅི༷ག་བཪྙ༷ན་ པོ༷འི་རྒྱན་ཆ་བཞི༵ན་(འཆི་བདག་གིས་ནམ་ཁྱེར་ཆ་མེད་པས་)མི་རྟག་པས་(ལམ་ལ་)འབད་པར་བྱ་སྟེ། བཤེས་སྤྲིང་ལས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་འདྲ་ 1-1-152 ངོ་མཚར་ལགས། །ཞེས་སོ། ། (ཕྱིས་དལ་འབྱོར་ཐོབ་པ་དང་འབད་དོ་སྙམ་ན་)བད༷ག་གི༷་(སྤྱོད་པ་)བག་མེད་(པ་མི་དགེ་བའི་)སྤྱོ༷ད་པ༷་ འདི༷་འདྲ༷ས་ནི༵། །ཐར་པ་ལྟ་ཞོག་མི༷་ཡི༷་ལུ༷ས་ཀྱང༷་ཐོ༷བ་མི༷་འགྱུ༵ར། (སྐྱེ་བ་གཞན་དུ་)མི༷་ལུ༷ས་ ཐོ༷བ་པ༷ར་མ༷་གྱུ༷ར་(ཅིང་ངན་འགྲོར་ལྟུང་)ན༵། །སྡི༷ག་པ༷་འབ༷འ་ཞི༷ག་སྤྱོད་ཀྱི་དགེ༷་བ༷་(སྒྲུབ་པའི་སྐབས་) མེ༵ད(དོ)། ད་ལྟ་ག༷ང་ཚེ༷་དགེ༷་སྤྱ༷ད་སྐ༷ལ་ལྡན༷་(ཏེ་ནུས་པ་ཡོད་བཞིན་དུ་)ཡ༵ང༌། དགེ༷་བ༷་བད༷ག་གི༷ས་ མ༷་བྱས༷་ན༵། །ང༷ན་སོ༷ང་དུ་ཕལ་ཆེར་(དམྱལ་བ་ཡི་དྭགས་གཉིས་)སྡུ༵ག་བསྔ༷ལ་གྱིས་གཟིར་ཞིང་(དུད་ འགྲོ་)ཀུ༵ན་(ནས་) རྨོ༷ངས་པ༵ས། དགེ་བ་ངོ་ཡང་མི་ཤེས་པ་དེ༷་ཚེ༷་བད༷ག་གི༷ས་(དགེ་བ་)ཅི༷་བྱ༷ར་ ཡོ༵ད(དེ་དགེ་བ་སྒྲུབ་པའི་སྐབས་མེད་དོ)། །(བདེ་འགྲོའི་)རྒྱུ་དགེ༷་བ༷་ད༷ག་ཀྱང༷་མ༷་བྱས༷་(པ་ལྟ་ཞོག་ངན་འགྲོའི་ རྒྱུ་)ལ༵། སྡི༷ག་པ༷་ད༷ག་ཀྱང༷་ཉེ༷ར་བས༷གས་ན༵། །བསྐ༷ལ་པ༷་བྱེ༷་བ༷་བརྒྱ༷ར་(ཏེ་ཐེར་འབུམ་དང་)ཡ༷ང་ ནི༵། །(དེ་བས་ཀྱང་ལྷག་པར་ཡང་)འབྲས་བུ་བདེ༷་འགྲོ༷་འཐོབ་པ་ལྟ་ཅི་སྨོས་དེའི༷་སྒྲ༷་ཡ༷ང་ཐོ༷ས་མི༷་ འགྱུ༵ར། (རྒྱུ་མཚན་)དེ༷་ཉི༷ད་(ཀྱི་)ཕྱི༷ར་ན༷་(བདུད་བཞི་བཅོམ་པ་དང་ལྡན་པའི་)བཅོ༷མ་ལྡན༷་གྱི༵ས། །རྒྱ༷་ མཚོ༷་ཆེ༷ར་གཡེ༷ངས་གཉ༷འ་ཤི༷ང་གི༵། །བུ༷་ག༷ར་རུ༷ས་སྦ༷ལ་མགྲི༷ན་ཆུ༷ད་ལྟར༷། །(མི་ཁོམ་བརྒྱད་ བྲལ་གྱི་)མི༷་ཉི༷ད་ཤི༷ན་ཏུ༷་ཐོ༷བ་དཀ༷ར་གསུ༵ངས་ཏེ། ཇི་སྐད་དུ། དགའ་བོ་རབ་ཏུ་འབྱུང་བའི་ མདོ་ལས། དགེ་སློང་དག་ཡོངས་སུ་བརྟག་པ་བཟུང་སྟེ་འཛམ་བུའི་གླིང་འདི་ཐམས་ཅད་རྒྱ་ མཚོ་ཆེན་པོ་གཅིག་ཏུ་གྱུར་ལ། དེའི་ནང་ན་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་པ་རླུང་གིས་ གཡེངས་ནས་ཕྱོགས་གཅིག་ཏུ་མི་གནས་སོ། །དེའི་ནང་ན་རུས་སྦལ་མིག་ཞར་བ་ཞིག་ཀྱང་ ཡོད་པ་ལས། དེ་ལོ་བརྒྱ་བརྒྱ་ན་སྟེང་དུ་ལན་རེ་འབྱུང་བའི་མགྲིན་པ་ཤིང་དེའི་བུ་གར་ཆུད་པ་ སྲིད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་ཤིན་ཏུ་དཀོན་ཏེ། དེ་ཅིའི་སླད་དུ་ཞེ་ན། རྒྱ་ མཚོ་ཁ་ཞེང་ཆེ་བའི་ཕྱིར་དང་གཉའ་ཤིང་བུ་ག་གཅིག་པའི་ཕྱིར་དང༌། དེ་རླུང་གིས་དེད་པའི་ ཕྱིར་དང༌། རུས་སྦལ་ལ་མིག་ཡ་ཅིག་ལས་མེད་པའི་ཕྱིར་དང་དེ་འབྱུང་འཇུག་ཤིན་ཏུ་ཉུང་ 1-1-153 བའི་ཕྱིར་རོ། །བཀའ་སྩལ་པ། དགེ་སློང་དག་དུད་འགྲོ་ནས་མིའི་ལུས་ཐོབ་པ་ཡང་དེ་ཙམ་མོ། །ཞེས་སོ། ། རིགས་པ་ཡང་ཡོད་དེ། བྱང་ཆུབ་སེམས་དཔའ་ལ་ངན་སེམས་སྐ༷ད་ཅི༷ག་གཅི༷ག་བྱས༷་ སྡི༷ག་པ༷ས་ཀྱང༷༌། (བར་གྱི་)བསྐ༷ལ་པ༷ར་མན༷ར་མེ༷ད་(པའི་དམྱལ་བར་)གན༷ས་འགྱུ༷ར་དུ་བཤད་ན༵། (དུས་)ཐོ༷ག་མེ༷ད་འཁོ༷ར་བ༷ར་(ཡུན་རིང་དུ་)བས༷གས་སྡི༷ག་གི༵ས། །བ༷དེ་འགྲོ༷ར་མི༷་འགྲོ༷་སྨོ༷ས་ཅི༷་ དགོ༵ས་ཏེ་འོས་མེད་པའི་ཕྱིར་རོ། ། གཉེན་པོ་མེད་ན་རྣམ་སྨིན་དེ༷་ཙ༷མ་ཁོ༷་ན༷་(རང་གིས་ཉམས་སུ་)མྱོ༷ང་གྱུ༷ར་ན༵ས། (ལས་ཀྱི་བྱེད་པ་ པོ་) དེ༷་ནི༷་རྣམ༷་(པར་)ཐ༷ར་(པ་སྟེ་གྲོལ་བར་)མི༷་འགྱུ༷ར་ཏེ༵། འདི༷་ལྟར༷་(སྡུག་བསྔལ་)དེ༷་ནི༷་མྱོ༷ང་བཞི༷ན་ དུ༵། །(སླར་ཡང་ཉོན་མོངས་པའི་རྒྱུས་)སྡི༷ག་པ༷་གཞ༷ན་ད༷ག་ར༷བ་ཏུ༷་སྐྱེ༵་བའི་ཕྱིར་ཡང་འཁོར་རོ། །དེས་ ན་འདི༷་འདྲ༷འི་(དགེ་བའི་རྟེན་)ད༷ལ་བ༷་རྙེ༷ད་གྱུ༷ར་ན༵ས། །བད༷ག་གི༷ས་དགེ༷་གོ༷མས་མ༷་བྱས༷་ན༵། །འདི༷་ལ༷ས་(རང་གིས་རང་ཉིད་)བསླུ༷ས་པ༷་གཞ༷ན་མེ༷ད་དེ༵། །འདི༷་ལ༷ས་རྨོ༷ངས་པ༷འ༷ང་གཞ༷ན་མེ༷ད་ དོ༵། ། ག༷ལ་ཏེ༷་བད༷ག་གི༷ས་ཉེས་པ་དེ༷་ལན་ཅིག་རྟོ༷གས་ན༵ས། ཡང་རྨོ༷ངས་པ༷ས་(པའི་དབང་གིས་ དུས་)ཕྱི༷ས་ཀྱང༷་(དགེ་བ་སྒྲུབ་པའི་)སྒྱི༷ད་ལུ༷ག་ཅིང་བག་མེད་ན༵། འཆི༷་བ༷ར་འགྱུ༷ར་བ༷འི་དུ༷ས་ཀྱི༷་ ཚེ༵། །(ཀྱི་ཧུད་བདག་གིས་དགེ་བ་སྒྲུབ་དུ་ཡོད་ཚེ་མ་བྱས་སོ་ཞེས་)མྱ་༷ང༷ན་ཆེ༷ན་པོ༷་ལྡང༷་བ༷ར་འགྱུ༵ར་ཏེ། རྣམ་ སྨིན་དམྱལ༷་མེ༷་བཟོ༷ད་དཀ༷ས་(ནི་ཐ་མལ་དུས་མཐའ་དམྱལ་མེ་གསུམ་རིམ་པས་བདུན་འགྱུར་གྱིས་ཚ་བས་)ཡུ༷ན་ རི༷ང་དུ༵། བད༷ག་གི༷་ལུ༷ས་(གཞོན་ཤ་ཅན་)ལ༷་བསྲེ༷གས་པའི་སྣང་བ་ཤར་གྱུ༷ར་ན༵། (སྡིག་དཔྱད་དགེ་ བ་མ་བྱས་པའི་)འགྱོ༷ད་པ༷་མི༷་ཟ༷ད་མེ༷་འབ༷ར་བ༵ས། །སེ༷མས་(སྡུག་བསྔལ་གྱིས་)གདུ༷ང་(ཞིང་བསྲེག་པར་) འགྱུ༷ར་བ༷ར་གདོ༷ན་མི༷་ཟ༵་བའི་ཕྱིར་རོ། །དེས་ན་ཤི༷ན་ཏུ༷་རྙེ༷ད་དཀ༷འ་ཕ༷ན་པ༷འི་ས༵འམ་གཞིར་ གྱུར་པའི་དལ་འབྱོར་འདི་ཇི༷་ཞི༷ག་ལྟར༷་སྟེ༷ས་དབང་གིས་རྙེ༷ད་གྱུ༷ར་ན༵ས། བད༷ག་ཉི༷ད་ཕན་ 1-1-154 གནོད་དཔྱོད་ཤེ༷ས་ད༷ང་ལྡན༷་བཞི༷ན་དུ༵། ཕྱི༷ར་ཡ༷ང་དམྱལ༷་བ༷་དེ༷ར་ཁྲི༷ད་པའི་ལས་ངན་བྱེད་ ན༵། བྱད་སྔ༷གས་ཀྱི༷ས་རྨོ༷ངས་པ༷ར་བྱས༷་པ༷་བཞི༵ན་ནམ། ཡང་ན། བད༷ག་ལ༷་འདི༷ར་སེ༷མས་ མེ༷ད་པ་(དང་འདྲ་བ་)ཉིད་དུ༷་ཟ༵ད། སྔགས་སོགས་རྒྱུ་ཅི༷ས་རྨོ༷ངས་བད༷ག་རང་གིས་ཀྱང༷་མ༷་ཤེ༷ས་ ཏེ༵། འོན་ཀྱང་བད༷ག་གི༷་ཁོ༷ང་ན༷་ཉོན་མོངས་ལས་གཞན་རྨོངས་བྱེད་ཅི༷་ཞི༷ག་ཡོ༵ད། ཅེས་པའོ། ། ཁོང་ན་ཡོད་པའི་ཞེ༷་སྡ༷ང་དང་སྲེ༷ད་པ་སྟེ་འདོད་ཆགས་དང་སོ༷གས་པའི་སྒྲས་གཏི་མུག་ དང་བཅས་པ་དགྲ༷་ཉོན་མོངས་རྣམ༷ས་ནི༵། དབང་དུ་བྱེད་པའི་རྒྱུ་རྐ༷ང་ལ༷ག་དང་མཚོན་ཆ་ལ༷་ སོ༷གས་ཡོ༷ད་མི༷ན་ལ༵། (ལེ་ལོའི་དབང་གྱུར་པས་)དཔ༷འ་(བ་མིན་མ་རིག་པས་བསླད་པས་)མཛ༷ངས་ (པ་སྟེ་ཤེས་རབ་ཅན་)མི༷ན་ཡ༷ང་ཇི༷་ཞི༷ག་ལྟར༷། །དེ༷་(སྲེད་སོགས་)ད༷ག་གི༷ས་བད༷ག་(རང་དབང་མེད་པར་) བྲ༷ན་བཞི༷ན་བྱས༷། །ཉོན་མོངས་འདི་དག་བད༷ག་གི༷་སེ༷མས་ལ༷་(རྟེན་བཅས་ནས་)གན༷ས་བཞི༷ན་ དུ༵། ཅི་དག༷འ་མགུ༷ར་བད༷ག་ལ༷་(འཇིགས་པ་དང་དགོས་པ་མེད་པར་)གནོ༷ད་བྱེ༷ད་པ༵། མི་འོས་ཚབས་ དེ༷་ལ༷འ༷ང་མི༷་ཁྲོ༷་(པར་)བཟོ༷ད་པ༷་ནི༵། གན༷ས་མི༷ན་ལ་བཟོ༷ད་པ༷་(ནི་དམ་པས་)སྨད༷་པ༷འི་གན༵ས་ (ཡིན་པས་ཉོན་མོངས་འཇོམས་པ་ལ་འབད་དགོས་)སོ། ། དེའི་རྒྱུ་མཚན་ག༷ལ་ཏེ༷་ལྷ་༷ད༷ང་ལྷ་༷མི༷ན་ལྟ་བུའི་སྟོབས་ཆེན་རྣམ༷ས། ཐ༷མས་ཅ༷ད་བད༷ག་ ལ༷་དགྲ༷ར་ལ༷ངས་པ་སྲིད་ཀྱང༷༌། དེ༷་ད༷ག་གི༷ས་ཀྱང༷་(བདག་གསོད་པ་ཙམ་དུ་སྲིད་ཀྱི་)མན༷ར་མེ༷ད་ པ༵འི། དམྱལ་བའི་མེ༷་ན༷ང་ཁྲི༷ད་ཅི༷ང་འཇུ༷ག་མི༷་ནུ༵ས་མོད། ཉོ༷ན་མོ༷ངས་(མཚམས་མེད་ཀྱི་ལས་ཀུན་ ནས་སློང་ནུས་པས་)སྟོ༷བས་ཆེ༷ན་དགྲ༷་འདི༷ས་ནི༵། །དམྱལ་མེ་ག༷ང་ད༷ང་ཕྲ༷ད་ན༷་(ལྷུན་པོ་)རི༷་ར༷བ་ ཀྱང༷༌། །(དངོས་པོ་ལྷག་མ་ལྟ་ཞོག་)ཐ༷ལ་བ༷ར་ཡ༷ང་ནི༷་མ༷་ལུ༷ས་པ༵ར། བསྲེག་ནུས་པ(འི་མེ་ན་)དེ༷ར་ བད༷ག་སྐ༷ད་ཅི༷ག་གཅི༷ག་ལ༷་འདོ༵ར་ནུས་པའི་ཕྱིར་རོ། །བད༷ག་གི༷་ཉོ༷ན་མོ༷ངས་དགྲ༷་བོ༷་ག༵ང་ ཡིན་པ། དུ༷ས་རི༷ང་(པོ་འཁོར་བ་)ཐོ༷ག་མཐ༷འ་མེ༷ད་པ༷་ལྟར༷། ཐ་མལ་པའི་དགྲ༷་གཞ༷ན་ཀུ༷ན་ 1-1-155 མཐའ་དག་ཀྱང༷་དེ༷་ལྟ་༷བུ༵ར། ཡུ༷ན་རི༷ང་ཐུ༷བ་པ༷་མ༷་ཡི༷ན་པས་ཉོན་མོངས་ཉིད་མཆོག་ཏུ་ གནོད་པ་ཡིན་ནོ༵། ། དགྲ་གཞན་ནི་བསམ་པ་དང་མཐུ༷ན་པ༷ར་རི༷མ་གྲོ༷་(པ་མཉེས་པ་)བསྟེ༷ན་བྱས༷་ན༵། ཐ༷མས་ ཅ༷ད་ཚུར་ཡང་(ནུས་པ་ཡོད་ཚད་ཀྱིས་)ཕ༷ན་ད༷ང་བདེ༷་བྱེ༷ད་ན༵། ཉོ༷ན་མོ༷ངས་(པའི་དགྲ་)རྣམ༷ས་ནི༷་(མ་ བཅོམ་པར་མཐུན་པར་)བསྟེ༷ན་བྱས༷་ན༵། ཕྱི༷ར་ཞི༷ང་ལྷག་པར་ཡང་སྡུ༷ག་བསྔ༷ལ་གནོ༷ད་པ༷་བྱེ༵ད་པའི་ ཕྱིར་དགྲ་མཆོག་གོ ། དེ༷་ལྟར༷་ན་ཡུ༷ན་རི༷ང་ལ་རྒྱུ༷ན་ཆ༷གས་དགྲ༷ར་གྱུ༷ར་པ༵། (དམྱལ་སོགས་ཀྱི་)གནོ༷ད་པ༷འི་ཚོ༷གས་ ར༷བ་ཏུ་འཕེ༷ལ་ངེས་པ༷འི་རྒྱུ༷་གཅི༷ག་པུ༵། ཉོན་མོངས་འདི་བད༷ག་གི༷་སྙི༷ང་(སྟེ་སེམས་)ལ༷་ངེ༷ས་ པ༷ར་གན༷ས་འཆ༷འ་ཞིང་མ་བྲལ་ན༵། འཁོ༷ར་བ༷ར་འཇི༷གས་མེ༷ད་(ཅིང་ཡིད་)དག༷འ་བ༷ར་ག༷་ལ༷་ འགྱུ༵ར། ལས་ངན་བསགས་པས་འཁོ༷ར་བ༷འི་བཙོ༷ན་ར༷(དེ་ལས་ཐར་དུ་མི་སྟེར་བ)འི་སྲུ༷ང་མ༷ས་ དམྱལ༷་(བ་དང་ཡི་དྭགས་དུད་འགྲོ་)སོ༷གས་སུ༵འང༌། གསོ༷ད་བྱེ༷ད་གཤེ༷ད་མ༷་ལ་སོགས་པའི་སྣང་བ་ འཆར་བར༷་གྱུ༷ར་པ༷་ངེས་པས་ཉོན་མོངས་པ་འདི༷་ད༷ག་ནི༵། ག༷ལ་ཏེ༷་བདག་གི་བློ༷་ལ་གན༷ས་ པའི་དབང་གིས་བདག་དང་བདག་གིར་ཆ༷གས་པ་ལ་སོགས་རྟོག་པ༷འི་དྲ་༷བ༷་(སྟེ་ལྕགས་ཀྱི་གཟེབ་ བམ་གུར་དང་འདྲ་བ་)ན༵། (རྫོང་བཅས་ནས་)གན༷ས་ན༷་བད༷ག་གི་སེམས་ལ༷་བདེ༷་བ༷་ག༷་ལ༷་ཡོ༵ད། དེ་ཙམ་དུ་གནོད་པ་ཆེ་བ་དེ༷་ལྟ་༷བས་ན་ཇི༷་སྲི༷ད་བད༷ག་གི༷ས་དགྲ༷་ཉོན་མོངས་འདི༷་ མངོ༷ན་སུ༷མ་དུ༵། ངེ༷ས་པ༷ར་(རྩ་བ་ནས་)མ༷་བཅོ༷མ་དེ༷་སྲི༷ད་བད༷ག་འདི༷ར་གཉེན་པོ་ལ་བརྩོ༷ན་པ་ (ནི་དམ་བཅས་པའི་ཁུར་)མི༷་འདོ༵ར་ཏེ། རེ༷་ཤི༷ག་ཐ་མལ་པའི་གནོ༷ད་བྱེ༷ད་ཆུ༷ང་ངུ༷་ལ༷་ཡ༷ང་ཁྲོ༷ས་(པ་ སྟེ་ཁོན་དུ་བཟུང་པར་)གྱུ༷ར་པ༵འི། ང༷་རྒྱ༷ལ་བདོ༷་བ་རྣམ༷ས་དགྲ་དེ༷་མ༷་བཅོ༷མ་བ༷ར་ལ་གཉི༷ད་མི༷་འོ༵ང་ ཙམ་དུ་འབད་པའི་དཔེ་དང་སྦྱར་ན་ཤིན་ཏུ་རིགས་པའི་ཕྱིར་རོ། ། གཞོམ་མི་དགོས་སྐྱེས་པའི་ར༷ང་བཞི༷ན་ལ་འཆི༷་བ༷ས་ཁྱབ་པ་ངེས་པ་ཅན་སྡུ༷ག་བསྔ༷ལ་གྱི་ 1-1-156 ཕུང་པོར་གྱུ༷ར་པ༷ས་ཉོ༷ན་མོ༷ངས་པའི་སེམས་ཅན་འཁྲུལ་བ་ད༵ག །གཡུ༷ལ་ངོ༷ར་འགྲན་པའི་ ཐབ་མོ་(འཐབ་པའི་སྟོབས་ལྡན་གྱི་དཔུང་)དང༷ར་(སྟེ་བསྟར་བའི་)ཚེ༷་ན༷ན་གྱི༷ས་(བཙན་ཐབས་སུ་)གཞོ༷མ་པ༷ར་ འདོ༷ད་ན༷་ཡ༵ང༌། རང་ལ་མད༷འ་མདུ༷ང་མཚོ༷ན་གྱི༷ས་ཕོ༷ག་པ༷འི་སྡུ༷ག་བསྔ༷ལ་ཁྱད༷་(དུ་) བས༷ད་ ན༵ས། ཕ་རོལ་འཇོམས་པའི་དོ༷ན་མ༷་གྲུ༷བ་བ༷ར་ལ་ཕྱི༷ར་ཕྱོ༷གས་ཤིང་འབྱེ༷ར་(བ་སྟེ་འབྲོས་) བ༷ར་མི༷་བྱེ༷ད་པ་ཡོད་ན༵། (དཔེ་དེ་བས་ཆེས་ལྷག་པའི་ཉོན་མོངས་པ་ནི་)རྟག༷་ཏུ༷་སྡུ༷ག་བསྔ༷ལ་ཀུ༷ན་གྱི༷་ རྒྱུ༷ར་གྱུ༷ར་པ༵། །(ཕར་གནོད་པ་མ་བྱས་ཀྱང་ཚུར་གནོད་པས་)ར༷ང་བཞི༷ན་གྱིས་གནོད་པའི་དགྲ༷ར་ཁྱབ་པ་ ངེ༷ས་པའི་ཉོན་མོངས་གཞོ༷མ་(པའི་ཆེད་དུ་)བརྩོ༷ན་(པར་བྱས་པ་)བད༷ག་ལ༷་དེ༵ང་(སྟེ་དེ་རིང༌། )གཉེན་པོ་ ལ་འབད་པའི་སྡུ༷ག་བསྔ༷ལ་བརྒྱ༷་ཕྲ༷ག་རྒྱུ༷ར་གྱུ༷ར་ག༷ང་གི༷ས་ཀྱང༷༌། ཡི༷་ཆ༷ད་(པ་སྟེ་སེམས་ཞུམ་ཞིང་ རེ་ཐག་ཆད་པ་དང་)སྒྱི༷ད་ལུ༷ག་(པར་)མི༷་འགྱུ༷ར་(པར་བརྩོན་པར་དྲག་པོ་བྱ་བར་)སྨོ༷ས་ཅི༷་དགོ༵ས། ། འདི་ནི་རིགས་ཏེ་འཇིག་རྟེན་ཕ་རོལ་ལ་སོགས་པའི་དགོས་དོ༷ན་མེ༷ད་པར་དགྲ༷་ཡི༷ས་ (མཚོན་བསྣུན་)རྨ༷་སྲོ༷ལ་བཏོ༷ད་པ༷་ཡ༵ང༌། ལུ༷ས་ལ༷་རྒྱ༷ན་ད༷ང་འདྲ་༷བ༷ར་སྲེ༷ལ་(སྟེ་འཆང་)ཞིང་ངོམ་ པར་བྱེ༷ད་པ་ཡོད་ན༵། ཐར་པའི་དོ༷ན་ཆེ༷ན་སྒྲུ༷བ་ཕྱི༷ར་ཡ༷ང་ད༷ག་བརྩོ༷ན་གྱུ༷ར་པ༵། བད༷ག་ལ༷་ གཉེན་པོའི་སྡུ༷ག་བསྔ༷ལ་ཅི༷་ཕྱི༷ར་གནོ༷ད་བྱེ༷ད་ཡི༵ན་ཏེ་ཕན་པ་ཉིད་ཀྱི་ཕྱིར་རོ། །ཉ་ཤོར་བའི་ ཉ༷་པ༷་དང་ཆོམ་རྐུམ་བྱེད་པའི་གདོ༷ལ་པ༷་དང་སོ་ནམ་བྱེད་པའི་ཞི༷ང་པ༷་དང་ལ༷་སོ༷གས་པ༵འི། སྒྲས་ཚོང་པ་ལྟ་བུའི་ཚེ་འདིར་ར༷ང་གི༷་(ཟས་སྐོམ་གྱི་)འཚོ༷་བ༷་ཙ༷མ་ཞི༷ག་(སྒྲུབ་པར་)སེ༷མས་པ༷་ཡ༵ང༌། གྲ༷ང་ད༷ང་ཚ༷་ལ༷་སོ༷གས་(ཀྱི་སྒྲས་རླུང་དང་ཆར་དང་མུན་པ་དང་གཅན་ཟན་ལ་སོགས་)པ༷འི་གནོ༷ད་(པ་)བཟོ༷ད་ ན༵། འགྲོ༷་བ༷་མ་ལུས་པའི་བདེ༷་བ་འཕེལ་(བའི་)ཕྱི༷ར་བད༷ག་གིས་ཆོས་ཀྱི་དཀའ་སྤྱད་ལྟ་༷ཅི༷ས་ མི༷་བཟོ༵ད(དེ་ཤིན་ཏུ་བཟོད་པར་རིགས་སོ)། གལ་ཏེ་འདི་མི་བཟོད་ན་སེམས་བསྐྱེད་དུས་ཕྱོ༷གས་ བཅུ༷་ན༷མ་མཁ༷འི་མཐ༷འ་གཏུ༷གས་པ༵འི། འགྲོ༷་བ༷་(རྣམས་)ཉོ༷ན་མོ༷ངས་(པའི་དགྲ་)ལ༷ས་བསྒྲ༷ལ་ བ༵ར(ཏེ་རྣམ་པར་ཐར་པར་བྱའོ་ཞེས)། །ད༷མ་བཅ༷ས་ནས་ལན་ལེན་དགོས་པ་ག༷ང་གི་ཚེ༷་བད༷ག་ཉི༷ད་ 1-1-157 ཀྱ༵ང་(སྲེད་སོགས)། ཉོ༷ན་མོ༷ངས་རྣམ༷ས་ལ༷ས་མ༷་གྲོ༷ལ་བ༵ར། །བདག་འཛིན་གྱི་དབང་དུ་གྱུར་ ན་དང་པོ་བད༷ག་གི༷་བྱ་བ་སྒྲུབ་ནུས་མི་ནུས་ཚོ༷ད་ཀྱང༷་མི༷་ཤེ༷ས་པ༵ར། ཁས་ལེན་དེ་ཙམ་སྨྲ༷་བ༷་ ཇི༷་ལྟར༷་སྨྱོ༷ན་པ༷་མི༵ན་ཏེ་སྨྱོ་བར་འགྱུར་རོ། ། དེ༷་ལྟ་༷བས༷་ན་ཁས་བླངས་པ་བཞིན་གཞན་དོན་རྒྱ་ཆེར་སྤྱོད་པའི་གང་ཟག་གིས་ཐོག་ མར་རང་གི་ཉོ༷ན་མོ༷ངས་གཞོ༷མ་པ༷་ལ༵། རྟག༷་ཏུ༷་(སྦྱོར་བའི་བརྩོན་འགྲུས་ལས་)ཕྱི༷ར་མི༷་ལྡོ༷ག་པ༷ར་ བྱ་༷བ་གཅེས་ཏེ་རང་མ་གྲུབ་ན་གཞན་སྒྲུབ་བྱེད་དུ་མི་རུང་བའི་ཕྱིར་རོ། །དེས་ན་གཉེན་པོའི་ བརྩོན་འགྲུས་འདི༷་ལ༷་བད༷ག་གི༷ར་ཞེ༷ན་བྱ་༷ཞི༷ང༌། ཉོན་མོངས་ལ་(འཁོར་བ་ཐོག་མེད་ནས་གནོད་པ་ བྱས་པའི་)འཁོ༷ན་དུ༷་(སྙིང་པ་མ་བརྗེད་པར་)བཟུ༷ང་ན༷ས་(སྤང་གཉེན་)གཡུ༷ལ་སྤྲ༷ད་དེ༵། རྣམ༷་པ༷་དེ༷་འདྲ༷འི་ གཡུལ་དང་འཁོན་འཛིན་ནི་ཉོ༷ན་མོ༷ངས་པ༵འི་མིང་དུ་གྱུར་ཀྱང༌། ངོ་བོ་ཉོ༷ན་མོ༷ངས་འཇོ༷མས་ བྱེ༷ད་གཉེན་པོ་ཁོ་ན་ཡིན་པའི་ཕྱིར་སྤང་བྱར་མ༷་གཏོ༷གས་སོ༵། ། (རྣམ་པ་ཀུན་ཏུ་ཉོན་མོངས་ལ་གདུང་པར་མི་བྱ་བ་ནི་)བད༷ག་ནི༷་རྒྱུ་མ་བླུག་ནས་འཕྲལ་དུ་བསྲེ༷གས་ཏེ༷་ (ནི་བཤས་ཏེ་)བས༷ད་གྱུ༷ར་ཏ༵མ། བད༷ག་གི༷་མགོ༷་བོ༷་བཅ༷ད་དེ་ལྷུང་བར་བྱས་ཀྱང༷་བླ༵འི། དུས་ དང་རྣམ༷་པ༷་ཀུ༷ན་ཏུ༷་ཉོ༷ན་མོ༷ངས་པ༵འི། དགྲ༷་ལ༷་བཏུད་ན་གནོད་པའི་ཕྱིར་གདུ༷ད་(ཅིང་ཉོན་མོངས་ པའི་དབང་དུ་འགྲོ་)པ༷ར་མི༷་བྱ༷འོ༵། ། གཞོམ་པར་མི་ནུས་པ་ཡང་མ་ཡིན་ཏེ་ཐ༷་མ༷ལ་དགྲ༷་བོ༷་ལན་གཅིག་ཡུ༷ལ་ན༷ས་ཕྱུ༷ང་ཡ༷ང་ ནི༵། ཡུ༷ལ་གཞ༷ན་ད༷ག་ཏུ༷་གན༷ས་ཤི༷ང་སྐྱབས་གཞན་ཡོ༷ངས་བཟུ༷ང་ན༵ས། ནུ༷ས་པ༷་བརྟ༷ས་ཏེ་ སྟོབས་རྙེད་ན༷ས་དེ༷་ན༷ས་ཕྱི༷ར་ལྡོ༷ག་གི༵ ། ཉོ༷ན་མོ༷ངས་(ཀྱི་དགྲ་འཕགས་ལམ་གྱིས་ལན་ཅིག་སྤངས་ནས་ཐ་ མལ་གྱི་)དགྲ༷་ཚུ༷ལ་དེ༷་ད༷ང་འདྲ་༷མ༷་ཡི༵ན་ཏེ་གཞན་ལ་བརྟེན་ནས་ལྡོག་པ་མི་སྲིད་པའི་ཕྱིར་རོ། ། དེས་ན་ཉོ༷ན་མོ༷ངས་རྣམས་ནི་ཉོ༷ན་མོ༷ངས་ཀྱི་རང་བཞིན་སྟོང་པར་ཤེས་པའི་ཤེ༷ས་ར༷བ་ མི༷ག་གི༷ས་བདེན་མེད་དུ་བལྟས་པས་སྤང༷་བར་བྱ་སྟེ། བརྟགས་ན་བད༷ག་ཡི༷ད་ལ༷ས་བས༷ལ་ 1-1-158 (ཞིང་ཕྱུང་ནས་)ག༷ང་དུ༷་འགྲོ༷་བ༷ར་འགྱུ༵ར་ཏེ་འགྲོ་བ་པོ་ཡང་མེད་ལ། (གནས་)ག༷ང་དུ༷་གན༷ས་ན༷ས་ བད༷ག་གནོ༷ད་བྱ་༷ཕྱི༷ར་འོ༵ང་སྟེ་འོང་བ་པོ་ཡང་མ་གྲུབ་པའི་ཕྱིར། དོན་ལ་མེད་ཀྱང་བློ༷་ཞ༷ན་ (ཏེ་བློ་མི་གསལ་པ་)བད༷ག་ལ༷་འདི་གཉེན་པོས་རྣམ་དཔྱོད་སྒོམ་པའི་བརྩོ༷ན་པ༷་མེ༷ད་པ༷ར་འཁྲུལ་ སྣང་མ་སྤངས་པ་ཙམ་དུ་ཟ༵ད་དོ། ། དཔྱད་ན་ཉོ༷ན་མོ༷ངས་རྣམ༷ས་ནི༷་གཟུགས་ལ་སོགས་པའི་ཕྱིའི་ཡུ༷ལ་ན༷་མི༷་གན༷ས་ཤིང་ (སྟེ་དབང་པོའི་སྒོ་བསྡམས་པས་ཡུལ་ཡིད་དུ་འོང་མི་འོང་སོགས་མཐོང་ཡང་ཉོན་མོངས་མི་སྐྱེ་ཞིང་དཔྱད་ན་རྡུལ་ཕྲ་རབ་ཀྱང་མ་ དམིགས་པའི་ཕྱིར་རོ། །)མིག་ལ་སོགས་པ་ནང་དབ༷ང་པོའི་ཚོ༷གས་ལ༷་གནས་པ་མི༵ན་ལ་(དེའང་ཡིད་ ཆོས་ཀྱི་སྐྱེད་མཆེད་ལ་གཏད་པ་ན་མིག་སོགས་དབང་པོ་སོགས་ཀྱང་དེ་དག་མ་དམིགས་པའི་ཕྱིར་རོ། །)དེ་དག་གི་བ༷ར་ ན༷འ༷ང་གནས་པ་མི༷ན། དེ༷་རྣམས་ལ༷ས་གཞ༷ན་ན༷འ༷ང་གནས་པ་མི༷ན་ཏེ་གནས་ན༷་སྣང་དུ་རུང་ བ་ལས་མ་དམིགས་པ་དེས་ན་འདི༷་ད༷ག་ག༷ར་གན༷ས་ནས་འགྲོ༷་བ༷་ཀུ༷ན་གནོ༷ད་བྱེ༵ད། འཁྲུལ་ སྣང་ཙམ་འདི༷་ནི༷་(སྔགས་དང་སྨན་གྱི་མཐུ་ལས་མེད་བཞིན་དུ་སྣང་བའི་)སྒྱུ༷་མ་དང་འདྲ་༷བར་བརྫུན་པ་དེ༷འི་ ཕྱི༷ར་སྙི༷ང་ལ༷་(སྟེ་སེམས་ལ་ཉོན་མོངས་པས་)འཇི༷གས་སྤོ༷ངས་རང་བཞིན་ཤེ༷ས་ཕྱི༷ར་ཤེས་རབ་ལ་ བརྩོ༷ན་པ༷་བསྟེ༵ན། དོ༷ན་ལ་བདེན་མེ༷ད་ཉི༷ད་དུ༷་གྲུབ་པས་བད༷ག་ལ༷་དམྱལ༷་སོ༷གས་རྣམ༷ས་སུ༷་ ཅི༷་སྟེ༷་གནོ༷ད་པ༷་བྱེ༵ད། ཅེས་དཔྱད་ན་སྟོང་ཉིད་དུ་རྟོགས་སོ། ། ད་ནི་དོན་བསྡུ་བར་བཞེད་དེ། དེ༷་ལྟར༷་(ཉོན་མོངས་པ་རྣམས་སྒྱུ་མ་དང་འདྲ་བར་)རྣམ༷་པར་ བས༷མས་ནས་ཁོ་བོས་ཇི༷་སྐ༷ད་བཤ༷ད་པ༷་དང་གསུང་རབ་གཞན་ལས་འབྱུང་བ་ཡི༷། བསླ༷བ་ པ༷་བསྒྲུ༷བ་པ༷འི་ཆེ༷ད་དུ༷་ལག་ལེན་བག་ཡོད་ལ་འབ༷ད་པ༷ར་བྱ་༷སྟེ། ཕན་པ་བསྟན་ཡང་སྨ༷ན་ པ༷འི་ང༷ག་མ༷་མཉ༷ན་ན༷་སྨ༷ན་ད༷ག་གི༵ས། (ནད་པ་ནད་མེད་པར་)བཅོ༷ས་དགོ༷ས་(པའི་)ན༷ད་པ༷་སོ༷ས་ པ༷་ག༷་ལ༷་ཡོ༵ད། །(དེ་བཞིན་དུ། སྨན་པ་སངས་རྒྱས་ཀྱིས་ལུང་ཕོག་པའི་བསླབ་པ་མ་བསྒྲུབས་ན། ལས་ཉོན་གྱིས་བསྐྱེད་ པའི་ནད་སོས་པ་ག་ལ་ཡོད་དེ་མེད་དོ། །)དེའི་ཕྱིར་ལག་ལེན་ལ་བག་ཡོད་པར་བྱོས་ཤིག །ཅེས་པ་སྟེ། 1-1-159 ཟླ་བ་སྒྲོན་མའི་མདོ་ལས་ཀྱང༌། ཁྲིམས་དང་ཐོས་དང་གཏོང་དང་བཟོད་པ་དང༌། །དགེ་བའི་ ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །གཏེར་ཐོབ་བྱེད་ཅེས་ བདེ་བར་གཤེགས་པས་བསྟན། །ཞེས་གསུངས་སོ། ། བྱང༷་ཆུ༷བ་སེ༷མས་དཔ༷འི་སྤྱོ༷ད་པ༷་ལ༷་འཇུ༷ག་པ༷་ལ༷ས། གཙོ་བོར་བསླབ་པ་ལ་བ༷ག་ཡོ༷ད་ བསྟན༷་པ༷་ཞེ༷ས་བྱ་༷བ་༷སྟེ༷་ལེ༷འུ༷་བཞི༷་པ༷འོ༵།། །། ལེའུ་ལྔ་པ། ཤེས་བཞིན་བསྲུང་བ། ༈ བག་ཡོད་ཀྱི་རྗེས་སུ་དྲན་ཤེས་བཞིན་འབྲེལ་བས་(སྡོམ་པ་བླངས་པའི་)བསླ༷བ་པ༷་(གནང་ བཀག་གི་ཚུལ་)བསྲུ༷ང་(པ་སྟེ་རྗེས་སུ་སྐྱོང་)བ༷ར་འདོ༷ད་པ༷(འི་བྱང་ཆུབ་སེམས་པ་)ཡི༵ས། (དྲན་ཤེས་བཞིན་ གྱིས་)ར༷བ་ཏུ༷་བསྒྲི༷མས་ན༷ས་(ཟག་བཅས་ལ་)སེ༷མས་(འཕྲོ་བ་)བསྲུ༷ང་(དགོས་)སྟེ༷། །སེ༷མས་འདི༷་ (ཉོན་མོངས་ལས་)བསྲུ༷ང་བ༷་མ༷་བྱས༷་ན༵། །(ཡུལ་སྣ་ཚོགས་ལ་འཕྲོས་ན་ཆགས་སྡང་སྐྱེས་ནས་)བསླ༷བ་པ༷་ བསྲུ༷ང་བ༷ར་ཡོ༷ང་(ཡེ་)མི༷་ནུ༵ས་པའི་ཕྱིར་རོ། ། སེ༷མས་ཀྱི༷་གླ༷ང་པོ༷་(མ་བཏུལ་བར་)ཚུལ་བཞིན་མ་ཡིན་པའི་ཡུལ་ལ་ཡ༷ན་བཏ༷ང་བ༵ས། མན༷ར་མེ༷ད་དམྱལ་བ་ལ་སོགས་པའི་གནོ༷ད་པ༷་བྱེ༷ད་པ༷་ལྟར༷། གླ༷ང་ཆེ༷ན་ཁ་ལོ་མ༷་ཐུ༷ལ་ཞིང་ ཆང་གིས་མྱོ༷ས་ཏེ་དྲེགས་པ༷་ཡི༵ས། འདི༷་ན༷་དམྱལ་བ་དེ༷་འདྲ༷འི་གནོ༷ད་མི༷་བྱེ༵ད(པས་ཉེས་དམིགས་ ཆེ་བའི་སེམས་བསྲུང་བ་ལ་འབད་དོ)། ། ཀུ༷ན་ན༷ས་(ནི་དུས་ཐམས་ཅད་དུ་མ་བརྗེད་པའི་)དྲན༷་པ༷འི་ཐ༷ག་པ༷་ཡི༵ས། །སེ༷མས་ཀྱི༷་གླ༷ང་ཆེ༷ན་ (ཆོས་ལ་སེམས་པའི་སྡོང་པོ་ལ་)ད༷མ་བཏ༷གས་ན༵། །སྟག་ལ་སོགས་པའི་འཇི༷གས་པ༷་ཐ༷མས་ཅ༷ད་ མེ༷ད་འགྱུ༷ར་ཞི༵ང༌། སྦྱིན་པ་ལ་སོགས་དགེ༷་བ༷་(མངོན་མཐོ་ངེས་ལེགས་)ཐ༷མས་ཅ༷ད་ལ༷ག་ཏུ༷་གཏད་ 1-1-160 པ་བཞིན་འོ༵ང་ངོ༌། ། (གཞན་ཡང་ཉེ་བར་འཚེ་བའི་)སྟ༷ག་ད༷ང་སེ༷ང་གེ༷་གླ༷ང་ཆེ༷ན་དྲེ༵ད། །སྦྲུ༷ལ་(གདུགས་པ་)ད༷ང་དགྲ༷་ རྣམ༷ས་ཐ༷མས་ཅ༷ད་ད༵ང༌། །སེ༷མས་ཅ༷ན་དམྱལ༷་བ༷འི་སྲུ༷ང་མ༷་ད༵ང༌། །བྱ༷ད་མ༷་སྟེ་མཁའ་འགྲོ་ དང་དེ༷་བཞི༷ན་སྲི༷ན་པོ༷་རྣམ༷ས། སེ༷མས་འདི༷་གཅི༷ག་པུ༷་(དྲན་པའི་ཐག་པས་)བཏ༷གས་པ༷་ ཡི༵ས། །(སྟག་སོགས་)དེ༷་ད༷ག་ཐ༷མས་ཅ༷ད་བཏ༷གས་པ༷ར་འགྱུ༵ར་ཏེ་གནོད་པ་མི་བྱེད་དོ། །(རང་གི་) སེ༷མས་འདི༷་གཅི༷ག་པུ༷་(ཤེས་བཞིན་གྱིས་)བཏུ༷ལ་བ༷་ཡི༵ས། །(སྟག་སོགས་)དེ༷་ད༷ག་ཐ༷མས་ཅ༷ད་ཐུ༷ལ་ བ༷ར་འགྱུ༵ར་ཏེ་ཕན་པ་སྒྲུབ་པའོ། །འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང༌། རིགས་ཀྱི་བུ། ཆོས་ཐམས་ཅད་ནི་སེམས་སྔོན་དུ་འགྲོ་བ་སྟེ། སེམས་ཉིད་དབང་དུ་གྱུར་ན་ཆོས་ཐམས་ཅད་ དབང་དུ་འགྱུར་རོ། །ཞེས་གསུངས་སོ། ། འདི༷་ལྟར༷་(ཚེ་འདི་ཕྱིའི་)འཇི༷ག་པ༷་ཐ༷མས་ཅ༷ད་ད༵ང༌། །(ལུས་སེམས་ཀྱི་)སྡུ༷ག་བསྔ༷ལ་དཔ༷ག་ཏུ༷་ མེ༷ད་པ༷་ཡ༵ང༌། །སེ༷མས་ལ༷ས་བྱུ༷ང་བ༷་ཡི༷ན་ནོ༷་ཞེ༵ས། །ཡ༷ང་ད༷ག་གསུ༷ང་བ༷་ཉི༷ད་ཀྱི༷ས་བསྟ༵ན་ ཏེ། ཇི་སྐད་དུ། དྲན་པ་ཉེ་བར་བཞག་པ་ལས། སེམས་ནི་དགྲ་དང་དགྲ་ཆེན་ཡིན། །སེམས་ ལས་གཞན་པའི་དགྲ་མེད་དོ། །ཞེས་གསུངས་པའོ། ། གལ་ཏེ་དེ་ལྟ་མ་ཡིན་ན། སེ༷མས་ཅ༷ན་དམྱལ༷་བ༷འི་མཚོ༷ན་ཆ༷་(མདུང་དང་གཏུན་ཤིང་དང་རལ་ གྲི་ལོ་མའི་ནགས་ཚལ་ལ་སོགས་པ་)རྣམ༷ས། །འཁྲུལ་སྣང་ལས་གཞན་སུ༷་ཞི༷ག་གི༷ས་ནི༷་ཆེ༷ད་དུ༷་བྱས༷། ལྕ༷གས་བསྲེ༷གས་(པའི་རང་བཞིན་གྱི་)ས༷་གཞི༷་སུ༷་ཡི༷ས་བྱས༷། །ཤིང་ཤལ་མ་ལིའི་སྟེང་འོག་ ཏུ་འབོད་པ་དང་ཕྲད་ནས་ཀྱང་ལྕགས་ཀྱི་བུད་མེད་མེ་རབ་ཏུ་འབར་བས་མཁྱུད་པ་ལ་སོགས་ འདོད་ལོག་གི་རྣམ་སྨིན་མེ་ཚོ༷གས་མང་པོ་སྣང་བ་དེ༷་ད༷ག་ཅི༷་ལ༷ས་བྱུ༵ང་(སྟེ་སེམས་ལས་གཞན་པའི་ རྒྱུ་མེད་དོ)། །དེ༷་འདྲ་༷དེ༷་ད༷ག་ཐ༷མས་ཅ༷ད་དབང་ཕྱུག་ལ་སོགས་པས་ཀྱ༵ང་བྱས་པ་མ་ཡིན་ལ། གཏན་མི་མྱོང་བ་ཡང་མ་ཡིན་ཏེ་སྡི༷ག་ལས་ཀྱི་སེ༷མས་འཁྲུལ་སྣང་ལས་འབྱུ༷ང་བ༷ར་འཕགས་ 1-1-161 པ་སྙིང་རྗེ་ཆེན་པོའི་མདོ་ལས། འཇམ་དཔལ་སེམས་ཅན་དམྱལ་བ་རྣམས་ནི་ཡོད་པ་མ་ཡིན་ ལ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཕྱིན་ཅི་ལོག་གིས་བསྒྲུབས་ཏེ་རང་རང་གི་རྣམ་པར་ རྟོག་པ་ལས་བྱུང་བའོ། །ཞེས་ཐུ༷བ་པ༷ས་གསུ༵ངས་སོ། །དེ༷་ལྟ་༷བས་ན་ས་འོག་ས་བླ་ས་སྟེང་ གི་འཇི༷ག་རྟེ༷ན་གསུ༷མ་པོ༷་ན༵། (སྡིག་པའི་)སེ༷མས་ལ༷ས་འཇི༷གས་པ༷་གཞ༷ན་འག༷འ་མེ༵ད་པས་དེ་ བསྲུང་ངོ༌། ། དགེ་བ་ཐམས་ཅད་ལག་ཏུ་འོང་བ་ནི་གཙོ་བོར་ཕར་ཕྱིན་དྲུག་ལས། ཕྱི་རོལ་དོན་སྒྲུབ་ ཏུ། རྣམ་ཤེས་སྦྱིན་པའི་རྣམ་པ་ཅན། །བརྒྱ་ཕྲག་ཏུ་མར་གོམས་བྱས་ཀྱང༌། །འོན་ཀྱང་སེམས་ ཅན་འགའ་ཞིག་ཀྱང༌། །དབུལ་དང་བྲལ་བར་མི་འགྱུར་རོ། །ཞེས་དངོས་སྨྲ་བས་བཀོད་པ་ ལྟར། ག༷ལ་ཏེ༷་འགྲོ༷་བ༷་དབུ༷ལ་བོ༷ར་བ༵། །སྦྱི༷ན་པ༷འི་ཕ༷་རོ༷ལ་ཕྱི༷ན་པའི་མཚན་ཉིད་ཡི༷ན་ན༵། ད༷་དུ༷ང་འགྲོ༷་བཀྲེ༷ན་དུ་མ་ཡོ༷ད་པ་ཉིད་ཀྱི་ཕྱིར་ན༷་སྔོ༵ན། སྐྱོ༷བ་པ༷་སངས་རྒྱས་(རྣམ་པ་ཆོས་ཅན་) ཇི༷་ལྟར༷་སྦྱིན་པའི་ཕ༷་རོ༷ལ་ཕྱི༵ན་ཏེ་མ་ཕྱིན་པར་ཐལ་ལོ(འགྲོ་བ་ཐམས་ཅད་ཀྱི་དབུལ་བ་མ་བསལ་བའི་ཕྱིར་ རོ)། །འདོད་ན་བཤད་སྦྱར་དུ། བསེ་རུ་ལྟ་བུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །བཅོམ་ལྡན་ཉག་གཅིག་ཕ་རོལ་ཕྱིན། །དྲུག་གི་སྤྱི་ལ་བཞུགས་པ་ལགས། །ཞེས་བཤད་ པས་བསལ་ལོ། །དེས་ན་འདིར་རང་ལ་དངོས་པོ་བདོ༷ག་པ༷་ཐ༷མས་ཅ༷ད་འབྲ༷ས་བུ་སངས་ རྒྱས་ཐོབ་པའི་ཐབས་དང་བཅ༷ས་ཏེ༵། སྐྱེ༷་བོ༷་ཀུ༷ན་ལ༷་བཏ༷ང་སེ༷མས་ཀྱི༵ས། །(དངོས་པོ་གང་ལའང་ ཆགས་པ་མེད་པས་སེར་སྣའི་དྲི་མ་ལ་སོགས་དང་བྲལ་བའི་སེམས་སྐྱེ་བ་དེའི་ཚེ་)སྦྱི༷ན་པ༷འི་ཕ༷་རོ༷ལ་ཕྱི༷ན་(པ་རྫོགས་ པར་)གསུ༷ངས་ཏེ༵། ཡེ་ཤེས་སྨད་དུ་བྱུང་བའི་མདོ་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ ན། འདི་ལྟ་སྟེ། བདོག་པ་ཐམས་ཅད་འབྲས་བུ་དང་བཅས་ནས་གཞན་ལ་བཏང་པར་སེམས་ པའོ། །ཞེས་སོ། །དེ༷་ལྟ་བས༷་ན་སྦྱིན་པ་དེ༷་ནི༷་སེ༷མས་ཉི༷ད་དོ༵། ། ཚུལ་ཁྲིམས་ཀྱི་མཚན་ཉིད་ལ་ཡང་ཉེས་སྤྱོད་རྒྱུ་དང་བཅས་པ་སྤངས་པ་དགོས་ན་སྔོན་ 1-1-162 སྐྱོབ་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་མ་ཕྱིན་པར་འགྱུར་ཏེ་ཉ༷་དང་གཞན་གྱི་ནོར་དང་བུད་མེད་ ལ༷་སོ༷གས་པ༷་ས་ཕྱོགས་ག༷ང་ཞི༷ག་ཏུ༵། དེ༷་ད༷ག་གསོ༷ད་པ་དང་རྐུ་བ་དང་ལོངས་སྤྱད་བྱར་མི༷་ འགྱུ༷ར་བའི་ཕྱོགས་དེར་བསྐྲད་དགོས་པ༷ར་ཐལ་བ་ལས་མ་བསྐྲ༵ད་དེ། ད་དུང་དེ་རྣམས་ལས་ ཉེས་པར་སྤྱོད་པ་དུ་མ་ཡོད་པའི་ཕྱིར་རོ། །(འོ་ན་གང་གིས་རྫོགས་ཞེ་ན་)དེས་ན་འདིར་རང་གི་ཉེས་ སྤྱོད་སྤོ༷ང་བ༷འི་སེ༷མས་ནི༷་ཐོ༷བ་པ༷་ལ༵ས། ཚུ༷ལ་ཁྲི༷མས་ཕ༷་རོ༷ལ་ཕྱི༷ན་པ༷ར་ཡང་དེ་ཉིད་ལས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། གཞན་ལ་གནོད་པ་གནས་དང་བཅས་པ་སྤོང་ བའོ་ཞེས་བཤ༵ད་དེ། དེ་ལྟས་དེ་ནི་སེམས་ཉིད་དོ་ཞེས་པ་སླར་ཡང་ཕ་རོལ་ཏུ་ཕྱིན་པ་ཐམས་ ཅད་ལ་འདྲེན་ནོ། ། བཟོད་པའི་མཚན་ཉིད་ཀྱང་ཁྲོ་བ་ཐམས་ཅད་བཅོམ་པ་ཡིན་ན་སྔོན་སྐྱོབ་པས་བཟོད་པ་ མ་རྫོགས་པར་འགྱུར་ཏེ། སེ༷མས་ཅ༷ན་མི༷་སྲུ༷ན་ཅིང་ཁྲོ་བ་ན༷མ་མཁ༷འ་བཞི༵ན་དུ་མཐའ་ཡས་ པ་དེ༷་ད༷ག་(གི་ཁྲོ་བ་)གཞོ༷མ་གྱི༷ས་ཡོ༷ང་མི༷་ལ༵ང་བའི་ཕྱིར་(ཐུབ་པ་ཆོས་ཅན། བཟོད་པ་མ་རྫོགས་པར་ཐལ། འདོད་ན་རྫོགས་པས་བསལ་ལོ། །)རོ། །དེས་ན་འདི་རང་གི་ཁྲོ༷་བ༷འི་སེ༷མས་ནི༷་གཅི༷ག་པུ་ནང་དུ་བཅོ༷མ་ ན༵། ཕྱི་རོལ་གྱི་དགྲ༷་དེ༷་ཐ༷མས་ཅ༷ད་ཆོ༷མས་ད༷ང་འདྲ༵། དཔེར་ན་(ཚེར་མ་ལ་སོགས་གནོད་པ་བསྲུང་པའི་ དོན་དུ་)ས༷་སྟེ༷ང་འ༷དི་ད༷ག་ཀོ༷ས་གཡོ༷ག་ཏུ༵། །དེ༷་སྙེ༷ད་ཀོ༷་བ༷ས་ག༷་ལ༷་ལ༵ང༌། །ལྷ༷མ་མཐི༷ལ་ཙ༷མ་ གྱི༷་ཀོ༷་བ༷ས་ནི༵། །ས༷་སྟེ༷ང་ཐ༷མས་ཅ༷ད་གཡོ༷གས་ད༷ང་འདྲ༵། །དེ༷་བཞི༷ན་ཕྱི༷་རོ༷ལ་(གནོད་བྱེད་ཀྱི་) དངོ༷ས་པོ༷་(དགྲ་ལ་སོགས་པ་)ཡ༵ང༌། །བད༷ག་གི༷ས་ཕྱི༷ར་བཟློ༷ག་མི༷་ལ༷ང་གི༵ས། །བད༷ག་གི༷་སེ༷མས་ འདི༷་(ཁྲོ་བ་ལས་)ཕྱི༷ར་བཟློ༷ག་བྱ༵འི། །གཞ༷ན་རྣམ༷ས་བཟློ༷ག་གོ༷་ཅི༷་ཞི༷ག་དགོ༵ས། །ཞེས་པ་སྟེ། མདོ་ལས་ཀྱང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། སེམས་མི་འཁྲུག་པའོ། །ཞེས་ གསུངས་སོ། ། བརྩོན་འགྲུས་ཀྱང་དགེ་བ་ལ་སྤྲོ་བའི་མཚན་ཉིད་ཅན་ཡིན་པས་སེམས་ཉིད་དེ། དཔེར་ 1-1-163 ན། མྱ་ངན་ལས་འདས་པའི་མདོར། བུད་མེད་ཞིག་གི་བུ་ཆུས་ཁྱེར་བ་ལ་བྱམས་སེ༷མས་ གས༷ལ་པོ་གཅི༷ག་བསྐྱེ༷ད་པའི་འབྲ༷ས་བུ༷་ཡ༵ང༌། ཚ༷ངས་པའི་འཇིག་རྟེན་དུ་སྐྱེས་པ་ལ༷་སོ༷གས་ པ༷་ཡི༷ན་པར་བཤད་པ༷་ལྟར༷། ལུ༷ས་ང༷ག་བཅ༷ས་པ༷འི་འབྲ༷ས་བུ༷་ཡ༵ང༌། །སེམས་ཀྱི་འཇུ༷ག་པ༷་ ཞ༷ན་པ༷ས་ཞུགས་པ་ལས་ནི་འབྲས་བུ་དེ༷་ལྟ་༷བུ་མི༵ན་པའོ། ། བསམ་གཏན་གྱི་མཚན་ཉིད་སེམས་རྩེ་གཅིག་པ་ཉིད་ཡིན་པས་གཞན་དུ་བརྗོད་མི་ནུས་ མོད། དེའི་ཡན་ལག་ངག་གི་བཟླ༷ས་བརྗོ༷ད་ད༷ང་ནི༷་ལུས་ཀྱི་(དབང་པོ་དུལ་བའི་རང་བཞིན་གྱི་)དཀ༷འ་ ཐུ༷བ་ཀུ༵ན། ཡུ༷ན་རི༷ང་དུ༷ས་སུ༷་(གོམས་ཤིང་)སྤྱ༷ད་བྱས༷་ཀྱང༷༌། །(དམིགས་པ་ལས་)སེ༷མས་གཞ༷ན་ (དུ་) གཡེ༷ངས་པ༷(འམ་གཉིད་རྨུགས་དང་མི་གསལ་)ས་བྱས༷་པ༷་ནི༵། །སངས་རྒྱས་དེ༷་ཉི༷ད་རི༷ག་པ༷ས་ དོ༷ན་མེ༷ད་གསུ༵ངས་ཏེ། (འབྲས་བུ་ཆུང་ཞིང་འདོད་པ་བཞིན་མི་འགྲུབ་པས་སོ། །)ཡུམ་ལས། སེམས་གཡེངས་པས་ནི་བདག་གི་དོན་ཡང་འགྲུབ་པར་མི་འགྱུར་ན་གཞན་གྱི་དོན་ལྟ་ཅི་ སྨོས། དེའི་ཕྱིར་སེམས་གཡེང་བའི་གོ་སྐབས་ནི་འགའ་ཙམ་ཡང་མི་དབྱེའོ། །ཞེས་སོ། ། ཤེས་རབ་ནི་རྩོད་པ་མེད་པར་སེམས་ཉིད་དེ་གང་ཟག་ག༷ང་གི༷ས་(རང་གི་མཚན་ཉིད་འཛིན་ པའམ། ལྟུང་པ་ལས་འཛིན་པས་)ཆོ༷ས་ཀྱི༷་དོ༷ན་པོ༷འམ་གཙོ་བོ་མཆོ༵ག །སེ༷མས་ཀྱི༷་རང་བཞིན་བྱིས་ པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་གས༷ང་བར་གྱུར་པ་ཆོས་རབ་ཏུ་རྣམ་འབྱེད་འདི༷་མ༷་ཤེ༷ས་ (ཤིང་ཡང་ཡང་དུ་མ་གོས་)ན༵། (མྱང་འདས་ཀྱི་)བདེ༷་ཐོ༷བ་(འཁོར་བའི་)སྡུ༷ག་བསྔ༷ལ་གཞོ༷མ་འདོ༷ད་ཀྱང༷༌། །གནད་མི་ཤེས་པའི་སྐྱེ་བོ་མུ་སྟེགས་ཅན་ལ་སོགས་པ་དེ༷་ད༷ག་འབད་པ་དོ༷ན་མེ༷ད་གྱི༷་ན༷ར་ ནམ་མཁའ་ལ་མེ་ཏོག་ཀ་ཤི་བཞིན་དུ་འཁོར་ཞིང་འཁྱ༵མ་མོ། །དེའི་ཕྱིར། སྡོང་པོ་བཀོད་པའི་ མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ལ་བརྟེན་ཏོ། །སེམས་ཅན་སྨིན་པར་བྱ་བ་དང་གདུལ་བར་བྱ་བ་ཐམས་ཅད་ཀྱང་རང་གི་སེམས་ལ་བརྟེན་ ཏོ། །ཞེས་རྒྱས་པར་གསུངས་སོ། ། 1-1-164 (ཐམས་ཅད་སེམས་ལ་རག་ལས་པ་)དེ༷་ལྟ་༷བས༷་ན་བད༷ག་གི༷་སེ༷མས་འདི༷་ནི༵། དྲན་པས་ལེ༷གས་ པར་བཟུ༷ང་ནས་ཤེས་བཞིན་གྱིས་ལེ༷གས་པ༷ར་བསྲུ༷ང་བ༷ར་བྱ༷། འདིའི་ནང་དུ་ཐམས་ཅད་ འདུ་བའི་ཕྱིར་སེ༷མས་བསྲུ༷ང་བརྟུ༷ལ་ཞུ༷གས་མ༷་གཏོ༷གས་པ༵། ངལ་བ་འབྲས་བུ་མེད་པའི་ བརྟུ༷ལ་ཞུ༷གས་མ༷ང་པོ༷ས་ཅི༷་ཞི༷ག་བྱ༷། ཞེས་པའོ། ། སྐྱེ་བོ་འདྲེན་པ་མཁས་པས་མ༷་དྲ༷ངས་ཤིང་སྤྱོད་པ་མ་བསྡམས་གྲོ༷ལ་(ཏེ་སེམས་གཡེང་)བ༷འི་ ཁྲོ༷ད་གན༷ས་ན༵། རྨ་ཅན་རྣམས་ཀྱིས་བསྒྲི༷མས་ཏེ༷་རྨ༷་ཡི༷་བ༷ག་(ཟོན་)བྱེ༷ད་(པ་)བཞི༵ན། སྐྱེ༷་བོ༷་ ང༷ན་ཁྲོ༷ད་གན༷ས་པ༷འི་སྡོམ་བརྩོན་རྣམས་ཀྱིས༷་ཀྱང༷༌། སེ༷མས་ཀྱི༷་རྨ༷་འདི༷་རྟག༷་ཏུ༷་བསྲུ༵ང་ དགོས་ཏེ། ཐ་མལ་རྨ༷་ཡི༷་སྡུ༷ག་བསྔ༷ལ་ཆུ༷ང་ངུ༷་ཡི༵ས། སྐྲ༷ག་པ༷འ༷ང་རྨ༷་ཡི༷་བ༷ག་(ཟོན་ཆེར་འབད་ པས་)བྱེ༷ད་ན༵། །དམྱལ་བར་བསྡུ༷ས་འཇོ༷མས་ཀྱི་རི༷ས་འཇོ༷མས་པ་ལ་སོགས་རྣམ་སྨིན་ལ་སྐྲ༷ག་ པ༷་ད༵ག །ད་ལྟ་སེ༷མས་ཀྱི༷་རྨ༷་སྡིག་པ་ལས་ལྟ་༷ཅི༷ས་མི༷་བསྲུ༵ང་སྟེ་བསྲུང་བ་ཤིན་ཏུ་འཐད་པའི་ ཕྱིར་རོ། ། སེམས་བསྲུང་བའི་སྤྱོ༷ད་པ༷་འདི༷་འདྲ༷ས་གན༷ས་བྱེ༷ད་ན༵། སྐྱེ༷་བོ༷་ང༷ན་པ༷འི་ཁྲོ༷ད་གན༷ས་ ས༵མ། །(གཡོ་སྒྱུ་དྲུག་ཅུ་རྩ་གཉིས་ཀྱི་སྐྱེས་པ་བསླུ་བར་བྱེད་པའི་)བུ༷ད་མེ༷ད་ཁྲོ༷ད་ན༷་གན༷ས་ཀྱང༷་རུ༵ང༌། །སྡོ༷མ་ བརྩོ༷ན་བརྟན༷་པ༷་(སྟེ་བསླབ་པ་ལ་བག་ཡོད་པ་)ཉམ༷ས་མི༷་འགྱུ༵ར་ཏེ་ཡིད་མི་འཁྲུལ་བའི་ཕྱིར་རོ། ། བད༷ག་གི༷་རྙེ༷ད་པ་ཡོན་འབུལ་བ་ད༷ང་འདོད་པ་ཇི་ལྟར་རེ་བ་དང་བཀུ༷ར་སྟི༷་སྟན་གདིང་ བ་སོགས་ད༵ང༌། དེར་མ་ཟད་ལུ༷ས་ད༷ང་འཚོ༷་བ༷་སྟེ་སྲོག་ཉམ༷ས་ཀྱང་བླ༷་ཞི༵ང༌། དགེ༷་བ༷འམ་ བཟང་པོ་གཞ༷ན་ཡ༷ང་ཉམ༷ས་བླ༷་ཡི༵། སེ༷མས་(མི་དགེ་བ་ལས་བསྲུང་བ་)ནི༷་ན༷མ་ཡ༷ང་ཉམ༷ས་མི༷་བྱ༷། ཞེས་པའོ། །དེ་ལྟར་སེ༷མས་བསྲུ༷ང་འདོ༷ད་པ༷་རྣམ༷ས་ལ༷་ནི༵། གཙུག་ན་རིན་པོ་ཆེའི་མདོ་ལས། དྲན་པ་རྣོ་བ་ལྟ་བུ་གང་གི་སེམས་དང་སེམས་ལས་བྱུང་བའི་ཆོས་མི་དགེ་བ་ཐམས་ཅད་ཀྱི་ སྐབས་མི་འབྱེད་པ་འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །ཞེས་འབྱུང་བའི་མཚན་ཉིད་ཅན་ 1-1-165 དྲན༷་པ༷་ད༷ང་ནི༷་ཡུམ་ལས། དེ་སྤྱོད་ན་སྤྱོད་དོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ་འགྲོ་བ་དང་འོང་བ་ དང་འགྲེང་བ་དང་འདུག་པ་དང་གཉིད་ཀྱིས་ལོག་པ་དང་མ་ལོག་པ་དང་སྨྲ་བ་དང་མི་སྨྲ་བ་ དང་ནང་དུ་ཡང་དག་འཇོག་པ་ན་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། ཞེས་གསུངས་པའི་མཚན་ ཉིད་ཅན་ཤེ༷ས་བཞི༷ན་ད༵ག །སྲོ༷ག་ལ༷་བ༷བ་ཀྱང༷་(འབད་པས་བག་ཡོད་པས་)སྲུ༷ངས་ཤི༷ག་ཅེ༵ས། རྩོམ་པ་པོ་བད༷ག་ནི༷་དེ༷་སྐ༷ད་ཐ༷ལ་མོ༷་སྦྱོ༵ར་ཞིང་གསོལ་བ་འདེབས་ཞེས་པའོ། །ན༷ད་ཀྱི༷ས་ དཀྲུ༷གས་(པས་ནུས་པ་ཉམས་)པ༷འི་མི༷་ད༷ག་ནི༵། འགྲོ་འོང་ལ་སོགས་ལ༷ས་རྣམ༷ས་ཀུ༷ན་ལ༷་(འདོད་ པ་བཞིན་བྱེད་པའི་)མཐུ༷་མེ༷ད་པ༵། དེ༷་བཞི༷ན་རྨོ༷ངས་པ༷ས་སེ༷མས་དཀྲུ༷གས་པ༵། དྲན་ཤེས་བཞིན་ མ་ཚང་བ་ཡང་དག་པའི་ལ༷ས་རྣམ༷ས་ཀུ༷ན་ལ༷་མཐུ༷་མེ༷ད་དོ༵། ། ཁྱད་པར་ཤེ༷ས་བཞི༷ན་མེ༷ད་པ༷འི་སེ༷མས་ལྡན༷་པ༵འི། ཐོ༷ས་ད༷ང་བས༷མ་ད༷ང་བསྒོ༷མས་པ༷་ ལས་བྱུང་བའི་ཤེས་རབ་ལན་གཅིག་སྐྱེས་པ་ཡ༵ང༌། ཞ༷བས་རྡོ༷ལ་བུ༷མ་པ༷འི་(ནང་དུ་)ཆུ༷་(བླུག་ཀྱང་ འཛག་པ་)བཞི༷ན་དུ༵། །དྲན༷་པ༷་ལ༷་ནི༷་དོན་དེ༷་མི༷་གན༵ས། །ཐོ༷ས་(པ་)མ༷ང་(པོ་དང་ལྡན་པ་དང་)ད༷ད་པ༷་ ཅ༷ན་ད༷ང་ནི༵། །(བསླབ་པ་གུས་པས་)བརྩོ༷ན་པ༷་ལྷུ༷ར་ལེ༷ན་གྱི་གང་ཟག་དུ༷་མ༷་ཡ༵ང༌། ཤེ༷ས་བཞི༷ན་ མེ༷ད་པ༷འི་སྐྱོ༷ན་ཆ༷གས་པ༵ས། །རྒྱུད་ལྟུ༷ང་བ༷འི་རྙོ༷ག་པ་ད༷ང་བཅ༷ས་པ༷ར་འགྱུ༵ར་ཏེ། འདུལ་ བའི་མ་མོ་བསྡུ་བ་ལས་ཀྱང༌། ལྟུང་དེའི་རྒྱུ་ཡང་རྣམ་བཞི་སྟེ། །མི་ཤེས་པ་དང་བག་མེད་དང༌། །ཉོན་མོངས་མང་དང་མ་གུས་པའོ། །ཞེས་གསུངས་སོ། ། ངོ་བོ་ཤེ༷ས་བཞི༷ན་མེ༷ད་པ༷འི་(ཉོན་མོངས་དགེ་བའི་ནོར་འཕྲོག་པའི་)ཆོ༷མ་རྐུ༷ན་ད༵ག །དུས་(གཉེན་ པོ་) དྲན༷་པ༷་ཉམ༷ས་པ༷འི་རྗེ༷ས་འབྲ༷ངས་ན༵ས། ལས་བསོ༷ད་ན༷མས་ད༷ག་ནི༷་ཉེ༷ར་བས༷གས་ ཀྱང༷༌། རྐུ༷ན་པོ༷ས་ཕྲོ༷གས་བཞི༷ན་བཅོམ་ནས་ང༷ན་འགྲོ༷ར་འགྲོ༵་བར་བྱེད་དོ། །དྲན་པ་མེད་ན་ ཉོ༷ན་མོ༷ངས་(པ་)ཆོ༷མ་རྐུ༷ན་(དང་འདྲ་བའི་)ཚོ༷གས་འདི༷་ནི༵། (དགེ་བའི་ནོར་འཕྲོག་པའི་)གླ༷གས་སྐབ༷ས་ (དྲན་པ་ཉམས་པ་)ཚོ༷ལ་བ༷ར་བྱེ༷ད་པ༷་སྟེ༵། །གླ༷གས་རྙེ༷ད་གྱུ༷ར་ན༷ས་དགེ༷་བའི་ནོར་འཕྲོ༷ག་ 1-1-166 ཅི༵ང༌། (འབྲས་བུ་) བདེ༷་འགྲོ༷(དང་ཐར་པ)འི་སྲོ༷ག་ཀྱང༷་འཇོ༷མས་པ༷ར་བྱེ༷ད། །(ཤེས་བཞིན་མེད་ན་ཉེས་པ་ མང་དུ་འབྱུང་བ་)དེ༷་བ༷ས་དྲན༷་པ༷་དམིགས་པ་མི་བརྗེད་པའི་མཚན་ཉིད་ཅན་འདི་ཡི༷ད་ཀྱི་སྒོ༷་ན༵ས། (ཤེས་བཞིན་ལས་) གུ༷ད་དུ༷་ན༷མ་ཡ༷ང་མི༷་གཏ༷ང་ངོ༵༌། །གལ་ཏེ་(བག་མེད་པས་)སོ༷ང་ན༷འ༷ང་(དམྱལ་ སོགས་)ང༷ན་སོ༷ང་གནོ༷ད་པ༷་ད༵ག །དྲན༷་པ༷ར་བྱས༷་ཏེ༷་དགེ་བའི་དམིགས་པ་དེ་ཉིད་ལ་གཏད་ ཅིང་ཉེ༷་བ༷ར་བཞ༵ག་པར་བྱའོ། ། དྲན་པ་དེ་ཡང་བླ༷་མ༷་ད༷ང་ནི༷་གྲོ༷གས་པོ༷་བཟང་པོ་ད༵ང༌། མཁ༷ན་པོ༷་རྣམས་ཀྱིས༷་གདམ་པ་ རྗེ༷ས་སུ༷་བསྟན༷་པ༷་ད༵ང༌། དེ་དག་གིས་ཁྲེལ་བས་འཇི༷གས་པ༷་དང་རང་བསོད་ནམས་ཀྱི་སྐ༷ལ་ བ་ལྡན༷་པ་དང་གཉེན་པོ་ལ་གུ༷ས་བྱེ༷ད་རྣམས་རེ་རེ་ལ༵ས་ཀྱང༌། དྲན༷་པ༷་བདེ༷་བླ༷ག་ཉི༷ད་དུ༷་སྐྱེ༵་ བའི་ཕྱིར་དེ་དག་བསྟེན་ནོ། །གཞན་ཡང་སང༷ས་རྒྱ༷ས་བྱང༷་ཆུ༷བ་སེ༷མས་དཔ༷འ་ད༵ག །(ཤེས་བྱ་) ཀུ༷ན་ཏུ༷་ཐོ༷གས་མེ༷ད་གཟི༷གས་པ༷ར་(སྤྱན་དང་)ལྡ༵ན། །དེ༷་ད༷ག་ཐ༷མས་ཅ༷ད་སྤྱ༷ན་སྔ༷་ན༵། །བད༷ག་ ནི༷་རྟག༷་པ༷ར་གན༷ས་སོ༷་ཞེ༵ས། །དེ༷་ལྟར༷་ཡང་ཡང་བས༷མས་ན༷ས་རང་ལ་ཁ་ན་མ་ཐོ་བས་ འཛེམ་པའི་ངོ༷་ཚ༷་ད༵ང༌། བསླབ་པ་ལ་གུ༷ས་པ་ད༷ང་གཞན་གྱིས་འཕྱ་བ་ལ་འཇི༷གས་པའི་ཁྲེལ་ ཡོད་ལྡན༷་པས་དེ༷་བཞི༷ན་དུ་གནོ༵ས། ཞེས་པ་གནས་པར་གྱིས་ཀྱི་དོན་ཏོ། ། (དེ་ལྟར་གནས་པ་)དེ༷ས་ནི༷་དྲན་པ་སྐྱེ་བར་མ་ཟད་སང༷ས་རྒྱ༷ས་རྗེ༷ས་དྲན༷་པ༷འ༵ང༌། དེ༷་ལ༷་ཡ༷ང་ ད༷ང་ཡ༷ང་དུ༷་འབྱུ༵ང་ངོ༌། །(དེར་མ་ཟད་)ག༷ང་ཚེ༷་དྲན༷་པ༷་ཡི༷༷ད་ཀྱི་(ཁང་པའི་)སྒོ༷་ན༵ས། མི་འཆོར་བར་ བསྲུ༷ང་བ༷འི་དོ༷ན་དུ༷་(སྒོ་བ་ལྟར་)གན༷ས་གྱུ༷ར་པ༵། །དེ༷་ཚེ༷་ཤེ༷ས་བཞི༷ན་(རྩོལ་མེད་དུ་)འོ༷ང་འགྱུ༷ར་ ཞི༵ང༌། །(གཞན་དུ་)སོ༷ང་བ༷་ད༷ག་ཀྱང༷་སླ༷ར་འོ༷ང་འགྱུ༵ར་ཏེ་དྲན་པས་འགུགས་པའི་ཕྱིར་རོ། །རེ༷་ ཤི༷ག་ད༷ང་པོ༷་དོན་མེད་དང་མི་དགེ་བ་ལ་འཇུག་ན་འདི༷་འདྲ༷འི་སེ༵མས (གནས་སོ་ཞེས་ནང་དུ་ བསམས་ཏེ)། འདི༷་ནི༷་(ལྟུང་བ་འབྱུང་བས་)སྐྱོ༷ན་(དང་)བཅ༷ས་(པ་འདི་ནི་སྐྱོན་མེད་པའོ་ཞེས་དྲན་)ཤེ༷ས་(ཀྱིས་ ཤེས་)བྱས༷་ན༵ས། །དེ༷་ཚེ༷་བད༷ག་གི༷ས་(ལྟུང་བའི་སྒོ་ཐམས་ཅད་ཀྱིས་མི་གོས་པའི་དོན་དུ་དབང་པོའི་སྒོ་བསྡམ་སྟེ་) 1-1-167 ཤི༷ང་བཞི༷ན་དུ༵། །ཟུ༷ངས་ཐུ༷བ་པ༷ར་ནི༷་གཉེན་པོ་ཤེས་བཞིན་ལ་གན༷ས་པ༷ར་བྱའོ༵། །དོ༷ན་ནམ་ འབྲས་བུ་མེ༷ད་པའི་(མིག་གཞན་དུ་)གཡེ༷ང་བ༷ར་བལྟ་༷བ༷་ནི༵། (དུས་)ན༷མ་ཡ༷ང་བད༷ག་གི༷ས་མི༷་བྱ༷་ སྟེ༷། གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། ཅེས་(དེ་ཁོ་ན་ཉིད་ལ་)ངེ༷ས་པ༷ར་ སེ༷མས་པ༷ས་(བསམ་གཏན་གྱི་ལྟ་ལྟངས་ཀྱིས་)རྟག༷་ཏུ༷་ནི༵། མི༷ག་ནི༷་ཕ༷བ་སྟེ༷་(སྣའི་རྩེ་མོ་གཉའ་ཤིང་གང་ཙམ་ དུ་)བལྟ་༷བ༷ར་བྱ༷། །ལྟ་༷བ༷ས་དུབ་ན་ང༷ལ་སོ༷འི་ཆེ༷ད་དུ༷་ནི༵། རེ༷ས་འག༷འ་ཕྱོ༷གས་མཚམས་སུ༷་ བལྟ་༷བ༷ར་བྱ༷། འག༷འ་ཞི༷ག་(དེ་དང་ཉེ་བར་དེའི་)མི༷ག་ལ༷མ་སྣ༷ང་གྱུ༷ར་ན༵། །(མིག་གིས་)བལྟ༷ས་ན༷ས་ (བཞིན་འཛུམ་པས་ལེགས་པར་བྱོན་པ་ཁྱེད་)འོ༷ངས་པ༷་ལེ༷གས་ཞེ༷ས་བརྗོ༷ད། །དཀོན་མཆོག་སྤྲིན་ལས་ ཀྱང༌། གལ་ཏེ་དགེ་སློང་དགོན་པ་པའི་དྲུང་དུ། རྒྱལ་པོའམ་བློན་པོའམ་གཞན་ཡང་བྲམ་ཟེ་ དང་རྒྱལ་རིགས་དང་གྲོང་པ་དང་ཡུལ་མི་དག་འོངས་ན་དེས་དེ་དག་ལ་གུས་པས་ལེགས་ པར་འོངས་སམ་ཞེས་བརྗོད་པར་བྱ་སྟེ། ཞེས་སོགས་རྒྱས་པར་གསུངས་སོ། ། ལ༷མ་སོ༷གས་(སུ་ཆོམ་རྐུན་སོགས་ཀྱི་)འཇི༷གས་པ༷་བརྟག༷་པ༷འི་ཕྱི༷ར། །ཡ༷ང་ད༷ང་ཡ༷ང་དུ༷་ ཕྱོ༷གས་བཞི༷ར་བལྟ༷། །ང༷ལ་བསོ༷ས་(བ་ན་)ཁ༷་ནི༷་ཕྱི༷ར་བལྟ༷ས་ན༵ས། །རྒྱ༷བ་ཀྱི༷་ཕྱོ༷གས་སུ༷་(འཇིག་ པ་བརྟག་པའི་དོན་དུ་)བལྟ་༷བ༷ར་བྱ༷། །མདུ༷ན་ད༷ང་རྒྱ༷བ་ཏུ༷་(གཡང་ས་སོགས་ཀྱི་གནོད་པ་ཡོད་མེད་)བརྟག༷་ བྱས༷་ན༵ས། །འཇིགས་པ་མེད་ན་འགྲོ༷འ༷མ་ཡ༷ང་ན༷་འཇིགས་པ་མཐོང་ནས་ལོག་སྟེ་འོ༷ང་བར་ ཡང་བྱ་༷སྟེ༷། དེ༷་ལྟར༷་(སྤྱོད་ལམ་གྱི་)གན༷ས་སྐབ༷ས་ཐ༷མས་ཅ༷ད་དུ༵། །དགོ༷ས་པ༷་གང་ཆེ་ཤེ༷ས་ ན༷ས་ལུས་ལ་སོགས་པ་བསྲུང་བའི་དོན་དུ་དམིགས་གསལ་དང་བཅས་པ་སྤྱ༷ད་པ༷ར་བྱའོ༵། ། སྤྱོད་ལམ་བཞི་པོ་གང་རུང་ལ་ལུ༷ས་ཀྱི༷ས་འདི༷་ལྟར༷་གན༷ས་བྱ་༷ཞེ༵ས། བྱ་༷བ༷་གང་ཡིན་རྫོགས་ པ་དང་བསྡོ༷གས་ཤིང་བསྡུས་ན༷ས་དེ༷་ན༷ས་ནི༵། (བར་)སྐབ༷ས་སུ༷་ལུ༷ས་འདི༷་རྟག་མི་རྟག་ལ་ སོགས་ཇི༷་ལྟ་༷བུ༵ར། གན༷ས་པ༷་ཡི༷ན་ཞེ༷ས་སོ་སོར་བརྟག་ཅིང་བལྟ་༷བ༷ར་བྱའོ༵། ། སེ༷མས་ཀྱི༷་གླ༷ང་པོ༷་(ཆགས་སོགས་ཀྱིས་)མྱོ༷ས་པ༷་ནི༵། །(དམ་པའི་)ཆོ༷ས་ལ༷་(རྩེ་གཅིག་ཏུ་)སེ༷མས་ 1-1-168 པ༷འི་ཀ༷་ཆེ༷ན་ལ༵། །དྲན་པས་ཇི༷་ལྟར༷་བཏ༷གས་པ༷་(གཞན་དུ་)མི༷་འཆོ༷ར་བ༵། །དེ༷་ལྟར༷་འབ༷ད་པ༷་ ཀུ༷ན་གྱི༷ས་བརྟ༵ག(ཅིང་རང་དབང་དུ་འགྱུར་བར་བྱའོ། )། ཅི༷་ན༷ས་ཏི༷ང་འཛི༷ན་བརྩོ༷ན་པ༷(འི་སེམས་ཞི་གནས་) ནི༵། །སྐ༷ད་ཅི༷ག་གཅི༷ག་ཀྱང༷་(དམིགས་པ་ལས་གཞན་དུ་)མི༷་འཆོ༷ར་བ༵ར་རྟོག་མེད་དུ་བཞག་ཅིང༌། གལ་ཏེ་རྟོག་ན་བད༷ག་གི༷་ཡི༷ད་འདི༷་ག༷ར་སྤྱོ༷ད་ཅེ༵ས། དེ༷་ལྟར༷་ཡི༷ད་ལ༷་སོ༷་སོ༷ར་བརྟ༵ག་སྟེ། (གཞན་དུ་སོང་ན་དམིགས་པ་སྔ་མ་ལ་བླན་ཏེ་བཞག་ཅིང་སྔར་གྱི་ལ་གནས་ན་བཏང་སྙོམས་སུ་བྱའོ། །)དཀོན་མཆོག་སྤྲིན་ ལས། བསག་གི་སེམས་འདི་ཅི་དགེ་བའམ་མི་དགེ་བའམ་ལུང་དུ་མ་བསྟན་པ་ལས་ཆོས་གང་ ལ་སྤྱོད་ཅེས་རྣམ་པར་དཔྱོད་དེ། གལ་ཏེ་དགེ་བ་ལ་སྤྱོད་ན་དེ་ལ་སེམས་དགའ་བ་དང་རངས་ པ་དང་མོས་པ་བསྐྱེད་དོ། །འོན་ཏེ་མི་དགེ་བ་ལ་སྤྱོད་ན་དེ་ལ་སྐྱོ་བ་མང་བ་དང་རྟོག་པ་མང་བ་ ཡིན་ཏེ་མི་དགེ་བའི་ཆོས་དེ་དག་སྤོང་བ་ལ་བརྩོན་པ་ཡིན་ནོ། །ཞེས་གསུངས་པའོ། ། མེ་ལ་སོགས་པའི་འཇི༷གས་པ་ད༷ང་དཀོན་མཆོག་མཆོད་པའི་དག༷འ་སྟོ༷ན་དང་སོ༷གས་ པའི་སྒྲས་གཞན་དོན་རྒྱ་ཆེན་དང་འབྲེ༷ལ་བ༵ར། ག༷ལ་ཏེ༷་རྩེ་གཅིག་མི༷་ནུ༷ས་ན་རེ་ཤིག་ཅི༷་ བདེ༷ར་བྱ་༷བ་གནང་སྟེ། འདི༷་ལྟར༷་སྦྱི༷ན་(པས་ཚུལ་ཁྲིམས་མཆོག་གི་སྦྱིན་པ་གཏོང་)པ༷འི་དུ༷ས་ད༷ག་ཏུ༵། །(སྦྱིན་པ་དོན་ཆེ་ན་)ཚུ༷ལ་ཁྲི༷མས་ཉེ་བར་བསྡུས་ཏེ་བཏ༷ང་སྙོ༷མས་སུ་བཞ༷ག་པ༷ར་བྱའོ་ཞེས་བློ་ གྲོས་མི་ཟད་པས་ཞུས་པར་གསུ༵ངས་པའི་ཕྱིར་རོ། །དེ་ལྟར་ཁྱེབས་གང་ཆེའི་སྤྱོད་པ་ག༷ང་ ཞི༷ག་བས༷མས་ཏེ༷་ཐོག་མར་བྱ༷ར་བརྩ༷མས་པ༵(འི་བསམ་གཏན་དང་ཐོས་པ་སོགས)། དེ༷་ལ༷ས་གཞ༷ན་ དུ༷་བློ་སྣ་མང་པོ་མི༷་བས༷མ་སྟེ༷། དེ༷ར་(སེམས་རྩེ་གཅིག་ཏུ་)གཏ༷ད་པ༷་ཡི༷་བས༷མ་པ༷་ཡི༵ས (བརྩམས་ པ)། །དེ༷་ཉི༷ད་རེ༷་ཤི༷ག་རྫོགས་པར་བསྒྲུ༷བ་པ༷ར་བྱ༷། དེ༷་ལྟ་༷(ནན་ཏན་དུ་བྱས་)ན༷་ནི༷་(བྱ་བར་བརྩམས་ པ་)ཀུ༷ན་ལེ༷གས་(པར་)བྱས༷་པ་འབྱུང་གི །གཞ༷ན་དུ༷་བློ་རྩེ་མང་བས་གཉི༷་ག༷་འགྲུབ་པར༷་མི༷་ འགྱུ༷ར་རོ༵། །ཤེ༷ས་བཞི༷ན་མ༷་ཡི༷ན་པ་མ་རིག་པའི་ཉེ༷་བའི་ཉོ༷ན་མོ༵ངས་ཀྱང༌། དེ༷་ལྟ་༷ན༷་ནི༷་ འཕེ༷ལ་མི༷་འགྱུ༵ར། ། 1-1-169 བྲེ༷་མོ༷་སྟེ་བཞད་གད་ཀྱི་གཏ༷མ་ནི༷་(འབྲེལ་མེད་)སྣ་༷ཚོ༷གས་ད༵ང༌། (ཟློས་གར་དང་མིག་འཕྲུལ་སོགས་) ངོ༷་མཚ༷ར་ལྟ༷ད་མོ༷་རྣམ༷་མ༷ང་པོ༵(སྟེ་གཡུལ་གྱི་བཀོད་པ་སོགས)། །ཀུ༷ན་ལ༷་(སྒོ་གསུམ་)འཇུ༷ག་པ༷ར་ གྱུ༷ར་པ༷་ན༵། །དེ༷་ལ༷་ཆ༷གས་པ༷་སྤང༷་(སྟེ་དེ་དག་ལས་བཟློག་)བ༷ར་བྱ༵(འོ)། །དོ༷ན་མེ༷ད་(པར་)ས༷་རྐོ༷་ (བ་དང་སེན་མོ་སོགས་ཀྱིས་)རྩྭ༷་གཅོ༷ད་ད༵ང༌། །(དབྱུག་དང་རྐང་པ་སོགས་ཀྱིས་)ས༷་རི༷ས་འབྲི༷་སོ༷གས་བྱེ༷ད་ གྱུ༷ར་ན༵། །བདེ༷་གཤེ༷གས་བསླ༷བ་པ༷་འདུལ་བའི་མདོར། རྐོ་འམ་རྐོར་བཅུག་པ་ལའོ། །སའི་ སའོ། །ཟླ་བ་གསུམ་ལོན་པའི་འཐས་པའོ། །ཞེས་དང༌། མ་ཉམས་པ་ཉིད་ལའོ། །ས་བོན་ དང་ཁྱི་གུ་ཁ་འཐོན་པར་རུང་བ་མ་བྱས་པ་དག་གིས་ཐ་ན་རྩ་རྒྱུན་ཡན་ཆད་ཉམས་པར་བྱས་ ནའོ། །ཞེས་དང༌། ཕུར་པ་འབྱིན་པ་དང་རི་མོ་འདྲེན་པ་དང་སའི་ཕྱེ་མ་དང་འདྲེས་པའི་ལྕི་བ་ འགོགས་པ་དང་འདམ་བསྐྱོད་པ་དང༌། ཞེས་སོགས་ལྟུང་བྱེད་དུ་གསུངས་པ་དྲན༷་པར་བྱས༷་ ན༵ས། (ལྟུང་བའི་རྣམ་སྨིན་ལ་)སྐྲ༷ག་པ༷ས་དེ༷་ཡི༷་མོ༷ད་ལ༷་དོ༵ར(བར་བྱའོ)། །ག༷ང་ཚེ༷་(ལུས་)བསྐྱོ༷ད་པ༷ར་ འདོ༷ད་གྱུ༷ར་ཏ༵མ། །(ངག་)སྨྲ༷་བ༷ར་འདོ༷ད་པ༷ར་གྱུ༷ར་ན༷་ཡ༵ང༌། །(བསྐྱོད་པ་དང་སྨྲ་བ་ལ་འཇུག་པའི་)ད༷ང་ པོ༷ར་ར༷ང་གི༷་སེ༷མས་(དགེ་སྡིག་གང་ལ་འཇུག་)བརྟག༷ས་ན༵ས། །(སེམས་)བརྟན༷་པ༷ར་བྱ་(སྡིག་པ་སྤང་ཞིང་ དགེ་བ་སྒྲུབ་པ་ལ་)རི༷གས་པ༷་ལྡན༷་པ༷ར་བྱའོ༵། ། ག༷ང་ཚེ༷་ར༷ང་ཡི༷ད་ཆ༷གས་པ༷་ལ་སོགས་པ་རྩ་བའི་ཉོན་མོངས་ད༵ང༌། ཁྲོ༷་བ༷་ལ་སོགས་པ་ ཉེ་བའི་ཉོན་མོངས་དང་ལྡན་པར་མཐོ༷ང་བ༷་དེ༷་ཡི༷་ཚེ༵། དེ་དག་གི་ལ༷ས་ཀུན་ཏུ་ཆགས་པ་དང་ མནར་སེམས་སོགས་སུ༷་མི༷་བྱ་༷ཞིང་དེ་ཡི་གཏམ་(ངག་ཏུ་)ཡང་སྨྲ༷་མི༷་བྱ༷། (དབང་པོའི་བྱེད་པ་དང་ རྣམ་རྟོག་བསྡུས་ཏེ་)ཤི༷ང་བཞི༷ན་དུ༷་ནི༷་(ཆགས་སྡང་མེད་པར་)གན༷ས་པ༷ར་བྱ༷། །རྒོ༷ད་ཅིག་གཡེང་བའི་ སེམས་ད༷ང་ངག་གིས་ག༷་ཞ༷ར་བཅ༷ས་ཏེ་ཐོ་འཚམས་པ༷འ༵མ། ག༷ལ་ཏེ༷་ང༷་རྒྱ༷ལ་གྱིས་ཁེངས་ པ་དང་རིགས་(དང་ལང་ཚོ་)ལ་སོགས་པས་རྒྱ༷གས་ལྡན༷་པ༷འ༵མ། ཕ་རོལ་གྱི་མཚ༷ང་འབྲུ༷་བ༷་ ཞེས་འགྱེམས་པ་ཡི༷་བས༷མ་པ༷་ད༵ང༌། ག༷ལ་ཏེ༷་གཞན་གྱི་རྗེས་བརྗོད་སྐྱོ༷ར་བའི་ཟོལ་གྱིས་ 1-1-170 སུན་འབྱི༷ན་པའི་གཡོ་དང་ཡོན་ཏན་མ་ཡིན་པ་བསྟན་པས་གཞན་བསླུ༷་བའི་སྒྱུ་སེ༷མས་ས༵མ། ག༷ང་ཚེ༷་བད༷ག་(གི་ཡོན་ཏན་)བསྟོ༷ད་(པ་)ལྷུ༷ར་ལེ༷ན་ད༵ང༌། །གཞ༷ན་ལ༷་(ཉེས་པ་གསལ་བར་བརྗོད་པས་) སྨོ༷ད་པ༷་ཉི༷ད་ད༷ང་ནི༵། །འཕྱ་ཞིང་གཤེ༷་བཅ༷ས་དང་ཁྲིམས་རང་ཤགས་འགྱེ༷ད་ད༷ང་བཅ༷ས་ པས་གཞན་ལ་གནོད་སེམས་སུ་གྱུ༷ར་པ༵། དེ༷་ཚེ༷་གཉེན་པོ་ཤི༷ང་བཞི༷ན་གན༷ས་པ༷ར་བྱ༷། །རྙེ༷ད་ (པ་ཡོན་འབུལ་བ་)ད༷ང་བཀུ༷ར་སྟི༷་(སྟན་སྟོབ་པ་དང་ཚིག་སྙན་པའི་)གྲ༷གས་(པ་)འདོ༷ད་པ༷འ༵མ། །(བྲན་ཕོ་ མོ་དང་ལས་བྱེད་པ་སོགས་)གཡོ༷ག་(དང་སློབ་མ་སོགས་)འཁོ༷ར་དོ༷ན་དུ༷་གཉེ༷ར་འདོ༷ད་པ༷འ༵མ། །བད༷ག་ སེ༷མས་རི༷མ་གྲོ༷་སྟེ་(རྐང་པ་འཁྲུད་པ་སོགས་)ཞབས་ཐོག་འདོ༷ད་གྱུ༷ར་ན༵། དེ༷་ཚེ༷་ཤི༷ང་བཞི༷ན་(དེ་ དག་གི་དབང་དུ་མི་འགྲོ་བར་) གན༷ས་པ༷ར་བྱ༷། །གཞ༷ན་དོ༷ན་(མི་སྒྲུབ་པར་)ཡ༷ལ་བ༷ར་འདོ༷ར་བ༷་ད༵ང༌། །ར༷ང་དོ༷ན་གཉེ༷ར་བ༷ར་འདོ༷ད་པ༷་ད༵ག །སེམས་པ་ལྟ་ཞོག་(མི་རིགས་པའི་ཚིག་)སྨྲ༷་བ༷ར་འདོ༷ད་ པ༷འི་སེ༷མས་བྱུ༷ང་ན༵འང༌། །ཐེག་པ་ཆེན་པོའི་སྐྱོན་དུ་རིག་པ་དེ༷ས་ནི༷་ཤི༷ང་བཞི༷ན་གན༷ས་པ༷ར་ བྱ༷། གཞན་དོན་ལྷུར་ལེན་པ་ན་མི༷་བཟོ༷ད་པས་འདོར་བ་དང་ལེ༷་ལོ༷ས་ཕྱིར་ནུར་བ་དང་(ལུས་ སྲོག་གི་བར་ཆད་ཀྱིས་)འཇི༷གས་པ༷ས་མི་འཇུག་པ་ད༵ང༌། དེ༷་བཞི༷ན་དུ་སྤྱི༷་བརྟོ༷ལ་(ཏེ་རྩོལ་ཕོད་)གྱིས་ གནས་མ་ཡིན་པ་ལ་རྒོལ་བ་དང་མུ༷་ཅོ༷ར་གྱིས་ཚིག་ངན་འབྱིན་པ་ད༵ང༌། ར༷ང་གི༷་ཕྱོ༷གས་(སློབ་ མ་སོགས་ལ་)ཞེ༷ན་(ཅང་ཕྱོགས་སུ་ལྷུང་པའི་)སེ༷མས་བྱུ༷ང་ན༵། །དེ༷ས་ནི༷་ཤི༷ང་བཞི༷ན་གན༷ས་པ༷ར་བྱ༷། ། དེ༷་ལྟར༷་ཀུ༷ན་ན༷ས་ཉོ༷ན་མོ༷ངས་ད༵ང༌། །དོ༷ན་མེ༷ད་ཀྱི་བྱ་བ་ལ་འཇུག་ན་ཤེས་བཞིན་ ལ་བརྩོ༷ན་པ༷འི་ཡི༷ད་ཀྱིས་བརྟག༷ས་ན༵ས། དེ༷་ཚེ༷་(བག་ཡོད་པའི་)དཔ༷འ་བོ༷ས་གཉེ༷ན་པོ༷་ཡི༵ས། །ཤེས་བཞིན་དེ༷་ནི༷་བརྟན༷་པོ༷ར་གཟུ༷ང་བ༷ར་བྱ༷། བླང་དོར་ལ་ཐེ་ཚོམ་མེད་པས་ཤི༷ན་ཏུ༷་ངེ༷ས་ པ་ད༷ང་རྟག་ཏུ་སྤྲོ་དགས་ར༷བ་ད༷ད་ད༵ང༌། མ་བརྟགས་པས་བརྟན༷་པ་ད༷ང་བསླབ་བྱ་ལ་གུ༷ས་ པ་ད༷ང་མཉེས་པར་བྱ་བ་ལ་འདུད་ཅིང་ཞེ༷་ས༷ར་བཅ༵ས་པ་དང༌། རང་ལ་སྡིག་པས་འཛེམ་པའི་ ངོ༷་ཚ༷་ཤེ༷ས་པ་ད༷ང་གཞན་གྱིས་འཕྱ་བ་ལ་འཇི༷གས་བཅ༷ས་ཀྱི་ཁྲེལ་ཡོད་ད༵ང༌། དབང་པོ་ཡང་ 1-1-171 དག་པར་སྡོམ་པས་སེམས་ཉེ་བར་ཞི༷་ཞི༷ང་གཞ༷ན་དག༷འ་བྱེ༷ད་ལ༷་བརྩོ༵ན། ཞེས་པའི་ཚིག་ཐ་ མ་འདི་རེ་རེ་ལ་སྦྱར་ནས་བྱང་སེམས་ཀྱི་སྤྱོད་པ་གསལ་བར་མཛད་དོ། ། དེ་ལྟར་གཞན་དོན་སྒྲུབ་དུས་ཕ༷ན་ཚུ༷ན་མི༷་མཐུ༷ན་བྱི༷ས་པ༷་སོ་སྐྱེ་ཡི༵། འདོ༷ད་པ༷་སྣ་ཚོགས་ རྣམ༷ས་ཀྱི༷ས་(ཡིད་ལ་གཅགས་པ་མེད་པས་)མི༷་སྐྱོ༷་ཞི༵ང༌། ཉོ༷ན་མོ༷ངས་སྣ་ཚོགས་སྐྱེ༷ས་པ༷ས་(རང་དབང་ མེད་པར་བྱིས་པ་)འདི༷་ད༷ག་གི༵ ། (མི་མཐུན་པའི་)སེ༷མས་སྣ་ཚོགས་འདི༷་བྱུ༷ང་སྙམ༷་དུ་ལྷག་པར་ཡང་ བརྩེ༷་ལྡན༷་ད༵ང༌། (རང་བཞིན་དང་བཅས་པའི་)ཁ༷་ན༷་མ༷་ཐོ༷་མེ༷ད་དངོ༷ས་ལ༵། །བད༷ག་ད༷ང་སེ༷མས་ ཅ༷ན་དབ༷ང་བསྒྱུར་བའི་སྤྱོད་པ་བྱས༷་ཤི༵ང༌། སྤྲུ༷ལ་པ༷་(སེམས་ཅན་གྱི་དོན་བྱེད་པ་)བཞི༷ན་དུ༷་ང༷་ རྒྱལ་(ཁེངས་ཤིང་རློམ་པའི་སེམས་)མེ༷ད་པ༵ར། ཡི༷ད་ནི༷་རྟག༷་ཏུ༷་ཤེས་བཞིན་གྱིས་གཟུ༷ང་བ༷ར་བྱའོ༵། །འཁོར་བར་(དུས་ཡུན་)རི༷ང་ཞི༷ག་ལོན༷་ན༷ས་ད༷ལ་བ༷འི་མཆོ༵ག །(འབྱོར་པ་བཅུ་ལྡན་གྱི་མི་ལུས་)ཐོ༷བ་ པ༷་ཡ༷ང་ད༷ང་ཡ༷ང་བས༷མས་ན༵ས། །སེ༷མས་དེ༷་ལྟ་༷བུ༷་རི༷་ར༷བ་(རླུང་གིས་མི་གཡོ་བ་)ལྟར༷། རྐྱེན་ཆེ་འབྲིང་ཆུང་ངུ་གང་གིས་ཀྱང་ར༷བ་ཏུ༷་མི༷་གཡོ༷་གཟུ༷ང་བ༷ར་བྱའོ༵། ། ཤི་བ་ན་བྱ་༷རྒོ༷ད་ཤ༷་ལ༷་ཆ༷གས་པ༷་ཡི༵ས། ཕ༷ན་ཚུ༷ན་ཀུ༷ན་ཏུ༷་(བུད་བྱས་ཤིང་)བཤ༷ལ་ཁྲི༷ད་ ཀྱང༷༌། །ལུས་བསྲུང་མཁན་གྱི་ཡི༷ད་ཁྱོ༷ད་(དེ་ཚོ་)མི༷་དག༷ར་(བས་བསྲུང་བར་)མི༷་བྱེ༷ད་ན༵། ད༷་ལྟ་ ༷ཅི༷་ཕྱི༷ར་ལུས་བསྲུང་བའི་ཁ༷་ཏ༷་བྱེ༵ད་དེ་ཞེན་པར་མི་རིགས་སོ། །ད་ལྟ་(ཤ་རུས་འཚོགས་པའི་)ལུ༷ས་ འདི༷་བད༷ག་གི༷ར་བཟུ༷ང་བ་བྱས༷་པའི་ཕྱིར་བསྲུང་ངོ་ཞེ་ན༵། ད་ལྟ་ཡང་ཡི༷ད་ཁྱོ༷ད་ཅི༷་ཕྱི༷ར་སྲུ༷ང་ བ༷ར་བྱེ༷ད་དེ། (མི་རིགས་སོ་ཡིད་)ཁྱོ༷ད་ད༷ང་(ལུས་)འདི༷་གཉི༷ས་བེམ་རིག་སོ༷་སོ༷་ཡིན་ན༵། (ལུས་) དེ༷ས་ཀོ༷་ཁྱོ༷ད་ལ༷་ཅི༷་ཞི༷ག་བྱ༷། །གནས་པའི་རྟེན་བྱེད་དོ་ཞེ་ན། འོ་ན་རྨོ༷ངས་པ༷འི་ཡི༷ད་ཁྱཽ༷ད་ཅི༷་ ཡི༷་ཕྱི༷ར། (ཕན་གནོད་མེད་ཅིང་རང་ལས་ཐ་དད་པའི་བདག་གིར་བྱེད་ན་དེ་ལྟ་བུའི་)རྟེན་ཤི༷ང་གཟུ༷གས་གཙ༷ང་ མ༷་(ལ་ངའི་ལུས་ཞེས་བདག་གིར་)གཟུ༷ང་བ་མི༷་བྱེ༵ད་པར། (རྣག་ལ་སོགས་པ་)མི༷་གཙ༷ང་(པའི་)ཚོ༷གས་ཀྱི༷་ འཁྲུ༷ལ་འཁོ༷ར་འདི༵། །རུ༷ལ་བ༷་(དྲི་ང་བ་འདི་)བསྲུ༷ངས་ཏེ༷་(ཉེར་མཁོ་)ཅི༷་ཞི༷ག་རུ༵ང༌། །མི་གཙང་བ་ 1-1-172 དང་རུལ་པ་མ་ཡིན་ནོ་(ཞིང་སྙིང་པོ་ཡོད་པས་གསུང་ངོ་)ཞེ་ན། ཐོ༷ག་མ༷ར་པ༷གས་པ༷འི་རི༷མ་པ༷་འདི༵། །ར༷ང་གི༷་བློ༷་ཡི༷ས་(མཚོན་གྱིས་ལུས་གྱི་ཤ་རུས་ལས་)ཐ༷་ད༷ད་ཕྱེ༵(ཞིང་)། །ཤ༷་ཡ༷ང་རུ༷ས་པ༷འི་དྲ་༷བ༷་ལ༵ས། །ཤེ༷ས་ར༷བ་མཚོ༷ན་གྱི༷ས་གུ༷ད་དུ༷་ཕྱེ༵(ལ་སྙིང་པོ་ཡོད་མེད་ལྟོས་ཤིག)། (དེ་ཐག་ཏུ་)རུ༷ས་པ༷་རྣམ༷ས་ཀྱང༷་ (སོ་སོར་དུམ་བུ་དུམ་བུར་)དབྱེ༷་བྱས༷་ན༵ས། །རྐ༷ང་གི༷་བ༷ར་དུ༷་གཙང་མི་གཙང་བལྟ་༷བྱ་༷ཞི༵ང༌། །(ལུས་ ཀྱི་ནང་ཡང་དཔྱད་ན་ཕ་མའི་མི་གཙང་པ་ལས་བྱུང་ཞིང་རྡུལ་གྱི་རང་བཞིན་ཡིན་ན་ལུས་ཕྱི་ནང་གང་དུའང་མཁས་པས་བསྔགས་ པར་འོས་པའི་)འདི༷་ལ༷་སྙི༷ང་པོ༷་ཅི༷་ཡོ༷ད་ཅེ༵ས། །བད༷ག་ཉི༷ད་ཀྱི༷ས་ནི༷་བརྟག༷་པ༷ར་གྱི༷ས། །དེ༷་ལྟར༷་ འབ༷ད་དེ༷་བཙ༷ལ་ཀྱང༷་དེ༵ར། །ཁྱོ༷ད་ཀྱི༷ས་གཙང་བ་དེའི་སྙི༷ང་པོ༷་མ༷་མཐོ༷ང་ན༵། །(ཡོན་ཏན་མེད་པར་ རིག་བཞིན་དུ་)ད༷་དུ༷ང་ཅི༷་ཕྱི༷ར་(ལུས་ལ་)ཆ༷གས་ཚུ༷ལ་གྱི༷ས། ཁྱོ༷ད་ནི༷་ལུ༷ས་འདི༷་སྲུ༷ང་བ༷ར་བྱེ༷ད(པའི་ རྒྱུ་མཚན་སྨྲོའི་ཤིག)། །ཡིད་ཁྱོ༷ད་ཀྱི༷ས་ལུས་ཀྱི་(ལོངས་སྤྱད་བྱ་ཡོད་པས་བསྲུང་ཞེ་ན་)མི༷་གཙ༷ང་བཟ༷ར་མི༷་ རུ༵ང༌། ཁྲ༷ག་ཀྱང༷་བཏུ༷ང་དུ༷་མི༷་རུ༷ང་ལ༵། །རྒྱུ༷་མ་དང་ལྟོ༷་ནང་གི་རྫས་གཞན་པའ༷ང་གཞི༷བ་ཅིང་ འཇིབ་ཏུ༷་མི༷་རུ༷ང་ན༵། ལུ༷ས་ཀྱི༷ས་ཁྱོ༷ད་ལ༷་ཅི༷་ཞི༷ག་བྱ་༷སྟེ་བསྲུང་བར་མི་རིགས་སོ། །ཉི༷ས་ན༷་ སྟཻ་རིགས་ན་ཝ༷་ད༷ང་བྱ་༷རྒོ༷ད་ཀྱི༷ས། ཟ༷ས་ཀྱི༷་དོ༷ན་དུ༷འང་འདི༷་བསྲུ༷ང་རི༵གས (ཀྱི་ཁྱོད་ཀྱིས་བསྲུང་ བར་མི་རིགས་སོ)། ། དེས་ན་མི༷འི་རིགས་ཡིན་པ་འོ༷་ཅོ༷ག་མཐའ་དག་གི༷་ལུ༷ས་འདི༷་ནི༵། དགེ་བ་ལ་བཀོ༷ལ་ བ༷ར་བྱ་༷བ༷་ཉི༷ད་དུ༷་ཟ༵ད་ཀྱི་བསྲུང་ཀྱང་སྙིང་པོ་གཞན་མེད་དོ། །འདི༷་ལྟར༷་ཁྱོ༷ད་ཀྱི༷ས་བསྲུ༷ངས་ ཀྱང༷་ནི༵། །འཆི༷་བད༷ག་བརྩེ༷་བ༷་མེ༷ད་པ༷་ཡི༵ས། །(དབང་མེད་དུ་)ཕྲོ༷གས་ཏེ༷་བྱ་༷ད༷ང་ཁྱི༷་(ལ་སོགས་པ་ལ་) བྱི༷ན་ན༵། །དེ༷་ཚེ༷་ཁྱོ༷ད་ཀྱི༷ས་ཅི༷་བྱ༷ར་ཡོ༵ད་དེ་འཆོས་མི་ནུས་པའི་ཕྱིར་ད་ལྟ་བཀོལ་བ་མཆོག་ གོ ། བྲ༷ན་གཡོ༷ག་(ལས་ལ་){འཁོ༷ར་{བཀོལ་}དུ༷་མི་བཏུ༷བ་པས་གཡོག་ལ་མ་སླེབ་པ་ལ༷འ༵ང༌། གོ༷ས་དང་བླ་རྔན་ལ༷་སོ༷གས་པ༷་མི༷་སྦྱི༷ན་པར་འདོར་ན༵། ལུ༷ས་འདི༷་(ཟས་གོས་ལ་སོགས་པའི་)བསྙོ༷ད་ 1-1-173 ཀྱང༷་(འཆི་བ་ན་ལུས་དོར་ཟེར་ན་)གཞ༷ན་འགྲོ༷་བས་བདག་ལ་མི་ཕན་ན༵། ཡིད་ཁྱོ༷ད་ཀོ༷་ཞེས་བོས་ ནས་རྒྱུ་མཚན་ཅི༷་སྟེ༷་ཤ༷་ཐ༷ང་གསོ༵་ཞེས་པ་སྟེ་ཕན་མེད་གསོ་བ་མི་རིགས་པར་སྟོན་ཏོ། །དེས་ ན་ལུས་འདི༷་ལ༷་བླ༷་རྔ༷ན་ཙམ་དུ་འཚོ་བ་བྱི༷ན་ན༷ས་ནི༵། ད༷་ནི༷་སེམས་ར༷ང་གི༷་དོ༷ན་དགེ་བ་བྱེ༷ད་ དུ་ཆུ༵ག །(ཡིད་དང་ལ་)ཕ༷ན་པ༷(འི་དོན་སྒྲུབ་པ་)མེ༷ད་པ༷ར་(ལུས་)འདི༷་ལ༷་ནི༵། །ཟས་གོས་ཐ༷མས་ ཅ༷ད་སྦྱི༷ན་པ༷ར་མི༷་བྱ༷འོ༵། །འགྲོ༷་ད༷ང་འོ༷ང་བ༷(སྟེ་དགེ་མི་དགེ་ལ་ཕན་ཚུན་འཇུག་ལྡོག་གི)འི་རྟེ༷ན་ཙ༷མ་དུ༵། །ལུ༷ས་ལ༷་(ཆུ་ལ་འགྲོ་འོང་བྱེད་པའི་)གྲུ༷་(ལྟ་བུ་)ཡི༷་བློ༷་ཞོ༷ག་སྟེ༷། །མདོར་ན་སེམ༷ས་ཅ༷ན་རྣམ༷ས་ཀྱི་དོ༷ན་ བསྒྲུ༷བ་པ༷འི་ཕྱི༷ར། (ཟས་གོས་ཙམ་བྱིན་)ཡི༷ད་ལ་དགེ་བ་འདོད་པ་བཞི༷ན་གྱི༷་ནི༷་ལུ༷ས་ལས་སུ༷་རུང་ བར་བསྒྱུ༵ར་ཏེ་དབང་དུ་བྱའོ། ། དེ༷་ལྟར༷་ལུས་ལ་ར༷ང་དབ༷ང་ཡོ༷ད་པའི་ཤེས་བཞིན་ལྡན་པར་གྱི༷ས་ཏེ༵། རྟག༷་ཏུ༷་འཛུ༷མ་ པ༷འི་བཞི༷ན་དུ༷་གྱི༵ས། །(སྨིན་མ་དཔྲལ་)ཁྲོ༷་གཉེ༷ར་(དང་)ངོ༷་འཛུ༷མ་(བསྡུས་པ་)ཡོ༷ངས་ཐོ༷ང་སྟེ༷། །འགྲོ༷་བ༷འི་(དོན་བྱེད་པའི་མཛའ་)བཤེ༷ས་ད༷ང་(གཡོ་སྒྱུ་མེད་པར་ཕེབས་པར་སྨྲ་བའོ་སྒོ་ནས་)གསོ༷ང་པོ༷ར་(སྨྲ་ བའི་ངག་ཏུ་) གྱི༷ས། །ཁྲི༷་དང་ཁྲིའུ་ལ༷་སོ༷གས་པ༷་བ༷བ་ཅོ༷ལ་དུ༵(སྟེ་ཏབ་ཏབ་པོར)། །སྒྲ༷་ད༷ང་བཅ༷ས་ པ༷་མི༷་དོ༷ར་རོ༷། །སྒོ༷་ཡ༷ང་དྲ༷ག་ཏུ༷་(བཙན་ཐབས་སུ་)མི༷་དབྱེ༷་སྟེ༷། །(མདོར་ན་དུས་)རྟག༷་ཏུ༷་(སྒྲ་མེད་པར་) གཅོ༷མ་བསྐྱུ༷ངས་སེམས་ཅན་དག༷འ་བ༷ར་བྱ༷། ཆུ༷་སྐྱ༷ར་(དང་)བྱི༷་ལ༷་(དང་)ཆོ༷མ་རྐུ༷ན་(པ་)ད༵ག །སྒྲ༷་མེ༷ད་འཇ༷བ་ཅི༷ང་འགྲོ༷་བ༷་ཡི༵ས། །རང་རང་མངོ༷ན་པ༷ར་འདོ༷ད་པ༷འི་དོ༷ན་སྒྲུ༷བ་པ༵ས། ཐུ༷བ་ པ༷་སྟེ་སྡོམ་བརྩོན་རྣམས་ཀྱིས༷་རྟག༷་ཏུ༷་ལུས་ཀྱི་སྤྱོད་ལམ་དུལ་བ་དེ༷་བཞི༷ན་དུ་སྤྱ༵ད་དོ། ། (དགའ་བའི་སེམས་ཀྱིས་)གཞ༷ན་ལ༷་བཞེ༷ངས་བསྐུ༷ལ་གྱི་གྲོས་འདེ༷བས་(པ་དང་གདམ་ངག་དང་རྗེས་ སུ་བསྟན་པ་ལ་)མཁ༷ས་ཤི༵ང༌། མ༷་བཅོ༷ལ་ཡང་ཕན༷་པ༷་བྱེ༷ད་པ༷འི་ང༵ག། གུ༷ས་པ༷ས་སྤྱི༷་བོ༷ར་བླང༷་ གྱི༷ས་ཏེ༵། རྟག༷་ཏུ༷་ཀུ༷ན་གྱི༷་སློ༷བ་མ༷་དུལ་བ་ལྟ་བུར༷་སྒོ་གསུམ་དབང་བསྒྱུ༵ར་བ་ལ་བསླབ་བོ། །(གཉེན་པོའི་ཕྱོགས་ཀྱི་ཆོས་ནི་)ལེ༷གས་པ༷ར་སྨྲ༷ས་པ༷་ཐ༷མས་ཅ༷ད་ལ༵། །ཕྲག་དོག་མེད་པས་དགེ༷་ 1-1-174 བ༷ར་གསུ༷ངས་ཞེ༷ས་བརྗོ༷ད་པ༷ར་བྱ༷། ། (གཞན་)བསོ༷ད་ན༷མས་བྱེ༷ད་པ༷་མཐོ༷ང་གྱུ༷ར་ན༵། །མངོན་དུ་(ལེགས་པར་བྱས་སོ་)བསྟོ༷ད་པ༷ས་ ཀྱང་ལེ༷གས་པ༷ར་དག༷འ་བ༷་(དང་སྤྲོ་བ་)བསྐྱེ༵ད། །(གཞན་ལ་ཡོན་ཏན་མངོན་དུ་བརྗོད་ན་ཁ་བསག་ཏུ་དགོས་པ་ སྤང་བའི་ཕྱིར་)ལྐོ༷ག་ཏུ༷་ཡང་དེའི་ཡོ༷ན་ཏ༷ན་བརྗོ༷ད་བྱ་༷ཞི༵ང༌། གཞན་དག་དེའི་ཡོ༷ན་ཏ༷ན་བརྗོ༷ད་ ན༷་ཡང་རྗེ༷ས་སུ༷་བརྗོ༵ད། འགའ་ཞིག་ར༷ང་གི༷་ཡོ༷ན་ཏ༷ན་བརྗོ༷ད་པ་མཐོང་ན༷་བརྗོད་པ་པོ་དེ༵། ཡོ༷ན་ཏ༷ན་ཤེ༷ས་པ༷ར་བལྟས་ལ་དགའ་བ་བསྐྱེད་པ་རི༷ག་པ༷ར་བྱའོ༵། །བྱང་ཆུབ་སེམས་དཔའི་ བྱ་བ་རྩོ༷མ་པ༷་ཐ༷མས་ཅ༷ད་སེམས་ཅན་དག༷འ་བའི་ཕྱི༷ར་དུ་རྩོམ་པ་ཡིན་ཏེ༵། དེ༷་ནི༷་རི༷ན་གྱི༷ས་ ཉོ༷་ན༷འ༷ང་དཀོ༵ན་པ་དེ༷་ལྟ་༷བས༷་ན་གཞ༷ན་རང་གི་ཚིག་གིས་བྱས༷་པའི་ཡོ༷ན་ཏ༷ན་གྱི༵་རྗེས་སུ་ བསྔགས་པས། རང་གཞན་དག༷འ་བ༷འི་བདེ༷་བ༷་སྤྱ༷ད་པ་ལ་ཤིན་ཏུ་ཡང་བསླབ་པ༷ར་བྱའོ༵། །དེས་བད༷ག་ལ༷་ཚེ་འདི༷ར་(ལུས་སེམས་ལ་)གོ༷ད་ཡོ༷ང་མེ༷ད་ལ༵། (འཇིག་རྟེན་)ཕ༷་རོ༷ལ་ཏུ༷་ཡ༷ང་(དེའི་ འབྲས་བུ་)བདེ༷་བ༷་ཆེ༵། འགལ་བ་བརྗོད་པའི་ཉེ༷ས་པ༷ས་ཚེ་འདིར་གཞན་མི༷་དག༷འ་བ་དང་རང་ ཡང་སྡུ༷ག་བསྔ༷ལ་ཞི༵ང༌། ཕ༷་རོལ་ཏུ༷་ཡ༷ང་རྣམ་སྨིན་སྡུ༷ག་བསྔ༷ལ་ཆེ༵་བའི་ཕྱིར་གཞན་མགུ་བ་ གཙོ་བོར་སྒྲུབ་པའོ། ། དེ་ལྟར་ཤེས་བཞིན་དུ་གཞན་ལ་མི་གནོད་པར་སྨྲ༷་ན༷་ཡི༷ད་ཕེ༷བས་པ་དང་(ཚིག་སྔ་ཕྱི་) འབྲེ༷ལ་ཆགས་པ༷་ད༵ང༌། དོ༷ན་གས༷ལ་བ་དང་(རྣར་སྙན་ཅིང་མཉན་ན་ཡིད་ཚིམ་ལ་སྙིང་ལ་འབབ་པས་) ཡི༷ད་དུ༷་འོ༷ང་བ༷་ད༵ང༌། ཆ༷གས་ད༷ང་ཞེ༷་སྡ༷ང་སྤང༷ས་པ༷་(སྟེ་སྙིང་རྗེའི་རྒྱུ་མཐུན་ལས་བྱུང་པ་)ད༵ང༌། །(རྩུབ་ པའི་ཚིག་སྤངས་པས་)འཇ༷མ་ཞི༷ང་(དོན་གོ་བར་བྱེད་པ་ལ་འཚམ་ཞིང་)ར༷ན་པ༷ར་སྨྲ༷་བ༷ར་བྱ༷། །མི༷ག་གི༷ས་ སེ༷མས་ཅ༷ན་བལྟ་༷(བའི་ཚེ་)ན༷་ཡ༵ང༌། །(སེམས་ཅན་)འདི༷་ད༷ག་ཉི༷ད་ལ༷་བརྟེ༷ན་ན༷ས་དགེ་བ་སྤྱད་ པས་བད༵ག །སང༷ས་རྒྱ༷ས་ཉི༷ད་དུ༷་འགྱུ༷ར་རོ༷་ཞེ༵ས། །བསམ་པ་དྲ༷ང་ཞི༷ང་(ཕ་རོལ་ལ་)བྱམ༷ས་ པ༷འི་ཚུ༷ལ་གྱི༷ས་(དུག་གསུམ་སྤངས་ཏེ་དགའ་བའི་སེམས་ཀྱིས་དུད་པར་གྱུར་པའི་མིག་གིས་)བལྟ༵་བ་ལ་བསླབ་ 1-1-175 བོ། ། དགེ་བ་རྟག༷་པ༷ར་བྱས་པ་དང་དགེ་བ་ལ་མངོ༷ན་ཞེ༷ན་གྱི༷ས་(དང་མདུན་པ་དྲག་པོས་)བསླ༷ང་བ༷ (སྟེ་དམ་བཅའ་བའི་དགེ་བ་)འ༵མ། མི་དགེ་བའི་གཉེ༷ན་པོ༷་ཡི༷ས་ནི༷་བསླ༷ང་བ༷་ཉི༵ད། ཡུལ་(ཆགས་བྲལ་ ལ་སོགས་པས་)ཡོ༷ན་ཏ༷ན་(གྱི་ཞིང་རྒྱལ་སྲས་བཅས་)ད༷ང་ནི༷་(ཡོངས་སུ་སྐྱོང་བ་ལ་སོགས་པས་)ཕ༷ན་འདོ༷གས་ (པའི་) ཤི༵ང་(ཕ་མ་ལ་སོགས་དང་)། སྡུ༷ག་བསྔ༷ལ་ཅ༷ན་(གྱི་ཞིང་ནད་པ་)ལ༷་(སོགས་ལ་)དམིགས་ ན་དགེ༷་(བ་བསགས་པ་ནི་ཉུང་ངུ་ཞིག་ཀྱང་འབྲས་བུ་)ཆེ༷ན་(པོ་གཞལ་དུ་མེད་པར)འགྱུ༵ར་ཏེ། བཤེས་སྤྲིང་ ལས། རྟག་དང་མངོན་པར་ཞེན་དང་གཉེན་པོ་ཉིད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་ལས་དགེ་བ་སྤྱད་ལ་བརྩོན་པར་བགྱི། །ཞེས་ གསུངས་པའོ། ། དེ་ལྟ་བུའི་དགེ་བ་གཞན་དོན་ཆེན་པོ་ལ་མཁ༷ས་ཤི༷ང་དག༷འ་བ་ད༷ང་ལྡང༷་བ་ཡང་བར་ བྱས༷་ན༵ས། (གཞན་དོན་གྱི་)ལ༷ས་རྣམ༷ས་བད༷ག་གི༷ས་རྟག༷་ཏུ༷་(བརྗེད་པ་མེད་པར་)བྱ༷། །ལ༷ས་རྣམ༷ས་ ཀུ༷ན་ལ༷་སུ༷་ལ༷་ཡ༵ང༌། །ལྟོ༷ས་པ༷ར་བྱ་༷བ༷་མ༷་ཡི༷ན་ནོ༵་སྙམ་པའི་གོ་ཆ་བྱེད་པའོ། །སྤྱོད་པའི་ངོ་བོ་ སྦྱི༷ན་པ༷འི་ཕ༷་རོ༷ལ་ཕྱི༷ན་ལ༷་སོ༵གས། སྔ་མ་ལས་ཕྱི་མ་གོ༷ང་ན༷ས་གོ༷ང་དུ༷་ཁྱད༷་ཞུ༷གས་ཕར་ཕྱིན་ དྲུག་སྤྱ༵ད་པར་གསུངས་པ་ལས། དགོས་པ་ཆུ༷ང་ངུ༷འི་(དམན་པ་སྦྱིན་པའམ་ཚུལ་ཁྲིམས་ལ་སོགས་པའི་) ཕྱི༷ར་ནི༷་ཆེ༷(ན་པོ་མཆོག་བརྩོན་འགྲུས་དང་བསམ་གཏན་སོགས་)མི༷་གཏ༵ང་(བར་གོང་མ་གོང་མ་ལ་དཔྱད་པར་བྱའོ)། དགོས་པ་ཆེ་ཆུང་ཡང་གཙོ༷་ཆེ༷ར་གཞ༷ན་གྱི༷་དོ༷ན་དུ་འགྱུར་མི་འགྱུར་ལ་བས༷མ་མོ༵། ། དེ༷་ལྟར༷་(ལྕི་ཡང་གི་རྣམ་བཞག་)རི༷ག་(པར་)བྱས༷་(ནས་)གཞ༷ན་དོ༷ན་ལ༵། །(ཕན་བདེ་སྒྲུབ་པ་ལ་)རྟག༷་ ཏུ༷་བརྩོ༷ན་པ༷ར་གན༷ས་པ༷ར་བྱ༵(གལ་ལྟེ་བཀག་པ་ལ་འཇུག་ན་ལྟུང་བར་མི་འགྱུར་རམ་ཞེ་ན)། །ཐུ༷གས་རྗེ༷་ མང༷འ་བ༷་(རང་དོན་ལ་ལྟོས་པ་མེད་པར་གཞན་དོན་ཁོ་ན་ལ་དུས་)རི༷ང་(མོ་ནས་)གཟི༷གས་པ༵ས། །ཉན་ཐོས་ ཀྱི་སྡེ་སྣོད་དུ་བཀ༷ག་པ༷་རྣམ༷ས་ཀྱང༷་ཐེག་ཆེན་པ་དེ༷་ལ༷་གན༵ང་བ་ཡོད་དེ། འདུལ་བའི་སྡེ་སྣོད་ 1-1-176 དུ། ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤང་བར་བྱ། ཞེས་གསུངས་ནས། ཐེག་ཆེན་སྡེ་སྣོད་ དུ། འགྲོན་བོས་བདག་གིར་མི་བྱེད་དང༌། །གསེར་ལ་སོགས་པ་ལེན་མི་བྱེད། །ཅེས་མ་བླངས་ པ་ལས་ལྟུང་བར་གསུངས་པ་ལྟ་བུ་གཞན་དོན་ཁྱེབས་ཆེ་བ་ལ་དགོངས་པའོ། ། བསླབ་བཏུས་སུ། སྨན་དང་གོས་ལ་སོགས་བཅས་པས། །ཞེས་གཞན་དོན་དུ་ལུས་ བསྲུང་བ་ལ་རྟག་ཏུ་བྱ་བའི་སྨན་དང་ན་བའི་གསོས་སྨན་གཉིས་གསུངས་པ་ལས་སྨན་དང་པོ་ ཟས་ཀྱི་དབང་དུ་བྱས་པ་ལ་ཆ་བཞིར་བྱས་ཏེ། གཅིག་འཕྲོག་མ་ལ་སོགས་པ་ལོ༷ག་པ༷ར་ལྟུ༷ང་ བ་རྣམས་ད༷ང་གཅིག་ནི་ཕོངས་པ་ལ་སོགས་པ་མགོ༷ན་མེ༷ད་ད༵ང༌། གཅིག་ནི་དཀོན་མཆོག་ ལ་སོགས་པ་བརྟུ༷ལ་ཞུ༷གས་གན༷ས་ལ༷་བགོ༷་བྱ་༷ཞི༵ང༌། གཅིག་ནི། བཤེས་སྤྲིང་ལས། ཁ་ཟས་ སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས། །མཚག་ཕྱིར་མ་ལགས་ལུས་གནས་འབའ་ ཞིག་ཕྱིར། །ཞེས་པ་ལྟར་རང་གིས་ར༷ན་པ༷་ཙ༷མ་དུ༷་(ཆགས་ཞེན་མེད་པར་)བཟ༷འ་བྱ་༷སྟེ༷། དཀོན་ མཆོག་སྤྲིན་ལས། བསོད་སྙོམས་དེ་ལས་ཆ་གཅིག་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ ཀྱི་སྤྱིར་བཞག་གོ །གཉིས་པ་ནི་སྡུག་བསྔལ་བ་རྣམས་ཀྱི་སྤྱིར་བཞག་གོ །གསུམ་པ་ནི་ སེམས་ཅན་ལོག་པར་ལྟུང་བ་རྣམས་ཀྱི་སྤྱིར་བཞག་གོ །ཆ་བཞི་པ་ནི་བདག་ཟའོ། །དེ་ཟ་བ་ ན་འདོད་ཆགས་མེད་པར་ཟ་སྟེ་ཆགས་པར་མ་ཡིན་བརྐམ་པར་མ་ཡིན། ཞེས་སོགས་རྒྱ་ཆེར་ གསུངས་སོ། ། གོས་ཀྱི་དབང་དུ་བྱས་ནས་ཆོ༷ས་གོ༷ས་(རྣམ་སྦྱར་བླ་གོས་མཐང་གོས་)གསུ༷མ་མ༷་གཏོ༷གས་པ༷་ (ལྷག་པ་རྣམས་)སྦྱི༵ན། ཞེས་པ་སྟེ། བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་ལས། གལ་ཏེ་ལ་ལ་ ཞིག་འོངས་ནས་ལྷུང་བཟེད་དམ་ཆོས་གོས་སློང་བ་ལ་སངས་རྒྱས་ཀྱིས་གནང་བའི་ཆོས་གོས་ གསུམ་ལས་ལྷག་པར་གྱུར་ན་ཇི་ལྟར་བཏང་བ་བཞིན་དུ་སྦྱིན་པར་བྱའོ། །གལ་ཏེ་དེ་ལ་ཆོས་ 1-1-177 གོས་ཉུང་བར་གྱུར་ན་གང་ལ་བརྟེན་ཏེ་ཚངས་པར་སྤྱོད་པ་ལ་གནས་པ་དེ་ནི་ཡོངས་སུ་བཏང་ བར་མི་བྱའོ། །ཞེས་གསུངས་པའོ། ། བདག་བསྲུང་བའི་དབང་དུ་མཛད་ནས་ད༷མ་པ༷འི་ཆོ༷ས་ནི༷་སྤྱོ༷ད་(ཅིང་བསྙེན་)པ༷འི་ལུ༵ས། ཕྲ༷ན་ཚེ༷གས་ཆེ༷ད་དུ༷་གནོ༷ད་པས་གཟིར་བར་མི༷་བྱ་༷སྟེ། དེ༷་ལྟར༷་ལུས་བསྲུང་བ་བྱས༷་ན༷་ངོ་ བོས་སེ༷མས་ཅ༷ན་གྱི༵། (ཕན་བདེ་འདོད་པའི་)བས༷མ་པ༷་མྱུ༷ར་དུ༷་རྫོ༷གས་པ༷ར་འགྱུ༵ར་བའི་ཕྱིར་ རོ། །དེས་ན་སྙི༷ང་རྗེ༷འི་བས༷མ་པ༷་དགྲ་གཉེན་ཁྱད་མེད་དུ་མ༷་ད༷ག་པ༵ར། ལུ༷ས་འདི༷་(སྦྱིན་པར་) གཏ༷ང་བ༷ར་མི༷་བྱ་༷སྟེ༷། །ཅི༷་ན༷ས་སྙིང་རྗེའི་དབང་དུ་གཏོང་ན་སྐྱེ་བ་འདི༷་ད༷ང་གཞ༷ན་ད༷ག་ཏུ༵། གཞན་དོ༷ན་རྒྱ་ཆེ༷ན་འགྲུ༷བ་པ༷འི་རྒྱུ༷ར་(ལུས་སྦྱིན་པར་)གཏ༷ང་ངོ༵༌། ། བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་ལས། ཤཱ་རིའི་བུ། དེ་བཞིན་གཤེགས་པས་རབ་ཏུ་ བྱུང་བས་ཟང་ཟིང་གི་སྦྱིན་པ་བྱ་བར་མ་གནང་ངོ༌། །ཞེས་འབྱུང་བས་གཙོ་ཆེར་ཆོས་ཀྱི་སྦྱིན་པ་ བྱ་བ་ལས་ཆོས་ཀྱི་ཆེ་བ་དབྱུང་བའམ་ཆོས་སྤོང་གི་ལས་དགག་པའི་ཕྱིར་མ༷་གུ༷ས་པ༷་ལ༷་ཆོ༷ས་ (གསུང་རབ་ཡན་ལག་དགུ་)མི༷་བཤ༵ད་ཅིང༌། མི༷་ན༷་བཞི༷ན་དུ་མགོ༷་དཀྲི༷ས་པ་ད༵ང༌། དོ་ཀེར་ཅན་ དང་ཐོར་གཙུག་ཅན་དང་ཅོན་པན་ཅན་དང་ཞ་གྱོན་པ་དང༌། ལག་ན་གདུ༷གས་ད༷ང་འཁ༷ར་ བ༷་དང་མཚོ༷ན་ཆ་དང་རལ་གྲི་དང་དགྲ་སྟ་དང་ཞགས་པ་ཐོ༷གས་པ་ད༵ང༌། མགོ༷་བོ༷་(རས་ལ་ སོགས་པས་)གཡོ༷གས་པ༷་ད༷ག་ལ༷འང་ཆོས་བཤད་པར་བྱ་བ་མི༵ན་ཏེ་ན་བ་ལ་ནི་ལྟུང་བ་མེད་དོ། །བློ་དམ༷ན་ལ༷་ཟ༷བ་ད༷ང་རྒྱ༷་ཆེ༷ན་གྱི་ཆོས་ད༵ང༌། ཁྲིམས་གྲོགས་སྐྱེ༷ས་པ༷་མེ༷ད་པ༷ར་བུ༷ད་མེ༷ད་ ཉེ་དུ་མ་ཡིན་པ་ལ་ཆོས་བཤད་པར་བྱ་བ་མི༵ན་ཏེ་བཤད་ན་ཚིག་ལྔའམ་དྲུག་འདས་པ་ན་ལྟུང་ བར་གསུངས་སོ། །ཐེག་པ་དམ༷ན་(པ་ཉན་རང་གི་ཆོས་)ད༷ང་མཆོ༷ག་གི༷་(ཐེག་ཆེན་)ཆོ༷ས་རྣམ༷ས་ལ༵། །(བཟང་ངན་དུ་མི་དབྱེ་བར་)མཚུ༷ངས་པ༷ར་གུ༷ས་པ༷་ཀུ༷ན་ཏུ༷་སྤྱ༵ད་དེ། འཕགས་པ་རྣམ་པར་འཐག་ པ་ཐམས་ཅད་བསྡུས་པའི་མདོ་ལས། འཇམ་དཔལ་གང་ལ་ལས་དེ་བཞིན་གཤེགས་པས་ 1-1-178 གསུངས་པའི་ཆོས་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ལ་ནི་ངན་པར་འདུ་ཤེས་ན་དམ་ པའི་ཆོས་སྤོང་བའོ། །ཞེས་གསུངས་པའི་ཕྱིར་རོ། །རྒྱ༷་ཆེ༷ན་ཆོ༷ས་(ཏེ་ཐེག་ཆེན་)ཀྱི༷་སྣོ༷ད་དུ་གྱུ༷ར་ པ༵འི། བློ་ལྡན་དམ༷ན་པ༷འི་(ཉན་རང་གི་)ཆོ༷ས་ལ༷་སྦྱ༷ར་བར་མི༷་བྱ་༷ཞིང༌། བསླབ་སྡོམ་གྱིས་སྤྱོ༷ད་ པ༷་སྒྲིམ་པའང་སྟོང་སྐད་ཀྱི་འུད་ལ་སོགས་པས་ཡོ༷ངས་སུ༷་དོ༷ར་དུ་འཇུག་པ་མི༷་བྱ་༷སྟེ། མདོ༷་ བཀླགས་པ་ད༷ང་སྔ༷གས་བཟླས་པ་ཙམ་གྱི༷ས་གྲོལ་བར་འགྱུར་རོ་ཞེས་སོགས་སྒྲ་ཇི་བཞིན་ པའི་ཚིག་གིས་འདྲི༷ད་ཅིང་བསླུ་བ་མི༷་བྱ་༷བར་བློ་དང་འཚམ་པའི་ཆོས་ཀྱིས་གཞན་ལ་ཕན་ པར་བྱའོ། ། སོ༷་འབྲུད་པའི་ཤི༷ང་ལྗན་ལྗིན་ཅན་ད༷ང་ནི༷་སྣབས་དང་མཆི༷ལ་མ༷་ད༵ག །དོ༷ར་བ༷་ན༷་ ནི༷་ས་ལ་སོགས་པས་དག༷བ་པ༷ར་བྱ༷། གཅི༷་བ་དང་ཕྱི་ས་ལ༷་སོ༷གས་པ༷འ༷ང་ལོ༷ངས་སྤྱ༷ད་དུ་ རུང་བ༵འི། ཆུ༷་ད༷ང་བསིང་ཐ༷ང་ལ༷་སོགས་པ་སྐྱེ་བོ་(མང་པོ་)འདུ་བའི་གནས་སུ་འདོ༷ར་བ༷་ནི་ འདུལ་བ་ལས་སྨ༵ད་ཅིང་བཀག་གོ །ཟས་ཟ་བ་ན་ཡང་ཁམ་གྱིས་ཁ༷་བཀ༷ང་བ༷་ད༷ང་ཙུག་ཙུག་ ཅག་ཅག་སོགས་སམ་རྐན་ཏོག་པའི་སྒྲ༷་བཅ༷ས་ད༵ང༌། ཟས་མ་སླེབ་པར་ཁ༷་གད༷ངས་ན༷ས་ ནི༷་བཟ༷འ་མི༷་བྱ༷། སྡོད་པ་ན་ཡང་རྐ༷ང་པ༷་བརྐྱ༷ང་སྟེ༷་མི༷་འདུ༷ག་ཅི༵ང༌། ལ༷ག་པ༷འམ་དཔུང་པ་ མཉམ༷་པ༷ར་མི༷་མཉེ༷་འོ༵། །བཞོ༷ན་པ༷་རྟ་དང་ཁྱོགས་ལ་སོགས་པ་དང་མ༷ལ་སྟན༷་གཅིག་གམ་ གན༷ས་དབེན་པ་ད༷ག་ཏུ༵འང༌། གཞན་གྱི་བུད་མེད་དམ་རབ་ཏུ་བྱུང་བས་ནི་བུ༷ད་མེ༷ད་གཞ༷ན་ ལུས་བསྟེན་ནུས་ད༷ང་ཡང་ལྷན་ཅི༷ག་འདུག་པར་མི༷་བྱ་༷ཞིང༌། མདོར་ན་འཇི༷ག་རྟེ༷ན་(པ་རྣམས་) མ༷་ད༷ད་(པར་འགྱུ་)གྱུ༷ར་པ༷(འི་སྤྱོད་པ་)ཀུ༵ན། །(བསྟན་བཅོས་སམ་ཐ་སྙད་ལས་)མཐོ༷ང་ད༷ང་(མཁས་པའམ་ཡུལ་ ཆོས་)དྲི༷ས་ཏེ༷་སྤང༷་བ༷ར་བྱ༷། །ལག་པ་གཡོན་པའི་སོ༷ར་མོ༷(ཅིག་གི)ས་བརྡ༷་ནི༷་མི༷་བྱ་༷སྟེ༷། གུ༷ས་ ད༷ང་བཅ༷ས་པ༷ས་གཡ༷ས་པ༷་ཡི༵། །ལ༷ག་པ༷་ད༷ག་ནི༷་ཀུ༷ན་གྱི༷ས་ཀྱང༷༌། །ལ༷མ་ཡ༷ང་འཇིག་རྟེན་ དད་པར་འགྱུར་བ་དེ༷་ལྟར༷་བསྟན༷་པ༷ར་བྱ༷། ཆོས་བཅུ་པའི་མདོ་ལས། ལག་པ་བསྐྱོད་པ་དང་ 1-1-179 རྐང་པ་བསྐྱོད་པ་དང་ཀུན་ཏུ་རྒྱུག་པ་དང་ཡོངས་སུ་རྒྱུག་པ་དང་མཆོང་བ་དང་རྐྱལ་བ་འདི་ ནི་ལུས་ཀྱི་གནས་ངན་ལེན་ཏེ། ཞེས་གསུངས་པས་དགོས་པ་ཆུང་ངུ་ལ་ལ༷ག་པ༷་ཤ༷ས་ཆེ༷ར་ བསྐྱོ༷ད་མི༷ན་ཏེ༵། ཅུ༷ང་ཟ༷ད་བསྐྱོ༷ད་དགོས་པ༷་ལ་སྔོན་དུ་དལ་བུའི་སྒྲ༷་བསྒྲ༷གས་པ༵། སེ༷་གོ༷ལ་ ལ༷་སོ༷གས་(པས་ལག་པ་གཡས་པའི་བརྡ་) རྣམ༷་བྱ་༷སྟེ༷། །གཞ༷ན་དུ༷་(མཉམ་པར་མ་བཞག་ཅིང་སྤྱོད་པ་)མ༷་ བསྡ༷མས་པ༷ར་འགྱུ༷ར་རོ༵། ། ཉལ་བ་ན་ཡང་མགོ༷ན་པོ༷་(སངས་རྒྱས་)མྱ་༷ང༷ན་འད༷ས་(པའི་ཚེ་སེང་གེའི་ཉལ་སྟབས་ཀྱིས་)གཟི༷མས་ པ་ལྟར༷། མངོན་པར་འདོ༷ད་པ༷འི་ཕྱོ༷གས་སུ༷་ཉ༷ལ་བ༷ར་བྱ༷། (དྲན་པ་དང་)ཤེ༷ས་བཞི༷ན་མྱུ༷ར་དུ༷་ ལྡང༷་སེ༷མས་ལ༵། །(གཉིད་ལོག་པའི་)ཐོ༷ག་མ༷་ཉི༷ད་དུ༷་ངེ༷ས་པ༷ར་སྦྱ༵ར་ནས་དུས་སུ་རན་པར་གཉིད་ ལོག་པ་སྟེ། འཕགས་པ་དཀོན་མཆོག་སྤྲིན་ལས། དེ་ཉལ་བ་ན་གློ་གཡས་པས་ཉལ་བར་བྱེད་ དེ་རྐང་པའི་སྟེང་དུ་རྐང་པ་བཞག་ནས་ལུས་ཆོས་གོས་ཀྱིས་ཤིན་ཏུ་གཡོགས་ཤིང་དྲན་པ་དང་ ཤེས་བཞིན་དུ་སྣང་བའི་འདུ་ཤེས་དང་ལྡང་བའི་འདུ་ཤེས་སུ་ཉལ་བར་བྱེད་དེ། གཉིད་ཀྱི་ བདེ་བ་ལ་ཆགས་པར་མི་བྱེད། བསྙེས་པའི་བདེ་བ་ལ་ཡང་མ་ཡིན་མོད། གཞན་དུ་ན་དེ་དག་ ཇི་ཙམ་དུ་འབྱུང་བ་ཆེན་པོ་རྣམས་གནས་ཤིང་འཚོ་བའི་ཕྱིར་ཉལ་བར་བྱེད་པས་རྟག་ཏུ་རྒྱུན་ མི་འཆད་པར་དགེ་བའི་ཕྱོགས་ལ་མངོན་དུ་ཕྱོགས་པ་ཡིན་ནོ། །ཞེས་གསུངས་པའོ། ། དེ་ལྟར་བྱང༷་ཆུ༷བ་སེ༷མས་དཔ༷འི་སྤྱོ༷ད་པ༷་ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བའི་དངོས་པོ་ལ་ སོགས་པ་ཐབས་དང་སྒོ་དུ་མ་ད༵ག །ཚ༷ད་མེ༷ད་པ༷ར་ནི༷་གསུང་རབ་མང་པོར་གསུ༷ངས་པ༷་ ལ༵ས། རྩ་བའི་དོན་སེ༷མས་རྒྱ་ཆེན་རྣམ་དག་ཏུ་སྦྱ༷ང་བ༷འི༷་སྤྱོ༷ད་པ༷་ནི༵། ངེ༷ས་པ༷ར་བྱང་ཆུབ་ མ་ཐོབ་ཀྱི་བར་དེ༷་སྲི༷ད་དུ་སྤྱ༷ད་པ༷ར་བྱ་༷སྟེ། ནམ་མཁའ་མཛོད་ཀྱི་མདོ་ལས། དཔེར་ན་བུ་ག་ ནས་རླུང་འཇུག་པ་དེ་བཞིན་དུ་གང་དང་གང་ནས་སེམས་ལ་སྐྱོན་བྱུང་བ་དེ་དང་དེ་ཉིད་ནས་ བདུད་ཀྱིས་གླགས་རྙེད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་ལ་སྐྱོན་མེད་པར་ 1-1-180 བྱའོ། །ཞེས་གསུངས་སོ། ། གལ་ཏེ་སྐྱོན་གྱིས་གོས་ན། དྲག་ཤུལ་ཅན་གྱིས་ཞུས་པར། ཉིན་ལན་གསུམ་མཚན་ལན་ གསུམ་དུ་ལུས་གཙང་མ་དང་གོས་གཙང་མ་བགོས་ཏེ་ཕུང་པོ་གསུམ་པ་གདོན་པར་བྱའོ། །ཞེས་དང༌། བསླབ་བཏུས་སུ། དེ་ལ་ཕུང་པོ་གསུམ་ནི། སྡིག་པ་བཤགས་པ་དང༌། བསོད་ ནམས་ལ་རྗེས་སུ་ཡི་རང་བ་དང༌། སངས་རྒྱས་ལ་བསྐུལ་བ་ཞེས་བྱ་བ་སྟེ་བསོད་ནམས་ཀྱི་ ཕུང་པོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས། ཉི༷ན་ད༷ང་མཚ༷ན་མོ༷་ལ༷ན་གསུ༷མ་དུ༵། །ཕུ༷ང་ པོ༷་གསུ༷མ་པ༷་གདོ༷ན་བྱ་༷ཞི༵ང༌། །སངས་རྒྱས་སུམ་ཅུ་རྩ་ལྔ་ལ་སོགས་པའི་རྒྱ༷ལ་བ་ད༷ང་བྱང༷་ ཆུ༷བ་སེ༷མས་དཔའ་ལ་བརྟེ༷ན་ན༵ས། ལྟུ༷ང་བ༷འི་ལྷག༷་མ༷་གཉེན་པོ་རྒྱུན་ཆགས་དེ༷ས་ཞི༷་བར་བྱ་ ༷སྟེ། ཉེ་བ་འཁོར་གྱིས་ཞུས་པ་ལས། ལྟུང་བ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་ རྩ་ལྔ་ལ་གཅིག་པུས་ཉིན་མཚན་དུ་ལྕི་བ་རྣམས་བཤགས་པར་བྱའོ། །ཞེས་འབྱུང་བ་ལྟར་བྱང་ ཆུབ་ལྟུང་བཤགས་འདོན་པའོ། ། དེ་ལྟར་ཐབས་དུ་མར་ར༷ང་ང༷མ་གཞ༷ན་གྱི༷་དབ༷ང་གིས་བསྐུལ་ཡ༷ང་རུ༵ང་སྟེ། གན༷ས་ སྐབ༷ས་ག༷ང་དུ༷་(བྱ་བ་)ཅི༷་སྤྱོ༷ད་ཀྱང༷༌། གསུང་རབ་རྒྱ་ཆེན་དུ་བྱང་ཆུབ་སེམས་དཔས་བསླ༷བ་ པ༷ར་(བྱང་སེམས་)གསུ༷ངས་པ༷་ག༷ང་ཡི༷ན་པ༵འི། གན༷ས་སྐབ༷ས་དེ༷་ལ༷་འབ༷ད་དེ༷་བསླ༵བ་བོ། ། དེས་ན་རྒྱ༷ལ་སྲས༷་རྣམ༷ས་ཀྱི༷ས་མི༷་བསླ༷བ་པ༵འི། ཤེས་བྱ་དེ༷་ནི༷་ག༷ང་ཡ༷ང་ཡོ༷ད་མི༷ན་ཏེ༵། རིག་པའི་གནས་ཀུན་ལ་བྱང་བ་དེ༷་ལྟར༷་གན༷ས་པ༷འི་མཁ༷ས་པ༷་ལ༵། བླང་དོར་ཐེ་ཚོམ་མེད་ པས་(སྤྱོད་ལམ་ཅི་སྤྱོད་ཀྱང་)བསོ༷ད་ན༷མས་(ཀྱི་ཚོགས་སུ་)མི༷་འགྱུ༷ར་ག༷ང་ཡ༷ང་མེ༵ད་དེ། མདོ་སྡེའི་རྒྱན་ ལས་ཀྱང༌། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་གཞན་དག་ཚར་བཅད་རྗེས་སུ་བཟུང་ཕྱིར་ དང༌། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་གསུངས་སོ། ། 1-1-181 རྒྱལ་སྲས་རང་གིས་དངོ༷ས་སུ་ཞུགས་ས༷མ་ཡ༷ང་ན༷་གཞན་ལ་བསྐུལ་བ་དང་ཕོ་ཉ་བརྒྱུ༷ད་ ནས་སྒྲུབ་ཀྱང༷་རུ༵ང༌། སེ༷མས་ཅ༷ན་(ལ་ཕན་བདེ་སྒྲུབ་པའི་)དོ༷ན་ལ༷ས་གཞ༷ན་མི༷་སྤྱ༵ད(ཅིང་གཞན་སྤྱོད་ དུ་མི་གཞུག་གོ)། །དེ་ཉིད་ཀྱིས་ན་སེ༷མས་ཅ༷ན་(འཁོར་བའི་སྡུག་བསྔལ་ཐར་པ་)ཁོ༷་ན༷འི་དོ༷ན་གྱི༷་ཕྱི༷ར། དགེ་བའི་རྩ་བ་ཐ༷མས་ཅ༷ད་ཀྱང་བྱང༷་ཆུ༷བ་གསུམ་ལས་རྫོགས་པའི་སངས་རྒྱས་ཁོ་ན་འཐོབ་ པའི་ཕྱི༷ར་རམ་ཆེད་དུ་བསྔོ༷འོ༵། །ཡུམ་ལས། གཟུགས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ ཚུལ་གྱིས་ཆོས་སྟོན་ཅིང༌། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ མ་གཏོགས་པ་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པའོ། །ཞེས་གསུངས་པའོ། ། བྱང་ཆུབ་ཀྱི་སྤྱོད་པ་ལ་མི་རྨོངས་པའི་དོན་དུ་རྟག༷་པ༷ར་དགེ༷་བ༷འི་བཤེ༷ས་གཉེ༷ན་ནི༵། ཐེ༷ག་ཆེ༷ན་གསུང་རབ་ཀྱི་དོ༷ན་ལ༷་མཁ༷ས་པ༷་ད༵ང༌། བྱང༷་ཆུ༷བ་སེ༷མས་དཔ༷འི་སྡོམ་པ་དང་ བརྟུ༷ལ་ཞུ༷གས་མཆོ༵ག་ལ་གནས་པ་ཅན། སྲོ༷ག་གི༷་ཕྱི༷ར་ཡ༷ང་མི༷་གཏ༷ང་ངོ༵༌། །དེ་ལས་ཆོས་ དོན་དུ་གཉེར་བ་ཡང་འཕགས་པ་དཔ༷ལ་འབྱུ༷ང་བ༷འི༷་རྣམ༷་ཐ༷ར་སྡོང་པོ་བཀོད་པའི་མདོ་ ལ༵ས། བླ༷་མ༷་བསྟེ༷ན་པ༷འི་ཚུ༷ལ་འབྱུང་བ་ལྟར༷་བསླ༵བ་སྟེ། ཇི་སྐད་དུ། རིགས་ཀྱི་བུ། ཁྱོད་ཀྱིས་ རང་ལ་ནི་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ ཤེས་དང༌། རྗེས་སུ་བསྟན་པ་ལ་ནི་སྨན་གྱི་འདུ་ཤེས་དང༌། ནན་ཏན་ཉམས་སུ་བླང་བ་ལ་ནི་ ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པའོ། ། དེས་ན་དཔལ་འབྱུང་གི་རྣམ་ཐར་འདི༷་ད༷ང་སང༷ས་རྒྱ༷ས་བཀ༷འ་སྩ༷ལ་གཞ༵ན། བྱང་ཆུབ་ ཀྱི་སྤྱོད་པ་རྒྱ་ཆེན་གཞན་རྣམས་ཀྱང་མདོ༷་སྡེ༷་བཀླ༷གས་ན༷ས་ཤེ༷ས་པ༷ར་བྱ་༷སྟེ། མདོ༷་སྡེ༷་རྣམ༷ས་ ན༷་བསླ༷བ་པ༷འི་སྒོ་དང་ཐབས་དུ་མ་རྒྱས་པར་སྣང༷་བའི་ཕྱིར་རོ། །དེ༷ས་ན༷་མདོ༷་སྡེ༷་རྣམས་ རིམ་གྱིས་བལྟ་ཞིང་བཀླ༷ག་པ༷ར་བྱ་༷བ་ལས། འཕགས་པ་ན༷མ་མཁ༷འི་སྙི༷ང་པོ༷འི་མདོ༷་སྡེ༷་ནི༵། 1-1-182 རྩ་ལྟུང་འཆོས་ཐབས་དང་བཅས་པ་གསལ་བའི་ཕྱིར་ཐོ༷ག་མ༷་ཉི༷ད་དུ༷་བལྟ་༷བ༷ར་བྱ་༷སྟེ། དེ་ ལས། བྱང་ཆུབ་སེམས་དཔའ་ལས་དང་པོ་ཉེས་པ་དང་བཅས་པ་དེས་ཐོ་རངས་ལངས་ལ་ ཤར་ཕྱོགས་སུ་བལྟས་ཏེ་འདུག་པས་ལྷའི་བུ་སྐྱ་རེངས་ལ་གསོལ་བ་གདབ་པར་བྱ་སྟེ། ཚིག་ འདི་སྐད་དུ། སྐྱ་རེངས་སྐྱ་རེངས་ཐུགས་རྗེ་ཆེན་པོ་ལེགས་པ་ཆེན་པོ། ཁྱོད་འཛམ་བུའི་གླིང་ དུ་ཤར་མ་ཐག་བདག་ལ་ཐུགས་རྗེས་ཁྱབ་པར་མཛད་དུ་གསོལ། ནམ་མཁའི་སྙིང་པོ་ཐུགས་ རྗེ་ཆེན་པོ་དང་ལྡན་པ་ལ་ཡང་བདག་གི་ཚིག་གིས་མྱུར་དུ་བསྐུལ་ཏེ་ཐབས་གང་གིས་བདག་ ལྟུང་བ་འཆགས་པ་དང་ཐེག་པ་ཆེན་པོ་ལ་སེམས་པ་ལ་ཐབས་དང་ཤེས་རབ་ཐོབ་པར་འགྱུར་ བའི་ཐབས་དེ་བདག་གི་རྨི་ལམ་དུ་བསྟན་དུ་གསོལ་ཞེས་སྨྲོས་ལ། དེའི་ཚེ་གཉིད་ལོག་པར་ ཉོལ་ཅིག་དང༌། འཛམ་བུའི་གླིང་འདིར་སྐྱ་རེངས་ཤར་མ་ཐག་བྱང་ཆུབ་སེམས་དཔའ་ནམ་ མཁའི་སྙིང་པོ་དང་ཕྲད་པར་འགྱུར་ཏེ། ལས་དང་པོ་པ་དེའི་རྨི་ལམ་དུ་དེའི་གཟུགས་དེའི་ མདུན་དུ་འདུག་ནས་རྩ་བའི་ལྟུང་བ་དེ་དག་འཆགས་སུ་འཇུག་གོ །ཞེས་པ་དང༌། གཞན་ཡང་ རྒྱལ་པོ་ལ་འབྱུང་ཉེ་བའི་རྩ་ལྟུང་ལྔ་དང༌། བློན་པོ་ལ་འབྱུང་ཉེ་བའི་རྩ་ལྟུང་ལྔ་དང༌། ལས་ དང་པོ་ལ་འབྱུང་ཉེ་བའི་རྩ་ལྟུང་བརྒྱད་དེ་བྱང་ཆུབ་སེམས་དཔའི་རྩ་ལྟུང་བཅོ་བརྒྱད་ཀྱི་རྣམ་ བཞག་ལ་སོགས་རྒྱས་པར་སྟོན་པའི་ཕྱིར་ཏེ་ཆེ་ལོང་ཞིག་བསླབ་བཏུས་སུ་དྲངས་པ་ལས་ ཤེས་པར་བྱའོ། ། དེས་ན་ག༷ང་ཕྱི༷ར་(རྒྱལ་སྲས་ཀྱིས་)རྟག༷་ཏུ༷་སྤྱ༷ད་པ༷་ནི༵། དེ༷་ལ༷ས་རྒྱ༷་ཆེ༷ར་ར༷བ་(ཏུ་གསལ་བར་) སྟོ༷ན་པ༵ས། །བསླ༷བ་པ༷་ཀུ༷ན་ལ༷ས་བཏུ༷ས་པ༷་ཡ༵ང༌། །ངེ༷ས་པ༷ར་(གདོན་མི་ཟ་བར་)ཡ༷ང་ན༷ས་ཡ༷ང་ དུ༷་བལྟ༵(ཞིང་གོམས་པར་བྱ)། །(དེ་ཙམ་ལྟ་མི་ནུས་ན་)ཡ༷ང་ན༷་རེ༷་ཤི༷ག་(མདོ་སྣ་ཚོགས་ནས་)མདོ༷ར་བསྡུ༷ས་ པ༵། །(ཁོ་བོས་བྱས་པའི་)མདོ༷་རྣམ༷ས་ཀུ༷ན་ལ༷ས་བཏུ༷ས་པ༷་བལྟ༵། །ཞེས་པ་འདི་གཉི་ག་སློབ་དཔོན་ ཉིད་ཀྱིས་མཛད་པ་དང༌། དེར་མ་ཟད་འཕག༷ས་པ༷་ཀླུ༷་སྒྲུ༷བ་ཀྱི༷ས་མཛ༷ད་པ༵འི། བསླབ་པ་ཀུན་ 1-1-183 ལས་བཏུས་པ་དང་མདོ་ཀུན་ལས་བཏུས་པ་སློབ་དཔོན་གྱི་འདི་དག་ལས་གཞན་གཉི༷ས་ པོ༷འ༷ང་འབ༷ད་པ༷ས་བལྟ་༷བ༷ར་བྱ་༷སྟེ་གང་འདིར་མི་སྣང་བའི་བསླབ་བྱ་འགའ་ཞིག་དེ་དག་ན་ སྣང་བའི་ཕྱིར་རོ། ། གཞན་ཡང་མདོ་དང་བསྟན་འཆོས་ག༷ང་ལ༷ས་བྱང་ཆུབ་སེམས་དཔའི་སྤྱོད་པ་ག༷ང་ནི༷་ མ༷་བཀ༷ག་ཅིང་བསྔགས་པ༵། དེ༷་ཉི༷ད་སྤྱ༷ད་(ཅིང་སྒྲུབ་)པ༷ར་བྱ་༷བ༷་སྟེ༵། །འཇི༷ག་རྟེ༷ན་སེ༷མས་ནི༷་ (སྟེ་བསམ་པ་འཁྲུལ་བར་འགྱུར་བ་)བསྲུ༷ང་བ༷འི་ཕྱི༷ར། །བསླ༷བ་པ༷་མཐོ༷ང་ན༷ས་སེམས་ཅན་མགུ་བ་ཁོ་ ནའི་ཐབས་དང་སྒོ་རླབས་གང་ཆེ་བ་ཡ༷ང་ད༷ག་པར་སྤྱ༵ད་ཅིང་བསླབ་པར་བྱའོ། ། ཤེས་བཞིན་གྱི་དོན་བདེ་བླག་ཏུ་བསྟན་པར་བཞེད་ནས་ལུ༷ས་ད༷ང་སེ༷མས་ཀྱི༷་གན༷ས་ སྐབ༷ས་(ཀྱི་སྤྱོད་ལམ་རྣམས་)ལ༵། ཡ༷ང་ད༷ང་ཡ༷ང་དུ༷་བརྟག༷་བྱ་༷བ༵། །དེ་ལ་དྲན་འཛིན་དུས་སུ་སྦྱར་ རོ་ཞེས་པ་ཚིག་གི་ལྷག་མ་སྟེ། དེ༷་ཉི༷ད་ཁོ༷་ན༷་མདོ༷ར་ན༷་ནི༵། །ཤེ༷ས་བཞི༷ན་བསྲུ༷ང་བ༷འི་མཚ༷ན་ ཉི༷ད་དོ༵་ཞེས་སོ། ། ལུ༷ས་ཀྱི༷ས་(སྔར་བཤད་པའི་བསླབ་བྱ་)འདི༷་ད༷ག་(ནན་ཏན་གྱིས་)སྤྱ༷ད་པ༷ར་བྱ༷། །ཚི༷ག་ཙ༷མ་བརྗོ༷ད་ པ༷ས་(འབྲས་བུ་འམ་དགོས་པ་)ཅི༷་ཞི༷ག་འགྲུ༵བ(སྟེ)། །(དཔེར་ན་)སྨ༷ན་སྤྱ༷ད་(དེ་གསོ་བའི་བསྟན་བཅོས་ཀྱི་ སྦྱོར་བ་མ་བྱས་པར་)བཀླ༷གས་པ༷་ཙ༷མ་གྱི༷ས་ནི༵། །ན༷ད་པ༷་ད༷ག་ལ༷་ཕ༷ན་འགྱུ༷ར་ར༵མ། །ཞེས་པ་ཁ་ བཤད་ལ་མ་ཤོར་བར་ཆོས་ལག་ལེན་ལ་ཐེབས་པར་གྱུར་ཅིག་སྙམ་དུ་དགོངས་པ་སྟེ། ཏིང་ངེ་ འཛིན་རྒྱལ་པོའི་མདོ་ལས་ཀྱང༌། གཞོན་ནུ་དེ་ལྟ་བས་ན་སྒྲུབ་པ་སྙིང་པོར་བྱེད་པ་ལ་བསླབ་ པར་བྱ་སྟེ། སྒྲུབ་པ་སྙིང་པོར་བྱེད་པ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ རྙེད་པར་དཀའ་བ་མ་ཡིན་ནོ། །ཞེས་གསུངས་སོ། ། བྱང༷་ཆུ༷བ་སེ༷མས་དཔ༷འི་སྤྱོ༷ད་པ༷་ལ༷་འཇུ༷ག་པ༷་ལ༷ས། གཙོ་བོར་ཤེ༷ས་བཞི༷ན་བསྲུ༷ང་བ༷ར་ བྱ་༷བ༷་སྟེ༷་ལེ༷འུ༷་ལྔ༷་པ༷འོ༵།། །། 1-1-184 ༈ ད་ནི་བཟོད་པ་ལ་འཇུག་པའི་ཐོག་མར་དེའི་མི་མཐུན་ཕྱོགས་ཁོང་ཁྲོའི་ཉེས་དམིགས་ བསྟན་པར་བཞེད་ནས། བསྐལ་པ་ཞེས་གསུངས་པ་ལ། མཛོད་དུ། བར་གྱི་བསྐལ་པ་དཔག་ མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །དེ་ནས་ཡར་སྐྱེ་མར་འབྲི་བའི། །བསྐལ་པ་གཞན་ནི་ བཅོ་བརྒྱད་དང༌། །ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། །དེ་དག་ཚེ་ནི་བརྒྱད་ཁྲིའི་བར། །དེ་ལྟར་ འཇིག་རྟེན་ཆགས་པ་འདི། །བར་གྱི་བསྐལ་པ་ཉི་ཤུར་གནས། །འཆགས་པ་དང་ནི་འཇིག་ པ་དང༌། །ཞིག་ནས་འདུག་པ་དུས་མཉམ་མོ། །དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། །དེ་གྲངས་ མེད་གསུམ་ལ་སངས་རྒྱས། །ཞེས་གསུངས་པའི་དོན་དང་པོ་འཇིག་རྟེན་ཆགས་པ་ནས་ བརྩམས་ཏེ་ཚེ་ལོ་བརྒྱད་ཁྲིའི་བར་དུ་མི་རྣམས་ཚེ་ལོ་དཔག་མེད་ཀྱི་དུས་ལ་བར་གྱི་བསྐལ་ པ་བཅུ་དགུ་འདའ་ཞིང་དེ་ནས་ཚེ་ལོ་བཅུ་པའི་བར་དུ་འགྲིབ་པ་དང་བཅས་པ་ཆགས་ནས་ གནས་པའི་བར་ནི་བསྐལ་པ་དང་པོ་ཡིན་ནོ། །ཚེ་ལོ་བཅུ་པ་དེ་ནས་ཡར་ཚེ་ལོ་བརྒྱད་ཁྲི་བའི་ བར་དུ་འཕེལ་ལོ། །ཡང་མར་ཚེ་ལོ་བཅུ་པར་གྱུར་གྱི་བར་དུ་འགྲིབ་པ་ཟུང་གཅིག་པོ་འདི་ ནི་བར་གྱི་བསྐལ་པ་གཉིས་པ་ཡིན་ཏེ། དེ་ལྟ་བུ་བཅོ་བརྒྱད་དང༌། དེ་ནས་ཡར་བརྒྱད་ཁྲིའི་ བར་དུ་འཕེལ་བ་གཅིག་ལ་བར་བསྐལ་ཉི་ཤུ་པ་གཅིག་ཐོགས་ཏེ། དེ་ལྟར་ན་བར་གྱི་ཁུག་པ་ བཅོ་བརྒྱད་པོ་མཐའ་དག་སྡོམ་པ་དང་མཐའ་ཐོག་གི་ཡར་སྐྱེ་མར་འགྲིབ་རེ་རེ་པོ་དུས་མཉམ་ པ་ཅན་བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་གནས་སོ། །འཆགས་པ་འཇིག་པ་སྟོངས་པ་ གསུམ་ཡང་དེ་དང་དུས་མཉམ་པས་བར་བསྐལ་བརྒྱད་ཅུ་ལ་བསྐལ་ཆེན་ནོ། །དེའི་གྲངས་ གཅིག །བཅུ། བརྒྱ། སྟོང་ཞེས་པ་ལྟ་བུ་གྲངས་ཀྱི་གནས་གཞན་དྲུག་བཅུའི་བར་དུ་རིམ་པར་ བཅུ་འགྱུར་བསྒྲེས་པས་བསྐལ་པ་གྲངས་མེད་གཅིག་ཏུ་སློང་ལ། དེ་འདྲའི་བསྐལ་པ་གྲངས་ མེད་གསུམ་གྱི་སྤྱོད་པས་སངས་རྒྱ་བར་གསུངས་པ་ལས་འདིར་ཡང་ཚོགས་བསགས་པའི་ ཡུན་ཚད་ལ་སྦྱོར་བའི་ཕྱིར་བསྐལ་ཆེན་དུ་འཐད་དོ། །དེ་ལྟ་བུའི་བསྐ༷ལ་པ༷་སྟོ༷ང་(ཕྲག་)དུ༷་(མར་) 1-1-185 བས༷གས་པ༷་ཡི༵། །སྦྱི༷ན་པ་(གསུམ་)ད༷ང་བདེ༷་གཤེ༷གས་མཆོ༷ད་པ་དང་ལ༷་སོ༵གས་ཀྱི་སྒྲས་ ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལས་བྱུང་བའི་ལེ༷གས་སྤྱ༷ད་ག༷ང་ཡི༷ན་དེ༷་ཀུ༷ན་ ཡ༵ང༌། སེམས་ཅན་ལ་རྣམ་པར་སྡང་བའི་ཁོ༷ང་ཁྲོ༷་གཅི༷ག་གི༷ས་མེ་ཆུང་ངུས་རྩྭའི་ཚོགས་བཞིན་ དུ་འཇོ༷མས་པ༷ར་བྱེ༵ད་དེ། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། འཇམ་དཔལ་ཁོང་ཁྲོ་ བ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་དགེ་བ་འཇོམས་པར་བྱེད་པ་ སྟེ། ཞེས་གསུངས་སོ། ། དེ་ཙམ་དུ་ཉེས་དམིགས་ཆེ་བ་ཉིད་ཀྱིས་ཞེ༷་སྡ༷ང་ལྟ་༷བུ༷འི་སྡི༷ག་པ༷་གཞན་མེ༵ད། སྡིག་ པ་དེ་འགོག་ནུས་པའི་ཕྱིར་བཟོ༷ད་པ༷་ལྟ་༷བུ༷འི་དཀ༷འ་ཐུ༷བ་བམ་ལེགས་སྤྱད་གཞན་མེ༵ད་པ་ དེ༷་བ༷ས་བཟོ༷ད་(པ་བསྒོམ་པ་)ལ༷་ན༷ན་ཏ༷ན་དུ༵། འཆད་འགྱུར་གྱི་ཐབས་སྣ་༷ཚོ༷གས་ཚུ༷ལ་གྱི༷ས་ བསྒོ༷མ་པ༷ར་བྱའོ༵། །དེ་ལྟ་མིན་པར་(ལུས་སེམས་ཀྱི་རྒྱུན་གདུང་བར་བྱེད་པའི་)ཞེ༷་སྡ༷ང་ཟུ༷ག་རྔུ༷འི་སེ༷མས་ འཆ༷ང་ན༵། རང་གིས་ཀྱང་ཡི༷ད་ནི༷་ཞི༷་བ༷་དང་དུལ་བའི་ཉམ༷ས་མི༷་མྱོ༵ང་ཞིང༌། (སེམས་ལ་)དག༷འ་ ད༷ང་(ལུས་ལ་)བདེ༷་བ༷འ༷ང་མི༷་འཐོ༷བ་ལ༵། གཉི༷ད་མི༷་འོ༷ང་ཞི༷ང་ཆོས་ལ་བློ་བརྟན༷་པ་མེ༷ད་པར་ འགྱུ༵ར་ཏེ་དེས་ཚུལ་མིན་ལ་སྦྱོར་བའི་ཕྱིར་རོ། །བྲན་གཡོག་ག༷ང་ད༷ག་ནོ༷ར་ད༷ང་བཀུ༷ར་སྟི༷་ ཡི༵ས། དྲི༷ན་བྱི༷ན་པའི་རྗེ་དཔོན་དེ༷་ལ༷་བརྟེ༷ན་གྱུ༷ར་པ༵(འི་གཡོག་འཁོར་ལ་སོགས)། དེ༷་ད༷ག་ཀྱང༷་ནི༷་ སྡ༷ང་(སེམས་དང་) ལྡན༷་པ༵འི། །རྗེ༷་དཔོ༷ན་དེ༷་ལ༷་གསོ༷ད་པ༷ར་རྒོ༵ལ། སྲིད་དེ་ཉེས་པ་དེ་ལྟ་བུའི་ རྩ་བ་ཡང་ཞེ་སྡང་ངོ༌། །ཞེ་སྡང་དེ༷་ཡི༷ས་རང་གི་མཛ༷འ་བཤེ༷ས་ཀྱང་སྐྱོ༷་བ༷ར་འགྱུ༵ར་ལ། ཚིག་ སྙན་པ་དང་སྦྱི༷ན་པ༷ས་བསྡུ༷ས་ཀྱང༷་སྡང་ལྡན་ལ་བརྟེ༷ན་པར་མི༷་བྱེ༷ད་དེ། མདོ༷ར་ན༷་ཁྲོ༷་བ༷ས་ རང་གཞན་སུ་ལའང་བདེ༷ར་གན༷ས་པ༵(འི་རྒྱུ་ཉེ་བར་ཞི་བ)། དེ༷་ནི༷་འག༷འ་ཡ༷ང་ཡོ༷ད་མ༷་ཡི༵ན(པས་ སེམས་རྩུབ་པའི་གནས་སྐབས་ལས་བྱུང་བའི)། །ཁྲོ༷་བ༷འི་དགྲ༷་ཡི༷ས་མཐོང་ཆོས་ཀྱི་སྡུག་བསྔལ་དེ༷་ལྟ་བུ་ ལ༷་སོ༵གས (པ)། ཕྱི་མ་ཡང་སྡུ༷ག་བསྔ༷ལ་ད༷ག་ནི༷་བྱེ༷ད་པ༷ར་འགྱུ༵ར། (སྐྱེས་བུ་)ག༷ང་ཞི༷ག་(ལེགས་ 1-1-186 པར་དཔྱད་པའི་སྒོ་ནས་)བསྒྲི༷མས་ཏེ༷་ཁྲོ༷་འཇོ༷མས་པ༵(ལ)། །(བརྩོན་པ་)དེ༷་ནི༷་(ཚེ་)འདི༷་ད༷ང་(འཇིག་རྟེན་) གཞ༷ན་དུ༷་བདེ༵(བར་འགྱུར་རོ)། ། རྒྱུ་(བདག་དང་བདག་གི་བ་ལ་)མི༷་འདོ༷ད་པ་(སྡུག་བསྔལ་བསྐྱེད་པར་)བྱས༷་(པ་)ད༷ང་འདོ༷ད་པ༷་(བདེ་བ་ སྒྲུབ་པ་)ཡི༵། གེ༷གས་བྱས༷་པ༷་ལ༷ས་བྱུ༷ང་གྱུ༷ར་པ༵། །ཡི༷ད་མི༷་བདེ༷་བ༷འི་རྣམ་རྟོག་ཐོག་མར་སྐྱེ་ཞིང་ དེ་རྒྱུན་མཐུད་པ་ལས་ཞེ་སྡང་འཕེལ་བའི་ཕྱིར་ཟ༷ས་དང་འདྲ་བའི་རྒྱུ་དེ་རྙེ༷ད་ན༵ས། ཞེ༷་སྡ༷ང་ (གི་སྟོབས་)བརྟ༷ས་ཏེ༷་བད༷ག་འཇོ༷མས་སོ༵། །(རྒྱུ་མཚན་)དེ༷ས་ན༷་བད༷ག་གི༷་དགྲ༷་བོ༷་ཞེ་སྡང་དེ༵འི། ཟ༷ས་སམ་རྒྱུ་ཡིད་མི་བདེ་ནི༷་སྐྱེས་མ་ཐག་རྣམ༷་པ༷ར་གཞོ༷མ་པ༷ར་བྱ་༷སྟེ། འདི༷་ལྟར༷་བད༷ག་ལ༷་ (དགེ་བའི་སྲོག་འཇོམས་པའི་སྒོ་ནས་)གནོ༷ད་པ༷་ལ༵ས། །དགྲ༷་(བོ་ཞེ་སྡང་)འདི༷་ལ༷་ནི༷་ལ༷ས་གཞ༷ན་མེ༵ད་ པའི་ཕྱིར་དང་ཡིད་མི་བདེ་སྐྱེས་མ་ཐག་དྲན་པས་གཟུང་ན་གཞོམ་སླ་བའི་ཕྱིར་རོ། ། དེས་ན་(མགོ་བོ་བཅད་སོགས་)ཅི༷་ལ༷་བ༷བ་ཀྱང༷་བད༷ག་གི༷ས་ནི༵། དག༷འ་བ༷འི་ཡི༷ད་ནི༷་(ཁོ་ནས་) དཀྲུ༷ག་མི༷་བྱ་༷སྟེ། དགའ་བ་ནི་ཡིད་མི་བདེ་བའི་གཉེན་པོ་ཡིན་པའི་ཕྱིར་དང༌། (སྡུག་བསྔལ་བྱུང་ བས་)མི༷་དག༷འ་བ་བྱས༷་ཀྱང༷་རང་སྡུག་པར་བས་ཀྱི་དེ་ཙམ་ཀྱི་འདོ༷ད་དོན་མི༷་འགྲུ༵བ་ལ། དགེ༷་ བ༷་ད༷ག་ནི༷་ཉམ༷ས་པ༷ར་འགྱུ༷ར་བའི་ཕྱིར་རོ། །ག༷ལ་ཏེ༷་(འདོད་མི་འདོད་ཀྱི་གེགས་པ་ཕྱིར་)བཅོ༷ས་སུ༷་ ཡོ༷ད་ན༷་ནི༵། །དེ༷་ལ༷་མི༷་དག༷ར་ཅི༷་ཞི༷ག་ཡོ༵ད(དེ་བཅོས་པས་ཆོག་པས་མི་དགའ་བར་མི་རིགས་ལ)། །ག༷ལ་ ཏེ༷་བཅོ༷ས་སུ༷་མེ༷ད་ན༷་ཡ༵ང༌། །དེ༷་ལ༷་མི༷་དག༷ར་བྱས༷་ཅི༷་ཕ༵ན(ཏེ་བཅོམ་ཐབས་མེད་ཅིང་འདས་ཟིན་པས་ སོ)། །ཞེས་པས་གང་ལྟར་ཀྱང་དཔྱད་ན་མི་དགའ་བའི་དོན་མེད་པར་བསྟན་ཏོ། །མ་དཔྱད་ པའི་སྣང་ངོར་བད༷ག་ད༷ང་བད༷ག་གི༷་བཤེ༷ས་རྣམ༷ས་ལ༵། (ལུས་ལ་གནོད་པའི་)སྡུ༷ག་བསྔ༷ལ་(པ་ཁྱད་ དུ་གསོད་པའི་)བརྙ༷ས་(པ་)ད༷ང་(གནད་དུ་འཕོག་པའི་)ཚི༷ག་རྩུ༷བ་ད༵ང༌། །(གྲགས་པ་མ་ཡིན་པའི་)མི༷་སྙན༷་ ཞེ༷ས་བྱ་༷ཆོས་བཞི་བཞི་མི༷་འདོ༷ད་དེ༵(དགྲ་ལ་བདེ་བ་དང༌། རྙེད་པ་འཐོབ་པ་དང༌། བསྟོད་པ་དང༌། གྲགས་པ་བཞི་ མི་འདོད་པ་བཅུ་གཉིས་སོ)། དེ་རྣམས་ཐོག་ཏུ་བྱུང་བ་དང༌། དགྲ༷་དང་དགྲའི་བཤེས་རྣམས་ལ༷་དེ༷་ 1-1-187 ལ༷ས་བཟློ༷ག་པ༷ས་སྡུག་བསྔལ་བརྙས་དང་ཚིག་རྩུབ་དང་མི་སྙན་ཞེས་བྱ་བཞི་བཞི་ཐོག་ཏུ་ འབབ་པར་འདོད་ཀྱང་(འདོད་པ་བཅུ་གཉིས་)མ་བྱུང་བའི་རྒྱུ་ལས་ཡིད་མི་བདེ་དང་ཞེ་སྡང་སྐྱེ་བར་ བས་སོ༵། ། འོན་ཀྱང་ཡིད་བདེ༷་བ༷འི་རྒྱུ༷་འདོད་པ་གྲུབ་པ་ནི༷་རེ་འག༷འ་འབྱུ༵ང་ཞིང༌། སྡུ༷ག་བསྔ༷ལ་གྱི་ རྒྱུ༷་འདོད་པ་མ་གྲུབ་པ་ནི༷་ཤི༷ན་ཏུ༷་མ༵ང་བ་ལས། སྡུ༷ག་བསྔ༷ལ་མེ༷ད་པ༷ར་ངེ༷ས་འབྱུ༷ང་དང་སྐྱོ་ ཤས་མེ༵ད་པ། དེ༷་བ༷ས་སེ༷མས་ཁྱོ༷ད་སྡུག་བསྔལ་དང་ལེན་གྱི་བཟོད་པ་ལ་བརྟན༷་པ༷ར་མནོ༵ས་ ཤིག །དཔེར་ན་དཀ༷འ་བཟློ༷ག་སྟེ་(སྔོན་དབང་ཕྱུག་ཆེན་པོས་རང་གི་ཆུང་མ་ལ། ང་རི་བོ་གངས་ཅན་ལ་དཀའ་ཐུབ་ ལ་འགྲོ་བས་ད་རང་རེ་གཉིས་སོ་སོར་གྱིས་ཞེས་སྨྲས་པས་མོ་མ་རངས་ཏེ། ཨུ་མཱ་ཨུ་མ་ཞེས་ཟེར་བ་དཀའ་བཟློག་སྟེ་)ལྷ་མོ་ཨུ་ མ་ལ་ད༷ད་པ་ད༷ང་ཡུལ་ཀ༷རྞ༷་ཌ་པ༵་ལ་སོགས་པ་ལྷོ་ཕྱོགས་ཀྱི་རྒྱུད་དུ་སྐྱེས་པ་ཁ་ཅིག་རིམ་པ་ ལྟར་སྟོན་ཟླ་འབྲིང་པོའི་དུས་ལ་སོགས་པར་གསོ་སྦྱོང་བྱས་ནས། མཆོད་སྦྱིན་གྱི་དོན་དུ་རང་ གི་ལུས་བསྲེ༷ག་པ་ད༷ང་ཕན་ཚུན་འགྲན་པའི་ང་རྒྱལ་གྱིས་རང་གི་ལུས་མཚོན་གྱིས་གཅོ༷ད་པ་ ལ་སོ༷གས་པའི་སྡུག་བསྔལ་ཚོ༷ར་བ༷་ནི༵། མཆོད་སྦྱིན་གྱི་གྲགས་པ་དང་དཔའ་བོའི་མིང་གོང་ དུ་འབྲི་བ་ཙམ་ལས་གཞན་པའི་དོ༷ན་མེ༷ད་ཀྱང་བཟོ༷ད་པར་བྱེ༷ད་པ་ཡོད་ན་འདིར་ཐ༷ར་པ༷་ཡི༵། དོ༷ན་དུ༷་བད༷ག་གོ༷་སྡུག་བསྔལ་ལ་ཅི༷་ཕྱི༷ར་སྡ༵ར་ཏེ་བཟོད་པར་རིགས་སོ། །(བསྟན་བཅོས་དང་སྒྱུ་ རྩལ་ལ་སོགས་པ་དག་ལ་)གོ༷མས་ན༷་སླ༷་བ༷ར་མི༷་འགྱུ༷ར་བ༵འི། །(བྱ་དཀའ་བའི་)དངོ༷ས་(པོ་) དེ༷་ག༷ང་ ཡ༷ང་ཡོ༷ད་མ༷་ཡི༵ན། །དེ༷་བ༷ས་གནོ༷ད་པ༷་ཆུ༷ང་གོ༷མས་(པར་བྱས་)པ༵ས། །(དམྱལ་སོགས་ཀྱི་) གནོ༷ད་ པ༷་ཆེ༷ན་པོ༷འ༷ང་(བདེ་བའི་ངོ་བོར་འགྱུར་བས་)བཟོ༷ད་པ༷ར་བྱོ༵ས། །ཞེས་པ་སྟེ་རྒྱལ་པོ་གོ་ར་བས་དར་ ལྭ་བ་རིམ་པ་མང་པོའི་འོག་ན་ཉུངས་དཀར་གྱི་འབྲུ་ཡོད་པའི་རྩུབ་པ་ཙམ་མི་བཟོད་པ་ཡང་ ཕྱིས་ཚེར་མའི་ཁུར་ཁུར་བ་བཟོད་པ་བཞིན་ནོ། ། དེ་ལྟ་མོད་ཀྱི་གོམས་པར་བྱ་བའི་སྡུག་བསྔལ་ཆུང་ངུ་ལ་ཡང་འབད་པ་མེད་པར་མི་འབྱུང་ 1-1-188 ངོ་ཞེ་ན། མ་ཡིན་ཏེ་(དུག་)སྦྲུ༷ལ་ད༷ང་ཤ༷་སྦྲ༷ང་(བུའི་གནོད་པ་)ད༷ག་ད༷ང་ནི༵། བཀྲེ༷ས་སྐོ༷མ་ལ༷་ སོ༷གས་(ཚ་གྲང་གི་)ཚོ༷ར་བ༷་(ཡིད་དུ་མི་འོང་བ་)ད༵ང༌། །གཡ༷ན་པ༷་ཟ་འཕྲུག་ལ༷་སོ༷གས་བཅ༷ས་པ༷་ཡི༵། དོ༷ན་མེ༷ད་སྡུ༷ག་བསྔ༷ལ་འབད་མེད་དུ་འབྱུང་བ་ཅི༷ས་མ༷་མཐོ༵ང་སྟེ་མཐོང་བ་དང༌། གཞན་ཡང་ ཚ༷་(བ་དང་)གྲ༷ང་(བ་)ཆ༷ར་ད༷ང་རླུ༷ང་སོ༷གས་(པས་ལམ་གྱི་གནོད་པ་སོགས་)ད༵ང༌། ན༷ད་ད༷ང་འཆི༷ང་ད༷ང་ རྡེ༷ག་སོ༷གས་སྡུག་བསྔལ་ཕྲ་མོ་རྣམས་ལ༵། དང་པོ་ནས་བད༷ག་གི༷ས་བཟེ༷་རེ༷་འ༷མ་བཟོད་སྲན་ ཆུང་བ་མི༷་བྱ་༷སྟེ༷། དེ༷་ལྟར༷་བྱས༷་ན༷་བཟོད་སྲན་ཇེ་ཆུང་ལ་འགྲོ་བས་གནོ༷ད་པ༷་འཕེ༵ལ་ཚབས་ ཇེ་ཆེ་ལ་འགྲོ་བའི་སྣང་བ་འཆར་བའི་ཕྱིར་རོ། །དེས་ན་གཡུལ་དུ་ཞུགས་པ་ལ༷་ལ༷་བད༷ག་གི༷་ ཁྲ༷ག་མཐོ༷ང་ན༵། དཔ༷འ་བརྟན༷་ལྷག༷་པ༷ར་སྐྱེ༷་འགྱུ༷ར་ཡོ༵ད། །(སྡར་མ་)ལ༷་ལ༷་གཞ༷ན་གྱི༷་ཁྲ༷ག་ མཐོ༷ང་ན༵། །(འཇིགས་པ་དྲན་མེད་དུ་)བོ༷ག་ཅི༷ང་(མཐོམས་པས་)བརྒྱ༷ལ་བ༷ར་འགྱུ༷ར་བ༷་ཡོ༵ད། །དེ༷་ གཉིས་ནི༷་རིམ་པ་ལྟར་སེ༷མས་ཀྱི༷་ང༷ང་(ཚུལ་དཔའ་ཞིང་)བརྟན༷་(པ་)ད༵ང༌། སྡ༷ར་མ༷འི་ཚུ༷ལ་ལ༷ས་ གྱུ༷ར་པ༷་ཡི༵ན(པས་སེམས་བརྟན་པ་ལ་གོམས་པར་བྱའོ)། །བློ་བརྟན་ཅིང་མི་སྡར་བ་ལ་གོམས་དགོས་པ་ དེ༷་བ༷ས་ན་གནོ༷ད་པ༷་ཁྱད༷་བས༷ད་ཅི༵ང༌། སྡུ༷ག་བསྔ༷ལ་རྣམ༷ས་ཀྱི༷ས་མི༷་ཚུ༷གས་བྱོ༵ས། །མཁ༷ས་ པ༷ས་ཆོས་ཀྱི་དོན་དུ་སྡུ༷ག་བསྔ༷ལ་བྱུ༷ང་ཡ༷ང་ནི༵། སེ༷མས་ཀྱི༷་ར༷བ་ཏུ༷་དང་བར་བྱ་ཡི་རྙོ༷ག་པར་ མི༷་བྱའོ༵། །བྱང་ཆུབ་སེམས་དཔའ་ནི་ཞེ་སྡང་ལ་སོགས་པའི་ཉོ༷ན་མོ༷ངས་རྣམ༷ས་ད༷ང་བཟོད་པ་ ལ་སོགས་པའི་གཉེན་པོ་རྣམས་གཡུ༷ལ་འགྱེ༷ད་ལ༵། གཡུ༷ལ་འགྱེ༷ད་ཚེ༷་ན༷་གནོ༷ད་པ༷་མ༵ང་མོད། འོན་ཀྱང་སྡུ༷ག་བསྔ༷ལ་ཐ༷མས་ཅ༷ད་ཁྱད༷་བས༷ད་ན༵ས། །ཞེ༷་སྡ༷ང་ལ༷་སོགས་དགྲ༷་འཇོ༷མས་པ༵། །དེ༷་ད༷ག་(མཆོག་ཏུ་ཡང་དགྲ་ལས་)རྒྱ༷ལ་བྱེ༷ད་དཔ༷འ་བོ༷་སྟེ༷། །ལྷག༷་མ༷་སེམས་ཅན་འཇོམས་པ་ནི་ ཤི་ཟིན་གྱི་རོ༷་ལ༷་གསོ༷ད་འདོད་ཀྱིས་བསྣུན་པ་དང་འདྲ་བས་དཔའ་བོ་མ་ཡིན་ཏེ་དེ་དག་མ་ བཅོམ་ཡང་ངང་གིས་འཆི་བ་ཉིད་ཀྱི་ཕྱིར་རོ་ཞེས་པ༷འོ༵། ། སྔར་སྡུག་བསྔལ་མེད་པར་ངེས་འབྱུང་མེད། ཅེས་བཤད་པ་ལས་གཞ༷ན་ཡ༷ང་སྡུ༷ག་ 1-1-189 བསྔ༷ལ་བྱུང་བའི་ཡོ༷ན་ཏ༷ན་ནི༵། སྐྱོ༷་བ༷ས་(གཟུགས་ལང་ཚོ་ནོར་སོགས་ཀྱིས་)དྲེ༷གས་པ༷་སེ༷ལ་བ༷ར་བྱེ༷ད། །རང་སྡུག་པ་ལ་དཔགས་ནས་འཁོ༷ར་བ༷(འི་སྡུག་བསྔལ་གྱིས་གཟིར་)པ༷་ལ༷་(གཞན་དག་)ལ་སྙི༷ང་རྗེ༷་ སྐྱེ༵། མི་དགེ་བ་ལ་སྡུག་བསྔལ་འབྱུང་བ་བསམས་པས་སྡི༷ག་ལ༷་འཛེ༷མ་ཞི༷ང་དགེ༷་ལ༷་དག༵འ་ བ་འབྱུང་བའི་ཕྱིར་སྤྲོ་དགའ་དང་བཅས་པས་བཟོད་པར་བྱའོ། ། རང་ལ་བབ་པའི་སྡུག་བསྔལ་ལ་དེ་ལྟར་རིགས་ཀྱང་གཞན་གྱིས་བྱས་པའི་སྡུག་བསྔལ་ ལ་ཁྲོའོ་ཞེ་ན། འོ་ན། མཁྲི༷ས་པ༷་དང་རླུང་ལ༷་སོ༷གས་པའི་ནད་རྣམས་ལ་ཡང་ཁྲོ་བར་ཐལ་ཏེ་ སྡུ༷ག་བསྔ༷ལ་གྱི༷། འབྱུ༷ང་གན༷ས་ཆེ༷་བ་ཡིན་པའི་ཕྱིར་རོ། །དེ་དག་ལ༷་མི༷་ཁྲོ༷་བ༵ར་རིགས་ཏེ་ ལས་ཡིན་པས་སོ་ཞེ་ན། འོ་ན་སེ༷མས་ཡོ༷ད་རྣམ༷ས་ལ༷འང་ཅི༷་སྟེ༷་ཁྲོ༵་སྟེ་ཁྲོ་བ་མི་རིགས་པར་ ཐལ་བར་འགྱུར་ཏེ། དེ༷་ད༷ག་ཀུ༷ན་ཀྱང༷་ལས་ཀྱི་རྐྱེ༷ན་གྱི༷ས་བསྐུ༵ལ་བའི་ཕྱིར་རོ། །མི་མཚུངས་ པ་ཡང་མ་ཡིན་ཏེ་དཔེ༷ར་ན༷་མི༷་འདོ༷ད་བཞི༷ན་དུ༷་ཡ༵ང༌། ན༷ད་འདི༷་ལས་དབང་གིས་འབྱུ༷ང་ བ༷ར་འགྱུ༷ར་བ༷་ལྟར༷། དེ༷་བཞི༷ན་མི༷་འདོ༷ད་བཞི༷ན་དུ༷་ཡ༵ང༌། །རང་གི་ལས་དབང་གི་ན༷ན་ གྱི༷ས་གནོད་བྱེད་ཉོ༷ན་མོ༷ངས་པ་ལས་གནོད་པ་འབྱུ༷ང་བ༷ར་འགྱུ༵ར་བའི་ཕྱིར་རོ། །སེམས་ཅན་ རྣམས་ནི་འདིར་ཁྲོ་བར་བྱའོ་ཞེས་བསམ་བཞིན་དུ་གནོད་པ་བྱེད་པས་ནད་དང་མི་མཚུངས་ སོ་ཞེ་ན་མ་ཡིན་ཏེ། གཞན་གྱིས་འདི་ཁྲོ༷་བ༷ར་བྱ༷འོ་ཞེས་མ་བས༷མས་ཀྱང༷༌། སྐྱེ༷་བོ༷་རྣམ༷ས་ནི༷་ གྱི༷་ན༷་རང་ཐང་ཙམ་ལ་ཁྲོ༵་བར་སྣང་བའི་ཕྱིར་རྒྱུ་དེ་ལྟ་བུའི་ངེས་པ་མ་མཐོང་ལ། རང་གིས་ ཀྱང་ཁྲོ་བ་བསྐྱེ༷ད་པ༷ར་བྱ༷འོ་ཞེ༷ས་ཆེད་དུ་མ༷་བས༷མས་ཀྱང༷༌། སྤྱིའི་ཁྲོ༷་བ༷་དེ༷་བཞི༷ན་དུ་གྱི་ན་ རང་ཐང་ལས་སྐྱེ༷་བ༷ར་འགྱུ༵ར་བ་མྱོང་བའི་ཕྱིར་དང༌། དེ་དག་ཀྱང་ལས་ཀྱི་རྐྱེན་མ་ཚང་ན་ འབྱུང་མི་སྲིད་པའི་ཕྱིར་རྐྱེན་ལས་བྱུང་བར་མཚུངས་ལ་སེམས་པ་ཡོད་མེད་ཀྱི་ཁྱད་པར་ཀྱང་ མི་འཐད་དོ། ། དེའི་ཕྱིར་ཉེ༷ས་པ༷་ཇི༷་སྙེ༷ད་ཐ༷མས་ཅ༷ད་ད༵ང༌། །སྡི༷ག་པ༷་རྣམ༷་པ༷་སྣ་༷ཚོ༷གས་པ༵། །དེ༷་ཀུ༷ན་ 1-1-190 ལས་བསགས་པའི་རྐྱེ༷ན་གྱི༷་སྟོ༷བས་ལ༷ས་བྱུ༵ང་གི །བསམ་བཞིན་པ་ལ་སོགས་པས་ར༷ང་ དབ༷ང་ཅན་དུ་བསྐྱེད་པ་ནི་ཡོ༷ད་པ༷་མ༷་ཡི༷ན་ནོ༵། །ལས་ཀྱི་རྐྱེ༷ན་རྣམ༷ས་ཚོ༷གས་པ༷་དེ༷་ད༷ག་ཀྱང༷༌། འབྲས་བུ་རྣམ་སྨིན་འདི་བསྐྱེ༷ད་པ༷ར་བྱ༷འོ་ཞེ༷ས་སེ༷མས་པ༷་ནི་མེ༵ད་ལ། རྐྱེན་དེ༷ས་བསྐྱེ༷ད་པའི་ འབྲས་བུ་རྣམ་སྨིན་དེ༷་ལ་ཡ༷ང་བད༷ག་རྐྱེན་འདིས་བསྐྱེ༷ད་དོ་ཞེ༵ས། སེ༷མས་པ༷་ཡོ༷ད་པ༷་མ༷་ཡི༷ན་ པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་རང་དབང་ཅན་ནི་འགའ་ཡང་སྲིད་པ་མ་ཡིན་ནོ༵། ། འདིར་མུ་སྟེགས་གྲངས་ཅན་པ་འགའ་ཞིག་གཙོ་བོ་དང་བདག་ནི་ཅིའི་ཕྱིར་རང་དབང་ ཅན་མ་ཡིན་སྙམ་དུ་དོགས་པར་འགྱུར་བས་དེ་དགག་པའི་ཕྱིར་ཕྱོགས་སྔ་མ་དེ་དག་གི་འདོད་ ཚུལ་བརྗོད་པར་བྱ་སྟེ། དེའང་གྲངས་ཅན་པ་རྣམས་ནི་སྙིང་སྟོབས་རྡུལ་དང་མུན་པ་ཞེས་བྱ་ བའི་ཡོན་ཏན་ཆ་མཉམ་པ་ལ་བེམ་པོ་དང་རྟག་པ་དང་གཅིག་པུ་དང་ལྐོག་ཏུ་གྱུར་པ་དང་རྣམ་ འགྱུར་ཐམས་ཅད་རང་དབང་དུ་བསྐྱེད་པའི་ཁྱད་པར་ལྔ་དང་ལྡན་པ་གཙོ་བོ་ཞེས་བྱ་བར་ འདོད་ལ། ཡོན་ཏན་གསུམ་པོ་ཆ་མི་མཉམ་པ་ལས་འགྲོ་བ་སྣོད་བཅུད་ཀྱི་རྣམ་འགྱུར་ཉི་ཤུ་རྩ་ གསུམ་འབྱུང་བར་འདོད་དེ། གཙོ་བོའམ་རང་བཞིན་ལས་ཆེན་པོའམ་བློ་འབྱུང་ངོ༌། །དེ་ལས་ རྣམ་འགྱུར་རྡུལ་དང་མུན་པ་ལས་གྱུར་པའི་ང་རྒྱལ་འབྱུང་ཞིང༌། རྣམ་འགྱུར་ལས་གྱུར་པའི་ ང་རྒྱལ་ལས་ནི་རྣ་བ་དང་ལུས་དང་ལྕེ་དང་མིག་དང་སྣ་སྟེ་ནང་བློའི་དབང་པོ་ལྔ་དང༌། ལག་ པ་དང་རྐང་པ་དང་རྐུབ་དང་འདོམས་དང་ངག་སྟེ་ཕྱི་ལས་ཀྱི་དབང་པོ་ལྔ་དང༌། ཐུན་མོང་བ་ ཡིད་ཀྱི་དབང་པོ་ལྔ་སྟེ་དབང་པོ་བཅུ་གཅིག་འབྱུང་བར་འདོད་ལ། རྡུལ་ལས་གྱུར་པའི་ང་ རྒྱལ་ལས་ཀྱང་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་སྟེ་དེ་ཙམ་ལྔ་འབྱུང་བ་རྣམས་སྔར་ གྱི་བཅུ་གཅིག་པོ་ལ་བསྣན་པས་ཚོགས་རྣམས་པ་བཅུ་དྲུག་གོ །མུན་པ་ལས་གྱུར་པའི་ང་ རྒྱལ་ལས་ནི་འབྲས་བུ་ལོགས་པ་མེད་ཀྱི་བཅུ་དྲུག་པོའི་རྐྱེན་བྱེད་པ་ཙམ་དུ་སྨྲའོ། །བཅུ་དྲུག་ པོའི་ནང་ཚན་སྒྲ་དང་རེག་དང་རོ་དང་གཟུགས་དང་དྲི་དེ་ཙམ་ལས་རིམ་པ་བཞིན་དུ། ནམ་ 1-1-191 མཁའ་དང་རླུང་དང་མེ་དང་ཆུ་དང་ས་སྟེ་འབྱུང་བ་ལྔ་བསྐྱེད་བར་འདོད་དེ། དབང་ཕྱུག་ནག་ པོའི་རྒྱུད་ལས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་ འབྱུང༌། །དེ་ལྟར་བཅུ་དྲུག་འབྱུང་བ་དེ་ཡི་ཡང༌། །དེ་ཙམ་ལྔ་ལས་འབྱུང་བ་རྣམ་ལྔ་འབྱུང༌། །ཞེས་སོ། །ཤེས་རིག་གི་བདག་ནི་རྟག་པ་གཅིག་པུ་ལོངས་སྤྱོད་པ་པོ་རང་དབང་ཅན་ཞེས་ པའི་ཁྱད་པར་བཞི་ལྡན་གཙོ་བོའི་ནང་དུ་ཞུགས་པའི་ཕྱིར་སེར་སྐྱའི་ཡུལ་ལས་ཀྱང་འདས་ སོ། །ཞེས་འདོད་ཅིང༌། རང་བཞིན་ནམ་གཙོ་བོ་ནི་རྒྱུ་ཁོ་ན་དང༌། ཆེན་པོ་དང་ང་རྒྱལ་དང་དེ་ ཙམ་ལྔ་ནི་རྒྱུ་ཡང་ཡིན་ལ་འབྲས་བུ་ཡང་ཡིན་པ་དང༌། དབང་པོ་བཅུ་གཅིག་དང་འབྱུང་བ་ ལྔ་ནི་འབྲས་བུ་ཁོ་ན་དང༌། ཤེས་རིག་གི་བདག་ནི་རྒྱུ་འབྲས་གཉི་ག་མ་ཡིན་པར་སྨྲ་སྟེ། ཇི་ སྐད་དུ། གཙོ་བོ་བྱེད་ཡིན་བྱ་བ་མིན། །ཆེན་པོ་སོགས་བདུན་བྱ་དང་བྱེད། །བཅུ་དྲུག་པོ་ནི་ བྱ་བ་ཡིན། །ཤེས་རིག་བྱེད་མིན་བྱ་བའང་མིན། །ཞེས་སོ། །དེ་ལྟར་གཙོ་བོ་རྣམ་འགྱུར་དང་ བཅས་པ་ཉི་ཤུ་རྩ་བཞི་དང༌། ཤེས་རིག་གི་དེ་ཉིད་ཤེས་ན་ཆ་ལུགས་ཅི་འདྲ་ཡང་ཐར་པ་ཐོབ་ པར་འདོད་དེ། དེ་ཉིད་ཉི་ཤུ་ལྔ་ཤེས་ན། །རལ་པའམ་བྱི་པོའམ་ཅོད་པན་ནམ། །ཆ་ལུགས་ གང་གིས་གནས་ཀྱང་རུང༌། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་ཟེར་རོ། །དེ་ལྟར་ཁྱད་ པར་ཅན་གྱི་ཆོས་ལྔ་ལྡན་གཙོ༷་བོ༷་ཞེ༷ས་བྱ༷ར་ག༷ང་འདོ༷ད་པ་དེ་ད༵ང༌། ཆོས་བཞི་ལྡན་གྱི་བད༷ག་ ཅེ༷ས་ལོག་པར་བརྟག༷ས་པ༷་ག༷ང་ཡི༷ན་པ༵། དེ༷་དག་ཉི༷ད་བད༷ག་ནི༷་(ཆོས་ཅན་)གཞན་ལ་གནོད་ པ་ལ་སོགས་པའི་བྱེད་པ་པོར་འབྱུ༷ང་བར་བྱ༷འོ་ཞེ༵ས། རང་ལས་རང་ཆེ༷ད་དུ༷་བས༷མས་ཤི༷ང་ (རང་དབང་དུ་)འབྱུ༷ང་བ༷་མེ༵ད་(པར་ཐལ་)རང་གིས་རང་བསྐྱེད་པ་འགལ་བའི་ཕྱིར་རོ། །གཞན་ ལས་ཀྱང་མི་སྐྱེ་སྟེ་རང་དབང་ཅན་ཡིན་པའི་ཕྱིར་རོ། །རང་ངམ་གཞན་ལས་མ༷་སྐྱེ༷ས་པ༷ར་ ནི༷་དེ༷་དག་གྲུབ་པ་མེ༷ད་ན༵། མེད་པ་དེ༷འི་ཚེ༷་དེ་ལས་རྣམ་འགྱུར་སྣ་ཚོགས་སྐྱེ༷་བ༷ར་འདོ༷ད་པ༷་ ག༵ང་ཡིན་ཏེ་མོ་གཤམ་ལས་བུ་སྐྱེ་བར་སྨྲ་བ་དང་མཚུངས་སོ། །ཁོ་ན་རེ། མེད་པ་ལས་མི་ 1-1-192 སྐྱེ་མོད་གང་གི་ཚེ་གཙོ་བོས་ཡུལ་གཏད་པའི་རྒྱུ་ལས་ཡུལ་དེ་ལ་ལོངས་སྤྱོད་པའི་ཕྱིར་ཤེས་ རིག་གི་བདག་དེ་འཇུག་གོ་ཞེ་ན། འོ་ན་བདག་དེ་ཡུལ་ལ་ལོངས་སྤྱོད་པ་རྒྱུ་དང་བཅས་པར་ འགྱུར་ཞིང༌། གཙོ་བོས་ཡུལ་{ལ་}མ་]གཏད་པའི་སྔ་རོལ་ཏུ་བདག་དེ་ཡུལ་ལ་ལོངས་སྤྱོད་པ་ པོར་ཡང་མི་འགྱུར་ལ། སྤྱོད་ན་རྟག་པ་གཅིག་པུ་མི་འགྱུར་བ་ཉིད་ཡུ༷ལ་ལ༷་ཞུགས་པའི་ཕྱིར་ གཟུགས་སོགས་ལ་རྟག༷་ཏུ༷་གཡེ༷ང་ཞིང་སྤྱོད་པར་འགྱུ༷ར་བ༵ས། ནམ་དུ་ཡང་ཡུལ་སྣང་འག༷ག་ ཅིང་ལྡོག་པ༷ར་འགྱུ༷ར་བ༷་མ༷་ཡི༷ན་པར་ཧ་ཅང་ཐལ་བ་ཡིན་ནོ༵། །འདོད་པར་མི་ནུས་ཏེ་དེའི་ རུང་ཡུལ་དུ་ཡུལ་ཉེ་བར་མ་ཞུགས་པ་ན་དེ་ཡུལ་ལ་ལོངས་སྤྱོད་པ་ལྡོག་པས་གསལ་ཞིང༌། དེ་ཉིད་ཀྱིས་མི་རྟག་པར་ཡང་གྲུབ་ལ་རང་དབང་ཅན་གྱི་དམ་བཅའ་བུད་དོ། །འགྲེལ་པར། གཞན་དག་འདོད་ལ་སོགས་རྟེན་དང༌། །རང་ནི་སེམས་མེད་ངོ་བོ་དང༌། །རྟག་དང་དེ་བཞིན་ ཀུན་ཁྱབ་དང༌། །དགེ་དང་མི་དགེའི་ལས་རྣམས་ཀྱི། །བྱེད་པ་པོ་སྟེ་དེ་འབྲས་བུ། །ལོངས་ སྤྱོད་པ་ལ་སེམས་པ་དང༌། །ལྡན་ཕྱིར་སེམས་པའི་རང་བཞིན་གྱི། །བདག་ཏུ་འདི་ནི་འདོད་ པ་ཡིན། །ཞེས་བསྟན་པའི་མཚན་ཉིད་ཅན་གྱི་བདག་ཡོད་པར་མུ་སྟེགས་རིགས་པ་ཅན་པ་ རྣམས་འདོད་པས། དེ་དག་ན་རེ། ཅི༷་སྟེ༷་གྲངས་ཅན་པའི་ལུགས་དེ་བཀག་ཀྱང་ངེད་འདོད་ པའི་བད༷ག་དེ༷་རྟག༷་གཅིག་རང་དབང་ཅན་དུ་བདེན་ནོ་ཞེ་ན་འོ་ན༷་ནི༵(བདག་དེ་ནི་ཆོས་ཅན)། ནམ་ མཁ༷འ་བཞི༷ན་དུ་བདེ་སྡུག་གི་དོན་རང་དབང་ཅན་བྱེ༷ད་པ༷་མེ༷ད་པ༷ར་མངོ༵ན་ཏེ(མེད་པར་ཐལ)། རྟག་པ་ནི་ནམ་ཡང་བྱེད་པ་པོ་ཡིན་མི་སྲིད་པའི་ཕྱིར་རོ། །ཁོ་ན་རེ། རྟག་ཀྱང་རྩོལ་བ་ལ་ སོགས་པ་རྐྱེ༷ན་རྣམ༷ས་གཞ༷ན་ད༷ང་ཕྲ༷ད་པའི་དབང་གིས་ལས་བྱེད་པ་སྲིད་པའི་ཕྱིར་འགལ་ བ་མེད་དོ་ཞེ་ན་བདེན་ཏེ་གལ་ཏེ་རྐྱེན་དང་ཕྲད་པ་ན༷་ཡ༵ང༌། བདག་གི་རང་བཞིན་འགྱུ༷ར་བ༷་ མེ༷ད་ལ༷་ཅི༷་བྱ༷ར་ཡོ༵ད་དེ་ཅིའང་བྱས་པར་མི་འགྱུར་ལ། བྱས་ན་ནི་མི་རྟག་པར་འགྱུར་རོ། །ཁོ་ ན་རེ། བྱས་མོད་བྱེ༷ད་པ༷འི་ཚེ༷་ཡ༷ང་རང་གི་ངོ་བོ་སྔོ༷ན་བཞི༷ན་དུ་གནས་པས་རྟག་གོ་ཞེ་ན༵། 1-1-193 (བདག་དེ་ལ་ཆོས་ཅན། )འོ་ན་ལས་བྱེ༷ད་པ༷་པོར་འདོད་པའི་བདག་དེས་ལས༷་དགེ་མི་དགེ་དེ༷་ལ༷་ བསྐྱེད་པ་ལ་སོགས་པའི་བྱ་བ་ཅི༷་ཞི༷ག་བྱས་ཏེ་མ་བྱས༷་པར་(ཐལ་བར་)འགྱུར་ལ། བདག་རྟག་ པ་དེ༷་ཡི༷་བྱེ༷ད་པ༷་ལས་ཀྱི་ངོ་བོ་དང་བྱས་པ་འབྲས་བུའི་ངོ་བོ་འདི༷་ཡི༷ན་ཞེ༵ས། ལས་འབྲས་ འབྲེ༷ལ་བ༷ར་འགྱུ༷ར་བ༷འང་ག༷ང་ཞི༷ག་ཡོ༵ད་དེ་(མེད་པར་ཐལ་)རྟག་པ་ནི་ནམ་ཡང་བདག་གཅིག་ པ་དང་དེ་ལས་བྱུང་བའི་འབྲེལ་བ་བྱེད་པ་པོ་ཡིན་མི་སྲིད་པའི་ཕྱིར་རོ། ། དེ༷་ལྟར༷་ན་གནོད་བྱ་གནོད་བྱེད་ཐ༷མས་ཅ༷ད་རྐྱེན་གཞ༷ན་ལས་ཀྱི༷་དབ༵ང་གིས་བྱུང་བ་ ཡིན་ཏེ། ལས་ཚོགས་པ་དེ༷་ཡི༷་དབ༷ང་གི༷ས་གནོད་བྱེད་དེ༷་ལ་རང་དབ༷ང་མེ༵ད་དོ། །དེ༷་ལྟར༷་ ཆོས་ཐམས་ཅད་ལས་དབང་རྟེན་འབྲེལ་ཙམ་དུ་ཤེ༷ས་ན༷་སྤྲུ༷ལ་པ་སྒྱུ་མ་ལྟ་༷བུ༵འི། གནོད་བྱེད་ དངོ༷ས་པོ༷་ཀུ༷ན་ལ༷་ཁྲོ༷་བར་མི༷་འགྱུ༷ར་ཏེ་རྟེན་འབྲེལ་སྟོང་ཉིད་དུ་རྟོགས་པའི་ཕྱིར་རོ། ། འདི་ལ་ཁ་ཅིག་ན་རེ། ཐམས་ཅད་ལས་དབང་རྟེན་འབྲེལ་ཡིན་ན་བཟོད་པ་ལ་སོགས་ གཉེན་པོ་ག༷ང་གི༷ས་ཁྲོ་བ་ལ་སོགས་ཉོན་མོངས་ག༷ང་ཞི༷ག་བཟློ༷ག་བྱ་༷སྟེ༷། བཟློ༷ག་པ༷འ༷ང་ རི༷གས་པ༷་མི༷ན་(པར་ཐལ། བཟློག་བྱ་ཟློག་བྱེད་བཟློག་པའི་བྱ་བ་གང་ཡང་མེད་པའི་ཕྱིར་)ཞེ༷་ན༵། བདེན་(པའི་ གནོད་པ་བདག་ལ་)ཏེ་སྤང་བྱ་གཉེན་པོས་བཅོམ་པ་དེ༷་ལ༷་བརྟེ༷ན་ན༷ས་རྒྱུ་མི་དགེ་བ་ཁེགས་པས་ འབྲས་བུ་སྡུ༷ག་བསྔ༷ལ་རྣམ༷ས། རྒྱུ༷ན་ཆ༷ད་འགྱུ༷ར་བ་ཀུན་རྫོབ་ཙམ་དུ་འདོ༷ད་པ་ལ་མི༷་རི༷གས་ པ་མེ༵ད་དོ། །དེ༷་བ༷ས་དགྲ༷་འ༷མ་མཛ༷འ་ཡ༷ང་རུ༵ང༌། །མི༷་རི༷གས་(པའི་གནོད་པ་བདག་ལ་)བྱེ༷ད་པ༷་ མཐོ༷ང་གྱུ༷ར་ན༵། །རང་གིས་ཀྱང་སྔོན་མི་རིགས་པ་འདི༷་འདྲ་༷བྱས་པའི༷་རྐྱེ༷ན་ཚོགས་པ་ལ༷ས་ རྒྱུ་འབྲས་མི་སླུ་བར་གྱུ༷ར་ཏོ༷་ཞེ༵ས། དེ༷་ལྟར༷་ལས་མཛད་པ་བས༷མ་ཏེ༷་བཟོད་པ་ལ་བདེ༷་བ༷ར་ མནོ༵ས་ཤིག །ག༷ལ་ཏེ༷་གཉེན་པོ་མ་བསྒོམས་ཀྱང་ར༷ང་དག༷ས་སྡུག་བསྔལ་མེད་པ་འགྲུ༷བ་ འགྱུ༷ར་ན༵། འག༷འ་ཡ༷ང་སྡུ༷ག་བསྔ༷ལ་མི༷་(འདོད་ཅིང་བདེ་བ་)འདོ༷ད་པ༵ས། །ལུ༷ས་ཅ༷ན་ད༷ག་ནི༷་ ཐ༷མས་ཅ༷ད་ཀྱང༷༌། །སུ༷་ལ༷འ༷ང་སྡུ༷ག་བསྔ༷ལ་འབྱུ༷ང་མི༵་སྲིད་པར་འགྱུ༷ར་བ་ལས་དེ་ལྟ་མ་ཡིན་ 1-1-194 པའི་ཕྱིར་གཉེན་པོ་ལ་འབད་པ་རིགས་སོ། ། སེམས་ཅན་བ༷ག་མེ༷ད་པ༷ས་(མ་བཏགས་བཞིན་)ནི༷་བད༷ག་རང་ལ༷འ༷ང་བད༵ག་ཉིད་ལ། ཚེ༷ར་ མ༷་དང་ལ༷་སོ༷གས་པའི་སྒྲས་དོང་དང་གྱོ་མོ་དང་རྡོ་བ་དང་གསེགས་མ་དང་བགྲོད་དཀའི་ ལམ་དུ་ལས་མ་ཡིན་པ་ལ་འཇུག་པ་ལྟ་བུས་གནོ༷ད་པ༷་བྱེ༵ད་པ་དང༌། ལ་ལ་གཞན་གྱི་བུ༷ད་ མེ༷ད་དང་ནོར་ལ༷་སོ༷གས་པ་ཐོ༷བ་བྱ༷འི་ཕྱི༵ར། (ཁྲོས་པས་)རྔ༷མ་ཞི༷ང་སྲོག་སྐྱེལ་བ་དང་རང་གི་ ཟ༷ས་གཅོ༷ད་(པ་)ལ༷་སོ༷གས་བྱེ༵ད་དོ། །ཁ༷་ཅི༷ག་ནི་རང་(གི་སྐེ་ལ་ཐག་པས་)འག༷ག་ཅི༷ང་(རི་འམ་འོབས་ ཀྱི་)གཡ༷ང་ས༷ར་མཆོ༵ང་བ་དང༌། དུ༷ག་ད༷ང་(ཟས་)མི༷་འཕྲོ༷ད་ཟ༷་བ༷་ད༵ང༌། །(སྲོག་གཅོད་པ་ལ་སོགས་) བསོ༷ད་ན༷མས་མ༷་ཡི༷ན་པའི་ལས་སྡིག་པ་སྤྱོ༷ད་པ༷་ཡི༵ས། ར༷ང་ལ༷་(འདི་དང་ཕྱི་མར་)གནོ༷ད་པ༷་བྱེ༷ད་ པ༷འང་ཡོ༵ད་དོ། །(དུས་)ག༷ང་(གི་)ཚེ༷་དེ་ལྟར་ཉོ༷ན་མོ༷ངས་པ་བག་མེད་ཀྱི་དབ༷ང་དུ་གྱུ༷ར་པ༵ས། ཤ་ཟ་བཞིན་དུ་སྨྱོ་བ་རྣམས་བད༷ག་(གི་)སྡུ༷ག་(པ་སྟེ་དགའ་ཞིང་ཕོངས་པ་)ཉི༷ད་ཀྱང༷་གསོ༷ད་བྱེ༷ད་པ༵། དེ༷་ཚེ༷་སེམས་ཅན་དེ༷་ད༷ག་(གང་ཟག་)གཞ༷ན་ལུ༷ས་ལ༵། །གནོ༷ད་མི༷་བྱེ༷ད་པ༷ར་ཇི༷་ལྟར༷་འགྱུ༵ར(ཏེ་ མི་འགྱུར་བ་དེ་ལྟར)། །ཉོ༷ན་མོ༷ངས་(པ་ཞེ་སྡང་)སྐྱེ༷ས་པ༷ས་(རང་དབང་མེད་པ་)དེ༷་ལྟ་༷བུ༵ར། །རང་དབང་ མེད་པས་བདག་རང་གིས་བད༷ག་རང་གསོ༷ད་པ་ལ༷་སོ༷གས་ཚུལ་མིན་ལ་ཞུ༷གས་པ༷་དེ་འདྲ་ ལ༵། སྙི༷ང་རྗེ༷་སྐྱེ་བར་རིགས་མོད་དེ་རྒྱ༷་ལ༷་མ༷་སྐྱེ༷ས་ན༵འང༌། (གང་ཟག་གཞན་ལ་)ཁྲོ༷་བ༷ར་འགྱུ༷ར་ བ༷་ཅི༷འི་ཐ༷་ཚི༵ག་ཡིན་ཞེས་པའོ། །ག༷ལ་ཏེ༷་གཞ༷ན་ལ༷་འཚེ༷་ཞིང་བག་མེད་བྱེ༷ད་པ༵། བྱི༷ས་པ༷་སོ་ སྐྱེ་རྣམ༷ས་ཀྱི༷་ར༷ང་བཞི༷ན་ཡིན་ནོ་ཞེ་ན༵། འོ་ན་དེ༷་ལ༷་ཁྲོ༷་བ༷་མི༷་རི༷གས་ཏེ༵(བྱིས་པའི་རང་བཞིན་ཡིན་ པའི་ཕྱིར་རོ)། །(དཔེར་ན་ཚ་ཞིང་)བསྲེ༷ག་པ༷(མེ)འི་ར༷ང་བཞི༷ན་(ཡིན་པ་ལ་)མེ༷་ལ་(བསྲེག་གོ་ཞེས་)བཀོ༷ན་ ཅིང་ཁྲོ་བ་དང་འདྲ༵འོ། །འོ༷ན་ཏེ༷་འཚེ་བ་ལ་སོགས་པའི་སྐྱོ༷ན་དེ༷་གློ༷་བུ༷ར་ཉོན་མོངས་ཡིན་ལ༵། སེ༷མས་ཅ༷ན་ར༷ང་བཞི༷ན་འོད་གསལ་ཞི་ཞིང་དེ༷ས་པ༷འོ་ཞེ་ན༵། འོ༷་ན༷འ༷ང་ཁྲོ༷་བ༷ར་མི༷་རི༷གས་ ཏེ༵། །(དཔེར་ན་ནམ་)མཁ༷འ་ལ༷་དུ༵ད་(པ་)འཐུ༷ལ་(པ་མིག་ལ་གནོད་པ་དེ་ནམ་མཁའ་ལ་)བཀོ༷ན་པ༷་(སྟེ་ཁྲོ་བར་ 1-1-195 མི་རིགས་པ་)བཞི༵ན་ནོ། །(སྡུག་བསྔལ་གྱི་རྒྱུ་)དབྱུ༷ག་པ༷་ལ༷་སོ༷གས་དངོ༷ས་(པོ་)བཀོ༷ལ་(བ་ལ་མི་ཁྲོ་བར་) ཏེ༵། །ག༷ལ་ཏེ༷་འཕེ༷ན་པ༷(འི་སྐྱེས་བུས་)ལ༷་ཁྲོ༷་(ཞེ་)ན༵། །འོ་ན་གང་ཟག་དེ༷་ཡ༷ང་ཞེ༷་སྡ༷ང་གི༷ས་རྦ༷ད་ པ༵ས། ཉེ༷ས་ན༷་སྟེ་རིགས་ན་ཞེ༷་སྡ༷ང་ལ༷་ཁྲོ༷་བར་རི༵གས་(ཀྱི་སེམས་ཅན་ལ་མི་རིགས་)སོ། །(བདག་ལ་ གནོད་བྱེད་བྱུང་བ་བཞིན་དུ་)བད༷ག་གི༷ས་སྔོ༷ན་ཆ༷ད་(དེ་ཚེ་སྔ་མ་ལ་)སེ༷མས་ཅ༷ན་ལ༵། །(རྣམ་པ་)འདི༷་འདྲ་ ༷བ༷་ཡི༷་གནོ༷ད་པ༷་བྱས༷། །དེ༷་བ༷ས་སེ༷མས་ཅ༷ན་འཚེ༷་(བར་)བྱེ༷ད་པ༵། །བད༷ག་ལ༷་ལན་མང་དུ་ གནོ༷ད་པ༷་འདི༷་འབྱུ༷ང་རི༵གས་པས་ཀྱང་བཟོད་དགོས་སོ། ། གནོད་བྱེད་དེ༷་ཡི༷་མཚོ༷ན་(རལ་གྲི་ལ་སོགས་)ད༷ང་བད༷ག་གི༷་ལུ༵ས། གཉི༷་ག༷་ཚོགས་པ་ནི་རྨས་ པ་ལ་སོགས་སྡུ༷ག་བསྔ༷ལ་རྒྱུ༷་ཡི༷ན་ཏེ༵། འོན་ཀྱང་(གནོད་བྱེད་)དེ༷ས་མཚོ༷ན་ཕྱུང་བ་དང་བད༷ག་ གི༷ས་ལུ༷ས་ཕྱུ༷ང་བ་ཡིན་ན༵། རང་གཞན་ག༷ང་ཞི༷ག་ལ༷་ནི༷་ཁྲོ༷་བ༷ར་བྱ༵(སྟེ་གཞན་ལ་ཁྲོ་ན་བདག་ལའང་ ཁྲོ་བར་རིགས་སོ)། །འཚོ་དཀའ་ལ་འཇིག་སླ་བ་(ཁྲག་དང་ཆུ་སེར་སྨིན་པའི་)ཤུ༷་བ༷་མི༷་ཡི༷་གཟུ༷གས་འདྲ༷་ བ༵འི་ལུས། རེ༷ག་ཏུ༷་མི༷་བཟོ༷ད་སྡུ༷ག་བསྔ༷ལ་ཅ༵ན། །སྲེ༷ད་ཅིང་ལྡོ༷ངས་ཏེ་ཤེས་རབ་ཀྱི་མིག་མེད་ པ་བད༷ག་གི༷ས་བཟུ༷ང་གྱུ༷ར་ན༵། དེ༷་ལ༷་གནོ༷ད་པ༷་སུ༷་ལ༷་ཁྲོ༵་སྟེ་རང་གིས་ལུས་བཟུང་བས་ཉེས་ པའི་ཕྱིར་རོ། །བྱི༷ས་པ༷་(སོ་སོ་སྐྱེ་བོ་རྣམས་འབྲས་བུ་)སྡུ༷ག་བསྔ༷ལ་མི༷་འདོ༷ད་ཀྱང༷༌། སྡུ༷ག་བསྔ༷ལ་རྒྱུ༷་ སྡིག་པ་ལ༷་བརྐ༷མ་པ༷ས་(ཏེ་སྲེད་པས་)ན༵། ར༷ང་གི༷་(ལས་ངན་གྱི་)ཉེ༷ས་པ༷ས་གནོ༷ད་འགྱུ༷ར་བ༵འི་ ལས་བྱས་ནས། གཞ༷ན་ལ༷་བཀོ༷ན་དུ༷་(སྟེ་ཁྲོ་བར་བྱར་)ཅི༷་ཞི༷ག་ཡོ༵ད(དེ་མེད་དོ)། །དཔེ༷ར་ན༷་དམྱལ༷་ བ༷འི་སྲུ༷ང་མ༷་(གཤིན་རྗེ་ལ་དབང་ལགས་)ད༵ང༌། །(ཤིང་ལོ་རལ་གྲིར་གྱུར་ཏེ་ལུས་གཤགས་པའི་)ར༷ལ་གྲི༷་ལོ༷་ མ༷འི་ན༷གས་ཚ༷ལ་ལ་སོགས་པ་ལྟར༷། ར༷ང་གི༷་ལ༷ས་ཀྱི༷ས་གནོད་པ་འདི༷་བསྐྱེ༷ད་ན༵(སྡུག་བསྔལ་བ་ ཡིན་ན་དམྱལ་བའི་མཚོན་ཆ་ལ་ཁྲོས་པ་མེད་པ་བཞིན་དུ)། །གཞན་ག༷ང་ཞི༷ག་ལ༷་ནི༷་ཁྲོ༷་བ༷ར་བྱ་༷སྟེ་ཁྲོ་ན་རང་ ལ་ཁྲཽ་བར་རིགས་སོ། །བད༷ག་གི༷(ས་མངོན་བྱས་པའི་)ལ༷ས་ཀྱི༷ས་(གནོད་བྱེད་ལ་)བསྐུ༷ལ་(བ་)བྱས༷་ ན༵ས། །བད༷ག་ལ༷་(ཚེ་འདིར་)གནོ༷ད་བྱེ༷ད་རྣམ༷ས་བྱུ༷ང་སྟེ༷། །(བདག་ལ་གནོད་པ་བྱས་པའི་)རྒྱུ་དེ༷་ཡི༷ས་ 1-1-196 སེ༷མས་ཅ༷ན་དེ་དག་དམྱལ༷་བར་འདོ༷ང་བའི་ལས་ལ་སྦྱར་ན༵། བད༷ག་ངོས་ཀྱི༷ས་སེམས་ཅན་ དེ༷་ད༷ག་མ༷་བརླ༷ག་ག༵མ་སྟེ་བརླག་པར་བྱས་པའི་ཕྱིར་ཁྲོ་ན་གཞན་ངོས་ཁྲོ་བར་རིགས་སོ། ། གནོད་པ་བྱེད་མཁན་དེ༷་ད༷ག་ལ༷་ནི་རྟེ༷ན་བཅ༷ས་ན༵ས། བཟོ༷ད་པ༷་བསྒོམས་པས༷་བད༷ག་ སྡི༷ག་མ༷ང་དུ༷་འབྱ༵ང་ཞིང༌། བད༷ག་ལ༷་གནོད་པ་བྱས་པའི་སྡིག་པ་ལ་བརྟེ༷ན་ན༷ས་སྐྱེ་བོ་དེ༷་ད༷ག་ ནི༵། ཡུ༷ན་རི༷ང་ལ་སྲན་དཀའ་བའི་སྡུ༷ག་བསྔ༷ལ་ཅན་དམྱལ༷་བ༷ར་འདོ༵ང་བ་ཡིན་ནོ། །དེའི་ཕྱིར་ བད༷ག་ནི༷་(གནོད་བྱེད་)དེ༷་ལ༷་(དམྱལ་བར་ལྷུང་བའི་)གནོ༷ད་བྱེ༷ད་ལ༷། (གནོད་བྱེད་)དེ༷་ད༷ག་བད༷ག་ལ༷་ (སྡིག་པ་ཟད་པའི་ཐབས་ཀྱིས་)ཕ༷ན་འདོ༷གས་ན༵། །ཕྱི༷ན་ཅི༷་ལོ༷ག་ཏུ༷་ཅི༷་ཡི༷་ཕྱི༷ར། །མ༷་རུ༷ངས་སེ༷མས་ ཁྱོ༷ད་གཞན་ལ་ཁྲོ༷་བ༷ར་བྱེ༵ད་དེ་ཁྲོ་བར་མི་རིགས་སོ། །འོ་ན་གཞན་དམྱལ་བར་འགྲོ་བའི་རྒྱུ་ བྱས་པའི་ཕྱིར་རང་ཡང་དམྱལ་བར་འགྲོའོ་ཞེ་ན། བདེན་མོད། ག༷ལ་ཏེ༷་བད༷ག་ལ༷་བས༷མ་ པ༷་བཟོད་སྒྲུབ་ལག་ལེན་དང་བཅས་པ་ཡི༵། ཡོ༷ན་ཏ༷ན་ཡོ༷ད་ན༷་(དེའི་སྟོབས་ཀྱིས་བདག་)དམྱལ༷་ བར་མི༷་འགྲོ༵་སྟེ། ག༷ལ་ཏེ༷་བད༷ག་གི༷ས་བད༷ག་རང་ཞེ་སྡང་སྐྱེ་བ་ལས་བསྲུ༷ངས་ཤིང་ཡིད་བདེ་ བར་བྱས་ན༵། སེམས་ཅན་དེ༷་ད༷ག་ལ༷་ཡང་འཁོར་བ་འདི༷ར་སྡིག་པ་ཅི༷་ཞི༷ག་འབྱུ༵ང་སྟེ་ཅི་ཡང་ མི་འབྱུང་བའི་ཕྱིར་རོ། །འོ༷ན་ཏེ༷་(ཚུར་གནོད་པ་བྱེད་པའི་)ལ༷ན་དུ༷་(དེ་དག་ལ་ཕར་)གནོ༷ད་(པ་)བྱས༷་ན༵། །སེམས་ཅན་དེ༷་ད༷ག་སྡིག་པ་ལས་བསྲུ༷ངས་པ༷ར་མ༷་གྱུ༷ར་ལ༵། བད༷ག་གི༷ས་གཞན་དོན་སྤྱོ༷ད་ པའི་བཟོད་པ༷འ༷ང་ཉམ༷ས་པ༷ར་འགྱུ༵ར། དེ༷ས་ན༷་ཆོས་ལ་འབད་པའི་དཀ༷འ་ཐུ༷བ་ཀྱང་ཞི༷ག་ པ༷ར་འགྱུ༵ར་བས་དམྱལ་བར་ཡང་འགྲོ་བར་འགྱུར་རོ། ། བསམས་ན་ཡི༷ད་ནི༷་ལུ༷ས་ཅ༷ན་མ༷་ཡི༷ན་པ༵ས། གནོད་བྱེད་སུ༷ས་ཀྱང༷་ག༷ང་དུ༷འ༷ང་དབྱུག་ པ་བསྣུན་པ་སོགས་ཀྱིས་གཞོ༷མ་མི༷་ནུ༵ས་པའི་ཕྱིར་གནོད་བྱའི་གནས་མ་ཡིན་ལ། ལུ༷ས་ལ༷་ བདག་ཏུ་མངོ༷ན་པ༷ར་ཞེ༷ས་པ༷ས་ན༵། སེམས་དང་འབྲེལ་བའི་ལུ༷ས་ནི༷་སྡུ༷ག་བསྔ༷ལ་ད༷ག་གི༷ས་ གནོ༵ད་པ་ལྟར་སྣང་མོད། བདག་འཛིན་སྤངས་ན་ནི་གནོད་པ་མེད་དོ། །གཞན་གྱིས་བརྙ༷ས་ 1-1-197 ད༷ང་ཚི༷ག་རྩུ༷བ་སྨྲ༷་བ༷་ད༵ང༌། མི༷་སྙན༷་པ༷་ཡི༷་ཚི༷ག་བརྗོད་པ་དེ༷་ཡི༵ས། ལུ༷ས་བེམ་པོ་ལ༷་གནོ༷ད་ པ༷ར་མི༷་འགྱུ༷ར་ན༵། ལུས་སེམས་གང་ལ་གནོད་ནས་སེ༷མས་ཁྱོ༷ད་ཅི༷་ཕྱི༷ར་ར༷བ་ཏུ༷་ཁྲོ༵་སྟེ་ བརྟགས་ན་ཁྲོ་བའི་གནས་མེད་དོ། ། དེ་ལྟ་མོད་ཀྱི་བརྙས་སོགས་བྱུང་ན་གཞ༷ན་ད༷ག་བད༷ག་ལ༷་མི༷་དག༷འ་བ༵ར་འགྱུར་བས་ མི་བཟོད་དོ་ཞེ་ན། གཞན་མི་དགའ་བ་དེ༷ས་ནི༷་ཚེ༷་འདི༷འ༷མ་ཚེ༷་གཞ༷ན་ལ༵། བད༷ག་ལ༷་ཟ༷་ ཞིང་གནོད་པ༷ར་མི༷་བྱེ༷ད་ན༵། བད༷ག་ནི༷་ཅི༷་ཕྱི༷ར་གཞན་མི་དགའ་བ་དེ༷་མི༷་འདོ༵ད་དེ་དེ་འདྲའི་ རྒྱུ་ལས་ཀྱང་ཁྲོ་བར་མི་རིགས་སོ། །བདག་གི་རྙེ༷ད་པ་འགྲུབ་པ༷འི་བ༷ར་ཆ༷ད་བྱེ༷ད་པ༷འི་ཕྱི༵ར། ག༷ལ་ཏེ༷་གཞན་མི་དགའ་ན་འདི༷་བད༷ག་མི༷་འདོ༷ད་པས་ཁྲོའོ་ཞེ་ན༵། བད༷ག་གི༷་རྙེ༷ད་པ༷་ཡོ་བྱད་ ནི་ཚེ་འདི༷ར་ཡང་འགའ་ཞིག་འདོར་ལ་ཤི་བ་ན་ཐམས་ཅད་ཀྱང་ངེས་པར་འདོ༷ར་གྱི༵། ཁྲོས་ པའི་སྡི༷ག་པ༷་ད༷ག་ནི༷་རང་རྒྱུད་ལ་བརྟན༷་པ༷ར་གན༵ས་པའི་ཕྱིར་རྣམ་སྨིན་ལ་འཇིགས་པས་ ཀྱང་བཟོད་པར་རིགས་སོ། །དེས་ན་བད༷ག་ནི༷་སྡིག་པ་མེད་ན་དེ༷ང་ཉི༷ད་ཤི༷་ཡ༷ང་བླ༵འི། རྙེད་ བཀུར་གྱི་དོན་དུ་ཚུལ་འཆོས་དང་ཁ་གསག་དང་གཞོགས་སློང་དང་ཐོབ་ཀྱིས་འཇལ་དང་རྙེད་ པས་རྙེད་པ་ཚོལ་བ་སྟེ་ལོ༷ག་འཚོ༷་ལྔ་པོས༷་ཡུ༷ན་རི༷ང་གསོ༷ན་པ་མི༷་རུ༵ང་སྟེ། བད༷ག་ལྟ་༷ཡུ༷ན་ རི༷ང་གན༷ས་གྱུ༷ར་ཀྱང༷༌། །འཆི༷་བ༷འི་སྡུ༷ག་བསྔ༷ལ་དེ༷་ཉི༷ད་མྱོང་བར་ངེས་པ་ཡི༵ན་ལ་འདོད་ཡོན་ གྱི་བདེ་བ་རྗེས་སུ་མི་འབྲང་བའི་ཕྱིར་རོ། ། དཔེར་ན་རྨི༷་ལ༷མ་ལོ༷་བརྒྱ༷ར་བདེ༷་(བ་)མྱོ༷ང་(རྨིས་)ན༵ས། །ས༷ད་པ༷ར་གྱུ༷ར་པ༷་ག༷ང་ཡི༷ན་ ད༵ང༌། །རྨི་ལམ་གཞ༷ན་ཞི༷ག་ཡུ༷ད་ཙ༷མ་བདེ༷་མྱོ༷ང་ན༵ས། (གཉིད་)ས༷ད་པ༷ར་གྱུ༷ར་པ༷་ག༷ང་ཡི༷ན་ པ༵། །ས༷ད་པ༷འི་དུས་སུ་ཡུན་རིང་ཐུང་དེ༷་ད༷ག་གཉི༷་ག༷་ལ༷འ༵ང༌། རྨི་ལམ་གྱི་བདེ༷་བ༷་དེ༷་ནི༷་ཕྱི༷ར་ འོ༷ང་(བ་) མེ༵ད(དེ་རྗེས་མི་འབྲང་གི་དྲན་ཡུལ་ཙམ་དུ་གནས་སོ)། །(དེ་བཞིན་དུ། )ཚེ༷་རི༷ང་(བ་ལོ་བརྒྱར་བདེ་བ་མྱོང་བ་ དང་)ཚེ༷་ཐུ༷ང་(བ་ཡུད་ཙམ་བདེ་བ་མྱོང་བ་)གཉི༷་ག༷་ཡ༵ང༌། །འཆི༷་བ༷འི་དུ༷ས་སུ༷་བདེ་བ་རྗེས་སུ་མི་འབྲང་ 1-1-198 བ་དེ༷་འདྲ༷ར་ཟ༵ད་དོ། །ཚེ་འདིར་རྙེ༷ད་པ༷་ཡོ་བྱད་མ༷ང་པོ༷་ཐོ༷བ་གྱུ༷ར་ཏེ༵། །ཡུ༷ན་རི༷ང་དུ༷ས་སུ༷་ བེ༷ད་སྤྱ༷ད་ཀྱང༷༌། །འཆི་བ་ན་(ནོར་གོས་ཐམས་ཅད་)ཆོ༷མ་པོ༷ས་ཕྲོ༷གས་པ༷་ཇི༷་བཞི༷ན་དུ༵། (འཆི་བའི་ཚེ་ གོས་མེད་པས་) སྒྲེ༷ན་མོ༷་(ནོར་རམ་རྒྱགས་མེད་པས་)ལ༷ག་པ༷་སྟོ༷ང་བ༷ར་འགྲོ༵་དགོས་པའི་ཕྱིར་རྙེད་པ་ལ་ སྙིང་པོ་མེད་དོ། ། ག༷ལ་ཏེ༷་རྙེ༷ད་པ་ཡོ་བྱད་དང་བཅས་པ༷ས་(ཡུན་རིང་པོར་)གསོ༷ན་གྱུ༷ར་ན༵། (སྟོབས་བཞིའི་སྒོ་ནས་) སྡི༷ག་པ་ཟ༷ད་པ་དང་(སྦྱིན་ཚུལ་སོགས་ཀྱིས་)བསོ༷ད་ན༷མས་སོག་ཐབས་བྱ༷ར་རུང་ངོ་ཞེ༷་ན༵། བདེན་ ཏེ་རྙེ༷ད་པ་སྒྲུབ་པ༷འི་དོ༷ན་དུ༷་ཁྲོ༷ས་པ་དང་ཆགས་ཞེན་དུ་གྱུ༷ར་པ༵ས། (འདོད་པའི་)བསོ༷ད་ན༷མས་ ཟ༷ད་པ་དང་(མི་འདོད་པའི་)སྡི༷ག་པ་བསགས་པར་མི༷་འགྱུ༷ར་ར༵མ། དེས་ན་ཡོ་བྱད་ག༷ང་གི༷་དོ༷ན་ དུ༷་བད༷ག་གསོ༷ན་པ༵(འི་ཆེད་དུ་དགེ་བ)། དེ༷་ཉི༷ད་ག༷ལ་ཏེ༷་ཉམ༷ས་ནས་མི་ཚེ་དོན་མེད་དུ་གྱུ༷ར་ ན༵། སྡི༷ག་པ༷་(སྟེ་མི་དགེ་བ་)འབ༷འ་ཞི༷ག་བྱེ༷ད་པ༷་ཡི༵། །གསོ༷ན་ཞིང་ཚེ་རིང་པ༷འི་ལོངས་སྤྱོད་དེ༷ས་ ཀོ༷་བདག་ལ་ཅི༷་ཞི༷ག་བྱ་༷སྟེ་ལོག་འཚོའི་ཉེས་པ་སོམས་ཤིག་ཅེས་པའོ། །ག༷ལ་ཏེ༷་རྙེད་པའི་ དོན་དུ་ཁྲོ་བ་མི་རིགས་ཀྱང་བརྙས་སོགས་ཀྱིས་སེ༷མས་ཅ༷ན་ཉམ༷ས་བྱེ༷ད་པ༵ས། མི༷་སྙན༷་ སྨྲ༷་ལ༷་ཁྲོ༷་ཞེ༷་ན༵། །བདེན་ཏེ་དེའི་ཁྱབ་པ་ཡོད་ན་གཞ༷ན་ལ༷་མི༷་སྙན༷་བརྗོ༷ད་ན༷འ༷ང་ཁྱོ༵ད། དེ༷་ བཞི༷ན་ཅི༷་སྟེ༷་ཁྲོ༷་མི༷་བྱེ༵ད་དེ་ཁྲོ་དགོས་པར་འགྱུར་རོ། །གཞན་ལ་མ༷་ད༷ད་པ་བསྲུང་བ་གཞ༷ན་ རང་ལ༷་ར༷ག་ལ༷ས་པ༵ས། ད༷ད་པ༷་མེ༷ད་ཅིང་མི་སྙན་པ་བརྗོད་པ་ལ༷་ཁྱོ༷ད་བཟོ༷ད་པར་བྱེད་ན༵། འདིར་ཡང་གཞན་ལ་རག་ལས་པ་གང་ཡིན་ལ་བཟོད་པར་བྱེད་པའི་ཁྱབ་པ་ཁས་བླངས་པར་ འགྱུར་ཏེ། དེ་ལྟར་ན་རང་ལ་ཉོ༷ན་མོ༷ངས་སྐྱེ༷་བའི་རྒྱུ་གནོད་པ་བྱེད་པ་ཡང་གཞན་ལ༷་ར༷ག་ ལ༷ས་པ༵འི་ཕྱིར། (རང་ལ་)མི༷་སྙན༷་སྨྲ༷་ལ༷་ཅི༷ས་མི༷་བཟོ༷ད་དེ་བཟོད་དགོས་པར་མཚུངས་སོ། ། འགའ་ཞིག་དད་པའི་དབང་གིས་ཀྱང་ཁྲོ་བར་འགྱུར་བ་སྲིད་དོ་སྙམ་དུ་དགོངས་ནས། སྔར་གྱི་དེ་ལྟ་བུར་མ་ཟད་(སངས་རྒྱས་སོགས་ཀྱི་)སྐུ༷་གཟུ༷གས་(དང་)མཆོ༷ད་རྟེ༷ན་(བརྒྱད་ལ་སོགས་པ་དང་) 1-1-199 ད༷མ་ཆོ༷ས་(གླེགས་བམ་)ལ༵། ངག་གིས་(མི་མཐུན་པའི་སྐྱོན་བརྗོད་པས་)འཁྱ༷ལ་ཞི༷ང་ལུས་ཀྱིས་འཇི༷ག་ པ༷ར་བྱེ༷ད་པ་ལ༷འ༵ང༌། འཇམ་པོའི་ཐབས་ཀྱིས་བཟློག་ནུས་ན་ལེགས་ཀྱི་བད༷ག་གི༷ས་ཞེ༷་སྡ༷ང་ བསྐྱེད་པ་མི༷་རི༷གས་ཏེ༵། སང༷ས་རྒྱ༷ས་ལ་སོ༷གས་འཕགས་པ་རྣམས་ལ༷་བདག་འཛིན་ལས་ བྱུང་བའི་གནོ༷ད་པ་མི༷་མང༵འ་བའི་ཕྱིར་རོ། །དེ་བཞིན་དུ་(ཆོས་ཀྱི་ལམ་སྟོན་པའི་)བླ༷་མ༷་(དང་ཕ་མ་ དང་གནག་གི་)གཉེ༷ན་(མཚམས་)ལ༷་སོ༷གས་པ༷་ད༵ང༌། (འཕྲལ་དུ་ཕན་འདོགས་པའི་)བཤེ༷ས་ལ༷་གནོ༷ད་པ༷་ བྱེ༷ད་རྣམ༷ས་ལ༷འ༵ང༌། །སྔ༷་མ༷་ཉེས་པ་ཇི་སྙེད་ཐམས་ཅད་དང༌། །སྡིག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་རྐྱེན་གྱིས་སྟོབས་ལས་བྱུང༌། །ཞེས་བཤད་པའི༷་ཚུ༷ལ་གྱི༷ས་རྐྱེ༷ན་ད༷ག་ལ༵ས། འགྱུ༷ར་ བ༷་མཐོ༷ང་ན༷ས་ཁྲོ༷་བ༷་བཟློ༵ག་པར་བྱ་སྟེ། གཞན་དུ་ན་ལྷ་དང་བླ་མ་དང་བྲམ་ཟེ་དང་ཕ་མ་ ལ་སོགས་པའི་དོན་དུ་སྡིག་པ་བྱས་ཀྱང་ཉེས་པ་མེད་དོ་ཞེས་གཞན་གྱི་(མུ་སྟེགས་པའི་)གཞུང་ ལུགས་སུ་འདོད་པ་དེ་ལ་བདག་ཅག་ཀྱང་ཞུགས་པར་འགྱུར་དུ་འོང་བའི་ཕྱིར་རོ། ། བརྟགས་ན་ལུ༷ས་ཅ༷ན་(ཏེ་སེམས་ཅན་)རྣམ༷ས་ལ༷་སེ༷མས་ཡོ༷ད་སྐྱེས་བུ་ད༵ང༌། སེ༷མས་མེ༷ད་ དབྱུག་པ་སོགས་གཉི༷་ག༷ས་གནོ༷ད་པ་བྱས༷་ན༵། (སེམས་མེད་ལ་མི་ཁྲོ་བར་)སེ༷མས་ཡོ༷ད་(ཁོ་ན་)ཅི༷་སྟེ༷་ (ལོགས་སུ་)བཀ༷ར་ཏེ༷་བཀོ༵ན་ཅིང་ཁྲོ། དེ༷་བ༷ས་ན་སེམས་ཅན་གྱི་གནོད་པའང་ཆར་ལ་སོགས་ པའི་གནོ༷ད་པ༷་བཞིན་དུ་བཟོ༷ད་པ༷ར་གྱི༷ས་ཞེས་པའོ། ། གནོད་བྱེད་ལ༷་ལ༷་(བདག་དང་བདག་གིར་)རྨོ༷ངས་པ༷ས་ཉེ༷ས་པ༷་བྱེ༵ད། གནོད་བྱ་ལ༷་ལ༷་(ལས་ འབྲས་མི་ཤེས་པས་)རྨོ༷ངས་ཏེ༷་ཁྲོ༷ས་གྱུ༷ར་ན༵། གཉི་ག་མ་ཤེས་པར་མཚུངས་པ་དེ༷་ལ༷་སྐྱོ༷ན་མེ༷ད་ ག༷ང་གི༷ས་བྱ༷། སྐྱོ༷ན་ད༷ང་བཅ༷ས་ཏེ༷་ག༷ང་ཞི༷ག་ཡི༵ན་བསམ་པར་བྱའོ། །གནོད་བྱ་ག༷ང་གི༷ས་ ད་ལྟ་གཞ༷ན་ད༷ག་གནོ༷ད་བྱེ༷ད་པ༵འི། ལ༷ས་དེ༷་རང་གིས་སྔོ༷ན་ཆ༷ད་ཅི༷་ཕྱི༷ར་བྱས༷་ཏེ། བྱས་ ཟིན་པའི་ཕྱིར་གནོད་བྱ་གནོད་བྱེད་ཐ༷མས་ཅ༷ད་ལ༷ས་ལ༷་ར༷ག་ལ༷ས་པར་ངེས་ན༵། བད༷ག་ གི༷ས་གནོད་བྱེད་འདི༷་ཁོ་ན་ལ༷་ཅི༷་སྟེ༷་བཀོ༵ན་ཏེ་ཁྲོ་བར་མི་རིགས་སོ། །ལས་དང་རྟེན་འབྲེལ་ 1-1-200 མི་སླུ་བར་གྲུབ་པ་དེ༷་ལྟར༷་མཐོ༷ང་(བ་སྟེ་རྟོགས་)ན༷ས་ཅི༷་ན༷ས་ཀྱ༵ང་(སྟེ་ཐབས་གང་གིས་ཐམས་ཅད་བྱང་ སེམས་ལ་དགོད་ནུས་པར་བྱས་ནས་ཡང་དག་པའི་ལམ་ལ་ཞུགས་པ་ན)། ཐ༷མས་ཅ༷ད་ཕ༷ན་ཚུ༷ན་(གཅིག་ལ་གཅིག་) བྱང༷་སེ༷མས་སུ༵། །འགྱུ༷ར་བ༷་དེ༷་ལྟར༷་བད༷ག་གི༷ས་ནི༵། །བསོ༷ད་ན༷མས་ད༷ག་ལ༷་དགའ་བས་ བསྒྲི༷མས་ཏེ༷་བཟོད་པ་བསྒོམ་པར་བྱ༵འི་ཞེ་སྡང་གིས་ཅི་བྱ་ཞེས་པའོ། །དཔེ༷ར་ན༷་ཁྱི༷མ་(གཅིག་) ཚི༷ག་(པར་)གྱུ༷ར་པ༷འི་མེ༵(དེ་ཁྱིམ་དེ་ནས)། །ཁྱི༷མ་གཞ༷ན་ཞི༷ག་ཏུ༷་སོ༷ང་ན༷ས་ནི༵། །རྩྭ༷་དང་ཚང་ཚིང་ སོ༷གས་ག༷ང་ལ༷་མཆེ༷ད་ཅིང་འབར་བར་བྱེ༷ད་པ༵་མཐོང་ན། མེ་དེ༷་ནི༷་མྱུར་བར་ཕྱུ༷ང་སྟེ༷་དོ༷ར་ བ༷ར་རི༵གས། དེ༷་བཞི༷ན་དུ་ལུས་དང་ལོངས་སྤྱོད་སོགས་ག༷ང་ལ༷་སེ༷མས་ཆ༷གས་ན༵ས། དེ་ ལ་གནོད་པ་མ་བཟོད་པའི་ཞེ༷་སྡ༷ང་མེ༷་ནི༷་མཆེ༷ད་གྱུ༷ར་ན༵། བསྐལ་པ་སྟོང་དུ་བསགས་པའི་ བསོ༷ད་ན༷མས་ཚི༷ག་པ༷ར་(ཏེ་ཉམས་པར་)དོ༷གས་པ༷་ཡི༵ས། ཁྲོ་བ་དེ༷་ནི༷་དེ༷་ཡི༷་མོ༷ད་ལ༷་དོ༵ར་ཞིང་ བཞིལ་བ་ལ་འབད་དོ། ། དཔེར་ན་བས༷ད་བྱ༷འི་མི༷་ཞི༷ག་ལ༷ག་(པ་ཙམ་)བཅ༷ད་དེ༵། ག༷ལ་ཏེ༷་(ཆད་ལས་ལས་)ཐ༷ར་ན༷་ ཅི༷ས་མ༷་ལེ༵གས། །དེ་བཞིན་དུ་ག༷ལ་ཏེ༷་མི༷་ཡི༷་ལུས་ཐོབ་དུས་བཟོད་པ་བསྒོམ་པ་ཙམ་གྱི་སྡུ༷ག་ བསྔ༷ལ་དང་དུ་བླངས་པ་ཉིད་ཀྱི༷ས། དམྱལ༷་བ༷་མྱོང་འགྱུར་གྱི་སྡུག་བསྔལ་ཆེན་པོ་བྲ༷ལ་ཅིང་ ཁེགས་ན༷་ཅི༷ས་མ༷་ལེ༵གས། ད༷་ལྟ༷འི་སྡུ༷ག་བསྔ༷ལ་གནོད་པ་ཕྲ་མོ་འདི༷་ཙ༷མ་ལ༷འ༵ང༌། བད༷ག་ གི༷ས་བཟོ༷ད་པ༷ར་མི༷་ནུ༷ས་པ༵། །དེ༷་ཉིད་ཀྱིས༷་ན༷་གནོད་པ་ཆེན་པོ་དམྱལ༷་བ༷འི་སྡུ༷ག་བསྔ༷ལ་ གནོད་པ་ཕྲ་མོ་འདི་ཙམ་ལའང་མྱོང་འགྱུར་གྱི་རྒྱུ༵། ཁྲོ༷་བ༷་ཅི༷་སྟེ༷་བཟློ༷ག་མི༷་བྱེ༷ད་དེ་ཤིན་ཏུ་ བཟློག་པར་རིགས་སོ། ། སྔར་ཡང་འདོ༷ད་པ་མ་གྲུབ་པ་ལ་ཁྲོས་པ༷འི་དོ༷ན་གྱི༷ས་སྲེ༷ག་པ་དང་གཅོད་པ་ལ༷་སོ༵གས། སྡུག་བསྔལ་དུ་མ་ཅན་གྱི་དམྱལ༷་བ༷་ཡང་སོས་ལ་སོགས་པར༷་ལན་གྲངས་སྟོ༷ང་ཕྲ༷ག་མང་ པོར་འགྲོ་བ་མྱོ༷ང་གྱུ༷ར་ཀྱང༷༌། ཡིད་མ་བྱུང་བ་བད༷ག་གི༷ས་ར༷ང་གི༷་ཚེ་འདིའི་དོ༷ན་ད༷ང་ནི༵། ཚེ་ 1-1-201 རབས་གཞ༷ན་གྱི༷་དོ༷ན་(ཕན་བདེ་བསྒྲུབ་པའི་མཚན་ཉིད་)ཡ༷ང་མ༷་བྱས༷་པ་ཉེས་སོ༵། །དེས་ན་ད་ནི་ འབད་དགོས་པ་ལ་ཆོས་ཀྱི་དཀའ་སྤྱད་འདི༷་ནི༷་དམྱལ་བའི་སྡུག་བསྔལ་དེ༷་ཙ༷མ་དུ་གནོ༷ད་ མི༷ན་ལ༵། དོ༷ན་ཆེ༷ན་ཐར་པ་ད༷ག་ཀྱང༷་འགྲུ༷བ་འགྱུ༷ར་བ༵ས། འགྲོ༷་བ༷(སྟེ་སྲིད་གསུམ་གྱི་སེམས་ཅན་ ཐམས་ཅད་)འི་གནོ༷ད་སེ༷ལ་སྡུ༷ག་བསྔ༷ལ་ལ༵(ཞི་བར་བྱེད་པ)། དག༷འ་བ༷་འབ༷འ་ཞི༷ག་འདི༷ར་བྱ༷ར་ རི༵གས་སོ། ། གཞ༷ན་གྱི༷ས་བདག་ལ་ཡོ༷ན་ཏ༷ན་ལྡན༷་བསྟོ༷ད་པ༵ས། ག༷ལ་ཏེ༷་དག༷འ་བ༷འི་བདེ༷་ཐོ༷བ་ ན༵། །ཡི༷ད་ཁྱོ༷ད་ཀྱང༷་ནི༷་ཕྲག་དོག་མེད་པར་དེ༷་བསྟོ༷ད་ན༵ས། ཅི༷་ཕྱི༷ར་དེ༷་ལྟར༷་དག༷འ་མི༷་བྱེ༷ད་ དེ་གཞན་དགའ་བ་ཉིད་རྒྱལ་སྲས་ཀྱི་ཆོས་ཁྱད་པར་ཅན་ཡིན་ནོ། །ཁྱོ༷ད་ཀྱི༷་གཞན་དག༷འ་བ༷་ བྱས་པའི༷་བདེ༷་བ༷་ཕྲག་དོག་མེད་པ་འདི༵། ཕན་བདེ༷འི་འབྱུ༷ང་གནས་ཁ༷་ན༷་མ༷་ཐོ༷་བའི་དྲི་མ་ མེ༵ད་པ་སྟེ། ཡོ༷ན་ཏ༷ན་ལྡན༷་པ༷་རྒྱལ་བ་སྲས་བཅས་རྣམས་ཀྱི༷ས་གན༵ང་ཞིང༌། གཞ༷ན་གདུལ་ བྱར་སྡུ༷ད་པ༷་ཡི༷་ཐབས་མཆོ༷ག་ཀྱང༷་ཡི༵ན་ནོ། ། གཞ༷ན་ཡ༷ང་དེ༷་ལྟར༷་བསྟོད་ན་ཡིད་བདེ༷་བར་འགྱུ༷ར་དུ་འོང་ངོ་ཞེ༵ས། ག༷ལ་ཏེ༷་ཁྱོ༷ད་ གཞན་ལ་བདེ༷་བ་འདི༷་མི༷་འདོ༵ད་པར་ཕྲག་དོག་བྱེད་ན། བྲན་ལ་གླ༷་རྔ༷ན་མ་བྱིན་ན་གཡོག་ བྱེད་པ་དཀའ་བ་བཞིན་དུ་འདིར་ཡང་ཕར་སེམས་ཅན་ལ་བདེ་བ་སྦྱི༷ན་སོ༷གས་ཕན་པ་སྤང༷ས་ པ༷འི་ཕྱི༷ར། ཚུར་ཡང་ཕན་ལན་མི་འབྱུང་བས་མཐོ༷ང་བ་ཚེ་འདི་ད༷ང་མ༷་མཐོ༷ང་བ་ཚེ་ཕྱི་མ་ སོགས་སུ་རང་ཡང་བདེ་བ་ལས་ཉམ༷ས་པ༷ར་འགྱུ༵ར་རོ། ། དེས་ན་ར༷ང་གི༷་ཡོ༷ན་ཏ༷ན་བརྗོ༷ད་པ༷འི་ཚེ༵། དགའ་བདེ་སྐྱེ་ན་གཞ༷ན་ལ༷འང་བསྟོད་ནས་ ཡོན་ཏན་བརྗོད་པའི་བདེ༷་བ༷་འགྲུབ་པ་བདག་གིས་ཀྱང་འདོ༷ད་པ༷ར་བྱེ༷ད་དགོས་ཀྱི་ཕྲག་དོག་ མི་རིགས་ལ། གཞ༷ན་གྱི༷་ཡོ༷ན་ཏ༷ན་(འགའ་ཞིག་གིས་)བརྗོ༷ད་པ༷འི་ཚེ༵། །ར༷ང་ལ༷འ༷ང་བདེ༷་བ༷་མི༷་ འདོ༷ད་པར་བྱེ༵ད་དགོས་པའི་ཕྱིར་བརྣབ་སེམས་ཀྱང་མི་རིགས་སོ། ། 1-1-202 དང་པོ་སེ༷མས་ཅ༷ན་ཐ༷མས་ཅ༷ད་བ༷དེ་(བ་ཕུན་ཚོགས་ལ་དགོད་པར་)འདོ༷ད་པ༵ས། (བླ་ན་མེད་པའི་) བྱང༷་ཆུ༷བ་ཏུ༷་ནི༷་སེ༷མས་བསྐྱེ༷ད་ཅིང་ཕན་བདེ་བསྒྲུབ་པར་དམ་བཅས་ན༵ས། (བདག་གིས་བསྒྲུབ་མ་ དགོས་པར་)སེ༷མས་ཅ༷ན་ར༷ང་གི༷་བདེ༷་བ་རྙེ༷ད་དུས་ན༵། ད༷་ལྟ་ཀོ༷་ཅི༷་སྟེ༷་ཁྲོ༷་བ༷ར་བྱེ༷ད། སྔར་འདོད་ པ་གཟུགས་དང་གཟུགས་མེད་ཀྱི་འཇི༷ག་རྟེ༷ན་གསུ༷མ་པོ་མ་ལུས་པས་མཆོ༷ད་འོས་སུ་འཚ༷ང་ རྒྱ༷་བ༵ར། སེ༷མས་ཅ༷ན་རྣམ༷ས་ནི༷་འདོ༷ད་ཅེ༷་ན༵། །ད་ལྟ་དེ་ལྟ་བུ་ལྟ་ཞོག་བསྙེ༷ན་བཀུ༷ར་ང༷ན་ ངོ༷ན་ཙ༷མ་མཐོ༷ང་ན༵ས། ཅི༷་ཕྱི༷ར་དེ༷་ལ༷་(ཕྲག་དོག་གིས་)གདུ༷ང་བ༷ར་བྱེ༵ད་དེ་གདུང་ན་སྔར་གྱི་དམ་ བཅའ་དང་འགལ་ལོ། །དཔེར་ན་བུ་སྨད་དང་གཡོག་འཁོར་ལ་སོགས་གསོ༷་བྱ་༷ག༷ང་ཞི༷ག་ ཁྱོ༷ད་ཀྱིས་གསོ༷་དགོས་པ༵། ཁྱོ༷ད་ཉི༷ད་ཀྱི༷ས་ནི༷་ཟས་གོས་སྦྱི༷ན་བྱ་༷གང་ཡིན་དེ༵། (སྦྱིན་མ་དགོས་པར་) གཉེ༷ན་གྱི༷ས་འཚོ༷་བ༷་རྙེ༷ད་གྱུ༷ར་ན༵ས། རང་གིས་མ་དགོས་ན་དག༷ར་མི༷་འགྱུ༷ར་བ༷ར་སླ༷ར་ཁྲོ༷་ འ༵མ། དེ༷་ཅི༷་བསྙེན་བཀུར་ངན་ངོན་ཙམ་འགྲོ༷་ལ༷་མི༷་འདོ༷ད་ན༵། སྔར་འགྲོ་བ་བདེ་གཤེགས་ ཉིད་དང་ནི། །བར་དུ་བདེ་ལ་འགྲོན་དུ་བོས་ཟིན་གྱིས། །ཞེས་སེམས་ཅན་དེ༷་རྣམས་ལ༷་བྱང༷་ ཆུ༷བ་འདོ༷ད་པར་སྨྲ་བའི་དོན་ག༷ང་ཡི༵ན། བསམས་ན་ག༷ང་ཞི༷ག་གཞ༷ན་(གྱི་)འབྱོ༷ར་(པ་བསྙེན་ བཀུར་ངན་ངོན་ཙམ་ལ་)ཁྲོ༷་(བ་)དེ༷་ལ༵། བྱང༷་ཆུ༷བ་སེ༷མས་ནི༷་ག༷་ལ༷་ཡོ༵ད(དེ་མེད་པའི་ཕྱིར་རོ)། །ག༷ལ་ཏེ༷་ ཁྱོད་མི་བཟོད་པའི་སེམས་ཅན་དེ༷ས་སྦྱིན་བདག་དེ༷་ལ༷ས་འབྱོར་པ་དེ་རྙེ༷ད་ད༵མ། ཡང་ན་སྦྱི༷ན་ བད༷ག་ཁྱི༷མ་དུ༷་གན༷ས་གྱུ༷ར་པ༵། ཀུ༷ན་ཏུ༷་དེ༷་ཁྱོ༷ད་ལ༷་ཐོབ་རྒྱུར་མེ༷ད་ན༵། བྱི༷ན་མ༷་བྱི༷ན་རུ༷ང་ ཕྲག་དོག་དེ༷ས་ཅི༷་བྱ་༷སྟེ་གཞན་གྱི་ཕུན་ཚོགས་བཟོད་དགོས་སོ། །གལ་ཏེ་ཕྲག་དོག་བྱས་ན་ གཞན་དག་གི་དགེ་བ་འགག་པ་ཡང་སྲིད། དད་པའི་གེགས་སུ་འགྱུར་བ་ཡང་སྲིད། བདག་ རང་ལ་མ་དད་པར་འགྱུར་བ་ཡང་སྲིད་པའི་ཕྱིར་བསོ༷ད་ན༷མས་ད༷ང་ནི༷་ད༷ད་པ༷འ༵མ། ར༷ང་ གི༷་ཡོ༷ན་ཏ༷ན་ཅི༷་ཕྱི༷ར་འདོ༵ར་ཞེས་གསུངས་ལ། རྙེ༷ད་པ༷ར་གྱུ༷ར་པ༷འི་དངོས་པོ་དེ་ཡང་ཀུན་ཏུ་ དེ་ཁྱོད་ལ་མེད་ན་ཞེས་བཀག་པའི་ཕྱིར་རང་གིས་ནི་མི༷་འཛི༷ན་པ༵་ལ། (རྒྱུ་)གང་གིས་རབ་ཏུ་ 1-1-203 ཁྲོ་བ་སྨྲོས། །ཞེས་པའམ་གཞུང་ཁ་ཅིག་ཏུ། ག༷ང་གི༷ས་ཁྲོ༷་བ༷ར་མི༷་བྱེ༷ད་སྨྲོ༵ས། །ཞེས་པ་ལྟར་ ན་ཕྲག་དོག་བྱས་པའི་རྒྱུ་གང་གིས་རང་ལ་ཁྲོ་བར་མི་བྱེད་སྨྲོས་ཞེས་པར་འཆད་དོ། །དེས་ན་ ཁྱོ༷ད་ནི༷་ར༷ང་གི༷ས་ཕྲག་དོག་གི་སྡི༷ག་བྱས༷་ལ༵། མྱ་༷ང༷ན་མེ༷ད་པ༷ར་མ༷་ཟ༷ད་ཀྱི༷། །(བདེ་བ་འབྱུང་བའི་ རྒྱུ་)བསོ༷ད་ན༷མས་བྱས༷་པ༷(འི་སེམས་ཅན་)གཞ༷ན་འབྱོར་པ་ཐོབ་པ་ད༷ག་ད༵ང༌། ལྷ༷ན་ཅི༷ག་འགྲ༷ན་ པ༷ར་བྱེ༷ད་འདོ༷ད་ད༵མ(སྟེ་འགྲན་པར་མི་རིགས་འགྲན་ན་བསོད་ནམས་ལ་འགྲན་པར་རིགས་སོ)། །ཞེས་གདམ་ པའོ།། །། ༈ བ༷མ་པོ༷་གཉི༷ས་པ༵། ཁ་ཅིག་ཏུ་གཞན་ལ་སྡུག་བསྔལ་བརྙས་དང་ཚིག་རྩུབ་མ་བྱུང་བ་ ལ་ཁྲོ་བ་སྲིད་པས་ག༷ལ་ཏེ༷་དགྲ༷་ཞི༷ག་མི༷་དག༷འ་(ཞིང་མི་འདོད་པ་བྱུང་)ན༷འ༵ང༌། དེ༷་ལ༷་ཁྱོ༷ད་དག༷ར་ ཅི༷་ཞི༷ག་ཡོ༵ད། ཅེས་དྲིས་ཤིང༌། གཞན་ལ་གནོད་པ་ཉིད་བདག་གིས་དོན་དུ་གཉེར་བྱའོ་སྙམ་ ན་ཁྱོ༷ད་ཀྱི༷་ཡི༷ད་སྨོ༷ན་ཙ༷མ་གྱི༷ས་ནི༵། (དགྲ་)དེ༷་ལ༷་གནོ༷ད་པ༷འི་རྒྱུ༷ར་མི༷་འགྱུ༵ར། །ཡང་ཁྱོ༷ད་ཀྱི༷་ འདོ༷ད་པ༷ས་(དགྲ་ལ་)སྡུ༷ག་བསྔ༷ལ་དེ༵། དགྲ་ལ་གྲུ༷བ་ན༷འ༷ང་ཁྱོ༷ད་དག༷ར་ཅི༷་ཞི༷ག་ཡོ༵ད། ཅེས་ དྲིས་པ་ལ། ག༷ལ་ཏེ༷་(དགྲ་སྡུག་ན་ཡིད་སྨོན་གྲུབ་པས་བདག་)འཚེ༷ངས་པ༷ར་འགྱུ༷ར་ཞེ༷་ན༵། གཞན་ལ་ གནོད་པ་བྱས་པ་དེ༷་ལ༷ས་ཕུ༷ང་བ༷་གཞ༷ན་ཅི༷་ཡོ༵ད་(ངན་སོང་གི་རྒྱུ་ཡིན་པའི་ཕྱིར་རོ་)དེ། ཉོ༷ན་མོ༷ངས་ ཉ༷་པ་དང་འདྲ་བ༷ས་བཏ༷བ་པ༷་ཡི༵། མཆི༷ལ་མ༷འམ་ལས་ཀྱི་ལྕགས་ཀྱུ་འདི༷་ནི༷་མི༷་བཟ༷ད་ཅིང་ གཟེ༵་ལ་རྣོ་བས། དེ༷ས་བཟུ༷ང་ནས་(ཁ་ཆུང་ལ་གསུས་པ་ཆེ་བའི་)སེ༷མས་དམྱལ༷་བུ༷མ་པ༷ར་ཡ༵ང༌། དམྱལ༷་བ༷འི་བསྲུ༷ངས་མ༷ས་(གཤིན་རྗེས་དྲངས་ན་)བད༷ག་འཚེ༷ད་(པའི་སྡུག་བསྔལ་མྱོང་བར་)ངེ༵ས་པའི་ ཕྱིར་རོ། །འགའ་ཞིག་བསྟོད་གྲགས་ཀྱི་གེགས་སུ་གྱུར་པ་ལས་ཁྲོ་བ་སྲིད་དོ་སྙམ་དུ་དགོངས་ ནས་བསྟོ༷ད་ད༷ང་གྲ༷གས་པ༷འི་རི༷མ་གྲོ༷་ནི༵། ཐོབ་ཀྱང་བསོ༷ད་ན༷མས་སུ་མི༷་འགྱུ༷ར་ཞིང་ཚེ༷ར་ ཡང་མི༷་འགྱུ༵ར། བད༷ག་སྟོ༷བས་འཕེལ་བར་མི༷་འགྱུ༷ར་ན༷ད་མེ༷ད་པར་ཡང་འགྱུར་བ་མི༵ན་ལ། ལུ༷ས་བདེ༷་བ༷ར་ཡ༷ང་མི༷་འགྱུ༷ར་རོ༵། །ཞེས་སྙིང་པོ་མེད་པར་གསུངས་སོ། ། 1-1-204 དེས་ན་བད༷ག་ནི༷་ར༷ང་དོ༷ན་ཤེ༷ས་(པས་ཏེ་མཁས་པའི་བློ་དང་ལྡན་པར་)གྱུ༷ར་ན༵། བསྟོད་གྲགས་ དེ༷་ལ༷་ར༷ང་ལ་ཕན་པར་འགྱུར་བའི་དོ༷ན་ཅི༷་ཞི༷ག་ཡོ༵ད། ཅེས་པ་ལ་གནས་སྐབས་སུ་ཡི༷ད་བདེ༷་ བ་འབ༷འ་ཞི༷ག་འདོ༷ད་དོ་ཞེ་ན་འོ་ན༷་ནི༵། རྒྱ༷ན་པོ་འགྱེད་པ་དང་སོ༷གས་པའི་སྒྲས་སྨད་འཚོང་ མའི་གནས་སུ་འཇུག་པ་དང་ཆ༷ང་ཡ༷ང་བསྟེ༷ན་དགོ༷ས་པར་ཧ་ཅང་ཐལ་བ་ལས་དེ་དག་ནི་མི་ རིགས་སོ༵། །གྲ༷གས་པ༷འི་དོ༷ན་དུ༷་(གཉེར་བར་རྟ་གླང་ལ་སོགས་པའི་)ནོ༷ར་གཏོ༷ང་ཞི༵ང༌། །(གཡུལ་དུ་ ཞུགས་ཏེ་)བད༷ག་ཉི༷ད་ཀྱང༷་ནི༷་གསོ༷ད་པར་བྱེ༷ད་སྲིད་ན༵། སྙན་གྲགས་དང་ཚི༷ག་འབྲུ༷་རྣམ༷ས་ ཀྱི༷ས་ཅི༷་ཞི༷ག་བྱ༷། རང་ཤི༷་ན༷་སྙན་གྲགས་དེ༷་ཀོ༷་སུ༷་ལ༷་བདེ༵་སྟེ་བདེ་བ་མིན་པས་ཞེན་པར་མི་ འོས་པའོ། །དཔེར་ན་བྱིས་པས་རྩེད་མོ་དོན་དུ་རྡུལ་དང་བྱེ༷་མ༷འི་ཁ༷ང་བུ༷་བརྩིགས་པ་ལས་ གཞན་དག་གིས་བཤིག་སྟེ་རྡི༷བ་གྱུ༷ར་ན༵། བྱི༷ས་པ༷་རྣམ༷ས་ནི༷་ག༷་ཆ༷ད་ཆད་དུ་ངུ༵་ཞིང་ཆོ་ངེས་ འདེབས་པ་སྟེ། དེ༷་བཞི༷ན་བསྟོ༷ད་ད༷ང་གྲ༷གས་ཉམ༷ས་ན༵། །ར༷ང་གི༷་སེ༷མས་ཞུམ་ཞིང་མི་ བཟོད་པ་ནི༷་བྱི༷ས་པ༷་བཞི༵ན་དུ་(དོན་མེད་པར་སྡུག་བསྔལ་བར་སྣང་སྟེ་)འཁྲུལ་ལོ། ། དེའི་རྒྱུ་མཚན་རེ༷་ཤི༷ག་གྲགས་པ་བརྗོད་པའི་སྒྲ༷་ལ༷་ཕྱི་རོལ་གྱི་དོན་ཡིན་པས་སེ༷མས་ མེ༷ད་པའི་ཕྱི༵ར། བད༷ག་ལ་བསྟོ༷ད་པའི་སེ༷མས་ཡོ༷ད་མི༷་སྲི༵ད་པ་ལ་སེམས་ལྡན་གྱིས་བསྟོད་ པར་ཞེན་པའི་ཕྱིར་རོ། །དེས་ན་སྙན་གྲགས་ཡོད་ན་བད༷ག་ལ༷་གཞ༷ན་དག༷འ་བར་འགྱུར་རོ་ ཞེ༷ས་གྲ༷གས་པ༵། དེ༷་ན༷་དག༷འ་བ༷འི་རྒྱུ༷་ཡི༷ན་དྲ༵ང་ན་དེ་ལ་ཡང་འབྲེལ་བ་མེད་པའི་ཕྱིར་བྱིས་ པའི་སྤྱོད་པ་ཁོ་ནར་ཟད་ཅེས་སྦྱར་རོ། །དེ་བསྟན་པའི་ཕྱིར་གཞ༷ན་ལ་གཞན་དགའ་བ་ཡིན་ ན༷མ་ཡ༷ང་ན༷་བད༷ག་ལ༷་གཞན་དགའ་བ་ཡིན་པར་རུ༵ང་བ་སྟེ། གང་ལྟར་ན་ཡང་གཞ༷ན་དག༷ས་ བད༷ག་ལ༷་ཅི༷་ཞི༷ག་ཕ༵ན་ཏེ། དག༷འ་བ༷་དེ༷་ནི༷་མྱོང་བ་པོ་དེ༷་ཉི༷ད་ཀྱི༷་ཡིན་གྱི། བད༷ག་གི༷ས་དེ༷་ ལ༷ས་ཆ་ཤ༷ས་ཙམ་ཡང་མི༷་འཐོ༵བ་པའི་ཕྱིར་རོ། །འོན་ཀྱང་གཞན་དེ༷་བདེ༷་བ༷་ཡི༷ས་བད༷ག་ ཀྱང་བདེ༷འོ་ཞེ་ན༵། འོ་ན་སེམས་ཅན་ཀུ༷ན་ལ༷འ༷ང་དེ༷་བཞི༷ན་དུ་བདེ་བ་འདོད་པར་བྱ་༷དགོ༷ས་ 1-1-205 ན༵། ཅི༷འི་ཕྱི༷ར་གཞ༷ན་ད༷ག་དག༷འ་བ༷་ཡི༵ས། བདེ༷་བ༷ར་གྱུ༷ར་ན༷་བད༷ག་མི༷་བདེ༵་སྟེ་ཕྲག་དོག་ བྱེད་པ་སྤངས་སོ། །བསྟོད་གྲགས་ལ་སྙིང་པོ་མེད་པ་དེ༷་བ༷ས་ན་བད༷ག་ནི༷་བསྟོ༷ད་དོ༷་བཀུར་ རོ་ཞེ༵ས། ར༷ང་ཉི༷ད་དག༷འ་བ༷་སྐྱེ༷་འགྱུ༷ར་བ༵། དེ༷་ཡ༷ང་སྔར་བྱེ་མའི་ཁང་བུ་དཔེར་བརྗོད་པ་དེ༷་ ལྟར༷་མི༷་འཐ༷ད་པ༵ས། བྱི༷ས་པ༷འི་སྤྱོ༷ད་པ༷་ཁོ༷་ན༷ར་ཟ༵ད། །བསྟོ༷ད་སོ༷གས་དོན་དུ་གཉེར་བ་ནི་ འཁྲུལ་པ་ཙམ་དུ་མ་ཟད་ཉེས་པ་དུ་མ་དང་འབྲེལ་ཏེ། དེ་སྒྲུབ་པས་བད༷ག་ནི༷་གཡེ༷ང་བ༷ར་ བྱེ༷ད་པའི་ཕྱིར་དང༌། དེ༷ས་ནི༷་འཁོར་བ་ལ་སྐྱོ༷་བ༷འ༷ང་འཇི༷ག་པ༷ར་བྱེ༵ད་པའི་ཕྱིར་དང༌། གཞན་ ཡོ༷ན་ཏ༷ན་ལྡན༷་ལ༷་ཕྲ༷ག་དོ༷ག་ཀྱང་སྐྱེ་བའི་ཕྱིར་ད༵ང༌། རྙེད་བཀུར་ཕུ༷ན་སུ༷མ་ཚོ༷གས་པ༷འ༷ང་ འཇི༷ག་པ༷ར་བྱེ༷ད་དེ་འཐོན་པོར་རློམ་པ་བཀུར་བར་མི་ནུས་པའི་ཕྱིར་རོ། །དེ༷་ཕྱི༷ར་བད༷ག་གི༷་ བསྟོ༷ད་སོ༷གས་ནི༵། །གཞི༷ག་ཕྱི༷ར་གཞན་ག༷ང་ད༷ག་ཉེ༷ར་གན༷ས་པ༵། དེ༷་ད༷ག་བད༷ག་ནི༷་ང༷ན་ སོ༷ང་དུ༵། །ལྟུ༷ང་བ༷་བསྲུ༷ང་ཕྱི༷ར་ཞུ༷གས་པས་དྲིན་ཆེ་བ་མི༷ན་ན༵མ། ཞེས་པ་སྟེ་ཉོན་མོངས་ཀྱི་ གཞི་འགོག་བྱེད་དུ་གྱུར་པས་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། ། བད༷ག་ནི༷་(འཁོར་བ་ལས་)གྲོ༷ལ་བ༷(འི་ཐར་པ་)དོ༷ན་(དུ་)གཉེ༷ར་(བ་)ལ༵། །རྙེ༷ད་(པ་)ད༷ང་བཀུ༷ར་ སྟི༷ས་(ནི་འཁོར་བར་)འཆི༷ང་(བྱེད་ཡིན་པར་རྙེད་བཀུར་དེ་)མི༷་དགོ༵ས། །དེས་ན་གང་ཟག་ག༷ང་ད༷ག་ བད༷ག་འདུ་འཛིས་འཁོར་བར་བཅི༷ངས་པ་གྲོ༷ལ་བར་བྱེ༷ད་པ༵། དེ༷་ལ༷་བད༷ག་ནི༷་ཇི༷་ལྟར༷་ཁྲོ༵་སྟེ་ དགའ་བར་ངོས་རིགས་སོ། །བད༷ག་ནི༷་སྡུ༷ག་བསྔ༷ལ་གྱི་ཁང་པར་འཇུ༷ག་འདོ༷ད་ལ༵། སང༷ས་ རྒྱ༷ས་ཀྱི༷ས་ནི༷་(མཐུ་ཆེན་པོ་ལ་)བྱི༷ན་(གྱིས་)བརླ༷བས་(པ་)བཞི༵ན། །དེར་(དུ་ཁའི་བཙོན་ཁང་དུ་)མི༷་གཏོ༷ང་ སྒོ༷་འཕ༷ར་ཏེ་སྒོ་གླེགས་ཉི༷ད་གྱུ༷ར་པ༵། (སྐྱེས་བུ་དམ་པ་)དེ༷་ལ༷་བད༷ག་ནི༷་ཇི༷་ལྟར༷་ཁྲོ༵་སྟེ་བཀའ་དྲིན་ ཆེ་བའི་ཕྱིར་རོ། ། རྙེད་བཀུར་འགོག་མཁན་འདི༷་ནི༷་བདག་གི་བསོ༷ད་ན༷མས་གེ༷གས་བྱེ༷ད་ཅེ༵ས་སྨྲ་ཞིང༌། དེ༷་ལ༷་ཁྲོ༷་བ༷ར་རི༷གས་མི༷ན་ཏེ༵། བཟོ༷ད་མཚུ༷ངས་དཀ༷འ་ཐུ༷བ་བམ་དགེ་བ་གཞན་ཡོ༷ད་མི༷ན་ 1-1-206 ན༵། བད༷ག་ནི༷་(བཟོད་པ་)དེ༷་ལ༷་(འབད་རྩོལ་གྱིས་)མི༷་གན༷ས་ས༵མ། །ག༷ལ་ཏེ༷་བད༷ག་ནི༷་ར༷ང་བཟོད་ སྲན་ཆུང་བའི་སྐྱོ༷ན་གྱི༵ས། འདི༷་ལ༷་བཟོ༷ད་པ༷ར་མི༷་བྱེ༷ད་ན༵། །བཟོད་པའི་བསོ༷ད་ན༷མས་རྒྱུ༷་ གནོད་བྱེད་ནི༷་ཉེ༷་བར་གན༷ས་བཞིན་པ༵། འདི༷་ལ༷་བཟོད་པ་མི་སྒོམ་ན་བད༷ག་རང་དགེ་བའི་ གེ༷གས་བྱེ༷ད་པ༷ར་ཟ༵ད་དོ། ། དེས་ན་བཟོད་པ་ག༷ང་ཞི༷ག་གནོད་བྱེད་ག༷ང་མེ༷ད་པར་མི༷་འབྱུ༷ང་ལ༵། གནོད་བྱེད་ག༷ང་ ཞི༷ག་ཡོ༷ད་ན༷་བཟོད་པ་ཡོ༷ད་པར་འགྱུ༷ར་བ༵ས། གནོད་བྱེད་དེ༷་ཉི༷ད་བཟོད་པ་དེ༷་ཡི༷་རྒྱུ༷་ཡི༷ན་ ན༵། ཇི༷་ལྟར༷་གནོད་བྱེད་དེ༷་ལ༷་བསོད་ནམས་ཀྱི་གེ༷གས་ཞེ༷ས་བྱ་༷སྟེ། དཔེར་ན་སྦྱིན་(བདག་འགའ་ ཞིག་སྦྱིན་པ་བྱེད་)པའི་དུ༷ས་སུ༷་ཕྱི༷ན་པ༷འི་སློ༷ང་མོ༷་(པ་བླང་བར་བྱེད་)པ༵ས། སྦྱི༷ན་པ༷འི་གེ༷གས་བྱས༷་ ཡོ༷ད་པ་མ༷་ཡི༵ན་པ་དང༌། (རབ་ཏུ་འབྱུང་འདོད་པ་ལ་)ར༷བ་ཏུ༷་འབྱི༷ན་པ༷ར་བྱེ༷ད་པའི་རྒྱུར་གྱུ༷ར་པ༵། མཁན་སློབ་སོགས་ཀྱིས་ར༷བ་བྱུ༷ང་གི་གེ༷གས་བྱས་ཞེ༷ས་བྱ༷ར་མི༷་རུ༵ང་བ་བཞིན་ནོ། ། འཇི༷ག་རྟེ༷ན་ན༷་ནི༷་སྦྱིན་པའི་ཡུལ་སློ༷ང་བ༷་མོ༵ད་ཀྱི། བཟོད་པའི་ཡུལ་གནོ༷ད་པ༷་བྱེ༷ད་པ༷་ དཀོ༷ན་པ༷་སྟེ༷། འདི༷་ལྟར༷་ཕ༷ར་(རོལ་ལ་)གནོ༷ད་མ༷་བྱས༷་ན༵། །(བདག་ལ་)འག༷འ་ཡ༷ང་ཚུར་གནོ༷ད་ པ༷་མི༷་བྱེ༷ད་དོ༵། །དེ༷་བ༷ས་ང༷ལ་པ༷ས་(ཏེ་འབད་པའི་དཀའ་སྤྱད་ཀྱིས་)མ༷་བསྒྲུ༵བས་པར། ཁྱི༷མ་དུ༷་(རིན་པོ་ ཆེའི་) གཏེ༷ར་ནི༷་བྱུ༷ང་ན་དགའ་བ༷་ལྟར༷། བྱང༷་ཆུ༷བ་(ཀྱི་)སྤྱོ༷ད་པ༷(བཟོད་པ་བསྒྲུབ་པ)འི་གྲོ༷གས་གྱུ༷ར་ པ༵ས། །བད༷ག་གི༷ས་དགྲ༷་བྱུང་བ་ལ༷་དག༷འ་ཞིང་བཟོད་པ༷ར་བྱའོ༵། །གནོད་བྱེད་འདི༷་ད༷ང་ བད༷ག་གི༷ས་ཚོགས་ནས་བཟོད་པ་བསྒྲུ༷བས་པ༷ས་ན༵། དེ༷་ཕྱི༷ར་བཟོ༷ད་པ༷འི་འབྲ༷ས་བུ༷་བསོད་ ནམས་ནི༵། གནོད་བྱེད་འདི༷་ལ༷་ཐོ༷ག་མ༷ར་བརྡ༷ར་ཞིང་སྦྱིན་པར་འོ༷ས་ཏེ༵། འདི༷་ལྟར༷་གནོད་ བྱེད་དེ༷་ནི༷་བཟོ༷ད་པ༷འི་རྒྱུ༵་སྔ་མ་ཡིན་པའི་ཕྱིར་རོ། ། ག༷ལ་ཏེ༷་(དགྲ་འདི་ལ་བྱང་སེམས་ཀྱིས་)བཟོ༷ད་(པ་)བསྒྲུ༷བ་(པོ་སྙམ་པའི་)བས༷མ་(པ་)མེ༷ད་པ༵ས། །དགྲ༷་འདི༷་སྔ་ཕྱི་ནམ་ཡང་མཆོ༷ད་བྱ་༷མི༷ན་ཞེ༷་ན༵། འོ་ན་དགེ་བ་འགྲུ༷བ་པ༷་ཡི༷་ནི༷་རྒྱུ༷ར་རུ༷ང་བ༵། 1-1-207 གསུང་རབ་ད༷མ་པ༷འི་ཆོ༷ས་ཀྱང༷་ཅི༷་སྟེ༷་མཆོ༵ད་དེ་མཆོད་པ་མི་རིགས་པར་ཐལ་བར་འགྱུར་ཏེ། དེ་ལ་ཡང་དགེ་སྒྲུབ་བསམ་པ་མེད་པའི་ཕྱིར་རོ། །ག༷ལ་ཏེ༷་དེ་བདེན་མོད་ཀྱང་དགྲ༷་འདི༷་ལ་ གནོ༷ད་བྱ་༷བ༵འི། བསམ༷་པ་ཡོ༷ད་པའི་ཕྱིར་མཆོ༷ད་བྱ་༷མི༷ན་ཞེ༷་ན༵། གོ་དགྲ་དེ་སྨ༷ན་པ༷་བཞི༷ན་ དུ༷་ཕ༷ན་བྱེད་ལ་བརྩོ༷ན་ན༵། བད༷ག་གི༷་བཟོ༷ད་པ༷འང་ཇི༷་ལྟར༷་འགྲུ༵བ་སྟེ་དེའི་རྒྱུ་གནོད་པ་མེད་ པའི་ཕྱིར་རོ། །དེ༷་བ༷ས་ན་ཕ་རོལ་པོའི་ར༷བ་ཏུ༷་སྡ༷ང་སེ༷མས་དང་གནོད་པ་བྱུང་བ་ལ༵། བརྟེ༷ན་ ན༷ས་བདག་གི་བཟོ༷ད་པ༷་སྐྱེ༷་བ༷ས་ན༵། གནོད་བྱེད་དེ༷་ཉི༷ད་བཟོ༷ད་པ༷(འགྲུབ་པ)འི་རྒྱུ༷་ཡི༷ན་པ༵ས། (བཟོད་པ་སྒྲུབ་པའི་བསམ་པ་མེད་ཀྱང་)ད༷མ་པ༷འི་ཆོ༷ས་བཞི༷ན་མཆོ༷ད་པ༷ར་འོ༵ས་སོ། ། དེ༷་ཕྱི༷ར་(བསོད་ནམས་འཕེལ་བའི་རྒྱུ་ཡིན་པས་)སེ༷མས་ཅ༷ན་ཞི༷ང་ད༷ང་ནི༵། །རྒྱ༷ལ་བ༷འི་ཞི༷ང་ཞེ༷ས་ ཐུ༷བ་པ༷ས་གསུ༵ངས། །གང་ལས་ཞེ་ན། སྨོན་ལམ་རྣམ་པར་དག་པའི་མདོ་ལས། ངས་སྔོན་ སེམས་ཅན་ཞིང་རྣམས་དང༌། །ཐུབ་པའི་ཞིང་ལ་བརྟེན་ནས་ནི། །སངས་རྒྱས་ཆོས་རྣམས་ མཐའ་ཡས་པའི། །ལོ་ཐོག་ཕུན་སུམ་ཚོགས་པ་ཐོབ། །ཅེས་སོ། །རིགས་པ་ཡང་ཡོད་དེ་འདི༷་ ད༷ག་མགུ༷་བར་བྱས༷་པ་ལས་སྔར་ཡང་སེམས་ཅན་མ༷ང་པོ༷་ཞི༵ག །འདི༷་ལྟར༷་ཕུ༷ན་ཚོ༷གས་ཕ༷་ རོ༷ལ་ཕྱི༵ན་ནས་སངས་རྒྱས་པའི་ཕྱིར་རོ། །དེས་ན་སེ༷མས་ཅ༷ན་རྣམ༷ས་ད༷ང་རྒྱ༷ལ་བ༷་(སངས་ རྒྱས་) ལ༵ས། སང༷ས་རྒྱ༷ས་ཀྱི་ཆོ༷ས་སྟོབས་དང་མི་འཇིགས་པ་སོགས་འགྲུ༷བ་པའི་རྒྱུ་འདྲ་༷བ༷་ ལ༵། རྒྱ༷ལ་ལ༷་གུ༷ས་བྱ༷ར་འཛིན་གྱི་དེ༷་བཞི༷ན་དུ༵། སེ༷མས་ཅ༷ན་ལ༷་(གུས་བྱ་)མི༷ན་(པ་)ཅི༷་ཡི༷་ཚུ༵ལ་ ཏེ་མཉམ་དུ་གུས་པར་རིགས་སོ། །བསམ་པ་ཉོན་མོངས་དང་བཅས་པའི་སེམས་ཅན་རྣམས་ སངས་རྒྱས་དང་ཅིའི་ཕྱིར་མཚུངས་སྙམ་ན་བས༷མ་པ༷འི་ཡོ༷ན་ཏ༷ན་ར༷ང་གི་ངོ་ལྡོག་གི༷ས་མཉམ་ པར་བརྗོད་པ་མི༵ན་མོད། འོན་ཀྱང་འབྲ༷ས་བུ༷་སངས་རྒྱས་འགྲུབ་པའི་ཆ་ལ༷ས་མཉམ་པ་ཡི༷ན་ ཏེ་རྒྱུ་དེ༷ས་མཚུ༷ངས་པ༵ར། སེ༷མས་ཅ༷ན་རྣམ༷ས་ལ༷འ༷ང་(བསོད་ནམས་ཀྱི་ཞིང་གི་)ཡོ༷ན་ཏ༷ན་ཡོ༵ད། (རྒྱུ་ མཚན་)དེ༷་ཕྱི༷ར་དེ༷་ད༷ག་ཞིང་དུ་མཉམ༷་པ༷་ཡི༵ན་ནོ། །ཅི་སྟེ་ཁྱད་པར་ཕྲ་མོ་ལ་རྟོག་ན་བྱམ༷ས་སྙིང་ 1-1-208 རྗེས་སེ༷མས་ལྡན༷་ལ༷་མཆོ༷ད་པ༷་ག༵ང་ཡིན་པ་ལས། བསོད་ནམས་འཐོབ་པ་དེ༷་ནི༷་སེ༷མས་ཅ༷ན་ ཁོ་ནའི་ཆེ༷་བ༷་ཉི༵ད་ཡིན་གྱི་སངས་རྒྱས་ལ་སྙིང་རྗེ་མི་འཇུག་གོ །སང༷ས་རྒྱ༷ས་(ལ་) ད༷ད་པ༷འི་ བསོ༷ད་ན༷མས་ག༵ང་(ཡིན་ན)། །དེ༷་ཡ༷ང་སང༷ས་རྒྱ༷ས་ཁོ་ནའི་ཆེ༷་བ༷་བླ་ན་མེད་པ་ཉི༵ད་དོ། ། (སེམས་ཅན་ལ་ཡང་)སང༷ས་རྒྱ༷ས་(ཀྱི་)ཆོ༷ས་འགྲུ༷བ་ཆ༷་(ཤས་སམ་རིགས་)ཡོ༷ད་པ༵། །དེ༷ས་ན༷་(སེམས་ ཅན་དང་སངས་རྒྱས་)དེ༷་ད༷ག་ཞིང་དུ་ནི་མཉམ༷་པ༷ར་འདོ༵ད་ལ། (དོན་དམ་པར་)ཡོན༷་ཏ༷ན་(རིན་པོ་ཆེ་འབྱུང་ གནས་ལྟ་བུའི་)རྒྱ༷་མཚོ༷་མཐ༷འ་ཡ༷ས་པ༵འི། །སང༷ས་རྒྱ༷ས་རྣམ༷ས་ད༷ང་སེམས་ཅན་འག༷འ་ཡང་ ཡོན་ཏན་རྫོགས་པ་ནི་མི༷་མཉ༵མ་མོ། །འོན་ཀྱང་སངས་རྒྱས་ཡོ༷ན་ཏ༷ན་མཆོ༷ག་(སྟེ་སྙིང་པོའམ་ གཙོ་བོ་)ཚོ༷གས་(ཏེ་ཕུང་པོ་)གཅི༷ག་པུ༷་འགྲན་ཟླ་མེད་པ་དེའི༵། ཡོ༷ན་ཏ༷ན་ཆ་ཤ༷ས་ཙ༷མ་(ཡང་སེམས་ ཅན་) འག༷འ་ཞི༷ག་ལ༵། སྣ༷ང་ན༷འ༷ང་དེ༷་ལ༷་མཆོ༷ད་དོ༷ན་དུ༵། ཁ༷མས་གསུ༷མ་ཕུ༷ལ་ཡ༷ང་མཆོད་ རྫས་ཆུ༷ང་བ༷ར་འགྱུ༵ར་ཏེ་དེའི་ཡོན་ཏན་ཕྲ་མོ་ལ་ཡང་ཚད་མེད་པའི་ཕྱིར་རོ། །དེས་ན་སང༷ས་ རྒྱ༷ས་ཆོ༷ས་མཆོ༷ག་སྐྱེ༷་བ༷འི་ཤ༵ས། སེ༷མས་ཅ༷ན་རྣམ༷ས་ལ༷འང་ཞིང་གི་ཡོན་ཏན་ཡོ༷ད་པ༷ས་ན༵། (སངས་རྒྱས་ཀྱི་ཆོས་འགྲུབ་པ་)འདི༷་ཙ༷མ་ད༷ག་གི༷་ཆ༷་(འདྲ་བར་)བསྟུ༷ན་ན༵ས། །སེ༷མས་ཅ༷ན་མཆོ༷ད་བྱ༷་ ནི་ཤིན་ཏུ་རི༷གས་པ༷ར་འགྱུ༵ར་རོ། །སེམས་ཅན་ལ་གུས་པའི་རྒྱུ་གཞ༷ན་ཡ༷ང་གཡོ༷་སྒྱུ་མེ༷ད་ པར་འགྲོ་བའི་གཉེ༷ན་གྱུ༷ར་ཅི༵ང༌། ཕ༷ན་པ༷་དཔ༷ག་མེ༷ད་མཛ༷ད་པའི་སངས་རྒྱས་སྲས་བཅས་ རྣམ༷ས་ལ༵། སེ༷མས་ཅ༷ན་མགུ༷་བྱ་༷མ༷་གཏོ༷གས་པ༵། །(ཐབས་)གཞ༷ན་ག༷ང་ཞི༷ག་གི༷ས་བཀའ་དྲིན་ གྱི་ལ༷ན་ལོ༷ན་འགྱུ༵ར། སེམས་ཅན་ག༷ང་དག་ལ་ཕན་བདེ་སྒྲུབ་པའི་ཕྱི༷ར་སྐུ༷་ལུས་ཀྱང་གཏོ༷ང་ ཞིང་མན༷ར་མེ༷ད་པའི་དམྱལ་བ་ལ་སོགས་པར་ཡང་འཇུ༷ག་པ༷འི་དཀའ་སྤྱད་དཔག་མེད་ མཛད་པ་རྣམས་ལ༵། སེམས་ཅན་དེ༷་ལ༷་ཕ༷ན་བཏ༷གས་ལ༷ན་ལོ༷ན་འགྱུ༷ར་བ༷ས་ན༵། དེ༷་བ༷ས་ (སེམས་ཅན་)འདི༷་ད༷ག་གནོ༷ད་ཆེ༷ན་བྱེ༷ད་ན༷་ཡ༵ང༌། །ཐ༷མས་ཅ༷ད་བཟ༷ང་རྒུ༷་ཞི༷ག་ཏུ༷་བསྒོམས་ ནས་བཟོད་པའི་བརྟུལ་ཞུགས་སྤྱ༷ད་ཅིང་མགུ་བ༷ར་བྱའོ༵། །རེ༷་ཞི༷ག་བད༷ག་གི༷་རྗེ༷ར་གྱུ༷ར་རྒྱལ་ 1-1-209 བ་སྲས་བཅས་ཉི༷ད་ཀྱང༷་ནི༵། སེམས་ཅན་གྱི་དོན་སྒྲུབ་པའི་རྒྱུ་མཚན་ག༷ང་གི་ཕྱི༷ར་དུ་ར༷ང་ གི༷་སྐུ༷་ལ༷འ༷ང་མི༷་གཟི༷གས་(ཏེ་སྔོན་ཞེན་མེད་པར་རྩྭ་བཞིན་དུ་གཏོང་)པ༵། དེ༷་ལ༷་དཔགས་ན་རྨོ༷ངས་པ༷་ བད༷ག་གི༷ས་ཇི༷་ལྟར༷་ན༵། ང༷་རྒྱ༷ལ་བྱ་༷ཞི༷ང་བྲ༷ན་གྱི༷་དངོ༷ས་སམ་རང་བཞིན་དུ་མི༷་བྱ་༷སྟེ་ཤིན་ ཏུའང་བྱ་དགོས་སོ། ། སེམས་ཅན་ག༷ང་ད༷ག་(ལུས་དང་པོ་པས་)བདེ༷་བ༷ས་ཐུ༷བ་(པ་སངས་རྒྱས་)རྣམ༷ས་དགྱེ༷ས་(པ་སྟེ་ མཉེས་པར་)འགྱུ༷ར་ཞི༵ང༌། (སེམས་ཅན་)ག༷ང་ལ༷་གནོ༷ད་ན༷་མི༷་དགྱེ༷ས་འབྱུ༷ང་འགྱུ༷ར་ལ༵། །སེམས་ ཅན་དེ༷་ད༷ག་དག༷འ་བ༷ས་ཐུ༷བ་དབ༷ང་ཀུ༷ན་དགྱེ༷ས་ཤི༵ང༌། དེ༷་ལ༷་གནོ༷ད་བྱས༷་ཐུ༷བ་ལ༷་གནོ༷ད་ པ༷་བྱས༷་པར་འགྱུར་ཏེ་སེམས་ཅན་ལ་བུ་གཅིག་པ་བཞིན་དུ་ཐུགས་བརྩེ་བའི་ཕྱིར་རོ། །ཇི༷་ ལྟར༷་དཔེར་ན་སྐྱེས་བུ་ལུ༷ས་ལ༷་ཕྱོགས་ཀུ༷ན་ན༷ས་མེ༷་འབ༷ར་བ༵་ན། འདོ༷ད་པ༷འི་ཡོན་ཏན་ ལྔ་པོ་ཀུ༷ན་གྱི༷ས་ཡི༷ད་བདེ༷་བར་མི༷་འགྱུ༷ར་བ༵། དེ༷་བཞི༷ན་དུ་སེ༷མས་ཅ༷ན་གནོ༷ད་པ༷་བྱས༷་ན༷་ ཡ༵ང༌། ཐུ༷གས་རྗེ༷་ཆེ༷་རྣམ༷ས་དགྱེ༷ས་པ༷འི་ཐ༷བས་མེ༷ད་དོ༵། །དེ༷་བ༷ས་བད༷ག་གི༷ས་སྔོན་ཆད་ འགྲོ༷་ལ༷་གནོ༷ད་བྱས༷་པ༵ས། ཐུ༷གས་རྗེ༷་ཆེ༷(ན་པོ་མངའ་བའི་སངས་རྒྱས་)ཀུ༷ན་མི༷་དགྱེ༷ས་གྱུ༷ར་པ༷་ག༵ང་ ཡིན་པའི། སྡི༷ག་དེ༷་དེ༷་རི༷ང་(འཕགས་པའི་ཕྱག་སྔར་)སོ༷་སོ༷ར་བཤ༷གས་བགྱི༷་ཡི༵ས། མི༷་དགྱེ༷ས་ག༷ང་ ལ༷གས་དེ༷་ཀུ༷ན་ཐུབ་པ་སྲས་དང་བཅས་པ་ལ་བཟོ༷ད་པ༷ར་གསོ༵ལ་ལོ། ། ད་ནི་དེ༷་བཞི༷ན་གཤེ༷གས་རྣམ༷ས་མཉེ༷ས་པ༷ར་བགྱི༷་སླ༷ད་དུ༵། དེ༷ང་ན༷ས་ངེ༷ས་པར་སྒོ་ གསུམ་མ་ལུས་པ་བཏུ༷ད་ནས་འཇི༷ག་རྟེ༷ན་བྲ༷ན་དུ༷་མཆི༵་བར་ཁས་བླང་ངོ༌། །དེས་ན་འགྲོ༷་(བ་ འཇིག་རྟེན་པ་)མ༷ང་(པོའི་)རྡོ༷ག་པ༷ས་བད༷ག་གི༷་སྤྱི༷་བོར༷་འཚོ༷ག་ག༵མ། (སྲོག་)འགུ༷མས་ཀྱང༷་ལན་ མི༷་བསྡོ༷་བར་གུས་པ་བགྱིད་པས་འཇི༷ག་རྟེ༷ན་གྱི་མགོ༷ན་པོ་རྒྱལ་བ་སྲས་བཅས་དགྱེ༷ས་པར་ མཛོ༵ད། བདེ་གཤེགས་སྙིང་པོས་ཀུན་ལ་ཁྱབ་པའམ་བདག་གཞན་རྗེ་བའི་ཆ་ནས་ཀྱང་རུང་ སྟེ་འགྲོ༷་བ༷་འདི༷་ཀུ༷ན་ཐུ༷གས་རྗེ༷འི་བད༷ག་ཅ༷ན་(སངས་རྒྱས་)དེ༵ས། (བདག་གཞན་མཉམ་རྗེའི་སྒོ་ནས་) 1-1-210 བད༷ག་ཏུ༷་མཛ༷ད་པ༷་འདི༷་ལ༷་ཐེ༷་ཚོ༷མ་མེ༵ད(དེ་གཞན་དུ་ན་འཚང་རྒྱ་བར་མི་སྲིད་པའི་ཕྱིར་རོ)། །དེས་ ན་སེ༷མས་ཅ༷ན་ངོ༷་བོ༷ར་མཐོ༷ང་བ༷་འདི༷་ད༷ག་ཉི༵ད། མགོ༷ན་པོ་(སངས་རྒྱས་)དེ༷འི་བད༷ག་ཉི༷ད་དུ་ བཞུགས་ན་ཅི༷འི་ཕྱི༷ར་གུ༷ས་པར་མི༷་བྱེ༵ད་ཅེས་པའི་དོན་ཏོ། །དེ་ལྟ་བས་ན་སེམས་ཅན་མགུ་བ་ འདི༷་ཉི༷ད་དེ༷་བཞི༷ན་གཤེ༷གས་པ༷་(ཐུགས་)མཉེ༷ས་(ཤིང་རངས་པར་)བྱེ༷ད་(པ་)ཡི༵ན། ར༷ང་དོ༷ན་(སངས་ རྒྱས་དང་དེའི་རྒྱུ་ཚོགས་གཉིས་)ཡ༷ང་ད༷ག་སྒྲུ༷བ་པ༷འ༷ང་འདི༷་ཉི༷ད་དོ༵། །འཇི༷ག་རྟེ༷ན་སྡུ༷ག་བསྔ༷ལ་སེ༷ལ་ བ༷འ༷ང་འ༷དི་ཉི༷ད་དེ༵། །དེ༷་ལྟ༷ས་བད༷ག་གི༷ས་རྟག༷་ཏུ༷་སེམས་ཅན་མགུ་བའི་སྤྱོད་པ་དེ༷་ཉི༷ད་ བྱའོ༵། ། དཔེ༷ར་ན༷་རྒྱ༷ལ་པོ༷འི་(བསྐོས་པའི་)མི༷་འག༷འ་ཞི༵ག །(ཁྲིམས་དང་འགལ་བའི་)སྐྱེ༷་བོ༷་མ༷ང་(པོའི་ལུས་ དང་ལོངས་སྤྱོད་)ལ༷་གནོ༷ད་(པ་)བྱེ༷ད་ཀྱང༷༌། །(རྒྱལ་པོའི་ཆད་པའི་འཇིགས་པ་མཐོང་བའི་)སྐྱེ་བོ༷་མི༷ག་རྒྱ༷ང་ རི༷ང་པོ༷་ད༵ག །(གཅིག་པུ་དེ་འཇོམས་པར་)ནུ༷ས་ཀྱང༷་ཕྱི༷ར་གནོ༷ད་(ལན་)མི༷་བྱེ༷ད་དེ༵། །འདི༷་ལྟར༷་(མི་) དེ༷་(དཔུང་མེད་པའི་)གཅི༷ག་པུ་མ༷་ཡི༷ན་གྱི༵། །རྒྱ༷ལ་པོ༷འི་མཐུ༷་སྟོ༷བས་དེ༷་ཡི༷་དཔུ༵ང༌། །དེ༷་ བཞི༷ན་གནོ༷ད་བྱེ༷ད་(སྟོབས་ལྡན་ལྟ་ཞོག་)ཉམ༷་འཁོས་(སམ་སྟོབས་)ཆུ༷ང་བ༵། འག༷འ་ཡ༷ང་ཁྱད༷་དུ༷་ གས༷ད་མི༷་བྱ༷། །འདི༷་ལྟར༷་དམྱལ༷་བ༷འི་སྲུ༷ང་མ༷་ད༵ང༌། །ཐུ༷གས་རྗེ༷་ལྡན༷་རྣམ༷ས་དེ༷་ཡི༷་དཔུ༵ང༌། །དེ༷་ལྟ་༷བས༷་ན་དམ༷ངས་ཕལ་པ་རྣམས་ཀྱི༷ས་རྒྱ༷ལ་པོ་གཏུ༷མ་པོ་ལ་བྱ་བ་བཞི༵ན། སེ༷མས་ཅ༷ན་ རྣམ༷ས་ནི༷་ཤེས་ཚད་མགུ༷་བ༷ར་བྱའོ༷། །རྒྱ༷ལ་པོ༷་ལྟ་༷བུ་ཞི༷ག་ཁྲོ༷ས་ན༷་ཡ༵ང་(སྲོག་དང་ནོར་འཕྲོག་ནུས་ ཀྱི)། སེ༷མས་ཅ༷ན་མི༷་མགུ༷་(སྟེ་ཡིད་མི་བདེ་བར་)བྱས༷་པ༷་ཡི༵ས། །མྱོ༷ང་བ༷ར་འགྱུ༷ར་བ༷་ག༷ང་ཡི༷ན་པ༵། །དམྱལ༷་བ༷འི་གནོ༷ད་པ༷་(རྒྱལ་པོ་)དེ༷ས་བྱེ༷ད་ད༵མ་སྟེ་མེད་ལ། རྒྱ༷ལ་པོ༷་ལྟ་༷ཞི༷ག་མགུ༷་ན༷་ཡ༵ང༌། །(ནོར་དང་མངའ་རིས་ཙམ་སྟེར་ནུས་ཀྱི་)སེ༷མས་ཅ༷ན་མགུ༷་བ༷ར་བྱས༷་པ༷་ཡི༵ས། །འཐོ༷བ་པ༷ར་འགྱུ༷ར་བ༷་ ག༷ང་ཡི༷ན་པ༵། །སང༷ས་རྒྱ༷ས་(ཀྱི་གོ་འཕང་)ཉི༷ད་སྦྱི༷ན་མི༷་སྲི༷ད་དོ༵། ། དེས་ན་སེ༷མས་ཅ༷ན་མགུ༷་ལ༷ས་བྱུ༷ང་བ༷་ཡི༵། འབྲས་བུ་མ༷་འོ༷ངས་སང༷ས་རྒྱ༷ས་འགྲུ༷བ་ལྟ༷་ 1-1-211 ཞོ༵ག །ཚེ༷་འདི༷་ཉི༷ད་ལ༷་ཡང་དཔ༷ལ་འབྱོར་ཆེ༷་བ་ད༵ང༌། སྙན་གྲ༷གས་ད༷ང་སྐྱི༷ད་འགྱུ༷ར་ཅི༷ས་མ༷་ མཐོ༵ང་སྟེ་མཐོང་བའི་ཕྱིར་སེམས་ཅན་མགུ་བར་བྱའོ། །ཚེ་རབས་གཞན་དུ་འཁོ༷ར་ཚེ༷་བཟོ༷ད་ པ༷ས་མཛེ༷ས་ཤིང་གཟུགས་བཟང་བ་སོ༷གས་ད༵ང༌། ན༷ད་མེ༷ད་པ༷་ད༷ང་དག༷འ་བདེ་འཕེལ་བ༷་ ད༵ང༌། ཚེ་ཤི༷ན་ཏུ༷་ཡུ༷ན་རི༷ང་འཚོ༷་བ༷་ད༵ང༌། འཁོ༷ར་ལོ༷ས་སྒྱུ༷ར་བ༷འི་བདེ༷་རྒྱ༷ས་འཐོ༵བ། །ཅེས་ པ་སྟེ་རྒྱལ་པོ་དེ་འབྱུང་བའི་དུས་ནི། མཛོད་ལས། འཁོར་ལོས་སྒྱུར་རྒྱལ་འབྱུང་བ་ནི། །སྟོང་ ཕྲག་བརྒྱད་ཅུ་ལས་མི་འཕྱི། །ཞེས་པ་སྟེ། དེ་བས་ཚེ་ཐུང་ན་འབྱོར་བ་མི་རྫོགས་པའི་ཕྱིར་ཚེ་ ལོ་བརྒྱད་ཁྲི་བ་ཡན་ཆད་ལ་འབྱུང་བར་གསུངས་ལ། དེའི་ཁྱད་པར་ནི། གསེར་དངུལ་ཟངས་ ལྕགས་འཁོར་ལོ་ཅན། །དེ་རྣམས་གླིང་གཅིག་གླིང་གཉིས་དང༌། །གསུམ་དང་བཞི་ལ་མས་ རིམ་བཞིན། །ཕས་བསུ་རང་འགྲོ་གཡུལ་བཤམས་དང༌། །མཚོན་བརྩམས་པས་རྒྱལ་གནོད་ པ་མེད། །ཅེས་གསུངས་པས། གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི། གླིང་བཞི་ལ་ དབང་བྱེད་དེ། དེ་ལ་འབྱོར་བ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་ཉེ་བའི་རིན་པོ་ཆེ་སྣ་བདུན་ བུ་སྟོང་དང་བཅས་པ་རྒྱས་པར་འབྱུང་བ་ལས། འཁོར་ལོ་རིན་པོ་ཆེ་ནི། ཚེས་བཅོ་ལྔ་ལ་བབ་ པའི་ཚེ་རྒྱལ་པོ་དེ་མགོ་དང་བཅས་པ་ཁྲུས་བྱས་ནས་ཁ་ཤར་ཕྱོགས་སུ་བསྟན་ཏེ་འདུག་པ་ན་ ལྷའི་དབང་པོ་བརྒྱ་བྱིན་གྱི་མཐུས་བི་ཤྭ་ཀརྨས་བཟོས་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་ དང་ལྡན་པ་དཔག་ཚད་ལྔ་བརྒྱ་པའི་ཚད་ཅན་འབྱུང་བར་གསུངས་ཏེ། དེའི་མཐུས་རྒྱལ་པོའི་ དགྲ་ཐམས་ཅད་ཞི་བར་ནུས་ཤིང་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་ཡང་ནམ་ མཁའ་ལ་འགྲོ་བ་ལ་སོགས་པའི་ཡོན་ཏན་དུ་མ་ཅན་དུ་བཤད་པ་དང༌། ནོར་བུ་རིན་པོ་ཆེ་ནི། སྐྱེས་པའི་བརླའི་ཚད་ཙམ་ཟུར་དགུ་པ་སྟེ་དེས་ཀྱང་གླིང་དེའི་རིམས་ནད་ཐམས་ཅད་ཞི་བ་ དང་ཚ་བའི་དུས་ན་བསིལ་ཞིང་གྲང་བའི་དུས་ན་དྲོ་བ་སོགས་དགོས་པ་དུ་མ་སྒྲུབ་ལ། བཙུན་ མོ་རིན་པོ་ཆེ་ནི། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལུས་ལ་ཙནྡན་དང་ཁ་ལ་ཨུཏྤ་ལའི་དྲི་བྲོ་བ། 1-1-212 རྒྱལ་པོས་མཐོང་བ་ཙམ་གྱིས་ཉོན་མོངས་པ་ཞི་བར་བྱེད་པ། དེའི་མཐུས་གླིང་དེར་མི་དགེ་བ་ བཅུ་པོ་མི་སྤྱོད་པ་ལ་སོགས་ཡོན་ཏན་དུ་མ་ཅན་དུ་གསུངས་ཤིང༌། དེ་བཞིན་དུ། བློན་པོ་དང༌། གླང་པོ་དང༌། རྟ་མཆོག་དང༌། དམག་དཔོན་རིན་པོ་ཆེ་དང༌། ཉེ་བའི་རིན་པོ་ཆེ་སྣ་བདུན་ལ་ སོགས་པ་ཡོན་ཏན་རྒྱས་པ་ཅན་དུ་ས་སྡཻར་མདོ་དྲངས་ནས་བཤད་དེ། དེ་ལྟ་བུའི་འབྱོར་བ་ རྣམས་ཀྱང་བཟོད་པ་བསྒོམས་པའི་འབྲས་བུའོ་ཞེས་དགོངས་པའོ། ། བྱང༷་ཆུ༷བ་སེ༷མས་དཔ༷འི་སྤྱོ༷ད་པ༷་ལ༷་འཇུ༷ག་པ༷་ལ༷ས། གཙོ་བོར་བཟོ༷ད་པ༷་བསྟན༷་པ༷་ ཞེ༷ས་བྱ་༷བ༷་སྟེ༷་ལེ༷འུ༷་དྲུ༷ག་པ༷འོ༵།། །། ༈ དེ༷་ལྟར༷་བཟོ༷ད་པ༷་གསུམ་དང་ལྡན་པས༷་མཉམ་བཞག་གི་དོན་དུ་དགེ་བ་སྡུད་པའི་ བརྩོ༷ན་འགྲུ༷ས་བརྩ༵མ་སྟེ། འདི༷་ལྟར༷་བརྩོ༷ན་པ་ལ༷་འབྲས་བུ་བྱང༷་ཆུ༷བ་སླུ་མེད་དུ་གན༵ས་ཤིང༌། རླུ༷ང་མེ༷ད་ན་གཡོ༷་བ༷་མེ༷ད་པ༷་བཞི༵ན་དུ། བྱང་ཆུབ་ཀྱི་རྒྱུ་བསོ༷ད་ན༷མས་ཀྱང་བརྩོ༷ན་འགྲུ༷ས་ མེ༷ད་ན་མི༷་འབྱུ༵ང་བའི་ཕྱིར་རོ། །བློ་གྲོས་རྒྱ་མཚོས་ཞུས་པར་ཡང༌། བློ་གྲོས་རྒྱ་མཚོ་བརྩོན་ འགྲུས་བརྩམས་པ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀའ་བ་ མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་གང་ན་བརྩོན་འགྲུས་ཡོད་པ་དེ་ན་བྱང་ཆུབ་ ཡོད་ཀྱི། ལེ་ལོ་ཅན་རྣམས་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་སྟེ་སྦྱིན་པ་མེད་པ་ ནས་ཤེས་རབ་ཀྱི་བར་དུ་ཡང་མེད་དོ། །ཞེས་གསུངས་སོ། །བརྩོ༷ན་འགྲུས་ཀྱི་ངོ་བོ་ག༷ང་ཞེ་ན་ དགེ༷་བ་ལ༷་སྤྲོ༷་བ༷འོ༵། །འདི་ལ་ཕྱེ་ནས། མདོ་སྡེའི་རྒྱན་དུ། ཐོག་མར་གོ་ཆའི་བརྩོན་འགྲུས་དེ་ ནས་ནི། །ཚུལ་བཞིན་རབ་ཞུགས་སྦྱོར་བའི་བརྩོན་འགྲུས་ཏེ། །མ་ཞུམ་མི་ཞུམ་ཆོག་མི་ཤེས་ བརྩོན་འགྲུས། །ཞེས་ཁྱད་པར་ལྔ་གསུངས་སོ། །ད་ནི་(བརྩོན་འགྲུས་)དེ༷་ཡི༷་མི༷་མཐུ༷ན་ཕྱོ༷གས་ བཤ༷ད་བྱ༷། གང་ཞེ་ན་(ནི་སྙོམས་ལས་ཏེ་ཡིད་དང་ལུས་ལས་སུ་མི་རུང་)ལེ༷་ལོ༷་དང་བྱ་བ་ང༷ན་(པ་ནི་སྨོད་པ་དང་) ལ༷་(རྒོད་པ་དང་རྡེག་སོགས་ལ་)ཞེ༷ན་པ༷་ད༵ང༌། (དཀའ་བའི་ལས་ལ་རྩོལ་བ་དོར་བའི་)སྒྱི༷ད་ལུ༷ག་པས་བད༷ག་ 1-1-213 ཉི༷ད་ལ་བརྙ༷ས་པ༷(ནི་བདག་གིས་མི་ནུས་སྙམ་པ)འོ༵། ། ཐོག་མར་ལེ་ལོ་དགག་པའི་ཕྱིར་དེའི་རྒྱུ་ནི་(གང་གི་ཡང་རྩོལ་བ་དོར་བའི་)སྙོ༷མ་ལ༷ས་དང་བདེ༷་ བ༷འི་རོ༷་མྱ༷ང་(པ་ལ་ཞེན་པ་)ད༵ང༌། གཉི༷ད་དང་དེ་(ཉལ་བ་བརྙེས་པ་ལ་སོགས་)ལ༷་བརྟེ༷ན་(པ་སྟེ་ཆགས་) པ༷འི་སྲེ༷ད་པ༷་ད༵ང༌། (ཁམས་གསུམ་)འཁོ༷ར་བ༷འི་སྡུ༷ག་བསྔ༷ལ་(གསུམ་མམ་བརྒྱད་ལ་ཡིད་)མི༷་སྐྱོ༷་ལ༵ས། །(ཉོན་མོངས་པ་)ལེ༷་ལོ༷་ཉེ༷་བ༷ར་སྐྱེ༷་བ༷ར་འགྱུ༵ར། །ཞེས་ཐ་མའི་ཚིག་རེ་རེ་ལ་སྦྱར་བས་གསལ་ བར་བྱེད་དོ། །དེས་ན་འཁོར་བའི་སྡུག་བསྔལ་ལ་སྐྱོ་བ་བསྐྱེད་པར་བཞེད་ནས་ཉོ༷ན་མོ༷ངས་ རྒྱ༷་པ་དང་འདྲ་བ༷ས་བཤོ༷ར་ཞིང་བཀུག་ན༷ས་ནི༵། སྐྱེ༷་བ༷འི་གནས་བཞི་པོ་གང་རུང་གི་རྒྱ༷ར་ནི༷་ ཆུ༷ད་གྱུ༷ར་ན༵ས། འཆི༷་བད༷ག་ཁ༷ར་ནི༷་སོ༷ང་ཟིན་པས་སྐྱེས་པ་ལ་འཆི་བས་ཁྱབ་པར་གྱུ༷ར་པ༵། ཅི༷་སྟེ༷་ད༷་དུ༷ང་(ཁྱོད་ཀྱིས་)མི༷་ཤེ༷ས་ས༵མ། །(སྐྱེ་ཕན་ཆད་འཆི་བར་ངེས་པའོ་)ཞེས་འདྲི་བའོ། །སྐྱོ་བའི་རྒྱུ་ གཞན་ཡང་ཡོད་དེ། ར༷ང་སྡེ༷་རིས་མཐུན་གྱི་སྲོག་ཆགས་རྣམས་རི༷མ་གྱི༷ས་གསོ༷ད་ཅིང་འཆི་ བ༷་ཡ༵ང༌། ཁྱོ༷ད་ཀྱི༷ས་མཐོ༷ང་བ༷ར་མ༷་གྱུ༷ར་ཏ༵མ། །འོ༷ན་ཀྱང༷་མཐོང་བཞིན་དུ་གཉི༷ད་དང་ཟས་ སོགས་ལ༷་བརྟེ༷ན་ནས་ཐར་ཐབས་མི་བསམ་པ༷་ག༵ང་ཡིན་པ་དེ་ནི། གདོ༷ལ་པ༷་སྟེ་ཤན་པ་ད༷ང་ ནི༷་མ༷་ཧེ༷་དང་ར་ལུག་སོགས་ཚོགས་ནས་རིམ་གྱིས་གསོད་པ་བཞི༵ན་དུ། སྐྱེས་མ་ཐག་ནས་ འབྲོས་པའི་ལ༷མ་ནི༷་ཀུ༷ན་ན༷ས་བཀ༷ག་སྟེ་མི་རྟག་པའི་ར་བས་བསྐོར་ན༷ས་སུ༵། འཆི༷་བད༷ག་ གི༷ས་ནི༷་བསད་བྱར་བལྟ༷ས་བཞི༷ན་དུ༵། ཇི༷་ལྟར༷་ཁྱོ༷ད་ནི༷་(འཇིགས་པ་མེད་པར་ཟས་)ཟ༷་(བ་) དག༷འ་ ཞི༵ང༌། ཇི༷་ལྟར༷་གཉི༷ད་ལོ༷ག་སོགས་ལ་ཞེ་ནས་ཇི༷་ལྟར༷་འཁོར་བའི་ཆོས་ལ་དག༵འ་སྟེ་སྐྱོ་ཞིང་ ཡིད་འབྱུང་ངོ༌། ། དེས་ན་མྱུ༷ར་བ༷་ཉི༷ད་དུ༷་འཆི༷་འགྱུ༷ར་བ༵ས། ལུས་ཚོགས་པ་སྒྱུ་མའི་གྲོང་ཁྱེར་འདི་མ་ཞིག་ གི་བར་ཇི༷་སྲི༷ད་ཉི༷ད་དུ༷་ཚོ༷གས་བས༷ག་བྱ༷། འཆི་དུས་དེ༷་ཚེ༷་ལེ༷་ལོ༷་སྤང༷ས་(ནས་བརྩོན་འགྲུབ་བསྐྱེད་) ཀྱང༷་ནི༵། (དགེ་བ་ལ་བརྩོན་འགྲུས་པའི་)དུ༷ས་མ༷་ཡི༷ན་ཏེ་རང་གི་དབུགས་ཀྱང་དབང་དུ་མ་གྱུར་ 1-1-214 པ༷ར་དགེ་བ་ཅི༷་ཞི༷ག་བྱ་༷སྟེ་ནུས་པ་མེད་དོ། །ངེས་མེད་དུ་འཆི་བས་ཀྱང་སྐྱོ་སྟེ། བྱ་བ་རྣམས་ ལས་འདི༷་ནི༷་བསམས་ཀྱང་ལག་ལེན་རྩོམ་པ་མ༷་བྱས༷་པ་དང་འདི་ནི་བརྩ༷མས་པ༷་ད༵ང༌། (བྱ་ བ་) འདི༷འི་ཕྱེ༷ད་ཙམ་བྱས༷་པ༷ར་གན༷ས་པ༷་ལྟ་བུ་ལ༵། གློ༷་བུ༷ར་འཆི༷་བད༷ག་འོ༷ངས་(ཏེ་འཆི་བར་ ཤེས་)ན༷ས་ནི༵། །ཀྱི༷་ཧུ༷ད་བདག་ཅག་འདི་འདྲའི་འཕྲོ་ལ་བཅོ༷མ་མོ་དགེ་བ་མ་བྱས་པ་འགྱོད་ དོ་ཞེ༷ས་སེ༷མས་པ༷ར་འགྱུ༵ར་བའི་ཕྱིར་རོ། །དེ་དུས་མྱ་༷ང༷ན་(གྱི་གདུང་)ཤུ༷གས་ཀྱི༷ས་སྐྲ༷ངས་(པར་ གྱུར་) པ༷་ཡི༵། (ས་སྦོས་པའི་)མི༷ག་དམ༷ར་(པོར་གྱུར་ཅིང་)གདོ༷ང་ལ༷ས་མཆི༷་མ༷་འཛ༵ག་བཞིན་པ་དང་ བཅས་པའི། ཉེ༷་དུ༷་འབྲེལ་བ་རྣམས་ད་ནི་གསོན་པ་རེས་ཀྱང་མི་འགྲུབ་བོ་སྙམ་ནས་རེ༷་ཐ༷ག་ ཆ༷ད་པ༷་ད༵ང༌། འཆི་བ་པོ་ཡང་(ལས་ཀྱི་སྟོབས་ཀྱིས་སྣང་བའི་)གཤི༷ན་རྗེ༷འི་ཕོ༷་ཉ༷འི་བཞི༷ན་འཇིགས་ རུང་ལ༷་བལྟ༵་དགོས་ཏེ། ར༷ང་སྡི༷ག་སྔར་བྱས་རྣམས་དྲན༷་པ༷ས་གདུ༷ངས་ཤིང་འགྱོད་ཆེས་པ༷་ ད༵ང༌། (དེར་མ་ཟད་ལྷ་བཞིན་དུ་ལས་ལ་སྐྱེས་པའི་དམྱལ་བ་)དམྱལ༷་བ༷འི་འུར་སྒྲ་ཐོག་སྒྲ་དང་རང་གི་མིང་ ནས་བརྗོད་པ་རྒྱོབ་ཅིག་སོད་ཅིག་གི་སྒྲ༷་ནི༷་ཐོ༷ས་པ༷་ཡི༵ས། (བདག་ཀྱང་འདི་འདྲར་འགྱུར་རོ་ཞེས་)སྐྲ༷ག་ ཆེས་པ༷ས་མི༷་གཙ༷ང་བ་ལུག་ནས་ལུ༷ས་གོ༷ས་ཤི༵ང༌། སྒོ་གསུམ་གྱི་འཇུག་པ་རང་དབང་མེད་ ཅིང་མྱོ༷ས་པ༷ར་གྱུ༷ར་ཚེ༷་ཅི༷་ཞི༷ག་བྱ་༷སྟེ་སྐྱོ་ཞིང་ཡིད་འབྱུང་བས་བརྩོན་དགོས་སོ། ། ཁྱོ༷ད་ནི༷་ཉ༷་གསོ༷ན་བྱེ་ཚན་ལ་འགྲེ༷་བ༷་ལྟ༵འི། ཞེས་པའམ་ཡང་ན་རིམ་གྱིས་བཟའ་བའི་ དོན་དུ་ཉ་གསོན་པོ་རྫིང་བུར་བཅུག་པ་རྣམས་མྱུར་དུ་གསོད་པ་ལྟར་བདག་ཀྱང་དེ་རིང་ངམ་ སང་ལ་འཆིའོ་སྙམ་པའི་ཚེ༷་འདི༷ར་འཇི༷གས་ད༷ང་ལྡན༷་གྱུ༷ར་ན༵། རྒྱུ་སྡི༷ག་བྱས༷་ལས་འབྲས་བུ་ དམྱལ༷་བ༷་མི༷་བཟ༷ད་པ༵འི། སྡུ༷ག་བསྔ༷ལ་རྣམ༷ས་ནི༷་འཇིགས་པ་སྨོ༷ས་ཅི༷་དགོ༵ས། འགྱུར་བྱེད་ ལ་སོགས་པའི་ཆུ༷་ཚན་གྱི༷ས་ནི༷་རེ༷ག་པ༷་ན༵། དམྱལ་བ་རྣམས་གཞོ༷ན་ཤ༷་ཅ༷ན་རྫུས་སྐྱེས་དབང་ པོ་ཚང་ཞིང་གཟུགས་བྱད་ཕུན་སུམ་ཚོགས་པར་སྐྱེས་པ་ལ༷་ར༷བ་ཚ༷་བ༵། མྱོང་འགྱུར་དམྱལ༷་ བ༷(ར་སྐྱེ་བ་)ཡི༷་ནི༷་ལ༷ས་བྱས༷་ན༵ས། (ད་ལྟ་)ཅི༷་ཕྱི༷ར་འདི༷་ལྟར༷་སྙོམ་ལས་ཀྱི་བདེ༷་བ༷ར་གན༵ས་ཏེ་ 1-1-215 བསྡད་ལོང་མེད་པས་མྱུར་དུ་འབད་དོ། ། སེམས་ཅན་རྣམས་རྒྱུ་དགེ་བ་ལ་བརྩོ༷ན་པ་མེ༷ད་པར་འབྲ༷ས་བུ༷་བདེ་བ་འདོ༷ད་པ༷་ད༵ང༌། ཆོས་ཀྱི་དཀའ་སྤྱད་ཅུང་ཟད་མི་བཟོད་པའི་གཟེ༷་རེ༷་ཅ༷ན་ལ༷་སྡིག་པའི་འབྲས་བུ་གནོ༷ད་པ་ནི་ ཤིན་ཏུ་མ༷ང་ཞི༵ང༌། སྐྱེས་ཕན་ཆད་འཆི༷་བ༷ས་བཟུ༷ང་བཞི༷ན་དུ་ལྷ་༷འདོད་ཡོན་གྱིས་མྱོས་པ་དང་ འདྲ་༷བ༵འམ། དེ་བས་ཀྱང་ལྷག་པར་འཆི་བ་མི་དྲན་ཞིང་སྡིག་པའི་ལས་འབའ་ཞིག་ལ་སྤྱོད་པ་ གཟིགས་ནས་ཀྱི༷་ཧུ༷ད་འདི་འདྲ་སྤྱོད་པ་རྣམས་སྡུ༷ག་བསྔ༷ལ་ད༷ག་གི༷ས་བཅོ༵མ་མོ་ཞེས་རྩོམ་པ་ པོས་སྙིང་རྗེས་ཉམ་ཐག་པའི་ཚིག་གོ ། དེ་ནས་ཀྱེ་ཤེས་ལྡན་དག་རྙེད་པར་དཀའ་བ་མི༷་ཡི༷་ལུས་གྲུ༷་དང་འདྲ་བ་ལ༷་བརྟེ༷ན་ན༷ས་ སུ༵། འཁོར་བ་སྡུ༷ག་བསྔ༷ལ་གྱི་ཆུ༷་བོ༷་ཆེ༷་ལ༷ས་རྒོ༵ལ་ཅིག །(ཁྱོད་དུ་ཁའི་མཚོ་ལས་སྒྲོལ་བའི་)གྲུ༷་འདི༷་ ཕྱི༷་ན༷ས་(ཏེ་ངན་སོང་དུ་ལྷུང་ནས་སླར་ཡང་)རྙེ༷ད་(པར་)དཀ༷འ་བ༵ས། རྨོ༷ངས་པ༷་རྣམས་ཀྱེ་བརྩོན་ དགོས་(ཁྱོད་ཀྱིས་མི་ལུས་ཐོབ་པའི་)དུ༷ས་སུ༷་གཉི༷ད་མ༷་ལོ༵ག (པར་དགེ་བ་བརྩོན་པར་གྱིས་ཅིག)། ཅེས་ཀྱང་ གསུང་ངོ༌། ། བདེན་ཏེ་འཇིག་རྟེན་གྱི་དགའ་བ་བློས་མི་ཐོངས་སོ་ཞེ་ན། (བདེ་འགྲོ་རུ་གོང་ནས་གོང་དུ་)དག༷འ་ བ༷(བསྐྱེད་པ)འི་རྒྱུ༷་ནི༷་མཐ༷འ་ཡ༷ས་(ཤིང་བསམ་གྱིས་མི་ཁྱབ་)པ༵། ད༷མ་ཆོ༷ས་དག༷འ་(བ་བསྐྱེད་)བ༷འི་ མཆོ༷ག་སྤང༷ས་ན༵ས། །(འཁོར་བའི་)སྡུ༷ག་བསྔ༷ལ་རྒྱུ༷་སྡིག་པ་ཡི༷་རང་བཞིན་ལུས་ཀྱིས་འཕྱར་ཞིང་ གཡེ༷ང་བ༷་ད༵ང༌། ངག་གིས་རྒོ༷ད་ཅིང་ཅལ་ཅོལ་སྨྲ་བ་དང་སོ༷གས་པའི་སྒྲས་སེམས་ཀྱིས་ངན་ གཡོ་སྣ་ཚོགས་སྤྱོད་པ་ལ༷་ཁྱོ༷ད་ཅི༷་ཕྱི༷ར་དག༵འ། ཞེས་ཀྱང་འདོམས་སོ། །གཞན་དོན་བརྩོན་ པའི་སྐྱེས་བུས་སྒྱི༷ད་ལུ༷ག་མེ༷ད་པར་འབད་པ་ད༷ང་དཔུ༷ང་ཚོ༷གས་བཞི་པོ་བསྐྱེད་པ་ད༵ང༌། གཉེན་པོ་ལྷུ༷ར་བླང༷་ལ་སྒྲིམ་པ་དང༌། བད༷ག་ཉི༷ད་དབ༷ང་དུ་བྱ་༷བ་ད༵ང༌། བསམ་ལེར་འཆད་ པའི་བད༷ག་ད༷ང་གཞ༷ན་དུ༷་མཉམ༷་པ༷་ད༵ང༌། བད༷ག་ད༷ང་གཞ༷ན་དུ༷་བརྗེ༷་བ༷་རྣམས་ལ་འབད་ 1-1-216 པར༷་གྱི༷ས་ཤིག་ཅེས་མདོར་བསྟན་པའོ། ། དེ་ལ་དབང་པོ་རྣོ་ཞིང་ཡིད་གཞུངས་ལ་ཚོགས་བསགས་པ་འགའ་ཞིག་གིས་ནི་འབད་ན་ འགྲུབ་ཀྱི་བད༷ག་(ལྟ་བུའི་བྱིས་པ་ཉོན་མོངས་ཅན་)གི༷ས་(བླ་ན་མེད་པའི་)བྱང༷་ཆུ༷བ་(ཐོབ་པ་)ག༷་ལ༷་ཞེ༵ས། (བསམ་པ་)སྒྱི༷ད་ལུ༷ག་པ༷ར་ནི༷་མི༷་བྱ་༷སྟེ༵(བྱས་ན་དོན་ཆེན་པོ་ཉམས་པར་འགྱུར་བའི་ཕྱིར་རོ)། །འདི༷་ལྟར༷་དེ༷་ བཞི༷ན་(ཉིད་དུ་)གཤེ༷གས་པ༷་ནི༵། །(ཡེ་ཤེས་མངའ་བས་ཕྱིན་ཅི་མ་ལོག་པར་གསུང་བས་)བདེ༷ན་པ༷་གསུ༷ང་ བ༷ས་བདེ༷ན་པའི་ཤེས་བྱེད་འདི༷་གསུ༵ངས་པ་ལས་ཡིད་ཆེས་པའི་ཕྱིར་རོ། །ཇི་སྐད་གསུངས་ ཞེ་ན། (སྔོན་སྐྱོབ་པ་འདི་རྣམས་སོ་སོའི་སྐྱེ་བོའི་སྐབས་ན་)སྦྲ༷ང་བུ༷་ཤ༷་སྦྲ༷ང་བུ༷ང་བ༷་ད༵ང༌། །དེ༷་བཞི༷ན་སྲི༷ན་ བུ༷ར་ག༷ང་གྱུ༷ར་པ༵། །དེ༷ས་(རྣམས་ཀྱིས་)ཀྱང༷་(བྱང་ཆུབ་ལ་)བརྩོ༷ན་པ༷འི་སྟོ༷བས་བསྐྱེ༷ད་(ནས་ཚོགས་ བསགས་)ན༵། །བྱང༷་ཆུ༷བ་ཐོ༷བ་དཀ༷འ་བླ༷་མེ༷ད་འཐོ༵བ། །ཅེས་པ་སྟེ། ལག་བཟང་གིས་ཞུས་ པར། ལག་བཟང་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་སློབ་སྟེ། སེང་གེ་དང་སྟག་ དང༌། ཁྱི་དང་ལྕེ་སྤྱང་དང༌། བྱ་རྒོད་དང་ཁྲུང་ཁྲུང་དང༌། བྱ་རོག་དང་འུག་པ་དང༌། སྲིན་བུ་དང་ སྦྲང་མ་དང་ཤ་སྦྲང་དུ་གྱུར་པ་དེ་དག་གིས་ཀྱང་སངས་རྒྱས་ཐོབ་པར་གྱུར་ན། བདག་མིར་ གྱུར་བཞིན་དུ་སྲོག་གི་ཕྱིར་ཡང་ཅིའི་ཕྱིར་བྱང་ཆུབ་ལ་བརྩོན་འགྲུས་ཉམས་པར་བྱ། ཞེས་ གསུངས་སོ། །དེའི་ཕྱིར་བད༷ག་ལྟ་༷(བུ་)རི༷གས་ཀྱི༷ས་(ནང་ན་)མི༷ར་སྐྱེ༷ས་(པར་གྱུར་)ལ༵། ཕ༷ན་(པ་ དགེ་བ་)ད༷ང་གནོ༷ད་པ༷་(མི་དགེ་བའི་ལས་)ངོ༷་ཤེ༷ས་པ༵ས། །བྱང༷་ཆུ༷བ་སྤྱོ༷ད་(དེ་བྱང་ཆུབ་ཀྱི་སེམས་སམ་བསླབ་) པ༷་མ༷་བཏ༷ང་ན༵། །བད༷ག་གི༷ས་(འབྲས་བུ་བླ་ན་མེད་པའི་)བྱང༷་ཆུ༷བ་ཅི༷ས་མི༷་འཐོ༵བ། །ཅེས་པ་སྟེ། འཕགས་པ་དཀོན་མཆོག་སྤྲིན་ལས། དེ་བཞིན་གཤེགས་པ་དེ་དག་ཀྱང་དེ་བཞིན་གཤེགས་ པར་གྱུར་པ་ཤ་སྟག་ལས་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་གྱི། ཅི་ནས་ཀྱང་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་མཚང་རྒྱ་བར་འགྱུར་ བར་སེམས་ཅན་ཐམས་ཅད་དང་ཐུན་མོང་གི་བརྩོན་འགྲུས་དང༌། སེམས་ཅན་ཐམས་ཅད་ 1-1-217 ལའང་དམིགས་པའི་བརྩོན་འགྲུས་ཀྱིས་བདག་ཉིད་ཀྱང་དེ་ལྟར་རྩལ་ལོ་འབད་དོ། །ཞེས་ གསུངས་པ་བཞིན་ནོ། ། འོ༷ན་ཏེ༷་རྐ༷ང་ལ༷ག་ལ༷་སོ༷གས་(ཀྱི་སྒྲས་མགོ་ལག་)པ༵། །གཞན་དོན་དུ་གཏ༷ང་དགོ༷ས་པའི་ ཕྱིར་བྱང་ཆུབ་ཀྱི་སྤྱོད་པ་ལ་བད༷ག་ནི༷་འཇི༷གས་(ཏེ་བཏང་དཀའ་བའི་ཕྱིར་རོ་)ཞེ༷་ན༵། དེ་ནི་འཁོར་ བའི་སྡུག་བསྔལ་ལྕི༷་བ་ད༷ང་དེ་ལ་ལྟོས་ན་བྱང་ཆུབ་སྤྱོད་པ་ཡ༷ང་བ༷འི་ཁྱད་པར་མ༷་དཔྱ༷ད་ པ༵ར། (སྡུག་བསྔལ་ཆུང་བ་ལ་ཆེ་བར་)རྨོ༷ངས་པ༷ས་བད༷ག་ནི༷་འཇི༷གས་ཞེས་བབ་ཅོལ་ཙམ་དུ་སྨྲ་བ༷ར་ ཟ༵ད་དོ། །དེའི་ཕྱིར་སྤྱོད་པ་ལ་མ་འབད་ན་བསྐ༷ལ་པ༷་བྱེ༷་བ༷་(བསྒྲང་བར་མི་ནུས་པའི་)གྲ༷ངས་མེ༷ད་ དུ༵། ལ༷ན་གྲ༷ངས་དུ༷་མ༷ར་འཁོར་བའི་བཙོན་རར་འཇུག་དགོས་པས་རྐང་ལག་ལ་སོགས་པ་ གཅོ༷ད་པ༷་ད༵ང༌། མདུང་ཐུང་ལ་སོགས་པས་དབུ༷ག་པ་ད༷ང་དམྱལ་མེ་ལ་སོགས་པས་སྲེ༷ག་པ་ ད༷ང་སོག་ལེ་ལ་སོགས་པས་གཤ༷ག་པའི་སྡུག་བསྔལ་ཤིན་ཏུ་ལྕི་བ་མྱོང་བར་འགྱུ༷ར་(བ་ནི་དོན་ མེད་པ་དུ་ཁ་ཆེ་བ་ཡིན་)གྱི༵། བྱང༷་ཆུ༷བ་ཐོ༷བ་པ༷ར་མི༷་འགྱུ༷ར་རོ༵། །དེ་ལ་ལྟོས་ན་བད༷ག་གི༷ས་(བླ་ན་ མེད་པའི་)བྱང༷་ཆུ༷བ་སྒྲུ༷བ་(པར་བྱེད་)པ༷་ཡི༵། (དཀའ་སྤྱད་ཀྱི་)སྡུ༷ག་བསྔ༷ལ་འདི༷་ནི༷་བཟོད་དགོས་པའི་ ཚོ༷ད་དུ་ཡོ༷ད་དེ༵། མདེའུ་ལ་སོགས་པའི་ཟུ༷ག་རྔུ༷་ཁོ༷ང་པར་སོང་ན་བརླ༷ག་ཚབས་ཆེ་བའི་གནོ༷ད་ བས༷ལ་ཕྱི༵ར། ལུ༷ས་ལ་རྨ༷་བཏོ༷ད་པ༷འི་སྡུ༷ག་བསྔ༷ལ་ཆུང་ངུ་བཟོད་དགོས་པ་བཞི༵ན་ནོ། །(དེར་ མ་ཟད་)སྨ༷ན་པ༷་ཀུ༷ན་ཀྱང༷་གཏར་སྲེག་ལ་སོགས་གསོ༷་སྤྱ༷ད་ཀྱི༷། མི༷་བདེ༷་བ༷་ཆུང་ངུ་ཡི༷ས་ན༷ད་ ཆེན་པོ་མེ༷ད་པར་བྱེ༵ད་པ། དེ༷་བ༷ས་འཁོར་བའི་སྡུ༷ག་བསྔ༷ལ་མ༷ང་པོ༷་ད༵ག །གཞོ༷མ་ཕྱི༷ར་སྤྱོད་ པའི་མི༷་བདེ༷་ཆུ༷ང་བཟོ༷ད་བྱ༷། (ནད་སེལ་བའི་དོན་དུ་དུ་ཁ་བསྐྱེད་པའི་)གསོ༷་དཔྱ༷ད་ཕ༷ལ་བ༷ར་བྱང་ཆུབ་ སྤྱོད་པ་འདི༷་འདྲ་༷བ༵། སངས་རྒྱས་སྨ༷ན་པ༷་མཆོ༷ག་གི༷ས་མ༷་མཛ༷ད་དེ༵། འདིར་ཆོ༷་ག༷འམ་ཉེར་ སྤྱོད་ཤི༷ན་ཏུ༷་འཇ༷མ་པོ༷་ཕར་ཕྱིན་ཅི་བདེར་ཉམས་སུ་ལེན་པ་ཡི༵ས། ན༷ད་ཆེ༷ན་དཔ༷ག་མེ༷ད་ ཉོན་མོངས་ཀྱི་ནད་གསོ༷་བ༷ར་མཛ༵ད་པའི་ཕྱིར་དགོས་པ་ཆེའོ། ། 1-1-218 འདི་བྱ་དགའ་བ་ཡང་མ་ཡིན་ཏེ་དང་པོ་ཚོ༷ད་མ༷འི་རྒྱུ་སྔོ་རྔད་ཙམ་མམ་ལྷད་ཟན་གྱི་ཆང་ བུ་ལ༷་སོ༷གས་སྦྱི༷ན་པ༷་ལ༷འ༵ང༌། འདྲེ༷ན་པ༷་སངས་རྒྱས་ཀྱིས༷་ཐོ༷ག་མ༷ར་སྦྱོ༷ར་བ༷་གོམས་པར༷་ མཛ༵ད་ཅིང༌། དེ༷་ལ༷་(ལྟ་བུའི་སྦྱིན་པ་ཆུང་ངུ་སྟེར་བ་ལ་)གོ༷མས་ན༷ས་ཕྱི༷་ན༷ས་ནི༵། །རི༷མ་གྱི༷ས་(དཀའ་ བ་མེད་པར་)ར༷ང་གི༷་ཤ༷་ཡ༷ང་གཏོ༵ང་ནུས་ཏེ་གོམས་པ་མཐར་ཕྱིན་པས་ཤིན་ཏུ་སྤྲོ་བའི་ཕྱིར་རོ། །ཙན་དན་སྟེའུ་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་མངོན་པར་བརྗོད། །ཅེས་གསུངས་པ་ ལྟར། (དུས་)ག༷ང་ཚེ༷་(གོམས་པ་མཐར་ཕྱིན་པས་)ར༷ང་གི༷་ལུ༷ས་ལ༷་(སྟེ་ཤ་ལ་)ཡ༵ང༌། །ཚོ༷ད་སོ༷གས་ལྟ༷་ བུ༷(ཞེན་པ་མེད་པ)འི་བློ༷་སྐྱེ༷ས་ན༵ས། །ཆགས་བྲལ་དུ་གྱུར་པ་དེ༷་ཚེ༷་ཤ༷་ལ༷་སོ༷གས་(ཀྱི་སྒྲས་རུས་པ་ལ་ སོགས་སྦྱིན་པར་)གཏོ༷ང་བ༵། དེ༷་ལ༷་(གཏོང་མི་ནུས་པའི་བྱ་)དཀ༷འ་བ༷་ཅི༷་ཞི༷ག་ཡོ༵ད(དེ་ཅུང་ཟད་ཀྱང་ མེད་དོ)། ། དེ་ལྟ་ནའང་བསྐལ་པ་གྲངས་མེད་གསུམ་དུ་དུས་ཡུན་རིང་བས་སྐྱོའོ་སྙམ་ན་མ་ཡིན་ ཏེ། རྒྱལ་སྲས་གཞན་དོན་སྤྱོད་དུས་རྒྱུ་སྡི༷ག་པ༷་སྤང༷ས་ཕྱི༷ར་འབྲས་བུ་སྡུ༷ག་བསྔ༷ལ་མེ༵ད་ཅིང༌། བདག་མེད་གཉིས་ལ་མཁ༷ས་པ༷འི་ཕྱི༷ར་ན༷་བདག་འཛིན་ལས་བྱུང་བའི་མི༷་དག༷འ་བ་ཡང་ མེ༵ད་དེ། འདི༷་ལྟར༷་བདག་ཏུ་ལོ༷ག་པ༷ར་རྟོ༷ག་པ༷་ད༵ང༌། སྡི༷ག་པ༷་སྤྱད་པས་རིམ་པ་ལྟར་སེ༷མས་ ད༷ང་ལུ༷ས་ལ༷་གནོ༵ད་པའི་ཕྱིར་རོ་ཞེས་བཟློག་ཁྱབ་འཕངས་པའོ། །འདིར་ནི་རྒྱུ་བསོ༷ད་ན༷མས་ ཀྱི༷ས་ནི༷་འབྲས་བུ་ལུ༷ས་བདེ༷་བ་དང་ལྡན་ལ༵། ཐབས་ལ་མཁ༷ས་པ༷་ཡི༷ས་ནི༷་སེ༷མས་ཀྱང་བདེ༷་ ན༵། (བྱང་སེམས་)གཞ༷ན་དོ༷ན་(དུ་བསྐལ་པ་གྲངས་མེད་པར་)འཁོ༷ར་བ༷ར་གན༷ས་ཀྱང༷་ནི༵། །(གཞན་དོན་ལ་) སྙི༷ང་རྗེ༷་ཅ༷ན་ད༷ག་(དཀའ་བ་སྤྱོད་པའི་དུ་ཁས་)ཅི༷་སྟེ༷་སྐྱོ༵་སྟེ་སྐྱོ་བ་མེད་དོ། ། དེ་བས་ཉན་ཐོས་ཀྱི་ཐེག་པར་འཇུག་པ་བདེའོ་ཞེ་ན་མ་ཡིན་ཏེ། ཐེག་ཆེན་སྤྱོད་པ་འདི༷་ ནི༷་བྱང༷་ཆུ༷བ་སེ༷མས་སྟོ༷བས་དཔག་མེད་ཀྱི༷ས། (དུས་མཐའི་མེ་བཞིན་)སྔོ༷ན་གྱི༷་སྡི༷ག་པ༷་ཟ༷ད་(པར་) བྱེ༷ད་ཅི༵ང༌། །བསོ༷ད་ན༷མས་(ཟད་མི་ཤེས་པ་)རྒྱ༷་མཚོ༷་ལྟ་བུ་གཏིང་དཔག་དཀའ་བ་སྡུ༷ད་བྱེ༷ད་ཕྱི༷ར། 1-1-219 ཉ༷ན་ཐོ༷ས་རྣམ༷ས་ལ༷ས་(ཀྱང་ལམ་བགྲོད་པ་ཆེས་)མཆོ༷ག་ཏུ༷་བཤ༵ད་པའི་ཕྱིར་ཁྱད་པར་ཆེའོ། །ཇི་ སྐད་དུ། རྒྱལ་བའི་ཡུམ་ལས། ཀུན་དགའ་བོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེའི་ཆོས་སྦྱིན་པ་སྟེ། ཉན་ཐོས་ཀྱི་ཐེག་པའི་གང་ཟག་ཐམས་ཅད་དང་རང་སངས་ རྒྱས་ཀྱི་ཐེག་པའི་གང་ཟག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟིལ་གྱིས་གནོན་པའོ། །ཞེས་པ་ དང༌། མདོ་སྡེའི་རྒྱན་ལས་ཀྱང༌། བློ་ལྡན་ཉན་ཐོས་ཚོགས་རྣམས་དགེ་བ་རྒྱ་ཆེན་དོན་ཆེན་ དང༌། །མཐའ་ཡས་རྟག་རྒྱུན་མི་འཆད་ཟད་མི་ཤེས་པས་ཟིལ་གྱིས་གནོན། །ཞེས་གསུངས་ པའོ། །དེ༷་བ༷ས་(ཉོན་མོངས་པས་)སྐྱོ༷་(བ་དང་ལུས་སེམས་དུབ་པའི་)ང༷ལ་(བ་)ཀུ༷ན་སེ༷ལ་བ༵འི། །བྱང༷་ ཆུ༷བ་སེ༷མས་ཀྱི༷་རྟ༷་(གཞལ་ཡས་ཁང་དང་འདྲ་བ་ལ་)ཞོ༷ན་ན༵ས། །(བསོད་ནམས་ཀྱི་ཚོགས་དུ་མས་)བདེ༷་(འགྲོ་) ན༷ས་བདེ༷་བ༷ར་འགྲོ༷་བ༷་ལ༵། །སེ༷མས་ཤེ༷ས་(ཏེ་རྟོག་ལྡན་)སུ༷་ཞི༷ག་སྒྱི༷ད་ལུ༷ག་འགྱུ༵ར(ཏེ་སྒྱིད་ལུག་པར་ མི་རིགས་སོ)། །ཞེས་པའོ། །ད་ནི་རྒྱལ་པོ་རྣམས་ཀྱིས་ཤིང་རྟ་དང་གླང་པོ་ཆེ་དང་རྟ་པ་དང་རྐང་ ཐང་གི་དཔུང་གི་ཚོགས་ཡན་ལག་བཞིས་དོན་སྒྲུབ་པ་བཞིན་དུ། གཞན་དོན་སྤྱོད་པའི་གང་ ཟག་གིས་ཀྱང་སེ༷མས་ཅ༷ན་གྱི་དོ༷ན་རྒྱ་ཆེན་འགྲུ༷བ་པར་བྱ་༷བའི་ཕྱི༷ར་དུ་དཔུ༷ང་ཚོགས་བཞི་ལ་ བརྟེན་པར་བཞེད་ནས། སྤྱོད་པ་རྣམ་དག་ལ་(དགེ་བ་འདོད་པའི་)འདུ༷ན་པ་དང་(བརྩམས་པ་མཐར་ཕྱིན་ པར་བྱེད་པའི་)བརྟན༷་པ་དང་(དམ་པའི་ལས་ལ་ཞེན་པའི་)དག༷འ་བ་ད༷ང་ཅི་སྟེ་ལང་བ་ན་ཅུང་ཟད་དོ༷ར་ བ༷་ངལ་སོ་བའི་དཔུང་རྣམས་མདོར་བསྟན་པ་ཡི༵ན་ཏེ། ཐོག་མར་འདུ༷ན་པ༷་ཉིད་འཁོར་བའི་ སྡུ༷ག་བསྔ༷ལ་འཇི༷གས་པ༷་ད༵ང༌། སྤྱོད་པ་དེ༷་ཡི༷་ཕ༷ན་ཡོ༷ན་ཡང་ནས་ཡང་དུ་བས༷མ་པ༷ས་བསྐྱེ༵ད་ ཅིག་ཅེས་པའོ། ། སྔར་བསྟན་པ་དེ༷་ལྟར༷་ལེ་ལོ་ལ་(ངན་ཞེན་སྒྱིད་ལུག་)སོགས་མི༷་མཐུ༷ན་ཕྱོ༷གས་སྤང༷ས་ཏེ༵། འདུ༷ན་པ་ད༷ང་ང༷་རྒྱ༷ལ་ཏེ་སེམས་མཐོ་བ་ཉིད་བརྟན་པའི་རྣམ་གྲངས་དང་དག༷འ་བ་ད༷ང་དོ༵ར་ བའི་དཔུང་གང་ལ་འོས་པའི་གཉེན་པོར་སྦྱོར་བ་ལྷུ༷ར་ལེ༷ན་པ་ལ་སེམས་དབ༷ང་སྒྱུ༷ར་བའི་ 1-1-220 སྟོ༷བས་ཀྱི༷ས་ནི༵། བརྩོ༷ན་འགྲུ༷ས་སྤེ༷ལ་ཕྱི༷ར་འབ༷ད་པ༷ར་བྱ༷། །ཞེས་པའི་བརྩོན་འགྲུས་སྤེལ་ བ་མདོར་བསྟན་ཡང་དཔུང་བཞི་མདོར་བསྟན་གྱི་བར་མ་ཆད་དུ་མཛད་པ་སྐབས་སུ་བབ་སྟེ། དཔུང་ཚོགས་རེ་རེའི་ཚིག་ལའང༌། ལྷུར་ལེན་དབང་སྒྱུར་སྟོབས་ཀྱིས་ནི། །བརྩོན་འགྲུས་ སྤེལ་ཕྱིར་འབད་པར་བྱ། །ཞེས་སྦྱར་བར་དགོངས་པའི་ཕྱིར་རོ། །དེས་ན་གཞུང་འདི་དག་ དཀྲུགས་ནས་འཆད་པ་ནི་དགོངས་པ་མ་ཡིན་ནོ། ། འདིར་ཙྪནྡ་ཞེས་པ་ལོ་ཙཱ་བ་ཆེན་པོས་མོས་པར་བསྒྱུར་ནའང་འདུན་པ་ལ་འཇུག་ཅིང༌། མངོན་པ་ཀུན་ལས་བཏུས་སུ་ཡང༌། འདུན་པ་གང་ཞེ་ན་འདོད་པའི་དངོས་པོ་ལ་དེ་དང་ ལྡན་པར་བྱེད་འདོད་པ་ཉིད་དེ་བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་ གསུངས་པ་ལྟར་བརྩོན་འགྲུས་ལ་འདུན་པ་ཉིད་འབྲེལ་བར་ཤེས་པས་འདུན་པའི་དཔུང་ ཚོགས་རྒྱས་བཤད་ལ་འཇུག་སྟེ། འདུན་པ་ཡོད་ན་བད༷ག་ད༷ང་གཞ༷ན་གྱི༷་ཉོན་མོངས་དང་ ཉེ༷ས་པ༷་ནི༵། (ལུས་སེམས་བརྟེན་པ་)དཔ༷ག་མེ༷ད་བད༷ག་གི༷ས་གཞོ༷མ་(ཞིང་སྤང་བར་)བྱ་༷སྟེ༵། །འོན་ ཀྱང་ག༷ང་དུ༷་རྒྱལ་བ་སྲས་བཅས་རྣམས་ཀྱིས་ཉེ༷ས་པ༷་རེ༷་རེ༷་འཇོམས་པ་ལ༷འ༵ང་དུས། བསྐ༷ལ་ པ༷་རྒྱ༷་མཚོ༷་ལྟ་བུ་ཤིན་ཏུ་མང་བ་ཟ༷ད་ཀྱི་བར་དུ་བརྩོན་པ་མཛད་པར་གྱུ༷ར་པ༵། ཉེ༷ས་(པ་)ཟ༷ད་ (པའི་ཕྱིར་སྦྱོར་བ་)རྩོ༷མ་པ༷་དེ༷་ཡི༷་ནི༵། །བརྩོན་འགྲུས་ཆ༷་(ཤས་ཙམ་)ཡ༷ང་བད༷ག་ལ༷་མ༷་མཐོ༷ང་(སྟེ་མི་ སྣང་)ན༵། སྡུ༷ག་བསྔ༷ལ་(སྟེ་གནོད་པ་)དཔ༷ག་ཏུ༷་མེ༷ད་པ༷འི་སྣོ༷ད་དུ་གྱུར་པ། བད༷ག་ཀོ༷་ཅི༷་སྟེ༷་འགྱོད་ པས་སྙི༷ང་མ༷་ག༵ས་སམ་ཞེས་དྲིས་པའོ། །དེ་བཞིན་དུ་འདུན་པ་ཡོད་ན་བད༷ག་ད༷ང་གཞ༷ན་ གྱི༷་སྤངས་རྟོགས་ཡོ༷ན་ཏ༷ན་ནི༵། (ཚད་མེད་པ་)མ༷ང་པོ༷་བད༷ག་གི༷ས་བསྒྲུ༷བ་བྱ་༷སྟེ༷། །དེ༷་ལ༷་ཡོ༷ན་ ཏ༷ན་(གྱི་ཆ་ཤས་)རེ༷་རེ༷་(སྒྲུབ་པ་)ལ༷འ༵ང༌། །བསྐ༷ལ་པ༷་རྒྱ༷་མཚོ༷ར་གོ༷མས་(པ་དགོས་ཏེ། ཉན་རང་མན་ཆད་ སེམས་ཅན་ཐམས་ཅད་ཀྱི་དགེ་བ་དཔག་ཏུ་མེད་པ་ཐམས་ཅད་བཅུ་འགྱུར་དུ་བསྒྲེས་པས། སངས་རྒྱས་ཀྱི་བ་སྤུ་གཅིག་འགྲུབ། བ་སྤུ་འགྲུབ་པའི་བརྒྱ་འགྱུར་གྱིས་དཔེ་བྱད་ཅིག །དེ་འགྲུབ་པ་བརྒྱ་འགྱུར་གྱིས་མཚན་ཅིག །དེ་སུམ་ཅུ་འགྲུབ་པ་སྟོང་འགྱུར་ 1-1-221 གྱིས་མཛོད་སྤུ། དེ་འབུམ་གྱིས་གཙུག་ཏོར། དེ་བརྒྱ་འགྱུར་གྱིས་གསུང་ཆོས་ཀྱི་དུང་འགྲུབ་)གྱུ༷ར་ན༵། བད༷ག་ནི༷་ཡོ༷ན་ ཏ༷ན་(ཐམས་ཅད་ལྟ་ཞོག་)ཆ༷་ཤས་ཙམ་སྒྲུབ་པ་ལ༷་ཡ༵ང༌། གོ༷མས་པ༷་ན༷མ་ཡ༷ང་མ༷་སྐྱེ༷ས་ཏེ༵། །(དཀའ་ བ་མང་པོས་)ཇི༷་ཞི༷ག་ལྟར༷་རྙེ༷ད་པའི་དལ་འབྱོར་སྐྱེ༷་བ༷་ནི༵། བད༷ག་གི༷་དོ༷ན་(འབྲས་བུ་)མེ༷ད་(པ་) བྱས༷་པ༷་མཚ༵ར་ཞེས་བསྟིང་བའོ། །བད༷ག་གི༷ས་བཅོ༷མ་ལྡན༷་སྲས་བཅས་མ༷་མཆོ༷ད་ཅི༵ང༌། དེ་ དག་གི་རྟེན་གསུམ་བཞེངས་པ་ལ་བརྟེན་ནས་དག༷འ་སྟོ༷ན་ཆེ༷ན་པོ༷འི་བདེ༷་བ་ཡང་མ༷་བྱི༷ན་ ལ། དེ་དག་གི་བསྟན༷་པ་ལ༷་བྱ་༷བ༷་མ༷་བྱས༷་པ་ད༵ང༌། འགྲོ་བ་ཉམ་ཐག་དབུ༷ལ་པོ༷འི་བས༷མ་ པ༷་ཉེར་མཁོའི་སྒོ་ནས་རྫོ༷གས་པ་ཡང་མ༷་བྱས༷་པ་རྣམས་ཀྱང་འདུན་པ་མེད་པ་ལས་གྱུར་པའོ། །དེ་བཞིན་དུ་(དགྲ་ལ་སོགས་པའི་)འཇི༷གས་(པས་འཁྲུགས་པ་)ལ༷་མི༷་འཇི༷གས་མ༷་བྱི༷ན་ད༵ང༌། (དུ་ཁས་ གདུངས་པས་)ཉམ༷་ཐ༷ག་སྡུག་བསྔལ་ཅན་རྣམས་ལ་བདེ༷་མ༷་བྱི༷ན་ན༷་བད༵ག །ལྟ་བུ་སྐྱེས་ཀྱང་མ༷་ ཡི༷་མང༷ལ་གྱི༷་ཟུ༷ག་རྔུ༷་ད༵ང༌། འཚོ་ཆས་ཀྱི་སྡུ༷ག་བསྔ༷ལ་འབ༷འ་ཞི༷ག་བསྐྱེ༷ད་པ༷ར་ཟ༵ད་ཀྱི་དོན་ ཅི་ཡང་མ་གྲུབ་པ་ཡང་ངོ༌། །བད༷ག་ནི༷་སྔོ༷ན་ད༷ང་ད༷་ལྟར༷་གྱི་སྐྱེ་བ་ལ་ཡ༵ང༌། (དགེ་བའི་)ཆོ༷ས་ལ༷་ འདུ༷ན་ད༷ང་བྲ༷ལ་བ༷་ཡི༵ས། །བཅོམ་ལྡན་མཆོད་པར་མ་ནུས་པ་ལ་སོགས་པའི་ཕོ༷ངས་པ༷་འདི༷་ འདྲ་༷བྱུ༷ང་གྱུ༷ར་ན༵། (བློ་ལྡན་)སུ༷་ཞི༷ག་ཆོ༷ས་ལ༷་འདུ༷ན་པ༷་འདོ༵ར(དེ་འདོར་བར་མི་རིགས)། ། (དཀར་པོ་)དགེ༷་བ༷འི་ཕྱོ༷གས་ནི༷་ཐ༷མས་ཅ༷ད་ཀྱི༷། །རྩ༷་བ༷་འདུ༷ན་པ༷ར་ཐུ༷བ་པ༷ས་གསུ༵ངས་ ཏེ། ཇི་སྐད་དུ། འཇམ་དཔལ་གྱི་ཞིང་གི་ཡོན་ཏན་བཀོད་པ་ལས། ཆོས་རྣམས་ཐམས་ཅད་ རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་དང་ མཐུན་པའི་འབྲས་བུ་འབྱུང༌། །ཞེས་སོ། །འདུན་པ་དེ༷་ཡི༷འ༷ང་རྩ༷་བ༷་རྟག༷་ཏུ༷་ནི༵། (དགེ་མི་དགེའི་) རྣམ༷་སྨི༷ན་འབྲ༷ས་བུ་བསྐྱེད་ནུས་ཀྱི་ལས་ཡང་ཡང་གོ༷མས་པ༷་ལས༷་འབྱུང་སྟེ་དེ་ཡང་འདུན་ པ་ལ་རག་ལས་སོ༵། །དེས་ན་(ལུས་ཀྱི་)སྡུ༷ག་བསྔ༷ལ་(དང་སེམས་ཀྱི་)ཡི༷ད་མི༷་བདེ༷་བ༷་ད༵ང༌། (དམྱལ་ སོགས་ཀྱི་)འཇི༷གས་པ༷་(གསོད་འཆིང་སོགས་)རྣམ༷་པ༷་སྣ་༷ཚོ༷གས་ད༵ང༌། །(ཡིད་ལ་)འདོ༷ད་པ༷་རྣམ༷ས་ 1-1-222 ད༷ང་བྲ༷ལ་བ༷་ནི༵། །བསམས་བཞིན་པའི་འདུན་པས་སྡི༷ག་པ༷་སྤྱོ༷ད་ལ༷་འབྱུ༷ང་བ༷ར་འགྱུ༵ར། ཡི༷ད་ལ༷་བས༷མས་བཞིན་པ༷འི་དགེ༷་བ་འདུན་ལྡན་བྱས༷་པ༵ས་ཀྱང༌། གནས་སྐབས་ག༷ང་ད༷ང་ ག༷ང་དུ༷་འགྲོ༷་འགྱུ༷ར་བ༵། དེ༷་ད༷ང་དེ༷ར་ནི༷་བསོ༷ད་ན༷མས་(ཀྱི་ལས་)དེ༵ས། འབྲ༷ས་བུ༷་ཡོ༷ན་བཟང་ ལ་མང་བ་རྣམས་ཀྱི༷ས་མངོ༷ན་མཆོ༷ད་འགྱུ༵ར་རོ། །འདུན་ལྡན་སྡི༷ག་པ༷་བྱེ༷ད་པ༷་བདེ༷་(བ་དོན་དུ་ གཉེར་ཞིང་ཐོབ་པར་)འདོ༷ད་ཀྱང༷༌། །(འགྲོ་བ་)ག༷ང་ད༷ང་ག༷ང་དུ༷་འགྲོ༷་(བར་)འགྱུ༷ར་བ༵(འི་སྐྱེ་གནས)། །དེ༷་ད༷ང་དེ༷ར་ནི༷་སྡི༷ག་པ༷་དེ༵ས། །(རྒྱུ་བྱས་ནས་)སྡུ༷ག་བསྔ༷ལ་མཚོ༷ན་དང་འདྲ་བ་རྣམས་ཀྱི༷ས་ (འདོད་དོན་བདེ་བ་)རྣམ༷་པ༷ར་འཇོ༵མས་སོ། ། བསམས་བཞིན་དུ་རྣམ་པར་དཀར་བའི་དགེ་བ་འདུན་པ་དྲག་པོས་བྱས་པའི་འབྲས་བུ་ སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པ་རབ་ཏུ་དགའ་བའི་ས་འཐོབ་སྟེ། མི་འདོད་བཞིན་དུ་ མའི་མངལ་དྲི་མ་ཅན་དུ་མི་སྐྱེ་བར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་ཁ་དོག་སྣ་ཚོགས་ པའི་འདབ་མ་ཅན་གྱི་པད་མ་ཡངས་པའི་ནང་དུ་རྫུས་ཏེ་སྐྱེ་བར་འགྱུར་ཞེས་འགྲེལ་པར་ འཆད་དེ། དེ་ཡང་རྒྱ༷་ཆེ༷་ལ་དྲི༷་བཟ༷ང་བ་བསི༷ལ་བ༷འི་རེག་བྱ་བདེ་བ་ཅན་པ༷ད་མ༷འི་སྙི༷ང་པོ༷ར་ རྫུས་སྐྱེས་སུ་གན༵ས་ཤིང༌། རྒྱ༷ལ་བ༷འི་གསུ༷ང་སྙན༷་ཆོས་ཀྱི་རོ་ཟ༷ས་དང་འདྲ་བ་རྣམས་ཀྱི༷ས་ གཟི༷་བརྗི༷ད་བསྐྱེ༷ད་བྱས༷་པ༵། ཉི་མས་ཕྱེ་བ་ནི་མ་ཡིན་གྱི་ཐུ༷བ་འོ༷ད་ཀྱི༷ས་རྒྱ༷ས་(ཏེ་སད་ཅིང་ཁ་བྱེ་ བར་བྱས་པའི་)པ༷ད་མ༷་ལ༷ས་བྱུ༷ང་ལུ༷ས་མཆོ༷ག་མཚན་དང་དཔེ་བྱད་ཅ༵ན། རྒྱ༷ལ་བ༷་འོད་དཔག་ ཏུ་མེད་པའི༷་མདུ༷ན་ནམ་སྤྱན་སྔར་གན༷ས་པ་བདེ༷་གཤེ༷གས་སྲས༷་ཁྱད་འཕགས་སུ༷་དགེ༷་བ༷ས་ འགྱུ༵ར། ཞེས་པ་སྟེ། བདེ་བ་ཅན་ཞིང་བཀོད་པས། དགེ་བ་བསྒྲུབས་ནས་ཐེ་ཚོམ་དང་བཅས་ པས་སྨོན་ལམ་བཏབ་པ་ནི་པད་མ་ཁ་ཟུམ་པའི་ནང་དུ་སྐྱེ་བ་དང༌། ཐེ་ཚོམ་མེད་པར་སྨོན་ ལམ་བཏབ་པ་ནི་པད་མ་ཁ་བྱེ་ཞིང་འདབ་མ་རྒྱས་པའི་སྙིང་པོ་ལ་རྫུས་ཏེ་སྐྱེ་ཞིང་ལུས་ལ་འོད་ ཟེར་ཚད་མེད་པ་འབྱུང་ནུས་ལ། ཞིང་ཁམས་མཐའ་ཡས་པའི་དེ་བཞིན་གཤེགས་པ་རྣམས་ 1-1-223 ལ་བལྟ་བ་དང་ཆོས་ཉན་པ་དང་སེམས་ཅན་མང་པོ་སྨིན་པ་ལ་སོགས་ཡོན་ཏན་གྱི་ཁྱད་པར་ མང་པོ་གསུངས་སོ། ། གཅིག་ཏུ་གནག་པའི་ལས་འབྲས་ནི་སེམས་ཅན་དམྱལ་བར་སྐྱེ་བ་སྟེ་སྐྱེས་མ་ཐག་ཏུ། གཤི༷ན་རྗེ༷འི་སྐྱེ༷ས་བུ༷ས་པ༷གས་པ༷་མ༷་ལུ༷ས་(མཐའ་དག་ཐོ་བ་འབར་བ་སོགས་མཚོན་གྱིས་)བཤུ༷ས་པ༷ས་ (ཏེ་གུད་དུ་ཕྲལ་བས་)ཤི༷ན་ཏུ༷་ཉམ༷་ཐ༷ག་(པའི་སྨྲེ་སྔགས་འདོན་)ཅི༵ང༌། དེའི་སྟེང་དུ་ར༷བ་ཏུ༷་ཚ༷་བ༷འི་མེ༷་ ཡི༷ས་བཞུ༷ས་པ༷འི་ཟ༷ངས་ཞུ༷ན་(ཁུ་བ་)ལུ༷ས་ལ༷་བླུ༷གས་གྱུ༷ར་ལ༵། དེས་ཚིག་པའི་ལྷག་མ་རྣམས་ མེ་འབ༷ར་བ༷འི་ར༷ལ་གྲི༷་དང་མདུ༷ང་ཐུ༷ང་ལ་སོགས་མཚོན་ཆ་དུ་མ་དག་གི༷ས་བསྣུ༷ན་ནས་ཤ༷་ ཡི༷་དུ༷མ་བུ༷་བརྒྱ༷་ཕྲག་ཏུ་མར༷་བླ༷གས་ཤི༵ང་བཏུབས་ཏེ། ཤི༷ན་ཏུ༷་འབ༷ར་བ༷འི་ལྕ༷གས་ཀྱི༷་ས༷་ གཞི༷ར་ལྷུ༷ང་ཞིང་འགྲེམས་པ༷་ལན་གྲངས་མ༷ང་པོ༷ར་མྱོང་བ་ནི་འདུན་པ་དང་བཅས་པའི་མི༷་ དགེ༷་བ་དྲག་པོས་འགྱུ༵ར་བའོ། །དེ༷་བ༷ས་ན་མི་དགེ་བ་སྤངས་ནས་དགེ༷་ལ༷་འདུ༷ན་བྱ་༷ཞི༵ང༌། གུ༷ས་པ༷་ཉི༷ད་དུ༷་བསྒོ༷མ་པ༷ར་བྱ་༷བ་གཅེས་སོ། །ད་ནི་བརྟན་པའི་དཔུང་ལ་འཇུག་སྟེ། འཕགས་ པ་རྡོ༷་རྗེ༷་རྒྱ༷ལ་མཚ༷ན་གྱི་མདོ་ལས། བདག་གི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་བླང་བར་བྱའོ། །བརྩོན་པར་བྱའོ། །སྤྲོ་བར་བྱའོ། །མི་ལྡོག་པར་བྱའོ། །མི་འཕྲོགས་པར་བྱའོ། །མི་སྐྲག་པར་ བྱའོ། །མི་འཇིགས་པར་བྱའོ། །ཕྱིར་མི་ལྡོག་པར་བྱའོ། །ཞེས་སོགས་གསུངས་པའི་ཆོ༷་ག༷་ ཡི༵ས། གཞན་དོན་སྤྱོད་པ་བརྟན་པོ་བརྩ༷མས་ན༷ས་འདི་སྒྲུབ་པར་ནུས་སོ་སྙམ་པའི་ང༷་རྒྱ༷ལ་ (ཏེ་དམ་བཅའ་ཉམས་འགྲོ་བའི་ཕྱིར་)བསྒོ༷མ་པ༷ར་བྱ༷། དེའི་ད༷ང་པོ༷ར་རྩོམ་པའི་ནུས་པའམ་འབྱོ༷ར་བ༷་ བརྟག༷ས་ན༷ས་ནི༵། ནུས་ན་བརྩ༷མ་མ༷མ་ཡ༷ང་ན༷་མི་ནུས་ན་མི༷་བརྩ༷མ་པ་བྱ་༷སྟེ། སྒྲུབ་མི་ནུས་ པའི་བྱ་བ་མ༷་བརྩ༷མས་པ༷་ནི༷་མཆོ༷ག་ཡི༷ན་གྱི༵། (སྦྱོར་བ་)བརྩ༷མས་ན༷ས་ལྡོ༷ག་པ༷ར་མི༷་བྱ༷འོ༵། ། གལ་ཏེ་ལོག་ན་སྐྱེ༷་བ༷་འདི་དང་གཞ༷ན་དུ༷འ༷ང་དེ༷་གོ༷མས་ཤི༵ང༌། འདྲིས་པ་ལས་ཉེས་པ་ ལྔ་འཕེལ་བ་ནི་དེ་ཉམས་པའི་སྡི༷ག་པ་ད༷ང་དེ་ལས་སྡུ༷ག་བསྔ༷ལ་འཕེ༷ལ་འགྱུ༷ར་ཞི༵ང༌། དགེ་ 1-1-224 བ་ལས་ལོགས་པ་ཉིད་ཀྱིས་གཞ༷ན་མི་དགེ་བའམ་ལུང་མ་བསྟན་ལ་འཇུག་པ་ད༷ང་འབྲ༷ས་ བུ༷འི་དུ༷ས་ཀྱང༷་ནི༵། ཤིན་ཏུ་ནུར་བས་དམ༷ན་པར་འགྱུ༷ར་བ་དང་བརྩམས་པ་དེ༷་ཡ༷ང་དོར་བ་ ཉིད་ཀྱིས་འགྲུ༷བ་པར་མི༷་འགྱུ༵ར་བའོ། །བརྟན་པོར་བརྩམས་པའི་ལ༷ས་ད༷ང་དེའི་འགལ་ཟླ་ ཉོ༷ན་མོ༷ངས་སྤོང་བ་དང་དེ་དག་བདག་གིས་ནུ༷ས་སོ་སྙམ་པ༷་སྟེ༵། གསུ༷མ་པོ༷་ད༷ག་ལ༷་ང༷་རྒྱ༷ལ་ བྱ༷། །དགེ་བ་གང་ཡིན་བད༷ག་ཉི༷ད་གཅི༷ག་པུ༷ས་(གཞན་ལ་སྐབས་མི་དབྱེ་བར་)བྱ༷འོ༷་ཞེ༵ས། བསམ་ པ་འདི༷་ནི༷་ལ༷ས་ཀྱི༷་ང༷་རྒྱ༷ལ་ཉི༵ད་ཡིན་ནོ། །ཉོ༷ན་མོ༷ངས་པས་རང་དབ༷ང་མེ༷ད་པར་གྱུར་པའི་ སྐྱེ་བོ་རྣམས་ཀྱིས་ནི་འཇི༷ག་རྟེ༷ན་འདི༵ར། ར༷ང་དོ༷ན་ཙམ་ཡང་སྒྲུ༷བ་པ༷ར་མི༷་ནུ༷ས་པ༵ས། འགྲོ༷་ བ༷ས་བད༷ག་ལྟར༷་གཞན་དོན་ལ་འཇུག་མི༷་ནུ༷ས་ཏེ༵། དེ༷་བ༷ས་བད༷ག་གི༷ས་སྙིང་རྗེ་བའི་སེམས་ ཅན་མཐའ་ཡས་པ་དེ་རྣམས་ལ་ཕན་བདེ་བསྐྱེད་པའི་སྤྱོད་པ་བརྟན་པོ་འདི༷་བྱ༷འོ༵། །གཞ༷ན་ ཡ༷ང་(སེམས་ཅན་གཞན་དག་)དམ༷ན་པ༷འི་ལ༷ས་ཁུར་ཁུར་བ་སོགས་བྱེ༷ད་ན༵། བད༷ག་ཉི༷ད་ཀྱང༷་ ནི༷་སྤྱོད་པའི་ཁུར་ཆེན་པོ་མི་ཁུར་བར་ཇི༷་ལྟར༷་འདུ༵ག་སྟེ་འདུག་པ་ནི་མི་རིགས་ལ། དེ་ཡང་ གཞན་དག་ནི་དམའ་བའོ་བདག་ནི་མཐོན་པོའོ་སྙམ་པའི་ང༷་རྒྱ༷ལ་གྱི༷ས་ནི༷་མི༷་བྱ་༷སྟེ༷། བད༷ག་ ལ༷་(དོན་ཆེན་པོ་ཉམས་པར་བྱེད་པའི་)ང༷་རྒྱ༷ལ་མེ༷ད་པ༷་མཆོ༵ག་ཡིན་པའི་ཕྱིར་རོ། །མདོ་སྡེའི་རྒྱན་ལས་ ཀྱང༌། སེམས་ཅན་ཁུར་ཆེན་མགོ་ལ་ཁྱེར་བ་ཡི། །སེམས་དཔའ་མཆོག་ནི་དལ་གྱིས་འགྲོ་མི་ མཛེས། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་ལ། །བརྩོན་པ་བརྒྱ་འགྱུར་དུ་ནི་ བྱ་བའི་རིགས། །ཞེས་གསུངས་སོ། ། (དཔེར་ན་)ཤི༷་ཟིན་པ༷འི་སྦྲུ༷ལ་ད༷ང་ཕྲ༷ད་གྱུ༷ར་ན༵། བྱ་ཁྭ༷་ཏ་ཡ༷ང་མཁ༷འ་ལྡི༷ང་ཁྱུང་ལྟ་༷བུ༷ར་ སྤྱོ༵ད་ཅིང་ཟ་བར་བརྩོམ་པ་བཞིན་དུ། ག༷ལ་ཏེ༷་བད༷ག་ཉི༷ད་གཉེན་པོའི་ཉམ༷ས་སྟོབས་དང་ གོ་ཆ་ཆུ༷ང་ན༵། (ཉོན་མོངས་ཀྱིས་བྱས་པའི་)ལྟུ༷ང་བ༷་ཆུ༷ང་ངུ༷འ༷ང་གནོ༷ད་པ༷་བྱེ༷ད་དོ། །སེམས་ཞུ༷མ་ པར་བྱས༷་ཤིང་གཉེན་པོའི་འབད་པ་དང་རྩོ༷ལ་བ༷་དོ༷ར་བ༷་ལ༵་ནི། དགེ་བས་ཕོ༷ངས་པ་ལ༷ས་ 1-1-225 ཐ༷ར་པ༷་ཡོ༷ད་ད༷མ་ཅི༵་སྟེ་མེད་ལ། གཉེན་པོའི་(དྲན་ཤེས་ཀྱི་)ང༷་རྒྱ༷ལ་རྩོ༷ལ་བ༷་བསྐྱེ༷ད་པ༷་ནི༵། ཉོན་ མོངས་ཆེ༷ན་པོ༷་ཡི༷ས་ཀྱང༷་ཐུ༷བ་པ༷ར་དཀ༵འོ། །(ཞུམ་ན་ཉོན་མོངས་ཀྱིས་ཚུར་འཇོམས་པ་)དེ༷་བ༷ས་སེ༷མས་ ནི༷་བརྟན༷་པ༷་ཡི༵ས (ང་རྒྱལ་གྱི་གོ་ཆ་གྱོན་ནས)། །ལྟུ༷ང་བ༷་རྣམ༷ས་ནི༷་(དྲུང་ནས་ཕྱུང་བའི་ཚུལ་གྱིས་)གཞོ༷མ་ བྱ་༷སྟེ༷། །གལ་ཏེ་བད༷ག་ནི༷་ལྟུ༷ང་བ༷ས་(ཚུར་བཅོམ་སྟེ་)ཕ༷མ་བྱས༷་ན༵། ཁ༷མས་གསུ༷མ་ལས་རྣམ་ པར་རྒྱ༷ལ་བར་འདོ༷ད་ནས་སེམས་བསྐྱེད་ཅིང་དམ་བཅས་པ་བཞ༷ད་ག༷ད་ཀྱི་གནས་སུ་འགྱུ༵ར་ བའི་ཕྱིར་རོ། །དེའི་ཕྱིར་བད༷ག་གི༷ས་ཁམས་གསུམ་གྱི་ཉོན་མོངས་པ་ཀུ༷ན་ལ༷ས་རྒྱ༷ལ་བྱ་ ༷སྟེ༷། བད༷ག་ལ༷ས་ཉོན་མོངས་སུ༷་ཡ༷ང་རྒྱ༷ལ་བའི་གོ་སྐབས་མི༷་བྱ་༷བར། རྒྱ༷ལ་བ༷་རྫོགས་པའི་ སངས་རྒྱས་བདུད་དང་ཉོན་མོངས་ཀྱི་རི་དྭགས་སྐྲག་པར་མཛད་པས་སེ༷ང་གེ༷་དང་འདྲ་བ་ དེའི༷་སྲས༷་བད༷ག་གི༵ས་ཀྱང༌། བདུད་དང་ཉོན་མོངས་ཀྱིས་གླགས་མི་རྙེད་པ་གོ་ཆའི་ང༷་རྒྱ༷ལ་ འདི༷་ལ༷་གན༷ས་པ༷ར་བྱ་༷སྟེ་སེང་གེའི་ཕྲུ་གུ་ལ་ཡང་རི་དྭགས་གཞན་གྱིས་གླགས་མི་རྙེད་པ་ བཞིན་ནོ། །དེ་ལྟར་ང་རྒྱལ་ཅན་ལ་བསྔགས་ན་འཇིག་རྟེན་པའི་དཔའ་བོ་ལ་ཡང་བསྔགས་ པར་འོས་སོ་སྙམ་ན་མི་འདྲ་སྟེ། འཐབ་མོ་པའི་འགྲོ༷་བ་ག༷ང་ཞིག་ཐ་མལ་ང༷་རྒྱ༷ལ་གྱི༷ས་ བཅོ༷མ་པ་དེ༵་རྣམས་ནི་ཉོ༷ན་མོ༷ངས་ཅན་ཡིན་གྱི་གཉེན་པོའི་ང༷་རྒྱ༷ལ་ཅ༷ན་མ༷་ཡི༵ན་ཏེ། གཉེན་ པོའི་ང༷་རྒྱ༷ལ་ཅན༷་ནི་དགྲ༷འི་དབ༷ང་གིས་ཚུལ་མིན་གྱིས་ལམ་དུ་མི༷་འགྲོ༵་བ་ལས། དེ༷་ད༷ག་གི་ ང༷་རྒྱ༷ལ་ནི་དགྲ༷འི་དབ༷ང་གིས་ཚུལ་མིན་ལ་འཇུག་པར་འགྱུ༵ར་བའི་ཕྱིར་རོ། །ཚུལ་མིན་ལ་ ཞུགས་པས་ཅིར་འགྱུར་ཞེ་ན། ཉོ༷ན་མོ༷ང་ང༷་རྒྱ༷ལ་གྱི༷ས་ཁེ༷ངས་ན༵། །ཕལ་ཆེར་དམྱལ་བ་ལ་ སོགས་པའི་ང༷ན་འགྲོ༷ར་(ཉོན་མོངས་པའི་)ང༷་རྒྱ༷ལ་བདུན་པོ་(སྟེ། ང་རྒྱལ་དང༌། ཆེ་བའི་ང་རྒྱལ་དང༌། ང་རྒྱལ་ ལས་ཀྱང་ང་རྒྱལ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། མངོན་པའི་ང་རྒྱལ་དང༌། ཅུང་ཟད་སྙམ་པའི་ང་རྒྱལ་དང༌། ལོག་པའི་ང་རྒྱལ་ ཏེ་དེ་དག་)གང་རུང་གི༷ས་ཁྲི༷ད་ཅི༵ང༌། རྒྱ་ལ་མི༷འི༷་ལུས་ཐོབ་ནའང་དག༷འ་སྟོ༷ན་བཅོ༷མ་སྟེ་ཡིད་མི་ བདེ་བའི་སྐབས་མེད་པ༷་ད༵ང༌། གཞ༷ན་གྱི༷་ཟ༷ན་ཟ༷འི་སློང་མོ་པ་དང་བྲ༷ན་ད༷ང་ནི༵། (བྱ་བ་ཐམས་ 1-1-226 ཅད་མི་མཁས་པས་)གླེ༷ན་པ༷་དང་ལུས་(མི་དགའ་བ་བསྐྱེད་པས་)མི༷་སྡུ༷ག་པ་དང་ཉམ༷་ཆུ༷ང་ཞིང་རྗུད་པ་ ད༵ང༌། ཐམས་ཅད་ནས་ཐ༷མས་ཅ༷ད་དུ༷་ནི༷་ཕར་གནོད་པ་མ་བྱས་ཀྱང་ཚུར་བརྙ༷ས་པ༷ར་འགྱུ༵ར་ བས། (ཉོན་མོངས་པའི་)ང༷་རྒྱ༷ལ་གྱི༷ས་ཁེ༷ངས་པའི་འབྲས་བུ་ཤིན་ཏུ་དཀ༷འ་ཐུ༷བ་པ༵། དེ༷་ལྟ་བུ་ ཡ༷ང་ང༷་རྒྱ༷ལ་ཅ༷ན་ལས་བྱུང་བའི་སྙིང་རྗེའི་གནས་སུ་གཏོ༷གས་ན༵། དམ༷ན་པ༷་ངན་འགྲོར་ལྟུང་ བ་རྣམས་སྙིང་རྗེ་མི་རྗེ་ཅི༷་འདྲ་༷ཡི༷ན་པ༷་སྨྲོ༵ས་ཞེས་པའོ། ། རྒྱལ་སྲས་ག༷ང་ཞི༷ག་ང༷་རྒྱ༷ལ་ཡང་ཡིན་ལ་དགྲ༷་ཡང་ཡིན་པའི་སྤང་བྱ་ལ༷ས་རྒྱ༷ལ་ཕྱི༷ར་ གཉེན་པོའི་ང༷་རྒྱ༷ལ་འཆ༵ང་བ། དེ༷་ནི༷་བསྔགས་འོས་ང༷་རྒྱ༷ལ་ཅ༷ན་ད༷ང་(དགྲ་ལས་)རྣམ༷་རྒྱ༷ལ་ དང་(གཟི་བརྗིད་ཅན་གྱི་)དཔ༷འ་བོ་ཆེན་པོ་སྟེ་དེ༷་ཉི༵ད་ཀྱིས། ག༷ང་ཞི༷ག་ཐ་མལ་ང༷་རྒྱ༷ལ་དགྲ༷་བདོ༷་ ཞིང་སྐྱེ་བ༷་ཡ༷ང་ངེ༷ས་པར་བཅོ༷མ་སྟེ༷། འགྲོ༷་(བ་ལྷ་དང་བཅས་པ་)ལ༷་འདོ༷ད་བཞི༷ན་རྒྱ༷ལ་བ༷འི་ འབྲ༷ས་བུ༷་འཕྲིན་ལས་རྫོ༷གས་པ༷ར་བྱེ༷ད་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་རྩ་བའི་ ཉོན་མོངས་དང་ཁྲོ་བ་ལ་སོགས་པ་ཉེ་བའི་ཉོ༷ན་མོ༷ངས་ཕྱོ༷གས་ཀྱི༷་ཁྲོ༷ད་གན༷ས་ན༵། གཉེན་པོ་ རྣམ༷་པ༷་སྟོ༷ང་འགྱུར་དུ༷་སྲ༷ན་གཟུ༷གས་ཏེ༵། (དཔེར་ན་)ཝ༷་ལ༷་སོ༷གས་པ༷ས་(རི་དྭགས་ཚོགས་ཐམས་ཅད་) སེ༷ང་གེ༷་(གཟི་བརྗིད་ཆེ་བའི་ཟིལ་གྱིས་གནོན་པ་)བཞི༵ན། །ཉོ༷ན་མོ༷ངས་ཚོ༷གས་ཀྱི༷ས་མི༷་ཚུ༷གས་བྱ༷། ། ཉམ༷་ང༷་(སྟེ་དུ་ཁ་)ཆེ༷་ཐ༷ང་(སྟེ་ཤིན་ཏུ་ཕུལ་དུ་ཕྱིན་པ་)བྱུ༷ང་གྱུ༷ར་ཀྱང༷༌། །མི༷་ཡི༷ས་མི༷ག་གི་དབང་པོ་ ནི༷་རང་གི་ཡུལ་གཟུགས་ཁོ་ན་ལ་འཇུག་གི་སྒྲ་སོགས་གཞན་ལ་འཇུག་པ་བསྲུ༷ང་མི་སྲིད་པ༷་ ལྟར༷། དེ༷་བཞི༷ན་ཉམ༷་ང༷་བྱུ༷ང་གྱུ༷ར་ཀྱང༷༌། །རང་གི་ཡིད་གཉེན་པོ་དགེ་བ་ཁོ་ན་ལ་འཇུག་གི་ ཉོ༷ན་མོ༷ངས་པ་དང་རང་དོན་སོགས་སྤང་བྱའི་དབ༷ང་དུ༷་མི༷་འགྱུ༷ར་བ་ཅི་ནས་ཀྱང་བྱའོ༵། ། འདིར། བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །(བདག་གི་མགོ་བོ་བཅད་ཀྱང་བླའི། །རྣམ་པ་ཀུན་ ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱའོ། །དེ་བཞིན་གནས་སྐབས་ཐམས་ཅད་དུ། །རིགས་པ་ལས་ནི་གཞན་མི་སྤྱད། །) ཞེས་སོགས་ཀྱི་ཚིག་བག་ཡོད་ལེའུ་ནས་དྲངས་པའི་མཆན་བུ་དཀྱུས་སུ་བཅུག་པ་ནི་དཔེ་མ་ 1-1-227 དག་པའོ། །མིག་མངས་ལ་སོགས་པ་རྩེ༷ད་མོ༷འི་བདེ༷་འབྲ༷ས་ཙམ་འདོ༷ད་པ༷ས་ཀྱང་ལས་དེ་ མི་སྤོང་ཞིང་དོན་དུ་གཉེར་བ་ལྟར༷། བྱང་སེམས་འདི༷་ཡི༷་བྱ་༷བ༷འི་ལ༷ས་གཞན་དོན་སོགས་ ག༷ང་ཡི༵ན་པའི་ལ༷ས་དེ༷་ལ༷་ནི༷་ཞེ༷ན་བྱ་༷སྟེ༷། ལ༷ས་དེ༷ས་མི༷་ངོ༷མས་(ཤིང་ཡང་ཡང་དུ་འདོད་པ་དང་ཤིན་ ཏུ་ཡང་)དག༷འ་བ༷ར་བྱ༷། འགའ་ཞིག་གིས། བདེ༷་བ༷འི་དོ༷ན་དུ༷་རྩེད་མོ་སོགས་ལ༷ས་བྱས༷་ཀྱང༷༌། བདེ༷ར་འགྱུ༷ར་མི༷་འགྱུ༷ར་གཏོ༷ལ་མེ༷ད་ཀྱི༵(སྟེ་ཚོང་སོགས་ལ་ལ་བདེ་ཡང་ལ་ལ་མི་བདེ་བའི་ཕྱིར་རོ)། །རྒྱལ་ སྲས་ག༷ང་གི༷་ལ༷ས་དགེ་བ་ཉི༷ད་འབྲས་བུ་བདེ༷་བར་འགྱུ༷ར་ངེས་པ༵། དེ༷འི་ལ༷ས་མི༷་བྱེ༷ད་ན་ཇི༷་ ལྟར༷་བདེ༵་སྟེ་རྒྱུ་དགེ་བ་ལ་མ་འབད་པའི་ཕྱིར་རོ། །སྤུ༷་གྲི༷་རྣོན་པོའི༷་སོ༷ར་ཆ༷གས་སྦྲ༷ང་རྩི༷་ལྡག་ པ་(ན་ལྕེ་འཆད་པའི་དུ་ཁ་མྱོང་བ་)ལྟ༵འི། འདོ༷ད་པ༷འི་ཡོན་ཏན་ཉེས་དམིགས་ཆེ་ལ་གནོག་ཆུང་བ་ རྣམ༷ས་ཀྱི༷ས་ཀྱང་མི༷་ངོ༷མས་ན༵། (མངོན་མཐོས་འབྲས་བུ་བསྐྱེད་པས་)རྣམ༷་སྨི༷ན་བདེ༷་ལ༷་(དུ་ཁ་ཞི་བའི་མྱང་ འདས་བསྐྱེད་པས་)ཞི༷་བ༷་ཡི༵། །བསོ༷ད་ན༷མས་ཀྱི༷ས་ལྟ་༷ཅི༷་སྟེ༷་ངོ༵མས (ཏེ་ངོམས་མ་ཤེས་སོ)། ། དེ༷་ལྟར༷་ལ༷ས་(བརྩམས་པ་)ཚ༷ར་ཕྱི༷ན་བྱ༷འི་ཕྱི༷ར། །(དཔེར་ན་སོ་ཀའི་)ཉི༷་མ༷་ཕྱེ༷ད་དུ༷ས་(སུ་ཉི་ཚན་ གྱིས་)གདུ༷ངས་པ༷་ཡི༵། །གླ༷ང་ཆེ༷ན་(ཆུ་བསིལ་བའི་)མཚོ༷་(དང་)ཕྲ༷ད་(ན་)མཚོ༷ར་འཇུ༷ག་(པ་)ལྟར༷། །སྤྲོ་བཞིན་གཞན་དོན་དགེ་བའི་ལ༷ས་དེ༷་ལ༷་ཡ༷ང་འཇུ༷ག་པ༷ར་བྱ༷། ལས་ལ་ཧ་ཅང་འབད་ཆེས་ པས་སྟོ༷བས་ཉམ༷ས་པ༷་ད༷ང་རྗེ༷ས་འབྲེ༷ལ་(བ་སྟེ་ནུས་པ་མེད་པར་གྱུར་)ན༵། སླ༷ར་ཡང་ལས་ཀྱི་འཕྲོ་བྱ་ ༷བ་སྟོབས་བསྐྱེད་པའི༷་དོ༷ན་དུ༷་རེ་ཤིག་དོ༷ར་ནས་ངལ་གསོ་བ༷ར་བྱ༷། རྣམ་གྲངས་རེ་རེའི་འཕྲོ་ ལེ༷གས་པ༷ར་ཟི༷ན་ན༷ས་(དེ་བས་བཟང་པའི་)ཕྱི༷་མ༷་ད༵ང༌། དེའི་ཡང་ཕྱི༷་མ༷་ཁྱད་པར་དུ་འགྱུར་བར་ འདོ༷ད་པ༷ས་འོག་མ་དེ༷་སྤང༷་ཞིང་གཞན་དོན་རླབས་ཅི་ཆེ་ལ་འབད་པར་བྱའོ༵། ། ད་ནི་གཉེན་པོ་ལྷུར་ལེན་པའི་བརྩོན་འགྲུས་ལ་འཇུག་སྟེ། འཐ༷བ་རྙི༷ང་(སྟེ་མཚོན་ཆའི་རིག་པ་ ལ་མཁས་པར་བསླབ་པའི་)དགྲ༷་ད༷ང་ལྷ༷ན་ཅི༷ག་ཏུ༵། །གཡུ༷ལ་ངོ༷ར་ར༷ལ་ཁ༷་ལྷག༷ས་པ༷་ན་རང་བསྲུང་ ཞིང་གཞན་འཇོམས་པ་ལ་ཇི་ཙམ་འབད་པ་དེ་བཞི༵ན་དུ། བྱང་སེམས་ཀྱིས་ཉོ༷ན་མོ༷ངས་ 1-1-228 མཚོ༷ན་དང་འདྲ་བར་གནོད་པ་ལ༷ས་གཟུ༷ར་བྱ་༷ཞི༵ང༌། ཉོ༷ན་མོ༷ངས་དགྲ༷་རྣམ༷ས་(དྲན་ཤེས་བཞིན་ གྱིས་)འཇོ༷མས་ཤིང་ཞིབ་པ༷ར་བཏ༵ག་གོ །འཐབ་མོ་པ་གཡུ༷ལ་དུ༷་ར༷ལ་གྲི༷་(ལག་ནས་)ལྷུ༷ང་ གྱུ༷ར་ན༵། །(དགྲ་ཡི་གནོད་པས་)འཇི༷གས་པ༷ས་མྱུ༷ར་དུ༷་(རིང་པར་)ལེ༷ན་པ༷་ལྟར༷། །དེ༷་བཞི༷ན་དུ་(ཉོན་ མོངས་པའི་དགྲ་དང་འཐབ་པའི་གཡུལ་དུ་)དྲན༷་པ༷འི་མཚོ༷ན་ཤོ༷ར་ཏེ་ཡེངས་ན༵། ཚུལ་མིན་ལ་ཞུགས་པ་ ལས་དམྱལ༷་(བ་ངུ་འབོད་ལ་སོགས་པའི་དུ་ཁ་)བ༷འི་འཇི༷གས་པ་འབྱུང་ངོ་སྙམ་པས་གཉེན་པོའི་དྲན༷་ འཛིན་མྱུ༷ར་དུ༷་བླ༵ང་བ་ལ་བརྩོན་པས་ཉོན་མོངས་ཕྲ་བས་ཀྱང་འཕན་མི་ཐོད་པ་ལ་བསླབ་བོ། ། ཕྲ་མོས་མི་ཉམས་སོ་སྙམ་ན་མ་ཡིན་ཏེ་ཇི༷་ལྟར༷་རྨ་ཆུང་དུ་ཟིན་ཡང་དུག་ཡོད་ན་ཁྲ༷ག་ལ༷་ རྟེ༷ན་བྱས༷་ན༵ས། (དཔེར་ན་)དུ༷ག་(མདས་ཕོག་པའི་དུག་)ནི༷་ལུ༷ས་ལ༷་(སྟེ་རྩ་ལ་)ཁྱ༷བ་འགྱུ༷ར་བ༵། །དེ༷་ བཞི༷ན་(དྲན་ཤེས་ཉམས་པའི་)གླ༷གས་(སྐབས་)ནི༷་རྙེ༷ད་གྱུ༷ར་ན༵། །ཉེ༷ས་པ༷ས་སེ༷མས་ལ༷་ཁྱ༷བ་པ༷ར་ འགྱུ༵ར་བའི་ཕྱིར་(ཉེས་པ་རྡུལ་ཙམ་ལའང་སྐབས་མི་དབྱེའོ་)རོ། །དེས་ན་ཉུ༷ངས་མ༷ར་གྱིས་ཤིན་ཏུ་བཀ༷ང་ བ༷འི་སྣོ༷ད་བསྐུ༷ར་བ་འགའ་ཞིག་ལ༵། ར༷ལ་གྲི༷་ཐོ༷གས་པ༷ས་དྲུ༷ང་བསྡ༷ད་དེ༵། །བོ༷་ན༷་གསོ༷ད་ དོ་ཞེས་བསྡི༷གས་ན་(གསོད་པས་)འཇི༷གས་པས་ཤིན་ཏུ་བསྒྲིམ་པ༷་ལྟར༷། བརྟུ༷ལ་ཞུ༷གས་ཅ༷ན་ (བྱང་སེམས་ཀྱི་སྡོམ་པ་འཛིན་པས་བསླབ་པ་ཉམས་ན་དམྱལ་བའི་དུ་ཁ་འཇིགས་པས་སྔར་)གྱི༷ས་དེ༷་བཞི༷ན་བསྒྲི༵མ(སྟེ་ འབད་པ་ལྷུར་བླང་ངོ༌། )། དེ༷་བ༷ས་པ༷ང་དུ༷་དུག་སྦྲུ༷ལ་འོ༷ངས་ན༵། ཇི༷་ལྟར༷་རི༷ངས་པ༷ར་ལྡང༷་བ༷་ལྟར༷། །དེ༷་བཞི༷ན་གཉི༷ད་ད༷ང་སྙོ༷མ་ལས་སོགས་དགེ་བའི་བར་ཆད་འོ༷ངས་ན༵། (མི་རྟག་སོགས་དྲན་པས་) མྱུ༷ར་དུ༷་དེ༷་ད༷ག་བཟློ༷ག་པ༷ར་བྱ༷། །དེ་ལྟར་འབད་ཀྱང་ཉེ༷ས་པ༷་བྱུ༷ང་བ༷ར་གྱུར་ན་རེ༷་རེ༷་ཞི༵ང༌། (ཕྱིར་བཅོས་པའི་བསམ་པས་)བད༷ག་ལ༷་སྨད༷་ན༷ས་(ཏེ་འགྱོད་པས་ཡིད་གདུང་བར་བྱས་ནས་ཐབས་)ཅི༷་ན༷ས་ ཀྱང༷༌། །བད༷ག་ལ༷་ཕྱི༷ས་(ཉེས་པ་)འདི༷་མི༷་འབྱུ༷ང་བ༵། །དེ༷་ལྟར༷་བྱ་༷ཞེ༷ས་ཡུ༷ན་རི༷ང་(དུ་)བས༵མ(པར་ བྱའོ)། །ཇི༷་ལྟར༷་ན་ཉོན་མོངས་སྐྱེ་བའི་གན༷ས་སྐབ༷ས་འདི༷་ད༷ག་ལ༵། བདག་མི་འཆོར་ཤིང་ 1-1-229 ཤོར་ནའང་ཕྱིར་བཅོས་ཀྱི་དྲན༷་པ༷་གོ༷མས་པ༷་ཉི༷ད་འགྱུ༷ར་ཞེ༵ས། རྒྱུ༷་འདི༷་ཡི༷ས་ནི༷་འགྱོད་སེལ་ ལ་མཁས་པའི་དམ་པ་དང་ཕྲ༷ད་པ༷འ༵མ། གཉེན་པོར་རི༷གས་པ༷འི་ལ༷ས་ནི༷་འདོ༷ད་ཅིང་དོན་དུ་ གཉེར་བ་ལ་འབད་པ༷ར་བྱའོ༵། །ཅི༷་ན༷ས་(ཏེ་རྣམ་པ་གང་གིས་)ལ༷ས་བྱེ༷ད་(པ་སྟེ་རྩོམ་པའི་)སྔོ༷ན་རོ༷ལ་ ན༵ས། །བྱ་བ་རྩོམ་པ་ཐ༷མས་ཅ༷ད་ལ༷་ནི༷་མཐུ༷་ཡོ༷ད་པ༵། དེ༷་ལྟར༷་བ༷ག་ཡོ༷ད་བྱ་བའི་གཏ༷མ་ཇི་ སྙེད་གསུངས་པ་རྣམས་དྲན༷་པས་བསྐུལ་ཏེ༵། བད༷ག་ཉི༷ད་སྒོ་གསུམ་དགེ་བ་ལ་ལྡང༷་བ༷་ཡ༷ང་ བ༷ར་བྱ༷། །ཇི༷་ལྟར༷་(ཏེ་དཔེར་ན་)རླུ༷ང་ནི༷་འགྲོ༷་བ༷་ད༵ང༌། །འོ༷ང་བ༷ས་ཤི༷ང་བ༷ལ་(ཏེ་རས་བལ་སོགས་ལ་) དབ༷ང་བསྒྱུ༷ར་བ༵། །དེ༷་བཞི༷ན་དུ་དགེ་བ་ལ་སྤྲོ༷་བ༷འི་ངོ་བོ་བརྩོན་འགྲུས་ཀྱིས་དབ༷ང་བསྒྱུ༷ར་ ཏེ༵། འབད་པ་དེ༷་ལྟ་༷ན༷་ནི༷་རྫུ་འཕྲུལ་ལ་སོགས་དགེ་བའི་བྱ་བ་རྣམས་འགྲུ༷བ་པ༷ར་འགྱུ༵ར་རོ། ། བྱང༷་ཆུ༷བ་སེ༷མས་དཔ༷འི་སྤྱོ༷ད་པ༷་ལ༷་འཇུ༷ག་པ༷་ལ༷ས། གཙོ་བོར་བརྩོ༷ན་འགྲུ༷ས་བསྟན༷་པ༷་ ཞེ༷ས་བྱ་༷བ༷འི་ལེ༷འུ༷་སྟེ༷་བདུ༷ན་པ༷འོ༵།། །། ༈ དེ༷་ལྟར༷་(མི་མཐུན་ཕྱོགས་སྤང་བ་དང་གཉེན་པོ་བརྟེན་པས་)བརྩོ༷ན་འགྲུ༷ས་བསྐྱེ༷ད་(པ་སྟེ་སྤེལ་)ན༷ས་ ནི༵། །(ལྷུན་གྲུབ་ཏུ་འཇུག་པ་བརྟན་པའི་ཕྱིར་)ཡི༷ད་ནི༷་ཏི༷ང་ངེ༷་འཛི༷ན་ལ༷་(སེམས་རྩེ་གཅིག་ཏུ་མཉམ་པར་)བཞ༵ག་ པ་འབྲེལ་བ་ལས། དེའི་མི་མཐུན་ཕྱོགས་ཐོག་མར་འགོག་པ་རིགས་ཏེ། མ་བཀག་ན་(ཏིང་ངེ་ འཛིན་མེད་པར་)སེ༷མས་(ཏེ་ཡིད་)ནི༷་(ཡུལ་སྣ་ཚོགས་ལ་)རྣམ༷་པ༷ར་གཡེ༷ང་བ༷འི་མི༵། (མཉམ་པར་མ་བཞག་ པའི་བརྩོན་གྲུས་དང་ལྡན་པར་)ཉོ༷ན་མོ༷ངས་སྲིན་པོའི་མཆེ༷་བ༷་དང་འདྲ་བར་འཇིགས་པའི༷་ཕྲ༷ག་ན༷་ གན༵ས་པས་བར་མ་དོར་ཉམས་པ་སྲིད་པའི་ཕྱིར་རོ། །དེས་ན་ལུ༷ས་སྐྱེ་བོ་ད༷ང་འགྲོགས་པ་ དང་སེ༷མས་ནི༷་འདོད་པ་ལ་སོགས་པའི་རྟོག་པས་དབེ༷ན་པ༷་ལ༵ས། ཕྱི་ནང་གི་(འདུ་འཛི་དང་འདོད་ རྟོག་སོགས་ལ་དམིགས་པའི་)རྣམ༷་པ༷ར་གཡེ༷ང་བ༷་མི༷་འབྱུ༷ང་ངོ༵༌། །ཡུམ་ལས། དེས་སེམས་ཅན་དེ་ དག་གི་དོན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་འདོད་པས་སེམས་གཡེང་བར་ མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་གཡེངས་པ་ལ་ནི་འཇིག་རྟེན་པའི་བསམ་གཏན་སྐྱེ་བ་ 1-1-230 ཡང་དཀོན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས། ཞེས་གསུངས་ སོ། ། དེ༷་འ༷ང་(ལུས་དབེན་པའི་ཐབས་སུ་གཉེན་བཤེས་གཡོག་འཁོར་སོགས་)འཇི༷ག་རྟེ༷ན་གྱི་འདུ་འཛི་སྤང༷་བྱ༷་ ཞི༵ང༌། (སེམས་དབེན་པའི་ཐབས་སུ་)རྣམ༷་པ༷ར་རྟོ༷ག་པ༷་ཡོ༷ངས་སུ༷་དོ༵ར་ནས་རང་བཞིན་གཉུག་མའི་ ངང་དུ་མཉམ་པར་བཞག་གོ་ཞེས་མདོར་བསྟན་པ་སྟེ། དྲི་མ་མེད་པར་གྲགས་པས་བསྟན་པ་ ལས་ཀྱང༌། བཙུན་པ་ཀུན་ཏུ་རྟོག་པ་ནི་ཉོན་མོངས་པའོ། །མི་རྟོག་རྣམ་པར་མི་རྟོག་པ་ནི་རང་ བཞིན་ནོ། །ཞེས་གསུངས་སོ། ། འདུ་འཛི་ལ་ཆ༷གས་པ༷འི་ཕྱི༷ར་ད༷ང་རྙེ༷ད་བཀུར་སོ༷གས་ལ༵། སྲེ༷ད་པ༷ས་(ཏེ་རབ་ཏུ་འདོད་པས་) འཇི༷ག་རྟེ༷ན་མི༷་སྤོ༷ང་སྟེ༷། །(དེ་གཉིས་འཇིག་རྟེན་མི་སྤོང་རྒྱུ་ཡིན་པ་)དེ༷་བ༷ས་(ཆགས་པ་དང་རྙེད་པ་ལ་སྲེད་པ་) འདི༷་ད༷ག་ལ་ཆགས་ཞེན་ཡོ༷ངས་སྤང༷ས་ལ༵། མཁ༷ས་པ༷ས་འདི༷་ལྟར༷་བརྟག་ཅིང་དཔྱ༷ད་པ༷ར་ བྱ༷། དཀོན་མཆོག་སྤྲིན་དུ། དེ་ལ་ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་ཡང་ དག་པ་ཇི་ལྟ་བ་བཞིན་དུ་ཆོས་ལ་སོ་སོར་རྟོག་པའོ། །ཞེས་གསུངས་པའི་མཚན་ཉིད་ཅན་(ཉོན་ མོངས་པ་ཞི་བའི་ཕྱིར་སེམས་གནས་པས་)ཞི༷་གན༷ས་ར༷བ་ཏུ༷་ལྡན༷་པ༷འི་ལྷག༷་མཐོ༷ང་གི༵ས། ཉོ༷ན་མོ༷ངས་ རྣམ༷་པ༷ར་འཇོ༷མས་པ༷ར་ཤེ༷ས་བྱས༷་ན༵ས། །ཐོ༷ག་མ༷ར་ཞི༷་གན༷ས་བཙ༷ལ་ཞིང་བསྒོམ་པར་ བྱ༷འོ་དེ༷་ཡ༷ང་ནི༵། འཇི༷ག་རྟེ༷ན་ཆ༷གས་པ༷་མེ༷ད་ལ༷་(བསམ་གཏན་ལ་)མངོ༷ན་དག༷ས་འགྲུ༵བ་པའི་ ཕྱིར་རྣམ་གཡེང་སྤངས་པ་ལས་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེའོ། ། དེའི་ཕྱིར་འཁོར་བ་སླུ་ཞིང་མི༷་རྟག༷་ལ་བྲོ་བ་ཆུང་བར་རྟོགས་པའི་ཤེས་ལྡན་སུ༷་ཞི༷ག་ མི༷་རྟག༷་པའི་རང་བཞིན་ཅན་བུ་དང་ཆུང་མ་སོགས་ཡིད་དུ་འོང་ཞིང་སྡུག་པའི་དངོས་པོ་ ལ༵། ཡ༷ང་ད༷ག་ཆ༷གས་པ༷ར་བྱེ༷ད་པ༷་ཡོ༵ད་དམ་སྟེ་མེད་དོ། །གལ་ཏེ་དེ༷ས་ཆགས་ཀྱང་ནི༷་ཚེ་ འདི་སྡུག་བསྔལ་བསྐྱེད་པ་མ་གཏོགས་ཚེ༷་ར༷བས་སྟོ༷ང་ད༷ག་ཏུ༵། (ཆགས་ཡུལ་)སྡུ༷ག་པ༷་(སྟེ་ཡིད་ 1-1-231 དུ་འོང་བ་)མཐོ༷ང་བ༷ར་ཡོ༷ང་མི༷་འགྱུ༵ར་བས་ཕན་པ་མེད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་བལྟ་བར་ འདོད་ཀྱང་མ༷་མཐོ༷ང་ན༷་ནི༷་(སེམས་)དག༷ར་(བར་)མི༷་འགྱུ༵ར(བས)། ཡི༷ད་ཀྱང༷་མི་དགའ་བ་ཉིད་ ཀྱིས་ཏིང་ངེ་འཛིན་ལ་མཉམ༷་འཇོ༷ག་(ཅིང་གནས་པར་)མི༷་འགྱུ༷ར་ལ༵། ཅི་སྟེ་(གདུག་པ་)མཐོ༷ང་ཡ༷ང་ ངོ༷མས་(ཤིང་ཚིམ་)པ༷ར་མི༷་འགྱུ༷ར་བ༵ས། སྔ༷ར་(མ་མཐོང་བའི་སྐབས་སུ་གདུང་བ་)བཞི༷ན་སྲེ༷ད་པ༷ས་ གདུ༷ང་བ༷ར་འགྱུ༵ར། ། གཞན་ཡང་སྡུག་པའི་སེ༷མས་ཅ༷ན་རྣམ༷ས་ལ༷་ཆ༷གས་བྱས༷་ན༵། (ལྷག་མཐོང་མེད་པས་)ཡ༷ང་ ད༷ག་(པའི་དེ་ཁོ་ན་)ཉི༷ད་མཐོང་བ་ལ༷་ཀུ༷ན་ན༷ས་སྒྲི༵བ་ཅིང༌། འཁོར་བ་ལ་སྐྱོ༷་བ༷འི་སེ༷མས་ཀྱང༷་ འཇི༷ག་པ༷ར་བྱེ༵ད། ཐ༷་མ༷ར་བྲལ་བ་ན་མྱ་༷ང༷ན་(གྱིས་ཡིད་)གདུ༷ང་བ༷ར་འགྱུ༵ར། གནས་སྐབས་དེ༷་ ལ༷་སེ༷མས་པ༷་འག༷འ་ཞི༷ག་གི༵ས། ཚེ༷་འདི༷་(དགེ་བ་སྒྲུབ་པའི་)དོ༷ན་མེ༷ད་དང་སྡིག་སྡུག་ལ་དུས་ འད༷འ་བ༷ར་འགྱུ༵ར། (ངེས་པར་འཇིག་པར་འགྱུར་བས་)རྟག༷་པ༷་མེ༷ད་པ༷འི་མཛ༷འ་བཤེ༷ས་ལ་ཞེན་པ་ ཉིད་ཀྱི༵ས། རྟག་བརྟན་གཡུ༷ང་དྲུ༷ང་ཆོ༷ས་ཀྱང༷་འཇི༷ག་(པ་སྟེ་ཉམས་)པ༷ར་འགྱུ༵ར་ཏེ་མངོན་སུམ་དུ་ རྟོགས་པའི་གེགས་བྱེད་ཅེས་པའི་དོན་ཏོ། ། བྱི༷ས་པ་སོ་སོའི་སྐྱེ་བོ་ད༷ང་སྐ༷ལ་པ༷་མཉམ༷་པར་སྲེད་པ་ལ་སྤྱོ༷ད་ན༵། འཕགས་པའི་ཆོས་ ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་ངེ༷ས་པ༷ར་ང༷ན་འགྲོ༷ར་འགྲོ༷་འགྱུ༷ར་ཏེ༵། སྐ༷ལ་མི༷་མཉམ༷་པ༷་ གཤིན་རྗེས་ཁྲི༷ད་བྱེ༷ད་ན༵། (བླང་དོར་མི་ཤེས་པའི་)བྱི༷ས་པ༷་བསྟེ༷ན་(པ་སྟེ་འགྲོགས་)པ༷ས་(ཕན་བདེའི་རྒྱུ་) ཅི༷་ཞི༷ག་བྱ༷། །ཞེས་པའོ། །བརྟེན་པར་ཡང་མི་ནུས་ཏེ་(རང་དོན་ཅུང་ཟད་ཙམ་ལ་བརྟེན་ནས་) སྐ༷ད་ཅི༷ག་གི༷ས་ནི༷་མཛ༷འ་(བའི་བཤེས་སུ་)འགྱུ༷ར་ལ༵། (རྒྱུ་ཅུང་ཟད་ཙམ་ལ་དམིགས་ནས་)ཡུ༷ད་ཙ༷མ་ གྱི༷ས་ནི༷་(མི་མཐུན་པའི་)དགྲ༷ར་ཡ༷ང་འགྱུ༵ར། (སེམས་)དག༷འ་བ༷འི་གན༷ས་ཆོས་ལ༷་སྦྱར་ཀྱང་ཁྲོ༷་ བྱེ༷ད་པ༵ས། (ལས་ཐ་དད་པའི་དབང་གིས་སྐྱེ་གནས་སོ་སོར་འགྲོ་བས་ན་)སོ༷་སོ༷འི་སྐྱེ༷་བོ༷་མགུ༷་བ༷ར་དཀ༵འ། །ཕ༷ན་པ༷འི་བླང་དོར༷་སྨྲ༷ས་ན༷་ཁྲོ༷་བ༷ར་བྱེ༷ད། ཁྱོད་ལ་ཅི་བཅོལ་ཞེས་བད༷ག་ཀྱང༷་ཕ༷ན་ལ༷ས་ 1-1-232 ཟློ༷ག་པ༷ར་བྱེ༷ད། དེ༷་ད༷ག་ང༷ག་ནི༷་མཉན་ན་སྡིག་པ་ལ་སྦྱོར་ཞིང་མ༷་མཉ༷ན་ན༵། ཁྲོ༷་བ༷ས་(ལས་ དེས་བསྐུལ་ནས་བྱིས་པ་དེ་) ང༷ན་འགྲོ༷ར་འདོ༷ང་བ༷ར་འགྱུ༵ར། །(འཕགས་མིན་གྱི་གང་ཟག་བདག་པས་རིགས་དང་ རིགས་སོགས་)མཐོ༷་(བ་)ལ༷་(མི་བཟོད་པའི་)ཕྲ༷ག་དོ༷ག་(དང་བདག་དང་)ཉམ༷ས་ལ༷་འགྲ༵ན(པས་རྩོད་པ་དང་)། །(བདག་བས་)དམ༷ན་ལ༷་(ང་མཆོག་གོ་སྙམ་དུ་)ང༷་རྒྱ༷ལ་བསྟོ༷ད་ན༷་དྲེ༵གས། །མི༷་སྙན༷་བརྗོ༷ད་ན༷་(བདག་ གི་ཉེས་པ་བསྒྲགས་སོ་ཞེས་) ཁོ༷ང་ཁྲོ༷་སྐྱེ༵། །(དུས་)ན༷མ་ཞི༷ག་བྱི༷ས་ལ༷ས་(ཕུགས་སུ་)ཕ༷ན་པ༷་ཐོ༵བ(སྟེ་མི་ཐོབ་ བོ)། །བྱི༷ས་ད༷ང་འགྲོ༷གས་ན༷་བྱི༷ས་པ༷་ལ༵ས། །བད༷ག་བསྟོ༷ད་གཞ༷ན་ལ༷་སྨོ༷ད་པ༷་ད༵ང༌། །འཁོ༷ར་ བ༷ར་དག༷འ་བ༷་འདུ་འཛིའི༷་གཏ༷མ་ལ༷་སོ༵གས། མི༷་དགེ༷་ཅི༷ས་ཀྱང༷་ངེ༷ས་པ༷ར་འབྱུ༵ང༌། ། དེ༷་ལྟར༷་ན་བད༷ག་ད༷ང་གཞ༷ན་བསྟེ༷ན་པ༵། དེ༷ས་ནི༷་(མི་དགེ་བ་བསད་པས་རང་གཞན་)ཕུ༷ང་བ༷ར་ འགྱུ༷ར་བ༷ར་ཟ༵ད་དེ། དེ༷ས་ཀྱང༷་བད༷ག་དོ༷ན་དགེ་བ་མ༷་བྱས༷་ལ༵། བད༷ག་ཀྱང༷་དེ༷་དོ༷ན་ཕན་ པར་མི༷་འགྱུ༷ར་བ༵ས་སོ། །ཟླ་བ་སྒྲོན་མའི་མདོ་ལས། བྱིས་པར་གྱུར་པ་དེ་དག་ནི། །སྡིག་པ་ མི་བྱེད་ཡོང་མེད་དེ། །ཕྱི་མའི་དུས་ན་དེ་དག་དང༌། །ཁྱོད་ནི་བསྟེན་པར་མི་བྱེད་ཅིག །ཅེས་ གསུངས་སོ། ། དེས་ན་བྱི༷ས་ལ༷ས་ཐ༷ག་རི༷ང་བྱོ༷ལ་བ༷ར་བྱ༷། གལ་ཏེ་ཕྲ༷ད་ན༷་ངོ་འཛུམ་མི་སྡུད་པར་ དག༷འ་བ༷ས་མགུ༷་བྱས༷་ཏེ༵། ཧ་ཅང་འདྲི༷ས་ཆེ༷ན་(པོས་ཆགས་པ་)ཉི༷ད་དུ༷་མི༷་འགྱུ༷ར་བ༵ར། ཆགས་ སྡང་མེད་པ་ཐ༷་མ༷ལ་པ༷་ཙ༷མ་ལེ༷གས་པ༷ར་བྱ༷། (དཔེར་ན་)བུ༷ང་བ༷ས་མེ༷་ཏོ༷ག་གི་སྦྲ༷ང་རྩི༷་ལེན་ པ་བཞི༵ན། དགེ་བའི་བཤེས་གཉེན་ནམ་སྦྱིན་བདག་འོས་པ་ལས་ཆོས་དང་ཆོ༷ས་ཀྱི༷་དོ༷ན་ མཐུན་རྐྱེན་བསོད་སྙོམས་ཙ༷མ་བླང༷ས་ན༷ས་ནི༵། (འགྲོ་བ་)ཀུ༷ན་ལ༷་སྔོ༷ན་ཆ༷ད་མ༷་མཐོ༷ང་བཞི༵ན། །འདྲི༷ས་པ༷་(ཉིད་ངོ་ཤེས་པ་དང་རེ་བ་)མེ༷ད་པ༷ར་གན༷ས་པ༷ར་བྱ་༷སྟེ། དཀོན་མཆོག་སྤྲིན་ལས། ནམ་ དེའི་དོན་སྒྲུབ་པར་གྱུར་གྱི་བར་དུ་བསོད་སྙོམས་ལ་སྤྱོད་དེ། གཞན་དུ་ན་གནས་གང་ན་ཁྱི་ཟ་ བའམ། བ་དྲུས་མའམ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རང་བཞིན་གྱིས་ངང་ཚུལ་པའི་ 1-1-233 སྲོག་ཆགས་སམ། བུད་མེད་དང་སྐྱེས་པ་དང་ཁྱེའུ་དང་བུ་མོ་རྐྱལ་ཀ་བྱ་བའི་བསམ་པ་ཅན་ ཡོད་པ་སྨད་པའི་གནས་ཐམས་ཅད་ཐམས་ཅད་ཀྱི་ཚེ་ཡོངས་སུ་སྤོང་ངོ༌། །ཞེས་གསུངས་སོ། ། རྙེད་བཀུར་གྱི་གཡེང་བ་ཡང་སྤངས་ཏེ་བད༷ག་ནི༷་(སྣམ་སྦྱར་ལ་སོགས་པའི་)རྙེ༷ད་མ༷ང་(པོ་ ཅན་དང་སྐྱེ་བོ་མང་པོས་)བཀུ༷ར་སྟི༷(ས་མཆོད་པ་)བྱས༷། བད༷ག་ལ༷་(སྐྱེ་བོ་)མ༷ང་པོ༷་དག༷འ་བོ༷་ཞེ༵ས། །འདི༷་འདྲ༷འི་བསྙེ༷མས་དང་དྲེགས་པ༷་འཆ༷ང་གྱུ༷ར་ན༵། ཤི༷་བ༷འི་འོ༷ག་ཏུ༷་(མ་བསམ་པར་གློ་བུར་དུ་) འཇི༷གས་པ༷་(སྟེ་སྡུག་བསྔལ་)སྐྱེ༵། །དེ༷་བ༷ས་(སྡུག་བསྔལ་ལ་བདེ་བར་)རྣམ༷་པ༷ར་རྨོ༷ངས་པ༷འི་ཡི༵ད། །(རྙེད་ སོགས་)ག༷ང་ད༷ང་ག༷ང་ལ༷་ཆ༷གས་གྱུ༷ར་པ༵། །(ཆགས་སོགས་)དེ༷་ད༷ང་དེ༷་བསྡོ༷ངས་ནས་རྣམ་སྨིན་གྱི་ དུས་ན་སྟོ༷ང་འགྱུ༷ར་དུ༵། སྡུ༷ག་བསྔ༷ལ་(གྱི་རྒྱུད་ངོ་བོ་)ཉི༷ད་དུ༷་འགྱུ༷ར་ཞི༷ང་ལྡ༵ང༌། །དེ༷་བ༷ས་མཁ༷ས་ པ༷ས་(རྙེད་སོགས་ལ་)ཆ༷གས་མི༷་བྱ༷། །ཆ༷གས་པ༷་ལ༷ས་ནི༷་འཇི༷གས་པ༷་སྐྱེ༵། །ཞེན་ཡུལ་འདི༷་ད༷ག་ (མི་རྟག་པས་) ར༷ང་བཞི༷ན་འདོ༷ར་(ཞིང་ཉམས་པར་)འགྱུ༷ར་བ༵ས། (བློ་མི་འཇུག་པར་)བརྟན༷་པ༷ར་གྱི༷ས་ ཏེ༷་ར༷བ་ཏུ༷་རྟོ༵གས། །གལ་ཏེ་ཆགས་ཞེན་ལས་རྙེ༷ད་པ༷་ད༷ག་ནི༷་མ༷་བྱུ༷ང་ཞི༵ང༌། གྲ༷གས་ད༷ང་ སྙན༷་པ༷་བྱུ༷ང་གྱུ༷ར་ཀྱང༷༌། །འཆི་དུས་རྙེ༷ད་ད༷ང་གྲ༷གས་པ༷འི་ཚོ༷གས་བཅ༷ས་ཏེ༵། ག༷ང་དུ༷་འགྲོ༷་ བ༷འི་གཏོ༷ལ་མེ༷ད་དོ༵(གར་འགྲོ་མི་ཤེས་སོ)། །རྙེད་བཀུར་མེད་པ་ལ་འགའ་ཞིག་གིས་འཕྱ་བར་ འགྱུར་རོ་སྙམ་ན་བདེན་ཏེ་བད༷ག་ལ༷་སྨོ༷ད་པ༷་གཞ༷ན་ཡོ༷ད་ན༵། (འགའ་ཞིག་གིས་)བསྟོ༷ད་པ༷ས་ བད༷ག་དག༷ར་ཅི༷་ཞི༷ག་ཡོ༵ད། །བད༷ག་ལ༷་བསྟོ༷ད་པ༷་གཞ༷ན་ཡོ༷ད་ན༵། །སྨད༷་པ༷ས་མི༷་དག༷འ་ཅི༷་ ཞི༷ག་ཡོ༵ད(དེ་མེད་དོ་) ཅེས་སོ། །ཐམས་ཅད་མགུ་བར་བྱེད་དོ་ཞེ་ན་སེ༷མས་ཅ༷ན་ལས་སྣ་ཚོགས་ སྤྱད་པས་འབྲས་བུ་མོ༷ས་པ༷་སྣ་༷ཚོ༷གས་པ༵་རྣམས། རྒྱ༷ལ་བ༷ས་ཐབས་ལ་མཁས་པས་ཀྱང༷་ནི༷་ མི༷་མགུ༷་ན༵། བད༷ག་འདྲ་༷ང༷ན་པ༷ས་(མི་ཤེས་པས་མགུ་མི་ནུས་པ་)སྨོ༷ས་ཅི༷་དགོ༵ས (ཏེ་མི་ནུས་པའི་ཕྱིར་རོ)། །དེ༷་བ༷ས་རེ་ཤིག་འཇི༷ག་རྟེ༷ན་(གྱི་སྤྱོད་པ་ལ་སེམས་པའི་)བས༷མ་པ༷་གཏ༵ང་ཞིང་དབེན་པ་བསྟེན་ཏོ། །མ་བཏང་ཡང་སེ༷མས་ཅ༷ན་རྣམས་ནི་རྙེ༷ད་པ༷་མེ༷ད་པ༷་ལ་བསོད་ནམས་དམན་པའོ་ཞེས་སྨོ༵ད་ 1-1-234 ཅིང༌། རྙེ༷ད་པ༷་ཅ༷ན་ལ༷་ལོག་འཚོ་བསགས་པའོ་ཞེས་མི༷་སྙན༷་བརྗོ༵ད། ར༷ང་བཞི༷ན་འགྲོ༷གས་ དཀ༷འ་དེ༷་ད༷ག་གི༵ ། (རང་ཉིད་ལ་)དག༷འ་བ༷་ཇི༷་ལྟར༷་སྐྱེ༷་བ༷ར་འགྱུ༵ར(ཏེ་མི་འགྱུར་རོ)། །ག༷ང་ཕྱི༷ར་ བྱི༷ས་པ༷་ར༷ང་དོ༷ན་ནི༵། །(གྲུབ་པ་)མེ༷ད་པ༷ར་ཅི་བྱས་ཀྱང་དག༷འ་བ༷་མི༷་འབྱུ༷ང་བ༵ས། བྱི༷ས་པ༷་ འག༷འ་ཡ༷ང་(མཛའ་)བཤེ༷ས་མི༷ན་ཞེ༵ས། །དེ༷་བཞི༷ན་གཤེ༷གས་པ༷་རྣམ༷ས་ཀྱི༷ས་གསུ༵ངས་ཏེ། ཇི་ སྐད་དུ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། བྱིས་པའི་རང་བཞིན་ངོ་བོ་ཐ་དད་དེ། །སོ་སོའི་ སྐྱེ་བོ་ནམ་ཡང་བཤེས་མིན་ཞེས། །བྱིས་པ་རྣམས་ཀྱི་ངོ་བོ་ཉིད་ཤེས་ནས། །མཁས་འདིར་ བྱིས་པ་རྣམས་ལ་ཡིད་མི་རྟོན། །ཞེས་སོ། ། ད་ནི་དབེན་པ་ལ་སྤྲོ་བ་བསྐྱེད་པ་སྟོན་ཏེ། གྲོགས་ནི་ན༷གས་(ཁྲོད་)ན༷་རི༷་དྭ༷གས་བྱ་༷རྣམ༷ས་ ད༵ང༌། (ལྗོན་)ཤི༷ང་རྣམ༷ས་མི༷་སྙན༷་(པ་སྨོད་ཚིག་)བརྗོ༷ད་མི༷་བྱེ༵ད། །(བསམ་པ་མི་མཐུན་པ་དང་བྲལ་བས་) འགྲོ༷གས་ན༷་བདེ༷་བ༷་དེ༷་ད༷ག་ད༵ང༌། །ན༷མ་ཞི༷ག་ལྷ༷ན་ཅི༷ག་བད༷ག་གན༷ས་འགྱུ༵ར(ཞེས་སྨོན་པའོ)། ། གནས་ནི་(མི་མེད་པའི་)ཕུ༷ག་ག༷མ་ལྷ་༷ཁ༷ང་སྟོ༷ང་པ༷་འ༵མ། །ལྗོ༷ན་ཤི༷ང་དྲུ༷ང་དུ༷་(ཇི་ལྟར་འདོད་པར་ འདུག་)གན༷ས་བཅ༷ས་ཏེ༵། །(དུས་)ན༷མ་ཞི༷ག་(ཕྱིས་ལྡོག་པ་མེད་པས་)རྒྱ༷བ་ཏུ༷་འདུ་འཛི་ལ་མི༷་ལྟ་༷ཞི༵ང༌། ཆ༷གས་པ༷་མེ༷ད་པ༷ར་(གནས་པར་)འགྱུ༷ར་ཞི༷ག་གུ༵་སྟེ་སྨོན་པའི་གནས་འགའ་ཡང་མེད་པས་སོ། །(རིའམ་ནགས་ཀྱི་)ས༷་ཕྱོ༷གས་(སུས་ཀྱང་)བད༷ག་གི༷ས་(ཡོངས་སུ་)གཟུ༷ང་མེ༷ད་པ༵ར། །(ཆེད་དུ་མ་བྱས་པའི་) ར༷ང་བཞི༷ན་གྱི༷ས་ནི༷་ཡ༷ངས་རྣམ༷ས་སུ༵། །(གཞན་དབང་དུ་མ་སོང་བས་)ར༷ང་དབ༷ང་སྤྱོ༷ད་ཅི༷ང་(བདག་ འཛིན་མེད་པས་)ཆ༷གས་མེ༷ད་པ༵ར། །ན༷མ་ཞི༷ག་བད༷ག་ནི༷་གན༷ས་པ༷ར་འགྱུ༵ར། །ཡོ་བྱད་ནི་རྫའི་ ལྷུ༷ང་བཟེ༷ད་ལ༷་སོ༷གས་(ཡོ་བྱད་)ཉི༷་ཚེ༷་བའི་དོན་ནུས་ཙམ་ད༵ང༌། རྐུ༷ན་པོ་ལ༷་མི༷་མཁོ༷འི་(ཕྱན་དར་ ཁྲོད་ཀྱི་)གོ༷ས་འཆ༷ང་ཞི༵ང༌། ལུ༷ས་འདི༷་(གསོན་པ་ལ་མི་ལྟ་བས་)སྦ༷་བ༷ར་མ་༷བྱས༷་ཀྱང༷༌། །(བསྲུང་མི་དགོས་ པའི་ཕྱིར་)འཇི༷གས་མེ༷ད་གན༷ས་པ༷ར་ན༷མ་ཞི༷ག་འགྱུ༵ར། །ཞེས་པ་སྟེ། དྲག་ཤུལ་ཅན་གྱིས་ཞུས་ 1-1-235 པར། སྐད་ཅིག་གཅིག་ལ་ཡང་རྙོག་པ་དང་འགྲོགས་པར་མི་བྱ་བའི་ངུར་སྨྲིག་རྣམས་བཅང་ བར་བྱ་སྟེ། ཞེས་གསུངས་སོ། །བསམ་པ་ནི་དུ༷ར་ཁྲོ༷ད་(དེར་མཐར་འགྲོ་དགོས་པའི་ཕྱིར་ཏེ་)སོ༷ང་ན༷ས་ གཞ༷ན་ད༷ག་གི༵ ། (སྔར་ཤི་བའི་)རུ༷ས་གོ༷ང་ད༷ག་ད༷ང་བད༷ག་གི༷་ལུ༵ས། །འཇི༷ག་པ༷འི་ཆོ༷ས་ཅ༷ན་ (ཏེ་རང་བཞིན་)ད༷ག་ཏུ༷་ནི༵། །(དུས་)ན༷མ་ཞི༷ག་མགོ༷་སྙོ༷མས་བྱེ༷ད་པ༷ར་འགྱུ༵ར། །བསམས་ན་(མགོ་ སྙོམས་པར་བྱེད་པ་ཡང་)བད༷ག་གི༷་ལུ༷ས་ནི༷་འདི༷་ཉི༷ད་ཀྱང༷༌། རུལ་པ་ག༷ང་གི༷་དྲི༷་(ཤིན་ཏུ་ང་བ་)ཡི༷ས་ (ལྕེ་སྤྱང་དང་)ཝ༷་(ཟས་དོན་དུ་གཉེར་བ་)ད༷ག་ཀྱང༷༌། (བཟོད་པར་དཀའ་བས་)དྲུ༷ང་དུ༷་ཉེ༷ར་འགྲོ༷་མི༷་འགྱུ༷ར་ བ༵། །(ཚུལ་) དེ༷་ལྟ་༷བུ༷ར་ནི༷་འགྱུ༷ར་བ༷ར་འོ༵ང་(སྙམ་དུ་སེམས་པའོ)། །འཁྲུལ་ངོར་ལུ༷ས་འདི༷་གཅི༷ག་ པུ༷་བྱུ༷ང་བ༷་ཡ༵ང༌། (ལུས་དང་)ལྷ༷ན་ཅི༷ག་(ཏུ་)སྐྱེ༷ས་པ༷འི་ཤ༷་རུ༷ས་ད༵ག །ཞི༷ག་སྟེ༷་སོ༷་སོ༷ར་(འབྲལ་ ཞིང་)འགྱེ༷ས་འགྱུ༷ར་ན༵། །མཛ༷འ་བ༷་གཞ༷ན་འགྱེས་པ་ལྟ་༷ཅི༷་ཞི༷ག་སྨོ༵ས། (གྲོགས་རྣམས་དང་སྐྱེ་འཆི་ ཐུན་མོང་དུ་མི་བྱེད་དེ་)སྐྱེ༷་ན༷འང་(རང་)གཅི༷ག་པུ༷ར་སྐྱེ༷་འགྱུ༷ར་ཞི༵ང༌། །འཆི༷་ན༷འ༷ང་དེ༷་ཉི༷ད་གཅི༷ག་ འཆི༷་སྟེ༷། །ལས་ཐ་དད་པའི་ཕྱིར་སྡུ༷ག་བསྔ༷ལ་སྐ༷ལ་གཞ༷ན་(ཆགས་ཡུལ་བུ་ལ་སོགས་པས་)མི༷་ལེ༷ན་ ན༵། དགེ་བ་ལ་གེ༷གས་བྱེ༷ད་(པའི་)མཛ༷འ་བ༷ས་ཅི༷་ཞི༷ག་བྱ༷། འགྱེས་པའི་དཔེ་ལ༷མ་ད༷ག་ཏུ༷་ནི༷་ ཞུ༷གས་པ༷་རྣམ༷ས། ཇི༷་ལྟར༷་གན༷ས་ནི༷་ལྷན་ཅིག་འཛི༷ན་བྱེ༷ད་ལྟར༷། དེ༷་བཞི༷ན་སྲི༷ད་པ༷འི་(འཁོར་ བའི་)ལ༷མ་ཞུ༷གས་པ༷འ༵ང༌། །སྐྱེ༷་བ༷འི་གན༷ས་ནི༷་རིས་མཐུན་ཡོ༷ངས་སུ༷་འཛི༵ན། ཤི་བ་ན་འཇི༷ག་ རྟེ༷ན་(གཉེན་ལ་སོགས་པ་མྱ་ངན་གྱིས་)ཀུ༷ན་ན༷ས་གདུ༷ང་བཞི༷ན་དུ༵། (དུས་)ཇི༷་སྲི༷ད་སྐྱེ༷ས་བུ༷་བཞི༷་ཡི༷ས་ ནི༵། །གནས་དེ༷་ལ༷ས་དེ༷་ནི༷་མ༷་བཏེ༷ག་(མ་བཏོན་)པ༵། དེ༷་སྲི༷ད་དུ༷་ནི༷་མ་འདུག་པར་ན༷གས་སུ༷་ སོ༵ང་(ཤིག)། མཚམས་སྦྱོར་ནི། (ཆགས་པའི་)བཤེ༷ས་མེ༷ད་(ཁོང་ཁྲོ་བས་)འཁོ༷ན་པ༷འ༷མ་མེ༷ད་བྱས༷་ན༵ས། །ལུ༷ས་འདི༷་གཅི༷ག་པུ༷་དབེ༷ན་གན༷ས་གང་ཡིན་པ་དེ༵། སྔ༷་ན༷ས་ཤི༷་ད༷ང་འདྲ༷ར་བརྩི༷ས་ན༵ས། །ཤི༷་ན༷འ༷ང་ཤུལ་ན་མྱ་༷ང༷ན་བྱེ༷ད་པ༷་མེ༵ད། དྲུ༷ང་ན༷་འཁོ༷ད་པ༷་བྱ་དང་རི་དྭགས་སུ༷་ད༷ག་ཀྱང༷༌། 1-1-236 ངུད་མོ་དང་སྨྲེ་སྔགས་ཀྱི་མྱ་༷ང༷ན་གནོ༷ད་པ༷་བྱེ༷ད་མེ༷ད་པ༵ས། (འཆི་བ་པོ་)འདི༷་ཡི༷་སང༷ས་རྒྱ༷ས་ རྗེ༷ས་དྲན༷་དང་སོ༵གས་པའི་སྒྲས་དེ་ཁོ་ན་ཉིད་ཡིད་ལ་བྱེད་པའམ། ཆོས་རྗེས་སུ་དྲན་པ་རྣམས་ (གམ་ན་འདུག་པ་)སུ༷ས་ཀྱང༷་གཡེ༷ངས་པ༷ར་འགྱུ༷ར་བ༷་མེ༵ད་པས་དགེ་བ་འབའ་ཞིག་ལ་མཚམས་ སྦྱོར་རོ། ། དེ༷་བ༷ས་ཤི༷ན་ཏུ༷་མད༷ངས་དག༷འ་(བ་སྟེ་བདེ་བ་བསྐྱེད་པས་ཉམས་དགའ་)བ༵འི། །ན༷གས་ཚ༷ལ་(འཚོ་ བ་སྒྲུབ་སླ་བས་)ཚེ༷གས་ཆུ༷ང་བདེ༷་སྐྱི༷ད་ཅི༵ང༌། །(སྒོ་གསུམ་གྱི་རྣམ་པར་)གཡེ༷ང་བ༷་ཐ༷མས་ཅ༷ད་ཞི༷་བྱེ༷ད་ པ༵ར། །བད༷ག་ཉི༷ད་གཅི༷ག་པུ༷་(ཆགས་པ་མེད་པར་)གན༷ས་པ༷ར་བྱ༷། །ཟླ་བ་སྒྲོན་མའི་མདོ་ལས། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤོངས་ལ། །རྟག་ཏུ་དབེན་དང་ནགས་ཁྲོད་བསྟེན་པར་ གྱིས། །བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས། །རིང་པོ་མི་ཐོགས་ཏིང་འཛིན་མཆོག་ཐོབ་ འགྱུར། །ཞེས་གསུངས་པའོ། །བས༷མ་པ༷་གཞ༷ན་རྣམ་རྟོག་ནི༷་ཀུ༷ན་ནས་བཏ༷ང་སྟེ༷། བད༷ག་ ལ༷་སེ༷མས་པ༷་གཅི༷ག་པུ༷་རྩེ་གཅིག་པ་ཡི༵ས། སེ༷མས་ནི༷་(ཞི་གནས་ལ་)མཉམ༷་པ༷ར་བཞ༷ག་ཕྱི༷ར་ ད༵ང༌། དམིགས་པ་ལ་ཡང་ནས་ཡང་དུ་སྦྱོར་བས་(སེམས་)དུ༷ལ་བ༷ར་བྱ་༷ཕྱི༷ར་བརྩོ༷ན་ཏེ་བསྒོམ་ པ༷ར་བྱའོ༵། །འཇི༷ག་རྟེ༷ན་(ཚེ་)འདི༷་ད༷ང་ཕ༷་རོ༷ལ་ཏུ༷འ༵ང༌། འདོ༷ད་པ༷(འི་ཡོན་ཏན་ལྔ་པོ་)རྣམ༷ས་ནི༷་ (བརྟེན་པ་ན་) ཕུ༷ང་ཁྲོ༷ལ་བསྐྱེ༵ད་པ་ཡིན་ཏེ། (ཚེ་)འདི༷ར་ནི༷་བས༷ད་ད༷ང་བཅི༷ང་ད༷ང་གཅོ༵ད་པ་ སྒྲུབ་ཅིང༌། ཕ༷་རོ༷ལ་ཏུ༷་ནི༷་དམྱལ༷་སོ༷གས་བསྒྲུ༵བ་པའི་ཕྱིར་འདོད་པ་ལ་འཕྲོ་བའི་རྣམ་རྟོག་ དགག་གོ་ཞེས་པ་སྤྱིར་བསྟན་པའོ། །ཁྱད་པར་དུ་སེམས་ཅན་ལ་འཕྲོ་བ་དགག་པར་བཞེད་ ནས། གཉེན་འཐམ་པའི་ཕོ༷་ཉ༷་དང་ཕོ༷་ཉ༷་མོ༷་རྣམས་ལ༷་སྔོ༵ན། ཁྱིམ་ཐབ་ག༷ང་ཐོབ་བྱའི་ཕྱི༷ར་ ལན་དུ༷་མ༷ར་གསོ༷ལ་བཏ༷བ་ཅི༵ང༌། (འཇིག་རྟེན་ཕ་རོལ་ཏུ་གནོད་པའི་)སྡི༷ག་པ༷་རྣམ༷ས་ས༷མ་(འདིར་ གནོད་པའི་)གྲ༷གས་མི༷ན་པ༵། །(འདོད་པ་བརྟེན་པ་གང་)ག༷ང་གི༷་དོ༷ན་དུ༷འང་མ༷་འཛེ༷མས་པ༵ར། །འདི་ ཕྱི་ཀུན་ཏུ་འཇི༷གས་པ༷་ལ༷་ཡ༷ང་བད༷ག་ཞུ༷གས་ཤི༵ང༌། །དེའི་དོན་དུ་(ནོར་)རྫ༷ས་ཀྱང༷་ཟ༷ད་པ༷ར་ 1-1-237 བྱས༷་གྱུ༷ར་ཏེ༵། ཁྱིམ་ཐབ་ག༷ང་ལ༷་ཡོ༷ངས་སུ༷་འཁྱུ༷ད་པ༷ས་ན༵། མཆོ༷ག་ཏུ༷་དག༷འ་བའི་རོ་མྱོང་ བར་འགྱུ༷ར་དུ་རེ་བ་ལས་འཁྱུད་བྱ་དེ༷་ད༷ག་ཉི༵ད། ཚིགས་སུམ་བརྒྱ་དྲུག་ཅུ་འབྲེལ་བའི་ཀེ༷ང་ རུ༷ས་ཉི༷ད་ཡི༷ན་གཞ༷ན་མི༷ན་པ༵་དེ། དང་པོ་ནས་ར༷ང་དབ༷ང་བ་ད༷ང་ནི༷་བད༷ག་གིར་གཟུང་ བའང་མི༷ན་པ་ལ༵། དང་པོར་ར༷བ་ཏུ༷་འདོ༷ད་ཅི༷ང་ཕྱིས་ཡོ༷ངས་ཞེ༷ན་ན༵ས། ཅི༷་ཕྱི༷ར་མྱ་༷ང༷ན་ འད༷ས་མི༷་འགྲོ༵། །ཞེས་པ་སྟེ་དེ་ལ་འཕྲོ་བ་བཀག་ནས་བསམ་གཏན་སྒོམ་པར་གྱུར་ཅིག་སྙམ་ དུ་དགོངས་པ་ནི་འཆད་འགྱུར་ལ་ཡང་ཤེས་པར་བྱའོ། །ཁྱིམ་ཐབ་ག༷ང་ཞི༷ག་གི་བྱད་བཞིན་ ལྟ་འདོད་པས་ད༷ང་པོ༷་འབ༷ད་དེ༷་བཏེ༵ག་ནས། དྲ༷ངས་ཤིང་འཐེན་ཀྱང༷་དེ་ངོ༷་ཚ༷་བས༷་འོ༷ག་ཏུ༷་ ལྟ༵་ཞིང༌། དུར་ཁྲོད་དུ་མ་སོང་བའི་སྔོ༷ན་ནི༷་དེའི་ལུས་ཀྱི་གནས་ལུགས་མཐོ༷ང་ང༷མ་མ༷་མཐོ༷ང་ ཡ༵ང༌། ཡུལ་བཅོམ་བརླག་པ་སོགས་ཀྱི་ལུགས་ལ་སེང་རས་ཀྱི་གོ༷ས་ཀྱི༷ས་རིགས་ཀྱི་ཆུང་མའི་ གདོ༷ང་ནི༷་གཡོ༷གས་པ༷ར་གྱུ༵ར་པ་ལ། ཁྱོ༷ད་ཉོ༷ན་མོ༷ངས་པ༷འི་དབང་གིས་ལྟ་འདོད་པའི་གདོ༷ང་ དེ༷་ནི༵། ད༷་ལྟ་༷དུར་ཁྲོད་ན་མངོ༷ན་སུ༷མ་གྱུ༷ར་པ༷་བཞི༵ན། བྱ་༷རྒོ༷ད་ཀྱི༷ས་(གཡོགས་མ་རྣམས་)བས༷ལ་ བྱས༷་(པ་)མཐོ༷ང་ན༵། །ད༷་ལྟ་༷(འཇིགས་པས་)ཅི༷་ཕྱི༷ར་འབྱེ༷ར་(ཞིང་འབྲོས་)བ༷ར་བྱེ༵ད། །སྔོན་གཞ༷ན་ རྣམ༷ས་མི༷ག་གི༷ས་ལྟ་༷ན༷་ཡ༵ང་(ལྟ་བར་མ་བྱེད་ཅེས)། ག༷ང་ཞི༷ག་(ཟུར་མིག་ཙམ་གྱི་བལྟ་བ་ཡང་)ཡོ༷ངས་ སུ༷་བསྲུ༷ངས་གྱུ༷ར་པ༵། །ཇི༷་སྲི༷ད་དུ་བསྐྱངས་པའི་ཁྱིམ་ཐབ་དེ༷་ནི༷་དེ༷ང་བྱ་རྒོད་སོགས་ཀྱིས་ཟ༷་ ན༵། ཕྲག་དོག་དང་སེ༷ར་སྣ་༷ཅ༷ན་ཁྱོ༷ད་ཅི༷ས་མི༷་བསྲུ༵ང་སྟེ་ངོ་བོ་མཚུངས་པས་ཞེན་པར་མི་འོས་ ཤིང༌། ཤ༷་ཡི༷་ཕུ༷ང་པོ༷ར་འདི༷་མཐོ༷ང་ན༵ས། །བྱ་༷རྒོ༷ད་ད༷ང་གཞ༷ན་ལྕེ་སྤྱང་སོགས་ཀྱིས་ཟ༷་བྱེ༷ད་ ན༵། གཞ༷ན་(བྱ་རྒོད་དང་ལྕེ་སྤྱང་སོགས་)གྱི༷ས་ཟ༷ས་ལ༷་མེ༷་ཏོ༷ག་གི༵ ། ཕྲེ༷ང་བ༷་དང་ཙ༷ན་ད༷ན་གྱི་བྱུག་པ་ དང་གོས་དང་རྒྱ༷ན་སྣ་ཚོགས་ཀྱི༷ས་ཅིའི་ཕྱིར་མཆོ༵ད་དེ་འབད་པ་ཡང་འཁྲུལ་ལོ། ། དུར་ཁྲོད་དུ་རུ༷ས་གོ༷ང་(མི་སྡུག་ཅིང་འཇིགས་སུ་རུང་བ་)ཉི༷ད་དུ༷་མཐོ༷ང་ན༷ས་ནི༵། (བོང་པ་ལྟར་)མི༷་ མགུ༷ལ་ཡ༷ང་ནི༷་ཁྱོ༷ད་སྐྲ༷ག་ན༵། །ད་ལྟ་རོ༷་ལ༷ངས་མཆན་དུ་ཞུགས་པ་བཞི༷ན་དུ༷་(རླུང་ལ་སོགས་རྐྱེན་) 1-1-238 འག༷འ་ཡི༷ས་ཀྱང༷༌། བསྐྱོ༷ད་པ༷ར་གྱུ༷ར་(པའི་གནོད་པའི་དུས་)ན༷་ཅི༷ས་མི༷་འཇི༵གས (ཏེ་ཤིན་ཏུ་འཇིགས་ པར་རིགས་སོ)། །ག༷ང་ལ༷་པགས་པའམ་གོས་ཀྱིས་གཡོ༷གས་ཀྱང༷་འདི༷་ཙམ་དུ་ཆ༷གས་པ༵་ན། དེ༷་ མ༷་གཡོ༷གས་པ་དུར་ཁྲོད་དུ་བོར་བ་ན༷་ཅི༷ས་མི༷་འདོ༵ད་དེ་འདོད་པར་རིགས་པ་ལས། དེ༷་ལ༷་ དགོ༷ས་པ༷་མེ༷ད་ན༷་ནི༵། །གཡོ༷གས་པ༷་ལ༷་ཡ༷ང་ཅི༷་ཕྱི༷ར་འཁྱུ༵ད་དེ་ལུས་ལ་ཁྱད་པར་མེད་པའི་ ཕྱིར་རོ། །གཞན་ཡང་རྒྱུ་ཟ༷ས་ནི༷་གཅི༷ག་པུ༷་ཉི༷ད་ལ༷ས་ནི༵། ཁྱིམ་ཐབ་འདིའི་བཤ༷ང་ད༷ང་ཁ༷་ ཆུ༷་གཉི་ག་བྱུ༷ང་གྱུ༷ར་ན༵། དེ༷་ལ༷་བཤ༷ང་བ་ལ༷་མི༷་དག༷འ་ཞི༵ང༌། ཁ༷་ཆུ༷་ལ༷་ཁྱོ༷ད་མི་འཛེམ་པར་ འོ་བྱེད་པ་སོགས་ཅི༷་ཕྱི༷ར་དག༵འ་སྟེ་ཁྱད་པར་མེད་པར་རིགས་སོ། །ཤི༷ང་བ༷ལ་ཏེ་རས་བལ་ སོགས་རེ༷ག་ན༷་འཇ༷མ་པ༷་ཡི༵ས། སྔ༷ས་དགའ་བར་འོས་པ་ལ༷་དག༷འ་བ༷ར་མི༷་བྱེ༷ད་པ༵ར། (མི་ གཙང་བ་ལས་བྱུང་བའི་)དྲི༷་ང༷་འཛ༷ག་པ༷་མ༷་ཡི༷ན་ཞེ༵ས། མི་འོས་པ་ལ་ཞེན་པའི་འདོ༷ད་ལྡན༷་རྣམས་ མི༷་གཙ༷ང་བ༷འི་གནས་ལུགས་ལ༷་རྨོ༵ངས་པ་སྙིང་རྗེའོ། །དེ་འདྲ་མེད་དོ་ཞེ་ན་མ་ཡིན་ཏེ། འདོ༷ད་ལྡན༷་ང༷ན་པ༷་རྨོ༷ངས་པ༷་རྣམ༷ས། །ཤི༷ང་བ༷ལ་རེ༷ག་ན༷་འཇ༷མ་པ༷་བསྟབས་པ་ལ༷འ༵ང༌། འདིས་བདག་གི་ཉ༷ལ་པོ༷་སྟེ་འཁྲིག་པའི་ཟླ་བྱ་༷བ༷ར་མི༷་ནུ༷ས་ཞེ༵ས། དེ༷་ལ༷་ཁྲོ༷་བ༷་ད༷ག་ཏུ༷་བྱེ༷ད་ པ་མཐོང་བའི་ཕྱིར་རོ། །ག༷ལ་ཏེ༷་མི༷་གཙ༷ང་བ་ལ་ཆ༷གས་པ་མེ༷ད་དོ་ཞེ་ན༵། འོ་ན་རུ༷ས་གཟེ༷བ་ རྒྱུ༷ས་པ༷ས་སྦྲེ༷ལ་བ༷་ལ༵། ཤ༷་ཡི༷་འད༷མ་གྱི༷ས་ཞ༷ལ་ཞ༷ལ་བྱས༷་པའི་ཁྱིམ་ཐབ་གཞ༷ན་ཁྱོ༷ད་ཅི༷་ ཕྱི༷ར་པ༷ང་དུ༷་འཁྱུ༵ད(དེ་མི་གཙང་བའི་རང་བཞིན་ཡིན་པའི་ཕྱིར་རོ)། ཁྱོ༷ད་(རང་)ཉི༷ད་མི༷་གཙ༷ང་བའི་རྫས་ སུམ་ཅུ་སོ་དྲུག་སོགས་མ༷ང་ཡོ༷ད་པ༵། དེ༷་ཉི༷ད་ལ༷་ཁྱོ༷ད་(དུས་)གཏ༷ན་དུ་སྤྱོ༷ད་ཅི༵ང་(ཡོད་པས་དེ་ཉིད་ ཀྱིས་དགའ་བར་རིགས་ཀྱི)། མི༷་གཙ༷ང་རྐྱ༷ལ་བ༷་གཞ༷ན་(བུད་མེད་ཀྱི་ལུས་)ད༷ག་ལ༷འ༵ང༌། །མི༷་གཙ༷ང་(བ་ ལ་) བརྐ༷མ་པ༷ས་ཅིའི་ཕྱིར་འདོ༷ད་པ༷ར་བྱེ༵ད། །ཅེས་པ་སྟེ། དཀོན་མཆོག་བརྩེགས་པ་ལས་ ཀྱང༌། མི་གཙང་བུམ་པ་ཁྲ་བོ་ཞིག །ཁ་དོག་ལྡན་པར་སྣང་མོད་ཀྱི། །ནང་ན་ཧ་ལ་ཧ་ལའི་དུག །དྲག་པོ་ཆེན་པོ་ཡོད་པ་ལྟར། །བུད་མེད་རྒྱན་གྱིས་བརྒྱན་པ་ཡང༌། །ཁ་དོག་ལྡན་པར་སྣང་ 1-1-239 མོད་ཀྱི། །ནང་ནི་གཅིན་དང་ཕྱི་སས་གང༌། །རྐྱལ་བ་རླུང་གིས་གང་བ་བཞིན། །ཞེས་གསུངས་ སོ། །བདེན་མོད། བད༷ག་ནི༷་ཤ༷་འཇམ་པོ་དང་དབྱིབས་སྡུག་གུ་འདི༷་ལ༷་དག༷འ་བོ་ཞེ༵ས། རེ༷ག་ ད༷ང་ལྟ་༷བ༷ར་འདོ༷ད་ན༷་ཀོ༵ ། (འཇིམ་གོང་ལྟར་)སེ༷མས་མེ༷ད་པ༷་ཡི༷་ར༷ང་བཞི༷ན་གྱི༵། །ཤ༷་ནི༷་(ལྟ་བ་དང་ རེག་པར་)ཁྱོ༷ད་ཀོ༷་ཅི༷ས་མི༷་འདོ༵ད་དེ་རེག་བྱ་དང་དབྱིབས་ཡིན་པའི་ཕྱིར་རོ། །བདག་འདོ༷ད་ པ༷འི་དངོས་པོ་དེ་ནི་སེམས་དང་བཅས་པའོ་ཞེ་ན་གོ་སེ༷མས་ག༷ང་ཡི༷ན་པ༷་དེ༵། ལུས་མེད་པའི་ ཕྱིར་རེ༷ག་ད༷ང་ལྟ་༷བ༷ར་མི༷་ནུ༷ས་ལ༵། ག༷ང་ཞི༷ག་ལྟ་རེག་ནུ༷ས་པ་དེ༷་ཤེ༷ས་པ༷་མི༵ན་པའི་ཕྱིར། འདོད་པའི་དོ༷ན་གཉི་ག་མེ༷ད་བཞིན་དུ་འཁྱུ༷ད་དེ༷ས་ཅི༷་ཞི༷ག་བྱ་༷སྟེ་འཁྲུལ་བ་ཁོ་ནར་བས་སོ། །ལར་མི༷་གཙ༷ང་ར༷ང་བཞི༷ན་(བུད་མེད་)གཞ༷ན་གྱི༷་ལུ༵ས། །(ཁྱོད་ཀྱིས་མི་གཙང་བར་)མི༷་རྟོ༷གས་(པ་)ངོ༷་ མཚ༷ར་མི༷་ཆེ༷་ཡི༵། །ར༷ང་ཉི༷ད་(ཀྱི་ལུས་)མི༷་གཙ༷ང་(བའི་རང་བཞིན་)ཉི༷ད་ཡི༷ན་པ༵། །མངོན་སུམ་དུ་ གྱུར་པ་འདི་རྟོ༷གས་པ༷ར་མི༷་འགྱུ༷ར་བའི་ཤེས་རབ་ཅན་ངོ༷་མཚ༷ར་ཆེ༵་ཞེས་བསྟིང་བའོ། །ཤེས་ རབ་ཡོད་དོ་ཞེ་ན། འོ་ན་(སྒྲིབ་བྱེད་)སྤྲི༷ན་བྲ༷ལ་ཉི༷་(མའི་)ཟེ༷ར་གྱི༷ས་ཕྱེ༷་བ༵འི། པ༷ད་མ༷་གཞོ༷ན་ ནུ༷་ཁ་དོག་དབྱིབས་ལེགས་རེག་བྱར་ལྡན་པ་སྤང༷ས་ན༷ས་ནི༵། མི༷་གཙ༷ང་(བ་ལ་གཙང་བར་)ཞེ༷ན་ པ༷འི་སེ༷མས་ཀྱི༷ས་ནི༵། །མི༷་གཙ༷ང་བའི་གཟེ༷བ་བམ་སྣོད་ལ༷་ཅི༷་ཕྱི༷ར་དག༵འ་སྟེ་འདི་གཉིས་ ཀྱི་ཁྱད་པར་ཕྱེ་དགོས་སོ། །གཞན་ཡང་ས༷་ཕྱོ༷གས་བཤང་གཅི་སོགས་མི༷་གཙ༷ང་གི༷ས་གོ༷ས་ པ༵འང༌། ག༷ལ་ཏེ༷་རེ༷ག་པ༷ར་མི༷་འདོ༷ད་ན༵འང༌། །སྐྱེས་པ་བུད་མེད་ག༷ང་ལ༷ས་(མི་གཙང་བ་)དེ༷་ནི༷་ བྱུ༷ང་བ༷་ཡི༵། ལུ༷ས་ལ༷་ཇི༷་ལྟར༷་ཁྱོ༷ད་རེ༷ག་འདོ༵ད(དེ་འདོད་པར་མི་རིགས་སོ)། ། ག༷ལ་ཏེ༷་(ས་ཕྱོགས་དེ་)མི༷་གཙ༷ང་(བས་གོས་པའི་ཕྱིར་)ཆ༷གས་(པས་རེག་པར་འདོད་པ་)མེ༷ད་ན༵། །མི༷་ གཙ༷ང་བའི་ཞི༷ང་མའི་མངལ་ལ༷ས་བྱུ༷ང་གྱུ༷ར་ཅི༵ང༌། དེ༷་ཡི༷་ས༷་བོ༷ན་ཁུ་ཁྲག་ཉིད་ཕ་མའི་བཟའ་ བཏུང་གི་ནུས་པ་མི་གཙང་བ་དེ༷ས་བསྐྱེ༷ད་པ༵། གཞ༷ན་ཁྱོ༷ད་ཅི༷་ཕྱི༷ར་པ༷ང་དུ༷་འཁྱུ༵ད། །མི༷་ གཙ༷ང་ལ༷ས་བྱུ༷ང་མི༷་གཙ༷ང་སྲི༵ན་བུ། ཆུ༷ང་ངུ༷འ༷ང་ཁྱོ༷ད་འདོ༷ད་མི༷་བྱེ༷ད་(དེ་འདོད་པར་འགྱུར་)ལ༵། 1-1-240 །མི༷་གཙ༷ང་མ༷ང་གི༷་ར༷ང་བཞི༷ན་ལུ༵ས། །(ཕ་མའི་)མི༷་གཙ༷ང་བ་ལས་སྐྱེ༷ས་པ༷འ༷ང་འདོ༷ད་པ༷ར་ བྱེ༵ད། ཁྱོ༷ད་ནི༷་(ཤིན་ཏུ་རྨོངས་པས་)ར༷ང་གི༷་མི༷་གཙ༷ང་ལ༵། །སྨོ༷ད་མི༷་བྱེ༷ད་པ༷ར་མ༷་ཟ༷ད་ཀྱི༷། །མི༷་ གཙ༷ང་རྐྱ༷ལ་བ༷་ཞེས་བོས་ནས་མི༷་གཙ༷ང་ལ༵། བརྐ༷མ་(ཞིང་ཞེན་)པ༷ས་གཞ༷ན་ཡ༷ང་འདོ༷ད་པ༷ར་ བྱེ༵ད་དམ་ཞེས་སྲིད་པ་སྟེ་རགས་པའི་ལན་ནི་གདབ་པ་མེད་དོ། ། ག༷་པུ༷ར་དང་གླ་རྩི་ལ༷་སོ༷གས་ཡི༷ད་འོ༷ང་ད༵ང༌། འབྲ༷ས་ཆ༷ན་ད༷ག་ག༷མ་ཚོ༷ད་མ༷འ༷ང་རུ༵ང༌། །ལན་གཅིག་མིའི་ཁ༷ར་བཅུ༷ག་ཕྱི༷ར་ཕྱུ༷ང་བོ༷ར་བ༷་ཡི༵། ས༷་ཡ༷ང་མི༷་གཙ༷ང་བཙོ༷ག་པ༷ར་འགྱུ༵ར་ བའི་འབྲས་རྟགས་ལས་ཀྱང་ཡིད་འབྱུང་ངོ༌། ། ག༷ལ་ཏེ༷་མི༷་གཙ༷ང་(བའི་རང་བཞིན་གྱི་ལུས་)འདི༷་འདྲ་༷བ༵། །མངོ༷ན་སུ༷མ་གྱུ༷ར་ཀྱང༷་ཐེ༷་ཚོ༷མ་ན༵། །དཀོན་མཆོག་སྤྲིན་ལས། འདི་ལྟ་སྟེ། ལུས་འདི་ལ་སྐྲ་དང་སྤུ་དང་སེན་མོ་དང་རྡུལ་དང་དྲི་མ་ དང་པགས་པ་དང་ཤ་དང་རུས་པ་དང་རྩ་རྒྱུས་དང༌། མཁལ་མ་དང་སྙིང་དང་མཆིན་པ་དང་གློ་ བ་དང་རྒྱུ་མ་དང་གཉེ་མ་དང་ཕོ་བ་དང་སུལ་མང་དང་ལོང་ཀ་དང་མཚེར་པ་དང༌། ཕྱི་ས་དང་ མཆི་མ་དང་རྔུལ་དང་སྣབས་དང་ངར་སྣབས་དང་ཞག་དང་ཆུ་སེར་དང་རྐང་དང་ཚིལ་དང་ མཁྲིས་པ་དང༌། བད་ཀན་དང་རྣག་དང་ཁྲག་དང་ཀླད་པ་དང་ཀླད་རྒྱས་དང་གཅིན་རྣམས་ ཡོད་དེ། དངོས་པོ་དེ་རྣམས་ལ་བྱང་ཆུབ་སེམས་དཔའ་ཡོངས་སུ་རྟོག་པའི་རང་བཞིན་ཡིན་ ཞེས་གསུངས་པ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་རང་བཞིན་དུ༷ར་ཁྲོ༷ད་ད༷ག་ཏུ༷་བོ༷ར་ བ༷འི་ལུ༵ས། མི༷་གཙ༷ང་(བའི་གཟུགས་འཇིགས་སུ་རུང་བ་)གཞ༷ན་ཡ༷ང་བལྟ་༷བ༷ར་གྱི༵ས། །ག༷ང་ཞི༷ག་ པ༷གས་པ༷འི་ཁ༷་ཕྱེ༷་ན༵ས (ཡི་དྭགས་ལ་སོགས་པར་འཁྲུལ་ནས)། །འཇི༷གས་པ༷་ཆེ༷ན་པོ༷་སྐྱེ༷་ འགྱུ༷ར་བ༵ར། །(དེ་ལ་དེ་ལྟ་བུའི་རང་བཞིན་དུ་)ཤེ༷ས་ཀྱང༷་ཇི༷་ལྟར༷་དེ༷་ཉི༷ད་ལ༵། །རྟོགས་བཞིན་དུ་ཕྱི༷ར་ ཞི༷ང་དག༷འ་བ༷་སྐྱེ༷་བ༷ར་འགྱུ༵ར་བ་མི་རིགས་སོ། ། འོན་ཏེ་དྲི་ཞིམ་པའོ་སྙམ་ན་(མི་གཙང་བའི་)ལུས་ལ་བསྐུ༷ས་པ༷འི་དྲི༷་(ཞིམ་པ་)དེ༷་ཡ༵ང༌། ཙ༷ན་ 1-1-241 ད༷ན་སོ༷གས་ཡི༷ན་གྱི་གཞ༷ན་ལུས་ཀྱི་དྲི་ནི་མ༷་ཡི༵ན། གཞ༷ན་(ཙན་དན་)གྱི༷་དྲི༷་དེ༷ས་གཞ༷ན་(དྲི་ང་ བའི་ལུས་)ད༷ག་ལ༵། །ཅི༷་ཡི༷་ཕྱི༷ར་ན༷་ཆ༷གས་པ༷ར་བྱེ༵ད། །ག༷ལ་ཏེ༷་བརྟགས་ན་ར༷ང་བཞི༷ན་དྲི༷་ང༷་ བ༵ས། ལུས་འདི༷་ལ༷་མ༷་ཆ༷གས་ལེ༷གས་མི༷ན་ན༵མ། འཇི༷ག་རྟེ༷ན་ན་ལུས་ལ་གཙང་བའི་དོ༷ན་ མེ༷ད་བཞིན་དུ་སྲེ༷ད་ཞེན་གྱི་རྨོངས་པ༷་ད༵ག །ཅེས་བོས་ནས། ཅི༷་སྟེ༷་དེ༷་ལ༷་དྲི༷་ཞི༷མ་སྐུ༵ད་དེ་ལུས་ ཀྱིས་དྲི་ཡང་ཆུད་གསན་པར་གྱུར་པའོ། །འོ༷ན་ཏེ༷་དྲི༷་ཞི༷མ་ཙ༷ན་ད༷ན་ཉིད་ཡིན་ནོ་ཞེ་ན༵། འོ་ན་ ལུ༷ས་ལ༷ས་འདི༷ར་ནི༷་རུལ་དྲི་མིན་པ་ཅི༷་ཞི༷ག་བྱུ༵ང༌། གཞ༷ན་(ཙན་དན་)གྱི༷་དྲི་ཡི༷ས་གཞ༷ན་(འབྲཻལ་ མེད་ཀྱི་ལུས་)ད༷ག་ལ༵། །ཅི༷་ཡི༷་ཕྱི༷ར་ན༷་ཆ༷གས་པ༷ར་(དེ་འགལ་ལོ་)བྱེ༵ད། ། ག༷ལ་ཏེ༷་གོས་ཀྱིས་མ་གཡོགས་ན་སྐྲ༷་སེ༷ན་(མ་བྲེག་པས་)རི༷ང་བ༷་ད༵ང༌། སོ༷་སྐྱ༷་དྲི༷་བཅ༷ས་ འད༷མ་གྱི༷་དྲི༵ས། །བསྒོ༷ས་པ༷ས་ལུ༷ས་ཀྱི༷་ར༷ང་བཞི༷ན་ནི༵། །གཅེ༷ར་བུ༷་འདྲེག་སྤྱད་དང་ཁྲུས་ ལ་སོགས་པས་བྱི་དོར་མ་བྱས་པའི་རང་གཟུགས་ནི་འདྲེ་མོའམ་གཤིན་རྗེ་ལྟ་བུར་འཇི༷གས་ པ༷་ཉི༷ད་ཡི༷ན་ན༵་དེའི་དོན་དུ་འབད་པས་ཅི་ཞིག་བྱ་ཞེས་པའོ། །ར༷ང་ལ༷་གནོ༷ད་པ༷འི་མཚོ༷ན་ རང་གིས་བརྡར་བ་མི་རིགས་པ་བཞི༷ན་དུ༷། དེ༷་འབ༷ད་ཅི༷་ཕྱི༷ར་བྱི༷་དོ༷ར་བྱེ༵ད། ཀྱེ་མ་ཧོ་འདིར་ སྲེད་ལྡན་རྣམས་བད༷ག་དང་བདག་གིར་འཛིན་པ་ལ༷་རྨོ༷ངས་ཤིང་ཞེན་པ༷འི་འབ༷ད་པ༷་ཡི༵ས། འདོད་པའི་མྱོས་ཆུ་ཡང་ཡང་འཐུངས་པས་བཟློག་ཐབས་མེད་པར་སྨྱོ༷ས་པ༷་ཚབས་ཆེས༷་པ་ ས༷་སྟེང་འདི༷་ཀུ༷ན་ཏུ༷་འཁྲུ༵གས་ཤིང་ཁྱབ་པར་བྱས་སོ་ཞེས་བསྟན་བཅོས་མཁན་པོས་མྱ་ངན་ མཛད་པའོ། ། སླར་ཡང་དཀྱུས་ལ་འཇུག་པར་བཞེད་ནས། (རོ་རྣམས་ཀྱི་)རུ༷ས་གོ༷ང་(སོ་སོ་ན་གནས་པ་) འག༷འ་ཞི༷ག་མཐོ༷ང་ན༷ས་ནི༵། །དུ༷ར་ཁྲོ༷ད་དུ༷་ནི༷་རྣམ་པར་བམ་པ་དང་རྣམ་པར་འབུས་གཞིག་ པ་དང་རྣམ་པར་རྣགས་པ་དང་རྣམ་པར་དམར་བ་དང་རྣམ་པར་སྔོས་པ་དང་རྣམ་པར་ཟོས་པ་ དང༌། རྣམ་པར་འཐོར་བ་དང་རུས་པ་དང་རྣམ་པར་ཚིགས་པའི་འདུ་ཤེས་ཏེ། མི་རྟག་པའི་ 1-1-242 འདུ་ཤེས་དགུ་པོ་བསྒོམས་པས་ཤིན་ཏུ་ཡི༷ད་འབྱུ༷ང་ན༵། (དབུགས་རྒྱུ་བས་)གཡོ༷་བ༷འི་རུ༷ས་གོ༷ང་ གི༷ས་ཁྱ༷བ་པ༵འི། །གྲོ༷ང་གི༷་དུ༷ར་ཁྲོ༷ད་ལ༷་དག༷འ་འ༵མ། །ཞེས་དྲིས་པའོ། །དེ༷་ལྟ་༷ན་མི༷་གཙ༷ང་ བའི་རང་བཞིན་ཉེས་པའི་སྒོ་དུ་མར་གྱུ༷ར་པ༷འི་ཁྱིམ་ཐབ་དེ༷འ༵ང༌། དང་པོར་རི༷ན་མེ༷ད་པ༷ར་ ནི༷་མི༷་རྙེ༷ད་དོ༵། །བར་དུ་དེ༷་དོ༷ན་བསྒྲུ༷བས་པ༷ས་ཤ༷་ཐ༷ང་ད༵ང༌། ཐ་མ་དམྱལ༷་ལ༷་སོ༷གས་པ༷ས་ གནོ༷ད་པ༷ར་འགྱུ༵ར་བའི་ཕྱིར་དེ་ལ་རྣམ་རྟོག་འཕྲོ་བ་བཀག་ནས་རྣམ་པར་མི་རྟོག་པའི་བསམ་ གཏན་བསྒོམ་པར་གྱུར་ཅིག །ད་ནི་ཡོ་བྱད་ལ་འཕྲོ་བའི་རྣམ་རྟོག་ཀྱང་འགོག་པར་བཞེད་ ནས་བྱི༷ས་པ༷ས་ནི་ནོ༷ར་འདོད་ཀྱང་སྒྲུབ་ཅིང་སྤེ༷ལ་མི༷་ནུ༷ས་ལ༵། ད༷ར་ལ༷་བ༷བ་ན༷་ཡང་ནོར་འདི༷་ ཅི༷ས་བདེ༵་སྟེ་བསག་བསྲུང་གིས་སྡུག་གོ །ནོ༷ར་བསོ༷ག་པ༷་ཡི༷ས་ཚེ༷་གཏུ༷གས་ན༵ས། །རྒ༷ས་ ན༷ས་འདོ༷ད་པ༷ས་ཅི༷་ཞི༷ག་བྱ་༷སྟེ་ལོངས་སྤྱད་པར་མི་ནུས་པའི་ཕྱིར་སྐབས་གང་དུ་ཡང་ནོར་ལ་ སྙིང་པོ་མེད་པར་བསྟན་པའོ། ། འདོ༷ད་ལྡན༷་ང༷ན་པ༷་ཞིང་ལས་པ་ལ་སོགས་ཁ༷་ཅི༷ག་ནི༵། ཉི༷ན་ར༷ངས་(རྩྭ་ཤིང་ལོ་མ་སོགས་ ལེན་པའི་)ལ༷ས་ཀྱི༷ས་(ལུས་སེམས་)ཡོ༷ངས་དུ༷བ་སྟེ༷། །(ཉི་མ་ནུབ་པ་ན་)ཁྱི༷མ་དུ༷་འོ༷ངས་ན༷ས་(ཐང་)ཆ༷ད་ པ༷འི་ལུ༵ས། །རོ༷་ད༷ང་འདྲ་༷བ༷ར་ཉ༷ལ་(ཞིང་གཉིད་ལོག་)བ༷ར་བྱེ༵ད་པས་སྡུག་བསྔལ་ལོ། །ཚོང་པ་ ལ་སོགས་ཁ༷་ཅི༷ག་བྱེ༷ས་(ཐག་རིང་པོ་)བགྲོ༷ད་(པས་ཡོངས་སུ་ངལ་བས་)ཉོ༷ན་མོ༷ངས་ད༵ང༌། (དུས་ཡུན་) རི༷ང་དུ༷་སོ༷ང་བ༷འི་སྡུ༷ག་བསྔ༷ལ་ཅ༵ན(དག)། །བུ༷་སྨད༷་འདོ༷ད་བཞི༷ན་བུ༷་སྨད༷་རྣམ༷ས། །ཁྱུ༷ད་ ཁོ༷ར་ལོ༷ས་ཀྱང༷་མཐོ༷ང་མི༷་འགྱུ༵ར་བས་འོ་བརྒྱལ་ལོ། །ཡང་བད༷ག་ལ༷་ཕ༷ན་འདོ༷ད་གླ་མི་ལ་ སོགས་པ་རྣམ༷ས་རྨོ༷ངས་པ༵ས། ནོར་ག༷ང་དོ༷ན་ཉི༷ད་དུ༷་རེ་ཞིག་ལུས་བཙོ༷ངས་པ༷་ཡ༵ང༌། གླ་ དེ༷་མ༷་ཐོ༷བ་པ༷ར་དོ༷ན་མེ༷ད་པ༵འི། གཞ༷ན་གྱི༷་ལ༷ས་ཀྱི༷་རླུ༷ང་གི༷ས་བད༵ས་ཏེ་ཤི་བ་ཡང་ཡོད་དོ། །བྲན་ལ་སོགས་པ་ལ༷་ལ༷་ར༷ང་གི༷་ལུ༷ས་རྩ་བ་ནས་བཙོ༷ངས་ཤི༵ང༌། (རང་)དབ༷ང་མེ༷ད་གཞ༷ན་ གྱི༷ས་བཀོ༷ལ་གྱུ༷ར་ཏེ༵། །ཆུ༷ང་མ༷་(དང་བཅས་པ་ལམ་དུ་འགྲོ་བ་ན་ཆུང་མ་)ད༷ག་ཀྱང༷་བུ༷་བྱུ༷ང་ན༵། །ཤི༷ང་ 1-1-243 དྲུ༷ང་དགོ༷ན་པ༷་ས་དང་རི་བྲག་དང་ཆུ་ཀླུང་གི་འགྲམ་ལ་སོགས་པར་སྐྱེ་དགོས་པས་བ༷བ་ བ༷བ་འབྱུ༵ང་སྟེ་རང་གཞན་གཉི་ག་སྡུག་པ་ཡང་ཡོད་དོ། །དམག་མི་ལ་སོགས་པ་འདོ༷ད་པ༷ས་ བསླུ༷ས་པ༷འི་གླེ༷ན་པ༷་ད༵ག །(རྙེད་པས་)འཚོ༷་འདོ༷ད་འཚོ༷་བ༷ར་བྱ༷འོ༷་ཞེ༵ས། །(གསོན་ནམ་མི་གསོན་ཞེས་) སྲོ༷ག་སྟོ༷ར་དོ༷གས་བཞི༷ན་གཡུ༷ལ་དུ༷་འཇུ༵ག །ཁྱེེ༷་ཕྱི༷ར་དཔོན་པོ་གཏུམ་པོའི་བྲ༷ན་དུ༷འང་འགྲོ༷་ བ༷ར་བྱེ༷ད་པས་སྡིག་སྡུག་གཏམ་ངན་འབྱུང་བ་ཡང་ཡོད་དོ། །དེ་ལྟར་འཁྲུལ་བ་ལ་ཞུགས་ པའི་འདོ༷ད་ལྡན༷་ལ༷་ལ༷་(གཞན་གྱི་ཆུང་མ་དང་ནོར་འཕྲོག་པ་སོགས་ཀྱི་རང་གི་)ལུ༷ས་ཀྱང༷་(མཚོན་གྱིས་)བཅ༵ད། ཁ༷་ཅི༷ག་(རྒྱལ་པོའི་ཆད་པ་ཕོག་པས་)གས༷ལ་ཤི༷ང་རྩེ༷་ལ༷་བཙུ༵གས། ཁ༷་ཅི༷ག་མདུ༷ང་ཐུ༷ང་ད༷ག་གི༷ས་ བསྣུ༵ན། །ཁ༷་ཅི༷ག་(ལུས་མེས་)བསྲེ༷གས་པ༷་ད༷ག་ཀྱང༷་སྣང༷༌། ། མདོར་ན་(དང་པོར་ནོར་མེད་པས་)བས༷ག་ད༷ང་(བར་དུ་ཆུད་ཟ་བས་)བསྲུ༷ང་ད༷ང་(ཐ་མར་ཆོམ་རྐུན་སོགས་ ཀྱིས་)བརླ༷ག་པ༷འི་གདུ༷ང་བ༷་ཡི༵ས། ནོ༷ར་ནི༷་ཕུ༷ང་ཁྲོ༷ལ་མཐ༷འ་ཡ༷ས་(པའི་རྩ་བར་)ཤེ༷ས་པ༷ར་བྱ༷། ། (དེས་ན་)ནོ༷ར་ལ༷་ཆ༷གས་(ཤིང་ཞེན་)པ༷ས་(བསག་བསྲུང་གིས་)གཡེ༷ངས་པ༷ར་གྱུ༷ར་པ༷་རྣམ༷ས། (སྐད་ཅིག་ ཙམ་ཡང་ཏིང་ངེ་འཛིན་ལ་གཏད་པའི་སྐབས་མེད་པས་)སྲི༷ད་པ༷འི་སྡུ༷ག་བསྔ༷ལ་ལ༷ས་གྲོ༷ལ་(བའི་)སྐབ༷ས་མེ༷ད་ དོ༵། ། འདོ༷ད་ལྡན༷་རྣམ༷ས་ལ༷་སྔར་བསྟན་པ་དེ༷་ལ༷་སོ༵གས། ཉེ༷ས་དམི༷གས་མ༷ང་ལ༷་ཐོབ་བྱའི་ གནོ༷ག་ཆུ༷ང་སྟེ༷། དཔེར་ན་ཤི༷ང་རྟ༷་འདྲེ༷ན་པ༷འི་ཕྱུ༷གས་ད༷ག་གི༵ས། ཐོ༷བ་བྱ་རྩྭ༷་ནི༷་ཁ༷མ་འག༷འ་ ཟོ༷ས་པ༷ས་ཉེས་དམིགས་ལུས་པོ་བཅོམ་པ་བཞི༵ན་ནོ། །ཐ་ན་ཕྱུ༷གས་ཀྱི༷ས་བསྒྲུ༷བས་ནའ༷ང་ མི༷་དཀོ༷ན་པ༵འི། ཟས་གོས་མནོ༷ག་ཆུ༷ང་ག༷ང་ཡི༷ན་དེ༷་དོ༷ན་དུ༵། ད༷ལ་བ༷་ཕུ༷ན་སུ༷མ་རྙེ༷ད་དཀ༷འ་ འདི༵། །(སྔོན་གྱི་ཉོན་མོངས་དང་)ལ༷ས་ཀྱི༷ས་མན༷ར་བ༷་རྣམ༷ས་ཀྱི༷ས་(ཉམས་ཤིང་)བཅོ༵མ་པ་སྙིང་རྗེའོ། ། འདོ༷ད་པ༷་འདུས་བྱས་ཡིན་པའི་ཕྱིར་ངེ༷ས་པ༷ར་འཇི༷ག་འགྱུ༷ར་ཞི༵ང༌། དེའི་དོན་དུ་སྡིག་པ་ 1-1-244 བྱས་པས་དམྱལ༷་ལ༷་སོ༷གས་པ༷ར་ལྟུ༷ང་བྱེ༷ད་པ༵། དོན་ཆེ༷ན་པོ༷་མི༷ན་ཕྱི༷ར་འཁོར་བ་ཐོག་མེད་ ཀྱི་དུ༷ས་ཀུ༷ན་ཏུ༵། (མི་དགེ་བ་སྤྱད་པས་)དུ༷བ་པ༷འི་ཚེ༷གས་བྱུ༷ང་ག༷ང་ཡི༷ན་པ༵། དཀའ་སྤྱད་དེ༷་ཡི༷་བྱེ༷་ བ༷(བརྒྱ)འི་ཆ༷་ཙ༷མ་གྱི༵། ཚེ༷གས་ཀྱི༷ས་བྱང་ཆུབ་སྤྱོད་པ་ལ་འབད་ན་སང༷ས་རྒྱ༷ས་ཉི༷ད་འགྲུ༷བ་ པར་ཡོད་ན༵། འོན་ཀྱང་འདོ༷ད་ལྡན༷་བྱང༷་ཆུ༷བ་སྤྱོ༷ད་པ༷་བ༵ས། རྒྱུ་དུས་སུ་སྡུ༷ག་བསྔ༷ལ་ཆེ༷་ལ༷་ འབྲས་བུ་བྱང༷་ཆུ༷བ་མེ༵ད་པ་ཕངས་སོ། །འབྲས་བུ་དམྱལ༷་སོ༷གས་(ཀྱི་སྒྲས་དུད་འགྲོ་སོགས་ངན་འགྲོའི་) སྡུ༷ག་བསྔ༷ལ་བས༷མ་བྱས༷་ན༵། མདོ་ལས་འདོ༷ད་པ༷་རྣམ༷ས་ལ༷་མཚོ༷ན་ད༷ང་ནི༵། །དུ༷ག་ད༷ང་མེ༷་ ད༷ང་གཡ༷ང་ས༷་ད༵ང༌། །དགྲ༷་རྣམ༷ས་ཀྱི༷ས་ཉེས་དམིགས་ཆེ་བའི་དཔེ་མཛད་ཀྱང༷་དཔེ༷ར་མི༷་ ཕོ༵ད་དེ། མཚོན་ཆ་ལ་སོགས་པས་ངན་འགྲོར་འཕེན་མི་ནུས་པའི་ཕྱིར་རོ། ། དེ༷་ལྟར༷་འདོ༷ད་ཡོན་གྱི་ཉེས་དམིགས་ལ༷་སྐྱོ༷་ཞིང་ཡིད་འབྱུང་བར་བྱས༷་ཏེ༵། དབེ༷ན་པ༷་ལ༷་ ནི༷་དག༷འ་བ༷་བསྐྱེ༵ད་དོ། །གང་དུ་ཞེ་ན། འཐབ་རྩོ༷ད་ད༷ང་ཆགས་སྡང་ཉོ༷ན་མོ༷ངས་ཀྱི༷ས་སྟོ༷ང་ ལ༵། རྣམ་རྟོག་ངང་གིས་ཞི༷་བ༷འི་ན༷གས་ཀྱི༷་ན༷ང་ད༷ག་ཏུ༵འོ། ། འདི་ལྟ་བུའི་རྒྱལ་པོ་རྣམས་ལོངས་སྤྱོད་ཀྱི་སྐལ་བ་ཕུན་སུམ་ཚོགས་པས་ཙན་དན་གྱིས་ བྱུག་པའི་ཁང་བཟངས་སུ་རྒྱན་དང་བཅས་པའི་བསིལ་ཁྲོད་དུ་མས་བསིལ་ཡབ་ནོར་བུའི་ཡུ་ བ་ཅན་གཡོ་བའི་བདེ་བ་ལ་སྤྱོད་ཅིང་འཆག་པ་ལ་སོགས་པའི་སྤྱོད་ལམ་བཞི་པོ་ཉམས་སུ་ ལེན་པ་ལས་ཀྱང་ཁྱད་པར་འཕགས་པའི་ཕྱིར་དགའ་བར་འོས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ སེམས་ཆོས་གྱི་སྐ༷ལ་བ་དང་ལྡན༷་པ་དེ་ཟླ༷་འོ༷ད་ཙ༷ན་ད༷ན་ལས་ཆེས་ལྷག་པ་ཉིད་ཀྱི༷ས་བསི༷ལ་ བ༵འི། ཡ༷ངས་(ཞིང་རྒྱ་ཆེ་)པ༷འི་རྡོ༷་ལེ༷བ་ཁ༷ང་བཟ༷ངས་ལས་ཉམ༷ས་དག༷འ་བ༵ར། (བསམ་གཏན་དང་ མི་མཐུན་པའི་)སྒྲ༷་མེ༷ད་ཞི༷་བ༷འི་ན༷གས་རླུ༷ང་རྔ་ཡབ་ལས་ལྷག་པ་གཡོ༷་བ༷་ཡི༵ས། གཞ༷ན་ལ༷་ཕ༷ན་ དོ༷ན་སེ༷མས་ཤི༷ང་འཆ༷ག་པ༷་དང་བཞེངས་པ་དང་གཟིམས་པ་དང་བསོད་སྙོམས་ལ་ཡང་རྒྱུ་ སྟེ་སྤྱོད་ལམ་བཞི་པོ་ཅི་བདེར༷་བྱེ༷ད་པའི་ཕྱིར་རོ། །འདི་ནི་དབེན་པའི་གནས་ཁ༷ང་སྟོ༷ང་ཤི༷ང་ 1-1-245 དྲུ༷ང་ཕུ༷ག་ད༷ག་ཏུ༵། ག༷ང་དུ༷་འདུག་ཀྱང་རང་ཇི༷་སྲི༷ད་འདོད་འདོ༷ད་གན༷ས་ཤི༵ང༌། འཁོར་ལ་ སོགས་པའི་(འདོད་ཡོན)་ཡོ༷ངས་འཛི༷ན་(པ་དང་)བསྲུ༷ང་བ༷འི་སྡུ༷ག་བསྔ༷ལ་སྤང༷ས། གཞན་གྱི་དྲིང་ ལ་མི་འཇོག་པས་ལྟོ༷ས་པ༷་མེ༷ད་པ༷ར་བ༷ག་ཡ༷ངས་སྤྱོ༵ད། ཆོས་ལ་ར༷ང་དབ༷ང་སྤྱོ༷ད་ཅི༷ང་འདོད་ ཡོན་ལ་ཞེན་ཆ༷གས་མེ༷ད་པ༵ས། དགྲ་གཉེན་ག༷ང་ད༷ང་ཡ༷ང་ནི༷་འབྲེ༷ལ་མེ༷ད་པ༵འི། (གཞན་གྱི་ སྡུག་བསྔལ་བྱ་མི་དགོས་པའི་)ཆོ༷ག་ཤེ༷ས་བདེ༷་(བ་ལ་ལོངས་)སྤྱོ༷ད་ག༷ང་ཡི༷ན་པ༵། །ལྷའི་དབ༷ང་པོ༷ས་ཀྱང༷་ ནི༷་དེ༷་འདྲ་རྙེ༷ད་པར་དཀ༵འ་སྟེ། དེ་ནི་གནས་དང་ཡོ་བྱད་དང་འཁོར་གྱི་ཡོངས་སུ་འཛིན་པ་ལ་ སོགས་པས་སྡུག་བསྔལ་ཞིང་ཟག་བཅས་ལོངས་སྤྱོད་ཀྱིས་ཆོག་མི་ཤེས་པའི་ཕྱིར་རོ། ། དེ༷་ལ༷་སོ༷གས་པ༷འི་རྣམ༷་པ༷་(དུ་མ་)ཡི༵ས། །(ལུས་སེམས་)དབེ༷ན་པ༷འི་ཡོ༷ན་ཏ༷ན་(བདེ་བ་ཕུན་ ཚོགས་ཀྱི་རྒྱུར་)བས༷མ་བྱས༷་ན༵ས། །མཉམ་བཞག་རྣམ༷་རྟོ༷ག་ཉེ༷་བ༷ར་ཞི༷་བ༷འི་ཏིང་ངེ་འཛིན་ད༵ང༌། རྗེས་ཐོབ་བྱང༷་ཆུ༷བ་སེ༷མས་ནི༷་ཟུང་འཇུག་གི་རྒྱུན་གྱི་རྣལ་འབྱོར་བསྒོ༷མ་པ༷ར་བྱའོ༵། །བྱང་ ཆུབ་ཀྱི་སེམས་བསྒོམ་པ་རྒྱས་པར་འཆད་པ་ལས། བད༷ག་ད༷ང་གཞ༷ན་བདེ་བ་འདོད་པ་དང་ སྡུག་བསྔལ་མི་འདོད་པ་ཉིད་དུ༷་མཉམ༷་པ༷་ནི༵། (བདག་གཞན་རྗེ་བའི་)ད༷ང་པོ༷་ཉི༷ད་དུ༷་འབ༷ད་དེ༷་ བསྒོ༵མ་པ་རིགས་ཏེ། བདེ༷་ད༷ང་སྡུ༷ག་བསྔ༷ལ་བླང་དོར་གྱི་གནས་སུ་སྒྲུབ་པར་མཉམ༷་པ༷ས་ན༵། སེམས་ཅན་ཐ༷མས་ཅ༷ད་བད༷ག་བཞི༷ན་དུ་གཅེས་པར་བསྲུ༷ང་བ༷ར་བྱ་༷བ་བྱང་སེམས་ཀྱི་ཆོས་ ཡིན་པའི་ཕྱིར་རོ། །རང་གཞན་ཐ་དད་པའི་ཕྱིར་གཞན་ནི་མི་བསྲུང་ངོ་ཞེ་ན། ཁྱབ་པ་མེད་དེ། ལ༷ག་པ༷་ལ༷་སོ༷གས་ཐ་དད་དབྱེ༷་བ༷་རྣམ༷་མ༷ང་ཡ༵ང༌། ཡོ༷ངས་སུ༷་བསྲུ༷ང་བྱ༷འི་ལུ༷ས་སུ༷་གཅི༷ག་ པ༷་མི་འགལ་བ་ལྟར༷། དེ༷་བཞི༷ན་འགྲོ༷་བ༷འི་སྡུ༷ག་བསྔ༷ལ་ཐ༷་ད༷ད་ཀྱང༷༌། ཐ༷མས་ཅ༷ད་བད༷ག་ བཞི༷ན་བདེ༷་བ༷་འདོ༷ད་ཉམ༷ས་གཅི༵ག་པའི་ཕྱིར་རོ། །ག༷ལ་ཏེ༷་དེ་ལྟ་ན་ཡང་རང་ལ་དངོས་སུ་ མི་འབབ་པའི་སྡུག་བསྔལ་བསྲུང་སེམས་མི་སྐྱེའོ་སྙམ་ན། མ་ཡིན་ཏེ། དཔེར་ན། བད༷ག་ གི༷་སྡུ༷ག་བསྔ༷ལ་གྱི༵ས། གཞ༷ན་གྱི༷་ལུ༷ས་ལ༷་དངོས་སུ་མི༷་གནོ༷ད་པ༵། དེ༷་ལྟ་༷ན༷འ༷ང་གཞན་དེ༷་ 1-1-246 ལ་བད༷ག་གི་སྡུ༷ག་བསྔ༷ལ་དེ༵་མཐོང་བ་ལས་བསྲུང་བའི་བསམ་པ་སྐྱེས་ཏེ། ཐོག་མེད་ནས་ བད༷ག་ཏུ༷་ཞེ༷ན་པ༷ས་མི༷་བཟོ༷ད་པ་ཉི༵ད་ཀྱི་ཕྱིར་རོ། །དེ༷་བཞི༷ན་དུ་གཞ༷ན་གྱི༷་སྡུ༷ག་བསྔ༷ལ་ད༵ག་ ཀྱང༌། བད༷ག་ལ༷་དངོས་སུ་འབ༷བ་པ༷ར་མི༷་འགྱུ༷ར་བ༵། དེ༷་ལྟ་༷ནའ༷ང་གཞན་གྱི་སྡུག་བསྔལ་དེ༷་ བསྲུང་བའི་བསམ་པ་བད༷ག་ལ་ཡང་སྐྱེ་སྟེ་སྡུ༷ག་བསྔ༷ལ་དེ༵། མཐོང་བ་ན་བད༷ག་ཏུ༷་ཞེ༷ན་པ༷ས་ བཟོ༷ད་པ༷ར་དཀ༵འ་བའི་ཕྱིར་རོ། ། དེ་ལྟར་རང་གཞན་གྱི་ཁྱད་པར་བཀག་སྟེ་བདག་གཞན་མཉམ་པར་བསྒོམ་པའི་འཐད་ པ་སྒྲུབ་པར་བཞེད་ནས་བད༷ག་གི༷ས་གཞ༷ན་གྱི༷་སྡུ༷ག་བསྔ༷ལ་གང་ཡིན་པ་དེ་བས༵ལ་དགོས་ ཏེ། སྡུ༷ག་བསྔ༷ལ་ཡི༷ན་པའི་ཕྱི༷ར་དཔེར་ན་བད༷ག་གི་སྡུ༷ག་བསྔལ་བཞི༵ན་ནོ་ཞེས་པས་སྡུག་ བསྔལ་བསྲུང་བྱ་ཉིད་དུ་མཉམ་པར་སྒྲུབ་པ་རང་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་ འདི་མ་གྲུབ་པ་ཡང་མ་ཡིན་ཏེ། སྡུག་བསྔལ་དུ་མཚུངས་པར་བསྒྲུབས་ཟིན་པའི་ཕྱིར་རོ། །མ་ ངེས་པ་ཡང་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་བདག་གིས་སྡུག་བསྔལ་ཡང་སྤང་བྱ་མ་ཡིན་ པར་འགྱུར་རོ་ཞེས་བཟློག་ན་གནོད་པ་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འགལ་བ་ཡང་ མ་ཡིན་ནོ། །དེ་བཞིན་དུ་བད༷ག་གི༷ས་གཞ༷ན་ལ༷་ཕ༷ན་པ༷ར་བྱ་༷བ་གང་ཡིན་པ་དེ་བསྒྲུབ་དགོས་ ཏེ། སེ༷མས་ཅ༷ན་ཡི༷ན་པའི་ཕྱི༷ར་དཔེར་ན་བད༷ག་གི་ལུ༷ས་ལ་ཕན་འདོགས་པ་བཞི༵ན་ནོ་ཞེས་ པ་བདེ་བ་བསྒྲུབ་བྱ་ཉིད་དུ་མཉམ་པར་སྒྲུབ་པའི་གཏན་ཚིགས་སོ། །འདི་ཡང་མ་གྲུབ་པ་ ཡང་མ་ཡིན་ཏེ་སེམས་ཅན་གྱི་བདག་ཉིད་ཅན་གྱི་ཕྱོགས་ཆོས་གྲུབ་པའི་ཕྱིར་རོ། །མ་ངེས་པ་ ཡང་མ་ཡིན་ཏེ་བདག་ཉིད་ལ་ཡང་ཕན་མི་འདོགས་པར་ཐལ་བའི་ཕྱིར་རོ། །འགལ་བ་ཡང་ མ་ཡིན་ཏེ་གཏན་ཚིགས་སྔ་མ་བཞིན་ནོ། །ཕན་པ་ཡིན་ཡང་བདག་གཞན་གྱི་ཁྱད་པར་ཡོད་ པའི་ཕྱིར་གཞན་གྱི་བདེ་བ་སྒྲུབ་པའི་ཁྱབ་པ་མེད་དོ་ཞེས་སྦྱོར་བ་ཕྱི་མ་ལ་རྒོལ་ན། མ་ཡིན་ ཏེ། ག༷ང་ཚེ༷་བད༷ག་ད༷ང་གཞ༷ན་གཉི༷་ག༵ ། བདེ༷་བ༷་འདོ༷ད་བྱ་ཉིད་དུ༷་མཚུ༷ངས་པ༷་ལ༵། བད༷ག་ 1-1-247 ད༷ང་གཞན་གྱི་བདེ་བ་སྒྲུབ་མི་སྒྲུབ་ཀྱི་ཁྱད༷་པ༷ར་ཅི༷་ཞིག་ཡོ༷ད་དཻ་ཅི་ཡང་མེད་ན༵། རྒྱུ་ག༷ང་གི་ ཕྱི༷ར་བད༷ག་གཅི༷ག་པུའི་བདེ༷་བ༷་སྒྲུབ་པར༷་བརྩོ༵ན་ཏེ་གཞན་གྱི་བདེ་བ་མི་སྒྲུབ་པའི་ངེས་པ་མ་ མཐོང་བའི་ཕྱིར་སྐྱོན་མེད་དོ། །དེ་བཞིན་དུ་སྡུག་བསྔལ་ཡིན་ཡང་བསལ་བྱའི་ཁྱབ་པ་མེད་ དོ་ཞེས་སྦྱོར་བ་སྔ་མ་ལ་ཡང་རྒོལ་ན་མ་ཡིན་ཏེ། ག༷ང་ཚེ༷་བད༷ག་ད༷ང་གཞ༷ན་གཉི༷་ག༵ ། སྡུ༷ག་ བསྔ༷ལ་མི༷་འདོ༷ད་པ་ཉིད་དུ་མཚུ༷ངས་པ༷་ལ༵། བད༷ག་ད༷ང་གཞན་ཁྱད༷་པ༷ར་ཅི༷་ཡོ༷ད་ན༵། རྒྱུ་ ག༷ང་ཕྱི༷ར་གཞ༷ན་མི༷ན་བད༷ག་སྲུ༷ང་བྱེ༷ད་དེ་ཁྱད་པར་མི་འཐད་པའི་ཕྱིར་སྡུག་བསྔལ་གང་ཡིན་ པ་བསལ་བྱ་ཡིན་པས་ཁྱབ་བོ། ། ག༷ལ་ཏེ༷་གཞན་དེ༷་ལ༷་སྡུ༷ག་བསྔ༷ལ་བ༵ས། བད༷ག་ལ༷་དེ་དུས་སུ་མི༷་གནོ༷ད་པའི་ཕྱི༷ར་མི༷་ བསྲུ༵ང་ངོ་ཞེ་ན། འོ་ན་མ༷་འོ༷ངས་པ༷་ཡི༷་དུས་ན་དམྱལ་སོགས་སྡུ༷ག་བསྔ༷ལ་བྱུང་གིས་དོགས་ པ་ཡ༵ང༌། ད་ལྟ་དངོས་སུ་གནོ༷ད་པ་མི༷་བྱེ༷ད་ན༷་དེ༷་ཅི༷ས་བསྲུ༵ང་སྟེ་བསྲུང་བའི་ལས་ལ་འབད་ པ་མི་བྱེད་པར་ཐལ་ལོ། །མི་འདྲ་སྟེ་གཞན་གྱི་སྡུག་བསྔལ་ནི་གཞན་རྒྱུད་རང་གིས་མྱོང་ ལ། བད༷ག་གི༷ས་བསགས་པའི་འབྲས་བུ་དེ༷་ནི༷་བདག་རང་གིས་མྱོ༷ང་བའི་ཕྱིར་མ་འོངས་ པ་ཡིན་ཡང་བསྲུང་ངོ་སྙམ༷་པ༵འི། རྣམ༷་པ༷ར་རྟོ༷ག་པ་བྱེད་ན་དེ༷་ནི་ཕྱིན་ཅི་ལོ༷ག་པ༷་སྟེ༵། འདི༷་ ལྟར༷་བདག་དོན་ལ་ཅུང་ཟད་ཀྱང་མེད་པ་ལ་བདག་ཏུ་ལོག་པར་བརྟགས་པའི་ཕྱིར་དང༌། མ་ འོངས་པ་ལ་ལྟོས་ཏེ་ཤི༷་བ༷་ལྟར་བའ༷ང་གཞ༷ན་ཉི༷ད་ཡིན་ལ༵། དེ་ལ་ལྟོས་ཏེ་སྐྱེ༷་བ༷་མ་འོངས་པ་ ཡ༷ང་ནི༷་གཞ༷ན་ཉི༷ད་ཡི༵ན་པ་ལ་མྱོང་བྱེད་གཅིག་ཏུ་བརྟགས་པའི་ཕྱིར་རོ། །ག༷ང་གི་ཚེ༷་གང་ ཟག་ག༷ང་གི༷་སྡུ༷ག་བསྔ༷ལ་ག༵ང་ཡིན་པ། དེ༷་ནི༷་དེ༷་ཉི༷ད་ཀྱི༷ས་བསྲུ༷ང་གི་གཞན་ནི་མི་བསྲུང་བ་ ངེས་ན༵། རྐ༷ང་པ༷འི་སྡུ༷ག་བསྔ༷ལ་ཡང་ལ༷ག་པ༷འི་སྡུག་བསྔལ་ནི་མི༵ན་ན། ཅི༷འི་ཕྱི༷ར་ལག་པ་དེ༷་ ནི༷་རྐང་པ་དེ༷་བསྲུ༷ང་བྱེ༵ད་དེ་ལག་པས་རྐང་པ་སྐྱོབ་པ་ཡང་མི་རིགས་པར་འགྱུར་རོ། །ག༷ལ་ ཏེ༷་(ལག་པས་བསྲུང་བྱ་)རི༷གས་པ༷་མི༷ན་ཡ༷ང་ལག་པ་འདི༵། ཡིད་བད༷ག་ཏུ༷་འཛི༷ན་པ༷་ལ་གོམས་ 1-1-248 ཆེས་པས་རྐང་པའི་སྡུག་བསྔལ་བསྲུང་བ་ལ་འཇུ༷ག་གོ་ཞེ༷་ན༵། འོ་ན་དེ་བཞིན་དུ་བད༷ག་གིས་ ཀྱང་གཞ༷ན་གྱི་མི༷་རི༷གས་པའམ་སྡུག་བསྔལ་ག༷ང་ཡི༷ན་དེ༵། ཅི༷་ནུ༷ས་པ༷ར་ནི༷་སྤང༷་བྱ་༷ཉི༵ད་ དུ་གྲུབ་པར་འགྱུར་ཏེ་གོམས་པས་དེ་བསྲུང་བ་ལ་འཇུག་པར་མཚུངས་པའི་ཕྱིར་རོ། །ཁོ་ན་ རེ། གཞན་གྱི་སྡུག་བསྔལ་ནི་བདག་ལས་རྒྱུད་ཐ་དད་པས་མི་བསྲུང་ལ། རང་གི་སེམས་རྒྱུད་ དང་ཚོགས་པ་གཅིག་པའི་ཉེར་ལེན་གྱི་ཕུང་པོ་ལ་གནོད་པ་བསྲུང་ངོ་ཞེ་ན། དཔྱད་ན་འདིའང་ མི་རིགས་ཏེ། སེམས་ལ་རྒྱུ༷ད་ཅེས་པ་ནི་སྐད་ཅིག་གི་ཕྲེང་བ་ཙམ་ལ་བཏགས་པ་ཡིན་པའི་ ཕྱིར་བརྫུན་པ་ད༷ང་ཕུང་པོ་གཞན་གྱི་ཚོ༷གས་ཞེ༷ས་བྱ་༷བ༷་ཡང་རྡུལ་ཕྲ་རབ་འདུས་པ་ལ་ཚོགས་ པ་ཙམ་དུ་བཏགས་པ་ཉིད་ཀྱི་ཕྱིར་བདེན་པར་མེད་པ་ནི༵། དཔེར་ན་ཕྲེ༷ང་བ༷འི་རྡཽག་པོ་དུ་མ་ མཐུད་པ་ལ་ཕྲེང་རྒྱུད་ཅེས་བཏགས་པ་དང༌། དམ༷ག་དང་ལ༷་སོ༷གས་པའི་སྒྲས་གཡག་རྔ་དང་ ནེའུ་བསིང་དང་ནགས་ཚལ་རྣམས་རྫས་སོ་སོ་དུ་མ་འདུས་པ་ལྟར་སྣང་བ་ལ་ཚོགས་པ་ཞེས་ བཏགས་པ་བཞི༷ན་དུ་བརྫུ༵ན་པ་ཉིད་ཀྱི་ཕྱིར། སྡུ༷ག་བསྔ༷ལ་ཅ༷ན་ག༷ང་ཡིན་པའི་རྒྱུད་དང་ ཚོགས་པ་དེ༷་བདེན་པར་མེ༷ད་པ༵། དེ༷ས་ན་མྱོང་བྱ་སྡུག་བསྔལ་འདི༷་མྱོང་བ་པོ་སུ༷་ཞི༷ག་གིས་ དབ༷ང་དུ་བྱེད་པ༷ར་འགྱུ༵ར་ཏེ་འཁྲུལ་སྣང་སྒྱུ་མ་ལྟ་བུ་ལ་དཔྱད་ན་གཅིག་དང་དུ་མའི་དངོས་ པོར་བདེན་པ་མེད་དོ་ཞེས་ཚིག་ཟུར་གྱིས་གྲུབ་པའི་མཐའ་ལ་སྦྱར་བའོ། །དེས་ན་དོན་དམ་ པར་སྡུ༷ག་བསྔ༷ལ་གྱི་བད༷ག་པོ༷་མེ༷ད་པ༷ར་ནི༵། རང་གཞན་ཐ༷མས་ཅ༷ད་བྱེ༷་བྲ༷ག་མེ༷ད་པ༷་ཉི༵ད། ཀུན་རྫོབ་ཙམ་དུ་སྡུ༷ག་བསྔ༷ལ་ཡི༷ན་པའི་ཕྱི༷ར་རང་གཞན་གཉི་གའི་སྡུག་བསྔལ་དེ༷་བས༷ལ་ བྱ་༷ཡིན་པའི་ཁྱབ་པ་གྲུབ་སྟེ། བདག་གཞན་བསྲུང་མི་བསྲུང་གི་ངེ༷ས་པ༷ས་འདི༷ར་ནི༷་ཅི༷་ཞི༷ག་ བྱ༷། ཞེས་པའོ། །འདིར་འགའ་ཞིག་ན་རེ། འོ་ན་ཅི༷འི་ཕྱི༷ར་འགྲོ་བ་ཀུ༷ན་གྱི༷་སྡུ༷ག་བསྔ༷ལ་ ནི༵། བཟློ༷ག་པ༷ར་བྱ་༷ཞེ༷ས་རྒོལ་ན་བརྩ༷ད་དུ༷་མེ༵ད་དེ་དོན་དམ་པར་བདག་མེད་ཀྱང་ཀུན་རྫོབ་ ཙམ་དུ་སྡུག་བསྔལ་བཟློག་བྱ་ཡིན་པར་ཚུ་རོལ་མཛེས་པ་ལ་སོགས་པས་ཀྱང་མངོན་སུམ་ 1-1-249 དུ་རྟོགས་པའི་ཕྱིར་རོ། །དེས་ན་ག༷ལ་ཏེ༷་ཀུན་རྫོབ་ཙམ་དུ་གནོད་པའི་དུས་ན་སྡུག་བསྔལ་ བཟློ༷ག་ན༷འ༷ང་རང་གཞན་ཐ༷མས་ཅ༷ད་ཀྱི་བཟློ༵ག་བྱ་ཉིད་དུ་མཚུངས་ལ། དེ༷་ལྟ་མི༷ན་པར་དོན་ དམ་དུ་མི་གནོད་པའི་དུས་ན་བད༷ག་ཀྱང༷་སེ༷མས་ཅ༷ན་བཞི༵ན་དུ་བསྲུང་བྱ་མ་ཡིན་པར་ཡང་ མཚུངས་པས་བདེན་པ་གཉི་གའི་ལུགས་ལ་བདག་གཞན་མཉམ་པར་གྲུབ་བོ། །སླར་ཡང་ཁ་ ཅིག་ན་རེ། སེམས་ཅན་གྱི་སྡུག་བསྔལ་བསམ་པའི་དོན་དུ་སྙི༷ང་རྗེ༷་ཅན་དེའི་དཀའ་སྤྱད་ལ་ ཞུགས་ན་སྡུ༷ག་བསྔ༷ལ་ཇེ་མ༷ང་ལ་འགྱུ༷ར་བ༵ས། ཅི༷་ཕྱི༷ར་ན༷ན་གྱི༷ས་སྙིང་རྗེ་བསྐྱེ༷ད་ཅེ༷་ན༵། སྐྱོན་ མེད་དེ་སྙིང་རྗེ་ཅན་དཀའ་སྤྱད་ལ་ཞུགས་པའི་སྡུག་བསྔལ་གཅིག་གིས་འགྲོ༷་བ༷་མཐའ་ཡས་ པའི༷་སྡུ༷ག་བསྔ༷ལ་(རྣམ་པ་མང་པོ་)བས༷ལ་བ་བྱས༷་པ་ན༵། ཇི༷་ལྟར༷་(སེམས་ཅན་ལ་)སྙི༷ང་རྗེ༷(བསྐྱེད་པ) འི་སྡུ༷ག་བསྔ༷ལ་མ༵ང་སྟེ་མང་བར་མི་འགྱུར་བའི་ཕྱིར་རོ། །དེས་ན་ག༷ལ་ཏེ༷་(སྐྱེས་བུ་སྙིང་རྗེ་ཅན་ཅིག་ གི་)སྡུ༷ག་བསྔ༷ལ་གཅི༷ག་གི༷ས་ནི༵། (སེམས་ཅན་)མ༷ང་པོ༷འི་སྡུ༷ག་བསྔ༷ལ་མེ༷ད་འགྱུ༷ར་ན༵། །(གཞན་ ལ་)བརྩེ༷་ད༷ང་ལྡན༷་པ༷ས་(སྙིང་རྗེའི་དབང་གིས་བྱུང་བའི་)སྡུ༷ག་བསྔ༷ལ་དེ༵། །ར༷ང་ད༷ང་གཞ༷ན་ལ༷་(གཉིས་ ཀའི་སྡུག་བསྔལ་བསལ་བའི་ཕྱིར་)བསྐྱེ༷ད་བྱ་༷ཉི༵ད། །ཅེས་པའམ་ཡང་ན་པ་རའི་སྒྲ་མཆོག་ལ་ཡང་ འཇུག་པས་རང་ལ་མཆོག་ཏུ་བསྐྱེད་བྱ་ཉིད། ཅེས་པར་ཡང་རུང་ངོ༌། །དེ༷ས་ན༷་བྱང་སེམས་ མེ༷་ཏོ༷ག་ཟླ༷་མཛེ༷ས་ཀྱི༷ས། རྒྱ༷ལ་པོ༷འི་གནོ༷ད་པ༷་ཤེ༷ས་ཀྱང༷་ནི༵། །བད༷ག་གི༷ས་སྡུ༷ག་བསྔ༷ལ་མ༷་ བས༷ལ་ཏེ༵། །མ༷ང་པོ༷འི་སྡུ༷ག་བསྔ༷ལ་ཟ༷ད་འགྱུ༷ར་ཕྱི༵ར། །ཞེས་པའི་དོན་འདི་ལྟར་རྗེས་སུ་ཐོས་ ཏཻ། འདས་པའི་དུས་ན་རིན་པོ་ཆེ་དང་པད་མ་དང་ཟླ་བ་རྣམ་པར་དག་པ་མངོན་པར་འཕགས་ པའི་རྒྱལ་པོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བྱོན་ཅིང་རྒྱལ་པོ་ཡང་བྱུང་བར་གྱུར་པ་ན། བཅོམ་ལྡན་འདས་དེ་སངས་རྒྱས་ཀྱི་མཛད་པ་མཛད་ཅིང་ཡུན་རིང་དུ་བཞུགས་ནས་ཡོངས་ སུ་མྱ་ངན་ལས་འདས་སོ། །དེ་ཡོངས་སུ་མྱ་ངན་ལས་འདས་ནས་བསྟན་པ་ནུབ་པར་གྱུར་པ་ ན་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བའི་ཕོ་བྲང་དུ་རྒྱལ་པོ་དཔས་བྱིན་ཞེས་བྱ་བ་བྱུང་བར་གྱུར་ 1-1-250 ཏོ། །དེའི་ཚེ་སེམས་ཅན་རྣམས་ལྟ་བ་ལོག་པར་གྱུར་པ་ལ་ཐུགས་བརྩེ་བའི་བྱང་ཆུབ་སེམས་ དཔའ་རབ་ཏུ་མང་པོ་བྱུང་བར་གྱུར་ཀྱང་དེ་རྣམས་ཀྱིས་ཡུལ་འཁོར་དང་གྲོང་བརྡལ་ལས་ སྐྲག་པར་གྱུར་པ་རྣམས་ལ་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དང་ལྷན་ཅིག་ཀུན་ཏུ་བཟང་པོ་ཞེས་ བྱ་བའི་ནགས་ཁྲོད་དགོན་པར་བརྟེན་ཅིང་བཞུགས་སོ། །དེ་ནས་ཀྱང་བྱང་ཆུབ་སེམས་དཔའ་ མེ་ཏོག་ཟླ་མཛེས་སེམས་ཅན་རྣམས་ལ་ཐུགས་བརྩེ་བར་དགོངས་བཞིན་པས་ནང་དུ་ཡང་ དག་འཇོག་ལ་ཞུགས་པ་ལས། བདག་གིས་གྲོང་དང་གྲོང་བརྡལ་དང་ཡུལ་འཁོར་དུ་སོང་ ལ་སེམས་ཅན་ལམ་ངན་པར་ཞུགས་པར་རྣམས་དགེ་བའི་ལམ་ལ་གཞག་པར་བྱའོ་སྙམ་དུ་ སེམས་ལ་རྣམ་པར་རྟོག་པ་སྐྱེས་ཏེ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་དོན་དེ་སྨྲས་སོ། །དེ་རྣམས་ཀྱིས་ཀྱང་བཀག་པར་གྱུར་ཅིང༌། བདག་ཉིད་དང་རྒྱལ་པོ་ཡང་ཉམས་པར་མཁྱེན་ བཞིན་དུ་ནགས་ཁྲོད་དེ་ནས་འཐོན་ཏེ་རིམ་གྱིས་ཆོས་སྟོན་ཅིང་རྒྱལ་པོ་དེའི་ཕོ་བྲང་འཁོར་དུ་ ཕྱིན་པར་གྱུར་ཏོ། །དེ་ནས་རྒྱལ་པོའི་བུ་དང་བློན་པོ་དང་མདུན་ན་འདོན་ལ་སོགས་པ་སེམས་ ཅན་མང་པོ་རྣམས་ཇི་ལྟར་འདུལ་བའི་ཐབས་རྣམ་པ་དུ་མས་ཡང་དག་པའི་ལམ་ལ་འཇོག་ ཅིང་ཆོས་སྟོན་པ་རྒྱལ་པོ་དཔས་བྱིན་ལམ་ནས་འགྲོ་བ་མཐོང་སྟེ། འདིས་སྐྱེ་བ་ཐམས་ཅད་ རངས་པར་བྱས་སོ་སྙམ་ནས་ཤིན་ཏུ་ཁྲོས་ཤིང་ཕྲག་དོག་གིས་བསླང་བའི་སེམས་ཀྱིས་བསད་ པའི་དོན་དུ་རང་གི་བུ་རྣམས་ལ་བསྒོ་བ་དང༌། དེ་རྣམས་ཀྱང་དེ་གསོད་པ་ལ་ཕྱིར་ཕྱོགས་ པར་གོ་ནས་གསོད་པའི་གཤེད་མ་དགའ་བྱེད་ལ་བཀའ་བསྒོའོ། །དེས་ཀྱང་རྒྱལ་པོའི་བཀའ་ བཞིན་བྱས་ནས་ཕྱག་དང་ཞབས་ལ་སོགས་པ་རིམ་གྱིས་བཅད་ཅིང་སྤྱན་གཉིས་ཀྱང་རྐམ་ པས་ཕྱུང་སྟེ་སྲོག་དང་བྲལ་བར་བྱས་སོ། །དེ་ནས་དགེ་སློང་དེ་སྲོག་དང་བྲལ་བའི་ལུས་ལས་ ངོ་མཚར་རྨད་དུ་བྱུང་བ་དུ་མ་བྱུང་ཞིང་ལམ་ཁ་ན་འདུག་པ་རྒྱལ་པོ་དེས་མཐོང་ནས་དགེ་སློང་ འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོའོ་སྙམ་དུ་ངེས་པར་གྱུར་ཏེ་ཤིན་ཏུ་འགྱོད་པས་རྒྱལ་པོ་ 1-1-251 ཡོངས་སུ་གདུངས་པར་གྱུར་ཅིང་རྣམ་པ་དུ་མར་སྨྲེ་སྔགས་འདོན་པ་དང་བཅས་པས་གསོལ་ བ་འདེབས་སོ། །ཞེས་སོགས་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་རྒྱས་པར་གསུངས་སོ། ། དེ༷་ལྟར༷་གཞན་ཕན་ལ་རྒྱུ༷ད་ནི༷་གོ༷མས་གྱུ༷ར་པ༷། གཞ༷ན་གྱི༷་སྡུ༷ག་བསྔ༷ལ་ཞི༷་དག༷འ་བ༷ས། །པ༷ད་མ༷འི་མཚོ༷་ལ༷་ང༷ང་བ༷་(རྣམས་ངང་གིས་འཇུག་པ་)ལྟར༷། །(དམྱལ་བ་པ་རྣམས་ཀྱི་དོན་དུ་)མན༷ར་མེ༷ད་ པ༷ར་ཡ༷ང་དགའ་བཞིན་དུ་འཇུ༷ག་པ༷ར་འགྱུ༵ར་ཏེ། མདོ་སྡེའི་རྒྱན་ལས། གཞན་དོན་བརྩོན་ ལྡན་སྙིང་རྗེའི་བདག་ཉིད་འདི། །གང་ཚེ་མནར་མེད་ལ་ཡང་དགར་འཛིན་པ། །དེ་འདྲ་བ་ དག་སྲིད་ན་གཞན་བརྟེན་ཅན། །སྡུག་བསྔལ་འབྱུང་བ་རྣམས་ཀྱིས་ག་ལ་འཇིགས། །ཞེས་ གསུངས་སོ། །དོན་ལའང་སེ༷མས་ཅ༷ན་(སྡུག་བསྔལ་གྱིས་འཆིང་བ་ལས་)རྣམ༷་པ༷ར་གྲོ༷ལ་བ༷་ན༵། དག༷འ་བ༷འི་ཕུལ་རྒྱ༷་མཚོ༷་ལྟར་ཟབ་ཡངས་སྐྱེས་པ་ག༷ང་ཡི༷ན་པ༵། དེ༷་ཉི༷ད་ཀྱི༷ས་ནི༷་འབྲས་བུ་ ཆོ༷ག་མི༷ན་ན༵མ། རང་དོན་ཐ༷ར་པ༷འི་རོ་མྱང་འདོ༷ད་པ༷ས་ཅི༷་ཞི༷ག་བྱ༷། ཞེས་པ་སྟེ། འགྲོ་བ་མ་ ལུས་རང་བཞིན་མངོན་དུ་མཛད་གང་གི །དེ་བཞིན་གཤེགས་པ་ཉིད་ནི་ཞར་ལས་བྱུང་བ་སྟེ། །གཞན་དབང་གྱུར་པ་ཁྱེད་ཀྱི་ཡོན་ཏན་རྣམས་ལས་ནི། །ཅུང་ཟད་ཙམ་ཞིག་ཚིག་གི་རྗོད་བྱེད་ སྙན་ངག་མཁན། །ཞེས་འགྲེལ་པར་དྲངས་སོ། ། རང་དོན་དང་ལན་ལ་མི་ལྟོས་པ་དེ༷་ལྟ་༷བས༷་ན་གཞ༷ན་གྱི༷་དོ༷ན་བྱས༷་ཀྱང༷༌། (བདག་གིས་ བྱའོ་སྙམ་པའི་)རློ༷མ་སེ༷མས་ད༷ང་ནི༷་(དཀའ་བ་སྤྱད་པས་རྨད་དུ་བྱུང་ངོ་སྙམ་པའི་རང་ལ་)ངོ༷་མཚ༷ར་མེ༵ད(ལ་ལན་ ལ་མི་ལྟོས་པར་མཐའ)། །གཅི༷ག་ཏུ༷་གཞ༷ན་དོ༷ན་ལ༷་དག༷འ་བ༵ས། །(དམ་པའི་ལས་བྱས་པའི་)རྣམ༷་སྨི༷ན་ འབྲ༷ས་བུ༷་(བཟང་པོ་འབྱུང་སྙམ་དུ་འདོད་ཅིང་)རེ༷་བ༷འང་མེ༵ད། །ཅེས་སོ། །(བདག་གཞན་ལ་ཁྱད་པར་མེད་པ་) དེ༷་བ༷ས་ཇི༷་ལྟར༷་(སྡུག་བསྔལ་གྱི་རྒྱུ་)ཆུ༷ང་ངུ༷་ན༵། །ཚིག་མི༷་སྙན༷་པ་ཙམ་ལ༷ས་ཀྱང༷་བད༷ག་བསྲུ༷ང་ བ༵(ར་བྱེད་ན)། དེ༷་བཞི༷ན་གཞ༷ན་ལ༷འ༷ང་(གནོད་པ་ཆུང་ངུ་ཙམ་ལའང་)བསྲུ༷ང་སེ༷མས་ད༵ང༌། །སྙི༷ང་རྗེ༷འི་ སེ༷མས་ནི༷་མཉམ་པ་དེ༷་ལྟར༷་གོམས་པར་བྱ༷། (ཐོག་མེད་ནས་)གོ༷མས་པ༷་ཡི༷ས་ནི༷་གཞ༷ན་ཕ་མ་ 1-1-252 ད༷ག་གི༵ ། ཁུ༷་བ༷་ཁྲ༷ག་གི༷་ཐི༷གས་པ༷་ལ༵། །བདག་གི་དངོ༷ས་པོ༷ར་འཛིན་པའི་རྒྱུ་མེ༷ད་པ༷ར་གྱུ༷ར་ ཀྱང༷་ནི༵། གོམས་པས་བད༷ག་གོ༷་ཞེ༷ས་ནི༷་འཁྲུལ་ཤེ༷ས་བརྟན་པོ་འཇུག་པ༷་ལྟར༷། དེ༷་བཞི༷ན་(དུ་ སེམས་ཅན་) གཞ༷ན་གྱི༷་ལུ༷ས་ལ༷་ཡ༵ང༌། བད༷ག་ཅེ༷ས་ཅི༷་ཡི་༷ཕྱི༷ར་མི༷་གཟུ༵ང་སྟེ་གཟུང་ནུས་སོ། ། དེ་ལྟར་བདག་གཞན་མཉམ་པ་གོམས་ནས་བད༷ག་གི༷་ལུ༷ས་བདེ་བ་ནི༷་གཞ༷ན་སྡུག་པའི་ ཚབ་ད༷ག་ཏུ༷འ༵ང༌། བ༷ཞག་པ༷འི་བློ་དེ༷་ལྟར༷་གོམས་སུ་བཅུག་ན་དཀ༷འ་བ༷་མེ༵ད་དོ། །དེ་ཡང་ བད༷ག་ཉི༷ད་སྐྱོ༷ན་བཅ༷ས་གཞ༷ན་ད༷ག་ལ༵། ཡོ༷ན་ཏ༷ན་རྒྱ༷་མཚོ༷ར་ཤེ༷ས་པ་གོམས་བྱས༷་ན༵ས། བད༷ག་གི་གཅེས་འཛི༷ན་ཡོ༷ངས་སུ༷་དོ༷ར་བ༷་ད༵ང༌། གཞ༷ན་གྱི་སྡུག་བསྔལ་བླང༷་བ༷་ནི༷་བསྒོ༷མ་ པ༷ར་བྱའོ༵། །ཇི༷་ལྟར༷་ལ༷ག་པ༷་(དང་རྐང་པ་)ལ༷་སོ༷གས་པ༵། དབྱེ་བ་མང་ཡང་ལུ༷ས་ཀྱི༷་ཡ༷ན་ལ༷ག་ ཡི༷ན་པར་སུ་ཡང་འདོ༷ད་པ་ལྟར༷། དེ༷་བཞི༷ན་དུ་འགྲོ༷་བ༷་སེམས་ཅན་ཞེས་དམིགས་ཡུལ་ གཅིག་ཏུ་བྱས་པའི༷་ཡ༷ན་ལ༷ག་ཏུ༵། ཅི༷་ཕྱི༷ར་ལུ༷ས་ཅ༷ན་རྣམ༷ས་མི༷་འདོ༵ད(དེ་འདོད་པའི་བློ་སྐྱེའོ)། །ཇི༷་ ལྟར༷་བད༷ག་མེ༷ད་ཀྱང་ཁུ་ཁྲག་འདུས་པའི་ལུ༷ས་འདི༷་ལ༵། གོ༷མས་པ༷ས་བད༷ག་གི༷་བློ༷་འབྱུ༷ང་ བ༵། །དེ༷་བཞི༷ན་སེ༷མས་ཅ༷ན་གཞ༷ན་ལ༷་ཡ༵ང༌། །(བདག་ཉིད་དུ་)གོ༷མས་པ༷ས་བད༷ག་གཞན་བརྗེ་ བའི་བློ༷་ཅི༷ས་མི༷་སྐྱེ༵། རྗེས་པ་དེ༷་ལྟ་༷ན༷་ནི༷་གཞ༷ན་གྱི༷་དོ༵ན། བྱས༷་ཀྱང༷་ངོ༷་མཚ༷ར་(དུ་འཛིན་པ་དང་ སེམས་ཁེངས་པའི་)རློ༷མ་(པ་)མི༷་འབྱུ༵ང་སྟེ། བད༷ག་ཉི༷ད་ཀྱི༷ས་ནི༷་ཟ༷ས་ཟོ༷ས་པ༵། །ལ༷ན་(དང་ཕྱི་ མར་རྣམ་སྨིན་) ལ༷་རེ༷་བ༷་མི༷་འབྱུ༷ང་བཞི༵ན་ནོ། །དེ༷་བ༷ས་ཇི༷་ལྟར༷་ཆུ༷ང་ངུ༷་ན༵། །མི༷་སྙན༷་ལ༷ས་ ཀྱང༷་བད༷ག་བསྲུ༷ང་བ༵(ར་འདོད་པ)། །དེ༷་བཞི༷ན་འགྲོ༷་ལ༷་བསྲུ༷ང་(བའི་)སེ༷མས་བརྗེ་བ་ད༵ང༌། (དུ་ ཁ་དང་བྲལ་འདོད་ཀྱི་) སྙི༷ང་རྗེ༷འི་སེ༷མས་ནི༷་གོ༷མས་པ༷ར་བྱ༷། །ཆུང་ངུ་ནས་ཀྱང་གོམས་དགོས་པ་ དེ༷་བ༷ས་མགོ༷ན་པོ༷་སྤྱ༷ན་ར༷ས་གཟི༵གས། ཐུ༷གས་རྗེ༷་ཆེ༷ན་པོ༷ས་འགྲོ༷་བ༷་ཡི༵། །ཐ་ན། འཁོ༷ར་ གྱི༷་འཇི༷གས་པ༷འ༷ང་བས༷ལ་བ༷འི་ཕྱི༵ར། །ར༷ང་གི༷་མཚན༷་ཐོས་པ་ཙམ་ཡ༷ང་སེམས་ཅན་ལ་ཕན་ པར་བྱི༷ན་གྱི༷ས་བརླ༵བས་ཏེ། ཇི་སྐད་དུ། གང་སེམས་ཅན་འགའ་ཞིག་སེམས་མྱོས་པས་ཀྱང་ 1-1-253 བདག་གི་མིང་ཙམ་འཛིན་པར་བྱེད་ན་དེ་ལ་སྡུག་བསྔལ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ འབྱུང་བར་མི་འགྱུར་ལ། ཐ་ན་འཁོར་གྱི་འཇིགས་ཤིང་སྐྲག་པ་ཙམ་ཡང་འབྱུང་བར་མི་འགྱུར་ བར་ངས་བྱིན་གྱིས་བརླབས་པའོ། །ཞེས་འགྲེལ་པར་དྲངས་པའོ། །གོམས་ཀྱང་མི་ནུས་པོ་ སྙམ་པས་དཀ༷འ་ལ༷ས་ཕྱི༷ར་ལྡོ༷ག་མི༷་བྱ་༷སྟེ༵། འདི༷་ལྟར༷་གོ༷མས་པ༷འི་མཐུ༷་ཡི༷ས་ནི༵། །དང་པོ་བློ་ མ་བྱང་དུས་བྱང་ཆུབ་སྤྱོད་པ་ག༷ང་གི༷་མི༷ང་ཐོ༷ས་པ་ཙམ་གྱིས་འཇི༷གས་པ༷་ཡ༵ང༌། ཕྱིས་གོམས་ དུས་དེ༷་ཉི༷ད་སྤྱད་དུ་མེ༷ད་ན༷་མི༷་དག༷འ་བར༷་འགྱུ༵ར་བའི་ཕྱིར་རོ། ། དེས་ན་ག༷ང་ཞི༷ག་བད༷ག་ད༷ང་གཞ༷ན་རྣམ༷ས་ནི༵། སྡུག་བསྔལ་ལས་མྱུ༷ར་དུ༷་བསྐྱ༷བ་པ༷ར་ འདོ༷ད་པ༷་དེ༵ས། བད༷ག་ད༷ང་གཞ༷ན་དུ༷་བརྗེ༷་བྱ་༷བ༵། །ཐེག་ཆེན་གྱི་རིགས་མ་ཡིན་པ་ལ་སྐྲག་ པའམ་བློར་མ་ཤོང་བ་དགོས་ནས་ཤིན་ཏུ་གས༷ང་བ༷འི་ད༷མ་པ༷་སྤྱ༷ད་པ༷ར་བྱའོ༵། ། བརྗེ་བ་ལ་ཕངས་པར་ཡང་མི་བྱ་སྟེ། བདག་ཉིད་སྐྱོན་བཅས་ཞེས་གསུངས་པ་བཞིན་དུ་ བད༷ག་ལུ༷ས་ག༷ང་ལ༷་(བདག་ཏུ་འཛིན་པར་བསྐྱེད་པའི་)ཆ༷གས་པ༷་ཡི༵ས། འཇི༷གས་གན༷ས་ཆུ༷ང་བ་ནད་ ཕྲ་མོ་ཙམ་ལ༷་འཇི༷གས་པ་སྐྱེ༷་བ༵་དང༌། འཇི༷གས་པ༷་གཞན་ཡང་སྐྱེ༷་བ༷འི་ལུ༷ས་དེ༷་ལ༵། (སེམས་ ལྡན་)སུ༷་ཞི༷ག་དགྲ༷་བཞི༷ན་སྡ༷ང་མི༷་བྱེ༵ད་དེ་སྡང་བར་ངོས་རིགས་པའི་ཕྱིར་རོ། །གཞན་ཡང་ ལུ༷ས་ག༷ང་ཞིག་བཀྲེ༷ས་པ་ད༷ང་སྐོ༷མ་པ་དང་གོས་དང་བྲལ་བ་ལ་སོ༷གས་པའི་ན༵ད། གསོ༷་བ༷འི་ ཆོ༷་ག༷་བྱེ༷ད་འདོ༷ད་པ༵ས། །(ཟས་དང་སྨན་སོགས་ཀྱི་ཕྱིར་)བྱ་༷ད༷ང་ཉ༷་ད༷ང་རི༷་དྭ༷གས་ད༵ག །གསོ༷ད་ པ༷ར་བྱེ༷ད་ཅི༷ང་ལ༷མ་དུ་སྒུ༷ག་ནས་ཆོམ་རྐུན་ཡང་བྱེ༵ད། ག༷ང་ཞི༷ག་ནོར་གྱི་ཁེ༷་ད༷ང་རང་མཐོ་ བར་འདོད་པ་རི༷མ་གྲོ༷འི་ཕྱི༵ར། (འདི་དག་གསོན་ན་བདག་ལ་རྙེད་བཀུར་མི་ཡོང་ངོ་སྙམ་པས་)ཕ༷་ད༷ང་མ༷་ཡ༷ང་ གསོ༷ད་བྱེ༷ད་ཅི༵ང༌། །དཀོ༷ན་མཆོ༷ག་གསུ༷མ་གྱི༷་དཀོ༷ར་རྐུ༷་བ༵། །རྒྱུ་དེ༷ས་ན༷་འབྲས་བུ་མན༷ར་ མེ༷ད་པའི་དམྱལ་བ་སོགས་སུ་བསྲེ༷ག་པ༷ར་འགྱུ༵ར། །དེས་ན་མཁ༷ས་པ༷་(རིག་པ་དང་ལྡན་པ་)སུ༷་ ཞི༷ག་(སྡུག་བསྔལ་གྱི་འབྱུང་གནས་སུ་གྱུར་པའི་)ལུ༷ས་འདི༷་ལ༵། (དགའ་བས་)འདོ༷ད་ཅི༷ང་(བརྩེ་བས་) བསྲུ༷ང་ 1-1-254 (ཞིང་སྐྱོང་བ་)ད༷ང་(རྙེད་པས་)མཆོ༷ད་བྱེ༷ད་ཀྱི༷། །འདི༷་ལ༷་སུ༷་ཞི༷ག་དགྲ༷་བཞི༷ན་དུ༵། །བལྟ་༷བ༷ར་མི༷་ བྱེ༷ད་བརྙ༷ས་མི༷་བྱེ༷ད། །ཅེས་པ་སྟེ། ལུས་གཞན་དོན་དགེ་བ་ལ་བཏང་བ་བསྔགས་སོ། ། ག༷ལ་ཏེ༷་ལུས་སོགས་གཞན་ལ་བྱི༷ན་ན༷་རང་ཅི༷་སྤྱ༷ད་ཅེ༵ས། བདག༷་དོ༷ན་(སྒྲུབ་པར་)སེ༷མས་ པ༷་འདྲེ༷་ཡི༷་ཚུ༵ལ(ཏེ་ཡི་དྭགས་སུ་འགྱུར་ཏེ་སེར་སྣ་ཡོད་པའི་ཕྱིར་རོ)། །ག༷ལ་ཏེ༷་(བདག་གིས་ལོངས་)སྤྱ༷ད་ན༷་ (གཞན་སློང་བ་པོ་དེ་ལ་)ཅི༷་སྦྱི༷ན་ཞེ༵ས། །(རང་དོན་ལ་མི་ལྟོས་པ་)གཞ༷ན་(བདེ་བའི་)དོ༷ན་སེ༷མས་པ༷་ ལྷ་༷ཡི༷་ཆོ༵ས (ཏེ་ལྷའི་དབང་ཕྱུག་ཏུ་འགྱུར་རོ)། །ཞེས་པ་དང༌། བད༷ག་(གི་བདེ་བ་ཐོབ་པའི་)ཕྱི༷ར་གཞ༷ན་ ལ༷་(ལུས་ངག་གི་ཆད་པས་)གནོ༷ད་བྱས༷་ན༵། །དམྱལ༷་ལ༷་སོ༷གས་པ༷ར་ལྟུ༷ང་བ༷ར་འགྱུ༵ར། །གཞ༷ན་ (བདེ་བའི་)ཕྱི༷ར་བད༷ག་ལ༷་གནོ༷ད་བྱས༷་ན༵། །(འདས་མ་འདས་ཀྱི་)ཕུ༷ན་སུ༷མ་ཚོ༷གས་པ༷་ཐ༷མས་ ཅ༷ད་འཐོ༵བ། །ཞེས་པ་དང༌། (ལང་ཚོ་དང་གཟུགས་ནོར་སོགས་)བད༷ག་ཉི༷ད་མཐོ༷་བ༷ར་འདོ༷ད་པ༷་ དེ༵ས། །ང༷ན་འགྲོ༷་ང༷ན་ད༷ང་གླེ༷ན་པ༷ར་འགྱུ༵ར། །དེ༷་ཉི༷ད་གཞ༷ན་ལ༷་སྤོ༷་(པ་སྟེ་ཕ་རོལ་མཐོ་བར་) བྱས༷་ན༵། །བདེ༷་འགྲོ༷ར་རི༷མ་གྲོ༷་(ཕུན་ཚོགས་)འཐོ༷བ་པ༷ར་འགྱུ༵ར། །ཞེས་པ་དང༌། བད༷ག་གི༷་ དོ༷ན་དུ༷་གཞ༷ན་(བཙན་ཐབས་སུ་བྲན་དུ་)བཀོ༷ལ་ན༵། །(ཕྱི་མར་)བྲ༷ན་ལ༷་སོ༷གས་པ༷་(དང་མི་སྡུག་པ་)མྱོ༷ང་ བ༷ར་འགྱུ༵ར། །གཞ༷ན་གྱི༷་དོ༷ན་དུ༷་བད༷ག་སྤྱ༷ད་(ཅིང་བྲན་དུ་བཀོལ་)ན༵། །(ཕྱི་མར་)རྗེ༷་དཔོ༷ན་ཉི༷ད་ སོ༷གས་(པས་རིགས་གཟུགས་བཟང་པོ་)མྱོ༷ང་བ༷ར་འགྱུ༵ར། །ཞེས་པ་དང༌། (མདོར་ན་)འཇི༷ག་རྟེ༷ན་(གྱི་ འདི་ཕྱིའི་)བདེ༷་བ༷་ཇི༷་སྙེ༷ད་པ༵། །དེ་༷ཀུ༷ན་གཞ༷ན་(ལ་ཕན་)བདེ༷་འདོ༷ད་ལ༷ས་བྱུ༵ང༌། །འཇི༷ག་རྟེ༷ན་ (གྱི་འདི་ཕྱིའི་)སྡུ༷ག་བསྔ༷ལ་ཇི༷་སྙེ༷ད་པ༵། །དེ༷་ཀུ༷ན་ར༷ང་བདེ༷་འདོ༷ད་ལ༷ས་བྱུ༵ང༌། །ཞེས་པ་ཤོ་ལོ་ཀ་ རེ་རེས་ཀྱང་རང་གཞན་གཙོ་བོར་བྱས་པའི་སྐྱོན་ཡོན་རེ་འཆད་པས་ཀྱང་གཞན་དོན་ཁོ་ན་ལ་ བསྔགས་སོ། ། མདོར་བསྡུ་ན་མ༷ང་དུ༷་བཤ༷ད་ལྟ་༷ཅི༷་ཞི༷ག་དགོ༵ས། བྱི༷ས་པ༷་སོ་སོའི་སྐྱེ་བོ་རྣམས་ར༷ང་ གི༷་དོ༷ན་བྱེ༷ད་པས་འཁོར་བར་ཇི་ཙམ་འཁྱམས་པའི་སྐྱོན་ད༵ང༌། ཐུ༷བ་པ༷་རྒྱ༷ལ་བ་སྲས་བཅས་ 1-1-255 རྣམས་གཞ༷ན་གྱི༷་དོ༷ན་མཛ༷ད་པ༵ས། ཐར་པའི་ཡོན་ཏན་ཇི་ཙམ་ཐོབ་པ་འདི༷་གཉི༷ས་ཀྱི༷་ནི༷་ ཁྱད༷་པ༷ར་ལྟོ༷ས (ལ་བདག་གཞན་མཉམ་བརྗེ་ལ་འབད་པར་གྱིས)། ཞེས་པའོ། ། དེའི་ཕྱིར་བད༷ག་བདེ༷་གཞ༷ན་གྱི༷་སྡུ༷ག་བསྔ༷ལ་ད༵ག །ཡ༷ང་ད༷ག་བརྗེ༷་བ༷་ལ་བརྩོན་པར་ མ༷་བྱས༷་ན༵། མཐར་ཐུག་སང༷ས་རྒྱ༷ས་ཉི༷ད་དུ༷་མི༷་འགྲུ༷བ་ཅི༵ང༌། གནས་སྐབས་འཁོ༷ར་བ༷་ན༷་ ཡ༷ང་བདེ༷་བ༷་(ཕུན་ཚོགས་ཐོབ་པ་)མེ༵ད། འཇི༷ག་རྟེ༷ན་ཕ༷་རོ༷ལ་(ཏུ་བདེ་བ་མི་འགྲུབ་པ་)ཕ༷ར་ཞོ༷ག་གི༵ ། (ཚེ་ འདིར་ཡང་ལས་ཀྱི་གླས་འཚོ་བའི་)བྲ༷ན་གཡོ༷ག་(གཞན་)ལ༷ས་མི༷་བྱེ༷ད་པ༷་ད༵ང༌། །རྗེ༷་དཔོ༷ན་(ཡང་བླ་)རྔ༷ན་ པ༷་མི༷་སྟེ༷ར་བ༵ས། །ལས་དང་རྔན་པ་མ་བརྗེས་པའི་ཕྱིར་དཔོན་གཡོག་གཉི་གའི་ཚེ༷་འདི༷འི་ དོ༷ན་ཡ༷ང་འགྲུ༷བ་མི༷་འགྱུ༵ར། དེས་ན་མཐོ༷ང་བ་ཚེ་འདི་ད༷ང་མ༷་མཐོ༷ང་བ་ཚེ་ཕྱི་མ་ལ་ཡང་བདེ༷་ འགྲུ༷བ་པ༵འི། ཕུ༷ན་སུ༷མ་བདེ༷་སྐྱི༷ད་ཀྱི་རྒྱུ་བདག་གཞན་བརྗེ་བ་ཡོ༷ངས་བོ༷ར་ཞི༵ང༌། གཞ༷ན་ལ༷་ སྡུ༷ག་བསྔ༷ལ་བྱས༷་པ༷འི་རྒྱུ༵ས། །བླང་དོར་ལ་རྨོ༷ངས་པའི་སེམས་ཅན་རྣམ༷ས་འབྲས་བུ་དམྱལ་ སོགས་ཀྱི་སྡུ༷ག་བསྔ༷ལ་མི༷་བཟ༷ད་པ་ངོས་ལེ༵ན་ན་སྙིང་རྗེའོ། ། འཇི༷ག་རྟེ༷ན་ད༷ག་ན༷་(ཡིད་མི་བདེ་བའི་རྒྱུའི་)འཚེ༷་བ༷་ག༷ང་ཡོ༷ད་ད༵ང༌། །(སྡུག་བསྔལ་གྱི་རྒྱུ་རྣམས་ལ་) འཇི༷གས་ད༷ང་(ལུས་ཀྱི་)སྡུ༷ག་བསྔ༷ལ་ཇི༷་སྙེ༷ད་ཡོ༷ད་(པར་)གྱུ༷ར་པ༵། །དེ༷་ཀུ༷ན་གྱི་ཉེས་པའི་རྩ་བ་ བད༷ག་ཏུ༷་འཛི༷ན་པ༷་ལ༷ས་བྱུ༷ང་བར་གྱུར་ན༵། བདག་གཞན་བརྗེ་བ་སོགས་དགེ་བའི་གེགས་ འདྲེ༷་ཆེ༷ན་(པོ་བདག་འཛིན་)དེ༷ས་ཀོ༷་(རང་གི་ལག་གིས་དུག་ཟ་བ་བཞིན་)བད༷ག་ལ༷་ཅི༷་ཞི༷ག་བྱ༷། གལ་ཏེ་ རྒྱུ་བད༷ག་འཛིན་ཉི༷ད་ཡོ༷ངས་སུ༷་མ༷་བཏ༷ང་ན༵། འབྲས་བུ་སྡུ༷ག་བསྔ༷ལ་སྤོ༷ང་བ༷ར་མི༷་ནུ༷ས་ཏེ༵(དེ་ སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར)། ཇི༷་ལྟར༷་མེ༷་ནི༷་ལག་ནས་མ༷་བཏ༷ང་ན༵། །(དེའི་འབྲས་བུ་)བསྲེ༷ག་པ༷་ སྤོ༷ང་བ༷ར་མི༷་ནུ༷ས་པ་བཞི༵ན་ནོ། ། དེ༷་ལྟ་༷བས༷་ན་ཉེས་རྩ་བདག་འཛིན་སྤངས་པ་ལས་བད༷ག་རང་གི་གནོ༷ད་པ་མཐའ་དག་ ཞི༷་བ༷་ད༵ང༌། གཞ༷ན་གྱི༷་སྡུ༷ག་བསྔ༷ལ་ཞི༷་བྱ༷འི་ཕྱི༷ར། །བད༷ག་ཉི༷ད་ཀྱི་བདེ་བ་གང་ཡིན་གཞ༷ན་ 1-1-256 ལ༷་བཏ༷ང་བྱ་༷ད༵ང༌། གཞ༷ན་རྣམ༷ས་ཀྱི་སྡུག་བསྔལ་གང་ཡིན་བད༷ག་གི་བཞི༷ན་དུ་གཟུ༷ང་བ༷ར་ ཁས་བླང་ཞིང་སྒྲུབ་པས་བདག་གཞན་བརྗེ་བ་བསྒོམ་པར་བྱའོ༵། ། བདག་གཞན་བརྗེས་ཕྱིན་ཆད་བད༷ག་ནི༷་གཞ༷ན་གྱི༷་དབ༷ང་གྱུ༷ར་ཅེ༵ས། (ཐེ་ཚོམ་དང་ཕྱིན་ཅི་ ལོག་མེད་པར་)ཡི༷ད་ཁྱོ༷ད་ངེ༷ས་པ༷ར་ཤེ༷ས་གྱི༷ས་ལ༵། །(དུས་འདི་ནས་བཟུང་ནས་)སེ༷མས་ཅ༷ན་ཀུ༷ན་ལ་ གང་ཕན་གྱི་དོ༷ན་མ༷་གཏོ༷གས་པ༵། ད༷་ནི༷་ཁྱོ༷ད་ཀྱི༷ས་གཞ༷ན་རང་དོན་སོགས་ཡིད་ལ་ཡང་མི༷་ བས༵མ་མོ། །(བདག་གཞན་བརྗེ་བས་)ལུས་ཀྱང་གཞ༷ན་དབ༷ང་དུ་གྱུར་པའི་ཕྱིར་མི༷ག་དང་རྣ་བ་ ལ༷་སོ༷གས་པ༷་ཡི༵ས། ར༷ང་དོ༷ན་(དུ་ལྟ་བ་དང་ཉན་པ་སོགས་)སྒྲུ༷བ་པ༷་རི༷གས་མ༷་ཡི༵ན། །གཞན་དེ༷འི་ དོ༷ན་དུ་ཡང་མི༷ག་ལ༷་སོ༷གས་པ༷འི་དབང་པོ་དང་རྐང་ལག་ལ་སོགས་པ་ཡི༵ས། སེམས་ཅན་དེ༷་ རྣམས་ལ༷་ནམ་ཡང་ལོ༷ག་པ༷ར་བྱ་༷བ་མི༷་རི༵གས་ཏེ་གཞན་ལ་ཕན་པར་བསམས་ནས་བརྗེས་ པའི་ཕྱིར་རོ། །དེ༷ས་ན༷་ད་ནི་སེ༷མས་ཅ༷ན་ཁོ་ནའི་དོན་གཙོ༷ར་བྱས༷་ཏེ༵། བད༷ག་ཉི༷ད་ལུ༷ས་ལ༷་ གཞན་ཕན་གྱི་ཆ་ཅི་དང་ཅི༷་མཐོ༷ང་བ༵། དེ༷་ད༷ང་དེ༷་ནི༷་རང་གི་ཡིད་ཀྱིས་ཕྲོ༷གས་ན༷ས་ཀྱང༷༌། གཞ༷ན་ད༷ག་(བདག་ཏུ་བྱས་པ་)ལ༷་ནི༷་ཅི་ཕ༷ན་པ༷ར་སྤྱོ༵ད་ཅིག ། དེ་ལྟར་བདག་གཞན་བརྗེ་དུས་བདག་འཛིན་ལན་ཅིག་མགོ་དམའ་བར་བྱས་ཀྱང་སླར་ མི་ལྡོག་པ་དགོས་པས། འདི་ལ་བདག་གིས་ཞེན་བྱ་ཞིང༌། །འཁོན་དུ་གཟུང་ནས་གཡུལ་ སྤྲད་དེ། །ཞེས་སྔར་གསུངས་པ་དང་མཐུན་པར་སྤང་གཉེན་གཉིས་པོ་གཡུལ་སྤྲད་པའི་དོན་ དུ་གཉེན་པོ་བདག་མེད་དམ༷ན་པ་དང་སོ༷གས་ཀྱི་སྒྲས་འབྲིང་དང་ཆེན་པོ་ཡང་བད༷ག་ཉིད་ཀྱི་ དབང་དུ༷་བྱ་༷བ༷་ད༵ང༌། སྤང་བྱ་བདག་ལྟ་དམན་པ་དང་འབྲིང་དང་ཆེན་པོ་རྣམས་གཞ༷ན་ཉི༷ད་ དུ༷་ནི༷་བད༷ག་གི་བློས་ཐ་དད་དུ་བྱས༷་ན༵ས། རྣམ༷་རྟོ༷ག་གམ་ཐེ་ཚོམ་མེ༷ད་པ༷འི་སེ༷མས་ཀྱི༷ས་སུ༵། གཉེན་པོ་ལས་མཐོ་བའི་བདག་ལྟ་ལ་ཕྲ༷ག་དོ༷ག་དང་སྤང་གཉེན་མཉམ་པ་ལ་འགྲ༷ན་སེམས་ ད༷ང་སྤང་བྱ་དམའ་བ་ལ་ང༷་རྒྱ༷ལ་བསྒོ༵མ་མོ། །འདི་དག་ཉོན་མོངས་ཀྱི་མིང་ཅན་ཡིན་ཡང་ངོ་ 1-1-257 བོ་གཉེན་པོ་ཡིན་པས་རྣམ་བྱང་དུ་འགྱུར་ལ། སྒོམ་ཚུལ་ཡང་བདག་གསར་རྙིང་གི་ཐ་སྙད་ ལ་ཊཱི་ཀ་མཛད་པ་སྔ་རབས་པ་རྣམས་འཆད་ཀྱང༌། དཔྱད་ན་བདག་འཛིན་ཡུལ་དུ་བྱས་ནས་ བསྒོམ་པར་འདུས་ཤིང༌། གཞུང་སྔ་ཕྱི་ལ་བརྟགས་ཀྱང་ཉེས་པའི་རྩ་བ་ཉོན་མོངས་བདག་ འཛིན་ལ་ཕྲག་དོག་སོགས་སྒོམ་པ་སློབ་དཔོན་གྱི་དགོངས་པར་གསལ་ལོ། ། དེས་ན་སྤང་བྱ་བདག་ལྟ་འདི༷་ནི༷་བཀུ༷ར་བྱས༷་མགོ་མཐོ་ལ་བད༷ག་ལ༷་མི༵ན། འདི༷་བཞི༷ན་ གཉེན་པོ་བད༷ག་གི༷ས་འབྱོར་བ་མ༷་རྙེ༷ད་ཅི༵ང༌། འདི༷་ནི༷་བསྟོ༷ད་བྱས༷་བད༷ག་ལ༷་སྨོ༵ད། འདི༷་ བདེ༷་བད༷ག་ནི༷་སྡུ༷ག་བསྔ༷ལ་ལ༵་གནས་ན་མི་བཟོད་པར་བྱེད་པའོ། །དེ་བཞིན་དུ་གཉེན་ པོ་བད༷ག་ནི༷་(ཁུར་ཁུར་བ་པོ་)དམན་པའི་ལ༷ས་རྣམ༷ས་བྱེ༷ད་པ༷་ད༵ང༌། སྤང་བྱ་འདི༷་ནི༷་(ལས་མེད་ པར་) བདེ༷་བ༷་ཉི༷ད་དུ༷་གན༵ས (པ་མི་རིགས་སོ་སྙམ་པའི་ཕྲག་དོག་དང༌། སྤང་བྱ་)འདི༷་ནི༷་འཇི༷ག་རྟེ༷ན་ལ༷་ སྟོབས་ཆེ༷་བ་ད༵ང༌། གཉེན་པོ་བད༷ག་སྟོབས་དམ༷ན་ཞིང་ཡོ༷ན་ཏ༷ན་མེ༷ད་པ༷ར་གྲག༵་ན་ཡང་ངོ༌། །གཉེན་པོ་ཡོ༷ན་ཏ༷ན་མེ༷ད་པ༷ས་སྤང་བྱ་འཇོམས་པའི་བྱ་བ་ཅི༷་ཞི༷ག་བྱ་༷(དགོས་པ་ཅུང་ཟད་ཀྱང་མེད་ པས་)སྟེ། བད༷ག་ནི་ཀུ༷ན་ཏུ་འཛིན་པ་དང་བྲལ་བའི་ཡོ༷ན་ཏ༷ན་ལྡན༷་པ༷་ཉི༵ད་ཡིན་པས། གཉེན་ པོ་ག༷ང་བ༷ས་སྤང་བྱ་འདི༷་དམ༷ན་པའི་ཆ་དེ༷་ཡོ༷ད་ཅི༵ང༌། སྤང་བྱ་ག༷ང་བ༷ས་བད༷ག་མཆོ༷ག་ཏུ་ གྱུར་པ་ཚུལ་ཁྲིམས་དང་ལྟ་བ་རྣམ་དག་གི་ཡོན་ཏན་དེ༷་ཡ༷ང་ཡོ༵ད་པའི་ཕྱིར་འདི་ལ་གཡུལ་ སྤྲད་པར་ནུས་པའོ། །དེ་ལྟ་མོད་ཀྱི་སྡོམ་པ་ཉམས་པ་དང་འཇིག་ཚོགས་ཀྱི་ལྟ་བར་ལྷུང་བ་ དེའི་ཚེ་མི་ནུས་སོ་སྙམ་ན། (སོ་སོ་ཐར་པའི་)ཚུ༷ལ་ཁྲི༷མས་(ཉམས་པ་དང་འཇིགས་ལྟ་སོགས་ལྔ་)ལྟ་༷བ༷་རྒུ༷ད་ སོ༷གས་ནི༵། །སྤང་བྱ་ཉོ༷ན་མོ༷ངས་སྟོ༷བས་ཀྱི༷ས་ཡིན་གྱི་བད༷ག་གི་དབ༷ང་གིས་མི༵ན་ཡང༌། ཅི༷་ ནུ༷ས་བད༷ག་གི༷ས་(ཚུལ་ཁྲིམས་ཉམས་སོགས་ལས་)གསོ༷་དགོ༷ས་ཏེ༵། དེའི་དོན་དུ་གནོ༷ད་པ༷འ༷ང་(སེམས་ ཅན་)བད༷ག་གི༷ས་ད༷ང་དུ༷་བླ༵ང་ཞིང་འགྲན་ནོ། །འོ༷ན་ཏེ༷་བད༷ག་སྤང་བྱ་འདི༷འི་ཡོན་ཏན་གྱིས་ གསོ༷་བྱ་༷མི༵ན་ཏེ་འདི་ལ་དེའི་ནུས་པ་མེད་པའི་ཕྱིར་རོ། །མེད་བཞིན་དུ་ཅི༷་ཕྱི༷ར་བད༷ག་ལ༷་ 1-1-258 བརྙ༷ས་པ༷་བྱེ༷ད་དེ་བརྙས་པར་ཡང་མི་རིགས་ལ། འདི་ནི་འཇིག་རྟེན་ལ་ཆེ་དང༌། ཞེས་པའི་ ཚིག་གིས་ཡོན་ཏན་ཡོད་དོ་སྙམ་ན་བད༷ག་ལ༷་བདག་ལྟ་དེ༷་ཡི༷་ཡོ༷ན་ཏ༷ན་རང་དོན་འབའ་ཞིག་ པ་ཉིད་ཀྱི༵ས། ཅི༷་བྱ་༷སྟེ་འདི༷ར་བད༷ག་རང་དོན་ལ་འཇུག་པའི་ཡོ༷ན་ཏ༷ན་ཅ༵ན་ཡིན་པས་སོ། །དེའི་ཕྱིར་ང༷ན་འགྲོ༷་གདུ༷ག་པ༷འི་ཁ༷ར་འཕེན་པའི་ཉེས་པ་ཅན་དུ་གན༷ས་པ༵། འགྲོ༷་ལ༷་སྙི༷ང་ རྗེ༷་ཡུད་ཙམ་ཡང་མེ༷ད་པར་རང་དོན་ཁོ་ན་ལ་འཆུམས་པ༷འི་བདག་ལྟ་འདི༵། རང་གི་ཉེས་པ་ ཁས་མི་ལེན་པར་མ་ཟད་ཕྱི༷ར་ལ༷་ཡོ༷ན་ཏ༷ན་ཡོད་དོ་སྙམ་དུ་ལོག་པར་ངེས་པའི་རློ༷མ་པ༷་ཡི༵ས། མཁ༷ས་པ༷་ད༷ག་ལ༷་ཅིའི་ཕྱིར་བསྡོ༷་བ༷ར་འདོ༵ད་སྙམ་དུ་ཕྲག་དོག་སྒོམ་པའོ། ། གཉེན་པོ་བད༷ག་ད༷ང་སྟོབས་མཉམ༷་པའི་བདག་འཛིན་ལ༷་ལྟ༷ས་ན༷ས་ནི༵། སྟོབས་(དང་ ཡོན་ཏན་ལ་སོགས་)ག༷ང་གི༷ས་ར༷ང་ཉི༷ད་ལྷག༷་བྱ༷འི་ཕྱི༵ར། བད༷ག་གི༷་རྙེ༷ད་འབྱོར་ད༷ང་བཀུ༷ར་སྟི༷་ མགོ་མཐོ་བའི་ཆ་ནི༵། བདག་ལྟ་ལ་རྩོ༷ད་པ༷་ཡི༷ས་ཀྱང༷་བདག་གཞན་བརྗེ་བའི་དོན་དུ་ངེ༷ས་ པ༷ར་སྒྲུ༵བ་བོ། །དེ་ལྟ་བུའི་ཚུལ་གྱིས་ཅི༷་ན༷ས་གཉེན་པོ་བད༷ག་གི༷་ཡོ༷ན་ཏ༷ན་ནི༵། འཇི༷ག་རྟེ༷ན་ ཀུ༷ན་ལ༷་གས༷ལ་བ༷(ར་གྲགས་པ་)ད༵ང༌། །གཞ༷ན་ཡ༷ང་བདག་འཛིན་འདི༷་ཡི༷་ཡོ༷ན་ཏ༷ན་ག༵ང༌། སུ༷ས་ཀྱང༷་ཐོ༷ས་པ༷ར་མི༷་འགྱུ༷ར་བྱ༷། (ཞིང་དེ་ལ་བརྟེན་ནས་)བད༷ག་གི༷་སྐྱོ༷ན་ཡ༷ང་མི་མངོན་པར་ སྦ༷་བྱ་༷ཞི༵ང༌། བད༷ག་ནི༷་ཡོན་ཏན་ལྷག་པས་མཆོ༷ད་པར་འགྱུ༷ར་གྱི་བདག་འཛིན་འདི༷་ལ༷་ མི༵ན། བད༷ག་དེ༷ང་གཞན་དོན་འབྱོར་པའི་རྙེ༷ད་པ༷་ལེ༷གས་པར་རྙེ༷ད་ཅི༵ང༌། བད༷ག་ནི༷་མཐོ་ བས་བཀུ༷ར་འགྱུ༷ར་འདི༷་ལ༷་མི༵ན་པར་སྒྲུབ་པའོ། །བདག་འཛིན་འདི༷་ནི༷་(རྙེད་བཀུར་མེད་པས་)མ༷་ རུ༷ངས་བྱས༷་པ༷་ལ༵། ཡུ༷ན་རི༷ང་པོར་འབྲེལ་བའི་དགྲ་ཆོམས་སོ་སྙམ་དུ་བད༷ག་ནི༷་དག༷འ་བ༷ས་ ལྟ༵་ཞིང༌། འགྲོ༷་བ༷་ཀུ༷ན་གྱི༷་གནས་སུ་བདག་འཛིན་ལ་ཁྲེལ་བའི་བཞ༷ད་ག༷ད་ད༵ང༌། ཕ༷ན་ཚུ༷ན་ གཏམ་འདྲེ་བ་ན་ཡང༌། རྣམ་འགྲེལ་ལས། ཉེས་ཀུན་དེ་ཡི་རྩ་བ་ཅན། །ཞེས་འབྱུང་བ་ལྟར་ བདག་འཛིན་ལ་སྨོ༷ད་པ༷་ད༷ག་ཏུ༷་བྱའོ༵། །གཉེན་པོ་ལས་དམན་པའི་བདག་འཛིན་ལ་བལྟས་ 1-1-259 ནས་ཀྱང་ཉོ༷ན་མོ༷ངས་འདི༷འ༷ང་བད༷ག་ད༷ང་ནི༵། ལྷ༷ན་ཅི༷ག་ཏུ༷་ནི༷་(མཉམ་པ་རེ་ནས་)འགྲ༷ན་ཞེ༷ས་ གྲག༵་(ཅེས་པ་ནི་མི་འདོད་པ་དང་མི་རིགས་པར་སྟོན་པའོ་)སྟེ། (དམན་པ་)འདི༷་ད༷ང་བདག་(བསྟན་བཅོས་) ཐོ༷ས་ད༷ང་ཤེ༷ས་ར༷བ་བ༵མ། གཟུ༷གས་རི༷གས་ནོ༷ར་གྱི༷་མཉམ༷་མ༷མ་ཅི༵། ཞེས་ང་རྒྱལ་སྒོམ་པ་ སྟེ། འདི་ལ་ཐོས་པ་ལ་སོགས་པའི་ཡོན་ཏན་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེ༷་ལྟར༷་ཉེས་ རྩ་བཅོམ་སྟེ་བདག་གཞན་བརྗེ་བར་ཀུ༷ན་ལ༷་གྲ༷གས་པ༷་ཡི༵། བད༷ག་གི༷་གཞན་དོན་སྤྱོད་པའི་ ཡོ༷ན་ཏ༷ན་ཐོ༷ས་ན༷ས་ནི༵། མཐའ་ཡས་པའི་འགྲོ་བ་རྣམས་(ལུས་ཀྱི་)སྤུ༷་ལྡང༷་(ཞིང་ཡིད་)དག༷འ་བ༷་ སྐྱེ༷་འགྱུ༷ར་བ༵འི། བ༷དེ་སྐྱི༷ད་ལ༷་ནི༷་ཡོ༷ངས་སུ༷་སྤྱོ༵ད་པར་གྱུར་ཅིག་སྙམ་དུ་དགོངས་པའོ། །ཅི༷་སྟེ༷་ བདག་འཛིན་འདི༷་ལ༷་བརྟེན་ནས་ལོངས་སྤྱོད་རྙེ༷ད་པ་ཡོ༷ད་ཀྱང༷༌། སྡིག་ཏུ་མི་འགྱུར་བར་ག༷ལ་ ཏེ༷་ང༷་ཡི༷་ལ༷ས་གཞན་དོན་དགེ་བ་བྱེ༷ད་ན༵། འདི༷་ལ༷་(སྲོག་)འཚོ༷་བ༷་ཙ༷མ་གྱི་(ལོངས་སྤྱོད་)བྱི༷ན་ ན༵ས། བད༷ག་གི༷་སྟོ༷བས་ཀྱི༷ས་དེ༷་ཙམ་དང་དུ་བླང༷་བར་བྱ་༷བ་ནི་གཞན་དོན་སྟོབས་ལྡན་གྱི་ རྒྱུ་ཆགས་པ་ཕྲ་མོ་མི་སྤོང་བའོ། །གལ་ཏེ་བདག་ལྟ་འདི༷་ནི༷་མགོ་མཐོ་ན་འཚོ་བ་ཙམ་གྱི་བདེ༷་ བ་ལ༷ས་ཀྱང་ཉམ༷ས་བྱ་༷ཞི༵ང༌། བད༷ག་གི༷ས་འདི་ལ་གནོ༷ད་པའི་ཆོས་བདག་མེད་རྟོགས་པའི་ ཤེས་རབ་ད༷ང་རྟག༷་ཏུ་སྦྱ༷ར་བར་བྱ་༷སྟེ། འདི༷་ཡི༷ས་སྐྱེ་བ་བརྒྱ༷་ཕྲ༷ག་(དུ་མར་དུས་)ཐ༷མས་ཅ༷ད་ དུ༵། འཁོ༷ར་བ༷ར་(འཁོར་བའི་ཚེ་)བད༷ག་ལ༷་(བརྡེག་བཅིང་གསོད་སོགས་ཀྱི་)གནོ༷ད་པ༷་བྱས༷་པའི་ཕྱིར་རོ། །ཡི༷ད་ཁྱོ༷ད་(ཐོག་མེད་ནས་) ར༷ང་དོ༷ན་བྱེ༷ད་འདོ༷ད་པ༵ས། །བསྐ༷ལ་པ༷་གྲ༷ངས་མེ༷ད་འད༷ས་གྱུ༷ར་ ཀྱང༷༌། །བདག་འཛིན་ལས་བྱུང་བའི་ང༷ལ་བ༷་ཆེ༷ན་པོ༷་དེ༷་ལྟ་༷བུ༵ས། ཁྱོ༷ད་ཀྱི༷ས་སྡུ༷ག་བསྔ༷ལ་ འབ༷འ་ཞི༷ག་བསྒྲུ༵བས (ཀྱང་དོན་ཅུང་ཟད་ཀྱང་མ་ཐོབ་བོ)། ། དེ༷་ལྟར༷་རང་དོན་བདག་འཛིན་གྱིས་སྡུག་བསྔལ་བསྐྱེད་པར་ངེ༷ས་པ༷ས་ད་ནི་གཞ༷ན་ ད༷ག་གི༵ ། དོ༷ན་(བདག་གཞན་བརྗེ་བ་)ལ༷་ར༷བ་ཏུ༷་འཇུ༷ག་པར་གྱི༷ས་ད༵ང༌། ཐུ༷བ་པ༷འི་བཀ༷འ་ནི༷་མི༷་ སླུ༷་བ༵ས། །(བདག་གཞན་རྗེས་པ་)དེ༷་ཡི༷་ཡོ༷ན་ཏ༷ན་ཕྱི༷ས་མཐོ༷ང་འགྱུ༵ར། །ག༷ལ་ཏེ༷་ཁྱོ༷ད་ཀྱི༷ས་(སྐྱེ་བ་) 1-1-260 སྔ༷་དུ༷ས་སུ༵། །གཞན་དོན་སྤྱོད་པའི་ལ༷ས་འདི༷་བྱས༷་པ༷ར་གྱུ༷ར་ན༷་ནི༵། འབྲས་བུ་སང༷ས་རྒྱ༷ས་ ཐོབ་ནས་རང་གཞན་ཕུ༷ན་སུ༷མ་ཚོགས་པའི་བདེ༷་བ་ལ་སྤྱོད་པ་མི༷ན་པ༵། འཁོར་བར་འོ་བརྒྱལ་ བ་འདི༷་འདྲ༷འི་གན༷ས་སྐབ༷ས་འགྱུ༷ར་མི༷་སྲི༵ད་(པ་ལས་དེ་མ་བྱས་པས་འདི་ལྟར་གྱུར)དོ། །དེ༷་བ༷ས་འདི༷་ ལྟར༷་གཞ༷ན་(ཕ་མ་)ད༷ག་གི༵ ། ཁུ༷་བ༷་ཁྲ༷ག་གི༷་ཐི༷གས་པ༷་ལ༵། །ཁྱོ༷ད་ཀྱི༷ས་ང༷ར་འཛི༷ན་བྱས༷་པ༷་ ལས་བདག་ཏུ་འཁྲུལ་བའི་ངེས་ཤེས་བརྟན་པོ་བྱུང་བ་ལྟར༷། དེ༷་བཞི༷ན་གཞ༷ན་ལ༷འ༷ང་བདག་ ཏུ་འཛིན་པའི་བློ་གོ༷མས་པ༷ར་གྱི༵ས། ཞེས་པ་ལ་འགའ་ཞིག་གཞན་ལ་བདག་ཏུ་བཟུང་ཡང་ དེ་མ་ཡིན་ལ་དེར་འཛིན་ཕྱིར་ཁུ་ཁྲག་ལ་བདག་ཏུ་འཁྲུལ་བ་དང་ཁྱད་པར་ཅི་ཡོད་སྙམ་ན། མངོན་པར་འདོད་པའི་འབྲས་བུ་ལ་འབྲེལ་བའི་ཕྱིར་འདི་ཁྱད་པར་དུ་འཕགས་པར་ཚད་མས་ གྲུབ་སྟེ། དཔལ་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས། ནོར་བུ་སྒྲོན་མའི་འོད་དག་ལ། །ནོར་བུ་ བློ་ཡིས་མངོན་རྒྱུག་པ། །ལོག་པའི་ཤེས་པར་ཁྱད་མེད་ཀྱང༌། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། །ཅེས་གསུངས་པ་བཞིན་ནོ། ། དེའི་ཕྱིར་ད་ནི་སེམས་ཅན་གཞ༷ན་གྱི༷་དོན་དུ་ཐབས་གང་གིས་ཇི་ལྟར་ཕན་སྙམ་པའི་ རྟོ༷ག་ཆེ༷ན་འབའ་ཞིག་བྱས༷་ན༷ས་ནི༵། བད༷ག་གི༷་ལུ༷ས་ལ༷་གཞན་ཕན་གྱི་དངོས་པོ་ཅི་དང་ ཅི༷་སྣ༷ང་བ༵། དེ༷་ད༷ང་དེ༷་ཉི༷ད་བློས་ཕྲོ༷གས་བྱས༷་ན༵ས། ཁྱོ༷ད་ཀྱི༷ས་གཞ༷ན་ལ༷་ཕ༷ན་པ༷ར་སྤྱོ༵ད། །སྐབས་སུ་བད༷ག་(བདེ་བར་གནས་པས་)སྐྱི༷ད་(ཅིང་)གཞ༷ན་ནི༷་(སྡུག་བསྔལ་བར་གནས་པས་)མི༷་སྐྱི༷ད་ལ༵། །བད༷ག་(ནི་རིགས་རུས་སོགས་པས་)མཐོ༷་(ཞིང་)གཞ༷ན་ནི༷་དམ༷འ་བ༷་ད༵ང༌། །བད༷ག་ནི༷་(གཞན་རྣམས་) ཕ༷ན་བྱེ༷ད་(ལ་)གཞ༷ན་མི༷ན་ཞེ༵ས། །བད༷ག་ལ༷་ཕྲ༷ག་དོ༷ག་བྱས་ནས་ཀྱང་སྐྱིད་པ་ལ་སོགས་ གཞན་ལ་སྦྱོར་བ་ཅི༷ས་མི༷་བྱེ༵ད་དེ་བྱ་དགོས་སོ། ། བད༷ག་(གི་ལུས་)ནི༷་(གཉིད་སོགས་ཀྱི་)བདེ༷་ད༷ང་བྲ༷ལ་གྱི༷ས་ཏེ༵། །གཞ༷ན་གྱི༷་སྡུ༷ག་བསྔ༷ལ་ བད༷ག་ལ༷་སྦྱོ༵ར། །ག༷ང་ཚེ༷་(བདག་)འདི༷་ནི༷་རང་གཞན་གྱི་དོན་ཅི༷་བྱེ༷ད་ཅེ༵ས། བད༷ག་གི༷་སྐྱོ༷ན་ 1-1-261 ཡོན་ལ༷་བརྟག༷་པ༷ར་གྱི༵ས། །ཞེས་པ་དང༌། (འོན་ཏེ་སྐྱོན་མ་རྙེད་ནས་)གཞ༷ན་གྱི༷ས་ཉེ༷ས་པ༷་བྱས༷་ པ༷་ཡ༵ང༌། །(ཁྱོད་ཀྱི་ལས་ངན་གྱིས་ཉེས་སོ་ཞེས་)ར༷ང་གི༷་སྐྱོ༷ན་དུ༷་བསྒྱུ༷ར་བྱོ༷ས་ལ༵། །བད༷ག་གི༷་ཉེ༷ས་ པ༷་ཆུ༷ང་བྱས༷་ཀྱང༷༌། །(མི་སྦེད་པར་)སྐྱེ༷་བོ༷་མ༷ང་པོའམ་ཐུབ་པ་ཆེ་ལ༷་ར༷བ་ཏུ༷་ཤོ༵གས (པ་སླར་མི་ བྱེད་པའི་སྡོམ་པ་ལ་གནས་པར་གྱིས)། ཞེས་པ་དང༌། གཞ༷ན་གྱི༷་གྲ༷གས་པ༷་ལྷག༷་བརྗོ༷ད་པ༵ས། །ར༷ང་ གི༷་གྲ༷གས་པ༷་ཟི༷ལ་གྱི༷ས་གནོ༵ན(ཅིང་སྦ་བར་གྱིས་ཤིག)། །བད༷ག་ནི༷་བྲ༷ན་གྱི༷་ཐ༷་མ༷་(ཤིན་ཏུ་དམན་པ་) ལྟར༷། །(སེམས་ཅན་གཞན་གྱི་)དོ༷ན་རྣམ༷ས་ཀུ༷ན་ལ༷་(ལས་སུ་)བཀོ༷ལ་བ༷ར་གྱི༷ས། །ཞེས་པ་དང༌། རང་དོན་བདག་འཛིན་གྱིས་གཞན་དོན་མི་བྱེད་པ་འདི༷་ནི༷་སྐྱོ༷ན་བཅ༷ས་ར༷ང་བཞི༷ན་(ཡིན་པའི་ ཕྱིར་)ཏེ༵། གློ༷་བུ༷ར་ཡོ༷ན་ཏ༷ན་ཆ༷ས་མི༷་བསྟོ༵ད། །རང་དོན་འདི༷་ཡི༷་ཡོ༷ན་ཏ༷ན་ཅི༷་ན༷ས་ཀྱང༷༌། །(གང་ ཟག་)འག༷ས་ཀྱང༷་མི༷་ཤེ༷ས་(པ་)དེ༷་ལྟར༷་(སྦ་བར་)གྱི༷ས། །ཞེས་པས་ཀྱང་བདག་གཞན་བརྗེས་ པའི་བྱ་བ་འབའ་ཞིག་འཆད་དོ། །(མང་དུ་བརྗོད་པས་ཅི་ཞིག་བྱ་)མདོ༷ར་(བསྡུ་)ན༷་བད༷ག་གི༷་དོ༷ན་གྱི༷་ ཕྱི༷ར། །ཁྱོ༷ད་ཀྱི༷ས་གཞ༷ན་ལ༷་གནོ༷ད་པ་བྱས༷་པའམ་བྱེད་པ་ག༵ང་ཡིན་པ་དེ་དོར་ལ། གནོ༷ད་ པའམ་སྡུག་བསྔལ་གང་ཡིན་དེ༷་སེ༷མས་ཅ༷ན་དོ༷ན་གྱི༷་ཕྱི༵ར། བད༷ག་ཉི༷ད་ལ༷་ནི༷་འབ༷བ་པ༷ར་ གྱི༷ས། །རྒྱུ་གང་གིས་བདག་འཛིན་འདི༷་ནི༷་གཉ༷འ་བའམ་གདོང་ཧ་ཅང་དྲ༷ག་པར་འགྱུ༷ར་ཚུ༷ལ་ དུ༵། ཤེ༷ད་བསྐྱེ༷ད་པ༷ར་ནི༷་མི༷་བྱ་༷སྟེ༷། །བ༷ག་མ༷་གས༷ར་བ༷འི་ཚུ༷ལ་བཞི༷ན་དུ༵། །རང་སྡིག་པ་ལ་ འཛེམ་པའི་ངོ༷་ཚ༷་དང་གཞན་འཕྱ་བས་འཇི༷གས་པའི་ཁྲེལ་ཡོད་ད༷ང་ལྡན་པས་སྒོ་གསུམ་བག་ ཡོད་པར་བསྡ༷མས་ཏེ༷་གཞན་དོན་སྤྱོད་པ་ལ་བློ་བཞ༵ག་གོ ། བདག་གཞན་བརྗེ་བ་དེ༷་བྱ་༷བ་དང་དེ༷་ལྟར༷་གཞན་དོན་འགྲུབ་པའི་ཐབས་རྣམས་ལ་ཡང་ གན༷ས་བྱ་༷ཞི༵ང༌། དེ༷་ལྟར༷་ཁྱོ༷ད་ཀྱི༷ས་རང་དོན་བདག་འཛིན་མི༷་བྱ་༷བ༵། དེ༷་ལྟར༷་སེམས་འདི༷་ནི༷་ དབ༷ང་དུ་བྱ་༷སྟེ༷། གཞན་དོན་སྤྱོད་པའི་དམ་བཅའ་དེ༷་ལ༷ས་འད༷ས་པའི་བྱ་བ་ལ་འཇུག་སྲིད་ ན༷་དེ་མ་ཐག་རང་སེམས་ཚ༷ར་གཅ༷ད་ཅིང་བྱ་༷བ་དམ་པ་ལ་བསྐུལ་བར་བྱའོ། ། 1-1-262 འོ༷ན་ཏེ༷་དེ༷་ལྟར༷་གད༷མས་(ཤིང་བཀག་)ཀྱང༷་(སེམས་འདི་ཉེས་སྤྱོད་ལ་འཇུག་ཅེས་)ནི༵། །སེ༷མས་ ཁྱོ༷ད་དེ༷་ལྟར༷་མི༷་བྱེ༷ད་ན༵། །(ལུས་བེམ་པོ་ལ་ཉེས་པ་མི་རྟེན་པས་སེམས་)ཁྱོ༷ད་ལ༷་ཉེ༷ས་པ༷་ཀུ༷ན་བརྟེ༷ན་ (ནས་འབྱུང་) པ༵ས། །ཁྱོ༷ད་ཉི༷ད་(སྟོབས་དེ་ཉིད་ཀྱི་སྒོ་ནས་)ཚ༷ར་གཅ༷ད་(པར་)བྱ་༷བ༷ར་ཟ༵ད་དོ། །(སེམས་) ཁྱོ༷ད་ཀྱི༷ས་ཁོ༷་བོ༷་ཐོག་མེད་འཁོར་བ་ག༷ར་(ཁྲིད་ཅིང་བསླུས་པས་)བརླ༷ག་(པར་བྱས་)པ༵འི། སྔོ༷ན་གྱི༷་ དུ༷ས་(ཡུན་རིང་པོ་) དེ༷་གཞ༷ན་འདས་ཚར་བ་ཡི༷ན་ཏེ༵། ད་ལྟ་ང༷ས་ཉེས་པའི་རྩ་བར་མཐོ༷ང་བཞིན་ དུ་ད༷་ཁྱོ༷ད་ག༷ང་དུ༷་འགྲོ༵་སྟེ། འགྲོ་ས་མེད་པས་ཁྱོ༷ད་ཀྱི༷་རང་དོན་བདག་ལྟའི་དྲེ༷གས་པ༷་ཀུ༷ན་ གཞོ༷མ་པར་བྱའོ༵། །དེས་ན་ད༷་དུ༷ང་(སྔར་བསླུས་པ་བཞིན་)བད༷ག་ལ༷་ར༷ང་གི༷་དོ༵ན། །སྒྲུབ་རྒྱུ་ཡོ༷ད་ སྙམ༷་སེ༷མས་པ༷་དེ༷་དོ༷ར་(ནས་གཞན་དོན་ལ་ཞུགས་)ཅི༵ག །བད༷ག་གི༷ས་གཞ༷ན་ལ༷་ཁྱོ༷ད་བཙོ༷ངས་ ཏེ་བདག་གཞན་བརྗེས་ཟིན་གྱི༵ས། གཞན་དོན་ལ་སྐྱོ༷་བ༷ར་མ༷་སེ༷མས་པར་སྟོབས་ནུས་ཞོ༷་ ཤ༷་ཕུ༵ལ་ཅིག་ཅེས་པའོ། །ག༷ལ་ཏེ༷་སྔར་བ༷ག་མེ༷ད་གྱུ༷ར་ན༷ས་ཀྱང་ད་དུང་ཁྱོ༵ད། སེ༷མས་ཅ༷ན་ རྣམ༷ས་ལ༷་མ༷་བྱི༷ན་ན༵། །སླར་ཡང་ཁྱོ༷ད་ཀྱི༷ས་ཁོ༷་བོ༷་དམྱལ༷་བ༷་ཡི༵། སྲུ༷ང་མ༷་རྣམ༷ས་ལ༷་སྟེ༷ར་ བ༷ར་ངེ༵ས་ཏེ་ལན་གྲངས་དུ་མར་ཚུལ་བཞིན་མ་ཡིན་པ་ལ་སྦྱོར་བའི་ཕྱིར་རོ། །དེ༷་ལྟར༷་ཁྱོ༷ད་ ཀྱི༷ས་རེ་ལྟ༷འམ་དུ་མ་ཞི༵ག །སྔར་ཡང་ཁོ༷་བོ༷་དམྱལ་བར་བྱི༷ན་པ༷ས་ཡུ༷ན་རི༷ང་སྡུ༵ག(བསྔལ་བར་ བྱས་པས)། ད༷་ནི༷་འཁོ༷ན་(རྙིང་པ་) རྣམ༷ས་དྲན༷་བྱས༷་ཏེ༵། །ཁྱོ༷ད་ཀྱི༷་ར༷ང་དོ༷ན་སེ༷མས་པ༷(འི་བློ་རྩ་ བ་ནས་)གཞོ༵མ་ཞིང་གཞན་དོན་དགེ་བ་ལ་སྦྱར་རོ། །ག༷ལ་ཏེ༷་བད༷ག་ནི༷་རང་དོན་དག༷འ་བདེ་ (ཐོབ་པར་)འདོ༷ད་ན༵འང༌། ར༷ང་(དོན་) ལ༷་བད༷ག་གི༷ས་དག༷འ་བདེ་དོན་དུ་གཉེར་བར༷་མི༷་བྱ་ ༷སྟེ། ག༷ལ་ཏེ༷་བད༷ག་ནི༷་སྡུག་བསྔལ་ལས་བསྲུ༷ང་འདོ༷ད་ན༵འང༌། (སེམས་ཅན་)གཞ༷ན་ད༷ག་(གི་ དོན་དུ་ལུས་འདི་)རྟག༷་ཏུ༷་བསྲུ༷ང་བ༷ར་བྱ་༷སྟེ། རྒྱལ་བ་བྱམས་པའི་ཞལ་སྔ་ནས། གཞན་གྱི་དོན་ ཉིད་རང་གི་དོན་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཅི་སྟེ་གཞན་དོན་དུ་མ་བཏང་ཡང་ (རྣམ་པ་)ཇི༷་ལྟ་༷ཇི༷་ལྟར༷་ལུ༷ས་འདི༷་ནི༵། །(བདེ་བའི་ཡོ་བྱད་ཀྱིས་)ཡོ༷ངས་སུ༷་སྐྱོ༷ང་བ༷ར་བྱེ༷ད་གྱུ༷ར་པ༵། 1-1-263 །དེ༷་ལྟ་༷དེ༷་ལྟར༷་ཤི༷ན་ཏུ༷་ནི༵། །བདག་འཛིན་ཇེ་དམ་ལ་འགྲོ་བས་བཟེ༷་རེ༷་ཅ༷ན་བཟོད་སྲད་ཆུང་ འགྱུ༷ར་ཉི༷ད་དུ༷་ལྷག་པར་ཡང་ལྟུ༵ང་ངོ༌། །དེ༷་ལྟར༷་ལྟུ༷ང་བ༷་བདག་འཛིན་བརྐམ་ཆགས་ཅན་དེ༷་ ཡི༷་ཡ༵ང༌། འདོ༷ད་པ༷་ས༷་སྟེང་འདི༷་ཐ༷མས་ཅ༷ད་གང་བའི་ལོངས་སྤྱོད་ཀྱི༷ས་ཀྱང༌། རྫོ༷གས་པ༷ར་ ནུ༷ས་པ༷་(ཆོག་ཤེས་པ་ཚིམ་པའི་ནུས་པ་)ཡོ༷ད་མི༷ན་ན༵། །(ང་ལས་ནུ་ལྟ་བུ་)དེ༷་ཡི༷་རང་དོན་འདོ༷ད་པ༷་སུ༷ས་ (རྫོགས་པར་)བྱེ༷ད་ནུ༵ས (ཏེ་མི་ནུས་སོ། )། (རྙེད་པར་དཀའ་བས་སྒྲུབ་པའི་)ནུ༷ས་མེ༷ད་(འདོད་ཡོན་)འདོ༷ད་ལ༷་ ཐོག་མར་ཆགས་སོགས་ཉོ༷ན་མོ༷ངས་ད༵ང༌། ཕྱི་ནས་བས༷མ་པ༷་(ཡིད་བདེ་བར་གནས་པའང་)ཉམ༷ས་ པ༷་དང་འ༷ང་གི་སྒྲས་སྦྱོར་བ་ཕྱིན་ཅི་ལོག་ལ་ཞུགས་ནས་ཉེས་པ་དུ་མ་ཡང་སྐྱེ༷་བ༷ར་འགྱུ༵ར་ལ། ག༷ང་ཞི༷ག་རང་དོན་ཀུ༷ན་ལ༷་ལྟོ༷ས་པ་(སྟེ་རེ་འདོད་གང་ཡང་)མེ༷ད་པ༵། དེ༷་ཡི༷་ཕུ༷ན་ཚོ༷གས་ཟ༷ད་མི༷་ ཤེ༵ས་སོ། །(འདོད་པ་ལ་ཚིམ་པ་མེད་པ་)དེ༷་བ༷ས་ལུ༷ས་ཀྱི༷་འདོ༷ད་པ༷་ནི༵། །འཕེ༷ལ་ཕྱི༷ར་རང་འདོད་ཀྱི་ སྐབ༷ས་དབྱེ༷་མི༷་བྱ་༷སྟེ༷། ག༷ང་ཞི༷ག་ཡི༷ན་འོ༷ང་(བ་སྟེ་འདོད་བྱའི་དངོས་པོ་)མི༷་འཛི༷ན་པ༵། །དེ༷་ནི༷་དངོ༷ས་ པོ༷་བཟ༷ང་པོ༷་ཡི༵ན(ཏེ་གཞན་དུ་ན་དུ་ཁ་འཕེལ་བའི་ཕྱིར་རོ)། །ཞེས་པ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ སྔ་ནས། ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་ གསུངས། །ཀུན་ཏུ་ཆོག་མཁྱེན་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་ འབྱོར་པ་ལགས། །ཞེས་གསུངས་སོ། ། ལུས་བསྐྱངས་ནས་ཀྱང་ཐ༷་མ༷ར་བེམ་རིག་བྲལ་བ་ན་(ལུས་འདི་བསྲེགས་པ་ན་)ཐ༷ལ་བ༷འི་ མཐ༷ས་གཏུ༷གས་(པར་འགྱུར་)ཤི༵ང༌། ས་རྡོ་བཞིན་དུ་མི༷་གཡོ༷་བས་སྐྱེས་བུ་གཞ༷ན་གྱི༷ས་བསྐྱོ༷ད་ བྱ་༷བ༵། མི༷་གཙ༷ང་གཟུ༷གས་ནི༷་(བྱུང་བ་ན་འཇིགས་པའི་རྒྱུར་གྱུར་པས་)མི༷་བཟ༷ད་པ༵། །(ལུས་)འདི༷་ ལ༷་ཅི༷་ཕྱི༷ར་བད༷ག་ཏུ༷་འཛི༵ན་ཏེ་ཞེན་པ་འཁྲུལ་ལོ། །(བདག་ནི་)གསོ༷ན་ན༷མ་ཡ༷ང་ན༷་ཤི༷་ཡ༷ང་ བླ༵འི། །བད༷ག་ལ༷་ལུས་མི་གཙང་བའི་འཁྲུ༷ལ་འཁོ༷ར་འདི༷ས་ཅི༷་བྱ༷། བོ༷ང་པ་དང་འགལ་དུམ་ སོ༷གས་དང་འདི༷་ལ་ཁྱད༷་ཅི༷་ཡོ༷ད་ན༵། (རྗེས་སུ་བརྩེ་བས་)ཀྱི༷་ཧུ༷ད་(བདག་མེད་པ་བདག་ཏུ་འཛིན་པའི་)ང༷་ 1-1-264 རྒྱ༷ལ་སེ༷ལ་བར་མི༷་བྱེ༵ད་པའི་འགྲོ་བ་ཀུན་སྙིང་རྗེའོ། །ལུ༷ས་ཀྱི༷་འཚོ་ཆིས་ཁ༷་ཏ༷་བྱས༷་པ༷་ཡི༵ས། ཐར་པའི་དོ༷ན་མེ༷ད་བཞིན་དུ་སྡུ༷ག་བསྔ༷ལ་གྱི་རྒྱུ་ལས་མང་པོ་ཉེ༷ར་བས༷གས་ན༵ས། བདག་ དང་གཞན་དུ་བཟུང་བའི་རྗེ༷ས་སུ༷་ཆ༷གས་ད༷ང་ཁོ༷ང་ཁྲོ༷་སྐྱེ་བ༵འི་གཞི། ཤི༷ང་སྡོང་རུལ་པ་དང་ མཚུ༷ངས་པ་འདི༷་ལ༷་ཞེན་ནས་ཅི༷་ཞི༷ག་བྱ༷། བད༷ག་གི༷ས་(ཐམས་ཅད་རྗེས་སུ་བཟུང་བའི་རྣམ་པ་)འདི༷་ ལྟར༷་(ཤས་གོས་ཀྱིས་)བསྐྱ༷ངས་(ཞིང་བསོས་)པ༷་ད༵ང༌། །(དུར་ཁྲོད་དུ་)བྱ་༷རྒོ༷ད་སོ༷གས་ཀྱི༷ས་(ལྕེ་སྤྱང་སོགས་ པས་)ཟོ༷ས་ཀྱང༷་རུ༵ང༌། །རིམ་པ་ལྟར་ཆ༷གས་མེ༷ད་ཞེ༷་སྡ༷ང་ཡོ༷ད་མི༷ན་ན༵། །ཅི༷་སྟེ༷་(ཤིང་དང་མཚུངས་ པའི་བེམ་པོ་)དེ༷་ལ༷་ཆ༷གས་པ༷ར་བྱེ༵ད(དེ་མི་རིགས་སོ)། །ག༷ང་ཞི༷ག་སྨད༷་(ཅིང་སྤངས་)པ༷ས་ཁྲོ༷་བ༷་ད༵ང༌། །ག༷ང་ཞི༷ག་བསྟོ༷ད་པ༷ས་(མཆོད་ཅིང་བསྙེན་བཀུར་བས་)མགུ༷་འགྱུ༷ར་བ༵། །ག༷ལ་ཏེ༷་བརྟགས་ན་ལུས་ སེམས་བེམ་པོ་དེ༷་ཉི༷ད་ཀྱིས་ཤེ༷ས་རྒྱུ་མེ༷ད་ན༵། བད༷ག་གི༷ས་ལུས་བསྐྱང་བའི་དོན་དུ་འཁོར་བ་ ཐོག་མཐའ་མེད་པར་དགོས་པ་ག༷ང་གི༷་ང༷ལ་བ༷་བྱས༷། ཞེས་དྲིས་པའོ། །ག༷ང་ཞི༷ག་ན་རེ་ལུ༷ས་ འདི༷་སེམས་ཀྱི་འདོ༷ད་བྱར་གྱུ༷ར་པ༵ས། དེ༷་ད༷ང་བད༷ག་བཤེ༷ས་ཤིང་འདྲིས་པའི་དོན་དུ་འབད་ པ་ཡི༷ན་ནོ་ཞེ༷་ན༵། འོ་ན་སེམས་ཅན་ཐ༷མས་ཅ༷ད་(རང་གི་ལུས་ལ་ཆགས་པས་)ར༷ང་གི༷་ལུ༷ས་འདོ༷ད་ པ༵ས། དེ༷་རྣམས་ལ༷འང་བད༷ག་ཀོ༷་ཅི༷ས་མི༷་དག༵འ་སྟེ་དགའ་བར་རིགས་སོ། ། (བདག་འཛིན་མ་སྤངས་ན་འགྲོ་དོན་མི་ནུས་པ་)དེ༷་བ༷ས་བད༷ག་གི༷ས་(དངོས་པོ་ཐམས་ཅད་ལ་)ཆ༷གས་ (པ་སྟེ་ལྟོས་པ་)མེ༷ད་པ༵ར། །འགྲོ༷་(བ་སེམས་ཅན་ཐམས་ཅད་)ལ༷་ཕ༷ན་(བདེ་སྒྲུབ་པའི་)ཕྱི༷ར་ལུ༷ས་གཏ༷ང་ བྱ༷། །གཞན་ལ་ཕན་དགོས་པ་དེ༷ས་ན༷་ལུས་འདི༷་ལ༷་ཉེ༷ས་དམིགས་མ༷ང་ཡ༵ང༌། ལ༷ས་བྱེད་པ་ རྣམས་ཀྱི༷་སྤྱ༷ད་ཆ་བཞི༷ན་དུ་དགོས་པ་ལ་ལྟོས་ནས་གཟུ༷ང་བ༷ར་བྱའོ༵། ། མཉམ་བཞག་མེད་པར་ཉོན་མོངས་མི་སྤོང་པ་དེ༷་བ༷ས་ན་བྱི༷ས་པ༷འི་སྤྱོ༷ད་པ༷་དོན་མེད་ རྣམ་རྟོག་སྔར་མང་དུ་སྤྱད་པས༷་ཆོ༵ག །ད་ནི་བད༷ག་གི༷ས་མཁ༷ས་པ༷་རྒྱལ་བ་སྲས་དང་བཅས་ པའི༷་རྗེ༷ས་བསྙེ༷གས་ཏེ༵། དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ་རྗེས་སུ་སྒྲུབ་པོ་ཞེས་དམ་ 1-1-265 བཅས་པ་ལྟར་སྒོ་གསུམ་བ༷ག་ཡོ༷ད་ཀྱི་གཏ༷མ་ཇི་སྙེད་པ་ནི༷་དྲན༷་བྱས༷་ན༵ས། མཉམ་བཞག་གི་ གེགས་(སེམས་དམན་པར་བྱེད་པའི་)གཉི༷ད་ད༷ང་(ལས་ཞུམ་པའམ་སྙོམ་པའི་ལེ་ལོ་)རྨུ༷གས་པ༷་བཟློ༷ག་པ༷ར་ བྱ༵(བ་ནས་མཁས་པའི་རྗེས་སུ་འབྲང་ངོ༌། )། རྒྱ༷ལ་སྲས༷་ཐུ༷གས་རྗེ༷་ཆེ༷་རྣམ༷ས་(ཀྱིས་མཛད་པ་)ལྟར༷། །(གཉེན་ པོ་ལ་)རི༷གས་པ༷འི་སྲ༷ན་ནི༷་གཟུ༷གས་བྱ་༷སྟེ༵། །(སྤང་གཉེན་གྱི་བླང་དོར་ལ་)ཉི༷ན་མཚ༷ན་ཕྱེ༷ད་པ༷ར་(ཏེ་ མཐའ་དག་ཏུ་)མ༷་འབ༷ད་ན༵། །བད༷ག་གི༷་སྡུ༷ག་བསྔ༷ལ་ན༷མ་མཐ༷ར་ཕྱི༵ན(ཏེ་མི་ཕྱིན་པའི་ཕྱིར་རོ)། །ཞེས་ པའི་ཤོ་ལོ་ཀ་འདི་བདག་གིས་མཐོང་བའི་རྒྱ་དཔེ་ན་མི་སྣང་ཞིང་འགྲེལ་ཆེན་དུའང་མི་གསུང་ མོད། འཆད་ན་སླའོ། །དེ༷་བ༷ས་ན་འདོད་པ་ལ་འདུན་པ་དང་གནོད་སེམས་དང་གཉིད་རྨུགས་ དང་རྒོད་འགྱོད་དང་ཐེ་ཚོམ་སྟེ་ཞི་གནས་ལྷག་མཐོང་གི་སྒྲི༷བ་པ༷་ལྔ་པོ་བས༷ལ་བ༷འི་ཕྱི༷ར། ལོ༷ག་པ༷འི་ལ༷མ་རྣམ་རྟོག་འཕྲོ་བ་ལ༷ས་སེ༷མས་བླ༷ན་ཏེ༵། ཡ༷ང་ད༷ག་པའི་དམི༷གས་པ་ཆོས་ཀྱི་ དབྱིངས་ལ༷་རྟག༷་པ༷ར་ཡ༵ང༌། (ཞི་ལྷག་གི་སྒོ་ནས་)བད༷ག་གི༷ས་རྟོག་མེད་དུ་མཉམ༷་པ༷ར་གཞ༷ག་ པ༷ར་བྱ༵(འདིས་མཉམ་གཞག་གི་ངོ་བོ་བསྟན་ཅིང༌། ཇི་ལྟར་སྒོམ་ཐབས་རྒྱས་པར་ཀ་མ་ལ་ཤི་ལའི་སྒོམ་རིམ་ལས་ཤེས་པར་ བྱ)འོ། ། བྱང༷་ཆུ༷བ་སེ༷མས་དཔ༷འི་སྤྱོ༷ད་པ༷་ལ༷་འཇུ༷ག་པ༷་ལ༷ས། གཙོ་བོར་བས༷མ་གཏ༷ན་བསྟན༷་པ༷་ ཞེ༷ས་བྱ་༷བ༷་སྟེ༷་ལེ༷འུ༷་བརྒྱ༷ད་པ༷འོ༵།། །། ༈ དེ་ལྟར་བསམ་གཏན་གྱི་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་ཞི་གནས་ཀྱི་རང་ བཞིན་རྣམ་པར་བཤད་པའི་རྗེས་སུ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ལ་སོ་སོར་རྟོག་ པའི་མཚན་ཉིད་ཅན་ལྷག་མཐོང་ཤེས་རབ་ཀྱི་རང་བཞིན་འགྲེལ་པ་ལས། སྤྱིའི་དོན་ཕན་ ཡོན་ལ་མཁས་པས་ཤེས་རབ་བསྐྱེད་པ་དང༌། བདེན་གཉིས་ལ་མཁས་པས་ལམ་དུ་སྒྲུབ་པ་ དང༌། འབྲས་བུ་ལ་མཁས་པས་སྟོང་ཉིད་རྟོགས་ཚུལ་ཏེ་གསུམ་གྱིས་ཁོང་དུ་ཆུད་པར་བྱའོ། །དེ་ལ་དོན་དང་པོའི་དབང་དུ་བྱས་ནས། ཡོན་ཏན་རིན་པོ་ཆེ་སྡུད་པར། ཤེས་རབ་ཀྱིས་ནི་ 1-1-266 ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་ འགྱུར། །ཞེས་པ་དང༌། ཡུམ་རྒྱས་པ་ལས་ཀྱང༌། རབ་འབྱོར། འདི་ལྟ་སྟེ། དཔེར་ན་ཆུ་ཀླུང་ གང་ཇི་སྙེད་ཡོད་པ་ཐམས་ཅད་ཆུ་ཀླུང་ཆེན་པོ་གང་ན་བ་དེར་འདོང་ངོ༌། །དེ་དག་ཀྱང་ཆུ་ཀླུང་ དེ་དང་འགྲོགས་ཤིང་རྒྱ་མཚོ་ཆེན་པོ་ག་ལ་བ་དེར་འདོང་ངོ༌། །རབ་འབྱོར། དེ་བཞིན་དུ་ཕ་ རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་གང་ན་བ་དེར་འདོང་ངོ༌། །ཞེས་སོགས་རྒྱས་པར་གསུངས་པའི་ཕྱིར་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་གཅེས་པར་བཟུང་ནས་དེ་ཁོ་ན་ཉིད་སྒྲུབ་པ་ལ་ནན་ཏན་སྙིང་པོར་ བྱ་བ་བཞེད་དོ། །དོན་གཉིས་པའི་དབང་དུ་བྱས་ནས། བདེན་གཉིས་ངོ་བོ་ལ་མཁས་པ་དང༌། བདེན་གཉིས་དབྱེ་བ་ལ་མཁས་པ་དང༌། བདེན་གཉིས་སྒོམ་པ་ལ་མཁས་པར་བྱའོ། །དེ་ལ་ ངོ་བོ་ནི་ཀུན་རྫོབ་དང་དོན་དམ་པ་སྟེ། ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁས་ པའི་བདེན་པ་རྣམ་གཉིས་ཏེ། །ཁྱོད་ཀྱིས་གཞན་ལས་མ་གསན་རང་གིས་གཟིགས། །དེ་ནི་ ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པོ་གང་ཡང་མ་མཆིས་སོ། །ཞེས་པ་དང༌། དབུ་མ་རྩ་བའི་ཤེས་རབ་ལས་ཀྱང༌། གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་ མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་པ་དང༌། བདེན་གཉིས་ལས་ཀྱང༌། བདེན་གཉིས་རྣམ་དབྱེ་ཤེས་པ་རྣམས། །ཐུབ་པའི་བཀའ་ལ་མི་ རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་ གསུངས་པའོ། །དེ་ལས་ཀྱང་ཀུན་རྫོབ་ཀྱི་ངོ་བོ་ནི། མ་རིག་པས་བསླད་པ་ཐར་པ་ལ་སྒྲིབ་ བྱེད་གློ་བུར་དྲི་མའི་ཆ་མ་བརྟགས་ན་ཉམས་དགའ་ཞིང་དོན་དུ་སྣང་བ་འདི་ཡིན་ཏེ། དབུ་མ་ ལ་འཇུག་པར། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་ པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་པ། །བཅོས་མར་གྱུར་པའི་ 1-1-267 དངོས་རྣམས་ཀུན་རྫོབ་ཏུའོ། །ཞེས་པ་དང༌། བདེན་གཉིས་ལས་ཀྱང༌། ཇི་ལྟར་སྣང་བ་འདི་ ཁོ་ན། །ཀུན་རྫོབ། ཅེས་གསུངས་པའོ། །འདི་ལ་བྱིས་པ་རྣམས་ཀྱིས་བདེན་པར་བཟུང་བའི་ ཆ་ནས་ཀུན་རྫོབ་བདེན་པ་ཞེས་ཐ་སྙད་མཛད་དེ། སློབ་དཔོན་ཤེས་རབ་འབྱུང་གནས་ཀྱིས་ འགྲེལ་པར། འཇིག་རྟེན་པའི་ཞེན་པ་ལས་ཀུན་རྫོབ་བདེན་པ་ཞེས་བརྗོད་དེ། འཇིག་རྟེན་པ་ ཀུན་རྫོབ་བདེན་པར་སྨྲ་བ་དེའི་རྗེས་སུ་འབྲངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང༌། དེ་ཁོ་ན་ ཉིད་བཏང་སྙོམས་སུ་བཞག་སྟེ་ཀུན་རྫོབ་ཀྱི་བདེན་པ་ཞེས་གསུངས་སོ་ཞེས་བཤད་དོ། །དོན་ དམ་པའི་བདེན་པ་ནི་ཀུན་རྫོབ་གློ་བུར་བ་དཔྱད་མི་བཟོད་པ་དང་ཚུ་རོལ་མཐོང་བའི་བློ་ལས་ འདས་པ་ཆོས་ཉིད་དེ་བཞིན་ཉིད་ཡིན་ཏེ། འདི་ཉིད་དུའང༌། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་པ་དང༌། བདེན་གཉིས་ལས་ཀྱང༌། ཀུན་རྫོབ་དེ་བཞིན་ཉིད་གང་ཡིན། །དེ་ཉིད་དམ་ པའི་དོན་གྱིར་བཞེད། །ཅེས་གསུངས་པའོ། །འདི་ཉིད་འཕགས་པའི་ཡེ་ཤེས་འཁྲུལ་མེད་ཀྱི་ ཡུལ་དུ་བདེན་པའི་ཆ་ནས་དོན་དམ་བདེན་པར་འཇོག་སྟེ། (དེ་ནི་དགོས་པ་མཆོག་ཡིན་པས། དོན་དམ་མྱ་ ངན་འདས་པ་ཡིན། །ཞེས་) ཆོས་མངོན་པའི་མདོ་ལས། དོན་དམ་པ་གང་ཞེ་ན། འཕགས་པའི་ཡེ་ ཤེས་དམ་པའི་སྤྱོད་ཡུལ་གྱི་དོན་ཏོ། །ཞེས་གསུངས་སོ། ། ད་ནི་དེ་དག་གི་དབྱེ་བ་ལ་མཁས་པར་བྱ་བ་ལས། ཀུན་རྫོབ་ལ་ཡང་རྟེན་འབྲེལ་གཞན་ དབང་གིས་མཚན་ཉིད་ཅན་དོན་བྱེད་ནུས་པར་ཐུན་མོང་དུ་སྣང་བ་རྣམས་ལ་ཡང་དག་པའི་ ཀུན་རྫོབ་དང༌། མེད་བཞིན་དུ་བརྟགས་པ་ཆུ་ནང་གི་ཟླ་བ་དང་མེ་ལོང་གི་གཟུགས་བརྙན་ལྟ་ བུ་ཀུན་བརྟགས་ཀྱི་མཚན་ཉིད་ཅན་སྣང་བ་ཙམ་ལ་ལོག་པའི་ཀུན་རྫོབ་ཅེས་དབྱེ་བ་མཛད་ དེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་གསུངས་པའོ། །དེ་ བཞིན་དུ། དོན་དམ་པ་ལ་ཡང་འགྱུར་མེད་ཡོངས་གྲུབ་གྱི་དོན་དམ་དང༌། ཀུན་རྫོབ་ལ་དཔྱད་ 1-1-268 ན་ཅིར་ཡང་མ་གྲུབ་པའི་སྟོང་ཉིད་ལ་ཡང་རྗེས་མཐུན་པའི་དོན་དམ་ཞེས་གཉིས་སུ་ཕྱེ་བ་ ཡོད་དེ། བདེན་གཉིས་ལས། སྐྱེ་ལ་སོགས་པ་བཀག་པ་ཡང༌། །ཡང་དག་པ་དང་མཐུན་ཕྱིར་ འདོད། །ཅེས་གསུངས་པ་ལྟར་རོ། །འདིའི་རྗེས་སུ་འབྲངས་ནས་སྔ་རབས་པ་རྣམས་ཀྱིས་ དོན་དམ་མཚན་ཉིད་པ་དང་རྗེས་མཐུན་པ་གཉིས་སུ་ཕྱེ་བ་ལས། དུས་ཕྱིས་ཀྱི་གང་ཟག་མང་ པོ་ཞིག་ལྟ་བ་སྣ་ཚོགས་ཀྱི་ཟང་ཟིང་གིས་ཅི་བྱ་གཏོལ་མེད་པར་གྱུར་ནས་ཡོད་པའི་དོན་དམ་ མཚན་ཉིད་པ་དེ་བོར་ནས། རྗེས་མཐུན་པའི་དོན་དམ་སྟོང་ཉིད་མེད་དགག་ཙམ་དོན་དམ་དུ་ བརྟགས་པ་ལ་འཆེལ་ནས་ཆོས་ཐམས་ཅད་ཅིར་ཡང་མ་གྲུབ་པ་ཉིད་དོན་དམ་པའོ་ཞེས་ལྟ་ བ་མཐོན་པོར་བཞེད་པ་རྣམས་ལ་ནི། ལང་ཀར་གཤེགས་པ་ལས། དངོས་རྣམས་སྐྱེ་བ་ཀུན་ རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་བ་གང༌། དེ་ནི་ཡང་ དག་ཀུན་རྫོབ་འདོད། །ཅེས་པ་དང༌། བདེན་གཉིས་ལས་ཀྱང༌། བརྟགས་པའི་རང་གི་ངོ་བོ་ ཡི། །བཀག་པ་བརྟགས་མིན་ཇི་ལྟར་འགྱུར། །དེ་བས་འདི་ནི་ཀུན་རྫོབ་སྟེ། །ཡང་དག་དོན་ ཡིན་ཡང་དག་མིན། །ཞེས་གསུངས་པས་གནོད་པའི་ཕྱིར་ཅིའང་མེད་པའི་སྟོང་པ་ནི་དོན་དམ་ བདེན་པ་མཚན་ཉིད་པར་ཁས་མི་ལེན་ནོ། ། བདེན་གཉིས་སྒོམ་པ་ལ་མཁས་པར་བྱ་བ་ནི། ཀུན་རྫོབ་གློ་བུར་པ་རྣམ་པར་དཔྱད་ ན་མེད་པ་དང༌། དོན་དམ་འགྱུར་བ་མེད་པའི་ཆོས་ཉིད་ཡོད་པར་ཡིད་ཆེས་པས་སྒོམ་པ་སྟེ། ཆོས་མངོན་པར། ཡོད་པ་ལ་ཡང་ཡོད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མེད་པ་ལ་ཡང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྟོང་པ་ཉིད་ ལ་འཇུག་པ་ཡང་དག་པ་སྟེ་ཕྱིན་ཅི་མ་ལོག་པའོ་ཞེས་མདོ་དྲངས་ནས་བཤད་པ་བཞིན་ནོ། ། འབྲས་བུ་ལ་མཁས་པས་སྟོང་ཉིད་རྟོགས་ཚུལ་ལ་གཉིས་སུ་དབྱེ་བ་ལས། ཀུན་རྫོབ་ ལ་མཁས་པས་བདེན་མེད་རྟོགས་ཚུལ་ནི། ཀུན་རྫོབ་དང་གློ་བུར་དྲི་མ་དང་འདུས་བྱས་དང་ 1-1-269 རྒྱུ་རྐྱེན་ལས་སྐྱེས་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ཀུན་བརྟགས་གཞན་དབང་ རྣམས་མིང་གི་རྣམ་གྲངས་ཏེ། འདི་མཐའ་དག་སྟོང་པར་སྒྲུབ་པ་ལ། དབུ་མའི་རྒྱན་ལས། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང༌། །དུ་མའི་རང་བཞིན་ བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་གསུངས་པའི་རྗེས་སུ་ འབྲངས་ནས་སྣང་བ་བདེན་མེད་དུ་སྒྲུབ་པ་ལ་གཅིག་དང་དུ་བྲལ་གྱི་གཏན་ཚིགས་དང༌། དབུ་མའི་རྩ་བ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་ མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་དང་ མཐུན་པར་རང་བཞིན་སྐྱེ་མེད་དུ་སྒྲུབ་པ་ལ་རྡོ་རྗེ་གཟེགས་མའི་གཏན་ཚིགས་དང༌། བདེན་ གཉིས་ལས། དུ་མས་དངོས་པོ་གཅིག་མི་བྱེད། །གཅིག་གིས་དུ་མའི་དངོས་མི་བྱེད། །དུ་ མས་དུ་མའང་བྱེད་མིན་ཏེ། །གཅིག་གིས་གཅིག་བྱེད་པ་ཡང་མིན། །ཞེས་གསུངས་པ་དང་ མཐུན་པར་བྱེད་པོས་སྟོང་པར་སྒྲུབ་པ་ལ་མུ་བཞི་སྐྱེ་འགོག་གི་གཏན་ཚིགས་དང༌། བློ་གྲོས་ རྒྱ་མཚོས་ཞུས་པའི་མདོ་ལས། གང་དག་བརྟེན་ནས་འབྱུང་དེ་དག །ངོ་བོ་ཉིད་ཀྱིས་ཅིར་ཡང་ མེད། །གང་དག་ངོ་བོ་ཉིད་མེད་པ། །དེ་དག་གང་དུའང་སྐྱེ་བ་མེད། །ཅེས་གསུངས་པ་དང༌། མཐུན་པར་ཀུན་རྫོབ་སྟོང་ཉིད་དུ་སྒྲུབ་པ་ལ་རྟེན་ཅིང་འབྲེལ་འབྱུང་གི་གཏན་ཚིགས་ཏེ། གཏན་ཚིགས་ཆེན་པོ་བཞི་པོ་གང་ཡང་རུང་བས་བརྟགས་ཤིང་དཔྱད་པ་ན་ཀུན་རྫོབ་ཀྱི་ཆོས་ ཐམས་ཅད་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ཇི་ལྟ་བར་སྣང་བ་བདེན་ མེད་དུ་རྟོགས་པ་སྟེ། དབུ་མ་རྩ་བའི་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་ གྲོང་ཁྱེར་ཇི་ལྟ་བ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་གསུངས། །ཞེས་བཤད་པ་བཞིན་ནོ། ། དོན་དམ་ལ་མཁས་པས་དྲི་བྲལ་རྟོགས་ཚུལ་ནི། དོན་དམ་པ་དང་དེ་བཞིན་ཉིད་དང་ 1-1-270 ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་དང་འགོག་བདེན་དང་ཡོངས་གྲུབ་ལ་སོགས་པ་ མཚན་གྱི་རྣམ་གྲངས་ཏེ། འདི་དག་ངོ་བོ་ཅི་ཡང་མེད་པ་ཆད་པ་ནི་མ་ཡིན་ཡང་དྲི་མ་གློ་བུར་ བས་སྟོང་པ་ལ་སྟོང་པ་ཞེས་གསུངས་ཏེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ ཅན། །གློ་བུར་དག་གིས་ཁམས་སྟོང་གི། རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ ཀྱིས་སྟོང་མ་ཡིན། །ཞེས་སོགས་རྒྱས་པར་འབྱུང་བ་བཞིན་ནོ། །དེས་ན་མདོ་སྡེའི་རྒྱན་ལས། (ཀུན་བརྟགས་ཐམས་ཅད་ཀུན་རྫོབ་ཏུའང་གྲུབ་པ་)མེད་པའི་སྟོང་པ་ཉིད་(དུ་)ཤེས་ཤིང༌། །དེ་བཞིན་(དུ་ གཞན་དབང་ཀུན་རྫོབ་ཙམ་དུ་)ཡོད་(ཀྱང་དོན་དམ་དུ་མེད་)པའི་སྟོང་(པ་)ཉིད་དང༌། །(ཡོངས་གྲུབ་ ནི་)རང་བཞིན་(གྱིས་གློ་བུར་གྱི་ཆོས་ཐམས་ཅད་ཀྱིས་)སྟོང་པ་ཉིད་(དུ་)ཤེས་ན། །སྟོང་པ་ཤེས་པ་ཞེས་ བརྗོད་དོ། །ཞེས་གསུངས་པ་ལྟར་དབྱེ་དགོས་ཀྱི། ཐམས་ཅད་དུ་ཅི་ཡང་མེད་པའི་སྟོང་པར་ བལྟ་བ་ནི་མ་ཡིན་ཏེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ ཙམ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་པ་དང༌། དབུ་མ་རྩ་ཤེར་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ ལྟར་སྦྲུལ་ལ་བཟུང་ཉེས་དང༌། །རིགས་སྔགས་ལོག་པར་བཀླགས་པ་བཞིན། །ཞེས་གསུངས་ སོ། །དེས་ན་ལྟ་བ་རྣམ་པར་དག་པ་ལ་ནན་ཏན་དུ་བྱའོ། ། ད་ནི་གཞུང་ལ་འཇུག་པར་བྱ་སྟེ། སྔར་བཤད་པའི་ཡ༷ན་ལ༷ག་སྦྱིན་པ་ལ་སོགས་པའི་ ཕ་རོལ་ཏུ་ཕྱིན་པ་ལྔས་བསྡུས་པ་འདི༷་ད༷ག་ཐ༷མས་ཅ༷ད་ནི༵། ཐུ༷བ་པ༷ས་ཡུམ་རྒྱས་པར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་ཕ་རོལ་ཏུ་ཕྱིན་པ་ལྔས་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ མི་ཐོབ་བོ། །ཞེས་ཤེ༷ས་ར༷བ་གཙོ་བོ་དང་གཞན་ཕལ་པའི་དོ༷ན་དུ༷་གསུ༵ངས། དེ༷་ཡི༷་ཕྱི༷ར་ན༷་ ཁམས་གསུམ་གྱི་སྡུ༷ག་བསྔ༷ལ་ད༵ག །ཞི༷་ཞིང་འཚང་རྒྱ་བ༷ར་འདོ༷ད་པ༷ས་ཤེ༷ས་ར༷བ་བསྐྱེ༵ད་ པར་བྱ་སྟེ། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་ 1-1-271 པ་ལས་ཡང་དག་འདའ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། ། འཇིག་རྟེན་པའི་ཡུལ་ཀུ༷ན་རྫོ༷བ་ཏུ་བདེན་པ་གློ་བུར་བ་ད༷ང་ནི༷་འཕགས་པའི་ཡུལ་དོ༷ན་ ད༷མ་དུ་བདེན་པ་རང་བཞིན་པ་སྟེ༷། འདི༷་དག་ནི༷་སོ་སྐྱེ་དང་འཕགས་པའི་བདེ༷ན་པ༷་གཉི༷ས་ སུ༷་འདོ༵ད། དེ་ལས་དོ༷ན་ད༷མ་ནི་སོ་སྐྱེའི་བློ༷་ཡི༷་སྤྱོ༷ད་ཡུལ་མི༵ན་པ་ཆོས་ཉིད་མ་འཁྲུལ་བར་ གྲུབ་ལ། སོ་སྐྱེའི་བློ༷་ཡུལ་དང་བཅས་པ་ནི༷་ཀུ༷ན་རྫོ༷བ་ཆོས་ཅན་འཁྲུལ་བ་ཡི༷ན་པ༷ར་བརྗོ༵ད་ (བདེན་པ་གཉིས་བསྟན་པར། ལྷའི་བུ་དག་དོན་དམ་པའི་བདེན་པ་ལུས་ངག་ཡིད་གསུམ་གྱི་ ཡུལ་དུ་འགྱུར་ན་དོན་དམ་པའི་གྲངས་སུ་མི་འགྲོ་བའི་ཀུན་རྫོབ་ཀྱི་བདེན་པར་འགྱུར་ཏེ་དོན་ དམ་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་ཀྱང་འདས་སོ། །ཞེས་གསུངས་)དེ། དབུ་མ་ལ་འཇུག་པར། ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །འཁྲུལ་བ་མཐོང་བ་ཀུན་ རྫོབ་བདེན་པར་བརྗོད། །ཅེས་གསུངས་སོ། །འོ་ན་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་ དང་ལམ་གྱི་མཚན་ཉིད་ཅན་བདེན་པ་བཞིར་གསུངས་པ་དང་ཇི་ལྟར་མི་འགལ་ཞེ་ན་བདེན་ ཏེ། གདུལ་བྱའི་དབང་གིས་བཞིར་ཕྱེ་བ་ཙམ་དུ་ཟད་ཀྱི། བསྡུ་ན་བདེན་པ་གསུམ་ཀུན་རྫོབ་ ཀྱི་བདེན་པར་འདུས་ལ། འགོག་བདེན་ནི་དོན་དམ་པའི་བདེན་པ་ཉིད་ཡིན་པའི་ཕྱིར་འགལ་ བ་ཅུང་ཟད་ཀྱང་མེད་དོ། །བདེན་པ་གཉིས་པོ་དེ༷་ལ༷་འཇི༷ག་རྟེ༷ན་དུ་རྟོགས་བྱེད་ཀྱི་གང་ཟག་ རིགས་རྣམ༷་གཉི༷ས་མཐོ༵ང་སྟེ། ཆོས་ཉིད་སྐྱེ་མེད་རྟོགས་པའི་རྣ༷ལ་འབྱོ༷ར་པ༷་ད༷ང་འཁྲུལ་སྣང་ བདེན་པར་འཛིན་པའི་ཕ༷ལ་པ༷འོ༵། །རྟོགས་ཚུལ་དེ༷་གཞིར་བྱས་པ་ལ༷་འཇི༷ག་རྟེ༷ན་ཕ༷ལ་པ༷་ ཀུན་རྫོབ་བདེན་པར་ལྟ་བ་ལ་ནི༵། རྣ༷ལ་འབྱོ༷ར་པའི་འཇི༷ག་རྟེ༷ན་ནམ་སྣང་ཚུལ་ཀུན་རྫོབ་ བདེན་མེད་ཉིད་ཀྱི༷ས་གནོ༷ད་ཅི༵ང༌། རྣ༷ལ་འབྱོ༷ར་པ༷་རང་ཡ༷ང་བློ༷་ཁྱད༷་ཀྱི༵ས། གོ༷ང་མ༷་གོ༷ང་ མ༷་སྟེ་རྟོགས་པ་མཆོག་ཏུ་གྱུར་པ་རྣམ༷ས་ཀྱི༷ས་འོག་མ་འོག་མ་རྟོགས་པ་དམན་པ་རྣམས་ལ་ གནོ༵ད་དེ། འདི་ལྟར་ས་དང་པོ་རབ་ཏུ་དགའ་བ་དང༌། གཉིས་པ་དྲི་མ་མེད་པ་དང༌། གསུམ་པ་ 1-1-272 འོད་བྱེད་པ་དང༌། བཞི་པ་འོད་འཕྲོ་བ་དང༌། ལྔ་པ་སྦྱང་དཀའ་བ་དང༌། དྲུག་པ་མངོན་དུ་གྱུར་ པ་དང༌། བདུན་པ་རིང་དུ་སོང་བ་དང༌། བརྒྱད་པ་མི་གཡོ་བ་དང༌། དགུ་པ་ལེགས་པའི་བློ་ གྲོས་དང༌། བཅུ་པ་ཆོས་ཀྱི་སྤྲིན་གྱི་མཐར་ཐུག་པ་ས་བཅུའི་རིམ་པ་གོང་མ་གོང་མའི་ཡོན་ཏན་ ཁྱད་པར་ཅན་ཐོབ་པས་འོག་མ་འོག་མའི་རྟོགས་པ་ལ་གནོད་པ་ལྟ་བུ་ལྟོས་ནས་ཁྱད་པར་དུ་ གྱུར་པའི་ཕྱིར་རོ། །འདི་ནི་རིགས་ཏེ་དཔེར་ན། ཕྱི་རོལ་པ་བདག་ཏུ་སྨྲ་བ་ལ། ནང་པ་བདག་ མེད་དུ་སྨྲ་བས་གནོད་པ་དང༌། ནང་པའི་གྲུབ་མཐའ་བཞི་པོ་ཡང་བྱེ་བྲག་ཏུ་སྨྲ་བ་ཤེས་བྱའི་ གཞི་ལྔ་པོ་ཐམས་ཅད་རྫས་ཡོད་དུ་སྨྲ་བ་ལ། མདོ་སྡེ་པ་གཟུགས་སེམས་སེམས་བྱུང་གསུམ་ དོན་དམ་དུ་ཡོད་ཀྱི་ལྡན་མིན་འདུ་བྱེད་དང་ཆོས་ཉིད་འདུས་མ་བྱས་རྫས་སུ་མེད་པར་སྨྲ་བས་ གནོད་པ་དང༌། དེ་དག་ལ་ཡང་སེམས་ཙམ་པ་རྣམ་པར་ཤེས་པ་ཁོ་ན་དོན་དམ་དུ་ཡོད་ཀྱི་ཕྱི་ རོལ་གྱི་དོན་རྫས་སུ་མེད་པར་སྨྲ་བས་གནོད་པ་དང༌། དེ་ཐམས་ཅད་ལ་ཡང་དབུ་མ་པ་ཆོས་ ཐམས་ཅད་སྟོང་ཞིང་བདག་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བཞེད་པས་ གནོད་པ་ལྟ་བུའོ། ། རྣལ་འབྱོར་པ་དང་ཕལ་པ་གཉི༷་ག༷་ཡ༷ང་ནི༷་བདེན་མེད་དུ་འདོ༷ད་པ༷འི་དཔེ༷་སྒྱུ་མ་ལྟ་བུ་ ལ་སོགས་པས༵། གྲུབ་པར་བྱ་བའི་འབྲ༷ས་བུ༷འམ་དགོས་པའི༷་དོ༷ན་བདེན་མེད་དུ༷་དཔེ་དང་ མཐུན་པར་མ་བརྟགས་མ༷་དཔྱ༷ད་པའི་ཕྱི༵ར། འཇི༷ག་རྟེ༷ན་ཕལ་པ༷་ཡི༷ས་གཟུགས་ཀྱི་ཕུང་པོ་ ལ་སོགས་པའི་དངོ༷ས་པོ་ཀུན་རྫོབ་རྣམས་བདེན་བདེན་པོར་མཐོ༷ང་ཞི༵ང༌། དེ་ལ་ཡ༷ང་ད༷ག་ ཉི༷ད་དུ༷འ༷ང་རྟོ༷ག་བྱེ༷ད་ཀྱི༷། བརྫུན་པ་སྒྱུ༷་མ༷་ལྟ་༷བུ༷ར་རྟོགས་པ་མི༷ན་པ༷ས་དངོས་པོ་བདེན་མེད་ དུ་དཔྱོད་པའི་སྐབས་འདི༵ར། རྣ༷ལ་འབྱོ༷ར་པ༷་ད༷ང་འཇི༷ག་རྟེ༷ན་རྩོ༵ད་དེ་རྣལ་འབྱོར་པ་བདེན་ མེད་དུ་རྟོགས་པའི་ཀུན་རྫོབ་ལ་འཇིག་རྟེན་པས་བདེན་པར་ཞེན་ནས་མ་མཐུན་པའི་ཕྱིར་རོ། ། 1-1-273 འཇིག་རྟེན་པ་དག་ན་རེ། ཀུན་རྫོབ་སྒྱུ་མ་བཞིན་དུ་བདེན་མེད་ཡིན་ན་གཟུ༷གས་སོ༷གས་ ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་བདེན་པའི་དོན་བྱེད་ནུས་པར་མངོ༷ན་སུ༷མ་ཉི༷ད་དུ་གྲུབ་ པས་བསལ་ལོ་ཞེ་ན། བདེན་ཏེ། སྣང་བ་ཙམ་དུ་དོན་བྱེད་ནུས་ཀྱང༷་ནི༵། འཇིག་རྟེན་ལ་ གྲ༷གས་པ༷་ཙམ་གྱིས༷་མངོན་སུམ་ཡི༷ན་གྱི༷་དོན་ལ་མི་འཁྲུལ་བའི་ཚ༷ད་མ༷ས་(ཏིང་ངེ་འཛིན་རྒྱལ་པོ་ ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་སྟེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་བཤད། )དོན་ལ་བདེན་པར་གྲུབ་པ་མི༵ན། ཡིན་ན་ཐམས་ ཅད་ཀྱིས་དེ་ཁོ་ན་ཉིད་རྟོགས་པར་ཐལ་བའི་ཕྱིར་རོ། །དེས་ན་གྲགས་པ་ཙམ་དེ༷་ནི༷་མི༷་གཙ༷ང་ བ་དང་ལ༷་སོ༷གས་ཀྱི་སྒྲས་སྡུག་བསྔལ་བ་དང་མི་རྟག་པ་དང་བདག་མེད་པ་ལ༵། གཙ༷ང་བ་ དང་སོ༷གས་ཀྱི་སྒྲས་བདེ་བ་དང་རྟག་པ་དང་བདག་ཏུ་འཇིག་རྟེན་ལ་གྲ༷གས་པ༷་བཞི༷ན་དུ༷་ བརྫུ༵ན་ནོ། །དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་ལུང་ལས། བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས་ བྱ་བ་ནི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དོ། །འདུས་བྱས་ཐམས་ ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །འདི་དག་བྱུང་བ་དེ་ཉིད་ནི། །བྱ་བ་དེ་ཉིད་ བྱེད་པར་བརྗོད། །ཅེས་འདི་དག་ཡོད་པར་གསུངས་པ་དང་འགལ་ལོ་ཞེ་ན། བདེན་ཏེ། ཉི་ ཤུ་པ་ལས། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོས་ པའི་དབང་གིས་གསུངས་པ་སྟེ། །བརྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །ཞེས་འབྱུང་བ་ ལྟར། འཇི༷ག་རྟེ༷ན་པ་རྣམས་དང་པོར་མེད་པའི་སྒྲ་ལ་སྐྲག་ཏུ་འོང་བས་རིམ་གྱིས་སྟོང་པ་ཉིད་ ལ་གཞུ༷ག་པ༷འི་དོ༷ན་དུ༷་ནི༵། མགོ༷ན་པོ༷ས་ཕུང་པོ་ལ་སོགས་དངོ༷ས་པོར་ཡོད་པ་སྐད་བསྟན༷་ པ་ཡིན་གྱི་དེ༷་ཁོ་ན་ཉི༷ད་དོན་དམ་དུ༵། ཕུང་པོ་ལ་སོགས་པ་དེ༷་ད༷ག་རང་བཞིན་མེད་པའི་ཕྱིར་ སྐ༷ད་ཅི༷ག་མ༷་ཉི༷ད་དུའང་བདེན་པ་མི༵ན་ནོ། །འོ་ན་ཀུ༷ན་རྫོ༷བ་ཏུ༷་འདུས་བྱས་ཐམས་ཅད་སྐད་ ཅིག་མ། ཞེས་གསུངས་པ་དང་ཡ༷ང་འག༷ལ་ཞེ༷་ན༵། དེ་ནི་རྣ༷ལ་འབྱོ༷ར་ཀུ༷ན་རྫོ༷བ་ལ་དགོངས་ 1-1-274 པས་ཉེ༷ས་པ་མེ༷ད་དེ༵། གང་ཟག་ལ་བདག་མེད་པའི་ཏིང་ངེ་འཛིན་ཐོབ་པའི་རྣལ་འབྱོར་པ་ རྣམས་ཀྱིས་ཀུན་རྫོབ་ཀྱི་ཐ་སྙད་སྐད་ཅིག་མ་ཉིད་དུ་རྟོགས་པའི་ཕྱིར་རོ། །རྣལ་འབྱོར་པས་ རྟོགས་ཀྱང་ཕལ་པས་མ་རྟོགས་པའི་ཕྱིར་ཀུན་རྫོབ་སྐད་ཅིག་མར་མི་འགྱུར་རོ་ཞེ་ན། སྐྱོན་ མེད་དེ་འཇི༷ག་རྟེ༷ན་པའི་ཐ་སྙད་ལ༷་ལྟོ༷ས་ནས་བཞག་པའི་ཀུན་རྫོབ་དེ༷་ཉི༷ད་རྣལ་འབྱོར་པས་ སྐད་ཅིག་མར་མཐོ༵ང་གི་ཀུན་རྫོབ་ལོགས་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡིན་ཡང་གཞ༷ན་དུ༷་ རྟོག་ན་བུ༷ད་མེ༷ད་ཀྱི་ལུས་མི༷་གཙ༷ང་བ༵ར། རྣལ་འབྱོར་པས་ངེ༷ས་པར་རྟོ༷གས་ཀྱང་འཇི༷ག་རྟེ༷ན་ པས་མ་རྟོགས་པའི་ཕྱིར་གཙང་བར་ཐལ་བའི་སྐྱོན་གྱི༷ས་གནོ༷ད་པར་འགྱུ༵ར་ཏེ་དེ་ལྟར་ཡང་མ་ ཡིན་ནོ། ། གལ་ཏེ་དེ་ལྟར་ཆོས་ཐམས་ཅད་སྒྱུ་མ་ལྟར་ངེས་ན་སངས་རྒྱས་ཀྱང་སྒྱུ་མ་ལྟ་བར་འགྱུར་ རོ་ཞེ་ན། དེ་ནི་ཡུམ་ལས་གསུངས་ཏེ། ལྷའི་བུ་དག་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ ལྟ་བུའོ། །རྒྱུན་དུ་ཞུགས་པ་དང་རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་ཞེས་པ་ནས། ལན་ཅིག་ ཕྱིར་འོང་ཞུགས་འབྲས་དང་ཕྱིར་མི་འོང་ཞུགས་འབྲས་དང་དགྲ་བཅོམ་ཞུགས་འབྲས་དང་ རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་ཡང་སྒྱུ་མ་ལྟ་བུ་རྨི་ ལམ་ལྟ་བུ་སོགས་རྒྱས་པར་འབྱུང་ངོ༌། །ཞེས་པ་ལ། འོ་ན་སྒྱུ༷་འདྲ༷འི་རྒྱ༷ལ་ལ༷་ཕྱག་མཆོད་ བསྙེན་བཀུར་སོགས་འབད་ཀྱང་བསོ༷ད་ན༷མས་ནི༵། ཇི༷་ལྟར༷་འབྱུང་སྟེ་སྒྱུ་མའི་སྐྱེས་བུ་ལ་ ཟན་བྱིན་པ་བཞིན་ནོ་ཞེ་ན། བདེན་ཏེ་སངས་རྒྱས་དངོ༷ས་ཡོ༷ད་ལ༷་བརྟེན་ནས་དངོས་ཡོད་ཀྱི་ བསོད་ནམས་འབྱུང་བར་འདོད་པ་ཇི༷་བཞི༵ན་དུ་སྒྱུ་མ་ལྟ་བུ་ལ་བརྟེན་ནས་ཀྱང་སྒྱུ་མ་ལྟ་བུའི་ བསོད་ནམས་འབྱུང་བའི་ཕྱིར་འགལ་བ་མེད་དོ། ། ག༷ལ་ཏེ༷་སེ༷མས་ཅ༷ན་ཡང་སྒྱུ༷་འདྲ་༷ན༵། ཤི༷་ན༷ས་ཇི༷་ལྟར༷་སྐྱེ༷་ཞིང་ཉིང་མཚམས་སྦྱོར་ཏེ་ སྒྱུ་མའི་སྐྱེས་བུ་ཞིག་ནས་སྐྱེ་བ་མེད་པ་བཞིན་ནོ་ཞེ༷་ན༵། མི་འགལ་ཏེ་ཇི༷་སྲི༷ད་སྔགས་ལ་ 1-1-275 སོགས་པའི་རྐྱེ༷ན་རྣམ༷ས་ཚོ༷གས་གྱུ༷ར་པ༵། དེ༷་སྲི༷ད་སྒྱུ༷་མ༷འ༷ང་འབྱུ༷ང་བ༷ར་འགྱུ༵ར། །དེ་བཞིན་ དུ་ཇི་སྲིད་མ་རིག་པ་ལ་སོགས་པའི་རྐྱེན་ཚོགས་པ་དེ་སྲིད་དུ་སེམས་ཅན་གྱི་རྒྱུད་ཀྱང་ཉིང་ མཚམས་སྦྱོར་ཞིང་འབྱུང་བར་འགྱུར་ཏེ་རྒྱུ་རྐྱེན་ཚོགས་པ་མ་ལོག་པའི་ཕྱིར་རོ། །འོན་ཀྱང་ སྒྱུ་མ་རྒྱུ༷ན་ཐུང་ལ་འདི་རྒྱུ་(སྟེ་སེམས་ཅན་གྱི་རྒྱུད་མི་)རི༷ང་(དུ་འབྱུང་བ་)ཙ༷མ་གྱི༷ས་ཇི༷་ལྟར༷་ན༵། སེ༷མས་ ཅ༷ན་(དོན་དམ་པར་)བདེ༷ན་པ༷ར་ཡོ༷ད་པ༷་ཡི༵ན་ཏེ་ཁྱད་པར་མེད་དོ། ། འོ་ན་བདེན་མེད་ཀྱི་སེམས་ཅན་ལ་ཕན་གནོད་བྱས་ཀྱང་དགེ་སྡིག་མེད་པར་འགྱུར་ཏེ་སྒྱུ་ མ་དང་མཚུངས་པའི་ཕྱིར་རོ་ཞེ་ན། སྒྱུ༷་མ༷་མཁན་གྱིས་སྤྲུལ་པའི༷་སྐྱེ༷ས་བུ༷་བས༷ད་པ་དང་དེ་ལ་ རྐུས་པ་སྣང་བ་སོ༷གས་ལ༵། སེ༷མས་སྲིད་པ་ཙམ་དུའང་མེ༷ད་པའི་ཕྱི༷ར་ན༷་སྲོག་གཅོད་སོགས་ ཀྱི་སྡི༷ག་མེ༷ད་དེ༵། སེམས་ཅན་ནི་སྒྱུ༷་མ༷་ལྟ་བུའི༷་སེ༷མས་ད༷ང་ལྡན༷་པ༷་ཉིད་ཀྱི་ཕྱིར་ཕན་གནོད་ བྱས་པ་ལ༵། བསོ༷ད་ན༷མས་ད༷ང་ནི༷་སྡི༷ག་པ༷་འབྱུ༵ང་ངོ༌། །སྒྱུ་མ་ལ་སེམས་མེད་པའི་རྟགས་མ་ གྲུབ་པ་མ་ཡིན་ཏེ། སྔ༷གས་དང་སྨན་སོ༷གས་རྣམ༷ས་ལ༷་རྟ་གླང་སྐྱེས་བུ་སེམས་ལྡན་བསྐྱེད་ པའི་ནུ༷ས་མེ༷ད་ཕྱི༷ར། སྒྱུ༷་མ༷འི་སེ༷མས་ནི༷་ཀུན་རྫོབ་ཏུའང་འབྱུ༷ང་བ༷་མེ༵ད་པས་སོ། །སྣ་༷ཚོ༷གས་ རྐྱེ༷ན་ལ༷ས་བྱུ༷ང་བ༷་ཡི༵། །སྒྱུ༷་མ༷་དེ༷་ཡ༷ང་སེམས་ཡོད་མེད་སྣ་༷ཚོ༷གས་ཉི༵ད་སྲིད་དོ་ཞེ་ན། མ་ཡིན་ ཏེ་རྐྱེ༷ན་བེམ་པོ་གཅི༷ག་གི༷ས་ནི༷་འབྲས་བུ་བེམ་རིག་ཀུ༷ན་བསྐྱེད་ནུ༷ས་པ༵། ག༷ང་ན༷་ཡ༷ང་ནི༷་ ཡོ༷ད་པ་མ༷་ཡི༵ན་པའི་ཕྱིར་རོ། །ཁྱད་པར་དེ་ཙམ་གྱིས་སྤྱིའི་དཔེ་ལ་འཁྲུལ་བར་ནི་མི་འགྱུར་ ཏེ་དོན་དམ་པ་མྱ་ངན་ལས་འདས་པའི་ཆོས་ལ་ནི་འཁྲུལ་བ་འདི་དག་མེད་པའི་ཕྱིར་དང་ཀུན་ རྫོབ་འཁོར་བའི་ཆོས་ལ་ནི་འདི་དག་རྐྱེན་ལས་བྱུང་བའི་འཁྲུལ་སྣང་དུ་མཚུངས་པའི་ཕྱིར་ རོ། །ག༷ལ་ཏེ༷་དོ༷ན་ད༷མ་སྐྱེ་མེད་མྱ་༷ང༷ན་འད༵ས (གཞི་ནི་ཕུང་པོ་ལྷག་བཅས་དང་ལྷག་མེད་དང་མི་གནས་པའི་ མྱང་འདས་ཆོས་སྐུ་དང༌། རང་བཞིན་གྱི་མྱང་འདས་དོན་དམ་བདེན་པའོ)། །འཁོ༷ར་བ༷་ཀུ༷ན་རྫོ༷བ་སྐྱེ་འཇིག་ཅན་ ལས་འཇོག་པ་དེ༷་ལྟ་༷ན༵། ཆོས་ཀྱི་དབྱིངས་སུ་སངས་རྒྱས་ནས་ཀྱང་མཛད་པ་བཅུ་གཉིས་སྟོན་ 1-1-276 པས་སྐྱེ་སོགས་ཀྱི་ཆོས་དང་ལྡན་པའི་ཕྱིར་སང༷ས་རྒྱ༷ས་ཀྱང༷་ནི༷་འཁོ༷ར་འགྱུ༷ར་བ༵ས། དེའི་ དོན་དུ་བྱང༷་ཆུ༷བ་སྤྱོ༷ད་པ༷ས་ཅི༷་ཞི༷ག་བྱ་༷སྟེ་འབད་ཀྱང་འཁོར་བ་ལས་མ་གྲོལ་བའི་ཕྱིར་རོ་ཞེ་ ན། བདེན་ཏེ་སྤྱིར་རྐྱེ༷ན་རྣམ༷ས་རྒྱུ༷ན་ནི༷་མ༷་ཆ༷ད་ན༵། འཁོར་བར་མ་ཟད་སྒྱུ༷་མ༷འ༷ང་ལྡོ༷ག་པ༷ར་ མི༷་འགྱུ༷ར་གྱི༵། བྱང་ཆུབ་སྤྱོད་པ་མཐར་ཕྱིན་པས་མ་རིག་པ་ལ་སོགས་པའི་རྐྱེ༷ན་རྣམ༷ས་བག་ ཆགས་དང་བཅས་པ་རྒྱུ༷ན་ནི༷་ཆ༷ད་པ༷ས་ན༵། ཀུ༷ན་རྫོ༷བ་ཏུ༷་སྐྱེ་སོགས་སྟོན་ན་ཡ༷ང་ལས་ཀྱིས་ མ་བཅིངས་པའི་ཕྱིར་མ་གྲོལ་བའི་སྐྱོན་མི༷་འབྱུ༷ང་ངོ༵༌། །དབུ་མ་བཞི་བརྒྱ་པ་ལས། ཇི་ལྟར་ས་ བོན་མཐའ་མཐོང་བཞིན། །དེ་ལ་ཐོག་མ་ཡོད་མིན་ལྟར། །དེ་བཞིན་རྒྱུ་ནི་མ་ཚང་ཕྱིར། །སྐྱེ་ བ་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་སོ། ། དེ་ལྟར་མདོ་སྡེ་པ་ལ་སོགས་པའི་རྒོལ་བ་བསལ་པའི་རྗེས་སུ་རྣལ་འབྱོར་སྤྱོད་པ་བ་དག་ ན་རེ། ག༷ང་གི་ཚེ༷་དབུ་མ་པའི་ལུགས་ལ་བློ་འཁྲུ༷ལ་བ༷་དོན་ལ་ཡོ༷ད་པ་མི༷ན་ན༵། འཁྲུལ་སྣང་ སྒྱུ༷་མ༷་ག༷ང་གི༷ས་དམི༷གས་པ༷ར་འགྱུ༵ར་ཏེ་(མི་འགྱུར་བས་ཐལ་)དམིགས་བྱེད་ཤེས་པ་མ་གྲུབ་པའི་ ཕྱིར་རོ་ཞེ་ན། ག༷ང་ཚེ༷་སེམས་ཙམ་པ་ཁྱོ༷ད་ལ༷འང་ཕྱི་རོལ་གྱི་དོན་སྒྱུ༷་མ༷་ཉི༵ད། མེ༷ད་ན༷་དེ༷་ཚེ༷་ (ཤེས་པ་ཆོས་ཅན་ཡུལ་)ཅི༷་ཞི༷ག་དམི༵གས་ཏེ་(དམིགས་པ་མེད་པར་ཐལ་)དམིགས་བྱ་ཡུལ་མ་གྲུབ་པའི་ ཕྱིར་རོ། །ག༷ལ་ཏེ༷་ཕྱི་རོལ་གྱི་དོན་དེ༷་ཁོ་ན་ཉི༷ད་དུ༷་མེད་ཀྱང་གཞ༷ན་ཤེས་པའི་རྣམ་པར་སྒྱུ་མ་ ཡོ༵ད་པས་དམིགས་ལ། རྣམ༷་པ༷་དེ༷་ནི༷་འཛིན་ཆ་སེ༷མས་ཉི༷ད་ཡི༵ན་པས་ཕྱི་རོལ་གྱི་དོན་ཡང་ མེད་པ་མི་འགལ་ལོ་ཞེ་ན། གོ་འོ་ན་ག༷ང་ཚེ༷་སེ༷མས་ཉི༷ད་སྒྱུ༷་མ༷་ཡིན་ན༵། དེ༷་ཚེ༷་(སེམས་ཙམ་པ་ ཆོས་ཅན་སེམས་)ག༷ང་ཞི༷ག་ག༷ང་གི༷ས་མཐོ༵ང་སྟེ་(མི་མཐོང་བར་ཐལ་)རིག་པ་གཅིག་ཉིད་ལ་མཐོང་བྱ་ མཐོང་བྱེད་གཉིས་འགལ་བའི་ཕྱིར་རོ། །འཇི༷ག་རྟེ༷ན་(སེམས་ཅན་)གྱི༷་ནི༷་མགོ༷ན་པོ༷(སངས་རྒྱས་ཀྱི) ས་ཀྱང༷༌། །སེ༷མས་ཀྱི༷ས་སེ༷མས་མི༷་མཐོ༷ང་ཞེ༷ས་གསུ༵ངས། །ར༷ལ་གྲི༷འི་སོ༷་ནི༷་ར༷ང་ལ༷་ར༵ང་ (གིས)། །ཇི༷་ལྟར༷་མི༷་གཅོ༷ད་དེ༷་བཞི༷ན་ཡི༵ད(དེ་སེམས་ཀྱང་རང་གིས་རང་མི་རིག་སྟེ་ཤེས་པ་ཆ་མེད་གཅིག་ལ་རིག་ 1-1-277 བྱ་རིག་བྱེད་རིག་པའི་བདག་ཉིད་གསུམ་མེད་པའི་ཕྱིར་རོ)། །ཅེས་པའི་དོན་གཙུག་ན་རིན་པོ་ཆེས་ཞུས་པའི་ མདོ་ལས། འདི་ལྟ་སྟེ། དཔེར་ན། རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་ལ་གཅོད་ པར་མི་ནུས་པ་དང༌། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དེ་ཉིད་ལ་རེག་པར་མི་ནུས་ པ་དེ་བཞིན་དུ་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་མཐོང་བར་མི་ནུས་སོ། །ཞེས་གསུངས་ པའོ། །ཁོ་ན་རེ། ཇི༷་ལྟར༷་དཔེར་ན་མ༷ར་མེ༷་(ཆོས་ཅན་)གཉིས་མེད་ཀྱང་ར༷ང་གི༷་དངོ༵ས་པོ། རང་ གིས་ཡ༷ང་ད༷ག་གས༷ལ་བ༷ར་བྱེ༷ད་པ་བཞི༷ན་དུ་སེམས་རང་གིས་རང་རིག་གོ་ཞེ་ན༵། དཔེ་མ༷ར་ མེ༷་(ཆོས་ཅན་)ཡང་རང་གིས་རང་གས༷ལ་བ༷ར་བྱས༷་པ་མི༷ན་ཏེ༵། ག༷ང་གི་ཕྱི༷ར་ན་མར་མེ་རང་གི་ ངོ་བོ་ནམ་དུ་ཡང་མུ༷ན་གྱི༷ས་བསྒྲི༷བས་པ༷་མེ༵ད་པའི་ཕྱིར་རོ། །དབུ་མ་རྩ་ཤེ་ལས་ཀྱང༌། མར་ མེ་དག་ནི་གང་དག་ན། །དེ་ཡོད་པ་ན་མུན་པ་མེད། །མར་མེས་ཅི་ཞིག་སྣང་བར་བྱེད། །མུན་ པ་སེལ་བས་སྣང་བྱེད་ཡིན། །ཞེས་གསུངས་སོ། ། ཡང་ཁོ་ན་རེ། མར་མེ་རང་གསལ་གྱི་དཔེར་མ་གྲུབ་པ་མ་ཡིན་ཏེ། དཔེར་ན་སྔོན་པོ་ ལ་ཡང་ཤེ༷ལ་དཀར་པོ་སྔོན་པོར་བསྒྱུར་བ་བཞི༷ན་དུ་སྔོ་བྱེད་གཞན་ལ་ལྟོས་པ་ཡོད་པ་དང་ བཻཌཱུརྱའི་སྔོ༷ན་པོ༷་རང་སྔོ༷་བ་ཉི༷ད་ལ༵ས། སྔོ་བྱེད་གཞ༷ན་ལ༷་ལྟོ༷ས་པ༷་ཡོ༷ད་པ་མ༷་ཡི༵ན་པའི་ཆ་ གཉིས་སུ་ཡོད་དོ། །དེ༷་བཞི༷ན་དུ་མར་མེ་འག༷འ་ཞི༷ག་གིས་བུམ་པ་ལ་སོགས་པའི་དངོས་པོ་ གསལ་བར་བྱེད་པ་ན་གསལ་བྱ་གཞ༷ན་ལ༷་ནི༵། ལྟོ༷ས་པའི་ཆ་ཅིག་ད༷ང་འགའ་ཞིག་གིས་རང་ གསལ་བར་བྱེད་པ་ན་གསལ་བྱ་གཞན་ལ་ལྟོ༷ས་པ་མེ༷ད་པ༷འ༷ང་མཐོ༵ང་བས་སོ་ཞེ་ན། ཤེལ་ དང་བཻཌཱུརྱའི་སྔོན་པོ་གང་ཡིན་ཡང་དང་པོ་(དཔེ་མ་གྲུབ་སྟེ། བཻཌཱུརྱ་ཆོས་ཅན། རང་སྔོན་པོར་མ་གྲུབ་པར་ཐལ་) སྔོ༷་ཉི༷ད་མི༷ན་པ་ལ༷་ཕྱི་ནས་སྔོ༷ན་པོ༷ར་དེ༵། གཞན་ལ་མ་ལྟོས་པར་བད༷ག་རང་གི༷ས་བད༷ག་ ཉི༷ད་བྱས༷་པ༷་ནི་མེ༵ད་དེ། འདུས་བྱས་གང་ཡིན་རང་ལས་དོན་གཞན་སྔ་མ་རྒྱུ་ལ་མ་ལྟོས་པ་མི་ སྲིད་པའི་ཕྱིར་རོ། ། 1-1-278 དེས་ན་མར་མེ་རབ་ཏུ་གསལ་ཡང་ཤེས་པ་རང་རིག་ཏུ་སྒྲུབ་པའི་དཔེར་མི་རུང་སྟེ་མ༷ར་ མེ༷་གས༷ལ་བ༷ར་བྱེ༷ད་དོ༷་ཞེ༵ས། མར་མེ་ལས་གཞན་ཐ་སྙད་པའི་ཤེ༷ས་པ༷ས་ཤེ༷ས་ཏེ༷་རྗོ༷ད་ པར་བྱེ༷ད་པ་ཡིན་ན༵། བློ༷་ནི༷་རང་གིས་རང་གས༷ལ་བ༷་ཉི༷ད་དོ༷་ཞེ༵ས། ཤེས་པ་ག༷ང་གི༷ས་ཤེ༷ས་ ན༷ས་དེ༷་སྐ༷ད་བརྗོ༷ད་དེ་ཐ་སྙད་འདོགས་བྱེད་གཞན་མེད་པའི་ཕྱིར་དཔེ་མི་འདྲ་ཞིང་དོན་ཡང་ འཁྲུལ་ལོ། །ག༷ང་གི་ཚེ༷་སེམས་འག༷འ་ཡིས༷་ཀྱང༷་སེམས་རང་མཐོ༷ང་བ་སྲིད་པ་མི༷ན་ན༵། གཞི་ རང་རིག་མ་གྲུབ་པའི་ཕྱིར་ཁྱད་པར་གྱི་ཆོས་གས༷ལ་བ༷འ༷མ་ནི༷་མི༷་གས༷ལ་བ༵། མོ༷་གཤ༷མ་ལ་ བུ༷་མོ༷་མི་སྲིད་པའི་འགྱི༷ང་བ༷ག་ལེགས་མི་ལེགས་སྨྲ་བ་བཞི༵ན། དེ༷་ནི༷་བརྗོ༷ད་ཀྱང༷་དོ༷ན་མེ༷ད་ དོ༵། །ཁོ་ན་རེ། ག༷ལ་ཏེ༷་ཤེས་པ་ར༷ང་རི༷ག་དོན་ལ་ཡོ༷ད་པ་མི༷ན་ན༵(ཤེས་པ་ཆོས་ཅན)། བདག་རྒྱུད་ ལ་རྣམ༷་ཤེ༷ས་སྐྱེས་པ་སྔ་ཕྱི་དྲན༷་པ༷ར་ཇི༷་ལྟར༷་འགྱུ༵ར་ཏེ(མི་འགྱུར་བར་ཐལ)། མི་དྲན་པར་ཐལ་བ་ ལས་དྲན་པ་མྱོང་བྱེད་གྲུབ་པའི་ཕྱིར་རང་རིག་པ་གྲུབ་བོ་ཞེ་ན། ཁྱབ་པ་མེད་དེ་རང་མ་མྱོང་ ཡང་གཞ༷ན་གཟུགས་སོགས་ཕྱི་རོལ་གྱི་དོན་མྱོ༷ང་བ༷་ཡུལ་ད༷ང་འབྲེ༷ལ་བ༷་ལ༵ས། དུས་ཕྱིས་ དེའི་རྣམ་པ་ཤེས་པ་ཕྱི་མས་དྲན༷་པར་འགྱུ༷ར་བའི་ཕྱིར་ཏེ་དཔེར་ན་བྱི༷་བ༷འམ་ཁྱི་སྨྱོན་པའི༷་ དུ༷ག་ལུས་ལ་འཕོས་ནས་དུས་གཞན་དུ་འབྲུག་ལ་སོགས་པའི་རྐྱེན་གྱིས་དྲན་པ་(དུག་ལངས་པ་) བཞི༷ན་ནོ༵། ། ཁོ་ན་རེ། ཏིང་ངེ་འཛིན་དང་ལྟས་ཀྱི་རིག་པ་ལ་སོགས་པ་རྐྱེ༷ན་གཞ༷ན་ད༷ག་ད༷ང་ལྡན༷་ པ༷ས་ནི༵། རིང་བ་གཞན་གྱི་ཤེས་པའང་མཐོ༷ང་བའི་ཕྱི༷ར་ཉེ་བ་ར༷ང་ཉི༷ད་ཀྱི་ཤེས་པ་ར༷བ་ཏུ་ གས༷ལ་བར་ཅིའི་ཕྱིར་མི་མཐོང་ཞེ་ན༵། ཁྱབ་པ་མེད་དེ་དེ་ལྟ་ན་གྲུ༷བ་པ༷འི་མི༷ག་སྨ༷ན་སྦྱོ༷ར་བ༷་ ལ༵ས། རིང་བ་ས་འོག་གི་གཏེར་བུ༷མ་ལ་སོགས་མཐོ༷ང་བའི་ཕྱིར་ཉེ་བ་མིག་ལ་བྱུག་པའི་མི༷ག་ སྨ༷ན་ཉི༷ད་ཀྱང་མཐོང་བར་འགྱུ༷ར་བ་ལས་དེ་ལྟ་མི༵ན་པ་བཞིན་ནོ། ། དེ་ལྟར་རང་རིག་མེད་ན་མྱོང་བ་མི་འཐད་པའི་ཕྱིར་ཇི༷་ལྟར༷་ན་མིག་ཤེས་ལ་སོགས་ 1-1-279 པས་མངོན་སུམ་དུ་མཐོ༷ང་བ་དང༌། གང་ཟག་གམ་ལུང་ལས་ཐོ༷ས་པ་དང༌། ཚུལ་གསུམ་ པའི་རྟགས་ལས་ཤེ༷ས་པ༷འི་རྗེས་དཔག་ལ་སོགས་པ་ཡོད་དེ་ཐ་སྙད་ཐམས་ཅད་མེད་པར་ འགྱུར་རོ་ཞེ་ན་དེ་ད༵ག །འདི༷ར་ནི༷་དག༷ག་པ༷ར་བྱ་༷བ་མི༷ན་ཏེ༵། འཇིག་རྟེན་ལ་གྲགས་པའི་ཐ་ སྙད་ཇི་ལྟར་སྣང་བ་ཀུན་རྫོབ་ཏུ་འཇོག་པའི་ཕྱིར་རོ། །འོ་ན་འདི༷ར་ནི༷་གང་འགོག་ཅེ་ན་སྡུ༷ག་ བསྔ༷ལ་རྒྱུ༷ར་གྱུ༷ར་པ༵། རང་རིག་དོན་དམ་དུ་བདེ༷ན་པ༷ར་རྟོ༷ག་པ༷་སོགས་བདག་ལྟ་ལས་བྱུང་ བའི་བདེན་ཞེན་བཟློ༷ག་བྱ་༷ཡི༵ན་ཏེ། དེ་ཁོ་ན་ཉིད་ལ་འཇུག་པ་ལས། བདེན་པར་འཛིན་པའི་ དབང་གིས་སྐྱོན། །འདོད་ཆགས་ཞེ་སྡང་ལ་སོགས་པ། །དགྲ་རྣམས་རབ་བྱུང་དེ་བཟློག་ན། །དེ་རྣམས་འབྱུང་བར་ག་ལ་འགྱུར། །ཞེས་གསུངས་པ་བཞིན་ནོ། ། སླར་ཡང་སེམས་ཙམ་རྣམ་བརྫུན་པ་དག་ན་རེ། སེ༷མས་ལ༷ས་སྒྱུ༷་མ༷་གཞ༷ན་མི༷ན་པས་ཕྱི་ རོལ་དོན་གྱི་དངོས་པོ་ཡང་མ་ཡིན་ཞི༵ང༌། གཞ༷ན་མི༷ན་པ༷་ཤེས་པའི་ངོ་བོར༷་ཡ༷ང་མི༷་བརྟག༷ས་ པས་ནང་སེམས་ཀྱང་མ་ཡིན་པའི་ཕྱིར་སྔར་གྱི་སྐྱོན་དེ་དག་གང་ཡང་མེད་དོ་ཞེ་ན༵། ཅི་སྒྱུ་མ་ དངོ༷ས་པོ་ཡིན་ན༷་ཇི༷་ལྟར༷་ན་དེ༷་ནང་སེམས་ལས་གཞ༷ན་ཕྱི་རོལ་གྱི་དོན་མི༵ན་ཏེ། དངོས་པོ་ གང་ཞིག་རིག་པ་མ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །སེམས་ལས་གཞ༷ན་མི༷ན་ནོ་ཞེ༷་ན༷། འོ་ན་དེ་ཉིད་ཀྱི་ཕྱིར་ཕྱི་རོལ་དོན་གྱི་དངོ༷ས་པོ༷ར་མེ༵ད་ཅིང་ནང་ཤེས་པའི་ངོ་བོར་འགྱུར་ཏེ་དེ་ ལྟ་ན། གང་ཚེ་གང་ཞིག་གང་གིས་མཐོང༌། །ཞེས་བཀག་ཟིན་ཏོ། །འདིར་སློབ་དཔོན་ཤེས་ རབ་འབྱུང་གནས་ནི། སེམས་ལས་སྒྱུ་མ་གཞན་ཡིན་ན་འགྲོ་བ་སེམས་ཙམ་དུ་འདོད་པ་དང་ འགལ་ལོ། །གཞན་མ་ཡིན་ན། གང་ཚེ་ཁྱོད་ལ་སྒྱུ་མ་ཉིད། །མེད་ན། ཞེས་སོགས་སྔར་བསྟན་ པའི་སྐྱོན་ཡོད་དོ། །གཉི་ག་ཡིན་ན་མི་འཐད་དེ་གཅིག་ལ་ཕན་ཚུན་འགལ་བ་འདུ་མི་སྲིད་ པའི་ཕྱིར་རོ། །གཉི་ག་མ་ཡིན་ན་དམིགས་བྱ་དམིགས་བྱེད་ཀྱི་འབྲེལ་བ་མི་འཐད་དོ་ཞེས་མུ་ བཞི་བརྟགས་ནས་འགོག་གོ ། 1-1-280 སྐབས་དོན་ནི། ཇི༷་ལྟར༷་དཔེར་ན་སྒྱུ༷་མ༷འི་གླང་པོ་ལ་སོགས་པ་བདེ༷ན་པ་མི༷ན་ཡ༵ང༌། འཁྲུལ་བའི་སྣང་ངོར་བལྟ་༷བྱ་༷ཡིན་པ་དེ༷་བཞི༷ན་དུ་ལྟ་༷བྱེ༷ད་ཀྱི་ཡི༵ད། དོན་དུ་བདེན་པ་མིན་ ཡང་ཀུན་རྫོབ་ཙམ་དུ་ཡུལ་དམིགས་པ་མི་འགལ་བའི་ཕྱིར། གང་ཚེ་འཁྲུལ་བ་ཡོད་མིན་ན། །སྒྱུ་མ་གང་གིས་དམིགས་པར་འགྱུར། །ཞེས་པས་གནོད་པ་མེད་དོ། ། ག༷ལ་ཏེ༷་སླར་ཡང་སེམས་ཙམ་པ་དག་ན་རེ། བལྟ་བྱེད་ཀྱི་ཡིད་བདེན་པར་མེད་ན་འཁོར་ འདས་གཞི་མེད་དུ་ཐལ་བར་འགྱུར་དུ་འོང་བས་འཁྲུལ་སྣང་འཁོ༷ར་བ༷་འདི་སེམས་བདེན་ དངོ༷ས་ལ་རྟེ༷ན་པ་ཅ༵ན་དུ་འདོད་དོ་ཞེ་ན། འོ་ན་འཁོར་བ་དེ༷་ནི༷་སེམས་ལས་གཞ༷ན་དུ༷་དངོས་ མེད་ནམ་མཁ༷འ་དང་འདྲ་༷བར༷་འགྱུ༵ར་ཏེ་ཕྱི་རོལ་གྱི་དོན་མེད་པར་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་ན་འཁོར་བ་དངོ༷ས་མེ༷ད་དེ་སེམས་དངོ༷ས་པོ་ལ༷་བརྟེ༷ན་པ༷ས་ནི༵། སྡུག་བསྔལ་བསྐྱེད་ པའི་དོན་བྱེ༷ད་ད༷ང་ལྡན༷་པ༷ར་ཇི༷་ལྟར༷་འགྱུ༵ར་ཏེ་དངོས་མེད་ཀྱིས་གང་ལ་རྟེན་ཀྱང་འབྲས་བུ་ འབྱིན་མི་སྲིད་པའི་ཕྱིར་རོ། །དེས་ན་སེམས་ཙམ་པ་ཁྱོ༷ད་ཀྱི༷་ལུགས་ལ་སེ༷མས་ནི༷་བརྟེན་པ་ ཡུལ་གྱི་གྲོ༷གས་མེ༷ད་པ༵ར། ཡུལ་ཅན་ཤེས་པ་གཅི༷ག་པུ༷་ཉི༷ད་དུ༷་འགྱུ༷ར་བ༷་ཡི༵ན་ནོ། །ག༷ང་ ཚེ༷་སེ༷མས་ནི༷་གཟུ༷ང་(འཛིན་གྱི་འཁྲུལ་བ་དང་)བྲ༷ལ་བ༵(འི་གཉིས་མེད་ཀྱི་ཡེ་ཤེས་གཅིག་པུ་ཡིན་ན)། །དེ༷འི་ཚེ༷་ འཛིན་པ་ཡང་མེད་པས་སེམས་ཅན་ཐ༷མས་ཅ༷ད་དེ༷་བཞི༷ན་གཤེ༵གས་པ་ཤ་སྟག་ཏུ་གྱུར་ལ། དེ༷་ལྟ་༷ན༷་ཡ༷ང་སྣང་བ་སེ༷མས་ཙ༷མ་དུ༵། བརྟག༷ས་ཏེ་ཞེན་པ་ལ༷འང་ཡོ༷ན་ཏ༷ན་ཅི༷་ཞི༷ག་ཡོ༵ད་དེ་ འབྲས་བུ་གྲུབ་ཟིན་པའི་ཕྱིར་རོ། ། འོ་ན་དབུ་མ་པས་འགྲོ་བ་སྒྱུ༷་མ༷་ལྟ་༷བུ༷ར་བདེན་མེད་ཤེ༷ས་(པ་དེ་ཆོས་ཅན། དེའང་ཡོན་ཏན་ཅི་ཞིག་ ཡོད་དེ་ལམ་མ་ཡིན་པར་ཐལ་)ན༷་ཡ༵ང༌། (དེས་)ཇི༷་ལྟར༷་ཉོ༷ན་མོ༷ངས་ལྡོ༷ག་འགྱུ༷ར་ཏེ༵(མི་འགྱུར་བའི་ཕྱིར་རོ)། །(རྟགས་གྲུབ་སྟེ་)ག༷ང་(གི་)ཚེ༷་སྒྱུ༷་མ༷(མཁན་གྱིས་སྤྲུལ་པ)འི་བུ༷ད་མེ༷ད་ཡིད་འོང་ལ༵། (སྒྱུ་མར་མ་ཤེས་ པའི་ལྟད་མོ་པ་ཚོགས་པར་མ་ཟད་སྒྱུ་མ་)དེ༷་སྤྲུལ་བར་བྱེ༷ད་པ་པོ་ཉི༷ད་ཀྱིས་སྒྱུ་མར་ཤེས་ཀྱང༷་ 1-1-281 འདོད་ཆ༷གས་སྐྱེ༷་འགྱུ༵ར་མཐོང་བའི་ཕྱིར། ཡོན་ཏན་མེད་པར་མཚུངས་སོ་ཞེ་ན། བདེན་ཏེ་ སྒྱུ་མའི་བུད་མེད་དེ༷་བྱེ༷ད་པ༷་པོ་ནི༷་(ཤེས་བྱ་ལ་དངོས་པོར་ཆགས་པའི་)ཤེ༷ས་བྱ༷འི་སྒྲིབ་པ་ད༵ང༌། ཉོ༷ན་ མོ༷ངས་སྒྲིབ་པའི་བ༷ག་ཆ༷གས་(ཏེ་ས་བོན་འཁོར་བ་ཐོག་མེད་ནས་བཞགས་པ་དེ་)མ༷་སྤང༷ས་པ༵(ཡི་རྒྱུ་མཚན)། །དེ༷ས་ན༷་སྒྱུ་མའི་བུད་མེད་དེ༷་མཐོ༷ང་བ༷་ན༷་སྒྱུ་མ་མཁན་དེ༵། དངོས་པོ་བདེན་མེད་སྟོ༷ང་ཉི༷ད་ དུ་བསྒོམ་པའི་བ༷ག་ཆ༷གས་ཉམ༷་སྟོབས་ཆུ༷ང་བ་ཉི༵ད་ཀྱིས་ཆགས་པ་སྐྱེའོ། །དེས་ན་སྣང་བ་ བདེན་མེད་སྟོ༷ང་ཉི༷ད་དུ་བསྒོམས་པའི་བ༷ག་ཆ༷གས་གོ༷མས་པ༷ས་ནི༵། ཐོག་མར་དངོ༷ས་པོ༷འི་ བ༷ག་ཆ༷གས་བདེན་ཞེན་སྤོ༷ང་འགྱུ༷ར་ཞི༵ང༌། དངོས་པོ་དངོས་མེད་ཅི༷་ཡ༷ང་བདེན་པར་མེ༷ད་ ཅེ༷ས་གོ༷མས་པ༷ས་ནི༵། སྟོང་ཉིད་དུ་འཛིན་པ་དེ༷་ཡ༷ང་ཕྱི༷་ན༷ས་སྤོ༷ང་བ༷འི་ཕྱིར་ཉོན་མོངས་སྐྱེ་ བའི་གཞི་འགག་པར༷་འགྱུ༵ར་ཏེ། ཇི་སྐད་དུ། རྣམ་རྟོག་ཐམས་ཅད་སྤང་བའི་ཕྱིར། །སྟོང་ ཉིད་བདུད་རྩི་བསྟན་པ་ཡིན། །གང་ཞིག་དེ་རུ་འཛིན་པ་ཡང༌། །འདིར་ནི་ཁྱོད་ཀྱིས་སྤངས་པ་ ལགས། །ཞེས་འགྲེལ་པར་དྲངས་པ་བཞིན་ནོ། ། དེ་ལྟར་གོམས་པ་ག༷ང་གི་ཚེ༷་བདེན་དངོས་ག༷ང་ཞི༷ག་མེ༷ད་དོ༷་ཞེ༵ས། བརྟག༷་བྱ༷འི་དངོ༷ས་ པོ༷་འཁྲུལ་སྣང་མི༷་དམི༷གས་པ༵། དེ༷འི་ཚེ༷་འཁྲུལ་དངོ༷ས་ཀྱང་མེ༷ད་པས་ཤེས་པ་རྟེ༷ན་དང་བྲ༷ལ་ བ༵་ན། བློ༷་ཡི༷་མདུ༷ན་དུ༷་ཡོད་མེད་ཇི༷་ལྟར༷་གན༵ས་ཏེ་ཞེན་ཡུལ་འགག་གོ །ག༷ང་ཚེ༷་(དོན་དམ་པར་) དངོ༷ས་(པོར་ཡོད་པ་)ད༷ང་དངོ༷ས་(པོར་)མེ༷ད་(པ་)ད༵ག །བློ༷་ཡི༷་(སྟེ་སེམས་ཀྱི་)མདུ༷ན་ན༷་ཞེན་ཡུལ་དུ་ མི༷་གན༷ས་པ༵། དེ༷་ཚེ༷་ཡུལ་གྱི་རྣམ༷་པ༷་གཞ༷ན་འཛིན་པའི་ངོ་བོར་སྐྱེ་བ་ཡང་མེ༷ད་པ༵ས། གཟུང་ བ་དམི༷གས་པ༷་མེ༷ད་པ༷ར་གྱུར་པ་ན་འཛིན་པ་རྣམ་རྟོག་གི་ཚོགས་མཐའ་དག་ར༷བ་ཏུ༷་ཞི༵། ཞེས་པ་འདིས་སྤངས་པ་ཕུན་ཚོགས་བསྟན་པ་ཡིན་གྱི་གཞན་དག་འདོད་པ་བཞིན་དུ་ཆད་ པའི་མྱང་འདས་མར་མེ་ཤི་བ་ལྟ་བུ་བསྟན་པ་ནི་མ་ཡིན་ཏེ། མངོན་པར་རྟོགས་པའི་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། 1-1-282 །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་བཤད་པའི་རྟོགས་པ་ཕུན་ཚོགས་ཀྱང་ཐོབ་པའི་ ཕྱིར་རོ། ། དེ་ལྟར་རྣམ་རྟོག་རབ་ཏུ་ཞི་བ་ན་ཀུན་སློང་མེད་པའི་ཕྱིར་གདུལ་བྱའི་རེ་འདོད་སྐོང་བ་ འགལ་ལོ་ཞེ་ན། མི་འགལ་ཏེ་དཔེར་ན་(ཅི་བསམས་ཀྱི་འབྲས་བུ་སྟེར་བའི་)ཡི༷ད་བཞི༷ན་ནོ༷ར་བུ༷་(དང་ བསམས་པའི་དོན་འབྱུང་བའི་)དཔ༷ག་བས༷མ་ཤི༵ང༌། རྣམ་རྟོག་མེད་ཀྱང་འགྲོ་བའི་ཇི༷་ལྟར༷་རེ༷་བ༷་ ཡོ༷ངས་སུ་སྐོ༷ང་བ༵། དེ༷་བཞི༷ན་དུ་སྔོན་བྱང་ཆུབ་སྤྱོད་པའི་དུས་སུ་རྟོག་པ་མེད་ཀྱང་གདུ༷ལ་ བྱ༷འི་དོན་སྒྲུབ་པར་སྨོ༷ན་ལ༷མ་བཏབ་པ་ཉིད་ཀྱི༷། དབ༷ང་གི༷ས་(བདུད་བཞི་ལས་)རྒྱ༷ལ་བ༷འི་ སྐུ༷་(མཚན་དཔེས་སྤྲས་པ་དེས་རྟོག་པ་མེད་བཞིན་དུ་)མངོན་སུམ་དུ་སྣ༷ང་བ་ལ་སོགས་ཇི་ལྟར་འོས་པའི་ འཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་ངོ༵༌། །སངས་རྒྱས་ཕལ་པོ་ཆེའི་མདོ་ལས། ཡིད་བཞིན་ནོར་ བུའི་རྒྱལ་པོ་ནི། །ཇི་ལྟར་ཡོད་བསམ་རྫོགས་བྱེད་པ། །དེ་བཞིན་སངས་རྒྱས་ཆོས་ཉིད་ཀྱང༌། །རྟག་ཏུ་སྨོན་ལམ་རྫོགས་པར་སྒྲུབ། །ཅེས་གསུང་བའོ། ། སྨོན་ལམ་འདེབས་མཁན་འདས་པའི་ཕྱིར་འདི་རིགས་སོ་སྙམ་ན་མ་ཡིན་ཏེ། དཔེ༷ར་ན༷་ སྔོན་བྲམ་ཟེ་ཤང་ཀུ་ཞེས་བྱ་བས་ན༷མ་མཁ༷འ་ལྡི༷ང་གི༷་ནི༵། མཆོ༷ད་སྡོ༷ང་བསྒྲུ༷བས་ན༷ས་སྨོན་ ལམ་བཏབ་ཅིང་རིག་སྔགས་གྲུབ་པ་འད༷ས་གྱུ༷ར་ཏེ༵། མཆོད་སྡོང་དེ༷་ཡང་འད༷ས་ནས་ཡུ༷ན་ རི༷ང་ལོ༷ན་ཡ༷ང་རིག་སྔགས་དེ༵། དུ༷ག་དང་གདོན་ལ༷་སོ༷གས་པ༷་ཞི༷་བྱེ༷ད་བཞི༵ན། སྔོན་བྱང༷་ ཆུ༷བ་སྤྱོ༷ད་ད༷ང་རྗེ༷ས་མཐུ༷ན་སྨོན་ལམ་རྫོགས་པ༵ས། རྒྱ༷ལ་བ༷འི་མཆོ༷ད་སྡོ༷ང་(འཁོར་བ་ཇི་སྲིད་པར་ གདུལ་བྱ་གང་ལ་གང་འོས་ཀྱི་དོན་མཛད་པ་)བསྒྲུ༷བས་པ༷་ཡ༵ང༌། །བྱང༷་ཆུ༷བ་(ནི་སངས་རྒྱས་ཀྱི་ཆོས་སྐུ་ཡིན་ལ་དེ་ ལ་སེམས་པས་བྱང་ཆུབ་)སེ༷མས་དཔ༷འ་(མི་གནས་པའི་)མྱ་༷ང༷ན་ལ༵ས། །འད༷ས་ཀྱང༷་(རྒྱལ་བས་གདུལ་བྱའི་ བསམས་པའི་)དོ༷ན་རྣམ༷ས་ཐ༷མས་ཅ༷ད་མཛ༵ད་པའི་རྣམ་འཕྲུལ་འབྱུང་སྟེ། དཀོན་མཆོག་སྒྲོན་མ་ ལས། གང་གི་གཟུགས་གང་གནས་གང་ཆ་བྱད་གང༌། །དེ་དང་དེ་དག་དེ་ལྟར་ཆུ་ལས་མཐོང༌། 1-1-283 །འོན་ཀྱང་ཆུ་ལ་བྱམས་སྡང་རྣམ་རྟོག་མེད། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །ཞེས་ གསུངས་སོ། ། འོ་ན་སེ༷མས་ཡིད་རྣམ་ཤེས་འགགས་ནས་རྣམ་རྟོག་མེ༷ད་པ༷་ལ༷་མཆོ༷ད་བྱས༷་པ༷ས། ཇི༷་ ལྟར༷་(བསོད་ནམས་ཀྱི་)འབྲ༷ས་བུ༷་(དང་)ལྡན༷་པ༷ར་འགྱུ༵ར། ཞེ་ན། (སྟོན་པ་ལ་མཆོད་པས་བསོད་ནམས་འབྱུང་ སྟེ་) ག༷ང་ཕྱི༷ར་(སངས་རྒྱས་མྱ་ངན་ལས་མ་འདས་པར་)བཞུ༷གས་པ༷འ༷མ་(ཕུང་པོ་ལྷག་མེད་དུ་)མྱ་༷ང༷ན་(ལས་) འད༵ས (པ་ལ)། །(མཆོད་པའི་འབྲས་བུ་བསོད་ནམས་)མཚུ༷ངས་པ༷་ཉི༷ད་དུ༷་བཤ༷ད་ཕྱི༷ར་རོ༵། །ཇི་སྐད་ དུ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གང་ཡང་བཞུགས་ལ་མཆོད་པ་དང༌། །གང་ཡང་མྱ་ ངན་འདས་པ་ཡི། །རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་པ། །སེམས་ཀྱང་མཚུངས་ལ་འབྲས་ བུའང་མཚུངས། །ཞེས་སོ། །མཚུངས་པའི་སྒྲས་(སངས་རྒྱས་མཆོད་པའི་འབྲས་བུ་ངེད་ལྟར་ན་)ཀུ༷ན་ རྫོ༷བ་བ༷མ་(ཁྱེད་ལྟར་ན་)ནི༷་དེ༷་(ཁོ་ན་)ཉི༷ད་དུ༷་ཡིན་ཞེ་ན་གང་ཡིན་པའ༵ང༌། རུང༷་སྟེ༷་དེ༷་འབྲ༷ས་ལུ༷ང་ ལ༷ས་ཡི༵ན་པ་ལ་འུ་ཅག་ཅི་ཞིག་རྩོད། དཔེ༷ར་ན༷་རང་རང་ལུགས་ཀྱིས་དོན་དམ་དུ་བདེ༷ན་ པ༷འི་སང༷ས་རྒྱ༷ས་ལ༵། ཇི༷་ལྟར༷་མཆོད་ཚུལ་འབྲ༷ས་བུ༷་དང་བཅ༷ས་པ༷་བཅོམ་ལྡན་འདས་ཀྱི་ ལུང་བཞི༵ན་ཁོང་དུ་ཆུད་པར་བྱ་སྟེ། མེ་ཏོག་བརྩེགས་པའི་གཟུངས་ལས། སེང་གེ་རྣམ་པར་ བརྩེ་བ། འགའ་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་དེའི་ཕྱིར་དེ་ལ་མཆོད་པའི་རྣམ་ པར་སྨིན་པ་དེ་ཡང་དཔག་ཏུ་མེད་པར་ཤེས་པར་བྱའོ། །ཞེས་གསུངས་པ་ལྟ་བུའོ། ། སྟོང་ཉིད་བག་ཆགས་གོམས་པས་ནི། །ཞེས་སོགས་གང་གསུངས་པ་དེ་ཡང་མ་བཟོད་ པར། བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ཉན་ཐོས་སྡེ་པ་དག་ན་རེ། འཕགས་པའི་བདེན་པ་བཞི་ པོ་སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་གྱི་མཚན་ཉིད་ཅན་རྣམས་མངོན་ དུ་བྱ་བའི་ཕྱིར། དང་པོར་དབུགས་འབྱུང་རྔུབ་དང་དྲན་པ་ཉེར་བཞག་ལ་སོགས་པ་བསྒོམས་ 1-1-284 པས་ཚོགས་ལམ་དང་སྦྱོར་ལམ་རྫོགས་ཏེ་རིམ་གྱིས་བདེ༷ན་པ༷་བཞི་མི་རྟག་སོགས་རྣམ་པ་ བཅུ་དྲུག་གི་བདག་ཉིད་མངོན་སུམ་དུ་མཐོ༷ང་བ༷འི་ལམ་ཐོབ་ནས། དེའི་རྗེས་ལ་སྒོམ་ལམ་ གྱིས་ཁམས་གསུམ་གྱི་ཉོན་མོངས་ཟད་པར་བྱས་པས་གྲོ༷ལ་(ནས་མྱ་ངན་ལས་འདས་པ་ཐོབ་པར་) འགྱུ༷ར་གྱི༵། (ཆོས་ཐམས་ཅད་)སྟོ༷ང་(པ་)ཉི༷ད་མཐོ༷ང་བ༷ས་ཅི༷་ཞི༷ག་བྱ༵(སྟེ་ཐར་བའི་ཐབས་གཞན་ཡོད་པའི་ ཕྱིར)། །ཞེས་ཟེར་རོ། །འདིའི་དགོངས་པ་ཁྱད་པར་ཅན་གྱི་ལན་ནི། ག༷ང་ཕྱི༷ར་(བྱང་ཆུབ་ཐོབ་ པའི་ཐབས་གཞན་མེད་པ་དེས་ཕྱིར་ཐེག་ཆེན་གྱི་)ལུ༷ང་ལ༷ས་ལ༷མ་འདི༷་ནི༵། །མེ༷ད་པ༷ར་(བྱང་ཆུབ་མེད་ཅེས་) བྱང༷་ཆུ༷བ་མེ༷ད་པ༷ར་གསུ༵ངས། །ཞེས་པས་བཏབ་པ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་ ལ་འཇུག་པའི་མདོ་ལས། འཇམ་དཔལ་སྟོང་པ་ཉིད་ཡིད་ལ་བྱེད་པས་བྱང་ཆུབ་གསུམ་པོ་ འཐོབ་པ་འདི་ནི་གནས་ཡོད་ཅིང་སྐབས་ཡོད་དོ། །འཇམ་དཔལ་དངོས་པོའི་འདུ་ཤེས་ཅན་ གྱིས་ནི་བྱང་ཆུབ་གསུམ་པོ་ཐོབ་པའི་གནས་མེད་ཅིང་སྐབས་མེད་དོ། །ཞེས་པ་དང༌། ཡུམ་ ལས་ཀྱང༌། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་གསུངས་སོ། །ཚིག་འདི་མ་བཟོད་པར་ཉན་ཐོས་པ་ དག་ན་རེ། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་ པ་གསོད་དང་ཀཽ་ཤམ་བྷི། །འབྲོག་གནས་མཆོད་རྟེན་རི་དང་ནི། །འོད་མའི་ཚལ་དང་དགྲར་ བཅས་དང༌། །སེར་སྐྱ་ཡི་ནི་གྲོང་ཁྱེར་ཏེ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ ལོ་རེ་བཞུགས། །འབར་བའི་ཕུག་གི་གནས་སུ་གཉིས། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །རྒྱལ་ པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་གསུམ་གཉན་ཡོད་དུ། །ཉི་ ཤུ་རྩ་དགུ་ཁབ་གནས་སུ། །དེ་ལྟར་རྒྱལ་བ་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཐམས་ཅད་མཁྱེན་པས་བཞུགས་པ་ཡི། །བསོད་ནམས་གནས་ནི་དེ་དག་ལ། །རྟག་ཏུ་ལུས་ དང་ངག་དང་ཡིད། །གུས་པས་བཏུད་དེ་ཕྱག་འཚལ་ལོ། །ཞེས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ 1-1-285 ལས་གསུངས་པའི་གནས་དེ་དག་གང་དུ་བཞུགས་པ་ན་ཡང་སྟོན་པའི་ཉན་ཐོས་འོད་སྲུང་ ཆེན་པོ་ལ་སོགས་པས་མ་ཐོས་པའི་ཕྱིར། ག༷ལ་ཏེ༷་ལུང་དེ་ལྟར་བཤད་ཀྱང་ཐེ༷ག་ཆེ༷ན་སྟོང་ ཉིད་སྟོན་པ་ནི་(ཀླུ་སྒྲུབ་ལ་སོགས་པས་རང་བཟོ་བྱས་པ་ཟད་ཀྱི་)སངས་རྒྱས་ཀྱི་བཀའ་ཡིན་པར་མ༷་གྲུ༷བ་ བོ་ཞེ་ན༵། (ཐེག་ཆེན་བཀར་མ་གྲུབ་ན་)ཁྱོ༷ད་ཀྱི༷་ལུ༷ང་ཡང་དག་པར་ལྡན་པ་དེ་གཅིག་ལས་འཕྲོས་པ་ ལ་སོགས་ནི༷་ཇི༷་ལྟར༷་ན་བཀའ་ཡིན་པར་གྲུ༵བ(སྟེ་སྒྲུབ་བྱེད་ཚད་མ་མེད་དོ)། །ཅེས་དྲིས་པས་ཁོ་ན་རེ། ག༷ང་ཕྱི༷ར་(བདག་གི་ལུང་འདི་)ཁྱོད་དང་ཁོ་བོ་ཅག་གཉི༷་ག༷་ལ༷་འདི༷་བཀའ་ཡིན་པར་མཐུན་སྣང་དུ་ གྲུ༵བ་པས་སོ་ཞེ་ན། འོ་ན་ད༷ང་པོ༷་འདི་ཁས་མི་ལེན་པའི་སྔ་རོལ་ཏུ་ཁྱོ༷ད་ལ༷་ཉན་ཐོས་ཀྱི་ལུང་ འདི༷་བཀའ་ཡིན་པ་མ༷་གྲུ༵བ་པར་འགྱུར་ཏེ། དེའི་ཚེ་གཉི་ག་ལ་མཐུན་སྣང་དུ་མ་གྲུབ་པའི་ ཕྱིར་རོ། །ཁོ་ན་རེ་བདེན་མོད། ངག་གང་ཞིག་མདོ་སྡེ་ལ་འཇུག །འདུལ་བ་སྣང༌། མངོན་ པའི་ཆོས་ཉིད་དང་མི་འགལ་བ་སྟེ་མཚན་ཉིད་གསུམ་ལྡན་བརྒྱུད་པ་བར་མ་ཆད་ལ་སོགས་ པའི་རྐྱེ༷ན་ག༷ང་གི༷ས་ནི༷་ངེད་ཀྱི་ལུང་དེ༷་བཀའ་ཡིན་པར༷་ཡི༷ད་ཆེ༵ས་སོ་ཞེ་ན། དེ༷་ནི༷་བཀའ་ ཐམས་ཅད་ཀྱི་མཚན་ཉིད་ཐུན་མོང་ཡིན་པས་ཐེ༷ག་ཆེ༷ན་ལ༷་ཡ༷ང་མཚུ༵ངས་པའི་ཕྱིར་ཁྱད་པར་ སྒྲུབ་བྱེད་དུ་མི་རུང་ངོ༌། ། འོ་ན་ཁོ་བོ་ཅག་ལས་གཞ༷ན་སུ་ཡང་རུང་བ་གཉི༷ས་བླང་བྱར་འདོ༷ད་པ༷ས་ངེད་ཀྱི་ལུང་ བདེ༷ན་ནོ་ཞེ་ན༷་འོ་ན་ནི༵། མུ་སྟེགས་ཚངས་པའི་རི༷ག་བྱེ༷ད་ཀྱི་ངག་དང་སོ༷གས་ཀྱི་སྒྲས་སྐྲ་ཅན་ པ་དང་སེར་སྐྱ་བའི་གཞུང་རྣམས་ཀྱང༷་བདེ༷ན་པ༷་ཉིད་དུ་ཧ་ཅང་ཐལ་བར༷་འགྱུ༵ར་བའི་ཕྱིར་མི་ རིགས་སོ། །ཡང་ཁོ་ན་རེ། ཐེ༷ག་ཆེ༷ན་ནི་(ཁ་ཅིག་བཀའ་སྨྲ་ཁ་ཅིག་མི་སྨྲ་བའི་)རྩོ༷ད་པ་དང་བཅ༷ས་པའི་ ཕྱི༷ར་འདོར་རོ་ཞེ༷་ན༵། འོ་ན་ནང་བའི་ལུ༷ང་ལ༷་མུ༷་སྟེ༷གས་པ༷་རྣམ༷ས་ད༵ང༌། དེར་མ་ཟད་ལུ༷ང་ གཞ༷ན་ལ༷་ཡ༷ང་ར༷ང་གཞ༷ན་གྱི་སྡེ་པ་ཕན་ཚུན་སོ་སོ་ད༵ག །རྩོ༷ད་བཅ༷ས་ཡི༷ན་ཕྱི༷ར་དོ༷ར་བྱ༷ར་ འགྱུ༵ར། །དེ་ལྟ་ན་ཁྱོད་ནི་སྡེ་སྣོད་གསུམ་ག་འདོར་བར་བྱེད་པའི་ཤེས་རབ་ཅན་ཆོས་ཀྱིས་ 1-1-286 ཕོངས་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་པས་ངན་སོང་དུ་འགྲོ་བར་འགྱུར་རོ། །ཞེས་ པ་ལས་གཞན་ཅི་ཡང་མི་བརྗོད་དོ། ། དེ་བཞིན་དུ། བདེན་པ་མཐོང་བས་གྲོལ་འགྱུར་གྱི། །སྟོང་ཉིད་མཐོང་བས་ཅི་ཞིག་བྱ། །ཞེས་པའི་ཚིག་གིས་ལུང་གི་དོན་ཡང་སུན་འབྱིན་པར་བྱེད་ན་ཤིན་ཏུ་མི་ལེགས་ཏེ། འདི་ལྟར་ ཐུན་མོང་དུ། མིང་གི་དགེ་སློང་དང༌། ཁས་མཆེ་བའི་དགེ་སློང་དང༌། སློང་བའི་ངང་ཚུལ་ཅན་ གྱི་དགེ་སློང་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་དང༌། ཉོན་མོངས་པ་བཅོམ་པའི་དགེ་སློང་སྟེ་ལྔ་གསུངས་པ་ལས། བཞི་པ་དང་ལྔ་པ་གཉིས་ནི་ མཆོག་ཡིན་ཞིང༌། ཁྱད་པར་དུའང་སངས་རྒྱས་ཀྱི་བསྟན༷་པ་དཔག་བསམ་ཤིང་གི་རྩ༷་བ་དང་ འདྲ་བར་ཉོན་མོངས་པ་བཅོམ་པའི་དགེ༷་སློ༷ང་ཉི༷ད་ཡི༷ན་ལ༵། དེ་ལས་བྱང་ཆུབ་ཕྱོགས་མཐུན་ གྱི་ཡལ་ག་དང་མེ་ཏོག་དང་འབྲས་བུ་དུ་མ་འབྱུང་བ་ཡིན་མོད། འོན་ཀྱང་དེ་ལྟ་བུའི་དགེ༷་སློ༷ང་ ཉི༷ད་དང་ཀྱང༷་གི་སྒྲས་ཐར་པའི་རྩ་ལག་གཞན་ཡང་སྟོང་ཉིད་ཟབ་མོ་མ་བསྒོམས་ན་དཀ༷འ་ བ༷ར་གན༵ས། དེ་བཞིན་དུ་སེ༷མས་ནི༷་བདེན་བཞི་ལ་དམི༷གས་པ་བདེན་ཞེན་ད༷ང་བཅ༷ས་པ་ རྣམ༷ས་ཀྱི༷། (ཁྱེད་ཉན་ཐོས་པའི་)ལུགས་ལ་(ཆོས་ཅན་ཕུང་པོ་ལྷག་མེད་ཀྱི་)མྱ་༷ང༷ན་འད༷ས་པ༷འ༷ང་དཀ༷འ་ བ༷ར་དོན་ལ་གན༵ས་ཏེ(མི་འབྱུང་བར་ཐལ)། དངོས་འཛིན་གྱིས་འཁོར་བ་ལས་གྲོལ་མི་སྲིད་པའི་ ཕྱིར་རོ། ། གལ་ཏེ་འཕགས་པའི་བདེན་པ་མཐོང་བ་ན་ཉོ༷ན་མོ༷ངས་སྤང༷ས་པ༷ས་སྡུག་བསྔལ་ལས་ གྲོ༷ལ་ལོ་ཞེ་ན༷། འོ་ན་འཕགས་པ་ཉན་ཐོས་དེ༵འི། སྡུག་བསྔལ་ཀུན་བདེན་བཞི་མཐོང་བའི་ དེ༷་མ༷་ཐ༷ག་ཏུ༷་སྤངས་ཟིན་པ་དེ༷ར་འགྱུ༷ར་རོ༵། །འདོད་པར་མི་ནུས་ཏེ་ཉོ༷ན་མོ༷ངས་མེ༷ད་ཀྱང༷་ འཕགས་པ་ཉན་ཐོས་དེ༷་ད༷ག་ལ༵། སྔོན་གྱི་ལ༷ས་ཀྱི༷་ནུ༷ས་པ༷་སྨིན་པའི་སྡུག་བསྔལ་མཐོ༷ང་ བ༷་ཡི༵ན་ཏེ། འཕགས་པ་མཽད་གལ་གྱི་བུ་དང་རྒྱལ་པོ་ཨུ་ད་ཡ་ནས་ཡན་ལག་བཅད་པ་དང་ 1-1-287 འགུམ་པའི་སྡུག་བསྔལ་མྱོང་བར་གསུངས་པ་བཞིན་ནོ། ། དེ་ལྟ་ན་ཡང་རྣམ་འགྲེལ་ལས། ལོག་ཤེས་དང་ནི་དེས་བསྐྱེད་སྲེད། །བཅས་པའི་སེམས་ ཀྱི་དབང་གིས་ནི། །དམན་པའི་གནས་སུ་སྐྱེ་བ་ཡིན། །དེ་སྤངས་པ་ན་སྐྱེ་བ་མེད། །ཅེས་ གསུངས་པ་ལྟར། རེ༷་ཤི༷ག་ཡང་སྲིད་ཉེ༷་བར༷་ལེ༷ན་པའི་རྒྱུ་སྲེ༷ད་པ༷་ནི༵། མེ༷ད་ཅེ༷ས་ངེ༷ས་པ༷་ཉི༷ད་ ཀྱི་ཕྱིར་འབྲས་བུ་སྡུག་བསྔལ་རང་མཚན་པ་མེད་དོ་ཅེ༷་ན༵། སྲེ༷ད་པའམ་ཀུན་འབྱུང་འདི༷་ཀུན་ བརྟགས་ཉོ༷ན་མོ༷ངས་མངོན་གྱུར་ཅ༷ན་མི༷ན་ཡ༵ང༌། ཡང་དག་དོན་ལ་འཇུག་པ་ཡི། །སེམས་ ཀྱི་གེགས་སུ་རྟག་གྱུར་པ། །དུས་རྣམས་ཀུན་ཏུ་འབྱུང་བ་དེ། །མ་འདྲེས་པ་ཡི་མ་རིག་འདོད། །ཅེས་ཆོས་མངོན་པའི་མདོར་གསུངས་པའི་ཀུ༷ན་རྨོ༷ངས་བཞི༷ན་དུ༷་ལྷན་སྐྱེས་ཉོན་མོངས་བག་ ལ་ཉལ་གྱི་སྲེད་པ་ཅི༷་སྟེ༷་མེ༵ད། ཚོ༷ར་བ༷འི་རྐྱེ༷ན་གྱི༷ས་སྲེ༷ད་པ༷་འབྱུང་བ་ལུགས་ཡི༵ན་ལ། ཚོ༷ར་ བ༷་འཕགས་པ་ཉན་ཐོས་དེ༷་ད༷ག་ལ༷་ཡ༷ང་ཡོ༵ད་པའི་ཕྱིར་རོ། ། དེས་ན་བདེན་བཞི་ལ་དམིགས་ཤིང་ཉེ་བར་དམི༷གས་པ༷་ད༷ང་ནི༷་བཅ༷ས་པ༷འི་སེ༵མས། འག༷འ་ཞི༷ག་གིས་བསྒོམས་ཀྱང་བདེན་ཞེན་ལ༷་ནི༷་གན༷ས་པ༷ར་འགྱུ༵ར་གྱི། སྡུག་བསྔལ་གྱི་ རྒྱུ་ཀུན་འབྱུང་སྲེད་པ་ནི་མི་ལྡོག་གོ །སྟོ༷ང་ཉི༷ད་ད༷ང་ནི༷་བྲ༷ལ་བ༷འི་སེ༵མས། །དམིགས་བཅས་ བསྒོམས་པས་སྲེད་པ་མངོན་གྱུར་འག༷གས་པ༷་ལྟར་སྣང་ཡང་ས་བོན་མ་ཁེགས་པས་སླ༷ར་ ཡ༷ང་སྐྱེ༷་བའི་ཉོན་མོངས་པ་ཅན་དུ་འགྱུ༷ར་ཏེ༵། དཔེར་ན་འདུ༷་ཤེ༷ས་མེ༷ད་པ༷འི་སྙོ༷མས་འཇུ༷ག་ གི་དུས་སུ་བསམ་གཏན་ལ་བརྟེན་ནས་འཇུག་པའི་རྣམ་ཤེས་ཚོགས་དྲུག་ལན་ཅིག་བཀག་ ཀྱང་སད་པ་ན་སླར་ཡང་སྐྱེ་བ་བཞི༵ན་ནོ། །དཔལ་ཕྲེང་གིས་ཞུས་པར། བཅོམ་ལྡན་འདས་དེ་ ལྟ་ལགས་པས་དགྲ་བཅོམ་པ་དེ་དག་ཀྱང་སྐྱེ་བའི་ཆོས་ཀྱི་ལྷག་མ་དང་བཅས་པ་ལགས་སོ། །ཞེས་པ་དང༌། རྒྱུད་བླ་མ་ལས་ཀྱང༌། དེས་ན་སངས་རྒྱས་མ་ཐོབ་བར། །མྱ་ངན་འདས་པ་མི་ འཐོབ་སྟེ། །ཞེས་གསུངས་སོ། །དེ༷ས་ན༷་བསྟན་རྩ་དགེ་སློང་དང་མྱ་འདས་མཐར་ཐུག་ཐོབ་ 1-1-288 པར་འདོད་པས་སྟོ༷ང་ཉི༷ད་ཟབ་མོ་བསྒོ༷མ་པ༷ར་བྱའོ༵(སྟོང་ཉིད་བསྒོམས་ན་ཉོན་མོངས་པ་རྩ་བ་ནས་འཇོམས་ ཤིང་ཐེ་ཚོམ་ཙམ་སྐྱེས་པས་ཀྱང་སྲིད་པ་འཇིག་པར་བྱེད་དེ། བཞི་བརྒྱ་པར། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་ བར་ཡང་མི་འགྱུར། །ཐེ་ཚོམ་ཟ་བ་ཙམ་ཞིག་གིས། །སྲིད་པ་བསྲུལ་པོར་བྱེད་པར་འགྱུར། །ཞེས་སོ)། ། ང༷ག་ག༷ང་མདོ༷་སྡེ༷་ལ༷་འཇུ༷ག་དེ༵། །ག༷ལ་ཏེ༷་སང༷ས་རྒྱ༷ས་གསུ༷ང་འདོ༷ད་ན༵། །ཐེ༷ག་ཆེ༷ན་ ཕ༷ལ་ཆེ༷ར་ཁྱེ༷ད་ཅ༷ག་གི༵ ། མདོ༷་ད༷ང་མཚུ༷ངས་འདོ༷ད་མི༷ན་ན༷མ་ཅི༵། །ག༷ལ་ཏེ༷་མ༷་རྟོ༷གས་ གཅི༷ག་གི༷ས་ནི༵། །ཐ༷མས་ཅ༷ད་སྐྱོ༷ན་ད༷ང་བཅ༷ས་འགྱུ༷ར་ན༵། །མདོ༷་མཚུ༷ངས་གཅི༷ག་གི༷ས་ ཐ༷མས་ཅ༷ད་ནི༵། །རྒྱ༷ལ་བ༷འི་གསུ༷ངས་པ༷་ཅི༷ས་མ༷་ཡི༵ན། །ང༷ག་ག༷ང་འོ༷ད་སྲུ༷ང་ཆེ༷ན་པོ༷་ལ༵། །སོ༷གས་པ༷ས་གཏི༷ང་དཔོ༷གས་མ༷་གྱུ༷ར་པ༵། །དེ༷་ནི༷་ཁྱེ༷ད་ཀྱི༷ས་མ༷་རྟོ༷གས་པ༵ས། །གཟུ༷ང་བྱ་ ༷མི༷ན་པ༷ར་སུ༷་ཞི༷ག་བྱེ༷ད། །ཅེས་པ་འདིའི་འགྲེལ་པར་པཎྜི་ཏ་ཆེན་པོ་ཤེས་རབ་འབྱུང་གནས་ བློ་གྲོས་ན་རེ། ངག་གང་མདོ་སྡེ་ལ་འཇུག་དེ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ གསུམ་ནི་འགའ་ཞིག་གིས་རང་བཟོར་བསྣན་པ་ལྟ་བུར་རྟོགས་པར་བྱ་སྟེ། སྐབས་སུ་བབ་ པ་མ་ཡིན་པའི་ཕྱིར་ལུང་ལ་ལོག་པར་རྟོག་པ་དཔྱད་པའི་སྐབས་སུ་ཡིན་ནོ། །བསྟན་རྩ་དགེ་ སློང་ཉིད་ཡིན་ན། །ཞེས་པ་ལ་སོགས་པ་ལུང་རྣམས་ལ་རྩོད་པ་ལས་སྐབས་གཞན་ཡིན་པའི་ ཕྱིར་སྔ་མ་ཉིད་དུ་བརྗོད་པར་རིགས་སོ། །འདིས་བརྗོད་མ་ཐག་པའི་རྩོད་པ་ཡང་བརྗོད་པ་ ནི་གཞུང་རྩོམ་པ་པོ་སྐབས་སུ་བབ་པ་ལ་མི་མཁས་པར་འགྱུར་ཏེ། རྐྱེན་གང་གིས་ནི་ཞེས་ པ་ལ་སོགས་པ་སྔར་བརྗོད་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བརྗོད་པའི་ཕྱིར་རོ། །འོད་ སྲུང་ཆེན་པོ་ཞེས་པ་ལ་སོགས་པའི་ཚིག་མ་འབྲེལ་བའི་ཕྱིར་གཞུང་རྩོམ་པ་པོས་སྦྱར་བ་མ་ ཡིན་ནོ་ཞེས་ངེས་སོ། །དེ་ལྟ་བས་ན་འདི་རང་བཟོར་བསྣན་པ་ཉིད་ཡིན་ནོ་ཞེས་གསུངས་ལ། དེ་བཞིན་དུ་བཻ་རོ་ཙ་ན་རཀྵི་ཏ་དང༌། བི་བྷཱུ་ཏི་ཙནྡྲའི་འགྲེལ་པར་ཡང་དགག་པ་མཛད་ཅིང༌། བོད་ཀྱི་དགེ་བའི་བཤེས་གཉེན་ལ་ལས་ཀྱང་གཞུང་མ་འབྲེལ་བ་དགོངས་ནས་འཁྲུགས་པ་ 1-1-289 བསྡེབས་ཀྱིན་བཤད་པ་མཛད་དེ། འོན་ཀྱང་རྒྱ་དཔེར་བྱུང་བ་དང་རྒྱ་འགྲེལ་ཁ་ཅིག་ཏུ་ཡང་ བཤད་པའི་ཕྱིར། འཆད་ན་གོ་སླ་ཞིང༌། བསྟན་རྩ་དགེ་སློང་ཉིད་ཡིན་ན། །ཞེས་པའི་གོང་དུ་ བླངས་ན་འབྲེལ་ཆེའོ། །རྒྱུ་ཀུན་འབྱུང་སྤོང་བ་ལ་རྨོ༷ངས་པ༷ས་འབྲས་བུ་སྡུ༷ག་བསྔ༷ལ་ཅ༷ན་ འཁོར་བའི་དོ༷ན་དུ༵། བདེན་དངོས་ལ་ཆ༷གས་པ་ད༷ང་སྟོང་ཉིད་ལ་འཇི༷གས་(པའི་རྒྱུ་སྐྲག་པའི་) མཐ༷འ་ལ༷ས་གྲོ༷ལ་པ༵ར། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་པའི་ ཚུལ་དུ་འཁོ༷ར་བ༷ར་གན༷ས་པ༷་གྲུ༷བ་གྱུ༷ར་པ༵། མི་གནས་པའི་མྱང་འདས་འདི༷་ནི༷་སྟོ༷ང་ཉི༷ད་ འབྲ༷ས་བུ༷་ཡི༵ན། ཞེས་པའམ། ཡང་ན། ཆགས་འཇིགས་མཐའ་ལས་མ་གྲོལ་བས། །འདི་ནི་ སྟོང་ཉིད་འབྲས་བུ་ཡི། །དོན་ལ་རྨོངས་པའི་སྡུག་བསྔལ་ཅན། །འཁོར་བར་གནས་པ་འགྲུབ་ པར་འགྱུར། །ཞེས་པའི་གཞུང་ལ་སྦྱར་ནས་འགྲེལ་པས་འཆད་དོ། ། དེ༷་ལྟར༷་ན་སྟོ༷ང་པ༷་ཉི༷ད་ཀྱི་གཞུང་དང་དོན་གཉི་གའི་ཕྱོ༷གས་ལ༵། སུ༷ན་འབྱི༷ན་པ༷་ནི༷་ འཐ༷ད་མ༷་ཡི༵ན། (རྒྱུ་མཚན་)དེ༷ས་ན༷་(ལམ་ཡིན་ནམ་མིན་མཉམ་པའི་)ཐེ༷་ཚོ༷མ་མི༷་ཟ༷་བ༵ར། །(ཆོས་ཐམས་ ཅད་རང་བཞིན་མེད་པའི་)ཟབ་མོ་སྟོ༷ང་པ༷་ཉི༷ད་ནི༷་བསྒོ༷མ་པ༷ར་བྱ༷། མཐོང་ལམ་མར་བཅད་ཀྱི་སྤང་ བྱ་ཀུན་བརྟགས་(ཆགས་སོགས་)ཉོ༷ན་མོ༷ངས་ཀྱི་སྒྲིབ་པ་དང༌། སྒོམ་ལམ་ཡར་བཅད་ཀྱི་སྤང་བྱ་ ལྷན་སྐྱེས་(ཆོས་དབྱིངས་ཤེས་ཤིང་ཁོང་དུ་ཆུད་བྱེད་ལ་སྒྲིབ་པས་)ཤེ༷ས་བྱ༷འི་སྒྲི༷བ་པ༷་ཡི༵། མུ༷ན་པ༷འི་གཉེ༷ན་ པོ༷་སྟོ༷ང་པ༷་ཉི༵ད། །མྱུ༷ར་དུ༷་ཐ༷མས་ཅ༷ད་མཁྱེ༷ན་(པ་ཐོབ་པར་)འདོ༷ད་པ༵ས། །(སྟོང་ཉིད་)དེ༷་ནི༷་ཇི༷་ ལྟར༷་སྒོ༷མ་མི༷་བྱེ༷ད། །ཅེས་པ་སྟེ། ལང་ཀའི་མདོ་ལས་ཀྱང༌། ཁྱོད་ཀྱིས་ཉོན་མོངས་ཤེས་བྱའི་ སྒྲིབ། །མཚན་མ་མེད་པས་རྟག་ཏུ་འདག །ཅེས་གསུངས་སོ། །དངོ༷ས་འཛིན་ག༷ང་ཡིན་སྡུ༷ག་ བསྔ༷ལ་སྐྱེ༷ད་བྱེ༷ད་པ༵། དེ༷་ངོས་ལ༷ས་སྐྲ༷ག་པ༷་སྐྱེ༷་འགྱུ༷ར་རིགས་ན༵། སྟོ༷ང་ཉི༷ད་ཟབ་མོ་(འཁོར་ བའི་)སྡུ༷ག་བསྔ༷ལ་ཞི༷་བྱེ༷ད་པ༵། དེ༷་ལ༷་འཇི༷གས་པ༷་ཇི༷་ལྟར༷་སྐྱེ༵(སྟེ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ ཡིན་པའི་ཕྱིར་དགའ་བར་རིགས)། །ཞེས་པ་སྟེ། མདོ་སྡེའི་རྒྱན་ལས་ཀྱང༌། འགྲོ་བ་དེའི་གནས་མིན་ 1-1-290 ལ་སྐྲག་པས་གདུང་བྱེད་འགྱུར། །བསོད་ནམས་མ་ཡིན་ཕུང་ཆེན་བསགས་བྱས་ཡུན་རིང་དུ། །རིགས་མེད་གྲོགས་ངན་སྔོན་དགེ་མ་བསགས་བློ་མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ ན་དོན་ཆེན་འདི་ལས་ལྷུང༌། །ཞེས་གསུངས་པའི་ཕྱིར་ཆོས་ཟབ་མོ་ལ་མི་སྐྲག་པའི་བཟོད་པ་ ཐོབ་པར་གྱུར་ཅིག ། མུ་སྟེགས་ཅན་རྣམས་ཀྱིས་དངོས་པོ་གང་ཡིན་སྐད་ཅིག་གིས་འགྱུར་ཞིང་མི་རྟག་པའི་ རྣམ་པ་མ་གོ་བར་ཤེས་རིག་གི་རྒྱུན་ཙམ་ལ་བསམས་ནས་རྣམ་ཤེས་འདིས་ལུས་འདི་བོར་ ཡང་གཞན་བདག་ཏུ་བྱེད་པས་བདག་རྟག་པའོ་སྙམ་དུ་བལྟས་ཤིང༌། དེ་བཞིན་དུ་འདི་རྒྱུན་ མི་འཆད་པས་སེམས་ཅན་དང༌། འདི་ཡོད་ཀྱི་བར་དུ་ལུས་འཚོ་བས་སྲོག་དང༌། འདིས་སྐྱེ་བ་ ལེན་པས་སྐྱེ་བ་པོ་དང༌། ལུས་བསྐྱེད་ཅིང་གསོ་བས་གསོ་བ་དང༌། སྐྱེས་བུ་མགོ་སྟོང་ལྡན་རིག་ བྱེད་ཀྱི། སྒྲ་འདོན་པ་ཁོ་ན་ཡོད་པར་འདོད་པས་སྐྱེས་བུ་དང༌། འགྲོ་བ་སྣ་ཚོགས་ཀྱི་རྒྱུད་དུ་སྐྱེ་ ཞིང་སྦྱོར་བས་སྦྱོར་བ་དང༌། སྐྱེས་ནས་དར་གྱི་བར་དུ་ནི་གང༌། དར་ཡོལ་ནས་ཤིའི་བར་དུ་ནི་ ཟག་པས་གང་ཟག་དང༌། སྐྱེ་རྒུའི་བདག་པོ་ཤེད་ཅེས་བྱ་བས་སྐྱེད་པར་འདོད་པས་ཤེད་ལས་ སྐྱེས་སམ་ཤེད་བུ་དང༌། ལུས་སྐྱེ་འཇིག་ཐམས་ཅད་འདིས་བྱེད་པས་བྱེད་པ་པོ་དང༌། དགེ་མི་ དགེའི་ལས་བྱེད་དུ་འཇུག་པས་བྱེད་དུ་འཇུག་པ་པོ་དང༌། རྣམ་སྨིན་མྱོང་བར་བྱེད་པས་ཚོར་ བ་པོ་དང༌། དབང་པོ་ལ་བརྟེན་ནས་ཡུལ་ཤེས་པས་ཤེས་པ་པོ་དང༌། ཡུལ་མཐོང་བས་མཐོང་ བ་པོ་དང༌། ཕུང་པོ་སློང་ཞིང་སྐྱེད་པས་སློང་བ་པོ་དང༌། སྐྱེ་མཆེད་དང་ཁམས་ཀྱང་བསྐྱེད་པས་ ཀུན་ནས་སློང་བ་པོ་ཞེས་བྱ་བའི་རྣམ་གྲངས་མང་པོ་བརྟགས་ནས། བྱེད་ལས་ཐ་དད་ཀྱང་ ངོ་བོ་སེམས་གཅིག་པུའོ་སྙམ་ནས་བདག་རྟག་པ་དང་གཅིག་པུ་དང་རང་དབང་ཅན་གྱི་ཆོས་ གང་མཐུན་མཐུན་དུ་སྦྱར་ཏེ་གང་ཟག་གི་བདག་འདོད་ཅིང༌། དེས་ཆོས་ཕུང་པོ་ཁམས་དང་ སྐྱེ་མཆེད་བདག་གི་བར་འཛིན་པའི་ཆ་ནས་ཆོས་ཀྱི་བདག་ཅེས་ཁས་ལེན་ནོ། །འོན་ཀྱང་འདི་ 1-1-291 ཐམས་ཅད་མི་རྟག་དུ་མ་གཞན་དབང་ཅན་ཡིན་པས་མཚན་ཉིད་ཤིན་ཏུ་འགལ་བའི་ཕྱིར་མི་ རིགས་སོ། །དེས་ན་འདིར་ཡང་སྟོང་ཉིད་ལ་སྐྲག་པར་མི་འོས་པའི་ཚིག་ཟུར་གྱིས་བདག་མེད་ པ་སྒྲུབ་པར་བཞེད་ནས། ག༷ལ་ཏེ༷་(འཇིགས་མཁན་གྱི་)བད༷ག་འག༷འ་ཡོ༷ད་ན༷་ནི༵། །དངོས་པོའམ་ སྟོང་ཉིད་ཅི༷་ཡ༷ང་རུ༷ང་ལ༷ས་འཇི༷གས་འགྱུ༷ར་བདེན་ན༵། བད༷ག་ནི༷་འག༷འ་ཡ༷ང་(ཁྱད་པར་) ཡོ༷ད་མི༷ན་པ༵ས། །འཇི༷གས་པ༷ར་འགྱུ༷ར་བ༷འི་གང་ཟག་སུ༷་ཞི༷ག་ཡི༵ན། དྲིས་པ་སྟེ། འགྲེལ་ པར། བདག་ཡོད་མ་ཡིན་འབྱུང་འགྱུར་མིན། །བདག་གི་བ་མེད་ཡོད་མི་འགྱུར། །འོན་ཀྱང་ བྱིས་པ་སྐྲག་འགྱུར་ཏེ། །མཁས་པ་རྣམས་ནི་འཇིགས་པ་མེད། །ཅེས་དྲངས་སོ། ། འདི་ལྟར་བརྟགས་ན། སོ༷་ད༷ང་(མགོ་བོའི་)སྐྲ༷་(དང་རྐང་ལག་གི་)སེ༷ན་བད༷ག་(ཏུ་གཟུང་བའི་ ཡུལ་)མ༷་ཡི༵ན། །བད༷ག་ནི༷་རུ༷ས་པ༷་ཁྲ༷ག་མ༷་ཡི༵ན། །(སྣ་ལས་བྱུང་བའི་)སྣ༷བས་(བདག་)མི༷ན་བ༷ད་ ཀ༷ན་(ནམ་དེ་ལས་བྱུང་བའི་ལུད་པ་བདག་)མ༷་ཡི༷ན་ཏེ༵། །(རྨ་ལས་བྱུང་བའི་)ཆུ༷་སེ༷ར་ད༷ང་ནི༷་(ཁྲག་རུལ་ པའི་)རྣ༷ག་ཀྱང༷་(བདག་) མི༵ན། །བད༷ག་ནི༷་ཞ༷ག་(སྟེ་ལུས་ཀྱི་སྣུམ་མམ་ཚིལ་གྱི་ཁུ་བ་)ད༷ང་(རབ་ཏུ་རྔུལ་བའི་) རྔུ༷ལ་(ཡང་)མི༷ན་ཏེ༵། །གློ༷་མཆི༷ན་ད༷ག་ཀྱང༷་བད༷ག་མ༷་ཡི༵ན། །ན༷ང་ཁྲོ༷ལ་གཞ༷ན་(གཉེ་མ་སོགས་ དང་རྒྱུ་མཐའ་ཕྲ་མོ་ཡན་ཆད་)ཡ༷ང་བད༷ག་མི༷ན་ཏེ༵། །བད༷ག་ནི༷་ཕྱི༷་ས༷་(སྟེ་བཤང་བ་དང་)གཅི༷ན་(ཡང་)མ༷་ ཡི༵ན། །ཤ༷་ད༷ང་པ༷གས་པ༷་བད༷ག་མི༷ན་ཏེ༵། །(ལུས་ཀྱི་མེ་ཁམས་)དྲོ༷ད་ད༷ང་(དབུགས་འབྱུང་འཇུག་གི་) རླུ༷ང་ཡ༷ང་བད༷ག་མ༷་ཡི༵ན། །(མིག་རྣ་བ་སྣ་ཁ་བཤང་གཅིའི་ལམ་གྱི་)བུ༷་ག༷་(དགུ་ཡང་)བད༷ག་མི༷ན་རྣམ༷་ ཀུན༷་ཏུ༵། །(མིག་ནས་ལུས་ཀྱི་བར་ལ་བརྟེན་པའི་)རྣམ༷་ཤེ༷ས་དྲུ༷ག་ཀྱང༷་བད༷ག་མ༷་ཡི༵ན། །ཞེས་པ་ལ། སོ་ནས་ཤ་ལྤགས་ཀྱི་བར་ས་དང་ཆུའི་ཁམས་དང༌། དྲོད་མེའི་ཁམས་དང༌། དབུགས་རྒྱུ་བ་ རླུང་གི་ཁམས་དང༌། དགུས་མཚོན་པའི་བུ་ག་རྣམས་ནམ་མཁའི་ཁམས་དང༌། མིག་ནས་ཡིད་ ཀྱི་བར་གྱི་དབང་ཤེས་དྲུག་རྣམ་པར་ཤེས་པའི་ཁམས་ཏེ། དེ་ལྟར་ཁམས་དྲུག་སོ་སོ་བའམ། འདུས་པའི་ཕུང་པོ་གང་ཡང་རྟག་གཅིག་རང་དབང་ཅན་གྱི་བདག་མ་ཡིན་ཏེ། ཀུན་རྫོབ་ཏུ་མི་ 1-1-292 རྟག་དུ་མ་གཞན་དབང་ཅན་ཡིན་ལ། དོན་དམ་པར་རང་རང་ངོ་བོས་སྟོང་པའི་ཕྱིར་རོ། ། རྣམ་ཤེས་དྲུག་ལ་བདག་འགོག་པ་མ་བཟོད་པར་གྲངས་ཅན་པ་(ཁོའི་ལུགས་ཀྱིས། བདག་ སེམས་པ་ཅན་སྦྲུལ་དང་འདྲ་བ་རང་བཞིན་རྟག་ལ་གནས་སྐབས་མི་རྟག་སྟེ་སྦྲུལ་གྱི་འཁྱིལ་བ་དང་དྲང་པོ་བཞིན་ལ་) རྣམས་ ན་རེ། ག༷ལ་ཏེ༷་སྒྲ༷་ལ་སོགས་པ་ལྔ་ཡུལ་དུ་བྱས་པའི༷་རྣམ་པར་ཤེ༷ས་པ་ནི་རྟག༷་གོ་ཞེ་ན༵། འོ་ ན་རྣ་བའི་རྣམ་ཤེས་ཀྱིས་སྒྲ་ཡོད་མེད་ཐ༷མས་ཅ༷ད་ཀྱི་ཚེ༷་ན༷་(ཆོས་ཅན་)སྒྲ༷་འཛི༷ན་པར་འགྱུ༵ར་ཏེ། སྒྲ་འཛིན་པའི་རང་བཞིན་དེ་རྟག་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ་ཤེ༷ས་བྱ་༷སྒྲ་མེ༷ད་པའི་ དུས་ན༷་ཡུལ་ཅི༷་ཞི༷ག་སྒྲ་འཛིན་གྱིས་རི༵ག་སྟེ་རིག་པ་མི་སྲིད་ན། རྒྱུ་མཚན་ག༷ང་གི༷ས་ན་ཐམས་ ཅད་དུ་སྒྲ་འཛིན་གྱི་ཤེ༷ས་པ༷་རྟག་གོ་ཞེ༷ས་རྗོ༷ད་པར་བྱེ༷ད་དེ། དེས་ན་སྒྲ་འཛིན་རྟག་པའི་དམ་ བཅའ་བུད་དོ། །ག༷ལ་ཏེ༷་ཡུལ་ཤེ༷ས་པ་མེ༷ད་ཀྱང་ཤེ༷ས་པ་རྟག་པ་ཡི༷ན་པས་མི་འགལ་ལོ་ ཞེ་ན༵། མ་ཡིན་ཏེ་དེ་ལྟ་ན་ཤི༷ང་བེམ་པོ་ཡ༷ང་(ཆོས་ཅན་སྒྲ་འཛིན་གྱི་)ཤེ༷ས་པ༷་རྟག་པ་ཡིན་པར༷་ཧ་ ཅང་ཐ༷ལ་བ༷ར་འགྱུ༵ར་(ཏེ་སྒྲ་མེད་)བའི་ཕྱིར་རོ། །ཡུལ་མེད་ན་དེ་ལ་བརྟེན་པའི་ཤེས་པ་འབྱུང་ མི་སྲིད་པ་དེ༷ས་ན༷་ཤེ༷ས་བྱ་༷སྒྲ་རུང་ཡུལ་དུ་ཉེ༷ར་གན༷ས་པ༵། མེ༷ད་པ༷ར་སྒྲ་འཛིན་གྱི་ཤེ༷ས་པ༷་ དེའང་མེ༷ད་ཅེ༷ས་བྱ་བ་ངེ༵ས་པའི་ཕྱིར་ཤེས་བྱ་མེད་ཀྱང་སྒྲ་རིག་པར་ནི་སུས་ཀྱང་སྨྲ་བར་མི་ ནུས་སོ། ། ཁོ་ན་རེ། ཤེས་བྱ་སྒྲ་མེད་པ་ན་ཤེས་པ་རྟག་པ་དེ༷་ཉི༷ད་ཀྱི༷ས་ནི༷་ཡུལ་གཟུ༷གས་ཤེ༷ས་པས་ རྣམ་ཤེས་རྟག་པ་མི་འགལ་ལོ་ཞེ་ན༵། འོ་ན་(གཟུགས་ཤེས་པ་)དེ༷འི་ཚེ༷་(ཆོས་ཅན་)སྒྲ་ཐོ༷ས་པ༷འ༷ང་ཅི༷་ སྟེ༷་མི༵ན་ཏེ་(ཡིན་པར་ཐལ་)དེ་ཉིད་སྒྲ་འཛིན་ཤེས་པ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །ག༷ལ་ ཏེ༷་སྒྲ༷་རུང་ཡུལ་དུ་མི༷་ཉེ༷་བའི་ཕྱི༷ར་མ་ཐོས་སོ་ཞེ་ན༵། རེས་འགའ་ཐོས་རེས་འགའ་མ་ཐོས་པ་ དེ༷ས་ན༷་དེ༷་འཛིན་པ་ཡི༷་རྣམ་ཤེ༷ས་རྟག་པ༷འང་དོན་མེ༵ད་པར་གྱུར་ཏོ། །གཞན་ཡང་སྒྲ༷་འཛི༷ན་ ཉན་ཤེས་ཀྱི་ར༷ང་བཞི༷ན་ག༷ང་ཡི༷ན་པ༵(འི་ཤེས་པ་ཆོས་ཅན)། དེ༷་ཡུལ་གཟུ༷གས་འཛི༷ན་པ༷ར་ཇི༷་ 1-1-293 ལྟར༷་འགྱུ༵ར་(མི་འགྱུར་བར་ཐལ་)ཏེ། དབང་པོ་ལྔ་ཡུལ་སོ་སོར་ངེས་པ་ཡིན་གྱི་བསྲེས་ནས་འཛིན་ པ་མི་སྲིད་པའི་ཕྱིར་རོ། ། ཁོ་ན་རེ། དབང་ཤེས་གཅིག་ཉིད་ཀྱིས་རེས་སྒྲ་འཛིན་རེས་གཟུགས་འཛིན་པ་མི་འགལ་ ཏེ་དཔེར་ན་སྐྱེས་བུ་གཅི༷ག་ཉི༷ད་རང་གི་བུ་ལ་ལྟོས་ཏེ་ཕ༷་ད༷ང་ཕ་ལ་ལྟོས་ཏེ་བུ༷་ཉི༷ད་དུ༵་འཇོག་ པ་མི་འགལ་བ་བཞིན་ནོ་ཞེ་ན། དེ་ནི་བརྟག༷ས་ནས་བཞག་པ་ཡི༷ན་གྱི་གཉིས་ཡིན་ཡ༷ང་ད༷ག་ ཉི༷ད་མི༷ན་ཏེ༵། དངོས་པོ་གཅིག་ཉིད་ལ་རང་བཞིན་གཉིས་མི་སྲིད་པའི་ཕྱིར་རོ། ། ཁོ་ན་རེ། མི་སྲིད་པ་མ་ཡིན་ཏེ་འགྲོ་བ་རྡུལ་མུན་པ་སྙིང་སྟོབས་གསུམ་གྱི་རང་བཞིན་ གཅིག་པ་གཙོ་བོར་བརྟག་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། འདི༷་ལྟར༷་སྙི༷ང་སྟོ༷བས་རྡུ༷ལ་ད༷ང་ ནི༵། །མུ༷ན་པ༷་རྟག་པ་ཡིན་ན་བསྐྱེད་བྱ་སྐྱེད་བྱེད་དུ་འགལ་བའི་ཕྱིར་བུ༷་མི༷ན་ཕ༷་ཡ༷ང་མི༵ན་ནོ། །དེས་ན་གཟུགས་འཛིན་རྣམ་ཤེས་དེ༷་ནི༷་ཡུལ་སྒྲ༷་འཛི༷ན་ད༷ང་ལྡན༷་པ༵འི། ར༷ང་བཞི༷ན་དུ༷་ནི༷་ མཐོ༷ང་མ༷་ཡི༵ན་ཏེ། རང་གི་ཡུལ་གཟུགས་ཁོ་ན་ཡིན་པའི་ཕྱིར་རོ། ། ཁོ་ན་རེ། རྣམ་འགྱུར་སྣ་ཚོགས་པའི་ག༷ར་མཁ༷ན་(གཅིག་ཉིད་རེས་འཇིག་སྡེ་དང་རེས་སྲིད་བསྒྲུབ་) ལྟ་༷བུ༷ར་ཤེས་པ་གཅིག་ཉིད་གཟུགས་ལ་ལྟ་བའི་ཚུ༷ལ་ལས་རྣམ་འགྱུར་གཞ༷ན་གྱི༵ས། སྐབས་ སུ་བབ་པ་ན་སྒྲ་སོགས་ཡུལ་གཞན་གྱི་དེ༷་ཉི༷ད་མཐོ༷ང་བ་པོ་ཡང་ཡིན་པས་མི་འགལ་ལོ་ཞེ་ན༷། འོ་ན་རྣམ་འགྱུར་ཤིན་ཏུ་མང་བ་ཉིད་ཀྱི་ཕྱིར་ཤེས་རིག་གི་བདག་དེ༷་(ཆོས་ཅན་)རྟག༷་པ་(མིན་པར་ ཐལ་སྣ་ཚོགས་སུ་འགྱུར་བའི་ཕྱིར་རོ་)ནི་མི༵ན་ནོ། ། ག༷ལ་ཏེ༷་ཡུལ་གཞན་དང་འབྲེལ་བས་ཚུ༷ལ་གཞ༷ན་སྣ་ཚོགས་སུ་གྱུར་ཀྱང་བདག་དེ༷་ཉི༷ད་ འགྱུར་བ་མེད་དོ་ཞེ་ན༵། འོ་ན་ཁྱོད་ཀྱི་བདག་གཅི༷ག་པུ་ཉི༷ད་དེ༷་ནི༷་(ཆོས་ཅན་)སྔོ༷ན་མེ༷ད་པའི་ གཅི༵ག་པུ་(མ་ཡིན་པར་ཐལ་)སྟེ་སྣ་ཚོགས་དུ་མ་ཡང་ཡིན་པའི་ཕྱིར་ངོ་མཚར་རོ། །ག༷ལ་ཏེ༷་ཡུལ་ གྱི་དབང་གིས་ཚུ༷ལ་གཞ༷ན་སྣ་ཚོགས་སུ་སྣང་ཡང་ཤེས་པའི་ངོ་བོ་ཐ་དད་དུ་བདེ༷ན་པ་མི༷ན་ 1-1-294 པས་གཅིག་དང་དུ་མ་མི་འགལ་ལོ་ཞེ་ན༵། འོ་ན་གཟུགས་འཛིན་དང་སྒྲ་འཛིན་དེ༷་ཡི༷་ར༷ང་གི༷་ ར༷ང་བཞི༷ན་གཅིག་ཏུ་འཇོག་བྱེད་གང་ཡིན་པ་སྨྲོ༵ས་ཤིག ། ཁོ་ན་རེ། ཤེ༷ས་པ་ཉི༷ད་དུ་མཚུངས་པ་ལས་འཇོག་གོ་ཅེ༷་ན༷་འོ་ན་དེ༷་ལྟ་༷ན༵། སེམས་ལྡན་གྱི་ སྐྱེ༷ས་བུ་ཀུ༷ན་གྱི་རྒྱུད་(ཆོས་ཅན་)ཐ་དད་པས་དུ་མ་ཡང་གཅི༷ག་ཏུ༷་ཐ༷ལ་བ༷ར་འགྱུ༵ར་ཏེ་ཤེས་པར་ མཚུངས་པའི་ཕྱིར་རོ། །དེར་མ་ཟད་ཁྱེད་རང་འདོད་པའི་བདག་སེ༷མས་པ༷་ཅན་དང་གཙོ་བོ་ སེ༷མས་མེ༷ད་དེ༷་ད༷ག་ཀྱང༷༌། (ཆོས་ཅན་)དངོས་པོ་གཅི༷ག་ཉིད་དུ་འགྱུ༷ར་ཏེ་ག༷ང་གི་ཕྱི༷ར་ན་དངོས་ པོར་ཡོ༷ད་ཉི༷ད་མཚུ༵ངས་པའི་ཕྱིར་རོ། །གཞན་ཡང་ག༷ང་ཚེ༷་གཟུགས་འཛིན་དང་སྒྲ་འཛིན་ ཡུལ་ཐ་དད་རྟོགས་པའི་ཁྱད་པར་གྱིས་སོ་སོར་འཇོག་པ་ལས་བྱེ༷་བྲ༷ག་ཕྱི༷ན་ཅི༷་ལོ༵ག །ངོ་ བོ་གཅིག་ཡིན་པ་དེ༷འི་ཚེ༷་ཤེས་པ་ཙམ་དུ་འདྲ་༷བ༷འི་རྟེ༷ན་ག༷ང་ལས་ཡི༵ན། དེའི་ཁྱད་པར་ཅུང་ ཟད་ཀྱང་མེད་ན་བ་མེན་དང་བ་ལང་འདྲ་བར་མི་འགྱུར་ཏེ། འོན་ཀྱང་བ་ལང་ཁོ་ནར་འགྱུར་ བ་བཞིན་ནོ། །དེ་ལྟར་གྲངས་ཅན་པ་ལ་སོགས་པས་བརྟགས་པ་ཤེས་རིག་གི་བདག་བཀག་ ནས་ད་ནི་རིགས་པ་ཅན་ལ་སོགས་པས་སེམས་མེད་ཀྱི་བདག་བརྟགས་པ་ཡང་འགོག་པར་ བཞེད་ནས། སེ༷མས་མེ༷ད་པ༷་ཡ༷ང་ཡུལ་ལ་སྤྱོད་པའི་བད༷ག་མི༷ན་ཏེ༵། སེ༷མས་མེ༷ད་པ་ཉི༷ད་ ཀྱིས་ཕྱི༷ར་བུ༷མ་པ་དང་སྣམ་བུ་ལ་སོ༷གས་པ་བཞི༵ན་ཞེས་སྨོས་སོ། ། ཁོ་ན་རེ། འོ༷ན་ཏེ༷་རང་གི་ངོ་བོ་སེམས་མེད་ཀྱང་སེ༷མས་རྫས་གཞན་ད༷ང་ལྡན༷་པ༷འི་ ཕྱི༷ར། ཡུལ་ཤེ༷ས་སོ་ཞེ་ན༷། འོ་ན་(བདག་དེ་ཆོས་ཅན་)སྔར་སེམས་མེད་མི༷་ཤེ༷ས་པའི་བདག་ཏུ་ དམ་བཅས་པ་འཇི༷ག་པ༷ར་ཐ༵ལ་(ཡུལ་ཤེས་པའི་ཕྱིར་)ལོ། །ཅི༷་སྟེ༷་བད༷ག་གི་ངོ་བོ་ལ༷་འགྱུ༷ར་བ་ མེ༷ད་པས་མི་འཇིག་གོ་ཞེ་ན༵། སེ༷མས་རྫས་གཞན་ལྡན་པ༷ས་(བདག་)དེ༷་ལ༷་(ཆོས་ཅན་)ཡུལ་ཤེས་ པའི་བྱ་བ་ཅི༷་ཞི༷ག་བྱས༷(ཏེ་བྱར་མེད་པར་ཐལ)། གལ་ཏེ་བྱས་ན་མི་རྟག་པ་དང་གཞན་དབང་ཅན་ དུ་འགྱུར་རོ། །དེ༷་ལྟར༷་ན་ཡུལ་ཤེ༷ས་པ་མེ༷ད་ཅིང་བྱ་༷བྱེད་བྲ༷ལ་བ༵(བདག་ཡིན་ཞེ་ན)། (འོ་ན་)ན༷མ་ 1-1-295 མཁ༷འ་(ཆོས་ཅན་)ལ་བད༷ག་ཏུ༷་མིང་བྱས༷་པ༷ར་འགྱུ༵ར་ཏེ་(ཤེས་མེད་བྱ་བྲལ་ཡིན་པའི་ཕྱིར་)རོ། ། ཁོ་ན་རེ། ག༷ལ་ཏེ༷་བད༷ག་ནི༷་ཡོ༷ད་མི༷ན་ན༵། །རྒྱུ་ལ༷ས་དང་འབྲ༷ས་བུ་རྣམ་སྨིན་མི་སླུ་བའི་ འབྲེ༷ལ་བ༷་རི༷གས་མི༷ན་ཏེ༵། ལ༷ས་བྱས༷་ན༷ས་ནི༷་བྱེད་པ་པོ་ཞི༷ག་སྟེ་འབྲས་བུ་མྱོང་དུས་ན་མེད་ པ༷ས་ན༵། བྱེད་པ་པོ་སུ༷་ཡི༷་ལ༷ས་འབྲས་སུ༷་འབྲེལ་བར་འགྱུ༷ར་ཞེ༷་ན༵། འོ་ན་བྱ་༷བ༷་ལས་དང་ འབྲ༷ས་བུ་རྣམ་སྨིན་དང་དེ་དག་གི་གཞི༷་ཚེ་སྔ་ཕྱིའི་ཕུང་པོ་ཐ༷་ད༷ད་ད༵ང༌། གནས་སྐབས་དེ་དང་ དེ༷ར་ཡང་བད༷ག་གི་ངོ་བོ་སེམས་མེད་ཅིང་རྟག་པར་ཁས་བླངས་པའི་ཕྱིར་ལོངས་སྤྱོད་པའི་ བྱེ༷ད་པ༷་མེ༷ད་པ༷ར་ཡ༵ང༌། ཡུ༷་བུ༷་རྒོལ་ཕྱིར་རྒོལ་གཉི༷་ག༷་ལ༷་མཐུན་སྣང་དུ་གྲུ༷བ་པ༵ས། འདི༷ར་ རྩ༷ད་དོ༷ན་མེ༷ད་མ༷་ཡི༷ན་ན༵མ། ཞེས་དྲིས་པའོ། ། ཁོ་ན་རེ། རྩོད་པ་དོན་མེད་མ་ཡིན་ཏེ་བདག་མེད་ན་ལས་བྱས་པ་ཆུད་ཟོད་པའི་ཉེས་པར་ ཅིའི་ཕྱིར་མི་འགྱུར་ཞེ་ན། གང་ཟག་གཅིག་ཉིད་རྒྱུ༷་ལས་དང་ལྡན༷་ཞིང་འབྲ༷ས་བུ༷་རྣམ་སྨིན་ ད༷ང་བཅ༷ས་ཞེ༵ས། བདག་གཅིག་ཏུ་མཐོ༷ང་བ༷་འདི༷་ནི༷་སྲི༷ད་མ༷་ཡི༵ན་ཏེ། འདི་ལྟར་ཤི་བའང་ གཞན་ཉིད་ལ། །སྐྱེ་བ་ཡང་ནི་གཞན་ཉིད་ཡིན། །ཞེས་སྔར་དུ་བཀག་ཟིན་པའི་ཕྱིར་རོ། ། ཁོ་ན་རེ། འོ་ན་འདི་ཉིད་ཀྱིས་བྱས་པའི་ལས་གཞན་གྱིས་ཇི་ལྟར་མྱོང་བར་འགྱུར་ཞེས་ པའི་ལུང་དང་འགལ་ལོ་ཞེ་ན། དེ་ནི་དང་པོ་ལས་མངོན་པར་འདུ་བྱེད་པའི་སེམས་སྐད་ཅིག་ གིས་འགགས་ཀྱང་དེའི་བག་ཆགས་ཀྱི་རྒྱུ༷ན་གཅི༷ག་ནས་གཅིག་ཏུ་བརྒྱུད་པ་ལ༷་ནི༷་བརྟེ༷ན་ ན༷ས་སུ༵། སྨིན་པ་ན་ཡང་སེམས་རྒྱུན་དེས་མྱོང་བ་ལ་(ལས་)བྱེ༷ད་(པ་)པོ༷་(དང་འབྲས་བུ་ལ་ལོངས་) སྤྱོ༷ད་(པ་)པོ༷་ཞེ༷ས་བྱ༷ར་བསྟ༵ན་པའོ། །དེ་ལྟ་མ་ཡིན་ན་འད༷ས་ད༷ང་མ༷་འོ༷ངས་པ༷་ཡི༷་སེ༵མས (ཆོས་ཅན)། བད༷ག་མི༷ན་ཏེ་དེ༷་དག་ནི༷་རིམ་པས་འགགས་པ་དང་མ་སྐྱེས་ནས་མེ༷ད་པ༷འི་ཕྱི༵ར་ རོ། །འོ༷ན་ཏེ༷་སྐྱེ༷ས་སེ༷མས་ད་ལྟར་བ་བད༷ག་ཡི༷ན་(ཞེ་)ན༵། མི་འཐད་དེ་དེ༷་ཞི༷ག་ན༷་དེ་ཡ༷ང་ འཇིག་པའི་ཕྱིར་བད༷ག་རྟག་པ་མེ༷ད་དོ༵། །(ལུས་སེམས་ཚོགས་པ་ལ་བདག་ཡོད་དོ་སྙམ་ན་)དཔེ༷ར་ན༷་ཆུ༷་ 1-1-296 ཤི༷ང་སྡོ༷ང་བོ༷་ད༵ག །ཆ༷་ཤ༷ས་ཕྱེ༷་ན༷་(ཤིང་རིམ་པས་བཤུས་ན་སྙིང་པོ་)འག༷འ་(ཡང་)མེ༷ད་པ༵། །དེ༷་བཞི༷ན་ (དུ་སེམས་སམ་ཕུང་པོ་ལ་རིགས་པས་)རྣམ༷་པ༷ར་དཔྱ༷ད་པ༷་ཡི༵ས། །བཙ༷ལ་ན༷་བད༷ག་ཀྱང༷་ཡ༷ང་ད༷ག་ པར་ཡོད་པ་མི༵ན་ཏེ་རི་བོང་གི་རྭ་དང་མཚུངས་སོ། ། ཁོ་ན་རེ། ག༷ལ་ཏེ༷་སེ༷མས་ཅ༷ན་ནམ་བདག་ཡོ༷ད་མི༷ན་ན༵། ཐེག་ཆེན་པས་སུ༷་ལ༷་སྙི༷ང་རྗེ༷་ བྱ་༷ཞེ༷་ན༵། འབྲ༷ས་བུ༷་ཐར་པའི༷་དོ༷ན་དུ༷་སྙིང་རྗེ་བསྒོམ་པར་ཁ༷ས་བླང༷ས་པ༵འི། ཡུལ་ནི་བྱིས་ པ་རྨོ༷ངས་པ༷ས་བདེན་པར་བརྟག༷ས་པ༷་ག༷ང་ཡི༷ན་པ༷་ཀུན་རྫོབ་སྒྱུ་མ་ལྟ་བུའི་སེམས་ཅན་ པའོ༵། །དོན་དམ་པར་སེ༷མས་ཅ༷ན་མེ༷ད་ན་སྙིང་རྗེའི་འབྲ༷ས་བུ་སུ༷་ཡི༷་འཐོབ་བྱ་ཡི༵ན་ཞེ་ན། བདེ༷ན་ཏེ༷་འོ༷ན་ཀྱང༷་བྱིས་པ་རྨོ༷ངས་པའི་སྣང་ཡུལ་སེམས་ཅན་ལ་དམིགས་པ་ལ༷ས་འབྲས་བུ་ ཐོབ་པར་འདོ༵ད་པ་མི་འགལ་བས། འཁོར་བའི་སྡུ༷ག་བསྔ༷ལ་ཉེ༷་བ༷ར་ཞི༷་དོ༷ན་དུ༵། འབྲ༷ས་བུ༷་ དེ་ཁོ་ནའི༷་རྟོགས་པ་སྒྲུབ་པའི་ཐབས་སུ་རྨོ༷ངས་པ༷འི་སྣང་ཡུལ་ཀུན་རྫོབ་བཟློ༷ག་པར་མི༷་བྱ་ ༷སྟེ། ཀུན་རྫོབ་མེད་པར་དོན་དམ་པ་མི་རྟོགས་པའི་ཕྱིར་རོ། །འོ་ན་བདག་ཀྱང་བཟློག་བྱ་མ་ ཡིན་ནོ་ཞེ་ན། སྡུ༷ག་བསྔ༷ལ་རྒྱུ༷་ཡི༷་(ངར་འཛིན་པའི་)ང༷་རྒྱ༷ལ་ནི༵། །བད༷ག་ཏུ༷་རྨོ༷ངས་པ༷ས་འཕེ༷ལ་ བ༷ར་འགྱུ༵ར་བས་བཟློག་དགོས་ཏེ། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུའང་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་དང་ནི་འབྲེལ་བ་ལས། །ཉེས་པ་ཐམས་ ཅད་འབྱུང་བར་འགྱུར། །ཞེས་གསུངས་པས་སོ། །བདག་བཟློག་པ་དེ༷་ལ༷ས་ཀྱང༷་སྡུག་བསྔལ་ རྒྱུའི་ང་རྒྱལ་བཟློ༷ག་ནུས་པའི་ངེས་པ་མེ༷ད་ཅེ༷་ན༵། མ་ཡིན་ཏེ་དེ་བཞིན་གཤེགས་པ་གསང་ བའི་མདོ་ལས། ཞི་བའི་བློ་གྲོས་འདི་ལྟ་སྟེ། ཤིང་གི་རྩ་བ་བཅད་པས་ཡལ་ག་དང་ལོ་འདབ་ ཐམས་ཅད་སྐམ་པར་འགྱུར་རོ། །དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་བས་ཉོན་ མོངས་པ་ཐམས་ཅད་ཞི་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། (བདག་ཏུ་འཛིན་པའི་གཉེན་པོར་) བད༷ག་མེ༷ད་སྒོ༷མ་པ༷་མཆོ༷ག་ཡི༷ན་ནོ༵། ། 1-1-297 ད་ནི་ཆོས་ཀྱི་བདག་མེད་ལ་འཇུག་པའི་དོན་དུ་བདག་གི་གཞི་འགོག་པར་བཞེད་ནས། ལུ༷ས་ནི༷་(ལོང་བུ་མན་ཆད་ཀྱི་)རྐ༷ང་པ༷་(གཉིས་པོ་དག་པུས་མོ་ཐོག་གི་)བྱི༷ན་པ༷་མི༵ན། །(པུས་མོས་སྟེང་གི་)བརླ༷་ ད༷ང་རྐེ༷ད་པ༷འ༷ང་ལུ༷ས་མ༷་ཡི༵ན། །ལྟོ༷་(སྟེ་གསུམ་)ད༷ང་རྒྱ༷བ་ཀྱང༷་ལུ༷ས་མི༷ན་ཏེ༵། །བྲ༷ང་ད༷ང་དཔུ༷ང་ པ༷འ༷ང་ལུ༷ས་མ༷་ཡི༵ན། །(གློའི་)རྩི༷བ་ལོ༷གས་ལ༷ག་པ༷འ༷ང་ལུ༷ས་མི༷ན་ཏེ༵། །མཆ༷ན་ཁུ༷ང་(གཉིས་དང་) ཕྲ༷ག་(གཉིས་)པ༷འ༷ང་ལུ༷ས་མ༷་ཡི༵ན། །ན༷ང་ཁྲོ༷ལ་རྣམ༷ས་ཀྱང༷་དེ༷་མི༷ན་ལ༵། །མགོ༷་ད༷ང་མགྲི༷ན་ པ༷འ༷ང་ལུ༷ས་མི༷ན་ན༵། །འདི༷་ལ༷་ལུ༷ས་ནི༷་ག༷ང་ཞི༷ག་ཡི༵ན། །ཞེས་པ་ལ་བདག་འཛིན་གྱི་གཞི་ ལུས་ནི་རྐང་པ་བྱིན་པ་སོགས་འདུས་པ་ལས་གཞན་མ་ཡིན་ཞིང་ཆ་ཤས་སོ་སོ་ནི་ལུས་མིན་ཏེ་ དེ་དག་ལོག་ཀྱང་ལུས་མི་ལྡོག་པའི་ཕྱིར་རོ་ཞེས་སོ་སོར་སྦྱར་བས་ཞེན་པ་འགོག་པའོ། ། ག༷ལ་ཏེ༷་ཡན་ལག་ཅན་གྱི་ལུ༷ས་འདི༷་ཡན་ལག་ཐ༷མས་ཅ༷ད་ལ༵་ཁྱབ་པར་གནས་སོ་ཞེ་ན། ཅི་ཕྱོ༷གས་རེ༷་ཡི༷ས་ནི༷་ཁྱབ་པར་གན༷ས་གྱུ༷ར་ན༵། རེག་པའི་(ལུས་ཀྱི་)ཆ༷་(ཤས་)རྣམ༷ས་(ཡན་ལག་གི་) ཆ༷་(ཤས་གང་)ལ༷་གན༷ས་འགྱུ༷ར་མོ༵ད། (ཡན་ལག་ཅན་ལུས་)དེ༷་(ཆོས་ཅན་གཅིག་པུ་)ར༷ང་ཉི༷ད་ནི༷་ག༷ང་ ལ༷་གན༵ས (ཏེ་གཅིག་མེད་པར་ཐལ་དུ་མ་ཡིན་པའི་ཕྱིར་མི་ཤེས་སོ)། །ག༷ལ་ཏེ༷་(ཕྱོགས་རེ་ཙམ་མ་ཡིན་པར་)བད༷ག་ ཉི༷ད་ཀུ༷ན་གྱི༷་ལུ༵ས། །རིལ་པོ་རེ་ལ༷ག་སོ༷གས་རྣམ༷ས་ལ༷་གན༷ས་ན༷་ནི༵། (ལུས་ཆོས་ཅན་)ལ༷ག་ (པ་དང་)སོ༷གས་(ཀྱི་སྒྲས་རྐང་པ་སོགས་ཡན་ལག་)དེ༷་ད༷ག་ཇི༷་སྙེ༷ད་(ཡོད་)པ༵(འི)། །(གྲངས་དང་སྙམ་པའི་)དེ༷་ སྙེ༷ད་ཀྱི༷་ནི༷་ལུ༷ས་སུ༷་འགྱུ༵ར། །ཞེས་པ་སྟེ། དེ་བཞིན་དུ་ཁ་བསྒྱུར་མ་བསྒྱུར་དང༌། བསྒྲིབས་མ་ བསྒྲིབས་དང༌། གཡོ་མི་གཡོ་སོགས་ཀྱིས་དཔྱད་ན་ལུས་བདེན་པ་མེད་དོ། ། དེ་ལྟར་ཕྱི༷་ད༷ང་ན༷ང་དུ་བརྟགས་ན༷་ལུ༷ས་མེ༷ད་ན༵། ཇི༷་ལྟར༷་(ཏེ་རྣམ་པ་གང་གིས་)ལ༷ག་(པ་དང་ རྐང་པ་)སོ༷གས་ལ༷་ལུ༷ས་ཡོ༵ད(པ་རྣམ་པར་འཇོག་སྟེ་འཇོག་པར་མི་རིགས་སོ)། །(ལག་སོགས་ལས་ཐ་དད་པ་གཅིག་ ལ་ཡོད་དོ་ཞེ་ན་)ལ༷ག་སོ༷གས་(ཀྱི་སྒྲས་རྐང་པ་དང་ཡན་ལག་)རྣམ༷ས་ལ༷ས་གཞ༷ན་པའི་ལུས་ཀྱང་མེ༷ད་ ན༵། བདག་ཏུ་འཛིན་པའི་གཞི་(ལུས་)དེ༷་ནི༷་ཇི༷་ལྟར༷་ཡོ༷ད་པ༷་ཡི༵ན(ཞེས་འདྲི་བའོ)། །(རྣམ་པར་དཔྱད་ན་ 1-1-298 ལུས་) མེད་ཀྱང་འཁྲུལ་སྣང་འཆར་བ་དེ༷ས་ན༷་ལུ༷ས་(བདེན་པ་)མེ༷ད་(པ་དེ་བཞིན་དུ་)ལ༷ག་(པ་དང་རྐང་ པ་) སོ༷གས་ལ༵། (རྫས་གཅིག་དང་བྲལ་ཡང་མ་རིག་པས་)རྨོ༷ངས་པ༷་ཡི༷ས་ནི༷་ལུ༷ས་(པོ་ཞེས་གཅིག་གི་)བློ༷ར་ འགྱུ༵ར་ཏེ(དོན་དམ་པར་གཅིག་མིན་ནོ)། །དབྱི༷བས་སུ༷་བཀོ༷ད་པ༷འི་ཁྱད༷་པ༷ར་གྱི༵ས (ལག་སོགས་ལ་ལུས་ སུ་འཁྲུལ་ཏེ་དཔེར་ན)། །ཐོ༷་ཡོ༷ར་ལ༷་ནི༷་(མེའི་རང་བཞིན་མེད་ཀྱང་གྱེན་དུ་འགྲེང་བ་སོགས་མི་དང་ཆོས་མཚུངས་པས་) མི༷་བློ༷་སྐྱེ་བ་བཞི༵ན་ནོ། །ཇི༷་སྲི༷ད་ཐག་རིང་བ་ལ་སོགས་པས་འཁྲུལ་བའི་རྐྱེ༷ན་ཚོ༷གས་དེ༷་ སྲི༷ད་དུ༵། ཐོ༷་ཡོ༷ར་(ཏེ་ཤིང་དུམ་འཐོར་བགྲེང་བ་ལ་)སྐྱེ༷ས་བུ༷་ལྟར༷་སྣ༷ང་བ༵། །དེ༷་བཞི༷ན་ཇི༷་སྲི༷ད་ལ༷ག་ སོ༷གས་འདུས་པ་ལ༵། ལུས་དེ༷་ཡོ༷ད་དོ་སྙམ་པའི་འཁྲུལ་བ་མ་སངས་ཀྱི་བར་དེ༷་སྲི༷ད་དུ་གཞི་ དེ༷ར་ལུ༷ས་སྣང༷་གི་ཞེན་པ་འཇུག་པས་རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་ལྟར་དོན་ལ་མེད་དོ། ། དེ༷་བཞི༷ན་དུ་ཞིབ་པར་བརྟགས་ན་སོ༷ར་མོ༷(དང་རྟིང་པ་སོགས་དུ་མ་འདུས་པ)འི་ཚི༷གས་ཡི༷ན་ ཕྱི༵ར། ལ༷ག་པ༷(དང་རྐང་པ་ཆོས་ཅན་གཅིག་ཏུ་བདེན་པར་འགྱུར་བ)འ༷ང་ག༷ང་ཞི༷ག་ཡི༷ན་པ༷ར་འགྱུ༵ར(ཏེ་མི་ བདེན་ནོ)། །(སོར་མོ་)དེ༷་ཡ༷ང་ཚི༷གས་(དུ་མ་)ཀྱི༷་ཚོ༷གས་ཡི༷ན་(པའི་)ཕྱི༵ར། ཚི༷གས་ཀྱང༷་ར༷ང་གི༷་ཆ༷་ ཕྱེ༷་བ༵ས། །དུ་མར་འགྱུར་ལ་ཆ༷་རེ་རེ་ཡ༷ང་རྡུ༷ལ་དུ༷་ཕྱེ༷་བ༷་སྟེ༵། རྡུ༷ལ་དེ༷འ༷ང་ཤར་ནུབ་ལ་སོགས་ པ་ཕྱོ༷གས་ཆ༷འི་དབྱེ༷་བ༷་ཡི༵ས། རྣམ་པར་དཔྱད་ན་ཕྱོ༷གས་དབྱེ༷་དང་ཆ༷་ཤ༷ས་མཐའ་དག་ད༷ང་ བྲ༷ལ་བའི་ཕྱི༷ར། ནམ་མཁ༷འ་བཞི༷ན་དུ་སྟོང་པར་འགྱུར་ཏེ་དེ༷ས་ན༷་བདག་ཏུ་འཛིན་པའི་གཞི་ རྡུ༷ལ་ཕྲ་རབ་ཙམ་ཡ༷ང་བདེན་པར་མེ༵ད་དོ། ། དེ༷་ལྟར༷་(དཔྱད་ན་རང་བཞིན་གྱིས་སྟོང་པ་ནམ་མཁའ་ལྟ་བུ་ལ་ལོག་པར་རྟགས་པ་)རྨི༷་ལ༷མ་ལྟ་༷བུ༷་ཡི༵། །གཟུ༷གས་ལ༷་རྟོག་དཔྱོ༷ད་ལྡན༷་པ་སུ༷་ཞི༷ག་(ཡིད་དུ་འོང་བར་རྟགས་ནས་)ཆ༵གས (ཏེ་རྨོངས་པར་མི་རིགས་ སོ)། །ག༷ང་ཚེ༷་(སྔར་བརྗོད་པ་)དེ༷་ལྟར༷་ལུ༷ས་(རིང་བཞིན་)མེ༷ད་པ༵(ར་གྲུབ་པ)། །དེ༷་ཚེ༷་(ཆགས་པ་པོ་)སྐྱེ༷ས་ ག༷ང་(ཆགས་ཡུལ་) བུ༷ད་མེ༷ད་ག༵ང་(ཞིག་ཡིན་དེ་ཆགས་པར་མི་རིག་པ)། །ཞེས་པ་སྟེ། འཕགས་པ་འབྱུང་ བ་མེད་པའི་མདོ་ལས། གང་གིས་ལུས་ནམ་མཁའ་དང་མཉམ་པར་མཐོང་བ་དེ་ནི་ལུས་ལ་ 1-1-299 རྗེས་སུ་བལྟ་བའི་དྲན་པ་ཉེ་བར་གཞག་པའོ། །ཞེས་གསུངས་པ་ལྟར་རོ། ། ཁ་ཅིག་ཏུ་ནི་ཚོར་བ་ལ་བདག་གིར་འཛིན་པས་དེའི་གཞི་ཡང་བདེན་མེད་དུ་བརྟག་པར་ བྱ་སྟེ། གལ་ཏེ་སྡུ༷ག་བསྔ༷ལ་གྱི་ཚོར་བ་དེ༷་ཁོ་ན་ཉི༷ད་དུ༷་བདེན་པར་ཡོ༷ད་ན༵། ཅི༷་སྟེ༷་ར༷བ་ཏུ་ ཉམས་དག༷འི་བདེ་བ་ལ༷་མི༷་གནོ༵ད་དེ་གནོད་པར་རིགས་པ་ལས་དགའ་བདེ་མྱོང་དུས་ན་ སྡུག་བསྔལ་ལ་དམིགས་པའི་ཕྱིར་བདེན་པར་མེད་དོ། །དེ་བཞིན་དུ་ཚོར་བ་བདེ༷་བ་བདེན་ པར་ཡོད་ན༷་བཀྲེས་སྐོམ་གྱི་མྱ་༷ང༷ན་གདུ༷ང་སོ༷གས་ལ༵། ཞི༷མ་སོ༷གས་མྱོང་བའི་བདེ་བར་ཅི༷་སྟེ༷་ དག༷འ་མི༷་བྱེ༷ད་དེ་བྱེད་པར་རིགས་པ་ལས་རེས་འགའ་སྡུག་བསྔལ་གྱིས་གདུངས་པའི་ཕྱིར་ བདེན་པར་མ་གྲུབ་བོ། ། དགའ་བདེ་སྟོ༷བས་ད༷ང་ལྡན༷་པ༷ས་ཟི༷ལ་མན༷ན་ཕྱི༷ར། ག༷ལ་ཏེ༷་སྡུག་བསྔལ་དེ༷་བདེན་ པར་ཡོད་ཀྱང་མྱོ༷ང་མ༷་ཡི༷ན་ཞེ་ན༵། ག༷ང་ཞི༷ག་ཉམ༷ས་མྱོ༷ང་བད༷ག་ཉི༷ད་མི༵ན། །དེ༷་ནི༷་ཚོ༷ར་བ༷་ ཇི༷་ལྟར༷་ཡི༵ན་ཏེ་ཚོར་བའི་མཚན་ཉིད་མྱོང་བ་ཡིན་པའི་ཕྱིར་རོ། །སྐྱོན་མེད་དེ་སྡུ༷ག་བསྔ༷ལ་ཕྲ༷་ མོ༷་ཉི༷ད་དུ༷་མྱོང་བ་ཡོ༵ད་པས་སོ་ཞེ་ན། འདི༷་ཡི༷་སྡུག་བསྔལ་ནི་བདེ་བ་ར༷གས་ཤིང་སྟོབས་དང་ ལྡན་པ༷ས་ཟིལ་གྱིས་མནན་ཏེ་བས༷ལ་ནས་མི་མྱོང་བར་ཁས་བླངས་པ་མི༷ན་ན༵མ་ཞེས་བོས་ པའོ། ། ཁོ་ན་རེ། བདེན་མོད་སྡུག་བསྔལ་ཕྲ་མོ་དེ༷་ནི༷་བདེ་བ་སྟོབས་ལྡན་དེ༷་ལ༷ས་གཞ༷ན་དག༷འ་ བདེ་ཙ༵མ། ཤིན་ཏུ་ཕྲ་བ་ལ་འདོགས་པའི་སྐྱོན་མེད་དོ་ཞེ༷་ན༷་བདེ་བ་ཕྲ༷་ཉི༷ད་དེ༷་ཡ༷ང་སྡུག་ བསྔལ་དེ༵འི་ངོ་བོ་ཡིན་མི་སྲིད་པའི་ཕྱིར་མི་འཐད་དོ། །ག༷ལ་ཏེ༷་སྡུག་བསྔལ་དང་འག༷ལ་བ་ བདེ་བའི་རྐྱེ༷ན་གྱི་རེག་པ་སྐྱེ༷ས་པ༷ས་ན༵། སྡུ༷ག་བསྔ༷ལ་དངོས་སུ་སྐྱེ༷ས་པ༷་མི༷ན་པས་ཕྲ་བའོ་ཞེ་ ན༷། འོ་ན་ནི༵། (ཚོར་བ་དུཿཁ་ཆོས་ཅན་བདེན་པ་མ་ཡིན་པར་ཐལ་)ཚོ༷ར་བ༷་(བདེན་པར་)རྟོ༷ག་པ༷་མངོ༷ན་ཞེ༷ན་ ཉི༵ད། །ཡི༷ན་ནོ་ཞེ༷ས་བྱ་༷བ༷ར་གྲུ༷བ་མི༷ན་ན༵མ། ཞེས་པ་སྟེ། རྟོག་པས་སྒྲོ་བཏགས་པར་སྣང་ 1-1-300 བའི་ཕྱིར་རོ། །དེ༷་ཉི༷ད་ཕྱི༷ར་ན༷་ཚོར་བར་རྟོག་པ་འདི༷་ཡི༷་ནི༵། །གཉེ༷ན་པོ༷ར་རྣམ༷་དཔྱོ༷ད་ཤེས་ རབ་འདི༷་བསྒོ༷མས་ཏེ༵། དེས་རྣམ༷་པར་བརྟག༷ས་པ་ན་ཞེན་ཡུལ་མེད་པས་ཡིད་བདེ་བ་ཞི༷ང་ དང་འདྲ་བ་ལ༷ས་བྱུ༷ང་བ༷་ཡི༵། བས༷མ་གཏ༷ན་རྩེ་གཅིག་མི་རྟོག་པའི་བདེ་བ་ལོ་ཐོག་ལྟ་བུ་ནི་ རྣ༷ལ་འབྱོ༷ར་པ༷་ཡི༷་ཟ༵ས་ཏེ་ལུས་སེམས་ཟག་མེད་ཀྱི་བདེ་བས་རྟས་པའི་ཕྱིར་རོ། ། ག༷ལ་ཏེ༷་ཡུལ་དབང་ཡིད་ལ་བྱེད་པ་གསུམ་མ་ཁེགས་པའི་ཕྱིར་དེ་དག་ལས་བྱུང་བའི་ ཚོར་བའི་ཚོར་བ་མི་འགག་གོ་ཞེ་ན། ཅི་མིག་ལ་སོགས་པའི་དབ༷ང་པོ་དང་གཟུགས་ལ་ སོགས་པའི་དོ༷ན་བ༷ར་དང་བཅ༷ས་ན༵། དེ༷་ད༷ག་ག༷ང་དུ༷་ཕྲ༷ད་ཅིང་རེག་པ༷ར་འགྱུ༵ར། བ༷ར་ མེ༷ད་ན༷་ཡ༷ང་གཅི༷ག་ཉི༷ད་དེ༵། །དབང་པོ་ག༷ང་ཞི༷ག་ཡུལ་ག༷ང་ད༷ང་ཕྲ༷ད་པ༷ར་འགྱུ༵ར། དཔྱད་ ན་དབང་པོའི་རྡུ༷ལ་ཕྲ༷ན་དེ་ཡུལ་གྱི་རྡུ༷ལ་ཕྲ༷ན་ལ༷་(ཆོས་ཅན་ཕན་ཚུན་)འཇུ༷ག་པ་མེ༵ད་དེ། རྡུལ་ ཕྲན་དེ༷་ནི༷་ཕན་ཚུན་འཇུག་པའི་ཆ་དང་སྐབ༷ས་མེ༷ད་མཉམ༷་པ༷་ཡི༵ན་པའི་ཕྱིར་རོ། །མ་ཞུགས་ ཀྱང་ཕྲད་པ་ཙམ་ཡོད་དོ་ཞེ་ན། མ༷་ཞུ༷གས་པ༷་ལ༷་འདྲེ༷་བ་མེ༷ད་དེ་འདྲེ་ན་ཆ་ཤས་ཅན་དུ་འགྱུར་ ཞི༵ང༌། མ༷་འདྲེ༷ས་པ༷་ལ༷་ཕྲ༷ད་པ༷་མེ༵ད་དོ། །ཆ༷་མེ༷ད་པ༷་ད༷ང་ཕྲ༷ད་པ༷་ཞེ༵ས། །བྱ་༷བ༷་གཞི་མཐུན་ ཇི༷་ལྟར༷་འཐ༷ད་པ༷ར་འགྱུ༵ར། དབང་པོ་དང་ཡུལ་ཕྲ༷ད་པ༷་ད༷ང་ནི༷་ཆ༷་ཤས་མེ༷ད་པ༵། མི་འགལ་ བར་ག༷ལ་ཏེ༷་མཐོ༷ང་ན༷་བསྟན༷་པ༷ར་གྱི༵ས། ཞེས་པ་སྟེ། དཔལ་ལྡན་དབྱིག་གཉེན་གྱི་ཞལ་སྔ་ ནས་ཀྱང༌། དྲུག་གིས་གཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུང་ངོ༌། །རྣམ༷་ཤེ༷ས་ཀྱིས་ ཡུལ་རིག་པ་ཡིན་ཡང་ལུ༷ས་མེ༷ད་པ༷འི་ཕྱིར་དེ་ལ༷་ནི༵། ལྷག་པར་ཡང་ཕྲ༷ད་པ༷འི་ཆོས་འཐ༷ད་པ༷་ མ༷་ཡི༷ན་པ་ཉི༵ད་དོ། །ཡུལ་དབང་ཡིད་བྱེད་སོ་སོ་བར་མ་ཟད་ཚོ༷གས་པ༷འ༷ང་དངོ༷ས་པོ༷ར་མེ༷ད་ ཕྱི༷ར་རེག་པ་མི་འཐད་དེ༷། ཕྱོགས་དབྱེ་ཆ་ཤས་དང་བྲལ་ཕྱིར་ཞེས་སོགས་ཀྱིས་སྔ༷ར་ནི༷་ཇི༷་ ལྟར༷་རྣམ༷་པར་དཔྱ༷ད་ནས་བདེན་མེད་དུ་གྲུབ་པ་བཞི༷ན་ནོ། ། 1-1-301 དེ༷་ལྟར༷་རྒྱུ་རེ༷ག་པ༷་ཡོ༷ད་མི༷ན་ན༷། འབྲས་བུ་ཚོ༷ར་བ༷་བདེ་སྡུག་ག༷ང་ལ༷ས་འབྱུ༷ང་བ༷ར་ འགྱུ༷ར། བླང་དོར་དུ་འཛིན་པའི་ང༷ལ་འདི༷་ཅི༷་ཡི༷་དོ༷ན་དུ༷་ཡི༵ན། སྡུག་བསྔལ་མ་བཟོད་པས་ སོ་ཞེ་ན་(འཁོར་བ་ལ་ཆོས་ཅན་)སྡུག་བསྔལ་བདེན་མེད་ག༷ང་གི༷ས་གང་ཟག་ག༷ང་ལ༷་གནོ༷ད་པ༷ར་ འགྱུ༷ར(ཏེ་མི་འགྱུར་བར་ཐལ་ཚོར་བ་མ་གྲུབ་པའི་ཕྱིར་རོ། )། ག༷ང་ཚེ༷་ཚོ༷ར་པོ༷་གང་ཟག་འག༷འ་མེ༷ད་ཅི༷ང༌། ཞེན་ཡུལ་ཚོ༷ར་བ༷འ༷ང་ཡོ༷ད་པ༷་མ༷་ཡི༷ན་པ༷། (ཚོར་བྱ་ཚོར་བྱེད་མེད་པ་)དེ༷་ཚེ༷་གན༷ས་སྐབ༷ས་འདི༷་ མཐོ༷ང་ན༷ས། །བདེ་བ་ལ་སྲེ༷ད་པ༷་ཅི༷་ཕྱི༷ར་ལོ༷ག་མི༷་འགྱུ༷ར། མིག་གིས་མཐོ༷ང་བ༷འ༷མ་ནི༷་ལུས་ ཀྱིས་རེ༷ག་པ༷་སོགས་དང་ཚོར་བར་སྣང་བ་ཡ༷ང༌། རྨི༷་ལ༷མ་དང་སྒྱུ༷་མ་འདྲ་༷བའི༷་བད༷ག་ཉི༷ད་ ཀུན་རྫོབ་འཁྲུལ་སྣང་ཙམ་ཡིན་པ་ཉིད་ཀྱི༷ས་བདེན་པར་མེད་དོ། ། གལ་ཏེ་ཡོད་ན་དུས་མཉམ་པའམ་སྔ་ཕྱིར་སྐྱེས་པ་གང་གིས་མཐོང༌། དང་པོ་ལྟར་ན་ (ཚོར་བ་ཆོས་ཅན་ད་ལྟར་གྱི་སེམས་དེ་ཡིས་མཐོང་པ་མིན་པར་ཐལ་)སེ༷མས་ད༷ང་ལྷ༷ན་ཅི༷ག་སྐྱེ༷ས་པ༷(འབྲེལ་མེད་ དོན་གཞན་ཡིན་པ)འི་ཕྱི༷ར། ཚོ༷ར་བ༷་ནི་སེམས་དེ༷་ཡི༷ས་མཐོ༷ང་མ༷་ཡི༷ན་ཏེ་དུས་མཉམ་པ་རྒྱུ་འབྲས་ སུ་འགལ་བའི་ཕྱིར་རོ། །འོན་ཏེ་ཚོར་བ་ཡུལ་གྱི་རྣམ་པ་ཅན་སྔ༷་མ་ད༷ང་ཤེས་པ་ཡུལ་ཅན་གྱི་ རྣམ་པ་ཕྱི༷་མ༷ར་སྐྱེ༷ས་པ༷ས་མྱོང་ངོ་ཞེ་ན་དེ་ལྟ་མོད་ཀྱ༷ང༌། སྔར་གྱི་རྣམ་པ་དྲན༷་པ༷ར་འགྱུ༷ར་གྱི༷་ དངོས་སུ་མྱོ༷ང་བ་ནི་མ༷་ཡི༷ན་ཏེ་ཤེས་པ་དེ་དུས་ན་ཚོར་བ་དེ་འགགས་པའི་ཕྱིར་རོ། །ཤེས་པ་ ར༷ང་གི༷ས་བད༷ག་ཉི༷ད་མྱོ༷ང་བ་ཡང་མི༷ན་ཏེ་རང་རིག་པ་བཀག་ཟིན་ལ༷། གཞ༷ན་ད༷ག་གི༷ས་ ཀྱང༷་མྱོ༷ང་བ་མ༷་ཡི༷ན་ཏེ་དུས་མཉམ་དང་སྔ་ཕྱིར་མྱོང་བ་བཀག་པའི་ཕྱིར་རོ། །དཔྱད་ན་ཚོ༷ར་ བ་པོ༷འི་བདག་འག༷འ་ཡ༷ང་ཡོ༷ད་མི༷ན་ཏེ༷། དེ༷ས་ན༷་ཚོ༷ར་བ༷་བདག་གིར་བྱ་བའི་ཆོས་ཀྱང་དེ༷་ ཉི༷ད་དུ་བདེན་པ་མི༷ན་ན། དེ༷་ལྟར༷་བད༷ག་མེ༷ད་ཅིང་རྟེན་འབྲེལ་ཚོ༷གས་པ་སྒྱུ་མ་ཙམ་འདི༷་ ལ༷། བདེ་སྡུག་ཏུ་ཞེན་པ་འདི༷་ཡི༷ས་ཅི༷་སྟེ༷་འཁོར་བར་འཁྱམ་པའི་གནོ༷ད་པ༷་བྱས༷། ཞེས་པ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཚོར་བ་མྱོང་བར་རབ་བསྟན་པ། །ཚོར་བ་པོ་ལས་ 1-1-302 ཚོར་བ་གཞན། །གུད་ན་ཡོད་པ་མ་ཡིན་ན། །གང་གིས་དེ་ནི་ཚོར་བར་འགྱུར། །བྱང་ཆུབ་ཅི་ འདྲ་དེ་བཞིན་དུ། །ཞི་ཞིང་དག་ལ་འོད་གསལ་བར། །ཚོར་བ་འདི་ལ་མཁས་པ་རྣམས། །དྲན་ པ་དེ་ལ་ཉེ་བར་འཇོག །ཅེས་གསུངས་སོ། ། དེ་བཞིན་དུ། བདག་ཏུ་ལྟ་བའི་ཡི༷ད་ནི༷་དབ༷ང་པོ་དྲུག་པོ་རྣམ༷ས་ལ༷་མི༷་གན༷ས་དེ་དབང་ པོ་ཡོད་ཀྱང་ཡུལ་མེད་ན་མི་སྐྱེ་བའི་ཕྱིར་རོ། །གཟུ༷གས་སོ༷གས་ཡུལ་དྲུག་ལ༷་ཡང་གནས་ པ་མི༷ན་ཏེ་ཡུལ་ཡོད་ཀྱང་དབང་པོ་མེད་ན་མི་སྐྱེ་བའི་ཕྱིར་རོ། །དབང་པོ་དང་ཡུལ་གྱི་བ༷ར་ ན༷འ༷ང་གནས་པ་མི༷ན་ཏེ་མ་དམིགས་པའི་ཕྱིར་རོ། །གཏན་ཚིགས་གསུམ་པོ་དེའི་ཕྱིར་རིམ་ པ་ལྟར། ན༷ང་ན༷འ༷ང་སེ༷མས་མི༷ན་ཕྱི༷་མི༷ན་ཞི༷ང༌། །གཞ༷ན་དུ༷་ཡ༷ང་ནི༷་རྙེ༷ད་མ༷་ཡི༷ན། །ཞེས་ སོ། །སེམས་ག༷ང་ཞི༷ག་ནང་ལུ༷ས་ལ་གནས་པ་མི༷ན་ཞིང་གཞ༷ན་ཕྱི་རོལ་ཏུ༷འ༷ང་མི༷ན། དེ་དག་ འདྲེ༷ས་པར་ཡང་མི༷ན་ལ་དེ་གསུམ་ལས་ལོ༷གས་སུ༷འ༷ང་བཙལ་ན་འག༷ར་ཡང་བདེན་པ་མེ༷ད་ པ༷། དེ༷་ནི༷་ཅུ༷ང་ཟ༷ད་ཙམ་ཡང་བདག་ཏུ་གྲུབ་པ་མི༷ན་ནོ་དེ༷འི་ཕྱི༷ར། སེ༷མས་ཅ༷ན་གྱི་སེམས་གློ་ བུར་བ་ནི་བདེན་པར་མེད་ལ་དེའི་ར༷ང་བཞི༷ན་འོད་གསལ་བ་ནི་མྱ་༷ང༷ན་ལས་འད༷ས་པའོ། ། གློ་བུར་གྱི་སེམས་མ་གྲུབ་པ་ཉིད་ཀྱིས་རྣམ་ཤེས་སྐྱེ་བ་དོན་ལ་མེད་དེ། ཤེ༷ས་བྱ་༷གཟུགས་ སོགས་ལ༷ས་སྔ༷་རོལ་ཏུ་དེ་འཛིན་མིག་ཤེ༷ས་ལ་སོགས་པ་ཡོ༷ད་ན༵། ཤེས་པ་དེ༷་ནི༷་ཅི༷་ལ༷་ དམི༷གས་ན༷ས་སྐྱེ༵་སྟེ་རང་གི་སྔོན་དུ་དམིགས་རྐྱེན་མེད་པའི་ཕྱིར་རོ། །(གལ་ཏེ་དབང་)ཤེ༷ས་ད༷ང་ ཤེ༷ས་བྱ་༷(གཟུང་ཡུལ་དུས་)ལྷ༷ན་ཅི༷ག་(ཏུ་སྐྱེས་)ན༵། །(དབང་ཤེས་)དེ༷་ནི༷་(གཟུང་ཡུལ་)ཅི༷་ལ༷་དམི༷གས་ ན༷ས་སྐྱེ༵་སྟེ་རྒྱུ་འབྲས་དུས་མཉམ་མི་སྲིད་པའི་ཕྱིར་རོ། །འོ༷ན་ཏེ༷་གཟུགས་སོགས་ཤེ༷ས་བྱ༷འི་ ཕྱི༷ས་རྣམ་ཤེས་སྐྱེ་བ་ཡོ༷ད་ན༵། དེ༷་ཚེ༷་ཤེ༷ས་པ༷་ག༷ང་ལ༷ས་སྐྱེ༵་སྟེ་དེ་དུས་ན་ཤེས་བྱ་དུས་ལས་ འདས་པའི་ཕྱིར་རོ། །འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས། དེ་སེམས་ཀུན་ཏུ་ཚོར་ བ་ན་སེམས་དེ་ནི་ནང་དང་ཕྱི་དང་དེ་གཉི་ག་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ 1-1-303 ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་པ་དང༌། འཕགས་པ་འབྱུང་བ་མེད་པའི་མདོ་ ལས་ཀྱང༌། སེམས་མིང་ཙམ་དུ་ཤེས་ན་དེ་ནི་སེམས་ལ་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་ པའོ། །ཞེས་གསུངས་པའོ། ། དེ༷་ལྟར༷་ཕྱི་ནང་གི་ཆོ༷ས་རྣམ༷ས་ཐ༷མས་ཅ༷ད་ཀྱི༷། གནས་ལུགས་ལ་དཔྱད་ན་སྐྱེ༷་བ༷་ཀུན་ རྫོབ་གློ་བུར་བ་དོན་ལ་ཡོད་པར་རྟོ༷གས་པ༷ར་འགྱུ༷ར་བ་མ༷་ཡི༵ན་པས་རྟག་པའི་མཐའ་བསལ་ ཞིང༌། རང་བཞིན་མྱང་འདས་སླུ་མེད་བདེན་པར་གྲུབ་པས་ཆད་པའི་མཐའ་བསལ་ནས་ཟུང་ འཇུག་དབུ་མའི་གནས་ལུགས་ལ་ཆོས་དྲན་པ་ཉེ་བར་འཇོག་པ་སྟེ། ཇི་སྐད་དུ། གང་ཞིག་ རྟེན་ཅིང་འབྲེལ་བར་འབྱུང༌། །དེ་ལ་ཁྱོད་ནི་སྟོང་ཉིད་བཞེད། །དེ་བཞིན་དུ་ནི་དམ་ཆོས་ཏེ། །དེ་དང་མཚུངས་པ་དེ་བཞིན་གཤེགས། །དེ་ནི་དེ་ཉིད་དོན་མེད་ཀྱང༌། །དེ་བཞིན་ཉིད་ཀྱི་ རྫས་སུ་བཞེད། །ཡང་དག་དེ་ནི་མི་སླུ་ལ། །དེ་རྟོགས་པ་ནི་སངས་རྒྱས་བརྗོད། །ཅེས་འགྲེལ་ པར་དྲངས་པ་བཞིན་ནོ། ། འདི་དག་གི་དོན་ལ་འགའ་ཞིག་ན་རེ། ག༷ལ་ཏེ༷་དེ༷་ལྟར༷་ཀུ༷ན་རྫོ༷བ་དོན་ལ་བདེན་པར་ མེ༵ད་པའི་ལུགས་དེ༷་ལ༷་བདེ༷ན་གཉི༷ས་ཀྱི་རྣམ་གཞག་ག༷་ལ༷་ཡོ༵ད་དེ་མེད་པར་འགྱུར་ལ། བདེན་གཉིས་ཀྱི་ཡ་གྱལ་དེ༷་ཡ༷ང་ཀུ༷ན་རྫོ༷བ་སྟོང་ཉིད་ལས་གཞ༷ན་སེམས་འཁྲུལ་བའི་སྣང་ བ་ཉིད་ཀྱི༷ས་འཇོག་ན༵། སེ༷མས་ཅ༷ན་རང་བཞིན་མྱ་༷ང༷ན་འདས་ཞེས་སྔར་བརྗོད་ཀྱང་ག༷་ལ༷་ འད༵འ་སྟེ་འཁྲུལ་སྣང་མ་ཟད་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ་རེ་ཤིག་ཀུན་རྫོབ་བདེན་པ་དེ༷་ ནི༷་རང་བཞིན་ལས་གཞ༷ན་སེ༷མས་ཀྱི་དྲི་མ་རྣམ༷་རྟོ༷ག་གློ་བུར་བུའི་ཆ་སྣང་བ་ཙམ་ལ་འཇོག་ སྟེ༷། དེ༷་ནི༷་ར༷ང་གི༷་ངོ་བོ་ཀུ༷ན་རྫོ༷བ་ཉིད་ཡིན་གྱི་རང་བཞིན་དོན་དམ་མི༵ན་པའི་ཕྱིར། རྒྱུ་སྔ་ མ་ལས་འབྲས་བུ་ཕྱི༷ས་འབྱུང་གི་ཚུལ་དེ༷་ངེ༷ས་པ་ལས་མ་འདས་ན༷་དེའི་བར་དུ་རང་རང་སྣང་ ངོར་ཀུན་རྫོབ་ཡོད་པས་བདེན་གཉིས་རྣམ་གཞག་དེ༷་ཡོ༷ད་དེ༵། མི༷ན་པར་རྒྱུ་འབྲས་ཀྱི་རྣམ་ 1-1-304 གཞག་འགགས་ན༷་དེའི་སྣང་ངོར་ཀུ༷ན་རྫོ༷བ་མེ༷ད་པ༷་ཉི༵ད་ཡིན་པས་བདེན་གཉིས་ཀྱི་རྣམ་ གཞག་མེད་ཀྱང་རང་བཞིན་མྱང་འདས་ཡོད་དེ། མྱ་ངན་འདས་པ་བདེན་གཅིག་པུ་གྲུབ་པའི་ ཕྱིར་རོ། །ཀུན་རྫོབ་སྟོང་པ་ཡིན་ན་རྟོག་དཔྱོད་ཀྱི་ཡུལ་མ་ཡིན་ནོ་ཞེ་ན། མི་འགལ་ཏེ་རྟོ༷ག་ པ་སྒྲོ་འདོག་པའི་བློ་ད༷ང་བརྟག༷་པ༷ར་བྱ་༷བ༷་སྒྲོ་གདགས་པའི་ཡུལ་ཀུན་རྫོབ་ད༵ག །གཉི༷ས་པོ༷་ ཕ༷ན་ཚུ༷ན་ལྟོས་ནས་རྟེན་དང་བརྟེ༷ན་པ༷་ཡི༵ན་ཏེ། འཇིག་རྟེན་དུ་ཇི༷་ལྟར༷་གྲ༷གས་པ༷་ལ༷་བརྟེ༷ན་ ན༵ས། རྣམ༷་པ༷ར་དཔྱ༷ད་པ༷འི་ཐ་སྙད་ཐ༷མས་ཅ༷ད་བརྗོ༵ད་པའི་ཕྱིར་རོ། །ག༷ང་ཚེ༷་རྣམ༷་པ༷ར་ དཔྱ༷ད་པ༷་ཡི༵། །རྣམ༷་དཔྱོ༷ད་བློ་གྲོས་ཀྱི༷ས་ནི༷་ཀུན་རྫོབ་ཀྱི་ཡུལ་བདེན་མེད་དུ་དཔྱོ༷ད་བྱེ༷ད་ ན༵། དེ༷་ཚེ༷་རྣམ༷་དཔྱོ༷ད་ཀྱི་བློ་དེ༷་ཡ༷ང་ནི༵། སླར་ཡང་བདེན་མེད་དུ་རྣམ༷་པར་དཔྱོ༷ད་དགོས་པའི་ ཕྱི༷ར་ན༷་རྣམ་དཔྱོད་ཐུ༷ག་པ༷་མེ༵ད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ་དཔྱ༷ད་བྱ་༷ཀུན་རྫོབ་ལ་ རྣམ༷་པ༷ར་དཔྱ༷ད་ཅིང་བརྟག་པ་བྱས༷་པ་ན༵། རྣམ༷་དཔྱོ༷ད་ཀྱི་བློ་དེ་ལ༷་ནི༷་རྟེ༷ན་ནས་ཡུལ་བདེན་ ཡོ༷ད་མི༵ན། རྟེ༷ན་མེ༷ད་ཅིང་ཡུལ་མ་གྲུབ་པའི་ཕྱི༷ར་ན༷་དེ་ལ་རྟེན་པའི་རྣམ་དཔྱོད་ཐུག་མེད་དུ་ མི༷་སྐྱེ༷་སྟེ༵། རང་བཞིན་རྣམ་དག་ཏུ་མ་ཟད་དྲི་མ་མ་སྐྱེས་པ་དེ༷་ཡ༷ང་མྱ་༷ང༷ན་འད༷ས་པ༷ར་བརྗོ༷ད་ དེ་སྤངས་པ་ཕུན་ཚོགས་ཡིན་པའི་ཕྱིར་རོ། ། དངོས་པོ་དོན་དུ་བདེན་པར་སྨྲ་བ་ག༷ང་གི༷་ལུགས་ལྟར༷་ན༷་དཔྱད་བྱ་ཤེས་བྱ་དང་དཔྱོད་ བྱེད་ཤེས་པ་འདི༷་གཉི༷ས་རྟེན་དང་བརྟེན་པར་བདེ༵ན་དགོས་པ་ལས། རིགས་པས་དཔྱད་ན་ དེ༷་ཉི༷ད་བདེན་པ་ཤི༷ན་ཏུ༷་དཀ༷འ་བ༷ར་གན༵ས་ཏེ། འདི་ལྟར་ག༷ལ་ཏེ༷་ཤེ༷ས་པ་ཚད་མའི་དབ༷ང་ ལ༷ས་དོ༷ན་ཤེས་བྱ་གྲུ༵བ་ན། བརྟེན་པ་ཤེ༷ས་ཡོ༷ད་ཉི༷ད་ལ༷་རྟེ༷ན་ཤེས་བྱ་ཅི༷་ཞིག་བདེན་པར་ ཡོ༵ད་དེ་མེད་དོ། །འོ༷ན་ཏེ༷་རྟེན་ཤེ༷ས་བྱ༷འི་མཐུ་ལ༷ས་བརྟེན་པ་ཤེ༷ས་པ་གྲུ༵བ་ན། རྟེན་ཤེ༷ས་བྱ་ ༷ཡོ༷ད་པ་ལ༷འ༷ང་རྟེ༷ན་པ་ཤེས་པ་ཅི༷་ཞིག་བདེན་པར་ཡོ༵ད་དེ་དཔྱད་ན་ཐ་སྙད་ཀྱི་རྣམ་གཞག་ འཇིག་པའི་ཕྱིར་རོ། །རེ་རེ་ནས་དཔྱད་ན་དེ་ལྟར་བདེན་ཡང་དེ༷་སྟེ༷་འམ་ཅི་སྟེ་ཤེས་དང་ཤེས་ 1-1-305 བྱ་ཕ༷ན་ཚུ༷ན་ལྟོས་པའི་དབ༷ང་གི༷ས་བདེན་པར་ཡོ༵ད་དོ་ཞེ་ན། འོ་ན་གཉི༷་ག༷་ཡ༷ང་ནི༷་བདེན་ དངོས་སུ་མེ༷ད་པ༷ར་འགྱུ༵ར་ཏེ་ལྟོས་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ག༷ལ་ཏེ༷་མ་ངེས་སོ་སྙམ་ ན་མ་ཡིན་ཏེ་ལྟོས་པ་བུ༷་མེ༷ད་པར་ཕ༷འི་ཐ་སྙད་གྲུབ་པ་མི༷ན་ན༵། བུ༷་ཉི༷ད་ག༷ང་ལ༷ས་བྱུ༷ང་བ༷་ ཡི༵ན་ཏེ་སྐྱེད་བྱེད་ཕ་མ་གྲུབ་པའི་ཕྱིར་དང༌། བུ༷འི་ཐ་སྙད་མེ༷ད་པ༷ར་ནི༷་ཕ༷འི་ཐ་སྙད་ཀྱང་མེ༷ད་ པ༵། དེ༷་བཞི༷ན་དུ་ཤེས་པ་དང་ཤེས་བྱ་དེ༷་གཉི༷ས་ཀྱང་ལྟོས་ནས་གཞག་པས་གཅིག་མ་གྲུབ་ན་ གཅིག་ཀྱང་མེ༷ད་པ༷་ཉི༵ད་དུ་འགྱུར་བའི་ཕྱིར་རོ། ། དཔེར་ན་མྱུ༷་གུ༷་ས༷་བོ༷ན་ལ༷ས་སྐྱེ༷ས་ཤི༵ང༌། ས༷་བོ༷ན་སྔོན་དུ་སོང་བར་མྱུ་གུ་དེ༷་ཉི༷ད་ཀྱི་ རྟགས་ཀྱི༷ས་རྟོ༷གས་པ་དེ་བཞི༵ན་དུ། ཤེ༷ས་བྱ་༷གཞལ་བྱ་ལ༷ས་སྐྱེ༷ས་པའི་ཤེ༷ས་པ༷་ཚད་མ་ཡི༵ས། ཤེས་བྱ་དེ༷་དོན་དུ་ཡོ༷ད་པ༷་ཉིད་ནི༷་ཅི༷ས་མི༷་རྟོ༵གས་ཞེ་ན། མི་མཚུངས་ཏེ་མྱུ༷་གུ༷་ལ༷ས་གཞ༷ན་མྱུ་ གུ་འཛིན་པའི་ཤེ༷ས་པ༷་ཡི༵ས། ས༷་བོ༷ན་ཡོ༷ད་ཅེ༷ས་རྟོ༷གས་འགྱུ༷ར་ན༵། །འདིར་ག༷ང་ཕྱི༷ར་ཤེ༷ས་ བྱ་༷དེ༷་རྟོ༷གས་པ༵འི། །ཤེ༷ས་པ༷་ཚད་མ་ཡོ༷ད་ཉི༷ད་བློ་ག༷ང་ལ༷ས་རྟོ༵གས་ཏེ་རང་ལས་ལོགས་སུ་ ཚད་མ་མི་འགྲུབ་ལ་རང་རིག་པ་བཀག་ཟིན་པའི་ཕྱིར་རོ། ། དེ་བཞིན་དུ། རྒྱང་འཕེན་པ་ལ་སོགས་པ་རྒྱུ་ལ་ལོག་པར་རྟོག་པ་ཁ་ཅིག་ནི། ཉི་ཤར་ཆུ་ བོ་ཐུར་དུ་འབབ་པ་དང༌། །སྲན་ཟླུམ་ཚེར་མ་བཟང་རིང་རྣོ་བ་དང༌། །རྨ་བྱའི་མདོངས་ལེགས་ ལ་སོགས་ཆོས་རྣམས་ཀུན། །སུས་ཀྱང་མ་བྱས་རང་གི་ངོ་བོས་བྱུང༌། །ཞེས་སྨྲ་བ་ཡང་མི་ རིགས་ཏེ། རེ༷་ཤི༷ག་ཀུན་རྫོབ་ཙམ་དུ་འཇི༷ག་རྟེ༷ན་པ་རྣམས་ཀྱི་མངོ༷ན་སུ༷མ་དང་རྗེས་དཔག་ ལ་སོགས་པ་རྣམས་ཀྱི༷ས། དངོས་པོ་སྣ་ཚོགས་ཀྱི་རྒྱུ༷་རྣམ༷ས་ཐ༷མས་ཅ༷ད་རྣམ་པ་དུ་མར་ མཐོ༷ང་བ༷ས་གྲུབ་པ་ཡི༵ན་པའི་ཕྱིར་རོ། །དེས་ན་པ༷ད་མ༷འི་སྡོ༷ང་བུ༷་དང་གེ་སར་དང་ལོ་མ་དང་ ཁ་དོག་ལ་སོ༷གས་དབྱེ༷་བ་མང་པོ་ནི༵། རྒྱུ༷་ཡི༷་དབྱེ༷་བ༷ས་བསྐྱེ༷ད་པ༷་ཡི༵ན་ཏེ། ངེས་པ་མེད་ན་ ཐམས་ཅད་དུ་འབྱུང་བར་ཐལ་བའི་ཕྱིར་རོ། ། 1-1-306 འོ་ན་རྒྱུ༷་དབྱེ༷་ག༷ང་གི༷ས་འབྲས་བུའི་ཁྱད་པར་རྣམས་བྱས༷་ཞེ༷་ན༵། དངོས་པོ་གང་དང་གང་ གི་སྔ༷ར་རོལ་གྱི༷་རྒྱུ༷འི་ཁྱད་པར་སྣ་ཚོགས་པའི་དབྱེ༷་བ་ཉི༷ད་ལ༷ས་སོ༵། །ཅི༷་ཕྱི༷ར་སྔ་རོལ་གྱི་རྒྱུ༷་ འདས་པ་ཡི༷ས་ཕྱི་རོལ་གྱི་འབྲ༷ས་བུ་བསྐྱེ༷ད་པར་ནུ༵ས་ཞེ་ན། སྔ༷ར་གྱི༷་རྒྱུ༷་ཡི༷་ངོ་བོ་འགགས་ ཀྱང་དེའི་ནུས་པའི་མཐུ༷་རྒྱུན་མཐུད་པ་ཉི༷ད་ལ༵ས་འབྲས་བུའི་ཁྱད་པར་བསྐྱེད་པར་ནུས་ཏེ། སྐྱེས་པ་རབས་ཀྱི་ཕྲེང་བར། གལ་ཏེ་པད་མའི་སྡོང་བུ་སོགས་དང་འདྲ་ཞེ་ན། འོ་ནའང་རྟག་ཏུ་ རྒྱུ་མེད་པར་ནི་མི་འགྱུར་ཏེ། ཆུ་ལ་སོགས་པའི་རྒྱུ་རྣམས་ཡོད་ན་དེ་རྣམས་ནི། སྐྱེ་བར་བྱེད་ཀྱི་ དེ་རྣམས་མེད་ན་མི་སྐྱེའོ། །ཞེས་གསུངས་པ་ལྟར་རོ། ། ཡང༌། སྐྱེ་ལྡན་གཞན་པ་ཐམས་ཅད་ཀྱི། །རྒྱུ་ནི་དབང་ཕྱུག་བྱེད་པར་བརྗོད། །སེམས་ མེད་པར་ནི་རང་གི་འབྲས། །རང་ཉིད་ཀྱིས་ནི་རྩོམ་ནུས་མིན། །ཞེས་འགྲེལ་པར་དྲངས་པ་ ལྟར་རིགས་པ་ཅན་ལ་སོགས་པ་རྣམས་ན་རེ། དབ༷ང་ཕྱུ༷ག་ཉིད་འགྲོ༷་བ༷་སྣ་ཚོགས་པའི་བསྐྱེད་ པ་དང་གནས་པ་དང་འཇིག་པས་དབྱིབས་སྣ་ཚོགས་པར་བྱིན་གྱིས་བརློབ་པའི༷་རྒྱུ༷་ཡི༷ན་ནོ་ཞེ་ ན༵། གོ་དེ་ལྟ་ན་རེ༷་ཤི༷ག་(ཁྱེད་རྒྱུར་འདོད་པའི་)དབ༷ང་ཕྱུ༷ག་ག༷ང་ཡི༷ན་སྨྲོ༵ས། ཞེས་དྲིས་པའི་ལན་ དུ་ཁོ་ན་རེ། ས་ལ་སོགས་པ་འབྱུ༷ང་བ་ཆེན་པོ་རྣམ༷ས་སོ་(དབང་ཕྱུག་ཡིན་ནོ་)ཞེ༷་ན༷། དེ༷་ལྟ་༷མོ༵ད། འབྱུང་བ་ལ་དབང་ཕྱུག་གི་མི༷ང་ཙ༷མ་བཏགས་པ་ལ༷་ཡ༷ང་བྱེད་པ་པོ་ཡིན་མ་ཡིན་ལ་སོགས་ཅི༷་ ཞི༷ག་རྩོད་དེ་མིང་ནི་ཇི་ལྟར་འདོད་ལ་རག་ལས་པས་ང༵ལ་བ་མི་དགོས་སོ། །འོ༷ན་ཀྱང༷་ཁྱོད་ ཀྱི་དམ་བཅའ་ལ་གནོད་པ་ཡོད་དེ་ས༷་སོ༷གས་འབྱུང་བ་རྣམས་ནི་དུ༷་མ༷་ད༵ང༌། མི༷་རྟག༷་པ་དང་ ཡུལ་ལ་སེམས་གཡོ༷་བ་མེ༷ད་པས་ལྷ་༷དབང་ཕྱུག་གཅིག་པུ་དང་རྟག་པ་དང་ཡུལ་ལ་ལོངས་ སྤྱོད་པ་པོ་མི༷ན་ཞི༵ང༌། ས་སོགས་ནི་ཀུན་གྱི་གོམ་པས་བགོ༷མ་བྱ་༷ཉི༷ད་ད༷ང་མི༷་གཙ༷ང་བ༷་ཕྱི་ ས་སོགས་ཀྱང་ཡིན་སྲིད་པས༵། དེ༷་ནི༷་དབ༷ང་ཕྱུ༷ག་ཉི༷ད་མ༷་ཡི༵ན་ཏེ་ཡིན་ན་དེ་དག་ཏུ་ཐལ་ བའི་ཕྱིར་རོ། །དབ༷ང་ཕྱུ༷ག་ནི་ནམ་མཁ༷འ་ཞེ་ན། (ནམ་མཁའ་ཆོས་ཅན་དབང་ཕྱུག་)མི༷ན་ཏེ་ 1-1-307 གཡོ༷་བ་མེ༷ད་པའི་ཕྱི༷ར་རོ། །བད༷ག་གོ་ཞེ་ན། མི༷ན་ཏེ་གལ་ཏེ་བདག་འགའ་ཡོད་ན་ནི། ཞེས་ སོགས་ཀྱིས་སྔ༷ར་ནི༷་བཀ༷ག་ཟི༷ན་པའི་ཕྱི༷ར་རོ། །བས༷མ་བྱ་མི༷ན་པ༷་ཡི༷་བྱེ༷ད་པོ༷་ཡ༵ང༌། མ་ཡིན་ ཏེ་བས༷མ་མི༷ན་བརྗོ༷ད་པ༷ས་ཅི༷་ཞི༷ག་བྱ༷། རྟོག་ཡུལ་ན་མེད་པ་བརྗོད་པར་མི་ནུས་པའི་ཕྱིར་ རོ། །དེའི་ཕྱིར་དབང་ཕྱུག་དེ༷ས་བསྐྱེ༷ད་པར་འདོ༷ད་པ༷འི་འབྲས་བུའང་ག༷ང་ཞི༷ག་ཡི༵ན་བདག་ གོ་ཞེ་ན། བད༷ག་(ནི༷་)དེ༷་ད༷ང་ས༷་དང་སོ༷གས་པའི་སྒྲས་ཆུ་དང་མེ་དང་རླུང་དང་ནམ་མཁའ་ དང་དུས་དང་ཕྱོགས་དང་ཡིད་དེ་བྱ་བ་འབྲས་བུའི་ངོ་བོ་ད༵ང༌། བྱེད་པ་པོ་དབ༷ང་ཕྱུ༷ག་གི་(རྒྱུན་ སྔ་ཕྱི་ཆོས་ཅན་འབྲས་བུའི་དངོས་པོ་མ་ཡིན་པར་ཐལ་)ངོ༷་བོ༷་རྟག༷་པར་ཁས་བླངས་པ་མི༷ན་ན༵མ(སྟེ་རྟག་པ་ཡིན་ པའི་ཕྱིར)། ཡང་འདིར་བསྐྱེད་བྱ་སྐྱེད་བྱེད་དུ་འདོད་ན་རྟག་པའི་དམ་བཅའ་བུད་དོ། །དེས་ན་ ཤེ༷ས་པ༷་(འབྲས་བུ་ཡིན་ཞེ་ན་ཤེས་པ་ཆོས་ཅན། དབང་ཕྱུག་ལས་སྐྱེས་པ་མ་ཡིན་པར་ཐལ། )ཤེ༷ས་བྱ་༷(མི་རྟག་པ་)ལ༷ས་ སྐྱེ༷ས་(པའི་ཕྱིར་)ད༵ང༌། །ཐོ༷ག་མེ༷ད་བདེ༷་སྡུ༷ག་མྱོང་བ་ལ་སོགས་ནི་སེམས་ཅན་གྱི་ལ༷ས་དགེ་མི་ དགེ་སྣ་ཚོགས་བསགས་པའི་རྒྱུ་ལ༷ས་འབྲས་བུ་སྣོད་བཅུད་ཀྱི་རྣམ་འགྱུར་དུ་མར་སྣང་བ་ཙམ་ ཡི༵ན་གྱི། དབང་ཕྱུག་དེ༷་ཡི༷ས་ག༷ང་ཞི༷ག་བསྐྱེ༷ད་པ༷་སྨྲོ༵ས། ཞེས་དྲིས་པ་སྟེ་དེའི་ནུས་པ་ཅུང་ ཟད་ཀྱང་མ་དམིགས་པར་སྟོན་པའོ། །གཞན་ཡང་རྒྱུ༷་དབང་ཕྱུག་རྟག་ལ༷་ཐོ༷ག་མ༷་ཡོ༷ད་མི༷ན་ དུ་འདོད་ན༵། འབྲ༷ས་བུ༷(འི་དངོས་པོ་ལ་ཆོས་ཅན་)ཐོ༷ག་མ༷ར་འདི་བསྐྱེད་ཀྱི་རྣམ་གཞག་ག༷་ལ༷་ཡོ༵ད་ དེ་མེད་པར་འགྱུར་ལ། འདོད་ན་འཇིག་རྟེན་འཆགས་པའི་རྒྱུ་བྱེད་པ་དང་འགལ་ལོ། །ཐོག་ མེད་ཀྱི་རྒྱུ་རྟག་པ་ཡིན་ན་རྟག༷་ཏུ༷་ཅི༷འི་ཕྱི༷ར་འབྲས་བུ་བྱེ༷ད་པ་པོ་མི༷ན་ཏེ༵། བར་མ་ཆད་དུ་བྱེད་ དགོས་པ་ལས་རེས་འགའ་བར་ཆད་པ་དང་འགལ་ལོ། །རྟག་ཏུ་བྱེད་མོད་ལྷན་ཅིག་བྱེད་རྐྱེན་ མེད་དུས་བར་ཆད་པ་ཡིན་ནོ་ཞེ་ན། འོ་ན་དེ༷་ནི༷་གཞ༷ན་ལ༷་ལྟོ༷ས་པ༷་མི༵ན་པའི་རང་དབང་ཅན་ ཉམས་སོ། །སྔར་ནི་དབང་ཕྱུག་དེ༷ས་བྱས༷་མི༷ན་པའི་འགྲོ་བ་གཞ༷ན་ཡོ༷ད་མི༷ན་དུ་ཁས་བླངས་ ན༵། རྒྱུ་དེ༷ས་ད་འདི༷་ལྷན་ཅིག་བྱེད་རྐྱེན་སོགས་ག༷ང་ལ༷་ལྟོ༷ས་པ༷ར་འགྱུ༵ར། ག༷ལ་ཏེ༷་ལྟོ༷ས་ན༷་ 1-1-308 རྐྱེན་ཚོ༷གས་པ༷་ཉི༵ད། རྒྱུ༷་ཡི༷ན་འགྱུ༷ར་གྱི༷་དབ༷ང་ཕྱུ༷ག་བྱེད་པོ་མི༵ན། རྒྱུ་ཚོ༷གས་པ་གྲངས་ཚང་ ཞིང་གེགས་མེད་ན༷་འབྲས་བུ་མི༷་སྐྱེ༷་དབ༷ང་མེ༷ད་ཅི༵ང༌། རྒྱུ་དེ༷་མེ༷ད་པ༷ར་ནི༷་དབང་ཕྱུག་གིས་ བསྐྱེ༷ད་པ༷འང་མེ༵ད་དོ། །ག༷ལ་ཏེ༷་དབ༷ང་ཕྱུ༷ག་མི༷་འདོ༷ད་བཞི༵ན། །འབྲས་བུ་སྐྱེ་བར་བྱེ༷ད་(ཅེ་) ན༷་(དབང་ཕྱུག་ཆོས་ཅན་རྐྱེན་)གཞ༷ན་གྱི༷་དབ༷ང་དུ༷་ཐ༵ལ། འོན་ཏེ། འདོ༷ད་པ་ལས་སྐྱེ་ན༷འ༷ང་འདོ༷ད་ ལ༷་ར༷ག་ལ༷ས་པས་གཞན་དབང་དུ་འགྱུ༵ར། བྱེ༷ད་ཅིང་འབྲས་བུ་གྲུབ་པ་ཅིག་ཡིན་ན༷འ༷ང་ དབ༷ང་ཕྱུ༷ག་རྟག་པ་ག༷་ལ༷་ཡི༵ན་ཏེ་ཐམས་ཅད་འགལ་བའི་ཕྱིར་བདག་ལྟ་ལས་བྱུང་བའི་ མངོན་ཞེན་ཙམ་དུ་བས་སོ། ། དཔྱོད་པ་ལ་སོགས་པའི་རྒོལ་བ་ག༷ང་ད༷ག་རྡུ༷ལ་ཕྲ༷ན་རྟག༷་པའི་ཕུང་པོ་འདུས་པ་ལས་ འཇིག་རྟེན་སྐྱེའོ་ཞེས་སྨྲ༷་བ༵། དེ༷་ད༷ག་ཀྱང༷་ནི༷་མི་འཐད་མོད། རྡུལ་དེའང་ཕྱོགས་ཆའི་དབྱེ་བ་ ཡིས། །ཞེས་སོགས་སྔ༷ར་བཤད་པས་བཟློ༷ག་ཟི༵ན་ཏེ་རྒྱུ་བཀག་པའི་ཕྱིར་རོ། །གཞན་ཡང་ གཙོ༷་བོ༷་(ནི་རང་བཞིན་གྱི་མིང་གི་རྣམ་གྲངས་རེ་དེའང་མི་འཇིག་པས་)རྟག༷་པ༷་(ཡོངས་སུ་གྱུར་པའི་ཚུལ་གྱིས་)འགྲོ༷་ བ༷་ཡི༵ས། རྒྱུ༷་ཡི༷ན་པ༷ར་ནི༷་མུ་སྟེགས་གྲ༷ངས་ཅ༷ན་པ་རྣམས་འདོ༵ད་དོ། །དེའང༌། སྙི༷ང་སྟོ༷བས་ རྡུ༷ལ་ད༷ང་མུ༷ན་པ༷་ཞེ༵ས། །བྱ་༷བ༷འི་ཡོ༷ན་ཏ༷ན་བདེ་སྡུག་བཏང་སྙོམས་སུམ་ཆ་མཉམ༷་པ༷་ནི༵། རང་བཞིན་གཙོ༷་བོ༷་ཞེ༷ས་བྱ༷ར་ར༷བ་ཏུ༷་བརྗོ༷ད། ཆ་མི༷་མཉམ༷་པ་ན་འགྲོ༷་བ༷་སྣ་ཚོགས་སྐྱེད་ སྡུད་ཀྱི་རྣམ་འགྱུར་འབྱུང་བ་ཡི༷ན་པ༷ར་བརྗོ༷ད་ཅིང་ཁས་ལེན་ཏེ། སྔར་ལེའུ་དྲུག་པའི་སྐབས་ སུ། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་འབྱུང༌། །དེ་ ལྟར་བཅུ་དྲུག་འབྱུང་བ་དེ་ཡི་ཡང༌། །དེ་ཙམ་ལྔ་ལས་འབྱུང་བ་རྣམ་ལྔ་འབྱུང༌། །ཞེས་སོགས་ དྲངས་ནས་འདོད་ཚུལ་རྒྱས་པར་བཀོད་པ་བཞིན་ནོ། ། དེ་ལྟར་གཙོ་བོ་གཅི༷ག་ཏུ་འདོད་ལ༷་རྡུལ་མུན་སྙིང་སྟོབས་ཀྱི་ར༷ང་བཞི༷ན་གསུ༷མ་ཉི༷ད་དུ་ ཡང་ཁས་ལེན་པ་ནི༵། རི༷གས་པ་མི༷ན་ཏེ་འགལ་བ་དེ༷ས་ན༷་གཙོ་བོ་དེ༷་བདེན་པར་ཡོ༷ད་པ་མི༵ན་ 1-1-309 ནོ། །གཙོ་བོ་མེད་པ་དེ༷་བཞི༷ན་དུ་ཡོ༷ན་ཏ༷ན་གསུམ་ཡང་བདེན་པར་ཡོ༷ད་མི༷ན་ཏེ༵། རྡུལ་མུན་ སྙིང་སྟོབས་དེ༷་རེ་རེ་ཡ༷ང་སོ༷་སོ༷ར་ཕྱེ་ན་རྡུལ་གྱི་རྡུལ་སོགས་རྣམ༷་པ་གསུ༷མ་གསུམ་དུ་འགྱུར་ བའི་ཕྱི༷ར། དེ་བཞིན་གཤེགས་པ་གསང་བའི་{བསླབ་བཏུས་{མདོ་}ལས། གཙོ་བོ་ཡོད་པ་ མ་ཡིན་ལ། །གཙོ་བོ་གསུམ་དུའང་མ་ཡིན་ཏེ། །དེ་བཞིན་ཡོན་ཏན་ཡོད་གྱུར་ན། །དེ་དག་ རེ་རེའང་གསུམ་གསུམ་སྟེ། །འགྲོ་བ་ལྷག་མ་རྣམ་དགུར་འགྱུར། །ཞེས་གསུངས་པ་ལྟར་རོ། །ཡོ༷ན་ཏ༷ན་གསུམ་པོ་མེ༷ད་ན༷་སྒྲ༷་དེ་ཙམ་ལ་སོ༷གས་རྣམ་འགྱུར་རྣམས་ཀྱང༷༌། ཡོ༷ད་ཉི༷ད་ཤི༷ན་ ཏུ༷་རྒྱ༷ང་རི༷ང་འགྱུ༵ར་ཏེ་རྒྱུ་མེད་ལ་འབྲས་བུ་མི་སྲིད་པའི་ཕྱིར་རོ། །འདི་དག་བདེ་སོགས་དང་ ལྡན་པར། །གསལ་བ་གསལ་བར་མཐོང་བ་ཡིན། །ཞེས་འགྲེལ་པར་དྲངས་པ་ལྟར་གྲངས་ ཅན་པ་རྣམས་བདེ་སོགས་ཀུན་ཁྱབ་བདེན་པ་གསལ་བར་ཁས་ལེན་ཏེ། དེ་ལྟ་ན་སེ༷མས་མེ༷ད་ གོ༷ས་ཀྱི་སྣམ་བུ་དང་ཙན་དན་གྱི་ཕྲེང་བ་ལ༷་སོ༷གས་པ༷་རྣམས་ལ༵འང༌། བདེ༷་བ་དང་སོ༷གས་ ཀྱི་སྒྲས་སྡུག་བསྔལ་དང་བཏང་སྙོམས་ཀྱི་ཚོར་བ་ཡོ༷ད་པ༷ར་ཐལ་བ་ལས་དེ་ལྟ་བུ་སྲི༷ད་པ༷འ༷ང་ མི༵ན་ཏེ་བདེ་སོགས་ནི་སེམས་ཁོ་ནའི་ཆོས་ཡིན་པའི་ཕྱིར་རོ། །བདེ་སོགས་ཉིད་མིན་ཡང་ སྣམ་སོགས་ཀྱི་དངོ༷ས་རྣམ༷ས་བདེ་སོགས་དེ༷འི་རྒྱུ༷འི་ར༷ང་བཞི༷ན་དུ་གནས་པས་མི་འགལ་ལོ་ ཞེ་ན༵། མཁའ་བཞིན་དེས་ན་རྡུལ་ཡང་མེད། །ཅེས་དངོ༷ས་པོ༷་རྣམ༷་དཔྱ༷ད་མ༷་ཟི༷ན་ན༵མ། ཡང་ ཁྱོ༷ད་ཀྱི༷་ལུགས་ལ་རྣམ་འགྱུར་ཐམས་ཅད་ཀྱི་རྒྱུ༷་ཡ༷ང་བདེ༷་སོ༷གས་ཀྱི་ངོ་བོ་རྡུལ་མུན་སྙིང་ སྟོབས་ཉི༵ད་དུ་འདོད་པའི་ཕྱིར། བདེ་སོགས་དེ༷་ལ༷ས་སྣ༷མ་སོ༷གས་འབྱུ༷ང་བ༷་རིགས་པ་ལས་ འདིར་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་སྔར་གྱི་དམ་བཅའ་དོན་མེ༵ད་དོ། །ཅི་སྟེ་སྣ༷མ་སོ༷གས་ ལ༷ས་ནི༷་བདེ༷་སོ༷གས་སྐྱེ་བ་ཡི༵ན་ན། སྣམ་སོགས་དེ༷་བདེན་པར་མེ༷ད་པའི་ཕྱི༷ར་ན༷་བདེ༷་སྡུག་ སོ༷གས་ཀྱང་མེ༵ད་དོ། ། དེ་ལྟར་བདེ༷་སོ༷གས་(ཆོས་ཅན་)སྙིང་སྟོབས་རྡུལ་དང་མུན་པའི་རང་བཞིན་རྟག༷་པ༷་ཉི༷ད་ 1-1-310 དུ༷་ནི༵(ཡོད་པ་མ་ཡིན་པར་ཐལ)། ན༷མ་ཡ༷ང་(ཚད་མས་)དམི༷གས་པ༷་ཡོ༷ད་མ༷་ཡི༵ན་(པའི་ཕྱིར་)ཏེ། སྣམ་ སོགས་ཀྱི་རྒྱུ་འབྲས་གང་རུང་དུ་ཁས་བླངས་པའི་ཕྱིར་རོ། །ཅི་སྟེ་བདེ༷་སོ༷གས་རྟག་པ་གས༷ལ་ བ༷ར་ཡོ༷ད་པ་ཉི༷ད་ཡིན་ན༵། (བདེ་སོགས་ཆོས་ཅན། བདག་ཏུ་འཛིན་པ་མ་ཡིན་ཏེ། ཡིན་པར་ཐལ། ཅིའི་ཕྱིར་ན་)ཚོར་ བ་གསུམ་པོ་མྱོ༷ང་བ༷་ཅི༷་ཕྱི༷ར་འཛི༷ན་མ༷་ཡི༵ན་ཏེ་རྟག་ཏུ་མྱོང་བར་ཐལ་བ་ལས་སྐབས་འགའ་ ཞིག་ཏུ་མ་མྱོང་བའི་ཕྱིར་མི་རྟག་གོ །ཚོར་བ་དེ༷་ཉི༷ད་ཕྲ༷་མོ༷ར་གྱུ༷ར་པས་གསལ་བར་མི་མྱོང་ངོ་ ཞེ་ན༷། འོ་ན་དེ༵། ར༷གས་ད༷ང་ཕྲ༷་བ༷འ༷ང་གསལ་མི་གསལ་དུ་ཇི༷་ལྟར༷་འཇོག་པ་ཡི༵ན། བདེ་བ་ སོགས་ར༷གས་པ༷་གསལ་བའི་གནས་སྐབས་དོ༷ར་ན༷ས་ཕྲ༷་བ་མི་མངོན་པར་འགྱུ༷ར་བ༵་ལའོ་ཞེ་ ན། ཕྲ༷་ར༷གས་དེ༷་ད༷ག་མི༷་རྟག༷་པ་ཉི༵ད་དོ། །དེ༷་བཞི༷ན་དུ་དེ་ཉིད་ཉི་ཤུ་རྩ་ལྔའི་མཚན་ཉིད་ཅན་ དངོ༷ས་པོ༷་ཐ༷མས་ཅ༷ད་ཀྱང༷༌། མི༷་རྟག༷་ཉི༷ད་དུ༷་ཅི༷ས་མི༷་འདོ༵ད་དེ་བདེ་སོགས་ཀྱི་རྗེས་སུ་འགྲོ་ བའི་ཕྱིར་རོ། །དངོས་པོ་ར༷གས་པ༷་གསལ་བའི་ངོ་བོ་བདེ༷་བ་ལ༷ས་གཞ༷ན་མི༷ན་ན༵། དེ་ཉིད་ ཀྱིས་བདེ༷་བ༷་གས༷ལ་བ༷ར་མི༷་རྟག༷་པ་ཉི༵ད་དུ་གྲུབ་སྟེ་དེ་དག་ངོ་བོ་གཅིག་པའི་ཕྱིར་རོ། ། ཁོ་ན་རེ། ག༷ལ་ཏེ༷་རྒྱུ་གསལ་བར་མེ༷ད་པ༷་འག༷འ་ཡ༷ང་ནི༵། འབྲས་བུ་སྐྱེ༷་བ་མི༷ན་ཏེ་མེ༷ད་ པའི་ཕྱི༷ར་ནམ་མཁའི་མེ་ཏོག་བཞིན་ནོ་ཞེ༷ས་སྨྲ་ཞིང་དམ་འཆའ་བར་འདོ༷ད་ན༵། ཞེས་ཕྱོགས་ སྔ་མ་བཀོད་པའོ། །རྒྱུ་ལ་འབྲས་བུ་གས༷ལ་བ༷ར་དོན་དུ་མེ༷ད་ཀྱང༷་སྐྱེ༷་བ༷་ཀུན་རྫོབ་ཙམ་ནི༵། ཁྱོ༷ད་མི༷་འདོ༷ད་ཀྱང༷་སྣང་བ་ཙམ་དུ་གན༷ས་པ༷་ཉི༵ད་དེ་ཐ་སྙད་པའི་ཚད་མས་གྲུབ་པའི་ཕྱིར་རོ། ། ག༷ལ་ཏེ༷་ཁྱོད་འདོད་པ་བཞིན་རྒྱུ༷་གང་ཡིན་ལ༷་དེའི་འབྲ༷ས་བུ་དོན་དུ་གསལ་བར་གན༷ས་ ན༵། ཟ༷ན་ཟ༷་བ་ན་མི༷་གཙ༷ང་བ་ཟ༷་བ༷ར་འགྱུ༵ར་རོ། །དེ་བཞིན་དུ་རས་བལ་གྱི་ས་བོན་ཡང་ རས་ཡུག་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལྟ་ན་ར༷ས་ཀྱི༷་རི༷ན་གྱི༷ས་ར༷ས་བ༷ལ་གྱི༵། ས༷་བོ༷ན་ ཉོ༷ས་ལ༷་བགོ༷་བ༷ར་གྱི༷ས། །ཞེས་བཞད་གད་མཛད་པའོ། །རྒྱུ་ལ་འབྲས་བུ་གསལ་བར་ཡོད་ 1-1-311 ཀྱང་འཇི༷ག་རྟེ༷ན་རྨོ༷ངས་པ༷ས་ས་བོན་ལ་རས་གསལ་བར་མ༷་མཐོ༷ང་བས་མི་གོན་ནོ་ཞེ་ན༵། མ་ཡིན་ཏེ། དེ༷་ཉི༷ད་ཤེ༷ས་པ་སེར་སྐྱ་སོགས་ཀྱི༷འང་རྣམ་གཞ༷ག་རས་ཡུག་གོན་པ་དེ༷་ཉི༵ད་ ཡིན་པའི་ཕྱིར་རོ། །རས་ཡུག་བགོ་བྱར་ཤེ༷ས་པ་དེ༷་འཇི༷ག་རྟེ༷ན་ལ༷་ཡ༷ང་ནི༵། ཡོ༷ད་པ༷ར་ཅི༷་སྟེ༷་ མཐོ༷ང་མ༷་ཡི༵ན་ཏེ་མཐོང་བས་ན་ཁྱད་པར་མི་སྣང་ངོ༌། །འཇི༷ག་རྟེ༷ན་པའི་ཐ་སྙད་བདེན་པར་ མེད་པའི་ཕྱིར་(རས་བལ་ལ་རས་མཐོང་ཡང་)ཚ༷ད་མ༷་ཉི༷ད་མི༷ན་(པས་བལ་མི་གྱོན་)ནོ་ཞེ་ན༵། དེ་ཉིད་ཤེས་ པས་གས༷ལ་བ༷ར་མཐོ༷ང་བ༷འ༷ང་(ཆོས་ཅན་མི་གྱོན་པར་ཐལ་)བདེ༷ན་པ(འམ་ཚད་མ་)མ༷་ཡི༵ན་ནོ་ཞེས་ རིགས་པ་མཚུངས་ཤིང༌། ཐ་སྙད་བདེན་མེད་ཁས་བླངས་པས་ཁྱེད་ཅག་ཀྱང་ཁོ་བོ་ཅག་གི་ ཕྱོགས་སུ་ལྷུང་བ་ཡང་ཡིན་ནོ། ། ག༷ལ་ཏེ༷་ཁྱོད་ཀྱི་ལུགས་ལ་ཐ་སྙད་པའི་ཚ༷ད་མ༷་དོན་དམ་པར་ཚ༷ད་མ་མི༷ན་ན༵། ཚད་ མིན་གྱི་བློ་དེ༷ས་གཞ༷ལ་བའི་འབྲས་བུ་བརྫུ༷ན་པ༷ར་མི༷་འགྱུ༷ར་ར༵མ། དེ༷་ཉི༷ད་དུ༷་ན༷་དངོས་པོ་ སྟོ༷ང་པ༷་ཉི༵ད། བསྒོ༷མ་པ༷་བརྫུན་པ་དེ༷འི་ཕྱི༷ར་ཆོས་ཐམས་ཅད་རང་བཞིན་མེད་པར་དཔྱོད་ པའི་ཚད་མ་ཡང་མི༷་འཐ༷ད་པར་འགྱུ༵ར་རོ་ཞེ་ན། སྐྱོན་མེད་དེ། ཀུན་རྫོབ་ཙམ་དུ་རྟོག་པས་ བརྟག༷ས་པ༷འི་དངོ༷ས་ལ༷་བདེན་མེད་དུ་འཇལ་བའི་བློས་མ༷་རེ༷ག་པ༵ར། སྣང་བ་དེ༷་ཡི༷་དངོ༷ས་ པོ་བདེན་མེ༷ད་འཛི༷ན་མ༷་ཡི༵ན། དེ༷་ཕྱི༷ར་བརྫུ༷ན་པ༷འི་དངོ༷ས་ག༷ང་ཡི༵ན། དེ༷་ཡི༷་དངོ༷ས་པོ་ བདེན་པར་མེ༷ད་པས་གས༷ལ་བ༷ར་བརྫུ༵ན། ཡང་སྟོང་ཉིད་བསྒོམ་པ་ལ་མི་འཐད་པ་མེད་དེ་ ཀུན་རྫོབ་བདེན་མེད་དུ་མ་དཔྱད་ན་སྟོང་ཉིད་རྟོགས་པའི་གེགས་ཡིན་པའི་ཕྱིར་རོ། །དེ༷ས་ན༷་ རྨི༷་ལ༷མ་(གྱི་)བུ༷་(ཡང་བརྫུན་ལ་)ཤི༷་(བ་ཡང་བརྫུན་ཡིན་)ལ༵། །དེ༷་(བུ་ཡོད་བཞིན་དུ་)མེ༷ད་སྙམ༷་པ༷འི་རྣམ༷་ རྟོ༷ག་ནི༵། །དེ༷་ཡོ༷ད་རྣམ༷་པ༷ར་རྟོ༷ག་པ༷་ཡི༵། །གེ༷གས་ཀྱང་ཡི༷ན་ལ་རྨི་ལམ་དེ༷་ཡ༷ང་བརྫུ༷ན་པ༷་ ཡི༵ན་པ་མི་འགལ་བ་བཞིན་ནོ། ། དེ༷་བ༷ས་དེ༷་ལྟར༷་རྣམ༷་དཔྱ༷ད་ན༵། །དངོས་པོ་འག༷འ་ཡ༷ང་རྒྱང་འཕེན་པ་སྨྲ་བ་ལྟར་རྒྱུ༷་ 1-1-312 མེ༷ད་ཡོ༷ད་མ༷་ཡི༵ན། གྲངས་ཅན་པ་སྨྲ་བ་ལྟར་དངོས་པོ་སོ༷་སོ༷་བ༷འ༷མ་དཔྱོད་པ་བ་སྨྲ་བ་ལྟར་ རྡུལ་ཕྲན་རྟག་པ་འདུ༷ས་པ༷་ཡི༵། རྐྱེ༷ན་རྣམ༷ས་ལ༷་ཡ༷ང་འབྲས་བུ་གསལ་བར་གན༷ས་མ༷་ཡི༵ན། ཟད་བྱེད་པ་སྨྲ་བ་ལྟར་དུས་གསུམ་རྫས་གྲུབ་ཀྱང་མ་ཡིན་པས་ཡུལ་དུས་གཞ༷ན་ན༷ས་འོ༷ངས་ པ༷འ༷ང་མ༷་ཡི༷ན་ལ༵། སྐད་ཅིག་ཙམ་ཡང་མི་རྟག་པས་ད་ལྟར་བ་གན༷ས་པ༷་མ༷་ཡི༷ན་ཞིང་འདས་ པར་འགྲོ༷་བ་ཡང་བདེན་པ་མ༷་ཡི༵ན་མོད། འོན་ཀྱང་རྨོ༷ངས་པ༷ས་བདེ༷ན་པ༷ར་ག༷ང་བྱས༷་ཀྱི་ ཀུན་རྫོབ་འཁྲུལ་སྣང་ཙམ་འདི༵། རྒྱུ༷་མ༷་ལ༷ས་ནི༷་ཁྱད༷་ཅི༷་ཡོ༵ད་དེ་རྐྱེན་ལས་བྱུང་བ་ཙམ་མོ། །སྒྱུ༷་མ༷ས་སྤྲུ༷ལ་པ༷་ག༷ང་ཡི༷ན་ད༵ང༌། ཀུན་རྫོབ་རྒྱུ༷་རྣམ༷ས་ཀྱི༷ས་ནི༷་ག༷ང་སྤྲུ༷ལ་(ཞིང་བསྐྱེད་པའི་འབྲས་ བུ་)པ༵། དེ༷་ནི༷་(སྐྱེ་བ་)ག༷ང་ན༷ས་འོ༷ངས་འགྱུ༷ར་ཞི༵ང༌། །(འཇིག་པ་)ག༷ང་དུ༷་འགྲོ༷་བ༷འ༷ང་བརྟག༷་པ༷ར་ གྱི༵ས། །ཞེས་པ་སྟེ། ཡུམ་ལས། གཟུགས་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་ མེད། གར་ཡང་གནས་པར་འགྱུར་བ་མེད་དོ། །ཞེས་སོགས་རྣམ་མཁྱེན་གྱི་བར་རྒྱས་པར་ གསུངས་སོ། །དེས་ན་ཀུན་རྫོབ་ག༷ང་ཞི༷ག་འཁྲུལ་ཤེས་ག༷ང་ད༷ང་ཉེ༷་བ༷་ཡི༵ས། མཐོ༷ང་འགྱུ༷ར་ འཁྲུལ་རྟོག་དེ༷་མེ༷ད་ན༷་སྣང་བ་ཙམ་དུའང་བདེན་མི༷ན་པ༵། བཅོ༷ས་བུ༷་གློ་བུར་བ་མེ་ལོང་གི་ གཟུ༷གས་བརྙ༷ན་ད༷ང་ཆུ་ཟླ་སྨིག་རྒྱུ་སོགས་དང་མཚུ༷ངས་པ༵། དེ༷་ལ༷་བརྟགས་ན་བདེ༷ན་པ་ ཉི༷ད་ཇི༷་ལྟར༷་ཡོ༵ད། ཅེས་པ་སྟེ་རྣམ་དཔྱོད་ཤེས་རབ་ཀྱི་སྣང་བ་སྒྱུ་མའི་གནས་ལུགས་རྟོགས་ པར་གྱུར་ཅིག །ཅི་སྟེ་དངོ༷ས་པོ༷་བདེན་པ་ཡོ༷ད་པ༷ར་གྱུ༷ར་པ༷་མཐའ་གཅིག་ཏུ་གྲུབ་པ་ཡིན་ན་ དེ་ལ༵། རྒྱུ༷་ཡི༷ས་དགོ༷ས་པ༷་ཅི༷་ཞི༷ག་ཡོ༵ད་དེ་གྲུབ་ཟིན་རྒྱུ་ལ་མི་ལྟོས་པའི་ཕྱིར་རོ། །འོ༷ན་ཏེ༷་དེ༷་ ནི༷་མེ༷ད་པའི་མཐའ་གཅིག་ཏུ་ངེས་ན༷་ཡ༵ང༌། རྒྱུ༷་ཡི༷ས་དགོ༷ས་པ༷་ཅི༷་ཞི༷ག་ཡོ༵ད་དེ་མེད་པ་ནི་རྒྱུ་ རྐྱེན་གྱིས་བསྐྱེད་མི་ནུས་པའི་ཕྱིར་རོ། །མ་གྲུབ་པ་མ་ཡིན་ཏེ། བྱེ༷་བ༷་བརྒྱ༷་ཕྲ༷ག་རྒྱུ༷་ཡི༷ས་ཀྱང༷༌། །དངོ༷ས་པོ༷་མེ༷ད་པ༷་བསྒྱུ༷ར་དུ༷་མེ༵ད་པའི་ཕྱིར་རོ། །མེད་པའི་གན༷ས་སྐབ༷ས་དེ༷་ཡང་དངོ༷ས་པོ་ ཇི༷་ལྟར༷་ཡི༵ན་ཏེ་ཕན་ཚུལ་འགལ་བའི་ཕྱིར་རོ། །དངོ༷ས་གྱུ༷ར་གཞ༷ན་ཡ༷ང་དངོས་མེད་ག༷ང་ 1-1-313 ཞི༷ག་ཡི༵ན་ཏེ་དེ་དག་གཞི་མཐུན་མི་སྲིད་པའི་ཕྱིར་རོ། །གཉི་ག་མེ༷ད་ཚེ༷་དངོ༷ས་ཡོ༷ད་སྲི༷ད་ མི༷ན་ན༵། དངོ༷ས་པོ༷་ཡོ༷ད་པ༷ར་ན༷མ་ཞི༷ག་འགྱུ༵ར། །འགལ་ཟླ་དངོ༷ས་པོ༷་སྐྱེ༷ས་པ༷ར་མ༷་གྱུ༷ར་ ན༵། དངོ༷ས་མེ༷ད་ད༷ང་ནི༷་འབྲ༷ལ་མི༷་འགྱུ༵ར། །དངོ༷ས་མེ༷ད་ད༷ང་ནི༷་མ༷་བྲ༷ལ་ན༵། །དངོ༷ས་པོ༷་ ཡོ༷ད་པ༷འི་སྐབ༷ས་མི༷་སྲི༵ད་དེ་དེ་དག་ཕན་ཚུན་སྤངས་འགལ་ཡིན་པའི་ཕྱིར་རོ། །དངོས་མེད་ དངོས་པོར་མི་འགྱུར་བར་མ་ཟད་དངོ༷ས་པོ༷འ༷ང་དངོས་པོ་མེ༷ད་པ༷ར་འགྱུ༷ར་མི༷ན་ཏེ༵། འགྱུར་ ན་དངོས་པོ་གཅིག་ཉིད་ཡོད་མེད་ཀྱི་ར༷ང་བཞི༷ན་གཉི༷ས་སུ༷་ཐ༷ལ་བར་འགྱུ༷ར་བ་ལས་དེ་འདྲ་ མི་སྲིད་པའི་ཕྱི༵ར་རོ། ། དེ༷་ལྟར༷་བརྗོད་པའི་རིམ་པས་ཀུན་རྫོབ་སྒྱུ་མ་ལྟ་བུའི་སྣང་བ་བདེན་མེད་དུ་གཏན་ལ་ ཕབ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པ་དོན་དམ་པའི་ཕྱོགས་ལ་འག༷ག་པ༷་ ཡོ༷ད་མི༷ན་ཞི༵ང༌། དངོ༷ས་པོ༷འ༷ང་ཡོ༷ད་མི༷ན་དེ༷་ཡི༷་ཕྱི༷ར། །འགྲོ༷་བ༷་འདི༷་ད༷ག་ཐ༷མས་ཅ༷ད་ཀྱི་ ཆོས་ཉིད་དེ་བཞིན་ཉིད་ནི༵། རྟག༷་ཏུ༷་མ༷་སྐྱེ༷ས་པ་དང་མ༷་འག༷གས་པ་ཉི༵ད་ཡིན་ཏེ། བཅོམ་ལྡན་ འདས་ཀྱིས་ཀྱང༌། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་ཆོས་རྣམས་ ཀྱི་ཆོས་ཉིད་ནི་གནས་པ་ཡིན་ལ། ཆོས་མཉམ་པ་ཉིད་དང་ཆོས་གནས་པ་ཉིད་དང་ཆོས་ཀྱི་ དབྱིངས་ཉིད་དང་དེ་བཞིན་ཉིད་དང་ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་དང༌། ཞེས་གསུངས་ པ་འགྲེལ་པར་དྲངས་ཤིང༌། ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། རིགས་ཀྱི་བུ། དེ་བཞིན་ ཉིད་དེ་བཞིན་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དྭགས་ཏེ་དེ་ནི་མི་སྐྱེ་མི་འགག་གོ །ཞེས་སོགས་གསུངས་པའི་ཕྱིར་རོ། ། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་འགྲོ༷་བ༷་རྨི༷་ལ༷མ་(ན་མེད་བཞིན་དུ་སྣ་ཚོགས་མྱོང་བ་)ལྟ་༷བུ༷་སྟེ༷། རྣམ༷་པ༷ར་དཔྱ༷ད་ན༷་ཆུ༷་ཤི༷ང་འདྲ༵། །(སྒྲིབ་གཉིས་སྤངས་པས་གྲོལ་བའི་)མྱ་༷ང༷ན་འད༷ས་ད༷ང་(ཉོན་མོངས་ ཀྱི་འཆིང་བ་ལས་མ་གྲོལ་བའི་མྱ་ངན་ལས་)མ༷་འད༷ས་པ༷འ༵ང༌། །དེ༷་ཁོ་ན་ཉི༷ད་དུ༷་ནི༷་ཁྱད༷་པ༷ར་མེ༵ད་ 1-1-314 དེ། སངས་རྒྱས་རྣམས་དང་སེམས་ཅན་ཁམས། །དོན་གྱིས་དེ་དག་ཁྱད་པར་མེད། །བདག་ ཉིད་དང་ནི་གཞན་དག་ཀྱང༌། །དེ་དང་མཉམ་པར་ཁྱོད་བཞེད་ལགས། །ཞེས་འགྲེལ་ཆེན་དུ་ དྲངས་པ་ལྟར་ཡིན་ལ། འོན་ཀྱང་རྣམ་པ་ཐམས་ཅད་དུ་ཁྱད་མེད་པ་ནི་མ་ཡིན་ཏེ་ཀུན་རྫོབ་ཏུ་ ཁྱད་པར་ཡོད་པ་ལན་གྲངས་དུ་མ་བསྟན་པའི་ཕྱིར་རོ། ། དེ༷་ལྟར༷་(དངོས་པོ་རྣམས་རང་བཞིན་གྱིས་)སྟོ༷ང་པ༷འི་དངོ༷ས་རྣམ༷ས་ལ༵། །(འཇིག་རྟེན་ཆོས་བརྒྱད་ལས་ རྙེད་པ་)ཐོ༷བ་པ༷་ཅི༷་ཡོ༷ད་(རྙེད་པ་གཞན་ལ་)ཤོ༷ར་ཅི༷་ཡོ༵ད། །(གང་ཟག་)ག༷ང་གི༷ས་རི༷མ་གྲོ༷་(སྟེ་མཆོད་ པའམ་བསྟོད་པ་)བྱས༷་པ༷འ༵མ། །ཡོ༷ངས་སུ༷་བརྙ༷ས་(པས་ཏེ་སྨད་པའམ་གནོད་པ་བྱས་)པ༷འ༷ང་ཅི༷་ཞི༷ག་ ཡོ༵ད། །བདེ༷་བ༷འ༷མ་སྡུ༷ག་བསྔ༷ལ་ག༷ང་ལ༷ས་ཡི༵ན། །(མ་གྲགས་པ་ལ་)མི༷་དག༷ར་ཅི༷་ཡོ༷ད་(གྲགས་ པ་ལ་)དག༷ར་ཅི༷་ཡོ༵ད། །ཅེས་པ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། སྟོང་ཉིད་སྨྲ་བ་ ནི་མི་གནས་པའི་ཕྱིར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་ཏེ། དེ་ཐོབ་པས་དགའ་བ་ ཡང་མེད་ཤོར་བས་མི་དགའ་བ་ཡང་མེད། གྲགས་པས་ཡི་སོས་པ་ཡང་མེད་མ་གྲགས་པས་ སྲོ་ཤི་བ་ཡང་མེད། སྨད་པས་ཞུམ་པ་ཡང་མེད་བསྟོད་པས་དགའ་བར་སེམས་པ་ཡང་མེད། བདེ་བས་ཆགས་པར་འགྱུར་བ་ཡང་མེད་སྡུག་བསྔལ་བས་ཡིད་འབྱུང་བར་འགྱུར་བ་ཡང་ མེད་དེ། ཞེས་གསུངས་པ་ལྟ་བུའོ། ། དེ༷་ཉི༷ད་དུ༷་ནི༷་བཙ༷ལ་བྱས༷་ན༵། །སྟོང་ཉིད་ལས་གཞན་མི་རྙེད་པས་གང་ཟག་ག༷ང་ཞི༷ག་ སྲེ༷ད་ཅི༷ང་ཞེན་ཡུལ་ག༷ང་ལ༷་སྲེ༵ད་དེ་བདག་དང་བདག་གིར་འཛིན་པའི་གནས་མེད་དོ། །དཔྱ༷ད་ན༷་གསོ༷ན་པོ༷འི་འཇི༷ག་རྟེ༷ན་འདི༵། །བདེན་པར་མ་གྲུབ་པའི་ཕྱིར་ག༷ང་ཞི༷ག་འདི༷ར་ ནི༷་འཆི༷་འགྱུ༷ར་ཏེ༵། འབྱུ༷ང་འགྱུ༷ར་སྐྱེ་བ་ག༷ང་ཡི༷ན་བྱུ༷ང་གྱུ༷ར་སྐྱེས་ཟིན་ཡང་ག༵ང༌། (སྡུག་པའི་) གཉེ༷ན་ད༷ང་(མཛའ་བའི་)བཤེ༷ས་ཀྱང༷་ག༷ང་ཞི༷ག་ཡི༵ན། །འདིར་ཆོས་ཐ༷མས་ཅ༷ད་(དེ་ཁོ་ནར་སྟོང་པ་ ཉིད་ཡིན་པའི་ཕྱིར་)ན༷མ་མཁ༷འ་འདྲ་༷བ༷ར་ནི༵། གཞུང་རྩོམ་པ་པོ་བད༷ག་དང་འདྲ་༷བ་རྣམས་ཀྱིས༷་ 1-1-315 རྟོགས་ཤིང་ཡོ༷ངས་སུ༷་གཟུ༷ང་བ༷ར་གྱི༵ས། ཞེས་པ་སྟེ། བདག་མེད་རྟོགས་པའི་ཤེས་རབ་ ལེགས་པར་གྲུབ་བོ། ། དེ་ལྟར་མ་རྟོགས་པའི་སེམས་ཅན་སྙིང་རྗེ་སྟེ་ཚེ་འདིར་བད༷ག་ཉི༷ད་བདེ༷་བ༷ར་འདོ༷ད་ རྣམ༷ས་ཀྱང༷༌། ཐབས་ལ་རྨོངས་པས་འཐ༷བ་ད༷ང་སྤྲོ༷་བ༷འི་རྒྱུ༷་ད༷ག་གི༵ས། རིམ་པ་ལྟར་(རྙེད་ བཀུར་སོགས་དང་བྲལ་བས་)ར༷བ་ཏུ༷་འཁྲུ༷ག་ད༷ང་(རྙེད་བཀུར་སོགས་བྱུང་བས་)དག༷འ་བ༷ར་བྱེ༵ད། དེ་དག་ གི་དབང་གིས་(སྡུག་པ་དང་བྲལ་བའི་)མྱ་༷ང༷ན་དང་འབ༷ད་རྩོ༷ལ་(གྱིས་ངལ་བ་)དང་(རྙེད་བཀུར་སོགས་དང་ བྲལ་ན་)རྩོ༷ད་པ༷་ད༵ང༌། ཕ༷ན་ཚུ༷ན་(རྐང་ལག་སོགས་)གཅོ༷ད་(པ་)ད༷ང་(ལུས་ལ་མཚོན་གྱིས་)འབི༷གས་པ༷་ ད༵ང༌། །སྡི༷ག་(པ་མི་དགེ་བའི་ལས་རྣམས་)ད༷ག་གི༷ས་ནི༷་ཚེ༷གས་(དཀའ་བ་)ཆེ༷ན་(པོས་)འཚོ༵་བའི་ཕྱིར་ རོ། །སེམས་ཅན་རྣམས་བདེ༷་འགྲོ༷ར་འཁོར་བ་ཐོག་མེད་ཀྱི་བར་ལ་ཡ༷ང་ད༷ང་ཡ༷ང་འོ༷ངས་ ཏེ༵། བ༷དེ་བ༷་མ༷ང་པོ༷་སྤྱ༷ད་སྤྱ༷ད་ན༵ས། །སྙིང་པོ་མ་ལོངས་པར་སྡིག་པའི་དབང་དུ་གྱུར་པས་ ཤི༷་ན༷ས་ང༷ན་སོ༷ང་སྡུ༷ག་བསྔ༷ལ་ནི༵། ཡུ༷ན་རི༷ང་(ལ་བཟོད་པར་མི་ནུས་པའི་)མི༷་བཟ༷ད་རྣམ༷ས་སུ༷་ལྟུ༵ང་ དགོས་པས་ཕྱི་མར་ཡང་སྙིང་རྗེའོ། ། འཁོར་བའི་རང་བཞིན་བསམས་ནའང་སྙིང་རྗེ་སྟེ། སྲི༷ད་པ༷་ན༷་ནི༷་ལྟུང་བའི་གཡ༷ང་ས༷་ མ༵ང་ལ། དེ༷ར་ནི༷་འདི་ལས་ཐར་པའི་ཐབས་དེ༷་ཁོ་ན་ཉི༷ད་རྟོགས་པ་མང་བ་མི༷ན་པ་འདི༷་འདྲ༵་ བར་གནས་པའི་ཕྱིར་དང༌། སྲིད་པ་དེ༷ར་ཡ༷ང་མ་རིག་པ་དང་ཤེས་རབ་ཕ༷ན་ཚུ༷ན་འག༷ལ་ བ༷ས་ན༵། སྲི༷ད་ན༷་རྣམ་དཔྱོད་ཀྱི་དེ༷་ཉི༷ད་འདི༷་འདྲ་༷ལ་བློ་འཇུག་པ་ཙམ་ཡང་མེ༵ད་པའི་ཕྱིར་ རོ། །སྲིད་པ་དེ༷ར་ཡ༷ང་(སྡུག་བསྔལ་གཞན་གྱི་དཔེར་བརྗོད་མི་ནུས་)དཔེ༷་མེ༷ད་(བཟོད་པར་དཀའ་བས་)མི༷་ བཟ༷ད་པ༵འི། སྡུ༷ག་བསྔ༷ལ་(ཐེག་ཆེན་མ་རྟོགས་པས་ཐར་མི་ནུས་པའི་ཕྱིར་)རྒྱ༷་མཚོ༷་(ནད་ཞི་བའི་དོན་དུ་དགེ་བ་ མི་བྱེད་པར་སྨན་ཁབ་དུས་ཆད་པ་མེད་པས་རྣམ་སྨིན་)མཐ༷འ་ལ༷ས་འད༵ས་པས་རྒལ་དཀའ་ལ། དེ༷ར་ནི༷་དེ༷་ ལྟར༷་འཁོར་ཡང་གཉེན་པོ་སྟོ༷བས་ཆུ༷ང་ཞི༵ང༌། དེ༷ར་ནི༷་ཚེ༷་ཡ༷ང་ཐུ༷ང་བ༷་ཉི༵ད་ཀྱིས་འབད་ལོང་ 1-1-316 མེད་པ་སྙིང་རྗེའོ། །དེ༷ར་ལོང་ཅུང་ཟད་བྱུང་ཡ༷ང་གསོ༷ན་ད༷ང་ན༷ད་མེ༷ད་ཀྱི༷། བྱ་བྱེ༷ད་(དེ་རྟོགས་ པ་)ད༷ང་བཀྲེ༷ས་ད༷ང་(ལམ་གྱི་དུབ་པ་སོགས་ཀྱིས་)ང༷ལ་བ༷་ད༵ང༌། གཉི༷ད་ད༷ང་(ལོག་པའམ་རྨི་ལམ་རྣམ་པར་) འཚེ༷་ད༷ང་དེ༷་བཞི༷ན་དུ༵། །བྱི༷ས་(པ་སོ་སོའི་སྐྱེ་བོ་)ད༷ང་འགྲོ༷གས་པ༷་(བདག་སྟོད་གཞན་སྨོད་ལ་སོགས་ པ་)དོ༷ན་མེ༷ད་ཀྱི༷ས། །ཚེ༷་(འདིར་)ནི༷་(དགེ་བ་མ་བྱས་པས་འབྲས་བུ་)དོ༷ན་མེ༷ད་མྱུ༷ར་འད༷འ་ཡི༵། །རྣམ༷་ དཔྱོ༷ད་ཤེས་རབ་ཤི༷ན་ཏུ༷་རྙེ༷ད་པ༷ར་དཀ༵འ་བ་སྙིང་རྗེའོ། །སྲིད་པ་དེ༷ར་གཞན་ཡ༷ང་ཐོག་མེད་ ནས་རྣམ༷་གཡེ༷ང་གོ༷མས་སྟོབས་ཆེས་པ༷་ནི༵། བཟློ༷ག་པ༷འི་ཐ༷བས་ནི༷་ག༷་ལ༷་ཡོ༵ད། །དེ༷ར་ཡ༷ང་ ང༷ན་སོ༷ང་ཆེ༷ན་པོ༷ར་ནི༵། །ལྟུ༷ང་ཕྱི༷ར་བདུ༷ད་ལས་སྡིག་པ་ལ་ནི༷་བརྩོ༷ན་པ༷ར་བྱེ༷ད། (གནས་སྐབས་) དེ༷ར་ནི༷་(ཡང་དག་པའི་ལྟ་བའི་མི་མཐུན་ཕྱོགས་)ལོ༷ག་པ༷འི་ལ༷མ་(རྒྱང་འཕེན་པ་སོགས་)མ༷ང་ཞི༵ང༌། ཡང་དག་ པའི་ལམ་ལ་(ལམ་ཡིན་ནམ་མ་ཡིན་སྙམ་པའི་)ཐེ༷་ཚོ༷མ་སྐྱེས་པ་ལ༷ས་ཀྱང༷་བརྒ༷ལ་དཀ༷འ་སྟེ༵་སྙིང་རྗེའོ། །སླ༷ར་ཡ༷ང་མཐའ་མེད་འཁོར་བར་འཁྱམ་དུས་(མི་ཁོམ་པ་བརྒྱད་སྤངས་པའི་)ད༷ལ་བ༷་རྙེ༷ད་དཀ༷འ་ ཞི༵ང༌། སང༷ས་རྒྱ༷ས་འབྱུ༷ང་བ་ལ་སོགས་པའི་འབྱོར་པ་རྙེ༷ད་པའང་ཤི༷ན་ཏུ༷་དཀ༵འ། གལ་ཏེ་ རྙེད་ཀྱང་འདོད་པ་དང་སྲེད་པ་ལྟ་བ་དང་མ་རིག་པ་སྟེ་ཉོ༷ན་མོ༷ངས་པའི་ཆུ༷་བོ༷་བཞི་པོ་སྤང༷་ དཀ༷འ་སྟེ༵། འདི་དག་ནི་རྒྱུན་གྱིས་འོག་ཕྱོགས་འབའ་ཞིག་ཏུ་འཁྱེར་བའི་ཕྱིར་ཨེ༷་མ༷་སྡུ༷ག་ བསྔ༷ལ་བརྒྱུ༷ད་པ༷ར་འགྱུ༵ར་བ་སྙིང་རྗེའོ། ། དེ༷་ལྟར༷་ཤི༷ན་ཏུ༷་སྡུ༷ག་བསྔ༷ལ་ཡ༵ང༌། །ར༷ང་སྡུ༷ག་རང་གིས་མི༷་མཐོ༷ང་ག༷ང་ཡི༷ན་པ༵། །སྡུ༷ག་ བསྔ༷ལ་ཆུ༷་བོ༷ར་གན༷ས་པའི་སེམས་ཅན་འདི༷་ད༵ག །ཀྱི༷་ཧུ༷ད་མ་རུང་བར་གྱུར་པ་ལ་སྙིང་རྗེ་ ཅན་གྱིས་མྱ་༷ང༷ན་གྱི་ཁུར་བཀུར་ཏེ་གཞན་དོན་སྤྱོད་པ་ལ་བརྩོན་པ་བྱ་༷བ༷ར་འོ༵ས་སོ། །རང་ སྡུག་མི་མཐོང་བ་ནི་དཔེ༷ར་ན༷་འག༷འ་ཞི༷ག་ཡ༷ང་ཡ༷ང་ཁྲུ༵ས། བྱས༷་ཏེ༷་ཡ༷ང་ཡ༷ང་མེ༷ར་འཇུ༷ག་ པ༵། །དེ༷་ལྟར༷་ཤི༷ན་ཏུ༷་སྡུ༷ག་བསྔ༷ལ་བ༵། །སྤེལ་བར་གན༷ས་ཀྱང༷་བད༷ག་ཉི༷ད་ཚ་བ་ན་ཁྲུས་དང་ གྲང་བ་ན་མེ་ལ་འཇུག་པར་དབང་ངོ་ཞེས་བདེ༷ར་རློ༷མ་བཞི༵ན་ནོ། །དེ༷་ལྟར༷་བརྗོད་པའི་རིམ་ 1-1-317 པས་ཡ་ང་བའི་འཁོར་བར་འཁྱམ་ཡང་ན་ཚོད་འཁོགས་པའི་རྒ༷་བ་ད༷ང་སྲོག་འགགས་པས་ འཆི༷་བ་མེ༷ད་པ༵། བཞི༷ན་དུ༷་སྡིག་པ་སྤྱོ༷ད་པ༷ས་གན༷ས་རྣམ༷ས་ལ༵། ད༷ང་པོ༷་ཉི༷ད་དུ༷་རང་གིས་ རང་བས༷ད་ཅིང་བཅོམ་བྱས༷་ན༵ས། ང༷ན་སོ༷ང་དུ་རྒུད་པའི་སྡུ༷ག་བསྔ༷ལ་མི༷་བཟ༷ད་འོ༵ང་བ་སྙིང་ རྗེའོ། ། དེ༷་ལྟར༷་སྡུ༷ག་བསྔ༷ལ་མེ༷ས་གདུ༷ངས་(པའི་སེམས་ཅན་རྣམས་)ལ༵། །བསོ༷ད་ན༷མས་སྤྲི༷ན་ལ༷ས་ ལེ༷གས་བྱུ༷ང་བ༵། །ར༷ང་རང་གི༷་བདེ༷་བ༷འི་ཚོ༷གས་ཇི་ལྟར་འོས་པའི་ཆ༷ར་གྱི༷ས། སོ་སོའི་སྡུག་ བསྔལ་མེ་ཚོགས་ཞི༷་ཞིང་བདེ་བས་ཚིམ་པ་བྱེ༷ད་པའི་འཕྲིན་ལས་སྟོབས་དང་ལྡན་པ༷ར་ བད༷ག་ན༷མ་ཞི༷ག་འགྱུ༵ར། ཞེས་སྨོན་པའོ། ། དེ་བཞིན་དུ་བདག་ན༷མ་ཞི༷ག་དམི༷གས་པ༷་མེ༷ད་ཚུ༷ལ་དུ༵། གུ༷ས་པ༷ས་བསོ༷ད་ན༷མས་ ཚོ༷གས་བས༷གས་ཏེ༵། །དམི༷གས་འཛིན་རྟོག་པ༷ས་ཕུ༷ང་བ༷ར་གྱུ༷ར་རྣམ༷ས་ལ༵། ཟབ་མོ་སྟོ༷ང་པ༷་ ཉི༷ད་ནི༷་སྟོ༷ན་པ༷ར་འགྱུ༵ར། ཞེས་པ་སྟེ། མྱུར་བ་ཉིད་དུ་དེ་ལྟར་གྱུར་ཅིག་ཅེས་པའི་དོན་ནོ། ། བྱང༷་ཆུ༷བ་སེ༷མས་དཔ༷འི་སྤྱོ༷ད་པ༷་ལ༷་འཇུ༷ག་པ༷་ལ༷ས། ཤེ༷ས་ར༷བ་ཀྱི༷་ཕ༷་རོ༷ལ་ཏུ༷་ཕྱི༷ན་ པ༷འི་ལེ༷འུ༷་སྟེ༷་དགུ༷་པ༷འོ༵།། །། ༈ དེ་ལྟར་རྩོམ་པའི་བྱ་བ་ལེགས་པར་མཐར་ཕྱིན་པའི་རྗེས་སུ་བསྔོ་བ་སྨོན་ལམ་འབྲེལ་ བས་(ཞི་བ་ལྷ་)བད༷ག་གི༷ས་(སྐྱོན་ཐམས་ཅད་སྤངས་ཡོན་ཏན་ཐམས་ཅད་གློ་པ་ལ་གནས་པའི་དེ་ཉིད་ཀྱི་ཡེ་ཤེས་ཐམས་ ཅད་མཁྱེན་པ་ཉིད་ནི་)བྱང༷་ཆུ༷བ་(དེའི་ཆེད་དུ་)སྤྱོ༷ད་པ༷་(སྦྱིན་སོགས་ལ་གོམས་པ་)ལ༵། འཇུ༷ག་པ༷་(སྔར་བསྟན་ པ་དང་འཆད་འགྱུར་དང་བཅས་པ་)རྣམ༷་པ༷ར་བས༷མས་ནས་གཞུང་དུ་བཀོད་པ༷་ཡི༵། དགེ༷་བ༷་(བདག་ལ་) ག༷ང་(བྱུང་བ་)དེ༷ས་འགྲོ༷་བ༷་(སྟེ་སྐྱེ་བོ་)ཀུ༵ན། །བྱང༷་ཆུ༷བ་སྤྱོ༷ད་ལ༷་འཇུ༷ག་པ༷ར་(ཏེ་ཚིག་བློ་ལ་ལེན་དོན་ ཡིད་ལ་བསྒོམས་པས་མཛེས་པར་)ཤོ༵ག །ཅེས་རྒྱུ་ལམ་ལ་འཇུག་པར་སྨོན་པ་སྟེ་འབྲས་བུ་སངས་རྒྱས་ འཐོབ་པ་ལ་མི་འཁྲུལ་བའི་མཐར་ཐུག་གི་སྨོན་ལམ་ཡང་བསྟན་པ་ཡིན་ནོ། ། 1-1-318 གནས་སྐབས་སུ་ཡང་སྐྱེས་བུ་ཆེན་པོ་རྣམས་ནི་གཞན་དོན་ལྷུར་མཛད་ཅིང་ལྷག་པར་ ཡང་སྡུག་བསྔལ་ཅན་ལ་ཐུགས་བརྩེ་བའི་ཕྱིར་(ཤར་ལ་སོགས་པའི་)ཕྱོ༷གས་རྣམ༷ས་ཀུ༷ན་ན༷་ལུ༷ས་ ད༷ང་སེ༵མས། རིམ་པ་ལྟར་སྡུ༷ག་བསྔ༷ལ་(ཏེ་གནོད་པ་དང་)ན༷ད་པ༷་(ནི་གདུང་བ་ཕོངས་པ་གྲངས་)ཇི༷་སྙེ༷ད་ (ཡོད་)པ༵། དེ༷་ད༷ག་(ཤཱནྟ་དེ་བ་)བད༷ག་གི༷་བསོ༷ད་ན༷མས་(ཀྱི་སྟོབས་)ཀྱི༵ས། །(ལུས་ཀྱི་)བདེ༷་(བ་དང་ ཡིད་བདེ་པའི་)དག༷འ་(བ་ཟད་མི་ཤེས་པའི་)རྒྱ༷་མཚོ༷་(ལྟ་བུ་)ཐོ༷བ་པ༷ར་ཤོ༵ག །(འགྲོ་བ་)དེ༷་ད༷ག་འཁོ༷ར་ བ༷་ཇི༷་སྲི༷ད་དུ༵། །ན༷མ་ཡ༷ང་བདེ༷་ལ༷ས་ཉམ༷ས་མ༷་གྱུ༵ར། །འགྲོ༷་བ༷ས་བྱང༷་ཆུ༷བ་སེ༷མས་དཔ༷འ་ ཡི༵། །གཞན་ཕན་བདེ༷་བ༷་རྒྱུ༷ན་མི༷་འཆ༷ད་ཐོ༷བ་ཤོ༵ག །འཇི༷ག་རྟེ༷ན་གྱི་ཁ༷མས་རབ་འབྱམས་ན༷་ དམྱལ༷་བ༷་ད༵ག །ག༷ང་ད༷ག་ཇི༷་སྙེ༷ད་ཡོ༷ད་པ༷་རྣམ༷ས། །(སར་གནས་ཀྱི་བྱང་སེམས་ཁོ་ན་སྐྱེ་བའི་ཞིང་ཁམས་) དེ༷་ད༷ག་ཏུ༷་ནི༷་ལུ༷ས་ཅ༷ན་རྣམ༷ས། །འཇིག་རྟེན་གྱི་ཁམས་(སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞིང་ཟག་མེད་ ཀྱི་བདེ་བ་འདི་ལ་ཡོད་པས་)བདེ༷་བ་ཅ༷ན་གྱི་བདེ༷་བ༷་ལྟ་བུས༷་དག༷འ་(བ་དང་ལྡན་)བ༷ར་ཤོ༵ག །འཇིག་ རྟེན་གྱི་ཁམས་རེ་རེའི་འོག་ན་ཡང་སེམས་ཅན་དམྱལ་བ་མནར་མེད་པ་དང་བཅས་པའི་ཚ་ བ་བརྒྱད་དང༌། ཉེ་འཁོར་བ་བཅུ་དྲུག་དང༌། གྲང་དམྱལ་བརྒྱད་དང་བཅས་པ་གནས་ངེས་ པ་ཅན་དུ་ཡོད་པར་གསུངས་ཤིང༌། མཛོད་ལས་ཀྱང༌། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་ མེད་པ་ཡང་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །(ཞེས་)མནར་མེད་པའི་སྟེང་ན་རབ་ ཏུ་ཚ་བ་དང༌། ཚ་བ་དང༌། ངུ་འབོད་ཆེན་པོ་དང༌། ངུ་འབོད་དང༌། བསྡུས་འཇོམས་དང༌། ཐིག་ ནག་དང༌། ཡང་སོས་སོ། །བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་ མ་མུར་དང་རོ་མྱགས་དང༌། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །(ཞེས་)རལ་གྲི་ལོ་མ་ཅན་དང༌། ལྕགས་ཀྱི་ཤལ་མ་ལི་མཚོན་ཆར་གཅིག་པས་སྤུ་གྲི་སོགས་ཁོངས་སུ་བསྡུའོ། །ཆུ་བུར་ཅན་ སོགས་གྲང་བརྒྱད་གཞན། །འདི་ལྟ་སྟེ། ཆུ་བུར་ཅན་དང༌། ཆུ་བུར་རྡོལ་པ་དང༌། སོ་ཐམ་ཐམ་ དང༌། ཨ་ཆུ་ཟེར་བ་དང༌། ཀྱི་ཧུད་ཟེར་བ་དང༌། ཨུཏྤལ་ལྟར་གས་པ་དང༌། པདྨ་ལྟར་གས་པ་ 1-1-319 དང༌། པད་མ་ལྟར་ཆེར་གས་པའོ། །ཚེ་ཚད་ནི། མི་རྣམས་ཚེ་ལོ་ལྔ་བཅུ་ལ། །འདོད་པ་དག་ གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉི་ ག་གཉིས་འགྱུར་རོ། །ཚེ་དང་ཉིན་ཞག་གཉི་ག་ཞེས་སྦྱར་རོ། །ཡང་སོས་ལ་སོགས་དྲུག་རིམ་ བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེ་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་ དང་འདྲ་བ་ཡིན། །རབ་ཏུ་ཚ་བྱེད་མནར་མེད་ནི། །བར་གྱི་བསྐལ་པའོ། །ཞེས་དང༌། ཏིལ་ སྦྱང་ནས་ནི་ལོ་བརྒྱ་ཞིང༌། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུས་བསྒྱུར། །ཞེས་གསུངས་པའོ། །དེ་ལྟར་གྲ༷ང་བ༷ས་ཉམ༷་ཐ༷ག་དྲོ༷་ཐོ༷བ་ ཤོ༵ག །བྱང༷་ཆུ༷བ་སེ༷མས་དཔ༷འི་སྨོན་ལམ་སྤྲི༷ན་ཆེ༷ན་ལ༵ས། བྱུ༷ང་བ༷འི་ཆུ༷་བོ༷་མཚོ་ཆེན་པོ་ལྟར་ མཐ༷འ་ཡ༷ས་པའི་ཆར་རྣམས་ཀྱི༵ས། ཡང་སོས་ལ་སོགས་པ་ཚ༷་བ༷ས་ཉམ༷་ཐ༷ག་བསི༷ལ་བ༷ར་ ཤོ༵ག ། བྱང་ཆུབ་སེམས་དཔས་འདོད་ལོག་གི་རྣམ་སྨིན་ར༷ལ་གྲི༷་ལོ༷་མ༷འི་ན༷གས་ཚ༷ལ་ཡ༵ང༌། དེ༷་ལ༷་དག༷འ་ཚ༷ལ་སྡུ༷ག་གུ༷ར་ཤོ༵ག །ཤ༷ལ་མ༷་ལི༷་ཡི༷་སྡོ༷ང་པོ༷་ཡ༵ང༌། །དཔ༷ག་བས༷མ་ཤི༷ང་དུ༷་ འཁྲུ༷ང་བ༷ར་ཤོ༵ག །མཐི༷ང་རི༷ལ་ངུ༷ར་པ༷་ད༷ག་ད༷ང་ང༷ང་བ༷་ད༵ང༌། །བཞ༷ད་སོ༷གས་སྐ༷ད་སྙན༷་ འབྱི༷ན་པ༷ས་མཛེ༷ས་གྱུ༷ར་པ༵། །པ༷ད་མ༷་དྲི༷་བསུ༷ང་ཆེ༷་ལྡན༷་མཚོ༷་ད༷ག་གི༵ས། །དམྱལ༷་བ༷འི་ ས༷་ཕྱོ༷གས་ད༷ག་ནི༷་ཉམ༷ས་དག༷ར་ཤོ༵ག །སོ༷ལ་ཕོ༷ང་དེ༷་ཡ༷ང་རི༷ན་ཆེ༷ན་ཕུ༷ང་པོ༷ར་གྱུ༵ར། །ས༷་ བསྲེ༷གས་ཤེ༷ལ་གྱི༷་ས༷་གཞི༷་བསྟ༷ར་བ༷ར་ཤོ༵ག །བསྡུ༷ས་འཇོ༷མས་རི༷་བོ༷་རྣམ༷ས་ཀྱང༷་མཆོ༷ད་ པ༷་ཡི༵། །གཞ༷ལ་མེ༷ད་ཁ༷ང་དུ་སྣང་བར་གྱུ༷ར་ཅིག །དེ་ཡངས་བདེ༷ར་གཤེ༷གས་སྲས་བཅས་ ཀྱིས་ག༷ང་བ༷ར་ཤོ༵ག །ཡང་སོས་སུ་མད༷ག་མ༷་རྡོ༷་བསྲེ༷གས་མཚོ༷ན་གྱི༷་ཆ༷ར་བ༷་འབབ་པ་ད༵ག །དེ༷ང་ན༷ས་བཟུ༷ང་སྟེ༷་མེ༷་ཏོ༷ག་ཆ༷ར་བ༷ར་གྱུ༵ར། །ཕ༷ན་ཚུ༷ན་མཚོ༷ན་གྱི༷ས་འདེ༷བས་པ༷་དེ༷་ཡ༷ང་ ནི༵། །དེ༷ང་ན༷ས་རྩེད་མོ་རྩེ༷་ཕྱི༷ར་མེ༷་ཏོ༷ག་འཕེ༷ན་པ༷ར་ཤོ༵ག །ཉེ་འཁོར་བའི་ཆུ༷་བོ༷་ར༷བ་མེ༷ད་མེ༷་ 1-1-320 ད༷ང་འདྲ་༷ན༷ང་བྱི༷ང་བ༷་ད༵ག །ཤ༷་ཀུ༷ན་ཞི༷ག་གྱུ༷ར་རུ༷ས་གོ༷ང་མེ༷་ཏོ༷ག་ཀུ༷ན་ད༷འི་མདོ༵ག །བད༷ག་ གི༷་དགེ༷་བ༷འི་སྟོ༷བས་ཀྱི༷ས་ལྷ་༷ཡི༷་ལུ༷ས་ཐོ༷བ་ན༵ས། །ལྷ་༷མོ༷་རྣམ༷ས་ད༷ང་ལྷ༷ན་ཅི༷ག་ཁྲུས་ཀྱི་ཆུ་ བོ་ད༷ལ་གྱི༷ས་འབ༷བ་པ་རྣམས་སུ་རྩེ་ཞིང་གན༷ས་པར་ཤོ༵ག །ཆོ་འཕྲུལ་མཐོང་བའི་ཚེ་ཅི༷་ཕྱི༷ར་ འདི༷ར་ནི༷་གཤི༷ན་རྗེ༷འི་མི༷་ད༷ང་ཁྭ༷་ད༷ང་བྱ་༷རྒོ༷ད་མི༷་བཟ༷ད་རྣམ༷ས་སྐྲ༷ག་བྱེ༷ད། ཀུ༷ན་ན༷ས་མུ༷ན་ བས༷ལ་བདེ༷་དག༷འ་བསྐྱེ༷ད་པ༷འི་མཐུ༷་བཟ༷ང་འདི༷་ཀོ༷་སུ༷་ཡི༷་མཐུ༷་སྙམ༷་སྟེ༷། །གྱེ༷ན་དུ༷་བལྟ༷ས་ ན༷ས་ན༷མ་མཁ༷འི་དཀྱི༷ལ་ན༷་སྐྱབས་གནས་མཐུ་ལྡན་ཕྱག༷་ན༷་རྡོ༷་རྗེ༷་འབ༷ར་བ༷་བཞུ༷གས་ མཐོ༷ང་ན༵ས། ར༷བ་ཏུ༷་དག༷འ་བ༷འི་ཤུ༷གས་ཀྱི༷ས་སྡི༷ག་ད༷ང་བྲ༷ལ་ན༷ས་དེ༷་ད༷ང་ལྷ༷ན་ཅི༷ག་ འགྲོ༷གས་པ༷ར་ཤོ༵ག །ཡང་མེ༷་ཏོ༷ག་ཆ༷ར་བ༷་སྤོ༷ས་ཆུ༷་ད༷ང་འདྲེ༷ས་འབ༷བ་པ༷་ཡི༵ས། །དམྱལ༷་ བ༷འི་མེ༷་མད༷ག་ཆི༷ལ་ཆི༷ལ་གསོ༷ད་པ༷་མཐོ༷ང་གྱུ༷ར་ན༵ས། །གློ༷་བུ༷ར་བདེ༷་བ༷ས་ཚི༷མ་པ༷་འདི༷་ ཅི༷་བས༷མ་པ༷་ད༵ང༌། །སེ༷མས་དམྱལ༷་རྣམ༷ས་ཀྱི༷ས་ཕྱག༷་ན༷་པ༷ད་མ༷་ཅན་མགོན་པོ་སྤྱན་རས་ གཟིགས་མཐོ༷ང་བ༷ར་ཤོ༵ག ། ཐོག་མར་མཐོང་བ་ཁ་ཅིག་གིས་གྲོ༷གས་ད༷ག་འཇི༷གས་པ༷་བོ༷ར་ལ༷་རི༷ངས་པ༷ར་ཚུ༷ར་ ཤོ༷ག་འུ༷་བུ༷འི་ཐ༷ད་དུ༷་ནི༵། ག༷ང་གི་མཐུ༷་ཡི༷ས་སྡུ༷ག་བསྔ༷ལ་ཐ༷མས་ཅ༷ད་བྲ༷ལ་ཞི༷ང་དག༷འ་བ༷འི་ ཤུ༷གས་ཕྱི༷ན་ལ༵། །འགྲོ༷་བ༷་ཀུ༷ན་ན༷ས་ཡོ༷ངས་སྐྱོ༷བ་བྱང༷་ཆུ༷བ་སེ༷མས་དཔ༷འ་འོད་དང་ལྡན་ ཞིང་བདག་ཅག་ཐུགས་བརྩེ༷་བ༷་སྐྱེ༷ས་གྱུ༷ར་པ༵། གཞོ༷ན་ནུ༷་རལ་པའི་ཟུ༷ར་ཕུ༷ད་ལྔ་པ་ཅ༷ན་གཟི་ བརྗིད་འབ༷ར་ཞིང་འཇི༷གས་པ༷་མེ༷ད་པ༷ར་བྱེ༷ད་པ༷་སུ༷་ཞི༷ག་ལྟར་ཕྱི༵ན་ཟིན་གྱིས། སེམས་ཅན་ དམྱལ་བ་ཁྱེ༷ད་རྣམས་ཀྱི༷ས་ལྟོས་ཤིག །སུ་ལ་ཞེ་ན། ལྷ་༷བརྒྱ༷འི་ཅོ༷ད་པ༷ན་ད༷ག་གི༷ས་ཞ༷བས་ ཀྱི༷་པ༷ད་མོ༷་ལ༷་མཆོ༷ད་ཅི༵ང༌། ཐུ༷གས་རྗེ༷ས་འདི་དག་གིས་བརླ༷ན་པ་དང་བཅས་པའི་སྤྱ༷ན་ལྡན་ དབུ༷་ལ༷་མེ༷་ཏོ༷ག་དུ༷་མ༷འི་ཚོ༷གས་ཀྱི༷ས་ཆ༷ར་འབ༷བ་པ༵། ཁ༷ང་བརྩེ༷གས་ཡི༷ད་འོ༷ང་དུ་མའི་ནང་ ན་ལྷ་༷མོ༷་སྟོ༷ང་ཕྲ༷ག་བསྟོ༷ད་དབྱང༷ས་སྒྲོ༷གས་ལྡན༷་འདི༷་ལ་ལྟོ༷ས་ཞེ༵ས། སྦྲན་པ་དང་ཐམས་ཅད་ 1-1-321 ཀྱིས་མགོན་པོ་འཇ༷མ་དབྱང༷ས་དེ༷་འ༷དྲ་མཐོ༷ང་ན༷ས་ད༷་ནི༷་སེ༷མས་ཅན་དམྱལ༷་བ་རྣམས་དག་ པའི་ཀུ༷་ཅོ༷་འདོ༷ན་པ༷ར་ཤོ༵ག ། དེ༷་ལྟར༷་བད༷ག་གི༷་དགེ༷་བ༷ས་རྒྱལ་བའི་སྲས་པོ་ཀུ༷ན་ཏུ༷་བཟ༷ང་པོ་དང་བྱམས་པ་ལ༷་ སོ༵གས། བྱང༷་ཆུ༷བ་སེ༷མས་དཔ༷འ་རྣམས་སྒྲི༷བ་པ༷་མེ༷ད་པའི་སྤྲི༷ན་ལས་བདེ༷་བ༷་ད༵ང༌། བསི༷ལ་ ཞི༷ང་དྲི༷་ཞི༷མ་ང༷ད་ལྡང༷་སྤོས་ཆུའི་ཆ༷ར་བ༷་འབེ༷བས་མཐོ༷ང་ན༵ས། །སེ༷མས་ཅ༷ན་དམྱལ༷་བ༷་ དེ༷་ད༷ག་མངོ༷ན་པ༷ར་དག༷འ་གྱུ༷ར་ཅི༵ག །དུ༷ད་འགྲོ༷་རྣམ༷ས་ཀྱང༷་གཅི༷ག་ལ༷་གཅི༵ག །ཟ༷་བ༷འི་ འཇི༷གས་ད༷ང་བྲ༷ལ་བ༷ར་ཤོ༵ག། སྒྲ༷་མི༷་སྙན༷་པ༷འི་མི༷་དཔག་བསམ་གྱི་ཤིང་ལ་སོགས་པའི་ འབྱོར་བ་བཟང་པོ་ལ་ལོངས་སྤྱོད་པ་བཞི༷ན་དུ༵། ཡི༷་དྭ༷གས་རྣམ༷ས་ནི༷་བདེ༷་བ༷ར་གྱུ༵ར། །འཕ༷གས་པ༷་སྤྱ༷ན་ར༷ས་གཟི༷གས་དབ༷ང་གི༵ ། ཕྱག༷་ན༷ས་འབ༷བ་པ༷འི་འོ༷་རྒྱུ༷ན་གྱི༵ས། །ཡི༷་ དྭ༷གས་རྣམ༷ས་ནི༷་ཚི༷མ་བྱས༷་ཤི༵ང༌། །ཁྲུ༷ས་བྱས༷་རྟག༷་ཏུ༷་བསི༷ལ་བ༷ར་ཤོ༵ག ། གཞན་ཡང་འཇིག་རྟེན་དུ་ལོ༷ང་བ༷་རྣམ༷ས་ཀྱི༷ས་གཟུག༷ས་མཐོ༷ང་ཤོ༵ག །འོ༷ན་པ༷ས་རྟག༷་ ཏུ༷་ཐོ༷ས་པ༷ར་ཤོ༵ག །ལྷ་༷མོ༷་སྒྱུ༷་འཕྲུ༷ལ་ལ་ཐུབ་པ་ཆེན་པོ་འཁྲུངས་པ་བཞི༷ན་དུ༷་ནི༵། སྦྲུ༷མ་ མ༷འ༷ང་གནོ༷ད་མེ༷ད་བཙ༷འ་བ༷ར་ཤོ༵ག །གཅེ༷ར་བུ༷་རྣམ༷ས་ཀྱི༷ས་གོ༷ས་ད༷ག་ད༵ང༌། །བཀྲེ༷ས་པ༷་ རྣམ༷ས་ཀྱི༷ས་ཟ༷ས་ད༷ང་ནི༵། །སྐོ༷མ་པ༷་རྣམ༷ས་ཀྱི༷ས་ཆུ༷་ད༷ག་ད༵ང༌། །བཏུ༷ང་བ༷་ཞི༷མ་པོ༷་ཐོ༷བ་ པ༷ར་ཤོ༵ག །བཀྲེ༷ན་པ༷་རྣམ༷ས་ཀྱི༷ས་ནོ༷ར་ཐོ༷བ་ཤོ༵ག །མྱ་༷ང༷ན་ཉམ༷་ཐ༷ག་དག༷འ་ཐོ༷བ་ཤོ༵ག །ཡི༷་ཆ༷ད་རྣམ༷ས་ཀྱང༷་ཡི༷ད་སོ༷ས་ཤི༵ང༌། །བ༷རྟན་པ༷་ཕུ༷ན་སུ༷མ་ཚོ༷གས་པ༷ར་ཤོ༵ག །སེ༷མས་ ཅ༷ན་ན༷ད་པ༷་ཇི༷་སྙེ༷ད་པ༵། །མྱུ༷ར་དུ༷་ན༷ད་ལ༷ས་ཐ༷ར་གྱུ༷ར་ཅི༵ག །འགྲོ༷་བ༷འི་ན༷ད་ནི༷་མ༷་ལུ༷ས་ པ༵། །རྟག༷་ཏུ༷་འབྱུ༷ང་བ༷་མེ༷ད་པ༷ར་ཤོ༵ག །སྐྲ༷ག་པ༷་རྣམ༷ས་ནི༷་འཇི༷གས་མེ༷ད་ཤོ༵ག །བཅི༷ངས་ པ༷་རྣམ༷ས་ནི༷་གྲོ༷ལ་བ༷ར་གྱུ༵ར། །མཐུ༷་མེ༷ད་རྣམ༷ས་ནི༷་མཐུ༷་ལྡན༷་ཞི༵ང༌། །སེ༷མས་ནི༷་ཕ༷ན་ཚུ༷ན་ གཉེ༷ན་གྱུ༷ར་ཅི༵ག །མགྲོ༷ན་པོ༷་ད༷ག་ནི༷་ཐ༷མས་ཅ༷ད་ལ༵། །ཕྱོ༷གས་རྣམ༷ས་ཐ༷མས་ཅ༷ད་བདེ༷་བ༷ར་ 1-1-322 ཤོ༵ག །དགོས་པ་ག༷ང་གི༷་དོ༷ན་དུ༷་འགྲོ༷་བྱེ༷ད་པ༵། དེ༷་འབ༷ད་མི༷་དགོ༷ས་གྲུ༷བ་གྱུ༷ར་ཅི༵ག །ནོར་བུ་ ལྡོན་པ་ལ་སོགས་པ་གྲུ༷་ད༷ང་གྲུ༷་ཆེ༷ན་གཟིངས་སུ་ཞུ༷གས་པ༷་རྣམ༷ས། ཡི༷ད་ལ༷་བས༷མ་པ༷་གྲུ༷བ་ གྱུ༷ར་ཏེ༵། །ཆུ༷་ཡི༷་ངོ༷གས་སུ༷་བདེ༷ར་ཕྱི༷ན་ན༵ས། །གཉེ༷ན་ད༷ང་ལྷ༷ན་ཅི༷ག་དག༷འ་བ༷ར་ཤོ༵ག །མྱ་ ༷ང༷ན་དགོན་པ་རྣམས་སུ་ལ༷མ་གོ༷ལ་འཁྱ༷མས་པ༷་རྣམ༷ས། ལམ་སྟོན་པའི་མགྲོ༷ན་པོ༷་ད༷ག་ད༷ང་ ཕྲ༷ད་གྱུ༷ར་ན༵ས། ཆོ༷མ་རྐུ༷ན་སྟ༷ག་སོ༷གས་འཇི༷གས་མེ༷ད་པ༵ར། །མི༷་ང༷ལ་བདེ༷་བླ༷ག་འདོ༷ང་བ༷ར་ ཤོ༵ག །དགོ༷ན་སོ༷གས་ལ༷མ་མེ༷ད་ཉམ༷་ང༷་བ༵ར། །བྱི༷ས་པ༷་རྒ༷ན་པོ༷་མགོ༷ན་མེ༷ད་པ༵། །གཉི༷ད་ ལོ༷ག་མྱོ༷ས་ཤི༷ང་ར༷བ་མྱོ༷ས་རྣམ༷ས། །ལྷ་༷ད༷ག་སྲུ༷ང་བ༷་བྱེ༷ད་པ༷ས་བར་ཆད་མེད་པར༷་ཤོ༵ག ། མི༷་ད༷ལ་བརྒྱད་པོ་ཀུ༷ན་ལ༷ས་ཐ༷ར་པ༷་ད༵ང༌། ད༷ད་པ་ད༷ང་ཤེ༷ས་ར༷བ་དང་སྙིང་བརྩེ༷ར་ལྡན༷་ ཞི༵ང༌། ཟ༷ས་ད༷ང་སྤྱོ༷ད་པ༷་ཕུ༷ན་ཚོ༷གས་ན༵ས། །རྟག༷་ཏུ༷་ཚེ༷་ར༷བས་དྲན༷་གྱུ༷ར་ཅི༵ག །སེམས་ཅན་ ཐ༷མས་ཅ༷ད་ན༷མ་མཁ༷འི་མཛོ༷ད་བཞི༷ན་དུ༵། ལོ༷ངས་སྤྱོ༷ད་ཟ༷ད་པ༷་མེ༷ད་པ༷ར་ཤོ༵ག །དེའི་དོན་ དུ་རྩོ༷ད་པ༷་མེ༷ད་ཅི༷ང་འཚེ༷་མེ༷ད་པ༵ར། ར༷ང་དབ༷ང་དུ༷་ནི༷་སྤྱོ༷ད་པ༷ར་ཤོ༵ག །སེ༷མས་ཅ༷ན་གཟི༷་ བརྗི༷ད་ཆུ༷ང་ངུ༷་ག༵ང༌། །དེ༷་ད༷ག་གཟི༷་བརྗི༷ད་ཆེ༷་བ༷ར་ཤོ༵ག །དཀ༷འ་ཐུ༷བ་ཅ༷ན་ག༷ང་གཟུ༷གས་ ང༷ན་པ༵། །གཟུ༷གས་བཟ༷ང་ཕུ༷ན་སུ༷མ་ཚོ༷གས་གྱུ༷ར་ཅི༵ག །འཇི༷ག་རྟེ༷ན་བུ༷ད་མེ༷ད་ཇི༷་སྙེ༷ད་པ༵། །དེ༷་ད༷ག་སྐྱེ༷ས་པ༷་ཉི༷ད་གྱུ༷ར་ཅི༵ག །མ༷་ར༷བས་རྣམ༷ས་ནི༷་མཐོ༷་ཐོ༷བ་ཅི༵ང༌། །ང༷་རྒྱ༷ལ་ད༷ག་ཀྱང༷་ བཅོ༷མ་པ༷ར་ཤོ༵ག །བད༷ག་གི༷་བསོ༷ད་ན༷མས་འདི༷་ཡི༷ས་ནི༵། །སེ༷མས་ཅ༷ན་ཐ༷མས་ཅ༷ད་མ༷་ ལུ༷ས་པ༵། །སྡི༷ག་པ༷་ཐ༷མས་ཅ༷ད་སྤང༷ས་ན༷ས་ནི༵། །རྟག༷་ཏུ༷་དགེ༷་བ༷་བྱེ༷ད་པ༷ར་ཤོ༵ག །བྱང༷་ཆུ༷བ་ ཀྱི་སེ༷མས་ཡིད་ལ་བྱེད་པ་ད༷ང་མི༷་འབྲ༷ལ་ཞི༵ང༌། གཞན་དོན་བྱང༷་ཆུ༷བ་སྤྱོ༷ད་ལ༷་གཞོ༷ལ་བ༷་ ད༵ང༌། སང༷ས་རྒྱ༷ས་རྣམ༷ས་ཀྱི༷ས་ཡོ༷ངས་བཟུ༷ང་ཞི༵ང༌། །བདུ༷ད་ཀྱི༷་ལ༷ས་ཀྱང༷་སྤང༷་བ༷ར་ཤོ༵ག ། སེ༷མས་ཅ༷ན་དེ༷་ད༷ག་ཐ༷མས་ཅ༷ད་ནི༵། །ཚེ༷་ཡ༷ང་དཔ༷ག་མེ༷ད་རི༷ང་བ༷ར་ཤོ༵ག །རྟག༷་ཏུ༷་ བདེ༷་བ༷ར་འཚོ༷་འགྱུ༷ར་ཞི༵ང༌། །འཆི༷་བ༷འི་སྒྲ༷་ཡ༷ང་གྲ༷ག་པར་མ༷་གྱུ༵ར་ཅིག །དཔ༷ག་བས༷མ་ 1-1-323 ཤི༷ང་གི༷་སྐྱེ༷ད་མོ༷ས་ཚ༵ལ། །ཡིད་འོང་རྣམས་སང༷ས་རྒྱ༷ས་ད༷ང་ནི༷་སང༷ས་རྒྱ༷ས་སྲ༵ས། །ཆོ༷ས་ སྙན༷་སྒྲོ༷གས་པ༷ས་ག༷ང་བ༷་ཡི༵ས། །སའི་ཕྱོ༷གས་རྣམ༷ས་ཐ༷མས་ཅ༷ད་ག༷ང་བ༷ར་ཤོ༵ག །ཐ༷མས་ ཅ༷ད་དུ༷་ཡ༷ང་ས༷་གཞི༷་རྣམ༷ས། །གསེ༷ག་མ༷་དང་གྱོ་མོ་དང་ཚ་སྒོ་ཅན་ལ༷་སོ༷གས་མེ༷ད་པ༷་ད༵ང༌། ལ༷ག་མཐི༷ལ་ལྟར༷་མཉམ༷་ནོར་བུ་བཻ༷ཌཱུ༷རྱའི༵། །ར༷ང་བཞི༷ན་འཇ༷མ་པོ༷ར་གན༷ས་གྱུ༷ར་ཅི༵ག །ཞིང་ཁམས་སོ་སོར་སངས་རྒྱས་ཀྱི་འཁོ༷ར་གྱི༷་དཀྱི༷ལ་འཁོ༷ར་ཡོ༷ད་དགུ༷ར་ཡ༵ང༌། ཕལ་ཆེར་ ཐེག་ཆེན་བྱང༷་ཆུ༷བ་སེ༷མས་ད༷པའ་མ༷ང་པོ༷་རྣམ༷ས། ར༷ང་གི༷་ལེ༷གས་སྤྱོད་གཞན་ཕན་མཛད་ པ༷ས་ས༷་སྟེ༷ང་ད༵ག །བརྒྱ༷ན་པ༷ར་མཛ༷ད་དེ༷་ཡུན་རིང་བཞུ༷གས་གྱུ༷ར་ཅི༵ག །ལུ༷ས་ཅ༷ན་ཀུ༷ན་ གྱི༷ས་བྱ་༷ད༷ང་ནི༵། །ཤི༷ང་ད༷ང་འོ༷ད་ཟེ༷ར་ཐ༷མས་ཅ༷ད་ད༵ང༌། །ཐ་ན་ན༷མ་མཁ༷འ་ལ༷ས་ཀྱང༷་ཆོ༷ས་ ཀྱི༷་སྒྲ༵། །རྒྱུ༷ན་མི༷་ཆ༷ད་པ༷་ཐོ༷ས་པ༷ར་ཤོ༵ག །སེམས་ཅན་དེ༷་ད༷ག་རྟག༷་ཏུ༷་སང༷ས་རྒྱ༷ས་ད༵ང༌། །སང༷ས་རྒྱ༷ས་སྲས༷་བྱང་ཆུབ་སེམས་དཔའ་དུ་མ་ད༷ང་ཕྲ༷ད་གྱུ༷ར་ཅི༵ག །ཕྲད་ནས་ཀྱང་མཆོ༷ད་ པ༷འི་སྤྲི༷ན་ནི༷་མཐ༷འ་ཡ༷ས་པ༵ས། འགྲོ༷་བ༷འི་བླ༷་མ༷་དེ་རྣམས་མཆོ༷ད་ཅིང་བཀའ་དྲིན་རྒྱ་ཆེར་ ནོད་པ༷ར་ཤོ༵ག ། ལྷ་༷ཡ༷ང་དུ༷ས་སུ༷་ཆ༷ར་འབེ༷བས་ཤི༵ང༌། །ལོ༷་ཐོ༷ག་ཕུ༷ན་སུ༷མ་ཚོ༷གས་པ༷ར་ཤོ༵ག །རྒྱ༷ལ་པོ༷་ ཆོ༷ས་བཞི༷ན་བྱེ༷ད་གྱུ༷ར་ཅི༵ག །འཇི༷ག་རྟེ༷ན་ད༷ག་ཀྱང༷་ད༷ར་བ༷ར་ཤོ༵ག །སྨ༷ན་རྣམ༷ས་མཐུ༷་ད༷ང་ ལྡན༷་པ༷་ད༵ང༌། །གས༷ང་སྔ༷གས་བཟླ༷ས་བརྗོ༷ད་འགྲུ༷བ་པ༷ར་ཤོ༵ག །མཁ༷འ་འགྲོ༷་སྲི༷ན་པོ༷་ལ༷་ སོ༷གས་པ༵། །གདུག་པ་ཅན་རྣམས་ཀྱང་སྙི༷ང་རྗེ༷འི་སེ༷མས་ད༷ང་ལྡན༷་གྱུ༷ར་ཅི༵ག །སེ༷མས་ཅ༷ན་ འག༷འ་ཡ༷ང་སྡུ༷ག་པར་མ༷་གྱུ༵ར་ཅིག །སྡིག་པར་མ་གྱུར་ཅིག །ན་བར་མ་གྱུར་ཅིག །འཇི༷གས་ ད༷ང་བརྙ༷ས་པ༷ར་མི༷་འགྱུ༷ར་ཞི༵ང༌། །འག༷འ་ཡ༷ང་ཡི༷ད་མི༷་བདེ༷་བ་ཙམ་དུའང་མ༷་གྱུ༵ར་ཅིག ། གང་དུ་དགེ་མདུན་དང་གཙུ༷ག་ལ༷ག་ཁ༷ང་གི་གཞུང་གནས་པའི་ཁང་པ་རྣམ༷ས་ཀྱང་ལུང་ ཀློ༷ག་པ༷་ད༵ང༌། ཁ༷་དོ༷ན་བྱེད་པ་དང་འཛིན་པ་ལ་སོགས་པ་རྣམས་ཀྱི༷ས་བསྟན་པ་རྒྱ༷ས་པས་ 1-1-324 ལེ༷གས་པར་ཡུན་རིང་དུ་གན༷ས་པར་ཤོ༵ག །རྟག༷་ཏུ༷་དགེ༷་འདུ༷ན་ཐུགས་མཐུ༷ན་པ༷་ད༵ང༌། དགེ༷་ འདུ༷ན་དོ༷ན་ཆོས་སྤྱོད་རྒྱ་ཆེན་ཡ༷ང་གྲུ༷བ་པ༷ར་ཤོ༵ག ། ཐོས་བསམ་སྒོམ་གསུམ་ལ་བསླ༷བ་པ༷ར་འདོ༷ད་པ༷འི་དགེ༷་སློ༷ང་རྣམ༷ས། དབེ༷ན་པ༷་ད༷ག་ ཀྱང༷་ཐོ༷བ་པ༷ར་ཤོ༵ག །དེར་ཡང་གཡེ༷ང་བ༷་ཐ༷མས་ཅ༷ད་སྤང༷ས་ན༷ས་ནི༵། སེ༷མས་ནི༷་ལ༷ས་རུ༷ང་ སྒོ༷མ་གྱུ༷ར་ཅི༵ག །དགེ༷་སློ༷ང་མ༷་རྣམ༷ས་བསོད་སྙོམས་རྙེ༷ད་ལྡན༷་ཞི༵ང༌། འཐ༷བ་ད༷ང་གནོ༷ད་པ༷་ སྤོ༷ང་བ༷ར་ཤོ༵ག །དེ༷་བཞི༷ན་ར༷བ་ཏུ༷་བྱུ༷ང་བ༷་ཀུ༵ན། །ཚུ༷ལ་ཁྲི༷མས་ཉམ༷ས་པ༷་མེ༷ད་པ༷ར་ཤོ༵ག ། གལ་ཏེ་ཚུ༷ལ་ཁྲི༷མས་འཆ༷ལ་པ༷་སྲིད་ནའང་དེས༷་ཡི༷ད་བྱུ༷ང་ན༵ས། རྟག༷་ཏུ༷་སྡི༷ག་པ༷་ཟ༷ད་བྱེ༷ད་ ཤོ༵ག །བདེ༷་འགྲོ༷་ད༷ག་ཀྱང༷་ཐོ༷བ་གྱུ༷ར་ན༵ས། །དེ༷ར་ཡ༷ང་བརྟུ༷ལ་ཞུ༷གས་མི༷་ཉམ༷ས་ཤོ༵ག ། མཁ༷ས་པ༷་སྡེ་སྣོད་འཛིན་པ་རྣམ༷ས་ནི༷་བཀུ༷ར་བ༷་ད༵ང༌། བསོ༷ད་སྙོ༷མས་ད༷ག་ཀྱང༷་རྙེ༷ད་ པ༷ར་ཤོ༵ག །རྒྱུ༷ད་ནི༷་ལས་སུ་རུང་བས་ཡོ༷ངས་སུ༷་ད༷ག་པ༷་ད༵ང༌། །ཕྱོ༷གས་རྣམ༷ས་ཀུ༷ན་ཏུ༷་ གྲ༷གས་པ༷ར་ཤོ༵ག །ངག་གི་ཉེས་པ་ལ་སོགས་པས་ང༷ན་སོ༷ང་སྡུ༷ག་བསྔ༷ལ་མི༷་མྱོ༷ང་ཞི༵ང༌། དཀ༷འ་བ༷་སྤྱ༷ད་པ༷་མེ༷ད་པ༷ར་ཡ༵ང༌། །ལྷ་༷བ༷ས་ལྷག༷་པ༷འི་ལུ༷ས་ཀྱི༷ས་ནི༵། །དེ༷་ད༷ག་སང༷ས་རྒྱ༷ས་ མྱུ༷ར་འགྲུ༷བ་ཤོ༵ག །སེ༷མས་ཅ༷ན་ཀུ༷ན་གྱི༷ས་ལ༷ན་མ༷ང་དུ༵། །སང༷ས་རྒྱ༷ས་ཐ༷མས་ཅ༷ད་མཆོ༷ད་ བྱེ༷ད་ཅི༵ང༌། །སང༷ས་རྒྱ༷ས་ཀྱི་འཕྲིན་ལས་བདེ༷་བ༷་བས༷མ་ཡ༷ས་ཀྱི༷ས། རྟག༷་ཏུ༷་བདེ༷་ད༷ང་ལྡན༷་ གྱུ༷ར་ཅི༵ག །བྱང༷་ཆུ༷བ་སེ༷མས་དཔ༷འ་རྣམ༷ས་ཀྱི༷ས་ནི༵། །འགྲོ༷་དོ༷ན་ཐུ༷གས་ལ༷་དགོ༷ངས་འགྲུ༷བ་ ཤོ༵ག །མགོ༷ན་པོ༷་ཡི༷ས་ནི༷་སྨོན་ལམ་ག༷ང་དགོ༷ངས་པ༵། སེ༷མས་ཅ༷ན་རྣམ༷ས་ལ༷་འཕྲིན་ལས་དེ༷་ འབྱོ༷ར་ཤོ༵ག ། དེ༷་བཞི༷ན་ར༷ང་སང༷ས་རྒྱ༷ས་རྣམ༷ས་ད༵ང༌། །ཉ༷ན་ཐོ༷ས་རྣམ༷ས་ཀྱང༷་བདེ༷་གྱུ༷ར་ཅི༵ག །ལྷ༷་ ད༷ང་ལྷ་༷མི༷ན་མི༷་རྣམ༷ས་ཀྱི༵ས། །རྟག༷་ཏུ༷་མཆོ༷ད་པ༷འི་བས༷མ་ལྡན༷་ཤོ༵ག །ཅེས་རྒྱ་དཔེར་འབྱུང་ ངོ༌། །བད༷ག་ཀྱང༷་འཇ༷མ་དབྱང༷ས་བཀ༷འ་དྲི༷ན་གྱི༷ས། །ས༷་ར༷བ་དག༷འ་བ༷་ཐོ༷བ་བ༷ར་དུ༵། །རྟག༷་ 1-1-325 ཏུ༷་ཚེ༷་ར༷བས་དྲན༷་པ༷་ད༵ང༌། །ར༷བ་ཏུ༷་འབྱུ༷ང་བ༷་ཐོ༷བ་པ༷ར་ཤོ༵ག །འགྲེལ་ཆེན་རྣམས་ལས་སློབ་ དཔོན་འདི་འཕགས་པའི་གང་ཟག་ཏུ་གསུངས་ཀྱང༌། འདིར། ས་རབ་དགའ་བ་ཐོབ་བར་ དུ། །ཞེས་པ་ནི་རྗེས་འཇུག་སོ་སོའི་སྐྱེ་བོའི་སྨོན་ལམ་ལ་དགོངས་པའོ། །བད༷ག་ནི༷་ཁ༷་ཟ༷ས་ གྱི༷་ན༷ས་ཀྱང༷༌། །ཉམ༷ས་ད༷ང་ལྡན༷་ཞི༷ང་འཚོ༷་བ༷ར་ཤོ༵ག །ཚེ༷་ར༷བས་ཀུ༷ན་ཏུ༷་དབེ༷ན་གན༷ས་པ༵། །ཕུ༷ན་སུ༷མ་ལྡན༷་པ༷་ཐོ༷བ་གྱུ༷ར་ཅི༵ག ། ག༷ང་ཚེ༷་ཞལ་ལྟ་༷བ༷ར་འདོ༷ད་པ༷་ད༵ང༌། ཐེ་ཚོམ་ཅུ༷ང་ཟ༷ད་དྲི༷་བ༷ར་འདོ༷ད་ན༷་ཡ༵ང༌། མགོ༷ན་ པོ༷་འཇ༷མ་དབྱང༷ས་དེ༷་ཉི༷ད་ནི༵། །གེ༷གས་མེ༷ད་པ༷ར་ཡ༷ང་མཐོ༷ང་བ༷ར་ཤོ༵ག །ཕྱོ༷གས་བཅུ༷་ན༷མ་ མཁ༷འི་མཐ༷ས་གཏུ༷གས་པ༵འི། །སེ༷མས་ཅ༷ན་ཀུ༷ན་དོ༷ན་བསྒྲུ༷བ་པ༷འི་ཕྱི༷ར། །ཇི༷་ལྟར༷་འཇ༷མ་ དཔ༷ལ་དང་ཀུན་ཏུ་བཟང་པོ་གཞན་དོན་སྤྱོ༷ད་མཛ༷ད་པ༵། བད༷ག་གི༷་སྤྱོ༷ད་པ༷འ༷ང་དེ༷་འདྲ༷ར་ ཤོ༵ག །ཇི༷་སྲི༷ད་ན༷མ་མཁ༷འ་གན༷ས་པ༷་ད༵ང༌། །འགྲོ༷་བ༷་ཇི༷་སྲི༷ད་གན༷ས་གྱུ༷ར་པ༵། །དེ༷་སྲི༷ད་ བད༷ག་ནི༷་གཞན་དོན་ལ་བརྩོན་པས་གན༷ས་གྱུ༷ར་ན༵ས། འགྲོ༷་བ༷འི་སྡུ༷ག་བསྔ༷ལ་སེ༷ལ་བ༷ར་ ཤོ༵ག །འགྲོ༷་བ༷འི་སྡུ༷ག་བསྔ༷ལ་ག༷ང་ཅི༷འ༷ང་རུ༵ང༌། །དེ༷་ཀུ༷ན་བད༷ག་ལ༷་སྨི༷ན་གྱུ༷ར་ཅི༵ག །བདག་ གི་བྱང༷་ཆུ༷བ་སེ༷མས་དཔ༷འི་དགེ༷་ཀུ༷ན་གྱི༵ས། འགྲོ༷་བ༷་བདེ༷་ལ༷་སྤྱོ༷ད་པ༷ར་ཤོ༵ག ། འགྲོ༷་བ༷འི་སྡུ༷ག་བསྔ༷ལ་སེལ་བའི་སྨ༷ན་གཅི༷ག་པུ༵། བདེ༷་བ༷་ཐ༷མས་ཅ༷ད་འབྱུ༷ང་བ༷འི་ གན༵ས། །སངས་རྒྱས་ཀྱི་བསྟན༷་པ༷་བསྟན་འཛིན་རྙེ༷ད་ད༷ང་བཀུ༷ར་སྟི༷་ད༵ང༌། བཅ༷ས་ཏེ༷་ཡུ༷ན་ རི༷ང་གན༷ས་གྱུ༷ར་ཅི༵ག །ཡི་དམ་ག༷ང་གི༷་དྲི༷ན་གྱི༷ས་དགེ༷་བློ༷་བྱུ༵ང༌། །འཇ༷མ་པ༷འི་དབྱང༷ས་ལ༷་ ཕྱག༷་འཚ༷ལ་ལོ༵། །འདྲེན་པ་ག༷ང་གི༷་དྲི༷ན་གྱི༷ས་བད༷ག་ད༷ར་བ༵། །དགེ༷་བ༷འི་བཤེ༷ས་གཉེན་ རྣམས་ལ༷འ༷ང་བད༷ག་ཕྱག༷་འཚ༵ལ། རྗེས་སུ་བཟུང་ནས་དུས་ཐམས་ཅད་དུ་རྒྱལ་བའི་བསྟན་ པ་དང་འགྲོ་བ་དུ་མ་ལ་ཕན་པར་གྱུར་ཅིག ། བྱང༷་ཆུ༷བ་སེ༷མས་དཔ༷འི་སྤྱོ༷ད་པ༷་ལ༷་འཇུ༷ག་པ༷་ལ༷ས། ཡོངས་སུ་བསྔོ༷་བ༷་ཞེ༷ས་བྱ་༷བ༷་སྟེ༷་ 1-1-326 ལེ༷འུ༷་བཅུ༷་པ༷འོ༵།། །། བྱང༷་ཆུ༷བ་སེ༷མས་དཔ༷འི་སྤྱོ༷ད་པ༷་ལ༷་འཇུ༷ག་པ༷་སློ༷བ་དཔོ༷ན་ཤཱ༷ནྟ༷་དེ༷་བ༷ས་མཛ༷ད་པ༷་ རྫོ༷གས་སོ༵།། །།རྒྱ༷་ག༷ར་གྱི༷་མཁ༷ན་པོ༷་ས༷རྦ༷་ཛྙཱ༷་དེ༷་བ༷་ད༷ང༌། ཞུ༷་ཆེ༷ན་གྱི༷་ལོ༷་ཙཱ༷་བ༷་བ༷ནྡེ༷་དཔ༷ལ་ བརྩེ༷གས་ཀྱི༷ས་ཁ༷་ཆེ༷འི་དཔེ༷་ལ༷་གཏུ༷གས་ཏེ༷་གཏ༷ན་ལ༷་ཕ༷བ་པ༷འོ༷། །སླ༷ད་ཀྱི༷ས་རྒྱ༷་ག༷ར་གྱི༷་ མཁ༷ན་པོ༷་དྷ༷རྨ༷་ཤྲཱི༷་བྷ༷་དྲ་༷ད༷ང༌། ཞུ༷་ཆེ༷ན་གྱི༷་ལོ༷་ཙཱ༷་བ༷་བ༷ནྡེ༷་རི༷ན་ཆེ༷ན་བཟ༷ང་པོ༷་ད༷ང༌། ཤཱ༷ཀྱ༷་ བློ༷་གྲོ༷ས་ཀྱི༷ས་ཡུ༷ལ་དབུ༷ས་ཀྱི༷་དཔེ༷་འགྲེ༷ལ་པ༷་ད༷ང་མཐུ༷ན་པ༷ར་བཅོ༷ས་ཤི༷ང་བསྒྱུ༷ར་ཏེ༷་གཏ༷ན་ ལ༷་ཕ༷བ་པ༷འོ༷། །ཡ༷ང་དུ༷ས་ཕྱི༷ས་རྒྱ༷་ག༷ར་གྱི༷་མཁ༷ན་པོ༷་སུ༷་མ༷་ཏི༷་ཀཱི༷རྟི༷་ད༷ང༌། ལོ༷་ཙཱ༷་བ༷་ཤཱ༷ཀྱའི༷་ དགེ༷་སློ༷ང་བློ༷་ལྡན༷་ཤེ༷ས་ར༷བ་ཀྱི༷ས་ཡུ༷ལ་དབུ༷ས་ཀྱི༷་དཔེ༷་འགྲེ༷ལ་པ༷་ད༷ང་བསྟུ༷ན་ན༷ས་བཅོ༷ས་ ཤི༷ང་བསྒྱུ༷ར་ཏེ༷་གཏ༷ན་ལ༷་ཕ༷བ་པ༷འོ༵།། །། རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །རྒྱལ་བའི་སྲས་རྣམས་ཚུལ་བཞིན་འཇུག་ པའི་སྒོ། །རྒྱལ་སྲས་ཞི་བའི་ལྷ་ཡིས་རབ་ཕྱེ་བ། །རྒྱལ་བའི་གསུང་བཞིན་འདིར་ཡང་གསལ་ བར་བགྱིས། །ཕལ་ཆེར་མདོ་དང་འགྲེལ་པའི་དབང་བྱས་མོད། །འོན་ཀྱང་བདག་བློ་བྱིས་ པའི་དབང་གྱུར་པས། །ཉེས་པ་མཆིས་ན་མཁས་ལ་བཟོད་པར་གསོལ། །སླད་ཆད་འཁྲུལ་ མེད་གོ་འཕང་ཐོབ་གྱུར་ཅིག །འདི་ལ་བསྐུལ་ཞིང་མཐུན་རྐྱེན་སྒྲུབ་པ་དང༌། །བདག་གིས་ འབད་ལས་བསོད་ནམས་གང་སྐྱེས་པ། །དེ་ཡིས་ནམ་མཁའི་མཐས་གཏུགས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་པའི་དཔལ་ལ་སྤྱོད་གྱུར་ཅིག །འདི་ནི་བསམ་གྱིས་མི་ཁྱབ་པའི་བློ་གྲོས་ཀྱིས་ སྡེ་སྣོད་དུ་མའི་དོན་ཐུགས་སུ་ཆུད་ཅིང་ཡོན་ཏན་དུ་མའི་དཔལ་འབྱོར་གྱིས་འགྲོ་བ་མང་པོའི་ འདྲེན་པ་ཆེན་པོར་གྱུར་པ། ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་པོ་ནམ་མཁའ་ཡེ་ཤེས་ དང༌། མཁན་པོ་ཞང་ཆོས་རྒྱལ་རིན་ཆེན་དང༌། མཁན་པོ་བྱམས་པའི་དཔལ་ལ་སོགས་པ་ སློབ་མ་དགེ་བའི་བཤེས་གཉེན་མང་པོས་གསོལ་བ་བཏབ་པའི་ངོར། ཤཱཀྱའི་དགེ་སློང་སྐད་ 1-1-327 གཉིས་སྨྲ་བ་བློ་གྲོས་དཔལ་བཟང་པོ་གཙོ་ཆེ་བར་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་ བློ་གྲོས་ཀྱི་འགྲེལ་པ་དང་བསྟུན་ནས་གསལ་བར་བགྱིས་པའི་ཡི་གེ་པ་ནི་དགེ་སློང་སྟོན་པ་ བརྩོན་འགྲུས་སེང་གེའོ།། །། ཆོས་འདིའི་བརྒྱུད་པ་ནི། སློབ་དཔོན་ཆེན་པོ་ཤཱནྟ་དེ་བ། དུལ་བའི་ལྷ། སུ་ན་ཡ་ཤྲཱི་མི་ ཏྲ། བྲམ་ཟེ་ནག་པོ་ཞབས། ཁ་ཆེ་ཛྙཱ་ན་ཤྲཱི། ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ། ཁྱུང་པོ་གྲགས་ སེ། རྒྱ་དམར། ཕྱཱ་བ། གཙང་ནག་པ། མཁན་པོ་མཚུར། གཙང་པ་རྡོ་རྗེ་སེང་གེ ། སྐྱི་སྟོན་སེང་ གེ་རྒྱལ་མཚན། ཚུལ་ཁྲིམས་སེང་གེ ། རིན་ཆེན་རྒྱལ་མཚན། དེ་ལ་བློ་གྲོས་དཔལ་བཟང་པོ་ བདག་གིས་ཞུས་སོ། །བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ ཤྲ་མ་ཎཿ ། གཅིག་ཞུས། (གསལ་བཤད། མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་མཆན་ཡོད་པ་དང་མེད་པའི་དབུ་མེད་བྲིས་མ་གཉིས་ལ་གཏུག་ ཡོད། དཔེ་གཉིས་ལ་གདོང་རྟགས་མི་འདུག དབུ་ནས་ཚིག་ཁ་ཤས་ཚང་མི་འདུག་པ་མ་ཡིག་རྣམས་ལ་སྐྱོན་ཤོར་འདུག) 1-1-328 ༄༅། །ཟབ་ལམ་གྱི་སྔོན་འགྲོ་ བཞུགས་སོ། ། ༄༅། །ༀ་སྭཱསྟི། ཨེ་མ་ཧོ། དཔལ་ལྡན་བླ་མ་དམ་པ་རྣམས་དང་དཔལ་དུས་ཀྱི་འཁོར་ ལོ་ལ་ཕྱག་འཚལ་ལོ། །འདིར་སྔོན་གྱི་དགེ་བ་དང་སྨོན་ལམ་རྣམ་པར་དག་པའི་རྒྱུ་ལས། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་ཅིང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། དེ་ཡི་དོན་སྟོན་པའི་དགེ་བའི་བཤེས་གཉེན་འདམ་ཚད་ཡོད་པའི་སྐབས་སུ་ལམ་རྣམ་དག་ མ་ནོར་ངེས་པ་སྟོན་པའི་བླ་མ་དམ་པ་ཚོལ་བ་ནི། དང་པོ་ཉིད་དུ་གང་བས་ཀྱང་གཅེས་ཏེ། དཔལ་དོན་དམ་བསྙེན་པ་ལས། འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་བར། །མ་ལུས་རྡོ་རྗེའི་ཐེག་པར་ཐམས་ཅད་མཁྱེན་པས་གསུངས། །དེ་ཕྱིར་སློབ་མ་རྣམས་ཀྱིས་བླ་ མ་གསེར་བཞིན་དུ། །ལེགས་པར་བརྟགས་ན་སྡིག་པ་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་ སོ། །དེས་ན་མཚན་ཉིད་དང་ལྡན་པའི་བླ་མས་ནི་མཆོག་ཐུན་མོང་གཉི་ག་འགྲུབ་པའི་ཐབས་ རྣམ་དག་ལེགས་པའི་ལམ་སྟོན་ནུས་པའི་ཕྱིར། སློབ་མ་ལ་ཕན་པའི་ཆ་ནས་སངས་རྒྱས་ དངོས་དང་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དེས་བསྟན་པའི་ལམ་ནི་ཐེག་པ་གསུམ་གང་རུང་ ལ་འཇུག་པ་ལས། ཉན་རང་གི་ཐེག་པ་ནི་འཁོར་བ་ལས་ངེས་པར་འབྱུང་བ་དང་སྐྱོ་ཤས་ཆེན་ པོས་མྱ་ངན་ལས་འདས་པ་ཐོབ་འདོད་དྲག་པོ་ཡོད་ཀྱང་གཞན་སྙིང་རྗེའི་བསམ་པ་དམན་ པའི་ཕྱིར་ལམ་རྣམ་དག་མ་ཡིན་ནོ། །དེ་དག་ལས་ཆེས་ངོ་མཚར་བའི་ཐེག་པ་ཆེན་པོ་ལ་ཕྱེ་ ན། ཕྱི་ཕ་རོལ་ཏུ་ཕྱིན་པ་དང་ནང་གསང་སྔགས་རྡོ་རྗེའི་ཐེག་པ་གཉིས་གསུངས་པ་མཐར་ 1-1-329 ཐུག་གི་དོན་ནི་གཅིག་མོད་ཀྱི། འོན་ཀྱང་གནས་སྐབས་སུ་ལམ་སྒྲུབ་དུས་ཉིད་ནས་སངས་ རྒྱས་ཕྱིར་མི་ཚོལ་བར་རང་གི་སེམས་འོད་གསལ་བ་ཉིད་སངས་རྒྱས་སུ་ཐག་ཆོད་པས་སྒྲུབ་ [བསྒྲུབ]བྱ་ལ་མ་རྨོངས་པ་ལ་སོགས་རྣམ་པ་དུ་མའི་སྒོ་ནས་གསང་སྔགས་ཉིད་ཁྱད་པར་ དུ་འཕགས་ཏེ། ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་ དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་ འཕགས། །ཞེས་གསུངས་སོ། །དེ་ལྟ་བུའི་གསང་སྔགས་ཟབ་མོ་སྟོན་པ་ན་སྔོན་སངས་རྒྱས་ ཀྱིས་ཀྱང་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས་ལེགས་པར་གཏན་ལ་ཕབ་པ་བཞིན་དུ་འདིར་ ཡང་མོས་པ་ཡིད་ལ་བགྱིད་པས་རང་རེ་རྣམས་འཆད་ཉན་བྱེད་པའི་གནས་འདི་ཡང་ཐ་མལ་ པ་མ་ཡིན་པ་ཆོས་ཉིད་རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་རྣམ་པ་དང་རྒྱ། ཡོངས་སུ་ མ་ཆད་པ་ཐར་པ་ཆེན་པོའི་གྲོང་ཁྱེར་ཕུན་སུམ་ཚོགས་པར་མོས་པ་བགྱིད། ཆོས་སྟོན་པའི་ སློབ་དཔོན་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འམ་རྣམ་འཕྲུལ་རིགས་ཐམས་ ཅད་ཀྱི་བདག་པོ་རྡོ་རྗེ་འཆང་དངོས་ཡིན་སྙམ་དུ་མོས་པ་འཚལ་ཏེ་སྟོན་པ་ཕུན་སུམ་ཚོགས་ པ་ཡང་ཚང༌། དེ་བཞིན་དུ། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པའང་ ང༌། །ཞེས་པ་ལྟར་ཆོས་ཉན་ཅིང་དོན་དུ་གཉེར་བ་རྣམས་ཀྱང་སྟོན་པ་ལས་ངོ་བོ་ཐ་མི་དད་ པའི་འཁོར་རྒྱལ་བ་མི་བསྐྱོད་པ་ལ་སོགས་པ་རིགས་ལྔ་འམ། སངས་རྒྱས་སྤྱན་མ་ལ་སོགས་ པ་ཡུམ་བཞིའི་རྣམ་པ་ལྟ་བུར་མོས་པ་བགྱིད་དེ་འཁོར་ཕུན་སུམ་ཚོགས་པ་ཞེས་གསུངས། དེ་ ལྟ་བུའི་གནས་དང་སྟོན་འཁོར་ཆོས་ཀྱི་ལོངས་སྤྱོད་དང་བཅས་པ་སྔོན་གྱི་དགེ་བ་དང་སྨོན་ ལམ་གྱི་དབང་གིས་རྟེན་འབྲེལ་ཐམས་ཅད་ལེགས་པར་འགྲིག་པ་ལ་དུས་ཕུན་སུམ་ཚོགས་ པ་ཡང་ཚང༌། ཆོས་ཀྱང་ཐེག་པ་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུང་ཞིང༌། མདོ་རྒྱུད་ཐམས་ ཅད་ཀྱི་སྙིང་པོ་བསྡུས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ 1-1-330 ཅད་ཀྱི་འབྱུང་གནས། དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱི་བགྲོད་ པ་གཅིག་པའི་ཉེ་ལམ་མཐར་ཐུག གྲུབ་པ་ཐོབ་པའི་རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱི་འཇུག་ ངོགས་སམ་གཤེགས་ཤུལ། རང་གིས་སྒྲུབ་པ་ནུས་ན་བརྩོན་འགྲུས་ཅན་ཚེ་གཅིག་ལ་གྲོལ་ བར་བྱེད་པའི་ཐབས་ལམ་ཁྱད་པར་ཅན། བསྡུས་རྒྱུད་མང་པོར་བརྡ་སྐད་དུ་མས་སྣོད་མིན་ གྱི་གང་ཟག་ལ་སྦས་ཀྱང་སྣོད་ལྡན་གྱི་གང་ཟག་དག་པའི་དོན་དུ་དུས་ཀྱི་འཁོར་ལོ་ལ་སོགས་ པའི་རྩ་རྒྱུད་དང་བསྡུས་རྒྱུད་འགའ་ཞིག་ཏུ་གསལ་བར་ཡང་ཡང་བསྟན་ཅིང་སེམས་འགྲེལ་ སྐོར་གསུམ་ལ་སོགས་པས་རྣམ་པ་དུ་མ་ནས་ལེགས་པར་གཏན་ལ་ཕབ་པའི་དོན། རྒྱུད་ ཐམས་ཅད་ཀྱི་རྫོགས་རིམ་མཐར་ཐུག་སྦྱོར་བ་ཡན་ལག་དྲུག་པ་ཞེས་གྲགས་པ་ཟབ་ལམ་རྡོ་ རྗེའི་རྣལ་འབྱོར་གྱི་ཁྲིད་བྱེད་པ་ཡིན་པས་ཆོས་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པ་ ཚང་བ་ལགས། དེ་ཡང་ཁྲིད་ཅེས་པ་སློབ་མའི་སྐལ་བ་དང་བློ་རིགས་བརྟགས་ནས་དེ་དང་ འཚམ་པའི་ཆོས་ཀྱིས་ཐབས་གང་ལེགས་ནས་སངས་རྒྱས་ཀྱི་ལམ་རྣམ་དག་ཏུ་འདྲེན་ཅིང་ འཁྲིད་པར་བྱེད་པ་རྒྱལ་བ་སྲས་བཅས་རྣམས་ཀྱིས་བསྟན་པའི་ཆོས་བསྲོལ་[སྲོལ]མང་པོ་ ལ་ཕྱག་རྒྱ་ཆེན་པོ་ལ་སོགས་མིང་སྣ་ཚོགས་སུ་བཏགས་གདའ་བའི་ནང་ནས་འདིར་གང་ཁྲིད་ ན་སེམས་ཅན་ཐམས་ཅད་རང་བཞིན་གྱི་རིགས་ཆད་པ་མི་སྲིད་མོད་ཀྱང་རྒྱས་འགྱུར་རིགས་ ཀྱི་ས་བོན་ཐེབས་པ་ལ་རྐྱེན་དགེ་བའི་བཤེས་གཉེན་གྱིས་ཆོས་བསྟན་པས་སད་ཅིང་གོ་བར་ ནུས་པ་ལ་བརྟེན་ནས་ཉམས་རྟོགས་ཀྱི་མྱུ་གུ་སྐྱེ་ཞིང་འཕེལ་བར་རུང་བ་ཞིག་འཁྲིད་པ་ཡིན་ ཏེ་བརྡ་ཕྲད་ཅིང་དོན་གཉེར་ཡོད་པ་གང་ཡིན་པ་ཐམས་ཅད་སྣོད་དུ་རུང་བ་ཡིན། གང་དུ་ འཁྲིད་ན་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྐུ་གསུང་ཐུགས་མཁྱེན་བརྩེ་ནུས་པ་ ཚད་མེད་པས་མི་ཟད་པ་ཕྲིན་ལས་ཀྱི་འཁོར་ལོ་མཐའ་ཡས་པའི་སངས་རྒྱས་ཉིད་དུ་འགྱུར་ རོ་མཉམ་པའི་བདེ་བ་ཆེན་པོ་མྱ་ངན་གྱི་མིང་ཙམ་ཡང་མེད་པ་དེར་འཁྲིད། གང་གིས་འཁྲིད་ 1-1-331 ན་ལྟ་བ་སྟོང་པ་མཐའ་བྲལ་བདག་མེད་ཀྱི་གོ་ལུགས་དྲང་དོན་ངེས་དོན་རྣམ་པར་ཕྱེ་བའི་ལུང་ དང་མཐུན་ཞིང་སྒོམ་པ་མི་རྟོག་པའི་ཏིང་ངེ་འཛིན་དྲན་པ་དང་མཚུངས་ལྡན་སྒོ་གསུམ་གྱི་སྤྱོད་ པ་ཚོགས་སོག་ཅིང་སྡིག་པ་སྦྱོང་བའི་འཁོར་དང་བཅས་པས་འཁྲིད། ཚུལ་ཇི་ལྟར་འཁྲིད་ ན་སྔོན་འགྲོ་དང་དངོས་གཞིའི་འཁྲིད་ཚུལ་གཉིས་ཀྱིས་འཁྲིད་དེ་དེའི་ནང་ནས་སྔོན་འགྲོ་ འབོགས་པའི་སྐབས་ཡིན། དེ་ལ་ཐུན་མོང་གི་སྔོན་འགྲོ་བཞི་དང་ཐུན་མོང་མ་ཡིན་པའི་སྔོན་ འགྲོ་གཉིས་ཏེ་དྲུག་ཡོད་པ་ལས་ཐོག་མར་ཐུན་མོང་གི་སྔོན་འགྲོ་འབོགས་འཚལ། དེ་ལ་ཐེག་པ་གང་ལ་འཇུག་ཀྱང་ཐོག་མར་མེད་ཐབས་མེད་པ་སྐྱབས་འགྲོ་སེམས་ སྐྱེད་[བསྐྱེད]དང༌། གགས་[གེགས]ཀྱི་རྩ་བ་སྒོ་གསུམ་སྡིག་པ་སེལ་བ་ཡི་གེ་བརྒྱ་པ་དང༌། རྟོགས་པ་འཆར་བའི་རྩ་བ་ཚོགས་ཀྱི་ཡན་ལག་བླ་ན་མེད་པ་མཎྜལ་འབུལ་བ་དང༌། བྱིན་ བརླབས་མྱུར་དུ་འཇུག་ཅིང་ཐབས་ལམ་གནད་ནས་འགྲིག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་དེ་ བཞི་པོ་འདི་ཁྲིད་ཀྱི་ལུགས་གང་བྱེད་ཀྱང་སྔོན་དུ་འགྲོ་བའི་ཡན་ལག་གལ་པོ་ཆེ་ཡིན་པས་ ཐུན་མོང་གི་སྔོན་འགྲོ་ཞེས་གསུང་སྟེ་སྣམ་བུ་དམར་སེར་ལ་སོགས་པ་ཚོས་ཀྱི་ལུགས་གང་ བྱེད་ཀྱང་བར་ཆད་ཀྱི་བགེགས་མེད་པ་དང་སྣམ་བུའི་དྲི་མ་དག་པ་དང་མཐུན་པའི་ཚོས་རྩི་ འདུས་པ་དང་རྟེན་འབྲེལ་བསྒྲིག་པའི་ཚོས་མཁན་མེད་ཐབས་མེད་པ་བཞིན་ནོ། ། དེས་ན་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཀྱི་འཁྲིད་ནི་ནམ་མཁས་ཁྱབ་ཚད་ཀྱི་ ས་གཞི་ཐམས་ཅད་ཚེར་མ་དང་ངམ་གྲོག་ལ་སོགས་ཐག་ཐུག་གང་ཡང་མེད་པར་རིན་པོ་ ཆེའི་རང་བཞིན་དག་པ་ལས་གྲུབ་པ་ལག་འཐིལ[མཐིལ]ལྟར་མཉམ་ཞིང་འཇམ་ལ་ཡིད་ དུ་འོང་བའི་ཞིང་ཁམས་རྣམ་དག་ཏུ་སྒོམ་སྟེ། སྤྱོད་འཇུག་ལས། ཐམས་ཅད་དུ་ནི་ས་གཞི་ དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻ་དཱུརྱའི། །རང་བཞིན་ འཇམ་པོར་གནས་གྱུར་ཅིག། ཅེས་སོ། །ས་གཞི་དེའི་སྟེང་དུ་རང་གི་གཙོ་བྱས་རིགས་དྲུག་ 1-1-332 གིས་བསྡུས་པའི་སེམས་ཅན་སྡུག་བསྔལ་རྒྱུ་དང་བཅས་པ་ལ་ལོངས་སྤྱོད་པས་སྙིང་རྗེ་ཞིང་ ཉམས་ཐག་ནས་སྐྱབས་འགྲོ་ལ་རྩེ་གཅིག་ཏུ་འདུན་པ་མཐའ་ཡས་པ་དང༌། དེའི་ཕྱོགས་བཅུ་ མུ་མེད་པ་ཐམས་ཅད་དུ་སངས་རྒྱས་ཆོས་སྐུའི་རང་བཞིན་ཀུན་ཁྱབ་བདེ་ཆེན་རྣམ་པར་མི་ རྟོག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཡིན་ཀྱང་རྣམ་པ་ཁྲི་གདན་སྣ་ཚོགས་པའི་སྟེང་དུ་ལོངས་ སྐུ་དང་སྤྲུལ་སྐུའི་ཆ་ལུགས་མཐའ་ཡས་པ་དང༌། རྒྱུད་བླ་མར། དམ་པའི་དོན་དུ་འགྲོ་རྣམས་ ཀྱི། །སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ ཡི་མཐར་ཐུག་ཕྱིར། །ཞེས་གསུངས་པས། ཆོས་ཀྱི་ངོ་བོ་ཡང་རང་བཞིན་སྤྲོས་བྲལ་དེ་དང་ དབྱེར་མེད་ཡིན་ཀྱང་རྣམ་པ་གླེགས་བམ་ཡིག་འབྲུ་སྣ་ཚོགས་པ་དང༌། དགེ་འདུན་ཡང་ངོ་བོ་ དེ་དག་དང་ཐ་མི་དད་ཀྱང་རྣམ་པ། བྱང་ཆུབ་སེམས་དཔའ་ནི་རབ་ཏུ་བྱུང་བ་དང༌། མ་བྱུང་ བའི་ཆ་ལུགས་སྣ་ཚོགས་པ་དང༌། ཉན་ཐོས་ནི་རབ་ཏུ་བྱུང་བའི་ཆ་བྱད་ཆོས་གོས་ངུར་སྨིག་གི་ རྒྱལ་མཚན་ཅན་དཔག་ཏུ་མེད་པས་གང་བར་མོས་པ་ལ་དད་གུས་ཀྱི་ཕུལ་བསྐྱེད་ནས་རང་ གིས་མགོ་དྲངས་མ་ཐག་ཕྱོགས་བཅུའི་སེམས་ཅན་མཐའ་ཡས་པ་རྣམས་སྐྱབས་འགྲོ་ཆིག་ འདྲིལ་དུ་བྱེད་པའི་བསམ་པ་ཞེ་ཐག་པས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ ཅད་དུས་འདི་ནས་གཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་ལ་སྐྱབས་སུ་ མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ཁ་ཙམ་ཚིག་ཙམ་ མ་ཡིན་པར་ནུས་ཚད་འབད་ནས། བླ་མ་དཀོན་མཆོག་ཐུགས་རྗེ་ཅན་ལ་གསོལ་བ་འདེབས་ སོ་བྱིན་གྱིས་བརླབ་ཏུ་གསོལ། མི་རྟག་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འཆི་ བ་རྗེས་སུ་དྲན་པར་བྱིན་གྱིས་བརླབ་ཏུ་གསོལ། རྐྱེན་ངན་བར་ཆད་མེད་པར་བྱིན་གྱིས་ བརླབ་ཏུ་གསོལ། བསམ་པ་ལས་སུ་རུང་བར་བྱིན་གྱིས་བརླབ་ཏུ་གསོལ། དཀའ་སྤྱད་ཆོས་ ལ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཉམས་དང་རྟོགས་པ་འཕེལ་བར་བྱིན་གྱིས་བརླབ་ 1-1-333 ཏུ་གསོལ། ཚེ་དང་སྒྲུབ་པ་སྙོམ་[སྙོམས]པར་བྱིན་གྱིས་བརླབ་ཏུ་གསོལ། བདག་འཛིན་བློ་ ཡིས་ཐོངས་པར་བྱིན་གྱིས་བརླབ་ཏུ་གསོལ། རང་རྒྱུད་མྱུར་དུ་གྲོལ་བར་བྱིན་གྱིས་བརླབ་ཏུ་ གསོལ། གཞན་དོན་རླབས་ཅན་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། བསྟན་པ་ཡུན་རིང་ གནས་པར་བྱིན་གྱིས་བརླབ་ཏུ་གསོལ། ཕན་བདེ་རྒྱུན་མི་འཆད་པར་བྱིན་གྱིས་བརླབ་ཏུ་ གསོལ། མཆོག་དང་ཐུན་མོང་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་དོན་དང་ གནད་གང་ཆེ་བའི་གསོལ་བ་མང་ལ་ཡིད་གཞུངས་པར་གདབ་པོ། ། དེ་ནས་སེམས་ཅན་ཐམས་ཅད་ལ་དམིགས་པའི་བྱམས་པ་དང་སྙིང་རྗེ་དང་དགའ་བ་ དང་བཏང་སྙོམས་ཚད་མེད་པ་ལ་བློ་འཆུན་ཚད་གཅུན་ལ་སེམས་ཅན་གྱི་དོན་དུ་བྱང་ཆུབ་ མཆོག་ཏུ་སེམས་བསྐྱེད་པར་བགྱིའོ། །སྙམ་པས་བཅོས་མ་མ་ཡིན་པར་གཞན་དོན་དུ་སངས་ རྒྱས་ཐོབ་འདོད་ལ་འདུན་པ་དུང་དུང་བའི་བློ་རྒྱ་ཡང་ནས་ཡང་དུ་བསྐྱེད་པར་བྱས་ཏེ། མངོན་ རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་ འདོད། །ཅེས་སོ། །བསམ་པ་དེས་ཀུན་ནས་བསླང་སྟེ་གཞན་དོན་དུ་དཀའ་སྤྱད་གང་ཡང་ ནུས་པར་སྤྲོ་བའི་གོ་ཆ་དང་སྒོ་གསུམ་གྱི་བྱ་བ་གང་ཡང་བརྩོམ་པའི་སྦྱོར་བ་དང་ཕན་པ་ཁོ་ ནས་དོན་སྒྲུབ་པ་དང་འབྱུང་ངེས་པའི་བྱང་ཆུབ་ལ་སེམས་མ་ཞུམ་པ་དང་རང་དོན་བྱང་ཆུབ་ དང་གཞན་དོན་ཕྲིན་ལས་མྱུར་དུ་གྲུབ་ན་སྙམ་པ་ཁོ་ནས་སེམས་ཅན་རྒྱ་ཆེན་པོ་ལ་དམིགས་ པའི་བྱ་བ་རྒྱ་ཆེན་པོ་ལ་བར་མ་ཆད་པར་བསླབ་སྟེ། མདོ་སྡེའི་རྒྱན་ལས། སྤྲོ་བ་ཆེ་དང་བརྩོམ་ པ་ཆེ། །དོན་ཆེན་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་པའི་སེམས་དཔའ་སྟེ། །དོན་གཉིས་ ལྡན་པའི་སེམས་འབྱུང་བ། །ཞེས་གསུངས་སོ། །དེ་ལྟར་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཕན་ ཡོན་དཔག་ཏུ་མེད་པ་མདོ་རྒྱུད་དུ་མ་ལས་རིག་པར་བྱ་བ་ནི་ཆོས་ཀྱི་རྩ་བ་གལ་པོ་ཆེ་ལ་ འཁྲིད་པའི་རིམ་པ་སྟེ་དང་པོའོ། ། 1-1-334 གཉིས་པ་ཡི་གེ་བརྒྱ་པའི་འཁྲིད་ནི་སེམས་ཅན་རྣམས་ཀྱིས་འཁོར་བ་ཐོག་མེད་ནས་ད་ ལྟའི་བར་དུ་སྡིག་པ་རང་གིས་བྱས་པ་དང་གཞན་བྱེད་དུ་བཅུག་པ་དང་བྱས་པ་ལ་རྗེས་སུ་ ཡིད་རང་གིས་བསྡུས་པ་འདི་བྱས་དང་འདི་མ་བྱས་བགྲང་དུ་མེད་ལ་མཐའ་ཡས་པ་བསགས་ པ་རྣམས་ལ་རང་ལ་ཁྲེལ་འདེད་པའི་བསམ་པ་ཡང་ཡང་བསྐྱེད་པ་རྣམ་པར་སུན་འབྱིན་པ་ དང༌། རྟེན་ཁྱད་པར་ཅན་ལ་བཤགས་པ་དང་གཉེན་པོ་ཕུལ་ཅན་བསྟེན་པ་དང་ཕྱིན་ཆད་ སྲོག་ལ་བབ་ཀྱང་མི་བྱེད་པའི་སྟོབས་བཞི་ལ་བརྟེན་ནས་སྦྱོང་བའི་ཐབས་མང་དུ་གསུངས་ པ་རྣམས་ཀྱི་ནང་ནས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཉིད་ཐབས་ཁྱད་པར་དུ་འཕགས་པར་ དེ་ཉིད་བསྡུས་པ་ལ་སོགས་པའི་རྒྱུད་ལས་བཤད་པའི་ཕྱིར་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་ བསམ་སྟོང་པའི་ངང་ལས་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་པད་མ་དང་ཟླ་བ་རྒྱས་པའི་སྟེང་ དུ་ཧཱུཾ་ཡིག་ལས་བྱུང་པའི་རྡོ་རྗེ་རྩེ་ལྔ་པ་ཡོངས་སུ་གྱུར་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་ དཔའ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་ཤིན་དུ་དཀར་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་ པའི་གཡས་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཁར་འཛིན་ཅིང་གཡོན་པས་དྲིལ་བུ་དཀུར་བརྟེན་པ་ ཞབས་རྡོ་རྗེ་དཀྱིལ་དཀྲུང་མཛད་པ་གསལ་བར་བསྒོམས་པའི་དཔྲལ་བ་དང་མགྲིན་པ་དང་ ཐུགས་ཁར་ༀ་ཨཱཿཧཱུཾ་བཀོད་དེ་ཧཱུཾ་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་ བཅས་དཔག་ཏུ་མེད་པ་སྤྱན་དྲངས་ནས་རང་འདྲའི་ཡེ་ཤེས་འཁོར་ལོའི་ཚུལ་གྱིས་ཐིམ་ཞིང་ རོ་མཉམ་པ་ཉིད་སངས་རྒྱས་ཐམས་ཅད་ཀྱི་རིགས་ཀྱི་བདག་པོ་མཁྱེན་བརྩེ་ནུས་པ་ཚད་ མེད་པའི་བྱིན་བརླབས་ཅན་ཡིན་པ་ལ་དེ་ལྟར་དོན་བཞིན་མོས་པའི་དད་གུས་ཚད་མེད་པས་ བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་ བརླབ་ཏུ་གསོལ་ཞེས་བརྗོད་མ་ཐག་ཐུགས་ཁའི་ཧཱུཾ་ལ་སྔགས་ཀྱི་ཕྲེང་བ་འཁོར་བའི་འོད་ཟེར་ གྱིས་སངས་རྒྱས་ཐམས་ཅད་ཀྱི་་་་་་ཐུགས་བསྐུལ་བའི་བྱིན་བརླབས་བདུད་རྩིའི་རྒྱུན་འོད་ 1-1-335 ཟེར་དང་བཅས་པ་སྐུའི་དབྱིབས་རྒྱུད་ནས་སེམས་ཅན་རང་རང་གི་སྤྱི་གཙུག་ནས་ཞུགས་ པས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་ཁ་དོག་ནག་ པོའི་ཚུལ་གྱིས་འོག་སྒོ་དང་རྐང་འཐིལ་[མཐིལ]ནས་ཐོན་པས་རྗེས་སུ་ལུས་ཐམས་ཅད་ཡེ་ ཤེས་ཀྱི་བདུད་རྩི་ཁ་དོག་དཀར་པོས་ཁེངས་པར་བྱིན་གྱིས་བརླབས་ནས་དྭངས་ཤིང་གསལ་ བའི་རྣམ་པར་གྱུར་པ་ལ་བྱིན་རླབས་ཀྱི་རྒྱུན་བར་མ་ཆད་དུ་འཇུག་པའི་བསམ་པ་ཡེངས་མེད་ རྩེ་གཅིག་ཏུ་གནས་པའི་ངང་ནས། ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ ཏིཥྛ། དྲི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རག་ཏོ་མེ་བྷ་ཝ། སརྦ་སིད་ དྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏ་ཏཾ་ཤྲི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝན། སརྦ་ཏ་ ཐཱ་ག་ཏཱ་བཛྲ་མ་མེ་མུཉྩ། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཡི་གེ་བརྒྱ་པ་ཤིན་དུ་འཇུར་ བར་བཟླས་སོ། །སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིངས་དུས་ སུ་འབད་བྱས་ཀྱང༌། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་ གསུངས། །ཞེས་བཤད་པའི་ཕྱིར་དམིགས་པ་འཆུན་ལ་མ་ཡེངས་པ་གལ་ཆེའོ། །ཐུན་འཇོག་ ཁར་རྡོ་རྗེ་སེམས་དཔས་གཙོ་བྱས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་གསལ་པོ་དམིགས་པའི་ སྤྱན་སྔར་བཤགས་སྡམ་ཞེ་ཞགས་པོ་མང་དུ་བྱས་ནས་གསོལ་བ་བཏབ་པས་བུ་ཁྱོད་ཀྱི་སྡིག་ པ་དག་གོ་ཞེས་གསུངས་ནས་ལུས་ལ་ཐིམ་པས་བདེ་བའི་ངང་ལ་སེམས་ཟིན་ཚད་བཞག་ཅིང་ བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་པོ། །ཞེས་པ་གགས་[གེགས]ཀྱི་རྩ་བ་སྡིག་པ་སེལ་བ་ལ་ འཁྲིད་པའི་རིམ་པ་སྟེ་གཉིས་པའོ། ། གསུམ་པ་མཎྜལ་འབུལ་བའི་ཁྲིད་ནི། བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟེན་པ་དང༌། །བདག་ གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་ལྟར་སྒོམ་སྐྱེ་བ་ལ་རང་བསོད་ནམས་བསགས་པ་ 1-1-336 དགོས་པར་བཤད་ཅིང་ཚོགས་སོགས་པའི་ཡན་ལག་སླ་ལ་ཕན་ཡོན་ཆེ། མཎྜལ་འབུལ་བ་ ཉིད་ཁྱད་འཕགས་ཡིན་པས་དེའི་སྔོན་དུ་ཕྱོགས་བཅུའི་བླ་མ་རྒྱལ་བ་སྲས་བཅས་གསལ་པོར་ དམིགས་པ་ལ་སེམས་ཅན་ཐམས་ཅད་ཕྱག་དང་མཆོད་པ་བྱེད་པར་མོས་ནས་བཟང་སྤྱོད་ ལ་སོགས་པའི་ཚིག་གང་ཡང་རུང་བས་ཕྱག་གུས་པ་དངོས་སམ་ཡིད་ཀྱིས་མང་དུ་དབུལ་ ལོ། །དེ་ནས་དྲི་བཟངས་ཀྱིས་བྱུགས་པའི་མཎྜལ་ཇི་ལྟར་འབྱོར་པ་བྱི་དོར་ལེགས་པར་བྱས་ པའི་སྟེང་དུ་མེ་ཏོག་དང་འབྲས་བུ་ལ་སོགས་པའི་དངོས་པོ་སྤུས་གཙང་འབྱོར་པ་དང་འཚམ་ པའི་ཚོམ་བུ་ལྔ་ལ་སོགས་པ་ཇི་ལྟར་མོས་པ་བཞིན་བཀོད་ལ་རིན་པོ་ཆེའི་རང་བཞིན་བློས་ འཆུན་ཚད་ཀྱི་ཞིང་དག་པ་རྒྱ་ཆེན་དུ་དམིགས་ནས། རིན་པོ་ཆེ་གསེར་གྱི་ས་གཞི་ལྕགས་རི་ ཆེན་པོ་དང་བཅས་པའི་དབུས་སུ་རི་བོ་མཆོག་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུའི་ གླིང༌། བྱང་སྒྲ་མི་སྙན། ནུབ་བ་ལང་སྤྱོད། ཉི་མ་ཟླ་བ། སྒྲ་གཅན་དུས་མེ། འདོད་པའི་ཡོན་ ཏན་དཔག་ཏུ་མེད་པས་གང་བ་བླ་མ་དཀོན་མཆོག་རྣམས་ལ་འབུལ་ལོ། །བདག་གཞན་ལུས་ ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་རྣམས། །རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་ ཚོགས་བཅས་པ། །བློ་ཡིས་དམིགས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ། །ཐུགས་ རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་ལྟ་བུའི་ཚིག་གང་ཡང་རུང་ བས་འབུལ་བ་ན། གླིང་བཞི་པ་གཅིག་ལས་འཕྲོས་པའི་སྟོང་གསུམ་འཇིག་རྟེན་མཐའ་ཡས་ པར་འཕེལ་ནས་དེ་རྣམས་ཀྱི་འདོད་པའི་ཡོན་ཏན་རིན་པོ་ཆེའི་མེ་ཏོག་དང་བདུག་སྤོས་དང་ སྣང་གསལ་དང་དྲི་མཆོག་དང་ཞལ་ཟས་དང་རོལ་མོ་དང་གདུགས་རྒྱལ་མཚན་བ་དན་ལ་ སོགས་པ་མཐའ་ཡས་པ་རྣམས་ཕྱོགས་བཅུ་མུ་མེད་པའི་དཀོན་མཆོག་རྟེན་གསུམ་ལ་སོགས་ པ་མཆོད་འོས་ཐམས་ཅད་ཀྱི་སྤྱན་སྔར་མཆོད་རྫས་ཆར་བཞིན་དུ་འབབ་ཅིང་མཆོད་པའི་བློ་ རྒྱ་ཡང་ཡང་བསྐྱེད་པར་བྱ་སྟེ། སྤྱོད་འཇུག་ལས། དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། 1-1-337 །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་ པར་འབབ་པར་ཤོག །ཅེས་གསུངས་པ་དང་མཐུན་ནོ། །དེ་ཡང་བླ་མ་དཀོན་མཆོག་གི་ཕྱག་ དང་བཀུར་བསྟི་མི་བྱེད་ན་སྡིག་པ་ཆེ་བ་དང༌། མཎྜལ་མི་བྱེད་ན་དགེ་བ་གནད་ནས་མི་ཤེས་ པ་དང༌། དཀོན་མཆོག་ལ་ཅོ་དྲིས་ན་དམྱལ་བར་འགྲོ་བ་དང༌། དགེ་བ་ལས་མ་ཉམས་པར་བླ་ མ་དཀོན་མཆོག་བསྟེན་ན་ཤེས་རབ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ཁྱད་འཕགས་རྒྱུད་ལ་སྐྱེ་བའི་ དོན་རྟོགས་ཤིང་རིག་པས་བྱ་སྟེ། དུས་འཁོར་(ཡེ་ཤེས་ལེའུ)ལས། སྡིག་ཅན་གང་ཡིན་གང་ ཞིག་དཔལ་ལྡན་བླ་མའི་ཞབས་པད་བཟང་ལ་དུས་གསུམ་ཕྱག་མི་བྱེད་པའོ། །མི་ཤེས་གང་ ཡིན་གང་ཞིག་རྣམ་མང་མེ་ཏོག་རྣམས་ཀྱིས་དུས་གསུམ་དུ་ནི་མཎྜལ་མི་བྱེད་པའོ། །མྱུར་དུ་ མནར་མེད་འགྲོ་བ་གང་ཡིན་གང་ཞིག་བདེ་མཉམ་སྟེར་བྱེད་བླ་མ་སྐྱོ་བ་བསྐྱེད་པའོ། །ཤེས་ རབ་ཡེ་ཤེས་ཐོབ་པ་གང་ཡིན་མ་ཉམས་གང་ཞིག་མཆོག་གི་བླ་མའི་ཞབས་ནི་མི་སྤོང་བའོ། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཡང་ཕྱག་དང་མཎྜལ་བརྩོན་པར་བྱས་ནས་བསྔོ་བ་སྨོན་ ལམ་བྱའོ། །ཞེས་པ་མཐུན་རྐྱེན་དགེ་བ་ལ་འཁྲིད་པའི་རིམ་པ་སྟེ་གསུམ་པའོ། ། བཞི་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི་བྱིན་བརླབས་མྱུར་དུ་འཇུག་ཅིང་རྟེན་འབྲེལ་ གནད་ནས་འཇུག་པའི་ཐབས་ཡིན་ནོ། །དེ་ཡང་དང་པོ་ལུས་སེམས་གཡེང་བ་དང་མི་བདེ་ བའི་གགས་[གེགས]བསལ་ནས་ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་ སྟེ་དཀྱིལ་མོ་དཀྲུང་བཅས་ཤིང་ལུས་དྲང་པོར་བསྲང་བའི་སྤྱི་བོར་རིན་པོ་ཆེའི་ཁྲི་གདན་ བཟང་པོ་ལ་པད་མ་དང་ཟླ་བའི་སྟེང་དུ་རང་གང་ལ་མོས་པའི་བླ་མ་བསྒོམས་པ་ལ་མོས་པ་ བསྐྱེད་དོ། །དེ་ཡང་ཕྱི་མཚན་ཉིད་ཐེག་པའི་བླ་མ་སློབ་དཔོན་ལ་ཡང་ཡོན་ཏན་དང་བྱིན་ བརླབས་དཔག་ཏུ་མེད་པ་ཡོད་མོད་ཀྱི་ནང་གསང་སྔགས་རྡོ་རྗེ་ཐེག་པའི་བླ་མ་བཟང་པོས་ ནི་སློབ་མའི་རྒྱུད་ལ་བདེ་བ་ཆེན་པོ་གདོད་ནས་གནས་པ་དུས་ལ་བབ་པའི་ཐབས་ལམ་མན་ 1-1-338 ངག་ཟབ་མོ་བསྟན་པའི་སྐད་ཅིག་ཙམ་ལ་མངོན་དུ་འཆར་བར་ནུས་པའི་ཕྱིར་ཁྱད་པར་དུ་ འཕགས་ཏེ་མཁའ་འགྲོ་ཀུན་སྤྱོད་ཀྱི་རྒྱུད་ལས། གང་གི་དྲིན་གྱིས་བདེ་ཆེན་གནས། །སྐ་ཅིག་ ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུ་ནི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་ གསུངས་སོ། །དེ་ཉིད་ཀྱི་ཕྱིར་གསང་སྔགས་ཁྱད་འཕགས་ཀྱི་རྟེན་འབྲེལ་སྒྲིག་པའི་དོན་དུ་ སྤྱི་བོའི་བླ་མ་དེ་རྡོ་རྗེ་འཆང་ཉིད་དུ་མོས་ཤིང་ཐག་ཆོད་པར་བྱ་སྟེ། རྡོ་རྗེ་ཕྲེང་བའི་རྒྱུད་ལས། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ །ཞེས་དང༌། སྒྱུ་འཕྲུལ་དྲ་བའི་རྒྱུད་ ལས། རྡོ་རྗེ་སློབ་དཔོན་ཇི་ལྟར་ལྟ་ཞེ་ན། བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་ རྡོ་རྗེ་འཆང༌། །ཞེས་གསུངས་སོ། །དེ་ལྟར་མོས་པའི་བླ་མ་རྡོ་རྗེ་འཆང་དེ་ཡང་སྐུ་མདོག་སྔོན་ པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཁར་བསྣོལ་ནས་འཛིན་པ། ཞབས་རྡོ་རྗེའི་ དཀྱིལ་མོ་དཀྲུང་དུ་བཞུགས་པ། ཤིན་དུ་དྭངས་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་ བ། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་མཛེས་ཤིང་དར་སྣ་ཚོགས་ཀྱི་ ན་བཟའ་རྣམ་པར་བཀྲ་བ། གསང་སྔགས་བླ་མེད་ཀྱི་རྟེན་འབྲེལ་དུ་རུས་པའི་རྒྱན་ཆ་རྣམ་པ་ དྲུག་གིས་སྐྱ་ཆབ་པེ་བརྒྱན་པའི་གནས་གསུམ་དུ་ༀ་ཨཱཿ ་ཧཱུཾ་བསྒོམས་པའི་ཐུགས་ཁ་ནས་སྤྲོས་ པའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་ནས་རོ་མཉམ་པར་བྱས་ཏེ་མཁྱེན་བརྩེ་ནུས་པ་ ཕུན་སུམ་ཚོགས་པར་བསམས་ལ་དམིགས་པ་ཟིན་ཚད་ཅིག་ཡོན་ཏན་རྗེས་སུ་དྲན་པས་མོས་ པ་བསྐྱེད་དོ། །སླར་ཡང་ཐུགས་ཁའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་མཐའ་ཡས་ པ་སྤྱན་དྲངས་ནས་དེ་ལ་ཐིམ་པས་སངས་རྒྱས་ཀུན་གྱི་ཡོན་ཏན་ཇི་སྙེད་པ་དེ་ལ་འདུས་པར་ ཐག་བཅད་ནས་དམིགས་པ་ཟིན་ཚད་ཅིག་མོས་གུས་ཀྱི་ཕུལ་བསྐྱེད་དེ། སངས་རྒྱས་ཐམས་ ཅད་འདུས་པའི་སྐུ། །ཞེས་པའི་དོན་ཏོ། །ཡང་ཐུགས་ཁའི་འོད་ཟེར་གྱིས་གསང་སྔགས་རྡོ་རྗེ་ འཛིན་པའི་ཡི་དམ་ཐམས་ཅད་དེ་ལྟར་བསྟིམས་ཤིང་ཐག་བཅད་པ་ལ་དམིགས་པ་ཟིན་ཚད་ 1-1-339 ཅིག་མོས་གུས་ཕུལ་ཆེར་བསྐྱེད་དེ། རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །ཅེས་པའི་དོན་ཏོ། །ཡང་འོད་ ཟེར་གྱིས་དཀོན་མཆོག་གསུམ་ཀ་མཐའ་ཡས་པ་དེ་ལྟར་བསྟིམས་ནས་དམིགས་པ་ཟིན་ཚད་ ཅིག་མོས་པའི་ཕུལ་རབ་ཏུ་ཆེར་བསྐྱེད་པ་ནི། དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །ཞེས་པའི་ དོན་ནོ། །ཡང་ཐུགས་ཁའི་འོད་ཟེར་གྱིས་ཁྱོད་ནི་རྒྱལ་དང་རྒྱལ་བའི་སྲས། །རབ་བྱུང་དགེ་ སྙེན་[བསྙེན]ཁྱིམ་པ་སོགས། །འགྲོ་བ་ཀུན་གྱི་གཟུགས་མཛད་ནས། །གདུལ་བྱ་ཐམས་ཅད་ སྨིན་པར་མཛད། །ཅེས་པ་ལྟ་བུ་སྤྲུལ་པའི་རྣམ་པ་ཅིར་ཡང་སྟོན་པ་མཐའ་ཡས་པ་སྤྱན་དྲངས་ ནས་རོ་གཅིག་ཏུ་བསྟིམས་ཤིང་ཕྱོགས་ཞེན་མེད་པའི་མོས་གུས་ཆིག་འདྲིལ་དུ་ཐག་བཅད་ལ་ དམིགས་པ་ཟིན་ཚད་ཅིག་དད་པའི་ཕུལ་ཆེས་རབ་ཏུ་ཆེ་བར་བསྐྱེད་དེ། བླ་མ་རྣམས་ལ་ཕྱག་ འཚལ་ལོ། །ཞེས་པའི་དོན་ཏོ། །དེ་ཐམས་ཅད་བླ་མ་སངས་རྒྱས་ཀུན་འདུས་སུ་ཐག་ཆོད་ ཅིང་ཡིད་ཆེས་པའི་ཡན་ལག་བྱིན་བརླབས་ཆེ་ལ་དམིགས་པ་འདྲིལ་བ་ཡིན་ཏེ། གཅིག་ཏུ་ བསྡུ་བའི་སྦྱོར་བ་ཡིས། །སངས་རྒྱས་ཀུན་བདག་ངོ་བོ་ཉིད། །ཅེས་གསུངས་སོ། །དཔེར་ན་ ཉི་མའི་འོད་ཟེར་གྱིས་རི་ཀླུངས་[ཀླུང]ཐམས་ཅད་འགྱེངས་[འགྱེད]ཀྱང་ཤེལ་ལམ་མེ་ལོང་ ལ་འོད་བསྡུས་ན་མེ་འབར་བའི་ཐབས་བླ་ན་མེད་པ་ལྟ་བུ་སྟེ། ཉི་མའི་འོད་ཟེར་རབ་ཚ་ཡང༌། །མེ་ཤེལ་མེད་པར་མེ་མི་འབྱིན། །དེ་བཞིན་སངས་རྒྱས་བྱིན་བརླབས་ཀྱང༌། །བླ་མ་མེད་པར་ འཇུག་མི་ནུས། །ཞེས་གསུངས་སོ། །རྣམ་པ་ཐམས་ཅད་དུ་བྱིན་བརླབས་འཇུག་པ་ཡང་མོས་ གུས་ཀྱི་རྩལ་ལ་རག་ལས་ཏེ། དཔེར་ན་མེ་ལྕགས་ལས་འཕྲོས་པའི་མེ་ཚ་བར་མཉམ་ཡང༌། མེ་རྡོ་འཁྲེགས་པ་ལ་མི་འཆེད་ཅིང་སྤྲ་བ་དུལ་མ་ལ་འབར་བ་བཞིན་དུ་རྒྱུད་རེངས་ཤིང་མ་ དུལ་བ་ལ་བླ་མའི་བྱིན་བརླབས་འཇུག་པར་དཀའ་ཡང༌། ཞི་དུལ་མོས་གུས་ཀྱིས་བརྒྱན་པ་ ཐམས་ཅད་ལ་བྱིན་བརླབས་བཙན་ཐབས་སུ་འཇུག་པར་གདོན་མི་ཟ་བའི་ཕྱིར་ཞི་དུལ་དང་ མོས་གུས་ཀྱི་ཕུལ་བསྐྱེད་ལ། རང་གིས་ཐོག་དྲངས་མ་ཐག་ནམ་མཁའི་མཐའ་དང་མཉམ་ 1-1-340 པའི་སེམས་ཅན་ཐམས་ཅད་གསོལ་བ་ཆིག་དྲིལ་དུ་འདེབས་པར་མོས་པའི་སེམས་བསྐྱེད་ རྣམ་པར་དག་པ་དང་ལྡན་པས། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་པ་ཁ་ ཙམ་ཚིག་ཙམ་མ་ཡིན་པར་དོན་ཁྱད་པར་ཅན་ལ་དུང་དུང་བ་དམིགས་པ་རྣོན་པོ་དང་བཅས་ པས་ཡུན་རིང་དུ་སྒྲུབ་པོ། དེ་ནས་ཏིང་ངེ་འཛིན་གྱི་དབང་དོན་བྱིན་བརླབས་ཞུ་ན་མཎྜལ་ཕུལ་ ནས་བླ་མ་རྡོ་རྗེ་འཆང་ཆེན་པོའི་དཔྲལ་བ་དང༌། མགྲིན་པ་དང་ཐུགས་ཁ་དང་ལྟེ་བར་ༀ་ཨཱཿ ་ ཧཱུཾ་ཧོཿ ཞེས་པའི་ཡི་གེ་བཞི་བཀོད་པ་ལ་གསང་སྔགས་ཀྱི་དོན། དབང་བཞི། དགའ་བ་བཞི། སྐ་ཅིག་མ་བཞི། ཚད་མེད་བཞི། རྣམ་ཐར་བཞི། བྱང་ཆུབ་བཞི། སྐུ་བཞི། རྡོ་རྗེའི་རྣལ་འབྱོར་ བཞི་ལ་སོགས་པ་བཞི་ཚན་མང་པོ་ངོ་མཚར་བ་རྣམས་སྐུ་བཞི་དང་གནད་གཅིག་པ་མན་ངག་ བཞིན་དྲན་པར་བྱས་ལ། དེ་ལས་འཕྲོས་པའི་འོད་ཟེར་ཚད་མེད་པ་བདག་དང་སེམས་ཅན་ ཀུན་གྱི་དཔྲལ་བ་ལ་སོགས་པར་ཐིམ་པས་དབང་བཞིའི་དོན་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་ མོས་པའི་ཤུགས་བསྐྱེད་ལ། བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་རྟོག་མེད་ ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་ མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །ༀ་ཨཱཿཧཱུཾ་ཧོཿ མཚན་ལྡན་བླ་མ་མཆོག་ལ་ གསོལ་བ་འདེབས། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ལུས་ལ་སྐུ་ཡིས་ བྱིན་གྱིས་བརླབ་ཏུ་གསོལ། །ངག་ལ་གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ། །སེམས་ལ་ ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་རྡོ་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ ལན་མང་དུ་གསོལ་བ་བཏབ་ནས་ཐུན་འཇོག་ཁར་བླ་མ་འོད་དུ་ཞུ་བ་སྤྱི་བོ་ནས་ཐིམ་པས་བླ་ མའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་གཅིག་ཏུ་འདྲེས་པ་བདེ་བའི་ངང་ལ་བལྟ་[ལྟ] སྟངས་དང་བཅས་པས་རྟོག་མེད་ལ་མཉམ་པར་གནས་ཚད་བཞག་གོ །ཅི་སྟེ་རྣམ་རྟོག་མི་ ཆོད་པར་འཕྲོ་ན་སླར་ཡང་སྔར་བཞིན་འདོད་དོན་གསོལ་བ་ཞེ་ཞགས་པར་གདབ་ཅིང་སྨོན་ 1-1-341 ལམ་བྱ་བ་ནི་བྱིན་བརླབས་མྱུར་དུ་འཇུག་པའི་གནད་་འཁྲིད་པའི་རིམ་པ་སྟེ་བཞི་པའོ། །དེ་ ལྟར་ཐུན་མོང་གི་སྔོན་འགྲོ་བཞི་པོ་ལོང་ཡོད་ཚད་འཚམས་[མཚམས]བཅད་པ་ལ་སོགས་ པས་རང་རང་གི་བོགས་ཐོན་ཐོན་ལེགས་པར་བསྒྲུབས་ནས་ཐུན་མོང་མ་ཡིན་པའི་ལམ་ བསྐྱེད་རྫོགས་ཟུང་འཇུག་ལ་འཇུག་པའི་སྔོན་དུ་ཕྱག་ལེན་བཞིན་དབང་གོང་མ་བཞི་རྫོགས་ སུ་བསྐུར་དགོས་ཏེ། རྒྱུད་འགྲེལ་ལས། འདིར་དབང་གོང་མ་ནི་རྣམ་པ་གཉིས་ཏེ་གཅིག་ནི་ སེམས་ཅན་བཞུགས་པའི་དོན་དང་ལམ་ཡོངས་སུ་ཤེས་པའི་དོན་དང་རྒྱུད་ཉན་པ་ལ་དབང་ བའི་དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང་སྟོན་པ་པོ་བྱེད་པའི་སླད་ དུའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་དབང་གིས་སྨིན་ནས་གྲོལ་བར་བྱེད་པ་ལ་རིམ་ གཉིས་སྒོམ་དགོས་ཏེ། རྩ་བའི་རྒྱུད་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་ པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ནི་རིམ་ཉིད་ དོ། །ཞེས་པ་དང༌། རིམ་ལྔ་ལས། བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་ རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་ བུར་གསུངས། །ཞེས་བཤད་པའི་ཕྱིར་རོ། །དེས་ན་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་གཉིས་ ལས། དང་པོ་བསྐྱེད་རིམ་སྐ་ཅིག་དྲན་རྫོགས་ཀྱིས་སྣོད་བཅུད་སྦྱང་བ་ནི་སྟོང་པའི་ངང་ལས་ སྐ་ཅིག་གིས་པད་མ་འདབ་བརྒྱད་ལྗང་གུའི་ལྟེ་བར་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ་བདག་ ཉིད་ཧཱུཾ་ལས་བྱུང་བ་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ དྲིལ་བུ་འཛིན་པས་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ པ་འཛིན་པ་གཡོན་བརྐྱང་གི་སྟབས་ཅན་དང༌། རོ་མཉམ་པའི་ཞབས་གཡས་པ་དམར་པོ་ བརྐྱང་བའི་འོག་ཏུ་འདོད་ལྷ་དམར་པོ་དང༌། གཡོན་པ་དཀར་པོ་བསྐུམས་པས་དྲག་པོ་དཀར་ པོ་བརྫིས་པ། ཡབ་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་ཡུམ་ཕྱག་རྒྱ་ལྔ་དང་ལྡན་པ་གཉིས་ 1-1-342 ཀའང་སྤྱན་གསུམ་གསུམ་གྱིས་ཕྱུག་ཅིང་བདེ་བ་དང་སྟོང་པ་ཟུང་དུ་འཇུག་པའི་རང་བཞིན་ ཡེ་ཤེས་ཀྱི་འོད་ཟེར་ལྔ་དང་ལྡན་པའི་ཐུགས་ཁར་ཧཱུཾ་ཡིག་སྔོན་པོ་བཀོད་པའི་འོད་ཟེར་གྱིས་ ཡེ་ཤེས་པ་སྤྱན་དྲངས་ནས་བཅུག་པ་ལ་དབང་བསྐུར་ཏེ་རལ་པའི་ཅོད་པན་དུ་མི་བསྐྱོད་པ་ སྒོམ་མོ། །དེ་བྱང་ཆུབ་སེམས་ཀྱི་བདེ་བས་གང་བའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་ བཅུད་ཐམས་ཅད་གཞལ་མེད་ཁང་དང་ལྷའི་རང་བཞིན་དུ་སྦྱངས་ཤིང་བྱིན་གྱིས་བརླབ་པ་ནི་ རྫོགས་རིམ་གྱི་རྟེན་ཡིན་ནོ། ། གཉིས་པ་རྫོགས་རིམ་དབེན་པ་གསུམ་ལྡན་གྱིས་རྟོག་མེད་སྦྱང་བ་ལ་བཞི་ལས། དང་ པོ་ལུས་དབེན་པར་གནས་པས་ལུས་སྦྱང་བ་ནི་འོ་སྐོལ་རྣམས་ཀྱིས་འཁོར་བ་ཐོག་མ་མེད་ ནས། ད་ལྟའི་བར་དུ་ལུས་འདིར་བླངས་ལ་འདི་མ་བླངས་མེད་པ་སྣ་ཚོགས་པ་ཅིག་བླངས་ ནས། བྱ་བྱེད་ཀྱང་འདི་བྱས་ལ་འདི་མ་བྱས་མེད་པ་མངས་པ་ཞིག་བྱས་ཏེ་ཐམས་ཅད་ཆགས་ སྡང་ལ་སོགས་པ་ཕྱིན་ཅི་ལོག་དང་དོན་མེད་གཡེང་རྐྱེན་ཁོ་ན་ལ་ཤོར་ནས་འཁོར་བའི་རྒྱུ་ འབའ་ཞིག་ཏུ་གྱུར་ཏེ་ད་དུང་འདི་བཞིན་དུ་འཁོད་ཅིང་ཡེངས་མེད་ཀྱི་སྒོམ་སེམས་ལ་ཕན་ པ་སྣ་རེ་ཙམ་ལའང་བལྟ་རྒྱུ་མེད་པ་ཤིན་དུ་འཕངས་སོ། །ད་ནི་དི་རིང་ནས་ལུས་དབེན་པར་ གནས་པས་དལ་འབྱོར་གྱི་མི་ལུས་དོན་ཅན་ལ་སྦྱངས་འཚལ་ཏེ། དེ་ཡང་གང་གིས་དབེན་ན་ ལུས་ཀྱི་ལས་མི་དགེ་བའི་བྱ་བྱེད་སྲོག་གཅོད་མ་བྱིན་ལེན་མི་ཚངས་སྤྱོད་གསུམ་གྱིས་དབེན། དེར་མ་ཟད་ལུང་མ་བསྟན་གྱི་བྱ་བྱེད་སོ་ནམ་དུས་བཞིའི་ལས་ལ་ཚོང་སྐྱེད་འཕེལ་རྒྱུ་འགྲུལ་ འཕྱོང་རྒྱུག་ལ་སོགས་པ་དྲག་ཤུལ་དང་དོན་མེད་ཐམས་ཅད་ཀྱིས་ཀྱང་དབེན། དེར་མ་ཟད་ དགེ་བའི་བྱ་བྱེད་ཀྱང་ཆོས་ཕྱག་ཙམ་མ་གཏོགས་པ་ཕྱག་དང་སྐོར་བ་ལ་སོགས་པ་གཡེང་ བའི་བྱ་བྱེད་ཐམས་ཅད་ཀྱིས་དབེན་པར་བྱས་ལ། མན་ངག་བཞིན་ལུས་གནད་ལ་ཟུག་ཚད་ གནས་པས་ལྡང་ཙ་ན་ཡང་དལ་བུས་ལྡང༌། འགྲོ་འདུག་གསུམ་ཡང་དལ་བ་ལ་སྦྱངས་ནས་ 1-1-343 མལ་བདེ་སར་སྡོད་ཟུག་པ་ཁོ་ནས་རེ་ཞིག་ལུས་ལྷོད་རློད་ནས་དྲང་པོར་བསྲང་ལ་སོ་གཟུང་ ངོ༌། །དེ་ཡི་རྒྱུ་མཚན་ལུས་བྱ་བྱེད་ཀྱི་འཁྲུགས་ན། དེ་ལ་གནས་པའི་རྩ་སོ་ལ་མི་གནས། རྩ་ གཡོས་པས་རྩ་ནང་གི་རླུང་འཁྲུགས་ནས་ཁམས་ཀྱང་ལྡོག་ཏུ་འོང༌། རླུང་སེམས་འཇུག་པ་ གཅིག་པས་སེམས་ཀྱང་འཁྲུགས་ནས་རྟོག་མེད་ཀྱི་ཞི་གནས་མི་སྐྱེ་བར་མ་ཟད། རྣམ་རྟོག་ བཅད་ཀྱང་མི་ཆོད་པའི་སྐྱོན་ཡོད་དོ། །ཡང་ལུས་གཡེང་མེད་དུ་ལྷོད་གནས་ན་རྩ་ཐམས་ཅད་ རང་གནས་སུ་སོ་ཟིན། རྩ་ནང་གི་རླུང་ཡང་མ་འཁྲུགས་པར་རྒྱུ་བས་ཁམས་ཐམས་ཅད་རང་ གནས་སུ་ཁྲེམས་ནས་ལུས་བདེ་ཞིང་སྟོབས་འཕེལ། སེམས་ཀྱང་རླུང་གི་རྗེས་སུ་འབྲང་བས་ ལས་སུ་རུང་བར་གྱུར་ནས་རྟོག་མེད་ཞི་གནས་ལ་མཉམ་པར་འཇོག་ནུས་པས་ལྷག་མཐོང་ ཏིང་ངེ་འཛིན་སྐྱེ་བ་ལ་སོགས་པའི་ཕན་ཡོན་མང་པོ་ཡོད་དོ། །དེས་ན་དོན་མེད་ཀྱི་བྱ་བྱེད་ ཀྱིས་དབེན་པར་བྱས་ནས། དོན་ཅན་གྱི་ལུས་གནད་མ་འཆུགས་པར་བཅིངས་ནས་སྤྱི་གཙུག་ ཛཱ་ལ་དྷ་ར་ལ་སོགས་པ་གནས་ཉི་ཤུ་རྩ་བཞི་ཡི་རྩ་རླུང་གི་གནད་ཐམས་ཅད་འཆིངས་ནས་ སྲིད་པ་གསུམ་པོ་དབང་དུ་འགྱུར་ཏེ། དཔལ་བདེ་མཆོག་ལས། བྱེད་པ་བཅིངས་པའི་སྦྱོར་ བ་ཡིས། །སྲིད་པ་གསུམ་པོ་གཡོ་མི་འགྱུར། །ཞེས་དང༌། རི་གི་ཨ་ར་ལིའི་རྒྱུད་ལས་ཀྱང༌། དགོན་པ་དབེན་པའི་གནས་སུ་ནི། །སེམས་པ་ཐམས་ཅད་ཡོངས་སྤངས་ནས། །དབང་པོ་ ཐམས་ཅད་བཟློག་པར་བྱ། །གཉིས་གཉིས་ཐམས་ཅད་རྣམ་པར་སྤངས། །མིག་དག་གྱེན་ དུ་བཟློག་བྱས་ནས། །སྨིན་མའི་དབུས་སུ་སེམས་བྱས་ན། །ཞེས་གསུངས་ཤིང༌། སྙན་རྒྱུད་ ལས། འབོལ་བའི་སྟན་ལ་བྱེད་པ་ནི། །ལུས་བསྲང་རྡོ་རྗེ་དཀྱིལ་དཀྲུང་བཅའ། །ལྕེ་བཟློག་ བསུས་[གསུས]སྦྱར་མིག་གྱེན་བཟློག །གཙུག་ཏོར་བསྒྱུར་བའི་བལྟ་[ལྟ]སྟངས་སོ། །ལག་ གཉིས་རྡོ་རྗེ་བསྡམ་པར་བྱ། །དེས་ནི་རླུང་རྣམས་འཆིང་བྱེད་པས། །དཔྲལ་བའི་ཐིག་ལེར་ སྲོག་བཅུག་ལ། །གཡས་པ་ས་ཡི་རླུང་དུས་སྒོམ། །ཞེས་གསུངས་ཏེ། རྡོ་རྗེ་དཀྱིལ་དཀྲུང་ 1-1-344 དཀའ་བས་སེམས་དཔའི་དཀྱིལ་དཀྲུང་བདེ་བར་བྱེད་པ་ལ་སོགས་ཕྱག་ལེན་རྒྱུད་པའི་མན་ ངག་བཞིན་དཔེ་ལེགས་པར་བསྟན་ནས་སེམས་ཅན་གྱི་རིགས་དང་གནས་སྐབས་སྦྱར་བའི་ གནད་ལ་མཁས་པས་ལུས་སྦྱང་ངོ༌། ། གཉིས་པ་ངག་དབེན་པར་གནས་པས་རླུང་སྦྱང་བ་ནི་འོ་སྐོལ་རྣམས་ཀྱིས་ཐོག་མེད་ནས་ ད་ལྟའི་བར་དུ་ལབ་ལོབ་མང་པོས་ས་ལམ་ཆོད་པ་ཅིག་ཡིན་ན། ཁ་བསག་སྒྲོ་སྐུར་ཤགས་ འགྱེད་ལ་སོགས་མངས་པ་ཅིག་ལབས་ཏེ་ཐམས་ཅད་དོན་མེད་ཕྱིན་ཅི་ལོག་ལ་ཤོར་ཚབས་ ཆེས་པས་ད་དུང་འཁོར་བ་ལུ་གུ་རྒྱུད་དུ་འཁྱམ་ཞིང་སྡུག་བསྔལ་གྱི་ཡོ་ལང་འབའ་ཞིག་ལ་ སྤྱོད་པ་འདི་ལ་ཐུག་པས། སྤྱོད་འཇུག་ཏུ། དེ་ཡི་བྱེ་བས་ཆ་ཙམ་གྱི། །ཚེགས་ཀྱིས་སངས་རྒྱས་ ཉིད་འགྲུབ་ན། །འདོད་ལྡན་བྱང་ཆུབ་སྤྱོད་པ་བས། །སྡུག་བསྔལ་ཆེ་ལ་བྱང་ཆུབ་མེད། །ཅེས་ གསུང་བ་ཤིན་ཏུ་མད་པར་གདའ། ད་ནི་དི་རིང་ནས་ངག་དབེན་པར་གནས་པས་ཆོས་སྒོར་ ཞུགས་པ་དོན་ཅན་ལ་སྦྱང་འཚལ་ཏེ། དེ་ཡང་གང་གིས་དབེན་ན་ངག་གི་ལས་མི་དགེ་བའི་སྨྲ་ བརྗོད། བརྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་ཏེ་བཞིས་དབེན། དེར་མ་ཟད་ལུང་མ་བསྟན་ གྱི་ལབ་ལོབ་ཀུ་རེ་གཞད་གད་ལོང་མ་གཏམ་སྣ་ཚོགས་ཀྱིས་ཀྱང་དབེན། དེར་མ་ཟད་དགེ་ བའི་སྨྲ་བརྗོད་མདོ་འདོན་ཆོས་ཤད་[བཤད]སྔགས་བཟླས་ལ་སོགས་པས་ཀྱང་དབེན་པར་ བྱས་ལ། རེ་ཞིག་ཁྲིད་སྐོར་བ་ལ་མི་ལབ་ཁ་མེད་གལ་པོ་ཆེའི་ཚིག་འགའ་རེ་ཙམ་མ་གཏོགས་ ངག་སྨྲ་བཅད་ལྟ་བུ་གཡེང་མེད་ལ་སོ་གཟུང་ངོ༌། །དེ་ཡི་རྒྱུ་མཚན་སྨྲ་བརྗོད་མངས་ན་ཁ་སྣ་ ལ་རྩ་སྣའི་གནད་མང་དུ་ཟུག་ཡོད་པས་རྩ་ནང་གི་རླུང་འཁྲུགས་ནས་སྔར་བཞིན་ཁམས་ ལོག་འབྱུང་བ་དང་ཏིང་ངེ་འཛིན་མི་སྐྱེ་བའི་སྐྱོན་ཡོད་དོ། །ཡང་ངག་གཡེང་མེད་དུ་གནས་ན་ རྩ་ཐམས་ཅད་རང་གནས་སུ་སོ་ཟིན་པ་ལ་སོགས་ཀྱི་ཕན་ཡོན་ཡང་སྔར་བཞིན་ནོ། །དེས་ ན་དོན་མེད་ཀྱི་སྨྲ་བརྗོད་ཀྱིས་དབེན་པར་བྱས་ནས། དོན་ཅན་གྱི་སྔམ་པ་རང་སོར་བཞག་ 1-1-345 སྟེ། རྣམ་རྟོག་ཆོད་ཚད་ཐོལ་སྐྱེས་རྦད་ཆོད་ལ་གཅད་ཅིང༌། གལ་ཏེ་རྣམ་རྟོག་ཡེ་མ་ཐུབ་ན་ གསུང་རབ་མང་པོ་ལས། རྣམ་པར་རྟོག་པའི་གཉེན་པོར་དབུགས་འབྱུང་རྔུབ་རྗེས་སུ་དྲན་པ་ སྒོམ་མོ། །ཞེས་བཤད་པའི་ཕྱིར་དབུགས་འབྱུང་རྔུབ་ཟུང་རེ་ལ་གྲངས་རེ་འམ་གཉིས་གཉིས་ ལ་གྲངས་རེའམ་བཅུ་བཅུ་ལ་གྲངས་རེར་བརྩིས་པ་ལ་སོགས་བརྒྱའི་བར་དུ་མ་ནོར་བར་སྨྲ་ བཅད་ཀྱི་ངང་ནས་ཡིད་ཀྱིས་བགྲངས་ན་དམིགས་པ་གཅིག་ལ་རྩེ་གཅིག་ཏུ་བསྡུས་པས་རྟོག་ པ་ཉུང་བར་འགྱུར་བ་ལ་དགོངས་ནས། དབུས་མཐར། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་གསུངས་སོ། །དེ་ཡང་རྣམ་རྟོག་ཡེ་མ་ཐུབ་པའམ། ཐུན་ མགོར་འགའ་རེ་དབུགས་སོ་བཟུང་བའི་དོན་དུ་བྱས་པ་ནི་ངག་རྩ་ལམ་སྦྱང་བ་རྡོ་རྗེའི་བཟླས་ པར་ཡང་འགྱུར་མོད་ཀྱི། ཐོལ་སྐྱེས་རྦད་ཆོད་ནུས་ན་དེ་བཟང་བས་གང་ལྟར་ཀྱང་བློ་རིགས་ དང་སྐབས་སྦྱར་བའི་གནད་ལ་མཁས་པས་ངག་སྦྱང་ངོ༌། ། གསུམ་པ་སེམས་དབེན་པར་གནས་པས་སེམས་སྦྱངས་བ་ནི། འོ་སྐོལ་རྣམས་ཀྱིས་ཐོག་ མེད་ནས་ད་ལྟའི་བར་དུ་བསམ་མནོ་སྣ་ཚོགས་ཀྱིས་ཐར་པ་འཐོབ་ན་ཁྲམ་གཡོ་སྒྱུ་ཟོལ་ཟོག་ ལ་སོགས་མི་བསམ་དགུ་བསམ་མངས་པ་ཅིག་བསམས་ཏེ། ཐམས་ཅད་སྔར་བཞིན་དོན་ མེད་དུ་སོང་བས་རང་ལ་རང་གིས་བསམས་ན་ཞེ་ཁྲེལ་ཞིང་བླ་མ་དཀོན་མཆོག་ཡེ་ཤེས་ཀྱི་ སྤྱན་སྒྲིབ་མེད་མཐའ་ཡས་པའི་སྤྱན་སྔར་སྐྱི་གཡའ་ཞིང་བགས་འཁུམས་པར་བས་སོ། །ད་ ནི་དི་རིང་ནས་སེམས་དབེན་པར་གནས་པས་འགྱོད་མེད་འཆི་ཁར་མི་འཚེར་བ་ལ་སྦྱང་ འཚལ་ཏེ། དེ་ཡང་གང་གིས་དབེན་ན་སེམས་ཀྱི་ལས་མི་དགེ་བའི་འཕྲོ་འདུ་རྣབ་[བརྣབ] སེམས་གནོད་སེམས་ལོག་ལྟ་གསུམ་གྱིས་དབེན། དེར་མ་ཟད་ལུང་མ་བསྟན་གྱི་རྣམ་རྟོག་ འདས་པའི་རྗེས་གཅོད་མ་འོངས་པའི་སྔུན་སུ་[བསུ]ད་ལྟར་གྱི་རིག་པ་བརྩི་བགྲང་གིས་ ཀྱང་དབེན། དེར་མ་ཟད་དགེ་བའི་རྣམ་རྟོག་སྔར་བྱས་ཤེས་ཀྱི་ཆོས་དྲན་པ་དང་ལྷ་སྒོམ་པ་ 1-1-346 ལ་སོགས་པ་བཟང་རྟོག་ཐམས་ཅད་ཀྱིས་ཀྱང་དབེན་དགོས་ཏེ། རྒྱུད་འགྲེལ་ལས། མཆོག་ ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཤེས་རབ་ཡེ་ཤེས་ཀྱི་ལམ་གྱི་མན་ངག་ཐོབ་པས་རྟེན་དང་ བརྟེན་པ་མཚན་མ་དང་ཁ་དོག་དང་ཕྱག་དང་དབྱིབས་དང་དཀྱིལ་འཁོར་གྱི་ལྷ་ཡོངས་སུ་ བརྟགས་པའི་ཆོས་མི་འདོད་དོ་ཞེས་གསུངས་སོ། །འོན་ཀྱང་འདིར་རྣམ་རྟོག་བཅད་ཙམ་གྱི་ བསམ་མེད་གཏི་སྒོམ་རྨུགས་ལྟོར་ཅི་ཡང་མི་རིག་པ་ནི་ལམ་དུ་མི་འགྱུར་བས། ཡིད་མིག་ རླུང་གསུམ་བར་སྣང་དུ། །རྣལ་འབྱོར་མཁས་པས་དུས་མཉམ་བྱ། །ཞེས་པ་ལྟར་བྱ་དགོས་ ཏེ། སྣ་བུག་གི་རླུང་བར་སྣང་དུ་ཉེ་ན་སོར་བཅུ་གཉིས་དང་རིང་ན་སོར་བཅུ་དྲུག་འགྲོ་བའི་ ཕྱིར་སྨིན་འཚམས་ནས་སོར་བཅུ་གཉིས་སམ་བཅུ་དྲུག་པས་མི་ཉེ་མི་རིང་བའི་བར་སྣང་མུན་ པའི་གནས་ལ་བརྩེ་གཅིག་ཏུ་ཐུ་རེ་གནས་པས་བར་སྣང་གི་ཁ་དོག་ཅི་འདྲ་བ་བཟུངས་ལ་ ཟིན་པས་སོ་སོར་རྟོགས་ཤིང་ངེས་པར་གནས་པ་ནི་གལ་ཆེ་སྟེ། སཾ་བུ་ཊ་ལས། རྣམ་རྟོག་མ་ རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོ་ལྟུང་བྱེད་ཡིན། །ཞེས་པས་རྣམ་རྟོག་བཀག་ཅིང༌། མི་ རྟོག་ཡེ་ཤེས་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་པས་ཡེ་ཤེས་ལ་རྩེ་ གཅིག་ཏུ་གནས་དགོས་པར་བསྟན་ཏོ། །དེ་བཞིན་དུ་ཡུམ་ལས། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདོད་པས་དབེན་སྡིག་ ཏོ་མི་དགེ་བའི་ཆོས་ཀྱིས་དབེན་ཞེས་པས་རྣམ་རྟོག་བཀག་ལ། རྟོག་པ་དང་བཅས་དཔྱོད་ པ་དང་བཅས་ཞེས་པས་མུན་པ་བར་སྣང་གི་ཁ་དོག་བཟུངས་ལ་ཟིན་དགོས་པར་བསྟན་ཅིང༌། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་ གནས་་སོ་ཞེས་པས་སེམས་ཚབ་ཚུབ་མེད་པར་ལྷོད་དེ་ཤིགས་སེ་བ་ལ་གནས་དགོས་པར་ བསྟན་ཏོ། །འདི་གཟུགས་ཁམས་ཀྱི་བསམ་གཏན་དང་པོ་སྒྲུབ་པའི་ལུང་ཡིན་པས་འདིར་ སྦྱོར་བ་མི་འོས་པར་མི་བསམ་སྟེ་དེའི་སེམས་འདིར་བསྐྱེད་ཀྱང་མི་འགལ་ཞིང༌། བསམ་ 1-1-347 གཏན་གྱི་ཆོས་མཚུངས་པར་སྦྱོར་བ་རིགས་པའི་ཕྱིར་རོ། །དེའི་ཕྱིར་རྟོག་པ་བཅད་ཙམ་གྱིས་ མི་ཆོག་པར་ཇི་བཞིན་རིག་པའི་བསམ་པ་རྩེ་གཅིག་ཏུ་གཏན་ཏིང་ངེ་འཛིན་དགོས་པ་ལ་ དགོངས་ནས་བསམ་གཏན་ནམ་ཏིང་ངེ་འཛིན་དུ་ཐ་སྙད་མཛད་པར་མངོན་ཏེ། ཏིང་ངེ་འཛིན་ རྒྱལ་པོའི་མདོ་ལས། རྟོག་པ་མེད་ཅིང་རྣམ་རྟོག་མེད། །བཟུང་བ་མེད་ཅིང་བསྟན་དུ་མེད། །སེམས་ཀྱང་དམིགས་པ་མེད་པ་སྟེ། །དེ་ཕྱིར་ཏིང་ངེ་འཛིན་ཅེས་བྱ། །གང་ཞིག་མཉམ་པར་ བཞག་གྱུར་ན། །ཆོས་ཀུན་ལ་ནི་རློམ་སེམས་མེད། །རློམ་སེམས་མེད་པ་ཇི་བཞིན་པ། །དེ་ལ་ ཏིང་ངེ་འཛིན་ཅེས་བྱ། །ཞེས་དང༌། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་མདོ་ལས། སེམས་ཀྱི་ རྣམ་རྟོག་གང་སྐྱེས་པ། །སེམས་ཀྱིས་སེམས་ལ་བརྟགས་ནས་སུ། །རང་བཞིན་མེད་པར་ཤེས་ པ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་སྟེ། །དེ་ཡི་ངང་ལ་མ་ཡེངས་པ། །དེ་ནི་ཏིང་ངེ་འཛིན་ཅེས་བྱ། །ཞེས་གསུངས་ཤིང༌། རྒྱན་ལས་ཀྱང༌། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་ པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ནས་སླར་ནི་ཀླན་པར་བྱ། །བློ་ ལྡོག་གོང་ནས་གོང་དུ་ཡང༌། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ ཕྱིར། །ཏིང་ངེ་འཛིན་ལ་སེམས་གདུལ་ལོ། །ཞེས་གསུངས་པའི་ཕྱིར་རྟོག་པ་མེད་ལ་འཇུར་ བའི་གནད་ལ་མ་མཁས་པས་སེམས་སྦྱང་ངོ༌། ། བཞི་པ་ཁམས་བདེ་བར་བསོས་ལ་གགས་[གེགས]བསལ་བ་ནི་དེ་ལྟར་དབེན་གསུམ་ འཇུར་པོ་སྒྲུབ་པ་ན། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པར་དང་ངག་གི་ལོངས་སྤྱོད་ལ་ ལྟོས་པ་མེད་པ་དང་སེམས་ཀྱི་ལོགས་སྤྱོད་ལ་ལྟོས་པ་མེད་པ་དང་འཕོ་བའི་བདེ་བའི་ལོངས་ སྤྱོད་བདེ་བ་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ་ལུས་དང་ངག་དང་སེམས་དང་ཚངས་པར་ སྤྱོད་པའི་སྡོམ་པའོ་ཞེས་པའི་དོན་ཏོ། །འདི་ཡིས་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི་སྲིད་ པའི་ལོངས་སྤྱོད་ལ་ཞེན་པས་ནི་མ་ཡིན་ནོ། །ཞེས་རྒྱུད་འགྲེལ་དུ་གསུངས་པ་ལྟར་དོན་ཆེན་ 1-1-348 སྒྲུབ་པ་ལ་འབད་པའི་སྐབས་སུ་ཁམས་མི་ལྡོག་པ་ལ་སོགས་པ་ཐབས་མཁས་ཀྱིས་ལོགས་ པར་སྐྱོང་བ་གལ་ཆེ་བའི་ཕྱིར། ཁྲིད་སྐོར་བ་མཁས་ལ་ཡིད་གཞུངས་པ་ཉམས་རྟོགས་རིག་ ཅིང་ཐབས་དང་ལྡན་པས་ནང་པར་རམ་གནངས་དུས་བཞིན་དུ་བསྐོར་རོ། །དེའང་རེ་རེ་ཞིང་ དབེན་པར་ལུས་གནད་འཆའ་རུ་བཅུག་པ་ལ་ཟུག་ཚད་བཞག་ནས་བརྟགས་པས་མིག་ཧད་ དེ་ཧ་རེ་གནས་པ་དང༌། ངག་ཤུས་འདེབས་པ་དང༌། སྔམ་པ་འདར་བ་དང་བྱད་བཞིན་འགྱུར་ བ་ལ་སོགས་བཞུར་མ་བཞུར་གྱི་རྣམ་པ་བལྟ་ཞིང་ལུས་གནད་ལྟ་སྟངས་ལ་སོགས་བཅོས་ དགོས་པ་ཀུན་ཇི་ལྟར་ནུས་པ་ལེགས་པར་བཅོས་ལ། སྣང་བ་ཐུབ་བམ། སེམས་གནས་ཀྱིན་ འདུག་གམ། ཟས་ཞིམ་མམ། གཉིད་བྱུང་ངམ། ཁམས་མ་ལོག་གམ་ཞེས་སོགས་ཐམས་ མཁས་ཀྱིས་དྲིའོ། །ཁམས་ལྡོག་པའི་རྣམ་པ་མཐོང་བ་དེའི་གཉེན་པོ་གང་འོས་ཀྱང་བསླབ་ ཅིང༌། དོར་ཞག་དོན་ཆེན་སྒྲུབ་པའི་དུས་སུ་འཇུར་པོ་བྱ་དགོས་པས་ཁམས་བཟང་དགོས་ སོ། །དེ་ལ་ཟས་བཞིའི་ནང་ནས་ཁམ་གྱི་ཟས་ཚོད་མ་སྡོར་ཅན་ལ་སོགས་པ་ཅི་འབྱོར་ཅི་ཞིམ་ དུས་སུ་རན་པ་དང་རེག་པའི་ཟས་མལ་ཆ་དང་གོས་ཅི་འཕྲོད་གཟོས་པ་དང༌། ཡིད་ལ་བྱེད་ པའི་ཟས་དོན་མེད་ཀྱི་སེམས་ཁྲལ་རང་གིས་རང་གཙུབ་མི་བྱེད་པར་ཆོས་ཟབ་སྒོམ་དུ་ཡོད་ པ་ལ་དགའ་རུ་ཚོར་བས་བློ་བདེ་འབོལ་ལེ་བ་་་་་ལ་འབད་པ་དང༌། རྣམ་ཤེས་ཀྱི་ཟས་ཀུན་ གཞི་སྟོབས་སུ་འགྱུར་བ་ལ་དུས་ཀྱི་གཉིད་མི་འཆག་པ་རན་པར་ལོག་ཅིང༌། ཁམས་དྭངས་ མ་མི་འཛག་པར་ཚངས་སྤྱོད་བསྲུང་བ་ལ་ཡང་འབད་དགོས་སོ་ཞེས་སོགས་གདམས་ནས་ གཙོ་བོར་འཇུར་བའི་ཐབས་སྣ་ཚོགས་པའི་ངང་ནས་མི་གཙུབ་པར་སེམས་བདེ་བའི་ཐབས་ མཁས་ལ་བྱ་མ་ཤོར་བ་ལེགས་པར་ཉམས་མྱོང་དང་ཕྱག་ལེན་རྒྱུད་པ་བཞིན་བསྐྱངས་པས་ མི་རྟོག་པའི་ཏིང་ངེ་འཛིན་རྩོལ་མེད་དུ་སྐྱེ་བ་ཡིན་ནོ། །ཁྲིད་ཀྱི་སྔོན་འགྲོ་ཐུན་མོང་པ་བཞི་དང་ ཐུན་མོང་མ་ཡིན་པ་གཉིས་ཏེ་དྲུག་ཀ་རྫོགས་སོ།། །། 1-1-349 གཉིས་པ་དངོས་གཞིའི་ཁྲིད་ནི། བླ་མ་དམ་པའི་མན་ངག་གི་རྒྱུས་ལས་ཤེས་པར་ བྱའོ། །ཞེས་པ་ཆོས་རྗེ་ཡབ་སྲས་ལ་སོགས་པ་བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་གྱིས་ གསང་སྔགས་ཟབ་མོའི་ཚུལ་ཅུང་ཟད་རིག་པ་དགེ་སློང་ལོ་ཙཱ་བ་བློ་གྲོས་དཔལ་བཟང་པོས་ ཇོ་ནང་དཔལ་གྱི་རི་ཁྲོད་དུ་བཀོད་པའི་གསོལ་བ་འདེབས་པ་པོ་དང༌། ཡི་གེ་པ་ཡང་དགེ་ བའི་བཤེས་གཉེན་དགེ་འདུན་འཕེལ་ལོ། །བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག །ཉམས་ཁྲིད་མ་ཐོབ་པ་དང་སྣོད་མིན་གྱི་གང་ཟག་ལ་ཤིན་ཏུ་གསང་ནས་འཁྲིད་འདེབས་ངེས་ པ་དང༌། སྣོད་ལྡན་གྱི་སྐྱེས་བུ་དུ་མའི་ཕྱག་ཏུ་འཕེལ་ཞིང་རྒྱས་པར་གྱུར་ཅིག། ༈ །།ཞུས་དག མ་དཔེ་འབྲས་སྤུངས་ཡིག་རྙིང༌། ཕྱི་ཀ ༡༤༩ 1-1-350 ༄༅། །ཟབ་ལམ་ཐོག་མར་དགེ་བའི་ཁྲིད་ བཞུགས་སོ། ། ༄༅། །ༀ་སྭ་སྟི། ཨེ་མ་ཧོ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ ལོ། །གཉིས་པ་དངོས་གཞིའི་ཁྲིད་ནི། དཔལ་དུས་ཀྱི་འཁོར་ལོ་དང་གསང་བ་འདུས་པ་ལ་ སོགས་པའི་རྒྱུད་མང་པོ་ལས། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་ འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་ གསུངས་པ་ནི་རྒྱུད་ཐམས་ཅད་ཀྱི་རྫོགས་པའི་རིམ་པ་སྟེ། ལས་དང་པོ་པ་རྫོགས་རིམ་ཟབ་ མོ་ལ་འཇུག་པ་ནས་ས་བཅུ་གཉིས་པ་རྡོ་རྗེ་འཆང་གི་གོ་འཕང་ལ་སྦྱོར་བའི་བར་གྱི་ལམ་ཟབ་ མོ་ཚང་ལ་མ་ནོར་བ་ཁྱད་འཕགས་ཡིན་ནོ། །དེ་ཡང་ཕར་ཕྱིན་དྲུག་པོ་རེ་རེ་ལ་ཡང་དྲུག་དྲུག་ ཚང་བ་དང་རྒྱལ་བ་རིགས་དྲུག་རེ་རེ་ལ་ཡང་དྲུག་དྲུག་ཚང་བ་ལྟར་སྦྱོར་བ་རེ་རེ་ལ་ཡང་ཡན་ ལག་དྲུག་གི་རྣམ་པ་ཚང་བ་རྣམས་དབང་པོ་རྣོ་འབྲིང་རྟུལ་བའི་དབང་གིས་རྟོགས་པ་རིམ་ པར་འཆར་བ་བཞིན་འཁྲིད་དགོས་ཏེ། སྙན་བརྒྱུད་ལས། ཀུན་ལ་དྲུག་དྲུག་ཤེས་བྱ་སྟེ། །རབ་ཀྱིས་དང་པོར་རྟོགས་པའོ། །འབྲིང་གིས་སྲོག་རྩོལ་ལ་སོགས་ཡིན། །ཐ་མས་དྲུག་པོ་ རིམ་པས་སྒོམ། །ཞེས་སོ། །དེ་ལ་སྦྱོར་བ་ཡན་ལག་དྲུག་པོ་ཉིད་བསྙེན་པ་དང་ཉེ་བར་སྒྲུབ་ པ་དང༌། སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། བསྙེན་སྒྲུབ་ཡན་ལག་བཞིའི་རིམ་པས་བསྡུས་པར་ རྒྱུད་འགྲེལ་ཆེན་པོར་བཤད་ཅིང༌། ཐེག་པ་ཐམས་ཅད་ལ་ཐུན་མོང་དུ་དམ་པའི་ཆོས་ནི་ཐོག་ མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་ཞེས་གསུངས་པའི་ཕྱིར་འདིར་ཡང་རིམ་པ་གསུམ་ 1-1-351 དུ་མཛད་དེ། སོ་སོར་སྡུད་དང་བསམ་གཏན་བསྙེན་པའི་ཡན་ལག་སྐུ་རྡོ་རྗེའི་རྣལ་འབྱོར་ ཐོག་མར་དགེ་བའི་ཁྲིད། སྲོག་རྩོལ་དང་འཛིན་པ་ཉེ་བར་སྒྲུབ་པའི་ཡན་ལག་གསུང་རྡོ་རྗེའི་ རྣལ་འབྱོར་བར་དུ་དགེ་བའི་ཁྲིད། རྗེས་དྲན་དང་ཏིང་ངེ་འཛིན་སྒྲུབ་པ་སྒྲུབ་ཆེན་གྱི་ཡན་ལག་ ཐུགས་དང་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཐ་མར་དགེ་བའི་ཁྲིད་དོ། ། དང་པོ་ལ་སོ་སོར་སྡུད་དང་བསམ་གཏན་གྱི་ཡན་ལག་གཉིས་སོ། །དང་པོ་ལ་སོ་སོར་ བསྡུད་ཀྱི་མཚན་དོན། སོ་སོར་སྡུད་ཀྱི་དུས་མཚམས། སོ་སོར་སྡུད་ཀྱི་ཡན་ལག སོ་སོར་ སྡུད་ཀྱི་རྟགས་ཚད། སོ་སོར་སྡུད་ཀྱི་དག་དབྱེ། སོ་སོར་སྡུད་ཀྱི་འབྲས་བུ་སྟེ་དྲུག་གིས་རྟོགས་ པར་བྱ་ཞིང་བསམ་གཏན་ལ་སོགས་པ་རེ་རེ་ལ་ཡང་དེ་ལྟར་དྲུག་དྲུག་གི་སྦྱོར་ཚུལ་ཤེས་པར་ བྱའོ། །དེ་ལ་འདིར་སོ་སོར་སྤོང་གི་མཚན་དོན་ནི། རྣམ་རྟོག་སོ་སོར་སྤོང་ཞིང་བསྡུད་པས་ན་ སོ་སོར་སྤོང་ངམ་སོ་སོར་སྡུད་ཅེས་ཀྱང་གསུངས་ཏེ། རྒྱུད་(སྒྲུབ་ལེའུ་ཚིགས་བཅད་བརྒྱ་བཅུ་དྲུག་པའི་ཚིག་ དང་པོ་ཉིད་)དུ་སོ་སོར་བསྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་ མེད་པའོ། །ཞེས་པའི་འགྲེལ་པར་འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་ལུས་ལ་ཡུལ་དང་ཡུལ་ ཅན་བཅུ་པོ་རྣམས་ཀྱི་འགྲེལ་པས་རྣམ་པར་ཤེས་པ་རབ་ཏུ་འཇུག་པ་མེད་པ་སྟེ་ཞེས་གསུངས་ ཤིང༌། དཔལ་འདུས་པར་ཡང༌། དབང་པོ་རྣམས་ཀྱིས་མཐོང་བ་ན། །རང་གི་འཇུག་ཡུལ་ ཐམས་ཅད་ལ། །འདོད་པ་སོ་སོར་སྤོང་བས་ན། །སོ་སོར་སྤོང་བ་ཞེས་བཤད་དོ། །ཞེས་སོ། ། གཉིས་པ་དུས་མཚམས་ནི། སྙན་བརྒྱུད་ལས། གཡས་པ་ས་ཡི་རླུང་དུས་སྒོམ། །ཞེས་ སོ། །དེའི་རྒྱུ་མཚན་ནི་དུས་འཁོར་ལས། ས་ནི་ཆུ་ལ་འཇུག་འགྱུར་དེ་བཞིན་ཆུ་ནི་མེ་ལ་མེ་ནི་ རླུང་ལ་འཇུག་པར་འགྱུར་བའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་མཚན་མ་བཅུར་འགྱུར་མཚན་ མ་རྣམ་པ་ཀུན་ལྡན་ དུ། །རྣམ་པ་ཀུན་ལྡན་མཆོག་ཏུ་མི་འགྱུར་བདེ་བ་དམ་པ་ཡེ་ཤེས་སྐུ་རུ་འགྱུར་བར་ 1-1-352 བརྗོད་པ་སྟེ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་འགྱུར་རོ་སྐྱེས་བུ་རྣམས་ཀྱིས་སྐྱེ་བ་ འདི་ལ་མི་བདག་ཀྱེ། །ཞེས་གསུངས་ཤིང༌། དེའི་འགྲེལ་པར་གཡོན་གྱི་རྩ་ལ་ནམ་མཁའ་ལ་ སོགས་པས་འཇུག་གོ་ཞེས་ཀྱང་བཤད་དོ། ། གསུམ་པ་ཡན་ལག་ལ་གསུམ་སྟེ། ཐབས་ཉིན་མཚན་གྱི་རྣལ་འབྱོར་སྒོམ་པ། བསྒོམས་ པའི་ཏིང་ངེ་འཛིན་ངོ་སྤྲོད་པ། སྒོམ་འཕྲོ་ལ་ཤི་ཡང་གོམས་སྟོབས་འཇུག་པར་བསྟན་པའོ། །དང་པོ་ལ། མཚན་མོ་གསེང་མེད་མུན་པའི་རྣལ་འབྱོར། ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་ འབྱོར་རོ། །དང་པོ་ལ་གང་དུ་སྒོམ་པའི་གནས་ནི། རྒྱུད་འགྲེལ་ལས། འདིར་སྔགས་ཀྱི་ཐེག་ པ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་རྣལ་འབྱོར་གོམས་པ་རྣམ་པ་གཉིས་ཏེ། ནམ་མཁའ་ དང་བླ་གབ་མེད་པ་ལ་རྣལ་འབྱོར་གོམས་པའོ། །གང་ཞིག་ནམ་མཁའ་ལ་རྣལ་འབྱོར་གོམས་ པར་བྱེད་པ་དེས་མཚན་མོ་བུག་པ་མེད་པའི་ཁྱིམ་དུ་མུན་པ་ལ་ནམ་མཁར་ཀུན་ནས་ཞེན་པའི་ སེམས་དང་མིག་མི་འཛུམ་པར་ཞེས་སོགས་གསུངས་པས་དབེན་ཁང་རང་བཞིན་གྱིས་མུན་ པ་ནག་པ་ས་ཕུག་བྲག་ཕུག་ལ་སོགས་པ་དང༌། འབྱོར་ན་ས་མཐོ་སར་གནས་པ་ཐོག་མཐོ་བ་ ཕྱོགས་ཐམས་ཅད་ཏུ་ཞལ་ལ་བསྟར་བ་གསལ་སྐར་ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་ པ་ཅན་བཏོད་པ་སྒོ་འཁྱོག་རིམ་པ་གསུམ་པའམ་འཛུལ་སྒོ་ཅན་སྒོམ་དུས་སྣང་བ་འཆོར་པ་ ཅུང་ཟད་ཀྱང་མེད་པར་ཚགས་བསྡམས་པའི་ནང་དུ་སྟེ། སྙན་བརྒྱུད་ལས། མཚན་མོ་བླ་གབ་ བཅས་པ་རུ། །ནམ་མཁའ་ལ་དམིགས་སྟོང་ཉིད་སྒོམ། །ཞེས་འཆད་པ་ལ་མཚན་མོ་ནི་མུན་པ་ ལ་དགོངས་པ་ཡིན་ནོ། ། གཉིས་པ་ཇི་ལྟར་སྒོམ་པའི་ཚུལ་ལ་མཉམ་བཞག་མི་གཡོ་བ་གསུམ་ལྡན་དུ་བཞག་པ་ དང༌། རྗེས་ཐོབ་དབེན་པ་གསུམ་ལྡན་དུ་བསྟན་པའོ། །དང་པོ་ལ་གསུམ་ལས། ལུས་རྩ་ མི་གཡོ་བར་བཞག་པ་ནི། སྟན་བདེ་བའི་སྟེང་དུ་རྐང་པ་དཀྱིལ་ཀྲུང་བཅས་ནས་ལག་པ་ 1-1-353 མཉམ་བཞག་གམ། བརླ་སྟེང་དུ་བཞག་པའི་ལུས་གནད་ལ། རྐང་པ་རེ་མིག་བསྣོལ་བ་འདྲ་ བ། སྒལ་ཚིགས་དོང་ཚེ་བརྩེགས་པ་འདྲ་བ། །ལྟོ་བ་བྲག་ལ་ཆུ་འཇེར་འདྲ་བ། ལུས་པོ་ལི་ རི་སྒྲིལ་བ་འདྲ་བ། མགྲིན་པ་སྤ་བེར་གུག་པ་འདྲ་བ། མིག་གཉིས་བྱ་རྒོད་འཕུར་བ་འདྲ་བ། ཞེས་གསུང་བའི་མན་ངག་ལྟར་དབེན་པ་གསུམ་དང་མཐུན་པར་ཤིན་ཏུ་གཟབས་ནས་བལྟ་ སྟངས་རླུང་སྣ་སྒོ་ནས་སོར་བཅུ་གཉིས་སམ་བཅུ་དྲུག་འགྲོ་བའི་སྟེང་གི་ནམ་མཁའ་སྤྱི་གཙུག་ གི་ཐད་ཀ་ཙམ་ལ་གཏད་ནས་ལུས་མི་གཡོ་མི་ལྡེག་མིག་འབྱེད་འཛུམ་གྱིས་མི་གཡོ་བར་རྩེ་ གཅིག་ཏུ་འཇོག་པ་གལ་ཆེ་སྟེ། རྩ་རྒྱུད་ལས་མིག་གཉིས་མ་ཕྱེ་མ་བཙུམས་པས། །ཞེས་དང༌། བསྡུས་རྒྱུད་(སྒྲུབ་ལེའི་ཚིགས་བཅད་བརྒྱ་ཉི་ཤུ་པའི་ཚིག་དང་པོ)ལས། སྙེན་པ་ལ་ནི་དང་པོའི་རྣལ་འབྱོར་ རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་བལྟ་བས་སོ། །ཞེས་པའི་འགྲེལ་པར་འཁོར་ ལོ་ཅན་གྱི་ཞེས་པ་གཙུག་ཏོར་གྱི་ཁྲོ་བོའི་བལྟ་བས་མིག་མི་འཛུམ་པར་སྟེང་དུ་བལྟ་བ་ལས་ མཚན་མར་འགྱུར་ཏེ་ཞེས་བཤད་ཅིང༌། གསང་འདུས་ལས། སྙེན་དུས་གཙུག་ཏོར་ཆེན་པོ་ཡི། །གཟུགས་སུ་འབད་དེ་བལྟ་བར་བྱ། །ཞེས་དང༌། ཡུམ་ལས་ཀྱང༌། སྤྱི་གཙུག་རྣམ་པར་བལྟ་ བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ་ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་ གསུངས་སོ། ། གཉིས་པ་ངག་རླུང་མི་གཡོ་བར་བཞག་པ་ནི། དབུགས་འབྱུང་རྔུབ་རྗེས་སུ་དྲན་པའི་ རྡོ་རྗེ་བཟླས་པ་འགའ་རེས་དབུགས་སོ་བཟུང་ནས་སྒོམ་དུས་ཆེད་དུ་ནང་དུ་མི་གཟུང་ཆེད་དུ་ ཕྱིར་མི་གཏོང་བར་སྔམ་པ་རང་སོར་ལྷོད་བཞག་ལ་སྒོམ་སྟེ། དེས་རླུང་ནང་དུ་བཟུང་དྲགས་ པའི་གེགས་ཚད་ནད་དང༌། ཕྱི་བཏང་དྲགས་པའི་གེགས་གྲང་ནད་མི་འབྱུང་བའི་དགོས་པ་ ཡོད་དོ། །ཞེས་གསུང་ངོ༌། །གསུམ་པ་སེམས་རིག་པ་མི་གཡོ་བར་བཞག་པ་ལ་བཞི་ལས། 1-1-354 དང་པོ་སེམས་ཅི་ཡང་མི་བསམ་པར་བཞག་པ་ལྷ་ཁང་གི་ལྡེ་བཟོ་ལྟ་བུའི་མན་ངག་ནི་བཟང་ རྟོག་ངན་རྟོག་གང་ཡང་ཡིད་ལ་མི་བྱེད་པར་སེམས་མ་བཅོས་གཉུག་མའི་ངང་དུ་ཡེངས་ མེད་ལྷུག་པར་ཏིང་ངེ་འཛིན་པ་སྟེ། རྩ་རྒྱུད་ལས། སེམས་ནི་གཡོ་བ་མེད་བྱས་ནས། །དུ་བ་ ལ་སོགས་རྣམ་སྒོམ་བྱ། །ཞེས་དང༌། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉིན་མཚན་ གཅིག་ནི་བརྟག་པར་བྱ། །དེ་ལ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་ དང༌། ཡུམ་ལས་ཀྱང༌། གང་རྣམ་པར་རྟོག་པ་ནི་མི་དགེ་བའོ། །གང་རྣམ་པར་མི་རྟོག་པ་ནི་ དགེ་བའོ། །ཞེས་སོགས་མང་དུ་གསུངས་སོ། །གཉིས་པ་སེམས་རྩེ་གཅིག་ཏུ་བཞག་པ་སྤྲེའུ་ སྒོ་གཅིག་ཏུ་འདོན་པ་ལྟ་བུའི་མན་ངག་ནི། ལུས་གནད་བལྟ་སྟངས་གཏན་པའི་ངང་ནས། ཡིད་རྟོག་མེད་ཙམ་གྱི་ཞི་གནས་ལྟེངས་པོ་ལ་མི་འཆོར་བར་རླུང་སོར་བཅུ་གཉིས་སམ་བཅུ་ དྲུག་སྣ་བུག་ནས་འགྲོ་བའི་སྟེང་ཐད་ནམ་མཁའི་དབྱིངས་དེ་ཉིད་ལ་མིག་གཏད་སར་ཡིད་ ཀྱང་མ་ཡེངས་དྲན་པའི་སོ་པ་འཇུར་ལ་འདེབས་པ་སྟེ། རྒྱུད་ལས། ཡིད་མིག་རླུང་གསུམ་ བར་སྣང་དུ། །རྣལ་འབྱོར་མཁས་པས་དུས་མཉམ་བྱ། །རྒྱལ་བའི་ཡོན་ཏན་ངེས་པར་འབྱུང༌། །ཀུན་མཁྱེན་ཀུན་གྱི་གསུང་འདི་ཉིད། །ཅེས་དང༌། བརྟག་གཉིས་ལས་ཀྱང༌། ཆུ་བོའི་རྒྱུན་ ནི་རབ་འབབ་དང༌། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་བཞག །ཅེས་རྒྱུན་དང་རྩེ་གཅིག་གི་རྣལ་འབྱོར་གཅེས་པར་ གསུངས་སོ། ། གསུམ་པ་སེམས་གང་ཤར་ལ་བལྟ་བ་སྤུན་གསུམ་བར་མ་དང་འགྲོགས་པ་ལྟ་བུའི་མན་ ངག་ནི། འདས་པའི་རྗེས་དཔྱོད་དང༌། མ་འོངས་པའི་སྔུན་སུ་ལ་ཡེ་མི་འཆོར་བར་ད་ལྟ་རིག་ པའི་སྣང་ངོ་གང་ཤར་ལ་བལྟ་སྟངས་གཏད་པར་དྲན་ཞིང་རྟོགས་པ་སྟེ། རྩ་རྒྱུད་ལས། དང་པོ་ ཐོག་མཐའ་དང་བྲལ་ཞིང༌། བར་མ་ཙམ་ཞིག་བསྟེན་པར་བྱ། །དེ་ལ་གནས་ཤིང་དེ་སྤོང་གང༌། 1-1-355 །དེ་ལ་མཚན་མ་བཅུ་འབྱུང་ངོ༌། །ཞེས་གསུངས་པ་ལ། དེ་ལ་གནས་ཤིང་ཞེས་པས་ད་ལྟ་གང་ ཤར་རིག་དགོས་པར་བསྟན་ལ། དེ་སྤོང་གང་ཞེས་པས་འདས་མ་འོངས་ལ་མི་རྟོག་པར་ བསྟན་ཏོ། །གྲུབ་པའི་སློབ་དཔོན་དག་གིས་ཀྱང༌། (ད་ལྟ་)སྣ་ཚོགས་རྣམ་རྟོག་སྤོང་ཞིང་(འདས་ མ་འོངས་ལ)མི་སེམས་པར། །གལ་ཏེ་ནམ་མཁར་མིག་ནི་དབྱེ་བྱས་ན། །ཕྱོགས་བཅུའི་ལམ་ རྣམས་ཉིད་ནི་ངེས་པ་ཤེས། །རྣལ་འབྱོར་དབང་ཕྱུག་མཐའ་དག་འདི་ལས་ཐོབ། །ཅེས་ནཱ་ རོ་འགྲེལ་ཆེན་ལ་སོགས་པར་དྲངས་ཤིང༌། མན་ངག་གཞན་ལས་ཀྱང༌། སྔར་རྗེས་མི་དཔྱད་ སྔུན་མི་བསུ། ད་ལྟར་འཛིན་མེད་ནམ་མཁར་བཞག །དུས་གསུམ་རྟོག་པའི་རྒྱུ་འགྲུལ་གཅད། དེ་ལྟར་རྟོག་མེད་ཏིང་འཛིན་གནས། །ཞེས་སོ། །བཞི་པ་སེམས་བསྒྲིམས་ལྷོད་རན་པར་ འཇོག་པ་སྐུད་པ་འཁལ་བ་ལྟ་བུའི་མན་ངག་ནི། སྒྲིམ་དྲགས་ནས་རང་གིས་རང་གཙུབས་པ་ ཡང་མ་ཡིན། །ལྷོད་དྲགས་ནས་རང་གིས་རང་མི་རིགས་པ་ཡང་མ་ཡིན་པར་འཚུབས་ན་ལྷོད་ པ་དང་ཡེངས་ན་འགུགས་པའི་དྲན་ཤེས་བཞིན་ལྡན་པས་ལྷོད་དེ་ཤིགས་སེ་འཇོག་མཁས་ པ་སྟེ། བྲམ་ཟེ་ཆེན་པོའི་ཞལ་སྔ་ནས། འཇུར་བུས་བཅིངས་པའི་སེམས་ཉིད་འདི། །ལྷོད་ན་ གྲོལ་བར་ཐེ་ཚོམ་མེད། །བྲམ་ཟེ་(ཞེས་བོས་ནས)སྐུད་པ་འཁལ་བ་བཞིན། །རྣལ་འབྱོར་ཤེས་ པ་ལྷོད་ན་བདེ། །ཞེས་དང༌། གཞན་ལས་ཀྱང༌། བཅིངས་ན་(སྟོད་ཐང་ཡང་)ཕྱོགས་བཅུར་ བརྒྱུགས་ནས་འགྲོ། བཀྲོལ་ན་(འགྲོ་ཐང་ཡང)གཡོ་མེད་གནས་པ་ལྟར། མཛའ་མོ་(ཞེས་བོས་ནས་) བདག་གིས་(སེམས་ཀྱི་)རྔ་མོ་(དེ་ལྟར་)མཐོང༌། བདག་ལ་ཕྱིན་ཅི་ལོག་པར་སྣང༌། ཞེས་གཙུབས་ པས་རྒོད་ན་ལྷོད་པས་གནས་པར་བཤད་དོ། །དེ་ལྟར་མན་ངག་བཞི་པོ་གང་ལ་གང་འོས་ ཀྱིས་མི་གཡོ་བ་གསུམ་ལྡན་ཡེངས་མེད་དུ་སྒོམ་པ་གཅེས་ཏེ། ཡུམ་ལས། སེམས་གཡེངས་ པས་ནི་བདག་གི་དོན་ཡང་མི་འགྲུབ་ན་གཞན་གྱི་དོན་ལྟ་ཅི་སྨོས། དེའི་ཕྱིར་སེམས་གཡེང་ བའི་གོ་སྐབས་ནི་འགའ་ཙམ་ཡང་དབྱེ་བར་མི་བྱའོ། །ཞེས་གདམས་པ་ལྟར། ལས་དང་པོ་ 1-1-356 པ་རྣམས་ལ་ཁྲིད་སྐོར་བས་སྐབས་སུ་བལྟ་བ་དང་འདྲི་བ་ལེགས་པར་བྱས་ནས་ཉམས་སྐྱོང་ ཚུལ་དང་བོགས་འདོན་ཚུལ་ལ་མཁས་དགོས་སོ། ། གཉིས་པ་རྗེས་ཐོབ་དབེན་པ་གསུམ་ལྡན་དུ་བསྟེན་པ་ནི། མཉམ་བཞག་གི་དགེ་བ་ བསྔོས་ནས། སྔར་མི་གཡོ་བ་གསུམ་ལྡན་འཆུན་པའི་དོན་དུ་སྔོན་འགྲོ་དབེན་གསུམ་ལ་ སྦྱངས་པ་ལྟར་ཕྱིས་དངོས་གཞི་མཉམ་བཞག་མི་གཡོ་བ་འཆུན་ནས་དེའི་རྗེས་ཐོབ་ཏུ་ཡང་ ལུས་བྱ་བྱེད་ཀྱིས་དབེན་པ་དང༌། ངག་སྨྲ་བརྗོད་ཀྱིས་དབེན་པ་དང༌། སེམས་རྣམ་རྟོག་གིས་ དབེན་པ་ལ་རྒྱུན་དུ་སྦྱང་དགོས་ཏེ། སྤྱོད་འཇུག་ལས། ལུས་དང་སེམས་ནི་དབེན་པ་ལས། །རྣམ་པར་གཡེང་བ་མི་འབྱུང་ངོ༌། །དེ་བས་འཇིག་རྟེན་སྤང་བྱ་ཞིང༌། །རྣམ་པར་རྟོག་པ་ཡོངས་ སུ་དོར། །ཞེས་ཕྱི་ནང་གི་གཡེང་བ་སྤངས་ནས་བསམ་གཏན་སྒོམ་པར་གསུངས་སོ། ། གཉིས་པ་ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་ལ་གསུམ་ལས། དང་པོ་སྒོམ་པའི་ གནས་ནི། ཡུམ་ལས། ཀཽ་ཤི་ཀས་སྨྲས་པ། འཕགས་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་རྣལ་འབྱོར་དུ་བྱ་བར་འདོད་པས་གང་ལ་རྣལ་འབྱོར་དུ་བྱ། དེ་སྐད་ཅེས་སྨྲས་པ་ དང༌། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱ་ བར་འདོད་པས་ནམ་མཁའ་ལ་རྣལ་འབྱོར་དུ་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་ འབྱོར་དུ་བྱ་བར་འདོད་པས་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱའོ། །ཞེས་དང༌། སྙན་བརྒྱུད་ ལས། ཉིན་མོ་བླ་གབ་མེད་པ་སྟེ། །ནམ་མཁའ་ལ་བལྟ་ཞེས་གསུངས་པས་ནམ་མཁའ་རྒྱ་ ཆེར་མཐོང་བའི་ས་རི་རྩེ་ལ་སོགས་པར་རང་གི་ལུས་མི་མཐོང་ཙམ་དུ་བསྐྱོར་བ་དང༌། ཁང་ ཐོག་གམ་གཡབས་འོག་ལ་སོགས་པ་དབེན་པར་ཡང་རུང་ངོ༌། ། གཉིས་པ་ནམ་ཞིག་སྒོམ་པའི་དུས་ནི། རྒྱུད་འགྲེལ་ལས། མཚན་མོ་བུག་པ་མེད་པའི་ ཁྱིམ་དུ་མུན་པ་ལ་ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་མི་འཛུམ་ཞིང་རྡོ་རྗེའི་ལམ་ 1-1-357 དུ་རབ་ཏུ་ཞུགས་པ་ཞེས་པ་འདིར་དབུ་མར་སྲོག་རབ་ཏུ་ཞུགས་པས་སྟོང་པ་ཁོ་ན་ལས་དུ་བ་ ལ་སོགས་པའི་མཚན་མ་མཐོང་སྟེ་ནམ་མཁའ་ཀུན་ནས་ཞེན་པའི་སེམས་དང༌། མིག་ནི་མི་ འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པས་སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་ པའི་མཁའ་སྣང་ཉིད་དང་མར་མེ་དང༌། ཞེས་པ་ནི། མཚན་མོའི་རྣལ་འབྱོར་གྱིས་མཐོང་ངོ༌། །དེ་ནས་སྤྲིན་མེད་པའི་ནམ་མཁའ་ལ་བལྟ་སྟེ་ཞེས་གསུངས་པའི་ཕྱིར་མཚན་རྟགས་བཞི་པོ་ རྫོགས་པར་མཐོང་ནས་སྒོམ་པ་ཡིན་ནོ། ། གསུམ་པ་ཇི་ལྟར་སྒོམ་པའི་ཚུལ་ནི། ལུས་གནད་བལྟ་སྟངས་དང་མི་གཡོ་བ་གསུམ་ལྡན་ ལ་འཇོག་ཚུལ་མཚན་མོའི་རྣལ་འབྱོར་དང་ཇི་ལྟ་བར་མཚུངས་ཤིང༌། བལྟ་ས་སྤྲིན་མེད་པའི་ ནམ་མཁའ་ཤིན་ཏུ་དྭངས་པ་ལ། ཡིད་མིག་རླུང་གསུམ་བར་སྣང་དུ། །རྣལ་འབྱོར་མཁས་ པས་དུས་མཉམ་བྱ། །ཞེས་པའི་མན་ངག་ལྟར་སྒོམ་སྟེ། རྒྱུད་(ཡེ་ལེའི་ཚིག་བཅད་བརྒྱ་བཅུ་དྲུག་པའི་ ཚིག་དང་པོ)ལས། ནམ་མཁར་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡིས་བགྲད་པའི་མིག་ གིས་བལྟ་བར་བྱ་བ་སྟེ། ཞེས་པའི་འགྲེལ་པར་འདིར་ཉིན་མོའི་རྣལ་འབྱོར་ནི། ནམ་མཁའ་ ཆུ་འཛིན་བྲལ་བ་དག་ལ་རྣལ་འབྱོར་པས་བགྲད་པའི་མིག་གིས་བལྟ་བར་བྱ་སྟེ་སྔ་དྲོ་དང་ ཕྱི་དྲོ་ཉི་མ་ལ་རྒྱབ་བསྟན་ནས་སོ། །རྣམ་པ་གཞན་དུ་ན་ཉི་མའི་འོད་ཟེར་གྱིས་རབ་རིབ་ཏུ་ འགྱུར་ཏེ་དེ་ཡིས་ཞེས་པ་ནི་གནོད་པ་ལས་སོ། །ཞེས་གསུངས་སོ། ། འདིར་ཉི་མ་ལ་རྒྱབ་བསྟན་ནས་ཞེས་པའི་དགོངས་པ་མིག་ལ་ཉི་ཟེར་མི་འཕོག་པ་ ཉིད་ཡིན་པས་ཉིན་གུང་ཡང་རང་བྱང་དུ་ཕྱོགས་པ་ལ་སོགས་པས་སྒོམ་པ་ཡིན་ནོ། །སྐབས་ འདིར་ཡང་སྒོམ་གྱི་ས་མཚམས་གཟུང་བའི་དོན་དུ་མཚན་རྟགས་བཞི་པོའི་འབྱུང་ཚུལ་ཙམ་ མ་གཏོགས་ཉམས་ཀྱི་ཡོན་ཏན་ཆེར་མ་བཤད་པར་ལོང་ཡོད་ཚད་ཐབས་མཁས་ཀྱིས་སྒོམ་དུ་ བཅུག་ན་ལས་དང་པོ་པ་ལ་བོགས་ཆེ་བར་མཐོང་ངོ༌། ། 1-1-358 གཉིས་པ་བསྒོམས་པའི་ཏིང་ངེ་འཛིན་ངོ་སྤྲད་པ་ནི། བློ་དང་ལྡན་པ་རྣམས་ཀྱིས་མདོ་ རྒྱུད་མང་པོ་ལས་རྟོགས་ཤིང༌། དེ་སྔར་ཡན་ཆོད་བོད་དུ་ངེས་དོན་གྱི་ཕུལ་ཆེ་བར་རྟོགས་པའི་ བདག་ཉིད་ཆོས་ཀྱི་རྗེ་གྲུབ་ཐོབ་ཡུ་མོས་མཛད་པའི་མན་ངག་གསལ་སྒྲོན་བཞི་ལ་སོགས་ པར་ཡང་གསལ་ལ། བདག་གིས་ཀྱང་ངོ་སྤྲོད་གནས་ལུགས་གསལ་བར་བཀོད་དོ། ། གསུམ་པ་སྒོམ་འཕྲོ་ལ་ཤི་ཡང་གོམས་སྟོབས་འཇུག་པར་བསྟན་པ་ནི། དཔལ་ཀྱེའི་ རྡོ་རྗེ། དེ་ལྟར་རྣལ་འབྱོར་པས་ཤེས་ནས། །ཤིན་དུ་མཉམ་བཞག་གང་གོམས་པ། །བསོད་ ནམས་ཆུང་བའི་མི་ཡིས་ཀྱང༌། །དེ་ནི་འགྲུབ་པར་ཐེ་ཚོམ་མེད། །བཟའ་དང་བཏུང་དང་ བླུགས་པ་དང༌། །ཉལ་དང་ལོག་དང་སེམས་པ་ན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །དེ་ ནས་མངོན་དུ་འགྲོ་བར་འགྱུར། ། ཞེས་དང༌། སམ་པུ་ཊ་ལས་ཀྱང༌། གཟུགས་རྣམས་སྣ་ཚོགས་བལྟ་བ་དང༌། །སྒྲ་ནི་རྒྱས་ པར་ཉན་པ་དང༌། །སྣ་ཚོགས་རོ་ནི་ཟ་བ་དང༌། །སྨྲ་བ་དང་ནི་དགོད་པ་དང༌། །ལས་དེ་རྣམས་ ནི་བྱེད་པ་ནའང༌། །སེམས་ནི་གཞན་དུ་མི་འགྲོ་བར། །དེ་ཉིད་རིག་པའི་རྣལ་འབྱོར་ལགས། །རྣལ་འབྱོར་རྒྱུན་དུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་རྟག་ཏུ་དྲན་འཛིན་གོམས་པའི་ རྣལ་འབྱོར་པ་འཆི་ཁའམ་བར་དོ་ལ་ཕལ་ཆེར་ལེགས་འགྲོ་ཞིང༌། དེ་དག་ཏུ་མཆོག་མ་ཐོབ་ ཀྱང་ཕྱི་མ་ལ་ཡང་གོམས་སྟོབས་འཇུག་པར་གདོན་མི་ཟ་སྟེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ (ནང་ལེའི་ཚིགས་བཅད་གོ་བདུན་པ)ལས། རྣལ་འབྱོར་དབང་པོ་རྣལ་འབྱོར་མ་ཐོབ་བར་དུ་གཡོ་བའི་ ཡིད་ཀྱིས་གལ་ཏེ་ཤི་བར་གྱུར་པ་ན། ། དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་པར་ སྐྱེ་བར་འགྱུར། །སྔོན་གྱི་གོམས་པ་དེ་ཡིས་སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་དག་ནི་ ཀུན་ཏུ་འཛིན་པར་འགྱུར། །ཡེ་ཤེས་ཐོབ་ནས་མི་ཟད་མཆོག་གི་གནས་སུ་རབ་འགྲོ་སླར་ 1-1-359 ཡང་གང་དུའང་སྐྱེ་བ་ལྡན་པ་མིན། །ཞེས་པ་དང༌། སྙན་བརྒྱུད་ལས་ཀྱང༌། སོ་སོར་སྡུད་པའི་ རྟགས་མཐོང་ཞིང༌། །གལ་ཏེ་ཤི་བར་གྱུར་པ་ན། །དེ་ནི་དམ་པའི་ལམ་དང་ཕྲད། །དེ་ནས་ དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །བཞི་པ་སོ་སོར་བསྡུད་ཀྱི་རྟགས་ཚད་ལ་ གཉིས་ལས། རྟགས་ཇི་ལྟར་འཆར་བ་ནི། རྩ་རྒྱུད་ལས། དུ་བ་སྨིག་རྒྱུ་མེ་ཁྱེར་དང༌། །མར་ མེ་འབར་དང་ཟླ་ཉི་དང༌། །མུན་ཅན་ཆ་ཤས་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་བརྙན་འོད་ གསལ་བའོ། །ཞེས་དུ་བ་ལ་སོགས་པ་མཚན་རྟགས་བཞི་དང་འབར་བ་ལ་སོགས་པ་ཉིན་ རྟགས་དྲུག་སྟེ་འོད་གསལ་གྱི་རྣམ་པ་བཅུ་འཆར་བར་གསུངས་སོ། ། གཉིས་པ་ཚད་མ་གང་གིས་གྲུབ་པ་ནི། སྙན་བརྒྱུད་ལས། དབང་པོའི་མངོན་སུམ་དག་ཏུ་ བཞེད། ཅེས་འབྱུང་སྟེ་མིག་ལ་སོགས་པ་གཞན་དབང་པོའི་མངོན་སུམ་དང་རྣལ་འབྱོར་པའི་ རང་རིག་མངོན་སུམ་དང་ལུང་ལ་རྟེན་པའི་རྗེས་དཔག་ཚད་མས་ཀྱང་འགྲུབ་པ་ཡིན་ནོ། ། ལྔ་པ་དག་དབྱེ་ནི། དག་བྱ་ཡེ་ཤེས་ཀྱི་ཕུང་པོ་ལ་སོགས་པ་དྲུག་ཚན་ཅིག །དག་བྱེད་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་སོ་སོར་སྡུད་ཀྱི་ཡན་ལག་གིས་དག་པའི་འབྲས་བུ་བདེ་ སྟོང་དབྱེར་མེད་ཀྱི་ལྷ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དྲུག་ཚན་གཅིག་འགྲུབ་(ཀུན་སྤངས་ཆོས་ རྗེ)གསུང་སྟེ། རྒྱུད་(སྒྲུབ་ལེའི་ཚིག་བཅད་བརྒྱ་བཅུ་གསུམ་པའི་ཚིག་དང་པོ་ཉིད)དུ། སོ་སོར་སྡུད་པ་རྒྱལ་བའི་ དབང་པོར་འགྱུར་ཞིང་རྣམ་པ་བཅུ་ཞེས་པའི་འགྲེལ་པར་འདིར་དང་པོའི་ལས་ལ་སོ་སོར་ སྡུད་པ་ནི་རྒྱལ་བའི་དབང་པོ་ཞེས་པ་ཡེ་ཤེས་ཀྱི་ཕུང་པོའོ། །དེ་ཡང་མཚན་མའི་དབྱེ་བས་ རྣམ་པ་བཅུ་སྟེ་དུ་བ་དང་སྨིག་རྒྱུ་དང་མེ་ཁྱེར་དང་མར་མེ་དང༌། འབར་བ་དང་ཟླ་བ་དང་ཉི་མ་ དང་སྒྲ་གཅན་དང་ཆ་ཤས་དང་ཐིག་ལེ་མཐོང་བའི་དབྱེ་བས་རྟོག་པས་མ་བརྟགས་པ་ཡེ་ཤེས་ ཀྱི་ཕུང་པོའོ། །ཞེས་སོ། ། དྲུག་པ་སོ་སོར་བསྡུད་ཀྱི་འབྲས་བུ་ནི། རྒྱུད་དུ། སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ཡུལ་ 1-1-360 དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་བརློབ། །ཅེས་པའི་སྒྲུབ་ལེའི་ཚིག་ བཅད་བརྒྱ་བཅོ་བརྒྱད་པའི་ཚིག་དང་པོའི་འགྲེལ་པར། འདིར་གང་གི་ཚེ་སོ་སོར་སྡུད་པས་ གཟུགས་བརྟན་པར་གྱུར་པའི་རྣལ་འབྱོར་པ་རྣམ་པར་དག་པར་གྱུར་པ་དེའི་ཚེ་སྔགས་རྣམས་ ཀྱིས་བྱིན་གྱིས་བརློབ་པར་འགྱུར་ཏེ་ཚིག་གི་མཆོག་སྦྱིན་པ་ལ་སོགས་པ་སྦྱིན་པར་འགྱུར་རོ་ ཞེས་སོ། ། གཉིས་པ་བསམ་གཏན་གྱི་ཡན་ལག་ལ་ཡང་སྔར་བཞིན་དྲུག་ལས། དང་པོ་བསམ་ གཏན་གྱི་མཚན་དོན་ནི། སྔར་སོ་སོར་སྡུད་ཀྱི་དུས་སུ་སྟོང་པའི་གཟུགས་ཀྱི་ཡུལ་རྣམས་ ལ་མིག་གཞན་ལ་སོགས་པ་རྣམ་པ་ལྔ་པོ་རྣམ་པ་རྣམས་ཀྱིས་རབ་ཏུ་འཇུག་པ་དེ་བསམ་ པ་རྩེ་གཅིག་པའི་སྒོ་ནས་ཤིན་ཏུ་གཏན་པར་རྒྱུན་དུ་སྒོམ་པས་ན་བསམ་གཏན་ཏེ་རྒྱུད་དུ། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་ སེམས་པའོ། །ཞེས་(སྒྲུབ་ལེའི་ཚིགས་བཅད་བརྒྱ་བཅུ་དྲུག་པའི་ཚིག་གཉིས)པའི་འགྲེལ་པར། དེ་བཞིན་ དུ་གཟུགས་དེ་ཉིད་ལ་ཤེས་རབ་ཅེས་པ་ནི་ལྟ་བའོ། །རྟོག་པ་ཞེས་པ་ནི་དངོས་པོ་འཛིན་པའོ། །དཔྱོད་པ་ཞེས་པ་ནི་དེའི་དོན་ངེས་པར་འབྱེད་པའོ། །དགའ་བ་ཞེས་པ་ནི་གཟུགས་ལ་ཆགས་ པའོ། །གཡོ་མེད་བདེ་བ་ཞེས་པ་ནི་གཟུགས་དང་ལྷན་ཅིག་སེམས་གཅིག་ཏུ་བྱེད་པའོ། །དེ་ ལྟར་གཟུང་བ་དང་འཛིན་པའི་དབྱེ་བས་བསམ་གཏན་རྣམ་པ་བཅུའོ། །ཞེས་སོ། ། གཉིས་པ་དུས་མཚམས་ནི། སྙན་བརྒྱུད་ལས། དུས་ནི་ནམ་མཁའ་རྒྱུ་དུས་སུ། །ཞེས་ པ་མགོ་བརྩོམ་དུས་ཀྱི་རླུང་ལ་དགོངས་པར་བས་སོ། །ཉམས་ཀྱི་དུས་མཚམས་ནི། རྟགས་ བཅུ་རྫོགས་པའི་རྗེས་སུ་དེ་གཏན་པའི་ཡན་ལག་དང་རྣམ་ཀུན་མཆོག་ལྡན་སྒོམ་པ་ནི་བསམ་ གཏན་གྱི་ས་མཚམས་ཡིན་ནོ། ། གསུམ་པ་ཡན་ལག་ལ་སྒོམ་པའི་གནས་ཀྱང་བླ་གབ་ཡོད་མེད་དུ་སྒོམ་པ་སྔར་དང་ཇི་ 1-1-361 ལྟ་བར་མཚུངས་ཤིང༌། སྒོམ་ཚུལ་ཡང༌། ལུས་གནད་བལྟ་སྟངས་ནས་གཟུང་སྟེ་མི་གཡོ་བ་ གསུམ་ལྡན་རྗེས་ཐོབ་དང་བཅས་པ་ཇི་ལྟ་བར་མཚུངས་ཏེ། སྙན་བརྒྱུད་ལས། བལྟ་སྟངས་དེ་ ཉིད་ཕྱག་རྒྱ་ནི། །མཉམ་བཞག་ཅེས་པ་ཙམ་འབྱུང་ངོ༌། ། བཞི་པ་རྟགས་ཚད་ལ་གཉིས་ལས། རྟགས་ཇི་ལྟར་འཆར་བ་ནི། འགྲེལ་ཆེན་ལས། དེ་ བཞིན་དུ་གཟུགས་དེ་ཉིད་ལ་ཤེས་རབ་ཅེས་པ་ནི་ལྟ་བའོ་ཞེས་པར་དེ་བཞིན་དུ་གཟུགས་ཏེ་ ཉིད་ལ་ཞེས་གསུངས་པ་ཉིད་ཀྱིས་སྔར་གྱི་རྟགས་བཅུ་གཏན་པ་ཡང་བསམ་གཏན་གྱི་རྟགས་ སུ་གྲུབ་ལ། གུར་དུ། ཕྱི་ནས་སྒྱུ་མའི་རྣམ་པ་ནི། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ ལུས་པ་མེད་པ་འགྲུབ། །ཅེས་པ་འདིར་ཕྱི་ནས་ཞེས་པ་ནི་རྟགས་བཅུ་རྫོགས་པའི་ཕྱི་ནས་ འཆར་བ་ལ་དགོངས་པའི་ཕྱིར། སོ་སོར་སྡུད་བསྒོམས་པས་རྣམ་ཀུན་མཆོག་ལྡན་ཤར་ཡང་ བསམ་གཏན་སྐྱེས་པའི་ཉམས་ཡིན་ནོ། །ཚད་མ་གང་གིས་གྲུབ་པ་ནི་སྔར་དང་མཚུངས་སོ། ། ལྔ་པ་དག་དབྱེ་ནི་དག་བྱ་རྣམ་ཤེས་ཀྱི་ཕུང་པོ་ལ་སོགས་པ་དྲུག་ཚན་ཅིག་དག་བྱེད་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལམ་བསམ་གཏན་གྱི་ཡན་ལག་གིས་དག་པའི་འབྲས་ བུ་བདེ་སྟོང་དབྱེར་མེད་ཀྱི་ལྷ་མི་བསྐྱོད་པ་ལ་སོགས་པ་དྲུག་ཚན་ཅིག་འགྲུབ་ཅེས་(ཀུན་སྤངས་ ཆོས་རྗེ)གསུང་སྟེ། རྒྱུད་(སྒྲུབ་ལེའི་ཚིགས་བཅད་བརྒྱ་བཅོ་ལྔ་པའི་ཚིག་དང་པོའི་མཇུག)དུ། བསམ་གཏན་མི་ བསྐྱོད་པ་ཉིད་དོ། །ཅེས་པའི་འགྲེལ་པར། བསམ་གཏན་མི་བསྐྱོད་པ་ཉིད་དོ་ཞེས་པ་རྣམ་ པར་ཤེས་པའི་ཕུང་པོ་སྟེ་རྣམ་པ་བཅུ་ནི་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་སྣ་ ཚོགས་གཟུགས་ལ་བསམ་གཏན་པའོ། །ཞེས་སོ། ། དྲུག་པ་འབྲས་བུ་ནི། རྒྱུད་(སྒྲུབ་ལེའི་ཚིགས་བཅད་བརྒྱ་བཅུ་བཞི་པའི་ཚིག་གཉིས་པ་ཉིད)དུ། མངོན་ པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མིའི་བདག་པོ་བསམ་གཏན་སྦྱོར་བ་དག་པས་སོ། །ཞེས་པའི་འགྲེལ་པར་འདིར་གང་གི་ཚེ་མིག་མི་འཛུམ་པར་གྱུར་པ་དེའི་ཚེ་ལྷའི་མིག་ཏུ་ 1-1-362 འགྱུར་རོ། །དེ་བཞིན་དུ་ལྷའི་རྣ་བ་ལ་སོགས་པ་སྟེ་བསམ་གཏན་གྱིས་དག་པར་འགྱུར་རོ་ ཞེས་ལེགས་པར་གསུངས་སོ། །སྙན་བརྒྱུད་ལས། སྟོང་གཟུགས་རྟོགས་པས་བསྙེན་པར་ གསུངས། །དེ་གཉིས་ཐོག་མར་དགེ་བའོ། །ཞེས་འབྱུང་སྟེ་སོ་སོར་སྡུད་དང་བསམ་གཏན་ སྙེན་པའི་ཡན་ལག་སྐུ་རྡོ་རྗེའི་རྣལ་འབྱོར་ཐོག་མར་དགེ་བའི་འཁྲིད་རྫོགས་སོ། །ཁྲིད་ཟབ་ མོ་འདི་ལྟ་བུ་སློབ་མ་སྣོད་ལྡན་ལ་བཏབ་ནས་ཉམས་རྟོགས་ལེགས་པར་ངོ་སྤྲད་པའི་རྗེས་ སུ་ཤིན་ཏུ་གསང་བར་གདམས་པ་གལ་ཆེ་སྟེ། རྒྱུད་དུ། དུ་བ་ལ་སོགས་རྣམས་ཀྱི་མཚན་མ་ འཛིན་པ་དག་ཀྱང་གང་ཞིག་འདི་རྣམས་ཐམས་ཅད་གསང་བར་བྱ། །ཞེས་པའི་འགྲེལ་པར། དུ་བ་ལ་སོགས་པ་རྣམས་ཀྱི་མཚན་མ་འཛིན་པ་ནི་ཨ་ཝ་དྷཱུ་ཏཱིའི་སྒོ་ནས་ཏེ་ཀྱང་གི་སྒྲས་ལྟེ་བ་ ཉིད་ལ་(རླུང་དང་ཁུ་བ་ཟིན་པའི་བདེ་བ་)ལའོ། །འདི་རྣམས་ཐམས་ཅད་གསང་བར་བྱ་སྟེ་བྱིས་པའི་ སྐྱེ་བོ་རྣམས་ལ་སྦ་བར་བྱའོ་ཞེས་པ་ངེས་པའོ་ཞེས་གསུངས་སོ། །ཀུན་སྤངས་ཆོས་རྗེའི་ཞལ་ སྔ་ནས་ཀྱང་སྐབས་འདིར་(སེལ་བའི་ཚུལ་ལུས་གནད་ཉམས་མྱོང་ངོ་སྤྲོད་རྣམས་གསང་དགོས་པའི་)བཀའ་རྒྱ་ བཞིས་གདབ་པར་བྱའོ། །ཞེས་གསུངས་པ་ལྟར་ཤིན་ཏུ་གསང་ཆེན་གྱི་རྒྱས་བཏབ་པ་ལེགས་ སོ། །ཞེས་པ་ཡང་སྐྱེས་བུ་དམ་པ་མང་པོས་སྔ་གོང་ནས་བསྐུལ་བ་བཞིན་དགེ་བའི་བཤེས་ གཉེན་དགེ་འདུན་འཕེལ་གྱིས་གསོལ་བ་བཏབ་ཅིང་ཡི་གེ་པ་ཡང་བྱས་ནས། དགེ་སློང་ལོ་ ཙཱ་བས་ཇོ་ནང་དཔལ་གྱི་རི་ཁྲོད་དུ་བཀོད་པའོ། །འདི་ཡང་སྔར་བཞིན་སྣོད་མིན་ལ་ཤིན་ཏུ་ གསང་ཞིང༌། སྣོད་ལྡན་ལ་ལེགས་པར་གདམས་ནས་བསྟན་པ་དང་སེམས་ཅན་ལ་ཕན་པར་ གྱུར་ཅིག ། མ་ཡིག་འབྲས་སྤུངས་དཔེ་རྙིང༌། ཕྱི་ཀ ༡༤༩ 1-1-363 ༄༅། །ངོ་སྤྲོད་གནས་ལུགས་གསལ་བ་ བཞུགས་སོ། ། ༄༅། །ༀ་སྭ་སྟི། ན་མཿ ཤྲཱི་མ་ཏེ་གུ་ར་ཝེ། ངོ་སྤྲོད་གནས་ལུགས་གསལ་བ་ཞེས་བྱ་བ་ སྙིང་པོ་དོན་གྱི་མན་ངག བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་སྐུ་ རྒྱལ་བ་རྒྱ་མཚོ་འདུས་པའི་དཔལ། །གང་གསུང་ཆོས་ཚུལ་རྒྱ་མཚོའི་ཟད་མེད་གཏེར། །གང་ ཐུགས་ཚོགས་མཆོག་རྒྱ་མཚོའི་ཕ་རོལ་སོན། །གང་ཡིན་བླ་མ་རྒྱ་མཚོའི་ཞབས་ལ་འདུད། ༈ ། རྣམ་ཀུན་མཆོག་ལྡན་བརྟན་གཡོ་ཀུན་ལ་ཁྱབ་པའི་དབྱིངས། །སེམས་ཀྱི་རང་བཞིན་ཕུན་ ཚོགས་ཡོན་ཏན་ཀུན་གྱི་གཏེར། །དབྱིངས་རིག་དབྱེར་མེད་གདོད་ནས་རྣམ་གྲོལ་ཆོས་ཀྱི་སྐུ། །སྙིང་གི་མུན་སེལ་ནང་རིག་འགྱུར་མེད་རྒྱལ་གྱུར་ཅིག ༈ ། སྲིད་ཞི་གཉིས་ལ་མི་གནས་པ། །རྣམ་པ་གྲོལ་བའི་ཐབས་ཆེན་པོ། །རྒྱལ་བ་སྲས་དང་བཅས་པའི་མཐུ། །ཡིད་ལ་རིང་དུ་རོལ་ བར་མཛོད། ༈ ། སྟོན་པའི་གསུང་རབ་ཕུན་ཚོགས་ཟབ་མོ་གནད་ཀྱི་དོན། །མངོན་རྟོགས་ རིམ་པར་འཆར་བ་གཞི་ལམ་འབྲས་བུའི་ཚུལ། །གང་ཞིག་དོན་དུ་གཉེར་ལ་གནས་ལུགས་ གསལ་བའི་གཏམ། །དཔལ་ལྡན་བླ་མའི་དྲིན་ལས་ཇི་ལྟར་རྟོགས་པ་བྲི། ། ༈ དེ་ཡང་བདག་ཅག་རྣམས་ཀྱི་སྟོན་པ་མཚུངས་པ་མེད་པའི་མཁྱེན་པ་དང་བརྩེ་བ་དང་ ནུས་པ་ཕུལ་དུ་བྱུང་བ་ལ་མངའ་བརྙེས་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ དེས་གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་སྣ་ཚོགས་པའི་དབང་གིས་ཆོས་ཀྱི་ འཁོར་ལོ་བསྟན་པ་ཡང་ཁ་ཅིག་ཏུ་ནི་ཀུན་རྫོབ་དང་དོན་དམ་པའི་སྒོ་ནས་བདེན་པ་གཉིས་ 1-1-364 ཀྱི་ཚུལ་དུ་གཏན་ལ་ཕབ་པ་དང༌། ཁ་ཅིག་ཏུ་ནི་ཀུན་བརྟགས་དང་གཞན་དབང་དང་ཡོངས་ གྲུབ་ཀྱི་སྒོ་ནས་མཚན་ཉིད་གསུམ་གྱི་ཚུལ་དུ་གཏན་ལ་ཕབ་པ་དང༌། ཁ་ཅིག་ཏུ་ནི་མི་རྟག་པ་ དང་སྡུག་བསྔལ་བ་དང་སྟོང་པ་བདག་མེད་པའི་སྒོ་ནས་སྡོམ་བཞིའི་ཚུལ་དུ་གཏན་ལ་ཕབ་པ་ ལ་སོགས་པའི་རྗེས་སུ་འབྲངས་ཀྱང་གནས་ལུགས་ཀྱི་དོན་གསལ་བར་ནུས་མོད་ཀྱི། འོན་ ཀྱང་དེ་རྣམས་ཀྱི་དོན་སྐབས་ཇི་ལྟ་བར་འདུ་ཞིང་ཐེག་པ་ཐམས་ཅད་ལ་གྲགས་པ་དང་མཐུན་ པར་བདག་གི་བླ་མ་སྤྲུལ་པའི་སྐུ་ཆེན་པོ་འགའ་ཞིག་གཞི་དང་ལམ་དང་འབྲས་བུའི་གནས་ ལུགས་ལས་བརྩམས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་མཛད་པ་དེའི་རྗེས་སུ་ འབྲངས་ནས་བྲི་བར་བྱ་སྟེ། དེ་ཡང་འོད་གསལ་མངོན་སུམ་དུ་འཆར་བའི་ཉམས་མྱོང་ཟབ་ མོ་དང་འབྲེལ་ན་ཡིད་ཆེས་ཤིང་འདི་ཉིད་སྐབས་ཀྱི་བསྒྲུབ་བྱ་ཡང་ཡིན་པའི་ཕྱིར་ཐོག་མར་ སྦྱོར་བ་ཡན་ལག་དྲུག་གི་གནས་ལུགས་ངོ་སྤྲད་པས་བརྒྱན་ཅིང་སྐབས་ཕྱེ་སྟེ་གསལ་བར་ བྱའོ། ། ༈ དེ་ལ་སྦྱོར་བ་ཡན་ལག་དྲུག་གི་ལམ་ནི་རྫོགས་རིམ་ཟབ་མོའི་མཐར་ཐུག་དེ་ཁོ་ན་ ཉིད་ཀྱི་སྒྲུབ་ཐབས་བླ་ན་མེད་པར་བློ་དང་ལྡན་པ་རྣམས་ཀྱིས་ཡིད་ཆེས་དགོས་ཏེ་འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་གིས་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དུ། (མདོར་བསྡུས་ དང་པོར་)བསྐྱེད་པའི་རིམ་པར་གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་ བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དེ། །དེ་ཉིད་ཀྱི་ནི་སྒྲུབ་ཐབས་གཞན་ཡོད་ མིན། །(སོར་སྡུད་བསམ་གཏན་གྱིས་)དུ་བ་ལ་སོགས་མཚན་མ་རྣམས་དང་ནི། །སྲོག་རྩོལ་(འཛིན་པ་ དག་)གྱིས་ནི་དབུ་མར་འབབ་པ་དང༌། །རིག་མའི་བརྟུལ་ཞུགས་(རྗེས་དྲན་)དག་གིས་རྡོ་རྗེ་(ཁུ་ བ་)ནི། །ལྟུང་མིན་(ཏིང་ངེ་འཛིན་གྱིས་)དེ་བཞིན་སྟེང་དུ་ཁུ་བ་སྟེ། །ལམ་འདི་རྣམས་ཀྱིས་སངས་ རྒྱས་རྣམས་ཀྱི་ནི། །བདེ་བ་མཆོག་ཏུ་འགྱུར་བ་མེད་པ་ཞེས། །མངོན་པར་བརྗོད་པའམ་(ཡང་ 1-1-365 ན་)ཕོ་ཉ་མོ་ཀུན་གྱི། །ལྷན་ཅིག་སྐྱེས་པ་(ཞེས་བརྗོད་པ་)རྣལ་འབྱོར་པས་ཐོབ་འགྱུར། །ཞེས་ པ་དང༌། དུ་བ་ལ་སོགས་(པའི་རྟགས་ཅན་)ལམ་(སྦྱོར་བ་ཡན་ལག་དྲུག་པོ་རྣམས་)གྱིས་(སྟོང་ཉིད་དང་དབྱེར་ མེད་)ལྷན་ཅིག་སྐྱེས་པའི་བདེ་བའི་གོ་འཕང་བསྒོམས་ན་དེ་ནི་འདིར། །འགྲོ་བའི་བླ་མ་སུམ་ ཅུ་རྩ་གཉིས་མཚན་ལྡན་(ངོ་བོ་ཉིད་ཀྱི་)སྐུ་འདི་ཆོས་ཀྱི་(སྐུའི་)འཁོར་ལོར་ཡང་དག་(དོན་དམ་དུ་) གནས (སོ)། །(དེའི་མཐུས་)ལྷ་རྣམས་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ ཀྱི་པད་མ་ལ་གཏུགས་ཤིང༌། །དམ་པའི་ལམ་འདི་སྟོན་མཛད་ཉིན་བྱེད་བཞིན་དུ་མུན་པ་ཀུན་ འཇོམས་(ལོངས་སྐུ་དང་སྤྲུལ་སྐུ་)དུས་ཀྱི་འཁོར་ལོར་འགྱུར(རོ)། །ཞེས་གསུངས་པའི་ཕྱིར་རོ། །དེ་ བཞིན་དུ། (ཉན་རང་བྱང་སེམས་ཀྱི་)ཐེག་པ་གསུམ་གྱི་(འཁོར་བ་ལས་)ངེས་(པར་)འབྱུང་(བ་)ལ། །ཐེག་ པ་གཅིག་གི་འབྲས་བུར་(དོན་ལ)གནས་(སྟེ་མཐར་ཐུག་གི་སངས་རྒྱས་ཐེག་ཆེན་མིན་པས་མི་ཐོབ་པའི་ཕྱིར་རོ)། ། ཞེས་གསུངས་པའི་ཕྱིར་ཐེག་པ་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུང་བ་དང༌། འཕགས་པ་ཀླུ་ སྒྲུབ་ཀྱི་ཞལ་སྔ་ནས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ནི། །ཐུབ་པ་ཆེན་པོས་གསུངས་པ་ལས། །མངོན་པར་བྱང་ཆུབ་(བཞིའི་)མཚན་ཉིད་(སྐུ་བཞི་དབྱེར་མེད)ནི། །སྙིང་པོ་(གསང་སྔགས་)ལས་ཀྱང་ (མཐར་ཐུག་)སྙིང་པོར་གསུངས། །(ཏེ་དེ་སྦྱོར་དྲུག་ལས་གཞན་གྱིས་མི་ཐོབ་པའི་ཕྱིར་རོ)ཞེས་བཤད་པའི་ཕྱིར་ མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་དང༌། དཔལ་གསང་བ་འདུས་པ་ལས། (བསྐྱེད་རིམ་ ལ་སོགས་)མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་(འཇིག་རྟེན་པ་འགྲུབ་པར་)དམ་པ་ རྒྱལ་བ་བཞེད། །(རྫོགས་རིམ་རྟོག་མེད་)མཚན་མ་མེད་ལ་གནས་པས་ནི། །(འཇིག་རྟེན་ལས་འདས་པའི་ དངོས་གྲུབ་ཏུ་མ་ཟད་)མཚན་མ་ཅན་(འཇིག་རྟེན་པ་)ཡང་འགྲུབ་ཏུ་རུང༌། །དེ་བས་རྣམ་པ་ཐམས་ཅད་ དུ། ། མཚན་མ་མེད་པ་བསྟེན་པར་བྱ། །ཞེས་གསུངས་པའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་དང༌། དུས་འཁོར་འགྲེལ་ཆེན་ 1-1-366 (མདོར་བསྡུས་ལྔ་པ)ལས། མཆོག་གི་དང་པོའི་སངས་རྒྱས་(རང་བཞིན་འོད་གསལ་)ཀྱི་རྣལ་འབྱོར་(སྦྱོར་ བ་ཡན་ལག་དྲུག་པོ་)འདི་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་བསྟན་ཏོ། །ད་ལྟར་བྱུང་བ་རྣམས་ ཀྱིས་སྟོན་ཏོ། །མ་འོངས་པ་རྣམས་ཀྱིས་ཀྱང་སྟོན་པར་འགྱུར་ཏེ། འདས་པ་དང་ད་ལྟར་བྱུང་བ་ དང་མ་འོངས་པའི་དུས་དང་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ཀྱི་འཁོར་ལོ་ རྣམས་ལ་མཐའ་ཡས་པ་མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་མཐའ་ཡས་པ་མཐའ་ ཡས་པའི་སེམས་ཅན་རྣམས་ལ་མཐའ་ཡས་པ་མཐའ་ཡས་པའི་དེ་བཞིན་གཤེགས་པ་རྣམས་ ཀྱིས་སངས་རྒྱས་ཉིད་ཀྱི་སླད་དུ་ཡང་དག་པར་བསྟན་ཏོ། །སྟོན་ཏོ། །སྟོན་པར་འགྱུར་རོ། །ཞེས་པ་དང༌། འདི་ནི་ནམ་མཁའི་ཁམས་ལ་རྣམ་པར་རྟོག་པ་མེད་པའི་སེམས་དང་དུ་བ་ལ་ སོགས་པའི་མཚན་མས་ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་སྣ་ཚོགས་པའི་གཟུགས་ཀྱི་ངོ་བོ་ ཉིད་ཀྱིས་བསྒོམ་པ་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྒྲུབ་ཐབས་དང་བསོད་ནམས་དང་ཡེ་ ཤེས་ཀྱི་ཚོགས་དག་གིས་མི་རྣམས་ཀྱི་སྐྱེ་བ་འདི་ལ་སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་ དེ་ཞེས་གསུངས་པའི་ཕྱིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ཉེ་ ལམ་མཐར་ཐུག་དང༌། གྲུབ་ཆེན་ས་ར་ཧའི་ཞལ་སྔ་ནས། རྨོངས་པ་(ཀྱེ)ནམ་མཁའི་ཚད་མ་ནི། །གལ་ཏེ་ཤེས་ན་རྨོངས་ཚོགས་གཅོད། །དང་པོར་རྣམ་དག་ནམ་མཁའ་ལ། །ལྟ་ཞིང་ལྟ་བས་ (ལས་སྣང་)མཐོང་བ་འགག །ཅེས་པ་དང༌། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང༌། ཡོད་དང་ མེད་ལས་རྣམ་འདས་པའི། །བློ་ནི་གང་རྣམས་(དམིགས་པའི་)རྟེན་མེད་པ། །ཟབ་མོ་དམིགས་ མེད་དེ་རྣམས་ཀྱིས། །ཡིད་ཆེས་དོན་ནི་རྣམ་པར་བསྒོམ། །ཞེས་པ་དང༌། ལྭ་བའི་གོས་ཅན་ གྱི་ཞབས་ཀྱིས་ཀྱང༌། (དུ་བ་ལ་སོགས་)སྣང་བ་ཐོབ་པའི་རྣལ་འབྱོར་པས། །གཞན་དུ་རྟགས་ནི་ (འོད་གསལ་དུ་)ཤེས་བྱ་སྟེ། །གྲུབ་པའི་(རྟགས་)འཁྲུལ་པ་མེད་པ་རྣམས (ཡིན་པའི་ཕྱིར)། །ལམ་ནག་ (མེའི་མིང་ཅན་)གི་ནི་(མི་འཁྲུལ་བའི་རྟགས་)དུ་བ་བཞིན(ནོ)། །(གྲུབ་ཐོབ་གྱི་གསུང་འདི་རྣམས་དཔལ་ནཱ་རོ་པའི་ 1-1-367 དབང་མདོར་སྟན་གྱི་འགྲེལ་པར་དྲངས་ཤིང་པཎྜི་ཏ་ཧ་ཝེ་གྲཱེའོ་མཚན་བརྗོད་འགྲེལ་པར་ཡང་དྲངས་སོ། །)ཞེས་གསུངས་ པའི་ཕྱིར་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཐམས་ཅད་ཀྱི་འཇུག་ངོགས་དང༌། དཔལ་དུས་ཀྱི་ འཁོར་ལོའི་རྒྱུད་ལས་(ཡེ་ལེའུའི་ཉིས་བརྒྱ་ཞེ་གསུམ་པར་)རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དག་ཏུ་ངེས་པར་ རྡོ་རྗེའི་ཚིག་ནི་རྡོ་རྗེ་ཅན་གྱིས་སྦས་པ་སྟེ། །དང་པོའི་སངས་རྒྱས་སུ་ནི་སྲོག་ཆགས་རྣམས་ཀྱི་ ཐར་པའི་སླད་དུ་མ་ལུས་པ་ཡང་མངོན་སུམ་གསུངས། །ཞེས་པ་དང༌། འགྲེལ་ཆེན་དུ་(མདོར་ བསྡུས་དྲུག་པར་)ཡང༌། རྣམ་པར་དག་པའི་རིམ་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་ བྱེད་པ་པོ་འདི་མཆོག་གི་དང་པོའི་སངས་རྒྱས་སུ་རབ་ཏུ་གསལ་བར་གླེགས་བམ་དུ་བྲིས་ཏེ་ (དེའི་རྒྱུ་མཚན་)ཆུ་བོ་ཤཱི་ཏའི་བྱང་དུ་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ཀྱི་སེམས་ཀྱི་ལྷག་ པར་མོས་པ་མཁྱེན་ནས་(སྟོན་པ་པོ་)བཅོམ་ལྡན་འདས་ཀྱིས་བསྟན་ཅིང་(སྡུད་པ་པོ)ཕྱག་ན་རྡོ་ རྗེས་གླེགས་བམ་དུ་བྲིས་སོ། །(དེའང་དཔང་པོ་)གང་གིས་སེམས་ཅན་རྣམས་ཐེ་ཚོམ་མེད་པར་ འགྱུར་བ་མཚན་ཡང་དག་པར་བརྗོད་པ་ཚད་མར་བྱས་ནས་(བྲིས་པ་ཡིན་)ཏེ། དེས་ན་སྔགས་ཀྱི་ ཚུལ་ཐམས་ཅད་ཀྱི་ངེས་པའི་དོན་མཚན་ཡང་དག་པར་བརྗོད་པར་བཅོམ་ལྡན་འདས་ཀྱིས་ ཕྱག་ན་རྡོ་རྗེ་ལ་སྔགས་ཀྱི་ཐེག་པས་ཡང་དག་པར་བསྟན་ཏོ། །དེའི་ཕྱིར་གང་གིས་མཆོག་གི་ དང་པོའི་སངས་རྒྱས་(ཀྱི་ཉམས་རྟོགས་དང་གཞུང་)མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་ མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ་ བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་ སངས་རྒྱས་ནི་བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང་ཐར་པ་དོན་དུ་གཉེར་བའི་སློབ་མ་ དམ་པ་རྣམས་ཀྱིས་མཉན་པར་བྱའོ་ཞེས་གསུངས་པའི་ཕྱིར་སྣོད་མིན་ལ་སྦས་ཀྱང་སྣོད་ལྡན་ 1-1-368 ལ་གསལ་བར་བསྟན་པའི་ཟབ་ལམ་ཁྱད་པར་ཅན་དུ་ཡིད་ཆེས་པར་བྱའོ། ། ༈ ད་ནི་སྦྱོར་བ་ཡན་ལག་དྲུག་གི་བསྒོམ་པ་རྣམ་དག་ལེགས་པའི་ལམ་དུ་ངོ་སྤྲོད་པར་བྱ་ སྟེ། འགྲེལ་ཆེན་(མདོར་བསྡུས་བཞི་པ་)ལས་སྔགས་ཀྱི་ཐེག་པ་འདི་ལ་ཡིད་ཆེས་པ་རྣམ་པ་གསུམ་ བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དང་པོར་རེ་ཤིག་རྒྱུད་ལ་ཡིད་ཆེས་པ་དང༌། དེ་ནས་བླ་ མ་ལ་ཡིད་ཆེས་པ་དང་དེ་ནས་བདག་ཉིད་ལ་ཡིད་ཆེས་པ་སྟེ་ཡིད་ཆེས་པ་འདི་གསུམ་གྱིས་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་འགྱུར་རོ། །རྣམ་པ་གཞན་ དུ་ཡིད་ཆེས་པ་གསུམ་མེད་པར་ལམ་གང་བླ་མས་སློབ་མ་ལ་བསྟན་པ་ནི་ཡང་དག་པར་ རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་སྟེར་བ་པོར་མི་འགྱུར་ཏེ་སློབ་མའི་བླུན་པའི་དད་པ་(ཙམ་ གྱིས་མོས་གུས་བྱས་པ་)ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་བདེན་པས་འཇིག་རྟེན་པའི་འབྲས་བུར་འགྱུར་རོ། །འདིར་རྒྱུད་དང་རྒྱུད་གཞན་དུ་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་མཛད་དེ་སེམས་རྣམ་ པར་རྟོག་པ་དང་བྲལ་བར་བྱས་ནས་ཉི་མ་གཅིག་མཚན་མ་ཡོངས་སུ་བརྟག་པར་བྱའོ། །གལ་ ཏེ་རྒྱུད་ལས་གསུངས་པའི་ཆོ་ག་དང་བླ་མའི་མན་ངག་གིས་སློབ་མ་ཡིད་ཆེས་པར་མ་གྱུར་ པ་དེ་ལྟ་ན་བཅོམ་ལྡན་འདས་རྫུན་གསུང་བར་འགྱུར་རོ། །ཅི་སྟེ་བླ་མས་རྒྱུད་ནས་གསུངས་ པའི་ཆོ་གས་སློབ་མ་ལ་ལམ་སྟེར་བ་པོར་མ་གྱུར་པ་དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་དམ་ བཅས་པ་རྫུན་དུ་མི་འགྱུར་ཏེ་བླ་མས་ལམ་ཡོངས་སུ་མ་ཤེས་པའི་ཕྱིར་དང༌། ཕྱིན་ཅི་ལོག་ དང་རྣམ་པར་མ་དག་པའི་ལམ་བསྒོམ་པ་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདིར་དུ་བ་ལ་ སོགས་པའི་མཚན་མ་བོར་ནས་གཞན་དཀྱིལ་འཁོར་འཁོར་ལོ་སྒྲུབ་པ་ནི་ཉི་མ་གཅིག་གིས་ མཚན་མ་ཡོངས་སུ་བརྟག་པར་བྱ་བ་མ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་ པ་དང༌། དང་པོའི་སངས་རྒྱས་འདི་ལ་རྡོ་རྗེའི་ཚིག་དེ་དག་ཉིད་རབ་ཏུ་གསལ་བར་བསྟན་ པ་དང་བཤད་པ་དང་རབ་ཏུ་བཤད་པ་དག་གིས་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་ 1-1-369 དོ། །འདི་ཉིད་སྒྲུབ་པ་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་པའི་མཚན་མའི་ལམ་རབ་ ཏུ་གསལ་བར་མཛད་དེ། སྟོང་པར་རྩེ་གཅིག་ཡིད་བྱས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་པས་སོ། །ཞེས་གསུངས་ལ། དེ་བཞིན་དུ་ཀྱེའི་རྡོ་རྗེར་ཡང༌། བསམ་གཏན་ཉོན་མོངས་ འཇིག་བྱེད་པ། །རྡོ་རྗེ་སྙིང་པོ་ང་ཡིས་བཤད། །དངོས་གྲུབ་དོན་དུ་ལྟད་མོས་ཀྱང༌། །ཟླ་བ་ཕྱེད་ དུ་ཡོངས་སུ་བརྟག །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ལྷ་ཡི་གཟུགས་སུ་སེམས་པ་ ཡིས། །ཉི་མ་གཅིག་གི་མ་ཆད་པར། །བསྒོམས་ནས་ཡོངས་སུ་བརྟག་པར་གྱིས། །རང་གཞན་ དོན་ནི་རབ་སྒྲུབ་ཕྱིར། །འཁོར་བར་ཐབས་གཞན་ཡོད་མ་ཡིན། །ལན་གཅིག་རིག་མ་གོམས་ བྱས་པས། །འཕྲལ་དུ་ཡིད་ཆེས་བྱེད་པ་ཅན། །ཞེས་གསུངས་ཤིང༌། རྒྱུད་གཞན་དུ་མར་ཡང༌། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །དེ་ལ་རྟགས་ནི་མ་ བྱུང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་གསུངས་པའི་ཕྱིར་བྱང་ཆུབ་ཀྱི་བར་དུ་མཚན་ མས་ཡིད་ཆེས་པའི་ལམ་ཟབ་མོ་འདི་ལ་འཕགས་པ་རྣམས་ཀྱིས་བསྔགས་ཏེ། འགྲེལ་ཆེན་ (མདོར་བསྡུས་བཞི་པ་)ལས། ལམ་འདི་ལ་ནི་ཡིད་ཆེས་པ་ཡོད་དེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །འདིར་དུ་བ་ལ་སོགས་པའི་མཚན་མ་ བོར་ནས་གཞན་སྔགས་(བཟླས་པ་)ལ་སོགས་པའི་སྒྲུབ་ཐབས་ཉི་མ་གཅིག་གིས་རྣལ་འབྱོར་ པས་ཡོངས་སུ་བརྟག་པར་བྱ་བ་མ་ཡིན་ནོ། །མཚན་མ་ཡང་རྣམ་པ་གསུམ་སྟེ་དང་པོའི་མཚན་ མ་དང་བར་མའི་མཚན་མ་དང་ཐ་མའི་མཚན་མའོ། །དང་པོའི་མཚན་མ་ནི་དུ་བ་ལ་སོགས་ པའི་ལམ་སྦྱོར་བ་ཡན་ལག་དྲུག་གིས་(སྟོང་)གཟུགས་རྫོགས་ནས་འགྱུར་བ་མེད་པའི་སྐ་ཅིག་ ཐོབ་པའོ། །བར་མའི་མཚན་མ་ནི་མཆོག་ཏུ་མི་འགྱུར་བའི་སྐ་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ ས་དང་པོ་ཐོབ་པ་དང་མངོན་པར་ཤེས་པ་ལྔ་དང་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་ དང་འཇིག་རྟེན་པའི་དངོས་གྲུབ་(རྫོགས་པར་)ཐོབ་པའོ། །ཐ་མའི་མཚན་མ་ནི་སངས་རྒྱས་ཉིད་ 1-1-370 དང་རྡོ་རྗེ་འཆང་ཉིད་དེ་མཆོག་ཏུ་མི་འགྱུར་བའི་སྐ་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་ རྩ་གཅིག་གིས་ས་བཅུ་གཉིས་པ་ཐོབ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །རྡོ་རྗེའི་ ཚིག་ལ་སོགས་པ་མཚན་མ་སྔོན་དུ་འགྲོ་བ་ཅན་འདི་དག་རབ་ཏུ་གསལ་བར་རྒྱུད་ཀྱི་རྒྱལ་པོ་ (དུས་འཁོར་)མཆོག་གི་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེའི་ ཕྱིར་(དུས་འཁོར་)རྒྱུད་ནི་རྒྱུད་གཞན་ཚོལ་བ་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་རྡོ་རྗེའི་ ཚིག་མངོན་དུ་གྱུར་པའོ་ཞེས་འབྱུང་བ་ལ་སོགས་པ་ཡིད་ཆེས་པའི་མཚན་མས་ཟབ་ལམ་ རྡོ་རྗེའི་རྣལ་འབྱོར་ལ་དག་པའི་ལམ་དུ་བསྔགས་ཀྱང་འགའ་ཞིག་སྦྱོར་དྲུག་གི་ཉམས་སྣང་ ལ་རྒྱུ་མཚན་མེད་ཅེས་སྨྲ་བ་དང༌། ཁ་ཅིག་ཉམས་སྣང་རིམ་གྱིས་འགག་པར་འདོད་པ་ཡང་ རིགས་པ་མ་ཡིན་ཏེ་ཐམས་ཅད་མཁྱེན་པ་ལ་དག་པའི་སྣང་བ་རྒྱ་འབྱམ་དུ་འཕེལ་དགོས་པའི་ ཕྱིར་རོ། །དེ་ལྟར་ཡིད་ཆེས་པའི་མཚན་མ་ཡོད་ཅིང་མདོ་རྒྱུད་དུ་མ་དང་མཐུན་པའི་ལམ་ཟབ་ མོ་འདི་ནི་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་རྩ་རྒྱུད་རྣམས་དང་ནམ་མཁའ་ཆེ་རྒྱུད་ཀྱི་ སྙིང་པོ་དང་དཔལ་གསང་བ་འདུས་པ་ལ་སོགས་པའི་རྒྱུད་སྡེ་རྣམ་དག་རྣམས་སུ་(ཞལ་)མཐུན་ པར། སོ་སོར་སྤོང་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་ དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་ལེགས་པར་གསུངས་པ་ རྣམས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གིས་དུས་ཀྱི་འཁོར་ལོའི་འགྲེལ་པ་དྲི་མེད་ འོད་དང་དཔལ་ཕྱག་ན་རྡོ་རྗེས་བདེ་མཆོག་ཉུང་ངུའི་རྒྱུད་ཀྱི་སྟོད་འགྲེལ་དང༌། འཕགས་པ་ རྡོ་རྗེ་སྙིང་པོས་ཀྱེའི་རྡོ་རྗེའི་འགྲེལ་པ་མཛད་པ་རྣམས་སུ་གསལ་བར་གཏན་ལ་ཕབ་ཅིང་རྣམ་ པ་དུ་མའི་སྒོ་ནས་ཡིད་ཆེས་པར་མཛད་པ་དང༌། གྲུབ་ཆེན་དུས་ཞབས་པ་ཆེན་པོ་ཡབ་སྲས་ དང༌། དཔལ་ཤ་བ་རི་དབང་ཕྱུག་དང༌། རྗེ་ནཱ་རོ་པཎ་ཆེན་དང༌། ཨ་བྷ་ཡ་ཀ་ར་གུབ་ཏ་དང༌། ཨ་ནུ་པ་མ་རཀྵི་ཏ་དང༌། པཎ་ཌི་ཏ་ར་ཝི་ཤྲཱི་དང༌། ཇོ་བོ་ཆེན་པོ་ཨ་ཏི་ཤ་དང༌། ཁ་ཆེ་པཎ་ཆེན་ 1-1-371 ཤཱཀྱ་ཤྲཱི་དང༌། དཔལ་བི་བྷཱུ་ཏཱི་ཙན་དྲ་ལ་སོགས་པ་མཁས་པ་དང་གྲུབ་པ་ཐོབ་པའི་རྣལ་འབྱོར་ པ་རྣམས་ཀྱིས་ཀྱང་ཐུགས་ཉམས་སུ་བཞེས་ནས་གསལ་བར་མཛད་པ་དང༌། དེ་བཞིན་དུ་རྩ་ མིའི་སྦྱོར་དྲུག་དང༌། གྱི་ཇོའི་སྦྱོར་དྲུག་དང༌། འབྲོ་ལོ་ཙཱ་བའི་སྦྱོར་དྲུག་དང༌། གྲུབ་ཆེན་ཡུ་ མོའི་སྦྱོར་དྲུག་དང༌། པད་མ་འོད་ཟེར་གྱི་སྦྱོར་དྲུག་དང༌། དཔལ་ཆེན་དགའ་ལོའི་སྦྱོར་དྲུག་ དང༌། ཞང་གཡུ་བྲག་པའི་སྦྱོར་དྲུག་དང༌། མར་པ་བྱ་ཟེ་བའི་སྦྱོར་དྲུག་དང༌། ཆོས་རྗེ་འཇམ་ གསར་གྱི་སྦྱོར་དྲུག་དང༌། ར་པའི་སྦྱོར་དྲུག་དང༌། ཕ་རྒྱུད་གསང་བ་འདུས་པའི་སྦྱོར་དྲུག་ དང༌། མ་རྒྱུད་ཀྱེའི་རྡོ་རྗེའི་སྦྱོར་དྲུག་ལ་སོགས་པར་བོད་ཀྱི་མཁས་གྲུབ་དགེ་བའི་བཤེས་ གཉེན་རྣམས་ཀྱིས་ཀྱང་གསལ་བར་མཛད་ཅིང་ཐུགས་ཉམས་སུ་བཞེས་པའི་ཟབ་ལམ་རྡོ་ རྗེའི་རྣལ་འབྱོར་རྣམས་ཀྱི་བཅུད་བསྡུས་ཤིང་ཐུགས་ཉམས་སུ་བཞེས་ནས་རྣལ་འབྱོར་གྱི་ དབང་ཕྱུག་རིགས་ལྡན་སྤྲུལ་པའི་སྐུ་ཨ་བ་དྷཱུ་ཏཱི་པ་ཀུན་སྤངས་ཆོས་ཀྱི་རྗེ་ཞེས་མཚན་ཡོངས་ སུ་གྲགས་པ་དེས་བླ་མ་དང་ཡི་དམ་གྱི་ལྷ་དང་དཀོན་མཆོག་བཀའ་སྲུངས་དང་བཅས་པའི་ ཚོགས་ལ་མཆོད་གཏོར་ཕུལ་ཏེ་སྙན་བརྒྱུད་ཡི་གེར་བྲི་བར་གསོལ་བ་དྲག་ཏུ་བཏབ་ཅིང་ ཐོག་མཐའ་བར་གསུམ་དུ་དགེ་བའི་ལྟས་དང་གནང་བ་ཐོབ་ནས་སེམས་ཅན་ཐམས་ཅད་ ཀྱི་སྒྲིབ་པ་བཞི་བཅོམ་ཞིང་སྐུ་བཞི་རྫོགས་པར་ཐོབ་པའི་དོན་དུ་ཟབ་མོའི་ཁྲིད་ཡིག་གསལ་ བར་མཛད་དེ། སོ་སོར་སྤོང་དང་བསམ་གཏན་བསྙེན་པའི་ཡན་ལག་སྐུ་རྡོ་རྗེའི་རྣལ་འབྱོར་ ཐོག་མར་དགེ་བའི་ཁྲིད་དང༌། སྲོག་རྩོལ་དང་འཛིན་པ་ཉེ་བར་སྒྲུབ་པའི་ཡན་ལག་གསུང་རྡོ་ རྗེའི་རྣལ་འབྱོར་བར་དུ་དགེ་བའི་ཁྲིད་དང༌། རྗེས་དྲན་དང་ཏིང་ངེ་འཛིན་སྒྲུབ་པ་དང་སྒྲུབ་པ་ ཆེན་པོའི་ཡན་ལག་ཐུགས་རྡོ་རྗེའི་རྣལ་འབྱོར་ཐ་མར་དགེ་བའི་ཁྲིད་ཀྱི་རིམ་པ་མདོ་རྒྱུད་དང་ མཐུན་པ་ཡིད་བརྟན་དུ་རུང་ཞིང་ལེགས་པར་བསྡེབས་པའི་བཀའ་དྲིན་དང༌། དེའི་རྗེས་སུ་ བྱོན་པའི་ཐུགས་སྲས་རིགས་ལྡན་སྤྲུལ་པའི་སྐུ་རྣམས་གྱིས་ཀྱང་ཐུགས་དམ་ཟབ་མོ་ལ་མངའ་ 1-1-372 བརྙེས་ཤིང་རིམ་པ་བཞིན་དུ་ལེགས་པར་གཏན་ལ་ཕབ་པའི་ཕྱིར་བཀའ་བརྒྱུད་རྣམ་དག་ འདིའི་བུ་ཆེན་དངོས་སློབ་བརྒྱུད་སློབ་རྩ་ལག་དང་བཅས་པ་མན་ངག་ཟབ་མོ་འདིའི་ཉམས་ ཁྲིད་ཀྱིས་ཟིན་པ་རྣམས་ལ་ཉམས་མྱོང་བསམ་གྱིས་མི་ཁྱབ་པ་སྐྱེས་པ་རྣམས་མདོ་རྒྱུད་དང་ མཐུན་པར་ངོ་འཕྲོད་དགོས་སོ། ། ༈ དེ་ལ་རེ་ཞིག་ཡན་ལག་དྲུག་གི་མཚན་ཉིད་ཀྱི་དབང་དུ་མཛད་པ་དཔལ་དུས་ཀྱི་ འཁོར་ལོའི་རྒྱུད་ཀྱི་སྒྲུབ་ཐབས་ལེའུའི་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་པ་ལ་སོགས་པར། སོ་ སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །བསམ་ གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་ པའོ། །སྲོག་རྩོལ་དག་ཀྱང་ལམ་ནི་རོ་རྐྱང་གཉིས་པོ་དག་ནི་བསྒྱེལ་ཞིང་དབུ་མར་སྲོག་ནི་ ཞུགས་པ་དག་ཏུ་འགྱུར། །(དཔྲལ་བའི་)ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་(དབུགས་འབྱུང་རྔུབ་) གཉི་གའི་བགྲོད་པས་བཅོམ་སྟེ་རྩེ་གཅིག་སེམས་པ་འཛིན་པའོ། །གཏུམ་མོའི་སྣང་བར་གང་ ཞིག་གྱུར་པ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་ འཛིན། །ཞེས་གསུངས་ཏེ། དེའི་འགྲེལ་པར། ད་ནི་སོ་སོར་སྡུད་པ་ལ་སོགས་པའི་མཚན་ ཉིད་གསུངས་པ། སོ་སོར་ཞེས་པ་ལ་སོགས་པ་སྟེ། འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་ལུས་ ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་འབྲེལ་པས་རྣམ་པར་ཤེས་པ་རབ་ཏུ་འཇུག་པ་མེད་ པ་སྟེ་སྟོང་པའི་གཟུགས་ཀྱི་ཡུལ་རྣམས་ལ་མིག་གཞན་ལ་སོགས་པ་རྣམ་པ་ལྔ་པོ་རྣམས་ཀྱིས་ རབ་ཏུ་འཇུག་པའོ། །དེ་བཞིན་དུ་གཟུགས་དེ་ཉིད་ལ་ཤེས་རབ་ཅེས་ནི་(ཡུལ་གཞན་ལ་)ལྟ་བའོ། །རྟོག་པ་ཞེས་པ་ནི་(ཡུལ་གཞན་གྱི་)དངོས་པོ་འཛིན་པའོ། །དཔྱོད་པ་ཞེས་པ་ནི་(ཡུལ་གཞན་)དེའི་ དོན་ངེས་པར་བྱེད་པའོ། །དགའ་བ་ཞེས་པ་ནི་གཟུགས་ལ་ཆགས་པའོ། །གཡོ་མེད་བདེ་བ་ 1-1-373 ཞེས་པ་ནི་གཟུགས་དང་ལྷན་ཅིག་སེམས་རྩེ་གཅིག་ཏུ་བྱེད་པའོ། །དེ་ལྟར་(བསམ་གཏན་གྱི་ཡན་ ལག་སྔ་མ་)གཟུང་བ་དང་འཛིན་པའི་དབྱེ་བས་(ཕྱེ་ན་)བསམ་གཏན་རྣམ་པ་བཅུའོ། །འདིར་སྲོག་ རྩོལ་དག་ཀྱང་ལམ་ནི་གཉིས་པོ་ཞེས་པ་གཡོན་པ་དང་གཡས་པའི་ལམ་བསྒྱེལ་བ་སྟེ་འགོག་ ཅིང་དབུ་མའི་ལམ་དུ་ཞུགས་པའོ། །དེ་ཡང་(ནམ་མཁའ་ལ་སོགས་པའི་)དཀྱིལ་འཁོར་བཅུ་འགོག་ པ་ལས་(ཕྱེ་བ་)རྣམ་པ་བཅུའོ། །འདིར་ཐིག་ལེར་ཞེས་པ་དཔྲལ་བར་སྲོག་རབ་ཏུ་ཞུགས་ཤིང་ གཉི་གའི་བགྲོད་པ་བཅོམ་པ་ཞེས་པ་(རླུང་)འགྲོ་བ་དང་འོང་བ་དང་བྲལ་བ་ནི་རྩེ་གཅིག་ སེམས་པ་ཞེས་པ་དཔྲལ་བར་སྲོག་འཛིན་པའོ། །གཏུམ་མོའི་སྣང་བ་གང་ཞིག་སྲིད་པ་གསུམ་ གྱི་ནམ་མཁའ་ལ་གྱུར་པ་དེ་ནི་རྗེས་སུ་དྲན་པ་སྟེ་(འདོད་པའི་གནས་སྐབས་)རྣམ་པ་བཅུར་སྔར་ (ཚིགས་བཅད་བཅོ་ལྔ་པར་མདོ་ཙམ་)གསུངས་སོ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་ཞེས་པ་ ཤེས་པ་དང་ཤེས་བྱ་གཅིག་ཏུ་འདྲེས་པར་གྱུར་པ་སྟེ་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་ གཟུགས་ལ་ཏིང་ངེ་འཛིན་པའོ། །དེ་ཡང་སྲོག་(དང་ཐུར་སེལ)ལ་སོགས་པ་(རླུང་བཅུ)རྣམས་མེད་ པ་ལས་རྣམ་པ་བཅུའོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་ཐབས་སོ་ཞེས་གསུངས་སོ། ། ༈ ལྟ་སྟངས་ཀྱི་དབང་དུ་མཛད་པ་སྒྲུབ་ལེའི་ཚིགས་བཅད་བརྒྱ་ཉི་ཤུ་པར། བསྙེན་པ་ལ་ ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །བགེགས་ མཐར་བྱེད་པའི་ལྟ་བ་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བའི་སྒྲུབ་ལ་ཡན་ལག་དྲུག །ཤེས་རབ་ལ་སྤྲོས་ཟླ་བ་ཐིག་ལེ་རྡོ་རྗེ་ནོར་བུར་གནས་པའི་འགྱུར་མེད་གསུམ་ནི་སྒྲུབ་པ་ ལ། །བདེ་བ་མ་ཉམས་གཅིག་པུ་ཞི་བ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདི་ནི་སྒྲུབ་པ་ཆེན་པོ་ ལ། །ཞེས་གསུངས་ཏེ། དེའི་འགྲེལ་པར་ད་ནི་སྟོང་པ་ཉིད་ཀྱི་གཟུགས་སྒྲུབ་པའི་སླད་དུ་ལྟ་ སྟངས་གསུངས་པ་བསྙེན་པ་ཞེས་པ་ལ་སོགས་པ་སྟེ་འདིར་བསྙེན་པ་ཞེས་པ་ནི་དང་པོར་དུ་ བ་ལ་སོགས་པའི་མཚན་མ་བསྒོམ་པའོ། །བསྙེན་པ་དེ་ལས་དང་པོའི་རྣལ་འབྱོར་ནི་སེམས་ 1-1-374 ཀྱིས་དུ་བ་ལ་སོགས་པའི་མཚན་མ་འཛིན་པའོ། །དེ་ཡང་དུ་བ་ལ་སོགས་པ་དང་ལྷན་ཅིག་ ཡིད་ཆེས་པར་འགྱུར་བ་རྣམ་པ་བཅུ་སྟེ་དེས་ན་དེ་ཡང་རྣམ་པ་བཅུའོ། །འཁོར་ལོ་ཅན་གྱི་ཞེས་ པ་གཙུག་ཏོར་གྱི་ཁྲོ་བོའི་ལྟ་བས་མིག་མི་འཛུམ་པར་སྟེང་དུ་ལྟ་བ་ལས་མཚན་མར་འགྱུར་ཏེ་ མཚན་མོའི་རྣལ་འབྱོར་གྱིས་རྣམ་པ་བཞི་དང༌། ཉིན་མོའི་རྣལ་འབྱོར་གྱིས་རྣམ་པ་དྲུག་སྟེ་དེ་ ནས་གཟུགས་སོ། །དེ་ལྟར་གཟུགས་ཀྱི་མཐར་ཐུག་པར་སོ་སོར་སྡུད་དང་བསམ་གཏན་གྱིས་ བསྙེན་པའི་ཡན་ལག་ཏུ་འགྱུར་རོ། །བགེགས་མཐར་བྱེད་པའི་ལྟ་བ་ཞེས་པ་ལ་བགེགས་ མཐར་བྱེད་ནི་བདུད་རྩི་འཁྱིལ་པའོ། །དེའི་ལྟ་བ་ནི་བདུད་རྩིའི་གནས་སུ་སོན་པ་སྟེ་དཔྲལ་ བར་སོན་པའོ། །བགེགས་མཐར་བྱེད་དེའི་ལྟ་བ་ནི་བདུད་རྩིའི་ལམ་དུ་སོན་པ་ཡན་ལག་དྲུག་ གི་(ནང་ནས)ཉེ་བར་སྒྲུབ་པའོ། །ཀྱང་ཡིག་གིས་སྲོག་རྩོལ་དང་འཛིན་པ་བྱ་སྟེ་སྲོག་གཟུགས་ མཐོང་ནས་སོ་ཞེས་པ་ཉེ་བའི་སྒྲུབ་པའོ། །(རྗེས་དྲན་གྱི་ཡན་ལག་གིས་)ཤེས་རབ་ལ་སྤྲོས་ཟླ་བ་ཐིག་ ལེ་ཞེས་པ་ལ་འདིར་ཤེས་རབ་ལ་ཆགས་པས་སྤྲོས་པ་འདི་ཟླ་བ་ཐིག་ལེ་ཡིན་པ་ནི་ལ་སྤྲོས་ཟླ་ བ་ཐིག་ལེ་སྟེ་ཤེས་རབ་ལ་སྤྲོས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡང་རྡོ་རྗེ་ནོར་བུར་གནས་ པ་(སྒྲུབ་པ་པོ་)དེ་ཡི་གསང་བ་དང་ལྟེ་བ་དང་སྙིང་ཁར་འགྱུར་མེད་གསུམ་དུ་འགྱུར་བ་གང་ཡིན་ པ་དེ་ནི་སྒྲུབ་པ་ལ་ཞེས་པ་གསུམ་པ་སྒྲུབ་པའི་ཡན་ལག་ལ་འགྱུར་རོ། །དེ་ལྟར་སྒྲུབ་པའི་ ཡན་ལག་བྱའོ། །(ཏིང་ངེ་འཛིན་གྱི་ཡན་ལག་གིས་)བདེ་བ་མ་ཉམས་གཅིག་པུ་ཞི་བ་ཞེས་པ་ལ་འདིར་ བདེ་བ་མ་ཉམས་པའི་བྱང་ཆུབ་ཀྱི་སེམས་སྐ་ཅིག་གཅིག་པུ་གང་ཡིན་པ་དེ་ནི་ཞི་བ་ཞེས་ གསུངས་པ་སྟེ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདིར་ནི་སྒྲུབ་པ་ཆེན་པོ་ལ་ཞེས་པ་ནི་སེམས་ འགྱུར་བ་མེད་པའི་བདེ་བ་དང་ལྷན་ཅིག་གཅིག་པ་ཉིད་དོ་ཞེས་པ་སྒྲུབ་པ་ཆེན་པོའི་ཡན་ལག་ བཞི་པའོ། །དེ་ལྟར་ཡེ་ཤེས་ཀྱི་སྒྲུབ་ཐབས་ལ་ཡན་ལག་བཞིའོ་ཞེས་གསུངས་པའོ། ། ༈ དེ་བཞིན་དུ་ཡན་ལག་དྲུག་གི་སྒོམ་ཚུལ་མཚན་མ་དང་བཅས་པའི་དབང་དུ་མཛད་ 1-1-375 པ་ཡེ་ཤེས་ལེའུའི་ཚིགས་བཅད་བརྒྱ་བཅོ་ལྔ་པ་ལ་སོགས་པར། ནམ་མཁར་ཀུན་ནས་ཞེན་ པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལས་ནི་ དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང༌། །འབར་བ་དང་ ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་ སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ནམ་ མཁའ་ཆུ་འཛིན་བྲལ་བ་དག་ལ་རྣལ་འབྱོར་པ་ཡི་བགྲད་པའི་མིག་གིས་བལྟ་བར་བྱ་བ་ སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ། །དེ་ ལ་ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། །རྣམ་པ་ ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་གཞན་གྱི་སེམས་ནི་མིན་པ་ཉིད། །གཟུགས་ནི་མཐོང་བར་གྱུར་ན་ཉིན་ཞག་སོ་སོའི་དུས་སུ་སྲོག་གི་རླུང་ནི་འགོག་པ་རབ་བྱ་སྟེ། །འོད་ཟེར་འཁོར་ལོ་རང་གི་ལུས་ལ་ཡོངས་སུ་བསྐོར་ཞིང་འཁོར་བར་བྱེད་པ་མཐོང་གི་བར་ དུའོ། །ཟླ་བ་དྲུག་གིས་སྡོམ་བརྩོན་རྣམས་ལ་རེག་བྱས་དམན་པའི་བདེ་བ་མཉམ་པ་ལམ་ གྱི་སེམས་སུ་འགྱུར། །ཆགས་དང་ཆགས་བྲལ་མཐའ་ཐོག་ལ་གནས་སྐ་ཅིག་མ་ཡང་ཁྱབ་ བདག་གི་ནི་དབུགས་ཀྱི་གྲངས་འཕེལ་ལོ། །ཞེས་གསུངས་ཏེ། དེའི་འགྲེལ་པར། ད་ནི་ནམ་ མཁར་ཞེས་པ་ལ་སོགས་པས་རང་གི་སེམས་འདིའི་སྣང་བ་ལ་རབ་ཏུ་གཞུག་པ་གསུངས་ ཏེ་འདིར་སྔགས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་རྣལ་འབྱོར་གོམས་པ་རྣམ་པ་ གཉིས་ཏེ་ནམ་མཁའ་དང་བླ་གབ་མེད་པ་ལ་རྣལ་འབྱོར་གོམས་པའོ། །གང་ཞིག་ནམ་མཁའ་ ལ་རྣལ་འབྱོར་གོམས་པར་བྱེད་པ་དེས་མཚན་མོ་བུག་པ་མེད་པའི་ཁྱིམ་དུ་མུན་པ་ལ་ནམ་ མཁར་ཀུན་ནས་(རྩེ་གཅིག་ཏུ་)ཞེན་པའི་སེམས་དང་མིག་མི་འཛུམ་ཤིང་རྡོ་རྗེའི་ལམ་དུ་རབ་ཏུ་ ཞུགས་པ་ཞེས་པ་འདིར་དབུ་མར་སྲོག་རབ་ཏུ་ཞུགས་པས་སྟོང་པ་ཁོ་ན་ལས་དུ་བ་ལ་སོགས་ 1-1-376 པའི་མཚན་མ་མཐོང་སྟེ་ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ ལམ་དུ་རབ་ཏུ་ཞུགས་པས་སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་ སྣང་ཉིད་དང་མར་མེ་དང་ཞེས་པ་བཞི་ནི་མཚན་མོའི་རྣལ་འབྱོར་གྱིས་མཐོང་ངོ༌། །དེ་ནས་ སྤྲིན་མེད་པའི་ནམ་མཁའ་ལ་བལྟ་སྟེ་ནམ་མཁའ་དེ་ལས་ཀྱང་ཉིན་མོའི་རྣལ་འབྱོར་གྱིས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་འབར་བ་མཐོང་བ་ སྟེ་སྤྲིན་མེད་པའི་ནམ་མཁའ་ལའོ། །དེ་བཞིན་དུ། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ ཤེས་སྣང་བ་ལམ་མེ་བ་ནི་ཟླ་བ་སྣང་བའོ། །འགྲོ་བའི་མར་མེ་ནི་ཉི་མའོ། །ཡེ་ཤེས་སྒྲོན་ནི་རྡོ་ རྗེ་སྟེ་དགྲ་གཅན་ནོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་སྟེ་མཆོག་གི་ཆའོ། །སྔགས་ མཆོག་མངའ་བདག་རིག་སྔགས་རྒྱལ་ནི་ཐིག་ལེའོ། །དེ་ལྟར་མཚན་མ་རྣམ་པ་བཅུ་སྟེ་འདུས་ པ་ལ་སོགས་པ་ལས་མཚན་མོའི་རྣལ་འབྱོར་དང༌། མཚན་ཡང་དག་པར་བརྗོད་པ་ལས་ཉིན་ མོའི་རྣལ་འབྱོར་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནས་གསང་སྔགས་རྒྱལ་པོ་ དོན་ཆེན་བྱེད། །ཅེས་པ་ནི་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམ་པ་ཐམས་ཅད་པའི་གཟུགས་ མཐོང་བའོ། །དེ་ཡི་དབུས་སུ་སྟེ་ཐིག་ལེའི་དབུས་སུ་སངས་རྒྱས་གཟུགས་ནི་རྫས་མེད་པའི་ ཕྱིར་དང་བརྟགས་པ་མེད་པའི་ཕྱིར་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་ སྐུའོ། །དེ་ནས་གཟུགས་ཀྱི་རྣལ་འབྱོར་གྱིས་གཞོམ་དུ་མེད་པའི་སྒྲ་གང་ཡིན་པ་དེ་ཉིད་ཐོས་ ཏེ་དེ་ལྟར་གཟུགས་སྣང་བ་ལས་སྤྲུལ་པའི་སྐུ་དང་སྒྲ་སྣང་བ་ལས་ལོངས་སྤྱོད་རྫོགས་པའི་ སྐུའོ་ཞེས་པའི་དོན་ཏོ། །འདིར་ཉིན་མོའི་རྣལ་འབྱོར་ནི་ནམ་མཁའ་ཆུ་འཛིན་བྲལ་བ་དག་ལ་ རྣལ་འབྱོར་པ་ཡིས་བགྲད་པའི་མིག་གིས་བལྟ་བར་བྱ་སྟེ་སྔ་དྲོ་དང་ཕྱི་དྲོ་ཉི་མ་ལ་རྒྱབ་བསྟན་ ནས་སོ། །རྣམ་པ་གཞན་དུ་ན་ཉི་མའི་འོད་ཟེར་གྱིས་རབ་རིབ་ཏུ་འགྱུར་ཏེ་དེ་ཡིས་ཞེས་པ་ནི་ གནོད་པ་ལས་སོ། །ཉི་མ་སོ་སོར་ལྟ་བར་བྱ་སྟེ་ཐིག་ལེའི་དབུས་སུ་རེ་ཁཱ་ནག་པོ་སྐྲ་ཡི་ཚད་ 1-1-377 ཙམ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ཞེས་པ་ཨ་བ་དྷཱུ་ཏཱི་ལ་མཐོང་བར་འགྱུར་གྱི་བར་དུའོ། །(ཐིག་ལེའི་)ནང་དུ་འདུས་པ་ཀུན་མཁྱེན་གཟུགས་ནི་ཁམས་གསུམ་པོ་མ་ལུས་པ་ཆུ་ལ་ཉི་མ་ ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་ བྲལ་བ་དག་གོ་གཞན་གྱི་སེམས་ནི་མིན་པ་ཉིད་ཅེས་པ་གཞན་གྱི་སེམས་ནི་མ་ཡིན་ཏེ་གཞན་ གྱི་སེམས་ཤེས་པ་མེད་པའི་ཕྱིར་རོ། །འདིར་དེ་བཞིན་གཤེགས་པའི་ཤའི་སྤྱན་གྱིས་དང་པོར་ རང་གི་སེམས་ཀྱི་སྣང་བ་མཐོང་ཞིང་ལྷ་ལ་སོགས་པའི་སྤྱན་གྱིས་གཞན་གྱི་སེམས་ཀྱི་ཤེས་ པ་མཐོང་སྟེ་(ལྔ་ག་སངས་རྒྱས་ཀྱི་སྤྱན་ཡིན་པ་)དེས་ན་ཆོས་ཡང་དག་པར་སྡུད་པ་ལས་བཅོམ་ལྡན་ འདས་ཀྱིས་སྤྱན་ལྔ་ཞེས་གསུངས་སོ། །དེ་ལྟར་རིམ་པས་ཤའི་སྤྱན་དང་ལྷའི་སྤྱན་དང་སངས་ རྒྱས་ཀྱི་སྤྱན་དང་ཤེས་རབ་ཀྱི་སྤྱན་དང་ཡེ་ཤེས་ཀྱི་སྤྱན་ནི་བསྒོམས་པའི་སྟོབས་ཀྱིས་འབྱུང་ བར་འགྱུར་རོ། །དེའི་ཕྱིར་ཐམས་ཅད་མཁྱེན་པས་མ་གཟིགས་པ་ཅུང་ཟད་ཀྱང་མེད་དོ། །དེ་ ནས་གཟུགས་ནི་མཐོང་བར་གྱུར་ན་ཉིན་ཞག་སོ་སོའི་དུས་སུ་སྲོག་གི་རླུང་ནི་འགོག་པ་ཞེས་ པ་བུམ་པ་ཅན་རབ་ཏུ་བྱ་སྟེ་འོད་ཟེར་འཁོར་ལོ་རང་གི་ལུས་ལ་ཡོངས་སུ་བསྐོར་ཞིང་འཁོར་ བར་བྱེད་པ་མཐོང་གི་བར་དུའོ་ཞེས་པ་སྔར་བརྗོད་པའི་(སྟོང་)གཟུགས་ལས་ནང་དུའོ། །དེ་ ནས་ཟླ་བ་དྲུག་གིས་སྡོམ་བརྩོན་ཏེ་ལས་དང་པོ་པའི་ཚངས་པར་སྤྱོད་པ་རྣམས་ལ་རེག་བྱས་ དམན་པ་ཞེས་པ་དབང་པོ་གཉིས་ཀྱི་འཁྲིག་པ་དང་བྲལ་བའི་བདེ་བ་མཉམ་པ་སྟེ་མི་འགྱུར་ བའི་བདེ་བ་ལམ་གྱི་སེམས་ཞེས་པ་སྟོང་པ་ཉིད་ཀྱི་གཟུགས་ཀྱི་སེམས་སུ་འགྱུར་རོ། །དེ་ནས་ སྐ་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ནི་ཆགས་དང་ཆགས་ བྲལ་མཐའ་ཐོག་ལ་གནས་སྐ་ཅིག་མ་ཞེས་པ་ལ་ཆགས་པ་ཞེས་པ་ནི་དཀར་པོའི་ཕྱོགས་དེ་ དེའི་མཐར་གནས་པ་ནི་ཆ་བཅུ་དྲུག་པའི་མཚན་ཉིད་དོ། །ཆགས་བྲལ་ནི་ནག་པོའོ། །དེའི་ དང་པོ་ལ་གནས་པ་ནི་ནག་པོའི་ཕྱོགས་ལ་མ་ཞུགས་པ་སྟེ་མངོན་པར་རྫོགས་པར་བྱང་ཆུབ་ 1-1-378 པའི་དུས་ཀྱི་མཚན་ཉིད་དོ། །སྐ་ཅིག་མ་དེ་ཉིད་ཀྱང་དབུགས་ཀྱི་གྲངས་ཞེས་པ་ཉི་ཁྲི་ཆིག་ སྟོང་དྲུག་བརྒྱའི་གྲངས་འཕེལ་ལོ། །གསང་བར་རྡོ་རྗེ་ནོར་བུའི་རྩེ་མོ་ལས་(ཐིག་ལེ་གྱེན་དུ་བཟློག་སྟེ་ འགྱུར་མེད་)སྐ་ཅིག་མ་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གིས་(བདེ་བ་)འཕེལ་ཏེ་དེའི་གྲངས་ཀྱི་སྲོག་(རླུང་) རྣམས་བསད་ནས་གསང་བའི་པད་མར་(ཐིག་ལེ་)ཕྱིན་(ཞིང་འཛག་མེད་དུ་བརྟན་)པ་དེས་ས་གཉིས་ སུ་འགྱུར་རོ། །དེ་བཞིན་དུ་ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་བར་(ཕྱིན་པས་རིམ་པ་ལྟར་ ས)བཞི་དང་དྲུག་དང་བརྒྱད་དང་ས་བཅུ་རྣམས་སུ་འགྱུར་ཞིང་གཙུག་ཏོར་དུ་སྲོག་ཐམས་ཅད་ ཟད་པས་ས་བཅུ་གཉིས་སོ། །ཞེས་པའོ། ། ༈ ཡན་ལག་དྲུག་གི་རིགས་དབྱེ་བའི་དབང་དུ་མཛད་པ་སྒྲུབ་ལེའི་ཚིགས་བཅད་བཅོ་ ལྔ་པར། སོ་སོར་སྡུད་པ་རྒྱལ་བའི་དབང་པོར་འགྱུར་ཞིང་རྣམ་པ་བཅུ་སྟེ་བསམ་གཏན་མི་ བསྐྱོད་པ་ཉིད་དོ། །སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ་སླར་ཡང་རྣམ་པ་བཅུ་སྟེ་འཛིན་པ་ ཕྱག་ན་རིན་ཆེན་ནོ། །གཡུང་མོ་ལ་ནི་རྗེས་སུ་དྲན་པ་པད་མ་འཛིན་པར་འགྱུར་ཏེ་དཔལ་ལྡན་ ཏིང་འཛིན་འཁོར་ལོ་ཅན། །རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་སླར་ཡང་གང་ལས་ཨ་སོགས་ ཀ་སོགས་རྣམས་ཀྱིས་ཕྱེ་བའོ། །ཞེས་གསུངས་ཏེ། དེའི་འགྲེལ་བར། ད་ནི་སྦྱོར་བ་ཡན་ ལག་དྲུག་གསུངས་པ་སོ་སོར་སྡུད་པ་ཞེས་པ་ལ་སོགས་པ་སྟེ་འདིར་དང་པོའི་ལས་ལ་སོ་སོར་ སྡུད་པ་ནི་རྒྱལ་བའི་དབང་པོ་ཞེས་པ་ཡེ་ཤེས་ཀྱི་ཕུང་པོའོ། །དེ་ཡང་མཚན་མའི་དབྱེ་བས་ རྣམ་པ་བཅུ་སྟེ་དུ་བ་དང་སྨིག་རྒྱུ་དང་མེ་ཁྱེར་དང་མར་མེ་དང་འབར་བ་དང་ཟླ་བ་དང་ཉི་མ་ དང་སྒྲ་གཅན་དང་ཆ་ཤས་དང་ཐིག་ལེ་མཐོང་བའི་དབྱེ་བས་མ་བརྟགས་པ་ཡེ་ཤེས་ཀྱི་ཕུང་ པོའོ། །བསམ་གཏན་མི་བསྐྱོད་པ་ཉིད་དོ་ཞེས་པ་རྣམ་པར་ཤེས་པའི་ཕུང་པོ་སྟེ་རྣམ་པ་བཅུ་ ནི་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་སྣ་ཚོགས་གཟུགས་ལ་བསམ་གཏན་པའོ། །སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ་ཞེས་པ་འདུ་བྱེད་ཀྱི་ཕུང་པོ་སྟེ་རྣམ་པ་བཅུ་ནི་གཡོན་དང་ 1-1-379 གཡས་ཀྱི་དཀྱིལ་འཁོར་བཅུ་པོ་གཅིག་ཏུ་འདྲེས་པར་ཉིད་ཀྱི་ཕྱིར་རོ། །སླར་ཡང་རྣམ་པ་བཅུ་ སྟེ་འཛིན་པ་ཕྱག་ན་རིན་ཆེན་ནོ་ཞེས་པ་ནི་ཚོར་བའི་ཕུང་པོ་སྟེ་སྲོག་གི་འཛིན་པ་ལྟེ་བ་དང་ སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་པད་མ་ལྔ་ལ་འགྲོ་བ་དང་འོང་བའི་ དབྱེ་བས་རྣམ་པ་བཅུའོ། །གཡུང་མོ་ལ་ནི་རྗེས་སུ་དྲན་པ་པད་མ་འཛིན་པར་འགྱུར་ཞེས་པ་ འདུ་ཤེས་ཀྱི་ཕུང་པོ་སྟེ་གཡུང་མོ་དབུ་མའི་རྩ་ལ་རྗེས་སུ་དྲན་པ་དེ་ཡང་རྣམ་པ་བཅུ་སྟེ་འདོད་ པའི་གནས་སྐབས་(བསམ་པ་ལ་སོགས་པ་)བཅུའི་དབྱེ་བ་ལས་སོ། །དཔལ་ལྡན་ཏིང་འཛིན་འཁོར་ ལོ་ཅན་ཞེས་པ་རྣམ་པར་སྣང་མཛད་དེ་ཏིང་ངེ་འཛིན་རྣམ་པ་བཅུ་ནི་རླུང་བཅུ་པོ་རྣམས་འགོག་ པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ་ རླུང་རྣམས་མི་འབབ་པ་གང་གི་ཕྱིར་རོ་ཞེས་པའི་དོན་ཏོ། །རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་ ཞེས་པ་ནི་འདིར་(ཐབས་ཤེས་ཀྱི་)སྦྱོར་བ་རེ་རེ་ནི་དཀྱིལ་འཁོར་ལྔ་(ལྔ་)འབབ་(པ་འགགས་)པའོ། །ཨ་སོགས་ཀ་སོགས་རྣམས་ཀྱིས་ཞེས་པ་ནི་དབྱངས་དང་གསལ་བྱེད་གཡོན་དང་གཡས་ཀྱི་ སྲོག་ཡང་དག་པར་རྒྱུ་བ་འགོག་པའོ། །ཞེས་གསུངས་པ་ལ་རྗེས་དྲན་གྱི་ཉམས་འདོད་པའི་ གནས་སྐབས་བཅུའི་དབྱེ་བ་ནི་སྒྲུབ་ལེའི་ཚིགས་བཅད་བརྒྱ་ཉི་ཤུ་རྩ་དྲུག་པར། བསམ་ དང་འདོད་དང་ལུས་ལ་རིམས་དང་ཁ་མཆོག་པད་མ་སྐམ་དང་ཟས་ལ་རབ་ཏུ་མི་འཇུག་དང༌། །འདར་དང་བསྙོ་དང་རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་རབ་ཏུ་ བརྒྱལ་བ་དག །རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་(སྟོང་ཉིད་སྒོམས་པས་)རབ་གསལ་(བདེ་བའི་)རྣམ་པ་ བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་རྟེན་དུ། །རབ་ཏུ་གསལ་ཞིང་ངེས་པ་དེ་རྣམས་ཡིད་སྲུབ་ (ཀྱི་)གནས་སྐབས་(ལ་འབྱུང་བ་སྟེ་དེ་ལས་)སུ་ཞིག་རྒྱལ་བར་འདོད་(ཅིང་འཛིན་མེད་བདེ་བ་སྒོམ་)པ་དེ་ ནི་སུ། །ཞེས་གསུངས་པས་གསལ་བར་མཛད་པའོ། ། ༈ ཡན་ལག་དྲུག་གི་འབྲས་བུའི་དབང་དུ་མཛད་པ་སྒྲུབ་ལེའུའི་ཚིགས་སུ་བཅད་པ་བརྒྱ་ 1-1-380 བཅོ་བརྒྱད་པ་ལ་སོགས་པར། སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་ བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབས། །མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །སྲོག་རྩོལ་གྱིས་ནི་དག་པ་རི་བོང་ ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །བདུད་དང་ཉོན་མོངས་ ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །རྗེས་སུ་དྲན་པ་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ ལས་སོ། །དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཡེ་ཤེས་སྐུ་ནི་ འགྲུབ་པར་འགྱུར། །ཞེས་གསུངས་ཏེ་དེའི་འགྲེལ་པར། ད་ནི་སོ་སོར་སྡུད་པ་ལ་སོགས་པའི་ འབྲས་བུ་གསུངས་པ་སོ་སོར་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་སོ་སོར་སྡུད་པས་ གཟུགས་བརྟན་པར་གྱུར་པའི་རྣལ་འབྱོར་པ་རྣམ་པར་དག་པར་གྱུར་པ་དེའི་ཚེ་སྔགས་རྣམས་ ཀུན་གྱིས་བྱིན་གྱིས་རློབ་པར་འགྱུར་ཏེ་ཚིག་གི་མཆོག་སྦྱིན་པ་ལ་སོགས་པ་སྦྱིན་པར་འགྱུར་ རོ། །མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བ་རྣམ་ པར་དག་པས་སོ། །ཞེས་པ་ནི་འདིར་གང་གི་ཚེ་མིག་མི་འཛུམ་པར་གྱུར་པ་དེའི་ཚེ་ལྷའི་མིག་ ཏུ་འགྱུར་རོ། །དེ་བཞིན་དུ་ལྷའི་རྣ་བ་ལ་སོགས་པ་སྟེ་བསམ་གཏན་གྱིས་དག་པར་འགྱུར་ རོ། །སྲོག་རྩོལ་གྱིས་དག་པ་ཞེས་པ་ནི་འདིར་གང་གི་ཚེ་རྣལ་འབྱོར་པ་ཉི་མ་དང་རི་བོང་ཅན་ གྱི་ལམ་དང་བྲལ་ཏེ་(རླུང་སྣ་བུག་ལ་མི་འཆར་བར་)རྟག་ཏུ་དབུ་མར་འབབ་པར་གྱུར་པ་དེའི་ཚེ་སྲོག་ རྩོལ་གྱིས་དག་པར་གྱུར་པས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་དེ་བསྔགས་པར་ བྱེད་དོ་ཞེས་པའི་དོན་ཏོ། །བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་ འཇུག་པར་འགྱུར་ཏེ་ཞེས་པ་ནི་སྟོང་པ་ཉིད་ཀྱི་གཟུགས་གཟུང་བའི་སེམས་ལ་འཇུག་པར་ འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ་ཞེས་པ་ནི་སྲོག་འགྲོ་བ་དང་འོང་བ་ཟད་པས་གཅིག་ཏུ་ 1-1-381 འདྲེས་པར་གྱུར་པས་སོ། །རྗེས་སུ་དྲན་པ་ལེགས་པར་དག་པ་ཞེས་པ་ལ་འདིར་རྗེས་སུ་དྲན་ པ་ནི་(སྟོང་)གཟུགས་ལ་འཁྱུད་པའི་སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེའི་ ཕྱིར་གང་གི་ཚེ་(རྗེས་དྲན་)དག་པར་གྱུར་པ་དེའི་ཚེ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དུ་འགྱུར་རོ། །ཀྱང་གི་སྒྲ་ལས་བ་སྤུའི་ཁུང་བུ་ནས་འོད་ཟེར་ལྔ་འཕྲོ་ཞིང་ངེས་པར་རྒྱུའོ། །ཡེ་ཤེས་གཟུགས་ ལས་སོ་ཞེས་པ་སྟོང་པའི་གཟུགས་ལས་སོ། །དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཞེས་པ་ནི་ འདིར་གཟུང་བ་དང་འཛིན་པའི་སེམས་དག་གཅིག་པ་ཉིད་ཀྱིས་གང་ཞིག་འགྱུར་བ་མེད་པའི་ བདེ་བ་དེ་ནི་ཏིང་ངེ་འཛིན་དུ་གསུངས་སོ། །དེའི་ཕྱིར་ཏིང་ངེ་འཛིན་གྱིས་དག་པ་དྲི་མ་མེད་ པར་གྱུར་པ་ནི་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཏེ་ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ ཞག་རྣམས་ཀྱིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར་ཞེས་པ་དབང་བཅུ་ལ་སོགས་པ་ཐོབ་པའི་ བྱང་ཆུབ་སེམས་དཔར་འགྱུར་ཏེ་སོ་སོར་སྡུད་པ་ལ་སོགས་པའི་ངེས་པའོ་ཞེས་ལེགས་པར་ གསུངས་པ་དེ་ཡིན་ནོ། ། ༈ དེ་ལྟར་རྫོགས་རིམ་ཟབ་མོའི་མཐར་ཐུག་སྦྱོར་བ་ཡན་ལག་དྲུག་གི་ཉམས་རྟོགས་ ཁྱད་པར་ཅན་སྐྱེ་བ་ནི་སེམས་ལ་གནད་དུ་བསྣུན་པ་མཁས་པ་ལས་འབྱུང་སྟེ། མཁའ་འགྲོ་མ་ རྡོ་རྗེའི་གུར་ལས། ཇི་ལྟར་ནམ་མཁའ་དེ་བཞིན་སེམས། །སྐྱེ་འདི་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམས་པས་ནི་འཚང་རྒྱའོ། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་ མེད་ཅིང་སེམས་ཅན་མེད། །ཅེས་གསུངས་ལ། དཔལ་གསང་བ་འདུས་པ་ལས་ཀྱང༌། དོན་ ལ་དམིགས་པའི་ལུས་ཀྱིས་ནི། །ངག་དང་ཡིད་ནི་བསྐུལ་བྱ་ཞིང༌། །ཡིད་ནི་དག་པར་བྱེད་ པ་ཡིས། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་གསུངས་ཤིང༌། གྲུབ་ཆེན་ས་ར་ ཧའི་ཞལ་སྔ་ནས་ཀྱང༌། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་ འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ 1-1-382 ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་དང༌། རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པས་ཀྱང༌། མ་ བཅོས་གཉུག་མའི་ངང་དུ་ཀློད་ལ་ཞོག །བཅིངས་པ་ཀློད་ན་གྲོལ་བར་ཐེ་ཚོམ་མེད། །དེ་ལྟར་ སེམས་ཀྱི་རང་བཞིན་ནམ་མཁའ་འདྲ། །ཆོས་རྣམས་མ་ལུས་དེ་རུ་མ་འདུས་མེད། །ལུས་ ཀྱི་བྱ་བ་ཡོ་ཐོང་རྣལ་མར་ཞོག །ངག་གི་སྨྲ་བརྗོད་མ་མང་བྲག་ཆ་འདྲ། །ཡིད་ལ་མི་བསམ་ ལ་བཟླའི་ཆོས་ལ་ལྟོས། །ཞེས་པ་དང༌། མངའ་བདག་མེ་ཏྲི་བའི་ཞལ་སྔ་ནས་ཀྱང༌། བཅོས་ མའི་སེམས་ཀྱིས་ཆོས་ཉིད་མཐོང་མི་འགྱུར། །མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་ཞོག །ཅེས་ གསུངས་པའི་ཕྱིར་རོ། ། ༈ དེ་ལྟར་སེམས་ལ་གནད་དུ་བསྣུན་ནས་ཀྱང་རྟོག་མེད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ཁོ་ ན་ཤིན་ཏུ་གཅེས་ཏེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། རྟོག་པ་མེད་ཅིང་རྣམ་རྟོག་མེད། །གཟུང་བ་མེད་ཅིང་བསྟན་དུ་མེད། །སེམས་ཀྱང་དམིགས་པ་མེད་པ་སྟེ། །དེ་ཕྱིར་ཏིང་ངེ་ འཛིན་ཅེས་བྱ། །གང་ཞིག་མཉམ་པར་བཞག་གྱུར་ན། །ཆོས་ཀུན་ལ་ནི་རློམ་སེམས་མེད། །རློམ་སེམས་མེད་པ་ཇི་བཞིན་པ། །དེ་ལ་ཏིང་ངེ་འཛིན་ཞེས་བྱ། །ཞེས་པ་དང༌། རྒྱལ་མཚན་ རྩེ་མོའི་དཔུང་རྒྱན་གྱིས་མདོ་ལས་ཀྱང༌། སེམས་ཀྱི་རྣམ་རྟོག་གང་སྐྱེས་པ། །སེམས་ཀྱིས་ སེམས་ལ་བརྟགས་ནས་སུ། །རང་བཞིན་མེད་པར་ཤེས་པ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་ སྟེ། །དེ་ཡི་ངང་ལས་མ་ཡེངས་པ། །དེ་ནི་ཏིང་ངེ་འཛིན་ཅེས་བྱ། །ཞེས་པ་དང༌། མདོ་སྡེའི་ རྒྱན་ལས་ཀྱང༌། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་ གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལས་སླར་ནི་གླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ ཡང༌། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ ལ་སེམས་གདུལ་ལོ། །ཞེས་པ་དང༌། དཔལ་སམ་པུ་ཊི་ལས་ཀྱང༌། རྣམ་རྟོག་མ་རིག་ཆེན་པོ་ སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཡེ་ཤེས་ལ་གནས་ན། །མཁའ་བཞིན་དྲི་ 1-1-383 མ་མེད་པར་འགྱུར། །ཞེས་གསུངས་ལ། ། ༈ དེ་ཡང་ལུས་གནད་ལྟ་སྟངས་ཀྱིས་འཆུན་པ་གལ་ཆེ་སྟེ། དཔལ་བདེ་མཆོག་ལས (མིག་ ལ་སོགས་པའི)། བྱེད་པ་བཅིང་བའི་སྦྱོར་བ་ཡིས། །སྲིད་པ་གསུམ་པོ་གཡོ་མི་འགྱུར། །ཞེས་པ་ དང༌། རི་གི་ཨ་རལ་ལིའི་རྒྱུད་ལས་ཀྱང༌། དགོན་པ་དབེན་པའི་གནས་སུ་ནི། །སེམས་པ་ ཐམས་ཅད་ཡོངས་སྤངས་ནས། །དབང་པོ་ཐམས་ཅད་(ཡུལ་ལ་འཕྲོ་བ་)བཟློག་པར་བྱ། །ཡུལ་ དང་ཡུལ་ཅན་གཉིས་གཉིས་(འབྲེལ་པའི་རྣམ་རྟོག་)ཐམས་ཅད་རྣམ་པར་སྤངས། །མིག་དག་གྱེན་ དུ་བཟློག་བྱས་ནས། །སྨིན་པའི་དབུས་སུ་སེམས་བྱས་ན། །མི་བཟད་མུན་པར་གཟུགས་ རྣམས་ནི། །སྒྲུབ་པོས་དང་པོར་མཐོང་བར་འགྱུར། །ཞེས་པ་དང༌། གྲུབ་པའི་དབང་ཕྱུག་ དུས་ཞབས་ཆེན་པོའི་ཞལ་སྔ་ནས་ཀྱང༌། འབོལ་བའི་སྟན་ལ་བྱེད་པ་ནི། །ལུས་བསྲང་རྡོ་རྗེ་ དཀྱིལ་དཀྲུང་བཅའ། །ལྕེ་བཟློག་གསུས་སྦྱར་མིག་གྱེན་བཟློག །གཙུག་ཏོར་བསྒྱུར་བའི་ལྟ་ སྟངས་སོ། །ལག་གཉིས་རྡོ་རྗེ་བསྡམ་པར་བྱ། །དེས་ནི་རླུང་རྣམས་འཆིང་བྱེད་པས། །དཔྲལ་ བའི་ཐིག་ལེར་སྲོག་བཅུག་ལ། །གཡས་པ་ས་ཡི་རླུང་དུས་བསྒོམ། །ཞེས་པ་དང༌། གྲུབ་ཐོབ་ ལྭ་བའི་ཞལ་ནས་ཀྱང༌། མིག་དག་རེངས་པར་བྱེད་པ་དང༌། །མགོ་བོ་དུད་པ་ཉིད་དང་ནི། །སེམས་དང་སེམས་བྱུང་ནུབ་པ་དང༌། །སྟོང་ཉིད་(འོད་གསལ་)མཐོང་བའི་སྟོང་པ་ཉིད། །ཅེས་ པ་དང༌། དཔའ་བོ་ས་ར་ཧ་པའི་ཞལ་ནས་ཀྱང༌། མང་པོ་སྨྲ་བས་ཅི་ཞིག་བྱ། །ཆོས་ཀྱི་ཚད་ནི་ འདི་ཡིས་ཆོག །མིག་ཕྱེད་གྱེན་དུ་བལྟ་བ་ན། །(འོད་གསལ་)མཐོང་བ་(བློ་)བརྟན་པ་(འི་ཉམས་མྱོང་) ཉིད་ཀྱིས་ཤེས། །ཞེས་དང༌། (འོད་གསལ་)ཡ་མཚན་ཆེ་བ་ནམ་མཁའི་དཀྱིལ་དུ་ཤར། །སྟོང་ ཉིད་གཟུགས་མཛེས་ལྟོས་དང་བྷུ་སུ་ཀུ། །དཔེ་མེད་མེ་ཏོག་ཤར་རོ་བྷུ་སུ་ཀུ་(ཞེས་རང་ལ་འབོད་ པའོ)། །རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ལོང༌། །མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། །མེ་ཏོག་འདི་ནི་སྟོང་ཉིད་དགོན་པར་རྒྱས། །ཞེས་དང༌། ལཱ་མཱའ་(ཡུམ་ནི་ཟེར་)ནམ་མཁའི་མེ་ 1-1-384 ཏོག་ཤར། །(སྲིད་ཞིར་)རབ་ཏུ་མི་གནས་(ལ་རིན་ཐང་)ལྗི་བའོ། །ཞེས་པ་དང་དེ་བཞིན་དུ། ཡ་ མཚན་ཆེ་བ་གང་ཞིག་(ཡིད་མིག་རླུང་གསུམ་བར་སྣང་དུ་)མཐུན་ལས་བྱུང༌། །གང་གིས་(གཡས་གཡོན་)ཉི་ ཟླ་བཅིངས་ཤིང་(གཏུམ་མོའི་)སྒྲོན་མ་སྦར། །ཤཱན་ཏཱི་རང་ཉིད་(ཀྱི་)པང་(པར་འོད་གསལ་བཙུན་ མོ་)བཞག་(པ་ལ་)རང་ཉིད་རྒོད(ཅིང་བདེ་བར་རོལ་བས)། །ནམ་མཁའི་སྦྲུམ་མ་ལས་ནི་(ཆོས་སྐུ་)སྐྱེ་ བ་མཐོང༌། །ཞེས་པ་དང༌། གཞན་རྣམས་ཀྱིས་ཀྱང༌། བར་སྣང་ལ་ནི་ཡིད་དང་རླུང་དང་ མིག །དུས་གཅིག་ཏུ་ནི་ཡང་དག་ལེགས་སྦྱར་ན། །རྒྱལ་བའི་ཡོན་ཏན་རིན་ཆེན་ངེས་པར་སྐྱེ། །འདི་རྣམས་ཐམས་ཅད་དེ་བཞིན་གཤེགས་པའི་གསུང༌། །ཞེས་པ་དང༌། སྣ་ཚོགས་རྣམ་རྟོག་ (ད་ལྟར་བ་)སྤོང་ཞིང་(འདས་མ་འོངས་ལ་)མི་སེམས་པར། །གལ་ཏེ་ནམ་མཁར་མིག་ནི་དབྱེ་བྱས་ན། །ཕྱོགས་བཅུའི་ལམ་རྣམས་ཉིད་ནི་ངེས་པར་ཤེས། །རྣལ་འབྱོར་དབང་ཕྱུག་མཐའ་དག་འདི་ ལས་ཐོབ། །ཅེས་པ་དང༌། རང་ཡིད་(རྟོག་པའི་)མཚན་ཉིད་མཐའ་དག་སྤངས་པ་ཡིས། །མིག་ ཕྱེད་གྱེན་དུ་བལྟ་བ་དང་བཅས་པས། །གང་ཚེ་དབུ་མར་རླུང་ནི་བུས་གྱུར་པ། །དེ་ཚེ་རྡོ་རྗེའི་ མེ་དང་དུ་བ་འབྱུང༌། །ཞེས་པ་ལ་སོགས་པ་མང་དུ་འབྱུང་(བ་ནཱ་རོ་པས་དབང་མདོར་བསྟན་འགྲེལ་པར་ དྲངས་གདའ་)བས་ཐེ་ཚོམ་མེད་པར་དུ་བ་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་ པའི་སྟོང་ཉིད་སོ་སོ་རང་རིག་ལ་མངོན་སུམ་དུ་འཆར་བའི་ལམ་གྱི་ཁྱད་པར་ཅན་འདི་བསྒོམ་ པར་བྱའོ། ། ༈ དེ་ལྟ་བུའི་བྱེད་པ་ཁྱད་པར་ཅན་གྱིས་རོ་བརྐྱང་གི་རླུང་དབུ་མར་སྦྱོར་བ་ལས་ལུས་ལ་ ཡེ་ཤེས་ཆེན་པོ་གནས་པའི་འོད་གསལ་མངོན་སུམ་དུ་མཐོང་ཞིང་དེ་ཡང་པྲ་ཕབ་པ་དང་སྒྱུ་མ་ ལ་སོགས་པའི་སྣང་བ་དང་མཚུངས་པ་རྣམ་པ་མཐའ་ཡས་པར་རྣལ་འབྱོར་པའི་རང་རིག་ཡེ་ ཤེས་ལ་འཆར་བར་གསུངས་ཏེ། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ལས། ཇི་ལྟར་མེ་ནི་ ཤིང་ལ་རྟག་གནས་ཀྱང༌། །གཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །རྩུབ་ཤིང་རྩུབ་ 1-1-385 སྟན་ལག་པས་སྲུབས་པ་ལས། །དེ་ལ་གནས་པ་ཡང་ནི་མཐོང་འགྱུར་བ། །དེ་བཞིན་སེམས་ ཀྱི་འོད་གསལ་རྟོག་པ་ཡི། །བསྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ འདི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་པ་དང༌། གང་ དོན་དམ་པའི་བདེན་པས་བསྟན་པ་དེ་ནི་འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་ མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་སླད་དུ་རང་གི་སེམས་ཀྱི་ཡོངས་ སུ་བརྟགས་པའི་ཆོས་དང་བྲལ་བ་གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་ལ་པྲ་ཕབ་ པ་(མཐོང་བ་)བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་ཀྱི་འོད་གསལ་མངོན་སུམ་དུ་ ནམ་མཁའ་ལ་སྣང་བ་འདོད་པའི་དོན་གྱི་འབྲས་བུ་སྟེར་བ་སྟེ་འབྲས་བུ་ནི་འགྱུར་བ་མེད་ པའི་བདེ་བའི་ཡེ་ཤེས་ཀྱི་སེམས་སོ། །(བདེ་བ་དང་སྟོང་པའི་)སེམས་འདི་གཉིས་གཅིག་པ་ཉིད་ ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་ དང་པོའི་སངས་རྒྱས་རིས་མེད་པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་ རྒྱུད་གཞན་ཐམས་ཅད་དུ་གྲགས་སོ་ཞེས་པ་དང༌། འདིར་རྣལ་འབྱོར་པ་རྣམས་ཀྱི་ཕྱོགས་ སུ་འཛིན་པ་ཐམས་ཅད་ཉམས་པར་བྱ་བའི་སླད་དུ་རྡོ་རྗེའི་རྣལ་འབྱོར་རིས་མེད་པ་རྟག་པ་ དང་ཆད་པ་སྤངས་པ་འཇིག་རྟེན་པའི་དཔེ་ལས་འདས་པ་ཡོད་པ་དང་མེད་པའི་བློ་ཡོངས་སུ་ སྤངས་པ་གཞོན་ནུ་མའི་མེ་ལོང་ལ་པྲ་ཕབ་པ་བཞིན་རང་གི་སེམས་ཀྱིས་མ་བརྟག་པ་མངོན་ སུམ་དུ་མཐོང་བ་ཡིད་ཆེས་པའི་དོན་ཅན་རྣམ་པ་ཐམས་ཅད་པ་ནམ་མཁའ་ལས་བྱུང་བ་ཀུན་ ཏུ་བཟང་པོ་དབང་པོ་ཐམས་ཅད་པ་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ་ལྷན་ ཅིག་སྐྱེས་པའི་དགའ་བ་གཏན་ཚིགས་དང་དཔེ་སྤངས་པ་འདིའི་དཔེར་དངོས་པོ་དང་དངོས་ པོ་མེད་པ་གཅིག་པ་ཉིད་འགྱུར་ཏེ་ཆོས་མི་མཐུན་པའི་ཕྱིར་རོ། །ཞེས་པ་དང༌། བདེ་མཆོག་ སྟོད་འགྲེལ་ལས་ཀྱང༌། དེ་ལྟར་ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི་པྲ་ཕབ་པ་དང་སྒྱུ་མ་དང་མཚུངས་ 1-1-386 པ་དང་སྤྲིན་མེད་པའི་ནམ་མཁའ་ལྟར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །ཞེས་པ་དང༌། རྡོ་ རྗེ་སྙིང་པོའི་འགྲེལ་པར་ཡང༌། སོ་སོར་སྣང་བ་(འི་འོད་གསལ་)དེ་ཉིད་དཔེ་དགུས་སྒྲུབ་པ་འདི་ ལྟ་སྟེ། མིག་ཡོར་དང་སྤྲུལ་པའི་གཟུགས་བརྙན་དང་བྲག་ཆ་དང་རྨི་ལམ་དང་སྒྱུ་མའི་འཁོར་ ལོ་དང༌། མེ་ལོང་གི་གཟུགས་བརྙན་དང་སྨིག་རྒྱུ་དང་ཆུའི་ཟླ་བ་དང་ནམ་མཁའ་ཞེས་བྱ་བ་ (སྣང་བ་)ནི་ཤེས་རབ་(སྟོང་གཟུགས་)སྟེ་ཡི་གེ་ཨེ(དང་དོན་གཅིག་པ་)འོ། །ཞེས་གསུངས་སོ། ། ༈ བརྟག་གཉིས་ལས་ཀྱང༌། དང་པོ་སྤྲིན་དང་འདྲ་བ་ཡིན། །གྲུབ་པས་སྒྱུ་མ་ལྟ་བུར་ འགྱུར། །ཉལ་དང་ལོག་པའི་ཁྱད་པར་ལས། །རྟག་ཏུ་རྨི་ལམ་འདྲ་བར་འགྱུར། །དངོས་གྲུབ་ མཚན་ཉིད་མི་ཕྱེད་པ། །ཕྱག་རྒྱ་རྣལ་འབྱོར་པ་ཡིས་འགྲུབ། །ཅེས་པ་དང༌། དུས་ཞབས་ སྙན་བརྒྱུད་ལས་ཀྱང༌། དེ་ལྟར་བསྒོམས་པས་ཡུལ་(སྣང་རྟོག་པ་འཕྲོ་བ་)སོགས་འགག །ནང་ དུ་ཤ་ཡི་མིག་སོགས་ཀྱིས། །སྟོང་ཉིད་གཟུགས་ཏེ་དམིགས་བཅས་མཐོང༌། །ཆོས་ལ་ཕར་ ཕྱིན་བཅུ་གནས་པ། །ལྷ་ལ་ལྷ་མོ་(ནུས་མ་)བཅུར་ཤེས་བྱ། །རྟགས་སུ་ལམ་ལ་བཅུ་མཐོང་ འགྱུར། །(བ་ལས་མཚན་རྟགས་བཞི་ནི་)དུ་བ་སྨིག་རྒྱུ་མཁའ་སྣང་དང༌། །མར་མེ་འབྱུང་སྟེ་(ས་ལ་སོགས་ པ་)འབྱུང་(བ་ལྔའི་)རླུང་(དབུ་མར་)ཐིམ་(པའི་རྟགས)། །ཐ་མ་སྤྲིན་མེད་ནམ་མཁའ་ནི། །(ཉིན་མཚན་ གཉིས་གས་ཁྱབ་བྱེད་)རྟགས་ཅན་ཤེས་རབ་(ཀྱི་)ཕ་རོལ་ཕྱིན་(མའོ)། །འབར་བ་(དང་)ཟླ་(བ་དང་)ཉི་ (མ་དང་)གློག(དང་)སྒྲ་གཅན་(དང་)ཐིག་ལེ་(དང་བཅས་པ་ཉིན་རྟགས་)དྲུག་སྟེ་(རྟགས་བཅུ་རྫོགས་ནས་)ཐ་མ་ ནི། །ཐམས་ཅད་སྒྱུ(མ་ལྟ་བུ)ར་མཐོང་(བ་ནི་)རྟགས་ཅན་(ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་མ་)ཏེ། །འབྱུང་(བ་) ལྔ(དང་)ཡེ་ཤེས་(ལ་སོགས་པ་)ཕུང་པོ་དྲུག(འགགས་པའི་རྟགས་རྣམས)། །གསང་འདུས་(དང་)མཚན་ བརྗོད་ནས་ཕྱེད་ཕྱེད་(གསུངས་སོ)། །ཅེས་གསུངས་ལ་འབྱུང་རླུང་ཐིམ་ཚུལ་ཡང༌། དཔལ་དུས་ ཀྱི་འཁོར་ལོའི་རྒྱུད་ལས་ས་ནི་ཆུ་ལ་འཇུག་འགྱུར་དེ་བཞིན་ཆུ་ནི་མེ་ལ་མེ་ནི་རླུང་ལ་འཇུག་ པར་འགྱུར་བའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་མཚན་མ་བཅུར་འགྱུར་མཚན་མ་རྣམ་པ་ 1-1-387 ཀུན་ལྡན་དུ། །རྣམ་པ་ཀུན་ལྡན་མཆོག་ཏུ་མི་འགྱུར་བདེ་བ་དམ་པ་ཡེ་ཤེས་སྐུ་རུ་འགྱུར་བར་ བརྗོད་པ་སྟེ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་འགྱུར་རོ་སྐྱེས་བུ་རྣམས་ཀྱིས་སྐྱེ་བ་འདི་ ལ་མི་བདག་ཀྱེ། །ཞེས་པས་གསུངས་ཤིང༌། གསང་འདུས་མཚན་བརྗོད་ནས་ཕྱེད་ཕྱེད་ཅེས་ པའི་དོན་ཡང༌། གསང་འདུས་རྒྱུད་ཕྱི་མ་ལས། དང་པོ་སྨིག་རྒྱུ་ལྟ་བུ་སྟེ། ། གཉིས་པ་དུ་བ་ལྟ་བུ་དང༌། །གསུམ་པ་མཁའ་སྣང་མེ་ཁྱེར་བཞིན། །བཞི་པ་མར་མེ་ལྟ་ བུར་དང༌། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུ་ཉིད། །ཅེས་པ་དང༌། མཚན་ བརྗོད་ལས་ཀྱང༌། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ་(འབར་བ་ དང་)། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ་(ཟླ་བ་དང་)། །འགྲོ་བའི་ མར་མེ་(ཉི་མ་དང་)ཡེ་ཤེས་སྒྲོན་(སྒྲ་གཅན་དང་)། །གཟི་བརྗིད་ཆེན་པོ་འོད་གསལ་བ་(གློག་དང་)། ། སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ་(ཐིག་ལེ་དང་)། །གསང་སྔགས་རྒྱལ་པོ་དོན་ ཆེན་བྱེད། །ཅེས་པ་དང༌། དབང་མདོར་བསྟན་དུ་ཡང༌། དུ་བ་སྨིག་སྒྱུ་མེ་ཁྱེར་དང༌། །མར་ མེ་འབར་དང་ཟླ་ཉི་དང༌། །མུན་ཅན་ཆ་ཤས་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་ནི་འོད་གསལ་ བའོ། །ཞེས་གསུངས་པའོ། ། ༈ རྟགས་བཅུ་རྫོགས་ནས་འོད་གསལ་རྣམ་པ་ཐམས་ཅད་པ་ངོ་མཚར་བར་འཆར་ཚུལ་ ཡང་རྣལ་འབྱོར་གྱི་དབང་ཕྱུག་ཤ་བ་རི་པའི་ཞལ་སྔ་ནས། རྟགས་བཅུ་རྫོགས་པར་གྱུར་པ་ ན། །ཐིག་ལེ་ཆེན་པོའི་སྣང་བ་འབྱུང༌། །སྣ་ཚོགས་ཐིག་ལེ་ཆེན་པོ་ལ། །རེ་ཁཱ་ནག་པོའི་རི་མོ་ འབྱུང༌། །དེ་ནང་འགྲོ་དྲུག་ལ་སོགས་དང༌། །ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང༌། །ལོངས་སྐུ་དུ་མ་ མཐོང་གྱུར་པ། །སྣ་ཚོགས་གཟུགས་བརྙན་འོད་གསལ་ཡིན། །ཞེས་པ་དང༌། ནམ་མཁའ་ ཆེ་རྒྱུད་ཀྱི་སྙིང་པོ་ལས་ཀྱང༌། འོད་གསལ་ནམ་མཁའ་ཆེན་པོ་ཉིད། །ཆོས་སྐུའི་རང་བཞིན་ རྟོགས་གྱུར་ན། །དངོས་གྲུབ་ཡོད་དམ་མེད་ཀྱང་རུང༌། །དེ་ཉིད་དངོས་གྲུབ་ཆེན་པོ་ཡིན། 1-1-388 །ཞེས་པ་དང༌། རྡོ་རྗེ་གུར་ལས་ཀྱང༌། དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་འདྲ། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། ། དངོས་གྲུབ་ཉེ་བར་གྱུར་པ་ཡིན། །ཕྱི་ནས་སྒྱུ་མའི་རྣམ་པ་ཡིས། །ཁམས་གསུམ་རྒྱུ་དང་ མི་རྒྱུ་བ། །མ་ལུས་ལུས་པ་མེད་པ་འགྲུབ། །ཅེས་པའོ། ། ༈ བརྟག་གཉིས་ལས། བརྟན་དང་གཡོ་བའི་དངོས་པོ་གང༌། །རྩྭ་ལྕུག་འཁྲི་ཤིང་ལ་ སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། །ཞེས་ གསུངས་པའི་ཕྱིར་མཉམ་གཞག་འོད་གསལ་གྱི་སྣང་བ་རྩྭ་ལྕུག་འཁྲི་ཤིང་དང་ས་ལ་སོགས་ པར་སྣང་བ་དེ་དག་ཀྱང་སའི་ཁམས་ལ་སོགས་པ་རྣམ་པར་དག་པ་དོན་དམ་པའི་དེ་ཁོ་ན་ ཉིད་ས་སངས་རྒྱས་སྤྱན་མ་ལ་སོགས་པ་ཡིན་གྱི། བེམ་དངོས་ལས་ཀྱི་སྣང་བ་ནི་མ་ཡིན་ཏེ་ ཡེ་ཤེས་ལེའུའི་ཚིགས་བཅད་བརྒྱ་བཅུ་དགུ་པར། ས་ཡི་རྣམ་པ་སྲ་བ་མིན་ཞིང་ཞུ་བ་ཆུ་ལུས་ ཁུ་བ་མིན་ཏེ་གཤེར་བ་ཉིད་མིན་ཕྱིར། །མེ་ཡི་རྣམ་པ་མེ་མིན་གཡོ་བ་རླུང་གི་ལུས་ནི་གང་ ཞིག་(གཡོ་བ་ལྟར་སྣང་ཡང་དོན་ལ་)གཡོ་བ་མེད་པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ཡིན་ཡང་ མཐོང་སྟེ་དཀར་དང་ལྗང་དང་ཁ་དོག་སྣ་ཚོགས་ཆེན་པོ་ཁ་དོག་མིན། །རྣམ་པ་ཀུན་ལྡན་ ཡིན་ཡང་མཐོང་བ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་སོ། །ཞེས་གསུངས་ ཏེ། དེའི་འགྲེལ་པར། ད་ནི་ས་ཞེས་པ་ལ་སོགས་པས་(སྟོང་)གཟུགས་ཀྱི་མཚན་ཉིད་གསུངས་ ཏེ། འདིར་སྟོང་པ་རབ་ཏུ་སྣང་བ་རྫས་མེད་པ་ནི་རྣམ་པར་མཐོང་སྟེ་སྲ་བ་མ་ཡིན་ནོ། །ཁུ་བ་ ཆུའི་རྣམ་པ་ནི་སྨིག་རྒྱུའི་ཆུ་བཞིན་དུ་ཆུ་ཡང་མ་ཡིན་ཏེ་གཤེར་བ་ཉིད་མེད་པའི་ཕྱིར་རོ། །དེ་ བཞིན་དུ་མེའི་རྣམ་པ་ནི་མེ་མིན་ནོ། །གཡོ་བ་རླུང་གི་ལུས་ནི་རྫས་མེད་པའི་ཕྱིར་གང་ཞིག་ གཡོ་བ་མེད་པ་དེ་ནི་རླུང་མ་ཡིན་ནོ། །རྫས་མེད་པའི་ཕྱིར་སྟོང་པའི་རྣམ་པ་ཡིན་པ་དེ་ལྟ་ན་ 1-1-389 ཡང་མཐོང་ངོ༌། །སྒྱུ་མའི་གྲོང་ཁྱེར་བཞིན་དུ་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་ཡང་ རྫས་མེད་པའི་ཕྱིར་ཁ་དོག་མ་ཡིན་ནོ། །རྣམ་པ་ཀུན་ལྡན་ཡིན་ཡང་དུས་ཐམས་ཅད་དུ་བྱིས་ པ་(བསྒོམ་མེད་)རྣམས་ཀྱིས་མཐོང་བ་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཉོན་མོངས་བདུད་ཀྱི་མཐུ་ ལས་ཏེ་གཡོན་པ་དང་གཡས་པའི་རྩ་ལ་སྲོག་རབ་ཏུ་རྒྱུ་བ་ལས་སོ་ཞེས་པ་ངེས་པའོ། །ཞེས་ པ་དང༌། དེ་བཞིན་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོར་ཡང༌། ཆོས་ཀྱི་ དབྱིངས་(དོན་དམ་བདེ་ཆེན་)སའི་ཁམས་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་(ཀུན་རྫོབ་སྡུག་བསྔལ་)སྲ་བའི་ མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ཆུའི་ཁམས་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་བརླན་ པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་མེའི་ཁམས་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་ སྨིན་པར་བྱེད་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་རླུང་གི་ཁམས་ཡིན་མོད་ཀྱི་ ཆོས་ཀྱི་དབྱིངས་གཡོ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་མིག་གི་ཁམས་ཡིན་ མོད་ཀྱི་ཆོས་ཀྱི་དབྱིངས་ལྟ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་རྣ་བ་དང་སྣ་དང་ ལྕེ་དང་ལུས་དང་ཡིད་དང་མིག་གི་རྣམ་པར་ཤེས་པ་དང་རྣ་བའི་རྣམ་པར་ཤེས་པ་དང་སྣའི་ རྣམ་པར་ཤེས་པ་དང་ལྕེའི་རྣམ་པར་ཤེས་པ་དང་ལུས་ཀྱི་རྣམ་པར་ཤེས་པ་དང་ཡིད་ཀྱི་རྣམ་ པར་ཤེས་པའི་ཁམས་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་ཉན་པ་དང་སྣོམ་པ་དང་མྱང་བར་བྱེད་པ་ དང་ནོམ་པ་དང་རྣམ་པར་རིག་པ་དང་གཟུགས་རྣམ་པར་རིག་པ་དང་སྒྲ་རྣམ་པར་རིག་པ་དང་ དྲི་རྣམ་པར་རིག་པ་དང་རོ་རྣམ་པར་རིག་པ་དང་རེག་བྱ་རྣམ་པར་རིག་པ་དང་ཆོས་རྣམ་པར་ རིག་པ་ཙམ་གྱི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་གཟུགས་ཀྱི་ཁམས་དང་སྒྲ་དང་ དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་ཁམས་ཡིན་མོད་ཀྱི་མིག་གི་རྣམ་པར་ཤེས་པ་དང་རྣ་བ་དང་ སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་ མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། ། 1-1-390 ༈ འོ་ན་དེ་དག་ཅིར་ཡང་མ་གྲུབ་པ་ཅིག་ཡིན་ནམ་ཞེ་ན་མ་ཡིན་གྱི་གཟུང་འཛིན་འཁྲུལ་ པའི་སྣང་བ་ཀུན་རྫོབ་རྣམ་པར་མ་དག་པ་འདི་ལས་གཞན་གཉིས་མེད་ཡེ་ཤེས་ཀྱི་སྣང་བ་ མ་འཁྲུལ་བ་དོན་དམ་པའི་ས་ལ་སོགས་པར་ཡོངས་སུ་གྲུབ་སྟེ། རྩ་རྒྱུད་འབུམ་ལྔར། ས་ཡི་ ཁམས་ལ་སོགས་པ་གཞན། །ཡུལ་དང་དབང་པོ་རྣམས་དང་ནི། །དེ་བཞིན་ལས་ཀྱི་དབང་ པོ་དང༌། །ལས་ཀྱི་དབང་པོའི་བྱ་བ་གཞན། །ཀུན་ནས་ཕྱག་དང་ཞབས་ལ་སོགས། །ཀུན་ ནས་སྤྱན་དང་ཞལ་དང་དབུ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་དུ་ནི་ཁྱབ་ པར་བཞུགས། །ཞེས་པ་དང༌། འགྲེལ་ཆེན་དུའང༌། དེ་ལྟར་ནམ་མཁའི་ཁམས་གཞན་དང་ སའི་ཁམས་གཞན་དང་ཆུའི་ཁམས་གཞན་དང་མེའི་ཁམས་གཞན་དང་རླུང་གི་ཁམས་གཞན་ ནོ་ཞེས་པ་(དོན་དམ་པའི་)ཁམས་ཀྱི་མཚན་ཉིད་དེ་སྒྲིབ་པ་མེད་པའི་(སྟོང་)གཟུགས་དང་མི་འཕོ་ བའི་བདེ་བ་ལས་(ཤེས་)སོ་ཞེས་གྲུབ་པོ། །དུས་ཀྱི་འཁོར་ལོ་དང་སྣ་ཚོགས་ཡུམ་ཐབས་དང་ ཤེས་རབ་གཅིག་ཏུ་འདྲེས་པར་གྱུར་པ་སྣ་ཚོགས་གཟུགས་ཅན་(འོད་གསལ་བདེ་སྟོང་དབྱེར་མེད་) གཅིག་པོ་འདི་དག་ནི་ཡུལ་དང་ཡུལ་ཅན་གཞན་རྣམས་ཐམས་ཅད་དུ་ཡང་བྱུང་བར་གྱུར་ཏེ། དྲི་ལ་སོགས་པ་ཡུལ་གཞན་(དྲུག་པོ་)དེ་དག་རྣམས་དང་རྣ་བ་ལ་སོགས་པ་ཡུལ་ཅན་གཞན་ (དྲུག་པོ་)དེ་དག་རྣམས་དང་ངག་དང་ལག་པ་ལ་སོགས་པ་(ལས་ཀྱི་དབང་པོ་)གཞན་(དྲུག་པོ་) རྣམས་དང་ལས་ཀྱི་དབང་པོའི་བྱ་བ་(སྨྲ་བ་དང་ལེན་པ་)ལ་སོགས་པ་གཞན་(དྲུག་པོ་)རྣམས་ཏེ་དེ་ ལྟར་(ཐམས་ཅད་རོ་མཉམ་ཞིང་ནུས་པ་ཕྱོགས་མེད་རབ་འབྱམས་གཅིག་པས་)ན། ཀུན་ནས་ཕྱག་དང་ཞབས་ལ་ སོགས། །ཀུན་ཏུ་སྤྱན་དང་དབུ་དང་ཞལ། །ཀུན་ཏུ་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ ཁྱབ་པར་བྱས་ཏེ་བཞུགས (པ་ནི)། །རྡོ་རྗེ་(མི་ཕྱེད་ཅེས་པར་བརྗོད་)སེམས་དཔའ་(སྲིད་པ་གསུམ་གཅིག་པ་) ཞེས་གསུངས་སོ། ། ༈ བརྟག་གཉིས་སུའང༌། (བདེ་སྟོང་དབྱེར་མེད་ཀྱེའི་རྡོ་རྗེ་)ང་ལས་(འོད་གསལ་གྱི་)འགྲོ་བ་ཐམས་ 1-1-391 ཅད་བྱུང༌། །ང་ལས་(འོད་གསལ་གྱི་)གནས་གསུམ་པོ་ཡང་བྱུང༌། །ང་ཡིས་(འཁོར་འདས་)འདི་ ཀུན་ཁྱབ་པ་སྟེ། །འགྲོ་བའི་(སེམས་ཀྱི་)རང་བཞིན་(འོད་གསལ་ལས་)གཞན་(བདེན་པ་འགའ་ཡང་) མ་མཐོང༌། །ཞེས་པ་དང༌། (མཐའ་གཅིག་ཏུ་)ངེས་པར་དངོས་པོ་ཐམས་ཅད་ཀྱི། །(གདོད་མ་ནས་) དག་པ་དེ་བཞིན་ཉིད་(དོན་དམ་དབྱེར་མེད་)དུ་བརྗོད། །ཕྱི་ནས་(གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་སོགས་) རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་(རྣམ་པ་ཐ་དད་དུ)བརྗོད་པར་བྱ། །ཕུང་པོ་ལྔ་དང་ དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་དག །ཅེས་ པ་དང༌། གཟུགས་ལ་སོགས་པའི་ཡུལ་རྣམས་དང༌། གཞན་ཡང་རྣལ་འབྱོར་པས་མཐོང་ བ། །དངོས་པོའི་དེ་ཀུན་དག་པ་སྟེ། །འདི་ལྟར་འགྲོ་བ་སངས་རྒྱས་འགྱུར། །ཞེས་པ་ དང༌། དཔལ་གསང་བ་འདུས་པར་ཡང༌། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་ རབ་ཏུ་བསྒྲགས། །རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང༌། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ མཆོག །ཅེས་པ་ལ་སོགས་པ་རྒྱུད་སྡེ་ཟབ་མོ་རྣམས་སུ་ཕུང་པོ་རྣམ་པར་དག་པའི་སངས་རྒྱས་ ལྔའམ་དྲུག་ཏུ་གསུངས་པ་ནི་གཟུགས་རྣམ་པར་དག་པ་རྣམ་པར་སྣང་མཛད་དང་ཚོར་བ་རིན་ ཆེན་འབྱུང་ལྡན་དང་འདུ་ཤེས་སྣང་བ་མཐའ་ཡས་དང་འདུ་བྱེད་དོན་ཡོད་གྲུབ་པ་དང་རྣམ་ པར་ཤེས་པ་མི་བསྐྱོད་པ་དང་ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་རྡོ་རྗེ་སེམས་དཔའ་ཞེས་ པ་དང༌། ཁམས་རྣམ་པར་དག་པ་དེ་བཞིན་གཤེགས་མའི་འཁོར་ལོ་དང༌། དབང་པོ་ཡུལ་ དང་བཅས་པ་རྣམ་པར་དག་པ་མིག་ས་ཡི་སྙིང་པོ་དང་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷའི་ འཁོར་ལོ་འབའ་ཞིག་ཏུ་གསུངས་པ་རྣམས་ད་ལྟར་གྱི་གཟུགས་ལ་སོགས་པ་ལས་ཀྱི་སྣང་བ་ རྣམ་པར་མ་དག་པ་འདི་དག་འགགས་ནས་རྣམ་པར་དག་པའི་གཟུགས་ལ་སོགས་པ་དྭངས་ པ་དང་མ་སྐྱེས་པ་དང་མ་འགགས་པ་དང་མཆོག་གི་བདེ་བ་བྱེད་པ་དང་གོས་པ་མེད་པའི་ཡེ་ ཤེས་ཀྱི་རྟོགས་བྱར་གསུངས་པའི་ཕྱིར་རྣལ་འབྱོར་པའི་ཉམས་ལ་འོད་གསལ་དུ་འཆར་བའི་ 1-1-392 གཟུགས་ལ་སོགས་པ་ཡིན་པར་ཡིད་ཆེས་དགོས་ཏེ་ཡེ་ཤེས་ཀྱི་ལེའུའི་ཚིགས་བཅད་བརྒྱ་ གཅིག་པ་ལ་སོགས་པར། གང་དུ་ངེས་པར་རིགས་ཀྱི་གཟུགས་ནི་ཉམས་པ་ཉིད་དུ་གྱུར་པ་དེ་ ནི་ཆེན་པོའི་གཟུགས་སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ་ཉམས་པ་ཉིད་དུ་གྱུར་པ་ དེ་ནི་ཚོར་བ་ཆེན་པོར་གསུངས་པ་སྟེ། །གང་དུ་འཁོར་བའི་འདུ་ཤེས་ཉམས་པ་ཉིད་དུ་གྱུར་པ་ དེ་ནི་རྡོ་རྗེའི་འདུ་ཤེས་ཆེན་པོའོ། །གང་དུ་འཁོར་བའི་འཕེལ་བ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ རྡོ་རྗེའི་འདུ་བྱེད་ཁོ་ནའོ། །གང་དུ་གཉིད་ལ་སོགས་པའི་གནས་སྐབས་ཉམས་པ་ཉིད་དུ་གྱུར་ པ་དེ་ཡང་རྣམ་པར་ཤེས་པར་གསུངས། །གང་དུ་ཤེས་པ་མིན་པའི་དངོས་པོ་ཉམས་པ་ཉིད་དུ་ གྱུར་པ་དེ་ནི་ཐུབ་པའི་ཡེ་ཤེས་ཉིད། །འདི་རྣམས་རྣམ་པར་སྣང་མཛད་ལ་སོགས་དམ་པའི་ རྒྱལ་བ་མཆོག་ནི་རྣམ་པ་དྲུག་སྟེ་རིགས་དྲུག་རྣམས། །གཞན་ནི་ཁམས་དྲུག་དབྱེ་བ་རྣམས་ཏེ་ ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཞི་བ་རྣམས། །གང་དུ་གཏི་མུག་མཐའ་དག་ཉམས་ པ་ཉིད་དུ་གྱུར་པ་སྤྱན་མ་ཡིན་ཏེ་དེ་ནི་འཛིན་མའོ། །གང་དུ་ང་རྒྱལ་མཐའ་དག་ཉམས་པ་ཉིད་ དུ་གྱུར་པ་མཱ་མ་ཀཱི་སྟེ་དེ་ནི་ཆུ་ཉིད་དོ། །གང་དུ་ཆགས་པ་མཐའ་དག་ཉམས་པ་ཉིད་དུ་གྱུར་ པ་གོས་དཀར་མོ་སྟེ་དེ་ནི་མེ་ཡིན་ནོ། །གང་དུ་ཕྲག་དོག་མཐའ་དག་ཉམས་པ་ཉིད་དུ་གྱུར་ པ་སྒྲོལ་མ་ཡིན་ཏེ་དེ་ནི་རླུང་ཡང་ངོ༌། །གང་དུ་ཞེ་སྡང་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་རྡོ་ རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་མཁའ། །གང་དུ་སེར་སྣ་མཐའ་དག་ཉམས་པ་ཉིད་དུ་གྱུར་ པ་སྣ་ཚོགས་ཡུམ་སྟེ་དེ་ནི་འགྱུར་མེད་དོ། །མཐོང་དང་མ་མཐོང་གཟུགས་ནི་ཡིད་དང་ནམ་ མཁའ་ལ་ཡང་བལྟ་བར་བྱེད་པ་གང་ཡིན་དེ་ནི་མིག །རིང་ནས་རབ་ཏུ་གསལ་བ་བཞིན་དུ་ སྒྲ་ནི་ཐོས་པ་འདི་ནི་རྒྱལ་བའི་རྣ་བ་ཆེན་པོའོ། །མཆོག་གི་བདེ་བ་བྱེད་པའི་དྲི་རྣམས་ཐམས་ ཅད་འཛིན་པ་དེ་ནི་རྟག་ཏུ་རྡོ་རྗེའི་ལུས་ཀྱི་དབང་པོ་སྟེ། །ཐབས་དང་ཤེས་རབ་རབ་ཏུ་འདུས་ པ་འདི་ཡི་ཆོས་ཏེ་བདེ་མཉམ་ལ་འཇུག་གང་ཡིན་དེ་ནི་ཡིད། །དབྱེ་བ་དྲུག་གིས་ཕྱེ་བའི་ཡུལ་ 1-1-393 དང་ཡུལ་ཅན་འདི་དག་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས་པ་རྣམས། །སྣ་ཚོགས་ གཟུགས་(དང་སྒྲ་)ལ་སོགས་པ་འདི་རྣམས་རྒྱལ་བ་མཆོག་གི་ཡུལ་རྣམས་རྣམ་པ་དྲུག་སྟེ་ཀུན་ ནས་ནི། །དྭངས་ཤིང་མ་སྐྱེས་མ་འགགས་མཆོག་གི་བདེ་བྱེད་གོས་པ་མེད་ཅིང་ཡེ་ཤེས་ཀྱིས་ ནི་རྟོགས་བྱ་སྟེ། །ཁམས་གསུམ་དག་ཏུ་གཞན་གྱིས་གཟུང་བྱ་དང་ནི་མཐའ་དག་འགྲོ་བའི་ དབང་པོའི་སྒོ་ནས་རྟོགས་བྱ་མིན། །ཞེས་གསུངས་པའོ། །དེ་བཞིན་དུ་ལས་སྣང་རྡུལ་ཕྲ་རབ་ ཀྱི་གཟུགས་ལ་སོགས་པ་གཟུང་འཛིན་གྱི་ཆོས་རྣམ་པར་མ་དག་པ་འདི་ལས་གཞན་རྡུལ་ཕྲ་ རབ་ཀྱི་ཆོས་ལས་འདས་པ་སོ་སོ་རང་རིག་ལ་འཆར་བའི་གཟུགས་ལ་སོགས་པ་འོད་གསལ་ བ་རྣམས་རྣམ་མཁྱེན་གྱི་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་སུ་རོ་གཅིག་པ་ལ་དགོངས་ནས། རྒྱལ་བའི་ཡུམ་དུ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་ དད་དོ། །ཞེས་གསུངས་པ་ནི་སྔགས་ཀྱི་ཐེག་པར་གཟུགས་རྣམ་པར་སྣང་མཛད་དུ་གསུངས་ པ་དང་དོན་གཅིག་ཅིང་རྣལ་འབྱོར་རང་རིག་ལ་སྣང་བའི་གཟུགས་རྣམས་ཀྱང་དེ་རྣམ་པར་ དག་པའི་ཆ་ཤས་ཇི་ལྟར་རིགས་པ་སྣང་བ་ཡིན་ནོ། །དེ་བཞིན་དུ་ཚོར་བ་རྣམ་པར་དག་པ་ གང་ཡིན་པ་དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ་ཞེས་པ་ནས་འདུ་ ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམ་པར་དག་པའི་བར་དུ་གསུངས་པ་རྣམས་གསང་ སྔགས་སུ་ཚོར་བ་རིན་ཆེན་འབྱུང་ལྡན་དང་འདུ་ཤེས་འོད་དཔག་མེད་དང་འདུ་བྱེད་དོན་ཡོད་ གྲུབ་པ་དང་རྣམ་ཤེས་མི་བསྐྱོད་པར་གསུངས་པ་དང་དོན་གཅིག་པ་རྣལ་འབྱོར་པའི་རང་ རིག་ལ་དེ་དང་དེའི་རྣམ་པར་འཆར་བ་དང༌། དེ་བཞིན་དུ་མདོ་ལས། ས་དང་ཆུ་དང་མེ་དང་ རླུང་དང་ནམ་མཁའི་ཁམས་རྣམ་པར་དག་པ་གང་ཡིན་པ་དེ་ཉིད་རྣམ་མཁྱེན་རྣམ་དག་ཏུ་ 1-1-394 གསུངས་པ་རྣམས་སྔགས་སུ། ས་སངས་རྒྱས་སྤྱན་མ་དང་ཆུ་མཱ་མ་ཀཱི་དང་མེ་གོས་དཀར་མོ་ དང་རླུང་སྒྲོལ་མ་དང་ནམ་མཁའ་རྡོ་རྗེ་དབྱིངས་ཕྱུག་མར་གསུངས་པ་དང་དོན་གཅིག་པར་ རྣལ་འབྱོར་རང་རིག་ལ་ཡང་སའི་རྣམ་པར་སྣང་བ་ལ་སོགས་པ་འོད་གསལ་དུ་འཆར་བ་ དང༌། དེ་བཞིན་དུ་མདོ་ལས། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་རྣམ་པར་དག་ ཚུལ་གསུངས་པ་གང་ཡིན་པ་དེ་སྔགས་སུ། མིག་སའི་སྙིང་པོ་དང་རྣ་བ་ཕྱག་ན་རྡོ་རྗེ་དང་སྣ་ ནམ་མཁའི་སྙིང་པོ་དང་ལྕེ་འཇིག་རྟེན་དབང་ཕྱུག་དང་ལུས་སྒྲིབ་པ་རྣམ་སེལ་དང་ཡིད་ཀུན་ ཏུ་བཟང་པོར་གསུངས་པ་དང་དོན་གཅིག་ཅིང་རྣལ་འབྱོར་པའི་རང་རིག་ལ་དེ་དང་དེ་ལྟ་བུ་ ཡུལ་ཅན་ཤེས་པའི་རྣམ་པར་འཆར་བ་དང༌། དེ་བཞིན་དུ་མདོ་ལས། གཟུགས་དང་སྒྲ་དང་དྲི་ དང་རོ་དང་རེག་བྱ་དང་ཆོས་རྣམ་པར་དག་པ་གང་ཡིན་པ་དེ་ཉིད་རྣམ་མཁྱེན་དང་དབྱེར་མེད་ དུ་གསུངས་པ་རྣམས་གསང་སྔགས་སུ། ལྷ་མོ་གཟུགས་རྡོ་རྗེ་མ་དང་སྒྲ་རྡོ་རྗེ་མ་དང་དྲི་རྡོ་རྗེ་ མ་དང་རོ་རྡོ་རྗེ་མ་དང་རེག་བྱ་རྡོ་རྗེ་མ་དང་ཆོས་ཁམས་རྡོ་རྗེ་མར་གསུངས་པ་དང་དོན་གཅིག་ ཅིང་རྣལ་འབྱོར་རང་རིག་ལ་ཡང་གློ་བུར་གྱི་དྲི་མ་དག་པའི་ཤས་ཆུང་བ་དང་འབྲིང་དང་ཆེན་ པོའི་དབྱེ་བས་འོད་གསལ་གྱི་སྣང་བ་ཆུང་བ་དང་འབྲིང་དང་ཆེན་པོའི་སྣང་བ་ཅི་རིགས་སུ་ འཆར་ཏེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་ རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་ དོ། །ཞེས་གསུངས་པ་དང་མཐུན་ནོ། ། ༈ དེ་ལྟར་ཕུང་པོ་ལྔ་རྣམ་པར་དག་པའི་གཟུགས་རྣམ་པར་སྣང་མཛད་ལ་སོགས་པ་ ནི་མཐར་ཐུག་གི་ཡེ་ཤེས་ལྔ་དང་ཡང་དོན་གཅིག་སྟེ། འཕགས་པ་སྤྱན་རས་གཟིགས་ཀྱིས་ འགྲེལ་ཆེན་དུ། དེས་ན་རྩ་བའི་རྒྱུད་ཀྱི་ཡེ་ཤེས་རྣམ་པ་ལྔའི་བསྟོད་པ་ལས་ཚིགས་སུ་བཅད་པ་ རྣམ་པ་ལྔའི་སྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། སྟོང་པ་ལ་ནི་དངོས་པོའི་ 1-1-395 ཚོགས། །བརྟགས་པའི་གཟུགས་སྤངས་བེམ་པོ་མིན། །འདི་ནི་མཐོང་སྟེ་མེ་ལོང་ལ། །པྲ་ཕབ་ གཞོན་ནུ་མ་ཡིས་(མཐོང་བ་)བཞིན། །ཞེས་པ་ནི་འཇིག་རྟེན་ལས་འདས་(པ་དོན་དམ་)པའི་བདེན་ པ་ལ་གཟུགས་ཀྱི་ཕུང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །(དག་པའི་)དངོས་ཀུན་(ཆོས་ཀྱི་དབྱིངས་སུ་རོ་) མཉམ་པ་ཉིད་གྱུར་ནས། །(ཆོས་དབྱིངས་)དངོས་པོ་གཅིག་ཏུ་མི་འགྱུར་(བར་)གནས་(པ་ནི)། །(ཐིག་ལེ་)མི་འགྱུར་(བའི་)ཡེ་ཤེས་ལས་བྱུང་བ། །(སྟོང་གཟུགས་ཏེ་རྣལ་འབྱོར་རང་རིགས་ལ་ཡོད་པ་)ཆད་ པ་མ་ཡིན་(རྡུལ་ཕྲན་)རྟག་པ་(འང་)མིན་(ནོ)། །ཞེས་པ་(འཇིག་རྟེན་ལས་འདས་པའི་བདེན་པ་ལ་)ཚོར་བའི་ ཕུང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མིང་གི་བདག་ཉིད་(རྣམ་པར་དག་པའི་)ཡི་གེ་ཀུན། །ཨ་ ཡིག་(སྟོང་གཟུགས་ཀྱི་)རིགས་ལས་ཡང་དག་བྱུང༌། །མི་འགྱུར་(བདེ་བ་)ཆེན་པོའི་གནས་ཐོབ་ པ(ན)། །(ཀུན་རྫོབ་པའི་)མིང་མེད་མིང་ཅན་དག་ཀྱང་མེད། །ཅེས་པ་ནི། (འཇིག་རྟེན་ལས་འདས་པའི་ བདེན་པ་ལ་)འདུ་ཤེས་ཀྱི་ཕུང་པོ་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྐྱེས་པ་མ་ཡིན་པ་ཡི་ཆོས། །འདུ་བྱེད་བྲལ་བ་(འོད་གསལ་)རྣམས་ལ་ཡང༌། །སངས་རྒྱས་ཉིད་(ཀྱི་རྟོག་པ་)མེད་བྱང་ཆུབ་(ཀྱི་ རྟོག་པ་)མེད། །སེམས་ཅན་ཉིད་(ཀྱི་རྟོག་པ་)མེད་སྲོག་ཉིད་(ཀྱི་རྟོག་པ་)མེད(ཏེ་རྣམ་པར་རྟོག་མེད་ལྷུན་གྱིས་ གྲུབ་པ་ཡིན་པའི་ཕྱིར་རོ)། །ཅེས་པ་ནི། (འཇིག་རྟེན་ལས་འདས་པའི་བདེན་པ་ལ་)འདུ་བྱེད་ཀྱི་ཕུང་པོ་བྱ་བ་ ནན་ཏན་གྱི་ཡེ་ཤེས་སོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་དག་པ་གོས་པ་མེད། །རང་བཞིན་འོད་གསལ་ཆོས་རྣམས་ནི། །ཆོས་ཀྱི་དབྱིངས་ཀྱི་བགྲོད་པར་གནས། །ཞེས་པ་ ནི། (འཇིག་རྟེན་ལས་འདས་པའི་བདེན་པ་ལ་)རྣམ་པར་ཤེས་པའི་ཕུང་པོ་ཆོས་ཀྱི་དབྱིངས་རྣམ་པར་ དག་པའི་ཡེ་ཤེས་སོ། །ཞེས་གསུངས་ལ། དེ་བཞིན་དུ་འཁོར་ལོ་དང་རིན་པོ་ཆེ་ལ་སོགས་པ་ ཕྱག་མཚན་གྱི་རྣམ་པར་འོད་གསལ་ལ་འཆར་བ་རྣམས་ཀྱང་ཡེ་ཤེས་སམ་སངས་རྒྱས་ཉིད་ དང་ཁྱད་པར་མེད་དེ། རྒྱུད་ཀྱི་རྒྱལ་པོ་ལས། འཁོར་ལོ་སྲིད་གསུམ་ཀུན་ནས་དང་[དྭངས]བ་ ཞེས་པའོ(སྟེ་མེ་ལོང་ཡེ་ཤེས་དང་)། །བདེ་བ་རིན་ཆེན་(སྟེ་མཉམ་ཉིད་ཡེ་ཤེས་དང་)འདི་ཡི་ཆགས་ 1-1-396 པ་ཉིད་དག་ནི། །པད་མའོ་(སྟེ་སོར་རྟོག་ཡེ་ཤེས་དང་)ཉོན་མོངས་ཟད་པ་རལ་གྲི་(སྟེ་བྱ་གྲུབ་ཡེ་ཤེས་དང་) རྡོ་རྗེ་དག་ཀྱང་ཡེ་ཤེས་སྐུ་ཆེན་རྣམ་པར་མི་ཕྱེད་པའོ(སྟེ་མི་བསྐྱོད་པ་དང་)། །མི་ཤེས་གཅོད་པ་ གྲི་གུག་(རྡོ་རྗེས་སེམས་དཔའ་སྟེ་གཉིས་ཆོས་དབྱིངས་ཡེ་ཤེས་སུ་བསྡུས་པ་)མཆོག་གི་རིགས་དྲུག་རྣམས་ཏེ་(རྩ་ བའི་རིགས་དྲུག་པོ་)འདི་དག་རྣམས་ཀྱིས་བསྐྱེད་པ་གང་ཡིན་པ། །ཕུང་པོ་ཁམས་དང་དབང་པོ་ལ་ སོགས་མཁའ་བཞིན་རོ་མཉམ་དེ་དག་རྣམས་ཀྱང་དེ་བཞིན་(དུ་རིགས་དྲུག་ལས་མི་འདའ་བར་)རིག་ པར་བྱ། །ཞེས་གསུངས་པའོ། ། ༈ དེ་བཞིན་དུ་སོ་སོ་རང་རིག་བདེ་སྟོང་དབྱེར་མེད་ཀྱི་རྣམ་པ་ཁ་དོག་ཆེ་ཞིང་ལུས་བོང་ ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་གསུངས་པར་ འཆར་བའི་ཁ་དོག་ལྗང་ཁུ་རྣམས་ནམ་མཁའ་དང་ནག་པོ་རྣམས་རླུང་དང་དམར་པོ་རྣམས་ མེ་དང༌། དཀར་པོ་རྣམས་ཆུ་དང༌། སེར་པོ་རྣམས་ས་དང༌། སྔོན་པོ་རྣམས་ཡེ་ཤེས་ཀྱི་རིགས་ ཡིན་པས་འོད་གསལ་གྱི་རྣམ་པ་ཅིར་འཆར་ཡང་སྟོང་པ་ཆེན་པོ་ཡི་གེ་ལྔའམ་རིགས་དྲུག་ ལས་མི་འདའ་ཞིང་དེའང་ཡན་ལག་དྲུག་བསྒོམས་པ་ལས་རྟོགས་ཏེ། བརྟག་པ་དང་པོའི་ ལེའུ་བརྒྱད་པར་ཡང༌། འདིས་ནི་(རིགས་དྲུག་གི་)འཁོར་ལོ་རྣམ་བསྒོམས་ན། །དངོས་གྲུབ་ མྱུར་དུ་ཐོབ་པར་འགྱུར། །དང་པོར་ནག་པོ་རབ་ཏུ་བསྒོམ། །གཉིས་པར་དམར་པོ་རྣམ་པར་ བསྒོམ། །གསུམ་པ་ལ་ནི་སེར་པོ་བསྒོམ། །བཞི་པར་ལྗང་ཁུ་དེ་བཞིན་ནོ། །ལྔ་པར་ཁ་དོག་ སྔོན་པོ་བསྒོམ། །དྲུག་པར་དཀར་པོའི་ལུས་ཅན་ཏེ། །ཡན་ལག་དྲུག་བསྒོམས་རྣལ་འབྱོར་ པས། །དགའ་བྲལ་མཐའ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་འདིས་འོད་གསལ་ཁ་དོག་ དྲུག་ཏུ་གསུངས་པར་མ་ཟད་དགའ་བྲལ་གྱི་མཐར་ལྷན་སྐྱེས་བདེ་བ་ལ་ཡང་དེ་བཞིན་ནོ་ཞེས་ བསྟན་པའི་དོན། བརྟག་པ་ཕྱི་མའི་ལེའུ་གཉིས་པར། བདེ་བ་ནག་ཅིང་བདེ་བ་སེར། །བདེ་ བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་ཁུ་བདེ་བ་སྔོ། །བདེ་བ་རྒྱུ་དང་མི་རྒྱུ་དང༌། བདེ་བ་ 1-1-397 ཤེས་རབ་བདེ་བ་ཐབས། །དེ་བཞིན་ཀུན་ཏུ་རྒྱུ་སྐྱེས་བདེ། །བདེ་བ་དངོས་དང་དངོས་མེད་ བདེ། །རྡོ་རྗེ་སེམས་པ་བདེ་བར་བརྗོད། །ཅེས་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ཁ་དོག་གི་ ངེས་པས་གསུངས་ཤིང༌། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལ་སོགས་པ་གསུང་རབ་གཞན་ ལས་ཀྱང་ཡེ་ཤེས་སྔོན་པོའི་འོད་ཟེར་དང་ཡེ་ཤེས་་སེར་པོའི་འོད་ཟེར་ལ་སོགས་པ་གསུངས་ པའི་དགོངས་པ་ཡང་དེ་དག་དང་མཚུངས་སོ། ། ༈ དེ་ལྟར་བདེ་སྟོང་ཟུང་འཇུག་རྡོ་རྗེའི་རྣལ་འབྱོར་བསྒོམ་པ་ན་རྣམ་ཀུན་མཆོག་ལྡན་ སྟོང་ཉིད་ཀྱི་རྣལ་འབྱོར་ཇི་ཙམ་འཕེལ་བ་བཞིན་འཁོར་ལོ་བཞི་ལ་བྱང་ཆུབ་ཀྱི་སེམས་ འཆིངས་པ་བདེ་བའི་ཆ་བཅུ་དྲུག་བསམ་གཏན་གྱི་མཐར་ཐུག་པར་(སྦྱོར་བ་ཡན་ལག་དྲུག་བསྒོམས་ པས)རེ་ཞིག་ལུས་ལ་བརྟེན་ནས་བྱང་སེམས་ཞུ་བདེ་འཆིང་བ་ལས་གྱུར་པའི་བདེ་ཉམས་ཁྱད་ པར་ཅན་སྐྱེ་བ་ན་དང་པོར་རྩ་ཟུག་རླུང་ཟུག་གི་རྣམ་པ་དང༌། སྤྱི་བོ་ལ་སོགས་པ་ལུས་ཀྱི་ཆ་ ཤས་དང་ཚོགས་པ་བདེ་ཟུག་གིས་འཕར་ཞིང་གཡོ་བ་ལ་སོགས་པ་ཉམས་སྣ་ཚོགས་འཆར་ ཡང་རིམ་གྱིས་བདེ་བ་རྫོགས་པའི་རྟགས་སུ་ཤེས་པར་བྱས་ལ། སྟོང་གཟུགས་དང་མི་འབྲལ་ བའི་ངང་ནས་རྩ་རླུང་བདེ་མི་བདེའི་དབང་གིས་ངལ་གསོ་དགོས་མི་དགོས་རང་གི་ཉམས་ དང་སྦྱར་ཞིང་གནད་དུ་བསྣུན་ལ་བསྒོམ་པར་བྱ་སྟེ། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་ དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་ འཆང༌། །ཞེས་པའི་དོན་བདེ་མཆོག་སྟོད་འགྲེལ་ལས། རྣམ་པ་ཀུན་ལྡན་རྣམ་པ་མེད་ཅེས་པ་ ནི་རྒྱུ་སྟེ་སྔར་བརྗོད་པའི་སངས་རྒྱས་ཀྱི་གཟུགས་བརྙན་ཞེས་པའོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ ལེ་འཆང་ཞེས་པ་ནི་འབྲས་བུ་སྟེ་བྱང་ཆུབ་ཀྱི་སེམས་ཞུ་བའི་ཐིག་ལེ་བཞི་འཛིན་པའོ། །ཆ་ མེད་པ་ནི་ཆ་བཅོ་ལྔའི་མཐར་གནས་པའོ། །ཆ་ལས་འདས་པ་ནི་ནག་པོའི་ཚེས་གཅིག་མ་ ཞུགས་པའོ། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་ 1-1-398 མཐའ་འཆང་བ་པོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་པ་དང༌། མཆོག་ཏུ་མི་ འགྱུར་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་མོ་རྣམ་པར་བསྒོམ། །ཞེས་པ་དང༌། བདེ་བའི་རང་བཞིན་ དེ་ཉིད་ཀྱིས། །ཇི་སྲིད་ཁུ་བ་བརྟན་པའི་བར། །རྫོགས་པའི་སངས་རྒྱས་གཟུགས་བརྙན་གྱི། །བདག་ཉིད་རྟག་ཏུ་བསྒོམ་པར་བྱ། །ཞེས་དང༌། ཡན་ལག་ཕྱག་རྒྱ་ཆེ་བསྒོམས་པས། །རྣལ་ འབྱོར་ཆེན་པོས་ཀུན་མཁྱེན་ཉིད། །འགྱུར་མེད་བདེ་བའི་རང་བཞིན་འགྲུབ། །སྐྱེ་བ་འདིར་ ནི་སངས་རྒྱས་ཉིད། །ཅེས་དཔལ་ཕྱག་ན་རྡོ་རྗེས་སྟོད་འགྲེལ་དུ་དྲངས་པ་ལྟར་བསྒོམ་དགོས་ ལ། དེ་ཡང་རྒྱུ་སྟོང་གཟུགས་འཆར་ན་འབྲས་བུ་བདེ་བ་མི་འཕེལ་མི་སྲིད་ཅིང་འབྲས་བུ་བདེ་ ཉམས་འཆར་ན་རྒྱུ་སྟོང་གཟུགས་འགག་མི་སྲིད་པས་ཕན་ཚུན་རྒྱས་བཏབ་ཅིང་ཟུང་འཇུག་ ཏུ་བསྒོམ་པ་ཤིན་ཏུ་གཅེས་ཏེ་རྟོགས་པར་བྱའོ། །དུས་འཁོར་རྩ་རྒྱུད་ལས། སྟོང་པ་ལས་བྱུང་ གཟུགས་བརྙན་རྒྱུ། །མི་འགྱུར་ལས་སྐྱེས་བདེ་བ་འབྲས། །རྒྱུ་ནི་འབྲས་བུས་རྒྱས་གདབ་པ། །འབྲས་བུ་རྒྱུ་ཡིས་རྒྱས་གདབ་པའོ། །སྟོང་ཉིད་གཟུགས་བརྙན་འཛིན་པ་རྒྱུ། །སྙིང་རྗེ་འགྱུར་ མེད་འཛིན་པ་འབྲས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་དེ་མི་འཕོ་བའོ། །ཞེས་གསུངས་སོ། ། ༈ འདིར་འགའ་ཞིག་རྣམ་ཀུན་མཆོག་ལྡན་ནི་ཆོས་སྐུ་ཡིན་གྱི་བསྒོམས་པའི་ཏིང་ངེ་ འཛིན་དུ་ངོ་སྤྲོད་པ་མི་རིགས་སོ་སྙམ་ན། བརྗོད་པར་བྱ་སྟེ་ཆོས་སྐུ་ཉིད་རྟོགས་པའི་མཐར་ ཐུག་ཡིན་ལ་དེ་རྣལ་འབྱོར་མཉམ་བཞག་གི་ཞི་གནས་རྩེ་གཅིག་པའི་མཐུ་ལས་ལྷག་མཐོང་ སྣ་ཚོགས་ཀྱི་རྣམ་པར་ཤར་བའི་ཕྱིར་ཏིང་ངེ་འཛིན་དུ་གསུངས་ཏེ། འཕགས་པ་ཀུན་ནས་སྒོའི་ མདོ་ལས། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །སྒྲ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དྲི་ཏིང་ངེ་འཛིན་དུ་ རྟོགས་པར་བྱའོ། །རོ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །རེག་ཏིང་ངེ་འཛིན་དུ་རྟོགས་པར་ 1-1-399 བྱའོ། །ཡིད་ཀྱི་ཁམས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ་བུད་མེད་དང༌། སྐྱེས་པ་དང༌། ཁྱེའུ་དང༌། བུ་མོའི་གཟུགས་དང༌། ལྷ་དང་ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་ དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོའི་གཟུགས་ཏིང་ངེ་ འཛིན་དུ་རྟོགས་པར་བྱའོ། །སེམས་ཅན་དམྱལ་བའི་གཟུགས་དང་དུད་འགྲོའི་སྐྱེ་གནས་ཀྱི་ གཟུགས་དང་གཤིན་རྗེའི་འཇིག་རྟེན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །རྣམ་པ་ གཞན་ཡང་རྒྱལ་བའི་ཡུམ་ལས། རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ་ཏིང་ངེ་ འཛིན་དེ་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་ རྫོགས་པར་འཚང་རྒྱའོ། །ཞེས་པ་དང༌། དེ་བཞིན་དུ་སྦྱར་ཏེ། འོད་བྱེད་པ་ཞེས་བྱ་བའི་ཏིང་ ངེ་འཛིན་དང༌། འོད་མཐའ་ཡས་པ་དང༌། འོད་དྲི་མ་མེད་པ་དང༌། འོད་ཟེར་རབ་ཏུ་འགྱེད་པ་ དང༌། ནམ་མཁའ་རྒྱས་པར་འགེངས་པ་དང༌། གློག་གི་སྒྲོན་མ་དང༌། གློག་གི་འོད་དང༌། སྒྲོན་ མ་འབར་བ་དང༌། ཉི་མའི་སྒྲོན་མ་དང༌། ཤེས་རབ་སྒྲོན་མ་དང༌། སྣང་བ་གསལ་བ་དང༌། སྣང་ བ་བྱེད་པ་དང༌། ཀུན་ཏུ་སྣང་བ་དང༌། ཟླ་བ་དྲི་མ་མེད་པ་དང༌། ཟླ་བ་དྲི་མ་མེད་པར་རྒྱས་པའི་ འོད་དང༌། རྣམ་པ་ཐམས་ཅད་དུ་འོད་བྱེད་པ་དང༌། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ དང༌། དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་དང༌། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དང༌། ནེམ་ ནུར་རྣམ་པར་སེལ་བ་དང༌། སྤོབས་པ་མཐའ་ཡས་པ་དང༌། གཟུངས་ཀྱི་བློ་གྲོས་དང༌། བརྡ་ དང་སྒྲ་ལ་འཇུག་པ་དང༌། ཚིག་བླ་དྭགས་ལ་ཡང་དག་པར་འཇུག་པ་དང༌། ངེས་པའི་ཚིག་ལ་ གདོན་མི་ཟ་བར་འཇུག་པ་དང༌། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་དང༌། སྤྱི་གཙུག་ རྣམ་པར་བལྟ་བ་དང༌། ཕྱོགས་རྣམ་པར་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ་ཏིང་ངེ་ འཛིན་དེ་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་ རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་པ་ལ་སོགས་ཏིང་ངེ་འཛིན་བརྒྱ་ཉི་ཤུ་དང༌། རྣམ་ 1-1-400 པ་དེ་ལྟ་བུ་གཞན་ཡང་མདོ་སྡེ་དུ་མ་ལས་འབྱུང་བ་རྣམས་རྣམ་ཀུན་མཆོག་ལྡན་ཡིན་གྱི་སྣང་ རྒྱུ་མེད་པ་དང་རིག་རྒྱུ་མེད་པའི་བེམ་སྟོང་ནི་མ་ཡིན་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱིས། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར། འདིར་གལ་ཏེ་རིན་ཆེན་སྒྲོན་མ་བསམ་པའམ་ རབ་ཏུ་སྣང་བ་མེད་པ་ཡིན་ན་དེའི་ཚེ་རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དུ་ཅི་ལྟར་ འགྱུར། དེ་བཞིན་དུ་ཏིང་ངེ་འཛིན་གཞན་རྣམས་ཀྱང་བསམ་པ་མེད་པར་མི་འགྱུར་ཏེ། རང་ རིག་པའི་མཚན་ཉིད་ཀྱི་ཕྱིར་དང༌། བེམ་པོའི་སྟོང་པ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་གསུངས་ པས་གསལ་ལ། གཞན་ཡང་འདི་དག་འདུས་བྱས་ལས་སྣང་རྣམ་པ་སྣ་ཚོགས་སུ་སྣང་བ་ཡང་ མ་ཡིན་ཏེ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ནི་རྒྱལ་བ་རྣམས་ཀྱིས་རྡོ་རྗེ་གསུངས་ལ། དེའི་ མཚན་ཉིད་ནི་དཔལ་རྡོ་རྗེ་རྩེ་མོའི་རྒྱུད་ལས། རྡོ་རྗེ་རྡོ་རྗེ་ཞེས་གསུངས་པ། །ཅིས་འདི་རྡོ་རྗེར་ བརྗོད་ཅེ་ན། །སྲ་ཞིང་སྙིང་པོ་(ཡིན་ལ་)ཁོག་སྟོང་མེད། །གཅད་མེད་དབྱེར་མེད་མཚན་ཉིད་ ཅན། །མི་འཚིག་འཇིག་པ་མ་ཡིན་པ། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་པ་དང༌། ཆོས་ ཀྱི་དབྱིངས་ནི་བརྟན་པ་གང༌། །དེ་ལྟ་བུ་ནི་འདིར་རྡོ་རྗེ། །ཞེས་པ་དང༌། ཆོས་རྣམས་ཀུན་གྱི་དེ་ བཞིན་ཉིད། །སྟོང་པ་ཉིད་ནི་རྡོ་རྗེར་བརྗོད། །ཅེས་གསུངས་ལ། ཐམས་ཅད་གསང་བའི་རྒྱུད་ ལས་ཀྱང༌། རང་བཞིན་གྱིས་ནི་འོད་གསལ་བའི། །སེམས་ནི་རྡོ་རྗེར་མངོན་བརྗོད་བྱ། །ཞེས་ གསུངས་པས་སོ། །དེས་ན་རྡོ་རྗེའི་རྣལ་འབྱོར་འདི་བསྒོམ་པ་ན་རྣམ་པ་དུ་མར་འཆར་ཡང་ངོ་ བོ་ཆོས་ཀྱི་དབྱིངས་གཅིག་ཉིད་ཡིན་པའི་ཕྱིར་དུ་མ་རོ་གཅིག་ཕྱག་རྒྱ་ཆེན་པོའི་གནས་ལུགས་ བསྒོམ་པ་ཡིན་ཏེ། དུས་འཁོར་སྒྲུབ་ལེའི་ཚིགས་བཅད་བརྒྱ་གོ་བརྒྱད་པར། ཕྱག་རྒྱ་སྒྱུ་མའི་ རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། །འཇིག་ རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་ བྱེད། །ཕྱི་དང་ལུས་ལ་(ཁྱབ་ཀྱང་ངོ་བོ་ཆོས་ཀྱི་དབྱིངས་)དབྱེར་མེད་ཡུལ་དང་རྣམ་པར་བྲལ་བ་སྣང་བ་ 1-1-401 ཙམ་ནི་མཁའ་ལ་གནས་པ་ཡི། །སེམས་ལ་སེམས་དག་གིས་ནི་བདག་གིས་འཁྱུད་དེ་འགྲོ་བ་ དུ་མའི་གཟུགས་ཅན་ད་ནི་གཅིག་པུའོ། །ཞེས་གསུངས་ཤིང༌། བདེ་མཆོག་སྟོད་འགྲེལ་ལས་ ཀྱང༌། དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་ཀྱི་ མཆོག་དང་ལྡན་པའོ། །(ཞེས་གསུངས་པའི་ཕྱིར་འདི་ཉིད་ཤེར་ཕྱིན་བསྒོམ་པ་ཡང་ཡིན་ཏེ། དེའི་ཕན་ཡོན་ནི་ཡུམ་ ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །)ཞེས་གསུངས་ པའོ། །དེ་ཉིད་རྡོ་རྗེའི་རྣལ་འབྱོར་ཀྱང་ཡིན་ཏེ། རྩ་རྒྱུད་དབང་མདོར་བསྟན་ལས། དངོས་པོ་ དངོས་མེད་ཡང་དག་སྦྱོར། །རྡོ་རྗེའི་རྣལ་འབྱོར་གཉིས་མེད་མཆོག །གཟུགས་དང་གཟུགས་ མེད་རྣམ་པར་གྲོལ། །པྲ་ཕབ་མེ་ལོང་ལ་བཞིན་ནོ། །ཞེས་པ་དང༌། དེ་བཞིན་དུ་རྣམ་པ་གཞན་ གྱི་སྒོ་ནས་ཀྱང་དུ་མ་ནས་བསྔགས་ཤིང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ ཀྱང༌། དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་ཀྱི་ཐོག་མར། རྣམ་རྟོག་བསྒོམ་པ་ལས་ འདས་པ། །ཕྱག་རྒྱ་ཆེན་པོའི་མི་འགྱུར་བདེ། །གཟུང་དང་འཛིན་པ་དབྱིབས་དག་དང༌། རྟོག་ དང་བརྗོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང༌། །པྲ་ཕབ་པ་ཡི་རང་བཞིན་ ཅན། །ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །ཨེ་ཝཾ་ཡི་གེ་དེ་ལ་འདུད། །ཅེས་པ་དང༌། ཕྲ་ རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་ མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་པ་དང༌། སངས་རྒྱས་ཀུན་གྱི་སྐྱེད་མཛད་མ། །སྐྱེ་བ་ དང་ནི་འཇིག་པ་སྤངས། །ཀུན་དུ་བཟང་པོའི་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། །ཞེས་པ་དང༌། ཨཱ་ལྀ་ཀཱ་ལྀ་སྙོམས་འཇུག་དང༌། །ཧཱུཾ་ཕཊ་ཡི་གེ་སོགས་སྤངས་ཀྱང༌། །འགྱུར་ བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། །ཅེས་བསྟོད་ལ། བཅོམ་ ལྡན་འདས་ཀྱིས་ཀྱང༌། དོན་དམ་པའི་མཚན་ཡང་དག་པར་བརྗོད་པར། འདི་ལྟར་སངས་ རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཞེས་པ་ནས། ཐམས་ཅད་ 1-1-402 ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་བར་དུ་འདི་ཉིད་ཁོ་ན་ ལ་བསྔགས་ཤིང༌། མདོ་རྒྱུད་གཞན་དུ་མ་ལས་ཀྱང༌། ལེགས་པར་བསྟོད་པ་རྣམ་དག་ལེགས་ པའི་ལམ་ཕུན་སུམ་ཚོགས་པའོ། ། ༈ ད་ནི་གཞི་དང་ལམ་དང་འབྲས་བུའི་སྒོ་ནས་ཆོས་ཟབ་མོའི་གནས་ལུགས་ངོ་སྤྲད་ པར་བྱ་སྟེ། ལེགས་པར་གསུངས་པ་བསྟན་པའི་མཐར་ཐུག་དབུ་མ་དང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་དང་རྒྱུད་སྡེ་ཟབ་མོའི་དེ་ཁོ་ན་ཉིད་ཡིན་ལ་དེ་དག་རེ་རེ་ཞིང་ཡང་གཞི་ལམ་འབྲས་ བུའི་ཚུལ་གྱིས་གཏན་ལ་ཕབ་སྟེ་གནས་ལུགས་ཀྱི་དོན་གཅིག་ལ་འཇུག་པ་རིགས་ཤིང་ཤིང་ རྟ་ཆེན་པོ་རྣམས་ཀྱི་སྲོལ་ཡང་ཡིན་པའི་ཕྱིར་རོ། །དེ་ལ་དོན་དང་པོའི་དབང་དུ་མཛད་ནས་ གཞི་དང་རྟེན་དང་གནས་ཞེས་པ་རྣམ་གྲངས་ཀྱི་དོན་ཅན་ནི་ཕལ་ཆེ་བ་རྣམས་ཕུང་པོ་ཁམས་ དང་སྐྱེ་མཆེད་ཁོ་ན་བཞེད་མོད་ཀྱི། དེ་ལྟ་ན་དོན་ལ་གཞི་མ་གྲུབ་པར་ཐལ་བའི་ཕྱིར་གྲུབ་ པའི་མཐའ་ལེགས་པར་སྨྲ་བ་མ་ཡིན་པར་མངོན་ནོ། ། ༈ དེས་ན་ཀུན་རྫོབ་དང་དོན་དམ་པའི་གཞི་གཉིས་ཁས་བླངས་ནས་རེ་ཞིག་ཀུན་རྫོབ་ ཀྱི་གཞི་ནི་ཀུན་གཞིའི་རྣམ་ཤེས་ལ་བསམས་ན་ལེགས་ཏེ། ཆོས་མངོན་པའི་མདོ་ལས། ལེན་ པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །ཅེས་ གསུངས་ཤིང༌། དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་རྩ་འགྲེལ་ལས་ཀྱང༌། ཕུང་པོ་ལ་ སོགས་པ་ཀུན་ཏུ་འབྱུང་བ་ལ་དེའི་ས་བོན་ཡོངས་སུ་རྒྱས་པ་ནི་བག་ཆགས་ཞེས་བྱའོ། །ས་ བོན་ཐམས་ཅད་པ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་དེ་དག་ཉིད་འབྱུང་བའི་ས་བོན་དང་ ལྡན་པའི་ཕྱིར་རོ། །དེར་ཆོས་རྣམས་ས་བོན་དུ་འདུ་བའམ་བདག་ཏུ་འཛིན་པས་སེམས་སུ་ འདུ་བའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པའོ། །སྔོན་གྱི་ལས་ལ་སོགས་པར་འབྱུང་བའི་ཕྱིར་ རྣམ་པར་སྨིན་པའི་རྣམ་པར་ཤེས་པའོ། །ཡང་དང་ཡང་དུ་ཉིང་འཚམས་སྦྱོར་བར་བྱེད་པས་ 1-1-403 ལེན་པའི་ཕྱིར་ལེན་པའི་རྣམ་པར་ཤེས་པའོ། །དེ་ནི་སེམས་ཞེས་བྱ་སྟེ་ཆོས་ཐམས་ཅད་ཀྱི་ བག་ཆགས་བསགས་པའི་ཕྱིར་རོ། །ཞེས་པ་དང༌། ཁམས་ཀྱིས་བསྡུས་པ་གང་ཞེ་ན། ཕུང་ པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀུན་གཞིའི་རྣམ་པར་ཤེས་པས་བསྡུས་པ་སྟེ་དེ་ལ་ ཐམས་ཅད་ཀྱི་ས་བོན་ཡོད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ས་བོན་ཐམས་ཅད་ཀྱི་གཞི་ ཀུན་གཞིའི་རྣམ་ཤེས་རེ་ཤིག་ཁས་བླང་དགོས་སོ། །འོན་ཀྱང་སློབ་དཔོན་ཨ་བྷ་ཡ་ལ་སོགས་ པས་ཀུན་གཞིའི་རྣམ་ཤེས་མེད་པར་གསུངས་པ་ནི་དོན་དམ་པ་ལ་དགོངས་པ་ཡིན་གྱི་གཞན་ དུ་ན་ཀུན་རྫོབ་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཐམས་ཅད་འཇིག་པའི་ཕྱིར་འོས་པ་མ་ཡིན་ནོ། །དེས་ན་མངོན་པ་ཀུན་ལས་བཏུས་ཀྱི་འགྲེལ་པར། ཀུན་གཞིའི་རྣམ་པར་ཤེས་པ་དེ་ཅི་ལྟར་ ཡོད་པར་ཤེས་ཞེ་ན་འདི་ལྟར་དེ་མེད་ན། ལེན་དང་བཟོད་དང་གསལ་བ་དང༌། །ས་བོན་དང་ ནི་ལས་རྣམས་དང༌། །ལུས་ཀྱིས་མྱོང་དང་སེམས་མེད་པའི། །སྙོམས་འཇུག་དེ་བཞིན་འཆི་ མི་རུང༌། །སྡོམ་གྱི་ཚིགས་སུ་བཅད་པ་འདིའི་དབྱེ་བ་འདི་ལྟ་སྟེ། རྣམ་པར་ངེས་པ་བསྡུ་བའི་ ནང་དུ་བྱས་སོ། །རྣམ་པ་བརྒྱད་ཀྱིས་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པ་ཉིད་དུ་རྟོགས་པར་ བྱ་སྟེ། འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ལུས་ཉེ་བར་ལེན་པ་མི་སྲིད་པ་དང༌། བཟོད་མ་བྱུང་བ་མི་སྲིད་པ་དང༌། གསལ་བར་འབྱུང་བ་མི་སྲིད་པ་དང༌། ས་བོན་མི་སྲིད་པ་ དང༌། ལས་མི་སྲིད་པ་དང༌། ལུས་ཀྱི་མྱོང་བ་མི་སྲིད་པ་དང༌། སེམས་མེད་པའི་སྙོམས་འཇུག་ མི་སྲིད་པ་དང༌། རྣམ་པར་ཤེས་པ་འཆི་འཕོ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་པའོ། ། ༈ དོན་དམ་པའི་གཞི་ནི་ཆོས་ཀྱི་དབྱིངས་ཉིད་དེ། དེ་བཞིན་གཤེགས་པའི་སྙིང་པོ་དང༌། རང་བཞིན་གྱི་རིགས་ལ་སོགས་པ་རྣམ་གྲངས་མང་པོས་གསུངས་པ་གང་ཡིན་པ་དེ་ཡིན་ལ་ འདི་ཀུན་གཞིའི་རྣམ་ཤེས་དང་མི་གཅིག་སྟེ། ཀུན་གཞིའི་རྣམ་ཤེས་ནི་སུམ་ཅུ་པ་ལས། དེ་ ནི་མ་བསྒྲིབས་ལུང་མ་བསྟན། །ཞེས་ཐར་པ་ལ་མི་སྒྲིབ་པའི་རྣམ་ཤེས་ངོ་བོ་ལུང་མ་བསྟན་ 1-1-404 དུ་བཤད་ནས། དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་འགག་པར་གསུངས་ཤིང༌། དེ་བཞིན་ གཤེགས་པའི་སྙིང་པོ་ནི། ལང་ཀར་གཤེགས་པར། དེ་བཞིན་གཤེགས་པའི་སྙིང་པོ་དགེ །རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་པ་དང༌། རྒྱན་སྡུག་པོའི་མདོར་ཡང་(དོན་དམ་པའི)། ས་ རྣམས་སྣ་ཚོགས་(འོད་གསལ་དུ་གནས་པ་)ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །ཅེས་པ་དང༌། ཡང་ལང་ཀའི་མདོར། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་ དགེ ། ཞེས་ངོ་བོ་དགེ་བར་གསུངས་ཤིང༌། ཀུན་གཞིའི་སྒྲས་བསྟན་ཀྱང་རྟོག་གེའི་སྤྱོད་ཡུལ་ ལས་འདས་པར་གསུངས་པས་སོ། །དེས་ན་དོན་དམ་པའི་གཞི་(རང་བཞིན་དུ་གནས་པའི་རིགས་) འདི་སྒྲུབ་པའི་ཕྱིར་འཕགས་པ་ཐོགས་མེད་ཀྱིས། རྒྱུད་བླ་མའི་འགྲེལ་པར་མདོ་དྲངས་ནས་ བཤད་པ། ཐོག་མ་མེད་དུས་ཅན་གྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་ པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལ་ཅི་ ལྟར་ན་ཐོག་མ་མེད་པའི་དུས་ཅན་ཡིན་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་དབང་ དུ་མཛད་ནས་སྔོན་གྱི་མཐའ་མི་དམིགས་སོ་ཞེས་(ཐོག་མ་མེད་པར་)བསྟན་ཅིང་རབ་ཏུ་གཞག་པ་ གང་ཡིན་པའོ། །དབྱིངས་ཞེས་བྱ་བ་ནི་ཇི་སྐད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ སྙིང་པོ་གང་ལགས་པ་འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་རང་བཞིན་གྱིས་ ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོའོ། །ཞེས་གསུངས་པའོ། །ཆོས་རྣམས་ཀུན་གྱི་གནས་ཡིན་ ཏེ། །ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ ནི་(རང་བཞིན་རྣམ་དག་དང་གཅིག་ཏུ་)འབྲེལ་པ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། (དག་པ་) འདུས་མ་བྱས་པའི་ཆོས་རྣམས་ཀྱི་གནས་དང་གཞི་དང་རྟེན་ལགས་ལ་བཅོམ་ལྡན་འདས་དེ་ བཞིན་གཤེགས་པའི་སྙིང་པོ་ནི་(གློ་བུར་དྲི་མ་དང་ངོ་བོ་གཅིག་ཏུ་)མ་འབྲེལ་བ། རྣམ་པར་དབྱེ་བ་དང་ 1-1-405 བཅས་པའི་ཆོས། བྲལ་ཤེས་པ། (མ་དག་པ་)འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གཞི་དང་གནས་ དང་རྟེན་ལགས་སོ་ཞེས་གསུངས་པའོ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །ཞེས་བྱ་བ་ནི། ཇི་ སྐད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་(དྲི་བཅས་སུ་)མཆིས་ན། དེ་ལ་འཁོར་ བ་ཞེས་ཚིག་གིས་བཏགས་པ་ལགས་སོ་ཞེས་གསུངས་པའོ། །མྱ་ངན་འདས་པའང་ཐོབ་པར་ འགྱུར། །ཞེས་པ་ནི་ཇི་སྐད་དུ་བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་ མཆིས་ན་(སྤང་བྱའི་དྲི་མ་གཞི་མེད་དུ་འགྱུར་བས་)སྡུག་བསྔལ་ལ་ཡང་ཡིད་འབྱུང་བར་མི་འགྱུར་ཞིང༌། (ཐོབ་བྱའི་སྙིང་པོ་གཞི་མེད་དུ་འགྱུར་བས་)མྱ་ངན་ལས་འདས་པ་ལ་ཡང་འདོད་པ་དོན་དུ་གཉེར་བ་དང་ སྨོན་པར་ཡང་མི་འགྱུར་རོ་ཞེས་རྒྱས་པར་གསུངས་སོ། །ཞེས་པ་དང༌། རྒྱུད་བླ་མར་ཡང༌། ཇི་ ལྟར་འཇིག་རྟེན་ཐམས་ཅད་དུ། །ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག །དེ་བཞིན་(དུ་གཞི་)འདུས་མ་ བྱས་(ཀྱི་)དབྱིངས་ལ། །དབང་པོ་རྣམས་ནི་སྐྱེ་ཞིང་འཇིག །ཇི་ལྟར་ནམ་མཁའ་མེ་རྣམས་ཀྱིས། །སྔོན་ཆད་ནམ་ཡང་ཚིག་པ་མེད། །དེ་བཞིན་(དུ་ཆོས་དབྱིངས་)འདི་ནི་འཆི་བ་དང༌། །ན་དང་རྒ་ བའི་མེ(གསུམ་པོ)ས་མི་འཚིག །(འཇིག་རྟེན་འཆགས་པ་ན་)ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་ རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང༌། །ས་ཡི་ཁམས་ལ་(ཁྱབ་ཀྱང་ངོ་བོ་གཅིག་པར་) གནས་མ་ཡིན། །དེ་བཞིན་(དུ་)ཕུང་པོ་(དང་)ཁམས་(དང་)དབང་(པོ་)རྣམས། །ལས་དང་ཉོན་ མོངས་དག་ལ་གནས། །ལས་དང་ཉོན་མོངས་(ནི་)ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་ གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་ རང་བཞིན་(རྣམ་དག་དེ་འདུས་བྱས་ཀྱི་)ཆོས་རྣམས་ནི། །ཐམས་ཅད་ལ་ཡང་(ཁྱབ་ཀྱང་ངོ་བོ་གཅིག་པར་) གནས་པ་མེད། །ཅེས་སེམས་ཀྱི་ཆོས་ཉིད་རང་བཞིན་རྣམ་དག་ཆོས་ཐམས་ཅད་ཀྱི་གཞིར་ གསུངས་ཤིང༌། རྒྱལ་བའི་ཡུམ་ལས་ཀྱང༌། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། དེ་ བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་ 1-1-406 དང་ཆོས་ཀྱི་གནས་ཉིད་དང་ཆོས་སྐྱོན་མེད་པ་དེ་ནི་(གཞི་ལ་བཞུགས་པ་)དེ་བཞིན་གཤེགས་པས་ (དྲི་བྲལ་དུ་བྱས་ནས་)མངོན་པར་རྫོགས་པར་སངས་རྒྱས་རྒྱས་སོ། །མངོན་པར་ཐུགས་སུ་ཆུད་ དོ། །མངོན་པར་རྫོགས་པར་སངས་རྒྱས་ཏེ་ཐུགས་སུ་ཆུད་ནས་ཀྱང་(ཆོས་ཉིད་ཟབ་མོ་འདི་སྙིང་པོ་ ཉིད་དུ་)གསུང་ངོ༌། །སྟོན་ཏོ། །བརྗོད་དོ། །འགྲེལ་ཏོ། །རྣམ་པར་འབྱེད་དོ། །ཡང་དག་པར་ སྟོན་ཏོ། །ཞེས་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོར་ཡང༌། རིགས་ཀྱི་བུ་(གཞི་ རང་བཞིན་རྣམ་དག་)འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་ རུང༌། མ་བྱུང་ཡང་རུང་སེམས་འདི་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་པ་དང༌། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལས་ཀྱང༌། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་ མིན། །ཞེས་པ་དང༌། སམ་པུ་ཊར་ཡང༌། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་ གང་ནའང་སངས་རྒྱས་མེད། །ཅེས་པ་དང༌། གསང་འདུས་ཀྱི་བཤད་རྒྱུད་རྡོ་རྗེ་ཕྲེང་བར། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཕུང་ལ་ནི་ཡང་དག་བཞུགས། །རྗེས་སུ་ཆགས་པའི་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་ པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་ཤེས་ཀྱི་ནི་ཕུང་པོར་བཞུགས། །ལས་ རྣམས་ཀུན་གྱི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །ཞེས་གསུངས་ཤིང་སེམས་ཀྱི་རང་བཞིན་སངས་ རྒྱས་ལ་དགོངས་ནས། བརྟག་གཉིས་སུ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་ གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་ལ། གློ་བུར་དྲི་ མ་སྦྱང་བའི་གཞི་དོན་དམ་ཆོས་ཉིད་འོད་གསལ་དྲི་བཅས་དེ་བཞིན་ཉིད་ཀྱི་གནས་ལུགས་ བསྟན་པའི་ཕྱིར། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སངས་རྒྱས་པད་ངན་(ལ་ཡོད་པ་དང་)སྦྲང་རྩི་ 1-1-407 སྦྲང་མ་ལ་(ཡོད་པ་དང་)། །སྦུན་ལ་སྙིང་པོ་(ཡོད་པ་དང་)མི་གཙང་ནང་ན་གསེར་(ཡོད་པ་དང་)། །ས་ ལ་གཏེར་(ཡོད་པ་)དང་མྱུག་སོགས་འབྲས་ཆུང་(ལ་ཡོད་པ་)དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་ (ཡོད་པ་)དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་(ཡོད་པ་)དང༌། ས་ལ་རིན་ཆེན་གཟུགས་ ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་སྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ ཁམས་འདི་(གཞི་ལ་)གནས (སོ)། །(སྦུན་པ་ནི་)དྲི་མ་ངན་པ་སྲོག་ཆགས་སྦུན་པ་མི་གཙང་ས་ འབྲས་གོས་ཧྲུལ་དང༌། །སྡུག་བསྔལ་འབར་བས་མངོན་པར་གདུངས་པའི་བུད་མེད་ས་ཡི་ ཁམས་དང་མཚུངས། །སངས་རྒྱས་སྦྲང་རྩི་སྙིང་པོ་གསེར་དང་གཏེར་དང་ནྱ་གྲོ་རིན་ཆེན་སྐུ། །གླིང་བདག་མཆོག་དང་རིན་ཆེན་གཟུགས་དང་དྲི་མེད་ཁམས་མཆོག་མཚུངས་པ་ཉིད། །ཅེས་ པ་ལ་སོགས་པ་རྒྱས་པར་གསུངས་ཤིང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་ པ་ལས་ཀྱང་ཚུལ་དེ་ལེགས་པར་གཏན་ལ་ཕབ་པའི་ཕྱིར། དྲི་མ་སྦྱང་བའི་གཞི་སེམས་ཀྱི་རང་ བཞིན་འོད་གསལ་རྡོ་རྗེའི་རིགས་སུ་བཞུགས་པ་ལ་ཡིད་ཆེས་པར་གྱུར་ཅིག ། ༈ གཞི་དེ་ལ་གནས་པ་ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་གིས་བསྐྱེད་པའི་གློ་བུར་དྲི་ མ་ནི་སྦྱང་རྒྱུ་ཡིན་ལ། དེ་སྦྱོང་བར་བྱེད་པའི་ཐབས་ལམ་ལྔ་དང་ས་བཅུ་རིམ་གྱིས་བགྲོད་དེ་ བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་བསྒོམ་པའི་ཚུལ་ཐེག་པ་ ཐུན་མོང་བ་ལྟར་ན་ཚོགས་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོར་བྱང་ཆུབ་ཕྱོགས་མཐུན་གྱི་ ཐོག་མ་དྲན་པ་ཉེར་བཞག་རྣམ་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་ རྐང་པ་བཞི་བསྒོམ་པ་དང༌། སྦྱོར་ལམ་དྲོད་དང་རྩེ་མོའི་སྐབས་སུ་དབང་པོ་ལྔ་དང༌། བཟོད་ པ་དང་ཆོས་མཆོག་གི་སྐབས་སུ་སྟོབས་ལྔ་བསྒོམ་པ་དང༌། མཐོང་ལམ་དུ་བྱང་ཆུབ་ཀྱི་ཡན་ ལག་བདུན་བསྒོམ་པ་དང༌། དེ་ནས་བཟུང་སྟེ་ས་བཅུའི་མཐར་ཐུག་པར་བསྒོམ་ལམ་གྱི་ སྐབས་སུ་འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམ་པ་ཡོངས་སུ་རྫོགས་ནས་ས་བཅུ་རྒྱུན་ 1-1-408 གྱི་མཐར་མི་སློབ་པའི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤང་བྱའི་ལྷག་མ་ཕྲ་མོའི་བག་ལ་ ཉལ་ཀུན་གཞིའི་རྣམ་ཤེས་དང་བཅས་པ་བཅོམ་ནས་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་འཚང་ རྒྱ་བར་བཞེད་ལ། ཐུན་མོང་མ་ཡིན་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱིས་ཐེག་པ་ཆེན་ པོར་སེམས་བསྐྱེད་ནས་རྗེས་ཐོབ་ཏུ་སེམས་ཅན་ལ་ཅི་ཕན་བྱེད་པའི་བསོད་ནམས་ཀྱི་ཚོགས་ རྒྱ་ཆེན་པོ་སྒྲུབ་པ་དང༌། དཀྱིལ་འཁོར་འཁོར་ལོ་ལ་སོགས་པ་བསྐྱེད་པའི་རིམ་པས་རྗེས་ སུ་དཔག་པའི་ཚུལ་དུ་ལྷའི་དམིགས་པ་བསྒོམས་ནས་མོས་པ་ཡིད་ལ་བྱེད་ཅིང༌། གཙོ་ཆེར་ མཉམ་བཞག་རྟོག་མེད་ཀྱི་ཏིང་ངེ་འཛིན་ཟབ་མོ་ལ་བརྟེན་ནས་མངོན་སུམ་གྱི་ཚུལ་དུ་བདེ་ སྟོང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་འགྱུ་བ་བཀག་ནས་སྤྱན་ དང་མངོན་པར་ཤེས་པ་དང་ལམ་གྱི་ཡོན་ཏན་འགྱུར་མེད་བདེ་བའི་སྐ་ཅིག་ཉི་ཁྲི་ཆིག་སྟོང་ དྲུག་བརྒྱ་རྫོགས་ནས་ས་བཅུ་གཉིས་ཀྱི་དབང་ཕྱུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བཞེད་ དེ། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལེའུའི་ཚིགས་བཅད་ཉིས་བརྒྱ་སུམ་ཅུ་རྩ་གཉིས་ པ་ལ་སོགས་པར། ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་ གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་ མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་ དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང༌། །དེ་ནི་རི་མོ་སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་ བློ་ཅན་རྣལ་འབྱོར་རྣམས་ཀྱིས་བསྒོམ་པའི་དོན། །གཟུགས་སམ་ཡང་ན་དཀྱིལ་འཁོར་དག་ ཀྱང་དང་པོར་བྲིས་སྐུ་ལ་ནི་དེ་ཉིད་མིན་པས་བསྒོམ་པར་བྱ། །ནམ་མཁའ་ལ་ནི་སྦྱོར་བ་ རྣམས་ཀྱིས་རང་སེམས་མ་ཚང་མེད་པ་མཐའ་དག་མཐོང་གྱུར་པ། །ལོ་ཡི་ཕྱེད་དང་ལོ་གཅིག་ བླ་མའི་ངེས་པའི་དབང་གིས་ཇི་སྲིད་ཉིད་དུ་བརྟན་པར་གྱུར་གྱི་བར། །དེ་ནས་ཕྱག་རྒྱའི་ སྦྱོར་བས་ཉིན་ཞག་འགའ་ཞིག་རྣམས་ཀྱིས་འགྱུར་བ་མེད་པ་ཉིད་དུ་རབ་ཏུ་འགྱུར། །ཞེས་ 1-1-409 གསུངས་ཤིང༌། དེའི་འགྲེལ་པར། ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་ གྲུབ་ཀྱི་སླད་དུ་ལྷའི་དམིགས་པ་གསུངས་པ། ལྷ་ཡི་ཞེས་པ་ལ་སོགས་པ་སྟེ། འདིར་སེམས་ ཅན་རྣམས་ཀྱི་བསམ་པའི་དབང་གིས་རྣལ་འབྱོར་པ་རྣམས་ཀྱི་ལྷའི་དམིགས་པ་གང་ཡིན་ མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། མངོན་སུམ་དང་རྗེས་ སུ་དཔག་པ་དེ་དག་ལས་མངོན་སུམ་གང་ཡིན་པ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་ བཞིན་དུ་འགྱུར་ཏེ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་པ་ནི་ཤ་ལ་སོགས་ པའི་མིག་གིས་གཟུང་བར་བྱ་བ་སྲིད་པ་གསུམ་དང་དུས་གསུམ་རྨི་ལམ་དང་སྒྱུ་མ་དང་ མཚུངས་པའོ། །འདིར་དང་པོར་ལས་དང་པོ་པའི་རྣལ་འབྱོར་པས་མངོན་པར་ཤེས་པ་མེད་ པར་ཤའི་མིག་གིས་སྣ་ཚོགས་(སྟོང་གཟུགས་)མཐོང་ངོ༌། །དེ་ནས་མངོན་པར་ཤེས་པའི་མཚམས་ ཀྱི་དབང་གིས་ལྷའི་མིག་གིས་མཐོང་ངོ༌། །དེ་ནས་ཆགས་པ་དང་བྲལ་བ(ས་དང་པོ)འི་མཚམས་ ཀྱི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་(བསྒོམ་ ལམ་བཅུའི་)མཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་ཡང་དག་ པར་རྫོགས་པའི་སངས་རྒྱས་ཀྱི་(ས་བཅུ་གཉིས་པའི་)མཚམས་ཀྱི་དབང་(རྣམ་པར་མི་རྟོག་པ་ཉིད་)གིས་ ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ། ལྷག་མ་ཀུན་ལས་རྣམ་གྲོལ་ཞིང་(ནམ་མཁའི་ལམ་ལ་རབ་གནས་ པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་)། །ཞེས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་ཤ་ལ་སོགས་པའི་ སྤྱན་ལྔ་པོ་རྣམས་ནི་སྟོང་པ་ཉིད་(འོད་གསལ་)གཟིགས་པའི་སླད་དུ་སྟེ། སེམས་ཅན་གཞན་(རྣལ་ འབྱོར་མེད་པ་)རྣམས་ནི་སྟོང་པ་ཉིད་ལྟ་བའི་ཡུལ་ལ་དམུས་ལོང་ངོ༌། །འདི་རྣམས་ཀྱི་རྒྱས་པ་(ས་ ཐོབ་ཚུལ་ལ་སོགས་)ནི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱ་སྟེ། དེ་ཁོ་ན་ ཉིད་སྒོམ་པའི་ངེས་པའོ། །དེ་ཁོ་ན་ཉིད་མ་ཡིན་(པ་མོས་པ་ཡིད་ལ་བྱེད་)པའི་སྒྲུབ་པ་ལ་མངོན་སུམ་ མིན་ན་རྗེས་སུ་དཔག་པ་ཤི་བའི་ལུས་(ལ་སེམས་ཅན་དུ་མོས་པ་བྱེད་པ་)བཞིན་དེ་ཉིད་མིན་པ་ཡིས་ནི་ 1-1-410 བརྟགས་པ་གང༌། དེ་ནི་རི་མོ་སོགས་ལ་བལྟ་བྱ་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སྐུ་གཟུགས་རི་མོར་བྱས་པའམ་ལུགས་མའམ་དཀྱིལ་འཁོར་གྱི་འཁོར་ལོ་ བྲིས་ནས་(དོན་དམ་གྱི་ལྷ་ཡིན་)ངེས་པའི་རྣམ་པར་(མོས་པ་)བལྟ་བར་བྱས་ཏེ། བྱིས་པའི་རྣལ་འབྱོར་ པ་(འོད་གསལ་མཐོང་བའི་སྐལ་བ་)དམན་པ་རྣམས་ཀྱིས་བསྒོམ་པའི་དོན་དུའོ་ཞེས་པ་རྣམ་པར་རྟོག་ པའི་བསྒོམ་པའི་ངེས་པའོ། །ད་ནི་རྣམ་པར་རྟོག་པ་བསྒོམ་པའི་ཐབས་གསུངས་པ། གཟུགས་ ཞེས་པ་ལ་སོགས་པ་སྟེ་འདིར་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་ཀྱི་ནུས་པའི་ གཟུགས་ཞེས་པ་ལྷ་གཅིག་གམ་དཀྱིལ་འཁོར་བྲིས་སྐུར་བྲིས་པ་(ལ་སངས་རྒྱས་སུ་མོས་པ་)བསྒོམ་ པར་བྱ་སྟེ། དང་པོར་བྲིས་སྐུ་ལ་ནི་དེ་ཉིད་མིན་པས་རང་སེམས་བསྒོམ་པར་བྱ། །ཞེས་སོ། །དེ་ཁོ་ན་ཉིད་(ཡིད་ལ་བྱེད་པ་རྣམས)ཀྱིས་ཀྱང་ནམ་མཁའ་ལ་ནི་དེ་ཉིད་སྦྱོར་བ་དག་གིས་ཞེས་ པ་སྟོང་པ་ཉིད་དང་རྡོ་རྗེའི་སྦྱོར་བས་རང་སེམས་མཐའ་དག་མ་ཚང་མེད་པ་མཐོང་གྱུར་པ། །ཞེས་པ་རྣམ་པ་ཐམས་ཅད་པ་སྟེ་གཟུགས་དང་དཀྱིལ་འཁོར་གྱི་འཁོར་ལོ་བརྟགས་པ་མེད་ པའི་ཕྱིར་རོ། །དེ་ལྟར་གཟུགས་ལ་སོགས་པ་བྲིས་སྐུར་བྲིས་པ་བརྟགས་པ་འམ་སྟོང་པ་ཉིད་ ཀྱི་གཟུགས་མ་བརྟགས་པ་ལོའི་ཕྱེད(ཟླ་དྲུག་གོམས་པའི་སྦྱོར་བ་ཉིད་)དམ་ལོ་གཅིག་བླ་མའི་ངེས་ པའི་དབང་གིས་ཇི་སྲིད་ཉིད་དུ་རང་སེམས་བརྟན་པར་གྱུར་གྱི་བར་དུ་(བསྒོམ་པ)འོ། །དེ་ནས་ ཕྱག་རྒྱའི་སྦྱོར་བས་ཞེས་པ་ནི་སོ་སོར་སྡུད་པ་དང་བསམ་གཏན་དང་སྲོག་རྩོལ་དང་འཛིན་ པའི་སྟོབས་ཀྱིས་རང་སེམས་བརྟན་པ་སྐྱེས་པར་གྱུར་པ་ན་དེ་ནས་(རྗེས་དྲན་དག་པའི་མགོ་བརྩམས་ ཏེ་)ཕྱག་རྒྱའི་སྦྱོར་བས་(བྱང་ཆུབ་ཀྱི་སེམས་མི་འཕོ་ན་)ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཞེས་པ་ནི་ དུས་ཀྱི་འཁོར་ལོའི་ཉིན་ཞག་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གིས་སོ་ཞེས་པ་ངེས་ པ་སྟེ་ཉིན་ཞག་འདི་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པ་ཉིད་རབ་ཏུ་འགྱུར་ཏེ་ དྲི་མ་མེད་པ་ཉིད་དུ་འགྱུར་རོ་ཞེས་(ཏིང་ངེ་འཛིན་གྱི་ཡན་ལག་དང་)འབྲེལ་ལོ། །ཞེས་པ་དང༌། ལེའུ་ 1-1-411 ལྔ་པའི་མཆོག་ཏུ་མི་འགྱུར་བ་གྲུབ་པར་ཡང༌། ཤེས་རབ་ཀྱི་ཆགས་པ་ལས་བྱུང་བ་མི་འགྱུར་ བའི་བདེ་བ་ཆེན་པོའི་སྐ་ཅིག་རྣམས་ཀྱིས་དེ་བཞིན་གཤེགས་པའི་ས་འདི་རྣམས་ཐོབ་སྟེ་མི་ འཕོ་བའི་སྐ་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཐོབ་པས་ས་དང་པོ་ཐོབ་པོ། །གྲངས་འདིས་ས་བཅུ་ གཉིས་ཀྱི་མཐར་ཐུག་པར་རོ། །མི་འགྱུར་བའི་སྐ་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམས་ཀྱིས་ ས་བཅུ་གཉིས་ཐོབ་སྟེ། ཡན་ལག་བཅུ་གཉིས་འགགས་པ་ཇི་སྲིད་པར་རོ། །དུས་སྦྱོར་བཅུ་ གཉིས་འགགས་པས་ཟླ་བ་བཅུ་གཉིས་འགག་གོ །ཟླ་བ་བཅུ་གཉིས་འགགས་པས་ཉིན་ ཞག་སུམ་བརྒྱ་དྲུག་ཅུ་འགག་གོ །ཉིན་ཞག་སུམ་བརྒྱ་དྲུག་ཅུ་འགགས་པས་ཆུ་ཚོད་ཉི་ཁྲི་ ཆིག་སྟོང་དྲུག་བརྒྱ་རྣམས་འགག་སྟེ་དེ་ལྟར་ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ལུས་ལ་ཆུ་ཚོད་ ཀྱི་གྲངས་ཀྱི་དབུགས་རྣམས་འགག་གོ །དབུགས་འགགས་པས་ལུས་འགག་སྟེ་བྱང་ཆུབ་ཀྱི་ སེམས་འགྱུར་བ་མེད་པའི་སྐ་ཅིག་རྣམས་ཀྱིས་སོ། །ཞེས་གསུངས་པ་གང་ཡིན་པའོ། ། ༈ དེ་ལྟ་བུའི་ལམ་རྣམ་པར་དག་པ་ཡང་ལྟ་བ་དང་སྒོམ་པ་དང་སྤྱོད་པ་རྣམ་པར་དག་པ་ ལ་རག་ལས་པའི་ཕྱིར་དོན་དང་པོའི་དབང་དུ་མཛད་དེ། དུས་འཁོར་ནང་ལེའི་ཚིགས་བཅད་ བརྒྱ་ལྔ་བཅུ་རྩ་ལྔ་པར། བདག་མེད་ལས་ཀྱི་རྣམ་སྨིན་སྲིད་པ་གསུམ་དང་དུས་ཀྱི་འགྲོ་བ་ ཡན་ལག་བཅུ་གཉིས་རྟེན་འབྲེལ་ལས། །ཡང་དག་བྱུང་དང་རིག་བྱེད་བདེན་པ་གཉིས་ཀྱིས་ བསྒྱུར་བའི་དགུ་ནི་མ་འདྲེས་སངས་རྒྱས་ཆོས་རྣམས་ཏེ། །ཕུང་པོ་ལྔ་དང་སྐུ་གསུམ་ལྷན་ སྐྱེས་ཞེས་དང་དེ་བཞིན་ཉིད་དུ་བེམ་པོ་མ་ཡིན་སྟོང་པ་ཉིད། །འདི་དག་གང་དུ་གསུངས་པ་ དེ་ནི་ངེས་པར་རྡོ་རྗེ་ཅན་གྱི་བསྟན་པ་དག་ཏུ་རབ་ཏུ་འགྱུར། །ཞེས་གསུངས་ཏེ། དེའི་འགྲེལ་ པར་ད་ནི་མཆོག་གི་དང་པོའི་སངས་རྒྱས་ལས་འཇམ་དཔལ་གྱིས་རང་དང་གཞན་གྱི་ལྟ་བའི་ འདོད་པའི་རྣམ་པར་བཞག་པ་གསུངས་པ། འདིར་འཇིག་རྟེན་ཀུན་རྫོབ་ཀྱིས་རྣམ་པར་ དཔྱད་ན་འཇིག་རྟེན་གྱི་དངོས་གྲུབ་ཀྱི་སླད་དུ་ལྟ་བ་ཐམས་ཅད་ཀྱི་གྲུབ་པའི་མཐའ་མཚུངས་ 1-1-412 སོ། །འདི་ལྟ་སྟེ། དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱར། །དཔེ་ དེའི་རང་བཞིན་ཉིད་འགྱུར་ཏེ། །སྣ་ཚོགས་གཟུགས་ཀྱིས་ནོར་བུ་བཞིན། །ཞེས་པ་སྟེ་དངོས་ པོའི་རྣམ་པར་བརྟག་པ་མཚུངས་ཤིང་དེ་བཞིན་དུ་ཁམས་དང་དབང་པོ་ལ་སོགས་པ་རྣམ་ པར་དཔྱོད་པའང་མཚུངས་ལ་ཐ་སྙད་ཅན་བྱེད་པ་པོ་དང་བྱེད་པ་ལ་སོགས་པ་ལ་ཡང་ མཚུངས་ཏེ་སངས་རྒྱས་པ་དང་མུ་སྟེགས་པ་དག་ལ་བྱེ་བྲག་མེད་དོ། །སྟོང་པ་ཉིད་ཀྱི་དེ་ཁོ་ན་ ཉིད་ལ་ནི་བྱེ་བྲག་ཡོད་དེ། དེ་ཡང་བདག་མེད་ཅེས་པ་ལ་སོགས་པའོ། །བདག་མེད་ནི་རྣམ་པ་ གཉིས་ཏེ་གང་ཟག་གི་བདག་མེད་པ་དང་ཆོས་ཀྱི་བདག་མེད་པའོ། །ལས་ཀྱི་རྣམ་སྨིན་ནི་རྣམ་ པ་གསུམ་སྟེ་ལུས་དང་ངག་དང་ཡིད་ཀྱིའོ། །སྲིད་པ་གསུམ་ཞེས་པ་ནི་འདོད་པ་དང་གཟུགས་ དང་གཟུགས་མེད་པའོ། །དུས་ཀྱི་འགྲོ་བ་ཞེས་པ་ནི་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་ དང་མི་དང་ལྷ་མ་ཡིན་དང་ལྷ་རྣམས་ཀྱི་འགྲོ་བ་སྟེ་འགྲོ་བ་དྲུག་གོ །ཡན་ལག་བཅུ་གཉིས་ རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ་དེ་ལས་དངོས་སུ་ཡང་དག་འབྱུང་བ་ནི་འགྲོ་བ་དྲུག་པོ་ རྣམས་སོ། །རིག་བྱེད་བདེན་པ་ཞེས་པ་ནི་འཕགས་པའི་བདེན་པ་བཞི་སྟེ་སྡུག་བསྔལ་དང་ ཀུན་འབྱུང་དང་ལམ་དང་འགོག་པའི་མཚན་ཉིད་དོ། །གཉིས་ཀྱིས་བསྒྱུར་བའི་དགུ་ཞེས་པ་ བཅོ་བརྒྱད་ནི་མ་འདྲེས་སངས་རྒྱས་ཆོས་རྣམས་ཏེ་འཆད་པརའགྱུར་བ་ལས་བརྗོད་པར་ བྱའོ། །ཕུང་པོ་ལྔ་ཞེས་པ་ནི་གཟུགས་ལ་སོགས་པའོ། །སྐུ་གསུམ་ཞེས་པ་ནི་ཆོས་ཀྱི་སྐུ་ལ་ སོགས་པའོ། །ལྷན་ཅིག་སྐྱེས་པའི་སྐུ་ནི་བཞི་པའོ། །དེ་བཞིན་དུ་བེམ་པོ་མ་ཡིན་སྟོང་པ་ཉིད་ ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་པྲ་ཕབ་པ་ལྟ་བུའོ། །བདག་མེད་ལ་སོགས་པ་ འདི་དག་གང་དུ་ཞེས་པ་ཐེག་པ་གསུམ་དུ་སྟོན་པ་པོས་གསུངས་པ་དེ་ནི་རབ་ཏུ་གསལ་ཞིང་ ངེས་པར་རྡོ་རྗེ་ཅན་གྱི་བསྟན་པ་སྟེ་སངས་རྒྱས་པའི་ལྟ་བའི་དབང་གིས་སེམས་ཅན་གྱི་ བསམ་པས་སོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་གསུངས་པའོ། །འདིའི་ 1-1-413 མཐར་ཐུག་གི་ལྟ་བ་སྟོང་པ་ཉིད་དང་བདག་མེད་དང་མཐའ་བྲལ་གྱི་སྒོ་ནས་ཁོང་དུ་ཆུད་པར་ བྱ་དགོས་ཏེ། དེ་ལ་སྟོང་པ་ཉིད་ཀྱི་ཚུལ་ནི། གསུང་རབ་ལས། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་ པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་ དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་ པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་ པོ་མེད་པ་སྟོང་པ་ཉིད་དང༌། ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་དེ་བཅོ་བརྒྱད་གསུངས་པའི་སྟེང་དུ་རང་གི་ངོ་བོ་སྟོང་པ་ཉིད་དང་གཞན་གྱི་ངོ་བོ་སྟོང་ པ་ཉིད་བསྣན་ཏེ་ཉི་ཤུར་གསུངས་པ་དང༌། འགའ་ཞིག་ཏུ་དེ་གཉིས་དང་མི་དམིགས་པ་སྟོང་ པ་ཉིད་དང་ངོ་བོ་ཉིད་སྟོང་པ་ཉིད་དེ་བཞི་པོ་བསྡུས་ནས་བཅུ་དྲུག་ཏུ་ཡང་གསུངས་པ་ལས། ཡུམ་དུ། ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་སོགས་གསུངས་པའི་རྗེས་སུ་ འབྲངས་ཏེ། རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་པཎྜི་ཏ་ སེང་གེ་བཟང་པོ་ལ་སོགས་པ་བཞེད་པ་ནི་ཀུན་རྫོབ་ཐམས་ཅད་དཔྱད་ན་ཅིར་ཡང་མ་གྲུབ་ པའི་སྟོང་ཉིད་ལྟ་བ་ཐུན་མོང་པ་དང་མཐུན་པར་མངོན་ལ། ཡོད་པ་ལ་ཡང་ཡོད་པར་ཡང་ དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མེད་པ་ལ་ཡང་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་ དུ་རབ་ཏུ་ཤེས་སོ། །འདི་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པ་སྟེ་ཕྱིན་ཅི་མ་ལོག་པའོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ་དབུས་མཐར། ཟ་བ་བཟའ་དང་དེ་ཡི་ལུས། །གནས་ ཀྱི་གཞི་ཡི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་གཏང་ 1-1-414 བར་མི་བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་ སེམས་དཔའ་སྒྲུབ་པར་བྱེད། །ཅེས་གསུངས་ཤིང༌། དེའི་འགྲེལ་པར་དེ་ལ་ཟ་བ་སྟོང་པ་ཉིད་ ནི་ནང་གི་སྐྱེ་མཆེད་རྣམས་ལས་བརྩམས་སོ། །བཟའ་བ་སྟོང་པ་ཉིད་ནི་ཕྱི་རོལ་གྱི་རྣམས་སོ། །དེའི་ལུས་ནི་ཟ་བ་དང་བཟའ་བ་དེ་གཉིས་ཀྱི་གནས་གང་ཡིན་པ་སྟེ་ཁོག་པའོ། །དེའི་སྟོང་པ་ ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །གནས་ཀྱི་གཞི་ནི་སྣོད་ཀྱི་འཇིག་རྟེན་ཏེ་དེ་རྒྱ་ཆེ་བའི་ ཕྱིར་དེའི་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །ནང་གི་སྐྱེ་མཆེད་ལ་སོགས་པ་དེ་ཡང་ གང་གིས་སྟོང་པར་མཐོང་ཞེ་ན་སྟོང་པ་ཉིད་ཤེས་པ་སྟེ་དེའི་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ ཉིད་དོ། །ཇི་ལྟར་དོན་དམ་པའི་རྣམ་པར་མཐོང་བ་དེའི་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ ཉིད་དོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་དེ་དེ་ཡང་སྟོང་པ་ཉིད་དོ། །ཅིའི་ ཕྱིར་སྒྲུབ་པར་བྱེད་ཅེ་ན་དགེ་གཉིས་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་སྟེ། དགེ་གཉིས་ནི་ འདུས་བྱས་དང་འདུས་མ་བྱས་སོ། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར་ཞེས་བྱ་བ་ནི་སེམས་ ཅན་ལ་གཏན་དུ་ཕན་པར་བྱ་བའི་ཕྱིར་རོ། །འཁོར་བ་གཏང་བར་མི་བྱའི་ཕྱིར་ཞེས་བྱ་བ་ནི་ འཁོར་བ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དུ་མ་མཐོང་ན་སྐྱོ་སྟེ་འཁོར་བ་ཡོངས་སུ་ གཏོང་ངོ༌། །དགེ་བ་མི་ཟད་བྱས་པའི་ཕྱིར་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་མི་གཏོང་ཞིང་མི་འདོར་བ་གང་ཡིན་པའོ། །རིགས་ ཀྱང་རྣམ་པར་དག་བྱའི་ཕྱིར་ཞེས་བྱ་བ་ལ་རིགས་ནི་རང་བཞིན་ཏེ་ངོ་བོ་ཉིད་ཀྱི་ཕྱིར་རོ། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་རྣམས་དང་བཅས་ པ་ཐོབ་པར་བྱ་བའི་ཕྱིར་རོ། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་ དཔའ་སྒྲུབ་པར་བྱེད། །ཅེས་བྱ་བ་ནི་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ་ 1-1-415 ལའོ། །དེ་ལྟར་རེ་ཞིག་སྟོང་པ་ཉིད་བཅུ་བཞི་རྣམ་པར་གཞག་པར་ཤེས་པར་བྱའོ། །འདི་ལ་ སྟོང་པ་ཉིད་གང་ཞེ་ན། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན ། ཞེས་བྱ་བའོ། །གང་ཟག་ དང་ཆོས་ཀྱི་དངོས་པོ་མེད་པ་ནི་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེའི་དངོས་པོ་ཡོད་པའང་ སྟོང་པ་ཉིད་དོ། །ཟ་བ་ལ་སོགས་པ་སྟོང་པ་ཉིད་ཅེས་ཇི་སྐད་སྨོས་པ་དེར་སྟོང་པ་ཉིད་ཀྱི་ མཚན་ཉིད་བསྟན་པའི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་རྣམ་པ་གཉིས་ཐ་མར་རྣམ་པར་འཇོག་སྟེ་གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་ དང་དེའི་སྟོང་པ་ཉིད་ལ་བསྐུར་པ་འདེབས་པ་བསལ་བའི་ཕྱིར་གོ་རིམ་བཞིན་ནོ། །དེ་ལྟར་ སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཤེས་པར་བྱའོ་ཞེས་སློབ་དཔོན་དབྱིག་གཉེན་གྱིས་བཤད་པ་ འདི་ནི་ཀུན་རྫོབ་དོན་ལ་ཡོད་པར་སྒྲོ་འདོགས་པ་དང༌། དོན་དམ་མེད་པར་སྐུར་པ་འདེབས་ པ་བསལ་བའི་ཕྱིར་བདེན་གཉིས་ལེགས་པར་ཕྱེ་བའི་སྟོང་ཉིད་གཏན་ལ་འབེབས་ཚུལ་ཡིན་ ནོ། །བློ་གྲོས་དམན་པ་འགའ་ཞིག་གྲགས་པའི་རྗེས་སུ་འབྲངས་ཏེ་འདི་སེམས་ཙམ་གྱི་ ལུགས་སུ་བལྟ་ན་ལེགས་པ་མ་ཡིན་ཏེ། དཔལ་སམ་པུ་ཊིའི་རྒྱུད་དུ་ཡང༌། འདི་ཇི་ལྟ་བར་ གཏན་ལ་ཕབ་པའི་ཕྱིར་རོ། །དེ་ལྟར་སྟོང་ཉིད་ཀྱི་ཁྱད་པར་རྣམ་པར་ཕྱེ་བ་ནི་འཕགས་པ་ འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས་ཀྱང༌། ཕུང་པོ་རྣམ་དཔྱད་ སྟོང་པ་རྣམས། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེ་བ་མེད་པ་འགག་མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་ བ། །སྟོང་པའི་དངོས་པོ་སྟོང་ཉིད་དེ། །ཕུང་པོ་རྣམ་པར་དཔྱད་པ་མིན། །ཞེས་པ་དང༌། རྒྱུད་ བླ་མ་ལས་ཀྱང༌། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་དང༌། སོར་ 1-1-416 ཕྲེང་གི་མདོར་ཡང༌། ཅི་ཁྱིམ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི་མི་ མེད་པས་སྟོང་པ་ཞེས་བྱའོ། །ཅི་བུམ་པ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ ཡིན་གྱི་ཆུ་མེད་པས་སྟོང་པ་ཞེས་བྱའོ། །ཅི་ཀླུང་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་ སྟོང་པ་མ་ཡིན་གྱི་ཆུ་མི་འབབ་པས་སྟོང་པ་ཞེས་བྱ་སྟེ། དེ་བཞིན་དུ་ཐར་པ་ཐམས་ཅད་ཀྱིས་ སྟོང་པ་མ་ཡིན་གྱི་ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐར་པ་སྟོང་པ་ཞེས་བྱའོ་ཞེས་པ་ དང༌། མྱ་ངན་ལས་འདས་པ་ཆེན་པོར་ཡང༌། གཞན་ཡང་རྣམ་པར་གྲོལ་བ་ནི་མི་སྟོང་པའི་ སྟོང་པའོ། །སྟོང་པའི་སྟོང་པ་ཞེས་བྱ་བ་ནི་ཅི་ཡང་མེད་པའི་སྟོང་པའོ། །ཅི་ཡང་མེད་པ་ནི་མུ་ སྟེགས་ཅན་གཅེར་བུ་པ་ལ་སོགས་པའི་རྣམ་པར་གྲོལ་བ་ལྟ་བུའོ། །གཅེར་བུ་པ་ལ་ནི་ཡང་ དག་པར་ན་རྣམ་པར་གྲོལ་བ་མེད་པས་སྟོང་པའི་སྟོང་པ་ཞེས་བྱའོ། །ཡང་དག་པར་ན་རྣམ་ པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་པས་མི་སྟོང་བའི་སྟོང་པའོ། །ཞེས་པ་དང༌། མདོ་ཆེན་པོ་སྟོང་ པ་ཉིད་ལས་ཀྱང༌། གང་ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་ མཐོང་ཡང་དེ་ལ་ལྷག་མ་གང་ཡིན་པ་དེ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ ཏུ་ཤེས་ཏེ་ཀུན་དགའ་བོ་སྟོང་པ་ཉིད་ལས་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཞེས་པ་དང༌། བྱང་ས་ལས་ཀྱང༌། ཇི་ལྟར་ན་སྟོང་པ་ཉིད་ལ་ལོག་ པར་ཟིན་པ་ཡིན་ཞེ་ན། དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་(རང་ངམ་གཞན་གྱི་ངོ་བོ་)གང་གིས་སྟོང་ པ་ཉིད་(དུ་འཇོག་པའི་དབྱེ་བ་)དེའང་མི་འདོད་ལ། (ཆོས་)གང་གིས་གང་སྟོང་པ་(འི་ཞིབ་ཆ་)དེའང་མི་ འདོད་པ་(ཐམས་ཅད་སྟོང་པ་ཟང་ཐལ་དུ་སྨྲ་བའི་འུད་པོ་བློ་རྩིང་)དེ་ལྟ་བུ་འདི་ནི་སྟོང་པ་ཉིད་ལ་ལོག་པར་ ཟིན་(ཏེ་ཆད་པར་ལྷུང་)པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོང་པ་དེ་མེད་པ་དང༌། གང་ སྟོང་པ་དེ་ཡོད་པའི་སྟོང་པ་ཉིད་ནི་རིགས་པའི་ཕྱིར་རོ། །ཞེས་པ་དང༌། དཀོན་བརྩེགས་སུ་ ཡང༌། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་སླའི། མངོན་པའི་ང་རྒྱལ་ཅན་ 1-1-417 སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱི་ཞེ་ན་འོད་སྲུང་ལྟ་བར་གྱུར་པ་ཐམས་ཅད་ ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན་འོད་སྲུང་གང་སྟོང་པ་ཁོ་ནར་ལྟ་བ་ནི་གསོར་མི་རུང་ངོ་ ཞེས་པ་དང༌། མདོ་སྡེའི་རྒྱན་ལས་ཀྱང༌། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་ པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་པ་ཤེས་པ་ཞེས་བརྗོད་དོ། །ཞེས་ གསུངས་པ་རྣམས་བདེན་པ་གཉིས་གའི་སྟོང་ཚུལ་གཏན་ལ་འབེབས་པ་ཡིན་ལ། དུས་འཁོར་ ལས། སྟོང་ཉིད་བཅུ་དྲུག་ཀ་བ་རྣམས། །ཞེས་པ་དང༌། བརྟག་གཉིས་ལས། ཕྱག་ནི་སྟོང་པ་ བཅུ་དྲུག་ཉིད། །ཅེས་གསུངས་པ་ལྟ་བུ་འགའ་ཞིག་ནི་དོན་དམ་ཁོ་ནའི་སྟོང་ཚུལ་གཏན་ལ་ འབེབས་པ་སྟེ། གློ་བུར་དྲི་མས་སྟོང་བ་ལ་སྟོང་པར་དགོངས་པའོ། ། ༈ དེ་བཞིན་དུ་བདག་མེད་ཀྱང་མུ་སྟེགས་པ་རྣམས་ཉེར་ལེན་ཕུང་པོ་ལ་བདག་དང་ བདག་གི་བར་ལྟ་ཞིང༌། བདག་དེ་རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་ལྟ་བའི་གཉེན་པོར་མི་ རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའོ་ཞེས་དུ་མ་བསྟན་ལ། དྲི་མས་ མ་གོས་པའི་བདག་ཉིད་བདེ་བ་ཆེན་པོ་འདུས་མ་བྱས་པ་ལྷུན་གྱིས་གྲུབ་པ་ལ་དགོངས་ནས། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་པའི་ཚུལ་ཡང་ མང་དུ་བསྟན་ནས་དེ་དག་གི་ཚུལ་རྟོགས་ན་ལྟ་བ་རྣམ་དག་ཏུ་ཡང་གསུངས་ཏེ། ལྷ་མོ་དཔལ་ ཕྲེང་གི་མདོར། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་རྣམས་ལ་མི་རྟག་པར་ལྟ་ན་དེ་ནི་དེའི་ ཆད་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །བཅོམ་ལྡན་འདས་ གལ་ཏེ་མྱ་ངན་ལས་འདས་པ་རྟག་པར་ལྟ་བ་དེ་ནི་དེའི་རྟག་པར་ལྟ་བ་མ་ལགས་ཏེ། དེ་ནི་ དེའི་ཡང་དག་པའི་ལྟ་བ་ལགས་སོ། །ཞེས་པ་ལ་སོགས་པ་ཤིན་ཏུ་རྒྱས་སོ། ། ༈ དེ་བཞིན་དུ་མཐའ་བྲལ་ཡང༌། དུས་འཁོར་ཡེ་ལེའི་འགྲེལ་པ་མདོར་བསྡུས་གཉིས་ པར། ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་མིན་པའང་མིན། །མཐའ་ 1-1-418 བཞི་ལས་ནི་རྣམ་གྲོལ་བ། །བདེ་ཆེན་སྐུ་ལ་ཕྱག་འཚལ་ནས། །དང་པོའི་སངས་རྒྱས་རིས་ མེད་ལས། །འཇམ་པའི་རྡོ་རྗེས་རབ་ཕྱུང་བ། །སངས་རྒྱས་རྣམས་ཀྱི་སྐུ་བཞི་ཡི། །མཚན་ཉིད་ དེ་ནི་གྲོལ་བར་བྱ། །ཤེས་རབ་མ་ཡིན་ཞེས་པ་ལ་སོགས་པ་སྟེ་འདིར་ཤེས་རབ་ནི་ཆ་བཅོ་ ལྔའི་བདག་ཉིད་དེ་དཀར་པོའི་ཕྱོགས་སོ། །ཐབས་ནི་ནག་པོའི་ཕྱོགས་ཏེ་ཟླ་བའི་ཆ་ཉམས་ པའི་ཕྱིར་རོ། །དེ་བཞིན་དུ་དཀར་པོ་ནི་མཚན་མོ་དང་ནག་པོ་ནི་ཉིན་མོའོ། །དེའི་ཕྱིར་ལྷན་ ཅིག་སྐྱེས་པའི་སྐུ་ནི་ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ལྷན་ ཅིག་སྐྱེས་པའི་སྐུ་སྟེ་དེ་ལྟར་ཡོད་པ་དཀར་པོའི་ཕྱོགས་མ་ཡིན་ནོ། །མེད་པ་སྟེ་ཆའི་དངོས་པོ་ མེད་པ་ནག་པོའི་ཕྱོགས་མ་ཡིན་ནོ། །ཡོད་མེད་མིན་ཏེ་འདི་དག་ཕན་ཚུན་འགལ་བའི་ཕྱིར་ ཚོགས་པ་མེད་དོ། །གཉི་གའི་བདག་ཉིད་མིན་པའང་མིན། །ཞེས་པ་ནི་དཀར་པོ་དང་ནག་ པོའི་ཕྱོགས་འདི་དག་མ་གཏོགས་པ་ཡང་ལྷན་ཅིག་སྐྱེས་པའི་བདེ་བ་དེ་མ་ཡིན་ནོ། །དེ་ལྟར་ མཐའ་བཞི་པོ་ཡོངས་སུ་དག་པས་ཆ་བཅུ་དྲུག་པ་སྟོང་པ་ཉིད་ཀྱི་ཆོས་ཅན་ནི་ལྷན་ཅིག་སྐྱེས་ པའི་སྐུར་གསུངས་ཏེ་རྣལ་འབྱོར་པ་རྣམས་ཀྱི་བཞི་པ་ཟད་པ་ལས་རྒྱུ་མཐུན་པའི་མཚན་ཉིད་ དོ། །དེ་ལྟར་ན་མ་ནིང་ངོ་ཞེས་གྲུབ་པོ་ཞེས་པ་དང༌། མདོ་སྡེའི་རྒྱན་ལས་ཀྱང༌། ཡོད་མིན་ མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་ བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་དེ་ནི་དོན་དམ་མཚན། །ཞེས་ གསུངས་ཤིང༌། དེའི་འགྲེལ་པར། ཡོད་མིན་ཞེས་པ་ཀུན་བརྟགས་དང་གཞན་དབང་ནི་ཡང་ དག་པར་ཡོད་པ་མ་ཡིན་ནོ། །མེད་མིན་ཞེས་པ་ཆོས་ཉིད་ཡོངས་གྲུབ་ནི་ཡང་དག་པར་མེད་ པ་མ་ཡིན་ནོ། །དེ་བཞིན་མིན། ཞེས་པ་ཀུན་བརྟགས་གཞན་དབང་དང་ཆོས་ཉིད་ཡོངས་ གྲུབ་ངོ་བོ་གཅིག་པ་མ་ཡིན་ནོ། །གཞན་མིན་ཞེས་པ་དེ་དག་ངོ་བོ་ཐ་དད་པ་ཡང་མ་ཡིན་ཏེ་ ཀུན་བརྟགས་གཞན་དབང་ལ་ཡང་དག་པར་ངོ་བོ་མ་གྲུབ་པའི་ཕྱིར་རོ་ཞེས་གསུངས་པ་ལྟར་ 1-1-419 མཐའ་བྲལ་གྱི་ལྟ་བ་ཁོང་དུ་ཆུད་དགོས་ཀྱི་བདེན་གཉིས་ཡོད་མེད་ཅིར་ཡང་མ་གྲུབ་པའི་ མཐའ་བྲལ་འདོད་པ་ནི་དགོངས་པ་མ་ཡིན་ཅིང༌། བདེན་གཉིས་ངོ་བོ་དབྱེར་མེད་ཀྱང་གཞུང་ དེ་དག་གིས་བསལ་བ་ཡིན་ནོ། །འོ་ན་དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་ མཚན་ཉིད་དག །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་ གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་བདེན་གཉིས་གཅིག་དང་ཐ་ དད་གང་ཡང་མ་ཡིན་པར་གསུངས་པ་དང་འགལ་ལོ་ཞེ་ན། ལུང་དེས་ནི་བདེན་གཉིས་ངོ་བོ་ གཅིག་པ་དང་ངོ་བོ་ཐ་དད་པ་བཀག་པ་ཡིན་ཏེ་གནས་ལུགས་ལ་དོན་དམ་གྱི་ངོ་བོ་གྲུབ་ཀྱང་ ཀུན་རྫོབ་ཀྱི་ངོ་བོ་མ་གྲུབ་པ་ལ་དགོངས་པར་མཐའ་བྲལ་གྱི་དོན་སྔར་གསུངས་པ་དག་གིས་ ཤེས་པའི་ཕྱིར་རོ། ། ༈ ད་ནི་བསྒོམ་པ་རྣམ་དག་གི་གནས་ལུགས་བསྟན་པར་བྱ་སྟེ། དེ་ལ་ཐུན་མོང་བའི་ བསྒོམ་པ་ནི། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་བསྒོམ་པ་དང༌། ཞེ་སྡང་གི་གཉེན་པོར་ བྱམས་པ་དང༌། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། ང་རྒྱལ་གྱི་ གཉེན་པོར་ཁམས་ཀྱི་རབ་ཏུ་དབྱེ་བ་དང༌། རྣམ་པར་རྟོག་པའི་གཉེན་པོར་དབུགས་འབྱུང་ རྔུབ་བསྒོམ་པ་དང༌། གཞན་ཡང་ལྷའི་དམིགས་པ་དང་འོད་དང་འཇའ་རིས་དང་ཐིག་ལེ་དང་ བ་ཐག་ལ་སོགས་པའི་བསྒོམ་ཚུལ་དམིགས་བཅས་རྣམ་རྟོག་གི་སྒོམ་པ་མང་དུ་གསུངས་ ཤིང༌། ཐུན་མོང་མ་ཡིན་པ་ནི་རྫོགས་རིམ་རྣམ་པར་མི་རྟོག་པའི་མཐར་ཐུག་ཡན་ལག་དྲུག་གི་ རྣལ་འབྱོར་གྱིས་གཡས་གཡོན་ཉི་ཟླའི་འགྱུ་བ་བཀག་ནས་བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་ པོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མིང་ཅན་དེ་ཁོ་ན་ཉིད་སྒོམ་པ་གང་ཡིན་ པ་སྟེ་སྔར་བསྟན་པ་རྣམས་དང་ལྷག་པར་ཡང་བླ་མ་དམ་པའི་མན་ངག་ལས་ཁོང་དུ་ཆུད་པར་ བྱའོ། ། 1-1-420 ༈ དེ་བཞིན་དུ་སྤྱོད་པ་ཐུན་མོང་བ་རྣམས་ཀྱང་མདོ་སྡེ་སྣ་ཚོགས་དང་སྤྱོད་འཇུག་ལ་ སོགས་པར་མང་དུ་གསུངས་ཤིང༌། ཐུན་མོང་མ་ཡིན་པ་ནི་རྒྱུད་སྡེ་རྣམས་སུ། ཁྱོད་ཀྱིས་སྲོག་ ཆགས་བསད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང༌། །ཕ་རོལ་བུད་མེད་བསྟེན་པར་གྱིས། །ཞེས་པ་དང༌། ཤ་ནི་མཁས་པས་བཟའ་བྱ་ཞིང༌། །དེ་ བཞིན་དུ་ཡང་ཆང་ཉིད་དོ། །ཞེས་གསུངས་པའི་དོན་དུས་འཁོར་སྒྲུབ་ལེའི་ཚིགས་བཅད་བརྒྱ་ ཉི་ཤུ་རྩ་བཞི་པ་ལ་སོགས་པར། རྣལ་འབྱོར་པ་ཡིས་ཉིན་དང་མཚན་མོར་སྲོག་གཅོད་བྱ་བ་ དེ་ནི་སྲོག་ཉམས་པ་ལ་གསུངས་པ་སྟེ། །སྒྲ་ནི་གང་ཞིག་ཞལ་གྱིས་དམན་པ་དག་ཀྱང་སྙིང་ལ་ གྱུར་པ་དེ་ནི་བརྫུན་དུ་སྨྲ་བ་ཉིད། །གང་ཞིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་པ་ནི་འཛིན་པ་ དག་ཀྱང་རྣལ་འབྱོར་པ་ཡིས་རྐུ་བར་གསུངས། །ཐིག་ལེ་མ་ལྷུང་བ་ལས་བདེ་བར་འགྱུར་བ་ ཆགས་བྲལ་མིན་ལས་གཞན་གྱི་བུད་མེད་སྟེན་པའོ། །སྲོག་རྩོལ་མེ་ཡིས་རི་བོང་ཅན་ནི་ཞུ་ བ་དག་ཀྱང་འཐུང་བ་ཉིད་ནི་ཆང་གི་བཏུང་བའོ། །མཐེ་བོའི་ཚིགས་ལ་གཙུག་ཏོར་དག་ཏུ་ཉ་ ཡི་མཐར་ནི་རང་སེམས་འགྲོ་སྟེ་ཚེས་ཀྱི་དབང་གིས་སོ། །གཙུག་ཏོར་ནས་ནི་སོར་མོ་རྣམས་ སུ་སླར་ཡང་འགྲོ་སྟེ་ནག་པོའི་ཕྱོགས་ཀྱི་མཐའ་རུའོ། །རྣལ་འབྱོར་པ་རྣམས་སྤྱོད་པ་གང་དེ་ ཉིན་ཞག་སོ་སོའི་དུས་སུ་འདོད་པའི་དངོས་གྲུབ་རབ་སྟེར་བའོ། །ཞེས་གསུངས་པ་ལྟ་བུ་སྟེ་ ཤིན་ཏུ་རྣལ་འབྱོར་གྱིས་རླུང་སེམས་འགོག་པའི་སྤྱོད་པའོ། ། ༈ དེ་ལྟར་གཞི་ལ་རང་བྱུང་གི་སངས་རྒྱས་བཞུགས་པ་ཉིད་ཀྱི་དྲི་མ་གློ་བུར་བ་རླུང་དང་ རྣམ་རྟོག་གི་རྩ་བ་ཅན་རྣམས་ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་འཁོར་དང་བཅས་ པས་ལེགས་པར་སྦྱངས་པའི་འབྲས་བུ་ནི། དུས་འཁོར་ཡེ་ལེའི་ཚིགས་བཅད་བརྒྱ་དྲུག་ཅུ་ རྩ་གཉིས་པ་ལ་སོགས་པར། ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉི་ག་ཡི་ཡང་སྲོག་གི་ རླུང་ནི་ཆེན་པོ་འགགས། །ཆུ་སྐྱེས་རྡོ་རྗེ་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཆེན་ 1-1-421 ལ་ནི་རབ་ཏུ་ཞུགས། །དངོས་དང་དངོས་མེད་གཅིག་གྱུར་རྣམ་གསུམ་སྲིད་པར་གནས་པའི་ གཞོམ་མེད་ལེགས་པར་རབ་ཏུ་རྟོག་གྱུར་པ། །དེ་ཡི་དུས་སུ་སྦྱོར་པ་དེ་གང་ལ་གཉིས་ནི་ཅུང་ ཟད་མེད་པ་མཆོག་གི་གོ་འཕང་འགྲོ། །ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་ རྗེ་རྣམས་དང་ས་ཡི་སྙིང་པོ་སོགས། །རབ་ཏུ་དགའ་བའི་ཐུགས་རྣམས་རྣལ་འབྱོར་པ་ལ་གྲུབ་ པའི་དུས་སུ་ནམ་མཁའ་ལ་ནི་མངོན་སུམ་གྱུར། །དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ ཞག་གི་ཐོ་རངས་དང་ནི་མཚན་མོ་ཕྱེད་ལ་འགྱུར། །རིན་པོ་ཆེའམ་མེ་ཏོག་ཆར་ནི་མཆོག་གྱུར་ དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འབབ་པར་འགྱུར། །ལུས་ནི་དང་ཞིང་རྡུལ་ཕྲན་ཉམས་པ་ནམ་ མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་ རྟེན་གསུམ་པོ་ཉིད་ནི་དང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང༌། །སྐད་ནི་ ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གི་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་གསུངས་པ་ལྟར་ཐོབ་སྟེ། གཞུང་གཞན་ལས་འབྱུང་བ་ལྟར་རྣམ་པར་རྟོག་མེད་ལྷུན་ གྱིས་གྲུབ་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པོ། ། ༈ དེ་ལྟ་བུའི་དངོས་གྲུབ་མྱུར་དུ་འགྲུབ་པ་ལ་ཕྱག་རྒྱ་ཆེན་མོ་རྒྱུན་མི་འཆད་པར་རྩེ་ གཅིག་ཏུ་སྒོམ་པ་གཅེས་ཏེ། དཔལ་ཀྱེའི་རྡོ་རྗེ་ལས། ཆུ་བོའི་རྒྱུན་ནི་རབ་འབབ་དང༌། །མར་ མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་ པར་བཞག །ཅེས་པ་དང༌། རྐང་པ་འཁྲུད་དང་ཟ་བ་དང༌། །འཐོར་འཐུང་སོ་རྩི་ཟ་བ་དང༌། །ཙན་དན་གྱི་ནི་ལག་ཉེད་དང༌། །སྨད་གཡོགས་ཀྱིས་ནི་རྐེད་འགེབས་དང༌། །འབྱུང་དང་ སྨྲ་དང་འགྲོ་བ་དང༌། འདུག་དང་ཁྲོ་དང་རྒོད་པ་ན། །བཅོམ་ལྡན་འདས་མ་བསྟེན་བྱ་ཞིང༌། །ཤེས་རབ་བརྟུལ་ཞུགས་ཅན་ཉིད་ཀྱིས། །རྣལ་འབྱོར་མ་ནི་རྣམ་པར་བསྒོམ། །ཞེས་ 1-1-422 གསུངས་པ་ལྟར་བརྩོན་འགྲུས་དང་ལྡན་ན་ཚེ་གཅིག་གམ་བར་དོར་མཆོག་འགྲུབ་ཅིང༌། མིན་ནའང་ཕུན་སུམ་ཚོགས་པ་ལ་མྱུར་དུ་མཚམས་སྦྱོར་བར་གདོན་མི་ཟ་སྟེ་ནང་ལེའི་ཚིགས་ བཅད་གོ་བདུན་པར། རྣལ་འབྱོར་དབང་པོ་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་ གལ་ཏེ་ཤི་བར་གྱུར་པ་ན། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་ སུ་རྣལ་འབྱོར་ལྡན་པར་སྐྱེ་བར་འགྱུར། །སྔོན་གྱི་གོམས་པ་དེ་ཡི་སླར་ཡང་ཡེ་ཤེས་རྣལ་ འབྱོར་ཡངས་པ་དག་ནི་ཀུན་ཏུ་འཛིན་པར་འགྱུར། །ཡེ་ཤེས་ཐོབ་ནས་མི་ཟད་མཆོག་གི་ གནས་སུ་རབ་འགྲོ་སླར་ཡང་གང་དུའང་སྐྱེ་བ་ལྡན་པ་མིན། །ཞེས་པ་དང༌། གྲུབ་ཆེན་དུས་ ཞབས་པའི་སྙན་བརྒྱུད་མན་ངག་ལས་ཀྱང༌། སོ་སོར་སྡུད་པའི་རྟགས་མཐོང་ཞིང༌། །གལ་ ཏེ་ཤི་བར་གྱུར་པ་ན། །དེ་ནི་དམ་པའི་ལམ་དང་ཕྲད། །དེ་ནས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། ། ༈ དེས་ན་བླ་མ་དམ་པས་གནང་བའི་ལམ་ཁྱད་པར་ཅན་ལེགས་པར་བསྐྱང་དགོས་ ཏེ། ཇོ་བོ་ཐུགས་རྗེ་ཆེན་པོས་འགྲེལ་ཆེན་དྲི་མེད་འོད་ལས། གང་ཞིག་སེམས་ཅན་རྣམས་ ལ་བརྩེ་བ་ཡིས། །གཞན་དོན་དགེ་ལ་རྟག་ཏུ་བརྩོན་པ་ཡི། །སློབ་མ་དག་པ་རྣམས་ལ་ལམ་ དག་ནི། །བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན། །ལམ་བཟང་རིན་ཆེན་འདི་ནི་བག་མེད་ པའི། །སེམས་ཅན་གཞན་པ་རྣམས་ལ་བྱིན་པ་ན། །རང་ཁྱིམ་དགོན་པ་དག་ཏུ་རབ་ཞུགས་ ལ། །ཡུལ་ངན་ཆོམ་རྐུན་རྣམས་ཀྱིས་འཕྲོག་པར་བྱེད། །ཐེ་ཚོམ་འགྱོད་པ་དག་དང་གཉིད་ དང་ནི། །ལེ་ལོ་རྒོད་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང༌། །གཉེན་འདུན་ཐིབས་པོའི་ནང་དུ་ ཞུགས་པ་ཡི། །ལམ་བཟང་རིན་པོ་ཆེ་ནི་འཕྲོག་པར་བྱེད། །སྲོག་གཅོད་མ་བྱིན་གཞན་ གྱི་བུད་མེད་དང༌། །བརྫུན་དང་ཚིག་རྩུབ་རྣམས་དང་ཕྲ་མ་དང༌། །འཁྱལ་པར་གྱུར་པའི་ ཚིག་དང་བརྣབ་སེམས་དང༌། །གནོད་སེམས་ལྟ་བ་ངན་པའི་ཆོམ་རྐུན་དང༌། །ཡོད་པའི་སྡིག་ 1-1-423 དང་ཉེ་བའི་སྡིག་པ་དང༌། །གསོད་འཁུ་དབང་པོ་མངོན་པར་ཞེན་པ་སྟེ། །ཆོམ་རྐུན་ལྔ་པ་ལྔ་ པོ་འདི་རྣམས་ཀྱིས། །རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད། །ཤིན་ཏུ་བཟའ་དང་བཏུང་བ་ སྣ་ཚོགས་དང༌། །ལོངས་སྤྱོད་དུ་མའི་ཆོམ་རྐུན་དེ་རྣམས་ཀྱིས། །བརྩོན་འགྲུས་ལྡན་དུ་ཟིན་ ཀྱང་བག་མེད་ཅིང༌། །བརྒྱལ་བར་གྱུར་པ་ཉིད་ལ་འཕྲོག་པར་བྱེད། །རང་ཉིད་ཡོངས་སུ་རྟོག་ པ་པོ་མིན་ཕྱིར། །རིན་ཐང་ཆེན་པོར་འགྱུར་རམ་ཤེས་ཆེད་དུ། །གཡོན་ཅན་གཞན་ལ་སྟོན་ ཏེ་མི་འགྱུར་ཞེས། །དེ་ཡི་ཚིག་གིས་རིན་ཆེན་འདོར་བར་བྱེད། །གང་དག་རིན་ཆེན་བཟང་ པོ་རིག་པ་རྣམས། །རིན་ཆེན་ཆེན་པོ་ཡོངས་སུ་རྟོག་ཏུ་གཞུག །དེ་དག་རྣམས་ཀྱི་རྣམ་དག་ ཚིག་གིས་ནི། །རང་གི་རིན་ཆེན་རྣམ་པར་ཤེས་པར་བྱ། །རྫོགས་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་དང༌། །ཕ་དང་མ་དང་བུ་མོ་སྲིང་མོ་དང༌། །བུ་དང་སྤུན་ཟླ་འདོད་པའི་ཆུང་མ་ ཡི། །གཟུགས་རྣམས་ཀྱིས་ནི་བདུད་རྣམས་གེགས་བྱེད་དོ། །དེ་ཕྱིར་བླ་མ་དམ་པས་གནང་བ་ ཡི། །ལམ་བཟང་རིན་པོ་ཆེ་ནི་སློབ་མ་ཡིས། །ཆོམ་རྐུན་རྩ་ལག་ཡོངས་སུ་སྤང་བྱ་སྟེ། །འབད་ པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །ཞེས་ལམ་རྣམ་དག་འདི་འབད་པས་སྦ་བ་དང༌། ཤིན་ ཏུ་སྦ་བ་དང༌། ལེགས་པར་སྦ་བའི་གདམས་པ་ནན་ཆེན་པོར་གསུངས་ཤིང༌། ཡེ་ལེའི་ཚིགས་ བཅད་བརྒྱ་ཉི་ཤུ་པའི་མཇུག་ཏུ་ཡང༌། དུ་བ་ལ་སོགས་རྣམས་ཀྱིས་མཚན་མ་འཛིན་པ་དག་ ཀྱང་གང་ཞིག་(ཡིན་པའི་ལམ་)འདི་རྣམས་ཐམས་ཅད་གསང་བར་བྱ། །ཞེས་གསུངས་ནས། དེའི་འགྲེལ་པར། དུ་བ་ལ་སོགས་རྣམས་ཀྱི་མཚན་མ་འཛིན་པ་ནི་ཨ་བ་དྷཱུ་ཏཱིའི་སྒོ་ནས་ཏེ་ ཀྱང་གི་སྒྲས་ལྟེ་བ་དེ་ཉིད་ལའོ། །འདི་རྣམས་ཐམས་ཅད་གསང་བར་བྱ་སྟེ་བྱིས་པའི་སྐྱེ་བོ་ རྣམས་ལ་སྦ་བར་བྱའོ་ཞེས་པ་ངེས་པའོ། །ཞེས་གསུངས་པ་བཞིན། དཔལ་ལྡན་ཨ་བ་དྷཱུ་ཏཱི་ པའི་ཞལ་སྔ་ནས་ཀྱང༌། ཟབ་ལམ་ཐོག་མར་དགེ་བའི་ཁྲིད་ཡིག་གི་མཇུག་ཏུ། སྐབས་འདིར་ བཀའ་རྒྱ་བཞིས་གདབ་པར་བྱའོ་ཞེས་གསུངས་བས། ལུས་གནད་ལྟ་སྟངས་དང༌། སེམས་ 1-1-424 ཀྱི་འཇོག་ཚུལ་དང༌། ཉམས་ཀྱི་སྐྱེ་ཚུལ་དང༌། ངོ་སྤྲོད་ཚུལ་རྣམས་སྦྱོར་བ་ཡན་ལག་དྲུག་གི་ ཉམས་ཁྲིད་ཐོབ་ཅིང་སྐྱེས་ངེས་པ་མ་གཏོགས་པ་གཞན་ལ་ཤིན་ཏུ་གསང་བར་བྱའོ། །གེགས་ སེལ་ལ་སོགས་ཐེ་ཚོམ་དྲི་བའི་དགོས་པ་མེད་ན་རང་གི་ཉམས་མྱོང་བརྟན་གྱི་བར་དུ་ཁྲིད་ ཐོབ་པ་ལ་ཡང་གསང་སྟེ་བསྒོམ་པར་གསུངས་ཤིང༌། དེ་ཤིན་ཏུ་ལེགས་པར་ཡང་ཐག་ཆོད་ལ་ ཉམས་མྱོང་མི་འགྲིབ་པ་དང་འཕེལ་བའི་དགོས་པ་གདའ་བས་ཟབ་ལམ་བར་དུ་དགེ་བ་དང་ ཐ་མར་དགེ་བའི་སྐབས་སུ་ཡང་ཤིན་ཏུ་གསང་ཆེན་གྱི་རྒྱས་བཏབ་པ་བཞིན་དུ་མཛད་ན་རྟེན་ འབྲེལ་ལེགས་སོ། ། ༈ མདོ་དང་རྒྱུད་སྡེ་མན་ངག་དུ་མའི་བཅུད། །ཡིད་ཆེསགསུམ་ལྡན་ཟབ་ལམ་ངེས་པའི་ དོན། །གང་གི་དྲིན་གྱིས་ཇི་ཞིག་ལྟར་རྙེད་པ། །བླ་མ་རིགས་ལྡན་ཚོགས་ལ་སྐྱབས་སུ་མཆི། ༈ ། དེ་ལྟར་ཟབ་དོན་ཡི་གེར་བཀོད་པ་ཡི། །ནོངས་གྱུར་ལྷ་དང་མཁས་ལ་བཟོད་པར་གསོལ། །དགེ་བས་འགྲོ་ཀུན་རྣམ་དག་ལམ་ཞུགས་ནས། །རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་གྱུར་ཅིག །དོན་འདི་དག་གི་གནས་ལུགས་རྒྱས་པ་ནི་རྒྱུད་སྡེ་རིན་པོ་ཆེའི་མཛོད་རྣམས་ན་གསལ་བས་ སེམས་འགྲེལ་སྐོར་གསུམ་ལ་སོགས་པའི་ལྡེ་མིག་དང༌། བླ་མ་དམ་པའི་མན་ངག་གིས་ཁོང་ དུ་ཆུད་པར་བྱ་ཞིང༌། མདོ་སྡེ་དུ་མ་ལས་ཀྱང་གསལ་བར་གྱུར་རོ། །དེ་ཙམ་བལྟ་བར་མི་ནུས་ པ་རྣམས་ཀྱིས་ནི་གྲུབ་ཆེན་ཡུ་མོས་མཛད་པའི་གསལ་སྒྲོན་བཞི་པོ་དང༌། ཆོས་རྗེས་ཀུན་ སྤངས་པ་ཉིད་ཀྱིས་མཛད་པའི་རྒྱུད་འགྲེལ་ཆེན་པོ་ལས་ངེས་དོན་ཕྱོགས་གཅིག་ཏུ་ཕྱུང་བ་ རྒྱུད་ཀྱི་སྙིང་པོ་དང༌། ཆོས་རྗེ་བྱང་སེམས་ཆེན་པོས་མཛད་པའི་ལུང་སྦྱོར་སྐོར་གསུམ་རྡོ་རྗེ་ ཐེག་པའི་བཅུད་ལེན་དང་བཅས་པ་དང༌། ཆོས་རྗེ་ཐམས་ཅད་མཁྱེན་པས་མཛད་པའི་ངེས་ དོན་རྒྱ་མཚོ་ཞེས་བྱ་བ་གཞི་ལམ་འབྲས་བུ་ལས་བརྩམས་ཏེ་ཟབ་དོན་དུ་མ་ལེགས་པར་ གཏན་ལ་འབེབས་པའི་སྐབས་དེ་དང་དེ་དག་ལས་ཁོང་དུ་ཆུད་པར་མཛད་པ་རིགས་སོ།། ༈ །། 1-1-425 ངོ་སྤྲོད་གནས་ལུགས་གསལ་བ་ཞེས་བྱ་བ་བླ་མ་སྟག་སྟོན་སེང་གེ་ཡེ་ཤེས་ལ་སོགས་ པས་མེ་ཏོག་དང་བཅས་ཏེ་གསོལ་བ་བཏབ་ཅིང་དགེ་བའི་བཤེས་གཉེན་ཀུན་དགའ་རྒྱལ་ མཚན་དང་དགེ་སློང་ཤེས་རབ་གྲུབ་ལ་སོགས་པ་གཞན་དག་གིས་ཀྱང་ཡང་ཡང་བསྐུལ་ ནས། བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་ལས་གསང་སྔགས་ཀྱི་ཚུལ་ཅུང་ཟད་རིག་པ་དགེ་ སློང་རྡོ་རྗེ་འཛིན་པ་ལོ་ཙཱ་བས་ཇོ་ནང་དཔལ་གྱི་རི་ཁྲོད་དུ་ཉི་སྒྲོལ་བྱེད་ཀྱི་ལོ་ཆུ་སྟོད་ཀྱི་ཟླ་ བའི་དཀར་ཕྱོགས་ལ་གྲུབ་པར་བཀོད་པའི་ཡི་གེ་པ་ནི་དགེ་སློང་སྟོན་པ་བརྩོན་འགྲུས་སེང་ གེའོ། །བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག ། མ་ཡིག་འབྲས་སྤུངས་དཔེ་རྙིང༌། ཕྱི་མ་༦༩༧ 1-1-426 ༄༅། །གེགས་སེལ་གྱི་ས་གཅོད་ བཞུགས་སོ། ། ༄༅། །ༀ་སྭསྟི། རྡོ་རྗེའི་ལུས་བསྲུང་བ་ལ་གཉིས། སྲོག་རྩོལ་གྱི་གདམས་པས། སྨན་ སྦྱོར་ལ་སོགས་པས་ལུས་བསྲུང་བའོ། །དང་པོ་ལ་གཉིས། རྩ་རླུང་(ད་ནི)གི་ནུས་པ་ངོས་གཟུང་ བ། དེ་ལ་གནད་དུ་བསྣུན་པའི་མན་ངག་གོ །འདི་ལ་གསུམ། རྣལ་འབྱོར་པའི་དངོས་གྲུབ་ སྒྲུབ་ཚུལ། སྲོག་རྩོལ་ལ་བརྟེན་པའི་གགས་[གེགས]སེལ། སྲོག་རྩོལ་གྱི་གནད་ལ་གདམས་ པའོ། །དང་པོ་ལ་གཉིས། ཐུན་མོང་(རྒྱུ་དེའི་ཕྱིར)དངོས་གྲུབ་སྒྲུབ་པའི། ཕྱག་རྒྱ་(ད་ནི་སྟོང་པ)ཆེན་ པོའི་ལམ་གྱི་ངེས་པའོ། །གཉིས་པ་ལ་གཉིས། སྲོག་རྩོལ་ལ་བརྟེན་ཏེ་འཆི་བ་བསླུ་བ། སྲོག་(ད་ ནི་ཉི་མ)རྩོལ་ལ་བརྟེན་ཏེ་ན་ཚ་བསལ་པའོ། །འདི་ལ་གསུམ། རླུང་གི ལྟོ་བའི། རྒྱབ་ཀྱི་ནད་ལ་ སོགས་པའི་གེགས་སེལ་ལོ། །དང་པོ་ལ་གསུམ། (ད་ནི་ཐུར)མདོར་བསྟན། རྒྱས་བཤད། དོན་ (རླུང་ལ་སོགས)བསྡུའོ། །གཉིས་པ་ལ་བཞི། རླུང་(འདིར་ལུས་ལ)ནད་ལས་གྱུར་པའི། བད་(དེ་བཞིན་ དུ)ཀན་ལས་གྱུར་པའི། མཁྲིས་(སླར་ཡང་)ནད་ལས་གྱུར་པའི། འདུས་(སྟེང་དང་)པ་དང་རིམས་ ཀྱི་གེགས་སེལ་ལོ། །གཉིས་པ་ལ་གཉིས། བུམ་པ་ཅན་(ད་ནི་ཐུར་སེལ)སྒོམས་པས་གེགས་ཀུན་ སེལ་ཚུལ། འཆི་(ད་ནི་མཆན)བསླུ་ལས་འཕྲོས་པའི་རླུང་སྦྱོར་བསྟན་པའོ། །གསུམ་པ་ལ་བདུན། རོ་(ད་ནི་རྒྱབ)སྟོད་ན་བའི། བད་(སྟེང་དུ)ཀན་ན་བའི། རྩ་(སྲོག)ཆུ་གཉིས་ཀྱི། མིག་(ཐོ་རངས)ནད་ ཀྱི། ཟས་(གན་རྐྱལ)མ་ཞུ་བའི། འབྲས་(འབྲས་རྣམས)དང་སྐྲངས་པའི། སོ་(འགའ་ཞིག)སྲིན་སོགས་ ཀྱི་གེགས་སེལ་ལོ། །སྲོག་རྩོལ་གྱི་གནད་ལ་གདམས་པ་ལ་གསུམ། སྲོག་(ད་ནི་ལོ)རྩོལ་གྱིས་ 1-1-427 འགྱུར་མེད་ཐོབ་པའི་ཡོན་ཏན། སྲོག་(ད་ནི་སྲོག)རྩོལ་གྱི་ངེས་ངེས་ཇི་ལྟར་བསྒོམ་ཚུལ། རྣལ་ (ཕྱག་རྒྱ)འབྱོར་པའི་བྱ་བ་ཕྱེ་སྟེ་གདམས་པའོ། །སྨན་སྦྱོར་ལ་སོགས་པས་ལུས་བསྲུང་བ་ལ་ གསུམ། གང་ལ་གང་འཚམས་གདམས་པ། ཁྱད་པར་འབྲུམ་པ་འཆོས་ཐབས། ཚ་(ད་ནི་མཉམ) བའི་གདུང་བ་སེལ་ཚུལ་ལོ། །དང་པོ་ལ་གསུམ། ལུས་ཀྱི་རྫས་ལ་བརྟེན་པའི་གེགས་སེལ་ཕྱི་ ནང་རྟེན་འབྲེལ་སྒྲིགས་པའི་མན་ངག ཕྱི་རོལ་སྨན་ལ་བརྟེན་པའི་གེགས་སེལ་ལོ། །དང་པོ་ ལ་གཉིས། རྒྱས་པར་དབྱེ་བ། དོན་ཙམ་བསྡུ་བའོ། །དང་པོ་ལ་གཉིས། ཡན་ལག་དང་དབང་ པོའི་གེགས་སེལ་རྣམ་གྲངས་བདུན་དུ་དབྱེ་བ། སྟེང་འོག་སྦྲུལ་དང་ཁྱི་སྙོན་[སྨྱོན]སོགས་ གདོན་ནད་ཀུན་གྱི་གེགས་སེལ་ལོ། །གཉིས་པ་ལ་བཞི། ཕྱི་ནང་གི་བདུད་རྩི་ལྔས་ཚེ་རྒྱུན་ འཕེལ་བའི། རྒས་པ་དང་སྲིན་བུ་དང་ཤིག་ནད་སེལ་བའི། ཤ་ལྔ་དང་སྦྲང་རྩིས་ནད་མཐའ་ དག་སེལ་བའི། རྒས་པ་སེལ་ཚུལ་གཞན་ཚེ་སྒྲུབ་ལས་འཕྲོས་པའི་མན་ངག་གོ །གསུམ་པ་ ལ་གཉིས། སྨན་སྦྱོར་བསྡུས་ཏེ་བསྟན་པ། རྒྱས་པར་གཞན་ལས་ཤེས་ཚུལ་ལོ། །དང་པོ་ལ་ གཉིས། ནད་གསུམ་གྱི་གེགས་སེལ་རྣམ་གྲངས་ལྔར་དབྱེ་བ། ཁ་ནད་ལ་སོགས་པའི་གེགས་ སེལ་ལྔ་བསྟན་པའོ། །ཁྱད་པར་འབྲུམ་པ་འཆོས་ཐབས་ལ་གསུམ། ཤེས་ནས་སྐྱ་ནད་འཆོས་ པའི། (དེ་བཞིན)དུས་སུ་འཕུལ་སྨན་གཏང་བའི། སྔ་ཕྱི་ཀུན་ཏུ་དགོས་པའི་མན་ངག་གོ །དང་ པོ་ལ་གཉིས། ཏིང་ངེ་འཛིན་གྱིས། སྨན་གྱི་སྦྱོར་བས་གེགས་བསལ་བའོ། ། གསུམ་པ་ལ་གཉིས། སྔགས་དང་བསྲུང་བའི། རྫས་དང་སྦྱོར་བའི་མན་ངག་གོ། འདི་ལ་ གཉིས། ནད་ཞི་བའི། གདོན་ཞི་བའི་སྦྱོར་བའོ། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དུ་ གསུངས་པའི་གེགས་སེལ་གྱི་བསྡུས་དོན་ལོ་ཙཱ་བ་བློ་གྲོས་དཔལ་བཟང་པོས་ཇོ་ནང་དཔལ་ གྱི་རི་ཁྲོད་དུ་སྦྱར་བའོ། །བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག །ལུང་རིགས་བྲལ་ བའི་ཡིག་རིས་བདེན་བདེན་འདྲས། །བྱིས་པའི་བློ་ཅན་དུ་མའི་མགོ་བོ་བསྐོར། །རྒྱལ་བ་རྒྱལ་ 1-1-428 སྲས་དམ་པའི་གཞུང་བཟང་མཆོག །ལུང་རིགས་ལྡན་པ་ལེན་ན་མཁས་པའི་ལུགས། །ཞེས་ ཀྱང་སྨྲས་སོ། །ཞུས་དག མཆན་ཁ་ཤས་མི་གསལ་བས་ཡིད་འཇགས་འཚལ། མ་ཡིག་འབྲས་སྤུངས་ཡིག་རྙིང་ཕྱི་ཀ ༡༤༩ 1-1-429 ༄༅། །གེགས་སེལ་གྱི་རྒྱུད་བཞུགས། ༄༅། །ༀ་སྭ་སྟི། རྡོ་རྗེ་ལུས་ཀྱི་གེགས་སེལ་ནང་གི་ལེའུའི་རྒྱུད་ལས་ཕྱུང་བ། བླ་མ་ དང་དཔལ་དུས་ཀྱི་འཁོར་ལོ་ལ་གུས་པས་ཕྱག་འཚལ་ལོ། ༈ ། དང་པོར་མཐའ་དག་རྒྱལ་ བའི་ལུས་ནི་དངོས་གྲུབ་རྒྱུ་རུ་སྔགས་པ་དག་གིས་ཡང་དག་བསྲུང་བར་བྱ། །ལུས་མེད་ན་ནི་ དངོས་གྲུབ་མེད་ཅིང་སྐྱེ་བ་འདི་ལ་མཆོག་གི་བདེ་བ་ཐོབ་པར་འགྱུར་བའང་མེད། །དེ་ཕྱིར་ ལུས་ཀྱི་དོན་གྱི་རྒྱུར་ནི་ཉིན་ཞག་སོ་སོའི་དུས་སུ་རྩ་ཡི་སྦྱོར་བ་བསྒོམ་པར་བྱ། །ལུས་ནི་གྲུབ་ ན་གཞན་པའི་དངོས་གྲུབ་སྲིད་པ་གསུམ་གྱི་གནས་སུ་མངག་གཞུག་ཉིད་དུ་རབ་ཏུ་འགྱུར། ༈ ། སྟོང་པ་ལ་ནི་དུ་བ་སོགས་ལམ་བླ་མའི་ངེས་པའི་དབང་གིས་གཟུགས་བརྙན་འཚམས་སུ་ བསྒོམ་པར་བྱ། །དེ་ནས་རྩ་ཡི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་པ་དག་ ཀྱང་བྱེད་པ་སྟེ། །ཕྱི་ནས་ཟླ་བ་ངེས་པར་འགོག་པ་གཟའ་བཞིན་བྱེད་དེ་བྱང་ཆུབ་སེམས་ནི་ རྣལ་འབྱོར་པ་ཡིས་སོ། །དེ་ནས་གང་ཞིག་ཅུང་ཟད་འདོད་པ་དག་ནི་ཉིན་ཞག་འགའ་ཡིས་སྐྱེ་ བ་འདི་ལ་ཐོབ་པར་འགྱུར། ༈ ། ཉི་མ་ཟླ་བ་འགོག་པ་མཉམ་དང་མི་མཉམ་བགྲོད་པ་དག་སྟེ་ དབུ་མ་མེ་ལ་རབ་ཏུ་ཞུགས། །སྲོག་དང་ཐུར་སེལ་གཉིས་པོ་དག་ཀྱང་ཉིན་ཞག་དང་པོ་སོང་ ན་དུས་མིན་འཆི་བ་བསླུ་བ་སྟེ། །ལག་པ་དང་བཅས་རྐང་པའི་མཐེ་བོའི་ཚིགས་དང་སེན་མོའི་ མཐར་ནི་སྲོག་གིས་ཀུན་དུ་གང་བྱས་ནས། །འཁོར་ལོ་དྲུག་ལ་སངས་རྒྱས་ལྷ་མོ་འཇིགས་ མེད་ཕྱག་གི་པད་མ་རྣལ་འབྱོར་པས་ནི་བསྒོམ་པར་བྱ། ༈ ། ཐུར་སེལ་བསྐུམ་ན་འདོད་པར་ འགྱུར་ཏེ་ལུས་མཆོག་དག་ལ་རླུང་གི་ནད་ནི་མ་ལུས་དག་ལའོ། ༈ ། སྲོག་རྩོལ་དག་ནི་བད་ 1-1-430 ཀན་ལ་འགྱུར་༈ སླར་ཡང་དེ་དག་གཏོང་བ་མཁྲིས་པ་དག་གི་སྐྱོན་ལའོ། ༈ ། སྟེང་དང་ འོག་ནི་ཡང་དག་འགོག་པ་བདེ་བ་བྱེད་པར་འགྱུར་ཏེ་འདུས་པ་དག་དང་རིམས་ལ་ཡང༌། །ལྟེ་ བའི་སྟེང་དུ་སྲོག་གི་རླུང་ནི་མཐའ་དག་ནད་འཕྲོག་ལྟེ་བའི་རྩ་བར་གཞན་པ་དག་ཀྱང་ངོ༌། ༈ །ཐུར་སེལ་རླུང་ནི་རྣམ་པ་གསུམ་གྱི་ལམ་དུ་བགྲོད་པ་དག་ནི་བསྐུམ་ཞིང་སྲོག་ཉིད་སྟེང་ནས་ ཀྱང༌། །ཇི་སྲིད་ཡང་དག་ཕྲད་དེ་མེ་ནི་སྟོབས་དང་ལྡན་ཞིང་ལུས་ཀུན་ལ་ནི་ཁྱབ་པར་རབ་ འགྱུར་བ། །དམུ་ཆུ་སྐྲན་དང་གཞང་འབྲུམ་ནད་རྣམས་དག་དང་ལྟོ་བར་སོན་པ་ཟླ་བའི་སྦྱོར་ བས་འཇོམས་པ་སྟེ། །དབུགས་རྩེག་དང་ནི་བློ་དང་རྣམ་པ་གསུམ་གྱི་དུག་དང་མིག་གི་ནད་ ལ་སོགས་པ་དག་ཀྱང་ངོ༌། ༈ ། མཆན་ཁུང་གཡས་དང་གཡས་མིན་ལས་ནི་ནུ་མ་དག་ཀྱང་ སྟོབས་ལྡན་མནན་ཏེ་སྲོག་ནི་བཀག་པ་ལས། །གཡས་ནས་གཡོན་པའི་རྩར་ནི་འཕྲལ་ལ་ རབ་ཏུ་འབབ་སྟེ་གཡོན་པའི་མཆན་ཁུང་ལས་ཀྱང་གཡས་སུའོ། །ཟླ་བ་ཕྱེད་ཀྱིས་ཀྱང་ནི་འཆི་ སྟེར་འཆི་ལྟས་འཕྲོག་སྟེ་རྣལ་འབྱོར་ལྡན་པའི་རྣལ་འབྱོར་པ་ཡིས་སོ། ༈ ། རྡོ་རྗེ་དཀྱིལ་དཀྲུང་ དུ་གནས་རྐང་པ་ལག་པའི་པད་མ་དག་གིས་གཟུང་བ་རྒྱབ་ཀྱི་ཟུག་རྔུ་འཇོམས། ༈ ། སྟེང་དུ་ རྐང་པ་དག་དང་འོག་ཏུ་མགོ་བོ་ལུས་ལ་བད་ཀན་ནད་རྣམས་མཐའ་དག་འཕྲོག་པར་བྱེད། ༈ །སྲོག་འགོག་པ་ལས་ཉིན་ཞག་འགའ་ཞིག་གིས་ནི་རབ་འཁྲུ་གཅི་བ་སྲི་བ་ངེས་པར་འཇོམས་ པར་བྱེད། ༈ ། ཐོ་རེངས་མིང་མེད་དག་གིས་ཆུ་དང་བྲལ་བའི་ཁར་ནི་སོ་ཡི་ཕྲེང་བ་ དག་ལ་རབ་བདར་བ། །མིག་རྣམས་དག་གི་མིག་སྨན་དུ་འགྱུར་སླར་ཡང་ནད་ནི་འཕྲོག་པ་ ཆུ་ཡིས་གཏོར་བ་དག་ཀྱང་ངོ༌། ༈ ། གན་རྐྱལ་ཉལ་ནས་ལྟེ་བ་ལག་པའི་པད་མས་གཟུང་ བ་དག་ནི་མ་ཞུ་བ་ཡི་ཟུག་ངུ་འཇོམས། ༈ ། འབྲས་རྣམས་བྱུང་བ་ལ་ནི་ངེས་པར་མར་དང་ བཅས་པའི་ཚ་ཡིས་བདུགས་ན་འཕེལ་བ་འཇོམས་པར་བྱེད། །དེ་ནས་ཨརྐའི་འོ་མ་བྱུགས་ པས་ཀྱང་ངོ༌༈འགའ་ཞིག་ཚེ་ན་སོ་སྲིན་ཟུག་རྔུ་བཅས་གྱུར་ན། །སྟག་ལྡན་གྱི་ནི་ས་བོན་དུ་བ་ 1-1-431 སྦུབས་ལ་སོགས་པ་དག་གིས་འདིར་གཟུང་སྲིན་བུ་ལ་སོགས་འཇོམས། །༈ ལོ་ཕྱེད་ཀྱིས་ནི་ སྔགས་པ་རྣམས་ཀྱི་མཆོག་གི་ལུས་ལ་དཀར་བའི་མཛེས་འཕྲོག་དེ་ལས་གཞན་ལྟ་ཅི། །ཤེས་ རབ་འདུས་ལ་རང་སེམས་ལྟུང་བ་དག་ཀྱང་རྟག་ཏུ་སྲོག་གི་རླུང་གིས་འགོག་པ་དག་ལས་ཏེ། །བདུན་བཅུའི་ལོ་ཡི་རྒ་བ་སྐྲ་དཀར་བཅས་པ་དག་ཀྱང་ལོ་གཉིས་རབ་ཏུ་རྫོགས་ན་ངེས་པར་ འཕྲོག །ཉི་མ་འགའ་ཡིས་ལམ་དང་སེམས་ནི་རབ་ཏུ་འགྲོགས་པ་དག་ལས་དེ་སྟེང་ཕྱག་རྒྱའི་ དངོས་གྲུབ་འགྱུར། ༈ ། སྲོག་རྩོལ་རབ་ཏུ་བྱ་སྟེ་སྙིང་ཁ་དེ་བཞིན་མགོ་བོ་དག་ནི་ཇི་སྲིད་མེ་ ཡིས་གདུང་འགྱུར་བ། །དེ་ལས་སྟེང་དག་ཏུ་ནི་བཟང་པོའི་པད་མར་བརྒྱལ་བར་འགྱུར་ཏེ་ མ་བསྡམས་པའམ་སྟོབས་དག་གིས། །གཙུག་ཏོར་ཕུག་ཅིང་ཕུང་པོ་དག་དང་ཁམས་རྣམས་ རྣམ་པར་སྤངས་ནས་འཆི་བ་ཉིད་དུ་འགྲོ་འགྱུར་ཏེ། །ཕྱག་རྒྱ་འགྲོགས་པ་རབ་ཉམས་སྐྱེས་བུ་ རྣམས་ཀྱི་སྐྱེ་བ་འདི་ཉིད་ལ་ནི་བདེ་འབྲས་སྟེར་བ་མེད། །༈ ཕྱག་རྒྱ་གསུངས་པ་བསྒོམ་པའི་ དོན་ཏེ་ཉིན་མཚན་དུས་སུ་ཆགས་པ་ཟད་པའི་དོན་ནི་མིན་པ་ཉིད། །གསུང་གི་རྡོ་རྗེ་མཆོད་ པའི་དོན་ཏེ་ངེས་པར་སྔགས་པ་རྣམས་ལ་མྱོས་བྱེད་གསུངས་པ་ཉིད་མ་ཡིན། །ཁ་ཟས་ཐམས་ ཅད་བདེ་བའི་དོན་ཏེ་ཉིན་ཞག་སོ་སོའི་དུས་སུ་མ་བཞུའི་རྒྱུར་ཡང་མ་གསུངས་སོ། །དཔལ་ ལྡན་སྤྱོད་པ་དངོས་གྲུབ་(ཐོབ་པའི) རྒྱུར་ཏེ་མཚན་མོ་དུར་ཁྲོད་འཁྱམས་པ་དག་ཀྱང་(དངོས་ གྲུབ་ཀྱི་རྒྱུར་ཡིན་གྱི) རྩེད་མོའི་དོན་(ནི)མ་ཡིན། ༈ ། མི་བསྐྱོད་པ་ནི་ཅུང་ཟད་དྲོ་བས་ཁ་ནད་ཞི་ བར་བྱེད་དེ་སོ་ཡི་ཟུག་རྔུ་ཉིད་ཀྱང་ངོ༌། །ཐོ་རངས་མི་བསྐྱོད་རྔུབས་པ་དག་ནི་མགོ་ཡི་ནད་ འཕྲོག་དེ་བཞིན་ཉིད་དུ་ཆུ་ནི་རྔུབས་པས་སོ། །རྣ་བ་དག་དང་མིག་ཏུ་གཅི་བ་དྲོ་དང་གྲང་མོ་ རབ་བླུགས་གཉི་ག་དག་གི་ནད་འཕྲོག་གོ ༈ ། འབྱུང་པོས་གཟིར་ལ་ཚ་བ་གསུམ་བཅས་མི་ བསྐྱོད་རྔུབས་ན་བདེ་བ་སྟེར་ཏེ་སོས་ཟིན་ཉིད་ལ་ཡང༌། ༈ ། བཤང་བ་གཅི་བ་ཁུ་བ་ཁྲག་ནི་ མི་ཡི་ཤ་དང་བཅས་པ་ཟོས་པས་ཚེ་ནི་སྟེར་བར་འགྱུར། ༈ ། བསམ་གཏན་བཅས་པས་མེ་ 1-1-432 ཏོག་རྔུབས་ན་སྐྲ་དཀར་དང་བཅས་རྒ་བ་དང་ནི་ལུས་སྐྱེས་རྣམས་ཀྱང་འཕྲོག ༈ ། སྒྲོན་མ་ ལྔ་པོ་སྦྲང་བུའི་སྐྱུགས་པ་དག་དང་བསྲེས་པ་ཟོས་པས་མཐའ་དག་ནད་ནི་འཕྲོག་པ་སྟེ། ༈ །བུད་མེད་མེ་ཏོག་ཁུ་བ་དག་དང་བསྲེས་པ་ལོ་གཅིག་ཟོས་ན་རྒ་བ་ངེས་པར་སེལ་བར་བྱེད། ༈ ། རླུང་འཇོམས་ལན་ཚ་སྐྱུར་བ་དག་ཏུ་རབ་ཏུ་འགྱུར་ཏེ་དངར་དང་སྐ་བ་དག་ནི་མཁྲིས་པའི་ དགྲ། །བད་ཀན་འཇོམས་པ་ཁ་བ་ཀུན་དང་དེ་བཞིན་ཚ་བ་དག་ཀྱང་སྨན་རྣམས་སམ་ནི་ཁུ་ བ་འམ། །བད་ཀན་འཇོམས་པ་ར་ཡི་འོ་མ་ཚ་བ་གསུམ་བཅས་དག་སྟེ་མ་ཧེའི་འོ་མ་མཁྲིས་ པའི་དགྲ། །རླུང་འཇོམས་དག་ཀྱང་རྔ་མོའི་འོ་མ་རྣམ་གསུམ་ནད་འཕྲོག་བ་ཡི་འོ་མ་དང་ནི་ དེ་བཞིན་མར། ༈ ། ཛཱ་ཏི་བསྐོལ་བའི་ཆུ་ནི་དྲོ་བས་ཁ་ནད་ཞི་བར་བྱེད་དེ་སོ་ཡི་ཟུག་རྔུ་ཉིད་ ཀྱང་ངོ༌། །ཏིལ་མར་དངོས་པོའི་ཆུ་བསྐོལ་ཚ་བ་གསུམ་དང་ལན་ཚ་དག་གིས་རྣ་བ་ཡི་ནི་ནད་ དག་འཇོམས། །མར་དང་འོ་མ་བསྐོལ་བར་གྱུར་པ་ཀླུ་དང་དམར་པོ་དག་གིས་རྟག་ཏུ་སྣ་ཡི་ ནད་དག་འཇོམས། །ཀར་ཀོ་ཊཱི་དང་ལང་ག་ལི་དང་ཨིན་དྲཱི་བོང་བུའི་ཆུར་བཅས་བྱུགས་པས་ འབྲས་ཀྱི་ཕྲེང་བ་འཕྲོག །༈ ལག་པ་དག་ནི་རབ་འཕྱང་རྐང་པའི་པད་མ་མཉམ་པ་དག་དང་ སྲོག་གི་རླུང་ནི་འགོག་བྱ་སྟེ། །ཇི་སྲིད་ལུས་ནི་ས་ལ་རབ་ཏུ་ལྷུང་བར་མ་གྱུར་པ་དང་ཚ་བ་དག་ ནི་གྲོལ་བར་ཡང༌། །ཡང་དང་ཡང་དུ་ཏིང་ངེ་འཛིན་ལའོ་འཆི་བའི་འཇིགས་པ་བྱེད་པའི་ཚེར་ མ་ཅན་ནི་ངེས་འཇོམས་ཏེ། །སྙིང་ཁའི་པད་མར་ཟླ་བའི་སྟེང་དུ་དྲི་མེད་རི་བོང་ཅན་མཚུངས་ སྣ་ཚོགས་ཡུམ་ནི་བསྒོམས་པས་སོ། ༈ ། སྲན་ཆུང་བཏགས་པ་འཐུངས་པས་ཚ་བས་རྣམ་པར་ བསྣུན་པའི་མི་རྣམས་ཀྱི་ནི་ཚེར་མ་འཇོམས་པར་བྱེད། ༈ ། ཚ་བའི་མཐར་ནི་ཐོད་པ་བདར་བ་ མི་བསྐྱོད་བསྲེས་པ་ཡིས་ཀྱང་འཇིགས་པར་བྱེད་པ་འཕྲོག་པ་སྟེ། ༈ ། སྔགས་ཀྱང་ཆུ་མེ་རླུང་ རྣམས་དག་གི་སྔོན་དུ་ༀ་ཡིག་དང་ནི་བཛྲ་སྔོན་མ་ཅན་གྱི་མིང༌། །དེ་ཉིད་ཀྱིས་ནི་བསྲུང་བར་ བྱ་སྟེ་མགོ་མགྲིན་སྙིང་ཁ་ལྟེ་བ་གསང་བ་ལ་སོགས་རྣམས་སུའོ། ༈ ། མཉམ་པ་དྷཱ་ཏྲཱི་དྷཱ་ནྱ་ 1-1-433 དང་ནི་གཞན་ཡང་དེ་བཞིན་ཏིན་ཏི་རི་ཡི་འདབ་མའི་ཕྱེ་མ་དང༌། །ཉི་ཟླ་རེག་པའི་ཆུ་ནི་ངེས་ པར་དྲི་མ་བྲལ་བ་དག་ལ་རྐང་པའི་ལྷག་མར་བསྐོལ་བར་བྱ། །དེ་ཡི་ཁུ་བ་ཀ་ར་དང་བསྲེས་ ཕྱི་མའི་ཉིན་ཞག་དག་ནས་ཞག་གསུམ་འཐུངས་པ་འདི་ཡིས་ནི། །སོ་ཀ་ཉི་མའི་འོད་ཟེར་དག་ གིས་བསྲེགས་པས་ཁམས་བདུན་སོང་བ་དག་ཀྱང་ངོ༌། ༈ ། ཞེས་པ་ཚིགས་བཅད་བརྒྱ་དང་ བདུན་པ་ནས་བརྩམས་ཏེ་བརྒྱ་དང་ཉེར་བཞི་པའི་བར་ལོ་ཙ་བ་བློ་གྲོས་དཔལ་བཟང་པོས་ རང་གཞན་ལ་ཕན་པར་བསམས་ནས་ལོགས་སུ་ཕྱུང་བ་རྫོགས་སོ། །ཞུས་དག ། 1-1-434 ༄༅། །གེགས་སེལ་གྱི་འགྲེལ་བ་ བཞུགས་སོ། ། ༄༅། །ༀ་སྭསྟི། རྡོ་རྗེ་ལུས་ཀྱི་གགས་[གེགས]སེལ་ནང་ལེའི་འགྲེལ་པ་ལས་ཕྱུང་བ། བླ་མ་དང་དཔལ་དུས་ཀྱི་འཁོར་ལོ་ལ་གུས་པས་ཕྱག་འཚལ་ལོ། ། ༈ ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་རྒྱུར་ལུས་བསྲུང་ བའི་མན་ངག་གསུངས་པ་དང་པོར་ཞེས་པ་ལ་སོགས་པ་སྟེ་འཁོར་བ་འདིར་སེམས་ཅན་ རྣམས་ཀྱི་ལུས་ལ་སྲོག་དང་ཐུར་སེལ་སྡུད་པའི་རིམ་པས་(ཕྱིར)འབྱུང་བར་འགྱུར་ཞིང་སྐྱེད་ པའི་རིམ་པས་རབ་ཏུ་(ནང་དུ)འཇུག་པ་ཇི་ལྟ་བ་དེ་བཞིན་དུ་རྩ་བའི་རྒྱུད་ཀྱི་དབང་མདོར་ བསྟན་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ལྟེ་བའི་པད་མ་སྙིང་མགྲིན་དང༌། །དཔྲལ་བ་གཙུག་ཏོར་འདམ་སྐྱེས་ལ། །ས་ཆུ་མེ་རླུང་སྟོང་པ་རྣམས། །སྡུད་པས་རབ་ཏུ་ འབབ་པ་ནི། །འབྱུང་གྱུར་དེ་ནི་འཇུག་པ་དག །སྐྱེད་པས་འཇུག་སྟེ་ས་ལའོ། །དེ་བཞིན་དུ་ ཐུར་སེལ་གྱི་ནུས་པ་ནི། ལྟེ་གསང་ནོར་བུའི་ཆུ་སྐྱེས་ལ། །ལུས་ངག་སེམས་ནི་འབབ་པ་དག །(ཕྱིར)འབྱུང་བ་དང་(ནང་དུ)ནི་འཇུག་པ་དག །སྡུད་དང་སྐྱེད་པའི་རང་བཞིན་ཅན། །ཞེས་སོ། ། ༈ རྒྱུད་དེའི་ཕྱིར་དང་པོར་མཐའ་དག་རྒྱལ་བའི་ལུས་ཏེ་ཕུང་པོ་ལ་སོགས་པའི་ལུས་ནི་ དངོས་གྲུབ་རྒྱུ་རུ་སྔགས་པ་དག་གིས་ཡང་དག་བསྲུང་བར་བྱའོ། །ལུས་མེད་ན་ནི་དངོས་གྲུབ་ མེད་ཅིང་སྐྱེ་བ་འདི་ལ་མཆོག་གི་བདེ་བ་སྟེ་ཟག་པ་མེད་པའི་བདེ་བ་ཐོབ་པར་འགྱུར་བའང་ མེད་དོ། །དེ་ཕྱིར་ལུས་ཀྱི་དོན་གྱི་རྒྱུར་ནི་ཞེས་པ་ལུས་ཀྱི་དོན་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་ 1-1-435 བསྲུང་བའི་རྒྱུར་ནི་ཉིན་ཞག་སོ་སོའི་དུས་སུ་རྩ་ཡི་སྦྱོར་བ་བསྒོམ་པར་བྱའོ། །(གཡོན་གྱི་ རྐྱང་མ)ལ་ལ་ནཱ་དང་(གཡས་ཀྱི་རོ་མ)ར་ས་ནཱ་དག་སྦྱོར་བ་ནི་རྩའི་སྦྱོར་བ་སྟེ་སྲོག་གི་རླུང་(ལྟེ་བ་ ཡན་ཆད)དབུ་མར་(འཇུག་པའི་ཐབས)བསྒོམ་པར་བྱ་ཞིང་བཤང་བ་དང་གཅི་བའི་རྩ་སྦྱོར་བ་ཐུར་ སེལ་(གྱི་རླུང་ལྟེ་བ་མན་ཆད)ནི་དུང་ཅན་མར་(འཇུག་ཐབས་བསྒོམ་བྱར་འགྱུར)རོ། །ཉིན་དང་མཚན་མོའི་ དུས་སུ་དུས་སྦྱོར་བཅུ་གཉིས་སུ་རྩའི་སྦྱོར་བ་འདི་བསྒོམ་པར་བྱའོ། །འདི་སྒོམས་པས་ལུས་ འགྲུབ་སྟེ་ལུས་གྲུབ་པར་གྱུར་ན་གཞན་པའི་དངོས་གྲུབ་འཇིག་རྟེན་པ་རྣམས་མངག་གཞུག་ ཉིད་དུ་རབ་ཏུ་འགྱུར་རོ་ཞེས་པ་སྟེ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་ངེས་པའོ། ། ༈ ད་ནི་སྟོང་པ་ཞེས་པ་ལ་སོགས་པས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་ པའི་ལམ་གསུངས་ཏེ་འདིར་སྟོང་པ་ལ་ནི་དུ་བ་སོགས་ལམ་བླ་མའི་ངེས་པའི་དབང་གིས་ ཞེས་པ་འཆད་པར་འགྱུར་བའི་རིམ་པས་གཟུགས་བརྙན་འཚམས་སུ་བསྒོམ་པར་བྱའོ། །གཟུགས་བརྙན་ནི་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་ཏེ་དེའི་མཐར་ཐུག་པར་བསམ་ མོ། །འཚམས་[མཚམས]དེ་ནས་རྩ་ཡི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་ པ་དག་ཀྱང་བྱེད་པ་སྟེ་ལྟེ་བའི་འཁོར་ལོ་ལ་རྣལ་འབྱོར་པས་(སྲོག་རྩོལ་བསྒོམས)སོ། །ཕྱི་ནས་ཟླ་ བ་ངེས་པར་འགོག་པ་ནི་གཟའ་བཞིན་ཞེས་པ་སྒྲ་གཅན་བཞིན་དུ་བྱེད་དེ་བྱང་ཆུབ་སེམས་ ནི་རྣལ་འབྱོར་པ་ཡིས་(འཛིན་པ་དེ་ཡིས)སོ། །སྲོག་དང་ཐུར་སེལ་དག་ཡང་དག་པར་སྦྱོར་པ་ནི་ རྣལ་འབྱོར་ཏེ་དེ་གང་ལ་ཡོད་པ་ནི་རྣལ་འབྱོར་པའོ། །བྱང་ཆུབ་སེམས་ནི་འཕོ་བའི་སྐ་ཅིག་གོ །འགོག་པ་ནི་ཉེ་བར་ཞི་བ་སྟེ་རྒྱུ་མཐུན་པ་ལ་སོགས་པ་འགྱུར་བ་མེད་པར་བྱེད་དོ། །དེ་ནས་ གང་ཞིག་ཅུང་ཟད་འདོད་པ་དག་ཅེས་པ་ནི་རྒྱུ་མཐུན་པ་དེ་ལས་རྣམ་པར་སྨིན་པ་དང་སྐྱེས་ བུ་བྱེད་པ་དང་དྲི་མ་མེད་པ་གང་ཅུང་ཟད་བརྗོད་དུ་མེད་པའི་འདོད་པ་དེ་ནི་ཉིན་ཞག་འགའ་ ཡིས་སྐྱེ་བ་འདི་ལ་ཐོབ་པར་འགྱུར་རོ། །ཉིན་ཞག་འགའ་ནི་ལོ་གསུམ་དང་ཕྱོགས་གསུམ་གྱི་ 1-1-436 དུས་ཀྱི་འཁོར་ལོའི་ཉིན་ཞག་རྣམས་ཏེ་དེ་རྣམས་ཀྱིས་སོ། །སྟོང་པ་ལ་སོགས་པའི་རྣམ་པར་ ཐར་པས་སྦྱངས་པའི་ཕུང་པོ་(ལ་བརྟེན་ནས་བསྒོམས་པ)འདི་དག་གིས་ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་ཐོབ་པར་འགྱུར་རོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ངེས་པའོ། ། ༈ ད་ནི་ཉི་མ་ཞེས་པ་ལ་སོགས་པས་དུས་མ་ཡིན་པའི་འཆི་བ་བསླུ་བ་གསུངས་ཏེ་འདིར་ གང་གི་ཚེ་རྣལ་འབྱོར་པས་དུས་མ་ཡིན་པའི་འཆི་བའི་མཚན་ཉིད་མཐོང་བ་དེའི་ཚེ་ཉི་མ་ཟླ་ བ་འགོག་པ་ནི་གཡོན་པ་དང་གཡས་པའི་རྩ་འགོག་པའོ། །མཉམ་དང་མི་མཉམ་བགྲོད་པ་ དག་སྟེ་ཞེས་པ་ནི་སྡུད་པ་དང་སྐྱེད་པའི་བགྲོད་པ་དག་གོ །དབུ་མ་མེ་ལ་ཞེས་པ་ནི་སྒྲ་གཅན་ དུས་མེ་དབུ་མའི་རྩ་ལ་རབ་ཏུ་ཞུགས་པར་བྱའོ། །སྲོག་དང་ཐུར་སེལ་གཉིས་པོ་དག་ཀྱང་ཉིན་ ཞག་དང་པོར་སོང་ན་སྟེ་དབུ་མར་རབ་ཏུ་འབབ་པ་ཉིན་ཞག་གཅིག་སོང་བར་གྱུར་ན་རྣལ་ འབྱོར་པ་རྣམས་ཀྱི་དུས་མིན་འཆི་བ་བསླུ་བར་འགྱུར་རོ། །སྲོག་གིས་གང་བར་བྱས་ནས་ཏེ་ དཀྱིལ་འཁོར་ལྔ་འབབ་པ་རྣམས་དབུ་མའི་སྦྱོར་བའི་སྲོག་གིས་ལག་པ་དང་བཅས་རྐང་པའི་ སོར་མོའི་ཚིགས་དང་སེན་མོའི་མཐར་གང་བར་བྱས་ནས་གཙུག་ཏོར་ལ་སོགས་པའི་འཁོར་ ལོ་དྲུག་ལ་སངས་རྒྱས་ལྷ་མོ་་འཇིགས་མེད་ཕྱག་གི་པད་མ་རྣལ་འབྱོར་པས་ནི་བསྒོམ་པར་བྱ་ སྟེ་འཆད་པར་འགྱུར་བའི་རིམ་པས་སོ། །དུས་མ་ཡིན་པའི་འཆི་བ་བསླུ་བའི་ངེས་པའོ། ། ༈ ད་ནི་ཐུར་སེལ་ཞེས་པ་ལ་སོགས་པས་རླུང་ནད་ལ་སོགས་པ་ཞི་བར་བྱེད་པ་གསུངས་ ཏེ། ༈ འདིར་ལུས་ལ་ལྟེ་བ་དང་གསང་བ་ན་སྔར་བརྗོད་པ་རླུང་གི་སྐྱོན་བྱེད་པའི་རྩ་བརྒྱད་ ཅུའོ། །འདི་རྣམས་ཁམས་མཉམ་པ་ཉིད་བྱེད་པའི་སླད་དུ་ཐུར་སེལ་བསྐུམ་ན་འདོད་པ་ཞེས་ པ་བདེ་བ་བྱེད་པར་འགྱུར་ཏེ་སྔགས་པ་རྣམས་ཀྱི་(ཐུར་སེལ་གྱི་རླུང་བསྐུམས་ཏེ་སྟེང་སྲོག་ཡན་པར་བཞག་ དེས)རླུང་གི་ནད་གཟེར་བ་ལ་སོགས་པ་མ་ལུས་(པ)དག་(སེལ་ལོ)ལའོ། །དེ་བཞིན་དུ་དཔྲལ་བ་ 1-1-437 དང་གཙུག་ཏོར་ལ་བད་ཀན་གྱི་སྐྱོན་བྱེད་པའི་རྩ་ཉི་ཤུ་སྟེ་དེ་རྣམས་ཁམས་མཉམ་པ་ཉིད་བྱེད་ པའི་སླད་དུ་སྲོག་རྩོལ་འདོད་པར་འགྱུར་རོ། །བད་ཀན་ལ་འགྱུར་ཞེས་པ་ནི་བད་ཀན་གྱི་ནད་ སྐྱེས་པར་གྱུར་པ་ན་རྣལ་འབྱོར་པས་སྲོག་དགག་པར་བྱའོ། ། ༈ སླར་ཡང་དེ་དག་གཏོང་བ་འཁྲིས་[མཁྲིས]པ་དག་གི་སྐྱོན་ལའོ་ཞེས་པ་ནི་འཁྲིས་ [མཁྲིས]པའི་ཉེས་པ་སྐྱེས་པར་གྱུར་པ་ན་སྲོག་དང་ཐུར་སེལ་དེ་དག་(ལན་གཅིག་བཟུང་དེ་ནས་སྟེང་ འོག་གཉི་ག་ནས)ཕྱི་རོལ་དུ་གཏང་(པ་སེལ)བར་བྱ་སྟེ་འཆད་པར་འགྱུར་བའི་རིམ་པས་(དེ་ནས)ཕྱི་ རོལ་གྱི་རླུང་ཤིད་ཅེས་པས་བཟུང་ནས་ལྕེ་ཆུང་ལ་ལྕེ་བཀོད་ཅིང་སྟུ་ཀ་ལ་སོགས་པའི་བདུད་ རྩི་བཏུང་བར་བྱ་སྟེ་(དེ་རྣམས་རླུང་གཏོང་དུས་གཉི་ག་ནས་གསུང་ངོ་དེ་ལ)མཁྲིས་པའི་ནད་མཐའ་དག་(སེལ་ ལོ)ལའོ། །རྩ་ནི་མགྲིན་པ་དང་སྙིང་ཁ་ལ་འཁྲིས་[མཁྲིས]པའི་སྐྱོན་བྱེད་པ་བཞི་བཅུ་སྟེ་དེ་ རྣམས་ཁམས་མཉམ་པ་ཉིད་བྱེད་པའི་སླད་དུ་སྦྱོར་བ་དེ་བྱའོ། ། ༈ སྟེང་དང་འོག་ནི་ཡང་དག་འགོག་པ་བདེ་བ་བྱེད་པར་འགྱུར་ཏེ་འདུས་པ་དག་དང་ རིམས་ལ་ཡང༌། །ཞེས་པ་ནི་འདིར་གསང་བ་ལ། འདུས་པ་བྱེད་པའི་རྩ་བཅུ་སྟེ་དེ་རྣམས་ ཁམས་མཉམ་པ་ཉིད་བྱེད་པའི་སླད་དུ་སྟེང་དང་འོག་སྲོག་དང་ཐུར་སེལ་དག་འགོག་པ་ འདོད་དེ་རིམས་(ནད)ལ་ཡང་(སྲོག་ཐུར་གཉི་ག་ཕྲད་པར་རྔུབས་ནས་བུམ་པ་ཅན་དུ་བྱས་པས་སེལ་ལོ)འདོད་ དོ། །རྒྱུ་ཅིའི་ཕྱིར་ཞེ་ན་གང་ཞིག་ལྟེ་བའི་སྟེང་དུ་སྲོག་གི་རླུང་ནི་འབབ་པ་དེ་ལས་མཐའ་དག་ ནད་འཕྲོག་ཅིང་ལྟེ་བའི་རྩ་བར་ཐུར་སེལ་འབབ་པས་ལྟེ་བའི་འོག་ཏུ་ནད་དག་འཕྲོག་སྟེ་(ནད) གཞན་པ་དག་ཀྱང་ངོ་ཞེས་པའོ། ། ༈ རླུང་ལ་སོགས་པའི་ནད་ཉེ་བར་ཞི་བའི་ངེས་པའོ། ༈ ། ད་ནི་ཐུར་སེལ་ཞེས་པ་ལ་ སོགས་པས་ལྟོ་བའི་ནད་ཉེ་བར་ཞི་བའི་ཆོ་ག་དང་མན་ངག་གསུངས་ཏེ་འདིར་གང་གི་ཚེ་ལྟོ་ བར་དམུ་ཆུ་ལ་སོགས་པར་གྱུར་ན་དེའི་ཚེ་ཐུར་སེལ་རླུང་ནི་འོག་ཏུ་རྣམ་པ་གསུམ་གྱི་ལམ་དུ་ 1-1-438 བགྲོད་པ་དག་ཅེས་པ་བཤང་བ་དང་གཅི་བ་དང་ཁུ་བའི་ལམ་དུ་བགྲོད་པ་དག་ནི་བསྐུམ་ཞིང་ སྲོག་ཉིད་སྟེང་ནས་ཀྱང་བསྐུམ་པར་བྱ་སྟེ་ཟླ་བ་དང་ཉི་མ་དང་མེའི་ལམ་དུ་བགྲོད་པའོ། །ཇི་ སྲིད་དེ་དག་ཡང་དག་ཕྲད་དེ་མེ་ནི་ཞེས་པ་ལྟོ་བའི་མེ་སྟོབས་དང་ལྡན་ཞིང་ལུས་ཀུན་ལ་ནི་ ཁྱབ་པར་རན་འགྱུར་བ། །འདི་ནི་དམུ་ཆུ་སྐྲན་དང་གཞང་འབྲུམ་ནད་རྣམས་དག་ཀྱང་སྟེ་དམུ་ ཆུ་ལ་སོགས་པ་རྣམས་ཟླ་བའི་སྦྱོར་བས་འཇོམས་པ་སྟེ། །དབུགས་རྩེག་དང་ནི་གློ་དང་རྣམ་ པ་གསུམ་གྱི་དུག་བརྟན་པ་དང་གཡོ་བ་དང་བཅོས་མ་དང༌། །མིག་གི་ནད་ལ་སོགས་པ་སྟེ་ མགོ་བོའི་ནད་ཀྱང་འཇོམས་སོ། །ལྟོ་བའི་ནད་ཉེ་བར་ཞི་བའི་ངེས་པའོ། ། ༈ ད་ནི་མཆན་ཁུང་ཞེས་པ་ལ་སོགས་པས་འཆི་ལྟས་བསླུ་བའི་སླད་དུ་རྩ་བཅིང་བའི་ བྱེད་པ་གསུངས་ཏེ་འདིར་གང་གི་ཚེ་རྣལ་འབྱོར་པས་དབུ་མར་ཉིན་མཚན་དུ་སྲོག་གནས་ པར་མ་ནུས་ན་དེའི་ཚེ་བརྗོད་པའི་བཅིང་བ་འདིས་གཡོན་པའི་འཆི་ལྟས་ལ་གཡས་པར་ སྲོག་རྒྱུ་བར་བྱེད་ཅིང་གཡས་པའི་འཆི་ལྟས་ལ་གཡོན་པར་རྒྱུ་བར་བྱེད་པ་ཟླ་བ་ཕྱེད་དང་ཟླ་ བ་གཅིག་གི་བར་དུའོ། །མཆན་ཁུང་གཡས་དང་གཡས་མིན་ལས་ནི་ནུ་མ་དག་ཀྱང་སྟོབས་ ལྡན་མནན་ཏེ་སྲོག་ནི་བཀག་པ་ལས། །ཞེས་པ་ནུ་མ་གཡས་པ་མནན་པས་གཡོན་པའི་རྩར་ འབབ་ཅིང་མཆན་ཁུང་གཡོན་ནས་མནན་པས་གཡས་པའི་རྩར་འབབ་པོ། །དེ་ལྟར་ཟླ་བ་ ཕྱེད་ཀྱིས་ཀྱང་ནི་འཆི་སྟེར་འཆི་ལྟས་འཕྲོག་སྟེ་རྣལ་འབྱོར་ལྡན་པའི་རྣལ་འབྱོར་པ་ཡིས་སོ། །ཞེས་པ་ལ་རྣལ་འབྱོར་ནི་དགང་བ་དང་དབྱུང་བ་དག་གཅིག་པ་བུམ་པ་ཅན་ཏེ་དེ་དང་ལྡན་པ་ ནི་རྣལ་འབྱོར་ལྡན་པའོ། །འཕྲོག་པ་ནི་སེལ་བར་བྱེད་དོ་ཞེས་པ་སྟེ། དུས་མ་ཡིན་པའི་འཆི་བ་ བསླུ་བའི་ངེས་པའོ། ། ༈ ད་ནི་རྒྱབ་ཀྱི་ཟུག་རྔུ་འཇོམས་པར་བྱེད་པ་གསུངས་པ། རྡོ་རྗེ་དཀྱིལ་དཀྲུང་དུ་གནས་ རྐང་པ་ཞེས་པ་སྟེ་རྡོ་རྗེ་དཀྱིལ་དཀྲུང་ནི་བརླ་གཡས་པའི་སྟེང་དུ་རྐང་པ་གཡོན་པ་དང་བརླ་ 1-1-439 གཡོན་པའི་སྟེང་དུ་རྐང་པ་གཡས་པ་སྟེ་རྐང་པ་དེ་དག་རྒྱབ་ཏུ་གནས་པའི་དཔུང་པ་རྡོ་རྗེ་ བཅིངས་པའི་ལག་པ་(རྒྱབ་ཏུ་བསྣོལ་བས)གཡོན་གྱིས་རྐང་པ་གཡོན་པ་བཟུང་ཞིང་གཡས་ཀྱིས་ རྐང་པ་གཡས་པའོ། །རྐང་པ་དེ་དག་ལག་པའི་པད་མ་དག་གིས་བཟུང་བས་རྒྱབ་ཀྱི་ཟུག་རྔུ་ འཇོམས་པར་བྱེད་དོ། ། ༈ སྟེང་དུ་རྐང་པ་དག་དང་འོག་ཏུ་མགོ་བོ་ལུས་ལ་བད་ཀན་ནད་རྣམས་མཐའ་དག་ འཕྲོག་པར་བྱེད་དོ་ཞེས་པའོ། །སྲོག་འགོག་པ་ལས་ཉིན་ཞག་འགའ་ཞིག་གིས་ནི་རབ་(ཏུ) འཁྲུ་(བར་བྱེད་དེ)གཅི་བ་སྲི་བ་(ཡང་རྒྱ་ཚ་ཆུ་ལ་སྦྱངས་པ་བཏང་ན)ངེས་པར་འཇོམས་པར་བྱེད(དོ)། ། ༈ ཐོ་རངས་མིང་མེད་དག་གིས་ཆུ་དང་བྲལ་བའི་ཁར་ནི་སྟེ་མ་བཀྲུས་པར་སོ་ཡི་ཕྲེང་བ་དག་ལ་ རབ་ཏུ་བདར་བ་ནི་མིག་རྣམས་དག་གི་མིག་སྨན་དུ་འགྱུར་ཏེ་མིག་གི་ནད་འཕྲོག་པར་འགྱུར་ ཞིང་ཐོ་རངས་ཆུ་ཡིས་གཏོར་བ་དག་ཀྱང་མིག་གི་ནད་འཕྲོག་པར་འགྱུར་རོ། ། ༈ གན་རྐྱལ་ཉལ་ནས་ལྟེ་བ་ལག་པ་གཡོན་པས་བཟུང་བ་གང་ཡིན་པ་དེ་ནི་ལག་པའི་ པད་མས་བཟུང་བ་དག་ནི་མ་ཞུ་བ་ཡི་ཟུག་རྔུ་འཇོམས་པ་སྟེ་སྲོག་རྩོལ་དང་བཅས་པ(རླུང་བཟུང་ སྟེ་ལྟེ་བ་ནས་འཐེན་པ)ས་སོ། ། ༈ འབྲས་རྣམས་བྱུང་བ་ལ་ནི་སྟེ་འབྲས་དང་སྐྲངས་འབུར་ལ་སོགས་བྱུང་བའི་དུས་སུ་ མར་དང་བཅས་པའི་ཚ་དང་གོས་ཀྱིས་བཅིངས་པ་ཡིས་བདུགས་ན་(སྟེ་རོ་མར་གྱིས)འཕེལ་བ་ འཇོམས་པར་བྱེད་པ་ཉིད་དེ(ཡང་ན)། དེ་ནས་ཨ་ཀའི་འོ་མ་(བོད་ན་མེད)བྱུག་པས་ཀྱང་ངོ་སྟེ་ འབྲས་ལ་སོགས་པ་བྱུང་པ་ལའོ་ཞེས་པ་ངེས་པའོ། ། ༈ འགའ་ཞིག་ཚེ་ན་སོ་སྲིན་ཟུག་རྔུ་བཅས་གྱུར་ན་དེའི་ཚེ་སྟག་ལྡན་གྱི་ནི་ས་བོན་དུ་བ་ སྦུབས་ལ་སོགས་པ་དག་གིས་བཟུང་ན་སྲིན་བུ་ལ་སོགས་འཇོམས་ཏེ་སྟག་ལྡན་ཞེས་པ་ཀུན་ ཊ་ཀཱ་རིའོ། །ནད་སྤྱི་ཉེ་བར་ཞི་བའི་ངེས་པའོ། ། 1-1-440 ༈ ད་ནི་ལོ་ཞེས་པ་ལ་སོགས་པས་མཛེ་ནད་ཉེ་བར་ཞི་བའི་སླད་དུ་ཆོ་ག་གསུངས་སོ། །འདི་ནི་(འཛག་མེད་ཐོབ་པའི)རྣལ་འབྱོར་(ཆེས)ཆེན་པོ་(རླུང་སེམས་འཆུན་ངེས་པའི་སྤྱོད་ཡུལ)སྟེ་སྔོན་དུ་དུ་ བ་ལ་སོགས་པའི་མཚན་མ་དང་སྲོག་རྩོལ་གྱིས་མི་འགྱུར་བའི་བདེ་བའི་སྐ་ཅིག་སྒྲུབས་ཏེ་ ཕྱག་རྒྱ་དང་འདུས་པ་ལ་བྱང་ཆུབ་ཀྱི་སེམས་(ནོར་བུའི་བར་དུ)ལྟུང་དུ་བཅུག་ནས་ཕྱག་རྒྱ་དང་ སྦྱར་བས་ལྟུང་བའི་བྱང་ཆུབ་ཀྱི་སེམས་བདེ་བ་དང་བཅས་པ་དེ་ཉིད་སྲོག་དང་ཐུར་སེལ་དག་ གིས་འགོག་པ་ལས་ལོ་ཕྱེད་ཀྱིས་ནི་སྔགས་པ་རྣམས་ཀྱི་མཆོག་གི་ལུས་ལ་དཀར་བའི་མཛེ་ འཕྲོག་དེ་ལས་གཞན་ལྟ་ཅི། །གལ་ཏེ་(བདེ་བ་ཆུང་བའི་ཕྱག་རྒྱས)མཛེ་མ་སེལ་ན་དེའི་ཚེ་ཕྱག་རྒྱ་ ལོ་བཅུ་དྲུག་མ་བསྟེན་པར་བྱ་རྣལ་འབྱོར་པས་ཉིན་ཞག་སོ་སོར་ཤའི་བཟའ་བ་དང་ཆང་གི་ བཏུང་བ་དང་ཟླ་བ་དྲུག་གི་ནང་དུ་དེའི་སྐྱེ་གནས་སུ་བསྲུབས་པ་ལས་བྱང་ཆུབ་ཀྱི་སེམས་(ཞུ་ སྟེ་རང་གི་དཔྲལ་བ་ནས་ནོར་བུའི་བར་དུ)ལྟུང་བ་རྣམ་པར་གཟུང་(བས་ཕྱི་རོལ་དུ་ཡེ་མི་འཕོ)བར་གྱུར་ ན་མཛེའི་ནད་འཕྲོག་སྟེ་(མི་འཕོ་བའི་ཐབས་ནི)བུམ་པ་ཅན་གྱི་སྦྱོར་(བ་ཤིན་དུ་འཆུན)བས་སོ། །(དེ་ལྟར་ འཆུན་ན)དེ་བཞིན་གཤེགས་པའི་གསུང་འདི་ལ་(ཕན་ཡོན་དེ་འབྱུང་བར)ཐེ་ཚོམ་མེད་དོ། །(ཕན་ཡོན་ ཡང་)མཛེ་འཕྲོག་པ་འབའ་ཞིག་(ཙམ)མ་ཡིན་ཏེ་གཞན་ཡང་བདུན་ཅུའི་ལོ་ཡི་རྣ་བ་སྐྲ་དཀར་ བཅས་པ་དག་ཀྱང་ཕྱག་རྒྱ་དང་འདུས་པ་ལས་བྱང་ཆུབ་ཀྱི་སེམས་(རང་གི་དཔྲལ་བ་ནས་ནོར་བུའི་བར་ དུ)ལྟུང་བ་ལོ་གཉིས་རབ་ཏུ་རྫོགས་(ཏེ་ཕྱག་རྒྱའི་བྷ་ག་ཡེ་མ་ཤོར)ན་ངེས་པར་འཕྲོག་གོ །སྦྱོར་བ་འདི་ ཉིད་ཀྱིས་རྣལ་འབྱོར་པ་རྣམས་ཀྱིས་ཉིན་ཞག་འགའ་ཡིས་ཏེ་དུས་ཀྱི་འཁོར་ལོའི་ལོ་གསུམ་ དང་ཕྱོགས་གསུམ་གྱི་ཉིན་ཞག་རྣམས་ཀྱིས་ལམ་དང་སེམས་ནི་རབ་ཏུ་འགྲོགས་པ་དག་ལས་ དེ་སྟེང་ཞེས་པ་རྒ་བ་རྣམ་པར་ཉམས་པའི་སྟེང་དུ་ཕྱག་རྒྱའི་དངོས་གྲུབ་ཏུ་འགྱུར་རོ། །མཛེ་ ནད་ཞི་བའི་ངེས་པའོ། ། ༈ ད་ནི་སྲོག་རྩོལ་གྱི་ངེས་པ་གསུངས་ཏེ་འདིར་སྔགས་པས་ལུས་ལ་སྲོག་རྩོལ་བུམ་ 1-1-441 པ་ཅན་བྱ་སྟེ་སྙིང་ཁ་དེ་བཞིན་མགོ་བོ་དག་ནི་ཇི་སྲིད་མེ་ཡིས་གདུང་འགྱུར་བ་སྟེ་སྙིང་ཁ་ བསྲེགས་ཤིང་མགོ་བོ་ཡང་གདུང་བར་འགྱུར་བ་དེ་སྲིད་དུ་བྱའོ། །དེ་ལས་སྟེང་དུ་མི་བྱའོ་ཞེས་ པ་ངེས་པའོ། །གལ་ཏེ་དེ་ལས་སྟེང་དག་ཏུ་ནི་བྱེད་ན་བཟང་པོའི་པད་མར་བརྒྱལ་བར་འགྱུར་ ཏེ་ཞེས་པ་ལྟེ་བའི་པད་མར་སྲོག་བརྒྱལ་བར་འགྱུར་རོ། །མ་བསྡམས་པའམ་སྟོབས་དག་ གིས། །གཙུག་ཏོར་ཕུག་ཅིང་ཕུང་པོ་དག་དང་ཁམས་རྣམས་རྣམ་པར་སྤངས་ནས་འཆི་བ་ཉིད་ དུ་འགྲོ་འགྱུར་བ་གང་ཡིན་པ་དེའི་ཕྱིར་ཕྱག་རྒྱ་འགྲོགས་པ་རབ་ཉམས་སྐྱེས་བུ་རྣམས་ཀྱི་སྐྱེ་ བ་འདི་ཉིད་ལ་ནི་སྲོག་རྩོལ་བདེ་འབྲས་སྟེར་བ་མེད་དོ། །སྲོག་རྩོལ་གྱི་ངེས་པའོ། ། ༈ ཕྱག་རྒྱ་གསུངས་པ་ཞེས་པ་ལ་སོགས་པ་ནི་གོ་སླའོ། ༈ ། ད་ནི་ཀུན་སྤངས་ཀྱི་རྣལ་ འབྱོར་པའི་སྨན་གསུངས་ཏེ་འདིར་གང་གི་ཚེ་རྣལ་འབྱོར་པའི་ཁ་ན་བར་གྱུར་ན་དེའི་ཚེ་མི་ བསྐྱོད་པ་ཅུང་ཟད་དྲོ་བར་བྱས་ཏེ་ཁར་བཟུང་ན་ཁའི་ནད་ཞི་བར་བྱེད་པར་འགྱུར་རོ། །སོ་ ཡི་ཟུག་རྔུ་ཉིད་ཀྱང་ཞེས་པ་སྟེ་ཀྱང་ཡིག་ལས་སོ་སྲིན་གྱི་ཡང་ངོ༌། །གང་གི་ཚེ་མགོ་བོ་ན་བར་ གྱུར་ན་དེའི་ཚེ་ཐོ་རངས་མི་བསྐྱོད་པ་རྔུབ་པ་བྱས་ན་རྣལ་འབྱོར་པ་རྣམས་ཀྱི་མགོ་ཡི་ནད་ འཕྲོག་སྟེ་དེ་བཞིན་ཉིད་དུ་ཆུ་ནི་རྔུབས་པས་སོ། །གང་གི་རྣ་བ་ན་བར་གྱུར་པ་དེའི་ཚེ་གཅི་བ་ དྲོ་བར་བྱས་པ་(སྟེ་དྲི་ཆུ་གྲངས་སུ་བཅུག་པ་དེ་མེ་ལ་སྤྲོས་པ)རྣ་བར་རབ་ཏུ་(ཟེར་ཡང་ཐིགས་ཙམ)བླུགས་པ་ དང༌། མིག་གི་ནད་ལ་གྲང་མོར་བྱས་པ་མིག་རབ་ཏུ་བླུགས་པས་གྲངས་བཞིན་དུ་གཉི་གའི་ ནད་འཕྲོག་སྟེ་གཅི་བ་དྲོ་དང་དྲང་མོ་ཞེས་སོ། ། ༈ འབྱུང་པོས་གཟིར་ལ་ཞེས་པ་འབྱུང་པོ་ཡིད་བཏགས་ལ་སོགས་པས་བཟུང་བ་ལ་ཚ་ བ་གསུམ་དང་བཅས་པའི་མི་བསྐྱོད་པ་རྔུབས་ན་བདེ་བ་སྟེར་ཏེ་སོས་ཟིན་ཉིད་ལ་ཡང་ཞེས་ པ་སྦྲུལ་གྱིས་ཟོས་པ་ལ་ཡང་བདེ་བ་སྟེར་བར་འགྱུར་རོ། ། ༈ ཁ་ནད་ལ་སོགས་པ་ཉེ་བར་ཞི་བའི་ངེས་པའོ། ༈ ། ད་ནི་བཤང་བ་ཞེས་པ་ལ་སོགས་ 1-1-442 པས་ཚེ་འཕེལ་བའི་དོན་དུ་བདུད་རྩི་ལྔའི་སྦྱོར་བ་གསུངས་ཏེ་འདིར་ཇི་ལྟར་ཕྱི་རོལ་དེ་བཞིན་ ལུས། །ཞེས་གསུངས་པའི་ཕྱིར་ཕྱི་རོལ་གྱི་རྫས་ལྔ་དང་ནང་གི་རྫས་ལྔ་གཅིག་ཏུ་བྱས་པ་ནི་ བདུད་རྩི་ལྔའི་སྦྱོར་བ་སྟེ་བདུད་རྩི་ལྔ་པོ་དེ་ཟོས་པས་རྣལ་འབྱོར་པ་རྣམས་ལ་ཚེ་སྟེར་འགྱུར་ རོ། །ཕྱི་རོལ་ཏུ་བཤང་བའི་སྒྲས་རྣམ་པར་སྣང་མཛད་སྟོབས་ལྡན་སྟོབས་ཀྱིས་ཞག་སྟེ་མུ་ཟིར་ བརྗོད་དོ། །ནང་དུ་ནི་བཤང་བ་ཉིད་དེ་འདི་དག་ཆ་མཉམ་པའོ། །གཅི་བ་ནི་ཕྱི་རོལ་དུ་ཁྱབ་ འཇུག་མི་བདག་སྟེ་བྷྲིང་ག་རཱ་ཛའི་ཁུ་བ་དང་ནང་དུ་ནི་གཅི་བ་ཉིད་དོ། །ཁྲག་ནི་ཕྱི་རོལ་དུ་ ལྷང་ཚེར་དང་ནང་དུ་ནི་བུད་མེད་ཀྱི་མེ་ཏོག་སྟེ་ཆ་མཉམ་པའོ། །ཁུ་བ་ནི་ཕྱི་རོལ་ཏུ་དངུལ་ཆུ་ དང་ནང་དུ་ནི་ཁུ་བ་ཉིད་དེ་འདི་དག་ཆ་མཉམ་པའོ། །མི་ཡི་ཤ་ནི་ཕྱི་རོལ་ཏུ་འབྲས་བུ་གསུམ་ (ཨར་བར་སྐྱུར་གསུམ)དང་ནང་དུ་ནི་རྐང་(མར)འདི་དག་ཀྱང་ཆ་མཉམ་པའོ། །དེ་ལྟར་བཤང་བ་ ཆ་གཅིག་དང་ཤ་རྐང་པས་དམན་པའི་ཆ་དང་ཁྲག་ཆ་ཕྱེད་དང་ཁུ་བ་རྐང་པ་གཅིག་སྟེ་འདི་ རྣམས་གཅིག་ཏུ་བྱས་ནས་གཅི་བས་ལན་བདུན་གྱི་བར་དུ་བསྒོ་བར་བྱ་སྟེ་ཡང་དང་ཡང་དུ་ ཉི་མ་ལ་བསྐམས་ནས་སོ། །དེ་ནས་ཉིན་ཞག་སོ་སོར་(གསེར)ཞོ་གཉིས་ཙམ་མར་དང་སྦྲང་རྩི་ དང་བཅས་པ་ཟོས་ན་ཟླ་བ་དྲུག་གི་འཚམས་[མཚམས]སུ་ཚེ་སྟེར་བར་འགྱུར་ཏེ་ལོ་མ་དང་ སྐྱུར་བ་དང་ཏིལ་མར་དང་ལན་ཚ་དང་བུད་མེད་དང་སྦྱོར་བ་སྤངས་པ་ལས་སོ་ཞེས་པ་ནི་ བདུད་རྩི་ལྔའི་ངེས་པའོ། ། ༈ ད་ནི་བསམ་གཏན་བཅས་པས་ཞེས་པ་ལ་སོགས་པས་མེ་ཏོག་རྔུབ་པ་གསུངས་པ་ འདིར་བསམ་གཏན་ནི་དབུ་མར་སྲོག་རབ་ཏུ་གཞུག་པ་སྟེ་བསམ་གཏན་དེ་དང་བཅས་པ་ནི་ བསམ་གཏན་བཅས་པའོ། །མེ་ཏོག་ནི་བུད་མེད་ཀྱི་རྡུལ་ལོ། །ཕྱི་རོལ་དུ་ནི་སྐྲའི་རྒྱལ་པོ་བྷྲིང་ ག་ར་ཛ་སྟེ་དེའི་ཁུ་བ་བུད་མེད་ཀྱི་མེ་ཏོག་དང་མཉམ་པའོ། །བསམ་གཏན་བཅས་པས་མེ་ ཏོག་རྔུབས་ན་བསམ་གཏན་བཅས་པ་རྣམས་ཀྱི་སྐྲ་དཀར་དང་བཅས་རྒ་བ་དང་ནི་ལུས་སྐྱེས་ 1-1-443 རྣམས་ཀྱང་ཟླ་བ་དྲུག་གི་འཚམས་[མཚམས]སུ་འཕྲོག་སྟེ་རྔུབ་པའི་ངེས་པའོ། ། ༈ ད་ནི་སྒྲོན་མ་ལྔ་གསུངས་ཏེ་བ་ལང་དང་ཁྱི་དང་(གླང་པོ་ཆེ)སོ་ལྟབ་དང་རྟ་དང་མི་རྣམས་ ཀྱི་ཤ་སྦྲང་བུའི་སྐྱུགས་པ་དག་དང་བསྲེས་པ་སྟེ་སྦྲང་རྩི་དང་བསྲེས་པའི་སྒྲོན་མ་ལྔ་ཟོས་པས་ མཐའ་དག་ནད་འཕྲོག་པར་འགྱུར་རོ། །སྦྲང་བུའི་སྐྱུགས་པ་གཞན་ནི་སྦྲང་ཆང་སྟེ་དེ་དང་ བཅས་པ་མཐའ་དག་ནད་ནི་འཕྲོག་པར་འགྱུར་རོ། །ཞེས་པ་ངེས་པའོ། ། ༈ བུད་མེད་མེ་ཏོག་(ནང་གི)ཁུ་བ་དག་དང་བསྲེས་པ་ནི་སྔར་བརྗོད་པའི་ཕྱི་དང་ནང་གི་ བདག་ཉིད་དེ་ལོ་གཅིག་ཟོས་ན་རྒ་བ་ངེས་པར་སེལ་བར་བྱེད་དོ་ཞེས་པ་ནི་སྔར་བརྗོད་པའི་ ངེས་པའོ། ། ༈ ད་ནི་རླུང་ལ་སོགས་པ་ཉེ་བར་ཞི་བ་གསུངས་ཏེ་(ཕྱིར)རླུང་འཇོམས་ལན་ཚ་སྐྱུར་བ་ དག་ཏུ་རབ་ཏུ་འགྱུར་ཏེ་དངར་དང་སྐ་བའི་རྫས་དག་ནི་འཁྲིས་[མཁྲིས]པའི་དགྲའོ། །བད་ ཀན་འཇོམས་པ་ཁ་བ་ཀུན་དང་ཚ་བ་གསུམ་དང་བཅས་པ་སྟེ་སྨན་རྣམས་སམ་ནི་ཁུ་བ་འམ་ ཞེས་པ་(རིལ་བུའམ་ཕྱེ་མ)ཟོས་པ་དང་(ཐང)འཐུངས་པ(གང་ཡང་རུང་པ)ས་སོ། །(ཡང་ན)བད་ཀན་ འཇོམས་པ་རའི་འོ་མ་ཚ་བ་གསུམ་བཅས་དག་སྟེ། མ་ཧེའི་འོ་མ་(ལ)ཤ་ཀ་ར་དང་བཅས་པ་ འཁྲིས་[མཁྲིས]པའི་དགྲའོ། །རླུང་འཇོམས་དག་ཀྱང་རྔ་མོའི་འོ་མ་རྒྱམ་ཚ་དང་བཅས་པ་སྟེ་ རྣམ་གསུམ་ནད་འཕྲོག་བ་ཡི་འོ་མ་གྲངས་བཞིན་དུ་རྒྱམ་ཚ་ལ་སོགས་པ་དང་ལྡན་པ་ནི་རླུང་ དང་འཁྲིས་[མཁྲིས]པ་དང་བད་ཀན་འཇོམས་སོ། །དེ་བཞིན་མར་ཞེས་པ་(ཡང་ན)བའི་མར་ ནི་རིམས་དང་བྲལ་བ་རྣམས་ཀྱི་(རླུང་མཁྲིས་བད་ཀན)རྣམ་པ་གསུམ་གྱི་ནད་(སྔར་གྱི་ཁ་སྐྱུར་གསུམ་དང་ བཅས་པས)ཞི་བར་བྱེད་དོ་ཞེས་པ་ངེས་པའོ། ། ༈ ད་ནི་ཁ་ལ་སོགས་པའི་ནད་ཉེ་བར་ཞི་བའི་དོན་དུ་བསྐོལ་བའི་ཏིལ་མར་ལ་སོགས་ པ་གསུངས་པ་ཛཱ་ཏཱི་ཞེས་པ་ལ་སོགས་པ་སྟེ་འདིར་ཐམས་ཅད་དུ་ཆུ་ནི་རྫས་ཀྱི་བརྒྱད་འགྱུར་ 1-1-444 རོ། །ཛཱ་ཏཱིའི་འདབ་མའི་བརྒྱད་འགྱུར་གྱི་ཆུ་རྐང་པའི་ལྷག་མར་ཛཱ་ཏི་བསྐོལ་བའི་ཁུ་བའི་ཆུ་ ཅུང་ཟད་དྲོ་བའི་ཁ་ནད་ཞི་བར་བྱེད་པར་འགྱུར་ཏེ་སོ་ཡི་ཟུག་རྔུ་ཉིད་ཀྱང་ངོ༌། །ཏིལ་མར་ནི་ ཏིལ་གྱི་ཏིལ་མར་རོ། །དངོས་པོའི་ཆུ་ནི་རའི་གཅིན་ཏེ་དེ་དང་མཉམ་པ་བསྐོལ་བའི་ཏིལ་མར་ ལྷག་མ་ལ་ཚ་བ་གསུམ་དང་ལན་ཚ་རྐང་པ་དང་བཅས་པའི་ཆ་ཤས་ཚོས་པའི་མཇུག་ཏུ་རབ་ ཏུ་བྱིན་ཏེ་རྣ་བར་རབ་ཏུ་བླུགས་པས་རྣ་བའི་ནད་དག་འཇོམས་སོ། །དེ་བཞིན་དུ་མར་ནི་བའི་ མར་(རམ་)ཏེ་(ཡང་ན)འོ་མ་བརྒྱད་འགྱུར་དང་བསྐོལ་ (མཇུག་མི་ཚང་) མ་ཡིག་འབྲས་སྤུངས་དཔེ་རྙིང༌། ཕྱི་ཀ ༡༤༩ དཔེ་འདིའི་མཆན་ཁ་ཤས་མི་གསལ་བས་འགོད་ཐུབ་ མེད་པས་ཐུགས་ལ་འཇགས། 1-1-445 ༄༅། །བདེན་གཉིས་གསལ་བའི་མེ་ལོང་ལོ་ཙྪ་བས་མཛད་པ་ བཞུགས་སོ། ། ༄༅། །ༀ་སྭཱ་སྟི། ལེགས་པར་གསུངས་པའི་གསུང་རབ་དམ་པའི་ཆོས། །ཞིབ་ཏུ་མྱ་ ངན་འདས་ན་ཁྱད་པར་འཕགས། །ཉམས་སུ་བླངས་པའི་འབྲས་བུ་ངོ་མཚར་ཅན། །མཚུངས་ མེད་སྟོན་པའི་ཞབས་ལ་སྐྱབས་སུ་མཆི། །མང་ཐོས་བློ་མིག་སྦྱངས་པའི་ལོ་ཙྪ་བ། །སེམས་ཀྱི་ དོན་མཐོང་ཆོས་ཀྱི་རི་མོ་འབྲི། །བདེན་གཉིས་ཟབ་མོའི་གཟུགས་ལ་སྲེད་ལྡན་ན། །དད་པའི་ མེ་ལོང་བཟུང་ལ་ལེགས་པར་གཟིགས། །ཆོས་ཀུན་རྨི་ལམ་སྒྱུ་མ་བྲག་ཆ་དང༌། །མིག་ཡོར་ གྲིབ་མ་ཆུ་ཟླ་གཟུགས་བརྙན་དང༌། །ཆུ་བུར་གློག་དང་འཇའ་ཚོན་མིག་འཕྲུལ་དང༌། །དྲི་ཟའི་ གྲོང་ཁྱེར་འདྲ་ཞེས་རྒྱལ་བས་གསུངས། །ཀུན་རྫོབ་སྣང་བ་དེ་དང་དེ་འདྲ་བར། །མ་བརྟགས་ ཉམས་དགའ་བརྟགས་ནས་ཡིད་འབྱུང་ཅན། །བསླུ་བའི་ཆོས་ལས་བདེན་པར་སུ་ཞིག་ལྟ། །ཆུ་ཤིང་ལྟ་བུའི་སྙིང་པོ་སྟོང་ཉིད་བསྒོམ། །དོན་དམ་སྣང་བ་དེ་དང་དེ་ལྟ་བུའི། །རྣམ་པར་ འཆར་ཡང་གཞོམ་མེད་རྡོ་རྗེའི་སྐུ། །བདེན་པའི་ཆོས་ལ་བརྫུན་པར་སུ་ཞིག་ལྟ། །སྣང་བ་རབ་ འབྱམས་འོད་གསལ་སྟོང་ཉིད་བསྒོམ། །ཞེས་པ་སྤྱིར་བསྟན་གྱི་སྐབས་ཏེ་དང་པོའོ། ། དེ་ལྟ་མོད་ཀྱི་ཐོག་མར་ཀུན་རྫོབ་ཀྱི། །སྣང་བ་ལམ་དུ་ཁྱེར་ཚུལ་གསལ་བའི་གཏམ། །གུས་ལྡན་སློབ་མ་དོན་དུ་གཉེར་བ་ལ། །མདོ་ལས་བྱུང་བའི་དཔེ་བཞིན་བསྙད་པར་བགྱི། །ཉམས་སུ་མྱོང་ཡང་བདེན་པར་མ་གྲུབ་ཅིང༌། །བག་ཆགས་འཁྲུལ་པའི་རྒྱུ་ལས་བྱུང་བའི་ སླད། །ཀུན་རྫོབ་ལས་སྣང་རྨི་ལམ་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ 1-1-446 ལུགས་བསྒོམ། །དགྲ་གཉེན་ལ་སོགས་དུ་མར་སྣང་གྱུར་ཀྱང༌། །རྟེན་འབྲེལ་ཚོགས་པས་ བསླུ་བར་འགྱུར་བའི་སླད། །ཀུན་རྫོབ་ལས་སྣང་སྒྱུ་མ་ལྟ་བུར་གསུངས། །དཔྱད་ན་བདེན་ མེད་སྟོང་པའི་གནས་ལུགས་བསྒོམ། །བརྗོད་པའི་སྒྲ་ཙམ་དོན་དུ་མ་ཐུབ་ཀྱང༌། །ཚིག་འབྲུ་ རྣམས་ཀྱིས་བྱིས་པ་འབྲིད་པའི་སླད། །ཀུན་རྫོབ་ལས་སྣང་བྲག་ཆ་ལྟ་བུར་གསུངས། །དཔྱད་ ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། །གཟུགས་ཀྱི་རྣམ་པ་སྣ་ཚོགས་སྣང་གྱུར་ ཀྱང༌། །འཁྲུལ་བའི་ཡུལ་ལ་བདེན་པར་བཟུང་བའི་སླད། །ཀུན་རྫོབ་ལས་སྣང་མིག་ཡོར་ལྟ་ བུར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། །བདེན་མེད་འཁྲུལ་ སྣང་ཉིད་ལས་མ་འདས་ཀྱང༌། །རེ་ཞིག་རྣམ་སྨིན་ཕྱི་བཞིན་འབྲང་བའི་སླད། །ཀུན་རྫོབ་ལས་ སྣང་གྲིབ་མ་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། །རྐྱེན་ གྱི་དབང་གིས་དུ་མར་སྣང་གྱུར་ཀྱང༌། །ངོ་བོ་རང་སེམས་གཅིག་ལས་བྱུང་བའི་སླད། །ཀུན་ རྫོབ་ལས་སྣང་ཆུ་ཟླ་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། །བག་ཆགས་ཀུན་གཞི་གཅིག་ལས་བསགས་གྱུར་ཀྱང༌། །དགེ་སྡིག་འབྲས་བུ་སོ་སོར་འཆར་ བའི་སླད། །ཀུན་རྫོབ་ལས་སྣང་གཟུགས་བརྙན་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་ པའི་གནས་ལུགས་བསྒོམ། །གཉེན་དང་ལོངས་སྤྱོད་མང་དུ་ཚོགས་གྱུར་ཀྱང༌། །རྐྱེན་མེད་ འཇིགས་ཅིང་བྲོ་བ་ཆུང་བའི་སླད། །ཀུན་རྫོབ་ལས་སྣང་ཆུ་བུར་ལྟ་བུར་གསུངས། །དཔྱད་ ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། །དར་བའི་ཕུན་ཚོགས་ཡུད་ཙམ་གསལ་གྱུར་ ཀྱང། །འཕྲལ་དུ་རྒུད་པའི་མུན་པས་འགེབས་པའི་སླད། །ཀུན་རྫོབ་ལས་སྣང་གློག་དང་འདྲ་ བར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། །འདུས་བྱས་ཆོས་ཀུན་ བརྟན་པར་མི་གནས་ཀྱང༌། །འདོད་ཡོན་རྣམ་ལྔའི་གསལ་སྣང་འཆར་བའི་སླད། །ཀུན་རྫོབ་ ལས་སྣང་འཇའ་ཚོན་ལྟ་བུར་གསུངས། །དཔྱད་ན་བདེན་མེད་སྟོང་པའི་གནས་ལུགས་བསྒོམ། 1-1-447 །གང་ཟག་གཅིག་གིས་བསགས་པའི་ལས་ཀྱིས་ཀྱང༌། །མཐོ་དམན་བདེ་སྡུག་སྣ་ཚོགས་རྣམ་ འཕྲུལ་སླད། །ཀུན་རྫོབ་ལས་སྣང་མིག་འཕྲུལ་ལྟ་བུར་གསུངས། །དཔྱད་ན་བདེན་མེད་ སྟོང་པའི་གནས་ལུགས་བསྒོམ། །རྟེན་ཅིང་འབྲེལ་འབྱུང་ངོ་བོ་མ་མཆིས་ཀྱང༌། །སྣང་བ་སྣ་ ཚོགས་འགག་མེད་འཆར་བའི་སླད། །ལས་སྣང་དྲི་ཟའི་གྲོང་ཁྱེར་ལྟ་བུར་གསུངས། །དཔྱད་ ན་བདེན་མེད་སྟོང་བའི་གནས་ལུགས་བསྒོམ། །དེ་ལྟར་བརྟགས་ནས་བདེན་པར་མ་གྲུབ་ ཅིང༌། །ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་བསླུ་མེད་སླད། །སྒོ་གསུམ་ལས་འབྲས་ཁྱད་དུ་མ་ གསོད་པར། །སྤྱོད་པ་བག་ཡོད་མཛད་ཅིང་ཤེས་ལྡན་དག །རྟེན་འབྲེལ་སྟོང་པར་རྟོགས་པའི་ ལྟ་བ་ཅན། །གང་བྱུང་རྐྱེན་ལ་སྤྱོད་པའི་རྒྱས་འདེབས་བསྒོམ། །སྣང་བ་སྒྱུ་མར་ཤེས་པའི་རྣལ་ འབྱོར་བའི། །ལམ་གྱི་ཁྱེར་སོ་ལགས་སོ་ཤེས་ལྡན་དག །འཇིགས་ཚོགས་སྟོང་པར་རྟོགས་ པའི་ལྟ་བ་ཡིས། །ལྟ་ལོགས་ཐམས་ཅད་རྩད་ནས་འབྱིན་པར་གསུངས། །ལས་འབྲས་བསླུ་ མེད་ཡང་དག་ལྟ་བས་ཀྱང༌། །ངན་འགྲོ་འགོག་ཅིང་མཐོ་རིས་ཐོབ་པར་བཞེད། །ཤེས་པ་ ཀུན་རྫོབ་སྐབས་ཏེ་གཉིས་པའོ། ། དེ་ནས་སླར་ཡང་དོན་དམ་འོད་གསལ་གྱི། །སྣང་བ་ལམ་ དུ་ཁྱེར་ཚུལ་ཟབ་མོའི་གཏམ། །སྔར་གྱི་དཔེ་དང་སྦྱར་ཏེ་བསྙད་པར་བྱ། །ཡང་དག་བསྒྲུབ་ བརྩོན་དགྱེས་པ་འཕེལ་བར་མཛོད། །རང་གི་སོ་སོར་རིག་ཀྱང་གཞན་དུ་མེད། །རྣལ་འབྱོར་ གོམས་པའི་སྟོབས་ལས་འཆར་བའི་ཕྱིར། །དོན་དམ་འོད་གསལ་རྨི་ལམ་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །ཆོས་ཀྱི་དབྱིངས་ཀྱི་རྣམ་འཕྲུལ་མཐའ་ ཡས་པ། །སྒོམས་པའི་ཉམས་ལ་ཅི་ཡང་འཆར་བའི་ཕྱིར། །དོན་དམ་འོད་གསལ་མིག་ཡོར་ ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །གཞོམ་དུ་མེད་ པའི་རང་སྒྲ་མི་ཟད་དབྱངས། །གཞན་གྱི་བརྗོད་མིན་དུ་མ་ཐོས་པའི་ཕྱིར། །དོན་དམ་འོད་ གསལ་སྒྲ་བརྙན་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །སྣ་ 1-1-448 ཚོགས་གཟུགས་ཀྱི་རྣམ་པར་ཆོས་ཀྱི་སྐུ། །གཉིས་མེད་རོ་མཉམ་དུ་མར་སྣང་བའི་ཕྱིར། །དོན་ དམ་འོད་གསལ་མིག་ཡོར་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་ བསྒོམ། །རང་གི་སེམས་ཀྱི་རྣམ་པ་སྟོང་པ་ཉིད། །རང་འདྲ་ཤེས་རབ་གཟུགས་སུ་འཆར་བའི་ ཕྱིར། །དོན་དམ་འོད་གསལ་གྲིབ་མ་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ ལུགས་བསྒོམ། །རྣམ་རྟོག་རྙོག་མེད་དྭངས་པའི་སེམས་ཉིད་ལ། །བདེ་བ་ཆེན་པོའི་གཟུགས་ བརྙན་གསལ་བའི་ཕྱིར། །དོན་དམ་འོད་གསལ་ཆུ་བུར་ལྟ་བུར་གསུངས། །འགྱུར་མེད་ཕྱག་ རྒྱ་ཆེན་པོའི་གནས་ལུགས་བསྒོམ། །གཟུགས་རྣམས་འཕོས་པ་མེད་ཀྱང་མེ་ལོང་ལ། །ཇི་ལྟར་ སྣང་བ་བཞིན་དུ་མཐོང་བའི་ཕྱིར། །དོན་དམ་འོད་གསལ་གཟུགས་བརྙན་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །ཆུ་བོ་དུ་མ་ཆུ་རུ་འདུས་པ་ལྟར། །རྣམ་ ཀུན་མཆོག་ལྡན་དབྱིངས་སུ་འདུ་བའི་ཕྱིར། །དོན་དམ་འོད་གསལ་ཆུ་བོ་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །རོ་རྐྱང་གཉིས་ཀྱི་རྒྱུ་བ་འགགས་པ་ ལས། །གཏུམ་མོའི་འོད་ཟེར་འཕྲེང་བ་འབར་བའི་ཕྱིར། །དོན་དམ་འོད་གསལ་གློག་དང་ མཚུངས་པར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །འབྱུང་ལྔ་ རླུང་ལྔའི་ཐིག་ལེར་ཐིམ་པ་ལས། །འོད་ལྔའི་ཁ་དོག་དུ་མ་འཆར་བའི་ཕྱིར། །དོན་དམ་འོད་ གསལ་འཇའ་ཚོན་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་བསྒོམ། །སྤྲོ་དང་བསྡུ་དང་རྣམ་པར་འགྱུར་བ་སོགས། །རྨད་བྱུང་ངོ་མཚར་དུ་མ་སྟོན་པའི་ཕྱིར། །དོན་ དམ་འོད་གསལ་མིག་འཕྲུལ་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་པོའི་གནས་ལུགས་ བསྒོམ། །རྩོལ་མེད་ལྟ་བུའི་རྣལ་འབྱོར་བསྒོམ་པ་ལས། །ནམ་མཁའི་དབྱིངས་སུ་ཅི་ཡང་ འཆར་བའི་ཕྱིར། །འོད་གསལ་དྲི་ཟའི་གྲོང་ཁྱེར་ལྟ་བུར་གསུངས། །འགྱུར་མེད་ཕྱག་རྒྱ་ཆེན་ པོའི་གནས་ལུགས་བསྒོམ། །དེ་ལྟར་དཔེ་གཞན་དུ་མས་བསྟན་གྱུར་ཀྱང༌། །ངོ་བོ་འདུས་མ་ 1-1-449 བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱིས་རྟོགས་མིན་མཁྱེན་བརྩེ་ནུས་པ་ཅན། །རང་རིག་རང་ གིས་སྒོམས་ཤིག་ཤེས་ལྡན་དག །མུ་བཞི་སྤྲོས་བྲལ་རྟོགས་པའི་ལྟ་བ་ཅན། །བདེ་སྟོང་ཟུང་ འཇུག་ཕུན་ཚོགས་རྒྱས་འདེབས་བསྒོམ། །སྟོང་གཟུགས་འབྲལ་བ་མེད་པའི་རྣལ་འབྱོར་ བའི། །ལམ་གྱི་ཁྱེར་སོ་ལགས་སོ་ཤེས་ལྡན་དག །དབུ་མའི་མཐར་ཐུག་རྟོགས་པའི་ལྟ་སྒོམ་ གྱིས། །གྲུབ་མཐའ་འོག་མ་ཐམས་ཅད་ཟིལ་གྱིས་གནོན། །འཁོར་ལོ་དྲུག་ཏུ་འགྱུར་མེད་ རྫོགས་པ་ལས། །མཆོག་གི་དངོས་གྲུབ་ཐོབ་པར་རྒྱལ་བས་བཞེད། །ཅེས་པ་དོན་དམ་གྱི་ སྐབས་ཏེ་གསུམ་པའོ། ། ཐུབ་པས་མདོ་དང་རྒྱུད་སྡེ་དུ་མ་ལས། །རྨི་ལམ་སྒྱུ་མ་ལ་སོགས་བཅུ་ གཉིས་དཔེས། །བདེན་པ་གཉིས་ཀྱི་གནས་ལུགས་ཡང་ཡང་གསུངས། །དེ་ཡི་དགོངས་པ་ གསལ་བར་བགྱིས་པ་ལགས། །ཀུན་རྫོབ་ཆོས་རྣམས་བརྫུན་པའི་དཔེ་དང་མཐུན། །དེ་སླད་ ཆོས་ཀུན་རྨི་ལམ་སྒྱུ་མ་སོགས། །ཐུན་མོང་དཔེ་ཡིས་གསལ་བར་མཛད་པ་ལགས། །ཐམས་ ཅད་བརྫུན་པའི་དཔེ་དང་མཐུན་ན་ནི། །མྱང་འདས་བདེན་གཅིག་པུ་ཡང་བརྫུན་པར་འགྱུར། །དེ་ལྟ་ན་ནི་ལམ་ལ་འབད་པ་ཡི། །འབྲས་བུ་གང་ཞིག་ལགས་པ་འང་གསུང་འཚལ་ལོ། །ཀུན་ རྫོབ་སྣང་བ་ཉིད་ཕྱིར་གཏན་མེད་མིན། །དཔྱད་ན་མ་གྲུབ་ཉིད་ཕྱིར་ཡོད་པ་འང་མིན། །དེ་ ཕྱིར་རྒྱལ་བས་མཐར་ལྟ་སུན་ཕྱུང་ནས། །མཐའ་བྲལ་དབུ་མའི་གནས་ལུགས་བཞེད་པའང་ ལགས། །དོན་དམ་ཕྲ་རབ་འདུས་པར་ཡོད་མིན་ཞིང༌། །རང་རིག་རྣམ་པ་དུ་མར་མེད་པའང་ མིན། །དེ་ཕྱིར་རྒྱལ་བས་མཐའ་བྲལ་ཞལ་བཞེས་ནས། །ཟུང་འཇུག་དབུ་མའི་གནས་ལུགས་ བཞེད་པ་ལགས། །དེ་ལྟར་བདེན་གཉིས་གནས་ལུགས་བསྒོམ་པའི་ཚུལ། །སེམས་ཀྱི་ཁྱེར་ སོ་ཐ་དད་གསལ་བའི་དཔེ། །རྣམ་པར་ཕྱེ་བའི་དགེ་བས་འགྲོ་བ་ཀུན། །ཆོས་ཀྱི་རྒྱལ་པོའི་གོ་ འཕང་མྱུར་ཐོབ་ཤོག །ཅེས་བསྡུ་བའི་སྐབས་ཏེ་བཞི་པའོ། ། བདེན་གཉིས་ལྟ་བའི་མེ་ལོང་ཞེས་བྱ་བའི་རབ་ཏུ་བྱེད་པ། །དགེ་སློང་ལོ་ཙཱ་བས་ཇོ་ནང་ 1-1-450 དཔལ་གྱི་རི་ཁྲོད་དུ་བྲིས་པའི་ཉེར་བསྐུལ་ནི་དགེ་སློང་ཤེས་གྲུབ་བཟང་པོས་བྱས་ཤིང་དོན་ དུ་གཉེར་བའི་སློབ་མ་ལ་གདམས་པའོ། །བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག། མངྒ་ལཾ། བྷ་ཝན་ཏུ། 1-1-451 ༄༅། །དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་འདེབས་ བཞུགས་སོ། ། ༄༅། །ༀ་སྭ་སྟི། ན་མཿ ཤྲཱི་གུ་ར་ཝེ། དཔལ་ལྡན་དང་པོའི་སངས་རྒྱས་རྡོ་རྗེ་འཆང༌། །དུས་ཀྱི་འཁོར་ལོ་ཤཱཀྱའི་རྒྱལ་པོ་མཆོག །སྐུ་བཞིའི་ངོ་བོ་རིགས་ཀུན་བདག་པོ་ཆེ། །གསོལ་ བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་ཀྱི་རྒྱལ་པོ་རིགས་ལྡན་སྤྲུལ་པའི་ཚོགས། །རིགས་ལྡན་དངོས་དང་མཇལ་བའི་དུས་ཞབས་པ། །དེ་སྲས་གྲུབ་ཐོབ་དུས་ཞབས་གཉིས་ པར་གྲགས། །གསོལ་བ་འདེབས་སོ༴ རྒྱལ་བའི་སྲས་པོ་ན་ལེན་ཏྲ་པ་མཆོག །མཁས་པའི་ ཕུལ་བྱུང་དཔལ་ལྡན་ཟླ་བ་མགོན། །བསྒྱུར་བྱེད་དབང་པོ་འབྲོ་སྟོན་ལོ་ཙ་བ། །གསོལ་བ༴ རིང་བསྲེལ་མང་སྤྲུལ་ལྷ་རྗེ་སྒོམ་པར་གྲགས། །གསུང་རབ་བཅུད་འཛིན་སྒྲོ་སྟོན་གནམ་ལ་ བརྩེགས། །ངེས་དོན་མཚོ་རྡོལ་གྲུབ་ཆེན་ཡུ་མོའི་ཞབས། །གསོལ་བ༴ གྲུབ་པའི་སྲས་མཆོག་ ཆོས་ཀྱི་དབང་ཕྱུག་ཆེ། །མཁའ་འགྲོའི་སྤྲུལ་པ་མ་གཅིག་ཇོ་ལྕམ་འབུམ། །རྒྱུད་དོན་ཀུན་ གཟིགས་མཁས་པ་ནམ་མཁའ་འོད། །གསོལ་བ༴ སྐུ་ཚེ་མང་དྲན་གྲུབ་ཐོབ་སེ་མོ་ཆེ། །ཐོས་ མང་བསྒྲུབ་རྩོན་འཇམ་དབྱངས་གསར་མའི་མཚན། །ཤེས་བྱ་ཀུན་མཁྱེན་ཆོས་སྐུའི་ཟེར་ འཕྲོ། །གསོལ་བ༴ ཟབ་ལམ་མངོན་གྱུར་ཨ་ཝ་དྷཱུ་ཏཱི་པ། །ཐབས་ལ་མཁས་པའི་དཔལ་ལྡན་ བྱང་སེམས་པ། །རྩོལ་མེད་ལྷུན་གྲུབ་ཡོན་ཏན་རྒྱ་མཚོ་ཆེ། །གསོལ་བ༴ རིགས་ལྡན་སྤྲུལ་ པ་ཀུན་མཁྱེན་འཇམ་པའི་དབྱངས། །མཁས་བཙུན་བཟང་བརྩོན་ཆོས་རྗེ་ལོ་ཙཱ་བ། །སྐྱབས་ 1-1-452 གསུམ་ངོ་བོ་ཡི་དམ་ཀུན་འདུས་དཔལ། །གསོལ་བ༴ འདྲེན་པ་མཚུངས་མེད་ཐར་པའི་ལམ་ མཆོག་སྟོན། །གཙུག་གི་ནོར་བུ་དཔལ་ལྡན་བླ་མའི་ཚོགས། །ད་དུང་ཆོས་སྒོ་དཔག་མེད་རབ་ རྒྱས་པས། །འགྲོ་ཀུན་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཞེས་བཀའ་བརྒྱུད་བླ་མ་ལ་ གསོལ་བ་འདེབས་པའི་ཚུལ་འདི་སློབ་དཔོན་བསོད་ནམས་དཔལ་གྱིས་བསྐུལ་བ་བཞིན། དགེ་སློང་ལོ་ཙཱ་བ་བློ་གྲོས་དཔལ་བཟང་པོས་ཇོ་ནང་དཔལ་གྱི་རི་ཁྲོད་དུ་བྲིས་པའོ། །མཾ་ག་ ལཾ་བྷ་ཝནྟུ། ། ༄༅། །ༀ་སྭ་སྟི། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་གྱི་ལྷ་ལ་མདོར་བསྡུས་ཏེ་ཕྱག་ འཚལ་བའི་རབ་ཏུ་བྱེད་པ་ཞེས་བྱ་བ། དཔལ་དང་པོའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ནུས་ མ་ཁྲོ་བོ་བཅུ་ཚན་གཉིས་དང་སངས་རྒྱས་ལྷ་མོ་ལྔ་ཕྲག་ཟུང༌། །སེམས་དཔའ་སེམས་མ་དྲུག་ ཚན་གཉིས་དང་ལྷ་ཆེན་རྣམ་པ་བཅུ་གཉིས་དང༌། །རྣལ་འབྱོར་མ་དང་ཀླུ་དང་རབ་གཏུམ་ བརྒྱད་ཚན་གསུམ་གྱི་རབ་ཕྱེ་བ། །བདེ་སྟོང་ཟུང་དུ་འཇུག་པའི་ལྷ་ཚོགས་བདུན་ཅུ་རྩ་བརྒྱད་ ལ་ཕྱག་འཚལ། །དེ་རྣམས་ཐབས་ཤེས་སོ་སོར་ཕྱེ་བས་བརྒྱ་དང་ལྔ་བཅུ་རྩ་དྲུག་ནི། ཕྱི་རུ་ལོ་ གསུམ་ཞག་ལས་རེས་གཟའ་ཐོབ་ནོར་ལྷག་གཟས་ཞག་གྲངས་དང༌། །ནང་དུ་འཁོར་ལོ་དྲུག་ གི་རྩ་འདབ་དེ་སྙེད་རྣམས་པར་དག་པ་སྟེ། །པད་མའི་ལྟེ་བར་བཞུགས་པའི་ལྷ་ཚོགས་བསྡུས་ པའི་དུས་འཁོར་ལ་ཕྱག་འཚལ། །འདབ་མ་རྣམས་ལ་གསུང་གི་འཁོར་ལོ་ལྷ་མོ་དྲུག་ཅུ་རྩ་ བཞི་དང༌། སྐུའི་འཁོར་ལོ་ཚེས་ཀྱི་ལྷ་ཚོགས་སུམ་བརྒྱ་བཞི་བཅུ་རྩ་བརྒྱད་དང༌། སྒེག་མོ་ལ་ སོགས་བཅུ་གཉིས་དང་བཅས་བཞི་བརྒྱ་ཉི་ཤུ་རྩ་བཞི་རྣམས། །ཟུང་དུ་ཕྱེ་བའི་ལྷ་ཚོགས་ བརྒྱད་བརྒྱ་བཞི་བཅུ་རྩ་བརྒྱད་ལ་ཕྱག་འཚལ། །ལྟེ་བ་པད་འདབ་བཅས་པའི་ལྷ་རྣམས་ གཅིག་ཏུ་སྡོམ་པ་སྟོང་དང་བཞི། །ཐུགས་གསུང་སྐུའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་ འཁོར་དང་བཅས་པ་སྟེ། །ཕྱག་རྒྱ་དྲུག་དང་འཁོར་ལོ་སྡོམ་ཆེན་ལྷ་ཚོགས་བདུན་ཅུ་གཉིས་ 1-1-453 དང་བཅས། །ལོ་གསུམ་ཞག་གྲངས་རྣམ་དག་ལྷ་ཚོགས་སྟོང་དང་བརྒྱ་བཅུ་ལ་ཕྱག་འཚལ། །གསང་འདུས་རིགས་ཀྱི་དཀྱིལ་འཁོར་དྲུག་ཏུ་དགུ་དང་བཅུ་གསུམ་བཅུ་དགུ་དང༌། །ཉི་ཤུ་རྩ་ ལྔ་སུམ་ཅུ་རྩ་གཉིས་སུམ་ཅུ་རྩ་བཞིའི་ལྷ་ཚོགས་དང༌། སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་གསུམ་ དུ་ཞེ་གསུམ་ཞེ་ལྔ་ཞེ་དགུ་རྣམས། །ཉིས་འགྱུར་བདག་པོ་བཟུང་བཅས་ལྷ་ཚོགས་ལྔ་བརྒྱ་ བཞི་བཅུ་ལ་ཕྱག་འཚལ། །གསང་བ་འདུས་པ་རྣམ་པ་དྲུག་དང་སྒྱུ་འཕྲུལ་དྲ་བ་རིགས་གསུམ་ གྱི། །དཀྱིལ་འཁོར་དགུ་ཡི་ལྷ་རྣམས་སྡོམས་པས་ལྔ་བརྒྱ་བཞི་བཅུ་གང་ཡིན་པ། །དུས་ཀྱི་ འཁོར་ལོའི་ཕྱོགས་གསུམ་ཉིན་ཞག་བཞི་བཅུ་རྩ་ལྔ་རེ་རེ་ཞིང༌། །དུས་སྦྱོར་བཅུ་གཉིས་སོ་ སོར་ཕྱེ་བའི་ཆ་ཤས་རྣམ་དག་ལ་ཕྱག་འཚལ། །དེ་ལྟར་ལོ་གསུམ་ཕྱོགས་གསུམ་རྣམ་དག་ དཀྱིལ་འཁོར་བཅུ་གཅིག་བསྡུས་པའི་ལྷ། །སྟོང་དང་དྲུག་བརྒྱ་ཉི་ཤུར་བཅས་པ་དང་པོའི་ སངས་རྒྱས་ལྷ་ཚོགས་ལ་ཕྱག་འཚལ། །ཕྱི་རུ་རྒྱུ་སྐར་འཁོར་ལོའི་ཆུ་ཚོད་སྟོང་དང་དྲུག་བརྒྱ་ ཉི་ཤུ་དང༌། །ནང་དུ་ལོ་བརྒྱའི་དབུ་མའི་དབུགས་རྣམས་རྣམ་པར་དག་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་གྱི་ལྷ་ལ་མདོར་བསྡུས་ཏེ་ཕྱག་འཚལ་བའི་རབ་ཏུ་བྱེད་པ་ དགེ་སློང་བློ་གྲོས་དཔལ་བཟང་པོས་ཇོ་ནང་དཔལ་གྱི་རི་ཁྲོད་དུ་སྦྱར་བའོ། །བསྟན་པ་དང་ སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༄༅། །རྒྱ་གར་སྐད་དུ། ཡོ་ག་ཥ་ཊ་ཨཾ་ག་ན་མཿ བོད་སྐད་དུ། རྣལ་འབྱོར་ཡན་ལག་ དྲུག་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སོ་སོར་གཅོད་དང་བསམ་ གཏན་དང༌། སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་ འབྱོར་ཡན་ལག་དྲུག་ཏུ་གསུངས། །མི་གཡོ་བ་ནི་གསུམ་ལྡན་གྱི། །དྷཱུ་ཏཱིར་རླུང་བཅུ་ཆུད་ གྱུར་པས། །ཕྱི་ནང་རྟོག་[སྲོག]འགག་རྟགས་འབྱུང་བ། །སོ་སོར་གཅོད་པའི་ཡན་ལག་ གི །རྟགས་རྣམས་བརྟན་པར་མཐོང་གྱུར་ན། །ཤེས་རབ་སོ་སོར་རྟོག་གྱུར་ཀྱང༌། །སྣང་བ་ 1-1-454 རྟོག་མེད་སེམས་པ་ནི། །བསམ་གཏན་ཡན་ལག་བསྙེན་པའོ། །རླུང་བཅུ་དབུ་མར་ཆུད་གྱུར་ པས། །འཁོར་ལོ་བཞིའི་ཐིག་ལེའི་ནང༌། །རླུང་ཉིད་འགྲོ་འོང་བྱེད་པ་ནི། སྲོག་རྩོལ་གྱིས་ནི་ ཡན་ལག་གོ །སྲོག་རླུང་ཐིག་ལེའི་ནང་ཆུད་པས། །རླུང་སེམས་བདེ་ཆེན་འཁོར་ལོ་ཡིས། །ཧཾ་ གི་ཐིག་ལེར་འཛིན་པ་ནི། །འཛིན་པའི་ཡན་ལག་ཉེར་བསྙེན་ནོ། །རླུང་སེམས་ཐིག་ལེར་ཟིན་ སྟོབས་ཀྱི། །གཏུམ་མོའི་མེ་ལ་སྲོག་ཞུགས་ནས། །བདེ་དྲོད་ཁྱད་པར་འབྱུང་བ་ནི། །རྗེས་དྲན་ ཡན་ལག་སྒྲུབ་པའོ། །རྟགས་བཅུ་རྫོགས་པར་གྱུར་པ་ན། །ཐིག་ལེ་ཆེན་པོའི་སྣང་བ་འབྱུང༌། །སྣ་ཚོགས་ཐིག་ལེ་ཆེན་པོ་ལ། །རེ་ཁཱ་ནག་པོའི་རི་མོ་འབྱུང༌། །རེ་ཁཱ་དེ་ནང་འགྲོ་དྲུག་སྣང༌། །ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང༌། །ལོང་སྐུ་དུ་མ་མཐོང་གྱུར་པ། །སྣ་ཚོགས་གཟུགས་ཅན་འོད་ གསལ་ཡིན། །དེ་ལ་སེམས་ནི་ཐིམ་པ་ན། །ཏིང་འཛིན་ཡན་ལག་སྒྲུབ་ཆེན་ནོ། །ཞེས་དཔལ་ ཤ་བ་རི་པས་པཎྜི་ཏ་བྷི་བྷུ་ཏ་ཙནྟྲ་ལ་གདམས་སོ། །དགེའོ། ། 1-1-455 ༄༅། །དུས་འཁོར་ལྷན་སྐྱེས་ཀྱི་མངོན་རྟོགས་ བཞུགས་སོ། ། ༄༅། །ༀ་སྭ་སྟི། བླ་མ་དང་དཔལ་དུས་ཀྱི་འཁོར་ལོ་ལ་གུས་པས་ཕྱག་འཚལ་ལོ། ། དཔལ་དུས་ཀྱི་འཁོར་ལོའི་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པ་རིམ་པ་གཉིས་ཀྱི་རྣལ་ འབྱོར་ལ་བརྩོན་པའི་གང་ཟག་གིས། ཡིད་དང་(རྩ་རྒྱུད་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང༌། །གང་ཞིག་ཁོ་ ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པ། །དེར་ནི་རྣལ་འབྱོར་བརྩམ་པར་བྱ། །ཞེས་གསུངས་པ་ལྟར་དུ་) འཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ་འགྲོ་བ་མཐའ་ཡས་པའི་དོན་དུ་སེམས་བསྐྱེད་ ཅིང༌། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཞེ་དག་པ་བྱས་ནས། སངས་རྒྱས་ ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་ གིས་སྦྱིན་སོགས་བགྱིས་པ་འདི་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག ། ཅེས་སྨོན་ལམ་གདབ་ཅིང༌། སྐད་ཅིག་གིས། སྤྱི་བོར་པད་མ་དང་ཟླ་བའི་སྟེང་དུ་ཧཱུཾ་ལས་བྱུང་ བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་སྙེམས་མ་གྲི་གུག་དང་ ཐོད་པ་འཛིན་པ་ལ་འཁྱུད་པ། གཉིས་ཀའང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གནས་གསུམ་ དུ་ཡི་གེ་གསུམ་བསམས་ཏེ། དེ་ལས་འཕྲོས་པའི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་ དཔག་ཏུ་མེད་པ་སྤྱན་དྲངས་ནས་དེ་ལ་ཐིམ་ཞིང་དབང་བསྐུར་བའི་སྐུ་ལས་འོད་ཟེར་བདུད་ 1-1-456 རྩིའི་རྒྱུན་བསམ་གྱིས་མི་ཁྱབ་པ་བྱུང་པ་རང་གི་ལུས་ལ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་སྐད་ ཅིག་ལ་བྱང་ཞིང་ལུས་བདེ་བ་ཆེན་པོས་གང་པར་མོས་ཏེ། ༀ་བཛྲ་སྭཏྭ་(རྡོ་རྗེ་སེམས་དཔའ་)ས་མ་ ཡ་མ་ནུ་པཱ་ལ་(དམ་ཚིག་རྗེས་སུ་བརྐྱང་པ)ཡ། བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་ཉིད་)ཏྲེ་ནོ་པ་ཏིཥྛ་(ཀྱིས་ཉེ་བར་ ཞུགས་པ་)ཌྷི་ཌྷོ་མེ་བྷ་ཝ་(བདག་ལ་བསྟན་པར་མཛོད་)སུ་ཏོ་ཥྱོ་མེ་བྷ་(བདག་ལ་ཤིན་ཏུ་དགྱེས་པར་མཛོད་)བ། སུ་པོ་ཥྱོ་མེ་བྷ་(བདག་ལ་ཤིན་ཏུ་དགྱེས་པར་མཛོད་)ཝ། ཨ་ནུ་རཀྟོ་མེ་(བདག་ལ་རྗེས་སུ་ཆགས་པར་མཛོད་)བྷ་ ཝ། སརྦ་སིདྡྷི་མེ་པྲ་(བདག་ལ་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ་)ཡཙྪ། སརྦ་ཀརྨ་སུ་ཙ་མེ་(ལས་ཐམས་ ཅད་ལེགས་པར་ཡང་)ཙིཏྟཾ་ཤྲི་ཡཾཿ (བདག་ལ)ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་(དགོངས་པ་ཡང་མཆོག་ཏུ་མཛོད་)ཧོཿ བྷ་ག་ ཝན། སརྦ་ཏ་ཐཱ་ག་ཏ་བཛྲ་མར་མེ་མུཉྩ (བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བདག་ལ་ འདིར་ཅིག)བཛྲི་(རྡོ་རྗེ་ཅན་གྱི་ངོ་བོ་དམ་ཚིག་ཆེན་པོའི་སེམས་དཔའ་)བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ ཨ་ཅེས་མ་ཡེངས་པར་ཅི་ནུས་བཟླས་ནས། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལ་ ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱོབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ནི། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །བདག་དང་ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་སྐད་ཅིག་ལ་བྱང་ཞིང་དག་པར་བྱིན་གྱིས་ བརླབ་ཏུ་གསོལ། །དེ་ལས་བདུད་རྩིའི་རིལ་བུ་སྦྱར་བའི་ཆང་ལྕེ་ལ་བཞག་ནས། ༀ་ཨཱཿཧཱུཾ་ ཧོཿ ཧཾ་ཀྵཿ པྲཛྙཱ་ཨུ་(ཤེས་རབ་ཐབས་ཀྱི་བདག་ཉིད་)པཱ་ཡ་ཨཱཏ་མ་ཀ ཀ་ཡ་(སྐུ་དང་)ཝ་ཀ་(གསུང་དང་) ཙིཏྟ་(ཐུགས་དང་)ཛྙཱ་ན་ཨ་དྷི་པ་ཏེ་(ཡེ་ཤེས་ཀྱིས་ལྷག་པའི་བདག་པོ་)མ་མ་ཀཱ་ཡ་(བདག་གི་ལུས་དང་) ཝཀཱ་ཙིཏྟ་(ངག་དང་)ཛྙཱ་ན་(ཡེ་ཤེས་དང་)བཛྲཾ་(རྡོ་རྗེ་དང་)བཛྲ་(རྡོ་རྗེ་)ཨ་མྲི་ཏ་བདུད་རྩི་སྭ་བྷཱ་ཝཾ་ཀུ་རུ་ ཀུ་རུ་སྐན་(རང་བཞིན་དུ་མཛད་ཅིང་མཛད་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་)དྷ་དྷཱ་ཏུ། ཨ་ཡ་ཏ་ན་ ནིཿ སྭབྷཱ་ཝཾ་སྭཱཧཱ(རང་བཞིན་མེད་པའི་གཞི་ཚུགས་)ཞེས་བརྗོད་ཅིང༌། གཙུག་ཏོར་ཏུ་ཝཾ་ལས་བྱུང་པའི་ རྡོ་རྗེ་ཟླ་བ་ཆ་བཅུ་དྲུག་རྫོགས་པ་ཞུ་ནས་ལུས་ལ་ཐིམ་ཞིང་རྐང་སེན་གྱི་མཐར་ཐུག་པ་མ་དག་ 1-1-457 པ་རྣམ་སྨིན་གྱི་ལུས་སྦྲུལ་གྱི་ཤུན་པ་ལྟར་ལན་གསུམ་དུ་དོར་བས། ལུས་དང་ངག་དང་སེམས་ དང་ཡེ་ཤེས་རྣམ་པར་དག་པ་རྡོ་རྗེ་བདུད་རྩིའི་རང་བཞིན་ཟླ་བ་དྲི་མ་མེད་པ་ལྟར་གྱུར་པར་ བལྟས་ལ། ༀ་སྭ་(རང་བཞིན་རྣམ་པར་དག་པ་)བྷཱ་ཝ་ཤུད་དྷཱཿ སརྦ་(ཆོས་ཐམས་ཅད་ཀྱི)དྷརྨཱཿ (རང་བཞིན་དུ་ དག་པ་ང་ཡིན་)སྭ་བྷཱ་ཝ་ཤུད་དྷོ་ཧཾ། ཅེས་བརྗོད་ཅིང་དཔྲལ་བ་དང་མགྲིན་པ་དང་སྙིང་དང་ལྟེ་བ་ དང་གཙུག་ཏོར་དང་གསང་བ་རྣམས་སུ། ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ རྣམས་བཀོད་ནས་རང་སྐད་ཅིག་ གིས་དུས་ཀྱི་འཁོར་ལོར་གྱུར་པའི་སྙིང་ཁར་པཾ་ལས་པད་མ་དམར་པོ་འདབ་མ་བརྒྱད་པའི་ ལྟེ་བར་ཨཱ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། དེ་ལས་ འོད་ཟེར་ཁ་དོག་ལྔ་དང་ལྡན་པ་མཐའ་ཡས་པ་འཕྲོས་པ་ལས་ཕྱོགས་བཅུའི་བླ་མ་དང་སངས་ རྒྱས་སྲས་དང་བཅས་པ་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངས་ཏེ་ནམ་མཁའི་མཐིལ་གང་ བར་བལྟས་ལ། འོད་ཟེར་རྣམས་སྙིང་ཁའི་རྡོ་རྗེ་ལ་ཐིམ་པས་ལུས་དཔག་ཏུ་མེད་པར་སྤྲུལ་ ནས་ཐལ་མོ་སྦྱར་ཏེ། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་ མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ ལ་ནི་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་ དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཞེས་པ་ ལ་སོགས་པས་ཕྱག་བཙལ་ནས། སྙིང་ཁའི་ཟླ་བ་ལ་ལྷ་མོ་བཅུ་གཉིས་ཀྱི་ས་བོན་ཡི་གེའི་གོང་ བུ་རྣམས་བསམས་ཏེ། དེ་དག་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་རང་རང་གི་མཆོད་རྫས་ མཐའ་ཡས་པས་མཆོད་པར་བསམས་ཏེ། ༀ་ཙྪྫྫྷྙ་བཛྲ་(རྡོ་རྗེ་དྲི་ཆབ་མས་དྲིའི་མཆོད་པ་མཛོད་མཛོད་)གྷན་ དྷེ་གྷན་དྷ་ཨར་ཙ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཙྪྫྫྷྙཱ་(རྡོ་རྗེ་ཕྲེང་པ་མས་ཕྲེང་པའི་མཆོད་པ་མཛོད་མཛོད་)བཛྲ་མཱ་ལེ་ མཱ་ལ་ཨར་ཙ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་ཊྛྜྜྷྞ་བཛྲ་རྡོ་རྗེ་བདུག་སྤོས་མས་སྤོས་ཀྱི་མཆོད་པ་མཛོད་ 1-1-458 མཛོད་དྷཱུ་པེ་དྷཱུ་པ་ཨར་ཙ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་ཊྛྜྜྷྞཱ་བཛྲ་(རྡོ་རྗེ་སྣང་གསལ་མས་མར་མེའི་མཆོད་པ་མཛོད་ མཛོད་)པྲ་དཱི་པཱེ་པྲ་དཱི་པ་ཨར་ཙ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་ཏྠྡྡྷྣ་བཛྲ་(རྡོ་རྗེ་སྒེག་མོ་མས་གོས་དང་རྒྱན་གྱི་མཆོད་ པ་མཛོད་མཛོད་)ལ་སྱེ་ཝསྟྲ་ཨ་བྷ་ར་ཎ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ༀ་ཏྠྡྡྷྣཱ་བཛྲ་(རྡོ་རྗེ་བཞད་མས་དྲིལ་བུ་དང་མེ་ ལོང་གི་མཆོད་པ་མཛོད་མཛོད་)ཧ་སྱེ་གྷན་ཌི་ཨཱ་དར་ཤ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་པྥྦྦྷྨ་བཛྲ་(རྡོ་རྗེ་བདུད་རྩི་ མས་ཞལ་ཟས་ཀྱི་མཆོད་པ་མཛོད་མཛོད་)ཨ་མྲི་ཏོ་ནི་ཝི་ཏྱེ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་པྥྦྦྷྨཱ་བཛྲ་(རྡོ་རྗེ་མ་ཉམས་ པས་མ་ཉམས་པའི་འབྲས་བུའི་མཆོད་པ་མཛོད་མཛོད་)ཨཀྵ་ཏེ་ཨཀྵ་ཏ་ཕ་ལ་ཨར་ཙ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཀྑྒྒྷྔ་བཛྲ་(རྡོ་རྗེ་སིལ་སྙན་མས་སིལ་སྙན་གྱི་མཆོད་པ་མཛོད་མཛོད་)བཱ་དྱེ་བཱ་དྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཀྑྒྒྷྔཱ་ བཛྲ(་རྡོ་རྗེ་གར་མས་གར་གྱི་མཆོད་པ་མཛོད་མཛོད་)ནྲི་ཏྱེ་ནྲི་ཏྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་་བཛྲ་(རྡོ་རྗེ་གླུ་ མས་གླུ་ཡི་མཆོད་པ་མཛོད་མཛོད་)གཱི་ཏི་གཱི་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་་བཛྲ་ཀཱ་མེ་(རྡོ་རྗེ་འདོད་མས་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཁྲོ་བ་ལ་སོགས་པ་རྣམས་ལ་ཤིན་ཏུ་དགའ་བའི་མཆོད་པ་མཛོད་མཛོད་) སརྦ་བུདྡྷ་བོ་དྷི་སཏྭ་ནཾ་ཀྲོ་དྷཱ་ཨ་དྷཱ་ནཱཾ་བཛྲ་སུ་ར་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ་ཞེས་པ་དང༌། སྲིད་ འགྲོ་ཉམས་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་ བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་འཕགས་པའི་ཚོགས་ཀྱིས་རྣམ་ མང་དགེ་བ་གང་མཛད་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་རྣམས་བྲལ་བྱང་ཆུབ་སྤྱོད་ལ་ རྗེས་སུ་གནས་པས་རྗེས་ཡིད་རང༌། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་ འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ཉིད་སྐྱབས་སུ་མཆི། །བདག་གི་ལུས་འབུལ་ཆོས་ འཁོར་བསྐོར་ཞིང་མྱ་ངན་མི་འདའ་གསོལ་འདེབས་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་བདུན་རྣམ་དག་བྱས་ནས་སླར་ཡང་གསང་སྔགས་ཀྱི་སྡོམ་པ་དང་སྤྱོད་པ་བསྐྱང་པའི་ སླད་དུ། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་པར་བྱ། 1-1-459 །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་པར་ བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་དག་ཀྱང་བསྐྱང་ པར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་ བདག་གིས་བསྐྱེད་པར་བགྱི། ཅེས་(ལན་གསུམ་བརྗོད་)པ་དང༌། བྱང་ཆུབ་མཆོག་ཏུ་སེམས་ བསྐྱེད་ནས། །བསམ་པ་རྣམ་པར་དག་བགྱི་ཞིང༌། །བདག་དང་བདག་གིར་འཛིན་སྤོང་པའི། །རྩ་བ་གསུམ་ལ་གནས་པར་བགྱི། །ཚོགས་གསུམ་ཡོངས་སུ་རྫོགས་སླད་དུ། །ཕ་རོལ་ཕྱིན་ བཅུ་སྤྱད་བགྱི་ཞིང༌། །ཚད་མེད་བཞི་ལ་གནས་པ་དང༌། བསྡུ་བ་བཞི་པོ་བརྟེན་པར་བགྱི། །མི་ དགེ་བཅུ་པོ་སྤང་བགྱི་ཞིང༌། དེ་བཞིན་དུ་ནི་སྒྲིབ་པ་ལྔ། །ཉོན་མོངས་བཞི་དང་ཟག་པ་བཞི། །དེང་ནས་བརྩམས་ཏེ་སྤང་པར་བགྱི། །ཞེས་དམ་བཅའོ། །དེ་ནས། དངོས་པོ་དངོས་མེད་ བསྒོམ་པ་མེད། །དངོས་པོའང་བསྒོམ་པར་བྱ་བ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་འདིས་ཁམས་གསུམ་ལ་རྣམ་པར་དཔྱད་ན་བདེན་ པའི་དངོས་པོ་ཅིར་ཡང་མ་གྲུབ་པའི་སྟོང་པ་ཉིད་ནམ་མཁའི་དབུས་སུ་སེམས་ཀུན་གཞིའི་ རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་བཞག་ནས། ༀ་ཤཱུ་ ནྱ་ཏ་(སྟོང་པ་ཉིད་ཡེ་ཤེས་རྡོ་རྗེའི་བདག་ཉིད་ང་ཡིན་)ཛྙཱ་ན་བཛྲ་སྭབྷཱ་ཝ་ཨད་མ་ཀོ་ཧཾ། ༀ་(མཚན་མ་མེད་པའི་ཡེ་ ཤེས་རྡོ་རྗེའི་བདག་ཉིད་ང་ཡིན་)ཨ་ནི་མི་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏ་མ་ཀོ་ཧཾ། ༀ་ཨ་པྲ་ནི་ཧི་ཏ་ཛྙཱ་(སྨོན་ པ་མེད་པའི་ཡེ་ཤེས་རྡོ་རྗེའི་བདག་ཉིད་ང་ཡིན་)ན་བཛྲ་སྭ་བྷ་ཝ་ཨཏཱ་མ་ཀོ་ཧཱཾ། ༀ་(མངོན་པར་འདུས་མ་བྱས་པའི་ ཡེ་ཤེས་རྡོ་རྗེའི་བདག་ཉིད་ང་ཡིན་)ཨ་ན་ཨ་བྷི་སཾ་སྐ་ར་ཛྙཱ་ན་བཛྲ་སྭབྷ་ཝ་ཨཏ་མ་ཀོ་ཧཾ། ཞེས་བརྗོད་ དེ་ཁམས་གསུམ་མཐའ་དག་རྡུལ་ཕྲ་རབ་ལས་འདས་པའི་ཆོས་ཉིད་སྟོང་པ་ཉིད་དུ་བསྒོམས་ པའི་ངང་ལས། ༀ་ཡིག་ལས་བྱུང་པའི་པད་མ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་(ༀ་ལས་)ཉི་ མ་(ཨ་ལས་)སྒྲ་ཅན་(ཨ་ཨཱ་)གྱི་དཀྱིལ་འཁོར་བརྩེགས་པའི་སྟེང་དུ། ཧཱུཾ་ལས་གྲུབ་པའི་རྡོ་རྗེ་ 1-1-460 སྔོན་པོ་རྩེ་ལྔ་པ་(སངས་རྒྱས་རྣམས་མཆོད་སེམས་ཅན་རྣམས་ལ་ཕན་པའི་འོད་ཟེར་དང་བཅས་པས་)ཡོངས་སུ་གྱུར་ པ་ལས་བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཡེ་ཤེས་ལྔའི་རང་བཞིན་དྲི་མ་མེད་ པའི་འོད་ཟེར་རྣམ་པ་ལྔ་འཕྲོ་བ། སྐུ་མདོག་སྔོན་པོ་གཡས་དང་གཡོན་དང་དབུས་ཀྱི་མགྲིན་ པ་ཉི་མ་དང་ཟླ་བ་དང་བུང་པའི་མདོག་ཅན། མདུན་ཞལ་ནག་པོ་དྲག་ཅིང་གཏུམ་པ། གཡས་ ཞལ་དམར་པོ་ཆགས་ཤིང་བཞད་པ། གཡོན་ཞལ་དཀར་པོ་ཞི་ཞིང་འཛུམ་པ། རྒྱབ་ཞལ་སེར་ པོ་ཏིང་འཛིན་བརྟན་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། གཡས་དང་གཡོན་ གྱི་ཕྲག་པ་དང་པོ་ནག་པོ་དང༌། གཉིས་པ་དམར་པོ་དང༌། གསུམ་པ་དཀར་པོ་དང༌། དེ་དག་ ལས་གྱེས་པའི་དཔུང་པ་གཉིས་གཉིས་ནག་པོ་དང་གཉིས་གཉིས་དམར་པོ་དང༌། གཉིས་ གཉིས་དཀར་པོ་དང༌། དེ་རྣམས་ལས་གྱེས་པའི་ཕྱག་བཞི་བཞི་ནག་པོ་དང༌། བཞི་བཞི་ དམར་པོ་དང༌། བཞི་བཞི་དཀར་པའོ། །དེ་དག་གི་པད་མ་ཉི་ཤུ། ཕྱག་བཞི་པོ་རེ་རེ་ལ་ཡང་ མཐེ་བོ་སེར་པོ་དང་འཛུབ་མོ་དཀར་པོ་དང་གུང་མོ་དམར་པོ་དང་མིང་མེད་ནག་པོ་དང་ མཐེའུ་ཆུང་ལྗང་ཁུའི་རང་བཞིན་ཅན་སོར་གདུབ་རྣམས་ཀྱིས་སྤྲས་པའི་སོར་མོ་ཚིགས་ གསུམ་པ་ལྔ་ལྔ་སྟེ། ཚིགས་ཀྱི་ཕྲེང་པ་དང་པོ་ནག་པོ་དང་གཉིས་པ་དམར་པོ་དང་གསུམ་པ་ དཀར་པོའོ། །དེ་ལྟ་བུའི་ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་རྩེ་གསུམ་དང་གྲི་ གུག་དང་མདའ་དང་ལྕགས་ཀྱུ་དང་ཌ་མ་རུ་དང་ཐོ་བ་དང་འཁོར་ལོ་དང་མདུང་དང་དབྱུག་པ་ དང་དགྲ་སྟ་འཛིན་ཅིང༌། །གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཕུབ་དང་ཁ་ཊྭཱཾ་ཀ་དང་ཐོ་བ་དང་ གཞུ་དང་ཞགས་པ་དང་རིན་པོ་ཆེ་དང་པད་མ་དཀར་པོ་དང་དུང་དང་མེ་ལོང་དང་ལྕགས་ སྒྲོག་དང་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པའོ། །ཞབས་གཡས་དམར་པོ་བརྐྱང་པས་ འདོད་ལྷ་དམར་པོ་གདོང་གཅིག་ལག་པ་བཞིས་མེ་ཏོག་གི་(གཡས་དང་གཡོན་གྱི་དང་པོ་དག་གིས་) མདའ་ལྔ་དང་གཞུ་དང་(གཉིས་པས་)ཞགས་པ་དང་ལྕགས་ཀྱུ་འཛིན་པའི་སྙིང་ཁ་དང༌། གཡོན་ 1-1-461 པ་དཀར་པོ་བསྐུམ་པས་དྲག་པོ་དཀར་པོ་གདོང་གཅིག་པ་མིག་གསུམ་པ་ལག་པ(ས་གཡས་དང་ པོ་དག་གིས་)བཞིས་རྩེ་གསུམ་དང་(གཉིས་པས)ཌ་མ་རུ་དང་(གཡོན་པས་)ཐོད་པ་དང་(དང་པོས་)ཁ་ཊྭཱཾ་ ཀ་འཛིན་པའི་སྙིང་ཁར་མནན་ཅིང་བདུད་ཀྱི་དགའ་མ་དང་དྲག་པོའི་ཨུ་མ་དག་མནན་པའི་ གདོང་དང་ལྡན་པས་ཞབས་ཀྱི་མཐིལ་ནས་འདེགས་ཀྱང་གཡོ་བ་མེད་པར་བཞུགས་པ། རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་དང་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་ནོར་ བུ་དང་དར་དཔྱངས་ཀྱིས་བརྒྱན་པ། རྡོ་རྗེའི་རྣ་རྒྱན་དང་མགུལ་རྒྱན་དང་གདུ་བུ་དང་མཆོད་ ཕྱིར་ཐོགས་པ་དང་སྐ་རེགས་དང་རྐང་གདུབ་དང་ཐལ་བའི་རྒྱ་དང་སྟག་གི་ལྤགས་པའི་ནབ་ བཟའ་འཛིན་པ་སྟེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་ མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དོན་དམ་པའི་བདེ་བའོ། །དེ་ལ་འཁྱུད་པའི་བཅོམ་ལྡན་ འདས་མ་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ་ཞལ་བཞི་ཕྱག་བརྒྱད་སྤྱན་བཅུ་གཉིས་དང་ལྡན་ པས་ཏེ། རྩ་ཞལ་སེར་བ་གཡས་དཀར་བ་གཡོན་དམར་བ་རྒྱབ་ཞལ་ནག་པོ། ཕྱག་གཡས་ པ་རྣམས་ཀྱིས་གྲི་གུག་དང་ལྕགས་ཀྱུ་དང་ཌ་མ་རུ་དང་བགྲང་ཕྲེང་འཛིན་ཅིང༌། གཡོན་པ་ རྣམས་ཀྱིས་ཐོད་པ་དང་ཞགས་པ་དང་པད་མ་དཀར་པོ་དང་རིན་པོ་ཆེ་འཛིན་པ། རྡོ་རྗེ་སེམས་ དཔའི་ཅོད་པན་ཅན་གཅེར་བུ་སྐྲ་གྲོལ་བ་ཕྱག་རྒྱ་ལྔ་དང་ལྡན་པ་གཡོན་བརྐྱང་གིས་བཅོམ་ ལྡན་འདས་ལ་སྙོམས་པར་ཞུགས་པ་སྟེ་དམིགས་པ་དང་བཅས་པའི་སྟོང་པ་ཉིད་རང་བཞིན་ གྱིས་འོད་གསལ་བ་ཤེས་རབ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་བདག་ཉིད་ བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ དུ་བལྟས་ལ། ༀ་(ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་དང་རང་བཞིན་བདག་ཉིད་ང་ཡིན་)སུ་བི་ཤུད་དྷ་དྷརྨ་ དྷཱ་ཏུ་སྭ་བྷཱ་བ་ཨཏ་མ་ཀོ་ཧཾ་ཞེས་ང་རྒྱལ་བཟུང་པའི་དཔྲལ་བ་དང་མགྲིན་པ་དང་ཐུགས་ཁར་ ༀ་ཨཱ་ཧཱུཾ་བསྒོམས་ཏེ་དེ་ལས་འཕྲོས་པའི་འོད་ཟེར་ལྕགས་ཀྱུའི་རྣམ་པས་ཡེ་ཤེས་པ་དཔག་ཏུ་ 1-1-462 མེད་པ་ནམ་མཁར་བཞུགས་པ་ལ་མཆོད་པ་བཅུ་གཉིས་ལ་སོགས་པས་ཡང་དག་པར་མཆོད་ ནས། ཛ་ཧཱུཾཿ བཾ་ཧོཿ ཧི་ཞེས་བརྗོད་པས་དམ་ཚིག་པ་ལ་གཞུག་ཅིང་བཅིང་པ་དང་མཉེས་ཤིང་རོ་ མཉམ་པར་བྱས་པའི་དཔྲལ་བ་དང་མགྲིན་པ་དང་ཐུགས་ཁ་དང་ལྟེ་བ་དང་གསང་གནས་དང་ གཙུག་ཏོར་རྣམས་སུ་ༀ་ཨཱ༔ཧཱུཾ་སྭཱཧཱ་ཞེས་པ་རྣམས་བཀོད་ནས་བྱིན་གྱིས་བརླབས་ཏེ། སླར་ ཡང་མདུན་གྱི་ནམ་མཁར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་པ་དཔག་ཏུ་མེད་པ་སད་པར་བྱས་ པ་ལ་མཆོད་ནས། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་གྱི་དངོས། །སྐུ་ཡི་རྡོ་ རྗེ་ཅན་གྱིས་ནི། །བྱིན་བརླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་ སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་གྱི་དངོས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་བརླབས་ གནས་སུ་དེང་བདག་མཛོད། །ཅེས་པ་དེ་བཞིན་དུ། དཔལ་ལྡན་གསུང་གི༴ ཕྱོགས་བཅུར་ བཞུགས་པའི༴ དཔལ་ལྡན་ཐུགས་ཀྱི༴ ཕྱོགས་བཅུར་བཞུགས་པའི༴ ཅེས་སོགས་ཀྱིས་ གསོལ་བ་གདབ་ཅིང་དབང་བསྐུར་བར་བསམས་ནས། ༀ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་སྐུ་དང་)ཀཱ་ཡ་ཝཱག་(གསུང་དང་)ཙིཏྟ་(ཐུགས་ཀྱི་རང་བཞིན་གྱི་བདག་ཉིད་ང་ཡིན་)སྭ་བྷ་ཝ་ཨཱཏ་མ་ ཀོ་ཧཾ་ཞེས་ང་རྒྱལ་བཟུང་སྟེ། ཐུགས་རྡོ་རྗེ་ཆོས་གོས་དང་གཙུག་ཏོར་འཛིན་པ་རྡོ་རྗེའི་དཀྱིལ་ དཀྲུང་གིས་བཞུགས་ཤིང་ས་གནོན་གྱི་ཕྱག་རྒྱ་ཅན་དེ་བཞིན་གཤེགས་པས་དབུགས་ཕྱུང་ ནས་སྤྱི་གཙུག་ཏུ་བརྒྱན་པར་བསམ། དེ་ནས་ཡུམ་ལ་སྙོམས་པར་ཞུགས་པས་ལྟེ་བའི་ཧོ་ཡིག་ ལས་མེ་འབར་བས་གཡས་རླུང་ལྔ་དང་གཡོན་རླུང་ལྔ་དབང་པོ་ཡུལ་ལ་འཕྲོ་བའི་རྣམ་རྟོག་ དང་བཅས་པ་བསྲེགས་ནས་སྤྱི་བོའི་ཧཾ་ཡིག་ཞུ་བ་ལས་ཐིག་ལེའི་རྒྱུན་བབས་ཏེ་དགའ་བ་ བཞི་མངོན་དུ་བྱས་པར་བལྟ་ཞིང་ༀ་(ཡེ་ཤེས་མཆོད་པ་རྗེས་སུ་ཆགས་པའི་རང་བཞིན་གྱི་བདག་ཉིད་ང་ཡིན་)ཛྙཱ་ ན་པཱུ་ཛ་ཨ་ནུ་ར་ག་ཏ་སྭ་བྷཱ་ཝ་ཨཏ་མ་ཀོ་ཧཾ་ཞེས་བརྗོད་ནས་སླར་ཡང་ཐིག་ལེ་ཇི་ལྟར་བྱོན་པ་ དེ་བཞིན་དུ་གཤེགས་ཏེ་ལུས་ཀྱི་འཁོར་ལོ་རྣམས་སུ་བརྟན་པ་དང་སྐུ་བཞི་མངོན་དུ་བྱས་པར་ 1-1-463 མོས་པས། ༀ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་)ཨ་དྷི་པ་ཏི་(ལྷག་པའི་བདག་པོ་རྡོ་རྗེ་ སེམས་དཔལ་)བཛྲ་ས་ཏྭ་ཧཾ་དུར་དཱན་(གདུལ་དཀའ་འདུལ་བ་པོ་)ཏ་ད་མ་ཀ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་ང་རྒྱལ་ བཟུང་ངོ༌། །དེ་ནས་སྔགས་ཐམས་ཅད་ཀྱི་བྱིན་བརླབས་འཇུག་པར་མོས་ཤིང་ༀ་ཧྐྵྨླྺྼྻྂ་ཞེས་པ་ དུས་ཀྱི་འཁོར་ལོ་ཤེས་རབ་དང་བཅས་པའི་སྔགས་དང༌། ༀ་ཨཱ་ཧཱུཾ་ཧོ་ཧྐྵྨླྺྼྻྂ་ཞེས་པ་སྙིང་པོ་དང༌། ༀ་ཧྲཱཾ་ཧྲཱིཾ་ཧྲིཾ་ཧྲཱུཾ་ཧྲིཾ་ཧྲཱཿ ཞེས་པ་ཉེ་བའི་སྙིང་པོ་རྣམས་ཀྱི་མཐར་(རྒྱས་པ་ལ་)སྭཱཧཱ་དང་ན་མཿ (ཞི་བ་ལ་) ལ་སོགས་པ་ལས་དང་མཐུན་པར་སྦྱར་(དགྲ་གྲོགས་ལ་སོགས་པ་རྩི་ཤེས་པས་)ཏེ། མན་ངག་ཤེས་པས་ མ་ཡེངས་པར་ཅི་ནུས་སུ་བཟླས་ལ་དངོས་གྲུབ་ཞུའོ། །དེ་ནས་ༀ་ཨཱཿཧཱུཾཿ ཧྲ༔ཕཊ་ཅེས་པས་ བསང་ཞིང་ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་པའི་མཆོད་རྫས་རྣམས་བཟང་ཞིང་གྱ་ནོམ་པར་ བསམས་ཏེ། ༀ་བཛྲ་ས་མ་(རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ་ཞིང་)ཡ་ཛཿ ཞེས་པས་ནམ་མཁའི་མཐིལ་ ཐམས་ཅད་བླ་མ་དང་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་མཆོད་ཡུལ་མཐའ་ཡས་པས་ གང་བར་མོས་ལ། ༀ་ཨཱཿཧཱུཾ་ཧོ་ཏྲཱཻ་དྷཱ་ཏུ་ཀེ་ཤྭ་ར་ཀ་ལ་ཙཀྲ་(ཁམས་གསུམ་གྱི་དབང་ཕྱུག་དུས་ཀྱི་འཁོར་ལོ་) ཨརྒྷཾ་པྲ་ཏི་ཙྪ་(མཆོད་ཡོན་སོ་སོར་བཞེས་)ས་པ་རི་(འཁོར་དང་བཅས་པ་ཡིས་)ཝ་ར་ཏྭ་བྷ་ག་ཝན་(བཅོམ་ལྡན་ འདས་)མེ་ཝ་ར་དྷོ་བྷ་ཤི་ཥྱ་ནཾ་ཙ་(ཁྱོད་ཀྱི་བདག་དང་སློབ་མ་རྣམས་ལ་ཡང་མཆོག་སྩལ་དུ་གསོལ་)ཞེས་པས་ མཆོད་ཡོན་དབུལ་ཞིང་གསོལ་བ་བཏབ་ནས་མཆོད་པ་སོ་སོའི་ཕྱག་རྒྱ་དང་བཅས་པས། ༀ་ སརྦ་ཏ་ཐཱ་(དེ་བཞིན་གཤེགས་པ་ཐམས་ཅད་དང་དཔལ་དུས་ཀྱི་འཁོར་ལོ་འཁོར་དང་བཅས་པ་རྣམས་རྡོ་རྗེ་དྲི་སོ་སོར་བཞེས་ སུ་གསོལ་)ག་ཏ་ཤྲི་ཀ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿ བཛྲ་གྷན་དྷཾ་པྲ་ཏཱི་ཙྪ་ན་མ་ཞེས་པ་དང་དེ་བཞིན་ དུ་སྦྱར་ཏེ། བཛྲ་པུཥྤཾ། དྷུ་པཾ། དཱི་པཾ། ནཻ་ཝི་ཏྱཾ། ཨ་ཀྵ་ཏཾ། ལྭ་སྱཾ། ཧ་སྱཾ། བཱ་དྱཾ། ནིར་ཏྱཾ། གཱི་ཏཱཾ། བཛྲ་ཀཱ་མཾ་པྲ་ཏི་ཙྪ་ན་མཿ ༀ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏེ། སཾ་པྲ་ར་ཎི་ཏ། སརྦ་བུད་དྷ་ཀྵེ་ཏྲ། པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏཱ་ན་སྭ་བྷཱ་ཝེ་བཛྲ་ས་ཏྭ་ཧྲི་ད་ཡ་སཾ་ཏོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཞེས་པ་ལ་ སོགས་པས་མཆོད་པར་བྱའོ། །དེ་བཞིན་ཏུ་ནང་མཆོད་ལ་ལག་པ་གཡོན་པ་བསྟན་ཏེ་ༀ་ༀ་ 1-1-464 བཛྲ་(ༀ་དང་རྡོ་རྗེ་ཟླ་བ་)ཙནྟྲ་སརྦ་དྷརྨ་སུ་བི་ཤུད་དྷ་སྭ་བྷཱ་ཝ་(ཆོས་ཐམས་ཅད་རྣམ་པར་དག་པའི་རང་བཞིན་) སརྦ་དྷརྨན་བི་ཤོ་དྷ་ཡ་(ཆོས་ཐམས་ཅད་རྣམ་པར་སྦྱངས་པ་)སྭཱཧཱ་ཞེས་པས་སྦྱང་ཞིང༌། གཡས་པ་བསྟན་ ཏེ་ༀ་ཨཱཿ བཛྲ་(ཨཱ་དང་རྡོ་རྗེ་ཉི་མ་)སཱུར་ཡ་སརྦ་དྷརྨ་བྲ་བྷོ་(ཆོས་ཐམས་ཅད་རབ་ཏུ་རྒྱས་པར་མཛད་པ་ཆོས་ཐམས་ ཅད་རབ་ཏུ་རྒྱས་པར་མཛོད་)དྷ་ཀ་སརྦ་དྷརྨཱན་པྲ་བྷོ་དྷ་ཡ་སྭཱཧཱ་ཞེས་པས་སྤེལ་ལ། གཉིས་ཀ་བསྟན་ ཏེ་ༀ་ཧཱུཾ་(ཧཱུཾ་དང་རྡོ་རྗེ་)བཛྲ་ཨ་(ཆོས་ཐམས་ཅད་རབ་ཏུ་འབར་བར་མཛད་པ་ཆོས་ཐམས་ཅད་རབ་ཏུ་འབར་བར་མཛོད་) ན་ལ་སརྦ་དྷརྨ་པྲ་དཱི་པ་ཀ་སརྦ་དྷརྨཱན་པྲ་དཱི་པ་ཡ་སྭཱཧཱ་ཞེས་པས་སྦར་ཏེ། བྱ་ཁྱུང་གི་ཕྱག་རྒྱ་ བསྟན་ཅིང༌། ༀ་ཧོ་སརྦ་དྷརྨ་བཛྲ་ཨ་མྲི་ཏ་ཀཱ་ར་སརྦ་(ཧོ་ཆོས་ཐམས་ཅད་རྡོ་རྗེ་བདུད་རྩིར་མཛད་པ་ཆོས་ ཐམས་ཅད་རྡོ་རྗེ་བདུད་རྩི་མཛོད་)དྷརྨཱན་བཛྲ་ཨཱ་མྲི་ཏ་ཀུ་རུ་ཀུ་རུ་སྭཱ་ཧཱ་ཞེས་པས་བདུད་རྩིའི་བྱིན་གྱིས་ བརླབས་ནས་མཆོད་ཡུལ་དཔག་ཏུ་མེད་པར་དམིགས་པ་ལ་མཐེ་བོང་མིང་མེད་དག་གིས་ གཏོར་ཞིང་ༀ་ཨཱཿཧཱུཾ་ཧོཿ རྩ་བའི་བླ་མ་རིན་པོ་ཆེ་ལ་འབུལ་ལོ(བླ་མའི་མཚན་ནས་བརྗོད་ལ་)། །བརྒྱུད་པའི་བླ་མ་བྱིན་བརླབས་ཅན་ལ་འབུལ་ལོ། །འབྲེལ་པའི་བླ་མ་བཀའ་དྲིན་ཅན་ལ་ འབུལ་ལོ། །ༀ་བུད་དྷཱ་ཡ་(སངས་རྒྱས་མཆོད་དོ་)ན་མ། ༀ་དྷརྨ་ཡ་(ཆོས་ལ་མཆོད་དོ་)ན་མ། ༀ་སང་གྷ་ ཡ་(དགེ་འདུན་ལ་མཆོད་དོ་)ན་མཿ ༀ་བཛྲ་སཏྭཱ་ཡ་(རྡོ་རྗེ་སེམས་དཔའ་ལ་མཆོད་དོ་)ན་མཿ ༀ་པྲཛྙཱ་པ་ར་ (ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ལ་མཆོད་དོ་)མི་ཏ་ཡ་ན་མཿ ༀ་སྭ་བྷཱ་ཝ་ཀ་ཀཱ་ཡ་(ངོ་བོ་ཉིད་ཀྱི་སྐུ་ལ་ མཆོད་དོ་)ཡཱ་ན་མཿ ༀ་དྷརྨཱ་ཀ་ཡ་(ཆོས་ཀྱི་སྐུ་ལ་མཆོད་དོ་)ཡཱ་ན་མཿ ༀ་སཾ་བྷོ་ག་ཀ་ཡ་(ལོངས་སྤྱོད་ རྫོགས་པའི་སྐུ་ལ་མཆོད་དོ་)ཡཱ་ན་མཿ ༀ་ནིར་མ་ཎ་ཀཱ་ཡ་(སྤྲུལ་བའི་སྐུ་ལ་མཆོད་དོ་)ཡཱ་ན་མཿ ༀ་ཛྙ་ན་བཛྲ་ ཡ་(ཡེ་ཤེས་རྡོ་རྗེའི་སྐུ་ལ་མཆོད་དོ་)ན་མཿ ༀ་ཙིཏྟ་བཛྲ་ཡ་(ཐུགས་རྡོ་རྗེ་ལ་མཆོད་དོ་)ན་མཿ ༀ་ཝཱག་བཛྲཱ་ཡ་ (གསུང་རྡོ་རྗེ་ལ་མཆོད་དོ་)ན་མཿ ༀ་ཀཱ་ཡ་བཛྲ་(སྐུ་རྡོ་རྗེ་ལ་མཆོད་དོ་)ཡ་ན་མཿ ༀ་རད་ན་ཏྲ་ཡ་(དཀོན་མཆོག་ གསུམ་ལ་མཆོད་དོ་)ཡཱ་ན་མཿ ༀ་ཤཱཀྱ་མུ་ན་ཡ་(ཤཱཀྱ་ཐུབ་པ་ལ་མཆོད་དོ་)ན་མཿ ༀ་ཤྲི་ཀཱ་ལ་ཙཀྲ་ཡེ་ (དཔལ་དུས་ཀྱི་འཁོར་ལོ་ལ་མཆོད་དོ་)ན་མཿ ༀ་གུ་རུ་བུདྡྷ་(བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ 1-1-465 ཕྱག་འཚལ་ཞིང་མཆོད་དོ་)བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ གཞན་ཡང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་གང་བ་ཐམས་ཅད་ལ་འབུལ་ལོ། །དམ་ པ་ཆོས་སྐྱོང་པའི་བསྲུངས་མ་གུར་གྱི་མགོན་པོ་མ་ཧཱ་ཀཱ་ལ་ལྕམ་དྲལ་བཀའ་སྡོད་འཁོར་དང་ བཅས་པ་རྣམས་ལ་འབུལ་ལོ། །ཞལ་བཞི་པ་གཉན་པོ་འཁོར་གདོང་མོ་བཞི་དང་བཅས་པ་ དང༌། ལྷ། ཀླུ། གཟའ། ཕྱོགས་སྐྱོང༌། རྒྱུ་སྐར། རྒྱལ་ཆེན། འཇིགས་བྱེད་ཆེན་པོ་དགུ། གཙང་ མ་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་རྣམས་དང༌། མདོར་ན་རིག་པའི་ ཚོགས་དང༌། ཁྲོ་བོའི་ཚོགས། ཕོ་ཉའི་ཚོགས། བྲན་གྱི་ཚོགས་དང་བཅས་པ་མཁའ་འགྲོ་ཆོས་ སྐྱོང་བསྲུངས་མ་ཇི་སྙེད་པ་རྣམས་ལ་མཆོད་པར་འབུལ་ལོ། །གཞི་ཡི་བདག་པོ་འབྱུང་པོའི་ ཚོགས་ཐམས་ཅད་ཚིམ་པར་གྱུར་ཅིག །ཅེས་བརྗོད་ཅིང་ནམ་མཁའ་ཐམས་ཅད་མཆོད་ཡུལ་ དང་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པས་གང་ཞིང་མཆོད་པར་མོས་ཏེ། དྲིལ་བུ་དཀྲོལ་ ཞིང༌། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་ འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་ བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ལ་ ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་པ་ཁྱོད་ ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་ འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པ་ལ་སོགས་པས་བསྟོད་པ་བྱའོ། །དེ་ ནས་གོ་ཀུ་ད་ཧ་ན་ལ་སོགས་པ་འམ། ཡང་ན་ཇི་ལྟར་འབྱོར་པའི་གཏོར་མ་ཉེ་བར་སྤྱོད་པ་ 1-1-466 རྣམས་ཀྱིས་བརྒྱན་པ་སྦྱངས་ཤིང་ནང་མཆོད་ལྟར་བྱིན་གྱིས་བརླབས་ཏེ་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ འོད་ཟེར་དང་བཅས་པས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་ཤུགས་བསྲུངས་མའི་ འཁོར་དང་བཅས་པ་སྤྱན་དྲངས་ནས་ༀ་ཨཱཿ ་ཧཱུཾ་ཧོ་ཤྲི་ཀཱ་ལ་ཙཀྲ་བཛྲ་བྷཱཻ་ར་ཝ་བྷཱི་ཀཱ་ར་ཡ་ས་པ་ རི་ཝཱ་རི་བྷྱཿ ཨི་དམ་བྷ་ལིཾ་གྷན་དྷཾ་པུས་པཾ། དྷུ་པཾ། དཱི་པཾ། ཨཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙ་ཨཱ་ག་ཏྱ་ ས་པ་རི་ཝཱ་རཱ་ཤྲཱི་གྲཾ(དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་འཇིགས་བྱེད་འཇིགས་པར་མཛད་པ་འཁོར་དང་བཅས་པ་རྣམས་ལ་ གཏོར་མ་འདི་དང༌། དྲི་དང་མེ་ཏོག་དང༌། སྤོས་དང༌། སྣང་གསལ་དང། མ་ཉམས་པར་བདག་འབུལ་གྱིས་དེ་རྣམས་ཀྱང་བྱོན་ ནས་འཁོར་དངབཅས་པ་རྣམས་མྱུར་དུ)། (གཏོར་མ་འདི་)ཨི་དམ་བྷ་ལིང་གྲི་ཧྣ་(ལེན་ཅིང་)ཏུ། ཁཱ་དན་(གསོལ་ བ་དང་)ཏུ་པི་ཝན་ཏུ་(བཏུང་པར་མཛོད་ལ་)ཛ་ཧཱུཾ་བཾ་ཧོཿ སཾ་(ཤིན་ཏུ་མཉེས་པས་)ཏྲིས་ཏཱ། སརྦ་ས་(སེམས་ཅན་ ཐམས་ཅད་ལ་)ཏྭཱ་ནཱན། ཤཱན་(ཞི་བ་དང་)ཏིཾ། པུཥྚིཾ་(རྒྱས་པ་དང་)རཀྵ་(བསྲུང་པ་དང་)ཨཱ་ཝ་ར་ཎ་(བསྐྱབ་པ་དང་) གུཔ་ཏིཾ་(སྦ་བ་དང་)ཀུར་བན་ཏུ་(མཛད་དུ་གསོལ་)ཧཱུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཱཛྙཱ་(རྡོ་རྗེ་འཛིན་པའི་བཀའ་ བཞིན་དུ་གཞི་ཚུགས་ཅིག་)པ་ཡ་ཏི་སྭཱ་ཧཱ་ཞེས་པས་མཆོད་གཏོར་རྒྱ་ཆེན་པོར་དམིགས་ཏེ་དབུལ་ ཞིང་རྡོ་རྗེ་དྲིལ་བུ་འཛིན་པས། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་བོ་གདུལ་ དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་རྒྱལ་ཕྱག་འཚལ་ ལོ། །ཞེས་པ་ལ་སོགས་པས་བསྟོད་དེ། སྡེ་དྲུག་བསྲུངས་མ་དྲུག་ཅུ་འཁོར་བཅས་ལ། །མཆོད་ གཏོར་འདི་དང་དྲི་དང་མེ་ཏོག་དང༌། བདུག་སྤོས་སྣང་གསལ་མ་ཉམས་བདག་འབུལ་གྱིས། །དེ་རྣམས་འཁོར་དང་བཅས་པ་མྱུར་བྱོན་ནས། མཆོད་གཏོར་འདི་རྣམས་ལེན་ཅིང་གསོལ་བ་ དང༌། བཏུང་པར་མཛད་དེ་ཤིན་ཏུ་མཉེས་པ་ཡི། །འགྲོ་ལ་ཞི་རྒྱས་བསྲུང་བསྐྱབ་སྦ་བ་རྣམས། །རྡོ་རྗེ་འཛིན་པའི་བཀའ་བཞིན་མཛད་དུ་གསོལ། །ཞེས་འཕྲིན་ལས་གཞོལ་བ་ནི་མདོར་ བསྡུས་པ་སྟེ་གཏོར་མའི་ཆོ་ག་རྒྱས་པས་འབུལ་ནའང་ལེགས་པའོ། །དེ་བཞིན་དུ་གཏོར་མ་ གཉིས་པ་གུར་གྱི་མགོན་པོ་འཁོར་བཅས་དང༌། གསུམ་པ་གདོང་བཞི་པ་འཁོར་བཅས་དང༌། 1-1-467 བཞི་པ་མཁའ་འགྲོ་འབྱུང་པོ་སྤྱི་དང༌། ལྔ་པ་གཞི་བདག་ལ་སོ་སོའི་གཏོར་ཆོག་རྒྱས་པའམ། ཡང་ན་རེ་རེ་ཞིང་ༀ་སྭ་བྷཱ་ཝ་ཤུད་དྷཱཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུད་དྷོ་ཧཾ་ཞེས་པས་སྦྱང་ཞིང༌། ༀ་ ཨཱཿཧཱུཾ་གིས་བདུད་རྩིར་བྱིན་གྱིས་བརླབས་ཏེ། ༀ་ཨཱ་ཀཱ་རོ་མུ་ཁཾ་(ཨ་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་) སརྦ་དྷརྨཱ་ཎཱཾ་ཨཱ་དྷཱི་ཨན་ཨུད་པན་ན་ཏྭ(གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ་)ཏ་ༀ་ཨཱཿཧཱུཾ་ཕཊ་སྭཱཧཱ་ ཞེས་པས་རྒྱ་ཆེན་པོར་བསམས་ཏེ་འགྲོན་སོ་སོ་ལ་ཕུལ་ཡང་རུང་སྟེ་འདི་འབྱུང་པོ་ཐམས་ཅད་ ཀྱི་གཏོར་མའི་(ཀྱེའི་རྡོ་རྗེ་ལས་)སྔགས་སུ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་གཏོར་མ་གསུམ་ ཡིན་ན་དང་པོ་ཡི་དམ་དང་གཉིས་པ་ཆོས་སྐྱོང་དང༌། གསུམ་པ་སྤྱི་གཏོར་གྱིས་གཞི་བདག་ རིགས་དྲུག་ལ་གཏོང་པའམ། ཅིག་ཡིན་ན་སྤྱི་གཏོར་དུ་བསྔོ་བ་ཕྱག་ལེན་ཏེ་རྒྱས་བསྡུས་ཇི་ ལྟར་རིགས་པས་སོ། །དེ་ནས་ཁ་ཟས་དང་འབྲེལ་ན་ཚོགས་ཀྱི་ཡོ་བྱད་ༀ་ༀ་ཞེས་སོགས་ཀྱིས་ ནང་མཆོད་ལྟར་བྱིན་གྱིས་བརླབས་ནས་ཕུད་ཀྱིས་བླ་མ་དཀོན་མཆོག་དང་མཁའ་འགྲོ་ཆོས་ སྐྱོང་བསྲུངས་མ་རྣམས་མཆོད་པ་དང༌། དམ་ཚིག་གི་རྫས་རྣམས་བླངས་ཏེ་སླར་ཡང་སོ་སོར་ བླ་མ་དཀོན་མཆོག་ལ་སོགས་པ་(བདེ་མཆོག་སྟོད་འགྲེལ་ལས་གསུངས་པ་)མཆོད་ཅིང༌། ༀ་ཧཱ་རི་ཏི་ པིཎ་ཊ་ཀེ་(འཕྲོག་མ་རྣམས་ལ་ཆང་བུ་སོ་སོར་བཞེས་)པྲ་ཏི་ཙྪ་སྭཱཧཱ་ཞེས་པ་འཕྲོག་མ་རྣམས་ལ་ཆངས་བུ་ གཉིས་དང༌། ༀ་སརྦ་དཱུ་ཏི་ཀེ་ཨ་གྲཱ་(ཕོ་ཉ་མོ་ཐམས་ཅད་ལ་ཕུད་ཀྱི་རྩེ་མོ་ཡང་དག་པར་བཞེས་)གྲ་པཾ་པྲ་ཏིཙྪ་ སྭཱ་ཧཱ་ཞེས་པས་ཕོ་ཉ་རྣམས་ལ་ཆངས་བུ་ཅིག་བྱིན་ནས་དེ་རྣམས་ཚིམ་པར་བྱའོ། །དེ་ནས་རང་ ལྷར་གསལ་བ་ལ་མཆོད་པའི་བསམ་པས་བརྐམ་ཆགས་མེད་པར་རན་པ་ཙམ་དུ་ཟོས་པའི་ ལྷག་མ་རྣམས་ཅིག་ཏུ་བསྡུས་པ་ལ་སྐབས་སུ་བབ་པ་ན་(མཐེ་བོང་དག་མདུད་དེ་སོར་མོ་གཞན་རྣམས་ བརྐྱང་པའོ)འབར་བའི་ཕྱག་རྒྱ་བསྟན་ལ། ཆང་གི་ཁ་ཕྲུས་བྲན་ནས་ༀ་ཁ་(ཟོ་)ཁ་(ཟོ་)ཁཱ་ཧི་(བཟའ་ བར་གྱིས་)ཁཱ་ཧི་(བཟའ་བར་གྱིས་)ཨུཙྪི་ཥྚ་བ་ལིཾ་ཨུཙྪིཥྚ་བྷཀྵ་བྷཀྵཀ་(ལྷག་མའི་གཏོར་མ་དང༌། ལྷག་མ་ཟ་བའི་ བཟའ་བ་གྱིས་)སྭཱཧཱ་ལྷག་མ་ལ་དབང་པའི་འབྱུངཔོ་ནམ་མཁའ་དང་མཉམ་པ་ཐམས་ཅད་ཚིམ་ 1-1-468 པར་གྱུར་ཅིག་ཅེས་དྲིལ་བུའི་སྒྲ་དང་བཅས་པས་བཏང་སྟེ། ཀོ་ལླ་(ཀོ་ལ་ཨི་རི་གནས་ཏེ་གསང་པ་དང་) ཨི་རེཊྠི་ཨ་བོ་ལླཿ མུ་མྨུ་ཎི་རེ་(ཞི་ནི་མུམ་མུ་ནི་ཀྱེ་ཆོས་འབྱུང་ངོ་)ཀཀྐོ་ལླ། ག་ཎ་ཀི་པི་ཊ་ཧོ་བཛྫ་(འདུས་ ནས་ཅང་ཏེའུ་དཀྲོལ་ཞིང་བཏུང་པར་བྱ་)ཨི། ཀ་སུ་ཎཻ་ཀི་ཨ་(སྙིང་རྗེས་གནས་ལ་སྐུ་བོ་མི་བྱའོ་)ཨི་ན་ རོ་ལཱ། ཏ་ཧིཾ་བ་ལ་ཁ་(དུས་དེར་བཅའ་ལ་བཟའ་བར་བྱ་བས་ཏེ་)ཛྫ་ཨི། ག་དྷེཾ་མ་ཨ་ཎ་(འབད་པས་ཆང་ ཡང་བཏུང་པར་བྱའོ་)པི་ཛ་ཨ་ཨི། ཧ་ལེ་ཀ་(ཀྭ་ཡེ་གྲོགས་པོ་སྐལ་ལྡན་འོང་དུ་ཆུག་)ལིན་ཛ་ར་པ་ཎི་ཨ་ ཨི། དུ་དུ་ར་བ་ཛྫི་ཨ་(སྐལ་བ་དམན་པ་འོང་དུ་མི་གཞུག་)ཨི། ཨ་(ཁ་མཉམ་བླ་རྩི་དང་ནི་སི་ཧླ་དང་)ཙ་ཨུ་ས་མ་ ཀཙྪུ་རི་སི་ཧླ། ཀ་པུ་ར་ལཱ་ཨི་ཨ་(ག་པུར་རྣམས་ཀྱིས་ལུས་ལ་བྱུག་པར་བྱ་)ཨི། མཱ་ལ་ཨིན་དྷ་ན་ས་ལི་ཛ་ (ཚོད་མ་ཤ་ཆེན་ཨ་ནི་བྱ་བས་ཏེ་)ཨ། ཏ་ཧིཾ་བྷ་རུ་ཁ་ཨི་ཨ་(དུས་དེར་མང་དུ་བཟའ་ཞིང་བཏུང་པར་བྱ་)ཨི། ཕྲེཾ་ཁྑ་ ཎ་ཁེ་ཊ་ཀ་རན་ཏེ་(ནང་དུ་འཇུག་དང་ཕྱི་རོལ་འགྲོ་བའི་ཚེ་)ཤུད་དྷ་ཨ་(དག་དང་མ་དག་པར་ནི་མི་ལྟའོ་) ཤུད་དྷ་ཎ་མ་ཎི་ཨ་ཨི། ནི་རཾ་སུ་(ལུས་ལ་མི་རུས་རྒྱན་ཆ་རྟགས་པ་ཡིས་)ཨ་ག་ཙ་ཊཱ་ཝི་ཨ། ཏ་ཧིཾ་ཛ་(དུས་ དེར་དཔའ་བོའི་རོ་ལ་འདུག་པར་བྱ་)ས་ར་ཝ་པ་ཎི་ཨ་ཨི། མ་ལ་ཡ་ཛ་ཀུན་དུ་རུ་བཌྜ་ཨི། ཎཱི་ཊི་མ་ཏ་ (རེག་མིན་གཡུང་མོ་ལ་ནི་སྙོམས་འཇུག་བྱ་)ཧ་ཎ་བཛྫ་ཨ་ཨི། ཞེས་(ཀྱེ་རྡོ་རྗེ་ལས་འབྱུང་པ་ལྟར་)པ་རྡོ་རྗེའི་གླུ་ བླང་ཞིང་སྟེང་དུ་བྱང་ཆུབ་སེམ་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་ མཆོག་ཏུ་འཇིགས་མཛད་དང༌། མི་ཡི་འཇིག་རྟེན་དུ་ནི་ཕྱོགས་དང་ཕྱོགས་བྲལ་ལ་བཞུགས་ ཁྲོ་རྒྱལ་བཙུན་མོར་བཅས་པས་སྲིན་པོ་དང༌། ས་འོག་ཏུ་ནི་གདེངས་ཅན་དབང་པོ་གང་དག་ གདོན་ཚོགས་མི་དགེ་དུས་ཀུན་དུ་ནི་འཆིང་མཛད་པ། །དེ་རྣམས་ཀུན་གྱིས་ཉིན་མཚན་སོ་ སོའི་དུས་སུ་འཇིག་རྟེན་མི་ཤེས་ཀུན་ནས་སྐྱོང་པར་མཛད་གྱུར་ཅིག །ཅེས་པ་ལ་སོགས་པས་ (དུས་འཁོར་ནས་གསུངས་པས་)བཀྲ་ཤིས་པར་བྱའོ། །དེ་ནས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་ སྲས་དང་བཅས་པ་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ། དགེ་བ་འདི་ཡི་ མྱུར་བར་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ཏེ། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ 1-1-469 ལ་འགོད་པར་ཤོག །དེ་ལྟ་བུ་མ་ཐོབ་ཀྱི་བར་དུ་ཡང༌། རིགས་སུ་སྐྱེ་དང་དམ་ཚིག་ཅན། །བསྙོ་ མེད་དུས་ཀྱི་འཁོར་ལོ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག་ (ཅེས་ལན་གསུམ་བརྗོད་དོ་)ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། བཙུན་ མོའི་ཁུ་བ་མཉམ་ཟ་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བ་ཤོག(ཅེས་ལན་གསུམ་བརྗོད་དོ་)། སེམས་ཅན་ ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་ འགྱུར་བ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པ་ལ་སོགས་པས་ཇི་ལྟར་རིགས་པའི་ སྨོན་ལམ་བཏབ་སྟེ། དཔྲལ་བ་ལ་སོགས་པར་ༀ་ཨཱཿཧཱུཾ་ཧོཿ ཧཾ་ཀྵཿ རྣམས་བཀོད་པས་བསྲུངས་ ཤིང་བྱིན་གྱིས་བརླབས་ནས་སྤྱོད་ལམ་ཐམས་ཅད་ལྷ་ཡི་རྣལ་འབྱོར་དང་ལྡན་པར་ཅི་ནུས་ཀྱི་ གོས་པར་བྱའོ། །དེ་ཡང་ཀུན་རྫོབ་ཏུ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་ལ་བསྐྱེད་པའི་ རིམ་པ་རྣམ་རྟོག་དང་བཅས་པའི་བསྒོམ་པ་གསུངས་ཏེ། དོན་དམ་པར་འཇིག་རྟེན་ལ་འདས་ པའི་དངོས་གྲུབ་དོན་དུ་གཉེར་བས་ནི་རྣམ་པར་མི་རྟོག་པའི་བསྒོམ་པ་རྫོགས་པའི་རིམ་པ་ཁོ་ ན་ལ་ནན་ཏན་སྙིང་པོར་བྱ་སྟེ། མངོན་བརྗོད་འབུམ་པ་ལས། འཇིག་རྟེན་ཀུན་རྫོབ་བདེན་པ་ ཡིས། །འཇིག་རྟེན་དངོས་གྲུབ་བསྒྲུབ་པའི་ཕྱིར། སྔགས་བཟླས་ཏེ་བཞིན་བསམ་གཏན་དང༌། །རྣམ་རྟོག་བསྒོམ་པ་རབ་ཏུ་གསུངས། །དོན་དམ་བདེན་པས་གསུངས་པ་ནི། །ཡེ་ཤེས་སྐུ་ནི་ རབ་བསྒྲུབ་ཕྱིར། ཀུན་རྟོག་ཐམས་ཅད་སྤངས་པ་ཡི། །བསྒོམ་པ་དེ་བཞིན་གཤེགས་པས་ གསུངས། །ཞེས་པ་དང༌། དེ་བཞིན་དུ་རྒྱུད་གཞན་དང་གཞན་དག་ལས་ཀྱང་མང་དུ་འབྱུང་ ཞིང༌། རྒྱ་འགྲེལ་དྲི་མ་མེད་པ་ལས་ཀྱང༌། འཇིག་རྟེན་པའི་བདེན་པ་ནི་དཀྱིལ་འཁོར་གྱི་ འཁོར་ལོ་རྣམ་པར་རྟོག་པའི་བསྒོམ་པ་བསྐྱེད་པའི་རིམ་པས་འཇིག་རྟེན་པའི་དངོས་གྲུབ་ སྒྲུབ་པར་བྱེད་པའོ། །འཇིག་རྟེན་ལས་འདས་པའི་བདེན་པ་ནི་དུ་བ་ལ་སོགས་པའི་མཚན་མ་ དང་རྣམ་པར་མི་རྟོག་པའི་སེམས་རྫོགས་པའི་རིམ་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་ 1-1-470 པར་བྱེད་པའོ། །ཞེས་དང༌། དེ་བཞིན་དུ་འགྲེལ་པ་རྣམ་དག་གཞན་ལས་ཀྱང་མང་དུ་གསུངས་ སོ། །དེ་ཡི་ཕྱིར་བློ་དང་ལྡན་པ་རྣམས་ཀྱིས་མང་དུ་ཐོས་པ་དང་རྒྱ་ཆེར་ཤེས་པའི་སྒོ་ནས་རིམ་ པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པར་བྱའོ། །ཞེས་པ་དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་མངོན་རྟོགས་ཆ་ལག་(མཆན་བུ་)དང་ བཅས་པ་སྟེ་འདི་ལྟ་བུའི་ཚུལ་ལ་སྤྲོ་བ་རྣམས་ཀྱི་དོན་དུ་སྟོན་པ་བརྩོན་འགྲུས་སེང་གེས་ གསོལ་བ་བཏབ་ནས། དགེ་སློང་ལོ་ཙྪ་བ་བློ་གྲོས་དཔལ་བཟང་པོས་ཇོ་ནང་དཔལ་གྱི་རི་ ཁྲོད་དུ་བཀོད་པ་འདིས་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་དུ་མ་ལ་ཕན་པར་གྱུར་ཅིག། །ཞུས་དག་གོ། མ་ཡིག་ནི་འབྲས་དཔེ་རྙིང་ཕྱི་ཀ ༡༨༥ 1-1-471 ༄༅། །དཔལ་དུས་ཀྱི་འཁོར་ལོ་བདག་འཇུག་སྙིང་པོ་གསལ་བ་ བཞུགས་སོ། ། ༄༅། །ༀ་སྭ་སྟི། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པའི་ཆོ་ ག་སྙིང་པོ་གསལ་བ་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རང་གཞན་གྱི་བསོད་ནམས་སྤེལ་བ་དང་བར་ཆད་ཞི་ཞིང་ལྟུང་བ་ལས་ལྡང་བའི་དོན་དུ། དང་པོ་བླ་མ་དམ་པ་ལས་རྒྱུད་ལས་གསུངས་པའི་ཆོ་ག་བཞིན་དུ་དབང་བསྐུར་ཐོབ་པ་བཞིན་ ཡང་ནས་ཡང་དུ་དབང་བསྐུར་བ་ལེན་པ་ལམ་དུ་བྱེད་པ་འཇུག་བདེ་བའི་ཕྱིར་སྡོམ་གྱིས་ ཚིགས་སུ་བཅད་པ། གསོལ་གདབ་བར་ཆད་བསྲུངས་ཏེ་དུས་ཤེས་ནས། །ས་དང་ལྷ་དང་ བུམ་པ་ཐིག་སྐུད་ཚོན། །རྡོ་རྗེ་རྡོ་རྗེ་དྲིལ་བུ་སློབ་མ་དང༌། །མལ་སྟན་ལྷག་གནས་བྱས་ཏེ་སྟ་ གོན་ནོ། །ཞེས་པ་ལྟར་དཀྱིལ་འཁོར་གཙོ་བོ་བླ་མ་དང་ཐ་དད་མེད་པར་མོས་པའི་སྤྱན་སྔར་ མཎྜལ་སྔོན་དུ་འགྲོ་བས་མེ་ཏོག་གཏོར་ནས་ཕྱག་བྱས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་ བཙུགས་ཤིང་ཐལ་མོ་སྦྱར་བ་དཔྲལ་བར་བཀོད་ལ། བཅོམ་ལྡན་འདས་གང་དུ་མཚམས་ མེད་པ་ལྔ་བྱེད་པ་པོ་རྣམས་ཀྱང་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་ཐོབ་པར་ལུང་སྟོན་ཅིང༌། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་བདེ་བ་མཆོག་ཏུ་མི་འགྱུར་བས་ཡང་དག་པར་བསྡུས་ པའི་ཕྱག་རྒྱ་ཆེན་པོ་འཐོབ་པར་ལུང་སྟོན་པ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་ གཞུག་པ་དང་དབང་བསྐུར་བས་མངོན་པར་དབང་བསྐུར་དུ་གསོལ། ཞེས་པ་ལན་གསུམ་ གྱིས་གསོལ་བ་བཏབ་ནས། ༀ་ཨཱ་ཧཱུཾ་ལན་བདུན་བཟླས་པའི་སོ་ཤིང་ཐལ་མོའི་བར་དུ་བཅུག་ 1-1-472 ལ་ༀ་ཨཱཿཧཱུཾ་ཧོཿ ཧཾ་ཀྵཿ བཛྲ་དན་ད་ཀཥྛ། ཙ་ཏུར་བི་མོ་ཀྵ་མུ་ཁ་བི་ཤུད་དྷ་སྭབྷཱ་ཝཾ་ཀཱ་ཡ་ཝཱཀ་ཙི་ ཏ་ཛྙ་ན་མུ་ཁ་དན་ད་ཨཱཿདི་མ་ལྃ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་སྭཱཧཱ་ཞེས་བརྗོད་ཅིང་མཎྜལ་གྱིས་ སྟེང་དུ་དོར་ནས། དཔྲལ་བར་ཨཱུ་དང་སྙིང་ཁར་ཨཱི་དང་གཙུག་དོར་དུ་ཨ་སྟེ་ཐབས་ཀྱི་རིགས་ གསུམ་དང༌། ལྟེ་བར་ལཱི་དང་མགྲིན་པར་རཱི་དང་གསང་བར་ཨཿ སྟེ་ཤེས་རབ་ཀྱི་རིགས་ གསུམ་བཀོད་པས་བསྲུངས་ལ་ས་ཡོངས་སུ་བཟུང་པ་ལ་སོགས་པའི་དོན་དུ་དཀར་ཕྱོགས་ཀྱི་ གང་བ་གསུམ་ལ་སོགས་པ་དུས་བཟང་པོ་ཤེས་པར་བྱས་ཏེ་གསོལ་བ་གདབ་པ་དང་བར་ ཆད་བསྲུང་བ་དང་དུས་བརྩི་བའི་ངེས་པའོ། །དེ་ནས་ཞི་རྒྱས་ལ་གྲོང་ལ་སོགས་པའི་དབང་ ལྡན་དང་བྱང་དུ་ས་ཁ་དོག་དཀར་ཞིང་དྲི་བཟང་ལ་རོ་སྐ་བ་དང་ལྡན་པ་དང༌། ལས་ཐམས་ ཅད་པ་ལ་དབུས་སུ་ཁ་དོག་ལྗང་ཁུ་ཚོན་ཀུན་འདྲེས་པའི་རྣམ་པ་ཅན་དྲི་རོ་ཕྱོགས་སུ་མ་ལྷུང་ བ་བཟུང་ནས་ཡུལ་དང་གྲོང་གི་བདག་པོ་ལ་སྒྲུབ་ཐབས་སུ་བསྟན་པའི་ཆོ་གས་གཏོར་མ་ བྱིན་ཏེ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་འམ་གཞན་ཡང་རུང༌། །དཀྱིལ་འཁོར་དོན་དུ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་པ་ལན་ གསུམ་གྱིས་ས་བསླང་ངོ༌། དེ་ནས་རང་གིས་སྙིང་ཁའི་པད་མར་ཟླ་བ་དང༌། ས་གཞི་ལ་མེ་ ཏོག་ཚོམ་བུ་བཀོད་པ་ཡང་པད་མ་དང་ཟླ་བར་བསྐྱེད་པའི་སྟེང་དུ་ལཱཾ་ལས་བྱུང་པའི་འཁོར་ལོ་ སེར་པོ་ལས་སའི་ལྷ་མོ་སེར་མོ་སྤྱན་མ་ལྟ་བུ་ཞལ་གསུམ་མ་ཕྱག་དྲུག་གིས་འཁོར་ལོ་དང་ དབྱུག་པ་དང་རྡོ་རྗེ་དང་དུང་དང་ལྕགས་སྒྲོག་དང་དྲིལ་བུ་འཛིན་ཅིང་གོས་དང་རིན་པོ་ཆེས་ རྒྱན་སེར་པོས་བརྒྱན་པ་བསྒོམས་ནས་ནང་གི་ལྷ་མོ་དབྱུགས་ཕྱིར་འབྱུང་བ་དང་ལྷན་ཅིག་ འཐོན་པའི་ཕྱིའི་ལྷ་མོ་དང་དབྱེར་མེད་དུ་བལྟ་ཞིང་རྡོ་རྗེ་དྲིལ་བུ་འཛིན་པས། ༀ་ཚུར་སྤྱོན་ ཚུར་སྤྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་མ། །བཟང་ པོའི་རྒྱན་གྱིས་རབ་བརྒྱན་མ། །དོ་ཤལ་རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་དཔའ་རབ་ 1-1-473 མཆོད་མ། །མཆོད་ཡོན་འདི་ནི་བཞེས་ནས་སུ། །དཀྱིལ་འཁོར་ལས་ནི་ལེགས་གྲུབ་མཛོད། །ཧཱི་ཧཱི་ཧཱི་ཧཱི་ཧཾ་སྭཱ་ཧཱཿ ཞེས་པ་ལན་གསུམ་དང༌། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱས་ཡེ་ ཤེས་པ་སྤྱན་དྲངས་ཏེ་ཛ་ཧཱུྃ་བཾ་ཧོཿ ཞེས་པའི་དམ་ཚིག་པ་ལ་བསྟིམས་ལ། ༀ་ལཱཾ་ཨཱཿཧཱུཾ་བ་སུན་ དྷ་རི་སརྦ་བུད་དྷ་ཛ་ན་ནི། སརྦ་ས་ཏྭ་ཨུ་པ་ཀཱ་རི་ཎི། བཛྲ་སཏྭ་ཨཱ་ཛྙཱ་པ་ཡ་ཏི། ཤཱི་གྷྲཾ་ཨཱ་གཙྪ་ཨཱ་ གཙྪ། ཨི་དམ་གན་དྷཾ་པུཥྤཾ་དྷུ་པཾ་དཱི་པཾ། །ནཻ་བེ་དྱཾ་ཕ་ལ་ཨཀྵ་ཏཾ་ད་དཱ་མི། ཏ་ཝཏྭ་མེ་ཝ་གྲྀཧྣ་གྲྀཧྣ་ མཎ་ཌ་ལ། ཨར་ཐཾ་མ་མ་སྠཱ་ནཾ་ད་ད། ཞེས་བརྗོད་ཅིང་དྲི་དང་མེ་ཏོག་ལ་སོགས་པ་དང་མཆོད་ ཡོན་ཕུལ་ནས། རྒྱལ་བས་ལྷ་ཡིས་བདག་པོ་དང་བཅས་བདུད་ནི་བཅོམ་པ་དག་ལ་ལྷ་མོ་ ཁྱོད་ནི་དཔང་དུ་གྱུར། །དེ་ཕྱིར་ཁྱོད་ནི་མཆོད་པར་བྱ་ཡིས་ལྷ་མཆོག་གིས་བཏུད་བཞེས་ཤིག་ བཞེས་ཤིག་བདག་གི་མཆོད་ཡོན་ནོ། །ཇི་ལྟར་རྒྱལ་བས་བྱང་ཆུབ་སླད་དུ་བདུད་ཀྱི་སྡེ་ནི་ སྟོབས་ལྡན་དག་ཀྱང་རབ་ཏུ་བཅོམ་གྱུར་པ། །དེ་བཞིན་བདག་གིས་ཀྱང་ནི་སློབ་ལ་རྣམས་ལ་ དབང་བསྐུར་སླད་དུ་བདུད་རྣམས་ཉམས་པ་དག་ཏུ་བྱ། །ཁྱོད་དཔང་དུ་གྱུར་པས་སོ། །ཞེས་ པ་དང༌། སརྦ་སཏྭ་ནཾ་ཤཱནྟིཾ་པུཥྚིཾ་ཀྲྀ་ཏྭ་ཤུ་པ་ཙིཏ་ཏེ་ན། ཨི་དམ་སྠ་ནཾ་ཏྱཀ་ཏྭ་ཨ་པ་ར་སྠ་ནཾ་གཙྪ་ གཙྪ་སྭཱ་ཧཱ། ཞེས་གསོལ་བ་བཏབ་པས་རྗེས་སུ་གནང་ནས་རེ་ཞིག་གནས་གཞན་དུ་གཤེགས་ པར་མོས་པ་ནི་ས་བླང་བའོ། །དེ་ནས་ཆུའམ་རྡོ་ལ་ཐུག་གི་བར་དུ་བརྐོས་ནས་ཟུག་རྔུ་མཐའ་ དག་སྦྱངས་ཤིང༌། དེ་བཞིན་དུ་བརྐོས་པའི་ས་དེ་ཁ་དོག་ལ་སོགས་པ་ལས་དང་རྗེས་སུ་ མཐུན་པ་མ་ཡིན་ན་ས་གཞན་གྱིས་དགང་སྟེ་ཞི་རྒྱས་ལ་ཁ་དོག་དཀར་པོ་ཙན་དན་དཀར་ པོའི་ཆུས་བྲན་པ་ཁ་བ་དང་སྐ་བའི་རོ་དང་ལྡན་པ་དང༌། ལས་ཐམས་ཅད་པ་ལ་ཁ་དོག་དྲི་རོ་ ཕྱོགས་སུ་མ་ལྷུང་པ་ལ་སོགས་པ་ལས་དང་རྗེས་སུ་མཐུན་པས་སོ། །དེ་བཞིན་དུ་ཞི་བ་ལ་ ཤེལ་དང་བཅས་པའི་རིན་པོ་ཆེ་ལྔ་དང༌། རྒྱས་པ་ལ་དུང་དང་བཅས་པའི་རིན་པོ་ཆེ་ལྔ་དང༌། ལས་ཐམས་ཅད་པ་ལ་རིན་པོ་ཆེ་ལྔའི་གཏེར་བཞུག་པས་ཀྱང་སྦྱངས་ནས། སྟེགས་བུ་འཇམ་ 1-1-474 ཞིང་སྙོམས་པ་དབུས་ཅུང་ཟད་མཐོ་བ་ལེགས་པར་འདུས་བྱས་ཏེ་བ་བྱུང་ལྔ་དང་དྲི་ཞིམ་པོའི་ ཆུས་བྱུགས་ཤིང་མེ་ཏོག་གཅལ་དུ་བཀྲམས་པ་ལ་ལག་པས་རེག་ལ། ༀ་བྷུཿཁཾ་ཞེས་པ་དང༌། ཧཱུྃ་ལཾ་ཧཱུྃ་ཞེས་པ་དང༌། ༀ་མེ་དི་ནཱི་བཛྲི་བྷ་ཝ་བཛྲ་བན་དྷ་ཧཱུྃ་ཞེས་པ་དང༌། ༀ་ཧ་ན་ཧ་ན་བཛྲ་ ཀྲོ་དྷ་ཧཱུྃ་ཕཊ་ཞེས་པ་དང༌། ༀ་ཨཱཿཧཱུྃ་ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་རཀྵ་ཧུཾ་ཧཱུྃ་ཕཊ་ཞེས་པའི་སྔགས་ རྣམས་ཀྱིས་ཀྱང་སྦྱང་ངོ༌། །ཁང་བཟངས་རྡོ་སྟེངས་ལྷ་ཁང་དང༌། །གཙུག་ལག་ཁང་དང་ ཕྱུགས་ལྷས་དང༌། །ཆུ་བོའི་འགྲམ་ལ་སོགས་རྣམས་སུ། །ལག་པ་བཀབ་ནས་རང་ས་བོན། །བརྒྱ་རྩ་བརྒྱད་བཅས་བཟླས་བྱ་ཡི། །རྐོ་ལ་སོགས་པ་དེར་མི་དགོས། །ཞེས་གསུངས་པའི་ གནས་སུ་ནི་ས་ལ་ལག་པ་རེག་ནས་ༀ་བྷུ་ཁཾ་ལ་སོགས་བའི་སྔགས་ཀྱིས་དག་པར་བྱས་ཏེ་ས་ སྦྱང་པའོ། །དེ་ནས་སའི་དབུས་སུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་རྡོ་རྗེ་སློབ་དཔོན་ཤར་དུ་ ཕྱོགས་པ་སྒྲུབ་ཐབས་བཞིན་དུ་བདུད་བསྲེགས་པ་དང་བསྲུང་བའི་འཁོར་ལོ་དང་ལྷའི་ང་ རྒྱལ་བསྐྱེད་པས་རྡོ་རྗེ་དྲིལ་བུ་དང་སྤོས་ཕོར་བཟུང་ནས་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་མོས་ཏེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་ནི་རྡོ་ རྗེ་ཆེ་གེ་ཡིས། །འདིར་ནི་དཀྱིལ་འཁོར་བྲི་བར་བགྱི། །སངས་རྒྱས་ལ་སོགས་ཀུན་བྱོན་ འཚལ། །དངོས་གྲུབ་འདིར་ནི་ཡང་དག་སྩོལ། །ཞེས་པས་སྙན་གསན་ཕབ་ཅིང་མཆོད་ནས་ སྒོའི་སློབ་དཔོན་དུ་འོས་པའི་སློབ་མ་བཞི་ལ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཞེས་སོགས་ཀྱི་ཚིག་ གིས་རྡོ་རྗེ་དྲིལ་བུ་གཏད་ཅིང་རྗེས་སུ་གནང་བ་རྣམས་ཕྱོགས་ཕྱོགས་སུ་འཁོད་པས་དབུས་སུ་ སློབ་དཔོན་གཙོ་བོའི་རང་བཞིན་དུ་བཞུགས་པ་ལ་མཆོད་ཅིང༌། རྣམ་པར་སྣང་མཛད་ཀྱི་ངོ་ བོས། (གསང་འདུས་ལས)དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་ གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་ པ་དང༌། རིན་ཆེན་འབྱུང་ལྡན་གྱིས་ངོ་བོས། མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་ 1-1-475 མ་མིན་པ་ཐམས་ཅད་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་ དུ་གསོལ། །ཞེས་པ་དང༌། འོད་དཔག་མེད་ཀྱི་ངོ་བོས། ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་ བཤད་དུ་གསོལ། །ཞེས་པ་དང༌། དོན་ཡོད་གྲུབ་པའི་ངོ་བོས། སེམས་ཅན་ཀུན་གྱི་སེམས་ ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་ འཁོར་དམ་པ་བཤད་དུ་གསོལ། །ཞེས་པའི་ཚིགས་སུ་བཅད་པ་རེ་རེས་གསོལ་བ་གདབ་ ཅིང༌། བཞི་མེད་ན་གཅིག་ཉིད་དེ་དང་དེར་སོང་བའམ་དངོས་སུ་མེད་ན་བསམ་གཏན་གྱིས་ ཀྱང་རུང་སྟེ་འདི་ནི་མན་ངག་གོ །དེ་ནས་བསྒོམས་པའི་དཀྱིལ་འཁོར་འདེགས་པའི་ཕྱག་རྒྱ་ དང༌། ཧཱུཾ་བཛྲ་ཨུད་ཏིཥྛ་ཞེས་པས་ལྷའི་དཀྱིལ་འཁོར་ནམ་མཁར་བཏེགས་ཏེ་དཀྱིལ་དཀྲུང་ དལ་བུས་བཤིག་ནས་པད་སྐོར་ལ་སོགས་པ་སྔོན་དུ་འགྲོ་བས་ཕྱག་དང་སེམས་བསྐྱེད་ལ་ སོགས་པ་ཇི་ལྟར་རིགས་པའི་གར་དང༌། ཁྲོ་བོའི་རྣལ་འབྱོར་གྱིས་གཡོན་དང་གཡས་ཀྱི་རྐང་ མཐིལ་ལ་ཧཱུཾ་ཧཱུཾ་ཞེས་པ་དགོད་ཅིང་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་རེག་ནས་དུས་ཀྱི་འཁོར་ལོའི་ སྐུའི་གཡས་བརྐྱང་དང་གཡོན་བརྐྱང་དང་མཉམ་པའི་སྟབས་ཀྱིས་དཀྱིལ་་་འཁོར་གྱི་དབུས་ སུ་བཅག་པར་བྱ་ཞིང༌། ཤར་དུ་ཡཾ་ཡཱཿ བཀོད་ཅིང་རྡོ་རྗེ་རལ་གྲིའི་ཕྱག་རྒྱས་རེག་པས་ཟླུམ་ པོའི་སྟབས་དང༌། ལྷོར་རཾ་རཱཿ བཀོད་ཅིང་རིན་པོ་ཆེའི་ཕྱག་རྒྱས་རེག་པ་རོལ་བའི་སྟབས་ དང༌། ནུབ་དུ་ལཾ་ལཱཿ བཀོད་ཅིང་འཁོར་ལོའི་ཕྱག་རྒྱས་རེག་པ་ས་གའི་སྟབས་དང༌། བྱང་དུ་ ཝཾ་ཝཱཿ བཀོད་ཅིང་པད་མའི་ཕྱག་རྒྱས་རེག་པ་ཏཱ་ཎ་ཊ་བའི་སྟབས་ཀྱིས་བཅག་པ་ལ་སོགས་པ་ ཇི་ལྟར་རིགས་པའི་གར་གྱིས་ས་གཞི་བྱིན་གྱིས་བརླབས་པའི་མཐར་སློབ་དཔོན་རྡོ་རྗེ་ཤུགས་ ཀྱི་ང་རྒྱལ་དང་ལྡན་པས་རྡོ་རྗེ་གསོར་ཞིང་དྲིལ་བུ་བསིལ་ལ། (སཾ་པུ་ཊར)གང་སུ་དག་ལྷ་དང་ ལྷ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོ་དང་ཡི་དྭགས་དང་ཤ་ཟ་དང་བརྗེད་བྱེད་དང་འབྱུང་པོ་ 1-1-476 དང་མཁའ་འགྲོ་དང་མཁའ་འགྲོ་མ་དང་གྲིབ་གནོན་དང་རྒན་པོ་དང་རྒན་མོ་དང་གཡོག་དང་ འཁོར་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་རིག་སྔགས་གྲུབ་པ་ཁྱེད་རྣམས་དེངས་ཤིག སའི་ཕྱོགས་འདིར་བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོཞེས་བྱ་བ་སེམས་ཅན་ཐམས་ཅད་ཀྱིས་བླ་ ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དང༌། སློབ་མ་ཆེ་གེ་མོ་ཞེས་བྱ་བས་མངོན་པར་ རྫོགས་པར་བྱང་ཆུབ་པ་རྫོགས་པར་བྱ་བའི་དོན་དུ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དཀྱིལ་ འཁོར་ཆེན་པོ་བྲི་བར་བྱའོ། །དེའི་ཕྱིར་རྡོ་རྗེ་འཆང་ཆེན་པོའི་བཀའ་འདི་ཐོས་ནས་མྱུར་དུ་ དེངས་ཤིག གང་དག་མི་འགྲོ་བ་དེའི་མགོ་བོ་བདག་ཧཱུཾ་མཛད་ཀྱི་རྡོ་རྗེ་རབ་ཏུ་འབར་བ་ གསལ་ཤིང་རབ་ཏུ་གསལ་བའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་འདིས་རྣམ་པར་བརྒྱར་དགས་པར་ བྱའོ། །ཞེས་ལན་གསུམ་བརྗོད་ཅིང་ཁྲོ་བོའི་མེ་དཔུང་དཔག་ཏུ་མེད་པ་སྤྲོས་པས་བགེགས་ བསལ་ལ། སྒྲུབ་ཐབས་སུ་འབྱུང་བའི་ཆོ་གས་བགེགས་ཀྱི་ལྷག་མ་རྣམས་ལ་ཕུར་བུ་གདབ་ པ་དང་བརྡུང་བ་བྱས་ཏེ་སླར་མི་འཇུག་པའི་དོན་དུ་ཁྲོ་བོ་རྣམས་ལ་ཕུར་བུ་བསྲུང་བར་བཀའ་ བསྒོའོ། །དེ་ནས་ཁྲོ་བོ་རྣམས་དང་དཀྱིལ་འཁོར་གྱི་ས་གཞི་དྲི་ལ་སོགས་པས་མཆོད་པ། ༀ་ ཚུར་སྤྱོན་ཚུར་སྤྱོན་ས་ཡི་ནི། །ཞེས་སོགས་ཀྱིས་སྔར་གཤེགས་སུ་གསོལ་བའི་སའི་ལྷ་མོ་སླར་ ཡང་སྤྱན་དྲངས་ནས་རྡོ་རྗེ་དང་བཅས་པའི་ལག་པས་ས་ལ་རེག་སྟེ། ༀ་ཨཱཿ ལཾ་ཧཱུཾཿ བཛྲ་བྷུ་མི་ ཏིཥྛཾ་ཨ་ཙ་ལ་ཧཱུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏཱི་སྭཱཧཱ། ཞེས་བརྗོད་པས་རྡོ་རྗེའི་ས་སྤྱན་དྲངས་ པ་དེ་ཉིད་དུ་ཐིམ་ནས་དཀྱིལ་འཁོར་གྱི་ས་གཞི་དང་རོ་གཅིག་ཏུ་འདྲེས་པས་དབང་ཆེན་གྱི་ བར་རྡོ་རྗེ་རང་བཞིན་དུ་བསམས་པ་ལས་མཆོད་ཅིང་ༀ་བཛྲ་ཌྷྲྀ་ཌྷི་ཏིཥྛ་ཞེས་པ་ལན་གསུམ་ བརྗོད་པ་ནི་ས་སྟ་གོན་ནོ། །དེ་ནས་དཀྱིལ་འཁོར་གྱི་ས་ལ་ལྷ་རྣམས་ཀྱི་གནས་སུ་དྲི་ཡི་ཐིག་ ལེ་དང་མེ་ཏོག་གི་ཚོམ་བུ་དང་བཀོད་པ་ལ་བརྟེན་ནས་འབྲི་བར་འགྱུར་བའི་དཀྱིལ་འཁོར་ འཁོར་ལོ་རྫོགས་པར་བསྒོམས་ཤིང་ཡེ་ཤེས་འཁོར་ལོ་དང་རོ་གཅིག་ཏུ་བྱས་པ་མཆོད་ཅིང་ 1-1-477 བསྟོད་ནས་ནམ་མཁའི་མཐིལ་མཐའ་དག་ཀྱང་སངས་རྒྱས་འཁོར་དང་བཅས་པས་གང་བར་ མོས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཤིང་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་ པར་བསྒོམས་པའི་ལག་པ་སྤོས་ཕོར་དང་རྡོ་རྗེ་དྲིལ་བུ་འཛིན་པས། སེམས་ཅན་རྣམས་ནི་ ཐར་པའི་སླད་དུ་ཆེ་གེ་མོ་བདག་ཀྱང་གཙོ་བོའི་དཀྱིལ་འཁོར་དག་ནི་བཞེངས་པར་བགྱིད །གང་དག་ཕྱོགས་རྣམས་ཀུན་ནས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉེས་པ་རྣམ་བྲལ་ བཙུན་མོ་དང་བཅས་པ། །དེ་དག་རྣམས་ཀྱི་མཆོག་གི་ཐུགས་རྗེས་དཀྱིལ་འཁོར་དུ་ནི་དབང་ བསྐུར་སླད་དུ་བདག་ལ་བསྐྱང་དུ་གསོལ། །ཞེས་པ་དང༌། རྒྱས་པར་ན། (གསང་པ་སྤྱི་རྒྱུད་ལས) བཅོམ་ལྡན་རྡོ་རྗེ་ཆེ་གེ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་ ཕྱིར་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་འབྲི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་ གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་ དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་ བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་ཅན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་རྡོ་རྗེ་ ཆེ་གེ་ཅན། །ཆེ་གེ་འབྱུང་བའི་དཀྱིལ་འཁོར་འདི། །ཇི་ལྟར་ནུས་པ་ཉེར་སྦྱོར་བས། །འགྲོ་བ་ སྦྱང་ཕྱིར་བྲི་བར་བགྱི ། དེ་ཕྱིར་བདག་དང་སློབ་མ་ལ། །རྗེས་སུ་བརྩེ་བར་ཉེར་བཟུང་ནས། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་བྱོན་པར་མཛད་པར་རིགས། །ཞེས་དོན་ མངོན་དུ་བྱེད་ཅིང་ལན་གསུམ་གསོལ་བ་བཏབས་ཏེ་ལྷ་སྟ་གོན་ནོ།། ༈ །། དེ་ནས་ཚད་དང་མཚན་ཉིད་ཚང་པའི་བུམ་པ་གོས་གཙང་མའི་མགུལ་ཆིངས་ཅན་ཡལ་ འདབ་ཅན་གྱི་ཤིང་ངམ་པད་མའི་ཁ་བརྒྱན་པ་ལྔའམ་བཅུར་རིན་པོ་ཆེ་དང་ལྕགས་ལྔ་དང་ 1-1-478 སྨན་ལྔ་དང་དྲི་ལྔ་དང་འབྲུ་ལྔ་ཇི་ལྟར་རྙེད་པའི་རྫས་གཞུག་ཅིང་དྲི་བཟང་པོའི་ཆུ་དང་བཅས་ པ་དབུས་སུ་རྣམ་རྒྱལ་གྱི་བུམ་པ་དང་གཞན་རྣམས་ཀྱང་ཁམས་ཀྱི་དབྱེ་བས་གནས་ཇི་ལྟར་ བར་བཀོད་ནས་རྒྱལ་བའི་སྟེང་དུ་དུང་ཆོས་ལྔ་ཚན་ལྔའི་རྫས་བཅུག་པ་བཞག་ཅིང་མེ་ཏོག་ གི་ཕྲེང་བ་ལ་སོགས་པའི་གཟུངས་ཐག་གཟུང་སྟེ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྲྀཾ་ཧྲཱྀཾ་ཧུཾ་ཧཱུཾ་ཧླྀཾ་ ཧླཱྀཾ་རྣམས་ལས་བྱུང་བ་བདུད་རྩིའི་ཚོགས་ཀྱིས་གང་པར་བལྟ་ཞིང་རང་གི་སྙིང་ཁར་ ཟླ་བ་ཉི་མ་སྒྲ་གཅན་ལ་གནས་པའི་དུས་ཀྱི་འཁོར་ལོ་ཡབ་ཡུམ་བསྒོམ་ལ་དེ་དག་གིས་ ཐུགས་ཁར་གནས་པའི་ཉི་ཟླ་ཁ་སྦྱོར་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་པས་བཀུག་པའི་ཡེ་ ཤེས་ཀྱི་བདུད་རྩི་མཐའ་ཡས་པ་དང་རོ་གཅིག་ཏུ་འདྲེས་པར་སྒོམ་ཞིང༌། ༀ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྲྀཾ་ ཧྲཱྀཾ་ཧུཾ་ཧཱུྃ་ཧླྀཾ་ཧླཱྀཾ་བཛྲ་པད་མ་ཨ་མྲི་ཏ་གྷ་ཊ་སུ་བི་ཤུད་དྷ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ སརྦ་དྷརྨཱན་སུ་བི་ཤུད་དྷ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝན་ཀུ་རུ་ཀུ་རུ་སྭ་ཧཱ་ཞེས་བཟླས་ནས་དྲི་ལ་སོགས་ པས་མཆོད་པར་བྱས་ཏེ་(རོལ་མོ་དང་ནང་མཆོད་དང་སྔགས་དང་བསྟོད་པ་ཁུ་ཁྲག་རྐང་དང་ཞེས་སོགས་ཡང་རོལ་མོ་ གཉིས་པ་རྫས་ལྔ་སྟ་གོན་ཐམས་ཅད་ལ་ཕྱི་མཆོད་ནང་མཆོད་དབུལ་ལོ། །མཇུག་ཏུ་ཡིག་བརྒྱའོ)བུམ་པ་སྟ་གོན་ནོ།། །། དེ་ནས་ཐིག་སྐུད་སྣོད་གཙང་མར་བཀོད་ལ་ཨཱཾ་ཨཱྀ་རཱྀ་ཨཱུཾ་ལཱྀ་རྣམས་ལས་བྱུང་པ་ཡུམ་ལྔའི་ ངོ་བོ་རྡོ་རྗེ་སྲད་བུའི་རྣམ་པར་བལྟས་ཏེ་སྙིང་ཁའི་དུས་འཁོར་ཡབ་ཡུམ་སྔར་བཞིན་བསྒོམས་ ནས་སྣ་ཚོགས་ཡུམ་གྱི་ཐུགས་ཁའི་ཉི་མ་ལས་སྤྲོས་པའི་རྡོ་རྗེ་ལྕགས་ཀྱུས་ལྷ་རྣམས་བཀུག་ ལ་ཐིག་སྐུད་ཀྱི་རྣམ་པས་རྡོ་རྗེ་སྲད་བུ་ལ་ཐིམ་པར་བསྒོམ་ཞིང༌། ༀ་ཨཱཾ་ཨཱྀ་རཱྀ་ཨཱུཾ་ལཱྀ་བཛྲ་སཱུ་ཏྲ་ སརྦ་དྷརྨ་ཨེ་ཀ་སྭ་བྷཱ་ཝ་སརྦ་དྷརྨཱན་ཨེ་ཀ་ཨཱ་ཀཱ་རཱ་སྭ་བྷཱ་ཝན་ཀུ་རུ་ཀུ་རུ་སྭཱཧཱ་ཞེས་པ་བཟླས་ ནས་མཆོད་དེ་ཤར་གྱི་ས་ལ་བཞག་པ་ནི་ཐིག་སྐུད་སྟ་གོན་ནོ།། །། དེ་ནས་རྡུལ་ཚོནཨ་(མི་བསྐྱོད་པ་)ཨཾ་(རྡོ་རྗེ་སེམས་)ཨྀ་(དོན་)རྀ་(རིན་)ཨུཾ་(སྣང་མཐའ་)ལྀ་(རྣམ་སྣང་) རྣམས་ལས་བྱུང་པ་སངས་རྒྱས་ལྔའི་ངོ་བོ་རྡུལ་ཚོན་(ས་བོན་བྲི་)གྱི་རྣམ་པར་བལྟས་ཏེ་རང་གི་ 1-1-479 སྙིང་ཁར་སྔར་བཞིན་་དུས་འཁོར་ཡབ་ཡུམ་བསྒོམས་པའི་ཡབ་ཀྱི་ཐུགས་ཁའི་ཟླ་བ་ལ་སྤྲོས་ པ་རྡོ་རྗེ་ལྕགས་ཀྱུས་བཀུག་པའི་སངས་རྒྱས་རྣམས་རྡུལ་ཚོན་གྱི་རྣམ་པས་རྡོ་རྗེའི་རྡུལ་ཚོན་ ལ་ཐིམ་པར་བསྒོམ་ཞིང་ༀ་ཨཾ་ཨིཾ་རྀ་ཨུཾ་ལྀ་སུ་བི་ཤུད་དྷ་པཉྩ་སྐན་དྷ་སྭ་བྷཱ་ཝ་པཉྩ་སྐན་དྷཱན་སུ་ བི་ཤུད་དྷ་དྷརྨཱན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་བཟླས་ནས་མཆོད་དེ་ནུབ་ཀྱི་ས་ལ་བཞག་པ་ནི་རྡུལ་ ཚོན་སྟ་གོན་ནོ།། ༈ །། དེ་ནས་ཧཱུྃ་ལས་བྱུང་པའི་རྡོ་རྗེ་གཙོ་བོའི་ངོ་བོར་བལྟས་ཏེ་སྔར་བཞིན་སྙིང་ཁར་དུས་ འཁོར་ཡབ་ཡུམ་བསྒོམས་ནས་ཡབ་ཀྱི་ཐུགས་ཁའི་ཟླ་བ་ལ་སྤྲོས་པ་རྡོ་རྗེ་ལྕགས་ཀྱུས་གཙོ་ བོ་ཡེ་ཤེས་པ་བཀུག་ལ་རྡོ་རྗེའི་རྣམ་པས་རྡོ་རྗེ་ལ་ཐིམ་པར་བསྒོམ་ཞིང༌། ༀ་ཧཱུཾ་ཀྲོ་དྷ་བཛྲ་སརྦ་ སཏྭ་ཀ་རུ་ཎ་ཨཱད་མ་ཀ་སརྦ་དྷརྨ་ཨེ་ཀ་སུ་ཁ་སྭ་བྷཱ་ཝ་སརྦ་དྷརྨཱ་ན་བཛྲ་སུ་ཁ་སྭ་བྷཱ་ཝཱན་ཀུ་རུ་ ཀུ་རུ་སྭཱཧཱ་ཞེས་བཟླས་ཏེ་མཆོད་ནས་ལྷོའི་ས་ལ་བཞག་པ་ནི་རྡོ་རྗེ་སྟ་གོན་ནོ། །དེ་ནས་ཧོཿ ལས་བྱུང་པའི་རྡོ་རྗེ་དྲིལ་བུ་རྩེ་མོའི་ངོ་བོར་བལྟས་ཏེ་སྔར་བཞིན་སྙིང་ཁར་དུས་འཁོར་ཡབ་ ཡུམ་བསྒོམས་ཏེ་ཡུམ་གྱི་ཐུགས་ཁའི་ཉི་མ་ལས་སྤྲོས་པ་རྡོ་རྗེ་ལྕགས་ཀྱུས་གཙོ་མོ་ཡེ་ཤེས་ཀྱི་ ངོ་བོ་བཀུག་ལ་རྡོ་རྗེ་དྲིལ་བུའི་རྣམ་པས་དྲིལ་བུ་ལ་ཐིམ་པར་བསྒོམ་ཞིང་ༀ་ཧོཿ བཛྲ་གྷཎ་ཊེ་ སརྦ་དྷརྨ་ཨེ་ཀ་པྲ་ཛྙཱ་དྷྭ་ནི་སྭབྷཱ་ཝཻ་སརྦ་ཨཱའ་ཀཱ་རེ་སརྦ་དྷརྨ་པྲ་བྷོ་དྷ་ནི་སརྦ་དྷརྨཱན་ནིཿ སྭ་བྷཱ་ཝེ་ ན་པྲ་བྷོ་དྷ་ཡ་པྲ་བྷོ་དྷ་ཡ་སྭཱཧཱ་ཞེས་བཟླས་ནས་མཆོད་དེ་བྱང་གི་ས་ལ་བཞག་པ་ནི་དྲིལ་བུ་སྟ་ གོན་ནོ།། །། དེ་ནས་སློབ་མ་འཇུག་པ་བཞིན་དུ་བླ་མ་དང་དཀྱིལ་འཁོར་འཁོར་ལོ་དབྱེར་མེད་ལ་ མཎྜལ་ཕུལ་ཞིང་ཐལ་མོ་སྦྱར་ནས། (པད་མ་ཅན་ལས)སྲིད་པའི་འཇིགས་པ་འཕྲོག་མཛད་པ། །སྲིད་པའི་སྐྱོན་གྱིས་གོས་མི་འགྱུར། །ཕུན་སུམ་ཚོགས་པ་ཀུན་གྱི་གནས། །ཁྱོད་ཀྱི་ཞབས་ ལ་སྐྱབས་སུ་མཆི། །ཟད་མེད་འཁོར་བའི་འཇིགས་པ་ལས། །བདག་ལ་སྐྱབས་ནི་གཞན་ 1-1-480 མ་མཆིས། །དེ་བས་ཐུགས་རྗེ་ཆེར་མཛད་ནས། །དེ་རིང་བདག་ལ་སྐུ་དྲིན་མཛོད། །ཅེས་པ་ དང༌། སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་ཅན། །སྲིད་པའི་མཚོ་ལས་ བདག་སྒྲོལ་མཛོད ། (དེ་ཉིད་འདུས་པར)དགའ་ཆེན་སྟོན་པ་ཁྱོད་གཅིག་བུ། །བྱང་ཆུབ་ཆེན་པོའི་ ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་བས། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་ དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་ གསོལ། །ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ་པོ། །དེ་ནས། མངལ་དུ་མངལ་གནས་ སྡུག་བསྔལ་དང་ནི་བཙའ་བའི་དུས་དང་བྱིས་པའི་དངོས་པོ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ ནུ་ལང་ཚོ་དག་ལ་བུད་མེད་ནོར་དང་འབྱོར་པ་ཉམས་པའི་ཉོན་མོངས་སྡུག་བསྔལ་ཆེན་པོས་ གང༌། །རྒ་དང་འཆི་བའི་སྡུག་བསྔལ་ཉིད་དེ་སླར་ཡང་འགྲོ་བ་དྲུག་ཏུ་ངུ་འབོད་ལ་སོགས་ འཇིགས་སྟེར་བ། །འགྲོ་བ་འདི་དག་མ་ལུས་སྒྱུ་མ་ལ་རྨོངས་གྱུར་པས་སྡུག་བསྔལ་ལས་ནི་ སྡུག་བསྔལ་འཛིན་པའོ། །འཁོར་བར་མི་ཉིད་དུ་ནི་བརྒྱ་ལམ་ཞིག་ན་གྱུར་ཀྱང་ཆོས་ཀྱི་བློ་ནི་ བརྒྱ་ལམ་ཞིག་ནའོ། །དེ་ལས་དགེ་བའི་དབང་གིས་སངས་རྒྱས་ལ་ནི་རྗེས་ཆགས་གྱུར་ཀྱང་ དང་པོའི་ཐེག་པར་རབ་ཏུ་འཇུག། དེ་ལས་དཔལ་ལྡན་རྡོ་རྗེ་ཐེག་པ་བསྒོམ་པ་ལ་ནི་བློ་གྲོས་མ་ ལུས་འཇུག་པ་བརྒྱ་ལམ་ནའོ། །དེ་ལས་སངས་རྒྱས་ཉིད་འདོད་མཆོག་ཏུ་བདེ་བའི་གོ་འཕང་ དག་ལ་འཇུག་པ་ཨེ་མ་ཤིན་ཏུ་དཀའ། །ཞེས་པ་ངེས་འབྱུང་བསྐྱེད་ཅིང༌། སླར་ཡང་སློབ་མ་ ལ་གདམས་པའི་ཚུལ་དུ། བུ་ཚུར་ཤོག་ཅིག་ཐེག་ཆེན་གྱིས། །ཚུལ་ཆེན་སྣོད་ནི་ཁྱོད་ཡིན་ གྱིས། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྡོ་རྗེ་སྔགས་ཀྱི་ མཐུ་ཡིས་ནི ། དུས་གསུམ་འབྱུང་པའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན ། ཡེ་ ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་ 1-1-481 སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོའི་སྟོབས་ཆེན་བཅོམ། །རྗེས་འཇུག་འཇིག་རྟེན་ཐུགས་ཆུད་དེ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་ མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་པ་དང༌། འཇིག་རྟེན་དུ་ནི་ཀུན་ མཁྱེན་དག །རེ་འགའ་འབྱུང་ངམ་མི་འབྱུང་སྲིད། ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ ན་ནི་རེས་འགའ་འབྱུང༌། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་ པར་ནུས། །སྔགས་ཀྱིས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །བསྐལ་ པ་བྱེ་བ་དུ་མ་རུ། །སྔོན་དུ་བསགས་པའི་སྡིག་པ་གང༌། །དེ་དག་ཐམས་ཅད་འདི་ལྟ་བུའི། །དཀྱིལ་འཁོར་མཐོང་བས་ཟད་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ ལ་གནས་ན་སྨོ་ཅི་དགོས། སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་ འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་གྲོས་ཤིན་ཏུ་དྲི་མ་མེད། །དེ་རྣམས་ཀྱིས་ནི་ སྡུག་བསྔལ་ཀུན། །འབྱུང་བས་ངན་འགྲོ་རབ་ཏུ་ཞི། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །སྲས་བཅས་རྣམས་ ཀྱིས་བསྟན་པ་འདིར། །ཐམས་ཅད་ཡོངས་སུ་བཟུང་ནས་གནས། །བདག་ཉིད་ཆེན་པོར་སྐྱེ་ བར་འགྱུར། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བར་འགྱུར་བ་ཡིན། །ཐེག་པ་ ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་གིས་ཁྱེད་རྣམས་འགྲོ་ གྱུར་བ། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་བརྗོད་པས་སྤྲོ་བ་བསྐྱེད་དེ། དཀོན་ མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་ དགེ་ལ་རྗེས་ཡིད་རང༌། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་པ་ལན་གསུམ་གྱིས་ ཐུན་མོང་གི་སྡོམ་པ་དང༌། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་ བོས་བཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་ 1-1-482 དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུས་སྐྱེས་རིགས་ལ་ སྡོམ་པ་དག་ཀྱང་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད་ མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ཞེས་པ་ལན་གསུམ་གྱིས་ཁྱད་ པར་གྱི་སྡོམ་པ་བཟུང་ངོ༌། །དེ་ནས་སྔར་བཞིན་དུ་སོ་ཤིང་དོར་ཏེ། ཝཾ་ལས་སྐྱེས་པའི་ཆུ་ཝཾ་ བཟླས་པས་ཁ་བཀྲུས་ནས་དྲི་ཞིམ་པོའི་ཆུ་ཁྱོར་བ་གསུམ་འཐུངས་ཏེ། །ༀ་ཧྲཱིཿ བི་ཤུད་དྷ་སརྦ་ དྷརྨ་སརྦ་པཱ་པ་ནིཥྩ་ཨ་སྱ་ཤོ་དྷ་ཡ་ཤོ་དྷ་ཡ་སརྦ་བི་ཀལ་པཱན་ཨ་པ་ན་ཡ་ཧཱུཾ་ཞེས་བརྗོད་ཅིང༌། དཔྲལ་བ་དང་མགྲིན་པ་དང་སྙིང་ཁ་དང་ལྟེ་བ་དང་གཙུར་གཏོར་དང་གསང་གནས་སུ་ༀ་ ཨཱཿཧཱུཾ་ཧོཿ ཧཾ་ཀྵ་ཞེས་པ་རིགས་དྲུག་གིས་བསྲུང་བ་བྱས་ལ་དྲིལ་བུ་དཀྲོལ་ཞིང་(ཡེ་ཤེས་འབེབས་པ་ དང་མཚུངས་པའི་རོལ་མོ་བྱ)ༀ་ཨ་ཨཱ་ཨཱཾ་ཨཿ བཛྲ་སཏྭ་མ་ཧཱ་སུ་ཁ་བཛྲ་ཀ་ལ་ཙཀྲ་ཤི་ཥ་སྱ་ཨ་བྷི་མུ་ཁོ་ བྷ་ཝ་སན་ཏུཥྚོ་བྷ་ཝ་ཝ་ར་དོ་བྷ་ཝ་ཀཱ་ཡ་ཝཱཀ་ཙིཏ་ཏ་ཨདྷིཥྛ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་རྡོ་རྗེ་ སེམས་དཔའ་བསྐུལ་ལོ། །དེ་ནས་ༀ་བུད་དྷ་མཻ་ཏྲི་རཀྴ་རཀྴ་སརྦཱན་སྭཱཧཱ་ཞེས་པས་དཔུང་པ་ ལ་སྲུང་སྐུད་བཅིངས་བ་དང༌། ཧཱུཾ་དང་དྷིཿ ལས་བྱུང་བའི་ཀུ་ཤ་ལ་ཧཱུའུཾ་དང་དྷིཿ བཟླས་པ་སྟན་ དང་སྔས་ཀྱི་དོན་དུ་བླངས་ཏེ། ༀ་བཛྲ་ཏཀྵྞ་བཾ་ཞེས་ཀྱང་བཟླས་ནས་སྔར་བུམ་པ་ལ་སོགས་ སྟ་གོན་མངོན་དུ་གནས་པའི་ལྷོ་ཕྱོགས་སུ་ༀ་བཛྲ་ཀ་མ་ལ་ད་ལ་གརྦྷེ་ཤ་ཡེ་བཛྲ་སུ་ཁ་མ་ཧཱ་ ནི་ཏྲཾ་ཀ་རོ་མི། ཡ་ཐཱ་ཏ་ཐཱ་ག་ཏེ་ན་ཀྲི་ཏ་ཧཿཧཱཿ སྭཱཧཱ་ཞེས་པས་མལ་སྟན་བྱིན་གྱིས་བརླབས་པ་ ལ་མགོ་བོ་ནུབ་ཏུ་ཕྱོགས་པས་ཉལ་བར་མོས་པའམ་ཉལ་བས་རྨི་ལམ་མཚན་མ་བརྟག་པར་ བྱས་ཏེ་སློབ་མ་སྟ་གོན་ནོ། །མལ་སྟན་དང་བཅས་པ་སྟ་གོན་གྱི་ཆོ་ག་རྫོགས་སོ།། ༈ །། དེ་ནས་ཐིག་གདབ་ཚོན་དགྱེ་བུམ་པ་ལ་སོགས་དགོད། །སྦྱིན་སྲེག་བྱ་སྟེ་སྒྲུབ་ཅིང་མཆོད་ པ་ཡིས། །དཀྱིལ་འཁོར་ཆེན་པོར་སློབ་མ་འཇུག་པ་རྣམས། །དབང་གིས་སྔོན་དུ་འགྲོ་བའི་ཆོ་ ག་ཡིན། །ཞེས་པའི་སྡོམ་བཞིན་དུ་འཇུག་པ་ལས་ཐིག་རྩ་སོ་སོའི་ལག་ལེན་བཞིན་དུ་འཇུག་ 1-1-483 པ་ནི་ཐིག་གདབས་པའོ། །དེ་ནས་དྲི་དང་མེ་ཏོག་ལ་སོགས་པས་མཆོད་བསྟོད་བྱས་ཏེ་རྡུལ་ ཚོན་རྣམས་ཀྱིས་དབུས་ཀྱི་ཁུང་བུ་བཀང་ཞིང་རྡོ་རྗེའི་གླུ་བླངས་ནས། སེམས་ཅན་རྣམས་ནི་ ཐར་པའི་སླད་དུ་ཆེ་གེ་མོ་བདག་ཀྱང་གཙོ་བོའི་དཀྱིལ་འཁོར་དག་ནི་བཞེངས་པར་བགྱིད། །ཅེས་པ་ལ་སོགས་པས་སྔར་བཞིན་གསོལ་བ་བཏབ་ལ། ༀ་རེ་ཁཱ་ས་མ་ཡ་ཨཱཿཧཱུཾ་ཞེས་ བརྗོད་ནས་སློབ་དཔོན་གྱིས་ཁུ་ཚུར་གཡོན་པས་དབང་ལྡན་ནས་བརྩམས་ཏེ་གཡས་བསྐོར་ གྱིས་ཐོག་མར་བྲིས་ཤིང་སློབ་མ་རྣམས་ཀྱིས་ཀྱང་རིམ་པས་བྲིས་ཏེ་ཁ་དོག་དང་མཚན་མ་ ལ་སོགས་རྒྱུད་དང་སྒྲུབ་ཐབས་བཞིན་དུ་བྲི་བ་ནི་ཚོན་དགྱེ་བའོ། །དེ་ནས་བུམ་པ་ལྔ་ཡིན་ ན་ཕྱོགས་བཞིར་རེ་རེ་དང་ཤར་གྱི་ཤར་དུ་རྒྱལ་བའི་བུམ་པ་དྲུག་པ་རྣམ་རྒྱལ་གྱི་དུང་ཆོས་ དང་བཅས་པའམ། བཅུ་ཡིན་ན་ཕྱོགས་མཚམས་བརྒྱད་དང་ཤར་ནུབ་ཀྱི་བུམ་པ་ལས་སོར་ གཉིས་རེ་སྤངས་བའི་ཕྱི་རོལ་ཏུ་རྒྱལ་བ་དང་རྣམ་པར་རྒྱལ་བ་ཆེན་པོའི་བུམ་པ་བཅུ་གཅིག་ པ་རྣམ་རྒྱལ་ཆེན་པོའི་དུང་གིས་བརྒྱན་པ་དགོད་ཅིང༌། ཅོད་པན་ལ་སོགས་པ་དབང་རྫས་ དང་དཀྱིལ་འཁོར་ལ་མཁོ་བ་མཐའ་དག་ཚོགས་པར་བྱ་བ་ནི་བུམ་པ་ལ་སོགས་པ་དགོད་ པའོ། །དེ་ནས་རང་ངམ་སློབ་མ་ཆོ་ག་མཁས་པས་ལས་ཐམས་ཅད་ལ་སོགས་པའི་སྦྱིན་སྲེག་ བྱ་བ་མ་འཁྲུགས་པར་བསྒྲུབ་པ་ནི་སྦྱིན་སྲེག་གི་ཆོ་གའོ། །དེ་ནས་གཙོ་བོའི་ཤར་གྱི་ཞལ་ལ་ མངོན་པར་ཕྱོགས་ཏེ་སྒྲུབ་ཐབས་བཞིན་དུ་ལྷའི་རྣལ་འབྱོར་རྫོགས་པར་བསྒོམས་ནས་རྡུལ་ ཚོན་གྱི་དཀྱིལ་འཁོར་དུ་རྟེན་དང་བརྟེན་པའི་འཁོར་ལོ་གསལ་བཏབ་སྟེ་ཡེ་ཤེས་ཀྱི་འཁོར་ ལོ་དང་རོ་མཉམ་པར་བྱས་པ་ལ་ༀ་ཨཱཿཧཱུཾ་ཧོཿ ཏྲཻ་དྷཱ་དུ་ཀེ་ཤྭ་ར་ཀ་ལ་ཙཀྲ ཨརྒྷཾ་པྲ་ཏཱིཙྪ་ས་པ་ རཱི་ཝཱ་ར། སྟྭཾ་བྷ་ག་ཝཱན་མེ་ཝ་དོ་བྷ་ཝ་ཤི་ཥྱཱ་ཎཾ་ཙ་ཞེས་པས་གསོལ་བ་བཏབ་ནས་རྡུལ་ཚོན་ གྱི་ཕྱི་རོལ་ཏུ་བྱུགས་པའི་མཎྜལ་བྱས་ཏེ་མཆོད་ཡོན་དབུལ་ལོ། །དེ་ནས་རྣམ་རྒྱལ་བུམ་པའི་ མདུན་ཡང་དུ་དྲི་བཟངས་ཀྱི་མཎྜལ་གཞན་པ་ཞིག་བྱས་ལ་དེར་དྲི་ལ་སོགས་པའི་མཆོད་པ་ 1-1-484 རྣམས་དང་ཞབས་བསིལ་ལ་སོགས་པ། ༀ་བྷུད་དྷ་ཡ་ན་མཿ ཞེས་པ་ལ་སོགས་སོ་སོའི་མཚན་ སྔོན་དུ་འགྲོ་བས་དབུལ་ཞིང༌། དེ་བཞིན་དུ་དཀྱིལ་འཁོར་གྱི་ཕྱི་རོལ་ཕྱོགས་མཚམས་ཐམས་ ཅད་ནས་མཆོད་པ་རྒྱས་པར་དབུལ་སྟེ། དེའང་འབྱོར་པའི་དབྱེ་བས་ཨིན་ཏྲ་ནཱི་ལ་སོགས་ པའི་རིན་པོ་ཆེ་དང་གསེར་དང་མེ་ཏོག་སྣ་ཚོགས་དང་ཁ་དོག་ལྔའི་གོས་རྣམ་པར་བཀྲ་བ་དང་ དྲིལ་བུ་དང་མེ་ལོང་དང་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དངོས་དང་ཡིད་ ལས་བྱུང་པའི་མཆོད་པས་ནང་དུ་དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཅིང་བསྟོད་ནས་ཡོད་ན་སྒྲུབ་ པའི་གྲོགས་པོ་སྔགས་ཟློས་པ་དཀྱིལ་འཁོར་དུ་བཞག་པའམ་མ་བཞག་ཀྱང་རུང་སྟེ་རང་ཉིད་ ཕྱིར་བྱུང་ནས་འདོད་པའི་ལྷ་དང་དབང་པོ་ལ་སོགས་པ་རྣམས་ལ་གཏོར་མ་རྒྱ་ཆེར་དབུལ་ བ་ནི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའོ། །སླར་ཡང་བླ་མ་དང་གཙོ་བོ་ཐ་མི་དད་པ་ ལ་མཎྜལ་ཕུལ་ནས། བདག་ནི་མི་བཟད་འཁོར་བས་འཇིགས་པས་དེ་རིང་ཉིད་ནས་རྒྱལ་བ་ རྣམས་ལ་ལྷག་པར་སྐྱབས་སུ་མཆི། །ངེས་པར་སྲིད་པའི་འཇིགས་འཕྲོག་ཁྱོད་ཀྱི་ཞབས་གྱི་ ཆུ་སྐྱེས་དག་ལ་ལུས་ངག་སེམས་ནི་དག་པས་སོ། །(དགའ་ཆེན་སྟོན་པ་མངལ་དུ་དང་དཀོན་མཆོག་གསུམ་ འདིར་ཡང་བརྗོད་)ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ་ཅིང༌། འདོད་པའི་རྡོ་རྗེ་ལ་ནི། ཞེས་ སོགས་ལན་གསུམ་གྱིས་སྡོམ་པ་བཟུང་སྟེ་ཁྲུས་བྱས་ལ་ཡོལ་བའི་ཕྱི་རོལ་ཏུ་འཁོད་པར་མོས་ པས་སྔར་བཞིན་སོ་ཤིང་དོར་བ་དང་ཁྱོར་ཆུ་འཐུངས་ལ། ༀ་ཨཱཿཧཱུཾ་ཧོཿ ཧཾ་ཀྴཿ ཞེས་པས་བསྲུང་ བ་བྱས་ཏེ། ༀ་སརྦ་ཏ་ཐཱ་ག་ཏཱ་ཨ་ནུད་ཏ་རཱ་བོ་དྷི་ཨ་ལཾ་ཀ་ར་ཝ་ཏྲ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ ས་མ་ཡེ་ཧཱུཾ་ཞེས་པས་སྨད་གཡོག་དང༌། ༀ་བཛྲ་རཀྵ་ཧཾ་ཞེས་པས་སྟོད་གཡོག་དང༌། ༀ་ བཛྲ་ཨུཥྞི་ཥ་ཧཱུྃ་ཕཊ་ཅེས་པས་གཙུག་ཏོར་བླང་ཞིང་(ཕྱག་རྒྱ་བླ་ཙམ་)ༀ་དྭཱ་ད་ཤ་ཨཾ་ག་ནི་རོ་དྷ་ཀཱ་ ར་ཎི་ཧཱུཾ་ཕཊ་ཞེས་པས་མིག་དར་བཅིངས་ནས། ཨཱཿཁཾ་ཝཱི་ར་ཧཱུྃ་ཞེས་པས་མེ་ཏོག་གི་ཕྲེང་བ་ གཟུང་བ་ལ་བླ་མས་དགའ་བ་ལ་དགའ་ཁྱོད་སུ་ཀྱེ། ཞེས་དྲིས་པའི་ལན་དུ། བདེ་ཆེན་བདག་ 1-1-485 ནི་སྐལ་བ་བཟང༌། །ཞེས་བརྗོད་པར་མོས་པས་རྡོ་རྗེ་མེ་ཏོག་དང་བཅས་པ་(ཟླ་བའི་དཀྱིལ་ འཁོར་ཞེས་)སྙིང་ཁར་བཟུང་ལ། ༀ་སརྦ་ཡོ་ག་ཙིཏ་ཏཾ་ཨུད་པ་ཏ་ཡ་མི་ཞེས་པས་སེམས་བསྐྱེད་ ནས། ༀ་སུ་ར་ཏ་ས་མ་ཡ་སྟྭཾ་ཧོཿ སིདྷྱ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བརྗོད་དེ། དེང་ཁྱོད་ལ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་པའི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་ བར་མི་བྱ་ཞིང་མ་དད་པར་ཡང་མི་བྱའོ། །ཞེས་བླ་མའི་གསུང་དུ་མོས་པས་བརྗོད་ཅིང་དོན་ བསམ་པ་ནི་ཕྱི་ཡི་འཇུག་པའོ། །དེ་ནས་ༀ་ཡ་མཱན་ཏཀྲིད་ཧཱུཾ་ཞེས་པ་དང༌། ཨ་ཁཾ་ཝཱི་ར་ཧཱུཾ་ཞེས་ པས་ཡོལ་བའི་ནང་དུ་ཞུགས་ནས། མ་ཧཱ་ར་ཏ། སུ་ཌྷ་ཊཱ། སུ་ཏོ་ཥྱ། སུ་སུ་ཁོ། བཛྲ་སཏྭ། ཨ་ དྷྱ་སི་དྷྱཾ། མཾ། ཞེས་འདོན་ཅིང་བསྐོར་བ་བྱ་སྟེ་དཀྱིལ་འཁོར་གྱི་ཤར་་སྒོར་ཐལ་མོ་སྦྱར་བར། ༀ་སརྦ་ཏ་ཐཱ་ག་ཏཱ་པུ་ཛ། ཨུ་པ་སྠཱ་ནཱ་ཡ་མཱ་ནཱཾ་ནཱིཪྻཱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ། ཨ་དྷི་ ཏིཥྛ་མཾ། ཞེས་པ་དང༌། ནུབ་སྒོར། ༀ་སརྦ་བུད་དྷེ་པཱུ་ཛཱ། ཨུ་པ་སྠཱ་ན་ཡ་ཨད་མཱ་ནཱཾ་ནཱིཪྻཱ་ཏ་ཡཱ་ མི། སརྦ་ཏ་ཐཱ་ག་ཏ་བཛྲ་བྷེ་རོ་ཙ་ནཿ ཨ་དྷི་ཏིཥྛ་མཾ། ཞེས་པ་དང༌། ལྷོ་སྒོར། ༀ་སརྦ་ཏ་ཐཱ་ག་ཏ་ པཱུ་ཛཱ། ཨ་བྷི་ཥེ་ཀཱ་ཡ་ཨད་མཱ་ནཱཾ་ནཱིཪྻཱ་ཏ་ཡཱ་མཱི། སརྦ་ཏ་ཐཱ་ག་ཏ་བཛྲ། རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་ པ་དང༌། བྱང་སྒོར། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ། པྲ་ཝར་ཏ་ནཱ་ཡ་ཨཱད་མཱ་ནཾ་ནཱིཪྻཱ་ཏ་ཡ་མི། སརྦ་ ཏ་ཐཱ་ག་ཏ་བཛྲ་དྷརྨ། པྲ་ཝར་ཏ་ཡ་མཾ། ཞེས་པ་དང༌། ཡང་ཤར་སྒོར་ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ ཛཱ། ཀརྨ་ཎི་ཨཱད་མཱ་ནཾ་ནིཪྻཱཏ་ཡཱ་མཱི། སརྦ་ཏ་ཐཱ་ག་ཏ། བཛྲ་ཀརྨ་ཀུ་རུ་ཀུ་རུ་མཾ་ཞེས་པས་དཀྱིལ་ འཁོར་དུ་ཕྱག་འཚལ་ནས། ༀ་གུ་རུ་ཙ་ར་ཎ་ཨུ་ཕ་སྠཱ་ནཱ་ཡ། ཨཱད་མཱ་ནཾ་ནིཪྻཱ་ཏ་ཡཱ་མཱིཿ ༀ་སརྦ་ ས་ཏྭ་པ་རི་ཏྲ་ས་ན་ཨཪྠཾ། ཨཱད་མཱ་ནཱཾ་ནིཪྻཱ་ཏ་ཡཱ་མཱིཿ ཞེས་པས་བླ་མ་ལ་ཕྱག་འཚལ་ཞིང༌། དེས་ ཀྱང་འདི་སྐད་གསུང་བར་མོས་པས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ སུ་ཞུགས་ཀྱིས། དེས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་ 1-1-486 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ ལྟ་ཅི་སྨོས། ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་ཆེན་པོ་མ་མཐོང་པ་རྣམས་ཀྱི་མདུན་དུ་སྨྲ་བར་ མི་བྱ་སྟེ་ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་བརྗོད་ཅིང་མགོ་བོར་དྲིལ་བུ་དཀྲོལ་ནས་ རྡོ་རྗེ་བཞག་ལ། འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ ན་ནི་སྤྱི་བོ་འགེམས། །ཞེས་པ་དང༌། སྙིང་ཀར་རྡོ་རྗེ་བཟུང་ལ། ༀ་རྡོ་རྗེ་སེམས་དཔའ་དེང་ ཁྱོད་ཀྱིས། །སྙིང་ལ་ཡང་དག་འཇུག་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ ཏུ་དྲལ་ཏེ་གཤེགས། ཞེས་པ་དང༌། བདུད་རྩིའི་རིལ་བུ་སྦྱར་བའི་ཆུ་ཁར་བཞག་ཅིང༌། འདི་ནི་ ཁྱོད་ཀྱིས་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། དམ་ཚིག་བསྲུངས་ན་དངོས་ གྲུབ་འགྲུབ། རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ༀ་པཉྩ་ཨ་མྲི་ཏ་ཨུ་ད་ཀ་ཐཿ ཞེས་པ་དང༌། སྤྱི་ བོར་རྡོ་རྗེ་བཞག་ནས། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི་དཔལ་དུས་ཀྱི་འཁོར་ལོ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་བུ་ཁྱོད་ཀྱིས་བྱ་དགོས་སོ། ཁྱོད་གྱིས་ང་ལ་བརྙས་ པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ནས། སེམས་ཅན་དམྱལ་བར་ ལྟུང་བར་གྱུར་ཏ་རེ། ཞེས་བརྗོད་ཅིང་དམ་ལ་བཞག་ནས་སློབ་མ་རང་སྐད་ཅིག་གིས་དུས་ཀྱི་ འཁོར་ལོ་རྡོ་རྗེ་ཤུགས་སུ་བསྐྱེད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག །ཅེས་གསོལ་བ་ལན་གསུམ་ བཏབ་སྟེ། ལྟེ་བར་དུས་མེའི་སྟེང་དུ་ཧོ་སེར་པོ་དང༌། སྙིང་ཁར་རླུང་དང་སྒྲ་གཅན་གྱི་སྟེང་དུ་ ཧཱུཾ་ནག་པོ་དང༌། མགྲིན་པར་མེ་དང་ཉི་མའི་སྟེང་དུ་ཨཿ དམར་པོ་དང༌། དཔྲལ་བར་ཆུ་དང་ ཟླ་བའི་སྟེང་དུ་ༀ་དཀར་པོ་བསྒོམ་ཞིང་རྐང་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་གྱིས་སྦར་བའི་ མེའི་དཀྱིལ་འཁོར་གྲུ་གསུམ་ཛྷེཿ དམར་སེར་འབར་ཞིང་འོད་ཟེར་འཕྲོ་བས་ལུས་འདེགས་ ཤིང་མེ་འོད་རྐང་བའི་ནང་ནས་ཞུགས་པའི་ལྟེ་བའི་ཧོ་ལ་སོགས་པ་ཆེར་འབར་ཏེ་སྙིང་ཁའི་ 1-1-487 ས་བོན་ལས་འཕྲོས་པའི་འོད་ཟེར་མཐའ་ཡས་པས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ རྡོ་རྗེ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ལུས་ཀྱི་ཡི་གེ་བཞི་ལ་ཐིམ་པས་བདེ་བ་ཆེན་པོ་འབར་ བའི་དམིགས་པ་གསལ་པོ་དང༌། ཤ་ལྔ་བདུད་རྩི་ལྔའི་སྤོས་ཀྱི་བྱུག་པ་དང་དྲིལ་བུ་དཀྲོལ་བ་ ལྷན་ཅིག་དུ་ༀ་ཨཱཿ ར་ར་ར་ར་ལ་ལ་ལ་ལ་བཛྲ་ཨཱ་བེ་ཤ་ཡ་ཧཱུཾ་ཞེས་པས་ཡེ་ཤེས་ཕབ་ནས་ༀ་ ཨཱཿཧཱུཾ་བཟླས་པའི་མེ་ཏོག་མགོ་བོར་བཞག་ཅིང་རྡོ་རྗེ་དྲུག་གིས་བསྲུང་བ་བྱའོ། །དེ་ནས། འཚེ་ དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་དག་ གོ །གང་ཞིག་གང་གིས་དུས་སུ་འབྱུང་བ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་གནང་བ། །སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་བདག་གིས་ཀྱང་ ནི་བསྐྱང་བར་བགྱི ། ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་ མིན་དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ ལྔ་ནི་མི་བགྱིད་ཞིང༌། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་ལ་དགེ་འདུན་ཡིད་བརྟན་ རྣམས་ལ་འཁུ་བ་དང༌། །དབང་པོ་རྣམས་ནི་ཀུན་ནས་ཆགས་པ་དག་ཀྱང་མི་བགྱིད་དེ་ལྟར་ སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་ལྔ། །ཞེས་བརྗོད་ལ་དོན་བསམ་མོ། །དེ་ནས་བླ་ མའི་གསུང་དུ་མོས་པས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་ པར་བགྱི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག །འདི་ཡི་དངོས་ གྲུབ་ཅི་འདྲར་འགྱུར༌། །རིགས་ནི་གང་གིས་སྣོད་དུ་རུང༌། །བསོད་ནམས་མཐུ་ཡང་ཇི་ལྟ་ བར། །དེ་འདྲ་དཀྱིལ་འཁོར་དུ་གྱུར་གཅིག །ཅེས་བརྗོད་དེ་མིག་དར་དང་བཅས་པའི་སྙིང་ ཁར་ༀ་ཨཱཿཧཱུཾ་བཟླས་པའི་མེ་ཏོག་ཕྲེང་བ་བཟུང་སྟེ་ༀ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པས་མཎྜལ་གྱི་སྟེང་དུ་མེ་ཏོག་དོར་བ་དང༌། ༀ་དི་བྱ་ཨིན་ཏྲི་ཡ་ནི་ཨུད་གྷ་ཊ་ཡ་སྭཱཧཱ་ཞེས་ 1-1-488 པ་དང༌། (མིག་ལ་རྡོ་རྗེ་གཏུག་ཅིང་)ༀ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་ པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ། རྡོ་རྗེའི་མིག་ནི་བླ་ན་མེད ། ཅེས་བརྗོད་ ཅིང་མེ་ཏོག་ཕྲེང་བ་མགོ་བོ་ལ་གཞག་ནས། སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་ རབ་ཏུ་བཟུང་བར་གྱིས། །ཞེས་པ་དང༌། མེ་ཏོག་གང་དུ་ལྷུང་གྱུར་པ། །དེ་ནི་ཁྱོད་ཀྱི་རིགས་ ཀྱི་ལྷ། །ཞེས་བརྗོད་ཅིང་དཀྱིལ་འཁོར་བལྟས་ལ། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་ འཁོར་བཟང་པོ་འདི་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་ བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད་ཕུན་ཚོགས་དང༌། །དམ་ཚིག་མཆོག་ཏུ་ཁྱོད་ འགྱུར་གྱིས། །རྡོ་རྗེ་པད་མ་མཆོག་ལ་རོལ། །གསང་སྔགས་རྣམས་ལ་བསྒྲུབ་པ་གྱིས། ཞེས་ བླ་མའི་གསུང་དུ་མོས་ཤིང་རང་གིས་ཀྱང༌། ༀ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་བདག་ཞུགས་ སོ། །རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་གིས་མཐོང༌། །གསང་བའི་ དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ཧོཿཧོཿཧོཿ ཞེས་ཆེད་དུ་བརྗོད་པ་ ནི། །དཀྱིལ་འཁོར་དུ་འཇུག་པ་སྟེ་དབང་གིས་སྔོན་དུ་འགྲོ་བའི་ཆོ་གའོ།། ༈ །། དེ་ནས། ཆུ་དང་ཅོད་པན་དེ་བཞིན་དར་དབྱངས་དང༌། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་མིང་ དང་ནི། །རྗེས་གནང་དབང་སྟེ་རྣམ་བདུན་བསོད་ནམས་རྒྱུར། །སློབ་མ་འབྲིང་པོའི་དཀྱིལ་ འཁོར་བཞེངས་ལ་བླང༌། །ཞེས་པ་ལྟར་དབང་བདུན་ལ་འཇུག་པའི་དོན་དུ་བླ་མ་དང་དཀྱིལ་ འཁོར་གྱི་གཙོ་བོ་དབྱེར་མེད་ལ་མཎྜལ་ཕུལ་ནས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དིང་བདག་ སྩོལ། །ཞེས་ལན་གསུམ་གསོལ་བ་གདབ་ཅིང་ལག་པ་གཡས་གཡོན་དུ་གཟུང་བའི་ཡུངས་ དཀར་གཡོན་དུ་བསྐོར་ཞིང་ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ད་ཧ་ སྭཱཧཱ། ཞེས་བཟླས་ཤིང་མེ་ལ་དོར་ཏེ་གཡས་སུ་བསྐོར་བས་ཀྱང་ངོ༌། །དེ་བཞིན་དུ་ཆུ་དང་ཁཾ་ 1-1-489 ཕོར་དཀར་པོ་དང་བ་ལྕིའི་ཆངས་བུ་དུར་བའི་མྱུ་གུ་དང་བཅས་པ་དང་ཟན་ཆངས་དང་སེང་ རས་ཀྱིས་ཀྱང་བསྐོར་ཞིང་བྱབས་ནས་དོར་བར་བྱས་ཏེ་འོན་ཀྱང་འདི་དག་མེ་ལ་དོར་བ་ནི་ མ་ཡིན་ནོ། །དེ་ནས་ལག་པས་ཉེ་རེག་བྱས་ལ་སྙིང་ཁར་དྲི་ཡི་བྱུག་པ་དང་མགོ་བོར་མེ་ཏོག་ གི་ཕྲེང་བ་དང་མདུན་དུ་མཆོད་ཡོན་ཕུལ་ནས་མར་མེས་ཀྱང་བསྐོར་ཞིང་ༀ་ཨཱཿ བིགྷྣ་ཨན་ ཏཀྲིད་ཧཱུཾ་ཞེས་པ་དང་སྤོས་དཀར་གྱིས་བདུགས་ཏེ་ཁྲུས་སྟེགས་ཀྱི་ས་ལ་འདུག་པ་ནི་སྦྱང་ བའི་རིམ་པའོ། །དེ་ནས་ཆུའི་(ཆུ་དང་ཅོད་པན་གྱི་)དབང་གི་དོན་དུ་(བདག་གཞན་ལུས་ངག་ཡིད་གསུམ་དགེ་ ཚོགས་རྣམས་ཞེས་སོགས་ཀྱི་ཚིག་གིས)མཎྜལ་ཕུལ་ལ། ༀ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྲྀཾ་ཧྲཱྀཾ་ཧཱུཾ་ཧཱུཾ་ཧླྀཾ་ ཧླཱྀཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་བཛྲ་ཌཱ་ཀི་ནྱེཿ བཛྲ་ཨ་མྲི་ཏ་གྷ་ཊཻར་ཨ་བྷི་ཥཉྩ་ཏུ་མཱཾ་ཞེས་པ་ལན་ གསུམ་གྱིས་གསོལ་བ་གདབ་པོ། །དེ་ནས། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱབ་ཕྱིར་ དབང་སྐུར་ནི། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །ཞེས་བླ་མའི་གསུང་དུ་མོས་ལ་བརྗོད་མ་ཐག་དེ་བཞིན་གཤེགས་པ་རྣམས་ཤེས་རབ་ལ་ སྙོམས་པར་ཞུགས་པའི་སྐུའི་དབྱིབས་བརྒྱུད་ནས་རང་གི་གཙོ་བྱས་པའི་སེམས་ཅན་རྣམས་ བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཞུ་བ་འོད་ཟེར་དང་བཅས་པས་དབང་བསྐུར་ཞིང་པད་མ་ ལས་ཕྱི་རོལ་ཏུ་ཕྱུང་བ་ལ་བུམ་པ་བདུད་རྩིས་གང་བ་བཟུང་བའི་རིག་མ་རྣམས་ཀྱིས་འཁྲུད་ བཞིན་པ་དང་རྡོ་རྗེ་མ་རྣམས་ཀྱིས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་ བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་སྐུར་མཆོག་ལ་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་ པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པད་མ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །དེས་ནི་དེ་རིང་ཁྱེད་ལ་ཞི་བྱེད་ བཀྲ་ཤིས་ཤོག །དེ་ཡི་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་ 1-1-490 གྲགས་ཤིང་ལྷ་དང་མི་ཡིས་མཆོད། །ཆོས་མཆོག་སྐྱེ་རྒུ་རྣམས་ལ་རྟག་ཏུ་ཞི་བྱེད་པ། །དེས་ནི་ དེ་རིང་ཁྱེད་ལ་ཞི་བྱེད་བཀྲ་ཤིས་ཤོག །དམ་ཆོས་ལྡན་པ་ཐོས་དང་བཀྲ་ཤིས་ཀྱིས་ཕྱུག་ཅིང༌། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱིས་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་ཤིང་ དཔལ་གྱི་གཞི ། དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །ཅེས་གསུངས་པར་མོས་ཏེ་ རང་གིས་བརྗོད་པ་དང༌། བུམ་ཆུ་དུང་ཆོས་སུ་བསྡུས་པ་ཨཱ་ཨཱི་རཱྀ་ཨཱུ་ལཱི་ལས་བྱུང་པ་ལྷ་མོ་ལྔའི་ ངོ་བོར་བྱིན་གྱིས་བརླབས་ཏེ། དབང་སྐུར་ཆེན་པོར་རྡོ་རྗེ་ནི། །ཁམས་གསུམ་པ་ཡི་ཕྱག་བྱས་ པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །(དབང་སྐུར་ཆེན་ པོ་ཞེས་པའི་ཤློ་ཀ་འདི་ཅོད་པན་དར་དཔྱངས་རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་མིང་རྗེས་སྣང་[གནང་]སྟེ་དབང་བདུན་གྱི་རང་རང་ གི་སྔགས་ཀྱི་སྔོན་དུ་འདྲེ[འགྲོ]ཞིང་ཆུ་ཡི་དབང་ནི་ཚིག་འདི་སྔགས་དང་བཅས་པའམ་སྔགས་བརྐྱང་པ་གང་རུང་ངོ་)ཞེས་པ་ དང༌། ༀ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱཧཱ་ཞེས་བརྗོད་ཅིང་གཙུག་ཏོར་དང་དཔུང་མགོ་ གཉིས་དང་དཔྱི་མགོ་གཉིས་ཏེ་སྐྱེ་བའི་གནས་ལྔར་དབང་སྐུར་བ་ནི་ཆུ་ཡི་དབང་ངོ། ། དེ་ནས་ཅོད་པན་གྱི་དབང་གི་དོན་དུ་ༀ་ཨཾ་ཨྀ་རཱྀ་ཨཱུ་ལཱྀ་སརྦ་བུད་དྷཱ་བཛྲ་མུ་ཀུ་ཊཾ་མ་མ་ པཉྩ་བུད་དྷ་ཨཱད་མ་ཀཾ་བན་དྷ་ཡན་ཏུ་ཧཱུཾ་ཧཱུཾ་ཕཊ་ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ་པོ། །དེ་ནས་མེ་ཏོག་གང་ལ་ཕོག་པའི་སངས་རྒྱས་དེ་གཙོ་བོར་གྱུར་པའི་ཅོད་པན་ཨ་ཨི་རྀ་ཨུ་ལྀ་ ལས་བྱུང་པ་སངས་རྒྱས་ལྔའི་ངོ་བོར་བྱིན་གྱིས་བརླབས་ནས་ༀ་ཨ་ཨི་རྀ་ཨུ་ལྀ་པཉྩ་ཏ་ཐཱ་ག་ ཏ་པ་རི་ཤུད་དྷ་སྭཱཧཱ། ཞེས་བརྗོད་ཅིང་སྔར་བཞིན་སྐྱེ་བའི་གནས་ལྔར་དབང་བསྐུར་ཏེ་མགོ་ བོར་དབུ་རྒྱན་བཅིངས་པ་ནི་ཅོད་པན་གྱི་དབང་ངོ༌། །དེ་ལྟར་བྱང་སྒོར་སྐུའི་ཞལ་ནས་ཆུ་དང་ ཅོད་པན་གྱི་དབང་བསྐུར་བས་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་ཕུང་པོ་རྣམ་པར་དག་ ཅིང་ལུས་དྲི་མ་དང་བྲལ་བ་སྐུ་རྡོ་རྗེའི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་ཀྱང་བརྗོད་དོ། ། དེ་ནས་ལྷོ་སྒོར་བླ་མ་དང་གཙོ་བོ་དབྱེར་མེད་ལ་(དར་དཔྱངས་དང་རྡོ་རྗེ་དྲིལ་བུའི་དབང་གི་དོན་དུ) 1-1-491 མཎྜལ་ཕུལ་(བདག་གཞན་ལུས)ཏེ། བྱང་ཆུབ་རྡོ་རྗེ་ཞེས་སོགས་དང༌། ཨཱོཾ་ཨ་ཨཱ་ཨཾ་ཨཿ ཧ་ཧཱ་ཧཾ་ ཧཿ ཕྲེཾ་ཧོ་སརྦ་པཱ་ར་མི་ཏཱ་མ་མ་བཛྲ་པཊྚཾ་བན་དྷ་ཡན་ཏུ་ཧཱུཾ་ཧཱུཾ་ཕཊ་ཞེས་པ་ལན་གསུམ་གྱིས་ གསོལ་བ་གདབ་པོ། །དེ་ནས་རིན་པོ་ཆེའི་པཊྚའམ་མེ་ཏོག་གིས་ཕྲེང་བ་ཨ་ཨཱ་ཨཾ་ཨཿ ཧ་ཧཱ་ ཧཾ་ཧཿ ཕྲེཾ་ཧོ་ལས་བྱུང་བ་ནུས་མ་བཅུའི་ངོ་བོར་བྱིན་གྱིས་བརླབས་ནས། ༀ་ཨ་ཨཱ་ཨཾ་ཨཿ ཧ་ཧཱ་ ཧཾ་ཧཱཿ ཕྲེཾ་ཧོ་ད་ཤ་པཱ་ར་མི་ཏཱ་པ་རི་པཱུ་རཱ་ཎི་སྭཱཧཱ་ཞེས་བརྗོད་དེ་སྔར་བཞིན་སྐྱེ་བའི་གནས་ལྔར་ དབང་སྐུར་ཞིང་དཔྲལ་བར་དར་དཔྱངས་སམ་མེ་ཏོག་ཕྲེང་བ་བཅིང་བ་ནི། དར་དཔྱངས་ཀྱི་ དབང་ངོ༌། ། དེ་ནས་དྲིལ་བུའི་དབང་གི་དོན་དུ་ༀ་ཧཱུཾ་ཧོཿ བི་ཛྙ་ན་ཛྙ་ན་སྭཱབྷཱ་ཝཾ་ཀ་རུ་ཎཱ་པྲཛྙཱ་ཨཱད་མ་ཀོ་ བཛྲ་བཛྲ་གྷཎ་ཊེ་ས་བྱེ་ཏ་ར་ཀ་ར་ཡོར་མ་མ་བཛྲ་སཏྭཿ ས་པྲ་ཛྙཱ་ད་དཱ་ཏུ་ཧཱུཾ་ཧཱུཾ་ཕཊ་ཞེས་པ་ལན་ གསུམ་གྱིས་གསོལ་བ་གདབ་པོ། །དེ་ནས་རྡོ་རྗེ་དྲིལ་བུ་ཧཱུཾ་དང་ཧོཿ ལས་བྱུང་བ་གཙོ་བོ་ཡབ་ ཡུམ་གྱི་ངོ་བོར་བྱིན་གྱིས་བརླབས་ནས་ༀ་ཧཱུཾ་ཧོཿ སཱུཪྻཱ་ཙན་ཏྲ་བི་ཤོ་དྷ་ཀ་སྭཱཧཱ་ཞེས་བརྗོད་དེ་ སྔར་བཞིན་སྐྱེ་བའི་གནས་ལྔར་དབང་སྐུར་ཞིང་སྤྱི་བོར་རྡོ་རྗེ་དྲིལ་བུ་བཞག་ནས་དུང་གིས་ ཆུས་ཀྱང་དབང་བསྐུར་བ་ནི་རྡོ་རྗེ་དྲིལ་བུའི་དབང་ངོ༌། །དེ་ནས་ལྷོ་སྒོར་གསུང་གི་ཞལ་ནས་ དར་དཔྱངས་དང་རྡོ་རྗེ་དྲིལ་བུའི་དབང་བསྐུར་བས་སེམས་ཅན་ཐམས་ཅད་ཀྱི་རླུང་དང་རྩ་ རྣམ་པར་དག་ཅིང་ངག་གི་དྲི་མ་དང་བྲལ་བས་གསུང་རྡོ་རྗེའི་གོ་འཕང་ཐོབ་པར་གྱུར་ཅིག་ ཅེས་ཀྱང་བརྗོད་དོ། ། དེ་ནས་ཤར་སྒོར་བླ་མ་དང་གཙོ་བོ་དབྱེར་མེད་ལ་(བརྟུལ་ཞུགས་དང་མིང་གི་དོན་དུ་)མཎྜལ་ཕུལ་ ཏེ་(བདག་གཞན་)བྱང་ཆུབ་རྡོ་རྗེ་ཞེས་སོགས་དང༌། ༀ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ ཨཾ་ཨཱཿ ། སརྦ་བོ་དྷི་སཏྭཿ སབྷཱཪྻཱཿ སརྦ་དཱ་སརྦ་ཀ་མ་ཨུ་པ་བྷོ་ག་བཛྲ་བྲ་ཏཾ་མ་མ་ད་དན་ཏུ་སྭཱཧཱ། ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ་པོ། །དེ་ནས་མེ་ཏོག་གི་སིལ་མ་ཨ་ཨཱ་ཨེ་ཨཻ་ཨར་ 1-1-492 ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ རྣམས་ལས་བྱུང་བ་སེམས་དཔའ་ཡབ་ཡུམ་གྱི་ངོ་བོར་བྱིན་གྱིས་ བརླབས་ནས་ༀ་ཨ་ཨཱ་ཨེ་ཨཻ་ཨར་ཨར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ བི་ཥ་ཡ་ཨིན་ཏྲི་ཡ་བི་ཤོ་དྷ་ ནི་སྭཱཧཱ་ཞེས་བརྗོད་ཅིང་སྔར་བཞིན་སྐྱེ་བའི་གནས་ལྔར་དབང་བསྐུར་ཏེ་རྣ་བ་ལ་སོགས་པར་ མེ་ཏོག་དགོད་པ་ནི་བརྟུལ་ཞུགས་ཀྱི་དབང་ངོ༌། ། དེ་ནས་མིང་གི་དབང་གི་དོན་དུ་ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་སརྦ་ཀྲོ་དྷ་རཱ་ཛཿ སབྷཪྻཱ་ མཻ་ཏྲི་ཀ་རུ་ཎཱ་མུ་དི་ཏ་ཨུ་བྷེཀྵ་སརྦ་ས་མ་ཏཱ་སྭ་བྷ་ཝ་བཛྲ་པཱུརྦཱཾ་གཱ་མཾ་ནཱ་མ་མེ་དན་ད་ཏུ་ཧུཾ་ཧཱུཾ་ ཕཊ་ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ་པོ། ། དེ་ནས་གདུ་བུ་དང་རྐང་གདུབ་ལ་སོགས་པའམ་མེ་ཏོག་ཕྲེང་བ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ ལཱ་རྣམས་ལས་བྱུང་བའི་ཁྲོ་བོ་ཡབ་ཡུམ་གྱི་ངོ་བོར་བྱིན་གྱིས་བརླབས་ནས་ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ ཝ་ཝཱ་ལ་ལཱ་ཙ་ཏུར་བྲཧྨ་བི་ཧཱ་ར་བི་ཤུད་དྷ་སྭཱཧཱ་ཞེས་བརྗོད་དེ་སྔར་བཞིན་སྐྱེ་བའི་གནས་ལྔར་ དབང་བསྐུར་ཞིང་ལག་པ་དང་རྐང་པ་དག་ལ་གདུ་བུ་དང་རྐང་གདུབ་བམ་མེ་ཏོག་གི་ཕྲེང་བ་ བཅིངས་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ལུང་བསྟན་པར་མོས་པས། སྲིད་པའི་ངན་ འགྲོ་ལས་བཏོན་ཏེ། །སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱོད་འདིར་ལུང་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ དང་དམ་ཚིག་ཅན་ཁྱོད་ནི་ས་འོག་ས་སྟེང་ས་བླ་རྣམས་སུ་ཆེ་གེ་མོ་རྡོ་རྗེའོ། །ཞེས་བརྗོད་དེ་མེ་ ཏོག་ཕོག་པ་དང་མཐུན་པའི་གསང་མཚན་བཏགས་པར་བསྒོམ་པ་ནི་མིང་གི་དབང་ངོ༌། །དེ་ ལྟར་ཤར་སྒོ་ཐུགས་ཀྱི་ཞལ་ནས་བརྟུལ་ཞུགས་དང་མིང་གི་དབང་བསྐུར་བས་སེམས་ཅན་ ཐམས་ཅད་ཀྱི་ལྷའི་མིག་ལ་སོགས་པ་དང་ཚངས་པའི་གནས་གཞི་རྣམ་པར་དག་ཅིང་ཡིད་དྲི་ མ་དང་བྲལ་བ་ཐུགས་རྡོ་རྗེའི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་ཀྱང་བརྗོད་དོ། ། དེ་ནས་ནུབ་སྒོར་བླ་མ་དང་གཙོ་བོ་དབྱེར་མེད་ལ་(རྗེས་གནང་གི་དོན་དུ་)མཎྜལ་ཕུལ་ཏེ། བྱང་ 1-1-493 ཆུབ་རྡོ་རྗེ་ཞེས་སོགས་དང༌། རྗེས་གནང་གི་དབང་གི་དོན་དུ་ༀ་ཨེ་ཝཾ་པད་མ་བཛྲ་ཙིཧྣོ་པྲཛྙ་ ཨུ་པ་ཡཽ་མཎ་ཌ་ལ་ཨ་དྷི་པ་ཏཱི་བཛྲ་སུ་ཁ་ཛྙ་ན་ཨཾ་ག་མ་མ་ད་ད་དཱཾ་ཧཱཾ་ཧཿ ཧཱུཾ་ཕཊ་ཞེས་པ་ལན་ གསུམ་གྱིས་གསོལ་བ་གདབ་པོ། །དེ་ནས་ༀ་བཛྲ་ཧེ་ཏུ་མཾ་(རྐང་པའི་འོག་ཏུ)ཞེས་པས་བྷྲཱུཾ་ལས་ བྱུང་བའི་འཁོར་ལོའི་སྟན་དང༌། ༀ་བཛྲ་བྷ་ཤ་རཾ་ཞེས་པས་ལག་པ་གཡས་སུ་ཨཿ ལས་བྱུང་ བའི་དུང་དང༌། ཨ་ཞེས་པས་དབྱངས་དང་པོ་ལས་བྱུང་བའི་པོ་ཏི་བླངས་ནས། སླར་ཡང་ ཨ༔ཞེས་པས་དབྱངས་ཐ་མ་ལས་བྱུང་པའི་དྲིལ་བུ་ཡང་ལག་པ་གཡོན་པར་བཟུང་སྟེ་དཀྲོལ་ ནས་བླ་མའི་གསུང་དུ་མོས་པས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཐམས་ཅད་མཆོག་ཏུ་མཚུངས་ པར་གསལ། །དིང་ནས་བརྩམས་ཏེ་རྟག་པར་ནི། །ཆོས་ཀྱི་དུང་ནི་བླ་མེད་པར། །ཀུན་ཏུ་གང་ བ་བྱེད་བཞིན་པས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །འཇིག་རྟེན་མ་ལུས་ཐམས་ཅད་ལ། །ཇི་ལྟར་འདུལ་བའི་ཆོས་རྣམས་ཀྱིས། །འཁོར་ལོ་རབ་ ཏུ་བསྐོར་བར་གྱིས། །ཤེས་རབ་ཐབས་ཀྱི་རང་བཞིན་ཅན། །ཡིད་བཞིན་ནོར་བུ་དང་མཚུངས་ པ། །ངལ་མེད་དམིགས་པ་དང་བྲལ་བས། །ད་ནི་སེམས་ཅན་དོན་གྱིས་ཤིག །ༀ་ཧཾ་ཀྵཿ དྷརྨ་ ཙཀྲ་པྲ་ཝརྟ་ཀ་སྭཱཧཱ་ཞེས་བརྗོད་ཅིང་དུང་གི་ཆུས་ཀྱང་སྐྱེ་བའི་གནས་ལྔར་དབང་བསྐུར་ཏེ། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། ཞེས་གསུངས་ པར་མོས་ཤིང༌། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་ གསོལ། །ཞེས་བརྗོད་ལ་སྙིང་པོ་དང་ཉེ་སྙིང་ལ་སོགས་བཟླས་པ་སྔགས་ཀྱི་རྗེས་གནང་དང༌། (རྡོ་རྗེ་མིག་ལ་)ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་པ་མིག་སྨན་གྱི་ཆོ་ ག་དང༌། (མེ་ལོང་ལྟ་)ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། 1-1-494 །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཡང་དག་བྱུང༌། །རྡོ་རྗེ་སེམས་དཔའ་མེ་ ལོང་བཞིན། གསལ་ཞིང་དག་ལ་དྲི་མ་མེད། །སངས་རྒྱས་ཀུན་བདག་ངོ་བོ་སྟེ། །བུ་ཁྱོད་ཀྱིས་ ནི་སྙིང་ལ་ཞུགས། །ངོ་བོ་མེད་ཅིང་གནས་མེད་པའི། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་པ་མེ་ལོང་གི་ཆོ་ག་དང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨཱ་ ནུ་ར་ག་ཡ་སྭ། ཞེས་པ་དང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི། ཞེས་བརྗོད་པ་མདའ་ གཞུའི་(མདའ་གཞུའི་ཕྱག་རྒྱ་བྱ་)ཆོ་ག་སྟེ་རྗེས་གནང་འདོགས་དང་བཅས་པ་ཐོབ་པས་དཀྱིལ་ འཁོར་གྱི་བདག་པོར་བསྒོམ་པ་ནི་རྗེས་གནང་གི་དབང་ངོ༌། །དེ་ལྟར་ནུབ་སྒོར་ཡེ་ཤེས་ཀྱི་ ཞལ་ནས་རྗེས་གནང་གི་དབང་བསྐུར་བས་སེམས་ཅན་ཐམས་ཅད་ཀྱི་བཞི་པའི་གནས་ སྐབས་རྣམ་པར་དག་ཅིང་ཆགས་རྟོག་གི་དྲི་མ་དང་བྲལ་བ་ཡེ་ཤེས་རྡོ་རྗེའི་གོ་འཕང་ཐོབ་པར་ གྱུར་ཅིག ཅེས་ཀྱང་བརྗོད་དོ། །དཀྱིལ་འཁོར་ཆེན་པོར་དབང་བདུན་བླངས་པས་སྔགས་ཀྱི་ ཚུལ་ལ་དགེ་བསྙེན་དུ་གྱུར་ཅིག །ས་བདུན་ཐོབ་པའི་ལམ་བསྒོམ་པ་ལ་དབང་བར་གྱུར་ཅིག །ཅེས་བརྗོད་ཅིང༌། ༀ་སརྦ་ཏ་ཐཱ་ག་ཏ་སཔྷ་ཨ་བྷི་ཥེ་ཀ་ས་བྷ་བྷུ་མི་པྲཱ་བྷོ་ཨ་ཧཾ་ཞེས་ང་རྒྱལ་ བཟུང་ངོ༌། །དེ་ལྟར་དབང་བསྐུར་ནས་དེ་ཉིད་དྲན་པའི་དོན་དུ། (གཡས་སུ་རྡོ་རྗེ་)ཐོག་ མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་ བདག་ཉིད། སྣ་ཚོགས་ཡུམ་གྱི་བདག་པོ་མཆོག །ཅེས་པ་དང༌། (གཡོན་དུ་དྲིལ་བུ་)འདི་དེ་སངས་ རྒྱས་ཀྱི་ཐམས་ཅད་ཀྱི། །དྲིལ་བུ་དབྱངས་ཀྱི་རྗེས་འགྲོར་བཤད ། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། ཅེས་པ་དང༌། (གཉིས་ཀ་བསྣོལ་ཏེ)རྡོ་རྗེ་ཆེ་དང་ དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེ་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ ཚོགས་རྣམས་བསྡུ་བར་གྱིས། །ཞེས་བརྗོད་ཅིང་ལག་ཏུ་རྡོ་རྗེ་དྲིལ་བུ་བཟུང་ནས། ངེས་པར་ རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ 1-1-495 ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པད་མའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་ བསྟེན་པར་བྱ། །གཡུང་མོ་ལ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ ཡི་པད་མར་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་ བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ ཡས་བསྐལ་པས་མིན་པར་རྒྱལ་བས་གསུངས། །ཞེས་དམ་ཚིག་གི་དེ་ཁོ་ན་ཉིད་དང༌། ཆུ་དང་ ཅོད་པན་དར་དཔྱངས་དང༌། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་ཆེ། །མིང་དང་རྗེས་གནང་ཡང་དག་ ལྡན། །དབང་བསྐུར་རྣམ་བདུན་མི་ཡི་བདག །ལུས་ངག་སེམས་ནི་ལེགས་དག་པ། །མངོན་ པར་དབང་བསྐུར་གཉིས་གཉིས་སོ། །རྗེས་གནང་ཡེ་ཤེས་ཡང་དག་དག །གཞན་པ་ཁམས་ སོགས་དག་པ་ལས། །ཆུ་ནི་ཁམས་ཀྱི་དག་པ་སྟེ། །ཅོད་པན་ཕུང་པོ་རྣམ་སྦྱོང་བྱེད། །དར་ དཔྱངས་ཕ་རོལ་ཕྱིན་པ་དག །རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ། །སངས་རྒྱས་གསུང་རྒྱུན་མི་འཆད་ པ། །ཉི་ཟླ་ཅིག་ཏུ་དག་པར་བྱེད། །ཡུལ་དང་དབང་པོ་ལེགས་དག་པ། །འཕོ་མེད་རྡོ་རྗེའི་ བརྟུལ་ཞུགས་འགྱུར། །མིང་ནི་བྱམས་སོགས་ཡང་དག་ལྡན། རྗེས་གནང་སངས་རྒྱས་ཉིད་ དག་བྱེད། །དབང་བསྐུར་བདུན་པོ་འདི་རྣམས་ཡིན ། དཀྱིལ་འཁོར་བཞེངས་ལ་སྦྱིན་པར་བྱ། །ཞེས་པ་དང༌། བྱིས་པ་སྐྱེས་པ་མ་ཡིས་ནི། །འཁྲུད་བྱེད་ཆུ་ཡི་དབང་བསྐུར་རོ། །དེ་ཡི་གཙུག་ ཕུད་རབ་བཞག་པ། །དབུ་རྒྱན་དུ་ནི་ཡོངས་སུ་བརྟགས། །དེ་ཡི་རྣ་བ་འབུགས་ལ་སོགས། །དར་དཔྱངས་དབང་དུ་ཤེས་པར་བྱ། །བྱིས་པ་རྒོད་དང་སྨྲ་བ་ཉིད། །རྡོ་རྗེ་དྲིལ་བུའི་དབང་ ཉིད་དེ། །ལྔ་ལ་ལོངས་སྤྱོད་བརྟུལ་ཞུགས་སོ། །མིང་ནི་མིང་གི་དབང་བསྐུར་ཉིད། །ཕ་ཡི་ རྟག་ཏུ་ཀློག་ལ་སོགས། །སྟེར་བར་བྱེད་པ་རྗེས་གནང་ཡིན ། རྣམ་པ་བདུན་པོ་འདི་ཉིད་ནི །དབང་བདུན་དུ་ནི་རབ་ཏུ་བཤད། །ཅེས་དབང་གི་དེ་ཁོ་ན་ཉིད་དང༌། སངས་རྒྱས་ཆོས་དང་ 1-1-496 དགེ་འདུན་ཆེས། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་རོ། །ཚངས་པའི་གནས་གཞི་རྣམས་ ཀྱིས་ནི། །རྡོ་རྗེའི་ཐིག་ནི་བཞི་པོ་སྟེ། །དྲན་པ་ཉེར་བཞག་བཞི་རྣམས་ཀྱིས། །ཀུན་ནས་གྲུ་ བཞི་པ་ཉིད་དོ། །ཡན་ལག་བཅུ་གཉིས་འགགས་པ་ཡིས། །སྒོ་ནི་བཅུ་གཉིས་པོ་རྣམས་ཏེ། །དེ་བཞིན་ས་ནི་བཅུ་གཉིས་ཀྱིས། །རྟ་བབས་རྣམས་ནི་མཛེས་པ་རྣམས། །འཕགས་ལམ་ ཡན་ལག་བརྒྱད་རྣམས་ཀྱིས། །ཕྱོགས་བརྒྱད་དུ་ནི་དུར་ཁྲོད་རྣམས། །སྟོང་ཉིད་བཅུ་དྲུག་ཀ་ བ་རྣམས། །ཁམས་རྣམས་ཀྱིས་ཀྱང་ཁང་པ་བརྩེགས། །རྣམ་ཐར་བརྒྱད་ཀྱིས་སྒོ་ཁྱུད་རྣམས། །གཟུགས་ཅན་ཡོན་ཏན་བརྒྱད་རྣམས་ཀྱིས། །འགྲམ་རྣམས་དང་ནི་ལོགས་རྣམས་ཉིད། །ཐུགས་གསུང་སྐུ་ཡི་དབྱེ་བས་སོ། །ཚུལ་ཁྲིམས་ལ་སོགས་ཕུང་པོ་ལྔས། །ཁ་དོག་ལྔ་ནི་རྣམ་ པར་དག །ཐེག་པ་གསུམ་གྱིས་ར་བ་གསུམ། །དད་པའི་དབང་པོ་སོགས་ཀྱི་ལྔ། །དད་སོགས་ སྟོབས་རྣམས་དག་གིས་ལྔ། །ཐུགས་གསུང་སྐུའི་དཀྱིལ་འཁོར་ལའོ། །ཏིང་ངེ་འཛིན་དང་ གཟུངས་རྣམས་ཀྱིས། །དཀྱིལ་འཁོར་གསུམ་ལ་སྟེགས་བུ་སྟེ། །ཕ་རོལ་ཕྱིན་བཅུ་རྫོགས་པ་ ཡིས། །རིན་ཆེན་སྣམ་བུ་རྣམ་པར་བཀྲ ། མ་འདྲེས་ཆོས་ནི་བཅོ་བརྒྱད་ཀྱིས། །དོ་ཤལ་དོ་ཤལ་ ཕྱེད་པ་རྣམས། །དབང་རྣམས་ཀྱིས་ཀྱང་བ་གུ་ལཱི། །དགེ་བས་ཀྲ་མ་ཤཱིར་ཥའོ། །སྟོང་ཉིད་ལ་ སོགས་རྣམ་ཐར་གྱིས། །དྲིལ་བུའི་སྒྲས་ནི་གང་བ་སྟེ། །རྫུ་འཕྲུལ་རྐང་པས་རྒྱལ་མཚན་ གཏམས། །སྤོང་པའི་མེ་ལོང་རབ་ཏུ་འབར། །བྱང་ཆུབ་ཡན་ལག་རྔ་ཡབ་གཡོ། །ཡན་ལག་ དགུ་ཡིས་ཕྲེང་བས་བརྒྱན། །བསྡུ་བ་བཞི་པོ་རྣམས་ཀྱིས་ནི། །ཟུར་དུ་སྣ་ཚོགས་རྡོ་རྗེས་ བརྒྱན། །བདེན་བཞིས་རིན་པོ་ཆེ་རྣམས་ཀྱིས། །སྒོ་དང་སྒོ་ཁྱུད་མཚམས་སུ་སྤྲས། །མངོན་ ཤེས་ལྔ་ཡིས་རྟག་ཏུ་ནི། །ཁོར་ཡུག་ཆེན་པོ་ལྔ་ཡིས་བསྐོར། །རྣམ་པ་ཀུན་མཁྱེན་བྱང་ཆུབ་ པས། །རྡོ་རྗེ་ཕྲེང་བས་ལེགས་པར་བསྐོར། །བདེ་བ་ཅིག་པུའི་ཁོར་ཡུག་གིས། །དེ་བཞིན་ཡེ་ ཤེས་རྡོ་རྗེ་འབར། །ཐབས་དང་ཤེས་རབ་ཆ་ཡིས་ནི། །ཟླ་བ་ཉི་མ་རྟག་ཏུ་ཤར། །ཐུགས་ 1-1-497 གསུང་སྐུ་དང་དག་པ་ཡིས། །ཆོས་ཀྱི་འཁོར་ལོ་བུམ་པ་ཆེ། །རྔ་བོ་ཆེ་དང་བྱང་ཆུབ་ཤིང༌། །དེ་ བཞིན་ཡིད་བཞིན་ནོར་བུ་སོགས། །འདི་ནི་དཔལ་ལྡན་དུས་འཁོར་གྱི། །དཀྱིལ་འཁོར་ཆོས་ ཀྱི་དབྱིངས་དང་ལྡན། །ཞེས་པ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། སྒྲུབ་ཐབས་སུ་བཤད་ པའི་ཚུལ་གྱིས་ལྷའི་རྣམ་དག་ཀྱང་བརྗོད་ཅིང་དོན་དྲན་པར་བྱ་བ་ནི་དབང་བདུན་གྱི་ཆོ་གའོ། ། །། དེ་ནས། བུམ་པ་གསང་བ་ཤེས་རབ་ཡེ་ཤེས་རྣམས། །ཚུལ་ཁྲིམས་ཚོགས་ཀྱི་དོན་དུ་བླང་བ་ སྟེ། །ཡེ་ཤེས་ཚོགས་ཀྱི་དོན་དུ་བཞི་པ་ཡང༌། །སློབ་མ་མཆོག་གིས་རིམ་གྲོ་བསྐྱེད་ལ་བླང༌། ཞེས་པ་ལྟར་དབང་གོང་མ་ལས་འཇུག་པ་ལས་རེ་ཞིག་འཇིག་རྟེན་པའི་དབང་གསུམ་གྱི་སླད་ དུ། སྐྱོན་དང་བྲལ་བའི་མཛེས་མ་ལོ་བཅུ་གཉིས་ནས་ཉི་ཤུའི་བར་རྒྱན་གྱིས་བརྒྱན་པ་དབང་ དང་བསླབ་པས་་ཡོངས་སུ་སྨིན་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་ལ་ཕུལ་ བར་མོས་ནས་(བླ་མ་དང་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་སྐུ་བཞིའི་བདག་ཉིད་དབྱེར་མེད་ལ་དཀྱིལ་འཁོར་ ཆེན་པོ་དབང་བཞི་ཡོངས་སུ་རྫོགས་པར་ཞུ་བའི་ཡོན་དུ)མཎྜལ་སྔོན་དུ་འགྲོ་བས། སྒྲིབ་པ་ཐམས་ཅད་ བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེ་བ་རྫོགས། །ཡེ་ ཤེས་སྐུ་ཁྱེད་ལ་ཕྱག་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ནི་འགྱུར་ མེད་གང༌། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་པོ་ད་ནི་དཀའ་དྲིན་མཛོད། །བུ་དང་ ཆུང་མ་སོགས་བཅས་པ། །བདག་ནི་དུས་ཀུན་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་ བར། །བདག་ལ་སྐྱབས་གཞན་ཡོད་མ་ལགས། །ཞེས་པ་ལན་གསུམ་གྱིས་ཕྱིར་གསོལ་བ་ གདབ་ཅིང༌། ཁྱད་པར་བུམ་པའི་དབང་གིས་དོན་དུ་བླ་མ་སྐུ་རྡོ་རྗེ་དང་དབྱེར་མེད་ལ་(དཔལ་ ལྡན་བླ་མ་དམ་པ་དང་དབྱེར་མེད་པའི་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་སྐུ་བཞིའི་བདག་ཉིད་ཅན་གྱི་གཡོན་ཞལ་སྐུ་རྡོ་ རྗེའི་ངོ་བོ་ལ། ལུས་ཀྱི་དྲི་མ་དག་པར་བྱེད་པ་བུམ་པའི་དབང་བསྐུར་བ་ཞུ་བའི་ཡོན་དུ་)མཎྜལ་ཕུལ་ནས། དཔལ་ ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་གྱི་དངོས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་ 1-1-498 རླབས་གནས་སུ་དིང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ ཕྱེད་རྡོ་རྗེ་གསུམ་གྱི་དངོས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་ མཛོད། །ཅེས་པ་དང༌། ༀ་ༀ་པྲ་ཛྙཱ་ཨུ་པ་ཡོ་ཀ་ལ་ཤ་ཨ་བྷི་ཥཻ་ཀཾ་མེ་ད་དཱ་ཏཾ་ཧུཾ་ཧཱུཾ་ཕཊ་ཞེས་པ་ ལན་གསུམ་གྱིས་གསོལ་བ་གདབ་པོ། །དེ་ནས་བླ་མས། ལྷ་མོ་དགའ་སྟེར་གནས་སྟེར་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་ མཆོད་པ་རྟག་ཏུ་བྱོས། །ཞེས་གསུང་ཞིང་ཕྱག་རྒྱ་གཏད་པའི་ནུ་མ་ལ་རེག་པར་མོས་ཏེ། དེའི་ བདེ་བས་ཉེ་བར་མཚོན་པ་དགའ་བའི་དགའ་བ་བུམ་པའི་དབང་གིས་ལུས་གྱི་ཐིག་ལེ་དང་ སད་པའི་གནས་སྐབས་འགགས་ནས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ ཆུབ་པ་ཐོབ་པར་གྱུར་ཅིག །དེའི་ལམ་བསྒོམ་པ་ལ་དབང་ཞིང་སྔགས་ཀྱི་ཚུལ་ལ་དགེ་ཚུལ་དུ་ གྱུར་ཅིག །ས་བརྒྱད་པ་མི་གཡོ་བ་ཐོབ་པ་སངས་རྒྱས་ཀྱི་སྲས་སུ་གྱུར་ཅིག །ཅེས་བརྗོད་ལ། ༀ་ༀ་བཛྲ་སཏྭེ་ན་བཛྲ་ཀ་ལ་ཤ་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥེ་ཀེ་ཏོ་བཛྲ་སཏྭ་པུ་ཏྲོ་ཨ་ཙ་ལ་བྷུ་མི་ ལབ་དྷོ་ཧཾ་ཞེས་ང་རྒྱལ་བཟུང་བ་ནི་བུམ་པའི་དབང་ངོ༌། །དེ་ནས་གསང་དབང་གི་དོན་དུ་བླ་ མ་གསུང་རྡོ་རྗེ་དང་དབྱེར་མེད་ལ་(དཔལ་དུས་ཀྱི་འཁོར་ལོ་གཡས་ཞལ་གསུང་རྡོ་རྗེའི་ངོ་བོ་ལ་ངག་གི་དྲི་མ་དག་ པར་བྱེད་པ་གསང་བའི་དབང་གི་ཡོན་དུ་འབུལ་ཏེ)མཎྜལ་ཕུལ་ནས། དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་གྱི་དངོས། །གསུང་གི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དིང་ བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་གྱི་ དངོས། །གསུང་གི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཅེས་པ་ དང༌། ༀ་ཨཱཿ པྲ་ཛྙཱ་ཨུ་པ་ཡཽ་གུ་ཧྱ་ཨ་བྷི་ཥེ་ཀཾ་མེ་ད་ད་ཏཱཾ་ཧུཾ་ཧཱུཾ་ཕཊ་ཞེས་པ་ལན་གསུམ་གྱིས་ གསོལ་བ་གདབ་པོ། །དེ་ནས་བླ་མས་ཡུམ་ལ་སྙོམས་པར་ཞུགས་ཤིང་དེ་བཞིན་གཤེགས་ པའི་ཚོགས་ལུས་ལ་བཅུག་སྟེ་འདོད་ཆགས་ཆེན་པོས་ཞུ་བའི་བྱང་སེམས་ཐིག་ལེ་མཐེ་བོང་ 1-1-499 དང་མིང་མེད་ཀྱིས་བཟུང་ནས། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་ སྲས་དབང་བསྐུར། །དེ་བཞིན་བྱང་ཆུབ་སེམས་བཟང་པོས། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །ཞེས་གསུངས་ཞིང་སློབ་མ་གདོང་བཅིངས་པའི་ལྕེ་ལ་བྱིན་པར་མོས་ཏེ། ཨ་ཧོ་མ་ཧཱ་སུ་ཁ་ ཞེས་བརྗོད་ཅིང་ཕྱག་རྒྱའི་བྷ་ག་བལྟས་པར་མོས་ལ། དེའི་བདེ་བས་ཉེ་བར་མཚོན་པ་མཆོག་ དགའི་དགའ་བ་གསང་བའི་དབང་གིས་ངག་གི་ཐིག་ལེ་དང་རྨི་ལམ་གྱི་གནས་སྐབས་ འགགས་ནས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་པ་ ཐོབ་པར་གྱུར་ཅིག དེའི་ལམ་བསྒོམ་པ་ལ་དབང་ཞིང་སྔགས་ཀྱི་ཚུལ་ལ་དགེ་སློང་དུ་གྱུར་ ཅིག ས་དགུ་པ་ལེགས་པའི་བློ་གྲོས་ཐོབ་པ་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་གྱུར་ཅིག ཅེས་བརྗོད་ ལ། ༀ་ཨཱཿ བཛྲ་སཏྭེ་ན་གུ་ཧྱ་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥེ་ཀེ་ཏོ་བཛྲ་སཏྭ་ཡུ་བ་རཱ་ཛོ་ན་བ་བྷུ་མི་ ལབ་དྷོ་ཧཾ་ཞེས་ང་རྒྱལ་བཟུང་བ་ནི་གསང་བའི་དབང་ངོ༌། ། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་བླ་མ་ཐུགས་རྡོ་རྗེ་དང་དབྱེར་མེད་ལ་ (དཔལ་དུས་ཀྱི་འཁོར་ལོ་སྐུ་བཞིའི་བདག་ཉིད་ཅན་གྱི་མདུན་ཞལ་ནག་པོ་ཐུགས་རྡོ་རྗེའི་ངོ་བོ་ལ་སེམས་ཀྱི་དྲི་མ་དག་པར་བྱེད་ པ་ཤེས་རབ་ཀྱི་དབང་སྐུར་བ་ཞུ་བའི་དོན་དུ་)མཎྜལཕུལ་ནས། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། །མི་ ཕྱེད་རྡོ་རྗེ་གསུམ་གྱི་དངོས། །ཐུགས་ཀྱི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་ མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་གྱི་དངོས། །ཐུགས་ཀྱི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དེང་བདག་མཛོད། །ཅེས་པ་དང༌། ༀ་ ཧཱུཾ་པྲ་ཛྙཱོ་ཨུ་པཱ་ཡཽ་བཛྲ་སཏྭ་བི་ཤྭ་མ་ཧཱ་ཏ་རཽ་པྲཛྙ་ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་ད་ད་ཏཾ་ཧུཾ་ཧཱུཾ་ཕཊ་ཞེས་པ་ ལན་གསུམ་གྱིས་གསོལ་བ་གདབ་པོ། །དེ་ནས་བླ་མས་ཕྱག་རྒྱ་ལོ་བཅུ་གཉིས་མའི་དཔྲལ་ བར་ལ་སོགས་པར་ༀ་ཨཱཿཧཱུྃ་ཧོཿ སྭཱཧཱ། ཞེས་བཀོད་པའི་ལག་པ་ནས་བཟུང་སྟེ། འདིར་ནི་ ཁྱོད་རྣམས་དཔང་པོ་ལགས། །བདག་གིས་འདི་ལ་འདི་གཏད་དོ། །གཟུངས་མ་ཡིད་འོང་ 1-1-500 འདི་ཁྱོད་ཀྱི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོའི་རིམ་པས་རབ་ སྦྱོར་བས། །བདེ་བ་དམ་པ་མྱང་བར་གྱིས། །ཞེས་གསུངས་ཞིང་རྡོ་རྗེ་སེམས་དཔའ་དཔང་དུ་ བྱས་ནས་གནང་བ་དང༌། དེས་ཀྱང་དྲི་ཞིམ་པོའི་ལུས་གཅེར་བུར་བྱས་པའི་ཆུ་སྐྱེས་སློབ་མ་ ལ་སྟོན་ཅིང༌། ཨེ་མ་བདག་གིས་པད་མ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ ཆོ་གས་བསྟེན་བྱེད་ན། །དེ་ཡི་མདུན་ན་བདག་གནས་པས། །རྫོགས་པའི་སངས་རྒྱས་མཉེས་ བྱེད་སོགས། །པད་མར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་ རྟག་ཏུ་བཞུགས། །བྷ་ཛ་མོ་ཀྵ་ཧོཿ ཞེས་གསུངས་པ་དང་རྡོ་རྗེ་པད་མར་འདུ་བྱས་པར་མོས་ཏེ། དེའི་བདེ་བའི་ཉེ་བར་མཚོན་པ་ཁྱད་པར་གྱི་དགའ་བ་ཤེས་རབ་ཡེ་ཤེས་ཀྱི་དག་གིས་སེམས་ ཀྱི་ཐིག་ལེ་དང་གཉིད་འཐུག་གི་གནས་སྐབས་འགགས་ནས་ཐུགས་རྡོ་རྗེ་ཆོས་སྐུ་རྣམ་པ་ ལྔས་མངོན་པར་བྱང་ཆུབ་པ་ཐོབ་པར་གྱུར་ཅིག །དེའི་ལམ་བསྒོམ་པ་ལ་དབང་ཞིང་སྔགས་ ཀྱི་ཚུལ་ལ་གནས་བརྟན་དུ་གྱུར་ཅིག །ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པ་རྡོ་རྗེ་འཆང་གཉིས་ པར་གྱུར་ཅིག །ཅེས་བརྗོད་ལ། ༀ་ཧཱུཾ་བཛྲ་སཏྭེ་ན་པྲཛྙ་ཛྙ་ནེ་ན་ཨ་བྷི་ཥེ་ཀེ་ན་ཨ་བྷི་ཥེ་ཀ་ཏོ་ དྭི་ཏཱི་ཡ་བཛྲ་དྷ་རོ་ཧཾ་དྷརྨ་མེ་གྷ་བྷུ་མི་ལབ་ཏོ་ཧཾ་ཞེས་ང་རྒྱལ་བཟུང་བ་ནི་ཤེས་རབ་ཡེ་ཤེས་ཀྱི་ དབང་ངོ༌། །དེ་ནས་དབང་བཞི་པའི་དོན་དུ་བླ་མ་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་ལ་(དཔལ་དུས་ ཀྱི་འཁོར་ལོ་སྐུ་བཞིའི་བདག་ཉིད་ཅན་གྱི་རྒྱབ་ཞལ་སེར་པོ་ཡེ་ཤེས་རྡོ་རྗེའི་ངོ་བོ་ལ་ཆགས་རྟོག་གི་དྲི་མ་དག་པར་བྱེད་པ་དབང་ བཞི་པ་ཞུ་བའི་ཡོན་དུ་)མཎྜལ་ཕུལ་ནས། གཙོ་བོས་ཁྱོད་ཞབས་བཀའ་དྲིན་ལས། །བདག་གིས་ དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡི། །བཀའ་དྲིན་གྱིས་ཀྱང་བསྐྱབ་ ཏུ་གསོལ། །ཞེས་པ་དང༌། ༀ་ཧོ་པྲཛྙ་ཨུ་པ་ཡ་ཨཱད་མ་ཀཾ་བཛྲ་སཏྭ་མ་ཧཱ་མུ་ཏྲཱ་ཛྙ་ན་ཨ་བྷི་ཥེ་ཀཾ་ མེ་པྲ་ཡཙྪ་ༀ་ཨཱཿཧཱུཾ་ཧོཿ ཕཊ་ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ་པོ། །དེ་ནས། སོ་སོར་ སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་ 1-1-501 འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་པ་དང༌། བསམ་པ་ཐམས་ཅད་ཡོངས་སྤངས་ ནས། །ཉི་མ་གཅིག་ཏུ་བརྟག་པར་བྱ། །དེ་ལ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ ཡིན། །ཞེས་པ་དང༌། དུ་བ་སྨིག་རྒྱུ་མེ་ཁྱེར་དང༌། །མར་མེ་འབར་དང་ཟླ་ཉི་དང༌། །མུན་ཅན་ ཆ་ཤས་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་ནི་འོད་གསལ་བའོ། །ཞེས་པ་དང༌། ཡེ་ཤེས་འདི་ ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་ ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་པའི་དོན་བསྒོམས་ཏེ། འཕོ་མེད་བདེ་བས་ཉེ་བར་མཚོན་པ་ལྷན་ ཅིག་སྐྱེས་པའི་དགའ་བ་དབང་བཞི་པའི་ལམ་གྱིས་ཡེ་ཤེས་ཀྱི་ཐིག་ལེ་དང་ཆགས་རྟོག་གི་ གནས་སྐབས་འགགས་ནས་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་སྐད་ཅིག་གཅིག་གིས་མངོན་པར་ བྱང་ཆུབ་པ་ཐོབ་པར་གྱུར་ཅིག དེའི་ལམ་བསྒོམ་པ་ལ་དབང་ཞིང་སྔགས་ཀྱི་ཚུལ་ལ་སྐྱེ་རྒུའི་ བདག་པོར་གྱུར་ཅིག །ས་བཅུ་གཉིས་པ་རྡོ་རྗེ་འཛིན་པའི་གོ་འཕང་བཅོམ་ལྡན་འདས་དུས་ ཀྱི་འཁོར་ལོ་ཉིད་དུ་གྱུར་ཅིག། ཅེས་བརྗོད་ལ། ༀ་ཧོ་དྷརྨ་དྷཱ་ཏུ་ཨཱ་ཀྵ་ར་ཙ་ཏུར་ཐ་ཨ་བྷི་ཥེ་ཀེ་ ན་ཨ་བྷི་ཥེ་ཀ་ཏོ། བཛྲ་སཏྭེ་ན། ཨཱད་མ་ནཱ་ཧཾ་དྭི་ཏཱི་ཡཽ། དྭཱ་ད་ཤ་བྷུ་མི་ལབ་དྷོ་བཛྲ་སཏྭཱ། མ་ཧཱ་ ཨར་ཐཿ པ་ར་མ་ཨ་ཀྵ་ར་ཏྲཻ་ལོཀྱ་བི་ཛ་ཡཿ ཀ་ལ་ཙཀྲ་བྷ་ག་ཝཱན་ཨེ་ཝཱཾ་ཀ་རཿ ཞེས་ང་རྒྱལ་ བཟུང་བ་ནི་དབང་བཞི་པའི་ཆོ་གའོ།། །། དེ་ལྟར་དབང་ཐོབ་ནས་དེ་ཁོ་ན་ཉིད་དྲན་པས། བུམ་པ་གསང་བའི་དབང་བསྐུར་དང༌། །ཤེས་རབ་ཡེ་ཤེས་མངོན་བརྗོད་པ། །སླར་ཡང་ཤེས་རབ་ཆེན་པོ་ཉིད། །དེ་ཡི་ཡེ་ཤེས་མངོན་ བརྗོད་བྱེད། །འགྱུར་དང་འགྱུར་དང་དེ་ནས་འཛག །དེ་ནས་གཞན་ཡང་མི་འཛག་པའོ། །དབང་བསྐུར་གསུམ་པོ་རིམ་པ་ཡིས། །ལུས་ངག་སེམས་ནི་ལེགས་དག་པ། །བཞི་པ་ཡེ་ཤེས་ ཡང་དག་དག །ལུས་ངག་སེམས་ཀྱང་དག་པར་བྱེད། །བྱིས་པ་དར་མ་དེ་ནས་རྒན། །བཞི་ པ་སྐྱེ་རྒུའི་བདག་པོའོ། །ཤེས་རབ་ནུ་མར་ཡན་ལག་ནི། །རེག་པའི་བྱང་ཆུབ་སེམས་འཕོའི་ 1-1-502 བདེ། །གསང་བའི་དབང་བསྐུར་གསང་བ་ནི། །འོ་མ་འཛིན་པའི་དབང་བསྐུར་བ། །གང་ ལས་བདེ་ཐོབ་དེ་བྱིས་པའོ། །ཡུན་རིང་གསང་བར་སྤྲོས་ལས་སྐྱེས། །བྱང་ཆུབ་སེམས་ནི་འཕོ་ བའི་བདེ། །གསང་བའི་དབང་བསྐུར་གསང་བ་ནི། །གང་ལས་བདེ་ཐོབ་དེ་དར་མ། །ཡུན་ རིང་གསང་བར་སྤྲོས་ལས་སྐྱེས། །རྡོ་རྗེའི་རྩེ་མོར་གཡོ་བའི་བདེ། །ཤེས་རབ་ཡེ་ཤེས་དབང་ སྐུར་བ། །གང་ལས་གཡོ་བ་བགྲོད་དེ་རྒན། །ཕྱག་རྒྱ་ཆེན་པོའི་རྗེས་ཆགས་ལས། །སྐྱེས་པ་ གཡོ་མེད་བདེ་བ་ནི། །ཤེས་རབ་ཆེན་པོའི་དབང་བསྐུར་བ། །གང་ལས་གཡོ་མེད་རྟོགས་པ་ དེ། །སྐྱེ་རྒུའི་བདག་པོར་རྣམ་ཤེས་བྱ། །སྐྱོབ་པ་ཐམས་ཅད་བསྐྱེད་མཛད་པ། །རྡོ་རྗེ་སེམས་ དཔའ་སེམས་དཔའ་ཆེ། །བྱང་སེམས་གཉིས་མེད་མི་འགྱུར་བ། །འདི་ནི་དམ་ཚིག་སེམས་ དཔར་འགྱུར། །རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི། །དུས་ཀྱི་འཁོར་ལོ་འདིར་བཤད་པ། །རྣལ་ འབྱོར་རྣམས་ལ་ཐར་སྟེར་བྱེད། །ཅེས་བརྗོད་དོ། །དེ་ནས་དབང་གིས་རབ་ཏུ་བྱེད་པ་ཞུ་བའི་ དོན་དུ་མཎྜལ་ཕུལ་ནས། བཅོམ་ལྡན་འདས་བདག་ལ་དབང་བསྐུར་བའི་རབ་ཏུ་བྱེད་པའི་ བཀའ་དྲིན་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་པོ། །དེ་ནས། འདིར་ ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་ པའོ། །གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་གཞན་པ་བདུད་རྩི་མྱང་དང་འཁྱུད་པ་གང་ ཡིན་པ། །ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་ཞུ་བ་དག་ལ་བཞི་པའི་སྐད་ཅིག་བདུད་ རྩི་རྟོགས་པ་གང༌། །འདི་དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་ཐུགས་རྗེ་ ཡིས་ནི་ལམ་གྱི་རྒྱུ་རུ་བསྟན། །འཇིག་རྟེན་འདས་པའི་དབང་གང་མཆོག་གི་རྒྱལ་བའི་བདག་ པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ། །སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལས་སྐྱེས་ པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་ རྒྱས་རྣམས་ཀྱིས་བསྟེན་པ་རྣལ་འབྱོར་དབང་པོས་བསྟེན་བྱ་སྟེ། ཡེ་ཤེས་མེ་ལྕེ་དེ་ནི་རབ་ཏུ་ 1-1-503 རྒྱས་པས་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་སྲེག་བྱེད་ཅིང༌། །ལུས་ལ་ཆགས་པ་ ལ་སོགས་ཀྱང་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡི་སྦྱོར་བས་བདེ་མཉམ་སྟེར་བར་བྱེད ། ཅེས་པ་ དང༌། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་དཀྱིལ་ དཀྲུང་རྫོགས་སངས་རྒྱས། །སངས་རྒྱས་གསུང་གི་ཆོས་འཛིན་པ། །ཞེས་པ་དང༌། རྣམ་པ་ ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན། །ཆ་མེད་ཆ་ལས་འདས་པ་པོ། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཞེས་བརྗོད་ལ་དོན་བསམ་པ་ནི་དབང་གོང་མའི་ཆོ་ གའོ།། ༈ །། དེ་ནས་སློབ་དཔོན་ནུས་པས་བདག་པོ་ཆེན་པོ་ཡིས། །དབང་ཡང་བླང་སྟེ་དངོས་གཞིའི་ ཆོ་ག་འོ། །ཞེས་པ་ལྟར་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་བླ་མ་དང་གཙོ་བོ་དབྱེར་མེད་ ལ་མཎྜལ་ཕུལ་ནས། །ཀྱེ་དཔལ་ལྡན་བླ་མ་ཁྱོད་ཀྱི་བཀའ་དྲིན་ལས་ད་ནི་བདག་གིས་བདེ་ བར་གཤེགས་པའི་ལམ་ཐམས་ཅད་ཤེས་སོ། །ཞེས་ཞུ་ཞིང༌། དུས་འདི་ནས་ནི་བཟུང་ནས་ སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །དཔལ་ལྡན་ བླ་མ་ཁྱོད་སྤངས་ནས། །བླ་མ་གཞན་ལ་རྨི་ལམ་དུའང༌། །སྲོག་དོར་ནས་ཀྱང་བསྟེན་མི་བྱ། །གཞན་ཡང་དེ་བཞིན་དུས་ཀུན་ཏུ། །གཡོ་སྒྱུ་མེད་པར་ནུས་ཚད་ཀྱིས། །ལུས་ངག་སེམས་ དང་གསུམ་པོ་ནི། །གཙོ་བོའི་སྤྱན་སྔར་དབུལ་བར་བགྱི། །ཞེས་བརྗོད་དེ། སྒྲིབ་པ་ཐམས་ ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །ཅེས་སོགས་ལན་གསུམ་གྱིས་གསོལ་ བ་གདབ་པོ། །དེ་ནས་དབང་སྟེགས་ལ་འཁོད་པར་མོས་ཤིང༌། སྔར་བཞིན་བཀྲ་ཤིས་བརྗོད་ ནས། རང་དགེ་སློང་ཡིན་ན་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ནི། ཕྱི་དང་ནང་དུ་ཡང་དག་གནས། །སྤྱི་བོའི་འཁོར་ལོར་མི་བསྐྱོད་པ། །བྱིན་པ་དཔའ་བོས་བཟུང་བར་གྱིས། །ཞེས་པ་དང༌། དེ་ བཞིན་དུ། རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བར་རིན་ཆེན་བདག །ལག་ 1-1-504 པར་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །ཡན་ལག་ཀུན་ལ་རྡོ་རྗེ་ འཛིན། །བྱིན་པ་དཔའ་བོས་བཟུང་བར་གྱིས། །ཞེས་འདོན་པ་བསྒྱུར་བ་བརྗོད་དེ། །བུམ་པ་ བཅུས་བཀྲུས་པར་བལྟ་ཞིང་ཅོད་པན་དང་དར་དཔྱངས་དང་ཕྱག་རྒྱ་དྲུག་བླངས་ལ ། གདུག་ པ་སྡིགས་པར་བྱེད་པའི་མཆོག །གང་གིས་ངུར་སྨྲིག་མཐོང་བ་ཡིས། །ལྷ་མིན་ས་ཡི་འོག་ ཏུ་འགྲོ ། དགེ་སློང་རྡོ་རྗེ་འཛིན་པ་བྱ། །ཞེས་བརྗོད་དོ། །དགེ་ཚུལ་ཡིན་ན་བུམ་པ་དྲུག་གིས་ བཀྲུས་པར་བལྟ་ཞིང་དར་དཔྱངས་དང་ཕྱག་རྒྱས་བླངས་ནས། གང་ཞིག་བསླབ་པ་བཅུ་ལྡན་ པའི། །རྡོ་རྗེ་འཛིན་པ་དགེ་ཚུལ་ཏེ། །དེ་ནི་སློབ་དཔོན་འབྲིང་པོ་རུ། །རྡོ་རྗེ་འཆང་གིས་རབ་ ཏུ་གསུངས། །ཞེས་གསུངས་དང༌། དགེ་བསྙེན་ཡིན་ན་བུམ་པ་གཉིས་ཀྱིས་བཀྲུས་པར་བལྟ་ ཞིང་ཕྱག་རྒྱ་རྡོ་རྗེའི་སོར་གདུབ་ཙམ་བླངས་ནས། གོས་དཀར་ཅན་གྱི་ཁྱིམ་པ་གང༌། །རྡོ་རྗེ་ འཛིན་པར་བྱ་བ་སྟེ། །དགེ་སློང་རྡོ་རྗེ་འཛིན་རྣམས་ལ། །ཚུལ་མཐུན་བསྙེན་བསྐུར་བྱ་ཕྱིར་ རོ། །ཞེས་བརྗོད་དོ། །དེ་ནས་སློབ་དཔོན་རབ་འབྲིང་ཐ་མ་གསུམ་གང་ཡིན་ཡང་རྡོ་རྗེ་དྲིལ་ བུ་བཟུང་ལ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཞེས་སོགས་དང༌། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་གསུངས། །གང་གིས་ལུས་ལ་ཐམས་ཅད་བརྟན། །དེ་ནས་ཕྱག་ རྒྱར་རབ་ཏུ་བསྒྲགས། །ཞེས་བརྗོད་ཅིང་དོན་དྲན་པས་དབང་གོང་མ་མདོར་བསྡུས་པ་བླངས་ ནས། དང་པོར་ཆུ་དག་ལ་ནི་དགེ་བསྙེན་ཉིད་དུ་འགྱུར་ཏེ་བུམ་པ་ལ་ཡང་དགེ་ཚུལ་དག་དུ་ འགྱུར། །གསང་བའི་དབང་ལ་དགེ་སློང་དང་ནི་གོང་མའི་བྱེད་པ་ལ་ཡང་གནས་བརྟན་ཞེས་ པར་འགྱུར་བ་འོ། །ཞེས་པ་དང༌། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་ རྒན་པོ་སྐྱེ་རྒུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་ མཛེས། །ཞེས་པ་དང༌། ཕྱིར་མི་ལྡོག་པ་ཕྱིར་མི་འོང༌། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པུ། །དགེ་སློང་དགྲ་བཅོམ་ 1-1-505 ཟག་པ་ཟད། །འདོད་ཆགས་བྲལ་བའི་དབང་པོ་ཐུལ། །བདེ་བ་རྙེད་པས་འཇིགས་མེད་ ཐོབ། །བསིལ་བར་གྱུར་པས་རྙོག་པ་མེད། །ཅེས་པ་དང༌། མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་ འཆང༌། །ཚངས་པར་སྤྱོད་པས་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གཽ་ཏ་མ། །བྲམ་ཟེ་ཚངས་པ་ཚངས་པའི་རིགས། །མྱ་ངན་འདས་པས་ ཚངས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་སྐུ། །ཞེས་བརྗོད་ཅིང་དོན་དྲན་པ་ནི་སངས་རྒྱས་ པའི་སློབ་དཔོན་དུ་དབང་བསྐུར་བ་སྟེ། ཚངས་པ་སྐུ་དང་དབང་ཕྱུག་གསུང་དང་ཁྱབ་འཇུག་ ཐུགས་རྡོ་རྗེའི་ཟོལ་གྱིས་ཚངས་སྐུད་དང་སྐུའི་ཕྱག་རྒྱ་དང་དར་དཔྱངས་དང་ཅོད་པན་བླངས་ ལ། ཚངས་པ་སྐུ་ཡི་རྡོ་རྗེའི་འཛིན། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །རྒྱལ་པོ་ཐུགས་ཀྱི་རྡོ་རྗེ་ འཛིན། །དེ་ཡང་ཁྱབ་འཇུག་རྫུ་འཕྲུལ་ཆེ། །རྡོ་རྗེ་སློབ་དཔོན་ཞེས་པ་དང༌། །མུ་སྟེགས་ཅན་ ལ་སོགས་པ་ཆ་ལུགས་སྣ་ཚོགས་པའི་སློབ་དཔོན་དུ་དྲན་པས། གཙུག་ཕུད་ཕུད་བུ་ལྕང་ལོ་ ཅན། །རལ་པ་མུན་ཛ་ཅོད་པན་ཐོགས། །གདོང་ལྔ་ཟུར་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ ཐོག་ཐོད། །ཅེས་བརྗོད་དོ ། དེ་ནས་དམ་ཚིག་གི་དོན་དུ། མངོན་པར་དབང་བསྐུར་དེ་ལྟ་བུ། །ཐོབ་ནས་ལས་འདི་མི་བགྱི་སྟེ། །ཁྱིམ་པའི་སློབ་དཔོན་རྣམས་ཀྱིས་ཀྱང༌། །རལ་གྲི་དང་ནི་ སྣག་ཚ་དང༌། །སྐྱེ་བོ་ཀུན་ལ་བསྙེན་པ་དང༌། །ཞིང་དང་ཁྱིམ་གྱི་ལས་དང་ནི། །ཚོང་ལ་སོགས་ པ་མི་བགྱིའོ། །གལ་ཏེ་དེ་དག་ལ་སོགས་ནི། །བྱས་ན་ཆོས་ནི་ཕྱིན་ཅི་ལོག །འགྱུར་ཏེ་སྣང་བ་ བཅོམ་པའི་ཕྱིར། །མནར་མེད་པར་ནི་འགྲོ་བར་འགྱུར། །དེ་བས་དེ་ཉིད་ལ་གནས་ནས། དེ་ དག་ལ་སོགས་སྲུང་བྱེད་ན། །ངེས་པར་སྐྱེ་བ་འདི་ཉིད་དུ། །ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར། །ཞེས་པ་དང༌། སྡོམ་པའི་དོན་དུ། ལས་ཀྱི་ཕྱག་རྒྱས་རབ་སྦྱོར་དང༌། །ཡེ་ཤེས་ཕྱག་རྒྱས་རྗེས་ ཆགས་ལའང༌། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརྟུལ་ཞུགས་བརྟན་པོས་བསྲུང་བར་ བྱ། །བྷ་གར་ལིང་ག་རབ་བཞག་ནས། བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ 1-1-506 ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །བསྲུང་བ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་ འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ ཡང་དག་ལྡན། །ཕ་རོལ་ཕྱིན་བཅུ་རྫོགས་པ་ཡིས། །རྫོགས་པའི་སངས་རྒྱས་དུས་གསུམ་ འཇུག །འདི་ཡིས་རྫོགས་སངས་རྒྱས་ཀུན་གྱི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་དང་ གཞན་དོན་བསྒྲུབ་པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་དབང་ཕྱུག་ ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །སྐྱོབ་པ་ཀུན་གྱི་སྡོམ་པ་ནི། །གལ་ཏེ་ཁྱོད་ བསྲུང་བདག་གི་བུ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་རླབས་རྫོགས་བྱང་ཆུབ་ཐོབ་ འགྱུར། །ཅི་སྟེ་ཆགས་པའི་ཟིལ་མནན་བདག །གཙོ་བོའི་མདུན་དུ་བླང་ནས་ནི། །སྡོམ་པ་ སྐྱོང་བར་མི་བྱེད་ན། །དེ་ཚེ་ངུ་འབོད་དུ་འགྲོ་འགྱུར། །དམན་པའི་སེམས་ལས་སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་སེམས་ལྟུང་གྱུར། །དེ་ཚེ་ཕྱག་རྒྱར་ཤེས་ནས་ནི། །པད་མའི་ཕྱི་རོལ་རང་ ལྕེས་བླང༌། །ཞེས་བརྗོད་ཅིང་དོན་བསམས་ལ། སངས་རྒྱས་པ་དང་ཞི་བ་འམ་གཅེར་བུ་སྐལ་ ལྡན་ཞེས་དང་དེ་བཞིན་གཙང་གནས་བྲམ་ཟེ་འམ། །ཐོད་པ་ཅན་དང་སྐྲ་འབལ་དང་ནི་གོས་ དཀར་དག་དང་ཞིང་སྐྱོང་རིགས་ཅན་དག་དང་ཐུབ་པ་དང༌། །བསྙོན་པའི་གཟུགས་ཅན་དག་ དང་སྡིག་པ་མེད་པའི་སེམས་ལྡན་མཁས་པ་དང་ནི་སློབ་གཉེར་བ་ཡང་རུང༌། །རྣལ་འབྱོར་པ་ ནི་དངོས་གྲུབ་དོན་སླད་མཐའ་དག་ཡོན་ཏན་གཏེར་ཏེ་དེ་ཉིད་ཐོབ་པའོ་མི་ཡི་དབང༌། །ཞེས་ ནང་པ་དང་ཕྱི་རོལ་པ་མཐའ་དག་གི་རྡོ་རྗེ་སློབ་དཔོན་དུ་གཟེངས་བསྟོད་ལ། དིང་བདག་སྐྱེ་ བ་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུ་ཡོད། །དེ་རིང་སངས་རྒྱས་རིགས་ སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་འགྱུར། །ཞེས་(ས་བུ་ཊ་ལས)གསུངས་པ་དབུགས་ དབྱུང་བ་ནི་རྡོ་རྗེ་སློབ་དཔོན་རབ་ཏུ་གནས་པའི་དབང་གི་ཆོ་གའོ། །དེ་བཞིན་དུ་བདག་པོ་ ཆེན་པོའི་དབང་ 1-1-507 ཡང་ནུས་ན་བླང་བ་ལས་དེ་ནི་འཕོ་མེད་ཐོབ་པའི་དབང་ཡིན་པས་ཆོ་ག་རྒྱུད་འགྲེལ་ལ་ ལྟོས་ནས་རེ་ཞིག་མ་བྲིས་ཀྱི་འོན་ཀྱང་སྐབས་སུ་བབ་པ་དངོས་གཞིའི་ཆོ་ག་ནི་རྫོགས་སོ།། །། དེ་ནས། ཀུན་སྤངས་ཀྱིས་ནི་མཐའ་དག་ཚིག་གིས་བླང༌། །སྲིད་གསུམ་མ་ལུས་སྙིང་རྗེའི་ དབང་གིས་བསྡུ། །ཞེས་པ་ལྟར་ཅི་སྟེ་རྫས་དང་བྲལ་བའི་གང་ཟག་ཆོས་ཁོ་ན་དོན་དུ་གཉེར་ བས་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་མཆོད་པའི་ཡོ་བྱད་ལ་སོགས་མ་ཚོགས་ཀྱང་ཚིག་ཙམ་ གྱིས་དབང་བསྐུར་བ་བླང་ཞིང་མོས་པ་ཡིད་ལ་བྱེད་པ་ནི་ཀུན་སྤངས་ཀྱི་དབང་དུ་གསུངས་སོ། །དེ་བཞིན་དུ་བསམ་གཏན་གྱིས་མཐའ་ཡས་པའི་སེམས་ཅན་ལ་དབང་བསྐུར་བར་གསུངས་ པ་ཡང་ཐེག་པ་ཆེན་པོའི་ཁྱད་པར་གྱི་ཆོས་ཏེ་ཕྱི་རོལ་གྱི་དངོས་པོ་ཡོད་པ་ལ་ཡང་ཡིད་གཙོ་བོ་ ཡིན་པའི་ཕྱིར་སྙིང་རྗེའི་དབང་གིས་ངེས་པའོ། །དེ་ནས། རྩ་ལྟུང་བསྒྲག་པ་འབུལ་བའི་རིམ་ པ་དང༌། །གཤེགས་གསོལ་ལ་སོགས་རྗེས་ཀྱི་ཆོ་གར་བསྟན། །ཞེས་པ་ལྟར་དབང་བདུན་ དང་བཞི་དང་རྡོ་རྗེ་སློབ་དཔོན་གྱི་དབང་རྣམས་རྫོགས་པའམ་ཆ་ཤས་ཀྱིས་བླངས་ཀྱང་རུང་ སྟེ་རང་གི་དབང་གང་བླངས་པ་དེའི་མཐར། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་ རྣམས་ཀྱིས་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ཡི་དཀའ་ལས་འགོངས་པས་ གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་ བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་ གྲུབ་པའི་མཐའ་ལ་སྨོད་པའོ་རི་བོང་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཕུང་པོ་ ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དག་པའི་ཆོས་ལ་མ་དད་གང༌། །སྒྱུ་ཡི་བྱམས་པ་ དང་ནི་མིང་སོགས་བྲལ་བ་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། །དག་པའི་སེམས་ ཅན་རྣམས་ལ་སྐྱོན་བརྗོད་པ་ལས་ཉི་མའོ་དམ་ཚིག་ཐོབ་པ་འདོར་བ་ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེའི་ཐེག་པར་གནས་པ་རྣམས་ 1-1-508 ལའོ། །ཞེས་པ་དང༌། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་ བགྱི། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ཀྱིས། །ཁྱོད་ ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་བརྗོད་ལ་དོན་བསམ་ པ་ནི་རྩ་ལྟུང་བསྒྲག་པའོ། །དེ་ནས་ཐལ་མོ་སྦྱར་ལ། ལུས་དང་རྐང་ལག་ནང་ནས་ནི། །ཕྱག་ འཚལ་ཆེད་དུ་མགོ་བོ་འབུལ། །ལས་ཀྱི་དབང་པོ་རྣམས་ལས་ནི། །བསྟོད་དང་བདེན་ཕྱིར་ ངག་འབུལ་གྱིས། །དབང་པོ་དྲུག་པོ་རྣམས་ལས་ནི ། གཡོ་སྒྱུ་སྤང་ཕྱིར་ཡིད་འབུལ་ཏེ། །དེ་ བཞིན་རྫས་དང་འཁོར་ལས་ཀྱང༌། །དུས་ཀུན་དུ་ནི་དྲུག་ཆ་འབུལ། །ཞེས་དམ་བཅས་ལ་ མཎྜལ་འབུལ་བ་ནི་ཡོན་འབུལ་བའོ། །དེ་ནས་གྲུབ་ན་སྦྱིན་སྲེག་ཀྱང་བྱ་ཞིང༌། དཀྱིལ་ འཁོར་ཡོད་ན་མཆོད་བསྟོད་དང་དངོས་གྲུབ་བླང་བ་བྱས་ནས་ཤར་སྒོར་སྤོས་ཕོར་དང་རྡོ་ རྗེ་དྲིལ་བུ་འཛིན་པས། ༀ་ཁྱེད་ཀྱིས་སེམས་ཅན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་ གྲུབ་བསྩལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་བྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཞེས་བརྗོད་དེ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་དབུགས་ནང་དུ་བསྡུད་པ་དང་ལྷན་ཅིག་ཡེ་ ཤེས་པ་རང་གི་སྙིང་ཁའི་པད་མར་གཤེགས་སུ་གསོལ་ནས་རྡོ་རྗེ་ཚངས་ཐིག་གི་ལམ་ནས་ བདེ་ཆེན་འཁོར་ལོ་ཇི་སྲིད་པར་བྱིས་པའི་རྡུལ་ཚོན་ཅུང་ཟད་མགོ་བོར་བཀོད་དེ་གཤེགས་ སུ་གསོལ་ལོ། །དེ་ནས་རྡུལ་ཚོན་ཆུ་བོར་གཤེགས་སུ་གསོལ་ཏེ་སྨོན་ལམ་བྱ་བ་དང་དཀྱིལ་ འཁོར་གྱི་ཁང་པར་བསང་གཏོར་དང་བཀྲ་ཤིས་བྱས་ཏེ་བ་ལྕིས་བྱུགས་ནས་ལས་ཀྱི་རྗེས་ མི་མངོན་པར་བྱ་བ་དང་འཇིག་རྟེན་པ་རྣམས་ལའང་གཏོར་མ་རྒྱ་ཆེར་བྱིན་ནས་རང་རང་གི་ གནས་སུ་བཏང་ཞིང་ཚོགས་ཀྱི་དགའ་སྟོན་རྒྱ་ཆེར་བྱ་བ་ནི་གཤེགས་སུ་གསོལ་བ་ལ་སོགས་ པ་རྗེས་ཀྱི་ཆོ་གའོ། །དཔལ་དུས་ཀྱི་འཁོར་ལོའི་བདག་འཇུག་སྙིང་པོ་གསལ་བ་ཞེས་བྱ་བ་ དགེ་སློང་ཤེས་རབ་གྲུབ་བཟང་པོས་གསོལ་བ་བཏབ་པ་བཞིན ། དགེ་སློང་རྡོ་རྗེ་འཛིན་པ་ 1-1-509 ལོཙྪཱ་བས་ཇོ་ནང་དཔལ་གྱི་རི་ཁྲོད་དུ་བཀོད་པའོ། །འདི་ལ་གལ་ཏེ་འཁྲུལ་པའི་ཆ་མཆིས་ན། །ཡང་དག་གཟིགས་པ་རྣམས་ལ་བཟོད་པར་གསོལ། །དགེ་བ་འདིས་ཀྱང་འགྲོ་བ་མ་ལུས་པ། །དུས་ཀྱི་འཁོར་ལོའི་གོ་འཕང་མྱུར་ཐོབ་ཤོག །བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ ཅིག །ཡེདྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བ་ཏཱི་མ་ ཧཱ་ཤྲ་མ་ཎཿ མཾ་ག་ལཾ་བྷ་ཝ་ཏུ། ཤུ་བྷཾ། མ་ཡིག་འབྲས་སྤུངས་ཡིག་རྙིང་པོད་རྟགས། ཕྱི་ཀ ༢༠༩ ཕྱི་ཀ ༢༩༣ དཔེ་གཉིས་ཡོད་པས་ཆད་ལྷག་མི་འདྲ་བས་དག་ པར་ཞུས་ཁུལ་བྱས་ཡོད་ཟུར་དུ་ཀོར་རྟགས་འདིར་[ ]ཐེ་ཚོམ་ཡོད་རིགས་རྣམས་དཔྱད་གཞི་བཞག་ཡོད། 1-1-510 ༄༅། །དཔལ་དུས་ཀྱི་འཁོར་ལོའི་དབང་གོང་མའི་ཆོ་ག་ བདུད་རྩིའི་འབྱུང་གནས་ཞེས་བྱ་བ་ བཞུགས་སོ། ། ༄༅། །ༀ་སྭ་སྟི། དཔལ་དུས་ཀྱི་འཁོར་ལོའི་དབང་གོང་མའི་ཆོ་ག་བདུད་རྩིའི་འབྱུང་ གནས་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རང་བཞིན་ རྣམ་དག་དགའ་བ་བཞི་དང་རྡོ་རྗེ་བཞི། །གདོད་ནས་ལྷུན་གྲུབ་དུས་ཀྱི་འཁོར་ལོ་བདེ་བ་ ཆེ། །དབང་བཞིའི་ཆུ་བོ་རྣམ་ཐར་སྒོ་བཞིས་ལེགས་སྦྱངས་ནས། །བྲལ་འབྲས་ཆོས་སྐུ་ལུས་ ཅན་ཀུན་གྱིས་ཐོབ་གྱུར་ཅིག །དེ་ལ་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་རྡུལ་ཚོན་གྱི་དཀྱིལ་ འཁོར་སྔོན་དུ་འགྲོ་བ་ཅན་དབང་བདུན་གྱི་ཆོ་ག་ལེགས་པར་ཐོབ་ནས། ཚུལ་ཁྲིམས་ཀྱི་ ཚོགས་ཀྱི་དོན་དུ་བུམ་པ་གསང་བ་ཤེས་རབ་ཡེ་ཤེས་གསུམ་དང༌། ཡེ་ཤེས་ཀྱི་ཚོགས་ཀྱི་དོན་ དུ་གོང་མའི་གོང་མ་དབང་བཞི་པ་ལ་འཇུག་པར་གསུངས་པ་ལས་དེའི་རིམ་པ་བདེ་བླག་ཏུ་ གཟུང་བའི་ཕྱིར། སྡོམ་གྱི་ཚིགས་སུ་བཅད་པ། དཔོན་སློབ་བརྟག་ཅིང་གསོལ་གདབ་བསྲུང་ བ་བྱ། །ཆོས་བཤད་སྡོམ་བཟུང་རྡོ་རྗེས་སེམས་དཔའ་བསྐུལ། །ཆུ་དང་མིག་དང་དྲི་ཞིང་བྱང་ སེམས་བསྐྱེད། །གསང་བསྒོ་དམ་བཞིར་བཞག་ཅིང་ཡེ་ཤེས་དབབ། །སླར་ཡང་བསྲུང་ཞིང་ གདོང་དབྱེ་བརྟུལ་ཞུགས་སྦྱིན། །དེ་ནས་དངོས་བཞི་དབང་བཞི་བསྐུར་ནས་ཀྱང༌། །རབ་ བྱེད་སྡོམ་པ་རྩ་ལྟུང་ཡོན་དབུལ་ལོ། །ཞེས་པའོ། །དེ་ནས་བྱང་ཆུབ་དོན་དུ་གཉེར་བ་རྣམས་ 1-1-511 ཀྱིས་དང་པོར་བླ་མའི་མཚན་ཉིད་ཡོངས་སུ་བརྟག་པར་བྱ་སྟེ། དཔལ་དོན་དམ་པའི་བསྙེན་ པ་ལས། འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་བར། །མ་ལུས་རྡོ་རྗེ་ཐེག་ པར་ཐམས་ཅད་མཁྱེན་པས་གསུངས། །དེ་ཕྱིར་སློབ་མ་རྣམས་ཀྱིས་བླ་མ་གསེར་བཞིན་ དུ། །ཡོངས་སུ་བརྟགས་ན་སྡིག་པ་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་ལ། དཔལ་ལྡན་ དྲི་མ་མེད་པའི་འོད་ལས་ཀྱང༌། འདིར་སྔགས་ཀྱི་ཚུལ་ལ་འཇིག་རྟེན་དང་འཇིག་རྟེན་ལས་ འདས་པའི་དངོས་གྲུབ་འདོད་པ་རྣམས་ཀྱིས་དང་པོ་བླ་མ་བསྟེན་པར་བྱ་སྟེ། དེ་ཡང་རྡོ་རྗེ་ སློབ་དཔོན་ཡོངས་བརྟག་པ་གསུངས་པའི་ཆོ་གས་ཡང་དག་པར་ཡོངས་སུ་བརྟགས་ནས་སོ། །རྣམ་པ་གཞན་དུ་ཡོངས་སུ་བརྟག་པའི་མཚན་ཉིད་དང་བྲལ་བའི་བླ་མ་བསྟེན་པས་ནི་སློབ་ མ་རྣམས་ཀྱི་ཆོས་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། ཆོས་བྱིན་ཅི་ལོག་པ་ལས་དམྱལ་བར་འགྲོ་བར་ འགྱུར་རོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། ། གཉིས་པ་དེ་ལྟར་བརྟགས་ནས་མཚན་ཉིད་དང་ལྡན་པ་བསྟེན་པར་བྱ་བ་ནི། རྩ་བའི་ རྒྱུད་ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་རྒྱུ་མེད། །སྔགས་དང་ རྒྱུད་ཀྱིས་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་རྣམས་ ཡོང་ཤེས་ཤིང༌། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །དང་བའི་བདག་ཉིད་དབང་ པོ་ཐུལ། །གསང་སྔགས་འཆད་བྱེད་སློབ་དཔོན་ནོ། །ཞེས་དང༌། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ ལས་ཀྱང༌། །དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ཀྱང་(ཕྱི་ནང་གི)དམ་ཚིག་ལྡན་ཞིང་(གསང་ སྔགས)རྡོ་རྗེའི་ཐེག་ལ་ལྷག་པར་གནས (པ་དང་)། །(བསྐྱེད་རྫོགས་ཀྱི)དེ་ཉིད་བསྒོམས་ཤིང་(ལུས་ལ་) མ་ཆགས་(པ་དང་ཉོན་མོངས་པའི་)དྲི་མ་དག་དང་རྣམ་པར་བྲལ་ཞིང་(ཟང་ཟིང་མེད་ཀྱང་)བཟོད་པའི་ ངང་ཚུལ་(ཅན་དང་སངས་རྒྱས་ཀྱི་)ལ་ལ་ཞུགས། །(ནོར་མེད་ཀྱང་)སློབ་མ་རྣམས་ལ་(ལེགས་)ལམ་ནི་ སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་ཅིང་(མི་འབྱུང་བའི་)དེ་ཉིད་(ཁོ་ན་ཐོབ་པ་)ལས་ནི་(འཛག་མེད་ 1-1-512 ཀྱི་)ཚངས་སྤྱོད་ལྡན(ནས)། །བདུད་(བཞི་)རྣམས་(འཇོམས་ན་)ལ་ནི་རྡོ་རྗེའི་དབྱུག་པ་(དང་འདྲ་བ་) དེ་ཡང་འཛིན་པའི་གཞི་ལ་རྡོ་རྗེ་སེམས་དཔར་(སྤྲུལ་པ་ལྟ་བུ་)རབ་གྲགས་པའོ། །ཞེས་གསུངས་ པའོ། ། གསུམ་པ་སྐྱོན་དང་ལྡན་པ་སྤང་བྱར་བསྟན་པ་ནི། དུས་ཀྱི་འཁོར་ལོའི་རྒྱུད་ལས། །(སྙིང་ རྗེ་མེད་ཅིང་)ང་རྒྱལ་དང་ལྡན་(པ་དང་རྒྱུད་)ཁྲོ་བས་ཟིལ་(གྱིས་)མནན་(པ་དང་གསད་ཅིང་)དམ་ཚིག་རྣམ་ (པར་)བྲལ་རྫས་ལ་(སྟེ་གསལ་པོར་སྤྱོད་པ་དང་དཀོར་གྱིས་)བརྐམ་ཞིང་ཐོས་པ་(ལམ་གྱི་མན་ངག་)དག་ཀྱང་ མེད། །སློབ་མ་རྣམས་ནི་སླུ་བ(འི་བརྫུན་)དོན་དུ་གཉེར་ཞིང་མཆོག་གི་བདེ་བའི་གནས་ལས་ སེམས་ཉམས་(པར་རྒྱུད་འཆད་པ་དང་)དབང་མ་བསྐུར། །(འཁོར་བའི་)ལོངས་སྤྱོད་དག་ལ་ཀུན་(ནས་) ཆགས་(པ་དང་)བག་མེད་(པར་ཆང་འཐུངས་པས་)རྩུབ་མོའི་ཚིག་དང་བཅས་ཤིང་དབང་པོའི་(གཉིས་ བདེ་)དོན་དུ་འདོད་ལྡན་པ། །དེ་(གང་ཡིན་པ་)ཉིད་དམྱལ་བ་བཞིན་དུ་སློབ་མ་མཁས་པ་རྣམས་ ཀྱིས་(བློས་)རྫོགས་པའི་བྱང་ཆུབ་ཏུ་ནི་སྤང་བར་བྱ། །ཞེས་དང༌། དཔལ་དོན་དམ་པའི་བསྙེན་པ་ལས་ཀྱང༌། འདོད་པ་ཕལ་ལ་ཞེན་པ་དཔལ་ལྡན་བླ་མ་ མིན། །ལེགས་འོངས་ནོར་ལ་ཆགས་པ་དཔལ་ལྡན་བླ་མ་མིན། །སྐྱེས་བུ་མཁས་ལ་སྨོད་བྱེད་ དཔལ་ལྡན་བླ་མ་མིན། །སེམས་ཅན་སྙིང་བརྩེ་རྣམ་སྤངས་དཔལ་ལྡན་བླ་མ་མིན། །དགེ་ འདུན་དཀོར་ལ་སྤྱོད་པ་དཔལ་ལྡན་བླ་མ་མིན། །ནོར་མེད་སློབ་མ་འདོར་བ་དཔལ་ལྡན་བླ་ མ་མིན། །བསྒོམ་ཟིན་ལས་རྣམས་སྟེར་བ་དཔལ་ལྡན་བླ་མ་མིན། །བུ་བཟང་ཁ་སྡོམ་བྱེད་ པ་དཔལ་ལྡན་བླ་མ་མིན། །བུ་བཟང་ཡུན་རིང་ཁྲོ་བ་དཔལ་ལྡན་བླ་མ་མིན། །བུ་བཟང་སྤོང་ བར་འདོད་པ་དཔལ་ལྡན་བླ་མ་མིན། །{བུ་བཟང་དེ་ཉིད་སྦེད་པ་དཔལ་ལྡན་བླ་མ་མིན། །བུ་ བཟང་སླུ་བར་འདོད་པ་དཔལ་ལྡན་བླ་མིན། །ཆད་ཡོད་པས་ཁྲིད་རྟགས་མི་གསལ་དཔྱད} ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། དེ་ལྟ་བུའི་བླ་མ་ངན་པ་ཡང་སྤང་བར་བྱ་སྟེ། བཞི་ 1-1-513 པ་སྐྱོན་ཡོན་འདྲེས་ན་ཡོན་ཏན་ཤས་ཆེ་བ་གཟུང་བར་གདམས་པ་ནི། དཔལ་དོན་དམ་པའི་ བསྙེན་པ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་ པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་བློ་ཡིས་ལེགས་དཔྱད་ནས། །བུ་རྣམས་ཀྱི་ནི་དེ་ལ་བསྟེན་པར་འགྱུར་བའོ། །ཞེས་པ་ལྟར་སློབ་མས་བླ་མའི་མཚན་ཉིད་ ལེགས་པར་བརྟག་གོ །དེ་བཞིན་དུ་བླ་མས་ཀྱང་སློབ་མའི་མཚན་ཉིད་བརྟག་པར་གསུངས་ ཏེ་སྣོད་བཟང་སྐལ་ལྡན་བསྡུ་བར་བྱ་བ་ནི། རྒྱུད་ལས། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་ པ་ལ་དགའ་གཏོང་བའི་ངང་ཚུལ་དང་ལྡན་ཡོན་ཏན་ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ ཤིང་གཡོ་བ་མིན་པའི་སེམས་ལྡན་དེ་ཉིད་ཐོས་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོང་ ཉམས་སློབ་མ་དེ་ཉིད་བླ་མ་ཤིན་ཏུ་མཁས་པ་རྣམས་ཀྱིས་བསྡུ་བྱ་བ། །ཤེས་རབ་ཡེ་ཤེས་ དབང་ལ་སོགས་པའི་རྒྱུར་ཏེ་གཞན་ཞེས་བྱ་བ་འབྲིང་པོ་བསོད་ནམས་དག་གི་རྒྱུར། །ཞེས་ གསུངས་ལ། སྣོད་ངན་སྐལ་མེད་སྤང་བར་བྱ་བ་ནི། །གསང་འདུས་རིམ་ལྔ་ལས། གང་ཞིག་ གཡོ་རྒྱུའི་བློ་ལྡན་(དམ་ཚིག་ལ་)ལེ་ལོ་ཅན་དག་དང༌། །ཉོན་མོངས་(ཆེ་བས་)བླ་མའི་སྐྱོན་རྣམས་ མཐོང་གི་ཡོན་ཏན་མིན་(པ་དང་)། །བླ་མ་ལ་སྨོད་(བཞིན་དུ་)དབང་བསྐུར་ཐོབ་ཅེས་(པའི་ཡོན་ཏན་) རློམ་(ཞིང་སྤོང་)སེམས་(སྐྱེ་བར་)འགྱུར༌། །བློ་དམན་སེམས་ལྡན་ཀུན་མཁྱེན་ཡང་དག་ཐོབ་མི་ འགྱུར། །བསྙེན་བཀུར་མེད་པར་མྱུར་དུ་དེ་ཉིད་ཐོབ་པར་འདོད། །ཡང་དག་ཚིག་མ་ཡིན་ ཞེས་ཁྲོ་བཅས་གསང་བར་འགྱུར། །ཚོགས་ནང་བླ་མ་མཐོང་ན་རྒྱབ་ཀྱིས་ཕྱོགས་པར་བྱེད། །དེ་ནས་དེ་ནི་དབེན་པར་སོང་ནས་ཕྱག་བྱེད་འགྱུར། །དེ་ལྟར་རངབཞིན་(གསང་སྔགས་ཀྱི་ སྐལ་མེད་)ངན་གྱུར་དམན་པའི་སློབ་མ་ནི། །རང་བུ་ཡིན་ཡང་གཞན་(ཕྱི་རོལ་མུ་སྟེགས་པ་)བཞིན་ ཡོངས་སུ་སྤང་བར་བྱ། །རྒྱལ་རིགས་རྗེ་རིགས་བྲམ་ཟེ་མཆོག་ལས་སྐྱེས་(པ་ལ་སོགས་པ་རིགས་ རྒྱུད་ཅན་དུ་)གྱུར་ཀྱང༌། །(གཞན་དོན་ལ་བློ་)བསྟེན་པས་ནམ་ཡང་དེ་ཡི་དྲུང་དུ་བཞག་མི་བྱ(སྟེ་བཞག་ན་ 1-1-514 སྡིག་པ་འཕེལ་བའི་ཕྱིར)། །ཞེས་པས་དེ་ལྟ་བུའི་སློབ་མ་ངན་པ་སྤང་བར་གསུངས་སོ། ། དེ་ལྟར་སློབ་དཔོན་གྱིས་འབྲེལ་པ་བརྟགས་པའི་སློབ་དཔོན་མཚན་ཉིད་ལྡན་པ་ལ། མཚན་ཉིད་དང་ལྡན་པའི་སློབ་མ་ཁྲུས་ཤིང༌། སྤྱོད་ལམ་ཕུན་སུམ་ཚོགས་པས་གསེར་གྱི་མེ་ ཏོག་ལ་སོགས་པའི་མཎྜལ་ཕུལ་ནས། མེ་ཏོག་འཐོར་ཞིང་ཕྱག་བྱ་སྟེ་པུས་མོ་གཡས་པའི་ལྷ་ ང་ས་ལ་བཙུགས་པ་དང་ཐལ་མོ་སྦྱར་བ་དཔྲལ་བར་བཀོད་པ་ལ་སྦྱང་བའི་རིམ་པ་རྣམས་ སྔོན་དུ་སོང་ནས་གསོལ་བ་གདབ་པ་ནི། བདག་ནི་མི་བཟད་འཁོར་བས་འཇིགས་པས་དེ་ རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆིའོ། །ངེས་པར་སྲིད་པའི་འཇིགས་ འཕྲོག་ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་དང༌། སྲིད་ པའི་འཇིགས་པ་འཕྲོག་མཛད་པ། །སྲིད་པའི་སྐྱོན་གྱིས་གོས་མི་འགྱུར། །ཕུན་སུམ་ཚོགས་ པ་ཀུན་གྱི་གནས། །ཁྱེད་ཀྱི་ཞབས་ལ་སྐྱབས་སུ་མཆི། །ཞེས་པ་ལན་གསུམ་གྱིས་གསོལ་བ་ གདབ་པ་ནི་གསོལ་བ་གདབ་པའོ། །དེ་ནས་སློབ་མ་རྣམས་ཀྱི་མགོར་ཨུ་ཡིག་དང་སྙིང་ཁར་ ཨི་ཡིག་དང་གཙུག་ཏོར་དུ་ཨཱ་ཡིག་སྟེ་ཐབས་དང༌། ལྟེ་བར་ལཱི་ཡིག་དང་མགྲིན་པར་རཱི་ཡིག་ དང་གསང་བར་ཨ༔སྟེ་ཤེས་རབ་ཀྱི་སྐུ་གསུང་ཐུགས་ཡང་དག་པར་དགོད་པ་ནི་བསྲུང་བ་བྱ་ བའོ། །དེ་ནས་རྒྱུད་སྣོད་དུ་རུང་བར་བྱ་བའི་ཕྱིར་བླ་མས་སློབ་མ་ལ། མངལ་དུ་མངལ་ནས་ སྡུག་བསྔལ་དང་ནི་བཙའ་བའི་དུས་དང་བྱིས་པའི་དངོས་པོ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ ནུ་ལང་འཚོ་དག་ལ་བུད་མེད་ནོར་དང་འབྱོར་པ་ཉམས་པའི་ཉོན་མོངས་སྡུག་བསྔལ་ཆེན་པོ་ གང༌། །རྒ་དང་འཆི་བའི་སྡུག་བསྔལ་ཉིད་དེ་སླར་ཡང་འགྲོ་བ་དྲུག་ཏུ་ངུ་འབོད་ལ་སོགས་ འཇིགས་སྟེར་བ། །འགྲོ་བ་འདི་དག་མ་ལུས་སྒྱུ་མ་ལ་རྨོངས་གྱུར་པས་སྡུག་བསྔལ་ལས་ནི་ སྡུག་བསྔལ་འཛིན་པའོ། །འཁོར་བར་མི་ཉིད་དུ་ནི་བརྒྱ་ལམ་ཞིག་ན་གྱུར་ཀྱང་ཆོས་ཀྱི་བློ་ནི་ རྒྱ་ལམ་ཞིག་ནའོ། །དེ་ལ་དགེ་བའི་དབང་གིས་སངས་རྒྱས་ལ་ནི་རྗེས་ཆགས་གྱུར་ཀྱང་དང་ 1-1-515 པོའི་ཐེག་པར་རབ་ཏུ་འཇུག །དེ་ལས་དཔལ་ལྡན་རྡོ་རྗེ་ཐེག་པ་བསྒོམ་པ་ལ་ནི་བློ་གྲོས་མ་ ལུས་འཇུག་པ་རྒྱ་ལམ་ན། །དེ་ལས་སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕངས་ དག་ལ་འཇུག་པ་ཨེ་མ་ཤིན་ཏུ་དཀའ། །ཞེས་པའི་དོན་དེ་ངེས་པར་བརྗོད་ཅིང༌། བུ་ཚུར་ ཤོག་ཅིག་ཐེག་ཆེན་གྱི། །ཚུལ་ཆེན་སྣོད་ནི་ཁྱོད་ཡིན་གྱིས། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་འབྱུང་བའི་རྫོགས་སངས་རྒྱས། །སྐུ་གསུང་ ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་སྔགས་ཀྱིས་མཐུ་ཡིས་ནི། །མཉམ་པ་ཆེན་པོའི་ཡེ་ཤེས་ཐོབ། །གསང་སྔགས་སྦྱོར་བ་མཉམ་མེད་པས། །ཤཱཀྱ་སེང་གེ་ལ་སོགས་ཀྱིས། །བདུད་སྡེ་ཤིན་ཏུ་མི་ བཟད་པའི། །སྟོབས་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་པ་རྣམས་བསྒྲལ་བའི་ཕྱིར། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་ འདི་གྱིས་ཤིག །ཅེས་བརྗོད་ཅིང་དོན་གོ་བར་བྱས་པས་སྤྲོ་བ་བསྐྱེད་དེ། དེ་ནས་བླ་མ་དང་རྡོ་ རྗེ་འཛིན་པའི་ཚོགས་ཀྱིས་ནམ་མཁའ་གང་བར་མོས་པའི་སྤྱན་སྔར། དཀོན་མཆོག་གསུམ་ ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡིད་རང། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་ལན་གསུམ་གྱིས་ཐུན་མོང་གི་སྡོམ་པ་དང༌། དེ་ ནས་རིགས་དྲུག་སྡོམ་པ་འཛིན་པའི་བློས། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་ དག་ཀྱང་སྤྱི་བོས་བཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་ བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་ སྐྱེས་རིགས་ལ་སྡོམ་པ་དག་ཀྱང་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་ རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ཞེས་པ་ལན་གསུམ་ གྱིས་ཁྱད་པར་གྱི་སྡོམ་པ་བཟུང་ལ། སློབ་མའི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་མགྲིན་པར་ ཉི་མའི་དཀྱིལ་འཁོར་སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལྟེ་བར་དུས་མེའི་དཀྱིལ་འཁོར་ 1-1-516 གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་དྲུག་ལ། གོ་ རིམ་བཞིན་རིགས་དྲུག་གི་ས་བོན། ༀ་ཨཱཿཧཱུྃ་ཧོཿ ཧཾ་ཀྵཿ རྣམས་བཀོད་དེ་རིགས་དྲུག་གི་བསྲུང་ བ་བྱས་ལ། རྡོ་རྗེ་སེམས་དཔའི་བྱིན་བརླབས་ཚད་མེད་པ་འཇུག་པར་མོས་པས་དྲིལ་བུ་ དཀྲོལ་ཞིང༌། ༀ་ཨ་ཨཱ་(མི་བསྐྱོད་པ་ཡབ་ཡུམ) ཨཾ་ཨཿ (རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ས་བོན) བཛྲ་སཏྭ་ མཧཱ་སུ་ཁ་(རྡོ་རྗེ་བདེ་བ་ཆེན་པོ་དུས་ཀྱི་འཁོར་ལོ) བཛྲ་ཀ་ལ་ཙཀྲ་ཤི་ཥྱ་སྱ་ཨ་བྷི་མུ་ཁོ་བྷ་ཝ་(སློབ་ མའི་མངོན་དུ་ཕྱོགས་པར་མཛོད) སན་ཏུ་ཥྚོ་བྷ་(ཤིན་ཏུ་མཉེས་པར་མཛོད) ཝ་ར་དོ་བྷ་ཝ་(མཆོག་ སྩོལ་བར་མཛོད)ཀ་ཡ་(སྐུ)ཝཀ་(གསུང་)ཙིཏྟ་(ཐུགས)ཨ་ཏིཥྠ་ནཾ་ཀུ་རུ་ཀུ་རུ་(བྱིན་གྱིས་རླབས་པར་མཛོད་ཅིག་ མཛོད་ཅིག)སྭཱཧཱ་(གཞི་ཚུགས)། ཞེས་མང་དུ་བརྗོད་པས་གསོལ་བ་དྲག་ཏུ་བཏབ་པ་ནི་རྡོ་རྗེ་སེམས་ དཔའ་བསྐུལ་བའོ། །དེ་ནས་ཡི་གེ་དྲུག་པ་བཟླས་པའི་ཆུ་དྲི་ཞིམ་པོ་ཁྱོར་བར་བྱིན་ནས། ༀ་ ཧྲཱིཿ བཱི་ཤུད་དྷ་སརྦ་དྷརྨ་སརྦ་པཱ་(རྣམ་པར་དག་པའི་ཆོས་ཐམས་ཅད་)པཾ་ནིཥྩ་ཨརྱ་(འཕགས་པ་འདིས་སྡིག་པ་ ཐམས་ཅད་ཀྱང་)ཤོ་དྷ་ཡ་(སྦྱོངས་)ཤོ་དྷ་ཡ་(སྦྱོངས་)སརྦ་བི་ཀ་ལ་པཱན་(རྣམ་རྟོག་ཐམས་ཅད་)ཨ་པ་ན་ཡ་ཧཱུཾ་ (ཉམས་པར་མཛོད་)ཞེས་བརྗོད་པས་སྡིག་པ་དང་རྣམ་རྟོག་དག་པར་བསམ་ཏེ། ༀ་དྭ་ད་ཤ་ཨཾ་ག་ ནི་རོ་དྷ་ཀཱ་རི་ནི་(ཡན་ལག་བཅུ་གཉིས་འགང་བར་མཛོད)ཧཱུཾ་ཕཊ། ཅེས་པས་མིག་དར་བཅིངས་ནས། བླ་མས། དགའ་བ་ལ་དགའ་ཁྱོད་སུ་ཀྱེ། །ཞེས་དྲིས་པའི་ལན་དུ། བདེ་ཆེན་བདག་ནི་སྐལ་ བ་བཟང༌། །ཞེས་ལན་གདབ་པ་དང༌། ༀ་སརྦ་ཡོ་ག་ཙིཏྟ་ཏཾ་ཨུད་པ་ཏ་ཡ་མི (ཐམས་ཅད་རྣལ་འབྱོར་ དུ་སེམས་བསྐྱེད་པར་བྱའོ)། ཞེས་ཀྱང་སློབ་མ་ལ་བརྗོད་དུ་བཅུག་ཏེ་སེམས་བསྐྱེད་པ་ལ་བླ་མས། ༀ་སུ་ར་ཏ་ས་མ་ཡ་སྟྭཾ་ཧོཿ (ཁྱོད་ནི་ཤིན་ཏུ་དགའ་བའི་དམ་ཚིག་ཅན)སིདྡྷྱ་བཛྲ་ཡ་ཐ་སུ་ཁཾ་(རྡོ་རྗེའི་དངོས་གྲུབ་ ཇི་བཞིན་བདེ་བའོ)། ཞེས་བརྗོད་ཅིང་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་ཁར་བཟུང་སྟེ། དེང་ཁྱོད་ ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས་ཁྱོད་ཀྱིས་ཀྱང་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་ 1-1-517 དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པར་ཡང་མི་བྱའོ། །ཞེས་པས་གསང་བར་ གདམས་ནས། མགོ་བོར་རྡོ་རྗེ་བཞག་ལ་དྲིལ་བུ་དཀྲོལ་ཞིང༌། དེང་ཁྱོད་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་དེང་ནས་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་ བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དངོས་གྲུབ་ཐོབ་པར་ འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་འདིའི་དཀྱིལ་འཁོར་ ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་པས་ཕན་ཡོན་དང༌། འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་སྤྱི་བོ་འགེམས། །ཞེས་ཉེས་དམིགས་དང། སྙིང་ཁར་རྡོ་རྗེར་ལ། ༀ་རྡོ་རྗེ་ སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་འཇུག་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པ་དང༌། དུང་ཆོས་ཀྱི་ཆུ་ལ་བདུད་རྩི་སྦྱར་བ་མཐེ་ བོ་དང་མིང་མེད་ཀྱི་ཁར་བཞག་ཅིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་བསྲུངས་ན་ དངོས་གྲུབ་འཐོབ། །འཐུང་ཅིག་རྡོ་རྗེའི་བདུད་རྩིའི་ཆུ། །ༀ་པཉྩ་ཨ་མྲི་ཏེ་ཨུ་ཏ་ག་ཐ། (པད་ མ་བདུད་རྩིའི་ཆུ་འཐུང་ཅིག)ཞེས་ཕན་ཡོན་དང་ཉེས་དམིགས་གཉིས་ཀ་དང༌། སྤྱི་བོར་རྡོ་རྗེ་བཞག་ ནས། དེ་ནས་བརྩམས་ཏེ་བུ་ཁྱོད་ཀྱིས་དཔལ་དུས་ཀྱི་འཁོར་ལོ་ང་ཡིན་གྱིས། ངས་འདི་གྱིས་ ཤིག་ཅེས་གང་བསྒོ་བ་དེ་བུ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་ སྟེ། ཁྱོད་ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་གྱུར་ཏ་ རེ། ཞེས་རྡོ་རྗེ་སློབ་དཔོན་གྱི་བཀའ་མཉན་པའི་སྒོ་ནས་དམ་ལ་བཞག་པར་མོས་ཤིང་སློབ་མ་ རྣམས་སྐད་ཅིག་གིས་རྡོ་རྗེ་ཤུགས་སུ་བསྐྱེད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་ གྱིས་རློབས་ཤིག དཔལ་དུས་ཀྱི་འཁོར་ལོ་བདག་ལ་དབབ་ཏུ་གསོལ། །ཞེས་ལན་གསུམ་ གྱིས་ཡེ་ཤེས་དབབ་པའི་གསོལ་བ་གདབ་ཅིང་མོས་པ་ཚད་མེད་པས་ལྟེ་བ་ལ་སོགས་པའི་ 1-1-518 ཡིག་འབྲུ་བཞི་དང་བཅས་པ་རྣམས་གསལ་གདབ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ཚད་མེད་ པའི་ཚོགས་རྣམས་དབབ་སྟེ། དེའི་སྔགས་ནི། ༀ་(སྐུ)ཨཱ༔(གསུང་)ར་ར་ར་ར་(མེ)ལ་ལ་ལ་ལ་ (ས)བཛྲ་ཨ་བེ་ཤ་(རྡོ་རྗེ་ཕོབ་ཅིག) ཡ་ཧཱུཾ། ཞེས་མང་དུ་བརྗོད་དོ། །དེ་ནས་མེ་ཏོག་སྤྱི་བོར་བཞག་ ལ་ཡེ་ཤེས་བརྟན་པར་བྱ་སྟེ། ༀ་(སྐུ)ཨཱཿ (གསུང)ཧཱུྃ་(ཐུགས)ཞེས་པའོ། །དེ་ནས་ཡང་སྔར་བཞིན་ རྡོ་རྗེ་དྲུག་གིས་བསྲུང་བ་བྱ་ཞིང༌། ༀ་དི་བྱ་ཨིན་ཏྲི་ཡཱ་ཎི་ཨུད་གྷཱ་ཊ་ཡ་(ལྷའི་དབང་པོའི་མིག་ངེས་པར་ ཕྱེ་ཞིག)སྭཱཧཱ། ཞེས་པས་མིག་དར་དཀྲོལ་བ་ནི་ཡེ་ཤེས་དབབ་པའོ། །དེ་ནས་བརྟུལ་ཞུགས་ ཉི་ཤུ་རྩ་ལྔའི་སྡོམ་པ་བླང་སྙམ་པའི་འདུན་པས་བླ་མའི་རྗེས་སུ་བཟླ་བ། འཚེ་དང་མི་བདེན་ གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་ རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་ལྔ་པོ་འདི་དག་གོ། །གང་ཞིག་གང་གི་ དུ་སུ་བྱུང་བ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་གནང་བ། །སྣ་ཚོགས་གཙོ་བོའི་བཀའ་ འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་བདག་གིས་ཀྱང་ནི་བསྐྱང་བར་བགྱི། །ཆོ་ལོ་ཁ་ ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལང་ བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བགྱི་ཞིང༌། །གྲོགས་པོ་ རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང༌། །དབང་པོ་ རྣམས་ནི་ཀུན་ནས་ཆགས་པར་མི་བགྱི་དེ་ལྟར་སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་ལྔ། །ཞེས་པ་ལན་གསུམ་དུ་བཟླ་བ་ནི་བརྟུལ་ཞུགས་བླང་བའོ། ། དེ་ནས་རེ་ཞིག་འཇིག་རྟེན་པའི་དབང་གསུམ་གྱི་སླད་དུ་རིག་མ་གསུམ་དང་བཅས་ པ་མཎྜལ་ཕུལ་ལ། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེས་གང་བ། །ཡེ་ཤེས་སྐུ་ཁྱོད་ལ་ཕྱག་འཚལ། །སྟོང་ཉིད་སྙིང་རྗེའི་ དབྱེར་མེད་པ། །བྱང་ཆུབ་སེམས་ནི་འགྱུར་མེད་གང༌། །དབང་བསྐུར་དེ་ཡིས་བདག་ལ་ནི། 1-1-519 མགོན་པོ་ད་ནི་བཀའ་དྲིན་མཛོད། །བུ་དང་ཆུང་མ་སོགས་བཅས་པ། །བདག་ནི་དུས་ཀུན་ ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་ལ་སྐྱབས་གཞན་ཡོད་མ་ལགས། །ཞེས་ལན་གསུམ་གྱིས་ཕྱིར་དང༌། བྱེ་བྲག་ཏུ་བུམ་པའི་དབང་གི་དོན་དུ་བླ་མ་རྡོ་རྗེ་འཆང་ དང་དབྱེར་མེད་པ་ལ་མཎྜལ་ཕུལ་ནས། དཔལ་ལྡན་སྐུ་ཡི་རྡོ་རྗེ་{འཛིན། །མི་ཕྱེད་རྡོ་རྗེ་} གསུམ་བསྒོམས་པས། །སྐུའི་རྡོ་རྗེ་ཅན་ཅན་གྱིས་ནི། །བྱིན་རླབས་གནས་སུ་དིང་བདག་ མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་ཅན་གྱིས་ནི། །བྱིན་ རླབས་གནས་སུ་དིང་བདག་མཛོད། །ༀ་ༀ་(སྐུ)སྲཛྙ་(ཤེས་རབ་དང་)ཨུ་པ་ཡཽ་(ཐབས་དག་)ཀ་ལ་ཤ་ (བུམ་པའི་)ཨ་བྷི་ཥེ་ཀཾ་(མངོན་པར་དབང་བསྐུར་བ་)མེ་ད་ད་ཏཾ་(བདག་ལ་སྩལ་དུ་གསོལ་)ཧཱུཾ་ཧཱུཾ་ཕཊ། ཞེས་པ་ ལན་གསུམ་གྱིས་གསོལ་བ་གདབ་པའོ། །དེ་ནས་བླ་མས་རིག་མ་གཏད་དེ་འདི་སྐད་དུ། ལྷ་ མོ་དགའ་སྟེར་གནས་སྟེར་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་ སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །ཞེས་གསུང་ཞིང་ཕྱག་རྒྱ་གཏད་པར་མོས་ པའི་ནུ་མ་ལ་རེག་པས་རྒོད་པ་དང་ལག་པས་འཁྱུད་པའི་བདེ་བས་ཉེ་བར་མཚོན་པ་དགའ་ བའི་དགའ་བ་ནི་བུམ་པའི་དབང་སྟེ། དེས་སློབ་མའི་ལུས་ཀྱི་ཐིག་ལེ་དང་སད་པའི་གནས་ སྐབས་འགགས་ནས། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པའི་ལམ་ བསྒོམ་པ་ལ་དབང་བར་བྱས་པས། སྔགས་ཀྱི་ཚུལ་ལ་དགེ་ཚུལ་དུ་འགྱུར་ཞིང་ས་བརྒྱད་པ་མི་ གཡོ་བ་ཐོབ་པས་སངས་རྒྱས་ཀྱི་སྲས་སུ་འགྱུར་བ་ལ་དབང་ངོ༌། །དེ་ནས། ༀ་ༀ་(སྐུ)བཛྲ་སཏྭེ་ ན་(རྡོ་རྗེ་སེམས་དཔའི་)བཛྲ་ཀ་(རྡོ་རྗེ་བུམ་པའི་)ལ་ཤ་ཨ་བྷི་ཥེ་ཀེ་(མངོན་པར་དབང་བསྐུར་བས་)ན་ཨ་བྷི་ཥེ་ ཀེ་ཏོ་(མངོན་པར་དབང་བསྐུར་ཏེ་)བཛྲ་སཏྭ་པུ་ཏྲོ་(རྡོ་རྗེ་སེམས་དཔའི་)ཨ་ཙ་ལཱ་བྷུ་མི་ལབ་དྷོ་ཧཾ་(མི་གཡོ་ བ་ཐོབ་པ་ཡིན)ཞེས་ང་རྒྱལ་བཟུང་ངོ༌། །དེ་ནས་གསང་དབང་གི་དོན་དུ་བླ་མ་གསུང་རྡོ་རྗེ་དང་ དབྱེར་མེད་པ་ལ་མཎྜལ་ཕུལ་ནས། ༀ་ཨཱོཾཿ (གསུང་)པྲཛྙཱ་ཨུ་པ་ཡོ་གུ་(གསུང་ཤེས་རབ་དང་ཐབས་)ཧྱ་ 1-1-520 ཨ་བྷི་ཥེ་ཀཾ་མེ་ད་ད་ཏཾ་ཧཱུཾ་ཧཱུཾ་(མངོན་པར་དབང་བསྐུར་བ་བདག་ལ་སྩལ་དུ་གསོལ)ཕཊ། ཞེས་པ་ལན་གསུམ་ གྱིས་གསོལ་བ་གདབ་པའོ། །དེ་ནས་བླ་མ་ལྷའི་རྣལ་འབྱོར་དང་ལྡན་པས་རང་གི་ཡུམ་ལ་ སྙོམས་པར་ཞུགས་པའི་བདེ་བའི་སྒྲས་དེ་བཞིན་གཤེགས་པའི་ཚོགས་ལུས་ལ་བཅུག་སྟེ། འདོད་ཆགས་ཆེན་པོས་ཞུ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྦྱོར་འཚམས་ནས་ བླངས་པའི་བདུད་རྩི་མཐེ་བོ་དང་མིང་མེད་དག་གིས་བཟུང་བཞིན་པས། འདས་པའི་རྡོ་རྗེ་ འཆང་སོགས་ཀྱིས། །(ལྡེབ་གཅིག་མ་ཡིག་ཏུ་ཆད་ཡོད)ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ། །དེས་སློབ་ མའི་སེམས་ཀྱི་ཐིག་ལེ་དང་གཉིད་འཐུག་གི་གནས་སྐབས་འགགས་ནས། ཐུགས་རྡོ་རྗེ་ཆོས་ ཀྱི་སྐུ་རྣམ་པ་ལྔས་མངོན་པར་བྱང་ཆུབ་པའི་ལམ་བསྒོམ་པ་ལ་དབང་བར་བྱས་པས། སྔགས་ ཀྱི་ཚུལ་ལ་གནས་བརྟན་དུ་འགྱུར་ཞིང་ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པ་སངས་རྒྱས་གཉིས་པ་ ཉིད་དུ་འགྱུར་བར་དབང་ངོ༌། །དེ་ནས། ༀ་(སྔགས་ཀྱི་མགོ་འདྲེན་)ཧཱུྃ་(ཐུགས་དཀྱིལ་གྱི་ས་བོན་)བཛྲ་སཏྭེ་ ན་(རྡོ་རྗེ་སེམས་དཔའི་) པྲཛྙ་ཛྙ་ནེ་ན་(ཤེས་རབ་ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་བ་) ཨ་བྷི་ཥེ་གེ་ན་ཨ་བྷི་ཥེ་ཀེ་ཏོ་དྭི་དིའི་མ་བཛྲ་དྷ་རོ་ཧཾ་དྷརྨ་མེ་གྷ་བྷུ་མི་ལབ་དྷོ་ཧྃ་ཞེས་ང་རྒྱལ་ གཟུང་ངོ༌། ། དེ་ལྟར་འཇིག་རྟེན་པའི་དབང་གསུམ་གྱི་ཚུལ་ཁྲིམས་ཀྱི་ཚོགས་ལ་དབང་བར་བྱ་སྟེ་ སླར་ཡང་ ཡེ་ཤེས་ཀྱི་ཚོགས་ཀྱི་ཕྱིར་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཞུ་བའི་དོན་དུ་ བླ་མ་ཡེ་ཤེས་རྡོ་རྗེ་དང་དབྱེར་མེད་པ་ལ་མཎྜལ་ཕུལ་ནས། གཙོ་བོ་ཁྱོད་ཞབས་བཀའ་དྲིན་ གྱིས། །བདག་གི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་ དྲིན་གྱིས་ཀྱང་བསྐྱང་དུ་གསོལ། །ཞེས་པ་དང༌། ༀ་ཧོ་པྲཛྙཱ་ཨུད་པཱ་ཡཽ་ཨད་མ་ཀཾ་(སྔགས་ཀྱི་མགོ་ འདྲེན་ཡེ་ཤེས་རྡོ་རྗེའི་ས་བོན་ཤེས་རབ་དང་ཐབས་ཀྱི་དབང་བདག་ཉིད་ཅན)བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་དང)མཧཱ་མུ་ 1-1-521 ཏྲ་(ཕྱག་རྒྱ་ཆེན་མོ)ཛྙ་(ཡེ་ཤེས)ན་ཨ་བྷི་ཥེ་ཀཾ་(མངོན་པར་དབང་བསྐུར་བ)མེ་པྲ་ཡཙྪ་ༀ་ཨཱཿཧཱུྃ་ཧོཿ (བདག་ལ་ སྩལ་དུ་གསོལ)ཕཊ། ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ་པོ། །དེ་ནས་བླ་མ་དམ་པའི་ གསུང་དུ་མོས་པས། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་ དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་པ་དང༌། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །དེ་ལ་རྟགས་ནི་མ་མཐོང་ན། །དེ་ཚེ་ང་ཡིས་བརྫུན་ ཚིག་ཡིན། །ཞེས་བརྗོད་ལ་བླ་མའི་མན་ངག་བཞིན་དུ་ལུས་གནད་ལྟ་སྟངས་ལེགས་པར་ བཅས་ཏེ་རྣམ་རྟོག་གི་འགྱུ་བ་བཅད་ནས་འཛིན་མེད་ཀྱི་ངང་ལ་སེམས་རྩེ་གཅིག་མཉམ་པར་ བཞག་གོ། །དེ་ནས། དུ་བ་སྨིག་རྒྱུ་མེ་ཁྱེར་དང༌། །མར་མེ་འབར་བ་ཟླ་ཉི་དང༌། །ལུས་ཅན་ཆ་ ནས་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་ནི་འོད་གསལ་ལོ། །ཞེས་པ་དང༌། ཡེ་ཤེས་འདི་ནི་ཆེ་ཕྲ་ ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ ཡིན་ནོ། །ཞེས་པའི་དོན་དྲན་པས་དུ་བ་ལ་སོགས་བསྒོམ་བྱ་ཞིང༌། སེམས་ནི་གཡོ་བ་མེད་ བྱ་སྟེ། །དབུ་མ་སྦྱངས་པ་བྱས་ནས་ནི། །མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །ཞེས་གསུངས་ པ་ལྟར་བསྒོམས་པ་ལས་འཕོ་བ་མེད་པའི་བདེ་བ་ཐོབ་པས་ཉེ་བར་མཚོན་པ་ལྷན་ཅིག་ སྐྱེས་པའི་དགའ་བ་ནི་དབང་བཞི་པ་སྟེ། དེས་འཕོ་བ་ཡེ་ཤེས་ཀྱི་ཐིག་ལེ་དང་ཆགས་རྟོག་ གི་གནས་སྐབས་འགགས་ནས། ཡེ་ཤེས་རྡོ་རྗེས་ངོ་བོ་ཉིད་ཀྱི་སྐུ་སྐད་ཅིག་ཅིག་གིས་མངོན་ པར་བྱང་ཆུབ་པའི་ལམ་བསྒོམ་པ་ལ་དབང་བར་བྱས་པས། སྔགས་ཀྱི་ཚུལ་ལ་སྐྱེས་དགུའི་ བདག་པོར་འགྱུར་ཞིང་ས་བཅུ་གཉིས་པ་རྡོ་རྗེ་འཛིན་པའི་གོ་འཕངས་ཐོབ་པ་བཅོམ་ལྡན་ འདས་དཔལ་དུས་ཀྱི་འཁོར་ལོ་ཉིད་དུ་འགྱུར་བར་དབང་ངོ༌། །དེ་ནས། ༀ་ཧོ་(སྔགས་ཀྱི་མགོ་ འདྲེན་)དྷརྨ(ཡེ་ཤེས་རྡོ་རྗེའི་ས་བོན)དྷ་ཏུ་(ཆོས་ཀྱི་དབྱིངས་འགྱུར་བ་མེད་པ་)ཨ་ཀྵ་ར་(བཅོམ་ལྡན་འདས་དུས་ཀྱི་འཁོར་ ལོ་)ཙ་ཏུར་ཐ་ཨ་བྷི་ཥེ་ཀེ་ཏོ་(མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་བ་)བཛྲ་ས་(རྡོ་རྗེ་སེམས་ 1-1-522 དཔའི་བདག་ཉིད་)ཏྭ་ན་ཨད་མ་ནཱ་ཧཾ་དི་ཏི་ཡཽ་དྭ་ད་ཤ་བྷུ་(ས་བཅུ་གཉིས་ཐོབ་པ་)མི་ལབ་དྷོ་བཛྲ་སཏྭ་(རྡོ་ རྗེ་སེམས་དཔའ་)མཧཱ་ཨར་ཐ་(དོན་ཆེན་པོ་)པ་ར་མ་ཨ་ཀྵ་ར་(མཆོག་ཏུ་མི་འགྱུར་བ་)ཏྲཻ་ལོ་ཀྱ་བི་ཛ་ཡ(འཇིག་ རྟེན་བཞིས་རྣམ་པར་རྒྱལ་བའི)། །ཀ་ལ་ཙཀྲ་བྷ་ག་ཝན་(བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ)ཨེ་ཝཾ་ཀ་རཿ (ཨེ་ཝཾ་ ཡི་གེའོ)། ཞེས་གསུངས། དེ་ལྟར་དབང་བཞི་ཐོབ་ནས་དེ་ཁོ་ན་ཉིད་ཀྱི་དག་པ་ཡིད་ལ་བྱེད་ པས། བུམ་པ་གསང་བའོ་དབང་བསྐུར་དང༌། ཤེས་རབ་ཡེ་ཤེས་མངོན་བརྗོད་པས། །སླར་ ཡང་ཤེས་རབ་ཆེན་པོ་ཉིད། །དེ་མི་ཡེ་ཤེས་མངོན་བརྗོད་བྱ། །འགྱུར་དང་འགྱུར་དང་དེ་ནས་ འཛག །དེ་ནས་གཞན་ཡང་མི་འཛག་པའོ། །དབང་བསྐུར་གསུམ་པོ་རིམ་པ་ཡིས། །ལུས་གང་ སེམས་ནི་ལེགས་དག་པ། །བཞི་པ་ཡེ་ཤེས་ཡང་དག་དག །ལུས་ངག་སེམས་ཀྱང་དག་པར་ བྱེད། །བྱིས་པ་དར་མ་དེ་ནས་རྒན། །བཞི་པ་སྐྱེ་དགུའི་བདག་པོའོ། །ཤེས་རབ་ནུ་མར་ཡན་ ལག་ནི། །རེག་པས་བྱང་ཆུབ་སེམས་འཕོའི་བདེ། །འོ་མ་འཛིན་པས་དབང་བསྐུར་བ། །གང་ ལས་བདེ་ཐོབ་དེ་བྱིས་པའོ། །ཡུན་རིང་གསང་མ་སྤྲོས་ལས་སྐྱེས། །བྱང་ཆུབ་སེམས་ནི་འཕོ་ བའི་བདེ། །གསང་བའི་དབང་བསྐུར་གསང་བ་ནི། །གང་ལས་བདེ་ཐོབ་དེ་དང་མ། །ཡུན་ རིང་གསང་བར་སྤྲོས་ལས་སྐྱེས། །རྡོ་རྗེའི་རྩེ་མོར་གཡོ་བའི་བདེ། །ཤེས་རབ་ཡེ་ཤེས་དབང་ བསྐུར་བ། །གང་ལས་གཡོ་བ་བགྲོད་དེ་རྒན། །ཕྱག་རྒྱ་ཆེན་པོའི་རྗེས་འཆང་ལས། །སྐྱེས་པ་ གཡོ་མེད་བདེ་བ་ནི། །ཤེས་རབ་ཆེན་པོའི་དབང་བསྐུར་བ། །གང་ལས་གཡོ་མེད་རྟོགས་པ་ དེ། །སྐྱེ་དགུའི་བདག་པོར་རྣམས་ཀྱིས་བྱ། །སྐྱོབ་པ་ཐམས་ཅད་སྐྱེད་མཛད་པ། །ཞེས་བརྗོད་ དོ། །དེ་ནས་དབང་གི་རབ་བྱེད་ཞུ་བའི་དོན་དུ་བླ་མ་སྐུ་བཞིའི་བདག་ཉིད་ལ་མཎྜལ་ཕུལ་ ནས། བཅོམ་ལྡན་འདས་བདག་ལ་དབང་བསྐུར་བའི་རབ་ཏུ་བྱེད་པའི་བཀའ་དྲིན་མཛད་ དུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་གདབ་པོ། །དེ་ནས་བླ་མའི་གསུང་དུ་མོས་པས། འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་ 1-1-523 འདས་པའོ། །གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་གཞན་པ་བདུད་རྩི་མྱང་དང་འཁྱུད་པ་ གང་ཡིན་པ། །ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་ཞུ་བ་དག་ལས་བཞི་པའི་སྐད་ ཅིག་བདུད་རྩི་རྟོགས་པ་གང༌། །འདི་དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་ ཐུགས་རྗེ་ཡིས་ནི་ལམ་གྱི་རྒྱུ་རུ་བསྟན། །འཇིག་རྟེན་འདས་པའི་དབང་གང་མཆོག་གི་རྒྱལ་ བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ། །སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ ལས་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །གང་ཞིག་མཐའ་དག་རྒྱལ་བའི་སྲས་ དང་སངས་རྒྱས་རྣམས་ཀྱིས་བསྟེན་པ་རྣལ་འབྱོར་དབང་པོས་བསྟེན་བྱ་སྟེ། །ཡེ་ཤེས་མེ་ལྕེ་ དེ་ནི་རབ་ཏུ་རྒྱས་པས་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་བསྲེག་བྱེད་ཅིང༌། །ལུས་ ལ་ཆགས་པ་ལ་སོགས་ཀྱང་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡི་སྦྱོར་བས་བདེ་མཉམ་སྟེར་བར་ བྱེད། །ཅེས་གསུངས་པ་དང༌། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་ བའི་འོད། །རྡོ་རྗེ་དཀྱིལ་དཀྲུང་རྫོགས་སངས་རྒྱས། །སངས་རྒྱས་གསུང་གི་ཆོས་འཛིན་པ། །ཞེས་པ་དང༌། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱཻད་ཐིག་ལེ་འཛིན། །ཆ་ མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཞེས་བརྗོད་ལ། དབང་ བསྐུར་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་གསུངས་པའི་དོན་ དགའ་བ་བཞི་པོ་རེ་རེ་ཡང་བཞི་བཞིར་བྱེ་བའི་དེ་ཁོ་ན་ཉིད་བཅུ་དྲུག་ཀུན་རྫོབ་དང་དོན་དམ་ པའི་ངེས་པ་མ་འཁྲུང་པས་དག་གི་དོན་རབ་ཀྱི་མཐར་ཐུག་པར་བྱེད་པ་རྡོ་རྗེའི་རྣལ་འབྱོར་ ལེགས་པར་ཁོང་དུ་ཆུད་པར་བྱའོ། །དེ་ནས་སྡོམ་པའི་དོན་དུ། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་ དང༌། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང༌། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརྟུལ་ ཞུགས་བརྟན་པོས་བསྲུང་བར་བྱ། །བྷ་གར་ལིང་ག་རབ་བཞག་ནས། །བྱང་ཆུབ་སེམས་ ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། 1-1-524 །བསྲུངས་པ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་རོལ་ཕྱིན་བཅུ་ཐོབ་པ་ཡིས། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །འདི་ཡི་རྫོགས་སངས་རྒྱས་ཀུན་གྱིས། །ཆོས་ ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་དང་གཞན་དོན་སྒྲུབ་པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་ མེད་པ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །སྐྱོབ་པ་ ཀུན་གྱི་སྡོམ་པ་ནི། །བདག་ཏེ་ཁྱོད་བསྲུང་བདག་གི་བུ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་བརླབས་རྫོགས་པའི་བྱང་ཆུབ་འཐོབ། །ཅི་སྟེ་ཆགས་པས་ཟིལ་མནན་བདག །གཙོ་ བོའི་མདུན་དུ་བླངས་ནས་ནི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་ངུ་འབོད་དུ་འགྲོ་འགྱུར། །དམན་པའི་སེམས་ལས་སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་སེམས་ལྟུང་འགྱུར། །དེ་ཚེ་ཕྱག་ རྒྱར་ཤེས་ནས་ནི། །པད་མའི་ཕྱི་རོལ་རང་ལྕེས་བླང༌། །ཞེས་བླ་མས་བརྗོད་ཅིང་འཕོ་བ་ མེད་པའི་ཚངས་སྤྱོད་ལ་འབད་པར་བྱའོ། །དེ་ནས་རང་ཉིད་དགའ་ཞིང་སྤྲོ་བའི་འདུན་པས་ བླ་མའི་རྗེས་སུ་འདི་སྐད་བཟླ་བར་བྱ་སྟེ། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་ གསོན་པའང་འབྲས་བུ་ཡོད། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་ བདག་གྱུར། །ཞེས་བརྗོད་དོ། །དེ་ལྟར་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་ནས་བླ་མས་རྩ་ ལྟུང་བསྒྲག་ཅིང་ཡོད་པའི་མོས་པས་མཉན་པ་ལ་བླ་མས། དཔལ་ལྡན་བླ་མའི་ཐུགས་དཀྲུག་ པ་ལས་བུ་རྣམས་ཀྱིས་ནི་ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ཡི་དཀའ་ལ་འགོངས་པས་ གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་ བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་ པ་གྲུབ་པའི་མཐའ་ལ་སྨོད་པའི་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཕུང་ པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང༌། །སྒྱུ་ 1-1-525 ཡི་བྱམས་པ་དང་ནི་མིང་སོགས་བྲལ་བ་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། །དག་ པའི་སེམས་ཅན་རྣམས་ལ་སྐྱོན་བརྗོད་པ་ལས་ཉི་མ་དམ་ཚིག་ཐོབ་པ་འདོར་བ་ལས་ཀྱང་ གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེའི་ཐེག་པར་གནས་པ་ རྣམས་ལའོ། །ཞེས་བརྗོད་ཅིང་བཀའ་སྩལ་དོན་དུ་གཉེར་བས། གཙོ་བོས་ཇི་ལྟར་བཀའ་སྩལ་ པ༌། །དེ་དག་ཐམས་ཅད་བདག་གིས་བགྱི། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་ བདག་ནི་འབུལ་ལགས་ཀྱིས། །ཁྱོད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་གཅད་ དུ་གསོལ། །ཞེས་གསུངས་པའི་དོན་དྲན་པས་ཚུལ་བཞིན་ཡིད་ལ་བྱེད་པས་རྩ་བའི་ལྟུང་བ་ ཡན་ལག་དང་བཅས་པའི་ཉེས་པ་སྤངས་བར་བྱ་སྟེ་རྩ་ལྟུང་བསྒྲག་པའོ། ། དེ་ནས་དབང་བསྐུར་བའི་བླ་མ་ལ་དུས་ཐམས་ཅད་དུ་མཎྜལ་བསྟེན་ནས་ཡིད་ལས་བྱུང་ བའི་མཆོད་པ་རྒྱ་ཆེན་པོ་དང་སློབ་མའི་ལུས་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་དྲུག་ཆ་ དབུལ་བར་གསུངས་པས་ཐལ་མོ་སྦྱར་བས། ལུས་དང་རྐང་ལག་ནང་ནས་ནི། །ཕྱག་མཚལ་ ཆེད་དུ་མགོ་བོ་འབུལ། །ལས་ཀྱི་དབང་པོ་རྣམས་ལས་ནི། །བསྟོད་དང་བདེན་ཕྱིར་དག་ འབུལ་གྱིས། །དབང་པོ་དྲུག་པོ་རྣམས་ལ་ནི། །གཡོ་སྒྱུ་སྤང་ཕྱིར་ཡིད་འབུལ་ཏེ། །དེ་བཞིན་ རྫས་དང་འཁོར་ལས་ཀྱང༌། །དུས་དྲུག་དུ་ནི་དྲུག་ཆ་འབུལ། །ཞེས་དམ་བཅས་ལ་མཎྜལ་ ལ་སོགས་པ་ཅི་འབྱོར་པས་མཉེས་པར་བྱ་སྟེ་ཡོན་འབུལ་བའི་ངེས་པའོ། །དེ་ནས་ཚོགས་ཀྱི་ མཆོད་པ་ལ་སོགས་པས་ནང་གི་ལྷ་ཚོགས་དང༌། ཕྱི་ནང་གི་མཆོད་པ་དང་བསྟོད་པ་རྣམས་ ཀྱིས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་མཉེས་པར་བྱ་སྟེ། ལྷག་མའི་བར་གཞན་ནས་འབྱུང་བ་ ལྟར་རྗེས་ཀྱི་བྱ་བ་རྣམས་བཀྲ་ཤིས་ཀྱིས་བར་ལེགས་པར་བྱའོ། །རྒྱུད་འགྲེལ་མན་ངག་བླ་ མའི་གསུང་བཞིན་དུ། །དབང་གི་ཆོ་ག་སྡེབས་པའི་དགེ་བ་ཡིས། །འགྲོ་ཀུན་གསང་སྔགས་ བཅུད་ཀྱིས་ཚིམ་པ་དང། །དུས་ཀྱི་འཁོར་ལོའི་གོ་འཕང་མྱུར་ཐོབ་ཤོག །དབང་གོང་མའི་ཆོ་ 1-1-526 ག་བདུད་རྩིའི་འབྱུང་གནས་ཞེས་བྱ་བ། རྡོ་རྗེ་འཛིན་པ་ལོ་ཙཱ་བ་བློ་གྲོས་དཔལ་གྱིས། བཅོམ་ ལྡན་འདས་རྡོ་རྗེ་སྙིང་པོ་ལ་སོགས་པའི་སྐལ་ལྡན་མང་པོས་ཡང་ཡང་བསྐུལ་བའི་དོན་དུ་ཇོ་ ནང་དཔལ་གྱི་རི་ཁྲོད་དུ་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ། བྷ་ཝཾནྟུ། མ་ཡིག་འབྲས་དཔེ་རྙིང་ཕྱི་ཀ ༢༥༥ ཡིན། 1-1-527 ༄༅། །ན་རོ་འགྲེལ་ཆེན་གྱི་བསྡུས་དོན་ བཞུགས་སོ། ། ༄༅། །རྒྱུད་དང་འགྲེལ་བའི་སྦྱོར་མཆན་རྣམས་ནི་ཕན་ཚུན་འཁྲུལ་བ་མི་བགྱི་ཞིང༌། །གཞུང་དུ་དཀྲུགས་ཤིང་སྡུས་པའི་དོན་ཀུན་སྡེབས་ནས་འཆད་ཕྱིར་འགའ་ཞིག་ཏུ། །རིམ་པ་ འགའ་ཡང་སྦལ་བ་འཕར་དང་སེང་གེའི་ལྟ་སྟངས་ལྟ་བུ་ཡི། །འཆད་ཚུལ་རྣམ་པ་གཉིས་ལས་ མཁས་པས་མཁྱེན་པར་བགྱི་བའང་མན་ངག་གོ །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ ལོ། །བདེ་ཆེན་དམིགས་མེད་སྙིང་རྗེ་ཆེན་པོ་དང༌། །སྟོང་ཉིད་དམིགས་བཅས་སྣ་ཚོགས་འོད་ གསལ་ཆེ། །གཉིས་མེད་དཔལ་ལྡན་ཀྱེ་ཡི་རྡོ་རྗེ་ལ། །ཀུན་ཏུ་གུས་པས་ཕྱག་འཚལ་སྐྱབས་སུ་ མཆི། ། འདིར་དཔལ་ཀྱེ་ཡི་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་རྗེ་ན་རོ་པཎ་ཆེན་གྱིས་མཛད་པའི་རྡོ་རྗེ་ཚིག་ གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་འཆད་པ་ལ་བཞི། ཐོག་མར་བཀོད་པ་མཚན་གྱི་དོན། བྱ་བའི་སྔོན་དུ་ཕྱག་འཚལ་བ། འཆད་པར་བྱ་བའི་གཞུང་ལུགས་དངོས། གང་གིས་བསྒྱུར་ བའི་མཚན་བྱང་ངོ༌། །གསུམ་པ་ལ་གསུམ། བཤད་པའི་སྔོན་དུ་འཇུག་པ། ཞུགས་ནས་གཞུང་ དོན་བཤད་པ། བཤད་པ་རྫོགས་པའི་བྱ་བའོ། ། དང་པོ་ལ་གསུམ། དཔལ་ལྡན་བླ་མ་ལ། ཕྱག་རྒྱ་ཆེན་མོ་ལ། ལྷན་གཅིག་སྐྱེས་པ་ལ་ འདུད་པ་གསུམ་གྱིས་མཆོད་པར་བརྗོད་པའི། ལེགས་བཤད་མན་ངག་བསྡུས་ཏེ་དགོས་ལྡན་ བྲི་བར་དམ་བཅའ། འཐད་པའི་རྒྱུ་མཚན་བཀོད་ཏེ་མཁས་པ་ལ་བཟོད་པར་གསོལ་བ། རྒྱུད་ 1-1-528 ཀྱི་འཆད་ཚུལ་བཀོད་ཏེ་གཙོ་བོར་ངེས་དོན་འགྲེལ་ཚུལ། གསུམ་གྱིས་བཤད་པ་དམ་བཅའི། མན་ངག་ཤེས་པའི་སྒོ་ནས་འཇུག་པའོ། །འདི་ལ་གསུམ། དོན་ལ་རྟོན་པའི། དབང་དང་ཕྱག་ རྒྱའི། རྡོ་རྗེ་སེམས་དཔའི་མན་ངག་ཤེས་ནས་རྒྱུད་ལ་འཇུག་པའོ། ། དང་པོ་ལ་གཉིས། ཚིག་ལ་སྙིང་པོ་མེད་པས་དོན་ལ་སྟོན་ཚུལ། དེ་ཉིད་ངེས་པའི་དོན་དུ་ སྒྲུབ་བྱེད་སྟོན་པའོ། །དེ་ལ་གཉིས། རྣམ་འཕྲུལ་ཕྱོགས་གཅིག་མིན་པར་བསྟན་པ། དེ་ཉིད་ ལུང་གི་སྒོ་ནས་སྒྲུབ་ཚུལ། གཉིས་ཀྱིས་གདུལ་བྱའི་དབང་གིས་རྣམ་འཕྲུལ་དུ་མ་སྟོན་ཚུལ། བསྟན་པའི་མཐའ་ཐུག་ངེས་དོན་གཅིག་ལ་འབབ་ཚུལ་ལོ། །ལྔ་པ་ལ་གཉིས། དབྱེ་བའི་སྒོ་ ནས་མདོར་བསྟན། ངོ་བོ་རྒྱས་པར་བཤད་པ། མཆོག་དམན་ལུང་གིས་སྒྲུབ་པ། གསུམ་གྱིས་ གཙོ་ཕལ་གཏན་ལ་དབབ་པ། གཙོ་བོ་བསྒོམ་པ་གདམས་པའོ། ། གསུམ་པ་ལ་གཉིས། ཝཾ་ཡིག་རྡོ་རྗེ་སེམས་དཔའ་ཨེ་ལ་བཞུགས་ཚུལ། དེ་ཉིད་རྒྱུད་ཀྱི་ སྟོན་འཁོར་གླེང་གཞིར་བསྟན་པ། རྩོད་པ་སྤངས་ཏེ་སྟོན་འཁོར་གཅིག་ཏུ་གྲུབ་ཚུལ། གསུམ་ གྱིས་ཨེ་ཝཾ་ཟུང་འཇུག་རྡོ་རྗེ་སེམས་དཔར་བསྟན་པ། དེ་ནས་ཨེ་ཝཾ་གནས་ལུགས་ཤེས་པར་ བྱ་བའོ། །གཉིས་པ་ཞུགས་ནས་གཞུང་དོན་བཤད་པ་ལ་གཉིས། གླེང་གཞི་རྡོ་རྗེའི་ཚིག་དོན་ བཤད་པ། ཚིག་དེ་བསྟན་པར་ལུང་གི་སྒྲུབ་པ། གཉིས་ཀྱིས་གླེང་གཞི། རྒྱུད་དོན་ཕུན་སུམ་ ཚོགས་པའོ། །འདི་ལ་གཉིས། རྫོགས་པར་བྱང་ཆུབ་དང་སྒྱུ་འཕྲུལ་དྲ་བའི་བརྟག་པའོ། །དང་ པོ་ལ་རྡོ་རྗེ་རིགས་ཀྱི་ལེའུ་དང༌། སྔགས་ཀྱི་ལེའུ་དང༌། ལྷའི་ལེའུ་དང༌། ལྷ་དབང་བསྐུར་བའི་ ལེའུ་དང༌། དེ་ཁོ་ན་ཉིད་ཀྱི་ལེའུ་དང༌། སྤྱོད་པའི་ལེའུ་དང༌། བརྡ་དང་གནས་གཏན་ལ་དབབ་ པའི་ལེའུ་དང༌། རྣལ་འབྱོར་མའི་འཁོར་ལོ་འདུ་བའི་ལེའུ་དང༌། རྣམ་པར་དག་པའི་ལེའུ་དང༌། མངོན་པར་དབང་བསྐུར་བའི་ལེའུ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ་ལེའུ་བཅུ་ གཅིག་ཏུ་གནས་པ་ལས། དང་པོ་རྡོ་རྗེ་རིགས་ཀྱི་ལེའུ་ལ་གཉིས། སྙིང་པོ་གསང་ཆེན་ཞུས་ཏེ་ 1-1-529 མཉན་པར་གདམས་པ། གདམས་ནས་སྙིང་པོའི་གཞུགས་ཚུལ་རྒྱས་པར་བཤད་པའོ། །འདི་ ལ་བཞི། རང་བཞིན་རྡོ་རྗེའི་རིགས་ཉིད་སྙིང་པོ་བཞུགས་ཚུལ། རྡོ་རྗེའི་ལུས་ལ་རྩའི་གནས་ ལུགས་བཤད་པ། རྩ་ཡི་འཁོར་ལོར་རིགས་རྣམས་ཇི་ལྟར་སྡོམ་ཚུལ། མངོན་དུ་བྱེད་པ་གཏུམ་ མོའི་རྣལ་འབྱོར་བསྟན་པའོ། །དང་པོ་ལ་གཉིས། ཞུ་བའི་སྒོ་ནས་མིང་དོན་མདོར་བསྟན། ལན་གྱི་སྒོ་ནས་རྣམ་གྲངས་རྒྱས་བཤད། བསྡུས་ཏེ་རིགས་བཞི་ཇི་ལྟར་འཇོག་ཚུལ། གསུམ་ གྱིས་སེམས་དཔལ་རྡོ་རྗེ་རིགས་བཞིའི་སྙིང་པོ་ཀྱེ་ཡི་རྡོ་རྗེ་རང་བཞིན་བཤད་པའོ། །འདི་ལ་ གཉིས། ཞུས་པ་དང༌། ལན་ནོ། །འདི་ལ་བཞི། མཚན་དོན་སྟོང་ཉིད་རྡོ་རྗེ་དབྱེར་མེད་བསྟན་ པ། གཉིས་མེད་ཀྱེའི་རྡོ་རྗེ་མཉན་པར་གདམས་པ་ལྟ་སྟངས་ལ་སོགས་སྒོམ་པའི་ཡན་ལག །རྣལ་འབྱོར་མ་རྣམས་སྐྱེད་པའི་བྱེད་རྒྱུ། གཉིས་ཀྱིས་དེ་ཉིད་སྒོམ་པའི་ཡན་ལག་མཉན་པར་ གདམས་པ། གདམས་ནས་གཉིས་མེད་ཡེ་ཤེས་ཇི་ལྟར་སྒོམ་པའོ། །འདི་ལ་གཉིས། དང་པོ་ བྱེད་རྒྱུ་བསྟན་པ། ཟུང་འཇུག་ལྷ་ཡི་བསྒོམ་ཚུལ། གཉིས་ཀྱི་ཡེ་ཤེས་ལྷ་ཡི་ཚུལ་གྱི་སྒོམ་པ། སྒོམ་བྱའི་ཡེ་ཤེས་ལུས་ལ་བཞུགས་ཚུལ་ལོ། །གཉིས་པ་རྡོ་རྗེའི་ལུས་ལ་རྩྭ་ཡི་གནས་ལུགས་ བཤད་པ་ལ་གཉིས། བདེ་བ་འཕེལ་བྱེད་རྩ་ཡི་རྣམ་གཞགབདེ་བ་རྫོགས་ནས་ཇི་ལྟར་གནས་ ཚུལ་ལོ། །དང་པོ་ལ་གཉིས། གྲངས་དང་སྒྲུབ་ཚུལ་རྣམ་པར་གཞག་པ། ཚེས་དང་དབྱངས་ ཀྱིས་བྱང་སེམས་འབབ་ཚུལ། གཉིས་ཀྱི་སྤྱི་ཡི་གནས་ལུགས། སོ་སོར་བཤད་པའོ། །འདི་ལ་ གཉིས། མིང་གིས་མདོར་བསྟན། ངོ་བོ་གནས་ཚུལ། བྱེད་ལས་བཤད་པ། གསུམ་གྱིས་གཙོ་ མོ་གསུམ་གྱི་ཁྱད་པར་བསྟན་པ། དཀར་ཕྱོགས་ཟླ་བའི་རྩ་ལ་སྤྲོ་བའི་རིམ་པས་འབབ་ཚུལ། ནག་ཕྱོགས་ཉི་མའི་ཁ་ལ་སྡུད་པའི་རིམ་པས་འབབ་ཚུལ། ཉི་ཟླ་གནས་སུ་འཆིང་དུས་བདེ་བ་ ཆེན་པོ་འགྲུབ་ཚུལ། གསུམ་གྱིས་ཀུན་ལ་བྱང་སེམས་འབབ་པར་བཤད་པའོ། །གསུམ་པ་རྩ་ ཡི་འཁོར་ལོར་རིགས་རྣམས་ཇི་ལྟར་སྒོམ་ཚུལ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དེ་ 1-1-530 ལ་གསུམ། རིགས་གཉིས། རིགས་གསུམ། རིགས་བཞི་རྩ་ཡི་འཁོར་ལོར་སྡོམ་པའོ། །འདི་ ལ་བཞི། གང་ཞིག་སྡོམ་པ་རིགས་ཀྱི་ངོ་བོ། འཁོར་ལོ་བཞི་ཡི་གནས་ལུགས། དེ་ལ་རིགས་ རྣམས་སྦྱོར་ཚུལ། གཉིས་ཀྱིས་གང་ལ་སྡོམ་པ་འཁོར་ལོའི་གནས་ལུགས། འཁོར་ལོའི་ གྲངས་ཀྱི་གཞག་པའི་སྡོམ་ཚུལ། དེ་ལྟར་སྡོམ་པའི་རིགས་ཀྱི་དབྱེ་བའོ། །དང་པོ་ལ་བཞི། འབྱུང་བའི་དབང་གིས་རིགས་བཞིར་བཞག་པ། མདོར་བསྟན། རྒྱས་བཤད་གཉིས་ཀྱིས་རྒྱུ་ ཡི་དབང་གིས་རིགས་བཞིར་བཞག་པ། མདོར་བསྟན། རྒྱས་བཤད་གཉིས་ཀྱིས་འབྲས་བུའི་ དབང་གིས་རིགས་བཞིར་བཞག་པ། སྡེ་པའི་དབང་གིས་རིགས་བཞིར་གཞག་པའོ། གསུམ་ པ་ལ་གསུམ། འཁོར་ལོ་བཞི་ལ་སྡོམ་ཚུལ། བྱེ་བྲག་སོ་སོར་སྡོམ་ཚུལ། སླར་ཡང་སྤྱི་ལ་སྡོམ་ ཚུལ་ལོ། །དང་པོ་ལ་གཉིས། སྐད་ཅིག་བཞི། བདེན་པ་བཞི། དེ་ཉིད་བཞི། དགའ་བ་བཞི། སྡེ་བ་བཞིའི་མིང་གི་རིགས་བཞི་འཁོར་ལོར་སྡོམ་ཚུལ་ལྔས་འཁོར་ལོ་བཞི་ལ་རིགས་བཞི་ སྡོམ་ཚུལ། འཁོར་ལོ་བཞི་ལ་རིགས་གཉིས་སྡོམ་ཚུལ་ལོ། །ལེའུ་དང་པོའོ།། །། གཉིས་པ་སྔགས་ཀྱི་ལེའུ་ལ་གཉིས། བཤད་པ་དམ་བཅའ། བཤད་པ་དངོས་སོ། །འདི་ ལ་གཉིས། སྔགས་ཀྱི་དོན་སྤྱིར་བསྟན། སོ་སོའི་སྔགས་དོན་བཤད་པའོ། །འདི་ལ་བཞི། འབྱུང་པོ་གཏོར་མའི་སྔགས་དོན་བཤད་པ། ས་བོན་བཟླས་པའི་སྔགས་དོན་དགོད་པའོ། །ཉི་ ཟླ་འཛིན་པའི་ངེས་དོན་བཤད་པ། སྔགས་ཀྱི་སྤེལ་ཚིག་མན་ངག་བསྟན་པ་བཞིས་རིམ་པ་ སྡེབས་ཏེ་སྔགས་དོན་བསྟན་པ། རིམ་པ་བཟློག་པའི་དགོས་པ་བསྟན་པ། རྒྱལ་བའི་གསུང་ གི་ངེས་པ་བསམ་པ། རབ་འབྱམས་ལས་ཀྱི་གནས་ལུགས་བཤད་པའོ། །འདི་ལ་གཉིས། སྣ་ཚོགས་ལས་ཀྱི་སྦྱོར་བ། དུད་འགྲོ་བསྐྲད་པའི་ཆོ་ག །རྣལ་འབྱོར་གང་གིས་སྒྲུབ་ཚུལ། གསུམ་གྱིས་གཞུང་དུ་འབྱུང་བའི་ལས་ཚོགས་བསྟན་པ། དེའི་གནས་ལུགས་གཏན་ལ་དབབ་ པའོ། །འདི་ལ་ལྔ། རིགས་ཀྱི་སེམས་པས་འགྲུབ་པ་བསྟན་པ། གཞན་དུ་འབད་ཀྱང་འགྲུབ་ 1-1-531 པ་མེད་ཚུལ། ནང་གི་དེ་ཉིད་སྔགས་སུ་བསྟན་པ། དེ་ལ་ཕྱི་ཡི་སྤྲོས་པ་མེད་ཚུལ། དེས་ན་ དོན་གྱི་བཟླས་པ་སྒྲུབ་ཚུལ། གསུམ་གྱི་དེས་ན་ངེས་དོན་ཤེས་པར་བྱ་བ། ངེས་པ་ཤེས་པས་ སྔགས་དོན་འགྲུབ་ཚུལ། གཞན་དུ་རྟོགས་ན་འགལ་བར་བསྟན་པའོ། །དང་པོ་ལ་གཉིས། གང་གི་འགྲུབ་པ་རིགས་ཀྱི་ངེས་པ། མདོར་བསྟན། རྒྱས་བཤད་གཉིས་ཀྱིས་གང་དུ་འགྲུབ་ པའི་གནས་ཀྱི་ངེས་པའོ། །དང་པོ་ལ་གཉིས། སྒྲུབ་བྱེད་རིགས་ཀྱི་ས་བོན་བསྟན་པ། མདོར་ བསྟན། རྒྱས་བཤད་གཉིས་ཀྱིས་དེ་ཡི་རྣལ་འབྱོར་སྒྲུབ་པའི་ངེས་པའོ། །ལེའུ་གཉིས་པའོ།། །། གསུམ་པ་ལྷའི་ལེའུ་ལ་གཉིས། བཤད་པ་དམ་བཅའ། བཤད་པ་དངོས་སོ། །འདི་ལ་ གཉིས། ལྷ་ཡི་ངོ་བོ་མདོར་བསྟན། སྒྲུབ་པའི་རིམ་པ་བཤད་པའོ། །འདི་ལ་གཉིས། སྔོན་དུ་བྱ་ བ་ཆོ་གའི་རིམ་པ་བསྟན་པ། གཞལ་མེད་ཁང་དང་གདན་གྱི་ངེས་པ་བསྒོམ་ཚུལ། མངོན་བྱང་ ལྔ་ལས་བསྐྱེད་པ་ལྷ་ཡི་དབྱེ་བ། གསུམ་གྱིས་དྲང་དོན་བསྐྱེད་པའི་ངེས་དོན་རྫོགས་པའི་རིམ་ པ་བཤད་པའོ། །འདི་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། །འདི་ལ་གསུམ། རྣམ་ བཅུ་དབང་ལྡན་གཞི་ལ་བཞུགས་ཚུལ། གཞི་དེ་དཀྱིལ་འཁོར་ཆེན་པོ་བསྟན་པ། གཉིས་མེད་ ཡེ་ཤེས་ལྷ་རུ་དེ་ཉིད་ཀུན་ལ་ཁྱབ་པར། དེ་ཉིད་འགྲོ་བའི་འདྲེན་པར། དེ་ཉིད་སྒྱུ་མ་ལྟ་བུར། དེ་ཉིད་ལྷ་ཡི་རོལ་པར། དེ་ཉིད་རྣམས་གྲངས་གཞན་དུ། དེ་ཉིད་ཀུན་གྱི་ཡུལ་དུ་བཞུགས་ ཚུལ། བདུན་གྱི་དེ་ལ་བཞུགས་པའི་ལྷ་ཉིད་བཤད་པའོ། །ལེའུ་གསུམ་པའོ།། །། བཞི་པ་དབང་བསྐུར་བའི་ལེའུ་ལ་གཉིས། བཤད་པ་དམ་བཅའ། བཤད་པ་དངོས་སོ། །འདི་ལ་གཉིས། དྲང་དོན་གཞུང་ལ་སྦྱར་ཏེ་བཤད་པ། དེ་ཡི་ངེས་དོན་གཏན་ལ་དབབ་པའོ། །འདི་ལ་གཉིས། ཟབ་མོའི་ལམ་ལ་འཇུག་པ་དཀོན་ཚུལ། ལམ་ཟབ་དབང་གི་དེ་ཉིད་བསྟན་ པའོ། །འདི་ལ་བཞི། སྦྱང་བྱ་དག་པའི་དབང་དོན། སྦྱོང་བྱེད་དབང་གི་རིམ་པ། སྦྱངས་པས་ དག་པའི་རྒྱས་འདེབས། དམིགས་མེད་སྒོམ་པའི་འཐད་པ་བསྟན་པ། གདོད་ནས་གྲོལ་བའི་ 1-1-532 འབྲས་བུ་ཐོབ་ཚུལ། གཉིས་ཀྱི་རྒྱུ་འབྲས་དག་པའི་འབྲས་བུ་བཤད་པའོ། །དང་པོ་ལ་གཉིས། བསྐྱེད་པའི་རིམ་པས་སྦྱོང་ཚུལ་མདོར་བསྟན། དག་པ་བྱས་པའི་དབང་དོན་བཤད་པའོ། །འདི་ལ་གཉིས། གང་གི་གཟུགས་བརྙན་རྫོགས་པའི། གང་ལ་སྐྱེས་པ་རིགས་ཀྱི་ངེས་པ་ གཉིས་ཀྱི་མངོན་བྱང་ལྔ་ཡིས་ཕུང་པོ་དག་པའི། ཞུ་བ་བསྐུལ་བས་སྐྱེ་མཆེད་དག་པའི་དབང་ དོན་ནོ། །གསུམ་པ་ལ་གསུམ། རིགས་ཀྱི་རྒྱས་འདེབས་མདོར་བསྟན། དཔྱད་ན་རྒྱུ་འབྲས་ སྟོང་པར་བསྟན་པ། རྒྱུན་གྱིས་ནུས་པས་འབྲས་བུ་ཐོབ་ཚུལ། ཐོབ་པ་དག་པའི་འབྲས་བུ་ བཤད་པ། གསུམ་གྱིས་རྒྱུ་འབྲས་གནས་ལུགས་བཤད་པ། གྲུབ་པའི་སྐབས་དོན་བསྡུ་བའོ། །ལེའུ་བཞི་པའོ།། །། ལྔ་པ་དེ་ཁོ་ན་ཉིད་ཀྱི་ལེའུ་ལ་གཉིས། བཤད་པ་དམ་བཅའ། བཤད་པ་དངོས་སོ། །འདི་ ལ་གསུམ། མཐའ་བཞི་གྲོལ་བའི་དེ་ཉིད་མདོར་བསྟན། གཉིས་མེད་དོན་གྱི་རྒྱས་པ་བཤད་ པ། དེ་ཉིད་མཆོག་ཏུ་སྒྲུབ་པར་གདམས་པ། གསུམ་གྱི་དམ་པའི་དོན་གྱི་དེ་ཉིད་སྤྱིར་བསྟན། དེ་ཉིད་ཟབ་མོའི་རང་བཞིན་བཤད་པ། རྣལ་འབྱོར་པ་ལ་གནས་ཚུལ་བསྟན་པའོ། །གཉིས་ པ་ལ་གསུམ། བཅོ་བརྒྱད་ཁམས་རྣམས་ཁམས་དང་ཕུང་པོ། གཟུང་འཛིན་ཆོས་ཀུན། རྟེན་ འབྲེལ་བཅུ་གཉིས། འཕོ་བའི་སྐད་ཅིག །ལས་དང་ཉོན་མོངས། གནས་སྐབས་རིགས་བཞི་ འགག་པའི་དེ་ཉིད་བདུན་གྱིས་བསྒྲུབ་བྱ་འགོག་བདེན་ཟབ་མོའི། སྒྲུབ་བྱེད་རིགས་ཀྱི་ཕྱག་ རྒྱའི། འབྲས་བུ་ལྷན་སྐྱེས་གྲུབ་པའི་དེ་ཉིད་དོ། །གཉིས་པ་ལ་གསུམ། ཕྱག་རྒྱ་དྲུག་གི །ཕྱག་ རྒྱ་ལྔ་ཡི། ཤིན་ཏུ་གསང་བའི་ངེས་པ་གསུམ་གྱིས་ཡི་གེ་སྒོ་ནས་མདོར་བསྟན། ཕྱག་རྒྱ་དྲུག་ གི །ཕྱག་རྒྱ་ལྔ་ཡི་མཚན་ཉིད་གཉིས་ཀྱིས་མཚན་ཉིད་རྒྱས་པ་བཤད་པ། རིགས་ཀྱི་ཕྱག་རྒྱའི་ མཚན་དོན། རྣམ་གྲངས་བསྡེབས་ཏེ་བསྟན་པ། གཉིས་ཀྱིས་བསྡུས་ཏེ་མན་ངག་བསྟན་པའོ། །གསུམ་པ་ལ་གཉིས། ལྷན་སྐྱེས་མཆོག་ཏུ་གྲུབ་པའི་ཁྱད་པར། ལྷ་དང་བཅོམ་ལྡན་མཚན་ 1-1-533 དོན་བཤད་པའོ། །དང་པོ་ལ་གཉིས། བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཚུལ། དེ་ཉིད་རྣམ་ པ་བཅུ་དྲུག་རིག་ཚུལ། རྣམ་པ་ཉི་ཤུས་བྱང་ཆུབ་ཐོབ་ཚུལ། རྣམ་དག་མཆོག་ཏུ་མི་འགྱུར་རིག་ ཚུལ། བཞི་པ་ལ་རྒྱས་བཤད། དོན་བསྡུའོ། །ལེའུ་ལྔ་པའོ།། །། དྲུག་པ་སྤྱོད་པའི་ལེའུ་ལ་གསུམ། བཤད་པ་དམ་བཅའ། ལེའུ་མཚམས་སྦྱོར། བཤད་ པ་དངོས་སོ། །འདི་ལ་གཉིས། གང་གིས་སྤྱོད་པ་བྱེད་པའི་དགོས་པ། དགོས་པ་ཅན་གྱི་སྤྱོད་ པ་བཤད་པའོ། །འདི་ལ་གཉིས། རྒྱན་དང་ཆ་ལུགས་དག་པའི་རིགས་ཀྱི་རྟོག་པ་སྤངས་པའི། གང་དུ་བྱ་བ་གནས་ཀྱི། ཇི་ཙམ་བྱ་བ་དུས་ཀྱི། བསྟེན་པར་བྱ་བ་ཕྱག་རྒྱའི། རྣམ་དག་གླུ་དང་ གར་གྱི། བཟའ་བཏུང་དམ་ཚིག་བསྟེན་པའི། གསང་བའི་ཆ་ལུགས་འཛིན་པའི། ངེས་པ་ བརྒྱད་ཀྱིས་རྣམ་དག་དམ་ཚིག་བསྟེན་པའི་ངེས་པ། ངེས་པ་ཐོབ་ནས་སྤྱོད་པ་བྱ་བའོ། །འདི་ ལ་གསུམ། དགོས་པའི་འདུ་ཤེས། ལུས་ཀྱི་འཛིན་པ་སྤངས་ནས་འཇུག་ཚུལ་གཉིས་ཀྱིས་ མདོར་བསྟན། རྒྱས་བཤད། འཇིགས་པ་མེད་པ་རྒྱུ་ཚུལ། འཛག་མེད་བཏུང་བ་བསྟེན་ཚུལ། ཁམས་གསུམ་བརྫུན་པར་ཤེས་ཚུལ། སྒྲིབ་པའི་ཆོས་ལས་གྲོལ་ཚུལ། གོམས་པའི་འབྲས་བུ་ ཐོབ་ཚུལ་ལྔས་དོན་བསྡུའོ། །རྒྱས་བཤད་ལ་གཉིས། རྣམ་རྟོག་ཐམས་ཅད་སྤངས་པའི། གྲུབ་ ཀྱང་བླ་མ་བསྟེན་པའི། བརྟུལ་ཞུགས་གཞན་ལས་གྲོལ་བའི། སྤྱོད་པ་གཉིས་ཀྱིས་བརྟུལ་ ཞུགས་རྣམ་པ་དག་པའི་སྤྱོད་པའོ། །ལེའུ་དྲུག་པའོ།། །། བདུན་པ་བརྡ་དང་གནས་ཀྱི་ལེའུ་ལ་གཉིས། བཤད་པ་དམ་བཅའ། བཤད་པ་དངོས་ སོ། །འདི་ལ་གསུམ། བརྡ་ཡི་ངེས་པ་མདོར་བསྟན། དེ་ལ་འཇུག་ཚུལ་བཤད་པ། དུས་ཀྱི། ལྷ་ཡི། བཟའ་བའི། རྣལ་འབྱོར་གསུམ་གྱིས་ཞུགས་ནས་རྣལ་འབྱོར་བསྒོམ་པའོ། །གཉིས་ པ་ལ་བཞི། དྲང་བའི་དོན་གྱིས་བཤད་པ། ངེས་པའི་དོན་གྱིས་བཤད་པ། ནུས་པ་མེད་པས་ སྤངས་པ། གསུམ་གྱི་བརྡ་དང་ཕྱག་རྒྱའི། འདུ་བའི་གནས་ཀྱི། འདུ་བའི་དུས་ཀྱི། འདུས་ 1-1-534 ནས་བཟའ་བའི་ངེས་པའོ། །གཉིས་པ་ལ་གཉིས། མདོར་བསྟན། རྒྱས་བཤད་གཉིས་ཀྱིས་ དྲང་བའི་དོན་གྱིས། ངེས་པའི་དོན་གྱིས་གཞག་པའོ། །འདི་ལ་གསུམ། དོན་དམ་གནས་ཀྱི་ འཇོག་ཚུལ། ཕྱི་དང་ནང་གི་ཁྱད་པར། ནང་གི་དེ་ཉིད་བཤད་པའོ། །འདི་ལ་གསུམ། བདེན་ དོན་བཅུ་གཉིས་གནས་སུ་བསྟན་པ། དེ་ལ་དཔའ་བོ་དཔའ་མོའི་སྤྱོད་ཚུལ། གཉིས་ཀྱིས་རང་ བཞིན་དག་པའི་གནས་སོགས་བསྟན་པ། གནས་ལ་རྣལ་འབྱོར་སྤྱོད་ཚུལ། ཇི་ལྟར་སྤྱོད་པའི་ རྣམ་གཞག གཉིས་ཀྱིས་དེ་དག་ལུས་ལ་ཇི་ལྟར་བཞུགས་ཚུལ། སྦྱངས་པས་ས་ལམ་བགྲོད་ པའི་ངེས་པའོ། །བཞི་པ་བཟའ་བའི་ངེས་པ་ལ་གཉིས། འཁོར་ལོ་དྲུག་ཏུ་བཟའ་བའི་ངེས་པ། ཚིག་དེ་བསྟན་པར་བྱེད་པའི་སྒྲུབ་བྱེད། སྐྱེ་བདུན་ཟོས་པའི་ཕན་ཡོན་བསྟན་པ། གསུམ་གྱིས་ སྐྱེ་བ་བདུན་པ་བཟའ་བའི་ངེས་དོན། ལུས་ལ་སྐྱེ་བདུན་རྣམ་པར་བཞག་པའོ། །ལེའུ་བདུན་ པའོ།། །། བརྒྱད་པ་རྣལ་འབྱོར་མའི་འཁོར་ལོའི་ལེའུ་ལ་གཉིས། བཤད་པ་དམ་བཅའ། བཤད་པ་ དངོས་སོ། །འདི་ལ་གསུམ། རྟེན་དང་བརྟེན་པའི་འཁོར་ལོའི་ངེས་དོན། དྲང་བའི་དོན་གྱིས་ བསྒོམ་པའི་རིམ་པ། དཀྱིལ་འཁོར་འཁོར་ལོའི་དེ་ཉིད་བཤད་པའོ། །འདི་ལ་གཉིས། དཀྱིལ་ འཁོར་དམ་པའི། མངོན་བྱང་ལྔ་ཡི། འགྱུར་མེད་གདན་གྱི། དེ་ཉིད་གསུམ་གྱིས་རྟེན་འཁོར་ ལོའི། བརྟེན་པ་ལྷའི་དེ་ཉིད་དོ། །འདི་ལ་གཉིས། ཁྱབ་བྱེད་དཀྱིལ་འཁོར་བདག་པོའི། ཁྱབ་ བྱ་ལྷ་ཡི་འཁོར་ལོའི་དེ་ཉིད་དོ། །འདི་ལ་གཉིས། དྲང་དོན་གཞུང་དང་སྦྱར་ཏེ་བསྟན་པ། དེ་ ཡི་ངེས་དོན་གཏན་ལ་དབབ་པའོ། །འདི་ལ་གཉིས། དབང་དོན་དགའ་བ་བཞི་ཡི་འཁོར་ལོ། འཁོར་ལོ་སྒོམ་པའི་ཡན་ལག་བཤད་པའོ། །འདི་ལ་གཉིས། འགྲུབ་བྱེད་ལམ་གྱི་ཡན་ལག །གྲུབ་པའི་ཡེ་ཤེས་བཤད་པའོ། །དང་པོ་ལ་གཉིས། ཡན་ལག་དྲུག་གི་རྣལ་འབྱོར། འཁོར་ལོ་ སྒོམ་པའི་ངེས་པའོ། །དང་པོ་ལ་གསུམ། ཡན་ལག་དྲུག་གི་རྣལ་འབྱོར་མདོར་བསྟན། སོར་ 1-1-535 སྡུད་དང་བསམ་གཏན་གྱི། སྲོག་རྩོལ་དང་འཛིན་པ་ཡི། རྗེས་དྲན་དང་ཏིང་ངེ་འཛིན་གྱི་རྣལ་ འབྱོར་བཤད་པ་གསུམ་གྱིས་སོ་སོའི་ངོ་བོ་རྒྱས་པར་བཤད་པ། བསྡུས་ཏེ་འབྲས་བུ་འགྲུབ་ ཚུལ་བསྟན་པའོ། །གཉིས་པ་ལ་གཉིས། རིམ་གཉིས་རྣལ་འབྱོར་མདོར་བསྟན། ཟབ་མོ་ རྫོགས་རིམ་བཤད་པའོ། །འདི་ལ་བཞི། བདེ་སྟོང་འཁོར་ལོའི་དེ་ཉིད། ཐབས་ཤེས་བདེ་བའི་ འཇོག་ཚུལ། དགའ་བཞིའི་འཁོར་ལོའི་ངེས་པ། བཞི་པ་མཆོག་ཏུ་བསྟན་པ། དེ་ཉིད་གང་ ལས་ཐོབ་ཚུལ། བཞིས་ལྷན་སྐྱེས་བདེ་བའི་རྣམ་གཞག །མདོར་བསྟན། རྒྱས་བཤད། དོན་ བསྡུ་གསུམ་གྱིས་དེ་ཡི་རང་བཞིན་བཤད་པ། རྣལ་འབྱོར་བསྒོམ་པས་འགྲུབ་ཚུལ། རྟག་ཏུ་ ཡིད་ལ་བྱ་བ། སྤྲོས་པ་མེད་པའི་རྣལ་འབྱོར། དམ་པའི་དེ་ཉིད་བསྒོམ་པ། བཞིས་དེ་ཉིད་སྒོམ་ པར་གདམས་པའོ། །གྲུབ་པའི་ཡེ་ཤེས་བཤད་པ་ལ་གསུམ། རང་རིགས་རྟོགས་མེད་ཡིན་ ཡང་ཤེས་བྱ་མཁྱེན་པ། ཆ་ཤས་མེད་པ་ཡིན་ཡང་ཀུན་ལ་ཁྱབ་པ། འགྲོ་བའི་རང་བཞིན་ཡིན་ ཡང་མྱ་ངན་ལས་འདས་པ། འདོད་ཆགས་ཆེན་པོ་ཡིན་ཡང་ཉོན་མོངས་འདས་པ། ཀུན་གྱི་ཕ་ མ་ཡིན་ཡང་ཟག་པ་མེད་པ། ཡུལ་ལས་འདས་པ་ཡིན་ཡང་ཤེས་བྱ་རིག་པ། སྲིད་པ་གསུམ་ ལ་བཞུགས་ཀྱང་འཇིག་རྟེན་ལས་འདས་པ། བདུན་གྱི་རྨད་དུ་བྱུང་བའི་ཡེ་ཤེས་བསྟན་པ། དེ་ ཉིད་འགྲུབ་པའི་ལམ་གཞན་མེད་ཚུལ། དེས་ན་ལམ་དེ་རྩེ་གཅིག་སྒོམ་པའོ། །ལེའུ་བརྒྱད་ པའོ།། །། དགུ་པ་རྣམ་པར་དག་པའི་ལེའུ་ལ་གཉིས། བཤད་པ་དམ་བཅའ། བཤད་པ་དངོས་སོ། །འདི་ལ་གསུམ། རྣམ་པར་དག་པའི་དེ་ཉིད་མདོར་བསྟན། དེ་ཡི་རང་བཞིན་རྒྱས་པ་བཤད་ པ། དེ་ལྟར་བཤད་པའི་སྐབས་དོན་བསྡུ་བའོ། །གཉིས་པ་ལ་གསུམ། སྦྱང་གཞི་རྣམ་དག་ གདོད་ནས་བཞུགས་ཚུལ། སྦྱང་བྱ་གློ་བུར་དྲི་མའི་གནས་ལུགས། སྦྱངས་འབྲས་རྣམ་དག་ མངོན་གྱུར་བཤད་པའོ། །དང་པོ་ལ་གཉིས། རྣམ་དག་མཆོག་ཏུ་འགྱུར་མེད་སྤྱིར་བསྟན། སོ་ 1-1-536 སོའི་དབྱེ་བས་ལྷ་རྣམས་བཤད་པ། སྒྲིབ་གཡོགས་སྦྱངས་པས་དག་པར་འཇོག་ཚུལ། གསུམ་ གྱིས་མདོར་བསྟན། རྣམ་དག་ཕུང་པོ་ལྔ་སོགས་རང་བཞིན་བཤད་པ། དེ་ཉིད་སེམས་གཞན་ བདེ་གཤེགས་སྙིང་པོར་བསྟན་པ། དེ་ཉིད་ལྷ་དང་ལྷ་མོའི་ཚོགས་སུ་བསྟན་པ། དེ་ཉིད་གློ་ བུར་དྲི་མས་བསྒོས་ཚུལ་བསྟན་པ། དྲི་མ་སྦྱངས་པས་རྣམ་པར་དག་པའི་གནས་ལུགས། ལྔས་ རྒྱས་བཤད་དོ། །གསུམ་པ་སྦྱངས་འབྲས་རྣམ་དག་མངོན་གྱུར་བཤད་པ་ལ་གཉིས། རྣམ་ དག་སྲིད་གཞན་ལྷ་ཡི་བཞུགས་ཚུལ་སྤྱིར་བསྟན། རྣམ་དག་ལྷ་ཡི་འཁོར་ལོ་སོ་སོར་བཤད་ པའོ། །འདི་ལ་གཉིས། རྣམ་དག་བདག་མེད་ལྷ་མོའི། གཙོ་བོའི་འཁོར་གྱི་དག་པ་གཉིས་ཀྱི་ རྣམ་དག །ཀྱེའི་རྡོ་རྗེའི་འཁོར་ལོའོ། །ལེའུ་དགུ་པའོ།། །། བཅུ་པ་དབང་གི་ལེའུ་ལ་གཉིས། མཚམས་སྦྱར་བཤད་པ་དམ་བཅའ། ལེའུ་བཤད་པ་ དངོས་སོ། །འདི་ལ་བཞི། སྔོན་དུ་དཀྱིལ་འཁོར་སྒྲུབ་པའི། སྒྲུབ་ནས་བདག་ཉིད་འཇུག་པའི། གཟུང་བྱ་སློབ་མའི་ངེས་པ་བརྟག་པ། གསོལ་བ་བཏབ་ནས་གཞུགས་པའི་རིམ་པ། དམ་ལ་ བཞག་ནས་ཡེ་ཤེས་དབབ་པ། མེ་ཏོག་དོར་ནས་དཀྱིལ་འཁོར་བསྟན་པ། བཞིས་ཞུགས་ནས་ སློབ་མ་གཞུགས་པའི། བཅུག་ནས་དབང་བསྐུར་སྦྱིན་པའི་ངེས་པའོ། །དང་པོ་ལ་གཉིས། ངེས་དོན་དང༌། དཀྱིལ་འཁོར་འཁོར་ལོའི། བུམ་པ་དགོད་པའི། ཐིག་དང་བཟླས་པའི། ས་ ཆོག་བསྲུང་བའི། དབང་བསྐུར་བྱ་བའི། མཚན་མ་དགོད་པའི་ངེས་པ་དྲུག་གིས་དྲང་དོན་གྱི་ དཀྱིལ་འཁོར་སྒྲུབ་པའོ། །དང་པོ་ལ་གཉིས། བསྒོམ་བྱའི་ལྷ་ཡི། གནས་དང་ས་ཡི། རྡོ་རྗེ་ ཐིག་གི་ངེས་དོན་གསུམ་གྱིས་དཀྱིལ་འཁོར་སྒྲུབ་པའི་སྔོན་འགྲོའི། རྣམ་དག་དཀྱིལ་འཁོར་ འཁོར་ལོའི་ངེས་དོན་ནོ། །དེ་ལ་གསུམ། རྣལ་འབྱོར་ཟབ་མོའི་དཀྱིལ་འཁོར་བསྟེན་པ་ཕྱེ་སྟེ་ སེམས་ཀྱི་དཀྱིལ་འཁོར་བསྒོམ་ཚུལ་གཉིས་ཀྱིས་མདོར་བསྟན། དཀྱིལ་འཁོར་ངོ་བོའི། སྣ་ ཚོགས་རྒྱན་གྱི་ངེས་དོན་གཉིས་ཀྱིས་རྒྱས་བཤད། དོན་བསྡུའོ། །བཞི་པ་ལ་གཉིས། དབང་ 1-1-537 གི་བྱ་བ་སྤྱིར་བསྟན། ཕྱེས་ཏེ་སོ་སོར་བཤད་པའོ། །དེ་ལ་གསུམ། དབང་བཞིའི་ངོ་བོ་བསྟན་ པ། ངེས་པ་གཏན་ལ་འབེབས་ཚུལ། བཞི་པའི་དེ་ཉིད་བཤད་པའོ། །དང་པོ་ལ་བཞི། རིགས་ པའི་དབང་ལྔ་བསྐུར་བ། དབང་དོན་བརྟུལ་ཞུགས་བསྟན་པ། གཉིས་ཀྱིས་སློབ་དཔོན་ གྱི། གསང་བ་ཡི་གསུམ་པ་ཡི། དགའ་བ་བཞི་ཡི་མཚན་ཉིད། འགྱུར་མེད་བཞི་པའི་གནས་ ལུགས། གཉིས་ཀྱིས་བཞི་པ་ཡི་དབང་ངོ༌། །གཉིས་པ་གསུམ། རིགས་པ་བཀོད་ཏེ། །ལུང་ དོན་བཤད་ཏེ། འགལ་བ་བརྗོད་ཏེ་ལོག་རྟོག་གསལ་བ་གསུམ་གྱིས་བཞི་པའི་དོན་ལ་ལོག་ རྟོག་བསལ་བ། ལུང་གི་སྒོ་ནས་བསྟན་པར་སྒྲུབ་པ། བླ་མ་བསྟེན་པས་ངེས་པ་བཙལ་བའོ། །ལེའུ་བཅུ་པའོ།། །། བཅུ་གཅིག་པར་མངོན་པ་བྱང་ཆུབ་ཀྱི་ལེའུ་ལ། འཚམས་སྦྱར་བ་དང་བཤད་པ་དངོས་ སོ། །དེ་ལ་གསུམ། ལྟ་སྟངས་བཞི་ཡི་སྒྲུབ་ཚུལ། དམ་ཚིག་བསྐྱང་བའི་ངེས་པ། ཀུ་རུ་ཀུ་ལེའི་ སྒྲུབ་ཐབས་སོ། །དང་པོ་ལ་གསུམ། གང་ཞིག་སྒྲུབ་པའི། གང་གིས་འགྲུབ་པའི། གྲུབ་ནས་ སྤྱོད་པའི་ངེས་པའོ། །དང་པོ་ལ་གསུམ། ལྟ་སྟངས་བཞི་ཡི་ངོ་བོ། རླུང་སྦྱོར་གང་གི་འགྲུབ་ ཚུལ། དེ་ཡི་གྲུབ་པའི་རྟགས་ཚད། གྲུབ་ནས་ཇི་ལྟར་བྱ་བ། བཞིས་དྲང་བའི་དོན་དུ་བསྟན་ པ། དེ་ཡི་ངེས་དོན་བཤད་པ། དེ་དག་ལུང་གིས་སྒྲུབ་པའོ། །དམ་ཚིག་བསྐྱང་པའི་ངེས་པ་ལ་ གཉིས། དམ་ཚིག་གཞན་གྱི། སྐྱེ་བདུན་བཟའ་བའི་ངེས་པའོ། །དང་པོ་ལ་གསུམ། བསྐྱང་ པའི་དགོས་པ་མདོར་བསྟན། དམ་ཚིག་ལྔའི་དམ་ཚིག་བཞིའི། ངེས་པ་གཉིས་ཀྱིས་སྐྱོང་ཚུལ་ རྒྱས་པར་བཤད་པ། སྐྱོན་ཡོན་བསྡུས་ཏེ་བསྟན་པའོ། །མངོན་པར་བྱང་ཆུབ་ཀྱི་བརྟག་པ་སྟེ་ དང་པོའི་བསྡུས་དོན་རྫོགས་སོ།། །། གཉིས་པ་སྒྱུར་འཕྲུལ་དྲ་བའི་བརྟག་པ་ལ། རབ་གནས་ཀྱི་ལེའུ་དང༌། དངོས་གྲུབ་གཏན་ ལ་དབབ་པའི་ལེའུ་དང༌། རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་བའི་སྐད་ཀྱི་ལེའུ་དང༌། 1-1-538 རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུ་དང༌། ཀྱེའི་རྡོ་རྗེ་མངོན་པར་འབྱུང་བའི་ ལེའུ་དང༌། བྲིས་སྐུ་འབྲི་བའི་ལེའུ་དང༌། བཟའ་བའི་ལེའུ་དང༌། སློབ་མ་འདུལ་བའི་ལེའུ་དང༌། སྔགས་བཏུ་བའི་ལེའུ་དང༌། སྔགས་བཟླས་པའི་ལེའུ་དང༌། ལྷན་གཅིག་སྐྱེས་པའི་སྦྱོར་བའི་ དོན་གྱི་ལེའུ་དང༌། དབང་བཞིའི་ཚིགས་བཅད་བཤད་པ་སྟེ་བཅུ་གཉིས་ཡོད་པ་ལས། དང་ པོ་རབ་གནས་ཀྱི་ལེའུ་ལ་གཉིས། རང་བཞིན་བརྗོད་དེ་འཚམས་སྦྱོར། གཞུང་གི་བཤད་པ་ དངོས་སོ། །འདི་ལ་གཉིས། ཞུ་བ་དང༌། ལན་གྱི་དོན་ནོ། །འདི་ལ་གཉིས། དྲང་དོན་གཞུང་ལ་ སྦྱར་བ། དེ་ཡི་ངེས་དོན་བཤད་པའོ། །དང་པོ་ལ་གཉིས། སྟ་གོན་དངོས་གཞི་རབ་ཏུ་གནས་ ཚུལ། སྒྲུབ་པ་པོ་ཡི་མཚན་ཉིད་བསྟན་པ། ཉེ་བར་སྤྱད་པ་དབུལ་བའི་ཆོ་ག །གསུམ་གྱིས་ རབ་ཏུ་གནས་པའི་ཆོ་ག་སྤྱིར་བསྟན། ཐབས་དང་བསྲེག་རྫས་སྒྲུབ་པའི་ཁྱད་པར། མེ་ལྷ་ཇི་ ལྟར་དགུག་པའི་ཆོ་ག །ལྷ་མོ་པང་དུ་གསོལ་བའི་ཆོ་ག །འདོད་དོན་གསོལ་བ་གདབ་པའི་ཆོ་ ག །ཉེ་བར་སྤྱད་པ་འབུལ་བའི་ཆོ་ག །ལྔ་པ་སྦྱིན་སྲེག་ས་ཆོག་རྒྱས་པར་བཤད་པའོ། །གཉིས་ པ་དེ་ཡི་ངེས་དོན་བཤད་པ་ལ་གཉིས། བཤད་པ་དམ་བཅའ། བཤད་པ་དངོས་སོ། །འདི་ལ་ གསུམ། སྦྱིན་སྲེག་གི། །རབ་གནས་ཀྱི། མཆོད་པ་ཡི་ངེས་དོན་ནོ། །དང་པོ་ལ་གསུམ། སྦྱིན་ སྲེག་ངེས་དོན་རྒྱས་པར་བཤད་པ། ཅུང་ཟད་བསྡུས་ཏེ་ཕྱི་ནང་དབྱེ་བ། ལས་བཞི་སྒྲུབ་པའི། འགྲུབ་བྱེད་གནས་ཀྱི་ངེས་པ་གཉིས་ཀྱིས་ལས་བཞི་ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ལ་ གཉིས། ཞུས་པའི་དོན་དང༌། དཀྱིལ་འཁོར་འཁོར་ལོའི། སྲེག་རྫས་དབུལ་བའི། མེ་དང་ ལྷ་ཡི། བསྲེག་རྫས་སྣོད་ཀྱི། དགང་བླུགས་དབུལ་བའི། ཐབ་དང་རླུང་གི །སྔགས་དང་སྒོམ་ པའི་ངེས་དོན་བདུན་གྱིས་ལན་གྱིས་དོན་ནོ། །ལེའུ་དང་པོའོ།། །། གཉིས་པ་དངོས་གྲུབ་གཏན་ལ་དབབ་པའི་ལེའུ་ལ་འཚམས་སྦྱར་བ་དང༌། ལེའུ་དངོས་ སོ། །འདི་ལ་གཉིས། ཇི་ལྟར་འགྲུབ་པ་ཞུས་པའི་དོན། ལན་གྱི་སྒོ་ནས་བཤད་པའོ། །དེ་ལ་ 1-1-539 གཉིས། གཉིས་མེད་ཡེ་ཤེས་དང༌། ཕྱག་རྒྱ་ཆེན་མོ་སྒོམ་པས་འགྲུབ་ཚུལ་ལོ། །དང་པོ་ལ་ གསུམ། སྟོང་ཉིད་སྙིང་རྗེ་སྒོམ་པས་འགྲུབ་ཚུལ་མདོར་བསྟན། རྣམ་རྟོག་སྤངས་པའི། བྱེད་ པ་བཅིང་པའི། འོད་གསལ་མཐོང་བའི་སྒོམ་པས་འགྲུབ་ཚུལ་གསུམ་གྱིས་གང་གིས་འགྲུབ་ པའི་ཡན་ལག་རྒྱས་པར་བཤད་པ། རྟོགས་པ། སྤངས་པ་ཕུན་སུམ་ཚོགས་པ་གཉིས་ཀྱིས། དེའི་འགྲུབ་པའི་རྨད་བྱུང་དངོས་གྲུབ་བསྟན་པའོ། །གཉིས་པ་ཕྱག་རྒྱ་ཆེན་མོ་སྒོམས་པས་ འགྲུབ་ཚུལ་ལ་གསུམ། གང་གི་འགྲུབ་པའི་གང་ཟག །འགྲུབ་བྱེད་ཕྱག་རྒྱའི་ངེས་པ། དེ་ལ་ འཁྲུལ་བ་སྤང་བའོ། །འདི་ལ་གཉིས། རྫོགས་རིམ་ཟག་མེད་ལ་ཕྱག་རྒྱ་འགལ་བར་ཞུས་ པ། བདེན་གཉིས་ཕྱེ་བ་ཡི་ལན་གྱིས་དགོས་པ་སྤང་བའོ། །འདི་ལ་གཉིས། ཀུན་རྫོབ་ཙམ་དུ་ འཇོག་པའི། དམ་པའི་དོན་དུ་འགོག་པའི་ལན་ནོ། །དེ་ལ་གསུམ། དོན་དམ་གྱི་ཐབས་ཤེས་ གཞན་དུ་བསྟན་པ། འཛག་བདེ་ལ་ཞེན་པས་རྟོགས་པ་མིན་ཚུལ། བདེ་སྟོང་ཡེ་ཤེས་གཏན་ ལ་དབབ་པའོ། །འདི་ལ་གཉིས། སྟོང་ཉིད་ཨེ་ལ་བཞུགས་པའི་བདེ་ཆེན་བཤད་པ། ཡེ་ཤེས་ ལུས་ལ་བཞུགས་ཀྱང་སྐྱེད་པ་མིན་ཚུལ། འདྲ་བའི་དག་པ་ལུས་ལ་གདོད་ནས་གྲུབ་ཚུལ། འདྲ་ཡང་མཆོག་གིས་འཆིང་གྲོལ་བསྟན་པ། མཆོག་གིས་གྲོལ་བའི་ཐབས་དེ་ཤེས་པར་ དཀའ་ཚུལ། ཤེས་ནས་གྲོལ་བའི་རིགས་དེ་དུ་མར་འགྱུར་ཚུལ། ལྔས་དེ་ཡི་ཕུན་སུམ་ཚོགས་ པའི་ཁྱད་པར་བཤད་པའོ། །ལེའུ་གཉིས་པའོ།། །། གསུམ་པ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་བའི་སྐད་ཀྱི་ལེའུ་ལ་འཚམས་སྦྱར་བ་ དང༌། བཤད་པ་དངོས་སོ། །འདི་ལ་གཉིས། མདོར་བསྟན། རྒྱས་བཤད། དང་པོ་འདི་ལ་ བཞི། ཨེ་ཝཾ་སྡོམ་པའི་རང་བཞིན་མདོར་བསྟན། དེ་ཡི་ངེས་པ་རྒྱས་པར་བཤད་པ། གཉིས་ ཀྱིས་བདེ་སྟོང་གཉིས་མེད་སྡོམ་པའི་ངེས་པ། སྐད་ཅིག་མ་དང་དགའ་བའི་འཇོག་ཚུལ། དབང་གི་རིམ་པ་འཇོག་ཚུལ། སློབ་མའི་བྱ་བ་བསྟན་པ། བཞི་པའི་ཡེ་ཤེས་བཤད་པ། དཀྱིལ་ 1-1-540 འཁོར་འཁོར་ལོའི་རིམ་པ། བཞིས་དེ་ལ་བརྟེན་པ་དབང་གི་རྣམ་གཞག །དགོངས་པའི་སྐད་ དང་བརྟུལ་ཞུགས་བཤད་པའོ། །དེ་ལ་གསུམ། བསྟེན་པ་བྱ་བའི། བརྟུལ་ཞུགས་སྤྱོད་པའི་ ངེས་དོན་གཉིས་ཀྱི་དམ་ཚིག་བསྟན་པར་གསུངས་པའི་དགོས་པ། དབང་པོ་དྲུག་གི་རྣམ་དག །ཁྱབ་བྱ་ཕུང་ཁམས་སྐྱེ་མཆེད། ཁྱབ་བྱེད་རྨད་བྱུང་ཡེ་ཤེས། གསུམ་གྱི་རང་བཞིན་རྣམ་དག་ གསུངས་པའི་དགོས་པ། གསང་བའི་བརྡ་སྐད་བསྟན་པ། དེ་ལས་འདས་པའི་ཉེས་དམིགས། གཉིས་ཀྱིས་གསང་བའི་བརྡ་སྐད་གསུངས་པའི་དགོས་པ་བཤད་པའོ། །ལེའུ་གསུམ་པའོ།། །། བཞི་པ་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུ་ལ་འཚམས་སྦྱར་བ་དང༌། བཤད་པ་དངོས་སོ། །འདི་ལ་གསུམ། ཞུ་པའི་ཐེ་ཚོམ་བསལ་བ། ཆེད་དུ་གསུངས་པའི་རྒྱུད་ དོན། རིགས་དང་ཕྱག་རྒྱ་བསྡུ་བའོ། །དང་པོ་ལ་གཉིས། སྤྱི་ཡི་ཐེ་ཚོམ་བསལ་བའི། རྡོ་རྗེ་ སྙིང་པོས་ཞུས་པའི་དོན་བཤད་པས་སོ། །དང་པོ་ལ་གཉིས། ཞུ་བའི་སྒོ་ནས་མདོར་བསྟན། ལན་གྱིས་སྒོ་ནས་རྒྱས་པ་བཤད་པའོ། །འདི་ལ་བཞི། གང་གིས་བྱ་བ་གླུ་གར་གྱི་ངེས་དོན། དེ་ལས་ཐོབ་པ་ཕན་ཡོན་གྱི་ངེས་པ། རྟགས་ཀྱིས་མཚོན་པ་བྱིན་བརླབས་ཀྱི་མཚན་ཉིད། གསུམ་གྱི་གླུ་གར་གྱི་ཕྱག་རྒྱའི་རྟགས་ཀྱི་རིགས་ཀྱི་ངེས་པ། ངེས་པ་བྲལ་ན་དངོས་གྲུབ་མེད་ ཚུལ། དེས་ན་ཕྱག་རྒྱའི་ངེས་པ་བཤད་པ། གསུམ་གྱིས་ཕྱག་རྒྱ་ཡི། ས་བོན་གྱི། རྩ་རྣམས་ ཀྱི་ཐེ་ཚོམ་བསལ་བའོ། །གཉིས་པ་རྡོ་རྗེ་སྙིང་པོའི་ཞུས་པའི་དོན་བཤད་པ་ལ་གཉིས། རྣལ་ འབྱོར་མ་ལས། རྡོ་རྗེའི་རིགས་ལས་འཕྲོས་པའི་དོན་བཤད་པའོ། །དང་པོ་ལ་གསུམ། བདེ་ བའི་རྟེན་གྱི་བྱང་སེམས་བསྲུང་ཚུལ། དེ་ཉིད་ཐབས་ཀྱིས་བསྐྱེད་པའི་དབྱེ་བ། ཆོས་འབྱུང་ བདེ་བའི་གནས་ཀྱི་མཚན་ཉིད། གསུམ་གྱིས་རང་བཞིན་གཉིས་མེད་ཡེ་ཤེས་བསྟན་པ། དེ་ ཉིད་གདོད་ནས་དག་པར་བཞུགས་ཚུལ། བདེན་གཉིས་ཕྱག་རྒྱའི་སྦྱོར་བས་བྱང་སེམས་ 1-1-541 འཆིང་ཚུལ། དོན་དམ་ཕྱག་རྒྱ་ཆེན་མོའི་རང་བཞིན་བཤད་པ། གཉིས་ཀྱི་བསྟེན་བྱ་ཕྱག་རྒྱའི་ ངེས་པ་བཤད་པའོ། །གཉིས་པ་ལ་གཉིས། ཞུས་པ་དང༌། ལན་ནོ། །དེ་ལ་གསུམ། རིགས་ གཉིས། རིགས་གསུམ། རིགས་བཞི། ལུས་ལ་སྡོམ་ཚུལ་ལོ། །དེ་ལ་གསུམ། སྐུ་ཡི་དབྱེ་བས། མདོར་བསྟན། རྒྱས་བཤད་གཉིས་ཀྱི་འབྲས་བུའི་དབྱེ་བས། ཇི་ལྟར་སྡོམ་ཚུལ་དངོས་སོ། །གདོད་ནས་དག་པའི་ཚུལ། གཉིས་ཀྱིས་སྡེ་བའི་དབྱེ་བས་སྡོམ་ཚུལ་བཤད་པའོ། །གཉིས་པ་ ཆེད་དུ་གསུངས་པའི་རྒྱུད་དོན་ལ་གཉིས། ཆེད་དུ་གསུངས་པའི་རྒྱུད་དང༌། ཟབ་མོ་བསྟན་པ་ དངོས་སོ། །དེ་ལ་གཉིས། མཉན་པ་གདམས་པས་དབུགས་དབྱུང༌། ཟབ་མོའི་དེ་ཉིད་བཤད་ པའོ། །དེ་ལ་གཉིས། སྙིང་པོའི་གནས་ལུགས་བསྟན་པ། ཤེས་མ་ཤེས་ཀྱི་ཁྱད་པར། གཉིས་ ཀྱི་མདོར་བསྟན། ལུས་ཅན་ཀུན་ལ་སངས་རྒྱས་བཞུགས་ཚུལ། ཀྱེའི་རྡོ་རྗེའི་ཐབས་ཀྱི་འགྲུབ་ ཚུལ། ཐབས་དང་བྲལ་ན་འཁོར་བ་འཁྱམ་ཚུལ། ཐབས་ཀྱིས་སྦྱང་ན་མངོན་གྱུར་ཐོབ་ཚུལ། བཞིས་རྒྱས་བཤད་དོ། །གསུམ་པ་རིགས་དང་ཕྱག་རྒྱ་བསྡུ་བ་ལ་གཉིས། རིགས་དང་ཕྱག་རྒྱ་ སྡེབས་ཏེ་བསྟན་པ། ལྷ་ཡི་སྐྱེད་ཆོག །བྱིན་གྱིས་བརླབས་པ། ཇི་ལྟར་འབུལ་ཚུལ། གསུམ་ གྱིས་ཞར་ལ་གཏོར་མའི་ཆོ་ག་བཤད་པའོ། །ལེའུ་བཞི་པའོ།། །། ལྔ་པ་ཀྱེ་ཡི་རྡོ་རྗེའི་མངོན་པ་འབྱུང་བའི་ལེའུ་ལ། འཚམས་སྦྱར་བ་དང༌། བཤད་པ་དངོས་ སོ། །དེ་ལ་གཉིས། ཞུ་བའི་དོན། ལན་གྱི་དོན་ནོ། །འདི་ལ་གསུམ། སྐུ་ཡི། གསུང་གི ཐུགས་ ཀྱི་དེ་ཁོ་ན་ཉིད་ཀྱི་མངོན་པ་འབྱུང་བའོ། །དང་པོ་ལ་གཉིས། དྲང་དོན། ངེས་དོན་གཉིས་ཀྱིས་ རྟེན་དཀྱིལ་འཁོར་གྱི། རྟེན་པ་ལྷ་ཡི་དེ་ཉིད་དོ། །དེ་ལ་གཉིས། རྒྱུ་ཡི་ཧེ་རུ་ཀའི། འབྲས་བུའི་ ཧེ་རུ་ཀའི་དེ་ཉིད་དོ། །དང་པོ་ལ་གཉིས། མངོན་བྱང་ལྔ་ལས་རྫོགས་པའི། ཆགས་པས་ཞུ་ བ་སྐུལ་བའི་ཚུལ་གཉིས་ཀྱིས་དྲང་དོན་དང༌། ཞུ་བའི། བསྐུལ་བའི་ངེས་དོན་གཉིས་ཀྱི་ངེས་ དོན་ནོ། །གཉིས་པ་ལ་གཉིས། དྲང་དོན་དང༌། ངེས་དོན་ནོ། །དང་པོ་ལ་གཉིས། སྒྱུ་མ་ལྟ་ 1-1-542 བུར་གཟིགས་པ་བསྟན་པ། གཙོ་བོ་ཡབ་ཡུམ་བཞེངས་པ། འཁོར་གྱི་ལྷ་རྣམས་སྤྲོ་བ། གཉིས་ ཀྱིས་ལྷ་ཡི་རྣམ་པར་བཞེངས་ཚུལ་བཤད་པའོ། །གཉིས་པ་ལ་གསུམ། དམ་ཚིག་འཁོར་ལོ་ བསྐྱེད་ནས་ཡེ་ཤེས་གཞུགས་པའི། སྐུ་གསུང་ཐུགས་དང་བསྐྱེད་མཆེད་བྱིན་གྱིས་བརླབས་ པའི། དབང་བསྐུར་མཆོད་བསྟོད་བྱས་ནས་བདུད་རྩི་མྱང་བའི་དོན་ནོ། །དང་པོ་ལ་གཉིས། བསྐྱེད་པ་ལྷ་ཡི། ཡེ་ཤེས་གཞུག་པའི་ངེས་དོན་གཉིས་ཀྱི་སོ་སོར་བཤད་པ། བསྡུས་ཏེ་བསྟན་ པའོ། །གཉིས་པ། གསུང་གི་དེ་ཁོ་ན་ཉིད་ཀྱིས་མངོན་པ་འབྱུང་བ་ལ་གཉིས། ཞུས་པའི་དོན་ དང༌། བྱེད་ལས་སྨོས་ཏེ་བཤད་པར་དམ་བཅའ། དགོས་པ་སྨོས་ཏེ་ལས་རྣམས་སྒྲུབ་ཚུལ། བཟླས་པར་བྱ་བའི་སྔགས་དངོས་བསྟན་པ། གསུམ་གྱིས་ལན་གྱི་དོན་ནོ། །གསུམ་པ་ཐུགས་ ཀྱི་དེ་ཁོ་ན་ཉིད་ཀྱི་མངོན་པར་འབྱུང་བ་ལ་གཉིས། དེ་ཉིད་འགྲུབ་པར་དབང་གི་ཆོ་ག །དབང་ ལས་བྱུང་བའི་དེ་ཉིད་བཤད་པའོ། །དང་པོ་ལ་གསུམ། སྔོན་དུ་འགྲོ་བའི། སློབ་མ་གཞུག་ པའི། དབང་བསྐུར་སྦྱིན་པའི་ཆོ་གའོ། །དང་པོ་ལ་གསུམ། དཀྱིལ་འཁོར་བྲི་བའི། བུམ་པ་ དགོད་པའི། རིགས་མ་གཞུག་པའི་ངེས་པའོ། །དང་པོ་ལ་གཉིས། ཞུས་པའི་དོན་དང༌། ཐིག་ དང་བྲི་བའི། རྡུལ་ཚོན་གདབ་པའི། མཚན་མ་དགོད་པའི་ངེས་པ་གསུམ་གྱིས་ལན་གྱི་དོན་ ནོ། །ལེའུ་ལྔ་པའོ།། །། དྲུག་པ་བྲིས་སྐུའི་ཆོ་གའི་ལེའུ་ལ་གཉིས། བསྡུས་པའི་དོན་གྱི་མཚམས་སྦྱར། དངོས་ དོན་རྒྱས་པར་བཤད་པའོ། །དེ་ལ་གཉིས། ཕྱག་རྒྱའི་རྣམ་དག །བྲིས་སྐུ་སྒྲུབ་པའོ། །དང་ པོ་ལ་གཉིས། ཕྱག་རྒྱ་འབྱེད་པའི་སྦྱོར་བའི་དོན། ཕྱེ་བའི་ཕྱག་རྒྱ་བཤད་པའོ། །འདི་ལ་ གཉིས། དྲང་བའི་དོན་དུ་བསྟན་པ། ཕྱག་རྒྱ་འཆིང་བའི་དངོས་དོན། བཅིངས་པས་བདེ་བ་ འགྲུབ་ཚུལ། འགྲུབ་པའི་མན་ངག་བསྟན་པ། གྲུབ་པའི་འབྲས་བུ་འཇོག་ཚུལ། བཞིས་ངེས་ པའི་དོན་དུ་བཤད་པའོ། །གཉིས་པ་བྲིས་སྐུ་སྒྲུབས་པ་ལ་གཉིས། གསོལ་བ་གདབ་པ། འབྲི་ 1-1-543 མཁན་སོགས་ཀྱི་དམ་ཚིག །ཚོན་ལ་སོགས་པའི་ངེས་དོན། གཉིས་ཀྱིས་ལན་དོན་བཤད་ པའོ། །ལེའུ་དྲུག་པའོ།། །། བདུན་པ་བཟའ་བའི་ལེའུ་ལ་གཉིས། བསྡུས་པའི་ཚུལ་གྱིས་འཚམས་སྦྱར་བ། དངོས་ དོན་རྒྱས་པ་བཤད་པའོ། དེ་ལ་གཉིས། གླེགས་ཝཾ་གྱི། བཟའ་བའི་ཆོ་གའོ། །དང་པོ་ལ་ གཉིས། ཞུ་བ་དང༌། བདག་མེད་མ་ལ་གཉན་པར་གདམས་པ། ཚད་དང་བྲི་བའི་ངེས་པ་ བཤད་པ། གླེགས་ཝཾ་བྲིས་སྐུ་སྦ་བར་བསྟན་པ། ཁྱད་པར་གླེགས་ཝཾ་ཇི་ལྟར་སྦེད་ཚུལ། བཞིས་ལན་ནོ། །གཉིས་པ་ལ་གཉིས། མཉན་པར་གདམས་པ་མདོར་བསྟན། ཁྱད་པར་ རྒྱས་པར་བཤད་པའོ། །འདི་ལ་གཉིས། བཟའ་བའི་ཆོ་ག་བཤད་པ། འཐད་པ་མདོར་བསྟན། སྒྲུབ་ཚུལ་བཤད་པ། བསྡུས་ཏེ་བསྟན་པ། གསུམ་གྱིས་དམ་ཚིག་རིལ་བུ་སྒྲུབ་པའོ། །དང་པོ་ ལ་གཉིས། དྲང་དོན་དང༌། འདོད་ཡོན་གཞན་ལ་སྤྱོད་པའི། རིག་བྱའི་འདོད་ཡོན་སྤྱོད་པའི། རོ་གཅིག་བདེ་བ་མྱང་བའི། གླུ་གར་ལ་སོགས་སྤྱོད་པའི། འབྲས་བུ་ཇི་ལྟར་ཐོབ་པའི་དོན་ ལྔས་ངེས་དོན་ནོ། །དང་པོ་ལ་གསུམ། སྦྱོར་བའི་ཚུལ་གྱིས་མདོར་བསྟན། དངོས་གཞི་རྒྱས་ པར་བཤད་པ། སྤྱོད་ལམ་བསྡུས་ཏེ་བསྟན་པའོ། །དང་པོ་གཉིས། འགྲུབ་པའི་གནས་ཀྱི། ཆ་ ལུགས་སྒྲུབ་པའི། སྟན་ལ་འཁོད་པའི། སྟེར་དང་སྣོད་ཀྱི། ཇི་ལྟར་སྒྲུབ་པའི་ངེས་པ་ལྔས་ཐུན་ མོང་མིན་པའི། ཚོགས་ཀྱི་འཁོར་ལོ། དཔའ་བོའི་སྟོན་མོ། གཉིས་ཀྱིས་ཐུན་མོང་པ་ཡི་བཟའ་ བའོ། །གཉིས་པ་ལ་གཉིས། ཚོགས་ཀྱི་གཙོ་བོ་ཡི། གྲལ་ལ་འཁོད་པའི། ཕྱག་རྒྱ་གཞག་པའི་ ཁྱད་པར་གསུམ་གྱིས་སྔོན་དུ་བྱ་བའི། བྱིན་གྱིས་བརླབ་ཅིང་མཆོད་པའི། ཞིང་སྐྱོང་ལ་སོགས་ ཚིམ་པའི། ལྷག་མ་ལ་སོགས་གཏོར་མའི་ཆོ་ག་གསུམ་གྱིས་དངོས་གཞི་བཟའ་བའི་ཆོ་གའོ། །ལེའུ་བདུན་པའོ།། །། བརྒྱད་པ་འདུལ་བའི་ལེའུ་ལ་འཚམས་སྦྱར་བ་དང༌། བཤད་པ་དངོས་སོ། །དེ་ལ་བཞི། 1-1-544 ཕྱག་རྒྱ་ཆེན་མོའི་དངོས་གྲུབ་སྒྲུབ་པ། རྣམ་པ་དག་པའི་སྨོན་ལམ་གདབ་པ། འགྲུབ་པའི་དོན་ དུ་རིམ་པས་འཇུག་ཚུལ། ཞུགས་ནས་དངོས་གྲུབ་འཐོབ་པའི་ངེས་པའོ། །དང་པོ་ལ། ཞུས་ པའི་དོན་དང༌། རྣམ་པའི་སྒོ་ནས་བསྟན་པ། རྙེད་ནས་དངོས་གྲུབ་ཐོབ་ཚུལ། ཕྱག་རྒྱ་ཆེན་ མོའི་རང་བཞིན་གསུམ་གྱིས་ལན་གྱི་དོན་ནོ། །ལེའུ་བརྒྱད་པའོ།། །། དགུ་པ་སྔགས་བཏུ་བའི་ལེའུ་ལ། འཚམས་སྦྱར་བ། བཤད་པ་དངོས་སོ། །དེ་ལ་གཉིས། ཁ་སྦྱོར་འབྱེད་པའི་ཆོ་ག །སྔགས་ཀྱི་ངེས་པ་བཏུ་བའོ། །དང་པོ་ལ། བཤད་པ་དམ་བཅའི་ དོན་དང༌། ངེས་དོན་དེ་ཉིད་བསྟན་པ། དྲང་དོན་དམ་ཚིག་བསྟན་ཚུལ། སྤྲོས་མེད་བསྒོམ་པས་ འགྲུབ་ཚུལ། གསང་སྔགས་སྦྱོར་བས་དག་ཚུལ། དག་པ་འབྲས་བུའི་ངེས་པ་ལྔས་བཤད་ པ་དངོས་ཀྱི་དོན་ནོ། །གཉིས་པ་ལ་གཉིས། ཞུས་པ་དང༌། ལན་གྱི་དོན་ནོ། །དེ་ལ་གསུམ། མཉན་པ་གདམས་པས་མདོར་བསྟན། སྔགས་ཀྱི་དེ་ཉིད་བསྟན་པ། ལས་རབ་འབྱམ་ཀྱི། ཀུ་ རུ་ཀུ་ལེའི། ཀྱེའི་རྡོར་སྙིང་པོའི། ཕྱག་བཞི་པ་ཡི། ཕྱག་དྲུག་པ་ཡི། ཕྱག་གཉིས་པ་ཡི། གྲོང་ ཁྱེར་དཀྲུག་པའི། ས་གཞི་སྦྱོང་བའི། བྱིན་གྱིས་བརླབ་པའི། འབྱུང་པོ་གཏོར་མའི་སྔགས་ བཏུ་བ་བཅུས་ཇི་ལྟར་བཏུ་བའི་ངེས་པའོ། །ལེའུ་དགུ་པའོ།། །། བཅུ་པ་བཟླས་པའི་ལེའུ་ལ་འཚམས་སྦྱར་བ་དང༌། བཤད་པ་དངོས་སོ། །འདི་ལ་གསུམ། ངེས་པའི་དོན་གྱིས་བཟླས་པ་བསྟན་པ། ལས་གང་གང་གིས་འགྲུབ་ཚལ་བཤད་པ། ལས་ དང་མཐུན་པ་ཟས་ཀྱི་ངེས་པའོ། །གཉིས་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དེ་ ལ་གཉིས། གང་གིས་འགྲུབ་པའི་ངེས་པ་སྤྱིར་བསྟན། ལྷ་ཡིས་ངེས་པས་སོ་སོར་བཤད་པ། འཕོ་མེད་བསྒོམ་པས་ལས་ཀུན་འགྲུབ་ཚུལ། གསུམ་གྱི་རྣལ་འབྱོར་གྱི། བགྲང་ཕྲེང་གི་ངེས་ པའོ། །ལེའུ་བཅུ་པའོ།། །། བཅུ་གཅིག་པ་ལྷན་གཅིག་སྐྱེས་པ་སྦྱོར་བའི་དོན་གྱི་ལེའུ་ལ་གཉིས། བསྡུས་པའི་ཚུལ་ 1-1-545 གྱིས་འཚམས་སྦྱར། དངོས་དོན་རྒྱས་པར་བཤད་པའོ། །འདི་ལ་གཉིས། ཞུས་ཤིང་མཉན་ པ་གདམས་པ། རྟགས་ཀྱིས་མཚོན་ཚུལ་བསྟན་པ། རིགས་ཀྱི་ངེས་དོན་བཤད་པ། གསུམ་ གྱིས་རིགས་ཀྱི་ངེས་པ་བསྟན་པ་དང༌། ལྷན་སྐྱེས་སྦྱོར་བའི་དེ་ཉིད་དོ། །དེ་ལ་གཉིས། གཉན་ པར་གདམས་པ། བཤད་པ་དངོས་སོ། །འདི་ལ་གཉིས། གང་དུ་ཕྱག་རྒྱ་ཇི་ལྟར་མཆོད་ཚུལ། མཆོད་པའི་སྦྱོར་བ་རྒྱས་པར་བཤད་པའོ། །དེ་ལ་གཉིས། བཤད་བྱ་སྤྱིར་བསྟན། སོ་སོར་ བཤད་པའོ། །འདི་ལ་གཉིས། ཁྱོགས་ཀྱི། གྲུ་མོའི། བསྐྱང་བའི་སྦྱོར་བ་གསུམ་གྱིས་དྲང་ བའི་དོན་དུ། ངེས་པའི་དོན་དུ་བཤད་པའོ། །དེ་ལ་གཉིས། མཚོན་བྱེད་སྦྱོར་བའི། དགའ་ བ་བཞིའི་གནས་ལུགས། ལྷན་སྐྱེས་མཆོག་ཏུ་བསྟན་པ་གཉིས་ཀྱིས་མཚོན་བྱ་བདེ་བའི་ངེས་ པའོ། །དང་པོ་ལ་གསུམ། རྗེས་སུ་ཆགས་པའི་སྦྱོར་བ། གསང་ཆེན་ཇི་ལྟར་སྤྱོད་ཚུལ། མདོར་ བསྟན། རྒྱས་བཤད། གཉིས་ཀྱིས་ཐར་པའི་རྒྱུ་རུ་བསྟན་པའོ། །ལེའུ་བཅུ་གཅིག་པའོ།། །། བཅུ་གཉིས་པ་དབང་བཞིའི་ཚིགས་བཅད་བཤད་པ་ལ་གསུམ། སྐབས་ཀྱི་གཞུང་དོན་ བཤད་པ། དོན་གཞན་གཞན་དུ་བལྟ་ཚུལ། བྱིན་གྱིས་བརླབ་པའི་སྔགས་སོ། །དང་པོ་ལ་ གཉིས། མདོར་བསྟན། སློབ་དཔོན་གྱི་གསང་བ་ཡི། གསུམ་པ་ཡི། བཞི་པ་ཡི། དབང་གི་ ཚིགས་བཅད་བཤད་པ་བཞིས་རྒྱས་བཤད་དོ། །གསུམ་པ་བཤད་པ་རྫོགས་པའི་བྱ་བ་ལ་ གསུམ། གཞན་གྱིས་གསོལ་བ་བཏབ་སྟེ་མཛད་ཚུལ། དེ་ལྟར་མཛད་པའི་དགེ་བ་བསྔོ་བ། གང་ལ་ལེགས་པར་གྲུབ་ཚུལ་བཤད་པའོ།། །། རྣམ་དག་རྒྱུད་སྡེའི་དགོངས་པ་རྡོ་རྗེའི་ཚིག །རྣམ་དག་ངེས་པའི་དོན་དུ་གསལ་མཛད་པ། །རྣམ་དག་གྲུབ་པ་རྙེད་པའི་སྐྱེས་བུ་ལ། །རྣམ་དག་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །རྒྱུད་ སྡེའི་དགོངས་པ་སྟོང་ཉིད་སྙིང་རྗེས་དོན། །གང་གི་འགྲེལ་བས་གསལ་བ་མཛད་པ་ཡི། །རྗེས་ སུ་འབྲངས་ཏེ་དེ་ལ་འཇུག་པའི་རྒྱན། །བསྡུས་པའི་དོན་འདི་གཞན་གྱིས་བསྐུལ་ཏེ་བགྱིས། 1-1-546 །འོན་ཀྱང་བདག་བློ་བྱིས་པའི་དབང་གྱུར་ཅིང༌། །རྡོ་རྗེའི་ཚིག་ཀྱང་གཏིང་དཔག་ཤིན་ཏུ་ དཀའ། །དེ་སླད་འདི་ལ་འཁྲུལ་བའི་ཆ་མཆིས་ན། །རྒྱལ་དང་རྒྱལ་སྲས་རྣམས་ལ་བཟོད་ པ་གསོལ། །གང་གི་བསྐུལ་ཞིང་མཐུན་རྐྱེན་སྒྲུབ་པ་དང༌། །བདག་གིས་འབད་པའི་བསོད་ ནམས་མཐུ་ཡིས་ཀྱང༌། །འགྲོ་ཀུན་རྣམ་དག་ལེགས་པའི་ལམ་ཞུགས་ནས། །རྡོ་རྗེ་འཛིན་ པའི་གོ་འཕང་ཐོབ་པར་ཤོག །དཔལ་ཀྱེ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་རྗེ་ན་རོ་པཎ་ཆེན་གྱིས་མཛད་ པའི་འགྲེལ་པས་འཆད་པ་ལ་འཇུག་པའི་རྒྱན་འདི་ནི། བླ་མ་དམ་པ་ཡེ་ཤེས་རྒྱལ་མཚན་ལ་ སོགས་པ་དགེ་བའི་བཤེས་གཉེན་མང་པོས་བསྐུལ་བའི་ངོར། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་ པ་ཡབ་སྲས་ཀྱི་བཀའ་དྲིན་ལས་ངེས་པའི་དོན་ལ་བློ་ཁ་ཅུང་ཟད་ཕྱོགས་པ་ཤཱཀྱའི་དགེ་སློང་ ལོ་ཙཱ་བ་བློ་གྲོས་དཔལ་བཟང་པོས། བློ་ལྡན་དགེ་བའི་བཤེས་གཉེན་སྟོན་མཆོག་ལ་ཡི་གེ་པ་ བཅོལ་ནས་ཇོ་ནང་དཔལ་གྱི་རི་ཁྲོད་དུ་གྲུབ་པར་བགྱིས་པའོ།། །། བསྟན་པ་དང་འགྲོ་བ་དུ་མ་ལ་ཕན་པར་གྱུར་ཅིག །ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ ག་ཏོ་ཧྱ་ཝ་ཏད། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿ ། ། 1-1-547 ༄༅། །དུས་འཁོར་གྱི་ཐིག་རྩ་དང༌། ཞི་རྒྱས་སོ་སོའི་ལས་བརྒྱད་ ཞི་རྒྱས་ལས་ཐམས་ཅད་པ་ལ་བཞིར་ཕྱེ་སྟེ། བཅུ་གཉིས་ཀྱི་དབྱེ་བའི་ཐིག་རྩ་ བཞུགས་སོ། ། ༄༅། །ༀ་སྭཱ་སྟི། དཔལ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ། །དབུས་ནས་(ཐུགས་ དཀྱིལ་ལ་ཁྲུ་གང་)ཁྲུ་བཞི་སྤངས་ཏེ་ཟླུམ་པོར་སྐོར། །དེ་ཡི་ཕྱི་རོལ་སོར་ཕྱེད་(གསུམ་ནས་)བཅུ་ གཉིས་ནས། །སླར་ཡང་བསྐོར་བས་ས་ཡི་ཁོར་ཡུག་ཚད། །ཆུ་མེ་རླུང་རྣམས་དེ་ཡི་ཉིས་འགྱུར་ ཏེ། །ནམ་མཁའ་ས་གཞི་འོད་ཟེར་ཉིས་འགྱུར་སྐོར། །ཉ་དང་བྱ་རོག་རྗེས་ཀྱི་མཚན་མ་བཙལ། །ཟླུམ་པོ་དང་པོའི་ཚད་དུ་ཚངས་ཐིག་གཉིས། །གཉིས་པའི་ཚད་དུ་ཟུར་གྱི་ཐིག་གཉིས་གདབ། །ཟུར་ཐིག་རྩེ་མོ་སྦྲེལ་བ་ལོགས་ཀྱི་ཐིག །དེ་ནས་ཚངས་པའི་ཐིག་གི་རྩེ་ནས་རྩེར། །ལོ་ཐུབས་ བྱས་པས་སྐུ་ཡི་རྩ་ཐིག་རྙེད། །རྩ་ཐིག་འདི་དང་ཚངས་ཐིག་ཕྲད་མཚམས་ནས། །ལོ་ཐུབས་ གཉིས་པས་གསུང་གི་རྩ་ཐིག་རྙེད། །དེ་བཞིན་གསུམ་པས་ཐུགས་ཀྱི་རྩ་ཐིག་དང༌། །བཞི་ པས་བདེ་བ་ཆེན་པོ་རྙེད་པར་འགྱུར། །སྐུ་གསུང་ཐུགས་ཀྱི་བར་གྱི་ས་གང་ཡིན། །དེ་ཡི་ཕྱེད་ དུ་སོ་སོའི་མདའ་ཡབ་ཐིག །ཚངས་ཐིག་མཐའ་དང་སྐུ་ཡི་རྩ་ཐིག་བར། །འདི་ཡི་ཕྱེད་དུའང་ སྐུ་ཡི་མདའ་ཡབ་སྟེ། །དེ་ལྟར་དཀྱིལ་འཁོར་གསུམ་པོ་རང་རང་གིས། །མདའ་ཡབ་ནང་མ་ ཆ་ཆེན་བཅུ་གཉིས་གདབ། །དང་པོ་གཉིས་དྲུག་ཕྱེད་གདབ་ཕྱི་མའང་ཕྱེད། །ལྔ་པ་དབུས་ 1-1-548 དོར་མཐའ་གཉིས་བཞི་ཆ་གདབ། །སྒོ་དང་སྒོ་ཁྱུད་ལོགས་འགྲམ་མཉམ་པ་སོགས། །ཇི་ ལྟར་དགོས་པ་བརློན་པའི་ཐིག་གིས་བཟུང༌། །རང་རང་རྩ་ཐིག་ནང་དུ་སོར་ཕྱེད་རེ། །སྤངས་ པར་དཀྱིལ་འཁོར་སོ་སོའི་ལྷ་རྣམ་སྟེ། །སྐུ་ཡི་ལྷ་རྣམས་རང་གི་སྒོ་ཡི་ཕྱེད། །ནང་མ་གཉིས་ ལ་ཆ་ཆུང་བཞི་བཞིའོ། །ཚོན་གྱི་ས་ལ་སོར་ཕྱེད་བདུན་པར་འགྱུར། །བདེ་ཆེན་འཁོར་ལོར་ཆ་ ཆེན་གཉིས་པ་ཡི། །འགྲམ་ནས་ཆ་ཆུང་རེ་རེ་བཏབ་པ་ཡིས། །ཕྱི་ནང་རྡོ་རྗེའི་ཕྲེང་བ་གཉིས་ པོ་དང༌། །ཟུར་གྱི་གཡས་གཡོན་ཀ་བ་བརྒྱད་ཀྱི་ཐིག །ཆ་ཆེན་དང་པོ་ཕྱེད་མར་གོས་པ་ཉིད། །རྒྱལ་བའི་གཡས་གཡོན་ཀ་བའི་ཕྱི་ཐིག་སྟེ། །ཀ་བའི་ཞེང་ལ་ཆ་ཆུང་གཅིག་པ་མཚུངས། །བུམ་པའི་གནས་ལ་ཆ་ཆུང་གསུམ་པར་འགྱུར། །ཚངས་ཐིག་ཕྱེད་དུ་སྐུ་ཡི་རྩ་ཐིག་སྟེ། །དེ་ ཡི་ཕྱེད་དུ་གསུང་གི་རྩ་ཐིག་དང༌། །གསུང་གི་ཕྱེད་དུ་ཐུགས་ཀྱི་རྩ་བའི་ཐིག །ཐུགས་ཀྱི་ཕྱེད་ དུ་བདེ་བ་ཆེན་པོ་འཆར། །སྐུ་ཡི་སྒོ་ཁྱུད་བདེ་ཆེན་འཁོར་ལོའི་ཚད། །དེ་བཞིན་སྒོ་ལོགས་ ཐུགས་ཀྱི་མདའ་ཡབ་ཚད། །རྟ་བབས་ཀ་བ་གསུང་གི་རྩ་ཐིག་ཚད། །གསུང་གི་སྒོ་ཁྱུད་གཙོ་ བོ་པད་མའི་ཚད། །རྟ་བབས་ཀ་བ་ཐུགས་ཀྱི་རྩ་ཐིག་ཚད། །དེ་བཞིན་ཁོ་ནར་ཐུགས་ཀྱི་སྒོ་ ཁྱུད་ཀྱང༌། །ཕྱོགས་བཞིའི་རྒྱལ་བའི་གཡས་གཡོན་ཀ་བའི་ཚད། །རྟ་བབས་ཀ་བ་བདེ་ཆེན་ འཁོར་ལོའི་ཚད། །སོ་སོའི་མདའ་ཡབ་མཐར་ཡང་རང་རང་གི །རྟ་བབས་དོན་དུ་སྒོ་ཚད་ གསུམ་གསུམ་གདབ། །དང་པོ་ནང་ནས་སུམ་ཆ་ཕྱེ་བ་ཡི། །ཕྱེད་ཕྱེད་འོག་མའི་གདུང་དང་ མྱོས་བསྲུང་དཔངས། །བར་མའི་དབུས་དོར་མཐའ་གཉིས་བཞི་ཆ་གདབ། །མཐའ་གཉིས་ ནང་ནས་སུམ་ཆ་སུམ་ཆ་དབྱེ། །དེ་དག་རིམ་བཞིན་བར་དང་སྟེང་མའི་གདུང༌། །ལྷག་མ་བར་ དང་གོང་མའི་མྱོས་བསྲུང་ངོ༌། །གསུམ་པ་ཡང་ནི་ཆ་གསུམ་ཕྱེ་བ་ཡི། །དབུས་མའི་ནང་གི་ འགྲམ་ནས་བཞི་ཆ་གདབ། །ཧར་མིའི་གདུང་ཡིན་ལྷག་མ་རྒྱ་ཕུབས་དང༌། །ཕྱི་མ་བུམ་པའི་ ས་སྟེ་སྤངས་ཚད་དོ། །རིམ་པ་གསུམ་ཀའི་གདུང་དང་མྱོས་བསྲུང་བར། །གྲུ་བཞིར་གཞལ་ 1-1-549 ལ་ལྷ་གནས་དབུས་ལ་བཙལ། །དེ་ཡི་གཡས་གཡོན་ཀ་བ་དྲང་པོའི་ཐིག །དང་པོའི་ཞེང་ལ་ སྒོ་ཚད་དྲུག་ཆ་པ། །གཉིས་པའི་ཀ་བ་དང་པོའི་བཞི་གསུམ་དང༌། །གསུམ་པའི་ཀ་བ་དང་ པོའི་ཕྱེད་ཀྱི་ཚད། །སླར་ཡང་གཡས་གཡོན་ལྷ་གནས་གྲུ་བཞི་སྟེ། །དེ་རྣམས་མཐར་ཡང་ཀ་ བ་སྔར་དང་མཚུངས། །ཀ་བའི་ཕྱི་དང་མྱོས་བསྲུང་ལགས་ཐིག་མཉམ། །དང་པོའི་གདུང་ནི་ སྒོ་ཚད་བཞི་པ་སྟེ། །རྟ་བབས་ཀ་བའི་ཕྱི་ཡི་ཐིག་དང་མཉམ། །གཉིས་པའི་གདུང་ནི་སྒོ་ཚད་ གསུམ་པའོ། །གསུམ་པའི་གདུང་ལ་སྒོ་ཚད་ཕྱེད་དང་གསུམ། །ཧར་མིའི་གདུང་ལ་སྒོ་ཚད་ གཉིས་སུ་འགྱུར། །དེ་ཡི་སུམ་གཉིས་རྒྱ་ཕུབས་སྟོང་གི་ཚད། །བུམ་པའི་གཡས་གཡོན་རྒྱལ་ མཚན་མཛེས་པས་བརྒྱན། །དེ་ནས་གདན་རྣམས་རིམ་གྱིས་དགོད་པ་ནི། །གཙོ་བོའི་པད་མ་ སེར་ཕྱེད་བཅུ་གཉིས་པ། །བདེ་ཆེན་འཁོར་ལོའི་ཕྱོགས་མཚམས་པད་མ་བརྒྱད། །ཐུགས་ཀྱི་ ལྷ་རྣམས་པད་མ་བཅུ་གཉིས་དང༌། །སྒོ་བཞིར་བཞི་དང་གསུང་གི་ལྷ་རྣམས་ལ། །པདྨ་བརྒྱད་ རྣམས་སོར་ཕྱེད་བཞི་པའོ། །སྐུ་ཡི་ལྷ་རྣམས་པདྨ་བཅུ་གཉིས་དང༌། །དབང་ལྡན་བདེན་བྲལ་ ཟླ་ཉིའི་དཀྱིལ་འཁོར་དང༌། །མེ་རླུང་དབུས་སུ་དུར་ཁྲོད་འཁོར་ལོ་བརྒྱད། །ཀུན་གྱི་ཚད་ཀྱང་ སོར་ཕྱེད་བཅུ་གཉིས་པ། །སྐུ་ཡི་སྒོ་བཞི་རྣམས་དང་ཤར་ནུབ་ཀྱི། །རྟ་བབས་སྤངས་པར་ཤིང་ རྟ་གྲུ་བཞི་དང༌། །རྟ་བབས་ཀ་བའི་འོག་ཏུ་ཀླུ་གདན་བརྒྱད། །ཤར་དུ་ཟླུམ་པོ་ལྷོ་རུ་གྲུ་གསུམ་ དང༌། །ནུབ་ཏུ་གྲུ་བཞི་བྱང་དུ་ཟླ་གམ་གྱི། །དབྱིབས་ཅན་རྣམས་ཀྱང་སོར་ཕྱེད་བཅུ་གཉིས་ པའོ། །གསུང་གི་ལྷ་རྣམས་ཕྱོགས་ཀྱི་པད་མ་རྣམས། །ཐུགས་ཀྱི་རྟ་བབས་རིམ་པ་གཉིས་ པའི་གནས། །ཀ་བ་ཟུང་དང་མྱོས་པ་བསྲུང་བ་ལ། །ཅུང་ཟད་ཟོས་པ་བགོད་པའང་རྟོགས་ པར་བྱ། །དེ་སོགས་ཆ་ཡི་དབྱེ་བ་ཇི་སྙེད་པ། །དང་པོར་སྐམ་ཐིག་ཁོ་ནས་རྣམ་པར་དབྱེ། །ཕྱི་ ནས་གང་དགོས་སློན་པའི་ཐིག་གིས་གདབ། །ཚད་དང་མཚན་ཉིད་གསལ་པོར་རྟོགས་པར་ འགྱུར། །ཞེས་པ་དགེ་སློང་ལོཙྪ་བ་བློ་གྲོས་དཔལ་བཟང་པོས་བཀོད་པའོ། ། 1-1-550 ༄༅། །ༀ་སྭཱ་སྟི། ཡེ་ཤེས་མེ་ལྕེའི་འོད་གསལ་ལ་བཏུད་ནས། །ཞི་ཚོགས་ལས་བརྒྱད་སོ་ སོའི་ཐབ་རྣམས་དང༌། །དགུ་པ་ལས་རྣམས་ཐམས་ཅད་པ་ཡི་ཐིག །ཞི་རྒྱས་ཕྱེ་བ་རིམ་བཞིན་ བསྟན་པར་བྱ། །དེ་ཡང་གྲོང་ངམ་དཀྱིལ་འཁོར་བྱང་ཤར་དུ། །ཞི་བ་སོ་སོའི་ལས་ལ་བློ་ལྡན་ གྱིས། །ཚངས་ཐིག་རིང་པར་ཁྲུ་བརྒྱད་སོར་གསུམ་པ། །ལྷོ་བྱང་འཐེན་པ་ཐབ་ཀྱི་ཤར་ནུབ་ ཡིན། །རང་གི་ཤར་ཕྱོགས་རྩེ་ནས་ཁྲུ་དོ་དང༌། །སོར་མོ་བཅུ་གཉིས་སྤངས་པར་ལྷོ་བྱང་གི །ཚངས་ཐིག་ཐུང་བ་ཁྲུ་ལྔའི་ཚད་དུ་གདབ། །དེ་ཡི་རྩེ་ནས་ཟུར་ཐིག་མཚན་མ་བཙལ། །ཟུར་ ཐིག་རྩེ་མོ་སྦྲེལ་བའི་ལོགས་ཐིག་གདབ། །ར་བའི་རྩ་ཐིག་ཁྲུ་ལྔ་གྲུ་བཞིར་འགྱུར། །ལོ་ཐུབས་ རིམ་པ་གཉིས་ཀྱི་གྲུ་བཞིའི་ནང༌། །སྐམ་ཐིག་ཁོ་ནས་ཆ་ཆེན་བརྒྱད་པར་དབྱེ། །དབུས་ནས་ ཆ་ཆེན་བཞི་ཡི་ཐིག་གི་རྒྱུན། །སྒོ་ཚད་ལྔ་པ་ཐབ་ཀྱི་ནུབ་ཏུ་མཐེན། །རྩ་ཐིག་མཚམས་ནས་ སྒོ་ཚད་གཉིས་ཀྱི་བར། །ཆ་ཆེན་བཞི་ཀའང་ཕྱེད་གདབ་ཕྱི་མའང་ཕྱེད། །སྒོ་མཉམ་སྒོ་ཁྱུད་ ལོགས་འགྲམ་ཀ་བའི་ཐིག །སྒོ་འགྲམ་ར་བའི་ཐིག་བཞིན་ཀུན་ཏུ་གདབ། །སྒོ་ཡི་ཕྱི་རོལ་ཆ་ ཆེན་གསུམ་པོ་ནི། །རྟ་བབས་དོན་ཏེ་སྒོ་ཚད་གསུམ་པ་ཡི། །འདེབས་པའི་ཚུལ་ནི་སྔར་དང་ མཚུངས་པར་བྱ། །ཚངས་ཐིག་དབུས་སུ་ཕུར་བུ་བཙུགས་ནས་ནི། ཁྲུ་ཕྱེད་མཐའ་ནས་སྐོར་ བ་ཐབ་ཀྱི་རྒྱ། །དེ་ནས་སོར་གཉིས་སླར་ཡང་སོར་བཞི་ནས། །རིམ་པས་བསྐོར་བ་མཆུ་དང་ ཁ་ཁྱེར་ཚད། །ཐབ་ཀྱི་པད་མ་འདབ་བརྒྱད་ཁྲུ་གང་པའི། །ལྟེ་བར་པད་མ་དཀར་པོས་བརྒྱན་ པ་སྟེ། །མདབ་མར་སངས་རྒྱས་ཡབ་ཡུམ་མཚན་མ་ནི། །ཤར་དང་ཤར་ལྷོར་རལ་གྲི་གྲི་གུག་ ནག །ལྷོ་དང་བདེན་བྲལ་རིན་ཆེན་ལྕགས་ཀྱུ་དམར། །བྱང་དང་བྱང་ཤར་རྡོ་སྔོན་རྩེ་གསུམ་ དཀར། །ནུབ་དང་ནུབ་བྱང་འཁོར་ལོ་སྦྲུལ་ཞགས་སེར། ཁ་ཁྱེར་(ཆ་ལྔར་ཕྱེ་བའི་འགྲམ་ གཉིས་སྤངས་ཏེ་)དབུས་ནས་པད་དཀར་ཕྲེང་བས་བསྐོར། །དབུས་ནས་ཁ་ཁྱེར་མཐར་ཐུག་ ཐབ་མདོག་དཀར། །ཐབ་ཀྱི་ཕྱི་རོལ་ཕྱོགས་མདོག་ནག་པོ་ལ། །སློབ་དཔོན་མཆོད་ཡོན་ 1-1-551 བསྲེག་རྫས་གདན་གསུམ་པོ། །མཚུངས་པར་པད་དཀར་འདབ་བརྒྱད་ཁྲུ་གང་པ། །ལྟེ་བར་ པད་མ་དཀར་པོ་བརྒྱན་པ་སྟེ། །ཐབ་དང་དབྱིབས་མཚུངས་རེ་ཁ་དཀར་པོས་བསྐོར། །ར་བ་ ནང་ནས་དཀར་དམར་ནག་པོའི་མདོག །ཀ་གདུང་སེར་བ་རྟ་བབས་མཛེས་ཆེན་པོ། །ཞེས་པ་ བྱང་ཤར་གྱི་མཚམས་སུ་སློབ་དཔོན་གྲོང་ཁྱེར་རམ་དཀྱིལ་འཁོར་ལ་གཡོན་ཟུར་ཕྱོགས་པའི་ ཚུལ་གྱིས་སྒྲུབ་པ་ཞི་བའི་ཐབ་ཐིག་རྫོགས་སོ།། །། གྲོང་ངམ་དཀྱིལ་འཁོར་བྱང་དུ་རྒྱས་པ་ལ། །སྲིད་དུ་སོར་དྲུག་དམན་པའི་ཁྲུ་བཅུ་པ། བདེན་བྲལ་དབང་ལྡན་འཐེན་པ་ཚངས་པའི་ཐིག །སྤྱི་ཡི་བདེན་བྲལ་ཐབ་ཀྱི་ཤར་དུ་འགྱུར། །རང་ཤར་ནས་ཁྲུ་ཚད་གསུམ་སྤངས་པར། །ཚངས་ཐིག་ཐུང་བ་ཁྲུ་དྲུག་ཚད་དུ་གདབ། །དེ་ཡི་ རྩེ་ནས་ཟུར་ཐིག་མཚན་མ་བཙལ། །ཟུག་ཐིག་རྩེ་མོ་སྦྲེལ་བ་ལོགས་ཀྱི་ཐིག །ལོ་ཐུབས་རིམ་ པ་གཉིས་ཀྱི་གྲུ་བཞིའི་ནང༌། །ཆ་ཆེན་བརྒྱད་པར་འབྱེད་སོགས་སྔར་དང་མཚུངས། །དབུས་ སུ་ཞི་བའི་ཉིས་འགྱུར་ཚད་ལྡན་པ། ཁྲུ་དོ་གྲུ་བཞིར་བཏབ་པ་ཐབ་ཀྱི་རྒྱ། །མཆུ་ལ་སོར་ བཞིའི་ཁ་ཁྱེར་སོར་བརྒྱད་འགྱུར། །ཐབ་ཀྱི་པད་མ་འདབ་བརྒྱད་ཁྲུ་དོ་པའི། །ལྟེ་བར་ཕྱག་ མཚན་ནུབ་ཀྱི་འཁོར་ལོ་འཕོ། །དེ་ཡི་རིགས་པས་ཁ་ཁྱེར་མཚན་ལ་དགོད། །སློབ་དཔོན་ གདན་སོགས་པད་དཀར་ཁྲུ་གང་པ། །རང་གི་ཐབ་དབྱིབས་གྲུ་བཞིས་བསྐོར་བ་སྟེ། །ལྟེ་ བར་འཁོར་ལོས་བརྒྱན་པ་རྣམ་པ་གསུམ། །ཕྱི་རོལ་ཕྱོགས་མདོག་ལ་སོགས་ཞི་བ་མཚུངས། །ཞེས་པ་བྱང་ཕྱོགས་སུ་སློབ་དཔོན་གྲོང་ངམ་དཀྱིལ་འཁོར་ལ་གཡས་ཟུར་ཕྱོགས་པའི་ཚུལ་ གྱིས་བསྒྲུབ་པ་རྒྱས་པའི་ཐབ་ཐིག་རྫོགས་སོ།། །། གྲོང་སོགས་ཤར་ལྷོའི་མཚམས་སུ་བསད་པ་ལ། །ནུབ་ནས་ཤར་དུ་འཐེན་པའི་ཚངས་ པའི་ཐིག །རིང་བ་ཁྲུ་བདུན་སོར་མོ་ཕྱེད་དང་བརྒྱད། །སྤྱིའི་ནུབ་རང་གི་ཤར་ནས་ཁྲུ་དོ་དང༌། །སོར་དྲུག་སྤངས་པའི་གནས་ནས་ལྷོ་བྱང་གི །ཚངས་ཐིག་ཐུང་བ་ཁྲུ་ཚད་ཕྱེད་དང་ལྔ། །དེ་ 1-1-552 ཡི་རྩེ་ནས་ཟུར་ཐིག་མཚན་མ་བཙལ། །ཟུར་ཐིག་རྩེ་མོ་སྦྲེལ་བ་ལོགས་ཀྱི་ཐིག །ལོ་ཐུབས་ རིམ་པ་གཉིས་ཀྱི་གྲུ་བཞིའི་ནང༌། །ཆ་ཆེན་བརྒྱད་པར་འབྱེད་སོགས་སྔར་དང་མཚུངས། །ཚངས་ཐིག་དབུས་སུ་ཕུར་བུ་བཙུགས་ནས་ནི། །སོར་དྲུག་མཐའ་ནས་བསྐོར་བ་པད་མའི་ ཐིག །ཟླུམ་པོ་འདི་དང་འཕྲད་པའི་ཚངས་ཐིག་ལ། །ཤར་གྱི་ཕྱོགས་སུ་ཕུར་བུ་བཙུགས་ནས་ ནི། །ཟླུམ་པོའི་ནུབ་ཀྱི་མཐའ་ནས་ཟླ་ཁམ་བསྐོར། །མཆུ་ལ་སོར་གཅིག་ཁ་ཁྱེར་སོར་མོར་ གཉིས། །ཤར་ནས་ཐིག་གསུམ་སྦྲེལ་བ་དང་པོར་གདབ། །དབུས་ཀྱི་པད་མའི་སུམ་ཆ་ལྟེ་བ་ ལ། །ཤར་ལྷོའི་གྲི་གུག་ནག་པོ་འཕོ་བ་སྟེ། །དེ་ཡི་རིགས་པས་ཁ་ཁྱེར་མཚན་མ་ཤེས། །སློབ་ དཔོན་གདན་སོགས་པད་ནག་ཁྲུ་གང་པ། །རང་གི་ཐབ་དབྱིབས་གཞུ་ཡི་རྣམ་པས་བསྐོར། །ལྟེ་བ་གྲི་གུག་ནག་པོས་བརྒྱན་པ་གསུམ། །ཐབ་མདོག་ནག་པོ་ཕྱི་རོལ་སྔར་དང་མཚུངས། །ཞེས་པ་མེ་མཚམས་སུ་སློབ་དཔོན་གྲོང་ངམ་དཀྱིལ་འཁོར་ལ་གཡོན་ཟུར་ཕྱོགས་པའི་ཚུལ་ གྱིས་བསྒྲུབ་པ་བསད་པའི་ཐབ་ཐིག་རྫོགས་སོ།། །། གྲོང་ངམ་དཀྱིལ་འཁོར་ཤར་དུ་བསྐྲད་པ་ལ། །ཚངས་ཐིག་རིང་བར་ཁྲུ་བརྒྱད་སོར་ གསུམ་པ། །རླུང་ནས་མེར་འཐེན་ཐབ་ཀྱི་ཤར་ནུབ་ཡིན། །རང་གི་ཤར་གྱི་རྩེ་ནས་ཁྲུ་དོ་དང༌། །སོར་མོ་བཅུ་གཉིས་སྤངས་པའི་ལྷོ་བྱང་གི །ཚངས་ཐིག་ཐུང་བ་ཁྲུ་ལྔའི་ཚད་དུ་གདབ། །སྔར་ བཞིན་ཟུར་ཐིག་བཙལ་བའི་ལོགས་ཐིག་སོགས། །ཕྱི་ཡི་ཐིག་ཀུན་ཞི་བའི་ཐབ་དང་མཚུངས། །དབུས་སུ་(བསད་པའི་ཉེས་འགྱུར་)ཁྲུ་ཕྱེད་མཐའ་ནས་པད་ཐིག་བསྐོར། །ཚངས་ཐིག་ནུབ་མ་ནས་ ཙམ་ཟླུམ་པོ་ལ། །སོར་མོ་ཕྱེད་དང་བཅོ་ལྔ་བཅོ་ལྔ་རེ། །གཞལ་བའི་གནས་སུ་ཆ་ལྔའི་མཚན་ མ་བྱ། །དེ་སྟེང་དབུས་ནས་འཐེན་པའི་སྐམ་ཐིག་ལྔ། །དེ་ཡི་དབུས་ཀྱི་པད་ཐིག་ཕྱི་ལོགས་ ནས། །དྲང་པོར་སྦྲེལ་བའི་ཐབ་ཐིག་ཟུར་ལྔ་པའི། །མཆུ་ལ་སོར་གཉིས་ཁ་ཁྱེར་སོར་མོ་བཞི། །ཐབ་ནང་པད་མ་འདབ་བརྒྱད་ལྟེ་བ་ལ། །མཚན་མ་ཤར་གྱི་རལ་གྲི་ནག་པོ་འཕོ། ཁ་ཁྱེར་ 1-1-553 ལ་ཡང་རལ་གྲིའི་ཕྲེང་བར་འགྱུར། །གདན་གསུམ་འདོག་དབྱིབས་མཚན་མའང་ཐབ་དབུས་ མཚུངས། །ཞེས་པ་ཤར་ཕྱོགས་སུ་སློབ་དཔོན་གྲོང་ངམ་དཀྱིལ་འཁོར་ལ་གཡས་ཟུར་ཕྱོགས་ པའི་ཚུལ་གྱིས་བསྒྲུབ་པ་བསྐྲད་པའི་ཐབ་ཐིག་རྫོགས་སོ།། །། གྲོང་སོགས་ལྷོ་ནུབ་མཚམས་སུ་དབང་གི་ཐིག །བྱང་ནས་ལྷོ་རུ་འཐེན་པ་ཚངས་པའི་ ཐིག །རིང་བ་ཁྲུ་བརྒྱད་སོར་བཞིས་དམན་པ་གདབ། །སྤྱིའི་བྱང་རང་གི་ཤར་ནས་ཁྲུ་དོ་དང༌། །སོར་བཅུ་སྤངས་པའི་གནས་སུ་ལྷོ་བྱང་གི །ཚངས་ཐིག་ཁྲུ་བཞི་སོར་མོ་ཉི་ཤུ་པ། །ཟུར་ཐིག་ བཙལ་ནས་ཆ་བརྒྱད་འབྱེད་པ་དང༌། །ར་བའི་ཚད་ལ་སོགས་པ་སྔར་དང་འདྲ། །ཚངས་ཐིག་ དབུས་སུ་ཕུར་བུ་བཙུགས་ནས་ནི། །སོར་བཅུའི་མཐའ་ནས་བསྐོར་བ་པད་མའི་ཐིག །རང་ གི་རླུང་དང་སྲིན་པོའི་ཟུར་ཐིག་དང༌། །ཟླུམ་པོ་ཕྲད་པའི་མཚམས་ནས་ཤར་ཕྱོགས་སུ། །སོར་ མོ་ཕྱེད་དང་གསུམ་གསུམ་གཞལ་བའི་སར། །ཟླུམ་པོ་ཐལ་བའི་སྐམ་ཐིག་དབུས་ནས་འཐེན། །དེ་ནས་ཤར་གྱི་ཚངས་ཐིག་ཟླུམ་པོ་དང༌། །ཕྲད་པའི་མཚམས་སུ་ཕུར་བུ་བཙུགས་ནས་ནི། །པད་མའི་ཟླུམ་ཐིག་ནུབ་ནས་ལོགས་གཅིག་བསྐོར། །དེ་བཞིན་སྐམ་ཐིག་གཉིས་པོ་ཟླུམ་ སྐོར་དང༌། །ཕྲད་པའི་མཚམས་སུ་ཕུར་བུ་བཙུགས་ནས་ཀྱང༌། །སྔར་ལྟར་བསྐོར་བའི་ཐབ་ ཐིག་ཟུར་གསུམ་འབྱུང༌། །འདི་ཡི་མཆུ་ཚད་སོར་མོ་ཕྱེད་དང་གཉིས། །ནས་གཅིག་(ལ་སོར་ བརྒྱད་)ནས་ཀྱི་སུམ་ཆར་བཅས་པ་སྟེ། །མཆུ་ཡི་ཉིས་འགྱུར་བསྐོར་བ་ཁ་ཁྱེར་ཚད། །ཐབ་ཀྱི་ དབྱིབས་དང་མཐུན་པ་རིམ་པས་བསྐོར། །ཐབ་ནང་པད་མ་འདབ་བརྒྱད་ལྟེ་བ་ལ། །མདའ་ ཡི་མཚན་མ་དམར་པོས་བརྒྱན་པ་སྟེ། ཁ་ཁྱེར་ལ་ཡང་མདའ་ཡི་ཕྲེང་བར་འགྱུར། །གདན་ གསུམ་མདོག་དབྱིབས་མཚན་མའང་ཐབ་དབུས་མཚུངས། ཁ་ཁྱེར་བར་གྱི་ཐབ་མདོག་ དམར་པོ་སྟེ། །ཕྱི་རོལ་ཕྱོགས་མདོག་ལ་སོགས་སྔར་དང་འདྲ། །ཞེས་པ་བདེན་བྲལ་གྱི་ མཚམས་སུ་སློབ་དཔོན་གྲོང་ངམ་དཀྱིལ་འཁོར་ལ་གཡོན་ཟུར་ཕྱོགས་པའི་ཚུལ་གྱིས་བསྒྲུབ་ 1-1-554 པ་དབང་དུ་བྱ་བའི་ཐབ་ཐིག་རྫོགས་སོ།། །། གྲོང་ངམ་དཀྱིལ་འཁོར་ལྷོ་རུ་དགུག་པ་ལ། །ཚངས་ཐིག་རིང་བར་ཁྲུ་དགུ་སོར་ལྔ་པ། །དབང་ལྡན་མཚམས་ནས་སྲིན་པོའི་ཕྱོགས་སུ་འཐེན། །སྤྱི་ཡི་དབང་ལྡན་ཐབ་ཀྱི་ཤར་དུ་ འགྱུར། །ཤར་ནས་ཁྲུ་གསུམ་སོར་མོ་བཞི་དམན་པ། །གཞལ་བའི་གནས་སུ་ལྷོ་བྱང་ཚངས་ པའི་ཐིག །སོར་བརྒྱད་དམན་པའི་ཁྲུ་དྲུག་ཚད་དུ་གདབ། །ཟུར་ཐིག་ཚོལ་བ་ལ་སོགས་ སྔར་དང་མཚུངས། །ཚངས་ཐིག་དབུས་སུ་ཕུར་བུ་བཙུགས་ནས་ནི། །སོར་མོ་ཉི་ཤུའི་མཐའ་ ནས་པད་ཐིག་སྐོར། །རང་གི་ཚངས་ཐིག་ནུབ་མ་ཟླུམ་སྐོར་དང༌། །ཕྲད་པའི་མཚམས་ནས་ བརྩམས་ཏེ་རིམ་པ་བཞིན། །ནས་དང་བཅས་པའི་སོར་མོ་བཅུ་བདུན་རེས། །ཟླུམ་སྐོར་ དགོས་ལ་ཆ་བདུན་མཚན་མའི་སྟེང༌། །དབུས་ནས་འཐེན་པའི་སྐམ་ཐིག་སྔར་དང་མཚུངས། །ལོགས་ཐིག་བཏབ་པས་འགུགས་ཐབ་ཟུར་བདུན་པ། །མཆུ་ལ་སོར་མོ་གསུམ་དང་སུམ་ ཆ་གཅིག །ཁ་ཁྱེར་ལ་ནི་དེ་ཡི་ཉིས་འགྱུར་རོ། །དབུས་ཀྱི་པད་མའི་སུམ་ཆ་ལྟེ་བ་ལ། །ལྷོ་ ནུབ་མཚན་མ་ལྕགས་ཀྱུ་དམར་པོ་འཕོ། །དེ་ཡི་རིགས་པས་ཁ་ཁྱེར་མཚན་མ་ཤེས། །གདན་ གསུམ་པད་མའི་ལྟེ་བར་ལྕགས་ཀྱུ་སྟེ། །ཕྱི་ཡང་ཟུར་བདུན་ཐབ་ཀྱི་དབྱིབས་ཀྱིས་སྐོར། །ཐབ་མདོག་དམར་སོགས་དབང་དུ་བྱེད་དང་མཚུངས། །ཞེས་པ་ལྷོ་ཕྱོགས་སུ་སློབ་དཔོན་ གྲོང་ངམ་དཀྱིལ་འཁོར་ལ་གཡས་ཟུར་ཕྱོགས་པའི་ཚུལ་གྱི་སྒྲུབ་པ་དགུག་པའི་ཐབ་ཐིག་ རྫོགས་སོ།། །། གྲོང་ངམ་དཀྱིལ་འཁོར་རླུང་དུ་རྨོངས་པ་ལ། །སྲིད་དུ་ཁྲུ་བརྒྱད་སོར་བཅུར་རིང་བ་ ཡི། །ཤར་ནས་ནུབ་ཏུ་འཐེན་པ་ཚངས་ཐིག་སྟེ། །སྤྱི་ཡི་ཤར་ཉིད་ཐབ་ཀྱིའང་ཤར་དུ་འགྱུར། །ཤར་ནས་ཁྲུ་དོ་བཅོ་ལྔའི་སོར་སྤངས་པར། །ཚངས་ཐིག་ཐུང་བ་ཁྲུ་ལྔ་སོར་དྲུག་གདབ། །དེ་ ཡི་རྩེ་ནས་ཟུར་ཐིག་ཚོལ་བ་དང༌། །ཆ་བརྒྱད་འབྱེད་པ་ལ་སོགས་སྔར་དང་མཚུངས། །ཚངས་ 1-1-555 ཐིག་དབུས་སུ་ཕུར་བུ་བཙུགས་ནས་ནི། །སོར་མོ་བཅོ་ལྔའི་མཐའ་ནས་པད་ཐིག་སྐོར། །རང་གི་ཚངས་ཐིག་ཤར་མ་ཟླུམ་སྐོར་དང༌། །ཕྲད་པའི་མཚམས་ནས་བརྩམས་ཏེ་རིམ་པ་ བཞིན། །སོར་མོ་བཅོ་ལྔ་བཅོ་ལྔ་གཞལ་བ་ལས། །ཟླུམ་སྐོར་ཆ་དྲུག་མཚན་མའི་སྟེང་རྣམས་ སུ། །དབུས་ནས་འཐེན་པའི་སྐམ་ཐིག་སྔར་བཞིན་ཏེ། །ལོགས་ཐིག་བཏབ་པས་རྨོངས་ཐབ་ ཟུར་དྲུག་པ། །དེ་ཡི་མཆུ་ལ་སོར་མོ་ཕྱེད་དང་གསུམ། ཁ་ཁྱེར་ལ་ཡང་དེ་ཡི་ཉིས་འགྱུར་རོ། །དབུས་ཀྱི་པད་མའི་སུམ་ཆ་ལྟེ་བ་ལ། །རླུང་མཚམས་མཚན་མ་སྦྲུལ་ཞགས་སེར་པོ་འཕོ། །ཁ་ཁྱེར་ལ་ཡང་སྦྲུལ་ཞགས་ཕྲེང་བར་འགྱུར། །གདན་གསུམ་འདོག་དབྱིབས་མཚན་མའང་ ཐབ་དབུས་མཚུངས། །ཐབ་མདོག་སེར་པོ་ཕྱི་རོལ་སྔར་དང་འདྲ། །ཞེས་པ་བྱང་ནུབ་ཀྱི་ མཚམས་སུ་སློབ་དཔོན་གྲོང་ངམ་དཀྱིལ་འཁོར་ལ་གཡོན་ཟུར་གྱིས་ཕྱོགས་པའི་ཚུལ་གྱིས་ བསྒྲུབ་པ་རྨོངས་པའི་ཐབ་ཐིག་རྫོགས་སོ།། །། གྲོང་ངམ་དཀྱིལ་འཁོར་ནུབ་ཏུ་རེངས་པ་ལ། །ཚངས་ཐིག་རིང་བར་ཁྲུ་བཅུ་མ་ནུའི་ སོར། །ཤར་ལྷོའི་མཚམས་ནས་རླུང་གི་ཕྱོགས་སུ་འཐེན། །སྤྱི་ཡི་མེ་མཚམས་ཐབ་ཀྱི་ཤར་དུ་ འགྱུར། །རང་གི་ཤར་ནས་ཁྲུ་གསུམ་སོར་མོ་དྲུག །སྤངས་པར་ཚངས་ཐིག་ཁྲུ་ཚད་ཕྱེད་དང་ བདུན། །དེ་ཡི་རྩེ་ནས་ཟུར་ཐིག་ཚོལ་བ་དང༌། །ལོགས་ཐིག་ཆ་བརྒྱད་འབྱེད་སོགས་སྔར་ དང་མཚུངས། །ཚངས་ཐིག་དབུས་སུ་ཕུར་བུ་བཙུགས་ནས་ནི། །སོར་མོ་སུམ་ཅུའི་མཐའ་ ནས་པད་ཐིག་སྐོར། །པད་འདབ་སོ་སོའི་ཕྱི་ནས་ལོགས་ཐིག་བརྒྱད། །སྔར་བཞིན་བཏབ་ པས་རེངས་ཐབ་ཟུར་བརྒྱད་པ། །འདི་ཡི་མཆུ་ཚད་སོར་མོ་ལྔ་པ་སྟེ། ཁ་ཁྱེར་ལ་ནི་དེ་ཡི་ཉིས་ འགྱུར་རོ། །དབུས་ཀྱི་པད་མའི་སུམ་ཆ་ལྟེ་བ་ལ། །རྡོ་རྗེའི་ལྕགས་སྒྲོག་སེར་པོས་བརྒྱན་པར་ གསུངས། །ཁ་ཁྱེར་ཆ་ཤས་ལྔ་ལྔར་ཕྱེ་བ་ཡི། །དབུས་ཀྱི་ཆ་ཤས་གསུམ་ལ་རང་རང་གི །ལྟེ་ བའི་ཕྱག་མཚན་ཕྲེང་བ་གསུངས་པ་ལས། །སྐབས་འདིར་ལྕགས་སྒྲོག་སེར་པོའི་ཕྲེང་བར་ 1-1-556 འགྱུར། །གདན་གསུམ་མདོག་དབྱིབས་མཚན་མའང་ཐབ་དབུས་འདྲ། །ཁ་ཁྱེར་བར་གྱི་ ཐབ་མདོག་སེར་པོ་ཡི། །ཕྱི་རོལ་ཕྱོགས་མདོག་ར་བ་གསུམ་པ་དང༌། །རྟ་བབས་གཅིག་པ་ལ་ སོགས་ཐམས་ཅད་མཚུངས། །ཞེས་པ་ནུབ་ཕྱོགས་སུ་སློབ་དཔོན་གྲོང་ངམ་དཀྱིལ་འཁོར་ལ་ གཡས་ཟུར་གྱིས་ཕྱོགས་པའི་ཚུལ་གྱིས་བསྒྲུབ་པ་རེངས་པའི་ཐབ་ཐིག་རྫོགས་སོ།། །། ཞི་བ་ལས་ཀུན་ས་ལ་གྲོང་དབུས་སུ། །ཚངས་ཐིག་རིང་བ་ཁྲུ་བཅུར་བཞི་ཆས་དམན། །ཤར་ནུབ་དྲང་པོར་བཏབ་སྟེ་ཤར་ཕྱོགས་ནས། ཁྲུ་གསུམ་སྤངས་པར་ཚངས་ཐིག་ཁྲུ་དྲུག་ གདབ། །དེ་ཡི་རྩེ་ནས་ཟུར་ཐིག་མཚན་མ་བཙལ། །ཟུར་ཐིག་རྩེ་མོ་སྦྲེལ་བ་ལོགས་ཐིག་ བཞིས། །ར་བ་རྩ་ཐིག་ཁྲུ་དྲུག་གྲུ་བཞི་པ། །དང་པོར་ཚད་ཀྱི་དོན་དུ་སྐམ་ཐིག་གིས། །ལོ་ ཐུབས་གཉིས་ཀྱི་ཆ་ཆེན་བརྒྱད་པར་དབྱེ། །དབུས་ནས་ཆ་ཆེན་བཞི་ཡི་ཐིག་གི་རྒྱུན། །སྒོ་ཚད་ ལྔ་པ་ཐབ་ཀྱི་ནུབ་ཏུ་འཐེན། །རྩ་ཐིག་མཚམས་ནས་སྒོ་ཚད་གཉིས་ཀྱི་བར། །ཆ་ཆེན་བཞི་ ཀའི་ཕྱེད་གདབ་ཕྱི་མའང་ཕྱེད། །སྒོ་མཉམ་སྒོ་ཁྱུད་ལོགས་འགྲམ་ཀ་བའི་ཐིག །སྒོ་འགྲམ་ ར་བའི་ཐིག་བཞིན་ཀུན་ཏུ་གདབ། །སྒོ་ཡི་ཕྱི་རོལ་ཆ་ཆེན་གསུམ་པོ་ནི། །རྟ་བབས་དོན་ཏེ་ གཞན་དང་མཚུངས་པར་གདབ། །དབུས་སུ་ཁྲུ་གང་གྲུ་བཞིའི་སྐམ་ཐིག་སྟེ། །དེ་ཉིད་བདེ་ གཤེགས་འཕར་མའི་ཆ་བཞིན་བགོ །དེ་ནས་ཕྱི་ནང་རྡོར་ཕྲེང་ཟླུམ་པོར་སྐོར། །ནང་ཐིག་ སུབས་ནས་རྡོར་ཕྲེང་ཕྱི་ཐིག་དང༌། །སྔར་གྱི་ཀ་ཐིག་ཕྲད་པའི་མཚན་མ་བཞིན། །ཀ་བའི་ཐིག་ རྣམས་ཐད་ཀར་བསྣོལ་ཞིང་གདབ། ཁྲུ་གང་ཟླུམ་པོའི་བདེ་ཆེན་འཁོར་ལོ་འཆར། །དབུས་སུ་ གཙོ་བོའི་པད་མ་ཁྲུ་ཕྱེད་པ། །བདེ་ཆེན་འཁོར་ལོའི་ཕྱི་རོལ་ཁྲུ་ཕྱེད་ནས། །ཟླུམ་པོར་སྐོར་བ་ ཐབ་ཀྱི་རྒྱ་ཡི་ཚད། །དེ་ཡི་ཕྱི་རོལ་མཆུ་ལ་སོར་གསུམ་དང༌། །རེ་ཁཱ་ནང་མ་སོར་ཕྱེད་གསུམ་ པ་སྟེ། ཁ་ཁྱེར་སོར་དྲུག་རེ་ཁཱ་ཕྱི་མ་ལ། །སླར་ཡང་སོར་ཕྱེད་རྣམ་གསུམ་རིམ་བཞིན་སྐོར། ཐབ་ཀྱི་ནང་དུ་སོར་གཅིག་སྤངས་ནས་ནི། །ལྷ་སྣམ་སོར་བཞིའི་ཚད་ལྡན་ཟླུམ་པོ་སྐོར། །དེ་ 1-1-557 ཡི་ཚད་ཀྱི་(སེམས་དཔའ་སེམས་མ་བཅུ་གཉིས་དང་ཁྲོ་བོ་བཞིའི་གདན་)པད་མ་བཅུ་དྲུག་དགོད། །ནང་གི་ འཕར་མ་ཐུགས་ཀྱི་དཀྱིལ་འཁོར་བཞིན། །དབུས་སུ་གཙོ་བོའི་མཚན་མ་རྡོ་རྗེ་སྟེ། ཁ་ཁྱེར་ ཆ་ལའང་རྡོ་རྗེ་འཕྲེང་བ་དགོད། །རེ་ཁཱ་ཕྱི་མའི་མཐར་ཐུག་ཁ་དོག་ལྗང༌། །འོན་ཀྱང་མཚན་ མ་རྣམས་ནི་ཕྱོགས་མདོག་གོ །ཐབ་ཀྱི་ཕྱི་རོལ་ཕྱོགས་མདོག་ཁྲུ་དོའི་མཐར། །ར་བ་ནང་ནས་ དཀར་དམར་ནག་པོའི་མདོག །གདན་གསུམ་པད་མ་ཁྲུ་རེ་ཐབ་དབྱིབས་ཅན། །དབུས་སུ་ སྣ་ཚོ གས་རྡོ་རྗེས་བརྒྱན་པ་པའོ། །ཞེས་པ་གྲོང་ཁྱེར་གྱི་དབུས་སུ་སློབ་དཔོན་ནུབ་ཏུ་ཕྱོགས་ པའི་ཚུལ་གྱིས་བསྒྲུབ་པ་ཞི་བ་ལས་ཐམས་ཅད་པའི་ཐབ་ཀྱི་ངེས་པ་རྫོགས་སོ།། །། རྒྱས་པ་ལས་ཀུན་པ་ལ་གྲོང་དབུས་སུ། །ཚངས་ཐིག་རིང་བ་ཁྲུ་ཚད་བཅུ་གསུམ་པ། །ཤར་ནུབ་དྲང་པོར་བཏབ་སྟེ་ཤར་ཕྱོགས་ནས། ཁྲུ་བཞི་སྤངས་པར་ཚང་ཐིག་ཁྲུ་བརྒྱད་ གདབ། །དེ་ཡི་རྩེ་ནས་ཟུར་ཐིག་མཚན་མ་བཙལ། །ཟུར་ཐིག་རྩེ་མོ་སྦྲེལ་བའི་ལོགས་ཐིག་ ནང༌། །རང་གི་ཆ་ཆེན་བརྒྱད་པར་འབྱེད་སོགས་དང༌། །རྟ་བབས་མཐར་ཐུག་ཕྱི་ཐིག་རྣམ་ པ་མཚུངས། །དབུས་ཀྱི་ནང་ཐིག་ཞི་བའི་ཉིས་འགྱུར་ཏེ། །བདེ་གཤེགས་འཕར་མ་ཁྲུ་ཚད་ གཉིས་པ་དང༌། །དབུས་སུ་གཙོ་བོའི་པད་མ་ཁྲུ་གང་པ། །དེ་ཡི་སུམ་ཆ་ལྟེ་བའི་ཚད་དུ་འགྱུར། །བདེ་ཆེན་འཁོར་ལོའི་ཕྱི་རོལ་ཁྲུ་གང་གནས། །གྲུ་བཞིར་བཏབ་པ་ཐབ་ཀྱི་རྒྱ་ཡི་ཚད། །དེ་ཡི་ ཕྱི་རོལ་མཆུ་ལ་སོར་དྲུག་དང༌། །རེ་ཁཱ་ནང་མ་སོར་གསུམ་ཁ་ཁྱེར་ལ། །སོར་མོ་བཅུ་གཉིས་ སླར་ཡང་རེ་ཁཱ་ནི། །སོར་གསུམ་ཚད་ལྡན་རིམ་པས་གྲུ་བཞིར་གདབ། །ཐབ་ཀྱི་ནང་དུ་སོར་ གཉིས་སྤངས་ནས་ཀྱང༌། །ལྷ་སྣམ་སོར་བརྒྱད་ཚད་ལྡན་གྲུ་བཞིར་གདབ། །དེ་ཡི་ཚད་ཀྱི་ པད་མ་བཅུ་དྲུག་དང༌། །ནང་གི་འཕར་མའང་ཐུགས་ཀྱི་དཀྱིལ་འཁོར་བཞིན། །རེ་ཁཱ་ཕྱི་མའི་ མཐར་ཐུག་ཁ་དོག་ལྗང༌། །འོན་ཀྱང་མཚན་མ་རྣམས་ནི་ལྷ་ཡི་མདོག །ཁ་ཁྱེར་འགྲམ་གཉིས་ ལྔ་ཆ་སྤངས་པའི་དབུས། །གཙོ་བོའི་ཕྱག་མཚན་རྡོར་ཕྲེང་ལྗང་ཁུས་བརྒྱན། །གདན་གྱི་པད་ 1-1-558 མ་གསུམ་པོ་ཁྲུ་དོ་པ། །གྲུ་བཞིས་བསྐོར་བ་སྣ་ཚོགས་རྡོ་རྗེས་བརྒྱན། །ཞེས་པ་གྲོང་གི་དབུས་ སུ་སླཽབ་དཔོན་ནུབ་ཏུ་ཕྱོགས་པའི་ཚུལ་གྱིས་བསྒྲུབ་པ་རྒྱས་པ་ལས་ཐམས་ཅད་པའི་ཐབ་ཀྱི་ ངེས་པ་རྫོགས་སོ།། །། ཡང་ན་དཀྱིལ་འཁོར་ཉིད་ཀྱི་བྱང་ཕྱོགས་དང༌། །དྲག་པོའི་ཟུར་དུ་དཀར་བའི་ས་གཞི་ལ། །སོ་སོའི་ལས་བཞིན་ཁྲུ་གང་ཁྲུ་དོ་པས། །ཞི་རྒྱས་ཐབ་གཉིས་ཁ་དོག་དཀར་པོར་གསུངས། །འོན་ཀྱང་ར་བའི་མཐར་ཐུག་ཐུགས་དཀྱིལ་བཞིན། །མཚན་མ་འགོད་ཚུལ་ལྗང་ཁུའི་ཐབ་ དང་མཚུངས། །འདི་དག་དཀྱིལ་འཁོར་ཉིད་དང་འབྲེལ་དུས་ཀྱི། །སྦྱིན་སྲཻག་ཐབ་ལ་དགོངས་ པར་གཞུང་གིས་སྟོན། །ཚུལ་འདི་མཁས་གཞན་འགའ་ལ་མ་གྲགས་ཀྱང༌། །བདག་གི་ཡིད་ ལ་ཤིན་ཏུ་བདེ་བར་སྣང༌། །དེ་ཕྱིར་རྣམ་རྟོག་དུ་མས་མ་གཡེངས་པར། །མི་རྟོག་ཏིང་འཛིན་ འཕེལ་བའི་གྲོགས་སུའང་འགྱུར། །ཞེས་པ་ཞི་རྒྱས་ལས་ཐམས་ཅད་པའི་རྣམ་རྟོག་གཉིས་པ་ མདོར་བསྡུས་པའི་ཚུལ་ཡང་རེ་ཤིག་རྫོགས་སོ།། །། ལས་བརྒྱད་སྤྱི་དང་བཅས་པ་གསལ་བའི་གཏམ། །ཚུལ་འདི་བདེ་ཆེན་བླ་མའི་བཀའ་ ལུང་དང༌། །བརྩོན་ལྡན་སྐྱེས་བུས་བསྐུལ་ནས་གྲུབ་པར་བགྱིས། །ཉེས་པ་མཆིས་ན་མཁས་ ལ་བཟོད་པར་གསོལ། །རྒྱུད་འགྲེལ་རྒྱ་མཚོའི་དབུས་ནས་ནོར་བུ་བཞིན། །ཚུལ་འདི་བླངས་ ནས་བདག་སེམས་དགའ་བས་ཁྱབ། །དགེ་བ་འདིས་ཀྱང་འགྲོ་བ་མ་ལུས་པ། །དུས་ཀྱི་ འཁོར་ལོའི་གོ་འཕང་ཐོབ་གྱུར་ཅིག །དྲག་པོའི་ལས་འགའ་ཞིག་བློ་དམན་པ་རྣམས་ཀྱིས་ སྒྲུབ་པར་མ་གསུངས་ཀྱང་ལས་ཀྱི་རྣམ་གཞག་ཁ་ཚང་བ་དང་རྒྱུད་འགྲེལ་ཆེན་པོ་རྟོགས་པ་ ལ་ཕན་པའི་དོན་དུ་དགེ་སློང་ལོཙྪ་བ་བློ་གྲོས་དཔལ་བཟང་པོས་ས་སྐྱོང་གི་ལོ་ཐ་སྐར་གྱི་ཟླ་ བའི་ཚེས་བཅོ་ལྔ་ལ་ཇོ་ནང་དཔལ་གྱི་རི་ཁྲོད་ཡང་དབེན་དུ་བཀོད་པའི་ཡི་གེ་པ་ཡང་དགེ་ སློང་སྟོན་པ་བརྩོན་འགྲུས་སེང་གེའོ། །བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པ་གྱུར་ཅིག 1-1-559 །མཾགལཾབྷཝཏུ། ཤུབྷཾ།། །། ༄༅། ༀ་སྭཱ་སྟི། སྟེང་འོག་ལྗང་སྔོན་ཕན་ཚུན་ཐབས་ཤེས་ཏེ། །དེ་བཞིན་ནག་དང་སེར་ བ་ཤར་ནུབ་དང༌། །དམར་དང་དཀར་བ་ལྷོ་བྱང་ཐབས་ཤེས་སྦྱོར། །རྩ་བའི་རིགས་དྲུག་ ཁ་དོག་ཆེ་ལ་འདུད། །དོན་དམ་འོད་ཀྱི་དཀྱིལ་འཁོར་མཚོན་པའི་བརྡ། །མོས་པ་ཡིད་བྱེད་ བསོད་ནམས་སྤེལ་བའི་ཐབས། །ཚོན་གྱི་དཀྱིལ་འཁོར་བཞེངས་ན་འཁོ་བའི་གཏམ། ཁ་ དོག་མཚན་མའི་ངེས་པ་བསྟན་པར་བྱ། །དཀྱིལ་འཁོར་དབུས་སུ་འོག་ཞི་སྔོན་པོ་ལ། །གཙོ་ བོའི་པད་མ་ལྗང་ཁུ་འདབ་བརྒྱད་པའི། །ལྟེ་བ་ཁྱབ་པ་ཟླ་ཉི་སྒྲ་གཅན་སྟེང༌། །གཙོ་བོའི་ མཚན་མ་རྡོ་རྗེ་སྔོན་པོ་བྲི། །འདབ་མར་ནུས་མ་བརྒྱད་ཀྱི་མཚན་མ་ནི། །ཤར་དང་ཤར་ལྷོར་ སྤོས་ཕོར་རྔ་ཡབ་ནག །ལྷོ་དང་ལྷོ་ནུབ་མར་མེ་རྔ་ཡབ་དམར། །བྱང་དང་བྱང་ཤར་ལྷ་བཤོས་ རྔ་ཡབ་དཀར། །ནུབ་དང་ནུབ་བྱང་དུང་དང་རྔ་ཡབ་སེར། །མཚན་མ་ཇི་བཞིན་ལྷ་ཡི་མདོག་ ཀྱང་མཚུངས། །མེ་དང་བདེན་བྲལ་དབང་ལྡན་རླུང་གི་གྲར། །ནོར་བུ་གཎྜི་དུང་དང་དཔག་ བསམ་ཤིང༌། །རླུང་མེ་ཆུ་སའི་དབང་གིས་རིམ་པ་བཞིན། །ནག་དང་དམར་པོ་དཀར་དང་ སེར་པོའི་མདོག །རྡོར་ཕྲེང་ནང་མ་མཐིང་ནག་ཕྱི་མ་ལྗང༌། །ཀ་བ་བཅུ་དྲུག་བུང་བའི་མདོག་ ཏུ་མཚུངས། །དེ་ལ་སྤྲས་པའི་རལ་གྲི་ནོར་བུ་དང༌། །པད་མ་འཁོར་ལོ་ཕྱོགས་ཀྱི་མདོག་ཅན་ ནོ། །ཕྱོགས་བཞིའི་པད་དཀར་ལྟེ་བར་ཉིད་གདན་དང༌། །མཚམས་བཞི་པད་མ་དམར་པོ་ ཟླ་གདན་ལ། །ཤར་དང་ཤར་ལྷོ་རལ་གྲི་ནག་པོ་དང༌། །ལྷོ་དང་ལྷོ་ནུབ་ནོར་བུ་དམར་པོ་ དང༌། །བྱང་དང་བྱང་ཤར་པད་མ་དཀར་པོ་དང༌། །ནུབ་དང་ནུབ་བྱང་འཁོར་ལོ་སེར་པོས་ རྒྱན། །སངས་རྒྱས་ཡབ་ཡུམ་བར་གྱི་རེ་མིག་ཏུ། །པད་མར་གནས་པའི་བུམ་པ་དཀར་པོ་ བརྒྱད། །སྟེང་འོག་བུམ་པ་ཤར་དང་ནུབ་ཀྱི་སྒོར། ཁྲོ་བོའི་པད་མ་སྤངས་པའི་མཐའ་ལ་ དགོད། །བདེ་གཤེགས་འཕར་མའི་ཕྱི་རོལ་བར་པའི་མདོག །རྒྱལ་བའི་ཞལ་བཞིན་ཤར་ 1-1-560 ནག་ལྷོ་ཕྱོགས་དམར། །བྱང་ཕྱོགས་དཀར་ལ་ནུབ་ཕྱོགས་སེར་བ་སྟེ། །སེམས་དཔའི་ལྷ་ སྣམ་ཕྱོགས་ཀུན་དཀར་པོར་མཚུངས། །དེ་ལ་སེམས་དཔའ་སེམས་མ་བཅུ་གཉིས་གདན། །དབུས་ལ་ལྟོས་ནས་ཕྱོགས་བཞིའི་གཡས་རྣམས་དང༌། །ལྷོ་དང་ཤར་གཡོན་པད་དཀར་ཉི་ མས་བརྒྱན། །ནུབ་དང་བྱང་གི་གཡོན་དང་མཚམས་བཞི་ལ། །པད་མ་དམར་པོའི་ལྟེ་བར་ ཟླ་བ་མཛེས། །སྤངས་ཆུང་སྒོ་དང་བཅས་པ་ཕྱོགས་མདོག་གོ །བྱང་སེམས་པད་མ་རྣམས་ཀྱི་ ལྟེ་བ་ལ། །ལྷོ་དང་ནུབ་ཀྱི་གཡོན་དུ་རྡོ་རྗེ་ལྗང༌། །ཤར་དང་བྱང་གི་གཡོན་དུ་རྡོ་རྗེ་སྔོ། །ཤར་ གྱི་གཡས་དང་ཤར་ལྷོ་རལ་གྲི་ནག །ལྷོ་ཡི་གཡས་དང་ལྷོ་ནུབ་རིན་ཆེན་དམར། །བྱང་གི་ གཡས་དང་བྱང་ཤར་པད་མ་དཀར། །ནུབ་ཀྱི་གཡས་དང་ནུབ་བྱང་འཁོར་ལོ་སེར། །མཚན་ མ་རྣམས་ཀྱང་རིགས་ཀྱི་དབང་གིས་སོ། །སྒོ་བཞིར་པད་དཀར་ཉི་མས་བརྒྱན་པ་ལ། ཁྲོ་ ཆེན་མཚན་མ་ཤར་དུ་རལ་གྲི་ནག །ལྷོ་རུ་རིན་ཆེན་དམར་པོ་བྱང་དུ་ནི། །པད་དཀར་ནུབ་ ཏུ་འཁོར་ལོ་སེར་པོ་དགོད། །རྩིག་པ་དཀར་དམར་ནག་པོའི་ཕྱི་རོལ་ཏུ། །འདོད་ཡོན་དཀར་ པོའི་གཡོན་དང་གཡས་ཀྱི་ཆར། །ཤར་དུ་དྲི་དང་མེ་ཏོག་ནག་པོ་དང༌། །ལྷོ་རུ་སྤཽས་དང་མར་ མེ་དམར་བས་མཚན། །བྱང་དུ་ཞལ་ཟས་འབྲས་བུ་དཀར་པོ་དང༌། །ནུབ་ཏུ་རྒྱན་དང་དོ་ཤལ་ སེར་པོ་སྟེ། །སྟེང་འོག་གཟུངས་མ་བཞི་ཡི་མཚན་མ་ནི། །ཕྱོགས་བཞིའི་རྟ་བབས་རེ་མིག་ གསུམ་པ་ལ། །ཤར་དང་ནུབ་ཏུ་གོས་དང་རྔ་ཟླུམ་ལྗང༌། །བྱང་དང་ལྷོ་རུ་རྡོ་རྗེ་པད་མ་སྔོ། །སྒོ་ དང་སྒོ་ཁྱུད་མཚམས་སུ་ནོར་བུ་དགོད། །ཕ་གུ་དམར་པོ་རིན་ཆེན་རྒྱན་གྱིས་མཛེས། །དོ་ཤལ་ བ་ཀུ་ལི་དང་མདའ་ཡབ་དཀར། །དེ་གསུམ་གཞི་མ་ཁ་དོག་ནག་པོར་མཚུངས། །རྟ་བབས་ ཀ་གདུང་ཏོག་རྣམས་སེར་པོ་སྟེ། །རྒྱ་ཕུབས་སྔོན་པོ་མྱོས་བསྲུང་མཛེས་ཚོན་བྱ། །གཟུངས་ མ་མིན་པའི་ལྷ་མོ་སྣ་ཚོགས་མདོག །རེ་མིག་བར་སྣང་ཡིན་ཕྱིར་ནག་པོར་རིགས། །མཆོད་ པའི་ས་ལ་པདྨ་བུམ་སོགས་དགོད། །ས་ཆུ་མེ་རླུང་ནམ་མཁའི་ཁོར་ཡུག་རྣམས། །སེར་དཀར་ 1-1-561 དམར་ནག་ལྗང་ཁུ་གོ་རིམ་བཞིན། །ཕྱི་རོལ་འོད་ཟེར་ཕྲེང་བ་སྣ་ཚོགས་མདོག །ས་ཡི་ཁོར་ ཡུག་དབང་ལྡན་བདེན་བྲལ་དུ། །ཟླ་ཉིའི་དཀྱིལ་འཁོར་འཆར་ནུབ་རྣམ་པ་བྲི། །ནམ་མཁའི་ འགྲམ་གཉིས་ལྔ་ཆ་རེ་རེ་དོར། །དེ་ཡི་དབུས་ལ་རྡོར་ཕྲེང་སྔོན་པོ་དགོད། །མེ་རླུང་མཚམས་ སུ་དུར་ཁྲོད་འཁོར་ལོ་བརྒྱད། །ཕྱོགས་བཞིར་དམར་པོ་མཚམས་བཞིར་དཀར་པོ་སྟེ། །ཀུན་ གྱི་ཚད་འདིར་སོར་ཕྱེད་གསུམ་པར་མཚུངས། །རྩིབས་བརྒྱད་ལྟེ་བར་གྲི་གུག་ཕྱོགས་མདོག་ བྲི། །ཞེས་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་ཁ་དོག་དང་མཚན་མའི་ངེས་པ་སྟེ་དང་པོའོ།། །། གསུང་གི་དཀྱིལ་འཁོར་བར་པ་ལྷ་སྣམ་དང༌། །སྒོ་དང་སྤངས་ཆུང་སྟེགས་བུ་ཕ་གུ་དང༌། །དོ་ཤལ་ཤར་བུ་མདའ་ཡབ་རྟ་བབས་རྣམས། །དབྱིབས་དང་ཁ་དོག་ཐུགས་ཀྱི་དཀྱིལ་ འཁོར་བཞིན། །ར་བ་ལྔ་པ་ནང་ནས་རིམ་པ་ལྟར། །ནམ་མཁའ་རླུང་མེ་ཆུ་སའི་མདོག་ཅན་ ཏེ། །གསུང་གི་རྣལ་འབྱོར་མ་རྣམས་བཞུགས་པའི་གནས། །ལྷ་སྣམ་ཞེང་ཚད་སོར་ཕྱེད་བཞི་ པ་ཡིན། །དེ་ཡི་ཕྱོགས་བཞིར་པད་མ་དམར་པོ་དང༌། །མཚམས་བཞིར་དཀར་པོ་ཀུན་ཀྱང་ གདབ་བརྒྱད་པ། །ཙ་ཙི་ཀ་སོགས་ལྷ་མོའི་གདན་ཡིན་ཏེ། །རང་རང་ལྟེ་བ་པད་འདབ་མཚན་ མ་མཚུངས། །དེ་ཡང་ཤར་དུ་གྲི་གུག་མེར་འཁོར་ལོ། །ལྷོ་རུ་དབྱུག་པ་བདེན་བྲལ་ཤག་ ཏི་དང༌། །བྱང་དུ་རྩེ་གསུམ་དབང་ལྡན་པད་མ་སྟེ། །ནུབ་ཏུ་རྡོ་རྗེ་རླུང་དུ་ཁབ་ཀྱིས་བརྒྱན། །སྟེགས་བུར་འདོད་མ་སུམ་ཅུ་སོ་དྲུག་ནི། །ཕྱོགས་བཞིར་བརྒྱད་བརྒྱད་མཚམས་བཞིར་རེ་ རེ་སྟེ། །གང་ལས་བྱུང་བ་དེ་ཡི་ཁ་དོག་ཅན། །དེ་ཡི་མཚན་མ་རིགས་དང་མཐུན་པར་དགོད། །ཅེས་པ་གསུང་གི་དཀྱིལ་འཁོར་གྱི་ཁ་དོག་དང་མཚན་མའི་ངེས་པ་སྟེ་གཉིས་པའོ།། །། སྐུ་ཡི་དཀྱིལ་འཁོར་བར་པ་ལྷ་སྣམ་དང༌། །སྤངས་ཆུང་ར་བ་སྟེགས་བུ་ཕ་གུ་དང༌། །དོ་ ཤལ་ཤར་བུ་མདའ་ཡབ་རྟ་བབས་རྣམས། །དབྱིབས་དང་ཁ་དོག་གསུང་གི་དཀྱིལ་འཁོར་ བཞིན། །ལྷ་ཆེན་བཅུ་གཉིས་འཁོར་བཅས་བཞུགས་པའི་གནས། །ལྷ་སྣམ་ཞེང་ཚད་སོར་ 1-1-562 ཕྱེད་བཅུ་གཉིས་པ། །དེ་ཡི་སྟེང་དུ་པད་མ་བཅུ་གཉིས་ཏེ། །ཀུན་གྱི་ཚད་ཀྱང་སོར་ཕྱེད་བཅུ་ གཉིས་པའོ། །རེ་རེའང་ཆ་བདུན་ལྟེ་བ་འདབ་མའི་གནས། །འདབ་མ་གསུམ་རིམ་བཞི་ བརྒྱད་བཅུ་དྲུག་པ། །ཐམས་ཅད་འདབ་མ་ཉི་ཤུ་བརྒྱད་པར་མཚུངས། །ཕྱོགས་བརྒྱད་དམར་ ཞིང་མཚམས་བཞི་དཀར་བའི་མདོག །ཟླ་བ་རེ་ལ་སུམ་ཅུའི་ཚེས་དག་པས། །ལོ་ཡི་ལྷ་སྣམ་ མཚན་མ་དེ་སྙེད་དེ། །པད་མ་ཀུན་གྱི་ལྟེ་བར་གཉིས་གཉིས་དང༌། །འདབ་མ་ཉི་ཤུ་བརྒྱད་ ལ་རེ་རེ་དགོད། །ཤར་དང་ཤར་ལྷོར་རལ་གྲི་ལྗོན་ཤིང་ནག །ལྷོ་དང་ལྷོ་ནུབ་ཤག་ཏི་མདུང་ རྣམས་དམར། །བྱང་དང་བྱང་ཤར་ཞགས་པ་དགྲ་སྟ་དཀར། །ནུབ་དང་ནུབ་བྱང་རྡོ་རྗེ་ཁབ་ རྣམས་སེར། །ཤར་དང་ལྷོའི་གཡོན་འཁོར་ལོ་དབྱུག་པ་ལྗང༌། །བྱང་དང་ནུབ་གཡོན་རྩེ་ གསུམ་བེ་ཅོན་སྔོ། །རང་རང་ལྟེ་བ་པད་འདབ་མཚན་མ་མཚུངས། །མཚན་མ་ཇི་བཞིན་ལྷ་ ཡི་ཁ་དོག་གོ །སྒོ་བཞི་སྟེང་འོག་ཁྲོ་བོའི་ཤིང་རྟ་ལ། །མཚན་མ་དབྱུག་པ་མདའ་དང་གཏུན་ ཤིང་དང༌། །བེ་ཅོན་རྡོ་རྗེ་རྩེ་གསུམ་ཕྱོགས་མདོག་སྟེ། །ཤར་ལྷོ་བྱང་ནུབ་སྟེང་འོག་གོ་རིམ་ བཞིན། །རྟ་བབས་ཀ་བའི་འོག་ཏུ་ཀླུ་གདན་བརྒྱད། །རླུང་མེ་ཆུ་སའི་དཀྱིལ་འཁོར་གཉིས་ གཉིས་ལ། །ཐིག་ལེ་བཀྲ་ཤིས་པད་མ་རྡོ་རྗེ་རྣམས། །ཤར་ལ་སོགས་པ་ཁམས་དང་མཐུན་ པའི་མདོག །སྟེགས་བུར་ཕྱིར་འདོད་སུམ་ཅུ་རྩ་དྲུག་གི །མཚན་མ་གསུང་གི་འདོད་མ་རྣམས་ དང་མཚུངས། །ཕྱོགས་བཞིར་རྟ་བབས་རིམ་པ་དང་པོར་དབུས། །འཁོར་ལོ་བུམ་པ་རྔ་ཆེན་ ལྗོན་པས་བརྒྱན། །ཞེས་པ་སྐུའི་དཀྱིལ་འཁོར་གྱི་ཁ་དོག་དང་མཚན་མའི་ངེས་པ་སྟེ་གསུམ་ པའོ།། །། ཐུགས་གསུང་སྐུ་རྣམས་རིམ་པས་ཉིས་འགྱུར་འཕེལ། །དེ་ཕྱིར་ཐུགས་དཀྱིལ་ཁོར་ཡུག་ མཚན་མའི་ཚད། །ཡོངས་སུ་རྫོགས་པའི་སྐབས་སུ་བཞི་འགྱུར་དགོད། །རླུང་ལ་འབྱུང་པོའི་ མཚན་མ་སྣ་ཚོགས་བྲི། །རྡུལ་ཚོན་དཔངས་ཀྱང་ཕྱི་མ་ཉིས་འགྱུར་འཕེལ། །རེ་ཁཱ་གཞན་ 1-1-563 ནི་རྡུལ་ཚོན་ཉིས་འགྱུར་ཏེ། །ར་བ་ཁོར་ཡུག་རྡོ་རྗེ་ཕྲེང་བ་ཡི། །ཕྱི་ནང་རེ་ཁཱ་རྡུལ་ཚོན་སུམ་ འགྱུར་ཚད། ཁམས་ཀྱི་དག་པའི་རྡུལ་ཚོན་སྲབ་མཐུག་དང༌། །ཡོན་ཏན་དག་པའི་ཕྱོགས་ཀུན་ མཚུངས་པའི་ཚུལ། །གཉིས་ཀ་གསུངས་ཕྱིར་གང་ལ་མོས་ཀྱང་རུང༌། །རྒྱུད་ལས་མ་གསུངས་ མཚན་མ་སྤང་བར་བྱ། །སྟེང་འོག་ཤིང་རྟ་སྐུ་ཡི་སྒོ་ཁྱམས་དང༌། །རྟ་བབས་སྤངས་པའི་མཐའ་ ལ་དགོད་པའི་ལུགས། །གཉིས་ཀ་གསུངས་ཕྱིར་གང་ལ་མོས་པ་བྱ། །གཅིག་ལ་མངོན་པར་ ཞེན་ན་བྱིས་པའི་བློ། །ཀྲ་མ་ཤིར་ཥའི་མཐའ་ནི་ཁོར་ཡུག་བར། །པཱ་དུ་པུ་དྲ་སྣ་ཚོགས་པད་མ་ དང༌། །འཇིགས་མེད་འབྱུང་གནས་ས་གཞི་ནག་པོ་ལ། །བུམ་བཟང་ལ་སོགས་མཆོད་རྫས་ འགོད་པ་བཞེད། །བདག་གི་བླ་མ་ཕྱོགས་མདོག་ཁྱམས་ས་དང༌། །ས་ཡི་དཀྱིལ་འཁོར་བཞི་ ལ་འགོད་དོ་གསུང༌། །རྒྱུད་འགྲེལ་ཆེན་པོའི་དགོངས་པ་ལེགས་བརྟགས་ནས། །གང་ལ་མོས་ པ་དེ་ཡི་རྗེས་སུ་འབྲང༌། །ཐུགས་དཀྱིལ་ར་བ་ནང་ནས་རིམ་པ་བཞིན། །དཀར་དམར་ནག་ པ་འཇིགས་མེད་འབྱུང་གནས་བཞེད། །བདག་གི་བླ་མ་དེ་ལས་བཟློག་པ་གསུང༌། །བློ་ལྡན་ རྣམས་ཀྱི་རྒྱུད་འགྲེལ་དགོངས་པ་སྤྱོད། །རྩ་བའི་ས་གཞི་ར་བའི་མཐར་ཐུག་བར། །གཙོ་བོའི་ ཞལ་དང་རྒྱལ་བའི་དབྱེ་བ་ཡི། །གསུངས་པའི་ཕྱོགས་མདོག་མཚམས་ལ་འཁྱོག་མི་འཁྱོག །རྒྱ་བོད་གཉིས་ཀའི་སྲོལ་གཉིས་སྤྱད་པའི་གཞི། །ཕྱོགས་མདོག་གཞི་ལ་ལྷ་སྣམ་དཀར་པོ་ དང༌། །ལྷ་སྣམ་གཞི་ལ་པད་མ་འགོད་པ་དང༌། །པད་མའི་ལྟེ་བར་ཉི་ཟླའི་གདན་ལ་སོགས། །བརྩེགས་ཕྱིར་རིམ་གྱིས་མཐོ་བ་དགོངས་པ་ཡིན། །ཞེས་པ་སྤྱིའི་ཁ་དོག་དང་ཚད་ཀྱི་ངེས་པ་ སྟེ་བཞི་པའོ།། །། རྡུལ་མཚོན་དཀྱིལ་འཁོར་བཞེངས་ན་མཁོ་བའི་གཏམ། །ཚོན་གྱི་སྦྱོར་བ་ཅུང་ཟད་བསྟན་ པར་བྱ། །མ་ར་ཀ་ཏ་ཨིནྡྲ་ནཱི་ལ་དང༌། །པད་མ་རཱ་ག་ཟླ་བ་ཆུ་ཤེལ་དང༌། །ཀར་ཀེ་ཏ་ན་ཐོན་ ཀ་ཆེན་པོ་སོགས། །མཆོག་ཏུ་གསུངས་ཀྱང་རེ་ཤིག་སྨོན་ལམ་བགྱིད། །གསེར་དང་མུ་ཏིག་ 1-1-564 བྱི་རུ་མུ་མེན་དང༌། །འབྲུ་དང་མི་རུས་ཕྱེ་མའམ་གཞན་ཡང་རུང༌། །ཇི་ལྟར་ནུས་བཞིན་བསོད་ ནམས་འཕེལ་བ་གསུངས། །དེ་སླད་འབྱོར་པའི་དབང་གིས་འབད་པར་རིགས། །ཡང་དག་ གསེར་བཞིན་གནམ་ལྡིགས་རྡུངས་ན་བདེ། །སྨན་བཞིན་བཏགས་པའི་ཉེས་དམིག་ཐལ་བ་ འདྲ། །ཕྱེ་མ་བཀྲུས་ནས་དྭངས་མ་ཕྱུང་བཞིན་སྒྱུར། །ནམ་ཡང་གཙང་སྦྲ་ཆེ་བ་ཤིན་ཏུ་གཅེས། །ལྗང་ཁུ་སྤངས་མ་འབའ་ཞིག་མཆོག །ཡུང་བའམ་བ་ལྷས་སྐྱེར་ཁར་བསྒྱུར། །ཚོན་རམ་ དྭངས་མའི་ཁ་བསྒྱུར་འབྲིང༌། །རྔོ་རྔད་ཁུ་བས་བསྒྱུར་ཀྱང་རུང༌། །སྔོན་པོ་རྡོ་མཐིང་འབའ་ ཞིག་རབ། །ཚོན་རམས་བཏགས་པས་སྒྱུར་བ་འབྲིང༌། །རམས་ནག་བཏགས་པས་སྒྱུར་ཀྱང་ རུང༌། །སྔོ་སྐྱལ་ལ་སོགས་ཚོད་དང་སྦྱར། །ནག་པོ་ཟན་ནམ་ཕྱེ་བསྲེགས་མཆོག །ལུགས་ཐལ་ བྲ་བོའི་སྦུན་བསྲེགས་འབྲིང༌། །སྣག་ཙས་སྒྱུར་བའམ་རྡོ་ནག་གམ། །སྤང་མེ་འབར་བ་རྡུངས་ ཀྱང་རུང༌། །དམར་པོ་ལི་ཁྲིའམ་མཚལ་བསྒྱུར་རབ། །རྩ་སྐྱུར་མཚལ་གྱིས་བཀུག་པ་འབྲིང༌། །ཚོས་དང་འབྲི་མོག་བཙག་གིས་བསྒྱུར། །རྡོ་བ་དམར་པོའི་ཕྱེ་མའང་རུང༌། །དཀར་པོ་རྡོ་སྒྱུས་ ཅོང་ཞི་སོགས། །བརྡུངས་ནས་དྲི་མ་བཀྲུས་པ་མཆོག །པར་དུ་འདེབས་རྒྱུ་མི་འཁྲུད་ཀྱང༌། །གཙང་སྦྲ་བསྐྱེད་དེ་སྨན་བཞིན་འཐག །སེར་པོ་ཡུང་བས་སྒྱུར་བ་རབ། །ལྡོང་རོས་བབ་ལས་ སྒྱུར་བ་འབྲིང༌། །ས་སེར་དྭངས་མས་བསྒྱུར་བའམ། །རྡོ་བ་སེར་པོའི་ཕྱེ་མའམ། །ཡུང་བ་བ་ ལ་ལྡོང་རོས་ལི་ཁྲི་འཚལ། །སྐམ་པོས་སྒྱུར་བ་ཁྱེད་ཆེ་འདི་དང་གཞན། །རློན་སྒྱུར་ཀུན་ལའང་ ཚོན་ཁ་ཁྱེངས་པ་མཆོག །ཚེས་དང་འབྲི་མོག་མིན་པ་སྤྱིན་ཆུས་སྦྱར། །ཚོས་ནི་ཞག་འགའ་ ཆས་ལ་སྦང༌། །ཞུ་མཁན་བསྡུས་པའི་ཁུ་བས་དགུག །ཁུ་བ་ཤིན་ཏུ་ནག་ལ་འདྲིལ། །དེས་ ནི་རྡོ་ཕྱེ་ཡང་ཡང་བསྒྱུར། །བྲི་མོག་ཀོ་མ་དམར་རྩི་ཡིན། །འོ་མའི་སྤྲིས་མ་མེད་པ་དང༌། །ལྷག་ གི་སྐོལ་ལ་ཕྱེ་མ་སྦྱར། །ཉེད་ཅིང་ལན་མང་བསྒྱུར་བ་མཆོག །ཡུང་བས་བསྒྱུར་བའི་སེར་པོ་ ལ། །ཞུ་མཁན་ཆང་གིས་བསྡུས་པ་ཡི། །ཁུ་བ་བྱིན་ཞིང་སྐམ་པ་ཡིས། །སྐྱེར་ཁ་ཤིན་ཏུ་ལེགས་ 1-1-565 པ་འབྱུང༌། །དེ་ཡི་སྟེང་དུ་རྒྱ་སྐྱེགས་དང༌། །བུལ་ཏོལ་དུལ་མ་སྦྱར་བ་ལ། །ཞུང་ཆུ་བླུད་ན་ངུར་ ཁ་སྟེ། །སྤང་རྒྱན་སྦྱར་བས་ལྗང་ཁུ་ལོ། །གསེར་གཡུ་མུ་ཏིག་བྱི་རུ་དང༌། །སྣ་ཚོགས་ཤེལ་ སོགས་གོང་་བུ་འམ། །ཕྱེ་མ་བསྡེབ་ལེགས་དགོད་པས་ཀྱང༌། །འཕྲ་སྤུངས་ཤིན་ཏུ་མཛེས་ པར་བགྱིད། །གསེར་དངུལ་ཟངས་ལྕགས་ལ་སོགས་དང༌། །གསེར་ཟིལ་དངུལ་རྡོ་ལ་སོགས་ པ། །འོད་ལྡན་རྡོ་ཡི་ཕྱེ་མས་ཀྱང༌། །སྤེལ་ལེགས་འོད་ཀྱི་དྲ་བ་འགྱེད། །གཞན་གྱིས་བསྐུལ་ ནས་ཇོ་ནང་རི་ཁྲོད་དུ། །སྐད་གཉིས་སྨྲ་བ་རྡོ་རྗེ་འཛིན་པས་བྲིས། །དགེ་བ་འདིས་ཀྱང་འགྲོ་ བ་མ་ལུས་པ། །དཀྱིལ་འཁོར་ཆོས་ཀྱི་དབྱིངས་ལ་འཇུག་གྱུར་ཅིག །མཾགལཾབྷཝཏུ།། །།ངག་ དབང་བདག་གིས་སུག་རྗེས་ཤུག་པ་ཧེ་ཧེ། ། མ་དཔེ་འབྲས་སྤུངས་ཡིག་རྙིང༌། ཕྱི་ཀ ༡༩༤ 1-1-566 ༄༅། །དཔལ་རྡོ་རྗེ་ནག་པོ་ཆེན་པོའི་བསྐང་ མདོས་བཞུགས་སོ། ། ༄༅། །ན་མོ་གུ་རུ་ཤྲཱི་མ་ཧཱ་ཀ་ལ་ཡ། དཔལ་ནག་པོ་ཆེན་པོའི་བསྐང་མདོས་ཞེས་བྱ་བ། དཔལ་ལྡན་བླ་མ་དང་རྡོ་རྗེ་ནག་པོ་ཆེན་པོ་འཁོར་བཅས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་ གི་སྤྲུལ་པ་བསྟན་སྲུང་མཆོག །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་ནག་པོ་ཆེ། །ཕོ་ཉ་འཁོར་དང་ བཅས་ལ་ཕྱག་འཚལ་ནས། །བསྐང་མདོས་འཇིགས་པ་ཀུན་སེལ་ཆོ་ག་བྲི། ། འདི་ལ་འཇུག་པའི་སྤྱི་དོན་གསུམ། །སྦྱོར་བ་དངོས་གཞི་རྗེས་གསུམ་མོ། །དང་པོ་ལ་ ཡང་རྣམ་པ་གཉིས། བཅའ་ཐབས་མཆོད་རྫས་བྱིན་རླབས་སོ། ། དང་པོ་ལ་ཡང་དབེན་གནས་སུ། །རྒྱལ་བའི་རྟེན་གསུམ་ལེགས་པར་བཀྲམ། །བསད་ ཤ་མ་འདྲེས་མཆོད་གཏོར་བཤམས། །སྔོན་འགྲོ་ནས་བཟུང་བདག་བསྐྱེད་བྱ། །མདུན་བསྐྱེད་ གཏོར་འབུལ་ཚོགས་མཆོད་བསྒྲུབ། །མདའ་གང་ཙམ་གྱིས་མདོས་གཞི་ལ། །རི་རབ་བང་ རིམ་བཞི་པ་བརྩིགས། །ཟུར་མདུང་ཁ་ཤིང་ཚད་ལྡན་བཙུག །དགུ་འབྲེལ་ཁ་བཅད་སྟེང་མ་ ལ། །འཁོར་ལོ་རྩིབས་བརྒྱད་འོད་འབར་ནི། །རྡོ་རྗེ་རྩེ་ལྔ་དར་སྐུད་ཀྱིས། །ཀུན་ལ་མཛེས་ པའི་དྲ་བས་གཡོག །རྒྱལ་མཚན་བཅུ་གསུམ་མཚོན་ཆ་དང༌། །ཁྲབ་རྨོག་སྣ་ཚོགས་རྒྱང་བུ་ བྲི། །ནམ་མཁའ་སྣ་ལྔ་མདའ་བཀྲ་དང༌། །འཕང་བཀྲ་བཅུ་གསུམ་མཛེས་པར་བཀོད། །དར་ སྟག་རས་ལ་བལ་ཚོན་དང༌། །སྨན་སྣ་གོ་ཁྲབ་སྣ་ཚོགས་དཔྱང༌། །འོག་གཞི་མི་ལྤགས་བཏིང་ བའི་སྟེང༌། །ཟུར་བཞིར་དམར་ཆེན་གཏོར་མ་བཞག །ཁྲག་གིས་མཆོད་ཡོན་ཁྲག་ཕོར་དང༌། 1-1-567 །ངོས་བཞིར་ཚིལ་ཆེན་མར་མེ་རེ། །གླིང་བཤོས་སྤྱན་གཟིགས་འབྲང་རྒྱས་དང༌། །དྲག་ཟན་ བྱས་པའི་ཁྱུང་ཆེན་རྣམས། །རི་རབ་སྟེང་ལ་འཛུག་པར་བྱ། །དེ་འོག་བྱ་ནག་མང་པོ་དང༌། །དེ་རྒྱབ་མི་ནག་གར་བྱེད་དོ། །དེ་འོག་གཡག་ནག་ལུག་ནག་དང༌། །རྟ་མཆོག་ནག་པོ་རིམ་ བཞིན་བཙུག །བང་རིམ་རྩ་བའི་ཕྱོགས་རྣམས་སུ། །དབང་ལྔའི་མེ་ཏོག་སིལ་མར་བཀྲམ། །མཁྲིས་པའི་དྲི་མཆོག་ཤ་རུས་ཀྱི། །ཞལ་ཟས་སྣ་ཚོགས་གཅལ་བཀྲམ་བྱ། །སྨན་ཆུ་ཛ་གད་ རིན་ཆེན་དང༌། །བསྐང་རྫས་སྣ་ཚོགས་མཛེས་པར་བཀོད། །ཟུར་མདུང་བཞི་ལ་དར་ཁ་རེ། །རྔ་ཡབ་རྐང་དུང་གཡེར་ཁ་བཏག །ཅེས་སོ། ། གཉིས་པ་མདོས་རྫས་བྱིན་གྱི་རླབས་པ་ནི། མདོས་ལ་ནང་མཆོད་གཏོར་ནས། ༀ་བཛྲ་ ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མི་ལྤགས་གཡང་ བཞིའི་ས་གཞི་རི་རབ་ལྕགས་རི་ནག་པོས་བསྐོར་བའི་ཕྱིར་རོལ་དུ། ཚད་མེད་བཞིའི་ཟུར་ མདུང་ལ་ཕྲིན་ལས་རྣམ་བཞིའི་བ་དན་གཡོ་བ་བྱང་ཕྱོགས་སོ་བདུན་གྱི་རྒྱང་བུ་དང་ལྡན་པ། བསྡུ་བ་བཞིའི་ཁ་ཤིང་ལ་ཨུ་ཙུ་པ་རའི་ཁ་ནས་ཐོན་པའི་མེ་ཏོག་གི་པ་དྲས་སྤྲས་པ། སྐྱེ་དགུའི་ བསམ་འཕེལ་གྱི་ངོ་བོ་དཔལ་བེའུས་བརྒྱན་པ། རྣམ་ཤེས་ཚོགས་བརྒྱད་རྣམ་པར་དག་པ་ འཁོར་ལོ་རྩིབས་བརྒྱད་དང་ལྡན་པ། དེའི་སྟེང་དུ་དུག་ལྔ་རྣམ་དག་ཡེ་ཤེས་ལྔའི་ངོ་བོ་རྡོ་རྗེ་རྩེ་ ལྔ་པ་འོད་ཟེར་འབར་བར་གྱུར། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་རྣམ་པར་དག་པའི་དྲ་མིག་ སྣ་ལྔས་ཀུན་ཏུ་ཁྱབ་པར་གྱུར། ཁྲག་གི་མཆོད་ཡོན། དབང་ལྔའི་མེ་ཏོག ཚིལ་ཆེན་གྱི་བདུག་ སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་མཆོག ཤ་རུས་ཀྱི་ཞལ་ཟས། རྐང་དུང་གི་རོལ་ མོ། ཀུན་བཟང་གིས་མཆོད་སྤྲིན་ཆེན་པོ་འདིས། ཆོས་སྐྱོང་འཁོར་བཅས་མཉེས་ཤིང་མངོན་ སྤྱོད་ཀྱི་ལས་ལ་གྲུབ་པའི་མཆོད་པའི་རྫས་སུ་གྱུར། རྟ་ནག ལུག་ནག གཡག་ནག བྱ་ནག མི་ནག ཁྱུང་ནག ཁྱི་ནག སེང་གེ་སྟག་གཟིག དོམ་དྲེད་འཕར་སྤྱང་གཅན་གཟན་སྣ་ཚོགས་ 1-1-568 འདི་དག་རྣམས། དགྲ་བགེགས་ཀྱི་ཤ་ལ་རོལ་བའི་དམ་རྫས་སུ་གྱུར། འབྲུ་སྣ་ཚོགས་ལས་ གྲུབ་པའི་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཡིས་བཀང་བའི་ཞལ་ཟས་རོ་བརྒྱ་དང་ལྡན་པར་གྱུར། རལ་གྲི། གྲི་གུག རྡོ་རྗེ། འཁོར་ལོ་ལ་སོགས་པའི་རྣོ་མཚོན་སྣ་ཚོགས་པ་དག་ཀྱང་བདུད་ བགེགས་གཞོམ་པའི་དམ་རྫས་སུ་གྱུར། ཁྲབ་རྨོག་ཕུབ་སོགས་གོ་ཆ་ཐམས་ཅད་བདག་ཅག་ བསྲུང་བའི་རྡོ་རྗེའི་གོ་ཆ་ཆེན་པོར་གྱུར། དར་སྣ་བལ་ཚོན་ཚངས་སྐུད་སྦྲུལ་རྒྱན་ཐོད་ཕྲེང་ མཆོད་ཕྱིར་ཐོགས་རུས་རྒྱན་གདུའུ་ཅོད་པན་དར་དཔྱངས་འདི་དག་ཀུན་ཀྱང་གུར་མགོན་ འཁོར་བཅས་དགྱེས་ཤིང་དགྲ་བགེགས་འདུལ་བའི་འདོད་རྫས་ཆེན་པོར་གྱུར། སེང་གེ་སྟག་ གཟིག་དོམ་དྲེད་གླང་ཆེན་ལ་སོགས་གཅན་གཟན་སྣ་ཚོགས་པའི་པགས་པ་འདི་དག་རྣམས་ མགོན་པོ་འཁོར་བཅས་མཉེས་པའི་དམ་རྫས་སུ་གྱུར། ཁྱུང་དང་རྨ་བྱ་ཤང་ཤང་ནེ་ཙོ་ཀ་རན་ ཏ་ཀ་དང་ཀུ་ན་ལ་བྱ་རྒོད་ལ་སོགས་སྤུ་སྡུག་སྐད་སྙན་པ་བྱ་ཚོགས་ཐམས་ཅད་ཀྱང་ཆོས་སྐྱོང་ འཁོར་བཅས་ཐུགས་དམ་བསྐང་བའི་མཆོད་རྫས་སུ་གྱུར། གླང་པོ། རྟ་མཆོག མ་ཧེ། རྔ་མོང༌། བསེ་རུ། བྷ་ཤ་ར། རྐྱང་དང༌། ཤ་བ་དུད་འགྲོ་རྒྱན་ལྡན་འདི་དག་རྣམས་བདག་གིས་དཀོར་ ནོར་སྤེལ་བའི་འདོད་རྫས་བཟང་ཞིང་གྱ་ནོམ་པར་གྱུར། གསེར་དངུལ་མུ་ཏིག བྱི་རུ། མན་ ཤེལ། ཟངས་ལྕགས་ནོར་བུ་རིན་པོ་ཆེ་འདི་དག་ཕོངས་པའི་དུཿཁ་གཅོད་པའི་འདོད་རྫས་སུ་ གྱུར། བཟང་དྲུག གི་ཝང༌། སྨན་སྣ། ཤིང་ཏོག་འདི་དག་ནད་སེལ་བའི་དམ་རྫས་སུ་གྱུར། ཉེར་སྤྱོད་ཀྱི་མཆོད་རྫས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོ་ཆེན་པོའི་དུས་ འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་འབྱུང་བ་ངོ་བོ་བཟང་ཞིང་གྱ་ནོམ་པ་བཀོད་མཛེས་ཟག་ པ་མེད་པ་འདི་དག་རྣམས། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྤྱན་ལམ་དུ་ མཛེས་ཤིང༌། བདག་ཅག་དཔོན་སློབ་ཡོན་མཆོད་དགོན་སྡེ་གྲྭ་ཚན་ཐམས་ཅད་ཀྱི་གནས་ སྐབས་སུ་ནད་གདོན་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་འཇོམས་ཤིང༌། སྒོ་གསུམ་གྱི་སྒྲིབ་ 1-1-569 གཉིས་མ་ལུས་པ་བསལ་ནས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་ཏེ། མཐར་ཐུག་ཏུ་མཁའ་ ཁྱབ་འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱེད་པའི་མདོས་རྫས་ ཁྱད་པར་ཅན་དུ་གྱུར། ༀ་སརྦ་བིད་པུ་ར་པུ་ར་སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོཿ ཅེས་སོ། ། གཉིས་པ་དངོས་གཞི་ལ་ལྔ་སྟེ། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་གཞུག་པ། མཆོད་པ་འབུལ་བ། བསྟོད་པ་བྱ་བ། ཕྲིན་ལས་བཅོལ་བའོ། །དང་པོ་ལ་གཉིས། རྟེན་ གཞལ་ཡས་ཁང་བསྐྱེད་པ་དང། རྟེན་པ་ལྷ་བསྐྱེད་པའོ། དང་པོ་ནི། ༀ་ཤུ་ནྱ་ཏ་ཛྙ་ན་བཛྲ་སྭ་ བྷཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་མདུན་གྱི་གནས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ གཞུའི་རྣམ་པ་ཅན། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བ། དེའི་སྟེང་ དུ་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོའི་རྣམ་པ་ཅན། དེའི་སྟེང་དུ་ལཾ་ལས་ས་ཡི་དཀྱིལ་འཁོར་ གྲུ་བཞི་སེར་པོ། དེ་ཡི་སྟེང་དུ་སུཾ་ལས་རི་རབ་ཅོག་བཞི་རྒྱས་པའི་སྟེང་དུ་ཧཱུཾ་ལས་རྡོ་རྗེའི་ར་བ་ མེ་དཔུང་འབར་བའི་དབུས་སུ། བྷྲུཾ་ལས་ཆོས་ཉིད་རོལ་བའི་དུར་ཁྲོད་ཆེན་པོའི་གཞལ་ཡས་ ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་ལྡན་པ། ཀེང་རུས་ཀྱི་ཕ་གུ་རྒྱུ་རློན་གྱི་དྲྭ་བ་དྲྭ་ཕྱེད། རྐང་གི་མདའ་ཡབ། ཐོད་པའི་པུ་ཤུས་བསྐོར་བ། མི་མགོའི་ཏོག་རྡོ་རྗེ་ཕྱེད་པས་མཚན་པ། གཡང་བཞིའི་བླ་རེ། ཞིང་ཆེན་གྱི་རྒྱལ་མཚན། སྐྲའི་རྔ་ཡབ། གློ་སྙིང་གིས་འཕན་གདུགས། ཁྲག་ཞག་གི་ཐིག་ལེ། ཐལ་ཆེན་གྱི་ཚོམ་པོ་བཀོད་པའི་དབུས་སུ། ཀཾ་ལས་རྡོ་རྗེའི་བྲག་རི་ ནག་པོའི་སྟེང་དུ། པཾ་ལས་པདྨ་རཾ་ལས་ཉི་མའི་དབུས་སུ། ཏྲི་ལས་མི་རོ་དམར་སེར་གྱི་སྟེང་ དུ། ཅེས་སོ། ། གཉིས་པ་རྟེན་པ་ལྷ་བསྐྱེད་པ་ནི། ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་ལས་ འོད་ཟེར་འཕྲོས་པས། དགྲ་བགེགས་ཐམས་ཅད་ཚར་བཅད་ཚུར་འདུས་རྡོ་རྗེ་ཧཱུྃ་གིས་མཚན་ པ་ལ་ཐིམ་ཧཱུྃ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཆེ་ཞིང་ཆེར་གཟི་བརྗིད་ 1-1-570 འབར་བ་ཞལ་གཅིག་ཕྱག་གཉིས་ཀྱི་གྲི་ཐོད་ཐུགས་ཀར་སྟེང་འོག་ཏུ་འཛིན་པ་ཐུགས་ཀར་ རྣམ་འཕྲུལ་གྱི་གྷནྡྷེ་བསྣམས་པ། མཆེ་བ་རབ་ཏུ་གཙིགས་ཤིང་ལྗགས་འདྲིལ་བ། སྤྱན་གསུམ་ དམར་ལ་བསྒྲད་པ། ཁྲོ་གཉེར་ཤངས་རྩེར་བསྡུད་པ། སྨར་ར་ཨག་ཚོམ་དབུ་སྐྲ་དམར་སེར་ གྱེན་དུ་བརྫིས་པས། ཐོད་སྐམ་ལྔའི་དབུ་རྒྱན། མི་བསྐྱོད་པའི་ཅོད་པན་ཅན། ཐོད་རློན་ལྔ་ བཅུའི་དོ་ཤལ་དང་ལྡན་པ། རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། དར་ ནག་གི་ཅོན་པན་དང་ལྷབ་ལྷུབ་ཀྱིས་ཀླུབས་པ། སྟག་གི་པགས་པའི་ཤམས་ཐབ་ཅན། སྲིན་ པོའི་གཟུགས་ཅན། མིའུ་ཐུང་གེལ་བའི་འདུག་སྟངས་ཀྱི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ ན་བཞུགས་པ། དེའི་གཡས་ན་བྱ་ནག གཡོན་ན་ཁྱི་ནག རྒྱབ་ན་ལྕེ་སྤྱངས། མདུན་ན་མི་ ནག སྟེང་ན་ནམ་མཁའ་ལྡིང༌། འོག་ན་སྟག་སེང་གི་སྤྲུལ་པའི་ཕོ་ཉ་འཕྲོ་བ། དེའི་ཕྱི་རོལ་དུ་ འཁོར་ལོ་རྩིབས་དྲུག་གི་དང་པོར་ཏྲཀ་ལས་ཨེ་ཀ་ཙ་ཏི་སྔོ་ནག་གཡུའི་རལ་པ་ཅན། ཞལ་ གཅིག་ཕྱག་གཉིས་ཀྱི་བདུད་རྩིའི་བུམ་པ་ཐུགས་ཀར་འཛིན་པ། དར་དཀར་གྱི་སྟོད་གཡོག་ དང༌། སྟག་ལྤགས་ཀྱི་ཤམས་ཐབ་ཅན། སྤྱན་གསུམ་རྒྱས་ཤིང་མཆེ་བ་ཅུང་ཟད་གཙིགས་ པ། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གི་བཞུགས་པ། དེའི་ལྟོ་བ་ཡངས་པའི་ནང་དུ་ཏྲཀ་ ལས་ཁྲག་གི་རྒྱ་མཚོའི་དབུས་སུ། བྷྱོཿ ལས་དཔལ་ལྡན་ལྷ་མོ་འདོད་པའི་ཁམས་ཀྱི་དབང་ ཕྱུག་མ། བོང་བུ་ག་པ་ལ་ཞོན་པ། སྐུ་མདོག་སྔོ་སྐྱ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ ན་རལ་གྲི་དང་ཐོད་ཁྲག གཡོན་གཉིས་ན་ཤག་ཏི་དང་རྩེ་གསུམ་འཛིན་ཅིང༌། གླང་པོ་ཆེའི་ཀོ་ བས་སྟོད་གཡོག་དང༌། བ་ལང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམས་ཐབས་ཅན། མི་ རོ་རངས་པ་ཁར་བཅུག་པ། སྙན་གཡས་ན་དུག་སྦྲུལ་དང་གསེར་གྱི་དྲིལ་བུས་བརྒྱན་ཅིང༌། གཡོན་ན་སེང་གེ་དང་གཡུའི་དྲིལ་བུས་བརྒྱན་པ། ཐོད་སྐམ་ལྔ་ཡི་དབུ་རྒྱན་ཅན། རློན་པ་ལྔ་ བཅུའི་དོ་ཤལ་དང་ལྡན་པ། ལུས་ཤིན་ཏུ་རིད་ཅིང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལ་ཁྲག་ 1-1-571 གི་ཐིག་ལེ་དང་ཞག་གི་ཟོ་རིས་དང༌། ཐལ་ཆེན་གྱི་ཚོམ་པོ་བཀོད་པ། རྩིབས་གཉིས་པ་ལ་ ཧཱུྃ་ལས་གནོད་སྦྱིན་ནག་པོ་གཡོན་གྲི་གུག་ཉི་མས་སྤྲས་པའི་སྤར་བ་གདེངས་པ། གསེར་གྱི་ སྣ་ཆ་ཅན་མི་ལྤགས་གྱོན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། རྩིབས་གསུམ་པ་ལ་ བྷྱོཿ ལས་གནོད་སྦྱིན་ནག་མོ་གཡས་སྤུ་གྲི། གཡོན་ཟླ་བས་སྤྲས་པའི་སྤར་བ་གདེངས་པ། ཟ་ འོག་ནག་ཁྲའི་གོས་གྱོན་པ་བྱི་རུའི་རྒྱན་ཆ་ཅན། རྩིབས་བཞི་པར་ཏྲི་ལས་པུ་ཏྲ་ནག་པོ་དར་ ནག་གི་ཨ་ག་ར་གྱོན་པ། གཡས་ཤང་ལང༌། གཡོན་ཐོད་ཁྲག་འཛིན་པ། རྩིབས་ལྔ་པར་ ཧཱུྃ་ལས་བྷ་དྲ་ནག་པོ་སྟག་ལྤགས་གྱོན་པ། གཡས་དམ་ཤིང་དང་གཡོན་མི་སྙིང་འཛིན་པ། རྩིབས་དྲུག་པར་བྷྱོཿ ལས་སྲིང་མོ་ཁྲག་མིག་མ་ནག་མོ་རལ་པ་གཅིག་ཏུ་འཕྱང་བ། ཟ་འོག་ ནག་ཁྲ་གྱོན་པ། གཡས་གསེར་གྱི་སྤུ་གྲི། གཡོན་མིའི་རྒྱུ་མ་འཛིན་པ། དེའི་ཕྱིར་རོལ་དུ་ཤར་ སྒོར་ཛཿ ལས་སེང་གེའི་གདོང་པ་ཅན་གཡས་ལྕགས་ཀྱུ། གཡོན་ཐོད་ཁྲག་འཛིན་པ། ལྷོ་སྒོར་ ཧཱུྃ་ལས་གཟིགས་གི་གདོངས་པ་ཅན་གཡས་ལྕགས་སྒྲོག་ཞགས་པ། གཡོན་ཐོད་ཁྲག་འཛིན་ པ། ནུབ་སྒོར་བཾ་ལས་དོམ་གྱི་གདོང་པ་ཅན་གཡས་ལྕགས་སྒྲོག གཡོན་ཐོད་ཁྲག་འཛིན་པ། བྱང་སྒོར་ཧོཿ ལས་དྲེད་ཀྱི་གདོང་པ་ཅན་གཡས་དྲིལ་བུ་གཡོན་ཐོད་ཁྲག་འཛིན་པ། ཐམས་ ཅད་ཀྱང་སྐུ་མདོག་ནག་པོ་འཇིགས་སུ་རུང་བ་རུས་པའི་རྒྱན་དྲུག་གིས་བརྒྱན་པའོ། །གཞན་ ཡང་སྤྲུལ་པའི་ཕོ་ཉ་བུད་མེད་ནག་མོ་བརྒྱ། གཡས་ཀྱི་རུ་འདྲེན་སྐྱེས་པ་བརྒྱ། གཡོན་གྱི་རུ་ འདྲེན་ཉན་ཐོས་བརྒྱ། སླད་ཀྱི་རྗེས་འབྲང་སྔགས་པ་བརྒྱ། ནག་པོ་སྟོང་ཤ་ཟ་འབུམ། མ་མོ་ བྱེ་བས་བསྐོར་བའི་དཔྲལ་པར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་ པས། རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་འཁོར་བཅས་སྤྱན་དྲངས་པར་ གྱུར། ༀ་ཤྲི་མ་ཧཱ་ཀཱ་ལ་ས་པ་རི་ཝ་ར་བཛྲ་ས་མཱ་ཛཿ ཅེས་སོ། ། གཉིས་པ་ཡེ་ཤེས་པ་གཞུག་པ་ནི། རྔ་དང་རོལ་མོ་དཀྲོལ་ལ། ཧཱུྃ་རྒྱལ་བའི་བསྟན་བསྲུང་ 1-1-572 རྡོ་རྗེ་ནག་པོ་ཆེ། །སྤྲོས་བྲལ་ཆོས་ཀྱི་དབྱིངས་ལས་སྐུ་བཞེངས་ཤིག །བདག་ཅག་དད་པའི་ ཡིད་ཀྱིས་སྤྱན་འདྲེན་ནས། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨེ་ཀ་ ཛ་ཏི་འདོད་ཁཾ་དབང་ཕྱུག་མ། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་གསུམ། །རུ་འདྲེན་སྡེ་ བཞི་སྒོ་བསྲུང་ཕོ་ཉའི་ཚོགས། །རྐྱེན་ངན་བར་ཆད་བསལ་ཕྱིར་གཤེགས་སུ་གསོལ། །སྤྲུལ་ པའི་ཕོ་ཉ་ལས་མཁན་ལིངས་པའི་ཚོགས། །ནག་པོ་སྟོང་དང་ཤ་ཟ་འབུམ་སྡེ་བཅས། །མ་ མོ་མཁའ་འགྲོ་བྱེ་བ་ཀེང་གི་ཚོགས། །གདུག་པའི་དགྲ་བགེགས་བསྒྲལ་ཕྱིར་གཤེགས་སུ་ གསོལ། །ཧཱུྃ་བཅོམ་ལྡན་དཔལ་ཆེན་རྡོ་རྗེ་ནག་པོ་ཆེ། །སྲིད་པའི་མདོས་ལ་དགྱེས་པར་སྤྱན་ འདྲེན་ན། །འོད་འབར་གུར་ཆེན་ནག་པོ་རྡོ་རྗེའི་རིགས། །ལྟེ་བར་པད་ཉིའི་གདན་ལ་བཞུགས་ སུ་གསོལ། །ཨེ་ཀ་ཛ་ཏི་འདོད་ཁམས་དཔལ་ལྷ་མོ། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་ ཚོགས། །སྲིད་པའི་མདོས་ལ་དགྱེས་པར་སྤྱན་འདྲེན་ནས། །འཁོར་ལོ་རྩིབས་བརྒྱད་གདན་ ལ་བཞུགས་སུ་གསོལ། །རུ་འདྲེན་སྡེ་བཞི་སྒོ་བསྲུང་ཕོ་ཉའི་ཚོགས། །ནག་པོ་སྟོང་དང་ཤ་ཟ་ མ་མོ་ཀུན། །སྲིད་པའི་མདོས་ལ་དགྱེས་པར་སྤྱན་འདྲེན་ནས། །དགུ་འབྲེལ་རེ་མིག་གདན་ ལ་བཞུགས་སུ་གསོལ། །ༀ་ཤྲི་མ་ཧཱ་ཀ་ལ་ཡ་ས་པ་རི་ཝ་ར་ཛཿ ཧཱུྃ་བཾ་ཧོ། པདྨ་ཀ་མ་ལ་ཡེ་སྟཱཾ། ཧཱུྃ་གདུལ་དཀའ་འདུལ་མཛད་རྡོ་རྗེ་ནག་པོ་ཆེ། །དཔལ་མགོན་འཁོར་དང་བཅས་པ་ཁྱེད་ རྣམས་ཀྱི། །རྡོ་རྗེ་འཆང་ཆེན་ནས་བཟུང་རྩ་བ་ཡི། །དཔལ་ལྡན་བླ་མ་བརྒྱུད་པར་བཅས་པ་ ཡི། །བཀའ་དང་དམ་ལས་མ་འདའ་དམ་ཚིག་སྲུངས། །སངས་རྒྱས་བསྟན་པ་གཉེན་པོ་རྟག་ ཏུ་སྲུངས། །དཀོན་མཆོག་གསུམ་གྱི་དབུ་འཕང་ལྷག་པར་བསྟོད། །བསྟན་འཛིན་སྐྱེས་བུ་དམ་ པ་ཆོས་ལྡན་དང༌། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྡང་བའི་དགྲ་ དང་གནོད་པར་བྱེད་པའི་བགེགས། །བར་དུ་གཅོད་པའི་བསམ་སྦྱོར་ངན་པ་རྣམས། །ཞི་བ་ ཆེན་པོའི་ཐབས་ཀྱིས་འདུལ་བར་མཛོད། །གལ་ཏེ་ཞི་བའི་འདུལ་བར་མ་འཚལ་ན། །གང་ལ་ 1-1-573 གང་འཚམས་ཆད་པས་མྱུར་དུ་ཆོད། །བསྐྲད་ཅིང་གཟིར་ལ་དྲག་ཏུ་བསྡིགས་པ་དང༌། །མངོན་ སྤྱོད་ལས་ཀྱི་ཚར་གཅོད་ཕྲིན་ལས་མཛོད། །ཅེས་དམ་ལ་བཞག་གོ ། གསུམ་པ་མཆོད་རྫས་འབུལ་བ་ནི། ཀྱཻ་མདོས་གཞི་མི་ལྤགས་སྟོང་གསུམ་ཁྱབ་པར་ བཏིང༌། །རིན་ཆེན་སྣ་ལྔས་གྲུབ་པའི་རི་རབ་ལ། །བང་རིམ་བཞི་ལྡན་འོད་འབར་ཅོག་གིས་ བརྒྱན། །དཔག་བསམ་ལྗོན་ཤིང་མ་རྨོས་ལོ་ཏོག་ལྡན། །འདོད་འཇོ་བ་དང་གཏེར་བུམ་ནོར་ བུ་འབར། །གླིང་བཞི་གླིང་ཕྲན་ལྕགས་རི་ནག་པོས་བསྐོར། །ཀླུ་དབང་ཉ་འབྲུག་ཆུ་གནས་ འདུལ་བ་ཡིས། །རོལ་པའི་མཚོ་བདུན་བསིལ་ཆུ་ཀྱི་ལི་ལི། །ཤ་རྐྱང་སྟག་སེང་རི་དྭགས་ འདྲོལ་བའི་གནས། །གསེར་གྱི་རི་བདུན་འོད་འབར་ལྷབས་སེ་ལྷབས། །ཚད་མེད་བཞི་ཡི་ ཟུར་མདུང་རྣོན་པོ་ལ། །དགའ་བ་བཞི་ཡི་བ་དན་བུངས་སེ་བུངས། །འཕྲིན་ལས་བཞི་ཡི་ཁ་ ཤིང་འཁྱིལ་བའི་ངོས། །ཨུ་ཙུ་པ་ཏྲའི་ཁ་ནས་ཐོན་པའི་རྫས། །མེ་ཏོག་པ་ཏྲ་སྣ་ཚོགས་སངས་ སེ་སངས། །དཔལ་ལྡན་མ་ཧཱ་ཀ་ལ་འཁོར་བཅས་ལ། །སྲིད་པའི་མདོས་ཀྱི་མཆོད་པས་ཐུགས་ དམ་བསྐང༌། །བསྟན་པ་བསྲུང་ཞིང་བར་ཆད་བཟློག་པར་མཛོད། །ཀྱེ་སྐྱེ་དགུ་བསམ་འཕེལ་ བཀྲ་ཤིས་དཔལ་བེ་མཆོག །དགུ་འབྲེལ་འཁྱིལ་བའི་རེ་མིག་ཁྲ་ལ་ལ། །རྣམ་ཤེས་ཚོགས་ བརྒྱད་གདོད་ནས་རྣམ་པར་དག །ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་ལམ་སེ་ལམ། །དུག་ལྔ་ རང་བཞིན་ཡེ་ནས་རྣམ་པར་དག །རྡོ་རྗེ་རྩེ་ལྔ་འོད་འབར་ལྷབས་སེ་ལྷབས། །ཆོས་སྒོ་བརྒྱད་ ཁྲི་བཞི་སྟོང་རྣམ་པར་དག །དྲ་མིག་བརྒྱད་ཁྲི་བཞི་སྟོང་ཁྲབས་སེ་ཁྲབས། །ཡེ་ཤེས་ལྔ་ལྡན་ དར་སྐུད་སྣ་ལྔ་ཡི། །ནམ་མཁའ་སྣ་ལྔ་རབ་མཛེས་རྒྱངས་སེ་རྒྱངས། །བྱང་ཕྱོགས་སོ་བདུན་ རང་བཞིན་རྣམ་པར་དག །རྒྱང་བུ་ཤིང་རིས་བཀྲ་གསལ་ཤིག་སེ་ཤིག །མདའ་བཀྲ་བཅུ་ གསུམ་སྐྱེས་བུ་སྟག་ཤར་ལྡན། །རིན་ཆེན་འཕང་བཀྲ་མོ་བཙུན་རྒྱན་གྱིས་སྤྲས། །དཔལ་ལྡན་ མ་ཧཱ་ཀཱ་ལ་འཁོར་བཅས་ལ། །སྲིད་པའི་མདོས་ཀྱི་མཆོད་པ་ཐུགས་དམ་བསྐང༌། །བསྟན་པ་ 1-1-574 བསྲུང་ཞིང་བར་ཆད་བཟློག་པར་མཛོད། །དར་ཟབ་བལ་ཚོན་འབྲུ་སྣ་རིན་ཆེན་དང༌། །སེང་ གེ་སྟག་གཟིག་དོམ་དྲེད་པགས་པའི་ཚོགས། །སྨན་སྣ་ཤིང་ཏོག་དམ་རྫས་རུ་ལུ་ལུ། །དཀར་ དམར་འཛའ་གད་ཁྲག་ཕོར་བཤོས་བུ་དང༌། །ཤ་ཁྲག་ལིང་ག་དུག་སྣ་གུ་གུལ་བཅས། །ཡུངས་དཀར་གྲི་ལྕགས་ཐོད་ཕོར་ཐུན་རྫས་འདི། །དྲག་པོའི་ཕྲིན་ལས་མ་ལུས་བསྒྲུབ་པའི་ ཕྱིར། །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་བཅས་ལ། །སྲིད་པའི་མདོས་ཀྱི་མཆོད་པས་ཐུགས་ དམ་བསྐང༌། །བསྟན་པ་བསྲུང་ཞིང་བར་ཆད་བཟློག་པར་མཛོད། །རི་རབ་ཕྱོགས་བཞིའི་ གདན་ཁྲི་གནས་པ་རུ། །རཀྟ་ཁྲག་གིས་མཆོད་ཡོན་ཀྱི་ལི་ལི། །དགྲ་བགེགས་མ་ལུས་ཀུན་ སྒྲོལ་ཕུང་པོ་བཅས། །དབང་པོ་ལྔ་ཡི་མེ་ཏོག་ལྷབས་སེ་ལྷབས། །ཚིལ་ཆེན་བདུད་རྩི་རྣམ་ལྔ་ སྤོས་སྦྱོར་བ། །ཤ་ཆེན་སྤོས་ཀྱི་དུད་པ་ཐུལ་ལུ་ལུ། །སྦྲམ་ཆེན་ར་རོས་སྤྲས་པའི་སྡོང་པོར་ བཅས། །ཞུན་ཆེན་སྣང་གསལ་མར་མེ་ཏ་ལ་ལ། །ཁྲག་ཞག་བདུད་རྩི་ལྔ་སྦྱར་དྲི་ངད་ཅན། །རྡོ་རྗེ་རང་བྱུང་དྲི་མཆོག་དངར་སང་སང༌། །བཤོས་བུ་ཟུར་གསུམ་དམར་ནག་གྲུ་གང་བ། །ཤ་ཁྲག་རུས་པའི་ཞལ་ཟས་ཉི་ལི་ལི། །རབ་བརྗིད་སྙན་པའི་སྒྲ་དབྱངས་འབྲུག་སྟོང་ལྡིར། །སྣ་ཚོགས་རོལ་མོའི་སྒྲ་སྐད་ཁྲ་ལ་ལ། །མངོན་སྤྱོད་ལས་ཀྱི་འགྲོ་བ་འདུལ་བའི་ཕྱིར། །དཔལ་ ལྡན་མ་ཧཱ་ཀཱ་ལ་འཁོར་བཅས་ལ། །སྲིད་པའི་མདོས་ཀྱི་མཆོད་པས་ཐུགས་དམ་བསྐང། །བསྟན་པ་བསྲུང་ཞིང་བར་ཆད་བཟློག་པར་མཛོད། །གྲི་གུག་ཐོད་ཁྲག་རྣམ་འཕྲུལ་གྷནྡྷེ་དང༌། །བུམ་པ་རལ་གྲི་བནྡྷ་མདུང་རྩེ་གསུམ། །སྤུ་གྲི་དམ་ཤིང་ཆུ་གྲི་ཁྲ་ལ་ལ། །ལྕག་ཀྱུ་ཞགས་པ་ ལྕགས་སྒྲོག་དྲིལ་བུ་བཅས། །དགྲ་སྟ་ཐོ་བ་བེ་ཅོན་ཟངས་སེ་ཟངས། །རྡོ་རྗེ་འཁོར་ལོ་ཕུར་བུ་ དམ་ཤིང་དང༌། །གཏུན་ཤིང་སྣ་ཚོགས་མཚོན་ཆ་ལྷབས་སེ་ལྷབས། །བདུད་དཔུང་གཡུལ་ བཅས་མ་ལུས་གཞོམ་པའི་ཕྱིར། །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་བཅས་ལ། །སྲིད་པའི་ མདོས་ཀྱི་མཆོད་པས་ཐུགས་དམ་བསྐང༌། །བསྟན་པ་བསྲུང་ཞིང་བར་ཆད་བཟློག་པར་ 1-1-575 མཛོད། །ཁྲབ་རྨོག་ཕུབ་སོགས་རྡོ་རྗེ་གོ་ཆ་མཆོག །སྣ་ཚོགས་མཛེས་པའི་དར་ཕྲུལ་ལྷབས་སེ་ ལྷབ། །མདའ་གཞུ་མདུང་རིང་ཁ་ཊཱཾ་ཤང་ལང་སོགས། །རྣོ་མཚོན་ངར་ལྡན་སྣ་ཚོགས་ཆེམས་ སེ་ཆེམས། །རྡོ་རྗེ་པདྨ་རིན་ཆེན་རྒྱ་གྲམ་སོགས། །ཡེ་ཤེས་གོ་ཆ་སྣ་ཚོགས་སི་ལི་ལི། །བདག་ ཅག་ཉོན་མོངས་གཡུལ་ལས་རྒྱལ་བའི་ཕྱིར། །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་བཅས་ལ། །སྲིད་པའི་མདོས་ཀྱི་མཆོད་པས་ཐུགས་དམ་བསྐང༌། །བསྟན་པ་སྲུང་ཞིང་བར་ཆད་བཟློག་ པར་མཛོད། །དབུ་རྒྱན་སྙན་ཆ་མགུལ་རྒྱན་དོ་ཤལ་བཅས། །རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ ལ། །ཐལ་ཆེན་ཚོམ་པོ་ཁྲག་ཞག་ཐིག་ལེ་འབར། །ཀླུ་ཆེན་བརྒྱད་ཀྱི་སྦྲུལ་རྒྱན་རྦངས་སེ་ རྦངས། །རྒྱུ་མའི་མི་མགོ་ཚངས་སྐུར་མཆོད་ཕྱིར་ཐོགས། །སྟག་ལྤགས་དར་གྱི་ཅོན་པན་ ལྷབས་སེ་ལྷབས། །གླང་ཆེན་བ་ལང་ཀོ་རློན་རེ་ལྡེ་བཅས། །དུག་སྦྲུལ་སེང་གེ་ལྕགས་སྒྲོགས་ སི་ལི་ལི། །ཡིད་འཕྲོག་དུར་ཁྲོད་རྒྱན་ཆ་སྣ་ཚོགས་འདི། །གདུལ་དཀའ་གདུག་པ་མ་ལུས་ འདུལ་བའི་ཕྱིར། །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་བཅས་ལ། །སྲིད་པའི་མདོས་ཀྱི་མཆོད་པས་ ཐུགས་དམ་བསྐང༌། །བསྟན་པ་སྲུང་ཞིང་བར་ཆད་བཟློག་པར་མཛོད། །གསེར་གཡུ་གདུགས་ དཀར་མུ་ཏིག་ཟ་ར་ཚག །དངུལ་གྱིས་གཡེར་ཁའི་ཕྲེང་བ་སི་ལི་ལི། །ཡིད་བཞིན་རྒྱལ་མཚན་ རིན་ཆེན་ལྔ་ཡིས་བརྒྱན། །རྔ་ཡབ་ནོར་བུའི་ཡུ་བ་ལྡེམས་སེ་ལྡེམས། །སྣ་ཚོགས་དར་གྱི་བླ་རེ་ འཆུན་འཕྱང་ལྡན། །བ་དན་ཅོད་པཎ་བྱེ་འཕུར་བུ་རུ་རུ། །སེངྒེ་སྟག་གཟིག་དོམ་དྲེད་འཕར་ སྤྱང་སོགས། །སྣ་ཚོགས་གཅན་གཟན་པགས་པ་དཔུངས་སེ་དཔུངས། །མདོས་ཁང་བརྒྱན་ པའི་སྤྱན་གཟིགས་མཆོད་པ་འདི། །དཔལ་དང་སྙན་གྲགས་ཕྱོགས་བཅུར་རྒྱས་པའི་ཕྱིར། །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་བཅས་ལ། །སྲིད་པའི་མདོས་ཀྱི་མཆོད་པས་ཐུགས་དམ་ བསྐང༌། །བསྟན་པ་བསྲུང་ཞིང་བར་ཆད་བཟློག་པར་མཛོད། །ཧཱུྃ་རི་རབ་ཆེན་པོའི་བང་རིམ་ དང་པོ་ལ། །རྟ་མཆོག་ནག་པོའི་འཚེར་སྐད་ལྷང་སེ་ལྷང༌། །དྲེའུ་ནག་འབར་བའི་མདུར་སྒྲ་ཁྲ་ 1-1-576 ལ་ལ། །ལུག་ནག་སྤྱི་དཀར་འབའ་སྒྲ་ཏི་རི་རི། །ཁྱི་ནག་ཐོང་ཀར་ཁང་ཟུག་གྲོངས་སེ་གྲོངས། །གཡག་རྒོད་མདངས་ལྡན་རྔ་མ་ལངས་སེ་ལངས། །ལྕེ་སྤྱང་ཚོགས་རྣམས་མཆོང་རྒྱུག་རྐྱངས་ སེ་རྐྱངས། །སྟག་གཟིག་དོམ་དྲེད་མཆེ་གཙིགས་འུ་རུ་རུ། །མཉེས་པའི་མཆོད་པ་མཐུན་པའི་ དམ་རྫས་འདི། །དམ་ཉམས་ཀུན་གྱི་ཀླད་པ་འགེམས་པའི་ཕྱིར། །དཔལ་ལྡན་མ་ཧཱ་ཀཱ་ལ་ འཁོར་བཅས་ལ། །སྲིད་པའི་མདོས་ཀྱི་མཆོད་པས་ཐུགས་དམ་བསྐང། །བསྟན་པ་བསྲུང་ ཞིང་བར་ཆད་བཟློག་པར་མཛོད། །རི་རབ་བང་རིམ་གཉིས་པའི་འཁོར་ཡུག་དུ། །ཡེ་ཤེས་ རྣམ་འཕྲུལ་སྟོབས་ལྡན་སྲིན་པོའི་གཟུགས། །དགྲ་བགེགས་སྲོག་གཤེད་ཀིང་ཆེན་རལ་པ་ ཅན། །སྡང་མིག་མཆེ་གཙིགས་རུས་པའི་བརྒྱན་གྱིས་སྤྲས། །མི་ནག་གཅེར་བུ་གར་བྱེད་ ཁྲིགས་སེ་ཁྲིགས། །མྱུར་འགྱོག་སྤྲུལ་བའི་ཕོ་ཉ་མཆོད་པ་འདི། །སྡིག་ཅན་འཆོར་མེད་མྱུར་དུ་ བསྒྲལ་བའི་ཕྱིར། །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་བཅས་ལ། །སྲིད་པའི་མདོས་ཀྱི་མཆོད་ པས་ཐུགས་དམ་བསྐང༌། །བསྟན་པ་བསྲུང་ཞིང་བར་ཆད་བཟློག་པར་མཛོད། །རི་རབ་ལྷུན་ པོའི་བང་རིམ་གསུམ་པ་ལ། །རྫུ་འཕྲུལ་ཐོགས་མེད་ལྕགས་ཀྱི་མཆུ་སྡེར་ཅན། །ཡིད་འཕྲོག་ ཤེལ་མིག་ལྡན་པ་མཁའ་ལ་ལྡིང༌། །ཤ་ཐོགས་སྐད་ངན་སྒྲ་སྒྲོག་ཀུན་ཏུ་རྒྱུག །བྱ་ནག་ཚོགས་ ཀྱི་གཤོག་སྒྲ་སི་རི་རི། །མངོན་ཤེས་ལྔ་ལྡན་བྱ་ནག་མཆོད་པ་འདི། །ནད་ཁ་རིམས་ནད་མྱུར་ དུ་གཅོད་པའི་ཕྱིར། །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་བཅས་ལ། །སྲིད་པའི་མདོས་ཀྱི་མཆོད་ པས་ཐུགས་དམ་བསྐང། །བསྟན་པ་བསྲུང་ཞིང་བར་ཆད་བཟློག་པར་མཛོད། །རི་རབ་དེ་ཡི་ བང་རིམ་བཞི་པ་ལ། །ལྟ་ངན་ཟིལ་གནོན་རྡོ་རྗེའི་མཆུ་སྡེར་ཅན། །ཉི་ཟླ་མིག་བསྒྲད་རྔམ་ པའི་ཆ་ལུགས་ཅན། །ཐབས་ཤེས་རྭ་ལས་མེ་འབར་ཟངས་སེ་ཟངས། །རྫུ་འཕྲུལ་ཤུགས་ འཆང་གདུག་པ་རྣམ་པར་འདུལ། །ཁྱུང་ཆེན་སྔོན་པོའི་གཤོག་རྡེབས་ལྷབས་སེ་ལྷབས། །སྤྲུལ་པའི་ཕོ་ཉ་མཁའ་སྡིང་མཆོད་པ་འདི། །ལོག་འདྲེན་མ་ལུས་དབང་དུ་བསྡུད་པའི་ཕྱིར། 1-1-577 །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་བཅས་ལ། །སྲིད་པའི་མདོས་ཀྱི་མཆོད་པས་ཐུགས་དམ་ བསྐང༌། །བསྟན་པ་བསྲུང་ཞིང་བར་ཆད་བཟློག་པར་མཛོད། །རྒྱང་བུ་འཇའ་འོད་འཁྱིལ་པའི་ བཀྲམ་པ་རུ། །སེང་གེ་སྟག་གཟིག་རྒྱལ་མཚན་ཁྱུགས་སེ་ཁྱུགས། །དོམ་དྲེད་སྤྱང་ཀིའི་རྒྱལ་ མཚན་བུངས་སེ་བུངས། །མི་དབང་རྟའི་རྒྱལ་མཚན་རྒྱངས་སེ་རྒྱངས། །འཕར་བའི་དར་ནག་ རྒྱལ་མཚན་ལྷབས་སེ་ལྷབས། །ཁྱུང་དང་རྨ་བྱའི་རྒྱལ་མཚན་ལྡེམས་སེ་ལྡེམས། །ཤང་ཤང་ བྱ་ཡི་རྒྱལ་མཚན་ཁྲ་ལ་ལ། །རྒྱལ་མཚན་བཅུ་གསུམ་མདོས་རྫས་བཀྲམ་པ་འདི། །སངས་ རྒྱས་བསྟན་པ་རྒྱལ་མཚན་ཕྱར་བའི་ཕྱིར། །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་བཅས་ལ། །སྲིད་ པའི་མདོས་ཀྱི་མཆོད་པས་ཐུགས་དམ་བསྐང༌། །བསྟན་པ་བསྲུང་ཞིང་བར་ཆད་བཟློག་པར་ མཛོད། །ཁྱུང་ཆེན་རྨ་བྱ་ཤང་ཤང་བྱ་རྒོད་དང༌། ཀ་རན་ཏ་ཀ་ཁུ་བྱུག་ནེ་ཙོ་སོགས། །སྤུ་སྡུག་ སྐད་སྙན་འདབ་ཆགས་སྣ་ཚོགས་དང༌། །སེང་གེ་སྟག་གཟིག་དོམ་དྲེད་ལྕེ་སྤྱང་སོགས། །སྤུ་ ཞག་བཀྲག་བཟང་གཅན་གཟན་སྣ་ཚོགས་དང༌། །གླང་པོ་རྟ་མཆོག་མ་ཧེ་རྔ་མོང་སོགས། །དུད་འགྲོ་རྒྱན་ལྡན་བཀོར་ནོར་སྣ་ཚོགས་དང༌། །བསེ་རུ་གཙོས་དང་རྐྱང་དང་ཤ་བ་སོགས། །མཆོད་འོས་གཟུགས་མཛེས་སྲོག་ཆགས་སྣ་ཚོགས་དང༌། །གསེར་དངུལ་ལ་སོགས་རིན་ ཆེན་སྣ་ཚོགས་དང༌། །བཟང་དྲུག་ལ་སོགས་སྨན་རིགས་སྣ་ཚོགས་དང༌། །ཨ་མྲ་ལ་སོགས་ ཤིང་ཏོག་སྣ་ཚོགས་དང༌། །མཚལ་དང་རམ་སོགས་ཚོན་རིགས་སྣ་ཚོགས་དང༌། །ཨ་རུ་ར་ སོགས་འབྲས་བུ་སྣ་ཚོགས་དང༌། །ཁུར་བ་ལ་སོགས་ཞིམ་དགུ་སྣ་ཚོགས་དང༌། །འཛམ་བུ་ཏི་ སོགས་བཟའ་བ་སྣ་ཚོགས་དང༌། །མྱོས་བྱེད་ལ་སོགས་བཏུང་བ་སྣ་ཚོགས་རྣམས། །མཉེས་ པའི་མཆོད་པ་མདོས་རྫས་བརྒྱན་པ་འདི། །ཀུན་ནས་དགེ་བའི་སེམས་ཀྱིས་རབ་སྤྲོས་ནས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ དཔུང་གིས། །དཔལ་ལྡན་མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །མ་ཅིག་འདོད་ཁམས་དབང་ 1-1-578 ཕྱུག་ཐུགས་དམ་བསྐང༌། །ཡུམ་ཆེན་ཨེ་ཀ་ཛ་ཊི་ཐུགས་དམ་བསྐང༌། །བཀའ་སྡོད་གནོད་སྦྱིན་ ཡབ་ཡུམ་ཐུགས་དམ་བསྐང༌། །ལས་མཁན་པུ་ཏྲ་མི་སྲིང་ཐུགས་དམ་བསྐང༌། །དམག་དཔོན་ རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང༌། །སྤྲུལ་པ་ཡང་སྤྲུལ་ཚོགས་ཀྱིས་ཐུགས་དམ་བསྐང༌། །ལས་མཁན་ལིངས་པའི་ཚོགས་ཀྱི་ཐུགས་དམ་བསྐང༌། །མི་ཟན་ལག་དམར་ཚོགས་ཀྱི་ ཐུགས་དམ་བསྐང༌། །ཤ་ལ་སྲེད་པའི་ཚོགས་ཀྱི་ཐུགས་དམ་བསྐང༌། །ཁྲག་ལ་རྔམ་པའི་ ཚོགས་ཀྱི་ཐུགས་དམ་བསྐང༌། །ལེགས་ཉེས་སྟངས་འཛིན་ཚོགས་ཀྱི་ཐུགས་དམ་བསྐང༌། །དམ་ཚིག་རྗེས་གཅོད་ཚོགས་ཀྱི་ཐུགས་དམ་བསྐང༌། །བསྟན་ལ་དགའ་བའི་ཚོགས་ཀྱི་ ཐུགས་དམ་བསྐང༌། །འཇིག་རྟེན་དྲེག་པའི་ཚོགས་ཀྱི་ཐུགས་དམ་བསྐང༌། །ཕྱི་ནང་བསྲུང་ མའི་ཚོགས་ཐུགས་དམ་བསྐང༌། །ཁྱཻད་ཀྱི་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་ འབྱོར་བདག་ཅག་འཁོར་དང་བཅས་རྣམས་ལ། །ནད་གདོན་སྡུག་བསྔལ་མི་མཐུན་ཞི་བ་ དང༌། །ཚེ་བསྲིངས་དཔལ་བསྐྱེད་ལོངས་སྤྱོད་འཕེལ་བ་དང༌། །མི་དང་མི་མིན་སྐྱེ་འགྲོ་དབང་ དུ་བསྡུས། །རྨི་ལྟས་ངན་དང་འཆི་ལྟས་དགྲ་ལ་བསྒྱུར། །ལོག་ལྟ་དགྲ་བགེགས་སྡིག་ཅན་ དབང་དུ་བསྡུས། །མ་གཡེལ་མ་འདའ་ལྷ་དང་བསྲུང་མའི་ཚོགས། །བསྟན་པ་བསྲུང་བའི་ ལས་འདི་མྱུར་དུ་བསྒྲུབ། །ཅེས་སོ། ། བཞི་པ་བསྟོད་པ་ནི། མགོན་པོ་བསྐུལ་བའི་རྔ་བརྡུང་བྱས་ལ། ཧཱུྃ་རྣམ་དག་ཆོས་ཀྱི་ དབྱིངས་ལས་མ་གཡོས་ཀྱང༌། །སྲིན་པོའི་གཟུགས་ཀྱི་གདུག་པ་ཀུན་སྒྲོལ་བ། །གར་དགུའི་ ཉམས་ལྡན་དཔའ་བོ་ཆེན་པོའི་སྐུ། །རྒྱལ་བའི་བསྟན་བསྲུང་ཁྱེད་ལ་ཕྱག་འཚལ་བསྟོད། །ཞལ་གཅིག་ཕྱག་གཉིས་རྔམ་པའི་ཆ་ལུགས་ཅན། །སྐྱོན་དྲུག་གཅོད་མཛད་གྲི་གུག་རྣོ་ངར་ གཡས། །ཉོན་མོངས་ཁྲག་རྒྱུན་གསོལ་བའི་ཐོད་པ་གཡོན། །ཐུགས་ཀར་སྟེང་འོག་འཛིན་ ལ་ཕྱག་འཚལ་བསྟོད། །ཆོས་སྒྲ་ཆེན་པོས་བདུད་ཀྱིས་ཀླད་པ་འགེམས། །རྣམ་འཕྲུལ་གྷཎྜི་ 1-1-579 ཕྱག་གི་དབུས་ནས་སྦྲེལ། །སྤྲུལ་པའི་ཕོ་ཉ་ཁྲོ་ཆུང་དཔག་མེད་འཕྲོ། །ཡང་དག་དཔའ་བོ་ ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་མཆོག་རྣམ་དག་སྤྱན་གསུམ་མེ་ལྟར་འབར། བདུད་བཞི་ ཀླད་འགེམས་རྣོ་དཀར་མཆེ་བ་གཙིགས། །རྣམ་རྟོག་བསྲེགས་མཛད་སྨ་ར་ཨག་ཙམ་འབར། །ཞལ་གདངས་ལྗགས་འདྲིལ་ཅན་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ལྔ་ལྡན་ཐོད་སྐམ་དབུ་ ལ་བརྒྱན། །ལྷ་མིན་འདུལ་མཛད་རལ་པ་གྱེན་དུ་བརྫིས། །ཕ་རོལ་ཕྱིན་དྲུག་རུས་བརྒྱན་ སྐུ་ལ་སྤྲས། །སྐུ་མདོག་མཐིང་ནག་འབར་ལ་ཕྱག་འཚལ་བསྟོད། །འདུ་ཤེས་རྣམ་དག་ཐོད་ རློན་ཕྲེང་བས་སྤྲས། །འདོད་ཆགས་རྣམ་དག་པདྨའི་གདན་ལ་བཞུགས། །ཞེ་སྡང་རྣམ་དག་ གདུག་པ་སྦྲུལ་གྱིས་བརྒྱན། །གཏི་མུག་རྣམ་དག་ཡེ་ཤེས་འབར་ལ་འདུད། །ང་རྒྱལ་རྣམ་དག་ སྟག་ལྤགས་ཤམ་ཐབས་གསོལ། །ཕྲག་དོག་རྣམ་དག་རོ་ལ་ཟླུམ་པོའི་སྟབས། །ཁྲོ་གཉེར་ རབ་བརྗིད་ཤང་རྩེ་རྣམ་པར་བསྡུས། །འཇིགས་པའི་གད་མོ་སྒྲོགས་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་རྡོ་རྗེ་འཛིན་པའི་སྤྱན་སྔ་རུ། །ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོང་བར། །སངས་རྒྱས་ བསྟན་པ་བསྲུང་བ་ཁས་བླངས་པས། །དམ་བཅའ་བཞིན་ཏུ་ཐུབ་པའི་བསྟན་པ་སྐྱོང༌། །ཁྱད་ པར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས། །དར་ཞིང་རྒྱས་ལ་ཡུན་རིང་གནས་པ་དང༌། །བསྟན་ འཛིན་སྐྱེས་བུའི་སྐུ་ཚེ་བསྲིང་བ་དང༌། །རྣལ་འབྱོར་བདག་ཅག་རྟག་ཏུ་སྐྱོང་བར་མཛོད། །བྷྱོཿ རླུང་ནག་འཚུབ་མའི་དུར་ཁྲོད་རྦ་ཀློང་ནས། །མ་ཅིག་དཔལ་ལྡན་ལྷ་མོ་ཆར་སྤྲིན་མདོག །ཞལ་གཅིག་ཕྱག་བཞི་ཀེང་རུས་མཆེ་གཙིགས་མ། །མི་རོ་རེངས་པ་ཁར་བཅུག་གསོལ་ལ་ འདུད། །སྙན་གཡས་དུག་སྦྲུལ་མགུལ་ནས་དྲིལ་བུ་བསིལ། །སྙན་ཆ་གཡོན་ནས་སེང་གེའི་ རལ་པ་དམར། །ཕྱག་གཡས་རལ་དྲི་ཐོད་ཕྲག་ཐུགས་ཀར་འཛིན། །གཡོན་གཉིས་ཤག་ཏི་ རྩེ་གསུམ་འཛིན་ལ་འདུད། །གླང་ཆེན་སྟོད་གཡོགས་བ་གླང་ཀོ་རློན་སྤྲས། །ཀླུ་དབང་སྐེ་རག་ ཞབས་གཉིས་ལྕགས་སྒྲོགས་བརྒྱན། །ཁྲག་ཞག་ཐལ་ཆེན་ཚོམ་པོ་རིས་སུ་བཀོད། །ཕྱེད་ཙམ་ 1-1-580 རེ་ལྡེ་སེར་པོས་གཡོག་ལ་འདུད། །བོང་བུ་ག་ཞོན་མཚན་མོར་དུར་ཁྲོད་ཉུལ། །ཁམས་གསུམ་ སྐད་ཅིག་ཙམ་ལ་རི་རབ་བསྐོར། །མ་མོ་འཁའ་འགྲོ་ཤ་ཟ་དབང་དུ་བསྡུས། །ལྟེ་བའི་ཐད་ ཀར་ཉི་ཟླ་འཆར་ལ་འདུད། །དཔལ་ལྡན་ལྷ་མོ་ཁྱེད་ལ་བསྟོད་པའི་མཐུས། །བསྟན་པ་བསྲུང་ ཞིང་རྐྱེན་ངན་བར་ཆད་སེལ། །ཚེ་བསྲེང་ལོངས་སྤྱོད་འཁོར་ཀྱང་འཕེལ་བ་དང༌། །བཀྲ་ཤིས་ མཆོག་གི་དངོས་གྲུབ་མྱུར་དུ་སྩོལ། །བྷྱོཿ ཡུམ་ཆེན་མཁའ་འགྲོ་ཨེ་ཀ་ཛ་ཊི་མ། །ཞལ་གཅིག་ ཕྱག་གཉིས་སྐུ་མདོག་མཐིང་ལ་ནག །གཡུའི་རལ་པ་ལན་བུ་གཡོན་དུ་འཁྱིལ། །ཡེ་ཤེས་སྐུ་ གཅིག་ཨུ་མ་དེ་བར་འདུད། །ཕྱག་གཉིས་བདུད་རྩིའི་བུམ་པ་ཐུགས་ཀར་འཛིན། །སྐྱེ་འཆི་རྩ་ གཅོད་མཆེ་བ་རབ་ཏུ་གཙིགས། །དར་དཀར་སྟོད་གཡོག་རུས་བརྒྱན་སྐུ་ལ་སྤྲས། །ཞབས་ གཉིས་སེམས་དཔའི་སྟབས་བཞུགས་ཁྱེད་ལ་འདུད། །སྟག་ལྤགས་ཤམ་ཐབས་སྤྱན་གསུམ་ འགྲོ་ལ་གཟིགས། །ཡུམ་ཆེན་ཁྱེད་ཀྱི་རྒྱལ་བའི་བསྟན་པ་སྐྱོངས། གསང་སྔགས་རྡོ་རྗེ་ཐེག་ པ་མཆོག་རྒྱས་ནས། །འགྲོ་ཀུན་འཁོར་བའི་གནས་ལས་སྒྲོལ་བར་མཛོད། །ཧཱུྃ་མགོན་པོའི་ བཀའ་ཉན་ནག་པོ་གནོད་སྦྱིན་སྐུ། །ཞལ་གདངས་སྤྱན་བསྒྲད་མཆེ་བ་རབ་ཏུ་གཙིགས། །མི་ ལྤགས་གྱོན་ཞིང་གྲི་གུག་དགྲ་ལ་ཕྱར། །ཉི་ཟླ་སྤྲས་པའི་སྤར་མོ་བརྐྱང་ལ་འདུད། །བྷྱོཿ གནོད་ སྦྱིན་ནག་མོ་བྱི་རུའི་ལན་ཚར་ཅན། །ཁྲོ་བོའི་རྔམ་པའི་སྤྱན་བསྒྲད་མཆེ་གཙིགས་མ། །ཕྱག་ གཡས་སྤུ་གྲི་གཡོན་ནས་སྤར་མོ་འདེབས། །ཟ་འོག་ནག་ཁྲ་གྱོན་ལ་ཕྱག་འཚལ་བསྟོད། །ཧཱུྃ་ དཔལ་ལྡན་ཕྲིན་ལས་ཀུན་རྫོགས་པུ་ཏྲ་ཁྱོད། །སྐུ་མདོག་མཐིང་ནག་མེ་ཡི་འཕྲོ་འདུ་ཅན། །རྔམ་པའི་སྟབས་ཀྱིས་འགྱིང་ཞིང་ཤང་ལངས་ཕྱར། །གྱིང་ཆེན་གདུག་པ་འདུལ་ཁྱོད་ཕྱག་ འཚལ་བསྟོད། །ཧཱུྃ་མོན་བུ་བྷ་ཏྲ་རྣོ་དཀར་མཆེ་བ་གཙིགས། །གཡས་ན་དམ་ཤིང་གཡོན་ན་མི་ སྙིང་འཛིན། །སྟག་ལྤགས་གྱོན་ཞིང་དམ་ཉམས་དགྲ་བོ་སྒྲོལ། །གསང་སྔགས་བསྟན་པ་སྐྱོང་ ལ་ཕྱག་འཚལ་བསྟོད། །བྷྱོཿ སྲིང་མོ་ཁྲག་མིག་ཕྱོགས་བཅུར་རྣམ་པར་གཟིགས། །གཡས་ན་ 1-1-581 སྤུ་གྲི་གཡོན་ནས་རྒྱུ་མ་འཛིན། །ཟ་འོག་ནག་ཁྲ་གྱོན་ལ་རལ་གཅིག་མ། །སྲིན་མོ་འཇིགས་ པའི་ཁ་འབར་ཁྱོད་ལ་བསྟོད། །ཤར་སྒོ་བསྲུང་བའི་སེང་གེའི་གདོང་པ་ཅན། །གཡན་ན་ ལྕགས་ཀྱུས་དགྲ་བགེགས་འགུགས་པར་བྱེད། །དམ་ཉམས་སྒྲོལ་ཞིང་རྒྱལ་བའི་བཀའ་ འཁོར་སྐྱོངས། །མཐུ་རྩལ་ཐོད་ཕྲེང་ཅན་ལ་ཕྱག་འཚལ་བསྟོད། །ལྷོ་སྒོ་བསྲུང་བའི་གཟིག་ གདོང་རྔམ་སྟབས་ཅན། །ཕྱག་གཡས་ཞགས་པས་དགྲ་བགེགས་འཆིང་བར་བྱེད། །སྐུ་ལས་ སྟག་གཟིག་སྤྲུལ་པའི་ཕོ་ཉ་འཕྲོ། །ཐུགས་རྗེས་ལོག་འདྲེན་སྒྲོལ་ལ་ཕྱག་འཚལ་ལོ། །ནུབ་ སྒོ་བསྲུང་བའི་དོམ་ནག་གདོང་པ་ཅན། །གཡས་ན་ལྕགས་སྒྲོགས་ཉོན་མོངས་བདུད་དཔུང་ སྡོམས། །དོམ་དྲེད་ངང་པ་མཁའ་ལྡིང་ཕོ་ཉ་འགྱེད། །ལས་ངན་སྡིག་ཅན་གསོད་ལ་ཕྱག་ འཚལ་བསྟོད། བྱང་སྒོར་བསྲུང་བའི་དྲེད་ཀྱི་གདོང་པ་ཅན། །གཡས་ནས་དྲིལ་བུས་དམ་ ཉམས་མྱོས་སུ་ཆུག །དྲེད་མོ་བྱ་རོག་ཀཾ་ཀ་སྤྲུལ་པ་འགྱེད། །སྡེ་བརྒྱད་ཁ་ལོ་བསྒྱུར་ལ་ཕྱག་ འཚལ་བསྟོད། །ཧཱུྃ་རྣམ་དག་ཚད་མེད་བཞི་ཡི་རང་བཞིན་ལས། །ཐབས་ལ་མཁས་པ་སྒོ་སྐྱོང་ ཁྲོ་རྒྱལ་བཞི། །ཀུན་ཀྱང་མཐིང་ནག་ཐོད་ཁྲག་གཡོན་ན་འཛིན། །རུས་རྒྱན་ཐོད་རློན་བརྒྱན་ ལ་ཕྱག་འཚལ་བསྟོད། །ཅེས་ལྷ་མགོན་བཅུ་གཉིས་ཀྱི་བསྟོད་པའོ། །ཧཱུྃ་གཤེགས་ཤུལ་འདྲེན་ པའི་བུ་མེད་ནག་པོ་བརྒྱ། །གཡས་ཀྱི་རུ་འདྲེན་སྐྱེས་པ་སྟག་ཤར་བརྒྱ། །གཡོན་གྱི་རུ་འདྲེན་ ཉན་ཐོས་དགྲ་བཅོམ་བརྒྱ། །སླད་ཀྱི་རྗེས་འབྲང་སྔགས་པ་བརྒྱ་ལ་འདུད། །ཡང་འཁོར་ནག་ པོ་སྟོང་དང་ཤ་ཟ་འབུམ། །མ་མོ་མཁའ་འགྲོ་བྱེ་བ་དུང་ཕྱུར་བཅས། །ཀུན་ཀྱང་སོད་སོད་རྒྱོབ་ རྒྱོབ་དམ་ཉམས་སྒྲོལ། །དཀོན་མཆོག་གསུམ་གྱི་བསྟན་བསྲུང་ཁྱེད་ལ་བསྟོད། །ཅེས་བསྟོད། ལྔ་པ་ཕྲིན་ལས་བསྐུལ་བ་ལ་གསུམ་སྟེ། འགལ་རྐྱེན་བཟློག་པ་དང༌། མཐུན་རྐྱེན་བསྒྲུབ་ པ་དང༌། བཟོད་པར་གསོལ་བའོ། །དང་པོ་ནི། རྔ་ཆེམ་ཆེམ་དུ་བརྡུང་ལ། ཧཱུྃ་དཔལ་ལྡན་མ་ ཧཱ་ཀ་ལ་མཐུ་བོ་ཆེ། །དྲག་པོའི་མཚན་གསོལ་རྡོ་རྗེ་ནག་པོ་ཆེ། །ལྷ་མིན་གྲོང་ཁྱེར་གསུམ་ 1-1-582 བརྩེགས་འཇིགས་པར་བྱེད། །སྲིན་པོ་གྲོང་ཁྱེར་ལྔ་འབུམ་གཏན་ནས་བརླག །ལྷ་ཡི་དམག་ དཔོན་གཡུལ་ལས་རྣམ་པར་རྒྱལ། །ཁྱེད་ཀྱི་ཐུགས་དམ་གཉེན་པོ་བསྐུལ་བའི་ཚེ། །དཀར་པོ་ ལྷ་དམག་བྱེ་བ་དུང་ཕྱུར་རྒྱལ། །ཉོན་མོངས་ལྷ་མིན་གཡུལ་ངོ་བཟློག་པར་མཛོད། །ཕྱོགས་ ལས་རྣམ་རྒྱལ་ལྷ་ཡི་སྡེ་དཔོན་ཁྱོད། །ནག་པོ་རྩ་ལག་འཇོམས་པའི་དཔལ་དང་ལྡན། །བདུད་ དང་འཆི་བདག་བཟློག་པའི་སྟོབས་པོ་ཆེ། །སྲིད་པའི་ཁྲམ་ཁ་བསྒྱུར་བའི་མཐུ་བོ་ཆེ། །ལྷ་ འདྲེའི་དམག་སྣ་འདྲེན་པའི་རྫུ་འཕྲུལ་ཅན། །དོ་ནུབ་བཟློག་བསྒྱུར་མཛད་པའི་དུས་ལ་བབ། །དོ་ནུབ་སྲིད་པའི་ཁྲམ་ཁ་དགྲ་ལ་བསྒྱུར། །དོ་ནུབ་ལྷ་འདྲེའི་དམག་སྣ་དགྲ་ལ་དྲོངས། །དོ་ ནུབ་རྦོད་སྟོང་བྱེད་པ་དགྲ་ལ་བཟློག །མགོན་པོས་བར་བུ་བསྐོར་བ་དགྲ་ལ་བཟློག །མ་མོས་ ཁྲག་ཟོར་འཕེན་པ་དགྲ་ལ་བཟློག །གཤིན་རྗེའི་འཁོར་ལོ་བསྐོར་བ་དགྲ་ལ་བཟློག །བདུད་ ཀྱི་ཞགས་པ་འདེབས་པ་དགྲ་ལ་བཟློག །བཙན་གྱི་ཤྭ་རྡོ་བཀྲམ་པ་དགྲ་ལ་བཟློག །རྒྱལ་ པོའི་སྨྱོ་འབོགས་གཏོང་བ་དགྲ་ལ་བཟློག །ཀླུའི་བྱད་དུ་བཅུག་པ་དགྲ་ལ་བཟློག །ཐེའུ་རང་ སྲིད་ལ་རྐུ་བ་དགྲ་ལ་བཟློག །མུ་སྟེག་བར་ཆད་བྱེད་པ་དགྲ་ལ་བཟློག །དྲང་སྲོང་དམོད་པ་ འདོར་བ་དགྲ་ལ་བཟློག །ལྟས་ངན་བརྒྱད་ཅུ་རྩ་བཞི་དགྲ་ལ་བཟློག །ཡེ་འདྲོག་སུམ་བརྒྱ་ དྲུག་ཅུ་དགྲ་ལ་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་བཟློག །བགེགས་རིགས་སྟོང་ ཕྲག་བརྒྱད་ཅུ་དགྲ་ལ་བཟློག །རྨི་ལྟས་ངན་དང་འཆི་ལྟས་དགྲ་ལ་བཟློག །ལོ་ཀག་ཟླ་ཀག་ ཞག་ཀག་དགྲ་ལ་བཟློག །ཞང་ཞོང་ཙོ་དམར་འཕེན་པ་དགྲ་ལ་བཟློག །སུམ་པའི་གླང་ཟོར་ འཕེན་པ་དགྲ་ལ་བཟློག །བནྡེའི་སྔགས་ཟེར་འཕེན་པ་དགྲ་ལ་བཟློག །བོན་པོའི་རྡོ་ཟོར་ འཕེན་པ་དགྲ་ལ་བཟློག །སྐྱེས་པའི་མཚོན་ཟོར་འཕེན་པ་དགྲ་ལ་བཟློག །བུད་མེད་དམོད་ ཟོར་འཕེན་པ་དགྲ་ལ་བཟློག སྔོན་གྱི་གཤེད་བཞི་འཆིས་པ་དགྲ་ལ་བཟློག །བཟློག་གོ་ བཀའི་མདོས་ཆེན་འདི་ཡིས་བཟློག །བསྒྱུར་རོ་རབ་བརྗིད་མདོས་མཆོག་འདི་ཡིས་བསྒྱུར། 1-1-583 །དཔལ་ལྡན་མ་ཧཱ་ལ་མཐུ་མ་ཆུང༌། །མ་མོའི་མཁའ་འགྲོའི་ཚོགས་རྣམས་བང་མ་བུལ། །ཕོ་ཉ་ ལས་མཁན་ཚོགས་རྣམས་རྩལ་མ་ཞན། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་སོགས། གཉིས་པ་མཐུན་རྐྱེན་བསྒྲུབ་པ་ནི། ཧཱུྃ་ཚོགས་བདག་ཆེན་པོ་བརྟན་དང་གཡོ་བའི་བདག །རྣལ་འབྱོར་དབུལ་བ་སེལ་བའི་གཏེར་འཛིན་པ། །ལྷ་མཆོག་ཁྱོད་ལ་མཆོད་ཅིང་གསོལ་ བཏབ་ཚེ། །རྣལ་འབྱོར་བདག་ལ་དངོས་གྲུབ་ཆར་ལྟར་ཕོབ། །ཚེ་དང་དབང་ཕྱུག་བསོད་ ནམས་ཕུན་སུམ་ཚོགས། །དཔལ་དང་སྙན་གྲགས་ཕྱོགས་བཅུར་ཁྱབ་པར་མཛོད། །ལོངས་ སྤྱོད་ཟང་ཟིང་དགོས་འདོད་ཐམས་ཅད་དང༌། །ཕྱུག་དང་ལོ་ཏོག་འཁོར་འབང་འཕེལ་བར་ མཛོད། །འགྲོ་བ་མ་ལུས་དབང་དུ་བསྡུས་ནས་ཀྱང༌། །དམ་ཆོས་བསྟན་པའི་སྣོད་དུ་གྱུར་པར་ མཛོད། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པ་དང༌། །མཆོག་དང་ཐུན་མོངས་དངོས་ གྲུབ་བདག་ལ་སྩོལ། །ཅེས་སོ། ། གསུམ་པ་གཟོད་པར་གསོལ་བ་ནི། ཧཱུྃ་གདུལ་དཀའ་འདུལ་མཛད་རྡོ་རྗེ་ནག་པོ་ཆེ། །གར་དགུའི་ཉམས་ལྡན་རྫུ་འཕྲུལ་བསམ་མི་ཁྱབ། །ཡེ་ཤེས་ལྔ་ལྡན་དཔའ་བོ་ཆེན་པོའི་ སྐུ། །ཆོས་སྐྱོང་དམ་ཅན་འཁོར་བཅས་དགོངས་སུ་གསོལ། །བདག་ཅག་རྣལ་འབྱོར་འདིར་ འདུས་འཁོར་བཅས་རྣམས། །ལས་དང་ཉོན་མོངས་མ་རིག་དབང་གི་ནི། །སྡོམ་པ་གསུམ་ དང་འགལ་བར་གྱུར་པ་རྣམས། །ཡེ་ཤེས་ལྷ་ཚོགས་སྤྱན་སྔར་མཐོལ་ལོར་བཤགས། །གསང་ སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །རྩ་བ་ཡན་ལག་རྒྱུན་གྱི་དམ་ཚིག་ལས། །ཉམས་ ཆགས་ལ་སོགས་ལྟུང་བ་ཅི་མཆིས་པ། །ནག་པོ་འཁོར་བཅས་སྐུ་ལ་བཟོད་པར་གསོལ། །དམ་ཚིག་མི་ལྡན་དམ་ཚིག་མ་དག་པ། །སྣོད་མིན་ཆོས་བཤད་གསང་བ་སྒྲོགས་པ་དང༌། །ཚོགས་འདྲེས་སྤྱོད་ལམ་ཅིག་ཏུ་གྱུར་པ་རྣམས། །ནག་པོ་འཁོར་བཅས་སྐུ་ལ་བཟོད་པར་ 1-1-584 གསོལ། །དམ་རྫས་མ་ཚང་གསང་སྔགས་བཅའ་སྦྱོར་ནོར། །རྒྱུ་ཆུང་ཕུད་ཉམས་སེར་སྣ་ལྷག་ མ་འདྲེས། །དམ་བཅས་མ་བསྙིལ་བསྙེན་བསྒྲུབ་གཡེལ་ལ་སོགས། །ནག་པོ་འཁོར་བཅས་ སྐུ་ལ་བཟོད་པར་གསོལ། །ཐུགས་དམ་དུས་ལ་མ་བསྐང་མཆོད་གཏོར་འགྱང༌། །ཚུལ་དང་ མི་མཐུན་ནོངས་པ་ཅི་མཆིས་པ། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ནས། །བཟོད་པར་བཞེས་ནས་དངོས་གྲུབ་བདག་ལ་སྩོལ། །ཅེས་སོ། ། གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས་ཏེ། མདོས་རྟེན་དུ་འཆང་བ་དང༌། བསྐྱལ་བའི་ལུགས་ གཉིས་སོ། །དང་པོ་ནི། ཆོ་ག་འདི་བཞིན་བྱས་ནས་རྗེས་མཆོད་རང་རང་གི་ལུགས་ལྟར་དང༌། བསྔོ་བ་སྨོན་ལམ་བཏབ། ཡེ་ཤེས་པ་གཤེགས། དམ་ཚིགས་པ་རང་ལ་བསྡུས་ཏེ་བདག་ བསྲུང་དང་རྫོགས་རིམ་ལ་གནས་པར་བྱའོ། ། གཉིས་པ་བསྐྱལ་བ་ནི། གཟའ་སྐར་འགྲུབ་སྦྱོར་འབབ་པའི་ཚེ། ཁང་ཐོག་གམ་རི་རྩེ་ལ་ མདོས་བསྐྱལ་བ་ལ་གསུམ་སྟེ། གསེར་སྐྱེམས་ཀྱི་མདོས་ལམ་ཕྱེ་བ་དང༌། །བསྟབས་པ་དང་ བཀྲ་ཤིས་བྱ་བའོ། ། དང་པོ་གསེར་སྐྱེམས་ཀྱི་མདོས་ལམ་ཕྱེ་བ་ནི། ཧཱུྃ་དཔལ་ལྡན་མ་ཧཱ་ཀཱ་ལ་དགོངས་སུ་ གསོལ། །མདོས་ཆེན་བསྐྱལ་བའི་ཡུལ་ཕྱོགས་ས་ཀུན་ཏུ། །གནས་པའི་འབྱུང་པོ་ལྷ་དབང་ མཐུ་བོ་ཆེ། །དྲི་ཟ་གཤིན་རྗེ་ཆུ་བདག་གནོད་སྦྱིན་དང༌། །རླུང་ལྷ་སྲིན་པོ་མེ་ལྷ་དབང་ལྡན་ལ། །གསེར་སྐྱེམས་བཞེས་ལ་མདོས་ལམ་བདེ་བར་ཕྱེས། །ཆང་ཟོར་འཕེན་པའི་ཕྱོགས་ཀྱིས་ ཉེ་བ་ན། །རི་གཉན་ཆུ་མིག་རྒྱ་མཚོ་ཤིང་ལ་གནས། །ལྷ་ཀླུ་གཞི་བདག་ཐམས་ཅད་སྐུ་ཟུར་ ཅིག །དགྲ་བགེགས་མ་གཏོགས་འགྲོ་བ་སེམས་ཅན་རྣམས། །རང་རང་བདེ་བའི་གནས་ སུ་ཕ་རོལ་དེང༌། །ལྷ་ཀླུ་ཐམས་ཅད་མ་འཇིགས་ཀོ་ལོང་སྡོམ། །ནམ་མཁའ་མཐོ་བར་གནས་ པའི་ཞབས་བཟློག་ཅིག །དམའ་བར་གནས་པ་ཀུན་ཀྱང་དབུ་ཁུག་ཅིག །ཐད་གར་གནས་ 1-1-585 པ་ཐམས་ཅད་སྐུ་བསྐྱོད་ཅིག །ཉོན་མོངས་རྣམ་རྟོག་བདུད་དཔུང་བསྒྲལ་བའི་ཕྱིར། །ཛ་གད་ ཕུད་ཀྱི་ཟོར་ཆེན་དགྲ་ལ་འཕང༌། །མ་རུང་གདུག་པའི་ཉོན་བདུད་སྒྲོལ་བར་མཛོད། །ཅེས་ ནམ་མཁའི་ཛ་གད་འཕང་ལ་ལྷ་ཀླུས་ལམ་ཕྱེ་བར་བསམ་མོ། ། གཉིས་པ་སྤྱི་བསྟབས་རྫོང་འདེབས་ནི། ཧཱུྃ་གདུག་པ་ཀུན་སྒྲོལ་རྡོ་རྗེ་ནག་པོ་ཆེ། །སྟེང་ ནས་སྤྲུལ་བའི་ཕོ་ཉ་ཁྱུང་གི་ཚོགས། །མཐུན་པའི་དམ་རྫས་མདོས་ཆེན་འདི་བཞེས་ལ། །སྟེང་ ཕྱོགས་དྲེགས་པའི་གདུལ་པ་བཟློག་ཏུ་གསོལ། །གཡས་ནས་སྤྲུལ་པའི་ཕོ་ཉ་བྱ་ནག་ཚོགས། །ཐོགས་མེད་མཁའ་ལ་ལྡིང་ཞིང་དགྲ་ལ་རྒྱུག །དགྱེས་པའི་དམ་རྫས་མདོས་ཆེན་འདི་བཞེས་ ལ། །ལྷོ་ཕྱོགས་གཤིན་རྗེའི་གནོད་པ་དགྲ་ལ་བཟློག །གཡོན་ན་ཡེ་ཤེས་སྤྲུལ་བའི་ཁྱི་ནག་ ཚོགས། །དོམ་ནག་འཁྲོས་པའི་སྐད་འབྱིན་ལྷ་སྲིན་འདར། །བཀའ་ཡི་དམ་རྫས་མདོས་ཆེན་ འདི་བཞེས་ལ། །བྱང་ཕྱོགས་གནོད་སྦྱིན་གདུག་པ་དགྲ་ལ་བཟློག །མདུན་ནས་ཡེ་ཤེས་ སྤྲུལ་པའི་ཕོ་ཉ་ནི། །མི་ནག་གཅེར་བུ་གྱིང་ཆེན་འོ་དོད་འབོད། །མཉེས་པའི་དམ་རྫས་མདོས་ ཆེན་འདི་བཞེས་ལ། །ཤར་ཕྱོགས་དྲི་ཟའི་གནོད་པ་དགྲ་ལ་བཟློག །རྒྱབ་ནས་སྤྲུལ་བའི་ཕོ་ཉ་ འཕྲོ་བ་ནི། །ལྕེ་སྤྱང་མང་པོ་མཆེ་གཙིགས་མདུར་ཞིང་རྒྱུག །ཡིད་འཕྲོག་མཛེས་པའི་མདོས་ ཆེན་འདི་བཞེས་ལ། །ནུབ་ཕྱོགས་ཀླུ་ཡི་གདུག་པ་དགྲ་ལ་བཟློག །འོག་ནས་སྤྲུལ་བའི་ཕོ་ཉ་ འགྱེད་པ་ནི། །སྟག་སེང་མང་པོ་འགྱིང་ཞིང་དགྲ་ལ་རྒྱུག །རབ་བརྗིད་དམ་རྫས་མདོས་ཆེན་ འདི་བཞེས་ལ། །འོག་ཕྱོགས་ས་བདག་གདུག་པ་དགྲ་ལ་བཟློག །མདོས་ཆེན་རྒྱལ་ཆེན་བཞི་ ཡི་མཁའ་ལ་བསྐྱོད། །བདུད་བཞི་འབུད་པའི་ཟུར་མདུང་ཤིག་སེ་ཤིག །དགའ་བ་བཞི་ཡི་ བ་དན་ལྷབས་སེ་ལྷབས། །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་བཅས་མཆོད། །ཕྲིན་ལས་བཞི་ཡི་ ཁ་ཤིང་ཁྲ་ལ་ལ། །བྱང་ཕྱོགས་སོ་བདུན་རྒྱང་བུ་པུངས་སེ་པུངས། །ནམ་མཁའི་སྐུ་རྟེན་སྣ་ལྔ་ ཀྱི་ལི་ལི། །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་བཅས་མཆོད། །དགུ་འབྲེལ་དཔལ་བེའུ་རེ་མིག་ 1-1-586 སངས་སེ་སངས། །ཆོས་ཀྱི་འཁོར་ལོ་རྩི་བརྒྱད་ལྷམས་སེ་ལྷམས། །རྡོ་རྗེ་རྩེ་ལྔ་འོད་འབར་ ཁྱུགས་སེ་ཁྱུགས། །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་བཅས་མཆོད། །ཡིད་འཕྲོག་དྲི་མཆོག་ སྣ་ཚོགས་ཁྲ་ལ་ལ། །དར་ཟབ་བལ་ཚོན་སྟག་རས་པུ་རུ་རུ། །འདོད་ཡོན་གཟུགས་འགྲོ་སྣ་ ཚོགས་མེ་རེ་རེ། །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་བཅས་མཆོད། །ཆོས་སྐྱོང་གུར་གྱི་མགོན་པོ་ འཁོར་བཅས་ལ། །དགྱེས་པའི་དམ་རྫས་བསྐང་མདོས་འདི་བཞེས་ལ། །རྣལ་འབྱོར་བདག་ ཅག་དཔོན་སློབ་འཁོར་བཅས་ཀྱིས། །ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཚེ་དང་ ཡེ་ཤེས་བསོད་ནམས་དཔལ་དང་གྲགས། །ས་ལམ་ཡོན་ཏན་ལོངས་སྤྱོད་རྒྱས་པར་མཛོད། །མི་དང་མི་མིན་སྐྱེ་དགུའི་སེམས་ཅན་རྣམས། །ལས་རླུང་ཉི་ཁྲི་ཆིག་སྟོང་དབང་དུ་བསྡུས། །བསྒྲལ་བའི་ཞིང་གྱུར་བསྟན་པའི་དགྲ་བོ་དང༌། །ལས་སྒྲིབ་ཉོན་མོངས་བདུད་དཔུང་སྒྲོལ་ བར་མཛོད། །ཡེ་ཤེས་སྤྱན་ལྡན་རྡོ་རྗེ་ནག་པོ་ཆེ། །བདག་ལ་ཐུགས་རྗེ་ཆེན་པོས་བྱ་ར་མཛོད། །མཁྱེན་པའི་ཐུགས་ལྡན་རྡོ་རྗེ་ནག་པོ་ཆེ། །བདག་ཅག་བརྩེ་བ་ཆེན་པོས་བཟུང་དུ་གསོལ། །རྫུ་འཕྲུལ་སྟོབས་ལྡན་རྡོ་རྗེ་ནག་པོ་ཆེ། །བདག་གིས་བསམ་པ་ཆོས་བཞིན་བསྒྲུབ་དུ་གསོལ། ཅེས་བརྗོད་ལ་མདོས་རོལ་མོ་དང་བཅས་པས་རི་རྩེ་ལ་བསྐྱལ་ལོ། ། གཉིས་པ་མདོས་བསྐྱལ་བ་རྣམས་ནང་དུ་འོང་བ་དང༌། དགེ་འདུན་རྣམས་ལངས་ཏེ། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །སོགས་བཀྲ་ཤིས་བྱའོ། །དེ་ནས་རྗེས་ཆོག་ ཀྱང་གོང་ལྟར་དུ་ཤེས་པར་བྱའོ། །དེ་ལྟར་བྱས་པ་ལ་གནས་སྐབས་སུ་ནད་དང་སྡུག་བསྔལ་ ཐམས་ཅད་འཇོམས་ཤིང༌། ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱ་ཆེར་འཕེལ་ཏེ། ཆོས་སྐྱོང་ འཁོར་ཞིང་ཉམས་ཆགས་དག་པར་འགྱུར་རོ། །མཐར་ཐུག་དུ་ཚོགས་རྫོགས་ཤིང་བསྟན་ འཛིན་ཀྱི་རིགས་སུ་སྐྱེ་བར་འགྱུར་རོ། །དཔལ་ལྡན་ལྷ་མགོན་བཅུ་གཉིས་ཀྱི། །བསྐང་མདོས་ འཇིགས་པ་ཀུན་སེལ་གྱི། །ཆོ་ག་ཕྱོགས་གཅིག་བསྡུས་པ་འདི། །སངས་རྒྱས་རིན་ཆེན་བསྐུལ་ 1-1-587 བའི་ངོར། །མང་ཐོས་དགེ་སློང་ལོ་ཙཱ་བ། །རྒྱལ་བའི་ལུང་བསྟན་ཇོ་ནང་དུ། །ཆུ་ཕོ་[སྟག་གི་ {རྟ་ཡི} ལོ་ཆེན་གྱི། །ཟླ་བ་བདུན་པའི་ཚེས་བཅུར་བཀོད། །ཆོས་སྐྱོང་འཁོར་བཅས་མཉེས་ ནས་ཀྱང༌། །སངས་རྒྱས་བསྟན་པ་བསྲུང་བར་ཤོག ། དཔལ་ལྡན་རྡོ་རྗེ་ནག་པོ་ཆེན་པོ་འཁོར་ལྷ་མགོན་བཅུ་གཉིས་སུ་གྲགས་པའི་སྒོ་ནས། །བསྐང་མདོས་འཇིགས་པ་ཀུན་སེལ་ཞེས་བྱ་བའི་ཆོ་ག་འདི། །ནག་པོ་ཆེན་པོ་འཁོར་བཅས་ ཀྱི་ལྟས་ཁྱད་པར་ཅན་བྱུང་ཞིང་ཞལ་གཟིགས་པའི་དུས་སུ་དགེ་སློང་ལོ་ཙཱ་བ་བློ་གྲོས་དཔལ་ བཟང་པོས་གཟིམས་ཁང་བདེ་བ་ཅན་དུ་སྦྱར་བའི་བསྐུལ་བ་པོ་ནི་ཡང་དག་ཡོངས་ཀྱིས་དགེ་ བའི་བཤེས་གཉེན་དོན་ཡོད་ཞགས་པ་སངས་རྒྱས་རིན་ཆེན་ནོ། །ཡིག་གེ་པ་ནི་སྟོན་པ་བརྩོན་ འགྲུས་སེང་གེའོ། །བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་ཐོག་པར་གྱུར་ཅིག །མངྒ་ ལཾ། ། མ་ཡིག་འབྲས་དཔེ་རྙིང་ཕྱི་མ་ཨང་ཡིག་མི་གསལ་བ་གཅིག་དང༌། འཛམ་ཐང་དབུ་མེད་བྲིས་མ་དཔེ་རྙིང་གཉིས་བསྡུར་བ་ ཡིན། 1-1-588 ༄༅། །ཆོས་རྗེ་ཐམས་ཅད་མཁྱེན་པའི་བསྟོད་པ་ཉིད་ཀྱི་རྒྱལ་ཚབ་ དམ་པར་གྱུར་པ་ཇོ་ནང་ལོ་ཙྪ་བས་མཛད་པ་ བཞུགས་སོ། ། ༄༅། །རྒྱལ་བའི་རིགས་ལྡན་སྤྲུལ་པའི་སྐུ་ཆེན་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འགྲོ་ བའི་མགོན་པོ། །དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་པད་མོ་དྲི་མ་ མེད་པ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཐུགས་བརྩེ་བ་ཆེན་པོས་ དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། གང་གི་མཁྱེན་བརྩེ་ནུས་པ་རྨད་བྱུང་བས། ། གཞི་ལམ་འབྲས་བུའི་གནས་ལུགས་ཐུགས་ཆུད་དེ། ། ཇི་བཞིན་འགྲོ་ལ་གསལ་བར་སྟོན་མཛད་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། སྦྱང་གཞི་བདེ་གཤེགས་སྙིང་པོ་ཆོས་ཀྱི་དབྱིངས། ། འོད་གསལ་འདུས་མ་བྱས་ཤིང་རྟག་པའི་སྐུ། ། ལུས་ཅན་ཀུན་ལ་བཞུགས་པའི་དོན་དམ་དུ། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། སྦྱང་བྱ་གློ་བུར་དྲི་མ་ཤུན་པའི་ཚོགས། ། 1-1-589 ཐོག་མེད་ལས་དང་ཉོན་མོངས་ལས་ལས་བྱུང༌། ། འཁྲུལ་སྣང་རྟེན་འབྲེལ་ཀུན་རྫོབ་ཟག་བཅས་སུ། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། སྦྱོང་བྱེད་ཟབ་ལམ་མི་རྟོག་ཏིང་འཛིན་གྱིས། ། སྤང་བྱ་རྣམ་རྟོག་དྲི་མ་ལེགས་སྦྱངས་ནས། ། ཐོབ་བྱའི་དོན་དམ་འོད་གསལ་སྟོན་པའི་ཐབས། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། སྦྱངས་འབྲས་ཆོས་སྐུ་བསྐྱེད་པ་མ་ཡིན་པར། ། གདོད་ནས་ལྷུན་གྲུབ་ཡོན་ཏན་ཚད་མེད་པ། ། རྟག་མིན་ཆད་མིན་ཡོད་པའི་དོན་དམ་དུ། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། མི་འགྱུར་མཆོག་གི་བདེ་བ་ཆེན་པོ་དང༌། ། སྟོང་ཉིད་རྣམ་ཀུན་མཆོག་ལྡན་སྣ་ཚོགས་ཡུམ། ། ཟུང་འཇུག་དུས་ཀྱི་འཁོར་ལོའི་ངོ་བོ་ཉིད། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། ཧེ་ཡིག་དམིགས་མེད་སྙིང་རྗེ་ཆེན་པོ་དང༌། ། བཛྲ་ཤེས་རབ་སྟོང་ཉིད་ཟབ་མོའི་དོན། ། ཟུང་འཇུག་ཀྱེ་ཡི་རྡོ་རྗེའི་ངོ་བོ་ཉིད། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། རྒྱལ་བ་ཀུན་གྱི་ཟག་མེད་བདེ་ཆེན་དང༌། ། 1-1-590 སྒྱུ་མ་ལྟ་བུའི་སྟོང་ཉིད་ཟབ་མོའི་དོན། ། ཟུང་འཇུག་བདེ་མཆོག་འཁོར་ལོའི་ངོ་བོ་ཉིད། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། ཚད་མེད་བཞི་ཡི་བང་རིམ་མཛེས་པར་བརྒྱན། ། རྣམ་ཐར་བཞི་ཡི་དོན་རྣམས་མངོན་སུམ་གཟིགས། ། བསྡུ་བ་བཞི་ཡིས་གཞན་དོན་ཁོ་ན་མཛད། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། སྔོན་བསགས་དགེ་བས་དམ་པའི་རིགས་སུ་འཁྲུངས། ། སྐུ་གསུང་ཐུགས་ལ་ཉེས་པའི་སྐྱོན་མ་གོས། ། སྒོ་གསུམ་བྱ་བ་གཞན་དོན་ཁོ་ན་སྦྱོར། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། ཐར་བའི་ལམ་མཆོག་སྟོན་མཛད་ཆོས་ཀྱི་རྗེ། ། སྐྱབས་ཀྱི་དམ་པ་ཀུན་མཁྱེན་གཉིས་པ་བྱོན། ། བདག་དང་མཁའ་མཉམ་འགྲོ་བ་མང་པོའི་དོན། ། ལྷུན་གྲུབ་རྒྱུན་མི་འཆད་པར་མཛད་དུ་གསོལ། ། དེ་འདྲའི་དཔལ་ལྡན་བླ་མ་ཆོས་ཀྱི་རྗེ། ། དྲང་དང་ངེས་པའི་ཚིག་རྣམས་འབྱེད་མཁས་པ། ། བདག་དང་མཁའ་མཉམ་འགྲོ་བ་མང་པོའི་དོན། ། ལྷུན་གྲུབ་རྒྱུན་མི་འཆད་པར་མཛད་དུ་གསོལ། ། ཀུན་གཟིགས་བདེན་པ་གསུང་བ་ཆོས་ཀྱི་རྗེ། ། 1-1-591 ཤིན་ཏུ་གཅེས་པའི་གསུང་གི་མཛོད་འཛིན་པ། ། བདག་དང་མཁའ་མཉམ་འགྲོ་བ་མང་བོའི་དོན། ། ལྷུན་གྲུབ་རྒྱུན་མི་འཆད་པར་མཛད་དུ་གསོལ། ། བརྩེ་ལྡན་བཀའ་དྲིན་མྱུར་བ་ཆོས་ཀྱི་རྗེ། ། དུས་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་པ། ། བདག་དང་མཁའ་མཉམ་འགྲོ་བ་མང་པོའི་དོན། ། ལྷུན་གྲུབ་རྒྱུན་མི་འཆད་པར་མཛད་དུ་གསོལ། ། སྐྱེ་དང་སྐྱེ་བར་ཐེག་ཆེན་ཆོས་སྤྱོད་ཅིང༌། ། རྒྱལ་དང་རྒྱལ་བའི་སྲས་ཀྱིས་རྗེས་བཟུང་ནས། ། བདག་དང་མཁའ་མཉམ་འགྲོ་བ་མང་པོའི་དོན། ། ལྷུན་གྲུབ་རྒྱུན་མི་འཆད་པར་མཛད་དུ་གསོལ། ། དཔལ་ལྡན་བླ་མ་རྒྱལ་བའི་སྐུ་གསུང་ཐུགས། ། ཡེ་ཤེས་རྡོ་རྗེའི་བྱིན་རླབས་རྨད་བྱུང་བ། ། ད་ལྟ་ཉིད་དུ་བདག་ལ་འཕོས་གྱུར་ན། ། ཆོས་རྗེ་བླ་མ་ལྟ་བུར་བྱིན་གྱིས་རློབས། ། བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། ། མཚུངས་མེད་མགོན་པོ་ཁྱོད་ཀྱི་ཞབས་དྲུང་དུ། ། སྐྱེ་ཞིང་ཐེག་མཆོག་ཟབ་མོའི་ཆོས་ལ་ཡང༌། ། འབྲལ་བ་མེད་པར་ཆོས་ལ་སྤྱོད་པར་ཤོག ། བདག་ནི་འདི་ནས་འཆི་བར་གྱུར་མ་ཐག ། 1-1-592 མགོན་པོ་ཁྱོད་ནི་ཞིང་ཁམས་རྣམ་དག་ཏུ། ། བཞུགས་པའི་ཞིང་དེར་བདག་ཀྱང་སྐྱེ་བ་དང༌། ། གསུང་གི་བདུད་རྩི་རྟག་ཏུ་སྤྱོད་པར་ཤོག ། ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག ། ལས་ཀྱི་དབང་གིས་ངན་འགྲོ་མྱོང་གྱུར་ན། ། དམ་པ་ཁྱོད་ཀྱིས་ཐུགས་རྗེའི་ལྕགས་ཀྱུ་ཡིས། ། བདེ་ཆེན་ཐར་པའི་གནས་སུ་དྲང་དུ་གསོལ། ། བླ་མ་དཀོན་མཆོག་ཕྱག་འོས་ཐམས་ཅད་ལ། ། ཕྱག་འཚལ་མཆོད་ཅིང་བསྟོད་དེ་སྐྱབས་སུ་མཆི། ། སྡིག་པ་བགྱིས་རྣམས་འགྱོད་པས་སོ་སོར་བཤགས། ། དགེ་བ་ཀུན་ལ་དགའ་བས་རྗེས་ཡི་རང༌། ། ཆོས་རྗེ་རྣམས་ཀྱིས་ཆོས་འཁོར་བསྐོར་དུ་གསོལ། ། མྱ་ངན་མི་འདའ་ཡུན་རིང་བཞུགས་གསོལ་འདེབས། ། ཆོས་རྗེ་བླ་མའི་སྤྱན་སྔར་སེམས་བསྐྱེད་བགྱི། ། དགེ་བ་གང་བསགས་བྱང་ཆུབ་ཆེན་པོར་བསྔོ། ། དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། ། སྡུག་བསྔལ་ཀུན་འབྱུང་མ་ལུས་རབ་སྐེམས་ཤིང༌། ། འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས་བསྒྲལ་ཏེ། ། ཀུན་མཁྱེན་རྒྱལ་བའི་སྐུ་གཉིས་མྱུར་ཐོབ་ཤོག ། ཇོ་ནང་དཔལ་གྱི་རི་ཁྲོད་དུ། ཀུན་མཁྱེན་ཆོས་ཀྱི་རྗེའི་ཞབས་རྡུལ་སྤྱི་བོར་བླངས་ནས་ 1-1-593 གཞན་གྱིས་ཀྱང་བསྐུལ་བའི་ངོར་དགེ་སློང་ལོ་ཙྪ་བས་སྦྱར་བའོ། །མངྒ་ལཾ། ། ༄༅། །ཆོས་རྗེ་ཀུན་མཁྱེན་དོལ་པོ་པའི་བསྟོད་པ་ ཇོ་ནང་ལོ་ཙྪ་བས་མཛད་པ་ བཞུགས་སོ། ། ༄༅། །ༀ་སྭཱ་སྟི། དཔལ་ལྡན་བླ་མ་དམ་པ་རྣམས་དང༌། །དཔལ་དུས་ཀྱི་འཁོར་ལོ་ལ་ ཕྱག་འཚལ་ལོ། ། གང་གི་མཁྱེན་བརྩེ་ངོ་མཚར་རྨད་བྱུང་གིས། ། གཞི་ལམ་འབྲས་བུའི་གནས་ལུགས་ཐུགས་ཆུད་དེ། ། ཇི་བཞིན་གསལ་བར་འགྲོ་ལ་སྟོན་མཛད་པའི། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། སྦྱང་གཞི་བདེ་གཤེགས་སྙིང་པོ་ཆོས་ཀྱི་དབྱིངས། ། འོད་གསལ་འདུས་མ་བྱས་ཤིང་རྟག་པའི་སྐུ། ། ལུས་ཅན་ཀུན་ལ་བཞུགས་པའི་དོན་དམ་དུ། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། སྦྱང་བྱ་གློ་བུར་དྲི་མ་ཤུན་པའི་ཚོགས། ། ཐོག་མེད་ལས་དང་ཉོན་མོངས་ལས་ལས་བྱུང༌། ། འཁྲུལ་སྣང་རྟེན་འབྲེལ་ཀུན་རྫོབ་ཟག་བཅས་སུ། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། སྦྱོང་བྱེད་ཟབ་ལམ་མི་རྟོག་ཏིང་འཛིན་གྱིས། ། 1-1-594 སྤང་བྱ་གློ་བུར་དྲི་མ་ལེགས་སྦྱངས་ནས། ། ཐོབ་བྱ་དོན་དམ་འོད་གསལ་སྟོན་པའི་ཐབས། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། སྦྱངས་འབྲས་ཆོས་སྐུ་བསྐྱེད་པ་མ་ཡིན་པར། ། གདོད་ནས་ལྷུན་གྲུབ་ཡོན་ཏན་ཚད་མེད་པ། ། རྟག་མིན་ཆད་མིན་ཡོད་པའི་དོན་དམ་དུ། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། དེ་འདྲའི་དཔལ་ལྡན་བླ་མ་ཆོས་ཀྱི་རྗེ། ། དྲང་དང་ངེས་དོན་རྣམ་དབྱེ་འབྱེད་མཁས་པས། ། བདག་དང་མཁའ་མཉམ་འགྲོ་བ་མང་པོའི་དོན། ། ལྷུན་གྲུབ་རྒྱུན་མི་འཆད་པར་མཛད་དུ་གསོལ། ། ཀུན་གཟིགས་བདེན་པ་གསུང་བ་ཆོས་ཀྱི་རྗེ། ། ཤིན་ཏུ་གཅེས་པའི་གསུང་གི་མཛོད་འཛིན་པས། ། བདག་དང་མཁའ་མཉམ་འགྲོ་བ་མང་པོའི་དོན། ། ལྷུན་གྲུབ་རྒྱུན་མི་འཆད་པར་མཛད་དུ་གསོལ། ། བརྩེ་ལྡན་བཀའ་དྲིན་མྱུར་བ་ཆོས་ཀྱི་རྗེ། ། དུས་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་པས། ། བདག་དང་མཁའ་མཉམ་འགྲོ་བ་མང་པོའི་དོན། ། ལྷུན་གྲུབ་རྒྱུན་མི་འཆད་པར་མཛད་དུ་གསོལ། ། སྐྱེ་དང་སྐྱེ་བར་ཐེག་ཆེན་ཆོས་སྤྱོད་ཅིང༌། ། 1-1-595 རྒྱལ་དང་རྒྱལ་བའི་སྲས་ཀྱིས་རྗེས་བཟུང་ནས། ། བདག་དང་བདག་འདྲའི་འགྲོ་བ་མཐའ་དག་ལ། ། ཀུན་ནས་ཀུན་ཏུ་ཕན་པ་འགྲུབ་གྱུར་ཅིག ། ཅེས་པ་གསོལ་བ་འདེབས་པ་འདི་ཡང་དག་པའི་ཡོངསཀྱི་དགེ་བའི་བཤེས་གཉེན་དོན་ ཞབས་པས་སངས་རྒྱས་རིན་ཆེན་གྱིས་བསྐུལ་བའི་ངོར། །ལོ་ཙྪཱ་བས་ཇོ་ནང་དཔལ་གྱི་རི་ ཁྲོད་དུ་བཀོད་པའོ།། །།མངྒ་ལཾ།། །། 1-1-596 ༄༅། །ཇོ་ནང་ཐོག་མའི་བླ་མ་རྣམ་གསུམ་གྱི་ འདས་ཚིགས། ༄༅། །ༀ་སྭ་སྟི། བླ་མ་དང་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །ཀུན་ སྤངས་ཆོས་རྗེ་དགུང་ལོ་བདུན་ཅུ་དོན་བཞི། ཆུ་མོ་གླང་གི་ལོ། དཔྱིད་འབྲིང་ཉེར་ལྔའི་ཐོ་ རངས་བདེ་བར་གཤེགས། །རིགས་ལྡན་སྤྲུལ་པའི་རྣམ་འཕྲུལ་བསམ་མི་ཁྱབ། །འཕྲིན་ལས་ རྒྱུན་མི་ཆད་པར་བྱིན་གྱིས་རློབས། །བྱང་སེམས་ཆེན་པོ་དགུང་ལོ་དྲུག་ཅུ་རྩ་བཞི། ལྕགས་ ཕོ་སྤྲེའུའི་ལོ། དཔྱིད་ཟླ་དང་པོའི་ཁྱད་པར་ཚེས་བཅུ་ལ། །ཉི་མ་དྲོས་པའི་དུས་སུ་བདེ་བར་ གཤེགས། །ད་དུང་འབྲལ་བ་མེད་པར་བྱིན་གྱིས་རློབས། །ཡོན་ཏན་རྒྱ་མཚོ་དགུང་ལོ་དྲུག་ ཅུ་རྩ་བརྒྱད། མེ་མོ་ཡོས་ཀྱི་ལོ། སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་སྔ་ཆ་ལ། །རྣམ་དག་ཆོས་ ཀྱི་དབྱིངས་སུ་བདེ་བར་གཤེགས། །གཞན་དོན་ཉམས་པ་མེད་པར་བྱིན་གྱིས་རློབས། །དེ་ ལྟར་ཤེས་ནས་དད་ལྡན་གདུལ་བྱའི་ཚོགས། །ཁྱད་པར་ཅན་གྱི་དུས་མཆོད་ལ་སོགས་ཀྱིས། །དཔལ་ལྡན་བླ་མའི་ཚོགས་རྣམས་མཉེས་བྱེད་ཅིང༌། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་ གྱིས་རློབས། །བླ་མ་མཆོད་པའི་ཡོན་ཏན་བསམ་མི་ཁྱབ། །མདོ་དང་རྒྱུད་སྡེ་རྣམས་ལས་རིག་ པར་བྱ། །ཞེས་པ་འདི་ཡང་ཇོ་ནང་ལོ་ཙཱ་བས་རང་གཞན་ཀུན་ལ་ཕན་ཕྱིར་ཡི་གེར་བཀོད།། །། 1-1-597 ༄༅། །བླ་མ་མཆོད་པའི་ཆོ་ག་མཆོད་པའི་གཏེར་ བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། གུ་རུ་པཱུ་ཛོ་བ་ཡི་ཀ་པཱུ་ཛཱ་ནཱི་དྷཱ་ན་མ། བོད་སྐད་དུ། བླ་མ་མཆོད་ པའི་ཆོ་ག་མཆོད་པའི་གཏེར་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཆོད་འོས་ཀུན་གྱི་མཆོག་གྱུར་པ། །བླ་མའི་ཞབས་པད་ལ་བཏུད་དེ། །དེ་ཉིད་མཆོད་པར་ བྱེད་པའི་ཐབས། །ཤིན་ཏུ་མོས་པ་ཆེན་པོས་བརྩམ། དེ་ཡང་སྒྱུ་འཕྲུལ་དྲ་བ་ལས། ཤིན་ཏུ་ ཁྱད་པར་གྱུར་པ་ཉིད། །རྟག་པར་བླ་མ་ལ་ཡང་དབུལ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །ཞེས་དང༌། སྡོམ་པ་འབྱུང་བར། མཆོད་པ་ཐམས་ཅད་ཡོངས་ སྤངས་ནས། བླ་མའི་མཆོད་པ་ཡང་དག་བརྩམ། དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་ མཆོག་ནི་ཐོབ་པར་འགྱུར། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་པ་ཐོས་ཤིང༌། ཚེ་འདི་ ཉིད་ལ་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་དག་གིས། བླ་མ་མཆོད་ཅིང་ མཉེས་པར་བྱེད་པ་ལ། བརྩོན་པར་བྱ་དགོས་པས། དེའི་ཚུལ་ནི། རང་ཐུན་མཚམས་ཀྱི་ལྷའི་ ང་རྒྱལ་གྱིས་བགེགས་བསལ་བ་ནི། ལྷ་དང་ལྷ་མིན་གསང་བ་པ། །ལུས་སྲུལ་ལ་སོགས་གང་ ཅིའང་རུང༌། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ ནི་དཔལ་ལྡན་རྡོ་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་སྐུ་ ཡིས་ནི། །ལུས་གསུམ་ལས་སྐྱེས་བཀས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། རྣམ་ པར་བརླག་འགྱུར་གཞན་དུ་མིན། །ༀ་ཨཱཿ ཧཱུྂ་ཧྲཿ ཕཊ། ཅེས་ལན་གསུམ་བྱེད་དོ། །ཞེས་བཀའ་ 1-1-598 བསྒོས་ལ། དྲག་པོའི་སྔགས་ཀྱིས་བསྐྲད་ནས། སྣ་ཚོགས་འོད་ཀྱི་འཕྲོ་འདུ་ལས། །ཕྱོགས་ ཀུན་རྡོ་རྗེ་འབར་བའི་གུར། །ཕྱི་རོལ་ཡེ་ཤེས་མེ་དཔུང་འབར། །རབ་བརྟན་བསྲུང་བའི་ འཁོར་ལོར་གྱུར། །ༀ་བཛྲ་ཙཀྲ་རཀྵ་བྷྲུཾ་ཧཱུཾ། ཞེས་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ བསྲུང་འཁོར་བསྒོམས་ལ། དེའི་དབུས་སུ་ཕོ་བྲང་གདན་བཞི་རྩེགས་དང་བཅས་པ་བསྐྱེད་ ལ། སྤྱན་དྲངས་པ་ནི། སྐྱེས་མཆོག་སྒྲིབ་མེད་ཡེ་ཤེས་སྤྱན་ཅན་རྣམས། །ཆོས་ཀྱི་སྐུ་ལ་ གཤེགས་བཞུགས་མི་མངའ་ཡང༌། །གཟུགས་སྐུ་བརྩེ་བ་ཆེན་པོའི་རྣལ་འཕྲུལ་གྱིས། །དད་ ལྡན་མཆོད་པའི་ཞིང་དུ་གཤེགས་སུ་གསོལ། །རཏྣ་གུ་རུ་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿ ཞེས་ བརྗོད་པས་བླ་མ་འཁོར་བཅས་སངས་རྒྱས་དང་བྱང་སེམས་ལྷ་ཚོགས་དཔག་ཏུ་མེད་པས་ བསྐོར་བ་བྱོན་པར་བསམ་ལ། མགོན་པོ་འགྲོ་བའི་དོན་ལ་བྱོན་པ་ལེགས། །བདག་གི་མཆོད་ ཡོན་འདི་ཉིད་བཞེས་ནས་ཀྱང༌། །ཇི་སྲིད་མཆོད་པའི་བྱ་བ་མ་རྫོགས་པར། །ཡིད་འོང་གདན་ ལ་བདེ་བར་བཞུགས་སུ་གསོལ། །ༀ་པྲ་ཝ་ར་སད་ཀ་ར་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱཧཱ། ཅེས་མཆོད་ ཡོན་ཕུལ་ལ། ༀ་པདྨ་ཨ་ས་ན་སྟྭཾ། ཞེས་པས་གདན་ལ་བཞུགས་པར་བསམས་ལ། ཡོན་ཏན་ ཀུན་གྱི་གཏེར་གྱུར་པས། །གང་གི་མཚན་ཙམ་དྲན་པས་ཀྱང༌། །བདག་བློའི་རྒུད་པ་ཞི་མཛད་ པའི། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །དྲི་མེད་ཡོན་ཏན་རབ་རྒྱས་པས། །འགྲོ་ཀུན་གཙུག་ གི་རྒྱན་གྱུར་པ། །དགོས་འདོད་འབྱུང་པའི་རིན་པོ་ཆེ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བླང་དོར་རྟོགས་པའི་སྣང་བ་ཡིས། །འགྲོ་ཀུན་མི་ཤེས་མུན་སེལ་བ། །དྲི་མེད་ཉི་མའི་དཀྱིལ་ འཁོར་མཆོག །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་བསིལ་ཟེར་གྱིས། །ཕན་བདེའི་ཚལ་རབ་རྒྱས་མཛད་པ། །རྣམ་དག་ཟླ་བའི་དཀྱིལ་འཁོར་མཆོག །བླ་མའི་ ཞབས་ལ་ཕྱག་འཚལ་ལོ། །དམ་ཆོས་བདུད་རྩིའི་སྨན་མཆོག་གིས། །ཉོན་མོངས་སྡུག་བསྔལ་ ནད་སེལ་བ། །ཐབས་མཁས་འགྲོ་བའི་སྨན་པ་མཆོག། བླ་མའི་ཞབས་ལ་ཕྱག་འཚལ་ལོ། 1-1-599 །ཐབས་དང་ཤེས་རབ་གྲུ་ཆེན་གྱིས། །སྲིད་ཞིའི་རྒྱ་མཚོའི་མཐར་སྒྲོལ་བ། །སྟོབས་ལྡན་འགྲོ་ བའི་དེད་དཔོན་མཆོག །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གནོད་པ་ཀུན་ལས་སྐྱོབ་བྱེད་ ཅིང༌། །ཕན་པ་དཔག་མེད་སྒྲུབ་མཛད་པ། །བྱམས་མགོན་འགྲོ་བའི་གཉེན་གཅིག་པོ། །བླ་ མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་འཚལ་ལ། མཆོད་རྫས་རྣམས་དྭངས་ཤིང་རྒྱ་ ཆེ་པོར་བྱིན་གྱིས་བརླབས་ལ། མདོག་བཟང་དབྱིབས་ལེགས་ཚིམ་པའི་དྲི་བསུང་ཅན། །མན་ དྷ་ར་དང་ཨུད་པལ་ཀུ་མུད་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མེ་ཏོག་ཀུན། །སྐྱབས་ མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ༀ་རཏྣ་གུ་རུ་ས་པ་རི་ཝ་ར། བཛྲ་པུཥྤེ་པཱུ་ཛ་མེ་ ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྒྱུ་བཟང་བསྣམས་ན་ཞིམ་པའི་དྲི་ངད་ཅན། །ཨ་ཀ་རུ་དང་ ཙན་དན་སྤྲུལ་སྙིང་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་བདུག་སྤོས་ཀུན། །སྐྱབས་ མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ༀ་རཏྣ་གུ་རུ་ས་པ་རི་ཝ་ར། བཛྲ་དྷུ་པེ་པཱུ་ཛ་མེ་ ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མུན་སེལ་དངོས་ཀུན་གསལ་བའི་གཟི་བརྗིད་ཅན། །སྒྲོན་མེ་ ཉི་ཟླ་ལུས་ཀྱི་འོད་ལ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་སྣང་གསལ་ཀུན། །སྐྱབས་ མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ༀ་རཏྣ་གུ་རུ་ས་པ་རི་ཝ་ར། བཛྲ་ཨ་ལོ་ཀེ་པཱུ་ ཛ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དྲི་ཞིམ་བྱུགས་ན་བདེ་བའི་རེག་མཆོག་ཅན། །ག་པུར་ གླ་རྩི་སྣ་མའི་དྲི་ལ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་དྲི་མཆོག་ཀུན། །སྐྱབས་ མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ༀ་རཏྣ་གུ་རུ་ས་པ་རི་ཝ་ར། བཛྲ་གན་དྷེ་པཱུ་ཛ་ མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མདོག་བཟང་མྱངས་ན་བདེ་བའི་རོ་བཅུད་ཅན། །འབྲས་ ཆན་ཀ་ར་རྒྱ་སྟར་ཁུ་བ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་ཞལ་ཟས་ཀུན། །སྐྱབས་ མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ༀ་རཏྣ་གུ་རུ་ས་པ་རི་ཝ་ར། བཛྲ་ནེ་ཝེ་ཏྱ་པཱུ་ཛ་ མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དོན་ཟབ་ཐོས་ན་སྙན་པའི་སྒྲ་དབྱངས་ཅན། །རྔ་ཆེན་དུང་ 1-1-600 དཀར་ཕེག་དང་རྒྱུད་མང་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་སིལ་སྙན་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ༀ་རཏྣ་གུ་རུ་ས་པ་རི་ཝ་ར། བཛྲ་ཤཔྟ་ པཱུ་ཛ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཉེས་པའི་སྐྱོན་ཀུན་རབ་སྤངས་ཤིང༌། །ལེགས་པའི་ ཡོན་ཏན་ཀུན་ལྡན་པས། །ཕན་བདེའི་དཔལ་འབྱོར་ཀུན་འབྱུང་བའི། །དཔལ་ལྡན་བླ་མ་ ཁྱེད་ལ་བསྟོད། །གདུལ་བྱ་སྨིན་ཅིང་གྲོལ་བའི་ཕྱིར། །དུས་གསུམ་སངས་རྒྱས་ཐམས་ཅད་ ཉིད། །འདྲེན་པའི་ཚུལ་དུ་རྣམ་སྤྲུལ་བའི། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །ཁྱེད་སྐུ་ཤ་ ཁྲག་རྡུལ་བྲལ་ཡང༌། ཡེ་ཤེས་གཟུགས་སུ་སྣང་བའི་སྐུ། །དད་པའི་མིག་རྐྱེན་མཆོག་གྱུར་པ། །སྐུ་ཡི་དབང་ཕྱུག་ཁྱེད་ལ་འདུད། །བརྗོད་འདོད་རྩོལ་བ་མི་མངའ་ཡང༌། ཡན་ལག་དྲུག་ཅུའི་ གསུང་དབྱངས་ཀྱིས། །ཟབ་ཅིང་རྒྱ་ཆེའི་དོན་སྟོན་པ། །གསུང་གི་དབང་ཕྱུག་ཁྱེད་ལ་འདུད། །ཤེས་དང་ཤེས་བྱའི་སྤྲོས་བྲལ་ཡང༌། །ཤེས་བྱའི་དཀྱིལ་འཁོར་གསལ་བའི་ཐུགས། །སྙིང་རྗེ་ གཟུངས་སྤོབས་དུ་མའི་གཏེར། །ཐུགས་ཀྱི་དབང་ཕྱུག་ཁྱེད་ལ་འདུད། །ཡོན་ཏན་ཆ་ཙམ་ འགྲོ་ཀུན་གྱིས། །བསྐལ་པར་བརྗོད་ཀྱང་མི་ཟད་པའི། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་ སོགས། །ཡོན་ཏན་དབང་ཕྱུག་ཁྱེད་ལ་འདུད། །མཐོང་ཐོས་དྲན་ཡང་དོན་ལྡན་ན། །རྟེན་ན་ གྲོལ་བ་ཅི་སྨོས་པ། །ལྷུན་གྲུབ་རྒྱུན་ཆད་མི་མངའ་བའི། །ཕྲིན་ལས་དབང་ཕྱུག་ཁྱེད་ལ་ འདུད། ཅེས་པས་བསྟོད་དོ། །དཔལ་འབྱོར་ཕུན་ཚོགས་དག་པའི་ཞིང་ཁམས་ན། །འཁོར་ ཚོགས་ཡོན་ཏན་འཕྲིན་ལས་དཔག་མེད་ཅན། །སངས་རྒྱས་བྱང་སེམས་དུ་མས་རབ་གང་ བའི། །ཕུན་ཚོགས་ཞིང་ཁམས་ཀུན་གྱིས་ཆོས་རྗེ་མཆོད། །རབ་ཡངས་འབྱུང་བཞིའི་དཀྱིལ་ འཁོར་བརྟན་པ་ལ། །བཀོད་ལེགས་རི་གླིང་ཁོར་ཡུག་རྒྱ་མཚོས་སྤྲས། །བརྟན་གཡོའི་དཔལ་ གྱིས་བྱུར་བུར་བལྟམས་པ་ཡི། །ཕུན་ཚོགས་འཇིག་རྟེན་ཁམས་ཀྱིས་ཆོས་རྗེ་མཆོད། ཉི་ཟླ་རྒྱུ་ སྐར་རྒྱས་པ་དྭངས་པའི་མཁར། །ན་བུན་འཇའ་ཚོན་སྤྲིན་གྱིས་མཛེས་གྱུར་ཅིང༌། ནོར་བུའི་ 1-1-601 མདངས་འཕྲོག་ཀུན་གྱི་གོ་འབྱེད་པའི། །ཕུན་ཚོགས་ནམ་མཁའི་ཁམས་ཀྱིས་ཆོས་རྗེ་མཆོད། །འདོད་དགུ་འབྱུང་པའི་རིན་ཆེན་རི་བོ་དང༌། རྩི་སྨན་རྒྱས་པའི་ནགས་རི་གངས་རི་སོགས། །དབྱིབས་ལེགས་ལྷུན་སྡུག་སྐྱེ་བོའི་རྟེན་གྱུར་པའི། །ཕུན་ཚོགས་རི་བོ་ཀུན་གྱིས་ཆོས་རྗེ་ མཆོད། །དྲི་མེད་རྦ་རླབས་གཡོ་བའི་ཆུ་ཀླུང་དང༌། ཡན་ལག་བརྒྱད་ཀྱིས་གང་བའི་མཚོ་རྫིང་ སོགས། །ཡིད་འོང་རྙོག་པ་མེད་ཅིང་གདུང་སེལ་བ། །ཕུན་ཚོགས་ཆུ་བོ་ཀུན་གྱིས་ཆོས་རྗེ་ མཆོད། །གཡེང་མེད་འཚོ་སླ་ནགས་ཚལ་ཐང་དང་ལྗོངས། །ར་བ་འོབས་བཅས་ཕོ་བྲང་ཡུལ་ འཁོར་སོགས། །བདེ་ཞིང་ཉམས་དགའི་དཔལ་འབྱོར་གྱིས་གང་བའི། །ཕུན་ཚོགས་བསྟི་ གནས་ཀུན་གྱིས་ཆོས་རྗེ་མཆོད། །མུ་ཏིག་མན་ཤེལ་དུང་དང་གསེར་དངུལ་སོགས། །འདོད་ དགུ་འབྱུང་གནས་རིན་ཆེན་ཇི་སྙེད་དང༌། །གུར་གུམ་གི་ཧཾ་ཙན་དན་དཀར་དམར་སོགས། །ནུས་ལྡན་ནད་སེལ་སྨན་མཆོག་ཀུན་གྱིས་མཆོད། །གཞན་ཡང་རོ་བཅུད་ལྡན་པས་འཚོ་བའི་ རྐྱེན། །འབྲུ་བཅུད་རྩི་ཐོག་ལོ་ཐོག་ལ་སོགས་པ། །མདོར་ན་སྣོད་ཀྱི་དཔལ་འབྱོར་མཆོད་ འོས་ཀུན། བློ་ཡིས་བླངས་ནས་མཉམ་མེད་ཆོས་རྗེ་མཆོད། །ཁམས་གསུམ་དབང་ཕྱུག་ ཚངས་པ་བརྒྱ་བྱིན་དང༌། མི་དབང་འཁོར་ལོས་སྒྱུར་རྒྱལ་ཀླུ་དབང་སོགས། །བཙུན་མོ་སྲས་ སོགས་མངའ་ཐང་རབ་རྒྱས་པའི། །ཡིད་འོང་སྐྱེ་དགུའི་དབང་པོ་ཀུན་གྱིས་མཆོད། །རིགས་ བཟང་འབྱོར་ལྡན་བློན་པོ་ཁྱིམ་བདག་དང༌། ཡིད་འོང་གླུ་ལེན་ཁྱེའུ་བུ་མོ་སོགས། །གཟུགས་ བཟང་ངག་སྙན་ཡིད་གཞུངས་གོས་རྒྱན་ཅན། །ཡིད་འོང་སྐྱེ་བོ་ཀུན་གྱིས་ཆོས་རྗེ་མཆོད། །རི་ ངོས་འགྱིང་པའི་དུང་སེང་ཁྱུ་མཆོག་དང༌། རི་སུལ་རྒྱུ་བའི་ཀྲི་སྣ་ཨེ་ནྱ་སོགས། རྩལ་རྒྱས་ མདངས་བཀྲག་དེས་པའི་གོམ་སྟབས་ཅན། །ཡིད་འོང་རི་དྭགས་ཀུན་གྱིས་ཆོས་རྗེ་མཆོད། །ནགས་རིར་སྙན་སྒྲོགས་རི་སྐེགས་ཁུ་བྱུག་དང༌། ས་གཞིའི་རྒྱན་གྱུར་བཞད་དང་ཁྲུང་ཁྲུང་ སོགས། །སྐད་སྙན་སྤུ་སྡུག་མཛེས་པའི་གར་སྟབས་ཅན། །ཡིད་འོང་བྱ་ཚོགས་ཀུན་གྱིས་ཆོས་ 1-1-602 རྗེ་མཆོད། །མདོར་ན་སྣོད་ཀྱི་ས་ཕྱོགས་ཡིད་འོང་ན། །བཅུད་ཀྱི་སེམས་ཅན་མཆོད་འོས་གང་ གནས་པ། །བདག་པོས་བཟུང་དང་མ་བཟུང་དེ་དག་ཀུན། །བློ་ཡིས་བླངས་ནས་ཆོས་རྗེ་བླ་མ་ མཆོད། །འཁོར་འདས་ཕུན་ཚོགས་ཇི་སྙེད་ཀུན། །དམ་པའི་ཆོས་ལས་བྱུང་པ་སྟེ། །དེའང་ ཁྱེད་ལས་བྱུང་གྱུར་པ། །ཕན་བདེའི་འབྱུང་གནས་ཁྱེད་ལ་བསྟོད། །ཇི་ལྟ་ཇི་སྙེད་ཀུན་མཁྱེན་ གྱིས། །ཉོན་མོངས་ཤེས་བྱའི་སྒྲིབ་སྤངས་པས། །རྐང་གཉིས་རྣམས་ཀྱི་མཆོག་གྱུར་པ། །རྫོགས་པའི་སངས་རྒྱས་ཁྱེད་ལ་བསྟོད། །ཁྱེད་ཐུགས་རྟོགས་པའི་དམ་ཆོས་ཏེ། གསུང་ནི་རྒྱུ་ མཐུན་ལུང་གི་ཆོས། །རྣལ་གྲོལ་འཇུག་ངོགས་མཆོག་གྱུར་པ། །དམ་ཆོས་རིན་ཆེན་ཁྱེད་ལ་ བསྟོད། །རང་བཞིན་འོད་གསལ་མངོན་གྱུར་ཅིང༌། །གཉིས་འཛིན་རྟོགས་པ་ལས་གྲོལ་བས། བསོད་ནམས་ཞིང་རབ་མཆོག་གྱུར་པ། །ཚོགས་མཆོག་གཙོ་བོ་ཁྱེད་ལ་བསྟོད། །འདོད་ པའི་འཆིང་བ་ཀུན་སྤངས་ནས། །དྲི་མེད་བསླབ་གསུམ་བརྟུལ་ཞུགས་ཅན། །སྡོམ་བརྩོན་ངུར་ སྨྲིག་འཛིན་པའི་གཙོ། །ཤཱཀྱའི་སྲས་མཆོག་ཁྱེད་ལ་བསྟོད། །སྟོང་ཉིད་སྙིང་རྗེའི་སེམས་ མཆོག་གིས། །གཅིག་ཏུ་གཞན་ཕན་བརྩོན་པ་ཅན། །རྒྱལ་སྲས་སེམས་དཔའ་རྣམས་ཀྱི་ཡབ། །བརྩེ་ལྡན་དཔའ་བོ་ཁྱེད་ལ་བསྟོད། །སྨིན་གྲོལ་ལམ་ལ་རབ་སྦྱངས་པས། །རིམ་གཉིས་ རྣལ་འབྱོར་དབང་ཕྱུག་ཅན། །རིག་པ་འཛིན་པ་ཀུན་གྱི་རྗེ། །རྡོ་རྗེ་འཛིན་རྒྱལ་ཁྱེད་ལ་ བསྟོད། །དཀོན་མཆོག་མཆོད་དང་སེམས་ཅན་དོན་བསྒྲུབ་ཕྱིར། །བསོད་ནམས་ལོངས་སྤྱོད་ བཅས་པ་བདག་གི་ལུས། །སྐྱེས་ཆེན་ཁྱེད་ཀྱི་བྲན་དུ་ལེགས་ཕུལ་ནས། ཇི་ལྟར་བསྒོ་བའི་ དོན་ཀུན་བསྒྲུབ་པར་བགྱིའོ། །དྲི་མེད་བཻ་དུར་ས་གཞི་ཡངས་པ་ལ། །གསེར་དངུལ་རྩིག་པ་ བ་གམ་དྲ་བ་ཅན། །རིན་ཆེན་ཀ་བས་བཏེག་ཅིང་ཁྱོན་ཡངས་པ། །ཡིད་འོང་ཕོ་བྲང་གཞལ་ མེད་དམ་པས་མཆོད། །བླ་བྲེས་རྒྱལ་མཚན་གདུགས་སོགས་སྟེང་ནས་མཛེས། །དར་དཔྱངས་ ལྷབ་ལྷུབ་ཡོལ་བས་ལོགས་ནས་བརྒྱན། །ཁྲི་དང་གདན་སོགས་འོག་ནས་བརྗིད་གྱུར་པའི། 1-1-603 །ཕུན་ཚོགས་ཉེར་མཁོའི་གཟིམ་ཆས་ཀུན་གྱིས་མཆོད། །ཐར་པའི་རྒྱལ་མཚན་ཆོས་གོས་ངུར་ སྨྲིག་དང༌། སྲབ་འཇམ་ཡང་བའི་པཉྩ་ལི་ཀ་དང༌། །རྒྱུ་བཟང་དྲི་ཞིམ་ཀ་ཤིའི་རས་ལ་སོགས། །ཕུན་ཚོགས་ན་བཟའ་ཀུན་གྱིས་ཆོས་རྗེམཆོད། །པྲོག་ལྔའི་དབུ་རྒྱན་དར་གྱི་ཅོད་པཎ་དང༌། མུ་ཏིག་དོ་ཤལ་ནོར་བུའི་ག་ཞ་དང༌། རིན་ཆེན་འཕྲ་བཀོད་གསེར་གྱི་གདུབ་བུ་སོགས། །ཕུན་ ཚོགས་བརྒྱན་མཆོག་ཀུན་གྱིས་ཆོས་རྗེ་མཆོད། །བསོད་ནམས་དུ་མའི་དཔལ་ལས་གྲུབ་ པའི་རྫས། འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང༌། གླང་པོ་རྟ་མཆོག་དམག་མི་རིན་ཆེན་ཏེ། །རྒྱལ་སྲིད་རིན་ཆེན་ཀུན་གྱིས་ཆོས་རྗེ་མཆོད། །ཉེ་བར་མཁོ་བའི་འདོད་དགུ་འབྱུང་པའི་ རྫས། །ནགས་ཚལ་རལ་གྲི་ཁང་བཟང་མལ་སྟན་དང༌། ལྷ་ཡི་གོས་དང་སྦྲུལ་གྱི་ལྤགས་པ་ ལྷམ། ཉེ་བའི་སྣ་བདུན་ཀུན་གྱིས་ཆོས་རྗེ་མཆོད། །སྐྱེ་དགུ་བདེ་ཞིང་དགེ་བར་བྱེད་པའི་རྫས། དཔལ་བེའུ་འཁོར་ལོ་པད་མ་རྒྱལ་མཚན་དང༌། གདུགས་དང་བུམ་བཟང་དུང་དང་གསེར་ཉ་ སྟེ། བཀྲ་ཤིས་རྟགས་བརྒྱད་ཀུན་གྱིས་ཆོས་རྗེ་མཆོད། །མདོར་ན་འདོད་འཇོའི་བ་དང་དཔག་ བསམ་ཤིང། མ་སྨོས་ལོ་ཐོག་ཡིད་བཞིན་ནོར་བུ་དང༌། འཆི་མེད་བདུད་རྩི་རོ་བརྒྱའི་ཟས་ལ་ སོགས། །ལོངས་སྤྱོད་ཕུན་ཚོགས་ཀུན་གྱིས་ཆོས་རྗེ་མཆོད། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ པས། །སྲིད་ཞིའི་མཐའ་ལ་མི་གནས་པའི། །མྱ་ངན་འདས་པ་མཆོག་བརྙེས་པ། །སྐྱབས་ མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། །ཕ་རོལ་ཕྱིན་པ་བཅུ་རྫོགས་ཤིང༌། །ཉེར་བཞིའི་རྩ་རླུང་ དབང་འདུས་པས། །ཡན་ལག་བཅུ་གཉིས་རྣམ་འགགས་པས། །ས་བཅུའི་མཐར་སོན་ཁྱེད་ ལ་བསྟོད། །ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་ཀ་མིན་པའང་མ་ཡིན་པ། །རྣམ་དག་ ཟག་མེད་ཆོས་ཀྱི་དབྱིངས། །སྤྲོས་བྲལ་ཆོས་སྐུ་ཁྱེད་ཕྱག་འཚལ། །མཚན་དང་དཔེ་བྱད་ དཔལ་འབར་བས། །དག་པའི་ཞིང་གི་གདུལ་བྱ་ལ། །རྟག་པར་ཐེག་མཆོག་ཆོས་སྟོན་པ། །བདེ་ཆེན་ལོངས་སྐུ་ཁྱེད་ཕྱག་འཚལ། །སྣ་ཚོགས་གདུལ་བྱའི་བསམ་པ་ལྟར། སངས་རྒྱས་ 1-1-604 རྣམ་འཕྲུལ་དཔག་མེད་ཀྱིས། །འགྲོ་ཀུན་ཕན་བདེས་ཚིམ་མཛད་པ། །ཐབས་མཁས་སྤྲུལ་སྐུ་ ཁྱེད་ལ་བསྟོད། །གཟུགས་སྐུའི་རྣམ་འཕྲུལ་སྣ་ཚོགས་ཀྱང༌། དེ་ཡི་རང་བཞིན་འགྱུར་མེད་པ། ཨེ་མ་ཧོ་བརྗོད་བྲལ་ཟུང་འཇུག་དངོས། །ངོ་བོ་ཉིད་སྐུ་ཁྱེད་ལ་བསྟོད། །རྣམ་ཤེས་ཚོགས་ བརྒྱད་གནས་གྱུར་ཅིང༌། །ཉོན་མོངས་སྒྲིབ་པ་ལྔ་སྤངས་པས། །ཕུང་པོ་ལྔ་ལས་ཡོངས་གྲོལ་ བའི། །ཡེ་ཤེས་མངའ་བདག་ཁྱེད་ལ་བསྟོད། །སོ་སོ་རིག་བཞིའི་ཐུགས་མངའ་བས། །སྟོབས་ བཅུས་བདུད་ཀྱི་དཔུང་བཅོམ་ནས། མི་འཇིགས་བཞི་ཡི་ཆོས་སྟོན་པ། །ཡོན་ཏན་མངའ་ བདག་ཁྱེད་ལ་བསྟོད། །སྤྱོད་པ་རྟོགས་པ་ཡེ་ཤེས་དང༌། ཕྲིན་ལས་གཞན་དང་མ་འདྲེས་པའི། །སངས་རྒྱས་ཡོན་ཏན་བཅོ་བརྒྱད་ཅན། །མཚུངས་མེད་དམ་པ་ཁྱེད་ལ་བསྟོད། །ཅེས་པས་ ཕྱིའི་མཆོད་བསྟོད་བྱས་ལ། རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ཇི་སྙེད་ན། །ཁ་དོག་ དབྱིབས་ཀྱི་གཟུགས་མཆོག་མཆོད་འོས་ཀུན། །རབ་མཛེས་གཟུགས་ཀྱི་ལྷ་མོར་བློས་སྤྲུལ་ ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་སྤྱན་ལ་འབུལ། །ༀ་རཏྣ་གུ་རུ་ས་པ་རི་ཝ་ར། རུ་པ་ཀ་ མ་གུ་ཎ། པཱུ་ཛ་ཨཱཿཧཱུཾ། རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ཇི་སྙེད་ན། །ཟིན་དང་མ་ཟིན་ སྒྲ་མཆོག་མཆོད་འོས་ཀུན། །རབ་མཛེས་སྒྲ་ཡི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་ རྡོ་རྗེའི་སྙན་ལ་འབུལ། །ༀ་རཏྣ་གུ་རུ་ས་པ་རི་ཝ་ར། ཤཔྟ་ཀ་མ་གུ་ཎ། པཱུ་ཛ་ཨཱཿཧཱུཾ། རབ་ འབྱམས་ཕྱོགས་བཅུའི་འཇིག་རྟེན་ཇི་སྙེད་ན། །ལྷན་སྐྱེས་སྦྱར་བའི་དྲི་མཆོག་ཇི་སྙེད་ཀུན། །རབ་མཛེས་དྲི་ཡི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་ཤངས་ལ་འབུལ། །ༀ་རཏྣ་གུ་རུ་ས་པ་རི་ཝ་ར། བཛྲ་གན་དྷེ་ཀ་མ་གུ་ཎ། པཱུ་ཛ་ཨཱཿཧཱུཾ། རབ་འབྱམས་ཕྱོགས་ བཅུའི་འཇིག་རྟེན་ཅི་སྙེད་ན། །བཟའ་བཅའ་བཏུང་བའི་རོ་མཆོག་མཆོད་འོས་ཀུན། །རབ་ མཛེས་རོ་ཡི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་ལྗགས་ལ་འབུལ། །ༀ་རཏྣ་ གུ་རུ་ས་པ་རི་ཝ་ར། ར་ས་ཀ་མ་གུ་ཎ། པཱུ་ཛ་ཨཱཿཧཱུཾ། རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ 1-1-605 ཇི་སྙེད་ན། །སེམས་ཅན་སེམས་ཅན་མིན་པའི་རེག་མཆོག་ཀུན། །རབ་མཛེས་རེག་བྱའི་ལྷ་ མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་སྐུ་ལ་འབུལ། །ༀ་རཏྣ་གུ་རུ་ས་པ་རི་ཝ་ར། པཪྴ་ཀ་མ་གུ་ཎ། པཱུ་ཛ་ཨཱཿཧཱུཾ། ཟག་མེད་བདེ་བས་མྱོས་བྱེད་མ་ད་ན། །སྟོབས་བསྐྱེད་གོ་ཀུ་ལ་ སོགས་བཱ་ལ་དང༌། །བཅུད་ལྡན་བི་ར་ཤུ་སོགས་འཆི་མེད་སྟེར། །གསང་བའི་དམ་རྫས་ཀུན་ གྱིས་ཆོས་རྗེ་མཆོད། །ༀ་རཏྣ་གུ་རུ་ས་པ་རི་ཝ་ར། གུ་ཧྱ་པཱུ་ཛ་ཨཱཿཧཱུཾ། ཕྱག་རྒྱ་བཞི་དང་ མཉམ་པར་སྦྱོར་བ་ལས། །མཆོག་ཏུ་མི་འགྱུར་ལྷན་སྐྱེས་བདེ་བའི་རོ། །ཟག་མེད་ཕུང་ཁམས་ སྐྱེ་མཆེད་བརྟས་བྱེད་པའི། །མཆོག་ཏུ་གསང་བའི་མཆོད་པ་ཆེན་པོས་མཆོད། །ༀ་རཏྣ་གུ་རུ་ ས་པ་རི་ཝ་ར། ཨ་ནུ་རཀྟོ་པཱུ་ཛ་ཨཱཿཧཱུཾ། བདེ་དང་སྟོང་པ་དབྱེར་མེད་པའི། །ཐབས་ཤེས་ཟུང་ དུ་འཇུག་པའི་དངོས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །འགྲོ་བའི་དཔལ་མགོན་ཁྱེད་ཕྱག་ འཚལ། །ཁྱེད་སྐུའི་ཕུང་པོ་རིགས་ལྔ་སྟེ། །འབྱུང་པ་ཡུམ་ལྔའི་ལྷ་མོ་དང༌། །ཟུང་འཇུག་ལྷན་ སྐྱེས་རྡོ་རྗེའི་སྐུ། །འགྲོ་བའི་དཔལ་མགོན་ཁྱེད་ཕྱག་འཚལ། །དབང་པོ་རྣམས་ནི་སེམས་ དཔའ་སྟེ། །ཡུལ་དྲུག་སེམས་མའི་ཚོགས་རྣམས་དང༌། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་སྐུ། །འགྲོ་བའི་དཔལ་མགོན་ཁྱེད་ཕྱག་འཚལ། །ཡན་ལག་རྣམས་ནི་ཁྲོ་རྒྱལ་ཏེ། །བྱ་བ་རྣམ་ བཅུའི་ཁྲོ་མོ་དང༌། ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་སྐུ། །འགྲོ་བའི་དཔལ་མགོན་ཁྱེད་ཕྱག་ འཚལ། །ཁྱེད་སྐུའི་ཁམས་རྣམས་དཔའ་བོ་སྟེ། །རྩ་གནས་དཔའ་མོའི་ཚོགས་རྣམས་དང༌། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་སྐུ། །འགྲོ་བའི་དཔལ་མགོན་ཁྱེད་ཕྱག་འཚལ། །རྩ་བའི་རླུང་ རྣམས་ཡབ་ལྔ་སྟེ། །འབྱུང་བ་ལྔ་ཡི་ཡུམ་རྣམས་དང༌། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་གསུང༌། །འགྲོ་བའི་དཔལ་མགོན་ཁྱེད་ཕྱག་འཚལ། །ཁྱེད་ཐུགས་ཡེ་ཤེས་རང་བཞིན་ཏེ། །སྣང་ཡུལ་ ཆོས་ཀྱི་དབྱིངས་རྣམས་དང༌། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་ཐུགས། །འགྲོ་བའི་དཔལ་ མགོན་ཁྱེད་ལ་བསྟོད། །ཡིད་འཕྲོག་མཚན་དཔེས་སྤྲས་པའི་འཇོ་སྒེག་ཅན། །སྐུ་མདོག་སྔོན་ 1-1-606 མོ་པི་ཝཾ་སྒྲ་སྒྲོགས་མ། །མཛེས་མ་རང་འདྲ་དུ་མའི་ཚོགས་བཅས་པའི། །ཡིད་འོང་མཆོད་པ་ དམ་པས་དགྱེས་པར་མཆོད། །ༀ་བཱི་ནེ་བཛྲི་ནི་ཨཱཿཧཱུཾ། ཡིད་འཕྲོག་མཚན་དཔེས་སྤྲས་པའི་ འཇོ་སྒེག་ཅན། །སྐུ་མདོག་སེར་མོ་གླིང་བུའི་སྒྲ་སྒྲོགས་མ། །མཛེས་མ་རང་འདྲ་དུ་མའི་ ཚོགས་བཅས་པའི། །ཡིད་འོང་མཆོད་པ་དམ་པས་དགྱེས་པར་མཆོད། །ༀ་བཾ་སེ་བཛྲི་ ནིཨཱཿཧཱུཾ། ཡིད་འཕྲོག་མཚན་དཔེས་སྤྲས་པའི་འཇོ་སྒེག་ཅན། །སྐུ་མདོག་སྔོན་མོ་རྫ་རྔའི་སྒྲ་ སྒྲོགས་མ། །མཛེས་མ་རང་འདྲ་དུ་མའི་ཚོགས་བཅས་པའི། །ཡིད་འོང་མཆོད་པ་དམ་པས་ དགྱེས་པར་མཆོད། །ༀ་མུརྫ་བཛྲི་ནི་ཨཱཿཧཱུཾ། ཡིད་འཕྲོག་མཚན་དཔེས་སྤྲས་པའི་འཇོ་སྒེག་ ཅན། །སྐུ་མདོག་དམར་མོ་རྔ་ཟླུམ་སྒྲ་སྒྲོགས་མ། །མཛེས་མ་རང་འདྲ་དུ་མའི་ཚོགས་བཅས་ པའི། །ཡིད་འོང་མཆོད་པ་དམ་པས་དགྱེས་པར་མཆོད། །ༀ་མྲི་ཏཾ་གི་བཛྲི་ནི་ཨཱཿཧཱུཾ། ཡིད་ འཕྲོག་མཚན་དཔེས་སྤྲས་པའི་འཇོ་སྒེག་ཅན། །སྐུ་མདོག་དམར་མོ་བཞད་པའི་ཕྱག་རྒྱ་ཅན། །མཛེས་མ་རང་འདྲ་དུ་མའི་ཚོགས་བཅས་པའི། །ཡིད་འོང་མཆོད་པ་དམ་པས་དགྱེས་པར་ མཆོད། །ༀ་ཧ་སྱ་བཛྲི་ནི་ཨཱཿཧཱུཾ། ཡིད་འཕྲོག་མཚན་དཔེས་སྤྲས་པའི་འཇོ་སྒེག་ཅན། །སྐུ་ མདོག་སྔོན་མོ་འགྱིང་བའི་ཕྱག་རྒྱ་མ། །མཛེས་མ་རང་འདྲ་དུ་མའི་ཚོགས་བཅས་པའི། །ཡིད་ འོང་མཆོད་པ་དམ་པས་དགྱེས་པར་མཆོད། །ༀ་ལ་སྱཱ་བཛྲི་ནི་ཨཱཿཧཱུཾ། ཡིད་འཕྲོག་མཚན་ དཔེས་སྤྲས་པའི་འཇོ་སྒེག་ཅན། །སྐུ་མདོག་ལྗང་ཁུ་སྙན་པའི་གླུ་ལེན་མ། །མཛེས་མ་རང་འདྲ་ དུ་མའི་ཚོགས་བཅས་པའི། །ཡིད་འོང་མཆོད་པ་དམ་པས་དགྱེས་པར་མཆོད། །ༀ་གིརྟི་བཛྲི་ ནི་ཨཱཿཧཱུཾ། ཡིད་འཕྲོག་མཚན་དཔེས་སྤྲས་པའི་འཇོ་སྒེག་ཅན། །སྐུ་མདོག་སེར་མོ་མཛེས་པའི་ གར་སྒྱུར་མ། །མཛེས་མ་རང་འདྲ་དུ་མའི་ཚོགས་བཅས་པའི། །ཡིད་འོང་མཆོད་པ་དམ་པས་ དགྱེས་པར་མཆོད། །ནྲི་ཏྱ་བཛྲི་ནི་ཨཱཿཧཱུཾ། ཡིད་འཕྲོག་མཚན་དཔེས་སྤྲས་པའི་འཇོ་སྒེག་ ཅན། །སྐུ་མདོག་དཀར་མོ་མེ་ཏོག་སྣོད་འཛིན་མ། །མཛེས་མ་རང་འདྲ་དུ་མའི་ཚོགས་བཅས་ 1-1-607 པའི། །ཡིད་འོང་མཆོད་པ་དམ་པས་དགྱེས་པར་མཆོད། །ༀ་བཛྲ་པུཥྤེ་བཛྲི་ནི་ཨཱཿཧཱུཾ། ཡིད་ འཕྲོག་མཚན་དཔེས་སྤྲས་པའི་འཇོ་སྒེག་ཅན། །སྐུ་མདོག་སྔོན་མོ་བདུག་སྤོས་སྣོད་འཛིན་ མ། །མཛེས་མ་རང་འདྲ་དུ་མའི་ཚོགས་བཅས་པའི། །ཡིད་འོང་མཆོད་པ་དམ་པས་དགྱེས་ པར་མཆོད། །ༀ་བཛྲ་དྷུ་པཻ་བཛྲི་ནི་ཨཱཿཧཱུཾ། ཡིད་འཕྲོག་མཚན་དཔེས་སྤྲས་པའི་འཇོ་སྒེག་ཅན། །སྐུ་མདོག་དམར་མོ་སྣང་གསལ་ལེགས་འཛིན་མ། །མཛེས་མ་རང་འདྲ་དུ་མའི་ཚོགས་བཅས་ པའི། །ཡིད་འོང་མཆོད་པ་དམ་པས་དགྱེས་པར་མཆོད། །ༀ་བཛྲ་ཨ་ལོ་ཀེ་བཛྲི་ནི་ཨཱཿཧཱུཾ། ཡིད་འཕྲོག་རྒྱན་ཆས་སྤྲས་པའི་འཇོ་སྒེག་ཅན། །སྐུ་མདོག་ལྗང་ཁུ་དྲི་ཆབ་སྣོད་འཛིན་མ། །མཛེས་མ་རང་འདྲ་དུ་མའི་ཚོགས་བཅས་པའི། །ཡིད་འོང་མཆོད་པ་དམ་པས་དགྱེས་པར་ མཆོད། །ༀ་བཛྲ་གན་དྷེ་པཱུ་ཛ་ཨཱཿཧཱུཾ། བདེ་གཤེགས་སྙིང་པོའི་ས་གཞི་ལེགས་བསྟར་བར། །བྱང་ཆུབ་སེམས་གཉིས་དྲི་མེད་ཡོན་ཆབ་བལྟམས། །དཀར་པོའི་དགེ་བཅུ་མེ་ཏོག་སིལ་ མར་བཀྲམ། །སྡོམ་གསུམ་རྣམ་དག་སྤོས་སྤྲིན་གཏིབས་པས་མཆོད། །སྤྱན་དང་མངོན་ཤེས་ རིན་ཆེན་སྒྲོན་མེ་དངར། །ཚངས་པའི་གནས་བཞི་དྲི་མཆོག་ཀུན་ནས་འཁྱིལ། །སྙོམས་འཇུག་ རྣམ་དགུ་རོ་བརྒྱའི་ཞལ་ཟས་སྤུངས། །འཆད་རྩོད་རྩོམ་པའི་སིལ་སྙན་གྲགས་པས་མཆོད། །ཐར་པའི་{རིགས་{རིམ}གཉིས་འབྱུང་བཞིའི་དཀྱིལ་འཁོར་སྟེང༌། །བྱང་ཕྱོགས་སོ་བདུན་རི་ གླིང་རབ་མཛེས་ཅིང༌། །སྟོང་ཉིད་སྙིང་རྗེའི་ཉི་ཟླ་ཆེར་གསལ་བ། །ཚོགས་གཉིས་ཁོར་ཡུག་ ཀུན་ནས་བསྐོར་བས་མཆོད། །ཚེ་ལ་དབང་བཅུ་རིན་ཆེན་གཏེར་ཕྱེ་ཞིང༌། ལམ་ལྔ་ས་བཅུའི་ མ་རྨོས་ལོ་ཐོག་རྒྱས། །ཕ་རོལ་ཕྱིན་བཅུའི་དཔག་བསམ་སྡོང་ཆེན་འཁྲིགས། །བསྡུ་དངོས་ བཞི་ཡི་འདོད་འཇོའི་བ་ཁྱུས་མཆོད། །གཟུངས་སྤོབས་མཚན་དཔེའི་གོས་རྒྱན་ལྷབ་ལྷུབ་ དཔྱངས། །ཟག་མེད་ཕུང་པོའི་འདོད་ཡོན་རྣམ་ལྔ་བཀྲམ། །འཕགས་པའི་ནོར་བདུན་རྒྱལ་ སྲིད་རིན་ཆེན་དང༌། །རྣམ་ཐར་བརྒྱད་ཀྱི་བཀྲ་ཤིས་རྫས་ཀྱིས་མཆོད། །སྐུ་བཞིའི་ཏོག་ལྡན་ 1-1-608 སྟོབས་བཅུའི་རྒྱལ་མཚན་བསྒྲེང༌། །མི་འཇིགས་བཞི་ཡི་རིན་ཆེན་གདུགས་དཀར་འཁྱིལ། །མ་འདྲེས་བཅོ་བརྒྱད་སྣ་ཚོགས་བ་དན་ཕྱར། །ཟད་པར་ཟིལ་གནོད་རྔ་ཡབ་གཡོ་བས་ མཆོད། །རིམ་གཉིས་གསང་སྔགས་དཔལ་གྱིས་རབ་བརྗིད་པའི། །དགའ་བ་བཅུ་དྲུག་དཔའ་ བོ་གར་བྱེད་ཅིང༌། བདེ་སྟོང་རྣམ་འགྱུར་དུ་མ་རབ་ལྡན་པའི། །སྟོང་ཉིད་བཅུ་དྲུག་རིག་མ་ མཛེས་པས་མཆོད། །གྲུབ་ཆེན་བརྒྱད་ཀྱི་རྒྱན་གྱིས་རབ་བརྒྱན་ཅིང༌། །དབང་ཕྱུག་བརྒྱད་ཀྱི་ དཔལ་ལ་དབང་འབྱོར་པ། །ཕྲིན་ལས་བཞི་ཡི་འཁོར་བཟང་གིས་བསྐོར་བའི། །མཆོག་གི་ དངོས་གྲུབ་འཁོར་ལོས་བསྒྱུར་བས་མཆོད། །གཞན་ཡང་ཐེག་གསུམ་གཞི་ལམ་འབྲས་བུ་ཡི། །སྤངས་རྟོགས་ཡོན་ཏན་ཇི་སྙེད་དེ་དག་ཀུན། །དད་འདུན་བློ་ཡིས་བླངས་ཤིང་སྤྲུལ་བྱས་ ནས། །ཆོས་ཀྱི་རྒྱལ་པོ་བླ་མ་མཆོད་པར་བགྱིའོ། །ཁོང་སྟོང་ཁྱེད་ཀྱི་སྐུ་ལ་མེད། །ཤ་དང་རུས་ པ་ཁྲག་ཀྱང་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱེད་ཀྱི་སྐུ་ནི་སྟོན་མཛད་འདུད། །སྐུ་ ལ་སྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང༌། །ཁྱེད་ནི་འཇིག་རྟེན་རྗེས་ འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་མཛད་འདུད། །ཆུ་ཟླ་བཞིན་དུ་བཟུང་དུ་མེད། །ཆོས་ རྣམས་གང་ལའང་གནས་པ་མེད། །ང་རྒྱལ་མེད་ཅིང་མི་གནས་པ། །དམིགས་མེད་ཁྱེད་ལ་ ཕྱག་འཚལ་བསྟོད། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ ཐམས་ཅད་དུ། །རྟག་ཏུ་མཉམ་པར་འཇོག་གྱུར་པའི། །དམིགས་མེད་ཁྱེད་ལ་ཕྱག་འཚལ་ བསྟོད། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་སྤྲུལ་ཅིང༌། །སྣ་ཚོགས་མིན་ལ་ སྙོམས་འཇུག་པའི། །དམིགས་མེད་ཁྱེད་ལ་ཕྱག་འཚལ་བསྟོད། །ཁམས་གསུམ་ལས་ནི་རྣམ་ གྲོལ་ཅིང༌། །ནམ་མཁའ་དང་ནི་མཉམ་གྱུར་ལ། །འདོད་པ་རྣམས་ཀྱིས་མ་གོས་པའི། །དམིགས་མེད་ཁྱེད་ལ་ཕྱག་འཚལ་བསྟོད། །ཕུང་པོ་རྣམས་དང་ཁམས་རྣམས་དང༌། །སྐྱེ་ མཆེད་རྣམས་ལ་མི་བརྟེན་ཅིང༌། ཕྱིན་ཅི་ལོག་ལས་རྣམ་གྲོལ་བའི། །དམིགས་མེད་ཁྱེད་ལ་ 1-1-609 ཕྱག་འཚལ་བསྟོད། །རྣམ་རྟོག་མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་ལ། །བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །དམིགས་མེད་ཁྱེད་ལ་ཕྱག་འཚལ་བསྟོད། །ཇི་ལྟར་ནམ་ མཁའ་གནས་མེད་ཅིང༌། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་ མངའ་བ། །དམིགས་མེད་ཁྱེད་ལ་ཕྱག་འཚལ་བསྟོད། །ཅེས་ནང་གི་མཆོད་བསྟོད་རྣམས་ བྱས་ལ། འགྲོ་བ་ཆུ་ཡི་ཟླ་བ་བཞིན་དུ་བལྟ་བ་དང༌། །ཐོས་པ་བྲག་ཆ་དང་ནི་མཚུངས་པར་ ཡང་དག་འཇུག །སེམས་ཀྱང་མྱ་ངམ་སྨིག་རྒྱུ་ལྟ་བུར་བལྟ་བྱ་ཞིང༌། །འདི་ལྟར་བཟའ་དང་ བཏུང་བ་དག་ནི་ནམ་མཁའ་ལྟ་བུ་སྟེ། །དྲི་ནི་ནམ་མཁའི་མེ་ཏོག་མཚུངས་པར་མནམ་པ་དང༌། །ཡིད་ནི་ཉི་མ་ཟླ་བ་ལྟ་བུར་ཁྱབ་པ་ཉིད། །ཡང་དག་གནས་པ་དེའང་རི་བོ་མཆོག་དང་ མཚུངས་པ་ཡིན། །གཞོན་ནུ་མ་ཡི་རྨི་ལམ་ཇི་བཞིན་རྨི་བར་བྱ། །ཐ་སྙད་དག་ནི་སྒྱུ་མ་མིག་ འཕྲུལ་ལྟ་བུར་བརྗོད། །འདི་དག་ཇི་བཞིན་ལྷན་སྐྱེས་བདེ་འབྱུང་དེ་བཞིན་ཏེ། །སྲིད་པའི་ རང་བཞིན་བྲལ་བ་བསམ་གྱིས་མི་ཁྱབ་གཟུགས། །རྟག་ཏུ་འཆར་བ་བདེ་གཤེགས་ལམ་ མཆོག་དག་གིས་མཆོད། །ཟབ་ཞི་སྤྲོས་དང་བྲལ་བ་གཉུག་མའི་དོན། །སྣང་དང་སྟོང་པ་ གཉིས་དང་གཉིས་མིན་ལ། །ཨེ་མ་ཧོ་འདི་སྙམ་བྲལ་བའི་ལྟ་བ་ཅན། །བདེ་ཆེན་ལྷན་སྐྱེས་ རོལ་པ་ཁྱེད་ལ་འདུད། །སྨྲ་བསམ་བརྗོད་དུ་མེད་པའི་རང་གཤིས་ལ། །བདེ་སྟོང་འཛིན་པ་ མེད་པར་གནས་པའི་ཉམས། །ཨེ་མ་ཧོ་རྩོལ་བྲལ་ལྷུག་པའི་སྒོམ་པ་ཅན། །བདེ་ཆེན་ལྷན་ སྐྱེས་རོལ་པ་ཁྱེད་ལ་འདུད། །སྤང་བླང་བྱར་མེད་རང་བཞིན་འོད་གསལ་ལ། །གཟུང་འཛིན་ གློ་བུར་དྲི་མས་རྣམ་དག་པ། །ཨེ་མ་ཧོ་རང་བཞིན་ལྷུན་གྲུབ་འབྲས་བུ་ཅན། །བདེ་ཆེན་ལྷན་ སྐྱེས་རོལ་པ་ཁྱེད་ལ་འདུད། །ཅེས་པ་དེ་ཁོ་ན་ཉིད་ཀྱི་མཆོད་བསྟོད་བྱས་ལ། བླ་མ་མཆོག་ དང་ཕྱག་འོས་ཐམས་ཅད་ལ། །ཞིང་རྡུལ་གྲངས་དང་མཉམ་པའི་ལུས་བཏུད་ནས། །ཡོན་ཏན་ བརྗོད་པའི་ངག་གིས་བསྟོད་བྱེད་ཅིང༌། །ལྷག་བསམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། 1-1-610 །བདག་གི་ལུས་དང་ལོངས་སྤྱོད་དགེ་བ་སོགས། །འཇིག་རྟེན་འཇིག་རྟེན་འདས་པའི་དཔལ་ འབྱོར་ཀུན། །ཕྱི་ནང་མཆོད་སྤྲིན་རྒྱ་མཚོར་བློས་སྤྲུལ་ནས། མཆོད་འོས་དཔལ་ལྡན་བླ་མའི་ ཚོགས་ལ་འབུལ། །ཐོག་མེད་དུས་ནས་ཉོན་མོངས་དབང་གྱུར་པས། །སྒོ་གསུམ་སྒོ་ནས་རང་ བཞིན་བཅས་པའི་སྡིག །བགྱིས་དང་བགྱིད་རྩལ་ཡིད་རང་བགྱིས་པ་ཀུན། །གནོང་འགྱོད་ སྡོམ་པའི་སེམས་ཀྱིས་མཐོལ་ཞིང་བཤགས། སྐྱེས་མཆོག་སྲས་དང་བཅས་པའི་རྣམ་ཐར་ དང༌། གཞན་ཡང་འགྲོ་ཀུན་སྒོ་གསུམ་དགེ་བའི་ཚོགས། །བྱས་དང་བྱེད་འགྱུར་ད་ལྟར་མཛད་ རྣམས་ལ། །རབ་ཏུ་དགའ་བའི་ཡིད་ཀྱིས་ཡི་རང་ངོ༌། །འགྲོ་ཀུན་ཕན་ཅིང་བདེ་བར་བགྱི་བའི་ སླད། །ཆོས་ཀྱི་རྒྱལ་པོ་སྲས་དང་བཅས་རྣམས་ཀྱིས། །གང་ལ་གང་འདུལ་ཟབ་དང་རྒྱ་ཆེ་ བའི། །ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར་དུ་གསོལ། །ཆོས་ཀྱི་སྐུ་ལ་སྐྱེ་འཇིག་མི་མངའ་ཡང༌། །གཟུགས་སྐུ་ཞིང་གཞན་དོན་ལ་མི་གཤེགས་པར། །མགོན་མེད་སྙིགས་མའི་འགྲོ་ལ་རྗེས་ བརྩེ་བས། །མྱ་ངན་མི་འདའ་ཡུན་རིང་བཞུགས་པར་འཚལ། །འགྲོ་ཀུན་བླ་མེད་བྱང་ཆུབ་ ཐོབ་དོན་དུ། །སྐྱབས་མཆོག་ཁྱེད་ལ་རྟག་པར་སྐྱབས་མཆི་ཞིང༌། །ཐུན་མོང་ཁྱད་པར་དམ་ ཚིག་སྡོམ་པ་རྣམས། །དེང་ནས་བླངས་ཏེ་ཚུལ་བཞིན་བསྒྲུབ་པར་བགྱི། །བདག་གིས་དུས་ གསུམ་བསགས་པའི་དགེ་བའི་མཐུས། །འགྲོ་ཀུན་སྲིད་པའི་འཆིང་བ་ལས་གྲོལ་ཏེ། དཔལ་ ལྡན་བླ་མ་མཆོག་གིས་རྗེས་བཟུང་ནས། ཀུན་མཁྱེན་མཆོག་གི་དངོས་གྲུབ་མྱུར་ཐོབ་ཤོག །ཅེས་ཡན་ལག་བདུན་པ་དང་སྡོམ་བཟུང་བྱས་ལ། ཡིད་ལ་འདོད་དགུ་འབྱུང་པའི་རིན་པོ་ཆེ། །མགོན་པོ་ཁྱེད་ལ་ཞུ་ཞིང་གསོལ་བ་ནི། །ཕན་བདེའི་འབྱུང་གནས་ཐུབ་བསྟན་དམ་པའི་ ཆོས། །ཐོས་བསམ་སྒོམ་པས་རྒྱས་པར་མཛད་དུ་གསོལ། །ཐར་པའི་དེད་དཔོན་བསྟན་འཛིན་ བཤེས་གཉེན་རྣམས། །སྐུ་ལ་སྙུན་མེད་ཕྲིན་ལས་རབ་རྒྱས་པས། །རྟག་ཏུ་སྡུག་བསྔལ་གྱུར་ པའི་འགྲོ་བ་ཀུན། །ཐར་པའི་བདེ་ལ་འགོད་པར་མཛད་དུ་གསོལ། །དམ་ཆོས་སྒྲུབ་ལ་བརྩོན་ 1-1-611 པ་ཐམས་ཅད་ཀྱི། །ཟབ་ལམ་བླ་མའི་མོས་གུས་མཐར་ཕྱིན་ནས། །སྤངས་རྟོགས་མཐར་སོན་ བླ་མའི་ས་ཐོབ་སྟེ། །གཞན་ཕན་ཚད་མེད་འགྲུབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་གནས་ སྐབས་ཐམས་ཅད་དུའང༌། །བླ་མ་མཆོག་གིས་རྟག་ཏུ་རྗེས་འཛིན་ཅིང༌། །ལུས་དང་ལོངས་ སྤྱོད་དགེ་བས་མཉེས་བྱས་ཏེ། །བརྩེ་བའི་བྱིན་རླབས་འཇུག་པར་མཛད་དུ་གསོལ། །ཅེས་ གསོལ་བ་བཏབ་ལ། བདག་ནི་མི་ཤེས་བག་མེད་དབང་གྱུར་པས། མ་རིག་ཉེས་པའི་ཚོགས་ རྣམས་གང་བགྱིས་པ། །བརྩེ་ལྡན་ཁྱེད་ཀྱི་སྤྱན་སྔར་བཤགས་པར་བགྱི། །ཐུགས་རྗེའི་རང་ བཞིན་ཅན་གྱིས་བཟོད་པར་གསོལ། །སྐྱབས་མཆོག་ཁྱེད་ཀྱིས་འགྲོ་བའི་དོན་རབ་མཛད། །ཆོས་ཀྱི་སྐུ་ལ་འགྱུར་བ་མི་མངའ་ཡང༌། །གཟུགས་སྐུ་བདག་གི་ལུས་ལ་རབ་བསྐྱོད་ནས། བརྩེ་བ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བླ་མ་རང་ལ་བསྟིམ་མོ། །བདག་བློ་དྲི་ མེད་དད་པའི་ས་གཞི་ལ། །མི་ཟད་མཆོད་པའི་གཏེར་འདི་རབ་ཏུ་ཕྱེད། །ཉེས་པ་མཆིས་ན་ བརྩེ་བས་བཟོད་མཛད་ནས། །དགེ་བས་འགྲོ་ཀུན་བླ་མས་རྗེས་འཛིན་ཤོག །དེ་ལྟར་བླ་མ་ སྒྲུབ་པའི་ཚུལ་འདི་ནི། དགེ་སློང་རྡོ་རྗེ་འཛིན་པ་ལོ་ཙྪ་བ་བློ་གྲོས་དཔལ་གྱིས། དད་པས་ཀུན་ ནས་བསླངས་ནས་སྦྱར་བའོ།། །།ཅིག་ཞུས་སོ། །མཾགལཾ། བྷཝ་ཏུ། 1-1-612 ༄༅། །མཁས་པ་རྣམས་དགའ་བར་བྱེད་པའི་དགོངས་པ་ རབ་ཏུ་གསལ་བ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ཤྲཱི་ཀཱ་ལ་ཙཀྲ་ལ་ན་མཿ བརྟན་གཡོ་ཀུན་ལ་ཁྱབ་ཀྱང་མ་བཅོས་ལྷུན་གྲུབ་འགྱུར་ མེད་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་ཀུན་མཆོག་ལྡན་སྲིད་དང་ཞི་བའི་མགོན་པོ་གདོད་མའི་ སངས་རྒྱས་དཔལ་ལྡན་དུས་ཀྱི་འཁོར་ལོ་དེ་ལ་འདུད། རབ་གསལ་འོ་མའི་རྒྱ་མཚོའི་དབུས་ སུ་ནི། །རབ་གསལ་འདབ་སྟོང་ཡོངས་སུ་རྒྱས་པའི་སྟེང༌། །རབ་གསལ་ཟླ་དཀར་ལྟ་བུའི་ལྷ་ མཆོག་ལ། །རབ་གསལ་བདག་ཡིད་དང་བས་ཕྱག་བགྱིའོ། །ལན་མངས་སྦྱངས་བས་མཁྱེན་ རབ་དཀྱིལ་འཁོར་རྒྱས། །རྒྱུད་སྡེ་བཞི་ཡི་མཁའ་ལ་ཐོགས་མེད་རྒྱུ། །ལེགས་བཤད་ཟེར་ གྱིས་ཐུབ་བསྟན་གསལ་མཛད་པའི། །དཔལ་ལྡན་བླ་མ་ཆོས་ཀྱི་ཉི་མ་རྒྱལ། །ཞེས་མཆོད་ པར་བརྗོད་པ་སྔོན་དུ་བྱས་ནས་དཔལ་ལྡན་བླ་མ་མཆོག་གི་སྡེ་མཚུངས་མེད་སྐུ་ཞང་ཆོས་རྗེའི་ ཞབས་རྡུལ་སྤྱི་བོས་ལེན་ཅིང་གསུང་གི་བདུད་རྩིའི་རོ་མྱངས་པ་བདག་ཅག་གི་བླ་མ་དམ་པ་ དུས་ཀྱི་འཁོར་ལོའི་ཚུལ་ལ་མ་རྨོངས་ཤིང་མཁས་ཤིང་གྲུབ་པ་མཉེས་པ་ཤཱཀྱ་དབང་ཕྱུག་ གི་ལེགས་པར་བཤད་པའི་ཟླ་བའི་ཐིག་ཕྲེང་རྣམས། བདག་ཅག་གི་ཡིད་ཀྱི་པད་མོར་སིམ་ པ་རྣམས་རྗེད་པར་འཕངས་ཏེ་ཟིན་བྲིས་སུ་བཏབ་པའོ། །འདིར་རྩིས་ཀྱི་གྲུབ་པའི་མཐའ་ བཤད་པའི་བསྟན་བཅོས་མཁས་པ་རྣམས་དགའ་བར་བྱེད་པ་ཞེས་བྱ་བ་འདི་འཆད་པ་ལ། 1-1-613 སྡོམ་ཚིག་དང༌། དེའི་དོན་བཤད་པ་གཉིས། ། དང་པོ་ནི། རྟག་དང་ཁྱིམ་དང་སྐར་མའི་ལས། །ཉིན་རེ་སྣོན་འབྲིད་ཆོ་ག་དང༌། །རྒྱུད་ ལ་སྦྱར་དང་འབྱུང་སྡུད་ཚུལ། །སྤྱི་སྡོམ་ཡང་དག་བསྡུས་པ་ཡིན། ། གཉིས་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ནི། རྟག་དང་ ཞེས་པའི་ལེའུ་དང་པོ་གཟའ་རྣམས་ཀྱི་རྟག་པའི་ལོངས་སྤྱོད་ཚུལ་བསྟན། ཁྱིམ་དང་ཞེས་པས་ ལེའུ་གཉིས་པ་གཟའ་རྣམས་ཀྱི་ཁྱིམ་གྱི་ལས་དལ་བ་དག་པ་བསྟན། སྐར་མའི་ལས་ཞེས་ པས་ལེའུ་གསུམ་པ་སྐར་མའི་ལས་མྱུར་བ་དག་པ་བསྟན། ཉིན་རེ་སྣོན་འབྲིད་ཅེས་པས་ལེའུ་ བཞི་པ་རྐང་པའི་ལོངས་སྤྱོད་རྣམས་རྟག་ལོངས་ཀྱི་སྟེང་དུ་སྣོན་འབྲིད་བྱེད་ཚུལ་བསྟན། རྒྱུད་ ལ་སྦྱར་དང་ཞེས་པས་ལེའུ་ལྔ་པ་ལྔ་བསྡུས་སྒྲ་གཅན་རྩིས་ལ་སོགས་པའི་རྒྱུ་མཚན་རྒྱུད་ལ་ སྦྱར་ཏེ་བཤད་པ་བསྟན། འབྱུང་སྡུད་ཅེས་པས་ལེའུ་དྲུག་པ་དུས་བཞི་ཆེན་པོའི་མཐར་གཟའ་ རྣམས་སྟོང་པ་ལ་འཇུག་ཅིང་སླར་ཡང་སྟོང་པ་ལས་སྐྱེ་བའི་ཚུལ་གཏན་ལ་འབེབས་པ་ཡིན། གཉིས་པ་རྒྱས་པར་བཤད་པ་ལ་ལེའུ་དྲུག་ཡོད་པ་ལས་ལེའུ་དང་པོ་ལ། སྡོམ་ཚིག་དང༌། དེའི་དོན་བཤད་པ། དེ་ལ་རྩོད་པ་སྤང་པ་དང་གསུམ། དང་པོ་ནི། ལོངས་སྤྱོད་གཞི་དང་ཉི་ཟླ་ཚེས། །གཟའ་ལྔ་སྒྲ་གཅན་དུ་བ་ཡིས། །རྟག་ པའི་ལོངས་སྤྱོད་བསྡུས་པ་ཡིན། །ཞེས་སོ། ། གཉིས་པ་ལ་བདུན་ཡོད་པ་ལས། དང་པོ་ལོངས་སྤྱོད་ཀྱི་གཞི་ལ། ལོངས་སྤྱད་བྱའི་ གཞི། ཞར་ལ་ལོངས་སྤྱོད་བྱེད། ལོངས་སྤྱོད་ཚུལ་དང་གསུམ་ལས། དང་པོ་ནི། རྒྱུ་སྐར་ཉི་ ཤུ་རྩ་བདུན་པོ་དེ་རེ་རེ་ལ་ཡང་ཡུལ་གྱི་ཆུ་ཚོད་དྲུག་ཅུ་རེ་ཡོད་པས་ན། ཆུ་ཚོད་དྲུག་ཅུ་རྒྱུ་སྐར་ ཉེར་བདུན་བསྒྱུར་བས་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་འབྱུང༌། དེ་ནི་གཟའ་རྣམས་ཀྱི་ ལོངས་སྤྱད་པར་བྱ་བའི་གཞི་ཡིན་ཏེ། རྩ་རྒྱུད་ལས། ཉིན་གཅིག་རྒྱུ་སྐར་གྱིས་བསྒྱུར་གང༌། 1-1-614 །ཆུ་ཚོད་དྲུག་ཅུས་དེ་བཞིན་ཏེ། །ཞེས་དང༌། མིག་དམར་ལ་སོགས་ལོངས་སྤྱོད་རྣམས། །རང་ རང་རྒྱུ་བ་ལས་རབ་གྲུབ། །ཅེས་གསུངས་པའི་ཕྱིར། དུས་ཀྱི་ཆུ་ཚོད་ནི་ཉིན་ཞག་གཅིག་ལ་ཆ་ དྲུག་ཅུར་བགོས་པའི་ཆ་ཤས་གཅིག་ལ་དུས་ཀྱི་ཆུ་ཚོད་གཅིག་ཡིན་ཞིང༌། དེ་ལྟ་བུའི་ཆུ་ཚོད་ གཅིག་ལ་ཆུ་སྲང་དྲུག་ཅུ་ཆུ་སྲང་གཅིག་ལ་དབུགས་དྲུག་ཏུ་འཇོག་པ་ཡིན་ནོ། །ཡུལ་གྱི་ཆུ་ ཚོད་ནི་སྐར་ཁོངས་རེའི་ས་ཁྱོན་ལ་དུམ་བུ་དྲུག་ཅུར་བྱས་པའི་ཆ་ཤས་རེ་ལ་བྱེད་པ་ཡིན་ཅིང༌། དེ་ནི་ཆུ་ཚོད་མཚན་ཉིད་པ་མ་ཡིན་ཏེ། དུས་མིན་པའི་ཕྱིར། གཉིས་པ་ནི། རེས་གཟའ་བདུན་ སྒྲ་གཅན་དུས་མེ་མཇུག་རིང་དང་བཅུ། བསྡུ་ན་ཞི་དྲག་གཉིས་སུ་འདུས་ཏེ་ཞི་གཟའ་ལྔ་དང་ དྲག་གཟའ་ལྔ་ཡོད་པའི་ཕྱིར། གསུམ་པ་ནི་སྒྲ་གཅན་གདོང་མཇུག་གཉིས་རྒྱུ་སྐར་ལ་གཡས་ བསྐོར་གྱིས་ལོངས་སྤྱོད་ཅིང༌། གཞན་རྣམས་གཡོན་བསྐོར་གྱིས་ལོངས་སྤྱོད་པར་བྱེད་དོ། ། གཉིས་པ་ཉི་མའི་རྟག་པའི་ལོངས་སྤྱོད་ལ། ཉི་མའི་ཁྱིམ་ཞག་གི ཚེས་ཞག་གི ཉིན་ ཞག་གི་རྟག་པའི་ལོངས་སྤྱོད་དང་གསུམ་ལས། དང་པོ་ལ། བགོད་བྱེད་དཀྱིལ་འཁོར་གྱི་རྣམ་ བཞག་དང༌། བགོས་འབྲས་རྟག་ལོངས་ཀྱི་རྣམ་བཞག་དང་གཉིས་ལས། དང་པོ་ནི། ཉི་མས་ རྒྱུ་སྐར་ཉི་ཤུ་རྩ་བདུན་རྫོགས་པར་ལོངས་སྤྱོད་པའི་བར་ལ་ལོ་གཅིག་ཏུ་འཇོག་ཅིང༌། དེ་ ལའང་ལུག་ཁྱིམ་ལ་སོགས་པའི་ཁྱིམ་ཟླ་བཅུ་གཉིས་ཡོད། དེ་རེ་རེ་ལའང་ཁྱིམ་ཞག་སུམ་ཅུ་ སུམ་ཅུ་རེ་ཡོད་པས་ན་ལོ་གཅིག་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཡོད་པ་ཡིན་ཏེ། རྩ་རྒྱུད་ལས། ལོ་གཅིག་མཁའ་དུས་མེས་བསྒྱུར་ཏེ་ཞེས་གསུངས་པའི་ཕྱིར། གཉིས་པ་བགོས་འབྲས་རྟག་ ལོངས་ནི། རྒྱུ་སྐར་ཉེར་བདུན་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་པོ་དེ་ལ། ཁྱིམ་ཞག་སུམ་བརྒྱ་ དྲུག་ཅུས་བགོས་པས་ཐོབ་ནོར་ལ་ཆུ་ཚོད་བཞི་དང་ཆུ་སྲང་སུམ་ཅུ་འབྱུང་བ་ནི། ཉི་མའི་ཁྱིམ་ ཞག་གི་རྟག་པའི་ལོངས་སྤྱོད་རྣམ་པར་དག་པ་ཡིན་ནོ། ། གཉིས་པ་ཚེས་ཞག་གི་རྟག་པའི་ལོངས་སྤྱོད་ལ། སྔར་ལྟར་གཉིས་ལས། དང་པོ་ནི། 1-1-615 ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་པོ་དེ་གནས་གཉིས་སུ་བཞག་པའི་འོག་མ་གཉིས་ཀྱིས་བསྒྱུར། དེ་ ལ་དྲུག་ཅུ་རྩ་ལྔས་བགོས་པའི་ཐོབ་ནོར་སྟེང་མ་ལ་བྱིན། ལྷག་མ་ཆུ་ཚོད་ཀྱི་དོན་དུ་དྲུག་ཅུས་ བསྒྱུར་ཏེ་བགོས་ནོར་ཆུ་ཚོད་དུ་བཞག ལྷག་མ་ཆུ་སྲང་གི་དོན་དུ་དྲུག་ཅུས་བསྒྱུར་ཏེ་བགོས་ ནོར་ཆུ་སྲང་གི་གནས་སུ་བཞག ལྷག་མ་དབུགས་ཀྱི་དོན་དུ་དྲུག་གིས་བསྒྱུར་ཏེ་བགོས་ནོར་ དབུགས་སུ་བཞག ལྷག་མ་འདོད་ཆའི་དོན་དུ་བཅུ་གསུམ་གྱིས་བསྒྱུར་ཏེ་བགོས་ཐོབ་བདུན་ ཐོབ་སྟེ་ལྷག་མེད་དོ། །དེ་ལྟར་ན་ཚེས་ཞག་སུམ་བརྒྱ་དང་བདུན་ཅུ་དོན་གཅིག ཆུ་ཚོད་བཞི། ཆུ་སྲང་སོ་དྲུག དབུགས་ལྔ། འདོད་ཆ་བདུན་རྣམས་འབྱུང་བ་ནི། ཉི་མའི་ཚེས་ཞག་གི་དཀྱིལ་ འཁོར་རྣམ་དག་ཡིན་ཏེ། རྩ་རྒྱུད་ལས། ལོ་གཅིག་མཁའ་དུས་མེས་བསྒྱུར་ཏེ། །གནས་ གཉིས་འོག་མ་གཉིས་ཀྱིས་བསྒྱུར། །དྲུག་ཅུ་རྩ་ལྔས་བགོས་ཐོབ་པ། །སྟེང་གི་ཕུང་པོར་ནོར་ དུ་བྱིན། །སླར་ཡང་ལྷག་མ་དྲུག་ཅུས་བསྒྱུར། །ཆ་ཐོབ་དེ་ཡི་འོག་ཏུ་བཞག། སླར་ཡང་ལྷག་མ་ དྲུག་ཅུས་བསྒྱུར། །ཆ་ཐོབ་དེ་ལས་ཀྱང་འོག་སྟེ། །སླར་ཡང་ལྷག་མ་དྲུག་གིས་བསྒྱུར། །དྲུག་ ཅུ་རྩ་ལྔས་བགོས་ཐོབ་པ། །དབུགས་ཀྱི་ཚོགས་ཏེ་མི་ཡི་བདག །ཅེས་གསུངས་པའི་ཕྱིར། འོ་ ན་ཁྱིམ་ཞག་གི་དཀྱིལ་འཁོར་གནས་གཉིས་སུ་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། སྟེང་མ་ནི་ལྷག་ པོ་སྟེར་བའི་གཞི་དང༌། འོག་མ་ནི་ལྷག་པོ་ཚོལ་བའི་དོན་དུ་བཀོད་པ་ཡིན། དེ་ཡང་ཉི་མའི་ཡེ་ ཤེས་ཀྱི་ཆ་རགས་པ་སུམ་ཅུ་ཆ། འབྲིང་པོ་གཉིས་ཆ། ཤིན་ཏུ་ཞིབ་རྩིས་སོ་གཉིས་ཕྱེད་བཅས་ ཆ་རྣམས་ཡོད་པ་ལས། འདིར་ཤིན་ཏུ་ཞིབ་རྩིས་ཀྱི་དབང་དུ་བྱས་ཏེ། ཕྱེད་མ་འཇུག་པའི་ཕྱིར་ ཏུ་རང་ས་སོ་གཉིས་སོ་གཉིས་ཀྱིས་བསྒྱུར། དེ་ལ་ཕྱེད་མ་བཅུག་པས་དྲུག་ཅུ་རྩ་ལྔ་འབྱུང༌། དེ་ བགོད་བྱེད་ཀྱི་སྐྱེས་བུ་ཡིན་བགོ་བྱ་བགོད་བྱེད་ཤེད་མཚུངས་དགོས་པའི་ཕྱིར། གནས་འོག་ མ་ཕྱེད་མའི་ཕུང་པོར་གཏོང་བའི་དོན་དུ་གཉིས་ཀྱིས་བསྒྱུར་བ་ཡིན། དེ་ལ་དྲུག་ཅུ་རྩ་ལྔས་ བགོས་པའི་འབྲས་བུ་རྣམས་ནི་ལྷག་པོའི་ཤོལ་ཡིན་ནོ། །དེ་ཡང་ནང་དུ་ལས་རླུང་སོ་གཉིས་ 1-1-616 ཕྱེད་བཅས་རེ་ན་ཡེ་ཤེས་ཀྱི་རླུང་མཉམ་རྒྱུ་རེ་འབྱུང་བས་དེ་བསགས་པའི་བྱེད་པ་ལས་འབྱུང་ བ་ཡིན་ནོ། ། གཉིས་པ་ནི། ཉི་མའི་ཚེས་ཞག་གི་དཀྱིལ་འཁོར་རྣམས་གཅིག་ཏུ་དྲིལ་བའི་ཕྱིར་ཐམས་ ཅད་བཅུ་གསུམ་གྱིས་བསྒྱུར་ཏེ་རང་རང་གི་འཁོར་ལོས་སྟེང་དུ་དྲིལ་བ་ནི་བགོད་བྱེད་ཀྱི་ སྐྱེས་བུ་ཡིན་ཅིང༌། བགོ་བྱ་བགོ་བྱེད་ཤེད་མཚུངས་པའི་ཕྱིར་ཏུ་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་ བརྒྱ་ཉི་ཤུ་ཡང་བཅུ་གསུམ་གྱིས་བསྒྱུར་ཏེ་བགོས་པས་ཆུ་ཚོད་བཞི་དང༌། ཆུ་སྲང་ཉེར་གཅིག དབུགས་ལྔ། འདོད་ཆ་དགུ་ཅུང་མེད་ལ་སོགས་པ་འབྱུང་བ་ནི་ཉི་མའི་ཚེས་ཞག་གི་རྟག་པའི་ ལོངས་སྤྱོད་རྣམ་པར་དག་པ་ཡིན་ནོ། ། གསུམ་པ་ཉིན་ཞག་གི་རྟག་ལོངས་ལ་སྔར་ལྟར་གཉིས་ལས། དང་པོ་ནི། ཚེས་ཞག་ གི་དཀྱིལ་འཁོར་རྣམས་དབུགས་ཀྱི་བར་དུ་བསིལ་ཏེ་གནས་གསུམ་དུ་བཞག་པའི་འོག་མ་ བདུན་བརྒྱ་དང་བདུན་གྱིས་བགོས་ནོར་བར་མ་ལ་བྱིན། དེ་ལ་དྲུག་ཅུ་རྩ་བཞིས་བགོས་ཐོབ་ ནོར་གྱིས་སྟེང་མ་ལ་སྦྱངས། རང་རང་གི་འཁོར་ལོས་སྟེང་དུ་དྲིལ་བས་ཉིན་ཞག་སུམ་བརྒྱ་ དང་དྲུག་ཅུ་རྩ་ལྔ་ཆུ་ཚོད་བཅུ་དྲུག ཆུ་སྲང་བཅུ་བཞི། དབུགས་གཉིས་ལ་སོགས་པ་འབྱུང་བ་ ནི་ཉི་མའི་ཉིན་ཞག་གི་དཀྱིལ་འཁོར་རྣམ་པར་དག་པར་ཡིན་ཏེ། རྩ་རྒྱུད་ལས། ཉིན་ཞག་ཆུ་ ཚོད་ཆུ་སྲང་རྣམས། །དབུགས་སུ་བྱས་ནས་རྣམ་གསུམ་སླར། །འོག་ལ་རི་མཁའ་རིས་ཐོབ་ པ། །དབུས་ཀྱི་ཕུང་པོར་ནོར་དུ་བྱིན། །དེ་ལ་དྲུག་ཅུ་རྩ་བཞིས་ཐོབ། སྟེང་གི་ཕུང་པོར་བུ་ལོན་ དབྲོག །ལྷག་མ་འདིར་ནི་ཉིན་ཞག་དང༌། །ཆུ་ཚོད་ཆུ་སྲང་དག་དང་དབུགས། །འདི་དག་ འཁོར་ལོ་ལོངས་སྤྱོད་པས། །ཉི་མའི་དཀྱིལ་འཁོར་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ཡང་ཚེས་ཞག་གི་དཀྱིལ་འཁོར་དབུགས་ཀྱི་བར་དུ་བསིལ་བ་གནས་གསུམ་དུ་འཇོག་ པའི་རྒྱུ་མཚན་ནི། སྟེང་མ་ལྷག་པོ་སྦྱོང་བའི་གཞི་དང༌། འོག་མ་གཉིས་ལྷག་པོ་འཚོལ་བའི་ 1-1-617 གཞིར་བཀོད། དེའི་དོན་ཡང་ཚེས་ཞག་དྲུག་ཅུ་རྩ་བཞི་དང༌། ཚེས་ཞག་གཅིག་གི་བདུན་ བརྒྱ་དང་བདུན་གྱི་ཆ་གཅིག་སོང་བའི་དུས་སུ། ཉིན་ཞག་དྲུག་ཅུ་རེ་གསུམ་གྱིས་ཆོག་པ་ ཡིན་ནོ། ། གཉིས་པ་ནི། བགོད་བྱེད་ཀྱི་དཀྱིལ་འཁོར་དེ་གནས་གཅིག་ཏུ་བསྡུ་བའི་ཕྱིར། ཐམས་ ཅད་ཁྲི་བརྒྱད་བརྒྱས་བསྒྱུར་ཏེ་རང་རང་གི་འཁོར་ལོས་སྟེང་དུ་དྲིལ་བ་ནི་བགོད་བྱེད་ཀྱི་སྐྱེས་ བུ་ཡིན་ལ། བགོ་བྱ་བགོད་བྱེད་ཤེད་མཚུངས་པའི་ཕྱིར་དུ། བགོ་བྱ་རྒྱུ་སྐར་གྱི་ཆུ་ཚོད་ཡང་ ཁྲི་བརྒྱད་བརྒྱས་བསྒྱུར་བ་ལ་བགོས་པས་ཆུ་ཚོད་བཞི་ཆུ་སྲང་ཉེར་དྲུག དབུགས་སྟོང་པ། འདོད་ཆ་དགུ་ཅུང་མེད་ཅིག་འབྱུང་བ་ནི། ཉི་མའི་ཉིན་ཞག་གི་རྟག་ལོངས་རྣམ་དག་ཡིན་ནོ། །དེ་ལྟར་ན་ཞག་གསུམ་པོ་དེ་ཟླ་བའི་ཆ་འཕེལ་འགྲིབ་ཚེས་ཀྱིས་བཞག་པས་ཚེས་ཞག་དང༌། ཉི་མས་གླིང་བཞི་ཚད་གཅིག་བསྐོར་བའི་སྒོ་ནས། བཞག་པས་ཉིན་ཞག་དང༌། ཁྱིམ་ཟླ་རེའི་ སུམ་ཅུའི་ཆ་ཤས་ཀྱི་སྒོ་ནས་བཞག་པས་ཁྱིམ་ཞག་གམ་ས་ཞག་ཅེས་ཐ་སྙད་བཞག་པ་ཡིན་ ནོ། ། གསུམ་པ་ཟླ་བའི་རྟག་པའི་ལོངས་སྤྱོད་ནི། རགས་རྩིས་ཀྱི་དབང་དུ་བྱས་པའི་ཟླ་བའི་ དཀྱིལ་འཁོར་ཞག་སུམ་ཅུས་རྒྱུ་སྐར་གྱི་ཆུ་ཚོད་ལ་བགོས་པས་ལྔ་བཅུ་རྩ་བཞི་ཐོབ་ལ་དེའི་ སྟེང་དུ་ཉི་མའི་ཚེས་ཞག་གི་རྟག་ལོངས་ཆུ་ཚོད་བཞི་ལ་སོགས་པ་བསྣན་པས་ཆུ་ཚོད་ལྔ་བཅུ་ རྩ་བརྒྱད། ཆུ་སྲང་ཉེར་གཅིག དབུགས་ལྔ། འདོད་ཆ་དགུ་ཅུང་མེད་གཅིག་འབྱུང་པ་ནི་ཟླ་ བའི་ཚེས་ཀྱི་རྟག་ལོངས་རྣམ་དག་ཡིན་ཏེ། རྩ་རྒྱུད་ལས། ཁྱིམ་གྱི་འཁོར་ལོར་ལོངས་སྤྱོད་ པས། །ཟླ་བའི་དཀྱིལ་འཁོར་བཤད་བྱ་ལ། །འཁོར་ལོའི་ཆུ་ཚོད་ཉི་ཆུ་ཚོད། །ཟླ་བའི་ལོངས་ སྤྱོད་བསྲེས་པ་དག །སུམ་ཅུའི་ཆས་ཐོབ་ཟླ་ལོངས་སྤྱོད། །ཅེས་གསུངས་པའི་ཕྱིར། ཡང་ ན་ཚེས་ཞག་ཉེར་བདུན། ཆུ་ཚོད་ཞེ་ལྔ། ཆུ་སྲང་ཉེར་གཅིག དབུགས་གསུམ་རྣམས་ཟླ་བའི་ 1-1-618 ཚེས་ཞག་གི་དཀྱིལ་འཁོར་རྣམ་དག་ཡིན་ལ། དེ་རྣམས་གནས་གཅིག་ཏུ་བསྡུ་བའི་ཕྱིར་ཉིས་ འབུམ་ཆིག་ཁྲི་སུམ་སྟོང་བཞི་བརྒྱས་བསྒྱུར་ཏེ། སོ་སོའི་འཁོར་ལོས་སྟེང་དུ་དྲིལ་བ་ནི་བགོད་ བྱེད་ཀྱི་སྐྱེས་བུ་ཡིན། བགོ་བྱ་བགོ་བྱེད་ཤེད་མཚུངས་པའི་ཕྱིར། རྒྱུ་སྐར་གྱི་ཆུ་ཚོད་ཀྱང་ཉིས་ འབུམ་ལ་སོགས་པས་བསྒྱུར་ཏེ་བགོས་པས་ཆུ་ཚོད་ལྔ་བཅུ་རྩ་བརྒྱད་ལ་སོགས་པ་ཐོབ་པ་ནི། ཟླ་བའི་ཚེས་ཀྱི་རྟག་པའི་ལོངས་སྤྱོད་རྣམ་པར་དག་པ་ཡིན་ཏེ། རྩ་རྒྱུད་ལས། ཟླ་བས་ཉིན་ ཞག་ཆུ་ཚོད་དང༌། །ཆུ་སྲང་དབུགས་ནི་གང་དག་གིས། །འཁོར་ལོའི་ཆུ་ཚོད་མཐར་སྤྱོད་པ། །དེ་ནི་དེ་ཡི་དཀྱིལ་འཁོར་འགྱུར། །ཞེས་གསུངས་པའི་ཕྱིར། བཞི་པ་ཚེས་ཀྱི་རྟག་པའི་ལོངས་སྤྱོད་ནི་ཉིན་ཞག་གཅིག་གི་ཆུ་ཚོད་དྲུག་ཅུ་དབུགས་ ཀྱི་བར་དུ་བསིལ་ཏེ། གནས་གསུམ་དུ་བཞག་པའི་འོག་མ་བདུན་བརྒྱ་དང་བདུན་གྱིས་ བགོས་པའི་ཐོབ་ནོར་བར་མ་ལ་བྱིན། དེ་ལ་དྲུག་ཅུ་རྩ་བཞིས་བགོས་པའི་ནོར་གྱིས་སྟེང་མ་ ལ་སྦྱངས། དབུགས་ལ་སོགས་པ་སོ་སོའི་འཁོར་ལོས་སྟེང་དུ་དྲིལ། དབུགས་ཀྱི་གནས་ ནས་གཅིག་ཕབ་དྲུག་ཅུ་རྩ་བཞིས་བསྒྱུར་ཏེ་སྔར་གྱི་དྲུག་ཅུ་རྩ་བཞིས་བགོས་པའི་ལྷག་མས་ སྦྱངས། དེ་ལས་གཅིག་ཕབ་བདུན་བརྒྱ་དང་བདུན་གྱིས་བསྒྱུར་བ་ལ། སྔར་གྱི་བདུན་བརྒྱ་ དང་བདུན་གྱིས་བགོས་པའི་ལྷག་མས་སྦྱངས་པས་ཆུ་ཚོད་ལྔ་བཅུ་ང་དགུ ། ཆུ་སྲང་གསུམ། དབུགས་བཞི། དབུགས་ཀྱི་རེ་བཞི་ཆ་གཅིག རེ་བཞི་ཆ་གཅིག་གི་བདུན་བརྒྱ་དང་བདུན་གྱི་ ཆ་སུམ་བརྒྱ་དང་བཅུ་བདུན་རྣམས་འབྱུང་བ་ནི། ཚེས་ཀྱི་རྟག་པའི་ལོངས་སྤྱོད་རྣམ་པར་དག་ པ་ཡིན་ནོ། །དེ་ཡང་ཉིན་ཞག་གཅིག་གི་སྟེང་ནས་རང་གི་དྲུག་ཅུ་རྩ་བཞི་ཆ་གཅིག་དང་དྲུག་ ཅུ་རྩ་བཞི་ཆ་གཅིག་གི་བདུན་བརྒྱ་དང་བདུན་གྱི་ཆ་ཤས་གཅིག་བོར་བའི་ཡུན་ལ་ཚེས་ཞག་ གཅིག་ཏུ་འཇོག་པར་བྱེད་དོ། ། ལྔ་པ་གཟའ་ལྔའི་རྟག་པའི་ལོངས་སྤྱོད་ལ། རྒྱུ་སྐར་འཁོར་བའི་རྟག་པའི་ལོངས་སྤྱོད་ 1-1-619 དང༌། མྱུར་རྐང་འགྲོས་བཞི་རྫོགས་པའི་རྟག་པའི་ལོངས་སྤྱོད་གཉིས་གཉིས་ཡོད་པ་ལས། ཞི་གཟའ་ལྷག་པ་དང་པ་སངས་གཉིས་ཀྱི་རྒྱུ་སྐར་འཁོར་བའི་རྟག་པའི་ལོངས་སྤྱོད་ནི། ཉི་མ་ དང་མཚུངས་པ་ཡིན་ཏེ། ཞག་གསུམ་གྱི་དཀྱིལ་འཁོར་ཉི་མ་དང་མཚུངས་པ་ཡིན་པའི་ཕྱིར་ ལོགས་སུ་བཤད་མི་དགོས། དྲག་གཟའི་རྒྱུ་སྐར་འཁོར་བའི་རྟག་པའི་ལོངས་སྤྱོད་ལ་གསུམ་ སྟེ། མིག་དམར་གྱི། ཕུར་བུའི། སྤེན་པའི་རྟག་པའི་ལོངས་སྤྱོད་དོ། ། དང་པོ་ལ་སྔར་ལྟར་གཉིས་ལས། དང་པོ་ནི། བཀྲ་ཤིས་ལ་ནི་རི་ཀླུ་རོ་ཞེས་པ་ཉིན་ཞག་ དྲུག་བརྒྱ་དང་བརྒྱད་ཅུ་རྩ་བདུན་འབྱུང་བ་ནི་བགོད་བྱེད་ཀྱི་སྐྱེས་བུ་ཡིན། གཉིས་པ་ནི། དཀྱིལ་འཁོར་དེས་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ལ་བགོས་པས་ཆུ་ཚོད་གཉིས། ཆུ་ སྲང་ཉེར་གཅིགདབུགས་གཉིས་སོགས་འབྱུང་བ་ནི། མིག་དམར་གྱི་རྒྱུ་སྐར་འཁོར་བའི་རྟག་ ལོངས་རྣམ་དག་ཡིན་ནོ། ། གཉིས་པ་ལ་གཉིས་ལས་དང་པོ་ནི། བླ་མའི་སོ་མེ་རྒྱ་མཚོ་སྟེ་ཞེས་གསུངས་པ་ལྟར་ཉིན་ ཞག་བཞི་སྟོང་སུམ་བརྒྱ་སོ་གཉིས་ཀྱི་ཕུང་པོ་ནི་བགོད་བྱེད་ཀྱི་སྐྱེས་བུ་ཡིན། གཉིས་པ་ ནི། དཀྱིལ་འཁོར་དེས་རྒྱུ་སྐར་གྱི་ཆུ་ཚོད་ལ་བགོས་པས། ཆུ་སྲང་ཉེར་གཉིས། དབུགས་ གཉིས། འདོད་ཆ་བརྒྱད། དེའི་མིག་ལག་རིའི་ཆ་ཤས་བརྒྱ་རྣམས་སྒྲ་མཁན་གྱི་རྒྱུ་སྐར་ འཁོར་བའི་རྟག་པའི་ལོངས་སྤྱོད་ཡིན་ནོ། ། གསུམ་པ་ལ་གཉིས་ལས་དང་པོ་ནི། དལ་བའི་རོ་དུས་རི་མཁའ་ཟླ་ཞེས་པ་ལྟར་ཉིན་ ཞག་ཁྲི་བདུན་བརྒྱ་དྲུག་ཅུ་རྩ་དྲུག་ནི་བགོད་བྱེད་ཀྱི་དཀྱིལ་འཁོར་ཡིན། གཉིས་པ་ནི། དཀྱིལ་ འཁོར་དེས་རྒྱུ་སྐར་གྱི་ཆུ་ཚོད་ལ་བགོས་པས། ཆུ་སྲང་དགུ། དབུགས་སྟོང་པ། འདོད་ ཆ་གཉིས། དེའི་མེ་ཀླུ་མེ་དབང་གི་ཆ་ཀླུ་མཚམས་གཟུགས་ཟླ་རྣམས་ནི། སྤེན་པའི་རྒྱུ་སྐར་ འཁོར་བའི་རྟག་ལོངས་རྣམ་དག་ 1-1-620 ཡིན་ནོ། །གཉིས་པ་མྱུར་རྐང་འགྲོས་བཞི་རྫོགས་པའི་རྟག་ལོངས་ལ་དྲག་གཟའ་གསུམ་ གྱི་རྟག་ལོངས་ནི་ཉི་མའི་རྒྱུ་སྐར་འཁོར་བའི་རྟག་པའི་ལོངས་སྤྱོད་དང་མཚུངས་ཏེ། བགོད་ བྱེད་ཀྱི་སྐྱེས་བུ་ཉི་མའི་ཞག་གསུམ་གྱི་དཀྱིལ་འཁོར་དང་མཚུངས་པའི་ཕྱིར། ཞི་གཟའ་ལ་ གཉིས་ལས། དང་པོ་ལྷག་པ་ལ་གོང་ལྟར་གཉིས་ལས། དང་པོ་ནི། ཉིན་ཞག་རི་ཀླུ་ཀླུ་མདའ་ དབྱུག །སྲང་ཉི་ཟླ་སྐྱེས་རྐང་པའི་སྟེ། །ཞེས་པ་ལྟར། ཉིན་ཞག་བརྒྱད་ཅུ་རྩ་བདུན། ཆུ་ཚོད་ ལྔ་བཅུ་ང་བརྒྱད། ཆུ་སྲང་བཅུ་གཉིས་དེ་རྣམས་གནས་གཅིག་ཏུ་བསྡུ་བའི་ཕྱིར་ཐམས་ཅད་ བརྒྱས་བསྒྱུར་ཏེ་རང་རང་གི་འཁོར་ལོས་སྟེང་དུ་དྲིལ་བས་རི་བུག་རི་ཀླུའི་གྲངས་འབྱུང་བ་ ནི་བགོད་བྱེད་ཀྱི་སྐྱེས་བུ་ཡིན། གཉིས་པ་ནི། བགོ་བྱ་བགོད་བྱེད་ཤེད་མཚུངས་པའི་ཕྱིར་ཏུ། རྒྱུ་སྐར་གྱི་ཆུ་ཚོད་ཀྱང་བརྒྱས་བསྒྱུར་ཏེ་བགོས་པས། ཆུ་ཚོད་བཅོ་བརྒྱད། ཆུ་སྲང་ཉེར་བཞི། དབུགས་ལྔ། འདོད་ཆ་དྲུག དེའི་རི་བུག་རི་ཀླུའི་ཆ་སྲིན་པོ་ཆུ་ཟླ་ཀླུ་རྣམས་འབྱུང་བ་ནི། ལྷག་ པའི་མྱུར་རྐང་འགྲོས་བཞི་རྫོགས་པའི་རྟག་པའི་ལོངས་སྤྱོད་རྣམ་དག་ཡིན་ནོ། ། གཉིས་པ་པ་ཝ་སངས་ལ་གཉིས་ལས། དང་པོ་ནི། རྒྱལ་མིག་ཉིན་ཞག་ལག་ཆུ་དབྱུག །དཀར་པོའི་མྱུར་རྐང་དཀྱིལ་འཁོར་ཡིན། །ཞེས་པ་ལྟར། ཉིན་ཞག་ཉིས་བརྒྱ་དང་ཉི་ཤུ་རྩ་ བཞི། ཆུ་ཚོད་བཞི་བཅུ་ཞེ་གཉིས་ནི་བགོད་བྱེད་ཀྱི་དཀྱིལ་འཁོར་ཡིན། གཉིས་པ་ནི། དཀྱིལ་ འཁོར་དེ་རྣམས་གནས་གཅིག་ཏུ་བསྡུ་བའི་ཕྱིར། བཅུས་བསྒྱུར་ཏེ། རང་རང་གི་འཁོར་ལོས་ སྟེང་དུ་དྲིལ་བས་རི་རྒྱལ་མིག་གི་གྲངས་འབྱུང་བ་ནི་བགོད་བྱེད་ཀྱི་སྐྱེས་བུ་ཡིན། བགོ་བྱ་ བགོད་བྱེད་ཤེད་མཚུངས་པའི་ཕྱིར་ཏུ་རྒྱུ་སྐར་གྱི་ཆུ་ཚོད་ཡང་བཅུས་བསྒྱུར་ཏེ་བགོས་པས་ ཆུ་ཚོད་བདུན། ཆུ་སྲང་བཅུ་གཉིས། དབུགས་གསུམ། འདོད་ཆ་ལྔ་དེའི་སྲིན་པོ་མཚོ་རིའི་ཆ་ མཁའ་མཚོ་ཐུབ་པ་རྣམས་འབྱུང་བ་ནི་པ་སངས་ཀྱི་མྱུར་རྐང་འགྲོས་བཞི་རྫོགས་པའི་རྟག་ ལོངས་རྣམ་དག་ཡིན་ནོ། །དེ་ལྟར་ན་གཟའ་རང་རང་གི་དཀྱིལ་འཁོར་གྱིས་རྒྱུ་སྐར་གྱི་ཆུ་ཚོད་ 1-1-621 སྟོང་དྲུག་བརྒྱ་ཉི་ཤུ་ལ་བགོས་པའི་འབྲས་བུ་ནི་རང་རང་གི་རྟག་པའི་ལོངས་སྤྱོད་རྣམ་པར་ དག་པར་འགྱུར་བ་ཡིན་ཏེ། རྒྱུད་ལས། མིག་དམར་ལ་སོགས་དཀྱིལ་འཁོར་ནི། །རང་རང་ རྒྱུ་བ་ལས་རབ་གྲུབ། །ཉིན་གཅིག་རྒྱུ་སྐར་རྣམས་ཀྱིས་བསྒྱུར། །དཀྱིལ་འཁོར་གྱིས་ནི་རྣམ་ པར་དབྱེ། །ཐོབ་པ་དག་ནི་སྐར་མར་འགྱུར། །ལྷག་མ་སླར་ཡང་དྲུག་ཅུས་བསྒྱུར། །དཀྱིལ་ འཁོར་ཆ་ཡིས་ཆུ་ཚོད་དེ། །དེ་བཞིན་ཆུ་སྲང་དབུགས་དག་ཀྱང༌། །དཀྱིལ་འཁོར་ཆས་ཐོབ་ གཟའ་རྣམས་ཀྱི། །ཉིན་ཞག་སོ་སོར་མི་ཡི་བདག །དེ་ཉིད་སྦྱིན་པ་བྱས་ནས་ནི། །གཟའ་ཡི་ རྐང་པས་གཟའ་དག་བྱ། །གང་ཚེ་གཟའ་ཡི་ལོངས་སྤྱོད་དག །དེ་ཚེ་ཟླ་བའི་ཆ་འཆར་བ། །ཟླ་ བའི་ལོངས་སྤྱོད་ཀྱིས་ཤེས་བྱ། །བགྲོད་པའི་རི་མོ་ལ་གནས་པའི། །བགྲོད་པས་ཉི་མ་དག་ པར་བྱ། །ལོངས་སྤྱོད་ཆ་གཅིག་ལ་གནས་པའི། །ཟླ་བས་ཉི་མས་དག་པར་བྱ། །ཟླ་བས་ མིག་དམར་ལ་སོགས་སོ། །དཀར་པོ་ནག་པོའི་ཚིགས་མཚམས་ལ། །ཚེས་གྲངས་གཉིས་ ཀའི་དབུས་སུ་ནི། །ཟླ་བ་ཉི་མ་རྣམ་འཇོམས་དང༌། །སྒྲ་གཅན་འཇུག་པས་ཚེས་གྲངས་སོ། །དེ་ལྟར་ཐམས་ཅད་ཡོངས་ཤེས་ནས། །གྲུབ་མཐའི་ལོངས་སྤྱོད་རྣམ་པ་གཞན། །རྣམ་གཞན་ ཉུང་ངུའི་བྱེད་ལ་སོགས། །འདི་ལས་མ་དག་རྣམ་པར་སྤང༌། །ཞེས་གསུངས་པའི་ཕྱིར། དྲུག་པ་སྒྲ་གཅན་གྱི་རྟག་པའི་ལོངས་སྤྱོད་ལ་སྔར་ལྟར་གཉིས་ལས། དང་པོ་ནི། ཚེས་ ཞག་སྟོང་ཕྲག་དྲུག་དང་དགུ་བརྒྱ་སྒྲ་གཅན་གྱི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་རྣམ་དག་ ཡིན་ཏེ། རྒྱུད་ལས། ཉི་མ་དགུ་བརྒྱ་རྣམས་དང་ནི། །དྲུག་སྟོང་སྒྲ་གཅན་དཀྱིལ་འཁོར་ཡིན། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི་དཀྱིལ་འཁོར་དེས་རྒྱུ་སྐར་གྱི་ཆུ་ཚོད་ཆུ་སྲང་དུ་བསིལ་ བ་ལ་བགོས་པས་ཆུ་སྲང་བཅུ་བཞི། དབུགས་ཀྱི་ཉེར་གསུམ་ཆ་བཅུ་གཉིས་རྣམས་སྒྲ་གཅན་ གྱི་ཚེས་ཞག་གཅིག་གི་རྟག་པའི་ལོངས་སྤྱོད་རྣམ་དག་ཡིན་ནོ། ། བདུན་པ་དུ་བའི་རྟག་པའི་ལོངས་སྤྱོད་ལ་རྟག་ལོངས་དངོས་དང༌། ཞར་ལ་རྐང་པའི་ 1-1-622 ལོངས་སྤྱོད་གཉིས་ལས། དང་པོ་ནི་ཉི་མ་དང་མཚུངས་ཏེ། རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་ ཉི་མ་དང་མཚུངས་པའི་ཕྱིར། གཉིས་པ་ལ། ལོངས་སྤྱོད་འཚོལ་ཚུལ་དང༌། འགྲོས་བཞི་ འཆར་ནུབ་ཀྱི་མཐའ་བཤད་པ་གཉིས། དང་པོ་ནི། སྒྲ་གཅན་གྱི་ཟླ་བ་གཅིག་གི་རྟག་པའི་ ལོངས་སྤྱོད་ལ། རགས་རྩིས་ཀྱི་དབང་དུ་བྱས་ན་ཆུ་ཚོད་ཕྱེད་དང་བརྒྱད་འབྱུང་བ་དེ། གཉིས་ ཀྱིས་བསྒྱུར་བས་ཟླ་བ་གཉིས་ཀྱི་རྟག་པའི་ལོངས་སྤྱོད་དུ་འགྱུར། དེ་ལ་ཟླ་བ་ཕྱེད་ཀྱི་རྟག་ པའི་ལོངས་སྤྱོད་ཆུ་ཚོད་གསུམ་དང་ཆུ་སྲང་ཞེ་ལྔས་བགོད་བགོས་པ་ལས། ཆུ་སྲང་ཞེ་ལྔ་པོ་ རྐང་པ་གསུམ་ཡིན་པས། དེ་གོང་དུ་འཇུག་པའི་དོན་དུ། ཆུ་ཚོད་རྣམས་བཞིས་བསྒྱུར་འོག་ གི་ཆུ་སྲང་ལ་རྐང་པ་གཅིག་གི་ཆུ་སྲང་བཅོ་ལྔས་བགོས་པས་གསུམ་ཐོབ་པ་གོང་དུ་བསྲེས་པ་ ནི་བགོད་བྱེད་ཀྱི་སྐྱེས་བུ་ཡིན། བགོ་བྱ་བགོད་བྱེད་ཤེད་མཚུངས་པའི་ཕྱིར་ཏུ་ཟླ་བ་གཉིས་ ཀྱི་རྟག་ལོངས་ཀྱང་བཞིས་བསྒྱུར་བ་ལ་བགོས་པས་བཞི་ཐོབ་པ་ནི་ཆུ་ཚོད་ཡིན། སླར་ཡང་ སྒྲ་གཅན་གྱི་རྟག་པའི་ལོངས་སྤྱོད་ལས་ཆུ་སྲང་བདུན་དང་དབུགས་གསུམ་ཟུར་དུ་ཕྱུངས་ཏེ། རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་གྱིས་བསྒྱུར་ཏེ་རང་རང་གི་འཁོར་ལོས་དྲིལ་བས་ཆུ་ སྲང་ཉི་ཤུ་རྩ་གཉིས་དང་དབུགས་གསུམ་འབྱུང༌། དེ་ལྟར་ན་ཆུ་ཚོད་བཞི། ཆུ་སྲང་ཉེར་གཉིས། དབུགས་གསུམ་ནི་མཇུག་རིང་གི་ལོངས་སྤྱོད་ཡིན་ལ། དེ་ལ་ཉི་མའི་བྱེད་རྩིས་ཀྱི་ལོངས་སྤྱོད་ ཆུ་ཚོད་བཞི་དང༌། ཆུ་སྲང་ཉི་ཤུས་སྦྱངས་པས། ལྷག་མ་ཆུ་སྲང་གཉིས་དང་དབུགས་གསུམ་ འབྱུང་བ་ནི་མཇུག་རིང་གི་རྐང་བའི་ལོངས་སྤྱོད་ཡིན་ནོ། །འདི་དལ་མྱུར་གྱི་རྐང་པ་གང་གི་ ལོངས་སྤྱོད་ཡིན་ཞེ་ན། མྱུར་རྐང་གནས་བཅུ་བཞི་དང་དལ་རྐང་གནས་དྲུག་གང་རུང་ལ་ བསྟེན་པའི་ལོངས་སྤྱོད་ནི་མ་ཡིན་ལ། སྤྱིར་གྱི་རྐང་པའི་ལོངས་སྤྱོད་ཙམ་དུ་བཤད་པ་ཡིན་ནོ། །དེས་ན་འདིའི་ཆུ་སྲང་གཉིས་དང་དབུགས་གསུམ་པོ་ནི་མཇུག་རིང་ཉི་མའི་འོད་ཟེར་གྱིས་མ་ བཏང་པའི་ལོ་གསུམ་གྱི་བར་གྱི་ཞག་རེ་ལ་སྤྱོད་པའི་ལོངས་སྤྱོད་ཡིན་ནོ། །ཕྱོགས་གསུམ་གྱི་ 1-1-623 བར་གྱི་ཞག་རེ་ལ་ནི་གོང་གི་ཆུ་སྲང་གཉིས་དང༌། དབུགས་གསུམ་པོ་དེ་ཕྱོགས་ཞག་ཞེ་ལྔས་ བསྒྱུར་ཏེ། དེ་ལ་ང་དྲུག་རྐང་བཅས་ཀྱིས་བགོད་བགོས་པ་ལས། རྐང་བཅས་འཇུག་པའི་དོན་ དུ་ང་དྲུག་སོ་བཞིས་བསྒྱུར་དེ་ལ་རྐང་པ་བཅུག་པས་ཉིས་བརྒྱ་དང་ཉེར་ལྔ་འབྱུང་བ་ནི་བགོད་ བྱེད་ཀྱི་སྐྱེས་བུ་ཡིན། བགོ་བྱ་བགོད་བྱེད་ཤེད་མཚུངས་པའི་ཕྱིར་དུ་བགོ་བྱ་ཡང་བཞིས་ བསྒྱུར་བ་ལ་བགོས་པས་གཉིས་ཐོབ་པ་ནི། ཆུ་སྲང་ང་དྲུག་རྐང་བཅས་ལ་ཆུ་ཚོད་དུ་བརྩིས་ པའི་ཆུ་ཚོད་གཉིས་རེ་ཕྱོགས་ཞག་རེ་ལ་ལོངས་སྤྱོད་པར་བྱེད་པ་ཡིན་ནོ། ། གཉིས་པ་ལ་གཞུང་གི་དོན་བཤད་པ་དང༌། མི་འཐད་པའི་ཆ་དགག་པ་གཉིས། དང་ པོ་ནི། མཇུག་རིང་ཉི་མ་དང་ལྷན་ཅིག་ཏུ་གནས་པ་གཅིག་ནས་མྱུར་འགྲོས་ཀྱི་མགོ་བཅོམ་ [བརྩོམ]པའི་དབང་དུ་བྱས་ནས་ཤར་ཕྱོགས་སུ་འགྲོ་བ་ལ་ལོ་གསུམ་ཕྱོགས་གསུམ་དགོས། ལོ་གསུམ་གྱི་ཞག་རེ་ལ་ཉི་མ་ལས་མགྱོགས་ཁྱད་དུ་ཆུ་སྲང་གཉིས་དང་དབུགས་གསུམ་རེ་ ལོངས་སྤྱོད་དེ་ནས་ལོ་གསུམ་རྫོགས་ཏེ་ཕྱོགས་དང་པོ་གཉིས་ཀྱི་བར་ལ་སྐར་མ་འོད་ཆེན་ པོའི་རྣམ་པར་མཐོང་ཕྱོགས་ཐ་མ་ལ་དུ་བ་དང་བཅས་པར་མཐོང༌། །ཕྱོགས་གསུམ་གྱི་ཞག་ རེ་ལ་མགྱོགས་ཁྱད་ཆུ་སྲང་ང་དྲུག་རྐང་བཅས་ལ་ཆུ་ཚོད་དུ་རྩིས་པའི་ཆུ་ཚོད་གཉིས་རེ་སྤྱོད། དེ་ལྟར་ན་ལོ་གསུམ་ཕྱོགས་གསུམ་གྱིས་ཁ་ཤར་དུ་བལྟ་བའི་མྱུར་འགྲོས་རྫོགས། དེ་ཁ་ འགུགས་པར་བྱེད་པའི་དལ་འགྲོས་ལ་ཕྱོགས་གསུམ་དང་ལོ་གསུམ་དགོས་པ་ལས། ཕྱོགས་ དང་པོ་ལ་དུ་བ་དང་བཅས་པར་མཐོང༌། ཐ་མ་གཉིས་ལ་སྐར་མ་འོད་ཆེན་གྱི་རྣམ་པར་མཐོང༌། དེ་ལྟར་ཕྱོགས་གསུམ་གྱི་བར་ལ་ཆུ་ཚོད་གཉིས་རེ་ནུབ་ཕྱོགས་ལ་སྤྱོད་པ་ཡིན། དེ་ནས་ཉི་ མའི་འོད་ཟེར་ལ་ནུབ་པའི་ལོ་གསུམ་གྱི་བར་ཞག་རེ་ལ་ཆུ་སྲང་གཉིས་དང་དབུགས་གསུམ་ རེ་ནུབ་ཏུ་དལ་བར་སྤྱོད་པ་ཡིན། དེས་དལ་འགྲོས་རྫོགས་དེ་ནས་འཁྱོག་འགྲོས་ལ་འགྲོས་ རྒྱུན་དལ་འགྲོས་དང་མཚུངས་པའི་ལོ་གསུམ་ཕྱོགས་གསུམ་དགོས་པ་ལས། ལོ་གསུམ་གྱི་ 1-1-624 ཞག་རེ་ལ་སྤྱོད་ཚུལ་དལ་འགྲོས་དང་མཚུངས། དེ་ནས་ཕྱོགས་དང་པོ་གཉིས་ལ་ཉི་མའི་ནུབ་ ཕྱོགས་སུ་སྐར་མ་འོད་ཆེན་གྱི་རྣམ་པར་མཐོང༌། ཐ་མ་ལ་དུ་བའི་རྣམ་པར་མཐོང་ཞིང་ཕྱོགས་ ཞག་རེ་ལ་ཆུ་ཚོད་གཉིས་རེ་ནུབ་ཕྱོགས་སུ་སྤྱོད། དེ་ཁ་འགུགས་པའི་འབྱུང་འགྲོས་ལ་ཕྱོགས་ གསུམ་ལོ་གསུམ་དགོས་པ་ལས། མཐོང་ཚུལ་ནི་དལ་འགྲོས་དང་མཚུངས་ཤིང་ཁ་ཤར་ ཕྱོགས་སུ་བལྟས་ནས་ཕྱོགས་ཞག་རེ་ལ་ཆུ་ཚོད་གཉིས་རེ་དང་ལོ་གསུམ་གྱི་ཞག་རེ་ལ་སྤྱོད་ ཚུལ་གོང་དང་མཚུངས། དེས་འགྲོས་བཞི་ཚར་གཅིག་རྫོགས་དེའི་དོན་རྒྱུད་ལས། སུམ་ཅུ་རྩ་ བདུན་ལག་པས་བསྒྱུར་བའི་ཟླ་བ་རྣམས་ཀྱི་མཇུག་རིང་དང་ནི་མྱུར་དང་འཁྱོག་པོར་འགྱུར། །ཞེས་གསུངས་སོ། ། གཉིས་པ་ལ་འགྲོས་བཞི་མེད་པར་འདོད་པའི་ལན་དགག་པ། ཡོད་ཀྱང་ཚུལ་གཞན་དུ་ འདོད་པའི་ལུགས་དགག་པ་གཉིས། དང་པོ་ནི། ཁ་ཅིག་ན་རེ། གོང་གི་ལུང་གི་དོན། མཇུག་ རིང་ལ་མྱུར་འཁྱོག་གི་འགྲོས་གཉིས་ལས་མེད་ཟེར། འོ་ན་མྱུར་འགྲོས་ཁ་ཤར་བལྟས་དེ་ཁ་ འགུགས་པར་བྱེད་པའི་འགྲོས་མེད་པར་ཐལ། དལ་འགྲོས་མེད་པའི་ཕྱིར། རྟགས་ཁས། འདོད་ན། འགྲོས་གཉིས་ཀྱང་མེད་པར་ཐལ། ཁ་ཤར་ལྟས་ཀྱི་མྱུར་འགྲོས་དེ་ལས་མེད་ པའི་ཕྱིར་རོ། །གཉིས་པ་ནི། ཁ་ཅིག་ན་རེ། ཟླ་ཕྱེད་བར་བ་ལ་དུ་བ་དང་བཅས་པར་མཐོང་ ཞེས་ཟེར། དེ་ནི་མི་འཐད་དེ། ཟླ་ཕྱེད་ཐ་མ་ལ་མཐོང་བར་བཤད་པའི་ཕྱིར་ཏེ། འགྲེལ་པར། མཐའི་ཕྱོགས་གཅིག་ཏུ་ནི་དུ་བ་དང་བཅས་པར་རོ་ཞེས་གསུངས་པའི་ཕྱིར། གསུམ་པ་རྩོད་པ་སྤང་པ་ནི། རྒྱུད་ལས། ཟླ་བའི་ཕྱོགས་ཏེ་ཉི་མའི་བགྲོད་པ་དག་ཀྱང་ ས་སྐྱེས་ཟླ་བ་དགུ་རྣམས་དག་གི་མཚན་མོའོ། །བླ་མའི་ལོ་དྲུག་ཏུ་འགྱུར་པ་སངས་ཀྱི་ཡང་ བགྲོད་པར་འགྱུར་ཏེ་ཟླ་སྐྱེས་ཀྱི་ཡང་བགྲོད་པའོ། །ཚེས་ཞེས་བྱ་བའི་ལོ་ནི་ཉི་སྐྱེས་ཀྱི་སྟེ་དེ་ བཞིན་མུན་ཅན་གྱི་དགུ་རྒྱལ་པོ་མཇུག་རིང་དམན། །ཞེས་གསུངས་པའི་དོན། ཟླ་བའི་དཀྱིལ་ 1-1-625 འཁོར་གྱི་ཕྱེད་ཞག་བཅོ་ལྔ། དེ་བཞིན་དུ་གཟའ་ཐམས་ཅད་ཀྱི་དཀྱིལ་འཁོར་ངོས་འཛིན་ པས། ཉི་མའི་བགྲོད་པ་གཅིག་གི་ཞག་བརྒྱ་བརྒྱད་ཅུ། མིག་དམར་གྱི་ཟླ་བ་དགུ ཕུར་བུའི་ ལོ་དྲུག པ་སངས་དང་ལྷག་པ་གཉིས་ཀྱི་བགྲོད་པ་རེ་རེ། སྤེན་པའི་ལོ་བཅོ་ལྔ། སྒྲ་གཅན་ གྱི་ལོ་དགུ་རྣམས་རང་རང་གི་དཀྱིལ་འཁོར་གྱི་ཕྱེད་ཡིན་ལ། དེ་རྣམས་སོ་སོར་གཉིས་ཀྱིས་ བསྒྱུར་བས་རང་རང་གི་དཀྱིལ་འཁོར་རྣམ་དག་འབྱུང་ལ་དེས་རྒྱུ་སྐར་གྱི་ཆུ་ཚོད་ལ་བགོས་ པས་ཐོབ་པ་ནི་རང་རང་གི་རྟག་པའི་ལོངས་སྤྱོད་རྣམ་དག་ཏུ་འགྱུར་བས། ཁྱོད་ཀྱིས་གོང་དུ་ བཤད་པ་དེ་དག་རྟག་ལོངས་རྣམ་དག་མ་ཡིན་ནོ་ཞེ་ན་སྐྱོན་མེད་དེ། གཟའ་སོ་སོའི་དཀྱིལ་ འཁོར་ལ་རགས་རྩིས་དང༌། འབྲིང་རྩིས་དང༌། ཤིན་ཏུ་ཞིབ་རྩིས་དང་གསུམ་རེ་ཡོད་པ་ལས། ཁྱོད་ཀྱིས་འདོད་པ་འདི་ནི་འཇིག་རྟེན་གྲགས་པ་དང་སྟུན་པའི་རགས་རྩིས་ཡིན་ལ་འབྲིང་ དུ་བརྩི་བ་ནི་ཕྱི་ནང་གཞན་གསུམ་དག་པ་སྦྱར་བ་གཙོ་བོར་བསྟན་པ་ཡིན་ནོ། །ཤིན་ཏུ་ཞིབ་ རྩིས་ནི་ཁོ་བོས་རྩ་རྒྱུད་ཀྱི་ལུང་དང་སྦྱར་ཏེ་བཤད་པ་འདི་ཡིན་པས་ན་འགལ་བ་མེད་དོ། ཡང་ ཁ་ཅིག་ན་རེ། ཚེས་ཟླ་གཅིག་གི་རྟག་པའི་ལོངས་སྤྱོད་གཟའ་ཉི་ཤུ་རྩ་དགུ། ཆུ་ཚོད་སུམ་ཅུ་རྩ་ གཅིག ཆུ་སྲང་ལྔ་བཅུ་རྣམས་བཀོད་པའི་གཟའ་ཉེར་དགུ་ཆུ་ཚོད་ཀྱི་ཕུང་པོར་བཏོང་[གཏོང] བའི་དོན་དུ་མཁའ་རོས་བསྒྱུར། དེ་ལ་འོག་གི་ཆུ་ཚོད་སུམ་ཅུ་རྩ་གཅིག་བསྲེས་ལ་སུམ་ཅུས་ བགོས་པས་ཆུ་ཚོད་ལྔ་བཅུ་རྩ་དགུ་ཐོབ་ལྷག་མ་ཆུ་སྲང་གི་དོན་དུ་དྲུག་ཅུས་བསྒྱུར་ཏེ་འོག་གི་ ཆུ་སྲང་ལྔ་བཅུ་བཅུག་སྟེ་སུམ་ཅུས་བགོས་པས་གསུམ་ཐོབ་པ་ཆུ་སྲང༌། ལྷག་མ་དབུགས་ཀྱི་ དོན་དུ་དྲུག་གིས་བསྒྱུར་ཏེ་བགོས་པས་བཞི་ཐོབ་པ་དབུགས་ཏེ་དེ་ལྟར་ན་ཆུ་ཚོད་ལྔ་བཅུ་ང་ དགུ ཆུ་སྲང་གསུམ། དབུགས་བཞི་རྣམས་ཚེས་ཀྱི་རྟག་པའི་ལོངས་སྤྱོད་ཡིན་ནོ་ཞེས་ཟེར་ དེ་ནི་རྟོག་པ་ཕན་ཚུན་བསྟེན་པའི་སྐྱོན་ཡོད་པའི་ཕྱིར། སྟེང་འོག་ཀུན་ཏུ་ཉེ་བར་འཁོར་བ་ ལྷག་མེད་དུ་གཏོང་བའི་རིགས་པ་ནི། བགོ་བྱ་དང་བགོད་བྱེད་གཉིས་ཀ་བགོད་བྱེད་མཚུངས་ 1-1-626 པ་གཅིག་གིས་བགོས་པས་ལྷག་མེད་དུ་འགྱུར་བ་ཡིན་ནོ། །གཟའ་སྐར་ཐམས་ཅད་ཞག་ རེ་བཞིན་གཡས་བསྐོར་དུ་འཁོར་བ་རླུང་འགྲོས་ཀྱི་བྱེད་པ་ནི་མཚུངས་པ་ལས། གཟའ་ རྣམས་རང་འགྲོས་ཀྱིས་རྒྱུ་སྐར་ལ་གཡོན་བསྐོར་གྱིས་ལོངས་སྤྱོད་པ་ཡིན་པས་སྒྲ་གཅན་ གདོང་མཇུག་གཉིས་མ་རྟོགས་[གཏོགས་]པའི་གཟའ་རྣམས་གཡོན་བསྐོར་དུ་ལོངས་སྤྱོད་ པ་ནི། དཔེར་ན་གདུགས་རྩིབ་མ་ཉི་ཤུ་རྩ་བདུན་ཡོད་པ་གཡས་བསྐོར་དུ་འཁོར་བའི་སྟེང་ དུ། སྲོག་ཆགས་གཡོན་བསྐོར་དུ་འགྲོ་བ་བཞག་པའི་ཚེ། གདུགས་ཀྱི་ཤུགས་ཀྱིས་གཡས་ བསྐོར་དུ་འགྲོ་བ་དང་རླུང་འགྲོས་ཚུལ་མཚུངས། སྲོག་ཆགས་རང་འགྲོས་ཀྱིས་གཡོན་བསྐོར་ དུ་གདུགས་རྩིབ་འཕོ་བ་དང་གཟའ་རྣམས་ཀྱི་རང་འགྲོས་གཡོན་བསྐོར་དུ་སྤྱོད་པ་ཚུལ་ མཚུངས་པ་ཡིན་ནོ། །སྒྲ་གཅན་གདོང་མཇུག་གཉིས་གདུགས་གཡས་སུ་འཁོར་བའི་སྟེང་དུ་ སྲོག་ཆགས་ཀྱང་གཡས་བསྐོར་དུ་འགྲོ་བའི་དཔེ་ལྟ་བུའོ། །མཁས་པ་རྣམས་དགའ་བར་བྱེད་ པ་ལས་རྟག་པའི་ལོངས་སྤྱོད་བསྟན་པའི་ལེའུ་སྟེ་དང་པོའོ།། །། ལེའུ་གཉིས་པ་ཁྱིམ་གྱི་ལས་དལ་བ་དག་པ་འཆད་པར་བྱེད་པ་ལ། སྡོམ་ཚིག་གི་སྒོ་ནས་ མདོར་བསྟན། དེའི་དོན་རྒྱས་པར་བཤད་པ་གཉིས། དང་པོ་ནི། ཉི་མ་གཟའ་ལྔ་དལ་བའི་ལས། །ཞེས་གསུངས་པས། དེའི་དོན་ནི་ཉི་མ་དང་ གཟའ་ལྔ་པོ་རྣམས་ཀྱི་རང་རང་གི་རྟག་པའི་ལོངས་སྤྱོད་སོ་སོར་གནས་གཉིས་སུ་བཀོད་དེ། ཕྱོགས་གཅིག་རང་རང་གི་དལ་རྐང་གང་ལ་བབ་པ་དེས་བསྒྱུར་ནས་བརྒྱ་སོ་ལྔས་བགོས་ པའི་ཐོབ་ནོར་ནི་ཚེས་ཞག་དེའི་རྐང་པའི་ལོངས་སྤྱོད་ཡིན་ནོ། །ལོངས་སྤྱོད་དེ་ཕྱོགས་གཅིག་ ལ་རིམ་པའི་སྔ་རྐང་དང་རིམ་མིན་གྱི་ཕྱིར་རྐང་ལ་དོར་ཞིང༌། རིམ་མིན་གྱི་སྔ་རྐང་དང་རིམ་ པའི་ཕྱི་རྐང་ལ་སྣོན་པར་བྱེད་པ་ཡིན། དེ་ལྟར་སྣོན་འབྲིད་བྱས་པའི་འབྲས་བུ་ནི་དལ་བ་ དག་པ་ཡིན་ནོ། །དེ་ཡང་གོང་དུ་རྟག་ལོངས་གནས་གཉིས་སུ་འཇོག་པའི་རྒྱུ་མཚན་ནི་གཅིག་ 1-1-627 ནི་རྐང་བའི་ལོངས་སྤྱོད་སྣོན་འབྲིད་བྱ་བའི་གཞི་དང༌། གཅིག་ཤོས་ནི་རྐང་པ་ལས་བྱུང་བའི་ ལོངས་སྤྱོད་ངོས་བཟུང་བའི་ཆེད་དུ་བཀོད་པ་ཡིན། དེ་ཡང་ལོངས་སྤྱོད་ངོས་བཟུང་བའི་ཆེད་ དུ་བཀོད་པ་འདི། དལ་རྐང་གང་ལ་བབ་པས་བསྒྱུར་ནས། ཁྱིམ་གཅིག་གི་རྟག་པའི་ལོངས་ སྤྱོད་ཆུ་ཚོད་བརྒྱ་སོ་ལྔས་བགོས་པས་ཐོབ་པ་ནི་ཞག་གཅིག་གི་ཐུན་མོང་མ་ཡིན་པའི་རྐང་ པའི་ལོངས་སྤྱོད་ཡིན་ནོ། །དེ་ཡང་རིམ་པའི་སྔ་རྐང་དང་རིམ་མིན་གྱི་ཕྱི་རྐང་ལ་བུ་ལོན་དུ་ འགྱུར། རིམ་མིན་གྱི་སྔ་རྐང་དང་རིམ་པའི་ཕྱི་རྐང་ལ་ནོར་དུ་འགྱུར་བའི་དོན་ཡིན་ནོ། ། གཉིས་པ་ནི། ཉི་མའི་དལ་བ་དག་པ་རྒྱས་པར་བཤད་པ། གཟའ་གཞན་རྣམས་ལ་དེས་ མཚོན་པའི་ཚུལ་དང་གཉིས། དང་པོ་ནི། ཉི་མའི་ཚེས་ཞག་གཅིག་གི་རྟག་པའི་ལོངས་སྤྱོད་ ཆུ་ཚོད་བཞི ཆུ་སྲང་ཉེར་གཅིག དབུགས་ལྔ། འདོད་ཆ་དགུ་ཅུང་མེད་རྣམས་གནས་གཉིས་ སུ་བཀོད་དེ། ཉི་མའི་རྐང་པ་ཆུ་ཚོད་དྲུག་པ་དེས་བསྒྱུར། བརྒྱ་སོ་ལྔས་བགོས་པས་ཐོབ་ནོར་ ཆུ་སྲང་བཅུ་གཅིག དབུགས་གསུམ་ལ་སོགས་པ་འབྱུང་བ་ནི། རིམ་པའི་སྔ་རྐང་དང་རིམ་ མིན་གྱི་ཕྱི་རྐང་ལ་བབ་ཚེ་བུ་ལོན་དུ་དོར་བས་ཆུ་ཚོད་བཞི ཆུ་སྲང་བཅུ། དབུགས་གཉིས། འདོད་ཆ་དགུ་རྣམས་འབྱུང་བ་ནི། ཉི་མ་ཀརྐ་ཊའི་ཁྱིམ་དུ་གནས་པ་དང༌། འཁྲིག་པའི་ཁྱིམ་ དུ་གནས་པའི་དུས་ཀྱི་དལ་བ་དག་པ་ཡིན་ནོ། །ཡང་རྐང་པའི་ལོངས་སྤྱོད་ཆུ་སྲང་བཅུ་གཅིག་ དབུགས་གསུམ་ལ་སོགས་པ་རྟག་པའི་ལོངས་སྤྱོད་ལ་བྱིན་པས་ཆུ་ཚོད་བཞི་ཆུ་སྲང་སུམ་ བཅུ་སོ་གསུམ། དབུགས་གཉིས། འདོད་ཆ་དགུ་རྣམས་འབྱུང་བ་ནི་ཉི་མ་གཞུ་ཁྱིམ་དང་ཆུ་ སྲིན་གྱི་ཁྱིམ་དུ་གནས་པའི་དུས་ཀྱི་དལ་བ་དག་པ་ཡིན་ནོ། ཡང་ཉི་མའི་རྐང་པ་ཆུ་ཚོད་བཞི་ པ་དེས་བསྒྱུར་ཞིང༌། འབྱུང་བ་མེ་ཟླས་བགོས་པའི་འབྲས་བུ་ཆུ་སྲང་བདུན་དང་དབུགས་ བཞི་ལ་སོགས་པ་ཐོབ་པ་ནི་རྐང་པའི་ལོངས་སྤྱོད་ཡིན་ལ། དེ་ཕྱོགས་གཅིག་ལ་སྦྱངས་པས་ ཆུ་ཚོད་བཞི། ཆུ་སྲང་བཅུ་བཞི། དབུགས་གཅིག འདོད་ཆ་དགུ་རྣམས་འབྱུང་བ་ནི་རིམ་པའི་ 1-1-628 སྔ་རྐང་གཉིས་པ་ཉི་མ་སེང་གེའི་ཁྱིམ་དུ་གནས་པ་དང༌། རིམ་མིན་གྱི་ཕྱི་རྐང་གཉིས་པ་ཉི་ མ་གླང་ཁྱིམ་དུ་གནས་པའི་དུས་ཀྱི་དལ་བ་དག་པ་ཡིན་ནོ། །ཡང་རྐང་པའི་ལོངས་སྤྱོད་ཆུ་ སྲང་བདུན་དང་དབུགས་བཞི་རྟག་ལོངས་ཕྱོགས་གཅིག་ལ་བྱིན་པས་ཆུ་ཚོད་བཞི། ཆུ་སྲང་ ཉེར་དགུ དབུགས་གསུམ་འདོད་ཆ་དགུ་རྣམས་འབྱུང་བ་ནི། རིམ་མིན་གྱི་སྔ་རྐང་ཉི་མ་བུམ་ པའི་ཁྱིམ་དུ་གནས་པ་དང༌། རིམ་པའི་ཕྱི་རྐང་གཉིས་པ་ཉི་མ་སྡིག་པའི་ཁྱིམ་དུ་གནས་པའི་ དུས་ཀྱི་དལ་བ་དག་པ་ཡིན་ནོ། །ཡང་ཉི་མའི་རྐང་པ་ཆུ་ཚོད་གཅིག་གི་བདག་ཉིད་དེས་རྟག་ ལོངས་བསྒྱུར་ནས་འབྱུང་བ་མེ་ཟླས་ཐོབ་ནོར་ཆུ་སྲང་གཅིག་དང་དབུགས་ལྔ་ལ་སོགས་པ་ འབྱུང་བ་ནི་རྐང་བའི་ལོངས་སྤྱོད་ཡིན་ལ་དེ་ཡང་རྟག་ལོངས་ཕྱོགས་གཅིག་ལ་སྦྱངས་པས་ཆུ་ ཚོད་བཞི། ཆུ་སྲང་ཉི་ཤུ། དབུགས་ཀྱི་འདོད་ཆ་དགུ་འབྱུང་བ་ནི་རིམ་པའི་སྔ་རྐང་གསུམ་པ་ ཉི་མ་བུ་མོའི་ཁྱིམ་དུ་གནས་པ་དང༌། རིམ་མིན་གྱི་ཕྱིར་[ཕྱི་]རྐང་དང་པོ་ཉི་མ་ལུག་ཁྱིམ་དུ་ གནས་པའི་དུས་ཀྱི་དལ་བ་དག་པ་ཡིན་ནོ། །ཡང་རྐང་པའི་ལོངས་སྤྱོད་དེ་རྣམས་རྟག་ལོངས་ གཅིག་ལ་ནོར་དུ་བྱིན་པས་ཆུ་ཚོད་བཞི། ཆུ་སྲང་ཉེར་གསུམ། དབུགས་བཞི འདོད་ཆ་དགུ་ རྣམས་འབྱུང་བ་ནི། རིམ་མིན་གྱི་སྔ་རྐང་གསུམ་པ་ཉི་མ་ཉ་ཁྱིམ་དུ་གནས་པ་དང༌། རིམ་པའི་ ཕྱིར་[ཕྱི་]རྐང་དང་པོ་ཉི་མ་སྲང་ཁྱིམ་དུ་གནས་པའི་དུས་ཀྱི་དལ་བ་དག་པ་ཡིན་ནོ། །རྐང་ པའི་ལོངས་སྤྱོད་དེ་རྣམས་འབྱུང་བའི་གནད་ནི། ཉི་མས་ཁྱིམ་རེ་འཕོ་བ་དང༌། དལ་རྐང་རེ་ འཕོ་བ་མཉམ་པའི་ཕྱིར་ཁྱིམ་གཅིག་གི་རྟག་པའི་ལོངས་སྤྱོད་ཆུ་ཚོད་བརྒྱ་སོ་ལྔ་པོ་དེ། ཉི་ མའི་དལ་རྐང་དང་པོ་ཆུ་ཚོད་དྲུག་པ་ལྟ་བུས་བསྒྱུར་ནས་བརྒྱ་སོ་ལྔས་བགོས་པས་རྐང་པའི་ ཆུ་ཚོད་དྲུག་པོ་དེ་ཉིད་ལོངས་པར་འགྱུར་བས། དེ་ཚེས་སོ་སོའི་ཆ་ཤས་སུ་བསིལ་བ་རྟོགས་ པའི་ཕྱིར་དུ་གོང་དུ་བརྗོད་པ་དེ་དག་ཡིན་ནོ། ། གཉིས་པ་ནི། གཟའ་གཞན་སོ་སོ་ལ་སྐྱེས་ཁྱིམ་དང་རྐང་པའི་ཆུ་ཚོད་ཀྱི་གྲངས་མི་ 1-1-629 མཚུངས་པའི་ཁྱད་པར་མ་རྟོགས་[གཏོགས་]པ་རྐང་པའི་ལོངས་སྤྱོད་འཚོལ་ཚུལ་དང་སྦྱིན་ དོར་བྱེད་ཚུལ་ཉི་མ་ལ་ཇི་ལྟར་བཤད་པ་ལས་ཤེས་པར་བྱའོ། །གཟའ་སོ་སོའི་སྐྱེས་ཁྱིམ་ སྦྱངས་རྒྱུ་ནི། ཕྱེད་བཅས་དགུ་སྦྱངས་བཀྲ་ཤིས་ལ། །ཕྱེད་བཅས་མི་བདག་ཟླ་བའི་བུ། །བླ་ མ་ལ་ནི་ཉི་མས་སྦྱངས། །དཀར་པོ་ལ་ནི་རྒྱུ་སྐར་དྲུག །ཉི་མའི་བུ་ལ་ཉེས་པ་དོར། །ཞེས་ གསུངས་པ་ལྟར་ཡིན་ལ། སོ་སོའི་དལ་རྐང་ནི། བཀྲ་ཤིས་དེ་ཉིད་ཉེས་པ་རི། །ཟླ་སྐྱེས་བཅུ་ རི་མེ་རྣམས་སོ། །སྒྲ་མཁན་བདེ་བྱེད་བུ་ག་མེ། །དཀར་པོ་མདའ་ཆུ་རི་བོང་ཅན། །མིག་ལག་ ཚེས་འཚམས་སྤེན་པའི་སྟེ། །དེ་ལས་ཟློག་པ་ཕྱིར་རྐང་ངོ༌། །ཞེས་གསུངས་པ་ལྟར་ཡིན་ནོ། །མཁས་པ་རྣམས་དགའ་བར་བྱེད་པ་ལས་ཁྱིམ་གྱི་ལས་དལ་བ་དག་པའི་ལས་བསྟན་པའི་ ལེའུ་སྟེ་གཉིས་པའོ།། །། གསུམ་པ་སྐར་མའི་ལས་མྱུར་བ་དག་པ་ལ། སྡོམ་ཚིག་དང༌། དེའི་དོན་རྒྱས་པར་ བཤད་པ་གཉིས། དང་པོ་ནི། ཟླ་བ་གཟའ་ལྔ་མྱུར་བའི་ལས་ཞེས་གསུངས་པས་ཟླ་རྐང་ལ་ བརྟེན་ནས་ཚེས་རྣམ་དག་ཏུ་བསྒྲུབ་པ་ནི། ཚེས་ཀྱི་རྟག་པའི་ལོངས་སྤྱོད་ཆུ་ཚོད་ལྔ་བཅུ་རྩ་ དགུ་རྗེས་འབྲང་དང་བཅས་པའི་སྟེང་དུ། ཟླ་བའི་རྐང་པ་རིལ་པོ་རེ་དང༌། རྐང་པ་སྔུན་མའི་ སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་རེ་སྣོན་འབྲིད་དུ་འགྱུར་བ་ལས། རིམ་པའི་སྔ་རྐང་ དང་རིམ་མིན་གྱི་ཕྱི་རྐང་ལ་ནོར་དུ་འགྱུར་ཤིང༌། རིམ་མིན་གྱི་སྔ་རྐང་དང་རིམ་པའི་ཕྱིར་[ཕྱི་ ] རྐང་ལ་བུ་ལོན་དུ་སྦྱངས་པས་ཚེས་ཕལ་ཆེར་རྣམ་དག་ཏུ་འགྱུར་ཞིང༌། དེའི་སྟེང་དུ་ཉི་རྐང་ ལས་བྱུང་པའི་ལོངས་སྤྱོད་རྣམས་ཉི་མ་ལ་གཏེར་[སྟེར]བའི་ཚེ་ཚེས་ལའང་སྦྱིན། ཉི་མ་ལ་ འདོར་བའི་ཚེ་ཚེས་ལའང་དོར་བས་ཚེས་རྣམ་དག་ཏུ་འགྱུར་བ་ཡིན་ནོ། །གཟའ་ལྔ་པོ་ནི་སོ་ སོའི་དལ་བ་དག་པའི་སྟེང་དུ་སོ་སོའི་མྱུར་རྐང་ལས་བྱུང་བའི་ལོངས་སྤྱོད་རྣམས་རིམ་པའི་སྔ་ རྐང་དང༌། རིམ་མིན་གྱི་ཕྱིར་[ཕྱི་]རྐང་ལ་སྦྱིན་ཞིང༌། རིམ་མིན་གྱི་སྔ་རྐང་དང་རིམ་པའི་ 1-1-630 ཕྱིར་[ཕྱི་]རྐང་ལ་དོར་བས། མྱུར་བ་དག་པར་འགྱུར་བ་ཡིན་ལ། དེ་ཡང་མྱུར་རྐང་ལས་བྱུང་ བའི་ལོངས་སྤྱོད་ཚོལ་ཚུལ་ལ། འཛིན་བྱེད་རྐང་འཛིན་གྱི་ལོངས་སྤྱོད་གཟུང་བྱ་རྐང་པའི་རང་ བཞིན་ཇི་ལྟར་འཛིན་ཚུལ། གཟུང་བའི་རྐང་པ་སྦྱིན་དོར་བྱེད་ཚུལ་རྣམས་ལས། དང་པོ་ལ། རྐང་འཛིན་ལོངས་སྤྱོད་བུ་ལོན་དང་བཅས་པ་དང༌། རྐང་འཛིན་ལོངས་སྤྱོད་རྣམ་དག་གཉིས་ ཡོད་པ་ལས། དང་པོ་ངོས་གཟུང་བ་ནི། ཞི་གཟའ་གཉིས་ཀྱི་ནི་མྱུར་རྐང་འགྲོས་བཞི་རྫོགས་ པའི་རྟག་པའི་ལོངས་སྤྱོད་ཉིད་ཡིན་ལ། དྲག་གཟའ་གསུམ་གྱི་ནི་ཉི་མའི་ཉིན་ཞག་གི་རྟག་ པའི་ལོངས་སྤྱོད་ཉིད་ཡིན་ནོ། ། གཉིས་པ་ནི། ཞི་གཟའ་གཉིས་ཀྱི་ནི་རྐང་འཛིན་རྟག་པའི་ལོངས་སྤྱོད་ཉི་མ་དག་པས་ སྦྱངས་པ་དང༌། དྲག་གཟའ་གསུམ་གྱི་ནི་ཉི་མ་བར་བ་ལ་དྲག་གཟའ་རང་རང་གི་དལ་བ་དག་ པས་སྦྱངས་པ་ཉིད་ཡིན་ནོ། །གཉིས་པ་གཟུང་བྱ་རྐང་པའི་རང་བཞིན་ལ། རྒྱུ་སྐར་ཕྱེད་དང་ བཅུ་བཞི་མཚོན་པའི་གནས་བཅུ་བཞི་རེ་ཡོད་པ་ཡིན་ནོ། །གསུམ་པ་ནི་སྔ་རྐང་དུ་ཟོས་པ་ དང༌། ཕྱི་རྐང་དུ་མ་ཟོས་པ་འཛིན། བཞི་པ་ནི་ཟླ་རྐང་དང་མཚུངས། གཉིས་པ་ལ། ཟླ་རྐང་ལ་བསྟེན་ནས་ཚེས་རྣམ་དག་ཏུ་སྒྲུབ་པ་དང༌། གཟའ་ལྔ་སོ་སོའི་ མྱུར་བ་དག་པ་བསྒྲུབ་ཚུལ་གཉིས། དང་པོ་ལ། ཕྲ་བ་ཚེས་ཀྱི་ཆ་ཤས་ལ་བསྟེན་ནས་བསྒྲུབ་ པ་དང༌། རགས་པ་ཟླ་བའི་ཆ་ཤས་ལ་བསྟེན་ནས་སྒྲུབ་པ་གཉིས། དང་པོ་ནི། ཕྱོགས་གཅིག་ ལ་དཔེར་མཚོན་ན། ཚེས་ཀྱི་རྟག་པའི་ལོངས་སྤྱོད་གཅིག་གི་སྟེང་དུ་རིམ་པའི་སྔ་རྐང་དང་ པོའི་ཆུ་ཚོད་ལྔ་དང༌། སྔ་རྐང་གཉིས་པའི་སྟེང་ནས་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་ གཅིག་སྤྱོད་པས་ཚེས་གཅིག་རྫོགས། ཚེས་གཉིས་པ་ལ་སྔ་རྐང་གཉིས་པའི་སྟེང་ནས་སུམ་ སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་གཅིག་ཆད་པའི་ལྷག་མ་རིལ་པོ་དང༌། སྔ་རྐང་གསུམ་པའི་ སྟེང་ནས་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་གཉིས་སྤྱོད། ཚེས་གསུམ་པ་ལ་སྔ་རྐང་ 1-1-631 གསུམ་པའི་སྟེང་ནས་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་གཉིས་ཆད་པའི་ལྷག་མ་རིལ་ པོ་དང༌། སྔ་རྐང་བཞི་པའི་སྟེང་ནས་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་གསུམ་སྤྱོད་པ་ ཡིན་ནོ། །དེ་བཞིན་དུ་རིགས་པས་སྒྲེས་ཏེ། ཚེས་དྲུག་པ་ལ་སྔ་རྐང་དྲུག་པའི་སྟེང་ནས་སུམ་ སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་ལྔ་ཆད་པའི་ལྷག་མ་རིལ་པོ་དང༌། སྔར་སྔ་རྐང་བདུན་ པའི་སྟེང་ནས་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་དྲུག་སྤྱོད་པ་ཡིན། ཚེས་བདུན་པ་ལ་ སྔ་རྐང་བདུན་པའི་སྟེང་ནས་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་དྲུག་ཆད་པའི་ལྷག་མ་ རིལ་པོ་སྤྱོད་ཅིང་འདི་ཡན་ཆད་རིམ་པའི་སྔ་རྐང་ཡིན་པས་ནོར་དུ་འགྱུར་ལ། ཚེས་བདུན་ པ་འདིའི་རྐང་བཟུང་སྔུན་མའི་ཆ་ཤས་བཟུང་སྟེ་རིམ་པའི་ཕྱིར་[ཕྱི་]རྐང་རྣམས་ལ་བུ་ལོན་ དུ་འགྱུར་བས་ན། རིམ་པའི་ཕྱི་རྐང་དང་པོའི་སྟེང་ནས་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ ཤས་བདུན་བུ་ལོན་དུ་འགྱུར་བ་ཡིན། དེ་བཞིན་དུ་རིམ་པའི་ཕྱི་རྐང་རྣམས་ཀྱང་རིམ་པས་ རྫོགས་ནས། རིམ་མིན་གྱི་སྔ་རྐང་དང་པོ་ནས་བཟུང་སྟེ་བདུན་པའི་བར་ལོངས་སྤྱོད་རྣམས་ རྟག་ལོངས་ཀྱི་སྟེང་དུ་བུ་ལོན་དུ་འགྱུར་ཞིང༌། ཚེས་ཉེར་གཅིག་པ་དེའི་རྐང་བཟུང་སྔུན་མའི་ ཆ་ཤས་ནས་རིམ་མིན་གྱི་ཕྱི་རྐང་དང་པོའི་སྟེང་ནས་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་ ཉེར་གཅིག་ནོར་དུ་འགྱུར་ཞིང་དེ་བཞིན་དུ་རིམ་མིན་གྱི་ཕྱི་རྐང་གཞན་རྣམས་ཀྱང་ནོར་དུ་ འགྱུར་བ་སྔ་མའི་རིགས་པས་ཤེས་དགོས་སོ། །དེ་ལྟར་རིམ་པ་དང་རིམ་མིན་ལུགས་འབྱུང་ དང་ལུགས་ཟློག་དུ་ལན་མང་དུ་འཁོར་བས་ཚེས་སུམ་སྟོང་བདུན་བརྒྱ་བདུན་ཅུ་རྩ་དགུའི་ ཉིན་རིམ་མིན་གྱི་ཕྱི་རྐང་དྲུག་པའི་སྟེང་ནས་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས། སུམ་ སྟོང་བདུན་བརྒྱ་བརྒྱད་ཅུ་རྩ་བརྒྱད་མ་ཚང་བའི་ལྷག་མ་རིལ་པོ་དང༌། རིམ་མིན་གྱི་ཕྱི་རྐང་ བདུན་པའི་སྟེང་ནས་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་གཅིག་མ་རྟོགས་[གཏོགས་] པ་རྐང་འཛིན་སྔུན་མའི་ལོངས་སྤྱོད་དུ་ཉེ་བར་ལོངས་སྤྱོད། དེའི་ཕྱི་ཉིན་ཚེས་སུམ་སྟོང་ 1-1-632 བདུན་བརྒྱ་བརྒྱད་ཅུ་པ་དེ་ལ་རིམ་མིན་གྱི་ཕྱི་རྐང་བདུན་པའི་སྔར་གྱི་ལྷག་མ་སུམ་སྟོང་ བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་གཅིག་ལུས་པ་དེ་རྐང་པ་རིལ་པོའི་ཚུལ་དང༌། རིམ་པའི་སྔ་ རྐང་དང་པོ་ཚང་བར་རྐང་བཟུང་སྔུན་མའི་ལོངས་སྤྱོད་ཀྱི་ཚུལ་དུ་ཉེ་བར་སྤྱོད་པ་ཡིན། དེས་ ཆ་ཤས་ཀྱི་འཁོར་ལོ་ལན་གཅིག་འཁོར་བ་ཡིན་པས། དེའི་ཕྱི་ཉིན་ཚེས་གཅིག་ལ་རིམ་པའི་ སྔ་རྐང་གཉིས་པ་རྐང་པ་རིལ་པོའི་ཚུལ་དང༌། རྐང་པ་གསུམ་པའི་སུམ་སྟོང་བདུན་བརྒྱ་ བརྒྱད་ཅུའི་ཆ་ཤས་གཅིག་རྐང་བཟུང་སྔུན་མའི་ལོངས་སྤྱོད་དུ་སྤྱོད་པ་ལས་སོགས་པ་གོང་གི་ རིགས་པས་ཤེས་དགོས་ཤིང༌། རྐང་མཚམས་སུ་རྐང་པ་རིལ་པོ་དང༌། རྐང་བཟུང་སྔུན་མའི་ ཆ་ཤས་ནོར་བུ་ལོན་མི་མཚུངས་པས་གོང་བཞིན་དུ་ལེགས་པར་ཤེས་པར་བྱའོ། ། གཉིས་པ་རགས་པ་ཟླ་བའི་ཆ་ཤས་ནི། གོང་བཞིན་དུ་ཤིན་ཏུ་ཞིབ་པར་བརྩི་མི་ནུས་ན། ཚེས་དང་པོ་དེ་ལ་རིམ་པའི་སྔ་རྐང་དང་པོ་རྐང་པ་རིལ་པོར་སྤྱོད་སྔར་[སྔ་]རྐང་གཉིས་པའི་ སྟེང་ནས་དུས་ཉིའི་ཆ་ཤས་གཅིག་རྐང་བཟུང་སྔུན་མའི་ལོངས་སྤྱོད་དུ་སྤྱོད། དེ་བཞིན་དུ་ཚེས་ རེ་ལ་སྔ་མའི་ཆ་ཤས་ཀྱིས་ཆད་པའི་རྐང་པ་རིལ་པོ་རེ་དང༌། རྐང་བཟུང་སྔུན་མའི་དུས་ཉིའི་ ཆ་ཤས་རེ་ཟླ་བ་གཅིག་གི་བར་དུ་སྤྱོད། ཟླ་བ་གཉིས་ལ་སོགས་པ་རྣམས་ལ་གཞན་སྔ་མ་ དང་འདྲ་བ་ལས། རྐང་བཟུང་སྔུན་མའི་དུས་ཉིའི་ཆ་ཤས་གཉིས་དང་གསུམ་དང་བཞི་ལས་ སོགས་པ་བརྒྱ་ཉེར་དྲུག་གི་བར་ཟླ་བ་རེ་རེ་དང་བྲང་སྤྲད་ལ་སྤྱོད་པ་ནི་རིགས་པས་བསྒྲེས་ཏེ་ ཤེས་པར་བྱའོ། །དིང་སང་གི་ལྔ་བསྡུས་ཀྱི་ཆ་ཤས་རྩིས་ནི། རགས་པ་ཟླ་བའི་ཆ་ཤས་འདིའི་ དབང་དུ་བྱས་ནས་དུས་ཉིས་བགོད་པ་ལ་སོགས་པ་ཡིན་ནོ། །དེ་ཟླ་རྐང་ལ་བརྟེན་པའི་རྩིས་ ཕྲ་རགས་གང་ཡིན་ཀྱང༌། དེ་ཚེས་ཀྱི་རྟག་པའི་ལོངས་སྤྱོད་ཀྱི་སྟེང་དུ་སྣོན་འབྲིད་བྱས་པའི་ རྗེས་སུ་ཉི་རྐང་ལས་བྱུང་པའི་ལོངས་སྤྱོད་སྣོན་འབྲིད་བྱས་པས་ཚེས་རྣམ་པར་དག་པར་ འགྱུར་བ་ནི་རིགས་པའོ། ། 1-1-633 གཉིས་པ་ལ། མིག་དམར་གྱི་མྱུར་རྩིས་རྒྱས་པར་བཤད། གཟའ་གཞན་རྣམས་ཀྱི་མྱུར་ རྩིས་དེས་མཚོན་པའི་ཚུལ། རྐང་པའི་བསྒྱུར་བགོད་ཀྱི་དམིགས་བསལ་ཟུར་དུ་བསྟན་པ་དང་ གསུམ། དང་པོ་ལ་བཞི་ཡོད་པ་ལས་འཛིན་བྱེད་རྐང་འཛིན་གྱི་ལོངས་སྤྱོད་ནི། ཉི་མའི་ཉིན་ ཞག་གཅིག་གི་ལོངས་སྤྱོད་ཆུ་ཚོད་བཞི་དང་ཆུ་སྲང་ཉེར་དྲུག་ལ་སོགས་པ་རྐང་འཛིན་ལོངས་ སྤྱོད་བུ་ལོན་དང་བཅས་པ་ཡིན་པ་ལ། དེ་ལ་མིག་དམར་རང་གི་དལ་བ་དག་པས་སྦྱངས་པའི་ ལྷག་མ་ནི་རྐང་འཛིན་ལོངས་སྤྱོད་རྣམ་པར་དག་པ་ཡིན་པས། རིམ་པའི་རྐང་པ་བཅུ་གསུམ་ པ་ཡན་ཆད་ལ་རྐང་འཛིན་སྐར་མ་རེ་རེས་མྱུར་རྐང་རེ་རེ་འཛིན་པ་ཡིན་ལ། རིམ་པའི་རྐང་ པ་བཅུ་བཞི་པ་ལ་རྐང་འཛིན་སྐར་མ་ཕྱེད་ཀྱི་ཆུ་ཚོད་སུམ་ཅུ་རྐང་པ་འཛིན་པ་ཡིན་ནོ། །དེའི་ དོན་ཡང་ལོ་གཅིག་ལ་མིག་དམར་གྱི་མྱུར་རྐང་འགྲོས་བཞི་རྫོགས་པ་སྤྱི་ལྡོག་ནས་ཡིན་ལ། དེའི་བར་ལ་མིག་དམར་རང་གི་དལ་བ་དག་པས་ཇི་ཙམ་སྤྱད་པ་དེ། བུ་ལོན་དུ་འགྱུར་བས་ ཉི་མས་རྗེས་སྙེགས་ཏེ་བུ་ལོན་བསམ་དགོས་པ་ཡིན། འགྲོས་བཞི་ཞེས་པའང༌། མིག་དམར་ རྒྱུ་སྐར་གཅིག་གི་སྟེང་དུ་ཉི་མ་དང་ལྷན་ཅིག་ཏུ་འཚོགས་པ་ནས་འགྲོས་བཞིའི་མགོ་བརྩོམ་ པ་ཡིན་ལ་དེ་ཡང་ཉི་མ་རྒྱུ་སྐར་ལ་ལོངས་སྤྱོད་པ་མགྱོགས་པས་ཤར་ཕྱོགས་སུ་འཕགས་ཏེ་ སྐར་ཁོངས་བཅུ་རྫོགས་པའི་ཚེ་མིག་དམར་གྱིས་རིམ་པའི་སྔ་རྐང་གནས་བཅུའི་བདག་ཉིད་ དེ་རྫོགས་ལ་ཁ་ཤར་དུ་ཕྱོགས་པའི་མྱུར་འགྲོས་ཞེས་ཀྱང་བརྗོད་པ་ཡིན་ནོ། །དེའི་སྟེང་དུ་རྒྱུ་ སྐར་ཕྱེད་དང་བཞི་སྤྱད་པའི་ཚེ་རིམ་པའི་ཕྱི་རྐང་གི་གནས་བཞི་རྫོགས་པས་དེའི་བར་ལ་ཁ་ ལྷོར་ཕྱོགས་པའི་དལ་འགྲོས་ཞེས་བརྗོད་པ་ཡིན། དེ་ཡང་རིམ་པའི་སྔ་རྐང་དུ་ནོར་ཇི་ཙམ་ འཕེལ་བ་དེ་ཕྱི་རྐང་དུ་བུ་ལོན་འཕེལ་བའམ་ནོར་འགྲིབ་པ་སོབས་ཏེ་དལ་བ་དག་པའི་སྟེང་ དུ་རྩིས་འགྲིག་པ་ཡིན་པས་འཁོར་ཕྱེད་དོར་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །ཡང་ གོང་གི་སྟེང་དུ་རྒྱུ་སྐར་ཕྱེད་དང་བཞིའི་ཁྱད་ཞུགས་པས་རིམ་མིན་གྱི་སྔ་རྐང་རྫོགས་པ་དང༌། 1-1-634 ཁ་ནུབ་ཏུ་ཕྱོགས་པའི་འཁྱོག་འགྲོས་རྫོགས་པ་རྣམས་དུས་མཚུངས། དེ་ནས་ཉི་མས་མིག་ དམར་གྱི་རྗེས་ཟིན་པ་དང༌། རིམ་མིན་གྱི་ཕྱི་རྐང་གི་གནས་བཅུ་རྫོགས་པ་དང༌། ཁ་བྱང་དུ་ ཕྱོགས་པའི་འབྱུང་འགྲོས་རྫོགས་པ་རྣམས་དུས་མཚུངས། །རིམ་མིན་གྱི་སྔ་རྐང་དུ་བུ་ལོན་ འཕེལ་བ་དེ། ཕྱི་རྐང་དུ་ནོར་འཕེལ་བའི་བུ་ལོན་འགྲིབ་པ་སོབས་ཏེ་དལ་བ་དག་པའི་སྟེང་ དུ་རྩིས་འགྲིག །དེས་འགྲོས་བཞི་ཚར་གཅིག་རྫོགས་པ་ཡིན་ནོ། །དྲག་གཟའ་གཞན་གཉིས་ ཀྱི་འགྲོས་བཞི་བྱེད་ཚུལ་ཀྱང་འདི་ལས་རྗེས་སུ་དཔགས་ཏེ་བློ་དང་ལྡན་པ་རྣམས་ཀྱིས་ཤེས་ པར་བྱའོ། །ཞི་གཟའ་གཉིས་ཀྱི་འགྲོས་བཞི་ནི་མཇུག་རིང་དང་མཚུངས་སོ། །ཐམས་ཅད་ཀྱི་ རིམ་མིན་གྱི་སྔ་རྐང་དང་པོ་ལ་རྐང་འཛིན་ཆུ་ཚོད་སུམ་ཅུ་དང༌། རྐང་པ་གཉིས་པ་ལ་སོགས་ རྣམས་ལ་རྐང་འཛིན་རྒྱུ་སྐར་རེ་རེ་འབྱུང་དགོས་པ་ཡིན་ནོ། ། གཉིས་པ་བཟུང་བྱ་རྐང་པའི་རང་བཞིན་ནི། རིམ་པའི་རྐང་གནས་དང་པོ་ལ་ཆུ་ཚོད་ཉེར་ བཞི གཉིས་པ་དང༌། གསུམ་པ་བཞི་པ་རྣམས་ལ་ཉི་ཤུ་རྩ་གསུམ་རེ། ལྔ་པ་དང་དྲུག་པ་ལ་ ཉེར་གཅིག བདུན་པ་ལ་བཅོ་བརྒྱད། བརྒྱད་པ་ལ་བཅོ་ལྔ། དགུ་པ་ལ་བཅུ་གཅིག བཅུ་པ་ལ་ གསུམ། ཕྱིར་རྐང་དང་པོ་ལ་བཅུ་གཅིག གཉིས་པ་ལ་སུམ་ཅུ་རྩ་བརྒྱད། གསུམ་པ་ལ་བརྒྱད་ ཅུ། བཞི་པ་ལ་ལྔ་བཅུ་རྩ་གསུམ་སྟེ་དེ་ལྟར་ན་རིམ་པའི་གནས་བཅུ་བཞི་ཡིན་ལ། རིམ་མིན་ ཀྱང་ལུགས་ཟློག་ཏུ་རྩིས་པས་འབྱུང་ངོ༌། ། གསུམ་པ་ཇི་ལྟར་བསྟན་པའི་ཚུལ་ནི། རྐང་འཛིན་ལོངས་སྤྱོད་རྣམ་དག་དེ། མྱུར་རྐང་ དང་པོའི་ཆུ་ཚོད་ཉེར་བཞིས་བསྒྱུར། དེ་ལ་དྲུག་ཅུས་བགོས་པས་ཐོབ་ནོར་ནི་ཉིན་ཞག་ གཅིག་གི་མྱུར་རྐང་ལས་བྱུང་བའི་ལོངས་སྤྱོད་ཡིན་ལ། དེ་བཞིན་དུ་རྐང་པ་གཉིས་པའི་ཉེར་ གསུམ་པ་ལ་སོགས་པ་སྐབས་སུ་གང་ལ་བབ་པའི་རྐང་པས་བསྒྱུར་ཏེ། རྐང་པ་བཅུ་གསུམ་ པ་ཡན་ཆད་ལ་དྲུག་ཅུས་བགོས་པས་ཐོབ་ནོར་ནི་རྐང་པ་ལས་བྱུང་བའི་ལོངས་སྤྱོད་ཡིན། 1-1-635 རིམ་པའི་རྐང་པ་བཅུ་བཞི་པ་དང༌། རིམ་མིན་གྱི་རྐང་པ་དང་པོ་ལ་ཆུ་ཚོད་སུམ་ཅུས་བགོད་ པ་ནི་ཁྱད་པར་ཡིན་ནོ། །དེ་ཡང་རྐང་འཛིན་སྐར་མ་གཅིག་ཏུ་ལོངས་པའི་ཆུ་ཚོད་དྲུག་ཅུ་ལྟ་བུ་ དེ། རྐང་པ་དང་པོའི་ཆུ་ཚོད་ཉེར་བཞི་ལྟ་བུས་བསྒྱུར་ནས་དྲུག་ཅུས་བགོས་པས། རྐང་པའི་ཆུ་ ཚོད་ཉེར་བཞི་པོ་ཉིད་ཐོབ་ལ། དེ་ཉིད་ཞག་སོ་སོའི་ཆ་ཕྲ་མོར་བསིལ་ཏེ་རྟོགས་པར་བྱ་བའི་ ཕྱིར། རྐང་འཛིན་ལོངས་སྤྱོད་རྣམ་དག་དེ་རྐང་པས་བསྒྱུར་ནས་བགོས་པའི་འབྲས་བུ་ནི་ཞག་ རེའི་རྐང་པའི་ལོངས་སྤྱོད་ཡིན་པ། གོང་དུ་དལ་རྐང་གི་སྐབས་སུ་འབྱུང་བ་མེ་ཟླས་བགོད་ པ་དང༌། འདིར་དྲུག་ཅུའམ་སུམ་ཅུས་བགོས་པ་རྗེ་བ་མ་གཏོགས་རྣམ་བཞག་མཚུངས་སོ། ། བཞི་པ་བཟུང་བའི་རྐང་པ་སྦྱིན་དོར་བྱ་བའི་ཚུལ་ནི། གཟའ་རང་རང་གི་རྐང་པའི་ལོངས་ སྤྱོད་རྣམས་རང་རང་གི་དལ་བ་དག་པའི་སྟེང་དུ་རིམ་པའི་སྔ་རྐང་དང༌། རིམ་མིན་གྱི་ཕྱི་རྐང་ ལ་རྒྱུ་བའི་ཚེ་ནོར་དུ་འགྱུར་ཞིང༌། རིམ་མིན་གྱི་སྔ་རྐང་དང་རིམ་པའི་ཕྱིར་[ཕྱི་]རྐང་ལ་རྒྱུ་ བའི་ཚེ་བུ་ལོན་དུ་དོར་བས་མྱུར་བ་དག་པར་འགྱུར་བ་ཡིན་ནོ། ། གཉིས་པ་ནི། གཟའ་གཞན་རྣམས་ཀྱི་རྐང་འཛིན་ལོངས་སྤྱོད་རྣམ་པར་དག་པ་དེ་རང་ རང་གི་མྱུར་རྐང་གང་ལ་བབ་པ་དེས་བསྒྱུར་ནས། རིམ་པའི་རྐང་པ་བཅུ་གསུམ་པ་ཡན་ཆད་ དང༌། རིམ་མིན་གྱི་རྐང་པ་དང་པོ་མ་རྟོགས་[གཏོགས་]པ་རྣམས་ལ་དྲུག་ཅུས་བགོ་ཞིང༌། རིམ་པའི་རྐང་པ་བཅུ་བཞི་པ་དང༌། རིམ་མིན་གྱི་རྐང་པ་དང་པོ་གཉིས་ལ་སུམ་ཅུས་བགོས་ པའི་འབྲས་བུ་ནི་རང་རང་གི་ཉིན་ཞག་གཅིག་གི་མྱུར་རྐང་ལས་བྱུང་པའི་ལོངས་སྤྱོད་ཡིན་ ལ། དེ་རྣམས་རང་རང་གི་དལ་བ་དག་པའི་སྟེང་དུ། རིམ་པའི་སྔ་རྐང་དང༌། རིམ་མིན་གྱི་ ཕྱི་རྐང་ལ་ནོར་དུ་བྱིན་ཞིང༌། རིམ་མིན་གྱི་སྔ་རྐང་དང་རིམ་པའི་ཕྱི་རྐང་ལ་བུ་ལོན་དུ་སྦྱངས་ པས་རང་རང་གི་མྱུར་བ་དག་པར་འགྱུར་རོ། །དེ་ཡང༌། ཞི་གཟའ་གཉིས་ཀྱི་མྱུར་རྐང་འགྲོས་ བཞི་རྫོགས་པའི་རྟག་པའི་ལོངས་སྤྱོད་ནི་རྐང་འཛིན་ལོངས་སྤྱོད་བུ་ལོན་དང་བཅས་པ་ཡིན་ 1-1-636 ལ། དེ་ནས་རྐང་འཛིན་ལོངས་སྤྱོད་རྣམ་དག་དུ་བསྒྲུབ་པ་ལ། ཁ་ཅིག་ན་རེ། ཉི་མ་བར་པས་ སྦྱངས་པས་རྣམ་དག་འབྱུང་ཟེར་ཡང༌། མི་འཐད་དེ། མིག་སྐར་དང་མི་མཐུན་པའི་ཕྱིར་རོ། །དེས་ན་རང་ལུགས་ལ་ཉི་མ་དག་པས་སྦྱངས་པས་དག་པར་འགྱུར་བ་ཡིན་ནོ། དེ་ལ་གཟའ་ སོ་སོའི་མྱུར་རྐང་ནི། ཟླ་སྐྱེས་མི་བདག་མི་བདག་ཚེས། །ཤེད་བུ་མྱོང་བྱེད་བདེ་བྱེད་ཕྱིར། ། འབྱུང་མཁའ་རྩ་བར་མཚོ་དབང་ཕྱུག །མཁའ་མིག་ནོར་ལག་ཆུ་མེ་འོ། །སྒྲ་མཁན་ ཕྱོགས་ཕྱོགས་བུ་ག་སྦྲུལ། །དུས་དུས་འཁྲིག་པ་འོད་དཀར་ཅན། །རྩ་བར་མེ་དང་དུས་བུ་ག། དྲག་པོ་མི་བདག་ཐུབ་པའོ། །སྦྱིན་བྱེད་བླ་མ་དེ་ཉིད་གསུམ། །རྒྱལ་བ་གཉིས་དང་ལག་མིག་ གཉིས། །སྐྱོན་ཚེས་བརྒྱད་དང་རྩ་བ་རོ། །མཁའ་མེ་སྲིན་བུག་མེ་རིའོ། །དལ་བུས་བགྲོད་པའི་ དུས་མདའ་འབྱུང༌། །རིག་བྱེད་ཆུ་བོ་མིག་ལག་མཁའ། །རྩ་བར་མིག་དང་རིག་བྱེད་འབྱུང༌། །དུས་དང་ཀླུ་དང་ཡོན་ཏན་ནོ། །དེ་ལྟར་རིམ་པ་ལུགས་འབྱུང་དང༌། །རིམ་མིན་རྐང་པ་ལུགས་ ཟློག་འཛིན། །ཞེས་པ་ལྟར་ཡིན་ནོ། ། གསུམ་པ་ནི། ལྷག་པའི་མྱུར་རྐང་དགུ་པ་དང༌། སྤེན་པའི་མྱུར་རྐང་བརྒྱད་པ་ལ་ རྐང་གནས་སྟོང་པ་ཡོད་པ་དེས་རྐང་འཛིན་གྱི་ལོངས་སྤྱོད་བསྒྱུར་བ་ནི། བསྒྱུར་བྱེད་སྟོངས་ ན་བསྒྱུར་བྱ་དབྱི་ཞེས་པ་ལྟར། བསྒྱུར་བྱ་རྐང་འཛིན་གྱི་ལོངས་སྤྱོད་དབྱི་བ་ནི་ཁྱད་པར་རོ། །རྩིས་ཀྱི་གྲུབ་པའི་མཐའ་བཤད་པའི་བསྟན་བཅོས་མཁས་པ་རྣམས་དགའ་བར་བྱེད་པ་ལས་ མྱུར་བ་དག་པ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། ད་ནི་ཉིན་རེ་སྣོན་འབྲིད་ཆོ་ག་དང་ཞེས་བྱ་བའི་དོན་ནི། རྐང་པ་རྒྱུན་སྡོམས་ནས་རྩི་བའི་ དབང་དུ་བྱས་ན། །ཟླ་རྐང་གི་སྐབས་སུ་རྙེད་པ་མཉམ་ན་རིམ་པ་ནས་འཛིན་པ་དང་མི་མཉམ་ ན་རིམ་མིན་ནས་འཛིན་ཅིང༌། དལ་མྱུར་གྱི་རྐང་པ་གཞན་རྣམས་ལ་འཁོར་ཕྱེད་མ་དོར་ན་ རིམ་པ་དང༌། དོར་ན་རིམ་མིན་ནས་འཛིན་པ་ཡིན། །གཟུང་བའི་རྐང་པ་སྦྱིན་དོར་བྱེད་ཚུལ་ 1-1-637 ཡང༌། དལ་རྐང་གི་རིམ་པའི་སྔ་རྐང་ལ་བུ་ལོན་ཇེ་མང་དུ་སོང་བའི་ཚུལ་གྱིས་སྦྱོང༌། ཕྱི་རྐང་ ལ་བུ་ལོན་ཇེ་ཉུང་དུ་སོང་པའི་ཚུལ་གྱིས་སྦྱོང༌། རིམ་མིན་གྱི་སྔ་རྐང་ལ་ནོར་ཇེ་མང་ལ་སོང་ བའི་ཚུལ་གྱིས་སྟེར། ཕྱི་རྐང་ལ་ནོར་ཇེ་ཉུང་དུ་སོང་པའི་ཚུལ་གྱིས་སྟེར། མྱུར་རྐང་རྣམས་ ཀྱི་རིམ་པའི་སྔ་རྐང་དུ་ནོར་ཇེ་མང་དུ་སོང་བའི་ཚུལ་གྱིས་བྱིན། ཕྱི་རྐང་ལ་ནོར་ཇེ་ཉུང་དུ་སོང་ བའི་ཚུལ་གྱིས་སྦྱིན། རིམ་མིན་གྱི་སྔ་རྐང་ལ་བུ་ལོན་ཇེ་མང་དུ་སོང་བའི་ཚུལ་གྱིས་སྦྱངས། ཕྱི་རྐང་ལ་བུ་ལོན་ཇེ་ཉུང་དུ་སོང་བའི་ཚུལ་གྱིས་སྦྱངས་པས་རྣམ་པར་དག་གོ །རྩིས་ཀྱི་གྲུབ་ པའི་མཐའ་བཤད་པའི་བསྟན་བཅོས་མཁས་པ་རྣམས་དགའ་བར་བྱེད་པ་ལས་ཉིན་རེ་སྣོན་ འབྲིད་བྱེད་ཚུལ་བསྟན་པའི་ལེའུ་སྟེ་བཞི་པའོ།། །། ལེའུ་ལྔ་པ་ལ་སྡོམ་ཚིག་གི་སྒོ་ནས་མདོར་བསྟན། སོ་སོའི་རྣམ་བཞག་རྒྱས་པར་བཤད་ པ་གཉིས། དང་པོ་ནི། ལོ་དང་ཟླ་བ་ཡན་ལག་ལྔ། །སྒྲ་གཅན་དང་ནི་གཟའ་ལྔ་ཡི། །རྒྱུ་མཚན་རྒྱུད་ ལ་སྦྱར་ཏེ་བཤད། །ཅེས་པའོ། ། གཉིས་པ་ལ། ཐུན་མོང་གི་གཞི་ལོ་དག་པ་དང༌། དེ་ལས་བྱུང་བའི་ཟླ་བ་དག་པ་དང༌། ཡན་ལག་ལྔའི་རྩིས་འཕྲོས་དང་བཅས་པ་དང༌། སྒྲ་གཅན་གྱི་རྩིས་དང༌། གཟའ་ལྔའི་རྩིས་ རྒྱུད་ལ་སྦྱར་བ་དང་ལྔ། དང་པོ་ལ་བསྟན་རྩིས་ཀྱི་རྣམ་བཞག་སྤྱིར་བསྟན་པ་དང༌། སྐབས་སུ་ བབ་པའི་ལོ་དག་ངོས་བཟུང་བ་གཉིས། དང་པོ་ལ། གསུང་རབ་སྤྱི་ནས་བཤད་པའི་བསྟན་ རྩིས་དང༌། བྱེ་བྲག་དུས་ཀྱི་འཁོར་ལོ་ནས་བཤད་པའི་བསྟན་རྩིས་གཉིས། དང་པོ་ལ། བསྟན་པའི་གནས་ཚད་ངོས་བཟུང༌། འདས་ལོའི་གྲངས་བསྟན། མ་འོངས་ པའི་ལོ་གྲངས་བརྗོད། ད་ལྟ་གང་གི་དུས་ཡིན་ངོས་བཟུང་བ་དང་བཞི། དང་པོ་ནི། མདོ་སྡེ་ བསྐལ་པ་བཟང་པོ་ལས། སངས་རྒྱས་ཀྱི་བསྟན་པ་ལོ་སྟོང་དུ་གནས་པར་བཤད། གསེར་ 1-1-638 འཕྲེང་ཅན་གྱི་རྟོགས་བརྗོད་དང༌། མཛོད་ཀྱི་མདོ་ཊཱིཀ་ལས་ཀྱང་དེ་དང་མཐུན་པར་བཤད། ཟླ་བ་སྙིང་པོས་ཞུས་པའི་མདོ་དང༌། དགྲ་བཅོམ་པ་དགེ་འདུན་འཕེལ་གྱིས་རང་གི་སློབ་ མ་ལ་ལུང་བསྟན་པའི་བསྟན་བཅོས་ལས་ལོ་ཉིས་སྟོང་དུ་གནས་པར་བཤད། སྙིང་རྗེ་པད་ དཀར་ལས། ལོ་སུམ་སྟོང་དུ་གནས་པར་བཤད། དབྱིག་གཉེན་གྱི་འབུམ་ཏིག་དུ་ལོ་ལྔ་སྟོང་ དུ་གནས་པར་བཤད་པ་རྣམས་ལས། དང་པོ་རྣམས་ནི་སྒྲ་ཇི་བཞིན་པར་མི་བཟུང་སྟེ། གལ་ ཏེ་བཟུང་ན་ད་ལྟ་སངས་རྒྱས་ཀྱི་བསྟན་པ་མེད་དགོས་པ་ལས་ཡོད་པར་མངོན་སུམ་གྱིས་ གྲུབ་པའི་ཕྱིར། དེས་ན་ལུང་དེ་རྣམས་ཀྱི་དོན་ནི་འབྲས་བུའི་དུས་དང་སྒྲུབ་པའི་དུས་ཀྱི་ བསྟན་པ་ལ་དགོངས་པ་ཡིན་ནོ། །འདུལ་བ་ལས། སངས་རྒྱས་ཀྱི་བསྟན་པ་རྨ་མེད་པ་ལོ་ བཅུ་གཉིས་འབྱུང་ཞིང་། དེའི་རྗེས་སུ་དགོས་པའི་དབང་གིས་དྲུག་སྡེ་ལ་བསྟེན་[བརྟེན] ནས་བསླབ་པའི་གཞི་བཅས་པ་དང༌། རྗེས་སུ་བཅས་པ་རྣམས་འབྱུང་ངོ༌། །དགའ་བའི་ བཤེས་གཉེན་གྱི་རྟོགས་བརྗོད་ལས། ཡར་འཕེལ་གྱི་ཚེ་ལོ་དྲུག་བརྒྱ་པའི་བར་དུ་ཡང་གནས་ པར་བཤད། རང་ལུགས་ལ། འབུམ་ཊིཀ་གི་རྗེས་སུ་འབྲངས་ནས་ཁས་ལེན་པ་ཡིན་ཏེ། སློབ་ དཔོན་འཇམ་དཔལ་གྲགས་པས་ཀྱང༌། ལོ་ལྔ་སྟོང་ལ་ལྔ་བརྒྱ་ཕྲག་བཅུར་བྱས་ནས་དང་པོ་ གསུམ་ལ་འབྲས་བུའི་དུས་ཞེས་བརྗོད་ཅིང༌། དེ་ཡང་རིམ་པ་བཞིན་དུ་དགྲ་བཅོམ་པ་དང༌། ཕྱིར་མི་འོང་དང༌། རྒྱུན་ཞུགས་མང་དུ་འབྱུང་པ་དང༌། ལྔ་བརྒྱ་ཕྲག་བར་པ་གསུམ་ལ་སྒྲུབ་ པའི་དུས་ཞེས་བྱ་སྟེ་རིམ་བཞིན་ལྷག་པ་ཤེས་རབ་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ། ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཉེ་བར་སྤྱོད་པ་མང་དུ་འབྱུང༌། དེ་ནས་ལྔ་བརྒྱ་ཕྲག་ཐ་མ་གསུམ་ ལ་ལུང་གི་དུས་ཞེས་བྱ་སྟེ། མངོན་པ་དང༌། མདོ་སྡེ་དང༌། འདུལ་བ་ལ་སྤྱོད་པ་མང་དུ་འབྱུང་ བས་སོ། །ལྔ་བརྒྱ་ཕྲག་ཐ་མ་གཅིག་ནི་རྟགས་ཙམ་འཛིན་པའི་དུས་ཞེས་བྱ་སྟེ། ལྟ་སྤྱོད་རྣལ་ མ་དང་མི་ལྡན་ཞིང༌། རབ་ཏུ་བྱུང་པའི་རྟགས་ཆ་ལུགས་ཙམ་འཛིན་པས་སོ། ། 1-1-639 གཉིས་པ་ལ་ལུགས་མང་དུ་སྣང་ཡང༌། བསྟན་པའི་མངའ་བདག་ས་སྐྱ་པ་རྗེས་འབྲང་ དང་བཅས་པའི་ལུགས་དང༌། ཁ་ཆེའི་གསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་ལུགས་གཉིས། དང་པོ་ནི། ལུགས་ཆེན་པོ་ཞེས་བྱ་བའི་བསྟན་བཅོས་རྒྱལ་པོའི་ལོ་བཅོས་རིམ་པར་འབྱུང་བ་ དེའི་རྗེས་སུ་འབྲངས་ནས་རྗེ་བསོད་ནམས་རྩེ་མོས་ལེགས་པར་བརྩིས་ཤིང༌། དེའི་རྗེས་སུ་ ཆོས་རྗེ་ས་སྐྱ་པཎྜི་ཏས། རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་དག་པའི་ཞིང་དུ་གཤེགས་ པའི་རྗེས་སུ། ཕྱོགས་ཀྱི་དགེ་བའི་བཤེས་གཉེན་མང་པོ་སྤྱན་དྲངས་ཏེ་ཆོས་འཁོར་བསྐོར་ བའི་དུས་བྱི་བའི་ལོ་ལ་བརྩིས་པ་ལ། སྟོན་པ་མེ་མོ་ཡོས་ལ་ལྷུམས་སུ་ཞུགས་ས་ཕོ་འབྲུག་ལ་ སྐུ་བལྟམས། ཆུ་ཕོ་སྟག་ལ་སངས་རྒྱས། མེ་མོ་ཕག་གི་དཔྱིད་ཐའི་ས་གའི་ཉ་ལ་མྱ་ངན་ལས་ འདའ་བའི་ཚུལ་བསྟན། དེ་ནས་ཆོས་ཀྱི་རྗེ་ས་པཎ་གྱིས་རྩིས་པའི་བར་ལ་ལོ་སུམ་སྟོང་སུམ་ བརྒྱ་ལྔ་བཅུ་འདས། དེའི་རྗེས་སུ་ཆོས་རྗེ་བུ་སྟོན་རིན་པོ་ཆེས་ཕར་ཕྱིན་གྱི་ཊཱིཀྐ་མཛད་པའི་ དུས་ས་མོ་ལུག་གི་ལོ་ལ་བརྩིས་པ་ལ་སུམ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གཉིས་འདས། དེའི་རྗེས་ སུ་འབྲངས་ནས་བརྩིས་ན། ད་ལྟའི་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ་ཡན་ཆད་ལ་སུམ་ སྟོང་དྲུག་བརྒྱ་ཉི་ཤུ་རྩ་ལྔ་འདས་པ་ཡིན་ནོ། །འདིར་མཁས་པ་ཆེན་པོ་མགོས་ལོ་ཙཱ་བ་གཞོན་ ནུ་དཔལ་ན་རེ། སྤྱིར་སངས་རྒྱས་ཀྱི་བསྟན་པའི་གནས་ཚད་ཟླ་བ་སྙིང་པོས་ཞུས་པའི་མདོ་ དང༌། དགྲ་བཅོམ་པ་དགེ་འདུན་འཕེལ་གྱི་བསྟན་བཅོས་ཀྱི་རྗེས་སུ་འབྲང་དགོས་ཤིང༌། དེ་ ཡང་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ན་ལི་ཡུལ་གྱི་སྐྱེ་བོ་རྣམས་དད་པ་མེད་པའི་ རྐྱེན་གྱིས་སངས་རྒྱས་ཀྱི་བསྟན་པ་ནུབ་ཅིང༌། དེའི་དུས་སུ་བོད་ཀྱི་རྒྱལ་པོ་རྒྱ་རྗེའི་བུ་མོ་ཆུང་ མར་བླངས་པ་གཙུག་ལག་ཁང་བདུན་རྩིག་པ་ཞིག་འབྱུང་བར་བཤད་པས། དེ་ནི་རྒྱལ་པོ་ མེས་ཨག་ཚོམས་སམ། ཁྲི་ལྡེ་གཙུག་བརྟན་ཡིན་པས། དེ་བྱོན་པ་ནས་དིང་སང་གི་བར་ལ་ ལོ་བདུན་བརྒྱ་ལྷག་གཅིག་སོང་བས་སྟོན་པ་མྱ་ངན་ལས་འདས་ནས་དིང་སང་གི་བར་ལ་ལོ་ 1-1-640 ཉིས་སྟོང་བདུན་བརྒྱ་ལྷག་གཅིག་སོང་བ་ངེས་པ་ཅན་ཡིན་པའི་ཕྱིར། གོང་གི་འདས་ལོ་མང་ པོར་བརྗོད་པའི་བསྟན་རྩིས་འདི་ལ་རྒྱལ་རབས་ཀྱི་ཡི་གེ་རྙིང་པ་ཙམ་ལ་བསྟེན་པ་མ་རྟོགས་ [གཏོགས་]ཡིད་བརྟན་པའི་སྙིང་པོ་མེད་དེ་ཞེས་གསུང་ངོ༌། །དེ་ནི་མི་འཐད་དེ། ལྷ་མོ་དྲི་མ་ མེད་པ་ལུང་བསྟན་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་ དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ། །ཞེས་བོད་ཡུལ་དུ་སངས་རྒྱས་ ཀྱི་བསྟན་པ་འབྱུང་བར་བཤད་པའི་ཕྱིར། །རྦ་བཞེད་ལས། གདོང་དམར་ཅན་གྱི་ཡུལ་རྒྱ་ ནག་ལ་བཤད་གསུངས་པ་ལ་ཡང་འགལ་བ་མེད་དེ། ཤེར་ཕྱིན་གྱི་མདོ་ལས། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བྱང་ཕྱོགས་ནས་བྱང་ཕྱོགས་སུ་རྒྱས་པར་འགྱུར་བར་གསུངས་པའི་ཕྱིར། གོང་གི་མདོ་དང་བསྟན་བཅོས་དེ་ཉིད་སྒྲ་ཇི་བཞིན་པར་ཁས་ལེན་ན་བསྟན་པ་ནུབ་པའི་ས་ ཕྱོགས་སུ་གོས་ལ་ཚོན་མི་འགོ་བར་ཟླ་བ་སྙིང་པོས་ཞུས་པའི་མདོ་ལས་བཤད་པ་དང༌། དགྲ་ བཅོམ་པ་དགེ་འདུན་འཕེལ་གྱིས་ཀྱང་གསེར་ར་གན་དུ་འགྱུར་བ་དང༌། མུ་ཏིག་ར་རུ་འགྱུར་ བ་དང༌། གསུང་རབ་ཀྱི་ཡི་གེ་རྣམས་ཀྱང་རང་ཕྱིར་འགྱུར་བ་སོགས་བཤད་པ་སྒྲ་ཇི་བཞིན་ པ་ཡིན་པར་ཁས་ལེན་དགོས་པའི་སྐྱོན་ཡོད་པའི་ཕྱིར་དང༌། ལི་ཡུལ་དུ་བསྟན་པ་ནུབ་པ་ལ་ བསྟན་པ་ནུབ་པར་འཇོག་པ་ཧ་ཅང་ཐལ་ཆེས་པར་འགྱུར་བའི་ཕྱིར། གཉིས་པ་ཁ་ཆེ་པཎ་ ཆེན་གྱི་ལུགས་ལ་མེ་མོ་ཡོས་ཀྱི་དཔྱིད་ཟླ་འབྲིང་པོའི་ནག་པའི་ཉ་བའི་ཚེས་ཀྱི་ཉིན་སོལ་ནག་ ཐང་ཆེན་དུ་རྩིས་པ་ན། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་བརྒྱད་ནམ་གུང་མཉམ་པ་ ལ། །ཟླ་བ་རི་བོ་ལ་ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །དེར་རྗེས་ལོ་ནི་སྟོང་ཕྲག་ གཅིག །བདུན་བརྒྱ་དང་ནི་ལྔ་བཅུ་དང༌། །ཟླ་བ་གཉིས་དང་ཟླ་བ་ཕྱེད། །དེ་བཞིན་ཉི་མ་ལྔ་ རབ་འདས། །ལོ་ནི་སྟོང་ཕྲག་གསུམ་དང་ནི། །ཉིས་བརྒྱ་དང་ནི་བཞི་བཅུ་དགུ། །ཟླ་བ་དགུ་ དང་ཉི་མ་བཅུ། །མ་འོངས་བསྟན་པའི་ལྷག་མར་གནས། །ཞེས་གསུངས་པ་ཡིན་ལ། དེ་ནས་ 1-1-641 དིང་སང་གི་ཆུ་ཕོ་བྱི་བའི་ལོ་ཡན་ཆད་ལ་ལོ་ཉིས་བརྒྱ་དང་བཞི་བཅུ་རྩ་ལྔ་སོང་བས། གོང་གི་ འདས་ལོ་དང་དྲིལ་བས་སྟོང་དང་དགུ་བརྒྱ་དགུ་བཅུ་རྩ་ལྔ་ཟླ་བ་གཉིས་དང་ཞག་ཉི་ཤུ་འདས་ པ་ཡིན་པར་བཞེད། འདི་ཡང་ཅུང་ཟད་མི་འཐད་དེ། གོང་གི་ལུང་གིས་གནོད་པའི་ཕྱིར་རོ། ། གསུམ་པ་མ་འོངས་པའི་བསྟན་པའི་གནས་ཚད་ནི། ལོ་ལྔ་སྟོང་གི་ཕུང་པོ་ལ་འདས་ ལོའི་གྲངས་ཀྱི་སྦྱངས་པས་རྟོགས་པར་འགྱུར་བ་ནི་གོ་སླའོ། །བཞི་པ་ནི་ས་སྐྱ་པའི་ལུགས་སུ་ བརྩིས་ན། ད་ལྟ་མདོ་སྡེའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག་ལས་བརྒྱ་དང་ཉི་ཤུ་རྩ་ལྔ་འདས་པའི་ དུས་ཡིན། པཎ་ཆེན་གྱི་ལུགས་སུ་བརྩིས་ན་ལྷག་པ་ཤེས་རབ་ཀྱི་བསླབ་པའི་དུས་ཀྱི་ལྔ་ བརྒྱ་ཕྲག་གཅིག་ལས་བཞི་བརྒྱ་དང་དགུ་བཅུ་རྩ་ལྔ་ལྷག་གཅིག་འདས་པའི་དུས་ཡིན་ནོ། ། གཉིས་པ་དུས་འཁོར་བའི་ལུགས་ལ་གཉིས་ཏེ། བསྟན་པའི་གནས་ཚད་དང༌། འདས་ ལོའི་གྲངས་བསྟན་པའོ། །དང་པོ་ལ། བཤད་པའི་རྣམ་གྲངས་འགོད་པ་དང༌། རང་ལུགས་ ངོས་བཟུང་བ་གཉིས། དང་པོ་ནི། སྔ་རབས་པའི་དུས་འཁོར་བ་ཁ་ཅིག་ན་རེ། ས་དུམ་ བུ་བཅུ་གཉིས་སུ་དུས་ཀྱི་འཁོར་ལོའི་བསྟན་པ་ལོ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་བར་དུ་ གནས་པ་ལས། གླིང་སོ་སོའི་ཐོབ་སྐལ་འཛམ་གླིང་ཆུང་ངུ་འདིའི་བསྟན་པའི་གནས་ཚད་ལོ་ སྟོང་དང་བརྒྱད་བརྒྱ་ཡིན་ནོ་ཞེས་ཟེར། ཕྱིས་ཀྱི་མཁས་པ་ཀུ་མ་ར་ཤྲཱིས་བཞེད་པ་ནི། དུས་ ཀྱི་འཁོར་ལོའི་བསྟན་པ་གླིང་འདིར་ཡང་རྒྱུན་མི་ཆད་པར་འབྱུང་བ་ཡིན་ཏེ། ཁྱབ་འཇུག་གི་ འཇུག་པ་ཉ་དང༌། རུས་སྦལ་དང༌། ཕག་པ་དང༌། མིའི་སེང་གེ་དང༌། མིའུ་ཐུང་དང༌། དགྲ་ སྟ་ར་མ་དང༌། རྒྱས་པ་ར་མ་དང༌། ནག་པོ་དང༌། སངས་རྒྱས་དང༌། རིགས་ལྡན་དང་བཅུ་ ཡོད་པ་ལས། སངས་རྒྱས་ཀྱི་འཇུག་པ་མ་རྟོགས་[གཏོགས་]གཞན་དགུ་ལ་ཆོས་སྟོན་པའི་ རྒྱལ་པོ་ཉེར་བཞི་རེ། དེ་རེ་རེས་ཀྱང་ལོ་བརྒྱ་རེ་ཆོས་སྟོན་པས་ལོ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ འབྱུང༌། དེ་ལྟ་བུ་ལན་གྲངས་བསམ་གྱིས་མི་ཁྱབ་པ་རིམ་པར་འཁོར་བས་སོ། །རྒྱལ་པོ་ཟླ་ 1-1-642 བ་བཟང་པོ་ནི། ནག་པོའི་འཇུག་པའི་རྒྱལ་པོ་ཉི་ཤུ་རྩ་བཞི་ཡོད་པ་ལས་བཅུ་བདུན་པ་ཡིན་ པས་འཇམ་དབྱངས་གྲགས་པ་ཡན་ཆད་བརྒྱད་ཀྱིས་ནག་པོའི་རྒྱལ་པོ་ཉེར་བཞི་རྫོགས། པད་དཀར་ལ་སོགས་པའི་རིགས་ལྡན་ཉེར་བཞི་ནི་རིགས་ལྡན་གྱི་འཇུག་པའི་རྒྱལ་པོ་ཉི་ཤུ་ རྩ་བཞི་ཡིན་ཞིང༌། འཇམ་དབྱངས་གྲགས་པས་རིགས་ལྡན་དུས་ཐུང་ངུ་ལས་མ་མཛད་པས་ རིགས་ལྡན་གྱི་འཇུག་པར་མི་བགྲང་ངོ་ཞེས་གསུངས། །དུས་འཁོར་བའི་མཁས་པ་ཕལ་མོ་ ཆེ་ནི་ཆོས་རྒྱལ་འབའ་ཞིག་པ་བདུན། རིགས་ལྡན་ཉི་ཤུ་རྩ་ལྔ། བྱང་ཤམ་བྷ་ལ་ལས་སོགས་ པར་དངོས་དང་སྤྲུལ་པའི་སྒོ་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་དམ་པ་དང་པོའི་ སངས་རྒྱས་ལ་སོགས་པའི་ཆོས་སྟོན་པ་ལས་ཟླ་བ་བཟང་པོས་རྒྱ་གར་འཕགས་པའི་ཡུལ་ གྱི་དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་དུ་དུས་འཁོར་རྩ་བའི་རྒྱུད་གསུང་བར་བཅོམ་ལྡན་ ལ་ཞུས་ཤིང་གསན་ནས། ཤམ་བྷ་ལར་ལོ་ངོ་གཉིས་ཀྱི་བར་རྩ་རྒྱུད་ལ་བཤད་ཉན་མཛད། འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་སྤྲོས་ཏེ་ལོངས་སྐུའི་ཞིང་དུ་གཤེགས་དེའི་སྲས་ལྷ་དབང་ ལ་སོགས་པ་ཆོས་རྒྱལ་དྲུག་གིས་རྩ་རྒྱུད་ལ་འཆད་ཉན་དང་འཇམ་དབྱངས་གྲགས་པས་དང་ པོར་རྩ་རྒྱུད་ལ་བཤད་ཉན་མཛད་ནས་དགོས་པའི་དབང་གིས་མུ་སྟེགས་ཀྱི་རིགས་བཞི་རྡོ་ རྗེ་ཐེག་པའི་རིགས་གཅིག་ཏུ་དབང་བསྐུར་ཞིང་རྒྱུད་བསྟན་པའི་སྒོ་ནས་བསྡུས་པའི་ཕྱིར་ རིགས་ལྡན་ཞེས་བརྗོད་པ་ཡིན་ཏེ། རྩ་རྒྱུད་ལས། རིགས་བཞི་རིགས་གཅིག་བྱས་གང་དེ། །རིགས་ལྡན་ཚངས་པའི་རིགས་ཀྱི་མིན། །ཞེས་དང༌། གྲགས་པ་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །ཞེས་སོགས་གསུངས་པའི་ཕྱིར། རིགས་ལྡན་འདིས་རྩ་རྒྱུད་ རྗེས་སྔགས་ཀྱི་སྡེབ་སྦྱོར་ཅན་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་པ་དེ་དོན་མ་ཚང་བ་མེད་ཅིང་ ཚིག་ཉུང་ངུའི་སྒོ་ནས་མེ་ཏོག་ཕྲེང་འཛིན་གྱི་སྡེབ་སྦྱོར་ཅན་ཤོ་ལོ་ཀ་སྟོང་སུམ་ཅུ་པར་རྗེས་སུ་ གནང་བའི་བཀའི་ཚུལ་དུ་བསྡུས་ཏེ། རང་གི་སྲས་པདྨ་དཀར་པོས་འགྲེལ་བཤད་རྩ་རྒྱུད་དང་ 1-1-643 གཞུང་ཚད་མཉམ་པ་མཛད། དེས་ན་འཇམ་དབྱངས་གྲགས་པ་མན་ཆད་ཀྱི་རྒྱལ་པོ་རྣམས་ ལ་རིགས་ལྡན་ཞེས་བརྗོད་པ་ཡིན་ནོ། །དེ་ལ་ཟླ་བ་བཟང་པོ་མ་རྟོགས་[གཏོགས]ཆོས་རྒྱལ་ རིགས་ལྡན་སུམ་ཅུ་རྩ་གཅིག་གིས་ལོ་བརྒྱ་རེ་ཆོས་བསྟན་ཅིང་ཁྱད་པར་དྲག་པོ་འཁོར་ལོ་ ཅན་གྱི་བསྟན་པ་གླིང་འདིའི་ཐོབ་སྐལ་སྟོང་བརྒྱད་བརྒྱ་འབྱུང་བས་ལྔ་སྟོང་དུ་ཆིག་བརྒྱས་ དམན་པ་བསྟན་པའི་གནས་ཚད་ཡིན་པས་འབུམ་ཊཱིཀ་གི་ལུགས་དང་ཡང་མཐུན་པ་ཡིན་ ཅིང༌། སངས་རྒྱས་ཀྱི་བསྟན་པ་སྤྱིའི་གནས་ཚད་དང༌། བྱེ་བྲག་རྡཽ་རྗེ་ཐེག་པའི་གནས་ཚད་ མཚུངས་དགོས་པ་ཡིན་ཏེ། འཇམ་དཔལ་ཞལ་ལུང་ལས། འདི་དོན་རྣམ་པར་འཕོ་བྱེད་པ། །གང་གི་དུས་སུ་གནས་པ་དེར། །སངས་རྒྱས་བསྟན་པ་རིན་ཆེན་ཡང༌། །གནས་པར་རབ་ཏུ་ བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར། ཅུང་ཟད་ངེས་དོན་གྱི་དབང་དུ་བྱས་ན་བདེ་མཆོག་ རྩ་རྒྱུད་ཀྱི་འགྲེལ་བར། རྒྱུད་འདི་ནི་སྔོན་ཐོག་མ་མེད་པ་ནས་དཔའ་བོ་དང་རྣལ་འབྱོར་མ་ རྣམས་ཀྱི་ཐུགས་ལ་བཞུགས་པས་བསྲེག་པའི་བསྐལ་པ་ལ་སོགས་པ་རྣམས་ཀྱིས་འཇིག་ མི་ནུས་པར་བཤད་པ་བཞིན། འདིར་ཡང་མཚུངས་པས་བློ་དང་ལྡན་པ་རྣམས་ཀྱིས་སྤྲོས་ཏེ་ ཤེས་པར་བྱའོ། །ཡང་འདུས་པ་ལ་སོགས་པར་རྡོ་རྗེ་ཐེག་པའི་བསྟན་པ་ནི། སྟོན་པ་ཐུབ་པའི་ དབང་པོ་འདི་ཁོ་ནའི་བསྟན་པ་ལ་འབྱུང་བར་བཤད་པ་ནི། རྒྱུད་ཀྱི་ཆེ་བ་སྟོན་པའི་དབང་དུ་ བྱས་པའམ། འཕགས་ཡུལ་གྱི་གདུལ་བྱ་འགའ་ཞིག་ལ་དགོངས་པ་ཡིན་གྱི་དོན་ལ་འདས་ མ་འོངས་ད་ལྟར་བའི་སངས་རྒྱས་ཐམས་ཅད་ཀྱིས་རྡོ་རྗེ་ཐེག་པ་སྟོན་པ་ཡིན་ཏེ། འདས་པའི་ སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བ་ རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང༌། །ཞེས་གསུངས་པའི་ཕྱིར། དེ་ལྟར་ ལུགས་རྣམ་པ་གསུམ་ལས། གཉིས་པ་རང་ལུགས་ནི་ཕྱི་མ་འདིའི་རྗེས་སུ་འབྲང་བ་ཡིན་ནོ། ། གཉིས་པ་འདས་ལོའི་གྲངས་ནི། འཆད་ཚུལ་མང་བ་ཞིག་སྣང་ནའང་ཡི་གེ་མངས་པའི་ 1-1-644 འཇིགས་པས་མདོར་བསྡུས་ཏེ་བཀོད་ན། ཇོ་བོ་ཨ་ཏི་ཤའི་བཞེད་པས་སྟོན་པ་ཤིང་ཕོ་བྱི་བའི་ ས་ག་ཟླ་བའི་ཉ་ལ་ལྷུམས་སུ་ཞུགས། ལོ་དེའི་དབོའི་ཟླ་བའི་ཡར་ཚེས་བཅུ་ལ་སྐར་མ་རྒྱལ་ ལ་བབ་པའི་དུས་སུ་སྐུ་བལྟམས་པ་ཡིན། འོ་ན་ལྷུམས་སུ་ཟླ་བ་བཅུ་མ་ཚང་ངོ་སྙམ་ན། ཉིན་ ཞག་དང་ཚེས་ཞག་གི་བར་ཁྱད་རྩིས་པའམ། མངོན་པ་བའི་ལུགས་ཀྱི་ཞག་མི་ཐུབ་རྩིས་པས་ སྐྱོན་མེད་དུ་འགྲིགས་པ་ཡིན་ནོ། །དེ་ནས་དགུང་ལོ་ཉི་ཤུ་རྩ་དགུ་རྒྱལ་པོའི་ཁབ་ཏུ་བཞུགས། ལོ་དྲུག་དཀའ་བ་སྤྱད་ནས་སུམ་ཅུ་རྩ་དྲུག་པའི་ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ་མངོན་ པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན། དགུང་ལོ་བརྒྱད་ཅུ་པ་ཆུ་མོ་ལུག་གི་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མྱ་ངན་ལས་ འདའ་བའི་ཚུལ་བསྟན། དེའི་ཕྱི་དེ་ལོ་ཤིང་ཕོ་སྤྲེའུ་ནག་པའི་ཉ་ལ་ལྷ་དབང་རྒྱལ་སར་ ཕེབས། དེ་ནས་ཆོས་རྒྱལ་དྲུག་དང༌། རིགས་ལྡན་འཇམ་དབྱངས་གྲགས་པ་དང༌། དེའི་ རྗེས་སུ་རིགས་ལྡན་པད་དཀར་ལ་སོགས་པ་བརྒྱད་དེ་བཅོ་ལྔས་ལོ་བརྒྱ་བརྒྱ་ཆོས་བསྟན་ པས་ལོ་སྟོང་དང་ལྔ་བརྒྱ་འབྱུང༌། དེ་ལ་དྲུག་ཅུ་སྐོར་ཉེར་ལྔ་ཡོད་དོ། །དེའི་ཕྱི་དེ་ལོ་ཤིང་ཕོ་ སྤྲེའུ་ལོ་ལ་རྒྱ་གར་གྱི་མ་ཁའི་ཡུལ་དུ་ཀླ་ཀློའི་སྟོན་པ་སྦྲང་རྩིའི་བློ་གྲོས་ལ་སོགས་པའི་ཆོས་ ལུགས་དར་བ་ཡིན། དེ་ནས་བརྩམས་ཏེ་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་པ་མེ་ཕོ་ཁྱིའི་ལོ་ ལ་རིགས་ལྡན་རྒྱལ་དཀས་བསྡུས་རྒྱུད་ཀྱི་རྩིས་གཞིའི་འཕྲིན་ལས་མཛད། དེ་ནས་ལོ་ཉིས་ བརྒྱ་དང་ཉེར་གཅིག་འདས་པ་མེ་མོ་ཡོས་ཀྱི་ལོ་ལ་བསྡུས་རྒྱུད་ཀྱི་གླེགས་བམ་དུས་ཞབས་པ་ ཆེན་པོས་འཕགས་ཡུལ་དུ་སྤྱན་དྲངས་དེ་ནས་དིང་སང་གི་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ ལོའི་སྔ་ལོའི་ལྕགས་མོ་ཕག་ཡན་ཆད་ལ་དྲུག་ཅུ་སྐོར་བདུན་དང༌། ལོ་ཉག་མ་བཞི་བཅུ་རྩ་ ལྔ་འདས་པ་ཡིན་པས། རྩ་རྒྱུད་གསུངས་ནས་ལྕགས་མོ་ཕག་ཡན་ཆད་ལ་ལོ་ཉིས་སྟོང་བཞི་ བརྒྱ་དང་བཅུ་གཉིས་འདས། མ་འོངས་པའི་བསྟན་པའི་ལྷག་མའི་ལོ་གྲངས་ནི་རྟོགས་པར་ 1-1-645 སླའོ། །འདིར་མཁས་པ་ཁ་ཅིག་ན་རེ། བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁར་དུས་འཁོར་ རྩ་བའི་རྒྱུད་གསུངས་པ་ཡིན་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ན་ འཇམ་དབྱངས་གྲགས་པ་འབྱུང་བར་ལུང་བསྟན་པ་གང་ཞིག །དུས་འཁོར་རྩ་རྒྱུད་གསུངས་ ནས་ལོ་དྲུག་བརྒྱ་ན་དེ་འབྱུང་བར་བཤད་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། ཡེ་ཤེས་ ལེའུ་འགྲེལ་པར། འཇམ་པའི་དབྱངས་ཀྱང་ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ན་ འབྱུང་ངོ༌། །ཞེས་གསུངས་པའི་ཕྱིར། རྟགས་ཟུར་གཉིས་པ་གྲུབ་སྟེ། རྒྱུད་ལས། ལོ་འདི་ནས་ ནི་དྲུག་བརྒྱའི་ལོའི་གསལ་བར་མི་བདག་གྲགས་པ་ཤམ་བྷ་ལ་ཞེས་བྱ་བར་འབྱུང༌། །ཞེས་ གསུངས་ལ། དེའི་འགྲེལ་པར་ལོ་འདི་ནས་ཞེས་པ་ནི་ཆོས་བསྟན་པའི་ལོ་འདི་ནས་སོ་ཞེས་ གསུངས་པའི་ཕྱིར། ཞེས་གསུངས། ཡང་ཁ་ཅིག་ཡེ་ཤེས་ལེའུའི་འགྲེལ་པའི་ལུང་གི་དོན། མྱ་ངན་ལས་འདས་པ་ནི་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པའི་དུས་ལ་ འཇོག་པ་ཡིན་ཏེ། རྒྱུད་བླ་མ་ལས། དེས་ན་སངས་རྒྱས་མ་ཐོབ་བར། །མྱ་ངན་འདས་པ་ མི་ཐོབ་སྟེ། །ཞེས་གསུངས་པའི་ཕྱིར་ཞེས་ཟེར། མཁས་པ་ཕལ་མོ་ཆེའི་བཞེད་པ་ནི། བཅོམ་ ལྡན་འདས་ཀྱིས་སངས་རྒྱ་བའི་ཚུལ་བསྟན་པའི་ཕྱི་དེ་ལོ་དགུང་ལོ་སུམ་ཅུ་རྩ་བདུན་པའི་ནག་ པའི་ཉ་ལ། དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་དུ་དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད། རྒྱལ་པོ་ཟླ་བ་བཟང་པོ་དང༌། དེའི་རྗེས་སུ་བགྲོད་བཞིན་པའི་ཤམ་བྷ་ལའི་ཡུལ་དགུ་བཅུ་རྩ་ དྲུག་གི་རྒྱལ་པོ་དགུ་བཅུ་རྩ་དྲུག་ལ་སོགས་པ་སྐལ་བ་དང་ལྡན་པ་རྣམས་ལ་གསུངས་པ་ཡིན་ ཏེ། དབང་ལེའུའི་འགྲེལ་པར། བཅོམ་ལྡན་འདས་ས་གའི་ཉའི་སྐྱ་རེངས་འཆར་ཁར་མངོན་ པར་རྫོགས་པར་སངས་རྒྱས་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷ་ན་ཀ་ཊ་ཀར་ཞེས་ གསུངས་པའི་ཕྱིར། དེ་ལ་ཟླ་བ་བཅུ་གཉིས་པ་ལོ་རེ་བཞིན་འོང་བས་སོ་སྙམ་ན་མ་ཡིན་ཏེ། ནག་པའི་ཟླ་བ་ནི་དུས་འཁོར་བའི་ཟླ་བ་དང་པོ་ཡིན་ཕྱིར། དེས་ན་སངས་རྒྱས་ནས་རྒྱུད་ 1-1-646 སྟོན་པའི་བར་ལ་ཟླ་བ་ཧྲིལ་པོ་བཅུ་གཅིག་དང༌། ངོ་བཅུ་གཉིས་ཡོད་པ་ཡིན་ནོ། །དེ་ནས་ཟླ་ བ་བཟང་པོ་འཁོར་དང་བཅས་པས་བྱང་ཤམ་བྷ་ལར་མ་ལ་ཡའི་སྐྱེད་མོས་ཚལ་དུ་དཔལ་ དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བློས་བསླང་རྒྱུ་རིན་པོ་སྣ་ཚོགས་ལས་གྲུབ་པ། སྐུའི་དཀྱིལ་ འཁོར་གྱི་ཤར་གྱི་རྩ་ཐིག་ནས་ནུབ་ཀྱི་རྩ་ཐིག་གི་བར་ལ་ཁྲུ་བཞི་བརྒྱ་ཡོད་པ། ཤར་གྱི་རྩ་ ཐིག་ནས་ཤར་གྱི་རྡོ་རྗེ་ཕྲེང་བའི་བར་ལ་ཁྲུ་བཞི་བརྒྱ་ཡོད་པ་མདོར་ན་ཤར་གྱི་རྡོ་རྗེ་ཕྲེང་བ་ ནས་ནུབ་ཀྱི་རྡོ་རྗེ་ཕྲེང་བའི་བར་ལ་ཁྲུ་བརྒྱ་ཕྲག་བཅུ་གཉིས་ཡོད་པ་ཞིག་བཞེངས། རྩ་རྒྱུད་ ཀྱི་འགྲེལ་བཤད་ཀྱང་མཛད་པ་ཡིན། སྟོན་པ་མྱ་ངན་ལས་འདས་ནས་ལྷ་དབང་རྒྱལ་སར་ ཕེབས་ཀྱི་བར་ཟླ་བ་རིལ་པོ་བཅུ་གཅིག་ལོ་གཉིས་ཀྱི་ངོ་ལ་ཟླ་བ་བཟང་པོས་བཅོམ་ལྡན་ འདས་ཀྱི་རྒྱལ་ཚབ་ཀྱི་ཚུལ་དུ་རྩ་བའི་རྒྱུད་ལ་བཤད་ཉན་ལེགས་པར་མཛད་དེ། འགྲེལ་པར་ རྒྱུད་བསྟན་པའི་ལོ་གཉིས་པ་ལ་སྤྲུལ་པའི་སྐུ་གང་ནས་འོངས་པ་དེ་ཉིད་དུ་གཤེགས་ཏེ་ཞེས་ གསུངས་པའི་ཕྱིར། དེའི་གོང་དུ་རྩ་རྒྱུད་ལ་བཤད་ཉན་མ་མཛད་པ་ནི་མ་ཡིན་ནོ་གསུངས༌། རང་ལུགས་ནི་ཕྱི་མ་འདིའི་རྗེས་སུ་འབྲང་བ་ཡིན་ནོ། ། གཉིས་པ་སྐབས་སུ་བབ་པའི་ལོ་དག་ངོས་གཟུང་བ་ལ། གཞན་ལུགས་དགག་པ། རང་ ལུགས་བཞག་པ། དེ་ལ་རྩོད་པ་སྤང་པ་དང་གསུམ། དང་པོ་ནི་རྗེ་བཙུན་རྒ་ལོ་ལ་སོགས་པ་ སྔ་རབས་པ་འགའ་ཞིག་ན་རེ། འཇམ་དབྱངས་གྲགས་པ་མྱ་ངན་ལས་འདས་ནས་ལོ་དྲུག་ བརྒྱ་དང་བཅོ་བརྒྱད་སོང་བ་ན་མེ་མཁའ་རྒྱ་མཚོ་རྩིས་གཞིར་འཇོག་པ་དང༌། མ་ཁའི་ཡུལ་ དུ་ཀླ་ཀློའི་ཆོས་བྱུང་བ་དང༌། རིགས་ལྡན་དྲག་པོ་སྐུ་འཁྲུངས་པ་དང་གསུམ་དུས་མཉམ་ཞེས་ ཟེར། འོ་ན་ཀླ་ཀློའི་དུས་ལས་རིགས་ལྡན་དྲག་པོ་སྔ་བར་ཐལ། གྲགས་པ་འདས་ནས་ལོ་ བརྒྱད་བརྒྱ་ན་ཀླ་ཀློ་འབྱུང་བར་བཤད་པ་གང་ཞིག །གྲགས་པ་ནས་ལོ་དྲུག་བརྒྱ་དང་བཅོ་ བརྒྱད་ན་རིགས་ལྡན་དྲག་པོ་འབྱུང་བའི་ཕྱིར། ཕྱི་མ་ཁས། དང་པོ་གྲུབ་སྟེ། འགྲེལ་པར། དེ་ 1-1-647 བཞིན་གཤེགས་པའི་དུས་ནས་ལོ་དྲུག་བརྒྱ་ན་འཇམ་དཔལ་གྱི་དུས་སོ། །དེ་ནས་ལོ་བརྒྱད་ བརྒྱ་ན་ཀླ་ཀློའི་དུས་སོ། །ཀླ་ཀློའི་དུས་དེ་ལས་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་ པ་ནི་རྒྱལ་དཀའ་གང་གིས་ཉུང་ངུའི་བྱེད་པ་རྣམ་པར་སྦྱོང་བ་རིགས་ལྡན་རྒྱལ་དཀའི་དུས་སོ་ ཞེས་བཤད་པའི་ཕྱིར། འདོད་པར་མི་ནུས་ཏེ། རིགས་ལྡན་དྲག་པོ་ནི་རིགས་ལྡན་ཉི་ཤུ་རྩ་ལྔ་ པ་ཡིན་པའི་ཕྱིར་ཏེ། རྒྱུད་ལས། གདན་ནི་ཉི་ཤུ་རྩ་ལྔ་པོ་རྣམས་རིམ་པར་ཡོངས་སུ་བགྲང་ བ་དག་གི་དུས་ཀྱི་མཐར། །རིགས་ལྡན་རིགས་ལ་ལྷ་ཡི་དབང་པོ་ལྷ་ཡི་མཆོག་གིས་བསྡུད་ པ་དྲག་པོའི་རིགས་ལྡན་འབྱུང་བར་འགྱུར། ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཁྱབ་པ་ཡོད་ དེ། ཀླ་ཀློ་ནི་འཇམ་དབྱངས་གྲགས་པའི་གདུང་བརྒྱུད་དགུ་པ་དང་དུས་མཚུངས་ཡིན་པའི་ ཕྱིར་ཏེ། རྒྱུད་ལས། རིགས་ལྡན་རིགས་ཀྱི་དབུས་སུ་ལག་པས་བསྒྱུར་བའི་དུས་ཀྱི་བུ་དང་ ཚ་བོ་དག་ནི་འདས་འགྱུར་པ། །དེ་ཡི་དུས་སུ་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ནི་རབ་ ཏུ་འཇུག་པ་དག་ཏུ་འགྱུར། །ཞེས་གསུངས་པའི་ཕྱིར། ཀླ་ཀློའི་དུས་ཀྱི་ཐོག་མར་མེ་མཁའ་ རྒྱ་མཚོ་རྩིས་གཞིར་འཇོག་པ་ཡང་མི་འཐད་དེ། མེ་མཁའ་རྒྱ་མཚོའི་ལོ་གྲངས་ནི། ཀླ་ཀློ་བྱུང་ བ་ནས་རབ་བྱུང་གི་བར་གྱི་ལོ་གྲངས་ཡིན། གཞན་ཡང་ཀླ་ཀློའི་ཆོས་ལུགས་ཀྱི་ཐོག་མར་སྤྱི་ ཙམ་ནི་སྦྲང་རྩིའི་བློ་གྲོས་ཀྱི་དུས་ལས་སྔ་བ་ཡིན་ཏེ། དེའི་གོང་དུ་བྱི་བ་དང༌། དབང་པོ་དང༌། གོས་དཀར་ཅན་ལ་སོགས་པའི་ཀླ་ཀློའི་སྟོན་པ་དྲུག་འདས་པའི་ཕྱིར། སྐབས་འདིར་བཤད་ པའི་ཀླ་ཀློ་ནི་སྦྲང་རྩིའི་བློ་གྲོས་ཡིན་ཏེ་དེས་སངས་རྒྱས་པའི་ལྷ་ཁང་དྲུག་ཅུ་རྩ་བཞི་འཇིག་པ་ ལ་སོགས་པ་བསྟན་པ་ལ་ཆེས་གནོད་ཚབས་ཆེ་བར་རྒྱུད་ཕྱི་མ་ལས་བཤད་པས་སོ། ། གཉིས་པ་ལ། བཤད་བྱའི་ལུང་དྲང་བ་དང༌། དེའི་དོན་བཤད་པ་གཉིས། དང་པོ་ནི། མེ་ མཁའ་རྒྱ་མཚོ་རྣམས་ལ་རབ་བྱུང་ལ་སོགས་འདས་པ་རྣམས་བསྲེས་ཀླ་ཀློའི་ལོར་ནི་རབ་ཏུ་ གྲུབ། །ཀླ་ཀློའི་དབང་པོ་ལོ་ནི་ལག་པ་གདེངས་ཅན་ཟླ་བས་དམན། ཞེས་པའོ། ། 1-1-648 གཉིས་པ་ནི། མེ་མཁའ་རྒྱ་མཚོ་རྩིས་གཞིར་འཇོག་པ་ལ་རྒྱུ་མཚན་ཡོད་དེ། ཉི་གྲོལ་བྱེད་ ཅེས་བྱ་བ་ཤིང་ཕོ་སྤྲེའུའི་ལོ་ལ་རྒྱ་གར་མ་གའི་ཡུལ་དུ་ཀླ་ཀློའི་ཆོས་བྱུང་བ་དང༌། རིགས་ལྡན་ རྒྱ་མཚོ་རྣམ་རྒྱལ་རྒྱལ་སར་ཕེབས་པ་དང༌། མེ་མཁའ་རྒྱ་མཚོས་རྩིས་མགོ་རྩོམ་པ་གསུམ་ དུས་མཉམ། དེ་ནས་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་འདས་པ་ན་མི་ཟད་པ་ཞེས་བྱ་བ་མེ་ཕོ་ ཁྱིའི་ལོ་ལ། རིགས་ལྡན་རྒྱལ་དཀས་བསྡུས་རྒྱུད་ཀྱི་རྩིས་གཞིའི་འཕྲིན་ལས་མཛད། འདིས་ ནི་རིགས་ལྡན་རྒྱལ་དཀས་རྒྱལ་སར་ཕེབས་ནས་ལོ་བརྒྱད་ཅུ་རྩ་གཉིས་འདས་པ་ན་རྩིས་ གཞིའི་འཕྲིན་ལས་མཛད་པར་བསྟན་པ་ཡིན་ནོ། །དེ་ནས་ལོ་ཉིས་བརྒྱ་དང་ཉི་ཤུ་རྩ་གཅིག་ སོང་བ་ཡན་དྲིལ་པས་མེ་མཁའ་རྒྱ་མཚོའི་ལོ་གྲངས་འབྱུང་བ་ཡིན་པའི་ཕྱིར། དེའི་ཕྱི་ལོ་ རབ་བྱུང་ཞེས་པ་མེ་མོ་ཡོས་ཀྱི་ལོ་ནས་བརྩམས་ཏེ་འདས་ལོ་སྐབས་སུ་གང་བབ་པ་བསྲེས་ པས་ཀླ་ཀློ་བྱུང་ནས་དིང་སང་གི་བར་གྱི་ལོ་གྲངས་སུ་འགྱུར་ལ། དེའི་སྟེང་ནས་ཀླ་ཀློ་ནི་བྱུང༌། རིགས་ལྡན་རྒྱལ་དཀས་རྩིས་གཞི་ནི་མ་མཛད་ཀྱི་བར་ལ་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ ཡོད་པས་དེ་སྦྱོང་བ་ཡིན་པའི་ཕྱིར། ལག་པ་གདེངས་ཅན་ཟླ་བས་དམན་པ་ཡིན་ལ། དེ་ ལྟར་སྦྱངས་པའི་ལྷག་མ་ནི། རིགས་ལྡན་རྒྱལ་དཀས་རྩིས་གཞིའི་འཕྲིན་ལས་མཛད་པ་ནས་ བཟུང་སྟེ། དིང་སང་གི་བར་གྱི་དུས་འཁོར་བ་རང་ལུགས་ཀྱི་ལོ་དག་པ་འཆར་བ་ཡིན་ནོ། ། གསུམ་པ་རྩོད་པ་སྤོང་བ་ནི། མཁས་པ་ཀུ་མ་ར་ཤྲཱི་ན་རེ། མེ་མཁའ་རྒྱ་མཚོའི་རྩིས་འདི་ དུས་འཁོར་བ་རང་ལུགས་ཀྱི་རྩིས་རྣམ་པར་དག་པ་མ་ཡིན་ཏེ། ཕྱི་རོལ་པའི་ཉུང་ངུའི་བྱེད་ རྩིས་ཞེས་པ། མུ་སྟེགས་རྒན་པོ་རྣམས་ཀྱིས་གཟའ་སྐར་རྟོགས་པའི་གྲུབ་མཐའི་རྩིས་ཡོད་པ་ སྦས་ནས། གཟའ་སྐར་མི་རྟོགས་པའི་ཉུང་ངུའི་བྱེད་རྩིས་ཞིག་ཡོད་པ་དེ་འདི་ཡིན་པའི་ཕྱིར་ ཏེ། འགྲེལ་པར་ཉུང་ངུའི་བྱེད་པ་དེ་ཡང་གང་ཞེ་ན། མེ་མཁའ་རྒྱ་མཚོ་རྣམས་ལ་ཞེས་བཤད་ པའི་ཕྱིར་ཞེས་པ་དང༌། གཞན་ཡང་རབ་བྱུང་གི་ལོ་འདི་ཤིང་ཕོ་བྱི་བའི་ལོ་དང་དོན་གཅིག་ 1-1-649 དགོས་ཏེ། འགྲེལ་པར་ལོ་འདི་ནི་བྱེད་པ་གཞན་ཐམས་ཅད་ལ་རབ་ཏུ་གྲགས་ཏེ་གཟའ་ཉི་ མ་བཞིན་ནོ་ཞེས་བཤད་ལ་དེའི་དོན་ནི། རྒྱ་རྩིས་པ་རྣམས་ཀྱི་ལོ་མགོ་ཤིང་ཕོ་བྱི་བ་ཡིན་པ་ བཞིན། རབ་བྱུང་ཀྱང་ཤིང་ཕོ་བྱི་བ་དང་དོན་གཅིག་པ་ཡིན་ནོ། །འདས་ལོ་དྲུག་ཅུ་སྐོར་ཡང་ མང་དུ་བསྲེ་དགོས་ཏེ། སྟོན་པ་མྱ་ངན་ལས་འདས་ནས་དིང་སང་གི་བར་ལ་ལོ་ཉིས་སྟོང་ བདུན་བརྒྱ་ལྷག་གཅིག་སོང་བ་དེ་དང་བསྟུན་དགོས་པས་སོ། །ཞེས་གསུངས། དེ་ལ་སྐྱོན་ མེད་དེ། ཕྱི་རོལ་པ་ལ་གྲུབ་མཐའི་རྩིས་དང་བྱེད་རྩིས་གཉིས་ཡོད། དེ་བཞིན་དུ་སངས་རྒྱས་ པ་ལ་ཡང་གྲུབ་མཐའི་རྩིས་དང་བྱེད་རྩིས་གཉིས་ཡོད་པ་ལས། གྲུབ་མཐའི་རྩིས་ནི་ཤིན་ཏུ་ རྣམ་དག་ཡིན་པར་གོང་དུ་བཤད་ཚར། བྱེད་རྩིས་ནི་རྩིས་འཕྲོ་བསྲེ་བ་དང༌། ལྷག་འགྱུར་ འདོར་བ་དང༌། ཅུང་ཟད་རྩིང་བར་བརྩིས་ཏེ་སླ་ཐབས་སུ་བརྩི་བ་ཡིན་པས། དེའི་རང་འགྲེལ་ དུ། ཉུང་ངུའི་བྱེད་པ་དེ་ཡང་གང་ཞེ་ན་ཞེས་པའི་འགྲེལ་པ་བྱུང་བ་ཡིན་གྱི། མེ་མཁའ་རྒྱ་མཚོ་ ནས་བརྩམས་ཏེ་བརྩི་བ་འདི་ལོག་རྩིས་ཁོ་ནར་འཆད་པ་ནི། རྒྱུད་འགྲེལ་གྱི་དགོངས་པ་ ལས་གཞན་དུ་གོལ་བའོ། ། རབ་བྱུང་མེ་མོ་ཡོས་དང་དོན་གཅིག་པར་སྔོན་གྱི་པཎ་ཆེན་སོ་མ་ནཱ་ཐ་ལ་སོགས་པས་ལོ་ ཙཱ་བ་ལ་བཤད་ཅིང་རིམ་གྱིས་བརྒྱུད་ནས། མིག་སྐར་དང་གཟའ་འཛིན་ལ་སོགས་པ་རྣམས་ ཀྱིས་མངོན་སུམ་དུ་གྲུབ་པའི་ཕྱིར་རོ། །གཞན་ཡང་འདས་ལོའི་ཕུང་པོ་ཟླ་བ་སྙིང་པོས་ཞུས་ པའི་ལུང་དང་སྦྱར་ནས། དུས་འཁོར་བ་སྔ་རབས་པའི་ལུགས་ཁྱད་དུ་གསོད་པ་ནི་མི་རིགས་ ཏེ། མདོ་དེ་དང་ལུང་དོན་ཡང་མ་འབྱོར་ཞིང༌། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱི། །གོང་མ་གོང་ མ་རྣམས་ཀྱིས་གནོད། །ཞེས་པ་ལྟར་གྲུབ་མཐའ་འོག་མ་བས་གོང་མ་དབང་བཙན་པའི་ཕྱིར། དུས་ཀྱི་འཁོར་ལོའི་བསྟན་རྩིས་གོང་དུ་སྔ་རབས་པ་རྣམས་ཀྱིས་བཤད་པ་ལྟར་ཁས་བླང་བ་ རིགས་སོ། །བསྟན་རྩིས་ཀྱི་སྐབས་སུ་ཁྱབ་འཇུག་གི་འཇུག་པ་རེ་ལ་རྒྱལ་པོ་ཉེར་བཞི་བྱེད་ 1-1-650 པའི་བཤད་པ། བདག་ལྟ་བུའི་མཐོང་རྒྱ་ཆུང་བ་རྣམས་ཀྱིས་རྒྱུད་འགྲེལ་དང་རྒྱ་གཞུང་རྣམ་ པར་དག་པ་ནས་བཤད་པ་ནི་མ་མཐོང་ལ། གལ་ཏེ་དེ་ འདྲའི་རྣམ་བཞག་བྱེད་ན་སངས་རྒྱས་ཀྱི་འཇུག་པ་ལ་ཡང་དབྱེ་བར་རིགས་དགོས་པའི་ ཕྱིར། གཉིས་པ་ཟླ་བ་དག་པ་ནི་གོང་ལྟར་གཉིས་ལས། དང་པོ་ནི། ལྷག་མ་དག་ཀྱང་ཉི་མས་ བསྒྱུར། ནག་པ་ལ་སོགས་ཟླ་བ་བསྲེས་ཏེ་འོག་ཏུ་དུས་ཀྱིས་བསྒྱུར་བ་མཁའ་མེ་ཟླ་བས་རྣམ་ པར་དབྱེ། །རྙེད་པ་སྟེང་དུ་བསྲེས་པ་དག་ནི་མི་ཡི་བདག་པོ་ཟླ་བའི་ཚོགས་པ་རྣམ་པར་དག་ པར་འགྱུར། །ཞེས་སོ། །གཉིས་པ་ནི། ལག་པ་གདེངས་ཅན་གྱིས་སྦྱངས་པའི་ལོ་དག་གི་ཕུང་ པོ་དེ། ཁྱིམ་ཟླའི་ཚོགས་སུ་བསིལ་བའི་ཕྱིར་བཅུ་གཉིས་ཀྱིས་བསྒྱུར་ལ། ནག་པ་ལ་སོགས་ པའི་འདས་ཟླ་བཅུ་གཅིག་གི་བར་གྱི་སྐབས་སུ་གང་བབ་པ་བསྲེས། ལོར་ལོངས་ནས་ནི་གོང་ དུ་ལོ་དག་ལ་ལོ་འཕར་བས་དགོས་པ་གྲུབ་པའི་ཕྱིར། ནག་ཟླའི་རྩིས་བྱེད་པའི་ཚེ་འདས་ཟླ་ བསྲེ་མི་དགོས་སོ། །ཁྱིམ་ཟླའི་ཕུང་པོ་དེ་གནས་ གཉིས་སུ་འཇོག་དགོས་ཏེ། གཅིག་ནི་ཟླ་ལྷག་སྟེར་བའི་གཞི་དང༌། གཅིག་ཤོས་ནི་ཟླ་ ལྷག་ཚོལ་བའི་གཞི་ཡིན་པའི་ཕྱིར་རོ། །དེ་ནས་ཟླ་བ་རེ་རེའང་བཞི་ཆའི་ཕུང་པོར་བསིལ་ བའི་ཕྱིར་གནས་འོག་མ་བཞིས་བསྒྱུར་ལ་ཟླ་བའི་བཞི་ཆ་བ་བརྒྱ་སུམ་ཅུ་ན་ཟླ་ཤོལ་རེ་འབྱུང་ བ་དེ་རྟོགས་པའི་ཕྱིར་བརྒྱ་དང་སུམ་ཅུས་བགོས་པའི་ནོར་ནི་སྔར་གྱི་ཤོལ་གྱི་ཕུང་པོ་ཡིན་ལ། དེ་སྟེང་དུ་བསྲེས་པས་ཚེས་ཟླ་དག་པར་འགྱུར་བ་ཡིན་ནོ། །དེ་ཡང་སྔར་ཁྱིམ་ཞག་གི་དཀྱིལ་ འཁོར་ལས་ཚེས་ཞག་གི་དཀྱིལ་འཁོར་འཚོལ་བའི་རིགས་པས་གནས་འོག་མ་གཉིས་ཀྱིས་ བསྒྱུར་ཏེ་དྲུག་ཅུ་རྩ་ལྔས་བགོས་པའི་འབྲས་བུ་སྟེང་དུ་བྱིན་ནའང་དག་མོད། འདིར་བཞི་ ཆའི་ཕུང་པོར་བསིལ་བ་ནི་སྡེབ་སྦྱོར་གྱི་ཡི་གེ་མི་ཉམས་པའི་སླད་དུ་ཡིན། དོན་ལ་ཁྱིམ་ཟླ་སོ་ 1-1-651 གཉིས་ཕྱེད་བཅས་རེ་ན་ཚེས་ཟླ་རེ་རེ་ལྷག་པ་རྟོགས་པའི་དོན་ཡིན་ནོ། ། གསུམ་པ་ལ་ཟླ་བའི་ངེས་པ་དང༌། ཚེས་རེའི་ངེས་པ་དང༌། རྟོགས་དཀའ་བ་བྱེ་བྲག་ཏུ་ བཤད་པ་དང་གསུམ། དང་པོ་ལ། གཟའ་ཚེས་ཀྱི་ངེས་པ་གཟའ་རྐང་གི་ངེས་པ། ཉི་སྐར་གྱི་ ངེས་པ་རྟོགས་སླ་བའི་ངེས་པ་དང་བཞི། དང་པོ་ལ། གོང་ལྟར་གཉིས་ལས། དང་པོ་ནི། ཟླ་ བ་གནས་གསུམ་གྱུར་པའི་དབུས་མའི་ཕུང་པོ་དག་ལ་གང་གནས་ལག་ལ་རྩེ་མོ་ཅན་གྱིས་ བསྒྱུར། །རྩ་བ་དག་ལ་དྲུག་གི་ཆས་རྙེད་དེ་ཡང་བུ་ལོན་དུ་འགྱུར་དབུས་མའི་ཕུང་པོ་ལ་ནི་ སྦྱང་བར་བྱ། །སྟེང་འོག་མིག་དང་སུམ་ཅུའི་ནོར་ནི་བསྲེས་པ་གསལ་བར་བྱ་སྟེ་དྲུག་ཅུའི་ཆ་ དག་གིས། །རྙེད་པ་སྟེང་དུ་རབ་བསྲེས་ཐུབ་པ་མཆོག་རྣམས་དག་གིས་བཅད་པའི་ལྷག་མ་ དག་ནི་གཟའ་རུ་འགྱུར། །ཞེས་པའོ། ། གཉིས་པ་ནི། ཟླ་བ་དག་པ་གནས་གསུམ་དུ་འཇོག་པ་ལ་རྒྱུ་མཚན་ཡོད་དེ། སྟེང་མ་ གཟའ་གནས་ཀྱི་དོན་དང༌། བར་མ་ཆུ་ཚོད་ཀྱི་དོན་དང༌། འོག་མ་སྦྱོང་བྱེད་ཀྱི་བུ་ལོན་ངོས་ བཟུང་བའི་ཕྱེད་ཡིན་པའི་ཕྱིར་རོ། །དབུས་མ་སོ་ཡིས་བསྒྱུར་བའི་རྒྱུ་མཚན་ནི། ཚེས་ཀྱི་རྟག་ པའི་ལོངས་སྤྱོད་ཆུ་ཚོད་ལྔ་བཅུ་ང་དགུ་ཆུ་སྲང་གསུམ། དབུགས་བཞི་རེ་བཞི་ཆ་གཅིག་ དེའི་བདུན་བརྒྱ་དང་བདུན་གྱི་ཆ་སུམ་བརྒྱ་དང་བཅུ་བདུན་རྣམས་ཡོད་པ་ལས། རེ་བཞི་ཆ་ མན་ཆད་ཤིན་ཏུ་ཕྲ་བས་རེ་ཤིག་བཞག དབུགས་ཡན་ཆད་ཚེས་ཟླ་གཅིག་གི་རྟག་ལོངས་ སུ་བསྒྲུབ་པའི་ཕྱིར་ཐམས་ཅད་སུམ་ཅུས་བསྒྱུར་ཏེ་རང་རང་གི་འཁོར་ལོས་སྟེང་དུ་དྲིལ་བས་ གཟའ་ཉེར་དགུ ཆུ་ཚོད་སོ་གཅིག་ཆུ་སྲང་ལྔ་བཅུ་འབྱུང༌། དེ་ནི་ཚེས་ཞག་སུམ་ཅུ་ལ་ཉིན་ ཞག་ཉི་ཤུ་རྩ་དགུ་རྗེས་འབྲང་དང་བཅས་པ་འབྱུང་ངོ་ཞེས་པའི་དོན་ཡིན། གཟའ་ཡང་འཁོར་ ལོས་དྲིལ་བས་ལྷག་མ་གཅིག་འབྱུང་ལ། ཟླ་དག་གནས་གསུམ་དུ་བཞག་པའི་གནས་དང་ པོ་གཅིག་གིས་བསྒྱུར་བས་མང་ཉུང་མེད། གཉིས་པ་སུམ་ཅུ་རྩ་གཅིག་དང༌། གསུམ་པ་ལྔ་ 1-1-652 བཅུས་བསྒྱུར་ནའང་རྣམ་པར་དག་མོད། འོན་ཀྱང་བྱེད་པ་སླ་བའི་ཕྱིར་ཆུ་སྲང་བཅུ་ལྷག་པོར་ བྱིན་ཏེ་གོང་དུ་དྲིལ་བས་ཆུ་ཚོད་སུམ་ཅུ་རྩ་གཉིས་འབྱུང་བ་དེས་བསྒྱུར་བ་ཡིན་ནོ། །འོ་ན་ ཚེས་ཟླ་རེ་རེ་བཞིན་ཆུ་སྲང་བཅུ་བཅུ་ལྷག་པོར་བྱིན་པས་རྩིས་མ་དག་པར་འགྱུར་རོ་སྙམ་ན་ སྐྱོན་མེད་དེ། ཟླ་བ་དྲུག་མ་སོང་གི་བར་དུ་བུ་ལོན་ཆུ་ཚོད་དུ་མི་ལོངས་ལ་ཉེས་པ་ཆེན་པོ་མི་ སྐྱེད་ཅིང༌། ཟླ་བ་དྲུག་སོང་ནས་བུ་ལོན་ཆུ་ཚོད་དུ་ལོངས་པས། དེ་སྦྱོང་བའི་ཕྱིར་དུ་གནས་ འོག་མ་ལ་དྲུག་གིས་བགོས་པའི་ནོར་གྱིས་བར་མ་ལ་སྦྱོང་བ་ཡིན་ནོ། །དེ་ལ་སྟེང་དུ་མིག་དང་ འོག་ཏུ་སུམ་ཅུ་བསྲེ་བ་ལ་རྒྱུ་མཚན་ཡོད་དེ། རིགས་ལྡན་རྒྱལ་དཀས་རྩིས་གཞིའི་འཕྲིན་ལས་ མཛད་པའི་སྔ་ཉིན་ཤིང་མོ་བྱའི་དབོའི་ཟླ་བའི་གནམ་སྟོང་གི་གཟའ་གནས་ན་གཉིས་དང༌། ཆུ་ཚོད་ན་སུམ་ཅུ་ཡོད་པས་དེ་རྩིས་འཕྲོར་བསྲེ་པ་ཡིན་པའི་ཕྱིར། འོག་མ་ལ་དྲུག་ཅུས་བགོད་ པའི་རྒྱུ་མཚན་ཡོད་དེ། ཆུ་ཚོད་དྲུག་ཅུའི་འཁོར་ལོ་ཡིན་པའི་ཕྱིར། ལྷག་མ་ཆུ་ཚོད་ཀྱི་གནས་ སུ་བཟུང་བྱ་དང༌། རྙེད་ནོར་ཆུ་ཚོད་རེས་གཟར་ལོངས་པའི་གྲངས་ཡིན་པས་རྙེད་པ་སྟེང་དུ་ བསྲེས་ཏེ་བདུན་གྱིས་བགོད་པ་ལ་རྒྱུ་མཚན་ཡོད་དེ། རེས་གཟའ་བདུན་གྱི་འཁོར་ལོ་ཡིན་ པའི་ཕྱིར། ལྷག་མ་ནི་རེས་གཟའི་གནས་སུ་བཟུང་བྱ་ཡིན་ནོ། ། གཉིས་པ་ལ་གོང་ལྟར་གཉིས་ལས་དང་པོ་ནི། གནས་གཉིས་ཉི་ཟླ་བསྲེས་པ་དག་ལ་ དུས་དང་ཉི་མས་ཐོབ་ལ་འབྱུང་བ་བསྲེས་པ་མཐའ་དག་ནི། །དེ་ཡི་སྟེང་གི་ཕུང་པོར་བྱིན་ཏེ་ དང་པོ་ལག་པས་བསྒྱུར་ལའོ་བརྒྱད་དང་གཉིས་ཀྱི་ཕྱེ་བ་ཚོགས། །ཞེས་སོ། །གཉིས་པ་ནི། ཟླ་དག་གནས་གཉིས་སུ་འཇོག་པའི་རྒྱུ་མཚན་ནི། སྟེང་མ་ཟླ་རྐང་རིལ་པོའི་དོན་དང༌། འོག་ མ་ཟླ་རྐང་གི་ཆ་ཤས་ཀྱི་དོན་དུ་བཀོད་པ་ཡིན་པའི་ཕྱིར། གནས་སྟེང་མ་ལ་ཉི་ཟླ་བསྲེ་བ་ནི་ སྡེབ་སྦྱོར་གྱི་དབང་གིས་ཡིན་གྱི། དོན་ལ་བསྲེས་མ་བསྲེས་ལ་ཁྱད་པར་མེད་དེ། བསྲེ་རྒྱུའི་ དངོས་པོ་བརྒྱ་དང་བཅུ་གཉིས་ལ། རིལ་པོ་ཉེར་བརྒྱད་ཀྱིས་བགོས་པས་ལྷག་མེད་དུ་འགྱུར་ 1-1-653 བའི་ཕྱིར། འོག་མ་ལ་ཉི་ཟླ་བསྲེ་བ་ལ་རྒྱུ་མཚན་ཡོད་དེ། རྒྱལ་དཀས་རྩིས་གཞི་མཛད་པའི་ སྔ་ཉིན་ཤིང་མོ་བྱའི་དབོའི་ཟླ་བའི་གནམ་སྟོང་གི་ཆ་ཤས་ཀྱི་གནས་ན་བརྒྱ་དང་བཅུ་གཉིས་ ཡོད་པས་དེ་རྩིས་འཕྲོར་བསྲེ་བའི་ཕྱིར། དེ་ལ་དུས་གཉིས་བགོད་པའི་རྒྱུ་མཚན་ནི། ཟླ་བ་ བརྒྱ་དང་ཉི་ཤུ་རྩ་དྲུག་རེ་ན་ཆ་ཤས་ཀྱི་འཁོར་ལོ་ལན་རེ་རྫོགས་པས། ཆ་ཤས་ཀྱི་འཁོར་ལོ་ བརྒྱ་ཉེར་དྲུག་གིས་བགོད་པ་ཡིན་ལ། དེའི་རྙེད་ནོར་ནི་ཆ་ཤས་རིལ་པོར་ལོངས་པའི་གྲངས་ ཡིན་ཞིང༌། དེ་ལ་འབྱུང་བ་བསྲེ་བ་ལ་རྒྱུ་མཚན་ཡོད་དེ། རྒྱལ་དཀས་རྩིས་གཞི་མཛད་པའི་ སྔ་ཉིན་རིལ་པོའི་གནས་ན་ལྔ་ཡོད་པས་དེ་རྩིས་འཕྲོར་བསྲེ་བ་ཡིན་པའི་ཕྱིར། གནས་སྟེང་མ་ གཉིས་ཀྱིས་བསྒྱུར་བ་ལ་རྒྱུ་མཚན་ཡོད་དེ། ཚེས་ཞག་རེ་ལ་ཟླ་རྐང་རའི་དང་པོ་རེ་སྤྱོད་པས། ཚེས་ཟླ་གཅིག་ལ་རིལ་པོ་སུམ་ཅུ་འབྱུང༌། དེ་ལ་རིལ་པོ་ཉེར་བརྒྱད་ཀྱི་འཁོར་ལོས་དྲིལ་བས་ ལྷག་མ་གཉིས་འབྱུང་བས་དེས་བསྒྱུར་བ་ཡིན་པའི་ཕྱིར་དེ་ལ་འོག་གི་ནོར་བསྲེ་བ་ནི་རིལ་ པོར་མཚུངས་པས་སོ། །གནས་སྟེང་མ་ལ་ཉེར་བརྒྱད་ཀྱིས་བགོད་པ་ལ་རྒྱུ་མཚན་ཡོད་དེ། ཟླ་ རྐང་རིམ་པ་ལ་བཅུ་བཞི་རིམ་མིན་ལ་བཅུ་བཞི་སྟེ་རིལ་པོ་ཉེར་བརྒྱད་ཀྱི་འཁོར་ལོ་ཡིན་པའི་ ཕྱིར། ལྷག་མ་ནི་རིལ་པོའི་གནས་སུ་བཟུང་བྱ་ཡིན་ནོ། ། གསུམ་པ་ལ། སྔར་ལྟར་གཉིས་ལས། དང་པོ་ནི། གནས་གསུམ་དབུས་མ་དག་ནི་དབང་ ཕྱུག་གིས་བསྒྱུར་འོག་མ་དགུ་དང་ཡོན་ཏན་རྣམས་ཀྱིས་ཆ་ཐོབ་པ། །གཉིས་བསྲེས་དམན་ པའི་དབུས་མར་ཆུ་ཚོད་དག་གི་ཐོབ་པ་ནོར་ཏེ་སྟེང་གི་ཕུང་པོར་གཉིས་ཀྱིས་ནི། །བསྒྱུར་ནས་ བྱིན་ལ་སྐར་མས་བགོས་ལྷག་མི་བདག་ཉི་མའི་སྐར་མ་ལ་སོགས་ལོངས་སྤྱོད་དག་ཏུ་འགྱུར། །ཞེས་སོ། །གཉིས་པ་ནི་ཟླ་དག་གནས་གསུམ་དུ་འཇོག་པ་ལ་རྒྱུ་མཚན་ཡོད་དེ། སྟེང་མ་སྐར་ མའི་གནས་དང༌། བར་མ་ཆུ་ཚོད་ཀྱི་གནས་དང༌། འོག་མ་སྦྱོང་བྱེད་ཀྱི་བུ་ལོན་ངོས་བཟུང་ བའི་ཕྱིར་དུ་བཀོད་པའི་ཕྱིར། །གནས་དབུས་མ་བཅུ་གཅིག་གིས་བསྒྱུར་བ་ནི། ཉི་མའི་ཚེས་ 1-1-654 ཞག་གཅིག་གི་རྟག་པའི་ལོངས་སྤྱོད་ལ་ཆུ་ཚོད་བཞི ཆུ་སྲང་ཉེར་གཅིག དབུགས་ལྔ། འདོད་ ཆ་དགུ་ཅུང་མེད་གཅིག་ཡོད་ཀྱང༌། རྣམ་བཞག་སླ་བའི་ཕྱིར་དགུར་བྱས་ཏེ། དེ་ལ་འདོད་ཆ་ བཞི་ལྷག་པོར་བྱིན་ཏེ་གོང་དུ་དྲིལ་བས། ཆུ་ཚོད་བཞི་དང༌། ཆུ་སྲང་ཉེར་གཉིས་འབྱུང༌། དེ་ ཚེས་ཟླ་གཅིག་གི་རྟག་པའི་ལོངས་སྤྱོད་དུ་བསྒྲུབ་པའི་ཕྱིར་གཉིས་ཀ་སུམ་ཅུས་བསྒྱུར་ཏེ་རང་ རང་གི་འཁོར་ལོས་དྲིལ་བས་སྐར་མ་གཉིས་དང༌། ཆུ་ཚོད་བཅུ་གཅིག་འབྱུང་བས་དེའི་ཆུ་ ཚོད་བཅུ་གཅིག་པོ་དེས་བསྒྱུར་བ་ཡིན་པའི་ཕྱིར། འོ་ན་ཚེས་རེ་བཞིན་འདོད་ཆ་བཞི་རེ་བྱིན་ པས་མ་དག་པའི་སྐྱོན་ཡོད་དེ་སྙམ་ན། ཟླ་བ་སུམ་ཅུ་རྩ་དགུ་མ་སོང་གི་བར་དུ་བུ་ལོན་ཆུ་ཚོད་ དུ་མ་ལོངས་པས་ཉེས་པ་ཆེར་མི་སྐྱེད་ལ། ཟླ་བ་སོ་དགུ་ལོངས་ནས་བུ་ལོན་ཆུ་ཚོད་དུ་ལོངས་ པས་དེ་སྦྱོང་བའི་ཕྱིར་གནས་འོག་མ་སོ་དགུས་བགོས་པའི་ནོར་གྱིས་བར་མ་ལ་སྦྱོང་བ་ཡིན་ ནོ། །དེའི་སྦྱོང་བྱེད་ལ་གཉིས་བསྲེ་བ་ནི་ལྷག་འགྱུར་འདོར་བ་ཡིན་ཏེ། རྒྱལ་དཀས་རྩིས་ གཞི་མཛད་པའི་སྔ་ཉིན་ཉི་སྐར་གྱི་གནས་ན་ཉེར་དྲུག་དང༌། ཆུ་ཚོད་ན་ལྔ་བཅུ་རྩ་བརྒྱད་ཡོད་ ལ་དེའི་སྟེང་དུ་ཆུ་ཚོད་གཉིས་བྱུང་ན་རྒྱུ་སྐར་གྱི་འཁོར་ལོ་ལོངས་པས། དེ་མ་འོངས་པའི་ ལོངས་སྤྱོད་ཀྱི་སྟེང་ནས་ལྷག་འགྱུར་དུ་འདོར་བའི་ཕྱིར། ཡང་ན་སྐར་མ་ཉེར་དྲུག་དང་ཆུ་ཚོད་ ལྔ་བཅུ་རྩ་བརྒྱད་ཉིད་གོང་བཞིན་རྩིས་འཕྲོར་བསྲེས་ནའང་རྣམ་པར་དག་པས་འདི་གཉིས་ གནད་གཅིག་གོ །ཡང་ན་ཟླ་དག་གནས་ལྔར་བཞག་སྟེ། ཉི་མའི་ཚེས་ཞག་གཅིག་གི་རྟག་ པའི་ལོངས་སྤྱོད་རྣམས། ཚེས་ཟླ་གཅིག་གི་རྟག་ལོངས་སུ་བསྒྲུབ་པའི་ཕྱིར་སུམ་ཅུས་བསྒྱུར་ བས་སྐར་མ་གཉིས། ཆུ་ཚོད་བཅུ། ཆུ་སྲང་ང་བཅུ་རྩ་བརྒྱད། དབུགས་གཉིས། འདོད་ཆ་བཅུ་ རྣམས་འབྱུང་བས། དེ་རྣམས་ཀྱིས་རིམ་བཞིན་ཟླ་དག་གནས་ལྔ་པོ་བསྒྱུར་ཞིང་ལྷག་འགྱུར་ དོར་ནས་རང་རང་གི་འཁོར་ལོས་དྲིལ་ནའང་རྣམ་པར་དག་གོ །ཆུ་ཚོད་དྲུག་ཅུས་བགོད་པ་ དང༌། ལྷག་མ་ནི་གོང་དང་མཚུངས། ཐོབ་ནོར་ནི་ཆུ་ཚོད་སྐར་མར་ལོངས་པའི་གྲངས་ཡིན་ 1-1-655 པས་སྟེང་དུ་བསྲེ། དེ་ཡང་སྔོན་ལ་གནས་སྟེང་མ་གཉིས་ཀྱིས་བསྒྱུར་དགོས་ཏེ། གནས་སྟེང་ མའི་སྐར་གནས་ཀྱི་གཉིས་པོ་དེ་ངོས་བཟུང་བའི་ཕྱེད་ཡོད་པའི་ཕྱིར། ཚེས་དང་ཉི་མའི་རྟག་ ལོངས་ཆ་ཕྲ་མོ་རྣམས་མ་རྩིས་པ་དེ་དུས་རྒྱུན་རིང་པོ་ན་ཆུ་ཚོད་མང་པོར་ལོངས་པའི་ཚེ་འདོར་ ལེན་དགོས་པ་ནི་རིག་པས་བརྟགས་ཏེ་ཤེས་པར་བྱའོ། །རྒྱུད་འགྲེལ་ལས་ནི་རྟག་ལོངས་ཀྱི་ སྐབས་སུ་དབུགས་ཡན་ཆད་ཙམ་ལས་མ་གསུངས་པས། ཆ་ཤས་ཕྲ་མོ་རྣམས་མ་རྩིས་ཀྱང་ རུང་ངམ་སྙམ་མོ། ། བཞི་པ་ནི། རྒྱུད་ལས། གཟའ་ལ་གཟའ་ནི་རབ་སྦྱིན་མི་བདག་ཉིས་འགྱུར་ཆུ་ཚོད་ལ་ སྟེ་ཞེས་སོགས་ཀྱི་དོན། གོང་གི་བསྒྱུར་བྱེད་གཟའ་གཅིག ཆུ་ཚོད་སུམ་ཅུ་རྩ་གཉིས་རིལ་པོ་ གཉིས། ཆ་ཤས་གཅིག ཉི་སྐར་གཉིས་ཆུ་ཚོད་བཅུ་གཅིག་རྣམས་སྔ་ཟླའི་དྷྲུ་བའི་སྟེང་དུ་བྱིན་ པས། ཟླ་བ་ཕྱི་མའི་དྷྲུ་བ་ཀ་རིམ་གྱིས་འབྱུང་བ་ནི་རྟོགས་པར་སླའོ། ། གཉིས་པ་ཚེས་རེའི་ངེས་པ་ལ་ལྔ་སྟེ་གཟའ་ཚེས་ཀྱི། ཉི་སྐར་གྱི། ཟླ་སྐར་གྱི། སྦྱོར་བའི་ བྱེད་པའི་ངེས་པའོ། །དང་པོ་ནི། རྒྱུད་ལས། ཚེས་རྣམས་སྦྱིན་དང་དོར་དང་སླར་ཡང་སྦྱིན་པ་ དག་ནི་གཟའ་དང་ཆུ་ཚོད་རྐང་པ་རྣམས་སུ་སྟེ། །ཞེས་སོགས་ཀྱི་དོན་ནི། གཟའི་གནས་སུ་ ཚེས་གྲངས་སྦྱིན་ཞིང༌། ཚེས་གྲངས་དེ་ཉིད་ཆུ་ཚོད་ཀྱི་གནས་ནས་སྦྱངས་པས། དོན་ལ་ཚེས་ རེ་བཞིན་ཚེས་ཀྱི་རྟག་པའི་ལོངས་སྤྱོད་ཆུ་ཚོད་ལྔ་བཅུ་ང་དགུ་རེ་སྦྱིན་པར་འགྱུར་བ་ཡིན་ནོ། །འོ་ན་ཆུ་སྲང་གསུམ་ལ་སོགས་པ་མ་སྦྱིན་པ་ནི། དྷྲུ་བ་ཀའི་སྐབས་སུ་ཟླ་རེ་བཞིན་ཆུ་སྲང་ བཅུ་བཅུ་ལྷག་པོར་ཡོད་པས་དེའི་གཉེན་པོ་ལ་དགོངས་པའོ། །ཤིན་ཏུ་དག་པར་བརྩི་ན་ཚེས་ ཀྱི་རྟག་པའི་ལོངས་སྤྱོད་ཆུ་ཚོད་ང་དགུ ། ཆུ་སྲང་གསུམ་ལ་སོགས་པ་རྣམས་སོ་སོར་ཚེས་ གྲངས་གང་ལ་བབ་པ་དེས་བསྒྱུར་ནས་གཟའ་ཚེས་ཀྱི་དྷྲུ་བར་སྦྱིན་ནོ། །རིལ་པོར་ཚེས་གྲངས་ སྟེར་བ་ནི། ཚེས་རེ་བཞིན་ཟླ་རྐང་རེ་རེ་སྤྱོད་པའི་དོན་ཡིན། དེ་ལ་བཅུ་བཞིས་བགོད་པ་ནི་ཟླ་ 1-1-656 བའི་རྐང་གནས་བཅུ་བཞིར་ངེས་པས་དེས་བགོད་པ་ཡིན། དེའི་རྙེད་ནོར་མེད་པའམ། རྙེད་ པ་མཉམ་ན་རིམ་པ་ལ་ཡོད་པའི་རྒྱུ་མཚན་ནི། རྙེད་ནོར་རྣམས་རྐང་པ་ཚར་རེ་སོང་བའི་དོན་ ཡིན་པས། སྟོང་པ་ཤར་ན་རིམ་པའི་རྐང་པ་དང་པོ་ལ་ཡོད་པ་དང༌། གཉིས་ཤར་ན་རིམ་མིན་ ལ་ཟློག་སྟེ་སླར་ཡང་རིམ་པ་ལ་ཡོད་པ་དང༌། བཞི་ཤར་བའི་ཚེ་ཡང་རིམ་མིན་ལ་ལོག་སྟེ་རིམ་ པ་ལ་ཡོད་པ་ཡིན། བཞི་ལས་མང་བ་ནི་མི་ཐོབ་སྟེ། ཚེས་ཀྱི་མང་མཐའ་སུམ་བཅུ་ལ། རིལ་ པོའི་མང་མཐའ་ཉེར་བདུན་བསྲེས་པས་ལྔ་བཅུ་རྩ་བདུན་འབྱུང༌། དེ་ལ་བཅུ་བཞིས་བགོས་ པས་བཞི་ལས་མང་བ་མི་ཐོབ་པའི་ཕྱིར། རྙེད་ནོར་གཅིག་ཤར་ན་རིམ་པ་ཚར་གཅིག་སོང་ ནས་རིམ་མིན་ལ་ཡོད་པ་དང༌། གསུམ་ཤར་བའི་ཚེ་སླར་ཡང་རིམ་པ་སོང་པའི་རིམ་མིན་ལ་ ཡོད་པ་ཡིན་ནོ། །བཅུ་བཞིས་བགོས་པའི་ལྷག་མ་ནི་རྐང་འཛིན་ཡིན་པས། དེའི་གྲངས་ཀྱིས་ ཟླ་རྐང་སྡོམ་དགོས་པ་ཡིན་པ་ལ། རིམ་པའི་སྔ་རྐང་དུ་ནོར་ཇེ་མང་དུ་སོང་བའི་ཚུལ་གྱིས་རྐང་ འཛིན་གཅིག་ནས་བདུན་གྱི་བར་ལ་གོ་རིམ་བཞིན་ཟླ་རྐང་ལྔ་དང༌། བཅུ་དང༌། བཅོ་ལྔ་དང༌། བཅུ་དགུ་དང༌། ཉེར་གཉིས་དང༌། ཉེར་བཞི་དང༌། ཉེར་ལྔ་རྣམས་སྡོམ། རྐང་འཛིན་བརྒྱད་ ནས་བཅུ་གསུམ་གྱི་བར་ལ་རིམ་པའི་ཕྱི་རྐང་ལ་ཡོད་པས་ནོར་འགྲིབ་པའི་ཚུལ་གྱིས་ཉེར་ བཞི་དང༌། ཉེར་གཉིས་དང༌། བཅུ་དགུ་དང༌། བཅོ་ལྔ་དང༌། བཅུ་དང༌། ལྔ་རྣམས་བསྡོམས། དེས་ན་སྔ་རྐང་དུ་ནོར་ཇི་ཙམ་འཕེལ་བ་དེ། ཕྱི་རྐང་དུ་བུ་ལོན་འཕེལ་བའམ་ནོར་འགྲིབ་པས་ སོབས་ཏེ་རིམ་པ་རྫོགས་པའི་ཚེ་རྟག་ལོངས་ཀྱི་སྟེང་དུ་ལྷག་ཆད་མེད་པར་་་་འགྲིག་པ་ཡིན་ ནོ། །རིམ་མིན་གྱི་སྔ་རྐང་དུ་བུ་ལོན་འཕེལ་བ་དེ་དང༌། ཕྱི་རྐང་དུ་བུ་ལོན་འགྲིབ་པའི་ཚུལ་ ཀྱང་འདིས་རྟོགས་པར་བྱའོ། །རྐང་པའི་ཆ་ཤས་ཀྱི་ལོངས་སྤྱོད་ནི། རགས་པ་ཟླ་བའི་ཆ་ ཤས་ཀྱི་དབང་དུ་བྱས་ན། རྐང་བཟུང་སྔུན་མ་གང་ལ་བབ་པ་དེས། ཆ་ཤས་ཀྱི་གནས་ན་ཇི་ ཙམ་ཡོད་པ་དེ་བསྒྱུར་ལ་དུས་ཉིས་བགོས་པའི་འབྲས་བུ་ནི་ཡང་དག་རྒྱུ་བའི་ཆུ་ཚོད་ཆུ་སྲང་ 1-1-657 དབུགས་ལ་སོགས་པའོ། །དེའི་དོན་ནི། དཔེར་ན་ཆ་ཤས་ཀྱི་གནས་ན་གཅིག་ཡོད་པའི་ཚེ། རྐང་བཟུང་སྔུན་མས་བསྒྱུར་ནས་དུས་ཉིས་བགོས་པའི་འབྲས་བུ་ནི་རྐང་བཟུང་སྔུན་མ་དེ་ ཉིད་ཀྱི་དུས་ཉིའི་ཆ་ཤས་གཅིག་ཡིན་ལ། དེ་བཞིན་དུ་ཆ་ཤས་ཀྱི་གནས་ན་གཉིས་ཡོད་པའི་ ཚེ་བསྒྱུར་བགོད་གོང་བཞིན་བྱས་པའི་འབྲས་བུ་ནི། རྐང་བཟུང་སྔུན་མ་དེའི་བརྒྱ་ཉེར་དྲུག་གི་ ཆ་ཤས་གཉིས་ཡིན་ཞིང༌། ཆ་ཤས་ཀྱི་གནས་ན་བརྒྱ་ཉེར་ལྔ་ཡོད་པའི་ཚེ། བསྒྱུར་བགོད་གོང་ བཞིན་བྱས་པའི་འབྲས་བུ་ནི། རྐང་བཟུང་སྔུན་མ་དེའི་དུས་ཉིའི་ཆ་ཤས་བརྒྱ་ཉེར་ལྔ་ཡིན། དེ་ནས་ཟླ་བ་གཅིག་ན་ཆ་ཤས་ཀྱི་འཁོར་ལོར་ལོངས་པས། ཆ་ཤས་ཀྱི་གནས་སྟོང་ནས་སླར་ ཡང་ཆ་ཤས་གཞན་གྱི་མགོ་རྩོམ་པ་ཡིན་ནོ། །རྐང་མཚམས་མ་འདས་ན་རྐང་པའི་ཆུ་ཚོད་དང་ ཡང་དག་རྒྱུ་བའི་ཆུ་ཚོད་བསྲེ་བ་ལ་རྒྱུ་མཚན་ཡོད་དེ། རིམ་པའི་སྔ་རྐང་དུ་ནོར་དུ་མཚུངས། རིམ་མིན་གྱི་སྔ་རྐང་དུ་བུ་ལོན་དུ་མཚུངས་པའི་ཕྱིར། རྐང་མཚམས་འདས་ན། ཡང་དག་རྒྱུ་ བའི་ཆུ་ཚོད་ལ་སོགས་པས་རྐང་པའི་ཆུ་ཚོད་ལ་སྦྱོང་བའི་རྒྱུ་མཚན་ནི། རིམ་པའི་ཕྱི་རྐང་གི་ སྐབས་སུ་རྐང་པའི་ལོངས་སྤྱོད་རྣམས་ནི་ནོར་བྲི་བའི་ལྷག་མ་རྣམས་གདམས་པ་ཡིན་ལ། ཡང་དག་རྒྱུ་བའི་ལོངས་སྤྱོད་རྣམས་ནི་བུ་ལོན་གྱི་ཕུང་པོ་ཡིན་པས་དེས་ཀྱང་ནོར་གྱི་ལྷག་མ་ ལ་སྦྱོང་བ་ཡིན་ནོ། །རིམ་མིན་གྱི་ཕྱིར་[ཕྱི་]རྐང་ལ། རྐང་པའི་ཆུ་ཚོད་ནི་བུ་ལོན་བྲི་བའི་ལྷག་ མ་རྣམས་ཕྱོགས་གཅིག་ཏུ་གདམས་པ་ཡིན་ལ། ཡང་དག་རྒྱུ་བའི་ལོངས་སྤྱོད་རྣམས་ནི་ནོར་ གྱི་ཕུང་པོ་ཡིན་པས། དེས་ཀྱང་བུ་ལོན་གྱི་ལྷག་མ་ལ་སྦྱངས་ཏེ་ཉུང་ངུ་བཏོང་[གཏོང]བའི་ ཕྱིར་རོ། །དེ་ལྟར་རྐང་པའི་ལོངས་སྤྱོད་རྣམས་ནི་རྙེད་པ་མཉམ་པ་དང་མི་མཉམ་པའི་བྱེ་བྲག་ གིས། གཟའ་ཚེས་ཀྱི་རྟག་ལོངས་ཀྱི་སྟེང་དུ་སྣོན་པ་དང༌། འབྲིད་པ་གོ་རིམ་བཞིན་དུ་འགྱུར་ བ་ཡིན་ནོ། །དེས་ཚེས་ཕལ་ཆེར་དག་ལ། དེའི་སྟེང་དུ་ཉི་རྐང་གི་ལོངས་སྤྱོད་རྣམས་ཉི་མ་ལ་ སྣོན་འབྲིད་བྱེད་པ་ཇི་ལྟ་བ་བཞིན། ཚེས་ལའང་བྱས་པས་རྣམ་པར་དག་སྟེ་དེའི་རྒྱུ་མཚན་ནི་ 1-1-658 འོག་ནས་འཆད་དོ། །ཕྲ་བ་ཚེས་ཀྱི་ཆ་ཤས་ཀྱི་དབང་དུ་བྱས་ན་དྷྲུ་བ་ཀའི་ཆ་ཤས་ཀྱི་གནས་དེ་ སུམ་ཅུས་བསྒྱུར་ནས་སྐབས་སུ་གང་བབ་ཀྱི་ཚེས་བསྲེས་ལ། དེ་རྐང་བཟུང་སྔུན་མས་བསྒྱུར་ ཏེ། སུམ་སྟོང་བདུན་བརྒྱ་བརྒྱད་ཅུས་བགོས་པའི་ཐོབ་ནོར་རྣམས་ནི་ཡང་དག་རྒྱུ་བའི་ ལོངས་སྤྱོད་ཡིན་ལ། སྦྱིན་དོར་བྱེད་ཚུལ་ལས་སོགས་པ་གོང་དང་མཚུངས་སོ། ། གཉིས་པ་ཉི་སྐར་གྱི་ངེས་པ་ནི། གང་ཞིག་རིག་བྱེད་རྣམས་ཀྱིས་ཚེས་བསྒྱུར་གསལ་བར་ ནོར་ཏེ་དེ་ཡི་སུམ་ཆ་དག་གི་བསྲེས་པའོ་ཞེས་སོགས་ཀྱི་དོན། ཚེས་གྲངས་གང་སྐབས་སུ་ བབ་པ་དེ་གནས་གཉིས་སུ་བཞག་པའི་སྟེང་མ་ཆུ་ཚོད་ཀྱི་དོན་དང༌། འོག་མ་ཆུ་སྲང་གི་དོན་ དུ་བཀོད་ལ། སྟེང་མ་བཞིས་བསྒྱུར་བ་ནི། ཉི་མའི་ཚེས་ཞག་གཅིག་གི་རྟག་པའི་ལོངས་སྤྱོད་ ཆུ་ཚོད་བཞི་ཆུ་སྲང་ཉེར་གཅིག་དབུགས་ལྔ་འདོད་ཆ་དགུ་ཡོད་པ་ལས། འདིར་སླ་ཐབས་སུ་ བྱས་ཏེ། ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུར་རྣམ་བཞག་བྱས་པ་ཡིན་པས། དེའི་ཆུ་ཚོད་བཞི་པོ་དེ་ ངོས་བཟུང་བའི་ཆེད་ཡིན་ནོ། །གནས་འོག་མ་གསུམ་གྱིས་བགོས་པའི་ནོར་སྟེང་དུ་སྟེར་བའི་ རྒྱུ་མཚན་ནི། ཚེས་རེ་ལ་ཆུ་སྲང་ཉི་ཤུ་རེ་ཡོད་ལ། ཚེས་གསུམ་ཚན་རེ་ན་ཆུ་སྲང་རྣམས་ཆུ་ཚོད་ དུ་ལོངས་པས་དེ་སྟེང་དུ་བསྲེ་བ་ཡིན་ནོ། །ཚེས་སུམ་ཚན་དུ་མ་ལོངས་ན་ཉི་ཤུས་བསྒྱུར་ནས་ ཆུ་སྲང་གི་གནས་སུ་འགོད་པ་ཡིན་ཞིང་སྟེང་ཆུ་ཚོད་ཀྱི་གནས་ལ་དྲུག་ཅུས་བགོས་པའི་ནོར་ ནི་སྐར་མར་ལོངས་པའི་གྲངས་ཡིན་པས། དེ་རྣམས་ཉི་དྷྲུར་རིམ་བཞིན་བྱིན་པས་ཚེས་རེའི་ རྟག་ལོངས་རྣམས་རྒྱུན་གདམས་པར་འགྱུར་བ་ཡིན་ནོ། །འོ་ན་རྟག་ལོངས་ཆུ་སྲང་བཅུ་ལ་ སོགས་པ་མ་ཆུད་པས་མ་དག་གོ་སྙམ་ན་དྷྲུ་བ་ཀའི་སྐབས་སུ་ཅུང་ཟད་ལྷག་པོ་ཡོད་པས་དེའི་ གཉེན་པོ་དང་སླ་ཐབས་སུ་བཞག་པའི་ཕྱིར་སྐྱོན་མེད་དོ། །ཡང་ཤིན་ཏུ་དག་པར་བརྩི་ན། ཉི་ མའི་ཚེས་ཞག་གི་རྟག་པའི་ལོངས་སྤྱོད་ཆུ་ཚོད་བཞི་ཆུ་སྲང་ཉེར་གཅིག དབུགས་ལྔ། འདོད་ ཆ་དགུ་རྣམས། རིམ་བཞིན་ཚེས་གྲངས་གང་ཡིན་དེས་བསྒྱུར་ནས་འཁོར་ལོས་དྲིལ་ཏེ་ཉི་དྷྲུའི་ 1-1-659 གནས་སོ་སོར་བྱིན་པས་རྣམ་པར་དག་གོ་དེ་ལ་ཉི་མ་བར་པ་ཞེས་པའམ། ཉི་མ་ཕྱེད་དག་ ཞེས་པའི་ཐ་སྙད་འཇོག་པ་ཡིན་ལ། ཉི་བར་དེ་ཉིད་གནས་གཉིས་སུ་འཇོག་པའི་རྒྱུ་མཚན་ ནི། །གཅིག་ནི་ཉི་རྐང་ལས་བྱུང་བའི་ལོངས་སྤྱོད་འཚོལ་བའི་གཞི་དང་གཅིག་ཤོས་ནི་ཉི་རྐང་ ལས་བྱུང་བའི་ལོངས་སྤྱོད་སྦྱིན་དོར་བྱ་བའི་གཞིར་བཀོད་པའོ། །དང་པོ་དེ་ལ་སྐར་མ་དྲུག་ དང་ཆུ་ཚོད་ཞེ་ལྔ་སྦྱོང་བའི་རྒྱུ་མཚན་ནི། ཉི་མ་ནི་ཀརྐ་ཊའི་ཁྱིམ་གྱི་ཐོག་མར་སྐྱེས་ལ། རང་ མ་སྐྱེས་གོང་དུ་ལུག་དང་གླང་དང་འཁྲིག་པའི་ཁྱིམ་གསུམ་འདས། དེ་རེ་རེ་ལའང་ཡུལ་གྱི་ཆུ་ ཚོད་བརྒྱ་སོ་ལྔ་རེ་ཡོད་པས། དེ་རྣམས་དྲིལ་ན་སྐར་མ་དྲུག་དང༌། ཆུ་ཚོད་ཞེ་ལྔ་འབྱུང་བས་ དེ་ལྟ་བུའི་སྐྱེས་ཁྱིམ་སྦྱོང་བ་ཡིན་ལ་མ་འདངས་ན་འཁོར་ལོ་བསྣན་ལ་སྦྱོང་བའི་རྒྱུ་མཚན་ནི། རྩིས་སྔ་མའི་འཕྲོ་བཟུང་ནས་བརྩི་བའི་དོན་ཡིན་ལ། འཁོར་ལོ་བསྣན་པའམ་མ་བསྣན་ཀྱང་ རུང་སྟེ། འཁོར་ལོ་ཕྱེད་ལྷག་ན་འདོད་པའི་རྒྱུ་མཚན་ནི། རིམ་པ་ཚར་གཅིག་སོང་པ་ཡིན་ ལ་དེའི་སྔ་རྐང་དུ་བུ་ལོན་ཇི་ཙམ་འཕེལ་པ་དེ་ཉིད་ཕྱི་རྐང་དུ་སོབས་པས་རྟག་ལོངས་ཀྱི་སྟེང་ དུ་རྩིས་འགྲིག་སྟེ་དོར་ཆོག་པ་ཡིན་ནོ། །རྒྱུ་སྐར་གྱི་གནས་དྲུག་ཅུས་བསྒྱུར་བ་ནི་ཆུ་ཚོད་དུ་ བསིལ་བའི་དོན་ཡིན་ལ། དེ་ལ་འོག་གི་ཆུ་ཚོད་ནི་ཆུ་ཚོད་དུ་སྟོབས་མཚུངས་པས་བསྲེས་ཏེ་ བརྒྱ་སོ་ལྔས་བགོས་པའི་འབྲས་བུ་ནི་རིམ་པའམ་རིམ་མིན་དུ་སླེབས་ནས་ཁྱིམ་དུ་འདས་ཀྱི་ གྲངས་ཡིན། ཁྱིམ་རེ་བགྲོད་པ་དང་དལ་རྐང་རེ་བགྲོད་པ་གནད་གཅིག་པས་ཐོབ་ནོར་དེས་ ཉི་རྐང་འཛིན་པར་བྱེད་པ་ཡིན་ནོ། །དེ་ཡང་འཁོར་ཕྱེད་མ་དོར་ན་རིམ་པ་དང༌། དོར་ན་རིམ་ མིན་ལ་ཡོད་ལ། རྐང་འཛིན་དུ་གཅིག་བྱུང་ན་སྔ་རྐང་གི་ཆུ་ཚོད་དྲུག་སྡོམ། གཉིས་བྱུང་ན་བཅུ་ སྡོམ། གསུམ་བྱུང་ན་བཅུ་གཅིག་སྡོམ། བཞི་བྱུང་ན་ཕྱི་རྐང་གི་མ་ཟོས་པའི་བཅུ་སྡོམ། ལྔ་བྱུང་ ན་མ་ཟོས་པའི་དྲུག་སྡོམ་པ་ཡིན༌། སྟོང་པ་བྱུང་ན་སྡོམ་རྒྱུའི་རྐང་པ་ནི་མེད་ཅིང༌། རྐང་བཟུང་ སྔུན་མ་ནི་སྔ་རྐང་དང་པོ་ལ་ཡོད་པ་ཡིན་ནོ། །དེ་དག་གི་དོན་ནི་དཔེར་མཚོན་ན། ཉི་མ་ཀརྐ་ 1-1-660 ཊའི་ཁྱིམ་དུ་སླེབ་པ་ནས། སེངྒེའི་ཁྱིམ་དུ་མ་སླེབ་ཀྱི་བར་ལ་རིམ་རྐང་དང་པོའི་ཆུ་ཚོད་དྲུག་བུ་ ལོན་དུ་འགྱུར་དགོས་པས། ཁྱིམ་ཟླ་གཅིག་པོ་དེ་ལ་ཁྱིམ་གྱི་རྟག་ལོངས་ཆུ་ཚོད་བརྒྱ་སོ་ལྔའི་ སྟེང་ནས་དྲུག་སྦྱངས་པའི་བརྒྱ་ཉེར་དགུ་ལོངས་སྤྱད། ད་དུང་ཁྱིམ་དེ་རྫོགས་པ་ལ་ཆུ་ཚོད་ དྲུག་དགོས་པས་ཚེས་ཞག་ཕྱེད་དང་གཉིས་ཅུང་མེད་གཅིག་ཕྱིར་ནུར་དགོས་པ་མིན། འདིས་ ཉི་མ་འཁྲིག་ཁྱིམ་དུ་གནས་པ་རིམ་མིན་གྱི་ཕྱི་རྐང་ཐ་མའི་སྐབས་ཀྱང་རྟོགས་པར་གྱུར་རོ། །ཡང་ཉི་མ་སེང་གེའི་ཁྱིམ་དུ་སླེབ་ནས། བུ་མོའི་ཁྱིམ་དུ་མ་སླེབ་གྱི་བར་གྱི་ཁྱིམ་ཟླ་གཅིག་ལ་ རིམ་རྐང་གཉིས་པའི་ཆུ་ཚོད་བཞི་བུ་ལོན་དུ་སོང་བས་ཆུ་ཚོད་བརྒྱད་དང་སོ་གཅིག་ལས་སྤྱོད་ མ་ནུས། ད་དུང་ཆུ་ཚོད་བཞི་དགོས་པས་ཚེས་ཞག་གཅིག་ཅུང་མེད་གཅིག་ཕྱིར་ནུར་དགོས། འདིས་རིམ་མིན་གྱི་རྐང་པ་ལྔ་པ་ཉི་མ་གླང་ཁྱིམ་དུ་གནས་པའི་དུས་ཀྱང་གོའོ། །ཡང་ཉི་མ་ བུ་མོའི་ཁྱིམ་དུ་སླེབ་ནས་སྲང་ཁྱིམ་དུ་མ་སླེབ་ཀྱི་བར་གྱི་ཁྱིམ་ཟླ་གཅིག་ལ་ཆུ་ཚོད་གཅིག་བུ་ ལོན་དུ་འགྱུར་བས་བརྒྱ་སོ་བཞི་སྤྱད། ད་དུང་ཆུ་ཚོད་གཅིག་དགོས་པས་དེའི་དུས་ཕྱིར་ནུར་ དགོས་པའང་རིག་པས་བརྟག་གོ །འདིས་ནི་རིམ་མིན་གྱི་རྐང་པ་བཞི་པ་ཉི་མ་ལུག་ཁྱིམ་དུ་ གནས་པའི་དུས་ཀྱང་ཤེས་དགོས། དེ་བཞིན་དུ་རིམ་པའི་ཕྱི་རྐང་དང་པོ་ཉི་མ་སྲང་ཁྱིམ་དུ་ གནས་པ་དང༌། རིམ་མིན་གྱི་སྔ་རྐང་གསུམ་པ་ཉི་མ་ཉ་ཁྱིམ་དུ་གནས་པའི་ཁྱིམ་ཟླ་རེ་ལ་ ཆུ་ཚོད་རེ་རེ་ནོར་དུ་འགྲོ་བ་དང༌། ཡང་རིམ་པའི་ཕྱི་རྐང་གཉིས་པ་ཉི་མ་སྡིག་ཁྱིམ་དུ་གནས་ པ་དང༌། རིམ་མིན་གྱི་སྔ་རྐང་གཉིས་པ་ཉི་མ་བུམ་པའི་ཁྱིམ་དུ་གནས་པའི་དུས་ཆུ་ཚོད་བཞི་ ནོར་དུ་འགྱུར་བས་ཁྱིམ་དེ་བགྲོད་པ་ལ་ཁྱིམ་ཟླ་གཅིག་གི་སྟེང་ནས་ཚེས་ཞག་གཅིག་ཅུང་ མེད་ཅིག་མ་ཚང་བས་ཆོག་པ་ཡིན་ཡང་རིམ་པའི་ཕྱི་རྐང་ཐ་མ་ཉི་མ་གཞི་ཁྱིམ་དུ་གནས་པ་ དང༌། རིམ་མིན་གྱི་སྔ་རྐང་དང་པོ་ཉི་མ་ཆུ་སྲིན་གྱི་ཁྱིམ་དུ་གནས་པའི་དུས་རྐང་པའི་ཆུ་ཚོད་ དྲུག་ནོར་དུ་འགྱུར་བས་ཁྱིམ་དེ་བགྲོད་པ་ལ་ཁྱིམ་ཟླ་གཅིག་གི་སྟེང་ནས་ཚེས་ཞག་ཕྱེད་དང་ 1-1-661 གཉིས་ཅུང་མེད་མ་ཚང་བས་ཆོག་པ་ཡིན། དེས་ན་རིམ་པའི་སྔ་རྐང་དང་རིམ་མིན་གྱི་ཕྱི་རྐང་ ལ་ནི་རྐང་པའི་ལོངས་སྤྱོད་རྟག་ལོངས་ལ་བུ་ལོན་དུ་སོང་པས་ཁྱིམ་བགྲོད་པ་བུལ་བ་ཡིན་ པས་ཞག་བསྣན་དགོས་པ་ཡིན། རིམ་མིན་གྱི་སྔ་རྐང་དང༌། རིམ་པའི་ཕྱི་རྐང་ལ་ནི་རྐང་པའི་ ལོངས་སྤྱོད་རྟག་ལོངས་ལ་ནོར་དུ་སོང་བས་ཁྱིམ་བགྲོད་པ་མྱུར་བའི་དོན་གྱི་ཞག་ཉུང་ངུས་ ཆོག་པ་ཡིན་ནོ། །རྐང་བཟུང་སྔུན་མས་ལྷག་མ་བསྒྱུར་བའི་རྒྱུ་མཚན་ནི། ཁྱིམ་ཟླ་གཅིག་གི་ རྐང་པའི་ཆུ་ཚོད་རྣམས་ཆ་ཕྲ་མོར་བསིལ་ཏེ་རྒྱུན་གདམས་ནས་རྐང་པ་རིལ་པོ་བཅོམ་པའི་ དོན་ཡིན། དེ་ཡང་དཔེར་མཚོན་ན། རྟག་ལོངས་ཀྱི་ཆུ་ཚོད་གཅིག་རྐང་པ་གང་ལ་བབ་པས་ བསྒྱུར་ནས་བརྒྱ་སོ་ལྔས་ཐོབ་པ་ནི། ཆུ་ཚོད་གཅིག་གི་བར་གྱི་རྐང་པའི་ལོངས་སྤྱོད་ཡིན། དེ་ བཞིན་དུ་ཚེས་ཞག་གཅིག་གི་རྟག་ལོངས་ལ་བསྒྱུར་བགོད་བྱས་པས་ཚེས་ཞག་གཅིག་གི་ རྐང་པའི་ལོངས་སྤྱོད་འབྱུང་ཚུལ་གོང་དུ་བཤད་ཟིན་ཏོ། །རྐང་མཚམས་མ་འདས་ན་ཆུ་ཚོད་ གོང་འོག་གཉིས་བསྲེ་བ་དང༌། འདས་ན་ལོངས་སྤྱོད་འོག་མས་རྐང་པའི་ཆུ་ཚོད་ལ་སྦྱོང་བ་ སོགས་ཟླ་རྐང་གི་སྐབས་ལྟར་ཡིན་ལ། འོན་ཀྱང་རིམ་པ་ལ་ཡོད་པའི་ཚེ་ཉི་མ་དང་ཚེས་ལ་བུ་ ལོན་དང༌། །རིམ་མིན་ལ་ཡོད་པའི་ཚེ་ནོར་དུ་འགྱུར་བ་ནི་ཁྱད་པར་རོ། ། གསུམ་པ་ཟླ་སྐར་གྱི་ངེས་པ་ནི། རྒྱུད་ལས། ཉི་མ་ལ་བྱིན་ཚེས་གྲངས་དག་ཀྱང་ཞེས་ སོགས་ཀྱི་དོན་ཉི་མ་དག་པ་གནས་གཉིས་སུ་བཞག་པའི་དང་པོ་ནི་ཉི་དག་ཉིད་ཡིན་ལ། ཕྱི་ མ་ནི་ཟླ་སྐར་རྟོགས་པའི་ཆེད་དུ་འགོད་པ་ཡིན་ཏེ། ཟླ་བས་ཚེས་རེ་བཞིན་རང་གི་ཐུན་མོང་ མ་ཡིན་པའི་རྟག་པའི་ལོངས་སྤྱོད་ལྔ་བཅུ་རྩ་བཞིའི་སྟེངས་སུ། ཉི་མའི་ཚེས་ཞག་གི་རྟག་པའི་ ལོངས་སྤྱོད་རྐང་པ་དང་བཅས་པ་སྤྱོད་པའི་ཕྱིར། ཚེས་གྲངས་གང་སྐབས་སུ་བབ་པ་དེ་ལ་ སྟེར་བ་ནི། ཚེས་རེ་བཞིན་ཆུ་ཚོད་དྲུག་ཅུ་རེ་སྦྱིན་པ་ཡིན་ལ། ཚེས་གྲངས་ཟུར་དུ་དྲུག་གིས་ བསྒྱུར་ནས་སྦྱངས་པས་དོན་ལ་ཚེས་རེ་བཞིན་ཆུ་ཚོད་ལྔ་བཅུ་རྩ་བཞི་རེ་ཟླ་བའི་ཐུན་མོང་ 1-1-662 མ་ཡིན་པའི་རྟག་པའི་ལོངས་སྤྱོད་དུ་སྦྱིན་པར་འགྱུར་བ་ཡིན། དེ་ལ་ཚེས་ཀྱིས་ལོངས་སྤྱོད་ ཀྱིས་སྦྱོང་བ་ནི་ལོངས་སྤྱོད་ཀྱི་མཚམས་རྟོགས་པའི་ཆེད་ཡིན་ཏེ། ཚེས་ཀྱི་ལོངས་སྤྱོད་ནི་ནམ་ ལངས་ཚུན་ཆད་དུ་འཆར་བ་ཡིན་ལ། དེས་སྦྱངས་པས་ཟླ་སྐར་གྱི་ལོངས་སྤྱོད་རྣམས་ནམ་ ལངས་ཕན་ཆད་དུ་སྤྱད་ཟིན་འཆར་བ་གསལ་བར་རྟོགས་པའི་ཆེད་ཡོད་པའི་ཕྱིར། འོ་ན་ཟླ་ སྐར་གྱི་ལོངས་སྤྱོད་རྣམས་ནི་ཡུལ་གྱི་ཡིན་ལ། ཚེས་ཀྱི་ལོངས་སྤྱོད་རྣམས་ནི་དུས་ཀྱི་ཡིན་ པས་སྟོབས་མི་མཚུངས་སྙམ་ན་སྐྱོན་མེད་དེ། ཚེས་ཀྱི་རྟག་པའི་ལོངས་སྤྱོད་ཆུ་ཚོདལྔ་བཅུ་ ང་དགུ་རྗེས་འབྲང་དང་བཅས་པ་དང༌། ཟླ་བའི་ཚེས་ཞག་གཅིག་གི་རྟག་པའི་ལོངས་སྤྱོད་ ཆུ་ཚོད་ལྔ་བཅུ་རྩ་བརྒྱད་རྗེས་འབྲང་དང་བཅས་པ་ཕལ་ཆེར་གྲངས་མཚུངས་པས་སོ། །འོན་ ཀྱང་ཚེས་ཀྱི་རྟག་ལོངས་ལ་ཟླ་རྐང་གི་འཕེལ་འགྲིབ་འབྱུང་པས། གཟའ་འཛིན་ལ་སོགས་ པའི་སྐབས་སུ་ཚེས་ཀྱིས་ལོངས་སྤྱོད་ཀྱིས་མ་སྦྱངས་པའི་ཟླ་སྐར་གྱི་ལོངས་སྤྱོད་དེ་ཉིད་དང༌། དགྲ་གཅན་ཕན་ཚུན་དུ་སྦྱོང་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེས་ན་ཚེས་ཀྱིས་ལོངས་སྤྱོད་ ཀྱིས་མ་སྦྱངས་པའི་ཚེས། ཟླ་ཉིའི་སྐར་མའི་ལོངས་སྤྱོད་རྣམས་ཚེས་དེ་རྫོགས་པ་ཕན་ལ་སྤྱད་ པ་ཡིན་པས། ཚེས་ཀྱིས་ཟླ་བ་ལ་སྦྱངས་པའི་ཚེ་ཟླ་བའི་ལོངས་སྤྱོད་རྣམས་ནམ་ལངས་ཕན་ ཆད་ལ་སྤྱད་ཟིན་འཆར་བ་ཡིན་ནོ། ། བཞི་པ་སྦྱོར་བའི་ངེས་པ་ནི། རྒྱུད་ལས། མི་ཡི་བདག་པོ་ཉི་ཟླ་བསྲེས་པ་སྦྱོར་བའོ་ཞེས་ པའོ། །དེའི་དོན་ནི་སྦྱོར་བས་ཚེས་རེ་ལ་ཟླ་བས་གང་སྤྱད་ཀྱི་སྟེང་དུ། ཉི་མས་གང་སྤྱད་ཀྱི་ རྟག་པའི་ལོངས་སྤྱོད་དང་རྐང་པའི་ལོངས་སྤྱོད་རྣམས་སྤྱོད་པ་རྟོགས་པའི་ཆེད་ཡིན་ནོ། །སྦྱོར་ བ་དེ་ཡང་རྣམ་སེལ་ལ་སོགས་པ་ཉི་ཤུ་རྩ་བདུན་དུ་གྲངས་ངེས་པས། སྦྱོར་བ་ཉེར་བདུན་གྱི་ འཁོར་ལོ་ཡིན་ནོ། ། ལྔ་པ་བྱེད་པའི་ངེས་པ་ནི། རྒྱུད་ལས། བྱེད་པ་དག་ལ་ཚེས་གྲངས་མིག་གིས་བསྒྱུར་བ་ 1-1-663 ཟླ་བྲལ་གང་ཞིག་བདུན་གྱི་ཆའི་ལྷག་མའོ་ཞེས་པའི་དོན་ཚེས་གྲངས་གཉིས་ཀྱིས་བསྒྱུར་བ་ ནི་ཚེས་རེ་ལ་བྱེད་པ་གཉིས་རེ་འཆར་བའི་དོན་ཡིན། དེ་ལས་གཅིག་སྦྱོང་བ་ནི། ཚེས་གཅིག་ གི་སྔ་ཆ་འཆར་བའི་མི་འཕོ་བའི་བྱེད་པ་གཅིག་ཡོད་པ་དེ་སྦྱོང་བ་ཡིན་ལ། ལྷག་མ་ལ་བདུན་ གྱིས་བགོད་པ་ནི། འཕོ་བའི་བྱེད་པ་བདུན་དུ་གྲངས་ངེས་པའི་དོན་ཡིན། དེས་ན་རི་མོ་ལ་ གང་ཤར་གྱི་བྱེད་པ་དེ་ནི་ཚེས་དེའི་ཕྱི་ཆ་ལ་འཆར་བའི་བྱེད་པ་ཡིན་ལ། སྔ་ཆའི་བྱེད་པ་ནི་ ཤུགས་ལ་རྟོགས་པར་བྱའོ། ། གསུམ་པ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ། དངོས་དང༌། འཕྲོས་དོན་གཞན་ བཤད་པ་གཉིས། དང་པོ་ལ། གཟའ་འདས་ད་ལྟར་གྱི་མཐའ་སྤྱད་[དཔྱད་] པ་དང༌། ཚེས་ ཆད་ལྷག་གི་མཐའ་སྤྱོད་[དཔྱད་]པ་གཉིས། དང་པོ་ལ། དགག་བཞག་གཉིས་ལས། དང་ པོ་ལ། ཁ་ཅིག་ན་རེ། ཚེས་རྩིས་ཀྱི་རི་མོ་ལ་གང་ཤར་གྱི་གཟའ་དེ་ཚེས་དེ་ལ་ད་ལྟར་ལོངས་ སྤྱོད་བཞིན་པ་ཡིན་ཏེ། རྒྱུད་ལས་དྲིས་པའི་དབྱངས་རྟག་པའི་སྐབས་སུ་གཅིག་ཡིག་ཉི་མའི་ རི་མོ་དང༌། གཉིས་ཡིག་ཟླ་བའི་རི་མོ་སོགས་སུ་བཤད་པའི་ཕྱིར་དང༌། སློབ་དཔོན་ཨ་བྷ་ཡ་ ཀ་རས། དུས་འཁོར་ལ་འཇུག་པའི་བསྟན་བཅོས་སུ། གཅིག་ལ་སོགས་པས་ཉི་མ་ལ་སོགས་ པའི་གཟའ་རྣམས་རྟོགས་པར་བྱེད་དེ་ཞེས་བཤད་པའི་ཕྱིར་དང༌། དུས་བཞི་ཆེན་པོའི་མཐར་ གཟའ་རྣམས་སྟོང་པ་ལ་ཞུགས་ཤིང་སླར་ཡང་སྟོང་པ་ལས་སྐྱེ་བའི་སྐབས་སུ་ཚེས་གཅིག་ གི་གཟའ་གནས་སུ་གཅིག་ཤར་བ་ནི་གང་ཞིག དེ་ཉིན་གཟའ་ཉི་མ་འབྱུང་བར་བཤད་པའི་ ཕྱིར་ཞེས་ཟེར། དེ་ནི་མི་འཐད་དེ། ལུང་དེ་དག་གིས་གཅིག་ཡིག་ཉི་མའི་རི་མོ་ཡིན་པ་དང༌། གཉིས་ཡིག་ཟླ་བའི་རི་མོ་ཡིན་པར་བཤད་ཀྱིས། གཟའ་དེ་རྣམས་ཚེས་རྩིས་ཀྱི་རི་མོ་ལ་ད་ ལྟར་ལོངས་སྤྱོད་བཞིན་པར་མ་བཤད་པས་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་ཕྱིར། དུས་ བཞི་ཆེན་པོའི་མཐར་གཟའ་རྣམས་སྟོང་པ་ལ་ཞུགས་ཤིང་སླར་ཡང་སྟོང་པ་ལས་སྐྱེ་བའི་ཚེས་ 1-1-664 གཅིག་གི་ཉིན་རྩིས་དེ་རྟག་ལོངས་རྩམ་[ཙམ]བྱིན་པ་ཡིན་ནམ། རྐང་རྩིས་རྒྱས་པར་བྱས་པ་ ཞིག་ཡིན། དང་པོ་ལྟར་ན། གཟའ་གནས་སུ་གཅིག་ཡིག་མི་འཆར་ཏེ། ཚེས་ཀྱི་རྟག་པའི་ ལོངས་སྤྱོད་ཆུ་ཚོད་ལྔ་བཅུ་རྩ་དགུ་སོགས་བྱིན་པ་ཙམ་ཡིན་པས་སོ། །གཉིས་པ་ལྟར་ན། དེའི་ ཉིན་པར་ཉི་མ་སྐར་མ་ཐ་སྐར་གྱི་ཐོག་མར་སླེབ་མ་ཐག་མིན་པར་ཐལ། ཉི་སྐར་གྱི་གནས་ སུ་སྟོང་པ་དང༌། ཆུ་ཚོད་ཀྱི་གནས་སུ་བཅོ་ལྔ་ཤར་བ་ནི་གང་ཞིག །ཉི་མས་ཚེས་རེ་ལ་ཆུ་ ཚོད་བཞི་ལྷག་རེ་སྤྱོད་པས། ཐ་སྐར་གྱི་སྟེང་དུ་སླེབ་ནས་ཚེས་ཞག་གསུམ་ཙམ་སོང་བའི་ཕྱིར་ རོ། །འདོད་ན། དེའི་སྔ་ཉིན་གྱི་གནམ་སྟོང་ལ་གཟའ་ཉི་མ་ནམ་གྲུའི་སྟེང་དུ་མ་ཞུགས་པར་ ཐལ། དེ་ཡང་འདོད་ན། གནམ་སྟོང་དེ་ལ་གཟའ་ཉི་མ་སྟོང་པ་ལ་མ་ཞུགས་པར་འགྱུར་ བས་ཁས་ལེན་དང་ཡང་འགལ་ལོ། །གཞན་ཡང་དེའི་ཉིན་ཚེས་ཀྱི་ཐོག་མ་ཚེས་གཅིག་དང༌། རེས་གཟའི་ཐོག་མ་ཉི་མ། ཟླ་བ་རྒྱུ་སྐར་ཐ་སྐར་གྱི་ཐོག་མར་ལོངས་སྤྱོད་པ་རྣམས་ཀྱི་མགོ་ རྩོམ་པ་དུས་མི་མཉམ་པར་ཐལ། ཚེས་དེ་ནམ་ལངས་ཕན་ཆད་ལ་ཆུ་ཚོད་ཞེ་ལྔ་ལྷག་གཅིག་ སོང་བ་གང་ཞིག །རེས་གཟའ་ཉི་མ་ནི་ནམ་ལངས་པ་ནས་མགོ་རྩོམ་པའི་ཕྱིར། ཟུར་དང་པོ་ གྲུབ་སྟེ། དེའི་ཉིན་ཚེས་ཀྱི་ཆུ་ཚོད་བཅུ་བཞི་ཤར་ལ་དེ་རྫོགས་པ་ན་ཚེས་གཅིག་རྫོགས་པ་ ཡིན་པའི་ཕྱིར་དང༌། ནམ་ལངས་ཕན་ཆད་ལ་ཟླ་བས་ཐ་སྐར་གྱི་སྟེང་ནས་ཆུ་ཚོད་ལྔ་བཅུ་རྩ་ བཞི་ལྷག་གཅིག་རི་མོ་ལ་ཤར་བ་དེ་འདས་པ་ཡིན་པའི་ཕྱིར་རོ། །གཞན་ཡང་རེས་གཟའ་ད་ ལྟ་བར་འདོད་པ་བཞིན། ཟླ་ཉི་སོགས་ཀྱི་སྐར་མའང་ཚེས་རྩིས་ཀྱི་རི་མོ་ལ་གང་ཤར་དེ་ད་ ལྟར་བ་ཡིན་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། གཞན་ཡང་ཚེས་ཟླ་གཅིག་གི་རྟག་ པའི་ལོངས་སྤྱོད་གཟའ་ཉི་ཤུ་རྩ་དགུ ཆུ་ཚོད་སུམ་ཅུ་རྩ་གཅིག ཆུ་སྲང་ལྔ་བཅུ་འབྱུང་ལ་དེའི་ གཟའ་ཉི་ཤུ་རྩ་དགུ་པ་དེ་ཚེས་ཟླ་དེའི་གནམ་སྟོང་ལ་ལོངས་སྤྱོད་བཞིན་པ་ཡིན་ནམ། འདས་ ཚར་བ་ཡིན། དང་པོ་ལྟར་ན། ཚེས་ཟླ་གཅིག་ལ་གཟའ་ཕྱེད་དང་ཉེར་དགུ་ལྷག་གཅིག་ལས་ 1-1-665 མེད་ཅིང༌། ལོ་གཅིག་གི་ཚེས་ཟླ་བཅུ་གཉིས་དང་ལྷག་པོའི་ཚེས་ཞག་བཅུ་གཅིག་རྣམས་ཀྱི་ གཟའ་ཕྱོགས་གཅིག་ཏུ་བསྡུས་ཀྱང༌། གཟའ་སུམ་བརྒྱ་དྲུག་ཅུར་ཡང་མི་ལོངས་པའི་ཕྱིར་ ན། ལོ་གཅིག་ལ་གཟའ་སུམ་བརྒྱ་དྲུག་ཅུ་རྩ་ལྔ་མེད་པར་ཐལ་བ་དང༌། ཉི་མའི་ཉིན་ཞག་གི་ དཀྱིལ་འཁོར་ཞག་སུམ་བརྒྱ་དང་དྲུག་ཅུ་རྩ་ལྔ་མ་ཚང་པར་ཐལ་བར་འགྱུར། དང་པོ་འདོད་ པར་མི་ནུས་ཏེ། འགྲེལ་པར། ལོའི་མཚམས་སུ་གཟའ་ལྔ་ལྷག་གོ །ཞེས་གསུངས་པའི་ཕྱིར། གཉིས་པ་འདོད་པར་མི་ནུས་ཏེ། རྩ་རྒྱུད་ལས། ཉིན་ཞག་ཆུ་ཚོད་ཆུ་སྲང་རྣམས། །དབུགས་སུ་ བྱས་ནས་རྣམ་གསུམ་སླར། །ཞེས་སོགས་ཀྱི་ལུང་དོན་དང་འགལ་བའི་ཕྱིར་རོ། །གཉིས་པ་ ལྟར་ན་རི་མོ་ལ་གང་ཤར་གྱི་གཟའ་དེ་ཉིད་འདས་པར་ཐལ། གནམ་སྟོང་གི་གཟའ་ཉི་ཤུ་རྩ་ དགུ་པ་དེ་ཉིད་འདས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི་ཚེས་རྩིས་ཀྱི་རི་མོ་ལ་གང་ཤར་གྱི་ གཟའ་དེ་ཉིད་འདས་པ་ཡིན་ཏེ། ཟླ་ཉིའི་སྐར་མ་འདས་པ་ཡིན་པ་གང་ཞིག །དེ་དང་རིགས་ པ་མཚུངས་པའི་ཕྱིར་དང༌། ཚེས་ཟླ་གཅིག་གི་རྟག་པའི་ལོངས་སྤྱོད་ལ་གཟའ་ཉེར་དགུ་རྗེས་ འབྲང་དང་བཅས་པ་འབྱུང༌། དེའི་གཟའ་ཉེར་དགུ་པའམ། ཉིན་ཞག་ཉེར་དགུ་པ་དེ་འདས་ ནས། ལྷག་མ་ཆུ་ཚོད་སུམ་ཅུ་སོ་གཅིག་སོགས་ནི་གཟའ་སུམ་ཅུ་པ་དེའི་ལོངས་སྤྱོད་ཡིན་ པས། ཚེས་ཟླ་གཅིག་ལ་གཟའ་ཕྱེད་དང་སོ་གཅིག་ལྷག་ཙམ་ཡོད་པའི་ཕྱིར་རོ། ། གཉིས་པ་ཚེས་ཆད་ལྷག་གི་མཐའ་སྤྱད་[དཔྱད་]པ་ལ། དགག་བཞག་གཉིས་ལས། དང་པོ་ལ། ཁ་ཅིག་ན་རེ། ཚེས་ལྷག་པའི་ཚེ་རྩ་བ་ནས་ལྷག་ཅིང༌། ཆད་པའི་ཚེ་རྩ་བ་ནས་ཆད་ དོ་ཞེས་ཟེར། འོ་ན་ཡར་ངོ་ལ་ཚེས་ཆད་པའི་ཚེ། དཀར་ཆས་མ་ཁེངས་པའི་ནག་ཆ་ཟུར་དུ་ འབྱུང་བ་དང༌། ལྷག་པའི་ཚེ་དཀར་ཆ་ལྷག་པོར་འབྱུང་རིགས་པར་ཐལ། ཚེས་ནི་ཟླ་བའི་ཆ་ ཤས་ཀྱི་འཕེལ་འགྲིབ་ལས་བཞག་པ་གང་ཞིག ཚེས་ལ་རྩ་བ་ནས་ཆད་ལྷག་བྱུང་བའི་ཕྱིར། གཞན་ཡང༌། ནང་དུ་རྡོ་རྗེའི་ལུས་ཀྱི་རྩ་ལ་ཆད་ལྷག་ཡོད་པ་དང་གཞན་དུ་དཀྱིལ་འཁོར་གྱི་ 1-1-666 ཚེས་ལྷ་ལ་ཆད་ལྷག་ཡོད་པར་འགྱུར་རོ། ། གཉིས་པ་ནི། ཚེས་ཆད་ལྷག་དུ་སྣང་བ་ནི། ཟླ་རྐང་གི་འཕེལ་འགྲིབ་ལས་འབྱུང་བ་ཡིན་ ཏེ། ཚེས་ཆད་པ་ལ་དཔེར་མཚོན་ན་ཚེས་གཅིག་ལ་གཟའ་གནས་སུ་གཅིག་དང༌། ཆུ་ཚོད་དུ་ གཉིས། ཚེས་གཉིས་ལ་གཟའ་གནས་སུ་གཅིག་དང༌། ཆུ་ཚོད་དུ་ལྔ་བཅུ་རྩ་དྲུག་ཤར་བ་དེའི་ ཚེ་ཚེས་གཉིས་ཆད་པར་སྣང་བ་ཡིན་ཏེ། ཚེས་གཉིས་ཀྱི་ཐོབ་སྐལ་གྱི་རེས་གཟའ་དང༌། ཉིན་ ཞག་དེ་ཉིད་ཆད་པར་སྣང་བའི་ཕྱིར། དེའི་ཚེ་ཉིན་ཞག་གཅིག་ལ་ཚེས་གསུམ་གྱི་ཆ་བསྡུད་ དགོས་པ་ཡིན་ཏེ། ཚེས་གཅིག་གི་མཇུག་ནས་ཆུ་ཚོད་གཉིས་དང༌། ཚེས་གཉིས་ཀྱི་ཆུ་ཚོད་ལྔ་ བཅུ་རྩ་བཞི་དང་ཚེས་གསུམ་གྱི་ཐོག་མ་ནས་ཆུ་ཚོད་བཞི་སྤྱོད་པའི་ཕྱིར། འོ་ན་ཚེས་གཉིས་ལ་ ཆུ་ཚོད་ལྔ་བཅུ་རྩ་བཞི་ལས་མི་འབྱུང་བ་ཅི་ཡིན་ཞེ་ན། ཚེས་ཀྱི་རྟག་པའི་ལོངས་སྤྱོད་ཆུ་ཚོད་ ལྔ་བཅུ་རྩ་དགུའི་སྟེང་ནས། ཟླ་རྐང་གི་ཆུ་ཚོད་ལྔ་བུ་ལོན་དུ་སོང་བའི་དབང་དུ་བྱས་པ་ཡིན་ ནོ། །ཡང་ཚེས་ལྷག་པ་ལ་དཔེར་མཚོན་ན། ཚེས་གཅིག་ལ་གཟའ་གནས་སུ་གཅིག་དང༌། ཆུ་ ཚོད་དུ་ལྔ་བཅུ་རྩ་བརྒྱད། ཚེས་གཉིས་ལ་གཟའ་གནས་སུ་གསུམ་དང༌། ཆུ་ཚོད་དུ་གཉིས་ ཤར་བའི་ཚེ། ཚེས་ལྷག་པར་སྣང་བ་ཡིན་ལ། དེའི་ཚེ་ཚེས་ཞག་གཅིག་ལ་ཉིན་ཞག་གསུམ་ གྱི་ཆ་བསྡུད་དགོས་ཏེ། ཉིན་ཞག་སྔ་མའི་མཇུག་ནས་ཆུ་ཚོད་གཉིས་དང༌། ཉིན་ཞག་བར་བ་ རིལ་པོའི་ཆུ་ཚོད་དྲུག་ཅུ་དང༌། ཉིན་ཞག་ཕྱི་མའི་སྟེང་ནས་ཆུ་ཚོད་གཉིས་སྤྱོད་པའི་ཕྱིར། དེ་ ཡང་ཚེས་ཀྱི་རྟག་ལོངས་ཀྱི་སྟེང་དུ་ཟླ་རྐང་གི་ཆུ་ཚོད་ལྔ་མང་མཐའ་ཡིན་པས་དེ་ནོར་དུ་སོང་ བས། ཚེས་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་རྩ་བཞི་རྗེས་འབྲང་དང་བཅས་པ་འབྱུང༌། དེ་རྫོགས་ པ་ལ་ཉིན་ཞག་གསུམ་གྱི་ཆ་བསྡུས་པ་ལས་འབྱུང་བ་ཡིན་ནོ། ། གཉིས་པ་ལ། བྱེད་པ་ལ་ལོ་འཕོ་བའི་ངེས་པ་དང༌། ཁྱིམ་བཅུ་གཉིས་ཀྱི་སྣོན་བྱེད་བཤད་ པ་གཉིས། དང་པོ་ནི། རྒྱུད་ལས། དག་པའི་ལོ་ལ་ཀླུ་བསྲེས་མཁའ་དང་ནམ་མཁའ་ཆུ་གཏེར་ 1-1-667 གྱིས་བསྒྱུར་ཀླུ་བསྲེས་རྣམས་ཀྱིས་སྦྱངས་པ་དག །ཞེས་སོགས་ཀྱི་དོན་ཉིན་ཞག་གི་དཀྱིལ་ འཁོར་འཁོར་ལོས་དྲིལ་བའི་ལྷག་ཅུང་ཟད་རགས་རྩིས་ཀྱི་དབང་དུ་བྱས་ན་གཟའ་གཅིག ཆུ་ ཚོད་བཅོ་ལྔ། ཆུ་སྲང་སོ་གཅིག དབུགས་གཅིག དེའི་སུམ་བརྒྱ་དང་བཅུ་བདུན་གྱི་ཆ་བརྒྱ་ ཉེར་གཅིག་རྣམས་གནས་གཅིག་ཏུ་བསྡུ་བའི་ཕྱིར། ཐམས་ཅད་སུམ་བརྒྱ་དང་བཅུ་བདུན་ གྱིས་བསྒྱུར་ནས་རང་རང་གི་འཁོར་ལོས་དྲིལ་བས། སུམ་བརྒྱ་དང་དགུ་བཅུ་རྩ་དགུ་འབྱུང༌། དེ་བསྒྱུར་བྱེད་ཀྱི་སྐྱེས་བུ་ཡིན་ཀྱང་བྱེད་པ་སླ་བའི་ཕྱིར། ལོ་དག་གི་ཕུང་པོ་གནས་གཉིས་ སུ་བཞག་པའི་གོང་མ་བཞི་བརྒྱས་བསྒྱུར་ཏེ་འོག་མས་སྦྱངས་པས། དོན་ལ་སུམ་བརྒྱ་དང་ དགུ་བཅུ་རྩ་དགུས་བསྒྱུར་བར་འགྱུར་བ་ཡིན་ནོ། །བསྒྱུར་བའི་སྔ་རོལ་དུ་ལོ་དག་ལ་བརྒྱད་ བསྲེ་བ་ནི་རྩིས་འཕྲོ་ཡིན། དེ་ལ་སུམ་བརྒྱ་དང་བཅུ་བདུན་གྱིས་བགོས་ནོར་ནི་རེས་གཟའ་ ཡིན། ལྷག་མ་ཆུ་ཚོད་ཀྱི་དོན་དུ་དྲུག་ཅུས་བསྒྱུར་ཏེ་བགོས་པས་ཐོབ་པ་ཆུ་ཚོད། དེ་བཞིན་དུ་ ཆུ་སྲང་དང་དབུགས་ལ་སོགས་པའང་ཤེས་པར་བྱའོ། །དེ་ཡང་གཟའ་གཅིག ཆུ་ཚོད་བཅོ་ལྔ་ ཆུ་སྲང་སོ་གཅིག་ལ་སོགས་པ་ལ། ལོ་སོ་སོའི་ལོངས་སྤྱོད་རྣམས་རྒྱུན་བསྡོམས་ཏེ་བརྩི་བའི་ དབང་དུ་བྱས་ནས་སུམ་བརྒྱ་དང་བཅུ་བདུན་གྱིས་བགོད་པ་ཡིན་ཏེ། བསྒྱུར་བྱ་ལ་སྒྱུར་བྱེད་ ཀྱིས་བསྒྱུར་ནས། སྒྱུར་བྱེད་དེ་ཉིད་ཀྱིས་བགོས་པས་བསྒྱུར་བྱ་ཉིད་ཐོབ་པ་ནི་རྟེན་འབྲེལ་གྱི་ ཆོས་ཉིད་ཡིན་པའི་ཕྱིར། འོན་ཀྱང་འདི་རྩིས་རྣམ་པར་དག་པ་རང་ནི་མ་ཡིན་ཏེ། ཉི་མའི་ ཉིན་ཞག་གི་དཀྱིལ་འཁོར་ཞག་སུམ་བརྒྱ་དང་དྲུག་ཅུ་རྩ་ལྔ། རེས་གཟའ་བདུན་གྱི་འཁོར་ ལོས་བགོས་པའི་ལྷག་གཟའ་གཅིག་དང་ཆུ་ཚོད་བཅུ་དྲུག་དང༌། ཆུ་སྲང་བཅུ་བཞི་ལ་སོགས་ པ་འབྱུང་པ་ལས། འདིར་ནི་ཆུ་ཚོད་བཅོ་ལྔ་དང༌། ཆུ་སྲང་སོ་གཅིག་སོགས་འབྱུང་པའི་ཕྱིར་ རོ། །ལོ་ཕྱི་མ་རྣམས་ལ་ནི་སྔ་ལོའི་རྩིས་ཀྱི་ངེས་པའི་སྟེང་དུ་རྟག་པའི་ལོངས་སྤྱོད་གཟའ་ གཅིག ཆུ་ཚོད་བཅོ་ལྔ་སོགས་སྦྱིན་པས་དག་པས་[པར་]འགྱུར་རོ། འདི་ལོ་བདག་གི་རྩིས་ 1-1-668 སུ་བྱས་ནས་མཁས་པ་སྔ་མ་རྣམས་ལ་ཡོངས་སུ་གྲགས་མོད། རྒྱུད་འགྲེལ་ལས་དངོས་སུ་ལོ་ བདག་གི་རྩིས་སུ་བཤད་པ་མེད་ནའང་དོན་གྱིས་ཐོབ་པར་སེམས་སོ། །འོན་ཀྱང་ཉིན་ཞག་ གི་དཀྱིལ་འཁོར་ཤིན་ཏུ་རྣམ་དག་ལས་བརྩམས་ཏེ་རིགས་པ་འདི་ཉིད་ཀྱིས་ལོ་བདག་གི་ རྩིས་སུ་བྱས་ནའང་མི་འགལ་ལམ་སྙམ། གཉིས་པ་ནི་ལོ་བདག་གི་རྩིས་དེ་ཉིད་གནས་བཅུ་ གཉིས་སུ་བཞག་སྟེ། གནས་དང་པོ་ལ་ལུག་གི་འཕོ་བ་རྫོགས་པའི་མཚམས་སྟོན་པའི་ཕྱིར། གཟའ་གཅིག་དང་ཆུ་ཚོད་སུམ་ཅུ་རྩ་གཉིས་ནི་ཚེས་ཟླ་གཅིག་གི་རྟག་པའི་ལོངས་སྤྱོད་ཡིན། དེས་ཀྱང་ཁྱིམ་དེ་མ་རྫོགས་པས། བྱེད་རྩིས་ཀྱི་ཆུ་ཚོད་ཉེར་ལྔ་བསྣན་པས། ཆུ་ཚོད་ལྔ་བཅུ་རྩ་ བདུན་འབྱུང་བ་དེ་སྟེར་བ་ཡིན་ནོ། །གནས་གཉིས་པ་ལ་གླང་གི་འཕོ་བ་རྫོགས་པའི་མཚམས་ སྟོན་པའི་ཕྱིར། གཟའ་གསུམ་དང་ཆུ་ཚོད་ལྔ་བཅུ་རྩ་བདུན་གོང་བཞིན་སྦྱིན། དེའི་སྟེང་དུ་རྐང་ པའི་ལོངས་སྤྱོད་ཆུ་ཚོད་ལྔ་བཅུ་རྩ་དགུ་དོན་ལ་གཟའ་བཞི་དང༌། ཆུ་ཚོད་ལྔ་བཅུ་རྩ་གསུམ་ བྱིན་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་གནས་གསུམ་པ་ལ་སོགས་པ་རྣམས་ལ། སྔ་མ་སྔ་ མའི་སྟེང་དུ་ཕྱི་མ་ཕྱི་མའི་རྟག་ལོངས་བྱེད་རྩིས་དང་བཅས་པའི་གཟའ་གཅིག་དང༌། ཆུ་ཚོད་ ལྔ་བཅུ་རྩ་བདུན་སྟེར་ཞིང༌། རྐང་པའི་ལོངས་སྤྱོད་སྣོན་པའམ་འབྲིད་པ་སྐབས་སུ་གང་བབ་ བྱས་པས་རྣམ་པར་དག་པར་འགྱུར་བ་ལ། སོ་སོའི་རྐང་པའི་ལོངས་སྤྱོད་ངོས་བཟུང་ཞིང་ སྣོན་འབྲིད་བྱེད་ཚུལ་ནི། འཁྲིག་པ་ལ་རྐང་པའི་ཆུ་ཚོད་བརྒྱད་ཅུ་རྩ་བདུན་སྦྱིན། ཀརྐ་ཊ་ལ་ རྐང་པའི་ཆུ་ཚོད་དགུ་བཅུ་རྩ་དགུ་སྦྱིན། སེང་གེ་ལ་རྐང་པའི་ཆུ་ཚོད་དགུ་བཅུ་རྩ་གཉིས་བྱིན། བུ་མོ་ལ་རྐང་པའི་ཆུ་ཚོད་དྲུག་བཅུ་རྩ་ལྔ་སྦྱིན། སྲང་ལ་རྐང་པའི་ཆུ་ཚོད་སུམ་ཅུ་ཐམ་པ་སྦྱིན། སྡིག་པ་ལ་ཆུ་ཚོད་གཅིག་སྦྱངས། གཞུ་ལ་ཆུ་ཚོད་ཉེར་བརྒྱད་སྦྱངས། ཆུ་སྲིན་ལ་ཆུ་ཚོད་སུམ་ ཅུ་རྩ་དྲུག་སྦྱངས། བུམ་པ་ལ་ཆུ་ཚོད་སུམ་ཅུ་སྦྱངས། ཉ་ལ་ཆུ་ཚོད་དགུ་སྦྱོང་བ་ཡིན། འདིར་ བཤད་པའི་རྐང་པའི་ཆུ་ཚོད་རྣམས་ནི། ཉི་མའི་རྐང་པའི་ཆུ་ཚོད་ནོར་དང་བུ་ལོན་དུ་འགྱུར་ 1-1-669 བ་ཉིད་ཀྱི་དུས་ཀྱི་ཆུ་ཚོད་ཡིན་པས། ཡུལ་གྱི་ཆུ་ཚོད་ཡིན་པར་མི་བསམ་མོ། །འོན་ཀྱང་ལུག་ གི་ཁྱིམ་ལ་རྐང་པའི་འཕེལ་འགྲིབ་མ་བཤད་ཅིང༌། གཞན་ཡང་ནོར་བུ་ལོན་གྱི་འཕེལ་འགྲིབ་ གྲངས་མི་མཚུངས་པ་དང༌། ཟླ་བ་བཅུ་གཉིས་པོའི་རྟག་པའི་ལོངས་སྤྱོད་འདི་རྣམས་ཕྱོགས་ གཅིག་ཏུ་སྡོམས་ཀྱང་ཉི་མའི་ཉིན་ཞག་གི་དཀྱིལ་འཁོར་རྣམ་དག་དུ་མི་ཚང་པས་རྩིས་འདི་ ཡང་དགོས་པའི་དབང་གིས་རགས་རྩིས་སུ་མངོན་ནོ། ། (བཞི་པ)གསུམ་པ་སྒྲ་གཅན་གྱིས་རྒྱུ་སྐར་ལ་ལོངས་སྤྱོད་པའི་ཚུལ་ནི། རྒྱུད་ལས། ཟླ་བ་དག་ ལ་མིག་དང་ཉི་མ་བསྲེས་ཏེ་མིག་གིས་རྣམ་བསྒྱུར་ཟླ་བའི་ཞེས་སོགས་ཀྱི་དོན། ཟླ་དག་ལ་ བརྒྱ་ཉི་ཤུ་རྩ་གཉིས་བསྲེ་བ་ལ་རྒྱུ་མཚན་ཡོད་དེ། རིགས་ལྡན་རྒྱལ་དཀས་རྩིས་གཞི་མཛད་ པའི་སྔ་ལོགས་སུ་སྒྲ་གཅན་གྱིས་རྒྱུ་སྐར་གྱི་འཁོར་ལོ་གཅིག་གི་མགོ་བརྩམས་ནས་ཟླ་བ་ བརྒྱ་ཉི་ཤུ་རྩ་གཉིས་སོང་བས་དེ་རྩིས་འཕྲོར་བསྲེ་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཟླ་བའི་ ཕུང་པོ་དེ་ཉིད། གཉིས་ཀྱིས་བསྒྱུར་བ་ནི་ཟླ་ཕྱེད་ཀྱི་ཚོགས་སུ་བསིལ་བའི་དོན་ཡིན་ནོ། །དེ་ ལ་ཉའི་རྩིས་བྱེད་པའི་ཚེ་གཅིག་བསྲེ་བ་དང༌། གནམ་སྟོང་གི་རྩིས་བྱེད་པའི་ཚེ་གཉིས་བསྲེ་ བ་ནི། ད་ལྟར་བའི་ཟླ་བ་རེའི་ཡར་ངོའི་ཚིགས་སམ། མར་ངོའི་ཚིགས་ཀྱི་སྒྲ་གཅན་གྱི་རྩིས་ རྟོགས་པར་བྱ་བའི་དོན་ཡིན། དེ་བགོ་བྱའི་ཕུང་པོར་བཞག་ནས་དེ་ལ་མཁའ་དུས་རྒྱ་མཚོས་ བགོད་པ་ནི་ཚེས་ཞག་དྲུག་སྟོང་དགུ་བརྒྱ་རེ་ན། སྒྲ་གཅན་གྱིས་རྒྱུ་སྐར་གྱི་འཁོར་ལོ་ཚར་རེ་ ལོངས་སྤྱོད་པ་ཡིན་ལ། དེ་ཟླ་ཕྱེད་ཀྱི་ཕུང་པོར་བསྡུས་ན་བཞི་བརྒྱ་དང་དྲུག་ཅུ་འབྱུང་བས་ དེས་བགོད་པར་བྱེད་པ་ཡིན་ནོ། །དེའི་ཐོབ་ནོར་ནི་སྒྲ་གཅན་གྱིས་རྒྱུ་སྐར་གྱི་འཁོར་ལོ་ལ་ ལོངས་ཇི་ཙམ་སྤྱད་ཀྱི་གྲངས་ཡིན། ལྷག་མ་དེ་ཉིད་ལས་རྒྱུ་སྐར་གང་གི་སྟེང་ན་ཡོད་རྟོགས་ པར་བྱ་བའི་ཕྱིར་ཉི་ཤུ་རྩ་བདུན་གྱིས་བསྒྱུར་ཏེ། གོང་གི་བགོད་བྱེད་ཀྱིས་བགོས་པས་ཐོབ་ པ་ནི་རྒྱུ་སྐར་གྱི་གནས་སུ་བཞག ལྷག་མ་ཆུ་ཚོད་ཀྱི་དོན་དུ་དྲུག་ཅུས་བསྒྱུར་ཏེ་བགོས་པས་ 1-1-670 ཐོབ་པ་ཆུ་ཚོད། དེ་བཞིན་དུ་ཆུ་སྲང་ལ་སོགས་པ་རྣམས་ཀྱང་ཤེས་པར་བྱའོ། །འདི་ནི་སྒྲ་ གཅན་གདོང་གི་བུལ་བ་ཞེས་བྱ་བ་ནམ་གྲུ་ནས་ལུགས་ཟློག་དུ་ལོངས་སྤྱད་པའི་ལོངས་སྤྱོད་ ཡིན། འདིས་རྒྱུ་སྐར་གྱི་འཁོར་ལ་སྦྱངས་པའི་ལྷག་མ་ནི། ཐ་སྐར་ནས་ལུགས་འབྱུང་དུ་ བརྩམས་པའི་ལོངས་སྤྱོད་རྒྱུ་རྣམས་རི་མོར་འཆར་བ་ཡིན། དེ་ལ་འཁོར་ལོ་ཕྱེད་བསྲེས་པས་ དུས་མེའི་ལོངས་སྤྱོད་འབྱུང་བའི་རྒྱུ་མཚན་ནི། སྒྲ་གཅན་གྱིས་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ནོན་ པས་གདོང་ནས་བརྩམས་ཏེ་འཁོར་ལོའི་ཕྱེད་ན་དུས་མེ་ཡོད་པ་དེ་རྟོགས་པའི་ཆེད་ཡོད་པའི་ ཕྱིར། ཡང་དུས་མེའི་བུལ་བ་བྱེད་པར་སྤྲོ་ན། སྔར་གྱི་གདོང་གི་བུལ་བའི་སྟེང་དུ་འཁོར་ལོ་ ཕྱེད་བསྲེས་པས་འབྱུང་ངོ༌། །སྒྲ་གཅན་གྱི་གདོང་འཇུག་འདི་ལ་ནི་དལ་མྱུར་གྱི་རྐང་རྩིས་བྱེད་ རྒྱུ་མེད་པའི་ཕྱིར། དུས་ཐམས་ཅད་དུ་རྟག་ལོངས་ཁོ་ན་ལོངས་སྤྱོད་པར་ཤེས་པར་བྱའོ། །ཁ་ ཅིག་ཚུལ་འདི་ལ་བརྟེན་ནས་སྒྲ་གཅན་ལ་ལྷོ་བགྲོད་བྱང་བགྲོད་མེད་ཞེས་པ་ནི་མི་འཐད་དེ། ཉི་མ་ལྷོ་བགྲོད་དང་བྱང་བགྲོད་མཐར་ཐུག་པའི་ཚེ་སྒྲ་གཅན་གྱིས་སྒྲིབ་པར་མངོན་སུམ་དུ་ མཐོང་བའི་ཕྱིར། (ལྔ་པ)བཞི་པ་གཟའ་ལྔའི་ལོངས་སྤྱོད་བཤད་པ་ལ། སོ་སོའི་གསལ་ཞག་བཤད། སོ་སོའི་ ལོངས་སྤྱོད་བཤད། ཀུན་གྱི་འགྲོས་བཞི་བྱེད་ཚུལ་བཤད་པ་དང་གསུམ་ལས། དང་པོ་ནི། རྒྱུད་ལས། ཟླ་བ་སུམ་ཅུས་བསྒྱུར་བ་ཉིན་ཞག་སོ་སོ་དག་དང་བཅས་པ་ལས་ནི་རི་མཁའ་ རིས་ཐོབ་པ་ཞེས་སོགས་ཀྱི་དོན། ཟླ་བ་དག་པ་མཁའ་མེས་བསྒྱུར་བ་ལ་རྒྱུ་མཚན་ཡོད་དེ། ཚེས་ཟླ་རྣམས་ཚེས་ཞག་གི་ཕུང་པོར་གཏོང་བའི་ཆེད་ཡོད་པའི་ཕྱིར། དེ་ལ་སོ་སོའི་ཉིན་ཞག་ བསྲེས་པས། རྒྱལ་དཀས་རྩིས་གཞི་མཛད་པ་ནས་གང་རྩི་བའི་ཚེས་དེ་ཕན་གྱི་ཚེས་ཞག་གི་ ཕུང་པོ་ཡིན། གོང་དུ་ཚེས་ཞག་གི་དཀྱིལ་འཁོར་ལས་ཉིན་ཞག་གི་དཀྱིལ་འཁོར་བསྒྲུབ་པའི་ རིགས་པ་བཞིན། འདིར་ཡང་ཚེས་ཀྱི་ཕུང་པོ་ཉིན་ཞག་གི་ཕུང་པོར་བསྡུ་བའི་ཕྱིར་ཚེས་ཞག་ 1-1-671 གི་ཕུང་པོ་གནས་གསུམ་དུ་བཞག་པའི་འོག་མ་ལ་བདུན་བརྒྱ་དང་བདུན་གྱིས་བགོས་ནོར་ བར་མ་ལ་བསྲེས། དེ་ལ་དྲུག་ཅུ་རྩ་བཞིས་བགོས་པའི་ནོར་གྱིས་སྟེང་མ་ལ་སྦྱངས་ལྷག་ནི་ ཉིན་ཞག་གི་ཕུང་པོ་ཡིན། དེ་ཉིད་གནས་གཉིས་སུ་བཞག་པའི་འོག་མ་ལ་གཉིས་བསྲེས་ནས་ བདུན་གྱིས་བགོས་པའི་ལྷག་མ་དང༌། ཚེས་དེའི་རེས་གཟའ་གཉིས་མཐུན་མི་མཐུན་བལྟས་ ལ། མི་མཐུན་ན་གཅིག་གམ་གཉིས་གང་རུང་ལྟ་བུ་སྣོན་འབྲིད་བྱས་ནས་མཐུན་པར་བྱས་ལ། གང་སྣོན་འབྲིད་བྱེད་པའི་གྲངས་དེ་ཉིད་གནས་སྟེང་མ་ལ་སྣོན་འབྲིད་བྱེད་པ་ཡིན་ནོ། །དེའི་ དོན་ནི། རེས་གཟའ་དང་ཉིན་ཞག་འཕོ་མཚམས་མཚུངས་པས་གནས་འོག་མ་ལ་བདུན་གྱིས་ བགོད་པ་ཡིན་ལ། ལྷག་མ་དང་རེས་གཟའ་མི་མཐུན་ན་སྣོན་འབྲིད་བྱེད་པ་ནི། ཚེས་རྩིས་ཀྱི་ སྐབས་སུ་ཚེས་ཀྱི་རྟག་པའི་ལོངས་སྤྱོད་ལ་ཟླ་རྐང་གི་འཕེལ་འགྲིབ་ཀྱི་དབང་གིས་ཚེས་ཆད་ ལྷག་དུ་སྣང་བ་འབྱུང་ལ། ཚེས་ཀྱི་ཆུ་ཚོད་བསགས་པས་རེས་གཟའ་འགྲུབ་པའི་ཕྱིར་དབྲི་ སྣན་དགོས་པ་ཡིན། །གཉིས་བསྲེ་བའི་རྒྱུ་མཚན་ནི། གཟའི་དྷྲུ་བ་ཀའི་སྐབས་སུ་སྟེང་འོག་ མིག་དང་སུམ་བཅུ་བསྲེ་ཞེས་པའི་གཟའ་གཉིས་པོ་དེ་འདིར་ཡང་དགོས་པའི་དབང་གིས་ བསྲེ་བ་ཡིན་ཏེ། དྷྲུ་བ་ལས་བརྩམས་ཏེ་ཚེས་རྩིས་ཀྱི་གཟའི་རི་མོ་འཆར་བ་ཡིན་ལ། འདིར་ ཡང་དེ་དང་སྒོ་བསྟུན་པའི་ཕྱིར་ཏེ། མཁས་པ་འགའ་ཞིག་གཉིས་བསྲེ་བ་ལ་རྒྱུ་མཚན་མ་ མཐོང་ཞེས་ཟེར་བ་ནི་ལྷ་རྣམས་དགའ་བའི་རྟོགས་བརྗོད་ཡིན་ནོ། ། གཉིས་པ་ལ། དལ་བ་དག་པར་བསྒྲུབ་པ་དང༌། མྱུར་བ་དག་པར་བསྒྲུབ་པ་གཉིས། དང་པོ་ལ་ལྔ་ལས། དལ་བ་བར་པ་དང༌། དལ་བ་དག་པར་བསྒྲུབ་པ་གཉིས་ལས་དང་པོ་ནི། གཟའ་ལྔ་སྤྱིའི་གསལ་ཞག་ཐུན་མོང་པ་ལས། ཐུན་མོང་མ་ཡིན་པའི་མིག་དམར་གྱི་གསལ་ ཞག་དུ་བསྒྲུབ་པའི་ཕྱིར། ཉིན་ཞག་བརྒྱ་དང་དྲུག་ཅུ་རྩ་བདུན་བསྲེ་དགོས་ཏེ། རྒྱལ་དཀས་ རྩིས་གཞི་མཛད་པའི་སྔ་ལོགས་སུ་མིག་དམར་གྱིས་རྒྱུ་སྐར་ལ་ལོངས་སྤྱོད་པའི་འཁོར་ལོ་ 1-1-672 གཅིག་གི་མགོ་བརྩམས་ནས་ཞག་བརྒྱ་དང་དྲུག་ཅུ་རྩ་བདུན་སོང་བས་དེ་རྩིས་འཕྲོར་བསྲེ་ བའི་ཕྱིར། དེའི་གསལ་ཞག་གི་ཕུང་པོ་ལ་རི་ཀླུ་རོས་བགོད་པ་ལ་རྒྱུ་མཚན་ཡོད་དེ། ཉིན་ཞག་ དྲུག་བརྒྱ་དང་བརྒྱད་ཅུ་རྩ་བདུན་ན་མིག་དམར་གྱིས་རྒྱུ་སྐར་གྱི་འཁོར་ལོ་རེ་རྫོགས་པས་དེ་ ལྟ་བུའི་དཀྱིལ་འཁོར་གྱིས་བགོད་པའི་ཕྱིར། ཐོབ་ནོར་ནི་རྒྱུ་སྐར་གྱི་འཁོར་ལོར་སྔར་ཇི་ཙམ་ སྤྱད་ཀྱི་གྲངས་ཡིན་ལ། ལྷག་མ་ནི་ད་ལྟ་ལོངས་སྤྱོད་བཞིན་པའི་རྒྱུ་སྐར་གྱི་འཁོར་ལོའི་སྟེང་ དུ་སླེབ་ནས་སྔར་ཞག་ཇི་ཙམ་སོང་བའི་གྲངས་ཡིན་ཅིང༌། དེའི་བར་ལ་རྟག་པའི་ལོངས་སྤྱོད་ ཀྱིས་རྒྱུ་སྐར་ཇི་ཙམ་སྤྱད་རྟོགས་པའི་ཕྱིར་གོང་དུ་སྒྲ་གཅན་གྱི་སྐབས་སུ་བཤད་པ་བཞིན་ ཉེར་བདུན་གྱིས་བསྒྱུར་ནས། དཀྱིལ་འཁོར་གྱིས་བགོས་པའི་ཐོབ་ནོར་སྐར་མ་དང༌། དེ་ བཞིན་དུ་ལྷག་མ་བསྒྱུར་བགོད་བྱས་ནས་ཆུ་ཚོད་ལ་སོགས་པ་རིམ་བཞིན་བྱས་པ་ནི་དལ་བ་ བར་པ་ཞེས་བརྗོད་པ་ཡིན་ནོ། །འདིས་དྲག་གཟའ་ལྷག་མ་གཉིས་ཀྱི་དལ་བ་བར་པ་བསྒྲུབ་ ཚུལ་ཀྱང་ཤེས་པར་བྱའོ། །དལ་བ་བར་པ་དེ་ཉིད་གནས་གཉིས་སུ་འཇོག་པ་ལ་རྒྱུ་མཚན་ ཡོད་དེ། །གཅིག་ནི་རྐང་པ་ལས་བྱུང་པའི་ལོངས་སྤྱོད་སྣོན་འབྲིད་བྱ་བའི་གཞི་ཡིན་ལ། གཅིག་ཤོས་ནི་རྐང་པ་ལས་བྱུང་པའི་ལོངས་སྤྱོད་ཚོལ་བའི་གཞི་ཡིན་པའི་ཕྱིར། འདི་ལ་སྐྱེས་ ཁྱིམ་སྦྱོང་བའི་དོན་དུ་སྐར་གནས་ནས་དགུ་དང༌། ཆུ་ཚོད་ནས་སུམ་ཅུ་སྦྱོང་དགོས་ཏེ། མིག་ དམར་མཆུའི་ཕྱེད་དུ་སྐྱེས་པས་རང་མ་སྐྱེས་གོང་གི་རྒྱུ་སྐར་ཕྱེད་དང་བཅུ་སྦྱོང་དགོས་པའི་ ཕྱིར། མ་འདངས་ན་འཁོར་ལོ་སྣོན་པ་ལ་རྒྱུ་མཚན་ཡོད་དེ། རྩིས་སྔ་མའི་འཕྲོ་ནས་བཟུང་སྟེ་ མ་ནོར་བར་རྟོགས་པའི་ཆེད་ཡོད་པའི་ཕྱིར། འཁོར་ལོ་ཕྱེད་ལྷག་ན་འདོར་བ་ལ་རྒྱུ་མཚན་ ཡོད་དེ། རང་སྐྱེས་པ་ནས་འཁོར་ལོའི་ཕྱེད་རྫོགས་པ་ན་རིམ་པ་ཚར་གཅིག་སོང་བས། དེའི་ སྔ་རྐང་དུ་བུ་ལོན་འཕེལ་བ་ཉིད་ཕྱི་རྐང་དུ་སོབས་ནས་རྟག་ལོངས་ཀྱི་སྟེང་དུ་འགྲིག་པས་ དོར་ཆོག་པའི་ཕྱིར། རྒྱུ་སྐར་གྱི་གནས་དེ་ཉིད་ཆུ་ཚོད་དུ་བསིལ་བའི་ཕྱིར་དྲུག་ཅུས་བསྒྱུར་ 1-1-673 ནས་འོག་གི་ཆུ་ཚོད་བསྲེས་པའི་ཕུང་པོ་ལ་འབྱུང་བ་མེ་ཟླས་བགོད་པ་ལ་རྒྱུ་མཚན་ཡོད་དེ། རང་སྐྱེས་པ་ནས་བརྩམས་ཏེ་ཡུལ་གྱི་ཆུ་ཚོད་བརྒྱ་སོ་ལྔ་རེ་བགྲོད་པ་ན་དལ་རྐང་རེ་འཕོ་བས་ དེའི་མཚམས་རྟོགས་པའི་ཆེད་ཡིན་པས་སོ། །དེའི་དལ་རྐང་འཛིན་པ་ལ་དལ་རྐང་ནི་གནས་ དང་པོ་ལ་ཉེར་ལྔ། གཉིས་པ་ལ་བཅོ་བརྒྱད། གསུམ་པ་ལ་བདུན། རིམ་པའི་ཕྱི་རྐང་གི་དང་ པོ་ལ་བདུན། གཉིས་པ་ལ་བཅོ་བརྒྱད། གསུམ་པ་ལ་ཉེར་ལྔ། རིམ་མིན་གྱི་དེ་ལས་ཟློག་སྟེ་ ཤེས་པར་བྱའོ། །རྐང་པ་སྡོམ་ཚུལ་གོང་དུ་ཉི་མའི་སྐབས་སུ་བཤད་པ་བཞིན་བྱའོ། །རྐང་ བཟུང་སྔུན་མ་གང་ལ་བབ་པ་དེས་ལྷག་མ་རྣམས་བསྒྱུར་བ་ལ་རྒྱུ་མཚན་ཡོད་དེ། ལྷག་མའི་ ལོངས་སྤྱོད་རྣམས་རིམ་གྱིས་བསགས་པ་ལས། བརྒྱ་སོ་ལྔའི་གྲངས་ཀྱི་ཆུ་ཚོད་དུ་ལོངས་པའི་ ཚེ་རྐང་བཟུང་སྔུན་མ་དེས་བསྒྱུར་ནས་འབྱུང་བ་མེ་ཟླས་བགོས་པས་རྐང་བཟུང་སྔུན་མ་ཉིད་ ཀྱི་གྲངས་ཐོབ་ལ། དེ་ཆ་ཕྲ་མོར་བསིལ་ཏེ་རྐང་པའི་ལོངས་སྤྱོད་རྟོགས་པའི་ཆེད་ཡོད་པའི་ ཕྱིར། ཁ་ཅིག་འདིར་ལྷག་མའི་ཆུ་སྲང་སོགས་མི་བསྒྱུར་ཟེར་བ་ནི་མི་འཐད་དེ། ལྷག་མའི་ ཆུ་སྲང་སོགས་ཀྱང་རྟག་པའི་ལོངས་སྤྱོད་ཡིན་པས། དེ་ལའང་རང་གི་ཐོབ་སྐལ་གྱི་རྐང་པའི་ ལོངས་སྤྱོད་ཅུང་ཟད་རེ་ཡོད་པས་དེ་ངོས་འཛིན་པའི་ཆེད་ཡོད་པའི་ཕྱིར། ཆུ་སྲང་ལ་སོགས་ པ་རྟག་ལོངས་ཕྲ་མོ་རྣམས་ཀྱི་རྐང་བའི་ལོངས་སྤྱོད་བསགས་ན། རྐང་པ་རྫོགས་མཚམས་སུ་ རྐང་པའི་ཆུ་ཚོད་མི་ལོངས་པར་འགྱུར་བའི་ཕྱིར། ཡང་རྐང་པ་སྔ་མ་རྫོགས་པ་ལ་རྟག་པའི་ ལོངས་སྤྱོད་ཆུ་ཚོད་གཉིས་ཙམ་དགོས་པའི་ཚེས་དེ་དང༌། དེའི་ཕྱི་ཉིན་རྐང་པ་སྔ་མ་ལོངས་ པའི་སྟེང་དུ་ཆུ་ཚོད་གཉིས་ལྷག་པའི་རྟག་ལོངས་ཤིག་ཤར་བའི་ཚེ། རྐང་པ་སྔ་མ་ལོངས་པར་ འགྱུར་བའི་ཆུ་ཚོད་གཉིས་པོ་དེ་ཟུར་དུ་ཕྱུངས་ནས་རྐང་པ་སྔ་མས་བསྒྱུར་ནས་འབྱུང་མེ་ཟླ་ བས་བགོས་པའི་འབྲས་བུ་དེ་ཉིད་སྐབས་སུ་གང་བབ་པའི་སྣོན་འབྲིད་དུ་བྱེད་ཅིང༌། ལྷག་ མ་ཆུ་ཚོད་གཉིས་པོ་དེ། རྐང་པ་ཕྱི་མས་བསྒྱུར་ནས་འབྱུང་མེ་ཟླ་བས་བགོས་པའི་འབྲས་བུ་ 1-1-674 སྐབས་སུ་གང་བབ་པའི་སྣོན་འབྲིད་བྱེད་པ་ནི། རྐང་མཚམས་མ་འདྲེས་པར་རྟོགས་པར་བྱེད་ པའི་གནད་དམ་པ་ཡིན་པས། གོང་འོག་གི་དལ་མྱུར་གྱི་རྐང་པ་གཞན་རྣམས་ལའང་འདིས་ མཚོན་ཏེ་ཤེས་པར་བྱའོ། །དེ་ལྟར་ཡང་དག་རྒྱུ་བའི་ལོངས་སྤྱོད་ལ་སོགས་པ་གྲུབ་ནས་རྐང་ མཚམས་མ་འདས་ན་ཆུ་ཚོད་བསྲེ་བ་དང༌། འདས་ན་ལོངས་སྤྱོད་འོག་མས་རྐང་པའི་ལོངས་ སྤྱོད་སྦྱོང་བ་དང༌། རྐང་རྩིས་ཀྱི་འབྲས་བུ་རྣམས་དལ་བ་བར་པའི་སྟེང་དུ་རིམ་པ་ལ་བུ་ལོན་ དང་རིམ་མིན་ལ་ནོར་དུ་འགྱུར་བ་རྣམས་ཀྱི་རྒྱུ་མཚན་གོང་དུ་བརྗོད་ཟིན་པས་འདིར་མ་སྤྲོས་ སོ། །དེ་ལྟར་སྣོན་འབྲིད་བྱས་པས་དལ་བ་དག་པར་གྲུབ་བོ། ། གཉིས་པ་ལྷག་པའི་[པ]ལ། མྱུར་རྩིས་ཀྱི་ཡན་ལག་རྐང་འཛིན་ལོངས་སྤྱོད་ངོས་བཟུང་ བ་དང༌། དལ་བར་ངོས་བཟུང་སྟེ་དལ་དག་དུ་བསྒྲུབ་པ་གཉིས། དང་པོ་ནི། སྤྱིའི་གསལ་ཞག་ ལས་ལྷག་པའི་ཐུན་མོང་མིན་པའི་གསལ་ཞག་དུ་བསྒྲུབ་པའི་དོན་དུ་བརྒྱས་བསྒྱུར་བས་ཞག་ རྣམས་བརྒྱ་ཆའི་ཕུང་པོར་བསིལ་ཏེ་དེ་ལ་བདུན་སྟོང་བརྒྱ་ཉི་ཤུ་རྩ་གསུམ་གྱིས་དམན་པ་ལ་ རྒྱུ་མཚན་ཡོད་དེ། རྒྱལ་དཀས་རྩིས་གཞི་མཛད་པའི་ཚེ། ཞག་གི་བརྒྱ་ཆའི་གྲངས་བདུན་སྟོང་ བརྒྱ་ཉེར་གསུམ་བྱུང་ན། ལྷག་པའི་མྱུར་རྐང་འགྲོས་བཞིའི་དཀྱིལ་འཁོར་རྫོགས་པར་འགྱུར་ བས། དེ་མ་འོངས་པའི་ལོངས་སྤྱོད་ཀྱི་སྟེང་ནས་ལྷག་འགྱུར་དུ་འདོར་བའི་ཕྱིར་ཡིན་ནོ། །དེ་ ལ་འདིར་རི་བུག་རི་ཀླུས་བགོད་པ་ལ་རྒྱུ་མཚན་ཡོད་དེ། ཉིན་ཞག་གི་བརྒྱ་ཆའི་གྲངས་བརྒྱད་ སྟོང་བདུན་བརྒྱ་དགུ་བཅུ་རྩ་བདུན་རེ་ན་ལྷག་པས་མྱུར་རྐང་འགྲོས་བཞི་ཚར་གཅིག་རྫོགས་ པས་དེའི་དཀྱིལ་འཁོར་གྱིས་བགོད་པའི་ཕྱིར། འདིའི་དོན་ནི། ཉིན་ཞག་བརྒྱད་ཅུ་རྩ་བདུན། ཆུ་ཚོད་ལྔ་བཅུ་རྩ་བརྒྱད། ཆུ་སྲང་བཅུ་གཉིས་རྣམས་མྱུར་རྐང་འགྲོས་བཞི་རྫོགས་པའི་ དཀྱིལ་འཁོར་ཡིན་པ་ལས། དེ་ཐམས་ཅད་གནས་གཅིག་ཏུ་བསྡུ་བའི་ཕྱིར་བརྒྱས་བསྒྱུར་ཏེ་ དྲིལ་བས་རི་བུག་རི་ཀླུའི་གྲངས་འབྱུང་བ་ཡིན། དེ་ལྟར་དཀྱིལ་འཁོར་གྱིས་བགོས་པའི་ཐོབ་ 1-1-675 ནོར་ནི་ལྷག་པས་མྱུར་རྐང་འགྲོས་བཞི་ཚར་ཇི་ཙམ་སོང་གི་གྲངས་ཡིན་ཅིང། ལྷག་མ་སྐར་ མ་ལ་སོགས་ཀྱི་དོན་དུ་ཉི་ཤུ་རྩ་བདུན་ལ་སོགས་པས་བསྒྱུར་བགོད་བྱས་པའི་འབྲས་བུ་ནི། མྱུར་རྐང་འཛིན་པའི་རྐང་འཛིན་ལོངས་སྤྱོད་བུ་ལོན་དང་བཅས་པ་ཡིན་ནོ། །འདིར་རྗེ་བཙུན་ རྒ་ལོའི་སྔ་རོལ་དུ་བྱོན་པའི་བོད་ཀྱི་དུས་འཁོར་བ་འགའ་ཞིག རི་བུག་རི་ཀླུའི་གྲངས་ཉིད་ རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་གྱི་ཞག་གྲངས་ཡིན་པར་འདོད། མི་འཐད་དེ། རི་བུག་རི་ ཀླུ་ནི་དཀྱིལ་འཁོར་གྱི་བརྒྱ་ཆའི་ཕུང་པོ་ཡིན་པའི་ཕྱིར་དང༌། དཀྱིལ་འཁོར་བརྒྱ་ཆའི་ཕུང་ པོ་ཡིན་པ་བཞིན། བགོ་བྱ་བགོད་བྱེད་ཤེད་མཚུངས་པའི་ཕྱིར། གསལ་ཞག་ཀྱང་བརྒྱས་ བསྒྱུར་བ་ཡིན། རྗེ་བཙུན་པ་ཉིད་ཀྱིས་ཀྱང་རྐང་པའི་དཀྱིལ་འཁོར་དང༌། རྒྱུ་སྐར་འཁོར་ བའི་དཀྱིལ་འཁོར་གྱི་དབྱེ་བ་མ་མཛད་པར། ཉིན་ཞག་བརྒྱད་ཅུ་རྩ་བདུན་ལ་སོགས་པ་ཉིད་ རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་དུ་བཞེད་མོད་དེ་ཡང་མི་འཐད་དེ། ཞི་གཟའ་གཉིས་ཀྱི་རྒྱུ་ སྐར་འཁོར་བའི་དཀྱིལ་འཁོར་ནི་ཉི་མའི་ཉིན་ཞག་གི་དཀྱིལ་འཁོར་དང་མཚུངས་པའི་ཕྱིར་ ཏེ། པ་སངས་ཀྱི་ཡང་བགྲོད་པར་འགྱུར་ཏེ་ཟླ་སྐྱེས་ཀྱི་ཡང་བགྲོད་པའོ། །ཞེས་དཀྱིལ་འཁོར་ གྱི་ཕྱེད་ཀྱི་ཚད་བཤད་ནས་དེ་གཉིས་ཀྱིས་བསྒྱུར་བ་ནི་དཀྱིལ་འཁོར་རངས་པའི་ཚད་ཡིན་ནོ། གཞན་ཡང་ལྷག་པའི་དལ་བ་བར་པས་ཉིན་རེ་བཞིན་ཆུ་ཚོད་བཅོ་བརྒྱད་ལ་སོགས་པ་སྤྱོད་ པར་ཐལ། ཞག་བརྒྱད་ཅུ་རྩ་བདུན་ལ་སོགས་པ་རྒྱུ་སྐར་འཁོར་པའི་དཀྱིལ་འཁོར་ཡིན་པའི་ ཕྱིར། འདོད་ན། དལ་བ་བར་པ་ཉི་མ་བར་པ་དང་མཚུངས་པར་བཤད་པས་གསལ་ལོ། ། གཉིས་པ་ནི་ཉི་མ་བར་པ་ཉིད་ཞི་གཟའ་གཉིས་ཀྱི་ཡང་དལ་བ་བར་པ་ཡིན་པས། ཉི་ བར་གནས་གཉིས་སུ་བཞག་པའི་ཕྱོགས་གཅིག་ལ། རྒྱུ་སྐར་བཅུ་དྲུག་དང༌། ཆུ་ཚོད་སུམ་ ཅུ་སྦྱོང་བ་ལ་རྒྱུ་མཚན་ཡོད་དེ། ལྷག་པ་ནི་སྡིག་པའི་ཁྱིམ་ལྷ་མཚམས་ཀྱི་བཞི་གསུམ་འདས་ པའི་མཚམས་སུ་སྐྱེས་ནས་རང་མ་སྐྱེས་གོང་གི་རྒྱུ་སྐར་རྣམས་སྦྱོང་བ་ཡིན་པའི་ཕྱིར། མ་ 1-1-676 འདངས་ན་འཁོར་ལོ་སྣོན་པ་སོགས་གོང་དང་འདྲ་བ་ལས་གཟའ་སོ་སོའི་རྐང་པ་མི་འདྲ་བ་ནི་ གོང་དུ་བཤད་ཟིན། དེས་ན་དལ་བ་དག་པར་གྲུབ་པོ། ། གསུམ་པ་ཕུར་བུ་ནི། སྤྱིའི་གསལ་ཞག་ལ་ཉིས་སྟོང་དྲུག་བརྒྱ་སྦྱོང་བ་ལ་རྒྱུ་མཚན་ཡོད་ དེ། རྒྱལ་དཀའ་རྩིས་གཞི་མཛད་པའི་ཚེ། ཞག་ཉིས་སྟོང་དྲུག་བརྒྱ་བྱུང་བ་ན། ཕུར་བུ་རྒྱུ་སྐར་ གྱི་འཁོར་ལོ་རྫོགས་པས། དེ་མ་འོངས་པའི་ལོངས་སྤྱོད་ཀྱི་སྟེང་ནས་ལྷག་འགྱུར་དུ་འདོར་བ་ ཡིན་པའི་ཕྱིར། དེ་ལ་ཕུར་བུའི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་ཉིན་ཞག་སོ་མེ་རྒྱ་མཚོས་ བགོད་པ་ཡིན། དེ་ལྟར་ཕུར་བུའི་དལ་བ་བར་པ་གྲུབ་ནས། དེ་གནས་གཉིས་སུ་བཞག་པའི་ ཕྱོགས་གཅིག་སྐྱེས་ཁྱིམ་རྒྱུ་སྐར་བཅུ་གཉིས་སྦྱོང་བ་ལ་རྒྱུ་མཚནཡོད་དེ། ཕུར་བུ་ནི་བུ་མོའི་ ཁྱིམ་གྱི་མེ་བཞིའི་ཐོག་མར་སྐྱེས་པས་རང་མ་སྐྱེས་གོང་གི་སྐྱེས་ཁྱིམ་སྦྱོང་བའི་ཕྱིར། རྐང་ རྩིས་བྱ་ཚུལ་གོང་གི་རིགས་པས་བསྒྲེས་ཏེ་ཤེས་པར་བྱས་ལ་དལ་བ་དག་པར་བསྒྲུབ་པའོ། ། བཞི་པ་པ་ཝ་སངས་ནི། གཞན་འདྲ་བ་ལ་རང་གི་ཐུན་མོང་མ་ཡིན་པའི་གསལ་ཞག་དུ་ བསྒྲུབ་པའི་ཕྱིར། སྤྱིའི་གསལ་ཞག་བཅུས་བསྒྱུར་བ་ལ་རྒྱུ་མཚན་ཡོད་དེ། བགོད་བྱེད་ཀྱི་ དཀྱིལ་འཁོར་དང་སྟོབས་མཚུངས་པའི་ཕྱིར་བཅུ་ཆའི་ཕུང་པོར་བསིལ་བའི་དོན་དུ་ཡིན་ནོ། །དེ་ལ་བརྒྱད་ཅུ་རྩ་བཞིས་སྦྱོང་བ་ནི། ཉིན་ཞག་གི་བཅུ་ཆ་བརྒྱད་ཅུ་རྩ་བཞི་ལྷག་འགྱུར་དུ་ འདོར་བ་ཡིན་ནོ། །དེ་ལ་དཀྱིལ་འཁོར་གྱི་བཅུ་ཆའི་ཕུང་པོ་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་ རྩ་བདུན་གྱིས་བགོད་པ་ལ་སོགས་པས་མྱུར་བའི་རྐང་འཛིན་ལོངས་སྤྱོད་དུ་བསྒྲུབས། ཉི་ མ་བར་པ་ཉིད་འདི་ཡི་ཡང་དལ་བ་བར་པ་ཡིན་པས། གནས་གཉིས་སུ་བཞག་པའི་ཕྱོགས་ གཅིག་ལ་རྒྱུ་སྐར་དྲུག་སྦྱོང་བ་ལ་རྒྱུ་མཚན་ཡོད་དེ། པ་སངས་ནི་འཁྲིག་པའི་ཁྱིམ་ནམ་སོའི་ [ནབས་སོ]ཐོག་མར་སྐྱེས་པས་རང་མ་སྐྱེས་གོང་གི་སྐྱེས་ཁྱིམ་སྦྱོང་བ་ཡིན་པའི་ཕྱིར་རོ། །ལྷག་མ་དལ་བ་དག་པར་བསྒྲུབ་ཚུལ་ནི་གོང་དང་འདྲའོ། ། 1-1-677 ལྔ་པ་སྤེན་པ་ནི། སྤྱིའི་གསལ་ཞག་ལས། རང་གི་ཐུན་མོང་མ་ཡིན་པའི་གསལ་ཞག་ཏུ་ བསྒྲུབ་པའི་ཕྱིར་སྤྱིའི་གསལ་ཞག་ལ་བཞི་སྟོང་བརྒྱད་བརྒྱ་ཉི་ཤུས་སྦྱོང་བ་ལ་རྒྱུ་མཚན་ཡོད་ དེ། ལྷག་འགྱུར་འདོར་བའི་ཆེད་ཡོད་པའི་ཕྱིར། དེ་ལ་རང་གི་རྒྱུ་སྐར་འཁོར་བའི་དཀྱིལ་ འཁོར་ཉིན་ཞག་ཁྲི་བདུན་བརྒྱ་དྲུག་ཅུ་རྩ་དྲུག་གིས་བགོས་པ་ལ་སོགས་པས། དལ་བ་བར་ པར་འགྲུབ་ཅིང༌། དེ་གནས་གཉིས་སུ་བཞག་པའི་ཕྱོགས་གཅིག་ལ། རྒྱུ་སྐར་བཅོ་བརྒྱད་ སྦྱོང་བ་ལ་རྒྱུ་མཚན་ཡོད་དེ། སྤེན་པ་ནི་གཞུའི་ཁྱིམ་སྣྲུབས་ཀྱི་ཐོག་མར་སྐྱེས་པས་སྐྱེས་ཁྱིམ་ སྦྱོང་བའི་ཆེད་ཡོད་པའི་ཕྱིར། །ལྷག་མ་དལ་བ་དག་པར་བསྒྲུབ་ཚུལ་ནི་གོང་གི་རིགས་པས་ ཤེས་སོ། ། གཉིས་པ་མྱུར་བ་དག་པར་བསྒྲུབ་ཚུལ་ལ་གཉིས་ལས། དྲག་གཟའ་གསུམ་ལ་ནི་རང་ རང་གི་དལ་བ་དག་པ་གནས་གཉིས་ཀྱི་གཅིག་གིས་ཉི་མ་བར་པ་ལ་སྦྱང༌། ཞི་གཟའ་གཉིས་ ལ་རང་རང་གི་དལ་བ་དག་པ་གནས་གཉིས་སུ་བཞག་པའི་ཕྱོགས་གཅིག་ལ་ཉི་མ་དག་ པས་སྦྱངས་པ་ནི། རང་རང་གི་མྱུར་རྐང་འཛིན་པའི་རྐང་འཛིན་ལོངས་སྤྱོད་རྣམ་པར་དག་པ་ ཡིན། འཁོར་ཕྱེད་མ་དོར་ན་རིམ་པ་ལ་ཡོད་ཅིང༌། དོར་ན་རིམ་མིན་ལ་ཡོད་པ་ལས། རིམ་ པའི་རྐང་པ་བཅུ་གསུམ་པ་ཡན་ལ་རྐང་འཛིན་རྒྱུ་སྐར་རེ་རེ་ལོངས་པ་ན་མྱུར་རྐང་རེ་རེ་འཕོ་ བ་ཡིན་ཞིང༌། དེའི་དོན་གྱིས་བགོད་བྱེད་ཀྱང་དྲུག་ཅུས་བྱེད་པ་ཡིན་ནོ། །རྐང་པ་བཅུ་བཞི་ པ་ལ་རྐང་འཛིན་རྒྱུ་སྐར་ཕྱེད་ན་མྱུར་རྐང་རྫོགས་པས། དེའི་རྒྱུ་མཚན་གྱིས་བགོད་བྱེད་ཀྱང་ སུམ་ཅུས་བྱེད་པ་ཡིན་ནོ། །རིམ་མིན་གྱི་རྐང་པ་དང་པོ་ལ་ཡང་རྐང་འཛིན་ནི་རྒྱུ་སྐར་ཕྱེད་ ཡིན་པས་བགོད་བྱེད་ཀྱང་སུམ་ཅུས་བྱེད་པ་མིན་པ་ལ། རྐང་པ་ཕྱི་མ་རྣམས་རྒྱུ་སྐར་ཕྱེད་ ནུར་གྱི་རྐང་རྩིས་འདི་བྱ་དཀའ་བས། རྩིས་འཇུག་བདེ་བའི་དོན་དུ་རིམ་མིན་གྱི་ཐོག་མར་ སླེབ་མ་ཐག་རྐང་འཛིན་ཆུ་ཚོད་སུམ་ཅུ་སླ་ཐབས་སུ་བྱིན་ཏེ། དེ་ནས་རང་རང་གི་རྟག་ལོངས་ 1-1-678 རྣམས་ལ་རྐང་པས་བསྒྱུར་ཏེ་དྲུག་ཅུས་བགོས་པའི་འབྲས་བུ་ནི། རྐང་པའི་ལོངས་སྤྱོད་རྣམ་ པར་དག་པར་འགྱུར་བས་རང་གི་དལ་བ་དག་པའི་སྟེང་དུ་སྔ་རྐང་དུ་འབྲིད་པར་འགྱུར་བ་ ཡིན་ནོ། །དེ་ལ་ཡང་འཁོར་ཕྱེད་ལོངས་ལ་ཆུ་སྲང་ལྟ་བུའི་སྣོན་པ་ཅུང་ཟད་དགོས་པ་ལ་དེའི་ ཕྱི་ཉིན་འཁོར་ཕྱེད་དོར་བའི་ལྷག་མ་ཆུ་ཚོད་ལ་སོགས་པར་ལོངས་པའི་ཚེ། སྔ་ཉིན་གྱི་འཁོར་ ཕྱེད་ལོངས་པར་སྣོན་དགོས་ཀྱི་ཆུ་སྲང་ལྟ་བུ་དེ་གུད་དུ་ཕྱུངས་ནས་རིམ་པའི་ཕྱི་རྐང་ཐ་མས་ བསྒྱུར་ཏེ་སུམ་ཅུས་བགོད་པ་ཡིན། ལྷག་མ་ནི་རིམ་མིན་གྱི་སྔ་རྐང་དང་པོས་བསྒྱུར་ནས་དྲུག་ ཅུས་བགོད་པ་ཡིན། འདི་ནི་བསྒྱུར་བྱེད་ལ་ཁྱད་པར་མེད་ཀྱང༌། བགོད་བྱེད་ལ་ཁྱད་པར་ཡོད་ པས་འབྲས་བུ་སོ་སོར་རྟོགས་པའི་ཆེད་དུ་བཀོད་ལ་ཞི་གཟའ་གཉིས་ཀྱི་སྐབས་སུའང་འདིའི་ གནད་ཤེས་པར་བྱའོ། །རྐང་པ་སྡོམ་ཚུལ་ནི་སྔར་བཤད་པ་རྣམས་དང་རྒྱུན་སྡོམས་པའི་ སྒོ་ནས་འདྲ། རྐང་གཟུང་སྔུན་མས་ལྷག་མ་བསྒྱུར་ཏེ། རིམ་པའི་རྐང་པ་ཐ་མ་ལ་སུམ་ཅུས་ བགོད་ཅིང༌། རིམ་མིན་གྱི་རྐང་པ་དང་པོ་ལ་སུམ་ཅུས་བགོད་པའམ། ཡང་ན་སླ་ཐབས་སུ་ རྐང་འཛིན་ནི་སུམ་ཅུ་བསྣན་ནས། རྐང་པ་གཞན་རྣམས་དང་མཚུངས་པར་དྲུག་ཅུས་བགོས་ པའི་འབྲས་བུ་ནི། རང་རང་གི་དལ་བ་དག་པ་ལ། རིམ་པ་ལ་ཡོད་པའི་ཚེ་ནོར་དང༌། རིམ་ མིན་ལ་ཡོད་པའི་ཚེ་བུ་ལོན་དུ་སྦྱངས་པས་མྱུར་བ་དག་པར་འགྱུར་བ་ཡིན་ནོ། ། གཉིས་པ་ཞི་གཟའ་གཉིས་ཀྱི་ནི་གཞན་སྔར་དང་འདྲ་བ་ལས། རང་རང་གི་མྱུར་རྐང་ འཛིན་པའི་རྟག་པའི་ལོངས་སྤྱོད་བུ་ལོན་དང་བཅས་པ་སྔར་བསྒྲུབས་པ་དེ་ཉི་མ་དག་པས་ སྦྱངས་པའི་ལྷག་མ་ནི་རྐང་འཛིན་ལོངས་སྤྱོད་རྣམ་པར་དག་པ་ཡིན་པས་དེས་རྐང་པ་འཛིན་ པ་དང༌། སྡོམ་པ་དང༌། གཟུང་བ་དང༌། སྡོམས་པ་རང་གི་དལ་བ་དག་པའི་སྟེང་དུ་སྦྱིན་དོར་ བྱེད་པ་ནི་གོང་དང་མཚུངས་ཤིང༌། ཁྱད་པར་ལྷག་པའི་རིམ་པའི་རྐང་པ་དགུ་པ་ལ་རྐང་ གཟུང་སྔུན་མ་ཡོད་པའི་ཚེ་རྐང་པ་སྟོང་པ་ཡིན་པས། སྒྱུར་བྱེད་སྟོངས་ན་བསྒྱུར་བྱ་དབྱི་ཞེས་ 1-1-679 གསུངས་པ་ལྟར། རྐང་པ་དགུ་པ་མ་འཕོས་ཀྱི་བར་དུ་སྔར་གྱི་རྒྱུན་སྡོམས་པའི་རྐང་པའི་ ལོངས་སྤྱོད་མ་རྟོགས[གཏོགས་]། རང་གི་ངོས་སྐལ་གྱི་རྐང་པའི་ལོངས་སྤྱོད་སྣོན་འབྲིད་ བྱར་མེད་པས། དལ་བ་དག་པ་ཉིད་ལ་གནས་པ་ཡིན། དེ་བཞིན་དུ་སྤེན་པའི་རིམ་པའི་ རྐང་པ་བརྒྱད་པ་ལ་ཡང༌། རྐང་པ་དེ་མ་འཕོས་ཀྱི་བར་དུ་བསྒྱུར་བྱ་དེ་དབྱི་བ་ཡིན་ནོ། །འདི་ དག་གི་སྐབས་སུ་རྒྱ་བལ་གྱི་མཁས་པ་འགའ་ཞིག་ན་རེ། ཞི་གཟའ་གཉིས་ཀྱི་མྱུར་བ་དག་ པ་བསྒྲུབས་པའི་སྐབས་སུ། ཉི་དག་གནས་གཉིས་སུ་བཀོད་པའི་གཅིག་གིས་རང་གི་རྐང་ འཛིན་ལོངས་སྤྱོད་ལ་སྦྱངས་ཏེ། རྐང་རྩིས་བྱས་པའི་འབྲས་བུ་གཅིག་ཤོས་ལ་སྦྱིན་དོར་བྱས་ པས་རྣམ་པར་དག་གི །རང་གི་དལ་བ་དག་པ་ལ་དོན་མེད་དོ་ཞེས་ཟེར་དེ་ནི་མི་འཐད་དེ། མྱུར་རྩིས་ནི་རང་གི་དལ་བ་དག་པའི་སྟེང་དུ་འཕེལ་འགྲིབ་བྱེད་པ་ལས་བཤད་པས་གཞུང་ གི་དགོངས་པ་དང་འགལ་བར་འགྱུར་བའི་ཕྱིར་རོ། །ཡང་པཎ་ཆེན་ཤཱཀྱ་ཤྲཱི་དང༌། རྗེ་བཙུན་ རྒ་ལོ་ལ་སོགས་པ་ན་རེ། ཞི་གཟའི་དལ་དག་གནས་སུ་བཀོད་པའི་གཅིག་གིས་རང་གི་རྐང་ འཛིན་ནི་ལོངས་སྤྱོད་ལ་སྦྱངས་པའི་རྐང་རྩིས་བྱས་པའི་འབྲས་བུ་དེ། གཅིག་ཤོས་ལ་སྦྱིན་ དོར་བྱས་པས་རྣམ་པར་དག་གི །ཉི་མ་དག་པས་རང་གི་རྐང་འཛིན་ལ་སྦྱོང་བ་ནི་དོན་མ་ཡིན་ ནོ་ཞེས་ཟེར། དེ་ཡང་མི་འཐད་དེ། གཟའ་ལྔའི་འགྲོས་བཞི་རྩོམ་པ་ནི། ཉི་མ་ལ་འཆར་ནུབ་ བྱེད་པ་ལས་ཡིན། དེའི་དོན་དུ་ཉི་མ་དག་པས་ཞི་གཟའ་གཉིས་ཀྱི་རང་གི་རྐང་འཛིན་ལ་ སྦྱངས་པའི་ལྷག་མ་ནི་རྐང་འཛིན་ལོངས་སྤྱོད་རྣམ་པར་དག་པ་ཡིན་པས། དེ་ལ་བརྟེན་ནས་ རྐང་རྩིས་བྱེད་པ་ནི་རྒྱུད་འགྲེལ་གྱི་དགོངས་པ་ཡིན་པའི་ཕྱིར་རོ། །ཡང་ཁ་ཅིག ཞི་གཟའ་ གཉིས་ཀྱི་སྐྱེས་ཁྱིམ་ཉི་དག་ལ་སྦྱོང་བར་འདོད། དེ་ནི་མི་འཐད་དེ། ཉི་དག་དེ་ཞི་གཟའ་ གཉིས་ཀྱི་དལ་བ་བར་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། སྐྱེས་ཁྱིམ་ནི་རང་གི་དལ་བ་བར་པ་ལ་ སྦྱོང་བའི་ཕྱིར། དཔེར་ན་ཉི་མའི་བཞིན་ནོ། །ཡང་ཁ་ཅིག དྲག་གཟའ་གསུམ་གྱི་མྱུར་རྐང་ 1-1-680 འཛིན་པའི་ལོངས་སྤྱོད་བསྒྲུབ་པ་ལ་ཉི་མ་དག་པས་སྦྱོང་དགོས་སོ་ཞེས་ཟེར། དེ་མི་འཐད་ དེ། དྲག་གཟའ་གསུམ་གྱི་མྱུར་རྐང་འཛིན་པའི་ལོངས་སྤྱོད་བུ་ལོན་དང་བཅས་པ་ནི་ཉི་བར་ ཡིན་ལ། དེ་ལ་དྲག་གཟའ་རང་གི་དལ་བ་དག་པས་སྦྱངས་པས་རྐང་འཛིན་ལོངས་སྤྱོད་རྣམ་ དག་དུ་འགྱུར་བའི་ཕྱིར་ཏེ། འགྲེལ་པར། གཟའ་མཐོན་པོའི་ལོངས་སྤྱོད་ཀྱིས་དམའ་བའི་ ལོངས་སྤྱོད་ལ་སྦྱང་ངོ་ཞེས་བཤད་པ་ནི་གང་ཞིག །དྲག་གཟའ་རྣམས་ནི་ཉི་མ་བས་མཐོ་ལ། ཞི་གཟའ་གཉིས་ནི་ཉི་མ་ལས་དམའ་བའི་ཕྱིར་རོ། །ཡང་གཟའ་ལྔའི་མྱུར་རྩིས་ཀྱི་སྐབས་ སུ། རྐང་པའི་ལོངས་སྤྱོད་ཀྱིས་དལ་བ་དག་པ་ལ་སྦྱོང་དགོས་པའི་ཚེ། མ་འདངས་ན་ཟློག་ སྟེ། དལ་བ་དག་པས་རྐང་བའི་ལོངས་སྤྱོད་ལ་སྦྱོང་དགོས་པ་ཡིན། ཡང་ན་འཁོར་ལོ་བསྣན་ ཏེ་རྐང་པའི་ལོངས་སྤྱོད་ཉིད་ཀྱིས་སྦྱངས་པས་ལུགས་ཟློག་གི་རི་མོ་འཆར་ཏེ། འདི་གཉིས་ གནད་གཅིག་ལ། འདིའི་སྐབས་སུ་བླུན་པོས་གཟའ་ཐང་ལ་བབས་པ་ཞེས་པའི་ཐ་སྙད་ འཇོག་ཅིང་དོན་ལ་གཟའ་ཕྱིར་ཟློག་གི་རི་མོ་ཤར་བ་ཡིན་པས། མན་ངག་འདི་ལ་བསྟེན་ཏེ་ མ་ནོར་བར་མིག་སྐར་དང་བསྟུན་ཏེ་ཤེས་པར་བྱའོ། །སྔར་འདི་མ་ཤེས་པས་རྩིས་པ་མང་པོ་ ལ་འཁྲུལ་པ་སྦྱིན། དེང་ཕྱིན་ཆད་ནས་ནི་མན་ངག་འདིས་འཁྲུལ་པའི་ས་བོན་རྩད་ནས་འབྱིན་ པར་བྱེད་དོ། ། གསུམ་པ་ནི། གཟའ་ལྔ་སོ་སོའི་མྱུར་རྐང་གི་རིམ་པའི་སྔ་རྐང་ལ་ཡོད་པའི་ཚེ་མྱུར་ འགྲོས་ཁ་ཤར་བལྟ། །ཕྱི་རྐང་གི་ཚེ་དལ་འགྲོས་ཁ་ལྷོར་བལྟ། རིམ་མིན་གྱི་སྔ་རྐང་ལ་ཡོད་ པའི་ཚེ་འཁྱོག་འགྲོས་ཁ་ནུབ་བལྟ། ཕྱི་རྐང་གི་ཚེ་འཇུག་འགྲོས་ཁ་བྱང་བལྟ་ཡིན་ནོ། །རྩིས་ ཀྱི་གྲུབ་པའི་མཐའ་བཤད་པའི་བསྟན་བཅོས་མཁས་པ་རྣམས་དགའ་བར་བྱེད་པ་ལས་ལེའུ་ སྟེ་ལྔ་པའོ།། །། ལེའུ་དྲུག་པ་ལ་སྡོམ་ཚིག་དང་དེའི་དོན་བཤད་པ་གཉིས། དང་པོ་ནི། དུས་བཞིའི་མཐའ་ 1-1-681 དང་དེར་རྗེས་སུ། །གཟའ་རྣམས་སྡུད་དང་སྐྱེ་བའི་ཚུལ། །སྡོམས་སུ་ཡང་དག་བསྡུས་པའོ། །ཞེས་པའོ། ། གཉིས་པ་ལ་དུས་བཞིའི་ལོ་གྲངས་ངོས་གཟུང༌། དེའི་མཐའ་གཟའ་རྣམས་སྟོང་པ་ལ་ འཇུག་ཚུལ་བཤད། སླར་ཡང་སྐྱེས་ཏེ་ལོངས་སྤྱོད་པའི་ཚུལ་དང་གསུམ། དང་པོ་ནི། སློབ་ དཔོན་དཔའ་བོས། སངས་རྒྱས་ཀུན་གྱི་གདུལ་དཀའ་བ། །སྙིགས་མ་ལྔ་ཡི་རྩོད་དུས་འདིར། །བརྩོན་འགྲུས་དྲག་པོས་སངས་རྒྱས་པ། །ཤཱཀྱ་ཐུབ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ ལྟར། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་འཁོར་བ་འཇིག་གི་དུས་རྫོགས་ལྡན། གསེར་ ཐུབ་གྱི་དུས་གསུམ་ལྡན། འོད་སྲུངས་ཀྱི་དུས་གཉིས་ལྡན། ཤཱཀྱ་ཐུབ་པའི་དུས་རྩོད་ལྡན་ དུ་བཤད་པ་དང༌། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་འཇིག་རྟེན་ཁམས་ལེར། ལྷུན་པོའི་རྒྱབ་ཀྱི་ ཕྱོགས་རྣམས་སུ་ནི་ས་གཞི་དག་ལ་ལྷ་མིན་རྣམས་ཀྱིས་རྒྱལ་བར་དཀའ་བ་འཁོར། །ཞེས་ སོགས་ཀྱི་སྐབས་སུ། དྲག་པོ་འཁོར་ལོ་ཅན་གྱི་བསྟན་པ་ལོ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ལས་ ལྷོ་གླིང་དབུས་མ་འདིའི་ཐོབ་སྐལ་སྟོང་བརྒྱད་བརྒྱ་ལ་དུས་བཞི་ཚང་བར་བཤད་པ་གཅིག་ དང༌། དེའི་སྔ་ལོགས་ཀྱི་ཐུབ་པའི་བསྟན་པ་ཀླ་ཀློའི་ཆོས་ཀྱིས་ཉམས་ནས་རྩོད་དུས་བཞག་ པ། དེའི་ཟླས་དབྱེ་བའི་དུས་བཞིའི་རིམ་པ་གཅིག་རྣམས་བཤད་པ་ནི་བསྟན་པའི་དབང་དུ་ བྱས་པའི་དུས་གཞི་[བཞི]ཡིན་ལ། སྐབས་འདིར་བཤད་པའི་དུས་བཞི་ནི། གཟའ་རྣམས་ ཀྱི་འཁོར་ལོ་ནས་བརྩམས་ཏེ། མི་ལོ་འབུམ་ཕྲག་བཞི་བཅུ་རྩ་གསུམ་དང་ཁྲི་ཕྲག་གཉིས་ལ་ དུས་བཞིར་བཞག་པ་ཡིན། དེ་ཡང་ལོ་དེ་ཉིད་ཆ་བཅུར་བགོས་པའི། ཆ་བཞི་ལ་རྫོགས་ལྡན་ གྱི་དུས། ཆ་གསུམ་ལ་གསུམ་ལྡན་གྱིས་དུས། ཆ་གཉིས་ལ་གཉིས་ལྡན་གྱི་དུས། ཆ་གཅིག་ལ་ རྩོད་ལྡན་གྱི་དུས་ཀྱི་ལོ་གྲངས་སུ་འཇོག་པ་ཡིན། དེའི་དོན་ནང་དུ་དུས་སྦྱོར་གཉིས་ལ་གཡས་ གཡོན་གྱི་དབྱེ་བས་ཁམས་ལྔའི་རླུང་བཅུ་རྒྱུ་བ་དང༌། འདིར་ཆ་བཅུར་དབྱེ་བ་གཉིས་དག་པ་ 1-1-682 སྦྱོར་བ་ཡིན་ནོ། ། གཉིས་པ་ནི། གཟའ་རྣམས་ཀྱི་དཀྱིལ་འཁོར། ཟླ་བའི་ཞག་སུམ་ཅུ། ཉི་མའི་ལོ་གཅིག །མིག་དམར་གྱི་ཟླ་བ་བཅོ་བརྒྱད། ལྷག་པ། པ་སངས། མཇུག་རིང་གསུམ་གྱི་ལོ་རེ་རེ། ཕུར་ བུའི་ལོ་བཅུ་གཉིས། སྤེན་པའི་ལོ་སུམ་ཅུ། སྒྲ་གཅན་གྱི་ལོ་བཅོ་བརྒྱད་རྣམས་ཀྱི་ཞག་གྲངས་ སོ་སོས། དུས་བཞི་ཆེན་པོའི་ལོ་གྲངས་ཞག་དུ་བསྒྱུར་བ་ལ་བགོས་པས་ལྷག་མེད་དུ་འགྱུར་ བས་གཟའ་ཐམས་ཅད་ནམ་གྲུའི་མཐར་སྟོང་པ་ལ་ཞུགས་པ་ཡིན་ནོ། ། གསུམ་པ་ནི་དེའི་ཉིན་རབ་བྱུང་གི་ལོ་དང་པོར་འཆར་ཞིང༌། དེ་བཞིན་དུ་རིས་གཟའི་ དང་པོ་ཉི་མ། ཚེས་ཀྱི་དང་པོ་ཚེས་གཅིག རྒྱུ་སྐར་གྱི་དང་པོ་ཐ་སྐར་ལ་གཟའ་རྣམས་ཐོག་ མར་ལོངས་སྤྱོད་པ་ནས་རིམ་གྱིས་སླར་ཡང་དུས་བཞི་གཞན་གྱི་མགོ་རྩོམ་པ་ཡིན་ནོ། །ཁ་ ཅིག རྩིས་འདི་རྣམ་དག་དུ་བྱས་ནས། གཟའ་དལ་ལྟར་བའི་སྒྲུབ་བྱེད་དུ་བློ་གྲོས་ཀྱི་ནུས་པ་ ཅི་ཡོད་བསྐྱེད་ནས་འབད་པར་བྱེད་པ་ནི་ངལ་བ་ཁོ་ནར་ཟད་དེ། རྩིས་འདི་ནི་དགོས་པའི་ དབང་གིས་ཕྱི་རོལ་པ་རྗེས་སུ་འཛིན་པའི་ཐབས་སུ་རགས་རྩིས་སུ་བཤད་པ་ཡིན་པའི་ཕྱིར་ ཏེ། བགོད་བྱེད་ཀྱི་དཀྱིལ་འཁོར་དེ་རྣམས་ཀྱང་རགས་རྩིས་ཀྱི་དཀྱིལ་འཁོར་ཁོ་ནར་སྣང་ བའི་ཕྱིར། ཞིབ་རྩིས་ཀྱི་དབང་དུ་བྱས་ན། ལོ་གྲངས་དེའི་མཐར་སྟོང་པ་ལའང་མི་འཇུག་ ཅིང༌། གལ་ཏེ་འཇུག་སྲིད་ཀྱང༌། ལོ་གྲངས་འདིའི་ཐོག་མ་གང་ནས་བརྩམས་ཀྱི་ངེས་པ་མི་ སྣང་བའི་ཕྱིར། ཐ་མའི་དུས་མཚམས་ཀྱང་ངོས་མི་ཟིན། ཟིན་པ་སྲིད་ཀྱང་རྐང་རྩིས་བྱས་ ན་གཟའ་རྣམས་སྟོང་པ་ལ་མི་འཇུག་པ་ལ་སོགས་པའི་སྐྱོན་ཡོད་པའི་ཕྱིར། རང་ལུགས་ནི། བཅོམ་ལྡན་ཀྱི་གསུང་མཐའ་དྲུག་ཚུལ་བཞིས་བཅིངས་པའི་ཟབ་མོ་རྣམས་ཀྱི་དགོངས་པ་ནི། བླ་མ་བརྒྱུད་པའི་མན་ངག་མ་ནོར་བ་དང༌། དཔང་དུ་གྱུར་པའི་འགྲེལ་པ་མཁན་པོ་རྣམས་ཀྱི་ གསུང་ལས་ཤེས་དགོས་པས། འདིར་ཡང་དགོས་པ་ཁྱད་པར་ཅན་གྱི་དབང་དུ་མཛད་ནས་ 1-1-683 དགོངས་པ་ཅན་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ཕྱི་རོལ་རྩིས་ཀྱི་དོན་ནང་རྡོ་ རྗེའི་ལུས་དང༌། གཞན་དྲི་བྲལ་གྱི་ཕུང་པོ་ཁམས་སྐྱེ་མཆེད་བདེ་བ་དང་སྟོང་པ་དབྱེར་མི་ཕྱེད་ པ་རང་བྱུང་ལྷན་ཅིག་སྐྱེས་པའི་དོན་ལ་སྦྱོར་བའི་ཚུལ་ནི་འགྲེལ་པ་དྲི་མ་མེད་པའི་འོད་ལས་ ལེགས་པར་ཤེས་པར་བྱའོ། །རྩིས་ཀྱི་གྲུབ་པའི་མཐའ་བཤད་པའི་བསྟན་བཅོས་མཁས་པ་ རྣམས་དགའ་བར་བྱེད་པ་ལས་ལེའུ་སྟེ་དྲུག་པའོ།། །། འདིར་སྨྲས་པ། དཔལ་(ཤཱཀྱ་དབང་ཕྱུག)ལྡན་བླ་མའི་མཁྱེན་བཟང་ནམ་མཁའ་ལ། ། དུས་ཀྱི་འཁོར་ལོའི་ཆར་སྤྲིན་རྣམ་པར་འཁྲིགས། ། ཞལ་གྱི་རོ་འཛིན་གློག་ཕྲེང་རབ་བསྐྱོད་ནས། ། ལེགས་བཤད་འབྲུག་སྒྲ་ཟབ་མོ་སྒྲགས་གྱུར་པ། ། རྨ་བྱ་གཞོན་ནུ་ལྟ་བུའི་དགེ་སློང་གང༌། ། བློ་གྲོས་དཔལ་བཟང་ཞེས་བྱ་བདག་གི་ནི། ། སྒྲ་འཛིན་ནང་དུ་ལན་མངས་ལྷུང་བ་ཡིས། ། དགའ་བའི་སྤུ་ལོང་ཅི་ཡང་རབ་རྒྱས་ནས། ། རྗེད་པར་འཕངས་ཏེ་རང་ཉིད་དྲན་གསོའི་ཕྱིར། ། ལེགས་བཤད་འབྲུག་སྒྲ་ཟབ་མོའི་རི་མོ་ནི། ། ཡིད་ཀྱི་ཤོག་དཀར་ངོས་ལ་ཤར་བ་རྣམས། ། གཟུགས་འཛིན་དབང་པོའི་དཔལ་དུ་བསྟེན་པ་དང༌། ། མཁས་མངས་མདོངས་དལ་ཚོགས་དང་ལྷན་ཏུ། ། དུས་འཁོར་བདུད་རྩིའི་ཟས་ལ་སྤྱོད་པའི་ཕྱིར། ། 1-1-684 པདྨ་འབྱུང་གནས་བྱིན་བརླབས་ཌཱ་ཀིའི་གནས། ། གཉལ་སྨད་གསལ་ཕྱེ་ཀེ་ལ་ཤ་ཡི་འདབས། ། ཆོས་སྨྲའི་སྟི་གནས་ལྷུན་གྲུབ་ཕོ་བྲང་དུ། ། ཡོངས་འཛིན་ལོ་ཡི་དཔྱིད་ཐ་ས་ག་ཡི། ། ཡར་རྒྱས་ངོ་ཡི་རྒྱལ་བ་གསུམ་པ་ལ། ། ལེགས་པར་བཀོད་པའི་དགེ་བས་འགྲོ་བ་ཀུན། ། མི་ཤེས་མུན་པའི་གཉིད་ལས་སངས་པ་དང༌། ། དུས་འཁོར་བདུད་རྩིའི་ཟས་ལ་སྤྱོད་པར་ཤོག ། འདིས་ཀྱང་བསྟན་པ་དང་ཁྱད་པར་ལྟ་ཤེས་རྣམས་ལ་ཕན་ཞིང༌། འཁོར་བ་སྡུག་བསྔལ་ གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམས་པར་གྱུར་ཅིག། །།མངྒ་ལཾ། བྷ་ཝནྟུ། མ་ཡིག་འབྲས་དཔེ་རྙིང་ཕྱི་ཟཱ ༡༢ ཡིན། 1-1-685 ༄༅། །དངོས་གྲུབ་འབྱུང་གནས་ཀུ༷ན་མཁྱེ༷ན་ཆོ༷ས་ཀྱི་རྗེ༷། །འགྲོ་ཀུན་སྤྱི་གཙུག་པད་ ཟླའི་གདན་བཞུགས་ནས། །ཐུགས་རྗེ་རྒྱུན་ཆད་མེད་པའི་བཀའ་དྲིན་གྱིས། །མཆོག་དང་ཐུན་ མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་བཏབ་པའི་ཚིག་འདི་ལུང་དང་རིགས་པ་སྨྲ་ བ་ཇོ་ནང་ལོཙྪ་བས་སྦྱར་བའོ། ། ཀུན་མཁྱེ༷ན་ཆོས་རྗེ་བྱང་སེམས་ཆོས་གྲག༷ས་དཔལ། །ཇོ་ནང་ལོ་ཙཱ༷་མ་ཏི་པཎྜི་ཏ༷། །ཕྱོགས་ལས་རྣམ་རྒྱ༷ལ་འབྲི་གུང་ལོ་ཙཱ་བ༷། །མཉམ་མེད་ཡབ་སྲས་དྲུག་ལ་གསོལ་བ་ འདེབས། །འཇམ་དབྱངས་སྨན༷་ཆུ༷་ཁ་བ་རིན་ཚུ༷ལ་བ། །ཞང་སྟོ༷ན་རྒྱ་བོ་ལྷ་ཡི་རྒྱལ་མཚ༷ན་ དཔལ། །སྐྱེས་མཆོག་ཉ་དབོ༷ན་པ་དང་ཕུན་ཚོ༷གས་དཔལ། །ཐང་སྟོན་ཆེ༷་ཆུ༷ང་རྣམས་ལ་ གསོལ་བ་འདེབས། །མཚུངས་མེད་ཡབ་སྲས་བཅུ་བཞི་ཁྱེད་རྣམས་ཀྱིས། །མཁྱེན་བརྩེའི་ ལྕགས་ཀྱུས་བདག་ཅག་ལེགས་བཟུང་ནས། །རྟག་པར་ཁྱེད་ཀྱི་ཞབས་དྲུང་སྐྱེ་བ་དང༌། །གསུང་མཆོག་བདུད་རྩིའི་དཔལ་ལ་སྤྱོད་པར་ཤོག །ཅེས་པའང་ཇོ་ནང་ལོཙྪ་བློ་གྲོས་དཔལ་བཟང་པོས་ བཀོད་པའོ། །